CLOSE WINDOW

N4411: 'dul ba'i mdo'i rgya cher 'grel pa
Wyliee-texts based on the ACIP/ALL Input

text in 2 volumes

volume 1 ('dul ba (ru)) - volume 2 ('dul ba (lu)) -

གང་ལ་བསླབ་པའི་གཞིའི་དངོས་པོ་ལ་ཁྱད་དུ་གསོད་པའི་ལྟུང་བྱེད་དུ་འགྱུར་ཞེ་ན་དེའི་ཕྱིར། སོ ་སོར་ཐར་པའི་མདོ་གདོན་པ་འདོན་པའི་ཚེ་དེ་ལ་ལན་གཉིས་ཉམས་སུ་མྱོང་ཞིང་ཡིད་རྨོངས་པ་མ་ཡིན་པས་འདི་ལ་ཆོས ་འདི་ཡོད་པར་བདག་གིས་དེ་གདོད་ཤེས་སོ་ཞེས་ཟེར་བ་དེ་ལའོ། །ཞེས་བྱ་བ་སྨྲས་ཏེ། བསླབ་པའི་གཞི་དངོས་པོ་ལ་ཁྱད་དུ ་གསོད་པ་ཞེས་བྱ་བ་ནི་བསླབ་པའི་གཞིའི་དངོས་པོ་ཡོད་པ་ཁོ་ན་ལ་འདི་སྐད་ཅེས་ཆེ་དང་ལྡན་པ་དག་འདི་ལྟར་ཆོས་འདི་ཡང ་ཡང་མདོའི་ནང་དུ་འདུས་པར་བདག་གིས་ད་གདོད་ཤེས་སོ་ཞེས་ལོག་པར་བསྒྲུབ་པ་ཡིན་ནོ། །དེ་ལ་ཞེ་སྡང ་གིས་ལོག་པར་བསྒྲུབ་ན་ནི་མ་གུས་པའི་ཚུལ་གྱིས་ལྟུང་བྱེད་ཀྱི་སྐབས་སུ་སྔར་ལྟུང་བ་བཅས་པ་ཉིད་དུ་འགྱུར་རོ། །བསླབ་པའི་གཞིའི ་དངོས་པོ་ལ་ཁྱད་དུ་གསོད་པའི་ལྟུང་བ་བཅས་པ་ནི་ད་འདིར་རྣམ་པར་དབྱེ་བར་བྱའོ། །སོ་སོར་ཐར་པའི་མདོ་གདོན་པ་འདོན་པའི ་ཆེ་ཞེས་བྱ་བ་ནི་གསོ་སྦྱོང་གི་ལས་ཀྱི་ཚེ་སོ་སོར་ཐར་པའི་མདོ་གདོན་པ་འདོན་པ་ན་བསླབ་པའི་གཞིའི་དངོས་པོ་ལ་ཁྱད་དུ་གསོད་ན་ལྟུང ་བྱེད་དུ་འགྱུར་གྱི་དུས་གཞན་གྱི་ཚེ་བརྗོད་ན་ནི་ཉེས་བྱས་སུ་འགྱུར་བའོ། །འདིར་སོ་སོར་ཐར་པའི་མདོ་གདོན་པ་འདོན་པ་ལ་ལོག་པར་བསྒྲུབ་པ་ནི་རྣམ་པ་གསུམ ་སྣང་སྟེ། ཁྱད་དུ་གསོད་པ་དང་སྤོང་བ་དང་བསླབ་པའི་གཞིའི་དངོས་པོ་ལ་ཁྱད་དུ་གསོད་པའོ། །དེ་ལ་ཁྱད་དུ་གསོད་པ་ནི་སྔར་ཁྱད་དུ་གསོད་པའི་ལྟུང་བྱེད་བསྟན ་པའི་སྐབས་སུ་ཟླ་བ་ཕྱེད་ཕྱེད་ཅིང་སོ་སོར་ཐར་པའི་མདོ་གདོན་པ་འདོན་པ་ན་བསླབ་པ་ཁྱད་དུ་བསད་ནས་ཚེ་དང་ལྡན་པ་དག་གང་དགེ་སློང་རྣམས་འགྱོད་པ་དང། ཞུམ ་པ་དང་བག་འཁུམས་པ་དང་གནོད་པ་དང་ཡིད་ལ་གཅགས་པར་འགྱུར་བ་བསླབ་པའི་གཞི་ཕྲན་ཚེགས་རབ་ཏུ་ཕྲ་བ་འདི་དག་ཟླ་བ་ཕྱེད་ཕྱེད་ཅིང་སོ་སོར་ཐར་པའི ་མདོ་གདོན་པ་ན་འདོན་ཅི་དགོས་ཞེས་དེ་སྐད་ཟེར་ན་ལྟུང་བྱེད་དོ། །ཞེས་བསྟན་པ་ཡིན་ནོ། །སྤོང་བ་ནི་སྔར་བསླབ་པ་ལ་ཉེ་བར་འཇོག་པ་སྤོང་བའི་ལྟུང་བྱེད་བསྟན་པའི ་སྐབས་སུ་དགེ་སློང་རྣམས་ཀྱིས་ཚེ་དང་ལྡན་པ་བསླབ་པ་འདི་ལ་སློབས་ཤིག་ཅེས་བསྒོ་ན་དེ་ལ་འདི་སྐད་ཅེས་བདག་ནི་དགེ་སློང་མདོ་སྡེ་འཛིན་པ་དང་འདུལ་བ ་འཛིན་པ་དང་མ་མོ་འཛིན་པ་རྣམས་ལ་འདྲིའི་བར་དུ་བྱིས་པ་གླེན་པ་མི་གསལ་བ་མི་མཁས་པ་ཁྱེད་ཅག་གི་ཚིག་གིས་བསླབ་པ་འདི་ལ་མི་སློབ་བོ་ཞེས་དེ་སྐད་ཟེར་ན་ལྟུང་བྱེད ་དོ་ཞེས་བསྟན་པ་ཡིན་ནོ། །བསླབ་པའི་གཞིའི་དངོས་པོ་ལ་ཁྱད་དུ་གསོད་པ་ནི་སྐབས་འདིས་སྟོན་ཏོ། །དེ་ལན་གཉིས་ཉམས་སུ་མྱོང་ཞིང་ཞེས་བྱ་བ་ནི། གང་གིས་སོ་སོར་ཐར་པའི ་མདོ་གདོན་བ་འདོན་པ་ལན་གཉིས་ཉམས་སུ་མྱོང་བ་དེ་ནི་དེ་ལན་གཉིས་ཉམས་སུ་མྱོང་བ་སྟེ། དེ་ལན་གཉིས་ཉམས་སུ་མྱོང་བའི་དགེ་སློང་དེ་སྐད་ཟེར་བ་དེ་ལ་ཁ་ན་མ ་ཐོབ་འདིར་འགྱུར་རོ། །ལན་གཉིས་ཉམས་སུ་མ་མྱོང་བ་ལ་ནི་ཉེས་བྱས་ཁོ་ནར་འགྱུར་ཏེ། འདིར་གཞུང་ནི་གལ་ཏེ་དགེ་སློང་རྣམས་ཀྱིས་ཀྱང་ཚེ་དང་ལྡན་པ་འདི་སྔོན ་གསོ་སྦྱོང་གི་ལས་གཉིས་སམ་གསུམ་གྱི་ཚེ་འདུག་པར་ཤེས་ན་ལན་མང་དུ་ལྟ་ཅི་སྨོས་ཞེས་གསུངས་པ་ཡིན་ནོ། །ཡིད་རྨོངས་པ་མ་ཡིན་པས་ཞེས་བྱ་བ་ནི། ཡིད་རྨོངས་པས ་དེ་སྐད་སྨྲས་པ་ལ་ནི་ལྟུང་བ་མེད་དོ། འདིར་གཞུང་ནི་ལམ་གོལ་བར་རྒས་པ་མི་ཤེས་པ་ཡང་དག་པ་ཉིད་ལ་ནི་ལྟུང་བ་མེད་དོ། །ཞེས་གསུངས་པ་ཡིན་ནོ། །དེའི་ཕྱིར་ཡིད་རྨོངས་པ ་མ་ཡིན་པས་བཞད་གང་ཙམ་གྱི་བསམ་པས་ཀྱང་འདི་ལ་ཆོས་འདི་ཡོད་པར་བདག་གིས་གཟོད་ཤེས་སོ་ཞེས་ཟེར་ཞིང་སོ་སོར་ཐར་པའི་མདོ་གདོན་པས་འདི་ལ་ཆོས་འདི་ཡང་ཡོད་ཅིང ་བསླབ་པའི་གཞི་འདི་ཡང་ཡོད་པར་བདག་གིས་ད་གདོད་ཤེས་སོ་ཞེས་ཟེར་བ་དེ་ནི་བསླབ་པའི་གཞིའི་དངོས་པོ་ལ་ཁྱད་དུ་གསོད་པ་ཡིན་ཏེ། དེ་སྐད་ཟེར་བའི་དགེ་སློང་དེ་ལ་ལྟུང་བྱེད ་དུ་འགྱུར་ལ། །གཞན་གྱི་ཚེ་བརྗོད་ན་ནི་ཉེས་བྱས་སོ། །བསླབ་པའི་གཞི་འདྲལ་བ་ཐམས་ཅད་ལ་མ་གུས་པའི་སེམས་བསྐྱེད་པ་དེ་ལ་ཡང་ཉེས་བྱས་སོ། །གལ་ཏེ་སངས ་རྒྱས་བཅོམ་ལྡན་འདས་ལ་ཡང་མ་གུས་པའི་སེམས་བསྐྱེད་ན་དེའི་ཚེ་ལྟུང་བྱེད་དུ་ཡང་འགྱུར་རོ། །རྫུན་དུ་སྨྲ་བ་ཉིད་ཡིན་ན་ནི་རྫུན་དུ་སྨྲ་བའི་ལྟུང་བྱེད་གཞན་དུ་ཡང་འགྱུར་རོ། །མཚན ་གཞན་གྱི་འདོན་པའི་ཚེ་ཐུན་མོང་པའི?་ནི་ཉེས་བྱས་སོ་ཞེས་བྱ་བ་ལ། མཚན་གཞན་གྱི་འདོན་པའི་ཚེ་ཞེས་བྱ་བཞི?། དགེ་སློང་མ་རྣམས་ཀྱི་གསོ་སྦྱོང་འདོན་པའི་ཚེའོ། །ཐུན་མོང་བ་ལ་ནི་ཉེས་བྱས་སོ ་ཞེས་བྱ་བ་ནི་དགེ་སློང་མའི་བསླབ་པའི་གཞི་དགེ་སློང་དང་ཐུན་མོང་གང་ཡིན་པ་ལ་འདི་སྐད་ཅེས་བདག་གིས་ད་གཟོད་ཤེས་སོགས་བྱ་བ་ལ་སོགས་པ་ཟེར་ན་ཉེས་བྱས་སོ། །འདིར་གཞུང་ནི་བཙུན་པ་དགེ་སློང་དགེ་སློང ་མ་རྣམས་ཀྱི་སོ་སོར་ཐར་པའི་མདོ་གདོན་པ་འདོན་པ་ན་འདི་སྐད་ཅས་འདི་ལྟར་ཆོས་འདི་ཡང་མདོའི་ནང་དུ་གཏོགས་མདོའི་ནང་དུ་འདུས་པར་བདག་གིས་ད་གདོད་ཤེས་སོ་ཞེས་མཆི་ན་ལྟུང་བ་ཅེར་འགྱུར། གང་ཚེ་བསླབ་པ་ཐུན ་མོང་པ་ལས་བསམས་ཏེ་སྨྲ་ན་ཉེས་བྱས་སོ་ཞེས་གསུངས་པ་ཡིན་ནོ། །མདོ་སྡེ་དང་ལྡན་པ་སྨྲ་བ་ན་ཡང་ངོ་ཞེས་བྱ་བ་ནི་མདོ་སྡེ་དང་ལྡན་པའི་བསླབ་པའི་གཞི་སྨྲག་དེ་སྐད་ཟེར་བ་ལ་ཡང་ཉེས་བྱས་སོ། །འདིར་གཞུང་ནི་འདུལ་བ་དང ་ལྡན་པའི་མདོ་མ་གཏོགས་པ་ལ་འདི་སྐད་ཅེས་འདི་ལར་ཆོས་འདི་ཡང་མདོའི་ནང་དུ་གཏོགས་མདོའི་ནང་དུ་འདུས་པར་བདག་གིས་ད་གདོད་ཤེས་སོ་ཞེས་ཟེར་ན་ཉེས་བྱས་སོ་ཞེས་གསུངས་པ་ཡིན་ནོ། །ཐུན་མོང་མ་ཡིན་པ་ལ་ནི་ལྟུང ་བ་མེད་དོ་ཞེས་བྱ་བ་ནི། མ་རིན་གཞན་གྱི་བསླབ་པའི་གཞི་ཐུན་མོང་མ་ཡིན་པ་འདོན་པའི་ཚེ་འདི་ལྟར་ཆོས་འདི་ཡང་འདོའི་ནང་དུ་གཏོགས་པ་མདོའི་ནང་དུ་འདུས་པར་བདག་གིས་དག་དོད་ཤེས་སོ་ཞེས་ཟེར་བ་ལ་ལྟུང་བ་མེད་པའོ། །སོ་སོར་ཐར་བའི་མདོ་འདོན་པའི་ཚེ་མ ་གུས་པར་ཉན་པ་ཉེ་བར་བསྒྲུབ་པ་འགྱོད་དུ་གཞུག་གོ་ཞེས་བྱ་བ་ནི། སོ་སོར་ཐར་པའི་མདོ་གདོན་པ་འདོན་པ་ན་འདི་ལྟར་ཆོས་འདི་ཡང་མདོའི་ནང་དུ་གཏོགས་མདོའི་ནང་དུ་འདུས་པར་བདག་གིས་ད་གདོད་ཤེས་སོ་ཞེས་བྱ་བ་ལ་སོགས་པའི་ཚིག་གིས་མ ་གུས་པར་ཉན་པ་ཉེ་བར་སྒྲུབ་པར་བྱེད་པའི་དགེ་སློང་གང་ཡིན་པ་དེ། དེ་ན་གནས་པའི་དགེ་སློང་རྣམས་ཀྱི་འགྱོད་དུ་གཞུག་པ་སྟེ། ཚིག་དངོས་སུ་སྨྲ་བས་མ་གུས་པར་ཉན་པ་ཉེ་བར་སྒྲུབ་པ་འབའ་ཞིག་ཏུ་ཡང་མ་ཟད་ཀྱི་ཚིག་བརྒྱུད་པས་མ་གུས ་པར་ཉོན?་བར་ཉེ་བར་བསྒྲུབ་པ་ཡང་འགྱེད་དུ་གཞུག་གོ་།ཚིག་བརྒྱུད་པའི་གཞུང་ནི་ཁོ་བོ་ལ་ལས་འདིས་ཅི་བྱ་ཁོ་བོ་འདོད་པའི་རྣམ་པར་རྟོག་པ་མ་ཡང་རྣམ་པར་རྟོག་དགོས་སོ། །གནོད་སེམས་ཀྱི་རྣམ་པར་རྟོག་པ་དང་རྣམ་པར་འཆེ་བའི་རྣམ་པར་རྟོག ་པ་ལ་ཡང་རྣམ་པར་རྟོག་དགོས་སོ་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ཡང་འགྱོད་དུ་གཞུག་གོ་།འདིར་འགྱོད་དུ་གཞུག་པ་ནི་ཚེ་དང་ལྡན་པ་ཁྱོད་མ་རྙེད་པའོ། །རྙེད་པ་མ་ཡིན་པའོ་ཉེས་པ་རྙེད་པའོ། །ལེགས་པ་མ་རྙེད་པའོ་ཞེས་འགྱོད་དུ་གཞུག་གོ་ཞེས ་བྱ་བ་གསུངས་པ་ཡིན་ནོ། །བསླབ་པའི་གཞིའི་དངོས་པོ་ལ་ཁྱད་དུ་གསོད་པའི་ལྟུང་བྱེད་དོ། །ཞེས་བྱ་བ་དེ་བཤད་ཟིན་ཏོ།། །།གང་ལ་ཁ་བར་ལ་འཆོས་པའི་ལྟུང་བྱེད་དུ་འགྱུར་ཞེ་ན་དེའི་ཕྱིར་།བ་སོ་དང་རུས་པ་དང་རྭའི་ཁབ་རལ་བྱེད་དམ་བྱེད་དུ ་བཅུག་པ་ལའོ་ཞེས་བྱ་བ་སྨྲས་ཏེ། བསོ་འམ་རུས་པའམ་རྭའི་ཁབ་?་བྱེད་དམ་བྱེད་དུ་བཅུག་པ་ལ་ཁ་ན་མ་ཐོ་བ་འདིར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ་།འདི་ལྟར་བསླབ་པའི་བཞི་འདི་མན་ཆད་ལས་ཤིང་བལ་གྱི་གོས་པར་བྱས་པ་མ་གཏོགས ་པའི་ལྟུང་བྱེད་རྣམས་ལ་བྱེད་དུ་གཞུག་པ་འབའ་ཞིག་གསུངས་མོད་ཀྱི། ?་བྱེད་པ་ལ་ཁ་ན་མ་ཐོ་བ་ཆེས་ལྕི་བས་དེས་ན་འདིར་བྱེད་པ་ཞེས་བྱ་བའི་སྒྲ་ཡང་བསྡུས་སོ། །བ་སོ་ལ་སོགས་པ་ནི་རིན་ཆེ་བའི་ཕྱིར་བཀག་གོ། ལྕགས་ལ་སོགས་པ་ནི ་ཆེས་རིན་ཆེ་བའི་ཕྱིར། དེ་ཡང་འདིར་བཀག་པར་རིག་པར་བྱའོ། །རིན་པོ་ཆེ་ལས་བྱས་པའི་ནི་རུང་བ་མ་ཡིན་པའི་ཕྱིར་ཉེས་བྱས་བྱེད་པ་འདི་ཡིན་ནོ། །དེ་ལྟར་ཡང་འདིར་གཞུང་ནི་ཞུ་བ་ལས་བཙུན་པ་རེ་ཞིག་དགེ་སློང་གིས་རིན་པོ་ཆེ་ལས ་བགྱིས་པའི་ཁང་རལ་བགྱིད་དུ་སྩོལ་ན་ལྟུད་བ་ཅིར་འགྱུར་ཉེས་བྱས་སོ་ཞེས་གསུངས་པ་ཡིན་ནོ། །བྱས་ཟིན་པ་རྙེད་པ་དང་བྱས་ཟིན་པ་ལ་སྤྱོད་པ་དག་ལ་ནི་ལྟུང་བ་མེད་དོ་ཞེས་བྱ་བ་ནི། བྱས་ཟིན་པ་རྙེད་པ་དང་བྱས་ཟིན་པ་ལ་སྤྱོད་པ་ལ་ནི་ལྟུང་བ ་མེད་པའོ། །འདིར་གཞུང་ནི་ཞུ་བ་ལས་བྱས་པ་རྙེད་པ་དང་བྱས་པ་ལ་སྤྱོད་པ་ལ་ལྟུང་བ་མེད་དོ་ཞེས་གསུངས་པ་ཡིན་ནོ། །བཅག་པ་ཉིད་མ་དྲིས་པར་འཆགས་པ་བླང་བར་མི་བྱའོ་ཞེས་བྱ་བ་ནི། གང་གིས་མདུན་དུ་ལྟུང་བ་འཆགས་པ་ངེས ་ཁབ་རལ་དེ་ཁྱོད་ཀྱིས་བཅག་གམ་ཞེས་དྲི་བར་བྱ་སྟེ། དེ་སྐད་མ་དྲིས་པར་ལྟུང་བ་འཆགས་པ་བླང་བར་མི་བྱའོ། །གལ་ཏེ་མ་བཅགས་མ་བཤགས་པ་ཉིད་ཡིན་ནོ་ཞེས་བྱ་བ་ནི། གལ་ཏེ་ཁབ་རལ་མ་བཅག་པར་ལྟུང་བ་འཆགས་པར་བྱེད་ན་དེའི་ལྟུང ་བ་དེ་མ་བཤགས་པ་ཉིད་ཡིན་པའོ། །འོག་མ་ལྔ་པོ་དག་ལ་ཡང་དེ་དང་བཅད་པ་དང་ལྡན་པ་ཡིན་ནོ་ཞེས་བྱ་བ་ནི། བསླབ་པའི་གཞི་འདིའི་འོག་མ་བདེ་བར་གཤེགས་པའི་ཆོས་གོས་ཀྱི་ཚད་ལས་གྱུར་པའི་གོང་མ་ལྔ་པོ་ཁྲིའི་རྐང་པ་འཆོས་པ་དང། ་ཤིང་བལ་གྱིས་གོས་པར་བྱས་པ་དང། གདིང་བ་ལས་གྱུར་པ་དང་དབྱར་གྱི་རས་ཆེན་ལས་གྱུར་པ་དང་གཡན་པ་དགབ་པ་ལས་གྱུར་བ་དག་ལ་ཡང། དེ་དག་དང་ཞེས་བྱ་བ་བཅད་པ་ཉིད་མ་དྲིས་པར་འཆག་པ་བླང་བར་མི་བྱའོ་ཞེས་བྱ་བ་དང། གལ་ཏེ ་མ་བཅད་ན་གཤགས་པ་ཉིད་མ་ཡིན་ནོ་ཞེས་བྱ་བའི་མདོ་དེ་གཉིས་དང་བཅས་པ་ཉིད་ཅེས་བྱ་བའི་དོན་དང་ལྡན་པ་ཡིན་ཏེ། བཅད་པའི་ཞེས་བྱ་བའི་སྒྲ་དང་སྦྱར་བ་ཡིན་གྱི།། བཅག་པ་ཡིན་གྱི་ཞེས་བྱ་བའི་སྒྲ་དང་སྦྱར་བ་མ་ཡིན་པའོ། །འདི་སྐད་བསྟན ་ཏེ། བཅད་བ་ཉིད་མ་དྲིས་བར་འཆགས་པ་བླང་བར་མི་བྱའོ། །གལ་ཏེ་མ་བཅད་ནམ་བཤགས་པ་ཉིད་ཡིན་ནོ། །འདིར་གཞུང་ནི་རྣམ་པར་འབྱེད་པ་ལས་གང་གིས་མདུན་དུ་འཆགས་པར་བྱེད་པ་དེས་ཁྱོད་ཀྱི་དངོས་པོ་ངེས་བཅད་དམ་ཞེས་དྲི་བར་བྱའོ། །མ ་དྲས་པར་ཆགས་ན་ལྟུང་བ་དེ་ཡང་བཤགས་པ་མ་ཡིན་ལ་དགེ་སློང་དེ་ལ་ཡང་ཉེས་བྱས་སུ་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །བདེ་བར་གཤེགས་པའི་ཆོས་གོས་ཀྱི་ཆེང?་ལས་གྱུར་པའི་ལྟུང་བྱེད་ལ་ནི་སོ་སོར་ཐར་བའི་མདོ་ལས་འདི་སྐད་ཅེས་བ་དེ ་པར་གཤེགས་པའི་ཆོས་གོས་ཀྱི་ཚད་ཀྱི་ཆོས་གོས་བྱེད་དམ་བདེ་བར་གཤེགས་པའི་ཆོས་གོས་ལས་ལྷག་པར་བྱེད་ན་ལྟུང་བྱེད་དོ་ཞེས་གསུངས་ཀྱི་བཅད་ན་ལྟུང་བྱེད་དོ་ཞེས་ནི་མ་གསུངས་སོ། །དེ་བཞིན་དུ་རྣམ་པར་འབྱེད་པ་ལས་ཀྱང་བཅད ་ནས་ཞེས་མ་གསུངས་པས་དེའི་ཕྱིར་བདེ་བར་གཤེགས་པའི་ཆོས་གོས་ཀྱི་ཚད་ལས་གྱུར་པ་ལས་གཞན་པ་དག་ལས་བཅད་པ་དང་ལྡན་པ་ཡིན་ནོ། །སྤྱིར་བཏང་བར་བྱས་ནས་དམིགས་ཀྱིས་བསལ་བ་བསྟན་པའི་ཕྱིར། གཉིས་པ་ལ་ནི་བསྡུས་པ་དང ་པོ་ཞེས་བྱ་བ་སྨྲས་ཏེ། བསླང་པའི་གཞི་འདིའི་འོག་མའི་གཉིས་པ་ཤིང་བལ་གྱིས་གོས་པར་བྱས་པ་ཞེས་བྱ་བའི་བསླབ་པའི་བཞི་ལ་ནི་བསྡུས་པ་དང་ལྡན་པར་ཤེས་པར་བྱ་སྟེ་བསྡུས་པ་ཉིད་མ་དྲིས་པར་འཆགས་པ་བླང་བར་མི་བྱའོ། །གལ་ཏེ་མ ་བསྡུས་ན་མ་བཤགས་པ་ཉིད་ཡིན་ནོ། ཞེས་བྱ་བར་སྦྱར་རོ། །བསྡུས་པ་ཞེས་བྱ་བ་ནི། གོས་པ་མེད་པར་བཏུས་པ་སྟེ་བསྡུས་ཞེས་བྱ་བའི་ཐ་ཚིག་གོ། ཁབ་རལ་འཆོས་པའི་ལྟུང་བྱེད་ཞེས་བྱ་བ་སྟེ་བཤད་ཟིན་ཏོ། །ཁྲིའི་རྐང་པ་འཚོས་པའི་ལྟུང་བྱེད ་སྨྲ་བར་འདོང་ནས་ཇེ་འདི་བརྗོད་པར་བྱ་སྟེ། རྐང་པ་དམའ་པ་དང་ལྡན་པས་ཁྲི་ལ་ཉལ་བར་མི་བྱའོ་ཞེས་བྱ་བ་ནི་ཁྲི་གང་ལ་རྐང་པ་མཐུང་དུ་ས་དང་ཉེ་བ་ཡོད་པ་དེ་ནི་རྐང་པ་དམའ་བ་དང་ལྡན་པ་སྟེ་དེ་ལ་ཉལ་བར་མི་བྱའོ། །ཁྲི་གང་ལ་འདུག་པའི་དགེ་སློང ་འཆོག་པའི་མགོ་ས་ལ་ཐུགས་པར་འགྱུར་བས་ཁྲི་དེ་ལྟ་བུ་དེ་ལ་ཉལ་བར་མི་བྱ་བ་སྟེ་དེ་ནི་གླིང་བཞི་ལས་ཤེས་པར་བྱའོ། །མལ་དད་འབྲེལ་པའི་ཁྲིའི་ཉེན་ཀོར་གྱིས་ཕྱོགས་སུ་རྐང་པ་བཀྲུ་བར་མི་བྱའོ། །ཞེས་བྱ་བ་ནི། ཉལ ་བའི་གནས་དང་འབྲེལ་པའི་འཁྲིའི་ཉེན་ཀོར་འབྲེལ་པའི་ཕྱོགས་སུ་རྐང་པ་དཀྲུ་བར་མི་བྱ་བའོ། །ཁྱིམ་པའི་གནས་མལ་གྱི་གནས་གཞན་གྱི་ཉེར་བཀོར་གྱི་ཕྱོགས་སུ་ཡང་ཉེས་བྱས་སོ། །ཅི་དགེ་སློང་ཐམས་ཅད་ཀྱིས་དཀྲུ?་བར་མི་བྱ་འམ ་ཞེ་ན་དེའི་ཕྱིར། ལྷག་ཡོད་པས་སོ་ཞེས་བྱ་བ་སྨྲས་ཏེ། དགེ་སློང་གང་ལ་ལྷམ་ཡུ་ཆད་ལ་སོགས་པ་ཉན་ཀོར་ན་ཡོད་པ་དེ་ནི་ལྷམ་ཡོད་པ་སྟེ། དེས་ཕྱོགས་དེར་རྐང་པ་བཀྲུ་བར་མི་བྱའོ། །གཞན་གྱིས་ནི་མགོ་ལོགས་དང་རྐང་པ་ལོགས་མ ་གཏོགས་པར་འོ། །ཞེས་བྱ་བ་ནི། ལྷམ་ཡོད་པ་ལས་གཞན་པ་ལྷམ་མེད་པས་ནི་མགོ་ལོགས་མ་གཏོགས་པ་དང། རྐང་པ་ལོགས་མ་གཏོགས་པ་གཡས་གཡོན་གྱི་ཕྱོགས་སུ་རྐང་པ་བཀྲུ་བར་མི་བྱ་བའོ། །འདིར་གཞུང་ནི་བཅོམ ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་དག་ལ་ལྷམ་མི་བདོག་པ་དེ་དག་གིས་མགོ་ལེགས་སམ་རྐང་པ་ལོགས་སུ་བཀྲུ་བ་མི་བྱའོ་ཞེས་གསུངས་པ་ཡིན་ནོ། །མལ་སྟན་མཐོན་པོ་དང་མལ་སྟན་ཆེན་པོ་ལ་འདུག་པ་འམ་ཉལ་བར་མི་བྱའོ ་ཞེས་བྱ་བ་ལ་མལ་སྟན་ཐོན་པོ་ཞེས་བྱ་བ་ནི་རྩ་བ་བུ་གར་གཞུགས་པ་མ་གཏོགས་པར་བྲུ་གང་ལས་ལྡག?་པའོ། །མལ་སྟན་ཆེན་པོ་ཞེས་བྱ་བ་ནི། གསེར་དང་དངུལ་དང་རིན་པོ་ཆེ་ལ་སོགས་པ་ལས་བྱས་པ་སྟེ། དེ་ལ་འདུག་པའམ་ཉལ ་བར་མི་བྱའོ། །མལ་སྟན་ཞེས་སྨོས་པས་འདིར་སྟན་ཡང་འཕངས་པར་རིག་པར་བྱའོ། །ཁྱིམ་གཞན་དུ་གཞན་མེད་ན་ལྔ་མ་ཤོས་བྱའོ་ཞེས་བྱ་བ་ནི། ཁྱིམ་པའི་ཁྱིམ་གཞན་དུ་མལ་སྟན་མི་མཐོ་བ་དང་མལ་སྟན་མི་ཆེ་བ་གཞན་མེད་ནམ་ལ ་སྟན་མཐོན་པོ་དབ?་མལ?་སྟན་ཆེན་པོ་ལ་སྔ་མ་ཤོས་བྱ་སྟེ། འདུག་པ་འམ་ཉེལ་བར་མི་བྱའོ་ཞེས་ཚིག་གཉིས་སྨོལ་བའི་སྔ་མ་ཤོས་འདུག་པ་ཞེས་བྱ་བ་བྱའི། ཁྱིམ་ཤོས་ཉལ་བ་ཞེས་བྱ་བ་མི་བྱ་བའོ། །འདིར་ལུང་ནི་ཀུན་དགའ་བོ་དེ་དག་ཐམས་ཅད ་དུ་འབྱོར་པར་མི་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །རྐང་རྟེན་དང་བཅས་པ་ལ་མལ་བཅའ་བར་བྱའོ་ཞེས་བྱ་བ་ནི། རྐང་རྟེན་དང་བཅས་པའི་མལ་ཁྲིལ་མལ་བཅའ་བར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། ཕྱོགས་ཅིག་མཐོ་བ་ཉིད་ཀྱིས་ནི ་མལ་སྟན་མཐོན་པོ་མ་ཡིན་པར་རིག་པར་བྱའོ། །འདིར་གཞུང་ནི་འདི་ལྟར་སྨན་པ་དེས་འཕགས་པ་ཁྱོད་ཀྱི་མགོ་སྨད་དེ་ཉལ་བས་དེས་ཁྱོད་ཀྱི་ཁམས་མ་སྙོམས་པ་ཉིད་དུ་གྱུར་ཅིང་དྲོད་ཆུང་བར་ཡང་གྱུར་པས་རྐད་རྟེན་ཆུག་སྟེ་ཉོལ་ཅིག་ཅེས་སྨྲས ་པ་དང། དགེ་སློང་དག་གིས་སྨྲས་པ་བཅོམ་ལྡན་འདས་ཀྱིས་རྗེས་སུ་མ་གནང་ངོ་ཞེས་བྱ་བ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ། དེ་ལྟ་བས་ན་རྐང་རྟེན་བཅུག་སྟེ་མལ་བཅའ་བར་རྗེས་སུ་གནང་ངོ། །ཞེས་བྱ་བའི་བར་དུ་གསུངས་པ་ཡིན ་ཁྲི་བརྩེགས་མའི་སྟེང་དུ་འཇུག་པར་མི་བྱའོ་ཞེས་བྱ་བ་ལ་ཁྲི་བརྩེགས་མ་ཞེས་བྱ་བ་ནི་ཁྲིའི་སྟེང་དུ་ཁྲི་བཞག་པ་སྟེ། དེ་ལ་འདུག་པར་མི་བྱའོ། །འདིར་གཞུང་ནི་དེ་ནས་བཅོམ་ལྡན་འདས་འདི་སྙམ་དུ་དགོངས་ཏེ། དགེ་སློང་དག་ཁྲིའི་སྟེང་དུ་ཁྲི་བཞག ་པ་ལ་འཁོང་ན་ཉིས་དམིགས་འགའ་ཡོད་དོ་སྙམ་ནས་དེ་ལྟ་བས་ན་དགེ་སློང་གིས་ཁྲིའི་སྟེང་དུ་ཁྲི་བཞག་པ་ལ་འདུག་པར་མི་བྱའོ། །འདུག་ན་འགལ་ཚ་པས་ཅན་དུ་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །གང་ལ་ཁྲིའི་རྐེད?་པ་འཆོས་པའི་ལུང ་བྱེད་དུ་འགྱུར་ཞེ་ན་དེའི་ཕྱིར། ཚད་ལས་ལྷག་པར་བྱེད་དམ་བྱེད་དུ་འདུག་པ་ལའོ་ཞེས་བྱ་བ་སྨམྲས་ཏེ་འོག་ནས་འབྱུང་བའི་ཚད་ལས་ལྟག་པར་རང་གི་བྱེད་དམ་གཞན་བྱེད་དུ་འཇུག་པ་ལའོ། །གཉིས་པའི་འོག་མ་གསུམ་པོ་དག་ལ་ཡང་དེ ་ཞེས་བྱ་བ་ལ། གཉིས་པ་ཞེས་བྱ་བ་ནི་བསླབ་པའི་གཞི་འདིའི་འོག་མ་གཉིས་པ་ཤིང་བལ་ཀྱིས་གོས་པར་བྱས་པ་དགག་པ་ཞེས་བྱ་བའི་བསླབ་པའི་གཞིའོ། །དེའི་འོག་མ་གསུམ་པོ་དག་ཅེས་བྱ་བ་ནི་གདིང་བ་ལས་གྱུར ་པ་དང། གཡན་པ་དགབ་པ་ལས་གྱུར་པ་དང། དབྱར་གྱི་རས་ཆེན་ལས་གྱུར་བ་ཞེས་བྱ་བ་ངག་སྟེ། བསླབ་པའི་བཞི་དེ་གསུམ་ལ་ཡང་ཚད་ལས་ལྷག་པར་བྱེད་དམ་བྱེད་དུ་འཇུག་པ་ལ་ལྟུང་བྱེད་ཏུ་འགྱུར་པའོ། །གང་གི་ཚད་ལས་ལྷག ་པར་བྱེད་དམ་བྱེད་དུ་འཇུག་པ་ལ་ཞེན། རྐང་པ་དག་གིའོ་ཞེས་འོག་ནས་འབྱུང་ངོ། །གང་གིས་རྐང་པ་དག་ཅེ་ན་རེའི་ཕྱིར་ཁྲི་འམ་ཁྲིའུ་དག་གིའོ་ཞེས་བྱ་བ་སྨྲས་སོ། །ཅི་ཐམས་ཅད་ཀྱི་འམ་ཞེན་དེའི་ཕྱིར་དགེ་འདུན་གྱིའོ་ཞེས་བྱ ་བ་སྨྲས་སོ། །འོག་མ་ལ་ཡང་ངོ་ཞེས་བྱ་བ་ནི་བསླབ་པའི་བཞི་འདིའི་འོག་མ་ཤིང་བལ་གྱིས་གོས་པར་བྱས་པ་ཞེས་བྱ་བའི་བསླབ་པའི་བཞི་ལ་ཡང་ཁྲིའམ་ཁྲིའུ་དག་ལའོ། །དགེ་འདུན་གྱིའོ། ཞེས་བྱ་བར་དིག་པར་བྱའོ།། ་གང་གིས་ཚད་ལས་ལྷག་པར་བྱེད་དམ་བྱེད་དུ་འཇུག་པ་ལ་ཁྲིའི་རྐང་བ་འཆོས་པའི་ལྟུང་བྱེད་དུ་འགྱུར་ཞེན་དེའི་ཕྱིར་རྐང་པ་དག་གིའོ་ཞེས་བྱ་བ་སྨྲས་ཏེ། ཁྲིའམ་ཁྲེའུ་དེའི་གནས་སྐབས་ལ་རྐང་པ་ཅི་ཙམ་གྱིས་འགྲུབ་པ་སྟེ། རྐང ་པ་བཞིས་འགྲུབ་པར་ནི་དཔེར་ན་རྐང་པ་བཞི་པ་ལྟ་བུའོ། །གཉིས་སམ་གསུམ་གྱིས་འགྲུབ་པ་ནི་དཔེར་ན་ཤིང་གི་ཁྲིའུ་ཁ་ཅིག་ལྟ་བུ་སྟེ་དེ་རྙེད་ཅེས་བྱ་བ་ནི་ཤུག་གྱིས་ཁོང་དུ་ཆུད་པར་བྱའོ། །གཞན་གྱིས་བརྩམས་ལ་གཞན ་གྱིས་ཟིན་པར་བྱེད་པ་ནི་ཉེས་བྱས་སོ། །རབ་ཏུ་བྱུང་བ་གཞན་ལ་ཡང་ཞེས་བྱ་བ་ཐམས་ཅད་ནི་ཁང་བ་དང་གཙུག་ལགས་ཁང་དང་གདིང་བ་དག་ལས་ཁོང་དུ་ཆུད་པར་བྱའོ། །རྐང་པ་དེ་དག་གིས་ཚད་གང་ཡིན་ཞེ་ན་དེའི་ཕྱིར། དེ་དག་གི ་ཚད་ནི་བུ་གར་གཞུག་པའི་ཕྱོགས་མ་གཏོགས་པར་ཁྲུ་གང་དོ་ཞེས་བྱ་བ་སྨྲས་ཏེ། རྐང་པ་དེ་དག་གིས་ཚང་ནི་བུ་གར་གཞུགས་པ་ཞེས་བྱ་བའི་ཕྱོགས་དག་མ་གཏོགས་པར་རྐང་པ་ཉིད་ཀྱི་ཕྱོགས་ཀྱི་སྲིད་ཁྲུ་གང་ངོ་གལ་ཏེ་དེ་ལ་བུ་གར་གཞུགས་པ ་ཡོང་ན་?་བུ་གར་བཅུག་པའི་མཚམས་ནས་བརྩམས་ཏེ་ཁྲུ་གང་ངོ། །གལ་ཏེ་བུ་གར་བཞུགས་པ་མང་ན་ནི་བུ་གར་གཞུག་པའི་ཕྱོགས་ཀྱི་གོང་ཡན་ཆད་ཀྱི་ཆ་ལ་བུ་གང་གཞུག་པ་ཞེས་བྱ་བ་སྟེ། དེ་མ་གཏོགས་སོ། །ཁྲུ་ཅི་ལྟ་བུས་ཤེ་ན། དེའི་ཕྱིར་བདེ ་བར་གཤེགས་པའི་སུམ་ཆས་སོ་ཞེས་བྱ་བ་སྨྲས་ཏེ། བདེ་བར་གཤེགས་པའི་ཁྲུའི་སམ་ཆར་གྱུར་པ་སྟེ། བདེ་བར་གཤེགས་པའི་སོར་བརྒྱད་གྱིས་ཞེས་བྱ་བའི་ཐ་ཚིག་གོ། འོག་མ་དག་ལ་ཡང་ངོ་ཞེས་བྱ་བ་ནི། བསླབ་པའི་གཞི་འོག་མ ་ཤིང་བལ་གྱི་གོས་པར་བྱས་པ་དང། བདེ་བར་གཤེགས་པའི་ཆོས་གོས་ཀྱི་ཚད་ལས་གྱུར་པ་ཞེས་བྱ་བའི་བསླབ་པའི་བཞི་གཉིས་མ་གཏོགས་པ་གདིང་བ་ལས་གྱུར་པ་དང། གཡན་པ་དགབ་པ་ལས་གྱུར་པ་དང་དབྱར་གྱིས་རས་ཆེན་ལས ་གྱུར་པ་ཞེས་བྱ་བའི་གཞི་གསུམ་པོ་དག་ལ་ཡང་ཁྲུ་ཚད་ནི་བདེ་བར་གཤེགས་པའི་ཁྲུའི་གསུམ་ཆར་གྱུར་པས་རྣམ་པར་བཞག་པར་རིག་པར་བྱའོ། །ལ་ལ་ནི་རང་གི་ལུས་ཀྱི་ཚད་དང་འཐུན་པའི་གཞལ་བས་ཆོས་གོས་བཞིན་དུ་རྣམ་པར ་བཞག་ཏུ་ཡང་རུང་བ་སྟེ། བདེ་པར་གཤེགས་པའི་ཁྲུའི་སུམ་ཆས་གཞལ་བས་ནི་མི་འབྲེང་གི་ཁྲུ་ཚད་རྣམ་པར་འཇོག་པར་བྱེད་དོ། །ཁྲི་རྐང་འཚོས་པའི་ལྟུང་བྱེད་དོ་ཞེས་བྱ་བ་དེ་བཤད་ཟིན་ཏོ།། །།གང་ལ་ཤིང་བལ་གྱིས་གོས་པར་བྱས་པའི་ལྟུང་བྱེད་དུ་འགྱུར་ཞེ ་ན་དེའི་ཕྱིར། ཤིང་བལ་ཁྱིས་གོས་པར་བྱས་པ་ལའོ་ཞེས་བྱ་བ་སྨྲས་ཏེ། དགེ་འདུན་གྱི་ཁྲི་འམ་ཁྲིའུ་དག་ལ་ཤིང་བལ་བརྡལ་བ་ལའོ། །ཅི་རང་ཉིད་ཀྱིས་གོས་པར་བྱས་པ་ལ་འམ་ཞེ་ན་དེའི་ཕྱིར་རང་དམ་བསྐོས་པས་སོ་ཞེས་བྱ་བ་སྨྲས ་སོ་འདིར་ཤིང་བལ་ཇི་ལྟ་བུ་ཞིག་ཡིན་པར་རིག་པར་བྱ་ཞེ་ན་དེའི་ཕྱིར་ཤིང་བལ་ནི་ལྔ་སྟེ། ?་ལའི་དད། ཨ་རྐའི་དང། ཀ་ཤའི་དང། སྤྲ་བའི་དང། ཨ་ར་ཀའི་འོ་ཞེས་བྱ་བ་སྨྲས་ཏེ། ཚིག་དེ་དག་ནི་གོས་དང་ལུས་མ་རུངས ་པར་འགྱུར་བ་དགག་པའི་ཕྱིར་རོ། །ཤིང་བལ་གྱིས་གོས་པར་བྱས་པའི་ལྟུང་བྱེད་དོ་ཞེས་བྱ་བ་དེ་བཤད་ཟིན་ཏོ།། །།གདིང་བ་ལས་གྱུར་པའི་ལྟུང་བྱེད་སྨྲ་པར་འདོད་ནས་གདིང་བ་?་ཞེས་བྱ་བ་སྨྲས་ཏེ། ཚད་ལས་ལྷག་པར་བྱེད་དམ ་བྱེད་དུ་འཇུག་ན་ཞེས་བྱ་བ་དེ་དང་སྦྱར་རོ། །དེའི་ཚད་གར་ཞེ་ན། དེའི་ཕྱིར་འདིའི་ཚང་ནི་སྲིད་དུ་ཁྲུ་གསུམ་མོ་ཞེས་བྱ་བ་སྨྲས་ཏེ། གདིང་པ་འདིའི་ཚད་ནི་སྲིད་དུ་ཁྲུ་གསུམ་དུ་རིག་པར་བྱའོ་།མི་ཆོག་ན་ཁྲུ་ཕྱིར་དང་པོ་མན་ཆད་བསྐྱེད་དེ་ཞེས་བྱ་བ་ནི། ་གང་ལ་ཁྲུ་གསུམ་གྱིས་མི་འཆོག་པ་ངེས་ཅི་ཙམ་བསྐྱེད་པས་དོན་གྲུབ་པ་དེ་ཙམ་བསྐྱེད་པར་བྱ་བ་སྟེ། ཁྲུ་བྱེད་རང་དོན་ན་ཆད་པ་བསྐྱེད་པར་བྱའོ། །སྲིང་དུ་ཁྲུ་ཕྱེད་དང་དོ་བསྐྱེད་པར་བྱ་སྟེ། དེས་ན་གང་དེ་བའི་སྲིང་ཀྱི་ཚད་ནི་ཁྲུ་ཕྱེད་དང་ལྔའོ། །འདིའི ་ཞེད་དུ་ནི་ཕྲུ་དོ་དང་སོར་དྲུག་གོ་ཞེས་བྱ་བ་ནི། གདིང་བའི་ཞེང་གི་ཚད་ཅེས་བྱ་བར་སྦྱར་རོ། །དེ་ཆུང་ངུ་ལ་བྱིན་གྱིས་རློབ་ན་ཉེས་བྱས་སོ་ཞེས་བྱ་བ་ནི་གདིང་བ་དེའི་ཆུ་ཞིང་གི་ཚད་ཇི་སྐད་བསྟན་པ་དེ་ལས་ཆུད་བ་ལ་བྱིན་གྱིས་རློབ་ན་ཉེས་བྱས་སུ་འགྱུར ་པའོ། །འགོ་མ་གཉིས་ལ་ཡང་དོ་ཞེས་བྱ་བ་ནི། བསླབ་པའི་བཞི་འདིའི་འོག་མ་གཡན་པ་དགབ་པ་ལས་གྱུར་པ་དང་དབྱར་གྱི་རས་ཆེན་ལས་གྱུར་བ་ཞེས་བྱ་བ་གཉིས་ལས་ཡང་ཚད་ལས་ཆུང་བ་ལ་བྱིན་གྱིས་རློབ་པ་ལ་ཉེས་བྱས་སུ་འགྱུར ་བའོ་འདིར་གཞུང་ནི་དབྱར་གྱི་རས་ཆེན་ཆུང་ངུ་ལ་བྱིན་གྱིས་རློབ་ན་ཉེས་བྱས་སོ། །གཡན་པ་དགབ་པ་ལ་ཡང་དེ་དང་འདྲའོ་ཞེས་གསུངས་པ་ཡིན་ཏེ། དེའི་རྗེས་སུ་འབྲང་བས་གདིང་བ་ལ་ཡང་དེ་སྐད་སྨྲས་སོ། །གདིང་བྲལ་ས་གྱུར་པའི ་ལྟུང་བྱེད་དོ་ཞེས་བྱ་བ་དེ་ལ་བཤད་ཟིན་ཏོ། །གཡན་པར་གདབ་ལས་གྱུར་པའི་ལྟུང་བྱེད་སྨྲ་བར་འདོད་ནས། གཡན་པ་དགབ་པའི་འོ་ཞེས་བྱ་བ་སྨྲས་ཏེ། གཡན་པ་དགབ་པའི་ཚད་ལས་ལྷག་པར་བྱེད་དམ་བྱེད་དུ་འཇུག་ན་ལྟུང་ཕྱེད་དོ། །དེའི་ཚད་ཅི ་ཙམ་ཞེ་ན་དེའི་ཕྱིར། ཁྲུ་དྲུག་དང་གསུམ་མོ་ཞེས་བྱ་བ་སྨྲས་ཏེ། སྲིད་དུ་ནི་ཁྲུ་དྲུག་གསུམ་དུ་ནི་ཁྲུ་གསུམ་མོ། །གཡས་པ་དགབ་པ་ལས་གྱུར་པའི་ལྟུང་བྱེད་དོ་ཞེས་བྱ་བ་དེ་བཤད་ཟིན་ཏོ།། །།དབྱད་གྱི་རས་ཆན་ལས་གྲུབ་པའི་ལྟུང་བྱེད ་སྨྲ་བར་འདོད་ནས། དབྱར་གྱིས་རས་ཆེན་གྱིའོ་ཞེས་བྱ་བ་སྨྲས་ཏེ། ཚད་ལས་ལྷག་པར་བྱེད་དམ་བྱེད་དུ་འཇུག་ན་ལྟུང་བྱེད་དོ། །དེའི་ཆེད་ཅི་ཙམ་ཞེ་ན་དེའི་ཕྱིར། དབུ་དང་གསུམ་དད་སོར་བཅོ་བརྒྱད་དོ་ཞེས་བྱ་བ་སྨྲས་ཏེ། ཁྲུ་ཞེས་བྱ་བར་སྦྱར་རོ།། ་དབྱེར་གྱིས་རས་ཆེན་གྱིས་སྲིང?་དུ་ནི་ཁྲུ་དགུའོ། །ཞེང་དུ་ནི་ཁྲུ་གསུམ་དང་སོར་བཅོ་བརྒྱད་དོ། །དབྱར་གྱི་རས་ཆེན་ལས་གྱུར་པའི་ལྟུང་བྱེད་དོ། །ཞེས་བྱ་བ་དེ་བཤད་ཟིན་ཏོ། །བདེ་བར་གཤེགས་པའི་ཆོས་གོས་ཀྱི་ཚད་ལས་གྱུར་པའི་ལྟུང་བྱེད ་སྨྲ་བར་འདོད་ནས། སྟོན་པ་རང་གི་ཁྲུ་ལྔ་དང་གསུམ་པའི་ཆོས་གོས་སོ་ཞེས་བྱ་བ་སྨྲས་ཏེ། བདེ་བར་གཤེགས་པའི་ཆོས་གོས་ཀྱི་?་ནི་སྲིད་དུ་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་?་ཁྲུ་ལྔའོ་ཞེད?་དུ་ནི་ཁྲུ་གསུམ་མོ། །གང་ལ་བདེ་བར ་གཤགས་པའི་ཆོས་གོས་ཀྱི་ཆང་ལས་གྱུར་བའི་ལྟུང་བྱེད་དུ་འགྱུར་ཞེ་ན། དེའི་ཕྱིར་དེའི་ལུས་ཙམ་མེད་པར་དེའི་མེད་དམ་ལྷག་པའི་ཆོས་གོས་བྱེད་དམ་བྱེད་དུ་འཇུག་པ་ལའོ་ཞེས་བྱ་བ་སྨྲས་ཏེ། དེའི་ཚད་དམ་ཞེས་བྱ་བ་ནི། བདེ་བར་གཤེགས ་པའི་ཆོས་གོས་ཀྱི་ཚད་དང་མཉམ་པའོ། །ལྷག་པ་ཞེས་བྱ་བ་ནི་བདེ་བར་གཤེགས་པའི་ཆོས་གོས་ཀྱི་ཚད་ལས་ལྷག་པ་སྟེ། དེ་ལྟ་བུའི་ཆོས་གོས་བྱེད་དམ་བྱེད་དུ་འཇུག་པ་ལ་ཁ་ན་མ་ཐོ་བ་འདིར་འགྱུར་རོ། །ཅི་དགེ་སློང་ཐམས་ཅད་པའམ ་ཞེན་དེའི་ཕྱིར་དེའི་ལུས་ཙམ་མེད་པར་ཤེས་བྱ་བ་སྨྲས་ཏེ། དེའི་ལུས་ཤེས་བྱ་བ་ནི། བདེ་བར་གཤེགས་པའི་སྐུ་སྟེ་དགེ་སློང་གང་ལ་དེའི་སྐུ་ཙམ་གྱི་ལུས་ཡོད་པ་དེ་ནི་དེའི་ལུས་ཙམ་ཡོད་པའོ། །གང་ལ་དེའི་སྐུ་ཙམ་གྱི་ལུས་མེད་པ ་དེ་ནི་དེའི་ལུས་ཙམ་མེད་པ་སྟེ། དེ་ལ་ཁ་ན་མ་ཐོ་བ་འདིར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ་།བདེ་བར་གཤེགས་པའི་སྐུ་ཚད་ཙམ་གྱིས་ལུས་ཡོད་པ་ལ་ནི་བདེ་བར་གཤེགས་པའི་ཆོས་གོས་ཀྱི་ཚད་ཙམ་གྱི་ཆོས་གོས་བྱེད་དུ་འཇུག་པ་ལ་ལྟུང་བ་མེད་ངོ། །ལྷག་པ ་ལ་ནི་ཙ་རིགས་པར་ཁ་ན་མ་ཐོ་བ་ཡང་བར་འགྱུར་ཏེ། གང་ལ་བདེ་བར་གཤེགས་པའི་སྐུའི་ཚད་ཙམ་གྱི་ལུས་མེད་པ་དེས་བདེ་བར་གཤེགས་པའི་སྐུའི་ཚད་ཀྱི་ཆོས་གོས་སམ་དེ་ལས་ལྷག་པའི་ཆོས་གོས་བྱེད་དམ་བྱེད་དུ་འཛུབ་པ་ལ་ནི་ལྟུང་བྱེད་དོ།། ་བདེ་བར་གཤེགས་བའི་ཆོས་གོས་པས་ནི་ཆུང་ལ་དང་གི་ལུས་ལས་ནི་ཆེ་བའི་ཆོས་གོས་བྱེད་དམ་བྱེད་དུ་འཇུག་པ་ལ་ནི་ཉེས་བྱས་སོ། །གང་ལ་བདེ་བར་གཤེགས་པའི་སྐུའི་ཚད་ཙམ་མམ་དེ་ལས་ལྷག་པའི་ལུས་ཡོད་པ་ངེས་རང་གི་ཁྲུ་ལྔ་དང་གསུམ ་ལས་ལྷག་པའི་ཆོས་གོས་སུམ?་གྱུར་པ་དང་བ་ཉིད་གྱུར་པ་ལ་སོགས་བ་བྱེད་དམ་བྱེད་དུ་འཇུག་ན་ལྟུང་བྱེད་དོ། །སུམ་འགྱུར་དུ་མ་མཆོག་པ་མན་ཆད་ཉིས་འགྱུར་ཡན་ཆད་བྱེད་པ་ལྟ་ནི་ཉེས་བྱས་སུ་འགྱུར་པར་འདིར་དོན་ཅི་རིག་པར་སྦྱར་རོ། །འདིར་གཞུང་ནི ་གཏམ་གྱི་གཞི་ལས་ཆད་དང་ལྡན་པར་བགྱིད་པ་ལ་ལྟུང་བར་འགྱུར་བ་དང་ཚད་དང་ལྡན་པར་བགྱིད་པ་ལ་ལྟུང་བར་མི་འགྱུར་བ་འགའ་མཆིས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ། ཡོད་དེ་བདེ་བར་གཤེགས་པའི་ཆོས་གོས་ཀྱི་ཚད་དུ་བྱེད ་ན་ལྟུང་བྱེད་དོ། །དཀྱིལ་འཁོར་གྱི་ཚང་དུ་བྱེད་ལྟུང་བ་མེད་དོ་ཞེས་གསུངས་པ་ཡིན་ནོ། །དེ་ལ་བདེ་བར་གཤེགས་པའི་ཆོས་གོས་ཀྱི་ཚད་དུ་བྱེད་ན་ཞེས་བྱ་བ་ནི། རང་གི་ཁྲུ་ཚད་ལས་སུམ་འགྱུར་དུ་བྱེད་པ་ལ་ལྟུང་བྱེད་དུ་འགྱུར་བའོ། །དཀྱིལ་འཁོར་གྱི ་ཚང་དུ་བྱེད་ན་ཞེས་བྱ་བ་ནི། རང་གི་ཁྲུ་ལྔ་དང་གསུམ་མན་ཆད་ཆུང་དང་ལྡན་པར་བྱེད་པ་ལ་ལྟུང་བ་མེད་པ་སྟེ། འདིར་དོན་དེ་ཡིན་པར་རིག་པར་བྱེའོ། །དེ་བཅད་བར་མི་བྱའོ་ཞེས་བྱ་བ་ལ། དེ་ཞེས་བྱ་བ་ནི་བདེ་བར་གཤགས?་པའི་ཆོས་གོས་སམ་བདེ་བར་གཤེགས ་བའི་ཆོས་གོས་བས་ལྷག་པ་དེའོ། །བཅང་བར་མི་བྱའོ་ཞེས་བྱ་བ་ནི་ལུས་དང་འབྲེལ་པས་སམ་གཞན་ཡང་རུང་སྟེ། བྱིན་གྱིས་བརླབས་ནས་སམ་རྣམ་པར་བརྟགས་ནས་སམ་རྣམ་པར་མ་བརྟགས་པར་ཡང་བཅད་བར་མི་བྱ་བའོ། །འདིར་གཞུང་ནི་གོས་ཀྱི་གཞི ་ལས་བཙུན་པ་བདེ་བར་གཤེགས་པའི་ཆོས་གོས་ལྷག་ཉིད་དུ་འཆང་དུ་དབང་ངམ། ཉེ་བར་འཁོར་མི་དབང་ངོ་ཞེས་གསུངས་པ་ཡིན་ནོ། །བདེ་བར་གཤེགས་པའི་ཆོས་གོས་ཀྱི་ཚད་ལས་གྱུར་པའི་ལྟུང་བྱེད་དོ་ཞེས་བྱ་བ་དེ་བཤད་ཟིན་ཏོ།། །།ལྟུང་བྱད ་འབའ་ཞིག་ཏུ་འགྱུར་བ་རྣམས་རྫོགས་སོ།། །།ཞེས་བྱ་བ་དངོས་པོ་སྤང་དུ་མེད་ཅིང་ལྟུང་བྱེད་འབའ་ཞིག་བཤགས་པར་བྱ་བ་ལྟུང་བྱེད་དགུ་བཅུ་པོ་དག་བཤད་ཟིན་ཏོ།། །།ལྟུང་བྱེད་རྣམས་སྨྲས་ནས། ང་ནི་གྲོང་དང་ཁྱིམ་པ?་བཞན་ཉིད་དང་ན?། །སླབ་པ ་རྣམས་དང་དགོན་པ་ནི། །སངས་རྒྱས་ཕན་པ་གསུང་པོ་ཡིས། །སོ་སོར་བཤགས་པར་བྱ་བར་གསུངས། ཞེས་བྱ་བའི་རིམ་གྱིས་དེའི་འོག་ཏུ་བསྟན་པ་སོ་སོར་བཤགས་པར་བྱ་བའི་ཆོས་བཞི་པོ་དག་བརྗོད་པར་བྱའོ། །དགེ་སློང་མ་ལས་ཟས་ལེན་པའི་སོ་སོར ་བཤགས་པར་བྱ་བ་ལ་བྱེད་པ་པོ་ཉིད་གང་ཡིན་ཞེ་ན་དེའི་ཕྱིར། ཤེས་གཙོ་བོ་ཞེས་བྱ་བ་སྨྲས་ཏེ། འདིར་ཡང་ཤེས་གཙོ་བོ་ཞེས་བྱ་བའི་མིང་དང་འདུ་ཤེས་གཙོ་ཆེར་བྱེད་པ་པོ་ཉིད་དོ་ཞེས་བྱ་བའི་མིང་ཅན་དུ་སྦྱོར་བར་བྱེད་དོ། །གང་ལ་འདུ་ཤེས་གཙོ་ཆེར་བྱེད་པ ་པོ་ཡིན་ཞེ་ན། དེའི་ཕྱིར་དགེ་སློང་པ་ཉེ་དུ་མ་ཡིན་པ་ཉིད་པའོ་ཞེས་བྱ་བ་སྨྲས་ཏེ། གལ་ཏེ་དགེ་སློང་མ་ཡང་དགེ་སློང་དེའི་ཉེ་དུ་མ་ཡིན་པ་ཉིད་ཡིན་ལ། དགེ་སློང་གིས་ཀྱང་འདི་བདག་གི་ཉིད་མ་ཡིན་པ་ཉིད་དོ་སྙམ་དུ་ཤེས་ན་ཉེ་དུ་མ་ཡིན་པ་ཉིད་དེ་ལ་འདུ་ཤེས་གཙོ ་ཆེར་བྱེད་པ་པོ་ཉིད་ཡིན་ནོ། །ཅི་ཞིག་རྗེས་སུ་སྒྲུབ་ན་དེ་བྱེད་པ་པོ་ཉིད་ཡིན་ཞེ་ན་དེའི་ཕྱིར། རང་གིས་མི་འགྲིམ་པར་བསྒྲུབས་པའི་བཅའ་བ་དང་བཟའ་བ་དང་བདག་ཉིད་གྲོང་ན་འདུག་པས་བླངས་ཏེ་ཟོས་ནའོ་ཞེས་བྱ་བ་སྨྲས་ཏེ། ཉེ་དུ་མ་ཡིན་པའི ་དགེ་སློང་མཐོང་དམ་གཞན་གང་ཡང་རུང་བར?་འདུག་པས་རང་གི་ལག་གི་མི་འགྲིམ་པའི་རྣམ་པས་བསྒྲུབས་ཤིང་འཕུལ་བའི་བཅའ་བ་དང་བཟའ་བ་ལྟུང་བ་འབྱིན་པར་བྱེད་པའི་དགེ་སློང་བདག་ཉིད་གྲོང་ན་འདུག་པས་རང་གི་ལག་གིས་བླངས་ཏེ་བཅའ་ ་བ་དང་བཟའ་བ་དེ་དག་གནས་གང་ཡང་རུང་བར་འདུག་སྟེ་ཟོས་ན་དགེ་སློང་མ་ལས་ཟས་ལེན་པའི་སོ་སོར་བཤགས་པར་བྱ་བར་འགྱུར་རོ། །ཞེས་བྱ་པའི་ཐ་ཚིག་གོ། དེ་ལྟ་བས་ན་གལ་ཏེ་དགེ་སློང་ལམ་པོ་ཆེན་འདུག་པས་དགེ་སློང་མ་གང་ཡང་རུང ་བ་ན་འདུག་པ་དེ་ལས་བཅའ་བ་དང་བཟའ་བ་ལེན་ཅིང་ཟ?་བར་བྱེད་ན་དངོས་གཞིར་འགྱུར་རོ། །དེ་བཞིན་དུ་དགེ་སློང་ལམ་པོ་ཆེ་ན་འདུག་པ་མ་ཡིན་པས་དགེ་སློང་མ་ལམ་པོ་ཆེ་ན་འདུག་པ་དེ་ལས་བཅའ་བ་དང་བཟའ་བ་ལེན་ཅིང་ཟ་བར་བྱེད་ན་ནི་ཉེས་བྱས་སུ ་འགྱུར་རོ། །དགེ་སློང་གཙུག་ལག་ཁང་ན་འདུག་བས་དགེ་སློང་མ་གྲོང་ན་འདུག་པ་དེ་ལས་བཅའ་བ་དང་བཟའ་བ་ལེན་ཅིང་ཟ་བར་བྱེད་བ་དེ་ལ་ནི་ལྟུང་བ་མེད་དོ། །དེ་ལྟར་ཡང་འདིར་གཞུང་ནི་ཞུ་བ་ལས་བཙུན་པ་རེ་ཞིག་དགེ་སློང་དགེ་སློང་མའི་དབྱར་ཁང ་ན་མཆིས་པ་ལ་དགེ་སློང་མ་གྲོང་ན་མཆིས་པས་བཅའ་བ་དང་བཟའ་བ་སྩོལ་ལ་དེས་དེ་ན་མཆིས་པ་ལས་ལེན་ཅིང་བླངས་ནས་འཚལ་བར་བགྱིད་ན་ལང་བ་ཅིར་འགྱུར། ལྟུང་བ་མེད་དོ་ཞེས་གསུངས་པ་ཡིན་ནོ། །དེ་ལས་བཟློག་པ་ལ་ནི་ཉེས་བྱས་སོ། །ཁ ་ཅིག་ནི་འདི་སྐད་ཅེས་སྤྱོད་པ་མོ་དང་ལེན་པར་བྱེད་པ་གཉི་ག་ལམ་པོ་ཆེ་ན་འདུག་པ་དག་ལ་ནི་ཁ་ན་མ་ཐོ་བ་རྫོགས་བར་འགྱུར་རོ། །ཡན་ལག་ཅིག་མ་ཚང་པ་ལ་ནི་ཉེས་བྱས་སོ། །ཡན་ལག་གཉི་ག་མ་ཚང་བ་ལ་མི་ལྟུང་བ་མེད་དོ་ཞེས་ཟེར་རོ། །དབྱང་ཁང་ནི། ་གྲོང་ཉིད་མ་ཡིན་ནོ་ཞེས་བྱ་བའི་གཞུང་ནི་ཞུ་བ་ལས་ལྟུང་བ་མེད་དོ་ཞེས་སྔར་བསྟན་མ་ཐག་པ་ཉིད་ཡིན་ནོ། །དགེ་སློང་གི་གནས་ཀྱང་མ་ཡིན་ནོ་ཞེས་བྱ་བ་ཡང་གྲོང་ཉིད་མ་ཡིན་པའོ། །འདིར་གཞུང་ནི་ཞུ་བ་ལས་བཙུན་པ་རེ་ཞིག་དགེ་སློང་གི་དགེ་སློང་མ་ཉེད་དུ་མ་ལགས ་པ་ཁྱིམ་གཞན་དུ་ཞུགས་པ་ལས་བཅའ་བ་དང་བཟའ་བ་བླངས་ཏེ་ཆོས་ཤིང་འཚལ་ན་ལྟུངས་བར་མི་འགྱུར་བ་འགའ་མཆིས་སམ། ཡོད་དེ་དགེ་སློང་གནས་ན་འདུག་པས་དགེ་སློང་མ་ཁྱིམ་གཞན་ན་འདུག་པ་ལས་ལེན་ནའོ་ཞེས་གསུངས་པ་ཡིན་ནོ། ། ་ནམ་མཁའ་ནི་ཕྱེད་ཉིད་དོ་ཞེས་བྱ་བ་ནི། གྲོང་གི་སྟེང་གི་ནམ་མཁའ་ལ་འདུག་པས་བླངས་ཏེ་ཟ་ན་ཉེས་བྱས་སུ་འགྱུར་བའོ། །འཇོག་པར་བྱེད་པ་ཉེ་བར་མི་གནས་ན་བཞག་པ་ལེན་པ་ནི་དེ་ལས་མ་ཡིན་ནོ་ཞེས་བྱ་བ་ནི། འཇོག་པར་བྱེད་པའི་དགེ་སློང་མས་ཟས ་གང་གྲོང་དུ་འཇོག་པར་བྱེད་བའི་དགེ་སློང་མ་དེས་ཟས་དེ་གྲོང་དུ་བཞག་ནས་གུང་དུ་སོང་སྟེ་དེ་ན་ཉེ་བར་མི་གནས་ན་དགེ་སློང་དེས་ཟས་དེ་གྲོང་དེ་ནས་ལེན་བར་བྱེད་ཀད་དེས་ཟས་དེ་འཇོག་པར་བྱེད་པ་དེ་ལས་བླངས་པ་མ་ཡིན་ནོ། །འདིར་གཞུང་ནི་དགེ་སློང་མས ་གྲོང་དུ་བཞག་པར་གྱུར་པ་དེ་དགེ་སློང་གིས་ཡིད་བཅུགས་པས་བླངས་ཏེ་ཟ་བར་བྱེད་ན་ལྟུང་བ་མེད་དོ་ཞེས་གསུངས་པ་ཡིན་ནོ། །གལ་ཏེ་ཡིད་བཅུགས་པ་མེད་པས་ལེན་ན་ནི་མ་བྱིན་པར་ལེན་པར་གཏོགས་པའི་ཁ་ན་མ་ཐོ་བར་ཡང་འགྱུར་རོ། །དགེ་སློང་མ ་ལས་ཟས་ལེན་པའི་སོ་སོར་བཤགས་པར་བྱ་བ་སྟེ་དང་པོའོ་ཞེས་བྱ་བ་དེ་བཤད་ཟིན་ཏོ། གྲལ་རིམས་སུ་མ་ཕེབས་པར་འབྲིམ་དུ་འཇུག་པ་མ་བཟློག་པར་ཟ་བའི་སོ་སོར་བཤགས་པར་བྱ་བ་ལ་བྱེད་པ་པོ་གང་ཡིན་ཞེ་ན། དེའི་ཕྱིར་དེ་འམ་དགེ་སློང ་གཞན་ལ་འདི་ལ་བཅའ་བའམ་བཏུང་བའམ་སྤན་ཚོད་དམ་བཟའ་བ་འམ་ཡང་ན་བྱིན་ཅིག་ཅེས་བྱ་བ་ལ་སོགས་པས་སྐོ་ཤམ་བྱེད་པ་ལ་ཞུགས་པའི་དགེ་སློང་མ་འདུག་པ་ནི་བྱེད་པ་པོ་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། དེ་འམ་ཞེས་བྱ་བ་ནི་ལྟུང་བ་འབྱིན ་པར་བྱེད་པ་ཉིད་དུ་བརྗོད་པར་འདོད་པའི་དགེ་སློང་དེ་ལའོ།། །།དགེ་སློང་གཞན་ལ་ཞེས་བྱ་བ་ནི། དགེ་སློང་མང་པོ་གཞན་གང་ཡང་རུང་བ་ལའོ། །འདི་ལ་བཅའ་བ་བྱིན་ཅིག་ཅེས་བྱ་བ་ནས་བཟའ་བ་བྱིན་ཅིག་ཅེས་བྱ་བའི་བར?་དང ་ཡང་ལྷག་པར་བྱིན་ཅིག་ཅེས་བྱ་བ་ལ་སོགས་པས་ནི་སྐོ་ཤམ་བྱེད་པ་བསྟན་ཏོ། །སོགས་པ་ཞེས་བྱ་བའི་སྒྲས་ནི་ཟས་ལྷག་མ་དག་སྟོབས་པ་ཡང་བསྡུ་བའི་ཕྱིར་རོ། །སྐོ་ཤམ་བྱེད་བ་དེ་ལྟ་བུ་དེ་ལ་ཞུགས་པའི་དགེ་སློང་མ་གང་ཡིན་པ་དེ་འདུག་པ་གང ་ཡིན་པ་དེ་ནི་ལྷུང་བ་འདིའི་བྱེད་པ་པོ་ཡིན་པར་ཤེས་པར་བྱའོ། །ཅི་དགེ་སློང་མ་དེ་ལྟར་གྱུར་པ་ཐམས་ཅད་ཀྱི་འདུག་པ་དེ་བྱེད་པ་པོ་ཉིད་ཡིན་ནམ་ཞེ་ན། དེའི་ཕྱིར་གལ་ཏེ་དེའི་ཚིག་གིས་སམ་དེའི་ཉེ་དུས་འགྲོན་དུ་བོས་པ་མ་ཡིན་ནའོ་ཞེས་བྱ་བ་སྨྲས་ཏེ། ་གལ་ཏེ་དགེ་སློང་རྣམས་མགྲོན་དུ་བོས་བ་དགེ་སློང་མས་དེའི་ཚིག་གིས་མ་ཡིན་པ་དང། ཡོན་བདག་གང་གིས་དགེ་སློང་རྣམས་མགྲོན་དུ་བོས་པ་དེ་སྐོ་ཤམ་བྱེད་པ་ལ་ཞུགས་པའི་དགེ་སློང་མ་དེའི་ཉེ་དུ་མ་ཡིན་ན་དེའི་བྱེད་པ་པོ་ཉིད་ཡིན་པའོ། །འདིར ་གཞུང་ནི་དེའི་ཚིག་གིས་མགྲོན་དུ་བོས་པར་གྱུར་ན་ལྟུང་བ་མེད་དོ་ཞེས་གསུངས་པ་དང་ཞུ་བའི་གཞུང་ལས་ཉེ་དུའི་གནས་ལ་ལྟུང་བ་མེད་དོ་ཞེས་གསུངས་པ་ཡིན་ནོ། །སྤྱིར་བཏང་བ་བསྟན་ནས་དམིགས་ཀྱིས་བསལ་བ་བསྟན་པའི་ཕྱིར། བྱུག་རིས་སྟོན་པ ་དང་མ་བྱིན་པ་ལ་སྦྱིན་དུ་འཇུག་པ་མ་གཏོགས་སོ་ཞེས་བྱ་བ་སྨྲས་སོ། །སྐོ་ཤམས་ལ་ཞུགས་པ་ལ་སྔར་བསྟན་པ་ལས་འདི་གཉིས་དབྲི་བར་བྱའོ། །བྱུག་རིས་སྟོན་པ་ཞེས་བྱ་བ་ནི་ད་འདིར་བྲིམས་ཤིག། དེའི་འོག་ཏུ་འདིར་བྲིམས་ཤིག་ཅེས་བྱ་བ ་ལ་སོགས་པས་གྲལ་རིམ་བཞིན་དུ་མདུན་གྱི་བྱུག་རིས་སྟོན་པར་བྱེད་པའོ། །མ་བྱིན་པ་ལ་སྦྱིན་དུ་འཇུག་པ་ཞེས་བྱ་བ་ནི། གང་གི་ཚེ་བྱུག་རིས་སྔ་མ་ལས་ཐོས་རྒལ་དུ་འདས་ཏེ་བྱུག་རིས་འོག་མར་བྱིན་པར་གྱུར་པ་དེའི་ཚེ་ན། བྱུག ་རིས་གོང་མ་བཀོལ་པ་ཤོས་དེར་སྦྱིན་དུ་འཇུག་པའོ། །ཅི་ཞིག་བྱས་ན་དེ་བྱེད་པ་པོ་ཡིན་ཞེ་ན་དེའི་ཕྱིར། དེ་ལ་དགེ་སློང་གང་ཡང་རུང་བ་ལྷན་ཅིག་མི་ཟ་བས་ཀྱང་རུང་བས་སྲིང་མོ་ཁྱོད་དགེ་སློང་རྣམས་ཟས་ཟོས་ཀྱི་བར་དུ་རེ་ཞིག་སྡོད་ཅིག ་ཅེS་མ་བསྒོ་བར་དགེ་སློང་གསུམ་ལ་སོགས་པ་མགྲོན་དུ་བོས་པས་ཟོས་ནའོ་ཞེས་བྱ་བ་སྨྲས་ཏེ། དགེ་སློང་མདེ་ལམ་བསྒོ་བར་ཟོས་ན་ཁ་ན་མ་ཐོ་བར་འདིར་འགྱུར་རོ། ཞེས་བྱ་བར་སྦྱར་རོ། །དེ་ལ་ཞེས་བྱ་བ་ནི་དགེ་སློང་མ་དེ ་ལ་སྟེ་དེ་མ་བསྒོ་བར་ཟོས་ན་ཁ་ན་མ་ཐོ་བ་འདིར་འགྱུར་རོ། །སུས་མ་བསྒོ་བར་ཞེ་ན། དེའི་ཕྱིར་དགེ་སློང་གིས་ཞེས་བྱ་བ་སྨྲས་སོ། །ཅི་ལྟུང་བ་འབྱིན་པར་བྱེད་པ་ཁོ་ནས་སམ་ཞེ་ན། མ་ཡིན་ཏེ་དེའི་ཕྱིར་གང་ཡང་རུང་བས་ཞེས་བྱ་བ་སྨྲས་སོ།། ་དགེ་སློང་སྟོན་མོ་དེའི་ནང་དུ་ཟན་ཟོས་ཟིན་ནས་སྔར་ལངས་པ་དེས་བསྒོ་བ་བྱས་ན་ཡང་བསྒོ་བ་ཉིད་ཡིན་པས་དེའི་ཕྱིར་ལྷན་ཅིག་མི་ཟ་བས་ཀྱང་རུང་བས་ཞེས་བྱ་བ་སྨྲས་ཏེ། འདིར་གཞུང་ནི་དགེ་སློང་གཞན་དག་ཟོས་ཏེ་འབྱུང་ཞིང་གཞན་དག ་འཇུག་པས་ཞེས་གསུངས་པ་ཡིན་ནོ། །གང་གི་ཚེ་དགེ་སློང་དེ་དག་ཐམས་ཅད་ལངས་པར་གྱུར་ཟིན་ཅིང་དགེ་སློང་གཞན་དག་ཅིག་འཁོད་བར་གྱུར་ན་དེ་ལ་ནི་ལྷན་ཅིག་མི་ཟ་བས་ཞེས་བྱ་བར་མི་གཟུང་སྟེ། ཟན་ཐ་དད་བའི་ཕྱིར་རོ། །འདིར་ཟན་གཅིག ་པ་ཉིད་ཡན་ལག་ཏུ་བཞེད་པས་དེའི་ཕྱིར་ཟ་བར་བྱེད་པ་ཐམས་ཅད་མ་ལངས་པ་ཉིད་ན་འགའ་ཞིག་ལངས་པ་ནི་ལྷན་ཅིག་མི་ཟ་བ་ཉིད་ཡིན་པར་ཤེས་པར་བྱའོ། །དགེ་སློང་དེ་དག་གིས་ཇི་སྐད་བསྒོ་བར་བྱ་ཞེ་ན། དེའི་ཕྱིར་སྲིད་མོ་ཁྱོད་དགེ་སློང་རྣམS ་ཟན་ཟོས་ཀྱི་བར་དུ་རོ་ཞིག་སྤོང་ཅིག་ཅེས་ཞེས་བྱ་བ་སྨྲས་ཏེ། དེ་ཡང་བཟློག་པར་བྱ་བའི་ཚིག་གི་དཔེ་ཙམ་དུ་ཟད་དོ། །མ་བསྒོ་བར་ཞེས་བྱ་བ་ནི། དགེ་སློང་མ་དེ་ལ་ཇི་སྐད་སྨོས་པའི་རྣམ་པ་དེ་དག་གིས་གལ་ཏེ་མ་བསྒོ་ཞིང་བརྔ་མ་སྤྲད?་བར་རོ། །དགེ་སློང ་གསུམ་ལ་སོགས་པ་མགྲོན་དུ་བོས་པས་ཟོས་ནའོ་ཞེས་བྱ་བ་ནི། གཉིས་མན་ཆད་ལ་ནི་ན་སྨད་པ་ཡིན་པས་གསུམ་ཡན་ཆད་མགྲོན་དུ་བོས་པ་ཇི་སྙེད་ཀྱིས་ཟོས་པ་དེ་དག་ཐམས་ཅད་ལ་ཁ་ན་མ་ཐོ་བ་འདིར་འགྱུར་བའོ། །ཅི་མགྲོན ་དུ་བོས་པ་གང་ཡང་རུང་བས་གང་ཡང་རུང་བ་ཟོས་པ་ལ་འམ་ཞེ་ན། དེའི་ཕྱིར་རིགས་ཀྱིའོ་ཞེས་བྱ་བ་སྨྲས་ཏེ། གལ་ཏེ་བྲམ་ཟེ་དང་ཁྱིམ་བདག་གི་།རིགས་ཀྱིས་མགྲོན་དུ་བོས་པ་དེས་སོ། །རིགས་ཀྱི་དྲུང་ཉིད་དུ་ཟོས་ན་སྟེ། གཞན་དུ་མ་ཡིན་ནོ།། ་དགོན་པ་དང་གཙུག་ལག་ཁང་ལ་སོགས་པ་སྦྱིན་བདག་རིགས་ཀྱི་མི་ཐམས་ཅད་འདུས་པ་འམ་དེས་བསྐོས་པ་ལ་སོགས་པས་ཟན་སྦྱར་བ་དེ་ཡང་རིགས་ཀྱི་ཟན་སྦྱར་བ་ཉིད་ཡིན་པར་རིག་པར་བྱ་སྟེ། དེའི་ཕྱིར་ཁྱིམ་དུ་ཞེས་མ་སྨོས་སོ། །རིགས ་ཀྱི་ཟན་ལས་གཞན་པ་གཙུག་ལག་ཁང་ལ་སོགས་པའི་ཟན་དང། དགེ་སློང་གཅིག་གམ་གཉིས་མགྲོན་དུ་བོས་པ་ལ་ནི་འདིའི་རྗེས་སུ་འབྲང་བས་ཉེས་བྱས་སུ་ཤེས་པར་བྱའོ། །འདིར་དགེ་སློང་མ་ཐག་ཇི་སྲིད་ན་འདུག་པར་གྱུར་པ་ཁ་ན་མ་ཐོ་བ ་ཇི་ལྟ་བུའི་བྱེད་པ་པོ་ཡིན་ཞེ་ན་དེའི་ཕྱིར་གལ་ཏེ་ཚིག་དེ་ཉེ་བར་གདགས་སུ་རུང་ན་དངོས་གཞིའོ་ཞེས་བྱ་བ་སྨྲས་ཏེ། གལ་ཏེ་སྲིང་མོ་ཁྱོད་དགེ་སློང་རྣམས་ཟན་ཟོས་ཀྱི་བར་དུ་རེ་ཞིག་སྡོད་ཅིག་ཅེས་བྱ་བའི་ཚིག་དེ་དགེ་སློང་མ་དེ་ལ་ཉེ་བར་གདགས ་ཤིང་སྒོར་རུང་བའི་ཐག་དེ་ཙམ་ངན་འདུག་པ་ལ་ཉེ་བར་མ་བརྟགས་ཤིང་མ་སྒོ་ན་དངོས་གཞིའི་ལྟུང་བའི་བྱེད་པ་པོ་ཡིན་ནོ། །གལ་ཏེ་མི་རུང་ན་ཉེས་བྱས་ཀྱིའོ་ཞེས་བྱ་བ་ནི། གལ་ཏེ་དེ་སྐད་ཉེ་བར་གདགས་ཤིང་སྒོར་མི་རུང་བའི་ཐག་དེ་ཙམ་ན་འདུག ་པ་ལ་ཉེ་བར་མ་བརྟགས་ཤིང་མ་བསྒོ་ན་ཉེས་བྱས་ཀྱི་བྱེད་པ་པོ་ཡིན་ནོ། །འདིར་ཉེས་བྱས་ཀྱི་གཞུང་ནི་གང་དག་བར་ཁང་ན་ཟ་བ་དེ་དག་གིས་དགེ་སློང་མ་དེ་ལ་བསྒོ་འམ་ཞེས་དྲི་བར་བྱ་སྟེ། མ་དྲིས་པར་ཟན་ཉེས་བྱས་སུ་འགྱུར་རོ། །གང་དག་སྒོ ་ཁང་ན་ཟ་བ་དེ་དག་གིས་དགེ་སློང་མ་དེ་ལ་བསྒོ་འམ་ཞེས་དྲི་བར་བྱ་སྟེ་མ་དྲིས་པར་ཟན་ཉེས་བྱས་སུ་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །འདིར་དངོས་གཞིའི་གཞུང་ནི་དགེ་སློང་དག་ཁ་ཅིག་ནི་ཁང་ཐོག་ན་ཟ་བར་བྱེད། །བཅིག་ནི་བར་ཁང་ན་ཟ?་བར་བྱེད་ལ་དེ་ན ་གལ་ཏེ་དགེ་སློང་མ་སྐོ་ཤམ་བྱེད་ཅིང་འདུག་པར་གྱུར་ན་དགེ་སློང་དེ་དག་གིས་དགེ་སློང་མ་དེ་ལ་བསྒོ་བར་བྱའོ། །མ་བསྒོ་བར་ཟན་སོ་སོར་བཤཌ་པར་བྱ་བར་འགྱུར། དགེ་སློང་དག་ཁ་ཅིག་ནི་འོག་ཁང་ན་ཟ་བར་བྱེད་ཁ་ཅིག་ནི་སྒོ་ཁང་ན་ཟ་བར་བྱེད་ལ་དེ་ན་གལ་ཏེ་དགེ ་སློང་མ་སྐོ་ཤམ་བྱེད་ཅིང་འདུག་པར་གྱུར་ན་དགེ་སློང་དེ་དག་གིས་དགེ་སློང་དེ་ལ་བསྒོ་བར་བྱའོ། །མ་བསྒོ་བར་ཟ་ན་སོ་སོར་བཤགས་པར་བྱ་བར་འགྱུར་རོ་ཞེས་གསུངས་པ་དེ་གཉིས་ཡིན་ནོ། །འདི་ལ་བསྒོ་བ་ཉིད་དུ་རྣམ་པར་གནས་པ་ནི་ཤེས་གཙོ་བོ ་ཞེས་བྱ་བ་ལ། འདི་ལ་ཞེས་བྱ་བ་ནི། བསླབ་པའི་གཞི་འདི་ལའོ། །བསྐོ་བ་ཉིད་དུ་གནས་པ་ནི་ཤེས་གཙོས་ཏེ་འདུ་ཤེས་གཙོ་ཆེར་བྱེད་པ་པོ་ཉིད་ཡིན་པས་འདུ་ཤེས་ཀྱི་དབང་གིས་གནས་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ་།དེའི་ཕྱིར་དྲི་བ་ལ་བརྩོན ་པར་བྱའོ་ཞེས་བྱ་བ་ནི། གང་གི་ཕྱིར་འདུ་ཤེས་གཙོ་ཆེར་བྱེད་པ་པོ་ཉིད་ཡིན་པ་ངའི་ཕྱིར་དགེ་སློང་མ་དེ་ལ་བསྒོ་འམ་ཞེས་དྲི་བ་ལ་བརྩོན་པར་བྱའོ། །འདིར་གཞུང་ནི་རྣམ་པར་འབྱེད་པ་ལས་དགེ་སློང་མ་དེ་ལ་བསྒོ་འམ་ཞེས་?་བར་བྱའོ་ཞེས་གསུངས ་པ་ཡིན་ནོ། །འདི་ལ་རྒན་པའི་འཇུག་ན་གསར་བུས་ཇུག་པར་བྱའོ་ཞེས་བྱ་བ་ནི། དྲི་བ་འདི་ལ་རྒན་པས་འཇུག་པར་བྱའོ། དེ་མི་འཇུག་ན་གསར་བུས་འཇུག་པར་བྱའོ། །གྲལ་རིམས་སུ་མ་ཕེབས་པར་འདྲིམ་དུ་འཇུག་པ་མ་བཟློག་པར་ཟ་བའི་སོ་སོར ་བཤགས་བར་བྱ་བ་སྟེ་གཉིས་བའོ་ཞེས་བྱ་བ་དེ་བཤད་ཟིན་དོ།། །།བམ་པོ་སུམ་ཅུ་བདུན་པ། །བསླབ་པ་བྲལ་ཏེ་ཁྱིམ་དུ་འཇུག་པའི་སོ་སོར་བཤགས་པར་བྱ་བ་སྨྲ་བར་འདོད་ནས། དད་པ་ཅན་ལ་གལ་ཏེ་བྱིན་ན་དེ་ཕོངས་པར་འགྱུར་བ་ ་ལྟ་ན་ཁྱིམ་གྱི་བརླབས་པའི་སྡོམ་པ་སྦྱིན་པར་བྱའོ་ཞེས་བྱ་བ་སྨྲས་ཏེ། དད་པ་ཅན་ཞེས་བྱ་བ་ནི། ཁྱིམ་བདག་སྟེ་དེ་ལ་ཁྱིམ་གྱིས་བསླབ་བའི་སྡོམ་པ་སྦྱིན་པར་བྱའོ་ཞེས་བྱ་བར་སྦྱར་རོ། །གལ་ཏེ་བྱིན་ན་དེ་འཕོངས་པར་འགྱུར ་བལྟ་ན་ཞེས་བྱ་བ་ནི་གལ་ཏེ་སྦྱིན་པ་བྱིན་ན་དད་པ་ཅན་དེ་ཡོ་བྱད་ཀྱིས་ཕོངས་པར་འགྱུར་བ་ལྟ་ནའོ། །དེ་ལྟ་ན་དེ་ལ་ཁྱིམ་གྱི་བསླབ་པའི་སྡོམ་པ་བྱིན་པར་བྱ་སྟེ། ཁྱིམ་ལ་བརྟེན་པའི་བསླབ་པ་དེ་ཉིད་སྡོམ་པར་གྱུར་ཅིང་ངེས་པ་ཡིན་པས་སྡོམ་པ ་སྟེ་དགེ་སློང་སྡོམ་པ་དེ་ལ་གནས་པ་སྦྱིན་པར་བྱའོ། །གང་གིས་ཤེས་ན་དེའི་ཕྱིར་གསོལ་བས་སོ། ཞེས་བྱ་བ་སྨྲས་ཏེ། གསོལ་བ་འབའ་ཞིག་གིས་ལས་ཀྱིས་སོ། ཞེས་བྱ་བའི་ཐ་ཚིག་གོ་།བག་ཡངས་སུ་བྱ་བ་ཡང་ངོ་ཞེས་བྱ་བ་ནི། སྡོམ་པ ་དེ་བག་ཡངས་སུ་བྱ་ཞིང་གཞིག་པ་ཡང་གསོལ་བ་འབའ་ཞིག་གིས་ལས་ཀྱིས་བྱ་བའོ། །སྦྱིན་པ་དེའི་སེམས་རྟགས་ནས་ཁྱིམ་དུ་འགྲོ་བ་དང་སྟན་ལས་འདུག་པ་དང་ཆོས་བསྟན་པ་དག་བྱའོ་ཞེས་བྱ་བ་ལ། བྱིན་པ་དེ་བྱ་བ་ནི། གང་ལ ་ཁྱིམ་གྱི་བསླབ་པའི་སྡོམ་པ་དེ་ནི་བྱིན་པ་དེ་ཞེས་བྱའོ། །བྱིན་པ་དེ་ནི་སེམས་རྟོགས་པས་དེའི་ཁྱིམ་དུ་འགྲོ་བ་དང་དེའི་བརྟན་ལ་ལོངས་སྤྱོད་པ་དང། དེ་ལ་ཆོས་སྟན་པ་དག་ཀྱང་བྱའོ། །ལྷུང་བཟེད་སྟོང་བས་འཇུག་བར་མི་བྱའོ་ཞེས་བྱ་བ་ནི། ་དགེ་སློང་གང་གིས་ལྷུང་བཟེད་སྟོང་བ་དེ་ནི་ལྷུང་བཟེད་སྟོང་པ་སྟེ་ལྷུང་བཟེད་སྟོང་པ་དང་ལྡན་པའི་དེ་དགེ་སློང་དེས་བསླབ་བའི་སྡོམ་པ་བྱིན་པའི་ཁྱིམ་དུ་འཇུག་པར་མི་བྱའོ། །དེའི་བྱིན་པ་སློང་བ་དག་ལ་བསོད་སྙོམས་ལས་སྣུམ་ཁུར ་བྱིན་པར་བྱ་ཞིང་རིལ་གྱིས་ནི་མི་སྦྱིན་ནོ་ཞེས་བྱ་བ་ནི། དགེ་སློང་བསོད་སྙོམས་བླངས་ཏེ་བསླབ་པའི་སྡོམ་པ་བྱིན་པ་དེའི་ཁྱིམ་དུ་སོན་པ་ན་བསླབ་པའི་སྡོམ་པ་བྱིན་པ་དེའི་བྱིས་བས་ཟས་སློང་བ་དག་ལ་དགེ་སློང་དེས་རང་གི་བསོད་སྙོམས་དེ་ལས ་སྣུམ་ཁུར་སྦྱིན་པར་བྱའོ། །དེ་ཡང་མཚོན་པ་ཙམ་དུ་ཟད་དེ་བཅའ་བར་བྱ་བ་གཞན་དག་ཀྱང་སྦྱིན་པར་བྱའོ། །བསོད་སྙོམས་རིལ་གྱིས་ནི་སྤྱིན་པར་མི་བྱ་སྟེ། གཞན་མུ་སྟེགས་ཅན་མ་དད་པ་དག་འཕྱ་བའི་ཉེས་པ་སྤང་བའི་ཕྱིར་རོ། །འདོད་ན་བག ་ཡོངས་སུ་བྱའོ་ཞེས་བྱ་བ་ནི། གལ་ཏེ་དད་པ་ཅན་དེ་བག་ཡངས་སུ་བྱ་བ་དེ་འདོད་པར་གྱུར་ན་དེའི་ཚེ་དེ་ལ་ཁྱིམ་གྱིས་བསླབ་པའི་སྡོམ་པ་དེ་བག་ཡངས་སུ་བྱ་ཞིང་གཞིག་པར་བྱ་བའོ། །གང་ལ་བསླབ་པར་དྲལ་ཏེ་ཁྱིམ་དུ་འཇུག་པའི་སོ་སོར ་བཤགས་བར་བྱ་བ་འབྱུང་བར་འགྱུར་ཞེ་ན་དེའི་ཕྱིར། དེ་སྦྱིན་པའི་མདུན་རོལ་དུ་མགྲོན་དུ་མ་བོས་བས་བསླབ་པའི་སྡོམ་པ་བྱིན་པའི་ཁྱིམ་ནས་བཅའ་བ་དང་བཟའ་བ་དག་བླངས་ཤིང་ཟོས་པ་ལ་སྟེ་ག་གོན་དང་ལ་ཕུག་དང་ལྡམ་ལྡུམ་མོད་པ་དག ་ནི་མ་གཏོགས་སོ་ཞེས་བྱ་བ་སྨྲས་ཏེ། །བསླབ་པའི་སྡོམ་པ་བྱིན་པའི་ཁྱིམ་ནས་བཅའ་བ་དང་བཟའ་བ་དག་བླངས་ཤིང་ཟོས་པ་ལ་ཁ་ན་མ་ཐོ་བ་འདིར་འགྱུར་རོ་ཞེས་བྱ་བར་སྦྱར་རོ། །ཅི་དགེ་སློང་ཐམས་ཅད་ལ་ཁ་ན་མ་ཐོ་བ་འདིར་འགྱུར་རམ་ཞེ་ན ་དེའི་ཕྱིར་དེ་བྱིན་པའི་མདུན་རོལ་དུ་མགྲོན་དུ་མ་བོས་བས་ཞེས་བྱ་བ་སྨྲས་ཏེ། བསླབ་པའི་སྡོམ་པ་དེ་བྱིན་པའི་མདུན་རོལ་ཏུ་མགྲོན་དུ་མ་བོས་པའི་དགེ་སློང་གིས་ཟོས་ན་ཁ་ན་མ་ཐོ་བ་འདིར་འགྱུར་གྱི་བསླབ་པའི་སྡོམ་པ་དེ་བྱིན་པའི་མདུན་རོལ་ཏུ ་མགྲོན་དུ་བོས་ན་ནི་སླབ་པའི་སྡོམ་པ་བྱིན་པ་ན་ཟོས་ཀྱང་ལྟུང་བ་མེད་དོ། །བསླབ་པའི་སྡོམ་པ་སྦྱིན་པའི་ཁྱིམ་ནས་ཞེས་བྱ་བ་ལ། ཅི་ཙམ་དུ་གཡོས་མལ་གཅིག་པ་དང་ནོར་མ་བགོས་པ་ཉིད་ཡིན་པ་དེ་ཚུན་ཆད་ནི་འདིར་ཁྱིམ་གཅིག་ཉིད་ཡིན་པས ་བསླབ་པའི་སྡོམ་པ་བྱིན་པའི་ཁྱིམ་དེ་ནས་སོ། །ཁྱིམ་དེ་ནས་དགེ་སློང་རང་གི་ལག་གིས་བཅའ་བ་དང་བཟའ་བ་དག་བླང་ཤིང་ཟོས་བ་དེ་ལ་ཁ་ན་མ་ཐོ་བ་འདིར་འགྱུར་རོ། །ཅི་བཅའ་བ་དང་བཟའ་བ་གང་ཡང་རུང་བ་ཐམས་ཅད་ཟོས་པ་ལ་འམ་ཞེ་ན ་དེའི་ཕྱིར་ག་གོན་དང་ལ་ཕུག་དང་ལྡམ་ལྡུམ་མོད་པ་དག་ནི་མ་གཏོགས་སོ་ཞེས་བྱ་བ་སྨྲས་ཏེ། གང་གིས་ག་གོན་ལ་སོགས་པ་འདི་དག་དང་དེ་དག་གི་ཚོང་ཅི་ངན་དུ་ལེན་པས་དེ་ལ་གནོད་པ་འགའ་ཡང་མི་འགྱུར་བ་ནི་མ་གཏོགས་ཏེ་འདི ་ལྟར་དེ་དག་ནི་མོད་པ་ཉིད་ཡིན་པའི་ཕྱིར་དེ་ལ་ལྟུང་བ་མེད་དོ། །བསླབ་པ་དྲལ་ཏེ་ཁྱིམ་དུ་འདུག་པ་གང་ཡིན་པ་དེ་ནི་ཤིན་ཏུ་ལྟོ་འདུན་ཅན་ཉིད་ཡིན་པས་དེའི་ཕྱིར་ལྟུང་བ་འདི་རྣམ་པར་བཞག་པ་མཛད་དོ། །བསླབ་པ་དྲལ་ཏེ་ཁྱིམ་དུ་འཇུག་པའི་སོ་སོར་བཤགསཅ ་པར་བྱ་བ་སྟེ་གསུམ་པའོ་ཞེས་བྱ་བ་དེ་བཤད་ཟིན་ཏོ། །ནགས་བརྟག་པ་ལས་གྱུར་པའི་སོ་སོར་བཤགས་པར་བྱ་བ་སྨྲ་བར་འདོད་ནས། ནགས་ཉུལ་བའི་དགེ་སློང་བསྐོ་བར་བྱའོ་ཞེས་བྱ་བ་སྨྲས་ཏེ། ནགས་ཉུལ་བར་བྱེད་པས་ན་ནགས་ཉུལ་བ་སྟེ་ཅི་འདི ་ལ་ཆོམ་རྐུན་པ་དག་ཡོད་དམ་འོན་ཏེ་མེད་ཅེས་ནགས་རྟོག་པར་བྱེད་པ་ནི་ནགས་ཉུལ་བའི་དགེ་སློང་སྟེ་དེ་གསོལ་བ་དད་གཉིས་ཀྱི་ལས་ཀྱིས་བསྐོ་བར་བྱའོ། །དགེ་ཚུལ་ལ་སོགས་པ་གཞན་ནི་གཏན་རུང་བ་མ་ཡིན་པའི་ཕྱིར་འདིར་དགེ་སློང་ཁོ་ན་ལ་བརྟེན་པ ་མཛད་དོ། །དེ་གང་གིས་ཕྱིར་བསྐོ་བ་དེའི་ལས་བསྟན་པའི་ཕྱིར་ངེས་དཔག་ཚང་བྱེད་ཁོར་ཁོར་ཡུག་ཏུ་བརྟག་པར་བྱའོ། །འཇིགས་པ་དང་བཅས་པ་ཉིད་ཡིན་ན་དུད་པར་ད་བརྟུལ་བར་བྱའོ། །བ་དན་སྔོན་པོ་བསྒྲེང་བར་བྱའོ། །འདབ་མའི་ཆང་བུ་དག་ལམ ་ཀར་གཞག་པར་བྱའོ། ཞེས་བྱ་བ་སྨྲས་ཏེ་དགེ་སློང་ངེས་དཔག་ཚད་ཕྱེད་ཁོར་ཁོར་ཡུག་ཏུ་བརྟག་པར་བྱའོ། །གལ་ཏེ་ནགས་འཇིགས་པ་དང་བཅས་པ་ཉིད་ཡིན་ན་དུད་བརྡ་ལ་སོགས་པ་མདོ་ལས་ཇི་སྐད་སྨོས་པ་དག་བྱའོ། །གཞན་དུ་ན་དཀར་པོ་དག ་གོ་ཞེས་བྱ་བ་ནི། གལ་ཏེ་ནགས་འཇིགས་པ་མེད་པར་གྱུར་ན་བ་དན་དཀར་པོ་དག་བསྒྲེང་བར་བྱའོ། །འདོད་པ་ཉིད་ཡིན་ན་དེ་ལ་ཁྱེའུ་སུས་དང་གྲོགས་དག་ཀྱང་སྦྱིན་པར་བྱའོ་ཞེས་བྱ་བ་ནི། ནགས་ཉུལ་བའི་དགེ་སློང་དེ་གལ་ཏེ་འདོད་པ་ཉིད་ཡིན་? ་ཁྱེའུ་སུས་ཀྱང་སྦྱིན་པར་བྱ། གྲོགས་དག་ཀྱང་བསྒོ་བར་བྱའོ། །ནགས་བརྟག་པ་ལས་གྱུར་པའི་སོ་སོར་བཤགས་པར་བྱ་བ་འདི་ལ་བྱེད་པ་པོ་གང་ཡིན་ཞེ་ན། དེའི་ཕྱིར། ཤེས་བཙོ་བོ་ཞེས་བྱ་བ་སྨྲས་ཏེ། འདིར་ཡང་ཤེས་གཙོ་ཞེས་བྱ་བའི་མིང ་དང་འདུ་ཤེས་གཙོ་ཆེར་བྱེད་པ་པོ་ཉིད་དོ་ཞེས་བྱ་བའི་མིང་ཅན་དུ་སྦྱོར་བར་བྱེད་དོ། །གང་ལ་འདུ་ཤེས་གཙོ་ཆེར་བྱེད་པ་པོ་ཉིད་ཡིན་ཞེ་ན། དེའི་ཕྱིར་ནགས་མ་མྱུལ་བ་ཉིད་ལའོ་ཞེས་བྱ་བ་སྨྲས་ཏེ། ནགས་འཇིགས་པ་མེད་པ་ཉིད་དུ་ངེས་པར་མི ་ཤེས་པ་ཉིད་ལའོ། །རེ་ཞིག་བདག་གིས་དོན་ནི་གྲུབ་པར་ཟིན་གྱིས། དགེ་འདུན་དང་སྦྱིན་པ་པོའི་གནོད་པ་བསྲུངས་པ་འདིས་ཁོ་བོ་ལ་ཅི་བྱ་ཞེས་བདག་ཉིད་རྐང་པ་ཙམ་གྱིས་མཆོག་པར་འཛིན་ཅིང་འཇིགས་པ་དང་བཅས་པའི་གནས་སུ་ཟས ་བླངས་ཏེ་ཟ་བ་ལ་ཁ་ན་མ་ཐོ་བ་འདིར་འགྱུར་རོ། །དེ་ལྟར་ཡང་འདིར་གཞུང་ནི་དགེ་འདུན་གྱི་དགོན་པའི་གནས་དོགས་པ་དང་བཅས་པར་གྲགས་པ་འཇིགས་པ་དང་བཅས་པར་གྲགས་པ་འཇིགས་པ་ཐ་དད་པས་འཇིགས་སུ་རུང་བ་དང་བཅད་བར་གྲགས ་བཞིག?་ཏུ་ཞེས་གསུངས་པ་ཡིན་ནོ། །འདིར་ནགས་ཞེས་བྱ་བ་ནི། དགོན་པར་གྱུར་པ་ཙམ་ཉིད་ལས་དགོངས་ཏེ་གསུངས་པ་ཡིན་གྱི་ཤིང་ལྗོན་པའི་ཚོགས་ཐིབས་པོ་འབའ་ཞིག་ལ་ནི་མི་བྱའོ། །ཅི་ཞིག་བྱས་ན་འདུ་ཤེས་གཙོ་ཆེར་བྱེད་པ་པོ་ཉིད་ཡིན ་ཞེ་ན་དེའི་ཕྱིར། ཀུན་དགའ་ར་བའི་ཕྱི་རོལ་གྱི་དགོན་པར་བཅའ་བ་དང་བཟའ་?་བླངས་ཏེ་ཟོས་ནའོ་ཞེས་བྱ་བ་སྨྲས་ཏེ། གྲོང་གི་ཕྱི་རོལ་ནས་རྒྱང་གྲགས་གཅིག་གིས་མཛའ་གང་ཡིན་པ་དེ་ནི་དགོན་པའི་དང་པོ་ཡིན་པས་དགེ་སློང་ཀུན་དགའ་ར་བ་ན ་གནས་པས་དེའི་ཕྱི་རོལ་དེར་བཅའ་བ་དང་བཟའ་བ་བླངས་ནས་གང་ཡང་རུང་བ་དེ་དག་ཟོས་ན་ཁ་ན་མ་ཐོ་བ་འདིར་འགྱུར་རོ། །བསྲུང་བ་བསྒྲུབ་ན་ཕྱེད་ཉིད་དོ་ཞེས་བྱ་བ་ནི། གང་གི་ཚེ་ནགས་དེ་འཇིགས་པ་མེད་པ་ཉིད་དུ་མྱུལ་བས་སྦྱིན་པ་པོ་དག ་གི་བསྲུང་བ་བསྒྲུབ་པར་གྱུར་པ་དེའི་ཚེ་ཀུན་དགའ་།?་བའི་ཕྱི་རོལ་གྱི་དགོན་པ་དེར་བཅའ་བ་དང་བཟའ་བ་དག་ཟོས་ན་ཕྱེད་ཉིད་དེ་ཉེས་བྱས་བྱེད་པ་ཉིད་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ་།འཇིགས་པ་དང་བཅས་པའི་གནས་ལས་གཞན ་དུ་གྱུར་པ་ཉིད་དུ་ཡང་ངོ་ཞེས་བྱ་བ་ནི། དགོན་པ་དེའི་ཀུན་དགའ་ར་བའི་ཕྱི་རོལ་འཇིགས་པ་དང་བཅས་པའི་གནས་སུ་གྲགས་པ་དེ་ལས་གཞན་དུ་འདུག་སྟེ་བཟའ་བ་ལ་ཡང་ཕྱེད་ཉིད་དོ་ཞེས་བྱ་བའི་རྗེས་བསྙགས་པའི་ཕྱིར་ཡང་ངོ་ཞེས་བྱ་བའི་སྒྲ ་སྨྲས་སོ། །འདིར་མདོ་སྔ་མ་དང་འདི་གཉིས་ཀྱི་གཞུང་ནི་བཙུན་པ་རེ་ཞིག་དགེ་སློང་གིས་ཀུན་དགའ་ར་བའི་སླད་རོལ་དུ་རང་གི་སུག་བས་བཅའ་བ་དང་བཟའ་བ་བླངས་ཏེ་འཚལ་བར་བགྱིད་ཅིང་ཆོམ་ཀུན་པ་དག་ཀྱང་སླར་བཟློག་པར་བགྱིད། སྦྱིན་པ ་པོ་སྦྱིན་བདག་ཀྱང་བདེ་བར་ཀུན་དགའ་ར་བར་འཛུད་པར་བགྱིད་ན་ལྟུང་བ་ཅིར་འགྱུར་ཉེས་བྱས་སོ་ཞེས་གསུངས་པ་ནི་མདོ་སྔ་མའི་གཟུང་ཡིན་ན། །ཤུལ་གྱི་ཕྱེད་དུ་མཆིས་ཏེ་འཚལ་ན་ལྟུང་བ་ཅིར་འགྱུར། ཉེས་བྱས་སོ་ཞེས་གསུངས་པ་ནི་མདོ ་འདིའི་གཞུང་ཡིན་ནོ། །དགེ་སློང་མ་ལས་ཟས་ལན་པའི་སོ་སོར་བཤགས་པར་བྱ་བ་དང་པོ་ལ་ནི་རང་གིས་ཞེས་སྨོས་པས་གཞན་ནི་ན་སྨད་པ་ཉིད་ཡིན་ནོ། །གཉིས་པ་ལ་སོགས་པ་སོ་སོར་བཤགས་པར་བྱ་བ་གསུམ་པོ་དག་ལ་ནི་རང་གིས ་ཞེས་མ་སྨོས་པས་སྤྲིད་ཡིག་ལ་སོགས་པ་དང་མངགས་པ་བླངས་པ་ལ་ཡང་ཁ་ན་མ་ཐོ་བ་འདྲའོ། །ནགས་བརྟགས་པ་ལས་གྱུར་པའི་སོ་སོར་བཤགས་པར་བྱ་བ་སྟེ་བཞི་པའོ་ཞེས་བྱ་བ་དེ་བཤད་ཟིན་ཏོ། །སོ་སོར་བཤགས་པར་བྱ་བ་རྣམས ་རྫོགས་སོ།། །།ཞེས་བྱ་བ་སོ་སོར་བཤགས་པར་བྱ་བའི་ཆོས་བཞི་པོ་དགེ་བཤད་ཟིན་ཏོ། །སོ་སོར་བཤགས་པར་བྱ་བའི་ཆོས་རྣམས་སྨྲས་ནས་ད་ནི། ཤམ་ཐབས་ལ་ནི་རྣམ་བདུན་དང། །སྟོད་གཡོགས་ལ་ཡང་རྣམ་གསུམ་དང།། ་ཤིན་ཏུ་བསྡམ་ལ་སོགས་པ་ལྔ། །མགོ་གཡོགས་ལ་སོགས་རྣམ་པ་ལྔ། །ཞེས་བྱ་བ་ལ་སོགས་པའི་རིམ་གྱིས་སོ་སོར་བཤགས་བར་བྱ་བའི་ཆོས་རྣམས་ཀྱི་འོག་ཏུ། བསྟན་པ་བསླབ་པའི་ཆོས་མང་པོ་དག་བསྡུ་བའི་ཕྱིར་ཤམ་ཐབས་ཅི ་ནས་ཀྱང་ཟླུམ་པོར་འདུག་པར་འགྱུར་བ་དེ་ལྟར་བགོ་བར་བྱའོ་ཞེས་བྱ་བ་སྨྲས་ཏེ། ཟླུམ་པོ་ཞེས་བྱ་བ་ནི་མཛའ་ཨི་ཁ་མཉམ་པར་འདུག་པའོ། །ཧ་ཅང་རྩེངས་པ་མ་ཡིན་པ་ཡང་ངོ་ཞེས་བྱ་བ་ལ་འདིར་ཧ་ཅང་རྩེངས་པ་ཞེས་བྱ་བ་ནི། པུས་མོ་གཉིས་ལས ་གོང་དུ་ཐལ་བ་ཉིད་དོ། །དེ་ལྟར་ཧ་ཅང་རྩེངས་པ་མ་ཡིན་པར་ཟླུམ་པོར་བགོ་བར་བྱའོ། །ཞེས་བྱ་བའི་རྗེས་སྙགས་པའི་ཕྱིར་ཡང་ངོ་ཞེས་བྱ་བའི་སྒྲ་སྨོས་ཏེ། ཧ་ཅང་རྩེངས་པ་མ་ཡིན་པ་ཞེས་བྱ་བ་ལ་སོགས་པ་མདོ་ལྷག་མ་དྲུག་ནི་ཟླུམ་པོ་ཞེས ་བྱ་བའི་མདོ་སྔ་མ་དེའི་སྤྲོས་པ་ཡིན་གྱི་རྣམ་པར་གཞན་བསྟན་པ་ནི་མ་ཡིན་ནོ། །ཧ་ཅང་འཇོལ་བ་མ་ཡིན་པར་རོ་ཞེས་བྱ་བ་ལ། ཧ་ཅང་འཇོལ་བ་ཞེས་བྱ་བ་ནི་ལོངས་བུའི་ཚིག་ལ་རེགས་པ་ཉིད་དེ། དེ་ལྟ་བུ་མ་ཡིན་པར་ཤམ་ཐབས་ཟླུམ་པོར་བགོ ་བར་བསླབ་པར་བྱའོ། །གྲཝ་གླང་པོ་ཆེའི་སྣ་ལྟར་ནར་བ་མ་ཡིན་བར་རོ་ཞེས་བྱ་བ་ལ། གྲཝ་ཞེས་བྱ་བ་ནི་ཕྱོགས་གཅིག་སྟེ་འདིར་ཁ་འཚར་དང་ཕུན་ཚར་གྱི་མཛའ་མ་བཅད་པའི་གྲཝ་དག་ལ་ནི་གླང་པོ་ཆེའི་སྣ་ལྟར་ནར་བ་དག་ཡོད་པས་དེ་ལྟ་བུ་མ་ཡིན་པར ་ཤམ་ཐབས་ཟླུམ་པོར་བགོ་བར་བསླབ་པར་བ་བྱའོ། །གོང་དུ་མ་ལྟེབས་པར་རོ་ཞེས་བྱ་བ་ནི། ལྟེ་བའི་གོང་རོལ་ཏུ་ཏ་ལའི་ལོ་མ་ལྟར་ལྟེབས་ཤིང་འདུག་པ་དེ་ལྟ་བུ་མ་ཡིན་པར་ཤམ་ཐབས་ཟླུམ་བར་བགོ་བར་བསླབ་པར་བྱའོ། །ཕུར་མ་ལྟར ་འདུག་པ་མ་ཡིན་པར་རོ་ཞེས་བྱ་བ་ནི། གློ་ནས་ཕྱི་རོལ་གྱི་རིམ་པའི་གྲཝ་ཕུར་མ་ལྟར་འདུག་པ་དེ་ལྟ་བུ་མ་ཡིན་པར་ཤམ་ཐབས་ཟླུམ་པོར་བགོ་བར་བསླབ་པར་བྱའོ། །སྦྲུལ་མགོའི་གདེངས་ཀ་ལྟར་ཕྱིར་བྱུང་བ་མ་ཡིན་པར་རོ་ཞེས་བྱ་བ་ནི། མདུན་གྱི་ལྟེ ་བའི་འོག་ཏུ་ཤམ་ཐབས་ཀྱི་ནང་དང་འབྲེལ་པའི་རིམ་པ་སྦྲུལ་མགོའི་གདེངས་ཀ་ལྟར་ཕྱིར་བྱུང་བ་དེ་ལྟ་བུ་མ་ཡིན་པར་ཤམ་ཐབས་ཟླུམ་པོར་བགོ་བར་བསླབ་པར་བྱ་བའོ། །གོང་དུ་མ་ལྟེབས་པར་རོ་ཞེས་བྱ་བ་དང་འདི་གཉིས་ནི་ལྟེབ་གི ་ཁ་ལོགས་ན་གནས་པའི་རྣམ་པ་ཡིན་ནོ། །ཆོས་གོས་ཅི་ནས་ཀྱང་དང་པོ་གསུམ་ལྟར་འགྱུར་བ་དེ་ལྟར་བགོ་བར་བྱའོ་ཞེས་བྱ་བ་ལ། ཆོས་གོས་ཞེས་བྱ་བ་ནི་བླ་གོས་དང་སྣམ་སྦྱར་རོ། །ཤམ་ཐབས་བྱིན་གྱིས་མ་བསླབས་པ་ལ་སོགས་པས ་དག་ལ་ཡང་རྣམ་པ་འདི་དག་རིག་པར་བྱའོ། །དང་པོ་གསུམ་ཞེས་བྱ་བ་ནི་ཟླུམ་པོར་འདུག་པ་དང་ཧ་ཅང་རྩེངས་པ་མ་ཡིན་པ་དང་ཧ་ཅང་འཇོལ་བ་མ་ཡིན་པ་ཞེས་བྱ་བ་དེ་དག་གོ། ཤིན་ཏུ་བསྡམས་ཤིང་ཁྱིམ་གཞན་དུ་འགྲོ་བར་བྱའོ་ཞེས་བྱ་བ་ནི། ་རྣམ་པ་རབ་ཏུ་བརྟག་པ་ལ་སྦྱར་བ་སྟེ། ལག་པ་དང་རྐང་པ་སྐྱོང་བ་ལ་སོགས་པ་མི་བྱ་བར་མཉམ་པར་བཞག་པའི་རྣམ་པས་ཁྱིམ་གཞན་དུ་འགྲོ་བར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ་།ལེགས་པར་བགོས་ཤིང་ངོ། །སྒྲ་བསྐྱང་ཞིང་ངོ། །མིག ་གཡེང་བར་མི་བྱ་ཞིང་ངོ། །གཉའ་ཤིང་གང་ཙམ་དུ་བལྟ་ཞིང་ངོ་ཞེས་བྱ་བ་ལ། ལེགས་པར་བགོས་པ་ཞེས་བྱ་བ་ནི། ཤམ་ཐབས་དང་སྟོད་གཡོགས་དག་གིས་གཡོགས་པར་བྱ་བའི་ལུས་ལ་མཉམ་པར་གཡོགས་ཤིང་ཞེས་བྱ་བའི་ཐ་ཚིག་གོ། ་སྒྲ་བསྐྱུངས་པ་ཞེས་བྱ་བ་ནི་ཅ་ཅོ་བསྐྱུངས་ཞིང་ངོ། །མིག་གཡེང་བར་མི་བྱ་བ་ཞེས་བྱ་བ་ནི་མིག་འཁྲུལ་བ་མེད་པར་རོ། །གཉའ་ཤིང་གང་ཙམ་དུ་བལྟ་ཞེས་བྱ་བ་ནི། གང་ལ་གཉའ་ཤིང་གང་ཙམ་དུ་ལྟ་བའི་དང་ཚུལ་ཡོད་པ་དེ་ནི་གཉའ་ཤིང ་གང་ཙམ་དུ་ལྟ་བ་སྟེ་དེ་ལྟར་རོ། །མགོ་མི་གཡོགས་པའི་རྣམ་པས་སོ་ཞེས་བྱ་བ་ནི། རས་ལ་སོགས་པས་མགོ་གཡོག་བའི་རྣམ་པ་དེ་ལྟ་བུས་ཁྱིམ་གཞན་དུ་འགྲོ་བར་མི་བྱ་བའོ། །མི་བརྫེ་བར་རོ་ཞེས་བྱ་བ་ནི། ཅི་ཙམ་གྱི་འཇོམས?་ཀྱི་ཕྱོགས ་སྣང་བར་འགྱུར་བ་དེ་ཙམ་དུ་ཤམ་ཐབས་མི་བརྫེ་བར་རོ། །དེ་ལྟ་བས་ན་ཐ་མ་ལ་པར་གནས་པ་ཆར་བ་ལ་སོགས་པའི་གནོད་པ་བྱུང་ཡང་ཤམ་ཐབས་དང་ཆོས་གོས་བརྫེས་ཏེ་འགྲོ་བར་མི་བྱའོ། །ཚུལ་ཁྲིམས་ལ་སོགས་པའི་པར་?་ཀྱི་དབང ་གིས་ནི་འགྲོ་བར་བྱའོ། །དེ་ལྟར་ཡང་དྲུག་སྟེ་དག་ཤམ་ཐབས་བརྫེས་ཏེ་ཁྱིམ་གཞན་དུ་འགྲོ་ན་བྲམ་ཟེ་དང་ཁྱིམ་བདག་དང་བ་ཅན་དག་འདི་སྐད་ཅེས་འཕགས་པ་དག་ནི་མི་ཤད་པ་དང་གཅི?་བ་བྱས་ནས་འགྲོ་བ་དང་འདྲའོ། ཞེས་འཕྱ་བར་བྱེད་དོ་ཞེས ་གསུངས་པ་ཡིན་ནོ། །མི་གཟར་བར་རོ་ཞེས་བྱ་བ་ནི། ཆོས་གོས་ཕྲག་པའི་ཕྱོགས་སུ་གཟར་ཏེ་བཞག་བ་ཉིད་ནི་གཟར་བ་ཞེས་བྱ་སྟེ། དགེ་སློང་དག་ལ་ནི་དྲག་པ་གཡོན་པར་གཟར་བར་གྲིགས?་པ་ཉིད་དེ་ཡིན་པ་ཡུལ་ཇི་རྟ་དག་ནི་ན་དེས་གཉི་གར་རོ།། ་གཉའ་གོང་དུ་མི་བསྣོལ་བར་རོ་ཞེས་བྱ་བ་ནི། ལག་པ་གཡས་པ་མདུན་དུ་བཏང་སྟེ་དཔུང་པའམ་ཕྲག་པ་འམ་གཉའ་བའ་ཨི་ཕྱོགས་སུ་བཞག་ལ་གཡོན་པ་ཡང་གཡས་པ་གཞིན་དུ་བྱས་པ་དེ་ནི་གཉའ་གོང་དུ་བསྣོལ་བ་སྟེ་དེ་དེ་ལྟར་མི་བསྣོལ ་བར་རོ། །ལྟག་པར་མི་བསྣོལ་བར་རོ་ཞེས་བྱ་བ་ནི། ལག་པ་ཅུང་ཟད་དམ་ཏེ་པོར་ཀྱང་སྟེ་ལྷག་པ་འམ་དཔུང་མགོར་ལག་པ་གཉིས་ཕན་ཚུན་ནས་ཕྲང་ཅིང་བསྩོལ་བ་ནི་ལྷག་པར་བསྣོལ་བ་ཞེས་བྱའོ།། །འདི་སྐད་བསྟན་སྟེ་ལྷག་པའི་ཕྱོགས་སུ ་ལག་པ་ཕན་ཚུན་ནས་སྤྲད་དེ་སོར་མོ་བསྣོལ་བ་ནི་ལྟག་པར་བསྣོལ་བ་ཞེས་བྱ་སྟེ་དེ་ལྟར་མི་བསྣོལ་བར་རོ། །ར་ནི་མཆོས་ལ་སོགས་པ་རྣམ་པ་ལྔ། །ལུས་ལ་སོགས་པ་རྣམ་པ་ལྔ། །འདུག་པར་བྱ་བ་དགུ་དག་དང། །བྱིན་ལེན་བྱ་བ་བརྒྱད་རྣམས ་སོ། །ཞེས་བྱ་བའི་རིམ་པ་བཤད་པར་བྱ་སྟེ། མི་མཆོད་པ?་རོ་ཞེས་བྱ་བ་ནི། །མཆོད་ཞིང་མཆོད་ཞིང་འགྲོ་བར་མི་བྱའོ། །མི་བརྐྱང་བར་རོ་ཞེས་བྱ་བ་ནི། སྒྱིད་པ་བརྐྱང་སྐུམ་བྱེད་ཅིང་འགྲོ་བར་མི་བྱའོ། །ཙོག་པུས་མ་ཡིན་བར་རོ་ཞེས་བྱ་བ་ ་ནི། ཙོག་པུས་འགྲོ་བར་མི་བྱ་བའོ། །བྲང་བས་མ་ཡིན་པར་རོ་ཞེས་བྱ་བ་ནི། རྐང་བའི་རྟིང་པ་བཏེག་སྟེ་སོར་མོའི་བྲད་བས་ལ་ཕབ་སྟེ་འགྲོ་བར་མི་བྱ་བའོ། །དཀུར་མི་བརྟེན་བར་རོ་ཞེས་བྱ་བ་ནི། ལག་པ་གཉིས་རྙེད་བའི ་ཕྱོགས་སུ་བརྟེན་གྲུ་མོའི་ཕྱོགས་སྨྱུང་སྨྱུང་པོར་བྱས་ཏེ་འགྲོ་བར་མི་བྱ་བའོ། །ལུས་མི་བསྒྱུར་བར་རོ་ཞེས་བྱ་བ་ནི། གང་དུ་འགྲོ་བ་དེ་ལུས་བསྒྱུར་ཞིང་འགྲོ་བ་ནི་ལུས་བསྒྱུར་ཞིང་འགྲོ་བ་ཞེས་བྱ་སྟེ། དེ་ནི་བྱ་བའི་བྱེ་བྲག་ཡིན་པས་དེའི་ཕྱིར་ལུས ་བསྒྱུར་བ་ཞེས་བྱ་བའི་བྱ་བ་དེ་བྱེད་ཅིང་ཁྱིམ་གཞན་དུ་འགྲོ་བར་མི་བྱའོ། །ལག་མི་ཀྱོག་པར་རོ་ཞེས་བྱ་བ་ཡང། བྱ་བའི་བྱེ་བྲག་ཡིན་ཏེ་ལག་པ་ཀྱོག་ཅིང་ཁྱིམ་གཞན་དུ་འགྲོ་བར་མི་བྱའོ། །མགོ་མི་བསྒྱུར་བར་རོ་ཞེས་བྱ་བ་ཡང་བྱ་བའི ་བྱེ་བྲག་ཡིན་ཏེ། མགོ་བསྒྱུར་ཞིང་ཁྱིམ་གཞན་དུ་འགྲོ་བར་མི་བྱ་བའོ། །ཕྲག་པ་མི་སྤྲད་པར་རོ་ཞེས་བྱ་བ་ནི། གཞན་དག་དང་ཕྲག་པ་གཉིས་སྦྲད་ཅིང་ཁྱིམ་གཞན་དུ་འགྲོ་བར་མི་བྱ་བའོ། །ལག་པ་མི་སྦྲེལ་པར་རོ་ཞེས་བྱང་ནི་གཞན ་དག་དང་ལག་པ་སྦྲེལ་ཏེ་ཁྱིམ་གཞན་དུ་འགྲོ་བར་མི་བྱ་བའོ། །ཕྲག་པ་མི་སྤྲད་པར་རོ་ཞེས་བྱ་བ་ནི། གཞན་དག་དང་ཕྲག་པ་གཉིས་སྦྲད་ཅིང་ཁ་ཡིམ་གཞན་དུ་འགྲོ་བར་མི་བྱ་བའོ། །ལག་པ་མི་སྦྲེལ་པར་རོ་ཞེས་བྱང་ནི་གཞན ་འདུག་པར་མི་བྱའོ་ཞེས་བྱ་བ་ནི། ཁྱིམ་གཞན་དེར་ཁྱིམ་བདག་གིས་མ་བསྒོ་བར་དགེ་སློང་སྟན་ལ་འདུག་པར་མི་བྱ་བ་སྟེ། ཅི་སྲིད་དུ་མ་བསྒོ་བ་དེ་སྲིད་དུ་སྟན་ལ་འདུག་པར་མི་བྱའོ་ཞེས་བྱ་བའི་ཐ་ཚིག་།སྟན་ལ་མ་བརྟག་ཕར་མི་བྱའོ ་ཞེས་བྱ་བ་ནི། ཁྱིམ་གཞན་དེར་སྟན་ལ་མ་བརྟགས་པར་འདུག་པར་མི་བྱ་བའོ། །ལུས་ཐམས་ཅད་ཀྱི་ལྡིད་ཀྱིས་མི་དབབ་པར་རོ་ཞེས་བྱ་བ་ནི། ཁྱིམ་གཞན་དང་སྟན་ལ་ཐོན་པོ་དཔར་དལ་བུས་ལུས་ཕབ?་སྟེ་འདུག་པར་བྱའི། །གྱ་ཙོམ་དུ ་ལུས་ཐམས་ཅད་ཀྱིས་ལྗིད་ཀྱིས་ཕབ་སྟེ། ཐིགS་ཞེས་འདུག་པར་མི་བྱ་བའོ། །རྐང་པ་མི་བསྣོལ་བར་རོ་ཞེས་བྱ་བའི། རྐང་པའི་སྟེང་དུ་རྐང་པ་གཞག་སྟེ་འདུག་པར་མི་བྱ་བའོ། །བརླ་མི་བསྣོལ་བར་རོ་ཞེས་བྱ་བ་ཡང་བརླའི་སྟེང་དུར་རླ? ་བཞག་སྟེ་འདུག་པར་མི་བྱའོ། །ལོང་བུའི་སྟེང་དུ་ལུད་བུ་མི་བཞག་པར་རོ་ཞེས་བྱ་བ་ཡང། ལུང་བུའི་སྟེང་དུ་ལོང་བུ་བཞག་སྟེ་འདུག་པར་མི་བྱ་བར་རོ། །རྐང་པ་མི་དགུག་པར་རོ། །རྐང་པ་མི་གསང་བར་རོ། །འདོམས་མི་སྣང་བར་རོ་ཞེས་བྱ ་བྱ་བ་འདིས་ནི། བརླ་གཉིས་སམ་བྱིན་པ་གཉིས་སམ་རྐང་པ་གཉིས་སམ་ཡང་ན་ཐམས་ཅད་ཀྱང་རུང་སྟེ། ཐད་ཀར་གདང་སྟེ་འདུག་པར་མི་བྱ་བ་བསྟན་ཏོ། །ལག་པ་ལ་འགྲམ་པ་བསྟེན་ཏེ་མི་བྱའོ་ཞེས་བྱ་བ་ནི་ཨོཾ་ཚུགས་བཅས་ཏེ་སྟན ་ལ་འདུག་པར་མི་བྱ་བའོ། །སྟན་ཐབས་བཀུར་པར་མི་བྱའོ་ཞེས་བྱ་བ་ནི། སྟན་གང་ལ་འདུག་པ་དེ་རྒྱབ་ཀྱིས་ཁྱེར་ཞིང་འགྲོ་བར་མི་བྱའོ་ཞེས་བྱ་བའི་ཐ་ཚིག་གོ་།ཐམས་ཅད་དུ་ལེགས་པར་ཁ་ཟས་གླང་བར་བྱའོ་ཞེས་བྱ་བ་ནི། གོང ་འབའ་ཞིག་ཏུ་མ་ཟད་ཀྱིས་གཞན་དུ་ཡང་ངོ། །མུ་དང་ཁ་ད་ཆད་དུ་མ་ཡིན་པར་རོ། །ཞེས་བྱ་བ་ལ། མུ་ཞེས་བྱ་བའི་སྒྲ་ནི་ཁ་ལོགས་ཀྱི་མུ་ལ་བྱ་སྟེ། ཅི་ནས་ཀྱང་མུ་དང་ཁང་ཆད་དུ་གང་བར་འགྱུར་བ་དེ་ལྟར་བླང་བར་མི་བྱའོ། །ཅུང་ཞིག ་མ་གདབ་དེ་ཙམ་དུ་བྱས་ཏེ་བླང་བར་བྱ་བ་ཡིན་གྱི། མཁའ་ཨི་མུ་ནས་ཐེ་བོའི་ལྟོ་གང་གིས་མ་གད་བར་བྱས་ཤིང་བླང་བ་ནི་མ་ཡིན་ཏེ། དེ་ནི་ལྷུང་བཟེད་ཀྱི་ཚད་བཤད་པ་ཟད་ཀྱི་ཟས་བལྔས་བའི་ཚད་ནི་མ་ཡིན་ནོ། །ཚོད་མ་དང་མཉམ་པ ་མ་ཡིན་པར་རོ་ཞེས་བྱ་བ་ནི། བཟའ་བ་གང་ལ་ཚོད་མ་དང་མཉམ་པ་དེ་ནི་ཚོད་མ་དང་མཉམ་པ་དེ་ལྟར་བླང་བར་མི་བྱའོ་འདིར་ཚོད་མ་ཞེས་བྱ་བ་ནི་བྱན་ཐམས་ཅད་ཀྱི་དཔེ་ཡིན་ནོ། །ཚོད་མ་ཇི་ཙམ་གྱིས་མུ་དང་ཁ་ད་ཆད་དུ་འགྱུར་བ་དེ ་འདིར་དགག་པ་ནི་མ་ཡིན་ཏེ། སྔར་མུ་དང་ཁ་ད་ཆད་ཉིད་བཀག་ཟིན་བའི་ཕྱིར་རོ། །གང་གི་ཕྱིར་བཟའ་བར་བྱ་བའི་ཟས་གཡོས་སུ་བྱས་ཟིན་བ་ཐམས་ཅད་བསོད་སྙོམས་ཉིད་དུ་བསྟན་པ་ཡིན་པ་དེའི་ཕྱིར་རང་ལ ་དགོས་པའི་ཚད་ལས་ལྷག་པའི་ཚོད་མ་ལེན་པ་དེ་བཀག་པ་ཡིན་ནོ། །དེ་ལྟར་ཡང་འདིར་གཞུང་ནི་མ་མོ་ལས་ཅི་ཙམ་གྱིས་དེ་འཚོ་བར་འགྱུར་བ་དེ་ལས་ལྷག་པར་ལེན་ཏམ་ཟན་ཐ་ན་ཁམས་གཅིག་ཙམ་ཡིན་དུ་ཟིན་ཀྱང་དང་པས་སྦྱིན་བར། ་བྱ་བ་ཆུད་གཟན་པར་བརྗོད་པར་བྱའོ་ཞེས་གསུངས་པ་ཡིན་ནོ། །གང་གི་ཚེ་ཚད་འཛིན་པར་མི་ནུས་སམ་ཕྱིར་བཟློག་བར་མི་ནུས་པས་ཡོན་བདག་གིས་ནན་གྱིས་བླུགས་པ་དང་རྗེས་སུ་སྙིང་བརྩེ་བས་ལེན་ན་དེའི་ཚེ་འབྲས་ཆན་ལ་སོགས་པ།། ་ལྷག་པར་ལེན་ཅིང་གཞན་མ་སུ་ཡང་རུང་བ་ལ་སྦྱིན་ནོ་སྙམ་པ་དེ་ལ་ནི་ལྟུང་བ་མེད་པར་རིག་པར་བྱའོ། །མཐར་ཆགས་སུའོ་ཞེས་བྱ་བ་ནི། སྟན་ལ་འདུག་པའི་གྲལ་གྱི་རིམ་བཞིན་དུ་ཟན་བླང་བར་བྱ་བའོ། །འདིར་རྒན་རིམས་སུ་བྱ་བ་ནི་མ ་ཡིན་གྱི་སྟན་ལ་འདུག་པའི་གྲལ་རིམས་སུ་བྱ་བ་ཡིན་ཏེ། རྒན་རིམས་སུ་མ་ཡིན་པར་འདུག་པར་གྱུར་ན་ཡང་ཇི་ལྟར་འདུག་པ་བཞིན་རྒན་རིམ་མ་ཡིན་པ་འབྲིམ་པར་བྱའི་རྒན་རིམས་ལྟག་འོག་ན་འདུག་པ་ལ་ཐོད་རྒལ་དུ་?་བར་མི་བྱ་སྟེ། ་དེ་ནི་སྔོན་དྲུག་སྡེ་དག་ཟན་ཟ་བན་ཆོད་མ་འབྲལ་དུ་ཕྲིམས་བ་མི་ནོད་པར་འོག་ཏུ་ཐག་རིང་དུ་ཐལ་བ་དང་ཕྱིར་འབོད་པས་བྲིམ་པ་ཁྲུག་ཤིང་ལང་ལོངས་དུ་གྱུར་བའི་ཉེས་དམིགས་དེ་ལྟ་བུ་བསལ་བའི་ཕྱིར་རོ། །ལྷུང་བཟེད་ལ་བལྟ་ཞིང་ངོ་ཞེས་བྱ ་བ་ནི། སྣོད་ཤེས་པར་བྱ་ཞིང་བླང་བ་དེ་གང་ལ་ལྷུང་བཟེད་ལ་བལྟ་བའི་འདུ་ཤེས་ཡོད་པའི་དགེ་སློང་དེ་ནི་ལྷུང་བཟེད་ལ་ལྟ་བའོ། །འདིར་ལྷུང་བཟེད་ལ་བལྟབ་ཞེས་བྱ་བ་ནི་ཡིད་ཀྱིས་བལྟ་བ་ལ་བྱའི་མིག་གིས་དབང་པོས་བསྟབ་ལ་ནི་མ་ཡིན་ནོ།། ་དེ་ལྟ་བས་ན་ལྷུང་བཟེད་ལ་བལྟ་ཞིང་ངོ་ཞེས་བྱ་བ་ནི་འབྲེལ་བའི་ཡིད་ཀྱིས་ཟས་ལེགས་པར་བླང་བར་བྱ་བ་ཡིན་གྱི། ཐ་སྙད་ལས་བྱུང་བ་ནི་གཉའ་ཤིང་གང་ཙམ་དུ་བལྟ་བའི་སྐབས་སུ་བཀག་ཟིན་ཏོ། །བཅའ་བ་དང་བཟའ་བ་མེ་འོངས་བར་ལྟུང ་བཟེད་བར་རོ་ཞེས་བྱ་བ་ནི། ཅི་སྲིད་དུ་བཅའ་བ་དང་བཟའ་བ་མངོན་སུམ་དུ་མ་འོངས་པ་དེ་སྲིད་དུ་ལྷུང་བཟེད་པར་བསླབ་པར་བྱ་བའོ། །ཡང་འདོད་པའི་ཕྱིར་འབྲས་ཆན་གྱིས་ཚོད་མ་མི་དྲུག་བ་ཚོད་མས་འབྲས་ཆན་མི་དགབ་པར་རོ། ། ་ཞེས་བྱ་བ་ནི། ཡང་ཐོབ་པར་བྱའོ་སྙམ་པའི་བསམ་བས་འབྲས་ཆན་གྱི་ཚོད་མ་མི་དགའ་ཚོད་མས་འབྲས་ཆན་མི་དགབ་པར་བསླབ་པར་བྱ་བའོ། །སྙེད་དུ་བཟུང་བར་མི་བྱའོ་ཞེས་བྱ་བ་ནི། བཅའ་དང་བཅའ་བ་དེའི་སྟེང་དུ་ལྷུང་བཟེད་བཟུང ་བར་མི་བྱ་བའོ། །ད་ནི་ཟས་ལ་ལེགས་པར་བྱ་བ་དྲུག་།ཙུག་ཙུག་ལ་སོགས་རྣམ་པ་ལྔ། །འབྲུ་ནས་ཐ་དད་བྱེད་པ་ལྔ། །ལག་པ་བལྡག་ལ་སོགས་པ་ལྔ། །ཞེས་བྱ་བའི་གོ་རིམས་བཤད་པར་བྱ་སྟེ། །ལེགས་པར་ཟས་བཟའ་བར་བྱའོ་ཞེས་བྱ་བ ་ནི། །མདོ་འོག་མ་ལྔའི་ལུས་ལྟ་བུ་ཡིན་ནོ། །ཁམ་ཧ་ཅང་ཆུང་བ་མ་ཡིན་བར་རོ་ཞེས་བྱ་བ་ལ། ཁམ་ཞེས་བྱ་བ་ནི་ཁར་ཁམས་ཚད་དུ་གཞུག་ཅིང་མིད་བར་བྱ་བའི་ཕྱིར་ཁམས་ཞེས་བྱ་བ་སྟེ་།དེ་ཧ་ཅང་ཆུང་དུ་མ་ཡིན་པར་བསླབ་པར་བྱ་བའོ། ། ་ཁམ་ཧ་ཅང་ཆེན་པོ་མ་ཡིན་བར་རོ་ཞེས་བྱ་བ་ནི། ཁམ་ཧ་ཅང་ཆེན་པོ་ཡང་མ་ཡིན་བར་ཟས་བཟའ་བར་བསླབ་པར་བྱ་བའོ། །ཁམ་ངན་བར་རོ་ཞེས་བྱ་བ་ནི། རང་དང་མཐུན་པ་དང་འཇིག་རྟེན་དང་མཐུན་པའི་ཁམས་རན་པར་བཟའ་བར་བྱ་བའོ། ། ་ཁམ་མ་བཟས་པར་ཁ་མི་གདང་ངོ་ཞེས་བྱ་བ་སྟེ། ཅི་སྲིང་དུ་ཁམ་ཁའི་སྒོར་ཉེ་བར་མ་འོངས་པ་དེ་སྲིད་དུ་བའི་སྒོ་གདང་བར་མི་བྱ་བའོ། །ཁ་ཁམ་གྱིས་བཀང་སྟེ་མི་སྨྲ་བར་བྱའོ་ཞེས་བྱ་བ་ནི། ཁ་ཁམ་གྱིས་གང་བ་ནི་ཁ་ཁམ་གྱིས་བ་?་སྟེ་ཁ་དེས་ཚིག ་སྨྲ་བར་མི་བྱ་བའོ། །ཙུག་ཙུག་མི་བྱའོ་ཞེས་བྱའོ་ཞེས་བྱ་བ་ནི། ཙུག་ཙུག་ཟེར་ཞིང་བཟའ་བར་མི་བྱ་བའོ། །ཅག་ཅག་མི་བྱའོ། །ཧུ་ཧུ་མི་བྱའོ། །ཕུ་ཕུ་མི་བྱའོ། ཞེས་བྱ་བ་དག་ནི། དེ་དག་སྐད་མི་བྱ་བར་ཟན་བཟའ་བར་བྱ་ཨབ་སྟེ། དེ་དག་ནི ་ཁའི་རྣམ་བར་འགྱུར་བའི་སྒྲའི་བྱེ་བྲག་ཡིན་ནོ། །ལྕེ་ཕྱུང་སྟེ་ཟས་མི་བཟའ་ཨོ་ཞེས་བྱ་བ་ནི། ཟན་ཟ་བ་ན་ལྕེ་ཕྱིར་ཕྱེ་སྟེ་བཟའ་བར་མི་བྱའོ། །འབྲུ་ནས་ཐ་དད་དུ་མི་བྱའོ་ཞེས་བྱ་བ་ལ་འབྲུ་ནས་ཞེས་བྱ་བ་ནི། འབྲས་ཆན་ལ་སོགས་བའི་འབྲུ་སྟེ་ཟན ་གང་ལ་འབྲུ་སྟེ་དེ་ལྟ་བུ་ཡོད་པ་དེ་དག་རེ་རེ་ནས་བཏུ་ཞིང་བཟའ་བར་མི་བྱའོ། །འདི་ནི་རྣམ་པར་འགྱུར་བ་བྱེད་པའི་ཕྱིར་དགག་པ་ཡིན་གྱི་བརྟག་པའི་ཕྱིར་དགག་པ་ནི་མ་ཡིན་ནོ། །འཕྱས་མི་གདགས་སོ་ཞེས་བྱ་བ་ནི། ཟས་ལ་འཕྱ་སྨོད་མ་བྱ ་བའོ། །མ་ཁུར་བ་མ་སྤོའོ། །ཞེས་བྱ་བ་ནི་མཁུར་བ་གཉིས་ད་གལ་བཞིན་དུ་བཀང་སྟེ་གཡས་གཡོན་སྤོ་བར་མི་བྱའོ་ཞེས་བྱ་བའི་ཐ་ཚིག་གོ་།རྐན་མི་གཏོག་གོ་ཞེས་བྱ་བ་ནི། ལྕེས་རྐན་གཏོགས་ཅིང་ཟན་བཟའ་བར་མི་བྱ་བའོ། །ཁམ་འཕྲོར ་མི་བཅད་དོ་ཞེས་བྱ་བ་ནི། ཁམ་འཕྲོར་བཅད་ཅིང་ཟན་གཟའ་བར་མི་བྱ་བའོ། །ལག་བ་མི་བལྡག་གོ། ལྷུང་བཟེད་མི་བྱོག་གོ། ལག་པ་མི་སྦྲུག་གོ། ལྷུང་བཟེད་མི་བསྐྱམ་མོ་ཞེས་བྱ་བ་ལ། ལག་པ་མི་བལྡག་གོ་ཞེས་བྱ་བ་ནི། ཟས་གང ་ལ་ལག་པ་བལྡག་པར་ཡོད་པ་དེ་མི་བལྡག་བའོ། །ལྷུང་བཟེད་མི་བྱོག་གོ་ཞེས་བྱ་བ་ནི། སོར་མོས་མི་བྱོག་པའོ། །ལག་པ་མི་སྦྲུག་གོ་ཞེས་བྱ་བ་ནི། ལག་པ་ལ་ཟས་ཆགས་པ་སྦྲུག་པར་མི་བྱ་བའོ། །ཡང་ན་ལག་པ་ལ་ཟས་ཆགས ་པ་ལྕེའི་སྟེང་དུ་སྦྲུག་བར་མི་བྱ་བའོ། །ལྷུང་བཟེད་མི་བསྐྱམ་མོ་ཞེས་བྱ་བ་ནི། ལྷུང་བཟེད་ཀྱི་ནང་དུ་ཟས་ལ་སོགས་པ་བླུགས་ཏེ་བསྐྱམ་བར་མི་བྱ་བའོ། །ཡང་ན་ལྷུང་བཟེད་ཀྱི་ནང་དུ་ཟས་བླུགས་ཏེ་ལྕི་ཡང་ཅི་ཡོད་པ་ལག་སྲང་ལ་མི ་གདབ་བའོ། །མཆོད་རྟེན་འདྲ་བར་བྱས་ཏེ་མི་གཞོམ་མོ་ཞེས་བྱ་བ་ནི། ཟས་ལ་མཆོད་རྟེན་གྱིས་དབྱིབས་འདྲ་བར་བྱས་ཏེ་གཞོམ་ཞིང་བཟའ་བར་མི་བྱའོ། །ད་ནི་འཕྱ་ལ་སོགས་པ་རྣམ་པ་བཞི། ལྷུང་བཟེད་ལ་ཡང་རྣམ་པ་བཅུ། །འགྲེད་བར ་བྱེད་ལ་སོགས་པ་ལྔ། །མགོ་གཡོགས་ལ་སོགས་རྣམ་པ་ལྔ། །ཞེས་བྱ་བའི་རིམ་པ་བཤད་པར་བྱ་སྟེ། དྲུང་ན་འདུག་པའི་དགེ་སློང་གི་ལྷུང་བཟེད་ལ་འཕྱས་གདགས་པའི་ཕྱིར་མི་བལྟའོ་ཞེས་བྱ་བ་ནི། གང་ལ་འཕྱས་གདགས་བའི ་ཕྱིར་ལྟ་བའི་ངང་ཚུལ་ཡོད་པ་དེ་ནི་འཕྱས་གདགས་པའི་ཕྱིར་ལྔ་བ་སྟེ། དེས་དྲུང་ན་འདུག་བའི་དགེ་སློང་གི་ལྷུང་བཟེད་ལ་ཕྱས་གདགས་པའི་ཕྱིར་མི་བལྟ་བའོ། །དྲུང་ན་འདུག་པ་ཞེས་བྱ་བ་ནི་མཚོན་བཙམ་དུ་བཟད་དོ། །ལག་བཟས ་དང་འབགས་བས་ཆུ་རྣོད་ལ་མི་བཟུང་ངོ་ཞེས་བྱ་བ་ནི། ལག་པ་ཟས་དང་འབགས་པས་བྱ་མ་བུམ་ལ་སོགས་པའི་ཆུ་སྣོད་ལ་མི་གཟུང་ངོ་ཞེས་བྱ་བའི་ཐ་ཚིག་གོ་།དྲུང་ན་འདུག་པའི་དགེ་སློང་ལ་ཟས་དང། འབགས་པའི་ཆུས་མི་གཏོར་རོ ་ཞེས་བྱ་བ་ལ་འདིར་ཡང་དྲུང་ན་འདུག་པ་ཞེས་བྱ་བ་ནི་མཚོན་པ་ཙམ་དུ་ཟད་དོ། །ཁྱིམ་པ་འདུག་པ་ལ་མ་དྲིས་པར་དེ་དེའི་ཁྱིམ་དུ་མི་དཔོའོ་ཞེས་བྱ་བ་ནི། ཁྱིམ་བདག་ལ་མ་དྲིས་པར་ཟས་དང་འབགས་པའི་ཆུ་དེ་ཁྱིམ་བའི་ཁྱིམ་དུ་མི་བོ ་བར་བསླབ་པར་བྱ་བའོ། །ལྷུང་བཟེད་ཀྱི་ནང་དུ་ཟས་ཀྱི་ལྷག་མ་བླུགས་ཏེ་མི་དོར་བར་རོ་ཞེས་བྱ་བ་ནི། ཤིང་རྟོག་ལ་སོགས་པར་ཕྱད་ཕྱེད་ཟོས་པ་དང་ངན་མར་འགྱུར་བ་ལྷུང་བཟེད་ཀྱིས་མི་དོར་བར་བསླབ་པར་བྱ་བའོ། །ལྷུང་བཟེད་ལན་གསུམ ་བཀྲུས་ཏེ་གཙུག་ལག་གི་ཚིགས་སུ་བཅད་པ་དག་གིས་བཟླས་བརྗོད་བྱས་བའི་ལྷུང་བཟེད་ཀྱི་ཆུ་སྦྱིན་བར་བྱ་བའོ་ཞེས་བྱ་བ་ནི། ལྷུང་བཟེད་ལན་གསུམ་དག་བར་བཀྲུས་ཏེ། དྲང་སྲོང་གིས་གསུངས་བའི་གཙུག་ལག་གི་ཚིགས་སུ་བཅད་པ ་དག་གིས་བཟླས་བརྗོད་བྱས་པ་བྲམ་ཟེ་ལ་སོགས་པ་སློང་བ་དག་ལ་སྦྱིན་པར་བྱ་བའོ། །འོག་བཞི་མེད་པའི་ས་ཕྱོགས་སུ་ལྷུང་བཟེད་མི་གཞག་པར་རོ་ཞེས་བྱ་བ་ནི། ལོ་མ་ལ་སོགས་པ་དག་གིས་མ་གཡོགས་བའོ ་གཞི་མེད་པའི་ས་ཕྱོགས་སུ་ལྷུང་བཟེད་མི་བཞག་པར་བསླབ་པར་བྱ་བའོ། །གང་ཀ་མ་ཡིན་པར་རོ་ཞེས་བྱ་བ་ནི། དོས་ཆད་བ་དམ་གྲོག་གི་ཁ་མ་ཡིན་བར་ལྷུང་བཟེད་བཞག་པ་བསླབ་པར་བྱ་བའོ། །གཡང་ས་མ་ཡིན་བར་རོ་ཞེས་བྱ་བ་ནི། ་བྱིན་གྱིས་གཞོལ་བའི་གཡང་ས་མ་ཡིན་པར་ལྷུང་བཟེད་བཞག་པར་བསླབ་པར་བྱ་བའོ། །དཀན་གཟར་པོར་མ་ཡིན་པར་རོ་ཞེས་བྱ་བ་ནི། བད་རིམ་ག་ངོ་བོ་མ་ཡིན་པར་ལྷུང་བཟེད་བཞག་པར་བསླབ་པར་བྱ་བའོ། །འགྲེང་སྟེ་ལྷུང་བཟེད ་མི་བཀྲུ་བར་རོ་ཞེས་བྱ་བ་ནི། དགེ་སློང་གིས་ལྷུང་བཟེད་འགྲེང་སྟེ་མི་བཀྲུ་བར་བསླབ་པར་བྱ་བའོ། །དེ་དེ་གསུམ་དུ་བྱ་བར་རོ་ཞེས་བྱ་བ་ནི། ལྷུང་བཟད་བཀྲུ་བ་དེ་དག་གང་ཀ་མ་ཡིན་པ་དང་གཡང་ས་མ་ཡིན་པ་དང་དཀན་གཟར་པོ་མ་ཡིན་པ་དེ ་གསུམ་དུ་བསླབ་པར་བྱ་བའོ། །དེས་འབབ་ཆུ་དྲག་པོའི་རྒྱུན་ལས་བཟློག་སྟེ་ཆུ་མི་བཅུ་བར་རོ་ཞེས་བྱ་བ་ནི། ལྷུང་བཟེད་དེས་འབབ་ཆུ་དྲག་པོའི་རྒྱུན་ལས་བཟློག་སྟེ་ཆུ་མི་བཅུ་བར་བསླབ་བར་བྱ་བའོ། །ལམ་གྱི་བཞི་མདོར་མི་བྱའོ ་ཞེས་བྱ་བ་ནི། ཧ་ཅང་རྒྱུན་ལུགས་མང་བའི་ཕྱིར་རོ། །གཤད་གཅི་ཡན་ཆད་ནི་མིན་བ་ལའོ་ཞེས་བྱ་བ་ནི། འོག་ནས་འགྲེང་སྟེ་བཤད་གཅི་མི་བྱའོ། །ཞེས་འབྱུང་བ་ཡན་ཆད་ནི་མིན་བར་རོ་ཞེས་བྱ་བའི་རྗེས་སུ་སྦྱར་བར་རིག་པར་བྱ་བའོ། ། ་དེ་དག་ལ་ནི་མིན་བ་ལའོ་ཞེས་བྱ་བ་ནི། བཤད་གཅི་ཞེས་བྱ་བ་དང་འབྲེལ་བའི་རྣམ་པ་དེ་དག་ལ་མིན་པ་ཞེས་བྱ་བ་དང་རྗེས་སུ་སྦྱར་བར་རིག་པར་བྱའོ། །འདུག་པ་ལ་འགྲེང་སྟེ་ཆོས་མི་བཤད་པར་རོ་ཞེས་བྱ་བ་ནི། ཉན་པ་པོ་མིན ་པར་འདུག་པ་ལ་སྒེ་སློང་འགྲེལ་སྟེ་ཆོས་མི་བཤད་པར་བསླབ་པར་བྱའོ། །ཉལ་བ་ལ་འདུག་སྟེ་མི་བཤད་པར་རོ་ཞེས་བྱ་བ་ནི། ཉན་པ་པོ་མིན་བར་ཉལ་བལ་དགེ་སློང་འདུག་སྟེ་ཆོས་མི་བཤད་པར་བསླབ་པར་བྱ་བའོ། །སྟན་མཐོན་པོ་ལ ་འདུག་པ་ལ་སྟན་དམའ་བ་ལ་འདུག་སྟེ་མི་བཤད་པར་རོ་ཞེས་བྱ་བ་ནི། ཉན་པ་པོ་མིན་བར་སྟན་མཐོན་པོ་ལ་འདུག་པ་ལ་དགེ་སློང་སྟན་དམའ་བ་ལ་འདུག་སྟེ་ཆོས་མི་བཤད་པར་བསླབ་བར་བྱ་བའོ། །འདིར་བསྟན་ཞེས་བྱ་བས་ནི་འདུག་པའི་ས་ཕྱོགས ་ཀྱང་བཟུང་བར་རིག་པར་བྱའོ། །ངན་པ་དང་བཟང་པོ་ཡང་དེ་ཡིན་ནོ་ཞེས་བྱ་བ་ནི། སྟན་དམའ་བ་དང་མཐོ་བ་དེ་ཉིད་ཡིན་པར་རིག་པར་བྱའོ། །འདི་སྐད་སྟན་ཏེ་གང་གི་ཚེ་སྟན་ཚད་མཉམ་པ་དེའི་ཚེ་ངན་པ་ནི་དམའ་བ་ཉིད་ཡིན་ལ་བཟང ་པོ་ནི་མཐོན་པོ་ཉིད་ཡིན་པར་ཤེས་པར་བྱའོ། །འདིར་གཞུང་ནི་སྒུར་མཆོག་གིས་དེ་དག་ནི་བསྟན་བཟང་པོ་ལ་མཆིས་ཏེ་ཆོས་ཉན་ལ་བདག་ནི་སྟན་ངན་པ་ལ་མཆིས་ཏེ་ཆོས་སྟོན་ཏོ་ཞེས་གསོལ་བ་དང། བཅོམ་ལྡན་འདས་ཀྱིས་བཀའ་ ་སྩལ་པ། དེ་ལྟར་ཆོས་བསྟན་པར་མི་བྱའོ་ཞེས་གསུངས་པ་ཡིན་ནོ། །མདུན་དུ་འགྲོ་བ་ལ་ཕྱི་ནས་འགྲོ་ཞིང་མི་བཤད་པར་རོ་ཞེས་བྱ་བ་ནི། ཉན་པ་པོ་མིན་བར་མདུན་དུ་འགྲོ་བ་ལ་དགེ་སློང་ཕྱི་ནས་འགྲོ་ཞིང་ཆོས་མི་བཤད ་པར་བསླབ་བར་བྱ་བའོ། །ལམ་ནས་འགྲོ་བ་ལ་ལམ་གྱིས་འགྲམ་ནས་འགྲོ་ཞིང་མི་བཤད་པར་རོ་ཞེས་བྱ་བ་ནི། ཉན་པ་པོ་མ་ནི་བར་ལམ་ནས་འགྲོ་བ་ལ་དགེ་སློང་ལམ་གྱིས་འགྲོ་ཞིང་ཆོས་མི་བཤད་པར་བསླབ་པར་བྱ་བའོ།། ་མགོ་གཡོགས་པ་དང་རྫེས་པ་དང་གཟར་བ་དང་གཉའ་གོང་དུ་བསྣོལ་བ་དང་བརྟག་པར་བསྣོལ་བ་ལ་མི་བཤད་པར་རོ་ཞེས་བྱ་བ་ནི། ཉན་པ་པོ་མིན་བར་མགོ་གཡོགས་པ་དང་བརྫེས་པ་དང་གཟར་བ་དང་གཉའ་གོང་དུ་བསྣོལ་བ་དང ་ལྟག་པར་བསྣོལ་བ་ལ་སྒེ་སློང་གིས་ཆོས་མི་བཤད་པར་བསླབ་པར་བྱ་བའོ། །འདི་ལྔའི་མཚན་ཉིད་ནི་སྔར་མགོ་གཡོགས་ལ་སོགས་རྣམ་པ་ལྔ་ཞེས་བྱ་བའི་རིམ་གྱིས་བཤད་ཟིན་ཏོ། །ད་ནི་དེ་ཀར་ཅན་ལ་སོགས ་པ་དང། གླང་ཆེན་ལ་སོགས་བཞོན་པ་ལྔ། །ལག་ན་འཁར་བ་ལ་སོགས་དྲུག་།ན་བ་རྣམ་པ་བཞི་རྣམས་སོ། །ཞེས་བྱ་བའི་རིམ་གྱིས་བཤད་པར་བྱ་སྟེ། མགོ་དོ་ཀར་ཅན་དང་ཞྭ་གོན་པ་དང་ཅོད་པ་ན་དང་ཕྲེང་བ་ཅན་དང་དཀྲིས་པ་ལ་མི་བཤད ་དོ་ཞེས་བྱ་བ་ནི། ཉན་བ་བོ་མིན་བར་མགོ་དོ་ཀེར་ཅན་དང་མགོ་ཞྭ་གྱོན་པ་དང། མགོ་ཅོད་པན་ཅན་དང་མགོ་ཕྲེང་བ་ཅན་དང། མགོ་ཐོད་བཅིངས་པ་ལ་དགེ་སློང་གིས་ཆོས་མི་བཤད་པར་བསླབ་པར་བྱ་བའོ། །གླང་པོ་ཆེ་དང་རྟ་ཞོན་པ་དང ་ཁྱོགས་དང་བཞོན་བའི་སྟེང་ན་འདུག་པ་དང་མཆིལ་ལྷམ་གྱོན་པ་ལ་མི་བཤད་པར་རོ་ཞེས་བྱ་བ་ནི། ཉན་པ་པོ་མིན་བར་གླང་པོ་ཆེ་ལ་ཞོན་པ་དང་རྟ་ཞོན་པ་དང་ཁྱོགས་ན་འདུག་པ་དང་བཞོན་བའི་སྟེང་ན་འདུག་པ་དང། མཆིལ་ལྷམ་གྱོན ་པ་ལ་དགེ་སློང་གིས་ཆོས་མི་བཤད་པར་བསླབ་བར་བྱ་བའོ། །ལག་ན་འཁར་པ་དང་གདུགས་དང་མཚོན་དང་རལ་གྲི་དང་དག་ཆ་ཐོགས་པ་དང་གོ་ཆ་གྱོན་བ་ལ་མི་བཤད་བར་རོ། །ཞེས་བྱ་བ་ནི། ཉན་པ་པོ་མིན་བར་ལག་ན་འཁར ་བ་ཐོགས་པ་དང་ལག་ན་གདུགས་ཐོགས་པ་དང་ལག་ན་མཚོན་ཆ་ཐོགས་པ་དང། ལག་ན་རལ་གྲི་ཐོགས་པ་དང་ལག་ན་དགྲ་ཆ་ཐོགས་པ་དང་གོ་ཆ་གྱོན་པ་ལ་དགེ་སློང་གིས་ཆོས་མི་བཤད་བར་བསླབ་པར་བྱ་བའོ། །འགྲང་སྡེ་བཤད་གཅི ་མི་བྱ་བར་རོ། །ཞེས་བྱ་བ་ནི། དགེ་སློང་མིན་བར་འགྲེང་སྟེ་བཤད་གཅི་མི་བྱ་བར་བསླབ་པར་བྱ་བའོ། །ཆུའི་ནང་དུ་མི་བྱ་བར་རོ་ཞེས་བྱ་བ་རི། དགེ་སློང་མིན་བར་ཆུའི་ནང་དུ་གཤང་གཅི་མི་བྱ་བར་བསླབ་པར་བྱ་བའོ། །མི་རྡོར་བར་རོ་ཞེས ་བྱ་བ་ནི། དགེ་སློང་མིན་བར་བཤད་གཅི་བྱས་པ་ཆུའི་ནང་དུ་མི་དོར་བར་བསླབ་པར་བྱ་བའོ། །མཆིལ་མ་དང་སྣབས་དང་སྐྱུགས་པ་དང་རླུགས་པ་ཡང་ངོ་ཞེས་བྱ་བ་ནི། དགེ་སློང་མིན་བར་ཆུའི་ནང་དུ་མཆིལ་མ་ལ་སོགས་པ་འདི་དག་མི་བྱ ་ཞིང་མི་དོར་བར་བསླབ་པར་བྱ་བྱའོ། །རྩཝ་སྔོན་པོ་ཡོད་པའི་ས་ཕྱོགས་སུ་ཡང་མི་བྱ་མི་དོར་བར་རོ་ཞེས་བྱ་བ་ནི། དགེ་སློང་མིན་བར་རྩཝ་སྔོན་པོ་ཡོད་པའི་ས་ཕྱོགས་སུ་བཤང་གཅི་དང་མཆིལ་མ་དང་སྣབས་དང་སྐྱུགས་པ་དང ་རླུགས་པ་དག་བདག་ཉིད་ཀྱི་མི་བྱ་བ་དང་བྱས་ཟིན་པ་མི་དོར་བར་ཡང་བསླབ་པར་བྱ་བའོ། །གནོད་པ་བྱུང་བ་མ་གཏོགས་པར་ཤིང་ལ་མི་གང་ཙམ་ལས་མཐོར་མི་གཟེགས་པར་རོ་ཞེས་བྱ་བ་ནི། དགེ་སློང་གནོད་པ་བྱུང་བ་མ་གཏོགས་པར ་ཤིང་ལ་མི་གང་ཙམ་ལས་མཐོར་མི་འཛེག་པར་བསླབ་པར་བྱ་བའོ། །བསླབ་པ་རྣམས་ཀྱིས་ཡུལ་གྱི་རབ་ཏུ་དབྱེ་བ་ནི་མདོར་བསྡུས་པ་རྣམ་པ་དགུ་སྟེ། གོས་བགོ་བ་དང། སྤྱོད་ཡུལ་དུ་འགྲོ་བ་དང་བདེར་བསྟན་ལ་འདུག་པ་དང་ཟས་བླང་བ་དང། ་ཟན་བཟའ་བ་དང། ལྷུང་བཟེད་སྤྱོད་པ་དང་ཆོས་སྟན་པ་དང། བསྒྲུབ་པའི་ཚུལ་དང། རྒྱུ་བ་སྟེ། དེ་དག་ནི་ཤམ་ཐབས་ཟླུམ་པར་བགོ་བར་བསླབ་པར་བྱ་ཞེས་བྱ་བ་ནས་གནོད་པ་བྱུང་བ་མ་གཏོགས་པར་ཤིང་ལ་མི་གང་ཙམ་ལས་མཐོང་མི ་འཛེག?