| Wylie | e-texts based on the ACIP/ALL Input |
ནོ། །གསེར་མདོག་གི་རྟོགས་པ་བརྗོད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་དྷརྨ་ཤྲི་ལྟར་དང། ཞུ་ཆེན་གྱི་ལོཙྪ་བ་དགེ་སློང་རིན་ཆེན་བཟང་པོས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་བབ་པའོ།། །།?་པའི་རྟོགས་པ་བརྗོད་བཞུགས་སོ། ་རྒྱ་གར་སྐད་དུ། ཀུ་ན་ལཱ་བ་དཱ་ནི། བོད་སྐད་དུ། ཀུ་ན་ལའི་རྟོགས་པ་བརྗོད་པ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །ཀུ་ན་ལའི་རྟོགས་པ་བརྗོད་པ་ལ། འདི་ལྟར་རྒྱལ་པོ་ཨ་ཤོ་ཀའི་ན་ཚོད་གསུམ་གྱི་ཚད ་དུ་གྱུར་པ་ལ། དེ་ན་ཚོད་དང་པོ་ལ་ནི་འདོད་པའི་ཨ་ཤོ་ཀར་གྱུར་ཏོ། །ན་ཚོད་གཉིས་པ་ལ་ནི་གཏུམ་པའི་ཨ་ཤོ་ཀར་གྱུར་ཏེ། གང་གིས་བརྩོན་ང་བཟང་པོ་བྱས་ནས་སྐྱེ་བོ་བྱེ་བའི་སྲོག་བརླག་པར་གྱུར་ཏོ། །ན་ཚོད་གསུམ་པ་ལ་ནི་ཆོས་ཀྱི་ཨ་ཤོ ་ཀར་གྱུར་ཏེ། གང་གིས་ཆོས་ཀྱི་རྒྱལ་པོ་པ་བརྒྱད་ཁྲི་བཞི་སྟོང་རབ་ཏུ་གནས་ཤིང་སྤྱན་ཕྱེའོ། །དེ་ནས་ཉི་མ་དེ་ཉིད་ལ་རྒྱལ་པོ་ཨ་ཤོ་ཀའི་བཙུན་མོ་པདྨ་ཅན་ཞེས་བྱ་བ་ལ་བུ་བཅས་པ་དང། དེ་ལས་བུ་གཟུགས་བཟང་བ་མཛེས་པ་ལྟ་ན་སྡུན་པ་དེའི ་མིག་ཤིན་ཏུ་མཛེས་པ་ཞིག་སྐྱེས་སོ། །དེ་ནས་སྐྱེས་བུ་ཉུང་རུམ་ཞིག་རྒྱལ་པོའི་ཁབ་དུ་སོང་ཏེ་སྨྲས་པ། ལྷ་ཁྱེད་ལ་སྲས་བལྟམ་གྱིས་དགྱེས་པ་བསྐྱེད་དུ་གསོལ། རྒྱལ་པོས་སྨྲས་པ། དེང་ནི་ང་ཡིས་དགའ་བ་རྒྱ་ཆེན་ཐོབ། དཔའ་བོའི་རིགས་ཀྱི་སྒྲ་ནི ་གྲགས་གྱུར་ཅིང། ཆོས་ཀྱི་རྒྱལ་སྲིད་རྣམ་པར་འཕེལ་བ་ན། །བུ་སྐྱེས་པས་ན་ཆོས་ཀྱི་རྣམ་འཕེལ་འགྱུར། །དེ་ནས་རྒྱལ་པོ་མྱ་ངན་མེད་དེས་བཙས་སྟོན་བྱ་བར་བརྩམས་ཏེ། གྲོང་ཁྱེར་པ་ཏ་ལི་པུ་ཏྲ་ཐམས་ཅད་དང་ལྡན་པ་ལེགས་པར་ཆག་ཆག་བཏབ་ཅིང་ཕྱག་དང ་བྱས་ཤིང་སྦྱངས་ཏེ། རྡོ་དང། གསོག་མ་དང། གྱོ་མོ་བསལ་ཤིང། ཤིང་དང། སོ་ཕག་དང། མི་གཅོད་པ་འདམ་རྫབ་དང། ཕྱག་དར་གྱི་ཚོགས་མེད་པར་བྱས་ནས་ངར་དང་མེ་ཏོག་གི་ཆུན་འཕྱང་བཏགས་ཏེ། བདུག་སྤོས་ཀྱི་སྣོད་ནས་སྤོས་བཏུལ་ནས་ཁྱིམ ་དང། སྲང་བར་དང། བཞི་མདོ་དང། སུམ་མདོ་ལ་སོགས་བརྒྱན་པར་བྱས་པ་ནི་འདི་ལྟ་སྟེ། རས་དང་དར་དང། བེའུ་རས་དང། དར་ལྭ་དང་ཟར་མའི་རས་དང། གུ་དུ་ལའི་རས་དང། རས་ཡུག་ཆེན་ལ་སོགས་པ་བཏགས་པ་དང། རྔ་ཡབ་དང་མཛེས་པའི ་གདུ་དུ་དང། དཔུང་རྒྱན་དང། དོ་ཤལ་དང། སོ་མོ་དོ་དང། མུ་ཏིག་གི་ཆུན་འཕྱད་དང། དྲིལ་བུ་དང། ནོར་བུ་ཆུ་ཤེལ་དང། མེ་ཤེལ་ལ་སོགས་པ་དང། ནོར་བུ་ཆེན་པོའི་རྣ་རྒྱན་བཏགས་པ་དང། བ་དན་སྔོན་པོ་དང། སེར་པོ་དང། དམར་པོ་དང། དཀར་པོ་དང། ལེ ་རྒན་བསྒྲེང་བའི་ཤིང་དང། ཁྱིམ་ལ་བཏགས་པ་དང། རས་ཀྱི་བླ་ར་དང། དར་གྱི་བླ་རེས་སྤུད་པས་གྲོང་ཁྱེར་བ་ཏ་ལི་པུ་ཏྲ་ཀུན་ནས་དྲི་ཟའི་གྱལ་པོའི་གནས་པ་དང་འདྲ་བར་རྣམ་པར་བཞག་པར་གྱུར་ཏོ་པ་ཏ་ལི་པུ་ཏྲ་དང། པ་ཏ་ལི་པུ་ཏྲའི་ཉེན་འཁོར་ཇི་སྙེད་པར་སིལ་སྙན་གྱི་སྒྲ ་སྒྲོགས་པ་རྣམས་རབ་ཏུ་གནས་པ་ནི་འདི་ལྟ་སྟེ། གར་མཁན་དང། གར་སྟོན་པ་དང། གཏམ་བརྗོད་པ་དང། བཞད་གང་བྱེད་པ་དང། མཛེས་པར་བྱེད་པ་དང། གླུ་ལེན་པ་དང། མིག་འཕྲུལ་མཁན་དང། མཚོང་པ་དང། བུད་མེད་ཀྱི་ཆ་ལུགས་འགེབས་པ་དང། ཁར ་སིལ་ཀྲོལ་བ་དང། རྔ་རྐེད་ཉག་རྡུང་བ་དང། བྱིས་པ་ལྔ་ཚོམས་པ་དང། སྲང་བདན?་རྩེ་བ་སྟེ། དེ་དག་ཐམས་ཅད་སྲང་དང། སྲང་བར་དང། བཞི་མདོ་དང། སུམ་མདོ་དེ་ཐམས་ཅད་དུ་རང་རང་གི་བྱ་བ་ཐམས་ཅད་ཀྱི་མཛེས་པར་བྱས་སོ། །གྲོང་ཁྱེར་གྱི་སྒོ་བཞིར་ཡང ་སྦྱིན་པ་ནི་གཏོང། །བསོད་ནམས་དག་བྱེད་པ་ནི་འདི་ལྟ་སྟེ། ཟས་འདོད་པ་རྣམས་ལ་ནི་ཟས། གོས་འདོད་པ་རྣན་ས་ལ་ནི་གོས། དྲི་དང། ཕྲེང་བ་དང། བྱུག་པ་འདོད་པ་རྣམས་ལ་ནི་དྲི་དང། ཕྲེང་བ་དང། བྱུག་པ། རས་ཟུང་དང། རས་ཡབ་དང། ཀརཥ་པ་ན་འདོད་པ་རྣམས ་ལ་ནི་རས་ཟུང་དང་རས་ཡ་བ་དང་ཀརཥ་པ་ན་སྦྱིན་?་པ་དང། རབ་ཏུ་དགའ་བའི་རོལ་མོ་རྣམས་བརྡུང། སྤྱི་བོ་ལ་ཏིལ་མར་གྱིས་ནི་ཉུག་པར་བྱེད་དོ། །ཞག་གཅིག་ལ་ཇི་ལྟ་བ་བཞིན་དུ་གསུམ་པ་ནས་བདུན་པ་ནས། ཉིན་ཞག་ཉི་ཤུ་རྩ་གཅིག་གི་བར་དུ་བཙས་སྟོན ་རྒྱ་ཆེར་བྱས་ཏེ། པད་ན་འཚོ་བའི་མམ་གཉིས་དང། དྲི་མ་འཕྱི་བའི་མམ་གཉིས་དང། ནུ་མ་སྣུན་པའི་མ་མ་གཉིས་རྩེད་གྲོགས་ཀྱི་མམ་གཉིས་ཏེ་མམ་བརྒྱད་ལ་གཏང་ངོ། །དེ་ལྟར་གཞོན་ནུ་དེ་མ་མ་བརྒྱད་པོ་ཐམས་ཅད་ཀྱིས་རང་གི་གཟོ་ལེགས་པར ་བྱས་པས་ཡོངས་སུ་བསྐྱངས་ཤིང། མཁས་པ་དང་ལྡན་པ་རྣམས་ཀྱིས་འོ་མ་དང། མར་སར་དང། ཞོ་དང། མར་གྱི་སྙིང་པོ་དང། སྦྲང་རྩིས་སྐྱེད་པར་བྱེད་པར་རྩམ་པར་གྱུར་ཏོ། །དེ་ནས་རྒྱལ་པོ་ཨ་ཀོ་ཀ་བུ་བལྟ་བར་མངོན་པར ་དགའ་བས་སླས་རྣམས་ལ་གཞོན་ནུ་ཅི་འདྲ་བ་བལྟ་བར་བྱའོ་ཞེས་སྨྲས་སོ། །དེ་ནས་མ་མ་རྣམས་ཀྱིས་རྒྱལ་པོ་ལ་བསྟན་པའི་ཕྱིར་ཁྱེར་བ་དང། མཐོང་ནས་རྒྱལ་པོས་གཞོན་ནུའི་མིང་ཇི་ལྟར་གདགས་པར་བྱ་ཞེས་བསམས་པ་དང། གང་གི་ཕྱིར་འདི ་ནི་ད་ལ་ཆོས་རབ་ཏུ་ཞུགས་པ་ན་སྐྱེས་པས་ན་དེའི་ཕྱིར་ཆོས་འཕེལ་བ་ཉིད་དུ་མིང་གདགས་པར་བྱའོ་ཞེས་སྨྲས་ན། གཞོན་ནུ་རྒྱལ་པོ་ཨ་ཤོ་ཀས་བླངས་སོ། །དེ་ནས་རྒྱལ་པོས་གཞོན་ནུ་ལ་བལྟས་ནས་དགའ་བཞིན་དུ་སྨྲས་པ། ངའི་བུ་ལ་མིག ་བཟང་ལེགས་སྐྱེས་པ། ཨུཏཔལ་སྔོ་འདྲར་བ་ཡངས་རྫི་མ་ཅན། གང་གིས་བཞིན་རྒྱན་མཛེས་པར་བྱས་པ་ནི། སྒྲ་གཅན་ཁ་ལས་ཐར་པའི་ཟླ་བ་འདྲ། །ཇི་ཙམ་ན་རྒྱལ་པོས་བློན་པོ་རྣམས་ལ་སྨྲས་པ། ཁྱེད་རྣམས་ཀྱིས་འགའ་ཞིག་ལ་འདི་ལྟ་བུའི་མིག ་ཡོད་པ་མཐོང་ངམ། བློན་པོ་རྣམས་ཀྱིས་སྨྲས་པ། ལྷ་མ་མཐོང་ལགས་སོ། །དེ་ནས་དེ་ན་གནས་པའི་འཁོར་རྣམས་ལ་དེ་སྐད་རྒྱལ་པོས་སྨྲས་པ་དང། རཱི་རྒྱལ་པོ་ཁ་བ་ཅན་ན་ལོར་བརྟེན་པའི་བྲམ་ཟེ་རྣམས་དེ་ཉིད་དུ་ལྷགས་པ་དང། དེ་རྣམས་ལ ་རྒྱལ་པོས་གཞོན་ནུ་བསྟན་ཏེ། ཁྱེད་རྣམས་ཀྱིས་ཀྱང་འགའ་ཞིག་ལ་འདི་ལྟ་བུའི་མིག་ཡོད་པ་མཐོང་ངམ། ལྷ་མིར་གྱུར་པ་རྣམས་ལ་ནི་མ་མཐོང་སྟེ། དེ་ལྟ་མེད་ཀྱི་འོན་ཀྱང་ལྷ་རིའི་རྒྱལ་པོ་ཁ་བ་ཅན་ན་ཀུན་ལ་ཞེས་བྱ་བའི་བྱ་དེ་ལ་འདི་ལྟ་བུའི་མིག ་མཆིས་སོ། །ཡང་སྨྲས་པ། རི་རྒྱལ་ཁ་བ་ཅན་ནི་བྲག་གི་རྩེ། །མེ་ཏོག་མང་ཞིང་ཆུ་ཕྲན་རབ་འབབ་པ། །དེ་ན་ཀུན་ལ་ཞེས་བྱ་བའི་བྱ། །འདིའི་མིག་དང་རྣམ་པར་འདྲ་བ་ཡོད། །དེ་ནས་རྒྱལ་པོས་བྱ་ཀུན་ལ་མྱུར་དུ་ཁྱེར་ལ་ཤོག་ཅིག་ཅེས་སྨྲས་པ་དང། དེའི་སྟེང ་གིས་དཔག་ཚད་གཅིག་ཙམ་དུ་གནོད་སྦྱིན་རྣམས་ཀྱིས་ཐོས་སོ། །འོག་གི་དཔག་ཚད་གཅིག་ཙམ་དུ་ནི་ཀླུ་རྣམས་ཀྱིས་ཐོས་སོ། །དེ་ནས་གནོད་སྦྱིན་གྱིས་སྐད་ཅིག་མ་དེ་ཉིད་ལ་བྱ་ཀུན་ལ་ཁྱེར་ཏེ་འོངས་སོ། །དེ་རྒྱལ་པོས་གཞོན་ནུ་དང། ཀུན་ལའི་མིག་ལ་ཤིན་ཏུ་ཡུན ་རིངས་པར་བརྟགས་ན་ཁྱད་པར་ཅུང་ཟད་ཀྱང་མ་རྟོགས་སོ། །དེ་ནས་རྒྱལ་པོས་སྨྲས་པ། ཨེ་མ་ཧོ་གཞོན་ནུ་དང། ཀུ་ན་ལའི་མིག་ཤིན་ཏུ་འདྲ་བ་ཡིན་པས་ན་གཞོན་ནུ་ལ་མིང་ཀུན་ལ་ཞེས་གདགས་པར་བྱའོ། །ཡང་སྨྲས་པ། ས་བདག་དེ་ནི་མིག་ལ་རྗེས ་དགའ་བས། །དེ་ཚེ་བུ་ལ་ཀུན་ལ་ཞེས་སྨྲས། །དེ་ནས་འཕགས་པའི་སེམས་ཅན་རྒྱལ་པོའི་བུ། །དེའི་མིང་ནི་ས་སྟེངས་རབ་ཏུ་གྲགས། །དེ་ནས་རྒྱ་ཆེར་གཞོན་ནུ་ཆེན་པོར་གྱུར་པའི་བར་དུ་སྟེ། །དེ་ལ་གསེར་ཕྲེང་ཅན་ཞེས་བྱ་བའི་བུ་མོ་ཆུང་མའི་དོན་དུ་བཀུག་ནས ་བྱིན་ཏེ། ཕའི་བཟོའི་གནས་དང་ལས་ཀྱི་གནས་འདི་ལྟ་སྟེ། གླང་པོ་ཆེའི་གཉར་བཞོན་པ་དང། རྩ་ལ་བཞོན་པ་དང། ཤིང་རྟའི་ཐབས་དང། མངའ་གཞུའི་ཐབས་དང། ལྕགས་ཀྱུས་བསྒྱུར་བའི་ཐབས་དང། མངའ་བོ་ཆེ་འཕེན་པའི་ཐབས་དང། ལྷགས་མངའ་ ་འཕན་པའི་ཐབས་དང། ཐག་མདུད་འཕེན་པའི་ཐབས་དང། མདུན་དུ་བསྣུར་བ་དང། ཕྱིར་བསྣུས་བ་དང། བཅད་པ་དང། དྲལ་བ་དང། རྒྱང་ནས་ཕོག་པ་དང། སྒྲ་གྲག་པར་ཕོག་པ་དང། གནད་དུ་ཕོག་པ་དང། མི་འཆོར་བར་ཕོག་པ་དང། ཆབས་ཆེ་བ་དང། དགས ་པ་དང། གོམ་སྟངས་ལ་བྱང་བར་གྱུར་ཏོ། །རྒྱལ་པོ་ཨ་ཤེ་ཀས་དེའི་དོན་དུ་ཁྱིམ་གསུམ་བྱེད་དུ་བཅུག་སྟེ། གཅིག་ནི་རྒུ་ན་གྱིའོ། །གཉིས་པ་ནི་སོ་ག་ཡིའོ། །གསུམ་པ་ནི་དབྱར་གྱིའོ། །དེ་ལ་རེ་ཞིག་རྒུན་གྱི་ནི་གཅིག་ཏུ་དྲོ་བའོ། །སོ་ག་ཡི་ནི་གཅིག་ཏུ་བསིལ ་བའོ། །དབྱར་གྱི་ནི་དེ་གཉིས་ཀ་ཡོད་པ་སྟེ། ཤིན་ཏུ་གྲང་བ་ཡང་མ་ཡིན། ཤིན་ཏུ་དྲེ་བ་ཡང་མ་ཡིན་པའོ། །ཆུང་མ་རྣམ་པ་གསུམ་འཇོག་སྟེ། ཆེ་བ་དང་བར་མ་དང་ཆུང་བའོ། །དེ་ནས་གཞོན་ནུ་ལྷའི་བུ་མོ་དང་འདྲ་བའི་བུད་མེད་ཀྱི་རབ་མཆོག་རྒོད་པ་དང་མིག ་ཟུར་དང་སྟེགས་པ་དང། སླེག་པ་དང། གར་དང། གླུའི་ཉེ་བར་སྤྱོད་པ་ལ་མཁས་པ་རྣམས་དང་ལྷན་ཅིག་ཁང་བཟངས་ཀྱི་སྟེང་གི་གཞིར་གཏོགས་པ་ན་བཙུན་མོ་གསེར་ཕྲེང་ཅན་དང་ལྷན་ཅིག་དགའ་བ་དང། རྩེ་བ་དང། ཡོངས་སུ་སྤྱོད་པ་ནས ་ཇི་སྲིད་དུས་གཞན་ཞིག་ན་རྒྱལ་པོ་ཀུན་ལ་དད་ལྷན་ཅིག་ཁྱིམ་བྱའི། ཀུན་དགའ་ར་བར་སོང་བ་དང། དེ་ནས་གནས་བརྟན་གྲགས་པ་མངོན་པར་ཤེས་པ་དྲུག་དང་ལྡན་པ་དེ་མཐོང་ངོ། །མཐོང་ནས་ཀྱང་ཀུན་ལའི་མིག་ནུ་ཡུན་རིང་པོར་མི་ཐོགས་པར་འཇིགས ་པར་འགྱུར་རོ་སྙམ་ནས་དེས་རྒྱལ་པོ་ལ་སྨྲས་བ། ཅིའི་ཕྱིར་གཞོན་ནུ་རང་གི་ལས་ལ་མ་སྦྱར། དེ་ནས་རྒྱལ་པོས་ཀུན་ལ་ལ་སྨྲས་པ། ཀུན་ལ་དགེ་འདུན་གྱི་གནས་བརྟན་ཇི་སྐད་གསུངས་པ་དེ་དྲིས་ཤིག། དེ་ནས་གཞོན་ནུས་གནས་བརྟན་གྱི་རྐང་པ ་གཉིས་ལ་བཏུད་དེ་སྨྲས་པར་གནས་བརྟན་ཅི་ཞིག་བཀའ་སྩལ་པ། གནས་བརྟན་གྱིས་སྨྲས་པ། ཀུན་ལ་མིག་ནི་མི་རྟག་པའོ། །ཞེས་ཡིད་ལ་གྱིས་ཤིག། ཡང་སྨྲས་པ། གང་དུ་འགྲོ་མང་རྗེས་སུ་ཆགས་གྱུར་ནས། མི་ཕན་ཐོབ་པའི་ལས་རྣམས་བྱེད་པ་ཡི།། ་མིག་ནི་རབ་གཡོ་སྡུག་བསྔལ་སྟོང་ལྡན་པར། །རྟག་ཏུ་སོ་སོར་རྟོག་བྱོས་ཀུན་ལ། །དེ་བཞིན་དུ་སློབ་པར་བྱེད་པའི་ཡེད་ལ་བྱེད་པ་དང་རབ་ཏུ་ལྡན་ཞིང་གཅིག་པུར་མངོན་བར་དགའ་བ་དང། རབ་ཏུ་ཞི་བ་ལ་མངོན་པར་དགའ་བར་གྱུར་ཏོ། །དེ་ཡང་རྒྱལ་པོའི ་ཕོ་བྲང་གི་གནས་དབེན་པར་འདུག་ཅིང། མིག་གི་ཉེས་དམིགས་དང། སྐྱེ་མཆེད་མི་རྟག་པ་ལ་སོགས་པའི་རྣམ་པར་ཡོངས་སུ་རྟོགས་པར་བྱེད་དོ། །དེ་ནས་རྒྱལ་སྲུངས་མ་ཞེས་བྱ་བའི་བཙུན་མོ་དམ་པས་ཕྱོགས་དེར་ཉེ་བར་སོང་བ་དང། དེས་ཀུན་ལ ་དེ་གཅིག་པུ་འདུག་པ་མཐོང་ནས། མིག་ལ་རྗེས་སུ་ཆགས་པས་ལུས་ལ་ཀུན་ཏུ་འཁྱུད་དེ་སྨྲས་པ། ཁྱེད་ཀྱི་ལུས་ལས་ངས་འབབས་པའི། །འདོད་ཆགས་མེ་ནི་སྟོབས་ཅན་གྱིས། །ནགས་མེ་སྟོབས་ཅན་གཡོ་བ་ན། །མང་བོ་རྣམ་པར་བསྲེགས་པར་གྱུར།། ་གཞོན་ནུ་བདག་དང་ལྷན་ཅིག་ཏུ། །དགའ་བ་རྗེས་སུ་མྱོང་བར་བྱ། །དེ་ཐོས་པ་དང་ཀུན་ལས་ལག་པ་གཉིས་ཀྱི་རྣ་བ་བཀག་ཏེ་སྨྲས་པ། །བྱེད་ནི་ཚིག་འདི་སྨྲ་བར་མི་རིགས་ཏེ། །བུའི་མ་བཞིན་ཁྱོད་ནི་བདག་གི་མ། །འདི་ནི་ངན་འགྲོའི་ལམ་གྱི་སྒོ་ཡིན་པས། །ཆོས་མིན ་འདོད་ཆགས་ཡོངས་སུ་སྤོང་བར་གྱིས། །དེ་ནས་རྒྱལ་སྲུངས་མས་སྨྲས་པ། །འདིར་ཉེས་བ་ཅི་ཞིག་མཐོང། །གཞན་ཡང་གཞོན་ནུ་རེ་ཞིག་ཉོན་ཅིག། དཔེར་ན་ཉི་མའི་གཟི་བརྗིད་བརྟེན་པའི་ཚ་བས་གདུངས་ཏེ་ཆུ་ནི་འཐུང་བ་དང། ཇི་ལྟར་ལུས་ནི་ཆུ་ཡིས་ཚིམ་པར་བྱང ་ལ། སྡིག་པ་ཡོད་པར་རིགས་མ་ཡིན། དེ་བཞིན་འདོད་པའི་མེ་ནི་ཆེན་པོས་ལྷག་པར་ཤིན་ཏུ་གདུངས་པར་གྱུར་པ་ན། །ལུས་ལ་རེག་པའི་ཆུའི་དགའ་བ་དེ་ལས་ཆོས་མིན་ཅི་ཞིག་འབྱུང། །ཀུན་ལས་སྨྲས་པ། དའི་གྲགས་པར་མི་འགྱུར་མཆོག་ཏུ་བརྙས་ཤིང་ཕྱི ་ནས་རྗེས་སུ་འགྱོད་པར་འགྱུར། །དེའི་ཀུན་ཏུ་སྤྱོད་པར་མི་འགྱུར་དེ་བཞིན་རིགས་ཉམས་པ་ཡང་ཉིད་དུ་འགྱུར། །འཕགས་པ་ཉིད་དུ་མི་འགྱུར་བཀྲན་འགྱུར་ངན་པར་ཚིག་གིས་ཆད་པ་བཅད་པར་འགྱུར་རོ། །སྤྱོས་པས་འགྱུར་གྱི་གྲགས་པར་མི་འགྱུར་ཆོས་ཀྱང་མི ་སྣང་ཉིད་དུ་འགྱུར་བའོ། །རྒྱལ་སྲུངས་མས་སྨྲ་པ། ཀུན་ལ་དེ་ལྟ་ཡིན་མོད་ཀྱི་གང་ཁྱེད་འཇིགས་པར་འགྱུར་བ་འདི་འགའ་ཞིག་གི་མཐང་ནས་གྲགས་པར་འགྱུར་བ་མ་ཡིན་ཏེ། དེ་ཡང་རྣམ་པར་དབྱེན་ཞིང་མིའི་འདུ་བ་དང་བྲལ་བའི་ཕྱིར་རོ། །ཡང་སྨྲས་པ། ཡུ ་བུའི་མཐོང་ནས་སྨྲ་བ་ནི། བུད་མེད་དག་གམ་སྨྲས་རྣམས་ཀྱང། །གང་ཡང་ཡོད་པ་མ་ཡིན་ཏེ། །དེ་བས་བདག་གི་ཚིག་ཉོན་ཅིག། འདོད་དང་བཅས་པའི་བུད་མེད་ནི། །དབེན་པར་ཡོངས་སུ་སྤོང་བྱེད་ན། །དེ་ཡི་ཆོས་ཆན་འཇག་འགྱུར་ཞེས། །ཐོས་པ་ལས་གྲགས ་ཐོས་སམ་ཅི། །གཟུགས་ཀྱི་རྗེས་སུ་མཐུན་པ་ཡི། །སྦྱིན་གནས་སྡོག་མེད་མཐོང་ནས་ནི། །དེར་གང་ལགས་པའི་མདངས་རྣམས་དང། །མཆོད་དང་ནི་འདྲ་བར་གྱིས། །ཀུན་ལས་སྨྲས་པ། གང་ཁྱོད་ཀྱིས་འདི་ན་གནས་ཀྱང་མི་མཐོང་ཞེས་སྨྲས་ན། དེ་རེ་ཞིག་ཉོན ་ཅིག། འདི་ནི་གཟི་བརྗིད་འབར་བའི་ཤིང་ལ་གནས་པའི་མེ་ལྷས་བདག་ནི་མཐོང་གྱུར་ལ། ཚངས་པས་མཐོང་ཞིང་བརྒྱ་བྱིན་དག་དང་ཆུ་ལྷ་ཟླ་བ་གཤིན་རྗེ་དག་གིས་མཐོང། །གཞན་ཡང་གཞལ་ཡས་ཁང་པ་མཆོག་ན་གནས་པ ་གཞན་གྱིས་ངེས་པར་མཐོང་འགྱུར་ན། །བྱིས་པ་ཁྱེད་ཀྱིས་བདག་དང་གཉེན་གྱི་སྐྱེ་བོ་མི་མངའ་རང་ཡང་མཐོང་མ་གྱུར། །མི་ནི་གང་ཞིག་དབེན་པར་མར་འཇུག་བྱེད་ན་དེ་ཅི་མེ་ཡིས་མི་འཚིག་གམ། གང་ཞིག་དྲགས་པས་འབྲས་བུ་དངར་ལྟར་དུག ་ཟ་དེ་ནི་ཉམས་པར་མི་འགྱུར་རམ། །མི་ནི་གང་ཞིག་བྲང་འགྲོ་གདུག་པས་ཟིན་པ་དེ་ནི་གཅོད་པར་མི་འགྱུར་རམ། །མི་ནི་གང་ཞིག་དབེན་པར་གཏོགས་པར་སྡིག་བྱས་གོས་པར་མི་འགྱུར་དེ་མི་སྲིད། །དེ་ནས་རྒྱལ་སྲུངས་མས་སྨྲས་པ། གཞོན ་ནུ་ཇི་ཞིག་ཁྱོད་དེ་ལྟ་བུར་ཞེན་པས་གནས་པར་མ་བྱེད་ཅིག། དེ་ཡང་དུས་ཀྱི་སྒོའི་རྫོང་དང་བྱིན་དའི་རིར་ཡང་འདོད་པའི་དོན་དུ་རབ་འཇུག་ལ། །འདོད་པའི་རྒྱ་མཚོའི་ཆུ་ཡང་བརྒལ་རིང་མཛའ་བོ་གང་ཡིན་དག་ཀྱང་འབྱེ་བ་ཡོད། །འདོད་པའི་ཕྱིར་ནི ་བརྟུལ་ཞུགས་ཐལ་བ་ཤིང་གོས་འཆང་བའི་བཀའ་ཐུབ་དེས་དེ་ཐུབ། །དེ་འདིར་བདེ་བ་ཡང་དག་ཐོབ་པ་འདི་ལ་ཅི་ཕྱིར་ཀུན་ཏུ་ཆགས་མི་བྱེད། ཀུན་ལས་སྨྲས་པ། ཁྱེད་ཀྱིས་ད་ནི་ཟིལ་གནོན་མི་འགྱུར་ཏེ། །ལྷ་ཡི་བུ་མོ་འདྲ་བའི་བུད་མེད་དག། དེ ་ཡང་དམྱལ་བའི་སྡུག་བསྔལ་ཡོད་པས་ན། །གཞན་གྱི་བུད་མེད་ཡོངས་སུ་སྤོང་བ་ཡིན། །དེ་ནས་རྒྱལ་སྲུང་མས་རང་གི་འདོད་པའི་རྣམ་པ་ཐོབ་པར་མ་གྱུར་པས། །ཁྲོས་ཏེ་སྨྲས་པ། ཤིན་ཏུ་འདོད་པས་གདུངས་པར་གྱུར་པ་ན། །གལ་ཏེ་འདི་ན་དའི ་མི་འདོད་ན། །བློ་ངན་ཁྱོད་ནི་རིང་པོ་མི་ཐོགས་པར། །དངོས་པོ་ཐམས་ཅད་མེད་པར་འགྱུར་དུ་འོང། །མིག་ནི་གཉིས་པོ་གང་ཡིན་པས། །ཁྱོད་ནི་འདི་ན་དྲེགས་ཐོབ་པ། །མི་རིང་བར་ནི་དེ་དག་གིས། །རྒུད་པར་གྱུར་ལ་བལྟ་བར་བྱ། །ཀུན་ལས་སྨྲས ་པ། ཆོས་ནི་རྣམ་དག་གྱུར་ན་བདག་ནི་མི་མྱུར་དུ་འཆི་བར་གནས་པར་གྱུར་ཀྱང་བླ། །སྐྱེ་བོ་དམ་པས་བདག་སྨད་གྱུར་པའི་འཚོ་བ་བདག་ལ་དགོས་མ་ཡིན། །གང་ལས་མཐོ་རིས་དག་དང་ཆོས་འཇིག་འགྱུར་བའི་འཚོ་དེས་ཅི་ཞིག་བྱ། །མཁས་པས ་ཟིལ་གྱིས་མནན་པའི་བཀྲེན་གྱུར་བདག་ནི་འཆི་བ་ཉིད་ཡིན་མོད། ཇི་ཙམ་ན་རྒྱལ་སྲུངས་མ་དེ་ཀུན་ལ་ལ་གླགས་སྐབས་འཚོལ་ཞིང། གནས་བར་གྱུར་ཏོ། །དེ་ནས་རྒྱལ་པོ་ཨ་ཤོ་ཀས་བྱང་ཕྱོགས་ཀྱི་གྲོང་ཁྱེར་རྡོ་འཇོག་པ་དང་རྩོད་པར་གྱུར་པ་ཐོས་པ ་དང་རྒྱལ་པོ་རང་ཉིད་ཆས་པར་གྱུར་ཏོ། །དེ་ནས་བློན་པོ་རྣམས་ཀྱིས་སྨྲས་པ། ལྷ་གཞོན་ནུ་བརྫང་དུ་གསོལ། དེས་ནི་ཐུལ་བར་འགྱུར་ལགས་སོ། །དེ་ནས་རྒྱལ་པོས་ཀུན་ལ་བོས་ཏེ་སྨྲས་པ། ཀུན་ལ་གྲོང་ཁྱེར་རྡོ་འཇོག་འདུལ་བར་འགྲོ་ནུས་སམ། ཀུན ་ལས་སྨྲས་པ། ལྷ་རབ་ཏུ་མཆི་ལགས་སོ། །དེ་ནས་རྒྱལ་པོས་ཡིད་ལ་རབ་དང་བའི། །བུ་ཞེས་བྱ་བའི་བསམ་པ་ཤེས་པ་དང། །བརྩེ་དང་ཕུན་ཚོགས་ན་ཚོད་ལ་རིགས་པའི། །ཆས་པའི་རྐྱེན་ནི་ལུང་དུ་བསྒོ་བར་གྱུར། །དེ་ནས་རྒྱལ་པོ་ཨ་ཤོ་ཀས་གྲོང་ཁྱེར ་བརྒྱན་པ་དང། ལམ་མཇལ་བར་བྱས་ཏེ། རྒན་པོ་དང། ནད་པ་དང། བཀྲན་པ་རྣམས་རང་གི་ལམ་ནས་བསལ་ཏེ། གཞོན་ནུ་དང་ལྷན་ཅིག་ཤིང་རྟ་ལ་ཞོན་ཏེ། པ་ཏ་ལི་པུ་ཏྲ་ནས་བྱུང་ཏེ་བརྐྱལ་ནས། ལྡོག་པ་ན་ཀུན་ལའི་མདུན་ནས་ཡོངས་སུ་འཁྱུད་ནས་མིག ་ལྟ་ཞིང་དུས?