| Wylie | e-texts based on the ACIP/ALL Input |
ཁ་ཆེའི་པཎྜི་ཏ་ཤྲིད་ཐཱ་དང། ལོ་ཙཱ་བ་དགེ་སློང་གྲགས་འབྱོར་ཤེས་རབ་ཀྱིས་བསྒྱུར་བའོ།། །།རྒྱ་གར་སྐད་དུ། ས་པ་ཏ་གུ་ཎ་པ་རི་བརྣ?་ཀ་ཐཱ། བོད་སྐད་དུ། ཡོན་ཏན་བདུན་ཡོངས་སུ་བརྗོད་པའི་གཏམ། འཇམ་དཔལ ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །ལས་ནི་དུ་མ་ལ་བརྟེན་པའི། །སྣ་ཚོགས་ཡོན་ཏན་འདོད་པ་ཡིས། །འབད་བྱས་ས་བོན་མེད་པར་ནི། །མྱུ་གུ་སྐྱེ་བ་ཡོད་མ་ཡིན། །ཉེས་མེད་ཡོན་ཏན་བསྡུ་བ་ནི། །སྣ་ཚོགས་པ་དག་རྣམ་བྱ་སྟེ། །ཉེས་པ ་དག་ནི་གཅིག་པུ་ཡིས། །ཡོན་ཏན་མང་པོ་འཇོམས་པར་བྱེད། །ཚེ་རིང་དེ་བཞིན་ནད་མེད་དང། །གཟུགས་དང་བསྐལ་བ་བཟང་དང་རིགས། །ནོར་དང་ཤེས་རབ་དག་དང་བདུན། །ཡོན་ཏན་མདོ་སྡེ་དག་ལས་གསུངས ་དེ་ལས་བཟློག་པ་ཉེས་པ་ཡིན། །དེ་དག་རེ་རེས་ཇི་ལྟར་ན། །ཡོན་ཏན་ཐམས་ཅད་འབྱུང་འགྱུར་བ། དེ་ལྟར་ད་ནི་བཤད་པར་བྱ། །ནད་མེད་གཟུགས་དང་བསྐལ་པ་བཟང། །རིགས་ནོར་ཤེས་རབ་ཕུན་སུམ་ཚོགས། །ཚེ་རིང་བ་ནི ་མེད་གྱུར་ན། །གསད་སར་ཕྱིན་པའི་རྒྱན་དང་འདྲ། །ཚེ་དང་གཟུགས་སོགས་ཡོན་ཏན་ནི། །འདི་དག་ནད་མེད་མི་ལྡན་ན། །དོན་མེད་པར་ནི་ཉམ་པ་འགྱུར་ཏེ། །མ་ཉིད་བུད་མེད་མཆོག་ཡོད་མཚུངས། །ཡོན་ཏན་ལྡན་པ་མཐོང་ན ་ཡང། །གཟུགས་ངན་སྐྱོ་བ་སྐྱེ་འགྱུར་ཏེ། །ཡོན་ཏན་ཕུན་ཚོགས་རྒྱས་པར་ནི། །རྒྱལ་པོའི་བཙུན་མོ་མཐོང་དང་མཚུངས། །སྔར་བཤད་ཡོན་ཏན་ཕུན་སུམ་ཚོགས། །སྐལ་པ་ངན་པས་མདངས་ཕྲོགས་པ། །སྡང་བའི་གནས་སུ ་གྱུར་པའི་ཕྱིར། །དྲང་སྲོང་བྲན་དང་མཚུངས་པར་འདོད། །ཡོན་ཏན་དཔལ་ལྡན་དྲི་མ་མེད། །རིགས་ངན་ལ་བརྟེན་མྱ་ངན་གཞི། །བྲན་ཟའི་ཆུང་མ་ཡོན་ཏན་ཅན། །རིགས་ངན་ལག་ན་གནས་དང་མཚུངས། །ཚེ་དང་ནད་མེད་ལ་སོགས ་པ། སྔར་བཤད་ཡོན་ཏན་འདི་དག་ནི། །དབུལ་པོ་ལ་གནས་བཀུར་འོས་མིན། །དུར་ཁྲོད་གནས་ཀྱི་མི་དང་མཚུངས། །ཡོན་ཏན་ཇི་སྐད་བཤད་ཕུན་ཚོགས། །གླེན་པ་བདག་ཉིད་བརླག་དོན་འགྱུར། །འོད་མ་སྨྱུག་མཆུ་ཤིང་གི ་འབྲས་བུ་ཕུན་ཚོགས་ལྟ་བུ་ཡིན། །ཇི་ལྟར་ཇི་སྐད་བཤད་ཡོན་ཏན། །ཡན་ལག་རེ་རེ་མ་ཚད་ཉམས། །ཡི་གེ་གཅིག་ནི་མ་ཆད་བའི། །རིག་པ་འབྲས་བུ་མེད་འགྱུར་མཚུངས། །ཡོན་ཏན་ཡོངས་རྫོགས་མཛེས་པ་ནི། །ཡི་གེ་ཆད་པའི ་རིག་པ་འདྲ། །སྦྱོར་བ་གྲུབ་ལས་འབྲས་བུ་འཐོབ། །མ་ཚང་མེད་པ་འབྱུང་བར་འགྱུར། །དེ་བས་ལེགས་མཛེས་རྫོགས་པ་ཡི། །ཡོན་ཏན་ལ་ནི་འབད་པར་གྱིས། །འདི་དག་རྒྱུ་ནི་གང་ཡིན་པ། །མདོ་བཤད་པ་ལས་རྟོགས་པར་གྱིས། །གསོད་སར ་ཆུད་པ་ལེགས་བཏང་དང། །དེ་བཞིན་སྲོག་གིས་ཕན་བཏགས་ཤིང། །སྲོག་ཆགས་འཚེ་བ་ལས་ལྡོག་པས། །ཚེ་རིང་བ་ནི་ཐོབ་པར་འགྱུར། །ནད་པའི་བསྙེན་བཀུར་བྱས་སྨན་པ། །སྨན་ནི་རབ་ཏུ་བྱིན་པ་དང། །སྲོག་ཆགས་པོ་དབང་བྱིག་སོགས་ཀྱིས། ་འཚེ་བ་མེད་ལས་ནད་མེད་ཡིན། །ཁྲོ་བ་མེད་ལ་བརྟེན་པ་དང། །རྒྱན་བྱིན་པས་ནི་གཟུགས་བཟང་ཉིད། །ཕྲག་དོག་མེད་པའི་འབྲས་བུ་ཉིད། །སྐལ་བ་ཟང་པོར་ཡོངས་སུ་བཤད། །དམ་པ་མཆོད་ཅིང་བསྙེན་བཀུར་བྱས། །ང་རྒྱལ་སྤངས ་པས་རིགས་མཐོར་འགྱུར། །སྦྱིན་བྱེད་བརྐུ་བ་ལས་ལྡོག་པས། །ལོངས་སྤྱོད་ཕུན་སུམ་ཚོགས་ཐོབ་འགྱུར། །དགེ་དང་སྡིག་པ་གང་ཡིན་ཞེས། །ཡང་དག་འདྲི་ལ་བརྩོན་པ་དང། །ཆོས་ཀྱི་བསྟན་བཅོས་བྱིན་པ་ཡིས། །བློ་གྲོས་རྒྱ་ཆེན་ཐོབ ་པར་འགྱུར། །ཡོན་ཏན་བདུན་ཡོངས་སུ་བརྗོད་པའི་གཏམ་སློབ་དཔོན་དབྱིག་གཉེན་གྱིས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་པཎྜི་ཏ་གང་གོཏྟ?་ར་དང། །ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་རིན་ཆེན་བཟང་པོས ་