| Wylie | e-texts based on the ACIP/ALL Input |
*། (།འཇིག་རྟེན་ཀུན་ཏུ་དགའ་བའི་ཟློས་གང་ཙནད?་གོ་ནས་མཛད་པའོ།།)་*། རྒྱ་གར་སྐད་དུ་།ལོ་ཀཱ་ནནད་ནཱ་ཊ?་ཀནད་མ། བོད་སྐད་དུ། འཇིག་རྟེན་ཀུན་ཏུ་དགའ་བའི་ཟློས་གར་ཞེས་བྱ་བ། ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །བུང་བའི་ཕྲེང་བ་མི་གསལ་སྒྲ་སྒྲོགས་རྐང་པ་མདབ ་མ་རྣམས་བསྐྱོད་པས། །གེ་སར་ཁ་འབུས་རོ་བཅུད་དང་བཅས་རྡུལ་ཕྲན་ཚོགས་པས་ཁྱབ་གྱུར་ཅིང། །སྦྲང་རྩི་རྒྱ་ཆེན་ཐིག་ལེས་རྣམ་ཁེངས་མེ་ཏོག་ཐལ་མོ་སྦྱར་བ་འདིས། བདག་གིས་རྒྱལ་བའི་ཞབས་ལ་མཆོད་པས་ཁྱེད་རྣམས་ལ་ནི་ཞི་བར་མཛོད། །གཞན ་ཡང་བྱམས་པའི་ཐུགས་ནི་རྒྱ་ཆེན་དགའ་བས་མགུལ་ནས་ཡང་དག་འཁྱུད་གྱུར་པ། །ཁྱེད་ཀྱི་སྙིང་རྗེས་བདག་ཅག་ཀྱང་ནི་དེ་བཞིན་བཏང་སྙོམས་མཆུངས་མཛད་རིགས་།ལེགས་པའི་ལྷ་མོ་གྲགས་འཛིན་མཛད་བཞིན་བདག་ཅག་གིས་ནི་རྗེས་མི་འགྲོ། །བདུད ་ཀྱི་བུ་མོས་ཕྲག་དོག་གིས་སྨྲས་ཁྱེད་རྣམས་སངས་རྒྱས་རྟོགས་པར་ཤོག་།རྫོགས་བྱང་ཆུབ་ལ་བདུད་ནི་ཁྲོ་བས་སྐད་ཅིག་གཞུ་བཀང་དེ་ཡི་སྡེ་ཚན་རྣམས། །གང་གིས་རྣམ་པར་བྲོས་པས་བུབ་ཅིང་ལོག་འདྲེན་ཞབས་ཀྱིས་མནན་ཏེ་མངོན་སྐད་འབྱིན། །ལུས ་མེད་བུ་མོ་མྱོས་བྱེད་མ་རྣམས་མཆི་མཛག?་འཆི་མེད་རྣམས་ཀྱིས་མཐོང་ནས་དགའ་། །སྟེབས་བཅུ་མངའ་བའི་སྔོན་འགྲོ་གཞན་གྱིས་མི་ཐུབ་མས་ནི་ཁྱད་རྣམས་སྐྱོང་བར་ཤོག། དགའ་བྱེད་ཀྱིས་མཆོད་པའི་མཛའ་ལས་མདོ་འཛིན་པའོ། །སྙན?་ངག་ཙནྡྲཱ་དཱ་ཤ་ཡཱ། །ཟློས ་གར་འཇིག་རྟེན་ཀུན་ཏུ་དགའ་། །སྔོན་མེད་ཟློས་གར་རབ་སྦྱར་བས། །དི་རིང་ཚོགས་ལ་བདག་གི་སྟོན། །དེ་ནི་ངེས་པར་སྙན་ངག་ཉིད། །ཤར་ཕྱོགས་ཛ་ཏཱུ་ཀ་ར་ཎའི་རིགས་ལས་ནི། །ལྷ་མོ་རྒྱལ་མ་ཡིད་ཀྱི་ཤིང་རྟ་ལས། །གང་འཁྲུངས་ཁུར་ན་འཁུར་བར་མི་ནུས་ཀྱང།། ་དེའི་བུ་ཞེས་རབ་ཏུ་གྲགས་པ་ཐོབ། །གཞན་ཡང་རབ་འབྱམ་རྒྱན་དང་བཅས་ཤིང་ཚིགས་བཅད་རྐྱང་པ་མཁས་པའི་འཇུག་དོགས་རྒྱ་ཆེན་རྣམས། །གང་གིས་དངོས་པོ་གཅིག་གི་བརྗོད་བྱས་ལ་ཡང་རྒྱ་ཆེན་ཟད་པར་མ་གྱུར་དང། །གང་གི་བྱཱ་ཀཱ་ར་ཎ་ནི ་ཉུང་ཞིང་རབ་གསལ་ཡོངས་རྫོགས་གཞན་ཡང་མཛད་གྱུར་ནས། །འཇིག་རྟེན་ཆགས་དང་འཇིག་རྟེན་མུན་པའི་ཚོགས་ཆེན་རབ་ཏུ་འཇོམས་མཛད་གྱུར། །དེ་ནས་དན་རོལ་ཆ་དང་བཅས་ཏེ་རྩོམ་པ་ན་རེ་ཞིག་རང་གི་འཕགས་མ་ལ་བོས་ཏེ། ཀྱེ་འཕགས་མ ་རེ་ཞིག་འདིར་བྱོན་ཅེས་སོ། །དེ་ནས་དེའི་གདུང་བའི་ཤུགས་དང་བཅས་ཏེ་རབ་ཏུ་ཞུགས་ནས། ཀྱེ་འཕགས་པ་བདག་འོངས་སོ་བཀའ་སྒོས་ཤིག་ཅེས་སོ། །མདོ་འཛིན་པ་ནས་ཀྱེ་འཕགས་པ་ཅིའི་ཕྱིར་ཁྱོད་སྡུག་བསྔལ་བར་བྱེད། ཟློས་གར་མན?་ས་ཅིའི་ཕྱིར་སྡུག ་བསྔལ་མི་འགྱུར་ཏེ། །ཇི་ལྟར་ཁྱོད་ཀྱི་མིང་ཙམ་གྱིས་ཀྱང་ནི། །གནས་རྣམས་ཡང་དག་འདྲེན་ནུས་བུ་གཅིག་པོ། །ངེས་བར་བདག་ནི་རབ་ཏུ་བྱུང་ནས་ནི། །རང་ལུས་འབྲས་བཅས་བསྒྲུབ་པར་བྱ་ཞེས་སྨྲ། །མདོ་འཛིན་པ་ནས་འདི་ནི་བྱང་ཆུབ་སེམས་དཔའ་མ་ཡིན ་ནོ་ཟློས་གར་མ་ནས་ཀྱེ་འཕགས་པ་དེ་བྱང་ཆུབ་སེམས་དཔའ་མ་ཡིན་ན་ནམ་མཁའ་ལས་ཀྱང་མ་ལྷུང་ཞིང་རྣམ་པར་འཛིན་བྱེད་ཀྱི་མཐིལ་བརྟོལ་ནས་ཀྱང་མ་བྱུང་ངོ། །ཞེས་སྨྲ་ཞིང་གང་ཞིག་འདིར་སྙིང་རྗེ་སྐྱེ་བོའི་ཕྱིར་འཚོ་བར་སྤྲོ་བ་དེ་ནི་བྱང་ཆུབ་སེམས ་དཔའ་ཞེས་བརྗོད་དོ། །མདོ་འཛིན་པ་ནས། འཕགས་མ་དེ་དེ་བཞིན་ཏེ། བྱང་ཆུབ་སེམས་དཔའ་ཞེས་བྱ་ནི། །སྙིང་རྗེའི་ས་བོན་ལ་སྐྱེས་པའི། །བྱང་ཆུབ་སེམས་ཀྱི་མྱུ་གུ་འཁྲུངས། །ཕ་རོལ་ཕྱིན་པའི་ཡལ་འདབ་རྒྱས། །དཔག་བསམ་ཤིང་བཞིན་དགོས་འདོད ་རྣམས། །སྡུག་བསྔལ་བ་དེས་ཆོག་གོ་།འདིའི་བསོད་ནམས་ཀྱི་སྟོབས་ལས་དེ་བཞིན་དུ་དཔལ་དུ་འབྱུང་བར་འགྱུར་རོ། །ཡང་དག་པའི་རོལ་མོ་རྩོམ་པར་མཛོད་ཅིག་དང། ཟློས་གར་མནས། ཀྱེ་འཕགས་པ་འདིར་ཡང་དུས་གང་ལ་བརྟེན་ཡང་དག་པའི་རོལ ་མོ་བརྩམ་པར་བགྱི། མདོ་འཛིན་མ་ནས། ཀྱེ་འཕགས་མ་འདིར་རེ་ཞིག་གསར་དུ་མངོན་པར་བྱུང་བླཧན་ཅིག་བྱེད་པའི་སྙིང་མའི་དྲིས་ཡོངས་སུ་ཁྱབ་པ་མེ་ཏོག་གི་ཕྲེང་བ་ལེན་པ་སྤྲང་རྩི་བྱེད་པའི་རིགས་ཀུན་ཏུ་དགའ་ཞིང་རྩེ་བ་མེ་ཏོག་གི་དུས་ལ ་བརྟེན་ལ་གླུ་ལོང་ཞིག། འདི་ལྟ་སྟེ། པདམོ་རྣམས་ནི་བ་མོས་རིགས་ཉམས་འོད་ལྡན་གང་ཞིག་ཤར་ནས་དབུགས་རྣམས་འབྱིན། །དེ་བཞིན་མཁས་པའི་ལྷོ་ཕྱོགས་རླུང་རྣམས་ཀྱིས་ནི་འཇིག་རྟེན་ཡང་དག་ཚིམ་པར་བྱེད། །ཕྱོགས་རྣམས་པ་ལཱ་ཤཱ་ཡི་ལྗོན་ཤིང ་མེ་ཏོག་ཤ་དྲལ་བཞིན་དུ་ཤིན་ཏུ་དམར། །བསིལ་མེར་འོད་ཟེར་འགྲོ་བ་རྣམས་ཀྱི་གཙུག་གི་ནོར་བཞིན་གསལ་པོ་ཡང་དག་གནས། །ཡོལ་བའི་ནང་ནས་ངོ་མཚར་ཆེ། །ངོ་མཚར་ཆེ་ཞེས་སོ། །ངོ་མཚར་ཆེ་ཞེས་སོ། །མདོ་འཛིན་བ་ནས། རྣ་བར་ཐོས ་ནས། འདི་སུ་ཞིག་ཡིན། ངེས་པར་བརྟགས་པས། ཀུན་ནས་ཤེས་ཏེ། རིག་འཛིན་མ་ཡིས་གཞོན་ནུ་གཙུག་ན་ནོར་བུ་འདི་མཐོང་ནས། །རབ་དགའ་གཡོ་ཞིང་རང་གི་ལག་པའི་པདྨ་གར་རྩེ་ཞིང། །ནམ་མཁའ་རྐང་གདུབ་རྩེ་ལ་གོས་ཀྱི་འོད་ཟེར་རེག་གྱུར་ནས། །གང། ་ལྡན་རི་བོའི་རྩེ་མོ་ལ་ནི་རབ་ཏུ་རྒྱུ་བར་བྱེད། །བདག་ཅག་རྣམས་ཀྱང་ཇི་ལྟར་མངོན་པར་འདོད་པ་ཕུན་སུམ་ཚོགས་པ་བརྩམ་མོ། ཞེས་ཟེར་ནས། གཉིས་པོ་ངེས་པར་ཞུགས་ཏེ། མངོན་དུ་ཕྱོགས་ནས་གནས་སོ། །དེ་ནས་རིག་འཛིན་མ་རབ་ཏུ་ཞུགས་ཏེ་གར་བྱེད ་ཅིང་ཨཙྪ་རཱི་ཨ་ཨཙྪ་རཱི་ཨཾ། གང་གིས་སྐྱེ་བོ་འདི་འདྲས་ཆེན་སྟེང། ལྷ་རྣམས་ཀྱིས་ཀྱང་ཤིན་ཏུ་མཐོང་བར?་དཀའ་། །རབ་སྟུ་དགའ་བས་གཞན་གྱི་དབང་གྱུར་པ། །དགའ་བའི་གྲོགས་མོ་པད་མ་ཝ་ཏཱིང་ལ། །བདག་གི་ཁུར་ནི་ཡང་དག་གཏད་བྱས་ནས། །ནམ ་ཞིག་ཡོད་པར་གྱུར་ཏེ་བདག་མི་ཤེས། །ཞེས་ནས་ཡོངས་སུ་ཞུགས་སོ། །གང་གིས་འོངས་པ་དང་འདུག་པ་རང་མི་དྲན་པར་དགའ་བའི་གྲོགས་མོའི་བསྟི་གནས་སུ་ཕྱིན་ཏེ། བདག་ཉིད་ངོ་མཚར་ཆེ་ནས་རབ་ཏུ་ཞུགས་སོ། །འདིར་ཇི་ལྟར་སྦྲང་རྩི་བྱེད་པའི་རྐང་པའི་ཁུར་གྱིས ་མེ་ཏོག་རབ་ཏུ་རྒྱས་པའི་རྡུལ་གྱིས་ཚོགས་པས་ཁྱབ་པའི་རྡོ་ལེབ་ཀྱི་སྟེང་ནཱ་ག་གསར་གྱི་སྲང་ལམ་དུ་བྱས་པ་ལ་དགའ་བའི་གྲོགས་མོ་པདྨ་བ་ཏི་ནི་སྦྲང་གི་བུ་མོ་དང་ལྡན་ཅིག་གནས་ཤིང་ཅུང་ཟད་ཅུང་ཟད་སྨྲ་ཞིང་འཁོར་དེ། དྲུང་དུ ་ཉེ་བར་འོངས་སོ། །དེ་ནས་སྤྲང་གི་བུ་མོ་དང་པདྨ་ཅན་རབ་ཏུ་ཞུགས་ཏེ། པད་མ་ཅན་ནས། ཀྱེ་སྦྲང་རྩིའི་བུ་མོ་བདག་གི་སྙིང་མྱོས་པ་སྙམ་བྱེད་དོ། །ཞེས་དགའ་བའི་གྲོ་རིན་ཆེན་ཕྲེང་མ་ལ་ལྟ་བར་བྱེད་ཅིང། ཅིའི་ཕྱིར་ན་དེ་ཙམ་དུ་ཡང་མི་འོང་བར་གྱུར། རིག ་འཛིན་མས་ཉེ་བར་ཐོས་ནས་ཀྱེ་པད་མ་ཅན་སེམས་གཏོར་བར་མ་བྱེད་ཅེས་ཟེར། འདིར་དེ་དག་གཉིས་ན་རེ་ཨ་རེ་དགའ་། ཨ་རེ་དགའ་ཞེས་སྨྲོ་ཞིང་གཉིས་བོ་རྟབ་རྟབ་པོར་ལངས་སོང་ནས། ཨ་ཨི་ཅི་ཡིན་ཅི་ཡིན་རིག་འཛིན་མ་ནས་ཀུན་གྱི་ལྟ ་བྱེད་རྣམས་ཀྱིས་བལྟ་བར་འོས་པ་བདག་གིས་མཐོང་སྟེ། མིག་གི་འབྲས་བུ་ཐོབ་བོ། །གཉིས་པོ་ནས་ཁྱོད་ཀྱི་མི་མཐོང་སྨྲོས་ཤིག་།རིག་འཛིན་མ་ནི་སླར་ཡང་དེ་ཉིད་སྨྲ་བར་བྱེད་དོ། །གཉིས་པོས་ཡང་འདྲི་ཞིང་རིག་འཛིན་མ་ལ་པདྨ་ཅན་རབ་ཏུ་འཁྱུད་དོ།། ་བདག་ནི་རབ་ཏུ་དགའ་བའི་གཞན་དབང་དུ་གྱུར་ཏེ་གལ་ཏེ་བདག་གིས་དབྱངས་ཅན་མ་ལ་བར་སྙེད་ན་ནི་སྨྲའོ། །གཉིས་པོ་ནས། ཁྱོད་ཀྱི་དགའ་བ་དེ་ཤིན་ཏུ་ཅི་མོ་ཞིག་ཞུགས་པ་འདྲའོ། །རིག་འཛིན་མ་ནས་འདི་ནི་གཞན་མཐོང་ནས་ཀྱང་དེ་ལ་དགའ་བ་ཆེན་པོ ་མཐོང་ངོ། །གཉིས་པོ་ནས་བདག་ཉིད་གཅིག་པོ་འགེགས་པས་ཆོ་ག་གམ། བདག་ཅག་ལ་ཡང་ཆ་ཤས་ལེགས་པར་དགོས་མཛོད། རིག་འཛིན་མ་ནས། བདག་གིས་མཐོ་བ་དུལ་བའི་མདངས་ལྡན་པ། །འོད་ཟེར་རབ་ཏུ་འདྲེན་པ་འཕྲོ་བ་ཅན། །ཕྱོགས ་བཞི་ཆོས་རྣམས་མ་ལུས་སྒྱུ་རྩལ་ཚོགས་།ཡོངས་སུ་ཞུགས་རྣམས་མིག་ནི་དགའ་བར་བྱེད། །གཉིས་པོ་ནས། ལེགས་ལྷན་མ་ཟླ་པའམ་ཅི་ཞིག་།རིག་འཛིན་མ་ཁྲོས་ཏེ། དེ་བཞིན་དུ་བདག་གིས་མ་སྨྲས་པ་རང་མཆོག་གོ་།ཀྱེ་འདི་ནི་རི་དགས་ཀྱིས་མཚོན་ཏེ་དེ་ལ ་མཆུངས་པར་བྱེད་དམ། གཉིས་པོ་ནས། ཡང་ན་མྱོས་བྱེད་དམ། རིག་འཛིན་མ་ནས། གང་དེའི་སྦྱོར་བ་དང་བྲལ་ན་ཧཱུཾ་ཞེས་བྱེད་ཅིང་བྱིན་ཟའི་རྩེ་མོ་ལ་ཕྱེ་མ་ལེབ་དང་འདྲ་བ་ནི་དུལ་བའི་མདངས་དང་ལྡན་ཞིང་མཛེས་པར་རབ་ཏུ་བརྐྱང་དམ། གཉིས་པོ་ནས། གང ་ཇི་ལྟར་ཡིན་པ་སྨྲོས་དང། རིག་འཛིན་མ་ནས་བདག་གི་སྨྲ་བར་བྱ་ཡིས་ལེགས་པར་དེ་ལེགས་པར་ཉོན་ཅིག་།འདི་ནས་རིག་འཛིན་མ་སྐྱེ་བོའི་གཏམ་ཕན་ཚུན་སྨྲ་བ་ལས་གཞོན་ནུ་གཙུག་ན་ནོར་བུ་འདི་འདྲའོ། །ཞེས་ཐོས་པས་ཡ་མཚན་ཆེ་ནས་དགའ་བ་དང ་ལྷན་ཅིག་སཱ་ཀེ་ཏའི་གྲོང་ཁྱེར་དུ་བདག་གིས་ཕྱིན་ནོ། །དེ་ནས་རྒྱལ་པོ་ཚངས་བྱིན་གྱི་ལྷ་མོ་འོད་ཀྱི་བློ་གྲོས་མ་ལ་ཁྱེའུ་ཞིག་ཡང་དག་པར་འཁྲུངས་ཏེ། གཞན་གྱིས་བསྒྲུན་པར་མི་ནུས་ཤིང་གཟུགས་དང་ཕུན་སུམ་ཚོགས་པས་རྣམ་པར་སྤྲས་པ་མཆོག་གི ་སྙིང་རྗེ་ཅན་གང་འདོད་པ་ཀུན་སྦྱིན་པ་གཞོན་ནུ་གཙུག་ན་ནོར་བུ་ཞེས་པ་བདག་གི་མཐོང་ངོ། །དེ་ཡང་མཐོང་བ་ན། ཀུན་གྱི་མངོན་པར་འདོད་པའི་དོན་ཕུན་སུམ་ཚོགས་པ་གྲུབ་པའོ། །རྒྱལ་པོ་གང་ཞིག་གིས་བུ་མོའི་ཆེད་དུ་དེའི་སྐུ་གཟུགས་དང་དབྱིབས ་ཀྱི་བཀོད་པ་ཐད་ཀ་ལ་རི་མོར་བྲིས་ཏེ་ཁྱེར་བ་ལ་བར་དུ་རིག་འཛིན་མ་རྣམས་ཀྱིས་བརྐུས་ཏེ་འཁྱེར་བར་བྱེད་དོ། །གཉིས་པོ་མངོན་པར་འདོད་པ་འཕེལ་ཏེ། སླར་ཡང་དེ་གང་ན་ཡོད། །རིག་འཛིན་མ་ནས། ནོར་འཛིན་འདི་ཉིད་ནའོ། །གཉིས་པོ་ནས་ཁྱོད་ནི་མཁའ་ ་ལ་འགྲོ་བ་འབྲས་བུ་དང་བཅས་ཏེ་འཐོབ་བོ། །གང་ཇི་ལྟ་བ་དེ་བཞིན་དུ་མངོན་པར་འདོད་པ་ཡིད་འཕྲོག་པ་རྣམས། །ཁྲོད་ཀྱི་གང་བར་ཐོབ་བོ། །རིག་འཛིན་མ་ནས། ཀྱེ་མ་རིངས་དང་ཁྱེད་ཅག་གི་ཡང་མངོན་པར་འདོད་པ་ཡོངས་སུ་འགྱུར་གྱིས། སྦྲང་རྩིའི་བུ་མོ ་ནས། གང་ལས་བདག་ཅག་ལ་འདིའི་སྐལ་བ་སུས་སྟེར་བར་བྱེད། རིག་འཛིན་མ་ནས་།ཡང་སྐྱོན་ཅིག་འདུག་ཟེར། གཉིས་པོ་ནས། སྐྱོན་གང་ཡིན་སྨྲོས་ཤིག་།རིག་འཛིན་མ་ནས། གང་གིས་ན་དེ་ཁྱིམ་ཐབ་བྱ་བ་ལས་ཕྱིར་ཕྱོགས་སོ། །མཱ་དྷ་བི་དང་བད་མ་བ་ཏི ་དག་འཇིག་རྟེན་ཡིད་བཞིན་གྱི་ནོར་བུ་ནི་ཤིན་ཏུ་དཀོན་ནོ། །བི་དྷཱ་རཱི་ནས། བདག་གི་དེ་ཀྱི?་ངོ་མཚར་ཆེ་བ་གཞན་ཡང་དྲན་ཏེ། ཡིད་བཞིན་གྱི་ནོར་བུའི་གཏམ་གྱིས་ཡིད་བཞིན་གྱི་ནོར་བུ་ནི་ཇི་ལྟ་བ་བཞིན་དུ་དེ་ལ་ལྷན་ཅིག་སྐྱེས་པའི་གཙུག་ན་ནོར ་བུའོ། །མཱདྷ་བི་ནས་ཨཅཚར?་ཨཾ་བརྱཱི་དྷ་རི་ནས་ཅིའི་ཕྱིར་འདི་ངོ་མཚར་ཚེ། ནམ་མཁའ་སྤྱོད་ཡུལ་གྱིས་སྐྱེ་བོ་དེ་མཐོང་དམ། མཱ་དྷཤཱི་ནས། བདག་ཅག་གིས་མཐོང་བའི་ཐས་འགའ་ཞིག་ཡོད་དམ། བདཱིརྱཱ?་དྷ་རཱི་ནས་མ་ཡིན་ཏེ་བདག་གིས་ཁྱེར་འོངས་སོ། །གཉིད ་པོ་ངོ་ཚ་ཞིང་རྟབ་རྟབ་པོར་ཕྱོགས་རྣམས་སུ་བལྟ་ཞིང། དེ་གང་ན་གང་ན་ཞེས་སོ། །རིག་འཛིན་མས་བདག་གིས་སྟོད་གོས་ཀྱི་སེབ་ནས། ཐད་ཀ་ལ་རི་མོ་བྲོས?་པོ་དེ་ཕྱུང་ནས། བསྟན་ནེ། །གཉིས་པ་ངོ་མཚར་ནས་ངེས་པར་བལྟས་ཉེ། གནས་ཚུལ་ནི་རིན ་ཆེན་ཕྲེང་བ་མའི་ཕྱོགས་འདྲ་བཞིག་གོ་།མཱ་དྷ་བཱ་དང། པད་མཱ་གཉི?་དག་ནས། ཁྱོད་ཀྱི་དོན་མེད་པའི་དགའ་བ་འཕེལ་བར་བྱས་ཏེ། ཁྱོད་བཞིན་དུ་ལེགས་པའི་ཉམས་དང་བཅས་སོ། །གྲོགས་མོ་དགའ་བ་བདག་སྐྱོན་ཅི་མཆིས་སྨྲོས་ཤིག་།པད་མ་ཅན ་ཡུན་རིང་དུ་ངེས་པར་བལྟས་ནས། འདི་ལ་སྐྱོན་ཅིག་མཆིས་སོ། །རིག་འཛིན་མ་ཁྲོས་ཏེ། སྐྱོན་གང་སྨྲོས་དང། པདྨ་ཅན་སྦྲང་གི་བུ་མོས་མཐོང་ནས་སྦྲང་གི་བུ་མོ་ནས། སྨྲ་བར་མི་ནུས་པའོ་ཞེས་ཟེར། རིག་འཛིན་མ་ནས། ཀྱོ་པདྨ་བ་ཏི་གདུང་བར་མ ་བྱེད་ཅིག། ཁྱོད་ཀྱི་ཡང་བདག་གིས་ཐང་ཀ་གཅིག་རི་མོར་བྲིས་ཏེ་བྷ་མོ་འོད་ཀྱི་བློ་གྲོས་མ་ལ་བྱིན་པ་དང། ཉེ་བར་བལྟས་ནས། དེ་ཡང་མངོན་བར་དགའ་ནས་འདི་ཙམ་ཞིག་བག་མ་དང་མནའ་མའི་གདོང་པ་མཐོང་ངོ་ཞེས་སྨྲའོ། །འདིས་ལྷན་དུ ་མནའ་མ་བྱས་ནས་ཤིན་ཏུ་སྤྲོའོ། ཞེས་སྨྲའོ། །པདྨ་ཅན་ཁྲོས་ཏེ། དགའ་བའི་གྲོགས་མོ་དེ་བཞིན་དུ་བཅོ་བར་རིག་སམ། སྦྲང་གི་བུ་མོ་དགའ་ནས་དེ་ནས་དེ་ནས་ཞེས་ཟེར། རིག་འཛིན་མ་ནས། དེ་ནས་རྒྱལ་པོ་ཚངས་སྦྱིན་གྱིས་མངོན་དུ་མཐོང་ངོ། །གཉིས ་གར་གྱིས་བལྟས་ནས་སྨྲ་བ། འདི་ནི་གཞོན་ནུ་ལ་རྗེས་སུ་འོངས་སོ། །འོན་ཀྱང་བྱེད་པོའི་དབང་ལས་སོ། །དེ་ནས་གཉིས་པོས་རིམ་བྲིས་ལ་མངོན་དུ་བལྟས་ནས། གང་ན་སྤྱོད་བའི་མི་གཞོན་ནུ་ལ་སྟོན་དུ་བཅུག་གོ་།དེ་ནས་དེས་ཡུན་རིང་དུ་བལྟས་ནས། ཤུཌ ་ནར་ཕྱུང་ངོ། །མཱདྷཱ་བཱི་ནས། དེའི་མཚན་ཉིད་གང་ཡིན་རིག་འཛིན་མ་ནས། ལྕི་བའི་སྐྱེ་བོ་ནི་རྗེས་སུ་ཆགས་སོ་ཞེས་པའོ། །པདྨ་བ་ཏི་ནི་གང་མཉན་པར་བྱ་བ་མཉན་ནས་དུས་སོ། །རིག་འཛིན་མ་ནི་ངེས་སྐྲག་ནས། །ཇི་ལྟར་བདག་གི་བདུད་རྩིའི་ཆར ་བྱིན་པས། །དུག་གི་རྣམ་པར་ཁྱབ་བ་གྱུར། །དེ་འདིས་སླར་ཡང་ཇི་ལྟར་བཅོས་པར་བྱ་ཞེས་སོ། །ཡོལ་བའི་ནང་དུའོ། །དེ་བཞིན་དུ་དེ་རྣམས་གཅིག་ཏུ་འདིར་སུ་འོད་དམ་སྙམ་མོ། །དེ་ནས་དྲང་སྲོང་དཔོན་སློབ་གཉིས་རབ་ཏུ་ཞུགས་སོ། །གཉིས་པོའོ། ཁུའི? ་རང་བཞིན་མཉེས་གཤིན་པ། །ཡིད་གདུང་གང་གིས་མི་ཤེས་པ། །དེ་ཉིད་གཅིག་ཏུ་སྐྱེས་བུ་ལྟ། །འཇིག་རྟེན་ན་ནི་བདེ་མཆོག་ཐོབ། །སྤྱོད་པའི་བུ་ནས། བུ་མོ་པདྨ་ཅན་མ་པཱ་ཏི་མེ་ཏོག་ཐུར་སོད་བ་ལས་ཅི་སྟེ་ཡུན་རིང་དུ་འགེར་རོ། །ཅིའི་ཕྱིར་ཁྱབ་འཇུག་གིས ་ནི་མཚོན་བྱེད་མ་ཞེས་སྟོབས་ཀྱིས་ཁྱེར་གྱུར་རམ། །ཆེ་ཟེར་བྱེད་པས་ཟླ་བའི་ཆ་ཞེས་མི་བཟོད་འོད་ཀྱིས་རང་ཉིད་རྣམས་ཞུགས་སམ། །ཡང་ན་རིག་འཛིན་ཐབས་དང་ཕྲད་ནས་རིག་འཛིན་ཡིན་ཞེས་ཕྱག་བྱས་ཁྱེར་གྱུར་ཏམ། །འདི་ལས་བདག་གིས ་སེམས་འདིར་རང་དབང་མེད་པར་ཡང་དག་རབ་ཏུ་མྱོས་པར་འགྱུར། །སློབ་མས་སྨྲས་པ། ཀྱེ་མཁན་པོ་དེ་ལྟར་སེམས་གདུང་མི་འཚལ། མཁན་པོའི་མཐུ་སྟོབས་ནི་ས་གསུམ་ན་སུས་ཀྱང་འདའ་བར་མི་ནུས་སོ། །ཞེས་ཟེར་ནས་གཉིས་པོ་ཡོངས་སུ ་ཞུགས་སོ། །དྲང་སྲོང་གིས་ཕྱོགས་རྣམས་སུ་བལྟས་ཏེ། མཆི་མ་འཛག་ཅིང་།གལ་ཏེ་དུང་བའི་རིགས་ཀྱི་ལུས་ནི་རྣམ་ཁེབས་ཟླ་རྣམས་འབྲས་གྱུར་ནས། །གདུང་བའི་ཞུགས་ཤིང་ཚད་ཚིང་གིས་སྒྲིབས་པའི་ཁྲོན་པ་རྣམས་སུ་ལྷུང་བ་འམ། །ཡང་ན་ཟླ ་དང་འཐབས་པས་དེའི་མི་བཟོད་བརྩེ་ཞིང་རྒྱུག་བས་ལྷུང། །ཡང་ན་བྱིས་བ་གཅིག་བུར་དུ་འམ་བདག་ནི་ཤིན་ཏུ་གདུང་པར་བྱེད། །ཐམས་ཅད་ཀྱི་མཉམ་དུ་ཐོས་ཤིང་མཐོང་ནས་རྟབ་རྟབ་པོར་གྱུར་ནས། རིག་འཛིན་མ་ནས། Fཡབ་ཡིན་ནམ་ཇི་ལྟར་ཡིན་ཞེས་ཟེར་རོ། །པདྨ་ཅན་སྤྲང་གི་བུ་མོ་དག་ངོ་ཆེ་དང་བཅས་བཞིན་དུ་བདག་ཅག་གིས་ཇི་ལྟར་སྨྲས་པ། ཡབ་ཀྱིས་ཐོས་སོ། །ཞེས་ཟེར་རོ། །པདྨ་པཱ་ཏི་ནས་སྠང་ཤིང་ཚང་ཆིང་འདིའི་ནང་དུ་ཞུགས་ན་ཡབ་ཀྱིས་མ་མཐོང ་བ་ཕྱིར་ལོག་པ་སྲིད་དམ། སྙམ་ནས་ཞུགས་སོ། །རིག་འཛིན་མ་ནི་རྟབ་རྟབ་པོ་ཉེ་བར་བཏུད་དེ་ཕྱག་བྱས་སོ། །དྲང་སྲོང་ནས། དགེ་བར་གྱུར་ཅིག་ཟེར། བྲིས་སྐུ་དེ་མཐོང་ནས། བུ་མོ་རིན་ཆེན་ཕྲེང་བ་མ་འདི་ཅི་ཡིན་ཟེར་།རིག་འཛིན་མ་ནི་སྐྲག་ནས་བདག་ནི ་ངེས་པར་འཇིགས་པས་ན་སྨྲ་མི་ནུས་སོ། །ཡབ་ཉིད་ཀྱིས་ཏིང་ངེ་འཛིན་གྱིས་དེ་བཞིན་དུ་མངོན་དུ་མཛོད་ཅིག་ཅེས་ཟེར་རོ། །དྲང་སྲོང་གིས་བསམ་གཏན་བསྒོམས་སོ། །རིག་འཛིན་མ་ནི་ཤིན་ཏུ་འཇིགས་པར་གྱུར་ཏེ། འདིར་ཡབ་ཀྱིས་ཅི་སྨྲ་འམ་སྙམ་མོ།། ་དྲང་སྲོང་ནས་བུ་མོ་འཇིགས་དེས་ཆོག་གོ། ཀྱེ་འདི་ལ་ཇི་ལྟ་བ་དེ་བཞིན་བདག་དབང་ཆེའོ་ཞེས་ཟེར་ཡང་ཐམས་ཅད་དགའ་བ་དང་བཅས་པར་གྱུར་ཏོ། །བདག་ཅག་རྣམས་ཀྱིས་འདིས་དབུགས་ཕྱུང་ངོ་སྙམ་མོ། །དྲང་སྲོང་ནས། སྔོན་ནས་འདིའི་ཡོན ་ཏན་ཕུན་སུམ་ཚོགས་པ་རྣམས་ནི་ཉེ་བར་ཐོས་ཏེ། མངོན་པར་འདོད་པ་འདི་ནི་མཆོག་ཡིན་ནོ། རིག་འཛིན་མ་ནས། ལེགས་ལྡན་གྱིས། བདག་ཅག་རྣམས་རྗེས་སུ་བཟུང་ངོ།། སྦྲང་གིས་བུ་མོ་ནས་།ཀྱེ་པདྨ་པ་ཏི། ཐེ་ཚོམ་ངེས་ཚོག་དོན་རྣམས་གྲུབ། །ཡིད ་ཀྱི་ཤིང་རྟ་ལས་བྱུང་བའི། །ངེས་པར་དཀའ་ཐུབ་སྐྱེ་བོ་ཡི། །མངོན་པར་འདོད་འབྲས་མེད་མི་འགྱུར། །དྲང་སྲོང་ནས། བདག་ཉིད་ཆེན་པོ་འདིར་འོངས་པ། རེ་ཞིག་རི་མོ་ལས་ཐོབ་པའང་མཆོད་པར་འོས་པར་བྱའོ། །ཞེས་སྨྲས་རིག་འཛིན་མ་ནས་མེ་ཏོག་བླངS ་ནས་ཕུལ་ལོ། །དྲང་སྲོང་གེས་དེ་ལ་ཕུལ་ཏེ་ངེས་པར་བལྟས་ཏེ། ཨེ་མ་མཁས་པ་ཞིག་གིས་བྲིས་སོ། །འདི་ལྟ་སྟེ། ཡང་དག་གནས་ཀྱིས་རབ་དབྱེ་འདུག་སྟངས་ལྟ་ཚུལ་དང། ཕྲ་སྦོམ་ཟུག་དང་མཐོ་དམན་རྩིགས་པའི་ཆ་རྣམས་དང། ། ་ཞིབ་ཆགས་རྣམས་དག་མིག་ནི་རབ་ཏུ་གཡོ་བ་འདྲ། །ཡ་མཚན་རི་མོ་དག་ནི་ངེས་པར་སྨྲ་བ་བཞིན། །ེ་མ་བདག་ནི་བུ་མོ་ནི་ཡིད་ཀྱི་ཤིང་རྟ་རབ་ཏུ་དགའ་བར་ཆགས་སོ། །འདི་ལྟ་སྟེ། བདག་ཉིད་ཆེན་པོ་དེ་ཉིད་ནི། །ཡུལ་རྣམས་ལ་ནི་ཁ་ཕྱིར ་ཕྱོགས། །གང་གིས་དེ་ཕྱིར་གུས་པ་ཡིས། །འདི་ནི་ཇི་ལྟར་འབྱུང་བར་འགྱུར། །བུ་མོ་རིན་ཆེན་ཕྲེང་བ་མ་ཡང་ཁྱོད་ཀྱི་གྲོགས་མོ་དགའ་མ་དག་གང་ན་ཡོད་ཤེས་སམ་རིག་འཛིན་མ་ནས། ལེགས་ལྡན་ཁྱོད་ཉིད་མཐོང་ནས་ཚང་ཚིང་གིས་ཁང་པ ་འདིར་ཞུགས་སོ། །དྲང་སྲོང་ནས། པདྨ་བཱ་ཏི་ཁྱོད་ཀྱིས་ཇི་ལྟར་ངོ་ཚ་ཡང་བསླབས་སམ། བུ་པད་མ་ཅན་འདིར་ཤོག་།པདྨ་ཅན་ནི་ངོ་ཚ་བས་འདར་ཞིང། ཉེ་བར་ཕྱིན་ཏེ། །དྲང་སྲོང་གིས་པདྨ་ཅན་མཐོང་སྟེ། འཚེར་ངོ་ངེས་ཆོག་གོ་།ཡིད་ཆེས་སེམས ་ནི་ཐེ་ཚོམ་མེད་བར་ལྟ་བྱེད་ཅིང། །ལུས་ནི་རྣམ་པར་?