CLOSE WINDOW

N4446: byang chub sems dpa'i skyes pa'i rabs kyi chos kyi gaN+DI
Wyliee-texts based on the ACIP/ALL Input

བསྟན་ཡུན་དུ་གནས་པར་ཤོག། །།བྱང་ཆུབ་སེམས་དཔའ་ཨི་སྐྱེས་རབས་ཆོས་ཀྱི་གཎྜའི་སྒྲ་སྒྲགས་པ་སློབ་དཔོན་དཔའ་བོས་མཛད་པ་བཞུགས་སོ།། །། *། །རྒྱ་གར་སྐད་དུ། བོ་དྷི་སཏྭ་ཛཱ་ཏ་ཀ་སྱ་དྷརྨམ་གཎྜི། བོད་སྐད་དུ། ་བྱང་ཆུབ་སེམས་དཔའ་སྐྱེས་པ་རབས་ཀྱི་ཆོས་ཀྱི་གཎྜི། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །རབ་མཐོ་བྲག་རིའི་རྩེ་ཡི་ཡུལ་རབ་ཞི་བདེ་བའི་ལོངས་སྤྱོད་འདུག་འདུག་པས། །དེ་འོག ་སྟག་མོ་བཀྲེས་པས་རྣམ་གཡོས་མཛའ་དག་ཕྱོགས་སུ་མཆི་མར་ལྡན་ཞུམ་མིག་བལྟ་བ། །བདག་ཉིད་བུ་ཡང་བསད་འདོད་དེར་ནི་ཐུགས་བརྩེས་རང་གི་ལུས་བྱིན་མདག་པ་གང། །དེ་ནི་འཇིག་རྟེན་གསུམ་གྱིས་ཕྱག་བྱས་འདོད་ལྷའི་སྟོབས ་འཇོམས་ཆོས་ཀྱི་གཎྜིའི་སྒྲ་བསྒྲགས་སོ། 1་།རབ་ཏུ་དབང་སྦྱོར་བདག་པོ་ཤི་བའི་ས་མི་བདག་དུས་རྣམ་པ་ཐམས་ཅད་དུ། །འཇིག་རྟེན་གཅིག་ཏུ་ཐུགས་བརྩེས་བསྐུལ་ཏེ་རྒྱས་པར་སྦྱིན་པའི་ཆུ་ཡི་ཆར་གྱིས་མཆི་མ་མཛད་ལ། །ལོང ་བའི་བྲམ་ཟེས་སྤྱན་ནི་གཅིག་བླངས་པ་ལས་གཉིས་ཀ་ཡང་ནི་བྱིན་པར་གྱུར། །རང་དགའ་ཨི་མཆོག་བརྙེས་དེས་ནི་སྲིད་པ་གསུམ་པོའི་འཇིགས་བཅོམ་ཆོས་ཀྱི་གཎྜིའི་སྒྲ་སྒྲགས་སོ། 2་།གྲོང་ཁྱེར་འདིར་ནི་དམན་པའི་གླ་མིས་རང་ཉིད ་ཟས་བཅད་དོན་གཉེར་རང་སངས་རྒྱས་ཞིག་ལ། །ལྷག་ཟན་ཆངས་པས་ཡང་དག་བཀུར་བྱས་མཆོད་པ་དེ་ཡིས་གྲོང་ཁྱེར་དེར་ནི་ཀོ་ས་ལའི། །དབང་ཕྱུག་ཉིད་ཐོབ་དགེ་བ་ཡོངས་གྱུར་རྨད་དུ་བྱུང་བའི་རྒྱལ་པོར་གྱུར་ཏེ་དེ་ལ ་འདིར། །འཇིག་རྟེན་གསུམ་དུ་ངོ་མཚར་སྒྲ་སྒྲོགས་འདིར་ནི་ཐུབ་པའི་ཆོས་ཀྱི་གཎྜིའི་སྒྲ་བསྒྲགས་སོ། 3་།བསོད་སྙོམས་དོན་གཉེར་འདོད་ཆགས་བྲལ་ལ་བདག་ཉིད་མངོན་སྐྱིད་བསོད་སྙོམས་སྦྱིན་པ་ལས། །རབ་ཏུ་རབ་འཇིགས ་དམྱལ་བ་སྤྲུལ་ཏེ་མངོན་པར་ལོག་བརྗོད་ལྷ་ཡི་བུ་ཡིས་བཀག་པ་ལས། །དེ་དག་མ་མཉན་དམྱལ་སྐྱེས་པདྨའི་སྡོང་བུ་མཛེས་ལ་རིམ་གྱིས་གོམ་པ་དོར་ནས་ནི། །དེ་འདིར་བདུད་ལས་རྒྱལ་གྱུར་ལྷ་མིའི་བླ་མ་དེ་ཡིས་ཆོས་ཀྱི ་གཎྜིའི་སྒྲ་བསྒྲགས་སོ། 4་།སྦྱིན་ལ་གོམས་པས་རབ་ཏུ་ཕུལ་བྱུང་མཛའ་དག་རྟོགས་པའི་ཚོད་དཔོན་གང་གི་ནོར། །ལྷ་ཡི་དབང་པོས་དེ་ཡིས་ནོར་སྤས་ན་ཡང་ཟད་པར་མ་ནུས་དེ་སྦྱིན་པ་ཡི་ཆོས་དང་ལྡན། །འདི་ལྟར་དེས་ནི ་ཕོངས་པ་ཟིལ་མནན་ཉམས་པར་བྱེད་བཅོམ་པ་དེ་ཡི། །ཉོན་མོངས་རབ་ཟད་སྟོབས་བཅུའི་སྟོབས་མངའ་སྟོན་པའི་ཆོས་ཀྱི་གཎྜིའི་སྒྲ་བསྒྲགས་སོ། 5་།རི་འོད་ལུས་འཛིན་བརྒྱ་བྱིན་ལུས་གཞན་བསྒྱུར་བ་གང་དེ་རྣམ་སྤྲུལ་དུ་མེད་པ་ཡི་མེ།། ་རབ་གསལ་གསེར་གྱི་འོད་འཚེར་མེ་སྟག་ཚོགས་འཕྲོ་མི་བཟད་པར་ནི་མཆོངས་ནས་བྱིན་པར་གྱུར། །དེ་ནི་དབང་པོས་མངོན་པར་བསལ་བར་བསྟན་པའི་དོན་དུ་སྦྱིན་པ་འདི་ནི་ངོ་མཚར་ཚུལ། །ཟླ་བའི་དཀྱིལ་འཁོར་ལ་མཚན་དེ་རྗེས་ཐུབ་པ ་མཆོག་གི་ཆོས་ཀྱི་གཎྜིའི་སྒྲ་བསྒྲགས་སོ། 6་།བྲམ་ཟེ་ཨ་ཀ་ཏི་ཞེས་བྱ་བ་གང་བྱུང་རྒྱས་པའི་ཁྱིམ་སྐྱེས་རྩ་དང་འདྲ་བར་ནི། །བདེ་བས་ཡིད་བྱུང་རབ་ཞི་ངེས་པར་བྱུང་བའི་གླིང་ནི་ཉེ་གྱུར་ཏེ། །འདབ་མ་བཅོས་པ་ཙམ་ཞིག་གིས་ཚིམ་དེ ་ཡང་དབང་པོས་སྦས་བྱས་མཛའ་དག་རིག་མོད་ཀྱི། །གང་འདུག་དེས་ཚིམ་བསྟེན་པས་ཕུན་ཚོགས་མཛའ་དག་རྩོད་རྒྱལ་ཆོས་ཀྱི་གཎྜིའི་སྒྲ་བསྒྲགས་སོ། 7་།ས་ཡི་བདག་པོའི་བླ་མ་བྱམས་པའི་སྟོབས་ནི་བྱུང་གྱུར་གང་གི་དོན་གྱི་མིང། །བདག་ཉིད ་ལུས་ནི་བདག་གིས་བཅད་ཅིང་ཕུག་སྟེ་ཤ་དང་ཁྲག་དག་ཟོས་ཤིང་འཐུང་གྱུར་གང། །གནོད་སྦྱིན་ལྔ་ནི་ཐོག་མར་མངོན་པར་བྱུང་པས་དེ་ཁོ་ན་ཉིད་ཐོབ་པས་ཚིམ་མཛད་རྒྱལ་བ་ཉིད། །གཅིག་པུ་རྗེས་བརྩེ་དྲི་མ་མེད་པའི་རྒྱ་མཚོའི་ཆོས་ཀྱི་གཎྜིའི་སྒྲ ་བསྒྲགས་སོ། 8་།རང་གི་སྲོག་དང་མཉམ་པའི་བུ་ནི་གསར་བའི་ལུས་དང་ཡིད་འོང་བཙུན་མོ་རྗེས་སུ་མཐུན་པ་དག་།སྡུག་བསྔལ་ཟུག་རྔུར་ལྡན་པའི་མུན་སྤྲུལ་བྲམ་ཟེ་རབ་འགྱེད་བཞིན་ཡང་རབ་དགས?