CLOSE WINDOW

N4455: tshogs kyi gtam
Wyliee-texts based on the ACIP/ALL Input

ཕ་རོལ་ཕྱིན་དྲུག་ཐོབ་ནས་འགྲོ་བའི་དོན་བྱེད་ཤོག་།ཚུལ་ཁྲིམས་ཀྱི་གཏམ་གྱི་འགྲེལ་བ་སློབ་དཔོན་གསལ་གྲགས་ཀྱིས་མཛད་པ་རྫོགས་སོ།། །།ཚོགས་ཀྱི་གཏམ་ཞེས་བྱ་བ་བཞུགས། ། ་རྒྱ་གར་སྐད་དུ། སཾ་བྷ་ར་བ་རི་ཀ་ཐཱ། བོད་སྐད་དུ། ཚོགས་ཀྱི་གཏམ། གསུང་གི་མངའ་བདག་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །བདག་གིས་དེ་རིང་བསོད་ནམས་དང། ཡེ་ཤེས་ཚོགས་ནི་གང་ཞིག་གམ། །གཞན་ལ་ཕན ་པ་གང་བྱས་ཞེས། །བྱང་ཆུབ་སེམས་དཔས་ཡང་ཡང་བསམ། །བསོད་ནམས་རང་བཞིན་ཡེ་ཤེས་ཚེ། །ཚོགས་ནི་གང་གིས་རྫོགས་འགྱུར་བ། །དེ་ནི་ལེགས་པར་བཤད་པར་བྱ། །གང་གིས་ལུས་དང་སྲོགས་དག་ནི། །སེམས་ཅན་ཀུན་ལ ་བཏང་བར་བྱ། །ལུས་ཅན་ཀུན་ལ་བྱམས་པ་དང། །སྙིང་རྗེ་ཉིད་ཀྱིས་ཁྱབ་པར་བྱ། སྡིག་པ་ཀུན་གྱི་རྣམ་སྨིན་ནི། རང་གི་རྒྱུད་ལ་མངོན་འདོད་ཅིང། །བསོད་ནམས་ཀུན་ལ་ཡི་རང་དང། །རང་སངས་རྒྱས་བདག་ཉིད་ཆེ་བསམས། །དེ་ལྟར་ཡང ་དང་ཡང་ཕྱིར?། །འདི་ནི་ཆོ་ག་གཞན་ཡིན་ནོ། །བྱང་ཆུབ་སེམས་ནི་སྔོན་འགྲོ་བས། །རྩོམ་པ་ཀུན་ཀྱང་བྱ་བ་ཡིན། །དེ་ལྟ་བུ་ཡི་ཐབས་དེ་ཡིས། །རྩོམ་པའི་ངལ་བ་མེད་པ་ཡང། །བསོད་ནམས་ཡེ་ཤེས་ཚད་མེད་པ། །ཡང་དང་ཡང་དུ་སོགས ་པར་འགྱུར། །སེམས་ཅན་རྣམས་ཀྱི་ལོངས་སྤྱོད་དང། །ཡོངས་སུ་བསྐྱབ་པའི་ཕྱིར་དང་ནི། །རང་གི་ལུས་དང་སྲོག་ཉིད་ནི། །ཡིད་ཀྱི་རྗེས་བཞིན་གཏད་བར་བྱ། །བཀྲེས་སྐོམ་ངལ་དང་ཚ་གྲང་དང། །རླུང་དང་ཆར་གྱི་གཉེན་པོ་བཞིན། །ཆོག་ཤེས ་པ་ལས་བདག་ཉིད་ནི། །འདི་ན་བདེ་མྱོང་གང་ཡིན་དང། །ཉམས་དགའ་ཁང་བཟངས་གཞིར་གནས་དང། །གཙང་ཞིང་ཞི་བའི་གནས་གཏོགས་དང། །བདེ་པ་ཐོབ་པ་གང་ཡིན་དང། །བསམ་གཏན་བདེ་བ་ཐོབ་པ་ཡི། བདེ་བའི་གནས་སྐབས ་གང་ཐོབ་དང། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང། །དགྲ་བཅོམ་ཤིན་ཏུ་སྦྱངས་ཞི་ཉིད། །དེ་ནི་སེམས་ཅན་ཐམས་ཅད་ལ། །བྱེ་བྲག་མེད་པར་ཉེ་བར་བསྟབ། །ཕལ་ཆེར་མཉམ་པར་མ་བཞག་ཚེ། །དེ་ལྟར་བྱམས་པ་ཉེར་བསྟེན་ལ།། ་མཉམ་པར་བཞག་ཚེ་བདག་གིས་རྟོགས། །དགའ་དང་ཤིན་ཏུ་སྦྱངས་པ་ཉིད། །ཇི་ལྟར་ཉམས་སུ་མྱོང་བ་དག་།དེ་བཞིན་གཞན་ལ་ལྷག་མོས་བྱ། །སྐྱེ་དགུ་འདི་ནི་སྡུག་བསྔལ་གྱི། །ཆུ་བོར་ནུབ་དང་དེ་རྒྱུ་ཅན། །ངན་འགྲོ་དང་ནི་བདེ་འགྲོ་དག་། ་བརྩེ?་ལ་འབད་པས་བརྟག་པར་བྱ། །དེ་ལས་ཀྱང་ནི་དམྱལ་བ་དག་།སྡུག་བསྔལ་མི་བཟང་མང་པོ་དང། །དུས་རིང་རྒྱུན་མི་འཆད་པ་ཡི། །གཙང་གཤེགས་མེ་ཡིས་གདུངས་པ་དང། །འཚེད་ཅིང་བརྟགས་པ་ལས་བྱུང་བའི། །ཤིན་ཏུ་ཉམ་ཐག ་རབ་ཏུ་འཕེལ། །ཐལ་ཆུ་ལྟ་བུར་རབ་འཚེད་པའི། །བསྲེག་ཅིང་ཚ་རིམས་འདྲར་ཉམ་ཐག། དུད་འགྲོ་ཕན་ཚུན་སྡང་དང་སྲོག། རང་དབང་མེད་པར་བསད་སོགས་ཀྱིས། རྟག་ཏུ་སྡུག་བསྔལ་གྱིས་གདུངས་པས།། ་ཕལ་ཆེར་དམྱལ་བ་དག་དང་མཚུངས། །ཡི་དགས་མེ་ལྕེའི་ཕྲེང་བ་ཡིས། །བསྐོར་ཅིང་སྐད་གསང་མཐོན་པོ་སྒྲོགས། །ལ་ལ་ཁ་ན་མེ་འབར་གཞན། མགྲིན་པ་ཁབ་མིག་ལྟོ་རི་ཙམ། །རྟག་ཏུ་བཀྲེས་བསྐོམ་ལ་སོགས་པའི། །བསྲེག ་ཅིང་ལུས་ནི་སྐམས་པ་དང། །ཁ་ཅིག་སྐྱུགས་པ་ཟ་བ་སྟེ། །གཞན་དག་དེ་ཡང་རབ་རྙེད་དགའ་། །ངན་འགྲོའི་སྡུག་བསྔལ་མ་ལུས་པ། །མི་རྣམས་ལ་ཡང་ཡོད་པར་སྣང། །སྡུག་བསྔལ་གཟིད་བས་དམྱལ་བར་མཚུངས། །དབུལ་བས་གཤིན ་རྗེའི་འཇིག་རྟེན་ལ། །འདི་ཡི་དུད་འགྲོའི་སྡུག་བསྔལ་ཡང། །མཐུ་ལྡན་སྟོབས་ཀྱིས་མཐུ་མེད་པ། །རྣམ་པར་གནོད་ཅིང་འཚེ་བ་དག། ཆུ་བོ་ལྟ་བུ་ཉིད་ཡིན་ནོ། །ཁ་ཅིག་དབུལ་བ་ལས་གྱུར་དང། །གཞན་དག་ཆོག་མི་ཤེས་ལས་བྱུང། ་ཡོངས་ཚོལ་སྡུག་བསྔལ་མི་བཟད་དང། །ཐམས་ཅད་འཁུ་ཞིང་གསོད་པ་ཡིན། །འདོད་སྤྱོད་ལྷ་ནི་གང་ཡིན་པ། །དེ་ལའང་བདེ་བའི་སེམས་མེད་དེ། །འདོད་པའི་འདོད་ཆགས་རིམས་གཏབ་པའི། །ནང་གི་མེ་ཡིས་སྲེགས་གྱུར ་པས། གང་ཞིག་སེམས་གཡེང་གྱུར་པ་དག། །དེ་ལ་བདེ་བ་ག་ལ་ཡོད། །གཡེངས་མེད་སེམས་ལ་སྐད་ཅིག་ཀྱང། །དབང་བྱེད་པ་ནི་མ་ཡིན་པས། །རྣམ་གཡེངས་དཀྲུགས་པའི་བདག་ཉིད་ཅན། །ནམ་ཡང་ཞི་བར་མི་འགྱུར་ཏེ། །རླུང ་བཅས་འབར་བས་ཁྱབ་པ་ཡི། །མེ་ནི་ཤིང་དང་བཅས་དང་མཚུངས། །ཤིན་ཏུ་ངོམས་མེད་ཐ་མར་ནི། དབང་མེད་ཤིན་ཏུ་མྱ་ངན་བྱེད། །ལྷ་དང་མི་ནི་ལ་ལ་དག། སྡུག་པའི་ཆགས་པ་དམ་དུ་ཞེ་ན། །བསོད་ནམས་སྔོན་བྱས་དེ་དང་དེས། ། ་འདོད་པ་རྨོངས་པས་གདུངས་པར་འགྱུར། །དེ་ཡང་ཉོན་མོངས་སྣ་ཚོགས་དང། །སྡིག་པའི་ལས་ནི་རྒྱུན་མི་འཆད། །རྣམ་པར་ལྟུང་བའི་མཐར་གནས་པས། །བག་མེད་འགྱུར་ལ་བརྩེ་བྱ་རིགས། །ནད་སོས་ཡུན་རིངས་མ་ལོན་པའི། ནད ་པས་མི་འཕྲོད་ཟོས་དང་མཚུངས། །གང་ཞིག་གཟུགས་ཅན་གཟུགས་མེད་པ། །སྡུག་བསྔལ་སྡུག་བསྔལ་ལས་འདས་ཤིང། །ཏིང་འཛིན་བདེ་བའི་བདག་ཉིད་ཅན། །བསྐལ་བར་གཡོ་བ་མེད་པར་གནས། །དེ་ཡང་ཤིན་ཏུ་དེས་གྲོལ་མིན། དེ ་ཡང་སླར་ཡང་ལྟུང་པར་འགྱུར། །ངན་འགྲོའི་སྡུག་བསྔལ་རྦ་སློང་ལས། །འདས་པ་ལྟ་བུར་འབྱུང་འགྱུར་བ། །འབད་ཀྱང་ཇི་ལྟར་རིད་མོར་གནས། །མཁའ་ལ་ལྡིང་བ་བྱ་དང་མཚུངས། །བྱིས་པའི་སྟོབས་ཀྱིས་མདའའཕངས་ལྟར། དེ་ནི་ལྟུང ་བའི་མཛའ་ཅན་ཡིན། །མར་མེ་རིང་དུ་འབར་བ་དག། སྐད་ཅིག་རེ་རེ་འཇིག་པ་ལྟར། །འདུ་བྱེད་ཡོངས་འགྱུར་ཞེས་བྱ་ཡི། །སྡུག་བསྔལ་དག་གིས་ཉེ་བར་བརྩེས། །རྒ་ཤི་ན་བའི་ཆོས་ཅན་གྱི། །ཉོན་མོངས་ནང་ན་རྒྱུ་སོགས་ཀྱིས། །གང་ཕྱིར་ཐམས ་ཅད་གདུངས་པས་ནས། དེ་ཕྱིར་ཤིན་ཏུ་བརྩེ་བྱ་རིགས། །སྲོག་ཆགས་ཀུན་གྱི་སྡིག་པ་རྣམས། །ཐམས་ཅད་བདག་ལ་སྨིན་པར་ནི། །དེ་ལྟར་སྡིག་པ་ལེན་བྱེད་ཅིང། །འགྲོ་བའི་ཕོངས་པས་སྡུག་བསྔལ་བྱས། །སངས་རྒྱས་བྱང་ཆུབ་སེམས་དཔའ་ ་དང། འཕགས་པ་དག་དང་འགྲོ་བ་ཡི། །དུས་ནི་ཐམས་ཅད་དག་གི་ཡང། །བསོད་ནམས་ཀུན་ལ་ཡི་རང་བྱ། །ཚོགས་ནི་ཤིན་ཏུ་བྱ་དཀའ་དང། །སངས་རྒྱས་ཆོས་ནི་བླ་ན་མེད་པ། །འགྲོ་བའི་དོན་གྱི་བྱ་བ་ཉིད། །སངས་རྒྱས་རྣམས་ཀྱིས་རྗེས་སུ ་བསམ། །མང་དུ་ཐོས་ལ་མངོན་བརྩོན་དང། །ཇི་བཞིན་དོན་ནི་སེམས་པ་དང། །འགྲོ་བའི་ཤེས་པ་ཉེ་བསྡུས་པའང། །རྟེན་འབྲེལ་ཡིད་ལ་བྱེད་པ་ཡིས། །འདུ་བྱེད་ཙམ་ལ་སྐད་ཅིག་མ། བྱ་བ་མེད་ལ་འཇུག་པར་བྱ། །ཐམས་ཅད་རྟེན ་འབྲེལ་ལས་བསམས་ལ། །རྟག་ཏུ་བདག་མེད་བསྒོམས་པ་ཡི། །ཐམས་ཅད་མཁྱེན་པའི་ཡེ་ཤེས་ཚོགས། །དོན་དམ་པར་ནི་འཕེལ་བར་འགྱུར། །བྱང་ཆུབ་སེམས་ནི་ཉེར་འཕེལ་བས། ཚོགས་ནི་ཐམས་ཅད ་རྫོགས་པར་འགྱུར། །དེ་ལྟར་བསོད་ནམས་ཡེ་ཤེས་ཀྱིས། །རང་བཞིན་ཆུ་བོས་འགེངས་པ་དག་།འགྲོ་བའི་ཐར་ལ་གཅིག་ཏུ་མཁས། །བྱང་ཆུབ་ལག་པའི་མཐིལ་ན་གནས། །སྦྱིན་དང་སྙམ་པར་སྨྲ་བ་དང། །དོན་སྦྱོང་དོན་ནི་མཐུན་པ ་ཉིད། དེ་ལྟར་བསྡུ་པའི་དངོས་པོ་རྣམས། །འཁོར་ལ་ཕན་པར་བྱེད་པ་ཉིད། །དེ་ནི་གང་ལ་སྦྱིན་པ་བྱིན། །གང་ཞིག་ལ་ནི་སྙན་སྨྲ་འམ། །དོན་སྦྱོང་པ་ནི་བྱས་འགྱུར་བ། །གང་ལ་དོན་མཐུན་བྱས་འགྱུར་ཞེས། །དེ་ལྟར་རྟག་ཏུ་བརྩོན་པ་ ་ཡིས། འགྲོ་བའི་དོན་ནི་ཅི་ནུས་བྱ། །གཞན་ཀུན་བདག་གིར་བྱ་བ་དང། རང?་ལ?་གནས་པ་གཞན་གྱིར་བྱ། །ཚོགས་ཀྱི་གཏམ་སློབ་དཔོན་དབྱིག་གཉེན་གྱིས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་གང་གོཏྟ་ར་དང། ་ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་རིན་ཆེན་བཟང་པོས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །།རྒྱ་གར་སྐད་དུ། ཨ་ཥྣཱ?་ཨ་ཀྵ?་ན་ཀ་ཐ། བོད་སྐད་དུ། མི་ཁོམ་པ་བརྒྱད་ཀྱི་གཏམ། འཇམ་དཔལ་གཞོན་ནུར ་