་གཡོ་མེད་བརྟན་ཞིང་བཀུར་འདོད་མེད། །བྱིས་པའི་བློ་གྲོས་ཇི་བཞིན་ཁྱོད་ཀྱིས་རབ་དགར་འགྱུར། །རང་བཞིན་གྱིས་མཛེས་ལྡན་མ་ཅིའི་ཕྱིར་འདི་ངོ་ཚ། །པདྨ་བཱ་ཏི་ནི་ཕྱག་འཚལ་ལོ། །དྲང་སྲོང་ནི་སྤྱི ་པོ་ལ་ཉེ་བར་གཏུགས་ཏེ། མངོན་པར་འདོད་སླར་ཐོབ་པར་གྱུར་ཅིག་ཅེས་ཟེར། རིག་འཛིན་མ་གང་གི་སྐྱེ་བར་གནས་བས་ཀྱེ་དགའ་བའི་གྲོགས་མོ་བྱེད་པ་པོ་ཡིན་ནོ། །གཞན་དུ་ན་ལགས་ལྡན་གྱིས་དབྱངས་ཅིའི་ཕྱིར་འཇུག་པར་འགྱུར། །བདག་ཀྱང ་དོན་འདི་ལ་དེ་བཞིན་དུ་མངོན་པར་ཆགས་སོ། །དྲང་སྲོང་སློབ་མ་བྲམ་ཟེ་ནས་ཀྱེ་མཁན་པོ་མྱུར་དུ་མཛོད། །རིག་བྱེད་ཀྱི་དུས་ཚོང་ལ་སོང་ངོ། །དྲང་སྲོང་ནས། ཇི་ལྟར་ཉི་མ་གུང་གི་དུས་ལ་ཉེ་བར་འོང་དམ་།འདི་ལྟ་སྟེ། དི་ན?་རབ?་ཤིང་གི་གྲིབ་མ་རྣམས་ལ་རིག ་འཛིན་རྣམས་ཀྱང་བསྙེལ་བསོའི་མཛའ་། །ལྗོན་པའི་བསིལ་གྲིབ་འོག་ཏུ་རི་དགས་རྣམས་ནི་སྐྱུག་ལྡད?་བྱེད་ཅིང་གནས་པ་དང། །གཙུགས་ཤིང་ཡུ་?་ཆུ་རྣམས་ཉལ་ཞིང་གནས་བ་དང། བཙུགས་ཡུ་འགྲོ་མེད་རྩེ་མོ་རྣམས་ལ་ལྷའི་སྲེད ་རྫས་རྣམས་ཀྱི་དུ་བ་ཡང་དག་འཁྲིགས། །དཔལ་ལྡན་ཚགས་བྲལ་བསོད་ནམས་མཆོག་གི་མངོན་བརྗོད་པ། །མ་ལུས་ས་སྟེངས་གྲགས་པས་འགྲོ་བ་གཅིག་ཉིད་རྒྱལ། །གང་ཞིག་ཟློས་གར་རང་དབང་ནོར་གྱིས་རབ་དགའ་ཨི་གར། །དཔལ་ལྡན་ཙནྟྲ་གོ་མིའི་སྙན ་དག་ལེན་ཞིང་གནས། །འདིར་ཐམས་ཅད་ངེས་པར་ཞུགས་སོ། །ཡན་ལག་དང་པོ་རྫོགས་སོ།། ?་།།དེ་ནས་སྔ?་འཇུག་མ་རབ་ཏུ་ཞུགས་ཏེ། འདིར་ནི་རྒྱལ་རིགས་ལྷའི་འཇིག་རྟེན་འདྲ་བར་མཐོང། །རི་མོའི་བག་མའང་བག་མའི་ལྟད་མོ་འདི་བཞིན ་ནོ། །གལ་ཏེ་འདི་ནི་བདེན་པ་ཡིན་ན་ཇི་ལྟར་འགྱུར། །དེ་ཅི་གཞན་དུ་སྔོན་མེད་མཐོང་བར་འགྱུར་ཞེས་ཟེར་ནས་ཡོངས་སུ་བལྟ་ཞིང་ཞུགས་སོ། །རྒྱལ་ཕྲན་གྲོང་མཛའ་ཨི་ཤིན་ཏུ་མཛེས་མ་རྣམས། །འདི་རྣམས་འདིར་ནི་དེ་བཞིན་རྣམ་པར་སྤྲས། །རྒྱན་གྱི་འོད་ཟེར་འདི ་བཞིན་འཕྲོ་བ་ཡིས། །གྲོང་བར་རྣམས་ཁེངས་གོས་དམར་བྱེད་བཞིན་ནོ། །དེ་ནས་ཇི་ལྟར་དགའ་བའི་གྲོགས་མོ་ལོ་མ་ཅན་གྱིས་མཐོང་ནས་ངེས་པར་བལྟས་ཤིང་འདིར་ལོ་མ་ཅན་དང། དེ་བཞིན་དུ་གར་བྱེད་ཅིང་འོངས་སོ། །དེ་ནས་ལོ་མ་ཅན་རབ་ཏུ་ཞུགས ་ཏེ། ཀྱེ་ཀུན་ཏ་ཁྱོད་ཉོན་ཅིག་གསུངས་སོ། འདི་བཞིན་དུ་བོག་མའི་ལྟད་མོ་ལ་བཏང་སྙོམས་སུ་བྱེད་བ་ཅི་ཡིན། ཀུན་ཏ་ལི་ཀ་ནས། ཀྟེ?་ཏ་?་ལོ་མ་ཅན་ལྷ་མོས་ནི་བག་མ་ལྟད་མོར་བྱས་མོད་ཀྱིས། འོན་ཀྱང་གཞོན་ནུ་འདིར་སླར་འཇུག་གམ། དེ་ནས་བདག་གིས་ཡིད་ཕྱིར ་མི་ལྡོག་བར་བྱེད་ངོ། །ལོ་མ་ཅན་ནས། གང་གི་སྐྱེ་བོ་ལྕི་བའི་དཀའ་། །ནམ་ཞིག་གཞོན་ནུས་འདའ་བྱེད་དམ། །རིན་ཆེན་འབྱུང་གནས་དུས་བསླབས་གྱིས། །ཅི་སྟེ་མཆམས་ལས་འདའ་འགྱུར་རམ། །ཀུན་ཉམས་འདིར་ལྷ་མོ་ཉིད་ཚད་མའོ། །ལོ་མ་ཅན་ནས། གཞོན་ནུ ་གཉན་གྱི་སྤྱོད་ཡུལ་དུ་འདུག་པ་འདི་རྣམས་སོང་ངམ། །ཀུན་ཏས། མ་སོང་སྟེ་འདི་བཞིན་འཇུག་པ་གཞོན་ནུ་ལ་སྨྲ་བ་ནི་ལྷ་མོ་འོད་གྱི་བློ་གྲོས་མ་ནས། བདག་ལ་འཕགས་པ་གཽ་ཏ་མའི་ཉེ་འཁོར་ལྟོས་ལ་འཕགས་པ་གཽ་ཏ་མ་ལ་སྨྲོས་ཤིག་།དེ་ཡང་འདི་བཞིན་དུ ་གྲོགས་པས་བྱས་པ་ལ་ཆགས་པ་ཡིན་གྱིས་ཞེས་ཟེར་རོ། །ལོ་མ་ཅན་ནས། ཇི་ལྟར་མངོན་པར་འདོད་པའི་དོན་ཕུན་སུམ་ཚོགས་ཏེ། ཐམས་ཅད་ཀྱང་རང་གི་གར་རྩེ་བར་བྱེད་ཅིང་གཉིས་པོ་ཡང་གར་བྱེད་དོ། །ལོ་མ་ཅན་ངེས་པར་བལྟས་ནས། ཀྱེ་དེ་བཞིན་ཡིན ་ན་འདིར་འཕགས་པ་གཽ་ཏམས་ལེགས་ལྡན་མའི་སྤྱོད་པའི་རྗེས་སུ་འགྲོ་ཞིང་དེ་བཞིན་དུ་འདིར་སླར་འོང་ངམ་ཟེར་ནས། དེ་ནས་ལྷ་མོ་འདི་བདག་ཅག་གིས་སྨྲར་འདེང་ངོ། །ཞེས་དེ་དག་སོང་སྟེ་རབ་ཏུ་ཞུགས་སོ། །དེ་ནས་རྩེ་གྲོགས་བཞད་གད་པ་རབ་ཏུ་ཞུགས་སོ།། ་ན་མཉམ་དགའ་བ་ཐུབ་པའི་སྐྱེ་བོའི་རྗེས་སུ་འཇུག་ཅིང་ཡང་དག་པར་སྤྱོད་པ་ལ་ལྷ་མོ་འོད་ཀྱིས་བློ་གྲོས་མའི་སྐྱེས་འདིའོ། །བདག་ཅག་གིས་སྙིང་ལ་ཟུག་རྡུར་གནས་ཏེ། དེའི་རི་མོར་བྲིས་པ་ལ་ཡང་བག་མའི་ལྟད་མོ་འདི་སྨྲ་ཞིང། བག་མའི་མཚན་ཉིད ་ངོ། །འདིར་བལྟས་ནས་སླར་ཡང་ཇི་ལྟར་འཇུག་པར་འགྱུར་བར་འགྱུར་བ་དེ་ལྟ་དེ་ལྟར་འདིར་ཡང་དེའི་བློ་རྣམ་པར་འབྱེད་པར་བྱ་སྟེ། གལ་ཏེ་འཇིག་རྟེན་ཕ་རོལ་ཏུ། །བདག་ཅག་འདས་པར་གྱུར་ན་ཡང། །རིགས་རྒྱུད་རྣམ་བར་ཆད་གྱུར་ནས། །མཆན? ་ལ་ཆུ་བཞིན་རྣམ་པར་འཆང། །ཡང་ཇི་ལྟར་སྨྲ་ན། ཉམས་དགའ་བའི་བྱ་བ་འགྲུབ་པར་འགྱུར་སྙམ་ནས་ངེས་པར་བལྟས་བ་ནས། དེར་ན་མཉམ་དགའ་བའི་སྔ་འཇུག་མཉྫུ་རབ་ཏུ་དགའ་བའི་སྐྱེད་མོས་ཚལ་ནས་མཐོན་བྱུང་ངོ། །རེ་ཞིག་འདི་ལ་འདྲའི ་སྙམ་སྟེ། ཀྱེ་མཉམ་ཛུལ?། ན་མཉམ་དགའ་བ་གང་ན་ཡོད། །ནམ་མཁའ་ལ་ཁྱོད་ཅི་ཞིག་སྨྲ། །དེ་འདི་ན་རབ་ཏུ་དགའ་བའོ། །ཚལ་ན་བཞུགས་སོ། །དེར་ཉེ་བར་འགྲོ་བར་བྱའོ། ཞེས་རབ་ཏུ་ཞུགས་ནས་བལྟས་པ་བ་ན་གང་ཞིག་སྦྲང་རྩི་བྱེད་བའི་བཤོག ་པའི་རླུང་གིས་རབ་ཏུ་བསྐྱེད་ནས་མེ་ཏོག་རྣམས་ནི་ཁ་བྱ་ཟེ་འབྲུའི་རྡུལ་དུ་འཁྲིགས་ཤིང་གདོང་ན་བུང་བ་རྣམས་ནི་ཛཧི་སྒྲོགས་ཤིང་འཁོར་བས་འཁྲིགས་སོ། །ན་མཉམ་དགའ་བ་མ་མཐོང་ནས། མཉྫུ་ལས་འདི་ན་བཞུགས་ཟེར་ཏེ། ་གལ་ཏེ་གདུག་པ་ཅན་གྱི་རིག་འཛིན་མས་འདི་ནས་བརྐུས་ཏེ་ཁྱེར་བ་མ་ཡིན་ནམ། ཞེས་སྨྲས་པ་ན། རིག་འཛིན་མ་རབ་ཏུ་ཞུགས་ཏེ། མྱ་ངན་དང་བཅས་ནས། ཇི་སྲིད་བདག་གིས་དགའ་བའི་གྲོགས་མོ་ལ། །གཞོན་ནུའི་ཚུལ་འདི་ཉེ་བར་སྨྲས་གྱུར ་པ། །དེ་ནས་དགའ་གྲགས་པདྨ་བཱ་ཏི་ལ། །མགོ་ལ་ཟུར་རྡུ་ཡང་དག་སྐྱེས་པར་གྱུར། །ལུས་ནི་ཉལ་བ་ཙམ་ཐོབ་ཕ་མ་ཡིན་པ་ཤིན་ཏུ་གདུང་བ་འཕེལ་བར་འགྱུར་ཏེ། གྲོགས་མོའི་སྐྱེ་བོ་ཡང་ཤིན་ཏུ་གདུང་བར་བྱེད་དོ། །སྐབས་དགའ་བའི ་གྲོགས་མོ་སྤངས་ཏེ་འོངས?་ཀྱང་མ་འོངས་པ་ཇི་ལྟ་བ་བཞིན་ནོ། །གཞོན་ནུའི་ཐུགས་ཀྱང་ཤིན་ཏུ་གདུང་བར་བྱས་སོ་སྙམ?་ནས། ལྟ་ཞིང་གཞོན་ནུའི་ན་མཉམ་མཐུན་པ་དེ་བལྟས་ནས་རེ་ཞིག་བར་དུ་འདི་གང་འགྲོ་བལྟ་བར་བྱའོ་སྙམ་མོ། །བཞད་གང ་པས་བལྟས་ཏེ་འདི་ན་རེ་ཞིག་རྩེད་མོའི་རིའི་སྟེང་ན་ཆུའི་འཁྲུལ་འཁོར་སྟེང་དུ་འབབ་ཅིང་རབ་ཏུ་དགའ་བ་དཔའ་རླབས་ཛྙ་རིའི་སྒྲ་འབྱིན་པའི་སྟེར་ན་ནམ་ཉམ་མཐུན་པ་བལྟ་བར་བྱའོ། །ཞེས་སྟེང་དུ་ཕྱིན་ཏེ་གར་བྱེད་ཅིང་ཧཱི་ཧཱི་བྷོ་ཞེས་སོ། །དེ་ནས་མྱ་ངན ་མེད་པའི་ཚལ་གྱི་རིན་ཆེན་རྡོ་ལེབ་ཡངས་པའི་སྟེང་ན་ཅུང་ཟད་སྨྲ་བར་བྱེད་ཅིང་བཞུགས་ནས་མཆིས་སོ། །ཉེ་ལོགས་སུ་ཕྱིན་ནོ། །རིག་འཛིན་མ་ནི་འདི་རེ་ཞིག་གཞོན་ནུ་དག་ཡིད་ཆེས་བའི་གཏམ་གད་ཡིན་པ་མཉན་པར་བྱའོ་སྙམ་མོ། །དེ་ནས་རབ ་ཏུ་ཞུགས་པ་ན་འདྲེན་པ་ཇི་ལྟ་བ་བཞིན་དུ་མཐོང་ངོ། །ཤུག་ནར་བྱུང་སྟེ། ཀྱེ་མ་འཇིག་རྟེན་རྣམས་ནི་ཡུལ་མངོན་པར་ཞེན་པར་འགྱུར་ཏེ། གད་ངེས་ཕྱིན་ཅིང་འགྲོ་བ་གང་ཞིག་ལ་བརྒྱར་སྐྱེས་གྱུར་པ། །བདེ་བ་གང་དེ་ལན་ཅིག་མ་ཡིན་མངོན་སུ་མ ་གྱུར་མེད། །དཔལ་མོ་གང་དེ་མཛེས་པའི་རྔ་མ་གཡོ་ཞིང་རྒོད་པ་ལྟར། །གང་ཞིག་མ་ཐོབ་མེད་ཅིང་སླར་ཡང་དེ་བཞིན་ཆགས། །གཞད་གང་ཉེ་བར་གཉེན་ཏེ?་ཁྱོད་ཀྱི་བདེ་ལེགས་འཕེལ་བར་གྱུར་ཅིག། འདྲེན་པ་ནི་དེ་བཞིན་དུ་ཤོ་ལོ་ཀ་དེ་ཉིད་ཀློག་པར་བྱེད ་དོ?་།རིག?་མ་ནི་རྔ་བརྡུང་ཞིང་གྲོགས་དགའ་མ་ལ་མཚུན་པའི་ཆུ་འབྱིན་ནོ་ཞེས་སོ། །བཞད་གད་པ་ནས། ཀྱེ་བྲམ་ཟེ་ཤིས་པ་བརྗོད་པའི་ལན་སྣང་བར་མཛོད་ཟེར། འདྲེན་པ་ནི་ཇི་ལྟར་གཽ་ཏམ་འམ། ན་མཉམ་བདེ་བར་འགྱུར་ཏམ། འདིར་བཞུགས་ཤིག། ་བཞད་གང་པས་རང་ཉིད་བསེམས་ཏེ། ཇི་ལྟར་དུ་ཡང་ན་མཉམ་མཐུན་པ་ཅི་ཟེར་ཉན་ཞིང་བརྟགས་པ་ན་ཤིན་ཏུ་ལྕི་ཞིང་དེ་ཡང་དག་པར་མི་དགའ་ཨོ། །དེ་ནས་རེ་ཞིག་།འདི་ལྟར་ལྷ་མོའི་སྐྱེས་སྨྲ་བའི་སྐབས་མ་རྙེད་དོ། །འདི་བཞིན་རེ་ཞིག་སྨྲའོ། །སྙམ་ནས ་གསལ་བར། ཀྱེ་ན་མཉམ་དགའ་བ་གཟིགས་གཟིགས། །འདི་ལྟར་ཐང་ཤིང་ལྗོན་བའི་དྲ་བའི། །བུ་ག་ལས་བྱུང་པདྨའི་འདབ་མར་ནི། །སྦྲང་རྩིས་མྱོས་པའི་བུ་བ་གླུ་ལེན་ཅིང། །པད་མའི་སྟེང་ན་ཆུ་རྒྱུན་རབ་ཏུ་འབབ། །རིག་འཛིན་མ་ནི་ལེགས་སོ། ། ་གཽ་ཏ་མ་ལགས་སོ། །བདག་ཅག་ལ་རྗེས་སུ་བརྩེ་བར་མཛད་དོ་སྙམ་མོ། །འདྲེན་པ་ནས། ན་མཉམ་འདིར་ཅི་ཞིག་ལྟ། །ཀུན་ཀྱང་བྱེ་ཞིང་རྒྱས་ལྡན་བ། །ཀེ་སར་ངེས་པར་ལྟུང་བ་ཡིས། །འགྲོ་རྣམས་གནས་ཤིང་མི་རྟག་པ། །ཇི་ལྟར་འདི་གསལ་པོ་སྨས། །རིག ་འཛིན་མ་ནི་ཇི་ལྟར་གསུང་བ་ཐོས་ནས་བདག་ཉིད་ཤིན་ཏུ་གདུང་བར་བྱེད་དོ། །བཞད་གད་པས་རང་ཉིད་བསམས་ཏེ་གཞན་གང་ཡིན་སྨྲའོ་སྙམ་སྟེ། རབ་ཏུ་གསལ་བར་ཀྱེ་གཞན་ཡང་འདི་ལྟ་སྟེ། སྦྲང་རྩི་བསྟན་ཞིང་ཆུའི་འཁྲུལ་འཁོར་རབ་གཡོ ་ལས། །ཆུ་འཛིན་ལྷོ་ནས་ཆུ་རྒྱུན་དབུས་སུ་རྣམ་འབབ་པ། །མཐོང་ནས་རྨ་བྱ་མདོངས་རྣམས་རབ་བརྐྱང་གར་བྱེད་བ། །ན་མཉམ་དགའ་བ་ཆུ་རྒྱུན་དོ་ཤལ་རྣམས་ལ་གཟིགས། འདྲེན་པ་ནས། ན་མཉམ་ཆུ་རྒྱུན་ཁང་པ་འདི་ཉིད་གཅིག་པུ་འམ། མངོན་འཛིན ་དངོས་བོའི་རྒྱུན་རྣམས་ནི། །སྐད་ཅིག་སྐད་ཅིག་མངོན་པར་འཇིག་།བླུ་བྱེད་རྒྱུན་གྱི་ཁད་པ་བཞིན། །འགྲོ་བ་ཐམས་ཅད་དེ་བཞིན་འཇུག་།རིག་འཛིན་མ་ནི་སྙིང་བརྟེན་བར་བྱའོ། །གཞན་ཡང་མཉན་པར་བྱའོ་སྙམ་མོ། །བཞད་གང་པ་བདག ་གི་གནས་ལ་རྣམ་པར་བསམས་ཏེ། གདུང་བས་སྲེག་པའི་མྱ་ངན་གྲོལ་ནུས་རྣམས། །བླངས་ཏེ་གང་དང་གང་ནི་འདིར་སྨྲས་ཀྱང། །སྦྱིན་སྲེག་མར་རྒྱུན་འབབ་བཞིན་དེ་དང་དེ། །ལྷག་པར་ཤིན་ཏུ་ཡོངས་སུ་འབར་བར་བྱེད། །དེ་བས་འདིར་དགོན་པ་སྟོང ་པར་དུ་བར་བྱའོ་སྙམ་མོ། །དེ་ནས་མདག་འཇུག་མ་རབ་ཏུ་ཞུགས་ནས། ལྷ་མོ་འོད་ཀྱི་བློ་གྲོས་མས། བདག་ལ་བཀའ་བསྒྲོས་ཏེ་བག་མའི་བཀྲ་ཤིས་ཀྱི་དྲ་བ་འདི་གཞོན་ནུ་ལ་ཁྱེར་ཏེ་འོངས་སོ། །གཞོན་ནུ་ནི་དེ་ནས་ཡོངས་སུ་འཆག་ཅིང་མཆིས་སོ། །དྲུང་དུ་ཕྱིན ་ཏེ་ཉེ་བར་བཏུང་ནས་ཕྱག་བྱས་ཏེ་གཞོན་ནུ་རྒྱལ་བར་གྱུར་ཅིག་རྒྱལ་བར་གྱུར་ཅིག་།ལྷ་མོའི་བཀས་བཀྲ་ཤིས་ཀྱི་དྲ་བ་འདི་བློ་དང་ལྡན་པ་ཁྱོད་ཀྱིས་ངེས་པར་བྱིན་ཅིག་ཅེས་སོ། །རིག་འཛིན་མ་ནི་མི་བཟོད་པར་གྱུར་ཏེ། ཨ་ཨེ་འདིར་གང་བག་མར་བྱས ་སམ་སྙམ་མོ། །དེ་བཞང་གང་བས་བཟུང་སྟེ། ཡོངས་སུ་གཡོགས་སོ། །མངག་འཇུག་མ་ཤིན་ཏུ་དགའ་སྟེ། ཨེ་མ་ལྷ་མོ་མདོན་པར་འདོད་པ་ཡིད་ཀྱི་ཤིང་རྟ་ཤིན་ཏུ་ཡང། །དེས་སོ་ཟེར་ནས། །ཡོངས་སུ་ཞུགས་ནས་སོང་སོ། །འདྲེན་པ་ནས། ན ་མཉམ་སྐབས་མེད་འདི་བཞིན་བཀྲ་ཤིས་ཀྱི་དྲ་བ་བསྐུར་བཅི་ཞིག་།བཞད་གང་པ་ན་དེ་སེམས་མོ། །འདྲེན་བས་ཡང་དྲིས་པ་ན། བཞང་གད་པ་ནས། བདག་གི་ཚིག་གང་ཞིག་ཡལ་བར་མི་འདོར་ན་སྨྲའོ། །འདྲེན་པ་ནས། ན་མཉམ་སྨྲོས་དང་།བཞད ་གང་བ་ནས། ཁྱོད་ཡོངས་སུ་ལེན་བའོ། །རིགས་འཛིན་མིན་སྡུག་བསྔལ་ཏེ། ཨེ་མ་དགའ་བའི་གྲོགས་མོའི་ལུས་རྫོགས་པ་ནི། ཇི་ལྟར་མཐོང་སྙམ་མོ། །འདྲེན་པས། དེ་དག་གིས་སེམས་ལ་བལྟས་ནས། ཅི་སྟེ་བདག་ཡོངས་སུ་ལེན་པ་ཡིན་ནམ། བཞང ་གོད་པས། ཤིན་ཏུའོ། །འདྲེས་བ་ནས། འདི་བཞིན་བྱེད་བ་ཇི་ལྟར། བཞད་གད་པ་ནས། འདི་བཀྲ་ཤིས་དྲ་བ་ལ་དྲིས། འདྲེན་པ་ནས། ན་མཉམ་ཡོངས་སུ་ལེན་པ་ཞེས་བྱ་བ་ནི་སྨིན་མེད་པའི་ནང་ཡིན་ནོ། །འདི་ལྟ་སྟེ། གཏི་མུག་སྐྱེ་མཆེད་འཛིན་བ་ཞི་བ་འཐོར ་ཞིང་ཕྱིར་ལོག་སྒྲུབ་བར་བྱེད། །རྣམ་གཡོའི་ཡིད་འོང་མྱོས་པའི་གནས་དང་བསམ་གཏན་གྱི་ནི་གདུག་བའི་དགྲ་།སྡུག་བསྔལ་འབྱུང་གནས་བདེ་བ་འཇོམས་བྱེད་སྡིག་པའི་རང་བཞིན་གནས་ཡིན་ཏེ། །ཡོངས་འཛིན་གདོན་བཞིན་བློ་ལྡན་རྣམས་ཀྱང་ཉོན ་མོངས་དང་ནི་ཉམས་པར་བྱེད། །རིགས་འཛིན་མ་ནི་དུ་ཞིང་གཞན་ཅི་ཞིག་ལྟ་སྙམ་མོ། །འདྲེན་པ་ནས་གཞན་ཡང་ན་མཉམ། །ཡོངས་སུ་འཛིན་པ་བྱས་གྱུར་ཀྱང། །བདག་ནི་ནགས་སུ་འགྲོ་བར་བྱེད། །དེ་ན་སྐྱེ་བོ་གཞན་རྣམས་ཀྱང། །ཡོངས་སུ་སྡུག་བསྔལ ་ཅི་ཞིག་བྱ། །རིག་འཛིན་ནི་དགའ་བའི་གྲོགས་མོ་གཞོན་ནུའི་རྗེས་སུ་འདི་བཞིན་འཇུག་ན་།ལེགས་སོ་སྙམ་མོ། །བཞང་གང་བ་ནས། ཀྱེ་ཇི་ལྟར་འདི་བཞིན་དེར་ནི་འཇིགས་བཅས་འབབ། །མི་དབང་གཙུག་ནི་འོད་ཟེར་རབ་ཏུ་འཕྲོ་བ་ཡིས། །ཞབས་ལ་བཏུང ་དང་རྒྱལ་བོའི་ཕུན་ཚོགས་ཡོངས་སྤངས་ནས། །ཁྱོད་ནི་ནགས་དང་གནས་པ་ཅིའི་ཕྱིར། །རབ་ཏུ་བསྔགས། འདྲེན་པ་ནས་རབ་ཏུ་བསྔགས་པའི་གནས་ལས་གཞན་གང་ཞིག་ཀྱང་མཆིས་སམ། གཟིགས་མཛོད་།ཇི་ལྟར་དེར་ནི་དགའ་འགྱུར་རབ་དགའ་ཨི་ས་གཞི ་རྣམས་དང་ནི། །མཐོ་རིས་གངྒ་རྣམས་ཀྱི་བསྐྱེད་བས་བྱང་ས་གོར་མའི་སྟེང། །གང་ཞིག་དགའ་ཞིང་དགའ་བའི་རི་དགས་ཚོགས་རྣམས་བསྙེན་བཀུར་ཅིང། །གྲོགས་དེས་ནགས་ཀྱི་ནང་དུ་གནས་གྱུར་པ་ནི་སྐལ་བ་བཟང། །གཞན་ཡང་ན་མཉམ། སྤོང་བའི་བྲང? ་རི་སྐྱེ་བོས་དབེན་ཞིང་ཕུན་སུམ་ཚོགས་བའི་གནས་བཟང་ན། །ཕུག་ཡང་རི་དགས་རྣམས་ཀྱི་སྤྱོད་ཡུལ་ནགས་ཀྱི་རི་མོས་ཡོངས་སུ་བསྐོར། །ས་གའི་དུས་ན་བུང་བ་རྣམས་ནི་རྔ་སྒྲ་སྙན་པར་རབ་སྒྲོགས་ཤིང། །ལམ་ཞུགས་ཉོན་མོངས་མེ་ཡང་བདག ་ཅག་རྣམས་ལ་འབྱུང་མི་འགྱུར་ཞེས་སྒྲོགས། །རིག་འཛིན་མིན་ཀྱེ་མ་ཤིན་ཏུ་ལྕི་མོ་ཞིག་སྨྲས་སོ་མཉམ་མོ། །བཞད་གད་པ་ནས། ཀྱེ་སྙིང་རྗེ་མེད་པ་ཇི་ལྟ་བུ་གཉེན་མཐུན་གྱི་སྐྱེ་བོ་རྣམས་ལ་མཉེས་གཤིན་པའང་ཁྱོད་ལ ་མི་འདུག་གོ། འདྲེན་བ་ནས། འཇིག་རྟེན་གྱི་གཉེན་ལ་དེ་བཞིན་དུ་མཉེས་གཤིན་བ་ནི། འདི་ལྟ་སྟེ། འཇིག་རྟེན་ཐམས་ཅད་མར་མེ་བཞིན་དུ་སྐད་ཅིག་སྐད་ཅིག་གིས་སྐྱེ་ཞིང། །སྣུམ་ཆགས་དབང་གི་འཇིག་ཅིང་འཁོར། །སྐྱེ་བ་མེད་དག ་མྱ་ངན་འདའ་། །གཞན་ཡང་ན་མཉམ་མཉེས་གཤིན་པའི་རྩ་བར་མི་ཤེས་པ་ལས་ཏེ། མི་ཤེས་རྡུལ་གྱིས་གཡོགས་གྱུར་བའི། །སྔོན་ལས་ས་བོན་མ་ཟད་ལས། །སྲེད་བའི་ཆུ་ཡིས་དབང་སྒྱུར་ནས། །སྐྱེ་བའི་མྱུ་གུ་སྐྱེ་བར་འགྱུར། །རིག ་འཛིན་མ་ནི། ཉེ་བར་དུལ་བ་འདི་འདྲ་བ་ནི། ཐུབ་བའི་སྐྱེ་བོ་ལ་ཡང་ག་ལ་སྙམ་མོ། །བཞད་གང་པ་ནས། གང་ཡང་འདིར་རེ་ཞིག་འཇིག་རྟེན་བའི་ཆོས་ཀྱི་རྗེས་སུ་ཡང་འཇུག་པར་ཡང་མཛོད་ཅིག་འདྲེན་བ་ནས། འཇིག་རྟེན་གྱི་ཆོས་ཡང་གང་ཡང ་ཡིན། བཞད་གང་པ་ནས། ཡུལ་གྱི་རྗེས་སུ་མངོན་པར་དགའ་ཨོ། །འདྲེན་བ་ནས། ཡུལ་གྱིས་ཆོག་ཆོག་གཟིགས་མཛོད། ཡུལ་ནི་དུག་བཞིན་ཟོས་ཙམ་ཉིད་མངར་ལྡན་ཞིང། །རྣམ་བར་སྨིན་པ་རབ་ཏུ་ཚ་བ་དུག་བཞིན་ཡུལ། །ཡུལ་ནི་དུག་བཞིན་བསྲུང ་བར་མ་ནུས་རབ་གཡོའི་ཤུགས། །ཤིན་ཏུ་རྨོངས་བྱེད་མུན་པ་སྟུག་པོ་དུག་བཞིན་ཡུལ། །ཡང་ན་འདོད་པའི་དུག་དང་དུག་ནི་གཞལ་ཞིང་དུ་རྟགས་གྱུར་ན། །རང་བཞིན་མི་མཚུངས་ཡུལ་ལས་དུག་ནི་མཆོག་ཡིན་ཏེ། །དུག་གིས་སྐྱེ་བ་གཅིག་ཉིད་དུ་ནི་རབ ་འགྲོ་ཞིང། །སྐྱེ་བ་དཔག་མེད་དུ་ཡང་ཡུལ་དུག་རབ་ཏུ་འགྲོ་།བཞང་གང་བ་ནས། ཀྱེ་རེ་ཞིག་བུའི་གདོང་མཐོང་བར་མཛོད་དང་དེ་ནས་ནགས་སུ་ལྷན་ཅིག་ཏུ་འགྲོ་བར་བྱའོ། །འདྲེན་པ་ནས། འདི་ནི་མི་རྙེད་དོ། །དཔེར་ན་བྱ་བ་འདི་ནི་སྤང་དུ་དི་རིང་ཕྱེན་པས ་ཤོལ་བྱེད་པ། །དེ་འདིར་སྐད་ཅིག་ཡུན་ཙམ་འདས་གྱུར་སྐྱེ་བོ་རྟོག་བྱེད་དེ། །མི་བཟང་གཤིན་རྗེ་ཁྲོས་པ་རྒོད་ཅིང་ཡོངས་སུ་རྟོག་བའི། །ཟུར་གྱིས་བལྟབས་བེ་ཅོན་མདངས་ཀྱང་རབ་ཏུ་དམར་བར་བྱེད། །རིག་འཛིན་མ་ནི། དུ་ཞིང་ཀྱེ་མ་གྲོགས་མོ་དགའ་མ། ་བདག་གིས་འདི་བཞིན་དུ་འཇིག་རྟེན་ཕ་རོལ་ཏུ་ཡང་ཁྱོད་ཀྱི་སྔོན་དུ་འགྲོ་ཞིང་ལམ་བསྟན་པར་བྱའོ། །ཞེས་རང་ཉིད་སྨྲའོ། །བཞད་གད་པ་དུ་ཞིང། ཀྱེ་འཁོར་གྱི་སྐྱེ་བོ་ཐམས་ཅད་སྤོང་བ་ནི་སྙིང་རྗེ་བ་ཡང་མེད་དམ། འདྲེན་པ་ནས་།བདག་གི་རང་གི ་ལུས་ཀྱང་ཡོངས་སུ་གཏོང་བར་བྱེད་དོ། །བཞད་གད་པ་ནས་ཅིའི་ཕྱིར་སྟོང། །འདྲེན་པ་ནས། གཞན་གྱི་དོན་དུའོ། །བཞད་གད་པ་ནས། དེ་ཁྱོད་བདག་གིས་བྱ་བ་བཏང་ནས། ཅི་སྟེ་གཞན་གྱི་བྱ་བ་ལ་བདག་ཉིད་ལ་སྡུག་བསྔལ་བྱེད། །འདྲེན་པ་ནས། ་དམན་པ་བདག་ཉིད་མ་ཤེས་པ་དུད་འགྲོ་རྣམས་ཀྱང་གནས་དང་ཟས་སྐོམ་རང་འབྱུང་སྤྱོད་ཅིང་རྙེད་པར་སླ། །གང་ཞིག་འདོད་རྙེད་ཤིན་ཏུ་སྐོམ་ཚ་ཆུ་རྣམས་ཀྱང་ནི་འཐུང་བར་བྱེད། །གང་ཞིག་གཞན་ཕན་དོན་དུ་བརྩོན་བྱེད་སྐྱེས་བུ་ད་ཡི་ནི། །རང་གི་གཟི ་བརྗིད་ཀྱིས་ནི་བདེ་བྱེད་འདི་ནི་སྐྱེས་བུ་ཆེན་པོའོ། །རིག་འཛིན་མ་ནི་སྙིང་གི་དབུགས་ཕྱུང་ངོ། །སྙམ་ནས་སྐད་བས་རྙེད་དེ་སྲེད་ཐག་རན་གྱི་བཅིངས་པའི་མཆིང་གྲོལ་ལ་སྙམ་མོ། །བཞད་གད་པ་ནས། ཀྱེ་ཅིའི་ཕྱིར་དུ་ཁྱོད་གཞན་དོན་སྒྲུབ་པར་བྱེད།། ་འདྲེན་པ་ནས། གཞན་དོན་གྱི་རི་མོ་མངོན་པར་མི་ཤེས་པ་གཟིགས་མཛོད། །གང་ཞིག་ངལ་མེད་རྟ་མགྱོགས?