་ལེགས་པར་བྱིན། །ཡང་དག་རྫོགས་པའི་བྱང་ཆུབ ་ཏུ་ནི་སྨོན་ལམ་མི་གཡོ་གང་གིས་ཐམས་ཅད་སྒྲོལ་དེ་ཡི། །སྲིད་གསུམ་སྨན་པའི་འདོད་ལས་རྣམ་པར་རྒྱལ་པར་གྱུར་པའི་ཆོས་ཀྱི་གཎྜིའི་སྒྲ་བསྒྲགས་སོ། །མཆོད་སྦྱིན་བརྩམས་ཕྱིར་རང་གི་འཇིག་རྟེན་དག ་ལ་འདི་སྐད་སྨྲས་ཏེ་སྐྱེས་བུ་དག། འདི་ལྟར་སྐྱེ་བོ་སྡིག་པས་མཆོད་སྦྱིན་བྱད་རྣམས་མྱུར་དུ་བརླག་བྱར་འགྱུར་རོ་ཞེས་ཐོས་ཀྱིས། །འདིར་ནི་སྐྱེ་པོའི་ཚོགས་རྣམས་སྡིག་པ་ལས་ལྡོག་དགེ་བ་བཅུའི་ལམ་ཉིད་ལ་བཞག་ཅིང། །འཕེལ་བར ་བྱེད་པ་གང་ཡིན་ཐུབ་དེའི་རྗེས་སུ་སྙན་པའི་ཆོས་ཀྱི་གཎྜིའི་སྒྲ་བསྒྲགས་སོ། 10་།ལྷ་མིན་གྲོང་ཁྱེར་ཚལ་དུ་ལྷ་རྣམས་པ་མ?་གྱུར་ལྷན་ཅིག་བྲོས་ཚེ་བརྒྱ་བྱིན་གཟུགས་འཛིན་གྱིས། །མཁའ་ལྡིང་ཕྲུ་གུ་ཤིང་རྟའི་ལམ་གནས་ཉམས་པར་མཐོང ་སྟེ་ལྷ་རྣམས་ལ་སྨྲས་བརྩེ་བ་ཡིས། །བདག་ཉིད་གཅིག་པུའི་ཤིང་རྟ་ཕྱིར་ལོག་གྲོང་ཁྱེར་ས་གཞིར་ཞུགས་ཏེ་གང་གིས་ལྷ་མིན་ལས། །རྒྱལ་གྱུར་དེའི་རྗེས་བརྩེས་འགྲོ་བ་གསུམ་ལས་རྣམ་རྒྱལ་ཆོས་ཀྱི་གཎྜིའི་སྒྲ་བསྒྲགས་སོ། 11་།བྲམ ་ཟེ་གང་ཞིག་ལེགས་པར་སྤྱོད་དང་ཡུལ་གཞན་བརྟན་ཞིང་ཟབ་མོའི་ཤས་དང་ལྡན་དབུལ་པོར། །རང་གི་རྣམས་གསལ་བྱས་ནས་སུས་ཀྱང་མ་ཚོར་བར་ནི་བརྐུར་རུང་ཞེས། །མཁན་པོའི་ཆོ་གས་གཞན་ནོར་བརླག་བསྟན་འགོག་པར་བྱེད ་ལྡན་དེ་ནི་སློབ་མས་མ་མཉན་ཏེ། །གཞན་གྱི་ནོར་བརླག་མི་བྱེད་རྙོག་པ་མེད་པའི་ཆོས་ཀྱི་གཎྜིའི་སྒྲ་བསྒྲགས་སོ།། 12་།།བུད་མེད་རིན་ཆེན་གང་ཞིག་ཇི་བཞིན་དོན་མིན་མཛའ་དག་འཇིག་རྟེན་མྱོས་བྱེད་བྱུང་བར་གྱུར། །ས་ཡི་བདག་པོ་ཤིན་ཏུ་གཞོན ་སྡུག་དེ་ལས་སྐྱེས་པའི་ཆགས་ཐོབ་གྱུར་ནའང་གང་དེ་ལ། །དེ་ལས་བྱུང་བའི་མེ་ཡིས་བདག་གི་སྲོག་བསྲེགས་ཀྱང་ནི་ཚུལ་ཁྲིམས་ལྷོད་ཅིང་ཉམས་མ་གྱུར། །དེ་ལྷའི་ཚུལ་ཁྲིམས་ཕུང་པོས་གསལ་ཞིང་རབ་ཏུ་སྙན་པའི་ཆོས་ཀྱི་གཎྜིའི་སྒྲ ་བསྒྲགས་སོ། 13་།གང་ཞིག་གྲུ་པོའི་ཆོད་པས་འགྲོན་བསྒྲུབས་འདོད་པས་གསོལ་བཏབ་དེ་དག་བལྟས་ནས་གྲུ་བོར་ནི། །དཀའ་བས་བདག་ཉིད་ཞུགས་གྱུར་རླུང་ཆེན་ཤུགས་རླབས་ཀྱིས་ནི་རྒྱ་མཚོར་བྱིང?