་ཏེ་སྨྲས་པ། འདབ་ཆགས་རབ་མཆོག་ཀུན་ལ་མཚུངས་པའི། མིག་ནི་ཡངས་ཤིང་ཨུཏཔལ་སྔོན་པོ་དང། །འདྲ་བ་འདི་ལ་ལྟ་བ་གང་ཡིན་པ། །དེར་ནི་དཔལ་ཡོད་པ་དེ་ལྡན་རིམས་ནད་བྲལ། །ཇི་ཙམ་ན་བྲམ་ཟེ་མཚན་མཁན་ཞིག་གིས་མཐོང་བ་དང ་ཀུན་ལའི་མིག་ནི་ཡུན་རིང་པོ་མི་ཐོགས་པར་འཇིག་པར་འགྱུར་ཏེ། རྒྱལ་པོ་ཨ་ཤི་ཀས་ངའི་མིག་གཉིས་ལ་ཤིན་ཏུ་ཆགས་པ། ལྟས་མཁན་དེས་མཐོང་ནས་སྨྲས་པ། མི་དབང་བུའི་མིག་ནི་རྣམ་དག་ལ། །ས་བདག་ཀྱང་ནི་མིག་ལ་རྗེས་ཆགས ་པས། །རྣམ་དག་དཔལ་ལམ་ཡིད་དང་རྗེས་མཐུན་པ། །རིང་པོ་མི་ཐོགས་འཇིགས་པར་འགྱུར་བ་མཐོང། །ལྷ་ཡུལ་ལྟ་བུར་རབ་དགའ་ཨི་གྲོང་ཁྱེར་འདི། །གཞོན་ནུ་མཐོང་བ་ལས་བྱུང་སྐོམ་པ་དག། མིག་པ་བྲལ་ནས་དེ་བཞིན་འདིའི་སེམས ་མྱ་ངན་དག་གིས་ཡོངས་སུ་གདུངས་པར་གྱུར། །ཅི་ཙམ་ན་ཀུན་ལ་རིམ་གྱིས་གྲོང་ཁྱེར་རྡོ་འཇོག་ཏུ་ཉེ་བར་ཕྱིན་པ་དང། རྡོ་འཇོག་གི་གྲོང་ཁྱེར་པས་ཐོས་ནས། དཔག་ཚད་ཕྱེད་དང་གསུམ་གྱི་བར་དུ་གྲོང་ཁྱེར་བརྒྱན་པ་དང། ལམ་མཛེས་པར་བྱས་ཏེ། ་བུམ་པ་གང་བ་མར་སེར་གྱིས་བརྒྱན་པས་མདུན་བསྡུས་སོ། །ཡང་བཤད་པ་རྡོ་འཇོག་པའི་གྲོང་བས་ཐོས་ནས་ནི། །རིན་ཆེན་བུམ་པ་གང་བ་ལ་སོགས་པའི། །མཆོད་པ་ཐོགས་ཏེ་མདུན་དུ་སོང་ནས་ནི། །ས་བདག་དེ་ལ་མང་དུ་རྗེད་པར་གྱུར། །མདུན ་བསྡུས་ནས་ཐལ་མོ་སྦྱར་ཏེ་སྨྲས་པ། བདག་ཅག་རྣམས་ནི་གཞོན་ནུ་ལ་འགལ་བར་བགྱིད་ལ་ཡང་མ་ལགས་ལ། རྒྱལ་པོ་ཨ་ཤོ་ཀ་ལ་ཡང་མ་ལགས་མོད་ཀྱི། འོན་ཀྱང་བློན་པོ་མི་སྲུན་པ་དག་འོངས་ནས་བདག་ཅག་ལ་བརྙས་པར་བགྱིས་མེད། །ཅི ་ཅེས་ན་ཀུན་ལ་བསྙེན་བཀུར་ཆེན་པོར། གྲོང་ཁྱེར་རྡོ་འཇོག་ཏུ་ཞུགས་པར་གྱུར་ཏོ། །དེ་ནས་རྒྱལ་པོ་ཨ་ཤོ་ཀ་ལ་ནང་ཆེན་པོ་ཞིག་བྱུང་བར་གྱུར་ཏ། དེའི་ཁ་ནས་ངན་སྐྱུགས་འོང་ཞིང། བ་སྦའི་བུ་ག་ཐམས་ཅད་ནས་མི་གཅང་བ་འཇིག?་བར་གྱུར་ཀྱང། ་གསོ་བར་ནུས་སོ། །དེ་ནས་རྒྱལ་པོས་སྨྲས་པ། ཀུན་ལ་ཁུ་གཅིག། དེ་རྒྱལ་སྲིད་ལ་བཞག་བར་བྱ་སྟེ། ཁོ་བོ་ཡང་སླར་འཚབས་ཅི་ཞིག་བྱ། དེ་ཐོས་ནས་རྒྱལ་སྲུངས་མས་བསམས་པ། གལ་ཏེ་ཀུན་ལ་རྒྱལ་སྲིད་ལ་བཞག་ན། ངའི་འཚོ་བ ་མེད་བར་འགྱུར་རོ་སྙམ་ནས་དེས་སྨྲས་པ། ལྷ་བདག་གིས་ཁྱེད་གསོས་པར་བགྱི་ལགས་ཀྱི། འོན་ཀྱང་སྨན་པ་རྣམས་ནང་དུ་འཆི་བ་དག་ཏུ་གསོལ། ཇི་ཙམ་ན་རྒྱལ་པོས་སྨན་པ་རྣམས་འོད་བ་བཀག་པར་གྱུར་ཏོ། །དེ་ནས་རྒྱལ་སྲུངས་མས་སྨན ་པ་རྣམས་ལ་སྨྲས་པ། གལ་ཏེ་སྐྱེས་པའམ། བུད་མེད་འདི་ལྟ་བུའི་ནད་ཀྱིས་ཟིན་པ་ཡོད་ན་དེ་ཁྱེད་རྣམས་ཀྱིས་ང་ལ་སྟོན་ཅིག། དེ་ནས་རི་ཁྲོད་པ་གཞན་ཞིག་དེ་ལྟ་བུའི་ནད་ཀྱིས་ཟིན་པ་དང། དེའི་ཆུང་མས་སྨན་པ་ལ་ནད་དེ་སྨྲས་པ་དང། སྨན་པས་སྨྲས་པ། ནད་པ་དེ་ནི་འོང་དུ ་ཆུ་གཅིག། ནད་བལྟས་པ་སྨན་བསྟན་པར་བྱའོ། །ཅི་ཙམ་ན་དེ་བཀུག་ནས་སྨན་པའི་གམ་དུ་ཕྱིན་པ་དང། སྨན་པས་རྒྱལ་སྲུངས་མའི་གམ་དུ་ཁྱེར་རོ། །རྒྱལ་སྲུངས་མས་ཀྱང་ཤིན་ཏུ་དབེན་པའི་ས་ཕྱོགས་སུ་བསང་ནས་བལྟས་པ་དང། དེ་ཞུ་བ་ལ་གནས་ན་རྒྱུ་མར་འབུ ་ཆེན་པོ་ཞིག་བྱུང་སྟེ། དེ་སྟེང་དུ་འགྲོ་བ་དང། དེའི་ངན་སྐྱུགས་གྱེན་དུ་འབྱུང་ངོ། །གལ་ཏེ་ཐུར་དུ་འགྲོ་ན་ནི་འོག་ཏུ་འབྱུང་ངོ། །དེས་དར་ན་ལེ་ཤམ་བཏགས་ཏེ་བླུགས་ཀྱང་མ་ཤའི། །དེ་བཞིན་དུ་པི་བི་ལིང་དང། སྲིད་ག་དང། ལན་ཚ་ལ་སོགས་པ་བླུད་པ་ནས་ཇི་ཙམ་ན་སྒོག ་སྐྱ་བླགས་པ་དང། རེག་པ་ཙམ་གྱི་ཤི་ནས། བཤང་བའི་ལམ་ནས་བྱུང་ངོ། །དེས་དེ་ལྟ་བུའི་རྣམ་པར་རྒྱལ་པོ་ལ་གོ་བར་བྱ་སྟེ། ལྷ་སྒོག་སྐྱ་གསོལ་ཅིག། དེས་ན་ཁྱེད་སོས་པར་འགྱུར་རོ། །རྒྱལ་པོས་སྨྲས་པ། ལྷ་མོ་ད་ནི་རྒྱལ་རིགས་?་དབང་བསྐུར་བ་ཡིན་ན། ་ཇི་ལྟར་ན་སྒོག་པ་ལ་ཡོངས་སུ་ལོངས་སྤྱོད། བཙུན་མོས་སྨྲས་པ། ལྷ་འདི་ནི་སྲོག་གི་དོན་གྱི་སྨན་ཡིན་པས་ཉེ་བར་སྤྱོད་པར་མཛོད་ཅིག། ཇི་ཙམ་ན་རྒྱལ་པོས་ཡོངས་སུ་ལོངས་སྤྱད་ནས་འབུ་དེ་ཡང་ཤི་སྟེ། བཤང་བའི་ལམ་ནས་བྱུང་ངོ། །རྒྱལ་པོ་སོ་སོས་བར་གྱུར་ནས ་དེས་རྒྱལ་སྲུངས་མ་ལ་མཆོག་སྦྱིན་པར་བརྩམས་སོ། །ཁྱོད་ལ་མཆོག་ནི་ཅི་ཞིག་སྦྱིན་པར་བྱ། །དེས་སྨྲས་པ། བདག་ལ་ཞག་བདུན་གྱི་བར་དུ་རྒྱལ་སྲིད་གསོལ་ཅིག། འོ་ན། ཁོ་བོ་ཅིར་འགྱུར། །བཙུན་མོས་སྨྲས་པ། ཞག་བདུན་འདས་པ་དང། ལྷ་ཉིད་རྒྱལ་པོ ་མཛད་ཅིག་ཅི་ཙམ་ན་རྒྱལ་སྲུངས་མ་ལ་ཞག་བདུན་གྱི་བར་དུ་རྒྱལ་སྲིད་བྱིན་ནོ། །དེ་བློ་སྐྱེས་?་ནི་བདག་གིས་ཀུན་ལ་ལ་འཁོན་བཅུགས་མངོན་དུ་བྱའོ་ཞེས་ངས་རྔོ་འཇོག་པའི་གྲོང་ཁྱེར་བ་རྣམས་ཀྱིས་ཀུན་ལའི་མིག་བརླག་པར་གྱིས་ཤིག་ཅེས ་བཅོས་མའི་ཡི་གེ་བྲིས་ཏེ། དེ་ཡང་རྒྱལ་པོ་མྱ་ངན་མེད་ཀྱིས་བཀའ་སྩལ་པ། ཤིན་ཏུ་དཔའ་ཞིང་སྟོབས་དང་ཕ་རོལ་གནོན་པ་ཐོགས་པ་མེད་པའི་རྩལ་གྱིས་རྣམ་པར་གནོན་པ་ཐོབ་པའི་རྒྱལ་པོ་རྒྱ་མཚོ་བཞི་དང། སའི་བདག་པོའི་སྤྱི་བོའི ་ཅོད་པན་གྱིས་སྟན་དང། རྐང་པར་ཡོངས་སུ་གཏུགས་པ། མྱ་ངན་དང་བྲལ་ནས་མྱ་ངན་མེད་པ། མ་ག་དྷའི་གྲོང་ཁྱེར་ནས་པ་ཏ་ལི་པུ་ཏྲ་དང། རྡོ་འཇོག་ལ་གནས་པའི་བར་ལ་རྒྱུན་མི་འཆད་པར་དགེ་བའི་ལས་ཀྱི་རྩོམ་པས་ཉེ་བར་འཚོ་བ། སྡེ་ཚོམས་གསུམ ་པའི་གྲོང་ཁྱེར་གྱི་སྐས་ལ་གནས་པའི་སྐྱེ་བོ་རྣམས་རྣམས་ལ་ཇི་ལྟར་གྲོང་ཁྱེར་བ་རྣམས་ཀྱིས་ཤེས་པར་འགྱུར་བ་དེ་ལྟར་ཁོང་དུ་ཆུད་པར་གྱིས་ཤིག་།འདིར་ངའི་བུ་ཞེས་བཏགས་པའི་དགྲ་བཅོས་མའི་སྤྱོད་པ་འཇམ་པ་ལ་མཁས་པས་སྦྱར་བའི ་སྒྱུའི་བསྒྱིངས་པས་ཐལ་མོ་སྦྱར་བ་བྱས་པ། རིགས་ཀྱི་སོལ་བར་གྱུར་པའི་ཀུ་ན་ལ་དེས། ཤིན་ཏུ་གཅམ་གསག་གི་ཚུལ་གྱིས་ཁོ་བོ་ཕེབས་པར་བྱ་ནས། བག་ཕེབས་པས་གནོད་པ་བྱེད་ཅིང། བཙུན་མོའི་འཁོར་ལ་ལྟ་བར་བྱེད་པས། གང་གིས་ཕྱིར་འདི ་ནི་མ་བརྟགས་པར་བྱེད་པ། སྙིང་རྗེ་མེད་པ། འཇིག་རྟེན་ཕ་རོལ་སྤངས་པ། ཕའི་ཆུང་མ་ལ་ཡོངས་སུ་ལྟ་བས་དེའི་མོད་ལ་དངོས་པོའི་རྗེས་སུ་ཞུགས་པ། གཟུགས་ཀྱིས་ཁེངས་ཤིང་མའི་ཕྱོགས་ལ་དྲེགས་པ་འཕེལ་བར་བྱེད་པ། རིགས་ཀྱི་ཆོས་ཀྱི ་གཞུང་ལུགས་སུན་འབྱིན་པར་བྱེད་པའི་མི་མིག་གཉིས་མྱུར་དུ་ཕྱུང་ནས་བཀྲེན་པ་ཉིད་དུ་གྱིས་ལ་ཤིན་ཏུ་དེངས་པའི་གོས་བསྐོན་ཏེ། ཆུང་མ་དང་བཅས་པ་ཕྱི་རོལ་ཏུ་སྐྲོད་ཅིག་།གང་གི་མིག་གཉིས་ཀྱི་དྲེགས་ཤིང་ཁེངས་པར་བྱེད་པ་དེ་མེད་པར ་གྱིས་ལ། དེ་ཡང་སྐྱེ་བོ་རྣམས་ཀྱིས་ཐོང་བར་གྱིས་ཤིག་།དེའི་ལན་གྱི་ཡི་གེ་ཡང་གཏོང་བར་མ་བྱེད་ཅིག་།བྱས་པ་མི་གཙོ་བོའི་ཕོངས་པ་ཐོས་པས་ཀྱང་ངའི་སྙིང་འདར་བར་མ་བྱེད་ཅིག་།ངས་ཁྱེད་རྣམས་ལ་གཞུང་ལུགས་སུ་བཞག་པའི ་ལུང་བསྒོ་བ་འདི་ཁྱེད་རྣམས་ཀྱིས་གྱིས་ཤིག་།ཡང་སྨྲས་པ། རྒྱལ་པོ་མྱ་ངན་མེད་གཏུམ་སྟོབས་ལྡན་པའི། བཀའ་བཞིན་རྡོ་འཇོག་གྲོང་ཁྱེར་པ་ཡིད་ཀྱིས། །རྒྱལ་པོ་ལ་གནོད་ཀུན་ལ་ཞེས་བྱའི། །མིག་གཉིས་མྱུར་དུ་དབྱུང་བ་ཉིད་དུ་གྱིས། །དེ་ལྟར་རྒྱལ ་སྲུངས་མ་དེས་ཡི་གེ་བྲིས་ནས། རྒྱལ་པོ་མྱ་ངན་མེད་པའི་སོའི་རྒྱས་ཡི་གེ་ལ་རྒྱ་གདབ་པར་བྱའོ་སྙམ་ནས། ཇི་ཙམ་ན་རྒྱལ་སྲུངས་མས་ཡི་གེ་དེ་རྒྱལ་པོ་གཉིད་ལོག་པ་དང་སོའི་རྒྱས་གདབ་པར་བྱའོ་སྙམ་དུ་ཏེ། རྒྱལ་པོ་དང་ཉེ་བར་སོང་བ་དང་རྒྱལ ་པོ་སྐྲག་པས་ཉེ་བར་གྱུར་ཏོ། །ཆུང་མས་སྨྲས་པ། ལྷ་འདི་ཅི་ཞིག་ལགས། རྒྱལ་པོས་སྨྲས་པ། ལྷ་མོ་ངས་རྨི་ལམ་མི་དགེ་བ་མཐོང་སྟེ། བྱ་རྒོད་གཉིས་ཀྱིས་ཀུན་ལའི་མིག་འབྱིན་པར་འདོད་པར་མཐོང་ངོ། །བཙུན་མོས་སྨྲས་པ་གཞོན་ནུ་བདེ་བར ་གནས་ལགས་ཀྱིས་བཞིན་དུ་རྒྱལ་པོ། སྐྲག་པས་སད་ནས་སྨྲས་པ། ལྷ་མོ་ངས་རྨི་ལམ་རྨིས་སོ། །རྒྱལ་སྲུངས་མས་སྨྲས་པ། རྨི་ལམ་ཇི་ལྟ་བུ། རྒྱལ་པོས་སྨྲས་པ། ཀུ་ན་ལ་སྐྲ་དང་སེན་མོ་རིང་པོ་འཆང་ཞིང་གོས་དྲི་མ་ཅན་གྱོན་པ་མཐོང་ངོ།། ་བཙུན་མོས་སྨྲས་པ། གཞོན་ནུ་བདེ་བར་གནས་ལགས་ཀྱིས། ཇི་ཙམ་ན་རྒྱལ་པོ་གཉིས་ཀྱིས་ལོག་པ་དང། རྒྱལ་སྲུངས་མས་ཡི་གེ་དེ་སོའི་རྒྱས་བཏབ་ནས་རྡོ་འཇོག་ཏུ་བསྐུར་རོ། །ཡང་རྒྱལ་པོ་གཉིད་ལོག་པ་ན་རང་གི་སོ་ལྷགས་པར་གྱུར་པ་རྨིས་སོ།། ་དེ་ནས་རྒྱལ་པོ་མཚན་མོ་དེ་ཉིད་འདས་པ་དང། ལྟས་མཁན་རྣམས་པོས་ཏེ། རྨི་ལམ་བཟླས་ནས་འདི་དག་སྟོན་པར་གྱིས་ཤིག་ཅེས་བསྒོའོ། །ལྟས་མཁན་རྣམས་ཀྱིས་སྨྲས་པ། ལྷ་གང་གི་འདི་ལྟ་བུའི་ལྟས་མཐོང་བ་དེས་ནི་བུའི་མིག་འཇིག་པར ་མཐོང་བར་འགྱུར་རོ། །ཡང་སྨྲས་པ། གང་གི་སོ་ནི་དེངས་པ་དང། །རྨི་ལམ་ནང་ན་ལྷགས་གྱུར་བ། །བུའི་མིག་ནི་འཇིག་པ་དང། །བརླག་པའི་བུ་ནི་དེས་མཐོང་འགྱུར། །དེ་སྐད་ཐོས་པ་དང། རྒྱལ་པོ་མྱ་ངན་མེད་སྟན་ལས་མྱུར་བར་ལངས་ཏེ། ཕྱོགས ་བཞིར་ལྷ་རྣམས་ལ་གསོལ་བ་འདེབས་པ་ལ་ཞུགས་པར་གྱུར་ཏོ། །སྨྲས་པ། སངས་རྒྱས་ཆོས་དང་ཚོགས་ཀྱིས་གཙོར་གྱུར་པའི། དགེ་འདུན་མངོན་དང་ལྷ་ནི་གང་ཡིན་དང། གང་ཡང་འཇིག་རྟེན་དྲང་སྲོང་དཀའ་ཐུབ་མཆོག་།བདག་གི ་བུ་སྡུག་ཕོངས་ལས་བསྲུང་བར་མཛོད། །ཡི་གེ་དེ་ཡང་རིམ་གྱིས་རྡོ་འཇོག་ཏུ་ཕྱིན་ཏོ། །དེ་ནས་རྡོ་འཇོག་པའི་གྲོང་ཁྱེར་པ་དེ་རྣམས་ཀྱིས་ཡི་གེ་དེ་མཐོང་ནས་ཀུན་ལའི་ཡོན་ཏན་རྒྱ་ཆེན་པོས་ཡོངས་སུ་མགུ་བས་མི་དགའ་བས་དེ་བརྡའ་སྤྲོད་པར་མ་ནུས་ཏེ། ་ཡུན་རིང་པོར་རྣམ་པར་དཔྱད་ནས་རྒྱལ་པོ་གཏུམ་པོ་དང་ཚུལ་ངན་པ་བུ་ལ་ཡང་བཟོད་པར་མི་བྱེད་ན། བདག་ཅག་རྣམས་ལ་བཟོད་པར་ལྟ་ག་ལ་བྱེད། ཡང་སྨྲས་པ། ཐུབ་པའི་ངང་ཚུལ་ཅན་དུལ་བ། འབྱུང་པོ་ཀུན་ལ་ཕན་འདོད་པའི། །ཀུན་ལ་འང་སྡང ་བྱེད་ན། །བདག་ཅག་རྣམས་ལ་ཅིས་མི་འབྱུང་ཅི་ཙམ་ན་གྲོང་ཁྱེར་པའི་སྐྱེ་བོ་དེ་རྣམས་ཀྱིས་ཡི་གེ་གཞོན་ནུ་ལ་བསྟན་ཏོ། །དེ་ནས་གཞོན་ནུས་ཕའི་ཡི་གེ་སྤྱི་བོས་བླངས་ཏེ། ཡི་གེ་པ་ཁྱོད་རྣམས་ཀྱིས་རྒྱལ་པོས་འདིར་ཅི་ཞིག་བྲིས་པ་ཡི་གེ ་ཀློགས་ཤིག་།རྒྱལ་པོ་མྱ་ངན་མེད་རང་ཉིད་ཀྱིས་བྲིས་སོ་ཞེས་བྱ་བའི་བར་དུའོ། །དེ་ནས་ཡི་གེ་ཀླགས་པ་དང། མིག་མཆི་མ་དང་བཅས་པར་གྱུར་ཅིང་ཀུན་ཏུ་རྨོངས་པར་གྱུར་པས་ལག་པ་ལས་ཡི་གེ་ལྟུང་བར་གྱུར་ཏོ། །ཡི་གེ་པ་གཉིས་པས ་བླངས་པ་དང། དེ་ཡང་ཀུན་ཏུ་རྨོངས་པར་གྱུར་ནས་དེ་བཞིན་དུ་ལག་པ་ལས་ལྟུང་བར་གྱུར་ཏོ། །དེ་བཞིན་དུ་ཡི་གེ་པ་མང་པོ་བླངས་ཏེ། ཡི་གེའི་དོན་ཐོས་པ་དང། ཀུ་ན་ལའི་ཡོན་ཏན་ཡོངས་སུ་དྲན་པས་ཀྱི་ཧུད་འདི་ཅི་ཞིག་ཡིན་ཞེས་རྣམ་པར ་སེམས་ཤིང་ཡི་གེ་ལྟུང་བར་གྱུར་ཏོ། །དེ་ནས་གཞོན་ནུས་དེ་རྣམས་ཀྱི་སྦྱོར་བ་དེ་མཐོང་ནས་སྨྲས་པ། རི་དགས་གཞོན་ནུའི་མིག་འདྲ་ཞིང། །བཞིན་ནི་པདྨའི་མདབ་འདྲ་བ། །པདྨ་ཞེས་བྱ་སྙན་སྨྲ་བའི། །ང་ཡི་མ་དུས་མ་བྱས་སམ། །ལྷའི་མཐོང་ན་དགའ་ ་བ་ཡི། །རྒྱལ་སྲུངས་མ་ཞེས་བྱ་བ་དེ། །གང་ཞིག་མྱ་ངན་ནད་ཀྱིས་ནི། །དེ་ནི་དུས་བྱས་མ་གྱུར་ཏམ། །མིག་བཟང་འཇིག་རྟེན་གྲགས་པས་གསལ་བར་ནི། །གྲོང་ཁྱེར་མཆོག་གི་བདེ་འབྱོར་མཐོང་ནས་ནི། །ཇི་ལྟར་མཆི་མས་མིག་ཁེབས་འཁྲུགས་པ་དང། །སྐྱེ ་བོའི་དུ་སྒྲ་འདྲ་བ་འདི་ཅི་ཡིན། །དེ་བས་ན་རེ་ཞིག་ཡི་གེ་ཁྱེར་ལ་ཤོག་དང། འདིར་ཅི་ཞིག་བྲིས་པ་ང་ཉིད་ཀྱིས་བཀླག་པར་བྱའོ་ཞེས་གཞོན་ནུ་རང་ཉིད་ཡི་གེ་ཀློག་པ་ལ་ཞུགས་པར་གྱུར་པ་དང། རྒྱལ་པོ་ཨ་ཤོ་ཀ་རང་ཉིད་ཀྱིས་བྲིས་སོ་ཞེས་བྱ་བའི་བར་དུ་རྒྱས ་པར་རོ། །དེ་ནས་གཞོན་ནུས་ཡི་གེ་ཀླགས་ནས་གནས་བརྟན་གྲགས་པས་སྨྲས་པ་མངོན་དུ་གྱུར་པར་བྱས་ཏེ། གནས་བརྟན་གྲགས་པས་མིག་ནི་མི་རྟག་པའོ་ཞེས་བྱ་བ་ནི་ལེགས་པར་གསུངས་སོ། །དེ་ནས་གཞོན་ནུས་སྨྲས་པ། ཁྱེད་རྣམས་ལས་འགའ་ཞིག ་གིས་བག་ཕེབས་པ་ཉིད་ཀྱིས་ངའི་མིག་འབྱིན་པར་སྤྲོའམ། དེ་ནི་བྱ་དགོས་སོ། །དེ་རྣམས་ལས་འགའ་ཡང་སྤྲོ་བར་མ་གྱུར་ཏོ། །ཇི་ཙམ་ན་རིགས་ངན་རྣམས་བཀུག་ནས་ཀུ་ན་ལས་མིག་ཕྱུང་ཞིག་ཅེས་སྨྲས་པ་དང། དེ་རྣམས་ཀྱིས་ཐལ་མོ་སྦྱར་ཏེ་སྨྲས་པ ་དང། བདག་ཅག་རྣམས་ཀྱིས་རྡོ་མི་ཐོགས་ཏེ། ཅིའི་ཕྱིར་ཞེ་ན། གང་ཞིག་ཟླ་བའི་མདངས་ལྡན་པ། །བཞིན་ལས་འབྱིན་པར་བྱེད་པའི་མི། །དེ་ནི་ཟླ་འདྲའི་ཞལ་ནས་ནི། །ཁྱེད་ཀྱི་སྤྱན་ནི་འབྱིན་པར་བགྱིད། །དེ་ནས་གཞོན་ནུས་རྡོ་འཇོག་པའི་གྲོང་ཁྱེར་པ་རྣམས་ལ ་གང་བསོད་ནམས་འདོད་པ་དེ་ཆོས་ཀྱི་རྒྱལ་པོ་ཅན་དུ་ཤོག་ཅིག་ཅེས་དྲིལ་བསྒྲགས་སོ། །ཇི་ཙམ་ན་ཆོས་ཀྱི་རྒྱལ་པོ་ཅན་དུ་མར་མེའི་ཕྲེང་བ་བྱས་ནས། ཉི་མ་གཉིས་པ་ལ་དགེ་སློང་རྣམས་བཟའ་བ་དང་བཅའ་བས་བསྙེན་བཀུར་བྱ་བ་དང། མེ་ཏོག་གི ་གདུགས་བཏགས་པ་བྱས་སོ། །དེ་ལྟར་བྱས་ནས་ཆོས་ཀྱི་རྒྱལ་པོ་ཅན་ནས་བྱུང་སྟེ། སྐྱེ་བོའི་ཚོགས་ཆེན་པོས་བསྐོར་ནས་རྡོ་ལེབ་གཞན་པ་གང་ན་བ་དེར་སོང་སྟེ་ཕྱིན་པ་ན། དེར་འདུག་ཏེ་གསེར་གྱི་སྤྲོ་མ་བླངས་ནས་སྨྲས་པ། གང་ཞིག་སྤྲོ་བ་དེས ་གསེར་གྱི་སྒྲོམ་འདི་ལོང་ལ་ངའི་མིག་ཕྱུང་ཤིག་ཅེས་སྨྲས་ཀྱང་ཐམས་ཅད་དུ་འགའ་ཡང་སྤྲོ་བར་མ་གྱུར་ཏོ། །ཇི་ཙམ་ན་རྒྱལ་པོ་མྱ་ངན་མེད་ཀྱི་རྨི་ལམ་དུ་སྐྱེས་བུ་སྤྱི་གཅེར་མིག་སེར་བ་གཉིས་ཀྱིས། གཞོན་ནུའི་མིག་འབྱིན ་པར་བྱེད་པར་མཐོང་བ་ཅི་འདྲ་བ་དེ་ལྟ་བུ་ཉིད་རིང་པོ་ཁོ་ན་ནས་འོང་བ་གཞོན་ནུ་མཐོང་ནས་སྨྲས་པ། ཀྱེ་གྲོང་ཁྱེར་པ་རྣམས་སྐྱེས་བུ་འོང་བ་འདི་དག་གིས་ངའི་མིག་འབྱུང་བར་བྱའོ། །གཞོན་ནུས་སྐྱེས་བུ་དེ་གཉིས་ལ་བོས་ཏེ་དྲིས་པ། ཁྱེད་ཀྱིས ་ངའི་མིག་འབྱིན་པར་སྤྲོའམ། སྐྱེས་བུ་གཉིས་ཀྱིས་སྨྲས་པ། གལ་ཏེ་ཁྱེད་དགའ་ན་མགོ་བ་ཡང་དྲགས་པར་ནུས་ན། ཆུའི་ཆུ་བུར་ལྟ་བུའི་མིག་གཉིས་ལྟ་སྨོས་ཀྱང་ཅི་དགོས། དེ་ནས་གཞོན་ནུ་སྟན་ལས་ལངས་ཏེ། ཐལ་མོ་སྦྱར་བ་བྱས་ནས ་ཐམས་ཅད་དང། ལྡན་པའི་འཁོར་རྣམས་ལ་བཟོད་པ་ལ་གསོལ་བ་ལ་ཞུགས་པར་གྱུར་ཏོ། །བདག་ནི་བྱིས་པར་གྱུར་པས་གང་བྱས་དང། །དབང་ཆེས་གྱུར་པའམ་འོན་ཏེ་མི་རིགས་བྱས། །དེ་ནི་དཔལ་ཉམས་ཤིང་སྡུག་བསྔལ་བ། །བདག ་ལ་བརྩེ་བས་བཟོད་པར་བྱ་བའི་རིགས། །གཞན་ཡང། གཟུགས་རྣམས་མཐོང་བར་གྱུར་ཀྱང་འདི། །ཐ་མ་དག་ཏུ་གྱུར་པ་ཡི། །གཞོན་ནུ་ཀུ་ན་ལ་ལ་ནི། །གནོད་བྱས་གང་ཡིན་བཟོད་པར་གྱིས། །དེའི་ཚེ་གཞོན་ནུས་གནས་བརྟན་གྱི་ཚིག ་མངོན་སུམ་དུ་བྱས་ནས། དེ་རྗེས་སུ་དྲན་བཞིན་དུ་སྨྲས་པ། རྒྱུད་པ་འདི་ནི་མཁྱེན་ནས་སུ། །མིག་གི་བདག་ཉིད་ཀུ་ན་ལ། །མི་རྟག་ཡང་དག་ལྟོས་ཤིག་ཅེས། །དེ་ཉིད་སྨྲ་བ་དེ་ཡིས་གསུངས། །དེ་ནི་བདག་གི་དགེ་བའི་བཤེས། །འདོད་དོན་ཕན ་པར་བཞེད་པ་ཡིན། །གང་ཞིག་ཆོས་འདི་སྟོན་པ་ནི། །ཕོངས་ལ་བརྟེན་པར་བྱེད་པ་ཡིན། །མི་རྟག་འགྱུར་བས་དེ་ནི་རྟག་མིན་པར། །བླ་མས་བསྟན་པས་ཁྱེད་ཀྱིས་ཡིད་ལ་གྱིས། །དངོས་པོ་འདི་དག་རང་བཞིན་གཡོ་བས་ན། །དེང་ཁྱོད་གནོད ་པ་ལ་ནི་ང་མི་འཇིགས། །ཇི་ལྟར་ས་བདག་བཞེད་པ་ལྟར། །ཁྱེད་ཀྱིས་མིག་ནི་དབྱུང་བར་གྱིས། །མི་རྟག་སོགས་ཀྱིས་ཟག་མེད་པའི། །སྙིང་པོའི་མིག་ནི་ང་ལེན་ཏོ། །དེ་ནས་ཀུན་ལས་སྐྱེས་བུ་དེ་ལ་སྨྲས་པ། ཀྱེ་སྐྱེས་བུ་དེ་ན་རེ་ཧུ?