་ཀྱིས་བགྲོད་ཉི་མས་སྣང་བར་བྱེད། །གང་ཞིག་།བུར་གྲངས་མེད་པར་ནོར་ལྡན་རྟག་ཏུ་འཇིག་རྟེན་འཛིན། །དེ་ནི་ནམ་ཡང་རང་དོན་མ ་ཡིན་དེའི་རང་བཞིན་ཉིད། །ཚན་པོ་གང་རྣམས་འཇིག་རྟེན་ཕན་དང་བདེ་བའི་རོ་གཅིག་རོ་དང་ལྡན། །བཞད་གང་བ་ནས། ཀྱེ་དེ་བཞིན་དུ་ཁྱོད་ནི་བདག་གི་མ་ཡིན་པ་བྲམ་ཟེའི་དོན་དམ་གཞན་གྱི་དོན་ལྷག་པ་ཞིག་ཡོད་དོ་སྙམ་མོ། །བདེན་པ་ནས་སྙིང ་རྗེ་ཡུན་རིང་དུ་མ་རེག་པ་ཡིན་ནོ། །བདག་མཚོན་སྐྱེ་བོའི་ནང་དུ་གདུད་བས་བསྲེག་ལྡན་པ། །གཉེན་བ་ཤེས་འཇིག་རྟེན་སྡུག་བསྔལ་གནས་པ་ཅིའི་ཕྱིར་བདེ། །འཇིག་རྟེན་ཀུན་གྱི་སྡུག་བསྔལ་བདག་གི་ལུས་ཀྱི་ཁུར། །དམ་པ ་མནར་མེད་གནས་པ་ཡང་ནི་སྤྲོ་བར་བྱེད། །རིག་འཛིན་མིན་མངོན་འདོད་ཀྱི་སྐབས་རྙེད་དོ་སྙམ་མོ། །བཞད་གང་པ་ནས། ཀྱེ་འཇིག་རྟེན་ཐམས་ཅད་དེ་བཞིན་དུ་ཁྱོད་ཀྱི་གཉེན་ཡིན་ནམ། འདྲེན་པ་ནས། ན་མཉམ་དེ་བཞིན་ཏེ་གང་གིས་མངལ་དུ་དང་པོ ་བཅིངས་ཤིང་གནས། །གང་གི་ཕང?་དུ་བག་མའི་ཚ་ཞིང་བརྩེས། །གང་ཞིག་རྣམ་བྲལ་མཚན་རིངས་མྱ་ངན་བྱས། །འཇིག་རྟེན་འདི་རྣམས་སྔོན་ནས་གཉེན་བ་ཤེས་ཚོགས། །རིག་འཛིན་མ་ནི་།ཀྱེ་མ་འདིའི་ཐུགས་ཤིན་ཏུ་རྒྱ་ཆེའོ་སྙམ་མོ། །བཞད ་གད་པ་ནས། གཉེན་འདུན་འཇིག་རྟེན་རྣམས་ཀྱི་དོན་མཛད་པ་ལ་དེ་ལས་ཅིའི་ཕྱིར་རིང་དུ་སྡོད་པར་བྱེད་ཅེས་ཟེར་རོ། །རིག་འཛིན་མ་ནི་ད་ལེགས་པར་སྨྲས་སོ་སྙམ་མོ། །འདྲེན་པ་ནི་ཤུགས་ནར་ཞེས་ཕྱུང་ནས་དོན་འདོད་བའི་སྐྱེ་བོ་ཤིན་ཏུ་རྙེད ་པར་དཀའ་ཨོ། །བཞད་གང་པ་ནས། དོན་བྱ་བར་སྨྲ་བ་ནི་རྐང། འདྲེན་པ་ནས། ལུས་ལ་སོགས་བ་ཅུང་ཟད་སློང་བའོ། །བཞད་གད་བ་ནས། དོན་བྱ་བའི་སྐྱེ་བོ་རྣམས་ཀྱི་ནང་ནས་ལྷག་པར་ཆེ་བ་གང་ཡིན། རིག་འཛིན་མ་ནི། ལེགས་པར་དྲི་སོ་སྙམ་མོ།། ་འདྲེན་བ་ནས། གང་ཞིག་སྡུག་བསྔལ་གྱིས་མནར་བའི། །སྐྱབས་གནས་སོ། །རིག་འཛིན་མ་ནི་ཤིན་ཏུ་དགའ་ནས་འདིར་མངོན་བར་འདོད་པའི་སྐབས་རྙེད་ངོ་སྙམ་ནས། འཚེར་བཞིན་དུ་ཉེ་བར་བཏུད་དེ། ཕྱག་འཚལ་ནས། དུ་བཞིན་དུ་བདག་ནི ་ཤིན་ཏུ་མནར་བར་གྱུར་པས། སྐྱབས་གནས་སོ། །མཐུ་ཆེན་པོ་བདག་ནི་སྐལ་བ་དམན་ཏེ་རྗེས་སུ་བརྩེ་བར་མཛོད་ཅིག་།འདྲེན་པ་ནི་ཤིན་ཏུ་མཉེས་ཏེ་གཟིགས་ནས། བཟང་མོ་མ་འཇིགས་ཤིག། བདག་ནི་འཇིག་རྟེན་ཀུན་གྱི་གཉེན་དུ་གནས། ་འགྲོ་རྣམས་དོན་གྲུབ་མཚན་དུ་ཉེ་བར་བཅིངས། །མ་འཇིགས་མ་འཇིགས་མི་དཀར་མིག་ཅན་མ། །དེ་རིང་ཅི་སྒྲུབས་བདག་ལ་མྱུར་དུ་སྨྲོས། །བཞད་གད་པ་ནི་ཡ་མཚན་དུ་གྱུར་ནས། ཨེ་མ་གཟུགས་བཟངས་རབ་ཏུ་མཛེས་པ་བརྐྱང་བ་འདི་ག་ལས་ཡིན་སྙམ ་མོ། །འདྲེན་པ་ནས། ངོན་གང་བྱ་བ་སྨྲོས་ཤིག། རིག་འཛིན་མ་ནི་མགོ་སྟོང་དེ་ཆགས་པས་བསྟན་ནས་མཐུ་ཆེན་པོ་ཁྱོད་ཀྱི་ལུས་སོ། །བཞད་གང་པ་ནི་མི་བཟོད་ཅིང་དགའ་ནས། །འདི་ནི་ཇི་ལྟར་གདུག་པ་ཅན་གྱི་རིག་འཛིན་མ་ལྟ་བུའོ། །དེ་རེ་ཞིག་སྨྲར་ཆུག ་སྙམ་མོ། །གསལ་པོར་སྨྲས་པ། ཀྱོན་མཉམ་ཕར་ཟུར་ཕར་ཟུར། །འདི་ནི་གདུག་པ་ཅན་གྱི་སྲིད་མོ་ཏེ། །འདིས་ན་མཉམ་དགའ་བ་ལུས་སློང་བར་བྱེད་དོ། །སྙམ་མོ། །ཅིག?་མ་འཇིགས་ནས། བདག་ཉིད་བསམས་པ་།ཇི་ལྟར་འདིས་བདག་གཞན་དུ་ཤེས ་ཏེ། །བདག་གི་གྲོགས་མོ་དགའ་མའི་དོན་ཤིན་ཏུ་འགྲུབ་པ་ལྷམ་འགའ་ཞིག་གི་གཞན་དུ་བཅོས་སོ་སྙམ་མོ། །འདྲེན་པ་མཉེས་ནས་ལུས་རབ་ཏུ་སློང་བ་སྲིང་མོ་དེ་སྲིད་ནས་སྤོབས་པ་ཅན་གྱི་སྐྱེ་བོ་སློངས་མོ་པ་བདག་གིས་མཐོང་ངོ་སྙམ་མོ།། ་བཞད་གད་པ་ནི། དབྱུག་པའི་ཤིང་ཕྱར་ཏེ། ཕར་སོང་ཕར་སོང་སྲིད་མོ་གདུག་པ་ཅན་གྱི་སྐྱེ་བོ་སློངས་མོ་པ་བདག་གིས་མཐོང་ངོ་སྙམ་མོ་ན་མཉམ་དགའ་བས་ཆེན་པོའི་དཀྱིལ་འཁོར་ཐམས་ཅད་ལས་ལྷག་ངའི་རྒྱལ་སྲིད་ཀྱི་འཁུར་བར་ནུས ་པའི་ལུས་སློང་བྱེད་དམ་ཞེས་སྨྲ། འདྲེན་པ་ནས། ཇི་ལྟར་སློང་བའི་སྐྱེ་བོ་སུན་འབྱིན་པར་བྱེད་ཅེས་བཞད་གད་བ་རྒྱབ་ཏུ་བྱས་ནས་ཤིན་ཏུ་དགའ་ནས་བཟང་མོ་བདག་གི་ལུས་སློང་བར་བྱེད་པ་དེ་དེ་བཞིན་བདེན་ནམ། རིག་འཛིན་མ་ནས། མཐུ་ཆེན ་པོ་གཞན་དུ་ནུས་ཤིང་སྨྲ་བ་མ་ཡིན་ནོ། །ཁྱེད་ཀྱི་ལུས་མཐོང་བ་ཙམ་གྱིས་ཀྱང་གང་གི་གདུང་བ་ཐམས་ཅད་ཉེ་བར་ཞི་བར་མཛད་ན་།དེ་ཡིས་བདག་ལ་གནས་པར་མཛོད་ཅིག། འདྲེན་པ་ནི་མི་དགའ་བར་འགྱུར་ཏེ། སྤོབས་ཆེན་གང་ལས་གནོད་བྱེད ་འདིར།། རེ་ཞིག་བདག་གི་སྐལ་བ་མིན། །མངོན་འདོད་བདག་གིས་བསྒྲུབ་བྱ་བ། །དེ་ལྟ་ན་ཡང་ཅི་ཞིག་སྨྲོས། །རིག་འཛིན་མ་དུ་ཞིང། བདག་གི་ཡིད་བཅུགས་གྲོགས་མོ་ནི། །མགོ་བོ་ཟུག་རྔུ་དང་ལྡན་སྟེ། དེའི་མཐུ་ཆེན་པོ་ཁྱོད་ཀྱི་མཐོང་བ་ལས ་གཏོང་སྟེ། ཉེ་བར་ཞི་བ་གཞན་མེད་དོ། །བཞད་གང་པ་ཤིན་ཏུ་འཇིགས་ནས། ཀྱེ་འདི་ནི་སྒྱུ་མ་སྤྲུལ་ནས་གཞན་དུ་སྨྲ་བར་བྱེད་དེ། གཞན་དུ་དེ་བཞིན་འདི་ཡིས་འཆོས་ཤིང་སྟོན་བར་བྱེད་དོ། །འདྲེན་བ་ནི། དེའི་གཏམ་ཡང་མ་ཉིན་པར ་ཁྱོད་ཀྱི་ཡིད་བཅུགས་གྲོགས་མོ་གང་ན་གནས། རིག་འཛིན་མ་ནས། འདི་ནི་དེ་བཞིན་དུ་རི་བོ་གངས་ལྡན་གྱི་རྩེ་མོ་ལ་གནས་།འདྲེན་པ་ནས། རོལ་པའི་རི་བོའི་ཞོལ་སྲིད་དུ། བོས་ནས་དེར་བདག་རེ་ཞིག་འགྲོའོ། །རིག་འཛིན་མ་ནས། ཅི་སྟེ་མཐུ་ཆེན ་པོ་འཁོར་དང་བཅས་བས?་ནམ་མཁའ་ལ་འགྲོ་ཞིང་འདྲེན་བསྟེད་བྱར་དཀའ་བ་ཅི་ཡང་མ་མཆིས་སོ་ཞེས་གཉིས་པོ་གར་བྱེད་ཅིང་ནམ་མཁའ་ལ་སོང་ངོ། །བཞང་གད་བ་ནས། ཁྱེད་ཅག་རབ་ཏུ་ཞུགས་ཏེ། བདག་བྲམ་ཟེ་ནི་སླར་ཡང་དྲི་མ་ལྷག་མ ་བསྙིལ་བ་བཞིན་དུ་ཡོངས་སུ་སྤངས་སོ་ཞེས་སྨྲ། འདྲེན་བ་ནས་།ན་མཉམ་ཁྱོད་རང་ཡང་ལོང་མཛོད། བཞང་གང་བ་བདག་ཉིད་འཇིགས་པར་མཐོང་ནས་རིག་འཛིན་མ་འཛུམ་ཞིང་བཞད་གང་པའི་ལག་པ་ནས་བཟུང་ནས་ཡོངས་སུ་ཞུགས་སོ།། ་འདྲེན་པ་ནི་ཡ་མཚན་ཆེ་ནས་གྲོགས་པོ་ལྟོས་ལྟོས། །ཉི་མའི་གཟུགས་ནི་དེས་ལྷུང་རྣམ་པར་འཇུག་བ་བཞིན། །ས་ཆེན་རི་བོ་དང་བཅས་འོག་ཏུ་འགྲོ་བ་ལྟར། །ཏམ་ལའི་ནགས་ཚལ་སྔོན་བོའི་འགྲམ་རྣམས་ནི། །ཆུ་འཛིན་རབ་ཏུ་བསལ་གྱུར་རི ་མོས་མཛའ་རྣམས་སྐོར། བཞད་གད་པ་ནས། ཀྱེ་ཁྱོད་ཀྱི་ཡ་མཚན་ཆེ་ཡང་བདག་ནི་བྲམ་ཟེ་ཏེ། །འདི་ཉིད་དུ་ནི་གང་ཞིག་ལ་བརྟེན་ནས་ཆུ་སྣོད་བཟུང་ནས་བསོད་སྙོམས་ལ་བརྟེན་ནས། ཁང་ཀྱིས་འགྲོའོ་ཞེས་ཟེར། འདྲེན་པ་ནས་མི་འཇིགས ་པར་རེ་ཞིག་ཡ་མཚན་ཆེ་བ་ལྟོས་ཤིག་དང། རི་བོ་ཁང་བཟངས་འདྲ་ཞིང་ཆུ་འཛིན་གཡོ་བའི་བླ་རེ་ལ་བརྟེན་པ། །ཆུ་ཀླུང་དུར་པའི་སྒྲོག་གིས་འགྲམ་བཅིངས་ལམ་ཆེན་རྡུལ་རྣམས་འཐུལ་བ་ལྟར། །ཆུ་གཏོར་ཡོངས་སུ་བསྐོར་བའི་འོབས་ཆེན་བཞིན་དུ་རབ ་མཐོའི་འགྲམ་ལྡན་པ། །ས་ཆེན་དཀྱིལ་འཁོར་གནས་གཅིག་བཞིན་དུ་ཡང་དག་གསལ་པོར་ཀུན་ནས་མཚོན། །རིག་འཛིན་མ་ནས་ཨ་ཧོ་གཞོན་ནུས་ཉེ་བར་གཟིགས་སོ། །བཞད་གད་པ་ནས། གཏིང་ཟབ་མོ་འཇིགས་པའི་འོག་གིས་ཆེན་བོའི་མཐིལ་མཐོང ་ནས། བདག་ཉིད་ངེས་པར་འཇིགས་པར་སྣང་ནས་གཟུགས་གཞན་ལ་སྟེང་དུ་བལྟས་པ་དང། ཤིན་ཏུ་འཇིགས་ཏེ། ཀྱེ་གངས་རིའི་རྩེ་མོ་ཚོགས་པ་བཞིན་དུ་ནམ་མཁའ་ཨི་མཐིལ་ཁེངས་ནས་འཇུག་པ་འདི་ཅི་ཞིག་ཡིན། རིག་འཛིན་མ་རྣམ་པར་རྒོད་ཅིང། ་ཨ་ཧོ་བྲམ་ཟེ་འདི་ནི་མཚན་ཉིད་ཡིན་ནོ། །འདྲེན་པས་གཟིགས་ནས་འདི་ནི་ངེས་པར་སྐར་མ་རྣམས་སོ། །བཞད་གད་པ་ནས། སྐར་མ་ལ་འདི་འདྲ་བའི་ཚད་ག་ལ་ཡིན། འདྲེན་པ་ནས། དེ་ནི་འདི་བཞིན་རྒྱ་ཆེན་པོའི་ཚང་དང་ལྡན་ནོ། །བཞད་གད་པ་ནས། སའི ་བ་བཞིན་ནོ། །བཞད་གད་པ་ནས། ཡང་འདི་ཉིན་པར་མི་མཐོང་བ་ཇི་ལྟར་ཡིན། །འདྲེན་པ་ནས། ཉེ་བར་བཏུང་ན་ཉིན་པར་ཀྱང་འདི་བཞིན་མཐོང་ངོ། །རིག་འཛིན་མ་ནས། གཞན་ནས་འདི་རྣམས་ཐམས་ཅད་སྔོན་གཟིགས་པ་སྙམ་བྱེད་དོ། །བཞད་གད ་པ་ནས། ཀྱེ་ན་མཉམ་དགའ་བ་ཆུ་གཏེར་གྱི་རླབས་རྣམས་ལས་རླུང་དྲག་བས་རབ་ཏུ་བསྐྱོད་པ་བཞིན་དུ་ཀ་ལའི་སྒྲ་སྒྲོགས་པའང་འདི་ཇི་ལགས། འདྲེན་བ་ནས། འདྲེན་བ་ནས། བརྟགས་ནས་འདི་ནི་ནམ་མཁའ་ཆུ་ཀླུང་གངྒཱའི་སྒྲ་སྟེ། འདི་ལྟ་སྟེ། ལྷག་མ་ཉལ་བ་བཞིན ་དུ་ཆུ་ཀླུང་རྣམ་སྤངས་ལྷ་ལམ་མཐོང་བའི་ཕུང་པོ་ལས། །ཕྱོགས་ཀྱི་གླང་ཆེན་རྣམས་ནི་རྩེ་ཞིང་སྣ་ཡིས་ཆུ་འཐོར་ཐིགས་པ་ཟེར་མ་རྣམས། །ཡང་དག་ཚིམ་བ་སྐྱེ་འགྱུར་ཆུ་ཐིགས་མུ་ཏིག་འབྲས་བུའི་འོད་ཟེར་མཛེས་པ་ལྟར། །དྲང ་སྲོང་བདུན་པོ་རྣམས་ནི་གསར་གྱི་པདྨ་འཛིན་ཅིང་ཁྲུས་ལ་རབ་ཏུ་འཇུག་།དྲང་སྲོང་བདུན་པོ་འདི་རྣམས་ནི་ཕྱག་བྱ་བའི་འོས་སོ་ཞེས་ཐམས་ཅད་ཀྱིས་ཕྱག་བྱས་སོ། །ཡོལ་བའི་ནང་དུའོ། །འཇིག་རྟེན་ཀུན་གྱི་ཕན་མཛད་ཕྱིར། །གཞན་ཡང་གཙུག་གི་རིན ་ཆེན་ལྟར། །བུད་མེད་རིན་ཆེན་རིན་ཆེན་བུ། །མཚུངས་པ་ཡང་དག་ཐོབ་གྱུར་ཅིག། རིག་འཛིན་མ་ཤིན་ཏུ་དགའ་སྟེ། འདི་རྣམས་མ་རྨོངས་པའི་ཚིག་གིས་ཇི་ལྟ་བ་བཞིན་དུ་མཆོག་སྦྱིན་ནོ་སྙམ་མོ། །བཞད་གང་པ་ནས། ཀྱེ་ན་མཉམ་འདི་ཡིས་མཁའ་ ་ལ་འགྲོ་བའི་སྟོབས་ཀྱིས་བདག་ཅག་ཡོངས་སུ་ཕྱིན་ཏེ། དེ་ནས་འདིར་ནམ་མཁའ་ཨི་གང་གཱ་ལ་ཡུད་ཙམ་ཅིག་ངལ་སོ་ཞིག་ཅེས་ཟེར་རོ། །སྙན་དག་ཚོགས་རྣམས་གླུ་ཡིས་སྙན་པར་རབ་སྒྲོགས་བསྐྱེད་པའི་གནས། །ཆགས་བྲལ་ཀུན་གྱིས་སྒྲོགས་ཤིང ་བརྗོད་བ་དེ་ནི་རྒྱལ་བར་བྱེད། །གང་གིས་རང་ཉིད་རྣམ་བྱུང་རྣམ་གཤེགས་གཟིངས་ཀྱི་ཡལ་ག་ཡི། །ལུགས་ལས་ཉེ་བར་བླངས་ནས་ཙནདན་གོ་མིས་རབ་ཏུ་སྦྱར། ཞེས་པས་རབ་ཏུ་ཞུགས་སོ། །ཐམས་ཅད་ཀྱི་ཡན་ལག་གཉིས་བ་རྫོགས་སོ།། །། ་དེ་ནས་སྦྲང་ག་བུ་མོ་རབ་ཏུ་ཞུགས་ཏེ། དུ་ཞིང་རིན་ཆེན་ཕྲེང་བ་མ། འདི་ནས་སོང་ནས་ཉི་མ་འདི་ཙམ་གྱི་བར་དུ་ཇི་ལྟར་བདག་གིས་ཡང་མ་གོ་ཏ་དབུགས་ཕྱུང་ངོ། །དེ་རིང་ནི་ན་ལྷག་པར་ཡང་མགོ་བོའི་ཟུགས་ཡང་དག་སྐྱེས་སོ།། །།རིན་ཆེན ་ཕྲེང་བ་མ་ནི་གང་དང་གང་ཡུན་རིང་པོ་དེ་དད་དེ་ནས་བཟོད་པར་དཀའ་ཞིང་རྒྱལ་བའི་བདེ་བས་མིག་ལྡོངས་ཞིང་མཆི་མ་འབབ་ཅིང་འཇུག་བ་ནི་ཆུ་ཐོགས་སོ་བཞིན་དུ་གྲོགས་མོའི་སྙིང་ནི་ཤིན་ཏུ་གདུང་བར་བྱེད་དོ། །བདག་གི་དོན་གྲུབ་པ་དེ་རྣམས་དགོས་པ ་ཡང་མི་ཤེས་ཏེ། རིན་ཆེན་ཕྲེང་བ་མ་འོངས་ན་ཡང་འབྲས་བུ་མེད་དོ་སྙམ་མོ། །བདག་གིས་རབ་ཏུ་གདུང་བའི་ཕྱིར་སྤང་བའི་ཐབས་སུ་གྱུར་པ་བཟུང་ནས། དེ་ནས་གྲོགས་མོ་དགའ་མའི་དྲུང་དུ་འགྲོའོ་སྙམ་མོ། །ཡོངས་སུ་ཞུགས་ནས་བལྟས་པ་ན་དེའི་གྲོགས་མོ ་དགའ་བ་པད་མ་བཱ་ཏི་ནི་ཡོངས་སུ་ས་བརྟོལ་རྐང་འཐུང་གི་འོག་ཟླ་བ་ནོར་བུ་རྡོ་བའི་སྟེང་ན་ཐིག་ལེ་བློ་གྲོས་མའི་ལུས་ཀྱི་སྟེང་དུ་ཉེ་བར་བརྟེན་ནས་གནས་སོ། །འདི་ནི་སྟོང་པའི་མཐར་གཅིག་པུ་གནས་ཞེས་ཉེ་བར་ཞུགས་ཏེ། དེ་ནས་པདྨ་བཱ་ཏི་དང། ཐིག་ལེའི ་བློ་གྲོས་མའང་ཇི་ལྟར་ལྟ་ཞིང་རབ་ཏུ་ཞུགས་པ་ན་རང་ཉིད་བསམས་ཏེ་ཤུགས་ནས་ཞེས་ཕྱུང་ངོ། །ལེགས་ལྡན་མེ་ཏོག་མཚོན་ཅན་གྱིས་ཀྱང་རང་ལུས་སྲེག་པའི་ཚོར་བ་ཇི་ལྟར་ཤེས་པར་མ་གྱུར་ཏེ། ཤེས་ན་གཞན་རྣམས་ཇི་ལྟར་སྲེག་པར་བྱེད། ་སྦྲང་གི་བུ་མོ་ཉེ་བར་བཏུད་དེ། གྲོགས་མོ་དགའ་མ་དི་རིང་མཉིལ་བར་མ་གྱུར་ཏམ། པདྨ་བཱ་ཏི་ནི་སླར་ཡང་དེ་བཞིན་དུ་སྨྲ་བར་བྱེད་དོ། །ཐིག་ལེ་བློ་གྲོས་མ་ནས། ཀྱེ་པད་མ་བཱ་ཏི་ཅིའི་ཕྱིར་གུས་པར་མི་བྱེད། འདི་ནི་ཁྱོད་ཀྱིས་དགའ་བའི་གྲགས ་མོའོ།། པདྨ་བཱ་ཏི་རྟབ་རྟབ་པར་གང་གང་ན་བདག་གི་གྲོགས་མོ་དགའ་མ་རིན་ཆེན་ཕྲེང་བ་མ། ཐིག་ལེ་བློ་གྲོས་མ་ནས། སི་ཡོན་ཏེ། འདི་ནི་སྦྲང་གི་བུ་མོའོ། །པདྨ་བཱ་ཏི་བདག་དོ་ཚ་ནས་བདག་ནི་ཡང་དག་པའི་ཡུལ་ཆོས་ལས་ཤིན་ཏུ་འདས་སོ་སྙམ ་ནས། གསལ་བར་སྨྲས་པ། གྲོགས་མོ་སྦྲང་གི་བུ་མོ་བདག་ནི་ཤིན་ཏུ་གདུང་བས་གཟིར་བས་ཤིན་ཏུ་འཁྲུགས་པར་གྱུར་ཏོ། །སྦྲང་གི་བུ་མོ་ནས། གྲོགས་མོ་དགའ་མ་དབུག་ཕྱུང་ཞིག་།སྐྱེས་བུ་དམ་པའི་གཏམ་བསིལ་བ་བཞིན་དུ་པདྨའི་འདབ་མ་འདི ་རྣམས་ཁྱོད་ལ་བརླན་ནོ། །པདྨ་བཱ་ཏི་ནས་འདི་སོལ་ཅིག་།ནོར་བུ་ཆུ་ཤེལ་གྱི་རྡོ་བའི་སྟེང་ན་ཡང་སྲོག་བ་སྙམ་བྱེད་དོ། །པདྨའི་མདབ་མཁྱེར་ལ་ཤོག་།གཉིས་པོ་ནས། འདིར་ཇི་ལྟར་ཅན་དོན་གྱི་ཁུ་བས་གཏེར་ཞིང། གྲོགས་དགའ་མ་ཁྱོད་ཀྱིས་ནུ་མ?་ ་དག་གི་བར?་ན་བྱིན་ནས་བཞག་ཀྱང་དེ་ཡང་ལྷག་པར་ཤིན་ཏུ་གདུང་བས་གཟིར་ནས་ཡོངས་སུ་སྐམ་པར་བྱེད་དོ། །པདྨ་བཱ་ཏི་སྡུག་བསྔལ་ནས་ཧ་ལ་འདི་རྣམས་སོལ་ལ་བདག་ནོར་བུ་ཆུ་ཤེལ་གྱི་རྔོ་བའི་སྟེང་དུ་ཁྱེར་ཅིག་ཅེས་སྨྲ། གཉིས ་བོ་རང་ལ་བསམས་ཏེ་དུ་ཞིང། ཀྱེ་མ་འདིའི་སེམས་གཞན་དུ་གྱུར་ཏོ་སྙམ་ནས་གསལ་པོར་སྨྲས་པ། གྲོགས་མོ་འདི་ནི་ཇི་ལྟར་ནོར་བུ་ཆུ་ཤེལ་གྱིས་རྔོ་བའི་སྟེང་ན་ཐིགས་པའི་རྒྱུན་མི་འཆང་པར་རྣམ་པར་འབབ་བའི་ཟེར་མ་འཐོར་ཞིང་ཆགས་སོ། །པདྨ ་བཱ་ཏི་ནས། འདི་ནི་ཆོག་གོ་།བདག་གི་ནི་རིན་ཆེན་ཕྲེང་བ་ལས་འོངས་པའི་བྲིས་སྐུ་བལྟའོ། །ཞེས་སྨྲའོ། །གཉིས་པ་ཕན་བལྟས་ཏེ། ཤིན་ཏུ་མི་དགའ་བར་གྱུར་ཏེ། ཇི་ལྟར་འདི་ལ་ཟུག་རྔུ་ཡང་མེད་དམ་ཞེས་གསལ་བར་སྨྲས་ལ། གྲོགས་མོ་འདི ་ནི་ཇི་ལྟ་བ་འདི་ནི་འདིའོ། །པདྨ་བཱ་ཏི་ནས། ཡང་རི་མོ་བྲེས་པའི་གཟུགས་བརྙན་དེ་གང་ན་ཞེས་སྨྲ། གཉིས་པོ་ནས་འདི་ན་མེད་པ་མ་ཡིན་ཏེ། ཁྱེད་ཀྱིས་མདུན་ན་མཆིས་སོ།། པདྨ་ཅན་གྱིས་ཡུན་རིང་དུ་བལྟས་ནས་དུ་ཞིང་བདག་ཉིད་བསམས་པ། གང་ཞིག་བྲིས ་སྐུའི་གཟུགས་བརྙན་འདི་འདྲ་བ་དེ་ནི་ཀྱེ་མ་བརྩེ་བ་མེད་པའི་ཚིག་ཙམ་ལ་འགའ་ཞིག་གིས་ཡང་སྐྱེ་བོ་འདི་རྗེས་སུ་བརྩེ་བ་ཅན་ནོ་ཞེས་སྒྲགས་སོ་སྙམ་ནས་ནམ་མཁའ་ལ་བལྟས་ཏེ། ལེགས་ལྡན་མདའ་ལྔ་ཁྱོད་ཀྱིས་འདིར། །མངའ་ནི་མ་སྐྱེས་འགྱུར ་བ་འམ། འདི་ནི་ཡོན་ཏན་རྗེས་ཆགས་པས། །ཡང་ན་འདིས་བསྲེག་མཐུ་མེད་དམ། །སྟོབས་མེད་རྣམས་དང་འདྲར་སྐྱེས་ནས། །དཔའ་མཐོང་མངོན་བའི་ང་རྒྱལ་ལོ། །ཕྱོགས་རྣམས་སུ་བལྟ་བར་བྱས་ནས་།གཞན་ཅི་ཞིག་ལྟ་བར་བྱེད་འདིར་ཡང ་འཕགས་པའི་བུའི་བྲིས་སྐུ་ལ་འཁྱུང་ནས། བདག་ཉིད་ཉམས་བར་བྱེད་དོ་ཞེས་སྨྲ། སྦྲང་གི་བུ་མོ་ལངས། ནས་།ཕྱོགས་རྣམས་ལ་བལྟས་པས་ཇི་ལྟར་འདིས་དྲི་མ་མེད་པའི་ནམ་མཁའ་ཨི་མཐིལ་དུ་བྱ་རྣམ་བར་རྒྱུ་བ་ཡང་མ་མཚོན་ནོ། །སླར་ཡང་བལྟས ་པས། ཡ་མཚན་ཆེ་ནས། གྲོགས་དགའ་མ་ལྟོས། ལྟོས་འདིར་གྲོག་གིས་རི་མོ་རབ་ཏུ་འགྱེད་པ་བཞིན་དུ་དྲི་མ་མེད་པའི་ནམ་མཁའ་ཨི་ཁམས་ན་རྣམ་པར་འཕྲོ་བའི་མཚན་ཉིད་དོ། །ཧ་ལ་ཁྱེད་གཉིས་ཀྱིས་ཅི་ཞིག་ལྟོས་ཤིག། བདག་ནི་གདུང་བས་ནོན་ནོ། །སྦྲང ་གི་བུ་མོ་ནས། རིའི་རྩེ་མོས་མངོན་པར་གཡོག་བ་བཞིན་ནོ། །དེ་ནས་ཐིག་ལེ་བློ་གྲོས་མས་ངེས་པར་བལྟས་ནས། རེ་ཞིག་འདི་ཅི་ཞིག་ཅེས་ཐིག་ལེ་བློ་གྲོས་མ་གྲོགས་དགའ་མ་ལ་སྨྲ་བར་བྱའོ་སྙམ་ནས་ངེས་པར་ཞུགས་སོ། །ཡང་གཞོན་ནུ་དང་བཅས ་ཏེ་རིན་ཆེན་ཕྲེང་བ་མ་དེ་བཞིན་དུ་འབྱུང་བར་འགྱུར་རོ། །དེ་ནས་རིན་ཆེན་ཕྲེང་བ་མ་དང་གཞོན་ནུ་དང། བཞད་གད་པ་རྣམས་ཀྱང་རབ་ཏུ་ཞུགས་སོ། །བཞད་གད་པ་ནས། བྷོ་ན་མཉམ་གཟིགས་གཟིགས། །དྲང་སྲོང་གི་གནས་ཀྱི་མཚན་ཉིད་འདིར་ཡང ་དག་པར་འཐུལ་བ་དུ་བའི་རང་བཞིན་སྦྱིན་སྲེག་གི་དུ་བའི་ཕྲེང་བར་སྣང་ཁེབས་ཤིང་ཕན་ཚུན་དགྲ་ཡོངས་སུ་འཇུག་པའི་དུད་འགྲོའི་ཚོགས་རྣམས་ཀྱང་གཉེན་གྱི་འཇུག་བ་ཁྱད་པར་ཅན་ཤིན་ཏུ་མཉེས་གཤིན་པ་ཕུན་སུམ་ཚོགས་པ་དྲང་སྤོང་གི་གནས ་སོ། །འདྲེན་པ་ནས། གྲོགས་པོ་ངོ་མཚར་ཆེ་བ་འདི་ལྟ་སྟེ། སྟག་མོ་ཡང་ནི་ཁོང་ནས་དུལ་ཞིང་མིག་ནི་རབ་བཙུམས་རི་དགས་ཕྲུག་གུ་རྣམས་ནི་ལྷག་པར་བྱེད། །མཉེས་གཤིན་རབ་དགའ་གཙུག་ཕུད་ཅན་ནི་མདོངས་རྣམས་རབ་བརྐྱང་ལྟེང་ཀ ་རྣམས་ནི་འཚེ་བ་སྐྱབས་ཕྱིར་སྐྱོང། །སེང་གེ་ཡང་ནི་གླང་མོ་གང་ཞིག་སོང་བའི་ཕྲུག་གུ་རྣམས་ནི་རང་གི་བུ་བཞིན་བསྲུང་བར་བྱེད། །གང་རྣམས་ཀྱི་ནི་བྱམས་པའི་གནས་བཅས་ནགས་དང་རི་བོའི་ཕུག་ན་རྣམ་པར་གནས་བ་དེ་རྣམས་རྒྱལ། །རིག་འཛིན་མ ་ངེས་བར་བལྟས་ནས། བདག་གི་གྲོགས་མོ་དགའ་མའི་ཉེ་འཁོར་དུ་ཕྱིན་ནོ། །འདིར་ནི་གྲོགས་མོ་དགའ་མ་ཙན་དན་རྣོན་བོ་ཤིན་ཏུ་ཆགས་པ་ཟླ་བ་བཞིན་དུ་ཟླ་བའི་འོད་ཟེར་གྱི་དཀྱིལ་འཁོར་དང་འདྲ་བར་རྣམ་བར་མཛེས་སོ་སྙམ་མོ། །བཞད ་གད་པ་ངོ་མཚར་ཆེ་ནས། བྷོ་ན་མཉམ་གཟིགས་གཟིགས། །བུད་མེད་འདི་ནི་རིན་པོ་ཆེ་ལྟར་འདིའི་འཇམ་མདངས་འོད་ཟེར་རབ་ཏུ་འབབ་པ་སྐྱེ་ཞིང་བསྐྱང་བས་མཉེལ་ནས་གཟིགས་པ་ལྟ་བུའོ། །འདྲེན་པས་ངེས་པར་གཟིགས ་ནས་ན་མཉམ་པ་རྣམས་ཀྱི་ཁྱད་པར་ཅན་རྣམས་རིང་དུ་གྱུར་པས་ཁྱོད་ཀྱིས་མངོན་པར་མ་ཤེས་ཏེ་ཁྱོད་རིན་པོ་ཆེ་སྙོམ་མམ། འདིའི་ལུས་ལ་རེག་པ་ཙམ། རིན་པོ་ཆེ་གཞན་རྣམས་མངོན་པར་འདོད། དེ་ནི་རིན་ཆེན་ལྟ་མི་བྱེད། །རང་ལུས་དེ ་བཞིན་རྣམ་བརྒྱན་པས། །བཞད་གད་པ་ནས་ཡིད་ཀྱི་ཤིང་རྟའི་མེ་ཏོག་ནི་མཐོང་ངོ་ཞེས་སོ། །པད་མ་ཅན་དང་སྦྲང་གི་བུ་མོ་ཟུར་གྱིས་བལྟ་ཞིང་རིན་ཆེན་ཕྲེང་བ་ནི་ཤིན་ཏུ་རིང་དུ་ཐོགས་སོ། །ཞེས་སྨྲ། བཞད་གད་པ་ནས། ཀྱེ་ན་མཉམ་སྙན་པར ་སྨྲ་བ་ནི་འདི་ལྟ་བུའོ། །འདྲེན་པ་ནས། སྙན་པ་འདི་ཅི་ཞིག་བརྗོད་ཅེ་ན། ཀྱེ་གང་ཞིག་ཟུར་གྱིས་བལྟས་པས་རྣམ་པར་འཕངས་གྱུར་པ། །ཡིད་འོད་སྤྱན་ལས་སྙན་པར་སྨྲ་བ་ཕྱོགས་པ་ནི། །གཡོ་མེད་དེ་འདིར་ས་ཆེན་སྟེང་གནས་མྱོས་པའི་ལེ་ལོ ་ཡིས། །ལུས་ལ་མེ་ཏོག་ལ་གནས་པ་དེ་ལྟར་འདི་ན་སྦྲང་རྩིའི། །རིག་འཛིན་མ་ནི་བྱེད་པ་པོ་རྗེས་འཇུག་པར་མཐོང་ངོ། །བཞད་གད་པ་ནི། ཤིན་ཏུ་དགའ་ནས་རང་ཉིད་བསམས་ཏེ། འདི་ནི་མངོན་པར་འདོད་པའི་འབྲས་བུ་སྟེ། འདི་ནི་ཇི་ལྟར་ཐང ་ཁ་ལ་རི་མོ་བྲིས་པ་བདག་གིས་མཐོང་བ་དེའི་སྙམ་མོ། །རིག་འཛིན་མ་ནས། མཐུ་ཆེན་པོ་རེ་ཞིག་ཇི་སྲིད་དེ་ལ་སྨྲ་བའི་བར་དུ་མཉེལ་སོ་བར་མཛོད་ཅིག་།འདྲེན་པ་ནས། ཁྱོད་ཇི་ལྟར་འདོད་པ་བཞིན་བྱའོ། །རིག་འཛིན་?