་བར་གྱུར་པའི་ཚེ། །བདེན་པའི་ཚིག་བརྗོད་པས ་ནི་རླུང་གི་གྲུབ་བོ་ཕྱིར་ལོག་དགའ་མཛའ་ཨི་ངོས་སུ་ཁྱེར་སོང་གྱུར། །རབ་མཐོ་བརྟེན་པའི་ཚིག་དེས་ཆོས་ཀྱི་གཎྜིའི་སྒྲ་བསྒྲགས་སོ། 14་།ལྟེང་ཀ་ཉི་མའི་ཟེར་གྱིས་བསྐམས་པར་གཉེན་ཚོགས་དང་བཅས་ཉ་དག་ལ་ནི་ཁ་ལ་སོགས། །བྱ་ཚོགས ་རྒྱགས་པས་ཕྱོགས་ཀུན་ནས་བསྐོར་ཟ་བར་འདོད་པ་རྣམས་ལ་བདེན་པའི་ཚིག་དག་གིས། །བྱིན་རླབས་གང་བརྗོད་མྱུར་བར་ལྷ་ཡི་བདག་པོས་ཆར་གྱི་རྒྱུན་ཕབ?་སྲོག་ཆགས་རྣམས་ལ་ཡིད་མཐུན་པས། །རྗེས་སུ་སྲུང་བྱེད་རབ་ཞིའི་རང་བཞིན་བློ་གྲོས ་ཅན་དེའི་ཆོས་ཀྱི་གཎྜིའི་སྒྲ་བསྒྲགས་སོ། 15་།གང་ཞིག་ཆུ་འཛིན་བཞིན་གྱི་ཟེར་ལས་རྒྱལ་བའི་མེ་ཡིས་བསྲེགས་ཏེ་དེ་དག་རླུང་གིས་སྐྱོད་པ་ཡི། །མེ་རྣམས་ཀྱིས་ནི་ནམ་མཁའ་ཁྱབ་པར་བྱས་ཏེ་སྲེག་པ་ཕྲུ་གུ་ཟ་བར་འདོད་འདྲ་ལ་།དེས་ནི་ཞི་བྱེད ་བདེན་པའི་ཚིག་གི་བྱིན་གྱིས་བརླབས་བརྗོད་པ་ལས་ཞི་བ་ཐོབ་པར་གྱུར། །རྫུན་གྱི་ཚིག་ལས་སླར་ལོག་བཟོད་པ་དང་ལྡན་དེ་ཡིས་ཆོས་ཀྱི་གཎྜིའི་སྒྲ་བསྒྲགས་སོ། 16་།མི་ཡི་བདག་པོ་ཐམས་ཅད་བཤེས་གཉེན་ཆད་འཐུང་བ་ལས་མངོན་པར་དགའ་བ ་ཉིད་གྱུར་དབང་པོས་ནི། །སྐྱེས་བུ་དེ་དག་མཐོང་སྟེ་བྲམ་ཟེའི་གཟུགས་བསྒྱུར་ཆད་གིས་གང་བའི་བུམ་པ་གང་ཞིག་ཐོགས། །མི་བདག་སྐྱེ་ཚོགས་བཅས་པ་དེ་དག་མདུན་དུ་ཆང་གི་ཉེས་པ་གང་དག་བསྟན་པ་ཡིས། །དེ་ལས་དེས་ནི་ཐམས་ཅད་རྣམ ་པར་བཏུལ་ཏེ་སྐྱོན་སྤངས་པ་ཡི་མཐུ་ལྡན་ཆོས་ཀྱི་གཎྜིའི་སྒྲ་བསྒྲགས་སོ། 17་།བདག་ཉིད་རིགས་དང་ལྡན་པ་འགའ་ཞིག་བྱུང་གྱུར་འདོད་པ་རྒྱས་པའི་ཁྱིམ་ལས་ཡིད་བྱུང་ནས། །ཞི་བདེ་འདོད་པས་ཞི་བའི་ནགས་མཐར་སོང་སྟེ་རབ་ཏུ་བྱུང་གྱུར་ཕ ་མཚུངས་ངེས། །ཉེ་བར་འདོད་པའི་ཡིད་ལས་གཉེན་ཅིག་དེ་ལ་རང་ཁྱིམ་ཉེས་པ་མངོན་པར་བསྟན་ནས་ཀྱང། །འདོད་བྱ?