་ཞིག་ངའི་མིག་གཅིག་ཕྱུང་ལ་ངའི ་ལག་ཏུ་བྱིན་ཅིག་།ཇི་ཙམ་ན་སྐྱེས་བུ་དེས་ཀུན་ལའི་མིག་འབྱིན་པར་བརྩམས་སོ། །དེ་ནས་སྲོག་ཆགས་བརྒྱ་སྟོང་ཚེ་ངེས་འདེབས་པ་ལ་ཞུགས་ཏེ། ཀྱི་ཧུད་སྡུག་བསྔལ་ལོ། །དྲི་མེད་ཟེར་ལྡན་ཟླ་བ་འདི། །ནམ་མཁའ་ལས་ནི་ལྷུང་བར་གྱུར། །པདྨ་དཀར་པོའི་ནགས་ལས ་ཀྱང། །དཔལ་གྱི་པདྨ་འབྱིན་པར་བྱེད། །དེ་ནས་སྲོག་ཆགས་བརྒྱ་སྟོང་དུ་བཞིན་དུ་དེས་ཀུ་ན་ལའི་མིག་གཅིག་ཕྱུང་སྟེ་ལག་ཏུ་བྱིན་ནོ། །དེ་ནས་གཞོན་ནུས་མིག་ཏེ་བླངས་ཏེ། ཡོངས་སུ་བསྒོ་བས་སྨྲས་པ། འབྱུང་བ་ཆེན་པོའི་མཐུ་དང་ནི། །ལས་ཀྱི་རྒྱུ་ལས ་འདི་བྱུང་སྟེ། །སྲོག་མེད་འཚོ་བ་མེད་སྟོངས་པ། །མི་ཡི་སྲོག་གིས་རྣམ་སྤངས་པའོ། །ཇི་ལྟར་སྔོན་ཆད་ཤའི་གོང་བུ་ཁྱོད། །བྱེད་བཞིན་དེ་ནི་གཟུགས་ལ་ཅིས་མི་ལྟ། །མི་མཁས་ཁྱོད་ལ་བདག་ཏུ་གནས་བྱེད་པ། །དེ་བསླུས་དེས་ན་སྨད་པར་བྱ་བ་ཡིན། །དབུ ་བ་འདྲ་ཞིང་ཆུ་བུར་དག་དང་མཚུངས། །ཤིན་ཏུ་ཉམས་ཆུང་གནོད་བྱེད་རང་དབང་མེད། །དེ་ལྟར་མཐོང་བ་རྟག་ཏུ་དྲེགས་མེད་ཅིང། །དེ་ལྟར་སླར་ཡང་སྡུག་བསྔལ་མཐོང་མི་འགྱུར། །དེ་ལྟར་རྣམ་པར་བསམས་པ་དང། །དེས་དངོས་པོ་ཐམས་ཅད་ལ་མི་རྟག་པ་ཉིད ་དུ་མཐོང་ཞིང་རྒྱུན་ཏུ་ཞུགས་པའི་འབྲས་བུ་ཐོབ་པར་གྱུར་པར་སྐྱེ་བོའི་ཚོགས་རྣམས་ཀྱིས་ཀྱང་ཤེས་སོ། །དེ་ནས་གཞོན་ནུས་བདེན་པ་མཐོང་བ་དང། སྐྱེས་བུ་དེ་ལ་སྨྲས་པ། བག་ཕེབས་པས་ཇི་ལྟར་མངོན་པར་འདོད་པར་མིག་གཉིས་པ་ཡང་ཕྱུང་ཤིག་།ཇི་ཙམ ་ན་སྐྱེས་བུ་དེས་མིག་གཉིས་པ་ཡང་བྱུང་ནས་ཀུ་ན་ལའི་ལག་ཏུ་བྱིན་ནོ། །དེ་ནས་ཀུ་ན་ལའི་ཤའི་མིག་ཕྱུང་བ་དང། ཆོས་ཀྱི་མིག་རྣམ་པར་དག་པས་སྨྲས་པ། ང་ཡི་ཤཱི་མིག་ཕྱུང་ཡང། །འོན་ཀྱང་ཤིན་ཏུ་རྙེད་དཀའ་འདི། །ཤེས་རབ་མིག་ནི་རྣམ་དག་པ། །མ་སྨད་པ་ནི་ང ་ཡིས་ཐོབ། །རྒྱལ་པོས་རང་གི་བུ་ཡིས་ནི། །བཏགས་པ་སྤངས་པར་གྱུར་ཀྱང་ནི། །ཆོས་ཀྱི་རྒྱལ་པོའི་སྲས་གྱུར་པ། །བདག་ཉིད་ཆེན་པོ་ཐོབ་པར་གྱུར། །དབང་ཕྱུག་ལས་ནི་ཉམས་གྱུར་ཀྱང། །མྱ་ངན་སྡུག་བསྔལ་རྣམས་སྤངས་པས། །སྡུག ་བསྔལ་མྱ་ངན་རྣམ་འཇིག་པའི། །ཆོས་ཀྱི་དབང་ཕྱུག་ཐོབ་པར་གྱུར། །དེ་ནས་ཀུན་ལའི་མིག་ཕྱུང་བ་མཐོང་བ་དང། སྐྱེ་བོའི་ཚོགས་ཆེན་པོས་མགྲིན་གཅིག་ཏུ་སྨྲེ་སྔགས་འདོན་ཅིང་ལ་ལ་ནི་གོས་དང་རྒྱན་རྣམས་གཅོད་པར་བྱེད། ལ་ལ་ནི་ས་ལ་འགྲེ་ཞིང ་སྡོག་པར་བྱེད། ལ་ལ་ནི་དབྱུག་པ་དང་གཏུན་ཤིང་ལག་ན་ཐོགས་ཏེ་སྐྱེས་བུ་གཉིས་པོ་དེ་བརླག་པའི་ཕྱིར་བརྩོན་པར་བྱེད། གཞན་དག་ནི་རྒྱལ་པོ་ལ་ཡོངས་སུ་སྨོད་པར་བྱེད་དེ། ཀྱེ་མའོ་རྒྱལ་པོ་ཁྲོ་བོའི་སྟོབས་ཅན། ཀྱེ་མའོ་རྒྱལ་པོ་ཤེས་རབ་གཞན ་པ། ཀྱེ་མའོ་རྒྱལ་པོ་དབང་ཕྱུག་གི་དྲེགས་པ་གང་ན་བུ་གཅིག་པར་གྱུར་པ་ལ་ཡང་གནས་སྐབས་འདི་ལྟ་བུར་བྱེད་ཅེས་དེ་ལྟ་བུའི་ཚུལ་རྣམ་པ་མང་པོར་སྨྲ་བཞིན་དུ། གྲོང་ཁྱེར་དུ་ཞུགས་པར་གྱུར་ཏོ། །ཅི་ཙམ་ན་ཀུ་ན་ལས་འདི་ནི་རྒྱལ་པོ་མྱ་ངན་མེད་ཀྱི་བཀའ་ ་མ་ཡིན་གྱི། གཞན་དུ་ན་སྦྱོར་བ་འདི་ནི་རྒྱལ་སྲུངས་མའི་ཡིན་ནོ་ཞེས་ཐོས་སོ། །ཐོས་ནས་ཡང་སྨྲས་པ། གང་གིས་སྦྱོར་བ་འདི་ནི་བཀུར་བ་ཡིས། །གང་ཞིག་གི་མྱོང་ནས་རང་དོན་བྱས་གྱུར་པའི། །རྒྱལ་ཞེས་བྱ་བ་ཡུན་རིང་བདེར་གྱུར་ཅེས། །ལྷ་མོའི་ཚེ་དང ་སྟོབས་ནི་བསྐྱངས་པར་ཤོག་།དེ་ནས་གསེར་ཕྲེང་ཅན་མས་ཀུ་ན་ལའི་མིག་ཕྱུང་ངོ་ཞེས་ཐོས་སོ། །ཐོས་ནས་ཀྱང་ཁྱོ་ལ་བརྩེ་བས་ཀུ་ན་ལའི་ཐད་དུ་སོང་སྟེ། འཁོར་རྣམས་བསལ་ནས། ཀུ་ན་ལའི་མིག་ཕྱུང་བ་ལུས་ལ་ཁྲག་གིས་གང་བ་མཐོང་བ་དང། ་བརྒྱལ་ཏེ་ས་ལ་འགྱེལ་བར་གྱུར་ཏོ། །དེ་ཅི་ཙམ་ན་ཆུས་གཏོར་ཏེ་བསླང་ངོ། །དེ་ནས་ཇི་ཞིག་ལྟར་འདུ་ཤེས་རྙེད་པ་དང། ང་རོ་དང་བཅས་པར་རབ་ཏུ་དུ་ཞིང་སྨྲས་པ། ཁྱེད་ཀྱི་མིག་ནི་ཡིད་དུ་འོང་བ་གང། །ང་ཡིས་བལྟས་ན་ཤིན་ཏུ་དགའ་གྱུར་པ། །དེ་ནི་ད་ལྟར ་ལྷས་ན་འཇིགས་བསྐྱེད་ཅིང། །སེམས་ཀྱི་མྱ་ངན་མ་ལུས་འབྱིན་པར་བྱེད། །དེ་ནས་ཀུ་ན་ལས་ཆུང་མ་ལ་རྗེས་སུ་བརྩེ་བས་སྨྲས་པ། མྱ་ངན་ལ་བརྟེན་པ་རིགས་པ་མ་ཡིན་གྱིས་དུ་བ་ཐོང། ཅིའི་ཕྱིར་ཞེ་ན། འདི་ནི་རང་གིས་བྱས་པའི་ལས་ཀྱི་འབྲས་བུ་ཉེ་བར་གནས་པ ་ཡིན་ནོ། །འཇིག་རྟེན་འདི་ལས་བདག་ཉིད་ཅན་དུ་ཤེས། །འགྲོ་བ་སྡུག་བསྔལ་དངོས་པོ་དང་ལྡན་པར། །ཤེས་ན་སྡུག་དང་བྲལ་ལ་ཞེན་མི་བྱ། །དེ་བས་སྡུག་པ་མཆི་མ་འབྱིན་མི་རིགས། །གཞན་ཡང་མིག་ཕྱུང་བས་ངས་དེ་ཅི་ཞིག་བྱ། །ཉེ་དུའི་གན་དུ་སོང། ཁྱོད་ཀྱང ་སྡུག་བསྔལ་གྱི་བསྐལ་པ་ཅན་དུ་མ་བྱེད་ཅིག་།གསེར་ཕྲེང་མས་སྨྲས་པ། སྐྱེས་བུ་གང་ཞིག་དཔལ་རྒྱལ་བུད་མེད་ནི། བརྩེ་བས་རྗེས་འཇུག་པ་ལ་ངོ་མཚར་མེད། །གང་ཚེ་དཔལ་ཉམས་པ་ན་རྗེས་འབྲང་བའི། །བུད་མེད་དེ་ནི་མི་ནང་ལྷ་དང ་མཚུངས། །དེ་ནས་ཀུ་ན་ལ་ཆུང་མ་དང་ལྷན་ཅིག་གྲོང་ཁྱེར་ལས་བྱུང་བ་དང། དེ་མངལ་དུ་ཞུགས་པ་ནས་བརྩམས་ཏེ། ཤིན་ཏུ་གཞོན་ཤེ་ཅན་གྱི་ལུས་དང་ལྡན་པས། །ལས་ཅི་ཡང་བྱེད་པར་མི་ནུས་ཀྱི། གཞན་དུ་ན་པི་ཝཾ་དག་བརྡུང་ཞིང་གླུ་དག་ལེན་པར་ནུས ་སོ། །དེ་ནས་དེ་གསེར་ཕྲེང་མའི་ལགས་པ་ལ་འཇུས་ཏེ། གཞོན་ནུ་སྐྱེད་བྱེད་ཕྲག་པར་ཁུར་ནས་འདི་སྐད་ཅེས་སྨྲས་སོ། །བུ་སྡུག་དཔལ་པོའི་རིགས་ལས་སྐྱེས། །ཁྱོད་དང་ང་རབ་སྡུག་བསྔལ་ཏེ། །ཡུ་བུས་མཐར་ནི་སློངས་མོ་ཐོབ། །མི་བཟད་ལས་ནི་སྔོན ་བྱས་ཡིན། །སྒྱུ་མ་ལྟ་བུར་མི་བརྟན་པའི། །དབང་ཕྱུག་ལ་ནི་སུ་ཡིད་སྟོན། །མྱ་ངན་མེད་ཀྱི་བུར་གྱུར་ལ། །གནས་སྐབས་འདི་འདྲ་ཐོབ་པར་གྱུར། །ལས་བྱས་པ་ནི་ཚོགས་པ་དང། །ལྡན་པའི་འབྲས་བུ་འདི་ལྟ་བུ། །ལས་ནི་ལྷན་ཅིག་བྱས་པས་ན། །ལྷན ་ཅིག་ལོངས་ནི་སྤྱད་པར་གྱུར། །དེ་བས་ན་ད་ཅི་ཞིག་བྱ་སྟེ། པ་ཏ་ལི་པུ་ཏྲར་སོང་ལ། རྒྱལ་པོ་མྱ་ངན་མེད་པ་ལ་གསོལ་བ་གདབ་པར་བྱའོ། །འཛམ་གླིང་དབང་ཕྱུག་མངའ་བདག་དེ། །ང་ཡི་དགའ་བ་བྱེད་པའི་ཕ། །དེ་ནི་སྦྱིན་པའི་གནས་ཡིན་ཞིང།། ་ང་ལ་རྟག་ཏུ་རྗེས་བརྩེ་ཡིན། །དེ་ནས་ཀུན་ལའི་པི་ཝཾ་བརྡུང་ཞིང་གླུ་ལེན་པ་དང། གཞན་གྱི་ཁྱིམ་རྣམས་སུ་ཚུལ་འདིས་འཚོ་བ་སྒྲུབ་ཅིང་ཆས་སོ། །བསྙེན་བཀུར་ཆེན་པོ་ལས་ཉམས་ཤིང། །འོང་བ་སྐལ་སྨན་སེམས་ཅན་ནི། །སློངས ་མོས་རྒྱུ་བར་བྱེད་པ་ལ། །ཆོས་ལྡན་སྐྱེས་བུ་སུ་ཞིག་སྟེར། །ཕ་དང་མ་སྤངས་ལོངས་སྤྱོད་དང། །ཟས་དང་མལ་ཆ་ཁྱིམ་མེད་པ། །ཉམ་དར་རབ་ཞུགས་ལོང་བ་ལ། །སློང་མོ་མ་ཡིས་སྟེར་བར་མཛོད། །ལོངས་སྤྱོད་གློག་འགྱུ་བ་དང་འདྲ་ཞིང། །ཟིལ་པའི་ཆུ ་ཐིགས་འདྲ་བ་ལས། །འགྲོ་བཀྲེན་སྙེན་ཚིག་སྦྱིན་པ་ཡིས། །སྙིང་པོ་མྱུར་དུ་ལེན་པར་གྱིས། །དབུལ་པོ་སྐྲ་ནི་བརྫེས་གྱུར་ཅིང། །འཇིག་རྟེན་ཀུན་གྱིས་བརྙད་པ་དང། །དཔལ་ཉམས་ཁྱིམ་ཁྱིམ་སློང་མོས་རྒྱུ། །ང་ལ་མ་ཡིས་སློང་མོ་བྱིན། །དེ་ནས ་ཀུན་ལས་སློང་མོ་རྙེད་པ་རྣམས་ཆུང་མ་དང་ལྷན་ཅིག་ཡོངས་སུ་ལོངས་སྤྱོད་པར་གྱུར་ཏོ། །གསེར་ཕྲེང་མ་ཡང་ལམ་གང་ནས་པ་ཏ་ལི་པུ་ཏྲ་ནས་འོངས་བའི་ལམ་དེ་ཉིད་ནས་རྗེས་སུ་འབྲེང་བར་འགྲོའོ། །དེ་སོང་བ་དང་ཆོས་ཀྱི་འཁོར་ལོའི་གནས་སུ་ཕྱིན་ཏོ།། ་དེ་ནས་ཀུན་ལས་གསེར་ཕྲེང་མ་ལ་དྲིས་བ། བཟང་མོ་གང་ཡུ་བུས་ཕྱིན་པའི་གྲོང་ཁྱེར་འདི་གང་ཞིག་ཡིན། བཙུན་མོས་མཐོང་བ་དང། བརྒྱལ་ཏེ་ས་ལ་འགྱེལ་ཏོ། །སྐད་ཅིག་ཙམ་ན་འདུ་ཤེས་རྙེད་དེ་སྨྲས་པ། གང་ཚེ་དཔལ་དང་ལྡན་པར་འགྲོ་བ ་ན། །སྐྱེ་བོ་བྱེད་པ་གནས་འདིར་ལྷགས་པར་ལྷགས། ཁྱེད་མིག་བྲལ་ནས་དེ་ནི་འདིར་འོངས་པས། །འདུ་བྱེད་གཡོ་བ་དེ་ནི་ཅིར་མི་རུང། །ཇི་ཙམ་ན་རིམ་གྱིས་པ་ཏ་ལ་བུ་ཏྲར་ཕྱིན་ཏོ། །དེ་ནས་སྐྱེད་མོས་ཚལ་ཡིད་འཕྲོག་པ་ཞེས་བྱ་བ་རྒྱལ་པོ ་མྱ་ངན་མེད་ཀྱིས་རང་གི་བུ་ཀུན་ལའི་དོན་དུ་བྱས་པ་ཞིག་ཡོད་པ་དེར་ཞུགས་པར་བརྩམས་ཏེ་ཞུགས་པ་དང། ཇི་ཙམ་ན་སྐྱེད་མོས་ཚལ་སྲུང་བས་མཐོང་ནས་སྨྲས་པ། ལོང་བ་བཀྲ་མི་ཤིས་ཤིང་མི་བསྔགས་པ་འདི་སུ་ཞིག་ཡིན་ནས། ་སྐྱེད་མོས་ཚལ་འདིར་ཞུགས། ཀྱེ་མའོ་ལོང་བ་འཛམྦུའི་གླིང་གི་དབང་ཕྱུག་གི་རྒྱལ་པོ་མྱ་ངན་མེད་པའི་བུ་ཀུ་ན་ལ་ཞེས་བྱ་བའི་དོན་དུ་སྐྱེད་མོ་ཚལ་འདི་སྲུང་བ་ཁྱེད་ཀྱིས་མི་ཤེས་སམ། གསེར་ཕྲེང་མས་སྨྲས་པ། ཀྱི་ཧུད་སྡུག་བསྔལ་ལོ། །སྐྱེད་མོས ་ཚལ་ནི་ནགས་རྒྱས་པར། །ང་ཡི་བུ་འདི་དགའ་འགྱུར་ཞེས། །བུ་ལ་བརྩེ་བས་ས་བདག་གིས། །གང་གི་དོན་དུ་བྱས་གྱུར་པ། །བདག་ཅག་གནས་པའི་དོན་དུ་དེར། །འཚོ་བ་ཞན་པས་ཕྱིན་གྱུར་ན། །སྐལ་བ་དམན་པས་མ་ཤེས་ནས། །དེ་ལས་ད་ལྟར ་སྒྲོད་པར་གྱུར། །གང་དུ་གཞོན་ནུ་གླུའི་སྒྲ་སྙན་ཅིང་ཡིད་དུ་འོང་བ་དང། བཻ་ཌཱུརྱའི་རྐང་རྟེན་དང་ལྡན་པའི་མལ་ཁྲི་ལ་ཉལ་ནས་རྩེ་ཞིང་རོལ་བའི་གནས་པས་དགའ་བའི་གནས་གང་ཡིན་པ་དེར་བགྲོད་པ་ཙམ་ཡང་ཐོབ་པར་མ་གྱུར་ཏོ། །དེ་ནས་ཀུ་ན་ལས་དེ ་ཡིད?་བསྲིང་བར་བྱ་བའི་ཕྱིར་སྨྲས་པ། བདེ་བར་གཤེགས་པས་རྒྱལ་སྲིད་དཔལ་དག་ནི། སྒྱུ་མ་རྨི་ལམ་སྨིག་རྒྱུ་འདྲ་བར་གསུངས། །ཕུན་ཚོགས་རྒུད་པ་དེ་ལ་རིམ་བྱུང་ན། །མཁས་པ་སུ་ཞིག་རྒྱལ་སྲིད་བདེ་བ་འདོད། །དེ་ནས་གཞོན་ནུ་སླར་ལོགས ་ནས། པ་ཏ་ལི་པུ་ཏྲར་འཇུག་པར་བྱའོ་ཞེས་ངེས་པར་བསམས་ནས་དེར་ཕྱིན་པ་དང་སྒོར་གསེར་ཕྲེང་མ་དུ་བ་ལ་ཞུགས་པར་གྱུར་ཏོ། །ཀུ་ན་ལས་སྨྲས་པ། འདི་ཅི་ཞིག་ཡིན། དེས་སྨྲས་པ། གང་ལས་སྔོན་ནི་བྱུང་བ་ན། །གང་གིས་གྲོང་ཁྱེར་བརྒྱན ་གྱུར་པའི། །ད་ནི་དེ་ལ་དེ་མེད་དེ། །ཕྲེང་བ་སྐམས་པ་དོར་བར་འགྱུར། །ཇི་ཙམ་ན་རིམ་གྱིས་པའི་གླང་པོ་ཆེའི་བྲེས་སུ་མཚན་མོ་གནས་བཅས་པར་གྱུར་ཏོ། །དེ་ནས་རྒྱལ་པོ་མྱ་ངན་མེད་དེའི་མཚན་མོ་ཁང་བཟངས་ཀྱི་སྟེང་ན་ཉལ་བ་དང། མཚན ་ཕྱེད་ཀྱི་དུས་འདས་པ་ན་སད་པ་དང། དེ་གཞོན་ནུ་ཡིད་ལ་བྱེད་པ་ལ་ཞུགས་ཏེ། ངའི་བུ་བདེན་པའི་ཚིག་ཅན་དེ་ཅིར་གྱུར་ཞིག་གུ་།རྒྱལ་སྲུངས་མས་སྨྲས་པ། གཞོན་ནུ་བདེ་བར་གནས་ལགས་ཀྱིས། རྒྱལ་པོས་སྨྲས་པ། ངའི་བུ་ཡི་ཕོ་ཉ་མེད། ་འཕྲིན་མེད་ཡི་གེའང་ཡོད་མིན་ན། །དེ་ཡིས་ང་ནི་བརྗེད་གྱུར་ཏམ། །འོན་ཏེ་ང་ལ་སྔོ་བར་གྱུར། །དེ་ནས་གླང་པོ་ཆེའི་རྫི་བོ་དེས་སྨྲས་པ། ཀྱེ་གླུ་མཁན་ལོངས་ཤིག་།རེ་ཞིག་པི་ཝང་སྤྲེངས་ལ་གླུ་ལོངས་ཤིག་།ཁོ་བོས་མཉན་པར་བྱའོ། །དེ ་ནས་ཀུན་ལ་ལངས་ནས་པི་ཝང་ལེན་པ་ཞུགས་ཏེ། དེ་ཇི་ལྟར་མིག་ཕྱུང་བས་བདེན་པ་མཐོང་བར་ཡང་བྱས་ནས། སློངས་མོ་པའི་ཚུལ་གྱིས་པ་ཏ་ལི་པུ་ཏྲར་ཕྱིན་པ་དང། རིགས་ལས་བྱུང་བའི་གླུ་ལེན་པར་བརྩམས་སོ། །མི་གང་མིག་དང་བྲལ་བར ་གྱུར་པ་དེ་ལ་སྲོག་གི་དགོས་པ་ཅི་ཞིག་ཡོད། །གཉེན་གྱི་སྐྱེ་བོས་སྤངས་ཤིང་ཁྲོས་པའི་བཞིན་རས་དག་ལྟ་བྱེད་པ་ན། །ཆུ་ཤིང་བཤིག་ལྟར་སྙིང་པོ་མེད་པའི་འདུས་བྱས་དག་ལ་མཁས་པ་སུ་མི་སྐྱོ། །གང་གིས་ང་ནི་རིན་ཆེན་རང་བཞིན་ཤིང་ལྟར་འབད ་པས་རྣམ་པར་གསོས་གྱུར་ཅིང། །བུའི་སྲེད་པ་ཀུན་ལ་ཞེ་མིང་བཏགས་བྱ་དང་མིག་ན་འདྲར་གྱུར་པ། །མི་ཡི་བདག་པོའི་བུ་རུ་གྱུར་ཀྱང་བཀྲེན་པའི་ཚུལ་དུ་ང་ནི་སྤྱོད་པར་བྱེད། །གཞན་ཡང་སྐྱེ་མཆེད་རྣམས་ཀྱི་ངོ་བོ་ཉིད། །མིག་སོགས་ཡེ་ཤེས་སྒྲོན་མ་ནི།། ་དག་པའི་ཤེས་རབ་ཀྱིས་མཐོང་གང། །དེ་ནི་སྐྱེ་བོ་རྣམས་ལས་གྲོལ། །གལ་ཏེ་ཁྱོད་ནི་སྲིད་པའི་སྡུག་བསྔལ་རྣམས་ཀྱིས་གཟིར། །སྲིད་པའི་ཉེས་པ་རྣམ་པར་ངེས་བྱས་བློ་རུ་བྱ། །གལ་ཏེ་འདི་ན་བརྟན་པའི་བདེ་བ་འདོད་གྱུར་ན། །སྐྱེ་མཆེད་ཉིད་ལ་བརྟེན་པ་ཉིད ་དུ་གསོལ་བ་ཐོབ། །དེའི་གླུའི་སྒྲ་དེ་རྒྱལ་པོ་མྱ་ངན་མེད་ཀྱིས་ཐོས་སོ། །ཐོས་ནས་ཀྱང་དགའ་བཞིན་དུ་སྨྲས་པ། །གླུ་ནི་ཀུ་ན་ལའི་དང་རབ་ཏུ་འང་ལྡན་གྱུར་ཅིང། །ཡུན་རིང་ཞིག་ན་པི་ཝང་སྒྲ་ཡང་ཐོས་གྱུར་ན། །ཅི་ག་འདི་རུ་ཀུ་ན་ལ་ནི་འོང་གྱུར་ཏམ། །མ་འོངས་པར ་ནི་བདག་ནི་མཐོང་བར་དགའ་བར་གྱུར། །དེ་ནས་རྒྱལ་པོ་མྱ་ངན་མེད་ཀྱིས་ཉུང་རུམ་གྱིས་སྐྱེས་བུ་ཞིག་ལ་སྨྲས་པ། ཀྱེ་སྐྱེས་བུ་ཅིག་གླུའི་སྒྲ་འདི་ནི། །ཀུ་ན་ལ་དང་རབ་འདྲ་བས། །བརྟན་དང་ཞུམ་པ་མི་མཐུན་པར། །སྟོན་པ་ལྟ་བུར་ཤེས་པར་གྱུར། །དེ་བས་འདིར ་ནི་སྒྲ་འདི་ཡི། །བརྟན་ལས་ཤིན་ཏུ་གཡོས་གྱུར་ཏེ། །སེང་གེ་ཉིད་ཀྱི་སྒྲ་ཡིས་ནི། །གླང་པོ་རབ་ཏུ་སྐྲག་ལྟར་གྱུར། །དེ་ནས་ཉུང་རུམ་གླང་པོ་ཆེའི་བྲེས་སུ་སོང་བ་དང། ཀུ་ན་ལ་མིག་ཕྱུང་བ་རླུང་དང་ཚ་བས་ལུས་ཚིག་པ་དེ་མཐོང་བ་དང་ངོ་མ་ཤེས་སོ། །དེ་ནས་གླང་པོ ་ཆེ་སྐྱོང་བ་ལ་སྨྲས་པ། འདི་སུ་ཞིག་ཡིན། གླང་པོ་ཆེའི་རྫི་བོས་སྨྲས་པ། འདི་ནི་ལོང་བ་མིག་མེད་པ་ཞིག་གོ་།དེ་སོང་ནས་རྒྱལ་པོ་ལ་གསོལ་པ། ལྷ་ལོང་བ་ཞིག་པི་ཝང་ཐོགས་ཏེ་ཆུང་མ་དང་ལྡན་ཅིག་ལྷའི་གླང་པོ་ཆེའི་བྲེས་ནས་མཆིས་སོ། །དེ་ཐོས་ནས ་རྒྱལ་པོས་བསམས་པ། ཇི་ལྟར་ངས་རྨི་ལམ་མི་དགེ་བ་མཐོང་བ་ལས་ན། །གཞོན་ནུའི་མིག་ངེས་པར་ཉམས་པར་གྱུར་ཏོ་སྙམ་མོ། །ཡང་སྨྲས་པ། ང་ཡིས་སྔོན་ནི་རྨི་ལམ་དུ། །མཚན་མ་ཇི་ལྟར་མཐོང་བ་ལས། །ཐེ་ཚོམ་མེད་པར་ཀུན་ལའི། །མིག་ནི་བརླག ་པ་ཉིད་དུ་ངེས། །དེ་ནས་རྒྱལ་པོ་རབ་ཏུ་ངུ་ཞིང་སྨྲས་པ། །བུ་ཡི་སྡུག་བསྔལ་དོག་པ་ཡིས། །ང་ཡི་སེམས་ནི་ཞིར་མ་གྱུར། དེ་ནི་ང་ཡི་ཐད་ཉིད་དུ། །མྱུར་བ་ཁོ་ནར་ཁྱེད་ལ་ཤོག་།ཇི་སྲིད་ན་སྐྱེས་བུ་དེ་ཡང་གླང་པོ་ཆེའི་བྲེས་སུ་སོང་སྟེ། ཀུ་ན་ལ་ལ་སྨྲས་པ། ་ཁྱོད་སུའི་བུ་ཡིན། ཁྱོད་ཀྱི་མིང་ནི་ཅི་ཞེས་བྱ། ཀུན་ལས་སྨྲས་པ། མྱ་ངན་མེད་པ་ཞེས་བྱའི་རྒྱལ། །དཔའ་བོ་ཡིད་ནི་རིགས་དགའ་བ། །གང་གིས་ས་འདི་རྒྱས་པར་ནི། །མདག་གཞུག་པར་ནི་དབང་དུ་གྱུར། །ང་ནི་རྒྱལ་པོ་དེ་ཡི་བུ། །ཀུ་ན་ལ་ཞེས་རྣམ་པར ་གྲགས། །སངས་རྒྱས་ཉི་མོའི་གཉེན་གྱུར་པ། །ཆོས་ཅན་སྲས་ཀྱང་ང་ཡིན་ནོ། །དེ་ནས་ཀུ་ན་ལ་ཆུང་མ་དང་ལྷན་ཅིག་རྒྱལ་པོ་མྱ་ངན་མེད་ཀྱི་གན་དུ་སོང་ངོ། །དེ་ནས་རྒྱལ་པོ་མྱ་ངན་མེད་ཀྱིས་ཀུ་ན་ལའི་མིག་ཕྱུང་བ་རླུང་དང་ཐན་པས་ལུས་ཚིག་པ། ་ཕྱག་དར་གྱི་དུམ་བུ་བསྡུས་པའི་གོས་གྱོན་པ་དང། སྨད་དཀྲིས་བྱས་པས་ངོ་ཤེས་པར་མ་གྱུར་གྱི། དབྱིབས་ཙམ་ཞིག་མཐོང་ནས་སྨྲས་པ། བུ་ཁྱོད་ཀུ་ན་ལ་ཡིན་ནམ། ལྷ་དེ་ལྟ་ལགས་ཏེ་བདག་ནི་ཀུ་ན་ལའོ། །དེ་ཐོས་པ་དང་རྒྱལ་པོ་རྒྱལ་ནས ་ས་ལ་འགྱེལ་ཏོ། །དེ་ནས་ཀུ་ན་ལའི་གདོང་བལྟས་ན། །མིག་བྲལ་མྱ་ངན་གྱི་སེམས་གདུངས་ཤིང། །མྱ་ངན་མེད་པ་སད་ལྷུང་འདུ་ཤེས་བྲལ། །ཀྱི་ཧུད་བུ་གཅིག་བུ་གཅིག་ཅེས་པར་སྨྲ། །ཇི་ཙམ་ན་རྒྱལ་པོ་ཆུས་གཏོར་ནས་ས ་ལས་བསླངས་ཏེ་སྟན་ལ་བཞག་གོ་།དེ་ནས་རྒྱལ་པོ་ཅི་ཞིག་ལྟར་འདུ་ཤེས་རྙེད་ནས་ཀུ་ན་ལ་ཕང་པར་བཞག་སྟེ་སྨྲས་པ། དེ་ནས་ཡུད་ཙམ་དབུགས་ནི་ཕྱུངས་ནས་སུ། །མགུལ་པ་མཆི་མར་བཅས་པས་མགུལ་འཁྱུད་དེ། །བུའི་གདོང་ལ་ཡོངས་སུ ་བྱུགས་ནས་སུ། །རྒྱལ་པོ་རྣམ་པ་མང་དུ་སྨྲེ་བར་གྱུར། །ཀུ་ན་ལ་དང་མཆུས་པའི་མིག་བརྟགས་ནས། །ང་ཡིས་རང་བཞིན་དེ་ནི་མིང་བཏགས་གང། །བུ་དེའི་མིག་ནི་ཕྱུང་བ་ལ་བལྟས་ནས། །ཀུ་ན་ལ་ཞེས་ཇི་ལྟར་སྨྲ་བར་བྱ། །ཡང་སྨྲས་པ། ཁྱེད་ཀྱིས ་ཤིང་མདངས་ལྡན་བཞིན་འདི་ནི། །ནམ་མཁའ་ཨི་ཟླ་བ་སྐར་མ་དང་བྲལ་ལྟར། །མཛེས་པའི་མིག་དང་བྲལ་བར་ཁྱེད་སུས་བྱས། །བུ་སྡུག་རེ་ཞིག་སྨྲོས་ཤིག་སྨྲོས་ཤིག་དང། །སྙིང་རྗེ་མེད་པའི་སེམས་ལྡན་སུ་ཡིས་ཁྱེད། །ཐུབ་འདྲ་འཕགས་པའི་བདེན་པ ་རྟོགས་གྱུར་པ། །ཁྱེད་ཀྱི་མིག་བཟང་དགྲ་མེད་འཁོན་བཟུང་ནས། །རང་བཞིན་འདི་བྱས་ངའི་མྱ་ངན་རྩ། །དོན་འདི་མྱུར་བ་ཉིད་དུ་སྨྲོས་ཤིག་སྨྲོས། །ངའི་ལུས་འདིའང་འཇིག་པར་འགྱུར་དུ་འོང། །ཁྱེད་ཀྱི་བཞིན་རྒུད་མྱ་ངན་གྱིས་བསྲེགས་པ། །དགྲ་ཡིས ་ནགས་བཅད་བསྲེགས་པ་ལྟ་བུར་གྱུར། །དེ་ནས་ཀུ་ན་ལས་ཕ་ལ་སྨྲས་པ། །འདས་པའི་དོན་ལ་ནི་མྱ་ངན་བྱ་བའི་མི་རིགས་ཏེ། སྔོན་ལས་རྣམས་ལས་སངས་རྒྱས་ཀྱང་མི་འདའ་། །དེ་བཞིན་རང་རྒྱལ་འབྲས་བུ་ལ་གནས་དང། །སོ་སོའི་སྐྱེ་བོའང་གྲོལ ་བར་མི་འགྱུར་ཞེས། །ཐུབ་པའི་གསུང་ནི་ཁྱེད་ཀྱིས་མ་གསན་ནམ། །རྒྱལ་པོ་སྐྱེས་བུས་མི་དགེའི་ལས་རྣམས་བྱས། །འབྲས་བུ་མེད་པར་ནམ་ཡང་མི་འགྱུར་ན། །འདི་ན་རང་བྱས་ལས་ཀྱིས་འབྲས་བུ་ལ། །འདི་ནི་གཞན་གྱིས་བྱས་ཞེས་ཇི་ལྟར ་སྨྲ། །རྒྱལ་པོ་ཆེན་པོ་བདག་གིས་ནོངས་བགྱིས་ཏེ། ནོངས་བཅས་མ་ཡིན་ནམ་ཡང་འདི་འདྲ་མིན། །མཚོན་དང་རྡོ་རྗེ་དུག་དང་སྡུལ་རྣམས་ཀྱིས། །ནམ་མཁའ་འགྱུར་ཞིང་གནོད་བྱེད་མི་ནུས་སོ། །ལས་ཀྱི་བདག་ཉིད་ཅན་ནི་ལུས་མཚོན་པའི། །ལུས་ཅན་རྣམས ་ལ་མི་དགེའི་སྡུག་བསྔལ་འབྱུང། །དེ་ནས་རྒྱལ་པོ་མྱ་ངན་མེད། །མྱ་ངན་གྱི་མེས་གདུངས་པའི་ཡིད་ཀྱིས་སྨྲས་པ། ངའི་བུའི་མིག་བཟངས་སུ་ཡིས་ཕྱུང་བར་གྱུར། །སུ་ཞིག་ཤིན་ཏུ་སྡུག་པའི་སྲོག་ནི་གཏོང་བར་ཞུགས། །ངའི་ཡིད་འདི་མྱ་ངན་མེ་ཡིས་བསྲེགས ་གྱུར་གྱིས། །གང་ལ་ཆད་པས་བཅད་བྱ་བུ་སྡུག་མྱུར་དུ་སྨྲོས། །ཀུ་ན་ལས་སྨྲས་པ། གཞོན་ནུ་ཀུ་ན་ལ་འདི་ཡི་ནི། །མིག་ནི་གཉི་ག་ཕྱུང་ཤིག་ཅེས། །ཚེམས་ཀྱི་རྒྱ་ཡིས་རྒྱས་བཏབ་ནས། །ཡི་གེ་ལྷ་ཡིས་བསྐུར་བ་ལགས། །རྒྱལ་པོས་སྨྲས་པ། བྱ་བ་འདི་དག་རྣམ ་བསམས་པ། །རྨི་ལམ་དུ་ཡང་མ་དྲན་ན། །ཅི་ཡི་ཕྱིར་ན་ཚིག་འདི་དག་།ང་ནི་རབ་ཏུ་སྨྲ་བར་བྱེད། །དེ་ནས་གཞོན་ནུ་མིག་མཆི་མས་གང་བ་དང་བཅས་པའི་རྒྱལ་པོ་ལ་བལྟས་ནས་སྨྲས་པ། མིའི་བདག་པོ་མྱ་ངན་དག་གིས་འཁྲུག་མ་མཛད། །རང་གི་མིག་དང་བྲལ ་བ་མཛེས་པ་མིན་ལ་གཟིགས། །འདི་ནི་མི་ཡིས་རང་བྱས་སྡིག་པའི་ཁུར་བཀུར་ཏེ། །ས་བདག་གཞན་བྱས་འབྲས་བུ་གཞན་ནི་སྤྱོད་མི་འགྱུར། །ས་བདག་མི་དགེའི་ལས་རྣམས་བྱས་པར་གྱུར་པ་དག་།སྨིན་པའི་དུས་སུ་འཇིགས་པར་ནམ་ཡང་མི་འགྱུར་ཏེ། །དེ་འདྲའི ་འབྲས་བུ་འདི་ནི་རང་གིས་བྱས་པ་ལ། །གཞན་གྱིས་འདི་དག་བྱས་ཞེས་ཇི་ལྟར་བརྗོད་པར་བགྱི། །ལྷ་གཞན་ཡང་བཅོམ་ལྡན་འདས་ཀྱིས་ཇི་སྐད་དུ་གསུངས་པ་མ་གསན་ནམ། འཇིག་རྟེན་གསུམ་གྱི་སྙིང་པོ་ལྷ་མིས་མཆོད་གྱུར་པ། སྟོབས་ཀྱིས་སྟོབས ་ཕྱུག་པ་ཡང་སྟོབས་མཛའ་ལས་མི་ཐར། །སྔོན་བྱས་ལས་ལས་ནམ་ཡང་ཐར་པར་མི་འགྱུར་ན། །འདི་ན་བདག་འདྲ་གཞེན་དགེ་སྨོས་ཀྱང་ཅི་ཞིག་འཚལ། །ཇི་རྩམ་ན་རྒྱལ་པོ་མྱ་ངན་མེད་ཀྱིས་སྦྱོར་བ་འདི་ནི་རྒྱལ་སྲུངས་མས་བྱས་ཞེས་ཐོས་སོ། །ཐོས ་ནས་ཀྱང་རྒྱལ་པོས་རྒྱལ་སྲུངས་མ་བོས་ཏ་སྨྲས་པ། སྐལ་མེད་ཅི་ཕྱིར་སར་ནི་ནུས་མ་གྱུར། ཆོས་བཤིག་ང་ཡང་མི་དགར་བྱས་པས་ན། །ཆོས་མིན་ལྡན་པ་བདག་དཔལ་འཕྲོག་འདྲ་བ། །ཤིན་ཏུ་སྡིག་བྱེད་ཁྱོད་ནི་སྤང་བར ་བྱ། །དེ་ནས་རྒྱལ་པོ་ཁྲོ་བོའི་མེ་འབར་བ་དང། །རྒྱལ་སྲུངས་མ་ལ་བལྟས་ཏེ་སྨྲས་པ། འདིའི་མིག་དབྱུང་ངམ་འོན་ཏེ་འདི་ཡི་ལུས། །སེན་མོ་ཤིན་ཏུ་རྣོ་བས་དྲལ་བའམ། །ཡང་ན་གསོན་པོར་བདུན་རྩེར་སྐྱོན་པའམ། །འདིའི་ལུས་སོག་ལས་རྣམ་པར ་དྲགས་པར་བྱ། །ཡང་ན་ལྕེ་ནི་སྤུ་གྲིས་གཏུབ་བྱ་ཞིང། །དགྲ་སྟས་བསྣུན་པས་མགོ་བོ་བཅད་པར་བྱ། །ཡང་ན་བསྐལ་པའི་མེ་འདྲར་གཞུག་བྱ་ཞིང། །འོན་ཏེ་དུག་གི་ལུས་འདི་དགང་བར་བྱ། །དེ་ལ་སོགས་པ་གསོད་བཅས་སྦྱོར་བ་ནི། །རྣམ་མང་མིའི་དབང ་པོས་སྨྲས་པ་དང། །སྙིང་རྗེའི་བདག་ཉིད་ཅན་ཀུན་ལས་ཐོས་ནས། །བདག་ཉིད་ཆེན་པོ་དེ་ལ་གསོལ་བ་འདེབས། །དེ་ནས་རྒྱལ་པོ་མྱ་ངན་མེད་ཁྲོ་བོའི་མེ་ཀུན་ཏུ་འབར་བས་དཀྲུགས་པ་དང། རྒྱལ་སྲུངས་མ་བརླག་པའི་ཐབས་ཚོལ་བ་ལ་བརྩོན ་པ་ལ་ཀུ་ན་ལས་སྤྱི་བོས་ཕྱག་བྱས་ཏེ། སྙིང་རྗེ་རྗེ་སྐད་དུ་སྨྲས་པ། ལྷ་བུད་མེད་འདི་བསད་པར་རིགས་པ་མ་ལགས་སོ། །རྒྱལ་པོས་སྨྲས་པ། གང་གིས་ཁྱོད་དང་ངའི་ལུས་བཙོམ་རབ་ཏུ་བྱས་གྱུར་ལ། །འདི་ལྟའི་ཚིག་ནི་སྨྲ་བྱེད་ཁྱད་ནི་རིགས ་པ་མ་ཡིན་ན། །ཀུ་ན་ལེས་སྨྲས་པ། དེ་དེ་ལྟ་ལགས་སུ་ཟིན་ཀྱང། །བདག་ནི་དེའི་ཚེ་ནས་ད་ལྟ་དེའི་བར་དུ་འདི་དང། གཤེད་མ་པའི་སྐྱེས་བུ་དེ་གཉིས་ལ་གཞོན་ནུ་སྐྱེད་བྱེད་ལ་ཁོང་ཁྲོ་བའི་སེམས་མེད་པ་དེ་བཞིན་དུ་དེ་རྣམས་ལ་སྙིང་རྗེ་དང ་བྱམས་པའི་སེམས་ཉིད་ཤིན་ཏུ་བསྒོམ་ལགས་སོ། །རྒྱལ་པོས་སྨྲས་པ། ཁྱོད་སྙིང་རྗེའི་དབང་དུ་གྱུར་པ་ཡིན་པར་ཚིག་འདི་ལྟ་བུ་ལ་སུ་ཞིག་ཡིད་ཆེས་པར་གྱུར། ཀུན་ལས་སྨྲས་པ། ངེས་པར་ནང་དུ་བདག་ཉིད་ཚད་མར་གྱུར་པ་དང། ་དེ་བཞིན་དུ་མངོན་པར་ཤེས་པ་དྲུག་དང་ལྡན་པར་བདག་ཉིད་ཆེན་པོ་གཞན་གྱི་སེམས་ཤེས་པ་གཞན་དག་དབང་དུ་གྱུར་པ་ལགས་སོ། །རྒྱལ་པོས་སྨྲས་པ། གལ་ཏེ་དེ་ལྟ་ཡིན་ན། ང་དང་འཇིག་རྟེན་རྣམས་ཀྱིས་མངོན་དུ་གྱིས་ཤིག་།དེ་ཡང་འདི་ལྟར ་ཤི་བའི་རྒྱལ་པོས་ཕུག་རོན་གྱི་དོན་དུ་ལུས་བཅད་ནས། བདེན་པ་བདར་བས་སྔོན་གྱི་ལུས་ཇི་ལྟ་བ་བཞིན་དུ་གྱུར་ཏོ་ཞེས་ཐོས་ཀྱིས་དེ་བཞིན་དུ་ཁྱོད་ཀྱིས་ཀྱང་བདེན་པ་བདར་བས་སྔོན་གྱི་མིག་ཇི་ལྟ་བ་བཞིན་དུ་གྱིས་ཤིག་།དེ་བཞིན་དུ་བགྱིའོ་ཞེས ་སྨྲས་པ། ཀུ་ན་ལས་བྲམ་ཟེ་དང་ཁྱིམ་བདག་བརྒྱ་སྟོང་དུ་མ་འདུས་པ་དང། རྒྱལ་པོ་འཁོར་དང་བཅས་པའི་ནང་དུ་བཅོམ་ལྡན་འདས་ཀྱི་ཐུགས་རྗེ་ལ་སོགས་པའི་ཡོན་ཏན་མངོན་དུ་བྱས་ཏེ་ཤར་ཕྱོགས་སུ་བལྟས་ནས་བདེན་པའི་ཚིག་འདི་སྐད་ཅེས་བརྗོད་དོ།། ་བདེན་པ་གང་གིས་རྒྱལ་སྲུངས་མ་དང་སྐྱེས་བུ་གཉིས་པོའི་བར་ལ་དེའི་ཚེ་དང་ད་ལྟའི་བར་དུ་སྐྱེ་བའི་སེམས་མེད་ཅིང། བདག་གིས་བུ་གཅིག་པ་སྐྱེད་བྱེད་ཇི་ལྟ་བར་སྙིང་རྗེ་དང་བྱམས་པའི་སེམས་མཉམ་པར་གྱུར་པའི་བདེན་པའི་ཚིག་དེས་སྔོན་གྱི་མིག ་ཇི་ལྟ་བ་བཞིན་དུ་གྱུར་ཅིག། ཚིག་བརྗོད་པ་དང་དུས་མཉམ་པ་ཉིད་དུ་ཀུ་ན་ལའི་མིག་སྔོན་གྱི་ཇི་ལྟ་བ་བཞིན་དུ་གྱུར་ཏོ། །དེ་ནས་རྒྱལ་པོ་དང། གྲོང་ཁྱེར་པ་རྣམས་ཀྱེ་མ་ཀྱེ་མ་ཞེས་སྒྲ་གསང་མཐོན་པོ་སྒྲོགས་ཤིང། རྣམ་པ་དེ་ལྟ་བུའི་ངོ་མཚར་ལ ་ལྟའོ། །དེ་ནས་རྒྱལ་པོ་མྱ་ངན་མེད་ཀྱིས་ཀུན་ལ་རྒྱལ་ཚབ་དུ་དབང་བསྐུར་བར་ཞུགས་པ་དང། ཀུན་ལས་སྨྲས་པ། རྒྱལ་པོ་ཆེན་པོ་བདག་ལ་ནི་རྒྱལ་སྲིད་དགོས་པ་མ་མཆིས་སོ། །བདག་གིས་ནི་བདེན་པ་མཐོང་ལགས་སོ། །དེ་ནས་གཞོན་ནུ་སྐྱེད ་བྱེད་རྒྱལ་ཚབ་དུ་དབང་བསྐུར་རོ། །དེ་ནས་བར་སྐབས་སུ་ཡང་རྒྱལ་སྲུངས་མའི་ཕྱིར་གསོལ་བ་འདེབས་པ། གལ་ཏེ་རྒྱལ་སྲུངས་འཕགས་མིན་ལས་བགྱིས་ཀྱང། །ཁྱེད་འཕགས་ལས་མཛོད་བུད་མེད་འགུམ་མི་བགྱི། །བཟོད་དང་འདྲ་བའི་སྟོབས་ནི ་ཡོད་མིན་ཞེས། །བདེ་གཤེགས་བསྔགས་པས་གཙོ་བོ་བཟོད་མཛད་རིགས། །ཇི་ཙམ་ན་རྒྱལ་པོ་མྱ་ངན་མེད་ཤིན་ཏུ་ཁྲོས་པས་རྒྱལ་སྲུངས་མ་རྒྱ་སྐྱེགས་ཀྱི་ཁང་པར་བཅུག་སྟེ་བསྲེགས་སོ། །རྡོ་འཇོག་པའི་གྲོང་ཁྱེར་པ་རྣམས ་ཀྱང་རབ་ཏུ་བཅོམ་མོ། །དེ་ནས་དགེ་སློང་ཅིའི་ཕྱིར་ཀུན་ལ་ལས་གང་ཞིག་བྱས་ན་འདིའི་མིག་ཕྱུང་བ་དང། སླར་སྐྱེས་པ་ཡིན་ཞེས་ཐེ་ཚོམ་སྐྱེས་ལ། དེ་ལྟར་ཐེ་ཚོམ་སྐྱེས་པ་གནས་བརྟན་གྲགས་པ་ལ་དྲིས་པ་དང། གནས་བརྟན་གྲགས་པས ་སྨྲས་པ། དེ་བས་ན་ཚེ་དང་ལྡན་པ་དག་ཉོན་ཅིག་།དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན་གྲོང་ཁྱེར་བར་ན་སེར་ན་རྔོན་པོ་ཞིག་གནས་ཏེ། དེ་ཁ་བ་ཅན་དུ་སོང་ནས་རི་དགས་རྣམས་གསོད་དོ། །དེ་དུས་གཞན་ཞིག་ན་ལས་ཅན་དུ་སོང་བ ་དང། དེར་སེར་བ་བབ་པར་གྱུར་ལ། རི་དགས་ལྔ་བརྒྱ་ཕུག་གཅིག་ཏུ་ཞུགས་པ་ཞིག་རྙེད་པ་དང། དེས་རྒྱས་ཐམས་ཅད་བཟུང་ནས་དེ་ལ་བློ་སྐྱེས་པ། གལ་ཏེ་ཐམས་ཅད་དུས་གཅིག་ཏུ་བསད་ན་ནི་ཤ་རུལ་བར་འགྱུར་བས་ཐབས ་གཞན་ཞིག་བསམ་པར་བྱའོ་སྙམ་ནས་དེས་རི་དགས་ལྔ་བརྒྱའི་མིག་ཕྱུང་ངོ། །མིག་ཕྱུང་བ་དེ་རྣམས་གང་དུ་ཡང་འབྲོས་པར་མ་ནུས་སོ། །དེ་བཞིན་དུ་རྒྱ་ཆེར་རི་དགས་བརྒྱ་ཕྲག་མང་པོའི་མིག་ཕྱུང་ངོ། །ཚེ་དང་ལྡན་པ་དག་རི་དགས་ཀྱི ་ཅོན?་པ་གང་ཡིན་པ་དེ་ནི་གཞན་མ་ཡིན་གི་ཀུ་ན་ལ་འདི་ཉིད་ཡིན་ནོ། །གང་དེར་རི་དགས་མང་པོའི་མིག་ཕང་བ་དེའི་ལས་ཀྱིས་རྣམ་པར་སྨིན་པས་ལོ་བརྒྱ་སྟོང་མང་པོར་དམལ་བར་སྡུག་བསྔལ་རྗེས་སུ་མྱོང་ལ། །དེ་ནས་ལས་ཀྱི་ལྷག་མས་སྐྱེ? ་བ་ལྔ་བརྒྱར་མི་རྣམས་ཀྱི་ནང་དུ་སྐྱེས་པ་ནི་མིག་ཕྱུང་བར་གྱུར་ཏོ།། །།ལས་ཅི་ཞིག་བྱས་ན་ལས་གང་གི་རྣམ་པར་སྨིན་པས་རིགས?་མ?་?་སྐྱེས་??? ་ཚེ་དང་ལྡན་པ་དག་ཉོན་ཅིག་།སྔོན་བྱུང་བའི་དུས་སྐྱེ་དགུ་རྣམས་ཀྱི་ཚེ་ལོ་བཞི་ཁྲི་ཐུབ་པ་ན། ཡང་དག་པར་རྫོགས་པའི་སངས་རྒྱས་འཁོར་བ་འཇིག་ཅེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། གང་གི་ཚེ་ཡང་དག་པར་རྫོགས་པའི་སངས་རྒྱས་འཁོར་བ་འཇིག་གིས ་སངས་རྒྱས་ཀྱི་མཛད་པ་མ་ལུས་པ་མཛད་ནས་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདས་པ་དང། དེ་ལ་རྒྱལ་པོ་མཛེས་པ་ཞེས་བྱ་བས་རིན་པོ་ཆེ་སྣ་བཞི་ལས་བྱས་པའི་མཆོད་རྟེན་ཆུ་ཞེང་དཔག་ཚད ་ཙམ་བྱས་སོ། །གང་གི་ཚེ་རྒྱལ་པོ་མཛེས་པ་དུས་བྱས་ནས་དད་པ་མེད་ཅེས་བྱ་བ་རྒྱལ་སྲིད་ལ་བཞག་པ་ན། རིན་པོ་ཆེ་དེ་རྣམས་མ་བྱིན་པར་ལེན་པ་རྣམས་ཀྱིས་བརྐུས་ཏེ། ཕྱག་དར་དང་ཤིང་ཙམ་ཞིག་ལུས་པ་དང། དེར་སྐྱེ་བོའི་ཚོགས་སོང་བ་ན། མཆོད ་རྟེན་རྣམ་པར་དེངས་པ་མཐོང་ནས་ཀྱི་ཧུད་ཀྱི་ཧུད་སྡུག་བསྔལ་ལོ་ཞེས་ཡང་དག་པའི་ང་རོས་དུའོ། །ཚོང་དཔོན་གྱི་བུ་ཞིག་ཀྱང་འོངས་ནས། དེས་སྨྲས་པ། ཅིའི་ཕྱིར་དུ། དེ་རྣམས་ཀྱིས་སྨྲས་པ། ཡང་དག་པར་རྫོགས་པའི་སངས་རྒྱས་འཁོར་བ་འཇིག་གི ་མཆོད་རྟེན་རིན་པོ་ཆེ་སྣ་བཞིའི་རང་བཞིན་ཅན་ཞིག་ཡོད་དེ་ཞེས་བྱ་བ་ནས་དེ་རྣམས་ཀྱིས་རྒྱ་ཆེར་མཆོད་རྟེན་དེ་སྔོན་བཞིན་དུ་བཞག་པར་གྱུར་ཏོ་ཞེས་བྱ་བའི་བར་དུའོ། །དེ་ན་ཡང་དག་པར་རྫོགས་པའི་སངས་རྒྱས་འཁོར་བ་འཇིག་གི་སྐུའི་ཚད་ཀྱི ་སྐུ་གཟུགས་ཡོད་པ་ལས་དེ་ཞིགས་པ་དང། ལེགས་པར་གསོས་ཏོ། སྟོན་པ་འཁོར་བ་འཇིག་ཅི་འདྲ་བ་དེ་འདྲ་བའི་སྟོན་པ་མཉེས་པར་བྱེད་ཀྱི་མི་མཉེས་པ་བྱེད་པར་མ་གྱུར་ཅིག་ཅེས་སྨོན་པ་བྱས་སོ། །ཚེ་དང་ལྡན་པ་དག་འདི་ཇི་སྙམ་དུ་སེམས། ་ཚོང་དཔོན་གྱི་བུ་གང་ཡིན་པ་དེ་ནི་ཀུན་ལ་འདི་ཉིད་ཡིན་ཏེ། གང་དེར་བཅོམ་ལྡན་འདས་འཁོར་བ་འཇིག་གི་མཆོད་རྟེན་ལེགས་པར་གསོས་པའི་དེའི་ལས་ཀྱི་འབྲས་བུས་རིགས་མཐོ་བར་སྐྱེས་པ་ཡིན་ལ། གང་སྐུ་གཟུགས་གསོས་པ་དེའི་ལས ་ཀྱིས་གཟུགས་བཟང་བར་སྐྱེས་པ་ཡིན་ལ། གང་ཡང་དག་པར་སྨོན་པར་བྱས་དེའི་ལས་ཀྱི་འབྲས་བུ་དེ་དང་འདྲ་བའི་སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་མཉེས་པར་བྱས་ཀྱི་མི་མཉེས་པར་མ་བྱས་པ ་ཡིན་ནོ། །བདེན་པ་མཐོང་བར་བྱས་པ་གང་ཡིན་པ་དེ་ཉོན་ཅིག་།དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན། ཡང་དག་པར་རྫོགས་པའི་སངས་རྒྱས་འཁོར་བ་འཇིག་དེ་ཉིད་ཀྱི་མཆོད་རྟེན་རིན་པོ་ཆེ་སྣ་བཞི་ལས་བྱས་པ་རྒྱལ་པོ་མཛེས་པས ་བྱས་པ་དང། མཆོད་རྟེན་དེར་ས་ལས་བྱས་པའི་སྐུ་གཟུགས་གཅིག་ཀྱང་བྱས་སོ། །ཇི་ཙམ་ན་ཚོང་དཔོན་ཞིག་གིས་བྱིས་པ་མ་མ་དང་ལྷན་ཅིག་མཆོད་རྟེན་དེར་སོང་བ་དང། དེ་བྱིས་པར་གྱུར་པས་མདེའུ་བླངས་ཏེ་སངས་རྒྱས་ཀྱི་སྐུ་གཟུགས ་ཀྱི་སྤྱན་ཕྱུང་ངོ། །ཇི་སྲིད་དུ་གཞན་ཞིག་ན་ཆེན་པོར་གྱུར་ནས། ཡང་མཆོད་རྟེན་དེ་ཉིད་དུ་སོང་ངོ། །དེས་མཐོང་མ་ཐག་ཏུ་སྐུ་གཟུགས་འདི་བྱིས་པར་གྱུར་པས་བདག་གིས་བྱས་སོ་དྲན་པ་དང། དེ་ཁྱིམ་ནས་རྫས་གླངས་ཏེ། དེ་དང་རིན་པོ་ཆེ་སྣ ་བཞི་ལས་བྱས་པའི་སྐུ་གཟུགས་བྱས་ནས། མིག་གཉིས་སུ་རིན་ཐང་ཆེ་བའི་ནོར་བུ་ཨིནྡྲ་ནཱི་ལ་བཅུག་སྟེ། མཆོད་རྟེན་དེ་ལ་ཡང་མཆོད་པ་ཆེན་པོ་དང་བསྐོར་བ་བྱས་ན། གང་བདག་བྱིས་པར་གྱུར་པས། བཅོམ་ལྡན་འདས་ཀྱི་སྤྱན་ཕྱུང ་ནས་སྡིག་པའི་ལས་བགྱིས་ཏེ། སྡིག་པའི་ལས་འདིའི་སྐལ་པ་ཅན་དུ་མ་གྱུར་ཅིག་།དགེ་བའི་རྩ་བ་འདིས་ཀྱང་སྟོན་པ་འདི་ལྟ་བུ་མཉེས་པར་བྱེད་ཀྱི། མི་མཉེས་པ་བྱེད་པར་མ་གྱུར་ཅིག་ཅེས་སྨོན་པ་བྱས་སོ། །དགེ་སློང་དག་ཚོང་དཔོན་གྱི ་བུ་གང་ཡིན་པ་དེ་ཅི་གཞན་དག་ཡིན་པར་སེམས་སམ། དེའི་ཚེ་དེའི་དུས་སུ་ཀུན་ལ་འདི་ཉིད་ཚོང་དཔོན་གྱི་བུར་གྱུར་ཏོ། །གང་འདིས་སྡིག་པ་ཅན་གྱི་ལས་བྱས་པ་དེས། སྐྱེ་བ་ལྔ་བརྒྱར་ཚེ་རབས་སུ་མིག་དང་བྲལ་བར་གྱུར་ཏོ། །གང ་དེས་ཉེས་པ་བཤགས་ནས་སྨོན་ལམ་བྱས་པ་དེས་རིགས་མཐོ་བ་དང། གཟུགས་མཛེས་པར་གྱུར་ཏོ། །གང་ཨིནྡྲ་ནཱི་ལའི་སྤྱན་བཅུག་པ་དེས་ན་འདི་ཚེ་རབས་ཚེ་རབས་སུ་མིག་མཛེས་པར་གྱུར་པ་ཡིན་ནོ། །གང་དེས་སྟོན་པ་འདི་ལྟ་བུ་མཉེས་པར་བྱེད ་པར་གྱུར་ཅིག་ཅེས་པ་དེས་ན་རྒྱུན་ཏུ་ཞུགས་པའི་འབྲས་བུ་ཐོབ་པ་ཡིན་ནོ། །གང་ངེས་སྤྱན་ཕྱུང་ནས་སླར་ཡང་ཨིནྡྲི་ནཱི་ལའི་སྤྱན་བཅུག་པ་དེའི་ལས་ཀྱི་འབྲས་བུ་མིག་ཕྱུང་ནས་ཡང་ཐོབ་པ་ཡིན་ནོ། །གནས་བརྟན་གྲགས་པས་དེ་སྐད་ཅེས་སྨྲས ་པ་དང། དགེ་སློང་དེ་དག་མངོན་པར་དགའ་ཨོ། །ཀུ་ན་ལའི་རྟོགས་པ་བརྗོད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་པདྨ་ཀ་ར་བརྨ་དང།། །།ཞུ་ཆེན་གྱི་ལོཙྪ་བ་དགེ་སློང་རིན་ཆེན་བཟང་པོས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་བབ་པ།། །། ་