་ཤིན་ཏུ་དགའ་ནས ་ཉེ་བར་སོང་ངོ། །སྦྲང་གི་བུ་མོ་ནས། གྲོགས་མོ་དགའ་མ་ལྟོས་ལྟོས། །འདི་ནི་རིན་ཆེན་ཕྲེང་བ་མའོ། །པདྨ་ཅན་ནས། དེ་གང་ན་གང་ན་ཞེས་ཟེར་ཏེ། སྦྲང་རྩིའི་བུ་མོ་དང་པདྨ་ཅན་དག་གིས་གཅིག་པུ་ཉིད་དུ་མཐོང་ནས་བརྒྱལ་ནས་གར་བྱེད་དོ་?་།རིག་འཛིན ་མ་ཤིན་ཏུ་དངངས་ནས། དགའ་མ་ཁྱོད་ཀྱི་ཡིད་ཀྱི་ཤིང་རྟ་གྲུབ་བོ། །སྦྲང་གི་བུ་མོ་ནས། གྲོགས་མེད་དགའ་མ་དབུགས་ཕྱུང་ཞིག། རིག་འཛིན་མ་ངེས་པར་བལྟས་ཏེ། ཀྱེ་མ་བདག་སྐལ་པ་དམན་པ་ད་ཤི་ཟིན། ཧ་དྷི་ཧ་དྷི་འདིར་སུ་འཇུག་པར་བྱེད་ཅེས ་ཡོངས་སུ་འཁྱུད་ནས་བལྟས་སོ། །ཀྱེ་མ་སྐལ་བ་དམན་པ་ཡིད་ཀྱི་ཤིང་རྟ་ལག་ཏུ་འོང་ནས་ཡང་སླར་འདོར་བར་བྱེད་དམ་ཞེས་སྨྲ་ཞིང་རིག་འཛིན་མ་ནས། གཞོན་ནུ་ཡོངས་སུ་སྐྱོབ་པར་མཇེད་ཅིག་།འདིར་ནི་བདག་གི་གྲོགས་མོ་དགའ་མ་མཐར་བྱེད ་ཀྱིས་གསར་ཅིང་འཕྲོག་པར་བྱེད་དོ། །འདྲེན་བ་ནི་རྟབ་རྟབ་པོར་ཀྱེ་མ་རབ་ཏུ་མྱོས་སོ། །བཞད་གད་པ་ནས། ན་མཉམ་དགའ་བ་མྱུར་དུ་མཛོད་ཅིག་།གཉིས་པོ་ཡང་ཉེ་བར་དྲུང་དུ་ཕྱིན་ཏོ། །རིག་འཛིན་མ་གཞོན་ནུའི་ཞབས་ལ་ཕྱག་འཚལ་ཏེ། མཐུ་ཚན ་པོ་གྲོགས་མ་དགའ་མ་རྗེས་སུ་བརྩེ་བར་མཛད་དུ་གསོལ། །འདྲེན་པ་ནི་ངོ་ཚ་ཞིང་འཇིགས་པ་དང་བཅས་ནས་བདག་གི་བསྒྲུབ་པར་བྱ་གང། ཁྱོད་ཀྱིས་ཉེ་བར་བསྒོ་བར་མཛོད། །རིག་འཛིན་མ་ནས་རིག་པ་ཀུན་གྱིས་ཕ་རོལ་ཏུ་ཕྱིན་པར་གྱུར་པ་ལ། བདག་གིས ་ཅི་ཞིག་ཉེ་བར་སྟོན། །དེ་ལྟར་ནའང་རེ་ཞིག་མཐུ་ཆེན་པོའི་ཕྱག་ལས་བདུད་རྩིའི་རྒྱུན་བསིལ་བ་རབ་ཏུ་འབབ་པ་ལས་གྲོགས་མོ་དགའ་མ་ཡོངས་སུ་རེག་པར་མཛོད་ཅིག་།འདྲེན་པ་ནས། པད་མ་ཅན་གྱི་མགོ་ལ་ལག་པས་རེག་ནས། ཟླ་བ་བཞིན་འདྲ ་འདི་ཡིས་ནི། །འདིར་ནི་རྣམ་པ་ཉམས་པ་བཞིན། །དགའ་བ་ཐོབ་ལས་རྣམ་ཉམས་སམ། །ཁྱོད་ཀྱི་རྣམ་ཉམས་སྡུག་བསྔལ་འཕེལ། །པདྨ་ཅན་ནི་མིག་ཅུང་ཟད་ཕྱེ་ནས་འདྲེན་བ་ནས། །མ་ལ་ཡ་སྐྱེས་ཁུར་བ་སོར་མོས་བཞིན་ལ་བྱུགས། །རི་དགས ་མིག་ཅན་འདི་ནི་དཀྱུས་རིང་མིག་ཕྱེ་བ། །ཆུ་འཛིན་རབ་ཏུ་དཀར་བས་ཆ་རྣམས་ཕྱེད་གཡོགས་པ། །མཁའ་ལ་ཆུ་འཛིན་དལ་གྱིས་འགྲོ་བ་ཟླ་བའི་དབྱིབས། །རིག་འཛིན་མ་ནི་གྲོགས་མོ་དཔའ་མ་འཚོ་བར་མཐོང་སྟེ། ཤིན་ཏུ་དགའ་ཨོ། །སྦྲང་གི་བུ་མོ ་ནས། ཨ་ཧོ་གཞོན་ནུ་མཐུ་བོ་བཞད་གད་པ་ནས་གྲོགས་མོ་དགའ་མ་ཡིད་ཀྱི་ཤིང་རྟ་མཐོང་ངོ། །རིག་འཛིན་མ་ནས། མཐུ་ཆེན་པོས་འདི་རེ་ཤིག་།མགོ་བོའི་ཟུག་ཉེ་བར་བཞིའོ། །འདིའི་ལུས་ཀྱང་ཕྱག་གི་མཐིལ་གྱིས་རེག་པར་མཛོད ་ཅིག། འདྲེན་བས་ལུས་རྣམས་ཀྱང་བྱུ་ལ་ནས་ཤིན་ཏུ་མཉེས་ཏེ། མི་དགའ་བ་ད་ཆོག་གོ་།འདི་ནི་ཁུར་གྱིས?་དུབ་པ་འཇམ་པའི་ལུས་ནི་རབ་གཡོ་བཞིན། །ཡིད་འོང་དྲི་ཡིས་འགྲོ་ཞིང་བུང་བའི་གཤོག་པས་རྣམ་བསྐྱེད་པ། །མཚན་མོ་མ་ལ་ཏིའི་མེ་ཏོག ་ཕྲེང་བ་བྱ་བ་བཞིན། །འདྲིའི་ལུས་རྣམས་རིམ་གྱིས་གསལ་བོར་ཡང་དག་གཡོ་བར་བྱེད། །གྲོགས་མོ་དག་ནས། གྲོགས་མོ་དགའ་མ་དབུགས་ཤིག་དབུགས་ཤིག་།མཐུ་ཆེན་པོས་ཁྱོད་འདྲི་རྗེས་སུ་བཟུང་ངོ། །དེ་ཡིས་གཟིགས་ནས་འདིར་ཡིད་ཀྱི་ཤིང ་རྟ་རང་གི་ལུས་བཞིན་དུ་བརྗོད། །པདྨ་ཅན་ནི་འཇིགས་ཤིང་ངེས་པར་བལྟས་ཏེ། ངོ་ཚ་བས་འདར་ཞིང་ལངས་ནས་འབྲོས་འདོང་པས་མ་ནུས་ཏེ་རིངས་ནས་གར་བྱེད་དོ། །རིག་འཛིན་མ་ནས་གྲོགས་མོ་དགའ་?་མ་དེ་ཙམ་མ་རིངས་ཤིག་།རེ་ཞིག་གསར་དུ་འོངས ་པ་ལ་སྟན་གཅིག་ལ་གནས་ནས་བསྙེན་བཀུར་བར་གྱིས་ཤིག་།འདྲེན་བ་ནས། དཀར་མིན་མིག་ཅན་འཇིགས་བཅས་ཁྱོད་ནི་སྡུག་བསྔལ་བ། །ཆོག་ཆོག་ལུས་ནི་གདུང་བས་ཅུང་ཟད་གཡོ་བ་ཅན། །མེ་ཏོག་ཕྲེང་བ་ཅུང་ཞིག་ཁ་འབུས་འདབ་མ་རྣམས། ་བུང་བ་རྣམས་ཀྱི་རྐང་པ་ཡང་ནི་བཟོས་མི་ནུས། །པདྨ་ཅན་རང་ཉིད་བསམས་ཏེ། ཅི་སྟེ་འདི་ནི་ནགས་ནས་འོངས་སམ། ཡང་ན་འདི་བཞན་དུ་སྣང་བ་འམ། ཡང་ན་རྨི་ལམ་དུ་སྣང་བ་འམ་སྙམ་མོ། །སྦྲང་གི་བུ་མོ་ནས། གྲོགས་མོ་དགའ་མ་འདི་ནི་དེ་ཡིན་ཏེ ་ཁྱོད་ཀྱིས་གཞོན་ནུའི་སྐུ་གཟུགས་ཐང་སྐུ་ནི་རི་མོར་བྲིས་པ་ལ་མཆོད་བའི་ཕྱིར་བ་ཀུ་ལའི་མེ་ཏོག་ཕྲེང་བ་གང་ཞིག་ཉིད་ཀྱི་བརྒྱུས་?་ཞེས་བསྟོད་དོ། །པདྨ་ཅན་ནི་འདྲེན་པ་ལ་ཟུར་གྱིས་བལྟ་ཞིང་ཅི?་མོའི་སྐུའི་གཟུགས་ལ་དེ་ཕུ་ལོ། །འདྲན་པས་རི་མོ་ལྟས ་ནས། འདི་ནི་ཁོ་བོ་བཞིན་དུ་རི་མོར་བྲིས་པ་ཞིག་གོ་།ཧ་མ་ཧོ་བདག་ལ་གུས་པ་ཚེར་མཆིས་སོ། །བཞད་གང་པ་ནས། ཁྱོད་ཀྱི་ལྷ་རྣམས་གུས་པས་བསྙེན་བཀུར་བས་ད་ལྟར་དེ་ཁྱོད་ལ་འདི་བཞིན་དའོ། །འདྲེན་པ་ནས། ཇི་ལྟར་འདི་བཞིན་དུའོ། །བཞའ ་གང་པ་ནས། ལྷ་རྣམས་ཀྱང་གུས་པས་བསྙེན་བཀུར་ནས་མཆོག་གསོལ་བར་བྱེད་དོ། །ཁྱོད་ནི་དཀའ་ཐུབ་མའི་མངོན་པར་འདོད་བའི་མཆོག་གང་ཡང་སྦྱིན་པར་མི་བྱེད་དོ། །གྲོགས་མོ་དགའ་མས་ལགས་པར་སྨྲས། །འདྲེན་པ་ནི་འཛུམ་ཞིང་ཁྱོད ་ཀྱིས་དེ་བཞིན་དུ་མཆོག་སྟེར་ཤེས་སམ། བཞད་གང་བ་ནས། གལ་ཏེ་ཁྱོད་བདག་གི་རྗེས་སུ་འཇུག་ན་བདག་བྲམ་ཟེ་ཡིན་པས་སྦྱིན་པར་བྱའོ། །འདྲེན་པ་ནས། བདག་གིས་རྗེས་སུ་འཇུག་པར་བྱའོ། །བཞད་གང་བ་ནས་ཁྱོད་དེ་བཞིན་དུ་འདིའི་མཆོག་ཏུ ་བདག་གིས་སྦྱིན། འདྲེན་པ་ནས་ཁྱོད་ནི་ཐ་ཤལ་རྨོངས་བ་རབ་ཏུ་ཤེས་པའོ། །བཞད་གད་པ་ནས། ཁྱོད་ནི་ཤིན་ཏུ་མི་བཟོད་དོ། །འདྲེན་པ་ནས། ན་མཉམ་རབ་ཏུ་གསལ་བའི་དགོངས་པ་ལ། །ཡང་འདིས་ཤིན་ཏུ་སྦྱིན་པར་བྱེད་དེ་གཟིགས་མཛོད།། ་བདག་ནི་རབ་ཏུ་བརྐྱང་ལ་ཚུལ་འཆོས་ལུས་ནི་ངོ་ཚས་སྡུས་བྱེད་ཅི། །ཡིད་འོང་མིག་ནི་གསལ་བོར་འཕངས་ཤིང་སྐད་ཅིག་ཉིད་ལ་སློང་པར་བྱེད། །བདག་ནི་མི་བཟོད་ལྟ་བས་བལྟ་ཞིང་སླར་ཡང་མངོན་འདོད་འདྲེན་པར་བྱེད། །བྱིས་པའི་བློའི་དགོངས ་བ་རབ་ཏུ་སྤྲོ་ཞིང་གཡོ་ཡང་འདིར་མི་བྱེད་ཅེས་གསུངས་སོ། །ཡོལ་བའི་ནད་དུའོ། །ཅ་ཆོ་ཆེན་པོ་ཞིག་གྲག་གོ་།ཐམས་ཅད་འཐིགས་ནས་ཉེ་བར་ལངས་སོ། །བཞད་གང་པས་ཉེ་བར་བལྟས་ནས། འདི་ནི་གང་ནས་གླང་ཆེན་མྱོས་པ་ཡང་དག་རྒྱུག་བྱེད་ཅིང།། ་འདིར་ནི་ཇི་ལྟར་ཤུགས་ཀྱི་མི་བཟང་སྣའི་འཁྱིལ་བྱས་ནས། །ཆུ་རྣམས་འཕེན་པ་ཆར་འབབ་བཞིན་དུ་སྟོབས་ཀྱིས་རབ་ཏུ་འཇུག་།གདོང་ལ་མྱོས་འབབ་དྲིལ་སྦྲང་རྩི་བྱེད་རྣམས་རྗེས་སུ་འཇུག། ཡོལ་བ་ལ་ཅ་ཆོས་སྨྲའོ། །བཞང་གང་བ་ནི་ཤིན་ཏུ་འཇིགས ་ཏེ། ཀྱེ་ན་མཉམ་ཡོངས་སུ་སྐྱོབ་པར་མཛོད་ཅེས་སྨྲའོ། །པདྨ་ཅན་ནི་ཤིན་ཏུ་འཇིགས་ཏེ། གཞོན་ནུ་ལ་ཀུན་ནས་?་ཁྱུད་དོ། །གྲོགས་མོ་དག་ནས། མཐུ་ཆེན་པོ་གྲོགས་མོས་དགའ་མ་སྲུང་བར་མཛོད་ཅིག་ཟེར། འདྲེན་པ་ནས། མ ་འཇིགས་ཞིག་འཇིགས་ལྡན་མ་དུ་ལ་གླང་ཆེན་མྱོས། །སོ་ལྡན་གནམ་ལྕགས་མཆེ་བ་ཅན། །བདག་གི་བྲང་གིས་དེ་མཚུངས་པར། །རྟག་ཏུ་རབ་གསལ་འདི་བཟུང་ངོ། །རིག་འཛིན་མ་ནས། དེ་ནི་འཇིགས་པས་འདི་ག་ལ་བྱུང། ཡོལ་བའི་ནས་།འཇིགས ་པ་རྣམས་ཀྱི་མི་འཇིགས་རབ་སྦྱིན་ས་གསུམ་རབ་ཏུ་ཚིམ་བྱེད་ཁྱོད་ནི་གཉེན། །སྡུག་བསྔལ་ཆུ་གཏེར་དང་ཀློང་འཁྲུགས་ལས་འགྲོ་རྣམས་ཡང་དག་སྒྲོལ་བའི་གཟིངས་ཉིད་དོ། །ཁྱོད་ཀྱི་ཕྱག་ནི་རབ་ཏུ་གསལ་བའི་རྒྱན་གྱིས་རོལ་ཞིང་ཀུན་འཁྲིལ་སོ་ལྡན ་སོ། །བརྟུན་ཤིང་གཡོ་བས་འཇིག་རྟེན་མ་ལུས་འདིར་ནི་སྐྲག་པའི་གནས་སྐབས་གལ་འགྱུར། །གཞོན་ནུ་ནས། ཀྱེ་དགའ་མ་བདག་ཐོང་ཞིག་།གླང་པོ་གསུམ་བོ་ནི་སོང། རིག་འཛིན་བ་རྒོད་ཅིང་དི་རིང་ཡང་ཁྱོད་གང་དུ་ཡང་མི་གཏོང་དམ། གཞོན ་ནུ་རང་ཉིད་བསམས་ཏེ། གལ་ཏེ་བདག་འདི་ལྟ་བུའི་གནས་སྐབས་སུ་འགའ་ཞིག་མཐོང་བར་མི་འགྱུར་རམ། བདག་གི་ནི་ཚུལ་དང་འདྲ་བ་མ་ཡིན་ནོ་སྙམ་ནས། དེ་ནས་དྲང་སྲོང་གི་སློབ་མ་རབ་ཏུ་ཞུགས་སོ། །རྟབ་རྟབ་པོར་ཀྱེ་མ་ཇི་ལྟར་རི་དགས་ཀྱི་རིགས ་ཀྱང་འདི་ད་དེར་ཤིན་ཏུ་སྐྲག་པས་རབ་ཏུ་འཇུག་ཅིང་སེམས་ནི་དྲངས་པར་གྱུར། གླང་ཆེན་རབ་ཏུ་འཇིགས་པས་ཐུབ་པའི་གཞོན་ནུ་རྣམས་ཀྱང་གསལ་བར་དུ་བར་གྱུར། །པདྨ་བཱ་ཏི་ནི་གང་དུ་སོང་ངམ་སྙམ་ནས་ཡོངས་སུ་ཞུགས་སོ། །མཐོང་ནས་ཤིན་ཏུ ་མི་བཟོད་པས། ། ཚངས་པ་ཀྱེ། ཨ་ཚངས་པ་ཀྱེ། ཇི་ལྟ་དཀའ་ཐུབ་ཀྱི་ཚལ་ན་འགལ་བར་འཇུག་གོ་ཞེས་སྨྲ། ཐམས་ཅད་ཤིན་ཏུ་འཇིགས་ཏེ། གྲོགས་མོ་དག་ནས། ཇི་ལྟར་འཕགས་པའི་སྤྱོད་པའི་བུའོ། །པདྨ་ཅན་ནི་གཞོན་ནུ་བཏང་སྟེ། ངོ་ཚ་ནས ་ཁ་འོག་ཏུ་ཕྱོགས་ནས་གནས་སོ་ཡོལ་བའི་ནང་དུའོ། །འདི་ལག་ལྡན་གྱི་འཇིགས་པས་བདག་གི་པདྨ་བཱ་ཏི་ནས་འབྱུང་ཞེས་དྲང་སྲོང་དུས་སོ། །སློབ་མ་ནི་དུ་ཞིང་མཁན་པོ་ཡོངས་སུ་སྐྱོབ་པར་མཛོད་ཅིག་།ཡོངས་སུ་སྐྱོབ་པར་མཛོད་ཅིག་།པད་མ་བཱ་ཏི་ནི་ན ་ཡོངས་སུ་སུན་འབྱིན་པར་བྱེད་ཅིང་མཆིས་སོ། །གྲོགས་མོ་དག་ཤིན་ཏུ་འཇིགས་ཤིང་ཤིན་ཏུ་མི་ཕན་པར་གྱུར་ཏོ་སྙམ་མོ། །གཞོན་ནུ་ནི་མི་མཐུན་པའི་མཚན་ཉིད་སྡུག་བསྔལ་བར་བདག་ལྟུང་ངོ་སྙམ་མོ། །བཞད་གད་པ་ནི་མི་བཟོད་པས་ཨ་རེ་ཨ ་རེ་བྲམ་ཟེ་གདུག་པ་ཅན་མི་བདེན་པ་སྨྲ་ཞིང་ཅིའི་ཕྱིར་ཁྱོད་དུ་ཞེས་དབྱུག་བའི་ཤིང་གྱེན་དུ་ཕྱིར་ཏེ་ཉེ་བར་བཏུད་དོ། །བྲམ་ཟེ་ནི་ཨ་ཚངས་བ་ཀྱེ་མཁན་པོ་ཡོངས་སུ་སྐྱོབ་བར་མཛོད་ཅེས་སྨྲ། དེ་ནས་ཐུབ་བ་ནི་ཁྲོས་ཏེ། རབ་ཏུ་ཞུགས་ནས་ཨ་འདི་སུ ་ཞིག་ཅེས་ངེས་པར་བལྟས་ནས། ལག་པ་དང་རྐང་པར་བཅས་པ་རྫོབས་ཤིང། །ལྷ་རྣམས་ཐམས་ཅད་སྟོབས་སམ་གྱི། །དམོད་པ་རྣམས་ནི་ཡལ་གྱུར་ཏམ?། །གང་ཞིག་ཐུབ་པའི་རིགས་རྣམས་ཀྱང། །ཀུན་ནས་གནོད་ཅིང་ཡོངས་སུ་འཇིག་ཅེས་སྨྲ། །ཀྱེ། ཁུ? ་པདྨ་བཱ་ཏི་ཨེ་མ་གཞོན་ནུ་གཙུག་ན་ནོར་བུ་ལ་པདྨ་ཅན་བདག་གིས་ཡིད་ཀྱི་སྦྱིན་པར་བྱས་ཏེ་གདུང་བར་བྱེད་དོ། །གཞོན་ནུ་ནས། ལེགས་པའི་དྲང་སྲོང་ཆེན་པོ་གང། །བདག་ཕྱིར་དེ་བཞིན་རྗེས་གདུང་བ། །ཀུན་སྤྱོད་ཁྲིམས་ལས་འདས་གྱུར་ན། །སྐྱེས་བུ ་རྟག་ཏུ་དེ་བཞིན་གདུང། །བདག་ལས་ཀུན་སྤྱོད་རྣམ་འགལ་ན། །འདི་ནི་ལྷ་རྣམས་ཀྱི་མཁྱེན་འགྱུར་རོ། །བཞད་གད་པ་ཤིན་ཏུ་འཇིགས་ནས་གནས་སྐབས་འདིར་ཅི་ཞིག་སྨྲ། ལྷ་རྣམས་ཀྱི་དྲང་སྲོང་ནས། ཐུབ་པའི་སྐྱེ་བོའི་ལྷ་རྣམས་ནི། །གང་དང་གང་བཞད ་གད་པ་ནས། བྲམ་ཟེ་གཡོ་བ་ཅན་ཕེར?་སོང་ཕར་སོང?། མཁན་པོ་ལས་མཐུ་ཆེ་བའི་ལྟ་གང་ཞིག་ཡོད་དམ། དྲང་སྲོང་ནས་།ལྷ་རྣམས་ད་ལྟ་ཉིད་དུ་ས་སྟེངས་ལྟུང་བར་བྱའམ་ཅི། །ཆུ་གཏེར་རབ་ཏུ་རྒྱུ་བ་སྐད་ཅིག་ཉིད་ལ་སྐམ་མལ་ཅི?། །བསྐལ་པོའི?་མི་ནི་འོད་ཟེར ་འབར་བས་རྩ་རྣམས་མ་ལུས་པ། །སྤེག་པ་བཞིན་དུ་འཇིག་རྟེན་རྣམས་ནི་ཐལ་བར་བྱ་འམ་ཅི། །རིག་འཛིན་མ་རང་ཉིད་བསམས་ཏེ། ཇི་སྲིད་འདི་ནི་མཐོང་དུག་བཞིན། །འདི་ཡིས་དམོད་དུག་མ་གྲོལ་བ། །དེ་སྲིད་འདིར་ནི་བདག ་གིས་ནི། ཉེས་རྣམས་རབ་ཏུ་གསལ་བར་བྱ། །སྙམ་མོ། །ཉེ་བར་བཏུད?་དེ་ཕྱག་འཚལ་ནས། །ཡབ་གཅིག་གནང་བར་མཛོད་གནད་བར་མཛོད། །འདི་ལ་པདྨ་བཱ་ཏི་དགོན་པའི་གླང་པོ་ཆི་མྱོས་བས་གསོད་པ་ལས། མཐུ་ཆེན་པོ་འདིས་བསྐྱབས་པའོ། །དྲང ་སྲོང་ནས། འདི་ཡང་སུ་ཞིག་ཡིན། བཞད་གད་པ་འཇིགས་བཞིན་དུ། ལྷ་ཚངས་པས་བྱིན་གྱིས་གཞོན་ནུ་གཙུག་ན་ནོར་བུའོ། །དྲང་སྲོང་ནས་འདི་ནི་གཞོན་ནུ་གཙུག་ན་ནོར་བུ་ཡིན་བ་དེ་བདེན་ནམ། ཞེས་ངེས་པར་བལྟས་ནས་དུས་སོ། །ཐེ་ཚོམ་ནི ་ཆོག་གོ། འདི་ནི་མཚུངས་མེད་དཔལ་དང་ལྡན། །རྟགས་ཀྱང་ནོར་བུས་རྣམ་པར་སྤྲས། །ཇི་ལྟར་དཔག་བསམ་ལྗོན་པ་ནི། བདག་གིས་དུག་གི་སྡོང་པོར་ཤེས། ཐམས་ཅད་དུ་།བདག་དམན་ནི་མི་བཟོད་མི་ཤེས་པ། །བདག་དམན་ཤིན་ཏུ་མངོན་འདོད ་ལ། །གང་ཞིག་མི་ཤེས་དབང་གི་ནི། །བདག་གི་སྡིག་པ་མངོན་བར་བྱས། །ཐལ་མོ་སྦྱར་ནས་ཀྱེ་མག་པ་སྐྱེ་བོ་ལས་ཐོས་བས་།ཉེས་བར་བྱས་པ་འདི་རྣམས་བཟོད་པར་མཛོད་ཅིག་།མི་ཤེས་པའི་དབང་གིས་ཉེས་པར་བྱས་སོ། །བཞད་གད་པ་ནི་བྲམ ་ཟེ་འཚོའོ་སྙམ་མོ། །གཞོན་ནུས་ནས་གོང་མ་རྣམས་ལ་ཉེས་བ་མ་མཆིས་སོ། །བྲམ་ཟེ་དགའ་ནས། བཞད་གད་པ་ལ་འཁྱུད་དེ། །ཕན་ཚུན་ཁྱོད་ཀྱང་བཟོད་པར་མཛོད་ཅིག་ཅེས་སོ། །དྲང་སྲོང་ནས། ཨ་ཧོ་གཞོན་ནུ་ནི་བསྟན་བའོ། །བུ་མོ་པདྨ་བཱ་ཏི ་ཀྱེ། དི་རིང་ངོ་ཚ་ཡང་ཆོག་བར་མཛོད། །སྲོག་ཆགས་དབང་ཕྱུག་བདག་པོར་གྱུར། །ཡང་དག་པས་ནི་སྤྲོ་བར་གྱིས། །གཞོན་ནུ་རང་ཉིད་བསམ་པ། འདིར་བློ་བུར་དུ་བྱུང་ངོ་སྙམ་ནས། གསལ་པོར་སྨྲས་པ། ཀྱེ་ལེགས་ལྡན་རྗེས་སུ་བསྒོ་བར་མཛོད ་ཅིག་།བདག་ཅི་བདག་གིས། ཞེས་སའི་དུས་འདས་འགྲོ་བས་འགྲོ་བར་བྱེད་དོ། །དྲང་སྲོང་ནས། ལག་པའི་ཆུ་འཛིན་གང་བར་གྱིས་ལ་ཁྱོད་དང་བཙུན་མོ་གཉིས་ཀར་གཤེགས་ཤིག། གཞོན་ནུས་རྣམ་པར་བསམས་ཏེ་ལེགས་ལྡན་བདག་ནི་རྒྱལ་རིགས་སོ། །དྲང ་སྲོང་ནས། འདི་ཡང་ཡིད་ཀྱི་མཚོ་ཡི་ནི། །ཆུ་སྐྱེས་སྤུབས་ལས་ཡང་དག་བྱུང། །བཞད་གད་པ་ནས། དེ་བཞིན་བདག་ཅག་གིས་ཀྱང་ཐོས་སོ། །འདྲེན་པ་ནས་།ལེགས་ལྡན་བདག་ལ་ཅི་བ་བདག་གིས་རྗེས་སུ་གནས་བ་མེད་དོ། །བཞད་གད་བ་ནས། འོད་འབའ་ ་ཞིག་མ་ཡིན་པ་རྗེས་སུ་གནང་བ་ནི་རི་མོ་འོངས་ནས་བག་མར་བྱས་བ་ནི་འདིའོ། །དྲང་སྲོང་ནས། གཞན་ཡང་འགའ་ཞིག་མེད་དམ། འདྲེན་པ་ནི། འདྲེན་པ་ནས། ངོ་ཆ་དང་བཅས་སོ། །དྲང་སྲོང་ནས། འདི་ཅི་ཞིག་།འདྲེན་པ་ནས་དེ་ལྟར་རོ། །དྲང་སྲོང་ནས་།དེ ་ལྟར་འགྱུར་བ་ཅི་ཡིན། འདྲེན་བ་ནས། ཀྱེ་འདི་ཉིད་དོ། །བཞད་གད་བ་དུ་ཞིང། ཀྱེ་ཁྱོད་ལ་ཆགས་པར་གྱུར་པའི་སྲོག་མ་བསྲུང་ནང་ནི་ཇི་ལྟར་དྲང་སྲོང་གི་རིགས་ཐམས་ཅད་དེ་བཞིན་དུ་སྟོངས་པར་འགྱུར་རོ། །རིག་འཛིན་མ་དུ་ཞིང་ད་ནི་ཐམས་ཅད་འདིས ་ཕྱིར་སྤོང་བར་བྱེད་དོ། །དྲང་སྲོང་ནི་ངུ་ཞིང་ཁྱོད་ཀྱིས་ལུས་དང་འདྲ་བར་འདིས་ཇི་ལྟར་ཚངས་པར་སྤྱོད་ཀྱང་འཛོམས་བར་བྱེད་དམ། གལ་ཏེ་ཁྱོད་ཀྱིས་དེ་བཞིན་དུ་བདག་ཅག་རྣམས་ལ་དགའ་བ་མཐོང་བ་ལས། སླར་ཡང་གཞན་དུ་བྱེད་པར་འགྱུར་ཞིང། ་བདག་ལ་འདིར་ཆེན་པོས་ཡོངས་སུ་སུན་འབྱིན་ཅིང་དེ་ཡིས་བདག་འདིང་ཆེན་བར་ཡོངས་སུ་བསླུ་ཞིང་བསྲེག་ནས། བདག་ཅིག་འཁོར་དང་བཅས་པའི་སྐྱེ་བོ་རྣམས་དང་ནི་མེའི་ནང་དུ་རང་ཉིད་སྦྱིན་སྲེག་ཏུ་བྱའོ། །ཀྱེ་འདི་ན་སུ་སུ། མི་ཁྱེར་ལ ་ཤོག་ཅིག་།བྲམ་ཟེ་ནས་།བདག་ནི་ལྷ་བ་མི་བཟོད་བས། སྔོན་དུ་མེའི་ནང་དུ་རབ་ཏུ་འཇུག་པར་བྱེད་དོ། །བཞད་གང་པ་རང་ཉིད་ཀྱི་བསམས་པ། ཁྱོད་ཀྱི་དེ་ཉིད་ལེགས་སོ། །འདྲེན་པ་ནས། རང་ཉིད་བསམས་ཏེ། ཐམས་ཅད་ཀྱིས་ཡང་དག་བར་བརྟུན་པར་བྱེད་ ་དོ། །སྙམ་ན། །གསལ་པོར་སྨྲས་པ། ལེགས་ལྡན་བདག་ནི་གནས་གང་ཞིག་།ཅུང་ཟད་མི་སྦྱིན་ཞེས་བྱ་མེད། །ཅིའི་ཕྱིར་ཤིན་ཏུ་སྙིང་རྗེ་བས། །དེའི་ཕྱིར་བདག་ནི་ཡོངས་སུ་སྦྱོང། །པདྨ་ཅན་ནི་འདིས་བདག་དེ་བཞིན ་དུ་བྱས་ན་མཆོག་ཏུ་ཡང་དགའ་ཨོ་སྙམ་ནས། དྲང་སྲོང་ནས། ཁྱོད་དང་བུ་མོ་པདྨ་ཅན་ལྷན་ཅིག་ཏུ་ཆོས་སྤྱོད་ཅིང་དུག་ནི་མི་སྤྱོད། བཞད་གད་བ་ནས། ཁྱོད་ཀྱི་སླར་ཡང་བདག་ཀྱང་མི་གྲོལ་བ་མ་ཡིན་ནམ། འདྲེན་པ་ནས། ་ཁྱོད་ཇི་ལྟ་བ་བཞིན་དུ་གསུངས་ཤིག་།བཞད་གང་པ་དང་བྲམ་ཟེ་དག་གར་བྱེད་དོ། །རིག་འཛིན་མ་ནི་བདག་གི་བརྩམས་བ་དོན་གྲུབ་སྙམ་མོ། །པདྨ་ཅན་ནི་བྱེད་པ་པོས་བདག་རྗེས་སུ་བཟུང་ངོ་སྙམ་མོ། །དྲང་སྲོང་ནས། ཆོས་མཁྱེན་པ ་དང་བརྩེ་བ་ཡིས། །གཙུག་ན་ནོར་བུས་བདག་བཞིན་དུ། །རི་དབང་བག་མར་བྱས་ཀྱང་མི། རི་བོ་དྲན་གྱུར་དེ་བཞིན་མིན། །དེ་ནས་སྦྱིན་སྲེག་གི་ཁང་པར་ཞུགས་ཏེ་ཆོ་ག་རྣམས་ཇི་ལྟ་བ་བཞིན་དུ་བསམས་ཏེ། བྱིན་གྱིས་བརླབས་ནས་ཐམས་ཅད ་ཡོངས་སུ་ཞུགས་སོ། །དྲང་སྲོང་ནི་ཕྱོགས་རྣམས་སུ་ཉི་མའི་དུས་ཚོང་དུ་སོང་ངམ། བལྟས་ནས་འདི་ལྟ་སྟེ། དུས་སུ་སོང་ཞིང་བི་རྩུ་ལའི་ནགས་ཚལ་ཚོགས་རྣམས་སྔོ་ཞིང་ཆུ་ཀླུང་འགྲམ་གྱི་རི་མོ་ལས། །གང་ཆེན་རིགས་རྣམས་གཉིད་ཀྱིས ་མྱོས་ཤིང་མིག་ནི་ཟླུམ་བྱེད་རི་སུལ་གནས་རྣམས་སུ་ནི་འགྲོ་བར་བྱེད། །ཤལ་མ་ཀཱི་རྣམས་ཀྱི་ནི་ཡལ་ག་སྒྲ་བཅས་སྡུད་ཅིང་བཅག་ནས་ཁུར་བ་རྣམས་ནི་སྐྱོས་པ་ཡིས། །ཐུབ་པ་རྣམས་ཀྱི་སེམས་ནི་ཚིམ་བྱེད་ཡིད་འཕྲོག་གུ་གུལ་ཕྱེ་མའི ་དྲི་བཟངས་ཕྱོགས་རྣམས་ཁྱབ་པར་གྱུར། །འདི་ནི་སྐྱེ་བོ་དང་པ་རྣམས་ཀྱི་ཟླ་བ་བཙུན་བ་ཟླ་བ་ཡིས། །མཆོག་ཏུ་གསལ་བར་རབ་སྦྱར་གར་གྱིས་གཞིར་གར་མཛད་གར་ཚོགས་ཀྱིས། །གང་གི་ལེགས་པར་འདྲེན་བྱེད་ཆགས་པ་དང་བྲལ་རྒྱལ་བ ་རྣམས་ཀྱ་ན། །ཡུམ་གྱུར་རྟོགས་པ་མཆོག་གི་རིན་ཆེན་བླ་མེད་དེ་ནི་ཐོབ་པར་འགྱུར། །ཞེས་པ་ནི་ཐམས་ཅད་ངེས་པར་ཞུགས་སོ། །ཡན་ལག་གསུམ་པ་རྫོགས་སོ།། །།དེ་ནས་སྦྲང་གི་བུ་མོར་རབ་ཏུ་ཞུགས་ཏེ། དུ་ཞིང་གྲོགས་མོ་དགའ་མ་པདྨ་ཅན་གྱིས ་ནི་ལོ་གཅིག་ལྷག་སོང་སྟེ། བདག་སྐལ་པ་དམན་པས་གྲོགས་མོ་དགའ་མ་སླར་མཐོང་བར་འགྱུར་མི་འགྱུར་ནི་མི་ཤེས་སོ། །དཀའ་ཐུབ་ཀྱི་ནགས་ཚལ་འདི་ན་ཐུབ་པའི་སྐྱེ་བོས་རབ་ཏུ་གང་ཡང་བདག་ནི་སྟོང་པ་སྙམ་དུ་སེམས?