་མིན་བློ་ས་རབ་མཆོག་གནས་ཀྱི་བདེ་རྙེད་དེ་ཡི་ཆོས་ཀྱི་གཎྜིའི་སྒྲ་བསྒྲགས་སོ། 18་།ཕམ་དུས་འདས ་ཁྱིམ་གྱི་བདེ་ལས་སྐྱོ་བར་གང་གྱུར་བས་མཛའ་ཨི་ནགས་སུ་གནས་བཅས་ཏེ། །དེས་ནི་དྲན་གཞག་བི་ས་ལ་ཡི་འདབ་མ་རྟག་ཏུ་རུང་བ་ཁམ་གྱི་ཟས་ཀྱིས་འཚོ་བྱེད་དོ། །བསྟན་དེ་ཉམས་སད་ཕྱིར་ལྷ་ཡི་དབང་པོ་དེ་སོང་རང་གང་གི་སྐལ་བའི་འདབ ་མིན། །ཉིན་ལྔ་བརྐུས་ནའང་བསམ་གཏན་བརྟན་པ་བདུད་རྩིའི་རོས་འཚོ་དེ་ཡི་ཆོས་ཀྱི་གཎྜིའི་སྒྲ་བསྒྲགས་སོ། 19་།རྒྱལ་པོའི་གནས་ཆེན་གྱུར་ནས་ནོར་གྱི་བདག་པོ་ན་ཆོད་ཐོག་མ་ནད་མེད་པ་ཡེ?་ལུས་ལྡན་ཞིང། །གཉེན་ཚོགས་རྣམས ་ལ་བྱམས་དང་ལྡན་པའི་འཇིག་རྟེན་དག་གིས་དེ་དཔེན་མཆོག་ཏུ་གྱུར་པ་གང། །རབ་ཏུ་བྱུང་བར་གྱུར་ཅེས་འདི་ལྟར་མི་བདེན་པར་ཡང་ཡོན་ཏན་བསྒྲགས་པས་བསྐུལ་ནས་ནི། །ལེགས་པར་རབ་བྱུང་མཛའ་དག་ཡོན་ཏན་གཏམ་གྱི་འབྲས ་བཅས་དེ་ཡི་ཆོས་ཀྱི་གཎྜིའི་སྒྲ་བསྒྲགས་སོ། 20་།ཁྱིམ་གནས་དགའ་ཡང་ཉེ་བར་སྤངས་གྱུར་གང་གར་བརྩེ་བ་ཁོ་ནས་ཆུང་མ་གཅིག་ཡོད་ལས། །བས་མཛའ་གནས་བཅས་རབ་ནི?་དགའ་བས་གནས་ལས་དེར་ན་རྒྱལ་པོ་གང་གིས་དེ ་བརྟག་ཕྱིར་བརྟུལ་ཞུགས་ལེགས་ཞེས་བསྟོན་ནས་ཁྱིམ་འཐབ་འཕྲོག་ཀྱང་རབ་ཏུ་ཁྲོ་བ་ངེས?་བཅོམ་སྟེ། །དེ་ལ་སླར་ཆོས་བསྟན་རྣམས་རྒྱལ་དེའི་རྗེས་སུ་ཆོས་ཀྱི་གཎྜི་སྒྲ་བསྒྲགས་སོ། 21་།སྣ་ཚོགས་ཡིད་བཞིན་མཚོ་ནི་དྲི་མ་མེད་པར ་བཞིན་བཟང་མདུན་བདར་དང་པའི་རྒྱལ་པོ་ནི། །རྒྱལ་པོ་ཐོབ་གྱུར་བློན་པོར་བཅས་བཟུང་ནས་ནི་ཚངས་པས་བྱིན་གྱིས་རྒྱལ་པོ་ཐོབ་གྱུར་ཏེ། །ཆོས་བསྟན་ཀུན་ནས་ཉོན་མོངས་སྲ་བའི་བྱ་རྙི་ལས་གྲོལ་གྱུར་ཏེ་འགྲོ་བ་གསུམ་པ་ཡི། །ཉོན ་མོངས་རྙི་རྣམས་རབ་ཏུ་བཅོམ་པའི་མཁས་པ་དེ་ཡི་ཆོས་ཀྱི་གཎྜིའི་སྒྲ་བསྒྲགས་སོ།། 22་།རྒྱལ་པོ་གང་གི་གནས་ན་གཅིག་ཏུ་བྱམས་དང་ལྡན་པའི་ཀུན་ཏུ་རྒྱུ་ཞིག་ཡོད་གྱུར་ལ། །དེ་ཡི་བཀའ་རིག་ནས་ནི་བདག་ཉིད་དེ་གནས་ལོག་སོང? ་གང་ཞིག་གཅིག་ཏུ་ཞི་བའི་ནགས་མཐར་གནས། །དེར་ནི་མངོན་ཤེས་ཡེ་ཤེས་ཐོབ་བྱས་སླར་ཡང་མི་བདག་གི་ཡི་ལོག་ལྟའི་དྲ་བ་ལས། །རབ་ཏུ་བསྤུངས་ཏེ་ལྟ་བུ་སྤངས་གྱུར་སྨན་བ་དེ་ཡིས་ཆོས་ཀྱི་གཎྜིའི་སྒྲ་བསྒྲགས་སོ། 23་།བས ་མཛའ་གང་དུ་སྤྲེའུའི་བདག་ཉིད་གྱུར་ནས་མི་ཡི་ཡོན་ཏན་ལས་རྒྱལ་ལེགས་པའི་ཡོན་ཏན་ཅན། །དེར་ནི་མི་ཞིག་སྡོང་པོ་མཆོག་ཆག་གཡང་ས་ཆེར་ལྷུང་ཁུད?་བུར་ཚོ་དེས་འདོན་པ་མཐོང་བར་གྱུར། །མཐོང་ནས་ཀྱང་ནི་འདི་ལྟར་སྙིང་ལ་རྗེས ་བརྩེ་ཡོངས་ལྡན་གང་དེས་མཆོངས་ནས་ཕྱུང་སྟེ་ལྟས་སོ། །མི་དེ་རྣམས་ལས་སྲིད་གསུམ་ཕན་པར་མཛད་པ་དེ་ཡི་ཆོས་ཀྱི་གཎྜིའི་སྒྲ་བསྒྲོགས་སོ། 24་།མི་བདག་གང་ཞིག་དངོས་སུ་རི་དགས་ཤར་བྷ་ཡི་རི་དགས་བསད་ཕྱིར་རྟ་ལ་ཞོན་ནས་ནི།། ་མགྱགས་བརྒྱུགས་པ་ལས་ཁྲོན་པར་ལྷུང་ནས་དེ་མངོན་སོང་དེ་གཡང་ས་ལས་གང་ཕྱུང་གྱུར་བ། །མི་ཉེས?་པ་དང་བུ་ཡང་མཚུངས་ཉིད་ལྟ་བུ་ཁོ་ནར་བྱས་ཏེ་རྗེས་སུ་བརྩེ་བ་ཡིས། །སེམས་ཅན་རྣམས་ཀྱི་སྡུག་བསྔལ་ཀུན་ཟང་འཛངས་པར་གྱུར ་དེའི་ཆོས་ཀྱི་གཎྜིའི་སྒྲ་བསྒྲགས་སོ། 25་།མི་གང་ཆུ་བོས་ཁྱེར་གྱུར་སྣ་ཚོགས་མཛེས་པའི་རུ་རུ་འདི་ཚིགས་ཀྱིས་ཕྱུང་ནས་སུ། །འདི་སྐད་མདགས་ཏེ་འཇིག་རྟེན་སུ་ལ་འང་མ་སྨྲ་ཁོ་བོ་གནས་གང་མ་བརྗོད་ཅེས་པ་ལས། །དེས་ནི་ས་འཛིན་? ་ནི་ལག་པས་མི་རྣམས་ལ་བསྟན་འཁྲིག་མ་གཅིག་ནི་ཚང་བར་གྱུར། །མི་དེའང་བསྐྱབས་ཤིང་མའི་བདག་པོ་ལ་ནི་གདམས་བྱས་དེ་ཡི་ཆོས་ཀྱི་གཎྜིའི་སྒྲ་བསྒྲགས་སོ། 26་།གནས་གང་ཞིག་ན་ལྗོན་པའི་རི་དང་ལྡན་པའི་འབྲས་བུ་ལྷུང་གྱུར་ཆུ ་པོས་ཁྱེར་པ་ཞིག། རྒྱལ་པོ་དེ་ཡི་མཐུ་རྩལ་རྗེས་སུ་འཚོལ་བས་རང་གི་གཉེན་རྣམས་བསད་འདོད་རི་བའི་རྩེར། །རང་གི་རྐང་པ་གཉིས་བཙར་རབ་ཏུ་སྲ་བར་བཅིངས་ཏེ་སྲ་བར་བྱས་ནས་མཐར་ཕྱུང་ནུས། །ངལ་བས ་དེར་ནི་བདག་ཉིད་དོར་གྱུར་དེ་ཡི་རྗེས་སུ་ཆོས་ཀྱི་གཎྜིའི་སྒྲ་བསྒྲགས་སོ། 27་།བརྫུན་ལས་རབ་ཏུ་བརྟག་པའི་སྐྱོན་གྱིས་ཉམས་པར་འོས་པའི་བློ་གྲོས་ཅན་ཡིད་རང་གི་ལུས། །འདར་ཞིང་ཁྲོ་བས་མི་བདག་འཇིགས་བྱེད་མིག་ནི་དམར ་ཞིང་ཉོན་མོངས་རལ་གྲི་རབ་ཏུ་བཅོམ། །བདེན་པའི་དོན་ཅན་བཟོད་པར་སྨྲ་བས་རང་ལུས་ལྟོས་དོར་གང་ཞིག་འགར་ཡང་མི་བཟོད་པས། །རབ་ཏུ་གནོད་པར་བྱེད་ལ་གནོད་བཟོད་ཡིད་ལ་བྱེད་པའི་ཆོས་ཀྱི་གཎྜིའི་སྒྲ་བསྒྲགས་སོ། 28། ་མི་ཡི་བདག་པོ་ཡན་ལག་བྱིན་ནི་མི་དགེ་ཆད་ལྟ་རབ་ཏུ་བསྐྱེད་ལ་ཚངས་པར་གྱུར་པ་ཡིས། །མདུན་གྱི་ནམ་མཁར་གནས་ཏེ་རབ་ཏུ་གསལ་བའི་ཚིག་གིས་སུན་ཕྱུང་འཇིག་རྟེན་གཞན་པ་ནི། །ཐུགས་བརྩེས་བསྲུངས་ཏེ་མི་ཤེས་པ་ཡི ་མུན་པས་མཛའ་དག་རབ་ཏུ་བཅོམ་ནས་མི་བདེན་པའི། །ལྟ་བའི་དྲ་བ་གཅོད་བྱེད་བློ་གྲོས་ལྡན་པ་དེ་ཡིས་ཆོས་ཀྱི་གཎྜིའི་སྒྲ་བསྒྲགས་སོ། 29་།ཤིན་ཏུ་འཐུག་པའི་ནགས་སུ་གནས་ནས་ཕྱུང་ཚེ་མི་བདུན་བརྒྱ་མཐོང་ནས་ཉེ་བའི།། ་རི་བའི་སྟེང་ན་གླང་ཆེན་མཆོག་ནི་ཤི་བའི་ཤ་ཡོད་སོང་ལ་ལམ་རྒྱགས་བྱོས་ཞེས་སྨྲས། །གླང་པོའི་རྒྱལ་པོ་གང་ཞིག་བརྩེ་བར་ལྡན་བྱའི་རི་བོའི་རྩེ་ནས་བདག་ཉིད་ལུས་མཆོངས་ངོར། །སྲོག་ཆགས་རྣམས་ལ་བྱམས་ལྡན་རྡུལ་རྣམས ་སྤངས་པ་དེ་ཡི་ཆོས་ཀྱི་གཎྜིའི་སྒྲ་བསྒྲགས་སོ། 30་།གང་ཞིག་ཤིན་ཏུ་དུལ་བས་ཚ་གདུང་མི་ཡི་རྒྱུ་མ་དང་ནི་ཤ་ཚིལ་གློ་བས་མངོན་གང་བར། །སུ་ང་ས་ནི་ཆོས་ཀྱི་དབྱིག་གུས་དཔེ་མེད་བརྩེ་བ་བརྩོན་འགྲུས་བདེན་པ་རབ་ཏུ ་འཁྲུགས། །དེ་ཐབས་སྨོན་པས་སྲོག་ཆགས་སྨན་པ་དད་ནི་བདེ་བའི་ཆོགས་སྲིད་པའི་གནས། །སྡུག་བསྔལ་རྒྱུ་དང་སྡུག་བསྔལ་སླར་བཟློག་པ་ཡི་དོན་བྱས་ཆོས་ཀྱི་གཎྜིའི་སྒྲ་བསྒྲགས་སོ། 31་།ན་དང་སྐྱེ་བ་ལ་སོགས་ཟུག་རྡུར་འཇིགས་པ ་མང་པོ་མཐོང་སྟེ་འབར་བའི་མེ་སྟག་རབ་འཕྲོ་བའི། །ཁང་པ་ཉེ་བར་ཞི་བའི་ཕྱིར་ནི་འགྲོ་བའི་མཛའ་དག་སྐྱོ་བའི་སེམས་གྱུར་ཅིང། །རྒྱལ་པོའི་ཕུན་ཚོགས་ཇི་ལྟར་རྩ་བཞིན་གང་སྤངས་ལྕགས་ཁྱིམ་ཆེན་པོར་བསྲུངས་ན་ཡང། །ནགས ་མཐར་རབ་ཏུ་སོང་གྱུར་དེ་ཡི་རྗེས་སུ་ལེགས་པའི་སྤྱོད་ལྡན་ཆོས་ཀྱི་གཎྜིའི་སྒྲ་བསྒྲགས་སོ། 