་པར་བྱའོ་ཞེས་བྱ་བའི་བར་དང་གོ་རིམས་བཞིན་དུ་སྦྱར་བར་རོ། །བསླབ་པ་རྣམས་སོ་ཞེས་བྱ་བ་བསླབ་པའི་ཆོས་མང་པོ་རྣམས་བཤད་ཟིན་ཏོ།། །།དགེ་སློང་གིས་རྣམ་པར་འབྱེད་པ་རྫོགས་སོ་ཞེས་བྱ་བ་དེ་བཤད ་ཟིན་ཏོ།། །།དགེ་སློང་གི་རྣམ་པར་འབྱེད་པ་སྨྲས་ནས། ད་ནི་དགེ་སློང་མའི་རྣམ་པར་འབྱེད་པ་བརྗོད་པར་བྱ་སྟེ། གང་གི་ཕྱིར་ལུས་ཀྱི་བྱེ་བྲག་གིས་བསམ་པའི་བྱེ་བྲག་ཏུ་འགྱུར་ལ། བསམ་བའི་བྱེ་བྲག་གིས་ལྷུང་བའི་བྱེ་ཕྲག་ཏུ ་འགྱུར་ཞིང་ལྷུང་བའི་བྱེ་བྲག་གིས་བཅས་བའི་བྱེ་བྲག་ཏུ་འགྱུར་བས་དགེ་སློང་མ་རྣམས་ཀྱི་འདུལ་བ་ལོགས་ཤིག་ཏུ་རྣམ་པར་གཞག་པ་དེའི་ཕྱིར་དགེ་སློང་མ་རྣམས་ཀྱིས་བསླབ་པའི་གཞི་དགེ་སློང་རྣམས་དང་མཐུན་པ་གང ་ཡིན་པ་དེ་ནི་དགེ་སློང་གིས་རྣམ་བར་འབྱོད་པ་རྣམ་པར་བཤད་པ་དེ་ཉིད་ཀྱིས་རྣམ་པར་ཕྱེ་བ་ཡིན་ནོ། །མི་འཐུན་པ་གང་ཡིན་པ་དེའི་བྱེ་བྲག་འདིར་བརྗོད་པར་བྱ་སྟེ། དེ་ལ་དགེ་སློང་ལ་ཚུལ་ཁྲིམས་རྣམ་པར་བཞག་པ་ལས་དགེ་སློང་མ་རྣམས ་ཀྱི་མ་ཡིན་པ་ཡང་ཡོད་དེ། དཔེར་ན་ཀུན་ཏུ་སྤྱོད་པ་བསྡགས་པ་ལྟ་བུ་དང་ལ་ལ་ཉེས་པ་ཆུང་དུ་ཉིད་དུ་རྣམ་པར་བཞག་པ་ཡང་ཡོད་དེ། དཔེར་ན་དགེ་སློང་འཁུབ་འཕྱིན་བ་དགེ་འདུན་ལྷག་མར་འགྱུར་པ་དགེ་སློང་མ་རྣམས་ཀྱི་ལྟུང་བྱེད་དུ ་འགྱུར་བ་ལྟ་བུ་དང། ལ་ལ་ཉེས་པ་ཆེ་བ་ཉིད་དུ་རྣམ་པར་བཞག་པ་ཡང་ཡོད་དེ། དཔེར་ན་དགེ་སློང་རྣམ་ཀྱི་ལུས་ཀྱི་རེག་པའི་དགེ་འདུན་ལྷག་མ་དགེ་སློང་མ་རྣམས་ཀྱིས་ཕན་པར་འགྱུར་བ་ལྟ་བུ་སྟེ། དེ་དག་གི་བྱེ་བྲག་བརྗོད་པར་བྱའོ། ་དེ་ལ་ལྟུང་བ་ལ་སྦྱོར་བའི་ཚིག་ཡན་ཆད་དགེ་སློང་མ་རྣམས་ཀྱིའོ་ཞེས་བྱ་བ་ནི། འདི་ནས་བརྩམས་ཏེ་འོག་ནས་ཉམས་པ་དང་མ་སྐྱེས་པ་དག་ལྷུང་བ་ལ་སྦྱོར་བ་ནི་ཉེས་བྱས་སོ་ཞེས་འབྱུང་བའི་ཚིག་ཡན་ཆད་ནི་དགེ་སློང་མ་རྣམས་ཀྱི་ཡིན ་པར་བལྟ་བར་བྱའོ། །ལྟུང་བ་ལ་སྦྱོར་བའི་བའི་ཚིག་ཅེས་བྱ་བ་ནི་ལྟུང་བ་ལ་སྦྱོར་བ་ཞེས་བྱ་བའི་སྒྲ་འདི་ཉིད་ཚིག་ཡིན་ནོ། །མི་ཚངས་སྤྱོད་དང་ལེན་པ་དང། དེ་བཞིན་གསོད་དང་སྨྲ་བ་དང། རེག་པ་དང་ནི་ལུས་བཀན་དང། །འཆབ་པ་དང ་ནི་བཟློག་པའོ། །ཞེས་བྱ་བའི་རིམ་གྱིས་དགེ་སློང་མ་རྣམས་ཀྱིས་ཕམ་པར་འགྱུར་བ་བརྒྱད་རྣམ་བར་བཞག་པ་དག་བསྡུ་བར་བྱའོ། །བཞི་པོ་དག་གོ་ཞེས་བྱ་བ་ནི། དགེ་སློང་གི་རྣམ་པར་འབྱེད་པར་ཕམ་པར་འགྱུར་བ་བཞི་པོ་མ ་ཚངས་པར་སྤྱོད་པ་དང་མ་བྱིན་པར་ལེན་པ་དང། བསེང་བ་དང། །སྨྲ་བ་ཞེས་བྱ་བ་གང་དག་བསྟན་པ་དེ་དག་ཐམས་ཅད་ནི་དགེ་སློང་མ་རྣམས་ཀྱིས་ཡང་ཡིན་པར་བལྟ་བར་བྱའོ། །ང་ནི་ཕམ་པར་འགྱུར་བ་དག་གིས་བྱེ་བྲག་བརྗོད་པར ་བྱ་སྟེ། དགེ་སློང་གི་ལུས་ཀྱིས་རེག་པའི་དགེ་འདུན་ལྷག་མ་དགེ་སློང་མ་རྣམས་ཀྱི་རེག་པའི་ཕམ་པར་འགྱུར་བར་གསུངས་པ་དང་དགེ་སློང་གིས་མཚངས་པར་སྤྱོད་པའི་ཕམ་པར་འགྱུར་བའི་སྦྱོར་བདག་སློབ་མ་རྣམས་ཀྱི་ལུས་བག་ན ་པའི་ཕམ་པར་འགྱུར་བར་གསུངས་པ་དང། དགེ་སློང་གི་གཞན་གྱིས་གནས་ངན་ལེན་འཆབ་པའི་ལྟུང་བྱེད་དགེ་སློང་མ་རྣམས་ཀྱི་འཆབ་པའི་ཕམ་པར་འགྱུར་བ་གསུངས་པ་དང། དགེ་སློང་གིས་སྤངས་པའི་རྗེས་སུ་ཕྱོགས་པའི ་ལྟུང་བྱེད་དགེ་སློང་མི་རྣམས་ཀྱིས་བཟློག་པའི་ཕམ་པར་འགྱུར་བར་གསུངས་བ་དེའི་རིམ་བས་དེ་དག་གི་མཚན་ཉིད་བརྗོད་པར་བྱའོ། །དེ་ལ་གང་ལ་རེག་བའི་ཕམ་པར་འགྱུར་ཞེ་ན། དེའི?་ཕྱིར་བདག་གིས་བྱེད་པ་ལའོ་ཞེས་བྱ་བ་སྨྲས་ཏེ། ་རེག་པ་ཞེས་འོག་ནས་འབྱུང་བའོ། །ཡན་ལག་གང་གིས་ཤེན་དེའི་ཕྱིར། །མིག་ནས་བུས་མོའི་བར་གྱིས་སོ་ཞེས་བྱ་བ་སྨྲས་ཏེ། མིག་གིས་གནས་མན་ཆད་ནས་བུས?་མོའི་ལྷང་ཡན་ཆད་ཀྱི་བར་དེས་སོ། །དེས་ཅི་ཞིག་བདག ་གིར་བྱེད་པ་ལ་ཞེན་དེའི་ཕྱིར། རེག་པའོ་ཞེས་བྱ་བ་སྨྲས་ཏེ། ན་མ་བར་བྱེད་ཉུག་པར་བྱེད་ལ་ཞེས་གསུངས་པ་ནི་འདི་ཡི་དཔེ་ཡིན་ཏེ། འདི་ལྟར་ནོམ་པར་བྱེད་ཉུག་པར་བྱེད་ལ་ཞེས་བྱ་བ་དེའི་རྣམ་པར་བྱེད་པ་ནི་ལུས་ལ་ལུས་ཀྱིས་ཉེ་བར ་གཞོལ་པར་བྱས་ལ་ཞེས་གསུངས་པ་ཡིན་ནོ། །གང་གིས་རེག་བཞིན་དེའི་ཕྱིར་པོའི་ལ་ཞེས་བྱ་བ་སྨྲས་ཏེ་སྐྱེས་བའི་འོ། །ལུས་ཀྱི་དབང་པོའི་ཕྱོགས་ཀྱིས་བདག་གིར་བྱེད་པ་ལ་ཞེས་གང་གསུངས་པ་དེ་ལགས་?་པ་གང་གིས། ་ཤེ་ན་དེའི་ཕྱིར་འཁྲིག་པའི་འདོད་ཆགས་ཀྱིས་སོ་ཞེས་བྱ་བ་སྨྲས་ཏེ། གལ་ཏེ་དགེ་སློང་མས་འཁྲིག་བའི་འདོད་ཆགས་ཀྱི་བསམ་པས་ཕོའི་རེག་པ་བདག་གིར་བྱེད་ནའོ། །དེ་ལྟར་ཡང་འདིར་གཞུང་ནི་སོ་སོར་ཐང ་པའི་མདོ་ལས་ཡང་དགེ་སློང་མ་གང་ཆགས་པར་གྱུར་ལ་ཞེས་གསུངས་པ་ཡིན་ནོ། །ཆགས་པར་གྱུར་པ་ཞེས་བྱ་བ་ནི། ཆགས་པ་དང་ཀུན་ཏུ་ཆགས་བ་དང་ཀུན་ནས་དཀྲིས་ཤིང་འདོད་པའི་འདོད་ཆགས་ཀྱིས་ཟིལ་གྱིས་ནོན་བ ་གང་ཡིན་པའོ་ཞེས་རྣམ་པར་འབྱེད་པ་ལས་འབྱུང་ངོ། །འདི་ལྟར་སོ་སོར་ཐར་བའི་མདོ་ལས་ཡང་དགེ་སློང་མ་གང་ཆགས་པར་གྱུར་ལ། སྐྱེས་བ་ཆགས་པར་གྱུར་བ་ཞེས་གསུངས་མོད་ཀྱི། འདིར་སྐྱེས་བའི་འདོད་ཆགས་ལ ་ནི་བརྟེན་པར་མི་བྱ་སྟེ། འདི་ལྟར་དེ་དག་ཉིད་ཀྱིས་རྣམ་པར་འབྱེད་པ་ལས་ཆགས་བར་གྱུར་བས་སྐྱེས་བ་མཆཌ་བས་བུས་མོ་ཡན་ཆད་མིན་མན་ཆད་དུ་ནོམ་བར་བྱེད་ཉུག་བ་བྱེད་པ་བདག་གིར་བྱེད་ན་ཕམ་པར་འགྱུར་རོ་ཞེས་གསུངས་པའི ་ཕྱིར་རོ།། །།བམ་པོ་སུམ་ཅུ་བརྒྱད་བ། །ཡན་ལག་གཞན་གྱིས་ནི་སྤོམ་པོའོ་ཞེས་བྱ་བ་ནི། མིག་ནས་བུས་མོའི་བར་ལལས་གཞན་པའི་ཡན་ལག་གིས་ཕོའི་རེག་པ་འཁྲིག་པའི་འདོད་ཆགས་ཀྱིས་བདག་གིར་བདེ་བ ་ལ་ནི་ཉེས་པ་སྦོམ་པོར་འགྱུར་རོ། །སྐྲ་དག་དང་དེ་དང་འབྲེལ་བའི་གོས་ལ་རེག་པ་ལ་ཅི་ཞིག་ཏུ་རྣམ་པར་བཞག་ཅེ་ན། འདིར་ལན་བུ་དང་དེ་དང་འབྲེལ་བའི་གོས་ནི་ལུས་དཔེ་འདྲ་བ་ཉིད་ཡིན་པས་དེའི་ཕྱིར། དེ་དག་ལ་ཡང་དངོས ་གཞིར་རྣམ་པར་བཞག་སྟེ་ཕམ་པར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ་།གཡོགས་པས་ནི་བར་ཏུ་གོས་ཀྱིས་ཆོད་པ་ཡིན་པས་སྦོམ་པོའོ། །ཞེས་བྱ་བའི་ཐ་ཚིག་གོ། སེམས་གཞན་གྱིས་ནི་ན་སྨད་དོ་ཞེས་བྱ་བ་ནི། འཁྲིག་པཱི ་འདོད་ཆགས་ཀྱི་སེམས་མ་ཡིན་པས་བདག་གིར་བྱེད་པ་ལ་ནི་གང་ལ་ཕམ་པར་འགྱུར་བ་གསུངས་བ་དེ་ལ་ནི་སྦོམ་པོར་ན་སྨད་ལ་གང་ལ་སྦོམ་བོར་གསུངས་པ་དེ་ལ་ནི་ཉེས་བྱས་སུ་ན་སྨད་དོ་ཞེས་བྱ་བའི་ཐ་ཚིག་གོ། ཅི་ཐམས་ཅད་ལ་རྣམ ་པ་དེ་དང།?་འདྲ་འམ་ཞེ་ན་དེའི་ཕྱིར་གལ་ཏེ་དེའི་ཚེ་དེ་ལ་སྐྱེས་པའི་དེ་དེས་ཤེས་པ་ནའོ་ཞེས་བྱ་བ་སྨྲས་ཏེ། གལ་ཏེ་དུས་དེའི་ཆ་དགེ་སློང་མ་དེ་ལ་སྐྱེས་བའི་འདོད་པའི་འདོད་ཆགས་ཀྱི་བདག་ཉིད་ཀྱིས་སེམས་དེ་ཡོད་བར་དགེ་སློང་མ་དེས་སྐྱེས ་པ་འདི་བདག་ལ་ཆགས་སོ་སྙམ་དུ་ཤེས་པ་ན་འདི་ལྟར་དགེ་སློང་མ་དེ་ལ་འདོད་པའི་འདོད་ཆགས་ཀྱི་སེམས་མངོན་སུམ་དུ་མ་གྱུར་དུ་ཟིན་ཀྱང་རང་ལ་བསམ་པའི་ཉེས་པ་ཡོད་བ་ཁོ་ན་ཡིན་ཏེ། དེའི་ཕྱིར་འདིར་སྐྱེས་བའི་འདོད་པའི་འདོད ་ཆགས་ཡན་ལག་ཉིད་ཡིན་ནོ། །གལ་ཏེ་མེད་ན་ནི་དེ་ལས་ཀྱང་ངོ་ཞེས་བྱ་བ་ནི། གལ་ཏེ་དེའི་ཆེ་སྐྱེས་བ་ལ་འདོད་བའི་འདོད་ཆགས་མེད་དམ་ཡོད་ན་ཡང་དེ་ལམ་ཡིན་ནམ། དེ་ལ་ཡིན་ན་ཡང་མི་ཤེས་ན་ནི་དེའི་ཚེ་ན་སྨད་པ་དེ་ལས ་ཀྱང་ན་སྨད་པར་བྱ་སྟེ། གང་ལན་སྨད་པ་ལ་སྦོམ་པོར་འགྱུར་བ་དེ་ལ་ནི་ཉེས་བྱས་སུ་འགྱུར་ལ། གང་ལ་ཉེས་བྱས་སུ་འགྱུར་བ་དེ་ལ་ནི་ཉེས་བྱས་ཕྲ་མོར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ་།བདག་གིར་མི་བྱེད་པ་ལ་ནི་ལྟུང་བ་མེད་དོ ་ཞེས་བྱ་བ་ནི། ཅི་ལྟར་ཡང་བདག་གིར་བྱེད་བ་དང་དུ་མི་ལེན་པ་དེ་ལ་ནི་བཅའ་བ་འདིར་གཏོགས་པའི་ཁ་ན་མ་ཐོ་བའི་ལྟུང་བ་ནི་མེད་དོ། །གཞན་ཡིན་ན་བྱིས་པ་ལ་ཡང་རེག་པར་མི་བྱའོ་ཞེས་འོག་ནས་འབྱུང་བ་དེའི་ཉེས་བྱས ་ནི་ཡོད་དོ། །བུ་ལ་རེག་པ་ལ་ནི་སྐྱོན་ཆགས་བ་མེད་དོ་ཞེས་བྱ་བ་ནི། མས་བུ་ལ་བྱམས་པའི་སེམས་ཀྱི་སེམས་གཞན་མ་ཡིན་པ་དང། རྣམ་པར་འགྱུར་བ་མེད་པའི་སེམས་ཀྱིས་བུ་ལ་རེག་པ་ལ་ནི་སྐྱོན་ཆགས་པ་མེད་དོ། ། ་གཞན་ཡིན་ན་བྱིས་པ་ལ་ཡང་རེག་པར་མི་བྱའོ་ཞེས་བྱ་བ་ནི། རང་གི་བུ་ལས་གཞན་ཡིན་ན་བྱིས་པ་ལ་ཡང་ཕུ་ནུ་འམ་ཕ་ཁུ་འང་མཆན་ཞི་དང་?་ལ་སོགས་བ་ལ་བྱམས་པའི་སེམས་ལྟ་བུ་འམ་མཛའ་ཤེས་སམ ་དགེ་བ་འམ་རྣམ་པར་འགྱུར་བ་མེད་པའི་སེམས་ཀྱིས་ཀྱང་རེག་པར་མི་བྱ་བའོ། །མདོ་འདི་གཉིས་ཀྱི་གཞུང་ནི་ཕྲན་ཚེགས་དག་ལས་གང་གི་ཚེ་དགེ་སློང་མ་?་མ་ལ་?་སྲུངས་གཞོན་ནུ་བཙས་པ་དེའི་ཚེ་དེ་ལ་སྦེན་མ་རེག་པ་དེ ་མི་བྱེད་པ་དང་དེ་དུ་བ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་རེག་པར་བྱ་བ་དང་བསྣུན་པར་བྱ་བ་དང་བསྐྱེད་པར་བྱ་བར་རྗེས་སུ་གནང་ངོ་ཞེས་གསུངས་བའི་བར་དང། བུད་མེད་ནི་སྲེད་བ་ཅན་ཡིན་པས་དགེ ་སློང་མ་རྣམས་ཀྱིས་དེ་འཕྲག་བ་ནས་འཕྲག་པར་བརྒྱུད་པར་བྱེད་དེ་འཕྲག་པར་བརྒྱུད་པ་ནི་སྐེ་བར་གྱུར་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་དགེ་སློང་མས་གཞན་གྱི་བུ་ལ་རིག་པར་མི་བྱའོ། །རེག་ན ་འགལ་ཚབས་ཅན་དུ་ཡང་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །ཕོའི་འོ་ཞེས་སྨྲས་ན་ཕོ་ཅི་ཙམ་གྱི་ཁ་ན་མ་ཐོ་བ་ཡོངས་སུ་རྫོགས་པར་བྱེད་པ་ཉིད་ཡིན་ཞེ་ན་དེའི་ཕྱིར་འདོད་པ་དང་ལྡན་པ་ལ་བསྟེན་པ་དང་ཚིག་ལ་དེ་དང་ལྡན་པའི་དོན་ཡོངས ་སུ་ཤེས་པར་བྱ་བའི་མཐུ་ཡོད་པ་ཉིད་ཀྱི་ཕོ་ནི་ཡོངས་སུ་རྫོགས་པར་བྱེད་པ་ཉིད་ཡིན་ནོ་ཞེས་བྱ་བ་ནི་སྨྲས་ཏེ། འདོད་པ་དང་ལྡན་པའི་བསླབ་པའི་གཞི་རེག་པ་དང་མི་ཚངས་བར་སྤྱོད་པ་ལ་སོགས་པ་ལ་ནི་བསྟེན་བའི་མཐུ་ཡོད་པ་ཉིད་ཀྱི་ཕོ་ནི་ཁ ་ན་མ་ཐོ་བ་ཡོངས་སུ་རྫོགས་པར་བྱེད་པ་ཉིད་ཡིན་ནོ། །ཆོས་སྟོན་པ་ལ་སོགས་པ་ལ་ནི་དེ་དང་ལྡན་པའི་དོན་འདོད་པ་དང་ལྡན་པའི་ཚིག་བརྗོད་པའི་དོན་ཡོངས་སུ་ཤེས་ཤིང་གོ་བར་བྱ་བའི་མཐུ་ཡོད་པ་ཉིད་ཀྱིས་པོ་ནི་ཁ་ན་མ་ཐོབ་ཡོངས ་སུ་རྫོགས་པར་བྱེད་པ་ཉིད་ཡིན་ནོ། །མཐུ་མེད་པ་ཉིད་ཀྱི་ཕོ་ནི་ན་སྨད་པར་བྱེད་པ་ཉིད་ཡིན་ནོ། །དགེ་སློང་གི་རྣམ་པར་འབྱེད་པ་ལས་དེ་སྐད་དུ་མཐུ་ཡོད་པ་ལ་ཕམ་པར་འགྱུར་བ་གང་ཡིན་པ་དེ་མཐུ་མེད་པ་ལ་ཉེས་པ་སྦོམ་པོར་འགྱུར ་རོ་ཞེས་བྱ་བ་ལ་སོགས་པ་གསུངས་མོད་ཀྱི་འདྲ་བའི་ཕྱིར་ཡང་འདིར་ཡང་དེ་ལ་བརྟེན་ཏོ། །?་པའི་ཕམ་པར་འགྱུར་བའོ་ཞེས་བྱ་བ་དེར་བཤད་ཟིན་ཏོ།། །།གང་ལ་ལུས་བཀན་པའི་ཕམ་པར་འགྱུར་ཞེན་དང་ཕྱིར་ལུས་བཀན་པ ་ལའོ་ཞེས་བྱ་བ་སྨྲས་ཏེ། ལུས་བཀན་པ་ཞེས་བྱ་བ་ནི་ཉལ་བའོ། །སུ་ཞེན་དགེ་སློང་མ་ཞེས་བྱ་བར་ཤུགས་ཀྱིས་སྔོན་ཏེ། འདི་ལྟར་འདིར་དགེ་སློང་མ་ལྟུང་བ་འབྱིན་པའི་དབང་དུ་བྱས་བའི་ཕྱིར་རོ། །སེམས་ལྟ་བུས་ཤེན་དེའི ་ཕྱིར་ཆགས་བར་གྱུར་པས་བསྟེན་པའི་ཕྱིར་ཉེ་བར་གནས་བའི་སྐྱེས་པ་ཆགས་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། དགེ་སློང་མ་ཆགས་པར་གྱུར་པས་ལུས་བཀན་ནའོ། །ཟླ་ཇི་ལྟ་བུའི་ཕྱིར་ལུས་བཀན་ན་ཞེན་དེའི་ཕྱིར་ལྟུང་བ་འབྱིན་བར ་བྱེད་བའི་དགེ་སློང་མ་དེ་ལ་བསྟེན་བའི་ཕྱིར་ཉེ་བར་གནས་པའི་སྐྱེས་བ་ཆགས་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། དགེ་སློང་མ་ཆགས་པ་དེར་གྱུར་བ་དེས་ཟླ་དེ་ལྟ་བུའི་ཕྱིར་བུས་བཀན་དེ་ཕམ་པར་གྱུར་རོ། །ཆགས་བར་གྱུར་བས་ཞེས ་བྱ་བ་ཅིའི་ཕྱིར་སྨོས་ཤེན་ལན་འགའ་འཇིགས་པའི་དབང་གིས་ལུས་བཀན་པ་ཡང་སྲིད་ལ་ལན་འགའ་སྲན་བའི་ཕྱིར། གལ་ཏེ་ཁྱོད་ཁོ་མོ་ལ་ཞོན་ཕོད?་?་མོ་ཉལ་?་ཞེས་ལུས་བཀན་པ་ཡང་སྲིད་བས་དེའི་ཕྱིར་ཆགས་པར་གྱུར་བས ་ཞེས་བྱ་བ་སྨོས་ཏེ། འཁྲིག་པའི་འདོད་ཆགས་ཀྱི་སེམས་ཀྱིས་སོ། །དེ་ལ་འཇིགས་བའི་དབང་གིས་ལུས་བཀན་པ་ལ་ནི་ལྟུང་བ་མེད་དོ། །བསྲན་པའི་ཕྱིར་ལུས་བཀན་པ་ལ་ནི་ཉེས་བྱས་སོ། །འོ་ན་བསྟེན་བའི་ཕྱིར་ཉེ་བར་གནས ་པའི་སྐྱེས་པ་ཆགས་པའི་ཕྱིར་རོ་ཞེས་སྨོས་པ་འདི་ལ་ཆགས་པ་ཞེས་བྱ་བའི་ཚིག་ལྷག་སྟེ། བསྟེན་པའི་ཕྱིར་ཉེ་པར་གནས་པའི་སྐྱེས་པ་ཞེས་སྨོས་པ་ཉིད་ཀྱིས་དེ་དགེ་སློང་མདེ་ལ་ཆགས་པ་མ་སྨོས་ཀྱང་འགྲུབ་པའི་ཕྱིར་རོ་ཞེ ་ན། དེ་ནི་དེ་ལྟ་མ་ཡིན་ཏོ། ལན་འགའ་དགེ་སློང་མ་དེ་རིང་ཞིག་ཐོགས་ཏེ་འོངས་ལ། སྐྱེས་པ་དེ་ཡུན་རིང་ཞིག་སྡོད་སྡོད་པས་སེམས་ཁྲོས་པར་གྱུར་ཏམ་སེམས་གཞན་སྐྱེས་པར་གྱུར་པ་ཡང་སྲིད་པས་དེའི་ཕྱིར་ཆགས་པ་ཞེས་བྱ་བའི་ཚིག ་སྨོས་སོ། །ཅི་ཐམས་ཅད་དུ་ལུས་བཀན་པ་ཇི་སྐད་བསྟན་པ་དེ་ལ་ཁ་ན་མ་ཐོ་བ་འདིར་འགྱུར?་རམ་ཞེ་ན་དེའི་ཕྱིར་དེས་སྤྲད་དུ་རུང་བ་ཉིད་ལའོ་ཞེས་བྱ་བ་སྨྲས་ཏེ། བསྟེན་པའི་ཕྱིར་ཉེ་བར་གནས་པའི་སྐྱེས་པ་ཆགས་པར་གྱུར་པ་དེས་དགེ་སློང ་མ་དེ་ལ་གལ་ཏེ་སྤྲད་དུ་རུང་པ་ཉིད་ཡིན་ན་སྟེ། དེ་ལ་ཁ་ན་མ་ཐོ་བ་འདིར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ་།དེ་ལྟར་ཡང་འདིར་གཞུང་ནི་གང་དུ་སྐྱེས་ལས་བུད་མེད་པ་གྲོད་དུ་རུང་བ་དེ་ལྟ་བུའི་ཕྱོགས་སུ་ལུས་བ། ཀན་ན་ཞེས་གསུངས་པ་དང། ་ལྟུང་བ་སྟན་པ་ལས་གང་དུ་སྐྱེས་པས་བུད་མེད་བགྲོད་དུ་རུང་བ་དེ་ལྟ་བུའི་ཕྱོགས་སུ་ཞེས་བྱ་བ་ནི། ཕྱིར་བཟློག་ཏུ་མེད་པའི་གན་སུའོ། །ལུས་བཀན་ན་ཞེས་བྱ་བ་ཉལ་ན་སྟེ། དེ་ལྟར་གང་དུ་སྐྱེས་པས་བུད་མེད་བགྲོད་དུ་རུང་བ་དེ་ལྟ་བུའི་ཕྱོགས ་སུ་ལུས་བཀན་ན་ཕམ་པར་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །ཆགས་པར་གྱུར་པས་ཆགས་པར་གྱུར་པ་དང་ལྷན་ཅིག་གཞོག་སྟེགས་བྱེད་ན་སྨྦོམ་པོའོ། །ཞེས་བྱ་བ་ནི། དགེ་སློང་མ་ཆགས་པར་གྱུར་པས་སྐྱེས་པ་ཆགས་པར ་གྱུར་པ་དང་ལྷན་ཅིག་གཞོག་སྟེགས་བྱེད་ན་སྦོམ་པོར་འགྱུར་བའོ། །གཞོགས་སྟེགས་ཞེས་བྱ་བ་ནི། ཧ་ཅང་གཏད་པར་མི་འཇུག་ཅིང་བཙུན་ཡུ་ཉམས་པར་འཇོ་སྟེགས་དང་ཀུན་ཏུ་ག་རྩེ་བ་ལ་སོགས་པའི་ལུས་དང་ངག?་གིས་ལས་སོ། ། ་འདིར་གཞུང་ནི་ཆགས་པར་གྱུར་པས་སྐྱེས་པ་ཆགས་པར་གྱུར་པ་དང་ལྷན་ཅིག་གཞོགS་སྟེགས་བྱེད་ན་ཉེས་པ་སྦོམ་པོར་འགྱུར་རོ། །སྐྱེས་པ་འོང་བ་དང་འགྲོ་བ་བདག་གི། བྱེད་ན་ཉེས་པ་སྦོམ་པོར་འགྱུར་རོ་ཞེས་བྱ་བའི་བར་དུ་གསུངས་པ་ཡིན ་ནོ། །ཕྱིར?་གཡེང་ངོ་ཞེས་བྱ་བ་ཡང། དགེ་སློང་མ་ཆགས་པར་གྱུར་པས་སྐྱེས་པ་ཚིགས་པར་གྱུར་པ་དང་ལྷན་ཅིག་འཕྱིར་གཡོང་བྱེད་ན་སྦོམ་པོར་འགྱུར་བའོ། །ཕྱིར་གཡེང་ཞེས་བྱ་བ་ནི། ཤིན་ཏུ་གཏད་པར་འཇུག་ཅིང་དྷལ?་བག་བྱེད་པའོ ་ཙབ་ཧྲལ་ལོ་ཞེས་བྱ་བ་ཡང། དགེ་སློང་མ་ཆགས་པར་གྱུར་པས་སྐྱེས་པ་ཆགས་པར་གྱུར་པ་དང་ལྷན་ཅིག་ཙབ་ཧྲལ་བྱེད་ན་སྦོམ་པོར་འགྱུར་བའོ། །ཙབ་ཧྲལ་ཞེས་བྱ་བ་ནི་བཙུན་སྤུ་ལ་ཉམས་ཤིང་བརྟེན་པའི་ཕྱིར་གཞོལ་ལ་ངོ་ཚ་མེད ་པར་ཞུགས་ཤིང་ཟེ་ལངས་པ་གྱུར་ནས། མགོ་འདར་བ་དང་ཚིགས་འགུལ་བ་དང། ཚིགས་འཁྲུལ་པ་ཉིད་ལ་སོགས་པ་ལུས་དང་ངག་གི་ལས་སོ། །དེ་དག་ཐམས་ཅད་ལ་ཡང་ཆགས་པར་གྱུར་པས་ཆགས་པར་གྱུར་པ་དང་ལྷན་ཅིག་བྱེད ་ན་ཞེས་བྱ་བར་སྦྱར་ཏེ། དེའི་ཕྱིར་གཞོགས་སྟེགས་དང་ཕྱར་གཡེང་དང་ཙབ་ཧྲལ་ཞེས་བྱ་བ་འདི་དག་ནི་ལུས་བཀན་པའི་སྤྱོད་བ་ཐམས་ཅད་ཀྱི་དཔེ་ཡིན་ཏེ། དེས་ན་འདིར་མལ་གཤོམ་པར་བྱེད་པ་ལ་སོགས་པ་དག་ཀྱང་སྦོམ་པོར་འགྱུར ་རོ། །དེས་ལས་དུས་མལ་མནོས་ན་ཡང་ངོ་ཞེས་བྱ་བ་ནི། དགེ་སློང་མ་ཆགས་པར་གྱུར་པ་དེས་སྐྱེས་པ་ཆགས་པར་གྱུར་པ་དེ་ལ་སྐྱེད་མོས་འཚལ་ཆེ་གེ་མོ་ཞིག་ཏུ་ཤོག་ཅིག་ཅེ་འམ་ཁྱོད་ཀྱི་ཁྱིམ་ཆེ་གེ་མོ་ཞིག་ཏུ་ཁོ་མོ་འོང་ངོ་ཞེས་དུས ་མལ་ཚིག་གིས་ནོད་པ་དང། སྐྱེས་པ་ཆགས་པར་གྱུར་པས་ཁོ་བོས་སྐྱེས་མོས་ཆལ་ཆེ་གེ་མོ་ཞིག་ཏུ་འོང་གིས་ཁྱོད་ཀྱང་གནས་དེར་ཤོག་ཅིག་ཅེས་དུས་མལ་བཏབ་པ་ཚིག་གིས་ནོད་ན་སྦོམ་པོའོ། །བྱ་བས་དྲང་དུ་ལེན་ན་ནི་ཉེས་བྱས་སོ།། ་འདིར་གཞུང་ནི་སྤྱིར་བསྟན་པ་ལས་ཚིག་གིས་ཞེས་གསུངས་པ་ཡིན་ནོ། །བརྡའོ་ཞེས་བྱ་བ་ནི། བྱེད་པ་མནོས་ན་སྦོམ་པོའོ་ཞེས་བྱ་བར་སྦྱར་རོ། །བརྡ་ཞེས་བྱ་བ་ནི་དུས་ཚོད་ཀྱི་བརྡ་སྟེ། ཁོ་བོ་སྔ་འགྲོ་སྟ་གོན་བྱེད་དོ ་ཞེས་བྱ་བ་ལ་སོགས་པའི་དུས་ཚོད་ཀྱི་བརྡ་དུས་འདེབས་པར་བྱེད་པ་ལ་ཁོ་མོ་ཡང་སྟ་གོན་བྱེད་དོ་ཞེས་དུས་ཚོད་ཀྱི་བརྡ་ཚིག་གིས་ན་སྦོམ་པོའོ་མཚན་མའོ་ཞེས་བྱ་བ་ཡང། བྱེད་པ་མནོས་ན་སྦོམ་པོའོ་ཞེས་བྱ་བར་སྦྱར་རོ། །མཚན ་མ་ཞེས་བྱ་བ་ནི་ཆ་ལུགས་ཀྱི་མཚན་མ་སྟེ། ཁོ་བོ་གོས་འདི་ལྟ་བུ་གྱོན་པ་ཁྱོད་ཀྱིས་མཐོང་ན་སྟ་གོན་གྱིས་ཤིག་ཅེས་བྱ་བ་ལ་སོགས་པའི་མཚན་མ་བྱེད་པ་ནོད་ན་སྦོམ་པའོ། །དེའི་འོང་བ་དང་འགྲོ་བའི་འཇུག་པ་བདག་གིར་བྱེད་ནའོ ་ཞེས་བྱ་བའོ། །སྐྱེས་པ་ཆགས་པར་གྱུར་པ་དེའི་འོང་བ་དང་འགྲོ་བའི་འཇུག་པ་བདག་གིར་བྱེད་ན་སྦོམ་པོའོ་ཞེས་བྱ་བར་སྦྱར་རོ། །འོང་བ་ཞེས་བྱ་བ་ནི་གང་ན་དགེ་སློང་མ་དེ་འདུག་པ་དེར་འོང་བའོ། །འགྲོ་བ་ཞེས་བྱ་བ་ནི། དུས་མལ ་བཏབ་པའི་གནས་སུ་འགྲོ་བའོ། །ལུས་བཀན་པ་འདི་དགེ་སློང་ལ་ནི་སྦོམ་པོ་སྟེ། བུད་མེད་དམ་སྐྱེས་པ་གང་ཡང་རུང་བའི་ཕྱིར་བཤམས་ན་ཡང་ངོ། །གཞོགས་སྟེགས་ལ་སོགས་པའི་བྱ་བ་གཞན་ནི་ཚིག་ཏུ་མ་སྨྲས་ན་ནི་ཉེས་བྱས ་སོ། །བུད་མེད་ལ་ཚིགས་ཏུ་སྨྲས་ན་ནི་དགེ་འདུན་ལྷག་མའོ། །ལུས་བཀན་པའི་ཕམ་པར་འགྱུར་བའོ་ཞེས་བྱ་བ་དེ་བཤད་ཟིན་ཏོ།། །།གང་ལ་ཁ་ན་མ་ཐོ་བ་འཆབ་པའི་ཕམ་པར་འགྱུར་ཞེ་ན་དེའི་ཕྱིར་དགེ་སློང་མའི་ཕམ་པར ་གྱུར་པ་འཆབ་པ་ལའོ་ཞེས་བྱ་བ་སྨྲས་ཏེ། དགེ་སློང་མ་དང་འབྲེལ་པའི་ཕམ་པར་གྱུར་པ་བརྒྱད་པོ་དག་ལས་གང་ཡང་རུང་བ་འཆབ་པ་ལ་ཁ་ན་མ་ཐོ་བ་འདིར་འགྱུར་རོ། །སུའི་ཕམ་པར་འགྱུར་བ་ཞེ་ན་དེའི་ཕྱིར། འདིར་དགེ་སློང ་མི་ཞེས་སྨོས་ཏེ། དགེ་སློང་མ་གཞན་གྱིའོ། །འདིར་ཉིན་མཚན་གྱིས་མཐར་ནི་ཁ་ན་མ་ཐོ་བ་རྫོགས་པར་འགྱུར་ལ་མདུན་རོལ་དུ་ནི་ན་སྨད་པའོ། །འདིར་གཞུང་ནི་གཏམ་གྱི་གཞི་ལས་དགེ་སློང་མས་དགེ་སློང་མ་མི་ཚངས་པར་སྤྱོད་པ་བྱེད་པ་མཐོང་ལ་དེ ་བཅབས་ཤིང་འདུ་ཤེས་སྦས་ནས་སྐྱ་རེངས་ཤར་ན་ཕམ་པར་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །འདི་པ་ན་སྨད་པ་ནི་སྦོམ་པོ་སྟེ། དགེ་སློང་མ་དང་འབྲེལ་པའི་ཁ་ན་མ་ཐོ་བ་འདི་ལ་ནི་སྨད་ན་སྦྱོར་བ་ལས་བྱུང་བའི་སྦོམ་པོ་ཡིན་པར་ཤེས ་པར་བྱའོ། །འཆབ་པའི་ཕམ་པར་འགྱུར་བའོ་ཞེས་བྱ་བ་དེ་བཤད་ཟིན་ཏོ། །ཅི་ཞིག་བྱས་ན་བཟློག་པའི་ཕམ་པར་འགྱུར་ཞེ་ན་དེའི་ཕྱིར་དགེ་སློང་གནས་ནས་ཕྱུང་བ་བཟོད་པར་གསོལ་བ་ངེས་པར་ཕྱག་བྱ་བའི་འོས་མ་ཡིན་པའི་སྡོམ་པ ་བྱིན་པར་ཤེས་བཞིན་དུ་དེ་ལས་བཟློག་པ་ཉིད་མི་གཏོང་ནའོ་ཞེས་བྱ་བ་སྨྲས་ཏེ། དགེ་སློང་གནས་ནས་ཕྱུང་བ་དགེ་འདུན་ལ་བཟོད་པར་གསོལ་བར་བྱའོ་ཞེས་བཟོད་པ་གསོལ་བར་ངེས་པར་གྱུར་པ་དགེ་སློང་མ་རྣམས་ཀྱིས་ཀྱང་དེ་ལ་ཕྱག་བྱ ་པའི་འོས་མ་ཡིན་པའི་སྡོམ་པ་བྱིན་ཞིང་ཕྱག་བྱ་བའི་འོས་མ་ཡིན་པའི་སྡོམ་པ་བྱིན་པར་གྱུར་པ་གང་ཡིན་པ་དེ་ལ་དགེ་སློང་མས་དེ་དག་ཐམས་ཅད་དེ་ལྟར་ཤེས་པར་གྱུར་ཅིང་ཤེས་ནས་ཀྱང་དགེ་སློང་མ་དེས་དགེ་སློང་དེ་གཟོད་པ ་གསོལ་པ་བྱེད་པ་དེ་ལས་བཟློག་པར་བྱེད་ཅིང། བཟློག་པར་བྱེད་པ་དེ་ཉིད་ལན་གསུམ་གྱི་བར་དུ་མི་གཏོང་ན་དགེ་སློང་མ་དེ་ཕམ་པར་འགྱུར་བའོ། །འདི་སྐད་བསྟན་ཏེ། དགེ་སློང་གྲེ་སྐྱེས་དགེ་སློང་མ་རྣམས་དང་འདྲེ་ཞིང་གནས་ནས། ་བཅོམ་ལྡན་འདས་ཀྱིས་བཀའ་དགེ་སློང་གིས་དགེ་འདུན་གྱིས་གནས་ནས་དབྱུང་བའི་ལས་བྱས་ཤིང་དགེ་སློང་མའི་དགེ་འདུན་གྱིས་ཀྱང་ཕྱག་བྱ་བའི་འོས་མ་ཡིན་པའི་སྡོམ་པ་བྱས་ནས། གཉི་གའི་དགེ་འདུན་གྱི་ཕྱི་རོལ་བྱས་པའི ་དགེ་སློང་དེ་དགེ་སློང་གི་དགེ་འདུན་ལ་བཟོད་པ་གསོལ་ལོ་ཞེས་ངེས་པར་གྱུར་ན་སྦོམ་དགའ་མོས་དོན་དེ་ཤེས་བཞིན་དུ་ཕྱིར་བཟློག་པ་དེ་དགེ་སློང་མའི་དགེ་འདུན་གྱི་གཞམས་ཏེ་བསྒོ་བ་ལ་སོགས་པ་གསོལ་བ་དང་བཞིའི ་ལས་ཀྱི་བསྒོ་བ་ན་བཟློག་པ་དེ་ཉིད་མ་གཏོང་བ་དེ་ལ་ཕམ་པར་འགྱུར་བ་བཅས་པ་ཡིན་ནོ། །ཇི་ལྟར་མི་གཏོང་བ་ལ་ཞེན་བྲ་དེའི་ཕྱིར་དབྱེན་ལ་བརྟུལ་བ་ཉིད་དང་འདྲའོ་ཞེས་བྱ་བ་སྨྲས་ཏེ། ཇི་ལྟར་དགེ་འདུན་གྱི་དབྱེན་ལ་བརྟུལ་བར་བྱེད ་པ་དེ་མི་གཏོང་བ་ལ་ལྟུང་བར་འགྱུར་བ་དེ་དང་འདྲའོ་ཞེས་བྱ་བའི་ཐ་ཚིག་སྟེ། འདྲའོ་ཞེས་བྱ་བའི་སྒྲ་ནི་མཚུངས་པ་ཉིད་ཀྱི་དོན་ཡིན་པའི་ཕྱིར་རོ། །དེས་ན་དེ་དང་འདྲ་པར་གཞམ་པ་དང་གསོལ་བ་སྔོན་དུ་བཏང་བའི?་ལས་བྱས་ཏེ། འདི་ལྟར ་དབྱེན་གྱི་སྐབས་སུ་བཟློག་པའི་ཚུལ་གྱིས་མི་གཏོང་བར་རྗེས་སུ་བསྒྲུབ་པའི་རང་བཞིན་ནི་རྗེས་སུ་མཐུན་ནོ་ཞེས་བྱ་བ་ལ་སོགས་པའི་རྣམ་པ་ཇི་སྐད་བསྟན་པ་དེ་དག་ཐམས་ཅད་འདིར་ཡང་སྦྱར་བར་བྱའོ། །དེའི་ཕྱིར་རྣམ་པ་དེ་དག་ཐམས ་ཅད་འདིར་ཅི་རིགས་པར་སྦྱར་བར་ཤེས་པར་བྱ་སྟེ། དེས་ན་དབྱེན་ལ་བརྟུལ་བ་ཉིད་དང་འདིར་སྦྱར་བ་ནི་མ་ཡིན་ནོ། །བཟློག་པའི་ཕམ་པར་འགྱུར་བའོ་ཞེས་བྱ་བ་དེ་བཤད་ཟིན་ཏོ།། །།དགེ་སློང་མི་ཕམ་པར་འགྱུར་བ་རྣམས ་རྫོགས་སོ་ཞེས་བྱ་བ་དགེ་སློང་མའི་ཕམ་པར་འགྱུར་བ་བརྒྱད་བཤད་ཟིན་ཏོ། །དེ་ནི་སྨྱན་བྱེད་བ་དང་བཞི་མེད་དང། །གསུམ་པོ་བག་ཙམ་ཆ་ལས་ལེན། །བཞི་པ་ཅི་ཡང་རུང་བར་བྱ། །ལྔ་པ་ཆགས་པ་མེད་པ་སྟེ། །མཚན་མོ་ཉིན་མོ་ལམ་འགྲོ ་དང། འཆུ་ཀླུང་ཕ་རོལ་ཡིད་མཐུན་དང། །ཤི་བའི་ནོར་རྫས་ལེན་པ་དང། །དགེ་སློང་མ་ལས་བཟོད་བྱེད་དང། །སྤོང་དང་འཐབ་གྲོལ་བྱེད་པ་དང། །བསྟེན་དང་བསྟེན་དུ་འཇུག་པ་དང། །དགེ་འདུན་དབྱེན་དང་དེ་རྗེས་ཕྱོགས། །སུན་འབྱིན་བཀའ་བློ ་མི་བདེ་བའོ། །ཞེས་བྱ་བའི་རིམ་གྱིས་ཕམ་པར་འགྱུར་བ་དག་གི་འོག་ཏུ་བཀོད་མ་དགེ་སློང་མའི་དགེ་འདུན་ལྷག་མ་ཉི་ཤུ་པོ་དག་བཤད་པར་བྱ་སྟེ། དེ་ལ་དགེ་སློང་གི་དགེ་འདུན་ལྷག་མ་ལ་ལ་དགེ་སློང་མ་རྣམས་ཀྱི་ལྟུང་བ་གཞན་ཉིད་དུ་རྣམ ་བར་བཞག་པ་ཡང་ཡོད་དེ། དཔེར་ན་དགེ་སློང་གི་ཁུབ་འབྱིན་པའི་དགེ་འདུན་ལྷག་མ་དེ་དགེ་སློང་མ་རྣམས་ཀྱི་ལྟུང་བྱེད་དུ་རྣམ་པར་བཞག་པ་དང། དགེ་སློང་གི་ལུས་ཀྱིས་རེག་པའི་དགེ་འདུན་ལྷག་མ་དགེ་སློང་མ་རྣམས་ཀྱི་རེག་པའི་ཕམ་པར་འགྱུར ་བར་རྣམ་པར་བཞག་པ་དང། དགེ་སློང་གི་འཁྲིག་པ་དང་ལྡན་པ་སྨྲ་བའི་དགེ་འདུན་ལྷག་མ་དགེ་སློང་མ་རྣམས་ཀྱི་ཆགས་པར་གྱུར་པས་ཆགས་པར་གྱུར་པ་དང་ལྷན་ཅིག་གཞོགས་སྟེགས?་དང་ཕྱར་གཡེང་དང་ཙམ་ཐལ?་བྱེད་པ་སྦོམ་པོར་རྣམ ་པར་བཞག་པ་ལྟ་བུའོ། །དགེ་སློང་གི་བསྙེན་བཀུར་བསྔགས་པའི་དགེ་འདུན་ལྷག་མ་ནི་དགེ་སློང་མ་རྣམས་ལ་མེད་དེ་།འདི་ལྟར་བུད་མེད་ཀྱི་བསྙེན་བཀུར་ནི་སྐྱེས་པའི་ཡོ་བྱད་དུ་གྱུར་པ་ཡིན་པོས?་གཡོག་བྲན་གྱི་ཚར་གནས་པ་ཡིན་ལ་ལོངས ་སྤྱོད་པར་བྱེད་པའི་སྐྱེས་པ་ནི་མཆོད་པར་བྱ་བའི་ཆར་གནས་པ་ཡིན་པས་དེའི་ཕྱིར། སྐྱེས་པས་བསྙེན་བཀུར་བསྔགས་པ་ནི་རིགས་ཀྱི་བུད་མེད་ཀྱིས་ནི་མི་རིགས་པས་དེའི་ཕྱིར་དེ་ནི་དགེ་སློང་མ་རྣམས་ས་མེད་དོ། །དགེ་སློང་གི་ཁང་པ་དང ་གཙུག་ལག་ཁང་བྱེད་པའི་དགེ་འདུན་ལྷག་མ་དེ་གཉིས་ནི་དགེ་སློང་མ་རྣམ་ལ་བྱེད་པའི་མཐུ་མེད་པས་ཇི་ལྟར་སྐྱེས་པ་བཞིན་དུ་དེ་ལྟར་མངོན་པར་ཞེན་པ་མི་འབྱུང་སྟེ། བྱེད་དུ་འཇུག་ན་ཡང་བདག་པོ་ཉིད་མམ་ཡིན་པའི་ཕྱིར་སྐྱེས་པ་དག ་གིས་བྱེད་དུ་འཇུག་པ་དེ་ལྟར་མི་ནུས་པས་དེ་གཉིས་ཀྱང་དགེ་སློང་མ་རྣམས་ལ་རྣམ་པར་མི་བཞག་གོ་།སྨྱན་བྱེད་པ་དང་གཞི་མེད་པ་དང་བག་ཙམ་དང་དགེ་འདུན་གྱི་དབྱེན་བྱེད་པ་དང་དེའི་རྗེས་སུ་ཕྱོགས་པ་དང། ཁྱིམ་སུན་འབྱིན་པ་དང ་བཀའ་བློ་མི་བདེ་བ་ཞེས་བྱ་བའི་དགེ་འདུན་ལྷག་མ་རྣམས་ནི་དགེ་སློང་གི་དང་འདྲ་བས་འདིར་མིང་ཙམ་ཞིག་རྣམ་པར་བཞག་པར་བྱ་སྟེ། དེ་དག་གིས་ངོ་བོ་ཉིད་སྔར་དགེ་སློང་གི་ཁ་ན་མ་ཐོ་བ་རྣམས་ཀྱིས་སྐབས་སུ་བསྟན་ཟིན ་པའི་ཕྱིར་རོ། །དགེ་སློང་དང་ཐུན་མོངས་མ་ཡིན་པ་ཅི་ཡང་རུང་བ་ལེན་པ་དང། ཅི་ཡང་རུང་བ་ལེན་དུ་འཇུག་པ་དང། མཚན་མོ་འབྲལ་བ་དང། ཉིན་མོ་འབྲལ་བ་དང། ལམ་དུ་འཇུག་པ་དང། ཆུ་བསྐལ་བ་དང། རབ་ཏུ་འབྱིན་པ་དང། ཤི་བའི ་ནོར་ལེན་པ་དང། བཟོད་པ་གསོལ་དུ་འཇུག་པ་དང། སྤོང་བ་དང། འཐབ་ཀྲོལ་བྱེད་པ་དང། བུད་མེད་དང། བསྟེན་པ་དང། བུད་མེད་དང་བསྟེན་དུ་འཇུག་པ་ཞེས་བྱ་བ་དགེ་སློབ་མའི་དགེ་འདུན་ལྷག་མ་དེ་དག་གི་ངོ་བོ་ཉིད་ནི་འདིར་རྒྱ་ཆེར ་བསྟན་པར་བྱའོ། །དེ་ལ་ཐུན་མོང་བ་མིང་ཙམ་རྣམ་པར་བཞག་པ་དེ་རྗེས་སུ་བསྟན་པའི་ཕྱིར་སྨྱན་བྱེད་པའོ་ཞེས་བྱ་བ་སྨྲས་ཏེ། དགེ་འདུན་ལྷག་མའི་ཁ་ན་མ་ཐོ་བ་འདིའི་མཚན་ཉིད་སྔར་ཇི་སྐད་བསྟན་པ་དེ་ཉིད་དགེ་སློང་མ་རྣམས་ཀྱི་ཡང ་ཡིན་པར་རིག་པར་བྱའོ། །སྐབས་འདི་དང་འོག་མ་དག་ལས་ཆོས་འདི་ནི་དང་པོས་ལྟུང་བར་འགྱུར་ལ་ཞེས་གསུངས་པའི་ཚིག་དེའི་རྣམ་པར་འབྱེད་པ་ནི་མོད་ལ་ལྟུང་བར་འགྱུར་རོ་ཞེས་གསུངས་པ་ཡིན་ཏེ། དེའི་དོན་ནི་སྤྱད་པ་ཙམ་གྱིས་ཁ ་ན་མ་ཐོ་བ་འདིར་འགྱུར་གྱི་ཡང་དང་ཡང་ཕྱིར་བཟློག་ཅིང་མི་གཏོང་བ་ལ་ནི་མ་ཡིན་པར་རིག་པར་བྱའོ། །འབྱུང་བར་འགྱུར་པ་སྟེ། ཞེས་བྱ་བ་ནི་ལྟུང་བ་ལས་འབྱུང་བ་དང་རྗེས་སུ་མཐུན་པ་སྟེ་དེ་དག་ནི་ཕྱིར་བཅོས་པ་དང་བཅས་པ་ཡིན ་གྱི་ཕམ་པར་འགྱུར་བ་དག་ད་ལྟར་ཕྱིར་བཅོས་སུ་མི་རུང་བ་ནི་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ་།དེ་ལྟར་ཡང་དེའི་རྣམ་པར་འབྱེད་པ་ནི་འབྱུང་བ་དང་བཅས་པའི་ཞེས་གསུངས་པ་ཡིན་ནོ། །འདིར་དགེ་སློང་མ་ལས་བརྟེན་ཏེ་ཕྲན ་ཚེགས་ལ་སོགས་པ་དག་ལས་ཅུང་ཟད་ལྷག་པར་གསུངས་པ་དག་བསྟན་པའི་ཕྱིར་དགེ་སློང་མ་ལ་ཁྱིམ་པ་མོ་ཉིད་ཀྱི་སྔགས་པ་བརྗོད་ན་སྦོམ་པོའོ། །ཞེས་བྱ་བ་སྨས་ཏེ། དགེ་སློང་མས་དགེ་སློང་མ་ཁྱིམ་པ་མོ་ཉིད་ཀྱི་བསྔགས ་པ་བརྗོད་ཅིང་ཡང་དག་པར་འཛིན་དུ་འཇུག་ན་སྦོམ་པོའོ། །ཉོན་མོངས་པ་དག་གིས་གནོད་པར་གྱུར་པ་རྣམས་ཀྱིས་གོ་བར་བྱས་པ་ན་སྦོམ་དགའ་མོས་ཚིག་དེ་སྐད་བརྗོད་པ་ལས་འདི་བཅས་ཏེ། དེ་ནི་སྨྱན་བྱེད་བ་དང་རིགས་མཐུན ་པ་ཉིད་ཡིན་པའི་ཕྱིར་འདི་གསུངས་སོ། །དགེ་སློང་དག་ལ་ཡང་དེའི་རྗེས་སུ་འབྲང་བས་ཉེས་པ་སྦོམ་པོར་འགྱུར་བར་ཤེས་པར་བྱའོ། །གཞན་སྨད་འཚོང་མ་ཉིད་བྱེད་དུ་འཇུག་པ་ཡང་ངོ་ཞེས་བྱ་བ་ཡང། ་སྦོམ་པོའོ་ཞེས་བྱ་བར་སྦྱར་ཏེ། དགེ་སློང་མས་བུད་མེད་གཞན་སྨད་འཚོང་མ་ཉིད་བྱེད་དུ་འཇུག་ན་སྦོམ་པོར་འགྱུར་རོ། །སྨད་ཚོང་མ་ཞེས་བྱ་བའི་སྒྲ་ནི་འཇུད་འཐུན་མ་ཞེས་བྱ་སྟེ་འཇུད་པ་ཞེས་བྱ་བ་ནི་ཕོའི་དབང ་པོ་ལ་བྱ་སྟེ། འཇུད་པར་བྱེད་པ་ཡིན་པས་འཇུད་པ་སྟེ་དེས་འཇུད་པ་གང་ལ་ཡོད་པ་དེ་ནི་འཇུད་འཐུན་མ་ཡིན་ཏེ་སྨད་ཆོད་མའོ། །ཁ་ཅིག་ན་རེ་འཇུད་པ་ཞེས་བྱ་བའི་སྒྲ་ནི་མོའི་དབང་པོ་ལ་བྱ་སྟེ་དེ་གང་ལ་ཡོད་པ་དེ་ནི་འཇུད་མཐུན ་མ་སྟེ་སྨད་འཆོང་མ་ཞེས་ཟེར་རོ། །བྲན་མོ་ཟོང་ཉིད་དུ་གཏོང་བ་ནི་དེ་ལས་ཕྱི་རོལ་ཏུ་གྱུར་པ་ཉིད་མ་ཡིན་ནོ། ཞེས་བྱ་བ་ནི། དགེ་སློང་མས་བྲན་མོ་ཟོད་གི་ཕྱིར་དུ་གླར་གཏོང་པ་ནི་གཞན་སྨད་འཚོར་མ་ཉིད་དུ་བྱེད་དུ་འཇུག་པ ་ཞེས་བསྟན་པ་དེ་ལས་ཕྱི་རོལ་ཏུ་གྱུར་པ་ཉིད་མ་ཡིན་ཏེ་དོན་འདྲ་བས་འདི་ཡང་ཉེས་པ་སྦོམ་པོར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། འདི་ནི་གྲངས་པའི་དབང་གིས་ན་སྨད་འཚོང་མ་ཉིད་དུ་བྱེད་དུ་འཇུག་པ་ཞེས་བྱ་བ་ལས་ལོགས་ ་ཤིན་ཏུ་མདོར་བྱས་ཏེ། འདི་ལྟར་ཟོང་དགྲམ་པའི་ཚུལ་གྱིས་འཇོག་པ་གང་ཡིན་པ་དེ་ནི་བྲན་མོ་ཟོང་ཉིད་དུ་གཏོང་བ་ཞེས་བྱའོ། །སྨད་འཚོང་མ་ཉིད་དུ་བྱེད་དུ་འཇུག་པ་ཞེས་བྱ་བ་ནི་རང་གི་ཁྱིམ་དག་ན་གནས ་པ་དག་གིས་བྱེད་དོ།། སྨྱན་བྱེད་པའི་དགེ་འདུན་ལྷག་མའོ་ཞེས་བྱ་བ་དེ་བཤད་ཟིན་ཏོ།། །།གཞི་མེད་བའོ། །བག་ཙམ་མོ་ཞེས་བྱ་བ་ནི། དགེ་འདུན་ལྷག་མ་འདི་གཉིས་ཀྱི་མཚན་ཉིད་སྔར་དགེ་སློང་གི་སྐབས་སུ ་ཇི་སྐད་བསྟན་པ་དག་དགེ་སློང་མ་རྣམས་ཀྱི་ཡང་ཡིན་པར་རིག་པར་བྱའོ། །ཐམས་ཅད་ལ་བྱེ་བྲག་ནི་ཡོད་པར་རིག་པར་བྱ་སྟེ། ཕོ་ཉིད་ལ་ནི་མོ་ཉིད་དོ་དེ་ལ་ནི་ཕོ་ཉིད་དོ་ཞེས་བྱ་བ་ནི། ཕོ་ཉིད་ལ་ནི་མོ་ཉིད་ཅེས་བྱ་བར་ཤེས་པར་བྱ་ལ ་མོ་ཉིད་ལ་ནི་ཕོ་ཉིད་ཅེས་བྱ་བར་ཤེས་པར་བྱ་སྟེ། ཕོའི་རྟགས་ཀྱི་གནས་སུ་ནི་མོའི་རྟགས་བལྟ་བར་བྱ་བ་ལ་མོའི་རྟགས་ཀྱི་གནས་སུ་ནི་པོའི་རྟགས་སུ་བལྟ་བར་བྱ་བའི་ཐ་ཚིག་གོ། བཞི་མེད་པ་དང་བག་ཙམ་གྱི་དགེ་འདུན་ལྷག་མ ་གཉིས་སོ། ཞེས་བྱ་བ་དེ་བཤད་ཟིན་ཏོ།། །།གང་ལ་ཅི་ཡང་རུང་བ་ལེན་པའི་དགེ་འདུན་ལྷག་མར་འགྱུར་ཞེ་ན། དེའི་ཕྱིར་ཅི་ཡང་རུང་བ་བདག་གིར་བྱེད་པའོ་ཞེས་བྱ་བ་སྨྲས་ཏེ། དགེ་སློང་མས་འཁྲིག་པ་དང་འབྲེལ ་པའི་ཕྱིར་སྐྱེས་པ་ལས་གླ་ཅི་ཡང་རུང་བ་བདག་གིར་བྱེད་ན་དགེ་འདུན་ལྷག་མའོ། །དེའི་ཕྱིར་བསྐྱང་པའི་དོན་དུ་ཅི་ཡང་རུང་བ་ཞེས་སྨོས་སོ། །འདིར་བདག་གིར་བྱེད་ན་ཞེས་བྱ་བ་ནི་ལེན་པ་ལ་བྱ་སྟེ། དེ་ལྟར་ཡང་རྣམ་པར་འབྱེད ་པ་ལས་བདག་གིར་བྱེད་པ་ལ་ནི་ལེན་པར་བྱེད་པའོ་ཞེས་གསུངས་སོ། །ཅི་ལྟ་བུར་གྱུར་པས་ཤེ་ན་དེའི་ཕྱིར་དགེ་སློང་མ་ཆགས་པར་གྱུར་པས་སོ་ཞེས་བྱ་བ་སྨྲས་ཏེ། དགེ་སློང་བ་འཁྲིག་པའི་འདོད་ཆགས་ཀྱིས་ཆགས་པར་གྱུར ་པས་སོ། །འདི་དང་འོག་མ་དག་ཆགས་པར་གྱུར་པས་ཞེས་སྨོས་པ་ཐམས་ཅད་འཁྲིག་པའི་འདོད་ཆགས་ཀྱིས་ཆགས་པ་ཡིན་པར་རིག་པར་བྱའོ། །གང་ལ་བདག་གིར་བྱེད་ཅེ་ན་དེའི་ཕྱིར་སྐྱེས་པ་ཆགས་པར་གྱུར་པ་ལས་སོ་ཞེས ་བྱ་བ་སྨྲས་ཏེ། སྐྱེས་པ་ཆགས་པར་གྱུར་པ་ལས་ཅི་ཡང་རུང་བ་བདག་གིར་བྱེད་ནའོ། །ཆགས་པར་མ་གྱུར་པས་ནི་སྦོམ་པོའོ། ཞེས་བྱ་བ་ནི། དགེ་སློང་མ་ཆགས་པར་གྱུར་པས་སྐྱེས་པ་ཆགས་པར་གྱུར་པ་ལས་ཅི་ཡང་རུང་བ་བདག ་གིར་བྱེད་པ་ལ་ནི་སྦོམ་པོའོ། །ཆགས་བར་མ་གྱུར་པ་ལས་ནི་ཉེས་བྱས་སོ་ཞེས་བྱ་བ་ནི། སྐྱེས་པ་ཆགས་པར་མ་གྱུར་པ་ལས་དགེ་སློང་མ་ཆགས་པར་གྱུར་པས་ཅི་ཡང་རུང་བ་བདག་གིར་བྱེད་པ་ལ་ནི་ཉེས་བྱས་ཏེ། ཆགས་པར ་མ་གྱུར་པ་ལས་ནི་ཉེས་བྱས་སོ་ཞེས་གསུངས་པའི་ཕྱིར་རོ། །ཅི་ཡང་རུང་བ་བདག་གིར་བྱེད་པ་དང་སྐྱེས་བ་ཆགས་པར་གྱུར་བ་འདི་གཉིས་ནི་ཤེས་ཀྱང་རུང་དོགས་ཀྱང་ཡོད་ཀྱང་མེད་ཀྱང་རུང་སྟེ་གལ་ཏེ་དེ་སློང་མ་ལ་ཡོད་པ་ཉིད་ལས ་བརྟན་པར་གྱུར་ན་དེ་ལྷན་ཅི་སྐད་བསྟན་པའི་ཁ་ན་མ་ཐོ་བར་འགྱུར་ཏེ། འདི་ལྟར་འདིར་བསམ་པའི་ཉེས་བས་ལྟུང་བར་རྣམ་པར་བཞག་པ་མཛད་པའི་ཕྱིར་རོ། །མི་ཤེས་པའི་ཡུལ་ལ་ནི་ཡིད་ཀྱིས་ཉེས་པ་མི་འབྱུང་ངོ། །ཅི་ཡང་རུང ་བ་ལེན་པའི་དགེ་འདུན་ལྷག་མ་ལ་སོགས་པ་བཅུ་གསུམ་པོ་འདི་དག་ལ་དགེ་སློང་རྣམས་ཀྱི་ལྟུང་བ་ཇི་ལྟར་རྣམ་པར་བཞག་པར་བྱ་ཞེ་ན། དེ་ལ་མཚན་མོ་འབྲལ་བ་དང། ཉིན་མོ་འབྲལ་པ་དང། ལམ་དུ་འཇུག་པ་དང། ཆུ་རྒལ་བཞེས་བྱ་བ་གཅིག ་བུ་རྒྱུ་བའི་ལྡུང་བ་བཞི་པོ་དག་ལ་ནི་དགེ་སློང་རྣམས་ལ་གཅིག་པུ་འགྲོ་བ་ལ་ཉེས་པ་མེད། །ཤི་བའི་ནོར་ལེན་པ་ཞེས་བྱ་བ་ནི་དགེ་འདུན་ལྷག་མ་ནི་ཆོས་གོས་ཀྱི་རིན་བཀུར་བ་ལས་བསླད་པའི་ཆོ་ག་གང་ཡིན་པ་དེ་ལས་འགལ་ན་ནི་སྤང་བའི ་ལྟུང་བྱེད་དུ་འགྱུར་ལ་མ་འགལ་ན་ནི་ལྟུང་བ་མེད་དོ། །ལྷག་མ་བརྒྱད་པ་ཅི་ཡང་རུང་བ་ལེན་པ་དང་ལེན་དུ་འཇུག་པ་དང། རབ་ཏུ་འབྱིན་པ་དང་བཟོད་པ་གསོལ་དུ་འཇུག་པ་དང། སྤོང་བ་དང་འཐབ་ཀྲོལ་བྱེད་པ་དང་བུད ་མེད་དང་བསྟན་པ་དང། བུད་མེད་དང་སྟེན་དུ་འཇུག་པ་ཞེས་བྱ་བའི་དགེ་འདུན་ལྷག་མ་དག་ལ་ནི་ཉེས་བྱས་སོ། །ཅི་ཡང་རུང་བ་ལེན་པའི་དགེ་འདུན་ལྷག་མའོ་ཞེས་བྱ་བ་དེ་བཤད་ཟིན་ཏོ།། །།གང་ལ་ཅི་ཡང་རུང་པ་ལེན ་དུ་འཇུག་པའི་དགེ་འདུན་ལྷག་མར་འགྱུར་ཞེ་ན་དེའི་ཕྱིར། ཆགས་པར་མ་གྱུར་པས་ཆགས་པར་གྱུར་པ་ལས་ཅི་ཡང་རུང་བ་བདག་གིར་བྱེད་པ་ལ་ཉེས་པ་མིང་དོ་ཞེས་དགེ་སློང་མ་ལ་གོ་བར་བྱེད་པ་ལའོ་ཞེས་བྱ་བ་སྨྲས་ཏེ། དགེ་སློང་མ ་ཆགས་པར་མ་གྱུར་པས་སྐྱེས་པ་ཆགས་པར་གྱུར་བ་ལས་ཅི་ཡང་རུང་བ་བདག་གིར་བྱེད་པ་ལ་ཉེས་པ་མེད་དོ་ཞེས་དེ་སྐད་ཅེས་དགེ་སློང་མ་ལ་གོ་བར་བྱེད་པ་ལ་ཁོ་ན་མ་ཐོ་བ་འདིར་འགྱུར་རོ། །དགེ་སློང་མ་ཆགས་པར་མ་གྱུར་པས་ཞེས་བྱ ་བ་ནི། འདིར་འདོད་ཆགས་མངོན་སུམ་དུ་མ་གྱུར་པ་ལ་བྱའོ། འདོད་ཆགས་དང་བྲལ་བ་ཉིད་ལ་ནི་མི་བྱའོ། །དེ་ལྟར་ཡང་སྦོམ་དགའ་མོས་གཙུག་དགའ་མོ་ལ་ཀྱེ་ཁྱོད་ཆགས་པར་མ་གྱུར་ན་ཁྱོད་ཆགས་པར་མེད་པས་ཆགས་པར་གྱུར་པ་ལS ་ཅི་ཡང་རུང་བ་བདག་གིར་བྱ་བ་རུང་ངོ་ཞེས་ཉེས་པ་སྦོམ་པོ་ཡང་དག་པར་ལེན་དུ་བཅུག་པ་དེ་ལ་ཁ་ན་མ་ཐོ་བ་འདིར་གསུངས་པ་ཡིན་པས། དེའི་ཕྱིར་དགེ་སློང་མས་དགེ་སློང་མ་ཆགས་པར་མ་གྱུར་བ་སྐྱེས་པ་ཆགས་པར་གྱུར་པ་ལས་ཅི ་ཡང་རུང་བ་ལེན་དུ་འཇུག་ན་དགེ་འདུན་ལྷག་མའོ། །ཅི་ཡང་རུང་བ་ལེན་དུ་འཇུག་པའི་དགེ་འདུན་ལྷག་མའོ་ཞེས་བྱ་བ་དེ་བཤད་ཟིན་ཏོ། །མཚན་མོ་བྲལ་བ་དང་ཉིན་མོ་བྲལ་བ་དང་ལམ་དུ་འཇུག་པ་དང་ཆུ་རྒལ་བ་ཞེས་བྱ་བའི་དགེ་འདུན ་ལྷག་མ་བཞི་པོ་དག་གིས་ཐུན་མོང་གི་མཚན་ཉིད་ཅུང་ཞིག་བརྗོད་པར་བྱ་སྟེ། འོག་མ་བཞི་པོ་དག་ལ་ནི་དགེ་སློང་མ་མེད་པར་རོ་ཞེས་བྱ་བ་ནི། ཅི་ཡང་རུང་བ་ལེན་དུ་འཇུག་པའི་དགེ་འདུན་ལྷག་མ་འདིའི་འོག་མ་མཚན་མོ་འབྲལ་བ་དང་ཉིན ་མོ་འབྲལ་བ་དང་ལམ་དུ་འཇུག་པ་དང། ཆུ་རྒལ་བ་ཞེས་བྱ་བའི་དགེ་འདུན་ལྷག་མ་བཞི་པོ་དག་ལ་ནི་རེ་རེ་ལ་ཡང་གྲོགས་དགེ་སློང་མ་གཞན་མེད་པར་འགྲན་ཚིག་དེ་དག་ཏུ་འགྱུར་བར་ཤེས་པར་བྱ་བའོ། །དགེ་སློང་མ་ཉིད་ནི་སུམ་ཆ ་དང་བྲལ་བ་ཉིད་ཡིན་ནོ་ཞེས་བྱ་བ་ནི། དགེ་སློང་མ་ཉིད་ནི་དགེ་སློང་མ་ཉིད་ཀྱི་སུམ་ཆ་དང་བྲལ་ཞིང་སུམ་གཉིས་ཡོད་པ་ཡིན་ཏེ་ངེས་ན་མཚན་མོ་འབྲེལ་བ་དང། ཉིན་མོ་འབྲེལ་བ་དང། ལམ་དུ་འཇུག་པ་དང། ཆུ་རྒལ་བ་ཞེས་བྱ་བའི ་དགེ་འདུན་ལྷག་མ་བཞི་པོ་དག་ལ་གྲོགས་དགེ་སློབ་མ་མེད་པར་དགེ་སློབ་མ་དང་ལྷན་ཅིག་འགྲོ་ན་དགེ་སློབ་མ་དེ་ནི་དགེ་སློང་མ་དང་བྲལ་པའི་སུམ་ཆ་རྗེས་སུ་གྲུབ་པ་ཡིན་ནོ། །དེ་ལྟར་གྱུར་ན་ལྟུང་བ་རྣམ་པར་བཞག་པ་ལ་དགེ་སློང་མ་དགེ་སློབ ་མ་དང་ལྷན་ཅིག་མཚན་མོ་འབྲལ་བ་དང། ཉིན་མོ་འབྲལ་བ་དང། ལམ་དུ་འཇུག་པ་དང། ཆུ་རྒལ་བར་བྱེད་པ་ལ་དགེ་འདུན་ལྷག་མ་དང་ཉེས་པ་སྦོམ་པོ་གཉིས་སུ་ནི་མི་འགྱུར་ཏེ། འདི་ལྟར་དངོས་གཞིའི་གནས་སུ་ནི་ཉེས་བྱས་སུ་འགྱུར་བ ་ཉེས་པ་སྦོམ་པོའི་གནས་སུ་ནི་ཉེས་བྱས་ཕྲ་མོར་འགྱུར་རོ། །སུམ་གཉིས་རྗེས་སུ་སྒྲུབ་པའི་ཕྱིར་འདིར་ལྟུང་བ་གཉིས་པོ་དག་གིས་སྐབས་མེད་པར་ཤེས་པར་བྱའོ། །དགེ་ཚུལ་མ་ནི་སུམ་ཆའོ་ཞེས་བྱ་བ་ནི། དགེ་སློང་མ་དགེ་ཚུལ་མ་དང ་ལྷན་ཅིག་མཚན་མོ་འབྲལ་མ་དང། ཉིན་མོ་འབྲལ་བ་དང། ལམ་དུ་འཇུག་པ་དང་ཆུ་རྒལ་བར་བྱེད་པ་ལ་དགེ་ཚུལ་མ་དེ་ནི་དགེ་སློང་མ་དང་ལྷན་ཅིག་འགྲོགས་པའི་སུམ་ཆས་རྗེས་སུ་བསྒྲུབ་ཅིང་སུམ་གཉིས་དང་བྲལ་བ་ཡིན་ཏེ། འདི་ལྟར ་དགེ་ཚུལ་མ་དེ་ལ་དགེ་སློང་མ་ཉིད་དང་དགེ་སློངས་.ཉིད་དག་མེད་པའི་ཕྱིར་རོ། །དེ་བས་ན་དགེ་སློང་མ་དགེ་ཚུ་མ་དང་ལྷན་ཅིག་མཚན་མོ་འབྲལ་བ་ལ་སོགས་པ་ལ་ནི་འདིར་དངོས་བཞིའི་གནས་སུ་ནི་ཉེས་པ་སྦོམ་པོར་འགྱུར་ལ། ་སྦྱོར་བའི་གནས་སུ་ཉེས་བྱས་སུ་འགྱུར་རོ། སྦྱོར་བའི་སྦྱོར་བའི་གནས་སུ་ནི་ཉེས་བྱས་ཕྲ་མོར་འགྱུར་རོ། །མི་འདོད་བཞིན་དུ་བྲལ་བ་ལ་ནི་ཉེས་པ་མེད་དོ་ཞེས་བྱ་བ་ནི། དགེ་སློང་མ་ཁྲིམས་ཟླ་དགེ་སློང་མ་དང་ལྷན་ཅིག་མཚན་མོ་འབྲལ་བ་དང། ་ཉིན་མོ་འབྲལ་བ་དང། ལམ་དུ་འཇུག་པ་དང། ཆུ་རྒལ་བར་བྱེད་པ་ན་བདག་ཉིད་ཁྲིམས་ཟླ་དང་འབྲལ་བར་མི་འདོད་བཞིན་དུ་དབང་མེད་པར་ཁྲིམས་ཟླ་དང་བྲལ་བ་ལ་ནི་ཉེས་པ་མེད་དེ། ལྟུང་བར་མི་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ་འདིར ་གཞུང་ནི་གལ་ཏེ་ཕྱི་བཞིན་འབྲང་བའི་དགེ་སློང་མ་བསྡེགས་སམ་ཤི་འམ་ཉམས་སམ་ལྟུང་བར་གྱུར་ཏམ་གཞན་གྱི་ཡུལ་འཁོར་རམ་གཞན་གྱི་ཡུལ་དུ་བྲོས་པ་རེ་གྱུར་ན་ལྟུང་བ་མེད་དོ་ཞེས་གསུངས་པ་ཡིན་ནོ། །ཉམས་ཞེས་བྱ་བ་ནི ་བབས་བའོ། །ལྟུང་ཞེས་བྱ་བ་ནི་ཕམ?་པར་འགྱུར་བའོ། །བར་ཆད་བྱུང་བའི་དབང་ཉིད་ཀྱིས་ཀྱང་ངོ་ཞེས་བྱ་བ་ལ། ཀྱང་ངོ་ཞེས་བྱ་བའི་སྒྲས་ནི་བྲལ་ཡང་ཉེས་པ་མེད་དེ་ཞེས་བྱ་བར་སྦྱར་རོ། །དགེ་སློང་མ་ཁྲིམས་ཟླ་དགེ་སློང་མ ་དང་ལྷན་ཅིག་ཏུ་མཚན་མོ་འབྲལ་པ་དང། ཉིན་མོ་འབྲལ་བ་དང། ལམ་དུ་འཇུག་པ་དང། ཆུ་རྒལ་བར་བྱེད་པ་ནི་དགེ་སྦྱོང་གི་ཚུལ་དང་ཚངས་པར་སྤྱོད་པའི་བར་ཆད་འབྱུང་བའི་དབང་ཉིད་ཀྱིས་ཁྲིམས་ཟླ་དང་བྲལ་བ་དང་ཉེས་པ་མེད་དོ། ། ་དགེ་འདུན་ལྷག་མ་བཞི་པོ་འདི་དག་ལ་གང་གི་ཚེ་སྦྱོར་བ་ཡིན་ལ་གང་གི་ཚེ་དངོས་གཞི་ཡིན་ཞེ་ན་དེའི་ཕྱིར། དུས་དང་འབྲེལ་བ་ལ་མཛའ་ཉིད་ཀྱི་མདུན་རོལ་ནི་སྦྱོར་བ་ཉིད་དོ་ཞེས་བྱ་བ་སྨྲས་ཏེ། དུས་དང་འབྲེལ་པ་ལ་ཞེས་བྱ་བ་ནི། བུས་དང? ་འབྲེལ་པའི་བྱ་བ་ལ་སྟེ། མཚན་མོ་དང་ཉིན་མོ་འདུས་ལས་བརྟེན་པའི་བྱ་བའི་ཁྱད་པར་མཚན་མོ་འབྲལ་བ་དང། ཉིན་མོ་འབྲལ་བ་གཉིས་ལ་དེ་སྐད་ཅེས་བྱའོ། །མཛའ་ཉིད་ཅེས་བྱ་བ་ནི། མཚན་མོ་དང་ཉིན་མོའི་དུས་ཀྱི་མཛའ་ཨི་སྐད་ཅིག་མ་ཉིད ་དེ་མཛའ་ཉིད་ལ་བྲལ་བ་ལ་སོགས་པའི་བྱ་བ་གང་བྱུང་བ་དེ་ལ་ནི་དངོས་གཞི་ཉིད་དུ་འགྱུར་རོ། །མཛའ་དེ་ཉིད་ཀྱི་མདུན་རོལ་ཞེས་བྱ་བ་ནི། མཛའ་ཨི་སྐད་ཅིག་མའི་མདུན་རོལ་གྱི་དུས་གང་ཡིན་པ་སྟེ། དེ་ལ་འབྲལ་བ་ལ་སོགས་པའི་བྱ་བ་གང ་བྱུང་བ་དེ་ལ་ནི་སྦྱོར་བ་ཉིད་དུ་འགྱུར་རོ། །འདི་སྐད་བསྟན་ཏེ། མཐར་གྱུར་པའི་དུས་ཀྱི་མདུན་རོལ་གྱི་དུས་སུ་བྱ་བ་གང་ཡིན་པ་དེ་ལ་ནི་སྦྱོར་བ་ཉིད་དོ། །མཛའ་ཨི་དུས་སུ་གྱུར་པ་ཉིད་ལ་བྱ་བ་གང་ཡིན་པ་དེ་ལ་མི་དངོས་བཞི་ཉིད་ཡིན་ནོ། །དེ་གང ་ལས་ཤེས་ཤེན་དེའི་ཕྱིར་དབྱར་ཁང་དང་བྲལ་བར་གྱུར་ཅིང་གཞན་དུ་མཚན་མོ་སྐྱ་རེངས་འཆར་བར་བྱེད་ནའོ་ཞེས་གསུངས་པ་ལས་ཏེ། དགེ་སློང་མ་གཅིག་པུ་དབྱར་ཁང་གི་ཕྱི་རོལ་གཞན་དུ་མཚན་མོ་སྐྱ་རེངས་འཆར་བར་བྱེད་ན་ཐམས་ཅད ་དུ་དགེ་འདུན་ལྷག་མར་འགྱུར་རོ་ཞེས་གསུངས་པ་དེ་གཉིས་ཀྱིས་ནི་འདིར་ཉིན་མོ་འབྲལ་བ་དང། མཚན་མོ་འབྲལ་བ་གཉིས་བསྟན་ཏོ། །འདིར་མཛའ་ཙམ་ལ་དངོས་བཞིར་གསུངས་པས་དེའི་ཕྱིར་མདུན་རོལ་གྱི་དུས་ལ་ནི་སྦྱོར་བ་ཉིད་ཡིན་པ་ཁོ ་ནར་སྦྱར་རོ། །ཉི་མ་ནུབ་པའི་མཛའ་ནི་ཉིན་མོའི་མཛའ་ཡིན་ནོ་ཞེས་བྱ་བ་ནི། ཉི་མ་ནུབ་ཁར་འཇུག་པའི་མཛའ་ནི་ཉིན་མོའི་མཛའ་ཨོ། །དེ་ཕན་ཆད་ནི་མཚན་མོར་གཏོགས་པའི་ཁ་ན་མ་ཐོ་བར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ་།འོག་མ ་བཞི་པོ་དག་གི་ཐུན་མོང་གིས་མཚན་ཉིད་བཤད་ཟིན་ཏོ།། །།ད་ནི་བཞི་པོ་དག་གི་སོ་སོའི་མཚན་ཉིད་བརྗོད་པར་བྱ་སྟེ། གང་ལ་མཚན་མོ་འབྲལ་བའི་དགེ་འདུན་ལྷག་མར་འགྱུར་ཞེ་ན་དེའི་ཕྱིར། མཚན་མོ་དབྱར་ཁང་ལས ་ཕྱི་རོལ་ཏུ་གྱུར་ནའོ་ཞེས་བྱ་བ་སྨྲས་ཏོ། དགེ་སློང་མ་མེད་པར་ཞེས་བྱ་བར་སྦྱར་རོ། །དགེ་སློང་མ་ཁྲིམས་ཟླ་དགེ་སློང་མ་གཞན་མེད་པར་མཚན་མོ་དབྱར་ཁར་ལས་ཕྱི་རོལ་ཏུ་གྱུར་པར་གྱུར་ན་མཚན་མོ་འབྲལ་བའི་ཁ་ན ་མ་ཐོ་བ་འདིར་འགྱུར་རོ་འདིར་དབྱར་ཁང་ཞེས་སྨོས་པ་ནི་ཁྱིམ་གཞན་དང་གྲོང་དང་སྐྱེད་མོས་འཚལ་དང་དགོན་པ་དང་འདྲོན་པའི་ཕྱོགས་ལས་ཕྱི་རོལ་ཏུ་གྱུར་པ་གཞན་ཐམས་ཅད་ཀྱི་དཔེ་ཡིན་ཏེ། དེ་ནི་བག་སར་གྱི་ཚུལ་དང་འདྲའོ། ། ་གལ་ཏེ་བསྐོར་བ་མེད་ན་ནི་དབྱར་ཁང་གི་ཕྱི་རོལ་གྱི་ངོས་དེ་ནས་མཚམས་ཡིན་ནོ། །གལ་ཏེ་བསྐོར་པ་ཡང་ཡོད་ན་ནི་དེ་ཉིད་མཚམས་ཡིན་ནོ། །མཚན་མོ་འབྲལ་བའི་དགེ་འདུན་ལྷག་མའོ་ཞེས་བྱ་བ་དེ་བཤད་ཟིན་ཏོ།། །། བྱ་བ་དེ་བཤད་ཟིན་ཏོ།། །། ་གང་ལ་ཉིན་མོ་འབྲལ་བའི་དགེ་གང་ལ་ཉིན་མོ་འབྲལ་བའི་དགེ་འདུན་ལྷག་མར་འགྱུར་ཞེ་ན་དེའི་ཕྱིར་ཉིན་མོ་ཞེས་བྱ་བ་སྨྲས་ཏེ། དབྱར་ཁང་ལས་ཕྱི་རོལ་ཏུ་གྱུར་ནའོ། །དགེ་སློང་མ་མེད་པར་རོ་ཞེས་བྱ་བར་སྦྱར་རོ། །དགེ་སློང་མ་ཁྲིམས་ཟླ་དགེ་སློང་མ་གཞན་མེད་པར ་ཉིན་མོ་དབྱར་ཁང་ལས་ཕྱི་རོལ་ཏུ་བྲལ་བར་གྱུར་ན། ཉིན་མོ་བྲལ་པའི་ཁ་ན་མ་ཐོ་བ་འདིར་འགྱུར་རོ། །གཅིག་པུ་ཉེ་དུའི་ཁྱིམ་དུ་ཟན་གྱི་ཕྱིར་ལོ་ཉེས་བྱུང་བའི་ཚེ་ཉེ་དུ་རྣམS་དང་ལྷན་ཅིག་འབྲེལ་པའི་ཉེ་བར་སྤྱོད་པ་གནང་བ་ཐོབ་ན་འགྲི་བར ་བྱའོ་ཞེས་བྱ་བ་ནི། དགེ་སློང་གཅིག་པུ་ཉེ་དུའི་ཁྱིམ་དུ་ཟན་གྱི་ཕྱིར་འགྲོ་བར་བྱའོ། །ཅི་དུས་ཐམས་ཅད་དུ་འམ་ཞེ་ན། མ་ཡིན་ཏེ་དེའི་ཕྱིར། ལོ་ཉེས་བྱུང་བའི་ཚེ་ཞེས་བྱ་བ་སྨྲས་ཏེ། ཅི་དེའི་ཚེ་ཡང་དགེ་སློང་མ་ཐམས་ཅད་བམ་ཞེ་ན ་མ་ཡིན་ཏེ་དེའི་ཕྱིར་ཉེ་དུ་རྣམས་དང་ལྷན་ཅིག་འབྲེལ་པའི་ཉེ་བར་སྤྱོད་པ་གནང་བ་འཐོབ་ནའོ་ཞེས་བྱ་བ་སྨྲས་ཏེ། ཉེ་དུ་རྣམས་དང་ལྷན་ཅིག་འབྲེལ་པ་གང་ཡིན་པའི་འབྲེལ་པ་དེའི་ཉེ་བར་སྤྱོད་པ་དེའི་ཕྱིར་གནང་བ་དགེ་སློང་མའི་དགེ་འདུན ་ལས་ཐོབ་ནའོ། །དེ་སྦྱིན་པར་བྱའོ་ཞེས་བྱ་བ་ནི། ལོ་ཉེས་བྱུང་བའི་ཚེ་ཉེ་དུ་རྣམས་དང་ལྷན་ཅིག་འབྲེལ་བའི་ཉེ་བར་སྤྱོད་བ་གནང་བ་དེ་དགེ་སློང་མའི་དགེ་འདུན་གྱིས་དགེ་སློང་མ་དེ་ལ་སྦྱིན་པར་བྱ་བའོ། །ཉིན་མོ་འབྲལ་པའི་དགེ་འདུན ་ལྷག་མའོ་ཞེས་བྱ་བ་དེ་བཤད་ཟིན་ཏོ།། །།གང་ལ་ལམ་དུ་འཇུག་པའི་དགེ་འདུན་ལྷག་མར་འགྱུར་ཞེ་ན་དེའི་ཕྱིར། ལམ་དུ་ཞུགས་པོ་ལའོ་ཞེས་བྱ་བ་སྨྲས་ཏེ། དགེ་སློང་མ་མེད་པར་ཞེས་བྱ་བར་སྦྱར་རོ། །ལམ་དུ་ཞུགས་ཏེ་འགྲོ ་བ་ནི་ལམ་དུ་ཞུགས་པ་སྟེ། དགེ་སློང་མ་ཁྲིམས་ཟླ་དགེ་སློང་མ་གཞན་མེད་པར་ལམ་དུ་ཞུགས་ཏེ་འགྲོ་ན་རྒྱང་གྲགས་རེ་རེའི་མཐར་ནི་ལམ་དུ་འཇུག་པའི་དགེ་འདུན་ལྷག་མ་རེ་རེར་འགྱུར་བ་རྒྱང་གྲགས་ཕྱེད་ཕྱེད་དུ་ནི་ཉེས་པ་སྦོམ་པོ་རེ་རེར ་འགྱུར་རོ། །དེའི་ཕྱིར་གྲོང་གི་ཉེ་འཁོར་ལས་འདས་ན་ལམ་དུ་ཞུགས་པ་ཡིན་ཏེ། གྲོང་ལ་སོགས་པའི་ཉེ་འཁོར་ནི་ཆོས་གོས་དང་འབྲལ་པའི་སྐབས་སུ་ཇི་སྐད་བསྟན་པ་རྣམ་པ་ཐམས་ཅད་འདིར་ཡང་དེ་བཞིན་དུ་བཟུང་བར་བྱ་སྟེ། ་སྐྱེས་མེད་འཚལ་དང་ལྷའི་གནས་དང། འདུན་ས་ལ་སོགས་པ་ནི་མ་གཏོགས་སོ། །སྐྱེད་མོས་འཚལ་ལ་སོགས་པ་ནི་གྲོང་གི་ཉེ་འཁོར་དང་འབྲེལ་དུ་ཟིན་ཀྱང་དེ་དག་གྲོང་གི་ཉེན་ཀོར་ཉིད་མ་ཡིན་ནོ། །སྦོམ་དགའ་མོ་གཅིག་པུ ་གྲོང་ཁྱེར་ཆེན་པོ་དྲུག་པོ་དག་ཏུ་འཕྱིན་པའི་གླེང་གཞི་དེ་ལས་བསླབ་པའི་གཞི་འདི་བཅས་སོ། །ལམ་དུ་འཇུག་པའི་དགེ་འདུན་ལྷག་མའོ། །ཞེས་བྱ་བ་དེ་བཤད་ཟིན་ཏོ།། །།གང་ལ་ཆུ་བརྒལ་བའི་དགེ་འདུན་ལྷག་མར ་འགྱུར་ཞེན་དེའི་ཕྱིར་ཆུ་ཀླུང་གི་ཕྱི་རོལ་ཏུ་བརྒལ་བ་ལའོ་ཞེས་བྱ་བ་སྨྲས་ཏེ། དགེ་སློང་མ་མེད་པར་ཞེས་བྱ་བར་སྦྱར་རོ། །ལག་བརྐྱལ་དག་གིས་ཕ་རོལ་ཏུ་ཕྱིན་ནའོ་ཞེས་འོག་ནས་འབྱུང་བའི་ཕྱིར་འདི་ནི་གྲུལ་སོགས་པས་རྒལ་བའི་ ་ཡུལ་ཡིན་ནོ། །དེ་ལྟ་བས་ན་ཕ་རོལ་ཏུ་མ་ཕྱིན་ཀྱང་དངོས་བཞི་ཁོ་ནར་འགྱུར་ཏེ། འདི་ལྟར་ཆུའི་ནང་དུ་ལམ་དུ་འཇུག་བ་ཡིན་པའི་ཕྱིར་དགེ་སློང་མ་ཁྲིམས་ཟླ་དགེ་སློང་མ་གཞན་མེད་པར་གྲུལ་སོགས་པའི་གཞོན ་བས་རྒྱུན་ཕྱོགས་སམ་རྒྱུན་ལས་བཟློག་ཕྱོགས་སུ་འགྲོ་ན་གྲུ་ཚུགས་ཙམ་ལས་འདས་ན་ཁ་ན་མ་ཐོ་བ་ཡོངས་སུ་རྫོགས་པར་འགྱུར་རོ། །དེ་ལྟ་བས་ན་འདིར་ཕ་རོལ་ཏུ་ཞེས་སྨོས་པ་ནི་དཔེ་ཙམ་དུ་ཟད་པར་ཤེས་པར་བྱའོ། །ལག་བརྐྱལ ་དག་གིས་ཕ་རོལ་ཏུ་ཕྱིན་པའོ་ཞེས་བྱ་བ་ནི། ལག་པ་གཉིས་ཀྱི་ལག་རྐྱལ་དག་གིས་ཆུ་ཀླུང་གི་ཕ་རོལ་ཏུ་བརྒལ་བ་ལ་ནི་ཕ་རོལ་ཏུ་སོན་བ་ཁོ་ན་དངོས་གཞིར་འགྱུར་གྱི། ཆུ་ངོགས་སུ་ཞུགས་པ་ལ་སོགས་པས་ནི་མ་ཡིན་ནོ། ། ་མདུན་རོལ་དུ་ནི་སྦོམ་པོའོ་ཞེས་བྱ་བ་ནི། དགེ་སློང་མ་གཅིག་པུ་ལག་བརྐྱལ་དག་གིས་ཆུ་ཀླུང་གི་ཕ་རོལ་ཏུ་འགྲོ་ན་ཕ་རོལ་ཏུ་ཕྱིན་པའི་མདུན་རོལ་དུ་ནི་སྦོམ་པའོ། །ཡུར་ཕྲན་གྱི་ཕ་རོལ་ཏུ་ནི་ཉེས་བྱས་སོ་ཞེས་བྱ་བ་ནི། ཕྱིན་ན་ཞེས ་བྱ་བར་སྦྱར་རོ། །ཡུར་ཕྲན་ཞེས་བྱ་བ་ནི་མཆོངས་པས་བརྒལ་བར་ནུས་པ་སྟེ་དགེ་སློང་མ་གཅིག་བུ་དེའི་ཕ་རོལ་ཏུ་ཕྱིན་ན་ཉེས་བྱས་སོ། །རྒྱུན་ལྷག་མ་དག་ནི་སྔ་མ་བཞིན་ཅི་རིགས་པར་སྦྱར་རོ། །ཆུ་བརྒལ་བའི་དགེ་འདུན་ལྷག ་མའོ་ཞེས་བྱ་བ་དེ་བཤད་ཟིན་ཏོ། །གང་ལས་རབ་ཏུ་འབྱིན་པའི་དགེ་འདུན་ལྷག་མར་འགྱུར་ཞེ་ན་དེའི་ཕྱིར། རབ་ཏུ་འབྱིན་པ་ལའོ་ཞེས་བྱ་བ་སྨྲས་ཏེ། རབ་ཏུ་འབྱིན་པ་ཞེས་བྱ་བ་ནི་ཁྱིམ་བའི་རྟོགས་སྤོང་དུ་འཇུག་ཅིང་རབ་ཏུ་བྱུང་བའི ་རྟགས་ཡང་དག་པར་ལེན་དུ་འཇུག་པའོ། །དེའི་ཕྱིར་འདིར་ནི་རབ་ཏུ་བྱུང་བ་འདི་བ་དང་སྐལ་བ་མཉམ་པ་ཉིད་དུ་བྱེད་བ་གཙོ་བོ་ཡིན་ནོ། །གལ་ཏེ་དང་པོ་ཁོ་ནར་དགེ་ཚུལ་ལ་སོགས་པའི་དངོས་པོ་བྱེད་ན་ཡང་ཁ་ན་མ་ཐོ་བ་ཡོངས ་སུ་རྫོགས་པར་འགྱུར་རོ། །ཉེ་བར་སྡུད་པ་ལ་སོགས་པ་ནི་འདི་སྦྱོར་བའི་སྦྱོར་བ་ཉིད་དེ་ཉེས་བྱས་སོ། །ཞུ་བ་ལ་སོགས་པ་ནི་འདིར་སྦྱོར་བ་ཉིད་དེ་སྦོམ་པོའོ། །གང་ཞིག་ཅེ་ན་དེའི་ཕྱིར་ཚོགས་པ་ཡིད་མཐུན་པ་བདག་པོ་ཡོངས་སུ་བཏང་བ་རྒྱལ ་པོས་རྗེས་སུ་གནས་པའོ་ཞེས་བྱ་བ་སྨྲས་ཏེ། བུད་མེད་དུ་གྱུར་པའི་གང་ཟག་གང་ལ་ཚོགས་པ་ཡིད་ལ་མཐུན་པ་ཉིད་དང་བདག་པོས་ཡོངས་སུ་བཏང་བ་ཉིད་དང་རྒྱལ་པོས་རྗེས་སུ་གནང་བ་ཉིད་ཀྱི་མོས་གསུམ་པོ་དེ་དག་ཡོད་པའི་བུད་མེད་དེ ་ལྟ་བུ་རབ་ཏུ་འབྱིན་ན་རབ་ཏུ་འབྱིན་པའི་དགེ་འདུན་ལྷག་མར་འགྱུར་རོ། །ཡན་ལག་དེ་དག་ལས་གཅིག་ཡོད་ན་ནི་སྦོམ་པོ་སྟེ་དེའི་ཕྱིར་ཚོགས་པ་ཡིད་མཐུན་པ་ཉིད་ལ་སོགས་བའི་ཡན་ལག་གསུམ་པོ་དེ་དག་ལས་ཡན་ལག་གཅིག་ཡོད ་ན་ཡང་སྦོམ་པོ་ཁོ་ནར་འགྱུར་བར་རིག་པར་བྱའོ། །ཚོགས་པ་ཡིད་མཐུན་པ་ཉིད་ལ་སོགས་པ་དག་ཅི་ཞིག་གི་ཕྱིར་ཞེ་ན་དེའི་ཕྱིར། བསད་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། བསད་པའི་ཕྱིར་ཚོགས་པ་ཡིད་མཐུན་པ་དང་བདག་པོས་ཡོངས ་སུ་བཏང་བ་དང། རྒྱལ་པོས་རྗེས་སུ་གནང་བའི་བུད་མེད་དེ་ལྟ་བུ་རབ་ཏུ་འབྱིན་ནའོ། །སྦྱོར་བ་གང་གིས་རབ་ཏུ་འབྱིན་ཞེ་ན་དེའི་ཕྱིར། མཁན་མོ་ཉིད་ཀྱིས་སོ་ཞེས་བྱ་བ་སྨྲས་ཏེ། དེའི་མཁན་མོ་ཉིད་བྱེད་ན་ཁ་ན་མ་ཐོ་བ་འདིར་འགྱུར་རོ།། ་འདིར་དེ་ལ་སྦྱོར་བའི་དགེ་སློང་མ་གཞན་ལ་ནི་ཉེས་བྱས་སོ། །མཁན་མོ་ཁྱད་པར་ཅི་ལྟ་བུ་ཅན་ཞིག་གིས་ཤེ་ན་དེའི་ཕྱིར། དེ་ཤེས་པ་ཉིད་ཀྱིས་སོ་ཞེས་བྱ་བ་སྨྲས་ཏེ། བུད་མེད་འདི་གསད་པའི་ཕྱིར་ཚོགས་པ་ཡིད་མཐུན་པ་དང་བདག ་པོས་ཡོངས་སུ་བཏང་བ་དང་རྒྱལ་པོས་རྗེས་སུ་གནང་བའི་གཞི་དེ་དག་ཤེས་པ་ཉིད་ཀྱིས་ཏེ། འདིར་ཡང་འདུ་ཤེས་གཙོ་ཆེར་བྱེད་པ་པོ་ཉིད་ཡིན་ནོ། །རབ་ཏུ་འབྱིན་པའི་དགེ་འདུན་ལྷག་མའོ་ཞེས་བྱ་བ་དེ་བཤད་ཟིན་ཏོ།། །།བམ་པོ་སུམ་ཅུ ་དགུ་པ། གང་ལ་ཤི་བའི་ནོར་ལེན་པའི་དགེ་འདུན་ལྷག་མར་འགྱུར་ཞེ་ན་དེའི་ཕྱིར། ཤི་བའི་ནོར་ལེན་བ་ལའོ་ཞེས་བྱ་བ་སྨྲས་ཏེ། ཤི་བའི་ནོར་དེད་པ་ལ་སྟེ། དེད་པའི་ཚེ་དུས་འཁོར་ན་ཁ་ན་མ་ཐོ་བ་འདིར་འགྱུར་གྱི་འཐོབ་པའི ་དུས་འབའ་ཞིག་ཏུ་མ་ཟད་དོ། །དེད་པའི་དུས་དེ་ན་ཐོ་ཙམ་པའི་བློ་དང། གྱ་ཚོམ་རབ་ཏུ་སྟོན་པར་བྱེད་པའི་བུད་མེད་རྣམས་ནི་སྐྱེས་པའི་ཆོས་ལྟར་ཐལ་བའི་ཕྱིར་རོ། །གང་གི་ཚེ་ནོར་གྱི་བདག་པོ་ཤི་བ་དེའི་རིགས་རྒྱུད་མེད་ཅིང་དུ་ཚ་འགའ་ ་ཡང་མ་ལུས་པའི་དེའི་ཚེ་ན་དགེ་འདུན་ལྷག་མའོ། །གང་གི་ཚེ་རིགས་རྒྱུད་ཡོད་པ་ལ་ནི་སྦོམ་པོའོ། །གཞན་ལེན་དུ་བཅུག་ན་ཡང་སྦོམ་པོ་ཁོ་ནའོ། །དགེ་འདུན་ལ་ཡང་རྙེད་པ་རྣམ་པ་འདི་ལྟ་བུར་འགྱུར་རམ་ཞེ་ན་དེ་དམིགས་ཀྱིས་བསལ ་བའི་ཕྱིར་དགེ་འདུན་གྱི་ལ་ནི་ལྟུང་བ་མེད་དོ་ཞེས་བྱ་བ་སྨྲས་ཏེ། དགེ་འདུན་གྱིས་ཐོབ་པ་ནི་དགེ་འདུན་གྱི་སྟེ། དགེ་འདུན་གྱིས་འཐོབ་པ་ནི་ཤི་བའི་ནོར་དེ་ལེན་པ་ལ་ནི་ལྟུང་བ་མེད་དོ། །ཅི་རྣམ་པ་ཐམས་ཅད་ལ་འམ་ཞེ་ན་དེའི་ཕྱིར་། ་གལ་ཏེ་ཚེགས་ཆུང་ངུས་ནའོ་ཞེས་བྱ་བ་སྨྲས་ཏེ། ཤི་བའི་ནོར་དགེ་འདུན་དབང་བ་དེ་གལ་ཏེ་ཚེགས་ཆུང་ངུས་འཐོབ་པ་ལྟ་ན་དེ་དེད་ཅིང་ལན་པ་ལྟུང་བ་མེད་དོ། །འདིར་ཚེགས་ཆུང་དུས་ཞེས་བྱ་བ་ནི་ཆོས་གོས་ཀྱི་རིན་རུང་བ་མ ་ཡིན་པ་བསྐུར་བ་ཞེས་བྱ་བ་ལ་སོགས་པ་ལྟ་བུར་རིག་པར་བྱའོ། །གལ་ཏེ་ཚེགས་དང་བཅས་ཤིང་རང་གི་དོན་དང་བཅས་པ་ཉིད་དུ་ལེན་ན་ནི་དགེ་འདུན་ལྷག་མའོ། །གཞན་གྱི་དོན་ཉིད་དུ་ཟད་ཀྱི་རང་གི་ཆ་དང་འབྲེལ་བའི་བསཾ ་པ་མེད་པ་ཉིད་ལ་ནི་སྦོམ་པོའོ། །ཤི་བའི་ནོར་ལེན་པའི་དགེ་འདུན་ལྷག་མའོ། ཞེས་བྱ་བ་དེ་བཤད་ཟིན་ཏོ།། །།གང་ལ་བཟོད་པ་གསོལ་དུ་འཇུག་པའི་དགེ་འདུན་ལྷག་མར་འགྱུར་ཞེ་ན་དེའི་ཕྱིར། མཚམས་ཀྱི་ཕྱི་རོལ ་ཏུ་བཟོད་པ་གསོལ་དུ་འཇུག་པ་ལའོ་ཞེས་བྱ་བ་སྨྲས་ཏེ། བསྡིགས་པ་ལ་སོགས་པའི་ཆད་བའི་ལས་ལ་རྣམ་པར་བཞག་པའི་དགེ་སློང་མ་མཚམས་ཀྱི་ཕྱི་རོལ་ཏུ་ཁྲིད་སྡེ་བཟོད་པ་གསོལ་དུ་གཞུག་ཅིང་དེ་ལས་བཟོད་པ་ལེན་པར་བྱེད་པའི ་དགེ་སློང་མལ་ཁ་ན་མ་ཐོ་བ་འདིར་འགྱུར་རོ། །མཚམས་ཀྱི་ནང་དུ་བཟོད་པ་གསོལ་དུ་འཇུག་པ་ལ་ནི་སྡིག་ཤིན་ཏུ་ཆེ་བར་སྣང་སྟེ། འདི་ལྟར་དེ་ནི་དགེ་འདུན་གྱི་དབྱེན་དང་རིགས་མཐུན་པ་ཡིན་པའི་ཕྱིར་རོ། །བུད་མེད་རྣམས་ཀྱི་སྒྲུབ་པ ་འདི་ལ་ནི་ཐུན་པ་འབྱེད་པར་གྱུར་པ་དང་ལོག་པར་བསྒྲུབ་པ་ཤིན་ཏུ་སྟོབས་ཆེ་བ་དང་ཤིན་ཏུ་སྤྱི་རྡོལ་ཆེ་བ་ཡིན་པས་དེའི་ཕྱིར་ཆད་པས་གཅོད་བར་བྱེད་བའི་དགེ་འདུན་མ་ཚོགས་པ་འམ། ཚད་པས་གཅོད་པར་བྱེད་བ་གང་ཟག་དག་མ་ཚོགས ་པར་ཐུགས་ཐུབ་ཏུ་བཟོད་པ་གསོལ་དུ་འཇུག་པ་དེ་ལ་འདི་གཙོ་ཆེ་བ་ཡིན་ནོ། །ཡང་དགེ་སློང་མ་གང་གིས་དགེ་སློང་མ་གང་དགེ་སློང་མའི་དགེ་འདུན་མཐུན་པས་གནས་ནས་དབྱུང་བར་བྱ་བའི་ལས་བྱས་པར་ཤེས་བཞིན་དུ་དེ་མཚམས ་ཀྱི་ཕྱི་རོལ་ཏུ་ཁྲིད་དེ་བཟོད་པར་བྱེད་ན་ཆོས་འདི་ཡང་དང་པོས་ལྟུང་བར་འགྱུར་བ་འབྱུང་བར་འགྱུར་བ་ཏེ། དགེ་འདུན་ལྷག་མའོ་ཞེས་གསུངས་པ་དེར་མཚམས་ཀྱི་ཕྱི་རོལ་ཞེས་སྨོས་བ་ནི་གླེང་བཞིའི་དབང་གིས་མཛད་པར་ཟད་དེ། དེ་ལྟ ་པས་ན་གང་ཡང་རུང་བར་བཟོད་པ་བྱེད་པ་ལ་ཁ་ན་མ་ཐོ་བ་འདིར་འགྱུར་རོ། །འདིར་གནས་ནས་དབྱུང་བའི་ལས་ཞེས་སྨོས་པ་ནི་དཀོན་མཆོག་གཏོང་ངོ་ཞེས་བྱ་བ་ནི་གཞན་མུ་སྟེགས་ཅན་ལས་རབ་བྲིས་སོ། །བཟོད་པ་གསོལ་དུ་འཇུག ་པའི་དགེ་འདུན་ལྷག་མའོ་ཞེས་བྱ་བ་དེ་བཤད་ཟིན་ཏོ།། །།གང་ལ་སྤོང་བའི་དགེ་འདུན་ལྷག་མར་འགྱུར་ཞེ་ན་དེའི་ཕྱིར། དཀོན་མཆོག་གཏོང་ངོ་འདི་དང་མཚུངས་པ་ཉིད་ཀྱི་དགེ་སྦྱོང་གཞན་དག་ཀྱང་ཡོད་ཀྱིས་དེ་དག ་ལ་ཚངས་པར་སྤྱོད་བ་ཉིད་སྤྱོད་དོ་ཞེས་བྱ་བའི་ཚིག་དེ་ལ་ཞུགས་པ་མི་གཏོང་བ་ལའོ་ཞེས་བྱ་བ་སྨྲས་ཏེ། དཀོན་མཆོག་གཏོང་ངོ་ཞེས་བྱ་བ་ནི་གཞན་མུ་སྟེགས་ཅན་ལས་རབ་ཏུ་བྱུང་བའི་དགེ་སློང་མ་ནག་མོ་ཞེས་བྱ་བ་དགེ་སློང ་མ་རྣམས་དང་ལྷན་ཅིག་འཐབ་ཁྲོལ་བྱེད་ཅིང་སངས་རྒྱས་གཏོང་ངོ་ཆོས་གཏོང་ངོ། །དགེ་འདུན་གཏོང་ངོ་ཞེས་ཟེར་བ་དེ་ཉིད་ཡིན་ནོ། །འདི་དང་མཚུངས་པ་ཉིད་ཀྱི་དགེ་སྦྱོང་གཞན་དག་ཀྱང་ཡོད་ཀྱིས་ཞེས་བྱ་བ་ནི་ཤཱཀྱའི་བུའི་དགེ་སྦྱོང་དག་ཉིད་ཚུལ ་ཁྲིམས་དང་ལྡན་བ་ཡོན་ཏན་དང་ལྡན་པ་དེས་པ་དགེ་བའི་ཆོས་ཅན་མ་ཡིན་གྱི་དགེ་སྦྱོང་དང་བྲམ་ཟེ་ཚུལ་ཁྲིམས་དང་ལྡན་པ་ཡོན་ཏན་དང་ལྡན་པ་ངེས་པ་དགེ་བའི་ཆོས་ཅན་གཞན་དག་ཀྱང་ཡོད་ཀྱིས་ཞེས་ཟེར་བ་ཡིན་ནོ། །དེ་དག་ལ ་ཚངས་པར་སྤྱོད་པ་ཉིད་སྤྱད་དོ་ཞེས་བྱ་བ་ནི་དགེ་སྤྱོད་དང་བྲམ་ཟེ་གཞན་དེ་དག་ལ་ཚངས་བར་སྤྱད་པའི་དངོས་པོ་ཉིད་ནི་ཚངས་པར་སྤྱད་པར་ཉིད་སྤྱོད་བ་སྟེ་དེ་དག་གི་དྲུང་དུ་ཚངས་པར་སྤྱད་པ་ཉིད་སྤྱད་དོ་ཞེས་ཟེར་བར་སྦྱར་རོ། །ཚིག་དེ་ལ ་ཞུགས་པ་མི་གཏོང་པ་ལའོ་ཞེས་བྱ་བ་ནི། ཚིག་དེ་ལ་ཞུགས་པ་གང་ཡིན་པ་དེ་མི་གཏོང་བ་ལ་ཁ་ན་མ་ཐོ་བ་འདིར་འགྱུར་བ་སྟེ། གལ་ཏེ་ཚིག་དེ་དག་ཐམས་ཅད་བརྗོད་ཀྱང་རུང་གཅིག་བརྗོད་ཀྱང་རུང་སྟེ། དངོས་གཞིའི་ཁ་ན་མ་ཐོ་བར ་འགྱུར་རོ། །ཅི་ལྟར་མི་གཏོང་ཞེ་ན་དེའི་ཕྱིར་དགེ་འདུན་གྱི་དབྱེ་ན་ལ་ཞུགས་པ་ལྟར་རོ་ཞེས་བྱ་བ་སྨྲས་ཏེ། ལྟར་རོ་ཞེས་བྱ་བའི་སྒྲས་ནི་འདྲ་བའི་དོན་ཏེ་ཅི་ལྟར་དགེ་འདུན་གྱིས་དབྱེན་ལ་ཞུགས་པ་དེ་ལ་སྦྱོར་བ་དང ་དངོས་གཞིར་འགྱུར་བ་ལྟར་འདི་ལ་ཡང་དེ་བཞིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། འོག་མ་དག་ལ་ཡང་ངོ་ཞེས་བྱ་བ་ནི། བསླབ་པའི་བཞི་འདིའི་འོག་མ་ཐབ་ཀྲོལ་བྱེད་པ་ལ་སོགས་པ་དག་ལ་ཡང་མི་གཏོང་ན་དགེ་འདུན་གྱི་དབྱེ་ན་ལ་ཞུགས ་བར་སྦྱོར་བ་དང་དགེ་འདུན་ལྷག་མར་འགྱུར་རོ་ཞེས་བྱ་བར་སྦྱར་རོ། །སྤོང་བའི་དགེ་འདུན་ལྷག་མའོ་ཞེས་བྱ་བ་དེ་བཤད་ཟིན་ཏོ།། །།གང་ལ་ཐབ་ཀྲོལ་བྱེད་པའི་དགེ་འདུན་ལྷག་མར་འགྱུར་ཞེ་ན་དེའི་ཕྱིར། དགེ་སློང་མ་རྣམས་ལ་འདུན ་པ་ལ་སོགས་པས་འགྲོ་བ་ཉིད་དུ་རྗེས་སུ་སྦྱོར་བ་ལའོ་ཞེས་བྱ་བ་སྨྲས་ཏེ། མདོ་སྔ་མ་ལས་མི་གཏོང་བ་ལའོ། །ཞེས་བྱ་བ་དང། དགེ་འདུན་འབྱེད་པ་ལ་ཞུགས་བ་ལྟར་རོ་ཞེས་བྱ་བའི་རྗེས་སུ་སྦྱར་རོ། །གལ་ཏེ་དགེ་སློང་མ་འཐབ་ཀྲོལ་བྱེད་པ ་ལ་དགེ་སློང་མ་རྣམས་ཀྱི་ཆོ་ག་བཞིན་དུ་ཕྱིར་བཟློག་བ་ན་དགེ་སློང་མ་རྣམས་ལ་འདུན་པ་ལ་སོགས་པས་འགྲོ་བ་ཉིད་རྗེས་སུ་སྦྱོར་བ་ལ་དགེ་སློང་མ་རྣམས་ཀྱིས་གཞམས་ཏེ་བསྒོ་བ་དང། གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་ཡང་དངོས ་པོ་དེ་མི་གཏོང་བའི་དགེ་སློང་མ་དེ་ལ་ཁ་ན་མ་ཐོ་བ་འདིར་འགྱུར་རོ། །སོགས་པས་ཞེས་བྱ་བའི་སྒྲས་ནི་ཞེ་སྡང་དང་གཏི་མུག་དང་འཇིགས་པས་འགྲོ་བ་ཞེས་བྱ་བ་དག་ཀྱང་བསྡུ་སྟེ། དེ་དག་ནི་ཁྱིམ་སུན་འབྱིན་བའི་དགེ་འདུན་ལྷག་མའི་རྗེས་སུ ་འབྲང་བས་ཤེས་པར་བྱའོ། །དོན་གང་ལ་འདུན་པ་ལ་སོགས་པས་འགྲོ་བ་ཉིད་དུ་རྗེས་སུ་སྦྱོར་བ་མི་གཏོང་བ་ལ་ཞེ་ན་དེའི་ཕྱིར། དགེ་སློང་མ་རྣམས་དང་ལྷན་ཅིག་འཐབ་ཀྲོལ་དང་ཚངས་འདྲུ་བ་དང་རྩོད་པ་དང་འགྱེད་པ་བཟློག་པ་ལའོ་ཞེས ་བྱ་བ་སྨྲས་ཏེ། དགེ་སློང་མ་རྣམས་དང་ལྷན་ཅིག་ཅེས་བྱ་བ་ནི་ཚིག་བཞི་ཆར་དང་སྦྱར་རོ། །འཐབ་ཀྲོལ་ཞེས་བྱ་བ་ནི། རྩུབ་མོ་སྨྲ་བ་དང་ཕྱིར་སྨྲ་བའོ། །མཚང་འདྲུ་བ་ཞེས་བྱ་བ་ནི་རྩུབ་པོ་ཡང་རུང་འཇམ་པོ་ཡང་རུང་བའི་ཚིག་གམ་བྱ་བས ་ཅོ་འདྲི་བའོ། །རྩོད་པ་ཞེས་བྱ་བ་ནི་ཁོན་དུ་འཛིན་ཅིང་གནས་པའོ། །འགྱེད་པ་ཞེས་བྱ་བ་ནི་ཤགས་འགྱེད་པའོ། །བཟློག་པ་ལའོ་ཞེས་བྱ་བ་ནི་དགེ་འདུན་མས་ཕུ་ནུ་མོ་ཁྱོད་འཐབ་ཀྲོལ་མ་བྱེད་ཅིག་ཅེས་བྱ་བ་ལ་སོགས་པས་བཟློག་པ་ན་དགེ ་སློང་མ་ཁ་ཅིག་ནི་འདུན་པས་འགྲོ། ཞེ་སྡང་གིS་འགྲོག་།གཏི་མུག་གིས་འགྲོ། འཇིགས་པས་འགྲོ་སྟེ་འདི་ལྟར་དགེ་སློང་མ་ཁ་ཅིག་ནི་བཟློག་ཁ་གཅིག་ནི་མ་བཟློག་གོ་ཞེས་ཟེར་བ་ལ་དགེ་སློང་མ་རྣམས་ཀྱིས་བཞམས་ཏེ ་ཆེ་བའི་ཕྱིར་དེ་ལ་ཡང་ཁ་ན་མ་ཐོ་བ་རྫོགས་པར་འགྱུར་བདེ་ལ་ཁ་ན་མ་ཐོ་བ་འདིར་འགྱུར་འོ། །འཐབ་བཀྲོལ་ལ་སོགས་པ་བྱེད་པ་ལ་དགེ་སློང་དང་ལྷན་ཅིག་བྱེད་པ་ལ་དགེ་སློང་དང་ལྷན་ཅིག་བྱེད་ན་ནི་འདིར་ལྕི་བའི་ཆོས་ཀྱི ་ཁ་ན་མ་ཐོ་བར་འགྱུར་རོ། །གང་ཟག་གཞན་དང་ལྷན་ཅིག་འཐབ་ཀྲོལ་ལ་སོགས་པ་བྱེད་པ་ལ་ནི་ཉེས་བྱས་སོ། །འཐབ་ཀྲོལ་བྱེད་པའི་དགེ་འདུན་ལྷག་མའོ་ཞེས་བྱ་བ་དེ་བཤད་ཟིན་ཏོ།། །།གང་ལ་བུད་མེད་དང་བསྟེན ་པའི་དགེ་འདུན་ལྷག་མར་འགྱུར་ཞེ་ན་དེའི་ཕྱིར། སྡེ་ཞིང་གནས་པ་ལའོ་ཞེས་བྱ་བ་སྨྲས་ཏེ། མི་གཏོང་བ་ལའོ་ཞེས་བྱ་བ་དང་དགེ་འདུན་གྱི་དབྱེན་ལ་ཞུགས་པ་ལྟར་རོ་ཞེས་བྱ་བའི་རྗེས་སུ་སྦྱར་ཏེ། དེ་ལ་ཁ་ན་མ་ཐོ་བ་འདིར་འགྱུར་རོ།། ་སུ་དང་སྡེ་ཞིང་གནས་པ་ལ་ཞེ་ན་དེའི་ཕྱིར་།དགེ་སློང་མ་དང་ངོ་ཞེས་བྱ་བ་སྨྲས་ཏེ། ལྷན་ཅིག་ཅེས་བྱ་བར་སྦྱར་རོ།། གླེང་བཞི་དབང་གིས་དགེ་སློང་མ་དང་ཞེས་གསུངས་པར་ཟད་ཀྱི་ཁྱིམ་པ་མོ་དང་མུ་སྟེགས་ཅན་མོ་དང་དགེ་ཚུལ་མ་དང ་དགེ་སློབ་མ་དང་ལྷན་ཅིག་སྡེ་ཞིང་གནས་ལ་ནི་ཤིན་ཏུ་སྡིག་ཆེ་བའི་ཕྱིར་དེ་ལ་ཡང་ཁ་ན་མ་ཐོ་བ་རྫོགས་པར་འགྱུར་རོ། །སྐྱེས་པ་དང་ལྷན་ཅིག་སྡེ་ཞིང་གནས་བ་ལ་ནི་ཕམ་པར་འགྱུར་བའི་སྦྱོར་བར་རིག་པར་བྱའོ། །རྣམ་པ་ཅི་ལྟ ་བུས་སྔ་ཞིང་གནས་པ་ལ་ཞེ་ན་དེའི་ཕྱིར། གཞོགས་སྟགས་དང་ཕྱིར་གཡེང་ས་དང་ཙབ་ཧྲལ་གྱི་རྒྱུར་གྱུར་བ་དག་གིས་སོ་ཞེས་བྱ་བ་སྨྲས་ཏེ། གཞོགས་སྟེགས་ཀྱི་རྒྱུར་གྱུར་པ་ནི་མཐོ་ཙམ་པའོ?། །ཕྱིར་གཡེང་གི་རྒྱུར་གྱུར་པ་ནི་ཀུན ་ཏུ་རྩེ་བའོ། །ཙ་བ་ཧྲལ་གྱི་རྒྱུར་གྱུར་པ་ནི་ཀུན་ཏུ་ཅ་ཅོ་འདོན་པ་ཡིན་པར་རིག་པར་བྱའོ། །ཆུད་དུ་དང་འབྲིང་དེང་ཆེན་པོའི་བྱེ་བྲག་གིས་ལྟུང་བ་གཞན་དུ་འགྱུར་རོ། །དགེ་སློང་མ་དང་ལྷན་ཅིག་ལུས་ཀྱིས་རེག་པ་ནི་ཁ་ཅིག་ཏུ་ནི་སྦོམ་བོའོ། ། ་གཅིག་ཏུ་ནི་ཉེས་བྱས་སོ། །དགེ་སློང་མའི་ཕྱིར་ལུས་བཀན་པ་ནི་སྦོམ་པོའོ། །དེའི་ཕྱིར་མལ་ཤོམ་དུ་འཇུག་པ་ལ་སོགས་པ་བྱེད་པ་ནི་ཉེས་བྱས་སོ། །བུད་མེད་དང་བསྟན་པའི་དགེ་འདུན་ལྷག་མའོ་ཞེས་བྱ་བ་དེ་བཤད་ཟིན་ཏོ། །གང་ལ ་བུད་མེད་དང་བརྟེན་དུ་འཇུག་པའི་དགེ་འདུན་ལྷག་མར་འགྱུར་ཞེ་ན། དེའི་ཕྱིར་སྡེ་པ་ལ་ཡང་དག་པར་འཛིན་དུ་འཇུག་པ་ལའོ་ཞེས་བྱ་བ་སྨྲས་ཏེ། མི་གཏོང་པ་ལའོ་ཞེས་བྱ་བ་དང་དགེ་འདུན་གྱི་དབྱེན་ལ་ཞུགས་པ་ལྟར་རོ་ཞེས་བྱ་བར ་སྦྱར་རོ། །གཞོགས་སྟེགས་དང་ཕྱར་གཡེང་དང་ཙབ་ཧྲལ་གྱི་རྒྱུར་གྱུར་པའི་རྒྱུན་སྔར་སྟན་མ་ཐག་བ་དག་གིས་དགེ་སློང་མ་བུད་མེད་དང་སྡེ་ཞིང་གནས་པ་དེ་བཏང་སྟེ་ཐ་དད་དུ་གནས་བར་ཤེས་བཞིན་དུ་དགེ་སློང་མ་གང་གིས་འདི་སྐད་ཅེས ་ཕུ་ནུ་མོ་ཁྱོད་གཉིས་ཐ་དད་དུ་གནས་པར་མ་བྱེད་ཅིག། ཁྱེད་གཉིས་ཐ་དད་དུ་གནས་ན་དགེ་བའི་ཆོས་རྣམས་འབྲི་བར་ཉིད་དུ་ཤེས་བར་བྱའི། འཕེལ་བར་ནི་མ་ཡིན་ནོ། །ཁྱོད་གཉིས་སྡེ་ཞིང་གནས་པར་གྱིས་ཤིག་ཁྱེད་གཉིས་སྔ་ཞིང་གནས་ན་དགེ ་པའི་ཆོས་རྣམས་འཕེལ་བ་ཉིད་དུ་ཤེས་པར་བྱའི་འབྲི་བར་ནི་མ་ཡིན་ནོ་ཞེས་སྡེ་བ་དེ་ཡང་དག་པར་འཛིན་དུ་འཇུག་པ་ལ་དགེ་འདུན་མས་གཞམས་ཏེ་བསྒོ་བ་དང་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་བ་ཡང་མི་གཏོང་བ་ལ་ཁ་ན་མ་ཐོ་བ་འདིར་འགྱུར་རོ།། ་བུད་མེད་དང་བསྟེན་དུ་འཇུག་པའི་དགེ་འདུན་ལྷག་མའོ། །ཞེས་བྱ་བ་དེ་བཤད་ཟིན་ཏོ།། །།གང་ལ་དགེ་འདུན་གྱིས་དབྱེན་བྱེད་བ་དང་དེའི་རྗེས་སུ་ཕྱོགས་པ་དང་ཁྱིམ་སུན་འབྱིན་པ་དང་བཀའ་བློ་མི་བདེ་བའི་དགེ་འདུན་ལྷག་མར་འགྱུར་ཞེ་ན་དེའི་ཕྱིར་ ་དགེ་འདུན་འབྱེད་པ་ལ་སོགས་པ་བཞི་ནི་དགེ་སློང་མའི་སྐབས་ལས་སོ་ཞེས་བྱ་བ་སྨྲས་ཏེ། མི་གཏོང་བ་ལའོ་ཞེས་བྱ་བ་དང་དགེ་འདུན་འབྱེད་པ་ལ་ཞུགས་པ་ལྟར་རོ་ཞེས་བྱ་བ་དང་སྦྱར་རོ། །དགེ་འདུན་མ་དབྱེ་བའི་ཕྱིར་འཇུག་ཅིང ་རྩོད་པ་ཡང་དག་པར་གཟུང་ནས་རབ་ཏུ་འཛིན་ཅིང་འཇུག་པ་གང་ཡིན་པ་དེ་ལ་དགེ་འདུན་མས་བཞམས་ཏེ་བསྒོ་བ་དང་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་ཡང་མི་གཏོང་བ་ལ་དགེ་འདུན་འབྱེད་བ་ལ་ཞུགས་པ་ལྟར་དགེ་འདུན་གྱི་དབྱེ་ན་བྱེད་པའི་དགེ ་འདུན་ལྷག་མར་འགྱུར་རོ། །དགེ་འདུན་གྱི་དབྱེན་བྱེད་པའི་དགེ་འདུན་ལྷག་མའོ། །དགེ་སློང་མའི་དགེ་འདུན་དབྱེ་བའི་ཕྱིར་ཞུགས་བའི་དགེ་སློང་མའི་རྗེས་སུ་ཕྱོགས་པའི་དགེ་སློང་མ་དེ་ལ་དགེ་འདུན་མས་བཞམས་ཏེ་བསྒོ་བ་དང། གསོལ་བ་དང་བཞིའི ་ལས་ཀྱི་བསྒོ་བ་ཡང་མི་གཏོང་བ་ལ་དགེ་འདུན་འབྱེད་བ་ལ་ཞུགས་པ་ལྟར་རྗེས་སུ་ཕྱོགས་པའི་དགེ་འདུན་ལྷག་མར་འགྱུར་རོ། །དེའི་རྗེས་སུ་ཕྱོགས་པའི་དགེ་འདུན་ལྷག་མའོ། །ཁྱིམ་སུན་འབྱིན་པ་དང་སྡིག་བའི་ཆོས་ཀུན་ཏུ་སྤྱོད་པ་དགེ་འདུན་མས་བསྐྲད་བ་ན ་སྐྲོད་བར་བྱེད་བའི་དགེ་སློང་མ་རྣམས་ལ་འདི་ན་དགེ་སློང་མ་ཁ་ཅིག་ནི་འདུན་བས་འགྲོ་ཞེ་སྡང་གིས་འགྲོ་གཏི་མུག་གིས་འགྲོ་འཇིགས་པས་འགྲོ་སྟེ་འདི་ལྟར་ཉེས་པ་འདྲ་ཁོ་ན་ལས་དགེ་སློང་མ་ཁ་ཅིག་ནི་བསྐྲད་ཁ་ཅིག་ནི་མ་བསྐྲད་དོ་ཞེས་ཟེར་བ་ལ་དགེ་འདུན་མས ་བཞམས་ཏེ་བསྒོ་བ་དང་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་ཡང་མི་གཏོང་བ་ལ་དགེ་འདུན་འབྱེད་པ་ལ་ཞུགས་པ་ལྟར་ཁྱིམ་སུན་འབྱིན་བའི་དགེ་འདུན་ལྷག་མར་འགྱུར་རོ། །ཁྱིམ་སུན་འབྱིན་པའི་དགེ་འདུན་ལྷག་མའོ། །དགེ་སློང་མ་འགའ་ཞིག་ཀ་བློ་མི་བདེ་བའི ་རང་བཞིན་དུ་གྱུར་པ་དེ་ལ་དགེ་སློང་མ་དག་གིས་མངོན་པར་གཏོགས་པ་བསླབ་པའི་གཞི་རྣམས་དང་བདེ་བར་གཤེགས་པའི་མདོར་གཏོགས་པ་རྣམས་ཀྱིས་ཆོས་དང་མཐུན་པ་དང་འདུལ་བ་དང་འཐུན་པས་བསྒོ་ན་དག་མི་ཉན་པ་དེ་ལ་དགེ་འདུན་མས་བཞམས་ཏེ་བསྒོ་བ་དང ་གསོལ་བ་དང་བཞིའི་ལས་གྱིས་བསྒོ་ཡང་མི་གཏོང་བ་ལ་དགེ་འདུན་འབྱེད་པས?་ཞུགས་བ་ལྟར་བཀའ་བློ་མི་བདེ་བའི་དགེ་འདུན་ལྟག་མར་འགྱུར་རོ། །བཀའ་བློ་མི་བདེ་བའི་དགེ་འདུན་ལྷག་མའོ་དགེ་སློང་མའི་དགེ་འདུན་ལྷག་མ་རྣམས་རྫོགས་སོ། །ཞེས་བྱ་བ་དགེ་སློང་མའི་དགེ ་འདུན་ལྷག་མ་ཉི་ཤུ་པོ་དག་བཤད་ཟིན་ཏོ།། །།ད་ནི་དགེ་སློང་མའི་སྤང་བའི་ལྟུང་བྱེད་སུམ་ཅུ་རྩ་གསུམ་པོ་དག་བཤད་པར་བྱ་སྟེ། ད་ལ་དང་པོ་བཅུ་ནི་དགེ་སློང་དང་མཐུན་མོང་མ་ཡིན་པས་དགེ་སློང་གི་སོ་སོར་ཐར་པའི་སྡོམ་གྱི་ཚིགས་སུ་བཅད་པ ་དང་པོ་ལས། འཆད་པ་འབྲལ་བ་འཇོག་པ་དང། འཁྲུར་འཇུག་པ་དང་ལེན་པ་དང། སློང་པ་དང་སྨད་གཡོགས་སྟོང་གཡོགས་བཅས། །རིན་ཐང་སོ་སོར་བསྐུར་པའོ། །ཞེས་གསུངས་པའི་རིམ་པ་དགེ་སློང་གི་རྣམ་པར་འབྱེད་བའི་སྐབས་སུ་མཚན་ཉིད་སྔར ་ཇི་སྐད་བསྟན་པ་བཞིན་དུ་བལྟ་བར་བྱའོ། །དེ་དག་ཀྱང་གང་དག་ཡིན་པར་བལྟ་བར་བྱ་ཞ་ན་དེའི་ཕྱིར་བཅུ་བའོ་ཞེས་བྱ་བ་སྨྲས་ཏེ། འཆང་བ་དང་འབྲལ་བ་དང་འཇོག་པ་དང། འཁྲུར་འཇུག་བ་དང། ལེན་པ་དང་སློང་བ་དང་སློང་བར་རིགས་པ་དང། པགས་པ ་སླང་བ་དང། སོ་སོར་ནས་པགས་པ་སློང་བ་དང། སྐུད་པའི་སྤང་བ་ཞེས་བྱ་བ་བཅུ་པ་དང་བོའོ། །གཞན་ཡང་སྤང་བའི་ལྟུང་བྱེད་རྣམ་བ་དགུ་ནི་དགེ་སློང་དང་ཐུན་མོང་མ་ཡིན་པས་དགེ་སློང་གི་རྣམ་པར་འབྱེད་བའི་སྐབས་སུ་མཚན་ཉིད་སྔར་ཇི་སྐད་བསྟན་པ ་བཞིན་དུ་བལྟ་བར་བྱའོ། །དེ་དག་ཀྱང་གང་དག་ཡིན་པར་བལྟ་བར་བྱ་ཞེ་ན་དེའི་ཕྱིར། གསེར་དངུལ་ལ་རེག་བ་དང། མངོན་མཚན་ཅན་གྱིས་སྤྱོད་བ་དང། ཉོ་ཚངས་བྱེད་པ་དང། ལྷུང་བཟེད་ཚོལ་བ་དང་།འཐབ་ཏུ་འཇུག་པ་དང། འཐབ་པ་བསྐྱེད་པ་དང། ་འཕྲག་པ་དང། བསྡོས་པ་ལས་སྒྱུར་བ་དང། སོག་འཇོག་ལས་གྱུར་པའོ་ཞེས་བྱ་བ་སྨྲས་ཏེ། གྱུར་བ་ཞེས་བྱ་བའི་སྒྲ་འདིར་རེ་རེ?་དང་སོ་སོར་སྦྱར་ཏེ། གསེར་དངུལ་ལ་རེགས་པ་ལས་གྱུར་བ་ཞེས་བྱ་བ་ལ་སོགས་པ་ལྟ་བུར་སྦྱར་རོ། །དེ་དག་གི་མཚན ་ཉིད་ཀྱང་དགེ་སློང་གི་རྣམ་པར་འབྱེད་པའི་སྐབས་སུ་སྔར་ཇི་སྐད་བསྟན་པ་ཁོ་ན་བཞིན་དུ་བལྟ་བར་བྱའོ། །དེ་དག་ཐམས་ཅད་ལ་ཡང་བྱེ་བྲག་ནི་སྔར་མདོ་ལས། ཕོ་ཉིད་ལ་ནི་མོ་ཉིད་དོ། །དེ་ལ་ནི་ཕོ་ཉིད་དོ་ཞེས་བསྟན་པ ་བཞིན་དུ་ཤེས་པར་བྱའོ། །བྱེ་བྲག་འདི་འཁྲུར་འཇུག་པ་ལ་སོགས་པ་ལ་དམིགས་ཀྱིས་བསལ་བ་བསྟན་པའི་ཕྱིར། འཁྲུ་བ་ལ་སོགས་པ་ནི་དགེ་སློང་གིའོ་ཞེས་བྱ་བ་སྨྲས་ཏེ། དགེ་སློང་དབང་བའི་གོས་གང་ཡིན་པ་དེ་འཁྲུ་བ་དང་ཚེད་པ་དང ་འཆག་པ་ནི་དགེ་སློང་མ་ལ་སྤང་བར་འགྱུར་གྱི་དགེ་སློང་མ་དབང་བའི་གོས་གང་ཡིན་པ་དེ་འཁྲུ་བ་དང་འཚེད་པ་དང་འཆག་པ་ནི་དེ་ལ་སྤང་བར་མི་འགྱུར་རོ་དེ་ལས་ལེན་ནའོ་ཞེས་བྱ་བ་ཡང་དགེ་སློང་ལས་བླངས་ན་སྤང་བར་འགྱུར་བ་ཡིན་གྱི་དགེ་སློང ་མ་ལས་བླངས་པ་ནི་མ་ཡིན་ནོ། །དགེ་སློང་མ་ལ་བྱིན་པའོ་ཞེས་བྱ་བ་ནི། འཕྲོག་པའི་སྤང་པ་ནི་དགེ་སློང་མ་ལ་བྱིན་པ་ཕྲོགས་ནས་སྤངས་བར་འགྱུར་གྱི། །དགེ་སློང་ལ་བྱིན་པ་ནི་མ་ཡིན་ནོ། །དགེ་སློང་གི་སྤང་བའི་ལྟུང་བྱེད་རྣམ་པ་བཅུ་གཅིག ་ནི་དགེ་སློང་མ་རྣམས་དང་ཐུན་མོང་མ་ཡིན་ཏེ་དགེ་སློང་མ་རྣམས་ལ་འདིར་དེ་དག་རྣམ་པར་མི་བཞག་གོ། དེ་དག་ཀྱང་གང་ཞེ་ན། བཅུ་བ་གཉིས་པའི་སྡོམ་གྱི་ཚིགས་སུ་བཅད་པ་ལས། སྲིན་བལ་འབའ་ཞིག་ཆ་གཉིས་དང། ལོ་དྲུག་པ་དང་མཐོང ་གང་ལམ། འཁྲུ་བ་དང་ནི་ཞེས་གསུངས་པ་རྣམ་པ་བདུན་པོ་སྲིན་བལ་གྱི་སྟན་དང། བལ་ནག་པོ་འབའ་ཞིག་གིས་སྟན་དང། ཆ་གཉིས་བསྲེ་བ་དང། ལོ་དྲུག་ཏུ་བཅང་བ་དང། མཐོ་གང་དང། བལ་ཐོགས་པ་དང། བལ་རྨེར་དུ་འཇུག་པ་ཞེས་བྱ་བདག་དང ་བཅུ་པ་གསུམ་པ་ལས། ལྷུང་བཟད་འཆང་པ་དང་།གཏད་པ་ལས་བྱུང་བ་དང། ཞགས་བདུན་ན་འབྲལ་བ་དང། དབྱར་གྱི་རས་ཆེན་གྱི་སྤང་བ་ཞེས་བྱ་བ་བཞི་པོ་དག་སྟེ། རྣམ་པ་བཅུ་གཅིག་པོ་དེ་དག་ནི་དགེ་སློང་མ་ལ་རྣམས་ལ་མེད་དོ། །ལྷ་རྟེན ་བཅད་བར་མི་བྱའོ་ཞེས་བྱ་བ་ནི་།སྦོམ་དགའ་མོ་མཉན་ཡོད་དུ་བསོད་སྙོམས་ལ་ཞུགས་བ་ན་དེས་ལྷ་བོན་མོ་ལྷ་རྟེན་ཐོགས་ཤིང་རྒྱུ་བ་ཞིག་མཐོང་ནས་སྒོམ་དགའ་མོས་བསམས་པ་འཐབས་འདི་ནི་བཟང་པོ་ཞིག་ཡིན་གྱིས་བདག་གིས་ཀྱང་སང་ཤེས་པར ་བྱའོ། །སྙམ་ནས་དེ་ཕྱི་དེ་ཉིན་པར་ལྷ་རྟེན་ཐོགས་ཏེ་མཉན་ཡོད་དུ་ཞུགས་ནས་དེ་ཁྱེའུ་དང་བུ་མོ་དག་ལ་སྲུང་སྐྱོབ་བྱེད་ཅིང་ངེས་གང་དང་གང་ལ་སྲུང་སྐྱོབ་བྱས་པ་དེ་དང་དེ་དག་བདེ་པར་གནས་བར་གྱུར་ནས་དེའི་ཚེ་གང་དང་གང་དག་ལ་བསྲུང་བསྐྱབ་བྱ་དགོས ་པར་འགྱུར་པ་དེ་དག་ཐམས་ཅད་ཀྱིས་སྦོམ་དགའ་མོ་སྲུང་སྐྱོབ་བྱེད་དུ་འཇུག་པར་བྱེད་ནས་ལྷ་བོན་མོ་འཕྱ་བར་གྱུར་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་དགེ་སློང་མས་ལྷ་རྟེན་བཅད་བར་མི་བྱའོ་ཞེས་བྱ་བའི་བར་དུ་གསུངས ་པ་ཡིན་ནོ། །བསྲུང་བསྐྱབ་ཅེས་བྱ་བ་ནི་ཡོངས་སུ་བསྲུང་ཞིང་བསྐྱོབ་པར་བྱེད་པའོ། །ལྷ་རྟེན་ཞེས་བྱ་བ་ནི་བསྲུང་བསྐྱབ་བྱ་བ་དེའི་ཕྱིར། སྣོད་ཟ་མ་གཏོགས་མེ་ཏོག་ལ་སོགས་པས་བརྒྱན་ཅིང་ས་ལས་བྱས་བའི་གཟུགས་ཀྱིས་བཀང་བ་ཡིན་ནོ་ཞེས་ཟེར་རོ ་འཆང་བའི་སྤང་བ་ལ་སོགས་པ་བཅུ་དགུའོ་ཞེས་བྱ་བ་དགེ་སློང་མི?་སྤང་བའི་ལྟུང་བྱེད་དགེ་སློང་དང་ཐུན་མོང་བ་འཆང་བ་ལ་སོགས་པ་བཅུ་དགུ་བ་དག་བཤད་ཟིན་ཏོ།། །།ད་ནི་དགེ་སློང་མའི་སྤང་བའི་ལྟུང་བྱེད་དགེ་སློང་དང་ཐུན་མོང་མ ་ཡིན་བ་རྣམས་བཤད་བར་བྱ་སྟེ། དེ་དག་ནི་རྣམ་པ་བཅུ་བཞི་ཡོད་དེ། གང་ཞེ་ན་ལྟུང་བཟེད་འཆང་བ་དང། བྱིན་གྱིས་རློབ་པ་དང། སྲ་བརྒྱད་འབྱིན་པ་དང། སྲ་བརྐྱང་མི་འབྱིན་པ་དང། རིན་པོ་ཆེ་སློང་བ་དང་གོས་ཟ་བ་ལས་གྱུར་པ་དང། གོས་རྒྱུ་ཟ་བ ་ལས་གྱུར་པ་དང། མལ་ཆ་རྒྱུ་ཟ་བ་ལས་གྱུར་བ་དང། དབྱར་ཁང་རྒྱུ་ཟ་བ་ལས་གྱུར་བ་དང། སྐྱེ་བོ་མང་པོ་ལ་བསྔོས་པ་བྱིན་གྱིས་རློབ་པ་དང། དགེ་འདུན་ལ་བསྔོས་པ་བྱིན་གྱིས་རློབས་པ་དང། བཅིངས་པ་འགྲོལ་དུ་འཇུག་པ་དང། གོས་ལྕི་བ་བརྟེན ་པ་དང། གོས་ཡང་བ་བསྟེན་པ་ལས་གྱུར་པ་དག་གོ། དེ་ལ་གང་ལ་ལྷུང?་བཟེད་འཆང་བའི་སྤང་བར་འགྱུར་ཞེ་ན་དེའི་ཕྱིར། ལྷུང་བཟེད་ལྷག་པ་ཞག་གཅིག་ལས་འདས་པར་འཆང་བ་ལའོ་ཞེས་བྱ་བ་སྨྲས་ཏེ། བུད་མེད་རྣམས་ནི་ཡོ་བྱད ་ལ་ལྷག་བར་ཚིགས་པ་ཤིན་ཏུ་དམ་པས་ན་དེའི་ཕྱིར་ཞིག་གཅིག་ལས་འདས་བར་འཆང་བ་ལ་ཁ་ན་མ་ཐོ་བ་འདི་རྣམ་བར་བཞག་གོ་།ལྷུང་བཟེད་འཆད་བའི་སྤང་བའོ་ཞེས་བྱ་བ་དེ་བཤད་ཟིན་ཏོ།། །།གང་ལ་བྱིན་གྱིས་མི་རློབ་པའི ་སྤང་བར་འགྱུར་ཞེ་ན་དེའི་ཕྱིར། བྱིན་གྱིས་བསླབ་ཏུ་རུང་བ་ཉི་མ་དང་པོ་ལ་འམ?་ཟླ་བ་ཕྱེད་བྱེད་ཅིང་བྱིན་བྱིས་མ་བརླབས་པ་ལའོ་ཞེས་བྱ་བ་སྨྲས་ཏེ། ཆོས་གོས་བྱིན་གྱིས་བརླབ་ཏུ་རུང་བ་ལྔ་པ་དང་ལས་གང་ཡང་རུང་བ་མི་བདག་པ་ཉིད་ཀྱིས་གང ་གི?་ཚེ་ཆོས་གོས་དེ་རྙེད་པར་གྱུར་བའི་ཉི་མ་དང་པོ་དེ་ཉིད་ལ་ཆོས་གོས་དེ་བྱིན་གྱིས་བརླབས་པར་བྱའོ། །ཉི་མ་དང་པོ་དེ་ཉིད་ལ་བྱིན་གྱིས་མ་བརླབས་ན་ཞག་གཅིག་གི་སྐྱ་རེངས་དང་བོ་ཤར་ན་སྤང་བར་འགྱུར་རོ། །ཉི་མ་དང་པོ་ཉིད་ལ་བྱིན ་གྱིས་བརླབས་བའི་ཆོས་གོས་དེ་ཡང་དེ་ཕྱིན་ཅད་ཟླ་བ་ཕྱེད་ཕྱེད་ཅིང་བྱིན་གྱིས་བརླབ་པར་བྱའོ། །ཟླ་བ་ཕྱེད་ཕྱེད་ཅིང་བྱིན་གྱིས་མ་བསླབས་ན་ཞག་བཅུ་དྲུག་གི་སྐྱ་རེངས་དང་པོ་ཤར་ན་སྤང་བར་འགྱུར་རོ། །དེ་ལྟར་ན་འདིར་ཚིག་གི་དོན་འདི ་འབྱུང་སྟེ། དགེ་སློང་མ་ཆོས་གོས་བྱིན་གྱིས་བསླབ་ཏུ་རུང་བ་ལྔ་བོ་མེད་བ་ཉིད་ཀྱིས་ཉི་མ་གང་ལ་ཆོས་གོས་གང་ཡང་རུང་བ་ཞིག་རྙེད་ན་ཉི་མ་དེ་ཉིད་ལ་བྱིན་གྱིས་བརླབ་བར་བྱ་སྟེ། བྱིན་གྱིས་མ་བརླབས་ན་ཞག་གཅིག་གི་སྐྱ་རེངས་དང་པོ་ཤར་ན ་སྤང་བར་འགྱུར་རོ། །ཆོས་གོས་བྱིན་གྱིས་བརླབས་བ་དེ་ཉིད་ཀྱང་དེ་ཕྱིན་ཚད་ཉི་མ་དང་པོ་དེ་ཉིད་མ་གཏོགས་པའི་ཞག་བཅོ་ལྔ་ལ་ཡང་བྱིན་གྱིས་བརླབ་པར་བྱའོ། །དེར་བྱིན་གྱིས་མ་བརླབས་ན་ཞག་བཅུ་དྲུག་བའི་སྐྱ་རེངས་དང་པོ་ཤར་ན་སྤང ་བར་འགྱུར་རོ། །ཞག་བཅོ་ལྔ་པ་དེ་ཉིད་ནི་ཟླ་བ་ཕྱེད་པ་ཕྱི་མ་ཤོས་གྱི་ཉི་མ་དང་པོ་ཉིད་ཡིན་པར་རྣམ་པར་བཞག་སྟེ། དེ་ཕྱིན་ཆད་ཀྱང་ཚུལ་དེ་བཞིན་དུ་ཟླ་བ་ཕྱེད་ཕྱེད་ཅིང་བྱིན་གྱིས་བརླབ་པར་བྱའོ། །མདུན་རོལ་ཏུ་བྱིན་གྱིས་བརླབས་པ་ལ་ནི་ཉེས་པ་མེད ་པས་ཟླ་བ་ཕྱེད་ཕྱེད་ཀྱི་གསོ་སྦྱོང་གི་དུས་སུ་བྱིན་གྱིས་བརླབས་ན་ཕྱིན་ཆད་འཁྲུལ་བ་མེད་བར་འོང་ངོ། །དགེ་སློང་ལ་ནི་ཆོས་གོས་བྱིན་གྱིས་བརླབ་ཏུ་རུང་བ་མེད་ན་ནམ་རྙེད་པའི་ཉིན་མོ་བྱིན་གྱིས་མ་བརླབས་ན་ཡང་ཞག་གི་སྐྱ་རེངས་ཤར་བས ་སྤང་བར་མི་འགྱུར་ལ་ཉེས་བྱས་སུ་འགྱུར་རོ། །ཟླ་བ་ཕྱེད་བ་བསྟེན་པ་ཞེས་བྱ་བ་ཐ་མ་གཉིས་ནི་དགེ་སློང་ལ་ཉེས་པ་མེད་འོག་མ་རྣམས་ལ་ཡང་གོས་ལྕི་བ་བསྟེན་པ་དང་གོས་ཡང་བ་བསྟེན་པ་ཞེས་བྱ་བ་ཐ་མ་གཉིས་ནི་དགེ་སློང་ལ་ཉེས་པ་མེད་དོ། ། ་སྲ་བརྒྱད་འབྱིན་པ་ལ་སོགས་པ་བཅུ་པོ་དག་ནི་དགེ་སློང་ལ་ཉེས་བྱས་སུ་འགྱུར་རོ། །བྱིན་གྱིས་མི་བློབ་པའི་སྤང་བའོ་ཞེས་བྱ་བ་དེ་བཤང་ཟིན་ཏོ།། །།གང་ལ་སྲ་བརྐྱང་འབྱིན་པའི་སྤང་བར་འགྱུར་ཞེ་ན་དེའི་ཕྱིར། དབྱིད་ཟླ་ར་བ་ཉའི་ཉིན་མོའི ་མདུན་རོལ་སྲ་བརྐྱང་འབྱིན་བ་ལའོ་ཞེས་བྱ་བ་སྨྲས་ཏོ། དཔྱིད་ཟླ་ར་བ་ཉའ་ཉོན་མོ་གང་ཡིན་པ་དེའི་མདུན་རོལ་ཕན་ཆད་ཀྱི་དུས་གང་ཡང་རུང་བར་སྲ་བརྐྱང་འབྱིན་པའི་དགེ་འདུན་མ་ཐམས་ཅད་ལ་སོ་སོར་སྤང་བའི་ལྟུང་བྱེད་རེ་རེ་ར་འགྱུར་ཏེ། ཅི་ཙམ་ཁོ ་ན་ནས་སྲ་བརྐྱང་འབྱིན་པ་ཆགས་པའི་དགེ་འདུན་མའི་ཚང་རྣམ་པར་འཆད་པ་དེ་དག་དབང་བ་སྲ་བརྐྱང་གི་བདག་ཉིད་ཀྱི་རྙེད་པ་དེ་སྤང་བར་འགྱུར་གྱི་གང་ཟག་སྒོ་སྒོའི་རྙེད་པ་ནི་སྤང་བར་མི་འགྱུར་རོ། །སྲ་བརྐྱང་གི་རྙེད་པ་དེ་ཡང་མ་བགོས་པའི་གནS ་སྐབས་ཁོ་ན་སྤང་བར་བྱ་བ་ཉིད་ཡིན་གྱི་བགོས་བ་ལ་ནི་སྤང་བར་བྱ་བ་ཉིད་མེད་དེ། འདི་ལྟར་རྙེད་བའི་དངོས་པོ་གང་ཟག་གིར་གྱུར་པའི་ཕྱིར་ཏེ་དེའི་ཚེ་ནི། ལྟུང་བྱེད་འབའ་ཞིག་གདགས?་པར་བྱ་བ་ཡིན་ནོ། །དགེ་སློང་མ་ཚོམ་རྐུན་བས་བཅོམ་བའི་དོན་ཉིད་དུ་ནི ་ལྟུང་བ་མེད་དོ་ཞེས་བྱ་བ་ནི། གང་གི་ཚེ་དགེ་སློང་མ་ཆོམ་རྐུན་བདག་གིས་བཅོམ་པར་གྱུར་ན་དེའི་དོན་ཉིད་དུ་མདུན་རོལ་ཏུ་སྲ་བརྐྱང་འབྱིན་པ་ལ་ནི་ལྟུང་བ་མེད་དོ། །སྲ་བརྐྱང་འབྱིན་པའི་སྤང་བའོ་ཞེས་བྱ་བ་དེ་བཤད་ཟིན་ཏོ།། །། ་གང་ལ་སྲ་བརྐྱང་མི་འབྱིན་པའི་སྤང་བར་འགྱུར་ཞེ་ན་དེའི་ཕྱིར་མི་འབྱིན་པ་ལའོ་ཞེས་བྱ་བ་སྨྲས་ཏེ། ཆོས་གོས་གཏན་པ་ཞེས་བྱ་བར་སྤྱར་རོ། །མི་འབྱིན་པ་ཞེS་བྱ་བ་དེ་ཇི་ལྟ་བུ་ཞེ་ན་།དགེ་འདུན་མ་ཆོས་གོས་གཏན་པ་འབྱིན་པའི་དུས་སུ་ཆོས་གོས་གཏན་པ་དབྱུང་བའི་ཕྱིར་ཚེགས ་པ་མི་བྱེད་པ་སྟེ། དགེ་སློང་མ་གང་གིས་དགེ་འདུན་མ་ཆོས་གོས་གཏན་པ་འབྱིན་བ་ལ་ཚོགས་པ་སྦྱིན་པར་མི་བྱེད་པ་དེ་ལ་ཁ་ན་མ་ཐོ་བ་འདིར་འགྱུར་རོ། །འདི་ལྟར་ཚོགས་ནས་ཆོས་གོས་གཏན་པ་འབྱིན་པ་ཉམས་སུ་མྱོང་བར་མི་བྱེད་པའི་ལྟུང ་བྱེད་ལ་ཡང་ཚོགས་པ་སྦྱིན་པར་མི་བྱེད་པ་ཉིད་ལྟུང་བྱེད་ཀྱི་རྒྱུ་ཡིན་པར་གསུངས་ན་དེ་དང་འདི་ལ་བྱེ་བྲག་ཅི་ཡོད་ཅེ་ན། དུས་ཀྱི་བྱེ་བྲག་གིས་དེ་གཉིས་ཀྱི་ཡུལ་ལ་བྱེ་བྲག་ཡོད་དེ། འདི་ལྟར་ཆོས་གོས་གཏན་པ་དབྱུང་བའི་དུས་ངེས་བ་ནི་དཔྱིད་ཟླ་རེ?་བ ་ཉ་ཡིན་པས་དུས་དེར་དགེ་འདུན་མ་ཆོས་གོས་བཏན་པ་འབྱིན་པ་ལ་ཚོགས་པ་སྦྱིན་པར་མི་བྱེད་པ་ལ་ནི་སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །དེའི་མདུན་རོལ་ཏུ་དགེ་སློང་མ་ཚོམ་རྐུན་པས་བཅོམ་པ་ལ་སོགས་པའི་དོན་ཉིད་དུ་བག་ཡངས་སུ་བྱ་བའི་ཕྱིར་ཆོས ་གོས་བཏན་པ་འབྱིན་བ་གང་ཡིན་པ་དེ་ལ་ཚོགས་པ་སྦྱིན་པར་མི་བྱེད་པ་ལ་ནི་ལྟུང་བྱེད་འབའ་ཞིག་ཏུ་འགྱུར་རོ། །སྲ་བརྐྱང་མི་འབྱིན་བའི་སྤང་བའོ་ཞེས་བྱ་བ་དེ་བཤད་ཟིན་ཏོ།། །།གང་ལ་རིན་པོ་ཆེ་སློང་བའི་སྤང་བར་འགྱུར་ཞེ་ན་དེའི་ཕྱིར ་དབྱིག་དང་གསེར་སློང་བ་ལའོ་ཞེས་བྱ་བ་སྨྲས་དེ། འདི་ལྟར་སོ་སོར་ཐར་པའི་མདོ་ལས་མངོན་མཚན་ཅན་ཞེས་སྨོས་ཏེ། ཡང་དགེ་སློང་མ་གང་བདག་གི་ཕྱིར་མངོན་མཚན་ཅན་སློང་ན་སྤང་བའི་ལྟུང་བྱེད་དོ་ཞེས་གསུངས་མོད་ཀྱི། དེའི་རྣམ་པར ་འབྱེད་པ་ལས་མངོན་མཚན་ཅན་ཞེས་བྱ་བ་ནི། དབྱིག་གམ་གསེར་རམ་ཞེས་གསུངས་ཏེ། དེ་དག་ཐམས་ཅད་ཀྱང་རིན་པོ་ཆེ་མཚོན་པའི་དོན་དུ་བྱེ་བྲག་མེད་པའི་ཕྱིར་རོ། །འདིར་སློང་བ་ཞེས་བྱ་བའི་སྒྲས་ནི་སློང་བ་སྔོན་དུ་བཏང་ནས་ལེན་པ་ལ་བྱ་སྟེ་མ ་བླངས་པ་ལ་སྤང་པའི་བྱ་བའི་དངོས་པོ་ཉིད་མེད་པའི་ཕྱིར་རོ། །གསེར་དངུལ་ལ་རེག་པ་དང་མངོན་མཚན་ཅན་གྱིས་སྤྱོད་པ་དང་ཉོ་འཚོང་བྱེད་བའི་སྤང་བ་གསུམ་ལ་ནི་སློང་བ་སྔོན་དུ་བཏང་བ་མེད་པས་དེའི་ཕྱིར་ཐ་དད་པར་རྣམ་པར་བཞག་གོ། དབྱར་ཁང ་གི་དགོས་པའི་དབང་གིས་སློང་བ་དང་ལེན་བ་ལ་ནི་ཉེས་བ་མེད་དོ། །རིན་པོ་ཆེ་སློང་བའི་སྤང་བའོ་ཞེས་བྱ་བ་དེ་བཤད་ཟིན་ཏོ།། །།གང་ལ་གོས་ཟ་བ་ལས་གྱུར་བའི་སྤང་བར་འགྱུར་ཞེན་དེའི་ཕྱིར། གཞན་གྱི་ཆེད་དུ་རྙེད་པའི་གོས་ཟས་སུ ་བྱས་ཏེ་བཟའ་བའི་ཕྱིར་འཇིག་པ་ལའོ་ཞེས་བྱ་བ་སྨྲས་ཏེ། ཟས་ལས་གཞན་པ་གླེགས་བམ་བྲི་བ་ལ་སོགས་པའི་ཕྱེད་དུ་རྙེད་པའི་གོས་ཟས་སུ་བསྒྱུར་ཅིང་བྱས་ཏེ་བཟའ་བར་བྱའོ་ཞེས་དེའི་ཕྱིར་ངེས་པར་འཇོག་པར་བྱེད་པ་ལ་སྤང་བར་འགྱུར་རོ།། ་གོས་ཟ་བ་ལས་གྱུར་པའི་སྤང་བའོ་ཞེས་བྱ་བ་དེ་བཤད་ཟིན་ཏོ།། །།གང་ལས་གོས་རྒྱུ་ཟ་བ་ལས་གྱུར་པ་དང། མལ་ཆ་རྒྱུ་ཟ་བ་ལས་གྱུར་པ་དང། དབྱར་ཁང་རྒྱུ་བ་ཟ་བ་ལས་གྱུར་པའི་སྤང་བར་འགྱུར་ཞེ་ན་དེའི་ཕྱིར་རོ་རིམས་བཞིན་དུ ་གོས་དང་མལ་ཆ་དང་དབྱར་ཁང་གི་ཆེད་དུ་ཡང་ངོ་ཞེས་བྱ་བ་སྨྲས་ཏེ། དེ་གསུམ་གྱི་ཆེད་དུ་ཡོ་བྱད་གང་ཡང་རུང་བརྙེད་བཟས་སུ་བྱས་ཏེ། བཟའ་བའི་ཕྱིར་འཇོག་བ་ལ་ཁ་ན་མ་ཐོ་བ་འདི་གསུམ་དུ་འགྱུར་རོ། །དེ་གསུམ་གྱི་ཆེད་དུ་ཅི་ཞིག་རྙེད་པ་ཞེ་ན་དེའི་ཕྱིར ་གང་ཡང་རུང་བའོ་ཞེས་བྱ་བ་སྨྲས་ཏེ། ཡོ་བྱད་གང་ཡང་རུང་བ་རྙེད་བ་ཟས་སུ་བྱས་ཏེ་བཟའ་བའི་ཕྱིར་འཇོག་པ་ལའོ་ཞེས་བྱ་བའི་རྗེས་བསྙགས་བའི་ཕྱིར་མདོ་སྔ་མ་ལས་ཡང་ངོ་ཞེས་བྱ་བའི་སྒྲ་སྨོས་སོ། །གོས་ཀྱི་ཆེད་དུ་ཡོ་བྱད་གང་ཡང་རུང་བ་རྙེད་བ་ཟས་ ་སུ་བྱས་ཏེ་བཟའ་བའི་ཕྱིར་འཇོག་པ་ལ་ནི་གོས་རྒྱུ་ཟབ་ལས་གྱུར་བའི་སྤང་བར་འགྱུར་རོ། །མལ་ཆ་དང་སྟན་གྱི་ཆེད་དུ་ཡོ་བྱད་གང་ཡང་རུང་བ་རྙེད་པ་ཟས་སུ་བྱས་ཏེ་བཟའ་བའི་ཕྱིར་འཇོག་བ་ལ་ནི་མལ་ཆ་རྒྱུ་ཟ?་བ་ལས་གྱུར་བའི ་སྤང་བར་འགྱུར་བའོ། །དབྱར་ཁང་གི་ཆེད་དུ་ཡོ་བྱད་གང་ཡང་རུང་བརྙེད་པ་ཟས་སུ་བྱས་ཏེ་བཟའ་བའི་ཕྱིར་འཇོག་པ་ལ་ནི་དབྱར་ཁང་རྒྱུ་ཟ་བ་ལས་གྱུར་པའི་སྤང་བར་འགྱུར་རོ། །འདིར་ཟ་བ་ལས་གྱུར་བའི་ཁ་ན་མ་ཐོ་བ་ཐམས་ཅད་ལ་ཟས་ཟོས ་ཟིན་པ་ཉིད་ལ་ནི་ལྟུང་བྱེད་འབའ་ཞིག་བཤགས་པར་བྱ་བ་ཡིན་ནོ། །མ་ཟོས་བ་ཉིད་ལ་ནི་དངོས་པོ་དེ་སྤངས་ནས་ལྟུང་བྱེད་དེ་བཤགས་པར་བྱ་བ་ཡིན་ནོ། །འདི་ལྟར་ཟ་བར་འདྲ་བས་ཁ་ན་མ་ཐོ་བ་ཡང་གཅིག་ཁོ་ནར་འགྱུར་བ་ཡིན་མོད་ཀྱི་འོན ་ཀྱང་དངོས་པོ་ཐ་དད་པའི་སྒྲའི་རྗེས་སུ་འབྲང་བས་འཇུག་པའི་དགེ་སློང་མ་རྣམས་ལ་བསལ་བར་བྱ་བའི་ཕྱིར་བཞི་པོ་དེ་དག་བཅའ་བ་མཛད་ཅིང་སོ་སོར་རྣམ་པར་བཞག་གོ། གོས་རྒྱུ་ལ་སོགས་པ་ཟ་བ་ལས་གྱུར་བའི་སྤང་བ་བའོ་ཞེས་བྱ་བ ་གོས་རྒྱུ་བ་ཟ་བ་ལས་གྱུར་བ་དང་མལ་ཆ་རྒྱུ་ཟ་བ་ལས་གྱུར་པ་དང། དབྱར་ཁང་རྒྱུ་བ་ལས་གྱུར་བའི་སྤང་བ་གསུམ་གཤད་ཟིན་ཏོ། །གང་ལ་སྐྱེ་བོ་མང་བོ་ལ་བསྡོས་པ་བྱིན་གྱིས་རློབ་བའི་སྤང་བར་འགྱུར་ཞེ་ན་དེའི་ཕྱིར་དགེ་སློང་མའི་སྐྱེ་བོ་མང ་བོའི་ཕྱིར་སྦྱོར་དུ་བཅུག་ནས་རང་ལ་ཡོངས་སུ་བསྒྱུར་བ་ལའོ་ཞེས་བྱ་བ་སྨྲས་ཏེ། དགེ་སློང་མའི་ངོ་བོ་ཉིད་ཀྱི་སྐྱེ་བོ་མང་པོའི་ཕྱིར་སྦྱོར་དུ་བཅུག་པ་གང་ཡིན་བ་དེ་བདག་ཉིད་ལ་ཡོངས་སུ་བསྒྱུར་བར་བྱེད་བ་ལ་ཁ་ན་མ་ཐོ་བ་འདིར་འགྱུར་རོ། །སྐྱེ་བོ་རྣམས་ཀྱི ་ཚོགས་ནི་སྐྱེ་བོ་མང་པོ་སྟེ་སྐྱེ་བོ་བཞི་ཡན་ཆད་དོ། །དེ་ལྟར་ཡང་རྣམ་པར་འབྱེད་པ་ལས་སྐྱེ་བོ་མང་པོའི་ཕྱིར་ཞེས་བྱ་བ་ནི་དགེ་སློང་མའི་དགེ་འདུན་གྱི་ཕྱིར་ཡིན་ཞེས་གསུངས་པ་ཡིན་ཏེ། སྐྱེ་བོ་མང་པོ་ཞེས་སྨོས་པ་ནི་དགེ་སློང་མའི་དགེ་འདུན་ལས ་བཞིའི་ཚོགས་ཡན་ཆད་ཀྱི་ཕྱིར་སྦྱོར་དུ་བཅུག་པའི་དངོས་པོ་བདག་ཉིད་ལ་སྒྱུར་བ་ལ་ཡང་ཁ་ན་མ་ཐོ་བ་འདྲ་བ་ཡིན་ནོ། །གཞན་དུ་ན་དགེ་སློང་མའི་དགེ་འདུན་ཉི་ཚེ་སྨོས་པར་འགྱུར་གྱི་སྐྱེ་བོ་མང་པོ་མི་སྨོས་པར་འགྱུར་རོ། །དེ་ལྟར་ཡང་སོ་སོར་ཐར་བའི་མདོ་ལས་ཡང ་དགེ་སློང་མ་གང་དགེ་སློང་མ་གློ་བུར་དུ་ལྷག་པ་རྣམས་ཀྱི་ཕྱིར་རྙེད་པ་བླངS་ལ་གཅིག་བུ་ཟ་བར་བྱེད་ན་སྤང་བའི་ལྟུང་བྱེད་དོ་ཞེས་གསུངས་པ་ཡིན་ནོ། །དགེ་སློང་གི་ཕྱིར་དད་རབ་ཏུ་བྱུང་བ་འདི་བ་བསྙེན་བར་མ་རྫོགས་པའི་ཕྱིར་དང། མུ་སྟེགས་ཅན་རབ་ཏུ་བྱུང་བའི་ཕྱིར ་དང། ཁྱིམ་པའི་ཕྱིར་སྦྱོར་དུ་བཅུག་པ་རང་ལ་ཡོངས་སུ་བསྒྱུར་བ་ལ་ནི་ཉེས་བྱས་སོ། །སྐྱེ་བོ་མང་པོ་ལ་བསྔོས་པ་བྱིན་གྱིས་རློབ་བའི་སྤང་བའོ་ཞེས་བྱ་བ་དེ་བཤད་ཟིན་ཏོ།། །།གང་ལ་དགེ་འདུན་ལ་བསྡོས་པ་བྱིན་གྱིས་རློབ་པའི་སྤང་བར་འགྱུར་ཞེ་ན་དེའི ་ཕྱིར། དགེ་འདུན་གྱི་ཕྱིར་ཡང་ངོ་ཞེས་བྱ་བ་སྨྲས་ཏེ། སྦྱོར་དུ་བཅུག་ནས་རང་ལ་ཡོངས་སུ་བསྒྱུར་བ་ལའོ་ཞེས་བྱ་བའི་རྗེས་བསྙགས་པའི་ཕྱིར་ཡང་ངོ་ཞེས་བྱ་བའི་སྒྲ་སྨོས་སོ། །དགེ་སློང་མའི་དགེ་འདུན་གྱི་ཕྱིར་སྦྱོར་དུ་བཅུག་པའི་རྙེད་པ་བདག་ཉིད་ལ་བསྒྱུར་ཅིང ་འཇོག་པ་ལ་ཁ་ན་མ་ཐོ་བ་འདིར་འགྱུར་རོ། །དགེ་སློང་གི་ཕྱིར་བསྤོས་པ་ལ་སོགས་པ་ལ་ནི་འདིར་ཡང་སྤ་མ་བཞིན་དུ་ཉེས་བྱས་སུ་རིག་བར་བྱའོ། །འདིར་དགེ་འདུན་ཞེས་སྨོས་པ་ནི་གྲངས་ཆད་པ་མེད་པར་དགེ་འདུན་མ་སྤྱིའི་ཕྱིར་སྦྱོར་དུ་བཅུག་པ་ཡིན་ནོ།། ་སྔར་སྐྱེ་བོ་མང་པོ་ཞེས་སྨོས་པ་ནི་བཞི་ཡན་ཆད་གྲངས་ཆད་པ་ཁ་ཅིག་གི་ཕྱིར་སྦྱོར་དུ་བཅུག་པ་ཡིན་ནོ། །དེའི་ཕྱིར་གྲངས་ཆད་བ་མེད་བའི་ཚོགས་ཀྱི་ཕྱིར་སྦྱོར་དུ་བཅུག་པ་བདག་གཅིག་པུ་སྤྱོད་པ་ལ་ནི་འདིར་གཏོགས་པའི་ཁ་ན་མ་ཐོ་བར་འགྱུར་རོ། །གྲངས ་ཆད་པའི་ཆོགས་ཀྱི་ཕྱིར་སྦྱོར་དུ་བཅུག་པ་བདག་གཅིག་པུ་སྤྱོད་པ་ལ་ནི་སྔ་མར་གཏོགས་པའི་ལ་ན་མ་ཐོ་བར་འགྱུར་རོ། །དགེ་འདུན་ལ་བསྔོས་པ་བྱིན་གྱིས་རློབ་པའི་སྤང་བའོ། །ཞེས་བྱ་བ་དེ་བཤད་ཟིན་ཏོ།། །།གང་ལ་བཅིངས་པ་འགྲོལ་དུ་འཇུག་བའི ་སྤང་བར་འགྱུར་ཞེ་ན་དེའི་ཕྱིར། ཚིག་ཉན་དུ་གཞུག་བའི་ཧཡིར་རྫས་བཅིངས་བ་འགྲོལ་དུ་འཇུག་པ་ལའོ་ཞེས་བྱ་བ་སྨྲས་ཏེ། འཁྲིག་བའི་རོས་ཉེ་བར་འཚོ་བར་བྱ་བའི་ཆེད་དུ་ཚིག་ཉན་དུ་གཞུག་པའི་ཕྱིར་རྫས་ཀྱི་ཐུམ་བུ་ལ་སོགས་པ ་བཅིངས་པ་འགྲོལ་དུ་འཇུག་པ་ལ་ཁ་ན་མ་ཐོ་བ་འདིར་འགྱུར་གྱི། རྫས་ལེགས་བར་གནས་པར་བྱ་བའི་ཕྱིར་བཅིངས་པ་འགྲོལ་དུ་འཇུག་པ་ལ་ནི་ཉེས་བ་མེད་དོ། །འདིར་གཞུང་ནི་གཙུག་དགའ་མོ་སྤོས་འཚོད་གི་ཁྱེའུ་ལ་ཆགས་ནས་དེས་དེ ་ཚིག་ཉན་དུ་བཞུགས་བའི་ཕྱིར་དེ་ལ་རྫས་ཉོ?་ཞིང་ཐུཾ?་བུ་བཅིངས་ཤིང་བཅིངས་ཤིང་ཡང་དང་ཡང་འགྲོལ་ཏུ་བཅུག་གོ་ཞེས་གསུངས་པ་ཡིན་ནོ། །ཚིག་ཉན་དུ་གཞུག་བའི་ཕྱིར་ཞེས་བྱ་བའི་གཞུང་ནི་ལྟུང་བ་བསྟན་པ་ལས་དགེ་སློང་མ་དེ་ཚིག་ཉན་དུ ་གཞུག་པའི་ཕྱིར། ཅི་ཙམ་དུ་ཐུ་མ་བུ་འཆིང་དུ་བཅུག་ཅིང་བཅུག་ཅིང་ཡང་དང་ཡང་འགྲོལ་དུ་འཇུག་ན་ཐམས་ཅད་སྤྱད་བའི་ལྟུང་བྱེད་དུ་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །མཚན་ཐ་དད་བ་མ་ནིང་མ་ཡིན་པའི་སྐྱེས་པ་བསྟེན་པའི་མཐུ་ཡོད་པ་ད ་ལྟ་བུའི་ཟླ་བོ་ལ་བཅིངས་པ་འགྲོལ་དུ་འཇུག་ན་ཁ་ན་མ་ཐོ་བ་ཡོངས་སུ་རྫོགས་པར་འགྱུར་རོ། །མཚན་མཐུན་པ་ལ་སོགས་པ་ལ་ནི་ཉེས་བྱས་སོ། །འདིར་ཐུམ་བུ་ཞེས་སྨོས་པས་ནི་ནང་གི་སྙིམ་པ་ལ་སོགS་པ་དང། ཕྱི་རོལ་གྱི་སྦྲེག?་མ་ལ་སོགས་པ་དག ་གི་དཔེ་ཡིན་ནོ། །རང་དབང་བའི་ཐུམ་བུ་ལ་ཇི་ལྟ་བ་བཞིན་དུ་གཞན་དབང་བའི་ཐུམ་བུ་འཆིང་བ་དང་འགྲོལ་དུ་འཇུག་པ་ལ་ཡང་ཁ་ན་མ་ཐོ་བ་ཡོངས་སུ་རྫོགས་པར་འགྱུར་ཏེ། ཚིག་ཉན་དུ་གཞུག་པར་འདྲ་བའི་ཕྱིར་རོ། །དེ་ལ་ནི་དངོས་པོ་སྤང་བར་ ་བྱ་བ་ནི་མེད་པས་ལྟུང་བྱེད་འབའ་ཞིག་བཤགས་པར་བྱའོ། །བཅིངས་པ་འགྲོལ་དུ་འཇུག་བའི་སྤང་བའོ་ཞེས་བྱ་བ་དེ་བཤད་ཟིན་ཏོ། །གང་ལ་གོས་ལྕི་བ་བསྟེན་བའི་སྤང་བར་འགྱུར་ཞེ་ན་དེའི་ཕྱིར་སྲད?་བརྒྱ་བ་ལ་སོགས་པ་དང་ཀར་ཤ་བ་ན་ཉི་ཤུ་ལ ་སོགས་པ་རི་བའི་གོས་བདག་གིར་བྱེད་བ་ལའོ་ཞེས་བྱ་བ་སྨྲས་ཏེ། གོས་ལྕི་བ་ཞེས་བྱ་བ་ནི། ལྗིད་ཀྱིས་ལྕི་བ་དང་རིན་ཐང་གིས་ལྕི་བ་སྟེ། དེ་གཉིས་ལ་ཁ་ན་མ་ཐོ་བ་འདིར་འགྱུར་རོ། །དེ་ལ་ལྗིད་ཀྱིས་ལྕི་བ་ནི་བསྲང་བརྒྱ་པ་ལ་སོགས་པ་སྟེ། གོས་གང་ལ་ལྗིང ་སྲད་བརྒྱ་ཡོད་པ་དང་སོགས་པའི་སྒྲས་སྲང་བརྒྱ་རྩ་གཅིག་ཡན་ཆད་ནས་གྲངས་མེད་བའི་མཐར་ཐུག་པ་དག་བསྡུའོ། །རིན་ཐང་གི་ལྕི་བ་ནི་ཀར་ཤ་པ་ན་ཉི་ཤུ་ལ་སོགས་པ་རི་བ་སྟེ། གོས་གང་རིན་ཐང་ཀར་ཤ་པ་ན་ཉི་ཤུ་རི་བ་དང་སོགས་བའི་སྒྲས་ཀར་ཤ་བ ་རྣ་ཉི་ཤུ་རྩ་གཅིག་ཡན་ཆད་ནས་གྲངས་མེད་པའི་མཐར་ཐུག་པ་དག་བསྡུའོ། །དེ་ལྟ་བུའི་གོས་བདག་གིར་བྱེད་པ་ལ་སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །བསླབ་པའི་གཞི་འདི་ནི་ཆོས་བྱིན་གྱིས་རལ་གྲི་མཐུ་ཅན་གྱི་ཁྲོམ་ནས་ལ་བ་རིན་པོ་ཆེའི་རིན་ཐང་ཆེན་པོ་རྙེད ་ནས་དེས་ཀྱང་སྦོམ་དགའ་མོ་ལ་བྱིན་ནས་དེས་དེ་གྱོན་ཏེ་བསོད་སྙོམས་ལ་ཞུགས་པ་དེ་ལས་བཅས་ཏེ་ཡང་དགེ་སློང་མ་གང་གོས་ལྕི་བ་དང། རིན་ཐང་ཆེན་པོ་འཆང་བར་བྱེད་ན་སྤང་བའི་ལྟུང་བྱེད་དོ་ཞེས་གསུངས་པ་ཡིན་ནོ། །འཆང་བར་བྱེད་ན་ཞེས་བྱ་བའི ་རྣམ་པར་འབྱེད་པ་ནི་བ་དག་གིར་བྱེད་ན་ཞེས་གསུངས་བ་ཡིན་ནོ། །དེའི་ཕྱིར་བདག་གིར་བྱེད་བ་ལས་ཀྱང་དངོས་བཞིར་འགྱུར་ན་གྱོན་པ་ལྟ་ལས་སྨོས་ཀྱང་ཅི་དགོས་ཏེ་གྱོན་བའི་རྩ་བ་བཅད་བའི་ཕྱིར་བདག་གིར་བྱེད་པ་ཡང་དགག་པ་མཛད་དོ། །བརྗེ་བའི་ཕྱིར ་བདག་གིར?་བྱེད་བ་ལ་ནི་ལྟུང་བ་མེད་དོ། །གཅོད་བ་ལ་སོགས་པའི་ཕྱིར་བདག་གིར་བྱེད་པ་ནི་ཐམས་ཅད་དུ་སྤང་བར་འགྱུར་རོ། །རུང་བར་བྱ་བ་གང་གིས་རིན་པོ་ཆེ་ལ་སོགས་པ་བླང་བར་གསུངས་པའི་རུང་བར་བྱ་བ་དེས་འདི་ཡང་བྱིན་གྱིས་བརླབས་ཏེ་ལེན་པ་ལ་ནི ་ཉེས་པ་མེད་དོ། །གཞན་གྱིས་གོན་པ་ལ་ཡང་སྦད་བར་བྱ་བའི་དངོས་བོ་མེད་དུ་ཟིན་ཀྱང་ཁ་ན་མ་ཐོ་བ་ནི་ཡོངས་སུ་རྫོགས་པར་འགྱུར་རོ། །ལྗིད་དང་རིང་ཐང་གཉི་གའི་སྐབས་སུ་སོགས་པ་ཞེས་བྱ་བའི་སྒྲ་སྨོས་པ་ནི་བསླབ་པའི་གཞི་འོག་མ་ལ་ཡང་དེ་བཞིན ་དུ་ཤེས་པར་བྱ་བའི་ཕྱིར་ཏེ། དེ་ལ་ནི་ལྗིད་ཀྱི་སོགས་པའི་སྒྲས་ནི་ཉུང་དུ་དག་བསྡུའོ། །རིན་ཐང་གི་སོགས་པའི་སྒྲས་ནི། །སྔ་མ་བཞིན་དུ་མང་པོ་དག་བསྡུའོ། །གོས་ལྕི་བ་བསྟེན་བའི་སྤང་བའོ་ཞེས་བྱ་བ་དེ་བཤད་ཟིན་ཏོ།། ་གང་ལ་གོས་ཡང་བ་བསྟེན་པའི་སྤང་བར་འགྱུར་ཞེ་ན། སྲང་ལྔ་པའི་མཐར་ཐུག་པའོ་ཞེས་བྱ་བ་སྨྲས་ཏེ། འདིར་གོས་ཡང་བ་ཞེས་བྱ་བ་ནི། ལྗིང་ཀྱིས་ཡང་བ་ཉི་ཚེ་ལ་བྱ་སྟེ། ལྗིང་སྲང་ལྔ་པ་ལ་སོགས་པའོ། །སོགས་པ་ཞེས་བྱ་བའི་སྒྲ་མདོ་སྔ་མ་ལས ་སྨོས་པ་འདིར་ཡང་སྦྱར་བར་བྱ་སྟེ། སོགས་ཞེས་བྱ་བའི་སྒྲས་འདིར་ནི་གྲངས་ཉུང་དུ་གཞི་དང་གསུམ་དང་གཉིས་དག་བསྡུ་བར་རིག་བར་བྱའོ། །མཐར་ཐུག་པའོ་ཞེས་སྨོས་པས་ན་ལྗིང?་སྲང་གཅིག་པ་འམ་གཞལ་དུ་མེད་པའི་གོས་ཀྱི་མཐར་ཐུག་པ ་དག་བསྡུ་བར་ཤེས་པར་བྱའོ། །འདིར་གཞུང་ནི་ཡང་བ་ཞེས་བྱ་བ་ནི་སྲང་ལྔ་བ་འམ་ལྔ་ལས་ཆུང་བའོ་ཞེས་གསུངས་པ་ཡིན་ཏེ། འདིས་ནི་ཀ་ཤི་ཀའི་རས་ཕན་དང། དར་ལྔ?་དང་ངར?་གོས་ལ་སོགས་པ་ལྗིང་སྲང་ལྔ་བ་མན་ཆད་ནས་གཞལ་དུ་མེད ་པའི་གོས་ཀྱི་བར་དག་བཀག་བ་ཡིན་ནོ། །འདིར་རིན་ཐང་གིས་ཡང་བར་ནི་མི་སྦྱར་ཏེ། ཀར་ཤ་བ་ནི་ཉི་ཤུ་མི་རེ?་བ་མན་ཆད་ལ་ཉེས་པ་མེད་དོ། །འདི་ལྟ་སྟེ་བུད་མེད་ནི་གོས་བཟང་པོ་གྱོན་ན་བསོང་རོ་སྐྱེ་བས་དེའི་ཕྱིར་གོས་འདི་གཉིས་བཀག་པ་ཡིན་ནོ། ། ་གོས་ཡང་བ་བསྟེན་པའི་སྤང་བའོ་ཞེས་བྱ་བ་དེ་བཤད་ཟིན་ཏོ།། །།སྤང་བའི་ལྟུང་བྱེད་རྣམས་རྫོགས་སོ་ཞེས་བྱ་བ་དགེ་སློང་མའི་སྤང་བའི་ལྟུང་བྱེད་སུམ་ཅུ་རྩ་གསུམ་པོ་དག་བཤད་ཟིན་ཏོ།། །།ད་ནི་དགེ་སློང་མ་རྣམས་ཀྱི་ལྟུང? ་བྱེད་འབའ་ཞིག་ཏུ་འགྱུར་བ་བརྒྱ་བརྒྱད་ཅུ་པོ་དག་བཤད་བར་བྱ་སྟེ། དེ་ལ་བདུན་ཅུ་རྩ་གཉིས་སོ་ཞེས་བྱ་བ་ནི། སྔར་དགེ་སློང་གི་རྣམ་པར་འབྱེད་པའི་སྐབས་སུ་དགེ་སློང་གི་ལྟུང་བྱེད་འབའ་ཞིག་ཏུ་འགྱུར་བ་དགུ་བཅུ་བསྟན་པ་དག་ལས་བདུན་ཅུ་རྩ ་གཉིས་ནི་དགེ་སློང་མ་རྣམས་དང་ཐུན་མོང་གི་མཚན་ཉིད་ཡིན་ཏེ། དེ་དག་གི་མཚན་ཉིད་ནི་སྔར་བསྟན་ཟིན་ཏོ་ཞེས་བྱ་བར་སྦྱར་རོ། །དགེ་སློང་གི་ལྟུང་བྱེད་འབའ་ཞིག་ཏུ་འགྱུར་བ་དགུ་བཅུ་པོ་དེ་དག་ལས་ནོ་བརྒྱད་ནི་དགེ་སློང་མ་རྣམས་དང་ཐུན་མོང་མ ་ཡིན་པས་དེ་དག་འདིར་དམིགས་ཀྱིས་བས་ལ་བ་བསྟན་པའི་ཕྱིར། མ་བསྐོས་པ་ལ་སོགས་པ་བཅུ་དང། བསྐྲད་དབང་ཡང་ཡང་ན?་བ་དང། ཟས་བསོད་བ་སླང་བ་དང། འདུག་བ་དང། འགྲེང་བ་དང། ཕྱིར་མ་བླངས་པ་སྦྱོད་པ་དང། མི་ལེན་པ་དང་དབྱེར་གྱི ་རས་ཆེན་ལས་གྱུར་བ་ནི་མ་གཏོགས་སོ་ཞེས་བྱ་བ་སྨྲས་ཏེ། དགེ་སློང་གི་ལྟུང་བྱེད་དགུ་བཅུ་པོ་དེ་དག་ལས་བཅོ་བརྒྱད་པོ་འདི་དག་མ་གཏོགས་པ་ལྷག་མ་བདུན་ཅུ་རྩ་གཉིས་པོ་དག་ནི་དགེ་སློང་མ་རྣམས་གྱི་ཡང་ཡིན་བར་དགེ་པར་བྱའོ། །བཅོ་བརྒྱད ་པོ་དེ་དག་ཅིའི་ཕྱིར་མ་གཏོགས་ཤེ་ན་འདིར་ཁ་གཅིག་ནི་མི་སྲིད་པའི་ཕྱིར་དགེ་སློང་མ་རྣམས་ཀྱི་ལྟུང་བར་རྣམ་པར་མི་གཞག་བ་ཡང་ཡོད་དེ། འདི་ལྟ་སྟེ་མ་བསྐོས་པར་སྟོན་པ་དང། ཉི་མ་ནུབ་ཀྱི་བར་སྟོན་བ་དང། བས་ཅུང་ཟད་ཙམ་གྱི་ཕྱིར་སྟོན་པ་ཞེས ་བྱ་བའི་ལྟུང་བྱེད་གསུམ་པོ་ངག་སྟེ། འདི་ལྟར་དགེ་སློང་མ་རྣམས་ཀྱིས་དགེ་སློང་དག་བསྟན་པར་བྱ་བ་མ་ཡིན་པའི་ཕྱིར་རོ། །གོས་སྦྱིན་པ་དང་གོས་བྱེད་པའི་ལྟུང་བྱེད་གཉིས་ནི་དགེ་སློང་མ་རྣམས་ལ་རྣམ་པར་མི་གཞག་སྟེ། དགེ་སློང་རྣམས་ནི་འཁོར་གཙོ ་བོར་གྱུར་པ་ཡིན་པའི་ཕྱིར་དང་མཆོད་པའི་གནས་ཉིད་ཡིན་པའི་ཕྱིར་དགེ་སློང་ལ་དགེ་སློང་མས་གོས་སྦྱིན་པ་དང་དགེ་སློང་གི་གོས་དགེ་སློང་མས་བྱེད་པ་ལ་ཚུལ་དང་མི་མཐུན་པ་མཚར་པོ་ཆེ་མེད་པའི་ཕྱིར་རོ། །འདོད་པ་མང་པོ་དང་ལྷན་ཅིག་འགྲོ་བ་དང ་དགེ་སློང་མ་དང་ལྷན་ཅིག་གྲུར་འཇུག་པའི་ལྟུང་བྱེད་གཉིས་ཀྱང་དགེ་སློང་མ་རྣམས་ལ་རྣམ་པར་མི་བཞག་སྟེ། འདི་ལྟར་དགེ་སློང་མ་རྣམས་ནི་མཐུ་ཆུང་བྱའི་ཕྱིར་གཞན་ལ་བརྟེན་ཏེ། ལམ་དུ་འགྲོ?་བ་ལ་བཞད་གླང་དུ་འགྱུར་?་ཆ་མེད་པར་ཕྱིར་རོ།། ་དབྱེན་བ་ན་འདུག་པ་དང་དབྱེན་པ་ན་འགྲེང་བའི་ལྟུང་བྱེད་གཉིས་ཀྱང་དགེ་སློང་མ་རྣམས་ལ་རྣམ་པར་མི་བཞག་སྟེ། འདི་ལྟར་དགེ་སློང་མ་བུད་མེད་དང་ལྷན་ཅིག་འདུག་པ་དང་དགེ་སློང་མ་དང་ལྷན་ཅིག་འགྲེང་བ་ལ་ཉེས་པ་ཅི་ཡང ་མེད་བའི་ཕྱིར་རོ། །སྦྱོར་དུ་བཅུག་བའི་ཟས་ཟ་བའི་ལྟུང་བྱེད་ཀྱང་དགེ་སློང་མ་རྣམས་ལ་རྣམ་པར་མི་བཞག་སྟེ། འདི་ལྟར་སྐྱེས་བས་སྦྱོར་དུ་བཅུག་པ་བུད་མེད་ཟ་བ་ལ་སྨད་བ་མེད་པའི་ཕྱིར་རོ། །ཡིད་ཡང་ཟ་བའི་ལྟུང་བྱེད་ཀྱང་དགེ་སློང་མ་རྣམས ་ལ་རྣམ་བར་མི་བཞག་སྟེ། འདི་ལྟར་དགེ་སློང་མ་རྣམས་ནི་ཤས་ཆེར་མཆོད་པར་བྱ་བ་ཉིད་མ་ཡིན་བའི་ཕྱིར་དེ་དག་ལ་དེ་འབྱུང་བཀའ་བའ་ཨི་ཕྱིར་རོ། །དབྱར་གྱི་རས་ཆེན་ལས་གྱུར་བའི་ལྟུང་བྱེད་ཀྱང་དགེ་སློང་མ་རྣམས་ལ་རྣམ་པར་མི་བཞག་སྟེ། ་འདི་ལྟར་དགེ་སློང་མ་རྣམས་ལ་དེ་འཆང་བ་ཉིད་ཀྱང་མ་བཅས་ལ། ཚད་ངེས་པ་ཡང་རྣམ་པར་མ་བཞག་པས་འདི་ལྟར་དེ་ལ་དངོས་བཞིའི་ལྟུང་བ་དག་ཏུ་མི་འགྱུར་བའི་ཕྱིར་རོ། །བསྐྲོད་པ་དང་ཟས་བསོད་བ་སློང་བ་དང། ཉན་པོ་བྱེད་བར་ཤོམ་བའི ་ཁྱིམ་ན་འདུག་པ་དང། ཉལ་པོ་བྱེད་པར་ཤོམ་པའི་ཁྱིམ་ན་འགྲེང་བ་དང། ཕྱིར་མ་བླངས་པར་སྤྱོད་བ་དང། ལོ་ཉི་ཤུ་མ་ལོན་བ་བསྙེན་པར་རྫོགས་པར་བྱེད་བའི་ལྟུང་བྱེད་དག་ན་ཆུང་ཟད་ཆ་མཐུན་པ་ལ་བརྟེན་པ་ཡིན་པའི་ཕྱིར་བདུལ་བ་མདོར་བསྡུས་བ་ལས ་ཉེས་བྱས་སུ་གསུངས་པའི་ཕྱིར་དེ་དག་ཀྱང་དགེ་སློང་མ་རྣམས་ལ་ལྟུང་བྱེད་ཉིད་དུ་རྣམ་པར་མི་བཞག་གོ། དགེ་སློང་མའི་ལྟུང་བྱེད་དག་ལ་ནི་ཚུལ་ཁྲིམས་ལ་ལ་དགེ་སློང་དང་མི་འདྲ་བ་ཉིད་ཀྱང་ཡོད་དེ་འདི་ལྟ་སྟེ་སྐྲོད་བའི་ལྟུང་བྱེད་དོ། །ལ་ལ་དགེ་སློང ་ལ་མེད་པ་ཡང་ཡོད་དེ། འདི་ལྟ་སྟེ། བསླབ་པ་ལ་མ་བསླབས་པ་རྫོགས་པར་བསྙེན་བར་བྱེད་སྟེ་སྐྱེས་པ་ལ་དགེ་སློབ་མའི་བརླབས་པ་རྣམ་པར་མ་བཞག་པའི་ཕྱིར་རོ། །ལ་ལ་ཉེས་པའི་སྐབས་མེད་བས་ལྟུང་བར་མི་འགྱུར་བ་ཡང་ཡོད་དེ། འདི་ལྟ་སྟེ ་འཁོར་མང་པོ་སོགས་པའི་ལྟུང་བྱེད་དོ། །ལ་ལ་ཇི་ལྟར་ཐོབ་པ་ལས་ཉེས་བྱས་སུ་འགྱུར་བ་ཡང་ཡོད་དེ་འདི་ལྟ་སྟེ་གཉིས་བསྟེན་ཅིང་མལ་བསྟེན་གཅིག་ན་ཉལ་བའོ། །ལ་ལ་ལྷག་པ་ཡང་ཡོད་དེ་འདི་ལྟ་སྟེ་རྒྱ་སྐྱེགས་ཀྱི་ཆང་བུ་འཆང་བའོ། །ལ་ལ་ཆུད་པ་ཡང ་ཡོད་དེ། སྒྲག་སྐྱ་ཟབ་དང། འདོམས་ཀྱི་སྤུ་བྲེག་པ་དང་ཐལ་མོས་བརྡེག་པ་དང། བརྟེན་པར་བྱ་བ་འཚོས་པ་ལ་སོགས་པ་སྟེ། འདིར་ཕྱོགས་ཙམ་ཞིག་བརྗོད་པ་ཡིན་གྱི། རྒྱ་ཆེར་ནི་བྱེ་བྲག་ཏུ་བཤད་པ་ལས་ཤེས་པར་བྱའོ། བམ་པོ་བཞི་བཅུ་པ། ། ་འདིར་དགེ་སློང་མའི་སྐབས་པས་ཕྲན་ཚེགས་ལས་གསུངས་པ་ཅུང་ཞིག་བསྡུ་བར་བྱ་སྟེ། དགེ་སློང་གིS་རབ་ཏུ་བྱུང་བ་མོའི་ཕྱིར་ཟང་ཟིང་ཉེ་བར་བསྒྲུབ་ཏུ་རུང་སྟེ་ཆུང་མར་གྱུར་བ་ཉིད་ལ་ཡང་ངོ་ཞེས་བྱ་བ་ནི། དགེ་སློང་གིས་རབ་ཏུ་བྱུང་བ་དགེ་སློང་མ་ལ་ཟང་ཟིང་ཉེ་བར ་བསྒྲུབ་ཏུ་རུང་ངོ། །ཆུང་མར་གྱུར་བ་ཉིད་ལ་ཡང་ངོ་ཞེས་བྱ་བ་ལ་འཁོར་སང?་འཁོར་མང་བོ་ཉེ་བར་བཞག་པའི་གནང་བ་སྦྱིན་པར་བྱའོ་ཞེས་བྱ་བ་སྨྲས་ཏེ། དགེ་སློང་མ་ལ་དགེ་སློང་མའི་དགེ་འདུན་གྱིས་འཁོར་ཉེ་བར་གཞག་པའི་གནང་བ་དད་འཁོར ་མང་པོ་ཉེ་བར་བཞག་པའི་གནང་བ་སྦྱིན་པར་བྱའོ། །ཅི་ཐམས་ཅད་ལ་སྦྱིན་བར་བྱ་བ་འམ་ཞེན་དེའི་ཕྱིར་དེ་ཉེ་བར་འཇོག་ནུས་པ་ལའོ་ཞེས་བྱ་བ་སྨྲས་ཏེ། འཁོར་དེ་ཉེ་བར་འཇོག་པ་དང། འཁོར་མང་པོ་ཉེ་བར་འཇོག་ནུས་པའི་དགེ་སློང་མ་ལ་དགེ་སློང་མའི ་དགེ་འདུན་གྱི་འཁོར་ཉེ་བར་བཞག་པའི་སྨད་བ་དང། འཁོང་མང་པོ་ཉེ་བར་གཞག་པའི་སྣང་བ་སྦྱིན་པར་བྱའོ། །འདིར་ནུས་པ་ཞེས་བྱ་བ་ལ་ནི། གཉི་ག་ལ་ཡང་ནང་གཡོག་དང་འགྱོད་པ་བསལ་བ་ལ་སོགས་པ་ནུས་པ་ཡིན་པར་རེག་པར་བྱའོ། །འདིར ་གཞུང་ནི་གང་གིས་འཁོར་ཉེ་བར་གཞག་པར་ནུས་པ་དེས་དགེ་འདུན་ལས་འཁོར་ཉེ་བར་གཞག་བའི་གནང་བ་ཐོབ་ནས་འཁོར་ཉེ་བར་གཞག་པར་བྱའོ་ཞེས་གསུངས་པ་ཡིན་ཏེ། འདིར་འཁོར་ཉེ་བར་བཞག་པར་གསལ་བ་དང་གནང་བ་ནི། དགེ་འདུན་འཕཌ ་མ་རྣམས་བདག་ལ་གསན་དུ་གསོལ། བདག་དགེ་སློང་མ་མིང་འདི་ཞེས་བགྱི་བ་ལོ་བཅུ་གཉིས་ལོན་ལགས་ཏེ། འཁོར་ཉེ་བར་བཞག་བར་སྤྲོ་ནས། བདག་དགེ་སློང་མ་མིང་འདི་ཞེས་བགྱི་བ་དགེ་འདུན་འཕགས་མ་རྣམས་ལ་འཁོར་ཉེ ་བར་བཞག་པའི་གནོད་པ་གསོལ་ན་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །འཁོར་མང་པོ་ཉེ་བར་བཞག་པའི་གཞུང་ནི་གང་གིས་འཁོར་མང་པོ་ཉེ་བར་བཞག་པར་ནུས་པ་དེས་དགེ་འདུན་མ་ལས་འཁོར་མང་པོ་ཉེ་བར་བཞག་པའི་གནང་བ་ཐོབ་ནས་འཁོར་མང་པོ་ཉེ ་བར་བཞག་པར་བྱའོ་ཞེས་གསུངས་པ་ཡིན་ཏེ། དེའི་གསོལ་བ་དང་གནང་བ་ནི་དགེ་འདུན་འཕགས་མ་རྣམས་བདག་ལ་གསན་དུ་གསོལ། བདག་དགེ་སློང་མ་མིང་འདི་ཞེས་བགྱི་བ་ལོ་བཅུ་གཉིས་ལོན་ལགས་ཏེ། འཁོར་མང་པོ་ཉེ་བར་བཞག་པར་སྤོ?་ནས། ་བདག་དགེ་སློང་མ་མིང་འདི་ཞེས་བགྱི་བ་དགེ་འདུན་འཕགས་མ་རྣམས་ལ་འཁོར་མང་པོ་ཉེ་བར་གཞག་བའི་གནང་བ་གསོལ་ནི་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །ཅི་ནུས་པ་ཐམས་ཅད་ལ་གནང་བདེ་སྦྱིན་པར་བྱ་འམ་ཞེ་ན་དེའི་ཕྱིར་རྫོགས་པར་བསྙེན་ནས་ལོ ་བཅུ་གཉིས་ལོན་པ་ཉིད་ལའོ་ཞེས་བྱ་བ་སྨྲས་ཏེ། དགེ་སློང་མ་གང་གིས་འཁོར་དང་འཁོར་མང་པོ་ཉེ་བར་འཇོག་པར་ཡང་ནུས་ལ་རྫོགས་པར་བསྙེན་ནས་ལོ་བཅུ་གཉིས་ལོན་པ་ཉིད་ཀྱང་ཡིན་ན་དེ་ལ་གནང་བ་སྦྱིན་བར་བྱའོ། །ལོ་བཅུ་གཉིས་ལོན་པ་ཉིད་ཀྱི་ཕྱིར ་ལུང་ནི་དགེ་འདུན་འཕགས་མ་རྣམས་བདག་ལ་གསན་དུ་གསོལ། དགེ་སློང་མ་མིང་འདི་ཞེས་བགྱི་བ་འདི། རྡོ་ཡང་ཐོགས་ལ་ལོ་བཅུ་གཉིས་ཀྱང་ལེན་ལགས་ཏེ། ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །གནས་སྦྱིན་པ་ལ་ཡང་ལོ་བཅུ་གཉིས་ལོན ་པ་ཉིད་དུ་རིག་པར་བྱའོ། །གཞན་གྱིས་གསོལ་བར་མི་བྱའོ་ཞེས་བྱ་བ་ནི་མི་ནུས་པ་དང་ལོ་བཅུ་གཉིས་མ་ལོན་བའི་དགེ་སློང་མ་གཞན་གྱིས་གནང་བ་དེ་གསོལ་བར་མི་བྱ་བའོ། །ཞར་ལ་བྱུང་བ་རྫོགས་སོ།། །།གང་ལ་འཁོར་ཉེ་བར་འཇོག?་བའི ་ལྟུང་བྱེད་དུ་འགྱུར་ཞེན་དེའི་ཕྱིར་སྔར་གནང་བ་མ་ཐོབ་པ་ལའོ་ཞེས་བྱ་བ་སྨྲས་ཏེ། དགེ་སློང་མ་གང་གིས་སྔར་འཁོར་ཉེ་བར་བཞག་པའི་གནང་བ་མ་ཐོབ་པ་དེ་ལ་ཁ་ན་མ་ཐོ་བ་འདིར་འགྱུར། ཅི་ཞིག་བྱས་ན་དེ་ལ་དེར་འགྱུར་ཞེ་ན་དེའི་ཕྱིར། འཁོར་ཉེ་བར? ་འཇོག་ནའོ་ཞེས་བྱ་བ་སྨྲས་ཏེ། སྔར་གནང་བ་མ་ཐོབ་པ་ལ་འཁོར་ཉེ་བར་འཇོག་པར་བྱེད་ནའོ། །འཁོར་ཉེ་བར་འཇོག་བ་ཞེས་བྱ་བ་ནི། རབ་ཏུ་འབྱིན་པ་དང་རྫོགས་པར་བསྙེན་པར་བྱེད་པ་དང་དགེ་སློབ་མར་བྱེད་པ་དང་གནས་སྦྱིན་པ་ཞེས་བྱ་བ་རྣམ་པ་བཞི་པོ ་དག་གིས་རིག་པར་བྱའོ། །འཁོར་ཉེ་བར་འཇོག་པའི་ལྟུང་བྱེད་དོ་ཞེས་བྱ་བ་དེ་བཤད་ཟིན་ཏོ། །གང་ལ་འཁོར་མང་པོ་ཉེ་བར་འཇོག་བའི་ལྟུང་བྱེད་དུ་འགྱུར་ཞེ་ན་དེའི་ཕྱིར། ཅིག་ཤེས་ནི་འཁོར་མེད་པའི་ཞེས་བྱ་བ་སྨྲས?་ཏེ། ཉེ་པར་འཇོག་པ་ལའོ་ཞེས་བྱ ་བར་སྦྱར་རོ། །སྔར་གནང་བ་མ་ཐོབ་བ་ལའོ་ཞེས་བྱ་བ་དང་འཁོར་མང་པོ་ཉེ་བར་འཇོག་ནའོ་ཞེས་བྱ་བ་གཉིས་ཀྱང་དོན་གྱིས་སྦྱར་ཏེ་སྔ་མ་བཞིན་དུ་སྦྱར་རོ། །དེ་ལྟར་ན་འདིར་ཚིག་གི་དོན་འདི་འབྱུང་སྟེ། ཅིག་ཤེས་ཞེས་བྱ་བ་འཁོར་མང་པོ་ཉེ་བར་འཇོག་བའི ་ལྟུང་བྱེད་ནི་སྔར་གནང་བ་མ་ཐོབ་པ་ལའོ། །འཁོར་མང་པོ་ཉེ་བར་འཇོག་ན་འཕྱུང་ངོ་ཞེས་བྱ་བའི་ཐ་ཚིག་གོ། འཁོར་མང་པོ་ཉེ་བར་འཇོག་པའི་ལྟུང་བྱེད་དེ་ཞེས་བྱ་བ་དེ་བཤད་ཟིན་ཏོ། །གང་ལ་ལོ་བཅུ་གཉིས་མ་ལོན་བ་རྫོགས་པར་བསྙེན་པར ་བྱེད་པའི་ལྟུང་བྱེད་དུ་འགྱུར་ཞེ་ན་དེའི་ཕྱིར། ཁྱིམ?་སོ་བཟུང་བ་ལོ་བཅུ་གཉིས་ཉིད་ཀྱི་མདུན་རོལ་ཏུ་རྫོགས་བར་ཆུད་མར་གྱུར་བ་ཉིད་ལ་ཞེས་བྱ་བ་ནི། སྔོན་ཁྱིམ་པར་གནས་པའི་ཚེ་ཆུང་མ་ཉིད་དུ་གྱུར་བ་ཉིད་ལ་སྟེ། དེ་ལ་ཡང་དགེ་སློང་གིས་ཟང ་ཟིང་ཉེ་བར་བསྒྲུབ་ཏུ་རུང་ངོ། །ཡང་ངོ་ཞེས་བྱ་བའི་སྒྲས་ནི་མ་དང་སྲིད་མོ་ལ?་སོགས་པ་དག་ལྟ་ལ་སྨོས་ཀྱང་ཅི་ལ?་དགོས་ཞེས་བྱ་བར་སྟོན་ཏོ། །འདི་སྐད་བསྟན་ཏེ། དགེ་སློང་གིས་སྔོན་ཆུང་མང་སྦྱད་བ་ཉིད་དགེ་སློང་མར་གྱུར་བ་ཡིན་ན་རབ་ཏུ་བྱུང་བ་དེ་ལ ་ཡང་ཟང་ཟིང་ཉེ་བར་བསྒྲུབས་ཏུ་རུང་བ་ཁོ་ན་ཡིན་ཏེ། དགེ་སློང་གིས་དེ་ལ་ཉེ་བར་བསྒྲུབ་ཏུ་ལུང་ངོ?་ཞེས་གསུངས་པའི་ཕྱིར་རོ། །དེས་བླང་དུ་ཡང་ངོ་ཞེས་བྱ་བ་ནི། དགེ་སློང་མ་ངེས་ཟང་ཟིང་ཉེ་བར་བསྒྲུབ་པར་བྱེད་བའི་དགེ་སློང་དེ་ལས་ཟང་ཟིང་བླང་དུ ་རུང་བ་ཁོ་ན་ཡིན་ནོ། །བུ་ཆུང་དུ་དང་ལྷན་ཅིག་ཉལ་བ་ནི་མ་གཏོགས་པ་ཉིད་མ་ཡིན་ནོ་ཞེས་བྱ་བ་ནི། བུས་པ་གང་མ་མེད་པར་མཚན་མོ་ཉལ་མི་ནུས་པ་དེ་ནི་བུ་ཆུང་དུ་ཞེས་བྱ་སྟེ། མར་གྱུར་པའི་དགེ་སློང་མ་བུ་ཆུང་དུ་དེ་དང་ལྷན་ཅིག་ཉལ་བ་ནི་མ་གཏོགས་བ་ཉིད ་མ་ཡིན་ཏེ། དགེ་སློང་མས་རང་གི་བུ་དེ་དང་མཚན་མོ་ལྷན་ཅིག་ཉལ་བར་བྱའོ་ཞེས་པ་བའི་ཐ་ཚིག་གོ། ཅི་དགེ་སློང་མ་ཐམས་ཅད་ལམ་གཏོགས་པ་ཉིད་མ་ཡིན་ནམ་ཞེ་ན་དེའི་ཕྱིར། གནང་བ་ཐོབ་པ་ལའོ་ཞེས་བྱ་བ་སྨྲས་ཏེ། དགེ་སློང་མ་གང་གིས་བུ་ཆུང ་དུ་དང་ལྷན་ཅིག་ཉལ་བའི་གནང་བ་ཐོབ་བར་གྱུར་པ་དེ་ལམ་གཏོགས་པ་ཉིད་མ་ཡིན་ནོ། །དེ་ལ་གནང་བ་སྦྱིན་པར་རིགས་སམ་ཞེ་ན་དེའི་ཕྱིར་དེ་སྦྱིན་པར་བྱའོ་ཞེས་བྱ་བ་དེ་སྨྲས་ཏེ། དགེ་སློང་མའི་དགེ་འདུན་གྱིས་དགེ་སློང་མ་དེ་ལ་གནང་བ་དེ་སྦྱིན་པ་ཆོས་དང ་མཐུན་པ་ཉིད་ཡིན་པའོ། །ད་ནི་ལྟུང་བྱེད་མཚན་ཉིད་ཐུན་མོང་བ་བདུན་ཅུ་རྩ་གཉིས་པོ་དག་ལས་གཞན་པ་དགེ་སློང་མའི་ལྟུང་བྱེད་ཐུན་མོང་མ་ཡིན་བ་བརྒྱ་རྩ་བརྒྱད་པོ་དག་བཤད་པར་བྱའོ། །དེ་ལ་དང་པོ་རེ་ཞིག་དེ་དག་ཐམས་ཅད་ཡུལ་གྱིས་དབྱེ་བས ་རྣམ་པར་བཞག་པར་བསྟན་པར་བྱ་སྟེ། མ་ལོན་པས་ཉེ་བར་འཇོག་པ་ནི་བརྟུལ་ཞུགས་ལས་གྱུར་བའི་ཡིན་པར་ཤེས་པར་བྱའོ། །རབ་ཏུ་བྱུང་བ་ལ་ཕན་མི་འདོགས་པ་ཞེས་བྱ་བ་ལ་སོགས་པ་ནི་བརྟུལ་ཞུགས་ལེན་དུ་བཅུག་པ་ཡལ་བར་འདོར་བ་ལས་གྱུར ་པ་ཡིན་ནོ། །འདོད་པ་བརྟེན་པ་ལ་སོགས་པ་ནི་ཚངས་པར་སྤྱད་པ་ཡོངས་སུ་བསྲུངས་པ་ལས་གྱུར་བ་ཡིན་ནོ། །གྲོ་བརྡུང་པ་ལ་སོགས་པ་ནི་རྩེ་མོ་ལས་གྱུར་པ་ཡིན་ནོ། །གདུགས་ཐོགས་པ་ལས་སོགས་པ་ནི་ཡོ་ལང་ལས་གྱུར་པ་ཡིན་ནོ། །མ་བསྒོ་བར ་ཁྱིམ་པའི་མལ་སྟན་ལ་འདུག་པ་ཞེས་བྱ་བ་ལ་སོགས་པ་ནི་སྟན་ལས་གྱུར་བ་ཡིན་ནོ། །སྐུད་པ་ཁལ་བ་སོགས་པ་ནི་ལག་བླས་ལས་གྱུར་པ་ཡིན་ནོ། །ཟོས་ཏེ་སྟན་ལས་ལངས་ནས་ཡང་བཟའ་པར་མི་བྱའོ་ཞེས་བྱ་བ་ལ་སོགས་བས་ནི་ཟ་བ་ལས་གྱུར་བ་ཡིན ་ནོ། །སྨྱེ་གོས་བཅད་བར་བྱའོ་ཞེས་བྱ་བ་ལ་སོགས་པ་ནི་གྲེས་ལས་གྱུར་བ་ཡིན་ནོ། །བསྡགས་བ་ལས་སེར་སྣ་བྱེད་པ་ཞེས་བྱ་བ་ལ་སོགས་པ་ནི་སོར་ན་ལས་གྱུར་པ་ཡིན་ནོ། །དགེ་སློང་མ་སྐྲོད་པ་ཞེས་བྱ་བ་ལ་སོགས་པ་ནི་གནས་ཁང་ལས་གྱུར་བ་ཡིན་ནོ།། ་ལེགས་པར་མ་མཐོང་བས་གླེང་བ་བཞིས་བྱ་བ་ལ་སོགས་པ་ནི་སྡོམ་པ་ལས་གྱུར་བ་ཡིན་ནོ། །དབྱར་གྱི་ནང་དུ་ལྗོང་རྒྱུབ་ཞེས་བྱ་བ་ལ་སོགས་པ་ནི་རྒྱུ་བ་ལས་གྱུར་བ་ཡིན་ནོ། །བཤད་པ་འདོར་བ་ཞེས་བྱ་བ་ལ་སོགས་པ་ནི་བསྒྲུབ་པ་ལས་གྱུར་བའི་ཚུལ་ཡིན ་པར་ཤེས་པར་བྱ་སྟེ། ལྟུང་བྱེད་འབའ་ཞིག་ཏུ་འགྱུར་བ་བརྒྱ་རྩ་བརྒྱད་པོ་དག་ནི་ཡུལ་དུ་གྱུར་བའི་སྦྱོང་བ་དེ་དག་ལ་རྣམ་པར་བཞག་པ་ཡིན་ནོ། །ད་འདི་མན་ཆད་ནི་དེ་དག་ངོ་བོ་ཉིད་ཀྱི་སྒོ་ནས་རྣམ་པར་བཤད་པར་བྱ་སྟེ། གང་ལ་མ་ལོན་པས་ཉེས་པར་འཇོག ་པའི་ལྟུང་བྱེད་དུ་འགྱུར་ཞེན་དེའི་ཕྱིར། རབ་ཏུ་འབྱིན་པ་དང་རྫོགས་པར་བསྙེན་པར་བྱེད་པ་ལའོ་ཞེས་བྱ་བ་སྨྲས་ཏེ། རབ་ཏུ་འབྱིན་པ་དང་རྫོགས་བར་བསྙེན་པར་བྱེད་པའི་ཡུལ་ལ་ཁ་ན་མ་ཐོ་བ་འདིར་འགྱུར་རོ། །གནས་སྐབས་གང་ལ་ཞེ་ན། དེའི་ཕྱིར་ལོ་བཅུ ་གཉིས་མ་ལོན་པ་ཉིད་ལའོ་ཞེས་བྱ་བ་སྨྲས་ཏེ། གལ་ཏེ་རྫོགས་པར་བསྙེན་ནས་ལོ་བཅུ་གཉིས་མ་ལོན་པ་ཉིད་ཡིན་ནའོ། །གང་གིས་ཤེ་ན་དེའི་ཕྱིར་བདག་ཉིད་རྫོགས་པར་བསྙེན་པས་སོ་ཞེས་བྱ་བ་སྨྲས་སོ། །དེ་ལྟར་ན་འདིར་ཚིག་གིས་དོན་འདི་འབྱུང ་སྟེ། དགེ་སློང་མ་བདག་ཉིད་རྫོགས་པར་བསྙེན་ནས་ལོ་བཅུ་གཉིས་མ་ལོན་པར་མཁན་མོ་ཉིད་ཀྱིས་རབ་ཏུ་འབྱིན་པ་དང་རྫོགས་པར་བསྙེན་པར་བྱེད་པ་དེ་ལ་ལྟུང་བྱེད་འདི་རྣམ་པར་བཞག་གོ། མ་ལོན་པས་ཉེ་བར་འཇོག་པའི་ལྟུང་བྱེད་དོ་ཞེས་བྱ་བ་དེ་བཤད ་ཟིན་ཏོ།། །།འཁོར་ཉེ་བར་འཇོག་པའི་ལྟུང་བྱེད་སྨྲ་བར་འདོད་ནས་བསྙེན་པར་བྱེད་པ་ལའོ་ཞེས་བྱ་བ་སྨྲས་ཏེ། སྔ་རབ་ཏུ་བྱུང་བའི་གཞིར་རྫོགས་པར་བསྙེན་པ་འཆགས་བའི་ལོན?་མས་ཀྱི་དང་པོ་ནི་བཅུ་གཉིས་ཉིད་དོ་ཞེས་བསྟན ་པས་དེའི་ཕྱིར་བུད་མེད་ཁྱིམ་སོ་བཟུང་བ་བག་མར་བཏང་བ་ནི་ན་ཚོད་ལོ་བཅུ་གཉིས་ལོན་པའི་མདུན་རོལ་ཏུ་རྫོགས་པར་བསྙེན་པར་བྱེད་བ་ན་དགེ་སློང་མ་མཁན་མོ་ལ་ལྟུང་བྱེད་དུ་འགྱུར་ཞེས་བྱ་བའི་ཐ་ཚིག་གོ། ལོ་བཅུ་གཉིས་མ་ལོན་པ་རྫོགས་པར་བསྙེན་པར ་བྱེད་པའི་ལྟུང་བྱེད་དོ་ཞེས་བྱ་བ་དེ་བཤད་ཟིན་ཏོ།། །།གང་ལ་ལོ་ཉི་ཤུ་མ་ལོན་པ་རྫོགས་པར་བསྙེན་པར་བྱེད་པའི་ལྟུང་བྱེད་དུ་འགྱུར་ཞེ་ན་དེའི་ཕྱིར་གཞན་ནི་ལོ་ཉི་ཤུའི་འོ་ཞེས་བྱ་བ་སྨྲས་ཏེ། མདུན་རོལ་ཏུ་ཞེས་བྱ་བར་སྦྱར་རོ། །རྫོགས་པར་བསྙེན་པར ་བྱ་བའི་བུད་མེད་ཁྱིམ་སོ་གཟུང་བ་ལས་གཞན་པ་ཁྱིམ་སོ་མ་གཟུང་བ་ནི་ན་ཚོང་ལོ་ཉི་ཤུ་ལོན་པའི་མདུན་རོལ་ཏུ་རྫོགས་པར་བསྙེན་པར་བྱེད་ན་དགེ་སློང་མ་མཁན་མོ་ལ་ལྟུང་བྱེད་དུ་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། ལྟུང་བྱེད་སྔ་མ་དང་འདི་གཉིས་ཀྱི་རྣམ ་པ་གཞན་ནི་སྔར་དགེ་སློང་གི་རྣམ་པར་འབྱེད་པར་རོ?་ལོ་མཚར་བ་རྫོགས་པར་བསྙེན་པར་བྱེད་པའི་ལྟུང་བྱེད་བསྟན་པ་བཞིན་དུ་རིག་པར་བྱའོ། །ལོ་ཉི་ཤུ་མ་ལོན་པ་རྫོགས་པར་བསྙེན་པར་བྱེད་བའི་ལྟུང་བྱེད་དོ་ཞེས་བྱ་བ་དེ་བཤད་ཟིན་ཏོ།། །། ་གང་ལ་ཁྱིམ་སོ་བཟུང་བ་ཚིགས་ལས་བཟླས་བའི་ལྟུང་བྱེད་དང་ཁྱིམ་སོ་མ་བཟུང་བ་ཚིགས་ལས་བཟླས་བའི་ལྟུང་བྱེད་གཉིས་སུ་འགྱུར་ཞེ་ན་དེའི་ཕྱིར། བསླབ་པ་མ་བྱིན་པ་གཉིས་མཁན་མོ་ཉིད་ཀྱིས་སོ་ཞེས་བྱ་བ་སྨྲས་ཏེ། རྫོགས་པར་བསྙེན ་པར་བྱད་པ་ལའོ་ཞེས་བྱ་བར་སྦྱར་རོ། །བུད་མེད་རྫོགས་པར་བསྙེན་པར་འདོད་པ་ཁྱིམ་སོ་བཟུང་བ་དང་ཁྱིམ་སོ་མ་བཟུང་བ་དགེ་སློང་མའི་བསླབ་པ་མ་བྱིན་པ་གཉིས་ལ་མཁན་མོ་ཉིད་ཀྱིས་རྫོགས་པར་བསྙེན་པར་བྱེད་ན་དགེ་སློངས་མཁན་མོ་ལ་ལྟུང ་བྱེད་རྣམ་པ་གཉིས་སུ་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། བསླབ་མའི་བཞི་འདི་གཉིས་ནི་སྦོམ་དགའ་མོས་བུད་མེད་ཁྱིམ་སོ་བཟུང་པ་ལོ་བཅུ་གཉིས་ལོན་པ་ཞིག་དང་ཁྱིམ་སོ་མ་གཟུང་བ་ལོ་ཉི་ཤུ་ལོན་པ་ཞིག་དགེ་སློབ་མའི་བསླབ་པའི་སྡོམ་པ་མ? ་བྱིན་པར་ཚིགས་ལས་བཟླས་ཏེ་ཐལ་བྱུང་བསྙེན་པར་བྱས་པ་ལས་བཅས་པ་ཡིན་ཏེ། འདིར་ཐུང་པའི་དབང་གིས་ཡུལ་ཐ་དད་པ་ལ་བརྟེན་ནས་བསླབ་པའི་བཞི་འདི་གཉིས་སོ་སོར་བཅའ་བ་མཛད་དོ། །བུད་མེད་ལ་ནི་ཚིགས་གསུམ་ཡོད་ནི ་དགེ་ཚུལ་མ་ཉིད་དང་དགེ་སློབ་མ་ཉིད་དང། དགེ་སློང་མ་ཉིད་དོ། །དེ་ལ་དགེ་ཚུལ་མ་ཉིད་ལས་དགེ་སློབ་མ་ཉིད་དུ་མ་བྱས་པར་ཐལ་བྱུང་དགེ་སློང་མ་ཉིད་དུ་ཕྱེད་པ་ནི་ཚིགས་ལས་འདས་པ་ཞེས་བྱ་བ་སྟེ། ཚིགS་ལས་བཟླས་པ་གཅིག་ཡིན་ཡང་ཁྱིམ ་སོ་བཟུང་བ་དང་མ་གཟུང་བའི་དབང་གིས་ཡུལ་ཐ་དད་པ་ལ་བསྟེན་ནས་བསླབ་བའི་བཞི་གཉིས་སུ་མཛད་དོ། །ཚིགས་ལས་བཟླས་པའི་ལྟུང་བྱེད་གཉིས་སོ་ཞེས་བྱ་བ་ཁྱིམ་སོ་བཟུང་བའི་ཚིགས་ལས་བཟླས་པའི་ལྟུང་བྱེད་དང་ཁྱིམ་སོ་མ་བཟུང་བ་ཚིཌ ་ལས་བཟླས་པའི་ལྟུང་བྱེད་གཉིས་བཤད་ཟིན་ཏོ།། །།གང་ལ་བསླབ་པ་ལ་མ་བསླབས་པ་རྫོགས་པར་བསྙེན་པར་བྱེད་པའི་ལྟུང་བྱེད་དུ་འགྱུར་ཞེ་ན་དེའི་ཕྱིར་དེ་ལམ་དཔྱད་པ་ཉིད་དོ་ཞེས་བྱ་བ་སྨྲས་ཏེ། མཁན་མོ་ཉིད་ཀྱིས་རྫོགས ་པར་བསྙེན་པར་བྱེད་བ་ལའོ་ཞེས་བྱ་བར་སྦྱར་རོ། །དགེ་སློབ་མའི་སྡོམ་པ་བྱིན་དུ་ཟིན་ཀྱང་དགེ་སློབ་མའི་བསླབ་པ་ཇི་སྐད་བསྟན་པ་དེ་ལ་ལོ་གཉིས་སུ་མ་སྤྱད་པ་ཉིད་མཁན་མོ་ཉིད་ཀྱིས་རྫོགས་པར་བྱེད་ན་དགེ་སློང་མ་མཁན་མོ་ལ་ལྟུང་བྱེད་དུ་འགྱུར་རོ ་ཞེས་བྱ་བའི་ཐ་ཚིག་གོ། བསླབ་པའི་བཞི་འདི་ནི་སྦོམ་དགའ་མོས་གཞོན་ནུ་མ་ལོ་བཅོ་བརྒྱད་ལོན་པ་རབ་ཏུ་ཕྱུང་སྟེ་ལོ་གཉིས་སུ་དགེ་སློབ་མའི་བསླབ་པའི་སྡོམ་པ་ཕྱིན་ནས་ལོ་གཉིས་མ་ལོན་པ་ཁོ་ནང་རྫོགས་པར་བསྙེན་པར་བྱས་པ་ལས ་བཅས་པ་ཡིན་ནོ། །བསླབ་པ་ལམ་བསླབས་པར་རྫོགས་པར་བསྙེན་བར་བྱེད་པའི་ལྟུང་བྱེད་དོ་ཞེས་བྱ་བ་དེ་བཤད་ཟིན་ཏོ།། །།གང་ལ་བསླབ་པ་ལ་བསླབས་པ་རྫོགས་པར་བསྙེན་བར་མི་བྱེད་པའི་ལྟུང་བྱེད་དུ་འགྱུར་ཞེ་ན་དེའི ་ཕྱིར། སྤྱད་པ་ནི་མི་བྱེད་པ་ལའོ་ཞེས་བྱ་བ་སྨྲས་ཏེ། ལོ་གཉིས་སུ་དགེ་སློང་མའི་སྤྱོད་པ་ལ་སྤྱད་ཟིན་པ་ཉིད་མཁན་མི་ཉིད་ཀྱིས་རྫོགས་པར་སྙེན་པར་མི་བྱེད་ན་དགེ་སློང་མ་མཁན་མོ་ལ་ལྟུང་བྱེད་དུ་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། དེ་ལྟར་ཡང་འདིར ་གཞུང་ནི་ཡང་དགེ་སློང་མ་གང་གིས་ཆོས་དྲུག་དང་རྗེས་སུ་མཐུན་པའི་ཆོས་དྲུག་ལ་བསླབ་པ་རྫོགས་པར་བསྙེན་བར་མི་བྱེད་ན་ལྟུང་བྱེད་དོ་ཞེས་གསུངས་པ་ཡིན་ནོ། །རྐྱེན་མ་ཚང་བའི་ཕྱིར་རྫོགས་པར་བསྙེན་པར་མི་བྱེད་པ་ལ་ནི་ཉེས་པ་མེད་དོ། །བསླབ་བ ་ལ་བསླབས་པ་རྫོགས་པ་བསྙེན་པར་མི་བྱེད་པའི་ལྟུང་བྱེད་དོ་ཞེས་བྱེ་བ་དེ་བཤད་ཟིན་ཏོ།། །།གང་ལ་ཆོས་འཚོང་བའི་ལྟུང་བྱེད་དུ་འགྱུར་ཞེན་དེའི་ཕྱིར། གལ་ཏེ་ཁོ་མོ་ལ་གོས་སྦྱིན་པ་ལྟ་ན་དེའི་ཕྱིར་ཁྱོད་རྫོགས་པར་བསྙེན་པར་བྱའོ། ཞེས་རྫོགས་པར་བསྙེན་པར་འདོད ་པ་བཟེད?་བ་ལའོ་ཞེས་བྱ་བ་སྨྲས་ཏེ། དེ་ལྟར་ཇི་སྐད་སྨོས་པའི་རྣམ་པ་དེ་ལྟ་བུ་རྫོགས་པར་བསྙེན་པར་འདོད་པ་ལ་ཟེར་བླང?་ཁ་ན་མ་ཐོ་བ་འདིར་འགྱརུ་རོ། །རྣམ་པ་འདིས་ཆོས་འཚོང་བར་བྱེད་པ་ཡིན་པས་ན་དེའི་ཕྱིར་ཆོས་འཚོད་བ་ཞེས་བྱའོ། །སྡོམ་པ་གཞན ་བླངས་པའི་ཕྱིར་བསྒྲུབ་པར་བྱེད་པ་ལ་གལ་ཏེ་ཁོ་མོ་ལ་གོས་ལ་སོགས་པ་སྦྱིན་པ་ལྟ་ན་དེའི་ཕྱིར་ཁྱོད་རབ་ཏུ་འབྱུང་བར་བྱའོ་ཞེད་མ། ཀློག་ཏུ་གཞུག་གོ་ཞེས་བྱ་བ་ལ་སོགས་པ་ཟེར་བ་ལ་ནི་ཉེས་བྱས་སོ། །འདིར་གོས་ཞེས་སྨོས་པ་ནི་མཆོག་ཏུ་གྱུར་བ ་རིན་པོ་ཆེ་ལ་སོགས་པ་དང་ཐ་མར་གྱུར་བ་ཐ་ན་རྐང་པ་མཉེ་བདག་ལ་སོགས་པའི་དཔེ་ཡིན་ཏེ། དེ་དག་ལ་ཡང་ལྟུང་བྱེད་ཁོ་ནར་འགྱུར་རོ། །བུད་མེད་རྣམས་ཀྱི་ལྷག་པར་ཆགས་པ་ནི་སྟོབས་ཆེ་བ་ཡིན་པའི་ཕྱིར་དེ་དག་ལ་ནི་ལྟུང་བྱེད་དུ་རྣམ་པར་བཞག་གོ་།སྐྱེས ་པ་རྣམས་ཀྱིས་ལྷག་པར་ཆགས་པ་ནི་སྟོབས་ཆུང་བའི་ཕྱིར་སྐྱེས་པ་ལ་ནི་འདི་དག་ཐམས་ཅད་ཉེས་བྱས་སོ། །ཆོས་འཚོད་བའི་ལྟུང་བྱེད་དོ་ཞེས་བྱ་བ་དེ་བཤད་ཟིན་ཏོ།། །།གང་ལ་འདྲིད་པའི་ལྟུང་བྱེད་དུ་འགྱུར་ཞེ་ན་དེའི་ཕྱིར། རབ་ཏུ་འབྱུང་བ་དང ་མཐུན་པ་བསྟན་པས་ཁྱིམ་རྒྱས་པར་བྱ་བ་སྤོང་དུ་བཅུག་ནས་རབ་ཏུ་མི་འབྱིན་པ་ལའོ་ཞེས་བྱ་བ་སྨྲས་ཏེ། ཁྱིམ་པ་མོ་ལ་རབ་ཏུ་འབྱུང་བ་ལ་མཐུན་བའི་ཚིག་བསྟན་པའི་རྒྱུ་དེས་ཁྱིམ་རྒྱས་པར་བྱ་བ་སྤོང་དུ་བཅུག་ཅིང་ཁྱིམ་རྒྱས་པར་བྱ་བ་སྤང་ནས་རབ ་ཏུ་མི་འབྱིན་པ་ལ་ཁ་ན་མ་ཐོ་བ་འདིར་འགྱུར་རོ། །བསླབ་པའི་གཞི་འདི་ནི་གཽ་ཏ་མི་སྐེམ་མོས་ཕྱུག་པོའི་ཡུགས་ས་མོ་མྱ་ངན་གྱི་ཟུག་དུ་གཟིར་བ་ཞིག་ལ་ཁྱོད་ཅིའི་ཕྱིར་རབ་ཏུ་མི་འབྱུང་ཞེས་སྨྲས་པ་དང། དེ་ན་རེ་གལ་ཏེ་འཕགས་མས་རབ་ཏུ་དབྱུང ་བར་གནད་ན་བདག་ནི་རབ་ཏུ་འབྱུང་བོ་ཞེས་ཟེར་བ་ལ་དེས་དེ་ལ་ཁྱིམ་རྒྱས་བར་བྱ་བ་འདི་དག་སྤོང་ན་དས་ཁྱོད་རབ་ཏུ་འབྱུང་བར་འགྱུར་བ་མི་དཀའ་ཨོ་ཞེས་སྨྲས་པ་དང། དེས་ཁྱིམ་རྒྱས་པར་བྱ་བ་སྤངས་པ་ན་དེས་དེ་རབ་ཏུ་མ་བྱུང་བ་ལས་བཅས་པ་ཡིན་ནོ།། ་རབ་ཏུ་འབྱུང་བ་དང་མཐུན་པ་བསྟན་པས་ཞེས་བྱ་བ་ནི་དེས་ཁྱོད་རབ་ཏུ་འབྱུང་བར་འགྱུར་བ་མི་དཀའ་ཨོ་ཞེས་བྱ་བར་བར་གྱུར་བའི་ཚིག་དེ་ཡིན་པར་རིག་པར་བྱའོ། །གཞན་དུ་འདྲིད་བ་ལ་ནི་ཉེས་བྱས་སོ། །འདྲིད་བའི་ལྟུང་བྱེད་དོ་ཞེས་བྱ་བ་དེ་བཤད་ཟིན་ཏོ། ། ་གང་ལ་འཁོར་མང་པོ་སོགས་པའི་ལྟུང་བྱེད་དུ་འགྱུར་ཞེ་ན་དེའི་ཕྱིར། ལོའི་རྗེས་སུ་རབ་ཏུ་འབྱིན་པ་ལའོ་ཞེས་བྱ་བ་སྨྲས་ཏེ། ལོ་གང་ལ་གཞན་རབ་ཏུ་བྱུང་བ་དེའི་ཕྱི་དེ་ལོ་ལ་ཡང་གཞན་རབ་ཏུ་འབྱིན་པ་དེ་ལ་ཁ་ན་མ་ཐོ་བ་འདིར་འགྱུར་རོ། །ལོའི་རྗེས་སུ ་ཞེས་སྨོས་པས་ནི་འཇུག་ཐོགས་ཞེས་བྱ་བར་སྟོན་ཏེ། དེ་བས་ན་ཕྱི་དེ་ལོ་ཉིད་ལ་ཅིག་ཅར་རམ་ཕྱིས་རབ་ཏུ་འབྱིན་པ་ལ་ལྟུང་བྱེད་ཁོ་ནར་འགྱུར་རོ། །ལོ་གསུམ་པ་ལ་སོགས་པ་དག་ལ་ནི་ལྟུང་བ་མེད་དོ། །འཁོར་མང་པོ་ལ་སོགས་པའི་ལྟུང་བྱེད་དོ་ཞེས ་བྱ་བ་དེ་བཤད་ཟིན་ཏོ།། །།གང་ལ་མ་གནང་བ་སྡུད་པའི་ལྟུང་བྱེད་དུ་འགྱུར་ཞེ་ན་དེའི་ཕྱིར། བདག་པོས་མ་གནང་བ་ཉིད་རབ་ཏུ་འཕྱིན་པ་ལའོ་ཞེས་བྱ་བ་སྨྲས་ཏེ། གལ་ཏེ་ཆུང་མ་ཁྱིམ་ཐབ་གྱིས་རབ་ཏུ་འབྱུང་དུ་མ་གནང་བ་དེ་རབ ་ཏུ་འབྱིན་པར་བྱེད་ན་དེ་ལ་ཁ་ན་མ་ཐོ་བ་འདིར་འགྱུར་རོ། །བདག་པོ་ལ་ནི་ཅི་ལྟར་ཆུང་མ་རབ་ཏུ་ཕྱུང་ན་གནོད་པར་འགྱུར་བ་དེ་ལྟ་བུ་ལ་སོགས་པ་རབ་ཏུ་ཕྱུང་ན་གནོད་པར་མི་འགྱུར་བས་དེའི་ཕྱིར། འདིར་ནི་ཁ་ན་མ་ཐོབ་ལྕི་བར་གསུངས་སོ། །རབ་ཏུ་འབྱིན ་པ་ལའོ་ཞེས་བྱ་བ་འདི་ནི་བསླབ་པའི་གཞི་འོག་མ་བཞི་པོ་དག་ལ་ཡང་སྦྱར་བར་བྱའོ། །མ་གནང་བ་སྡུད་པའི་ལྟུང་བྱེད་དོ་ཞེས་བྱ་བ་དེ་བཤད་ཟིན་ཏོ།། །།སྐྱོན་ཅན་སྡུད་པ་ལས་གྱུར་བའི་ལྟུང་བྱེད་བཞི་པོ་དག་ལས། གང་ལ་འཕྲུལ་བ་མོ ་སྡུད་པའི་ལྟུང་བྱེད་དུ་འགྱུར་ཞེ་ན། དེའི་ཕྱིར་འཁྲུལ་པ་མོའོ་ཞེས་བྱ་བ་སྨྲས་ཏེ། མཁན་མོ་ཉིད་ཀྱིས་རབ་ཏུ་འབྱིན་པ་ལ་ཁ་ན་མཐོ་བ་འདིར་འགྱུར་རོ་ཞེས་བྱ་བར་སྦྱར་རོ། །གང་ལ་སྦྲུམ་མ་སྡུད་པའི་ལྟུང་བྱེད་དུ་འགྱུར་ཞེ་ན་དེའི་ཕྱིར། སྦྲུམ་མའོ་ཞེས ་བྱ་བ་སྨྲས་ཏེ། མཁན་མོ་ཉིད་ཀྱིས་རབ་ཏུ་འབྱིན་པ་ལ་ཁ་ན་མ་ཐོ་བ་འདིར་འགྱུར་རོ་ཞེས་བྱ་བར་སྦྱར་རོ། །གང་ལ་མྱ་ངན་གྱིས་གཟིར་བ་སྡུད་པ་ལྟུང་བྱེད་དུ་འགྱུར་ཞེ་ན་དེའི་ཕྱིར་མྱ་ངན་གྱིས་གཟིར་བའོ་ཞེས་བྱ་བ་སྨྲས་ཏེ། མཁན་མོ་ཉིད་ཀྱིས་རབ་ཏུ་འབྱིན ་པ་ལ་ཁ་ན་མ་ཐོ་བ་འདིར་འགྱུར་རོ་ཞེས་བྱ་བར་སྦྱར་རོ། །གད་ལ་ཙབ་ཀྲོལ་ཅན་སྡུད་པའི་ལྟུང་བྱེད་དུ་འགྱུར་ཞེ་ན་དེའི་ཕྱིར་ཙབ་ཀྲོལ་ཅན་ནོ་ཞེས་བྱ་བ་སྨྲས་ཏེ། མཁན་མོ་ཉིད་ཀྱིས་རབ་ཏུ་འབྱིན་པ་ལ་ཁ་ན་མ་ཐོབ་འདིར་འགྱུར་རོ་ཞེས་བྱ་བར་སྦྱར་རོ།། ་ཙ་བ་ཀྲོལ་ཅན་ནི་རབ་ཏུ་འབྱིན་པ་ལ་ལྟུང་བྱེད་དུ་འགྱུར་བར་མ་ཟད་ཀྱིས་རྫོགས་པར་བསྙེན་པར་བྱེད་པ་ལ་ཡང་ལྟུང་བྱེད་དུ་འགྱུར་རོ། །སྦྲུམ་མ་རྫོགས་པར་བསྙེན་པར་བྱེད་པ་ལ་ནི་ཉེས་བྱས་སོ། །ཙ་བ་ཀྲོལ་ཅན་ན་ཞེས་བྱ་བ་ནི་རྣམ་པར་འབྱེད་པ་ལས ་བུད་མེད་མ་རུངས་པའོ་ཞེས་གསུངས་པ་ཡིན་ཏེ། བསྟན་པ་ལ་བུད་མེད་ཙབ་ཀྲོལ་ཅན་གཞུག་པ་ནི་ཤིན་ཏུ་ཚུལ་མ་ཡིན་པའི་ཕྱིར་རོ། །སྐྱོན་ཅན་སྡུད་པ་ལས་གྱུར་པའི་ལྟུང་བྱེད་བཞིའོ་ཞེས་བྱ་བ། འཁྲུལ་པ་མོ་སྡུད་པའི་ལྟུང་བྱེད་དང་སྦྲུམ་མ་སྡུད་པའི ་ལྟུང་བྱེད་དང། མྱ་ངན་གྱིས་གཟིར་བསྡུད་པའི་ལྟུང་བྱེད་དབ་ཙམ་ཀྲོལ་ཅན་སྡུད་པའི་ལྟུང་བྱེད་བཞི་བཤད་ཟིན་ཏོ། །ཡལ་པར་འདོར་བ་ལས་གྱུར་པའི་ལྟུང་བྱེད་བཞི་པོ་དག་ལས་གང་ལ་ཕན་མི་འདོགས་པའི་ལྟུང་བྱེད་དུ་འགྱུར་ཞེ་ན་དེའི་ཕྱིར། ་རབ་ཏུ་བྱུང་བ་དང་རྫོགས་པར་བསྙེན་པར་བྱས་པ་དག་ལ་ཕན་མི་འདོགས་པ་ལའོ་ཞེས་བྱ་བ་སྨྲས་ཏེ། མཁན་མོ་ཉིད་ཀྱིས་ཞེས་བྱ་བར་ཐམས་ཅད་ཀྱི་དབང་དུ་བྱ་བར་རིག་པར་བྱའོ། །མཁན་མོ་ཉིད་ཀྱིས་རབ་ཏུ་ཕྱུང་བ་དང་རྫོགས་པར་བསྙེན་པར་བྱས་པ ་དག་ལ་གདམས་ངག་ལ་སོགས་པས་ཡོངས་སུ་མི་སྐྱོ་ཞིང་ཕན་མི་འདོགས་པ་དག་ལྟུང་བྱེད་དུ་འགྱུར་རོ། །གང་ལ་མི་འདྲེས་པའི་ལྟུང་བྱེད་དུ་འགྱུར་ཞེ་ན་དེའི་ཕྱིར། བར་ཆད་མཐོང་ན་མི་འདྲེན་པ་ལའོ་ཞེས་བྱ་བ་སྨྲས་ཏེ། མཁན་མོ་ཉིད་ཀྱིས་རབ་ཏུ་ཕྱུང་བ ་དང། རྫོགས་པར་བསྙེན་པར་བྱས་པ་དག་ལ་བདག་པོ་ལ་སོགས་པ་དག་གིས་པར་ཆད་དུ་འགྱུར་བ་མཐོང་ན་པར་ཆད་ཀྱི་གནས་དེ་ལས་བར་ཆད་མེད་པའི་གནས་སུ་མི་འདྲེན་ཏམ། དེ་ཉིད་དུ་འཇིགས་པ་མེད་པར་མི་བྱེད་ན་དེ་ལ་ལྟུང་བྱེད་དུ་འགྱུར་རོ།། ་གང་ལ་མི་སློབ་པའི་ལྟུང་བྱེད་དུ་འགྱུར་ཞེ་ན་དེའི་ཕྱིར། དགེ་སློང་མའི་བསླབ་པ་མི་སློབ་པ་ལའོ་ཞེས་བྱ་བ་སྨྲས་ཏེ། མཁན་མོ་ཉིད་ཀྱིས་རབ་ཏུ་ཕྱུང་བ་དང་རྫོགས་པར་བསྙེན་པར་བྱས་པ་དག་ལ་དགེ་སློང་མའི་བསླབ་པ་མི་སློབ་པ་ལ་ཁ་ན་མ་ཐོ་བ་འདིར ་འགྱུར་རོ། །འདི་སྐད་བསྟན་ཏེ། མཁན་ཏོ་ཉིད་ཀྱིས་རབ་ཏུ་ཕྱུང་བ་དང། རྫོགས་པར་བསྙེན་པར་བྱས་པ་དག་ལ་དགེ་སློང་མའི་བསླབ་པ་མི་སློབ་ན་མཁན་མོ་དེ་ལ་ལྟུང་བྱེད་དུ་འགྱུར་རོ་ཞེས་བྱ་བར་རྣམ་པར་བཞག་གོ། གང་ལ་ནང་གཡོག་མི་བྱེད་པཱི ་ལྟུང་བྱེད་དུ་འགྱུར་ཞེ་ན་ནད་པ་དག་ལ་ནང་གཡོག་མི་བྱེད་པ་ལའོ་ཞེས་བྱ་བ་སྨྲས་ཏེ། མཁན་མོ་ཉིད་ཀྱིས་རབ་ཏུ་ཕྱུང་བ་དང་རྫོགས་པར་བསྙེན་པར་བྱས་པའི་སློབ་མ་ནད་པ་དག་ལ་ནད་གཡོག་མི་བྱེད་པ་ལ་ཁ་ན་མ་ཐོ་བ་འདིར་འགྱུར་རོ།། ་རབ་ཏུ་བྱུང་བ་དང་རྫོགས་པར་བསྙེན་པར་དེ་དག་ཉེ་ཚེར་ཡང་མ་ཟད་ཀྱི། འདི་ལྟར་ཉེ་གནས་དང་བཅས་པས་ཀྱང་ངོ་ཞེས་བྱ་བ་སྨྲས་ཏེ། གནས་སྦྱིན་པའི་སློབ་དཔོན་མ་གང་ལ་ཉེ་གནས་ཡོད་པ་དེ་ནི་ཉེ་གནས་དང་བཅས་པ་སྟེ། དེས་ཀྱང་རང་གི་ཉེ་གནས་རབ ་ཏུ་ཕྱུང་བ་དང་རྫོགས་པར་བསྙེན་པ་དག་ལ་ནད་གཡོག་མི་བྱེད་པ་ལ་ཡང་ཁ་ན་མ་ཐོ་བ་འདིར་འགྱུར་རོ། །འདི་སྐད་བསྟན་ཏེ། གནས་པ་ཉིད་དུ་གཞག་པའི་ཉེ་གནས་ན་བདག་ལ་ནད་གཡོག་མི་བྱེད་པའི་གནས་སྦྱིན་པའི་སློབ་དཔོན་མོ་ལ་ཡང་ལྟུང་བྱེད་ཁོ་ནང ་འགྱུར་རོ། །ཡལ་བར་འདོར་བ་ལས་གྱུར་པའི་ལྟུང་བྱེད་བཞིའོ་ཞེས་བྱ་བ་བན་མི་འདོགས་པའི་ལྟུང་བྱེད་དང་མི་འདྲེན་པའི་ལྟུང་བྱེད་དང། མི་སློབ་པའི་ལྟུང་བྱེད་དང། ནད་གཡོག་མི་བྱེད་པའི་ལྟུང་བྱེད་བཞི་བཤད་ཟིན་ཏོ།། །།གང་ལ་འདོད ་བ་བསྟེན་པའི་ལྟུང་བྱེད་དུ་འགྱུར་ཞེ་ན་དེའི་ཕྱིར། རང་གིས་བསྟེན་པར་བྱ་བའི་ནང་དུ་རྒྱ་སྐྱེགས་ཀྱི་ཆད་བུ་འཇུག་པའའོ་ཞེས་བྱ་བ་སྨྲས་ཏེ། རང་གིས་ཞེས་བྱ་བ་ནི་རང་གིས་འཇུད་པ་ལ་བྱའི། གཞན་འཇུད་དུ་བཅུག་པ་ལ་ནི་མི་ཚངས་པར་སྤྱོད་པར་གཏོགས་པའི ་སྦོམ་བོར་འགྱུར་རོ། །བསྟེན་པར་བྱ་བ་ཞེས་པ་ནི་མོའི་དབང་པོའོ། །ནང་དུ་ཞེས་བྱ་བ་ནི་བསྟེན་པར་བྱ་བའི་ནང་དུའོ། །རྒྱ་སྐྱེགས་ཀྱི་ཆང་བུ་ཞེས་བྱ་པ་ནི་རྒྱ་སྐྱེགས་ཀྱི་ཚིགས་མས་བསྐུས་པའི་ཆད་འཆད་དེ། དེ་རང་གིས་རང་གི་མོ་མཚན་གྱི་ནང་འཇུག་པ་ལ ་ཁ་ན་མ་ཐོ་བ་འདིར་འགྱུར་རོ། །དེ་ལྟར་ཡང་སོ་སོར་ཐར་པའི་མདོ་ལས་རྒྱ་སྐྱེགས་ཀྱིས་བསྐུས་པ་འཆད་ན་ཞེས་གསུངས་པ་ཡིན་ཏེ། དེའི་རྣམ་པར་འབྱེད་བརྒྱ་སྐྱེགས་ཀྱི་ཆིགས་མས་བསྐུས་པའི་རྒྱ་སྐྱེགས་ཀྱི་ཚིགས་མའི་ཆད་དུ་བདག་ཉིད་འཆད་ན་ཞེས་གསུངས་པ ་དེ་ཡིན་ནོ། །དེ་ལྟ་བས་ན་བསྟེན་པར་བྱ་བའི་ནང་དུ་འཇུད་བ་དེ་ལ་ཁ་ན་མ་ཐོ་བ་འདིར་འགྱུར་གྱི་བསྲེལ་བ་ཙམ་ལ་ནི་མ་ཡིན་ནོ། །དགེ་སློང་མ་རྣམས་ལ་ཁུ་བ་འབྱིན་བའི་ཁ་ན་མ་ཐོ་བ་ལོགས་ཤིག་ཏུ་མ་གསུངས་ཏེ། འདི་ལྟར་གཏམ་གྱི་བཞི་ལས་དགེ་སློང་གིས ་བསམས་བཞིན་དུ་ཁུ་བ་ཕྱུང་ན་དགེ་འདུན་ལྷག་མའོ། །དགེ་སློང་མས་ཕྱུང་ན་ལྟུང་བྱེད་ངོ་ཞེས་གསུངས་པའི་ཕྱིར་ཏེ། བཀྲུ་བའི་ཕྱིར་སོར་གཉིས་ཙམ་གཞུག་པ་རྗེས་སུ་གནང་བའི་ཕྱིར་དེ་ཡན་ཆད་ནི་འདིར་དང་པོ་ཡིན་གྱི་པགས་པའི་རིམ་པ་ནི་དང་པོ་མ ་ཡིན་ནོ། །འདིར་དེ་ཡན་ཆད་དུ་བྱེད་པ་ཐམས་ཅད་ནི་རྩོམ་པ་གཅིག་ཏུ་གྱུར་པས་བྱེད་ན་ནི་ལས་གཅིག་ཡིན་ཏེ་ཁུ་བ་འབྱིན་པ་ལས་གྱུར་པའི་ལྟུང་བྱེད་ཁོ་ནར་འགྱུར་རོ། །འདིར་རྒྱ་སྐྱེགས་ཀྱི་ཆད་བུ་ཞེས་སྨོས་པ་ནི་རྫས་འཇམ་པོ་ཧ་ཅང་མི་ཕྲ་བ་གཞན ་དག་གི་དཔེ་ཡིན་ནོ། །མི་འཇམ་པ་དང་ཧ་ཅང་ཕྲ་མོ་ཉིད་ལ་ནི་དངོས་གཞིའི་མཛའ་ཨི་ཉེས་བྱས་སོ། །ཕོ་ལ་ནི་རྒྱ་སྐྱགས་ཀྱི་ཆང་བུ་གཞུག་པའི་གནས་གཉིས་ཡོད་དེ་ཁ་དང་བཤད་པའི་ཁམ་སྟེ་དགེ་སློང་ལ་ནི་ཉེས་པ་སྦོམ་པོར་འགྱུར་རོ། །རྒྱུན་ལས ་བཟློག་ཕྱོགས་སུ་བརྩལ་བར་མི་བྱའོ་ཞེས་བྱ་བ་ནི། འདི་མན་ཆད་ཉེས་བྱས་སུ་རིག་པར་བྱའོ། །འདི་དག་ནི་ཕྲན་ཚོགས་དག་ལས་འབྱུང་སྟེ། འདི་དག་ཀྱང་འདི་ལྟ་བུ་དང་མཐུན་པ་གཞན་དག་གིས་དཔེ་ཡིན་ནོ། །མདོ་འདི་ནི་སྦོམ་དགའ་མཚོ་ཀླུད ་གནས་ཅན་གྱི་ནང་དུ་ཞུགས་ཏེ་རྒྱུན་ལས་བཟློག་ཕྱོགས་སུ་སྩོལ་བར་བྱེད་པ་ནད་ཕ་དགེ་སློང་མ་རྣམས་ཀྱིས་ཅི་བྱེད་ཅེས་དྲིས་པ་དང། རེག་བ་བདག་གིར་བྱེད་དོ་ཞེས་ཟེར་བ་ལས་བསྡུས་པ་ཡིན་ནོ། །མངལ་གྱི་སྒོར་ཁུ་ཆུ་བླུགས་པར་མི་བྱའོ་ཞེས་བྱ་པ ་ནི་སྦེད་པའི་གླད་བཞི་ལས་སོ། །རྐེད་བཅིངས་ཀྱིས་གློ་བཅིངས་བར་མི་བྱའོ་ཞེས་བྱ་བ་ནི། གློ་གཉིས་ཕྲ་མོར་འདུག་པར་བྱ་བའི་ཕྱིར་རྐེང་བཅིངས་ཀྱིས་བློ་བཅིངས་བར་མི་བྱ་བའོ། །གློ་བཅད?་པར་བྱ་བའི་རྫས་གང་ཡང་རུང་བ་ཐམས་ཅད་ལ་སྦྱིར་རྐེད་བཅིངས ་ཞེས་བྱའོ། །བྲང་བཅིངས་ཀྱིས་ནུ་མ་གཉིས་མི་བྱའོ་ཞེས་བྱ་བ་ཡང་བཅིང་བར་ཞེས་བྱ་བར་སྦྱར་རོ། །འདིར་ཡང་ནུ་མ་གཉིས་འཕྱང་དུ་མི་བཏང་བའི་ཆིངས་མའི་རྫས་གང་ཡང་རུང་བ་སྤྱི་ལ་བྲང་ཆིངས་ཞེས་བྱ་སྟེ། དེས་ནུ་མ ་གཉིས་བཅིངས་པར་མི་བྱའོ། །མཛས་འགྱུར་གྱི་བར་ཆད་ཀྱིས་བར་ཆད་དུ་བཅད་བར་མི་བྱའོ་ཞེས་བྱ་བ་ཡང་ནུ་མ་གཉིས་ཀྱིས་ཞེས་བྱ་བར་སྦྱར་རོ། །ནུ་མ་གཉིས་ཕན་ཚུན་མི་འབྱང་བའི་ཕྱིར་བར་དུ་བཅད་པའི་རྫས་ནི་མཛེས་འགྱུར་གྱི ་བར་ཆད་ཅེས་བྱ་སྟེ། དེས་ནུ་མ་གཉིས་ཀྱི་བར་དུ་བཅད་པར་མི་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། འདིར་དེ་གསུམ་གྱི་གཞུང་ནི་དགེ་སློང་མས་རྐེད་ཆིངས་ཀྱིས་སྦོས?་བཅིང་བར་མི་བྱའོ། །ཆིང་ན་འགལ་ཚབས་ཅན་དུ་འགྱུར་རོ། །དགེ་སློང ་མས་བྲང་ཆིངས་དང་མཛེས་འགྱུར་གྱིས་བར་ཆད་བཅད་བར་མི་བྱའོ་འཆད་ན་འགལ་ཚབས་ཅན་དུ་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །དེ་དག་ནི་དཔེའོ་ཞེས་བྱ་བ་ནི། རྐེད་ཆིངས་ལ་སོགས་པ་གསུམ་པོ་དེ་དག་ནི་དཔེ་ཡིན་ཏེ། ་དེ་དག་དང་གཞན་ཡང་སྐ་རགས་དང་ལིག་ཏོ་ལ་སོགས་པའི་རྫས་གང་གིས་འཆིང་ན་ཡང་ཁ་ན་མ་ཐོ་བ་འདྲའོ། །འདོད་པ་བསྟེན་པའི་ལྟུང་བྱེད་དོ་ཞེས་བྱ་བ་དེ་བཤད་ཟིན་ཏོ། །གང་ལ་འདོད་པ་བསྟེན་པ་ལྡང?་བཅོས་པའི་ལྟུང་བྱེད་དུ ་འགྱུར་ཞེ་ན་དེའི་ཕྱིར། སོར་མོའི་ཚིགས་གཉིས་ལས་ལྷག་པས་མོ་མཚན་གྱི་ནང་འཁྲུབ་ལའོ་ཞེས་བྱ་བ་སྨྲས་ཏེ། འདོད་པ་བསྟེན་པ་རྒྱ་སྐྱེགས་ཀྱི་ཆར?་བུ་འཆད་བ་དང་འདྲ་བ་དང་དེའི་གཟུགས་བརྙན་དང་དེ་ལྟར་བཅོས་པ་ནི་འདོད་བས ་བསྟེན་པ་ལྟར་བཅོས་པ་ཞེས་བྱ་བའོ། །སོར་མོ་རྣམས་ཀྱི་ཚིགས་གཉིས་ཀྱི་ཚད་གང་ཡིན་པ་དེ་ལས་ལྷག་པར་མོ་མཚན་གྱི་ནང་འཁྲུ་བར་བྱད་ན་དེ་ལ་འདོད་པ་བསྟེན་པ་ལྟར་བཅོས་པའི་ཁ་ན་མ་ཐོ་བ་འདིར་འགྱུར་རོ། །འདིར་ཡང་དང? ་གིས་ཞེས་བྱ་བར་སྦྱར་ཏེ་གཞན་དུ་བཅུག་པ་ལ་ནི་མི་ཚངས་པར་སྤྱོད་པར་གཏོགས་པའི་ཉེས་པ་སྦོམ་པོར་འགྱུར་རོ། །འདི་ནི་སྦོམ་འགའ་མོས་རྨའི་སྣུབས་སུ་ལག་པ་བཅུག་སྟེ་བཙོལ་བ་ལས་མདོར་བྱས་པ་ཡིན་ནོ། །འདོད་པ་བསྟེན་བ་ལྟར ་བཅོས་པའི་ལྟུང་བྱེད་དོ་ཞེས་བྱ་བ་དེ་བཤད་ཟིན་ཏོ།། །།གང་ལ་འདོད་པ་བསྟེན་པ་ལྟར་གནོད་པའི་ལྟུང་བྱེད་དུ་འགྱུར་ཞེ་ན་དེའི་ཕྱིར། དེ་ལ་ལག་ཐིལ་གྱི་ཐལ་ལྕག་གིས་བསྣུན་པ་ལའོ་ཞེས་བྱ་བ་སྨྲས་ཏེ། མོ་མཚན་དེ་ལ་ལག་ཐིལ་གྱི ་ཐལ་ལྕག་གིས་བསྣུན?་པ་ལ་ཁ་ན་མ་ཐོ་བ་འདིར་འགྱུར་རོ་ཆེགས་པར་གྱུར་པའི་སེམས་ཀྱིས་ཀྱང་རུང་ཆགས་པར་མ་གྱུར་པའི་སེམས་ཀྱིས་ཀྱང་རུང་སྟེ་བྱེ་བྲག་མེད་དོ། །ཇི་ལྟར་འདོད་པ་བསྟན་པ་ལ་སྐངས་པའི་སྡུག་བསྔལ་ཉིད་ལ་སོགས་པ་གནོད ་པར་འགྱུར་པ་དེ་བཞིན་དུ་ལག་པའི་མཐིལ་གྱི་ཐལ་ལྕག་གིས་བསྣུན་པ་ཡང་གནོད་པར་གྱུར་པ་ཡོད་པས་འདོད་པ་བསྟེན་པ་ལྟར་གནོད་པ་ཞེས་བྱ་སྟེ། དེ་ལས་ལྟུང་བྱེད་གང་བྱུང་བ་དེ་ནི་འདོད་པ་བསྟེན་པ་ལྟར་གནོད་པའི་ལྟུང་བྱེད་ཅེས་བྱའོ། །འདོད ་པ་བསྟེན་མ་ལྟར་གནོད་པའི་ལྟུང་བྱེད་དོ། །ཞེས་བྱ་བ་དེ་བཤད་ཟིན་ཏོ།། །།གང་ལ་བསྟེན་པར་བྱ་བ་འཆོས་པའི་ལྟུང་བྱེད་དུ་འགྱུར་ཞེ་ན་དེའི་ཕྱིར། དེ་ལ་སྦུ་ཐོགས་པ་བྱེད་དམ་བྱེད་དུ་འཇུག་པ་ལའོ་ཞེས་བྱ་བ་སྨོས་ཏེ། མོ་མཚན་དེ་ལ ་རྨོངས་ཀྱི་སྤོ་ཐག་ཅིང་བྲེག་རང་གིས་བྱེད་དམ་གཞན་བྱེད་དུ་འཇུག་བ་ལ་ཁ་ན་མ་ཐོ་བ་འདིར་འགྱུར་རོ། །འདིར་རེག་པའི་ཁ་ན་མ་ཐོ་བ་ནི་རྣམ་པར་མི་བཞག་སྟེ་དེ་ལ་སྐྱེས་པས་རེག་ན་ཕམ་པར་འགྱུར་ལ། གལ་ཏེ་བུད་མོད་ཀྱིས་རེག་ན་ནི་སྦོམ་པོའོ། ཞེས་ཉེས ་བ་སྔར་བསྟན་ཟིན་པའི་ཕྱིར་རོ། །འདི་ནི་མཛེས་པར་བྱ་བའི་ཕྱིར་དེ་སྦུ་ཉག་མ་འགའ་གཏོགས་པས་ནི་མཛེས་པར་བྱས་བ་མ་ཡིན་ཏེ། འདི་ལྟར་ཕལ་ཆེར་གཏོགས་ན་མཛེས་པ་བྱས་པ་ཡིན་ནོ། །ཕལ་ཆེར་གཏོགས་པ་ཞེས་བྱ་བ་ནི་འདིར་སུམ་ཆ་ཅིག་ལུས་བ ་སྟེ་དེའི་ཚེ་ན་དངོས་གཞིའོ། །རྩོམ་པ་གཅིག་ཉིད་ཀྱིས་ལྷག་མ་ནི་ཁོངས་སུ་གཏོགས་པར་རིག་པར་བྱའོ། །དགེ་སློང་ལ་ནི་འདི་ཉེས་བྱས་སོ། །གལ་ཏེ་འཁྲིག་པའི་འདོད་ཆགས་ཀྱིས་བྱེད་ན་ནི་ཕམ་པར་གཏོགས་པའི་སྦོམ་པོའོ ་གལ་ཏེ་ཁུ་བ་འབྱིན་པའི་འདོད་ཆགས་ཀྱིས་བྱེད་ན་ནི་དགེ་འདུན་ལྷག་པར་གཏོགས་པའི་སྦོམ་པོའོ་ཐལ་ལྕག་གིས་བསྣུན་པ་ནི་དགེ་སློང་ལ་གལ་ཏེ་འདོད་ཆགས་ཀྱིས་བྱེད་ན་ནི་སྦོམ་པོའོ་འདོད་ཆགས་མེད་ན་ནི་ཉེས་བྱས་སོ། །བསྟེན་པར ་བྱེད་པ་འཆོས་པའི་ལྟུང་བྱེད་དོ་ཞེས་བྱ་བ་དེ་བཤད་ཟིན་ཏོ། །དེ་འདི་མན་ཆད་ནི་རེག་པར་བྱ་བ་མ་ཡིན་པ་དང་བསྟེན་པའི་ལྟུང་བྱེད་བཅུ་གཅིག་སྟོན་ཏེ། དགེ་སློང་མས་སྐྱེས་པ་ལ་རེག་པར་བྱ་བ་མ་ཡིན་པ་དང་བསྟེན་པའི་ལྟུང་བྱེད་བཅུ་གཅིག ་སྟོན་ཏེ། དགེ་སློང་མས་སྐྱེས་པ་ལ་རེག་པར་བྱ་བ་མ་ཡིན་པ་དེ་དང། ལྷན་ཅིག་རེག་པའི་ཚུལ་གྱིས་བརྟན་པ་གང་ཡིན་པ་དེ་ལས་གྱུར་པའི་ཁ་ན་མ་ཐོ་བ་དེ་དག་ནི། རེག་པར་བྱ་བ་མ་ཡིན་པ་དང་བསྟེན་པའི་ལྟུང་བྱེད་རྣམས་ཞེས་བྱའོ།། ་དེ་ལ་དེ་དག་གི་དང་པོ་ཇེ་བཤད་པར་བྱ་སྟེ། གང་ལ་ཁྱིམ་པ་དང་ལྷན་ཅིག་འགྲེང་བའི་ལྟུང་བྱེད་དུ་འགྱུར་ཞེ་ན་དེའི་ཕྱིར། ཁྱིམ་བ་དང་ལྷན་ཅིག་དབྱེན་པ་སྐྱབས་ཡོད་པ་ན་འགྲེང་པ་ལའོ་ཞེས་བྱ་བ་སྨྲས་ཏེ། དགེ་སློང་མ་གཅིག་བུ་ཁྱིམ་པ་བསྟེན ་པའི་མཐུ་ཡོད་པ་གཅིག་དང་དབྱེན་པ་སྐྱབས་ཡོད་པ་ན། འདོམ་གང་གི་ནང་དུ་ཚུན་ཆད་ན་འདུག་གམ་འགྲེང་ཡང་རུང་སྟེ། དེ་ལ་ཁ་ན་མ་ཐོ་བ་འདིར་འགུར་རོ། །སྐྱེས་པ་བསྟེན་པའི་མཐུ་བདེ་བ་ནི་ཉེས་བྱས་སོ། །དབྱེན་པ་སྐྱབས་ཡོད ་པའི་མཚན་ཉིད་བསྟན་པའི་ཕྱིར། རྩིག་པ་དང་ས་བ་མ་དང་ཡོལ་བ་དང། ཐིབ་པོ་དང་མུན་པ་དག་གིས་ནི་དེ་ཉིད་འགྲུབ་པོ་ཞེས་བྱ་བ་སྨྲས་ཏེ། ལྔ་པོ་དེ་དག་གིས་ནི་དབྱེན་པ་སྐྱབས་ཡོད་པ་འགྲུབ་པོ། །གང་ལ་དགེ་སློང་དང་ལྷན་ཅིག་འགྲེང? ་པའི་ལྟུང་བྱེད་དུ་འགྱུར་ཞེ་ན་དེའི་ཕྱིར། དགེ་སློང་དང་ངོ་ཞེས་བྱ་བ་སྨྲས་ཏེ། ལྷན་ཅིག་དབྱེན་པ་སྐྱབས་ཡོད་པ་ན་འགྲེང་པ་ལའོ་ཞེས་བྱ་བར་སྦྱར་རོ། །གང་ལ་བླ་གབ་མེད་པ་ན་ཁྱིམ་པ་དང་ལྷན་ཅིག་འགྲེང་པའི་ལྟུང་བྱེད་དུ་འགྱུར་ཞེ་ན་དེའི་ཕྱིར། བླག་བ་མེད ་པ་ན་སྡམ་དང་ངོ་ཞེས་བྱ་བ་སྨྲས་ཏེ། བླ་གབ་མེད་པ་ཞེས་བྱ་བ་བར་ཆད་མེད་པའི་ཕྱོགས་ན་སྔ་མ་དང་ངོ་ཞེས་བྱ་བ་ཁྱིམ་པ་དང་ལྷན་ཅིག་འགྲེང་པ་ལ་ཁ་ན་མ་ཐོ་བ་འདིར་འགྱུར་རོ། །ཞེས་བྱ་པའི་ཐ་ཚིག་གོ། གང་ལ་བ་གམ་མེད་པ་ན་དགེ་སློང་དང་ལྷན་ཅིག ་འགྲེང་བའི་ལྟུང་བྱེད་དུ་འགྱུར་ཞེན་དེའི་ཕྱིར། ཕྱི་མ་དང་དོ་ཞེས་བྱ་བ་སྨྲས་ཏེ། བླ་གབ་མེད་པ་ན་ལྷན་ཅིག་འགྲེང་བ་ལའོ་ཞེས་བྱ་བར་སྦྱར་རོ། །ཕྱི་མ་དང་ངོ་ཞེས་བྱ་བ་ནི་དགེ་སློང་དང་དོ། །གསུམ་པོ་དེ་དག་ལ་ནི་འཇུག་པ་ལ་ཡང་ལྟུང་བྱེད་ཁོ་ནར ་འགྱུར་ཏེ། ཚུལ་དེ་དག་ནི་ཆེས་ལྕི་བ་ཡིན་པའི་ཕྱིར་རོ། །དེ་གྲོགས་དང་བཅས་པ་ཉིད་ཡིན་ན་ལྟུང་བ་མེད་དོ་ཞེས་བྱ་བ་ནི། དགེ་སློང་དེ་གྲོགས་དང་བཅས་པ་ཉིད་ཡིན་ནོ། །འདིར་གཞུང་ནི་གལ་ཏེ་དགེ་སློང་གྲོགས་དང་བཅས་པ་ཉིད་ཡིན་ན་ལྟུང་བ ་མེད་དོ་ཞེས་གསུངས་པ་ཡིན་ནོ། །དགེ་སློང་མ་ཁྲིམས་ཟླ་དང་བཅས་པ་ཉིད་ཡིན་ནམ་ངོ་ཞེས་བྱ་བ་ཡང་ལྟུང་བ་མེད་དོ་ཞེས་བྱ་བར་སྦྱར་རོ། །ཐག་ཇི་སྲིད་ཀྱི་དབང་གིས་གྲོགས་དང་ཐ་དང་བ་ཉིད་མ་ཡིན་པར་སྣང་བའི་ཐག་དེ་ཅམ་ན་གྲོགས་འདུག་མ ་ཁྲིམས་ཟླ་བ་དང་བཅས་པ་ཉིད་ཡིན་ནོ། །གང་ལ་ཁྱིམ་པའི་རྣར་གཤུབ་ཅིང་སྨྲ་བའི་ལྟུང་བྱེད་དུ་འགྱུར་ཞེ་ན་དེའི་ཕྱིར། ཁ་ཡིམ་པའི་རྣར་གཤུབ་ཅིང་སྨྲ་བ་ལའོ། ཞེས་བྱ་བ་པ་སྨྲས་ཏེ། དགེ་སློང་མས་ཁྱིམ་བའི་རྣ་དྲུང་དུ་མ་རེག་ཅམ་དུ་བསྙེན་ཏེ། ཕྲིན་ལ་སོགས ་པ་སྨྲ་བ་ནི་རྣར་གཤུབ་ཅིང་སྨྲ་བ་ཞེས་བྱ་སྟེ། དེ་ལ་ཁ་ན་མ་ཐོ་བ་འདིང་འགྱུར་རོ། །བྱེ་བྲག་མ་བསྟན་པས་དབྱེན་པ་སྐྱབས་ཡོད་པ་ཡང་རུང། སྤག?་བ་མེད་པ་ཡང་རུང་གྲོགས་ཡོད་པ་ཡང་རུང་གཅིག་བུ་ཡང་རུང་བར་ཤེས་པས་བྱའོ། །འདིར་སྨྲ་བ་ཞེས་ ་སྨོས་པ་ནི་དོན་དང་བཅས་པ་དང་དོན་མེད་པའི་ཚིག་ཐམས་ཅད་ཀྱི་དཔེ་ཡིན་ནོ། །གང་གི་ཚེ་གློ་ནས་རྣར་གཤུབ་པ་བྱེད་ན་དེའི་ཆེ་ཉན་པ་པོའི་དབུང་མགོའི་ཕྱི་རོལ་གྱི་མཛའ་ལས་སྨྲ་བ་མོའི་ཀོ་སྒོའི?་མཛའ་ཨི་ཆ་འདས་ན་དེ་ནི་དེའི་རྣར ་གཤུབ་ཅིང་སྨྲ་བའི་ལྟུང་བྱེད་ཀྱི་དང་བོར་རྣམ་པར་བཞག་པ་ཡིན་ནོ། །གང་གི་ཚེ་མདུན་རོལ་ནས་གཤུབ་ཅིང་སྨྲ་བར་བྱེད་ན་ནི་དེའི་ཚེ་ཉན་པ་པོའི་སྙིང་གའི་རུས་བ་ལས་འདས་ནའོ། །གང་གི་ཚེ་རྒྱབ་ལོགས་ནས་གཤུག་ཅིང་སྨྲ་བར་བྱེད་ན་ནི་དེའི་ཚེ་མཆན? ་ཁུང་གི་ཐད་ཀ་ནི་སྙིང་གིའི་ཐད་ཀ་དང་འདྲ་སྟེ་དེ་ནས་ཕྲག་པའི་ཕྱོགས་ལོགས་?་འདས་ན་དེ་དེའི་དང་པོ་ཡིན་པར་རྣམ་པར་གཞག་གོ། གང་ལ་ཁྱིམ་པ་ལས་རྣར་གཤུབ་ཅིང་སྨྲ་བ་ཉན་བའི་ལྟུང་བྱེད་དུ་འགྱུར་ཞེ་ན་དེའི་ཕྱིར། དེ་ལས་དེས་དེ་ཉན་པ་ལའོ ་ཞེས་བྱ་བ་སྨྲས་ཏེ། ཁྱིམ་པ་དེ་ལས་རྣར་གཤུབ་པ་དེས་སྨྲ་བ་དེ་ཉན་པའི་དགེ་སློང་མ་ལ་ཁ་ན་མ་ཐོ་བ་འདིར་འགྱུར་རོ། །གང་ལ་དགེ་སློང་གི་རྣར་གཤུབ་ཅིང་སྨྲ་བའི་ལྟུང་བྱེད་དུ་འགྱུར་ཞེ་ན་དེའི་ཕྱིར། དགེ་སློང་གིའོ་ཞེས་བྱ་བ་སྨྲས་ཏེ་རྣར་གཤུབ་ཅིང་སྨྲས་ཏེ། ་རྣར་གཤུབ་ཅིང་སྨྲ་པ་ལ་ཁ་ན་མ་ཐོ་བ་འདིར་འགྱུར་རོ་ཞེས་བྱ་བར་སྦྱོར། །གང་ལ་དགེ་སློང་ལས་རྣར་གཤུབ་ཅིང་སྨྲ་བ་ཅན་པའི་ལྟུང་བྱེད་དུ་འགྱུར་ཞེ་ན་དེའི་ཕྱིར། དེ་པས་ཀྱང་དོ་ཞེས་བྱ་བ་སྨྲས་ཏེ། དགེ་སློང་དེ་ལས་སོ། །རྣར་གཤུབ་ཅིང་སྨྲ་བ་ཉན་པ་ལའོ་ཞེས་བྱ་བའི ་རྗེས་བསྙགས་པའི་ཕྱིར་ཀྱང་ངོ་ཞེས་བྱ་བའི་སྒྲ་སྨོས་སོ། །གང་ལ་ལ་ཁྱིམ་པ་ལས་རིག་པ་ལེན་པའི་ལྟུང་བྱེད་དུ་འགྱུར་ཞེ་ན་དེའི་ཕྱིར། ཁྱིམ་པ་ལས་རིག་པ་ལེན་པ་ལའོ་ཞེས་བྱ་བ་སྨྲས་ཏེ། དགེ་སློང་མས་ཁྱིམ་བ་ལས་རིག་བ་གང་ཡང་རུང་བ་ལེན་པ་ལ ་ལྟུང་བྱེད་དུ་འགྱུར་རོ། །འདི་ནི་སྦོམ་དགའ་མོ་ཆགས་པར་གྱུར་པས་སྐྱེས་བ་ལས་རིག་པ་བླངས་ནས་དེའི་ཚེ་གཉན་དུ་གཞུག་པའི་ཕྱིར་ཡང་དང་ཡང་དུ་བཟླས་པ་འཚོལ་བར་བྱེད་པ་དེ་ལས་བཅས་པ་ཡིན་ནོ། །གང་ལ་ཁྱིམ་པ་ལས་རིག་པ་ཀློག་པའི ་ལྟུང་བྱེད་དུ་འགྱུར་ཞེ་ན། དེའི་ཕྱིར། དེ་ལས་དེ་ཀློག་པ་ལའོ་ཞེས་བྱ་བ་སྨྲས་ཏེ། ཁྱིམ་པ་དེ་ལས་རིག་པ་དེ་ཀློག་པ་ལ་ཁ་ན་མ་ཐོ་བ་འདིར་འགྱུར་རོ། །འདིར་རིག་པ་ཞེས་སྨོས་པ་ནི་ཀླག་པར་བྱ་བ་ཐམས་ཅད་ཀྱི་དཔེ་ཡིན་ནོ། །དགེ་སློང་གིས་དགེ་སློང་མ་ལ ་ཀློག་ཏུ་འཇུག་པ་ལ་ནི་ལྟུང་བ་མེད་དེ་གཉིས་ནི་སློབ་མ་དང་སློབ་དཔོན་དུ་རིགས་པ་ཉིད་ཡིན་པའི་ཕྱིར་རོ། །གང་ལ་རྨ་བཅིངས་བ་གྲོལ་དུ་འཇུག་པའི་ལྟུང་བྱེད་དུ་འགྱུར་ཞེ་ན་དེའི་ཕྱིར། སྒྱུ་ཐབས་ཀྱིས་རྨ་བཅིངས་ཤིར་འགྲོལ་དུ་འཇུག་པ་ལའོ་ཞེས་བྱ་བ་སྨྲས ་ཏེ། ཉོན་མོངས་པ་ཅན་གྱི་སྐྱུ་ཐབས་ཀྱི་སེམས་ཀྱིས་རང་གི་ལུས་ཀྱི་རྨ་བཅིངས་ཤིང་བཅིངས་ཤིང་སྐྱེས་པ་ལ་འགྲོལ་དུ་འཇུག་པ་ལ་ཁ་ན་མ་ཐོ་བ་འདིར་འགྱུར་རོ། །སྒྱུ་ཐབས་ཀྱི་བུད་མེད་གྲོལ་དུ་འཇུག་པ་ནི་ཉེས་བྱས་སོ། །འདི་ནི་སྦོམ་དགའ་ ་མོའི་ལག་པ་གཡས་པར་ཕལ་མིག་བྱུང་པའོ། །རྨ་དེ་སྨན་པས་ཟན་གྱིས་གླན་ནས་རས་མས་བཅིངས་པ་དང། དེས་ཧ་ཅང་ལྷོད་དོ་ཧ་ཅང་དམས་སོ་ཞེས་ཟེར་ཞིང་ཡོད་དང་ཡང་འགྲོལ་བཅུག་བ་དེ་ལས་བཅས་པ་ཡིན་ནོ། །དེའི་ཕྱིར་དོན་བདེན་པ་ཉིད ་ལ་ནི་ལྟུང་བ་མེད་དོ་ཞེས་བྱ་བ་ནི། གང་གི་ཕྱིར་རྒྱུ་ཐབས་ཀྱིས་ལྟུང་བྱེད་དུ་རྣམ་པར་བཞག་པ་དེའི་ཕྱིར་ནམ་ཡང་དག་གམ་ལྷོད་ཡང་དག་པའི་བདེན་པ་ཉིད་ལ་ནི་ཉོན་མོངས་པ་ཅིན?་མ་ཡིན་པའི་སེམས་ཀྱིས་གྲོལ་དུ་བཅུག་པ་ལ་ལྟུང་བ་མེད་དོ། །ཉོན་མོངས ་བཅན་གྱི་སེམས་ཀྱིས་ནི་ཕྱེད་འགྲོལ་ཏུ་བཅུག་ན་ཡང་ལྟུང་བྱེད་དོ། །ལན་མང་དུ་འགྲོལ་དུ་བཅུག་ན་ནི་ཇི་སྙེད་འགྲོལ་དུ་བཅུག་པ་དེ་སྙེད་ཀྱི་ལྟུང་བྱེད་དུ་འགྱུར་རོ། །འདི་དགེ་སློང་ལ་ནི་ཉེས་བྱས་སོ། །རིག་པར་བྱ་བ་མ་ཡིན་པ་དང་བསྟེན་པ་ལས་གྱུར་བའི ་ལྟུང་བྱེད་བཅུ་གཅིག་གོ་ཞེས་བྱ་བ་ཁྱིམ་པ་དང་ལྷན་ཅིག་འགྲེང་བའི་ལྟུང་བྱེད་དང། དགེ་སློང་དང་ལྷན་ཅིག་དགྲེ་བའི་ལྟར?་བྱེད་དང། བླ་གབ་མེད་པ་ན་ཁྱིམ་པ་དང་ལྷན་ཅིག་འགྲེང་བའི་ལྟུང་བྱེད་དང། བླག་པ་མེད་པ་ན་དགེ་སློང་དང་ལྷན་ཅིག་འགྲེང་བའི་ལྟུང་བྱེད ་དང། ཁྱིམ་པའི་སྣར་གཤུབ་ཅིང་སྨྲ་བའི་ལྟུང་བྱེད་དང། ཁྱིམ་པ་ལས་རྣར་གཤུབ་ཅིང་སྨྲ་བ་ཉན་པའི་ལྟུང་བྱེད་དང། དགེ་སློང་ལས་རྣར་གཤུབ་ཅིང་སྨྲ་བ་ཉན་པའི་ལྟུང་བྱེད་དང། ཁྱིམ་པ་ལས་རིག་པ་ལེན་པའི་ལྟུང་བྱེད་དང། ཁྱིམ་པ་ལས ་རིག་པ་ཀློག་པའི་ལྟུང་བྱེད་དང། རྨ་བཅིངས་པ་འགྲོལ་དུ་འཇུག་པའི་ལྟུང་བྱེད་བཅུ་གཅིག་བཤད་ཟིན་ཏོ།། །།གང་ལ་བུ་འཚོ་བའི་ལྟུང་བྱེད་དུ་འགྱུར་ཞེ་ན་དེའི་ཕྱིར། བུ་འཆི་བ་ལའོ་ཞེས་བྱ་བ་སྨྲས་ཏེ། བུ་རུག་འཚོ་ཞིང་རྩེ་བ་ལ་སོགས་པས ་བསྙེན་བཀུར་བྱེད་པ་ལ་ལ་ཁ་ན་མ་ཐོ་བ་འདིར་འགྱུར་རོ། །དེ་ལྟར་ཡང་འདིར་གཞུང་ན་སྦོམ་དགའ་མོས་ལྷུང་བཟེད་བཞག་སྟེ། ཆོས་གོས་དག་ཕུད་ནས་ཁྱེའུ་བླངས་ཏེ། ཡུད་ཙམ་ཞིག་བཙས་སོ་ཞས་གསུངས་པ་ཡིན་ནོ། །འདིར་ཁྱེའུ་ཞེས་སྨོས ་པ་ནི་བུ་མོ་དང་མ་ནིང་དག་གི་དཔེ་ཡིན་ཏེ་ཚུལ་འདྲའོ། །རང་གི་བུ་ལ་རག་པ་རྗས་སུ་གནང་བའི་ཕྱིར་རང་གི་བུ་ལ་འཚོ་བ་ལས་ཉེས་བ་མེད་དོ། །དགེ་སློང་ལ་ནི་འདི་ཉེས་བྱས་སོ། །བུ་འཚོ་བའི་ལྟུང་བྱེད་དོ་ཞེས་བྱ་བ་དེ་བཤད་ཟིན་ཏོ།། །།ད་འདི་མན ་ཆད་ནི་གནོད་པར་འགྱུར་བའི་སྒོ་སྤང་བའི་ལྟུར་བྱེད་གསུམ་བཤད་པར་བྱ་སྟེ། སྐྱེས་པས་གནོད་པར་འགྱུར་བའི་སྒོ་སྦར་བའི་ཕྱིར་བསླབ་པའི་གཞི་གསུམ་བཅས་པའི་ཕྱིར། དེ་ལ་གང་ལ་ཁྱིམ་གཞན་དུ་མཚན་མོ་ཉལ་བའི་ལྟུང་བྱེད་དུ་འགྱུར་ཞེ་ན་དེའི ་ཕྱིར། ཁྱིམ་བདག་ལ་མ་དྲིས་པར་ཁྱིམ་གཞན་དུ་མཚན་མོ་འདའ་བར་བྱེད་པ་ལའོ་ཞེས་བྱ་བ་སྨྲས་ཏེ། ཁྱིམ་བདག་ལམ་དྲིས་པར་རྩིག་པ་ལ་སོགས་པས་བསྐོར་བ་འམ། ཕྱུག་ལྷས་སམ་འདྲོན་ཁང་ལ་སོགས་པ་ཁྱིམ་གཞན་དུ་མཚན་མོ་ཉལ ་ཞིང་འདའ་བར་བྱེད་པ་ལ་ཁ་ན་མ་ཐོ་བ་འདིར་འགྱུར་རོ། །བུད་མེད་ལ་རག་ལས་པ་ཉིད་ཡིན་ན་དེ་ལ་དྲིས་ན་ལྟུང་བ་མེད་དོ་ཞེས་བྱ་བ་ནི་ཁྱིམ་གང་ན་བུད་མེད་དབང་ཆེ་ཞིང་ཁྱིམ་བདག་གིས་བུད་མེད་ཀྱི་ཚིག་ལས་འདའ་བར་མི་ནུས་པ་དེ་ནི་བུད་མེད་ལ ་རག་ལས་པ་ཉིད་ཅེས་བྱ་སྟེ་དེར་ནི་བུད་མེད་ལ་དྲིས་ན་ཁྱིམ་བདག་ལ་མ་དྲིས་བར་མཚན་མོ་འདའ་བར་བྱེད་པ་ལ་ལྟུང་བ་མེད་པའོ། །གང་ལ་མཚན་མོ་མ་བརྟགས་པར་སྐྱབས་ཡོད་བའི་ཉལ་བའི་ལྟུང་བྱེད་དུ་འགྱུར་ཞེ་ན་དེའི་ཕྱིར། མཚན་མོ་མ་བརྟགས་པར་སྐྱབས ་ཡོད་པར་འདའ་བར་བྱེད་པ་ལའོ་ཞེས་བྱ་བ་སྨྲས་ཏེ། སྐྱབས་ཡོད་པའི་ཕྱོགས་མ་བརྟགས་པར་མཚན་མོ་ཉལ་ཞིང་འདའ་བར་བྱེད་པ་ལ་ཁ་ན་མ་ཐོ་བ་འདིར་འགྱུར་རོ། །སྐྱབས་ཡོད་པ་ཞེས་བྱ་བ་ནི་མུན་ཁུང་དང་ཐིབས་པོ་ལ་སོགས་པ་གང་དུ་ཞུགས་ན ་སྐྱེས་པ་ཡོད་པར་ཤེས་པར་མི་འགྱུར་བ་ལ་བྱའོ། །གང་ལ་གནས་ཁང་དུ་དགེ་སློང་མ་གཞན་མེད་པར་མཚན་མོ་ཉལ་བའི་ལྟུང་བྱེད་དུ་འགྱུར་ཞེ་ན་དེའི་ཕྱིར། གནས་ཁང་དུ་དགེ་སློང་མ་གཞན་མེད་པར་མཚན་མོ་འདའ་བར་བྱེད་པ་ལའོ་ཞེས་བྱ་བ་སྨྲས་ཏེ། མཚན ་མ་གནས་ཁང་དུ་དགེ་སློང་མ་གཞན་མེད་པར་གཅིག་བུ་ཉལ་ཞིང་འདའ་བར་བྱེད་པ་ལ་ཁ་ན་མ་ཐོབ་འདིར་འགྱུར་རོ། །འདིར་གཙུག་ལག་གིས་རྗེས་སུ་འབྲང་བས་གནས་ཁང་ཞེས་སྨོས་པར་ཟད་ཀྱི་གཡོགས་པའི་ཕྱོགས་གཞན་ལ་ཡང་ཁ་ན་མ་ཐོ་བ་འདྲའོ། ། བསླབ་པའི་གཞི་འདི་གསུམ་ལ་མཚན་མོའི་མཛའ་ཨི་སྐད་ཅིག་ལ་ནི་ལྟུང་བྱེད་དོ། །མདུན་རོལ་དུ་ནི་ཉེས་བྱས་སོ། །དེ་ཤི་བ་ལ་སོགས་པ་ལ་ནི་ལྟུང་བ་མེད་དོ་ཞེས་བྱ་བ་ནི། དགེ་སློང་མ་གཞན་དེ་ཤི་འམ་བབས་སམ་ཡུལ་གཞན་ལ་སོགས་པར་སོང་དམ། ་རྐྱེན་གཞན་གྱིས་མེད་པར་གྱུར་ན་གཅིག་བུ་གནས་ཁང་དུ་མཚན་མོ་འདའ་བར་བྱེད་པ་ལ་ལྟུང་བ་མེད་པ་ཡིན་ཏེ་དེས་མི་འདོད་བཞིན་དུ་བྲལ་བ་བསྟན་ཏོ། །གནོད་པར་གྱུར་པའི་སྒོ་སྤང་བའི་ལྟུང་བྱེད་གསུམ་མོ་ཞེས་བྱ་བ་ཁྱིམ་གཞན་དུ་མཆེན་མོ་ཉལ་བའི་ལྟུང ་བྱེད་དང་མཚན་མོ་མ་བརྟགས་པར་སྐྱབས་ཡོད?་པར་ཉལ་བའི་ལྟུང་བྱེད་དང། གནས་ཁང་དུ་དགེ་སློང་མ་གཞན་མེད་པར་མཚན་མོ་ཉལ་བའི་ལྟུང་བྱེད་གསུམ་བཤད་ཟིན་ཏོ།། །།གང་ལ་ལོངས་སྤྱོད་ཅིང་གནས་པ་བཏང་བའི་ལྟུང་བྱེད་དུ་འགྱུར་ཞེ་ན ་དེའི་ཕྱིར། དགེ་སློང་མ་དང་ཁྲི་གཅིག་ལ་ལྷན་ཅིག་རེག་པ་དང་བཅིས་ཤིང་མཚན་མོ་ཉལ་བ་ལའོ་ཞེས་བྱ་བ་སྨྲས་ཏེ། དགེ་སློང་མ་དང་ལྷན་ཅིག་ཁྲི་གཅིག་གི་སྟེང་དུ་ཤ་མཐེང་རེག་པ་དང་བཅས་ཤིང་མཚན་མོ་ཉལ་བར་བྱེད་པའི་ཁ ་ན་མ་ཐོ་བ་འདིར་འགྱུར་རོ། །རེག་པ་དང་བཅས་ཤིང་ཞེས་བྱ་བ་ནི་རོག་པ་དང་བཅས་བཞིན་དུ་ཞེས་བྱ་བའི་ཐ་ཚིག་གོ། དེའི་ཕྱིར་རེག་པ་དང་བཅས་པ་ལ་ཁ་ན་མ་ཐོ་བ་རྫོགས་པར་འགྱུར་ཏེ། མ་རེག་པ་ལ་ལྟུང་བ་མེད་དོ་ཞེས་གསུངས་པའི་ཕྱིར། དེ་དང ་དམ་དུ་མ་དང་ལྷན་ཅིག་ཀྱང་རུང་སྟེ་གཏུར་བུ་ལ་སོགས་པས་རབ་ཏུ་ཆོད་ཅིང་དྲན་པ་ཉེ་བར་གཞག་སྟེ། ལུས་ཀྱིས་རེག་པའི་རོ་མྱ་བ་མེད་པར་ཁྲི་མི་འགུལ་བ་ཐ་མལ་པ་འམ་སྟན་ལ་ནི་ལྟུང་བ་མེད་དོ་ཞེས་བྱ་བ་ལ། དེ་དང་དམ་ཞེས་བྱ་བ་ནི་དགེ་སློང་མ ་ཅིག་ཤོས་དེ་དང་ལྷན་ཅིག་ཉལ་བ་དེ་ལའོ། །དུ་མ་དང་ལྷན་ཅིག་ཀྱང་རུང་སྟེ་ཞེས་བྱ་བ་ནི་གཅིག་པུ་དང་ལྷན་ཅིག་ཉལ་བ་འབའ་ཞིག་ཏུ་ཡང་མ་ཟད་ཀྱིས་གཉིས་ལ་སོགས་པ་དང་ཅིག་ཉལ་ཡང་རུང་བའོ། །ཅི་གྱི་ན་དེ་བཞིན་ཉལ་བ་ལ་འམ་ཞེ་ན་དེའི ་ཕྱིར། གཏུར་བུ་ལ་སོགས་པས་བར་དུ་བཅད་ཅིང་ཞེས་བྱ་བ་སྨྲས་ཏེ། ཆོས་གོས་ཀྱི་གཏུར་བུ་དང། ལྷུང་བཟེད་ཀྱིས་སྣོད་ལ་སོགས་པས་མལ་གྱི་བར་དུ་གཅད་པར་བྱས་པ་དེ་ལའོ། །དྲན་པ་ཉེ་བར་གཞག་སྟེ་ཞེས་བྱ་བ་ནི། ཇི་ནས་ཀྱང་ལུས་ཀྱི ་རིག་པའི་རོ་མྱང་བ་མེད་པར་བྱ་བའི་ཕྱིར་དྲན་པ་ཉེ་བར་གཞག་པ་ལའོ། །ལུས་ཀྱི་རེག་པའི་རོ་མྱང་བ་མེད་པར་ཞེས་བྱ་བ་ནི། གལ་ཏེ་གཏུར་བུ་ལ་སོགས་པས་བར་དུ་བཅད་དུ་ཟིན་ཀྱང་བརྐྱལ?་ལུས་རེག་པར་གྱུར་ན་རེག་པ་དེའི་རོ་མྱང་བ་མེད་པར ་བྱེད་པ་སྟེ། འདི་ནི་དྲན་པ་ཉེ་བར་གཞག་པ་ལའོ། །ལུས་ཀྱི་རེག་པའི་རོ་མྱོང་བ་མེད་པར་ཞེས་བྱ་བ་ནི། གལ་ཏེ་གཏུར་བུ་ལ་སོགས་པས་བར་དུ་བཅད་དུ་ཟིན་ཀྱང་བརྐྱལ་ལུས་རེག་པར་གྱུར་ན་རེག་པ་དེའི་རོ་མྱང་བ་མེད་པར ་བྱེད་པ་སྟེ། འདི་ནི་དྲན་པ་ཉེ་བར་གཞག་པ་དེའི་འབྲས་བུ་ཡིན་ནོ། །དེ་བས་ན་རྣམ་པ་དེ་ལྟ་བུ་དྲན་པ་ཉེ་བར་གཞག་པར་བྱའོ། །གཞི་གང་ལ་དེ་དག་དང་ལྷན་ཅིག་ཉལ་བལ་ལྟུང་བ་མེད་ཅེ་ན་དའི་ཕྱིར་ཁྲིམ་འགུལ་བ་ཐ་མལ་པ་ཞེས་བྱ་བ་སྨྲས་ཏེ། ཁྲི ་རྐང་ས་ལ་གཙུགས་ཕ་མི་འགུལ་བ་དང་ཁྲི་ཕལ་པ་ཐ་མལ་པར་གྲགས་པ་ལའོ། །ཡང་ན་སྟན་ལ་ཡང་རུང་སྟེ་བཞི་དེ་ལྟ་བུ་དག་ལ་རྣམ་པ་ཇི་སྐད་བསྟན་པ་དེ་ལྟ་བུ་དག་གིས་ལྷན་ཅིག་ཉལ་བ་ལ་ནི་ལྟུང་བ་མེད་དོ། །འདིར་གཞུང་ནི་ཁྲི་མི་འགུལ་བལ ་གཏུར་བུ་ལ་སོགས་པས་བར་དུ་བཅད་ཅིང་དྲན་པ་ཉེ་བར་གཞག་སྟེ་ལུས་ཀྱི་རེག་པའི་རོ་མྱང་བ་མེད་པར་ཉལ་བ་ལྟུང་བ་མེད་དོ། །ཁྲི་ཐ་མལ་པ་ལ་ཡང་དེ་བཞིན་ནོ། །སྟན་ལ་ཡང་དེ་བཞིན་ནོ་ཞེས་གསུངས་པ་ཡིན་ནོ། །ཡོད་ན་ཉེས་བྱས་སོ་ཞེས་བྱ་བ ་ནི། མལ་སོ་སོར་བྱ་བའི་སྐབས་ཡོད་ན་བར་དུ་བཅད་པ་ལ་སོགས་པས་ཉལ་བ་ལ་ནི་ཉེས་བྱས་ཀྱི་ཁ་ན་མ་ཐོ་བར་འགྱུར་རོ། །ལོངས་སྤྱོད་ཅིང་གནས་པ་བཏང་བའི་ལྟུང་བྱེད་དོ་ཞེས་བྱ་བ་དེ་བཤད་ཟིན་ཏོ།། །།ད་འདི་མན་ཆད་ནི་བྱི་དོར་བྱེད་པ ་ལས་གྱུར་པའི་ལྟུང་བྱེད་བརྒྱད་སྟོན་ཏེ། དེ་ལ་གང་ལ་དགེ་སློང་མ་བྱི་དོར་བྱེད་དུ་བཅུག་པའི་ལྟུང་བྱེད་དུ་འགྱུར་ཞེ་ན་དེའི་ཕྱིར། རང་གི་ལུས་ཀྱིས་དྲིལ་ཕྱི་དགེ་སློང་མ་བྱེད་དུ་འཇུག་པ་ལའོ་ཞེས་བྱ་བ་སྨྲས་ཏེ། རང་གི་ལུས་ལ་འདག་རྫས་ཀྱིས་དྲིལ་ཞིང ་ཕྱི་བའི་དྲིལ་ཕྱི་དགེ་སློང་མ་གཞན་བྱེད་དུ་འཇུག་པ་ལ་ཁ་ན་མ་ཐོ་བ་འདིར་འགྱུར་རོ། །གང་ལ་དགེ་སློབ་མ་བྱི་དོར་བྱེད་དུ་འཇུག་པའི་ལྟུང་བྱེད་དུ་འགྱུར་ཞེ་ན་དེའི་ཕྱིར། དགེ་སློབ་མའི་ཞེས་བྱ་བ་སྨྲས་ཏེ། རང་གི་ལུས་ཀྱི་དྲིལ་ཕྱི་དགེ་སློང་མ་བྱེད་དུ་འཇུག ་པ་ལ་ཁ་ན་མ་ཐོ་བ་འདིར་འགྱུར་རོ། །གང་ལ་དགེ་ཚུལ་མ་བྱི་ཚུལ་མ་བྱེད་དུ་འཐུག་པ་ལ་ཁན་མ་ཐོ་བ་འདིར་འགྱུར་རོ། དགེ་ཚུལ་མའོ་ཞེས་བྱ་བ་སྨྲས་ཏེ། རང་གི་ལུས་ཀྱི་དྲིལ་ཕྱི་དགེ་ཚུལ་མ་བྱེད་དུ་འཇུག་པ་ལ་ཁ་ན་མ་ཐོ་བ་འདིར་འགྱུར་རོ། །གང་ལ ་ཁྱིམ་པ་མོ་བྱི་དོར་བྱེད་དུ་འཇུག་པའི་ལྟུང་བྱེད་དུ་འགྱུར་ཞེ་ན་དེའི་ཕྱིར། ཁྱིམ་པ་མོའི་ཞེས་བྱ་བ་སྨྲས་ཏེ། རང་གི་ལུས་ཀྱི་དྲིལ་ཕྱི་ཁྱིམ་པ་མོ་བྱེད་དུ་འཇུག་པ་ལ་ཁ་ན་མ་ཐོ་བ་འདིར་འགྱུར་རོ། །གང་ལ་མུ་སྟེགས་མོ་བྱི་དོར་བྱེད་དུ་འཇུག་པའི་ལྟུང་བྱེད་དུ ་འགྱུར་ཞེ་ན་དེའི་ཕྱིར། མུ་སྟེགས་མོའོ་ཞེས་བྱ་བ་སྨྲས་ཏེ། རང་གི་ལུས་ཀྱི་དྲིལ་ཕྱི་མ་སྟེགས་ཅན་མོ་བྱེད་དུ་འཇུག་པ་ལ་ཁ་ན་མ་ཐོ་བ་འདིར་འགྱུར་རོ། །བྱུང་བའི་དབང་གིས་གང་ཟག་ཐ་དད་པས་བསླབ་པའི་གཞི ་ལྔ་སོ་སོར་བཅའ་བ་མཛད་དོ། །གང་ལ་བུད་མེད་བཀྲུ་བཤལ་བྱེད་དུ་འཇུག་པའི་ལྟུང་བྱེད་དུ་འགྱུར་ཞེ་ན་དེའི་ཕྱིར། བཀྲུ་བཤལ་བྱེད་དུ་འཇུག་པ་ལའོ་ཞེས་བྱ་བ་སྨྲས་ཏེ། དགེ་སློང་མས་རང་གི་ལུས་ལ་ཆུ་འབའ་ཞིག་གིས་དྲི་མ་བཀྲུ་བཤལ ་བྱ་བ་བུད་མེད་གཞན་བྱེད་དུ་འཇུག་པ་ཁ་ན་མ་ཐོ་བ་འདིར་འགྱུར་རོ། །སྔ་མ་ལྔ་ནི་འདག་རྫས་གང་ཡན་རུང་བ་གཞན་དག་གིས་དྲིལ་ཕྱི་བྱེད་འཇུག་པ་ལས་བཅས་པ་ཡིན་ནོ། །འདི་ནི་ཆུ་འབའ་ཞིག་གིས་བཀྲུ་བཤལ་བྱེད་དུ་འཇུག་པ ་ལས་བཅས་པ་ཡིན་ཏེ་བྱེ་བྲག་ནི་ཡིན་ནོ། །དེ་ལྟར་ཡང་བཀྲུ་བཤལ་བྱེད་དུ་འཇུག་ན་ཞེས་གསུངས་པ་དེའི་རྣམ་པར་འབྱེད་པ་ནི་ཆུས་བཀྲུ་བཤལ་བྱེད་ན་ཞེས་གསུངས་པ་ཡིན་ནོ། །གང་ལ་རྫས་དྲི་ཞིམ་པོས་རང་གི་ལུས་སྐུད་པའི་ལྟུང ་བྱེད་དུ་འགྱུར་ཞེ་ན་དེའི་ཕྱིར། རྫས་དྲི་ཞིམ་པོ་དག་གི་རང་གིས་ལུས་སྐུད་པ་ལའོ་ཞེས་བྱ་བ་སྨྲས་ཏེ། སོ་སོར་ཐར་པའི་མདོ་ལས་དྲི་དག་གིས་ཞེས་གསུངས་པ་དེའི་རྣམ་པར་འབྱེད་པ་ནི། རྫས་དྲི་ཞིམ་པོ་དག་གིས་ཞེས་གསུངས་པ་ཡིན་ཏེ། ་དགེ་སློང་མས་རང་གི་ལུས་ལ་རྫས་དྲི་ཞིམ་པོ་དག་གིས་སྐུད་པ་དེ་ལ་ཁ་ན་མ་ཐོ་བ་འདིར་འགྱུར་རོ། །གང་ལ་འབྲུ་མར་གྱི་ཚིགས་མས་རང་གི་ལུས་སྐུད་པའི་ལྟུང་བྱེད་དུ་འགྱུར་ཞེ་ན་དེའི་ཕྱིར། འབྲུ་མར་གྱིས་ཚིགས་མས་སོ་ཞེས་བྱ་བ་སྨྲས་ཏེ། རང ་རང་གི་ལུས་སྐུད་པ་ལའོ་ཞེ་བྱ་བར་སྦྱར་རོ། །རང་གི་བྱེད་པའི་གཞན་བྱེད་དུ་འཇུག་ན་ལྔ་བུད་མེད་སྐུ་དུ་འཇུག་པ་ལ་ཁ་ན་མ་ཐོ་བ་འདིར་འགྱུར་གྱིས་སྐྱེས་པ་བྱེད་དུ་འཇུག་པ་ལ་ནི་ཕམ་པར་འགྱུར་བ་ལ་སོགས་པའི་རྣམ་པར་འགྱུར་བའི་ཕྱིར་རོ། །དགེ་སློང་ལ་ནི་རྫས་དྲི་ཞིམ་པོས་རང་གི་ལུས ་སྐུད་པ་འདི་ཞེས་བྱས་སོ། །མཚན་མཐུན་པ་བྱི་དོར་བྱེད་དུ་འཇུག་པ་ལ་ནི་ལྟུང་བ་མེད་དོ། །བྱི་དོར་བྱེད་པ་བས་གྱུར་པའི་ལྟུང་བྱེད་བརྒྱད་དོ་ཞེས་བྱ་བ་དགེ་སློང་མ་བྱི་དོར་བྱེད་དུ་འཇུག་པའི་ལྟུང་བྱེད་དང། དགེ་སློབ་མ་བྱི་དོར་བྱེད་དུ་འཇུག་པའི་ལྟུང་བྱེད་དང། ་དགེ་ཚུལ་མ་བྱི་དོར་བྱེད་དུ་འཇུག་པའི་ལྟུང་བྱེད་དང། ཁྱིམ་པ་མོ་བྱི་དོར་བྱེད་དུ་འཇུག་པའི་ལྟུང་བྱེད་དང། མུ་སྟེགས་མོ་བྱེ་དོར་བྱེད་དུ་འཇུག་པའི་ལྟུང་བྱེད་དང། བུད་མེད་བཀྲུ་བཤལ་བྱེད་དུ་འཇུག་པའི་ལྟུང་བྱེད་དང། རྫས་དྲི་ཞིམ་པོས་རང་གི་ལུས་སྐུད ་པའི་ལྟུང་བྱེད་དང། འབྲུ་མར་གྱི་ཚིགས་མས་རང་གི་ལུས་སྐུས་པའི་ལྟུང་བ་བརྒྱད་བཤད་ཟིན་ཏོ།། །།གང་ལ་ཆུ་ལ་ལོངས་སྤྱོད་པའི་ལྟུང་བྱེད་དུ་འགྱུར་ཞེ་ན་དེའི་ཕྱིར། ལག་པ་སྦྲེལ་ཏེ་ཁྲུས་བྱེད་པའོ་ཞེས་བྱ་བ་སྨྲས་ཏེ། བུད་མེད་དང་ལྷན་ཅིག ་གོ། སྐྱེས་བ་དང་ནི་མ་ཡིན་ནོ། །འདིར་ལྟེ་བར་སོན་ན་དངོས་གཞིའོ། །མདུན་རོལ་ཏུ་ནི་ཉེས་བྱས་སོ། །སྔར་དྲིས་སྐུད་པ་ལ་སོགས་པ་བསྟན་པ་ལ་ཡང་དེ་བཞིན་ཏེ། ལྟེ་བར་སོན་ན་དངོས་གཞིའོ། །མདུན་རོལ་ཏུ་ནི་ཉེས་བྱས་སོ། །ཆུ་ལ་ལོངས་སྤྱོད་པའི ་ལྟུང་བྱེད་དོ་ཞེས་བྱ་བ་དེ་བཤད་ཟིན་ཏོ། །དེ་འདི་མན་ཆད་ནི་འཆོས་པ་ལས་གྱུར་པའི་ལྟུང་བྱེད་དྲུག་སྟོན་ཏེ། དེ་ལ་གང་ལ་པུ་ཤེལ་ཙེས་སྐྲ་འཆད་པའི་ལྟུང་བྱེད་དུ་འགྱུར་ཞེ་ན་དེའི་ཕྱིར། བཅོས་པའི་ཕྱིར་བུ་ཤེལ་ཅེས་འཆད་པ་ལའོ། །ཞེས་བྱ་བ་སྨྲས་ཏེ། ་བཅོས་པའི་ཕྱིར་བྱ་བ་ནི་སྒྲ་བཅོས་པའི་ཕྱིར་ཞེས་བྱ་བར་ཤེས་པར་བྱ་སྟེ། དེའི་ཕྱིར་པུ་ཤེལ་ཅེས་སྐྲ་འཆད་པ་ལ་ཁ་ན་མ་ཐོ་བ་འདིར་འགྱུར་རོ། །གང་ལ་སོ་མངས་ཀྱིས་སྐྲ་འཆད་པ་དང་སྨྱིག་ཤད་ཀྱི་སྐྲ་འཆད་པ་དང་གསུམ་ཆར་གྱི་སྐྲ་ཆད་པ་དང་སྐྲ་བརྙན ་ཐོགས་པའི་ལྟུང་བྱེད་དུ་འགྱུར་ཞེ་ན་དེའི་ཕྱིར། སོ་མངས་དང་སྨྱིག་ཤད་དང་གསུམ་ཞེས་བྱ་བ་དང་སྐྲ་བརྙན་གྱིས་ཀྱང་ངོ་ཞེས་བྱ་བ་སྨྲས་ཏེ། བཅོས་པའི་ཕྱིར་འཆང་པ་ལའོ་ཞེས་བྱ་བའི་རྗེས་བསྙགས་པའི་ཕྱིར་ཀྱང་ངོ་ཞེས་བྱ་བའི་སྒྲ་སྨོས་སོ། །སོ་མདས་ ་དང་སྨྱིག་བཤད་གསུམ་ཞེས་བྱ་བ་དང། སྐྲ་བརྙན་དེ་དག་ཉིད་དེ་དེ་དག་གིས་བཅོས་པའི་ཕྱིར་སྐྲ་འཆང་ཅིངས་ཐོགས་པ་ལ་ཁ་ན་མ་ཐོ་བ་འདི་འགྱུར་རོ། །གསུམ་ཞེས་བྱ་བ་ནི་པུ་ཤེལ་རྩེ་དང་སོ་མངས་དང་སྨྱིག་ཤད་ཀྱི་ཛས་གསུམ ་ཆར་བསྡུས་པའོ། །དེ་དག་གིས་སྐྲ་བཤད་པ་ལ་སོགས་པའི་རྣམ་པ་གང་གིས་འཆོས་པར་བྱེད་པ་དེ་ལ་ཁ་ན་མ་ཐོ་བ་དེ་དག་ཏུ་འགྱུར་རོ། །བརྩམས་པ་བཙམ་གྱིས་ལྟུང་བར་འགྱུར་ཏེ་ཇི་སྲིད་དུ་མ་བཏང་གིས་བར་དུ་ལྟུང་བ་གཅིག་ཏུ་ཟད་དེ་བྱ་བའི ་རྩོམ་པ་གཅིག་ཏུ་གྱུར་པའི་ཕྱིར་རོ། །འདིར་གཞུང་ནི་པུ་ཤེལ་རྩེ་འཆད་དམ་སོ་མངས་འཆད་དམ་སྨྱིག་ཤད་འཆད་དམ་སྐྲ་བརྙན་འཆང་ན་ཞེས་གསུངས་པ་ཡིན་ནོ། །སྐྲ་དེའི་རྣམ་པར་འབྱེད་པ་ནི་འཆོས་པར་བྱེད་ན་ཞེས་གསུངས་པ་སྟེ། བཅོས་པའི ་ཕྱིར་འཆད་པ་ལ་སོགས་པར་བྱེད་ན་ཞེས་བྱ་བའི་ཐ་ཚིག་གོ། གང་ལ་ཁྱིམ་པའི་རྒྱན་ཐོགས་པའི་ལྟུང་བྱེད་དུ་འགྱུར་ཞེ་ན་དེའི་ཕྱིར། ཁྱིམ་པའི་རྒྱན་ཐོགས་པ་ལའོ་ཞེས་བྱ་བ་སྨྲས་ཏེ། ཁྱིམ་པའི་རྒྱན་གང་ཡིན་པ་དེ་ཐོགས་པ་ལ་ཁ་ན་མ་ཐོ་བ་འདིར ་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ་།ཁྱིམ་པའི་ཞེས་སྨོས་པS་ནི་རབ་ཏུ་བྱུང་པའི་རྒྱན་རྣཾ་པར་བཅད་པའི་ཕྱིར་ཏེ། འདི་ལྟར་ཞི་བ་ལ་དགའ་བའི་རབ་ཏུ་བྱུང་བ་རྣམས་ཀྱི་ཆོས་གོས་ལ་སོགས་པ་དག་ལ་ཡང་རྒྱན་གྱི་བློ་སྐྱེ་བ་ཁོ་ནའི་ཕྱིར་རོ། །ཁྱིམ་པའི་རྒྱན་རིན་པོ ་ཆེའི་རང་བཞིན་ལ་ནི་ཁ་ན་མ་ཐོ་བ་རྫོགས་པར་འགྱུར་རོ། །དེ་ལྟར་ཡང་ཁྱིམ་པའི་རྒྱན་ནི་མགུལ་བརྒྱན་དང། གདུ་བུ་རྒྱན་ཅན་དང། དཔུང་རྒྱན་དང་དོ་ཤལ་དང་སེན་མོ་དོ་དང་མུ་ཏིག་གི་ཆུན་པོ་དག་གོ་ཞེས་རྣམ་པར་འབྱེད་པ་ལས་གསུངས་སོ། །རིན་པོ་ཆེ ་མ་ཡིན་པའི་རྒྱན་ལ་ནི་ཉེས་བྱས་སོ། །འདི་ལ་ནི་རིན་པོ་ཆེ་ལ་རེག་པའི་ལྟུང་བྱེད་གཞན་ཡང་རྫས་ཅི་ལྟ་བ་ལས་འབྱུང་པར་རིག་བར་བྱའོ། །འཆོས་པ་ལས་གྱུར་བའི་ལྟུང་བྱེད་དྲུག་གོ་ཞེས་བྱ་བ་པུ་ཤེལ་ཙེས་སྐྲ་འཆད་བའི་ལྟུང་བྱེད་དང། སོ་མངས ་ཀྱིས་སྐྲ་འཆད་པའི་ལྟུང་བྱེད་དང། སྨྱིག་ཤད་ཀྱིས་སྐྲ་འཆད་པའི་ལྟུང་བྱེད་དང་གསུམ་ཆར་གྱིས་སྐྲ་འཆང་པའི་ལྟུང་བྱེད་དང་སྐྲ་བརྙན་ཐོགས་པའི་ལྟུང་བྱེད་དང། ཁྱིམ་པའི་རྒྱན་ཐོགས་པའི་ལྟུང་བྱེད་དྲུག་བཤད་ཟིན་ཏོ།། །།ད་འདི་མན་ཆད་ནི་རྒྱགས་པ ་ལས་གྱུར་པའི་ལྟུང་བྱེད་གསུམ་སྟོན་ཏེ། དེ་ལ་གང་ལ་བྲོ་བརྡུང་པའི་ལྟུང་བྱེད་དུ་འགྱུར་ཞེ་ན་དེའི་ཕྱིར། བྲོ་བརྡུད་བ་ལའོ་ཞེས་བྱ་བ་སྨྲས་ཏེ། ཅི་ལྟར་ཞེ་ན་དེའི་ཕྱིར་ཡན་ལག་གང་ཡང་རུང་བས་སོ་ཞེས་བྱ་བ་སྨྲས་ཏེ། ཐ་ན་སྨིན་མ་བསྐྱོང་པ་ལ་སོགས་པས ་ཀྱང་ངོ། །གང་ལ་ཀླུ་ཡང་ལེན་པའི་ལྟུང་བྱེད་དུ་འགྱུར་ཞེ་ན་དེའི་ཕྱིར། ཀླུ་ལེན་པ་ལའོ་ཞེས་བྱ་བ་སྨྲས་ཏེ་རང་ངོ། །ཇི་ལྟར་ཞེ་ན་དེའི་ཕྱིར་དེའི་བསམ་པས་མགྲིན་བསྒྱུར་གང་ཡང་རུང་བའོ་ཞེས་བྱ་བ་སྨྲས་ཏེ། དེའི་བསམ་པས་ཞེས་བྱ་བ་ནི་གླུ་བླང་བའི་བསམ་བསོ ་མགྲིན་བསྒྱུར་གང་རུང་བའོ་ཞེས་བྱ་བ་ནི་ཐ་ན་ཚིགས་སུ་བཅད་པ་ཙམ་འདོན་པ་ཡང་ངོ། །གང་ལ་རོལ་མོ་བྱེད་པའི་ལྟུང་བྱེད་དུ་འགྱུར་ཞེ་ན་དེའི་ཕྱིར། རོལ་མོ་བྱེད་བ་ལའོ་ཞེས་བྱ་བ་སྨྲས་ཏེ། པི་ཝང་ལ་སོགས་པའི་རོལ་མོ་རང་གིས་བྱེད་པ་ལ་ཁ་ན་མ་ཐོ་བ ་འདིར་འགྱུར་རོ། །དགེ་སློང་ལ་ནི་འདི་ཉེས་བྱས་སོ། །རྒྱགས་པ་ལས་གྱུར་པའི་ལྟུང་བྱེད་གསུམ་མོ་ཞེས་བྱ་བ་བྲོ་བརྡུང་པའི་ལྟུང་བྱེད་དང། གླུ་ལེན་པའི་ལྟུང་བྱེད་དང། རོལ་མོ་བྱེད་བའི་ལྟུང་བྱེད་གསུམ་བཤད་ཟིན་ཏོ།། །།བམ་པོ་བཞི ་བཅུ་གཅིག་པ། ད་འདི་མན་ཆད་ནི་ལོངས་འཆོས་པ་ཉིད་ལས་གྱུར་བའི་ལྟུང་བྱེད་གསུམ་བསྟན་ཏེ། གང་ལ་གདུགས་ཐོགས་པའི་ལྟུང་བྱེད་དུ་འགྱུར་ཞེ་ན་དེའི་ཕྱིར། ལོངས་སྤྱོད་དུ་གྱུར་བའི་གསུམ་ཐོགས་པ་ལའོ་ཞེས་བྱ་བ་སྨྲས་ཏེ། ལོངས་སྤྱོད་བྱེད་ཅིང ་གདུགས་ཐོགས་ལ་དངོས་བཞིར་འགྱུར་རོ། །བདག་གིར་བྱེད་པ་ཙམ་ལ་ནི་ཉེས་བྱས་སོ། །སྦྱོར་བ་གཅིག་ཡིན་ན་ཤིན་ཏུ་ཡུན་རིང་པོར་ཐོགས་པ་ལ་ཡང་ལྟུང་བ་གཅིག་ཁོ་ནར་ཟད་དོ། །གང་ལ་མཆིལ་ལྷམ་གྱོན་པའི་ལྟུང་བྱེད་དུ་འགྱུར་ཞེ་ན་དེའི་ཕྱིར། ་མཆིལ་ལྷམ་གྱོན་བ་ལའོ་ཞེས་བྱ་བ་སྨྲས་ཏེ། ལོངས་སྤྱོད་དུ་གྱུར་བའི་མཆིལ་ལྷམ་གྱོན་པ་ལ་ཁ་ན་མ་ཐོ་བ་འདིར་འགྱུར་རོ། །དབྱར་ཁང་དང་མལ་སྟན་བསྲུང་བའི་ཕྱིར་ནི་ལྟུང་བ་མེད་དོ་ཞེས་བྱ་བ་ནི། དབྱར་ཁང་དང་མལ ་སྟན་ལ་བག་བྱ་བའི་ཕྱིར་མཆིལ་ལྷམ་གྱོན་པ་བཞི་ལྟུང་བ་མེད་དོ། །དེ་ལས་གཞན་པ་ཐམས་ཅད་ལ་ནི་ལྟུང་བྱེད་ཁོ་ནར་འགྱུར་རོ། །གང་ལ་ཁྲིའུས་བསྙེན་བཀུར་བྱེད་དུ་འཇུག་བའི་ལྟུང་བྱེད་དུ་འགྱུར་ཞེ་ན་དེའི་ཕྱིར། ཁྲེའུའི་བསྙེན་བཀུར་ཉམས ་སུ་མྱོང་བར་བྱེད་བ་ལ་ཞེས་བྱ་བ་སྨྲས་ཏེ། ཁྲི་ཚད་ཆུང་དུ་ནི་ཁྲེའུ་ཞེས་བྱ་སྟེ། དེ་ལ་བདག་ཉིད་འདུག་ཏུ་འཇུག་བའི་བསྙེན་བཀུར་གང་ཡིན་པ་དེ་ཉམས་སུ་མྱོང་བར་བྱེད་པ་ལ་ཁ་ན་མ་ཐོ་བ་འདིར་འགྱུར་རོ། །འདི་ནི་སྦོམ་དགའ་མོ་དགེ་སློང་མ ་རྣམས་སྟོན་པར་བྱེད་ཅིང་དེས་དགེ་སློང་མ་འོངས་ཤིང་ལྷགས་པ་རྣམས་ལ་ཁོ་མོའི་ཕྱིར་ཕྱོགས་ག་ག་མོ་ཞིག་ཏུ་ཁྲིའུ་ཤོམས་ལ་འདུག་ཏུ་ཆུག་ཤིག་ཅེས་བསྒོ་ཞིང་ཡང་ཕྱོགས་ག་གེ་མོ་ཞིག་དང་གནས་ཁང་གི་ཉེན་ཀོར་དང་ཁྱམས་དང ་སྒོ་ཁང་དང་ཡང་ཐོག་དང་ཁང་སྟེང་དམ་ཆེ་གེ་མོ་ཞིག་ཏུ་ཁྲེའུ་ཁྱེར་ལ་ཁོ་མོ་འདུག་ཏུ་ཆུ་གཅིག་ཅེས་ཟེར་བ་ལས་བཅས་པ་མ་ཡིན་ཏེ། དེས་ཁྲིའུས་བསྙེན་བཀུར་བྱེད་དུ་འཇུག་བའི་ངོ་བོ་ཉིད་ཀྱང་བསྟན་པ་ཡིན་ནོ། །ལོངས་འཆོས་པ་ཉིད ་ལས་གྱུར་བའི་ལྟུང་བྱེད་གསུམ་མོ་ཞེས་བྱ་བ་གདུགས་ཐོགས་པའི་ལྟུང་བྱེད་དང། མཆིལ་ལྷམ་གྱོན་པའི་ལྟུང་བྱེད་དང་ཁྲིའུས་བསྙེན་བཀུན་བྱེད་དུ་འཇུག་པའི་ལྟུང་བྱེད་གསུམ་བཤད་ཟིན་ཏོ།། །།གང་ལ་ཐུགས་ཐུབ་ཏུ ་ཕྱིས་གནོན་བྱེད་པའི་ལྟུང་བྱེད་དུ་འགྱུར་ཞེ་ན་དེའི་ཕྱིར། ཁྱིམ་གཞན་དུ་མ་བསྒོ་བར་སྟན་ལ་འདུག་པ་ལའོ་ཞེས་བྱ་བ་སྨྲས་ཏེ། གང་གི་ཚེ་ཁྱིམ་གཞན་དུ་བདག་པོས་མ་བསྒོ་བ་དེར་སྟན་ལ་འདུག་པ་ལ་ཐུགས་ཐུབ་ཏུ་ཕྱིས་གནོན་བྱེད་པའི་ལྟུང ་བྱེད་དུ་འགྱུར་རོ། །ཐུགས་ཐུབ་ཏུ་ཞེས་བྱ་བ་ནི། བཙན་ཐབས་སུའོ། །ཕྱིས་གནོན་བྱེད་པ་ཞེས་བྱ་བ་ནི་ཟིལ་གྱིས་གནོན་ཅིང་འདུག་པའོ། །དེ་ལས་ལྟུང་བྱེད་གང་འབྱུང་བ་དེ་ནི་དེ་སྐད་ཅེས་བྱའོ། །རྩའི་ཆུན་པོ་དང་ཤིང་གི་དུམ་བུ་དང། སོ་ཕག ་ལ་སོགས་པ་འདུག་པར་བྱ་བའི་ཆེད་དུ་ཕྱི་རོལ་དུ་བཤམས་པ་དེ་དག་ལ་འདུག་པ་ལ་ནི་ལྟུང་བ་མེད་དེ་ཐུགས་ཐུབ་མ་བྱས་པའི་ཕྱིར་རོ། །མ་བཤམས་པ་ལ་འདུག་པ་ལ་ནི་ཉེས་བྱས་སོ། །སོགས་མའི་བུར་མ་ལ་སོགས་པ་རས་ཀྱིས་དཀྲིས ་པའི་སྟན་འདུག་པར་བྱ་བའི་ཆད་དུ་བོར་བ་དེ་ལ་འདུག་པ་ལ་ཡང་ཉེས་བྱས་སོ། །མ་པོར་བ་དེ་ལ་ནི་ཁ་ན་མ་ཐོ་བ་ཡོངས་སུ་རྫོགས་པར་འགྱུར་རོ། །སྟན་ནི་ཆེས་དཀའ་བ་ཡིན་པའི་ཕྱིར་དང་རྩའི་ཆུན་པོ་ལ་སོགས་པ་ནི་མ་དགོས་པ་དང་འདྲ་བ ་ཉིད་ཡིན་བའི་ཕྱིར་རོ། །འདིར་བསྟན་ཞེས་སྨོས་པས་ནི་ཁྱིམ་བའི་མལ་སྟན་ཡང་བསྡུས་པ་ཡིན་ཏེ། དེ་ལ་འདུག་པ་དང་ཉལ་བ་དག་ལས་ཡང་ཁ་ན་མ་ཐོ་བ་རྫོགས་པར་འགྱུར་ཏེ། ཐུགས་ཐུབ་ཅེས་ཤིན་ཏུ་ཆེ་བ་ཉིད་ཡིན་པའི་ཕྱིར་རོ། །ཐུགས ་ཐུབ་ཏུ་ཕྱིས་གནོན་བྱེད་པའི་ལྟུང་བྱེད་དོ་ཞེས་བྱ་བ་དེ་བཤད་ཟིན་ཏོ།། །།གང་ལ་ཁྱིམ་པ་ལ་ལོག་ཐབས་བྱེད་པའི་ལྟུང་བྱེད་དུ་འགྱུར་ཞེ་ན་དེའི་ཕྱིར། ཆོས་ཉན་དུ་གཞུག་པའི་གནས་སྐབས་སུ་ཁྱིམ་པའི་སྟན་སྤྱད་པའི་ཁྱིམ་པ་ལ་མ་སྦྲང ་པར་བོར?་ཏེ་འགྲོ་བ་ལའོ་ཞེས་བྱ་བ་སྨྲས་ཏེ། ཆོས་ཉན་དུ་འཇུག་པའི་ཚེ་ཁྱིམ་པའི་སྟན་ཡོངས་སུ་སྤྱད་པ་ཁྱིམ་པ་ལ་མ་སྦྲང་པར་བོར་ཏེ། འགྲོ་བ་ལ་ཁ་ན་མ་ཐོ་བ་འདིར་འགྱུར་རོ། །འདི་ནི་སྦོམ་དགའ་མོ་ཁྱིམ་བདག་གི་ཁྱིམ་དག་ཏུ་སོང་སྟེ ་ཁྱིམ་བདག་གིས་ཆུང་མ་དག་གི་སྟན་དག་བཤམས་པ་ན་དེ་དེ་ལ་འདུག་སྟེ་རྒྱ་ཆེར་ཆོས་སྟོན་པར་བརྩམས་པ་དང་ཁྱིམ་བདག་གི་ཆུང་མ་དག་འདི་སྙམ་དུ་ལས་བྱེད་པ་ཞིག་གོ་སྙམ་ནས་ལངས་ཏེ་དོང་བའི་ཚེ་དེས་ཀྱང་སྙན་དག་མ་སྦྲན་པར ་གཅིག་བུ་ལངས་ཏེ་སོང་བ་དང་སྟན་དེ་དག་རྐུན་པོ་དག་གིས་ཁྱེར་ནས་ཁྱིམ་མི་དག་གིས་སྟན་བཙལ་ན་མ་རྙེད་དེ་སྦོམ་དགའ་མོ་ལ་འཕགས་མ་སྟན་དག་ཅིང་བགྱིས་ཞེས་དྲིས་པ་དང། དེས་སྨྲས་པ་ཇི་ལྟར་ཁྱེད་ཅག་གིས་ལོ་མོལ་མ་སྦྲན ་པར་དོར་བ་བཞིན་དུ་ཁོ་མོ་ཡང་དེ་བཞིན་ནོ་ཞེས་ཟེར་བའི་གཞི་དེ་ལས་བཅས་པ་ཡིན་ནོ། །འདི་ནི་སྙིང་ནས་ལོག་ཐབས་བྱེད་པ་ཉིད་ལ་རྣམ་པར་བཞག་གོ་།རབ་ཏུ་བྱུང་བ་འདི་བ་དང་ཕྱི་རོལ་བའི་རབ་བྱད་དབང་ཉིད་?་ནི་གཉེས་བྱས་སོ། །གང་གི་ཚེ་དངོས་གཞིར? ་འགྱུར་བའི་སོང་བའི་ཐར་ཐུག་པ་ཡིན་ཞེ་ན་དེའི་ཕྱིར། སྤང་པའི་ཉེན་ཀོར་གྱི་མཛའ་ལའོ་ཞེས་བྱ་བ་སྨྲས་ཏེ། སྔར་གནས་མལ་སྤངས་ཏེ་འགྲོ་བའི་ཉེན་ཀོར་གྱི་མཛའ་བསྟན་པ་གང་ཡིན་པ་དེ་ཉིད་འདིའི་ཉེན་ཀོར་གྱི་མཛའ་ཡིན་པར་རིག་པར་བྱ་སྟེ། ་འདོམ་བཞི་ཅུ་རྩ་དགུ་ཚུན་ཆད་ནི་དེའི?་ཉེན་ཀོར་ཡིན་ནོ། །ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །ཁྱིམ་པ་ལ་ལོག་ཐབས་བྱེད་པའི་ལྟུང་བྱེད་དོ་ཞེས་བྱ་བ་དེ་བཤད་ཟིན་ཏོ།། །།ད་འདི་མན་ཆད་ནི་ཁྱིམ་པ་མོའི་བཟོ་སྟོན་པའི་ལྟུང་བྱེད་གསུམ ་སྟོན་ཏོ། །དེ་གང་ལ་སྐུད་བ་འཁལ་བའི་ལྟུང་བྱེད་དུ་འགྱུར་ཞེ་ན་དེའི་ཕྱིར། སྐུད་པ་འཁལ་བ་ལའོ་ཞེས་བྱ་བ་སྨྲས་ཏེ། རྒྱུད་ཀྱི་རང་བཞིན་གང་ཡང་རུང་བ་བསྒྲུབ་པ་བྱས་ན་སྐུད་པ་བཀལ་བ་ཉིད་ཡིན་ཏེ། དེ་ལ་ཁ་ན་མ་ཐོ་བ་འདིར་འགྱུར ་རོ། །འདི་ལྟར་རྣམ་པར་འབྱེད་པ་ལས་བདུན་པོ་དག་ལས་གང་ཡང་རུང་བ་ཞེས་གསུངས་མོད་ཀྱི་དེ་ནི་དཔེ་ཙམ་དུ་ཟད་དེ་རུང་བ་མ་ཡིན་པའི་སྐུད་པ་འཁལ་བ་ལ་ཡང་ཐམས་ཅད་དུ་གཟོ་སྟོན་པའི་ཉེས་པ་འདྲ་བའི་ཕྱིར་རོ། །བརྒྱ་འཆང་དང ་ལྕག་པོས་ཀྱི་དོན་དུ་དབྱེན་པའི་ཕྱོགས་སུ་ནི་ལྟུང་བ་མེད་དོ་ཞེས་བྱ་བ་ནི། རྒྱ་ཅང་དང་ལྕག་པོད་ལ་སོགས་པ་ནི་སྐ་རགས་ཀྱི་རྣམ་པ་སྟེ་དེའི་ཆིང?་ད་ཆོས་དང་ལྡན་པའི་དགོས་པའི་དབང་གིས་དབྱེན་པའི་ཕྱོགས་སུ་སྐུད་པ་འཁལ་བ་ལ་ནི་ལྟུང ་བ་མེད་དོ། ཁྱིམ་པ་མོའི་བཟོ་སྟོན་པའི་ལྟུང་བྱེད་གསུམ་ཞེས་སྨོས་པ་ལ་དེ་དག་གིས་དང་པོ་ནི་སྒྲུང་པ་འཕལ?་བའོ། །གཉིས་པ་ནི་ཁྱིམ་གྱི་བྱ་བ་བྱེད་པའོ། །གསུམ་པ་ནི་རྗེན་པ་འཚད་པ་ལ་ཞེས་བྱ་བའོ། །དེ་ལ་དེ་དག་གིས་དང་པོ་སྐུད་པ་འཁལ ་པ་ཞེས་བྱ་བ་ནི་བཤད་ཟིན་ཏོ།། །།ལྷག་མ་གཉིས་པོ་བག་བརྗོད་པར་བྱ་བ་ཡིན་མོད་ཀྱི་སྐབས་འདིར་དེ་གཉིས་མི་བརྗོད་པར་དགེ་སློང་མའི་ཚོགས་ཀྱིས་གོས་བདག་གིར་བྱེད་པའི་ལྟུང་བྱེད་དང། ཟས་འཚོང་བའི་ལྟུང་བྱེད་ཅེས་བྱ་བ་གཞན་གཉིས ་བརྗོད་བར་བྱ་སྟེ། འདི་ལྟར་སྐུད་བ་དང་གོས་གཉིས་ནི་རྣམས་སུ་བྱ་བའི་རྒྱུ་དང་འབྲས་བུའི་ངོ་བོ་ཉིད་དུ་འབྲེལ་བའི་ཕྱིར་དང་རྣམ་པར་བསྒྲུབས་པར་འདྲ་བའི་ཕྱིར་ཏེ། ཇི་ལྟར་སྐུད་པ་འཁལ་བས་རྣམ་པར་བསྒྲུབས་པ་ཡིན་པ་དེ་བཞིན་དུ་དགེ་སློང ་མའི་ཆ་ས་གོས་ཚོགས་གྱིས་གོས་བདག་གིར་བྱེད་པ་ཡང་དེ་དང་འདྲ་བའི་ཕྱིར་སྐུད་པ་འཁལ་བའི་འོག་ཏུ་དགེ་སློང་མའི་ཚོགས་ཀྱི་གོས་བདག་གིར་བྱེད་པ་རྣམ་པར་བཞག་གོ་།དགེ་སློང་མའི་ཚོགས་ཀྱི་གོས་བདག་གིར་བྱེད་བའི་ལྟུང་བྱེད་ཀྱི་འོག ་ཏུ་ཟས་འཆོད་བའི་ལྟུང་བྱེད་བརྗོད་པར་བྱ་སྟེ། དེ་གཉིས་ཀྱང་རྣམ་པར་བསྒྲུབས་པར་འདྲ་བ་ཁོ་ན་ཡིན་ཏེ། ཇི་ལྟར་དགེ་སློང་མའི་ཚོགས་ཀྱིས་གོས་བདག་གིར་བྱེད་བས་ནོར་རྣམ་པར་བསྒྲུབS་པར་འགྱུར་བ་དེ་བཞིན་དུ་ཟས་འཚོང་བས་ཀྱང་ནོར་རྣམ ་པར་བསྒྲུབས་པའི་ཕྱིར་རོ། །ད་ནི་དེ་གཉིས་ཀྱི་དང་པོ་དེ་བསྟན་པར་བྱ་སྟེ། གང་ལ་དགེ་སློང་མའི་ཚོགས་ཀྱི་གོས་བདག་གིར་བྱེད་བའི་ལྟུང་བྱེད་དུ་འགྱུར་ཞེ་ན་དེའི་ཕྱིར། དགེ ་སློང་མ་བའི་ཚོགས་ཀྱིས་གོས་བདག་གིར་བྱེད་པ་ལའོ་ཞེས་བྱ་བ་སྨྲས་ཏེ། དགེ་སློང་མ་རྣམས་ཀྱིས་ཚོགས་ཀྱི་གོས་བདག་གིར་བྱེད་པ་ལ་ཁ་ན་མ་ཐོ་བ་འདིར་འགྱུར་རོ། །འདི་ནི་དགེ་སློང་མ་སྦོམ་དགའ་མོས་བཙུན་མོ་ཕྲེང་ལྡན་མ་ལ་བཅོམ ་ལྡན་འདས་གྱིས་བདག་ཅག་ལ་སྨྱེག་པ་འཆང་བར་རྗེས་སུ་གནང་ན་བདག་ཅག་ལ་མི་བདོག་གིས་དེ་ཁྱོད་ཀྱིས་སྩལ་བར་རིགས་སོ་ཞེས་སྨྲས་བ་དང། དེས་གོས་ཀྱིས་སྤྲོག་མ་ཐམས་ཅད་དགེ་སློང་མ་རྣམས་ལ་བྱིན་པ་དེ་སྦོམ་དགའ་མོས ་བདག་གིར་བྱས་སོ། །དེ་ནས་དགེ་སློང་མ་རབ་ཏུ་མང་པོ་དག་གིས་སྦོམ་དགའ་མོ་ལ་བླངས་པ་དང་དེས་མ་སྟེར་བའི་གླིང་གཞི་ལས་བཅས་པ་ཡིན་ནོ། །འདི་ལ་མ་བྱིན་བར་ལེན་པ་ལས་གྱུར་བའི་ཁ་ན་མ་ཐོ་བར་ནི་མི་འགྱུར་ཏེ། བདག་གིས་བླངས་ཞིང་བདག་གིས ་ཐོབ་པ་ཉིད་བདག་གིར་བྱེད་པ་བྱུང་བའི་ཕྱིར་རོ། །ཚུལ་ཁྲིམས་འདི་ནི་ཡང་དག་པར་ན་བསྔོས་བ་ལས་བསྒྱུར་བའི་གཟུགས་བརྙན་དུ་གྱུར་བ་ཡིན་ཏེ། འདི་ལྟར་བསྔོས་བ་ལས་གྱུར་བའི་ཞེས་བྱ་བ་ནི། གཞན་ལ་བསྔོས་པ་གཞན་ལ་བསྒྱུར་བ་ཡིན་ལ། འདི་ནི་གཞན ་ལ་ཡང་བྱིན་བའི་རྫས་བདག་ཁོ་ནས་བདག་གིར་བྱེད་པ་ཡིན་པས་དེ་དང་འདྲ་བའི་ཕྱིར་བའི་གཟུགས་བརྙན་ཞེས་བྱའོ། །འདིར་ཚོགས་ཞེས་བྱ་བའི་སྒྲ་ནི་དགེ་འདུན་ལ་བྱ་སྟེ། དེ་ལྟར་ཡང་རྣམ་པར་འབྱེད་བ་ལས་ཚོགས་ཀྱི་གོས་ནི་དགེ་འདུན་གྱིའོ་ཞེས ་གསུངས་པ་ཡིན་ནོ། གཅིག་གམ་གཉིས་སམ་གསུམ་གྱི་ལ་ནི་ཉེས་བྱས་སོ། །དགེ་སློང་མའི་ཚོགས་ཀྱི་གོས་བདག་གིར་བྱེད་བའི་ལྟུང་བྱེད་དོ་ཞེས་བྱ་བ་དེ་བཤད་ཟིན་ཏོ།། །།གང་ལ་ཟས་འཚོང་བའི་ལྟུང་བྱེད་དུ་འགྱུར་ཞེན་དེའི་ཕྱིར། ཟས ་བཙོད་བ་བྱས་པ་ལའོ་ཞེས་བྱ་བ་སྨྲས་ཏེ། མར་དང་འབྲས་དང་ཆན་དང་འབྲུ་མར་ལ་སོགས་བའི་ཟས་ཅི་ཙམ་ཡིད་རུང་བ་བཙོངས་པ་ནི་དེ་ལ་ལན་?། ཐོབ་འདིར་འགྱུར་རོ། །ཆོད་བྱས་ཟིན་ན་དངོས་གཞིའོ། །དེའི་མདུན་རོལ་ཏུ་ཉེས་བྱས་སོ། །གལ་ཏེ་ཁ་སྦོགས་ཀྱི་ཕྱིར ་ཚོང་བྱེད་ན་ནི་སྤགས་ཕྱིན་པའི་དུས་ན་ཡང་སྤང་བར་ཡང་འགྱུར་རོ། །པས་ཚོང་བའི་ལྟུང་བྱེད་དོ་ཞེས་བྱ་བ་དེ་བཤད་ཟིན་ཏོ། །།སྐབས་སུ་བཤད་བའི་ལྟུང་བྱེད་གཉིས་བསྟན་ནས་དེ་ནི་ཁྱིམ་པ་མོའི་བཟོ་སྟོན་བའི་ལྟུང་བྱེད་གཉིས་པ་བརྗོད ་བར་བྱ་སྟེ། གང་ལ་ཁྱིམ་གྱིས་བྱ་བ་བྱེད་བའི་ལྟུང་བྱེད་དུ་འགྱུར་ཞེ་ན་དེའི་ཕྱིར། ཁྱིམ་གྱི་བྱ་བ་ཡང་ངོ་ཞེས་བྱ་བ་སྨྲས་ཏེ། བྱས་པ་ལའོ་ཞེས་རྗེས་བསྙེགས་པའི་ཕྱིར་ཡང་ངོ་ཞེས་བྱ་བའི་སྒྲ་སྨོས་སོ། །ཁྱིམ་གྱི་བྱ་བ་ཞེས་བྱ་བ་ནི་འཕྲལ་བྱ་བ་འདི་ལྟ་སྟེ། ཁྱིམ་དུ ་ཆག་ཆག་གདབ་པ་དང་ཕྱར་དར་བྱ་བ་དང། བཅའ་བ་དང་བཟའ་བ་དང་བཏུང་བ་དང་བདག་པ་ལ་སོགས་པ་གཡོ་བ་དང་ལག་པ་དང་རྐང་པ་ལ་སོགས་པ་བཀྲུ་བ་དང། རིགས་ཀྱི་ལྷ་རྣམས་བརྗེད་པ་དང་བདུག་?་དང། གཏོར་མའི་ལས་བྱ་བ་དང། དུབ? ་དང་སྐམ་པ་དང། མལ་ཆ་དང་སྟན་སྤྲུག་པ་དང། བཞག་པ་དང་བཤམ་པ་ལ་སོགས་པ་དང། མཆིལ་ལྷམ་དང་ཁྲུས་རས་དབུལ་བ་དང། གོས་བཟུང་བ་དང་ཁྲུས་ཀྱིས་གོས་དབུལ་བ་ལ་སོགས་པ་སྟེ། དེ་དག་ཅི་ཙམ་བྱས་ཀྱང་རུང་སྟེ། བྱས་པ་ཉིད ་ཡིན་ནོ། །ཆད་གི་ལས་མི་བྱའོ་ཞེས་བྱ་བ་ནི། མནན་པ་ལ་སོགས་པ་འཆང་གི་ཡོ་བྱད་ཀྱི་ལས་ནི་ཆང་གི་ལས་ཏེ། དགེ་སློང་མས་དེ་མི་བྱའོ། །མདོ་འདི་དང་མདོ་འོག་མ་ནི་ཕྲན་ཚོགས་དག་ལས་འབྱུང་ངོ། །ཆད་ཁང་བྱེད་དུ་མི་གཞུག ་གོ་ཞེས་བྱ་བ་ནི། ཆད་ཁང་ཞེས་བྱ་བ་སྟོན་པ་གཞན་བྱེད་དུ་ཡང་མི་གཞུག་པ་སྟེ་རང་གིས་བྱེད་པ་ལ་ནི་ཁ་ན་མ་ཐོ་བ་ཆེས་ཤིན་ཏུ་ལྕི་བའི་ཕྱིར་དེ་ཡང་བཀག་པར་རིག་པར་བྱའོ། །ཁྱིམ་པ་མོའི་བཟོ་སྟོན་བའི་ལྟུང་བྱེད་གསུམ་པ་བརྗོད་པར་བྱ་སྟེ། གང ་ལ་རྗེན་པ་འཚོད་བའི་ལྟུང་བྱེད་དུ་འགྱུར་ཞེན་དེའི་ཕྱིར། རྗེན་པ་ཚོད་པ་ལའོ་ཞེས་བྱ་བ་སྨྲས་ཏེ། རྗེན་པ་ཞེས་བྱ་བ་ནི་སྔར་དགེ་སློང་གིས་བཙོས་བའི་སྐབས་སུ་མི་?་བ་རྣམས་ཀྱི་ནི་སུམ་ཆ་འདས་པ་ཉིད་ཀྱི་མདུན་རོལ་ཏུ་དེ་ཉིད་ཡིན་ནོ། ། ་སྙི་བ་རྣམས་ཀྱི་ནོ་ཁ་དོག་གྱུར་བའི་འོ། །གུ་བ་རྣམས་ཀྱི་ནི་ལན་གཉིས་ཁོལ་བར་འགྱུར་བའི་འོ་ཞེས་སྨོས་པ་ཡིན་ཏེ་རྗེན་པ་དེ་ལྟ་བུ་བཙོས་ན་དངོས་བཞིའོ། །དགེ་སློང་གི་དགེ་འདུན་དང་མཁན་པོ་དང་སློབ་དཔོན་དང་ཚངས་པ་མཚུངས་བར ་སྤྱོད་པ་རྣམས་ཀྱི་ཕྱིར་དབྱེན་བའི་ཕྱོགས་སུ་ནི་ལྟུང་བ་མེད་དོ་ཞེས་བྱ་བ་ནི། དེ་དག་གིས་ཆེད་དུ་ཆོས་དང་ལྡན་པའི་དོན་གྱི་དབང་གིས་དབྱེན་བའི་ཕྱོགས་སུ་འཚོད་པ་ལ་ནི་ལྟུང་བ་མེད་པར་རིག་པར་བྱའོ། །ཚངས་བ་ཚུངས་བར ་སྤྱོད་བ་ཞེས་སྨོས་པས་ནི་རབ་ཏུ་བྱུང་བ་འདི་བ་ཐམས་ཅད་བསྡུའི་ཁྱིམ་པ་ནི་མ་ཡིན་ནོ། །ཁྱིམ་བ་མོའི་བཟོ་སྟོན་པ་ལས་གྱུར་བའི་ལྟུང་བྱེད་གསུམ་མོ་ཞེས་བྱ་བ་སྐུད་པ་འཁལ?་བའི་ལྟུང་བྱེད་དང། ཁྱིམ་གྱི་བྱ་བ་བྱེད་བའི་ལྟུང་བྱེད་དང། རྗེན་པ་འཚོད ་པའི་ལྟུང་བྱེད་གསུམ་བཤད་ཟིན་ཏོ།། །།གང་ལ་ལྟོ་འདུན་ལས་གྱུར་བའི་ལྟུང་བྱེད་དུ་འགྱུར་ཞེ་ན་དེའི་ཕྱིར། ཟས་ཟོས་ནས་སྟན་ལས་ལངས་ཏེ་ཡང་ཟ་བ་ལའོ་ཞེས་བྱ་བ་སྨྲ་ཏེ། ཟས་ཀྱི་བྱ་བ་བྱས་ན་སྟན་ལས་ལངས་ཏེ་སྟན་བཏིང་བའི ་འོག་ཏུ་ཡང་ཟས་ཟ་བར་བྱེད་པ་དེ་ལ་ཁ་ན་མ་ཐོ་བ་འདིར་འགྱུར་ཏོ། །ལྷག་བོར་མ་བྱས་པ་ཟ་བའི་ལྟུང་བྱེད་དང། འདི་ལ་བྱེ་བྲག་ཅི་ཡོད་ཅེ་ན་བྱེ་བྲག་ཡོད་དེ། ལྷག་པོར་མ་བྱས་པར་ཟ་བ་ཞེས་བྱ་བ་ནི་བས་ཟོས་ཟིན་ནས་དེ་དེ་ལས་མི་བཟའ་ཨོ་ཞེས་སྤངS ་ཏེ་སྟན་ལས་ལངས་བའི་འོག་ཏུ་ལྷག་པོར་མ་བྱས་པར་ཟ་བ་ལ་ཁ་ན་མ་ཐོ་བ་འདིར་འགྱུར་རོ། །འདི་ནི་ཟས་གཅིག་ཁོ་ན་ལ་ཟ་ཞིང་ལངས་ཏེ་འཆགས་པ་དང། ཡང་ཟ་ཞིང་ལངས་ཏེ་འཆགས་པ་ལ་ཁ་ན་མ་ཐོ་བ་འདིར་འགྱུར་བར་བཞག་པ་ཡིན་ནོ། ་དེ་ཉིད་ལ་སྤངས་ཤིང་ལྷག་བོར་མ་བྱས་པར་ཟན་ནི་ལྟུང་བ་གཉིས་ག་ཡང་དུས་གཅིག་ཏུ་འབྱུང་ངོ། །འདི་ནི་སྦོམ་དགའ་མོས་ནང་པར་སྔར་ལངས་ཏེ་བསོད་སྙོམས་བླངས་ནས་རང་གི་ཉེནཀོར་དུ་བཞག་སྟེ་ལྷུང་བཟེད་ཡང་བླངས་ཡང་བླངས ་ཡང་ཟོས་ཡང་ཟོས་ཤིང་འཆག་པར་བྱེད་བཅགས་ནས་ཡང་ཟ་བར་བྱེད་ཡང་འཆག་པར་བྱེད་ཡང་ཟ་བར་བྱེད་ཅིང་གྲོ་གའི་བར་དུ་མ་སྤངས་པར་དེ་ལྟར་བྱེད་པ་ལས་བཅས་པ་ཡིན་ཏེ། དེ་ཉིད་ལྟོ་འདུན་ལས་གྱུར་པ་ཡིན་ནོ། །གལ་ཏེ་དགེ་སློང་དེ་ལྟར ་བྱེད་ན་ནི་ཉེས་བྱས་སོ། །ལྟོ་འདུན་ཞེས་བྱ་བའི་སྒྲ་ནི་གདུབ་དང་བསྐམ་ཆགས་ཆེ་བ་ཞེས་བྱ་བའི་ཐ་ཚིག་གོ་།ལྟོ་འདུན་ལས་གྱུར་བའི་ལྟུང་བྱེད་དོ་ཞེས་བྱ་བ་དེ་བཤད་ཟིན་ཏོ།། །།གང་ལ་ཚོགས་པར་དབྱུང་པ་མ་ཡིན་པའི་དྲི་བསྟེན་བའི་ལྟུང་བྱེད་དུ ་འགྱུར་ཞེ་ན། དེའི་ཕྱིར་སྒོག་སྐྱའོ་ཞེས་བྱ་བ་དེ་སྨྲས་ཏེ། ཟ་བ་ལའོ་ཞེས་བྱ་བར་སྦྱར་རོག་སྒོ་བ། སྐྱ་ཅི་ཙམ་ཟོས་ཀྱང་རུང་སྟེ་ལྟུང་བྱང་དུ་འགྱུར་རོ། །ན་བའི་ཕྱིར་ནི་ལྟུང་བ་མེད་དོ། །སྒུལ?་ཚོང་དང་ཀིའུ་དག་ཟབ་ལ་ནི་ཉེས་བྱས་སོ། །ཚོགས་པར་དབྱུང་བ ་མ་ཡིན་པའི་དྲི་བསྟེན་པའི་ལྟུང་བྱེད་དོ་ཞེས་བྱ་བ་དེ་བཤད་ཟིན་ཏོ།། །།ད་འདི་མན་ཆད་ནི་སུ་བེལ་བ་ལས་གྱུར་པའི་ལྟུང་བྱེད་གསུམ་སྟོན་ཏེ། དེ་ལ་གང་ལ་སྨྱེ་གབ་མི་འཆང་བའི་ལྟུང་བྱེད་དུ་འགྱུར་ཞེ་ན་དེའི་ཕྱིར། སྨྱེ་གབ་མི་འཆང་བ ་ལའོ་ཞེས་བྱ་བ་སྨྲས་ཏེ། ཟླ་མཚན་འཛག་པའི་དུས་སུ་མངལ་གྱི་སྒོར་སྨྱེ་གབ་ཅེས་བྱ་བ་གོས་ངན་མི་འདོགས་པ་ལ་ཁ་ན་མ་ཐོབ་འདིར་འགྱུར་རོ། །སྨྱེ་གབ་བཅད་བ་འདི་ནི་ཤམ་ཐབས་ལ་སོགས་པའི་གོས་གྱོན་ཞིང་སྣང་བ་ཁྲག་གིས་མ་རུངས་བར ་འགྱུར་བ་སྤང་བའི་ཕྱིར་རོ། །སུ་བེལ་བ་ཞེས་བྱ་བ་ནི་གོས་མ་རུང་བར་འགྱུར་བ་དེ་ཁྱིམ་པ་འམ་རབ་ཏུ་བྱུང་བ་གཞན་དག་གིས་ཚོར་བ་ལ་བྱའོ། །དེ་ཐག་གུས་བཏགས་ཏེ་གཞག་གོ་ཞེས་བྱ་བ་ནི། སྨྱེ་གབ་དེ་ཐག་གུས་རྐེད་བ་ལ་བཏགས་ཏེ་མངལ་གྱི ་སྒོར་བཞག་བར་བྱའོ། །དེ་དུས་རུས་སུ་བཀྲུ་བ་དང་ཁ་བསྒྱུར་བར་བྱའོ་ཞེས་བྱ་བ་ནི། སྨྱེག་བ་དེའོ། །མདོ་དེ་གཉིས་ཀྱི་ལུང་ནི་ཕྲན་ཚེགས་དག་ལས་དགེ་སློང་དག་དེ་ལྟ་བས་ན་དགེ་སློང་མས་སྨྱེ་གབ་དེ་བཞིན་བཅད་བར་མི་བྱ་བར་ཐ་གུས་རྐེད་བ་ལ ་བཏགས་ཏེ་དེར་གླན་པར་བྱའོ། །དུས་དུས་སུ་བཀྲུ་བར་བྱ་ཁ་བསྒྱུར་བར་བྱའོ་ཞེས་གསུངས་པ་ཡིན་ནོ། །གང་ལ་ཆུ་གོས་མི་འཆང་བའི་ལྟུང་བྱེད་དུ་འགྱུར་ཞེ་ན་དེའི་ཕྱིར། ཆུ་གོས་ཀྱང་ངོ་ཞེས་བྱ་བ་སྨྲས་ཏེ། མི་འཆད་བ་ལའོ་ཞེས་བྱ་བར་སྦྱར་རོ།། ་ཁྲུས་དང་ཆར་པའི་ཆུ་ལ་སོགས་པས་གང་གི་ཆེ་ལུས་གཤེར་བར་གྱུར་བ་དེའི་ཆེ་གང་གིས་ཆུ་གོས་མི་འཆང་ཞིད་མི་གྱོན་ཞིང་དེས་ལུས་མི་འགེབས་བ་ལ་ཁ་ན་མ་ཐོ་པ་འདིར་འགྱུར་རོ། །འདོམས་ཀྱི་སྡུམ?་ནས་ཆད་ནས་དུས་མོའི་ལྷ ་ང་ཡན་ཆད་ཀྱི་ཕྱོགས་མི་འགབས་པ་ལ་དངོས་གཞིའོ། །གཉའ་བ་མན་ཆད་དང་ལོང་བུ་མན་ཆད་ཀྱི་ལུས་ཀྱི་ཕྱོགས་མི་འགེབས་བ་ལ་ནི་ཉེས་བྱས་སོ། །འདི་ནི་དགེ་སློང་མ་རབ་ཏུ་མང་པོ་དག་བུད་མེད་ཁྱིམ་པ་མོ་དག་དང་ལྷན་ཅིག་ཆུ་ཀླུང་གནས་ཅན ་གྱི་ནང་དུ་ཁྲུས་བྱེད་ཅིང་དེ་དག་ཁྲུས་བྱེད་པ་ན་བུད་མེད་དག་མཛུབ་མོས་གཏོད་ཅད་རབ་ཏུ་བྱུང་བ་པོ་ཆེ་གེ་མོ་དག་གིས་ནུ་མ་གཉིས་ནི་འདི་འདྲའོ། །ཆེ་གེ་མོ་ཞིག་གི་ལྟོ་བ་ནི་སྦྱང་ཀིའི་འདྲའོ་ཆེ་གེ་མོ་ཞིག་གི་དེ་རྐྱེད་པ་ནི་སོམ་མཆོག་མོ་ཞིག་གི། ་བརླ་ནི་གླང་པོ་ཆེའི་སྣ་འདྲའོ་ཞེས་ལུས་ཀྱི་ཡན་ལག་དང་གསང་བའི་ཕྱོགས་དག་གི་ང་བརྗོད་པ་རྣམ་པ་མང་པོ་སྙད་འདོགས་བའི་གྲེང་བཞི་ལས་བཅས་པ་ཡིན་ནོ། །འདིས་ནི་ངོ་བསྟོད་མ་གཡོགས་པའི་ཁ་ན་མ་ཐོ་བ་ཉིད་དུ་ཤེས་པར་བྱ་སྟེ་། ་དེའི་ཕྱིར་དགེ་སློང་མི་རྣམས་ལ་དབྱར་གྱིང་གོས་རས་ཆེན་མ་གསུངས་ཏེ་འདི་ཉིད་ཀྱིས་ཆོག་པའི་ཕྱིར་རོ། །དེ་གཉིས་བཅད་བར་བྱའོ་ཞེས་བྱ་བ་ནི། སྨྱེ་གབ་དང་ཆུ་གོས་དེ་གཉིས་བདོག་པས་བཅད་བར་བྱའོ། །གང་ལ་བཀྲུ་བཤལ་བ་ལ་གོས་འཁྲུར ་འཇུག་པའི་ལྟུང་བྱེད་དུ་འགྱུར་ཞེ་ན་དེའི་ཕྱིར། བཀྲུ་བཤལ་བ་ལ་གོས་འཁྲུར་འཇུག་པ་ལའོ་ཞེས་བྱ་བ་སྨྲས་ཏེ། རང་གི་གོས་བྱིན་གྱིས་བརླབས་པ་བརྙེངས་པ་ཀྲུ་བར་འོས་པ་ཆོས་གོས་དང་གདིང་བ་དག་བཀྲུ་བཤལ་བ་ལ་འཁྲུང?་འཇུག་པ་ལ་ཁ ་ཁ་ན་མ་ཐོ་བ་འདིར་འགྱུར་རོ། །འདིའི་བྱེ་བྲག་ཞིབ་ཏུ་ནི་འཁྲུར་འཇུག་པའི་སྤང་བའི་ལྟུང་བྱེད་ཀྱི་རྗེས་སུ་འབྲང་བ་ལས་ཤེས་པར་བྱའོ། །འདིར་གླེང་གཞི་ནི་དགེ་སློང་མ་བཅུ་གཉིས་སྡེ་དག་རྨི་ལམ་ན་གནོད་པ་མཐོང་བས་གོས་དག་ལ་གོས་པར་ ་གྱུར་ནས། བཀྲུ་བཤལ་བ་ལ་འཁྲུར་བཅུག་པ་དང། བཀྲུ་བཤལ་བ་དག་གི་བླངས་ཏེ། ཁྱིམ་བའི་གོས་དག་དང་ལྷན་ཅིག་བཀྲུས་པ་ན་དེ་དག་གི་འབགས་བས་ཁྱིམ་བའི་གོས་དཀར་པོ་དག་མི་གཙང་བས་མ་རུངས་བར་གྱུར་བ་དང་ཁྱིམ་པ་དག ་འཕྱ་ཞིང་རབ་ཏུ་བྱུང་བ་དག་ནི་ཉེ་བར་མ་ཞིའོ་ཞེས་ཟེར་བའི་བར་ལས་བཅས་པ་ཡིན་ནོ། །ཕྱོགས་གཅིག་བཀྲུས་ནས་ཡང་བཀྲུས་པ་ཉིད་ཡིན་ནོ། །བྱས་པ་ཉིད་ན་བྱེད་དུ་བཅུག་པ་ཉིད་ཡིན་ནོ་ཞེས་བྱ་བ་དང་འབྲས་བུའི་མཛའ་ཚུན་ཆད་གཅིག་ཉིད་དོ་ཞེས ་བྱ་བ་སྔར་བསྟན་པ་དག་ཀྱང་འདིར་དེ་བཞིན་དུ་རིག་པར་བྱའོ། །བཤད་བ་དང་གཅི་བ་དང་ལྗན་ལྗིན་དང་འདམ་རྫབ་ལ་སོགས་པས་མ་རུངས་པ་འཁྲུར་བཅུག་པ་ཡང་ན་སྨད་པ་མེད་དོ། །གོས་ཁ་བསྒྱུར་བ་དང་མ་བསྒྱུར་བ་གཞན་བཙོ?་བླག་མཁན་ལ་ཁ ་བསྒྱུར་དུ་བཅུག་པ་ནི་ཅི་ལྟར་ཐོབ་པ་ལས་ཉེས་བྱས་སུ་རིག་པར་བྱའོ། །སུ་བེལ་བ་ལས་གྱུར་པའི་ལྟུང་བྱེད་གསུམ་མོ་ཞེས་བྱ་བ་སྨྱེག་པ་མི་ཆང་བའི་ལྟུང་བྱེད་དང། ཆུ་གོས་མི་འཆད་བའི་ལྟུང་བྱེད་དང། བཀྲུ་བཤལ་བ་ལ་གོས་འཁྲུར་འཇུག་པའི ་ལྟུང་བྱེད་གསུམ་བཤད་ཟིན་ཏོ།། །།གང་ལ་ཆོས་ཀྱི་རྒྱལ་མཚན་ལ་མི་གུས་བའི་ལྟུང་བྱེད་དུ་འགྱུར་ཞེ་ན་དོའི་ཕྱིར་དགེ་སྦྱོང་གི་གོས་ཁྱིམ་པ་ལ་བགོ་བའི་ཕྱིར་སྦྱིན་པ་ལའོ་ཞེས་བྱ་བ་སྨྲས་ཏེ། དགེ་སྦྱོང་གི་གོས་སྣམ་སྦྱར་དང་བླ་གོས ་ལ་སོགས་པ་ཁྱིམ་བ་ལ་བགོ་ཞིང་བསྐོན་པའི་ཕྱིར་སྦྱིན་པ་ལ་ཁ་ན་མ་ཐོ་བ་འདིར་འགྱུར་རོ། །སོ་སོར་ཐར་བའི་མདོ་ལས་བྱིན་ན་ཞེས་གསུངས་པ་དེའི་རྣམ་པར་འབྱེད་པ་ནི་སྐོན་པར་བྱེད་ན་ཞེས་གསུངས་པ་ཡིན་ནོ། །ཚད་ནི་འཁོར་གསུམ་ཁེབས ་པའི་མཐར་ཐུག་པ་ཡན་ཆད་ལ་ལྟུང་བྱེད་དོ། །ཁྲུ་གང་ཡན་ཆད་ལ་ནི་ཉེས་བྱས་སོ། །དེ་བས་ཆུང་བ་ལ་ནི་ལྟུང་བ་མེད་དོ། །བྱིས་པ་དག་བསྲུང་བའི་ཕྱིར་ཆོས་གོས་སྦྱིན་པར་རྗེས་སུ་གནང་བ་གང་ཡིན་པ་དེ་ལ་འཁོར་གསུམ་ཁེབས་པའི་མཐར་ཐུག ་པ་བྱིན་པ་ལ་ནི་ལྟུང་བ་མེད་དོ། །ཆོས་ཀྱི་རྒྱལ་མཚན་པ་མི་གུས་པའི་ལྟུང་བྱེད་དེ་ཞེས་བྱ་བ་དེ་བཤད་ཟིན་ཏོ། །གང་ལ་རྒྱལ་མཚན་རྗེ་བའི་ལྟུང་བྱེད་དུ་འགྱུར་ཞེ་ན་དེའི་ཕྱིར། དགེ་སློང་དང་ལྷན་ཅིག་སྣམ་སྦྱར་རྗེ་བ་ལའོ་ཞེས ་བྱ་བ་སྨྲས་ཏེ། དགེ་སློང་དང་སྣམ་སྦྱར་ཞེས་བྱ་བ་ཆོས་གོས་ཆེན་པོ་རྗེ་བ་ལ་དངོས་གཞིའོ། །བླབས་ལ་སོགས་བརྗེ་བ་ལ་ནི་ཉེས་བྱས་སོ། །འདིར་ལེན་པ་ལ་ཁ་ན་མ་ཐོ་བ་འདིར་འགྱུར་གྱི། སྦྱིན་པ་ལ་ནི་མ་ཡིན་ནོ། །དེ་ལྟ་བས་ན་བཟང་ངན་རྗེ ་བ་མ་གཏོགས་པར་དགེ་སློང་ལ་སྣམ་སྦྱར་ལེན་པ་ལྟུང་བྱེད་དོ། །བརྗེ་བ་ཞེས་བྱ་བ་ནི་ལེན་བའི་དཔེ་ཙམ་དུ་ཟད་དོ། །རྒྱལ་མཚན་རྗེ་བའི་ལྟུང་བྱེད་དོ་ཞེས་བྱ་བ་དེ་བཤད་ཟིན་ཏོ།། །།ད་འདི་མན་ཆད་ནི་སེར་སྣ་བྱེད་པ་ལས་གྱུར ་པའི་ལྟུང་བྱེད་ལྔ་སྟོན་ཏོ། དེ་ལ་གང་ལ་བསྡགས་པ་ལ་སེར་ན་བྱེད་པའི་ལྟུང་བྱེད་དུ་འགྱུར་ཞེན་དེའི་ཕྱིར། བསྔགས་བ་ལ་སེར་སྣ་བྱེད་པ་ལའོ་ཞེས་བྱ་བ་སྨྲས་ཏེ། དགེ་སློང་མ་གཞན་དག་གིས་བསྡགས་པ་བརྗོད་ཨ་ནི་ལུས་དང་དག་གི ་རྣམ་པར་འགྱུར་བ་མི་མཐུན་པར་གྱུར་པས་སེར་ན་བྱེད་པ་ལ་ཁ་ན་མ་ཐོ་བ་འདིར་འགྱུར་རོ། །ཡིད་ཙམ་གྱིས་སེར་སྣ་བྱེད་པ་ནི་བསྡམ་པར་བྱ་བ་ཉིད་ཡིན་ཏེ། ཉེས་བྱས་སོ། །ཐམས་ཅད་དུ་ཡང་བསྡམ་པར་བྱ་བ་ཞེས་བྱ་བ་ནི་ཡིད་ཀྱི་ཉེས་བྱས ་ཡིན་པར་རིག་པར་བྱའོ། །བསླབ་པའི་གཞི་འོག་མ་གཞི་ལོ་དག་ལ་ཡང་དེ་བཞིན་དུ་སྦྱར་པར་བྱའོ། །གང་ལ་ཁྱིམ་ལ་སེར་སྣ་བྱེད་པ་དང་གནས་ལ་སེར་སྣ་བྱེད་པ་དང་རྙེད་པ་ལ་སེར་སྣ་བྱེད་པ་དང། ཆོས་ལ་སེར་ནི་བྱེད་བའི་ལྟུང་བྱེད་གཞིར ་འགྱུར་ཞེ་ན་དེའི་ཕྱིར། ཁྱིམ་དང་གནས་དང་རྙེད་བ་དང་ཆོས་པ་སེར་སྣ་བྱེད་བ་ལའོ་ཞེས་བྱ་བ་སྨྲས་ཏེ་འདིར་ཁྱིམ་ལ་སོགས་པ་རེ་རེ་ལ་སེར་སྣ་བྱེད་པ་ལའོ་ཞེས་བྱ་བར་སྦྱར་རོ། །འདིར་གླེང་བཞི་ནི་སྦོམ་དགའ་མོས་དགེ་སློང་མ་གཞན་དག་གི ་ཡོན་ཏན་ཡང་དག་པར་བརྗོད་པ་ཐོས་པ་དང་སྨོས་པར་བྱེད་ནས་དེ་ལ་དགེ་སློང་མདག་གིས་འཕགས་མ་ཅིའི་ཕྱིར་སྨོས་པར་བྱེད་ཅེས་སྨྲས་པ་དང། །སྡོམ་དགའ་མོས་སྨྲས་པ་།ཁོ་མོ་ཤཱཀྱའི་རིགས་སུ་སྐྱེས་བ་སྡེ་སྣོད་གསུམ་དང་ལྡན་པ ་ཡིན་ན་ཁོ་མོའི་བསྡགས་པ་མི་བརྗོད་པར་གཞན་དག་གི་བསྡགས་པ་བརྗོད་དོ་ཞེས་བྱ་བའི་བར་དང། སྦོམ་དགའ་མོས་དགེ་སློང་མ་གཞན་དག་ལ་ཁྱེད་ཅག་གིས་གང་ནས་བསོད་སྙོམས་བསོད་བརྙེད་ཅེས་དྲིས་པ་དང། དགེ་སློང་མ་རྣམས་ཀྱིས ་ཐམས་ཅད་སྨྲས་པ་ན་སྦོམ་དགའ་མོ་སྨོད་ཅིང་དེ་དག་ཟློག་པར་བྱེད་དེ། ཁྱིམ་ག་གེ་མོ་ཞིག་ཏུ་ཁྱེད་ཅག་མ་འདོང་ཞིག་ཅེས་བྱ་བའི་བར་དང། སྦོམ་དགའ་མོས་དགེ་སློང་མའི་དབྱར་ཁང་བྱེད་དུ་བཅུག་ན་དེ་ནས་དགེ་སློང་མ་དག་གནས་ཤིང་བག ་ཡོངས་སུ་རྐང་བདག་གིས་འཆག་ཅིང་སྤྱོད་ལ། འོག་ཁང་གི་ཕྱོགས་གཞན་ཞིག་ནི་སྦོམ་དགའ་མོ་གནས་པས་དེའི་ཚེ་སྦོམ་དགའ་མོ་དགེ་སློང་མ་དེ་དག་ལ་སྨོད་ཅིང་འདི་ལྟར་རྣམ་པར་འགྱུར་བར་བྱེད་རྣམ་པར་འགྱུར་བདག་གིས་དྲེགས་ཤིང ་འཆག་པ་དེ་དག་སུ་ཡིན་ཞེས་ཟེར་ནས་དགེ་སློང་མ་རྣམས་ཀྱིས་ཅི་འཕགས་མ་ཁྱོད་གནས་ལ་སེར་སྣ་བྱེད་དམ་ཞེས་སྨྲས་བ་དང། དེས་སྨྲས་བ། ཅིའི་ཕྱིར་ཁོ་མོ་མི་བྱེད་ཁོ་མོས་ཆོས་བཤད་དེ་ལྕེ་ལ་ཆུ་བུར་བྱུང་བྱུང་གི་བར་དུ་བསྒྲུབས་པ ་ཡིན་ནོ། །ཞེས་ཟེར་པའི་བར་དང་སྦོམ་དགའ་མོས་འདི་སྙམ་དགེ་སློང་མ་འདི་དག་སྔ་རབ་ཏུ་བསོད་སྙོམས་ལ་འཇུག་བས་དོང་ཁོ་མོས་རྙེད་བ་ག་ལ་ཐོབ་སྙམ་ནས་ཟས་དང་གོས་ལ་གང་དུ་ཞིང་ཟས་དང་འབྲེལ་བའི་སེམས་ཀྱིས་མཚན་མོ་འདའ་བར་བྱེད་དོ ་ཞེས་ཟེར་ཞིང་གཞན་དག་གིས་འགྲོ་བར་མ་བརྩམས་པའི་མདུན་རོལ་དུ་སྦོམ་དགའ་མོ་སྐྱེ་རངས་ཤར་བའི་དུས་ཀྱི་ཚེ་བསོད་སྙོམས་ལ་ཞུགས་པ་ན་བྲམ་ཟེས་མཐོང་ནས་མགོ་རེག་མོ་མཐོང་བ་བཀྲ་མི་ཤེས་སོ་ཞེས་ཟེར་ཏེ་བཟུང་ནས་ཤིན་ཏུ་བསྡེགས ་སོ་ཞེས་བྱ་བའི་བར་དང་སྦོམ་དགའ་མོ་ལ་དགེ་སློང་མ་རྣམས་ཀྱིས་འཕགས་མས་བདག་ཅག་ལུང་དཔོག་པར་འཚལ་ན་ལུང་དབོག་ཏུ་གསོལ་ཞེས་གསོལ་བ་བཏབ་པ་དང། དེས་ཁོ་མོར་རྒྱབ་ནས་དུགས་གྱིས་ཤིག་ཅེས་ལས་བྱེད ་བཅུག་པ་དང། དེ་དག་འདི་སྙམ་དུ་གང་གི་ཕྱིར་བདག་ཅག་ལ་ལུང་མི་དབོག་པ་ལས་ན་འཕགས་མ་ནི་ཆོས་ལ་སེར་སྣ་བྱེད་ངོ་སྙམ་ནས་དེ་དག་གིས་དྲིས་པ་དང་དེས་སྨྲས་པ་དང། ཁོ་མོ་ཅིའི་ཕྱིར་མི་བྱེད་ཅེས་བྱ་བའི་བར་དུ་གསུངས་པ་ཡིན་ནོ། ། ་སེར་སྣ་བྱེད་པ་ལས་གྱུར་པའི་ལྟུང་བྱེད་ལྔའོ་ཞེས་བྱ་བ་བསྔགས་པ་ལ་སེར་ས་བྱེད་པའི་ལྟུང་བྱེད་དང། ཁྱིམ་ལ་སེར་སྣ་བྱེད་བའི་ལྟུང་བྱེད་དང། གནས་ལ་སེར་སྣ་བྱེད་བའི་ལྟུང་བྱེད་དང། རྙེད་པ་ལ་སེར་སྣ་བྱེད་བའི་ལྟུང་བྱེད་དང། ཆོས་ལ ་སེར་སྣ་བྱེད་པའི་ལྟུང་བྱེད་ལྔ་བཤད་ཟིན་ཏོ།། །།ད་འདི་མན་ཆད་ནི་སྐྲོད་པ་ལས་གྱུར་པའི་ལྟུང་བྱེད་གཉིས་སྟོན་ཏེ། དེ་ལ་གང་ལ་དབྱར་ཁང་ནས་སྐྲད་བར་བྱེད་པའི་ལྟུང་བྱེད་དུ་འགྱུར་ཞེ་ན་དེའི་ཕྱིར། དབྱར་ཁང་ནས་དགེ་སློང ་མ་གང་ཡང་རུང་བས་བསྐོད?་པ་ལའོ་ཞེས་བྱ་བ་སྨྲས་ཏེ། གང་ཡང་རུང་བས་ཞེས་བྱ་བ་ནི་རང་གི་ལུས་དང་དག་གམ་གཞན་ལ་བཅོལ་བ་འམ་སྤྲིད་ཡིག་ལ་སོགས་པའི་རྣམ་པ་གང་ཡང་རུང་བས་དགེ་སློང་མའི་དབྱར་ཁང་ནས་དགེ་སློང་མ་སྐྲེད་པར ་བྱེད་པའི་དགེ་སློང་མ་དེ་ལ་ཁ་ན་མ་ཐོ་བ་འདིར་འགྱུར་རོ། །འདི་ནི་སྤོམ་དགའ་མོས་དགེ་སློང་མ་སྔ་ནས་འཁོད་པ་དག་རྐང་བ་དང་ལག་པ་དག་གིས་མནན་པ་དང་དེ་དག་གིས་སྨྲས་པ?་འཕགས་པ་ཅིའི་ཕྱིར་གནོད་པར་བྱེད་དེས་སྨྲས་པ། སུ་ལ ་གནོད་པ་དེ་དག་འགྲོ་ལ་རེག་གོ། དེ་དག་འདི་སྙམ་དུ་གལ་ཏེ་ན་སྤོག་དང་འཕྲལ་བར་འོང་ངོ་སྙམ་ནས་སྟན་ལས་ལངས་ཤིང་ལངས་ཤིང་ཐམས་ཅད་དོང་བ་ལས་བཅས་པ་ཡིན་ནོ། །དེ་ལྟར་གང་ཡང་རུང་བས་སྐྲོད་པ་ལ་ཁ་ན་མ་ཐོ་བ་འདིར་འགྱུར་རོ ་ལྷག་མ་ནི་དགེ་སློང་སྐྲོད་པའི་ལྟུང་བྱེད་ཀྱི་སྐབས་སུ་གལ་ཏེ་དེ་ལ་གནོད་པ་དང་དགེ་འདུན་འཁྲུག་པར་འགྱུར་བ་མ་ཡིན་ནའོ་ཞེས་བྱ་བ་ལ་སོག་པ་སྔར་བསྟན་པ་བཞིན་དུ་སྦྱར་རོ། །གང་ལ་ཁྱིམ་གཞན་ནས་སྐྲོད་པའི་ལྟུང་བྱེད་དུ་འགྱུར་ཞེ་ན་དེའི་ཕྱིར། ཁྱིམ ་གཞན་ནས་དགེ་སློང་མ་སྔ་ན་གནས་སྐྲོད་པ་ལའོ་ཞེས་བྱ་བ་སྨྲས་ཏེ། ཁྱིམ་བའི་ཁྱིམ་གཞན་སྔ་ན་གནས་པའི་དགེ་སློང་མ་ཐབས་གང་ཡང་རུང་བས་བསྐྲོད་པ་ལ་ཁ་ན་མ་ཐོ་བ་འདིར་འགྱུར་རོ། །ཕྱིས་འོངས་པ་ནི་དེར་གཏོགས་པའི་ཤས་ཆུང་བས ་དེ་བསྐྲོད་པ་ལ་ནི་ཉེས་བྱས་སུ་ཤེས་བར་བྱའོ། །སྐྲོད་པ་ལས་གྱུར་པའི་ལྟུང་བྱེད་གཉིས་སོ། །ཞེས་བྱ་བ་དབྱར་ཁང་ནས་སྐྲོད་བའི་ལྟུང་བྱེད་དང། ཁྱིམ་གཞན་ནས་བསྐྲད་པའི་ལྟུང་བྱེད་གཉིས་བཤད་ཟིན་ཏོ།། །།གང་ལ་ཐོ་འཚམ་པ ་ལས་གྱུར་བའི་ལྟུང་བྱེད་དུ་འགྱུར་ཞེ་ན་དེའི་ཕྱིར་ལེགས་པར་མ་མཐོང་བ་ལ་སོགས་བས་གླེང་བ་ལའོ། །ཞེས་བྱ་བ་སྨྲས་ཏེ། དགེ་སློང་མ་ལའོ་ཞེས་བྱ་བར་སྦྱར་རོ། །ལེགས་པར་མ་མཐོང་བ་ལ་སོགས་པས་དགེ་སློང་མ་ལ་ལྟུང་བ་གླེང་བ་ལ་ཁ་ན་མ ་ཐོ་བ་འདིར་འགྱུར་རོ། །སོགས་པ་ཞེས་བྱ་བའི་སྒྲས་ནི་ལེགས་པར་མཐོས་པ་དང་ལེགས་པར་མི་དོགས་པ་གཉིས་བསྡུའོ། །གཞི་ལེགས་པར་མེད་པ་བླ་གཞི་མེད་པ་ཉིད་ཆེས་སྡིག་ཆེ་བས་དེའི་ཕྱིར་མ་མཐོང་བ་ལ་སོགས་པས་གླང་བ་ལ་ནི་ཁ་ན་མ ་ཐོ་བ་ཆེས་ཤིན་ཏུ་ཆེ་བར་འགྱུར་རོ། །ཕམ་བར་འགྱུར་བ་དང་དགེ་འདུན་ལྷག་མ་གཉིས་གླེང་བ་སྔར་བསྟན་ཟིན་པས་འདི་ནི་ལྟུང་བྱེད་ལ་སོགས་པའི་ལྟུང་བའི་སྡེ་ཚན་གཞན་གླེང་བའི་ཡུལ་ཡིན་ནོ། །དྲན་བར་བྱེད་བ་ལ་ཡང་གླེང་བའི་རྣམ་པ་ཡིན་པས ་དྲན་པར་བྱེད་པ་ལ་ཡང་ཁ་ན་མ་ཐོ་བ་འདིར་འགྱུར་རོ། །གླེང་བ་བས་གདམས་ངག་ལ་སོགས་པ་འཇོག་པ་དང་གྱོད་ལ་གདགས་པ་ཆེས་སྡིག་ཆེ་བས་དེ་གཉིས་ལ་ཡང་ཁ་ན་མ་ཐོ་བ་འདིར་འགྱུར་རོ། །འདིར་གླེང་བཞི་ནི་དེ་དག་གིས་ལེགས་པར ་མ་མཐོང་བ་དང་ལེགས་པར་མ་ཐོས་པ་དང་ལེགས་པར་མི་དོགས་པས་དགེ་སློང་མ་ལ་དགེ་སློང་མ་ཆེ་གེ་མོ་འདི་འདྲའོ་ཞེས་གླེང་བར་བྱེད་ཅིང་དེའི་གསོ་སྦྱོང་དང་དགག་དབྱེ་འཇོག་པར་བྱེད་པ་དང། དེ་བཞིན་དུ་བརྫུན་གྱིས ་དགེ་སློང་མ་རྣམས་ལ་གླེང་ཞིང་མི་མཐུན་པར་གནས་པར་བྱེད་དོ་ཞེས་བྱ་བ་ཡིན་ནོ། །ཐོ་འཚམ་པ་ལས་གྱུར་པའི་ལྟུང་བྱེད་དོ་ཞེས་བྱ་བ་དེ་བཤད་ཟིན་ཏོ།། །།གང་ལ་ལོག་པར་སྟོན་པའི་ལྟུང་བྱེད་དུ་འགྱུར་ཞེ་ན་དེའི་ཕྱིར། མནའའདོར་བ ་ལའོ་ཞེས་བྱ་བ་སྨྲས་ཏེ། གཞན་ཡིད་ཆེས་པར་བྱ་པའི་ཕྱིར་གཞན་གྱི་མདུན་དུ་མནའའདོར་བ་ལ་ཁ་ན་མ་ཐོ་བ་འདིར་འགྱུར་རོ། །ལོག་པར་སྟོང་པ་ཞེས་བྱ་བ་ནི་རབ་ཏུ་བྱུང་བ་རྣམས་ཀྱི་བསམ་པ་ནི་བདེན་པས་འཛག་པ་ཡིན་ན། དེ་མནས་ལོག ་པར་སྟོན་པ་སྟེ། ཁོ་མོ་ཐམས་ཅད་ལ་བདེན་པས་འཇུག་པ་མ་ཡིན་ག་གྱི། འདི་ལྟར་གང་ལ་མནའའདོར་བས་འཇུག་བས་དེ་གཅིག་པུ་བདེན་ནོ་ཞེས་བྱ་བར་འགྱུར་བས་དེའི་ཕྱིར་མནའའདོར་བས་ནི་རབ་ཏུ་བྱུང་བའི་བསམ་པ་ལོག་པར་སྟོན་པར་འགྱུར ་རོ། །གཞན་གྱི་མདུན་མ་ཡིན་པས་མནའའདོར་བ་ནི་ཚིག་བརྐྱལ་བ་ཙམ་དུ་ཟད་པས་སྔ་མའི་རྗེས་སུ་འབྲང་བས་ཉེས་བྱས་སུ་རིག་པར་བྱའོ། །ལོག་པར་སྟོན་པའི་ལྟུང་བྱེད་དོ་ཞེས་བྱ་བ་དེ་བཤད་ཟིན་ཏོ།། །།གང་ལ་མི་བརྟན་པས ་རྣམ་པར་འགྱུར་བའི་ལྟུང་བྱེད་དུ་འགྱུར་ཞེ་ན་དེའི་ཕྱིར། ཁྲོ་བས་བདག་ཉིད་ལ་གནོད་པ་བྱེད་པ་ལའོ་ཞེས་བྱ་བ་སྨྲས་ཏེ། ཁྲོ་བས་བདག་ཉིད་ལ་གནོད་པ་བྱེད་ཅིང་རྡེག་པར་བྱེད་པ་ལ་ཁ་ན་མ་ཐོ་བ་འདིར་འགྱུར་རོ། །གནོད་པ་བྱེད་པ་ཞེས་བྱ་བའི་རྣམ ་པར་འབྱེད་པ་ནི་བརྡེག་པར་བྱེད་པའོ་ཞེས་གསུངས་པ་ཡིན་ནོ། །མི་བརྟན་པས་རྣམ་པར་འགྱུར་བ་ཞེས་བྱ་བ་ནི་མི་བརྟེན་པ་ཉིད་ཀྱིས་རྣམ་པར་འགྱུར་བ་དེ་བྱས་པ་སྟེ། དེ་ལས་བྱུང་བའི་ལྟུང་བྱེད་ནི་མི་བརྟན་པས་རྣམ་པར་འགྱུར་བ་ལས་གྱུར་པའི་ལྟུང་བྱེད ་ཅེས་བྱའོ། །མི་བརྟན་པས་རྣམ་པར་འགྱུར་བའི་ལྟུང་བྱེད་དོ་ཞེས་བྱ་བ་དེ་བཤད་ཟིན་ཏོ།། །།ད་འདི་མན་ཆད་ནི་བླ་མར་གྱུར་པ་ལ་བརྙས་ཐབས་བྱེད་པའི་ལྟུང་བྱེད་གསུམ་སྟོན་ཏེ། དེ་ལ་གང་ལ་དགེ་སློང་མའི་ཚོགས་ལ་བརྙམ་ཐབས་བྱེད་པའི་ལྟུང ་བྱེད་དུ་འགྱུར་ཞེ་ན་དེའི་ཕྱིར། དགེ་སློང་མའི་ཚོགས་ལ་བརྙས་ཐབས་བྱེད་པ་ལའོ་ཞེས་བྱ་བ་སྨྲས་ཏེ། དགེ་སློང་མའི་ཚོགས་ཞེས་བྱ་བ་དགེ་སློང་མའི་དགེ་འདུན་ལ་བརྙས་ཐབས་བྱེད་པ་ལ་ཁ་ན་མ་ཐོ་བ་འདིར་འགྱུར་རོ། །དགེ་སློང་མའི་ཚོགས་ཞེས་བྱ་བའི་རྣམ ་པར་འབྱེད་པ་ནི་དགེ་སློང་མའི་དགེ་འདུན་ཞེས་གསུངས་པ་ཡིན་ནོ། །གཅིག་གམ་གཉིས་སམ་གསུམ་ལ་བརྙས་ཐབས་བྱེད་པ་ལ་ནི་ཉེས་བྱས་སོ། །བརྙས་ཐབས་བྱེད་པར་ཞེས་བྱ་བ་རྣམ་པར་འབྱེན་པི་རྣོམ་པ་སྣ་ཚོགས་ཀྱིས་སྨོད་པར་བྱེད་དེ། ཚུལ་འཆོས ་པ་དང་ཁ་བསག་དང་གཞོགས་སློངས་དང་ཐོབས་ཀྱིས་འཇལ་གྱིས་འཚོ་བར་བྱེད་དོ། །མི་གསལ་བ་རྨོངས་པ་མི་མཁས་པ་ཡིན་ནོ། །ལྟུང་བ་ཡང་མི་ཤེས་ལྟུང་བ་ཡང་མེད་པ་ཡང་མི་ཤེས་པ་ཡིན་ནོ། །འདི་ལ་བྱིན་པ་འམ་བྱས་པ་འམ་བསྙེན་བཀུར་ཀུན་ཏུ་སྤྱད ་པས་ཅི་བྱ། འོག་མའི་ཆོས་ཀུན་ཏུ་དཀྲིས་པ་ཡིན་ནོ་ཞེས་གླེང་གཞི་ལས་གསུངས་པ་ཡིན་ནོ། །གང་ལ་དགེ་སློང་མའི་ཚོགས་ལ་སྤྱོ་བའི་ལྟུང་བྱེད་དུ་འགྱུར་ཞེ་ན་དེའི་ཕྱིར། སྤྱོ་བ་ལ་ཡང་ངོ་ཞེས་བྱ་བ་སྨྲས་ཏེ། དགེ་སློང་མའི་ཚོགས་ལའོ་ཞེས་པཱི་རྗེས་བསྙགས ་པའི་ཕྱིར་ཡང་ངོ་ཞེས་བྱ་བའི་སྒྲ་སྨོས་སོ། །དགེ་སློང་མའི་ཚོགས་ལ་སྤྱོ་བར་བྱེད་པ་ལ་ཁ་ན་མ་ཐོ་བ་འདིར་འགྱུར་རོ། །སྤྱོ་བ་ཞེས་བྱ་བའི་རང་བཞིན་ནི་གླེང་བཞི་ལས་འཚོ་བའི་ཕྱིར་མགོ་བྲེགས་པ་མུ་གེའི་ཕྱིར་མགོ་བྲེགས་པ་སཱིཀ་པའི་ལས་ཅན་འཕགས ་མ་མ་ཡིན་པ་ཟོལ་པ་མོ་ཕ་རོལ་སླུ་བ་ཡང་དག་པར་སྡོམ་པ་མ་ཡིན་ཚུལ་ཁྲིམས་འཆལ་པའོ་ཞེས་གསུངས་པ་ཡིན་ནོ། །གང་ལ་འཁོར་གཙོ་བོ་ལས་ཆུས་འཐོར་པའི་ལྟུང་བྱེད་དུ་འགྱུར་ཞེ་ན་དེའི་ཕྱིར། འཁོར་གཙོ་བོ་ལ་ཆུས་འཐོར་བ་བའོ་ཞེས་བྱ་བ་སྨྲས་ཏེ། འཁོར ་གཙོ་བོ་ཞེས་བྱ་བའི་སྒྲས་ནི་དགེ་སློང་བརྗོད་དེ་འཁོར་གཙོ་བོ་ཞེས་བྱ་བའི་རྣམ་པར་འབྱེད་པ་ལས་དགེ་སློང་ཞེས་གསུངས་པའི་ཕྱིར་རོ། །གལ་ཏེ་དགེ་སློང་མའི་ལུས་ལ་ཐིགས་པ་ཙམ་གྱིས་ཕོག་པར་གྱུར་ན་ཡང་དེའི་ཚེ་ཆུས་གཏོར་བ་ཡིན་ཏེ། ་དེ་ལ་ཁ་ན་མ་ཐོ་བ་འདིར་འགྱུར་རོ། །རྒྱལ་བ་ལ་ནི་ལྟུང་བ་མེད་དོ་ཞེས་བྱ་བ་ནི། དགེ་སློང་བརྒྱལ་བ་ལ་ཆུས་གཏོར་བ་ལ་ནི་ལྟུང་བ་མེད་པའོ། །དགེ་སློང་ལ་ཐུ་ཞེས་མི་བྱའོ་ཞེས་བྱ་བ་ནི། དགེ་སློང་ལ་མཆིས་མས་གཏོར་བའི་ཐབས་སུ་ཐུ་ཞེས་མི་བྱའོ། །འདིར་གཞུང ་ནི་ཕྲན་ཚོགས་དག་ལས་མཐུ་ཞེས་མི་བྱའོ་ཞེས་བྱ་བའི་དང་པོ་འདི་ནས་བསྟེན་པ་ཞེས་བྱ་བའི་བར་དུ་གསུངས་ཏེ། དེ་ལྟ་བས་ན་དགེ་སློང་མས་དགེ་སློང་ལ་མཆིལ་མས་གཏོར་བར་མི་བྱའོ། །འཐོར་བར་བྱེད་ན་འགལ་ཚབས་ཅན་དུ་འགྱུར་རོ་ཞེས་གསུངས་པ ་ཡིན་ནོ། །རབ་ཏུ་བྱུང་བ་འདི་པ་ལ་སྤྱོ་བར་མི་བྱའོ་ཞེས་བྱ་བ་ལ། རབ་ཏུ་བྱུང་བ་འདི་པ་ཞེས་བྱ་བའི་སྒྲས་ནི་དགེ་སློང་ལ་སོགས་པ་བཟུང་བར་རིག་པར་བྱ་སྟེ། དགེ་སློང་མའི་ཚོགས་ལ་སྤྱོ་བའི་ལྟུང་བྱེད་སྔར་ལོགས་ཤིག་ཏུ་བསྟན་ཟིན་པའི་ཕྱིར་རོ། །རབ ་ཏུ་བྱུང་བ་འདི་པ་གཞན་ལ་སྤྱོ་བ་ཉེས་བྱས་སུ་རྣམ་པར་བཞག་གོ། དགེ་སློང་ལ་སྦྱོ་བ་ནི་ལྕི་བའི་ཆོས་ཡིན་པའི་ཕྱིར་ཟླ་བ་ཕྱེད་བྱེད་ཅིང་མགུ་པ་སྤྱད་པ་ཡིན་ནོ། །དེ་ལ་གཉི་ག་ཡང་ངོ་ཞེས་བྱ་བ་ནི། རབ་ཏུ་བྱུང་བ་འདི་པ་ལ་བརྙས་ཐབས་དང་སྤྱོ་བ་ཞེས་བྱ ་བ་ནི་བསླབ་པའི་གཞི་སྔ་མ་བསྟན་པ་གཉི་ག་ཡང་མི་བྱའོ་ཞེས་བྱ་བའི་ཐ་ཚིག་གོ་།དགེ་སློང་གི་མདུན་དུ་སྤྱོད་ཡུལ་ཏུ་རྒྱུ་བར་མི་བྱའོ་ཞེས་བྱ་བ་ནི། དགེ་སློང་མས་དགེ་སློང་གི་མདུན་དུ་གྲོང་དུ་བསོད་སྙོམས་ལ་འཇུག་པར་མི་བྱའོ། །འདིར་གཞུང་ནི་དེ་ལྟ ་བས་ན་དགེ་སློང་མས་དགེ་སློང་གི་སྤྱོད་ཡུལ་དུ་ཞུགས་པའི་མདུན་དུ་འགྲོ་བར་མི་བྱ་བར་དགེ་སློང་གི་སྤྱོད་ཡུལ་གང་སྤངས་བ་དེར་དགེ་སློང་མས་འཇུག་པར་བྱའོ་ཞེས་གསུངས་པ་ཡིན་ནོ། །ཟམ་བ་མི་སྟན་པར་དགེ་སློང་དང་ལྷན་ཅིག་འགྲོ་བར་མི་བྱའོ་ཞེས ་བྱ་བ་ནི། དགེ་སློང་མས་ཟམ་པ་མི་བརྟན་པ་ལྡེག་པར་དགེ་སློང་དང་ལྷན་ཅིག་འགྲོ་བར་མི་བྱའོ། །འདིར་གཞུང་ནི་དེ་ལྟ་བས་ན་དགེ་སློང་མས་དགེ་སློང་དང་ལྷན་ཅིག་ཟམ་པ་གཅིག་ཏུ་འགྲོ་བར་མི་བྱའོ། །འགྲོ་ན་འགལ་ཚབས་ཅན་དུ་འགྱུར་རོ། །ཟམ་པ་བརྟན་ཞིང ་ཞེང་ཆེན་པོ་གང་ཡིན་པ་དེ་དག་ཏུ་ནི་འགྲོ་བར་བྱ་སྟེ། འདི་ལ་འགྱོད་པར་མི་བྱའོ་ཞེས་གསུངས་པ་ཡིན་ནོ། །དགེ་སློང་མཐོང་མ་ཐག་ཏུ་སྟན་ལས་ལྡང?་བར་བྱའོ་ཞེས་བྱ་བའི་གཞུང་ནི་དེ་ལྟ་བས་དགེ་སློང་མས་དགེ་སློང་མཐོང་མ་ཐག་ཏུ་སྟན་ལས་ལྡང ་པར་བྱའོ། །མི་ལྡང་ན་འགལ་ཚབས་ཅན་དུ་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །འདུག་པས་དེ་འགྲེང་པས་ཧ་ཅང་ཡུན་རིང་དུ་འདའ་བར་བྱེད་ན་སྟན་ལ་འདུག་ཏུ་གཞུག་གོ་ཞེས་བྱ་བ་ནི། དགེ་སློང་སྟན་ལ་འདུག་པས་དགེ་སློང་མ་དེ་འགྲེང་པའི་སྤྱོད་འམ ་གྱིས་ཧ་ཅང་ཡུན་རིང་དུ་འདའ་བར་བྱེད་ན་སྟན་ལ་འདུག་ཏུ་གཞུག་པའོ། །མི་བྱེད་ན་འདུག་པའི་ཕྱིར་ཞུས་ཏེ་དེ་འདུག་པར་བྱའོ་ཞེས་བྱ་བ་ནི། དགེ་སློང་གིས་དགེ་སློང་མ་ལ་སྟན་ལ་འདུག་ཏུ་གཞུག་པ་མི་བྱེད་ན། དགེ་སློང་མ་ཉིད་ཀྱིས་སྟན་ལ་འདུག་པར་བྱ ་བའི་ཕྱིར། དགེ་སློང་ལ་ཞུས་ཏེ་གནང་ན་སྟན་དེ་ལ་འདུག་པར་བྱའོ། །འདིར་མདོ་དེ་གཉིས་ཀྱི་གཞུང་ནི་དེ་ལྟ་བས་ན་དགེ་སློང་གིས་དགེ་སློང་མ་ཆོས་ཉན་པར་འདོད་པ་ལ་འདུག་ཅིག་ཅེས་བསྒོ་བར་བྱའོ། །གལ་ཏེ་དགེ་སློང་ཡེངས་སམ་མི་དྲན་ན་དགེ་སློང་མས ་འཕགས་པ་སྟན་ལ་མཆིས་སོ་ཞེས་ཞུས་ཏེ་འདུག་བར་བྱའོ་ཞེས་གསུངས་པ་ཡིན་ནོ། །བླ་མར་གྱུར་པ་ལ་བརྙས་ཐབས་བྱེད་པའི་ལྟུང་བྱེད་གསུམ་མོ་ཞེས་བྱ་བ་དགེ་སློང་མའི་ཚོགས་ལ་བརྙས་ཐབས་བྱེད་པའི་ལྟུང་བྱེད་དང། དགེ་སློང་མའི་ཚོགས་ལ ་སྤྱོ་བའི་ལྟུང་བྱེད་དང། འཁོར་གཙོ་བོ་ལ་ཆུས་འཐོར་བའི་ལྟུང་བྱེད་གསུམ་བཤད་ཟིན་ཏོ།། །།གང་ལ་འཁྲུག་ལོངས་ཡལ་བར་འདོར་བའི་ལྟུང་བྱེད་དུ་འགྱུར་ཞེ་ན་དེའི་ཕྱིར། དགེ་སློང་མ་རྣམས་ཀྱི་རྩོད་པ་མཐུ་ཡོད་བཞིན་དུ་ཉེ་བར་ཞི་བར་མི་བྱེད་པ་ལའོ ་ཞེས་བྱ་བ་སྨྲས་ཏེ། ཉེ་བར་ཞི་བར་བྱ་བའི་མཐུ་ཡོད་བཞིན་དུ་དགེ་སློང་མ་རྣམས་ཀྱི་རྩོད་པ་ཉེ་བར་ཞི་བར་མི་བྱེད་པ་དེ་ལ་ཁ་ན་མ་ཐོ་བ་འདིར་འགྱུར་ཏེ། །གལ་ཏེ་གང་གི་ཚེ་ལུས་རྣམ་པར་འགྱུར་བ་འམ་དག་རྣམ་པར་འགྱུར་བར་བྱེད ་ཅིང་ཇི་སྲིད་དུ་བསམ་པ་གཏོང་བར་མི་བྱེད་པ་དེ་སྲིད་དུ་ནི་ལྟུང་བྱེད་གཅིག་ཁོ་ནར་ཟད་དོ། །གང་གི་ཚེ་ཉེ་བར་ཞི་བར་མི་བྱེད་པའི་བསམ་པ་བཏང་ནས་ཡང་བསམ་པ་གཞན་བསྐྱེད་པའི་ཚེ་ནི་ལྟུང་བྱེད་གཞན་དུ་ཡང་འགྱུར་རོ། །འཁྲུག་ལོང་ཡལ་བར ་འདོར་བའི་ལྟུང་བྱེད་དོ་ཞེས་བྱ་བ་དེ་བཤད་ཟིན་ཏོ།། །།གང་ལ་བློ་མཐུན་པར་མི་ཀྱེད?་པའི་ལྟུང་བྱེད་དུ་འགྱུར་ཞེ་ན་དེའི་ཕྱིར། ཞག་ལོན་པའི་མདུན་པ་སྦྱིན་པ་ལའོ་ཞེས་བྱ་བ་སྨྲས་ཏེ། ཞག་ལོན་པའི་མདུན་པ་སྦྱིན་པ་ཞེས་བྱ་བ་ནི་ཉི་མ ་སྔ་མ་གཞན་ལ་འདུན་པ་ཕུལ་བ་དེ་ཉིད་ད་དུང་ཡང་ཡོད་པས་འདུན་པ་སྔ་མ་དེ་ཁོ་མོས་ད་དུད་ཕྱིར་མ་བླངས་པས་དེ་རིང་ཡང་བཟོད་འདུན་པ་འབུལ་ཅི་དགོས་ཞེས་ཟེར་ཞིང་འདུན་པ་ཕྱི་མ་མི་སྟེར་བ་ཡིན་ནོ། །དེས་ན་འདི་ལྟར་སྟོན་ཏེ། དགེ་འདུན་གྱི་ལས ་གང་གི་ཕྱིར་ཉི་མ་སྔ་མ་བཞན་ལ་འདུན་པ་བླངས་པའི་ལས་དེ་དེའི་ཉིན་མོ་མ་བྱས་ཤིང་ཕྱིས་ཉི་མ་གཞན་ལ་བྱེད་པའི་ཚེ་ཡང་གཞི་ནས་འདུན་པ་བླངས་བར་བྱ་དགོས་པས། དེའི་ཆེ་དགེ་འདུན་མས་འདུན་པ་ལེན་དུ་བཏང་བ་ན་སྔར་འདུན་པ་བྱིན་ཟིན་པ་དེ ་ཉིད་བདག་གིས་ཕྱིར་མ་བླངས་པས་ད་དུང་ཡང་འདུན་པ་འབུལ་མི་དགོས་སོ་ཞེས་ཟེར་ཞིང་དགེ་འདུན་དང་བློ་མཐུན་པར་མི་བྱེད་པ་དེ་ལ་ཁ་ན་མ་ཐོ་བ་འདིར་འགྱུར་རོ། །འདིར་གླེང་གཞི་ནི་སྦོམ་དགའ་མོ་ལ་དགེ་སློང་མ་རྣམས་ཀྱིས་དཔགས་མ་དགེ་སློང ་མའི་དགེ་འདུན་ཚོགས་ཀྱིས་ཙར?་ཤོག་ཅིག་ཅེས་བྱས་པ་དང། ངེས་སྨྲས་པ་ཆོས་བཞིན་དུ་བྱེད་པའི་ལས་ལ་འདུན་པ་འབུལ་ལོ། །དགེ་འདུན་གྱིས་ལས་དེ་དེའི་ཉིན་མོ་མ་བྱས་ན་ཕྱི་དེ་ཉིན་མོ་བྱ་བར་བརྩམས་ཏེ་ཡང་དགེ་སློང་མའི་དགེ་འདུན་འདུས ་ནས་སྦོམ་དགའ་མོ་སྦྲན་བ་དང་དེ་འོང་དུ་མ་བཏུབ་ནས་དགེ་སྐོས་མས་ཅི་འཕགས་མ་འདུན་བ། འབུལ་བར་མི་འདོད་དམ་ཞེས་སྨྲས་པ་དང། ངེས་སྨྲས་པ་ཁོ་མོའི་འདུན་པ་འཕུལ་ཟིན་ནོ། །ནམ་ཕུལ་ཉི་མ་སྔ་མ་ལའོ། །འཕགས་མས་ཞག་ལོན་པའི ་འདུན་པ་དབུལ་ཏུ་རུང་ངམ། ངེས་སྨྲས་པ་ཆག་གམ་རུལ་ཏམ་ཅི་ཉེས་ཞེས་ཟེར་བ་ལས་བཅས་པ་ཡིན་ནོ། །བློ་མཐུན་པར་མི་བྱེད་པའི་ལྟུང་བྱེད་དོ་ཞེས་བྱ་བ་དེ་བཤད་ཟིན་ཏོ།། །།ད་འདི་མན་ཆད་ནི་ལྕི་བའི་ཆོས་ལས་འདས་པའི་ལྟུད ་བྱེད་གསུམ་དང། ལྕི་བའི་ཆོས་དང་འབྲེལ་པའི་ཆོས་ལས་འདས་པའི་ལྟུང་བྱེད་གཅིག་སྟོན་ཏེ། ལྕི་བའི་ཆོས་ལས་འདས་པའི་ལྟུང་བྱེད་གསུམ་ནི་གདམས་ངག་ཉམས་སུ་མྱོང་བར་མི་བྱེད་པ་དང་དགེ་སློང་མེད་པའི་གནས་སུ་དབྱར་གནས་པར ་ཁས་ལེན་པ་དང་གཉི་གའི་དགེ་འདུན་ལ་དགག་དབྱེ་མི་བྱེད་པའོ། །ལྕི་བའི་ཆོས་དང་འབྲེལ་པའི་ཆོས་ལས་འདས་པའི་ལྟུང་བྱེད་ནི་དགེ་སློང་མེད་པར་གསོ་སྦྱོང་བྱེད་པའོ། །དེ་ལ་གང་ལ་གདམས་ངག་ཉམས་སུ་མྱོང་བར་མི་བྱེད་པའི་ལྟུང་བྱེད་དུ ་འགྱུར་ཞེ་ན་དེའི་ཕྱིར། ཟླ་བ་ཕྱེད་ཕྱེད་ཅིང་དགེ་སློང་རྣམས་ལས་གདམས་ངག་དང་རྗེས་སུ་བསྟན་པ་དག་ཉམས་སུ་མྱོང་བར་མི་བྱེད་པ་ལའོ་ཞེས་བྱ་བ་སྨྲས་ཏེ། གསོ་སྦྱོང་གི་ཉིན་མོའི་ཟླ་བ་ཕྱེད་ཕྱེད་ཅིང་དགེ་སློང་རྣམས་ལ་འདི་ནི་བྱ་བའོ་འདི་ནི་བྱ་བ་མ ་ཡིན་པའོ་ཞེས་བྱ་བའི་རང་བཞིན་གྱིས་གདམས་ངག་དང་རྗེས་སུ་བསྟན་པ་ཉམས་སུ་མྱོང་བར་མི་བྱེད་པ་ལ་ཁ་ན་མ་ཐོ་བ་འདིར་འགྱུར་རོ། །རྐྱེན་མ་བྱུང་བར་གསོ་སྦྱོང་གི་ཉིན་མོ་ལས་འདས་ནས་སྐྱ་རེངས་འཆར་བའི་དུས་ན་ཁ་ན་མ་ཐོ་བ་འདིར་འགྱུར་རོ།། ་རྐྱེན་བྱུང་ན་ནི་ཉི་མ་འཆར་ཀའི་དུས་སུ་ཁ་ན་མ་ཐོ་བ་འདིར་འགྱུར་རོ། །གང་ལ་དགེ་སློང་མེད་པར་གསོ་སྦྱོང་བྱེད་པའི་ལྟུང་བྱེད་དུ་འགྱུར་ཞེ་ན་དེའི་ཕྱིར། དགེ་སློང་དག་མེད་པར་གསོ་སློང་བྱེད་པ་ལའོ་ཞེས་བྱ་བ་སྨྲས་ཏེ། དགེ་སློང་མའི་དགེ་འདུན་གྱིས་སྔར་དགེ ་སློང་གི་དགེ་འདུན་ལས་འདུན་པའི་གསོ་སྦྱོང་བླངས་ནས་བཟོད་གསོ་སྦྱོང་བྱ་དགོས་ཏེ། ཇི་སྲིད་དུ་དགེ་སློང་མའི་དགེ་འདུན་གྱིས་དགེ་སློང་གི་དགེ་འདུན་ལས་འདུན་པའི་གསོ་སྦྱོད་མ་བླངས་པ་དེ་སྲིད་དུ་གསོ་སྦྱོང་བྱར་མི་རུང་ངོ།། ་དེ་ལྟ་བས་ན་དགེ་སློང་རྣམས་ལས་འདུན་པའི་གསོ་སྦྱོང་བླང་བའི་ཕྱིར་དགེ་སློང་མ་གང་གིས་ཆོགས་པ་བསྒྲུབ་བར་མི་བྱེད་པ་དེ་ནི་འདིར་དགེ་སློང་མེད་པར་གསོ་སྦྱོང་བྱེད་པ་ཞེས་བྱ་སྟེ། དེ་ལ་ཁ་ན་མ་ཐོ་བ་འདིར་འགྱུར་གྱི་དགེ་སློང་རྣམས་མངོན་སུམ་དུ ་མི་འཁོད་པ་ཉིད་དུ་གསོ་སྦྱོང་བྱེད་པ་ལ་ནི་ཉེས་པ་མེད་དོ། །འདི་ནི་ལྕི་བའི་ཆེས་དང་འབྲེལ་པའི་ཆོས་ལས་འདས་པའི་ཁ་ན་མ་ཐོ་བ་ཡིན་གྱི་ལྕི་བའི་ཆོས་ལས་འདས་པའི་ཁ་ན་མ་ཐོ་བ་ཉིད་ནི་མ་ཡིན་ནོ། །འདིར་གཞུང་ནི་དགེ་སློང་ཁྱོད་ཀྱིས་དགེ་སློང ་དག་མེད་པར་གསོ་སྦྱོང་བྱས་པ་བདེན་ནམ་ཞེས་གསུངས་པ་དང། ཡང་དགེ་སློང་མ་གང་དགེ་སློང་དག་མེད་པར་གསོ་སྦྱོང་བྱེད་ན་ལྟུང་བྱེད་དོ་ཞེས་གསུངས་པ་ཡིན་ནོ། །ལྕི་བའི་ཆོས་དང་འབྲེལ་པའི་ཆོས་ལས་འདས་པས་ཞེས་བྱ་བ་ནི་གདམས་ངག ་ཉམས་སུ་མྱོང་བ་ཞེས་བྱ་བའི་ལྕི་བའི་ཆོས་དེ་དང་འབྲེལ་བ་དགེ་སློང་དང་ལྷན་ཅིག་གསོ་སྦྱོང་བྱ་བའི་མཚན་ཉིད་ཀྱིས་ཆོས་དེ་ལས་འདས་ཤིང་དགེ་སློང་མེད་པར་གསོ་སྦྱོང་བྱེད་པ་ཡིན་ནོ། །གང་ལ་དགེ་སློང་མེད་པའི་གནས་སུ་དབྱར་གནས་པར ་ཁས་ལེན་པའི་ལྟུང་བྱེད་དུ་འགྱུར་ཞེ་ན་དེའི་ཕྱིར། དགེ་སློང་མེད་པའི་གནས་སུ་དབྱར་གནས་པར་ཁས་ལེན་པ་ལའོ་ཞེས་བྱ་བ་སྐུས་ཏེ། དགེ་སློང་མེད་པའི་གནས་ཞེས་བྱ་བ་ནི་གང་ན་ལས་བརྒྱ་རྩ་གཅིག་པོ་ཐམས་ཅད་མེད་པ་ལ་བྱའི། དགེ་སློང ་དག་དངོས་པོ་མེད་པ་ལ་ནི་མི་བྱའོ། །འདི་སྐད་བསྟན་ཏེ་གནས་གང་ན་དགེ་སློང་བཞི་ཡན་ཆད་གནས་ཤིང་ལས་བྱེད་པ་མེད་པ་དེ་ནི་དགེ་སློང་མེད་པའི་གནས་ཞེས་བྱ་སྟེ། དེར་དབྱར་གནས་པར་ཁས་ལེན་པ་ལ་ཁ་ན་མ་ཐོ་བ་འདིར་འགྱུར་རོ། །གང ་པ་གཉི་གའི་དགེ་འདུན་ལ་དགག་དབྱེ་མི་བྱེད་པའི་ལྟུང་བྱེད་དུ་འགྱུར་ཞེ་ན་དེའི་ཕྱིར། དབྱར་གནས་པས་གཉི་གའི་དགེ་འདུན་ལ་གནས་གསུམ་གྱི་དགག་དབྱེ་མི་བྱེད་པ་ལའོ་ཞེས་བྱ་བ་སྨྲས་ཏེ། དགེ་སློང་མ་དབྱར་གནས་པར་ཁས་བླངས་པས་གཉི ་གའི་དགེ་འདུན་ལ་གནས་གསུམ་པོ་མཐོང་བ་དང། ཐོས་པ་དང་དོགས་པ་ཞེས་བྱ་བས་དགག་དབྱེ་མི་བྱེད་པ་ལ་ཁ་ན་མཐོ་བ་འདིར་འགྱུར་རོ། །རྐྱེན་བྱུང་བ་ལ་སོགས་པ་དགག་དབྱེའི་ཉིན་མོ་ལས་འདས་པ་ལས། ཁ་ན་མ་ཐོ་བ་འདིར་འགྱུར་བ་ནི་གསོ ་སྦྱོང་དང་འདྲའོ། །ལྕི་བའི་ཆོས་ལས་འདས་པ་ལས་གྱུར་པའི་ལྟུང་བྱེད་དག་གོ་ཞེས་བྱ་བ་ལྕི་བའི་ཆོས་ལས་འདས་པའི་ལྟུང་བྱེད་གསུམ་དང། ལྕི་བའི་ཆོས་དང་འབྲེལ་པའི་ཆོས་ལས་འདས་པའི་ལྟུང་བྱེད་གཅིག་བཤད་ཟིན་ཏོ།། །། ་ད་འདི་མན་ཆད་ནི་གཞན་ལ་གནོད་པར་སྤྱོད་པའི་ལྟུང་བྱེད་གསུམ་སྟོན་ཏེ། དེ་ལ་གང་ལ་དབུལ་པོ་སྲ་བརྐྱང་སྦྱོར་དུ་འཇུག་པ་པའི་ལྟུང་བྱེད་དུ་འགྱུར་ཞེ་ན་དེའི་ཕྱིར། དབུལ་པོ་སྲ་བརྐྱར་སྦྱོར་དུ་བཅུག་པ་ལའོ་ཞེས་བྱ་བ་སྨྲས་ཏེ། དབུལ་པོ་ལ་རྙེད་པའི ་དོན་ཏམ་བསོད་བསྙོམས་ཀྱི་དོན་ཏམ་གཉི་གའི་དོན་དུ་སྲ་བརྐྱང་སྦྱོར་དུ་བཅུག་ན་དངོས་གཞིའོ། །མདུན་རོལ་དུ་ཉེས་བྱས་སོ། །ཚེས་གོས་གཏན་པའི་ཟོང་ཙམ་དགེ་འདུན་གྱི་དོན་དུ་དབུལ་པོ་སྦྱོར་དུ་བཅུག་པ་ཡང་དངོས་གཞིའོ། །ཆོས་གོས་གཏན་པ ་མི་ལྡིང་བ་ཆུང་དུ་སྦྱོར་དུ་བཅུག་པ་ལ་ནི་ཉེས་བྱས་སོ། །གང་ཟག་དབུལ་པོ་དུ་མ་སྦྱོར་དུ་བཅུག་པ་ལ་ནི་གང་ཟག་རེ་རེ་ལས་ཁ་ན་མ་ཐོ་བ་རེ་རེར་འགྱུར་རོ། །འདིར་ཆོས་གོས་གཏན་པ་ལ་ཞེས་སྨོས་པ་ནི་དཔེ་ཙམ་དུ་ཟད་དེ་ཡོ་བྱང་གཞན་དག་ལ་ཡང་དེ ་བཞིན་ནོ། །གང་ལ་ཆོས་གོས་གཏན་པ་དབྱུང་བའི་ཕྱིར་ཚོགས་པ་མི་སྦྱིན་པའི་ལྟུང་བྱེད་དུ་འགྱུར་ཞེ་ན་དེའི་ཕྱིར། ཆོས་གོས་གཏན་པ་དབྱུང་བའི་ཕྱིར་བག་ཡངས་སུ་བྱ་བའི་ཚོགས་པ་མི་སྦྱིན་པ་ལའོ་ཞེས་བྱ་བ་སྨྲས་ཏེ། དཔྱིད་ཟླ་ར་བ་ཉའི་ཉིན་མོ་ཆོས་གོས་ ་གཏན་པ་དབྱུང་བའི་དུས་སུ་ཆོས་གོས་གཏན་པ་དབྱུང་བའི་ཕྱིར་ཚོགས་པ་མི་སྦྱིན་པ་ལ་ནི་སྤང་བའི་ལྟུང་བྱེད་དུ་རྣམ་པར་བཞག་པས། འདི་ནི་བཅོམ་ལྡན་འདས་ཀྱིས་དགེ་སློང་མ་ཆོམ་རྐུན་བས་བཅོམ་པ་འམ་འགྲོ་བ་ལ་སོགས་པཱི ་དགོས་པའི་དབང་གིས་དབྱིད་ཟླ་ར་བ་ཉ་ཚུན་ཆད་བློ་བུར་དུ་ཆོས་གོས་བཏན་པ་འབྱིན་པར་རྗེས་སུ་གནང་བའི་དུས་དེར་ཆོས་གོས་གཏན་པ་དབྱུང་བའི་ཕྱིར་བག་ཡངས་སུ་བྱ་བའི་ཚོགས་པ་མི་སྦྱིན་པ་ལ་ལྟུང་བྱེད་དུ་རྣམ་པར་བཞག་པ་ཡིན་ནོ།། ་དེ་ལྟ་བས་ན་སྤང་བའི་ལྟུང་བྱེད་དང་ལྟུང་བྱེད་འདི་གཉིས་ནི་དུས་ཀྱི་བྱེ་བྲག་གིས་ཐ་དད་པར་གྱུར་པ་ཡིན་ནོ། །གང་ལ་གོས་འགེད་པའི་ཕྱིར་ཚོགས་པ་མི་སྦྱིན་པའི་ལྟུང་བྱེད་དུ་འགྱུར་ཞེ་ན་དེའི་ཕྱིར། གོས་འགོད་པའི་ཕྱིར་ཡང་ངོ་ཞེས་བྱ་བ་སྨྲས་ཏེ། བག ་ཡངས་སུ་བྱ་བའི་ཚོགས་པ་མི་སྦྱིན་པ་ལ་ཞེས་བྱ་བའི་རྗེས་བསྙགས་པའི་ཕྱིར་ཡང་ངོ་ཞེས་བྱ་བའི་སྒྲ་སྨོས་སོ། །འདིར་གོས་ཞེས་སྨོས་པ་ནི་དཔེ་ཙམ་དུ་ཟད་དེ་ཆོས་དང་ལྡན་པའི་རྙེད་པ་གཞན་བགོ་བའི་ཕྱིར་ཚོགས་ཕ་མི་སྦྱིན་པ་ལ་ཡང་ལྟུང་བྱེད་དུ་འགྱུར་རོ།། ་འདིས་ལེན་མི་འདོད་པ་ཉིད་ནི་མ་བྱས་པ་ཉིད་དོ་ཞེས་བྱ་བ་ནི། ཚོགས་མི་སྦྱིན་པ་འདིས་རྙེད་པའི་སྐལ་བ་ལེན་མི་འདོད་པ་ཉིད་ནི་བསྡུ་བ་མ་བྱས་པ་ཉིད་ཡིན་ཏེ། དེ་བས་ན་འདིར་རྙེད་པའི་སྐལ་བ་ལེན་མི་འདོད་པས་ཚོགས་པ་མི་སྦྱིན་པ་ལ་ནི་ལྟུང་བ་མེད་དོ།། ་གཞན་ལ་གནོད་པར་སྤྱོད་པ་ལས་གྱུར་པའི་ལྟུང་བྱེད་གསུམ་མོ་ཞེས་བྱ་བ་དབུལ་པོ་ཆོས་གོས་བཏན་པ་སྦྱོར་དུ་བཅུག་པའི་ལྟུང་བྱེད་དང། ཆོས་གོས་གཏན་པ་དབྱུང་བའི་ཕྱིར་ཚོགས་པ་མི་སྦྱིན་པའི་ལྟུང་བྱེད་དང། གོས་འགེང་པའི ་ཕྱིར་ཚོགས་པ་མི་སྦྱིན་པའི་ལྟུང་བྱེད་གསུམ་བཤད་ཟིན་ཏོ།། །།གང་ལ་དབྱར་ཁང་ཡལ་བར་འདོར་བ་ལས་གྱུར་པའི་ལྟུང་བྱེད་དུ་འགྱུར་ཞེ་ན་དེའི་ཕྱིར། དབྱར་ཁད་མ་གཏད་པར་འགྲོ་བ་ལའོ་ཞེས་བྱ་བ་སྦྱར་ཏེ། དགེ་སློང་མ་རྣམས་ཀྱིས ་ཁྱམ་གྲུ་བཞིལ་སོགས་པའི་གནས་ནི་དབྱར་ཁང་ཞེས་བྱ་སྟེ། དེའི་ལྡེ་མིག་ལ་སོགས་པས་ཐ་ན་ཁྱིམ་པ་ཡན་ཆད་ལ་ཡང་མ་གཏད་མ་བཅོལ་བར་གཞན་དུ་འགྲོ་བ་ལ་ཁ་ན་མ་ཐོ་བ་འདིར་འགྱུར་རོ། །དགེ་འདུན་གྱི་ཡང་རུང་གང་ཟག་གི་ཡང་རུང་སྟེ། གནས་མལ ་བཞིན་དུ་གཞན་ལ་བཏང་པར་བྱའོ། །ཅི་ཙམ་དུ་སོང་ན་ཞེ་ན། ཉེན་ཀོར་བཏང་ནའོ་ཞེས་བྱ་བ་སྨྲས་ཏེ། འདིར་ཉེན་ཀོར་ཞེས་བྱ་བ་ནི། དབྱར་ཁང་གི་འཕྲལ་གྱི་བྱ་བ་ཡོད་པའི་ཕྱོགས་ཏེ་དེ་བཏང་ནའོ། །དབྱར་ཁང་གར་མི་གཏང་ངོ་ཞེས་བྱ་བ་ནི། གང་ཟག་གི་དབྱར་ཁང ་གཞན་ལ་གླར་མི་བཏང་ངོ། །ཁང་ཁྱིམ་གྱི་གཞི་དང་ཚོང་ཁང་གི་བཞི་ཡང་ངོ་ཞེས་བྱ་བ་ལ། གླར་མི་གཏང་ངོ་ཞེས་བྱ་བའི་རྗེས་བསྙགས་པའི་ཕྱིར་ཡང་ངོ་ཞེས་བྱ་བའི་སྒྲ་སྨོས་སོ། །འདི་ཡང་གང་ཟག་གིའོ། །འདིར་མདོ་དེ་གཉིས་ཀྱིས་གཞུང་ནི་ཕྲན་ཚེགས ་དག་ལས་དེ་ལྟ་བས་ན་དགེ་སློང་མས་དབྱར་ཁང་གླར་མི་གཏང་ངོ། །གཏོང་ན་འགལ་ཚབས་ཅན་དུ་འགྱུར་རོ། །དེ་ལྟ་བས་ན་དགེ་སློང་མས་ས་བཞི་གྲར་མི་བཏང་ངོ། །གཏོང་ན་འགལ་ཙབས་ཅན་དུ་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །དབྱར་ཁང་ཡལ་བར་འདོར ་བ་ལས་གྱུར་པའི་ལྟུང་བྱེད་དོ་ཞེས་བྱ་བ་དེ་བཤད་ཟིན་ཏོ།། །།ད་འདི་མན་ཆད་ནི་དུས་འདི་དང་ཕྱོགས་འདིར་ནི་འགྲོ་བར་བྱའོ། །འདིར་ནི་འགྲོ་བ་རྨི་བྱའོ་ཞེས་བྱ་བ་ལས་ལྟུང་བྱེད་གང་དག་རྣམ་པར་བཞག་པ་འགྲོ་བ་དང་མི་འགྲོ་བ་ལས་གྱུར་པའི་ལྟུང་བྱེད ་བཞི་སྟོན་ཏེ། དེ་ལ་གདལ?་དབྱར་གྱི་ནང་དུ་ལྗོངས་རྒྱུ་ཞིང་འགྲོ་བའི་ལྟུམ་བྱེད་དུ་འགྱུར་ཞེ་ན་དེའི་ཕྱིར། དབྱར་གྱི་ནང་དུ་ལྗོངས་རྒྱུ་ཟིང་འགྲོ་བ་ལའོ་ཞེས་བྱ་བ་སྨྲས་ཏེ། དབྱར་གྱི་ནང་ལོགས་སུ་ཡུལ་ལྟ་བའི་ཕྱིར་ལྗོངས་རྒྱུ་ཟིང་འགྲོ་བ་ལ་ཁ་ན་མ་ཐོ་བ་འདིར ་འགྱུར་རོ། །ཉེས་པ་ལས་འབྱུང་བ་དང་རྫོགས་པར་བསྙེན་པར་བྱ་བ་དང་རྩོད་པ་ཞི་བར་བྱ་བ་ལ་སོགས་པའི་ཆེད་དུ་བྱིན་གྱིས་བརླབས་ཏེ་འགྲོ་བ་ལ་ནི་མ་བཀག་གོ། ཀྱི་ན་ཡུལ་རྒྱུ་ཞིང་འཕྱན་དུ་འགྲོ་བ་བཀག་སྟེ་ལམ་དུ་ཞུགས་པའི་ཚེ་ནི་ཉེས་བྱས་སོ། །རྒྱད ་གྲགས་ཀྱི་མཛའ་ལས་འདས་ན་ནི་དངོས་གཞིའོ། །འདི་དགེ་སློང་ལ་སོགས་པ་གཞན་ལ་ནི་ཉེས་བྱས་སོ། །བར་ཆད་ཉེ་བར་གནས་པ་ལ་ནི་ལྟུང་བ་མེད་དོ་ཞེས་བྱ་བ་ནི། བར་ཆད་བརྒྱད་པོ་དག་ལས་གང་ཡང་རུང་བ་བྱུང་ན་དབྱར་གྱི་ནང་ལོགས་སུ ་འགྲོ་བ་ལ་ནི་ལྟུང་བ་མེད་དོ། །གང་ལ་དབྱར་གནས་པའི་འོག་ཏུ་མི་འགྲོ་བའི་ལྟུང་བྱེད་དུ་འགྱུར་ཞེ་ན་དེའི་ཕྱིར་དབྱར་གནས་པའི་འོག་ཏུ་དེར་མི་འགྲོ་བ་ལའོ་ཞེས་བྱ་བ་སྨྲས་ཏེ། དབྱར་གནས་པར་ཁས་བླངས་ནས་དགག་དབྱེ་བྱས་པའི་འོག་ཏུ་ཚེས་བཅུ ་དྲུག་ལ་ལྗོངས་རྒྱུ་བ་དེར་མི་འགྲོ་བ་ལ་ཁ་ན་མ་ཐོ་བ་འདིར་འགྱུར་རོ། །འདིར་འགྲོ་བའི་ཚད་ནི་རྒྱང་གྲགས་ཀྱི་ཚད་ཀྱི་མཛའ་ཨོ། །བུད་མེད་རྣམས་ནི་གནས་ལ་ལྷག་པར་ཆགས་པ་ཤས་ཆེ་བས་བསླབ་པའི་གཞི་འདི་བཅས་སོ། །གཞན་ལ་ནི་འདི་ཉེས་བྱས ་ཡིན་པར་འདུལ་བ་མདོར་བསྡུས་པ་ལས་ཤེས་པར་བྱའོ། །ཕྱོགས་ཀུན་ན་འཇིགས་པ་དང་བཅས་པ་འམ་ཞེ་འགྲས་པ་ཡོད་ན་ནི་ལྟུང་བ་མེད་དོ། །འཇིགས་པ་མེད་པའི་ལམ་ཕྲོགས་རྙེད་པ་མི་འགྲོ་ན་ནི་ཁ་ན་མ་ཐོ་བ་རྫོགས་པར་འགྱུར་རོ། །ཚེས་བཅུ ་དྲུག་གི་འོག་རོལ་ཏུ་ལམ་གྲོགས་ལ་སྟོད་པ་ལ་ནི་ཉེས་པ་མེད་དོ། །གང་ལ་དོགས་པ་དང་བཅས་པར་འགྲོ་བའི་ལྟུང་བྱེད་དུ་འགྱུར་ཞེ་ན་དེའི་ཕྱིར། ཡུལ་འཁོར་དོགས་པ་དང་བཅས་པར་འགྲོ་པ་ལའོ་ཞེས་བྱ་བ་སྨྲས་ཏེ། ལྗོངས་རྒྱུ་ཞིང་ཞེས་བྱ་བར་སྦྱར་རོ།། ་ཡུལ་འཁོར་ཆོམ་རྐུན་པའི་འཇིགས་པས་དོགས་པ་དང་བཅས་པ་ཉིད་དུ་ལྗོངས་རྒྱུ་ཞིང་འགྲོ་བ་ལ་ལ་ཁ་ན་མ་ཐོ་བ་འདིར་འགྱུར་རོ། །གང་ལ་མི་མཐུན་པ་དང་བཅས་པར་འགྲོ་བའི་ལྟུང་བྱེད་དུ་འགྱུར་ཞེ་ན་དེའི་ཕྱིར། མི་མཐུན་པ་དང་བཅས་པར་ཡང་ངོ་ཞེས ་བྱ་བ་སྨྲས་ཏེ། ཡུལ་འཁོར་དུ་འགྲོ་བ་ལའོ་ཞེས་བྱ་བའི་རྗེས་བསྙགས་པའི་ཕྱིར་ཡང་ངོ་ཞེས་བྱ་བའི་སྒྲ་སྨོས་སོ། །ཡུལ་འཁོར་གང་ན་དགྲ་བོ་མི་མཐུན་པ་ཡོད་པ་དེ་ནི་མི་མཐུན་པ་དང་བཅས་པ་ཡིན་ཏེ། ཕྱོགས་འདིར་སུ་ཡང་འགྲོ་བར་མི་བྱའོ། །སུ་འགྲོ ་བ་དེ་གསོད་པར་བྱ་བ་ཞེས་བྱ་བ་ལ་སོགས་པ་འགྲོ་བ་དགག་པའི་ཁྲིམས་སུ་བྱས་པ་ཡོད་པ་ལྟ་བུའོ། །གང་ལ་དོགས་པ་དང་བཅས་པ་ཡང་ཡིན་ལ་མི་མཐུན་པ་དང་བཅས་པ་ཡང་ཡིན་པའི་ཕྱོགས་དེར་འགྲོ་བ་ལ་ནི་ལྟུང་བྱེད་གཉི་ག་དུས་གཅིག་ཏུ་འབྱུང ་རོ། །འགྲོ་བ་དང་མི་འགྲོ་བ་ལས་གྱུར་ཕའི་ལྟུང་བྱེད་བཞིའོ་ཞེས་བྱ་བ་དབྱར་གྱི་ནང་དུ་ལྗོངས་རྒྱུ་ཞིང་འགྲོ་བའི་ལྟུང་བྱེད་དང། དབྱར་གནས་པའི་འོག་ཏུ་མི་འགྲོ་བའི་ལྟུང་བྱེད་དང། དོགས་པ་དང་བཅས་པར་འགྲོ་བའི་ལྟུང་བྱེད་དང། མི་མཐུན་པ་དང་བཅས་པར་འགྲོ ་བའི་ལྟུང་བྱེད་བཞི་བཤད་ཟིན་ཏོ།། །།བམ་པོ་བཞི་བཅུ་གཉིས་པ། ད་འདི་མན་ཆད་ནི་སྨྲ་བ་ལས་གྱུར་པའི་ལྟུང་བྱེད་གཉིས་སྟོན་ཏེ། དེ་ལ་གང་ལ་གཞན་གྱིས་གནས་སུ་འཐབ་ཀྲོལ་བྱེད་པའི་ལྟུང་བྱེད་དུ་འགྱུར་ཞེ་ན་དེའི་ཕྱིར། ལྷའི་གནས ་ལ་སོགས་པ་དང་མུ་སྟེགས་ཅན་གྱི་གནས་སུ་སོང་སྟེ་རྩོད་པར་བྱེད་པ་ལའོ་ཞེས་བྱ་བ་སྨྲས་ཏེ། ལྷའི་གནས་ལ་སོགས་པ་ཞེས་བྱ་བ་ལ། སོགས་པ་ཞེས་བྱ་བའི་སྐྲས་ནི་རྒྱལ་པོའི་ཕོ་བྲང་ལ་སོགས་པ་དག་བསྡུའོ། །མུ་སྟེགས་ཅན་གྱི་གནས་ཞེས ་བྱ་བ་ནི་མུ་སྟེགས་ཅན་གྱི་འདུག་གནས་སོ། །རྩོད་པར་ཞེས་བྱ་བ་ནི་འཐབ་དགྲོལ་བྱེད་པ་སྟེ། རྣམ་པར་འབྱེད་པ་ལས་རྩོད་པ་ནི་འཐབ་ཀྲོལ་ལོ། །ཞེས་གསུངས་པའི་ཕྱིར་རོ། །གཞན་གྱི་གནས་སུ་སོང་སྟེ་གཞན་ཟིལ་གྱིས་གནོན་པའི་འདི་ནི་ཧ་ཅང ་སྤྱི་བརྟོལ་ཆེ་བ་ཡིན་པའི་ཕྱིར་དེ་ལ་ཁ་ན་མ་ཐོ་བ་འདིར་འགྱུར་རོ། །ཚིག་གི་དོན་གཅིག་རྔ་སྤྲད་པའི་དུས་ཉིད་ན་ལྟུང་བྱེད་དུ་འགྱུར་རོ། །གང་ལ་སྐབས་མ་ཕྱེ་བར་དྲི་བའི་ལྟུང་བྱེད་དུ་འགྱུར་ཞེ་ན་དེའི་ཕྱིར། སྐབས་མ་ཕྱེ་བར་དྲི་བ་ལའོ་ཞེས་བྱ་བ་སྨྲས་ཏེ། ་དགེ་སློང་ལ་སོགས་པས་ཚིག་གི་སྐབས་མ་ཕྱེ་བར་དྲི་པ་འདྲི་བ་ལ་ཁ་ན་མ་ཐོ་བ་འདིར་འགྱུར་རོ། །འདིར་གླེང་བཞི་ལས་དགེ་སློང་ལ་ཞེས་གསུངས་མོད་ཀྱི་ལྟུང་བ་རྣམ་པར་གཞག་པ་ལས་སྤྱིར་བསྟན་ཏེ། །ཇི་ལྟར་སྐབས་འབྱེད་དུ་གཞུགས་པར་བྱ ་ཞེ་ན་དེའི་ཕྱིར། སྟན་བཏིང་སྟེ་ཕན་ཚུན་བརྒལ་བར་བྱས་ནས་ལུང་དྲི་བའི་སྦྱོར་བས་སྐབས་འབྱེད་དུ་གཞུག་པར་བྱའོ་ཞེས་བྱ་བ་སྨྲས་ཏེ། དང་པོར་ཇི་སྟན་བཏིང་སྟེ་དེའི་འོག་ཏུ་གཏམ་དྲི་བས་ཕན་ཚུན་ཀུན་དགའ་པར་བྱས་ནས ་ལུང་དྲི་བར་ཞེས་བྱ་བ་མདོ་སྡེ་དང་འདུལ་བ་དང་ཆོས་མངོན་པ་ཇི་ཐོས་པ་ལ་སོགས་པ་དྲི་བའི་སྦྱོར་བས་གང་ཟག་ཕ་རོལ་པོ་སྐབས་འབྱེད་དུ་གཞུག་པར་བྱའོ། །འདིར་གཞུང་ནི་ཆོས་མངོན་པ་དང་འདུལ་བའི་ལུང་ཅི་དག་བླགས་ཞལ་སྟོན་ཅིང་མཁྱེན ་ཅེས་དྲི་བས་སོ་ཞེས་གསུངས་པ་ཡིན་ནོ། །སྨྲ་བ་ལས་གྱུར་པའི་ལྟུང་བྱེད་གཉིས་སོ་ཞེས་བྱ་བ་གཞན་གྱིས་གནས་སུ་འཐབ་ཀྲོལ་བྱེད་པའི་ལྟུང་བྱེད་དང། སྐབས་མ་ཕྱེ་བར་འདྲི་བའི་ལྟུང་བྱེད་གཉིས་བཤད་ཟིན་ཏོ།། །།ད་འདི་མན་ཆད ་ནི་བཤད་པ་དང་ལྡན་པའི་ལྟུང་བྱེད་གསུམ་སྟིན་ཏོ། །དེ་ལ་གང་ལ་ཕྱི་སར་གཅིག་པུ་འགྲོ་བའི་ལྟུང་བྱེད་དུ་འགྱུར་ཞེ་ན་དེའི་ཕྱིར། ཕྱི་སར་གཅིག་པུ་འགྲོ་བ་ལའོ་ཞེས་བྱ་བ་སྨྲས་ཏེ། དབྱར་ཁང་གི་ཉེ་འཁོར་འདོམས་གང་ལས་ལོགས་ཤིག་ན་ཆབ ་ཀུང་ས་ཀེན་བག་ཏུ་འདུག་པ་དེར་གཅིག་བུ་འགྲོ་བ་ལ་ཁ་ན་མ་ཐོ་བ་འདིར་འགྱུར་རོ། །འདིར་གལ་ཏེ་བུད་མེད་དུ་འགྱུར་བ་མཐུ་དང་ལྡན་པ་ཡིན་ན་རབ་ཏུ་བྱུང་བ་འདི་པ་དང་ལྷན་ཅིག་འགྲོ་བ་ལ་ནི་ལྟུང་བ་མེད་དོ། །གང་ལ་རྩ་སྔོན་པོའི་སྟེང་དུ་བཤད་པ ་མདོར་བའི་ལྟུང་བྱེད་དུ་འགྱུར་ཞེ་ན་དེའི་ཕྱིར། རྩ་སྔོན་པོའི་སྟེང་དུ་བཤང་བ་འདོར་བ་ལའོ་ཞེས་བྱ་བ་སྨྲས་ཏེ། རྩ་སྔོན་པོའི་སྟེང་དུ་བཤད་བ་འདོར་བ་ལ་ཁ་ན་མ་ཐོ་བ་འདིར་འགྱུར་རོ། །འདིར་མདོར་བ་ཞེས་བྱ་བ་ནི་བཤད་བ་བྱེད་པ་དང་བྱས་ཟིན་པ ་འདོར་བ་གཉི་ག་ལ་བྱའོ། །སྔོན་པོ་ལ་མི་གཙང་བས་པོག་ན་ནི་དངོས་གཞིའོ། །མདུན་རོལ་དུ་ཉེས་བྱས་སོ། །ནད་པ་ལ་ནི་ལྟུང་བ་མེད་དོ་ཞེས་བྱ་བ་ནི། །རྩ་སྔོན་པོའི་སྟེང་དུ་བཤད་བ་འདོར་བ་ལའོ། །རྩ་སྔོན་པོས་ཐམས་ཅད་ཁྱབ་པ་ཉིད་ལ་ཡང་ངོ ་ཞེས་བྱ་བ་ལ་ལྟུང་བ་མེད་དོ་ཞེས་བྱ་བའི་རྗེས་བསྙགས་པའི་ཕྱིར་ཡང་ངོ་ཞེས་བྱ་བའི་སྒྲ་སྨོས་སོ། །ས་ཕྱོགས་ཐམས་ཅད་དུ་སྔོན་པོས་ཁྱབ་པ་ཉིད་ཡིན་ན་དེར་བཤང་བ་འདོར་བ་ལ་ནི་ལྟུང་བ་མེད་དོ། །གང་ལ་རྩིག་པའི་ཕག་ཏུ་མ་བལྟས་པར་བཤད་པ ་འདོར་བའི་ལྟུང་བྱེད་དུ་འགྱུར་ཞེ་ན་དེའི་ཕྱིར། རྩིག་པའི་ཕག་ཏུ་མ་བལྟས་པར་བཤད་བ་འདོར་བ་ལའོ་ཞེས་བྱ་བ་སྨྲས་ཏེ། འདིར་རྩིག་པ་ཞེས་བྱ་བ་ནི་དབྱར་ཁང་གི་ར་བ་ལའོ། །དེས་ན་དབྱར་ཁང་གི་ར་བའི་ཕྱི་རོལ་ཏུ་འདི་ན་འགའ་ཞིག་འདུག་པ་ལ་མི་ཕོག ་གམ་ཞེས་མ་དཔྱད་མ་བལྟས་པར་བཤང་བ་འདོར་བ་ལ་ཁ་ན་མ་ཐོ་བ་འདིར་འགྱུར་རོ། །རྩིག་པ་པུ་ཤུ་བཏབ་པ་ལ་ནི་ལྟུང་བ་མེད་དོ་ཞེས་བྱ་བ་ནི། དབྱར་ཁང་གི་སྟེང་གི་རྩིག་པའི་པུ་ཤུ་བཏབ་པ་ཡིན་ན་གལ་ཏེ་པུ་ཤུ་མཐོ་ཆེས་པས་བལྟར ་མི་སླེབས་པར་གྱུར་ན་དེའི་ཚེ་ཕག་ཏུ་མ་བལྟས་པར་བཤད་པ་འདོར་བ་ལ་ལྟུང་བ་མེད་དོ། །གལ་ཏེ་ལྟར་ནུས་པ་ཡིན་ན་ནི་ཉེས་པ་ཁོ་ནར་འགྱུར་རོ། །མི་གཙང་བ་ལ་བོང་རྟོག་འཕང་བར་མི་བྱའོ་ཞེས་བྱ་བ་ནི། མི་གཙང་བའི་ཐལ་བའི་སྟེང་དུ་བོང་བ་ལ ་སོགས་པ་འཕང་ཞིང་ཟེར་མ་འཐོར་བར་མི་བྱའོ། །འདིར་གཞུང་ནི་ཕྲན་ཚེགས་དག་ལས་ཚེ་དང་ལྡན་པ་འོད་སྲུངས་ཆེན་པོ་ལྗན་ལྗིན་གྱི་དྲུང་དུ་འགྲོ་བ་དེ་སྦོམ་དགའ་མོས་མཐོང་ནས་དེ་མྱུར་བ་མྱུར་པར་སོང་སྟེ་ལྗན་ལྗིན་དེའི་སྟེང་དུ་བོང་བ་བཅར་ཅེས་བསྣུན ་པས་ཚེ་དང་ལྡན་པ་འོད་སྲུངས་ཆེན་པོའི་ཆོས་གོས་དང་ལྷུང་བཟེད་སྣོད་མི་གཙང་བའི་ཟེར་མས་མ་རུངས་པར་གྱུར་པ་ན་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་དགེ་སློང་མས་དགེ་སློང་ལ་མི་གཙང་བས་མ་རུངས་པར་མི་བྱའོ། །བྱེད་ན་འགལ་ཚབས ་ཅན་དུ་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །བཤད་པ་ལས་གྱུར་པའི་ལྟུང་བྱེད་གསུམ་མོ་ཞེས་བྱ་བ་ཕྱི་སར་གཅིག་པུ་འགྲོ་བའི་ལྟུང་བྱེད་དང། རྩ་སྔོན་པོའི་སྟེང་དུ་བཤད་བ་འདོར་བའི་ལྟུང་བྱེད་དང། རྩིག་པའི་ཕག་ཏུ་མ་བལྟས་པར་བཤད་པ་འདོར་བའི་ལྟུང ་བྱེད་གསུམ་བཤད་ཟིན་ཏོ།། །།ལྟུང་བྱེད་འབའ་ཞིག་ཏུ་འགྱུར་བ་རྣམས་རྫོགས་སོ་ཞེས་བྱ་བ་དགེ་སློང་མའི་ལྟུང་བྱེད་འབའ་ཞིག་ཏུ་འགྱུར་བ་བརྒྱ་བརྒྱད་ཅུ་པོ་དག་བཤད་ཟིན་ཏོ།། །།ད་ནི་འོ་མ་ཞོ་དང་མར ་མར་དང་ནི། ཞུན་མར་འབྲུ་མར་དབུ་བ་དང། སྦྲང་རྩི་ཉ་ཤ་ཤ་དང་ནི། །ཤ་སྐམ་བསླབ་པ་བྱིན་པའོ། །ཞེས་གསུངས་པའི་རིམ་གྱིས་ལྟུང་བྱེད་རྣམས་ཀྱི་འོག་ཏུ་བསྟན་པ། དགེ་སློང་མའི་སོ་སོར་བཤགས་པར་བྱ་བ་བཅུ་གཅིག་པོ་དེ་དག་བཤད ་པར་བྱ་སྟེ། དེ་ལ་གང་ལ་འོ་མ་སློང་བའི་སོ་སོར་བཤགས་པར་བྱ་བར་འགྱུར་ཞེ་ན་དེའི་ཕྱིར། གཞན་གྱིས་ཁྱིམ་ནས་བདག་གི་།དོན་དུ་འོ་མ་བླངས་ཏེ་མཐུངས་པ་ལའོ་ཞེས་བྱ་བ་སྨྲས་ཏེ། གཞན་གྱི་ཁྱིམ་ནས་ཤེས་བྱ་བ་ནི་ཉེ་དུ་མ་ཡིན་པའི ་ཁྱིམ་ནས་ཏེ་དེ་ནས་བདག་གི་དོན་དུ་འོ་མ་བླངས་ཏེ་འཐུངས་པ་ལ་ཁ་ན་མ་ཐོ་བ་འདིར་འགྱུར་རོ། །གནས་སྐབས་གང་ལ་ཞེན་དེའི་ཕྱིར། མིན་བས་སོ་ཞེས་བྱ་བ་སྨྲས་ཏེ། ན་བ་ལ་ནི་ཉེས་པ་མེད་དོ། །དེས་ཀླངས་པའི་ཚེ་ན་ཉེས་བྱས་སོ་ཞེས་བྱ་བ་ནི། ་མི་ན་བ་དེས་བླངས་པའི་ཚེ་ནི་ཉེས་བྱས་སུ་འགྱུར་རོ། །འཐུངས་ན་ནི་དངོས་གཞིའོ། །ན་བས་ནི་བླངས་པ་དང་འཐུངས་པ་གཉི་ག་ལ་ཉེས་པ་མེད་དོ། །གང་ལ་སོ་སོར་གཤགས་པར་བྱ་བ་གཞན་དགུ་པོ་དག་ཏུ་འགྱུར་ཞེ་ན་དེའི་ཕྱིར། ཞོ་དང་མར ་དང་ཞུན་མར་དང་འབྲུ་མར་དང་སྦྲང་རྩི་དང་བུ་རམ་གྱི་དབུ་བ་དང་ཉ་ཤ་དང་ཤ་དང་ཤ་སྐམ་རྣམས་ཀྱང་ངོ་ཞེས་བྱ་བ་སྨྲས་ཏེ། གཞན་གྱི་ཁྱིམ་ནས་བདག་གི་དོན་དུ་བླངས་ཏེ་འཐུངས་སམ་ཟོས་པ་ལའོ་ཞེས་བྱ་བའི་རྗེས་བསྙགས་པའི་ཕྱིར་ཀྱང ་ངོ་ཞེས་བྱ་བའི་སྒྲ་སྨོས་སོ། །ཞོལ་སོགས་པ་རེ་རེ་ཡང་གཞན་གྱི་ཁྱིམ་ནས་བདག་གི་དོན་དུ་བླངས་ཏེ་ཟོས་སམ་འཐུངས་པ་ལ་ཁ་ན་མ་ཐོ་བ་དེ་དག་ཏུ་འགྱུར་རོ་ཞེས་བྱ་བར་སྦྱར་རོ། །འདིར་ཡང་མིན་བས་སོ་ཞེས་བྱ་བ་དང་དེས་བླངས་པའི་ཆེ ་ནི་ཉེས་བྱས་མོ་ཞེས་བྱ་བ་སྔ་མ་བཞིན་དུ་སྦྱར་རོ། །དེ་དག་ལས་གཞན་བླངས་ལ་གཞན་ཐོབ་པ་ལ་ནི་ན་སྨད་པ་མེད་དོ་ཞེས་བྱ་བ་ནི་འོ་མ་ལ་སོགས་པ་སྔར་བསྟན་པ་དེ་དག་ལས་གང་ཡང་རུང་བ་གཞན་བླངས་ལ་གང་ཡང་རུང་བ་གཞན་ཐོབ་ཅིང་ཟོས་པ་ལ་ནི ་ཉེས་པ་ན་སྨད་པ་མེད་དོ། །མི་བསོད་པ་ལ་ཡང་ངོ་ཞེས་བྱ་བ་ནི། བླངས་ཏོ་ཐོབ་པ་ན་སྨད་པ་མེད་དོ་ཞེས་བྱ་བར་སྦྱར་ཏེ། འོ་མ་ལ་སོགས་པ་བསོད་པ་སློངས་པ་ལ་མི་བསོད་པ་ཐོབ་པ་ལ་ཡང་ན་སྨད་པ་མེད་པའོ། །དེར་གཏོགས་པ་དེ་ལས་ཐོབ་པ་ལ་ཡང་ངོ ་ཞེས་བྱ་བ་ལ་ན་སྨད་པ་མེད་དོ་ཞེས་བྱ་བའི་རྗེས་བསྙག་པའི་ཕྱིར་ཡང་ངོ་ཞེས་བྱ་བའི་སྒྲ་སྨོས་སོ། །མི་བསོད་པ་ན་གཏོགས་པ་དེ་བསླངས་པ་ལས་འོ་མ་ལ་སོགས་པ་བསོད་པ་ཐོབ་ཅིང་ཟོས་སམ་འཐུངས་པ་ལ་ཡང་ཉེས་པ་ན་སྨད་པ་མེད་དོ། །འོ་ན་ཟོས ་སམ་འཐུང་ན་དངོས་གཞིའོ་ཞེས་གསུངས་ན་ཅི་ལྟར་ཐོབ་ལ་ན་སྨད་པ་མེད་ཅེས་བྱ་ཞེ་ན། དེ་ལ་ཉེས་པ་མེད་དེ་ཐམས་ཅད་དུ་ཡང་ཐོབ་པ་ཞེས་སྨོས་པས་ནི་ཟ་བ་དང་འཐུངས་པ་མཚོན་པར་རིག་པར་བྱ་སྟེ། ཐོབ་པའི་འབྲས་བུ་ནི་གང་ཡིན་པས་དེའི་ཕྱིར། ་རྒྱུ་ལ་འབྲས་བུ་བཏགས་ནས་ཐོབ་པ་ལ་ན་སྨད་པ་མེད་དོ་ཞེས་བརྗོད་ཀྱི་མ་ཐོབ་པ་ལ་ནི་མ་ཡིན་ནོ། །འོ་ན་སློང་བ་དང་ཐོབ་པ་གཉིས་ལ་ཁ་ན་མ་ཐོ་བ་ཅིར་འགྱུར་ཞེ་ན་དེའི་ཕྱིར། དེ་ནི་ཉེས་བྱས་མེད་པ་ཉིད་དོ་ཞེས་བྱ་བ་སྨྲས་ཏེ། དེ་ནི་ཞེས་བྱ་བ་ནི་གཞན་བླངས་པའི ་རྒྱུས་ཐོབ་པ་གང་ཡིན་པ་དང་གཞན་ཐོབ་པཱི་རྒྱུར་སློད་བ་སྟེ་དེ་ནི་ཉེས་བྱས་བྱེད་པ་ཉིད་ཡིན་ནོ། །འདི་སྐད་བསྟན་ཏེ་བསོད་པ་བསླངས་པའི་རྒྱུས་མི་བསོད་པ་ཐོབ་པ་གང་ཡིན་པ་དང། བསོད་པ་ཐོབ་པའི་རྒྱུར་མི་བསོད་པ་སློང་བ་གང་ཡིན་པ་དེ་ནི་འདིར་ཉེས་བྱས་སུ ་འགྱུར་རོ། །ལྷག་མ་ཐམས་ཅད་ནི་དགེ་སློང་གི་རྣམ་པར་འབྱེད་པར་ཟས་བསོད་བའི་སློར་བའི་ལྟུང་བྱེད་ཀྱི་སྐབས་སུ་སྦྱིན་པ་པོ་ཉེ་དུ་མ་ཡིན་པ་ཁྱིམ་པ་དང་མི་ན་བ་དང་ཅི་སྡེར་སྟབས་མ་བྱས་པ་ཞེས་བྱ་བ་ལ་སོགས་པ་ཇི་སྐད་བསྟན་པ་བཞིན་དུ་རིག་པར་ ་བྱའོ། །སོ་སོར་བཤགས་པར་བྱ་བ་བཅུ་གཅིག་པ་བསྟན་པར་བྱ་བའི་ཕྱིར། སེང་གེ་ལས་གྱུར་བའོ་ཞེས་བྱ་བ་སྨྲས་ཏེ། དགེ་སློང་ཕ་རྣམས་ཀྱི་སོ་སོར་བཤགས་པར་བྱ་བ་དམག་དཔོན་སེང་གེའི་གཞི་ལས་བསྟན་པ་གང་ཡིན་པ་དེ་ཉིད ་དགེ་སློང་མ་རྣམས་ཀྱི་ཡང་ཡིན་པར་རིག་པར་བྱའོ། །འདི་སྐད་བསྟན་ཏེ། དམག་དཔོན་སེང་གེ་ལ་བརྟེན་ནས་བསླབ་པའི་སྡོམ་པའི་བྱིན་པ་དང་སྔར་མགྲོན་དུ་མ་བོས་བར་ཁྱིམ་ནས་བཅའ་བ་དང་བཟའ་བ་བླངས་ཤིང་ཟ་བ་ལ་སྟེ་ག་གོན་དང་ལ་ཕུག་དང ་ལྡན་ལྡུམ་མོད་པ་དག་ནི་མ་གཏོགས་སོ་ཞེས་སྔར་དགེ་སློང་མ་རྣམས་ཀྱི་སོ་སོར་བཤགས་པར་བྱ་བའི་ཉེས་པ་བསྟན་པ་གང་ཡིན་པ་དེ་ཉིད་འདིར་དགེ་སློང་མ་རྣམས་ཀྱི་ཡང་ཡིན་པར་ཤེས་པར་བྱའོ། །སོ་སོར་བཤགས་པར་བྱ་བ་རྣམས་རྫོགས་སོ ་ཞེས་བྱ་བ་དགེ་སློང་མའི་སོ་སོར་བཤགས་པར་བྱ་བ་བཅུ་གཅིག་པོ་དག་བཤད་ཟིན་ཏོ།། །།ད་འདི་དགེ་སློང་མ་རྣམས་ཀྱི་བསླབ་པའི་ཆོས་མང་པོ་དག་བཤད་པར་བྱ་སྟེ། དེ་དག་ནི་ཕལ་ཆེར་ཐུན་མོང་མ་ཡིན་པས་གཞན་ཐམས་ཅད་ནི་སྔར་དགེ ་སློང་གི་རྣམ་པར་འབྱེད་པའི་སྐབས་སུ་བསྟན་པ་བཞིན་དུ་ཤེས་པར་བྱའོ། །ཐུན་མོང་མ་ཡིན་པ་ལས་ཉུང་ཤས་ཤིག་དང་དགེ་སློང་གི་ཡིན་ལ་དགེ་སློང་མའི་མ་ཡིན་པ་ཉུང་ཤས་ཤིག་ཡོད་པ་ད་འདིར་བརྗོད་པར་བྱའོ། །དེ་ལ་སྔར་ཤམ་ཐབས་ལ་ནི ་རྣམ་བདུན་དང་ཞེས་སྨོས་པ་དགེ་སློང་མ་ལ་བརྒྱད་ཡོད་དེ་འདིར་ཐུན་མོང་མ་ཡིན་པ་གཅིག་བསྟན་པའི་ཕྱིར། ཤམ་ཐབས་རྐེད་པ་སྣང་བར་བག་བར་མ?་བྱའོ་ཞེས་བྱ་བ་སྨྲས་ཏེ། རྐེད་པའི་ཕྱོགས་སྣང་བར་འགྱུར་བའི་ཉེས་པ་དགག་པའི་ཕྱིར་འདི་བཅའ་ ་བ་མཛད་དོ། །གྲོང་དུ་འགྲོ་བའི་སྐབས་ཀྱི་ཐུན་མོང་མ་ཡིན་པ་བསྟན་པའི་ཕྱིར་ཆགས་པར་གྱུར་ཅིང་ཁྱིམ་གཞན་དུ་འགྲོ་བར་མི་བྱའོ་ཞེས་བྱ་བ་སྨྲས་ཏེ། དགེ་སློང་མ་འཁྲིག་པའི་འདོད་ཆགས་ཀྱིས་ཆགས་པར་གྱུར་བཞིན་དུ་ཁྱིམ་གཞན་དུ་འགྲོ་བར་མི་བྱའོ། ། ་མི་འདོད་བཞིན་དུ་རྐྱེན་གྱི་དབང་གིས་འགྲོ་དགོས་ལ་ཡུལ་གྱི་དབང་གིས་འདོད་པའི་འདོད་ཆགས་སྐྱེས་པའི་རོ་མྱང་བར་མི་བྱེད་པ་ལ་ནི་ཉེས་པ་མེད་དོ། །གང་གི་ཚེ་དང་དུ་ལེན་པར་བྱེད་པ་དེའི་ཚེ་ནི་ཉེས་པ་ཁོ་ནར་འགྱུར་རོ། །འདིར་འགྲོ་བར་མི་བྱའོ་ཞེས་སྨོས ་པ་ནི་དཔེ་ཙམ་དུ་ཟད་དེ་སོང་ཟིན་པའི་གནས་སྐབས་ལ་ཡང་ཁ་ན་མ་ཐོ་བ་ཁོ་ནར་འགྱུར་རོ། །འདིར་གླེང་གཞི་ནི་དེ་རྣམས་དེ་དག་ཏུ་ཞུགས་པ་ན་སྐྱེས་བུ་གཟུགས་བཟང་བ་མཛེས་པ་ལྟ་ན་སྡུག་པ་མཐོང་བ་དང་ཆགས་པར་གྱུར་ཏོ་ཞེས་གསུངས་པ་ཡིན་ནོ། །བསླབ ་པ་ལྷག་མ་རྣམས་སྤྱིར་བསྡུ་བའི་ཕྱིར། དགེ་སློང་དག་ལས་གྱུར་པ་བཞིན་ནོ་ཞེས་བྱ་བ་སྨྲས་ཏེ། བསླབ་པ་གཞན་ནི་དགེ་སློང་དག་གི་གླེང་གཞི་ལས་གྱུར་བ་དགེ་སློང་གི་རྣམ་པར་འབྱེད་པའི་སྐབས་སུ་བསྟན་པ་བཞིན་དུ་དགེ་སློང་མ་དག་གིས་གླང་བཞི ་ལས་གྱུར་པ་ཡང་དེ་བཞིན་དུ་ཤེས་པར་བྱའོ། །དགེ་སློང་གི་རྣམ་པར་འབྱེད་པའི་སྐབས་སུ་འཇུག་པར་བྱ་བ་དགུ་དག་དང་ཞེས་སྨོས་པའི་སྐབས་སུ་མ་བསྒོ་བར་ཁྱིམ་བའི་ཁྱིམ་དུ་སྟན་ལ་མི་འདུག་པར་བསླབ་བར་བྱ་ཞེས་སྨོས་པ་དང་ན་བ་རྣམ་པ་གཞི ་རྣམས་སོ་ཞེས་བྱ་བའི་སྐབས་སུ་མིན་བར་རྩ་སྔོན་པོ་ཡོད་པའི་ཕྱོགས་སུ་བཤང་བ་དང་གཅི་བ་དང་མཆིལ་མ་དང་སྣབས་དང་སྐྱུགས་པ་དང་བླུགས་པ་མི་དོར་བར་བསླབ་པར་བྱ་ཞེས་སྨོས་པ་གཉིས་ནི་འདིར་མ་གཏོགས་ཏེ། དེ་གཉིས་ནི་དགེ་སློང་མ་རྣམS ་ཀྱི་ལྟུང་བྱེད་ཀྱི་སྐབས་སུ་ཐུགས་ཐུབ་ཏུ་ཕྱིས་གནོན་བྱེད་པའི་ལྟུང་བྱེད་དང། རྩ་སྔོན་པོའི་སྟེང་དུ་བཤད་བ་འདོར་བའི་ལྟུང་བྱེད་ཅེས་བྱ་བས་བྱེ་བྲག་ཏུ་བཤད་ཟིན་པའི་ཕྱིར་རོ། །བསླབ་པ་རྣམས་སོ་ཞེས་བྱ་བ་དགེ་སློང་མའི་བསླབ་པའི་ཆོས་མང་པོ ་དག་བཤད་ཟིན་ཏོ།། །།དགེ་སློང་མའི་རྣམ་པར་འབྱེད་པ་རྫོགས་སོ་ཞེས་བྱ་བ་དགེ་སློང་མའི་རྣམ་པར་འབྱེད་པའི་མདོ་རྣམས་བཤད་ཟིན་ཏོ།། །།ཉེ་བར་འཁོར་གྱིས་ཞུས་པ་ལས་ལྟུང་བའི་མཚན་ཉིད་རྣམ་པ་གཉིས་སུ ་གསུངས་ཏེ་ཕམ་པར་འགྱུར་བ་ལ་སོགས་པ་དག་ལ་སོ་སོར་ངེས་པ་དང་སྤྱིར་བསྟན་པའོ། །དེ་ལ་སོ་སོར་དེས་པ་གང་ཡིན་པ་དེ་ནི་དེ་དག་ཉིད་དང་ཅིག་ཅར་རྣམ་པར་བཤད་ཟིན་ཏོ།། སྤྱིར་བསྟན་པ་གང་ཡིན་པ་དེ་འདི་མན་ཆད་དུ་རྣམ ་བར་བཤད་པར་བྱའོ། །དེ་ནི་རྣམ་པར་འབྱེད་པའི་ཤ་ན་ཡིན་པའི་ཕྱིར་རྣམ་པར་འབྱེད་པར་བསྟན་པའི་འོག་ཏུ་སྤྱིར་གཏན་པ་ཉིད་ཀྱིས་རྣམ་པར་བཀོད་དེ་དེའི་ཕྱིར། ཉམས་པ་དང་མ་ཆགས་པ་གཉིས་ལྟུང་བ་ལ་སྦྱར་བ་ལ་ནི་ཉེས་བྱས་སོ་ཞེས་བྱ་བ་སྨྲས ་ཏེ། ཉམས་པ་ཞེས་བྱ་བ་ནི་ཕམ་པར་གྱུར་པ་སྟེ་དགེ་སློང་གིས་དངོས་པོ་ཡོངས་སུ་དག་བ་ལས་ཕྱིར་བཅོས་སུ་མི་རུང་བ་ཉིད་ཀྱིས་ཉམས་པ་ཡིན་ནོ། །དེའི་ཕྱིར་ཉོན་མོངས་པ་རྣམས་ཀྱིས་ཕམ་པར་བྱས་པ་ནི་ཚེ་དེ་ལ་ཉོན་མོངས་པ་རྣམས་སྤོང་བ་མི་སྲིད ་པས་དེས་ན་ཕམ་པར་འགྱུར་བ་ཞེས་བྱའོ། །དགེ་སློང་ཕམ་པར་གྱུར་པ་ལ་ནི་སྡོམ་པ་ཡོད་དུ་ཟིན་ཀྱང་དེ་ལྟ་མོད་ཀྱི་དགོས་པ་མེད་པ་ཉིད་དུ་གྱུར་ཏེ་ཚངས་པ་མཚུངས་པར་སྤྱོད་པ་རྣམས་དང་ལྷན་ཅིག་གནས་པ་དང་ལོངས་སྤྱད་པ་དག་མེད་པའི་ཕྱིར། ་སྡོམ་པ་ཡང་དག་པར་བླང་བ་ནི་རྣམ་པར་གྲོལ་བའི་ཕྱིར་ཡིན་ན་དེས་རྣམ་པར་གྲོལ་བའི་ཐོབ་པ་ཐག་རིང་དུ་སྤངས་པའི་ཕྱིར་དེས་ན་དེའི་སྡོམ་པ་ནི་མེད་བ་དང་འདྲ་བ་ཡིན་ནོ། །མ་སྐྱེས་པ་ཞེས་བྱ་བ་ནི་སྡོམ་པ་མ་ཐོབ་པ་སྟེ། རྐྱེན་འགའ་ཞིག་མ་ཚང་བས ་དང་བོ་ཉིད་ནས་དགེ་འཚུལ་དང་དགེ་སློང་དག་གིས་སྡོམ་པ་གཉིས་མ་སྐྱེས་པ་ཡིན་ནོ། །ཉམས་པ་དང་མ་སྐྱེས་པའི་གང་ཟག་དེ་གཉིས་ནི་ལྟུང་བ་ལ་སྦྱོར་ཞིང་ལྟུང་བ་ཀུན་ནས་སློབ་པར་བྱེད་པ་ཀུན་ཏུ་སྤྱོད་པས་ལྷག་བར་སྤྱོད་ཅིང་སྦྱོར་བར་བྱེད་ན་ཐམS ་ཅད་དུ་ཉེས་བྱས་སུ་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། འདིར་དོན་དེ་ཡིན་ནོ། །ཅི་འདི་སྒྲུབ་པ་ཡིན་ནམ་འོན་ཏེ་དགག་པ་ཡིན་ཞེ་ན། ཉམས་པ་ནི་དགག་པ་ཡིན་ཏེ། འདི་ལྟར་ཉམས་པ་ནི་བསྙེན་པར་རྫོགས་པ་ཅན་ཡིན་པས་བསྙེན་པར་རྫོགས་པ་ཅན ་གྱི་དགེ་སློང་དང་དགེ་སློང་མ་ཉིད་ནི་བསླབ་པ་དག་ལ་ཡན་ལག་ཡིན་པས་དེས་ན་ཉམས་པས་ལྟུང་བ་ལ་སྦྱོར་བའི་དུས་ནི་ཡང་དང་ཡང་དུ་ཕམ་བར་འགྱུར་བ་དང། དགེ་འདུན་ལྷག་མ་ལ་སོགས་པ་དག་ཏུ་གྱུར་བར་ཐལ་བ་དེ་དགག་པའི་ཕྱིར་འདིར་ཉེས་བྱས ་ཙམ་དུ་བསྟན་པས་དེ་འགོག་པར་བྱེད་པའི་ཕྱིར། མ་སྐྱེས་པ་ནི་བསྒྲུབ་བ་ཡིན་ཏེ་འདི་ལྟར་དེས་དང་པོ་ཉིད་ནས་དགེ་ཚུལ་ཉིད་དང་དགེ་སློང་ཉིད་ཀྱི་དངོས་པོ་མ་ཐོབ་བས་མེད་པའི་ཕྱིར་དེས་ལྟུང་བ་ལ་སྦྱོར་བའི་དུས་ན་ཉེས་བྱས་སུ་འགྱུར་བར་བསྒྲུབ་པའི་ཕྱིར་རོ།། ་འོ་ན་སྡོམ་པ་མེད་པ་ལྟུང་བ་རྣམ་པར་བཞག་པ་ཡང་མེད་པ་མ་ཡིན་ནམ་ཞེ་ན། བདེན་མོད་ཀྱི་འོན་ཀྱང་རབ་ཏུ་བྱུང་བ་དང་བསྙེན་བར་རྫོགས་པའི་ཐ་སྙད་ལ་སྡོམ་པ་མ་སྐྱེས་པ་འདིས་རབ་ཏུ་བྱུང་བ་ཉིད་དང་དགེ་སློང་ཉིད་དུ་ཁས་བླངས་པར་གྱུར་པས་དྲེའི ་ཕྱིར་ཐ་སྙད་དེ་ལ་བདག་ཉིད་སྟོན་པའི་གང་ཟག་མ་སྐྱེས་པ་ལ་ནི་སྡོམ་པ་ཡང་མ་ཡིན་སྡོམ་པ་མ?་ཡིན་པ་ཡང་མ་ཡིན་ངོ་བོ་པའི་ཉིད་ཀྱི་རབ་ཏུ་བྱུང་བ་ཡོད་པས་དེ་ལ་ཉེས་བྱས་སུ་བཞག་པ་མཛད་དོ། །ཁྱིམ་པ་རང་གི་རྟགས་བླངས་པ་ལ་ནི་རབ་ཏུ་བྱུང་བ་དང་རྫོགས ་པར་བསྙེན་པའི་ཐ་སྙད་ལ་བདག་ཉིད་སྟོན་པ་མེད་པས་སྟོན་ན་ཡང་སྡོམ་པ་ཡང་མ་ཡིན་སྡོམ་པ་མ་ཡིན་པ་ཡང་མ་ཡིན་པའི་ངོ་བོ་ཉིད་ཀྱི་རབ་ཏུ་བྱུང་བ་མེད་པས་དེ་ལ་ནི་ཉེས་བྱས་སུ་རྣམ་པར་བཞག་བ་མ་མཛད་དེ་བསོད་ནམས་མ་ཡིན་པ་མང་པོ ་སྐྱེ་བོ་ཞེས་བྱ་བ་འབའ་ཞིག་ཏུ་བརྗོད་པར་རིགས་སོ། །འདིར་གཞུང་ནི་སྔར་ལྟུང་བ་བྱུང་བ་དང། རྒུ་ཐབས་སུ་གནས་པ་དང། དང་པོ་འཁྲུག་པ་དང་མ་ནིང་དང་དགེ་སློང་མ་སུན་ཕྱུང་བས་ཉམས་པར་བྱས་པ་ནི་ཉེས་བྱས་སུ་འགྱུར་རོ་ཞེས་གསུངས་པ ་ཡིན་ནོ། །རྐུ་ཐབས་སུ་གནས་པ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ནི་ཕ་མ་བསད་པ་ལ་སོགས་པ་གཏན་གྱི་བར་ཆད་དང་ལྡན་པ་མ་སྐྱེས་པ་ཐམས་ཅད་ཀྱི་དཔེ་ཙམ་དུ་ཟད་དོ། །སྔར་ལྟུང་བ་བྱུང་བ་ཞེས་སྨོས་པས་ནི་ཉམས་པ་ལ་ཉེས་བྱས་སུ་འགྱུར ་བའི་ཁུངས་བསྟན་ཏེ་འདི་ལྟར་སྔར་བསྙེན་པར་རྫོགས་པར་ཉིད་ཀྱིས་ཚེ་ན་ཕམ?་བར་འགྱུར་བའི་ལྟུང་བ་བྱུང་བ་གང་ཡིན་པ་དེ་ནི་སྔར་ལྟུང་བ་བྱུང་ཞེས་བྱའོ། །བསྙེན་པར་མ་རྫོགས་ཤིང་རབ་ཏུ་བྱུང་བས་བླངས་པ་ལས་འདས་པ ་ལ་ཡང་ངོ་ཞེས་བྱ་བ་ལ་ཉེས་བྱས་སོ་ཞེས་བྱ་བའི་རྗེས་བསྙག་པའི་ཕྱིར་ཡང་ངོ་ཞེས་བྱ་བའི་སྒྲ་སྨོས་སོ། །དེ་ནི་བསྙེན་པར་མ་རྫོགས་པ་ཡིན་ལ་རབ་ཏུ་བྱུང་བ་ཡང་ཡིན་པས་ན་བསྙེན་པར་མ་རྫོགས་ཤིང་རབ་ཏུ་བྱུང་བ་ཞེས་བྱ་སྟེ། དགེ་ཚུལ ་དང་དགེ་ཚུལ་མ་དང་དགེ་སློབ་མའོ། །དེ་དག་གིས་བླངས་པ་ཞེས་བྱ་བ་ནི་དགེ་ཚུལ་གྱིས་སྲོག་གཅོད་པ་སྤོང་བ་ལ་སོགས་པ་བསླབ་པའི་བཞི་བཅུ་བླངས་པ་དང། དགེ་སློབ་མས་ཆོས་དྲུག་དང་རྗེས་སུ་མཐུན་པའི་ཆོས་དྲུག་བླངས་པ་སྟེ། དེ་ལས ་འདས་ཤིང་དྲལ་ན་ཡང་ཉེས་བྱས་ཁོ་ནའོ། །ལྟུང་བ་ལ་སྦྱོར་བ་ལ་ནི་ཉེས་བྱས་སོ་ཞེས་སྔར་སྨོས་པས་འདིར་ཡང་དེ་དག་ལྟུང་བ་ཐམས་ཅད་ལ་སྦྱོར་བ་ལ་ཉེས་བྱས་སུ་འགྱུར་བར་ཐལ་བ་བསལ་བའི་ཕྱིར་བླངས་པ་ལས་འདས་པ་ལ་ཉེས་བྱས་སུ་གསུངS་ཀྱི ་དེའི་ཕྱོགས་དང་འཐུན་པ་ལ་ནི་ཡིད་ཀྱིས་ཉེས་བྱས་སུ་འགྱུར་བར་འོག་ནས་སྟོན་ཏེ། དེའི་ཕྱོགས་དང་འཐུན་པ་ལ་ནི་ཡིད་ཀྱིའོ། ཞེས་བྱ་བ་ལ། དེའི་ཕྱོགས་དང་མཐུན་པ་ཞེས་བ་ནི་བསྙེན་པར་མ་རྫོགས་ཤིང་རབ་ཏུ་བྱུང་བ་དགེ་ཚུལ་དང་དགེ་ཚུལ་མ་དང་དགེ ་སློབ་མས་བསླབ་པའི་གཞི་བླངས་པ་སྲོག་གཅོད་པ་སྤོང་བ་ལ་སོགས་པ་བཅུ་དང་ཆོས་དྲུག་དང་རྗེས་སུ་འཐུན་པའི་ཆོས་དྲུག་པོ་དག་ཉིད་མ་ཡིན་པ་དེ་དག་འདྲ་ཞིང་དེ་དག་གི་ཕྱོགས་ལ་བརྟེན་པ་གང་ཡིན་པ་དེ་ནི་དེའི་ཕྱོགས་དང་འཐུན་པ་ཞེས་བྱའོ། ། ་དེ་དག་ལས་འདས་ཤིང་འགལ་བར་བྱས་པ་ལ་ནི་ཡིད་ཀྱི་ཉེས་བྱས་སུ་འགྱུར་ཏེ་བསྡམ་པར་བྱ་བའི་ཉེས་བྱས་ཡིན་གྱི་བཤགས་པར་བྱ་བའི་ཉེས་བྱས་ནི་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། དེའི་ཕྱོགས་དང་མཐུན་པ་དེ་དག་གང་ཞེ་ན་དེ་བསྟན་པའི་ཕྱིར། ་འཆང་བ་འབྲལ་བ་མེ་རེག་དང། སྤངས་པ་ཟ་བ་དང་ས་བོན་འཇིག་།མི་གཙང་འདོར་དང་ཤིང་ལ་འཛེག། བླངས་པ་མདོར་གཏོགས་སློབ་མའི་ཡིན། །དགེ་ཚུལ་གཉིས་ཀྱིས་རིན་ཆེན་རེག། གསོག་འཇོག་བྱས་པ་ཟ་བ་དང། །བྱིན་ལེན་མ་བྱས་ས་རྐོ་དང། ། ་སྐྱེ་བ་འཇིག་དང་བཅས་པ་མིན། །དབྱར་གནས་གཅིག་ཏུ་གནས་པ་དང། །གསོ་སྦྱོང་དགག་དབྱེར་བཅས་པ་དང། །དེ་ལ་སོགས་པ་དེ་ཡིན་ནི། །བླང་བའི་ཕྱོགས་དང་མཐུན་པ་ཡིན། །རྟོགས་དང་སློང་དང་སྣོད་དང་ནི། །ལོངས་སྤྱོད་འཆར་གཡེང་འདོད་པ་དང། ་གནོད་པ་དང་ནི་གནས་པ་དང། །མ་གུས་མི་སྦྱོང་གཞི་ལས་བྱུང་།ཞེས་བྱ་བ་སྨོས་སོ། །ད་འདི་མན་ཆད་ནི་བསྡུ་པའི་ཚིགས་སུ་བཅད་པ་དེ་དག་གི་རྣམ་པར་བཤད་པར་བརྗོད་པར་བྱ་སྟེ། འདི་དག་ནི་དགེ་སློང་མའི་བསླབ་བའི་བཞི་བླངས་པ་དེའི་ཕྱོགS ་དང་མཐུན་པ་བསྡམ་པར་བྱ་བའི་ཉེས་བྱས་སུ་འགྱུར་བ་མ་ཡིན་ཏེ། གང་ཞེ་ན་།འཆང་བ་དང། འབྲལ་བ་དང། མེ་ལ་རེག་པ་དང། སྤངས་པ་ཟ་བ་དང། ས་བོན་གྱི་ཚོགས་འཇིག་པ་དང། རྩ་སྔོན་པོའི་ཕྱོགས་སུ་མི་གཙང་བ་འདོར་བ་དང། ཤིང་ལ་འཛེགས་པ ་དང། བསླབ་པའི་གཞི་ཡང་དག་པར་བླངས་པ་མདོར་གཏོགས་པ་རྣམས་སོ། །དེ་ལ་འཆང་བ་དང་ཞེས་བྱ་བ་ནི་ཆོས་གོས་དང་ལྟུང་བཟེད་ལྷག་པར་འཆང་བའོ། །འབྲལ་བྱ་བ་ནི་ཆོས་གོས་དང་འབྲལ་བའོ། །མེ་ལ་རེག་པ་ཞེས་བྱ་བ་ནི་མེ་འབུད་པ ་ལ་སོགས་པའོ། །སྤངས་པ་ཟ་བ་ཞེས་བྱ་བ་ནི། ཟས་སྤངས་པ་ཟ་བའོ། །ས་བོན་གྱི་ཚོགས་འཇིགས་པ་ཞེས་བྱ་བ་ནི། རུང་བར་མ་བྱས་པའི་ས་བོན་གྱི་ཚོགས་འཇིགས་པའོ། །རྩ་སྔོན་པོའི་ཕྱོགས་སུ་མི་གཙང་བ་འདོར་བ་ཞེས་བྱ་བ་ནི། རྩ་སྔོན་པོ ་ཡོད་པའི་ས་ཕྱོགས་སུ་བཤད་བ་དང་གཅི་བ་དང་མཆིལ་མ་དང། སྣ་བས་དང་སྐྱུགས་པ་དང་རླུགས་པ་འདོར་བའོ། །ཤིང་ལ་འཛེག་པ་ཞེས་བྱ་བ་ནི་གནོད་པ་བྱུང་བ་མ་གཏོགས་པར་ཤིང་ལ་མི་གང་ཙམ་ལས་མཐོར་འཛེག་པའོ། །བསླབ ་པའི་གཞི་ཡང་དག་པར་བླངས་པ་འདོར་གཏོགས་པ་ཞེས་བྱ་བ་ནི་དགེ་སློང་མས་བསླབ་པའི་གཞི་ཡང་དག་པར་བླངས་པ་སོ་སོར་ཐར་པའི་མདོར་གཏོགS་པ་སྲོག་གཅོད་པ་སྤོང་བ་ལ་སོགས་པ་བཅུ་དང། ཆོས་དྲུག་དང་རྗེས་སུ་མཐུན་པའི ་ཆོས་དྲུག་པོ་དག་གོ། དེ་དག་ཅིའི་ཕྱིར། དགེ་སློབ་མའི་བསླབ་པའི་གཞི་བླངས་པ་དེའི་ཕྱོགས་མཐུན་པར་བསྡམ་པར་བྱ་བའི་ཉེས་བྱས་སུ་འགྱུར་བ་མ་ཡིན་ཞེ་ན། འཆང་བ་ལ་སོགས་བདུན་པོ་དག་ནི་དགེ་སློང་མས་དེ་དག་ལས་འདས་ཤིང་འགལ་བར་བྱས་ཀྱང་ཉེས ་པ་ཅིར་ཡང་མི་འགྱུར་བས་དེའི་ཕྱིར་བསྡམ་པར་བྱ་བའི་ཉེས་བྱས་སུ་འགྱུར་བ་མ་ཡིན་ལ། བསླབ་པའི་གཞི་ཡང་དག་པར་བླངས་པ་མདོར་གཏོགས་པ་རྣམས་ནི་དགེ་སློབ་མས་དེ་དག་ལས་འདས་ཤིང་འགལ་བར་བྱས་ན་བཤགས་པར་བྱ་བའི་ཉེས་བྱས་སུ་འགྱུར ་བས་དེ་ཡང་བསྡམ་པར་བྱ་བའི་ཉེས་བྱས་སུ་འགྱུར་བ་མ་ཡིན་པའི་ཕྱིར་རོ། །འདི་དག་ནི་དགེ་ཚུལ་དང་དགེ་ཚུལ་མ་གཉིས་ཀྱི་བསླབ་པའི་གཞི་བླངས་པ་དེའི་ཕྱོགས་དང་མཐུན་པ་བསྡམ་པར་བྱ་བའི་ཉེས་བྱས་སུ་འགྱུར་བ་མ་ཡིན་ཏེ་གང་ཞེ་ན་སྔར་དགེ་སློབ་མའི ་སྐབས་སུ་འཆང་བ་ལ་སོགས་པ་བདུན་དང་དང་དགེ་སློབ་མའི་བསླབ་པའི་གཞི་ཡང་དག་པར་བླངས་པ་འདོར་གཏོགས་པ་ཞེས་ཇི་སྐད་བསྟན་པ་དེ་དག་ཉིད་ནི་རིན་པོ་ཆེ་ལ་རེག་པ་དང། གསོག་འཇོག་བྱས་པ་ཟ་བ་དང་བྱིན་ལེན་མ་བྱས་པར་ཟ་བ་དང་ས་རྐོ་བ ་དང། སྐྱེ་བའི་ཚོགས་འཇིག་པ་དང་དགེ་ཚུལ་གྱི་བསླབ་པའི་གཞི་ཡང་དག་པར་བླངས་པ་མདོར་གཏོགས་པ་དང་བཅས་པ་རྣམས་སོ། །དེ་ལ་རིན་པོ་ཆེ་ལ་རེག་པ་ཞེས་བྱ་བ་ནི་གསེར་དང་དངུལ་ལ་སོགས་པ་ལ་རེག་པའོ། །གསོག་འཇོག་བྱས་པ་ཟ་བ་ཞེ་བྱ ་བ་ནི། སྔ་དྲོ་པ་དང་ཕྱི་དྲོ་བའི་བཟའ་བ་དང་བཅའ་བ་ལ་སོགས་པ་གསོག་འཇོག་བྱས་པ་ཟ་བའོ། །བྱིན་ལེན་མ་བྱས་ཟ་བ་ཞེས་བྱ་བ་ནི། བྱིན་ལེན་མ་བྱས་པའི་ཟས་ཟ་བའོ། །ས་རྐོ?་བ་ཞེས་བྱ་བ་ནི་ས་རྐོ་འམ་རྐོ་ར་འཇུག་པའོ། །སྐྱེ་བའི་ཚོགས་འཇིག་པ་ཞེས་བྱ་བ་ནི ་ཤིང་ལྗོན་པ་ལ་སོགས་པ་གཅོད་པའོ། །དགེ་ཚུལ་གྱི་བསླབ་པའི་གཞི་ཡང་དག་པར་བླངས་པ་མདོར་གཏོགས་པ་ཞེས་བྱ་བ་ནི་དགེ་ཚུལ་དང་དགེ་ཚུལ་མས་བསླབ་པའི་གཞི་ཡང་དག་པར་བླངས་པ་སོ་སོར་ཐར་པའི་མདོར་གཏོགས་བ་སྲོག་གཅོད་པ་སྤོང་པ ་ལ་སོགས་པ་བཅུ་པོ་དག་སྟེ། དེ་ནི་སྐབས་འདིར་བསྡུ་བའི་ཚིགས་སུ་བཅད་པ་ལས་མ་སྨོས་མོད་ཀྱི་སྔར་དགེ་སློབ་མའི་སྡུ་བའི་ཚིགས་སུ་བཅད་པའི་སྐབས་སུ་བླངས་པ་མདོར་གཏོགས་སློབ་མའི་མིན་ཞེས་སྨོས་པའི་རྗེས་ལས་དྲང་བར་རིག་པར་བྱའོ། །དེ ་དག་ཅིའི་ཕྱིར་དགེ་ཚུལ་དང་དགེ་ཚུལ་མ་གཉིས་ཀྱི་བསླབ་བའི་གཞི་བླངས་པ་དེའི་ཕྱོགས་དང་མཐུན་པ་བསྡམ་པར་བྱ་བའི་ཉེས་བྱས་སུ་འགྱུར་བ་མ་ཡིན་ཞེ་ན། དགེ་སློབ་མའི་སྐབས་སུ་བསྟན་པ་འཆང་བ་ལ་སོགས་པ་བདུན་པོ་དག་དང། དགེ་སློབ་མའི་གཞི ་ཡང་དག་པར་བླངས་པ་མདོར་གཏོགས་རྣམས་དང། རིན་པོ་ཆེ་ལ་རེག་པ་དང། གསོག་འཇོག་བྱས་པ་ཟ་བ་དང། བྱིན་ལེན་མ་བྱས་པ་ཟ་བ་དང། ས་རྐོ་བ་དང་སྐྱེ་བོའི་ཚོགས་འཇིགས་པ་ཞེས་བྱ་བ་ལྔ་པོ་དེ་དག་ནི་དགེ་ཚུལ་དང་དགེ་ཚུལ་མས་དེ་དག་ལས་འདས ་ཤིང་འགལ་བར་བྱས་ཀྱང་ཉེས་པ་ཅིར་ཡང་མི་འགྱུར་བས་དེའི་ཕྱིར་བསྡམ་པར་བྱ་བའི་ཉེས་བྱས་སུ་འགྱུར་བ་མ་ཡིན་ལ། དགེ་ཚུལ་གྱིས་བསླབ་པའི་གཞི་ཡང་དག་པར་བླངS་པ་མདོར་གཏོགས་པ་རྣམས་ནི་དགེ་ཚུལ་དང་དགེ་ཚུལ་མས་དེ་དག་ལས་འདས་ཤིང ་འགལ་བར་བྱས་ན་གཤགས་པར་བྱ་བའི་ཉེས་བྱས་སུ་འགྱུར་བས་དེ་ཡང་བསྡམ་པར་བྱ་བའི་ཉེས་བྱས་སུ་འགྱུར་བ་མ་ཡིན་པའི་ཕྱིར་རོ། །འདི་སྐད་སྟན་ཏེ་།འཆང་བ་ལ་སོགས་པ་བདུན་དང་དགེ་སློབ་མའི་བསླབ་པའི་གཞི་ཡང་དག་པར་བླངས་པ་མདོར་གཏོགས་པ་རྣམས་མ་གཏོགས་པ་དེ་དག་གི ་ལྷག་མ་དགེ་སློང་དང་དགེ་སློང་མའི་བསླབ་པའི་གཞིར་གཏོགས་པ་གཞན་གང་ཡིན་པ་དེ་དག་ཐམས་ཅད་ནི་དགེ་སློབ་མའི་བསླབ་པའི་གཞི་ཡང་དག་པར་བླངས་པ་དེའི་ཕྱོགས་དང་མཐུན་པ་ཡིན་ཏེ། དགེ་སློབ་མས་དེ་དག་ལས་འདས་ཤིང་འགལ་བར་བྱས་ན་ ་ཡིད་ཀྱི་ཉེས་བྱས་ཡིན་ཏེ། བསྡམ་པར་བྱ་བའི་ཉེས་བྱས་སུ་འགྱུར་རོ། །འཆང་བ་ལ་སོགས་པ་བདུན་ལ་ནི་ལྟུང་བ་མེད་དོ། །བསླབ་པའི་བཞི་ཡང་དག་པར་བླངས་པ་འདོར་གཏོགས་པ་ལ་ནི་བཤགས་པར་བྱ་བའི་ཉེས་བྱས ་སུ་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། འཆང་བ་ལ་སོགས་པ་བདུན་པོ་དེ་དག་ཉིད་དང་དགེ་སློབ་མའི་བསླབ་པའི་གཞི་ཡང་དག་པར་བླངས་པ་མདོར་གཏོགས་པ་རིན་པོ་ཆེ་ལ་རེག་པ་ལ་སོགས་པ་ལྔ་དང། དགེ་ཚུལ་གྱིས་བསླབ་པའི་གཞི ་ཡང་དག་པར་བླངས་པ་མདོར་གཏོགས་པ་དང་བཅས་པ་རྣམས་མ་གཏོགས་པ་དེ་དག་གི་ལྷག་མ་དགེ་སློང་དང་དགེ་སློང་མའི་བསླབ་པའི་གཞིར་གཏོགས་པ་གཞན་གང་ཡིན་པ་དེ་དག་ཐམས་ཅད་ནི་དགེ་ཚུལ་དང་དགེ་ཚུལ་མའི་བསླབ་པའི ་གཞི་ཡང་དག་པར་བླངས་པ་དེའི་ཕྱོགས་དང་མཐུན་པ་ཡིན་ཏེ། དགེ་ཚུལ་དང་དགེ་འཚུལ་མས་དེ་དག་ལས་འདས་ཤིང་འགལ་བར་བྱས་ན་ཡིད་ཀྱིས་ཉེས་བྱས་ཡིན་ཏེ། བསྡམ་པར་བྱ་བའི་ཉེས་བྱས་སུ་འགྱུར་རོ། །འཆང་བ་ལ་སོགས་པ་བདུན ་དང། དགེ་སློབ་མའི་བསླབ་པའི་གཞི་ཡང་དག་པར་བླངས་བ་རྣམས་དང། རིན་པོ་ཆེ་ལ་རེག་པ་ལ་སོགས་པ་ལྔ་ལ་ནི་ལྟུང་བ་མེད་དོ། །དགེ་ཚུལ་གྱི་བསླབ་པའི་བཞི་ཡང་དག་པར་བླངས་བའི་མདོར་གཏོགས་པ་ལ་ནི་བཤགས་པར་བྱ་བའི ་ཉེས་བྱས་སུ་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ་།འོན་དགེ་སློབ་མ་དང་དགེ་ཚུལ་དང་དགེ་ཚུལ་མའི་བསླབ་པའི་བཞི་བླངས་པ་དེའི་ཕྱོགས་དང་མཐུན་པ་བསྡམ་པར་བྱ་བའི་ཉེས་བྱས་སུ་འགྱུར་བ་དེ་དག་གང་ཞེ་ན། ལྟུང་བ་མེད་པ་དང་གཤགས་པར་བྱ ་བའི་ཉེས་བྱས་སུ་འགྱུར་བ་ཇི་སྐད་བསྟན་པ་དེ་དག་མ་གཏོགས་པ་དགེ་སློང་དང་དགེ་སློང་མའི་སོ་སོར་ཐར་པ་རྣམ་པ་གཉིས་ལས་གསུངས་པའི་ལྷག་མ་གང་ཡིན་པ་སྟེ། འདི་ལྟ་སྟེ་དབྱར་གནས་གཅིག་ཏུ་གནས་པར་ཁས་བླངས་པ་དང། གསོ ་སྦྱོང་བྱ་བ་དང། དགག་དབྱེ་བྱ་བ་དང། དེ་ལ་སོགས་པ་དག་ནི་བསྙེན་པར་མ་རྫོགས་ཤིང་རབ་ཏུ་བྱུང་བ་དེའི་བསླབ་བའི་གཞི་ཡང་དག་པར་བླངས་པ་དེའི་ཕྱོགས་དང་མཐུན་པ་ཡིན་ཏེ། དེ་ལས་འདས་ཤིང་འགལ་བར་བྱས་ན་ཡིད་ཀྱི་ཉེས་བྱས་ཡིན་ཏེ། བསྡམ ་པར་བྱ་བའི་ཉེས་བྱས་སུ་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། སོགས་པ་ཞེས་བྱ་བའི་སྒྲས་ནི། རྟགས་དང་སློང་དང་སྣོད་དང་ནི་ཞེས་བྱ་བ་ལ་སོགས་པ་བཞི་བཅུ་པོ་དག་ལས་བྱུང་བ་བསྡམ་པར་བྱ་བའི་ཉེས་བྱས་ཀྱི་ཕྱོགས་སུ་གཏོགས་པ་གང་དག་ཡིན་པ ་དེ་དག་བསྡུ་སྟེ། བཞི་བཅུ་པོ་དག་ལས་བྱུང་བ་གང་ཞེ་ན། རྟགས་ཀྱི་གཞི་ལས་བྱུང་བ་དང་།སློང་བཱི་གཞི་ལS་བྱུང་བ་དང་།སྣོད་ཀྱི་གཞི་ལS་བྱུང་བ་དང་།ལོངས་སྤྱོད་ཀྱི་གཞི་ལས་བྱུང་བ་དང། ཕྱིར་གཡེང་གི་གཞི་ལས་བྱུང་བ་དང། འདོད་པའི་གཞི་ལས་བྱུང་བ་དང། གནོད་པའི་གཞི ་ལས་བྱུང་བ་དང། གནས་པའི་གཞི་ལས་བྱུང་བ་དང། མ་གུས་པའི་གཞི་ལས་བྱུང་བ་དང་།མི་སྦྱོང་བའི་གཞི་ལས་བྱུང་པའོ་ཁ་ན་མ་ཐོ་བ་གང་བཞི་དང་རྒྱུ་དང་རྒྱུ་མཚན་དེ་དག་ལས་བྱུང་བདེ་ནི་རྟགས་ཀྱི་གཞི་ལ་སོགས་པ་ལས་བྱུང་བ་ཡིན་ཏེ། དེ་དག ་བསྡམ་པར་བྱ་བའི་ཉེས་བྱས་སུ་གཏོགས་པ་གང་ཡིན་པ་དེ་དག་ནི་དེའི་ཕྱོགས་དང་མཐུན་པ་ཡིན་ཏེ། དེ་ལ་ནི་ཡིད་ཀྱི་ཉེས་བྱས་སུ་འགྱུར་རོ་ཞེས་བྱ་བར་སྦྱར་རོ། །དེ་ལ་རྟགས་ཀྱི་གཞི་ལས་བྱུང་བ་གང་གི་ཕྱོགས་དང་མཐུན་པ་ཉིད་ཡིན་ཞེ་ན། འདི་ལྟར ་རབ་ཏུ་བྱུང་བའི་རྟགས་ཡང་དག་པར་ལེན་ཏོ་ཞེས་གསུངས་པའི་ཚིག་གང་ཡིན་པ་དེ་ནི་རེ་ཞིག་བླངས་པ་ཡིན་པས། དེའི་ཕྱིར་མུ་སྟེགས་ཅན་གྱི་རྟགས་འཆང་བ་ནི་ཇི་ལྟར་ཁྱིམ་པའི་རྟགས་འཆང་བ་དེ་བཞིན་དུ་རབ་ཏུ་བྱུང་བའི་རྟགས་ཡང་དག་པར་བླངས་པ ་ལས་འདས་པ་ཡིན་པས་དེ་ལ་ནི་བཤགས་པར་བྱ་བའི་ཉེས་བྱས་སུ་འགྱུར་རོ། །རྫས་རུང་བ་མ་ཡིན་པ་རྔ་མོའི་བལ་ལ་སོགས་པ་ལས་བྱས་པའི་ཆོས་གོས་ཚད་པས་ཆུང་བ་དང་ཆེ་བའི་བདག་ཉིད་ཀྱི་ཡོ་བྱད་དག་འཚང་བ་དང་བྱེད་པ་དང། སེན་མོའི ་བཅོས་པ་རྗེས་སུ་མ་གནང་བདག་དང། ཆ་ལུགས་ཉམས་བར་འགྱུར་བ་སྐྲ་ཆན་བས་འདྲེག་བ་དག་དང་རྗེས་སུ་མ་གནང་བའི་ཕྱོགས་ཀྱི་སྤུ་འདྲག་བ་ལ་སོགས་པ་དག་ནི་རྟགས་བླངས་པ་དེའི་ཕྱོགས་དང་མཐུན་པ་ཡིན་བས། དེ་ལ་ནི ་བསྡམ་བར་བྱ་བའི་ཉེས་བྱས་སུ་འགྱུར་རོ། །ལྷུང་བཟེད་ཀྱང་རུང་བ་མ་ཡིན་བ་མིའི་མགོ་ཐོང?་ལྟ་བུ་ཐོགས་ཤིང་བསོད་སྙོམས་ལ་རྒྱུ་བ་དང་།རབ་ཏུ་བྱུང་བ་གཞན་གྱི་བརྟགས་དང་འདྲ་བ་དང་ཁྱིམ་བའི་རྟགས་དང་འདྲ་བའི་ལྷུང་བཟེད་འཆང་བ་ཡང་རྟགས་ཡང་དག ་བར་བླངས་བ་ལས་འདས་པ་ཡིན་བས། དེ་ལ་ནི་བཤགས་པར་བྱ་བའི་ཉེས་བྱས་སུ་འགྱུར་རོ། །ཟངས་མ་ལ་སོགས་བའི་རྫས་གཞན་ལས་བྱས་པ་དང་ཚད་བས་ཆུང་བ་དང་ཆེ་བ་དང་སྐྱེ?་བའི་ལྷུང་བཟེད་འཆང་བ་གང་ཡིན་པ་དེ་ནི་རྟགས་བླངས་པ་དེའི་ཕྱོགS ་དང་མཐུན་བ་ཡིན་བས་དེ་ལ་ནི་བསྡམ་བར་བྱ་བའི་ཉེས་བྱས་སུ་འགྱུར་རོ། །སློང་བའི་གཞི་ལས་བྱུང་བ་གང་གི་ཕྱོགས་དང་མཐུན་བ་ཡིན་ཞེ་ན། གསེར་དང་དངུལ་ལ་སོགས་བ་རིན་བོ་ཆེ་སློང་བ་ནི་གསེར་དངུལ་འཛིན་པ་སྤོང་བའི་གཞི་ཡང་དག་བར་བླངས ་པ་ལས་འདས་པ་ཉིད་ཡིན་བས། དེ་ལ་ནི་བླངས་ན་བཤགས་པར་བྱ་བའི་ཉེས་བྱས་སུ་འགྱུར་རོ། །ཆོས་གོས་ལ་སོགས་པ་སློང་བ་ནི་དེའི་ཕྱོགས་དང་མཐུན་བ་ཡིན་བས་དེ་ལ་ནི་བསྡམ་པར་བྱ་བའི་ཉེས་བྱས་སུ་འགྱུར་རོ། །སྣོད་ཀྱི་གཞི་ལས་བྱུང་བ ་གང་གི་ཕྱོགས་དང་མཐུན་བ་ཉིད་ཡིན་ཞེ་ན། རིན་པོ་ཆེ་ལས་བྱས་བའི་ཁབ་རལ་ལ་སོགས་བ་བྱེད་དུ་འཇུག་པ་ནི་གསེར་དངུལ་འཛིན་པ་སྤོང་བའི་བསླབ་པ་ཡང་དག་པར་བླངས་པ་ལས་འདས་བ་ཉིད་ཡིན་བས་དེ་ལ་ནི་བཤགས་པར་བྱ་བའི་ཉེས་བྱས་སུ ་འགྱུར་རོ། །བ་སོ་ལ་སོགས་པ་རྗེས་སུ་གནང་བ་མ་ཡིན་བའི་རྫས་གཞན་ལས་བྱས་བའི་ཁབ་རལ་ལ་སོགས་པ་བྱེད་བ་ནི་དེའི་ཕྱོགས་དང་མཐུན་བ་ཡིན་བས་དེ་ལ་ནི་བསྡམ་པར་བྱ་བའི་ཉེས་བྱས་སུ་འགྱུར་རོ། །ལོངས་སྤྱོད་ཀྱི་གཞི་ལས་བྱུང་བ་གང་གི ་ཕྱོགས་དང་མཐུན་པ་ཉིད་ཡིན་ཞེ་ན། དུས་མ་ཡིན་པར་ཟས་ཟ་བ་དང་འབྲུའི་ཆང་དང་བཅོས་པའི་ཆང་མྱོས་པར་འགྱུར་བ་བག་མེད་པའི་གནས་ནི་དེ་དག་སྤོང་བའི་བསླབ་པའི་བཞི་ཡང་དག་པར་བླངས་པ་ལས་འདས་པ་ཉིད་ཡིན་པས། དེ་ལ་ནི་གཤགས་པར ་བྱ་བའི་ཉེས་བྱས་སུ་འགྱུར་རོ། །སྒོག་སྐྱ་ལ་སོགས་པ་ཟ་བ་ནི་དེའི་ཕྱོགས་དང་མཐུན་པ་ཡིན་པས། དེ་ལ་ནི་བསྡམ་པར་བྱ་བའི་ཉེས་བྱས་སུ་འགྱུར་རོ། །ཕྱར་གཡེང་གི་གཞི་ལས་བྱུང་བ་གང་གིས་ཕྱོགས་དང་མཐུན་པ་ཉིད་ཡིན་ཞེ་ན། མལ་སྟན་ཆེན་པོ ་དང་མལ་བསྟན་མཐོན་པོ་དང། གླུ་གར་རོལ་མོའི་སྒྲ་དང། ཁ་དོག་དང་སྤོས་དང་བྱུག་པ་ལ་སོགས་པ་དེ་སྤོང་བ་ནི་བསླབ་པའི་གཞི་ཡང་དག་པར་བླངས་པ་ལས་འདས་བ་ཉིད་ཡིན་པས། དེ་ལ་ནི་གཤགས་པར་བྱ་བའི་ཉེས་བྱས་སུ་འགྱུར་རོ། །ཁྲུ་བ་དང་།རྒྱལ ་པ་དང་ཆུ་ལ་རྩེ་བ་ལ་སོགས་པ་དང། རྒྱགས་པ་དང་ལོངས་འཆོས་པ་དང་།རྒོད་པ་ལ་སོགས་པ་ནི་དེའི་ཕྱོགས་དང་མཐུན་པ་ཡིན་པས་དེ་ལ་ནི་བསྡམ་པར་བྱ་བའི་ཉེས་བྱས་སུ་འགྱུར་རོ། །འདོད་པའི་གཞི་ལས་བྱུང་བ་གང་གི་ཕྱོགས་མཐུན་པ ་ཉིད་ཡིན་ཞེ་ན། མི་ཚངས་པར་སྤྱོད་པ་ནི་དེ་སྤོང་བའི་བསླབ་པའི་བཞི་ཡང་དག་བར་བླངས་པ་ལས་འདས་པ་ཉིད་ཡིན་པས་དེ་ལ་ནི་གཤགས་པར་བྱ་བའི་ཉེས་བྱས་སུ་འགྱུར་རོ། །བསམ་བཞིན་དུ་ཁུ་བ་འབྱིན་པ་ལ་སོགས་པ་ནི་དེའི་ཕྱོགས་དང ་མཐུན་པ་ཡིན་དེ་ལ་ནི་བསྡམས་པར་བྱ་བའི་ཉེས་བྱས་སུ་འགྱུར་རོ། །ཁང་བ་དང་ཁང་ཆེན་རྩིགས་པ་ཡང་འདོད་པའི་གཞི་ལས་བྱུང་བ་ཡིན་ཏེ། འདི་ལྟར་ཁྱིམ་བྱེད་པ་ནི་ཁྱིམ་ནས་རབ་ཏུ་བྱུང་བ་ཡང་དག་བར་བླངས་པ་ལས་འདས་པ་ཉིད་ཡིན་བས། ་དེ་ལ་ནི་གཤགས་པར་བྱ་བའི་ཉེས་བྱས་སུ་འགྱུར་བ་ཡང་ཡོད་ལ་།ཁ་ཅིག་དེའི་ཕྱོགས་དང་མཐུན་པ་ཡིན་པས་དེ་ལ་བསྡམ་པའི་ཉེས་བྱས་སུ་འགྱུར་བ་ཡང་ཡོད་དོ། །གནོད་པའི་གཞི་ལས་བྱུང་བ་གང་གི་ཕྱོགས་དང་མཐུན་པ་ཉིད་ཡིན་ཞེ་ན། ་གནོད་པའི་གཞི་ལས་བྱུང་བ་ནི་དགེ་འདུན་གྱི་དབྱེན་བྱེད་པ་དང། དེའི་རྗེས་སུ་ཕྱོགས་པ་དང་ཁྱིམ་སུན་འབྱིན་པ་ལས་གྱུར་པ་སྟེ། དེ་ལ་དགེ་འདུན་སྤོང་བ་དང། ཆོས་ལ་འགལ་བ་དང། སངས་རྒྱས་ཀྱིས་བཀའ་ལས་འདའ་བ ་ཡོད་པས་དཀོན་མཆོག་གསུམ་སྤོང་བ་ནི་མྱ་ངན་ལས་འདའ་བའ་ཨི་བསམ་བས་གསུམ་ལ་སྐྱབས་སུ་འགྲོ་བའི་རྒྱུས་རབ་ཏུ་འབྱུང་བ་དང་དགེ་ཚུལ་དང་དགེ་སློབ་མའི་སྡོམ་པ་ཡང་དག་པར་བླངས་པ་ཐམས་ཅད་ལས་འདས་པ་ཉིད་ཡིན་པས་དེ་ནི་བཤགS ་པར་བྱ་བའི་ཉེས་བྱས་སུ་འགྱུར་རོ། །གཞི་དེ་ལས་སྐུར་པ་འདེབ?་པ་དང་ཚིག་རྩུབ་པོ་སྨྲ་བ་ལ་སོགས་པ་ཡང་གནོད་བའི་གཞི་ལས་བྱུང་བ་ཡིན་པས་དེ་ནི་དེའི་ཕྱོགས་དང་མཐུན་པ་ཡིན་བས། དེ་ལ་ནི་བསྡམ་པར་བྱ་བའི་ཉེས་བྱས་སུ་འགྱུར་རོ། །གནས ་པའི་གཞི་ལས་བྱུང་བ་གང་གིས་ཕྱོགས་དང་མཐུན་པ་ཉིད་ཡིན་ཞེ་ན། གནས་པའི་བཞི་ལས་བྱུང་བ་ཞེས་བྱ་བ་ནི། དགེ་འདུན་གྱིས་སྤངས་པའི་གང་ཟག་བསྙིལ་བ་ལ་སོགས་པ་དང་ལྷན་ཅིག་གནས་པ་སྟེ། དེ་ལ་མཚན་མི་མཐུན་པ་དང་ལྷན་ཅིག ་ཉལ་བའི་བདག་ཉིད་ཀྱིས་གནས་བ་ནི་མི་ཚངས་པར་སྤྱོད་པ་སྤོང་བའི་བསླབ་པའི་གཞི་ཡང་དག་པར་བླངས་བ་ལས་འདས་པ་ཉིད་ཡིན་བས། དེ་ལ་ནི་གཤགས་བར་བྱ་བའི་ཉེས་བྱས་སུ་འགྱུར་རོ། །བསྙེན་པར་མ་རྫོགས་པ་ཁྱིམ་པ་དང་མུ་སྟེགས ་ཅན་དང་ལྷན་ཅིག་གནས་པ་དང། རབ་ཏུ་བྱུང་བ་འདི་ལ་བསྙིལ་བ་ལ་སོགས་པ་དང་ལྷན་ཅིག་གནས་པ་ནི་འདོད་ཆགས་དང་བྲལ་བའི་མི་མཐུན་པའི་ཕྱོགས་སུ་གྱུར་པས་སྡོམ་པ་ཐམས་ཅད་འཇིག་པའི་ཕྱོགས་དང་མཐུན་པ་ཡིན་བས། དེ་ལ་ནི་བསྡམ་པར ་བྱ་བའི་ཉེས་བྱས་སུ་འགྱུར་རོ། །མ་གུས་བའི་གཞི་ལས་བྱུང་བ་གང་གི་ཕྱོགས་དང་མཐུན་པ་ཉིད་ཡིན་ཞེ་ན། མ་གུས་པའི་གཞི་ལས་བྱུང་བ་ཞེས་བྱ་བ་ནི། སངས་རྒྱས་དང་ཆོས་དང་དགེ་འདུན་ལ་མ་གུས་པ་ལས་གྱུར་བ་སྟེ། དེ་ལ་དཀོན་མཆོག་གསུམ ་ལ་མ་གུས་པ་ནི་གསུམ་ལ་སྐྱབས་སུ་སོང་བས་སྡོམ་པ་ཡང་མ་ཡིན་སྡོམ་པ་མ་ཡིན་པ་ཡང་མ་ཡིན་པའི་ངོ་བོ་ཉིད་ཀྱིས་རབ་ཏུ་བྱུང་བ་དང། དགེ་ཚུལ་དང་དགེ་སློབ་མའི་སྡོམ་པ་ཡང་དག་པར་བླངས་པ་ལས་འདས་པ་ཉིད་ཡིན་པས། དེ་ལ་ནི ་བཤགས་པར་བྱ་བའི་ཉེས་བྱས་སུ་འགྱུར་རོ། །མཁན་པོ་དང་སློབ་དཔོན་རྣམས་དང་ཚངས་པ་མཚུངས་པར་སྤྱོད་པ་གཞན་ལ་མ་གུས་བ་ལ་སོགས་པ་ནི་སྡོམ་པ་ཐམས་ཅད་འཇིག་པའི་ཕྱོགས་དང་མཐུན་པ་ཡིན་པས་དེ་ལ་ནི་བསྡམ་པར་བྱ་བའི ་ཉེས་བྱས་སུ་འགྱུར་རོ། །མི་སྦྱོང་བའི་གཞི་ལས་བྱུང་བ་གང་གིས་ཕྱོགས་དང་མཐུན་པ་ཉིད་ཡིན་ཞེ་ན། མི་སྤྱོད་བ་ཞེས་བྱ་བ་ནི་གསོ་སྤྱོད་དང་དགག་དབྱེ་མི་བྱེད་པ་དང། མི་གནས་པར་འདུག་པ་ལ་སོགས་པས་བདག་ཉིད་ཀྱི་ཚུལ་ཁྲིམས་རྣམ ་པར་དག་པར་མི་བྱེད་བ་སྟེ། གཞི་དེ་ལས་བྱུང་བའི་ཉེས་པ་ནི་མི་སྦྱོང་པའི་གཞི་ལས་བྱུང་བ་ཞེས་བྱའོ། །དེ་ལ་གཞི?་དེས་བསླབ་པའི་གཞི་ཡང་དག་པར་བླངས་པ་འདྲལ་བར་བྱེད་པ་ནི་བསླབ་པའི་གཞི་ཡང་དག་པར་བླངས་པ་ལས་འདའ་བ་ཉིད་ཡིན ་བས། དེ་ལ་ནི་གཤགས་པར་བྱ་བའི་ཉེས་བྱས་སུ་འགྱུར་རོ། །གསོ་སྦྱོང་ལ་སོགས་པ་ལས་གཡེལ་བ་ནི་བསླབ་བའི་སྡོམ་བ་ཐམས་ཅད་འཇིག་བའི་ཕྱོགས་དང་མཐུན་པ་ཡིན་པས་དེ་ལ་ནི་བསྡམ་པར་བྱ་བའི་ཉེས་བྱས་སུ་འགྱུར་རོ། །བསྙེན་བར་མ་རྫོགས་ཤིང ་རབ་ཏུ་བྱུང་བ་རྣམས་ལ་ཡང་གསོ་སྦྱོང་དང་དགག་དབྱེ་དང་གནས་བཅའ་བ་ལ་སོགས་པ་ཡོད་དེ། འདིར་དེ་དག་གིས་སྔགས་ཀྱང་ཆེ་གེ་མོ་ཞིག་དགོངས་སུ་གསོལ། དེར་དགེ་འདུན་གྱི་གསོ་སྦྱོང་བཅོ་ལྔ་པ་ལགས་ཏེ། བདག་དགེ་ཚུལ་མིང་འདི་ཞེས་བགྱི་བའི ་གསོ་སྦྱོང་ཡང་བཅོ་ལྔ་པ་ལགས་ན། བདག་དགེ་ཚུལ་མིང་འདི་ཞེས་བགྱི་བ་བར་ཆད་ཀྱི་ཆོས་རྣམས་ཡོངས་སུ་དག་པར་བདག་ཉིད་མཆིའོ། །ཞེས་བྱ་བ་ལ་སོགས་པ་ཡོད་པའི་ཕྱིར་རོ། །མ་གུས་པའི་བཞི་ལས་བྱུང་བ་གང་གི་ཕྱོགས་དང་མཐུན་བ་ཉིད ་ཡིན་ཞེ་ན། མ་གུས་པའི་གཞི་ལས་བྱུང་བ་ཞེས་བྱ་བ་ནི། སངས་རྒྱས་དང་ཆོས་དང་དགེ་འདུན་ལ་མ་གུས་པ་ལས་གྱུར་བ་སྟེ། དེ་ལ་སྐྱབས་སུ་འགྲོ་བ་ཞེས་བྱ་བ་ནི་སྡོམ་པ་ཡང་མ་ཡིན་སྡོམ་པ་མ་ཡིན་པ་ཡང་མ་ཡིན་བའི་ངོ་བོ་ཉིད་ཀྱི ་རབ་ཏུ་བྱུང་བ་དང། དགེ་ཚུལ་ཉིད་ལ་སོགས་པའི་སྡོམ་པ་ཡང་དག་པར་བླངས་བའི་ཡན་ལག་ཡིན་པས་དེ་ཉམས་བའི་ཕྱོགS་དང་མཐུན་པ་ཉིད་ཡིན་ནོ། །གནས་སྦྱིན་པའི་སློབ་དཔོན་ལ་མ་གུས་པ་ནི་སྡོམ་བ་ཐམས་ཅད་འཇིག་པའི་ཕྱོགས་དང་མཐུན ་པ་ཡིན་ཏེ། གནས་མེད་པར་ཚངས་བ་ཚུངས་བར་སྤྱོད་པ་རྣམས་དང་ལྷན་ཅིག་ཆོས་དང་ཟང་ཟིང་ལ་ལོངས་སྤྱོད་པ་མི་སྲིད་པའི་ཕྱིར་རོ། །མཁན་བོ་ལ་མ་གུས་པ་ནི་མཁན་པོ་བདག་གི་མཁན་བོ་མཛད་དུ་གསོལ་ཞེས་བྱ་བ་སྔོན་དུ་འགྲོ་བའི་ཁས ་ལེན་པ་དེ་འཇིག་བའི་ཕྱོགས་དང་མཐུན་བ་ཡང་ཡིན། །གནས་སྦྱིན་བ་ལ་མ་གུས་བ་ནི་སྡོམ་པ་ཐམས་ཅད་འཇིག་བའི་ཕྱོགས་དང་མཐུན་བ་གནས་སྦྱིན་བའི་ཡུལ་ཅན་དེའི་ཕྱོགས་དང་མཐུན་བ་ཉིད་ཡིན་ཏེ་གང་ཟག་གཞན་ཡང་གནས་སྦྱིན ་པ་དང། བསླབ་པ་བྱིན་པ་ནི་འདྲ་བ་ཉིད་དོ་ཞེས་བྱ་བའི་ལྟུང་བ་ལ་སྦྱོར་བ་དགེ་སློང་དང་འདྲ་བ་ཉིད་དོ་ཞེས་བྱ་བར་སྦྱར་རོ། །བསླབ་བ་བྱིན་བ་ནི་ཐམས་ཅད་དུ་ལྟུང་བ་ལ་སྦྱོར་བ་དགེ་སློང་དང་འདྲ་བ་ཉིད་དུ་རིག་བར་བྱ་སྟེ། ཇི་ལྟར་དགེ་སློང་མི་ཚངས་བར་སྤྱོད་པ ་ལ་སོགས་པ་ལ་སྦྱར་བ་ལ་ཕམ་པར་འགྱུར་བ་ལ་སོགས་པའི་ལྟུང་བ་འབྱུང་བ་དེ་བཞིན་དུ་བསླབ་བ་བྱིན་པ་ལ་ཡང་དེ་བཞིན་ནོ། །ཇི་ལྟར་དགེ་སློང་གིས་དགེ་སློང་ལ་རྡེགས་པ་དང་གཟས་པ་དང་འགྱོད་པ་བསྐྱེད་བ་དང། སྐྲོད་བ་ལ་སོགས་པ ་ལ་བྱེད་བ་ལ་ལྟུང་བྱེད་དུ་འགྱུར་བ་དེ་བཞིན་དུ་དགེ་སློང་གིས་བསླབ་པ་བྱིན་པ་ལ་དེ་དག་བྱས་ན་ཡང་དགེ་སློང་ལ་ལྟུང་བྱེད་དུ་འགྱུར་རོ། །བསླབ་བ་བྱིན་པ་མོ་དང་དགེ་སློང་མ་ཡང་དེ་བཞིན་དུ་ཕན་ཚུན་འདྲ་བ་ཉིད་དུ་རིག་པར་བྱའོ། །བསྙེན་པར་མ ་རྫོགས་བ་དང་ལྡན་པ་ཉིད་ཀྱང་ངོ་ཞེས་བྱ་བ་ལ། བསླབ་བ་བྱིན་བ་དེ་དགེ་སློང་གི་ཡུལ་ལ་བསྙེན་པར་མ་རྫོགས་པ་དང་ལྡན་པ་ཉིད་ཀྱང་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །བསླབ་པ་བྱིན་པ་དེ་དགེ་སློང་གཞན་གྱི་ཡུལ་ལ་ནི་བསྙེན་པར་མ་རྫོགས་པ་དང་འདྲ་བ་ཉིད་ཡིན་ལ། ་རང་གི་ཡུལ་ལ་ནི་བསྙེན་བར་རྫོགས་བ་ཉིད་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། དེས་ན་བསླབ་པ་བྱིན་པ་དེ་དགེ་སློང་གི་ཡུལ་ལ་དེས་བྱིན་ལེན་བསྟབས་ན་ཡང་བྱིན་ལེན་བྱེད་དུ་རུང་ལ་དེས་རེག་ན་ཡང་བྱིན་ལེན་འཇིག་པ་དང། དེ་ལ་ཕྲ་མ་བྱས་ན་ཡང་དགེ་སློང་ལ ་ཕྲ་མ་བྱས་པའི་ལྟུང་བྱེད་དུ་མི་འགྱུར་བ་དང། དེ་དང་ལྷན་ཅིག་ཉལ་ན་ཡང་ཞག་གསུམ་འདས་ན་ལྟུང་བྱེད་དུ་འགྱུར་བ་དང། དེ་ལ་དགེ་སློང་གི་གནས་ངན་ལེན་བརྗོད་བ་དང་མིའི་ཆོས་བླ་མ་བརྗོད་ན་ཡང་ལྟུང་བྱེད་དུ་འགྱུར་བ་དང། དེ་དང་ཚིག་ཐུན་བ་དང་ཚིག་ལྷག ་བར་ཟློས་བ་ལས་ཀྱང་ལྟུང་བྱེད་དུ་འགྱུར་ཏེ་དེ་དག་ལ་སོགས་པ་ཇི་ལྟར་བསྙེན་བར་རྫོགས་བའི་གང་ཟག་གི་དབང་གིས་དགེ་སློང་གི་ཡུལ་ལ་ཁ་ན་མ་ཐོ་བ་གང་དག་འབྱུང་བར་འགྱུར་བ་དེ་དག་བསླབ་པ་བྱིན་པའི་གང་ཟག་གི་དབང་གིས་ཀྱང་དགེ་སློང ་གི་ཡུལ་ལ་འབྱུང་བར་འགྱུར་རོ། །དེ་བཞིན་དུ་འདིར་བསླབ་པ་བྱིན་པའི་རང་གི་ཡུལ་ལ་གསོག་འཇོག་བྱས་བ་དང། ལག་ཉར་བླངས་པ་ལ་སོགས་པའི་ཉེས་པར་གྱུར་པ་དེ་རང་བཞིན་དུ་གནས་པའི་དགེ་སློང་དག་ལ་ཉེས་བར་མི་འགྱུར་ཏེ། བསླབ་པ ་བྱིན་བ་ནི་ཆོ་ག་ཉམས་པ་ཡིན་པའི་ཕྱིར་རོ། །བསླབ་པ་བྱིན་པ་རང་གི་ཡུལ་ལ་ནི་བསྙེན་བར་རྫོགས་པའི་བསྡོམ་པ་ཡོད་དེ། བསྙེན་པར་རྫོགས་པའི་བསླབ་པའི་གཞི་ཐམས་ཅད་ཀྱང་དགེ་སློང་དང་འདྲ་བར་གསུངས་དགོས་སོ་།དེ་ལྟ་བས་ན་མདོར ་སྔ་མ་ཤོས་ཀྱིས་ནི་བསླབ་པ་བྱིན་པ་དེ་ལྟུང་བ་སྦྱོར་བ་ལ་ནི་དགེ་སློང་དང་འདྲ་བ་ཉིད་དུ་བསྟན་ལ། མདོ་འདིར་ནི་དགེ་སློང་གཞན་གྱི་ཡུལ་ལ་དགེ་སློང་ཐ་མལ་པ་གཞན་དང་མི་འདྲ་བར་བསྟན་ཏོ། །དེ་ལ་ནི་མ་ཡིན་ནོ་ཞེས་བྱ་བ་ནི། བསླབ་བ་བྱིན་པ་གཞན་ནི་ ་བསྙེན་པར་མ་རྫོགས་པ་དང་ལྡན་པ་ཉིད་མ་ཡིན་ཏེ། རང་བཞིན་འདྲ་བའི་ཕྱིར་རོ། །འདིར་གཞུང་ནི་བཙུན་པ་རེ་ཞིག་དགེ་སློང་ལ་རྒྱུ་དུས་གསོག་འཇོག་བགྱིས་པར་འགྱུར། གསུམ་གྱིས་ཏེ་གསུམ་གང་ཞེ་ན་བདག་ཉིད་ཀྱིས ་གསོག་འཇོག་བྱས་པ་དང་དགེ་སློང་གི་གསོག་འཇོག་བྱས་པ་དང་དགེ་སློང་གི་དགེ་འདུན་གྱི་གསོག་འཇོག་བྱས་པའོ། །བཙུན་པ་རེ་ཞིག་དགེ་སློང་མ་ལ་རྒྱུ་དུས་གསོག་འཇོག་བགྱིས་པར་འགྱུར། གསུམ་གྱིས་ཏེ་གསུམ་གང་ཞེ་ན་བདག་ཉིད་ཀྱིས་གསོག་འཇོག ་བྱས་པ་དང། དགེ་སློང་མས་གསོག་འཇོག་བྱས་པ་དང། དགེ་སློང་མའི་དགེ་འདུན་གྱིས་གསོག་འཇོག་བྱས་པའོ། །བཙུན་པ་རེ་ཞིག་བསླབ་པ་བྱིན་པ་ལ་རྒྱུ་དུས་གསོག་འཇོག་བགྱིས་པར་འགྱུར། བཞི་སྟེ་གཞི་གང་ཞེ་ན་བདག་ཉིད་ཀྱིས་གསོག་འཇོག ་བྱས་བ་དང། བསླབ་བ་བྱིན་པས་གསོག་བྱས་པ་དང། དགེ་སློང་གིS་གསོག་འཇོག་བྱས་བ་དང། དགེ་སློང་གི་དགེ་འདུན་གྱིས་གསོག་འཇོག་བྱས་པའོ། །བཙུན་པ་རེ་ཞིག་བསླབ་བ་བྱིན་པ་མོ་ལ་རྒྱུ་དུས་གསོག་འཇོག་བགྱིས་པར་འགྱུར། བཞི་སྟེ་བཞི ་གང་ཞེ་ན། བདག་ཉིད་ཀྱིས་གསོག་འཇོག་བྱས་བ་དང། བསླབ་བ་བྱིན་པ་མོས་གསོག་འཇོག་བྱས་བ་དང་དགེ་སློང་མས་གསོག་འཇོག་བྱས་པ་དང། དགེ་སློང་མའི་དགེ་འདུན་གྱིས་གསོག་འཇོག་བྱས་པའོ། །ཞེས་གསུངS་བ་ཡིན་ནོ། །དགེ་སློབ་མ་ལ་ཡོད?་ཞེS་བྱ་བ ་ལ་ཡང་ངོ་ཞེས་བྱ་བའི་སྒྲས་ནི་བསླབ་བ་བྱིན་པ་ཞེས་སྨོས་བ་དང་བསྙེན་པར་མ་རྫོགས་པ་དང་ལྡན་པ་ཉིད་མ་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །དེ་ལྟ་བས་ན་དགེ་སློབ་མའི་ཡུལ་ལ་ནི་བསླབ་པ་བྱིན་བ་མོ་བསྙེན་པར་རྫོགས་པ་དང་ལྡན་པ་ཉིད་ཡིན་ནོ། ། ་འདིར་གཞུང་ནི་ཞུ་བ་ལས་བཙུན་པ་རེ་ཞིག་དགེ་སློབ་མ་ལ་རྒྱུ་དུས་གསོག་འཇོག་བགྱིས་པར་འགྱུར། ལྔ་སྟེ་ལྔ་གང་ཞེ་ན། བདག་ཉིད་ཀྱིས་གསོག་འཇོག་བྱས་པ་དང་དགེ་སློང་མས་གསོག་འཇོག་བྱས་པ་དག། བསླབ་པ་བྱིན་པ་མོས་གསོག་འཇོག ་བྱས་པ་དང། དགེ་སློང་མས་གསོག་འཇོག་བྱས་པ་དང། དགེ་སློང་མའི་དགེ་འདུན་གྱིས་གསོག་འཇོག་བྱས་པའོ་ཞེས་གསུངས་པ་ཡིན་ནོ། །འགྲོ་བ་གཞན་གྱིས་རྣམ་པ་བསྟེན་པ་ནི་དགེ་སློང་གི་འདུ་ཤེས་ཡོད་པ་ལའོ་ཞེས་བྱ་བ་ནི། ལྟུང་བ་ལ་སྦྱོར ་བ་འདྲ་བ་ཉིད་དོ་ཞེས་བྱ་བར་སྦྱར་རོ། །དགེ་སློང་གསང་སྔགས་དང་སྨན་དང་ལས་ལ་སོགས་བའི་དབང་གིས་འགྲོ་བ་གཞན་གྱི་རྣམ་པ་ཞེས་བྱ་བ་དུད་འགྲོ་ལ་སོགས་པའི་གཟུགས་སུ་བསྒྱུར་ནས་གཟུགས་དེས་མི་ཚངས་པར་སྤྱོད་པ་ལ་སོགས་པ་བྱ་བ་མ ་ཡིན་པ་བྱེད་པ་ན་དེ་བྱེད་པའི་ཚེ་གལ་ཏེ་བདག་ཉིད་དགེ་སློང་ཡིན་པའི་འདུ་ཤེས་ཡོད་པར་འགྱུར་ན་དེའི་ཚེ་དགེ་སློང་དེ་ལྟུང་བ་ལ་སྦྱོར་བ་ལ་ནི་དགེ་སློང་གཞན་དག་དང་འདྲ་བ་ཉིད་ཡིན་ཏེ། ཇི་ལྟར་དགེ་སློང་གཞན་དག་ལྟུང་བ་ལ་སྦྱོར་བ་ལ་གཞི་ཇི་ལྟ་བ ་ལས་ཁ་ན་མ་ཐོ་བར་འགྱུར་བ་དེ་བཞིན་དུ་དེ་ལ་ཡང་འགྱུར་རོ། །ཞེས་བྱ་བའི་ཐ་ཚིག་གོ། མེད་པ་ནི་སྨད་པ་ཉིད་དོ་ཞེས་བྱ་བ་ནི། དེའི་ཚེ་ལྟུང་བ་འབྱིན་པ་དེ་ལ་དགེ་སློང་བདག་ཉིད་དགེ་སློང་ཡིན་པའི་འདུ་ཤེས་མེད་ཅིང་བརྗེད་པར་གྱུར་པ་ཉིད་ཡིན་ན་ནི ་ལྟུང་བ་ལ་སྦྱོར་པ་དེའི་ཚིགས་འོག་མར་ན་སྨད་པ་ཉིད་དོ། །སྦྱོར་བ་ཙམ་ཁ་ན་ལ་ཁ་ན་མ་ཐོ་བ་འདིར་འགྱུར་གྱི་དངོས་གཞི་ཉིད་དུ་ནི་མི་འགྱུར་རོ། །འདི་ནི་གང་གི་ཚེ་དགེ་སློང་དུད་འགྲོ་ལ་སོགས་པའི་གཟུགས་ཀྱིས་མི་ཚངས་པར་སྤྱོད་པ་བྱེད་འདོད་པ་དེའི་ཆོ ་སྲིད་དོ། །འདིར་དགེ་སློང་ལ་ཇི་ལྟ་བ་བཞིན་དུ་དགེ་སློང་མ་དང་དགེ་སློབ་མ་དང། བསླབ་པ་བྱིན་བ་དང་དགེ་ཚུལ་དང་དགེ་ཚུལ་མ་དག་ལ་ཡང་དེ་བཞིན་དུ་ཅི་རིགས་སུ་སྦྱར་རོ། །ཚིགས་སྔ་མར་སྦྱོར་བ་བྱས་བ་ལ་ཡང་ངོ་ཞེས་བྱ་བ་ནི་ན་སྨད་པ་ཉིད་དོ། །བྱ་བཱི ་རྗེས་བསྙེགས་བའི་ཕྱིར་ཡང་ངོ་ཞེས་བྱ་བའི་སྒྲ་སྨྲས་སོ། །ཚིགས་སྔ་མར་སྦྱོར་བ་བྱས་པ་ཞེས་བྱ་བ་ནི་ཁྱིམ་པ་འམ་དགེ་ཚུལ་ལམ་དགེ་སློབ་མ་ཉིད་ཅེས་བྱ་བའི་ཚིགས་སྔ་མ་དག་ཏུ་སྦྱོར་བའི་ཁ་ན་མ་ཐོ་བ་བྱས་པ་སྟེ། ཚིགས་སྔ་མར་སྦྱོར་བ་བྱས་པ་དེའི་ཁ ་ན་མ་ཐོ་བ་དེ་ནི་ན་སྨད་པར་བྱ་བ་ཉིད་ཡིན་ནོ། །འདི་སྐད་བསྟན་ཏེ། ཁྱིམ་པ་ཉིད་ཅེས་བྱ་བའི་ཚིགས་སུ་རྫས་རྐུ་བ་ལ་སོགས་པའི་ཕྱིར་སྦྱོར་བ་བྱས་བ་གང་ཡིན་པ་དེའི་སྦྱོར་བ་དེ་ཁོ་ནས་དགེ་ཚུལ་ཉིད་དམ་དགེ་སློང ་མ་ཉིད་དམ་དགེ་སློང་ཉིད་ཅེས་བྱ་བའི་ཚིགས་ཕྱི་མ་དག་ཏུ་དངོས་གཞིའི་ཁ་ན་མ་ཐོ་བ་འགྲུབ་བར་འགྱུར་བའི་སྦྱོར་བ་ཚིགས་སྔ་མར་བྱས་པ་དེ་ནི་ན་སྨད་པ་ཉིད་ཡིན་ཏེ། ཚིགས་འོག་མར་འགྱུར་བ་ཉིད་ཡིན་ནོ། །དེ་བཞིན་དུ་དགེ་ཚུལ་ཉིད ་དམ་དགེ་ཚུལ་མ་ཉིད་དམ་དགེ་སློབ་མ་ཉིད་ཅེས་བྱ་བའི་ཚིགས་སུ་རྫས་རྐུ་བ་ལ་སོགས་པའི་ཕྱིར་སྦྱོར་བ་བྱས་པ་གང་ཡིན་པའི་སྦྱོར་བ་དེ་ཁོ་ནས་བསྙེན་པར་རྫོགས་པ་ཉིད་ཀྱི་ཚིགས་ཕྱི་མར་དངོས་གཞིའི་ཁ་ན་མ་ཐོ་བ་འགྲུབ་པར་འགྱུར་བའི ་སྦྱོར་བ་ཚིགས་སྔ་མར་བྱས་བ་དེ་ཡང་ན་སྨད་པ་ཉིད་ཡིན་ཏེ། ཚིགས་འོག་མར་འགྱུར་བ་ཉིད་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། དེ་ལྟར་ཡང་འདིར་གཞུང་ནི་བསྙེན་པར་མ་རྫོགས་པས་རྐུ་བ་ལ་སྦྱོར་ཞིང་བསྙེན་པར་མ་རྫོགས་པའི་ཕྱིར་རྐུ་བར་བྱེད ་ན་ཉས་བྱས་སུ་འགྱུར་རོ། །བསྙེན་པར་མ་རྫོགས་པས་རྐུ་བ་ལ་སྦྱོར་ཞིང་བསྙེན་བར་རྫོགས་པའི་ཕྱིར་རྐུ་བར་བྱེད་ན་ཉེས་བྱས་སུ་འགྱུར་རོ། །བསྙེན་པར་མ་རྫོགས་བས་རྐུ་བ་ལ་སྦྱོར་ཞིང་བསྙེན་པར་རྫོགས་པའི་ཕྱིར་རྐུ་བར་བྱེད་ན་ཉེས ་པ་སྦོམ་པོར་འགྱུར་རོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །འདིར་དེའི་ཕྱིར་ཞེས་བསྟན་པར་ཤེས་པར་བྱ་སྟེ། ཚིགས་སྔ་མར་སྦྱོར་བ་ཙམ་གྱི་དབང་ཁོ་ན་ལས་མེད་ན་དེའི་ཚེ་སྦྱོར་བ་ན་སྨད་དོ། །ཡོད་ན་ནི་ཁ་ན་མ་ཐོ་བ་རྫོགས་པར་འགྱུར་ ་རོ། །འདི་སྐད་བསྟན་ཏེ། བསྙེན་པར་རྫོགས་པའི་ཕྱིར་རྐུ་བར་བྱེད་ན་ཞེས་བྱ་བར་སྦྱར་ཏེ། དེའི་ཕྱིར་རམ་དེའི་རྒྱུར་དེ་བརྐུས་བ་ཡིན་གྱི་བསྙེན་པར་རྫོགས་པར་བྱེད་པའི་ཚེ་ན་དེ་ལ་བརྐུ་བའི་བྱ་བ་ཡང་མེད་ལ་རྐུ་བའི་བསམ་པ་ཡང་མེད་པ་དེ་ལ ་སྦྱོར་བ་སྔ་མ་དེ་ན་སྨད་པ་ཉིད་དོ། །གང་གི་ཚེ་བསྙེན་པར་རྫོགས་པའི་དུས་ན་དྲན་པར་གྱུར་པའི་ཚེ་བརྒྱ་ལ་འགྱོད་པ་སྐྱེས་པར་གྱུར་ན་ཡང་དེའི་ཚེ་སྦྱོར་བ་སྔ་མ་དེ་ན་སྨད?་པ་ཉིད་ཡིན་པས་དེས་ན། ཉེས་བ་སྦོམ་པོར་རྣམ་པར་བཞག་པར་མཛད་དོ། །དེ་ལྟ་མ་ཡིན་དུ་ཟིན ་ན་ལུད་ལས་བསྙེན་བར་མ་རྫོགས་བས་རྐུ་བ་ལ་སྦྱོར་ཞིང་བསྙེན་པར་རྫོགས་བས་རྐུ་བར་བྱེད་ན་ཞེས་གསུངས་བར་འགྱུར་བ་ཞིག་ན་དེ་སྐད་མ་གསུངས་པས་དེའི་ཕྱིར་འདིར་ནི་བསྙེན་པར་རྫོགས་པའི་ཕྱིར་ཏུ་བར་བྱེད་ན་ཉེས་པ་སྦོམ་པོར་འགྱུར་རོ་ཞེས་བྱ་བར ་སྦྱར་རོ། །ཕྱི་མ་ལ་ཡང་དེ་དང་ལྡན་པ་ཉིད་ཡིན་ནོ་ཞེས་བྱ་བ་ལ། ཕྱི་མ་ཞེས་བྱ་བ་ནི་ཚིགས་ཕྱི་མ་སྟེ་བསྙེན་པར་རྫོགས་པ་ཉིད་དོ། །དེ་ལ་ཡང་ཚིགས་སྔ་མ་དེ་དང་ལྡན་པ་ཉིད་ཡིན་ཏེ། དགེ་སློབ་མ་དང་དགེ་ཆུལ?་གྱི་ཚིགས་དང་ལྡན་པ་ཉིད་ཡིན་པས་ཉེས ་བྱས་རྫོགས་པར་འགྱུར་རོ། །འདི་སྐད་བསྟན་ཏེ། བསྙེན་བར་རྫོགས་པ་ཉིད་ཅེས་བྱ་བའི་ཚིགས་སུ་སྦྱོར་བ་བྱས་པ་གང་ཡིན་པ་དེ་ཅམ་གྱི་དབང་གིས་དེའི་འོག་ཏུ་བསླབ་པ་ཕུལ་ལམ་བབ་ནས་དགེ་སློབ་མ་ཉིད་དམ་དགེ་ཆུལ་མ་ཉིད་དམ་ཁྱིམ་པ་ཉིད་ཀྱི་ཚིགS ་དག་ཏུ་དངོས་གཞིའི་གནས་སྐབས་སུ་ནི་བསྙེན་པར་མ་རྫོགས་པ་གཉིས་ལ་ནི་ཉེས་བྱས་སོ། །ཁྱིམ་པ་ལ་ནི་ལྟུང་བ་མེད་དོ། །བསྙེན་པར་རྫོགས་པའི་སྦྱོར་བར་གྱུར་བ་ལ་ནི་སྦོམ་པོའོ། །ལྷག་མ་རྣམས་ཀྱི་སྦྱོར་བར་གྱུར་བ་ནི་བསྙེན་པར་མ་རྫོགས་པ ་གཉིས་ཀྱི་ནི་ཉེས་བྱས་སོ་།ཁྱིམ་པ་ལ་ནི་ལྟུང་བ་མེད་དོ། །རྫས་བཀག་པ་བས་བཟང་པོ་ལ་ཡང་དེ་དང་ལྡན་པ་ཉིད་ཡིན་ནོ་ཞེས་བྱ་བ་ནི། རྫས་རིན་ཆུང་ངུ་ལ་སོགས་པ་ལས་སྟན་བྱེད་པ་བཀག་པའི་ཕྱིར་རྫས་དེ་བས་བཟང་པོ་རིན་ཆེ་བ་ལ་སོགས ་བ་ལ་བསྟན་བྱེད་པ་ལ་ཡང་བཀག་པ་དེ་དང་ལྡན་པ་ཉིད་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། འདི་ལྟ་སྟེ་དཔེར་ན། ལུག་བལ་ནག་པོ་འབའ་ཞིག་དང་རྫས་རིན་ཆུང་ངུ་ལས་སྟན་བྱེད་བ་བཀག་སྟེ་དེ་དག་ལས་སྟན་བྱེད་ན་སྤང་བའི་ལྟུང་བྱེད་དུ་འགྱུར་བ་བཞིན ་དུ་སྲིན་པ་ལ་དང་རྫས་རིན་པོ་ཆེ་ལས་བསྟན་བྱེད་པ་ཡང་བཀག་སྟེ། དེ་དག་ལས་སྟན་བྱེད་ན་ཡང་སྤང་བའི་ལྟུང་བྱེད་ཁོ་ནར་འགྱུར་བ་ལྟ་བུ་སྟེ། དེས་ན་ལྟུང་བའི་ཕྱིར་ནི་རྫས་བཟང་པོ་ཡང་རྫས་ངན་པ་དང་འདྲ་བར་རིག ་པར་བྱའོ། །འདྲ་བ་ལ་ཡང་ངོ་ཞེས་བྱ་བ་ནི་རྫས་བཟང་ངན་འདྲ་བ་ལ་ཡང་བཀག་པ་དེ་དང་ལྡན་པ་ཉིད་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །སྲིན་བལ་ལ་སོགས་པའི་རྫས་རིན་པོ་ཆེ་བཀག་པ་དེ་དང་འདྲ་བར་རིན་ཆེ་བ་མོན་དང?་ལ་སོགས་པའི་རྫས་ལ ་ཡང་བཀག་པ་དང་ལྡན་པ་ཉིད་ཡིན་ཏེ། གཉིག་སྤང་བར་འགྱུར་བར་འདྲའོ་ཞེས་བྱ་བའི་ཐ་ཚིག་གོ་།འདི་ལྟ་སྟེ་དཔེར་ན་སྲིན་བལ་འབའ་ཞིག་ལས་སྟན་བྱེད་པ་ལས་སྤང་བའི་ལྟུང་བྱེད་དུ་འགྱུར་བ་དེ་བཞིན་དུ་མོན་དར?་དང་དུ་གུ་ལའི་རས ་དང་བལ་ནག་པོ་འབའ་ཞིག་དག་ལས་སྟན་བྱེད་པ་དང། དེ་བཞིན་དུ་མོན་དར་དང་སྲིན་བལ་ལ་སོགས་པ་བསྲེ་པ་ལས་སྟན་བྱེད་པ་དང་བལ་དཀར་པོ་དང་བཅས་པ་འམ་བལ་དཀར་པོ་ཚད་ཉུང་དུ་དག་དང་བསྲེས་པ་ལས་སྟན་བྱེད་པ ་ལ་ཡང་སྤང་བ་ཁོ་ནར་འགྱུར་བ་ལྟ་བུའོ།། །།བམ་པོ་བཞི་བཅུ་གསུམ་པ། མཚན་གྱུར་པ་ནི་དེའི་ཞིང་ཉིད་ཡིན་ནོ་ཞེས་བྱ་བ་ནི་ལྟུང་བ་དེའི་ཞིང་ཉིད་ཡིན་ནོ་ཞེས་བྱ་བར་སྦྱར་ཏེ། འདི་ནི་སྦྱོར་བ་དང་དངོས་གཞིའི ་ལྟུང་བ་གཉིས་གའི་ཞིང་ཉིད་ཡིན་ནོ་ཞེས་བྱ་བ་སྤྱིར་སྦྱར་རོ། །འོག་གིས་མོས་ལས་ན་སྨད་པའི་དོན་གྱི་སྦྱོར་བ་གང་ཡིན་པ་ཉིད་ལས་སོ་ཞེས་འབྱུང་བ་དེའི་ཡུལ་ལ་ནི་སྦྱོར་བའི་ལྟུང་བའི་ཞིང་ཉིད་ཡིན་པར་སྟོན་ཏོ། །དེའི་འོག་མའི་མོད་ལས ་བྱས་པ་ནི་དེ་ཉིད་ཡིན་ནོ་ཞེས་འབྱུང་བ་དེའི་ཡུལ་ནི་དངོས་གཞིའི་ལྟུང་བའི་ཞིང་ཉིད་ཡིན་པར་སྟོན་ཏོ། །དེ་བས་ན་མཚན་གྱུར་པ་ཞེS་བྱ་བ་ནི་ཕོ་མོ་ཕན་ཚུན་མཚན་གྱུར་པ་སྟེ། དེ་ལྟར་མཚན་གྱུར་པ་དེ་ནི་ལྟུང་བའི་སྦྱོར་བ་དང་དངོས་གཞིའི ་ཞིང་ཉིད་ཡིན་ཏེ་མཚན་དེ་ལ་ལྟུང་བ་དེ་དག་འབྱུང་བར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། འདི་སྐད་བསྟན་ཏེ། ལྟུང་བ་གང་ཀུན་ནས་བསླང་བའི་ཕྱིར་སྦྱོར་བ་བྱས་པ་དེའི་དངོས་གཞི་གང་ཡིན་པ་དེ་ཉིད་ཀྱི་ཞིང་ནི་མཚན་གཞན་དུ་གྱུར་བ་དེ་ཉིད་ཀྱང ་ཡིན་ནོ། །དེ་ལྟར་ན་མཆན་གྱུར་ན་མཚན་སྔ་མའི་གནས་སྐབས་སུ་སྦྱོར་བ་གང་བརྩམས་པ་དེ་ཉིད་ཀྱིས་དངོས་གཞིའི་ཞིང་མཚན་ཕྱི་མའི་གནས་སྐབས་ཡིན་པ་ཡང་ཡོད་དོ། །འདི་ལྟ་སྟེ་དཔེར་ན། དགེ་སློང་གསོད་པའི་སྦྱོར་བ་ལ་ཞུགས་པའི ་ཚེ་སྦོར་བ་དེ་མཐར་ཐུག་པ་དང་མགོ་མཉམ་དུ་དགེ་སློང་མར་གྱུར་ན་དགེ་སློང་མའི་མཚན་དེ་གསོང་བའི་སྦྱོར་བ་དེའི་དངོས་གཞིའི་ཞིང་ཉིད་ཡིན་བ་དང་དེ་བཞིན་དུ་དགེ་སློང་མ་གསོད་པའི་སྦྱོར་བ་ལ་ཞུགས་པའི་ཚེ་སྦྱོར་བ་དེ་མཐར་ཐུག་པ་དང་མགོ ་མཉམ་དུ་དེ་དགེ་སློང་དུ་གྱུར་ན་དགེ་སློང་གི་མཚན་དེ་གསོད་པའི་སྦྱོར་བ་དེའི་དངོས་གཞིའི་ཞིང་ཉིད་ཡིན་པ་ལྟ་བུའོ། །གལ་ཏེ་ན་ལྟུང་བ་ན་སྨད་པའི་ཞིང་ཉིད་དུ་འགྱུར་བ་ཡང་ཡོད་དེ། འདི་ལྟ་སྟེ་དཔེར་ན། དགེ་སློང་ཁུ་བ་འབྱིན་པའི་སྦྱོར་བ་ལ་ཞུགས ་བའི་ཆེ་སྦྱོར་བ་དེ་མཐར་ཐུགས་པ་དང་མགོ་མཉམ་དུ་དེ་དགེ་སློང་མར་གྱུར་ན་དེ་ལ་སྦྱོར་བ་དེའི་དངོས་གཞིའི་ལྟུང་བྱེད་དུ་འགྱུར་བ་ལྟ་བུ་དང། དགེ་སློང་མ་ལུས་བཀན་བའི་སྦྱོར་བ་ལ་ཞུགས་པའི་ཚེ་སྦྱོར་བ་དེ་མཐར་ཐུག་པ་དང། མགོ་མཉམ་དུ་དགེ་སློང ་དུ་གྱུར་བ་ན་དེ་ལ་སྦྱོར་བའི་དངོས་གཞི་ཉེས་པ་སྦོམ་པོར་འགྱུར་བ་ལྟ་བུའོ། །དེ་ལྟར་སྤྱིར་བཏང་བ་བྱས་ནས་དེའི་དམིགས་ཀྱིས་བསལ་བ་བསྟན་པའི་ཕྱིར་ན་སྨད་པའི་དོན་གྱི་སྦྱོར་བ་གང་ཡིན་བ་ཉིད་ལས་སོ་ཞེས་བྱ་བ་སྨྲས་ཏེ། ལྟུང་བ་ན་སྨད་བ་ཉིད་དོན ་ཡིན་ཏེ། དེའི་སྦྱོར་བ་གང་ཡིན་པ་དེ་ནི་ན་སྨད་པའི་དོན་གྱི་སྦྱོར་བའོ། །ན་སྨད་བའི་དོན་གྱི་སྦྱོར་བ་གང་ཡིན་བ་ཉིད་བྱེད་བཞིན་བ་ལས་མཚན་གྱུར་པ་དེ་ལ་ན་ནི་སྨད་པ་གང་གི་སྦྱོར་བ་བྱས་བ་དེ་ཉིད་ཀྱི་དངོས་གཞི་འབྱུང་གི་།ལྷག་མའི་དངོས་གཞི་ནི་མི ་འབྱུང་ངོ། །འདི་ལྟ་སྟེ་དཔེར་ན་དགེ་སློང་གཉིས་ཁྲི་གཅིག་རེག་པ་དང་བཅས་བཞིན་དུ་སྐྱ་རེངས་མ་ཤར་བའི་མདུན་རོལ་ཏུ་ཉལ་བ་ཉེས་བྱས་ཀྱི་སྦྱོར་བ་ཡིན་པ་དེ་ལས་དེ་གཉིས་དགེ་སློང་མར་གྱུར་ཏེ་སྐྱ་རེངས་ཤར་ན་ཡང་ཉེས་བྱས་ཁོ་ནར ་ཟད་ཀྱི་ལྟུང་བྱེད་དུ་ནི་མི་འགྱུར་བ་ལྟ་བུའོ། །འདི་སྐད་བསྟན་ཏེ། ལྷག་པའི་དོན་གྱི་སྦྱོར་བ་ལས་མཚན་གྱུར་བ་ལ་ནི་ལྟུང་བ་ན་སྨད་པ་འབྱུང་བར་འགྱུར་གྱི་ན་སྨད་པའི་དོན་གྱི་སྦྱོར་བ་ལ་འཚན?་གྱུར་བ་ལ་ནི་ལྷག་པ་འབྱུང་བར་མི་འགྱུར་བས་འདིར་ཡང་ན་སྨད ་པའི་དོན་གྱི་སྦྱོར་བ་གང་ཡིན་པ་ཉིད་ལས་མཚན་གྱུར་བ་ལ་དངོས་གཞི་ཡང་ན་སྨད་བ་ཉིད་འབྱུང་གི། ལྷག་པ་མི་འབྱུང་བར་བསྟན་ཏོ། །བྱས་པ་ནི་ཉིད་ཡིན་ནོ་ཞེས་བྱ་བ་ནི། ཁ་ན་མ་ཐོ་བ་ཞེས་བྱ་བར་སྦྱར་རོ། །མཚན་མ་གྱུར་པའི་གནས་སྐབས་སུ་ཁ ་ན་མ་ཐོ་བ་གང་བྱས་པ་དེ་ནི་ཕྱིས་མཚན་གྱུར་ན་ཡང་ཁ་ན་མ་ཐོ་བ་ཉིད་ཡིན་ནོ། །ཞེས་བྱ་བའི་ཐ་ཚིག་གོ། བྱས་པ་ནི་ཞེས་བྱ་བ་ནི་སྔར་མཚན་མ་གྱུར་པའི་གནས་སྐབས་སུ་ཁ་ན་མ་ཐོ་བ་གང་བྱས་པའོ། །དེ་ཉིད་ཡིན་ནོ་ཞེས་བྱ་བ་ནི་ཕྱིས་མཚན་གྱུར་པའི ་འོག་ཏུ་ཡང་ཁ་ན་མ་ཐོ་བ་ཉིད་ཡིན་བའོ། །འདི་ལྟ་སྟེ་དཔེར་ན། དགེ་སློང་མ་རེག་པའི་ཕམ་པར་འགྱུར་བ་གང་ཡིན་པ་དེ་ཉིད་བྱེད་བཞིན་དུ་དེ་མཆན་གྱུར་ཅིང་དགེ་སློང་དུ་གྱུར་ན་རེག་བདེ་དགེ་སློང་དེ་ལ་ལུས་ཀྱིས་རེག་པའི་དགེ་འདུན་ལྷག་མར་གཏོགས་པའི ་སྤོམ་པོར་འགྱུར་ཏེ། འདི་ལྟར་དགེ་སློང་སྐྱེས་པ་དང་ལྷན་ཙིག་ལུས་ཀྱིས་རེག་བའི་རོ་ཉམས་སུ་མྱོང་བར་བྱེད་བ་ཡང་ལུས་ཀྱིས་རེག་པའི་ལྷག་མའི་སྦོམ་པོར་གསུངས་པའི་ཕྱིར་རོ། །དགེ་སློང་མ་རེག་པའི་ཕམ་པར་འགྱུར་བའི་སྦྱོར་བ་བྱེད་བཞིན་དུ་དེ་མཚན ་གྱུར་ཅིང་དགེ་སློང་གྱུ་ནར་སྦྱོར་བ་དེ་དགེ་སློང་དེ་ལ་ལུས་ཀྱིས་རེག་པའི་དགེ་འདུན་ལྷག་མར་གཏོགས་པའི་ཉེས་བྱས་སུ་འགྱུར་ཏེ། འདི་ལྟར་སྦོམ་བོར་འགྱུར་བའི་སྦྱོར་བ་ཉེས་བྱས་ཡིན་པའི་ཕྱིར་རོ། །དགེ་སློང་མ་ལུས་བཀོན་པའི་ཕམ་པར་འགྱུར་བ ་གང་ཡིན་པ་དེ་ཉིད་བྱེད་བཞིན་དུ་དེ་མཚན་གྱུར་ཅིང་དགེ་སློང་དུ་གྱུར་ན་ལུས་བཀན་པ་དེ་དགེ་སློང་དེ་ལ་མི་ཚངས་པར་སྤྱོད་པར་གཏོགས་པ་ལ་སྤོར་བོར་འགྱུར་ཏེ། འདི་ལྟར་དགེ་སློང་གིས་སྐྱེས་བའི་ཕྱིར་ལུས་བཀན་ལ་མི་ཚངས་པར་སྤྱོད་པའི་ཕམ་པར་གཏོགས ་པའི་སྦོམ་པོར་གསུངས་པའི་ཕྱིར་རོ། །དགེ་སློང་མ་འཆབ་པའི་ཕམ་པར་འགྱུར་བ་གང་ཡིན་པ་དེ་ཉིད་བྱེད་བཞིན་དུ་དེ་མཚན་གྱུར་ཅིང་དེ་?་དུ་གྱུར་ན་འཆབ་པ་དེ་དགེ་སློང་དེ་ལ་གནས་དྲན?་ལེན་འཆབ་པའི་ལྟུང་བྱེད་དུ་གཏོགས་པའི་ཉེས་བྱས་སུ་འགྱུར་ཏེ། འདི་ལྟར ་དགེ་སློང་གི་གནས་དྲན་ལེན་བཅབས་པའི་ལྟུང་བྱེད་དུ་འགྱུར་ལ། དགེ་སློང་མའི་གནས་ངན་ལེན་བཅབས་ན་ཉེས་བྱས་སུ་འགྱུར་བས་དེ་མཚན་གྱུར་བའི་ཚེ་ན་གང་གི་གནས་ངན་ལེན་བཅབས་པའི་དགེ་སློང་མ་དེ་དང་མཚན་མི་མཐུན་བས། དེ་ཉེས་བྱས་སུ་གསུངས ་པའི་ཕྱིར་རོ། །དགེ་སློང་མ་བཟློག་པའི་ཕམ་པར་འགྱུར་བ་གང་ཡིན་པ་དེ་ཉིད་བྱེད་བཞིན་དུ་དེ་མཚན་གྱུར་ཅིང་དགེ་སློང་དུ་གྱུར་ན་བཟློག་པ་དེ་དགེ་སློང་དེ་ལ་སྤངས་པའི་རྗེས་སུ་ཕྱོགས་པའི་ལྟུང་བྱེད་དུ་འགྱུར་རོ། ་།དགེ་སློང་སྤངས་པའི་རྗེས་སུ་ཕྱོགས་བའི་ལྟུང་བྱེད་གང་ཡིན་པ་དེ་ཉིད་འབྱིན་བཞིན་དུ་དེ་མཚན་གྱུར་ཅིང། དགེ་སློང་མར་གྱུར་ན་སྤངས་པའི་རྗེས་སུ་ཕྱོགས་པ་དེ་དགེ་སློང་མ་དེ་ལ་ཟློག་པའི་ཕམ་པར་འགྱུར་བའི་སྤོམ་པོར་འགྱུར ་ཏེ། དེ་ཡང་བཟློག་བའི་ཚུལ་གྱི་རྗེས་སུ་ཞུགས་ན་ནི་སྦོམ་པོ་ཉིད་ཡིན་ལ་མ་ཞུགས་ན་ནི་ཉེས་བྱས་སོ། །དེ་བཞིན་དུ་དགེ་སློང་ཁུ་བ་འབྱིན་པའི་དགེ་འདུན་ལྷག་མ་གང་ཡིན་པ་དེ་ཉིད་བྱེད་བཞིན་དུ་དེ་མཚན་གྱུར་ཅིང་དགེ་སློང་མར་གྱུར་ན་ཁུ་བ་འབྱིན་པ་དེ ་དགེ་སློང་མ་དེ་ལ་ཁུ་བ་འབྱིན་པའི་ལྟུང་བྱེད་དུ་འགྱུར་རོ། །དགེ་སློང་ཡང་ཡང་ཟ་བའི་ལྟུང་བྱེད་འབྱིན་བཞིན་དུ་དེ་མཚན་གྱུར་ཅིང་དགེ་སློང་མར་གྱུར་ན། ཡང་ཡང་ཟ་བ་དེ་དགེ་སློང་མ་དེ་ལ་ཉེས་བྱས་སུ་འགྱུར་རོ། །དགེ་སློང་མ་ཅི་ཡང་རུང་བ་ལེན་པའི་དགེ ་འདུན་ལྷག་མ་འབྱིན་བཞིན་དུ་དེ་མཚན་གྱུར་ཅིང་དགེ་སློང་དུ་གྱུར་ན་ཅི་ཡང་རུང་བ་ལེན་པ་དེ་དགེ་སློང་དེ་ལ་ཉེས་བྱས་སུ་འགྱུར་བ་ལ་སོགས་པ་ལྟ་བུའོ། །རྣམ་པ་དེའི་དམིགས་ཀྱིས་བསལ་བ་བསྟན་པའི་ཕྱིར་ན་སྨད་པ་ནི་རང་གི་ཉིད་དོ་ཞེས ་བྱ་བ་སྨྲས་ཏེ། མཚན་གྱུར་ན་ཞེས་བྱ་བར་སྦྱར་རོ། །མཚན་གྱུར་བའི་གནས་སྐབས་སུ་ན་སྨད་བའི་ཁ་ན་མ་ཐོ་བ་གང་བྱེད་དེ་བཞིན་དུ་དེ་མཚན་གྱུར་ན་རང་གི་ཁ་ན་མ་ཐོ་བ་ཉིད་དུ་འགྱུར་གྱི་ལྷག་པར་ནི་མི་འགྱུར་རོ། །འདི་ལྟ་སྟེ་དཔར་ན་དགེ་སློང་མཁུ་བ་འབྱིན་བའི ་ལྟུང་བྱེད་བྱེད་བཞིན་དུ་དེའི་མཚན་གྱུར་ཏེ་དགེ་སློང་དུ་གྱུར་ན་ཁུབ་འབྱིན་པ་དེ་དགེ་སློང་དེ་ལ་ཡང་ལྟུང་བྱེད་ཁོ་ནར་འགྱུར་གྱི་དགེ་འདུན་ལྷག་མ་ཉིད་དུ་མི་འགྱུར་བ་ལྟ་བུའོ། །འདི་སྐད་བསྟན་ཏེ་མཚན་གྱུར་བའི་དབང་གིས་ནི་ལྟུང་བྱེད་ལྷག་མ་ནི་ན་སྨད་པ་ཉིད། ་དུ་འགྱུར་གྱི་ན་སྨད་པ་ནི་ལྷག་པ་ཉིད་དུ་མི་འགྱུར་རོ། །ཁ་ཅིག་ནི་མཉན་པ་ཁོ་ན་ཡང་ཡོད་དེ་དཔེར་ན་སྲོག་བཅོད་པ་ལ་སོགས་པ་ལྟ་བུའོ། །དེ་ཡང་ལུས་ཀྱིས་བྱེ་བྲག་ལས་བསམ་བའི་བྱེ་བྲག་ཏུ་གྱུར་ལ། བསམ་བའི་བྱེ་བྲག་ལས་ལྟུང་བའི་བྱེ ་བྲག་ཏུ་འགྱུར་བའི་ཕྱིར་རོ། །དེས་ན་ལུས་དང་བསམ་པ་དག་ནི་ལྟུང་བ་ན་སྨད་བའི་རྒྱུའི་དངོས་པོར་བསྒྲུབ་པར་འགྱུར་གྱིས་ལྷག་བའི་རྒྱུའི་དངོས་པོར་སྒྲུབ་བར་ནི་མི་འགྱུར་རོ། །ལན་འགའ་ནི་ལྟུང་བ་ལྷག་པར་སྦྱོད་བའི་གནས་སྐབས་སུ་མཚན ་གྱུར་ན་ལྟུང་བ་ན་སྨད་པར་འགྱུར་རོ། །ལན་འགའ་ནི་དངོས་གཞིའི་ལྟུང་བ་བྱུང་ཞིང་ལྷག་བར་སྤྱོད་པ་ལས་འདས་པ་ན་རང་གི་ལྟུང་བ་ཉིད་དུ་འགྱུར་གྱིན་སྨད་པ་ཉིད་དུ་ནི་མི་འགྱུར་རོ། །ཞག་བཅུར་མ་ལོན་པ་ནི་ཆ་ཉིད་དོ་ཞེས་བྱ་བ་ནི། དགེ་སློང་གིས་ལྷུང ་བཟེད་ལྷག་པ་ཞག་བཅུ་ལས་འདས་པར་བཅངས་ན་སྤང་བར་འགྱུར་ལ་དགེ་སློང་མས་ནི་ཞག་གཅིག་ལས་འདས་བར་བཅངས་ན་སྤང་བར་འགྱུར་བ་དེ་ལ་གལ་ཏེ། དགེ་སློང་གིས་ལྷུང་བཟེད་ལྷག་པ་ཞག་བཅུ་མ་ལོན་ཞག་དགུ་ཚུན་ཆད་དུ་བཅངས་པ ་ལས་གནས་སྐབས་དེར་མཚན་གྱུར་ཏེ། དགེ་སློང་མར་གྱུར་ན་ཞག་དགུ་པོ་དེ་དག་ནི་དགེ་སློང་མའི་ལྷུང་བཟེད་ཐོག་མ་རྙེད་པའི་ཉི་མ་དང་པོ་དེ་ཉིད་གྱི་ཆ་ཡིན་ཞིང་དེའི་ཁོངས་སུ་གཏོགས་པ་ཉིད་ཡིན་པས་ཞག་དགུ་ཐལ་བ་དེ་དག་གིས་སྤངས་པར་མི ་འགྱུར་རོ། །ཞག་བཅུ་ལོན་ན་ནི་འཆང་པའི་དུས་རྫོགས་པ་ཡིན་ནོ། །ལྷུང་བཟེད་འཆང་བའི་ཡུལ་ལ་དགེ་སློང་དང་དགེ་སློང་མའི་ཆོ་ག་ཐ་དད་པས་མདོ་འདི་བརྗོད་ཀྱིས་གོས་ལ་སོགས་པ་འཆང་བའི་ཕྱིར་ནི་མ་ཡིན་ཏེ་ཆོ་ག་འདྲ་བའི་ཕྱིར་རོ། །འདི ་སྐད་བསྟན་ཏེ། དགེ་སློང་གི་འཆང་བའི་དུས་ཞག་གཅིག་ནས་དགུའི་བར་དག་འདས་པ་ན་དེ་དགེ་སློང་མ་ཉིད་དུ་གྱུར་ན་ཞག་དགུ་པོ་དེ་དག་ཞག་གཅིག་པོའི་ཁོངས་སུ་གཏོགས་བས་དེ་ལ་ཉེས་པ་མེད་དོ། །འདིར་གཞུང་ནི་བཙུན་པར་ཞིག་དགེ་སློང ་གིས་ལྷུང་བཟེད་རྙེད་པ་ན་མཚན་གྱུར་ཏེ་དགེ་སློང་མར་གྱུར་ནས། དགུང་གཅིག་ལས་ལྷག་བར་འཆང་ན་ལྟུང་བཅིར་འགྱུར་སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །བཙུན་པ་དགེ་སློང་གིས་ལྷུང་བཟེད་ལྷག་པ་དེ་གུང་གཅིག་ལས་ལྷག་པར་འཆད་པ་ལ་སྤང ་བའི་ལྟུང་བྱེད་དུ་འགྱུར་བ་མཆིས་སམ། ཡོད་དེ་དགེ་སློང་གིས་ལྷུང་བཟེད་རྙེད་བ་ན་མཚན་གྱུར་ཏེ། དགེ་སློང་མར་གྱུར་ནའོ་ཞེས་གསུངས་པ་ཡིན་ནོ། །ཞིང་མ་ཡིན་པ་ཉིད་ལ་ནི་ཉམས་སོ་ཞེས་བྱ་བ་ནི་མཚན་གྱུར་བ་ཞེས་བྱ་བ་དང། བྱས་ཞེས་བྱ་བར་སྦྱར ་རོ། །མཚན་གྱུར་ན་མཚན་མ་གྱུར་བའི་གནས་སྐབས་སུ་ཁ་ན་མ་ཐོ་བ་ཐུན་མོང་མ་ཡིན་པ་གང་བྱས་པ་དེའི་ཞིང་མ་ཡིན་པས་ཕྱིས་མཚན་གྱུར་པའི་ལུས་ཁ་ན་མ་ཐོ་བ་ཐུན་མོངས་མ་ཡིན་བའི་ཞིང་མ་ཡིན་པ་ཉིད་ལ་ནི་སྔར་མཚན་མ་གྱུར་པའི་གནས ་སྐབས་སུ་ལྟུང་བ་ཐུན་མོང་མ་ཡིན་པ་བྱས་བ་དེ་ཉམས་ཤིང་ཞིག་པ་དང་མེད་པར་རིག་པར་བྱ་སྟེ། ལྟུང་བ་དེ་བཤགས་པར་བྱ་མི་དགོས་སོ་ཞེས་བྱ་བའི་ཐ་ཚིག་གོ། འདི་ལྟ་སྟེ་དཔེར་ན། ལྟུང་བ་ཐུན་མོང་མ་ཡིན་པ་སྔར་མ་གནད་བ་མཐོབ་པར་འཁོར ་ཉེ་བར་འཇོག་བའི་ལྟུང་བྱེད་དང་ཤམ་ཐབས་རྙེད་པ་སྣང་བར་བགོ་བར་མི་བྱའོ་ཞེས་བྱ་བའི་བསླབ་པ་ལ་སོགས་པ་ལས་འདས་བའི་དགེ་སློང་མ་མཚན་གྱུར་ཏེ། དགེ་སློང་དུ་གྱུར་བའི་ལྟུང་བ་ཐུན་མོང་མ་ཡིན་པ་དེ་དག་གི་ཞིང་མ་ཡིན ་པ་ཉིད་ལ་ལྟུང་བ་དེ་དག་མེད་བ་ལྟ་བུའོ། །འདིར་གཞུང་ནི་གཏམ་གྱི་གཞི་ལས་དགེ་སློང་ལྟུང་བ་ཐུན་མོང་མ་ཡིན་པ་སྔ?་གཞི་པོ་དག་བྱུང་བ་མཚན་གྱུར་ཏེ། དགེ་སློང་མར་གྱུར་ན་དེ་ལྟུང་བ་དེ་དག་ལས་བྱུང་བརQ་བརྗོད་པར་བྱའོ། །དགེ་སློང་མ་ལྟུང་བ ་སྠུན་མོང་མ་ཡིན་བ་སྟེ་ལྔ་པོ་དག་བྱུང་བ་དེ་མཚན་གྱུར་ཏེ་དགེ་སློང་དུ་གྱུར་ན་དེ་ལྟུང་བ་དེ་དག་ལས་བྱུང་བར་བརྗོད་པར་བྱའོ་ཞེས་གསུངས་པ་ཡིན་ནོ། །དེ་ལ་ཉེས་པ་བཅབས་པ་མ་ཡིན་པ་མ་ཡིན་ནོ་ཞེས་བྱ་བ་ནི་མཚན་གྱུར་ན་བྱས་པ་ནི་དེ་ཉིད་དོ་ཞེས ་བྱ་བ་དང་ཞིང་མ་ཡིན་པ་ཉིད་ལ་ནི་ཉམས་སོ་ཞེས་བྱ་བ་དེ་ལ་ཉེས་པ་བཅབས་པ་བྱས་པ་ཡང་ཉམས་པ་མ་ཡིན་པ་མ་ཡིན་ཏེ་ཉམས་པ་ཁོ་ན་ཡིན་ནོ། །དེས་ན་དགེ་སློང་གིས་དགེ་འདུན་ལྷག་མ་བཅབས་ནས་མཚན་གྱུར་ཏེ། དགེ་སློང་མ་ཉིད་དུ་གྱུར་ན་དེས ་སྤོ་བའི་ལས་ཉིད་སྤྱད་པར་བྱ་མི་དགོས་ཏེ། མཚན་མ་གྱུར་པ་ཉིད་ལ་འཆབ་བའི་ཉེས་བ་སྲིད་པའི་ཕྱིར་རོ། །མགུ་བ་སྤྱད་པ་ནི་དོན་མེད་པ་ཉིད་ཡིན་ནོ་ཞེས་བྱ་བ་ནི་མཚན་གྱུར་ན་སྔར་མཚན་གྱུར་བའི་གནས་སྐབས་སུ་ཉེས་པ་ལས་དབྱུང་བའི་ཕྱིར་མགུ་བ ་སྤྱད་བཞག་དྲུག་གམ་ཟླ་བ་ཕྱེད་རིལ་གྱིས་སྤྱད་ཀྱང་རུང་དེ་ལས་ཤས་ཀྱིས་སྤྱད་ཀྱང་རུང་སྡེ་སྔར་མགུ་བ་སྤྱད་བ་དེ་ཕྱིས་མཚན་གྱུར་པའི་གནས་སྐབས་ན་དོན་མེད་པ་ཉིད་ཡིན་ནོ། །འདིར་གཞུང་ནི་སྤོ་བའི་གཞིའི་ཞུ་བ་ལས་བཙུན་པ་རེ་ཞིག་དགེ་སློང་སྤོ ་བ་ལ་ཐུག་བ་མཚན་གྱུར་ཏེ་དགེ་སློང་མར་གྱུར་ན། ཅི་དེས་གཉི་གའི་དགེ་འདུན་ལ་ཟླ་བ་ཕྱེད་མགུ་བ་སྤྱད་པ་སྤྱད་པར་བགྱི་འཚལ་ལམ་སྤྱད་པར་བྱ་དགོས་སོ། །བཙུན་པ་རེ་ཞིག་དགེ་སློང་མ་གཉི་གའི་དགེ་འདུན་ལ་མགུ་བ་སྤྱད་བ་མཚན་གྱུར་ཏེ་དགེ ་སློང་དུ་གྱུར། ན་ཅི་དེས་དགེ་འདུན་ལ་ཞག་དྲུག་མགུ་བ་སྤྱད་པ་སྤྱད་པར་བགྱི་འཚལ་ལམ། སྤྱད་པར་བྱ་དགོས་སོ་ཞེས་གསུངས་པ་ཡིན་ནོ། །དེ་ལ་དགེ་སློང་སྤོ་བ་ལ་ཐུག་པ་མཚན་གྱུར་ཏེ། དགེ་སློང་མར་གྱུར་ན་ཅི་དེས་གཉི་གའི་དགེ་འདུན་ལ་? ་ཕྱེད་མགུ་པ་སྤྱད་པ་སྤྱད་པར་བགྱི་འཚོལ?་ལམ། ཞེས་བྱ་བའི་མདོ་སྔ་མ་ཤོས་ཀྱིས་ནི་ཉེས་པ་བཅབས་པ་ཉམས་པར་བསྟན་ཏེ་འདི་ལྟར་མགུ་བ་སྤྱད་པར་འབའ་ཞིག་བསྟན་གྱི་སྤྱོད་པ་མ་བསྟན་པའི་ཕྱིར་རོ། །དགེ་སློང་མ་གཉི་གའི་དགེ་འདུན་ལ ་མགུ་བ་སྤྱད་པ་མཚན་གྱུར་ཏེ། དགེ་སློང་དུ་གྱུར་ན་ཅི་དེས་དགེ་འདུན་ལ་ཞག་དྲུག་མགུ་བ་སྤྱད་པ་སྤྱད་པར་བགྱི་འཚལ་ལམ་ཞེས་བྱ་བའི་མདོ་ཕྱི་མའི་ཤེས་ཀྱིས་ནི་མགུ་བ་སྤྱད་པ་དོན་མེད་པར་བསྟན་ཏེ། འདི་ལྟར་སྔར་གཉི་གའི་དགེ་འདུན་ལ་ཟླ་བ་ཕྱེད ་མགུ་བ་སྤྱོད་དུ་ཟིན་ཀྱང་ཡང་དེ་ལ་འདུན་ལ་ཞག་དྲུག་མགུ་བ་སྤྱད་པར་བྱ་དགོས་པར་བསྟན་པའི་ཕྱིར་རོ། །ཅིའི་ཕྱིར་བྱས་པ་དེ་ཉིད་ཡིན་ནོ་ཞིང་མ་ཡིན་བ་ལ་ནི་ཉམས་སོ་མགུ་བ་སྤྱད་པ་ནི་དོན་མེད་པ་ཉིད་ཡིན་ནོ་ཞེ་ན་འདི་ལྟར་འདི་ལ་ཆོག་རྣམས་གྱུར་ཏོ་ཞེས་བྱ་བ ་སྨྲས་ཏེ། མཚན་གྱུར་པ་འདི་ལ་གང་གི་ཕྱིར་ཆོ་ག་སྤྱད་པ་དེའི་ཕྱིར་དེ་དག་རྣམ་པར་བཞག་པ་མཛད་དོ། །དེའི་ཚེ་ལུས་བྱེད་པ་པོ་ཉིད་ཡིན་ནོ་ཞེས་བྱ་བ་ནི། གང་གི་ཚེ་བསད་པར་བྱ་བ་ལ་སོགས་པ་ཡུལ་གང་ལ་ལྟུང་བ་འབྱུང་བར་འགྱུར་བའི་ཡུལ་གྱི ་ལུས་གང་ཡིན་པ་དེ་དང་ལྟུང་བ་འབྱིན་པར་བྱེད་པའི་རྒྱུད་ཀྱིས་ལུས་ཀྱི་དངོས་པོ་མཆན་གྱུར་ཏེ་ཕོའམ་མོའི་ལུས་སུ་གནས་བའི་ལུས་དེ་ཉིད་ལྟུང་བ་དེའི་བྱེད་པ་པོ་ཉིད་ཡིན་ཏེ། ཡུལ་གང་ལས་ལྟུང་བ་འབྱུང་བའི་ལུས་དེ་གཉིས་གནས་སྐབས་གྱུར ་པ་ན་གང་གི་གནས་སྐབས་སུ་གནས་པའི་ལུས་དེ་ཉིད་ཡུལ་དང་རྒྱུད་ཀྱི་ལྟུང་བ་གང་ཡིན་པ་དེའི་བྱེད་པ་པོ་ཉིད་ཡིན་པར་རྣམ་པར་བཞག་གོ་།འདི་ལྟར་སྟེ་དཔེར་ན། བསད་པར་བྱ་བ་དགྲ་བཅོམ་པ་ཉིད་དམ་ཡིན་པའི་གནས་སྐབས་ལ་ལྟུང་བ ་འབྱིན་བར་བྱེད་པའི་གསད་བའི་སྤོང?་བ་བརྩམས་ནས་གསད་བར་བྱ་བ་དེས་དགྲ་བཅོམ་པ་ཉིད་འཐོབ་བའི་གནས་སྐབས་སུ་ལྟུང་བ་འབྱིན་པར་བྱེད་པ་དེས་དགྲ་བཅོམ་པ་ནི་དེས་གསོང་པར་བྱེད་ན་དེའི་ཚེ་དགྲ་བཅོམ་པ་དེའི་ལུས ་དེ་ལྟར་བ་འབྱིན་པར་བྱེད་པའི་རྒྱུད་ལ་སྲོག་གཅོད་པའི་ལྟུང་བ་དང་མཚམས་མེད་བའི་ལས་གཉི་ག་འབྱུང་བའི་བྱེད་པ་པོ་ཉིད་ཡིན་པ་ལྟ་བུ་དང། གསང་བར་བྱ་བ་དགྲ་བཅོམ་པ་ཉིད་མ་ཡིན་པའི་གནས་སྐབས་ལ་ལྟུང་བ་འབྱིན་པར་བྱེད་བས ་གསོད་པའི་སྦྱོར་བ་བརྩམས་ནས་འགྱོད་པ་དྲག་པོ་བསྐྱེད་པ་ལ་སོགས་པ་སྦྱོར་བ་དེ་ལས་ཕྱིར་ལོག་ནས་དེའི་འོག་ཏུ་བསད་པར་བྱ་བ་དེས་དགྲ་བཅོམ་པ་ཉིད་ཐོབ་ནས་བསང་པའི་སྦྱོར་བ་སྔ་མ་དེ་ཉིད་ཀྱིས་དེའི་ཚེ་དགྲ་བཅོམ་པ་དེ་ཤི་བར་གྱུར་ན་དེའི ་ཚེ་དགྲ་བཅོམ་པའི་ལུས་དེ་ལྟུང་བ་འབྱིན་པར་བྱེད་པའི་རྒྱུལ་སྲོག་གཅོད་པ་འབའ་ཞིག་གིས་བྱེད་པ་པོ་ཉིད་ཡིན་གྱི་མཚམས་མེད་བའི་ལས་ཀྱི་བྱེད་བ་པོ་ཉིད་ཡིན་པ་ལྟ་བུ་དང། དེ་བཞིན་དུ་དགེ་སློང་གིས་སྐྱེས་པའི་ལུས་ལ་རེག་པའི་སྦྱོར་བ ་བརྩམས་པ་ན་སྐྱེས་པ་དེ་མཚན་གྱུར་ཏེ་བུད་མེད་དུ་གྱུར་ན་བུད་མེད་ཀྱི་ལུས་ལ་རེག་པ་དེ་ནི་ལྟུང་བ་འབྱིན་པར་བྱེད་པ་དེའི་རྒྱུད་ལ་བུད་མེད་ཀྱི་ལུས་ལ་རེག་པ་ལས་དགེ་འདུན་ལྷག་མའི་ལྟུང་བ་གང་འབྱུང་བ་དེའི་བྱེད་པ་པོ་ཉིད་ཡིན་གྲི་སྦོམ་པོའི ་བྱེད་པ་པོ་ཉིད་མ་ཡིན་པ་ལྟ་བུ་དང། དེ་བཞིན་དུ་དགེ་སློང་གིས་བུད་མེད་ཀྱི་ལུས་ལ་རེག་པའི་སྦྱོར་བ་བརྩམས་བ་ན་བུད་མེད་དེ་མཚན་གྱུར་ཏེ་སྐྱེས་པར་གྱུར་ན་སྐྱེས་བའི་ལུས་ལ་རེག་བ་དེ་ནི་ལྟུང་བ་འབྱིན་པར་བྱེད་པ་དེའི་རྒྱུད་ལ་སྐྱེས་པའི་ལུས་ལ ་རེག་པ་ལས་སྦོམ་པོའི་ལྟུང་བ་གང་བྱུང་བ་དེའི་བྱེད་པ་པོ་ཉིད་ཡིན་པ་དགེ་འདུན་ལྷག་མའི་བྱེད་པ་པོ་ཉིད་མ་ཡིན་པ་ལྟ་བུ་དང། དེ་བཞིན་དུ་དགེ་སློང་དུ་གྱུར་བས་བུད་མེད་ཀྱི་ལུས་ལ་རེག་བའི་ཕྱིར་སྦྱོར་བ་བརྩམས་ནས་དགེ་སློང་དེ་མཚན་གྱུར་ཏེ་དགེ ་སློང་མར་གྱུར་ན་བུད་མེད་ཀྱི་ལུས་ལ་རེག་པ་དེ་དགེ་སློང་མ་དེའི་རྒྱུད་ལ་བུད་མེད་ཀྱི་ལུས་ལ་རེག་པ་ལས་གྱུར་བའི་ཕམ་བའི་སྦོམ་པོ་ཞེས་བྱ་བ་གང་བྱུང་བ་དེའི་བྱེད་བ་པོ་ཉིད་ཡིན་གྱི་རེག་པའི་དགེ་འདུན་ལྷག་མའི་བྱེད་པ་པོ་ཉིད་མ་ཡིན་པ་ལྟ་བུ་དང། དེ ་བཞིན་དུ་དགེ་སློང་མར་གྱུར་བས་སྐྱེས་བའི་ལུས་ལ་རེག་བའི་ཕྱིར། སྦྱོར་བ་བརྩམས་ནས་དགེ་སློང་མ་དེ་མཚན་གྱུར་ཏེ། དགེ་སློང་དུ་གྱུར་ན་སྐྱེས་བའི་ལུས་ལ་རེག་པ་དེ་དགེ་སློང་དེའི་རྒྱུད་ལ་སྐྱེས་བའི་ལུས་ལ་རེག་པ་ལས་གྱུར་བའི་ལྷག་མའི? ་སྦོམ་བོ་ཞེས་བྱ་བ་གང་འབྱུང་བ་དེའི་བྱེད་པ་པོ་ཉིད་ཡིན་གྱི་རེག་བའི་ཕམ་བར་འགྱུར་བའི་བྱེད་པ་པོ་ཉིད་མ་ཡིན་པ་ལྟ་བུ་དང། དེ་བཞིན་དུ་དགེ་སློང་ལ་བརྡེག་བའི་ཕྱིར་སྦྱོར་བ་བརྩམས་ནས། དགེ་སློང་དེ་མཚན་གྱུར་ཏེ་དགེ་སློང་མར་གྱུར་བ་ལ ་བརྡག་བར་བྱེད་ན་དགེ་སློང་མའི་ལུས་དེ་ལྟུང་བ་འབྱིན་པར་བྱེད་བ་དེའི་རྒྱུ་ལ་ཉེས་བྱས་ཀྱི་བྱེད་བ་པོ་ཉིད་ཡིན་བ་ལ་སོགས་པ་ལྟ་བུའོ། །གཞན་ལས་སྐྱེས་བ་ནི་རང་གི་འགྲོ་བ་ཉིད་མ་ཡིན་པ་མ་ཡིན་ནོ་ཞེས་བྱ་བ་ནི། མི་དུད་འགྲོའི་འགྲོ་པ་འམ ་མི་མ་ཡིན་པའི་འགྲོ་བ་གཞན་ལས་སྐྱེས་པ་འམ། མི་མ་ཡིན་བ་མིའི་འགྲོ་བ་འམ་དུད་འགྲོའི་འགྲོ་བ་གཞན་ལས་སྐྱེས་བ་འམ་དུད་འགྲོའི་མིའི་འགྲོ་བ་འམ་མི་མ་ཡིན་བའི་འགྲོ་བ་གཞན་ལས་སྐྱེས་བ་ནི་རང་ཉིད་འགྲོ་བ་གང་གཏོགས་པའི་རང ་གི་འགྲོ་བ་ཉིད་མ་ཡིན་པ་མ་ཡིན་ཏེ། རང་གི་འགྲོ་བ་ཉིད་ཡིན་ནོ། །དཔེར་ན་མི་མ་ཡིན་པ་མོའི་མངལ་ནས་སྐྱེས་བའི་མིའི་རྒྱུད་དུ་དབང་བའི་རྫས་ལ་དེར་འདུ་ཤེས་བས་བརྐུས་ན་མི་ཉིད་ལས་བརྐུས་བ་ཡིན་བས་ཕམ་པ་ཁོ་ནར་འགྱུར་བ་ལྟ ་བུ་དང། དེ་བཞིན་དུ་མི་མ་ཡིན་པ་མོའི་མདལ་ནས་སྐྱེས་པའི་མངལ་ན་གནས་པ་མིའི་ངོ་བོ་ཉིད་བསད་ནས་མི་ཉིད་བསད་བ་ཡིན་པ་ཕམ་བ་ཁོ་ནར་འགྱུར་བ་ལྟ་བུ་དང། དེ་བཞིན་དུ་མིའི་བུད་མེད་ཀྱི་མངལ་ནས་སྐྱེས་བའི ་མངལ་ན་གནས་པ་མི་མ་ཡིན་པའི་ངོ་བོ་ཉིད་བསད་ན་མི་མ་ཡིན་པ་ཉིད་བསད་པ་ཡིན་པས་སྦོམ་པོར་འགྱུར་བ་ལྟ་བུ་དང། དེ་བཞིན་གང་ཡང་རུང་བའི་སྐྱེ་གནས་ནས་སྐྱེས་པའི་དུད་འགྲོའི་ངོ་བོ་ཉིད་བསད་ན་དུད་འགྲོ་ཉིད་བསད་པ?་ཡིན? ་བས་ལྟུང་བྱེད་དུ་འགྱུར་བ་ལྟ་བུ་སྟེ། འདི་ལྟར་མི་ལ་སོགས་པ་དེ་དུད་འགྲོ་ལ་སོགས་པ་ལས་སྐྱེས་པ་ཡིན་མོད་ཀྱི་འོན་ཀྱང་དེ་བདག་ཉིད་འགྲོ་བར་གར་སྐྱེས་པའི་འགྲོ་བ་དེ་ཉིད་དུ་གཏོགས་པ་ཡིན་པའི་ཕྱིར་རོ། །འགྲོ་བ་གཞན་གྱི་རྣམ ་བརྟེན་པ་ལ་ཡང་ངོ་ཞེས་བྱ་བ་ལ། རང་གི་འགྲོ་བ་ཉིད་མ་ཡིན་པ་མ་ཡིན་ནོ་ཞེས་བྱ་བའི་རྗེས་བསྙག་པའི་ཕྱིར་ཡང་ངོ་ཞེས་བྱ་བའི་སྒྲ་སྨོས་སོ། །དཔེར་ན་མིག་སྨན་དང་སྔགས་ལ་སོགས་པའི་དབང་གིས་མི་མ་ཡིན་པ་དང་དུད་འགྲོའི་འགྲོ་བ་གཞན་གྱི ་ལུས་ཀྱི་རྣམ་པ་བསྟན་པ་བསད་ན་མི་ཉིད་བསད་པ་ཡིན་པས་ཕམ་པ་ཁོ་ནར་འགྱུར་བ་ལྟ་བུ་དང། དེ་བཞིན་དུ་མི་མ་ཡིན་པ་མི་དང་དུད་འགྲོའི་འགྲོ་བ་གཞན་གྱི་ལུས་ཀྱི་རྣམ་པ་བརྟེན་པ་བསད་ན་མི་མ་ཡིན་པ་ཉིད་བསད་པ་ཡིན་པས་སྦོམ་པོར་འགྱུར ་བ་ལྟ་བུ་དང། དེ་བཞིན་དུ་དུད་འགྲོ་མི་དང་མི་མ་ཡིན་པའི་འགྲོ་བ་གཞན་གྱི་ལུས་ཀྱི་རྣམ་པ་བརྟེན་པ་བསད་ན་དུད་འགྲོ་ཉིད་བསད་པ་ཡིན་པས་ལྟུང་བྱེད་དུ་འགྱུར་བ་ལྟ་བུའོ། །མདོ་འདི་ནི་མ་བྱིན་པར་ལེན་པ་ལ་སོགས་པ་ལྟུང་བྱེད་ཀྱི་སྡེ་ཐམས་ཅད་ལ་སྦྱར་བ་མ་ཡིན ་གྱི་སྲོག་གཅོད་བའི་སྐབས་འབའ་ཞིག་དང་སྦྱར་རོ། །འདི་ལྟུང་བ་རྣམ་པར་བཞག་པ་ནི་དངོས་པོའི་དབང་གིས་རྣམ་པར་བཞག་པ་ཡིན་གྱི་འདུ་ཤེས་ཀྱི་དབང་ཁོ་ནས་རྣམ་པར་བཞག་པ་ནི་མ་ཡིན་ནོ། །དེ་ལྟ་བས་ན་དགེ་སློང་གིས་མིའི་འགྲོ་བར་གཏོགས་པ་མི ་མ་ཡིན་པ་དང་དུད་འགྲོའི་འགྲོ་བ་གཞན་གྱིས་ལུས་ཀྱི་རྣམ་པར་བསྟེན་པ་ཞིག་གསོད་ན་དེར་འདུ་ཤེས་པས་ཀྱང?་རུང་བཞིན་དུ་འདུ་ཤེས་པས་ཀྱང་རུང་སྟེ་བསད་པའི་དུས་ན་དངོས་གཞིའི་ཕམ་པ་ཁོ་ནར་འགྱུར་རོ། །སྦྱོར་བ་ལ་ནི་མིའི་འགྲོ་བར་གཏོགས་འདག ་འདུ་ཤེས་ན་ནི་སྦོམ་པོའོ། །མི་མ་ཡིན་པ་དང་དུད་འགྲོའི་འགྲོ་བར་གཏོགས་པར་འདུ་ཤེས་ན་ནི་ཉེས་བྱས་སོ། །མི་མ་ཡིན་པའི་འགྲོ་བར་གཏོགས་པ་མི་དང་དུད་འགྲོའི་འགྲོ་བ་གཞན་གྱི་ལུས་ཀྱི་རྣམ་པ་བསྟེན་པ་ཞིག་གསོང་ན་དེར་འདུ་ཤེས་པས་ཀྱང་རུང་གཞན ་དུ་འདུ་ཤེས་བས་ཀྱང་རུང་སྟེ། བསད་པའི་དུས་ན་དངོས་གཞི་ལ་ནི་སྦོམ་པོར་འགྱུར་རོ། །སྦྱོར་བ་ལ་མིའི་འགྲོ་བར་གཏོགས་པར་འདུ་ཤེས་ན་ནི་སྦོམ་པོའོ། །མི་མ་ཡིན་པ་དང་དུད་འགྲོའི་འགྲོ་བ་གཏོགས་པར་འདུ་ཤེས་ན་ནི་ཉེས་བྱས་སོ། །དུད་འགྲོའི ་འགྲོ་བར་གཏོགས་པ་མི་དང་མི་མ་ཡིན་པའི་འགྲོ་བ་གཞན་གྱི་ལུས་ཀྱི་རྣམ་པ་བསྟེན་པ་ཞིག་གསོད་ན་དེར་འདུ་ཤེས་བས་ཀྱང་རུང་གཞན་དུ་འདུ་ཤེས་པས་ཀྱང་རུང་སྟེ། བསད་པའི་དུས་ན་དངོས་གཞི་ལ་ནི་ལྟུང་བྱེད་དུ་འགྱུར་རོ། །སྦྱོར་བ་ལ་ནི་མིའི་འགྲོ་བར ་གཏོགས་པར་འདུ་ཤེས་ན་ནི་སྦོམ་པོའོ། །མི་མ་ཡིན་པ་དང་དུད་འགྲོའི་འགྲོ་བར་གཏོགས་པར་འདུ་ཤེས་ན་ནི་ཉེས་བྱས་སོ། །འདིར་ལྷས་ཕྱིན་དུ་འདུ་ཤེས་པས་མཆོད་སྦྱིན་བསད་པ་ལ་ཕམ་པར་མི་འགྱུར་བ་ལྟ་བུར་ཐལ་བར་ཡང་མི་འགྱུར་ཏེ། ་དེ་གཉིས་ནི་རྒྱུད་ཐ་དད་པ་ཡིན་པའི་ཕྱིར་ལྷས་འབྱིན་དུ་འདུ་ཤེས་པས་མཆོད་སྦྱིན་བསད་པ་ལ་ཕམ་པར་མི་འགྱུར་བར་རིགས་སོ། །འདིར་ནི་རྒྱུད་གཅིག་ཡིན་བའི་ཕྱིར་སྦྱོར་བ་ལ་འདུ་ཤེས་ལོག་པའི་དབང་གིས་ནི་སྦྱོར་བའི་ཁ་ན་མ་ཐོ་བ་ཆེ་ཆུང་དུ ་འགྱུར་བར་ཟད་ཀྱི་དངོས་གཞི་ལ་སྲོག་བཅད་པའི་དབང་གིས་ནི་དངོས་པོ་ཇི་ལྟ་བ་ལས་ཁ་ན་མ་ཐོ་བར་འགྱུར་རོ། །འདིར་ཁུངས་ནི་ཨུད་ཏ་ཡ་ནའི་གཏོགས་པ་བརྗོད་པ་དྲན་པར་བྱ་སྟེ། འདི་ལྟར་གཙུག་ཕུད་ཅན་གྱིས་པས་དགྲ་བཅོམ་པ་ཉིད་ཐོབ་པར་མ་ཤེས ་སུ་ཟིན་ཀྱང་ཕས་བུ་ལ་ཁྱོད་ཀྱིས་མཚམས་མེད་པ་གཉིས་བྱས་ཏེ་པ་བསད་པའི་ཕྱིར་དང་དགྲ་བཅོམ་པ་བསད་བའི་ཕྱིར་རོ་ཞེས་སྤྲིངས?་བ་ལ་སོགས་པ་ལྟ་བུའོ། །མ་བྱིན་བར་ལེན་པ་དང་ལུས་ཀྱིས་རེག་པ་དང་གོས་སློང་བ་དད་གོས་སྦྱིན་པ་དང ་གསོད་བ་སློང་བ་དང་ཉལ་བོ་བྱེད་བ་ཤོམ་པའི་ཁྱིམ་ན་འགྲེང་བ་དང་འདུག་པ་ལ་སོགས་བ་གཞན་ལ་ནི་འདི་གཞན་དུ་རྣམ་པར་གཞག་སྟེ། རེ་ཞིག་མ་བྱིན་པར་ལེན་བ་ནི་རྐུ་བར་བྱས་པའི་རྫས་གང་ཡིན་པ་དེ་མིའི་རྒྱུད་དུ་གཏོགས་བ? ་དབང་བ་ཡིན་ན་མིང་འགྲོ་བ་གཞན་གྱི་རྣམ་པ་བསྟེན་དུ་ཟིན་ཀྱང་ལྟུང་བ་འབྱིན་པར་བྱེད་བས་མིའི་རྒྱུད་དུ་གཏོགས་པས་ཡོངས་སུ་བཟུང་བ་ཡིན་པས་འདུ་ཤེས་ན་ནི་དེ་ལ་དངོས་པོ་?་ལྟ་བ་བཞིན་དུ་ཁ་ན་མ་ཐོ་བར་འགྱུར་རོ། །གལ་ཏེ་དེ་ལྟར་མི་ཤེས་ན་ནི་མཆན ་ཉིད་ཇི་ལྟ་བ་བཞིན་དུའོ། །ལུས་ཀྱི་རེག་བ་ལ་སོགས་བ་དག་ལ་ནི་ཐ་སྙེད་ཀྱི་ཕྱིར་རྣམ་པར་བཞག་གོ། །གནས་སྐབས་གཞན་ཐོབ་བ་ནི་གཞན་ཉིད་ཡིན་ནོ་ཞེས་བྱ་བ་ནི། དགྲ་བཅོམ་པ་ཉིད་མ་ཡིན་པ་ལ་སོགས་པའི་ལུས་གཅིག་གིས་དགྲ་བཅོམ ་པ་ཉིད་ལ་སོགས་པའི་གནས་སྐབས་གཞན་ཐོབ་ན་དེའི་རྒྱུད་ནི་གཞན་ཉིད་མ་ཡིན་ནོ། །དེ་ལྟ་བས་ན་གང་གིས་དགྲ་བཅོམ་པ་མ་ཡིན་པའི་གནས་སྐབས་སུ་བསོད་པའི་ཕྱིར་སྦྱོར་བ་བྱས་ནས་དེས་དགྲ་བཅོམ་པ་ཉིད་ཐོབ་པ་ན་བསོད་པར་བྱེད་ན་དེ་ལ་ཕམ ་པ་དད་མཚམས་མེད་པ་གཉི་ག་འབྱུང་བ་ཁོ་ནར་འགྱུར་ཏེ། དགྲ་བཅོམ་པའི་གནས་སྐབས་གཞན་ཐོབ་དེ་རྒྱུད་གཞན་ཉིད་མ་ཡིན་པའི་ཕྱིར་རོ། །ཉེས་པ་དེ་མེད་པ་ཉིད་ལ་འདི?་བ་ནི་ཐ་དད་རོ་ཞེས་བྱ་བ་ལ་ཉེས་པ་དེ་མེད་པ་ཞེས་བྱ་བ་ནི་གང་ཟག་གང ་ལ་བསྟན་ལ་སོགས་པ་བྱེད་པའི་ཉེས་པ་འབྱུང་བ་དེ་མེད་པའོ། །དེའི་དངོས་པོ་ནི་དེ་ཉིད་དེ་ཉེས་པ་དེ་མེད་པ་ཉིད་ཀྱི་གནས་སྐབས་ཅན་དེ་ལ་གནས་སྐབས་གཞན་དུ་ཉེས་པ་གང་འོད་ཞིང་ཐོབ་པ་དེ་ནི་ཐ་དད་བ་ཉིད་ཡིན་ཏེ་ལས་དེ་ཐ་དད་པའི་ངོ་བོ་ཉིད་ཡིན ་པ་དེ?་རིག་པར་བྱའོ། །དེས་ན་ཉེས་པ་དེ་ཡོད་པ་ཉིད་ཀྱིས་གནས་སྐབས་སུ་ལས་གང་བྱས་པ་དེ་དེའི་འོག་ཏུ་ཉེས་པ་དེ་མེད་བ་ཉིད་ཀྱིས་གནས་སྐབས་སུ་གྱུར་ནས། ཡང་དེའི་འོག་ཏུ་ཉེས་པ་དེ་ཡོད་བའི་གནས་སྐབས་སུ་གྱུར་བ་ཉིད་ལ་ཉེས་པ་འོང་བར ་གྱུར་ན་སྔར་ཉེས་པ་དེ་ཡོད་བ་ཉིད་ཀྱིས་གནས་སྐབས་སུ་ལས་གང་བྱས་པ་དང། ཕྱིས་ཡང་དེའི་འོག་ཏུ་ཉེས་པ་དེ་ཡོད་པའི་གནས་སྐབས་སུ་གྱུར་ན་ལས་གང་བྱེད་པའི་ལས་དེ་དག་ནི་པ་ནི་ཚུན་ཕྲ?་དད་པར་ཤེས་པར་བྱའི་གཅིག་པ་ཉིད་ན་མ་ཡིན་ཏེ། འདི་ལྟར ་བར་དུ་ཉེས་པ་དེ་མེད་པ་ཉིད་ཀྱི་གནས་སྐབས་ལྟུང་བའི་ཞིང་མ་ཡིན་པར་གྱུར་བ་ངེས་ཉེས་པ་ཡོད་བའི་གནས་སྔ་ཕྱི་དེ་གཉིས་ཀྱི་བར་དུ་ཆོད་པའི་ཕྱིར་རོ། །འདི་ལྟ་སྟེ་དཔེར་ན་།དགེ་སློང་གི་སྟན?་ཅིག་ལོ་དྲུག་མ་ལོ་ནི་བར། ལོ་དྲུག་པོ་དེ་ཉིད་ཀྱི་ནང་དུ་སྟན ་གཞན་ཅིག་བརྩམས་ནས་ཁྱིམ་པར་བབས་ཤིང་ཡང་ཕྱིས་བསྟེན་པར་རྫེགས་ནས་ངེས་སྟན་གཞན་ཞིག་བྱེད་ཅིང་དེ་ཟིན་པར་བྱས་ན་དེའི་འོག་ཏུ་དུས་མ་ཡིན་པ་ཁོ་ནར་སྔར་སྟན་བརྩམས་པ་དེ་ཡང་ཟིན་པར་བྱེད་ན་དེའི་ཆེ་བརྩོམ་པ་དང་ཟིན་བར་བྱང་བའི་མཚན ་ཉིད་སྔ་ཕྱིའི་ཆ་དེ་གཉིས་ལྟུད་བ་ཐ་དད་པའི་བྱེད་པ་པོ་ཉིད་ཡིན་ཏེ། དེ་ལ་སྔ་མ་བབས་པའི་མདུན་རོལ་ཏུ་དུས་མ་ཡིན་པར་བསྟན་གཞན་རྩོམ་པའི་ཆོ་སྔ་མ་དེ་ནི་སྦྱོར་བ་ལས་བྱེད་པའི་ཉེས་བྱས་ཀྱི་བྱེད་པ་པོ་ཉིད་ཡིན་ནོ། །ཕྱིས་བསྙེན་བར་རྫོགས་ནས་སྟན ་གཞན་ཞིག་བྱེད་ཅིང་དེ་ཟིན་པར་བྱས་པ་དེ་ལ་ནི་ཉེས་པ་མེད་དོ། །དེའི་འོག་ཏུ་དུས་མ་ཡིན་པ་ཁོ་ནང་སྔར་སྟན་བརྩམས་པ་དེ་ཡང་ཟིན་པར་བྱེད་པའི་ཆ་ཕྱི་མ་དེ་ནི་སྦང་པའི་ལྟུང་བྱེད་ཀྱི་དངོས་གཞིའི་བྱེད་པ་པོ་ཉིད་ཡིན་པ་ལྟ་བུ་དང། དེ་བཞིན་དུ་དགེ་སློང་མ་ཉིད་དུ ་གྱུར་ནས་ཡང་དགེ་སློང་ཉིད་དུ་གྱུར་ན་ཡང་འདི་ལྟར་དེ་བཏང་བའི་བསམ་པ་མ་སྐྱེས་པ་ཉིད་ཡིན་མོད་ཀྱི་འོན་ཀྱང་རིགས་མི་མཐུན་པའི་གནས་སྐབས་གཞན་གྱི་བར་དུ་མཆོད་པའི་ཕྱིར་སྔར་བརྩམས་པ་དང་ཕྱིས་ཟིན་པར་བྱེད་པ་དེ་དག་ཕན་ཚུན་ཐ་དད ་པ་ཉིད་ཡིན་གྱི་གཅིག་པ་ཉིད་ནི་མ་ཡིན་པ་ལྟ་བུའོ། །བཏང་བ་ཡང་ངོ་ཞེས་བྱ་བ་ནི་གང་བརྩམས་པའི་ལས་དེ་བསམ་པ་ཐག་པ་ནས་བཏང་བ་གང་ཡིན་པའི་ལས་དེ་ཡང་ཐ་དད་པ་ཡིན་ཏེ། བྱེད་འདོད་པ་ལོག་པའི་ཕྱིར་རོ། །འདི་ལྟ་སྟེ་དཔེར་ན་ཁང་པ་? ་འམ་སྟན་བརྩམས་ནས་བཏང་སྟེ་ཡང་བྱེད་ན་སྔར་བརྩམས་པ་དང་ཕྱིས་ཟིན་པར་བྱེད་པའི་གནས་སྐབས་དེ་གཉིས་སྦྱོར་བ་དང་དངོས་གཞིའི་ལྟུང་བ་ཐ་དད་པའི་བྱེད་པ་པོ་ཉིད་ཡིན་པ་ལྟ་བུའོ། །གཞི་གཅིག་ལ་དུ་མ་ཉིད་བཅས་པས་ནི ་ཇེ་སྙེད་པ་དེ་སྙེད་ཀྱི་ཉེས་པར་འགྱུར་རོ། ཞེས་བྱ་བ་ནི། གང་དུ་གཞི་གཅིག་ལ་བསླབ་པའི་གཞི་དུ་མ་བཅས་པར་གྱུར་བ་ལ་ནི་ཇི་སྙེད་བཅས་པར་གྱུར་པ་དེ་སྙེད་ཁོ་ནའི་ལྟུང་པ་དག་འབྱུང་བར་གྱུར་བའོ། །འདི་ལྟ་སྟེ་དཔེར་ན། བརྫུན་དུ་སྨྲ་བ་དང། སྐྱོན་ནས ་སྨྲ་བ་བཀག་པ་གཞི་གཅིག་ལ་བརྫུན་གྱིས་སྐྱོན་ནས་སྨྲས་ན་ཤེས་བཞིན་དུ་བརྫུན་སྨྲ་བའི་ལྟུང་བྱེད་དང་སྐྱོན་ནས་སྨྲ་པའི་ལྟུང་བྱེད་གཉིས་འབྱུང་བ་ལྟ་བུ་དང། དགེ་ཚུལ་བསྙིལ་བ་དང་ལྷན་ཅིག་ཞག་གསུམ་ཉལ་བ་ལ་བསྙེན་པར་མ་རྫོགས་པ་དང་ལྷན་ཅིག ་ཉལ་བའི་ལྟུང་བྱེད་དང་བསྙིལ་བ་སྡུད་པའི་ལྟུང་བྱེད་གཉིས་འབྱུང་བ་ལྟ་བུ་དང། དེ་བཞིན་དུ་བུད་མེད་བསྙེན་པར་མ་རྫོགས་པ་དང་ལྷན་ཅིག་ཞག་གསུམ་ཉལ་བ་ལ་བསྙེན་པར་མ་རྫོགས་པ་དང་ལྷན་ཅིག་ཉལ་བའི་ལྟུང་བྱེད་དང་བུད་མེད་དང་ལྷན་ཅིག ་ཉལ་བའི་ལྟུང་བྱེད་གཉིས་འབྱུང་བལྟ་བུའོ། །འདིར་གཞུང་ནི་ཞར་ལ་ལོངས་ཤིག་ཅེས་ཟེར་བ་ལ་དེ་ཞར་བ་མ་ཡིན་ན་ལྟུང་བྱེད་གཉིས་སུ་འགྱུར་ཏེ་ཤེས་བཞིན་དུ་རྫུན་སྨྲ་བ་དང་མིའི་སྐྱོན་ནས་སྨྲ་བ་ལས་སོ། །དགེ་སློང་གིས་དགེ་སློང་མ་བྲམ་ཟེའི ་རིགས་ཅན་མོ་ལ་ཁྱོད་ཀྱིས་འགྲེག་མཁན་གྱི་ལས་བྱས་སོ་ཞེས་སྨྲས་ན་ལྟུང་བྱེད་དད་ཉེས་བྱས་སུ་འགྱུར་ཏེ་ཤེས་བཞིན་དུ་རྫུན་སྨྲ་བ་ལས་ལྟུང་བྱེད་དང་སྐྱོན་ནས་སྨྲ་བ་ལས་ཉེས་བྱས་སོ། །དགེ་སློང་མ་རྒྱལ་རིགས་ཀྱི་རིགས་ཅན་མོ་ལ་ཡང་དེ་བཞིན་ནོ་ཞེས ་གསུངས་པ་དང། དགེ་སློང་བསྙེན་པར་མ་རྫོགས་པའི་གང་ཟག་དང་ལྷན་ཅིག་དགུད་གསུམ་མཆིས་ཉལ་བ་ལ་ལྟུང་བྱེད་གཉིས་འབྱུང་བ་འགའ་མཆིས་སམ། ཡོད་དེ་ཞག་གཉིས་དགེ་ཚུལ་དང་ལྷན་ཅིག་ཉལ་བ་ལ་ཞག་གསུམ་པ་ལ་ཁྱིམ་པ་མ་དང་ལྷན ་ཅིག་ཉལ་བ་ལའོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །དེའི་ཆ་ནི་དོན་གཏོགས་སོ་ཞེས་བྱ་བ་ནི། ཁ་ན་མ་ཐོ་བ་ལྕི་བ་མི་ཚངས་པར་སྤྱོད་པ་ལ་སོགས་པ་དེའི་ཆ་ཞེས་བྱ་བ་ཤན་ནམ་ལྷག་མའི་དེ་དང་རིགས?་མཐུན་པའི་ཁ་ན་མ་ཐོ་བ་ཡང་བ་མིན?་བ་གཏོགས་པ་སྟེ། ་མི་ཚངས་པར་སྤྱོད་པ་ལ་སོགས་པར་གཏོགས་པའི་ཁ་ན་མ་ཐོ་བ་ལྕི་བ་དང་འབྲེལ་བར་རིག་པར་བྱའི་རིགས་མི་མཐུན་པ་དང་འབྲེལ་པ་ནི་མ་ཡིན་ནོ། །དེ་ལ་རེ་ཞིག་མི་ཚངས་པར་སྤྱོད་པའི་ཆ་གང་ཞེ་ན། ཁུ་བ་འབྱིན་པ་དང་ལུས་ཀྱི་རེག་པ་དང་འཁྲིག་པ་དང་ལྡན་བར ་སྨྲ་བ་དང་བསྙེན་བཀུར་བསྔགས་པ་དང། སྨྱན་བྱེད་པ་དང་འཁྲུར་འཇུག་པ་དང། ལེན་པ་དང། ངལ་རྨེལ་དུ་འཇུག་བ་དང། ཚིག་དྲུག་གམ་ལྔ་ལས་ལྷག་པར་ཆོས་སྟོན་པ་དང། མ་བསྐོས་པར་སྟོན་པ་ལ་སོགས་པ་བཅུ་དང། ཉལ་ཕོ་བྱེད་པར་ཤོམ་པའི་ཁྱིམ་ན ་འདུག་པ་དང། ཉལ་པོ་བྱེད་པར་ཤོམ་པའི་ཁྱིམ་ན་འགྲེང་བ་དང་གཅེར་བུ་བ་འམ་གཅེར་བུམ་ལ་སྦྱིན་པ་དང། བུད་མེད་དང་ལྷན་ཅིག་ཉལ་བ་དང་སྐྱེས་པ་མེད་དང་ལྷན་ཅིག་འགྲོ་བ་དང་དུས་མ་ཡིན་པར་གྲོང་དུ་འགྲོ་བ་དང། དགེ་སློང་མ་ལས་ཟས་ལེན་པའི་སོ ་སོར་བཤགས་པར་བྱ་བ་དང། གྲལ་རིམས་སུ་མ་ཕེབས་པར་འགྲིམ་དུ་འཇུག་པ་དང་བཟློག་པར་ཟ་བའི་སོ་སོར་བཤགས་པར་བྱ་བ་དང། ཤིན་ཏུ་བསྡམས་ཤིང་ཁྱིམ་གཞན་དུ་འགྲོ་བ་ཞེས་བྱ་བ་ནས་མ་བསྒོ་བར་ཁྱིམ་པའི་ཁྱིམ་དུ་བསྟན་ལ་མི་འདུག་པར ་བསླབ་པར་བྱའོ། །ཞེས་བྱ་བ་དེ་ཉིད་མ་གཏོགས་པ་དེ་ཡན་ཆད་དག་གོ། མ་བྱིན་པར་ལེན་པའི་ཆ་གང་ཞེ་ན་བྱིན་པ་ཕྲོགས?་ཏེ་སྤྱོད་པ་དང་བསྔོས་པ་ལས་བསྒྱུར་པ་དང་སྒྲོད་པ་དང་སྦེད་པ་དང། ཕྱིར་མ་བླངས་པར་སྤྱོད་པ་དང་རྐུན་མ་དང་ལྷན་ཅིག་ལམ་དུ་འགྲོ ་བ་དང། མ་བསྒོ་བར་ཁྱིམ་པའི་ཁྱིམ་དུ་བསྟན་ལ་འདུག་པའོ། །མི་བསོད་པའི་ཆ་གང་ཞེ་ན། རྩོད་པ་དང་བཅས་པ་དང་བཅས་པའི་གཞི་མི་གཏོང་བ་དག་དང། ས་བོན་གྱི་ཚོགས་དང། སྐྱེ་བའི་ཚོགས་འཇིགས་པ་དང། བསྒོ་བ་བཅག་པ་དང། ཕྱིས?་སུ? ་གནན་བྱེད་པ་དང། རྩ་བ་འབྱུང་བ་ཡང་འདུག་པ་དང། སྲོག་ཆགས་དང་བཅས་པ་ལ་སྤྱོད་པ་དང། དམག་ལ་ལྟ་བ་དང། དམག་གི་ནང་ན་གནས་པ་དང། བཤམ་པ་བཀྲུགས་པ་དང། རྡེག་པ་དང་གཟས་པ་དང་ཟས་གཅོད་དུ་འཇུག་པ ་དང། དུད་འགྲོ་བ་གསོད་པ་དང་འགྱོད་པ་བསྐྱེད་པ་དང་ག་ག་ཚིལ་བྱེད་པ་དང་སྡངས་པར་བྱེད་པ་དང། ས་བརྐོ་བའོ། །མིའི་ཆོས་བླ་མ་སྨྲ་བའི་ཆ་གང་ཞེ་ན་གཞི་མེད་པ་དང་བག་ཙམ་དང་འདུན་པ་ལ་སོགས་པས་འགྲོའོ་ཞེས་བྱ་བའི་ཚིག་དང་བཤེས་དོར ་བྱེད་པ་དང་འཕྱ་བ་དང་གཞོགས་འཕྱས་བྱེད་པ་དང། དགེ་འདུན་གྱི་དབྱེན་དང་བརྫུན་གྱི་ལྷག་མ་དང་མིའི་ཆོས་བླ་མ་བདེན་པ་སྨྲ་བའོ། །ཕམ་པར་འགྱུར་བས་སྐུར་པ་འདེབས་པའི་ཆ་གང་ཞེ་ན། དགེ་འདུན་ལྷག་མས་སྐུར་པ་འདེབས་པའོ། །དགེ་འདུན ་གྱི་དབྱེན་བྱེད་པའི་ཆ་གང་ཞེ་ན། དགེ་སློང་ལ་ཕྲ་མ་བྱེད་པ་སྐྱོ་སྡོགས་བྱེད་པ་དང་དད་པ་ཕྱིར་བསྒྱུར་བ་དང་ལྟ་བར་གྱུར་པ་མི་གཏོང་བ་དང། སྤངས་པའི་རྗེས་སུ་ཕྱོགས་པ་དང། བསྙིལ་བསྡུད་པ་དང། གནས་ངན་ལེན་བརྗོད་པ་དང། ཁྱད་དུ་གསོད་པ ་པ་དང་འདུས་ཤིང་ཟ་བ་དང་མི་སྨྲ་བར་འགྲོ་བའོ། །བཀའ་བློ་མི་བདེ་བའི་ཆ་གང་ཞེ་ན། བསླབ་པ་ལ་ཉེ་བར་འཇོག་པ་སྤོང་བ་དང་མ་གུས་པའི་ཚུལ་ལོ། །ལྟུང་བྱེད་ཀྱི་ཆ་གང་ཞེ་ན། གསོག་འཇིག་བྱས་པ་ཟ་བའི་ནི་ནང་དུ་བཅོས་པ་དང། ནང་དུ་ཞག་ལོན ་པ་དང། དགེ་སློང་གིས་བཙོས་པ་ཟ་བའོ། །ཆིལ་ངོ་བོ་ཉིད་བརྗོད་དེ་མི་ཚངས་པར་སྤྱོད་པ་སྤྱད་པའི་ཕྱིར་འགྲོ་པ་གང་ཡིན་པ་དེ་ནི་ཉེས་བྱས་སོ། །བདག་ཉིད་ཀྱི་ཀུན་ཏུ་སྤྱོད་པ་སྔགས་པ་གང་ཡིན་པ་དེ་ནི་དགེ་འདུན་ལྷག་མའོ། །གནས་ངན་ལེན་པ་སྨྲ་བ ་གང་ཡིན་པ་དེ་ནི་གཞན་ཡིན་ནོ། །བདག་ཉིད་ཀྱི་དོན་དུ་བུད་མེད་ལ་གཞོལ་བ་གང་ཡིན་པ་དེ་ནི་ཕམ་པར་འགྱུར་བར་གཏོགས་པའི་སྦོམ་པོའོ། །ཁྱུད་པ་དང་འོ་བྱེད་པ་དང་ཉོལ་བ་དང་མཚན་གྱི་ཕྱི་རོལ་ཏུ་སྤྱོད་བ་དག་གང་ཡིན་པ་དེ་ནི་ལུས་ཀྱིས་རེག་པའི་བདག ་ཉིད་གཞན་ཡིན་ནོ། །མཚན་གྱི་ནང་དུ་རེག་ལ་གལ་ཏེ་རྨ་ཉམས་པ་མ་ཡིན་པ་གང་ཡིན་པ་དེ་ནི་ཕམ་པར་འགྱུར་བའོ། །གལ་ཏེ་ཉམས་པ་ཡིན་ན་གཞན་དང་ལྷན་ཅིག་རྩོལ་བས་མ་ཕྱུང་བའི་མདུན་རོལ་ནི་སྦོམ་པོའོ། །ཕྱུང་ན་ནི་དགེ་འདུན་ལྷག ་མའོ་མདོ་འདིས་མ་བརྗོད་པ་ནི་ཅུང་ཟད་ཀྱང་མི་བརྗོད་ཀྱི། ཧ་ཅང་འཐལ་བར་འགྱུར་བ་སེལ་བར་བྱེད་དེ། ཁུ་བ་འབྱིན་པ་ལ་སོགས་པ་མི་ཚངས་པར་སྤྱོད་པར་གཏོགས་པའི་སྦོམ་པོ་ལ་སོགས་པ་ལ་ཁ་ན་མ་ཐོ་བ་གཞིན་དུ་ཐལ་བར ་འགྱུར་བ་དེ་དེའི་ཆ་ནི་དེར་གཏོགས་སོ་ཞེས་བྱ་བའི་མདོ་འདིས་སྦོམ་པོ་ལ་སོགས་པ་ཁ་ན་མ་ཐོ་བ་གཞན་དུ་འགྱུར་བ་དམིགས་ཀྱིས་བསལ་ཏོ། །དེ་བས་ན་ཁུ་བ་འབྱིན་པ་ལ་སོགས་པ་ན་མི་ཚངས་པར་སྤྱོད་པ་ལ་སོགས་པའི་ཆ་དག ་ཡིན་གྱི་ཆ་དེ་དག་གི་ཆ་གཞན་དུ་ནི་མི་རིགས་ཏེ་ཐུག་པ་མེད་པའི་སྐྱོན་དུ་འགྱུར་བའི་ཕྱིར་རོ། །དེས་ན་ཁུ་བ་འབྱིན་པ་ལ་སོགས་པའི་ཆ་གང་ཡིན་པ་དེ་ནི་དེ་དག་ཉིད་ཀྱི་ཡིན་གྱི་མི་ཚངས་པར་སྤྱོད་པའི་ནི་མ་ཡིན་ནོ། །དེའི་ཆ་གང་ཡིན ་པ་ནི་ཁུ་བ་འབྱིན་པ་ལ་སོགས་པ་དེ་དག་ཉིད་ཀྱི་ཡིན་གྱི་ཉེས་པ་སྦོམ་པོ་ཞེས་བྱ་བ་གཞན་ཉིད་ནི་མ་ཡིན་ནོ། །ཕྱུང་བ་ཐམས་ཅད་ལ་མཛའ་ཉིད་མ་གཏོགས་པ་ནི་དགེ་འདུན་ལྷག་མའོ་ཞེས་བྱ་བ་ནི། ཁུ་བ་ཕྱུང་བ་ཐམས་ཅད་ལ་མཛའ་།ཉིད ་ཅེས་བྱ་བ་ཕམ་པར་འགྱུར་བ་ཉིད་མ་གཏོགས་པ་ལ་ནི་དགེ་འདུན་ལྷག་མ་ཁོ་ནར་འགྱུར་བའོ། །ཁུ་བ་ཁ་ཅིག་དང་འདུལ་བྱེད་ལ་སོགས་པ་གཞན་དག་ལས་ཁུ་བ་འབྱིན་པའི་རྣམ་པ་གསུངས་པ་དག་དང་མ་གསུངས་པའི་རྣམ་པ་སྲིད་པར་འགྱུར་བ ་གང་ཡིན་པ་དཔེར་ན་སྤྱད་མི་བཟོད་པའི་བུད་མེད་དང་ལྷན་ཅིག་ཉམས་བར་བྱེད་པ་དང་མགོ་གཅད་བའི་ཁ་ལ་སོགས་པ་དག་ཏུ་ཉམས་པར་བྱེད་པ་ནི་སྦོམ་པོར་འགྱུར་ལ་ཞུ་བ་ཁ་ཅིག་དང་འདུལ་བྱེད་ལ་སོགས་པ་གཞན་དག་ལས་ཁུ་བ་འབྱིན་པའི་རྣམ་པ ་གསུངས་པ་དག་དང། མ་གསུངས་པའི་རྣམ་པ་སྲིད་པར་འགྱུར་བ་གང་ཡིན་པ། དཔེར་ན་སྤྱད་མི་གཟོད་པའི་བུད་མེད་དང་ལྷན་ཅིག་ཉམས་པར་བྱེད་པ་དང། མགོ་བཅད་པའི་ཁ་ལ་སོགས་པ་དག་ཏུ་ཉམས་པར་བྱེད་བ་ནི་སྦོམ་པོར་འགྱུར ་ལ། ཁུ་བ་འབྱིན་པའི་མདུན་པས་ཁུ་བ་ཕྱུང་ལ་ཕམ་པ་ཉིད་མ་ཡིན་པ་ཐམས་ཅད་ནི་ཁུ་བ་འབྱིན་པའི་དགེ་འདུན་ལྷག་མར་ཤེས་པར་བྱའོ། །མདོ་འདི་ནི་སྔར་དེའི་ཆ་ནི་དེར་གཏོགས་སོ་ཞེས་བསྟན་པ་དེའི་སྤྲོས་པ་ཡིན་ནོ། །འདིར་གང་དག་དགེ་འདུན་ལྷག ་མར་མི་འགྱུར་ཏེ། དེ་ནི་བྱ་བ་གཞན་ཡིན་ནོ་སྙམ་དུ་སེམས་པ་དེའི་བསམ་པ་བཟློག་པའི་ཕྱིར་ཏེ། སྦྱོར་བ་གང་ལ་དགེ་འདུན་ལྷག་མ་ལ་སོགས་པ་དངོས་གཞིར་གྱུར་པའི་ལྷུང་བ་གཞན་གང་དུ་ཡང་རྣམ་པར་མ་བཞག་པར་དེ་ལ་ན་སྨད་པའི་ལྟུང་བར ་རྣམ་པར་བཞག་པ་ཡང་ཡོད་དེ་དཔེར་ན་ཁྲི་ལས་ལྡང་པ་དང་ཤ་མ་ཐབས་གྱོན་པ་ལ་སོགས་པ་ལྟ་བུའོ། །སྦྱོར་བ་གང་ལ་དངོས་གཞིར་གྱུར་པའི་ལྟུང་བ་གཞན་དུ་རྣམ་པར་གཞག་པ་དེ་ལ་དེ་ཉིད་དུ་འགྱུར་བ་ཡང་ཡོད་དེ་དཔེར་ན་བསྟེན་བཀུར་བསྔགས་པ་ལ ་སོགས་པ་ལྟ་བུའོ། །དེ་ལྟ་བས་ན་མི་ཚངས་པར་སྤྱོད་པའི་བསམ་པས་བུད་མེད་ལ་རེག་པ་ནི་དག་པའི་དགེ་འདུན་ལྷག་མ་མ་ཡིན་གྱི་ཕམ་པའི་སྦོམ་པ་ཡིན་ནོ། །མི་ཚངས་པར་སྤྱད་པའམ་འཁྱུད་པ་ལ་སོགས་པ་བྱ་བར་བསམས་ཏེ་དབྱེན་པ་སྐྱབས་ཡོད་པ ་ན་དུད་མེད་གཅིག་བུ་དང་ལྷན་ཅིག་འདུག་བའམ་འགྲེང་པ་ཉམས་སུ་མྱོང་བར་ཕྱེད་པ་ནི་ལྟུང་བྱེད་ཁེན་ཡིན་གྱི་མི་ཚངས་པར་སྤྱོད་པ་དང་དགེ་འདུན་ལྷག་མའི་སྦྱོར་བའི་སྦྱོར་བའི་ཉེས་བྱས་ནི་མ་ཡིན་ནོ། །འོ་ན་གང་ལ་མི་ཚངས་པར་སྤྱོད་པའི་རྩོམ་པ་ལ་ཞུགས ་པ་ལ་ཁུ་བ་འབྱིན་པའི་དུས་ན་དགེ་འདུན་ལྷག་མའི་བྱ་བ་ལ་གནས་པའི་སྦྱོར་བ་དེ་ལ་ཁ་ན་མ་ཐོ་བ་གང་གི་སྦྱོར་བ་ཡིན་པར་ཤེས་པར་བྱ་ཞེ་ན། སྦྱོར་བ་སྔ་མ་ནི་ཕམ་པར་འགྱུར་བའི་སྦྱོར་བ་ཉིད་ཡིན་ལ་གང་ཚུན་ཆད་དེ་ལ་ཁུ་བ་དབྱུང་བའི་བསམ་བསྐོས ་པ་དེ་ཚུན་ཆད་ནི་དགེ་འདུན་ལྷག་མའི་སྦྱོར་བ་ཡིན་ནོ། །དེ་ལྟར་ན་དེ་ལ་ཉེས་པ་སྦོམ་པོ་གཉིས་སུ་འགྱུར་ཏེ་ཕམ་པར་འགྱུར་བའི་ཉེས་པ་སྦོམ་པོ་དང་དགེ་འདུན་ལྷག་མར་འགྱུར་བའི་ཉེས་པ་སྦོམ་པོའོ་།འདིར་གཞུང་ནི་བུད་མེད་ཇི་ལྟ་བུ་རང་མི་ཚངས་པར ་སྤྱོད་པར་བགྱིད་ན་མཐར་འགྱུར་ལགས། ཡན་ལག་ཐམས་ཅད་དང་དུ་བླང་དུ་རུང་བ་གང་ཡིན་པ་དང། དུད་འགྲོའི་སྐྱེ་གནས་པ་ལ་ཡང་དེ་བཞིན་དུ་བརྗོད་པར་བྱའོ། །གལ་ཏེ་དང་དུ་བླང་དུ་མི་རུང་ན་དེ་དང་ལྷན་ཅིག་ཉམས་ཐར་བྱེད་པ་དེ་ལ་བུ་བ་བྱུང་ན་ནི་དགེ་འདུན་ལྷག ་མར་འགྱུར་རོ། །གལ་ཏེ་ཁུ་བ་མ་བྱུངན་ནི་ཉེས་པ་སྦོམ་པོར་འགྱུར་རོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །གཞུང་གཞན་ལས་ཀྱང་ཇི་ཙམ་གྱིས་ན་སྦུབས་ཉམས་པར་བརྗོད་པར་བགྱི། གང་གི་ཕྱིར་དེའི་རྨའི་སྒོའི་ཐན་ཀོར་ཉམས་པར་གྱུར་ན་སྟེ ་དེ་ལ་ཉམས་པར་བྱེད་ན་ཉེས་པ་སྦོམ་པོར་འགྱུར་རོ། །ཁུ་བ་འབྱིན་ན་ནི་དགེ་འདུན་ལྷག་མར་འགྱུར་རོ་ཞེས་གསུངས་སོ། །བྱ་བ་དུ་མའི་འབྲས་བུས་ལྟུང་བ་རྣམ་པར་མི་བཞག་གོ། ཞེས་བྱ་བ་ནི། བྱ་བ་འབྲས་བུ་ཐ་དད་བས་བར་དུ་ཆེད་པ་འབྲས་བུ་ཐ་དད་པར ་འབྲུབ་པ་དུ་?་དག་གིས་འབྲུས་བུ་གཅིག་ཏུ་བསྡུས་པས་དངོས་གཞིའི་ལྟུང་བར་རྣམ་པར་མི་བཞག་སྟེ། དེ་དག་གིས་འབྲས་བུ་ནི་ཐ་དད་པ་ཉིད་ཡིན་ནོ། །དཔེར་ན་ཉུང་དུ་ཉུང་དུར་བརྐུས་པ་གཅིག་ཏུ་བསྡོམས་བས་མ་ཤ་ཀ་ལྔ་ལ་སོགས་པའི་ཚད་དུ་ཆོག་པ་གང་ཡིན་པ་དེས་ཕམ་པར་མི་འགྱུར་བ་ལྟ་བུ་དང། ཁང་པ་ཆུང་དུ་དུ་མའི་གཞི་བསྡོམས་པས་ཚད་ལས་ལྷག་པར་གྱུར་པ་གང་ཡིན་པ་དེས་དགེ་འདུན་ལྷག་མར་མི་འགྱུར་བ་ལྟ་བུ་དང། དེ་བཞིན་དུ་གོས་ཀྱི་དུམ་བུ་ཚད་དུ་མི་མཆོག་པ་དུས་མ་ཚང་བར་བཅངS ་ཏེ་གཏོང་བར་བྱེད་ཅིང་ཡང་གོས་ཀྱི་དུམ་བུ་གཞན་དུ་བཅངས་ཏེ་བཏོང་བར་བྱེད་པ་དང། ཡང་དུས་གཞན་བཅངས་ཏེ་གཏོང་བར་བྱེད་པའི་དུས་དེ་དག་གི་སྦྱིར་བསྡོམས་ན་འཆང་བའི་དུས་ལས་ལྷག་ཏུ་ཟིན་ཀྱང་དེ་ལྟ་མོད་ཀྱི་བཅངས་པའི་ཞག་དེ་དག་གིས་འབྲས ་བུ་ཐ་དད་པའི་ཕྱིར་སྤང་བའི་ལྟུང་བྱེད་དུ་མི་འགྱུར་བ་ལྟ་བུ་དང། དེ་བཞིན་དུ་ལམ་ན་བལ་ཐོག་པ་ཡང་ཉིན་རེ་ཞིང་ཆུང་ཟད་དུ་ཁྱེར་བའི་ལམ་སྤྱིར་བསྡོམས་པས་རྒྱད་གྲགས་ཀྱི་མཛའ་ལས་འདས་སུ་ཟིན་ཀྱང་བྱ་བ་ཐ་དད་པ་དེ ་དག་གིས་འབྲས་བུ་གཅིག་ཏུ་བསྡོམས་པས་སྤངས་པའི་ལྟུང་བྱེད་དུ་མ་འགྱུར་བ་ལྟ་བུ་དང། ཞག་བརྒྱུད་མ་ན་ཡིན་པར་སྐབས་སྐབས་སུ་གཞན་དུ་སོང་བའི་ཞག་སྦྱིར་བསྡོམས་པས་ཞག་དྲུག་ལས་ལྷག་ཏུ་ཟིན་ཀྱང་དེས་ཞག་དྲུག་གིས་འབྲལ ་བའི་སྤང་བར་མི་འགྱུར་བ་ལྟ་བུ་དང། དུས་གཞན་དང་གཞན་དུ་ཚིགས་རེ་རེ་སྨྲས་པའི་ཆིག་རྣམས་སྤྱིར་བསྡོམས་པའི་ཚིག་ལྔ་འམ་དྲུག་ལས་ལྷག་ཏུ་ཟིན་ཀྱང་ཚིག་ལྔ་འམ་དྲུག་ལས་ལྷག་པར་ཆོས་སྟོན་པའི་ལྟུང་བྱེད་དུ་མི་འགྱུར་བ་ལ་སོགS ་པ་ལྟ་བུའོ། །འདིར་གཞུང་ནི་མ་བྱིན་པར་ལེན་པ་ལས་བཅོམ་ལྡན་འདས་བྱིས་དགེ་སློང་གིས་མ་ཤ་ཀ་ལྔ་བརྐུས་ན་མཐར་འགྱུར་རོ་ཞེS་གང་གསུངས་པ་དེ་ལ་བཙུན་པ་དགེ་སློང་གིས་རྐུ་སེམས་ཀྱིས་མ་ཤ་ཀ་བརྒྱ་འམ་སྟོང་སྙེད་བསྐུས་ཀྱང་མཐར ་མི་འགྱུར་བ་མཆིས་སམ། ཡོད་དེ་མ་ཤ་ཀ་བཞི་བཞི་བརྐུ་ཞིང་ནམ་ཡང་ལྔ་མ་ཡིན་ན་སྟེ་སྦྱོར་བ་སྦྱོར་བ་ལ་ནི་ཉེས་པ་སྦོམ་པ་རེ་རེར་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །འདི་ལྟར་མ་བྱིན་པར་ལེན་པའི་སྐབས་སུ་དེ་སྐད་གསུངས་མོད་ཀྱི་བྱེ ་བྲག་མེད་པའི་ཕྱིར་ཐམས་ཅད་ཀྱི་དབང་དུ་བྱས་ཏེ་ཉེ་བར་སྦྱར་རོ། །ཕྱེད་བྱས་པ་ལ་བྱེད་པ་ནི་ཕྱེད་ཉིད་དོ་ཞེས་བྱ་བ་ལ་འདིར་བྱེད་བྱས་པ་ལ་ཞེས་བྱ་བའི་ཕྱེད་ཀྱི་སྒྲ་ནི་ཡན་ལག་གིས་ཚིག་སྟེ་ལྟུང་བ་ཀུན་ནས་སློང་བར་བྱེད་པའི་ལས་བརྩམས་པ ་ཕྱེད་བྱས་པ་དེ་ལ་བྱེད་པ་ཞེས་བྱ་བ་ལྷག་མ་སྒྲུབ་པར་བྱེད་པ་གང་ཡིན་པ་སྟེ། ལྷག་མ་སྒྲུབ་པར་བྱེད་པ་དེ་ལ་ནི་ཕྱེད་ཉིད་དེ་ལས་དེའི་སྒྲུབ་པ་ཕྱེད་བྱས་པ་ཉིད་ཡིན་ནོ། །ཞེས་བྱ་བའི་ཐ་ཚིག་གོ། འདི་སྐད་བསྟན་ཏེ་ཕྱེད་བྱས་ཟིན་པའི་ལྷག་པ་བྱེད ་སྒྲུབ་པར་བྱེད་པ་དེ་ལ་ནི་དང་པོ་བརྩམས་ཚུན་ཆད་ནས་མཐར་ཐུག་པའི་བར་ལ་ཉེས་པའི་དངོས་གཞི་ཞེས་བྱ་བ་གང་འབྱུང་བ་དེ་ཚིགས་འོག་མར་ན་སྨད་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། དཔེར་ན་གོས་རྙིང་པ་ཆུང་ཟད་བཀྲུས་པ་དང་བཅོས་པ་དང་བཅགས་པ ་ཞིག་དགེ་སློང་མ་ཉེ་དུ་མ་ཡིན་པ་ལ་འཁྲུར་བཅོལ་ཏམ་འཚེད་དུ་བཅོལ་ཏམ་འཆག་ཏུ་བཅོལ་ན་ཉེས་བྱས་སུ་འགྱུར་དེ་ལྟ་བུ་དང། སྲིན་བལ་རྙིང་པ་དང། ལུག་བལ་ནག་པོ་རྙིང་པ་ལས་བསྟན་བྱས་ན་ཉེས་བྱས་སུ་འགྱུར་བ་ལྟ་བུ་དང། ལུག་གི་བལ ་ཆུང་ཟད་བཀྲུས་པ་དང་བཙོས་པ་དང་རྨེལ་བ་ཞིག་དགེ་སློང་མ་ཉེད་དུ་མ་ཡིན་པ་ལ་འཁྲུར་བཅོལ་ཏམ་འཚེད་དུ་བཅོལ་ཏམ་རྨེལ་དུ་བཅོལ་ན་ཉེས་བྱས་སུ་འགྱུར་བ་ལྟ་བུའོ། །ཁ་ན་མ་ཐོ་བ་ན་སྨད་པ་དག་གི་ཆ་ཉིད་ནི་ན་སྨད་པ་ཉིད་ཡིན་ནོ་ཞེས་བྱ་བ ་ནི་ཕམ་པར་འགྱུར་བ་ལ་སོགས་པ་དངོས་གཞེའི་ཁ་ན་མ་ཐོ་བ་དག་ལས་ན་སྨད་མ་སྦོམ་པོའི་ཁ་ན་མ་ཐོ་བ་ལ་སོགས་པ་དག་གི་ཆ་ཉིད་ནི་ན་སྨད་པ་ཉིད་ཡིན་ཏེ། ན་སྨད་པའི་ལྟུང་བྱེད་བྱེད་པ་པོ་ཉིད་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། དཔེར་ན་ཉེས་པ ་སྦོམ་པོ་དང། ལྟུང་བྱེད་དང། སོ་སོར་གཤགས་པར་བྱ་བ་དང། ཉེས་བྱས་དག་གི་སྐུར་བ་བཏབ་པ་ལ་ཉེས་བྱས་སུ་འགྱུར་བ་ལྟ་བུའོ། །མཚམས་མེད་པ་གསུམ་པོ་པ་བསད་པ་དང་མ་བསད་པ་དང་དགྲ་བཅོམ་པ་བསད་པ་དག་གིས་སྐུར་པ་འདེབས ་བ་དེ་ལ་ནི་དགེ་འདུན་ལྷག་མར་གྱུར་ཏེ། དེ་གསུམ་ཕམ་པར་འགྱུར་བ་ཡིན་པའི་ཕྱིར་རོ། །མཚམས་མེད་པ་གཉིས་པོ་དགེ་འདུན་གྱི་དབྱེན་བྱེད་པ་དང། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བ་དག་གིས་སྐུར་པ་འདེབས་པ་དེ་ལ་ནི་ཉེས་བྱས ་སུ་འགྱུར་ཏེ་དེ་གཉིས་སྦོམ་པོ་ཡིན་པའི་ཕྱིར་རོ། །འདི་སྐད་བསྟན་ཏེ། ཕམ་པར་འགྱུར་བ་དང། དགེ་འདུན་ལྷག་མ་དག་གིས་སྐུར་པ་འདེབས་པ་ལ་ནི་གོ་རིམས་བཞིན་དུ་དགེ་འདུན་ལྷག་མ་དང་ལྟུང་བྱེད་དག་ཏུ་འགྱུར་ལ། དེ་དག་པས་ན་སྨད་པ་ཉེས་པ་སྦོམ་པོ ་དང་ལྟུང་བྱེད་དང་སོ་སོར་བཤགས་བར་བྱ་བ་དང། ཉེས་བྱས་དག་གིས་སྐུར་བ་འདེབས་པ་ལ་ནི་ཆང་ཉིད་ན་སྨད་བ་ཡིན་པའི་ཕྱིར་ཉེས་བྱས་སུ་འགྱུར་རོ། །ཐམས་ཅད་ལ་ཐེ་ཙོམ་ཟ་བས་ཞུགས་པ་ནི་བསམ་པ་དང་བཅས་པ ་ཡིན་ནོ་ཞེས་བྱ་བ་ནི། །གཞི་ཐམས་ཅད་ལ་ཐེ་ཙོམ་ཟ་བ་བཞིན་དུ་འཇུག་བའི་གང་ཟག་གི་འདི་མ་ཡིན་ནམ་འོན་ཏེ་མི་མ་ཡིན་འདི་བདས་གི་མ་ཡིན་ནམ་འོན་ཏེ་བདག་གིས་མ་མ་ཡིན། འདི་བདག་གི་ཕ་མ་ཡིན་ནམ་འོན་ཏེ་བདག་གི་ཕ་མ་ཡིན། ་འདི་དགྲ་བཅོམ་པ་ཡིན་ནམ། འོན་ཏེ་དགྲ་བཅོམ་བ་མ་ཡིན། འདིར་ཡིན་ནམ་འོན་ཏེ་དེ་མ་ཡིན་ཞེས་བྱ་བ་ལ་སོགས་བར་གཞི་ཐམས་ཅད་ལ་ཐེ་ཚོམ་ཟ་བས་ཞུགས་པའི་གང་ཟག་དེ་ནི། བསམ་པ་དང་བཅས་པ་ཡིན་ཏེ། དེ་ལྟར་ཐེ་ཚོམ་ཟ་བས་ཞུགS ་པའི་གང་ཟག་དེས་གཞི་དེ་གང་ཡིན་བྱེ་བྲག་མ་བྱེད་དུ་ཟིན་ཀྱང་སྲོག་གཅོད་པ་ལ་ཞུགས་པའི་དུས་ན་གང་ཡིན་ཡང་བླས་བསང་པར་བྱའོ་སྙམ་པའི་གསོང་སེམས་ཀྱིས་བསམ་བ་ཡོད་པས་དེའི་ཕྱིར་ཐེ་ཚོམ་ཟ་བས་ཞུགས་པ་ནི་བསམ་པ་དང་བཅས ་བ་ཡིན་ནོ། །དེ་ལྟ་མ་ཡིན་དུ་ཟིན་ན་གསོད་པ་ལ་འཇུག་པར་ཡང་མི་འགྱུར་རོ། །འདི་མི་ཡིན་ནམ་འོན་ཏེ་མ་ཡིན་སྙམ་དུ་ཐེ་ཚོམ་ཟ་བཞིན་དུ་བས་དེ་པ་ལ་ནི་བསད་པར་བྱ་བའི་གཞི་ཅི་ལྟ་པ་ལས་ལྟུང་བར་འགྱུར་ཏེ། མི་ཡིན་ན་ནི་ཕམ་པར་འགྱུར་ལ ་མ་ཡིན་བ་ཞིག་ན་ནི་ན་སྨད་པར་འགྱུར་རོ། །འདི་བདག་གིས་མ་ཡིན་ནམ་འོན་ཏ་བདག་གི་མ་མ་ཡིན་ཞེས་བྱ་བ་ལ་སོགས་པར་ཐེ་ཙོམ་ཟ་བཞིན་དུ་བསང་པ་ལ་ནི་བསད་བར་བྱ་བའི་གཞི་དེ་བདག་གིས་མ་འམ་པ་འམ་དགྲ་བཅོམ་པ་ཡིན་ན་ནི་ཕམ་པ ་དང་མཚམས་མེད་པར་ཡང་འགྱུར་རོ། །དད་ལ་བདག་ཆགས་པ་དེ་འདི་ཡིན་ན་མ་འོན་ཏེ་མ་ཡིན་ན་འདི་བུད་མེད་ཡིན་ནམ་འོན་ཏེ་མ་ཡིན་སྙམ་དུ་ཐེ་ཚོམ་ཟ་བཞིན་དུ་ལུས་ཀྱིས་རེག་པ་འམ་མི་ཚངས་པར་སྤྱད་ན་གཞི་ཇི་ལྟ་བས་ཁ་ན་མ་ཐོ་བར་འགྱུར་རོ ་ལྷག་མ་རྣམས་ལ་ཡང་དེ་བཞིན་ཅི་རིགས་པར་སྦྱར་རོ། །སྦྱོར་བ་ལ་ནི་འདུ་ཤེས་ཡན་ལག་ཡིན་ནོ་ཞེས་བྱ་བ་ནི། སྦྱོར་བ་ལ་ནི་འདུ་ཤེས་ཡན་ལག་ཡིན་གྱི་དོན་ཉིད་ནི་མ་ཡིན་ཏེ། དཔེར་ན་དུད་འགྲོ་ལ་མིང་འདུ་ཤེས་བས་བསད་ན་སྦྱོར་བ་ལ་སྦོམ་པོ་ཉིད ་དུ་འགྱུར་བ་དང་མི་ལ་དུད་འགྲོར་འདུ་ཤེས་པས་གསང་ན་སྦྱོར་བ་ལ་ཉེས་བྱས་སུ་འགྱུར་བ་དང། དེ་བཞིན་དུ་མི་མ་ཡིན་པ་ལ་མིར་འདུ་ཤེས་པས་བསད་ན་སྦྱོར་བ་ལ་སྦོམ་པོར་འགྱུར་བ་དང། མི་ལ་མི་མ་ཡིན་པའི་འདུ་ཤེས་གྱིས་བསད་ན་སྦྱོང་བ་ལ་ཉེས ་བྱས་སུ་འགྱུར་བ་ལྟ་བུའོ། །མ་བྱིན་པར་ལེན་པ་དང་མའི་ཆོས་བླ་མ་སྨྲ་བ་དང། ལུས་ཀྱིས་རེགས་བ་ལ་སོགས་པ་དག་ལ་ཡང་དེ་བཞིན་དུ་ཅི་རིགས་པར་སྦྱར་རོ། །བསམས་པ་ལ་ནི་དེ་ཉིད་དོ་ཞེས་བྱ་བ་ནི། དངོས་གཞི་ལ་དོན་ཉིད་ཡན་ལག་ཡིན ་པར་སྟོན་ཏེ་སེམས་ཅན་ནམ་རྫས་ལ་བསམས་ཏེ་ཞུགས་པ་གང་ཡིན་པ་དེ་ལ་ནི་བསམས་པའི་དོན་གྱི་རང་གི་ངོ་བོ་ཉིད་ཡན་ལག་དེ་ཉིད་ཡིན་ནོ། །འདི་སྐད་བསྟན་ཏེ་ལྟུང་བ་འབྱིན་པར་བྱེད་པས་གང་ལ་བསམས་ཏེ་འཇུག་ཅིང་བསམས་ཏེ་ཞུགས་པའི ་དངོས་པོ་དེ་ཉིད་ཡན་ལག་ཡིན་ཏེ། གལ་ཏེ་དོན་དེ་ཉིད་ཡིན་ན་དེའི་ཚེ་དངོས་གཞིར་འགྱུར་ལ། གལ་ཏེ་མ་ཡིན་ན་ནི་མི་འགྱུར་རོ། །འདི་ལྟ་སྟེ་དཔེར་ན། གཉིས་འཁོད་པ་ལས་གཅིག་བསད་པར་བྱའོ་སྙམ་པ་ལས་ཅིག་ཤོས་བསད་པ་དང་དགྲ་བཅོམ་པ་བསད ་པར་བྱའོ་སྙམ་བ་ལས་དགྲ་བཅོམ་པ་མ་ཡིན་པ་བསད་པ་དང་མ་བསད་བར་བྱའོ་སྙམ་པ་ལས་མ་མ་ཡིན་པ་བསད་བ་དང་པ་བསད་པར་བྱའོ་སྙམ་པ་ལས་ཕ་མ་ཡིན་པ་བསད་པ་དང། མི་བསང་པར་བྱའོ་སྙམ་པ་ལས་མི་མ་ཡིན་པ་བསད་པ་དང། མི་མ ་ཡིན་པ་བསད་པར་བྱའོ་སྙམ་པ་ལས་མི་བསང་པ་ལ་སོགས་པ་ནི་སྦྱོར་བའི་ལྟུང་བ་ཁོ་ན་ཡིན་གྱི་དངོས་གཞིར་ནི་མི་འགྱུར་རོ་།དེ་བཞིན་དུད་འགྲོ་བས་དོ་སྙམ་པ་ལས་མི་བསང་ན་ཡང་ཉེས་བྱས་སོ། །ཤིང་ལྗོན་པ་ལ་སོགས་པ་སེམས་མེད་པ་བཅད ་དོ་སྙམ་པ་ལས་མ་ལ་སོགས་པ་བསད་ན་ཡང་སྦྱོར་བ་ཞེས་བྱ་བའི་ཉེས་བྱས་སོ། །ཤིང་སྐམ་ལ་སོགས་པ་བཅད་པ་ན་ཉེས་པ་ཅིར་ཡང་མི་འགྱུར་བ་གཅད་དོ་སྙམ་པ་ལས་མ་ལ་སོགས་པ་བསད་པ་ལ་ནི་སྦྱོར་བར་ཡང་མི་འགྱུར་ལ ་དངོས་གཞིར་ཡང་མི་འགྱུར་རོ། །དེ་བས་ན་དངོས་གཞིའི་སྐབས་སུ་ནི་གཞི་གང་ལ་བསམས་ཏེ་ཞུགས་པའི་གཞི་དེ་ཉིད་ཡན་ལག་ཡིན་ནོ། །དེའི་བྱེ་བྲག་གཞན་སྟོན་པའི་ཕྱིར་རོ། །མི་ཚངས་པར་སྤྱོད་པ་དང་ཁུ་བའི་བྱིན་པ་གཉིས་ལ་ནི་མ་ཟད་དོ་ཞེས་བྱ་བ ་སྨྲས་ཏེ། མི་ཚངས་པར་སྤྱོད་པ་དང་ཁུ་པ་འབྱིན་པ་གཉིས་ལ་ནི་བསམས་པ་འབའ་ཞིག་ཡན་ལག་ཡིན་པར་མ་ཟད་ཀྱི་བསམ་པ་མ་ཡིན་པའི་དོན་གཞན་ཡང་ཡན་ལག་ཡིན་ནོ། །བུད་མེད་ལ་སོགས་པ་གང་ཡང་བསམ་པའི་དོན་དེ་ཉིད་ཡན་ལག་ཡིན ་པར་མ་ཟད་ཀྱི་མ་བསམས་པའི་དོན་གཞན་ཡང་ཡན་ལག་ཡིན་ཏེ། འདི་གཉིས་ལ་ནི་ཡུལ་གང་རུང་གི་རེག་པ་བདག་གིང་བྱེད་པ་གཙོ་བོ་ཡིན་པའི་ཕྱིར་རོ། །དེས་ན་གང་བསམས་པའི་བུད་མེད་དེ་ཉིད་དང་མི་ཚངས་པར་སྤྱད་ན་ཡང་ཕམ་པར་འགྱུར་ལ། དེ ་ཉིད་སྤྱད་དོ་སྙམ་པ་ལས་ནོར་ཏེ། གཞན་ཞིག་དང་སྤྱད་ན་ཡང་ཕམ་པར་ཁོ་ནར་འགྱུར་རོ། །བསམས་པ་སེམས་ཅན་དུ་བགྲངས་པའི་ཡན་ལག་རྐད་པ་ལ་སོགས་པ་དྲུད་པས་ཁུ་བ་ཕྱུང་བ་ལ་ཡང་དགེ་འདུན་ལྷག་མར་འགྱུར་ལ། བསམ་པ་མ་ཡིན་པ ་སེམས་ཅན་དུ་བགྲང་བའི་ཡན་ལག་རྐེད་པ་ལ་སོགས་པ་ལ་དྲུད་པས་ཁུ་བ་ཕྱུང་བ་ལ་ཡང་དགེ་འདུན་ལྷག་པར་འགྱུར་བ་དང། བསམས་པ་སེམས་ཅན་དུ་བགྲང་བ་མ་ཡིན་པ་བུམ་པ་ལ་སོགས་པ་ལས་ཀྱང་སྦོམ་པོར་འགྱུར་ལ་བསམས་པ་དེ་དང་ནོར་པ ་སེམས་ཅན་དུ་བགྲང་བ་མ་ཡིན་པ་གཞན་ལས་ཀྱང་སྦོམ་པོར་འགྱུར་ཕ་འདྲ་བའི་ཕྱིར་རོ། །མི་བདེན་པ་ལ་ནི་ཉན་པ་ཡང་ངོ་ཞེས་བྱ་བ་ལ་མ་ཟད་དོ་ཞེས་བྱ་བའི་རྗེས་བསྙག་པའི་ཕྱིར་ཡང་ངོ་ཞེས་བྱ་བའི་སྒྲ་སྨོས་སོ། །མི་བདེན་པ་ལ་ཞེས་བྱ་བ་བརྫུན་དུ ་སྨྲ་བའི་ཡུལ་ལ་ཡང་བསམས་པ་ཡན་ལག་ཡིན་པར་མ་ཟད་ཀྱི་མ་བསམས་པ་ཡན་ཡན་ལག་ཡིན་ཏེ། དེས་མཉན་ལ་པོ་གང་ལ་རྫུན་སྨྲ་བར་བསམས་པ་དེ་ཉིད་ལ་སྨྲས་ན་ཡང་ཁ་ན་མ་ཐོ་བར་འགྱུར་བར་མ་ཟད་ཀྱི་ཉན་པ་པོ་མ་བསམས་པ་གཞན ་ལ་མིའི་ཆོས་སླ་མར་གྱུར་པའི་རྫུན་སྨྲས་ན་དེ་ཡང་ཕམ་པར་འགྱུར་ལ་རྫུན་གཞན་སྨྲས་ན་ནི་གཞི་ཇི་ལྟ་བ་ལས་སྦོམ་པོ་དང་ལྟུང་བྱེད་དུ་འགྱུར་རོ། །ཡན་ལག་ཐམས་ཅད་དང་དུ་བླང་དུ་རུང་བ་ཉིད་ནི་བསྟན་པའི་ཕྱིར་མཐུ་དང་ལྡན་པ་ཉིད་ཡིན་ནོ་ཞེས་བྱ ་བ་ནི་མི་ཚངས་པར་སྤྱོད་པ་དང་ལུས་ཀྱིས་རེག་པ་ལ་སོགས་པའི་ཡུལ་ལ་ཕོ་མོས་གང་ཡང་རུང་པའི་ཟླ་དེའི་ཡན་ལག་ཐམས་ཅད་དང་དུ་བླང་དུ་རུང་བ་ཉིད་ཡིན་ན་དེ་བསྟན་པའི་ཕྱིར་མཐུ་དང་ལྡན་པ་ཉིད་ཡིན་པར་ཁས་བླང་ཏེ་དེ་ལས་ཁ་ན་?་མ་ཐོ ་བ་རྫོགས་པར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། འོག་མ་དག་ལ་ནི་གཞན་ལ་ན་སྨད་བ་ཉིད་དོ་ཞེས་བྱ་བ་འདི་ནི་དབང་དུ་བྱ་བའི་མདོ་ཡིན་ཏེ། འདི་མན་ཆད་ནས་འོག་གི་མདོ་ལས་རྫུ་འཕྲུལ་གྱི་ཆོས་ཅན་ཉིད་མ་ཡིན་པ་ནི་རེག་པ་མ་ཡིན་པའི་ཡན ་ལག་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་སྤྱིར་བསྟན་པ་རྫོགས་པའི་བར་གྱི་མདོ་འོག་མ་དག་ལ་ནི་གཞན་ལ་ན་སྨད་པ་ཉིད་དོ་ཞེས་བྱ་བའི་ཚིག་འདིའི་དབང་དུ་བྱས་ཏེ་སྟོན་ཏོ་ཞེས་བྱ་བའི་ཐ་ཚིག་གོ། དུ་མ་མཚང་བ་ལ་ནི་དེ་བས་ཀྱང་ངོ་ཞེས་བྱ་བ་འདི་ཡང ་དབང་དུ་བྱ་པའི་མདོ་ཡིན་ཏོ། འདི་མན་ཆད་ནས་འོག་གི་མདོ་ལས་རྫུ་འཕྲུལ་གྱི་ཆོས་ཅན་ཉིད་མ་ཡིན་པ་ནི་རེག་པ་མ་ཡིན་པའི་ཡན་ལག་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་སྤྱིར་བསྟན་པ་རྫོགས་པའི་བར་གྱི་མདོ་འོག་མ་དག་ལ་ཡན་ལག་དུ་མ་མཚར ་བ་ལ་ནི་ན་སྨད་པ་དེ་བས་ཀྱང་ན་སྨད་དོ་ཞེས་བྱ་བའི་ཚིག་འདིའི་དབང་དུ་བྱས་ཏེ་སྟོན་ཏོ་ཞེས་བྱ་བར་སྦྱར་རོ། །དེ་ལ་མདོ་སྔ་མ་ཤེས་ཀྱི་ཡུལ་ནི་འདི་ལྟ་སྟེ་དཔེར་ན། ལུས་ཀྱིས་རེག་པ་དང་ག་ག་ཚིལ་བྱེད་པའི་ཁ་ན་མ་ཐོ་བ་གཉིས་ལ་རེག་པར་བྱ་བ ་དང་རེག་པར་བྱེད་པའི་ལུས་གཉི་ག་ཡན་ལག་ཡིན་པས་གཏི་གའི་ལུས་མ་ཉམས་པ་ཡིན་ན་ནི་དངོས་གཞིང་འགྱུར་བས་དེ་ལ་ན་སྨད་པ་མེད་དོ། །དེ་ལ་གལ་ཏེ་གང་ཡང་རུང་བ་གཅིག་གི་ལུས་རྨུ་ལ་སོགས་པ་ཉམས་པ་ཡིན་ན ་དེ་ནི་ཡན་ལག་མཚད་པ་ཡིན་པས་གཞན?་ཞེས་བྱ་སྟེ། ཡན་ལག་ཚད་པ་ལས་པ་ལྟོས་ན་གཞན་ཡིན་པའོ་ཕྱིར་རོ། །གཞན་དེ་ལ་ནི་ལུས་གྱིས་རེག་པ་ལ་ནི་སྦོམ་པར་ན་སྐད་པ་ཉིད་མིན་ལ། ག་ག་ཚིལ་བྱེད་པ་ལ་ནེ་ཉེས་བྱས་སུ་ན་སྨད་པ་ཉིད་ཡིན་ནོ ་ཞེས་བྱ་བ་ལྟ་བུའོ། །མདོ་ཕྱི་མ་ཤོས་ཀྱི་ཡུལ་ནི་འདི་ལྟ་སྟེ་དཔེར་ན་དེ་གཉི་གའི་ལུས་རྐལ?་སོགས་པས་ཉམས་པ་ཡིན་ན་དེ་ནི་ཡན་ལག་དུ་མཚང་བ་ཞེས་བྱ་སྟེ། ཡན་ལག་གཅིག་མཚངས་བ་སྔ་མ་ཤེས་བས་བལྟོས་ན་དུ་མ་མ་ཚང་བ་ཡིན་པའི ་ཕྱིར་རོ། །དུ་མ་མཚང་བ་དེ་ལ་ནི་ལུས་ཀྱིས་གང་ལ་ནི་སྔར་སྤོམ་པོར་ན་སྐྲད་པ་དེ་བས་ཀྱང་ན་སྤང་དེ་ཉེས་བྱས་སུ་འགྱུར་བ་ཡིན་ལ། ག་ག་ཚིལ་བྱེད་པ་ལ་ནི་སྔར་ཉེས་བྱས་སུ་ན་སྨད་བདེ་བS་ཀྱང་ན་སྨད་དེ་ཉེས་བྱས་ཕྲ་མ་ཉིད་ཡིན་ན་ཞས་བྱ་བ་ལྟ་བུར་སྦྱོར། ་མི་ལ་དུད་འགྲོ་ཡང་ངོ་ཞེས་བྱ་བ་ནི། ནི?་གནས་སུ་དུད་འགྲོ་ཞེས་སོས་པ་ལ་ཡང་ན་སྨད་བདོས?་ཀྱང་ན་སྨད་པ་ཉིད་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །འདི་སྐད་བསྟན་ཏེ། གང་ལ་མེའི་འགྲོ་བ་པ་ཡན་ལག་ཉིད་ཡིན་པ་དེ་ལ་དུད་འགྲོའི་སྐྱེ་གནས་ཀྱི་འགྲོ་པ་པ ་ན་སྨད་བདེབས་ཀྱང་ན་སྨད་པ་ཉིད་ཡིན་ཏེ་ཅེས་བྱ་བུ?་?། དཔེར་ན་དུད་འགྲོ་དང་ལྷན་ཅག་ལུས་ཀྱིས་?་པ་དང། འཁྲིགས་པ་དང། ལྡན་པ་སྨྲ་བ་དང། བདག་ཉིད་ཀྱིས་བསྙེན་བཀུར་བསྔགས་པ་ལ་ཉེས་བྱས་སུ་འགྱུར་གྱི། ཇི་ལྟར་མི་མ་ཡིན་པ་མཐུ་མེད་པ་དང་ལྷན ་ཅིག་ལུས་ཀྱིས་རེག་པ་ལ་སོགས་པ་བྱེད་པ་ལན་སྨད་དེ་སྡོམ་པོར་འགྱུར་བ་ལྟ་བུ་མ་ཡིན་ཏེ། འདོད་ནི་ན་སྨད་པ་དེ་པས་ཀྱང་ན་སྨད་པ་ཉིད་ཡིན་པའོ། །རྫུ་འཕྲུལ་གྱིས་ཆོས་ཅན་ཉིད་མ་ཡིན་པ་ནི་རེག་པ་མ་ཡིན་ཡན་ལག་ཡིན་ནོ་ཞེས་བྱ་བ་ལ། རྫུ་འཕྲུལ ་གྱི་ཆོས་ཅན་ཉིད་ཅེས་བྱ་བ་ནི་གང་ལ་རྫུ་འཕྲུལ་གྱི་ཆོས་ཡོད་པ་དེ་ནི་རྫུ་འཕྲུལ་གྱི་ཆོས་ཅན་ནོ། །དེའི་དངོས་པོ་ནི་དེ་ཉིད་དེ་རྫུ་འཕྲུལ་ཐོབ་པའོ། །གང་ལ་རྫུ་འཕྲུལ་གྱི་ཆོས་དེ་མེད་པ་དེ་ནི་རྫུ་འཕྲུལ་ཀྱི་ཆོས་ཅན་མ་ཡིན་པའོ། །དེའི་དངོས་པོ་ནི་དེ་ཉིད་དེ་རྫུ ་འཕྲུལ་མ་ཐོབ་པའོ། །དེ་ནི་རེག་པ་མ་ཡིན་པའི་ཡན་ལག་ཡིན་ཏེ། རེག་པ་མ་ཡིན་པ་ཞེས་བྱ་བ་ནི་མི་ཚངས་པར་སྤྱོད་པ་དད་ལུས་ཀྱི་རེག་པའི་བདག་ཉིད་ཀྱི་རེག་པ་མ་ཡིན་པ་དེ་ལས་གཞན་པ་སྟེ། འཁྲིག་པ་དང་ལྡན་པ་སྨྲ་བ་དང་སྙེན་བཀུར་བསྔགS ་བའི་བདག་ཉིད་ཀྱིས་སྨྲ་བའོ། །འདི་སྐད་བསྟན་ཏེ། རྫུ་འཕྲུལ་གྱི་ཆོས་ཅན་འདི?་མ་ཡིན་པ་ནི་འཁོག་པ་དང་ལྡན་པ་སྨྲ་བ་དང། བསྙེན་བསྐུར་བསྔགས་པ་ལས་གྱུར་པའི་དགེ་འདུན་ལྷག་མ་གཉིས་ཀྱི་ཡན་ལག་ཡིན་ཏེ། དེ་ལ་དགེ་སློང་གིས་འཁྲིག་པ་དང ་ལྡན་པ་དང་བསྙེན་བཀུར་བསྔགས་བ་སྨས་ན། དགེ་འདུན་ལྷག་མ་ཁོ་ནར་འགྱུར་ཏེ་ན་སྨད་པ་མེད་དོ། །དེ་ལས་གཞན་པ་རྫུ་འཕྲུལ་གྱི་ཆོས་ཅན་ཉིད་ལ་ནི་ཡན་ལག་མ་ཚངས་བས་དེ་ལ་ནི་ན་སྨད་པ་ཉིད་དེ་རྫུ་འཕྲུལ་གྱི་ཆོས་ཅན་མ་ཉིད་ལ་ནི་བརྟུལ་ཏུ་མི་རུང ་སྟེ་གཟུང་བར་ན་ཞུས་པའི་བྱིར་དང། དེའི་ལུས་?་འཁྲིག་པའི་བསམ་པ་ཤས་ཆེན་པོ་ནི་སྐྱེ་བས་དེའི་ཕྱིར་དེ་ལ་ན་སྤང་པར་ཤེས་སོ། །འདིར་གཞུང་ནི་འདུལ་བྱེད་དག་ལས་སྨྲ་བའི་སྐབས་ནས་རྫུ་འཕྲུལ་གྱི་རྣམ་པར་འཕྲུལ་པའི་ཆོས་ཅན་མོ་ལ་སྨྲས་ན ་སྦོམ་པོའོ། །རྫུ་འཕྲུལ་གྱི་རྣམ་པར་འབྲུལ་པའི་ཆོས་ཅན་མོ་མ་ཡིན་པ་ལས་སྨྲས་ན་དེ་དགེ་འདུན་ལྷག་མའོ། ཞེས་གསུངས་བ་ཡིན་ནོ། །རེག་པ་ནི་ཐམས་ཅད་ལ་འདྲ་བའི་ཕྱིར་ཏེ། །བཅིག་ལ་ཕམ་པར་འགྱུར་ལ་ཁ་ཅིག་ལ་ནི་དགེ་འདུན་ལྷག་མར ་འགྱུར་རོ།། །ཁམ་པོ་བཞི་བཅུ?་བཞི་བ། །རེག་པར་བྱ་བ་ཉིད་ནི་མ་ཉམས་པའོ་ཞེས་བྱ་བ་ནི་བསྟེན་པར་བྱ་བའི་ལུས་ཞེས་བྱ་བར་སྦྱར་ཏེ། གང་ལ་བསྟེན་པར་བྱ་བའི་ལུས་ཀྱིས་རེག་བ་ཉིད་ཡན་ལག་ཏུ་རྣམ་པར་གཞག་པ་དེ་?་མ་ཉམས་ཤིང ་ཉམས་བར་མ་གྱུར་བའི་རེག་བར་བྱ་བ་ཉིད་ཡན་ལག་ཡིན་པར་རིག་བར་བྱ་སྟེ། འདི་ལུས་ཀྱི་རེག་བའི་བདེ་བ་ཉམས་སུ་མྱོང་བ་གཙོ་བོ་ཡིན་པའི་ཕྱིར་རོ། །འདིར་དཔེ་ནི་རྨ་དང་ནང་ལ་སོགས་?་ཉམས་པ་མཚན་མི་མཐུན་བའི ་ཡན་ལག་གིས་ལུས་ལ་རེག་ན་དགེ་སློང་ལ་ནི་དགེ་འདུན་ལྷག་མར་གཏོགས་པའི་སྦོམ་པོར་འགྱུར་ལ་དགེ་སློང་མ་ལ་ནི་ཕམ་བར་གཏོགས་བའི་སྦོམ་བོར་འགྱུར་རོ། །ཞེས་བྱ་བའི་ཐ་ཚིག་གོ། ཤུ་བ་ཅན་དང་གཡན་པ་ཅན་དང་ཁྱི་སྔོ་ཅན་གྱིས་རག ་ན་ཡང་དེ་བཞིན་དུ་སྦོམ་བོའོ། །གང་གི་ཚེ་དགེ་བར་བྱེད་བ་བདག་ཉིད་ཀྱིས་ལུས་ཏེ་དེ་ལྟར་གྱུར་ན་དེའི་ཚེ་ཡང་སྦམ་པོ་ཁོ་ནའོ། །གཉི་གའི་ལུས་དེ་ལྟར་གྱུར་ན་ནི་ཉེས་བྱས་སོ། །རྣམ་པར་བསྡོས་པ་མོ་དད་རྣམ་པར་བརྣགས་པ་མོ་དང། རྣམ ་པར་འབུས་གཞིགས་པ་མོ་དང། རྣམ་པར་བམ་པ་མོ་དང། རྣམ་པར་ཟོས་པ་མོ་དང། རྣམ་པར་དམར་བ་མོ་དང། རྣམ་པར་འཐོར་བ་མོ་དག་ལ་འཁྱུད་པ་ལ་ནི་སྦོམ་པོའོ། །འདིར་རྣམ་པར་འཐོར་བ་མོ་ཞེས་བྱ་བ་ནི། ཇི་ཙམ་གྱིས་མི་ཚངས་པར་སྦྱོད ་བའི་ཕམ་པར་འགྱུར་བ་འབྱུང་བ་དེ་ཙམ་གྱིས་དམ་དུམ་དུ་འཐར་བ་ཉིད་ཡིན་བར་ཁས་བླངས་པར་རིགས་ཏེ། དེ་ཡང་ངོ་བསྟོད་ནི་མགོ་མགྲིན་བ་དང་བཅས་པར་ཡིན་ལ་རོ་སྨད་ནི་ཐམས་ཅད་ཡོད་བའི་དུམ་བུ་ཡིན་བར་རིག་པར་བྱའོ། །འདི་ལྟར་འདིར ་ཡང་མི་ཆངས་པར་སྤྱོད་བ་དང་འདྲ་བར་མཐུ་ཡོད་པ་ཉིད་ཡིན་པས་དེ་བས་ཆུང་བའི་དམ་དུམ་ནི་མཐུ་དང་ལྡན་པ་ཉིད་མ་ཡིན་ན། །འདིར་དོ་ཉིད་ལ་ནི་ན་སྨད་པ་མེད་པའི་ཕྱིར་དེས་ན་རྣམ་པར་བསྡོས་པ་ལ་སོགས་པ་དག་ལ་སྦོམ་པོར་བསུངས་སོ། ། ་ག་?་ཚིལ་བྱེད་པ་ལ་ཡང་ངོ་ཞེས་བྱ་བ་ནི། སོར་མོས་ག་ག་ཚིལ་བྱེད་པ་ལ་ཡང་དེག་པར་བྱ་བ་ཉིད་ནི་མ་ཉམས་པའ?་ཞེས་བྱ་བའི་རྗེས་བསྙགས་པའི་ཕྱིར་ཡང་དོ་ཞེས་བྱ་བའི་སྒྲ་སྨོས་སོ། །འདིར་ཡང་གཉི་གའི་ལུས་མ་ཉམས་པ་ཉིད་?? ་སྨད་པ་མེད་དོ། །གཅིག་གི་ལུས་ཉམས་བའི་རྣམ་པ་ཇི་སྐད་བསྟན་པ་དེ་ལྟ་བུ་ལ་ག་གཚིལ་བྱེད་བ་ལ་ནི་ན་སྨད་དོ། །གའི་གའི་ལུས་ཇི་སྐད་བསྟན་པ་དེ་ལྟ་བུར་ཉམས་པ་དག་པ་ནི་ན་སྨད་པ་དེ་བས་ཀྱང་ན་སྨད་པ་ཞེས་བྱ་བར་བྱང་དེ། །སེན་མོ་དང་ས་འདེ་ཤ་མེད་བའི ་རུས་པ་དང་སྦུ་དག་ནི་གཞན་དང་ལྡན་པ་ཉིད་དོ་ཞེས་བྱ་བ་ནི། མ་ཉམས་བའོ་ཞེས་བྱ་བ་ལས་བལྟོས་ཏེ་གཞན་པ་ཉིད་དོ་ཞེས་བྱ་བ་སྨོས་སོ། །དེ་ལྟ་བས་ན་སེན་མོ་ལ་སོགས་པ་མ་ཉམས་པ་དག་ཀྱང་གཞན་དང་ལྡན་པ་ཉིད་ཡིན་ནོ། །སྡར་མ་ཉམས་པའི་ཞེས ་སྨོས་བ་དེ་ལས་གཞན་བ་ཉམས་པ་དང་ལྡན་པ་ཉིད་ཡིན་པས་རེག་པ་དད་ག་ག་ཚིལ་བྱ་བ་དག་ལ་ཉམས་པ་དང་འར་བར་ལྟུད་བའི་བྱེད་པ་པོ་ཉིད་ཡིན་ནོ། །དེས་ན་དེ་དག་ལ་ཡན་ལག་གཞན་གྱིས་ས་མ་དེ་དག་གིས་ཡན་ལག་གཞན་ལ་རེག་པ་དང། ག་ག་ཚིལ ་བྱེད་པ་དག་ལ་ནི་གོ་རིམས་བཞིན་དུ་སྦོམ་པ་དང་ཉེས་བྱས་སུ་འགྱུར་རོ། །སོན་མོ་ལ་སོགས་པ་དག་གིས་སྲེན་མོ་ལ་སོགས་པ་དག་ལ་རེག་པ་དང། ག་ག་ཚིལ་བྱེད་པ་དག་ལ་ནི་གོ་རིམས་བཞིན་དུ་ངེས་བྱས་དང་ཉེས་བྱས་ཕྲ་མོར་འགྱུར་རོ། །མིའི་འགྲོ་བ ་པ་ནི་ཐ་སྙད་དུ་བྱ་བ་ཉིད་ཡིན་ནོ་ཞེས་བྱ་བ་ནི། །མིའི་འགྲོ་བར་གཏོགས་པའི་གང་ཟག་མིའི་འགྲོ་བར་བ་དེ་ནི་ཐ་སྙད་དུ་བྱ་བའི་ཡན་ལག་ཉིད་ཡིན་པའོ། །འདི་སྐད་བསྟེན་ཏེ། ཐ་སྙད་དུ་བྱ་བའི་ཁ་ན་མ་ཐོ་བ་གང་དག་བསྟན་བ་འཁྲིབ་པ་དང་ལྡན་པ་སྨྲ་བ་དང། བསྙམ ་བསྐུར་བསྔགས་བ་དང། རྫུན་སྨྲ་བ་དང། སྐྱོན་ནས་སྨྲ་བ་དང། དགེ་སློང་ལ་བླ་མ་བྱེད་བ་དད་གནས་ངན་ལེན་བརྗོད་བ་དང། མིའི་ཆོས་བླ་མ་བརྗོད་བ་ལ་སོགས་པ་དེ་དག་ལས་གྱུར་བའི་ཁ་ན་མ་ཐོབ་དེ་དག་ཐམས་ཅད་ལ་ནིའི་འགྲོ་བ་བའི་སྲོག་ཆགས་དག། ཁ་ན ་མ་ཐོ་བའི་ཡང?་ད་སུ་རྫོབས་པའི་ཡན་ལག་ཉིད་ཡིན་ནོ། །འགྲོ་བ་གཞན་དུ་གཏོགས་བ་པ་དག་ནི་ན་སྨད་པ་ཉིད་ཡིན་ནོ། །འདི་ལྟར་མིའི་འགྲོ་བར་སྐྱེས་པ་ནི་ཐ་སྙད་ཐམས་ཅད་ལ་རུང་བ་འདི?་ཡིན་པའི་ཕྱིར་དེ་དག་ཉིད་ཀྱིས་?་བར་འགྲུབ་ཀྱི་འགྲོ་བ་གཞན ་དུ་གཏོགས་པ་དག་གིས་ནི་མ་ཡིན་པའི་ཕྱིར་རོ། །དེའི་ཕྱིར་མི་མ་ཡིན་པ་མཐུ་དང་མི་ལྡན་པ་ལ་ནི་ལུས་ཀྱིས་རེག་པ་དང་འཁྲིག་པ་དང་ལྡན་པ་སྨྲ་བ་དང། བསྙེན་བཀུར་བསྔགས་པ་ནི་སྦོམ་པའོ། །སྨན་ཕྱེད་པ་ལ་ནི་གལ་ཏེ་མོ ་མི་མ་ཡིན་པ་འམ་ཕོ་མི་མ་ཡིན་པ་འམ། ཕོ་མོས་གཉིག་མི་མ་ཡིན་པར་གྱུར་ན་ཡང་དེའི་ཕྱིར་སྦོམ་པོའོ། །ལྷ་དང། ཀླུ་དང། གནོད་སྦྱིན་དང། དྲི་ཟ་དང། མི་འམ་ཅི་དང། ཡི་དགས་ཤ་ཟ་དང། གྲུལ་བུམ་དང། ལུས་སྲུལ་པོ་ལ་སོགས་པ་དག་ལ་སློང ་བ་དང། སོ་སོར་ནས་ལྡགས་པ་སློང་བ་དང། སྨད་གཡོགས་སྡོད་གཡོགས་དད་བཅས་པ་སློང་བ་ལ་སོགས་པས་གོས་ཐོབ་པ་དང། དེ་དག་དང་ལྷན་ཅིག་ཏུ་མངོན་མཚན་ཅན་གྱིས་སྤྱོད་པ་དང། ཉ་ཚེད་བྱས་ཏེ་ཐོབ་པ་དང། དེ་དག་ལས་རྒྱུ་?་སློང ་བ་དང། རིག་པའི་ཕོ་དེ་དག་དང་ལྷན་ཅིག་ཏུ་བུད་མེད་ལ་ཆོས་སྟོན་པ་དང། དེ་དག་དང་ཚིག་མཐུན་པ་དང། ཚིག་ལྷག་པར་ཟློས་པ་དང། དེ་དག་ལ་གནས་ངན་ལེན་བརྗོད་པ་དང། མིའི་ཆོས་བླ་མ་བརྗོད་པ་དང། དེ་དག་མོ་དང་ལྷན་ཅིག་དབྱེན་བ་ན ་འདུག་པ་དང། དེ་དག་གིས་བྱེད་དུ་བཅུག་པ་འམ། དེ་དག་དབང་པའི་འདུག་གནས་གཅིག་ཏུ་ཉི་མ་གཉིས་སུ་ཟན་གོས་པ་དང། དེ་དག་ལས་ལྷུང་བཟེད་ངོ?་གསུམ་ཙམ་ལས་ལྷག་པར་ལེན་པ་དང། དེ་དག་ལས་ཟས་གསོད་བ་སློང་བ་དང། དེ་དག ་ཉལ་པོ་བྱེད་པར་ཤོམ་བའི་ཁྱིམ་ན་འདུག་པ་དང་འགྲེང་བ་དང། དེ་དག་དང་ལྷན་ཅིག་གནས་གཅིག་ཏུ་ཞག་གསུམ་མཉལ་བ་དང། དེ་དག་དང་ལྷན་ཅིག་ལམ་དུ་འགྲོ་བ་དང། གྲུར་འཇུག་པ་དང། དེ་དག་གི་ཁྱིམ་དུ་དུས་མ་ཡིན་པར་འགྲོ་ཞིང་སློའི ་གཏན་པ་ལས་འོངས་པ་ལ་ནི་ཉེས་བྱས་སོ། །རང་བཞིན་ཉམས་པ་ནི་མ་ཡིན་ནོ་ཞེས་བྱ་བ་ནི། མིའི་འགྲོ་བ་པ་ཡིན་ཡང་རང་བཞིན་ཉམས་པ་སྨྱོས་པ་དང། སེམས་འཁྲུགས་པ་དང། ཚོར་བས་ཉན་པ་དོག་ནི་ཐ་སྙད་དུ་བྱ་བ་ཉིད་ཀྱི་ཡན་ལག་མ་ཡིན ་ནོ། འདི་ལྟར་གཞན་ལ་གོ་བར་བྱ་བའི་ཕྱིར་ལུས་དང་ངག་གིས་ཐ་སྙད་བྱེད་པ་ཡིན་ན་རང་བཞིན་ཉམS་པ་དག་ནི་གསལ་བའི་ངོ་བོ་ཉིད་ཉམས་པའི་ཕྱིར་གོ་བར་བྱ་བ་གང་ཡིན་པ་དེ་ལ་བྱ་བ་དང། བྱ་བ་ན་ཡིན་བའི་བློ་མེད་པས་དེའི་ཕྱིར་རང་བཞིན་ཉམས་པ་ནི་ཐ་སྙད ་དུ་བྱ་བའི་ཡན་ལག་མ་ཡིན་པ་ཉིད་དུ་ཤེས་སོ། །སྨྱན་བྱེད་པའི་ཡུལ་ལ་ཐ་མལ?་པར་གནས་པ་ལས་བྲིན་བླངས་ཏེ། ཐ་མ?་པར་གནས་པ་ལ་འཕྲིན་པར་བརྐྱལ་ཅིང་སྨྱོན་པ་ལ་འཕྲིན་ཕྱིར་པ་སྐྱས་བ་ནི་སྦོམ་པོའོ་ཞེས་བྱ་བ་ལ་སོགས་པར་སྦྱར་རོ། །ཕྲད་པ ་ལ་འདི་སྐད་གསུངས་པར་ཤེས་པར་བྱ་སྟེ། འདིར་མ་ནོས་པ་ལ་སོགས་པ་ལ་ནི་རང་བཞིན་དུ་གནས་པ་ལ་ནི་སྦོམ་པོའོ། །གཞན་ཉིད་ལ་ནི་ཉེས་བྱས་སོ། །གཞི་མེད་པ་དང་བག་ཙམ་གྱིས་སྐུར་བ་འདེབས་པ་ནི་སྨྱོན་པ་ལ་སོགས་པ་དེ་དག་ལ་ནི་སྦོམ་པའོ ་མི་སྨྱོན་པ་དག་དང་།ལྷན་ཅིག་མངོན་མཚན་གྱིས་སྤྱོད་པ་དང། ཉོ་ཚོང་བྱས་ཏེ་ཐོབ་པ་དང། དེ་དག་གི་སྐྱོན་ནས་སྨྲས་པ་དང། དེ་དག་གི་རྩོད་པ་ལ་སྐྱོ་སྔོགས་བྱེད་བ་དང། རིགས་པའི་སྐྱེས་བ་དེ་དག་དང་ལྷན་ཅིག་ཏུ་བུད་མེད་ལ་ཆོས་སྟོན་པ་དང། ་དེ་དག་དང་ཚིག་ཐུན་པ་དང། ཚིག་ལྷག་པར་ཟླས་བ་དང། དེ་དག་ལ་གནས་ངན་ལེན་བརྗོད་པ་དང། མའི་ཆོས་བླ་མ་བརྗོད་པ་དང། དེ་དག་དབང་བའི་རྙེད་བ་འམ། དེ་དག་གིས་གཞན་གྱི་རྙིང་པ་བཤེས་དོར་བྱས་སོ་ཞེས་སྐུར་བ་འདེབས་པ་དང། དེ་དག ་ལ་བསླབས་པ་ཁྱད་དུ་གསོད་པ་དང། དེ་དག་ལ་འཕྱ་འམ་གཞོགས་འཕྱས་བྱེད་པ་དང། བསྒོ་བ་རྣལ་གཟེར་བ་དང། སྐྲོད་པ་དང་དེ་ལྟ་བུའི་དགེ་སློང་མདག་ལ་སྟོན་པ་དང། དེ་ལྟ་བུ་དག་ལ་ཟས་ཅུང་ཟད་ཙམ་གྱི་ཕྱིར་སྟོན་ཏོ་ཞེས་སྐུར་བ་འདེབས་པ་དང ་དེ་ལྟ་བུའོ་དགེ་སློང་མ་དག་ལ་གོས་སྦྱིན་པ་དང། གོས་བྱེད་བ་དག་དང། དེ་ལྟ་བུའི་དགེ་སློང་མ་དགྲ་དང་ལྷན་ཅིག་ལམ་དུ་འགྲ?་པ་དང། གྲུར་འཇུག་པ་དང། དེ་ལྟ་བུའི་བུད་མེད་དང་དགེ་སློང་མ་དང་དབེན་པ་ན་འཇུག་པ་དང། འ?་པ་དང། ་དེ་ལྟ་བུའི་དགེ་སློང་མས་སྦྱར་དུ་བཅུག་པའི་ཟས་ཟ་བ་དང། དེ་ལྟ་བུའི་འདུག་གནས་སུ་ཉི་མ་གཉིས་པར་ཟན་ཟ་བ་དང། དེ་ལྟ་བུ་དག་ཉལ་པོ་བྱེད་པར་ཤོམ་པའི་ཁྱིམ་ན་འཇུག་པ་དང། འགྲེང ་བ་དང། དེ་ལྟ་བུ་དག་གི་དམག་ལ་ལྟ་བ་དང། གནས་པ་དང་དཀྲུགས་པ་དང། དེ་ལྟ་བུ་བསྙེན་པར་རྫོགས་པ་དག་ལ་རྡོག་པ་དང། གཟས་པ་དང། སྡངས་པར་བྱེད་པ་དང། སྤོང་པར་བྱེད་པ་དང། ཕྱིར་མ་བླངས་པར་སྤོང་བ་དང། གཞི་མེད་པར་སྐུར་པ་འདེབS ་པ་དང། ཟན་གཅོད་དུ་འཇུག་པ་དང། དེ་ལྟ་བུ་དག་དང་ལྷན་ཅིག་ལམ་དུ་འགྲོ་བ་དག་ལ་ནི་ཉས་བྱས་སོ། །མ་ནིང་དང་མཚན་གཉིས་པ་དག་ནི་དེ་དང་ལྡན་པ་ཉིད་དོ། །ཞེས་བྱ་བ་ནི། དེ་གཉིས་ནི་སྨྱོན་པ་དང་ལྡན་པ་ཉིད་ཡིན་ཏེ། ཇི་ལྟར་སྨྱོན་པ་ལ་སོགས་པ ་དག་ཐ་སྙད་དུ་བྱ་བ་མ་ཡིན་པ་བཞིན་དུ་མ་ནིང་དང་མཚོན་གཉིས་པ་དག་ཀྱང་དེ་བཞིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། དེ་གཉིས་ཀྱིས་ལུས་དང་སེམས་བདག་ནི་ཐ་སྙད་བྱར་མི་རུང་བ་ཉིད་ཡིན་པའི་ཕྱིར་ཏེ། དེ་གཉིས་ཀྱི་ལུས་ནི་མིའི་ཐ་སྙད་དུ་བྱ་བ་དག་ལས ་རྣམ་པར་ཉམས་པས་རེ་ལྟ་བུ་ཡིད་ལ་སྣང་ངོ། །སེམས་ནི་གདོན་གྱིས་བརླམས་པ་དང་འདྲ་པར་མི་གསལ་བས་ནང་པ་ལྟ་བུ་ཡིན་ནོ། །ཟ་མ་ནི་དེ་ལྟ་མ་ཡིན་ཏེ། དེ་ལ་མི་ཁྱད་པར་ཅན་གྱི་ཐ་སྙད་དུ་བྱ་བ་སྲིད་པའི་ཕྱིར་རོ། །མཚན་མེད་པ་ནི ་འདིར་མ་ནིང་སྨོས་པ་ལས་ཐ་མ་དད་པ་ཡིན་པས་ལོགས་ཤིག་ཏུ་མ་སྨོས་སོ། །ཉམས་པའི་མ་ནིང་ནི་ཇི་སྲིད་དུ་རྣམ་པར་འགྱུར་བ་རྩོམ་པར་མི་བྱེད་པ་དེ་སྲིད་དུ་དེ་ཐ་སྙད་བྱར་མི་རུང་བ་ཉིད་མ་ཡིན་ནོ། །རྣམ་པར་འགྱུར་བ་བསྟེན་པའི་དུས་ན་ནི ་དེ་ཡང་ཐ་སྙད་དུ་བྱར་ནི་རུང་བ་ཉིད་ཡིན་ནོ། །བུད་མེད་དང་ལས་ས?་ཀྱིས་རེག་བ་ལ་སོགས་པའི་བསླབ་པར་གཞིའི་དག་ལམ་ནིང་དང་མཚན་གཉིས་པ་དག་གིས་རྣམ་པ་བསྟེན་ཏེ་མཚན་གཉིས་པ་དག་གིས་རྣམ་པ་བསྟེན་ཏེ་མཚན་གཉིས་པའི་རྣམ་པ་དེ་ལྟ་བུ་ལ་ནི་མཚོན་གཞན་གདོན ་མེད་དོ། །ཞེས་བྱ་བ་དང་མ་ནིང་གི་མ་ནིང་པོ་དང་མ་ནིང་མོ་དང་སྦྲུལ་པ་ཡང་དེ་བཞིན་ནོ་ཞེས་བསྟན་པ་ཡིན་ཏེ། དེ་ལས་གོས་ལ་སོགས་པ་སྨོང་བའི་བྱིར་མདོ་འདི་བྱས་སོ། །དེའི་ཕྱིར་དེའི་སྐབས་ཀྱི་དཔེ་བརྗོད་པར་བྱ་སྟེ་ཁྱིམ་བདག་དང་ཆུང་མ་མ་ནིང་དང། ། ་མཚན་གཉིས་པ་ལས་གོས་སློང་བ་དང། སྨད་གཡོགས་དང་སྟོང་གཡོགས་བཅས་པ་ལས་ལྷག་པར་ལེན་པ་དང་སྦྱིན་བདག་དེ་གཉིས་སམ། ཐག་པ་དེ་གཉིས་ལས་རིན་དང་སོ་སོ་བ་དང་འཐག་ཏུ་འཇུག་པ་དང། འཐག་པ་བསྐྱེད་བ་དང། མ་ནིང་ཕོ་དང་མ ་ནིང་མོ་དང། གླེ་འདམས་པ་དང། མཚན་གཉིས་པ་ཉལ་པོ་བྱེད་པར་ཤོམ་པའི་ཁྱིམ་ན་འདུག་པ་དང་འགྲེང་བ་དང། དེ་དག་ལ་རྡེག་པ་དང། གཟས་པ་དང། མ་ནིང་ཕོ་དང། མ་ནིང་མོ་དང། མཚན་གཉིས་པ་དང་ལྷན་ཅིག་ཉལ་བ་དང། དེ་དག་དང་ནུབ་གསུམ ་ལས་ལྷག་པར་ཉལ་བ་དང་མ་ནིང་ཕོ་དང་མཚན་གཉིས་པ་དང་ལྷན་ཅིག་སྐྱེས་པ་མེད་བར་ལམ་དུ་འགྲོ་བ་ལ་ནི་ཉེས་བྱས་སོ། །རེག་པ་ནི་ཐ་སྙད་དང་འདྲའོ། །ཞེས་བྱ་བ་ནི། ལུས་ཀྱིས་རེག་པ་ཡང་ཐ་སྙད་དང་འདྲ་བར་བལྟ་བར་བྱ་སྟེ། ཐ་སྙད་ཀྱི་བསླབ་པའི ་གཞི་དག་ལ་ལྟུང་བ་གང་རྣམ་པར་བཞག་པ་དེ་འདི་ལ་ཡང་དེ་དེ་བཞིན་དུ་རིག་པར་བྱ་སྟེ། མི་མ་ཡིན་པ་མཐུ་མེད་པ་ལ་རེག་པ་དང་སྨྱོས་པ་དང། སེམས་འཁྲུགས་པ་དང་ཚོར་བས་ཉེན་?་རེག་བ་ལ?་ལང་སྦོམ་པོར་འགྱུར་བས་དེའི་ཕྱིར། མདོ་འདིས་རེག་པ་ན་ཐ ་སྙད་དང་འདྲའོ་ཞེས་བསྟན་པ་ཡིན་གྱི། རེག་པ་ཉིད་ཐ་སྙད་དང་འདྲ་བ་ནི་མ་ཡིན་ནོ། །ཇི་ལྟར་སྨྲ་བ་ལ་སོགས་པའི་སྙད་དུ་གྲགས་པ་ལྔར་ལུས་ཀྱིས་རེག་པ་ཡང་རིག་པ་ཉིད་དེ་འདྲ་བ་མ་ཡིན་ཏེ། འདི་ལྟར་འཁྲིག་པ་དང་ལྡན་པ་སྨྲ་བ་ནི་གུན་ཏུ་སྨྲ་བར་གྱུར་པ་ཡིན། ་བསྙེན་བཀུར་བསྔགས་པ་ནི་གོ་བར་བྱེད་པ་ཡིན། ཉལ་པོ་བྱེད་བར་ཤོམ་པའི་ཁྱིམ་ན་འདུག་བ་དང་འགྲེང་བ་ནི། ཉན་རྣ་ལས་གྱུར་བ་ཡིན་གྱི། ལུས་ཀྱིས་རེག་པ་ནི་ལུས་ཀྱིས་རེག་པའི་བདེ་བ་ཉམས་སུ་མྱོང་བ་ཙམ་ཡིན་བས་དེའི་ཕྱིར། འདིས་ཐ་སྙད་ཉིད ་རེག་པ་དང་འདྲ་བར་བསྟན་པ་ནི་མ་ཡིན་ནོ། །ལྟུང་བ་རྣམ་བར་བཞག་བ་དང་འདྲ་བ་བསྟན་པ་ལ་ཡང་འཇིག་རྟེན་གྱི་ཐ་སྙད་ཀྱི་དོན་དུ་ལུས་ཀྱིས་རེག་བ་དཔེར་ན་བསླང་བར་འདོད་བའི་བུད་མེད་ལ་ཐ་སྙད་ཀྱི་དོན་དུ་མ་གནས་འཛིན་པ་གང ་ཡིན་པ་དང། སྔོན་སྤྱད་པ་ཡིན་རིང་ཞིག་ན་མཐོང་བ་ཉིད་ན་ཀུན་ནས་འཁྱུང་པ་གང་ཡིན་པ་ནི་འཇིག་རྟེན་ཁོ་ན་ལས་ཐ་སྙད་དུ་བྱ་བ་ཉིད་དུ་གྲགས་པ་ཡིན་པས། དེ་དག་གིས་དོན་དུ་རེག་པ་ལ་ལྟུང་བ་མེད་བའི་ཕྱིར། ་འདི་དག་གི་དོན་དུ་རེག་པ་ལས་ཐ་སྙད་དང་འདྲ་བར་ལྟུང་བར་བཞག་པ་ནི་མ་ཡིན་ནོ། །ཕྱི་རོལ་བ་དང་རབ་ཏུ་བྱུང་བ་དང་མ་སྐྱེས་པ་དང་ཉམས་པ་དག་ནི་ཕྱེད་ཉིད་ཁྱིམ་པའོ། །ཞེས་བྱ་བ་ནི། འདི་གསུམ་གྱི་གཞི་ལས་དགེ་སློང ་གི་ལྟུང་བ་གང་དག་རྣམ་པར་བཞག་པ་དེ་དག་ནི་ཕྱེད་ཉིད་དུ་ན་སྨད་དེ། དེ་དག་ཕྱེད་ཁྱིམ་པ་ཡིན་པའི་ཕྱིར་རོ། །མུ་སྟེག་ཅན་གྱི་དགེ་སྦྱོང་ལས་ཆོས་གོས་དང་ལྷུང་བཟེད་བསླངས་ཏེ་ཐོབ་པ་དང། དེ་ལས་སྟོང་གཡོགས་དང་སྨད་གཡོགས་དང་བཅས་པ ་ལས་ལྷག་པར་ལེན་པ་དང་རིན་ཐང་སོ་སོ་བ་དང་བསྐུར་བ་ཡང་སྦྱིན་བདག་དང་ཕོ་ཉ་བ་དང་ཞལ་ལྟ་བ་གང་ཡང་རུང་བ་ཞིག་མུ་སྟེགས་ཅན་གྱི་དགེ་སྦྱོང་ཡིན་པ་དང་བདག་པོ་མུ་སྟེགས་ཅན་གྱི་དགེ་སྦྱོང་གི་འདུག་གནས་སུ་ཞག་གཉིས་པ་ལ་ཟན ་ཟོས་པ་ལ་ཉེས་བས་སུ་འགྱུར་རོ། །སྔོན་ལྟུང་བ་བྱུང་བ་དང་པོ་འཁྲུགས་པ་དང་རྐུ་ཐབས་སུ་གནས་པ་དང་མ་ནིང་དང་དགེ་སློང་མ་སུན་ཕྱུང་བ་དག་དང་ལྷན་ཅིག་མངོན་མཚན་གྱི་སྤྱོད་པ་དང། ཉོ་ཚོང་བྱས་ཏེ་ཐོབ་པ་ལ་ཡང་ཉེས་བྱས་སོ། །ཕྱི་རོལ ་པའི་རབ་ཏུ་བྱུང་བ་ལས་ལྷུང་བཟེད་དོ། གསུམ་ལས་ལྷག་པར་བླངས་ཏེ་ཟོས་བ་ལ་ཡང་ཉེས་བྱས་སོ། །དེ་དག་ཉལ་པོ་བྱེད་པར་ཤོམ་པའི་ཁྱིམ་ན་འདུག་པ་དང་འབྲེང་བ་ལ་ཡང་ཉས་བྱས་སོ། །དེ་དག་གིས་སྦྱོར་དུ་བཅུག་བའི་ཟས་ཟ་བ་ལ་ཡང་ཉེས་བྱས་སོ།། ་དགེ་སློང་དང་དགེ་སློང་མ་བསྙེན་པར་རྫོགས་པ་ཅན་མ་ཉམས་པ་ཉིད་ནི་བསླབ་པ་དག་ལ་ཡན་ལག་ཡིན་ནོ། །ཞེས་བྱ་བ་ནི། དགེ་སློང་དང་དགེ་སློང་མ་བསྙེན་པར་རྫོགས་པ་ཅན་མ་ཉམས་པ་ཉིད་ནི། དགེ་སློང་དང་དགེ་སློང་མའི་བསླབ་པ་དག་ལ་ཡན་ལག་ཡིན ་ཏེ། ཆོས་གཞན་པའི་རབ་ཏུ་བྱུང་བ་ཉིད་ཀྱང་མ་ཡིན་ལ། དགེ་ཚུལ་ལ་སོགས་པ་ཉིད་བྱང?་མ་ཡིན་མ་ཆགས་པ་དང། ཁས་བླངས་པ་དང་ཉམས་པ་བསྙེན་པར་རྫོགས་པའི་རྟགས་ཅན་ཉིད་ཀྱང་མ་ཡིན། དགེ་སློང་མ་སུན་ཕྱུང་བ་དང་དགེ་སློང་སུན་ཕྱུང་བ ་བསྙེན་པར་རྫོགས་པའི་རྟགས་ཅན་ཉིད་ཀྱང་མ་ཡིན། སྔོན་བསྙེན་པར་རྫོགས་ནས་ཕམ་པར་འགྱུར་བ་བྱུང་བ་ཉིད་ཀྱང་བསླབ་པ་དག་ལ་ཡན་ལག་མ་ཡིན་ནོ། །ཡན་ལག་མ་ཡིན་པ་དེ་ལྟ་བུ་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་པ་ལ་བཞི་མེད་པ་དང་བག ་ཙམ་དག་གིས་སྐུར་པ་འདེབས་པ་ལ་ནི་སྒོམ་བོའོ། །དང་པོ་འཁྲུགས་པ་དང། རྐུ་ཐབས་སུ་གནས་པ། མི་མ་ཡིན་པ་ལྷ་དང་ཀླུ་དང་གནོད་སྦྱིན་དང། སྲིན་པོ་དང། ཤ་ཟ་བ་དང། གྲུལ་བུམ་དང། ལུས་སྲུལ་པོ་དང། ཡི་དགས་ལ་སོགས་པ་རབ་ཏུ་བྱུང ་ཞིང་བསྙེན་པར་རྫོགས་པ་རྣམས་དང། འདི་ལས་ཕྱི་རོལ་པའི་དགེ་སྦྱོང་རྣམས་དང། འདི་བའི་དགེ་སློབ་མ་དང་དགེ་ཚུལ་དང། དགེ་ཚུལ་མ་རྣམས་ལ་གཞི་མེད་པ་དང། བག་ཙམ་གྱིས་སྐུར་བ་འདེབས་པ་ལ་ཡང་སྦོམ་པོ་ཁོ་ནའོ། །སྔོན་ལྟུང་བ་བྱུང་བའི ་དགེ་སློང་མ་དང། རྐུ་ཐབས་སུ་གནས་བ་མོ་དང། དང་པོ་འཁྲུགས་པ་མོ་དང། དགེ་སློང་སུན་ཕྱུང་བ་མོ་དང། མི་མ་ཡིན་པ་མོ་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་པ་དང། དགེ་སློབ་མ་དང། དགེ་ཚུལ་མ་དང། ཀུན་ཏུ་རྒྱུ་མོ་ལ་སོགས་པ་འདི་ལས་ཕྱི་རོལ་པའི ་དགེ་སྦྱོང་མ་ལ་གོས་རྙིང་པ་འཁྲུ་བ་དང། འཚེད་པ་དང། འཆགས་པ་དང། བལ་འཁྲུ་བ་དང། འཚང?་པ་དང་རྨེལ་དུ་བཅུག་ན་ཉེས་བྱས་སོ། །དེ་དག་ལས་ལེན་པ་དང་སློང་བ་དང། སྨད་གཡོགས་སྟོང་གཡོགས་དང་བཅས་པ་དང། རིན་ཐང་སོ་སོ་བ་དང་སྐུར་ ་བ་ཐོབ་ན་ཡང་ཅེས་བྱས་སོ། །སྔོན་བྱུང?་བ་བྱུང་བ་དང་དང་པོ་འཁྲུགས་པ་དང། རྐུ་ཐབས་སུ་གནས་པ་དང། དགེ་སློང་བ་བུན་ཕྱུང་བ་དག་ལས་བྱིན་ཕྲོགས་བྱེད་པ་དང། དེ་དག་གི་སྐྱོན་ནས་སྨྲ་པ་དང། དེ་དག་ལ?་ཕྲ་མ་བྱེད ་བ་དང། དེ་དག་གིས་རྩོད་པ་ལ་སྐྱོ་སྡོགས་བྱེད་པ་དང། དེ་དག་གི་གནས་ངན་ལེན་བརྗོད་པ་དང། དེ་དག་ལ་མིའི་ཆོས་བླ་མ་བརྗོད་པ་ཡང་ཉེས་བྱས་སོ། །དེ་དག་གིས་ཚོགས?་དབང་བ་འམ། དེ་དག་གི་རྙེད་པ་?་ཤེས་དོར་བྱས་སོ་ཞེས་སྐུར་བ་? ་པ་དེ་དག་གི་ཁས་བླངས་པ་ཉིད་ཀྱིས་རྣམ་པར་བཞག་པའི་བསླབ་པ་ལ་ཁྱད་དུ་གསོང་བ་དང། དེ་དག་ལ་འཕྱ་འམ་གཞོགས་འབྱས་བྱེད་པ་དང། དེ་དག་གི་གཙུག་ལག་ཁང་དུ་གནས་མལ་མ་བརྟུལ་བར་འགྲོ་བ་དང། དེ་དག་གིས་གཙུག་ལག་ཁང ་ནས་བཏིང་བ་མ་པོར་བར་འགྲོ་བ་དང། དགེ་འདུན་གྱི་གཙུག་ལག་ཁང་དུ་དེ་དག་ལ་ཕྱིས་གནོན་བྱེད་པ་དང། དེ་དག་གི་གཙུག་ལག་ཁང་?་དགེ་སློང་མེ་ཉམས་པ་ལ་ཕྱིས་གནོན་བྱེད་པ་དང། དགེ་འདུན་གྱིས་གཙུག་ལག་ཁང་ནས་དེ་དག་སྐྲོད་པ ་དང། དེ་དག་གི་གཙུག་ལག་ཁང་ནས་དགེ་སློང་མ་ཉམས་པ་སྐྲད་པ་དང། དེ་དག་གིས་གཙུག་ལག་ཁང་དུ་ཁྲི་རྩ?་བ་འབྱུང་བ་ལ་འདུག་པ་ཡང་ཉེས་བྱས་སོ། །སྔོན་ལྟུང་བ་བྱུང་བ་མོ་དང། དང་པོ་འཁྲུགས་པ་མོ་དང། རྒུ་ཐབས་སུ་གནས་པ་མོ་དང ་དགེ་སློང་སུན་ཕྱུང་བ་མོ་དང། འགྲོ་བ་གཞན་དུ་གཏོགས་བའི་དགེ་སློང་མ་ལ་མ་བསྐས་པར་སྟོན་པ་དང། དགེ་སློང་མ་དེ་དག་ལ་སྔོན་པ་ལ་ཟང་ཟིང་ཅུང་ཟད་ཙམ་གྱིས་ཕྱིར་སྟོན་ཏོ། །ཞེས་སྐུར་བ་འདེབས་པ་དང། དགེ་སློབ་མ་དང། དགེ་ཚུལ ་མ་དང། སྔོན་ལྟུང་བ་བྱུང་བའི་དགེ་སློང་མ་རྣམས་ལ་གོས་སྦྱིན་པ་དང། དེ་དག་གི་གོས་བྱེད་པ་དང། དེ་དག་དང་ལྷན་ཅིག་ལམ་དང་གྲུར་འགྲོ་བ་དང། དཔེན་པ་ནི་འདུག་པ་དང། འགྲེང་བ་དང། དེ་དག་གིས་སྦྱོར་དུ་བཅུག་པའི་ཟས་ཟ་བ་དང། ་དེ་དག་ལ་རྡེག་པ་དང། གཟས་པ་དང། དེ་དག་གི་གནས་ངན་ལེན་འཆལ་བདག་དག་གི་ཟན་གཅོད་དུ་འཇུག་པ་དང། དེ་དག་ལས་འདུན་པ་ཕྱིར་བསྒྱུར་བ་དང། དེ་དག་ལ་འགྱོད་བ་བསྐྱེད་བ་དང། གག་ཆིལ་བྱེད་པ་དང། སྤངས་པ་དབྱེད་པ་ཡང་ཉེས ་བྱས་སོ། །ཡོ་བྱད་སྤེད་པ་ནི་ཆོས་འདི་པའི་རབ་ཏུ་བྱུང་བ་དང་བསྙེན་པར་རྫོགས་པ་མ་རྟོགས་པ་གཞན་ཐམས་ཅད་ཀྱི་སྤོང?་པ་ལ་ཉེས་བྱས་སོ། །ཆོས་འདི་པའོ་སྤད་པ་ནི་ལྟུང་བྱེད་ཉིད་དོ། །དེ་དག་ལས་བྱིན་འཕྲོགས་བྱེད་པ་དང། གཞི་མེད་བར ་སྐྱུར་བ་འདེབས་པ་དང་བསླབ་པ་ལ་ཉེ་བར་འཇོག་པ་སྤོང་བ་ཡང་ཉེས་བྱས་སོ། །དགེ་ཆུལ་དང་དགེ་ཚུལ་མ་དང་དགེ་སློབ་མའི་?་བ་འམ། དེ་དག་དང་དགེ་སློང་དག་རྩ་དཔལ་ཉན་རྣ་བྱེད་པ་ཡང་ཉེས་བྱས་སོ། །མི་མ་ཡིན་པ་རབ་ཏུ་བྱུང་ཞིང ་བསྙེན་པར་རྫོགས་པ་དག་རྩད་པ་ལ་ཉན་ན་བྱེད་པ་ལ་ཡང་ཉེས་བྱས་སོ། །དགེ་ཚུལ་མ་དང་དགེ་སློབ་མ་དང་མ་ནིང་མོ་དང། རྒུས་ཐབས་སུ་གནས་པ་མོ་དང། དང་པོ་འཁྲུགས་པ་མོ་དག་ལམ་པོ་ཆེན་འདུག་པ་བསོད་སྙོམས་ཀྱི་ཕྱིར་གྲོང་དུ་འགྲོ་བ་དག ་ལས་བཅའ་བ་དད་བཟའ་བ་རང་གིས་ལག་གིས་བླངས་ཏེ་འཆོས་སམ་ཟོས་ན་ཡང་ཉེས་བྱས་སོ། །དེ་དག་གྲལ་རིམས་སུ་མི?་བབS་པར་འགྲིམ་དུ་འཇུག་པ་མ་བཟློག་པར་ཟ་བ་ལ་ཡང་ཉེས་བྱས་སོ། །མཚན་དང་ཁས་བླངས་པ་དག་གིས་ནོ ་རང་གི་ཕྱོགས་ཉིད་ཀྱི་ཡོངས་སུ་གཏོགས་སོ་ཞེས་བྱ་བ་ནི། ཕོ་དང་མོའི་མཚན་དང་ལྟ་བ་ཁས་བླངས་བ་དང་མ་བླངས་པ་དག་གི་ནི་རང་གི་ཕྱོགས་ཉིད་ཀྱི་ཁོངས་སུ་གཏོགས་པར་གྱུར་ཏེ། རང་གི་ཕྱོགས་ཉིད་དང་ཕྱོགས་གཅིག་ལིན་ནོ་ཞེས་བྱ་བའི་ཕ ་ཆིག་གོ། རང་གི་ཕྱོགས་ཉིད་ཀྱི་ཁོངས་སུ་གཏོགས་པ་གང་ཡིན་པ་དེ་ལས་ནི་རང་གི་ཕྱོགས་དང་མཐུན་པ་ལ་བརྟེན་བའི་ཁ་ན་མ་ཐོ་བར་འགྱུར་བ་ཉིད་དུ་རིག་པར་བྱའོ། །འདི་སྐང་བསྟན་ཏེ། རང་གི་ཕྱོགས་དང་མཐུན་པའི་དགེ་སློང་དང་དགེ་ཚུལ་ལ ་སོགས་པའི་གང་ཟག་དག་གི་ཕྱིར་དེ་དག་ལ་བསྡེག་པ་དང་གོས་སྤོང?་པ་ལ་སོགས་པའི་ལྟུང་བ་གང་ཡིན་པ་དེ་དག་ནི་མཚན་མཐུན་པ་དང་ལྟ་བ་མཐུན་པ་ཉིད་ཀྱིས་མཚན་མཐུན་པ་དང་ལྟ་བ་མཐུན་པ་ཉིད་དུ་བྱས་བླ?་པའི་? ་ཡིན་པ་དེ་ལ་ཡན་ལག་ཡིན་ནོ། །དེ་ལྟ་བས་ན་རང་གི་ཕྱོགས་ཉིད་ཀྱིས་ཁོངས་སུ་གཏོཌ་བ་མ་ཡིན་པ་ལ་ནི་ཚིགས་འོག་མར་འགྱུར་རོ། །ཇི་ལྟར་རང་གི་ཕྱོགས་ལ་ལོག་པ། བསྒྲུབ་པ་སྨད་པར་བྱ་བ་ཉིད་ཡིན་པ་དེ་ལྟར་གཞན་ལ་ལོག་པར་བསྒྲུབ་བ ་ནི་སྨད་པར་བྱ་བ་ཉིད་མ་ཡིན་པའི་རྣམ་པ་དེ་ལས་འདི་ལྟར་ཤེས་སོ། །དགེ་སློང་མ་རྣམས་ལ་ཡང་ཐམས་ཅད་དུ་རྣམ་པ་འདི་བཞིན་དུ་རིག་པར་བྱའོ། །འདིར་དཔེ་དག་བརྗོད་པར་བྱ་སྟེ་ཁས་བླངས་བས་མ་བླངས་པ་ལ་གོས་བྱིན་ནས་ཕྲོགས་པ་དང། ་ཁས་མ་བླངས་པས་ཁས་བླངས་པ་ལ་གོས་བྱིན་ནས་ཕྲོགས་པ་དང། དགེ་སློང་མ་དང་དགེ་སློབ་མ་དག་ལ་སྐྱོན་ནས་བརྗོད་པ་དང་དེ་གཉིས་ལ་ཕྲ་མ་བྱས་པ་དང། སྐྲོ་སྡོགས་བྱས་པ་དང། དེ་དག་གིས་གནས་ངན་ལེན་བརྗོད་པ་དང། དགེ་སློང་མའི་དགེ ་འདུན་དབང་བའི་རྙེད་པ་དགེ་སློང་མས་གཤེས་ངོར་བྱས་ཏེ་གཞན་དུ་བསྒྱུར་རོ་ཞེས་སྐུར་བ་འདེབས་པ་དང། དེ་དག་གི་བསླབ་པ་ལ་ཁྱད་དུ་གསོང་བ་དང། དགེ་སློང་མའི་དགེ་འདུན་གྱི་གཙུག་ལག་ཁང་གི་གནས་མ་ལ་མ་བརྟུལ་བར་འགྲོ་བ་དང། ་དགེ་སློང་མའི་གཙུག་ལག་ཁང་ནས་བཏིང་པ་མ་བརྟུལ་བར་འགྲོ་བ་དང། དགེ་སློང་མའི་གཙུག་ལག་ཁང་དུ་ཕྱིས་གནོམ་བྱེད་པ་དང། དེ་ནས་བསྐྲོད་པ་དེར་རྩ་བ་འབྱུང་བ་ལ་འདུག་བ་དང། ཁས་བླངས་བས་ཁས་མ་བླངས་བའི་དགེ་སློང་མ་རྣམས་ལ་མ ་བསྐོས་པར་སྟོན་པ་དང། གོས་སྦྱིན་པ་དང་གོས་བྱེད་བ་དག་དང། ཁས་མ་བླངས་པར་ཁམ་བླངས་བའི་དགེ་སློང་མི་རྣམས་ལམ་བསྐོས་པས་སྟོན་པ་དང། གོས་སྦྱིན་པ་དང་གོས་བྱེད་པ་དག་དང། ཁས་མ་བླངས་བས་ཁས་བླངས་པ་ལ་ཟང་ཟིང ་ཅུང་ཟད་ཙམ་གྱི་བྱིར་སྟོན་ཏོ་ཞེས་སྐུར་བ་འདེབས་བ་དང། ཁས་བླངས་བས་ཁས་མ་བླངས་བ་ལ་ཟང་ཟིང་ཆུ་བཟང་ཙམ་གྱི་ཕྱིར་སྟོན་ཏོ་ཞེས་སྐུར་བ་འདེབས་པ་དང། ཁས་མ་བླངས་བས་ཁས་བླངས་པ་མོ་དང་ལྷན་ཅིག་ལམ་དང་གླུང་འགྲོ་བ་དང། ཁས་བླངས ་བས་ཁས་མ་བླངས་པ་མོ་དང་ལྷན་ཅིག་ལམ་དང་གྲུར་འགྲོ་བ་དང། ཁས་མ་བླངས་བས་ཁས་བླངས་པ་མོས་སྦྱོར་དུ་བཅུག་པ་?་བ་དང། ཁས་བླངས་པས་མཁས་པ་གྲངས་པ་ཆོས་སྦྱོར་དུ་བཅུག་པ་ཟ་བ་དང། ཁས་མ་བླངས་པ་མཁས་བླངས་པའི་ཀྱི་མ་ནས་ལྷུང ་བཟེད་དོ་གསུམ་ཙམ་ལས་ལྷག་པར་ལེན་པ་དང། ཁས་བླངས་བས་ཁས་མ་བླངས་བའི་ཁྱིམ་ནས་ལྷུང་བཟེད་དོ་གསུམ་ཙམ་ལས་ལྷག་པར་ལེན་པ་དག་ནི་ཉེས་བྱས་སོ། །བྱིན་ཡན་ནི་རྣམ་པ་ཐམས་ཅད་རུང་གི་ཕྱོགས་ཉིད་ཀྱིས་ཁོངས་སུ་གཏོགས་པ་མ་ཡིན ་བས་བྱས་ན་མ་བྱས་པ་ཉིད་ཡིན་ནོ། །ཁས་མ་བླངས་པས་ཁས་བླངས་པས་ཟས་བསོད་བ་བླངས་པ་ཟོས་པ་དང། ཁས་བླངས་པས་ཁས་མ་བླངས་པས་ཟས་བསོད་བ་བླངས་པ་ཟོས་པ་དང། དགེ་སློང་མ་དང་བསླབ་པ་བྱིན་པ་མ་ལ་རྡེག་པ་དང་ག་ཟས་པ ་དག་དང། དེ་གཉིས་ཀྱི་གནས་ངན་ལེན?་བཅབས་པ་དང། ཁས་བླངས་པས་ཁས་མ་བླངས་པ་མོ་ལས་ཟས་ལེན་པ་དང། ཁས་མ་བླངས་པས་ཁས་བླངས་པ་མོ་ལས་ཟས་ཡིན་པ་དང། ཁས་མ་བླངས་པས་ཁས་བླངས་བའི་དུན་པ་ཉིན་ནས་ཕྱིར་བསྒྱུར་བ་དག ་ཁས་བླངས་པས་ཁས་མ་བླངས་པ་ལས་དུན་པ་འབྱིན་ནས་ཕྱིར་འགྱུར་བ་དང། དགེ་སློང་མ་དང་བསླབ་པ་བྱིན་པ་མོ་ལ་འགྱོད་པ་སྐྱེད་བ་དང། སྤངས་པར་བྱེད་པ་དང། སྐུར་བ་འདེབས་པ་དག་དང། ཁས་བླངས་བས་ཁས་མ་བླངས་པའི་ལོ་བྱད་ཐིང ་པ་དང། བྱིན་འཕྲོག་བྱེད་པ་དང། ཁས་མ་བླངས་པས་ཁས་བླངས་པའི་ཡོ་བྱད་སྤོང་པ་དང། བྱིན་འཕྲོག་བྱེད་པ་དང། ཁས་བླངས་པས་ཁS་མ་བླངས་པའི་བསླབ་པ་ལ་ཉེ་བར་འཇོག་པ་སྤོང་བ་དང། བླ་མ་བླངས་པས་ཁས་བླངས་པའི་བསླབ་པ་ལ་ཉེ་བ ་འཇོག་པ་སྤོང་བ་དང། དགེ་སློང་མ་དང་ལྷན་ཅིག་དགེ་སློང་རྩོད་པ་ལ་ཉན་རྣ་བྱེད་པ་དང། དགེ་སློང་མ་རྣམས་ཀྱིས་ཐུན་མོང་མ་ཡིན་པ་སྟོན་པ་ལ་ཁོ་བོ་འདི་ལ་མི་སློབ་བོ་ཞེས་ཟེར་བདག་ཀྱང་ཉེས་བྱས་སོ། །འདིར་གཏོགས་པ་ལ་ཁྱིམ་པ་ལ ་ནི་རྟགས་ཅན་ཉིད་ཀྱི་བས་ན་སྨད་དོ་ཞེས་བྱ་བ་ནི། དགེ་སློང་དང་དགེ་སློང་མ་ཉིད་ཀྱི་རྒྱུ་མཚན་གྱི་ཁ་ན་མ་ཐོ་བ་འདིར་གཏོགས་པ་ལ་ཁྱིམ་པ་རབ་ཏུ་མ་བྱུང་བའི་གང་ཟག་ལ་ནི་རྟག་ཅན་ཉིད་ཀྱི་བས་ན་སྨད་པར་བྱ་བ་སྟེ། ཅི་ལྟར་འདིར་ཕྱི་རོལ་བའི་རབ་ཏུ་བྱུང་བ ་ལ་ན་སྨད་པ་ཉིད་བཞིན་དུ་ཁྱིམ་པ་ལ་ཡང་དེ་བཞིན་ཏེ་ཕྱི་རོལ་པའི་རབ་ཏུ་བྱུང་བའི་རྒྱུ་མཚན་ལས་ན་སྨད་པ་དེ་པས་ཀྱང་ཁྱིམ་པ་ལ་ཆེས་ན་སྨད་པར་ཤེས་པར་བྱའོ། །ཁྱིམ་པར་གྱུར་བའི་སྐྱེས་པ་དང་བུད་མེད་ལ་གཞི་མེད་པ་དང། བག་ཙམ་དག་གིས ་སྐུར་པ་འདེབས་པ་དང། རྡེག་པ་དང་གཟས་པ་ལ་སོགས་པའི་ཚུལ་གཞན་ལ་ཡང་ཉེས་བྱས་ཕྲ་མོར་འགྱུར་རོ་ཞེས་བྱ་བ་དེ་གོ་བར་བྱ་བའི་ཕྱིར་མདོ་འདི་བྱས་སོ། །མི་མ་ཡིན་པ་རྟགS་ཅན་མ་ཡིན་པ་ལ་སྐྱོན་ནས་སྨྲ་བ་དང་ཕྲ་མ་བྱེས་པ་ནི་ཉེས་བྱས་ཕྲ ་མོའོ། །མི་མ་ཡིན་པ་ཁྱིམ་བ་རྣམས་ལ་འཕྱ་བ་དང་ཁྱིམ་པའི་གནས་མལ་མ་བརྟུལ་བར་འགྲོ་བ་དང་མི་མ་ཡིན་པ་ཁྱིམ་པ་རྣམས་སྐྲོད་པ་དང། དེ་དག་དང་དུད་འགྲོ་དང་ཡི་དགས་མི་མ་ཡིན་པ་གཞན་དག་ལ་རྡོག་པ་དང་གཟས་པ་དག་དང། མི་མ་ཡིན ་པ་དང་མི་ལ་སོགས་པའི་ཁྱིམ་པ་དེ་གཉི་གས་སྦྱོར་དུ་བཅུག་པ་ཟ་བ་དང། དེ་དག་ལ་འགྱོད་པ་བསྐྱེད་བ་དང། ག་ག་ཚིལ་བྱེད་པ་དང་སྐུར་པ་འདེབས་པ་ལ་ཡང་ཉེས་བས་ཕྲ་མོའོ། །འདིར་མི་མ་ཡིན་པ་དང་ལྡན་པའི་དཔེ་དག་ལ་ནི་རྒྱུ་གཉིས་ཀྱིས་ན་སྨད ་པར་ཤེས་པར་བྱ་སྟེ། ཁྱིམ་པ་ཉིད་ཡིན་བའི་ཕྱིར་དང་མི་མ་ཡིན་པ་ཉིད་ཡིན་པའི་ཕྱིར་རོ། །དེས་ན་ན་སྨད་པ་བས་ཀྱང་ཆེས་ན་སྨད་པའི་ཉེས་བྱས་ཕྲ་མོར་ཤེས་པར་བྱའོ། །རབ་ཏུ་བྱུང་བའི་རྫས་དག་ལ་ནི་རུང་བ་ཉིད་དང་ཚད་དང་ལྡན་པ་ལ་སོགས་པ ་པ་ཉིད་དོ་ཞེས་བྱ་བ་ནི། རབ་ཏུ་བྱུང་བའི་རྫས་ལྷུང་བཟེད་དང་ཆོས་གོས་ལ་སོགས་པ་དག་ལ་ནི་རུང་བ་ཉིད་དང། ཚད་དང་ལྡན་པ་ལ་སོགས་པ་ཉིད་ཅེས་བྱ་བ་དེ་གཉིས་ལྟུང་བའི་ཡན་ལག་ཡིན་ཏེ་རུང་བ་ཉིད་དང་ཚད་དང་ལྡན་པ་ལ་སོགས་པ་ཉིད་ཅེས ་བྱ་བའི་ཡན་ལག་དེ་གཉིས་དང་བྲལ་བ་རུང་བ་མ་ཡིན་པ་ཉིད་དང་ཚད་དང་ལྡན་པ་མ་ཡིན་པ་ལ་ནི་ཚིགས་འོག་མར་ན་སྨད་པ་ཉིད་ཡིན་གྱི། ལྟུང་བའི་དངོས་གཞིར་ནི་མི་འགྱུར་རོ། །དེ་ལ་རུང་བ་མ་ཡིན་པ་ཉིད་ཅེས་བྱ་བ་ནི་གོས་གང་ཐག་པས་མ ་བཏགས་པ་དང། བ་ལང་དང་རྔ་མོ་དང་ར་དང་རི་དགས་ཀྱི་བལ་ལས་བྱས་པ་དང། ཨརྒའི་ཤིང་བལ་ལས་བྱས་པ་གང་ཡིན་པ་དང་རྒྱུ་སྤུན་གཉིས་ལས་གང་ཡང་རུང་བ་བ་ལང་དང་རྔ་མོང་དང་ར་དང་རི་དགས་ཀྱི་བལ་ལ་སོགས་པ་དང་འདྲེས་པ་ཉིད་གང ་ཡིན་པ་དེ་ཡང་རུང་བ་མ་ཡིན་པ་ཉིད་དོ། །ལྷུང་བཟེད་རུང་བ་མ་ཡིན་པ་ནི་སོ་མ་བཏང་བ་དང། དཀར་པོ་དང་རིན་པོ་ཆེ་ལ་སོགས་པ་ལས་བྱས་པའོ། །དེ་དག་ལས་བཟློག་པ་ནི་ཆོས་གོས་དང་ལྷུང་བཟེད་ལ་སོགས་པ་རུང་བ་ཉིད་ཡིན་ནོ། །ཚད་དང ་ལྡན་པ་ལ་སོགས་པ་ཉིད་ཅེས་བྱ་བ་ལ་ཚད་དང་ལྡན་པ་ཞེས་བྱ་བ་ནི་ཆོས་གོས་རང་གི་ཁྲུ་ཚད་དང་ལྡན་པ་དང། གོས་ལྷག་ཀྱང་ཁྲུ་གང་གི་ཚད་དང་ལྡན་པའོ། །ལྷུང་བཟེད་ཀྱང་བྱིན་གྱིས་བརླབ་ཏུ་རུང་བ་གསུམ་གྱི་ཚད་དང་ལྡན་པའོ། །སོགས་པ ་ཞེས་བྱ་བའི་སྒྲས་ནི་ཚད་པས་ལྷག་པས་བསྡུས་ཏེ་ཆོས་གོས་རང་གི་ཁྲུ་ཚད་ལས་ལྷག་པ་དང། གོས་ལྷག་ཀྱང་ཁྲུ་གང་གི་ཚད་ལས་ལྷག་པ་དང། །ལྷུང་བཟེད་ཀྱང་བྱིན་གྱིས་བརླབ་ཏུ་རུང་བ་གསུམ་གྱི་ཚད་ལས་ལྷག་པའོ། །དེ་ལྟར་ན ་རབ་ཏུ་བྱུང་བའི་རྫས་དག་ལ་ནི་རུང་བ་ཉིད་དང་ཚད་དང་ལྡན་པའམ། ཚད་ལས་ལྷག་པ་ཉིད་ལ་དངོས་གཞིའི་ཁ་ན་མ་ཐོ་བར་འགྱུར་རོ། །འདིར་དགེ་ཚུལ་ལ་སོགས་པ་དབང་བའི་རྫས་དག་ལ་ཡང་ཡན་ལག་དེ་གཉིས་འཇུག་པར་བསྟན་པའི ་ཕྱིར་རབ་ཏུ་བྱུང་བའི་རྫས་དག་ལ་ཞེས་སྨོས་ཏེ། བསྙེན་བར་རྫོགས་བའི་ཞེས་མ་སྨོས་སོ། །འདིར་ཚད་ལས་ལྷག་པ་ཡན་ལག་ཡིན་པའི་གཞུང་ནི་སྲིན་བ་ལ་གྱི་སྟན་གྱི་སྐབས་ནས་བདེ་པར་གཤེགས་པའི་གདན ་གྱི་ཚད་བགྱིད་ན་ལྟུང་བ་ཅིར་འགྱུར་སྤང་བའི་ལྟུང་བྱེད་དོ་ཞེས་གསུངས་པ་ཡིན་ཏེ། དེ་ན་ལྷག་པ་ནི་ན་སྨད་བའི་རྒྱུར་མི་འགྱུར་རོ། །ཆོས་གོས་དང་ལྷུང་བཟེད་རུང་བ་མ་ཡིན་པ་ཉིད་དང་ཚང་བས་ཆུང་བ་ལ་ནིན་སྨད་པར་འགྱུར་ཏེ། །དེས་ན ་ཆོས་གོས་རུང་བ་མ་ཡིན་པ་དང་ཚད་པས་ཆུང་བ་བྱིན་གྱིས་བརླབ་པ་དེ་དང་བྲལ་ན་ཡང་ཉེས་བྱས་སོ། །ཞག་བཅུ་ལས་ལྷག་བར་འཆང་བ་དང་རྙིང་པ་དགེ་སློང་མ་ཉེད་དུ་མ་ཡིན་པ་ལ་འཁྲུར་བཅོལ་བ་དང་དགེ་སློང་མ་ཉེད་དུ་མ་ཡིན་པ་ལས་བླངས ་བ་དང། ཁྱིམ་བདག་དང་ཁྱིམ་བདག་གི་ཆུང་མ་དག་ལས་བླངས་པ་དང། བ་ལང་གི་སྤུ་དང། གསོ་མ་ལ་སོགས་པ་དང་བསྲེས་པའི་སྲིན་བལ་དང་ལུག་གི་བལ་ནག་པོ་འབའ་ཞིག་ཤས་ཆེ་བའི་སྟན་བྱེད་པ་དང་ཐ་ག་པས་མ་བཏགས་པའི་གོས་དང ་འདྲེས་པའི་སྟན་བྱེད་པ་ཡང་ཉེས་བྱས་ཏེ་འདི་ལ་ནི་རྫས་ཆུང་བསན་སྨད་པར་བྱ་བའི་ཡང་ཡིན་གྱི་རུང་བ་མ་ཡིན་པ་ཉིད་འབའ་ཞིག་གི་ཕྱིར་ནི་མ་ཡིན་ནོ། །འཐག་ཏུ་བཅུག་པ་དང་ཐག་པ་བསྐྱེད་པ་དང་ཕྱིན་འཕྲོག་བྱས་བ་དང་གཏང་བ་ལས་བྱུང ་བ་ཞག་ད་བཅུ་ལས་ལྷག་པར་འཇོག་པ་དང། དབྱར་གྱི་རས་ཆེན་རུང་བ་མ་ཡིན་པ་དུས་ལས་སྔར་འཚོལ་བ་དང། དུས་ལས་ཡོལ་བར་འཇོག་པ་དང། གནས་མལ་མ་བསྡུས་བར་འགྲོ་བ་དང། ཁྲི་དང་ཁྲིའུ་རུང་བ་མ་ཡིན་པའི་ཁྲི་རྐང་ཁྲུ་གང་ལས་ལྷག ་པར་བྱེད་པ་དང། རིན་པོ་ཆེའི་ཁྲི་འམ་ཁྲིའུ་བྱེད་པ་དང། ཟས་རུང་བ་མ་ཡིན་པ་གསོག་འཇོག་བྱས་བ་དང། བཟའ་བ་དང་བཅའ་བ་རུང་བ་མ་ཡིན་པ་གཅེར་བུ་བ་དང་གཅེར་བུམ་ལ་སྦྱིན་པ་ཡང་ཉེས་བྱས་ཏེ། དེ་ནི་སྦྱིན་པ་པོ་འབའ་ཞིག་ཏུ་མ་ཟད ་ཀྱི་སྦྱིན་པར་བྱེད་པ་ལ་ཡང་ཉེས་བྱས་སོ། །གོས་རུང་བ་མ་ཡིན་པ་དང། ཆུང་བ་ཁ་མ་བསྒྱུར་བར་གྱོན་པ་ཡང་ཉེས་བྱས་སོ། །དེ་བཞིན་དུ་ལྷུང་བཟེད་རུང་བ་མ་ཡིན་པ་དང་ཆུང་བཞག་བཅུ་འམ་ཞག་གཅིག་ལྷག་པར་འཆང་བ་དང། ལྷག་པར་བཙལ་བ་ལ ་ཡང་ཉེས་བྱས་སོ། །རིན་པོ་ཆེ་ལ་སོགས་པ་ལས་བྱས་བའི་ཁ་བར་ལ་ལ་སོགས་པ་བྱེད་པ་དང། ཡོ་བྱང་རུང་བ་མ་ཡིན་པ་སྦེད་པ་དང། ནོར་བུ་དང་བ་སོ་དང། རིན་པོ་ཆེ་ལས་བྱས་པའི་ཁྲི་རྐང་ཚད་ལས་ལྷག་པར་བྱེད་པ་དང། རིན་པོ་ཆེ་ལ་སོགས་པ་རུང་བ ་མ་ཡིན་པ་ལས་བྱས་པའི་ཁྲི་དང་ཁྲིའུ་ལ་ཤིང་བལ་གྱིས་གོས་པར་བྱེད་པ་དང། གོས་རུང་བ་མ་ཡིན་པ་ཨརྒའི་ཤིང་བལ་དང། རྔ་བལ་ལ་སོགས་པ་རུང་བ་མ་ཡིན་པ་སྟོན་ལ་སོགས་པ་བྱེད་པ་ལ་ཡང་ཉེས་བྱས་སོ། །ད་ནི་ཡན་ལག་གཉིས་ཀྱིས ་དཔེ་མདོར་བསྡུས་པ་བསྟན་པར་བྱ་སྟེ་གོས་རུང་བ་མ་ཡིན་པ་དང་ཚད་ལས་ཆུང་བ་ཞག་བཅུ་ལས་ལྷག་པར་འཆང་བ་དང། ཁྱིམ་བདག་དང་ཁྱིམ་བདག་གི་ཆུང་མ་དག་ལས་ལེན་པ་དང། ལྷུང་བཟེད་གཅིག་སློང་བ་དང་གོས་གཅིག་འཁྲུར་འཇུག་པ ་ཡང་ཉེས་བྱས་སོ། །གཞན་གྱི་དོན་དུ་བྱིན་འཕྲོག་བྱེད་པ་དང། བཏང་བ་ལས་བྱུང་བ་ཞག་བཅུ་ལས་ལྷག་པར་འཇོག་པ་དང། དབྱར་གྱི་རས་ཆེན་ཆུང་དུ་སྔར་འཚོལ་བ་དང་ཕྱིས་འཆང་བ་དང། གཉི་ག་ལས་གཅིག་ལེན་བ་ལ་ཡང་ཉེས་བྱས་སོ།། ་རང་གི་དོན་དེ་ཉིད་གཙོ་ཆེར་ཡོད་པའོ་ཞེས་བྱ་བ་ནི། ཁ་ན་མ་ཐོ་བ་གང་ལ་རང་གི་དོན་ཉིད་གཙོ་ཆེར་ཡོད་པ་དེ་ལ་རང་གི་དོན་ཉིད་ཁ་ན་མ་ཐོ་བ་ཡོངས་སུ་རྫོགས་པར་བྱེད་པ་ཡིན་གྱི་གཞན་གྱི་དོན་ནི་ཁ་ན་མ་ཐོ་བ་ཡོངས་སུ་རྫོགས་པར་བྱེད་བ་མ་ཡིན ་ཏེ། རང་གི་དོན་མ་ཡིན་པ་གཞན་གྱི་དོན་དུ་བྱེད་པ་དེ་ནི་ཚིགS་འོག་ཡར་ན་སྨད་པའི་བྱེད་པ་པོ་ཡིན་ནོ། །འདིར་དཔེ་བརྗོད་པར་བྱ་སྟེ་གཞན་གྱི་དོན་དུ་འཁྲིག་བ་ལྡན་པ་སྨྲ་བ་དང། བསྙེན་བཀུར་བསྔགས་བ་དག་ནི་སྦོམ་པོའོ། །གཞན་གྱི་དོན་དུ་དགེ་ ་སློང་མ་ཉེ་དུ་མ་ཡིན་པ་ལ་གོས་འཁྲུང་འཇུག་པ་ལ་སོགས་པ་ནི་ཉེས་བྱས་སོ། །འདིར་དགེ་འདུན་གྱི་དོན་དུ་བྱེད་དུ་འཇུག་པ་ཡང་གཞན་གྱི་དོན་ཁོ་ན་ཡིན་ནོ། །རང་དང་གཞན་གཉི་གི་འདོན་དུ་བྱེད་དུ་འཇུག་པ་ལ་ཡང་གཞན་གྱི་དོན་ཁོ ་ན་ཡིན་ཏེ། དེ་ལ་བདག་ཉིད་མ་གཏོགས་པར་དོན་དུ་གཉེར་བ་གཞན་ཡོད་པའི་ཕྱིར་རོ། །དེ་ལྟ་བས་ན་དགེ་འདུན་གྱི་དོན་དང་རང་དང་གཞན་གཉི་གའི་དོན་དུ་འཁྲིག་པ་དང་ལྡན་པ་སྨྲ་བ་ངང། བསྙེན་བཀུར་བསྔགས་པ་དག་ཀྱང་སྦོམ་པོར་རིག་པར་བྱ་སྟེ། ་ཡོན་བདག་གིས་དགེ་སློང་གཞན་གཅིག་གམ་དུ་མའི་ཕྱིར་པགས་པའི་གོས་གང་ཡིན་པ་དང་དེ་དག་གིས་ཕྱིར་བསྔོས་པའི་ལྷུང་བཟེད་དང་ཆོས་གོས་ལ་སོགས་པ་ཡོ་བྱད་གང་དག་ཡིན་པ་དེ་དག་ཡོན་བདག་གིས་དགེ་སློང་གཞན་གང་དག་ལ་སྤགས ་ཤིང་བསྔོས་པའི་དགེ་སློང་དེ་དག་ཉིད་ཀྱི་དོན་དུ་དགེ་སློང་གཞན་ཞིག་གིས་ཡོན་བདག་དེ་ལ་བསྐུལ་ཏེ་དགེ་སློང་གཞན་དེ་དག་གིས་ཡོ་བྱད་དེ་དག་ཐོབ་ན་ཡང་དེའི་ཚེ་སྐུལ་མ་བྱེད་བྱེད་པའི་དགེ་སློང་གཞན་དེ་ལ་ཉེས་བྱས་སོ། །དགེ་སློང་མ་དང ་དགེ་སློབ་མ་དང་དགེ་ཚུལ་དང་དགེ་ཚུལ་མ་དང་དགེ་སྦྱོང་དང་བྲམ་ཟེ་གཞན་དག་དང། སྔོན་ལྟུང་བ་བྱུང་བ་ལ་སོགས་པ་དག་གིས་དོན་དུ་བྱེད་དུ་བཅུག་པ་ཡང་དེ་བཞིན་ནོ། །དགེ་སློང་གཞན་གཅིག་གམ་དུ་མའི་དོན་དུ་སྲིན་བལ་དང་བལ་ནག་པོ ་འབའ་ཞིག་དང་ཆ་གཉིས་ལས་ལྷག་པའི་སྟན་བྱེད་དུ་འཇུག་པ་ལ་ཡང་ཉེས་བྱས་སོ། །གཞན་གྱི་དོན་དུ་ལྷུང་བཟེད་ལྷག་པ་འཚོལ་བ་དང་འཐག་ཏུ་འཇུག་པ་དང། འཐག་བ་བསྐྱེད་པ་དང་ཁབ་རལ་བྱེད་དུ་འཇུག་པ་དང། ཤིང་བལ་གྱིས་གོས་བང་བྱེད ་པ་ལ་སོགས་པ་ཡང་ཉེས་བྱས་སོ། །གཞན་གྱི་དོན་དུ་དགེ་སློང་མ་ལས་ཟས་ལེན་པ་དང། གྲལ་རིམས་སུ་མ་ཕེབས་པར་འདྲི་མ་དུ་འཇུག་པ་མ་བཟློག་པ་ཡང་ཉེས་བྱས་སོ། །རྣམ་པར་རིག་བྱེད་ལ་ནི་དོན་གོ་བའོ་ཞེས་བྱ་བ་ནི། ངག་གི་རྣམ་པར་རིག ་བྱེད་ཀྱི་སྨྲ་བ་དང་སློང་པ་ལ་སོགས་པ་ལ་ནི། གཞན་གྱི་དོན་གོ་བ་ཉིད་དངོས་གཞིར་འགྱུར་བའི་ཡན་ལག་ཡིན་ཏེ། རྣམ་པར་རིག་བྱེད་ཀྱིས་འབྲས་བུ་ནི་དོན་གོ་བ་ཡིན་པའི་ཕྱིར་རོ། །དོན་མགོ་བ་ལ་ནི་ན་སྨད་དོ། །དེས་ན་སྙོམས་པར་བཞུགས་པ་ལ ་འཁྲིགས་པ་དང་ལྡན་པ་སྨྲ་བ་དང། བསྙེན་བཀུར་བསྔགས་པ་དག་ལ་ནི་སྒོམ་པོའོ། །དེ་བཞིན་དུ་གཉིས་ལོག་པ་དང་སྙོམས་པར་ཞུགས་པ་དང་གླེན་པ་དང་འོན་བ་དག་ལ་གཞི་མེད་པ་དང་བག་ཙམ་གྱིས་སྐུར་པ་འདེབས་པ་ཡང་སྦོམ་པོའོ། །གླེན་པ ་དང་འོན་པ་ངག་དང་ལྷན་ཅིག་མངོན་མཚན་ཅན་གྱིས་སྤྱོད་པ་དང་ཉོ་ཚོང་བྱེད་པ་ལ་ནི་ཉེས་བྱས་སོ། །འཐག་པ་དང་འཐག་པ་བསྐྱེད་དུ་གཞུག་པའི་ཕྱིར་དེ་གཉིས་ལ་གོ་བར་བྱེད་པ་དང་དབུས་དང་མཛའ་ཁོབ་པ་དག་ལ ་སྐད་གཞན་གྱིས་སྐྱོན་ནས་སྨྲས་ཏེ། དོན་མ་གོན་ཡང་ཉེས་བྱས་སོ། །དེ་གཉིས་ལ་ཕྲ་མ་བྱེད་པ་དང། གླེན་བ་དང་འོན་པ་གཉིས་ལ་སྐྱོ་སྔོགས་བྱེད་པ་དང། བུད་མེད་གཉིས་ལོག་པ་ལ་ཆོས་སྟོན་པ་དང། ངོ་ཚ་མེད་པ་དང་མཛའ་འཁོབ་བ་དང་གླིང ་གཞན་ནས་སྐྱེས་པ་དང་གཉིས་ལོག་པ་དང་མྱོས་པ་དང་བག་མེད་པ་དང་སྙོམས་པར་ཞུགས་པ་དང་གླེན་པ་དང་འོན་པའི་རིག་པའི་སྐྱེས་པ་དང་ལྷན་ཅིག་ཆོས་སྟོན་པ་ཡང་ཉེས་བྱས་སོ། །གླེན་བ་དང་འོན་པ་དག་དང་ཚིག་མཐུན་པ་དང་ཚིག་ལྷག ་པར་ཟློས་པ་ཡང་ཉེས་བྱས་སོ། །ངོ་ཚ་མེད་པ་དང། མཛའ་འཁོབ་པ་དང་དབུས་པ་དག་ལ་སྐད་གཞན་གྱིས་གནས་དན་ལེན་བརྗོད་པ་དང་འོན་པ་དང་གླེན་པ་དག་ལ་མིའི་ཆོས་བླ་མ་བརྗོད་པ་དང། ངོ་ཚ་མེད་པ་དང་མཛའ་འཁོབ་པ་དང་དབུས་པ ་དག་ལ་སྐད་གཞན་གྱིས་གཤེས་དོར་བྱས་སོ། །ཞེས་སྐུར་པ་འདེབས་པ་དང། གླེན་པ་དང་འོན་པ་དག་ལ་བསླབས་པ་ཁྱད་དུ་གསོད་པ་དང། འཕྱ་བ་དང་གཞོགས་འཕྱས་བྱེད་པ་དང། བསྒོ་བ་རྣལ་གཟོན་པ་ཡང་ཉེས་བྱས་སོ། །དེ་དག་ལམ་བསྐོས ་པར་སྟོན་པ་དང། དེ་དག་ལ་ཟས་ཅུང་ཟད་ཙམ་གྱིས་ཕྱིར་སྟོན་ཏོ། །ཞེས་སྐུད་པ་འདེབས་བ་དང། དེ་དག་གིས་སྦྱོར་དུ་བཅུག་པ་ཟ་བ་དང། མེ་འབུད་དུ་བཅུག་པ་དང། འགྱོད་པ་སྐྱེད་པ་དང། དངངས་པར་བྱེད་པ་དང། གཞི་མེད་པར ་སྐུར་པ་འདེབས་པ་དང་སྐད་གཞན་གྱིས་བསླབ་པ་ལ་ཉེ་བར་འཇོག་པ་དང་སྤོང་བ་ཡང་ཉེས་བྱས་སོ། །སྨྲ་པ་པོ་ཉིད་ལ་ཡོད་བ་སྟེ་བསོད་པ་དང་རང་གི་དོན་དུ་རྐུབ་དག་ལས་གཞན་པའི་འོ་ཞེས་བྱ་བ། སྨྲ་བའི་དངོས་པོ་ནི་སྨྲ་བ་ཉིད་ད?་ཚིག་བརྗོད་བར ་ནུས་པའོ། །གང་ཟག་གང་ལ་དེ་ཡོད་པ་ད་ནི་སྨྲ་བ་པོ་ཉིད་དོ། །གང་ཟག་སྨྲ་བ་པོ་ཉིད་དེ་ལ་དོན་གོ་བ་གང་ཡིན་པ་དེ་ནི་རྣམ་པར་རིག་བྱེད་ཀྱིས་ཡན་ལག་ཡིན་གྱི། ལྐུགས་པ་དང་ཀླ་ཀློ་ལ་སོགས་པའི་གང་ཟག་དོན་དེ་དང་འབྲེལ་པ་སྨྲ་མི་ཤེས་ཤིང ་སྨྲ་བ་པོ་ཉིད་མ་ཡིན་པ་གཞན་དག་ལ་དོན་གོ་བ་ཡོད་པ་གང་ཡིན་པ་དེ་ནི་རྣམ་པར་རིག་བྱེད་ཀྱི་ཡན་ལག་མ་ཡིན་ཏེ། དེ་དག་ལ་དོན་གོ་བ་ཡོད་པ་ནི་འཇིག་རྟེན་གྱི་ཐ་སྟང་ལ་ཉེ་བར་སྦྱར་དུ་རུང་བ་ཉིད་མ་ཡིན་པའི་ཕྱིར་བུམ་བའི་ནང་གི་མར་མེ་དང ་འདྲའོ། །དེའི་ཕྱིར་འདིར་སྨྲ་བ་བོ་ཉིད་ལ་ཡོད་བའི་དོན་གོ་བ་གང་ཡིན་པ་དེ་ནི་རྣམ་པར་རིག་བྱེད་ཀྱི་ཡན་ལག་ཡིན་པར་བསྟན་ཏོ། །བསོད་པ་དང་རང་གི་དོན་དུ་རྐུ་བ་དག་ལས་གཞན་པའིའོ་ཞེས་བྱ་བ་ནི། སྨྲ་བ་པོ་ཉིད་མ་ཡིན་པ་ལ་ཡོད་པའི་དོན ་གོ་བ་གང་ཡིན་པ་དེ་ནི་གསོང་པ་དང་རང་གི་དོན་དུ་རྐུ་བ་དག་ལས་གཞན་པ་ངག་ལ་ཡན་ལག་མ་ཡིན་གྱི་དེ་གཉིས་ལ་ནི་ཡན་ལག་ཡིན་པར་རིག་པར་བྱའོ། །དེ་ལྔ་བས་ན་ལྐུགས་བ་ལ་སོགས་པ་དག་དོན་གོ་བ་ཡོད་པ་གང་ཡིན་པ་དེ་ནི་འདི་ལྟར་སྨྲ་བ་པོ ་ཉིད་མ་ཡིན་དུ་ཟིན་ཀྱང་གསོང་པ་དང་རང་གི་དོན་དུ་རྐུ་བའི་ཡུལ་ལ་ནི་རྣམ་པར་རིག་བྱེད་ཀྱི་ཡན་ལག་ཡིན་ནོ། །དེས་ན་ལྐུགས་པ་ལ་བཞི་མེད་པ་དང་བག་ཙམ་གྱིས་སྐུང་པ་འདེབས་པ་ལ་ནི་སྦོམ་པོའོ། །ལྦུགས་བ་དང་ལྷན་ཅིག་མངོན་མཚན་ཅན ་གྱིས་སྤྱོད་པ་དང། ཉོ་ཚོང་བྱེད་པ་དང་འཐག་ཏུ་གཞུག་པ་དང། འཐག་པ་བསྐྱེད་པའི་ཕྱིར་ཕྱིར་གོ་བར་བྱེད་པ་དང། སྐྱོན་ནས་སྨྲ་བ་དང་ཕྲ་མ་བྱེད་པ་དང། སྐྱོ་སྔོགས་བྱེད་པ་དང་སྟོན་པ་དང་ཀློག་པ་དག་དང་དེ་དག་ལ་གནས་ངན་ལེན་དང། མིའི་ཆོས་བླ་མ་བརྗོད ་བརྗོད་པ་དང། གཤེས་དོར་བྱས་སོ་ཞེས་བྱ་བ་སྨྲས་ཏེ། བསླབ་པ་ཁྱད་དུ་གསོད་པ་དང། འཕྱ་བ་ངང་གཞོགས་འཕྱས་བྱེད་པ་དང། བསྒོ་བ་རྣལ་གཟོན་པ་དང། དེ་དག་ལ་མ་བསྐོས་པར་སྟོན་པ་དང། དེ་དག་ལ་སྟོན་པ་ལ་ཟང་ཟིང་ཅུང་ཟད་ཙམ་གྱི་ཕྱིར ་སྟོན་ཏོ་ཞེས་བསྐུར་པ་འདེབས་པ་དང། དེ་དག་གིས་སྦྱོར་དུ་བཅུག་པ་ཟ་བ་དང། དེ་དག་མེ་འབུད་དུ་བཅུག་པ་དང། དེ་དག་གིས་བསླབ་པ་ལ་ཉེ་བར་འཇོག་པ་སྤོང་བ་ལ་ཡང་ཉེས་བྱས་སོ། །ཡང་དག་པར་ལེན་པར་བྱེད་པ་ལ་ནི་དེང་མ་ཟད་དོ་ཞེས་བྱ་བ ་ནི། སྡོམ་པ་ལ་སོགས་པ་ཡང་དག་པར་ལེན་པར་བྱེད་པ་ལ་ནི་སྔར་སྨྲ་བ་པོ་ཉིད་ལ་ཡོད་པའི་དོན་གོ་བ་ཞེས་བསྟན་པ་གང་ཡིན་པ་དེ་ཡན་ལག་ཡིན་པར་མ་ཟད་གྱི། སྨྲ་བ་པོ་ཉིད་མ་ཡིན་པ་ལ་ཡོད་པའི་དོན་གོ་བ་གང་ཡིན་པ་དེ་ཡང་ཡན་ལག་ཡིན ་ཏེ། འདི་ལྟར་གོ་བར་བྱེད་བ་ལྐུག་པ་འམ། སྨྲ་བ་པོ་ཉིད་མ་ཡིན་པ་གཞན་ལ་ཡང་སྲོག་གཅོད་པ་སྤོང་བ་ལ་སོགས་པ་ཡང་དག་པར་ལེན་པ་འབྱུང་བའི་ཕྱིར་རོ། །དེ་ནི་སྣོད་ཡིན་ནོ་ཞེས་བྱ་བ་ནི། སྨྲ་བ་པ་ཉིད་ལ་ཡོད་པའི་དོན་གོ་བ་གང་ཡིན་པ་དེ་ནི་སྣོད ་ཡིན་ཏེ་རྣམ་པར་རིག་བྱེད་ཀྱི་ཡན་ལག་ཏུ་རུང་བ་ཡིན་ནོ། །ངོས་ན་སྨྲ་བ་པོ་དོན་གོ་བར་ནུས་པའི་གང་ཟག་གང་ཡིན་པ་དེ་ནི་རྣམ་པར་རིག་བྱེད་ཀྱི་ཡན་ལག་ཡིན་གྱི་གླེན་པ་དང་འོན་པ་དག་ཀྱང་མ་ཡིན་ལ། ཀླ་ཀློ་ལ་སོགས་སྨྲས་པ་དེ་བརྡ་མི་ཕྲད་པ་དང་རྣ ་པའི་སྦུབས་བཀག་པ་དང། ལྐུགས་པ་དང་རྒྱུ་གཞན་གྱིས་སྨྲ་མི་ཤེས་པ་དག་ཀྱང་རྣམ་པར་རིག་བྱེད་ཀྱི་ཡན་ལག་མ་ཡིན་ནོ། །འདི་ལྟར་མདོ་འདིའི་དོན་དེ་དག་ཐམས་ཅད་སྨྲ་བ་པོ་ཉིད་ལ་ཡོད་པ་སྟེ། ཞེས་བྱ་བའི་མདོ་ངེས་གྲུབ་ཟིན་མོད་ཀྱི་འོན་ཀྱང་ཚིག ་གི་ཡུལ་གཞན་བསྟན་པའི་ཕྱིར་མདོ་འདི་བྱས་ཏེ་འདི་ལྟར་སྨྲ་མི་ཤེས་པས་ནི་བདག་ཉིད་ཀྱི་འམ་གཞན་གྱི་ལྟུང་བ་མ་བརྗོད་ཀྱང་ཉེས་པ་འགར་ཡང་མི་འགྱུར་རོ་ཞེས་བྱ་བ་དེ་བསྟན་པའི་ཕྱིར་རོ། །འདི་ལྟར་སྨྲ་བ་པོ་ཉིད་ལ་ཡོད་པ ་སྟེ་ཞེས་བྱ་བའི་སྔ་མས་སྨྲ་བ་པོ་ཉིད་ལ་དོན་གོ་བ་ཡོད་པ་གང་ཡིན་པ་དེ་ནི་རྣམ་པར་རིག་བྱེད་ཀྱི་ཡན་ལག་ཡིན་ནོ་ཞེས་བསྟན་པ་དེས་ནི་གླེན་པ་ལ་སོགས་པ་ལ་བརྗོད་པ་དོན་མེད་པ་ཙམ་ཞིག་བསྟན་པར་ཟད་ཀྱི་དེ་ལ་ལྟུང་བ་མ་བརྗོད་པ་ལ་ཉེས་པ་འགའ་ཞིག ་ཏུ་འགྱུར་རམ་འོན་ཏེ་མི་འགྱུར་ཞེས་བྱ་བ་དེ་མ་བསྟན་པས་དེའི་ཕྱིར་མདོ་འདིས་ནི་གླེན་པ་ལ་སོགས་པ་ལ་ལྟུང་བ་མ་བརྗོད་པ་ལ་ཉེས་པ་མེད་པར་བསྟན་ཏོ། །འོ་ན་བདག་ཉིད་ཀྱི་ལྟུང་བ་བཤགས་པ་དང་བྱིན་གྱིས་བརླབ་པ་གཉིས་ཀྱིས་ཕྱིར་གསོ་བར ་བྱའོ་ཞེས་གསུངས་ན་མ་བརྗོད་པ་ལ་ཉེས་པ་མེད་པར་ཇི་ལྟ་རུང་ཞེས་ན། དེ་ལྟ་བུ་ཡང་ཡོད་མོད་ཀྱི་འོན་ཀྱང་གང་གི་མདུན་དུ་གཤགས་བར་བྱ་བའི་གང་ཟག་གཞན་ཡོད་ན་ནི་དུ་ན་དུ་མ་བརྗོད་ན་ཉེས་པར་འགྱུར་བ་ཁོ་ན་ཡིན་གྱི་གླེན་པ་ལ་སོགས་པའི་མདུན ་དུ་ནི་བརྗོད་ཀྱང་ཕྱིར་གསོ་བར་འགྱུར་བ་མི་སྲིད་དེ། སྣོད་མ་ཡིན་པ་ལ་རྣམ་པར་རིག་བྱེད་མི་འབྱུང་བའི་ཕྱིར་རོ། །དག་གིའོ་ཞེས་བྱ་བ་ནི། དག་གི་རྣམ་པར་རིག་བྱེད་ཡན་ལག་ཡིན་གྱི། སྤྲིང་ཡིག་དང་ལག་ཡིག་དང་ལག་རྩིས་ལ་སོགས་པ་ནི་མ་ཡིན་ཏེ། ་འདི་ལྟར་སྡིང་ཡིག་ལ་སོགས་པས་ནི་དོན་གསལ་བར་གོ་བར་མི་ནུས་པའི་ཕྱིར་རོ། །འོག་ནས་ཀྱང་རང་གིའོ་ཞེས་བྱ་བ་དང། བདག་ཉིད་དང་འབྲེལ་པའོ་ཞེས་བྱ་བ་ལ་སོགས་པའི་རྣམ་པར་འབྱུང་བས་དེའི་ཕྱིར་འདི་ལྟར་ཁོང་དུ་ཆུད་པར་བྱ་སྟེ་དང་པོ་ཁོ་ནར ་གཞན་གྱི་དག་གི་རྣམ་པར་རིག་བྱེད་དག་གོ་བའི་སྐད་ཅིག་དེ་ཉིད་ལ་དངོས་གཞིར་འགྱུར་རོ། །སྨྲ་བར་འདོད་པའི་དོན་བརྗོད་པའི་ཚིག་གི་ཡན་ལག་ཇི་སྙེད་དེ་དག་དང་ལག་པ་ལ་སོགས་པའི་ཡན་ལག་གཅིག་གམ་དུ་མ་སྒྲུལ་བ་ཇི་སྙེད་པ་དེ་དག་ཐམS ་ཅད་ནི་དང་པོ་ཁོ་ནར་དོན་གོ་བའི་དངོས་གཞི་དེ་ཉིད་ཀྱི་ཁོངས་སུ་འདུས་པ་ཡིན་ནོ། །དང་པོ་དོན་མ་གོ་ན་ནི་ལུས་བསྐུལ་བ་དང་ཚིག་གིས་ཇེ་ཉོན་གཅིག་སེམས་གཏོད་ཅིག་ཅེས་བྱ་བ་ལ་སོགས་པ་ལྷག་པ་ཐམས་ཅད་ཀྱང་སྦྱོར་བ་ཡིན་པར་རིག་པར་བྱ་སྟེ། ཐམS ་ཅད་ཅོམ་པ་ཅིག་དུ་གྱུར་པ་ཉིད་ཡིན་པའི་ཕྱིར་རོ། །འདིར་དཔེ་ནི་སྤྲིང་ཡིག་དང་ལག་ཡིག་དང་ལག་རྩིས་དག་གིས་འཁྲིག་པ་དག་དང་ལྡན་པ་སྨྲ་བ་དང། བསྙེན་བཀུར་བསྔགས་པ་དང་གཞི་མེད་པ་དང་བག་ཙམ་དག་གིས་སྐུར་པ་འདེབས་པ་གོ་བར ་བྱེད་པ་ནི་སྦོམ་པོའོ། །དགེ་སློང་མ་ཉེ་དུ་མ་ཡིན་པ་ལ་གས་འཁྲུར་འཇུག་བ་ལ་སོགས་པ་དང། དེ་ལས་གོས་ལེན་པ་དང། ཁྱིམ་བདག་དང་ཁྱིམ་གྱི་ཆུང་མ་དག་ལས་སློང་བ་དང་རིན་སྦགས་པ་དང་སོ་སོ་དས་སྤགས་པ་ཐོབ་པ་དང། འཐག་ཏུ་འཇུག་པ ་ངང་འཐག་བ་བསྐྱེད་པ་དང་འཕྲོག་པ་དང་རྫུན་སྨྲ་བ་དང་སྐྱོན་ནས་སྨྲ་བ་དང་ཕྲ་མ་བྱེད་པ་དང་སྐྱོ་སྔོགས་བྱེད་པ་དང་སྟོན་པ་དང་ཟློས་པ་དང། གནས་ངན་ལེན་བརྗོད་པ་དང། མིའི་ཆོས་བླ་མ་བརྗོད་པ་དག་དང་གཤེས་དོར་བྱས་སོ་ཞེས་ཟེར་བ་དང། བསླབ ་པ་བྱེད་དུ་གསོད་པ་དང། ཤིང་ལྗོན་པ་གཅོད་པ་དང། འཕྱ་བ་དང་གཞོག་འཕྱས་བྱེད་པ་དང་བསྒོ་བ་རྣལ་གཟོན་པ་དང། སྐྲོད་པ་དང་རིམ་པ་གསུམ་ལས་ལྷག་པར་རྩིག་པ་དང། མ་བསྐོད་པར་སྟོན་པ་དང་ཟས་ཅུང་ཟད་ཙམ་གྱི་ཕྱིར་སྟོན་ཏོ་ཞེས་སྐུར ་པ་འདེབས་པ་དང། དགེ་སློང་མས་སྦྱོར་དུ་བཅུག་པའི་ཟས་ཟ་བ་དང། ཟན་གཅོད་དུ་འཇུག་པ་དང་མེ་ལ་རེག་ཏུ་འཇུག་པ་དང་འགྱོད་པ་བསྐྱེད་པ་དང། དངངས་པར་བྱེད་པས། ཡོ་བྱད་སྦེད་པ་དང། སྐུར་པ་འདེབས་པ་དང། ས་རྐོ་བ་དང། ཤིང་བལ ་གྱིས་གོས་བར་བྱེད་དབ་དགེ་སློང་མའི་ལག་ནས་ཟས་ལེན་པ་དང། མ་བཟློག་པར་ཟ་བ་དག་ཀྱང་ཉེས་བྱས་སོ། །རང་གིའོ་ཞེས་བྱ་བ་ནི། རང་གི་དག་གི་རྣམ་པར་རིག་བྱེད་ཡན་ལག་ཡིན་གྱི། བསྔགས་པས་གཅིག་ནས་གཅིག་ཏུ་བརྒྱུད་པས་ངགས་བས ་མངགས་པ་ལ་སོགས་པ་གསུམ་པ་དག་ནི་མ་ཡིན་ནོ། །འདིར་ཡང་དཔེ་བརྗོད་པར་བྱ་སྟེ་མདགས་པས་གཅིག་ནས་གཅིག་ཏུ་བརྒྱུད་པ་དེ་འཁྲིག་པ་དང་ལྡན་པ་སྨྲ་བ་དང་བསྙེན་བཀུར་བསྔགས་པ་དང་གཞི་མེད་པ་དང་བག་ཙམ ་གྱིས་བསྐུར་བ་འདེབS་པ་ལ་ནི་སྦོམ་པའོ། །ཉེ་དུ་མ་ཡིན་པའི་དགེ་སློང་མ་ལ་སོགས་ཁྲུར་འཇུག་པ་ལ་སོགས་པ་དང་དེ་ལས་གོས་ལེན་པ་དང། ཁྱིམ་བདག་དང་ཁྱིམ་བདག་གི་ཆུང་མ་དག་ལས་སློང་བ་དང། རིན་སྤགས་པ་དང་སོ་སོ་ནས་སྤགས་པ་ཐོབ ་པ་དང། ལྷུང་བཟེད་འཚོལ་བ་དང། འཐག་ཏུ་འཇུག་པ་དང། འཐག་པ་སྐྱེད་པ་དང། འཕྲོག་པ་དང། རྫུན་སྨྲ་བ་དང། སྐྱོན་ནས་སྨྲ་བ་དང། ཕྲ་མ་བྱེད་པ་དང། སྐྱོ་སྔོགས་བྱེད་པ་དང། སྟོན་པ་དང། ཟློས་བ་དང། གནས་ངན་ལེན་བརྗོད་པ་དང། མིའི ་ཆོས་བླ་མ་བརྗོད་པ་དག་དང། གཤས་དོར་བྱས་སོ་ཞེས་ཟེར་བ་དང། བསླབ་པ་ལ་ཁྱད་དུ་གསོད་པ་དང། ཤིང་ལྗོན་པ་གཅོད་པ་དང། འཕྱ་བ་དང་གཞོགས་འཕྱས་བྱེད་པ་དང། བསྒོ་བ་རྣལ་གཟོན་པ་དང། སྐྲོད་པ་དང། རིམ་པ་གསུམ་ལས་ལྷག་པར ་རྩིག་པ་དང། མ་བསྐོས་པར་སྟོན་པ་དང། ཟས་ཅུང་ཟད་ཙམ་གྱི་ཕྱིར་སྟོན་ཏོ་ཞེས་སྐུར་པ་འདེབས་བ་དང། དགེ་སློང་མས་སྦྱོར་དུ་བཅུག་པའི་ཟས་ཟབ་དང། ཟན་གཅོད་དུ་འཇུག་པ་དང། མེ་ལ་རེག་ཏུ་འཇུག་པ་དང། འགྱོད་པ་བསྐྱེད་པ་དང། དངངས ་བར་བྱེད་པ་དང་ཡོ་བྱད་སྦེད་པ་དང། སྐུར་པ་འདེབས་པ་དང། ས་རྐོ་བ་དང། ཤིང་བལ་གྱིས་གོས་པར་བྱེད་པ་དག་དང། དགེ་སློང་མའི་ལག་ནས་ཟས་ལེན་པ་དང། མ་བཟློག་པར་ཟ་བ་དག་ཀྱང་ཉེས་བྱས་སོ། །བདག་ཉིད་དང་འབྲེལ་པའོ་ཞེས་བྱ་བ་ནི། ་བདག་ཉིད་དང་འབྲེལ་པའི་རང་གི་དག་གི་རྣམ་པར་རིག་བྱེད་ཡན་ལག་ཡིན་གྱི། གཞན་ལ་སྟང་འདོགས་པ་ནི་མ་ཡིན་ནོ། །འདི་སྐད་བསྟན་ཏེ། ལྟུང་བ་འབྱིན་པར་བྱེད་པ་གང་ཡིན་པ་དེ་བདག་ཉིད་ཀྱི་རང་གི་དག་གི་རྣམ་པར་རིག་བྱེད་ཀྱིས་བདག་འདི ་སྐད་ཟེར་རོ་ཞེས་འམ་བདག་གིས་བྱེད་དུ་གཞུག་གོ་ཞེ་འམ་བདག་གིས་ཕྱིར་གྱིས་ཤིག་ཅེས་བྱ་བ་ལ་སོགས་པ་བདག་ཉིད་དང་འབྲེལ་བའི་རང་གི་དག་གི་རྣམ་པར་རིག་བྱེད་ཡན་ལག་ཡིན་གྱི་སྤྲིང་མིག་ལ་སོགས་པས་དེ་སྐད་ཟེར་རོ་ཞེས་འམ་ཆེ་གེ་མོ་ཞིག་འདི་སྐད ་ཟེར་རོ་ཞེས་བྱ་བ་ལ་སོགས་པ་གཞན་ལ་སྙད་འདོགས་པའི་དག་གི་རྣམ་པར་རིག་བྱེད་ནི་མ་ཡིན་ནོ། །འོ་ན་སྔར་?་གི་དོན་ཉིད་གཙོ་ཆེར་ཡོད་པའོ་ཞེས་སྨོས་པ་དེ་ཉིད་ཀྱིས་བདག་ཉིད་དང་འབྲེལ་བའོ་ཞེས་བྱ་བ་འདིའི་དོན་འགྲུབ་སྟེ། འདི་ལྟར་བདག་ཉིད་དང་འབྲེལ ་པའི་དག་གི་རྣམ་པར་རིག་བྱེད་ཉིད་རང་གི་དོན་ཉིད་གཙོ་ཆེར་ཡོད་པ་ཡིན་ནོ། ཞེ་ན། དེ་ནི་དེ་ལྟ་མ་ཡིན་ཏེ་རང་གི་དོན་དུ་ཡང་ཚིག་གཞན་ལ་སྙང་འདོགས་པས་རིག་པར་བྱེད་པ་ཡོད?་དོ། །འདི་ལྟ་སྟེ་དཔེར་ན་ལྷས་བྱིན་ན་རོ་ཁོ་བོ་འདོད་ཆགས་དང་བྲལ་བ་ཉིད་དོ་ཞེS་པར ་སེམས་རྣཾ་པར་རིག་པར་བྱེད་པ་ལྟ་བུའོ། །དེ་ལྟ་བས་ན་རང་གི་དོན་ཉིད་གཙོ་ཆེར་ཡོད་པའོ་ཞེས་སྨོས་པ་དེས་བདག་ཉིད་དང་འབྲེལ་པ་ཞེས་བྱ་བའི་དོན་འདི་མི་འགྲུབ་པས་དེའི་ཕྱིར་མདོ་འདི་ལེགས་ཤིག་ཏུ་བྲིས་སོ། །འདིར་ཡང་དཔེ་བརྗོད་པར་བྱ་སྟེ། གཞན་ལ་སྙད ་འདོགས་པས་འཁྲིག་པ་ལྡན་པ་སྨྲ་བ་དང། བསྙེན་བཀུར་བསྔགས་པ་དང་གཞི་མེད་པ་དང་བག་ཙམ་དག་གིས་སྐུར་པ་འདེབས་པ་ཨ་ནི་སྦོམ་པོའོ། །དགེ་སློང་མ་ཉེ་དུ་མ་ཡིན་པ་ལ་གོས་འཁྲུར་འཇུག་པ་ལ་སོགས་པ་དང། དེ་ལས་གོས་ལེན་པ་དད། ཁྱིམ་བདག ་དང་ཁྱིམ་བདག་གི་ཆུང་མ་དག་ལ་སློང་བ་དང། རིན་སྦགས་པ་དང། སོ་སོ་ནས་སྤགས་པ་ཐོབ་པ་དང་ལྷུང་བཟེད་དོ་ཚལ་བ་དང། ཐག་ཏུ་འཇུག་པ་དང་འཐག་པ་བསྐྱེད་པ་དང། འཕྲོག་པ་དང་རྫུན་དུ་སྨྲ་བ་དང། སྐྱོན་ནས་སྨྲ་བ་དང། ཕྲ་མ་བྱེད་པ་དང། སྐྱོ་སྔོགས་བྱེད་པ ་དང། སྟོན་པ་དང། ཟློས་པ་དང། གནས་ངན་ལེན་བརྗོད་པ་དང། མིའི་ཆོས་བླ་མ་བརྗོད་པ་དག་དང། གཤེས་དོར་བྱས་སོ་ཞེས་ཟེར་བ་དང། བསླབ་པ་ཁྱད་དུ་གསོད་པ་དང། ཤིང་ལྗོན་པ་གཅོད་པ་དང། འཕྱ་བ་དང་གཞོགས་འཕྱས་བྱེད་པ་དང། བསྒོ་བ་རྣལ ་གནོན་པ་དང། སྐྲོད་པ་དང་རིམས་པ་གསུམ་ལས་ལྷག་པར་རྩིག་པ་དང། མ་སྐོས་པར་སྟོན་པ་དང། ཟས་ཅུང་ཟད་ཙམ་གྱི་ཕྱིར་སྟོན་ཏོ་ཞེས་སྐུར་བ་འདེབས་པ་དང། དགེ་སློང་མས་སྦྱོར་དུ་བཅུག་པའི་ཟས་ཟ་བ་དང། ཟན་གཅོད་དུ་འཇུག ་པ་དང། མེ་ལ་རེག་ཏུ་འཇུག་པ་དང། འགྱོད་པ་བསྐྱེད་པ་དང། དངངས་པར་བྱེད་པ་དང། ཡོད་བྱད་སྦེད་པ་དང། ས་བརྐོ་བ་དང། ཤིང་བལ་གྱིས་གོས་པར་བྱེད་པ་དག་དང། དགེ་སློང་མའི་ལ་གནས་ཟས་ལེན་པར་བྱེད་པ་དང་མ་བཟློག་བར་ཟས་ཟ་བ་དག ་ཀྱང་ཉེས་བྱས་སོ། །རང་གིས་བསྐོས་པ་ཉིད་བྱེད་དུ་བཅུག་པ་ཡིན་ནོ་ཞེས་བྱ་བ་ནི། གསོད་བ་དང་རང་གི་དོན་དུ་བརྐུ་བ་དག་ལས་གཞན་པའོ་ཞེས་བྱ་བར་སྦྱར་རོ། །གསོད་པ་དང་རང་གི་དོན་དུ་བརྐུ་བ་དག་ལས་གཞན་བའི་དོན་ལ་མ་དགས་པ་ལ་སོགས་པ ་གཞན་བྱེད་དུ་གཞུག་ཅིང་རྗེས་སུ་བསྒྲུབ་ཏུ་གཞུག་པ་གང་ཡིན་པ་དེ་ལ་རང་གིས་བསྐོས་པ་ཉིད་ཅེས་བྱ་བ་རང་གིས་མངོན་སུམ་དུ་བྱེད་དུ་བཅུག་པ་ཉིད་ཡན་ལག་མིན་ཏེ། ལྐོགས་ནས་བྱེད་དུ་བཅུག་པ་ནི་དེ་ལྟར་མངོན་པར་ཞེན་པ་མི་འབྱུང་བའི་ཕྱིར་རོ།། ་འདིར་ཡང་དཔེ་བརྗོད་པར་བྱ་སྟེ། རང་གི་མངོན་སུམ་དུ་བསྐོས་པ་མ་ཡིན་པ་ལྐོག་ནས་བསྐོས་པས་དེ་བྱད་དུ་བཅུག་པས་འཁྲིག་པ་དང་ལྡན་པ་སྨྲ་བ་དང་བསྙེན་བཀུར་བསྔགས་པ་དང། གཞི་མེད་པ་དང་བག་ཙམ་དག་གིས་སྐུར་པ་འདེབས་པ་ལ ་ནི་སྦོམ་པོའོ། །ཉེ་དུ་མ་ཡིན་པའི་དགེ་སློང་མ་ལ་གོས་འཁྲུང་འཇུག་བ་ལ་སོགས་པ་དང། དེ་ལ་གོས་ལེན་པ་དང། ཁྱིམ་བདག་དང་ཁྱིམ་བདག་གི་ཆུང་མ་དག་ལ་སློང་བ་དང། རིན་སྦགས་པ་དང་སོ་སོ་ནས་སྦགས་པ་ཐོབ་པ་དང། ལྷུང་བཟེད་ཚོལ་བ་དང ་འཐག་ཏུ་འཇུག་བ་དང་འཐག་པ་བསྐྱེད་པ་དང། འཕྲོག་པ་དང་རྫུན་སྨྲ་བ་དང་སྐྱོན་ནས་སྨྲ་བ་དང། ཕྲ་མ་བྱེད་པ་དང། སྐྱོ་སྔོགས་བྱེད་པ་དང། སྟོན་པ་དང་ཟློས་བ་དང་གནས་དན་ལེན་བརྗོད་པ་དང། མིང་ཆོས་བླ་མ་བརྗོད་བ་དག་དང། གཤེས་དོར་བྱས ་སོ་ཞེས་ཟེར་བ་དང། བསླབ་པ་ཁྱད་དུ་གསོད་བ་དང། ཤིང་ལྗོན་པ་གཅོད་པ་དང། འཕྱ་བ་དང་གཞོགས་འཕྱས་བྱེད་པ་དང། བསྒོ་བ་རྣལ་གཟོན་པ་དང། སྐྲོད་པ་དང། རིམ་པ་གསུམ་ལས་ལྷག་པའི་རྩིག་པ་དང། མ་བསྐོས་པར་སྟོན་པ་དང། ཟས་ཅུང་ཟད? ་ཙམ་གྱིས་ཕྱིར་སྟོན་ཏོ་ཞེས་སྐུར་པ་འདེབས་པ་དང། དགེ་སློང་མས་སྦྱོར་དུ་བཅུག་པའི་ཟས་ཟ་བ་དང། ཟན་གཅོད་དུ་འཇུག་པ་དང་མེ་ལ་རེག་ཏུ་འཇུག་པ་དང། འགྱོད་པ་བསྐྱེད་པ་དང་དང་དག་པར་བྱེད་པ་དང། ཡོ་བྱད་སྦེད་པ་དང་སྐུར་པ་འདེབས་པ་དང ་ས་རྐོ་བ་དང་ཤིང་བལ་གྱིས་གོས་པར་བྱེད་པ་དང། རིན་པོ་ཆེ་ལ་རེག་ཏུ་འཇུག་པ་ལ་སོགས་པ་དང། དགེ་སློང་མའི་ལག་ནས་ཟས་ལེན་པ་དང། མ་བཟློག་པར་ཟ་བདག་ཀྱང་ཉེས་བྱས་སོ། །རྣམ་པར་འབྱེད་པར་གཏོགས་པ་ཕལ་ཆེ་བར་སྦྱིར་བསྟན་པ ་རྣམས་རྫོགས་སོ་ཞེས་བྱ་བ་ཉེ་བར་འཁོར་གྱིས་ཞུས་པ་ལས་གསུངས་པ་རྣམ་པར་འབྱེད་པར་གཏོགས་པ་ཤས་ཆེ་བ་བསླབ་པའི་གཞི་ཐམས་ཅད་ལ་སྦྱིར་བསྟན་པའི་མདོ་རྣམས་བཤད་ཟིན་ཏོ།། །།བམ་པ་བཞི་བཅུ་ལྔ་པ། རྣམ་པར ་འབྱེད་པ་ལ་སོགས་པ་དང་འབྲེལ་བའི་མདོ་རྣམས་རྒྱ་ཆེར་བཀྲོལ་ནས། ད་ནི་འདུལ་བའི་གཞིར་གཏོགས་པ་དག་བརྗོད་པར་བྱ་སྟེ། དེ་ལ་ཇེ་དང་པོར་གསོ་སྦྱོང་གི་གཞིར་གཏོགས་པ་དག་བཤད་པར་བྱའོ། །བཅོམ་ལྡན་འདས་ཀྱི་གསོ་སྦྱོང་ནི་རྣམ་པ་གཉིས ་སུ་གསུངས་ཏེ། ཞི་གནས་ཀྱིས་གསོ་སྦྱོང་དང་མཐུན་པའི་གསོ་སྦྱོང་ངོ། །དེ་ལ་གཙོ་བོ་ཡིན་པའི་ཕྱིར་དང། བརྗོད་པར་བྱ་བ་ཉུང་བའི་ཕྱིར། ཇེ་དང་པོར་ཞི་གནས་ཀྱི་གསོ་སྦྱོང་རྣམ་པར་བཤད་པར་བྱའོ། །དེའི་ཕྱིར་སྤྱོད་ཡུལ་ཏུ་ཞུགས་པས་རྣལ་འབྱོར ་བསྒོམ་པར་མི་བྱའོ་ཞེས་བྱ་བ་སྨྲས་ཏེ། དགེ་སློང་སྤྱོད་ཡུལ་ཏུ་གྲོང་དུ་ཞུགས་ཤིང་གྲོང་དུ་བྱུང་བ་ལམ་དུ་འགྲོ་བ་རྣལ་འབྱོར་ཏིང་ངེ་འཛིན་བསྒོམ་པར་མི་བྱ་གོམས་པར་མི་བྱའོ་ནས་བྱའི་ཐ་ཚིག་གོ། འདིས་ནི་བཅོམ་ལྡན་འདས་ཀྱིས་རྣལ་འབྱོར་བསྒོམ ་བར་བྱའོ་ཞེས་གསུངས་ནས་དགེ་སློང་དག་སྤྱོད་ཡུལ་དུ་ཞུགས་ན་ཡང་བསྒོམ་པར་བྱེད་པ་དང་དེ་དག་གླང་པོ་ཆེ་འཁྲུལ་པ་དང་ལྷན་ཅིག་འགྲོ་བ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ། དགེ་སློང་སྤྱོད་ཡུལ་ཏུ་ཞུགས་པས ་རྣལ་འབྱོར་བསྒོམ་པར་མི་བྱའོ་ཞེས་བྱ་བའི་བར་དུ་གསུངས་པ་དེ་བསྡུས་པ་ཡིན་ནོ། །འདིས་ནི་གོམས་པར་བྱེད་པ་བཀག་པ་ཡིན་གྱི། འདུལ་བའི་དོན་དུ་རྫུ་འཕྲུལ་གྱི་རྣམ་པར་འཕྲུལ་བ་ལ་སོགས་པ་བསྟན་པའི་ཕྱིར་སེམས་རྩེ་གཅིག་པ་ཉིད ་མངོན་དུ་བྱ་བ་ནི་བཀག་པ་མ་ཡིན་ཏེ། དེ་ལ་སྐྱོན་ཆགས་པ་མེད་པའི་ཕྱིར་རོ། །མངོན་པར་འདུ་བར་ཡང་མི་བྱའོ་ཞེས་བྱ་བ་ནི། རྣལ་འབྱོར་བསྒོམ་པར་ཞེས་བྱ་བར་སྦྱར་རོ། །མི་རྣམས་མངོན་པར་འདུ་བའི་གནས་གང་དུ་འདུབ་འོང་བ་དང་འགྲོ་བ་ཡོད ་པ་དེར་ཡང་རྣལ་འབྱོར་བསྒོམ་པར་མི་བྱའོ། །འདིར་གཞུང་ནི་དགེ་སློང་དག་སྒོ་གང་དུ་རྣལ་འབྱོར་བསྒོམ་པར་བྱེད་པ་ན་དེ་དག་ཡུར་བ་དང་མ་དད་བ་དག་འདི་སྐད་ཅེས་འཕགས་པ་དག་ཅི་ཁྱེད་ཅག་འདུ་བར་ཉལ་བའི་བརྟུལ་ཤུགས་ཅན་ཡིན་ནམ་ཞེས ་ཅོ་འདྲི་བར་བྱེད་པའི་སྐབས་དེ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་བ་དང། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྒོ་ཁང་དུ་རྣལ་འབྱོར་བསྒོམ་པར་མི་བྱའོ། །དེ་བཞིན་དུ་ཁྱམས་ལ་སོགས་པ་དག་ཏུ་ཡང་བསྒོམ་པར་མི་བྱའོ་ཞེS ་གསུངས་པ་ཡིན་ནོ། །སྒོ་བཅད་ན་ནི་ཁྱམས་ལ་སོགས་པ་དག་ཏུ་མངོན་པར་འདུ་བ་ཉིད་རྒྱུན་ཆང་བར་འགྱུར་བས་དེའི་ཚེ་ཁྱམས?་ལ་སོགས་པ་ཡང་རྣལ་འབྱོར་བསྒོམ་པ་ལ་ཉེས་པ་མེད་དེ་དེ་གཉི་ག་བསྒྲུབ་པའི་ཕྱིར་མངོན་པར་འདུ་བར་ཡང་མི ་བྱའོ་ཞེས་བྱ་བའི་ཚིག་སྨོས་སོ། །རྣམ་པར་གཡེང་བར་བྱེད་པ་དང་གཏུམ་པོ་དང་གྱ་ཚོམ་པ་དག་ཡོངས་སུ་སྤང་བར་རིགས་སོ་ཞེས་བྱ་བ་ལ། རྣམ་པར་གཡོང་བར་བྱེད་པ་ཞེས་བྱ་བ་ནི། གནས་ཁང་སྟེ་དེར་མི་ལ་སོགས་པའི་སྒྲ་འབྱུང་བས་རྣམ ་པར་གཡེང་བར་བྱེད་པའི་ཕྱིར་རོ། །དེ་དག་གནས་ཁང་དུ་བསྒོམ་པར་བྱེད་ཟན་བསམ་གཏན་དག་གི་ཚེར་མ་ནི་སྒྲ་ཡིན་པས་སེམས་རྩེ་གཅིག་པ་ཉིད་དུ་མི་བཏུབ་པ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ?། གནས་ཁང་དུ་རྣལ་འབྱོར་བསྒོམ་པར་མི་བྱའོ ་ཞེས་བྱ་བའི་བར་དུ་གསུངས་པ་ཡིན་ནོ། །གཏུམ་པ་ཞེས་བྱ་བ་ནི་སེང་གེ་དང་སྟག་ལ་སོགས་པ་སྲོག་ཆགས་གཏུམ་པོ་དག་སྟེ། གཏུམ་བསླང་ཆེ་བའི་ཕྱིར་རོ། །དེ་དག་དགོན་པར་བསྒོམ་པར་བྱེད་ན་ཆོམ་རྐུན་པ་རྣམས་དང་གཡོན་ཅན་རྣམS་དང། སེང ་གེ་རྣམས་དང། སྟག་རྣམས་དང་གུང?་རྣམས་དང། གཟིག་རྣམས་ཀྱིས་བགྲོད་པར་གྱུར་པའི་སྐབས་དེ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་བ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགོན་པར་རྣལ་འབྱོར་བསྒོམ་པར་མི་བའོ ་ཞེས་བྱ་བའི་བར་དུ་གསུངས་པ་ཡིན་ནོ། །བྱ་ཚོམ་པ་ཞེས་བྱ་བ་ནི་བཀྱལ་གཅན་དང་ནལ་ཕུག་ལ་སོགས་པ་སྟེ། གྱ་ཚོམས་དང་སྨྱོན་ཐབས་ཆེ་བའི་ཕྱིར་རོ། །དེ་དག་གྲོང་གི་ཉེན་འཁོར་དུ་དོད་སྟེ། སྒོམ་པར་བྱེད་པ་དག་ལམ་དད་པ་དག་འདི་སྐད་ཅེས ་འཕགས་པ་དག་འདི་ཅི་བྱེད་ཅག་འགའ་ཤི་བ་དང་ལྡན་པ་ཡིན་ནམ་ཞེས་ཅོ་འདྲི་བར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་བ་དང། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྤོང་ཁང་བརྩིག་པར་བྱའོ་ཞེས ་བྱ་བའི་བར་དུ་གསུངས་པ་ཡིན་ཏེ། མོད་འདིས་ནི་དེ་དག་བསྡུས?་པ་ཡིན་ནོ། །དེའི་ཕྱིར་སྤོང་ཁང་གི་སྐབས་བསྟན་པའི་ཕྱིར། སྤོང་ཁྱང་རྩིག་པར་བྱའོ་ཞེས་བྱ་བ་སྨྲས་ཏེ། བསྒོམ་པའི་གནས་བརྩིག་པར་བྱ་བའི་ཐ་ཚིག་གོ། དེའི་རྣམ་པ་ཅི་འདྲ ་ཞེ་ན་དེའི་ཕྱིར། གནས་ཁང་གཉིས་ཀྱི་བར་དུ་སྲང་གོད་དོ་ཞེས་བྱ་བ་སྨྲས་ཏེ། ངོས་ལ་གཅིག་ཏུ་ཡང་གནས་ཁང་གཅིག་རྩིག་ལ་ངོ་ས་ཡ་གཅིག་ཏུ་ཡང་གནས་ཁང་གཅིག་རྩིག་ཅིང་བད་དུ་སྲད་གདོད་པར་བྱ་བ་སྟེ། འདི་ནི་སྤོང་ཁང་ཆུང་དུའི་རྣམ་པ ་ཡིན་ནོ། །ལྔ་འམ་དྲུག་གིའོ་ཞེས་བྱ་བ་མི་བར་དུ་སྲང་གདོང་ངོ་ཞེས་བྱ་བར་སྦྱར་རོ། །ངོས་ཡ་གཅིག་ཏུ་ཡང་གནས་ཁད་མཱ་བརྩིགས་ལ་ངོས་ཡ་གཅིག་ཏུ་ཡང་གནས་ཁང?་ལྔ་པ་བརྩིག་ཅིང་བར་དུ་སྲང་འདོད་པར་བྱ་བའམ། ཡང ་ན་ངོས་ཡ་གཅིག་ཏུ་ཡང་གནས་ཁང་དྲུག་བརྩིག་ལ་ངོས་ཡ་གཅིག་ཏུ་ཡང་གནས་ཁང་དྲུག་པ་རྩིག་ཅིང་བར་དུ་སྲང་གདོད་པར་བྱ་སྟེ། གནས་ཁང་བཅུ་འམ་གནས་ཁང་བཅུ་གཉིས་པ་འདི་ནི་སྦོང?་འཁང་ཆེན་པོའི་རྣམ་པ་ཡིན་ནོ། །འདི་གཉིས་ཀྱིས་ནི་འབྲིང ་པོ་ཡང་མཚོན་པ་ཡིན་ནོ། །སྒོ་གླེགས་སྒྲ་མི་འབྱུང་བ་དང་དྲད་བའི་ཐབས་ཀྱང་ངོ་ཞེས་བྱ་བ་ནི། བྱའོ་ཞེས་བྱ་བར་སྦྱར་ཏེ། འོག་ནས་སྒོ་ཁང་བྱའོ་ཞེས་འབྱུང་བ་ཡན་ཆད་ཀུན་འདིའི་རྗེས་སུ་སྦྱད་རོ། །གང་ལ་སྒྲ་མི་སྙན་པ་འབྱུང་བ་དེ་ལ་དེ་མི་འབྱུང་བའི ་ཐབས་སུ་བྱའི། གང་ལ་སྒྲས་སྙན་པ་འབྱུང་བ་དེ་ལ་ནི་ཅི་དགར་བྱས་ཏེ་ཅི་ནས་ཀྱང་གནོད་བར་མི་འགྱུར་བ་དེ་ལྟར་ཐབས་བྱ་བའོ། །འདིས་ནི་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་སྒོ་གདོད་པར་བྱ་བའོ། །དགེ་སློང་དག་སྒོ་གླེགས་མི་འཛུས་ནས ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྒོ་གླེགས་གཞུག་པར་བྱའོ། །གཅད་དགའ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལས་གཟུངས་གདགས་པར་བྱའོ། །སྒྲ་འགྲོལ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འོག་ཏུ་ཀོ་བའི ་དུམ་བུ་གཞུག་པར་བྱའོ། །འབྱེད་དཀའ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལག་གཟུངས་གདགས་པར་བྱའོ། །འབྱེད་པ་ན་སྒྲ་འཁྲིག་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རས་མས་དཀྲི་བར་བྱའོ་ཞེས་གསུངས་པ་བསྡུས་པ ་ཡིན་ནོ། །དེ་ལ་སྒྲ་མི་འབྱུང་བའི་ཐབས་ཞེས་བྱ་བས་ནི། འོག་ཏུ་ཀོ་བའི་དུམ་བུ་གཞུག་པ་དད་རས་མས་དཀྲི་བར་བྱའོ་ཞེས་གསུངས་པ་བསྡུས་པ་ཡིན་ནོ། །དྲད་བའི་ཐབས་ཞེས་བྱ་བ་ནི་ཕྱི་ནང་གཉིས་སུ་ལག་གཟུངས་གཉིས་གདགས་པར་བྱའོ་ཞེས ་གསུངས་པ་བསྡུས་པ་ཡིན་ནོ། །གོང་དུ་སུམ་ཆ་བོར་བར་སྐར་ཁུང་ཕྱི་རུབ་ལ་ནང་ཡངས་པ་ཡང་བཟང་ངོ་ཞེས་བྱ་བ་ནི། རྩིག་ངོས་ཀྱི་གོང་གི་ཆར་སུམ་ཆ་བོར་ཞིང་འོག་ཏུ་ཡང་སུམ་གཉིས་ལུས་པའི་ཕྱོགས་གང་ཡང་རུང་བ་དེང་སྐད་ཁུང་བཏོང་ན ་བཟང་སྟེ། དམས་ན་ནི་ཆོས་རྐུན་པ་དང། གཡོན་ཅན་དང་སེང་གེ་ལ་སོགས་པ་དག་འཛུལ་བའི་ཕྱིར་རོ། །ཐོས་ན་ནི་སྣང་བ་གསལ་བར་མི་འགྱུར་རོ། །སྐར་ཁུང་དབྱིབས་ཇི་ལྟ་བུར་བྱ་ཞེ་ན། དེའི་ཕྱིར་ཕྱི་རུབ་ལ་ནང་ཡངས་པ་བཟང་ངོ། །དྲ་བ་དང་སྒོ་གླེགS ་དང་འཕྲེད་གཏན་དང་གནམ་གཟེར་དང་འཁོར་གཏན་དང་དབྱུག་གུ་སྐམ་ཁ་ཉེ་བར་གཞག་གོ་ཞེས་བྱ་བ་ནི། བྱའོ་ཞེས་བྱ་བར་སྦྱར་རོ། །འདིས་ནི་ཁ་དང་མཆིལ་པ་དང་ཕུག་རོན་དག་འཇུག་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྐར་ཁུང ་དྲ་བ་ཅན་དུ་བྱའོ། །སྦྲང་བུ་ཏྲཻ་མ་བུ་ག་དང་ཏྲཻ་ལ་ཏཱ་ཀ་དག་འཇུག་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྒོ་གླེགས་གཞུག་པར་བྱའོ། །རླུང་གི་ཕྱེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཕྲེད་གཏན་གཞུག་པར་བྱའོ། །བཅད ་བཀའ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གནམ་གཟེར་དད་འཁོར་གཏན་གཞུག་པར་བྱའོ། །དབྱེ་དཀའ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དབྱུག་གུ་སྐམ་ཁ་ཅན་ཉེ་བར་བཞག་པར་བྱའོ་ཞེས་གསུངས་པ་བསྡུས་པ ་ཡིན་ཏེ། འཕྲེང་གཏན་དང་གནམ་གཟེང་དང་འཁོར་གཏན་དག་གིས་ནི་གཅད་བར་བྱའོ། །དབྱུག་གུ་སྐམ་ཁས་ནི་དབྱེ་བར་བྱའོ་ཞེས་བྱ་བར་སྦྱར་རོ། །མི་ཤོང་ན་སྟེང་དུ་ཁང་མོ་ཆེ་བྱའོ་ཞེས་བྱ་བ་ནི། གལ་ཏེ་དགེ་སློང་དག་མང་བ་ཉིད་ཀྱི་ཕྱིར ་སྤོང་ཁང་དུ་སྤོང་བ་བ་དག་མི་ཤོང་བ་ལྟན་དེའི་ཚེ་སྟེང་དུ་ཁད་མོ་ཆེ་བྱའོ། །ཡང་ན་ཡང་ཏོ་གོ་ཞེས་བྱ་བ་ནི་བྱའོ་ཞེས་བྱ་བ་སྦྱར་རོ། །མདོ་དེ་གཉིས་ཀྱིས་ནི་གཞུང་ཁ་གཅིག་ལས་དེ་དག་དེར་མི་ཤོད་ནས། བཅོམ་ལྡན་འདས་ཀྱིས་བཀའ་ ་སྩལ་པ། ཐོག་ཏུ་གང?་མོ་ཆེ་བྱའོ་ཞེས་གསུངས་བ་དང། གཞུང་ཁ་ཅིག་ལས་དེ་དག་དེར་མི་ཤོང་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྟེང་དུ་རིམ་ཁང་གཉིས་བྱའོ་ཞེས་གསུངས་པ་བསྡུས་པ་ཡིན་ཏེ། དེ་གཉི་ཀ་ཡང་འབའ་ ་བ་མེད་བས་འདིར་མདོར་བསྡུས་སོ། །འཇེག་པའི་ཕྱིར་ཐེམ་སྐས་སོ་ཞེས་བྱ་བ་ནི། བྱའོ་ཞེས་བྱ་བར་སྦྱར་ཏེ། འཛེག་པའི་ཕྱིར་དེར་ཐེམ་སྐམ་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། མི་ལྟུང་བར་བྱ་བའི་ཕྱིར་ཁ་ཁྱེར་གྱིས་སྐོར་བར་བྱའོ་ཞེས་བྱ་བ་ནི། ཐེམ་སྐས ་ལ་ཞེས་བྱ་བར་སྦྱང་ཏེ། མི་དག་མི་ལྟུང་བར་བྱ་བའི་ཕྱིར་ཐེམ་སྐས་ལ་ཁ་ཁྱེར་གྱིས་བསྐོང་བར་བྱའོ། །དེ་མི་འགུལ་བར་བྱ་བའི་ཕྱིར་ལྕགས་ཀྱི་གཟེང་བུ་དག་གིས་བསྡམ་པར་བྱའོ་ཞེས་བྱ་བ་ནི། ཁ་ཁྱེད་དེ་མི་འགུལ་བར་བྱ་བའི་ཕྱིར། ལྕགས་ཀྱིས ་གཟེང་བུ་དག་གིས་གདབ་པར་བྱ་བའོ། །དེ་དག་གིས་ནི་དེ་དག་འཛེག་དཀའ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཐེམ་སྐས་བྱའོ། །ལྟུང་བར་གྱུར་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁ་ཁྱེར་གྱིས་བསྐོར་བར་བྱའོ། །དེ་འགུལ ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྕགས་ཀྱི་གཟེར་བུ་དག་གིས་གདབ་པར་བྱའོ་ཞེས་གསུངས་པ་དེ་བསྡུས་པ་ཡིན་ནོ། །ཕྱི་རོལ་ཏུ་སྤོང་ཁང་ཆེན་པོ་འམ་གནས་ཁང་གི་ཚེར་དག་ཀྱང་ངོ་ཞེས་བྱ་བ་ནི། བྱའོ་ཞེས་བྱ་བའི་རྗེས་བསྙེག་པའི ་ཕྱིར་ཀྱང་ངོ་ཞེས་བྱ་བའི་སྒྲ་སྨོས་སོ། །སྤོང་ཁང་གི་ཕྱི་རོལ་ཏུ་སྤོང་ཁང་ཆེན་པོ་འམ་གནས་ཁང་གི་ཚེར་དག་བྱ་བའོ། །འདིར་ཡང་འམ་ཞེས་བྱ་བའི་སྒྲ་ནི་ཚིག་གཉི་ག་ཡང་བསྡུ་པའི་ཕྱིར་རོ། །འདིས་ནི་འོན་ཀྱང་མ་ཤོད་ནས་བཅོམ་ལྡན་འདས ་ཀྱིས་བཀའ་སྩལ་པ། ཕྱི་རོལ་ཏུ་སྤོང་ཁང་ཆེན་པོ་བྱའོ་ཞེས་གསུངས་པ་དང། གཞུང་ཁ་ཅིག་ལས་འོན་ཀྱང་མ་ཤང་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཕྱི་རོལ་ཏུ་གནས་ཁང་གི་ཚད་དག་བྱའོ་ཞེས་གསུངས་པ་བསྡུས་པ་ཡིན་ནོ།། ་སྒོའི་ཐད་ཀར་སྒོ་གདོད་པར་མི་བྱའོ་ཞེས་བྱ་བ་ནི། །གནས་ཁང་ཐམས་ཅད་ལ་སྒོ་གཅིག་གི་བྱང་ཐང?་དུ་སྒོ་གཞན་གདོད་པར་མི་བྱ་བའོ། །འདིས་ནི་དེ་དག་ཉེན་དུ་འགྱུར་བའི་སྒོ་དག་འདོད་ཅིང་ཕན་ཚུན་སྣང་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ ་པ།?་སྒོ་ངག་གཟུར་ཏེ་གདོང་པར་བྱའོ་ཞེས་གསུངས་པ་བསྡུས་པ་ཡིན་ནོ། །སྒོ་ཁང་བྱའོ་ཞེས་བྱ་བ་ནི། སྤོང་ཁང་ལ་སྒོ་ཁང་བྱའོ། །ཕུག་ཀྱང་ངོ?་ཞེས་བྱ་བ་ནི། དེའི་ཉེན་ཀོར་གྱི་ཆད་དུ་ས་ཕུག་ལ་སོགས་པ་ཡང་བྱ་བའོ། །འདུག་པའི་ཆེད་དུ་སའི ་སྟགས་བུ་དག་དང་ཁྲིའུ་ཡང་བྱའོ་ཞེས་བྱ་བ་ནི། འདུག་པར་བྱ་བའི་ཆེད་དུ་ས་ལས་བྱས་པའི་སྟེགས་བུ་དག་དང་ཁྲིའུ་ཡང་བྱའོ། །དེ་ནི་ཁོ་ད་ཁོར་ཡུག་ཏུ་ཁྲུ་གཞིས་འཁོར་བར་བཟང་ངོ་ཞེས་བྱ་བ་ནི། ཁྲིའུ་དེ་ནི་ངོས་བཞི་ཁོར་ཁོར་ཡུག་ཁྲུ་གཞིས?་འཁོར་བ ་བཟང་སྟེ། ཁྲུ་བཞིས་ངོས་རེ་ལ་ཁྲུ་དེའི་ཚང་དུ་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། ཐགས་མ་ནི་རྣམ་པ་ལྔའོ་ཞེས་བྱ་བ་ནི། ཁྲིའུའི་སྟེང་དྲ་བར་བརྒྱུ་བའི་ཐགས་མ་རྒྱུ་ནི་རྣམ་པ་ལྔ་ཡོད་པའོ། །ལྔ་གང་ཞེ་ན། དེའི་ཕྱིར་མུན་ཇིའི་དང་ཤ་ནའི་དང་གྲེས་མདང་ངས?་མའི ་དད་སྦ་ཕྲ་མོའི་འོ་ཞེས་བྱ་བ་སྨྲས་ཏེ། རུང་བར་གྲགས་པ་བསྟན་པའི་ཕྱིར་མུན་ཛ་ལ་སོགས་པ་སྨོས་པར་ཟད་ཀྱིས་འདིས་ཐ་གུ་ལ་སོགས་པ་བཀག་པ་ནི་མ་ཡིན་པར་ཤེས་པར་བྱའོ། །དེར་སྟན་ནང་ཚངས་ཅན་དག་གདིང་ངོ་ཞེས་བྱ་བ་ནི། ཁྲིའུ་དེའི་སྟེང་དུ ་དག་པ་ལ་ལ་སོགས་པས་བརྫངས་པའི་སྟན་ནང་ཚངས་ཅན་དག་གདིང་བར་བྱ་བའོ། །དེའི་ཁོར་ཁོར་ཡུག་ཏུ་མཐོ་གང་ལྷག་པ་ཉིད་བཟང་ངོ་ཞེས་བྱ་བ་ནི། ཁྲིའུ་དེའི་ཁོར་འཁོར་ཡུག་ཏུ་སྟན་ནང་ཚངས་ཅན་དེའི་མཛའ་མ་མཐོ་རེ་རེ་ལྷག་ན་བཟང་པ་སྟེ་དེ་ལྟར་ལོ ་ར་འཁོར་ཡུག་ཏུ་མཐོ་རེ་རེ་ལྷག་པར་བྱས་ན་འདུག་པ་ལ་སོགས་པ་ལ་ཁྲིའུ་དེ་མི་གནོད་ཅིང་སྟན་ནང་ཚངས་ཅན་དེའི་ཐ་མའི་རེག་པ་ཡང་འོག་ནས་གནོད་པར་མི་འགྱུར་རོ། །དེ་ལྟ་བས་ན་རྫེས་ཉིད་དུ་ཁྲུ་བཞི་པ་ཞེང་དུ་ཁྲུ་ངོ་ཡོད་པ་ཉིད་ལྟབ་ཏུ་བྱས་ཏེ་དྲུབ?་པར ་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། སྟན་ནང་ཚངས་ཅན་དེའི་ནང་དུ་ཅིས་དགང་ཞེན་དེའི་ཕྱིར། །རྒའི་དང་ཀ་ཤའི་དང་ཨེར་ཀའི་དང་སྤྲ་བའི་ངང་ཤལ་མའི?་ངག་གི་བལ་གྱིས་དགང་ངོ་ཞེས་བྱ་བ་སྨྲས་སོ། །ཡང་ན་བལ་དང་ཤ་ན་དང ་རས་བལ་དང་རས་མ་ངག་དང་ལོ་མའི་ཚོགས་ངག་གིས་ཀྱང་ངོ་ཞེས་བྱ་བ་སྨྲས་ཏེ། ཨརྒ་ལ་སོགས་པའི་བལ་གྱིས་བཀང་ན་བཟང་ངོ། །གྲོགས་བ་བསྟན་པའི་ཕྱིར་དེ་དག་སྨོས་པར་ཟང་གྱི་གྲངས་དེ་དག་ཏུ་ཆད་པ་ནི་མ་ཡིན་ཏེ། ངེས་ན་ཤིང་བལ ་གཞན་དག་གིས་བཀང་ན་ཡང་རུང་བ་ཁོ་ན་ཡིན་ནོ། །དོན་ཇི་ལྟ་བ་བཞིན་དུ་འདུག་པར་བྱ་བའི་ཕྱིར་མདོ་མདོར་བྱ་རོག་རྐད་དག་བྱའོ་ཞེས་བྱ་བ་ལ་དོན་ཇི་ལྟ་བ་བཞིན་དུ་ཞེས་བྱ་བ་ནི་སྟན་ནང་ཚངས་ཅན་གྱི་ནང་གི་ཕྱོགས་ཐམས་ཅད་དུ་ཤིང་བལ་ངག ་ཁོད་སྙོམས་པར་འགྱུར་བ་སྟེ། དེ་ལྟར་ཁོང་སྙོམས་པར་འདུག་ཅིང་ཅི་ནས་ཀྱང་ཤིང་བལ་དེ་དག་སྟན་ནང་ཚངས་ཅན་གྱི་ཕྱོགས་ཐམས་ཅད་དུ་སྙོམས་པར་བྱ་བ་ཅིང་གཞན་དུ་མི་འཚུག་པར་བྱ་བའི་ཕྱིར་སྟེང་གི་མདོ་མདོར་སྲུབས་བྱ་རོག་གི་རྐང་པ་འདྲ ་བ་དག་གིས་གཟུངས་གདབ་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། བསྒོམ་པ་ན་གཉིད་ཀྱི་གནོད་པ་གསལ་བའི་ཕྱིར། གཉིད་བྲན་གངོས་བུས་གདགས་པར་བྱའོ་ཞེས་བྱ་བ་སྨྲས་ཏེ། གངོས་བུ་ཞེས་བྱ་བ་ནི་ཤིང་ལ་སོགས་པ་ལས་བྱས་པའི་གོངས་བུ་ཆུ ་ཚོད་ཀྱི་སྣོད་འདྲ་བ་ཆུང་ངུ་མ་སྟེ་དེ་ལུང་མིག་ནས་སྐུད་པས་བཏགས་ཏེ་བསམ་གཏན་པ་རྣམས་གཉིད་པྲོ་ན་གདོས་བུ་དེ་རང་གི་རྣ་བ་ལ་བཏགས་ཏེ་བཅད་བར་བྱ་བའོ། །འདིར་གཞུང་ནི་གཉིད་བྲོན་གངོས་བུ་གདགས་པར་བྱའོ། །དེ་ལྟར་ནས་བཅོམ ་ལྡན་འདས་ཀྱིས་བཀའ་སྩལ་བ། སྐུད་པས་བཅིངས་ཏེ་རྣ་བ་ལ་གདགས་ཤིང་བསྲེལ་བར་བྱའོ་ཞེས་གསུངས་པ་ཡིན་ནོ། །དབྱུག་གུ་དལ་བུས་གཟུགས་པར་བྱའོ་ཞེས་བྱ་བ་ནི། སྤོང་བ་པ་ཡུད་ན་སྤོང་བའི་ཞལ་ཏབས་དབྱུག་གུར་ལ་གྱེས་ངལ་བུས ་ཅི་ནས་དེའི་སེམས་གནས་པ་ཉིད་འདྲོགས་པར་མི་འགྱུར་བ་དེ་ལྟར་དལ་བུས་གཟུགས་པར་བྱའོ། །འདི་ནི་སྤོང་བའི་ཞལ་ཏ་པའི་ལས་ཡིན་ཏེ་ངེས་དབྱུག་གུས་ངལ་བུས་གཙུགས་པ་ངེས་དེའི་གཉིས་སད་པར་འགྱུར་རོ། །སྣང་པར་མི་འགྱུར་བར་བྱ་བའི་ཕྱིར་བྲེའི ་གཅད་འབྲོ་ལྟ་བུ་རས་མ་དག་གིས་དཀྲིས་པས་སོ་ཞེས་བྱ་བ་ནི་དབྱུག་གུ་ངེས་སྤོང་པའི་ལུས་སྣང་བར་མི་འགྱུར་བར་བྱ་བའི་ཕྱིར་དབྱུག་གུ་དེའི་རྩེ་མོ་བྲེ་ཞེས་བྱ་བ་གཞལ་སྣོད་ཀྱིས་རྣམ་པ་དེའི་གཅད་འཕྲོ་ལྟར་མཉམ་པར་བྱ་ཞིང་དེ་ཡང་ངས་མ་དག་གིས་དཀྲིས་པས ་དལ་བུས་གཟུགས་པར་བྱ་བའོ། །རས་མ་ཞེས་སྨོས་པ་ནི་རས་བལ་ལ་སོགས་པ་གཞན་དག་གིས་དཔེ་ཙམ་དུ་ཟད་དོ། །འདིར་གཞུང་ནི་འོན་ཀྱང་ཡུར་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དབྱུག་གུས་གཟུགས་པར་བྱའོ། །དགེ་སློང་དག་གིས་སྨྱིག ་པ་གཙལ་ཏེ་ངེས་འཇུགས་པ་ན་རྨ་བྱུང་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྲེའི་གཅད་འཕྲོ་ལྟ་བུར་བྱའོ། །འོན་ཀྱང་སྣང་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རས་མ་ངག་གིས་དཀྲིས་ནས་དལ་བུས་ཁང་གྱིས་གཟུགས་པར་བྱའོ། ། ་ཞེས་གསུངས་པ་ཡིན་ནོ། །ཕོ་ལོངས་འཕངས་པར་བྱའོ་ཞེས་བྱ་བ་ནི། སྦོད་བ་པ་ཡུང་བ་སྤོང་བའི་ཞལ་ཏ་པས་ཕོ་ལོང་འཕང་བར་བྱ་བའོ། །ཡང་ཕྱིར་འོང་བར་བྱ་བའི་ཕྱིར་ཐ་གུས་གདགས་པར་བྱའོ་ཞེས་བྱ་བ་ནི། ཕོ་ལོང་དེ་ཡང་ཕྱིར་དྲང་བར་བྱ་བའི་ཕྱིར ་ཐག་གུབ་ཕྲ་མོ་རིང་པོས་བཏགས་ཏེ་འཕང་བར་བྱའོ། །དེ་ལྟར་བྱས་ན་ཡང་དང་ཡང་དུ་འཕང་ཞིང་ཕྱིར་བླངས་སླ་པར་འགྱུར་རོ། །འདིར་གཞུང་ནི་འོན་ཀྱང་ཡུད་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཕོ་ལོང་འཕང་བར་བྱའོ་དགེ་སློང་དག་གིས་མུན་བུད ་ན་མི་མཐོང་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཐ་གུས་བཏགས་ཏེ་འཕང་བར་བྱ་ཞིང་དེ་ནས་ཡང་ཕྱིར་དྲང་བར་བྱའོ་ཞེས་གསུངས་པ་ཡིན་ནོ། །མདུན་དུ་མར་མེ་གཞག་པར་བྱའོ་ཞེས་བྱ་བ་ནི། འོན་ཀྱང་ཡུར་ན་སྤོང་བའི་ཞལ་ཏ་བས་མདོན་སུམ་དུ ་མར་མེ་བཞག་པར་བྱ་བའོ། །འདིར་གཞུང་ནི་འོན་ཀྱང་ཡུར་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མདུན་དུ་མར་མེ་བཞག་པར་བྱའོ་ཞེས་གསུངས་པ་ཡིན་ནོ། །འོན་ཀྱང་གཉིད་མ་སངས་ན་རྐང་པར་བྱུང་ངོ། །འོན་ཀྱང་མ་སངས ་ན་ཡ་གཅིག་ཀྱང་ངོ་ཞེས་བྱ་བ། རྐང་པ་ཡ་གཅིག་ཀྱང་དབྱུང་བར་བྱ་བའོ། །འདིར་གཞུང་ནི་འོན་ཀྱང་ཡུད་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྐང་པ་ཡ་གཅིག་བརྐྱང་བར་བྱའོ། །འོན་ཀྱང་ཡུར་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ་རྐང་པ་ཡ་གཅིག་ཀྱང་བརྐྱང་བར་བྱའོ་ཞེས་གསུངས་པ་ཡིན་ནོ། །མི་འཐོམ་པར་བྱ་བའི་ཕྱིར་འཕྲེང་ཐག་དེ་ལྟ་བུ་ལ་བསྐོན་པའི་སྦུ་གུ་འམ་དེ་ལ་བཏགས་བའི་ཐག་གུལ་འཇུས་ཏེ་བཅག་པར་བྱའོ་ཞེས་བྱ་བ་ནི། དགེ་སློང་སྤོང་བ་བ་མུན་ཁུང་ན་འཆག ་པ་ལམ་མི་སྩོལ་ཞིང་མི་འཐོབ་པར་བྱ་བའི་འཆགས་མག་འཇུག་སླེབས་པའི་ཕྲེང་ཐག་ཐད་ཆད་རབ་ཏུ་བརྒྱངས་པ་དེ་ལྟ་བུ་ལ་སྨྱིག་མའི་སྦུ་གུ་ལ་སོགས་པ་བསྐོན་པ་ལ་འཇུས་ཏེ་བཅག་པར་བྱ་བ་འམ་ཡང་ན་སྤུ་གུ་དེ་ལ་གཏགས་པའི་ཐ་གུ་ལ ་འཇུས་ཏེ་སྦུ་གུ་ཕར་ཁྲིད་ཚུར་ཁྲིད་ཅིང་བཅག་པར་བྱ་བའོ། །འདེར་གཞུང་ནི་འོན་ཀྱང་ཡུར་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ། ལངས་ཏེ་བཅག་པར་བྱའོ། །ངོག?་སླང་དག་འཆག་པ་ན་འཐོམས་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ ་བར་འཕྲེང་ཐག་ལ་འདུ་བར་བྱའོ། །དེ་དག་ལག་པས་ཆང་རྒྱུད་བྱེད་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་བུ་གུ་བསྐོན་ལ་སྐུད་པས་བཏགས་པ་ལ་འཇུས་ཏེ་བཅག་པར་བྱ་བའོ། །ཞེས་གསུངས་པ་ཡིན་ནོ། །འདི་ལྟར་གཙུག་ལག་ལས་སྤུ་གུ ་ལ་འཇུས་ཏེ་ཞེས་མ་གསུངས་མོད་ཀྱི་འོན་ཀྱང་རུང་པར་སྣང་བས་ངེས་ན་ལོགས་ཤིག་ཏུ་སྨོས་སོ། །མཆིལ་ལྷམ་ཙན་གྱིས་བཅག་པར་མི་བྱའོ་ཞེས་བྱ་བ་ནི། སྤོང་བ་པ་ཉི་ཚེང་མ་ཟད་ཀྱིས་གཞན་ཐམས་ཅད་ཀྱིས་ཀྱང་མི་བྱ་སྟེ། འདི་ནི་ཐམས་ཅད་དུ་མ ་གུས་བར་འགྱུར་བ་ཡིན་བས་ན་མ་གུས་པ་ཡོངས་སུ་སྤང་བར་བྱ་བའི་ཕྱིར་བཀག་པ་ཡིན་ནོ། །རྐང་པ་གཉིས་ལ་རྡུལ་མི་འགོ་བར་བྱ་བའི་ཕྱིར་པར་ཏང་གདིང་བར་བྱའོ་ཞེས་བྱ་བ་ནི། འཆག་བའི་ཚེ་རྐང་བ་གཉིས་ལ་རྡུལ་མི་འགོ་བར་བྱ་ཞིང་རྐང་བ་རྡུལ ་ཅན་གྱིས་སྐྱིལ་མོ་ཀྲུང་བཅས་བན་གོས་མ་རུངས་བར་མི་བྱ་བའི་ཕྱིར། འཆག་སར་པར་ཐད་གདིང་བར་བྱའོ། །འདིར་པར་ཐད་ཞེས་སྨོས་བ་ནི་དབྱམ་པོ་དང་སྟན་གཞན་དག་གིས་དཔེ་ཡིན་ནོ། །སྤོད་བ་བས་ཞག་གསུམ་ཞིང་རྐང་བ་གཉིས་བསྐུ་བར ་བྱའོ་ཞེས་བྱ་བ་ནི། ཞག་གསུམ་གསུམ་ཞིང་རྐང་བ་གཉིས་བསྐུ་བར་བྱའོ། །འདིར་བསྐུ་བ་ཙམ་དུ་གསུངས་པར་ཟད་གྱིས་འབྲུ་མར་ལ་སོགས་བས་ཧ་ཅང་སྣུམ་པོར་བྱ་བ་ནི་མ་ཡིན་ཏེ། འདི་ལྟར་དེང་སང་ཡང་ཡུལ་དབུས་ན་དང་བོར་རྐང་པ་གཉིས་འཁྲུ་ཞིང་ཕྱིས? ་ཅུང་ཟད་ཅམ་སྐུད་པར་བྱེད་དེ་དེས་ན་གོས་ལ་སོགས་པ་སྣུམ་པོ་ཉིད་དུ་མི་འགྱུར་རོ། །མ་ནུས་ན་དེར་ཡང་ཉལ་བར་བྱའོ་ཞེས་བྱ་བ་ནི། གཉིད་བྲོ་བ་བསང་བར་མ་ནུས་ན་རྣལ་འབྱོར་གྱིས་གནས་དེར་ཡང་ཉལ་བ་ལ་ཉེས་པ་མེད་པའོ། །སྒོ་གཅང་པར་རོ་ཞེས ་བྱ་བ་ནི། སྒོ་གླེགས་ལ་སགས་པས་སྒོ་གཅད་པར་དེར་ཉལ་བ་ལ་ཉེས་པ་མེད་པའོ། །འདི་ནི་གཞན་དག་མ་དད་པར་འགྱུར་བ་ཐོ་འཚམ་པར་འགྱུར་བ་སྤང་བའི་ཕྱིར་རོ། །གློས་ཀྱང་ཕམ་སྟེའོ་ཞེས་བྱ་བ་ནི། ཉལ་དུ་རུང་ངོ་ཞེས་བྱ་བའི་ཐ་ཚིག་གོ་།སྤོང་པའི་ཕྱིད་ཞལ ་ཏ་པ་བསྐོ་པར་བྱའོ་ཞེས་བྱ་བ་ནི། དགེ་སློང་སྤོང་བ་པོ་རྣམས་ཀྱིས་ཕྱིར་སྤོང་བའི་ཞལ་ཏ་བྱེད་པ་ནི་སྤོང་བའི་ཞལ་ཏ་བ་ཞེས་བྱ་སྟེ། དེ་དགེ་འདུན་གྱིས་གསོལ་བ་དད་གཉིས་ཀྱི་ལས་ཀྱིས་བསྐོ་བར་བྱ་འོ། དེའི་བྱ་བ་ནི་འདས་མ་ཐག་ཁོ་ནར་ཆག་ཆག་གདབ་པ ་དང་ཕྱག་དང་བྱ་བ་དང་ལྕི་བ་སར་པའི་བྱུག་པས་བསྐུ་བར་བྱའོ་ཞེས་བྱ་བ་ལ། དེའི་བྱ་བ་ཞེས་བྱ་བ་ནི་སྦོད་པའི་ཞལ་ཏ་པ་ངེས་ལས་སུ་བྱ་བ་སྟེ་ངེས་བྱ་བའི་ལས་འོག་ནས་འབྱུང་བ་ཐམས་ཅད་དང་སྤྱིར་སྦྱར་རོ། །ལངས་མ་ཐག་ཁོ་ནར་ཞེས་བྱ་བ་ནི་ནམ ་ལངས་མ་ཐག་ཁོ་ནར་ལངས་ནས་སོ། །ཆག་ཆག་གདབ་པ་ལ་སོགས་པ་ནི་གནས་གང་དུ་སྤོང་བ་པ་དག་སྤོང་བར་བྱེད་པ་དེར་ཆག་ཆག་ལ་སོགས་པ་གདབ་པའོ། །སྟན་བཤམ་པར་བྱའོ་ཞེས་བྱ་བ་ནི། དེར་སྟན་དག་གདིང?་བར?་བྱ ་ཁ་བའོ། །མི་གཙང་བའི་སྐྱབས་གཉིས་བྱི་དོར་བྱའོ་ཞེས་བྱ་བ་ནི། བཤད་པ་དང་ལྕི་ངའི?་ས་གཉིས་བྱི་དོར་བྱ་བའོ། །ཆག་ཆག་ལ་སོགས་པས་སོ་ཞེས་བྱ་བ་ལ་སོགས་པའི་སྒྲས་ནི་ཕྱག་དང་བྱ་བ་དང། ལྕི་བ་སར་བའི་ཕྱུག་པས་བསྐུ་བ་དག་བསྡུ ་སྟེ། དེ་དག་གིས་ཕྱི་རོལ་ཆེ་ཆུང་གིས་དག་བྱི་དོར་བྱའོ། །བོང་རྡོག?་དང་ས་དང་ཆུ་དག་གཞག་བར་བྱའོ་ཞེས་བྱ་བ་ནི། དག་པར་བྱ་བའི་ཕྱིར་ཆབ་ཁུངས་དག་ཏུ་དེ་དག་གཞག་པར་བྱ་བའོ། །འདི་སྐད་བསྟན་ཏེ། ཆབ་ཁུངས་དེར་བོང་རྡོག་དང་ས་དང ་དུས་དང་མཐུན་པའི་ཆུདག་གཞག་པར་བྱའོ། །བསྡུ་བའི་ཕྱིར་གཎྜི་བརྡུང་ངོ་ཞེས་བྱ་བ་ནི། རྣལ་འབྱོར་གྱིས་གནས་དེར་སྤོང་བ་བདག་སྔ?་བའི་ཕྱིར་གཎྜི་བརྡུང་བར་བྱ་བའོ། །དེའི་གནས་ནི་ཁང་སྟེང་ངོ་ཞེས་བྱ་བ་ནི་གཎྜི་བརྡུང་བའི་གནས་ནི་ཁང་སྟེང་ཡིན་ནོ།། ་དེ་ཡང་ཕྱོགས་མཐོན་པ་གང་ཡང་རུང་བ་དག་གིས་དཔེ་ཡིན་ནོ། །དགེ་འདུན་བསྡུ་བའི་ཕྱིར་ནི་རྒྱུད་གསུམ་དང་དེ་སྙེད་ཀྱི་ཏོག་དག་གོ་ཞེས་བྱ་བ་ནི། དགེ་འདུན་བསྡུ་བའི་ཕྱིར་གཎྜི་བརྡུང་བ་ལ་ནི་བཟླས་པའི་རྒྱུད་ལན་གསུམ་བརྡུང་ཞིང་འཇུག་ཏུ་རྟོག ་ཀྱང་དེ་སྙེད་བྱ་སྟེ། མཇུག་ཏུ་ཏོག་སྒྲ་ཆེན་པོ་ལན་གསུམ་བྱ་བའི་ཐ་ཚིག་གོ། ལས་བྱ་བའི་ངོན་དུ་ནི་རྒྱུད་གཅིག་དང་གཏོགས་གསུམ་མོ་ཞེས་བྱ་བ་ནི། ལས་བྱ་བའི་དོན་དུ་གཎྜི་ག་དུང་པ་ལ་ནི་རྒྱུད་གཅིག་དང་ཏོག་གསུམ་བརྡུང་ངོ་ཞེས་བྱ་བའི་ཐ ་ཚིག་གོ། ཁ་ཅིག་ལས་ནི་རྒྱུད་གསུམ་དང་ཏོག་གཉིས་སོ་ཞེའོ་ཞེས་བྱ་བ་ནི། ལུགས་ཁ་ཅིག་ལས་ལས་བྱ་བའི་དོན་དུ་གཎྜི་བརྡུང་བ་ལ་ནི་རྒྱུད་གསུམ་དང་རྟོག་གཉིས་ཞེས་ཀྱང་འབྱུང་ངོ། །ཤི་བ་ལ་ཁྲག་པ་དབྱུང་བའི་དོན་དུ་ནི་བྱེ་བོའོ་ཞེས་བྱ་བ ་ནི། ཤི་བའི་དོན་དུ་འདུས་ཤིང་ཁྱོགས་ཕྲག་པས་འདེགས་པ་ལ་སོགས་པའི་དོན་དུ་གཎྜི་བརྡུང་པ་ཅི་བྱི་བོ་སྟེ། བྱི་བོ་ཞེས་བྱ་བ་ནི། རྒྱུད་ཉི་ཆེ་ག་རྡུང་ཞིང་མཇུག་ཏུ་རྟོག་མི་བརྡུང་པ་ཡིན་ནོ། །ཁ་ཅིག་ལས་ནི་རྒྱུད་གཅིག་དང་ཏོག་གཅིག་གོ་ཞེའོ་ཞེས་བྱ་བ ་ནི། ལུགས་ཁ་ཅིག་ལས་ཤི་བའི་དོན་དུ་གཎྜི་གྲདུང་བ་ནི་རྒྱུད་གཅིག་དང་ཏོག་གཅིག་གོ་ཞེས་ཀྱང་འབྱུང་ངོ། །སྤོང་པ་པའི་དོན་དུ་ནི་ཁང་བསིལ་ལོ་ཞེས་བྱ་བ་ནི། སྤོང་བ་པ་ལ་འདུ་བའི་དོན་དུ་ནི་ཁང་བསིལ་གྱིས་གཎྜའི་བྱ་བ་བྱའོ་ཞེས་བྱ་བའི་ཐ་ཚིག ་གོ། །ཁ་ཅིག་ལས་ནི་གཎྜི་ཆུང་ངུ་ཞེའོ་ཞེས་བྱ་བ་ནི། ལུགས་ཁ་ཅིག་ལས་ནི་སྤོང་བ་པའི་དོན་དུ་གཎྜི་ཆུང་ངུ་བརྡུང་ངོ་ཞེས་ཀྱང་འབྱུང་ངོ། །གནོད་པ་བྱུང་བ་ལ་ནི་ཅི་ཙམ་གྱིས་ཆོག་པའོ་ཞེས་བྱ་བ་ནི། གཙོད?་པ་བྱུང་བའི་ཚེ་གཎྜི་བརྡུང་བ་ནི་ཇི་ཙམ་གྱིས་ཆོག ་བ་དེ་ཙམ་བརྡུང་བར་བྱ་སྟེ། ནམ་ཞི་བར་གྱུར་གྱི་བར་དུ་བརྡུང་ངོ་ཞེས་བྱ་བའི་ཐ་ཚིག་གོ། ཟན་གྱི་ཕྱིར་འདུ་བའི་དོན་དུ་ནི་གཎྜི་དང་གཎྜི་ཆུང་ངུ་གཉིས་ཀ་བརྡུང་ངོ་ཞེས་བྱ་བ་ནི། ཟན་གྱི་ཕྱིར་འདུབ་གང་ཡིན་པ་དེའི་དོན་དུ་ནི་གཎྜི་དང་གཎྜི་ཆུང་ངུ་གཉི་ག་བརྡུང ་བར་བྱའོ། །ཅི་དེ་གཉིས་ཅིག་ཅར་རམ་མཇུག་ཐོགས་སུ་བརྡུང་བར་བྱ་ཞེ་ན་མ་ཡིན་ཏེ་དེའི་ཕྱིར། བར་དུ་གཅད་དེའོ་ཞེས་བྱ་བ་སྨྲས་སོ། །ཇི་ཙམ་གྱིས་བར་དུ་བཅད་དེ་ཞེ་ན་དེའི་ཕྱིར། བརྒྱངས་པས་སོ་ཞེས་བྱ་བ་སྨྲས་ཏེ། དུས་ཇི་ཙམ་གྱིས་སངས ་རྒྱས་མཆོད་པ་དང། ལྷུང་བཟེད་བཀྲུ?་བ་ལ་སོགས་པའི་ལས་འགྲུབ་པར་འགྱུར་བའི་དུས་དེ་ཙམ་གྱི་མདུན་རོལ་ཏུ་གཎྜི་ཆུང་ངུ་བརྡུངས་ལ། ཁང་སྐྱོང་ངང་གཙང་སྤྱོད་ལ་སོགས་པས་སངས་རྒྱས་མཆོད་པ་དང། ལྷུང་བཟེད་བཀྲུ་བ་ལ་སོགས་པའི ་ལས་བྱས་ནས་དེའི་འོག་ཏུ་གདུག་ཚོད་ལ་བབ་བའི་ཆོ་གཎྜི་ཆེན་པོ་བརྡུང་ཞིང་དགེ་འདུན་ཐམས་ཅད་ཟས་ཀྱི་ཕྱིར་བསྡུ་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། འདུས་བ་ཆེ་བའི་ཆེ་གཎྜི་བརྡུངས་བས་གོ་བར་མི་འགྱུར་བ་ལྟན?་དུང་སྒྲིལ་ཏེ་ཐུང?་པར་བྱའོ་ཞེས ་བྱ་བ་ནི། ཟན་གྱི་ཕྱིར་འདུ་བའི་དོན་དུ་གཎྜི་གྲདུངས་པ་ནས་དགེ་འདུན་འདུས་པ་ཕལ་ཆེ་བའི་ཆོ་གཎྜི་གྲདུངས་པས་ཐོས་ཤིང་གོ་བར་མི་འགྱུར་བ་ལྟ་ན་དུང་ཆེན་པོ་གཉིས་གཅིག་ཏུ་བསྒྲིལ་ཏེ་བུང་པར་བྱའོ། །རྔ་བོ་ཆེ་ངག ་བརྡུང་ངོ་ཞེས་བྱ་བ་ནི། དེའི་ཚེ་རྔ་བོ་ཆེ་དག་ཀྱང་སྒྲ་ཆེར་བརྡུང་བར་བྱའོ། །འདིར་གཞུང་ནི་གླེང་བཞི་དག་ལས་དགེ་སློང་རྣམས་ཀྱིས་འདུས་བ་ཆེན་པོའི་ཚེ་ཅ་ཅོ་བྱུང་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གཎྜི་ཆུང་ངུ་བརྡུངས་ནS་གཎྜི་བརྡུང་བར ་བྱའོ། །འོན་ཀྱང་དགེ་སློང་ཉིན་མོ་སྤྱོད་པ་ལ་ཞུགས་པ་གཞན་དག་གིས་མ་ཐོས་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ། དུང་བསྒྲིལ་མ་དག་བུད་པར་བྱའོ། །རྔ་བོ་ཆེ་དག་བརྡུང་བར་བྱའོ་ཞེས་གསུངས་པ་ཡིན་ནོ། །སྐབས་འདི་དག?་ཏུ་བརྡུང་བ་ནི ་དཔེ་ཙམ་དུ་ཟང་དེ་གནས་མལ་གནོད་པ་ལ་སོགས་པའི་དོན་དག་ལ་ཡང་གཎྜི་ལ་སོགས་པ་བརྡུང་དགོས་པའི་ཕྱིར་རོ། །གཎྜི་བརྡུང་པར་མི་འགྲ་བར་མི་བྱའོ་ཞེས་བྱ་བ་ནི། གཎྜི་གང་དང་གང་དུ་བརྡུངས་པ་དེར་རྣ་ལ་གཟོན་ཞེད་མི་འགྲོ་བར་མི་བྱའི་འགྲོ ་བ་ཁོ་ནར་བྱ་བའོ། །རྣམ་པར་འབྱེད་པ་ལ་སོགས་པ་ལས་ཀྱང་གཎྜིའི་ཕྱིར་འགྲོ་བར་བྱའོ་ཞེས་གསུངས་པའི་ཚིག་སྣང་ངོ། །གཎྜི་གྲདུང་བ་ནི་འདུ་བའི་ཕྱིར་སྦྲན་པ་ཡིན་པས་དེའི་ཕྱིར་འདིར་དོན་ཅི་ཞིག་བྱུང་ཞེས་ངེས་པར་ཤེས་པར་བྱ་བའི་ཕྱིར ་དེར་འགྲོ་བར་བྱའོ། །འདི་ལྟར་དེས་བདག་གིས་དོན་མེད་པས་ཁོ་བོ་མི་གཏོགས་ཀྱིས་འགྲོ་བར་མི་བྱའོ་བསྙམ་དུ་བསམ་པར་མི་བྱའོ། །མི་མྱུར་བར་མི་བྱའོ་ཞེས་བྱ་བ་ན། གཎྜའི་ཕྱིར་མྱུར་བ་ཁོ་ནར་འགྲོ་བར་བྱའོ་ཞེས་བྱ་བར་སྦྱར་རོ། །བྱ་བ ་འགྲུབ་པའི་དུས་ཀྱིས་ལྷག་མ་ལུས་ཙམ་ན་རྒྱུད་ཆགས་གསུམ་པ་ཀྱིས་ལྷག་མ་དེ་ཙམ་ལུས་པ་ན་རྒྱུད་ཆགས་གསུམ་པ་གདོན་ཅིང་དུས་ཅི་ཙམ་གྱིས་དགེ་སློང་སྤོང་བ་བདག་གིས་མཆོད་རྟེན་ལ་བྱག་བྱ་བ་དང་ལྷུང་བཟེད་བགྲུབ?་དང། བསོད ་སྙོམས་ལ་འགྲོ་བ་ལ་སོགས་པའི་བྱ་བ་འགྲུབ་པའི་དུས་ཀྱིས་ལྷག་མ་དེ་ཙམ་ལུས་པ་ན་རྒྱུད་ཆགས་གསུམ་པ་གདོན་ཅིང་སྤོང་བ་བདག་ཅི་བདེར་བྱའོ། །སྤོང་བའི་ཞལ་ཏ་པས་ཚེ་དང་ལྡན་པ་ངག་ད་ནི་ཅི་བདེར་སྤྱོད་ཅིག་ཅེས་བག་ལངས་སུ་བྱ་བའི་ཐ ་ཚིག་གོ། དེ་རན་པར་བྱའོ་ཞེས་བྱ་བ་ནི། རྒྱུད་ཆགས་གསུམ་པ་གདོན་པ་དེ་ཧ་ཅད་ཉུད་བ་ཡང་མ་ཡིན་ཧ་ཅང་མང་བ་ཡང་མ་ཡིན་པར་ཅི་རན་ཅིག་གདོན་པར་བྱ་བའོ། །ཡོན་བཤད་པར་བྱའོ་ཞེས་བྱ་བ་ནི། རྒྱུད་ཆགས་གསུམ་པ་བཏོན་པའི་འོག ་ཏུ་སྦྱིན་བའི་ཕན་ཡོན་བཤད་པར་བྱའོ། །དེ་ཡང་ཇི་ལྟར་བྱ་ཞེ་ན་དེའི་ཕྱིར། རན་པར་རོ་ཞེས་བྱ་བ་སྨྲས་ཏེ། མང་ཉུང་རན་པར་བྱའོ། །འདིར་གཞུང་ནི་འདི་ལྟར་དེ་དག་དུས་གཏེང་ལ་ཐུག་པ་ན་ཅི་བདེར་བྱེད་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ ་བ། དུས་རྟིང་ལ་ཐུགས་པ་ནི་ཅི་བདེར་མི་བྱ་བར་དུས་ཤེས་པར་བྱས་ནས་ཅི་བདེར་བྱ་སྟེ། གང་དག་དགེ་འདུན་ལས་ཐོབ་པ་དེ་དག་ཀྱང་ཁྲུས་བྱས་ཏེ། དགེ་འདུན་གྱིས་ནང་དུ་འདུ་ཁོམ་པ་དང་གང་དག་བསོད་སྙོམས་པ་དེ་དག་ཀྱང་རྐང་པ་དང། ལག ་བ་བཀྲུས་ཏེ་གྲོང་དུ་བསོད་སྙོམས་ལ་འཇུག་ཁོམ་པར་བྱའོ་ཞེས་གསུངས་པ་ཡིན་ནོ། །མཚན་མོའི་འཇུག་ཏུ་ཡང་དུས་ཇི་ཙམ་གྱིས་མཚན་འངའ་བར་འགྱུར་བདེ་ཙམ་ན་ཅི་བདེར་བྱའོ། །སྤང་བའི་ཞལ་ཏ་བ་སྔར་འདུ་ཞིང་འཇུག་དུ་འགྱེད་པར ་བྱའོ་ཞེས་བྱ་བ་ནི། སྤོང་བའི་ཞལ་ཏ་བྱེད་པའི་དགེ་སློང?་དེ་དགེ་སློང་སྤོང་བ་པ་དག་མ་འདུས་པའི་མདུན་དུ་འདུ་བར་བྱ་ཞིང་དེ་དག་གྱེས་པའི་མཇུག་ཏུ་འགྱེས་པར་བྱ་བའོ། །ཀལ་ཏེ་རྐྱེན་དེ་ལྟ་བུ་བྱུང་ན་ལྡེ་མིག་སྦས་པ་བསྟན་པར་བྱའོ་ཞེས་བྱ་བ་ནི། ་སྤོད་བའི་ཞེལ་ཏ་པ་དེ་ལ་གལ་ཏེ་དོན་གློ་བུར་གྱིས་དབང་གིས་སྔར་འདུར་མི་ཁོམ་པ་དེ་ལྟ་བུའི་རྐྱེན་དག་བྱུང་ན་སྤོང་བའི་གནས་ཀྱི་ལྡེ་མིག་གང་དུ་སྦས་པ་དེ་དགེ་སློང་སྤོང་པ་པ་ངག་ལ་བསྟན་པར་བྱའོ། །འདི་སྐད་བསྟན་ཏེ། སྡང་ལྡེ་མིག་འགའ་ཞིག ་གི་ལག་ཏུ་བཞག་གམ་ཕྱོགས་ཞིག་ཏུ་སྦས་ནས་བདག་ཉིད་སྔར་འགྲོ་མི་འཁེམ་ན་དེས་དགེ་སློང་སྤོང་བ་པ་བཞན་དག་སྣང་ན་ལྡེ་མིག་འདིའི་ལག་ན་ཡོད་དོ་ཞེའམ། ཕྱོགས་འདི་ནི་འདུག་གོ་ཞེས་སྟན་པར་བྱའོ། །གསོ ་སྦྱོང་གི་གཞི་ལས་ཞི་གནས་ཀྱི་གསོ་སྦྱོང་གིས་སྐབས་སོ་ཞེས་བྱ་བ་དེ་བཤད་ཟིན་ཏོ།། །།ད་ནི་གསོ་སྦྱོང་གིས་གཞི་ལས་འཐུན་པའི་གསོ་སྦྱོང་གི་སྐབས་བརྗོད་པར་བྱ་སྟེ། དེ་ལ་དང་པོར་མཐུན་པའི་གསོ་སྦྱོང་གི་གནས་བསྟན ་པའི་ཕྱིར། གསོ་སྦྱོང་གི་གནས་ལ་བློ་མཐུན་པར་བྱའོ་ཞེས་བྱ་བ་སྨྲས་ཏེ། གནས་གང་དུ་གསོ་སྦྱོང་མངོན་དུ་བྱེད་པའི་གནས་དེ་ནི་གསོ་སྦྱོང་གིས་གནས་ཞེས་བྱ་སྟེ། གནས་དེར་གསོ་སྦྱོང་བྱ་བར་དགེ་འདུན་གྱིས་གསོལ་བ་དང་གཉིས ་ཀྱིས་བློ་མཐུན་པར་བྱའོ། །གསོ་སྦྱོང་གིས་གནས་ཇི་ལྟ་བུ་དེ་ལ་བློ་མཐུན་པར་བྱ་ཞེ་ན་དེའི་ཕྱིར། གནས་ཐམས་ཅད་གྲུབ་པར་མ་བྱས་པའམ་ཟིན་པ་ལའོ་ཞེས་བྱ་བ་སྨྲས་ཏེ། གནས་གང་ལ་ཐམས་ཅད་གྲུབ་པ་འམ་ཐམས ་ཅད་བྱས་པའམ་ཐམས་ཅད་ཟིན་པ་ཡོད་པ་དེ་ནི་གནས་ཐམས་ཅད་གྲུབ་པ་འམ་བྱས་པ་འམ་ཟིན་པ་ཡིན་ཏེ། གསོ་སྦྱོང་གི་གནས་རྣམ་པ་ཐམས་ཅད་ཡོངས་སུ་གྲུབ་པ་གང་ཡིན་པ་དེ་ལ་བློ་མཐུན་པར་བྱའོ། །དེ་ལ་གྲུབ་པ་ཞེས་བྱ་བ་ནི། ་ཆགས་པའི་བསྐལ་པའི་ཚེ་རང་གྲུབ་པ་འམ། དེའི་འོག་ཏུ་གཏིབ་གཅད་པ་ཉིད་ལ་སོགས་པས་རང་གྲུབ་པ་སྟེ། དཔེར་ན་རིའི་བྱ་སྐྱིབས་ལ་སོགས་པ་ལྟ་བུ་སྟེ། གཞན་གྱིས་བསྩལ་བ་ལ་མི་བལྟོས་པའི་ཕྱིར་རོ། །བྱས་པ་ཞེས་བྱ་བ་ནི། སྐྱེས་བུའི ་བྱེད་པས་མདོན་པར་བསྒྲུབས་པའོ། །ཟིན་པ་ཞེ་བྱ་བ་ནི། འདུག་པ་ལ་སོགས་པའི་བྱ་བར་རུང་བའོ། །ཕྱི་རོལ་ཉེན་ཀོང་འདོམ་གང་དང་ལྡན་པའོ་ཞེས་བྱ་བ་ནི། ཕྱི་རོལ་ཏུ་གྱུར་བའི་ཉེན་ཀོར་འདོམ་གང་ཙམ་དང་བཅས་པ་གང་ཡིན་པ་དེ་ནི་ཕྱི་རོལ ་ཉེན་ཀོར་འདོམ་གང་དང་ལྡན་པ་ཞེས་བྱའོ། །ཅི་མི་འདོད་བཞིན་དུ་ཡང་བློ་མཐུན་པར་བྱ་བའམ་ཞེ་ན་མ་ཡིན་ཏེ་དེའི་ཕྱིར་དགེ་འདུན་འདོད་ནའོ་ཞེས་བྱ་བ་སྨྲས་ཏེ། གལ་ཏེ་དགེ་འདུན་བཞེད་ནའོ། །གསོ་སྦྱོང་གིས་གནས་ཞེས་སྨོས་པས་དགག ་དབྱེ་ལ་སོགས་པའི་ལས་གཞན་ནི་དེར་མི་བྱའོ་སྙམ་དུ་དོགས་པ་གསལ་བའི་ཕྱིར། ལས་གཞན་གྱིས་གནས་ཀྱང་དེ་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། དགག་དབྱེ་ལ་སོགས་པའིའོ། །གསོ་སྦྱོང་གིས་བཞི་ལས་དེ་བཅས་པའི་ཕྱིར་དེ་སྐད་ཅེས་བྱའོ། ། ་མཚམས་གཅད་པར་བྱའོ་ཞེས་བྱ་བ་ནི། གནས་དེའི་ཕྱོགས་བཞིའི་མཚམས་གསོལ་བ་དང་གཉིས་ཀྱིས་ལས་ཀྱིས་བཅང་པར་བྱའོ། །དཔག་ཚད་ཕྱེད་དང་གསུཾ་གྱི་མཛའ་ཚུན་ཆད་དུའོ་ཞེས་བྱ་བ་ནི། ཕྱོགས་གཞིར་དཔག་ཚད་ཕྱང?་དང ་གསུམ་གྱི་མཛའ་མཚུན་ཚད་དུ་མཚམས་བཅད་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། ཕྱོགས་ཕྱོགས་སུ་ཕ་བོང་དང་རྩིག་པ་དང་ཀ་བ་དང་ཤིན་ལྗོན་པ་དང་ར་བ་དང་བྱ་སྐྱིབས་དང་ལམ་པོ་ཆེ་དང་ཁྲོན་པ་ལ་སོགས་པ་དེ་ཤེས་པའི་དགེ་སློང་རྣམས་ཀྱིས ་བརྟགས་ནས་དགེ་འདུན་གྱིས་མདུན་དུ་མཚན་མ་བརྟན་པོ་བརྗོད་དེ་ལས་བྱའོ་ཞེས་བྱ་བ་ནི། ཕྱོགས་བཞིར་ཕ་བོང་དང་ཅིག་པ་ལ་སོགས་ཕ་དེ་ཤེས་པའི་དགེ་སློང་དེ་ཡུལ་དེ་ན་གནས་པ་འམ་གཉུག་མར་གནས་པ་རྣམས་ཀྱིས་བརྟགས་ནས་དགེ་འདུན ་གྱི་སྤྱན་སྔར་ཕ་བོང་ལ་སོགས་པའི་མཚན་མ་བརྟན་པོ་ཡུན་རིང་དུ་གནས་པ་བརྗོད་དེ་དེའི་འོག་ཏུ་མཚམས་བཅད་པའི་ཕྱིར་ལས་བྱ་བའོ། །དེར་སྣང་བ་བྱས་ན་ཆོས་གོས་དག་དང་འབྲལ་བར་མི་འགྱུར་རོ་ཞེས་བྱ་བ་ནི། མཚམས་དེར་གལ་ཏེ་ཆོས ་གོས་དག་དང་མི་འབྲལ་བའི་གནང་བ་བྱས་བར་གྱུར་ན་གཟོད་ཆོས་གོས་དག་དང་འབྲལ་བར་མི་འགྱུར་བ་ཡིན་གྱི་མཚམས་བཅད་པ་ཙམ་གྱིས་འབྲལ་བར་མི་འགྱུར་བ་ནི་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ་།དེ་བྱའོ་ཞེས་བྱ་བ་ནི། ཆོས་གོས་དག ་དང་འབྲལ་བར?་མི་འགྱུར་བའི་གནང?་བ་དེ་བྱ་བའོ། །ཐམས་ཅད་ཀྱི་ཆེད་དུ་དཀྱིལ་འཁོར་བར་བློ་མཐུན་པར་བྱའོ་ཞེས་བྱ་བ་ནི། སྔར་མཚམས་ཆེན་པོ་བཅད་ཟིན་ནས་དེའི་འོག་ཏུ་ལས་ཐམས་ཅད་ཀྱི་ཆེད་དུ་ཞེས་བྱ་བ་གསོ ་སྦྱོང་འབའ་ཞིག་གིས་ཆེད་དུ་མ་ཟད་ཀྱི་འདུལ་བ་དང་ལྡན་པའི་ལས་ཐམས་ཅད་ཀྱི་ཆེད་དུ་མཚམས་ཆུང་ངུ་གཅད་ཅིང་དཀྱིལ་འཁོར་པར་བློ་མཐུན་པར་བྱའོ། །སྡོམ་བག་ཡངས་སུ་མ་བྱས་གཅད་པ་གཞན་མི་འཆགས་སོ་ཞེས་བྱ་བ་ནི། ་སྔར་ཕྱོགས་བཞིར་མཚམས་ཆེན་པོ་བཅང་པ་དེ་བག་ཡངས་སུ་མ་བྱས་ཤིང་མ་དགྲལ་བར་ཕྱོགས་དེ་ཉིད་དུ་མཚམས་ཆུད་དུ་གཞན་གཅད་ཅིང་དཀྱིལ་འཁོར་བར་བློ་མཐུན་པར་བྱ་བ་མི་འཆགS་པ་སྟེ་དེ་ལྟར། ས་ན་དཀྱིལ་འཁོར་པའི ་མཚམས་སུ་བློ་མཐུན་པར་མ་བྱས་པར་གལ་ཏེ་ཕྱིས་དཀྱིལ་འཁོར་པར་བློ་མཐུན་པར་བྱ་བའི་འདོད་བ་སྐྱེ་ན་དེའི་ཆེ་མཚམས་སྔ་མ་དགྲོལ་བར་བྱའོ། །མཚམས་སྔ་མ་དགྲོལ་ཏུ་མི་རུང་བ་མ་ཡིན་པར་བསྟན་པའི་ཕྱིར། མཚམས་ངག ་དགྲོལ་བར་བྱའོ་ཞེས་བྱ་བ་སྨྲས་ཏེ། གལ་ཏེ་དགེ་འདུན་དུ་གྱུར་པའི་དགེ་སློང་དག་མཚམས་ཆུང་ངུ་གཅོད་ཅིང་དཀྱིལ་འཁོར་པར་བློ་མཐུན་པར་བྱེད་འདོད་ན་དེ་དག་གིས་སྔད་བཅད་པའི་མཚམས་དག་དགྲོལ་བར་བྱ་བའོ། །ཆིག་གཅིག་གིས ་མཚམས་གཉིས་བཅད་པ་དང་དགྲོལ་དུ་རུང་ངོ་ཞེས་བྱ་བ་ནི། དཀྱིལ་འཁོར་པ་གཅིག་ཏུ་ལས་བྱེད་པ་གཅིག་གིས་གསོལ་བ་དང་ལས་བརྗོད་པའི་ཚིག་གཅིག་གིས་མཚམས་གཉིས་ཅིག་ཅང་བཅད་པ་ངད་ཅིག་ཅར་བགྲོལ་ཏུ་རུང་བའོ། ། ་འདིར་གཞུང་ནི་མཚམས་གཉིས་ཀར་དགེ་འདུན་བཀོད་ནས་ལས་བྱེད་པའི་དགེ་སློང་གིས་མཚམས་གཉི་གར་ཤིང་ངམ?་དབྱུག་པ་འམ་དེ་ལྡེས་མནན་ནས་གསོལ་བ་བྱས་ཏེ་ལས་བྱའོ་ཞེས་གསུངས་པ་ཡིན་ནོ། །མཚམས་མ་བཅད ་པའི་གནས་སུ་ནི་ལས་ལ་རྩིག་པ་མཚམས་ཡིན་ནོ། །མཚམས་མ་བཅད་པའི་གནས་གང་ཡིན་པ་དེར་ནི་ལས་བྱ་བའི་ཡུལ་ལ་གཙུག་ལག་ཁང་གི་རྩིག་པ་ཉིད་མཚམས་ཡིན་པའོ། །འདིར་ཆོས་གོས་དང་འབྲལ་བའི་མཚམས་བསྩལ་བའི་ཕྱིར་ལས་ལ་ཞེས ་སྨོས་ཏེ། ཆོས་གོས་དང་འབྲལ་བའི་མཚམས་ཀྱིས་རྣམ་པ་ནི་སྔར་མཆམས་བྱས་པའོ་ཞེས་བྱ་བ་ལ་སོགས་པས་བསྔན་ཟིན་ཏོ། །འདིར་ལས་ལ་ཞེས་སྨོས་པས་ནི་ལས་ཀྱི་གཞིར་སྤྱིར་བསྟན་པ་གསོལ་བ་དང་གཉིས་དང་གསོལ་བ་དང་བཞིའི་ལས་རྒྱ་རྩ ་གཅིག་པོ་དག་ཉི་ཚེ་གཟུང་བར་མ་ཟད་ཀྱི་འདུལ་བ་དང་ལྡན་པའི་ལས་ཐམས་ཅད་བསྡུས་པར་རིག་པར་བྱའོ། །དེ་ལྟར་གྱུར་ན་དབྱར་གནས་བ་འདྲལ་བ་ལ་ཡང་རྣམ་པ་འདི་ཉིད་ཡིན་ཏེ། འདི་ལྟར་དབྱར་གནས་པར་ཁས་བླངས་པའི་མཚམས་གང ་ཡིན་པ་དེ་ཉིད་ཀྱང་འདི་ཡིན་ལ་མཚམས་འདིར་རྙེད་པ་བགོ་བ་དང། ཤི་བའི་ཡོ་བྱང་བྱིན་གྱས་བརླབ་པ་ཡང་འདུས་པ་ཡིན་ནོ། །དེ་ལྟར་ཡང་ཚེ་དང་ལྡན་པ་ཉེ་དགའ་གཙུག་ལག་ཁང་ནས་ཐག་རིང་པོ་ན་འདུག་བས་ཁོ་བོ་མཚམས་སུ་གཏོགས་པས ་རྙེད་པ་དབང་པོ་ཞེས་སྨྲས་པ་ཡིན་ནོ། །ཝ་ཁ་ནས་ཆུ་འཛག་པ་གང་དུ་བབ་པ་ཡང་ངོ་ཞེས་བྱ་བ་ཡང། མཚམS་མ?་བཅད་བའི་གནས་སུ་ནི་ལས་ལ་དེ་ཚུན་ཆད་ཀྱང་མཚམས་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །འདི་སྐད་བསྟན་ཏེ། ཁང་སྟེང་གི་ཆུ་ཁུང་དུ ་བ་གཙུགས་པའི་ནད་ནས་ཆུ་འཛག་པའི་སྣས་གང་དུ་སླེབས་པ་ཆུན་ཆར་ཀྱང་མཚམས?་ཀྱི་ཁོངས་སུ་གཏོགས་པ་ཡིན་ནོ། །ཡང་ངོ་ཞེས་བྱ་བའི་སྒྲས་ནི་གལ་གཉིས་སུ་བརྟག་པ་ཡིན་གྱི་འདི་ཡང་མཚམས་གཅིག་ཡིན་ནོ། །ཞེས་བྱ་བར་སྟོན་ཏེ། །དེ་ལྟར ་ན་འདིར་ཚིག་གི་དོན་འདི་འབྱུང་སྟེ། མདོ་སྔ་མས་ནི་མཆམས་མ་བཅད་པའི་གནས་རྩིག་པས་བསྐོང་བ་ལ་ནི་གཙུག་ལག་ཁངས་གི་རྩིག་པ་ཉིད་ལས་ལ་མཚམས་ཡིན་པར་བརྟན་ཏོ་མདོ་འདིས་ནི་མཚམས་མ་བཅད་པའི་གནས་རྩིག་པས་མ་བསྐོར་བ ་ལ་ནི་ཝ་ཁ་ནས་ཆུ་འཛག་བའི་སྣས་ཁང་དུ་བབ?་པ་ཚུན་ཆད་ལས་མཚམས་ཡིན་པར་བསྟན་ཏོ། །གྲོང་ལ་ཉེན་ཀོང་གྱི་མཛའ་ཚུན་ཆད་དོ་ཞེས་བྱ་བ་ནི། གྲོང་ལ་ནི་སྔར་འབྲལ་བའི་སྐབས་སུ་གྲོང་གི་ཉེན་ཀོར་བསྟན་པའི་དེའི་མཛའ་ ་ཚུན་ཆད་མཚམས་ཡིན་པའོ། །དགོན་པ་ལ་ནི་ཕྱོགས་ཕྱོགས་སུ་རྒྱང་གྲགས་ཀྱི་མཛའ་ཚུན་ཆད་དོ་ཞེས་བྱ་བ་ནི། དགོན་པ་ལ་ནི་དབུས་ནས་ཕྱོགས་ཕྱོགས་སུ་རྒྱང་གྲགས་གཅིག་གིས་མཛའ་ཚུན་ཆད་མཚམས་ཡིན་ཏེ་ངེས་ན་ཕྱོགས ་གཉིས་བསྡོམས་ན་སྤྱིར་རྒྱང་གྲགས་གཉིས་ཀྱི་སྲིད་མཚམས་ཡིན་ནོ། །གསོ་སྦྱོང་གིས་གཞི་ལས་མཐུན་པའི་གསོ་སྦྱོང་གིས་གནས་ཀྱིས་སྐབས་སོ་ཞེས་བྱ་བ་མཐུན་པའི་གསོ་སྦྱོང་ལ་གནས་ཀྱི་སྐབས་དང་ཚོགས་པའི་སྐབས་ལ་སོགS ་པ་མང་དུ་ཡོད་པ་ལས་གནས་ཀྱིས་སྐབས་བཤད་ཟིན་ཏོ། །ད་ནི་ཚོགས་པའི་སྐབས་བརྗོད་པར་བྱ་སྟེ། འདི་ལྟར་གསོ་སྦྱོང་དང་དགག་དབྱེའི་དབང་དུ་མཛད་དེ་འདུན་པ་འབུལ་བ་གསུངས་མོད་ཀྱིས་ལས་གཞན་ཐམས་ཅད་ལ་ཡང་ཡོད ་པས་ཐམས་ཅད་ཀྱི་དབང་དུ་བྱས་ཏེ་བསྟན་བའི་ཕྱིར། འདུན་པ་འབུལ་བ་ལས་དེ་དང་མཐུན་པ་འགྲུབ་པོ་ཞེས་བྱ་བ་སྨྲས་ཏེ། གང་ཟག་གང་འདུན་པ་འབུལ་བར་བྱེད་པའི་གང་ཟག་དང་དེ་དང་འཐུན་པར་འགྲུབ་པོ། །མཚམས་གཅད་པ་ནི ་མི་འགྲུབ་པོ་ཞེས་བྱ་བ་ནི། མཚམས་བཅད་པའི་ལས་ལ་ནི་གང་ཟག་གང་འདུན་པ་འབུལ་བར་བྱེད་པའི་གང་ཟག་དེ་དང་མཐུན་པ་མི་འགྲུབ་པོ། །འདིར་གཞུང་ནི་ཉེ་བར་འཁོར་ལས་ཐམས་ཅད་ནི་འདུན་པ་དང་བཅས་པ་ཡིན་ཏེ་མཚམས་གཅད ་པ་ནི་མ་གཏོགས་སོ་ཞེས་གསུངས་པ་ཡིན་ནོ། །བསླབ་པ་བྱིན་པ་ལ་དེ་བླང་དུ་རུང་ངོ་ཞེས་བྱ་བ་ནི། བསླབ་པ་བྱིན་པ་ལས་འདུན་པ་དེ་བླང་དུ་རུང་བར་རིག་པར་བྱའོ། །བསླབ་པ་བྱིན་པ་ལས་འདུན་བ་བླང་བསུ་ལ་རུང་ཞེ་ན་དེའི་ཕྱིར། དེ་ལ་དགེ ་སློང་གི་འདུ་ཤེས་ཉེ་བར་གཞག་པ་ལའོ་ཞེས་བྱ་བ་སྤྲས་ཏེ། དགེ་སློང་གང་གི་བསླབ་པ་བྱིན་པ་དེ་ལ་དགེ་སློང་གིS་འདུ་ཤེས་ཉེ་བར་གཞག་པ་དེ་ལ་དེ་ལས་འདུན་པ་བླངས་དུ་རུང་ངོ། །འདིར་གཞུང་ནི་བཙུན་པ་བབླབ?་པ་བྱིན་པ་ལ་འདུན་པ་འབུལ་ཏུ་རུང ་ངམ། ཉེ་བར་འཁོར་མི་རུང་སྟེ་གལ་ཏེ་ཆོས་ཉིད་ལ་རེག་ན་ནི་རུང་བ། །བཙུན་པ་བསླབ་པ་བྱིན་པ་ལས་འདུན་པ་བླང་དུ་རུང་ངམ། ཉེ་བར་འཁོར་རུང་སྟེ་གལ་ཏེ་དེ་ལ་དགེ་སློང་གི་འདུ་ཤེས་ཡོད་ནའོ་ཞེས་གསུངས་པ་ཡིན་ནོ། །དབུལ་ཏུ་མི་རུང་ངོ་ཞེས ་བྱ་བ་ནི། བསླབ་པ་བྱིན་པ་དེ་ལ་འདུན་པ་འབུལ་དུ་མི་རུང་བ་སྟེ་བསླབ་བ་བྱིན་པ་དེ་དགེ་སློང་རང་བཞིན་དུ་གནས་པའི་གན་དུ་འདུན་བ་ལེན་པ་འོངས་ན་ཡང་དེ་ལ་འདུན་པ་དབུལ་?་མི་རུང་ལ། འདུན་པ་ལེན་པས་དགེ་སློང་ལས་འདུན་པ་བླངས་ཏེ། ་དགེ་འདུན་གྱིས་ནང་དུ་དགེ་སློང་ལ་བརྗོད་པ་ན་ཡང་བསླབ་པ་བྱིན་པ་ལ་བརྗོད་པར་མི་རུང་སྟེ། གཞན་ལ་བརྗོད་པ་ངེས་ཐོས་པ་ལ་ནི་ཉེས་པ་མེད་དོ། །ཡོངས་སུ་དག་པ་དང་དགག་དབྱེ་ལ་ཡང་དེ་བཞིན་ནོ། །སྨྱོས་པའི་གནང་བ་ཐོབ་བས་ནི་མི་མཐུན ་པ་ཉིད་དུ་མི་འགྱུར་རོ་ཞེས་བྱ་བ་ནི། སྨྱོས་པའི་གནང་བ་བྱིན་པའི་གང་ཟག་དང་ལྷན་ཅིག་པས་ནི་མི་མཐུན་པ་ཉིད་དུ་མི་འགྱུར་རོ། །དེ་ལྟ་བས་ན་མཚམས་གཅིག་ཉིད་ཡིན་ན་ཡང་དེ་ལས་འདུན་པ་དང་ཡོངས་སུ་དག་པ་དང་དགག་དབྱེ་མ་བླངས་པ་ལ ་ཉེས་པ་མེད་དོ། །ཡོངས་སུ་དག་པ་ཕུལ་བ་དང་ཡང་གཅིག་པ་ཉིད་ངོ་ཞེས་བྱ་བ་ནི། འགྲུབ་པོ་ཞེས་བྱ་བའི་རྗེས་བསྙག་པའི་ཕྱིར་ཡང་ཞེས་བྱ་བའི་སྒྲ་སྨོས་ཏེ། ཡོངས་སུ་དག་པ་ས་ཕུལ་བའི་གང་ཟག་ནི་ཡོངས་སུ་དག་བར་གྱུར་བའི་དགེ་འདུན་དང ་མཐུན་པ་གཅིག་ཏུ་འགྱུར་རོ། །དོན་གང་ལ་གཅིག་པ་ཉིད་དུ་འགྱུར་ཞེ་ན་དེའི་ཕྱིར། གསོ་སྦྱོང་དང་དགག་དབྱེ་ལའོ་ཞེས་བྱ་བ་སྨྲེས་ཏེ། གཅིག་པ་ཉིད་དུ་འགྱུར་རོ། །འདི་སྐད་བསྟན་ཏེ། གསོ་སྦྱོང་དང། དགག?་དབྱེ་ལ་ཡོངས་སུ་དག་པ་འཕུལ་བ་དེ ་ནི་ཡོངས་སུ་དག་པར་གྱུར་པའི་དགེ་འདུན་དང་ལྷན་ཅིག་བྱ་བ་གཅིག་པ་ཉིད་ཡིན་ནོ། །ཅི་ཞིག་བྱས་པས་ཤེ་ན་དེའི་ཕྱིར། དེ་ཕུལ་བས་སོ་ཞེས་བྱ་བ་སྨྲས་ཏེ། ཡོངས་སུ་དག་པ་དང་དགག་དབྱེ་ཕུལ་བས་སོ། །དེ་ལ་ཡོངས་སུ་དག ་པ་ཕུལ་བ་ནི། ཚེ་དང་ལྡན་པ་དགོངས་སུ་གསོལ། དེང་དགེ་འདུན་གྱི་གསོ་སྦྱོང་བཅོ་ལྔ་པ་ལགས་ལ། བདག་དགེ་སློང་མིང་འདི་ཞེས་བགྱི་བའི་གསོ་སྦྱོང་ཡང་བཅོ་ལྔ་པ་ལགས་ཏེ། བདག་དགེ་སློང་མིང་འདི་ཞེས་བགྱི་བ་བར་ཆད་ཀྱི་ཆོས་རྣམས་ཡོངས་སུ ་དག་གོ་ཞེས་བདག་འཆིའོ། །བདག་གིས?་གསོ་སྦྱོང་ཡང་ཡོངས་སུ་ངག་སྟེ་ཡོངས་སུ་ངག་པ་བརྗོད་དོ། །བརྗོད་པ་ཡང་རིག་བར་བགྱིད་དོ་ཞེས་བྱ་བ་ཡིན་ནོ། །དགག་དབྱེ་ཕུལ་བ་ནི་ཚེ་དང་ལྡན་པ་དགོངས་སུ་གསོལ། དེང་དགེ་འདུན་གྱི་དགག་དབྱེ ་བཅོ་ལྔ་པ་ལ་ལགས་ལ། བདག་དགེ་སློང་མིང་ཞེས་བགྱི་བའི་དགག་དབྱེ་ཡང་བཅོ་ལྔ་པ་ལགས་ཏེ། བདག་དགེ་སློང་མིང་འདི་ཞེས་བགྱི་བ་མཐོང་བ་དང་ཐོས་པ་དང་དོགས་པའི་གནས་གསུམ་གྱིས་དགེ་འདུན་ལ་དགག་དབྱེ་བགྱིད་དོ། །དགག ་དབྱེ་ཡང་བརྗོད་དོ་བརྗོད་པ་ཡང་རིག་པར་བགྱིད་དོ་ཞེས་བྱ་བ་ཡིན་ནོ། །དེ་བཞིན་དུ་གཉིས་ལ་བྱའོ་ཞེས་བྱ་བ་ལ། དེ་བཞིན་དུ་ཞེས་བྱ་བ་ནི་ཡོངས་སུ་དག་པ་དང་དགག་དབྱེ་གཉིས་དབུལ་ལོ། །དེ་གཉིས་ལ་ཞེས་བྱ་བ་ནི། གསོ་སྦྱོང་དང་དགག་དབྱེ ་ལའོ། །ལེན་པར་བྱེད་པའི་ཡུལ་ལ་ཆོ་ག་དེ་གཉིས་རུང་བ་ཉིད་དུ་བསྟན་པ་ཡིན་ཏེ། ཡོངས་སུ་དག་པ་དང་ལེན་པ་དང་དགག་དབྱེ་ལེན་པའི་དགེ་སློང་དེས་གང་ཟག་གང་ལས་དེ་གཉིས་བླངས་པ་དེ་དགེ་འདུན་གྱི་དབུས་སུ་དགེ་སློང་ལ་བརྗོད ་བར་བྱའོ། ཞེས་བྱ་བའི་ཐ་ཚིག་གོ་དགེ་འདུན་གྱིས་དེ་མནོད་དུ་རུང་བ་བསྟན་པའི་ཕྱིར། ཆོ་ག་དེ་མནོད་པར་བྱའོ་ཞེས་བྱ་བ་སྨྲས་ཏོ?། ཡོངས་སུ་ངག་བ་དང་དགག་དབྱེ་ཕུལ་བས་གསོ་སྦྱོང་དང་དགག་དབྱེ་བྱ་བའི་ཆོ་ག་དེ་དགེ་འདུན་དུ་གྱུར་པའི་དགེ ་སློང་དག་གིས་མནོད་ཅིང་ཁས་བླངས་བར་བྱ་བའོ། ཚོགས་ཐ་དད་པ་འདུན་པ་ལ་སོགས་པས་མཐུན་པར་བྱས་ཏེ་ལས་བྱེད་པ་ལ་མི་རུང་བ་མེད་དོ་ཞེས་བྱ་བ་ནི། ཚོགས་པ་ཐ་དད་པ་དགེ་འདུན་མཚམས་གཅིག་གིས་ནང་ན་ཚོགས་སོ་སོར་གནས་པས ་འདུན་པ་དང་ཡོངས་སུ་དག་པ་དགག་དབྱེ་ལ་སོགས་བ་ཕན་ཚུན་དབུལ་བས་མཐུན་པར་བྱས་ཏེ་ལས་ཐ་དད་པ་མང་པོ་སོ་སོ་ན་འདི་ལྟར་སོ་སོར་ཐར་བའི་མདོ་འདོན་པའི་དགེ་སློང་ཞུ་བ་ལས་བརྩུན་པ་དགེ་སློང་ཕྱོགས་གཅིག་ན་མཆིས ་པས་གནས་བཞི་པོ་དག་ཏུ་སོ་སོར་ཐར་པའི་མདོ་བཏོན་ལ་གསོ་སྦྱོང་ཡང་བགྱིས་པར་འགྱུར་ཞིང་དགེ་སློང་དེ་དག་ལ་ཡང་འགལ་ཚབས་ཅན་དུ་མི་འགྱུར་བ་མཆིས་སམ་ཉེ་བར་འཁོར་ཡོད་དེ། འདི་ལྟར་སོ་སོར་ཐར་བའི་མདོ་འདོན་པའི་དགེ་སློང ་གིས་གནས་བཞི་པ་དག་ཅིག་ཅར?་དུ་ཤིང་ངམ་དབྱུག་པ་འམ་རེ་ལྡེས་མནན?་ཏེ་སོ་སོར་ཐར་པའི་མདོ་འདོན་བ་ནའོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །བརྗོད་པར་བྱ་བ་རྩོམ་པ་འདྲ་བ་རྣམས་ཅིག་ཅར་བརྗོད་པ་ལ་ཡང་མེད་དོ་ཞེས་བྱ་བ་ནི། ་མི་རུང་བ་ཞེས་སྦྱར་ཏེ། བརྗོད་པར་བྱ་བ་རྩོམ་པ་འདྲ་བ་འདི་ལྟ་སྟེ། འདུན་པ་དང་ཡོངས་སུ་ངག་པ་བརྗོད་པ་དང་འདུན་པ་དང་དགག་དབྱེ་རིག་པར་བྱ་བ་དང་ཁར་པ་དང་འདྲ་བའི་གནང་བ་གསོལ་བ་ལ་སོགས་པ་ལྟ་བུའི་དོན་རྣམས་ཅིག་ཅར་དུས་གཅིག ་ཏུ་བརྗོད་པ་ལ་ཡང་མི་རུང་བང་མེད་པར་ཤེས་པར་བྱ་སྟེ་ཐབས་ཅིག་གིས་བསྒྲུབ་པར་བྱ་བ་ཉིད་དོ་ཞེས་བྱ་བའི་ཐ་ཚིག་གོ། འདིར་གཞུང་ནི་ཚེ་དང་ལྡན་པ་དགོངས་སུ་གསོལ་དེང་དགེ་འདུན་གྱི་གསོ་སྦྱོང་བཅོ་ལྔ་པ་ལགས་ལ་བདག་དགེ་སློང་བྲོ་འཚལ་བ ་སྡུག་བསྔལ་བ་གྲོ?་ཚབས་ཆེ་བ་མིང་འདི་ཞེས་བགྱི་བའི་གསོ་སྦྱོང་ཡང་བཅོ་ལྔ་བ་ལགས་ཏེ་བདག་དགེ?་སློང་གྲོ་འཚལ་བ་སྡུག་བསྔལ་བ་བློ་ཚབས་ཆེ་བ་མིང་འདི་ཞེས་བགྱི་བ་བར?་ཆད་ཀྱི་ཆོས་རྣམས་ཡོངས་སུ་དག་གོ་ཞེས་ཉིད་འཆིའོ། །དགེ་འདུ ་ཆོས་བཞིན་དུ་མཛད་པ་ལ་འདུན་པ་འབུལ་ལོ། །བདག་གིས་གསོ་ཏོ།?་ང་ཡང་ཡོངས་སུ་དག་གོ། འདུན་པ་དང་ཡོངས་སུ་དག་པ་ཡང་བརྗོད་དོ། །བརྗོད་པ་ཡང་རིག?་པར་བགྱིད་དོ་ཞེས་གསུངས་པ་དང། དེ་བཞིན་དུ་ཚེ་དང་ལྡན་པ ་དགོངས་སུ་གསོལ། དེང་དགེ་འདུན་གྱིས་དགག་དབྱེ་བཅོ་ལྔ་པ་ལགས་ལ། བདག་དགེ་སློང་བྲོ་འཚལ་བ་སྡུག་བསྔལ་བ་བྲོ་ཚབས་ཆེ་བ་མིང་འདི་ཞེས་བགྱི་བའི་དག་དབྱེ་ཡང་བཅོ་ལྔ་པ་ལགས་ཏེ། བདག་དགེ་སློང་བྲོ་འཚལ་བ་སྡུག་བསྔལ་བ་བྲོ ་ཚབས་ཆེ་བ་མིང་འདི་ཞེས་བགྱི་བ། དགེ་འདུན་ཆོས་བཞིན་དུ་མཛད་པ་ལ་འདུན་པ་འབུལ་ལོ། །མཐོང་བ་དང་ཐོས་པ་དང་དོགས་པའི་གནས་གསུམ་གྱིས་དགེ་འདུན་ལ་དགག་དབྱེ་བགྱིད་དོ། །འདུན་པ་དང་དགག་དབྱེ་ཡང་བརྗོད་དོ་བརྗོད ་པ་ཡང་རིག་པར་བགྱིད་དོ་ཞེས་གསུངས་པ་དང། དེ་བཞིན་དུ་ཚེ་དང་ལྡན་པ་དགོངས་སུ་གསོལ། དེང་དགེ་འདུན་གྱིས་གསོ་སྦྱོང་ཡང་བཅོ་ལྔ་པ་ལགས་ལ། གནས་ག་གེ་མོ་ཞིག་ན་དགེ་སློང་བྲོ་འཚལ་བ་སྡུག་བསྔལ་བ་བྲོ་ཚབས་ཆེ་བ་མིང ་འདི་ཞེས་བགྱི་བའི་གསོ་སྦྱོང་ཡང་བཅོ་ལྔ་བ་ལགས་ཏེ། གནས་ག་གེ་མོ་ཞིག་ན་དགེ་སློང་བྲོ་འཚལ་བ་སྡུག་བསྔལ་བ་བྱ་ཚབས་ཆེ་བ་མིང་འདི་ཞེས་བགྱི་བདེ་བར་ཆད་ཀྱི་ཆོས་རྣམས་ཡོངས་སུ་དག་གོ་ཞེས་ཉིད་མཆིའོ། །དགེ་འདུན་ཆོས ་བཞིན་དུ་མཛད་པ་ལ་འདུན་པ་འབུལ་ལོ། །དེའི་གསོ་སྦྱོང་ཡང་ཡོངས་སུ་དག་གོ། འདུན་པ་དག་ཡོངས་སུ་དག་པ་ཡིད་བརྗོད་དོ། །བརྗོད་པ་ཡང་རིག་པར་བགྱིད་དོ་ཞེས་གསུངས་པ་དང། དེ་བཞིན་དུ་ཚེ་དང་ལྡན་པ་དགོངས་སུ་གསོལ། དེང་དགེ ་འདུན་གྱི་དགག་དབྱེ་བཅོ་ལྔ་པ་ལགས་ལ་གནས་ག་གེ་མོ་ཞིག་ན་དགེ་སློང་བྲོ་འཚལ་བ་སྡུག་བསྔལ་བ་བྲོ་ཚབས་ཆེ་བ་མིང་འདི་ཞེས་བགྱི་བའི་དགག་དབྱེ་ཡང་བཅོ་ལྔ་པ་ལགས་ཏེ་གནས་ག་གེ་མོ་ཞིག་ན་དགེ་སློང་བྲོ་འཚལ་བ་སྡུག་བསྔལ ་བ་བྲོ་ཚབས་ཆེ་བ་མིང་འདི་ཞེས་བགྱི་བ་དེ་དགེ་འདུན་ཆོས་བཞིན་དུ་མཛད་པ་ལ་འདུན་པ་འབུལ་ལོ། །མཐོང་བ་དང་ཐོས་པ་དང་དོགས་པའི་གནས་གསུམ་གྱིས་དགེ་འདུན་ལ་དགག་དབྱེ་བགྱིད་དོ། །འདུན་པ་དང་དགག་དབྱེ་ཡང་བརྗོད་དོ། །བརྗོད་པ་ཡང ་རིག་བར་བགྱིད་དོ། །ཞེས་གསུངས་པ་ཡིན་ནོ། །འདི་ནི་བརྗོད་པར་བྱ་བ་རྩོམ་པ་འདྲ་བ་རྣམས་ཤེས་སྤྱིར་སྨོས་པ་ནི་ཁར་བ་དང་དྲ་བའི་གནང་བ་གསོལ་བ་ལ་སོགས་པ་ཡང་བསྡུ་བའི་ཕྱིར་ཏེ། དེས་ན་འདིར་འདུན་པ་དང་ཡོངས་སུ་དག་པ་ལ་སོགས་པ་འགའ་ ་ཞིག་གི་བྱེ་བྲག་ལ་བརྟེན་པ་མ་བྱས་སོ། །གཅིག་གིས་དུ་མའི་དེ་དག་ལ་ལེན་པ་ལ་ཡང་མེད་དོ་ཞེས་བྱ་བ་ནི། མི་རུང?་བ་ཞེས་བྱ་བར་སྦྱར་ཏེ། དགེ་སློང་གཅིག་གིས་དགེ་སློང་དུ་མའི་རྒྱུད་དུ་གཏོགས་པའི་འདུན་པ་དང་དགག་དབྱེ་ལ་སོགས་པ་ལེན་པ་ལ ་ཡང་མི་རུང་བ་མེད་དོ་ཞེས་བྱ་བའི་ཐ་ཚིག་གོ། །།བམ་པོ་བཞི་བཅུ་དྲུག་པ། །འདི་ལ་བརྗོད་ནུས་པའི་ཚིག་གིས་བཟུང་ངོ་ཞེས་བྱ་བ་ནི། དགེ་སློང་དུ་མའི་རྒྱུད་དུ་གཏོགས་པའི་མདུན་པ་ལ་སོགས་པ་ལེན་པ་འདི་ལ་གྲངས་ཀྱིས་བྱེ་བྲག་ཡོངས་སུ ་ཆད་པ་མེད་དེ། འདི་ལྟར་ཇི་སྙེད་བརྗོད་ནུས་པ་དེ་སྙེད་ཀྱི་ཚིགས་ཀྱིས་བཟུང་བར་བྱའོ། །འདི་སྐད་བསྟན་ཏེ། འདུན་པ་ལ་སོགས་པ་ལེན་པ་དེས་འདུན་པ་ལ་སོགས་པ་འབུལ་པར་བྱེད་པའི་དགེ་སློང་ཇི་སྙེད་ཀྱི་མིང་ལ་སོགས་པ་དག་བརྗོད་བར་ནུས་པ ་དེ་སྙེད་ཀྱི་འདུན་པ་ལ་སོགས་པ་བླང་བར་བྱའོ། །མི་ནུས་ན་དེ་དག་དབུལ་བ་གང་ཡང་རུང་བས་འགྲུབ་པོ་ཞེས་བྱ་བ་ནི། འདུན་པ་ལ་སོགས་པ་འབུལ་བར་བྱེད་པའི་དགེ་སློང་ན་ཚབས་ཆེ་བ་ལ་སོགས་པའི་རྐྱེན་གྱིས་དེར་འགྲོ་འམ་སྨྲ་བར་མི་ནུས་ན་འདུན ་པ་ལ་སོགས་པ་དེ་དག་གིས་དབུལ་བ་དེ་དག་ཇི་སྐད་སྨོས་པའི་སྔགས་དག་ལས་གཞན་པ་ལུས་དང་ངག་གི་རྣམ་པར་རིག་བྱེད་གང་ཡང་རུང་བས་ཕུལ་ན་ཡང་འགྲུབ་པའོ། །ལུས་ཀྱིས་ཀྱང་ངོ་ཞེས་བྱ་བ་ནི། ལུས་ཀྱི་མཚན་མ་ལ་སོགས་པ་བྱས་པས ་ཀྱང་འགྲུབ?་ཏུ་རུང་བའོ། །ཀྱང་ངོ་ཞེས་བྱ་བའི་སྒྲས་ནི་དགེ་གིས་ལྟ་སྨོས་ཀྱང་ཅི་དགོས་ཞེས་བྱ་བར་སྟོན་ཏེ། ཇི་ལྟར་ཡང་མི་ནུས་ན་ཡང་དགེ་འདུན་དེར་འགྲོ་བར་བྱ། ཡང་ན་དེ་ཁྲི་ལས་བླང་བར་བྱའོ་ཞེས་བྱ་བ་ནི། འདུན་པ་ལ་སོགས་པ་འབུལ་བར ་བྱེད་པ་དེས་ལུས་ཀྱིས་ཀྱང་མི་ནུས་ན་ཡང་ན་དགེ་འདུན་ནད་པའི་གནས་དེར་འགྲོ་བར་བྱའོ། །ཡང་ན་ནད་པ་དེ་ཁྲི་ལས་དགེ་འདུན་གྱི་དབུས་སུ་བླང་བར་བྱའོ། །དེ་བླངས་ནས་རྒྱུག་པར་མི་བྱའོ་ཞེས་བྱ་བ་ནི། འདུན་པ་ལ་སོགས་པ་ལེན་པར་བྱེད་པ་དེས ་འདུན་པ་ལ་སོགས་པ་དེ་གནོད་ནས་དགེ་འདུན་གྱི་ནང་དུ་མ་བརྗོད་ཀྱི་བར་དུ་རྒྱུག་ཅིང་འགྲོ་བར་མི་བྱ་བའོ། །འགྱོགས་པར་མི་བྱའོ་ཞེས་བྱ་བ་ལ་སོགས་པ་འོག་མ་ཐམས་ཅད་ཀྱང་འདུན་པ་བླངས་ནས་མ་ཕུལ་གྱིས་བར་དུ་ཞེས་བྱ་བར་སྦྱར་ཏེ། འགྱོགས་པ ་ཞེས་བྱ་བ་ནི། རྒྱུག་པ་བས་ཆུང་ཟད་དལ་བའི་འགྲོས་སོ། །མཆོད་པར་མི་བྱའོ་ཞེས་བྱ་བ་ལ་མཆོད་པར་བྱེད་པ་ནི་མཆོད་པ་ཞེས་བྱའོ། །ཕྱི་རོལ་ལ་འཆོད་བ་མི་བྱའོ་ཞེས་བྱ་བ་ལ། ཕྱི་རོལ་ཞེས་བྱ་བ་ནི། གཙུག་ལག་ཁང་གི་ཕྱི་རོལ་གྱི་རྩིག་པ་འམ་ས ་སྐས་ཏེ་དེ?་ལ་མཆོད་བར་མི་བྱ་བའོ། །བང་རིམ་ལ་མི་བྱའོ་ཞེས་བྱ་བ་ནི། འཆོང་བ་སྟེ་ཕྱི་རོལ་གྱི་ཁྱམས་ཀྱིས་བང་རིམ་ལའོ། །ནམ་མཁའ་ལ་འདུག་པར་མི་བྱའོ་ཞེས་བྱ་བ་ནི། ནམ་མཁའ་ལ་འདུག་པ་འམ་འགྲོ་བར་མི་བྱ་བའོ། །ཕྱི་རོལ་ཏུ་མི་བྱའོ་ཞེས ་བྱ་བ་ནི། མཚམས་ནས་མཚམས་གྱི་ཕྱི་རོལ་ཏུ་འགྲོ་བར་མི་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། སྐས་གྱིས་རིམ་པ་གཞན་བཞག་ནས་གཞན་དུ་གོམ་པ་དོར་བར་མི་བྱའོ་ཞེས་བྱ་བ་ནི། སྐས་ཀྱི་རྡང་བུ་གཞན་ཐོང་རྒལ་ཏུ་བཞག་སྟེ་གཞན་ལ་ཐོད་རྒལ་ཏུ་གོཾ ་པ་དོང?་བར་མི་བྱ་བའོ། །ཐེམ་སྐེས་ཀྱིས་ཐེམ་པར་མི་བྱའོ་ཞེས་བྱ་བ་ནི། གཞན་བཞག་ནས་གཞན་དུ་གོམ་པ་དོར་བར་མི་བྱ་པའོ། །ཆུ་?་མ་ནུབ་པ་ཙམ་ལ་འབོག་པར་མི་བྱའོ་ཞེས་བྱ་བ་ནི། འགྲོ་བའི་ལམ་གཞན་ཡོད་ན་སྟེ། མེད་པ་ནི་ཉེས་པ་མདོ ་གཉིད་ལེག་པ་དང་སྙོམས་པར་འཇུག་པར་མི་བྱའོ་ཞེས་བྱ་བ་ནི། གཉིད་ལོག་པ་དང་ཏིང་ངེ་འཛིན་ལ་སྙོམས་བར་འཇུག་པ་དག་མི་བྱ་བའོ། །དེ་གཉིས་ནི་མ་ཀླས་པ་ཉིད་ཀྱིས་ཀྱང་སྨད་པར་བྱ་བ་ཉིད་ཡིན་ནོ་ཞེས་བྱ་བ་ནི། གཉིད་ལོག་བ་དང?་སྙོམས་པར?་འཇུག་པ ་དེ་གཉིས་ནི་མ་ཀླས་བ་ཉིད་ཡིན་པས་དེའི་སྦོ་ནས་ཀྱང་སྨད་པར་བྱ་བ་ཉིད་ཡིན་ནོ། །ཀྱང་ཞེས་བྱ་བའི་སྒྲས་ནི། དེ་གཉིས་ལྟུང་བ་འབྱིན་པར་བྱེད་པ་ཉིད་ཡིན་པས་དེའི་སྒོ་ནས་སྨད་པར་བྱ་བ་ཉིད་ཡིན་པ་ལ་འབའ་ཞིག་ཏུ་མ་ཟད་ཀྱི་མ་གླས་པ་ཉིད་ཀྱི་སྒོ་ནས་ཀྱང་སྣང? ་བར་བྱ་བ་ཉིད་ཡིན་པར་སྟོན་ཏོ། །བྱ་བ་བརྩམས་པ་ཐམས་ཅད་ཀྱི་ཐམས་ཅད་དུ་བར་དུ་གཅོད་པའི་ཕྱིར་རོ། །མ་ཀླས་པ་ཉིད་ཅེས་བྱ་བ་ནི་བསྟན་པ་དེ་ལ་ཐེ་ཙོམ་ཟ་བ་ཉིད་དང་མ་ངེས་པ་ཉིད་དང་མ་མོས་པ་ཉིད་དང་མ་གུས་པ་ཉིད་ཀྱིས་བར་མངོན་འདོམས་པ ་ལའོ། །དགེ་སློང་ལ་བརྗོད་པར་བྱའོ་ཞེས་བྱ་བ་ནི། འདུན་པ་ལ་སོགས་པ་ལེན་པར་བྱེད་པ་དེས་འདུན་པ་ལ་སོགས་པ་ལ་ནས་པ་དེ་དགེ་འདུན་གྱི་ནང་དུ་སོན་ནས་དགེ་སློང་ལ་བརྗོད་བར་བྱ་བ་སྟེ། སྐབས་གང་དུ་བྱ་ཞེ་ན། གང་གི་ཚེ་དགེ་འདུན་གྱི་གནས་བསྟན ་གྱིས་འདུན་པ་དང་ཡོངས་སུ་དག་པ་ལ་སོགས་པ་བརྗོད་པའི་འོག་ཏུའོ། །འདིར་གཞུང་ནི་དེས་དྲུང་ན་འདུག་པའི་དགེ་སློང་ལ་ཚེ་དང་ལྡན་པ་དགེ་སློང་མ་ལྷག་པ་རྣམས་ལ་འདུན་པ་དང་ཡོངས་སུ་དག་པ་བརྗོད་དོ། །བརྗོད་པ་ཡང་རིག་པར་བགྱིད་དོ་ཞེས་བྱ་བ ་གསུངས་པ་ཡིན་ནོ། །ཁ་ཅིག་ལས་དགེ་འདུན་ལ་ཞེའོ་ཞེས་བྱ་བ་ནི། ལུགས་ཁ་ཅིག་ལས་དགེ་འདུན་ལ་བརྗོད་པར་བྱའོ་ཞེས་ཀྱང་འབྱུང་ངོ། །བརྩུན་པ་རྣམས་དགོངས་སུ་གསོལ་ཞེས་བྱ་བས་བརྩམ་མོ་ཞེས་བྱ་བ་ནི། གལ་ཏེ་དགེ་འདུན་ལ་བརྗོད་པར་བྱ ་ན་བདུན་པ་ལ་སོགས་པ་ལེན་པའི་དགེ་སློང་དེས་དགེ་འདུན་གྱི་དབུས་སུ་དགེ་འདུན་བརྩུན་པ་རྣམས་དགོངས་སུ་གསོལ་ཞེས་བྱ་བའི་ཚིག་འདིས་མགོ་བརྩམས་ནས་འདུན་པ་ལ་སོགས་པ་བརྗོད་པར་བྱའི། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ་ཞེS ་བྱ་བའི་ཚིག་གིས་བརྩམས་པར་མི་བྱ་སྟེ། མདོ་འདི་ནི་ཚིག་དག་པར་བྱ་བའི་ཕྱིར་བྱས་སོ། །དགེ་འདུན་གྱི་ནང་དུ་མ་ཕྱིན་པར་དུས་བྱས་ནས་ཁྱིམ་པ་ཉིད་ལ་སོགས་པར་ཁས་བླངས་ན་མ་བླངས་པ་ཉིད་ཡིན་ནོ་ཞེས་བྱ་བ་ནི། འདུན་པ ་ལ་སོགས་པ་ལེན་པར་བྱེད་པའི་དགེ་སློང་དེ་དགེ་འདུན་གྱི་ནང་དུ་མ་བྱིན་པར་ཤི་འམ་བབས་པ་ལ་སོགས་པར་གྱུར་ན་དགེ་འདུན་གྱིས་འདུན་པ་ལ་སོགས་པ་མ་བླངས་པ་ཉིད་ཡིན་པས་བཟོད་གཞི་ནས་བླངས་དགོས་སོ་ཞེས་བྱ་བའི་ཐ་ཚིག་གོ། རྩོགས ་པ་ཞེས་བྱ་བའི་སྒྲས་ནི་བསློབ་བ་འབུལ་བའི་ཚིག་དག་ཏུ་གཏོགས་པ་དགེ་ཚུལ་ཉིད་ཅེས་བྱ་བ་ལ་སོགས་པ་ནས་དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བ་ཞེས་བྱ་བའི་མཐར་ཐུག་བའི་བར་དག་བསྡུའོ། །ཕྱིན་ན་བླངས་པ་ཉིད་ཡིན་ནོ་ཞེས ་བྱ་བ་ནི། འདུན་པ་ལ་སོགས་པ་ལེན་བའི་དགེ་སློང་དེ་དགེ་འདུན་གྱིས་ནང་དུ་ཕྱིན་ནས་དུས་བྱས་སམ་ཁྱིམ་པ་ཉིད་ལ་སོགས་པ་ཁས་བླངས་ན་མ་བརྗོད་ཅིང་གོ?་བར་མ་བྱས་སུ་ཟིན་ཀྱང་འདུན་པ་ལ་སོགས་པ་བླངས་བ་ཉིད་ཡིན་བས་ང་གཟོད? ་བླང་མི་དགོས་སོ། །འདི་ལ་ཐེ་ཚོམ་མེད་པར་བྱའོ་ཞེས་གོ་བར་བྱ་བའི་ཕྱིར་བརྗོད་པ་ཡིན་པས་དགེ་འདུན་གྱི་ནང་དུ་འོངས་པ་ཉིད་དགེ་འདུན་གྱི་ཁོངས་སུ་གཏོགས་པ་ཡིན་པས་ཐམས་ཅད་ལ་ཐེ་ཙོམ་མེད་པ་ཉིད་སྐྱེའོ། །གཞན་གྱིས་ཚེས་བཅོ་ལྔ་ལ་དགེ་སློང་ལ་བཟུང ་ཉིད་ལ་དགེ་སློང་འདི་བདག་ཅག་གི་ཚངས་པ་མཚུངས་པར་སྤྱོད་པ་ཡིན་གྱིས་མཐོང་ཞིག་ཅེས་བརྗོད་བར་བྱའོ་ཞེས་བྱ་བ་ནི། རྒྱལ་པོ་ལ་སོགས་པ་གཞན་གྱིས་གསོ་སྦྱོང་གི་ཉེན་མོ་དགེ་སློང་བཟུང་ན་དགེ་སློང་རྣམས་ཀྱིས་གཞན་དེ་ལ་མངོན་སུམ་དུ་འམ་ཕྲིན ་པ་བཏང་སྟེ། དགེ་སློང་འདི་བདག་ཅག་གིས་ཚངས་བ་མཚུངས་པར་སྤྱོད་པ་ཡིན་གྱིས་མཐོང་ཞིང་ཅེས་བརྗོད་པར་བྱའོ། །མ་བཏང་ན་བདག་ཅག་འདི་དང་ལྷན་ཅིག་བྱ་བ་ཅུང་ཞིག་ཡོད་དོ་ཞེས་སྔ་མ་དང་བཅས་ཏེའོ་ཞེས་བྱ་བ་ནི། དེ་སྐད་མ་བརྗོད་ཀྱང་མ ་བཏང་ན་བདག་ཅག་དགེ་འདུན་དགེ་སློང་འདི་དང་ལྷན་ཅིག་བྱ་བ་ཆུད་ཞིག་ཡོད་དོ་ཞེས་ཚིག་སྔ་མ་དང་བཅས་ཏེ་བརྗོད་པར་བྱ་བའོ། །སྔ་མ་དང་བཅས་ཏེ་ཞེས་བྱ་བ་ནི་མདོ?་སྔ་མ་ལས་མཐོང་ཞིག་ཅེས་བྱ་བ་སྨོས་པའི་ཚིག་སྔ་མ་དེ་དང་བཅས་ཏེ་བརྗོད་པར་བྱ་བའོ ་ཞེས་བྱ་བའི་ཐ་ཆིག་གོ། འོན་ཀྱང་མ་བཏང་ན། དེ་ལྟ་ན་ཡང་དཀྱིལ་འཁོར་པ་བྱའོ་ཞེས་བྱ་བ་ནི། ཚིག་ཕྱི་མ་ཤོས་སྐད་བརྗོད་ཀྱང་མ་བཏང་ན་དེའི་ཚེ་དགེ་འདུན་གྱིས་དཀྱིལ་འཁོར་བའི་མཚམས་སུ་གསོ་སྦྱོང་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། ད་བཏང་བའི་ཕྱིར ་སྔར་མི་འབད་པར་མི་བྱའོ་ཞེས་བྱ་བ་ནི། གཞན་གྱིས་བཟུང་བའི་དགེ་སློང་དེ་བཏང་བའི་ཕྱིར་དགེ་འདུན་དུ་གྱུར་བའི་དགེ་སློང་རྣམས་ཀྱིས་གསོ་སྦྱོད་ལ་སོགས་པའི་ཉི་མ་ལ་མ་བབ?་བའི་མདུན་རོལ་ཏུ་སྔ་ནས་ཀྱང་མི་འབད་པོར་མི་བྱ་སྟེ་འབད་བར་བྱའོ་ཞེས ་བྱ་བའི་ཐ་ཚིག་གོ། འཕྲིགS་པས་མི་མཐུན་པ་ཉིད་དུ་འགྱུར་རོ་ཞེས་བྱ་བ་ནི། མཚམས་ཀྱི་ནང་ན་དགེ་སློང་དངོས་སུ་འཁོང་པར་ཤེས་པ་རྣམས་ཀྱིས་འདུན་པ་ལ་སོགས་པ་མ་བླངས་པས་དགེ་འདུན་གྱིས་ལས་མི་མཐུན་པ་ཉིད་ཀྱིས་ཉེས་པར་འགྱུར་བ ་འབའ་ཞིག་ཏུ་མ་ཟད་ཀྱི་འདི་ལྟང་མཚམས་ཀྱིས་ནང་དགེ་སློང་གློ་བུར་བ་འགའ་ཞིག་འོད་བ་མཐོང་དམ་ཐོས་སམ་ཁར་བསིལ་གྱི་སྒྲ་གྲགས་གམ་གཏུར་བུ་ལ་སོགས་པ་མཐོང་བའི་མཚན་མའི་སྒོ་ནས་དགེ་སློང་ཞིག་ཡོད་པར་འཁྲིགས་ནས་དེའི་འདུན ་པ་ལ་སོགས་པ་མ་བླངས་ན་ཡང་དགེ་འདུན་གྱི་ལས་མི་མཐུན་པ་ཉིད་ཀྱིས་ཉེས་པར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། ཐ་དད་པ་ཉིད་དུ་འདོད་བས་མངོན་པར་བརྟགས་ཏེ་ལས་བྱེད་ན་ཉེས་པ་སྦོམ་པོའོ་ཞེས་བྱ་བ་ནི། དེས་པ་འམ་འཁྲིགས་པ་མ་ལྷག་པ ་རྣམས་དང་ཐ་དད་བ་ཉིད་དུ་འདོད་པས་མ་འོངས་ཀྱང་བླའོ་སྙམས་དུ་མངོན་པར་བརྟགས་ཏེ་ལོགས་ཤིག་ཏུ་ལས་བྱེད་པ་ནི་དགེ་འདུན་གྱིས་དབྱེན་གྱིས་བསམ་བ་ཅན་ཡིན་པར་ཡིད་ལ་སྣང་སྟེ། དེ་བས་ན་གང་དག་མ་ལྷག་བ་དེ་དག་མེད་ཀྱང་རུང་བ་གིས་ཐག་རིང ་པོ་ནས་མཁོང་ཅིག་སྙམ་ནས་དེ་དག་གིས་འདུན་པ་ལ་སོགས་པ་མི?་ལེན་བར་ལས་བྱེད་པ་དེ་དག་ལ་དགེ་འདུན་གྱིས་དབྱེན་ལ་བརྟུལ་བའི་སྐབས་སུ་གཏོགས་བའི་ཉེས་པ་སྦོམ་པོར་འགྱུར་རོ། །འདིར་ལས་ཞེས་སྨོས་པ་ནི་འདུལ ་པར་གཏོགས་པ་མཐུན་པ་དང་འབྲེལ་བའི་ལས་སུ་བྱ་བ་ཐན་རབ་ཏུ་བྱུང་བ་ལ་བལྟོས་བཅུ?་བའི་མཐར་ཐུག་པ་མན་ཆད་ཀུན་བསྡུའོ། །རྟག་བ་ཉིད་ནི་ཐེ་ཚོམ་ཟ་བ་འམ་ངེས་པར་བྱེད་པ་ལ་ནི་ཉེས་པར་བྱེད་པ་མི་འབྱུང་བ་མ་ཡིན་ནོ་ཞེས་བྱ་བ་ནི། རྟོག ་པ་ཉིད་ཅི་འདི་རུང་དམ། འོན་སྟེ་མི་རུང་སྙམ་དུ་རྣམ་པ་དེ་ལྟར་མཆེད་དུ་བྱུང?་ནS་ཐེ་ཚོམ་ཟ་ཞིང་ཡིད་གཉིས་བྱེད་པ་དང་ངེས་པ་མེད་པར་འདི་གདོན་མི་ཟ་བར་རུང་ངོ་ཞེས་ངེས་བར་བྱེད་པ་གང་ཡིན་པ་དེ་གཉིས་ལ་ནི་ཉེས་པའི་བྱེད་པ་མི་འབྱུང་བ་མ་ཡིན་ཏེ། གཉི་ག་ལ་ཡང ་མཚན་ཉིད་ཇི་ལྟར་ཐོབ་པ?་ཁ་ན་མ་ཐོ་བ་ཁོ་ནར་འགྱུར་རོ། །དེ་ལྟར་ཡང་འདིར་གཞུང་ནི་ཅི་གང་དག་མ་ལྷག་བ་དེ་དག་མང་བར་བདག་ཅག་གིས་གསོལ་བ་བྱས་ཏེ་གསོ་སྦྱོང་བྱ་བ་དང་སོ་སོར་ཐར་པའི་མདོ་གདོན་པ་འདོན་དུ་རུང་ངམ?་འོན་ཏེ་མི་རུང། དེ་དག ་མེད་པར་བདག་ཅག་གི་དགག་དབྱེ་བྱར་རུང་ངམ་འོན་ཏེ་མི་རུང་སྙམ་དུ་རྟོག་པ་ཉིད་ན་ཐེ་ཚོམ་ཟ་བ་གང་ཡིན་པ་དང་དེ་དག་མེད་བར་བདག་ཅག་གིས་གདོན་པ་དང་དགག་བྱེའི་བར་ངག་བྱར་རུང་ངོ་ཞེས་ངེས་པར་བྱེད་བ་གང་ཡིན་པ་དེ་ལ་ནི་ཉེས་བའི་བྱེད་པ ་མི་འབྱུང་བ་མ་ཡིན་ཏེ། འདི་ལྟར་ཐེ་ཚོམ་ཟ་བཞིན་དུ་བྱེད་པ་དང་ངེས་པ་མེད་པར་ངེས་པར་བྱེད་བ་ལ་ནི་དགེ་འདུན་མི་མཐུན་བའི་ཉེས་པ་ཁོ་ནར་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །དེ་ལྟ་བས་ན་འདི་ནི་ལས་ཐམས་ཅད་ཀྱི་དབང་དུ་བྱས་པ་ཡིན་པས ་སྤྱིར་མདོར་བྱས་སོ། །བསམ་པ་ཐག་པ་ནས་ཡོངས་སུ་བཙལ་ཅིང་གོ་བ་ལོ་བ་མ་བྱས་ན་དག་པའི་བྱེད་པ་ཡིན་ནོ་ཞེས་བྱ་བ་ནི། བསམ་པ་ཐག་བ་ནས་རྒྱུ་མེད་པར་དགེ་སློང་མ་ལྷག་པ་རྣམས་ཡོངས་སུ་བཙལ་ཅིང་གོ?་ལོ?་མ་བྱས་ན་དེ་དག་མཚམས ་ཀྱི་ནིང་ན་འཁོང་དུ་ཟིན་ཀྱང་དེ་དགེ་སློང་དེ་དག་ལས་ངག་ཅིང་ལྟུང་བ་མེད་པ་དང་མཐུན་པ་ཉིད་དུ་འགྱུར་བའི་བྱེད་པ་ཡིན་ན། །ཞེས་བྱ་བའི་ཐ་ཚིག་གོ། བཙལ་བང་དཔོང?་པ་དང་མཐོན་པོར་འདུག་སྟེ་ཕྱོགས་སུ་བལྟ་བདག་གིས་ནི་དེ་ཡིན་ནོ་ཞེས་བྱ?་བ་ནི། ་རྣམ་པར་གསུམ་གྱིས་རི་མི་གྱིས་ནི་ཡོངས་སུ་བཙལ་བ་ཉིད་ཡིན་ཏེ། དེ་དག་གིས་མ་རྙེད་ན་མ་ལྟགས་བ་དག་མཚམས་ཀྱིས་ནང་ན་འཁོད་ཅིང་དེ་དག་གིས་འདུན་པ་ལ་སོགས་པ་མ་བླབས་སུ་ཟིན་ཀྱང་མི་མཐུན་པར་མི་འགྱུར་རོ། །དེ་ལ་བཙལ་བ་ཞེས་བྱ་བ་ནི། ་ཕྱོགས་དེ་དང་དེ་དག་ཏུ་བྱུལ་བའོ། །བདེ་བ་ཞེས་བྱ་བ་ནི་སྐད་ཀྱིས་བོད་བའོ། །མཐོན་པོར་འདུག་སྟེ་ཕྱོགས་སུ་བལྟ་བ་ཞེས་བྱ་བ་ནི། ཕྱོགས་མཐོན་པོར་འགྲོང་སྟེ་མིག་རྒྱང་གིས་ཕྱོགས་ཕྱོགས་སུ་བལྟ་བར་བྱའོ། །དེ་གསུམ་ཡང་གོ?་རིམས་བཞིན ་དུ་བྱ་སྟེ། ཏེ་བོར་ཇེ་བཙལ་བར་བྱའོ། །བཙལ་བས་མ་རྙེད་ན་བོད་པར་བྱའོ། །དེས་ཀྱང་མ་རྙེད་ན་ཕྱོགས་ཆེས་མཐོན་པོར་འགྲོང་སྟེ་ཕྱོགས་པ་ཞིར་བལྟ་བར་བྱའོ། །འདིར་གཞུང་ནི་ཞུ་བ་ལས་བཙུན་པ་བཅོམ་ལྡན་འདས་ཀྱིས་དགེ་སློང་གྲོང་མཛའ་ཕ་མ་ལེགS ་པ་དགོན་པ་ན་གནས་པ་དེ་དག་ཐམས་ཅད་གསོ་སྦྱོང་གནས་གཅིག་ཏུ་འདུ་བར་བྱའོ་ཞེས་བཀའ་སྩལ་ན་གལ་ཏེ་དེ་དག་མི་གདའ་ན་བཙལ་བར་བགྱི་ཞིང་གལ་ཏེ་དེ་དག་མ་རྙེད་བ་བོད་པར་བགྱིའོ། །གལ་ཏེ་དེ་ངག་གིས་མ་ཐོས་ན་གསོ་སྦྱོང་བགྱིས་ཞེས་བགྱི་འམ ་ཉེ་བར་འཁོར་བྱས་ཞེས་བྱའོ་ཞེས་གསུངས་པ་དང། འོག་མ་ཤེས་ཀྱིས་གཞུང་ནི་ཕྱོགས་བཞིར་བལྟ་སྟེ་གསོ་སྦྱོང་བྱའོ་ཞེས་གསུངས་པ་ཡིན་ནོ། །གསོ་སྦྱོང་གི་བཞི་ལས་མཐུན་བའི་གསོ་སྦྱོང་གིས་ཚོགས་པའི་སྐབས་སོ་?་ཞེས་བྱ་བ་དེ་བཤད ་ཟིན་ཏོ།། །།ད་ནི་ཇི་ལྟར་མཐུན་པའི་གསོ་སྦྱོང་བྱ་བའི་ཆོ་ཀའི་སྡབས་བསྟན་བའི་ཕྱིར་གསོ་སྦྱོར་བྱའོ་ཞེས་བྱ་བ་སྨྲས་ཏེ། གསོ་སྦྱོང་ཞེས་བྱ་བ་ནི་ཚུལ་ཁྲིམས་གསོ་ཞིང་སྦྱོར་བ་སྟེ། གསོ་བར་བྱེད་ཅེས་བྱ་བའི་ཐ་ཚིག་གོ། དུས་གང་གི་ཚེ་ཞེ་ན་དེའི་ཕྱིར། ་ཟླ་བ་ཕྱེད་ཕྱེད་ཀྱི་ཚེས་བཅོ་ལྔ་ལའོ་ཞེས་བྱ་བ་སྨྲས་ཏེ། ཚེས་བཅོ་ལྔ་ཞེས་སྨོས་པས་བཅུ་བཞིའི་གསོ་སྤྱོད་ཡང་བསྡུས་པར་རིག་པར་བྱ་སྟེ། འདི་ལྟར་ཚེས་གཅིག་ནས་བཅོ་ལྔའི་བར་གྱི་ཉི་མ་གང་ཡང་རུང་བ་ལས་ཉི་མ་གཅིག ་ཆད་པས་སྤྱིར་ཞག་བཅུ་བཞི་ཡོད་པའི་ཕྱིར། འཇིག་རྟེན་པའི་དབང་དུ་བྱས་ནས་བཅོམ་ལྡན་འདས་ཀྱིས་ཀྱང་སོ་སོར་ཐར?་པའི་མདོ་བས་གསོ་སྦྱོང་བཅུ་བཞི་པ་ཞེས་གསུངས་པར་ཟད་ཀྱི་དངོས་སུན་ཟླ་བའི་ངོ་དེའི་ཆོས་གྲངས་གང་ལ་ཉི་མ་གཅིག ་ཆད་པ་དེ་ཉིད་ས་གཏོང་དུ་དོར་བར་ཟད་ཀྱི་གསོ་སྦྱོང་གི་ཉི་མ་འདི་ལ་ཉི་མ་ཆད་པ་མ་ཡིན་པས་གསོ་སྦྱོང་བཅུ་བཞི་པ་ཞེས་བྱ་བའི་ཉི་མ་དེ་ཉིད་ཚེས་བཅོ་ལྔ་པ་ཡིན་པའི་ཕྱིར་རོ། །རྣམ་པ་གང་གིས་གསོ་སྦྱོང་བྱ་ཞེ་ན་དེའི་ཕྱིར། སོ་སོར་ཐར་པའི་མདོ ་གདོན་པས་སོ་ཞེས་བྱ་བ་སྨོས་ཏེ། སེམས་དྲང་པོར་བསྒྲུབས་པ་ལ་སོགས་པ་དང་འགལ་བ་བཟློག་པ་ལ་སོགས་བའི་རྣམ་པ་གཞན་གྱིས་ཀྱང་ཚུལ་ཁྲིམས་གསོ་བར་བྱེད་པ་ཡོད་པས་དེ་དག་གསལ་བའི་ཕྱིར་སོ་སོར་ཐར་བའི་མདོ་གདོན་པས་སོ ་ཞེས་བྱ་བ་སྨྲས་སོ། །དགག་དབྱེ་བྱས་ན་འདི་མ་གྲུབ་པ་ཉིད་མ་ཡིན་ནོ་ཞེས་བྱ་བ་ནི་དགག་དབྱེ་བྱས་ན་གསོ་སྦྱོང་འདི་མ་གྲུབ་པ་ཉིད་མ་ཡིན་ནོ། །དེ་ལྟ་བས་ན་དགག་དབྱེ་བྱས་ནས་ཡང་གསོ་སྦྱོང་མི་བྱ་སྟེ་འདི་ལྟར་དགག་དབྱེ་ཉིད་ཀྱིས་གསོ ་སྦྱོང་གྲུབ་པར་རིག་པར་བྱའོ། །འདིར་གཞུང་ནི་ཕྲན་ཚེགས་དག་ལས་དགེ་སློང་དག་དགག་དབྱེ་བྱས་ནས་གསོ་སྦྱོང་བྱེད་པ་དང། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགག་དབྱེ་བྱས་ནས་ཡང་གསོ་སྦྱོང་མི་བྱའོ་ཞེས་གསུངས་པ་ཡིན ་ནོ། །གསོལ་བ་དང་རྣམ་པར་གཞག་པ་འཛིན་དུ་གཞུག་པ་སྔར་བྱ་ཞིང་དེ་གདོན་ཏོ་ཞེས་བྱ་བ་ནི། སོ་སོ་ཐར་བའི་མདོ་འདོན་པའི་ཚེ་དང་པོར་གསོལ་བ་དང། རྣམ་པར་བཞག་པ་འཛིན་དུ་གཞུག་པར་བྱས་ནས། དེའི་རྗེས་ལ་སོ་སོར་ཐར ་པའི་མདོ་འདོན་བའོ། །དེ་ལ་གསོལ་བ་ནི་སོ་སོར་ཐར་པའི་མདོ་ལས་དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དེང་དགེ་འདུན་གྱིས་གསོ་སྦྱོང་བཅུ་བཞི་པའམ་བཅོ་ལྔ་པ་ལགས་ཏེ། གལ་ཏེ་དགེ་འདུན་གྱིས་དུས་ལ་བབ་ཅིང་བཟོད་ན། དགེ་འདུན་གྱིས་གནང ་བར་མཛོད་ཅིག་དང། དགེ་འདུན་གྱིས་གསོ་སྦྱོང་མཛད་དེ་སོ་སོར་ཐར་བའི་མདོ་གདོན་པ་གདོན་ཏོ། །འདི་ནི་གསོལ་བའོ་ཞེས་གསུངས་པ་ཡིན་ནོ། །རྣམ་པར་གཞག་བ་འཛིན་དུ་གཞུག་པ་ནི་སོ་སོར་ཐར་པཱི་མདོ་ལས་ཚེ་དང་ལྡན་པ་དག་བདག་ཅག་གསོ ་སྦྱོང་བྱ་སྟེ། སོ་སོར་ཐར་པའི་མདོ་གདོན་པ་གདོན་གྱིས་ཁྱེད་ཅག་སུ་ལ་ལྟུང་བ་ཡོད་པ་དེས་འཐོལ་ཅིང་ལྟུང་བ་མེད་ན་ཅང་མ་སྨྲ་ཞིག། ཅད་མི་སྨྲ་ན་བདག་གིས་ཚེ་དང་ལྡན་པ་དག་ཡོངས་སུ་དག་པར་རིག་པར་བྱའོ། །ཇི་ལྟར་སོ་སོར་དྲིས་ནས་དགེ་སློང་གིས་ལན ་བཏབ་པ་དེ་བཞིན་དུ་དགེ་སློང་གིས་འཁོར་འདི་ལྟ་བུར་ཡང་ལན་གསུམ་གྱིས་བར་དུ་བསྒྲག་པར་བྱ་བ་ཡིན་ནོ། །ཡང་དགེ་སློང་གང་དགེ་སློང་གིས་འཁོར་འདི་ལྟ་བུར་ལན་གསུམ་གྱིས་བར་དུ་བསྒྲགས་པ་ན་ལྟུང་བ་ཡོད་ལ་དྲན་བཞིན་དུ་མི་མཐོལ་ན་དེ་ཤེས ་བཞིན་བུ་རྫུན་སྨྲ་བ་ཡིན་ནོ། །ཚེ་དང་ལྡན་པ་དག་ཤེས་བཞིན་དུ་རྫུན་སྨྲ་བ་ནི་བཅོམ་ལྡན་འདས་ཀྱིས་བར་དུ་གཅོད་པའི་ཆོས་སུ་གསུངས་སོ། །དེ་བས་ན་དགེ་སློང་ལྟུང་བ་བྱུང་བ་རྣམ་པར་དག་པར་འདོད་པ་ལྟུང་བ་ཡོད་ལ་དྲན་བཞིན་མཐོང་བ་མཐོལ ་བར་བྱའོ། །མཐོལ་ན་བདེ་བ་ལ་རེག་པར་འགྱུར་རོ། །མ་མཐོལ་མ་གཤགས་ན་ནི་མི་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །གླེང་བཞི་འདི་གདོན་བ་དང་གསོལ་བ་ལ་ནི་ཚིག་ཏུ་བརྗོད་པ་ཉིད་ཀྱིས་བསྒྲུབས་པར་བྱ་བ་ཉིད་ཡིན་ནོ་ཞེས་བྱ་བ་ནི། གླེང་བཞི ་གདོན་པ་དང་གསོལ་བ་འདི་གཉིས་ནི་ཚིག་ཏུ་རྗོད་པ་ཉིད་ཀྱིས་བསྒྲུབ་པར་བྱ་བ་ཉིད་ཡིན་པའོ། །འདི་སྐད་བསྟན་ཏེ། དེ་གཉིས་ནི་མདོ་ལས་བྱུང་བའི་གོ་རིམས་བཞིན་དུ་ཁ་གཏོན་དུ་རྒྱ་ཆེར་གདོན་པར་བྱ་བ་ཡིན་གྱི་ཐོས་པ་བསྒྲགས་པས་སྒྲུབ་པར་བྱ་བ་ནི་མ ་ཡིན་ནོ། །ལྷག་མཱི་ནི་ཐོས་པ་བསྒྲགས་པས་ཀྱོང་ཞེས་བྱ་བ་ནི། ?་གཞི་འདོན་པ་དང་གསོལ་བའི་ལྷག་མ་དག་ནི་ཐོས་པ་བསྒྲགས་ཀྱང་བསྒྲུབས་པར་བྱ་བ་རུང་བ་ཉིད་ཡིན་ནོ། །ཀྱང་ངོ་ཞེས་བྱ་བའི་སྒྲས་ནི་ཚིག་ཏུ་བརྗོད་བས་ཀྱང་བསྒྲུབ ་བར་བྱ་བ་རུང་བ་ཉིད་ཡིན་ནོ་ཞེས་བྱ་བར་སྟོན་ཏོ། །བརྩམས་པའི་སྡེ་ཚན་ནི་རྫོགས་པར་བྱ་དགོས་སོ། ཞེས་བྱ་བ་ནི། ཕམ་བར་འགྱུར་བ་དང་དགེ་འདུན་ལྷག་མ་དང་མ་ངེས་པའི་སྡེ་ཚན་ནི་ཡང་ན་ནི་ཐོས་པ་བསྒྲགས་པས་བསྒྲུབ་བོ། །ཚིག་ཏུ་བརྗོད ་པས་གདོན་པ་བརྩམས་ན་ནི་གང་བརྩམས་པ་དེའི་སྡེ་ཚན་ལྷག་པ་རྫོགས་བར་བྱ་དགོས་ཏེ། ཕམ་པར་འགྱུར་བའི་སྡེ་ཚན་ལས་ཅུང་ཞིག་ཚིག་ཏུ་བརྗོད་བས་གཏོན་ནས་ལྷག་མ་ཐོས་པ་བསྒྲགས་པས་བསྒྲུབ་པར་མི་བྱ་བ་དང་དགེ་འདུན་ལྷག་མའི ་སྡེ་ཚན་དང་མ་དེས་པའི་སྡེ་ཚན་ལས་ཀྱང་དེ་བཞིན་ཏེ། འདི་ལྟར་བྱེད་བཏོན་ཞིང་ཕྱེད་འཇོག་པ་ནི་སྨོད་པར་བྱ་བ་ཉིད་ཡིན་པའི་ཕྱིར་རོ། །བཞི་པ་ལ་རེག་ན་རིལ་གྱིས་སོ་ཞེས་བྱ་བ་ལ། བཞི་པ་ཞེས་བྱ་བ་ནི། སོ་སོར་ཐར་པཱི་མདོ་གདོན་པ་ནི་རྣམ་པ་ལྔ ་མོ་གླེང་གཞི་འདོན་པ་དང་ཕམ་པར་འགྱུར་བ་གདོན་པ་དང་དགེ་འདུན་ལྷག་མ་གདོན་པ་དང། མ་ངེས་པ་གདོན་པ་དང། རིམ་གྱིས་གདོན་བ་ཞེས་བྱ་བའི་གོ་རིམས་ལས་བལྟོས་བ་ཡང་མ་ཡིན། ལྟུང་བྱེད་སྡེ་ལྔ་པོ་ཕམ་པར་འགྱུར་བའི་སྡེ་ཚན ་དང་དགེ་འདུན་ལྷག་མའི་སྡེ་མཚན་དང། ལྟུང་བའི་སྡེ་ཚན་དང་སོ་སོར་གཤགས་པར་བྲ་བའི་སྡེ་ཆན་དང་བསླབ་པའི་སྡེ་ཚན་ཞེས་བྱ་བའི་གོ་རིམས་ལས་བལྟོས་བ་ཡང་མ་ཡིན་གྱི། སོ་སོར་ཐར་བ་ལས་བྱུང་བའི་སྡེ་ཚན་དྲུག་པོ་ཕམ་པའི ་སྡེ་ཚན་དང། དགེ་འདུན་ལྷག་མའི་སྡེ་ཚན་དང། མ་ངེས་པའི་སྡེ་ཚན་དང། སྟུང་བྱེད་ཀྱི་སྡེ་ཚན་དང། སོ་སོར་བཤགས་པར་བྱ་བའི་སྡེ་ཚན་དང། བསླབ་བའི་སྔ་ཆེན་ཞེས་བྱ་བའི་གོ་རིམས་ལས་བལྟོས་པ་ཡིན་ནོ། །དེ་བས་ན་འདིར་གཞི་པ ་ཞེས་སྨོས་པ་ནི་ལྟུང་བྱེད་སི་སྡེ་མཆན་ཡིན་ཏེ། སྤང་བའི་ལྟུང་བྱེད་དང་ལྟུང་བྱེད་འབའ་ཞིག་ཏུ་འགྱུར་བའི་སྡེ་ཚན་རྣམས་སོ། །དེ་ལ་རེག་ན་ཞེས་བྱ་བ་ནི། སྤང་བའི་ལྟུང་བྱེད་ཀྱི་མགོ་ཚིག་ཏུ་བརྗོད་པས་གདོན་པར་བརྩམས་ནའོ། །རིལ་གྱིས་སོ་ཞེས་བྱ་བ་ནི་དེ ་ལྟར་བཞི་པ་ལ་རེག་ན་དེ་མན་ཆད་བར་དུ་མི་གཅད་པ་རྫོགས་ཀྱི་བར་དུ་རིལ་གྱིས་ཚིག་ཏུ་བརྗོད་པས་གདོན་བར་བྱ་དགོས་སོ་ཞེས་བྱ་བའི་ཐ་ཚིག་གོ། དེ་ལྟར་བཞི་པ་ལ་རེག་ན་འདིར་སོ་སོར་བཤགས་པར་བྱ་བར་སྡེ་ཚན་ལ་སོགས་པ་ཡང་ཐོས་པ་ལ་བསྒྲགས ་པས་བསྒྲུབ་ཏུ་མ་རུང་སྟེ་ལས་ཕལ་ཆེར་བྱས་པ་མ་རྫོགས་བར་དོར་བ་ནི་མ་ལགས་པར་ཡིད་ལ་སྣང་བའི་ཕྱིར་རོ། །དེ་ལྟ་བས་ན་སོ་སོར་ཐར་བའི་མདོ་གདོན་པ་ལྔ་པོ་དག་ལ་གླེང་གཞི་ཚིག་ཏུ་བརྗོད་པས་བཏོན་ནས་ལྷག་མ་ཐོས་པ་བསྒྲགས་པས་བསྒྲུབ་པར ་བྱང་རུང་ངོ། །དེ་བཞིན་དུ་ཕམ་བར་འགྱུར་བ་རྣམས་སམ། དགེ་འདུན་ལྷག་མ་རྣམས་སམ། མ་དེས་པ་དག་ཚིག་ཏུ་བརྗོད་པས་བཏོན་ནས་ལྷག་མ་ཐོས་པ་བསྒྲགས་པས་བསྒྲུབ་ཏུ་ཡང་རུང་གི། ལྔ་པ་རོལ་གྱིས་གདོན་པ་ཞེས་བྱ་བ་ནི། ཡང་ན་ནི་ཐོས་པ ་བསྒྲགས་པས་བསྒྲུབ་ཅིང་ཚིག་ཏུ་བརྗོད་བས་གདོན་བ་ཡེ་མི་བརྩམ་མོ། །བརྩམས་ནས་ནི་བར་དུ་གཅད་དུ་མ་རུང་སྟེ་རིལ་གྱིས་རྫོགས་ཀྱིས་བར་དུ་ཚིག་ཏུ་བརྗོད་བས་གདོན་པར་བྱའོ། །འདི་ལ་ཟླ་བ་ཕྱེད་འདས་བའི་སོ་སོར་བརྟག་པར་བྱའོ་ཞེས་བྱ་བ ་ནི། གསོ་སྦྱོང་འདི་ལ་ཟླ་བ་ཕྱེད་བཟླས་པའི་ཉེས་པ་བདག་ལ་ཅི་བྱུང་བ་དེ་དག་སོ་སོར་བརྟག་པར་བྱའོ། །གང་གི་ཆེ་ཞེ་ན་དེའི་ཕྱིར་འདུ་བར་འགྱུར་བ་དེར་རོ་ཞེས་བྱ་བ་སྨྲས་ཏེ། དགེ་སློང་རྣམས་སོ་སོར་ཐར་བའི་མདོ་འདོན་བའི་ཕྱིར་འདུ་བ་གང་ཡིན་པ་དེར ་འདུ་བའི་མདུན་རོལ་དུ་འདུ་བ་ལ་སྦྱོར་བའི་ཚེའོ། །ཅི་སོ་སོར་བརྟགས་ནས་ལྟུང་བ་ཕྱིར་མ་བཅོས་པ་ཁོ་ནར་འདུག་པར་བྱ་འམ་ཞེན་དེའི་ཕྱིར་ཤེས་བ་ཕྱིར་བཅོས་ཏེ་ཐམས་ཅད་དུ་འདུག་པར་བྱའོ་ཞེས་བྱ་བ་སྨྲས་ཏེ། ལྟུང་བ་ངེས་པར་ཤེས་པ་ཡིད ་གཉིས་དང་བཅས་པར་ཤེས་བ་གཤགས་པ་དང་བྱིན་གྱིས་བརླབ་པ་གཉིས་ཀྱིས་ཕྱིར་བཅོས་ཏེ་གསོ་སྦྱོང་ཞིག?་ན?་འབའ་ཞིག་ཏུ་མ་ཟད་ཀྱི་དགག་དབྱེ་ལ་སོགས་པ་ལས་ཀྱིས་གནས་ཐམས་ཅད་དུ་ཆོ་ག་དེ་ལྟ་བུས་འདུག ་བར་བྱ་བའོ། །འདུག་པ་ན་དྲན་ནམ་ཡིད་གཉིས་ཟ་ན་དྲུང་ན་མོ་ལ་བྱིན་གྱིས་བརླབ་བར་བྱའོ་ཞེས་བྱ་བ་ནི། དགེ་སློང་དེ་སོ་སོར་ཐར་བའི་མདོ་འདོན་བའི་གནས་སུ་འདུག་པ་ན་གལ་ཏེ་ལྟུང་བའི་ཡུལ་དྲན་ནམ་དེ་ལ་ཡིད་གཉིས་ཟན་ལྟག་འོས ་དྲུང་ན་འདུག་པའི་དགེ་སློང་དེ་ལ་བྱིན་གྱིས་བརླབས་བར་བྱ་སྟེ། མདུན་ནས་བྱའི་གློ་ནས་མི་བྱའོ། །དེའི་སྔགས་ནི་ཚེ་དང་ལྡན་པ་དགོངས་སུ་གསོལ། དེད་དགེ་འདུན་གྱིས་གསོ་སྦྱོང་བཅོ་ལྔ་པ་ལགས་ལ། བདག་དགེ་སློང་མིང་འདི་ཞེས་བགྱི་བའི ་གསོ་སྦྱོང་ཡང་བཅོ་ལྔ་པ་ལགས་ཏེ། བདག་དགེ་སློང་མིང་འདི་ཞེས་བགྱི་བ་དགེ་འདུན་གྱི་ནང་དུ་ལྟུང་བ་འདི་དང་འདི་ལྟ་བུ་ཞིག་དྲན་དེ་བདག་ལྟུང་བ་འདི་ཚེ་དང་ལྡན་པའི་འདུན་དུ་བྱིན་གྱིས་བརླབས་ལ་དེད་གསོ་སྦྱོང་བགྱིའོ། །སང?་ནང?་བར ་ལྟུང་བ་དེ་ཆོས་བཞིན་དུ་སླར་བགྱིའོ་ཞེས་བྱ་བ་དང། ཚེ་དང་ལྡན་པ་དགོངས་སུ་གསོལ། དེང་དགེ་འདུན་གྱི་གསོ་སྦྱོང་བཅོ་ལྔ་བ་ལགས་ལ། བདག་དགེ་སློང་མིང་འདི་ཞེས་བགྱི་བའི་གསོ་སྦྱོང་ཡང་བཅོ་ལྔ་བ་ལགས་ཏེ། བདག་དགེ ་སློང་མིང་འདི་ཞེས་བགྱི་བ་དགེ་འདུན་གྱིས་ནང་དུ་ལྟུང་བ་འདི་དང་འདི་ལྟ་བུ་ཞིག་ལ་ཡིད་གཉིས་སུ་གྱུར་ན་བདག་ལྟུང་བ་དེ་ཚེ་དང་ལྡན་པའི་མདུན་དུ་བྱིན་གྱིས་བརླབས་ལ་དེང་གསོ་སྦྱོང་བགྱིའོ། །སང་ནང་བར་དགེ་སློང་མདོ་སྡེ་འཛིན་པ ་དང་འདུལ་བ་འཛིན་པ་དང་མ་མི་འཛིན་པ་རྣམས་ལ་དྲིས་ཏེ་དོགས་པ་དང་ཡིད་གཉིས་བསལ་ལ་ལྟུང་བ་དེ་སླར་ཆོས་བཞིན་དུ་བགྱིའོ་ཞེས་བྱ་བ་ཡིན་ནོ། །ལས་བྱེད་པས་ནི་སེམས་ཀྱིས་སོ་ཞེས་བྱ་བ་ནི། འདུག་པ་ན་ལྟུད་བ་དྲན་ནམ་ཡིད ་གཉིས་ཟན་བྱིན་གྱིས་བརླབས་པར་བྱའོ་ཞེས་བྱ་བར་སྦྱར་རོ། །གལ་ཏེ་ལས་བྱེད་པ་ལྟུང་བའི་ཡུལ་ལ་དྲན་ནམ་དེ་ལ་ཡིད་གཉིས་ཟ་ན་དེའི་ཚེ་རང་གི་སེམས་ཀྱིས་བྱིན་གྱིས་བརླབ་པར་བྱའོ། །དེའི་སྔགས་ནི་དེད་དགེ་འདུན་གྱིས་གསོ་སྦྱོང་བཅོ་ལྔ་བ ་ཡིན་ལ། བདག་དགེ་སློང་ལས་བྱེད་པ་མིང་འདི་ཞེས་བགྱི་བའི་གསོ་སྦྱོང་ཡང་བཅོ་ལྔ་པ་ཡིན་ཏེ། བདག་དགེ་སློང་ལས་བྱེད་པ་མིང་འདི་ཞེས་བྱ་བ་དགེ་འདུན་གྱིས་ནང་དུ་ལྟུང་བ་འདི་དང་འདི་ལྟ་བུ་ཞིག་དྲན་ཏེ། བདག་དགེ་སློང་ལས་བྱེད་པ་མིང་འདི ་ཞེས་བྱ་བས་ལྟུང་བ་དེ་རང་གི་སེམས་ཀྱིས་བྱིན་གྱིས་བརླབས་ལ་དེ་དག་སོ་སྦྱོང་བྱའོ། །སང་ནང་པར་ལྟུང་བ་དེ་ཆོས་བཞིན་དུ་ཕྱིར་བྱའོ་ཞེས་བྱ་བ་དང། དེད་དགེ་འདུན་གྱིས་གསོ་སྦྱོང་བཅོ་ལྔ་པ་ཡིན་ལ། བདག་དགེ་སློང་ལས་བྱེད་པ་མིང་འདི་ཞེས་བྱ་བའི་གསོ ་སྦྱོང་ཡང་བཅོ་ལྔ་པ་ཡིན་ལ། བདག་དགེ་སློང་ལས་བྱེད་པ་མིང་འདི་ཞེས་བྱ་བ་དགེ་འདུན་གྱི་ནང་དུ་ལྟུང་བ་འདི་དང་འདི་ལྟ་བུ་ཞིག་ལ་ཡིད་གཉིས་སུ་གྱུར་ན་བདག་དགེ་སློང་ལས་བྱེད་པ་མིང་འདི་ཞེས་བྱ་བས་ལྟུང་བ་དེ་རང་གི་སེམས་ཀྱིས་བྱིན་གྱིས ་བརླབས་ལ་གསོ་སྦྱོང་བྱའོ། །སང་ནང་པར་དགེ་སློང་མདོ་སྡེ་འཇིན་པ་དང་འདུལ་བ་འཛིན་པ་དང་མ་མོ་འཛིན་བ་རྣམས་ལ་དྲིས་ཏེ་དོགས་བ་རང་ཡིད་གཉིས་བསལ་ལ་ལྟུང་བ་དེ་ཆོས་བཞིན་དུ་ཕྱིར་བྱའོ་ཞེས་གསུངས་པ་ཡིན་ནོ། །འདི་དང་སྔ་མིའི་བྱིན ་གྱིས་བརླབས་པའི་སྐབས་དག་ཏུ་ཧ་ཅང་ཡུན་རིང་ན་མི་མཛེས་པས་སྔགས་ལན་རེ་བཟླས་བས་ཆོག་སྟེ་ལན་གསུམ་དུ་མི་དགོས་སོ། །གལ་ཏེ་ཚེས་བཅོ་ལྔ་བདག་གཅིག་བུ་དེ་དང་མི་ལྡོན་པར་ཤེས་ན་འགྲོགས་བཤེས་ལ་དྲང་པོར་འབད་བར་བྱའོ་ཞེས ་བྱ་བ་ནི། གལ་ཏེ་དགེ་སློང་གིས་གསོ་སྦྱོང་གི་ཉིན་མོ་བདག་གཅིག་བུ་ལྟུང་བ་དེ་དང་མི་ལྡན་ཞིང་དགེ་འདུན་གཞན་ཐམས་ཅད་ལྟུང་བ་མཐུན་པ་དང་ལྡན་པར་ཤེས་ན་དེའི་ཚེ་དེས་བེམ་དུ་མེ་དོར་བར་འགྲོགས་བོ་གྲོགས་གཤེས་གཅིག་ལ་དྲང་པོར་འབད ་ཅིང་བརྩལ་བར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། ཇི་ལྟར་བརྩལ་བར་བྱ་ཞེ་ན་དེའི་ཕྱིར་ཚེ་དང་ལྡན་པ་འདི་དང་འདི་ལྟར་བྱེད་པ་གང་ཡིན་པ་དེས་ཅིར་འགྱུར། ལྟུང་བ་དང་བཅས་པར་ངོ། །འོ་ན་ཚེ་དང་ལྡན་པས་ཀྱང་འདི་དང་འདི་ལྟར་བྱས་སམ ་བྱས་སོ། །འོ་ན་ཚེ་དང་ལྡན་པ་ཡང་ལྟུང་བ་དང་བཅས་པ་ཡིན་ནོ། །ཚེ་དང་ལྡན་པ་ཁོ་བོ་གཅིག་བུར་མ་ཟད་ཀྱི་དགེ་འདུན་ཐམས་ཅད་དོན་དེ་དང་ལྡན་པ་ཡིན་ནོ། །ཀྱེ་ཚེ་དང་ལྡན་པ་ཇེ་ཁྱོད་རང་གི་ལྟུང་བ་ཆོས་བཞིན་དུ་ཕྱིར་གྱིས་ཤིག། དགེ་འདུན་ཐམས ་ཅད་ཀྱིས་ཁྱོད་ལ་ཅིར་འགྱུར་ཞེས་བྱེ་བའི་རྩོམ་བས་མིག་ལམ་དུ་ལྷག་མ་འདོད་པ་རྣམས་འཆགས་སུ་བཞུག་གོ་ཞེས་བྱ་བ་སྨྲས་ཏེ། ཇེ་དང་པོར་དགེ་འདུན་ཐམས་ཅད་ལྟུང་བ་དང་བཅས་སོ་ཞེས་གཏུམ་པོས་གཙུགས་སུ་མི་གླེང་བར་དགེ་འདུན ་ཐམས་ཅད་ལྟུང་བ་མཐུན་པ་དང་བཅས་པར་གྱུར་པའི་གཞི་དེ་དང་གི་ཡིད་ལ་བཞག་སྟེ་གྲོགས་བོ་མཛའ་བཤེས་དེ་ལ་འདི་སྐད་ཅེས། ཚེ་དང་ལྡན་བ་འདི་དང་འདི་དག་བྱེད་པ་གང་ཡིན་པ་དེས་ཅིང་འགྱུར་ཞེས་དྲི་བར་བྱའོ། །གྲོགས་པོ་ན་རེ། ལྟུང་བ ་དང་བཅས་པར་རོ་ཞེས་ཟེར་ན། དེ་ལ་འདི་སྐད་ཅེས་འོ་ན་ཚེ་དང་ལྡན་བས་ཀྱང་འདི་དང་འདི་ལྟར་བྱས་སམ་ཞེས་དྲི་བར་བྱའོ། །གྲོག་བོ་ན་རེ་བྱས་སོ་ཞེས་ཟེར་ན་དེ་ལ་འདི་སྐད་ཅེས་འོ་ན་ཚེ་དང་ལྡན་པ་ཡང་ལྟུང་བ་བཅས་པ་ཡིན་ནོ་ཞེས་བརྗོད་པར་བྱའོ།། ་གྲོགས་པོ་ན་རེ། ཚེ་དང་ལྡན་པ་ཁོ་བོ་གཅིག་བུར་མ་ཟད་ཀྱི་དགེ་འདུན་ཐམས་ཅད་དོན་དེ་དང་ལྡན་པ་ཡིན་ནོ་ཞེས་ཟེར་ན། དེ་ལ་འདི་སྐད་ཅེས། ཀྱི་ཚེ་དང་ལྡན་པ་ཇེ་ཁྱོད་རང་གིས་ལྟུང་བ་ཆོས་བཞིན་དུ་ཕྱིར་གྱིས་ཤིག་དགེ་འདུན་ཐམས་ཅད་ཀྱིས་ཁྱོད་ལ ་ཅིར་འགྱུར་ཞེས་བསྐུལ་ཞིང་ལྟུང་བ་འཆགས་སུ་གཞུག་གོ། དེ་ལྟ་བུའི་རིམ་བ་རྩོམ་པས་གྲོགས་པོ་དེ་དགེ་འདུན་གཞན་ཐམས་ཅད་ཀྱི་མིག་ལམ་དུ་ལྟུང་བ་འཆགས་སུ་བཞུག་གོ། དེ་ལྟུང་བ་འཆགས་པ་དགེ་འདུན་གཞན་གྱིས་མཐོང་ན་ཁྱོད་ཅི་འཆགས་ཞེS ་འདྲི་བར་འགྱུར་བས་དེས་ཀྱང་ཁོ་བོ་གཞི་འདི་ལས་གྱུར་པའི་ལྟུང་བ་འཆགས་སོ་ཞེས་ཐམས་ཅད་ལ་གོ་བར་བྱའོ། །དེས་ན་དགེ་འདུན་ལྷག་མ་གཞན་ཡང་དེ་ལྟར་ན་བདག་ཅག་ཀྱང་ལྟུང་བ་དེ་དང་ལྡན་ནོ་སྙམ་དུ་དྲན་བར་འགྱུར་བས་དེ་དག་ལས་ལྟུང་བ་དེ་ཆོས ་བཞིན་དུ་ཕྱིར་འཆགས་པར་འདོད་པ་རྣམས་དགེ་སློང་ལྟུང་བ་དང་མི་ལྡན་པ་དེས་ལྟུང་བ་དེ་ཆོས་བཞིན་དུ་ཕྱིར་འཆགས་སུ་གཞུག་གོ་།ཞེས་བྱ་བར་སྦྱར་རོ། །འདི་ལ་མི་འདོད་པ་དེ་ལ་གླེང་བར་མི་བྱའོ་ཞེས་བྱ་བ་ནི། གསོ་སྦྱོད་དང་དགག་དབྱེ་འདི་ལ་ཉེས ་པ་གླེད་བར་མི་འདོད་པའི་དགེ་སློང་ལྟུང་བ་དང་བཅས་པ་དེ་ལ་གླེང་བར་མི་བྱ་བ་སྟེ། གལ་ཏེ་དགེ་སློང་དེ་མི་འདོད་ན་དེའི་ཚེ་དེ་ལ་གླེང་པར་མི་བྱའོ། །འོན་ཇི་ལྟར་མ་དག་བ་རྣམས་དང་ལྷན་ཅིག་གསོ་སྦྱོང་ལ་སོགས་པའི་ལས་ཉམས་སུ་མྱོང་བར་བྱར ་རུང་ཞེ་ན། དེའི་ཕྱིར་གལ་ཏེ་ཆོས་བཅོ་ལྔ་བ་ཐམས་ཅད་ཀྱིས་ལྟུང་བ་ཤེས་སམ་ཡིད་གཉིས་སུ་གྱུར་ན་ལེན་པར་བྱེད་པ་བསྒྲུབ་པའི་ཕྱིར་དགེ་སློང་འགའ་ཞིག་རང་གི་ཕྱིར་བཅོས་པའི་དོན་དུ་གནས་གཞན་དུ་བཏང་བར་བྱའོ་ཞེས་བྱ་བ་སྨྲས་ཏེ། གལ་ཏེ ་གསོ་སྦྱོང་གི་ཉིན་མོ་དགེ་འདུན་ཐམས་ཅད་ཀྱིས་བདག་ཅག་ལ་ལྟུང་བ་མཐུན་པར་ཡོད་པར་ཤེས་སམ། ཡིད་གཉིས་སུ་གྱུར་ན་དགེ་སློང་ལྟུང་བ་དང་བཅས་བ་དེ་དག་རང་གི་ལྟུང་བ་གང་གི་མདུན་དུ་འཆགས་པ་ལེན་པར་བྱེད་པའི་གང་ཟག་ལྟུང་བ་མེད་པ ་གཅིག་བསྒྲུབ་པའི་ཕྱིར་བདག་ཅག་གིས་ནང་ནས་དགེ་སློང་འགའ་ཞིག་དེ་རང་གི་ལྟུང་བ་ཕྱིར་བཅོས་པའི་དོན་དུ་གནས་གང་ན་ལྟུང་བ་མཐུན་པ་མེད་པའི་དགེ་སློང་འདུག་པའི་གནས་གཞན་དུ་བཏང་བར་བྱའོ། །དེས་དེར་རང་གི་ལྟུང་བ་ཕྱིར་བཅོས་ཏེ ་སླར་འཁོར་ནས་དེའི་མདུན་དུ་དགེ་སློང་གཞན་ཐམས་ཅད་ཀྱིས་རང་རང་གི་ལྟུང་བ་ཆོས་བཞིན་དུ་ཕྱིར་བཅོས་པར་བྱ་སྟེ་དེ་ལྟར་ན་གསོ་སྦྱོང་བསྒྲུབ་པར་འགྱུར་རོ། །མ་གྲུབ་ན་བྱིན་གྱིས་བསླབ་བའི་ཕྱིར་གསོལ་བ་བྱ་བ་འདོད་པར་བྱའོ་ཞེས་བྱ་བ་ནི། ཇི་སྐད ་བསྟན་པའི་ཆོ་ག་དེ་མ་གྲུབ་ན་དགེ་སློང་གི་དགེ་འདུན་གྱིས་ལྟུང་བ་བྱིན་གྱིས་བརླས?