་སོ། །དེ་ལ་ཇི་ལྟར་བདག་གིས ་གདུང་བ་བསལ་བར་བྱ། །ཡང་ནས་ཕྱོགས་སྟོང་པར་ཞུགས་ནས་དྲག་པོར་དུ་བར་བྱ་འམ་སྙམ་སྟེ། འདི་ནི་ངེས་པའི་དོན་དུ་སླར་བྱའོ་སྙམ་ནས་ཡོངས་སུ་ཞུགས་སོ། །སྐྱེད་མོས་ཚལ་འདི་ནས་ན་ཏཱ་ནའི་ལྗོན་པ་འདི་ནི་གྲོགས་མོ་དགའ་མ་བྱིས་པའི་དུས་སུ་ཡང་དག ་པར་བསྐྲུན་པ་གང་ཡིན་པ་དེ་ནི་འདིའོ། །མཱ་ཏ་བཱི་འཁྲི་ཤིང་ཀྱང་འདིའོ། །བདག་ནི་སྐལ་བ་དམན་ཏེ་ལྷན་ཅིག་ཏུ་བྱས་ནས་གྲོགས་མོ་དགའ་མ་པདྨ་ཅན་གྱིས་ཁྱད་པར་དུ་ཉེ་བར་བསྐྱེད་པའོ་ཞེས་ཡང་དག་བར་འཁྱུད་ནས་དུ་ཞིང་གྲོགས་མོ་དགའ་མ་ནི་གང ་དུ་སོང་ཁྱེད་རྣམས་ཀྱང་མེ་ཏོག་ཁ་འབུས་པར་རིགས་སམ། ཡང་ན་དེ་བཞིན་གྲོགས་མོ་དགའ་མ་ཡང་ངེས་པར་འཁྲུངས་པར་གྱུར་ཏམ། ཞེས་རྟོགས་པར་བྱེད་དོ། །ཇི་ལྟར་འདི་བཞིན་དུ་ཐོས་ཏེ་ཤིང་རྣམས་ཀྱང་མཚུངས་བར་མཛེས་པར་སྨྲའོ་སྙམ ་མོ། །ཡོལ་བའི་ནང་དུའོ། ། ཧོ་རྨད་དུ་བྱུང་བ་ཆེན་པོ་འཁྲུངས་སྙམ་ནས་སྦྲང་གི་བུ་མོས་བལྟས་བ་ན། ཇི་ལྟར་བྲམ་ཟེ་མུ་ཉྫའི་བུ་དེ་ནས་རབ་ཏུ་ཞུགས་ནས་ཨ་ཧོ་ཆེན་པ་འཁྲུངས་སོ། །སྦྲང་གི་བུ་མོ་ཉེ་བར་བཏུང་ནས། འཕགས་བ་མུཉྫའི་བུ་ལ་ཕྱག་བྱས་སོ། ། ་མུཉྫ་ཤིན་ཏུ་དགའ་ནས་མཐོང་བའི་བདེ་ལགས་འཕེལ་བོར?་གྱུར་ཅིག་།ཁྱོད་ཀྱི་གྲོགས་མོ་དགའ་མ་པདྨ་ཅན་ལ་ཁྱེའུ་ཞིག་བཙས་སོ་།སྦྲང་གི་བུ་མོ་ཤིན་ཏུ་དགའ་ནས། མུཉྫའི་བུ་ཁྱོད་ཀྱིས་བདུད་རྩིའི་ཆར་ཕབ་བོ། །ཡང་དེའི་མིང་ཅིར་བརྗོད་ཅིང། བྱིན ་གྱིས་བརླབས། མུཉྫ?་ནས། པདྨ་སྐྱས་ཞེས་སོ། །སྦྲང་གི་བུ་མོ་ནས། དགའ་ཨོ་དགའ་ཨོ། མོཉྫ་ནས། འདི་འབའ་ཞིག་ལས་ཡང་གཞན་མེད་དམ། སྦྲང་གི་བུ་མོ་ནས། འདི་ཡང་ཡིན་མོད། ཡང་གཞན་དགའ་བ་ཅི་ཞིག་།མོཉྫ་ནས། དེ་ནས ་རྒྱལ་པོ་ཚངས་པས་བྱིན་གྱིས་ཁྱེའུ་ཡི་བཞིན་མཐོང་ནས་མཉེས་ཏེ། ལྷ་གཙུག་ན་ནོར་བུ་རྒྱལ་སྲིད་ལཱ་དབང་བསྐུར་རོ། །སྦྲང་གི་བུ་མོ་ནས། ཧོ་དགའ་ཨོ་དགའ་ཨོ། །མོཉ་ཛ་ནས་།དེ་ནས་འོད་ཀྱི་བློ་གྲོས་མ་དང། རྒྱལ་བོ་ཚངས་པས་བྱིན་གཉིས་དཀའ་ཐུབ་ཀྱི ་ཚལ་དུ་གཤེགས་ཤིང་བསྐྱོད་དོ། །དེ་ནས་གཞོན་ནུ་གཙུག་ན་ནོར་བཱུང་ཡབ་ཀྱི་རྗེས་སུ་འཇུག་ཅིང་གཤེགས་སོ། །སྦྲང་གི་བུ་མོ་མི་དུ་ཞིང་མོཉ་ཛའི་བུ་བདག་གི་དགའ་མའང་དེ་བཞིན་ནམ་ཞེས་སྨྲ། མོཉྫ་ནས། གཏམ་ལྷག་མ་མ་ལུས་པ་སྨྲ་བ་རྣ་བ་ལ ་ཞོག་ཅིག་དང། དེ་ནས་རྒྱལ་པོ་ཆངས་བྱིན་གྱིས་གཞོན་ནུའི་སྐྱེ་བ་ཡོངས་སུ་བསལ་བའི་ཕྱིར་ཕོ་བྲང་གི་སྐྱེད་མོས་ཚལ་དུ་དཀའ་ཐུབ་ཀྱི་ནགས་ཀྱི་བྱ་བ་བྱེད་ཅིང་ནགས་ན་གནས་སོ། །དེ་ནས་ཡབ་ཀྱི་བཀས་རྗེས་སུ་གནས་ནས་གཞོན་ནུ་གཙུག་ན་ནོར ་བུ་ནི་སྲུངས་མ་མེད་པའི་མཆོད་སྦྱིན་བཤམ་ནས་མཆིས་སོ། །བདག་ཀྱང་དེར་འགྲོ་བར་བྱེད་དོ། །ཁྱོད་ཀྱི་གྲོག་མོ་དགའ་?་མ་ལ་བདག་གིས་ཅི་ཞིག་སྨྲ་བར་བྱ། སྦྲང་གི་བུ་མོ་ནས་སྔར་ཡང་དྲང་སྲོང་གི་གནས་ཀྱི་རྒྱན་དུ་གྱིས་ཤིག། མོ་ཉཛེ་ནས་དམན་དེ ་སླར་ཡང་བཀྲ་ཤིས་འཛོམས་པའོ། །སྦྲང་གི་བུ་མོ་ཤིན་ཏུ་འཇིགས་ཏེ། བདག་གིས་ཅི་ཞིག་སྨྲས་སྙམ་མོ། །དེ་ནས་འདིར་ནད་དུ་རབ་ཏུ་ཞུགས་ཤིག། སྐྱེས་གཞན་བསྐུར་བར་བྱའོ། །དེ་ཅིའི་ཕྱིར་རབ་ཏུ་ཞུགས་ནས་སོད་ངོ། །དེ་ནས་བྲན་པོ་རབ་ཏུ ་ཞུགས་ནས་ཕར་སོང་ཕར་སོང། ཅིའི་ཕྱིར་ལྷག་པར་འཚང་ཞིང་འཕུལ་པར་བྱེད་།བྲམ་ཟེའི་ཁང་བ་དེར་རྒྱུ་ཡང་ཅི་བྱེད། ངེས་པར་བལྟས་ནས་ཇི་ལྟར་བསྲུང་ཀྱང་མི་སྡོད་པར་ཡོངས་སུ་འཇུག་ཅིང་འདི་རྣམས་ནི་འཛིན་ཅིང། འདི་རྣམས་ནི་འཇོག ་ཅིང། ཡང་ལེན་ཅིང། གཞན་རྣམས་ནི་སྦྱིན་སྲེག་བྱེད་ཅིང་བྲམ་ཟེ་འདྲང་བར་དཀའ་བ་རྣམས་ཐམས་ཅད་ཟ་འདོད་ནས་འདིར་ཇི་ལྟར་བྲམ་ཟེ་འཁྱམ་པོ་རྣམས་སེང་གེའི་གདན་གྱི་སྟེང་དུ་སྡོད། ཕར་སོང་ཕར་སོང། ལེ་བྲམ་ཟེ་རྣམས་ཕར་ཟུར་པར ་ཟུར། དམོད་པའི་རྨ་རྣམས་ན་ནས་གར་བྱེད་དོ། །རན་པ་རྣམས་ངལ་ཅི་སྟེ་སྟེག་པར་བྱེད་ཅེས་སྨྲའོ། །དེའི་བློན་པོ་སྣ་ཆེན་པོ་ལག་བཟངས་ངེས་པར་འོང་བར་མཐོང་ནས་འདི་རྣམས་དེ་ལ་སྨྲའོ་སྙམ་མོ། །དེ་ནས་ལག་བཟངས་རབ་ཏུ་ཞུགས་ནས ་ཨ་རེ་རི་ལུས་ངན་པོ་ཕར་ཟུར་པར་ཟུར། འདིར་སྤྲོ་བས་དོན་གང་ཇི་ལྟར་འདོད་པས་སྟེར་བ་ལ་ཅིའི་ཕྱིར་སློངས་མོ་པ་རྣམས་ཡོངས་སུན་འབྱེད་པར་བྱེད། འདི་རྣམས་ཀྱི་དོན་དུ་དེ་བཞིན་དུ་ཡང་དག་པར་བཙམ་པ་སྟེ། གཞོན་ནུ་གཙུག་ན་ནོར་བུས ་འགོག་པ་མེད་པའི་མཆོད་སྦྱིན་ཐམས་ཅད་རང་ལེན་གྱི། ཡོན་འདི་ནི་ལྷ་ཡིས་འགྲོ་བ་མ་ལུས་པ་ནི་མངོན་འདོད་ཡོངས་སུ་འགེངས་པ་མཆན་དུ་བཅིངས་པ་ཡིན་ནོ། །ཆོ་ག་འདི་ལ་སློངས་མོ་པ་རྣམས་ལ་དེ་བཞིན་དུ་ཅུང་ཟད་ནི་ལས་ཀྱང་སྟེར། ་སྔོན་ཡང་འདིས་དེ་བཞིན་དུ་མཛད་ནས་ཇི་ལྟར་འདོད་པ་འཛིན་པར་བྱེད་དོ། །དེ་རྣམས་ཀྱི་འདི་བློ་བུར་དུ་བྱུང་བ་མ་ཡིན་ནོ། །འདི་ལ་རབ་ཏུ་ཞུགས་ནས་དེ་རིང་གི་ལོ་ལ་སོང་ངོ། །བྲན་ཕོ་ནི་ཇི་ལྟར་འདི་ཡང་རྣམ་པར་ཁྲོས་ན་དེ་བཞིན་དུ་འདིར་གཞན་ཡང ་མི་རྙེད་དོ། །སྙམ་ནས། དེ་ནས་བྲོས་ནས་སོང་ངོ། །ལག་བཟངས་ཡོངས་སུ་ཞུགས་ཏེ། ལྷ་གཙུག་ན་ནོར་བུས་སྦྱིན་པ་རྣམས་རྣམ་པར་ལྟ་བ་ལ་བདག་བསྐོས་པ་ཡིན་པས་དེ་རྣམས་ཇི་སྲིད་བལྟའོ་སྙམ་ནས། །ངེས་པར་བལྟས་བ་ན་ཤིན་ཏུ་དགའ་ ་སྟེ། ཨ་ཏོ་དི་འདི་ལྷའི་ཕུན་སུམ་ཚོགས་པ་ཆེན་པོ་ནི་གང་གིས་ཇི་ལྟ་བ་དེ་བཞིན་དུ་ཇི་ལྟར་འདོད་པ་ལེན་བས་ཀྱང་ཟང་པར་མ་གྱུར་ཏེ། །འདི་ལྟ་སྟོ། གསེར་གྱི་ཕུང་པོ་རྣམས་ནི་འདི་ནི་རབ་ཏུ་མཐོ་ཞིང་རི་རབ་དང་ནི་འགྲན་པ་ལྟར། །རིན་ཆེན་རྣམས ་ཀྱི་ཕུང་པོ་འོད་ཟེར་རབ་ཏུ་འཕྲོ་བ་ཉི་མའི་འོད་ཀྱང་ཟིལ་གྱི་ནོན། །མུ་ཏིག་མཆོག་ཟླུམ་དོ་ཤལ་ཚོགས་རྣམས་བཀོད་པ་འོད་ཟེར་འཚེར་བ་སྐར་མའི་ཕྲེང་བ་བཞིན། །སྐྱེ་བོ་རྣམས་ནི་གང་ཞིག་རང་དབང་བླངས་ནས་རང་ཁྱིམ་བཞིན ་དུ་དལ་བུས་འགྲོ་བར་བྱེད། །ཡོངས་སུ་ཞུགས་ནས་གཞན་ཡང་བལྟས་པ་ན། །གླང་ཆེན་དབང་པོ་རྣམས་ཀྱིས་མྱོས་པའི་ཆར་ནི་སལ་བར་མེད་རབ་ཏུ་འབབ་བ་ལེན་བྱེད་པས། །མྱུར་འགྲོའི་ལུས་ནི་རྣམ་པར་རིང་རྣམས་རྨིག་པའི་རྭ་རྣམས་ངེས་པར་འདྲེད ་པས་ངོ་མཚར་རབ་ཏུ་བཅས་།ཤིང་རྟ་རྣམས་ནི་རྒྱ་ནག་བ་དན་མདངས་ལྡན་རྣམས་ནི་རྒྱུག་ཅིང་བསྐྱོད་པ་གཡེར་ཀའི་སྒྲ་བཅས་ལ། །བྲམ་ཟེ་རྣམས་ཀྱིས་རབ་བསྐྱོད་འཁོར་ལོའི་མུ་ཁྱུད་སྒྲ་ཡིས་ས་ཆེན་ནོར་ལྡན་རབ་ཏུ་གཡོ་བ་ལྟར། །བརྒྱ་བྱིན་གྱིས ་མཆོད་སྦྱིན་བརྒྱ་རབ་ཏུ་བྱིན་པ་དེ་འདིར་སའི་མཐིལ་དུ་ལྷ་ལ་བདག་གིས་སྨྲ་བར་བྱའོ། །སྙམ་ནས་གཞན་ཡང་བལྟས་པ། ཇི་ལྟར་མཚན་ཉིད་འདི་ལྟ་བུ་ནི་ཀུ་རུའི་རྒྱལ་པོ་བཟོད་པར་དཀའ་བ་གང་ཞིག་གིས་མི་བཟོད་པར་མི་འགྱུར་རམ་།འོན་ཀྱང ་དེས་ཅུང་ཟད་ཀྱང་མི་འགྱུར་སྙམ་མོ། །ཡོངས་སུ་ཞུགས་པ་ན་དེར་སྦྱིན་སྲེག་གི་ཁང་པར་ལྟ་ཉིད་རབ་ཏུ་ཞུགས་སོ། །རང་འོད་དཔལ་དང་བྱམས་པ་ཡིས། །ཚངས་པའི་ཞི་བ་ལས་ཀྱང་རྒྱལ། །བདེན་པས་ས་ཆེན་ལས་རྒྱལ་ནས། །ཆོས་ནི་མངོན་སུམ་བཞིན ་དུ་གནས། །ཇི་སྲིད་བདག་ཉིད་ཉེ་བར་བཏུད་དོ། །དེ་ནས་རྒྱལ་པོ་དང། པདྨ་ཅན་དང། བཞད་གད་བ་དང། མཁན་པོ་རྣམས་རབ་ཏུ་ཞུགས་སོ། །རྒྱལ་པོ་དང། མཁན་པོ་དང། མཆོད་སྦྱིན་རྣམས་ལག་བཟངས་ཉེ་བར་བཏུང་ནས་ཕྱག་འཚལ་ཏེ། རྒྱལ་པོ་ཆེན ་པོ་རྒྱལ་བར་གྱུར་ཅག་།རྒྱལ་བར་གྱུར་ཅིག་།ལྷ་ཉིད་ཀྱི་བཀའ་ཡིས་རྗེས་སུ་བསྒོ་ནས་སྦྱིན་པའི་ས་གཞི་རྣམས་བདག་གིས་བལྟས་སོ། །རྒྱལ་པོ་ནས་དེ་ན་ཡང་ནི་སློང་བ་རྣམས། །རང་གི་ཁྱིམ་བཞིན་རབ་ཞུགས་ནས། །ཇི་ལྟར་མངོན་འདོད་ཡོངས ་བླངས་ཤིང། །ཡིད་ཀྱི་ཤིང་རྟ་གང་འགྲོའམ། ལག་བཟངས་ནས། ལྷ་མངོན་པར་འདོད་པ་ཕུན་སུམ་ཚོགས་ཏེ། དཔལ་ནི་གང་ཞིག་ས་བདག་རྣམས་ཀྱིས་ས་སྟེངས་ནས། །དབ་འབད་རྙེད་རྣམས་ཀུན་ལ་བདེ་བར་ཉེར་བསྙེན་གྱུར། །སྐྱེ་བོ་རྣམས་ཀྱིས་རབ ་ཏུ་ཞུགས་པས་ཁྱིམ་ཁྱིམ་རྣམས་ད་ནི་ཁྱོད་པས་ཀྱང་ནི་རྣམས་ཤིན་ཏུ་ལྷག། རྒྱལ་པོ་ནས་འདི་ནི་ཅུང་ཟད་ཀྱང་མ་ཡིན་ཏེ། འདིར་ཕྱི་རོལ་གྱི་དངོས་པོ་རྣམས་ནི་ཐམས་ཅད་ཀྱི་ཐུན་མོང་སྟེ། འདིར་བདག་གི་ཅི་ཞིག་བྱིན། དེ་བཞིན་དུ་འཇིག་རྟེན་རྣམས་ནི་མཐུཌ? ་ཆེ་སྟེ་རང་དབང་བའི་དངོས་པོ་ཡང་དེ་བཞིན་དུ་བདག་གིས་སྦྱིན་པའི་གནས་སོ། ཞེས་སྒྲོག་བར་བྱེད་དོ། །གཟིགས་མཛོད། འཇིག་རྟེན་ཀུན་གྱི་སྦྱི་ཡི་ནི། །ཕྱི་རོལ་དངོས་རྣམས་དེ་དག་གིས། །འཇིག་རྟེན་སྲེད་པས་རྣམ་བསྲུས་ནས། །བདག་ཅེས་འདིར་ནི། ། ་འཛིན་པར་བྱེད། །བདག་གིས་ནི། སྙིང་པོ་མེད་ཅིང་མི་ངན?་པའི་ལུས་འདི་ཡང། །འགྲོ་བའི་དོན་གྲུབ་ཕྱིར་ནི་དྲག་ཏུ་ཡོངས་སུ་གཏོང། །གང་གཱ་འདི་ནི་ཇི་ལྟ་ཇི་ལྟར་མངོན་འདོད་པ། །དེ་དང་དེ་ཡི་དེ་ལྟ་དེ་ལྟར་རབ་ཏུ་སྦྱར་ཅེས་སོ། །ཡོལ་བའི་ནང་དུ་ཀཱ་ལ ་ཀཱ་ལའི་སྒྲའོ། །ཐམས་ཅད་ཤིན་ཏུ་འཇིགས་ནས་ཕྱོགས་རྣམས་སུ་བལྟའོ། །རྒྱལ་པོ་ནི་སྐབས་མ་ཡིན་པར་དེ་བཞིན་དུ་གཉིད་རྣམ་པར་ཡུར་རོ། །འཇིག་རྟེན་རྣམས་ནི་ཡོངས་སུ་གཡོའོ། །མཁན་པོ་ནི་གུས་ཤིང་འབད་པས་སྦྱིན་སྲེག་བྱེད། ཨ་ཤེ ་ཨ་ཤཽ་ཥ་ཊ་ཅེས་སོ། །བཞད་གད་པ་ནས། ཀྱེ་ན་མཉམ་ཡ་མཚན་ཆེ། །ཡ་མཚན་ཆེ། རླུང་ནི་དྲང་པོས་རྣམ་པར་བསྐྱོད་པ་ཡིས། །ཆུ་གཏེར་སྐྱ་བོ་དང་བཅས་ཆུ་རྣམས་ནི། །དཔའ་རླབས་ཕྲེང་བས་ཡོངས་སུ་བསྐྱོད་པའི། །གྲུ་བཞིན་ནོར་ལྡན་ཤིན་ཏུ ་གཡོ་བར་གྱུར། །རྒྱལ་པོ་ནས། ན་མཉམ་ཁྱོད་ཀྱིས་ལེགས་པར་རྟེགས་ཏེ། བྲག་ཆུང་ཆུའི་ཕུང་པོ་རླུང་གིས་ཡོངས་སུ་བསྐྱོང་པའི། །དཔའ་རླབས་རབ་ཏུ་འཁྲུགས་ལྟར་ས་ཆེན་ཡང་དག་རྣམ་པར་གཡོ། །གང་ལས་དེ་རིང་འདི་རྣམས་མཐོ་དང་དཔའ་གྱུར ་གྲུ་བཞིན་བྱེད། །འཇིག་རྟེན་རྣམས་ནི་ཆང་གིས་མྱོས་བཞིན་ལུས་ནི་རྣམ་པར་གཡོ། །པདྨ་ཅན་ནི་ཧ་བུ་པདྨ་སྐྱེས་གང་དུ་སོང་ངམ་ཞེས་སྨྲ། དེ་ནས་གཡོག་མས་པདྨ་སྐྱེས་ལག་བ་ནས་བཟུང་ནས་རབ་ཏུ་ཞུགས་ནས་གཞོན་ནུ་པདྨ ་སྐྱེས་ནི་འདིའོ་ཞེས་སོ། །པདྨ་སྐྱེས་ནས། འཕགས་པ་འདི་ཅི་ཞིག་།ལྷ་མོ་ནི་བུའི་ལག་པ་ནས་བཟུང་ནས། རྒྱལ་པོའི་དྲུང་དུ་ཉེ་བར་བཏུད་ནས། རྗེའི་སྲས་འདི་བཞིན་དུ་འཁྲུགས་པ་འདི་བཞིན་དུ་འཁྲུག་པ་འདི་བཟིན་དུ་འཁྲུག་པ་འདི་ཅི་ཞིག། འདྲེན་པ་ནི་པདྨ་ཅན་གྱི་ལག ་པ་ནས་བཟུང་ནས། དབུགས་འབྱིན་སྟེ། ཨ་ཡི་འཇིགས་ཅན་རེ་ཞིག་ལྟོས་དང། སྔོན་མ་མཐོང་བའི་རྨད་དུ་བྱུང་བ་དགའ་བའི་གནས་སྐབས་ཀྱི་མཐར་ཐུག་པ་འདི་ལྟ་སྟེ། ས་གཞིའི་དཔའ་རླབས་རིམ་པ་མཐོ་དང་དམའ་བ་རྣམ་པ་རབ་ཏུ་མང ་པ་རྣམས། །ཁང་བཟངས་གདུགས་དང་རྒྱལ་མཚན་བ་དན་ཅོད་གན་རྣམས་ནི་བསྐྱོད་པའི་རིམ་པ་ལྟར། །སྒྲ་ཆེན་རབ་ཏུ་འཇུག་པ་སྤྲིན་རྣམས་ཀྱིས་ནི་འབྲུག་སྒྲ་དྲག་ཏུ་སྒྲོག་བ་ལྟར། །འདི་རྣམས་ཆུ་གཏེར་འདྲ་ཞིང་མི་མཚུངས་ཁྱད་པར་གླར་ཡང ་འཇིག་རྟེན་མི་ལྟུང་ཅམ། །གཞན་ཡང་ལྷ་མོ་ཁང་པའི་ཕྲེང་བ་རྣམས་ནི་འཕྲེང་ལ་འགྱེད་ཅིང་སླར་ཡང་ལངས། །ཆུ་བོ་རྣམས་ནི་གྱེན་དུ་འཕར་ཞིང་གཞན་དཱུང་འགྲོ་མི་བྱེད། །ས་ཆེན་མཐོ་དང་དམའ་བ་རྣམ་པ་སྣ་ཚོགས་བྱེད་བ་ནི། །མེ་ལོང་ནང ་གིས་ཟུགས་བརྙན་རྣམ་པར་གཡོ་བ་རྟོགས་པ་ལྟར། །ལག་བཟངས་ནས། ལྷ་མཐོང་ལགས་སོ། །ཤར་གྱི་ཕྱོགས་རྣམས་རིའི་འགྲམ་བཅས་འོག་ཏུ་འགྲོ་ཕྱེད?་ནུབ་ཕྱོགས་ནམ་མཁའ་ལ་ནི་རབ་ཏུ་འགྲོ། རྣམ་པར་གཡོ་བས་ལྷོ་ཕྱོགས་དམའ་བར་ལྟུ? ་ཞིང་བྱང་ཕྱོགས་འདི་རྣམས་ཤིན་ཏུ་རབ་ཏུ་མཐོན་བོར་འགྲོ། ཆུ་གཏེར་གཡོ་བས་དབུས་ནི་འོག་ཏུ་རབ་ཏུ་འགྲོ་ཞིང་མཛའ་ཨི་ཕྱོགས་རྣམས་སྟེང་དུ་རབ་ཏུ་འགྲོ། འདི་རྣམས་ཀྱང་ནི་སྟེང་དང་འོག་ཏུ་རབ་ཏུ་རེག་སྟེ་ཆུ་འཛིན་མཐར་ཐུག་ཕྱོགས་ཀྱི་མཐར་ཐུག་པ། ། ་རྒྱལ་པོ་ནི་ངོ་མཚར་ནས་ཕྱི་རོལ་ཏུ་ཉེ་བར་བྱུང་སྟེ་འཇིག་རྟེན་པ་རྣམས་ལ་དབུགས་འབྱིན་པ་མཛད་དོ། །ལག་བཅངས་ནི་ལྷའི་བཀའ་ཡིས་ཇི་ལྟར་བསྒོ་ནས་ངེས་པར་ཞུགས། །རྒྱལ་པོ་ནི་ལེགས་ལྡན་ནོར་འཛིན་མ་ལ་མཆོད་ཡོན་ཕུལ་ནས། སྐྱེ་དགུ་རྣམས་ལ ་ལྟས་ངན་གང་ཡིན་དེ་འབྲས་བདག་སྨིན་ནས། །བདག་གི་སྦྱིན་གནས་རྗེས་བཟུང་སྐྱེ་བོ་རྣམས་ལ་འབྱུང་མ་གྱུར། །འདིར་ནི་སྐྱེ་བོའི་མངོན་པར་འདོད་རྣམས་རབ་ཏུ་རྫོགས་བྱའི་ཕྱིར། །གལ་ཏེ་སྐྱེ་བོ་འདི་རྣམས་ཉེས་ནའང་བདག་གི་མངོན་འདོད་ཆ། །མཁན ་པོ་ནི་གུས་པ་དང་བཅས་ནས་སྦྱིན་སྲེག་བྱེད། ཨིནྡྲ་ཨཱ་གཙྪ་ཧ་རེ་ཨཙྪ་མེ་མེ་དྷ་ཏི་ཐ་མི་ཥེ་བྲི་ཥ་ཎ་མ་བ་ཥྱ་མེ་ཞེས་སོ། །མེའི་ཐབ་ཁུང་ལ་བལྟས་ནས་འཇིགས་པས་ཕྱིར་འཕར་རོ། །བཞད་གད་པ་ཤིན་ཏུ་འཇིགས་ནས་ཀྱེ་ན་མཉམ་ལྟོས་ལྟེས། འདི་ནི ་འཇིགས་ཤིང་ཁའི་སྒོ་ནས་མཆེ་བ་རབ་ཏུ་གཙིགས། །མིག་ནི་ཉིན་བྱེད་གསལ་བའི་དཀྱིལ་འཁོར་འདྲ་ཞིང་རབ་ཏུ་དམར། །ཤིན་ཏུ་འཇིགས་ཆེན་གད་རྒྱངས་ངེས་པར་རབ་ཏུ་སྒྲོགས། །འདིར་ནི་སྦྱིན་སྲེག་ཐབ་ཁུང་བྱེད་ནས་ཡང་དག་བྱུང་བར་གྱུར། །དེ་ནས ་སྲིན་པོ་རབ་ཏུ་ཞུགས་སོ། ། ཧོ་ཧུ་ཏ་མ་ཧོ་ད་ཏ་ཧཱུཾ། ཞེས་གར?་བྱེད་ཅིང། འབྱུང་བཞི་འདི་རྣམས་གོམས་པའི་སྟོབས་ཀིས་རབ་འཇིག་ཅིང། །བར་སྣང་འདི་རྣམས་འོད་ཟེར་མངོན་པར་འབར་བ་བྱ། །ཕྱོགས་ཀྱི་འཁོར་ལོ་ལག་པ་རབ་རྐྱང་བསྡུད་བྱེད་ཅིང།།འགྲོ ་བ་མ་ལུས་བདག་གིས་རྣམ་པར་གཡོ་བར་བྱ་ཞེས་སོ། །རྒྱལ་པོ་ནས་དག་བ་བྱེད་པ་ལ་བགེགས་མེད་དོ་ཞེས་བརྗོད་པ་འདི་བདོན་པར་འདུག་གོ་ཞེས་བསྲུང་ངོ། །པདྨ་ཅན་ནི་ཤིན་ཏུ་འཇིགས་ནས་བྱིས་པའི་གདོང་ལ་གོས་ཀྱི་བཀབ་སྟེ་རྒྱལ་པོའི་རྒྱབ་ཏུ ་འོངས་སོ། །རྒྱལ་པོ་ནས། ཀྱེ་སེམས་ཅན་དགོངས་ཅིའི་ཆེད་དུ་འདིར་།ཕྱོགས་ཀྱི་འཁོར་ལོ་ལག་པ་རབ་རྐྱང་བསྡུད་བྱེད་ཅིང།།འགྲོ་ཁང་ཆེན་པོ་བྱས་ནས་དགོས་པ་ཅིའི་ཆེད་དུ་འོངས་ཀྱང་འདྲི་བར་བྱེད་དམ། རྒྱལ་པ་ནི་ཤིན་ཏུ་མཉེས་ནས་གལ་ཏེ ་ཁྱོད་ཀྱིས་སློང་དུ་འོངས་སམ། ཅི་སླང་བ་སྨྲོས་ཤིག་།སྲིན་པོ་ནས། །ཟས་སོ། །བཞད་གང་བ་འདྲེན་པའི་རྒྱབ་ཏུ་ཤིན་ཏུ་འཇིགས་ནས་འོངས་ཏེ་ཚུལ་གྱི་ཁང་པར་ཟས་ལ་སོང་ཞེས་སྨྲ། སྲིན་པོ་ནས། བདག་གི་ཟས་ནི་གཞན་ཡིན ་ནམ། རྒྱལ་པོ་ནས་སྨྲོས་ཤིག་།སྲིན་པོ་ནས་།ཤ་ནི་མདངས་ལྡན་སླར་ཡང་རལ་གྲིའི་ལོ་མས་སྔོན་ཉིད་དུ། །རྣམ་བཅད་རབ་ཏུ་ཤིན་ཏུ་མང་པོ་དྲོན་མོ་མདོག་ནི་དམར་པོ་རྣམས། །མིའི་དབང་པོ་སྲིན་པོ་རྣམས་ཀྱི་བཟའ་བ་དེ་རྣམས་ཡིན། །མི་ཡིས ་བཟའ་བའི་རིག་རྣམས་བདག་ལ་ཅེས་པར་ཅི་ཞིག་བྱ། །རྒྱལ་པོ་ཤིན་ཏུ་མཉེས་ནས། ཚུར་ཤོག་མ་ཕས་པ་ཡིད་ཀྱི་སིང་རྟ་རྫོགས་པར་བྱ། །ཚུར་ཤོག་བཟའ་བ་ཇི་ལྟར་འདོད་བཞིན་ལུས་འདི་ནི། །ཕ་རོལ་དོན་ཕྱིར་བདག་གིས་འདི་ནི་ཉེ་བར་བསྲུངས།། ་ཤ་རྣམས་བཅད་བས་བདག་ནི་ཡུན་རིང་འབྲས་བཅས་འགྱུར། །པདྨ་ཅན་དུ་ཞིང་རྗེའི་སྲས་སྦྱོར?་ཀྱི་དི་རིང་ཚུལ་ལུགས་འདི་ཅི་ཞིག་།རྒྱལ་པོ་ནས་ལྷ་མོ་སྐྱེས་པ་དེའི་འབྲས་བུ་དང་བཅས་སོ། །བཞད་གད་པ་ནས་ཀྱེ་ན་མཉམ་ཇི་ལྟར་གཅིག་གི་དོན་གྱི ་ཕྱིར་འཇིག་རྟེན་འདི་རྣམས་ཡོངས་སུ་གཏོང་ངམ། རྒྱལ་པོ་ནས། བདག་ནི་དེ་བཞིན་གང་དུ་ཡང། །འགྲོ་བ་འགའ་ཡང་འདོར་མི་བྱེད། །དེའི་ཕྱིར་ན་སྐྱེ་བོ་འདི། །ཟུག་རྡུ་ཞིཕྱིར་བདག་ཉིད་གཏོང། །མཁན་པོ་ནས། བདག་ནི་དེ་ལྟ་བུའི་མཆོད་སྦྱིན ་གྱི་ཆོ་ག་འདི་མི་བྱེད་དོ། །འདིར་ནི་ཕྱུགས་གསོད་ལན་པའི་ཕྱིར། །བགེམས?་ནི་ངེས་པར་རྣམ་པར་ཞུགས། །འདི་ཡི་ཆོ་ག་རིག་བྱེད་ལས། །འདི་ལ་ཕྱུགས་ནི་སྦྱིན་པར་བཤད། །རྒྱལ་པོ་ནས། གང་ཞིག་དགོས་འདོད་བགེགས་ཡིན་ན། །བདག་ནི? ་བསྲེགས་ཀྱང་མཆོག་ཏུ་མོས། །གང་ལ་ཡིད་ཀྱི་ཤིང་རྟ་འགྲུབ། །ཆོ་ག་དེ་བཞིན་དག་ཏུ་ཤོག་།སླར་ཡང། ཀྱེའི?