32་།རྟག་ཏུ་མང་པོའི་རྣམ་པ་རྣམ་པར་གནོད་བྱེད་ཡལ་ག་རི་དགས་གདུག་པ་འཁྲུགས་པས་ནི། །གང་འདོད་མཆོག་གི་ལུས་ཅན་ལང ་ཚོ་ལྡན་པའི་མ་ཧེ་ལ་ནི་གནོད་སྦྱིན་གྱིས་བསྐུལ་ནས། །གང་བརྗོད་མཛའ་དག་ཤིན་ཏུ་བཟོད་ལྡན་ཡོན་ཏན་གཏེར་གྱུར་ཐར་པའི་ལམ་གྱི་གཙོ། །བཟོད་པའི་འབྱུང་གནས་དང་མཚུངས་པ་ཡི་མི་གཡོ་དེ་ཡི་ཆོས་ཀྱི་གཎྜིའི་སྒྲ ་བསྒྲགས་སོ། 33་།གང་ཞིག་འདབ་ཤོག་རྒྱས་པ་ཡོན་ཏན་བརྒྱ་ཕྲག་རབ་མཆོག་ཡང་དག་བརྒྱན་པའི་བདག་ཉིད་ཀྱི། །བྱ་ཞིག་བྱུང་གྱུར་རི་དགས་དགྲ་ཡི་མགྲིན་པར་རུས་པའི་དུམ་བུ་རིང་པོ་ཟུག་པ་ཕྱུང་བྱས་ཏེ། །རི་དགས་ངེས ་སླར་བསད་ཅིང་ཟ་ཕྱིར་བརྙས་ཐོབ་གྱུར་མོང་དེ་ནི་ནུས་ནའང་ཁྲོ་མ་གྱུར། །བཟོད་པའི་ཞིང་དེའི་མཆི་མེད་རང་བཞིན་འབྲས་བུ་བཅས་གྱུར་ཆོས་ཀྱི་གཎྜིའི་སྒྲ་བསྒྲགས་སོ། 34་།ཇི་སྲིད་རི་རབ་ཉི་མ་ཟླ་བས་རབ་གསལ་རྩེ་ནས་འོང་ཆེན་འཕྲོས་པས ་སྣང་བར་བྱས་ལྗོངས་དང། །ཇི་སྲིད་ཆུ་བོ་འཛིན་ཁྲི་ཉ་དང་ཆུ་སྲིན་རླུང་རྣམས་ཀྱིས་དཀྲུགས་གནས་ནི་ལཉྪཝའི་རྒྱ་མཚོ་དང། །ཇི་སྲིད་ས་ནི་རི་དང་ལྗོན་ཤིང་ནགས་ཆལ་གྲོང་དང་གྲོང་ཁྱེར་ལྗོངས་དང་སྟོང་རྒྱུན་འབབ་བཅས་གནས། །དེ་སྲིད་མདོར་ན་སྟོན ་པའི་བཀའ་ཡིས་སྲིད་པའི་ཁང་པ་མི་བཟད་ལྷུང་གྱུར་འགྲོ་བ་མཛའ་དག་རབ་ཞི་ཤོག། བྱང་ཆུབ་སེམས་དཔའ་ཨི་སྐྱེས་པའི་རབས་ཀྱི་ཆོས་ཀྱི་གཎྜིའི་སྒྲ་བསྒྲགས་པ་སྙན་དངགས་མཁན་ཆེན་པོ་སློབ་དཔོན་དཔའ་བོས ་མཛད་པ་རྫོགས་སོ། །།དཔལ་ཆོས་ཀྱི་རྗེ་སའི་སྟེང་ན་འགྲན་ཟླ་དང་བྲལ་བའི་པཎྜི་ཏ་ཆེན་པོ་ལ་ཆེ་ཤཱཀྱ་ཤྲཱི་བཟང?་པོ་དང། ལོ་ཙཱ་བ་དགེ་སློང་བྱམས་པའི་དཔལ་གྱིས་བསྒྱུར།། །།དགེ་ལེགས་སུ་གྱུར་ཅིག། ། ་རྒྱལ་པོ་ལ་གཏམ་བྱ་བ་རིན་པོ་ཆེའི་ཕྲེང་བ་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པ་བཞུགས་སོ། །རྒྱ་གར་སྐད་དུ། རཱ་ཛ་པ་རི་ཀ་ཐཱ་རདན་མཱ་ལི། བོད་སྐད་དུ། རྒྱལ་པོ་ལ་གཏམ་བྱ་བ་རིན་པོ་ཆེའི་ཕྲེང་བ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས ་