CLOSE WINDOW

N4450: sbyin pa'i gtam
Wyliee-texts based on the ACIP/ALL Input

ནི་ཐོབ་པར་འགྱུར། །འདི་ནི་ཆེན་པོ་ཉིད་ཀྱི་ལམ། །རིགས་འདི་སེམས་ཅན་ཆེན་པོས་བསྟེན། །སེམས་ཅན་ཀུན་ལ་བདེ་སྟེར་བའི། །འཕགས་འདི་ཡིད་བཞིན་ནོར་བུ་ཡིན། །རྨི་ལམ་ཡིད་བཞིན་ནོར་བུའི་གཏམ་སློབ ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ་རྫོགས་སོ།། །།ཁ་ཆེའི་པཎྜི་ཏ་ཤྲཱ་ར་ཐ་དད། ལོ་ཙཱ་བ་དགེ་སློང་གྲགས་འབྱོར་ཤེས་རབ་ཀྱིས་བསྒྱུར།། །།རྒྱ་གར་སྐད་དུ། དཱ་ན་པ་རི་ཀ་ཐཱ། བོད་སྐད་དུ། ་སྦྱིན་པའི་གཏམ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །སྦྱིན་པ་གཏེར་ཆེན་ཕྱི་བཞིན་འབྲང་བ་ཡིན་ཏེ་ཆོམ་རྐུན་ལ་སོགས་དབྲོག་མི་ནུས། །སྦྱིན་པ་སེམས་ཀྱི་སེར་སྣ་དང་ནི་ཆགས་པ་སྐྱོན་གྱི་རྡུལ་རྣམས་འཁྲུ་བར་བྱེད། །སྦྱིན ་པ་འཁོར་བའི་ལམ་དང་ངལ་བ་སལ་བ་ཡིན་ཏེ་བཞོན་པ་བདེ་བླག་ཅན། །སྦྱིན་པ་བདེ་དགུང་སྤྱོད་པ་དུ་མ་དག་གི་སྒོ་བཟང་དག་གཏན་གྱི་མཛའ་ཨོ་མཆོག་།འབྱོར་ཅིང་དག་པ་ཕུན་སུམ་ཚོགས་དང་ཀུན་ཏུ་དགའ་ཉན་ཡོན་ཏན་རྣམས་དང་ནི། ་སུམ་ཅུ་རྩ་གསུམ་ལྷ་ཡུལ་གྲོང་ཁྱེར་ལ་གནས་བྱེད་གཟུགས་མཛེས་པའི་ཡོན་ཏན་རྣམས། །ཅི་དང་ཅི་འདོད་དེ་དག་ཐམས་ཅད་སྦྱིན་པ་དག་གིས་ངེས་པར་འཐོབ་འགྱུར་ཏེ། །དེ་ལྟར་དོན་ནི་ཡོངས་སུ་བརྟགས་པར་གྱུར་ནས་སུ་དག ་སྦྱིན་པ་སྦྱིན་མི་བྱེད། སྦྱིན་པ་མེ་དང་ཆུ་དང་ཆོམ་རྐུན་འཇིགས་པའི་འཁྲུགས་པ་རྣམས་ཀྱིས་བསྐྱོད་མི་ནུས། །སྦྱིན་པ་སྒྲིབ་པ་ཟད་བྱེད་སྲེད་པའི་འགྲོ་བར་ཕྱི་བཞིན་འབྲང་བའི་མཛའ་ཆེན་ཡིན། །སྦྱིན་པ་འགྲོ་བའི་རྒྱུན་གྱི་ཡུལ ་རྣམས་ཀུན་ཏུ་སྲོག་ཆགས་རྣམས་ཀྱི་འཇུགས་ཡིན། །སྦྱིན་པ་ཚེ་རབས་བགྲངས་པ་དག་ཏུ་ཕྱི་བཞིན་འབྲངས་ཏེ་མ་ཕྱིར་བེའུ་འབྲང་བ་བཞིན། །ནོར་རྣམས་ཀུན་གྱི་སྙིང་པོ་བླང་བ་དབང་ཕྱུག་རྣམས་ཀྱི་གཞི་ནི་སྦྱིན་པ་ཡིན་ཞེའོ། །བློ་ཅན ་ལགས་པར་འདོད་པ་ཡིས། །ལེགས་པར་བསྒྲིམས་ཏེ་སྦྱིན་པ་སྦྱིན། །འཁོར་བར་ཡོངས་སུ་འཁྱམས་པ་ན། །སྦྱིན་པ་མ་གཏོགས་གཉེན་མེད་དོ། །སྦྱིན་པ་འཇིག་རྟེན་རྒྱན་ཡིན་ཏེ། སྦྱིན་པ་ངན་འགྲོ་ཟློག་པ་ཡིན། །སྦྱིན་པ་མཐོ་རིས་སྐས་ཡིན་ཏེ། ་སྦྱིན་པ་ཞི་བྱེད་ཤིས་པ་ཡིན། །འཇིག་རྟེན་དག་ན་རྒྱལ་པོའི་མཆོག་།དཔའ་བརྟུལ་དྲེགས་ཤིང་མཐུ་ཆེ་ལ། །རྒྱལ་སྲིད་རྒྱས་ལ་དབང་བྱེད་པ། །འདི་འབྱུང་སྦྱིན་པ་བྱིན་ལས་བྱུང། །སུམ་ཅུ་རྩ་སུམ་གནས་རྣམས་ནི། །བརྒྱ་བྱིན་ལྷ་ཡི་དབང་བྱེད ་པ། དེ་ཡང་སྦྱིན་པའི་འབྲས་བུ་མཆོག་།དམ་པ་ཡིན་ཞེས་མཁས་རྣམས་སྨྲ། །མཚན་མཆོག་སུམ་ཅུ་གཉིས་མངའ་བ། དྲི་མེད་གཟི་བརྗིད་མཚུངས་མེད་པ། །འཁོར་བའི་རྒྱ་མཚོ་རྒལ་བ་ཡང། །སྦྱིན་པ་ལ་ནི་བརྟེན་ཏེ་བྱུང། །ལྷ་ཡི་འཇིག ་རྟེན་སྐས་ཀྱང་ཡིན། །ཐར་པའི་མཐར་གྱི་སྒོ་ཡང་ཡིན། །ངན་སོང་རྣམས་ལས་བཟློག་པ་ཡིན། །ཕུན་སུམ་ཚོགས་ཀུན་རྒྱུ་ཡང་ཡིན། །དེ་ཡི་ཕྱིར་ནི་མི་རྣམས་ཀྱིས། །ལེགས་པར་བསྒྲིམས་ཏེ་སྦྱིན་པ་སྦྱིན། །ཆགས་དང་ཕྲག་དོག་ལ་སོགས ་པ། །མེད་པར་བསོད་ནམས་བསགས་པར་གྱིས། །སངས་རྒྱས་འདྲ་བའི་སྟོན་པ་མེད། །ཆོས་དང་འདྲ་བའི་སྐྱོབ་པ་མེད། །དགེ་འདུན་འདྲ་བའི་ཞིང་མེད་དེ། །དེ་ཕྱིར་གསུམ་ལ་དབུལ་བར་གྱིས། །ཕྲད་པར་གྱུར་པའི་མཛའ་ནི་འབྲལ་བར་འགྱུར ་ཕུན་སུམ་ཚོགས་པའི་མཛའ་ནི་ངན་ཅིང་རྒུད། །ཚེ་ནི་གློག་ལྟར་འགྱུར་ཞིང་འཇིག་ལ་གཡོ། །ང་ཡི་ཕྱིར་ན་བག་ཡོད་བརྟེན་པོར་གྱིས། །འདི་ཀུན་བདེ་བ་མངོན་པར་འདོད། །སྐྱེས་བུ་བདེ་བ་ལོངས་སྤྱོད་མེད་པར་མིན། །ལོངས་སྤྱོད་སྦྱིན་ལས ་བྱུང་བར་མཁྱེན་ནས་ནི། །ཐུབ་པས་དང་པོར་སྦྱིན་པའི་གཏམ་ངག་མཛད། །སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པ་སྦྱིན་པའི་གཏམ་རྫོགས་སོ།། །།སྲིད་པ་ལས་འདས་པ་ཞེས་བྱ་བ་བཞུགས། རྒྱ་གར་སྐད་དུ། ་