་བྲམ་ཟེ་མཆོད་སྦྱིན་ལ། །སྲིན་པོ་ཕྱུགས་རྣམས་ཅི་ཕྱིར་རུང། །ཡང་ན་བདུད་རྩི་སྤངས་ནས་ནི། །སྙིང་པོ་མེད་བས་ཅི་ཞིག་བྱ། །སྲིན ་པོ་ནས། བྷོ་ཁྱོད་འདིར་ཅིའི་ཕྱིར་གཏམ་སྐམ་པོས་དུས་འཕྲོག་པར་བྱེད། རྒྱལ་པོ་ནས། བྷོ་འདིར་མཆོག་གི་ཆེས་གྲངས་ལ། །ལུས་ལ་ཇི་ལྟར་འདོད་པ་ཉེ་བར་སྤྱོད་ཅིག་།པདྨ་ཅན་ནི་དུ་ཞིང་སྐལ་བ་དམན་པ་བདག་གི། ལུས་འདི་ཡང་རེ་ཞིག་དང་པོར་ཉེ་བར་བཟའ་བར་གྱིས ་ཤིག། རྒྱལ་པོ་ནས། འདི་ནི་བདག་འདོད་ཡིན་ནོ། །པདྨ་ཅན་ནམ། ལུས་འདི་ཡང་ལྷའི་ཡིན་མོད། སྲིན་པོ་ནས། ཨི་མྱ་ངན་གྱིས་འཇིགས་པའི་བག་ཆགས་ཅན་འདིས་ཅི་ཞིག་བྱ། ཤུམས་མེད་དོ། །ལྟོས་ཤིག་དང་མྱ་ངན་བྱས་པའི་ཤ་ནི་བསྐ་དང ་ཁ་ཞིང་ཚ་བའི་རོ་རྣམས་ཡང་དག་བྲོ་བར་བྱེད། ཆགས་པ་ཅན་ནི་སླ་ཞིང། ཁུ?་བར་བྱས་བཞིན་རབ་ཏུ་སྐྲག་བཅས་དེ་ནི་བསྐམས་པ་འདྲ། །ཁྲོས་པའི་སྐྱུར་ཞིང་རབ་ཏུ་ཆ་དང་རྩུབ་ཅིང་བྲོད་མེད་ཟོས་ནས་བྲང་ནི་ཚ་བར་བྱེད། །མཆོག་ཏུ་བྱམས་པའི་ངོ་བོ ་ཉིད་ཀྱི་ལུས་ནི་མངར་ཞིང་དབང་པོ་ཐམས་ཅད་མཆོག་ཏུ་ཚིམ། །རྒྱལ་པོ་ཤིན་ཏུ་མཉེས་ནས། རིང་མོ་ནས་སློང་བའི་སྐྱེ་བོ་མངོན་ཤེས་ཅན་རེ་ཞིག་བདག་གིས་མཐོང་ངོ། ཞེས་ནས་མཚོན་ཐོགས་ཏེ། ཤ་གཅོད་པར་བྱས་པ་ན། པདྨ?་ཅན་ནི་ལག་བ་ནས ་བཟུང་ན། །རྗེའི་སྲས་མ་བསམས་པར་མ་བྱེད་ཅིག་ཅེས་སྨྲ་ཞིང། ཀྱེ་?་སེམས་ཅན་ཆེན་པོ་འཕགས་པའི་བུ?་ཡངས་སུ་ཐོང་ལ་བདག་ལོང་ཅིག་ཟེར། པདྨ་སྐྱེས་ནས། བྷོ་ལ་ཀྵ་ས་འཕགས་པ་ཐང་ལ་བདག་ལོང་ཅིག་ཟེར། །བཞད་གད་པ་ནས། གྷོ་སེམས་ཅན ་ཆེན་པོ་གྲོགས་དགའ་བ་ཐོང་ལ་བདག་ཟོ་ཅིག་ཟེར། རྒྱལ་པོ་ནས། མ་འབྲེལ་བ་སྨྲ་བ་དེས་ཆོག་ཆོག་།ལྷ་མོ་བདག་གི་ཆོས་ཀྱི་བགེགས་མ་བྱེད་ཅིག་ཅེས་གསུང། པདྨ་ཅན་ནི་རྨོངས་ནས་གར་བྱེད། བཞད་གད་པ་ནི་གཞོན་ནུའོ?་གདོང་གོས་ཀྱི་གཡགས ་པར་བྱེད་དོ། །རྒྱལ་པོ་ནས། བྷོ་སེམས་ཅན་ཆེན་པོ་གནས་སྐབས་འདྲིར་བདག་གི་ཤ་ལ་ཉེ་བར་སྦྱོར་བར་གྱིས་ཤིག་།སྲིན་པོ་ནི་བདག་ཉིད་བསམས་ཏེ། འདི་ལྟར་ཁྱོད་ནི་སེམས་ཅན་ཆེན་པོ་སྟེ། བདག་ནི་མ་ཡིན་ནོ་སྙམ་ནས། ཉེ་བར་ཟ་ཞིང་གར་བྱེད་དོ། ་རབ་ཏུ་གསལ་བར་སྨྲས་པ། ཨ་ཧ་ཧ་འདིས་ཤིན་ཏུ་རིང་པོར་ཚིམ་པར་བྱས་སོ། །བཞད་གདབ་ནས། ལེགས་ལྡན་འཇིག་རྟེན་སྐྱོང་བ་རྣམས་ཡོངས་སུ་སྐྱོབ་པར་མཇད། ཡོངས་སུ་སྐྱོབ་པར་མཛོད། བདག་གི་ན་མཉམ ་དགའ་བའི་སྲོག་འདོར་བར་བྱེད་དོ། །མཁན་པོ་ནི། འདིར་བསྡད་ནས་ཅི་ཞིག་བྱ་ཞེས་ནས་ངེས་པར་སོང་ངོ། །སྲིན་པོ་ནི་ད?་ནས་རེ་ཞིག་ཚོམ་མོ། །རྒྱལ་པོ་ནས། ཀྱེ་དགེ་བའི་བཤེས་གཉེན་འདི་ནི་ཇི་ལྟར་འདད་པ་བཞིན་དུ་ཉ་བར་སྤྱོད་ཅིག་ཅེས ་ལུས་གཏད་ནས་བརྒྱལ་ཏེ་གར་བྱེད་དོ། །སྲིན་པོ་ནས་རང་ཉིད་བསམས་པ། ཨ་ཧོ་མཛད་སྤྱོད་ཆེའོ། །སེམས་ཅན་ཆེན་པོ་ཡུན་རིང་པོར་ཉོན་མོངས་པར་མི་རིགས་སྙམ་ནས་ངེས་པར་སོང་ངོ། །མི་མངོན་ཙམ་ན་ཞུགས་ནས། བརྒྱ་བྱིན་གྱིས ་གཟུགས་སུ་བསྟན་ནས། །ཀྱེ་རྒྱལ་པོ་ཆེན་པོ་ཉེ་བར་བཞེངས་ཤིག་ཉེ་བར་བཞེངས་ཤིག་།རྒྱལ་བ་ནས། བདག་ནི་རྗེས་སུ་བཟུང་ཞིང་རབ་ཏུ་དགའ་བས་ལུས་ལ་ཇི་ལྟར་འདོད་པ་བཞིན་ཉེ་བར་ལོངས་སྤྱོད་ཅིག། བརྒྱ་བྱིན་ནས་བདག་ནི་སྲིན་པོ ་མ་ལགས་ཏེ། བདག་ནི་བརྒྱ་བྱིན་ནོ། །སླར་ཡང་ལེགས་པར་འོངས་བ་འདི་གང་ཞིག། བཞད་གད་པ་ནས། དབུགས་ཕྱུང་ཞིག། དབུགས་ཕྱུང་ཞིག། ཀྱེ་ན་མཉམ་དགའ་བ་འདི་ན་ངེས་པར་ལྷའི་རྒྱལ་པོ་བདག་ཉིད་བྱོན་ནོ། །ལྷ་བཞེངས་པར་མཛོད ་ཅིག། ཀྱེ། འཕགས་པའི་བུའི་མཛད་སྤྱོད་འདི་ནི་ལྷག་པར་ལྷ་རྣམས་ལ་སྒྲོགས་པར་བྱེད་དོ། །པདྨ་ཅན་ནི་རྒྱལ་པོ་ལ་བལྟས་ནས་དུ་ཞིང་འཕགས་པའི་བུ་འདི་ལྟ་བུ་མཐོང་ནས། བདག་གི་ལུས་མཉམས་པར་གནས་སོ་སྙམ་མོ། །རྒྱལ ་པོ་ནས། ཀྱེ། ལྷའི་རྒྱལ་པོ་རབ་ཏུ་དགོས་བ་ཅིའི་ཕྱིར་འདིར་བྱོན། བརྒྱ་བྱིན་ནས། ཁྱོད་ཀྱི་བསམ་པའི་མཐུ་མི་གཡོ་བ་ལ་ནོར་འཛིན་དང། རི་རབ་དག་ཀྱང་གཡོས་ཏེ་གང་གི་འདིར་མི་དབང་ཁྱོད་ཀྱི་བསམ་པ་སྐྱེ་བོ་ཀུན་ལ་གསལ་བར་བྱ་བའི ་ཕྱིར་འོངས་ཏེ། རྣམ་པར་སྤྱོད་པ་འདི་ནི་བདག་གི་མིག་འཁྲུལ་བ་ཡིན་ནོ། །བཞགས་པ་ཕྱི་ནས། ?་ཟན་མཉམ་གཟིགས་གཟིགས། གཞན་ཡང་ཡ་མཚན་ཆེ་བ་འདིར་ནི་སྤྲིན་གྱི་དཀྱིལ་འཁོར་ལ་རླུང་དྲག་པོས་བསྐྱོད་པ་ལྟར་འུར་འུར་ཞེས་རྣམ་པར ་ཟློག་པར་རྩོམ་པར་བྱེད་དོ། །རྒྱལ་པོ་ནས། ཀྱེ་མ་འཇིག་རྟེན་རྣམས་སྡུག་བསྔལ་གྱི་ལྟུང་བར་བྱེད་དམ་ཞེས་གསུངས། པདྨ་ཅན་ནམ། འདིར་གཞན་འགའ་ཞིག་ཀྱང་འབྱུང་ངམ་ཟེར། བཞད་གད་པ་ནས་གཟིགས་གཟིགས། སྟོན་ཀའི་ཟླ་བ་གང ་པའི་འོད་ལྟར་དཀར་ཞིང་སྐར་མའི་ཕྲེང་བའི་དོ་ཤལ་གྱིས་ཉེ་བར་བརྒྱན་ཅིང་གསལ་བ་ལྟར། །རིན་པོ་ཆེའི་འོད་ཟེར་ཁྱད་པར་དུ་རབ་ཏུ་གསལ་བནར་རྒྱས་ཀྱི་གདེངས་ཀའི་དཀྱིལ་འཁོར་ལྟར་དཀར་པོ་ཡང་དག་པར་མཐོན་ནས་བྱུང་ངོ། །རྒྱལ་པོ ་ནི་ཤིན་ཏུ་ཡ་མཚན་ཆོ་ནས། རྣམ་པར་བལྟས་ཏེ། འདིར་གཞན་འགའ་ཞིག་ཀྱང་འབྱུང་བར་འགྱུར་ཞེས་སོ། །བཞད་གང་པ་ནས། ཀྱེ་བུད་མེད་རིན་པོ་ཆེ་ལྷ་མོ་པདྨ་ཅན་གྱི་དབྱིབས་ལྟ་བུ་ཞིག་ས་གཞིའི་མཐིལ་ནས་ཡང་ལེགས་པར་ལངས་ནས་བྱུང་ངོ།། ་ཀྱེན་མཉམ་དགའ་བ་གཟིགས་མཛོད། །རྒྱལ་པོ་ནི་ཡ་མཚན་ཆེ་ནས། རྣམ་པར་བལྟས་ཏེ། རི་ལྡན་མཐིལ་ནས་མངོན་སུམ་དུ། །འདིར་ནི་དཔལ་མོ་བཞེངས་སམ་ཅི། །ཡང་ན་འདི་ནི་རྣམ་གསལ་བ། །ས་ཆེན་ལྷག་པའི་སྐ་རགས་སམ། །དེ་ནས་སའི ་ལྷ་མོ་རབ་ཏུ་ཞུགས་ནས་མཆོད་ཡོན་ཕུལ་ཏེ་སྐྱེས་བ། ཆེན་པོ་ཚུར?་གཤེགས། །མཆོད་ཡོན་བཞོས་ཤོག?་ཟེར་།རྒྱལ་པོ་ནས། ཀྱེ་ཁྱོད་ནི་འདིར་གསར་དུ་འོངས་པ་སྟེ། ལེགས་ལྡན་གྲོང་འཇིག་དང་གཉིས་པོ་བདག་གིས་མཆོད་པར་བགྱིའོ། །བརྒྱ་བྱིན་ནས ་ཇི?་ལྟར་བས་ས་རྣམ་དག་པས། །དེའི་ཆེན་པོར་གྱུར་པ་བཞིན། །དེ་བཞིན་མཆོད་པས་ཚིམ་བྱས་ཀྱང། །མཆོག་ཏུ་དགའ་བ་ཐོབ་མ་ཡིན། །རྒྱལ་པོ་ནས་ཁྱོད་འདི་རིང་དེ་ཙམ་སྔར་ཡང་རྣམ་པར་གཡོ་བ་ཅིའི་ཕྱིར་ལགས། ས་ནས། ཁྱོད་ཀྱིས་སེམས ་པ་རྒྱ་ཆེན་མཐོང་བས་རབ་དགའ་ནས། །ཆུ་གཏེར་རི་བོ་ནགས་ཚལ་མཐར་ཐུག་མངོན་པར་བསྐྱོད། །ཁྱོད་ཀྱི་ལྟད་མོ་ཡ་མཚན་ངོ་མཚར་ལྟ་བ་ཡིས། །རབ་དགའ་ཨི་ཁུར་གྱིས་ལུས་ནོན་དབང་གིས་ཡོངས་སུ་འདར། །དེ་ནས་ད་ནི་བདུད ་རྩིའི་ཁུ་བ་འདིས་ལུས་སླར་ཡང་གསར་པར་བྱའོ་ཞེས། འདྲེན་པའི་ལུས་ཡོངས་སུ་བྱུག་པ་བྱས་སོ། །བཞད་གད་པ་ཤིན་ཏུ་དགའ་སྟེན་མཉམ་དགའ་བ་ཇི་ལྟ་བུ་དེ་བཞིན་དུ་མཐོང་བར་གྱུར་ཏོ། །པདྨ་ཅན་ནས། ལེགས་ལྡན་གྱི་ཆོས་ཀྱི་མཐུའོ། །བརྒྱ ་བྱིན་ནས། ཤིན་ཏུ་དཀའ་བ་སྦྱད་བ་འདི་ཡིས་ལས་ཀྱི་ཚུལ་འདི་ནི་ཅུང་ཟད་ལས་མེད་དོ། །ས་ནས། ལྷའི་དབང་པོ་འདི་ལ་དགའ་བ་མེད་དོ། །གཟིགས་མཛོད། ཀཽ་ཤི་ཀ་འདི་ཡིས་སྔོན་དུས་ནས། །འདེ་བཞིན་ལུས་ནི་སྟོང་ཕྲག་སྨིན་པར་བྱས། །སྔོན་ཡང ་དྲི་མ་བསིལ་བཞིན་སྤངས་པ་ནི། །བདག་གིས་ཕྱོགས་འགའ་ཡང་ནི་དེ་ཡོད་མིན། །སླར་ཡང་རྒྱལ་པོ་མཐོང་བས་འདིར་རྨད་དུ་བྱུང་ངོ། །བདག་ནི་འགྲོ་བར་བྱེད་དོ་ཞེས་ནས་སོང་ངོ། །བརྒྱ་བྱིན་ནས་རྒྱལ་པོ་རང་གི་བསོད་ནམས་བསགས་པ་དེས་མཐོ ་རིས་སུ་ཡང་དག་པར་གཤེགས་པར་མཛོད་ཅིག་།རྒྱལ་པོ་ནས་དེ་ན་སློངས་མོ་པ་ཡོད་དམ་ཅི་བྱེད། བརྒྱ་བྱིན་ནས། དེ་མེད་དོ། །རྒྱལ་པོ་ནས། གལ་ཏེ་དེ་བཞིན་ཡིན་ན་འགྲོ་བར་མི་བྱེད་དོ། །བརྒྱ་བྱིན་ནས་དེར་ཕ་མ་དག་འགྲོ་བར་མེས་སམ། ལྕི ་བ་བདག་ཇི་ལྟར་འདོད་པར་རོ། །བརྒྱ་བྱིན་ནས་དེ་བཞིན་འདིར་འགྲོ་བར་བྱའོ། ཞེས་ནས་ཡོངས་སུ་སོང་ངོ། །དེ་ནས་ཇི་ལྟར་བུད་མེད་པའི་ལེགས་ལྡན་འོད་ཟེར་ཞེས་པའི་དྲང་སྲོང་རབ་ཏུ་བཞུགས་ནས། ཨ་ཧོ་རྒྱལ་པོ་ཆེན་པོའི་བསམ་པ་རབ་ཏུ་རྒྱ་ཚོའོ? ་ཞེས་རབ་ཏུ་ཞུགས་ཏེ། ཀྱི་རྒྱལ་པོ་ཆེན་པོ་བདེ་ལེགས་སུ་གྱུར་ཅིག། རྒྱལ་པོས་ཕྱག་བྱས་ནས། ལེགས་ལྡན་ཅིའི་ཕྱིར་ཕྱིན། དྲང་སྲོང་ནས་འདིར་ཁྱོད་ཀྱི་བཙུན་མོ་དང་བུའི་ཆེད་དུ་འོངས་སོ། །པདྨ་ཅན་ནི་འདི་ཅི་ཞིག་སྙམ་མོ། །རྒྱལ་པོ་ཤིན་ཏུ་དགའ་ནས ་ལེགས་ལྡན་བདག་གི་ལུས་ལ་སོགས་པ་འདི་སློང་བ་ཀུན་གྱི་རང་དབང་ངོ། །དེ་ནས་ཡོལ་བ་ལས་ཅ་ཅོའི་སྒྲའོ། །ཀྱོ་རེ་ཞིག་མཆོད་སྦྱིན་གྱི་ཆོ་གའི་བཙུན་མོ་གཏོང་བ་མེད། རྒྱལ་པོ་ནས། སློང་ན་སྦྱིན་པར་མི་བྱ་ཞེས། །འདི་ནི་ཆོས་ཀྱི་ཆོ་གར་མེད། ་བཞད་གད་པ་ནས། ཕར་ཟུར་བྲམ་ཟེ་གདུགས་པ་ཕར་ཟུར་བར་ཟུར། རྒྱལ་པོའི་བཙུན་མོས་ཁྱོད་ལ་ཅི་ཞིག་བྱ། །གཞན་སློངས། རྒྱལ་པོ་ནས་དེ་སྐད་མ་ཟེར་གྱི། དྲང་སྲོང་ཆེན་པོ་བདག་སྙིང་ཡང། །ཇི་ལྟར་འདོད་བཞིན་ལེགས་ལྡན་ལང། ། ་དྲང་སྲོང་ནས། བུ་མོ་པདྨ་བཱ་ཏི་དང། བུ་པདྨ་ཨུཏྟར་ཚུར་ཤོག་ཅིག། ཁྱེད་གཉིས་རྒྱལ་པོས་བྱིན་ནོ། །པདྨ་ཅན་དུ་ཞིང་རྒྱལ་པོ་ཆེན་པོ་བདག་ནི་ཡིན་མོད་ཀྱི། །འོན་ཀྱང་རྒྱལ་པོའི་གདུང་རྒྱུད་ཆད་པར་འགྱུར་རོ། །རྒྱལ་པོ་ནས། བདག་ནི་མི་སྤྲིན་ཞེས་པ ་ཅུང་ཟད་ཀྱང་མེད་དོ། ཞེས་བཤད་ཟིན་ཏོ། །པདྨ་ཅན་ནས་ལོངས་ཤིག་།དེ་བཞིན་དུ་དུ་ནས་ཅི་ཞིག་བྱ། བུ་པདྨ་སྐྱེས་ཚུར་ཤོག་།འཕགས་པའི་བུས་བདག་ཅག་ཡོངས་སུ་བཏང་ཟིན་གྱིས། ཡབ་ལེ་ལེགས་སུ་ལྟོས་ཤིག། ཕྱི་ནས་ནི་མཐོང་བར་མི ་འགྱུར་རོ། །པདྨ་སྐྱེས་ནས་ཅི་སྟེ་ཕྱི་ནས་བདག་གི་ཡབ་མཐོང་བར་མི་བྱེད། པདྨ་ཅན་ནས། པདྨ་སྐྱེས་གང་གི་ཕྱིར་ན། འདིས་བདག་ཅིག་ཡོངས་སུ་བཏང་ནས་གཞན་དུ་འགྲོའོ། །པདྨ་སྐྱེས་ནས་ཡུམ་ནི་ཅི་བྱེད་པདྨ་ཅན་ནས། བདག་ཅག་བྱིན་ནས ་འགྲོའོ། །པདྨ་སྐྱེས་ནས། ཡབ་ཀྱང་དེ་བཞིན་དུ་འགྲོ་བར་བྱེད་དམ། པདྨ་ཅན་ནི་པདྨ་སྐྱེས་ཀྱི་དོན་ནི་མི་ཤེས་བར་ཤེས་ནས་བུ་ཡང་ལ། ཕྱག་འཚོལ་ཅིག་ཟེར། པདྨ་སྐྱེས་ནི་ཐལ་མོ་སྦྱར་ནས། ཡབ་བདག་གི་ཡུམ་འདི་ཙམ་བཤུམས་ཅི་སྟེ། བཞད་གད ་པ་ནས། ཀྱེ་མ་ཁྱོད་ནི་སྙིང་རྗེ་མེད་ཀ་གང་ཞིག་འདི་བཞིན་ཚོ་དེ་ཡིས། །བཤུམས་ཤིང་བྱིས་པ་ཡོངས་སུ་བཏང། །ཧཱ་ཞེས་པདྨ་བཱ་ཏི་དང། །ཧཱ་བུ་པདྨ་ཨུཏྟ་ར། །ཁྱེད་ཅག་གཉིས་པོ་དག་ཡིན་ནོ། །བྲམ་ཟེའི་བུ་བདག་ཅག་ཀྱང་ཁྱད་ཅག་གི་རྗེས་སུ་འགྲོ་བར་བྱའོ ་ཞེས་རྨོངས་ནས་གར་བྱེད་དོ། །དྲང་སྲོང་ནས་ཤོག་ཤོག། བུ་མོ་བདག་ཅག་རྣམས་འགྲོ་བར་བྱ་བ་རིང་པོར་འགྲོ་དགོས་སོ། །རྒྱལ་པོ་ནི་པདྨ་སྐྱེས་ཀྱི་སྤྱི་བོ་ལ་བསྣོམས་ནས། བཤུམ་ཤིང། ནགས་སམ་ཡང་ན་གྲོང་ཁྱེར་རམ། །རི ་བོ་དང་ནི་རྒྱ་མཚོ་?་རུང། །ཁྱེད་ཅག་ཉལ་ཞིང་གཉིད་ལོག་ཀྱང། །ལྷ་རྣམས་ཀྱིས་ནི་སླུང་བར་ཤོག། ལྷ་མོ་ཁྱོད་ནི་གར་གནས་དེར། །གཞོན་ནུ་འདི་ལ་རྡེག་མ་བྱེད། །ལྷ་མོ་ནི་བསྟིང་ཚིག་གིས་འཕགས་པའི་བུ་དེ་བཞིན་དཱུང་མཁྱེན་ནམ། རྒྱལ་པོ ་ནས། ཁྱེད་ཅི་སྲོག་ནི་ཡོངས་འདོར་ཀྱང། །དྲང་སྲོང་ཆེན་པོའི་བཀའ་མ་འདའ་། །མེའི?་གཟུགས་དང་འདྲ་བ་ཡི། །མཆོག་གི་ཐུབ་བ་ཚིག་བྱས་པའི། །བསོད་ནམས་ཡོངས་སུ་བསྒྲུབ་བྱས་པས། །འཇིག་རྟེན་ཀུན་གྱི་མངོན་འདོད་ཚིམ། །དྲང་སྲོང་ནས ་བུ་མོ་ལོང་ཤིག། བདག་ཅག་འགྲོ་བར་བྱའོ། །རྒྱལ་བོ་ནས། ལྷ་མོ་གཤེགས་པར་མཛོད་ཅིག། པདྨ་ཅན་ནི་ཕྱག་འཚལ་ཏེ། །རྒྱལ་རིགས་སྐྱེ་པའི་མཐར་ཐུག་པར། །བདག་ཀྱང་དེ་བཞིན་འཇུག་པར་ཤོག་ཅེས་སོ། །པདྨ་སྐྱེས་ནས། ཡབ་ཀྱིས་ང ་ལ་སྔོན་ནི་རྟ་སྦྱིན་ཟེར་ནས་མ་བྱིན་པས་ད་ཁྱོད་ངལ་ནམ་སྟེར། རྒྱལ་པོ་ནི་བཤུམས་ཤིང་པདྨ་ཅན་ལ་འཁྱུད་ནས་བུ་དེ་ཐུབ་པ་འདིས་ཁྱོད་ལ་སྟེར་བར་འགྱུར་གྱིས། པདྨ་སྐྱེས་ནས། ཡབ་བ། འདི་ན་དའི་རྟ་དང་གླང་བོ་ཆེ་དང། གླང་པོའི་ཁྲི་དང ་རྟའི་སྒ་འདི་རྣམས་ཚགས་གྱིས་ཤིག་ཟེད། རྒྱལ་པོ་རང་ཉིད་བསམ་སྨན?། སྐབས་འདི་ནི་བདག་གི་ཟུག་རྡུ་ནི། །སྲོག་ལ་བབ་ཀྱང་དེ་བཞིན་མིན། །ཇི་ལྟར་པའི་མཉེས?་ཤིན་པའི། །པདྨ་མཆོག་ནི་རིང་དུ་འགྲོ། དྲང་སྲོང་ནས། །བུ་མོ་ཤོག། བདག་ཅག ་འགྲོ་བར་བྱའོ། །པདྨ་ཅན་ནི་རྒྱལ་པོ་ལ་བལྟ་ཞིང། བུའི་ལག་པ་ནས་བཟུང་ནས་སོང་ངོ། །རྒྱལ་པོ་ནས། བརྩེ་བའི་ཞགས་པས་ལེགས་བསྣམས་བཞིན། །གང་གི་བདག་ཀྱང་ཤིན་ཏུ་གདུང། །ན་མཉམ་དབུགས་ཕྱུང་ཤིག། དབུགས་ཕྱུང་ཤིག་། ་བཞད་གད་པ་རྟབས་བཞིན་དུ་ལངས་ནས། ཀྱེ། མི་སྟེར་ཅི་ཞིག་ཟེར། རྒྱལ་པོ་རྟབ་རྟབ་པོ་མཛད་ནས་རྣམ་པར་བསམས་པ། ད་ནི་བདག་གི་ཕམ་དག་བལྟ་བར་བྱའོ་སྙམ་བ་ན། ཕོ་བྲང་འཁོར་གྱི་མི་རྣམས་རབ་ཏུ་ཞུགས་ནས་ངོ་མཚར་ཆེ། ངོ་མཚར་ཆེ། ལྷའི ་ཡབ་ཡུམ་དག་ནམ་མཁའ་ལ་བྱ་བ་མཛད་པ་གཅིག་གཟིགས་མཛོད། དང་བའི་གཤོག་པའི་ཆ་ཡིས་བསྐྱོད་བཞིན་རྒྱལ་མཚན་ཕྲེང་བ་ཅན། །གཞལ་ཡས་ཁང་འདྲས་རི་རབ་ལྷུན་པོའི་རྩེ་མོར་རྣམ་པར་གནས། །ལྷའི་དྲང་སྲོང་རྣམས་ཀྱང་མངོན་དགའ་ ་བརྒྱ་ཕྲག་རྣམས་ཀྱིས་བསྟོད་དང་འདི་དག་ལྷའི་གནས་སུ་ད་ནི་རབ་ཏུ་ཞུགས་བར་གྱུར། །རྒྱལ་བོ་ཤིན་ཏུ་མཉེས་ཏེ་གཟིགས་ནས་ཕྱག་འཚལ་ཞིང་དེ་བཞིན་དུ་ཚིགས་སུ་བཅད་པ་འདི་ཉིད་ཀློག་གོ། སླར་ཡང་གཟིགས་ནས་བཤུམས་ཤིང། ཡབ་ནི་རྣམ ་སད་ལམ་དུ་རིང་དུ་གཤེགས་ཤིང། ཡུམ་ཀྱང་རྗེས་སུ་གཤེགས་སོ།། །།པདྨ་སྐྱེས་དང་ལྷ་མོ་གྲོང་ཁྱེར་སྤངས་ཤིང་གཉིས་སྐྱེས་ཁྱིམ་དུ་སོང། །ད་ནི་འདི་ནི་སྟོངས་གྱུར་རི་བོ་ཤིན་ཏུ་དབེན་པའི་ནགས་ཚལ་གྱི། །གནས་ལ་བདག་ཀྱང་རྟེན་བྱེད ་བློ་ནི་འགྲོ་བར་ཤིན་ཏུ་རིངས་པར་གྱུར། །ཞེས་གསུངས་ནས་ཡོངས་སུ་ཞུགས་པ་ན། བཞད་གང་པ་ནས། ཀྱེ་ན་མཉམ་ཁྱོད་ཀྱང་གཤེགས་པར་མཛད་ན། ནམ་བདག་བྲམ་ཟེ་ཡོངས་སུ་འདོམ་པར་བྱེད་དམ། འདྲེན་པ་ནས། ཁྱོད་ནི་ཇི་ལྟར་འདོད ་པ་བཞིན་ནོ། །བཞད་གང་པ་ནས། བདག་བྲམ་ཟེ་ཡང་གལ་ཏེ་ཁྱོད་ཀྱིས་འགའ་ཞིག་གི་བྲན་ལ་མི་སྟེར་ན་རྗེས་སུ་འགྲོའོ། །རྒྱལ་པོ་ནས། ཁྱོད་བྲམ་ཟེ་ཡིན་མོད། དེ་བཞིན་དུ་བདག་སྟེར་བའི་བདག་པོ་ཡང་ཁྱོད་ཉིད་དོ། །ཕོ་བྲང་འཁོར་གྱི་མི་རྣམས་ནས། ་ཀྱེ་གཞོན་ནུ་གཙུག་ན་ནོར་བུ་ཁྱོད་ཀྱང་བདག་ཅག་རྣམས་ཡོངས་སུ་འདོར་རམ། ནོར་ལྡན་རི་ཕུག་ཁྱོད་ཉིད་ནི། །བསམ་གཏན་གྱི་སྤྱན་འབྱེད་མི་བྱེད། །གཡོ་བ་མེད་པ་མཚོ་བཞིན་ནགས་ཀྱི་ལྷ་རྣམས་ཀྱིས་ནི་ལྟ། །རྒྱས་པའི་རྣམས་བསྡུས་ནས་གང་གི ་ཟློས་གར་རབ་སྦྱར་ལ། །ཉེ་བར་ཡོངས་སུ་རྩོམ་མཛད་ཙནྡྲ་གོ་མིས་རབ་སྦྱོར་དང། །གལ་ཏེ་འགའ་ཞིག་ཆགས་པ་དང་བྲལ་མཚུངས་གྱུར་འགྲོ་རྣམས་ལ། །ཡང་དག་སྐྱེས་སམ་ས?་ཆེན་ཡུན་རིང་གནས་པས་བདེན་པར་སྨྲས། ། ་འདིར་ནི་ཐམས་ཅད་ངེས་པར་ཞུགས་སོ།། །།ཡན་ལག་བཞི་པ་རྫོགས་སོ།། །།དེ་ནས་རིག་འཛིན་པ་རབ་ཏུ་ཞུགས་སོ། །རྩེད་མོས་རོལ་ཅིང་མཁའ་ལ་རྒྱུབ?་ན་ཨ་ཧོ་ལྷ་གཙུག་ན་ནོར་བུའི་གྲགས་པ་རྒྱུན་མི་འཆད་པས་ཕྱོགས ་མ་ལུས་པ་ཁྱབ་ཅིང་གང་བ་འདི་ལྟ་སྟེ། གཙུག་ན་ནོར་བུའི་སྙན་པའི་གྲགས་པ་ཆེན་པོས་ཕྱོགས་རྣམས་ཐམས་ཅད་རབ་ཏུ་མཛེས་བར་བརྒྱན། །དེ་ཡིས་རྣ་བའི་རྒྱན་བཞིན་གོས་དང་བཅས་བཞིན་མཉམ་བཞིན་ཀུན་ནས་རྒོད་བཅས་བཞིན། །ཙན ་དན་ཚོགས་རྣམས་བདུད་རྩིས་གང་དང་ཟླ་པའི་འོད་ཟེར་འཆེར་བས་རྣམ་པར་བྱུག་བ་ལྟར། །ངོ་ཤལ་རྣམ་པར་འཕྱད་བ་འོད་ཟེར་འགྲོ་བའི་ཚོགས་ཀྱིས་ཁྱབ་ཅིང་རྣམ་པར་གཡོ་བ་ལྟར། །ལྟོས་ལྟོས། དེའི་གྲགས་པ་ངེས་པར་འཕེལ་བ་ནི། ། ་ཕྱོགས་ཕྱོགས་མི་འམ་ཅིའི་བུ་མོ་རྣམས་ཀྱི་གླུ་ལེན་ཅིང། །རི་བོའི་རྩི་ལ་གྲུབ་པ་རིག་འཛིན་རྣམས་ནི་བསྟོད་ཅིང་སྒྲོགས། །ས་འོག་མཐིལ་ན་གཙུག་གི་ནོར་བུའི་འོད་ཟེར་རབ་འབར་བ། །ཀླུ་རྒྱལ་རྣམས་ཀྱིས་གདོང་ཀའི་དཀྱིལ་འཁོར་ཞི་ནས་ཉན་པར ་འདོད། །རིག་འཛིན་མནས་པདྨ་པཱ་ཏི་ནི་ཡུག་ས་མོ་མ་ཡིན་བཞིན་དུ་བུ་ཆུང་དང་བཅས་འཁོར་ཐམས་ཅད་ཡོངས་སུ་སྤང་སྟེ། བདག་པོའི་བཀས་དྲང་སྲོང་ཆེན་པོའི་རྗེས་སུ་འབྲང་ཞིང་ད་ལྟ་ཇི་ལྟར་གྱུར་ཏ་མ་རིག་པ་འཛིན་བ་ནས། དེ་བཞིན ་ལེགས་ལྡན་འོད་ཟེར་ཅན་གྱི་གནས་བརྟེན་ནས། །རི་བོ་གངས་ལྡན་མི་རིང་རི་སུལ་དག་ན་སླར་ཡང་གནས། །དྲང་སྲོང་ཆེན་པོར་ཡང་ཡབ་ནི་སྲིད་འབྱུང་ཡིད་བཅུགས་སོ། །དེའི་ཕྱིར་འདི་ནི་གཞན་གྱི་ལོག་ཏུ་འགྲོ་བར་མི་བྱའི་ཕྱིར། །དྲང་སྲོང་ཆེན ་པོས་དེ་ཉིད་སློང་བར་མཛད་ཅིང་ཞུགས་པར་ངེས་སོ། །རིག་འཛིན་མ་དགའ་ནས། པདྨ་ཅན་ནི་སྔོན་གྱི་རིགས་སུ་རབ་ཏུ་ཞུགས་ཏེ། དེ་ནི་སྡུག་བསྔལ་གྱི་ཁུར་བཀུར་དཀའ་བ་ནི་མེད་དོ། །དེ་ནས་ད་ལྟ་ལྷ་གཙུག་ན་ནོར་བུ་ཇི་ལྟར་ཐོས་སམ། རིག་པ་འཛིན་པ་ནས ་དེ་ཡང་པདྨ་ཅན་གྱི་གང་དུ་ཁྱེར་དང་གནས་པ་མི་ཤེས་ཤིང། དེ་དང་ཉེ་བ་ནི་དེ་བཞིན་རིའི་ཕུག་ཏུ་རབ་ཏུ་ཞུགས་ནས་སོ་སོར་གནས་པར་གྱུར། དེ་ཡི་རྣམ་པར་སྤངས་པའི་གྲོང་ཁྱེར་སཱ་ཀེ་ཏ་ནི་མཆོད་སྦྱིན་ཕུན་སུམ་ཚོགས་པ་རྣམས། །ཤིན་ཏུ་མི་བཟད་བཟོད ་པར་རབ་ཏུ་དགའ་བའི་རྒྱལ་པོས་མཐོང་ནས་ཉེ་བར་བསྐོར་བར་བྱས། །རིག་འཛིན་མ་ནས་རྗེའི་སྲས་འདིའི་དགའ་བའི་གཏམ་འདི་བསྡུད་པར་འགྱུར་རམ་མི་འགྱུར། །རིག་པ་འཛིན་པས་འདི་ནི་བསམ་གྱི་སྟེ་ལྟའིའོ། །རིག་འཛིན་མ་ནས་རྗེའི་སྲས་གང་དུ་བས་པར ་རིག་པ་འཛིན་པ། རྒོད་ཅིང་འདི་ཁྱོད་ཀྱི་སྨྲོས་ཤིག། གང་ཞིག་མ་ལ་ཡའི་རྩེ་མོ། །རྒྱ་མཚོའི་དཔའ་རླབས་འཐོར་བའི་མདངས་ཅན་ནམ། །རི་རབ་བདག?་མི་རྣམས་ཡང་དགའ་ཞིང་ཡ་མཚན་ཞིག་གམ་ཡོངས་སུ་ས་བརྟོལ་རི་བོ་འམ། །གང་ཞིག་སྒེག་ཅིང ་གསལ་ལ་གྲུབ་པ་རྣམས་ནི་རབ་དགའ་ཨི་རི་བོ་གངས་ལྡན་རྩེ་མོ་འམ། །ས་གཞི་ཐམས་ཅད་བྲིས་པ་བཞིན་དུ་ནམ་མཁའ་མཐིལ་ནས་ལྟ་ཞིང་འགྲོ་བར་བྱེད་དམ་ཅི། །རིག་འཛིན་མ་ནས། ཤིན་ཏུ་ཕུལ་དུ་བྱུང་བའི་གནས་བདག་ལ་ཡོང་དེ་གཙུག་ནོར་བུ ་མཐོང་བ་དེ་རུ་དེ་བཞིན་དུ་བབས་པར་བྱའོ། །རིག་འཛིན་མ་ནས། ལེགས་ལྡན་རྣམས་ནི་མཐོང་བས་ཀྱང། །དག་འགྱུར་མངོན་པར་བརྗོད་པ་ལེགས་ཞེས་ནས་ཡོངས་སུ་ཞུགས་སོ། །རི་ཕུག་འདི་ནི་ཆུ་བོ་དལ་གྱི་འབབ་པ་ཡི། །ཆུ་འཐོར་ཟེར་མ་བསིལ་ཞིང་རླུང་ནི་འཇམ ་པོས་བསྐྱོད། །ལྗོན་ཤིང་གཞོན་ནཱུང་ཡལ་ག་རྣམས་ནི་ཁ་འབུས་པ། །གང་དེ་སྐྱེས་བུ་སེང་གེའི་ཉེ་འཁོར་གནས་ཡིན་ནོ། །རིག་འཛིན་མས་རྣམ་པར་བལྟས་ཏེ། འདི་ནི་ངེས་པར་ཕྱག་བྱ་བའི་གནས་སོ། །ཞེས་གཉིས་པོས་ཕྱག་འཚལ་ནས་རིག་པ་འཛིན་པས་ངེས ་བར་བརྟགས་ནས། འདིར་ནི་དེ་བདྭ་རུ་ལྗོན་པའི་བསིལ་སྒྲིབ་བོག?་།ནོར་བུ་མུ་ཏིག་རྡོ་བདག་གི་སྟེང་ན་ནི། །པདྨའི་སྟན་ཅན་མངོན་སུམ་བཞིན་དུ་སྐྱིལ་ཀྲུང་མཛད། །གཞོན་ནུ་གཙུག་ན་ནོར་བུ་ཉེ་བར་བཞུགས་པར་འགྱུར། །རིག་འཛིན་+ ་མ་ནས། ཨ་ཏོ་དེ་ནི་ཤིན་ཏུ་བརྟན་པ་ཟབ་པ་བརླིང་པའི་མཛད་པ་ཅན་ནོ། །འདིས་གངས་རི་ཐམས་ཅད་དཔལ་གྱིས་གང་བར་བྱས་སོ། །རྗེའི་སྲས་འདིར་མེ་ཏོག་འདི་རྣམས་གང་ནས་བྱུང། །རིག་པ་འཛིན་པས་སྟེང་དུ་བལྟས་པ་ན་ལ་མཚན་ཆེ ་སྟེ། མཁའ་ལས་ལྟ་རྣམས་མེ་ཏོག་ཆར་འབེབས་ཤིང། །སེམས་ཅན་ཆེན་པོ་མངོན་པར་མཆོད་པར་བྱེད། །དེ་ནི་དེ་བཞིན་མཆོད་པའི་དོན་དུ་ནི། །བདག་ཅག་གིས་མེ་ཏོག་འཚོལ་དུ་འདེང་ཞེས་ནས་སོ། །དེ་ནས་རབ་ཏུ་ཞུགས་པ་ན་འདྲེན་པ་ཇི་ལྟ་བ ་མཐོང་སྟེ་སྤྱན་ཅུང་ཟད་ཕྱེ་ནས་ཨ་ཧོ་ནང་མེད་པའི་བསམ་གཏན་བཞི་ནི་འདི་ལྟ་སྟེ། རྣམ་པར་རྟོག་བཅས་རྣམ་པར་དཔྱོད་དང་གཡོ་བའི་བརླབས། །དང་པོ་ཡིན་ཏེ་དགའ་བདེ་གཡོ་བཅས་གཉིས་པོའོ། །བདེ་བ་ལ་ཆགས་འཇིག་པའི་ནང་ཅན ་གསུམ་པའོ། །རབ་ཏུ་ཞི་བ་རོ་གཅིག་མཐར་ཐུག་འདི་ནི་བཞི་བཞད་གད་པ་ནས། ཀྱེ། ན་མཉམ་ཁྱོད་རང་གཅིག་པུ་དེ་བཞིན་དུ་དང་པོ་དང་གཉིས་བ་དང། གསུམ་པ་དང། བཞི་པའི་བསམ་གཏན་གྱི་བདེ་བ་ཐོབ་ནས་བདག་ཅིག་པུ་འགེངས་ཤིང་ཐུམ ་པོར་བསྡམས་ནས་ཚོང་བ་བཞིན་དུ་རྙེད་པ་ཐོབ་ནས་གནས་པར་བྱེད་དམ?། བདག་བྲམ་ཟེ་ལ་ཡང་བསམ་གཏན་ཅིག་ཀྱང་མ་བྱིན་ཞེས་ཟེར། འདྲེན་བ་ནི་བཞད་ཅིང་ན་མཉམ་པ་འདི་ནི་སྒོམ་པའི་རྗེས་སུ་འཇུག་སྟེ། གཞན་ལ་སྦྱིན་པར་མི་ནུས་སོ། །ཕྲང? ་བའི་ཡོན་ཏན་བདག་ཉིད་བཞིན། །གལ་ཏེ་བསམ་གཏན་འཇུག་འགྱུར་ན། །འཇིག་རྟེན་ཀུན་གྱི་དོན་བསྒྲུབ་ཕྱིར། །ཡིད་ཀྱི་ཤིང་རྟ་ཅིས་མི་སྒྲུབ། །བཞད་བདེ་བ་ནས། ཇི་ལྟར་བསམ་གཏན་གྱི་བདེ་བ་ཐོབ་པར་འགྱུར་བ་ལགས། །འདྲེན་པ་ནས་གཉིས ་མིན་རྟེན་ཅིང་འདོད་ལྷའི་མཆོག་རྣམས་བཅོམ། །བདེ་བ་འདི་ནི་རང་དབང་ཡོད་བྱས་ན། །གཡོ་བ་རྣམས་བསལ་མཚོ་ཆུ་ཤིན་ཏུ་དངས། །བསིལ་བཞིན་རང་གི་སེམས་ལས་རབ་ཏུ་སྟེ། །བཞད་གད་པ་ནས། འདི་ནི་གཞན་ཞིག་ལ། ཡུལ་གྱི་བདེ་བ་ཡང་གཞན་ཞིག ་གྲམ་ཅི། ཅི་འདྲེན་པ་ནས། ཁྱོད་ནི་བདུད་རྩི་དང་དུག་བསྲེ་བར་བྱེད་དམ་ཅི། བསམ་གཏན་བདེ་བས་ཡིད་ཀྱི་བསིལ་བར་བྱེད། །ཡུམ་གྱིས་སླར་ཡང་དབང་མེད་སེམས་བྱེད་ཅིང། །འདོད་ཆགས་ཞེ་སྡང་མེ་ཡིས་རྣམ་བཅིངས་ནས། །དམྱལ་བའི་མེ་ཡིས ་སྲེག་པར་བྱེད་པ་ལྟར། །བཞང་གད་བ་?་གལ་ཏེ་དེ་བཞིན་དུ་ཡིན་ན་བདག་ཀྱང་བསམ་གཏན་བྱེད་དོ། །རྒྱལ་བོ་ནས། དེ་བཞིན་དུ་མཛོད་ཅིག་།བཞད་གདབ་བསམ་གཏན་བྱེད་བ་ན་དབང?་ཅུང་ཟད་ཐོས་སོ། །ཀྱེ་དུ་བ་བཞིན་དུ་ཐོས་པར་བྱེད་དོ། །འདྲེན་པ ་ནས། བསམ་གཏན་ཡ་མཚན་ཆེའོ། །བཞད་གང་བ་ནས་ཁྱོད་ཀྱིས་ཅི་ཡང་མ་ཐོས་སམ། རྒྱལ་པོས་ཀྱང་ཅུང་ཟད་ཐོས་ཏེ། འདི་ནི་དྲག་བ་འབའ་ཞིག་ཏུ་མ་ཟད་ངེས་པར་ནུད་མེད་དུ་ཞིང་འདུག་གོ། བཞད་གད་པ་ནས། ཇི་ལྟར་ཤེས། རྒྱལ་པོ་ནས། ཡན ་ལག་མཆོག་རྣམས་དབྱངས?་མཉེན་ཞིང། །རྣམ་པར་འདྲེན་རིང་སྙན་དང་འཛིམ། །བསྐྱོད་པ་རྣོ་ཞིང་རྣམ་བར་གཅོད། །སྐྱེས་བུ་རྣམས་ནི་རྣམ་བར་རྩུབ། །ན་མཉམ་མི་རིང་བར་མཉེན་པ་བཞིན་དུའོ། །བཞད་གད་པ་ནས། འདིའི་དབྱངས་སྒྲོགས་ཚུལ་ནི་སྔོན ་ཐོས་པ་གཅིག་འདྲ་པ་སྙམ་མོ། །རྒྱལ་བོ་ནས། བདག་ཀྱང་དེ་བཞིན་དུ་སྙམ་མོ་བོ་དེ་ནི་དཀའ་ཐུབ་མ་མནར་བ་ཞིག་དུ་བ་ཡིན་ནམ། དེར་མངོན་པར་འགྲོ་བར་རིགས་སོ། །བཞད་གར་བོ་ནས། ཀྱེ་ན་མཉམ་དེ་ལྟས་ནས། ཅི་ཞིག་བྱེད་ཟེར། ཡོལ་བའི་ནང་དུའོ། །ལེགས ་ལྡན་འཇིག་རྟེན་སྐྱོང་རྣམས་ཡོངས་སུ་སྐྱོབ་ཞིག་ཡོངས་སུ་སྐྱོབ་ཞིག་ཟེར། རྒྱལ་པོ་ནས་སྐྱེ་བོ་འདི་བཞིན་དུ་མནར་བ་ཅི་ཞིག་ཉེ་བར་བལྟ་བོར་རིགས་སོ། །བཞད་གད་པ་ནས། ཀྱེ་ཁྱོད་ཇི་ལྟར་དུས་ཐམས་ཅད་དུ་གསར་བུ་བཞིན་དུ་ཕ་རོལ་གྱི་བདག་ཉིད ་སྡུག་བསྔལ་བར་བྱེད་དམ། རྒྱལ་པོ་ནས་ན་མཉམ། འཁོར་པར་རིང་དུ་སླར་ཡང་ནི། །བདག་ཉིད་དེ་བཞིན་སྐྱེ་ཞིང་སྐྱེས། །སེམས་ཅན་འགའ་གཉེན་མིན་པ། །གང་ནའང་དེ་ནི་གཅིག་ཡོད་མིན། །གཉིས་པོ་རྟབ་རྟབ་པོར་ལངས་ཏེ་ཡོངས ་སུ་ཞུགས་པ་ན་བཞད་གད་བ་ནས། ཀྱེ་འདི་ནི་ལྷ་མོ་པདྨ་ཅན་ལ་ཅི་ཞིག་རྗེས་སུ་བྱེད་པ་མ་ཡིན་ནམ་།རྒྱལ་པོ་ན་རེ་ཁྱོད་ཅི་ཞིག་སྨྲ། གང་ན་ལྷ་མོ་པདྨ་ཅན་གང་ལའོ་སྐོལ་མཉེས་ཀྱང་ཕྱོགས་ཙམ་ཞེས་ཟེར། དེ་ནས་པདྨ་ཅན་ཤ་བ་རི ་གཉིས་དང་རྗེས་སུ་འགྲོ་ཞིང་རབ་ཏུ་ཞུགས་སོ། །ཤ་བ་རི་དགས་ནས། སོང་མི་ཁྱོད་སོང་ཞེས་སྐད་ཆེན་བོས་སྨྲ་ཞིང་ཁྱོད་མི་འགྲོ་འམ་ཞེས་མད་མཱ་ཏ་ཀ་ཞེས་པ་ནས་བུད་མེད་རྙེད་པ་འདིས་ངའི་བུ་ཆུད་དེའི་ནུ་མ་མནུན་པའི་མ་མ་བྱེད་དོ་ཞེས་ཟེར ་གཉིས་པ་ནས་ཧ་ཀྱེ་ཎ་ཊེ་ཀལ་ལོ་ལ་ཀཱ་འདི་ནིའུ་ཅག་གཉིས་ཀྱི་ཐོབ་བོ། །ཇི་ལྟར་འགྲོ་བ་དེ་ལྟར་འགྲོར་ཆུག་ཟེར། པདྨ་ཅན་དུ་ཞིང་ཀྱེ་མ་ཇི་ལྟར་འཕགས་པའི་བུ་ཁྱོད་ནི་ཡོངས་སུ་སྐྱོབ་བའི་ངང་ཚུལ་དེ་ལྟ་ན་སྐལ་དམན་བདག་གི་གནས ་སྐབས་འདི་ལྟ་བུར་འཇུག་པ་ལས་ཡོངས་སུ་སྐྱོབ་པར་མི་བྱེད་དམ་ཞེས་སྨྲ། བཞད་གང་པ་ནས། ཀྱེ་ཇི་ལྟར་ཐེ་ཚོམ་བྱེད། ལྷ་མོ་པདྨ་ཅན་ནོ། །རྒྱལ་པོས་དེ་ལ་བལྟས་ནས་རྟབ་རྟབ་པོར་ལྷ་མོ་མ་འཇིགས་ཤིག་།པདྨ་ཅན་ནི་བརྟགས་ནས ་འཕགས་པའི་བུ་འམ་སུ་ཞིག་ཡིན། ཡང་ན་བདག་གིས་འདིར་འབའ་ཞིག་ལ་འཕགས་པའི་བུའོ་ཞེས་ཉེ་བར་མཐོང་ངམ། རྒྱལ་པོ་ནི་བཤུམས་ཤིང་ལྷ་མོ་འདི་ཉེ་བར་མཐོང་བ་འདི་ནི་བདག་ཡིན་ཏེ། ཉེ་བུའི་སྐྱེ་བོ་སྡུག་བསྔལ་བར་བྱའོ། ། ་བཞད་གང་པ་ནས། ཀྱེ་ལྷ་མོ་ཇི་ལྟར་ཐམས་ཅད་གཞན་ཡིན་སྙམ་དུ་སེམས་ཤིག་།འདི་ནི་ན་མཉམ་དགའ་ཨོ། །པདྨ་ཅན་ནི་གཉིས་པོ་ལ་བལྟས་ཏེ། ཤིན་ཏུ་སྡུག་བསྔལ་ན་ས་ལ་འགྱེལ་ལོ། །ཤ་བ་རི་དགས་ནས། ཤོག་མི?་ཁྱོད?་ཤོག་།བཞད་གང ་པ་ནི་དབྱུག་པ་གྱེན་དུ་སྦྲེངས་ཏེ། ཧ་ན་དེ་བྲན་མོ་ཡི་བུ་སྡུག་པ་ཅན་གྱི་ཤ་བ་རི་དགས། དབྱུག་པ་ཀྱོག་པོ་ལག་འགྲོ་ཁྲོས་པ་འདྲ་བའི་དབྱུག་པ་འདིས་ཁྱེད་ཅག་གི་མགོ་གཞོམ་པར་བྱའོ། ཞེས་ཟེར། རྒྱལ་པོ་ན་རེ་ན་མཉམ་དེ་བཞིན་དུ་མ་བྱེད་ཅིག་། ་ཇི་ལྟར་གནོད་པ་བྱེད་པས་བཤེས་གྱུར་པ། །དེ་ལྟར་ཕན་པ་མཛད་པས་མི་འགྱུར་སྙམ། །གང་ལས་དེའི་བཟོད་པར་གྱུར་པ་ཡིས། །འགྲོ་བ་མཛའ་དག་ཟློག་པའི་རྒྱུ་ཉིད་དོ། །ཤ་བ་རི་དགས་ཕན་ཚུན་བལྟས་ནས་ཤིན་ཏུ་བརྟན་ཏེ་གཡོ་བར་གལ ་འགྱུར། དེ་ལྟར་ན་བདག་ཅག་འགྲོ་བར་བྱའོ། །འདི་ནི་བདག་ཅག་དབང་པོས་སྤྲུལ་པ་བྱས་ཟེར། འཇིགས་པས་གར་བྱེད་ཅིང་ངེས་པར་ཞུགས་ཏེ་སོང་ངོ། །འདྲེན་པ་ནས། ཨ་ཡི་ལྷ་མོ་འདིར་ཅིའི་ཕྱིར་ཇི་ལྟར་འདི་འདྲ་བའི་སྐབས་སུ་ཞུགས་།པདྨ་ཅན ་དུ་ཞིང་འཕགས་པའི་བུ་བདག་གི་སྐལ་བ་ལ་དྲི་བར་མཛོད། །བཞད་གད་བ་ནས་ཀྱེ་ལྷ་མོ་གཞོན་ནུ་པདྨ་སྐྱེས་ཇི་ལྟར། པདྨ་ཅན་ཕྱོགས་རྣམས་སུ་བལྟས་ནས་སྐལ་བ་དམན་པ་བདག་ལ་ང་བཟོད་གཏམ་ཅི་ཞིག། རྒྱལ་པོ་རྟབ་རྟབ་པོར་བུ ་ཅི་ཅི་ཞེས་སྨྲས། པདྨ་ཅན་ནས། བུ་པདྨ་སྐྱེས་དི་རིང་གང་ན་ཞེས་སྨྲ། བཞད་གད་པ་ན་རེ། ཅི་ཅི་ཀྱེ་ལྷ་མོ་སྨྲོས་ཤིག། པདྨ་ཅན་ནས། བདག་གི་བུ་པདྨ་སྐྱེས་ཀྱི་དུས་གང། བཞད་གད་པ་ནས་ཀྱེ་ལྷ་མོ་གཞོན་ནུ་ཇི་ལྟ་ཇི་ལྟར་པདྨ་ཅན་དེ་ཡང་བདག ་གི་ཡང་ཕྲོགས་སོ། །རྒྱལ་པོ་ནས། བདག་གི་བུ་གང་གིས་ཕྲོགས་པས་གང་གིས་ཡང་ཤིན་ཏུ་མི་བཟད་བ་འདིར་གནས་ཞེས་བཤུམས་ཤིང་གནོད་པ་ཤིན་ཏུ་མང་བ་དགོན་པའི་གནས་འདིར་བདག་གིས་གཞན་ཅི་ཞིག་སེམས་པར་བྱེད། ་བཞད་གད་པ་དུ་ཞིང་ཀྱེ་མ་ཡོངས་སུ་ཚིམ་པ་མེད་བའི་མེད་པའི་གཤིན་རྗེས་དི་རིང་མེད་པར་བྱས་སོ། ཞེས་རྣམ་བར་བསམས་ཏེ། ཀྱེ་ལྷ་མོ་ཇི་ལྟར་འདི་བཞིན་དུ་སྡུག་བསྔལ་སྤྱོད་བ་དང་ཕྲད། པདྨ་ཅན་ནས། བདག་མེ་ཏོག་ཐུ་བའི་ཕྱིར་གནས་ནས་འོང་བ ་དང་ཕྲད་དོ། །རྒྱལ་པོ་ནས། ལྷ་མོ་ནམ་ཞིག་དྲང་སྲོང་ཆེན་པོས་ཁྱོད་མ་མཐོང་བ་དང་ཁྲོ་བར་འགྱུར་རོ། །དེ་ནས་བཞེངས་ལ་དེ་བཞིན་དུ་འགྲོ་བར་མཛོད་ཅིག་།བཞད་གང་པ་ནས་།ཀྱེ་ཇི་ལྟར་སྭ་རི་བཙོན་ར་ནས་ལག་ཏུ་འོངས ་བ་ལ་སླར་ཡང་ཁྱོད་ཀྱི་ཇི་ལྟ་བ་བཞིན་དུ་དེར་འཇུག་གམ། རྒྱལ་པོ་ནས། ན་མཉམ་འདི་ནི་ཆོས་ཀྱི་ལུགས་མ་ཡིན་ནོ། །པདྨ་ཅན་རྒྱལ་པོ་ལ་བལྟས་ནས་དུ་ཞིང་འཕགས་པའི་བུ་ཁྱོད་ཀྱིས་བདག་སླར་ཡང་ཡོངས་སུ་འདོར་རམ་རྒྱལ་པོ་ནས ་ཇི་ལྟར་ཁྱོད་ཀྱི་བདག་གཡང་ས་ཆེན་པོར་སྒྱུར་བར་བྱེད་དམ། གཟིགས་མཛོད། དོན་གང་བདག་གིས་ཡོངས་སུ་བཏང་ནས། །སླར་ཡང་ལེན་པར་འདོད་པ་ན། །དཔེར་ན་ཁྱི་བཞིན་གསལ་བོར་ནི། །སླར་ཡང་སྐྱུགས་པ་ཟ་བྱེད་དམ། །ཤིན་ཏུ་ཡུན ་རིང་གནས་གྱུར་ཀྱང། །བདག་ཅག་ནམ་ཞིག་འབྲལ་བར་ངེས། །དེ་བཞིན་དུ་ཡང་གསུངས་ཏེ། བསགས་པ་ཐམས་ཅད་མཐར་མཛད་ཅིང། །མཐོན་པོ་རྣམས་ནི་དམའ་མོར?་ལྷུར?། །འདུས་བའི་མཛའ་ནི་འབྲལ་བ་སྟེ། །གསོན་པོའི་མཛའ་ཡང་འཆི ་བ་ཡིན། །གཞན་ཡང་ལྷ་མོ། ཀུན་གྱི་རང་བཞིན་ཡུན་རིང་གནས་ཀྱང་རྣམ་པར་འབྲལ། །འཆི་བདག་ཞགས་པས་འཛིན་ཅིང་རྣམ་བར་ཁ་གདགས་རྒྱུ། །གལ་ཏེ་ཆོས་ཕྱིར་འདི་ནི་དེ་ལྟར་རྣམ་བྲལ་ཀྱང། །ཡང་དག་འདུས་པ་བས་ཀྱང་ཤིན་ཏུ་དགའ་བར་འགྱུར ་པདྨ་ཅན་ནས་འཕགས་བའི་སྲས་གང་གསུངས་བ་དེར་བདག་འགྲོའོ། །གལ་ཏེ་བདག་འགྲོ་ཡང་རྐང་བའི་སྣ་མི་འགྲོའོ། །རྒྱལ་མོ་ནས། ལྷ་མོ་དང་ཚུལ་འདི་ཡིས་བདག་གི་བཀའ་ནི་སྒྲུབ་བར་མཛོད། །ན་མཉམ་དྲང་སྲོང་ཆེན་བོའི་གནས་སུ་ལྷ་མོ ་བསྐྱལ་བར་མཛོད་ཅིག་།བཞད་གང?་པ་ནས། ན་མཉམ་ཇི་ལྟར་གསུངས་པ་བཞིན་དུ་བྱའོ། །པདྨ་ཅན་ནི་དུ་ཞིང་ཀྱེ་།གཽ་ཏ་?་སྐད་ཅིག་བཞེས་པར་མཛོད་ཅིག་།བདག་ནི་རེ?་ཞིག?་འཕགས་པའི་བུ་ལྟ་བུའོ། །བདག་ནི་སྐལ་བ་དམན་ཏེ་སླར་ཡང་བདག་གིས ་མཐོང་བར་བྱ་བ་ག་ལ་ཡིན་ཞེས་ཆགས་ཤིང་ངེས་པར་བལྟས་འཕགས་པའི་བུ་བདག་ལའང་ལེགས་པར་གཟིགས་མཛོད། སླར་ཡང་བདག་གིས་ཁྱོད་མཐོང་བར་མི་འགྱུར་རོ། །རྒྱལ་པོ་ནས་ལྷ་མོ་ངེས་པར་བསྟན་པས་ཅི་ཞིག། འདུས་པ་ཐམས་ཅད་འདི ་བཞིན་འགྲོ་བར་འགྱུར་ཏེ་གཟིགས་མཛོད། དཔེར་ན་ལམ་ལ་ལམ་ཞུགས་རྣམས། །འགྲོ་ཞིང་ལམ་དུ་འདུས་འགྱུར་ནས། ཚོགས་ཀྱང་ཕྱོགས་གཞན་འགྲོ་བར་བྱེད། །དེ་བཞིན་གཉེན་འདུན་ཚོགས་རྣམས་སོ། །བཞང་གད?་བ་ནས། ཀྱེ་ན་མཉམ་སྙིང་རྗེ ་མེད་པར་མ་བྱེད། ཀྱེ་ལྷ་མོའི་དབུགས་འབྱིན་བར་མཛོད་ཅིག། རྒྱལ་པོ་ནི་བཤུམས་ཤིང་ཇི་ལྟར་བདག་གིས་དབུགས་དབྱུང་བར་བྱ་སྟེ། སླར་ཡང་འབྱུང་འགྱུར་ཡང་དག་འདུས་པ་ཐོབ་ཅེའམ་ནི་སླར་ཡང་ཁྱོད་ནི་སྲས་པོ་ནི། །པདྨ་སྐྱེས་ཀྱིས་འདིར ་ནི་བློན་པོ་དང་ནི་དཔུང་ཚོགས་ཐམས་ཅད་བཅས་པར་འགྱུར་ཅེའམ། །ལྷ་མོའི་གྱོས་སྒྱུག་བདག་གི་ཡབ་ཡུམ་དག་ནི་རབ་ཏུ་དང་བས་དི་རིང་ཐོབ་ཅེ་འམ། །མངའ་རིས་ཤིན་ཏུ་རྒྱས་བར་སྒྲ་འམ་ཇི་ལྟར་བདག་གིས་དགའ་བས་རབ་ཏུ་དབུགས ་དབྱུང་བྱ། །ཡོལ་བའི་ནང་ནས་འདི་བཞིན་ནོ་ཞེས་སོ། །ཐམས་ཅད་རྟབ་རྟབ་པོར་གྱུར་ཏེ། སླར་ཡང་ཡོལ་བའི་ཕག་ནས་འདི་བཞིན་ནོ་ཞེས་པ་ནི་ཅི་ཞིག། འདི་བཞིན་གར་ལ་རིག་འཛིན་རྣམས། །དགའ་བས་ལེགས་འོངས་ནམ་མཁའ་ལས། །མེ་ཏོག་རྣམས ་ཀྱི་ཆར་ཕབ་སྟེ། འདིར་ནི་གསལ་པོར་གྱུར་པའོ། །རྒྱལ་པོ་ནི་ངེ་ཚེ?་དང་བཅས་ཏེ། ལྷ་མོ་འདིར་ཡང་འགའ་ཞིག་འོངས་ནས་གལ་ཏེ་བདག་ལ་འདི་ལྷ་མོ་དང་བཅས་པ་མཐོང་ན་བརྫུན་གྱི་དམ་བཅའ་ཞེས་འབྱུང་བར་འགྱུར་རོ། །པདྨ་ཅན་དུ་ཞིང་ཕྱག་འཚལ ་ཏེ། ཁྱོད་ལ་ལྷ་རྣམས་ཀྱིས་མཐོང་བར་འགྱུར་མོད་ཅེས་ཟེར་ནས་ལྟ་ཞིང་ཡོངས་སུ་སོང་ངོ། །བཞད་གད་པ་རྗེས་སུ་ཞུགས་ཏེ་སོང་ངོ། །རྒྱལ་བོས་གཟིགས་ཏེ། བུད་མེད་རིན་ཆེན་སྦྱིན་པར་བཏང། །ཡིད་ནི་འགྲོ་ཞིང་བྱ་བ་བྱས། །བདག་གི་གཙུག་གི ་རིན་ཆེན་འདི། །སྤུན་བཞིན་དུ་ནི་དོན་མེད་ནས། ད་ནི་དམ་པ་སློང་བ་སུ་ཞིག་འབྱུང་སྙམ་བ་ན། དེ་ནས་བྲམ་ཟེ་གཅིག་ཞུགས་ནས་ཀྱེ་བདག་སློང་བ་བོ་ཞེས་ཡོངས་སུ་ཞུགས་སོ། །པདྨ་ཅན་གྱིས་བལྟས་ཏེ། གཽ་ཏ་མ་བྲམ་ཟེ་འདི་ནི་ཅི་ཞིག ་སློང་བར་བྱེད་དོ་སྙམ་དུ་བདག་སྙིང་གི་སེམས་སོ། །བཞད་གང་བ་ནས་ཀྱ་ལྷ་མོ་འདི་ཡང་བྲམ་ཟེ་སྟེ། ཐམས་ཅད་དུ་བདག་ཅག་བྲམ་ཟེས་གཏོང་བར་མི་བྱེད་དེ་འདི་ན་ཡང་སློབ་བོ། །ཡང་ནི་ནགས་ཚང་ཚིང་གི་དཔག་ཏུ་ལྷ་མོ་ལྟ་ཞིང་སྡོང་ཅིག ་བདག་གིས་ཉེ་བར་འགྲོ་བར་བྱའོ། །བྲམ་ཟེ་ངེས་པར་བལྟས་ཏེ། འདི་ནི་ལྷ་གཙུག་ན་ནོར་བུ། གང་ཡིན་པ་འདི་ཡིན་ཏེ། གཅིག་པུ་ཉིད་ཀྱི་ཕུན་ཚོགས་ཀྱིས། །ས་གསུམ་རྣམས་ནི་ཁྱབ་པར་མཛད། །བསྐལ་པ་འཆགས་དུས་གནས་པ་ཡི། །ལེགS ་ལྡན་པདམོའི་སྐྱེ་གནས་བཞིན་ཞེས་ཟེར་ནས། ཀྱེ་རྒྱལ་པོ་བདེ་ལེགས་སུ་གྱུར་ཅིག་།རྒྱལ་བོ་ནས། བདེ་བར་འོངས་སམ་འདིར་ཞུགས་ཤིག་གསུང་མིག་གཡས་པ་འཕྲིག་ཕར་གྱུར་ནས་བསམས་པ། ཇི་ལྟར་མིག་གི་གཡས་འགུལ་ཞིང།? ་གང་ཞིག་ལྷག་བར་མངོན་གསལ་བྱེད། །གང་བརྒྱ་ཆེན་བསྔགས་འོས་པའོ?། །གསལ་བར་སློང་བ་པོར་གྱུར་ངེས། །བྲམ་ཟེ་ཆེན་པོ་ཅི་སློང་བར་བྱེད་གསུངས་ཤིག་ཅེས་སོ། །བྲམ་ཟེ་ནི་ངོ་ཚ་བཞིན་དུ་བདག་ནི་ངེས་པར་འདོད་པ་ཆེའོ། །རྒྱལ་པོ ་དགའ་བ་དང་བཅས་ཏེ་ངོ་ཚ་བ་ཆོག་གོ་།བདག་ཉིད་ཀྱི་བཞིན་དུ་འདི་ཐམས་ཅད་ཀྱང་ཁྱོད་ཀྱིའོ། །བྲམ་ཟེ་ནས། གཞན་དོན་རོ་གཅིག་ཤར་བ་ཡིས། །འགྲོ་བའི་བཤེས་གཉེན་ཞི་མཛད་བ། །བདག་གི་མངོན་འདོད་ཁྱོད་བཞིན་དུ། །ཁྱོད་ཀྱི་གཙུག ་གི་ནོར་བུ་སྟེ། །བཞད?་གང་བ་རྟབ་རྟབ་པོར་ཉེ་བར་བཏུད་དེ། ཀྱེ་བྲམ་ཟེ་ཁྱོད་ལ་ངོ་ཚ་བའང་མེད་དོ། །ན་མཉམ་དགའ་བའི་ལུས་ཀྱི་གནས་སྐབས་ཀྱང་འདི་བཞིན་དུ་སྡུག་བསྔལ་བར་བྱེད་དམ། རྒྱལ་པོ་ནས་ན་མཉམ་དེ་བཞིན་དུས་བྱེད། ཇི་ལྟར་བདག་གི ་མཆོད་པའི་གནས་ཁྱོད་ཀྱིས་རྒྱུད་དུ་འཕེན་ནམ། འདི་ནི་སྦྱིན་བདག་འདིར་བདག་སློང་མོ་པ། །གྲོགས་པོ་ཕྱིན་ཅི་ལག་ཏུ་ཅི་ཕྱིར་བྱེད། །འདི་ནི་འགྲོ་བ་མྱང་འདས་རྒྱུར་འགྲོ་བའི། །བདག་གི་ཀུན་མཁྱེན་གཞོན་པའི་མཆོག་ཡིན་ནོ། །གཞན་ཡང་ཡིད་བཞིན་ནོར་དང ་སློང་བའི་སྐྱེ་བོ་བདག་།ཕུན་ཚོགས་ཡོན་ཏན་སླང་བའི་སྐྱེ་བོ་འཕགས། །ཡིད་བཞིན་ནོར་ནི་ནོར་ཙམ་སྟེར་བྱེད་ཀྱི། །སློང་བའི་སྐྱེ་བོ་ཡོན་ཏན་ཀུན་འབྱུང་ངོ། །ཀྱེ་བྲམ་ཟེ་གཙུག་གི་ནོར་བུ་འདི་ནི་ཇི་ལྟར་འདོད་པར་བཏོན་ནས་ཁྱེར་ཅིག་།བྲམ་ཟེ་ནས་།ལྷ་ཡི ་གཚུག་གི་ནོར་བུ་རི་རབ་ཀྱི། །རྩེ་མོ་ལྟ་བུར་སུ་ཡིས་བསྐྱོད་པར་ནུས། །རྒྱལ་པོ་ནས། རྡོ?་བ་ཡིས་བསྣུན་ཅིང་ཐོན་ཅིག་།གཟིགས་མཛོད། ཆུ་ཤིང་སྙིང་པོ་མེད་པ་ལྟར། །རྣམ་པར་ཉམས་གྱུར་བདག་མེད་བའི། །ལུས་འདི་གཞན་དོན་འགྲོ་བ་ཡི། །དགའ་འགྱུར ་གང་གིས་སྐྱེ་བ་མེད། །བཞང་གད་པ་ནས་།ཡོངས་སུ་སྐྱོབ་ཞིག་།ཡོངས་སུ་སྐྱོབ་ཞིག་རིགས?་ཚལ་གྱི་ལྷ་རྣམས་གདུག་པ་ཅན་གྱི་བྲམ་ཟེས་ན་མཉམ་དགའ་བ་ནི་གསོད་པར་བྱེད་དོ། །ལྷ་མོ་རྟབ་རྟབ་པོར་གྱུར་ནས་འདི་ལས་གཞན་ཡང་མཐོང་བར་འགྱུར་རམ ་ཞེས་འོངས་སོ། །བྲམ་ཟེ་ངོ་མཚར་ཏེ། ཅི་སྟེ་ནགས་ཚལ་གྱི་ལྷ་རྣམས་འོངས་སམ་སྙམ་མོ། །པདྨ་ཅན་ནས་འཕགས་པའི་སྲས་བྱ་བ་འདིས་ཅི་ཞིག་བྱེད། རྒྱལ་བོ་ནས། ཡིད་ཀྱི་ཤིང་འདྲའི་འབྲས་བུ་དང་བཅས་སོ། །པདྨ་ཅན་དུ་ཞིང་འཕགས་པའི་བུའི་ཡིད་ཀྱི ་ཤིང་རྟའི་འབྲས་བུ་དང་བཅས་སོ། །བྲམ་ཟེའི་འདོད་པ་གྲུབ་བོ། །རྒྱལ་པོ་ནས། ཤིན་ཏུ་བདག་ཏུ་རྨོངས་པས་ཆོག་གོ་།གཟིགས་མཛོད། འཁོར་བའི་ཆུ་གཏེར་སེམས་ཅན་རྣམས། །ལས་ཀྱི་དབའ་རླབས་ཤུགས་ཀྱིས་བསྐྱོབ། །མཐོན་པོ་དག་ནི་དམའ་མོར་འཕངས ་དེ་ལ་གང་དང་གང་གིས་བསྙེན། །བྲམ་ཟེ་ནས། ཤིན་ཏུ་སྙིང་རྗེ་ཆེན་པོ་ལ་ལྟས་ནས་བདག་ཀྱང་ཡང་དག་པར་བརྩེ་བར་སྐྱེ་ན་གཙུག་གི་ནོར་བུ་རེ་ཞིག་ཞོག་ཅིག་།པདྨ་ཅན་ནས། བྲམ་ཟེ་དེ་བཞིན་དུ་རྗེས་སུ་འཇུག་གོ་།བཞད་གད་བ་དགའ་ནས་ལེགས་པར་སྨྲས?་སོ། ། ་རྒྱལ་པོ་ཤིན་ཏུ་མཉེས་ནས་ཀྱེ་བྲམ་ཟེ་ཁྱོད་ཀྱིས་གཞན་དུ་སྨྲས་ནས་འདི་བཞིན་དུ་རིགས་སམ། བྲམ་ཟེ་ནས་རྒྱལ་པོ་བདག་ཅག་གི་ཡུལ་དུ་མཱ་རིའི་ནང་ཞུགས་ཏེ། དེའི་ཕྱིར་བླངས་ནས་འདས་སྤྲོ་བར་བྱེད་དོ། །རྒྱལ་པོ་ནི་རྟབ ་རྟབ་བོར་ཇི་ལྟར་བྲམ་ཟེ་ཞེས་གསུང། བྲམ་ཟེ་ནས། ཀྱེ་རྒྱལ་བོ། སྲང་དང་སོ་སོའི་ཁྱིམ་རྣམས་དུར་ཁྲོད་མི་བཟང་བཞིན། །ཡན་ལག་བརྐྱང་ཞིང་ལུས་འཛག་ཤིང་གི་ཕུང་བོ་བཞིན། །རི་རབ་ཀྱང་ནི་ཁྱི་དང་མཁའ་འགྲོས་སྒྱུ་མ་རྣམས། །རབ ་ཞུགས་འདི་ནི་ཀུ་རུའི་ཡུལ་དུ་ཕྱུང་བར་གྱུར། །རྒྱལ་བོ་ནས། སྡུག་བསྔལ་ལོ། །ཀྱེ། བྲམ་ཟེ་མཱ་རིའི་ནང་དེ་ལ་རབ་ཏུ་ཞི་བར་བྱེད་པའི་ཐབས་གང་ཡང་མེད་དམ། བྲམ་ཟེ་ནས། འཆི་ནད་རབ་ཏུ་ཞི་བར་བྱེད་པའི་ཆེད་དུ་འདི་བཞིན་ལྷའི་གཅུག་གི་བུ་སློང་བ ་འཇིག་རྟེན་པ་རྣམས་ཀྱི་བདག་བཏང་ངོ། །རྒྱལ་བོ་ཤིན་ཏུ་མཉས་ནས་སྐྱེ་བོ་རྣམས་ལ་ཕན་པ་བྱ་བའི་ཕྱིར་བདག་གི་གཙུག་གི་ནོར་བུ་སློང་བར་བྱེད་དོ། ཞེས་ཀུན་ནས་ཕྱུང་ནས། གཙུག་གི་ནོར་བུ་བཀན་ནས་རྩ་བར་རྣམ་པར་བཅིངས་པར་ཕྱུང་ནས་ནི། །འདི ་ནི་ཆང་ཆེན་རི་བོང་འཛིན་པ་ཆེན་པོའི་འོད་ཟེར་ལྟ་བུར་དཀར། །འགྲོ་བའི་དོན་རྣམས་ཡང་དག་བསྒྲུབ་མཛད་གཉིས་སྐྱེས་ལ་བྱིན་ནས། །མི་དྲག་འགྲོ་བ་ཀུན་གྱི་ནད་རྣམས་འདི་ཡིས་སེལ་བར་ཤོག་།ཅེས་བྱིན་ཏེ་བརྒྱལ་ནས་གར་བྱེད་དོ། །པདྨ་ཅན ་དུ་ཞིང་ཧ་འཕགས་པའི་སྲས་ཧ་མཐུ་ཆེན་བོ་མགོན་མེད་རྣམས་ཀྱི་གཉེན་ཁྱོད་ཀྱིས་བདག་གཅིག་པུ་འདིར་ཡོངས་སུ་འདོར་བར་བྱེད་དམ་ཞེས་ཟེར། བཞད་གང་པ་ནས། ཧན་མཉམ་དགའ་བ་འགྲོ་བ་ཀུན་གྱི་གཉེན་བརྩེ་བ་ཆེན་པོ་ཡོངས་སུ་སྐྱོབ་ཤིག ་དཔག་བསམ་གྱི་ཤིང་ཡོངས་སུ་འདོར་ཞིང་ཆུ་གཏེར་ཡོངས་སུ་སྐམ་མོ་ཞེས་ཟེར། བྲམ་ཟེ་ནི་གཞན་དུ་འདིར་སྡད་ནས་ཅི་ཞིག་བྱེད་།འདི་ནི་སེམས་དཔའ་ཆེན་པོ་དེ་ཡི་མངོན་བར་འདོད་པ་བདག་གིས་བསྒྲུབ་བར་བྱའོ། སྙམ་ནས་ཡོངས་སུ་ཞུགས་ནས་བལྟས ་ཕན་དེར་ཐུབ་པ་ཅིག་འོངས་སོ། །བདག་ནི་སྡིག་པ་མི་བཟད་བ་དང་ལྡན་བས་ཇི་སྲིད་འདིས་མི་མཐོང་བ་དེ་སྲིད་བདག་འབྲོས་སོ་སྙམ་ནས་ཞུགས་སོ། །དེ་ནས་དྲང་སྲོང་འོད་ཟེར་ཅན་རིན་ཆེན་ཕྲེད་བ་མདང་བཅས་ཏེ་རབ་ཏུ་ཞུགས་སོ། །ཅི་སྟེ་སྒྲ་ཆེན་གནས་སྐབས་མ་ཡིན་འདི ་ལྟར་ལྷུང་ཞིང་ཅི་ལྟས?་ཆེན་གཡོ་བར་བྱེད། །ཅི་སྟེ་རླུང་རྣམས་ཀྱང་ནི་རྩུབ་ཅིང་ཅི་སྟེ་ཕྱོགས་རྣམས་ཀྱང་ནི་སྐྱ་བོར་འགྲོ་བར་བྱེད། །ཅི་སྟ་ཉི་མ་ཡང་ནི་མཚམས་མིན་གཟའི་བདག་པོས་འཛིན་ཅིང་བཅོམ་ནས་གནས་བྱེད་ཅིང། །ཅི་སྟེ་ཉི་མའི་གུང་ལ་དི་རིང་འདིར་ནི ་ཡུལ་རྣམས་མུན་པས་ཡང་དག་སྒྲིབ་པར་བྱེད། །འདི་བཞིན་དུ་མིའི་བདག་པོ་ལ་ཇི་ལྟར་སྡུག་བསྔལ་མི་འདོད་པ་ཞིག་གོ་སྙམ་ནས་བུ་མོ་རིན་ཆེན་ཕྲེང་བ་མ་ད་ལྟར་པདྨ་བཱ་ཏི་གར་སོང་།རིན་ཆེན་ཕྲེང་བམ་ནས། ཆུ་ཀླུང་དལ་གྱི་འབབ་པའི་འགྲམ་དུ་མེ་ཏོག་ཐུར ་སོང་ངོ། །དྲང་སྲོང་ནས་འདི་མྱུར་དུ་ལྟར་འགྲོ་བར་བྱའོ་ཞེས་ཡོངས་སུ་ཞུགས་པ་ན་རྣ་བར་ཅུང་ཟད་ཐོས་ནས་ཨ་ཡེ་ཇི་ལྟར་དུ་བའི་སྒྲ་འདྲ་བ་ཞིག་གོ་།དེར་རེ་ཞིག་བདག་འགྲོ་བར་བྱའོ་ཞེས་ནས་ཡོངས་སུ་ཞུགས་ནས་བལྟས་པ་ན། རིན་ཆེན་ཕྲེང་བ་མ་དུ་ཞིང། ་ལེགས་ལྡན་པདྨ་ཅན་ནི་ཇི་ལྟར་དུ་ཞིང་མཆིས་སོ། །འདི་ལྟར་གཽ་ཏ་མའོ། །དྲང་སྲོང་མས་འདི་ལས་གཞན་འགའ་ཞིག་ཀྱང་ངོ། །རིན་ཆེན་ཕྲེང་བ་མས་ངེས་བར་བལྟས་ནས། ཧཱ?་བདག་གསོད་འདི་ནི་ལྷ་གཙུག་ན་ནོར་བུ་སྟེ་ས་ལ་འགྱེལ་ནས་མཆིས་སོ། ། ་དྲང་སྲོང་ན། ཧཱ་བདག་གསོད་བདག་སྐལ་བ་དམན་པ་མི་རྟག་པ་ནི་སྟོབས་ཆེའོ། །སྐྱེ་བའི་དཔག་བསམ་ཤིང་བཞིན་དུ། །རྟག་ཏུ་འཚོ་བར་བྱེད་པའི། །དེ་ནི་འདི་ན་ཉལ་ཞིང་འགྱེལ། །ཕུན་ཚོགས་ངེས་བར་སྐད་ཅིག་ཙམ། །བུ་མོ་པདྨ་བཱ་ཏི་འདི་ཞིག་།ཇི་ལྟ་བདེ་བཞིན ་དུ་དུ་བར་བྱེད་དོ། །བཞད་གད་པ་ནས། ལེགས་ལྡན་གཟིགས་གཟིགས། དྲང་སྲོང་ནས། འདི་ཇི་ལྟར་ཡིན། བཞད་གད་པ་ནས། ལེགས་ལྡན་གཙུག་ན་ནོར་བུའི་སྦྱིན་པའོ། །དྲང་སྲོང་ནས་།ཧཱ་དབག་བསམ་གྱི་ཤིང་འགྲོ་བའི་གཉེན་གཅིག་པུ་ཞེས་ཟེར། པདྨ་ཅན ་ལ་རིན་ཆེན་ཕྲེང་བ་མ་འཁྱུད་ནས་གྲོགས་མོ་དགའ་མ་འདིར་ཤོག་།གནས་སྐབས་ཀྱི་མཛའ་འདི་ལ་ལྟོས་ཤིག་།ཧཱ་བུ་པདྨ་སྐྱེས་ཡབ་ཀྱིས་ཀྱང་ཡོངས་སུ་འདོར་བར་བྱེད་དོ། །དེ་ནས་པདྨ་སྐྱེས་དང། ལག་བཟངས་དག ་ཡང་རབ་ཏུ་ཞུགས་ཏེ། འདི་ནི་ངའོ། །པདྨ་སྐྱེས་ནི་འདིར་བླངས་ནས། །བཟོད་བར་དཀའ་ལས་རྒྱལ་བར་བྱས། །རྗེའོ་ལྟ་ཞིང་འགྲོ་བར་བྱེད། །དེ་ལས་ཡིད་ཀྱི་ཐེ་ཚོམ་ཅི། །པདྨ་སྐྱེས་ནས། ཨཛཛ་སྣ་ཆེན་པོ་ཡུམ་དང་བཅས་ཏེ་ཡབ་དང་མཇལ་བར་བྱེད ་དོ་ཞེས་ཟེར་།ལག་བཟངས་ནས་།གཞོན་ནུ་དེ་ཇི་ལྟ་བ་དེ་བཞིན་དུ་བྱའོ་ཞེས་ཟེར། ཡོངས་སུ་ཞུགས་པ་ན་།པདྨ་སྐྱེས་རྟ་བབས་བཞིན་དུ་འགྱེལ་བར་གྱུར་ཏོ། །ཛཛེ་དའི་རྐང་བ་ལ་ཅི་ནམ་ཅིག་གིས་རྨུགས་སོ་ཤེས་ཟེར། ལག་འཇིགས་ནས། ་མྱུར་དུ་བལྟས་ཏེ་རང་ཉིད་བསམ་བ་དང། སྐྲག་པས་ཀུན་ནས་འགྱེལ་ཏེ། ཇི་ལྟར་འདི་ནི་སྦྲུལ་ཡིན་ཏེ། ས་ཡི་སེར་ག་འདིར་རྗེས་སུ་ཞུགས་ཏེ་སོང་ངོ། །བདག་གི་མངོན་འདོད་གྲུབ་བ་འདི་ཉམས་སོ་སྙམ་མོ། །ཡང་ན་མྱུར་དུ་ལྷའི་དྲུང་དུ་ཉེ་བར་འགྲོ ་ཞིང་སློབ་མ་ཐག་ཏུ་གཙུག་གི་ནོར་བུའི་འོད་ཟེར་གྱིས་དུག་མེད་བར་འགྱུར་རོ། །སྙམ་ནས་གསལ་བར་སྨྲས་པ། གཞོན་ནུ་མྱུར་དུ་མཛོད་ཅིག་།ཡབ་ཡུམ་དག་དང་མཇལ་བར་བྱའོ། ཞེས་སྨྲས་པ་ན། དའི་རྐང་བ་ནི་སྤྲིད?་སིལ་སིལ་མཆིས་སོ། །གཉིད ་ཀྱང་བྲ་ལུས་བོ་ཡང་འདར་ཞིང་མཆིས་སོ་ཞེས་ཟེར་།ལག་བཟངས་ཀྱི་རྣ་བར་ཅུང་ཟད་ཐོས་ཏེ་།ཇི་ལྟར་འདིར་ཡང་དུ་བའི་སྒྲ་ཞིག་གོ་སྙམ་ནས་བརྟག་པ་ནི། དེ་ཅི་སྟེ་འདི་ནི་ལྷ་མོ་བཤུམས་པ་ཡིན་ནམ། འདི་ནི་རིན་ཆེན་ཕྲེང་བ་མའོ། །འདི་ནི་ལེགས ་ལྡན་འོད་ཟེར་ཅན་ནོ། །སྙམ་ནས། ཤིན་ཏུ་སྡོངས་ནས་འདི་ཐམས་ཅད་ཅིའི་ཕྱིར་དུ་ཞེས་ཡང་བལྟས་པ་ན། དེ་རྣམས་ནི་དུ་ཞིང་ལྷ་ནི་གཟིམས་ནས་བཞུགས་སོ། ། ཡེ་ལྷའི་དབུ་ན་ཅིའི་ཕྱིར་འདི་བཞིན་དུ་སོང་།ངེས་བར་ལྷས་ནས་ཧཱ་རྒྱལ་བོ་ཆེན་བོ་ཇི་ལྟར ་འདི་འདྲ་བའི་གནས་སྐབས་སུ་གྱུར་ཞེས་ལྷ་མོ་ལ་ལྷ་ཞིང། ཁྱེད་ཀྱེ་སྤྱན་ནི་བཙུམས་ཤིང་མཆིས། །དེ་རིང་འཇིག་རྟེན་སྣང་བ་མེད། །སྣང་བྱེད་དང་བྲལ་ནམ་མཁའ་བཞིན། །དབུའི་གཙུག་ཀྱང་སྟོང་པར་སྣང་ཞེས་འདྲེན་བའི་ཞབས་ལ་ཕྱག་འཚལ་ནས། འདིར ་ནི་ལྷ་འབའ་ཞིག་གཤེགས་པར་མཛ?་གཅུག་གི་ནོར་བུའི་འོད་ཟེར་དང་བྲལ་བས་ད་ནི་གཞོན་ནུ་ཡང་གཤེགས་པར་འགྱུར་རོ། །རིན་ཆེན་ཕྲེང་བ་མ་པདྨ་སྐྱེས་ལ་འཁྱུད་དེ་བུ་པདྨ་སྐྱེས་ཡབ་ལ་གཟིགས་མཛོད་ཅིག་ཕྱི་ནས་ནམ་ཡང་མཐོང་བར་མི་འགྱུར ་རོ། །པདྨ་སྐྱེས་ནས། ཡབ་འདི་བཞིན་དུ་ཅི?་སྟེ། པདྨ་ཅན་ནས། བདག་ནི་སྐལ་པའི་རང་བཞིན་ནོ། །པདྨ་སྐྱེས་ནས། ཡབ་བཞེད་མཛོད་བདག་གི་ཡུམ་ཡང་བཤུམས་ཤིང་མཆིས་སོ་ཤེས་བརྒྱལ་ཞིང་གར་བྱེད་དོ། །པདྨ་ཅན་དང། རིན་ཆེན་བྲེང་བམ? ་དག་ཀྱང་ཧཱ་བུ་ཧ་གཞན་དུ?། ཧཱ་བུ་ཆུང་ཁྱོད་ཀྱིས་ཀྱང་བདག་ཅག་ཡོངས་སུ་འདོར་རམ། ལག་བཟངས་ནས། ཧཱ་བཅོམ་མོ། །སྐལ་བ་དམན་བ་འདིར་ཕུན་སུམ་ཚོགས་པའི་རྒྱལ་རིགས་སྟོངས་སོ། །བཞད་གང་བ་ནས། བུ་པདྨ་སྐྱེས་དབུགས་ཕྱུག? ་ཞིག་དྲང་སྲོང་ངེས་པར་བལྟས་པས་ངོ་མཚར་བར་གྱུར་ནས། འདིར་ནི་ཙན་དན་ཆུ་ཡིས་ཐིག་ལེའི་ཟེར་མའི་མཁའ་ལས་ཡན་ལག་མཆོག་ཆར་འབེབས་ཤིང། །བུང་བ་དང་བཅས་མེ་ཏོག་རྣམས་ནི་རིང་ནས་ལྡིང་ཞིང་རིག་འཛིན་རྣམས་ཀྱིས་འཐོར་བར ་བྱེད། །ཀླུ་རྣམས་ཀྱང་ནི་དལ་གྱིས་འབབ་ཅིང་ཆུ་ཀླུང་དལ་གྱིས་འབབ་པ་གཏིང་ཟབ་རྣམས་ཀྱང་ནི། །བིལ་པའི་འོད་ཟེར་འགྱེད་ཅིང་ལྷ་ཡིས་རྫ་རྣམས་འདིར་ནི་རི་བོའི་ཕུག་རྣམས་རབ་མྱོས་བྱེད། །ཐམས་ཅད་ཡ་མཚན་ཆ་ནས་བལྟས་སོ། །པདྨ་ཅན་ནས། འཕགS ་པའི་སྲས་ཀྱི་སྐུ་ནི་ལྷ་རྣམས་ཀྱིས་མཆོད་པའི་ཆེད་དུ་ལྷའི་འཇིག་རྟེན་དུ་ལེན་པར་བྱེད་དོ། །ཞེས་ཟེར་ནས་དྲང་སྲོང་གི་རྐང་པ་ལ་ཕྱག་འཚལ་ནས། ལེགས་ལྡན་བདག་བཀའ་ཡིས་རྗེས་སུ་གནང་བར་མཛོད་ཅིག་ཟེར་ནས། ལག་བཟངས་ལ་ལྟ་ཞིང། བདག་གི་ ་སྲོག་ཤིང་སྟ་གོན་གྱིས་ཤིག་བདག་གི་གཏམ་གྱི་ཕྱི་མ་ཡིན་ནོ་ཞེས་ཟེར། བཞད་གང་པ་ནས། ཀྱེ།?་ལྷ་མོ་ཐང་ཅིག་གཞེས་ཤིག། བདག་ཀྱང་ན་མཉམ་དགའ་བའི་རྗེས་སུ་ལྷན་ཅིག་འགྲོའོ་དྲང་སྲོང་ནས་ད་དུང་ཡང་དུས་ནས་ཅི ་ཞིག་བྱེད་མ་མཐོང་དམ་ཅི་སྟེ། འདི་ཡི་ཐུགས་ཀ་རབ་ཏུ་འགུལ་ཞིང་སྤྱན་ཡང་འཕྲིག་པར་བྱེད། །འདི་ཡི་ཞལ་ནི་མཚོ་ཡི་པདྨ་བཞིན་དུ་རྣམ་པར་འཛུམ། །འདི་ཡི་སྐུ་ནི་བ་སྤུ་གཡོ་ཞིང་ཕྱག་ཀྱང་སྐྱོབ་པར་རྩོམ། །འདིའི་སྤྱན་ནི་འཇིག་རྟེན་རྣམས་དང ་ལྷན་ཅིག་འགྱོད་བ་ཙོམ་བཞད་པ་ནས། ཀྱེ་ལྷ་མོ་འཁྲུག་པར་མ་བྱེད་ཅིག། ནེ་མཉམ་དགའ་བས་ཀྱང་འཛིན་པར་བྱེད་དོ། །པདྨ་ཅན་དེས་བར་བལྟས་ནས། འདིར་བདག་གི་སྐལ་བས་དབུགས་འབྱིན་པར་བྱེད་དོ། །ཞེས་པདྨ་སྐྱེས་ཀྱི་ལག་པ་ནས་བཟུང ་ནས་བུ་དབུགས་ཕྱུང་ཞིག་།བུ་དབུགས་ཕྱུང་ཞིག་།ཁྱོད་ཀྱི་ཡབ་ནི་འཚོ་བར་སྣང་ངོ་ཞེས་ཟེར། རིན་ཆེན་ཕྲེང་བ་མ་ནས། ཀྱེ་རྒྱལ་པོ་ཆེན་པོའི་འཁོར་རྣམས་དབུགས་ཕྱུང་ཞིག་ཟེར། རྒྱལ་པོ་ནི་བཀན་ནས་རྩ་བའི་གཅེས་པའི་ཚིགས་སུ་བཅད་བ་ཉིད ་ཀློག་ཅིང་དལ་བུས་གསལ་བར་བྱེད་དོ། །པདྨ་ཅན་ནས། འཕགས་པའི་སྲས་འདི་ནི་གཞོན་ནུ་པདྨ་སྐྱེས་ཏེ། འདི་ཡང་འབྲིད་བར་མི་བྱེད་དམ། རྒྱལ་པོ་ནས་བུ་པདྨ་སྐྱེས་འདིར་ཤོག་གསུང། ལག་བཟངས་ནས། བདག་གི་སྐབས་འདིར་ཇི་ལྟར་བྱ། །ལྷ ་འདི་ནི་བདག་གིས་ངལ་བསོ་ནས་སོང་བ་ན། སྤྲུལ་གྱི་མཆེ་བས་བཟུང་སྟེ་བརྒྱལ་ནས་མཆིས་སོ། །རྒྱལ་པོ་ནི་རྟབ་རྟབ་པོར་འདི་ཅི་ཞིག། པདྨ་ཅན་ནས། ཧྭ་བུ་པདྨ་སྐྱེས་ཀྱིས་ཡབ་མ་མཐོང་མ་ཟེར། རིན་ཆེན་ཕྲེང་བ་མ་ནས། ཧཱ་གྲོགས་མོ་དགའ་མ ་ཁྱོད་ཀྱི་ཡིད་ཀྱི་ཤིང་རྟ་མ་རྫོགས་སོ་ཞེས་ཟེར། བཞད་གད་པ་ནས། ཀྱེ་གཤིན་རྗེ་ཚིམ་པ་མེད་པ་ཟེར་།ལག་བཟངས་ནས། ལྷ་ཡི་གཙུག་གི་ནོར་བུ་གང་ན་།བཞད་གང་པ་ནས། བྲམ་ཟེ་ལ་བྱིན་ནོ། །ལག་པ་ཐངས་ནས་གཡོ་སྒྱུས་བཅོམ་སྟེ་བཟོད ་པར་རབ་ཏུ་དཀའ་བའི་གཡོ་ཐབས་ངེས་པར་ཡིན་ནོ། །ལྷ་ཇི་ལྟར་དགྲ་རྣམས་འཚོ་བའི་ཕྱིར་གཙུག་གི་ནོར་བུ་སྟེར་བར་བྱེད། རྒྱལ་པོ་ནས། བདག་ལ་ཕྱིས་ཀྱང་གདུང་བ་མེད་དོ། །དྲང་སྲོང་ནས་ཅིས་ཤེས་ཟེར། རྒྱལ་པོ་ནས་ལེགས་ལྡན་གང་གི་བདེན་བ་འདི་དང ་སྙིང་རྗེའི་བསམས་པའི་འབྲས་བུ་དང། །དེ་བྱིན་བདག་ལ་ནམ་ཡང་རྗེས་སུ་གདུང་བ་མེད་གྱུར་ན། །དེ་ཡིས་ད་ལྟར་དེ་བས་ནུས་མཐུ་ཤིན་ཏུ་ལྷག་གྱུར་བའི། །འགྲོ་ལ་ཕན་ཕྱིར་བདག་ལ་གཙུག་གི་ནོར་བུ་འབྱུང་བར་ཤོག་ཅེས་གསུང་བ་དང། །གློག ་འཁྲུག་པ་བཞིན་དུ་མཐོང་ནས་ཐམས་ཅད་རྟབ་རྟབ་པོར་གར་བྱེད་དོ། །པདྨ་སྐྱེས་ཀྱང་ཉེ་བར་ལངས་སོ། །དྲང་སྲོང་ནས། ཨ་ཧོ་སེམས་དཔའ་ཆེན་པོའི་བསམ་པ་རྣམ་པར་དག་གྱུར་ཏེ། །ཉི་མ་འོད་ཟེར་སྟོང་ཕྲག་རྣམས་ནི་འཕྲོ་ཞིང་གསལ་བ་ལྟར། །སླར་ཡང ་མིའི་བདག་ལ་གཙུག་གི་ནོར་བུར་འཁྲུངས་གྱུར་ནས། །གང་གི་མཐུ་ན་རབ་རྐྱང་དུག་གི་མུན་བ་མངོན་པར་བཅོམ། །པདྨ་སྐྱེས་ཀྱང་ད་ནི་པདྨ་བཞིན་དུ་རབ་ཏུ་འཛུམ་ཞེས་ཟེར་ནས་ཐམས་ཅད་རྟབ་རྟབ་པོར་གར་བྱེད་དོ། །པདྨ་ཅན་ནི་རྒྱལ་པོ་ལ་ལྟ་ཞིང་པདྨ ་སྐྱེས་ལ་འཁྱུད་ནས་སླར་བདག་གི་མིག་ཕྱེ་བར་གྱུར་ཏོ་ཞེས་སྨྲའོ། །བཞད་གད་པ་ནས། ན་མཉམ་དགའ་ཨི་རྫུ་འཕྲུལ་མངོན་དུ་མཛད་དོ། །རིན་ཆེན་ཕྲེང་བ་མ་ནས། འདི་འདྲ་བ་ལྟར་ཡོད་པ་བདག་ཅག་རྣམ་པ་དགའ་མོ་ཡིན་ནོ་ཞེས་ཟེར་རོ། །ལག་བཟད ་ནས། གཞོན་ནུ་ཡབ་ཡུམ་དག་ལ་ཕྱག་འཚལ་ཅིག་ཟེར། པདྨ་སྐྱེས་ནི་ཐལ་མོ་སྦྱར་ནས་ཕྱག་འཚལ་བར་བྱེད། རྒྱལ་པོ་ནས་ཆོས་དང་ལྡན་བར་གྱུར་ཅིག་ཅེས་གསུངས། པདྨ་ཅན་ནས་ཡབ་ཇི་ལྟ་བར་གྱུར་ཅིག་ཟེར། དྲང་སྲོང་ནས། ལྷ་མོ་དང་གཞོན ་ནུ་ཡང་འདིར་བདག་གིས་འབུལ་བས་རྒྱལ་པོ་བཞེས་པར་མཛོད་ཅིག་ཟེར། རྒྱལ་པོ་ནས། ཁྱེད་ཇི་ལྟར་གསུང་བ་བཞིན་དུ་བྱའོ། །ཐམས་ཅད་ཤིན་ཏུ་དགའ་ནས་གར་བྱེད་དོ། །དྲང་སྲོང་ནས་འདི་བཞིན་དུ་བྱས་པ་ཁྱོད་ཀྱིས་བཟོད?་པར?་མཛོད?་ཅིག་ཟེར་།འདྲེན ་པ་ནས་རྗེས་སུ་བཟུང་བ་ལ་བཟོད་པའི་ཡུལ་གང་ལ་ཡིན་གསུང། ཡོལ་བའི་ནང་ནས། ཁྱོད་ཀྱི་ཡོན་ཏན་རྣམས་ཀྱིས་སྐྱེ་དགུའི་ཡིད་ཀྱི་ཤིང་རྟ་རྫོགས་པར་ཤོག་།མྱ་ངན་ཐང་ལ་ཆུ་གཏེར་དང་ནི་རི་བོ་འཛེག་བའི་སྐབས་སུ་ཤོག་། ་ཆུ་གཏེར་སྒྲོལ་བའི་གཟིངས་དང་མི་བཟད་མུན་པ་རྣམས་ཀྱི་སྣང་བར་ཤོག་།འཇིགས་ཆེན་སྐྱབས་གནས་དང་ནི་དབུལ་པོ་རྣམས་ཀྱི་དཔག་བསམ་ཤིང་དུ་ཤོག་ཅེས་ཟེར་རོ། །རྒྱལ་པོ་ནས་འདི་གྲང་ཞིག་།དྲང་སྲོང་ནས། འདི་ཡི་ལྷ་ཡི་ཆགས ་རྣམས་མཉམ་དུ་ཁྱབ་འཇུག་།དབང་ཕྱུག་ཚངས་པ་དབང་པོ་ཟླ་བ་སོགས། །ལྷ་རྣམས་ཀུན་གྱིས་མཁའ་ཨི་ཁང་བཟངས་གནས་ཤིང་ཐམས་ཅད་འདི་བཞིན་ནམ་མཁའ་ཁྱབ་པར་གྱུར། །ཆེན་པོ་ད་རྣམས་གང་རྣམས་ཀྱི་ནི་རྫུ་འཕྲུལ་རྣམ་པར་འཕེལ ་ཞིང་སེར་བོ་དཀར་པོ་ཡིས་།ཕྱོགས་རྣམས་རབ?་ཏུ་མཇེས?་ཤིང་ཁྱབ་པ་རྩིགས་ལོགས་རི་མོར་བྲིས་པ་བཞིན་དུ་མཛད་གྱུར་ཏོ། །ཁྱེད་ཀྱི་ཡབ་ཡུམ་དག་ཀྱང་ནམ་མཁའ་ཨི་བཞོན་པ་ལ་གནས་ནས་བུ་དང་བཅས་ཤིང་ཆུང་མར་བཅས་བ་ཤིས་པ་བརྗོད་པར ་བྱའོ། །རྒྱལ་པོ་འཁོར་དང་བཅས་པས་ཕྱག་བྱས་སོ། །ལེགས་ལྡན་ཅི་ཅི་ཞིག་བསྒྲུབ་པར་བྱ་བ་གསུངས་ཤིག་།དྲང་སྲོང་ནས། ཁྱོད་ནི་མེད་གྱུར་མངའ་རིས་སྡུག་བསྔལ་གནས། །སླར་ཡང་གཤེགས་ཤིང་སླར་ཡང་སྐྱོ་བར་མཛོད། །དི་རིང་ས་གེའི ་གྲོང་ཁྱེར་གཤེགས་པའི་ཕྱིར། །མཁའ་བཞོན་འདི་ཡང་དབང་པོས་ཁྱོད་ལ་བསྲིངས། །རྒྱལ་བོ་ནས། གོང་མ་རྣམས་ཇི་ལྟར་གསུངས་བ་བཞིན་དུ་བྱའོ། །ཐམས་ཅད་ཤིན་ཏུ་དགའ་ཞིང་ཞོན་ནས་གར་བྱེད་དོ། །ཡོངས་སུ་ཞུགས་པ་ན་རྒྱལ་པོ ་ནས། ཨ་ཧོ་མཁའ་ཨི་བཞོན་པ་ནི་ཤིན་ཏུ་མགྱོགས་ཏེ། དང་བའི་གཤོག་པ་རྣམ་པར་བསྐྱོད་བས་རྒྱུ་བའི་ཚོགས་ལྟར་ཆུ་འཛིན་རྣམས་ནི་རིང་པོར་གྱུར། །རི་བོའི་དབང་པོ་རྣམས་ནི་བླང?་ཆེན་དབང་པོ་མྱོས་བཞིན་མངོན་དུ་ཕྱོགས་ནས་རྒྱུག་ཅིང་འོང།། ་འདི་ནི་དབང་པོས་དཀྲིགས་ཤིང་འཁོར་ལོ་བཞིན་དུ་ནམ་མཁའ་མཐིལ་ནི་རྣམ་པར་སྤྱོད་བར་བྱེད། །ཉི་མའི་དཀྱིལ་འཁོར་ཉེ་བའི་འོད་ཟེར་ཚོགས་པས་བསྐོར་ཞིང་བྱང་གི་ཕྱོགས་སུ་འགྲོ་བར་བྱེད། །དྲང་སྲོང་ནས། འདིར་ནི་བཟོད་དཀའ་གྲོང་ཁྱེར་སྐྱེ་བོའི་གནས་བཅས ་ཁྱོད་ལས་ནི། །བདུད་རིས་དཀྲུགས་ཤིང་འཇིག་རྟེན་ཀུན་འཚོ་བ་ལྟ་ཞིང་ཕྱག་བྱེད་དོ། །འདི་རྣམས་ཀྱང་ནི་སྐྱེ་བོའི་གནས་བཅས་ཤིན་ཏུ་འདས་བྱས་ནས། །བདག་ཉིད་ཇི་ལྟ་བཞིན་དུ་གྲོང་ཁྱེར་སཱ་ཀེ་ཏ་གནས་སོ། །སླར་ཡོད་ཁྱོད་ཀྱི་དགའ་བའི་བྱ་བ་ཅི་ཞིག་།ཡོད་པ ་སྨྲ་བར་གྱིས་ཤིག་།རྒྱལ་བོ་ནས། འདི་ལས་ཀྱང་དགའ་བར་བྱ་བ་ཅི་ཞིག་ཡོད། ལྷ་མོ་པད་མ་བ་ཏི་བུའི་ཞལ་དང། དགའ་བའི་གཏམ། གཞོན་ཞིང་མཁའ་ཨི་བཞོན་བ་ལ་གནས་ཡབ་ཡུམ་ལྷ་ཚོགས་འཁོར་བཅས་མཐོང། །དགའ་བའི་བླན་པོ་སྣ ་ཆེན་དང་ནི་སྐྱེ་བོའི་སྡུག་བསྔལ་མ་ལུས་པ། རབ་ཏུ་ཞི་གྱུར་གཞན་ནི་ཅི་ཞིག་བསྒྲུབ་པར་བྱ་ཞིང་བྱ་བ་ཅི། །འོན་ཀྱང་དགའ་བར་བྱ་བ་ཡོད་དེ། འགྲོ་རྣམས་དམ་ཆོས་འབྱུང་ཞིང་རབ་ཏུ་སྦྱོར་བའི་ལྟད་མོ་ཆེན་པོར་ཤོག། ལེགས་སྤྱོད་ཡོན་ཏན་རྣམས་ཀྱིས ་འཆི་བདག་ཡིད་ཀྱི་ཤིང་རྟ་འབྲས་མེད་ཤོག་།ཐུབ་པའི་སྐྱེ་བོའི་གཏམ་གྱིས་འབྲིལ?་འཚོགས་ཞི་ཞིང་བདུད་རྩིའི་ཆར་རྣམས་ཀྱིས། །བསིལ་ཞིང་དགེ་བས་ཟླ་བའི་སྣང་བས་རབ་ཏུ་འགོ་ཞིང་དོན་བྱེད་ཤོག་།གང་ཞིག་སྙན་དངགས?་བདེན་པ་རྣམས་ཀྱིས ་དུས་རིང་དགའ་བྱས་ཨི?་ལཱུ་ཤའི་སྲེས་རྣམས་ཀྱིས། །དུས་རིང་ནས་ནི་ནོར་གྱི་ཁུར་ཐོབ་རིང་ནས་སྐྱེ་བོའི་སེམས་ནི་རབ་ཏུ་དགའ་བར་མཛད། །སླར་ཡང་བཀུར་གནས་མཐོང་བར་གྱུར་ནས་དཔལ་ལྡན་ཆགས་བ་དང་བྲལ་ཞེས་བས་མཛད་གྱུར་བ། །འཇིག་རྟེན ་ཀུན་ཏུ་དགའ་བ་སྣ་ཚོགས་ཟློས་གར་གྱིས་གཞིར་ཐོབ་བར་ཤོག་།ཅེས་སྨྲས་ནས་ཐམས་ཅད་ངེས་པར་ཞུགས་སོ།། །།ཡན་ལག་ལྔ་པ་རྫོགས་སོ།། །།གཞོན་ནུ་གཙུག་ན་ནོར་བུའི་སྐྱེས་པའི་རབས་ཟློས་གར་གྱིས་བསྟན ་བཅོས་འཇིག་རྟེན་ཀུན་ཏུ་དགའ་བ་ཞེས་བྱ་བ། སློབ་དཔོན་ཆེན་བོ་ཙན་དྲ་གོ་མིས་རབ་ཏུ་སྦྱར་བའོ།། །།དམ་པ་རྣམས་ཀྱི་ཚུལ་ལ་བརྟེན་ནས་?་ཆེན་བོ་ཀཱིརྟི་ཅན་དྲ་དང། ཡར་ལུངས་བ་གྲགས་པ་རྒྱལ་མཚན་གྱིས ་བལ་ཡུལ་ཡམ་བུའི་གྲོང་ཁྱེར་དུ་ལེགས་བར་བསྒྱུར་རོ།། །། (*། །ཀླུ་ཀུན་ཏུ་དགའ་ཨི་ཟློས་གར་དཔལ་དགའ་བའི་ལྷས་མཛད་པ་བཞུགས་སོ། །།)་*། །རྒྱ་གར་སྐད་དུ། ནཱ་ག་ནནད་ནཱ་མ་ནཱ་ཊ་ཀ། བོད་སྐད་དུ། ཀླུ་ཀུན་ཏུ་དགའ་བ་ཞེས་བྱ ་