་པའི་ཕྱིར་གསོལ་བའི་ལས་བྱ་བ་འདོད་པར་བྱ་སྟེ། གསོལ་བས་ལྟུང་བ་བྱིན་གྱིས་བརླབ་ལ་གསོ་སྦྱོང་དམ་དགག་དབྱེའི་ལས་མི་བཤོལ ་བར་བྱའོ། །གང་ཟག་རེ་རེ་ཞིང་བྱིན་གྱིས་བརླབ་ན་ཡང་དག་པར་འགྱུར་མོད་ཀྱི་རེ་རེ་ནས་བྱ་བ་ཚེགས་ཆེ་བས་འདིར་སྦྱིར་བྱིན་གྱིས་བརླབ་པའི་ཕྱིར་འདོད་པར་བྱའོ་ཞེས་སྨོས་ཏེ་དགེ་སློང་ཐམས་ཅད་ཀྱིས་གསོལ་པ་འབའ་ཞིག་གསལ་སལ་མོས་བར་བྱའོ ་ཞེས་བྱ་བའི་ཐ་ཚིག་གོ། འདིའི་སྔགས་ནི་དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དེད་དགེ་འདུན་གྱིས་གསོ་སྤྱོད་བཅོ་ལྔ་བ་ལགས་པ། བདག་ཅག་དགེ་འདུན་ཐམས་ཅད་ནི་ལྟུང་བ་དང་བཅས་བར་གྱུར་ན་གང་གི་མདུན་དུ་བདག་ཅག་བཤགས ་པར་བགྱི་བ་བདག་ཅག་ལས་དགེ་སློང་གནས་གཞན་དུ་མཆིས་ལ་ལྟུང་བ་དེ་ཆོས་བཞིན་དུ་སླར་བགྱིད་པར་སྤྲོ་བ་སུ་ཡང་མ་མཆིས་ན། གལ་ཏེ་དགེ་འདུན་གྱིས་དུས་ལ་བབ་ཅིང་བཟོད་ན། དགེ་འདུན་གྱིས་གནད་པར་མཛོད་ཅིག་དང་དགེ་འདུན་གྱིས ་དེང་ལྟུང་བ་དེ་བྱིན་གྱིས་བརླབས་ཏེ་གསོ་སྦྱོང་མཛད་ལ། སླད་ཀྱིས་བསྟུང་བ་དེ་ཆོས་བཞིན་དུ་སླད་མཛད་ངོ། །འདི་ནི་གསོལ་བའོ། །ཞེས་བྱ་བ་དང། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དེང་དགེ་འདུན་གྱིས་གསོ་སྦྱོང་བཅོ་ལྔ་པ་ལགས ་ལ་བདག་ཅག་དགེ་འདུན་ཐམས་ཅད་ནི་ཡིད་གཉིས་དང་བཅས་པར་གྱུར་ན་གང་གིས་འདུན་དུ་བདག་ཅག་བཤགས་པར་བགྱི་པ་བདག་ཅག་ལས་དགེ་སློང་གནས་གཞན་དུ་མཆི་ལ། དགེ་སློང་མདོ་སྡེ་འཛིན་པ་དང། འདུལ་བ་འཛིན་པ་དང། མ་མོ ་འཛིན་པ་རྣམས་ལ་དྲིས་ཏེ་དོགས་པ་དད་ཡིད་གཉིས་བསལ་ལ་ལྟུང་བ་དེ་ཆོས་བཞིན་དུ་སླར་བགྱིད་པར་སྤྲོ་བ་སུ་ཡང་མ་མཆིས་ན་ཀལ་ཏེ་དགེ་འདུན་གྱིས་དུས་ལ་བ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛད་ཅིག་དང། དགེ་འདུན ་གྱིས་ལྟུང་བ་དེ་བྱིན་གྱིས་བརླབས་ཏེ་གསོ་སྦྱོང་མཛད་ལ་སླད་ཀྱིས་དགེ་སློང་མདོ་སྡེ་འཛིན་པ་དང། འདུལ་བ་འཛིན་པ་དང། མ་མོ་འཛིན་པ་རྣམས་ལ་དྲིས་དེ་དོགས་པ་དང་ཡིད་གཉིས་བསལ་ལ་ལྟུང་བདེ་ཆོས་བཞིན་དུ་སླར་མཛད་དོ། །འདི་ནི་གསོལ ་བའོ། །ཞེས་བྱ་བ་ཡིན་ནོ། །བཞི་བས་ཉུད་བ་ཉིད་ལ་ཡང་གཙུག་ལག་ཁང་གི་བྱ་བ་གནས་པ་ཁོ་ན་ཡིན་ནོ། །ཞེས་བྱ་བ་ནི། གཙུག་ལག་ཁང་གཅིག་ན་དགེ་སློང་གསུམ་མམ་གཉིས་སམ་གཅིག་ཁོ་ན་འདུག་ན་ཡང་དེས་ཕྱག་དར་ལ་སོགས་པ་གཙུག ་ལག་ཁང་གིས་བྱ་བ་གདོན་མི་ཟ་བར་བྱ་དགོས་སོ་ཞེས་བྱ་བའི་ཐ་ཚིག་གོ། སྟན་ཐབས་ཉམས་པར་མི་བྱའོ་ཞེས་བྱ་བ་ནི། བཞི་བས་ཉུང་བ་ཉིད་གནས་སུ་ཟིན་ཀྱང་དེར་དགེ་སློང་མ་འོངས་པ་དག་འོང་སྲིད་པས་དེའི་དོན་དུ་བསྟན་ཐབས་གཞིག་པར ་མི་བྱ་བའོ། །ཆག་ཆག་དང་ཕྱག་དར་དང་ལྕི་བ་སར་པས་བྱུག་པ་བྱ་བ་དང་སེང་གེའི་ཁྲི་བཤམ་པ་དང་མར་མེ་གཟུགས་པ་དང་ཆོས་ཉན་དུ་གཞུག་པ་དག་བྱས་ལ་ཕྱོགས་ཆེས་མཐོན་པོར་འདུག་སྟེ་ཕྱོགས་བཞིར་རྣམ་པར་བལྟ་བར་བྱའོ་ཞེས་བྱ་བ ་ནི། བཞི་བས་ཉུང་བ་གནས་པའི་དགེ་སློང་དེས་རང་གི་?ཙུག་ལག་ཁང་དེར་གསོ་སྦྱོང་གི་ཉིན་མོ་ཆག་ཆག་ལ་སོགས་པ་ངག་བྱས་ལ་ཕྱོགས་ཆོས་མཐོན་པོར་འདུག་སྟེ་དགེ་སློང་མ་འོངས་པ་དག་འོད་དམ་མི་འོང་ཕྱོགས་བཞིར་རྣམ་པར་བལྟ་པར་བྱའོ ་ཚིག?་ཆག་ལ་སོགས་པའི་ལས་དེ་དག་ཐམས་ཅད་ནི་གོ་རིམས་དེ་ཁོ་ན་བཞིན་དུ་བྱ་བ་ཡིན་ནོ། །དེ་ལྟར་རྣམ་པར་ལྟ་བ་ན་དགེ་སློང་དག་འོང་བ་སྣང་ན་ཀྱེ་ཚེ་དང་ལྡན་བ་མྱུར་བ་མྱུར་བར་ཤོག་ཅིག་དང་དགེ་འདུན་གྱིས་གསོ་སྦྱོང་བཅོ་ལྔ་པ་ཡིན་ནོ། །ཞེས་བརྗོད་པར་བྱའོ ་འདིར?་གཞུང་ནི་མ་མོ་ལས་དགེ་སློང་གཅིག་བུ་གནས་ན་གནས་པ་གང་ཡིན་པ་དེས་གསོ་སྦྱོང་བཅོ་ལྔ་པ་དེ་ཉིད་ཀྱི་ཚེ་ནད་པ་སྔར་ལངས་ཏེ། མཆོད་རྟེན་དང་གཙུག་ལག་ཁང་དང་འཁོར་དང་གསོ་སྦྱོང་གི་གནས་དག་ཆག་ཆག་གདབ་ཅིང་ཕྱག་དར་བྱ། ལྕེ་བ ་འཇམ་པོའི་བྱུག་པས་བྱུག་པར་བྱའོ། །གྲལ་རིམས་བཞིན་དུ་སྟན་དག་བཤམ་པར་བྱ་གཙང་མ་སའི་རིལ་བ་སྤྱིའུ་ལུགས་དང་ཆབ་ཁུང་སའི་རིལ་བ་སྦྱིའུ་ལུགས་དག་ཆུས་དགང་བར་བྱ། མེ་ཉེ་བར་གཞག་པར་བྱ། མར་མེའི་གོང་བུ ་དང་སྙིང་པོ་དང་སྔོན་བུ་བཤམ་པར་བྱ། ཚུལ་ཤིང་གི་བམ་པོ་ཉེ་བར་གཞག་པར་བྱ་ཞིང་གལ་ཏེ་དགེ་སློང་གསོ་སྦྱོང་མ་བྱས་པ་དག་འོངས་ན། དེ་དག་ཐམས་ཅད་གྱིས་གསོ་སྦྱོང་བྱ་ཞིང་སོ་སོར་ཐར་པའི་མདོ་གདོན་པ་གདོན་པར་བྱའོ། །འོན་ཏེ་མི ་འོངས་ན་ཕྱོགས་ཆེས་མཐོན་པོར་གང་ཡིན་པ་དེར་འདུག་སྟེ་ཕྱོགས་བཞི་ཀུན་དུ་རྣམ་པར་བལྟ་བར་བྱའོ། །གལ་ཏེ་འགའ་ཞིག་འོད་ན་ཚེ་དང་ལྡན་པ་མྱུར་དུ་ཤོག་ཅིག་དང་གསོ་སྦྱོང་བྱའོ་ཞེས་བོང་པར་བྱའོ། །ཇི་སྟེ་མི་འོངས་ན་དེས་གྲོལ་བབ ་ཀྱི་བར་དུ་བསྡང་དེ་དེ་ནས་བབས་ལ་སྟན་ལ་འདུག་སྟེ་རྒྱུན་ཆགས་གསུམ་པ་གདོན་པར་བྱ་ཡོན་བཤད་པར་བྱ་ཞིང། དེང་དགེ་འདུན་གྱིས་གསོ་སྦྱོང་བཅོ་ལྔ་པ་ཡིན་ལ། བདག་དགེ་སློང་མིང་འདི་ཞེས་བྱ་བའི་གསོ་སྦྱོང་ཡང་བཅོ་ལྔ་པ་ཡིན་ཏེ། བདག ་དགེ་སློང་མིང་འདི་ཞེས་བྱ་བ་བར་ཆད་ཀྱི་ཆོས་རྣམས་ཡོངས་སུ་དག་གོ་ཞེས་ཀྱང་བདག་སྨྲས་བདག་ཡོངས་སུ་དག་པར་ལྷ་རྣམས་ཀྱིས་གཟུངས་དུ་གསོལ། བདག་དགེ་སློང་མིང་འདི་ཞེས་བྱ་བས་ཚུལ་ཁྲིམས་ཀྱི་ཕུང་པོ་ཡོངས་སུ་རྫོགས་པར་བྱ་བའི ་ཕྱིར་དེང་གསོ་སྦྱོང་བྱིན་གྱིས་བརླབ་པོ། །གང་གི་ཚེ་དགེ་འདུན་ཚོགས་བ་རྙེད་པ་དེའི་ཚེ་དགེ་འདུན་དང་ལྷན་ཅིག་ཏུ་གསོ་སྦྱོང་རྒྱ་ཆེར་ཉམས་སུ་མྱོང་བར་བྱ་ཞིང་སོ་སོར་ཐར་པའི་མདོ་གདོན་པ་གདོན་པར་ཡང་བྱའོ། །ཞེས་ལན་གཉིས་ལན་གསུམ་དུ ་བརྗོད་པར་བྱའོ་ཞེས་གསུངས་པ་ཡིན་ནོ། །བཞིར་མཚར་ན་དུས་ཀྱི་བར་དུ་བསྡད་དེ་བྱིན་གྱིས་བརླབ་པར་བྱའོ་ཞེས་བྱ་བ་ནི། དགེ་སློང་བཞིར་མ་ཚད་ན་གསོ་སྦྱོང་དང་དགག་དབྱེའི་དུས་སྐྱ་རེངས་མ་ཤར་ཚུན་ཆད་དུ་བསྡད་དེ་གསོ་སྤྱོད་དང་དགག་དབྱེ ་བྱིན་གྱིས་བརླབ་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། འདི་གཉིས་ཀྱིས་སྔགས་ནི། དེད་དགེ་འདུན་གྱིས་གསོ་སྦྱོང་བཅོ་ལྔ་པ་ཡིན་ལ། བདག་དགེ་སློང་མིང་འདི་ཞེས་བྱ་བའི་གསོ་སྦྱོང་ཡང་བཅོ་ལྔ་པ་ཡིན་ཏེ། བདག་དགེ་སློང་མིང་འདི་ཞེས་བྱ་བ་བར་ཆད་ཀྱི ་ཆོས་རྣམས་ཡོངས་སུ་དག་གོ། ཞེས་ཀྱང་བདག་སྨྲ་ཞིང་གསོ་སྦྱོང་བྱིན་གྱིས་བརླབས་པོ། །གང་གི་ཚེ་དགེ་འདུན་ཚོགས་བ་རྙེད་པ་དེའི་ཚེ་ཚུལ་ཁྲིམས་ཀྱི་ཕུང་པོ་ཡོངས་སུ་རྫོགས་པར་བྱ་བ་དེའི་ཕྱིར། དགེ་འདུན་དང་ལྷན་ཅིག་གསོ་སྦྱོང་བྱའོ་ཞེས་ལ་ནི ་གསུམ་བཟླས་པ་དང། དེང་དགེ་འདུན་གྱི་དགག་དབྱེ་བཅོ་ལྔ་བ་ཡིན་ལ། བདག་དགེ་སློང་མིང་འདི་ཞེས་བྱ་བའི་དགག་དབྱེ་ཡང་བཅོ་ལྔ་པ་ཡིན་ཏེ། བདག་དགེ་སློང་མིང་འདི་ཞེས་བྱ་བས་དགག་དབྱེ་བྱིན་གྱིས་བརླབ་པོ། །གང་གི་ཚེ་དགེ་འདུན་ཚོགས ་བ་རྙེད་པ་དེའི?་ཚེ་མཐོང་བ་དང་ཐོས་པ་དང་དོགས་པའི་གནས་གསུམ་གྱིས་དགེ་འདུན་ལ་དགག་དབྱེ་བྱའོ། །ཞེས་ལན་གསུམ་བཟླས་པ་ཡིན་ནོ། །དེ་འབའ་ཞིག་ན་འདུག་སྟེའོ་ཞེས་བྱ་བ་ནི། གལ་ཏེ་གཅིག་པུ་འདུག་ན་སྟན་དེ་ལ་འདུག་སྟེ་གསོ་སྦྱོང་དང་དགག ་དབྱེ་བྱིན་གྱིས་བརླབ་པའོ། །ལྷག་མ་གཞན་དང་བཅས་པ་ཉིད་ཡིན་ན་འདུན་དུའོ་ཞེས་བྱ་བ་ནི། གསོ་སྦྱོང་ལྷག་མ་གཞན་ཅིག་ཡོད་ན་དེའི་མདུན་དུ་ཅོག་ཙོག་པོར་འདུག་སྟེ་གསོ་སྦྱོང་དང་དགག་དབྱེ་བྱིན་གྱིས་བརླབ་པར་བྱའོ། །གསུམ་ལ་ནི་རྣམ་པ ་གཞན་དུ་བསྟན་པའི་ཕྱིར། གསུམ་ནི་འཁོད་དེའོ་ཞེས་བྱ་བ་སྨྲས་ཏེ། ཇི་ལྟར་དགེ་འདུན་རིམས་བཞིན་དུ་འཁོད་པ་དེ་བཞིན་དུ་འཁོར་དེ་བྱིན་གྱིས་བརླབ་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། གཞིའི་དག་གད?་བྱེ་ཡང་དེ་བཞིན་ནོ་ཞེས་བྱ་བ་ནི་ཇི་ལྟར་དགེ་སློང ་གསུམ་གྱིས་གསོ་སྦྱོང་བྱིན་གྱིས་བསླབ་པར་བྱ་བ་བཞིན་དུ་དགེ་སློང་བཞིས་དགག་དབྱེ་བྱིན་གྱིས་བརླབ་པར་བྱ་བ་ཡང་དེ་བཞིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། དེའི་ཚེ་གནས་ན་སོ་སོར་བར་པའི་མདོ་འདོན་ནུས་པ་མེད་པར་ཤེས་ན་གསོ་སྦྱོང་ལ་བསྡད་པར་མི ་བྱའོ་ཞེས་བྱ་བ་ནི་གཙུག་ལག་ཁང་ལ་སོགས་པའི་གནས་གང་ན་གསོ་སྦྱོང་གི་འདུས་དེའི་ཚེ་སོ་སོར་ཐར་པའི་མདེ་འདོན་ནུས་པ་མེད་པར་ཤེས་ན་དེའི་ཚེ་གནས་དེར་གསོ་སྦྱོང་བསྡད་པར་མི་བྱ་སྟེ། གསོ་སྦྱོང་གིས་འདུས? ་ཀྱི་བར་དུ་དེང་བསྡད་པར་མི་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། གདན་དེ་ལས་འདའ་བ་དེར་ཉེ་བར་འགྲོ་བར་མི་བྱའོ་ཞེས་བྱ་བ་ནི། གནས་གང་ན་སོ་སོར་ཐར་པའི་མདོ་མངོན་ནུས་པ་མེད་པའམ། དགེ་འདུན་མེད་པས་གསོ་སྦྱོང་ལས་འདའ་གང་གིས ་སྤྱོད་མི་བྱེད་པ་དེར་ཉེ་བར་འགྲོ་བར་མི་བྱ་བའོ། །གནས་པར་ཁས་བླངས་པ་ཕྱི་མའི་གོང་མ་བསྲུང་བར་མི་བྱའོ་ཞེས་བྱ་བ་ནི། དབྱར་གནས་པར་ཁས་བླངས་པ་ཕྱི་མ་ཤོས་ཀྱི་སྔ་མི་སྟེང་བར་གནས་པར་ཁས་བླངས་པ་སྟེ?་མ་ཤེས་བསྲུང་བར ་མི་བྱ་བའོ། །འདི་སྐད་བསྟན་ཏེ། དབྱར་ཟླ་འབྲིང་པོ་ཉ་ནས་དབྱར་ཟླ་ཐ་ཆུང་ཉལ་ཐུག་གི་བར་གྱིས་ཞག་སུམ་ཅུ་བསྲུང་བར་མི་བྱའི། གཞན་ནི་བསྲུང་བར་བྱ་བ་ཁོ་ནའོ། །དེ་ལ་ཡང་ཟླ་བ་གཉིས་ལས་ལྷག་པའོ་ཞེས་བྱ་བ་ནི། དབྱར་གནས་པར ་ཁས་བླངས་པ་ཕྱི་མ་ཤོས་དེ་ལ་ཡང་ཟླ་བ་གཉིས་བསྲུང་གི་གཉིས་ལས་ལྷག་པ་གསུམ་པ་བསྲུང་བར་མི་བྱ་བའོ། །འདི་སྐད་བསྟན་ཏེ། དབྱར་ཟླ་ཐ་ཆུང་ཉ་ནས་སྟོན་ཟླ་ར་བ་ཉའི་བར་དང། སྟོན་ཟླར་བ་ཉ་ནས་སྟོན་ཟླ་འབྲིང་པོ་ཉའི་བར་གྱིས ་ཟླ་བ་གཉིས་བསྲུང་བར་བྱའི། སྟོན་ཟླ་འབྲིང་པོ་ཉ་ནས་སྟོན་ཟླ་ཐ་ཆུང་ཉའི་བར་གྱིས་ཟླ་བ་གཅིག་པ་སྲུང་བར་མི་བྱའོ། །གནས་དང་ལས་དང་རྙེད་པ་དང་བསྙེན་བཀུར་བ་བསྟོབས་པས་འདོན་པར་བྱེད་པ་གཉེར་བར་བྱའོ། ཞེས་བྱ་བ་ནི། གནས་གང ་ན་སོ་སོར་ཐར་པའི་མདོ་མངོན་པར་བྱེད་བ་མེད་པའི་དགེ་སློང་རྣམས་ཀྱིས་གནས་གཞན་ནས་འདོན་པར་བྱེད་པ་གཉེར་བ་ནི། གནས་ལ་སོགས་པ་འདི་བཞིན་བསྟབས་པས་གཉེར་བར་བྱའོ། །འདིར་གནས་ཞེས་བྱ་བ་ནི་གནས་ཁང་དང་མལ་ཆ་དང ་སྟན་དང་བགོ་བ་ལ་སོགS་པ་ཡིན་པར་རིག་བར་བྱའོ། །ལས་ཞེས་བྱ་བ་ནི་ལག་གི་བླ་ལ་སོགས་པ་གང་ཟག་གིས་ལས་དེ་དག་ཏུ་མི་བསྒོ་ཞིང་ཡིད་ངལ་བུ་གཞག་བ་བསྟབས་པའོ་རྙེད་བ་ཞེས་བྱ་བ་ནི། ཆོས་གོས་དང་བསོད་སྙོམས་དང་སྣུམ་བག ་ལ་སོགས་པའོ། །བསྟེན?་བཀུར་བ་ཞེས་བྱ་བ་ནི། གཡོག་བྱེད་པ་གང་ཡིན་པའོ། །དེ་དག་བསྟབས་པས་གཉེར་ཞིང་ཁས་ལེན་དུ་གཞུག་པར་བྱའོ། །གལ་ཏེ་བརྩལ་བ་འདིས་ཀྱང་མ་གྲུབ་ན་སྣར་སྟན་བའི་ཆོ་ག་དག་བྱ་བའོ། །འདིར་གནས་ལ་སོགས ་བ་བསྟབས་པ་ཞེས་བྱ་བ་ནི། དེ་དག་དང་མི་འབྲལ་བར་ངེས་པར་བྱ་བའོ། །མདོ་སྡེ་འཛིན་པ་འོངས་བ་གདུགས་དང་རྒྱལ་མཚན་དང་བ་དན་ལ་སོགས་པ་དག་གིས་བསུ་བར་བྱའོ་ཞེས་བྱ་བ་ནི། དོན་གྱིས་སྒོ་དང་ཚིག་གི་སྒོ་ནས་མདོ་སྡེ་འཛིན་པར་བྱེད ་པས་མདོ་སྡེ་འཛིན་པ་སྟེ་གང་ཟག་མདོ་སྡེ་འཛིན་པ་དེ་འོང་བ་ཐོས་ནས་དགེ་འདུན་དུ་གྱུར་པའི་དགེ་སློང་དག་གིས་གདུགས་དང་རྒྱལ་མཚན་དང་བ་དན་ལ་སོགས་པ་དག་གིས་བསུ་བར་བྱའོ། །འདུལ་བ་དང་མ་མོ་ཡང་ངོ་ཞེས་བྱ་བ་ནི་འཛིན་པ ་ཞེས་བྱ་བར་སྦྱར་ཏེ། དོན་གྱི་སྒོ་དང་ཚིག་གི་སྒོ་ནས་གདུལ་བ་དང་མ་མོ་འཛིན་པར་བྱེད་བས་འདུལ་བ་དང་མ་མོ་འཛིན་པ་སྟེ། གང་ཟག་འདུལ་བ་འཛིན་པ་འམ་མ་མོ་འཛིན་པ་དེ་འོང་བ་ཐོས་ན་དགེ་འདུན་དུ་གྱུར་པའི་དགེ་སློང་དག་གིས་གདུགས་དང་རྒྱལ ་མཚན་དང་བ་དན་ལ་སོགས་པ་དག་གིས་བསུ་བར་བྱའོ། །ལམ་ཇི་སྲིད་དུ་ཞེ་ན་དེའི་ཕྱིར་དཔག་ཚད་ཕྱེད་དང་གསུམ་དུའོ་ཞེས་བྱ་བ་སྨྲས་ཏེ། ལམ་དེ་སྤིང?་དུ་བསུ་བར་བྱའོ། །མ་ནུས་ན་རྒྱད་གྲགས་ལྟར་རོ་ཞེས་བྱ་བ་ནི། དཔག་ཚད་ཕྱེད་དང་གསུམ་དུ ་མེ་ནུས་ན་རྒྱང་གྲགས་སྔར་བསུ་བར་བྱའོ། །གསུམ་མམ་དཔག་ཚད་ཕྱེད་དང་རྒྱང་རྒྱགས་སམ་རྒྱང་གྲགས་ཕྱེད་དང་ཁྱམས་སུ་ཡང་རུང་ངོ་ཞེས་བྱ་བ་ནི། མ་ནུས་ན་འདིར་དེ་ཇིག་ཙམ་དཱུང་བསུ་བར་བྱའོ། །གསུམ་ཞེས་བྱ་བ་ནི་རྒྱང?་གྲགས་སོ། །ཇི ་ལྟར་བསུ་ནས་ཅི་ཞིག་བྱ་ཞེ་ན་དེའི་ཕྱིར། དག་བཤེས་པའི་ཚིག་གིས་བསུས་ནས་ལྷུང་བཟེད་དང་ཆོས་གོས་བླང་པར་བྱའོ་ཞེས་བྱ་བ་སྨྲས་ཏེ། དག་གིས་བཤེས་པའི་ཚིག་གིས་ཞེས་བྱ་བ་ནི་བྱོན་པ་ལེགས་སོ་ཞེས་བྱ་བ་ལ་སོགས་པ ་ཚིག་སྙན་པས་སོ། །ཁྲུས་བྱའོ་ཞེས་བྱ་བ་ནི། སྐུ་མཉེ་དང་བྲིལ་ཕྱི་བྱ་ཞིང་དུས་དང་མཐུན་པའི་ཆུས་ཁྲུས་བྱ་བའོ། །དགེ་འདུན་ལ་ཡང་སྣུམ་བག་གི་རྙེད་པའོ་ཞེས་བྱ་བ་ནི། དེའི་ཕྱིར་དགེ་འདུན་ཐམས་ཅད་ལ་ཡང་སྣུམ་བག་གི་རྙེད་པ་དབུལ་བར ་བྱ་བའོ། །གནས་ལ་སོགས་པ་བསྟབས་པ་སྦྱིན་ནོ། །ཞེས་བྱ་བ་ནི། གནས་དང་ལས་དང་རྙེད་པ་དང་བསྙེན་བཀུར་བསྟབས་པ་སྦྱིན་པའོ། །ཆོས་མཉན་པ་ཡང་ངོ་ཞེས་བྱ་བ་ཡང་སྦྱིན་ནོ། །ཞེས་བྱ་བར་སྦྱར་ཏེ། དེར་ཐམས་ཅད་ཀྱིས་སྤྲོ་བ་བསྐྱེད ་བར་བྱ་ཞིང་སེང་གེའི་ཁྲི་བཤམ་བལ་སོགས་པ་བྱའོ། ཐམས་ཅད་ཀྱིས་བརྗོད་པར་ནི་མི་བྱ་སྟེ་ཅ་ཅོར་འགྱུར་བའི་ཕྱིར་རོ། །དགེ་སློང་ཕྲག་དོག་ཅན་ལ་འདི་དག་སྟོན་པ་འཛིན་པ་ཡིན་ནོ་ཞེས་གོ་བར་བྱའོ་ཞེས་བྱ་བ་ནི། དགེ་སློང་ཕྲག་དོག་ཅན་གཞན ་མཁས་ཤིང་བཀུར་གྱིས་དོགས་པ་ལ་མདོ་སྡེ་འཛིན་པ་ལ་སོགས་པ་འདི་དག་སྟོན་པ་འཛིན་པ་ཉིད་ཡིན་ནོ་ཞེས་གོ་བར་བྱ་བའོ། །འདིར་གཞུང་ནི་འདི་ནི་སྟོན་པའོ། །འདི་ནི་རྟེན་ཏེ་འདི་ལྟ་སྟེ། མདོ་སྡེ་དང་འདུལ་བ་དང་མ་མོ་ཞེས་གསུངས་པ ་ཡིན་ནོ། །གསོ་སྦྱོང་དང་དགག་དབྱེ་མ་བྱས་པས་དེའི་ཉིན་མོ་རང་གི་དེ་ཡོད་པའི་གནས་ནས་འགྲོ་བར་མི་བྱ་སྟེ། གལ་ཏེ་དེ་ཉིད་ཀྱི་ཚེ་རྣམ་པ་དེ་ལྟ་བུར་ཕྱིན་པ་འམ་འཐབ་ཀྲོལ་ཅན་དག་དང་འབྲེལ་བའམ། སྤྱོད་པ་བཟང་པོ་དག་དང་འཕྲད་པ་དེ ་ལྟ་བུར་འགྲོ་བ་ཉིད་མ་ཡིན་ནའོ་ཞེས་བྱ་བ་ནི། དགེ་སློང་གང་གིས་གསོ་སྦྱོང་དང་དགག་དབྱེ་མ་བྱས་པ་དེས་གསོ་སྦྱོང་དང་དགག་དབྱེ་དེའི་ཉིན་མོ་གནས་གང་ན་རང་གི་གསོ་སྦྱོང་དང་དགག་དབྱེ་དེ་དེ་ཡོད་པའི་གནས་དེ་ནས་གནས་གཞན་དུ་འགྲོ་བར ་མི་བྱའོ། །དེ་ཡང་གལ་ཏེ་དེ་ཉིད་ཀྱིས་ཚེ་རྣམ་པ་དེ་ལྟ་བུར་ཕྱིན་པར་འགྲོ་བ་ཉིད་མ་ཡིན་ན་སྟེ། གལ་ཏེ་གསོ་སྦྱོང་དང་དགག་དབྱེའི་?་དུས་དེ་ཉིད་ཀྱི་ཚེ་...་གནས་གང་ན་རང་གི་གསོ་སྦྱོང་དང་དགག་དབྱེ་དེ་ཡོད་བའི་གནས ་རྣམ་པ་དེ་ལྟ་བུར་ཕྱིན་པར་འགྲོ་བ་ཉིད་མ་ཡིན་ན་དེའི་ཚ་འགྲོ་བར་མི་བྱའི་གལ་ཏེ་དེ་ཉིད་ཀྱི་ཚེ་རྣམ་པ་དེ་ལྟ་བུར་ཕྱིན་པར་འགྲོ་བ་ཉིད་ཡིན་ན་ནི་འགྲོ་བ་ལ་ཉེས་པ་མེད་དོ། །གཞན་ཡང་འཐབ་ཀྲོལ་ཅན་དག་དང་འབྲལ་བར་འགྲོ་བ་ཉིད་མ་ཡིན་ན་སྟེ། ་གནས་དེ་ན་གང་ཟག་འཐབ་ཀྲོལ་བྱེད་བའི་རང་བཞིན་ཅན་དག་ཡོད་པ་དེ་དག་དང་འབྲལ་བའི་ཕྱིར་འགྲོ་བ་ཉིད་མ་ཡིན་ན་དེའི་ཚེ་འགྲོ་བར་མི་བྱའི་གལ་ཏེ་འཐབ་ཀྲོལ་ཅན་དག་དང་འབྲལ་བར་འགྲོ་བ་ཉིད་ཡིན་ན་ནི་འགྲོ་བ་ལ་ཉེས་བ་མེད་དོ། །གཞན་ཡང་སྦྱོང་པ ་བཟང་པོ་དག་དང་ཕྲད་པ་ད་ལྟ་བུར་འགྲོ་བ་ཉིད་མ་ཡིན་ན་སྟེ། གནས་གཞན་དུ་སོང་ན་མཚངས་པ་མཚུངས་པར་སྤྱོད་པའི་དགེ་སློང་སྤྱོད་པ་བཟང་པོ་གྱ་ནོམ་པ་དག་དང་ཕྲད་པར་འགྱུར་བ་དེ་ལྟ་བུས་འགྲོ་བ་ཉིད་མ་ཡིན་ན་དེའི་ཆོ་འགྲོ་བར་མི་བྱའི་གལ ་ཏེ་སྤྱོད་པ་བཟང་པོ་དག་དང་འཕྲད་པ་དེ་ལྟ་བུར་འགྲོ་བ་ཉིད་ཡིན་ན་ནི་འགྲོ་བ་ལ་ཉེས་པ་མེད་དོ། །འདི་སྐད་བསྟན་ཏེ། གནས་གང་ན་རང་གིས་གསོ་སྦྱོང་དང་དགག་དབྱེ་འམ་གཞན་གང་ཡང་རུང་བ་ཡོད་པའི་གནས་དེ་ནས་གསོ་སྦྱོང་དང་དགག་དབྱེའི ་ཉོན་མོ་གསོ་སྦྱོང་དང་དགག་དབྱེ་མ་བྱས་པར་གནས་གཞན་དུ་འགྲོ་བར་མི་བྱའོ། །གལ་ཏེ་གསོ་སྦྱོང་དང་དགག་དབྱེའི་ཉི་མ་དེ་ཉིད་ལ་རང་གི་གསོ་སྦྱོང་དང་དགག་དབྱེ་ཡོད་པའི་གནས་རྣམ་པ་དེ་ལྟ་བུ་གཞན་དུ་ཕྱིན་པར་འགྱུར་ན་ནི་དེའི་ཚེ་ཉེས ་པ་ཅི་ཡང་མེད། །ཡང་ན་གང་ཟག་འཐབ་ཀྲོལ་ཅན་གནས་དེ་ན་འཁོད་པ་དག་དང་བྲལ་བར་གྱུར་བ་ལྟ་ན་དེའི་ཚེ་འགྲོ་བ་ལ་ཉེས་པ་མེད་དོ། །ཡང་ན་དགེ་སློང་སྦོམ་པ་བཟང་པོ་ཡོངས་སུ་དག་པ་ལྟ་བ་མཐུན་པ་དག་དང་འཕྲད་བར་འགྱུར་བའི་བསམ་པས ་འགྲོན་རང་གི་གསོ་སྦྱོང་དང་དགག་དབྱེ་མེད་པའི་གནས་སུ་འགྲོ་ན་ཡང་དེའི་ཚེ་ཉེས་པ་མེད་དེ། འདི་ལྟར་གཅིག་པུ་རབ་ཏུ་ཞི་བའི་སེམས་ཀྱིས་བ་སྤྱོད་པ་བཟང་པོའི་ནང་ན་གནས་པའི་ཚུལ་ཁྲིམས་གསོ་སྦྱོང་བྱས་པ་དང། རྣམ་པར་དག ་པ་ཅི་འདྲ་བདེ་ལྟ་བུར་ནི་སོ་སོར་ཐར་པའི་མདོ་གཏོན་ཅིང་དགག་དབྱེ་བྱས་པ་འཐབ་ཀྲོལ་ཅན་དག་དང་ལྷན་ཅིག་གནས་པའི་ཚུལ་ཁྲིམས་གསོ་སྦྱོང་བྱས་པ་དང་རྣམ་པར་དག་པར་མི་འགྱུར་བའི་ཕྱིར་རོ། །འདིར་གཞུང་ནི་དགེ་སློང་དང་བཅས་པའི་གནས ་དང། གནས་མ་ཡིན་པ་ནས་ཀྱང་གང་ན་དགེ་སློང་ཚུལ་ཁྲིམས་ཡོངས་སུ་དག་པ་ལྟ་བ་མཐུན་པ་དག་འཁོད་པ་དགེ་སློང་དང་བཅས་པཱི་གནས་སུ་འགྲོ་བར་བྱའོ་ཞེས་གསུངས་པ་ཡིན་ནོ། །འདིར་ཡང་དགེ་སློང་དང་བཅས་པའི་གནས་ཞེས་བྱ་བ་ནི་གང་ན ་དགེ་སློང་དག་གིས་གནས་པར་བྱེད་པ་ཡིན་ཏེ། གང་ན་གསོ་སྦྱོང་ལ་སོགས་པ་ལས་ཐམས་ཅད་བྱེད་པའི་གནས་དེ་ནི་དགེ་སློང་དག་གིས་གནས་པར་བྱེད་པ་ཞེས་བྱ་སྟེ། གནས་ཀྱི་བྱ་བ་ཡོངས་སུ་རྫོགས་པར་བྱེད་པའི་ཕྱིར་རོ། །གནས་པ་མ་ཡིན ་ཞེས་བྱ་བ་ནི། གང་ན་ལས་མི་བྱེད་པའི་གནས་ལ་བྱ་སྟེ། གནས་ཀྱི་བྱ་བ་ཐམས་ཅད་མེད་པའི་ཕྱིར་རོ། །དེ་ལྟ་པས་ན་གནས་པ་མ་ཡིན་པ་ནས་ཀྱང་དགེ་སློང་བཅས་པའི་གནས་དགེ་སློང་འཐབ་ཀྲོལ་ཅན་ཡོད་པར་འགྲོ་བར་མི་བྱའོ། །དེ་ཉིད་ཀྱི ་ཕྱིར་གསོ་སྦྱོང་དང་དགག་དབྱེ་བཤོལ་བར་གསུངས་སོ། །གང་གི་ཕྱིར་དེར་འགྲོ་བ་བཀག་པ་དེའི་ཕྱིར་སྤྱོད་པ་བཟང་པོ་ཅན་གྱི་དགེ་སློང་དང་བཅས་པ་ནས་འཐབ་ཀྲོལ་ཅན་གྱི་དགེ་སློང་དང་བཅས་པར་འགྲོ་བར་མི་བྱའི་ཞེས་བྱ་བ་སྨྲས་ཏེ། སྤྱོད་པ ་བཟང་པོ་ཅན་གྱིས་དགེ་སློང་དང་བཅས་པའི་གནས་ནས་སམ་གནས་མ་ཡིན་པ་ནས་ཀྱང་འཐབ་ཀྲོལ་ཅན་གྱི་དགེ་སློང་དང་བཅས་པའི་གནས་སུ་འགྲོ་བར་མི་བྱ་ན། གནས་པ་མ་ཡིན་པར་ལྟ་སྨོས་ཀྱང་ཅི་དགོས་ཞེས་བསྟན་ཏོ། །དགེ་སློང་མེད ་པར་འགྲོ་བར་མི་བྱའོ་ཞེས་བྱ་བའི་ཉེས་བ་གཞན་ལ་སྟོན་པའི་ཚིག་བསྡུ་པའི་ཕྱིར། དགེ་སློང་དང་བཅས་པ་ནས་དགེ་སློང་མེད་པར་ལྷག་མ་རྣམས་དང་ལྷན་ཅིག་མ་ཡིན་པའམ་གནོད་པ་དང་ལུས་དང་སེམས་ཤིན་ཏུ་སྦྱངས་པའི་དབང་མ་གཏོགས་པར་འགྲོ ་བར་མི་བྱའོ། །ཞེས་བྱ་བ་སྨྲས་ཏེ། དགེ་སློང་དང་བཅས་པའི་གནས་ནས་དགེ་སློང་མེད་པར་འགྲོ་བར་མི་བྱའོ། །ཅི་དགེ་སློང་དང་བཅས་པའི་གནས་ན་གནས་པའི་དགེ་སློང་རྣམས་དང་ཡང་ལྷན་ཅིག་ཏུ་འགྲོ་བར་མི་བྱ་འམ་ཞེ་ན། དེའི་ཕྱིར་ལྷག་མ་རྣམS ་དང་ལྷན་ཅིག་མ་ཡིན་པར་ཏེ། ལྷག་མ་རྣམས་དང་ལྷན་ཅིག་ཏུ་ནི་འགྲོ་བར་བྱའོ་།ལྷག་མ་རྣམས་དང་ལྷན་ཅིག་མ་ཡིན་པར་རྣམ་པ་ཐམས་ཅད་དུ་འགྲོ་བར་མི་བྱའམ་ཞེ་ན་དེའི་ཕྱིར་གནོད་པ་མ་གཏོགས་པར་འགྲོ་བར་མི་བྱའོ། །ཞེས་བྱ་བ་སྨྲས་ཏེ། ་ཚུལ་ཁྲིམས་དང་སྲོག་ལ་སོགས་པའི་པར་ཆད་ཀྱི་དབང་གིས་ནི་འགྲོ་བར་བྱའོ། །ཅི་དགོས་པའི་དབང་གིས་ཀྱང་འགྲོ་བར་མི་བྱ་འམ་ཞེ་ན་དེའི་ཕྱིར། ལུས་དང་སེམས་ཤིན་ཏུ་སྦྱངས་པའི་དབང་མ་གཏོགས་པར་འགྲོ་བར་མི་བྱའོ་ཞེས་བྱ་བ་སྨྲས་ཏེ། གལ་ཏེ ་དེར་སོང་ནས་ལུས་དང་སེམས་ཤིན་ཏུ་སྦྱངས་པ་སྐྱེ་བར་འགྱུར་ཞིང། ལུས་དང་སེམས་དག་དགེ་བ་བྱ་བ་ལ་ལས་སུ་རུང་ཞིང་བཏུབ་པ་དང། མི་གཡོ་བ་ཉིད་དུ་འགྱུར་ན་དེའི་དབང་གིས་ནི་དགེ་སློང་དང་བཅས་པའི་གནས་ནས་དགེ་སློང་མེད་པའི་གནས ་སུ་འགྲོ་བར་བྱ་སྟེ། འདི་ལྟར་གསོ་སྦྱོང་དང་དགག་དབྱེ་དག་པས་ཀྱང་འདིས་ཚུལ་ཁྲིམས་གསོ་བ་ཆེས་ལྷག་པར་སྐྱེ་བར་འགྱུར་བའི་ཕྱིར་རོ། །དེ་ལྟ་བསན་ལུས་དང་སེམས་ཤིན་ཏུ་སྦྱངས་པ་བསྐྱེད་པའི་ཕྱིར་གསོ་སྤྱོད་དང་དགག་དབྱེ་དག་བྱིན་གྱིས ་བརླབས་པ་ཙམ་དུ་བཤོལ་པ་རིགས་པ་ཁོ་ན་ཡིན་ནོ། །འགྲོ་བའི་ཕྱིར་གནས་པ་གསོ་སྦྱོང་དང་དགག་དབྱེ་མ་བྱས་པ་དེར་བོར་བར་མི་བྱའོ་ཞེས་བྱ་བ་ནི། དེའི་ཉིན་མོ་ཞེས་བྱ་བར་སྦྱར་ཏེ། མཁན་པོ་ལ་སོགས་པ་གནས་གང་ཡིན་པས་བདག་ཉིད་གཞན་དུ་འགྲོ་བའི ་ཕྱིར། སློབ་མ་གནས་པ་གསོ་སྦྱོང་དང་དགག་དབྱེ་མ་བྱས་པ་དག་དོར་ཞིང་སྤང་བར་མི་བྱའོ་ཞེས་བྱ་པའི་ཐ་ཚིག་གོ། རྐྱེན་དེ་ལྟ་བུ་ཉིད་ཡོད་ན་སྤྱོད་པ་བཟང་པོ་དང་ལྡན་པ་དང་གདོན་པ་དང་ལྡན་པའི་གནས་བསྟན་ནས་དེང་འགྲོར་གཞུག ་པར་བྱའོ་ཞེས་བྱ་བ་ནི། གལ་ཏེ་གནས་དེ་ལ་གཞན་དུ་མི་འགྲོར་ཚུལ་ཁྲིམས་དང་སྲོག་ལ་སོགས་པའི་བར་ཆད་ཀྱི་རྐྱེན་དེ་ལྟ་བུ་ཡོད་བར་གྱུར་ན། དེའི་ཉིན་མོ་གནས་པ་ལ་གང་ན་དགེ་སློང་སྤྱོད་པ་བཟང་པོ་དང་ལྡན་པ་སོ་སོར་ཐར་པའི་མདོ་འདོན་པ་དང ་ལྡན་པ་འདྲུག་པའི་གནས་དེ་བསྟན་ནས་གནས་ཆེ་གེ་མོ་ཞིག་ཏུ་སོང་ཞིག་ཅེས་དེར་འགྲེར་གཞུག་ཅིང་བདག་ཉིད་ཀྱང་དེའི་ཉིན་མོ་འགྲོ་པར་བྱའོ། །འདིར་གཞུང་ནི་དེ་ལ་དགེ་སློང་གིས་དགེ་འདུན་གནས་བསྟན་དང་བཅས་སོ་སོར་ཐར་པ་དང་བཅས ་ཤིང་དགེ་སློང་ཚུལ་ཁྲིམས་དང་ལྡན་པ་ཡོན་ཏན་དང་ལྡན་པ་ངེS་པ་དགེ་བའི་ཆོས་ཅན་དག་འཁོད་ཀྱིས། དེ་དག་གིས་འགྱོད་པ་མ་སྐྱེད་པ་ནི་སྐྱེད་པར་མི་འགྱུར་ལ། སྐྱེས་པ་ནི་སེལ་བར་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །སོ་སོར་ཐར་པ་དང ་བཅས་ཞེས་བྱ་བ་འདིས?་ནི་དགེ་འདུན་གྱིས་གནས་བརྟན་འདོན་པ་དང་ལྡན་པ་ཉིད་དུ་བསྟན་ལ། ཚུལ་ཁྲིམས་དང་ལྡན་པ་ཞེས་བྱ་བ་ལ་སོགས་པས་ནི་སྤྱོད་པ་བཟང་པོ་དང་ལྡན་པ་ཉིད་དུ་བསྟན་ཏོ། །བསྒོ་བ་དེ་ལས་འདའ་བར་མི་བྱའོ་ཞེས ་བྱ་བ་ནི། གནས་ཀྱི་བསྒོ་བདེ་ལ་གནས་པས་འདའ་བར་མི་བྱ་བ་སྟེ། གནས་ཀྱིས་བསྒོ་བ་དེ་གནས་པས་བསྒྲུབ་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །།བམ་པོ་བཞི་བཅུ་བདུན་པ། །ཕྱིས་འོངས་པ་རྣམས་ཀྱི་དོན་དུ་དེ་གཉིས་ཡང་བྱར ་རུང་ངོ་ཞེས་བྱ་བ་ནི། གལ་ཏེ་དགེ་སློང་དག་ཕྱིས་ལྷགས་པར་གྱུར་ན་དེ་དག་གིས་དོན་དུ་དགེ་སློང་སྔ་མ་གསོ་སྦྱོང་དང་དགག་དབྱེ་བྱས་ཟིན་པ་རྣམས་ཀྱིས་ཡང་གསོ་སྦྱོང་དང་དགག་དབྱེ་དེ་གཉིས་བྱར་རུང་ངོ། །གལ་ཏེ་ལེགས་པར་ན་དེ་ལ་ཅི་དགར ་འཇུག་པར་བྱའོ་ཞེས་བྱ་བ་ནི། གལ་ཏེ་དགེ་སློང་སྔ་མ་རྣམས་ཀྱིས་གསོ་སྦྱོང་དང་དགག་དབྱེ་དེ་གཉིས་ལེགས་པར་བྱས་པ་ཡིན་ན། དེའི་ཚེ་ཕྱིས་འོངས་པ་རྣམས་ཀྱི་དོན་དུ་གསོ་སྦྱོང་དང་དགག་དབྱེ་བྱ་བ་དེ་ལ་ཅི་དགར་འཇུག་པར་བྱའོ། །མི་མཐུན ་པ་ཉིད་ལ་སོགས་པའི་ཉེས་པ་ཡོད་ན་ནི་ཅིང་གར་འཇུག་པར་མི་བྱ་སྟེ། འདི་ལྟར་གདོན་མི་ཟ་བར་ཡང་འཇུག་པར་བྱའོ། །འདུ་བ་མཐུན་པ་དག་ལ་ཡང་ངོ་ཞེས་བྱ་བ་ནི། གཉུག་མར་གནས་པ་རྣམས་ནི་གཉུག་མར་གནས་པ་རྣམས་དང་འདུ ་པ་འཐུན་པ་ཡིན་ལ་གློ་བར་དུ་ལྷགས་པ་རྣམས་ཀྱང་གློ་བུར་དུ་ལྷགས་པ་རྣམས་དང་འདུ་བ་མཐུན་པ་ཡིན་པས། གཉུག་མར་གནས་པ་བྱས་ཟིན་པ་རྣམས་གློ་བུར་དུ་ལྷགས་པ་དག་ལ་ཅི་དགར་འཇུག་པ་དང། གློ་བུར་དུ་ལྷགས་པ་བྱས་ཟིན་པ ་རྣམས་གཉུག་མར་གནས་པ་ལྷགས་པ་ཅི་དགར་འཇུག་པ་འབའ་ཞིག་ཏུ་མ་ཟད་དེ། འདི་ལྟར་འདུ་བ་ལྷགས་མཐུན་པ་ལྷགས་པ་རྣམS་ལ་ཅི་དགར་འཇུག་པར་བྱ་སྟེ། གཉུག་མར་གནས་པ་རྣམས་ཀྱང་གཉུག་མར་གནས་པ་ལྷགས ་པ་རྣམS་ལ་ཅི་དགར་འཇུག་པར་བྱ་བ་དང། གྲོ་བུར་དུ་ལྷག་བ་རྣམས་ཀྱང་གློ་བུར་དུ་ལྷགས་པ་རྣམས་ལ་ཅི་དགར་འཇུག་པར་བྱ་བ་དང། གཉུག་མར་གནས་པ་རྣམས་ཀྱང་གློ་བུར་དུ་ལྷགས་པ་ཟག་ཅི་དགར་འཇུག་པ་དེ་དག་ལས་གཞན་པ་གདོན་མི་ཟ་བར་འཇུག་པ་རྣམས་ཀྱང་གཉུག་མར་གནས་པ་རྣམས་ལ་ཅི་དགར་འཇུག་པར་བྱ་བའོ། །གཞན་གྱིས་ཚོགས་པ་གསོལ་པར་བྱའོ་ཞེས་བྱ་བ་ནི། གང་ཟག་ཅི་དགར་འཇུག་པ་དེ་དག་ལས་གཞན་པ་གདོན་མི་ཟ་བར་འཇུག་པ་གང་ཡིན་པ་དེ་དག་གིས་དགེ ་འདུན་ལ་ཚོགས་པ་གསོལ་བར་བྱ་བའོ། །དེ་མ་ཐོབ་ན་མཚམས་གཞན་དུ་བྱའོ་ཞེས་བྱ་བ་ནི། དགེ་འདུན་ལས་ཚོགས་པ་དེ་མ་ཐོབ་ན་མཚམས་གཞན་དུ་གསོ་སྦྱོང་དང་དགག་དབྱེ་དག་བྱ་བ་སྟེ། དེ་ནི་མི་མཐུན་པ་ཉིད་ཀྱི་ཉེས་པ་སྤང་བའི་ཕྱིར ་རོ། གསོ་སྦྱོང་དང་དགག་དབྱེ་དག་ཉིད་ཚེར་མ་ཟད་ཀྱིས་ལས་ཐམས་ཅད་ལ་ཡང་དེ་བཞིན་ནོ། །བྱེད་བའི་ཚེ་འོངས་ན་ལྷག་མ་ཉམས་སུ་མྱོང་བས་བསྒྲུབ་པོ་ཞེས་བྱ་བ་ནི། དགེ་འདུན་སྔ་མ་དག་དགག་དབྱེ་བྱེད་པའི་ཚེ། དགེ ་སློང་གང་ཕྱིས་འོངས་ན་དེས་རང་གི་དགག་དབྱེ་དག་གི་གོང་མ་དགེ་སློང་རྒན་རབས་རྣམས་ཀྱི་དགག་དབྱེ་མ་སླེབས་པ་ཉམས་སུ་མ་མྱོང་བ་ཉིད་ཡིན་ཡང་ལྷག་མ་ཉམས་སུ་མྱོང་བས་དགག་དབྱེ་འགྲུབ་བོ། །དེ་བཞིན་དུ་དགེ་འདུན་སྔ་མ་གསོ ་སྦྱོང་བྱེད་པའི་ཚེ་དགེ་སློང་གང་ཕྱིས་འོངས་ན་དེས་དགེ་སློང་སྔ་མ་དག་གིས་སོ་སོར་ཐར་པའི་མདོ་ཇི་ཙམ་བཏོན་པ་མ་བསླབས་པ་ཉམས་སུ་མ་མྱོང་བ་དེའི་ལྷག་མ་འདོན་པ་དེའི་འཕྲོ་ཙམ་ཉམས་སུ་མྱོང་བས་ཀྱང་གསོ་སྦྱོང་འགྲུབ་བོ། །འདི་སྐད ་འགའ་ཡང་མ་སོང་བ་ཉིད་ཡིན་ན་ངེས་པ་ཡིན་ནོ། །ཞེས་བྱ་བ་གྱུར་པ་ཉིད་ཀྱི་ཚེ། གལ་ཏེ་དགེ་སློང་དག་ཕྱིས་ལྷགས་ཤིང་དེར་ལས་ཀྱི་ལྷག་མ་ཉམས་སུ་མྱོང་ན་དེ་དག་འགྲུབ་སྟེ། གསོ་སྦྱོང་དང་དགག་དབྱེ་བྱས་པ་ཉིད་ཡིན་ནོ། །གནས་དེ་ནསS? ་འགའ་ཡང་མ་སོང་བ་ཉིད་ཡིན་ན་ངེས་པ་ཡིན་ནོ། །ཞེས་བྱ་བ་ནི། དགེ་སློང་སྔ་མས་གསོ་སྦྱོང་དང་དགག་དབྱེ་བྱས་ཟིན་པའི་གནས་དེ་ནས་དགེ་སློང་འགའ་ཡང་ལངས་ཏེ་མ་སོང་བ་ཉིད་ཡིན་ན། དེའི་ཚེ་དགེ་སློང་ཕྱི་མ་དག་གསོ་སྦྱོང་དང་དགག་དབྱེ ་ལ་གནས་དེར་ལྷགས་པ་དག་ལ་ཚོགས་པ་སྦྱིན་པའི་ཕྱིར་སྔ་མ་དེ་དག་གནས་དེ་ཉིད་དུ་བསྡད་པར་བྱ་བ་ངེས་པ་ཡིན་ཏེ། ཅི་དགང་འཇུག་པར་བྱ་བ་མ་ཡིན་པའོ། །གློ་བུར་དུ་ལྷགས་པ་དག་ཆེས་མང་བ་ཉིད་ཡིན་ན་ཡང་ངོ་ཞེS་བྱ་བ་ནི། གལ་ཏེ ་དགེ་སློང་གློ་བུར་དུ་ལྷགས་པ་དག་གཉུག་མར་གནས་པ་དག་པས་ཆེས་མང་བ་ཉིད་ཡིན་ན་དེའི་ཚེ་གསོ་སྦྱོང་དང་དགག་དབྱེ་རི་གནས་དེ་ནས་དགེ་སློང་གཉུག་མར་གནས་པ་འགའ་ཞིག་ལངས་ཏེ་སོད་དུ་ཟིན་ཀྱང་གློ་བུར་དུ་ལྷགས་པ་དག་ལ་ཚོགས ་པ་སྦྱིན་པའི་ཕྱིར། གཉུག་མར་གནས་པ་སོང་བ་ཐམས་ཅད་ཀྱིས་ཐམས་ཅད་གདོན་མི་ཟ་བར་གནས་དེར་འདུ་བར་བྱ་བ་ཡིན་གྱི། རང་དགར་འཇུག་པར་བྱ་བ་མ་ཡིན་པ་སྟེ། མང་པོ་མཐུ་ཆེ་པ་ཉིད་ཡིན་པའི་ཕྱིར་རོ། །དུས་གྱིས་ཕྱིར་ངོ་ཆེས་མང་བ་རྣམས ་ཀྱིས་རྗེས་སུ་འཇུག་བར་བྱ་བ་ཉིད་ཡིན་ནོ་ཞེས་བྱ་བ་ནི། གལ་ཏེ་གཉུག་མར་གནས་པ་རྣམས་ཀྱིས་ནི་ཚེས་བཅོ་ལྔ་ཡིན་ལ། གློ་ལྟར་བྱ་ཞེ་ན་དེའི་མར་གནས་པ་རྣམས་གྱིས་ནི་ཚེས་བཅོ་ལྔ་ཡིན ་ལ། གློ་བུར་དུ་ལྷག་པ་རྣམས་ཀྱིས་ནི་ཚེས་བཅུ་དྲུག་ཡིན་པ་ལྟ་བུར་དུས་གྱི་ཕྱིའ་བློ་མི་མཐུན་པ། དེ་ལ་ནི་དགེ་སློང་གང་མང་བར་ཤོས་ཀྱི་ཕྱོགས་ཀྱི་རྗེས་སུ་འབྲང་བར་བྱ་བའོ། །ཇི་སྟེ་རྟོག་པ་གཉི་ག་གྲངས་མཉམ་པ་ཁོ་ན་ཡིན་ན་དེའི་ཚེ་ཇི་ལྟར་བྱ་ཞེ་ན་དེའི ་ཕྱིར། མཉམ་པ་ཉིད་ཡིན་ན་གཉུག་མར་གནས་པ་རྣམས་ཀྱིའོ། །ཞེས་བྱ་བ་སྨྲས་ཏེ། གལ་ཏེ་གྲངས་མཉམ་པ་ཉིད་ཡིན་ན་གཉུག་མར་གནས་པ་རྣམས་ཀྱི་རྗེས་སུ་འཇུག་པ་བྱ་བ་ཉིད་ཡིན་ནོ། །སྔར་ཚོགས་པ་སྦྱིན་པའི་སྐབས་སུ་ཕྱིས་འོངས ་པ་རྣམས་ཀྱི་དོན་དུ་ཡང་བྱ་བཏང་ངོ་ཞེས་བྱ་བ་དང། གལ་ཏེ་ལེགས་པར་ན་དེ་ལ་ཅི་དགར་འཇུག་པར་བྱའོ་ཞེས་བྱ་བའི་འདོ་དེ་དག་གིས་ཚོགས་པ་སྦྱིན་པ་ལ་ཅིང་གར་འཇུག་པར་བསྟན་པ་དེ་འདིར་དུས་ཀྱིས་སྐབས་སུ་དམིགས་ཀྱིས་བསྩལ་བ་བསྟན་པའི ་ཕྱིར། འདི་ལ་ཡང་ངོ་ཞེས་བྱ་བ་སྨྲས་སོ?་ཏེ། དུས་ཀྱི་ཕྱིར་ནི་ཚེ་མང་པོ་རྣམས་ཀྱིས་རྗེས་སུ་འདྲུག་པར་བྱ་བ་ཉིད་ཡིན་ནོ་ཞེས་བྱ་བ་དང་མཉམ་པ་ཉིད་ཡིན་ན་གཉུག་མར་པ་གནS་པ་རྣམས་ཀྱིའོ་ཞེས་བྱ་བའི་མདོ་སྟར་བསྟན་པ་འདི་གཉིས་ལ་ཡང་ངེས་པ་འཇུག ་པར?་བྱ་བ་ཉིད་ཡིན་གྱི། ཅི་དགར་འཇུག་པར་བྱ་བ་ནི་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། གསོ་སྦྱོང་གི་གཞི་ལས་མཐུན་པའི་གསོ་སྦྱོང་གི་ཆོ་གའི་སྐབས་སོ། ཞེས་བྱ་བ་དེ་བཤད་ཟིན་ཏོ།། བྲུ་དང་ཕོ་ལོང་གི་སྦྱོར་བ་རིག་པ་ཉིད་ཡིན་ནོ ་གིས་གཞི་དང་འབྲེལ་པ་རྣམ་པར་འབྱེད་པ་དང་ཕྲན་ཚེགས་ལ་སོགས་པའི་སྐབས་ནས་བྱུང་བ་བསྡུ་བར་བྱ་སྟེ། དེའི་ཕྱིར་ཏིང་ངེ་འཛིན་ལས་བསླང་བར་མི་བྱའོ་ཞེས་བྱ་བ་སྨྲས་ཏེ། དགེ་སློང་གིས་དགེ་སློང་གི་ཏིང་ངེ ་འཛིན་ལ་སྙོམས་པར་ཞུགས་པ་དོན་གང་གི་ཕྱིར་ཡང་བསླང་པར་མི་བྱའོ། །གདམས་ངག་མེད་པར་བསྒོམ་པར་མི་བྱའོ་ཞེས་བྱ་བ་ནི། དགེ་སློང་གི་ལུང་མེད་པར་བསྒོམ་པར་མི་བྱ་བའོ། །གོངས་བྲུ་དང་ཕོ་ལོང་གི་སྦྱོར་བ་རིག་པ་ཉིད་ཡིན་ནོ ་ཞེས་བྱ་བ་ནི། སྔར་འདུལ་བའི་གཞི་ལས་སྤོང་བ་པ་གཉིད་བྲོ་ན་རྣ་བར་གདོས་བུ་གདགས་པ་དང་པོ་ལོང་འཕང་བའི་སྦྱོར་བ་བསྟན་པ་དེ་རང་?་མ་ཡིན་པར་ཚིག་གཞན་གྱིས་བརྣན་པའོ། །འདིར་གཞུང་ནི་ཕྲན་ཚེགས་དག་ལས་དགེ་སློང ་དག་དེ་ལྟ་བས་ན་ཇི་ལྟར་ཆུ་ཀླུང་ཡིད་འོང་ལྡན་གྱིས་དོགས་ཀྱི་དགེ་སློང་དག་གིS་བརྩོན་འགྲུས་བརྩམ་པ་ལྟར་གདོས་བུ་དང་ཕོ་ལོང་གི་སྦྱོར་བས་བརྩོན་འགྲུས་བརྩམ་པར་བྱའོ་ཞེས་གསུངས་པ་ཡིན་ནོ། །བརྩོན་འགྲུས་ལྷོད་པར་མི་བྱའོ ་ཞེས་བྱ་བ་ནི། བརྩོན་འགྲུས་ཞན་པར་མི་བྱ་བ་སྟེ། འདིར་གཞུང་ནི་དགེ་སློང་གིས་བརྩོན་འགྲུས་གློད་པར་མི་བྱའོ། །བརྩོན་འགྲུས་གློང་པར་བྱེད་ན་འགལ་ཚབས་ཅན་དུ་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །དེ་ནི་མདོ་སྡེ་ལས་གསུངས ་པ་ཡིན་ནོ་ཞེས་བྱ་བ་ནི། བརྩོན་འགྲུས་མི་ཀློང་པར་བྱ་བ་དེ་ནི་མདོ་སྡེ་ལས་ཇི་སྐད་གསུངས་པ་དེ་བཞིན་དུ་རྗེས་སུ་བསྒྲུབ་པར་བྱ་བ་སྟེ། མདོ་སྡེ་ལས་འདི་ལ་དགེ་སློང་ཉིན་མོ་འདུག་པ་དང་འཆག་པ་དག་གིས་སྒྲིབ་པར་འགྱུར་བའི་ཆོས ་རྣམས་ལ་སེམས་ཡོངས་སུ་སྤྱོད་བར་བྱེད་ཅིང་ཞེས་བྱ་བ་ལ་སོགས་པ་ལ་སོགས་པ་གསུངས་པ་ཡིན་ནོ། །འདིར་ཉལ་བ་མོ་ལས་ལྷག་པར་གསུངས་པ་དེ་དག་བསྡུ་པའི་ཕྱིར། ལུས་དང་སེམས་དང་གོས་མ་འཕྱར་བས་ཉལ་བར་བྱའོ་ཞེས་བྱ་བ ་སྨྲས་ཏེ། ལུས་དང་སེམས་དང་གོས་དག་རེ་རེ་ལ་མ་འཕྱར་བར་ཞེས་བྱ་བའི་སྒྲ་སོ་སོར་སྦྱར་བར་བྱའོ། །འདིར་གཞུང་ནི་ནམ་གྱི་གུང་ཐུན་ལ་གཙུག་ལག་ཁང་གི་ཕྱི་རོལ་ཏུ་རྐང་?་ཀྲུས་ནས་གཙུག་ལག་ཁང་དུ་ཞུགས་?་ཏེ་བླ་གོས་བཞིས་པ་ལྟབ་ཏུ ་བཏིང་ནས། སྣམ་སྦྱར་རིམ་པ་མང་དུ་བལྟབ་སྟེ་སྔས་སུ་བཅུག་ནས་གློ་ག.ས་པ་ཕག་སྟེ། རྐང་བ་རྐང་པའི་སྟེང་དུ་གཞན་ནས་ལུས་མ་འཕྱར་བ་དང། སེམས་མ་འཕྱར་བ་དང། གོས་མ་འཕྱར་བར་སྣང་བའི་འདུ་ཤེས་དང་དྲན་པས་ཉལ ་བར་བྱ་ཞིང། དགེ་སློང་གིས་ཉིན་མོ་ཉལ་བར་མི་བྱའོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །མི་ན་བས་ཉིན་མོ་ཉལ་བར་མི་བྱའོ་ཞེས་བྱ་བ་ནི། དགེ་སློང་མིན་བས་ཉིན་མོ་ཉལ་བར་མི་བྱ་བ་སྟེ། འདིར་ངལ་བ་དེའི་ལུས་ཉམ་ཆུང ་བ་ཡང་ན་བ་དང་འདྲ་བར་རིག་པར་བྱའོ། །གཉིས་ཀྱིས་སྙོམ་པ་མནགས་མི་ཐུབ་པ་ཉིད་ཡིན་ན། དེ་གསང་བའི་ཕྱིར་དེ་དེ་ཙམ་ཞིག་བསྟེན་པར་བྱའོ། །ཟས་ཀྱི་སྙོམ་པ་མ་ནགས་མི་བཟོད་པ་ཞིག་‰ཡིན་ན་ཡང་དེ་བསང་བའི་ཕྱིར་དོ་དེ་ཙམ་ཞིག་? ་བསྟེན་པར་བྱའོ། །མདོ་སྡེ་ལས་ཀྱང་མེར་འཇུག་གི་བུ་དེ་ནི་དཔྱིད་རྣམས་ཀྱི་ཟླ་བ་ཐ་མལ་ཡུད་ཙམ་ཞིག་ཟས་ཀྱི་སྙོམས་པ་བསང་པར་བྱེད་དོ་ཞེས་གསུངས་སོ། །རོ་རྒྱབ་ན་བས་པུས་འཁྱུད་བཅང་བར་བྱའོ་ཞེས་བྱ་བ་ནི། དགེ་སློང་རྒྱབ་ན་བས ་པུས་འཁྱུད་ཀྱི་རྫས་བཅང་བར་བྱའོ། །དབང་པོ་རྣམས་ནང་དུ་བསྡུས་པ་དང། ཡིད་ཕྱི་རོལ་ཏུ་མ་སོང་བ་དང། གསོལ་བ་དང་དྲང་པོས་མི་ཐོགས་པར་བཅག་པར་བྱའོ་ཞེས་བྱ་བ་ལ། མིག་ལ་སོགས་པ་དབང་པོ་རྣམས་ནི་རང་བཞིན་གྱིས་ཕྱི ་རོལ་ཏུ་འཕྲོ་བའི་བདག་ཉིད་ཅན་ཡིན་པས་དེ་དག་ཕྱི་རོལ་ཏུ་མི་འཕྲོ་བར་ནང་དུ་བསྡུས་ཏེ། བཅག་པར་བྱའོ། །ཡིད་ཕྱི་རོལ་ཏུ་མ་སོང་བ་ཞེས་བྱ་བ་ནི། འདི་ལྟར་ས་གཞི་གནས་པ་ལ་སོགས་པ་ཡང་དེའི་ཡུལ་ཡིན་པས་འཇིག་རྟེན་ལ་ ་སེམས་པ་ལས་བཟློག་ཅིང་ཡིད་ནང་དུ་བསྡུ་སྟེ་བ་ཅག་པར་བྱ་བའོ། །གསལ་བ་ཞེས་བྱ་བ་ནི། སེམས་དང་བས་རབ་ཏུ་ཟིན་པའི་ལུས་ཀྱིས་སྦྲོ་བ་དང་བཅས་བཞིན་དུ་བཅག་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། དྲང་པོར་ཞེས་བྱ ་བ་ནི་གོམ་པ་ཡ་ཡོ་མེད་པས་སོ། །མི་ཐོགས་པར་ཞེས་བྱ་བ་ནི། མལ་གཅིག་ཏུ་མི་བསྡོད་པར་དྲག་དལ་རན་པར་བྱའོ། །མི་ནུས་ན་ཐག་གུས་བྲེས་ཏེའོ་ཞེས་བྱ་བ་ནི། དང་པོར་འཆག་མི་ནུས་ན་ཐག་གུ་བྲིས་ཏེ་བཅག་པར་བྱ་བའོ། །ཁ ་བཏོན་པའི་འཆག་ས་ནི་ཁྲུ་བཅུ་གཉིས་སོ་ཞེས་བྱ་བ་ནི། འཆག་སའི་སྲིད་དུའོ། །སྤོང་བ་པའི་ནི་བཅོ་བརྒྱད་དོ་ཞེས་བྱ་བ་ནི། འཆག་སའི་སྲིད་དུ་ཁྲུའོ། །དེ་ཐག་གུས་གཞལ་དེ་བྱའོ་ཞེས་བྱ་བ་ནི། དགེ་སློང་གིས་འཆག་ས་དེ་ཐག་གུས ་གཞལ་ཏེ་བྱ་བའོ། །འདིར་གཞུང་ནི་རྣམ་པར་འབྱེད་པ་ལས། དེ་དག་གིས་འཆགས་ཇི་ལྟ་བུ་མི་ཤེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ་སྤོང་བ་པའི་འཆགས་ནི་ཁྲུ་བཅོ་བརྒྱད་དོ། །ཁ་གཏོན་པའི་ནི་ཁྲུ་བཅུ་གཉིས་ཏེ། དེ་དག ་ཐག་གུས་གཞལ་ཏེ་བྱའོ་ཞེས་གསུངས་པ་ཡིན་ནོ། །དགེ་སློང་གིས་ཆོས་བཤད་པར་བྱའོ་ཞེས་བྱ་བ་ནི། དགེ་སློང་གི་དུས་དུས་སུ་འཁོར་རྣམས་ལ་ཆོས་བཤད་པར་བྱ་བའོ། །འདུག་སྟེའོ་ཞེས་བྱ་བ་ནི། སེང་གེའི་ཁྲི་ལ་སོགས་པ་ལ ་འདུག་སྟེ་ཆོས་བསྟན་པར་བྱ་བའོ། །གལ་ཏེ་དུམ་ཉིད་ན་གཅིག་གིས་སོ་ཞེས་བྱ་བ་ནི། གལ་ཏེ་ཆོས་སྟོན་པ་དུ་མ་ཉིད་ཡོད་ན་དང་བོར་གཅིག་གིས་བཤད་པར་བྱའོ། །ཆོས་སྟོན་པ་ནི་འདི་པའི་དགེ་སློང་གི་འཁོར་དུ་གཏོགས་པ་དག་ཁོ་ནའི ་ལས་ཡིན་གྱི་གཞན་གྱིས་ནི་མ་ཡིན་ནོ། །འདི་པའི་དགེ་སློང་གི་འཁོར་དུ་གཏོགས་པ་ཞེས་བྱ་བ་ནི་ཆོས་འདི་པའི་རབ་ཏུ་བྱུང་བ་མཚན་མཐུན་པ་དང་མཚན་མི་མཐུན་པ་དང། སྡོམ་པ་མཆོག་དང་མཆོག་མ་ཡིན་པ་དང་དགེ་ཚུལ་དང་དགེ་སློབ ་མ་ལ་སོགས་པ་ཐམས་ཅད་ཡིན་པར་རིག་པར་བྱའོ། །གང་ཡང་རུང་བས་སོ་ཞེས་བྱ་བ་ནི། རྒན་པ་དང་མཚན་མི་མཐུན་བ་དང་བསྙེན་པར་རྫོགས་པ་འབའ་ཞིག་གི་བྱ་བར་མ་ཟད་ཀྱི། གསར་བུ་དང་མཚན་མི་མཐུན་པ་དང་རབ་ཏུ་བྱུང་ཞིང་བསྙེན་པར་མ་རྫོགས་པ ་དག་གིས་ཀྱང་བྱར་རུང་སྟེ། དེ་དག་གི་ནང་ནས་ཆོས་སྟོན་པ་དུ་མ་ཡོད་དུ་ཟིན་ཀྱང། ཐམས་ཅད་ཀྱིས་མི་བྱ་བར་གང་ཡང་རུང་བ་གཅིག་གིས་བསྟན་པར་བྱའོ། །མ་གསོལ་བར་མི་བྱའོ་ཞེས་བྱ་བ་ནི། ཆོས་བསྟན་པར་རོ། །གལ་ཏེ་དེའི་ཚིག་གིས་བྱུང་བ་མ ་ཡིན་ནའོ་ཞེས་བྱ་བ་ནི། དགེ་སློང་གང་གི་ཚིག་གི་དགེ་འདུན་སྤྱན་དྲངས་པ་ལ་སོགས་པར་འགྲོ་བ་བྱུང་བའི་དགེ་སློང་དེས་ནི་གཞན་གྱིས་མ་གསོལ་བར་ཡང་ཆོས་བསྟན་པར་བྱ་སྟེ། འདི་ལྟར་དགེ་སློང་དེའི་ཚིགས་ལས་བྱུང་པས་དེར་སྟོན་པ་དང ་འདྲ་བར་མདུན་གྱིས་བལྟས་པར་གྱུར་པས་མདུན་གྱིས་བལྟས་པ་ཉིད་དགེ་སློང་དེ་ལ་གསོལ་བ་བཏབ་པ་ཉིད་ཡིན་པའི་ཕྱིར་རོ། །འདིར་བྱུང་བས་ཞེས་སྨོས་བས་ནི་དཔེ་ཙམ་དུ་ཟད་དེ། དེའི་ཚིགས་ལས་གྱུར་བའི་གནས་སྐབས་ཐམས་ཅད་ལ་ཡང ་ཆོག་དེ་བཞིན་ནོ། །གནས་སྐབས་ཐམས་ཅད་ལ་དགེ་འདུན་གྱིས་གནས་བསྟན་གྱི་ཚིགས་ལས་གྱུར་པ་ཉིད་ཡིན་པར་རིག་པར་བྱའོ། །གནས་པ་རྣམས་ལ་ནི་གནས་ཀྱི་སའོ། །ཉེ་གནས་རྣམས་ལ་ནི་ཀློག་པའི་སློབ་དཔོན་གྱིས་སོ། །དགེ་སློང ་མ་རྣམས་ལ་ནི་དགེ་སློང་རྣམས་ཀྱིས་སོ། །བསྙེན་པར་མ་རྫོགས་ཤིང་རབ་ཏུ་བྱུང་བ་རྣམས་ལ་ནི་བསྙེན་པར་རྫོགས་པའི་ཚིག་ལས་གྱུར་པ་ཉིད་ཡིན་པར་རིག་པར་བྱ་སྟེ། གནས་སུ་གྱུར་པ་ཉིད་ཡིན་པའི་ཕྱིར་རོ། །གས?་མི་བྱའོ་ཞེས་བྱ་བ་ནི། ཆོས ་བསྟན་པར་ཏེ། ཆོས་སྟོན་པའི་གྲཝ་གཞན་གཅིག་ཉེ་འཁོར་ན་འདུག་པའི་དྲུང་དུ་རང་གིS་གྲཝི་བཞན་གཙུགས་ཏེ་ཆོས་བསྟན་བར་མི་བྱ་བའོ། །འདིར་འཁོར་འདུས་པ་བགག་པ་ནི་མ་ཡིན་གྱིས། གང་དུ་ཆོས་སྟོན་བའི་སྒྲ་ཕན་ཚུན་གྲག་པར་འགྱུར་བའི ་གནས་དེར་གཞན་ཆོས་སྟོན་པའི་གྲཝའི་དྲུང་དུ་དགེ་སློང་གཞན་གྱིས་གྲཝ་གཞན་བཙུགས་ཏེ་ཆོས་བསྟན་པར་མི་བྱ་བ་ཡིན་ནོ། །འདི་ལྟར་བཅོམ་ལྡན་འདས་ཀྱིས་ཆོས་ཉན་པའི་གྲཝལ་གྱི་རྣམ་པ་ཁྱམས་སུ་ཟླ་གམ་གྱི་རྣམ་པ་ལྟ་བུ ་འམ་རྫིང་བུའི་རྣམ་པ་ལྟ་བུར་རྗེས་སུ་གནང་བས། དེའི་ཕྱིར་ལང་ལོང་འདི་བཀག་པ་ཡིན་ཏེ། དགེ་སློང་དག་ལང་ལོང་དག་གིས་ཆོས་སྟོན་པར་བྱེད་པ་ན་ཅ་ཅོར་གྱུར་བའི་ཕྱིར་རོ་ཞེས་གླེང་བཞིའི་ལས་གསུངས་པ་ཡིན་ནོ། །གྲཝ་ཕྱེད་ཀྱིས་མི་བྱའོ་ཞེས ་བྱ་བ་ནི། གྲཝ་གཅིག་གིས་ནང་དུ་ལ་ལ་གྲཝ་ཕྱེད་ལ་སྟོན་པར་བྱེད་ཅིང་ལ་ལ་གྲཝ་ཕྱེད་ལ་སྟོན་པར་བྱེད་པ་དེ་ལྟར་མི་བྱ་བའོ། །འདིར་དེ་གཉིས་ཀྱི་གཞུང་ནི་གྲཝས་སྨྲ་བར་མི་བྱ། གྲཝ་ཕྱེད་ཀྱིས་སྨྲ་བར་མི་བྱ་བ་སྟེ། སྨྲ་ན་ཉེས་བྱས་སུ་འགྱུར་རོ་ཞེས་གསུངས ་པ་ཡིན་ནོ། །གཉིས་ཀྱིས་གཅིག་ཏུ་མི་བྱའོ་ཞེS་བྱ་བ་འདི་ནི། སྔར་གལ་ཏེ་དུ་མ་ཉིད་ན་གཅིག་གིས་སོ་ཞེས་སྨོས་པས་དེའི་སྤྲོས་པ་ཡིན་ཏེ། གྲཝ་ཡང་རུང་གྲཝ་ཕྱེད་ཀྱང་རུང་བ་གཅིག་ཏུ་གང་ཟག་གཉིས་ཀྱིས་ཆོས་བསྟན་པར་མི་བྱའོ། །འདིར་གཞུང་ནི ་གཉིས་ཀྱིས་གྲཝ་གཅིག་ཏུ་སྨྲ་བར་མི་བྱའོ། །གང་སྨྲ་བར་བྱེད་པ་དེ་ལ་ཉེས་བྱས་སུ་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །རྒན་རིམས་ཀྱིས་སོ་ཞེས་བྱ་བ་འདིར་ཡང་སྔར་གལ་ཏེ་དུ་མ་ཉིད་ཡིན་ན་གཅིག་གིས་སོ་ཞེས་སྨོས་པ་དེའི་རྗེས་སུ་སྦྱར་ཏེ། འདིར་ནི ་ཆོས་སྟོན་པ་དུ་མ་ཡོད་ན་རྒན་རིམས་ཀྱིས་བསྟན་པར་བྱའོ་ཞེས་བྱ་བར་སྦྱར་གྱི། བསྟན་པར་མི་བྱའོ་ཞེས་དགག་པ་ནི་མ་ཡིན་ནོ། །གལ་ཏེ་མང་བ་ཉིད་ཡིན་ན་སྟན་གཉིས་སམ་གསུམ་གཞག་སྟེའོ་ཞེས་བྱ་བ་ནི། གལ་ཏེ་ཆོས་སྨྲ་བ་བདག་པས ་རྒན་རབས་ཆོས་སྟོན་པ་དང། མང་བ་ཉིད་ཡིན་ན་དེ་དག་གིས་གོ་རིམས་གཉིས་སམ་གསུམ་གོང་དུ་བཞག་སྟེ་ཆོས་སྨྲ་བས་བསྟན་པར་བྱའོ། །ཅི་གང་ཡང་རུང་བས་སམ་ཞེ་ན་མ་ཡིན་ཏེ་དེའི་ཕྱིར་གལ་ཏེ་བསྟན་དེ་དག་མི་འཐོབ་པ་ཡིན་ནའོ་ཞེས ་བྱ་བ་སྨྲས་ཏེ། ཆོས་སྨྲ་བ་གང་གིས་ཆོས་སྨྲ་བ་རྒན་རབས་གཉིས་སམ་གསུམ་གྱི་སྟན་དེ་དག་མི་འཐོབ་ལ་གང་ཡིན་པ་དེ་ནི་སྟན་དེ་དག་མི་འཐོབ་པ་སྟེ། དེས་རྒན་རབས་ཀྱི་བསྟན་གཉིས་སམ་གསུམ་གོང་དུ་བཞག་སྟེ་ཆོས་སྟན་པར་བྱའོ། །གང་གིས ་སྟན་གསུམ་མི་འཐོབས་དེས་ཀྱང་སྟན་གསུམ་བཞག་པར་བྱ། གང་གིས་གཉིས་མི་འཐོབ་པ་དེས་ཀྱང་གཉིས་བཞག་པར་བྱ། གང་གིས་ཅིག་མི་འཐོབ་པ་དེས་ཀྱང་གཅིག་བཞག་པར་བྱ། གལ་ཏེ་དེ་གནས་བརྟན་ཡིན་ན་ནི་གྲལ་གྱི་གཙོ་བོར་འདུག་པར ་བྱ་སྟེ། འདི་དག་ནི་ཁྲི་སྟན་གུང་དུ་མ་བཤམས་པར་སྦྱིར་འདུག་པའི་ཆོ་ག་ཡིན་ནོ། །སེང་གེའི་ཁྲི་ལ་ཡང་ངོ་ཞེས་བྱ་བ་ནི། འདུག་སྟེ་ཆོས་བསྟན་པར་བྱའོ། །སེང་གེའི་ཁྲི་སྟན་ལ་སོགས་པ་ཁྲི་སྟན་ལོགས་ཤིག་ཏུ་སྤགས་བ་ལ་ནི་གོང་དུ་རྒན་རབས ་གཞན་གོ་གཞག་མི་དགོས་སོ། །མཆིལ་མའི་སྣོད་བཞག་པར་བྱའོ་ཞེས་བྱ་བ་ནི། མཆིལ་མང་དོར་བའི་ཕྱིར་རོ། །དེར་གཅལ་གླུགས་སོ་ཞེས་བྱ་བ་ནི། མཆིལ་མའི་སྣོད་དེར་རོ། །དེར་གཅལ་ཅི་ཞིག་གླུགས་པར་བྱ་ཞེ་ན་དེའི་ཕྱིར། བྱེ་མ་འམ་ཐལ ་བའོ་ཞེས་བྱ་བ་སྨྲས་ཏེ། དེ་གཉིས་ནི་དཔེ་ཙམ་དུ་ཟད་དེ། རྩཝ་ལ་སོགས་པ་གཞན་ཡང་རུང་བའི་ཕྱིར་རོ། །དེ་དུས་དུས་སུ་སྦྱར་བར་བྱའོ་ཞེས་བྱ་བ་ནི། མཆིལ་མའི་སྣོད་དེའོ། །ཚེས་བརྒྱད་དང་བཅུ་བཞི་དང་བཅོ་ལྔའི་ནུབ་མོ་ཆོས་ཉན་པར་བྱའོ་ཞེS་བྱ་བ་ནི། འདིར་གཞུང ་ནི་དགེ་སློང་དག་དེ་ལྟ་བས་ན་ཚས་བརྒྱད་དང་བཅུ་བཞི་དང་བཅོ་ལྔ་ལ་དགེ་སློང་རྣམས་གཅིག་ཏུ་འདུས་ཏེ་ཆོས་སྨྲ་བར་བྱ་བ་རྗེས་སུ་གནང་ངོ་ཞེས་གསུངས་པ་ཡིན་ནོ། །ནད་པས་དེ་མ་བྱས་པ་ལ་ནི་ཉེས་པ་མེད་དོ་ཞེས་བྱ་བ་ནི། ནད་པས་ཆོས་ཉན་པ་དེ་མ ་མཉན་པ་དང་མ་བཏེན་པ་ལ་ཉེས་པ་མེད་པའོ། །དེ་སྨྲ་བའི་ཕྱིར་གསོལ་བ་འདེབས་པ་མི་གདོན?་པར་མི་བྱའོ་ཞེས་བྱ་བ་ནི། ཆོས་དེ་བསྟན་པ་དང་གདོན་པ་སྨྲ་བའི་ཕྱིར་གཞན་གསོལ་བ་འདེབས་པ་ནི་དགེ་སློང་གིས་མི་མནོད་བར་མི་བྱ་སྟེ། ཁས་བླངས ་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། མི་ནུས་པ་ལ་སོགས་པ་ཡིན་ན་གསོལ་བ་འདེབས་པ་ལ་ཤད་ཀྱིས་སྤྱད་བར་བྱའོ་ཞེས་བྱ་བ་ནི། ན་སྟེ་མི་ནུས་པ་འམ་བྱ་བ་གཞན་གྱིས་བྲེལ་བར་གྱུར་བ་ཡིན་ན་དེའི་ཚེ་གསོལ་བ་འདེབས་པ་བཤད་ཀྱིས ་སྦྱར་ཞིང་གོ་བར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། སྨྲ་བ་པོ་མེད་ན་རིམ་གྱིས་དྲན་བར་བྱ་ཞིང་ཐ་ན་ཚིགས་སུ་བཅད་པ་རེ་རེ་ཙམ་ཡང་སྨྲ་བར་བྱའོ་ཞེས་བྱ་བ་ནི། གལ་ཏེ་ཆོས་སྨྲ་པ་པོ་མེད་ན་དགེ་སློང་ཐམས་ཅད་ཀྱིས་རྒན་རིམས་ཀྱིས་དྲན་པར་བྱ་ཞིང་ཐ ་ན་ཚིགས་སུ་བཅད་པ་རེ་རེ་ཙམ་ཡང་གདོན་པར་བྱ་བའོ། །དེང་མར་མེ་གཟུགས་སོ་ཞེས་བྱ་བ་ནི། ཆོས་ཉན་པ་དེར་རོ། །ཁྱམས་སུ་ཆོས་ཉན་པའི་གྲལ་ཟླ་གྲམ་གྱི་རྣམ་པ་ལྟ་བུ་འམ་རྫིང་བུའི་རྣམ་པ་ལྟ་བུར་བཤམས་པར་བྱའོ་ཞེས་བྱ་བ་ནི། གནས ་དོས་གཞི་ཀུན་ནས་སྟེང་གི་ཁྱམས་བཏགས་བའི་ནང་དུ་ཆོས་ཉན་པའི་གྲལ་ཟླ་གམ་ལྟ་བུ་འམ་གྲུ་བཞིར་བཤམ་པར་བྱ་བའོ། །དེ་ཡང་དཔེ་ཙམ་དུ་ཟད་དེ། ཡིད་དུ་འོང་བ་དང། མི་གནོད་པ་གཞན་དག་ཀྱང་རུང་བས་ངེས་པ་མེད་དོ། །བླ་ག་བ་མེད་བར ་ཆོས་མཉན་ན་བླ་རེ་གདགས་སོ་ཞེས་བྱ་བ་ནི། གལ་ཏེ་བླ་གང་མེད་པར་ཆོས་ཉན་ན་བླ་རེ་གདགས་པར་བྱ་བའོ། །རླུང་དང་ཆར་འབབ་ན་བརྟུལ་ལོ་ཞེས་བྱ་བ་ནི་བླ་རེའོ། །དེར་ཆོས་ཉན་པ་དག་དོར་བར་མི་བྱའོ་ཞེས་བྱ་བ་ནི། བླ་རེ་བརྟུལ་ནས་རླུང ་དང་ཆར་བབ་པ་དེར་དགེ་སློང་ཆོས་སྨྲ་བ་དང་ཉན་པ་དག་དོར་བར་མི་བྱའོ། །དེར་གནས་བརྟན་དང་པོར་འདུག་སྟེ་ཡུད་ཙམ་ཞིག་ཅད་མི་སྨྲ་བར་བསྡད་ནས་ཆོས་སྨྲ་བར་བྱ་བ་འམ་གཞན་ལ་དགེ་སློང་ཆོས་སྨྲོས་ཤིག་ཅེས་གསོལ་བ་བྱའོ་ཞེས་བྱ ་བྱ་བ་ནི། ཆོས་སྨྲ་བའི་གནས་དེར་གནས་བརྟན་དང་པོར་འདུག་སྟེ་དུས་ཅུང་ཞིག་ཅང་མི་སྨྲ་བར་བསྡད་ནས། གནས་བརྟན་ཉིད་ཀྱིས་ཆོས་སྨྲ་བར་བྱའོ། །ཡང་ན་ཆོས་ཉན་བའི་མདུན་རོལ་དུ་གནས་བརྟན་གྱིས་དགེ་སློང་ཆོས་སྨྲ་བ་པོ་གཞན་པ། ་ཀྱེ་དགེ་སློང་ཆོས་བསྟན་པར་གསོལ་ཞེས་གསོལ་བ་གདབ་ཅིང་གཞན་ཆོས་སྨྲར་གཞུག་པར་བྱའོ། །སྨྲ་བ་ན་སེམས་གཏད་དེ། གལ་ཏེ་ཆོས་ཡིན་ན་སྤྲོ་བར་བྱའོ་ཞེས་བྱ་བ་ནི། ཆོས་སྨྲ་བ་པོ་ཆོས་སྨྲ་བ་ན་ཐམས་ཅད་ཀྱི་སེམས་གཏད་པར་བྱའོ། །གལ་ཏེ་ཆོས ་སྨྲ་བ་ཡིན་ནོ་སྤྲོ་བར་བྱ་སྟེ། དགེ་སློང་ལེགས་སོ་ལེགས་སོ་ཆོས་བཟང་པོ་བཤད་དོ་ཞེས་ལེགས་སོ་ཞེས་བྱ་བ་སྦྱིན་པར་བྱའོ། །གལ་ཏེ་མ་ཡིན་ན་བཟློག་པར་བྱའོ་ཞེས་བྱ་བ་ནི། གལ་ཏེ་སྨྲ་བ་པོ་དེ་ཆོས་མ་ཡིན་པ་སྨྲ་ན་དེའི་ཚེ་ཟློག་པར་བྱ་སྟེ། དགེ་སློང་ཆོས་མ ་ཡིན་པ་མ་སྨྲ་ཞིག་ཅེས་དགག་པར་བྱའོ། །དེར་ཁྱིམ་པ་ལྷགས་པ་རྣམས་ལ་ཆོས་དང་ལྡན་བའི་གཏམ་བྱའོ་ཞེས་བྱ་བ་ནི། ཆོས་མཉན་པ་དེར་གལ་ཏེ་མགོ་མ་གཙུགས་པའི་མདུན་དུ་འམ་རྫོགས་པའི་རྗེས་ལ་ཁྱིམ་པ་དག་ལྷགས་ན་དེའི་ཚེ་དེ་དག་ལ་ཆོས ་དང་ལྡན་པའི་གཏམ་བྱ་བའོ། །མུ་སྟེགས་ཅན་ཀླན་ཀ་ཚོལ་ཞིང་གནས་ན་ལེགས་པར་འཚར་གཅང་ཅིང་ཁྲོ་བ་མི་བསྟན་པར་བཟོད་པར་བྱའོ་ཞེས་བྱ་བ་ནི། གནས་བརྟན་གྱིས་ཞེས་བྱ་བར་སྦྱར་རོ། །གལ་ཏེ་མུ་སྟེགས་ཅན་དག་ཀླན་ཀ་ཚོལ་ཞིང་གནས་ཏེ། ་འདི་ནི་ཆོས་མ་ཡིན་ནོ། །འདི་ནི་འདུལ་བ་མ་ཡིན་ནོ་ཞེས་ཟེར་ན་དེའི་ཚེ་རིགས་པའི་ཚིག་གིས་ལེགས་པར་ཚར་གཅད་ཅིང་ཁྲོ་བ་མི་བསྟན་པར་བཟོད་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། བསྟོན་པོས་འཁོར་ཁྲིད་དེ་འགྲོ་བར་མི་བྱའོ་ཞེས་བྱ་བ་ནི། ཆོས་སྟོན ་པའི་དགེ་སློང་གིས་ཆོས་བསྟན་ཟིན་ནས་འཁོར་རྣམས་ལ་ཆོས་བསྟན་པར་བྱའོ་ཞེས་དེ་ནས་ཁྲིད་དེ་འགྲོ་བར་མི་བྱ་བ་སྟེ། ཆོས་སྟོན་པ་ནི་གནས་བརྟན་གྱིས་ལས་ཡིན་པའི་ཕྱིར་རོ། །དེ་དག་འགྲོ་ན་ཆོས་ཀྱི་སྒོར་གཟུང་པར་བྱའོ་ཞེས་བྱ་བ་ནི་འཁོར་དེ་དག ་རང་གར་འགྲོ་ཞིང་ཕྱི་བཞིན་འོད་ན་ཆོས་སྟོན་པས་ཁྱིམ་པ་དག་དེ་ལ་གཞོལ་བས་ཆོས་ཀྱི་སྒོར་གཟུང་པར་བྱ་བའོ། །ཞེས་བྱ་བ་ནི། འཁོར་དེ་དག་དང་གང་འགྲོ་ཞིང་ཕྱི་བཞིན་འོད་ན་ཆོས་སྟོན་པས་ཁྱིམ་པ་དག་དེ་ལ་གཞོལ་བ་ཆོས་ཀྱི་སྒོར་གཟུང་པར་བྱ་བའོ།། ་རྗེས་དང་བཅས་པ་དང་གུས་པ་དང་བཅས་པ་དང་སེམས་དམའ་བས་འཇུག་པར་བྱའོ། ཞེས་བྱ་བ་ནི། ཆོས་སྨྲ་བས་འཁོར་གྱིས་ནང་དུ་རྣམ་པ་འདི་ལྟ་བུས་འཇུག་པར་བྱ་བའོ། །རྗེས་དང་བཅས་པ་ཞེས་བྱ་བ་ནི། གཞན་ལ་བླ་མ་ཉིད་སུ་ལྟ་བའོ།། ་གུས་པ་དང་བཅས་པ་ཞེས་བྱ་བ་ནི། གཞན་ལ་འཇིག་པའི་གནས་ཉིད་དུ་ལྟ་བའོ། །སེམས་དམའ་བ་ཞེས་བྱ་བ་ནི། རྒྱགས་པ་དང་ང་རྒྱལ་ངེས་པར་བཅོམ་པ་ཉིད་ཀྱིས་སོ། །གུས་པར་བཅས་ཏེ་བསྟན་པར་བྱའོ་ཞེས་བྱ་བ་ནི། ཆོས་ཤེས་བྱ་བར་སྦྱར་རོ། །གུས ་བར་ཞེས་བྱ་བ་བསྟན་བའི་ཕྱིར་ཆོས་ལ་གུས་པ་དང་བཅས་པ་དང་བསྟན་པ་དང་ཡིད་མི་གཡེང་བས་རིགས་པ་དང་གྲོལ་བའི་ཚིག་དག་གིས་སོ་ཞེས་བྱ་བ་སྨྲས་ཏེ། ཆོས་ལ་གུས་བ་དང་བཅས་པ་ཞེས་བྱ་བ་ནི། ཆོས་ལ་གུས་པ་ཉེ་བར་བཞག་སྟེའོ།། ་བརྟན་པ་ཞེས་བྱ་བ་ནི་ཚིག་མི་གཡོ་བའོ། །ཡིད་བསྡུས་པས་ཞེས་བྱ་བ་ནི། གཞན་ལ་སེམས་མི་གཏོད་པས་སོ། །རིག་པའི་ཚིག་དག་གིས་ཞེས་བྱ་བ་ནི། ཚད་མ་དང་ལྡན་པ་དག་གིས་སོ། །གྲོལ་བའི་ཚིག་དག་གིས་ཞེས་བྱ་བ་ནི། ཐོགས་པ་མེད ་པར་བརྗོད་པར་དག་གིས་ཏེ། ཅི་མིང་ཆེ་གེ་ཞེས་བྱ་བ་ལ་སོགས་པ་དག་གིས་བར་དུ་མཆོད་བའོ། །དོན་ཇི་ལྟ་བ་བཞིན་དུ་ཐོགས་པ་མེད་པར་བརྗོད་པ་དག་གིས་སོ་ཞེས་བྱ་བ་ནི། དོན་ཡང་དག་པར་ཇི་ལྟ་བ་བཞིན་དུ་ཚིག་མ་འཁྲུལ་བ་དག་གིས་ཐོགས་པ ་མེད་བར་བརྗོད་པ་དག་གིས་སོ། །མ་འདྲེས་པར་རོ་ཞེས་བྱ་བ་ནི་གཏམ་གཞན་དག་དང་མ་འདྲེས་པར་རོ། །འབྲེལ་པར་རོ་ཞེས་བྱ་བ་ནི། ཚིག་སྔ་མའི་དོན་དང་ཚིག་ཕྱི་མའི་དོན་འབྲེལ་པ་དང་བཅས་ཤིང་སྐབས་སུ་མཆད་པར་རོ། །བྱམས་པ་དང་སྙིང ་རྗེ་དང་ཟང་ཟིང་མེད་པའི་སེམས་ཀྱིས་སོ་ཞེས་བྱ་བ་ནི། བྱམས་པ་དང་སྙིང་རྗེ་དང་ཟང་ཟིང་མེད་པའི་སེམས་ཀྱིས་ཆོས་བསྟན་པར་བྱ་བའོ། །བྱམས་པའི་སེམས་ཞེས་བྱ་བ་ནི་རྗེས་སུ་ཆགས་པ་དང་ཁོང་ཁྲོ་བ་དང་བྲལ་ཞིང་མཛའ་ཤེས་དང་ལྡན་པའི་སེམS ་ཀྱིས་སོ། །སྙིང་རྗེའི་སེམས་ཞེས་བྱ་བ་ནི། ཕན་པ་ཉེ་བར་བསྒྲབས་པར་འདོད་པ་སྔོན་དུ་བཏང་བས་སོ། །ཟང་ཟིང་མེད་པའི་སེམས་ཀྱིས་སོ་ཞེས་བྱ་བ་ནི། དེའི་རྒྱུས་དེ་ལས་སམ་གཞན་ལས་རྙེད་པ་དང་བཀུར་སྟི་དང་རིམ་གྲོ་འམ་བྱ་བ་གཞན་ཅུང་ཟད་ཀྱང་རྗེས་སུ ་སྒྲུབ་པར་མི་འདོད་པས་སོ། །རངས་པ་དང་མོས་པ་དང་དགའ་བར་བྱེད་པས་སོ་ཞེས་བྱ་བ་ལ། རངས་བར་བྱེད་པ་ཞེས་བྱ་བ་ནི། ཉན་པ་པོ་རྣམས་ཀྱི་ཞུམ་པ་ཉིད་བསལ་བའི་ཕྱིར་རངས་པ་བསྐྱེད་པར་ཕྱེད་ཅིང་ཆོས་བསྟན་པར་བྱ་བའོ། །མོས་བར་བྱེད་པས ་ཞེས་བྱ་བས་ནི། དམ་པའི་ཆོས་ལམ་མོས་པའི་གཉེན་པོར་མོས་པས་སྐྱེད་པར་བྱེད་ཅིང་ཆོས་བསྟན་པར་བྱ་བའོ། །དགའ་བར་བྱེད་པས་སོ་ཞེས་བྱ་བ་ནི། མི་རིགས་པར་བྱེད་པ་ཉིད་ཀྱི་གཉེན་པོར་དགའ་བར་བྱེད་ཅིང་ཆོས་བསྟན་པར་བྱ་བའོ། །འདི་སྐད ་བསྟན་ཏེ། ཡང་དག་བས་བཟེངས་བསྟོད་པས་ནི་རངས་པར་བྱ་བའོ། །བསམ་པ་དང་མཐུན་པས་ཆོས་སྟོན་པས་ནི་མོས་པར་བྱ་བའོ། །ཚད་མ་དང་ལྡན་པའི་དོན་སྟོན་པས་ནི་དགའ་བར་བྱའོ། །དོན་གྱི་དབང་གིས་མ་རྫོགས་ན་བཞག་པར་བྱའོ་ཞེས་བྱ་བ་ནི ་མི་ནུས་པ་ལ་སོགས་པའི་དོན་གྱི་དབང་གི་ཆོས་ཉན་པའི་འཕྲོ་མ་རྫོགས་ན་བཞག་པར་བྱ་སྟེ། འདི་ལ་མི་རིགས་པ་མེད་པར་ཤེས་པར་བྱའོ། །ཆོས་འདི་ལྟར་མཉན་པར་བྱ་སྟེ། ཇི་ལྟར་རྗེས་དང་བཅས་པ་ལ་སོགས་བར་ཆོས་སྟོན་བར་བྱེད་པ་དེ ་བཞིན་དུ་ཉན་པ་པོས་ཀྱང་སྔར་བསྟན་པའི་ཡོན་ཏན་དེ་དག་དང་ལྡན་པར་ཆོས་མཉན་པར་བྱའོ། །ཆོས་མཉན་བའི་མཇུག་ཏུ་རྒྱལ་པོ་དང་ལྷ་དང་སྦྱིན་བདག་གིས་དོན་དུ་ཡོན་བསྔོ་ཞིང་བརྗོད་པར་བྱའོ། །འགྱེས་ཁར་ཅི་བདེར་བྱའོ། །དབྱངས་ཀྱི་ཆོས ་སྨྲ་བར་བྱའོ། །ཞེས་བྱ་བ་ནི། དབྱངས་ཀྱི་ང་རོས་ཆོས་གདན་ཅིང་སྨྲ་བར་བྱའོ། །ལངས་ནས་རྣམ་པར་དབྱེ་བར་བྱའོ་ཞེས་བྱ་བ་ནི། ཆོས་སྨྲ་བ་ལངས་ནས་དོན་མགོ་བ་དག་གོ་བར་བྱ་བའི་ཕྱིར་རྣམ་པར་དབྱེ་བ་བྱ་བའོ། །དོན་བཏུས་ཏེ་བརྗོད་པར་ཡན ་བྱའོ་ཞེས་བྱ་བ་ནི། གཙུག་ལག་ལས་སྡོན་བཏུས་ཏེ་རང་གི་ཡི་གེ་མཛེས་པར་བྱ་བའི་ཕྱིར་སྙན་བསྔགས་བསྡེབ་བར་ཡང་བྱ་བའོ། །གལ་གཟུང་བ་དང་གཞུང་གཟུགས་བར་ཡང་ངོ་ཞེས་བྱ་བ་ནི། གལ་གཟུང་བ་དང་གཞུང་གཟུགས ་པ་དེ་གཉིས་བྱ་སྟེ། གང་གིས་ཤེན་མདོ་སྡེ་ལ་སོགས་པའི་ཆོས་ཀྱིའོ། །འདིར་གལ་གཟུང་བ་ཞེས་བྱ་བ་ནི། ཚིག་འདི་ནི་མི་རིགས་པ་སྟེ་སྒྲ་ངན་པ་ལ་སོགས་པའི་ཉེས་པས་སྐྱོན་ཆགས་པའི་ཕྱིར་རོ། །དོན་ཀྱང་སྔ་ཕྱི་འགལ་བ་དང་ཁུང་གཞན་དང་འགལ ་ཏེ། གཏན་ཚིགས་འཐད་པ་མ་ཡིན་པ་ལ་སོགས་པས་སྐྱོན་ཆགས་པའི་ཕྱིར་རོ། །ཞེས་བྱ་བ་ལ་སོགས་པ་ལྟ་བུ་ཡིན་པར་ཤེས་བར་བྱའོ། །གཞུང་གཟུགས་པ་ཞེས་བྱ་བ་ནི། དེ་ལྟར་ཆོས་ལ་གལ་བཟུང་བ་?་པ་དེ་སྒྲ་དང་དོན་གྱི་ཉེས་པ་ཡོངས ་སུ་སྤངས་བས་རྣམ་པར་གཞག་ཅིང་གཞུང་གཟུགས་བའོ། །འདིར་ཆོས་སྟོན་བའི་སྐབས་ཇི་སྐད་བསྟན་པ་དེ་དག་གི་གཞུང་ནི། དགེ་སློང་ཆོས་སྟོན་པས་རྗེས་དང་བཅས་པ། གུས་པ་དང་བཅས་འཇིག་བའི་དབང་དང་བཅས་ཤིང་སེམས་དམའ ་བས་འཁོར་གྱི་ནང་དུ་ཞུགས་ཏེ་ཚིག་དང་ཡི་གེ་རིགས་པ་དང་གྲོལ་བ་དག་གིས་ཆོས་སྟན་པར་བྱ་ཞིང། མདོ་སྡེ་དག་ལས་དོན་བླངས་དེ་དང་པོར་གཏམ་བྱ་ཞིང་བཤད་པར་བྱ་བ་བསྡོག་བར་བྱའོ། །དོན་དང་ཚིག་འབྲུས་འཁོར་ལ་གོ་བར་བྱ་ཞིང་གྲཝས ་བཤད་བར་མི་བྱ། གྲཝ་ཕྱེད་ཀྱིས་མི་བྱ། གཉིས་ཀྱིས་གྲཝ་གཅིག་ཏུ་བཤད་པར་མི་བྱ་འཁོར་ཁྲིད་དེ་འགྲོ་བར་མི་བྱའོ། །གལ་ཏེ་ཆོས་སྨྲ་བ་དག་མེད་ན་དྲན་པར་བྱེད་པ་དག་གིས་དྲན་པར་བྱའོ། །དྲན་པར་བྱེད་བ་མེད་ན་རིམ་གྱིས་ཐ་ན་ཚིགས་སུ། ། ་བཅད་པ་ཙམ་ཡང་བཀླག་པར་བྱའོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །དགེ་འདུན་གྱིས་གནས་བརྟན་གྱིས་?་མའི་ཐུང་མ་སྐུད་པ་ལ་བརྒྱུས་པ་སྤོ་བས་ཉི་མ་བགྲང་བར་བྱའོ་ཞེས་བྱ་བ་ནི། དགེ་འདུན་གྱིས་གནས་བརྟན་གྱིས་ཉི་མ ་བགྲང་བར་བྱའོ། །ཇི་ལྟར་ཞེ་ན། སྨྱིག་མའི་ཐུར་མ་སྐུད་བས་བརྒྱུད་པ་སྤོབས་སོ། །འདིར་གསུང་ནི་གླེང་གཞི་དག་ལས་དེ་ལྟ་བས་ན་ཉི་མ་བགྲང་བར་བྱ་བ་རྗེས་སུ་གནང་ངོ་ཞེས་གསུངས་པ་དང། དེ་དག་ཐམས་ཅད་ཞག་བགྲང་བ་ལ་ཞུགས་པ་ནས། བཅོམ ་ལྡན་འདས་ཀྱིས་བཀའ་སྩལ་པ། ཐམས་ཅད་ཀྱིས་བགྲང་བར་མི་བྱ་བར་གཉིས་ཀྱིས་བགྲང་བར་བྱ་སྟེ། དགེ་འདུན་གྱི་གནས་བརྟན་དང་དགེ་སྐོས་ཀྱིས་སོ། །དགེ་འདུན་གྱི་གནས་བརྟེན་གྱིས་ཀྱང་མི་དྲན་ལ། དགེ་སྐོས་གྱིས་ཀྱང་མི་དྲན་པ་ནས། བཅོམ ་ལྡན་འདས་ཀྱིས་བཀའ་སྩལ་བ། སྨྱིག་མའི་ཐུར་མ་བཅོ་ལྔ་བསྐུས་པ་ལ་བརྒྱུས་པ་བཞག་བར་བྱ་ཞིང་དེ་དག་ལས་ཉི་མ་རེ་རེ་ཞིང་རེ་རེ་དྲད་བར་བྱའོ་ཞེས་བྱ་བའི་བར་དུ་གསུངས་པ་ཡིན་ནོ། །དགེ་སྐོས་ཀྱིས་དེ་ལས་བརྟགས་ཏེ་དགེ་འདུན་ལ་བརྗོད་བར་བྱའོ ་ཞེས་བྱ་བ་ནི། དགེ་བསྐོས་ཀྱིས་དགེ་འདུན་གྱི། །གནས་བརྟན་གྱི་དེ་ལས་ཞག་གྲངས་ཀྱི་ཉི་མ་དེ་བརྟགས་ཤིང་ཁོང་དུ་ཆུང་པར་བྱ་སྟེ། དགེ་འདུན་ལ་དེད་ནི་ཚེས་གྲངས་འདི་ལགས་སོ་ཞེས་ཉིན་རེ་ཞིང་དེ་བཞིན་བརྗོད་པར་བྱ་བའོ། །བྱེ་བྲག་ཏུ་བྱས་པའི ་འོ་ཞེས་བྱ་བ་ནི། བྱེ་བྲག་ཏུ་མ་བྱས་བའི་ཉི་མ་བརྗོད་པར་མི་བྱ་བར་བྱེ་བྲག་ཏུ་བྱས་པའི་ཉི་མ་བརྗོད་པར་བྱ་བའོ། །གང་གིས་བྱེ་བྲག་ཏུ་བྱས་བ་ཞེན་དེའི་ཕྱིར། དོའི་དབྱེ་བས་སོ་ཞེས་བྱ་བ་སྨྲས་ཏེ། ཟླ་བ་ཡར་གྱིས་དོ་དང་མར་གྱིས་དེའི་དབྱེ་བས་བྱེ་བྲག་ཏུ ་བྱས་པའི་ཚེས་གྲངས་བརྗོད་པར་བྱ་བའོ། །གཙུག་ལག་ཁང་གི་བདག་པོ་དང་ལྷའི་ཕྱིར་ཚིགས་སུ་བཅད་པ་གདོན་པར་དགེ་སློང་རྣམས་ལ་བསྐུལ་བའི་ཚིག་བྱའོ་ཞེས་བྱ་བ་ནི། དགེ་བསྐོས་ཀྱི་དགེ་སློང་རྣམས་ལ་གཙུག་ལག་ཁང་གི་བདག་པོ་དད ་ལྷ་རྣམས་ཀྱི་ཕྱིར་ཚིགས་སུ་བཅད་པ་གདོན་པར་བསྐུལ་བར་བྱ་བའོ། །གང་གི་ཚེ་ཞེན་དེའི་ཕྱིར་མོད་ལའོ་ཞེས་བྱ་བ་སྨྲས་ཏེ། ཚེས་གྲངས་བརྗོད་པའི་མོད་ལའོ། །ཇི་ལྟར་བསྐུལ་བར་བྱ་ཞེ་ན། དེའི་ཕྱིར་དེད་ནི་ཡར་གྱི་དོའི་ཚེས་གཅིག་ལགས་ཏེ། གཙུག ་ལག་ཁང་གི་བདག་པོ་དང་གཙུག་ལག་ཁང་གི་ལྷ་རྣམས་ཀྱི་སླད་དུ་ཚིགས་སུ་བཅད་པ་རེ་རེ་བཀླག་ཏུ་གསོལ་ཞེས་སོ། །ཞེས་བྱ་བ་སྨས་ཏེ། ཟླ་བའི་དོའི་དབྱེ་བས་ཚེས་གྲངས་བརྗོད་པར་བྱ་ཞིང་ཚིགས་སུ་བཅད་པ་ཡང་གདོན་བར་བྱའོ།། ་གཙུག་ལག་ཁང་གི་བདག་པོས་སྤྱན་འདྲེན་པའི་ཚིག་ཀྱང་བརྗོད་བར་བྱའོ་ཞེས་བྱ་བ་ནི། གཙུག་ལག་ཁང་གིས་བདག་པོས་དགེ་འདུན་བཤོས་ལ་སོགས་བ་ལ་སྤྱན་འདྲེན་པའི་ཚིག་ཀྱང་དགེ་སྐོས་ཀྱིས་རྒོངས་ཁར་ཉིན་རེ་ལན་རེ་དགེ་འདུན་ལ་བརྗོད་བར ་བྱ་བའོ། །ཇི་སྐད་དུ་ཞེ་ན་དེའི་ཕྱིར་ཡོན་བདག་མིང་འདི་ཞེས་བགྱི་བས་སང་དགེ་འདུན་བཤོས་ལ་སྤྱན་འདྲེན་ན་བཙུན་པ་རྣམས་ཀྱི་དེ་ལ་དགེ་ལེགས་ཀྱི་ཡིད་དག་གིས་སོ་སོ་ནས་ཐུགས་བརྩེ་བར་མཛད་དུ་གསོལ་ཞེས་བྱ་བས་སོ། །ཉིན་ཞག་གཅིག ་གིས་མི་ཆོག་པར་བྱའོ་ཞེས་བྱ་བ་ནི། ཟླ་བའི་ངོ་ལ་ཉིན་ཞག་གཅིག་གིས་ཞག་བཅོ་ལྔར་མི་ཆོག་བར་བྱ་བའོ། །གང་གི་ཚེ་ཞེ་ན་དའི་ཕྱིར་དུས་ཚིགས་རྣམས་ཀྱི་ཟླ་བ་ཕྱེད་ལུས་བ་ཉིད་ལའོ་ཞེས་བྱ་བ་སྨྲས་ཏེ། དུས་ཚིགས་དྲུག་པོ་དགུན་དང་དགུན་སྨད ་དང་དབྱིང་དང་སོས་ཀ་དང་དབྱར་དང་སྟོན་རྣམས་ལ་ཟླ་བ་གཉིས་གཉིས་ཡོད་དེ། སྟོན་ཟླ་བ་ཆུད་ཉ་ནས་དགུན་ཟླ་འབྲིང་པོ་ཉའི་བར་གྱི་ཟླ་བ་གཉིས་ནི་དགུན་གྱིས་དུས་ཚིགས་སོ། །དགུན་ཟླའི་བྲིང་པོ་ཉེ་ནས་དཔྱིད་ཟླ་རབ་ཉའི་བར་གྱི་ཟླ་བ་གཉིས་ནི ་དགུན་སྨད་ཀྱི་དུས་ཚིགས་སོ། །དཔྱིད་ཟླར་བ་ཉ་ནས་དཔྱིད་ཟླ་ཐ་ཆུངས་ཉའི་བར་གྱིས་ཟླ་བ་གཉིས་ནི་དཔྱིད་ཀྱི་དུས་ཚིགས་སོ། །དཔྱིད་ཟླ་ཐ་ཆུངས་ཉ་ནས་དབྱར་ཟླ་འབྲིང་པོ་ཉའི་བར་གྱི་ཟླ་བ་གཉིས་ནི་སོས་ཀའི་དུས་ཚིགས་སོ། །དབྱར་ཟླ་འབྲིང་པོ་ཉ ་ནས་སྟོན་ཟླར་བ་ཉའི་བར་གྱི་ཟླ་བ་གཉིས་ནི་དབྱར་གྱིས་དུས་ཚིགས་སོ། །སྟོན་ཟླར་བ་ཉན་ས་སྟོན་ཟླ་ཐ་ཆུང་ཉའི་བར་གྱིས་ཟླ་བ་གཉིས་ནི་སྟོན་གྱིས་དུས་ཚིགས་སོ། །དུས་ཚིགས་དྲུག་བོ་དེ་དག་རེ་རེ་ལ་ཟླ་བ་གཉིས་གཉིས་ཏེ་ཟླ་བ་ཕྱེད་བཞི་གཞི ་ཡོད་པ་ལ། ཕྱེད་དང་པོ་གཉིས་དང་ཐ་མ་དང་གསུམ་ལ་གི་ཞག་བཅོ་ལྔ་ཐུབ་བར་བརྩིའོ། །ཕྱེད་གསུམ་པ་ལ་ནི་ཞག་རེ་རེ་ཆང་ཅིང་བཅོ་ལྔ་མི་མཐུབ་པར་བཅུ་བཞི་ཐུབ་བར་བརྩི་སྟེ། དེ་དག་ནི་གསོ་སྦྱོང་བཅུ་བཞི་པ་ཡིན་པར་རིག་པར་བྱའོ། །དེ་ལྟར་ན ་འདིར་ཚིག་གི་ས་དོན་འདི་འབྱུང་སྟེ། དབྱར་ཟླ་གསུམ་དང་དགུན་ཟླ་གསུམ་གྱིས་ནི་རབ་དང་ཐ་ཆུངས་མར་གྱི་ངོ་བཅོ་ལྔ་མི་ཐུབ་པས་རབ་དང་ཐ་ཆུང་གནམ་སྟོང་ནི་གསོ་སྦྱོང་བཅུ་བཞི་པ་ཡིན་ནོ། །སྟོན་ཟླ་གསུམ་དང་དཔྱིད་ཟླ་གསུམ་གྱི་འབྲིང་པོ་མར ་གྱི་བཅོ་ལྔ་མི་ཐུབ་པས། འབྲིང་པོ་གནམ་སྟོང་གསོ་སྦྱོང་བཅུ་བཞི་བ་ཡིན་ནོ། །ལྷག་པ་ཐམས་ཅད་ནི་གསོ་སྦྱོང་བཅོ་ལྔ་པ་ཡིན་ནོ། །ཟླ་བ་ཤོལ་དོར་བ་ནི་རྒྱལ་པོའི་རྗེས་སུ་འབྲང་བས་སོ་ཞེས་བྱ་བ་ནི། ཟླ་བ་ལྷག་བཤོལ་དོར་བ་ནི་རྒྱལ་བོའི ་རྗེས་སུ་འབྲང་བས་དོར་བར་བྱ་སྟེ། རྒྱལ་པོ་དང་མཐུན་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། རྒྱུ་སྐར་ནི་སྐར་མཁན་གྱི་རྗེས་སུ་འབྲང་བས་ཤེས་པར་བྱའོ་ཞེས་བྱ་བ་ནི། རྒྱུ་སྐར་ནི་སྐར་མཁན་གྱི་རྗེས་སུ་འབྲང་བས་ཤེས་པར་བྱ་སྟེ། དེ་དང་མཐུན་པར ་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། འདི་ལ་དགོས་པ་ནི་ཐ་སྙད་ལ་མཁས་པར་བྱའོ་ཞེས་བྱ་བ་ནི། ཆོས་གྲངས་བརྗོད་པར་བྱ་བ་ལ་སོགས་པ་འདི་ལ་དགོས་བ་ནི་འདི་དག་ཇིག་རྟེན་བའི་ཐ་སྙད་ལ་མཁས་པར་བྱ་བ་དང། ཆོས་འདས་བ་སེམས་ལ་བཞག་པར་བྱ་བ་དང། ་གསོ་སྦྱོང་གི་ཉི་མ་ཡོངས་སུ་ཤེས་བར་བྱ་བ་ཡིན་ནོ། །མ་བརྟགས་ཤིང་གསོ་སྦྱོང་ལམ་བསྟད་པར་འདི་སྟོང་པ་ཞིག་གོ་སྙམ་ཞིང་མཚམས་བཅད་པར་མི་བྱའོ་ཞེས་བྱ་བ་ནི། དགེ་སློང་སློ་བུར་དུ་ལྷགས་པ་གནས་སྟོང་པར་ཞུགས་པ་དག་གིས་འདིར ་མཚམས་བཅད་དམ། འོན་ཏེ་མ་བཅང་ཅེས། དེ་ལྟར་མ་བརྟགས་ཤིང་གསོ་སྦྱོང་གི་ཉིན་མོའི་བར་དུ་ཡང་མ་བསྡད་པར་གནས་འདི་སྟོང་པ་ཞིག་གོ་སྙམ་དུ་བསམས་ཏེ་མཚམས་བཅད་པར་མི་བྱ་བ་སྟེ། བརྟག་ཅིང་གསོ་སྦྱོང་གི་ཉི་མ་ལ་བབ་ཀྱི་བར་དུ ་བསྡད་དེ་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། བཅད་པ་ཉིད་དུ་ཤེས་པ་ཉིད་ནི་མི་འཆགས་བའི་ཡན་ལག་མ་ཡིན་ནོ་ཞེས་བྱ་བ་ནི། མཚམས་བཅད་པ་ཉིད་ལ་བཅད་པ་ཉིད་དུ་འདུ་ཤེས་པ་ཉིད་ནི་མཚམས་བཅད་པ་མི་འཆགས ་པའི་ཡན་ལག་མ་ཡིན་ཏེ། མཚམས་སྔར་བཅད་ཟིན་པ་ཉིད་ཡིན་ན། དེ་བཅད་པ་ཉིད་དུ་ཤེས་ཀྱང་རུང་མི་ཤེས་ཀྱང་རུང་སྟེ། དེར་མཚམས་བཅད་པ་མི་འཆགས་སོ། །འདི་སྐད་བསྟན་ཏེ། སྔར་སྔ་མ་བག་གཡངས་སུ་མ་བྱས་པར་བཅད་པར ་གཞན་མི་འཆགས་སོ། །ཞེས་གང་བསྟན་པ་དེ་ལ་ཤེས་པ་དེ་ཡན་ལག་མ་ཡིན་ཏེ། འདི་ལྟར་མཚམས་བཅད་ཟིན་པ་ཡོད་ན་ཤེས་ཀྱང་རུང་མི་ཤེས་ཀྱང་རུང་སྟེ་བཅད་པ་གཞན་མི་འཆགས་པ་ཁོ་ན་ཡིན་ནོ། །ཤེས་བཞིན་དུ་བཅད་ན་ནི་ཉེས་བྱས ་སུ་འགྱུར་ལ། མི་ཤེས་པར་གཅད་ན་ནི་ལྟུང་བ་མེད་དེ། འདིར་བྱེ་བྲག་ནི་དེ་ཙམ་ཞིག་ཡོད་པར་ཟད་དོ། །དེ་མེད་པ་ཉིད་ཀྱིས་ཀྱང་བག་ཡངས་སུ་འགྱུར་རོ་ཞེས་བྱ་བ་ནི། སྔར་མཐུན་པའི་གསོ་སྦྱོང་གནས་ཀྱིས་སྐབས་སུ་མཚམས་དག་དགྲོལ ་བར་བྱའོ་ཞེས་སྨོས་པ་དེ་ནི་ལས་ལ་བལྟོས་པ་ཡིན་གྱི། འདིར་ཀྱང་ཞེས་བྱ་བའི་སྦྲ་སྨོས་བས་ནི་མཚམས་དགྲོལ་བ་ལས་ལ་བལྟོས་པ་འབའ་ཞིག་ཏུ་ཡང་མ་ཟད་ཀྱི། འདི་ལྟར་དེ་མེད་ཉིད་ཀྱིས་ཀྱང་རང་གྲོལ་བར་འགྱུར་རོ་ཞེས་སྟོན་ཏོ། །དེ་ཞེས ་བྱ་བའི་སྒྲས་ནི་མཚམས་དང་ལྡན་པར་གནས་པའི་དགེ་སློང་དང་དགེ་སློང་མ་རྣམས་བཟུང་སྟེ། མཚམས་དེ་གང་ཟག་གང་དག་གིས་ཡིན་པའི་གང་ཟག་དེ་དག་མཚམས་དེའི་ནང་ནི་གཅིག་ཀྱང་མ་ལུས་ལ་མེད་པར་གྱུར་ན་དེ་དག་མེད་པ་ཉིད་ཀྱིS ་མཚམས་དེ་ཡང་མཚམས་དང་ལྡན་པའི་གང་ཟག་དག་མེད་པ་བཞིན་དུ་རང་མེད་པར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། འདིར་ཡང་སྐྱ་རེངས་ཤར་བའི་དུས་ཉིད་ན་མཚམས་དེ་བག་ཡངས་སུ་འགྱུར་བར་ཤེས་པར་བྱའོ། །དེ་མེད་པ་ཉིད་དུ་འགྱུར ་བ་ནི་རྒྱུ་རྣམ་པ་ལྔ་སྟེ་དགེ་འདུན་ཐམས་ཅད་དོད་བ་དང། ཐམས་ཅད་མཚན་གྱུར་པ་དང། ཞིང་མ་ཡིན་པ་ཉིད་དུ་གྱུར་བ་དང། བབས་བར་གྱུར་བ་དང་ཤི་བས་སོ། །འོ་ན་དཀྱིལ་འཁོར་བ་ནི་མཚམས་ཀྱི་ཕྱི་རོལ་ཡིན་པས་དེ་མེད་པ་ཉིད་ཀྱིས་དུས་ཐམས་ཅད་དུ་བག ་ཡོངས་སུ་འགྱུར་བ་ཐལ་བར་མི་འགྱུར་རམ་ཞེ་ན། དེ་ལ་ཉེས་བ་མེད་དེ་འདི་ལྟར་དཀྱིལ་འཁོར་བ་ནི་གནས་དང་འབྲེལ་བའི་ལས་ཀྱི་གནས་ཡིན་བའི་ཕྱིར་དེའི་གནས་དང་དབང་མེད་པར་ཡིན་པས་དེའི་ཕྱིར། གནས་དེ་མེད་བ་ཉིད་གང་ཡིན་པ་དེ་འདིའི་དེ་མེད ་པ་ཉིད་ཡིན་བར་ཤེས་བར་བྱའི་གནས་ན་དགེ་སློང་དང་དགེ་སློང་མ་དེ་ཡོད་པ་ཉིད་ཡིན་ན། དཀྱིལ་འཁོར་བ་དག་ན་དེ་མེད་དུ་ཟིན་ཀྱང་དེས་དེ་བག་ཡངས་སུ་མི་འགྱུར་རོ། །རུང་བའི་ཁང་བ་ཡང་ངོ་ཞེས་བྱ་བ་ཡང། དེ་མེད་པ་ཉིད་ཀྱིས་བག་ཡངས་སུ ་འགྱུར་རོ། །ཡང་ངོ་ཞེས་བྱ་བའི་སྒྲས་ནི་ལས་ཀྱིས་ཀྱང་བག་ཡངས་སུ་འགྱུར་བར་སྟོན་ཏོ། །རུང་བའི་ཁང་པའི་རུང་བ་ཉིད་གང་ཡིན་པ་དེ་ཡང་དེ་མེད་པ་ཉིད་ཀྱང་བག་ཡངས་སུ་འགྱུར་རོ། །མཚམས་སུ་མཚམས་ཀྱིས་བསྐོར་དུ་མི་རུང་ངོ་ཞེས་བྱ་བ་ནི། ་མཚམས་གཞན་གཅད་ཟིན་པའི་ཐག་གྲུའི་ནང་དུ་མཚམས་གཞན་གྱི་ཕྱོགས་འདྲེས་བར་བཅད་དུ་མི་རུང་བ་སྟེ། ལས་བྱས་སུ་ཟིན་ཀྱང་མ་བྱས་པ་ཉིད་ཡིན་ཏེ། གནས་གཞན་ནི་གནས་གཞན་གྱི་ཁོངས་སུ་གཏོགས་པ་མ་ཡིན་བཔའི་ཕྱིར་རོ། །དཀྱིལ ་འཁོར་བ་དང་དགེ་སློང་མའི་དབྱར་ཁང་དག་དང་ཁྲོན་པ་དག་ལ་ནི་རུང་ངོ་ཞེས་བྱ་བ་ནི། དེ་གསུམ་གྱིས་ཡུལ་ལ་ཕྱི་རོལ་མཚམས་གཅིག་གིས་བསྐོར་དུ་རུང་བའོ། །ལ་ཞེས་བྱ་བའི་སྒྲ་ནི་ཡུལ་དེ་ལ་ཞེས་བྱ་བར་སྦྱར་གྱི། དེའི་ཕྱིར་ཞེས་བྱ་བར་ནི་མི་སྦྱར་ཏེ། འདི་ལྟར ་འདིར་དེའི་ཕྱིར་ཞེས་བྱ་བ་ཉིད་དུ་མི་རིགས་ཏེ། དཀྱིལ་འཁོར་བ་ལ་སོགས་པའི་ཕྱིར་ནི་མཚམས་གཞན་མཚམས་གཞན་གྱིས་ཁོངས་སུ་མ་གཏོགས་བའི་ཕྱིར་རོ། །དཀྱིལ་འཁོར་བ་ལ་སོགས་པའི་ཡུལ་ལ་ནི་མཚམས་གང་ཡིན་པ་དས་བསྐོར་དུ་རུང ་སྟེ། དཀྱིལ་འཁོར་བ་ལ་སོགས་པའི་ཉེན་འཁོར་གྱི་མཚམས་ཡིན་པའི་ཕྱིར་མཚམས་ཀྱི་ཡོངས་སུ་གཏོགས་སོ། །འདི་སྐད་བསྟན་ཏེ། དགེ་སློང་གི་གཙུག་ལག་ཁང་གི་ཉེན་འཁོར་ན་དཀྱིལ་འཁོར་པའི་མཚམས་དང། དགེ་སློང ་མའི་དབྱར་ཁང་དང་ཁྲོན་པ་ཡོད་དུ་ཟིན་ཀྱང་དེའི་ཕྱི་རོལ་ཏུ་མཚམས་ཆེན་པོ་བཅད་དུ་རུང་ངོ། །ཤིང་ལྗོན་པ་གཅིག་ལ་མཚམས་བཞི་མན་ཆད་ཀྱིས་སུ་ཐུག་དུ་མ་རྣམ་པར་གནས་སོ་ཞེས་བྱ་བ་ནི། ཀཤིང་ལྗོན་པ་གཅིག་ལ་ཕྱོགས་བཞི་མན་ཆད་དུ ་མའི་མུ་ཐུག་བྱང་རུང་ངོ་ཞེས་བྱ་བའི་ཐ་ཚིག་སྟེ། མཚམས་བཞི་ཆར་འདོམས་པ་ཡིན་ན་རུང་པར་ཁས་བླང་གི། ཐམས་ཅད་ལ་དེས་པ་ནི་མ་ཡིན་ཏེ། འདི་ལྟར་ཤིང་ལྗོན་པ་གཅིག་བུ་ཞིག་ཕྱོགས་ཕྱོགས་བའི་མཚམས་འདོམ་བའི་དབུས་ན་འདུག ་ན་ཤར་ཕྱོགས་བའི་ནུབ་ཕྱོཌ་ཀྱི་མཚམས་ཀྱི་མུ་ཐུག་ཀྱང་དེ་ཡིན། ནུབ་ཕྱོགས་བའི་ཤར་ཕྱོགས་པའི་མུ་ཐུག་ཀྱང་དེ་ཡིན་ནོ། །ལྷོ་ཕྱོགས་བའི་བྱང་ཕྱོགས་ཀྱི་མུ་ཐུགས་ཀྱང་དེ་ཡིན། བྱང་ཕྱོགས་བའི་ལྷོ་ཕྱོགས་ཀྱི་མུ་ཐུག་ཀྱང་དེ་ཡིན་པར་རྣམ ་པར་གནས་པ་ལྟ་བུའོ། །འདི་ལ་ཐ་སྙད་དུ་རུང་བ་མཚན་མ་ཉིད་ཡིན་ནོ་ཞེས་བྱ་བ་ནི། མཚམས་འདི་ལ་འཇིག་རྟེན་གྱི་ཐ་སྙད་དུ་རུང་བ་ཤིང་ལྗོན་པ་ལ་སོགས་པ་མངོན་མཚན་དུ་རུང་བ་དག་མཚན་མ་ཉིད་ཡིན་གྱི། ཐ་སྙད་ལས་འདས་བ་མི་མ་ཡིན་པ་ལ ་སོགས་པ་དག་ནི་བརྟན་པར་གནས་པ་ཉིད་ཡིན་དུ་ཟིན་ཀྱང་མཚན་མ་ཉིད་མ་ཡིན་ནོ། རྫུ་འཕྲུལ་དང་སྒྱུ་མ་བྱས་པ་དག་ཀྱང་དེ་ལྟར་གྱུར་པ་ཉིད་མ་ཡིན་ནོ་ཞེས་བྱ་བ་ནི། རྫུ་འཕྲུལ་གྱིས་བྱས་པའི་མཚན་མ་དང། སྒྱུ་མས་བྱས་པའི་མཚན་མ་དག ་ཀྱང་ཐ་སྙད་དུ་རུང་བར་གྱུར་བའི་མཚན་མ་ཉིད་མ་ཡིན་ནོ། །ཟླ་བ་དང་ཉི་མ་དང་སྐར་མའི་འོད་དང་དཔལ་ཀློང་གི་བརླབས་དག་ཀྱང་མི་བརྟན་པ་ཉིད་ཡིན་ནོ་ཞེས་བྱ་བ་ནི། ཟླ་བ་དང། ཉི་མ་དང། སྐར་མ་དག་གི་འོད་གང་ཡིན་པ་དེ་དག་ཀྱང་མཚན ་ཆ?་ཉིད་མ་ཡིན་ཏེ་མི་བརྟན་བའི་ཕྱིར་རོ། །དེ་བཞིན་དུ་དཔའ་ཀློད་གི་རླབ་འགྲམ་དུ་འབྱུང་བདག་ཀྱང་མཚན་མ་ཉིད་མ་ཡིན་ཏེ། མི་བརྟན་པ་ཉིད་ཀྱི་ཕྱིར་རོ། །མཚམས་སུ་ཆུ་ནི་མཚམས་གཞན་དང་འདྲའོ་ཞེས་བྱ་བ་ནི། མཚམས་གྱི་ནང་དུ་ཆུས་ཆོད་ན ་མཚམས་གཞན་རྣམ་འདྲ་བར་མཚམས་ཐ་དད་པ་ཉིད་ཡིན་ཏེ། ཆུ་ནི་གནས་མ་ཡིན་པའི་ཕྱིར་རོ། །མཚམས་བཅད་པའི་ནང་དུ་ཇི་སྲིད་དུ་ཆུས་ཆོད་པ་དེ་སྲིད་དུ་མཚམས་ཀྱི་ཡུལ་མ་ཡིན་ལ། ཆུ་ཆོད་ན་ནི་སྔར་མཚམས་བཅད་པ་ཉིད་སླ་མ་?་བཞིན་དུ ་མཚམས་ཉིད་དུ་དུང་བར་འགྱུར་རོ། །བར་དུ་མཆོད་ན་གཅིག་པ་ཉིད་མ་ཡིན་ནོ་ཞེས་བྱ་བ་ནི། མཚམས་གཅིག་པ་ཉིད་ཀྱི་ནང་ཆུ་ལ་སོགས་པས་བར་དུ་ཆོད་ན་གལ་ཏེ་ཕྱོགས་འགའ་ཡང་འབྲེལ་བ་མེད་ན་མཚམས་གཅིག་པ་ཉིད་མ་ཡིན་ཏེ། དེས་མི་མཐུན ་པར་འགྱུར་བ་མེད་དོ། །ཚོགས་གཅིག་གིས་ཕྱོགས་མ་འབྲེལ་བའི་མཚམས་དུས་གཅིག་ཏུ་བཅད་དུ་མི་རུང་ངོ། །གལ་ཏེ་ཟམ་པ་བརྟན་པ་ཡིན་ན་ཡུལ་ཉིད་ཡིན་ནོ་ཞེས་བྱ་བ་ནི། གལ་ཏེ་ཟམ་པ་ཆུས་མི་ཁྱེར་བ་བརྟན་པ་ཡོད་ན་དེས་འབྲེལ་བའི་ཕ་རོལ་གྱི ་ཕྱོགས་གང་ཡིན་པ་དེ་ཡང་མཚམས་བཅད་པའི་ནང་དུ་གཏོགས་ན་མཚམས་གཅིག་པའི་ཡུལ་ཉིད་ཡིན་པའོ། །འདིར་གཞུང་ནི་བཙུན་པ་ཆབ་ཀྱི་མཚམས་ལས་འདིར་རུང་དམ་ཉེ་བར་འཁོར་མི་རུང་ངོ། །གལ་ཏེ་ཟམ་པ་བརྟན་པོ་ཡོད་ན་ནི་རུང་ངོ་ཞེས ་གསུངས་མ་ཡིན་ནོ། །དེ་ཞིག་ན་ཡང་ཕྱིར་བྱས་ན་རྗེས་སུ་འཇུག་ཅེས་བྱ་བ་ནི། ཟམ་པ་དེ་ཞིག་པ་ཡང་ཕྱིར་བྱས་ན་ནི། མཚམས་ཨིཀྱི་རྗེས་སུ་འཇུག་སྟེ། ཆུས་ཆོད་པའི་ཕྱོགས་གཉི་ག་མཚམས་གཅིག་གིས་ཁོངས་སུ་གཏོགས་པར་འགྱུར་རོ་ཞེས་བྱ་བའི ་ཐ་ཚིག་གོ། ཇི་ལྟ་བུ་ཞིག་ཡང་ཕྱིར་བྱས་ན་ཞེན་དེའི་ཕྱིར་སྦྱོར་བ་ལ་བཏང་བ་ཉིད་དོ་ཞེས་བྱ་བ་སྨས་ཏེ། ཡང་ཕྱིར་བྱ་བ་གང་ལ་སྦྱོར་བ་བཏང་བ་མེད་པ་གང་ཡིན་པ་དེ་ནི་སྦྱོར་པ་མ་བཏང་བ་ཉིད་ཡིན་ཏེ། ཟབ་བ་ཞིག་ནས་ཡང་ཕྱིར་བ?་བའི་སྦྱོར་བ་ན་བཏང་བ་ཉི ་ཉིད་གང་ཡིན་པ་དེ་ཡང་ཕྱིས་བྱས་ན། དེའི་ཚེ་མཚམས་ཉིད་རྗེས་སུ་འཇུག་གོ། དུས་ཇི་སྲིད་དུ་སྦྱོར་པ་མ་བཏང་བ་ཉིད་ཡང་ཕྱིར་བྱས་ན་རྗེས་སུ་འཇུག་ཅེ་ན། དེའི་ཕྱིར་བཞག་བདུན་ཕན་ཆད་ནི་མི་འཇུག་རོ་ཞེས་བྱ་བ་སྨྲས་ཏེ། ཞག ་བདུན་ཚུན་ཚད་ཀྱི་བར་དུ་ཡང་ཕྱིར་བྱ་བའི་སྦྱོར་བ་མ་བཏང་བ་ཉིད་ལས་ཕྱིར་བྱས་ན་ནི་རྗེས་སུ་འཇུག་གི། ཞག་བདུན་དུ་སྦྱོར་བ་བཏང་ནས་ཕྱིས་ཡང་ཕྱིར་བྱས་ན་ཡང་རྗེས་སུ་འཇུག་པ་མེད་དེ། འདི་ལྟར་ཡུན་རིང་དུ་བཏང་བ་ཉིད་ཀྱི་ཕྱིར་རོ། །སྦྱོར་བ ་བཏང་བ་མ་བྱས་ན་ནི་ཞག་བདུན་ཕན་ཆད་དུ་ཕྱིར་བྱས་ན་ཡང་རྗེས་སུ་འཇུག་པར་འགྱུར་རོ། །ནམ་མཁའ་ནི་བར?་དུ་ཆོད་པར་གྱུར་པ་ཡིན་པས་དེ་ལ་ཡོད་པ་ཉིད་ཀྱི་ཐ་སྙད་ཀྱང་མེད་ན་འབྲེལ་པ་ལྟ་ག་ལ་ཡོད་ཅེས་ཞེས་བྱ་བ་ལ། འདིར་ནམ་མཁའ་ཞེས་བྱ ་བའི་སྒྲས་ནི་ནམ་མཁའ་ཨི་ཁམས་བརྗོད་དེ། ནམ་མཁའ་ནི་བར་དུ་ཆད་པར་གྱུར་པ་ཐ་དད་པ་ཡིན་པས། ཆུ་བཞིན་དུ་མཚམས་གཞན་ཡིན་ཏེ། འདི་ལྟར་ནམ་མཁའ་དེ་ལ་ཡོད་པ་ཉིད་ཀྱི་ཐ་སྙད་ཀྱང་མེད་ན། ས་ལ་སོགས་པ་དང་ལྷན་ཅིག་འབྲལ་པ་ལྟ་ག་ལ ་ཡོད། །དེ་བས་ན་གནས་ཁང་གི་ནང་ན་འདུག་པའི་ནམ་མཁའ་ཡང་གནས་ཁང་དང་ལྷན་ཅིག་འབྲེལ་པ་མེད་དེ། མཚམས་གཅིག་པ་ཉིད་ཀྱང་མ་ཡིན་ནོ། །འདིར་གཞུང་ནི་བཙུན་པ་ནམ་མཁའ་ལ་མཆིས་པ་དག་དང། དོགས་ལ་མཆིས་པ་དག་ལྷན ་ཅིག་ལས་བ་གྱིར་རུང་ངམ། ཉེ་བར་འཁོར་མི་རུང་ངོ། །བཙུན་པ་ནམ་མཁའ་ལ་མཆིས་པ་དག་དང། ཤིང་ལྗོན་པ་ལ་མཆིས་པ་དག་ལྷན་ཅིག་ལས་བགྱིར་རུང་ངམ། ཉེ་བར་འཁོར་མི་རུང་ངོ་ཞེས་གསུངས་པ་ཡིན་ནོ། །དབུས་ནས་དཔག་ཚད ་བྱེད་དང་གསུམ་གྱིས་མཛའ་ལས་ལྷག་པར་མཚམས་གཅད་པ་མི་འཆགས་སོ་ཞེས་བྱ་བ་ནི། དབུས་ནས་བརྩམས་ཏེ་དཔག་ཚད་ཕྱེད་དང་གསུམ་གྱི་མཛའ་ཚུན་ཆད་དུ་མཚམས་བཅད་པ་འཆགས་ཀྱི། དེ་ཕན་ཆད་དེ་ལས་ལྷག་པར ་མཚམས་བཅད་པ་མི་འཆགས་སོ་འདིར་གཞུང་ནི་བཙུན་བ་མཚམས་ཆེན་པོའི་ཚད་ཇི་ཙམ་ལགས། ཉེ་བར་འཁོར་དཔག་ཚད་ཕྱེད་དང་གསུམ་མོ། །རྩུན་པ་དཔག་ཚད་ཕྱེད་དང་གསུམ་པན་ཆད་མཚམས་སུ་རུང?་དམ། ཉེ་བར་འཁོར་མི་རུང་ངོ་ཞེས ་གསུངས་པ་ཡིན་ནོ། །འོག་དང་སྟེང་དུ་སྲ་བ་དང་འབྲེལ་པ་ལ་དེ་ཚུན་ཆད་གཞི་དང་འདྲ་བ་ཉིད་དོ་ཞེས་བྱ་བ་ནི། མཚམས་ཀྱི་འོག་དང་སྟེང་གི་ཕྱོགས་སུ་ས་དང་རྡོ་དང་རྩིག་པ་དང། ཤིང་ལྗོན་པ་དང་ཤིང་ལ་སོགས་བའི་རྫས་སྲ་བ་དང་འབྲེལ་པ་ནི་དཔག ་ཚད་བྱེད་དང་གསུམ་གྱི་མཛའ་ཡན་ཆད་དད་མན་ཆད་ས་གཞི་དང་འདྲ་བ་ཉིད་དུ་མཚམས་ཀྱི་ཁོངས་སུ་གཏོགས་པ་ཉིད་ཡིན་ནོ། །འདི་སྐད་བསྟན་ཏེ། མཚམས་ཀྱི་མཛའ་དཔག་ཚད་ཕྱེད་དང་གསུམ་དུ་བསྟན་པ་དེ་ལ་ཕྱོགས་བཞིར་ཐད་ཀར ་ས་བཞི་དང་འབྲེལ་པའི་རྫས་ཆུ་མ་གཏོགས་པ་རྩཝ་དང་ཤིན་ལྗོན་པ་དང་རྩིག་པ་དང་ཤིང་ལ་སོགས་པ་སྲ་བ་དཔག་ཚད་ཕྱེད་དང་གསུམ་ཆུན་ཆད་མཚམས་ཀྱིས་ཁོངས་སུ་གཏོགས་པ་དམ་ཟད་ཀྱི་སྟེང་དང་འོག་གིས་ཕྱོགས་སུ་ཡང ་དེ་དང་འདྲ་སྟེ་དེའི་ཕྱིར་འགོ་གི་ཕྱོགས་སུ་ཡང་ས་བ་དང་འབྲེལ་པའི་ཕྱོགས་དང། སྟེང་གི་ཕྱོགས་སུ་ཡང་པིའི་རྩེ་མོ་ལ་སོགས་པ་སྲ་བ་དང་འབྲེལ་པ་ཆུ་དང་ནམ་མཁས་པར་དུ་མཆོད་པ་དཔག་ཚད་བྱེད་དང་གསུམ་ཡན་ཆད་དང་མན་ཆད་མཚམས་ཀྱི་ཁོངས་སུ ་གཏོགས་པ་ཡིན་པས། དེའ་ནང་ན་དགེ་སློང་གཞན་འདུག་པར་ཤེས་བཞིན་དུ་འདུན་པ་ལ་སོགས་པ་མ་བླངས་པར་ལས་བྱེད་ན་མི་མཐུན་པ་ཉིད་དུ་འགྱུར་རོ། །བསྙེན་པར་མ་རྫོགས་པ་འདུག་ན་ནི་ལས་བརྗོད་པ་དེ་དག་གིས་མི་ཐོས་པར་བྱ་བར ་ཟད་ཀྱི། དེ་དག་ལས་མི་མཐུན་པའི་ཉེས་པར་འགྱུར་བ་ནི་མེད་དོ། །བླ་འོག་གི་ཚད་ཇི་སྐད་བསྟན་པ་དེ་ནི་མཚམས་ཆེན་པོའི་དབང་དུ་བྱས་ཏེ་རྣམ་པར་བཞག་པ་ཡིན་གྱི་མཚམས་ཆུང་དུ་གཞན་ལ་ནི་དབུས་ནས་ཕྱོགས་བཞིར་ཐག་གྲུའི་རྒྱ་ཇི་ཙམ ་ཡོད་པ་བླ་འོག་ཏུ་ཡང་དེ་ཙམ་མན་ཆད་དང་ཡན་ཆད་ས་གཞི་དང་འདྲ་བ་མཚམས་ཀྱི་ཁོངས་སུ་གཏོགས་པ་ཉིད་ཡིན་ནོ། །དེ་ལྟར་གྱུར་ན་དཀྱིལ་འཁོར་པ་ལ་ནི་?་ནས་ཕྱོགས་པ་ཞིམས་བཞི་དང་འབྲེལ་པའི་ཆ་བ་ཇི་ཙམ་ཡོད ་པ་དེ་ཙམ་ཡན་ཆད་དང་མན་ཆད་རྫས་སྲ་བ་དང་འབྲེལ་བ་མཚམས་དེའི་ཁོངས་སུ་གཏོགས་པ་ཡིན་གྱི། དེ་ལས་ལྟགས་བ་ནི་རྫས་སྲ་བ་དང་འབྲེལ་པ་ཡོད་དུ་ཡིན?་ཀྱང་མཚམས་དེའི་ཁོངས་སུ་མ་གཏོགས་སོ། །ས་གཞི་མཚམས་པ་བཅད ་པ་ཉིད་དུ་མི་འབྲལ་བའི་གནས་ཁ་མི་འཆགས་སོ་ཞེས་བྱ་བ་ནི། ས་གཞི་གང་དུ་མཆམས་མ་བཅད་པ་ཉིད་ཀྱིས་ས་གཞི་དེར་ནི་ཆོས་གོས་དང་མི་འབྲལ་བའི་གནང་བ་མི་འཆགས་སོ། །མི་འབྲལ་བའི་གནང་བའི་ཡུལ་ནི་ལས་གདགས་བས ་རྣམ་པར་བཞག་པའི་ལས་ཡིན་གྱི། ངོ་བོ་ཉིད་ལས་བྱུ་བ་ནི་མ་ཡིན་ནོ། །འདིར་གཞུང་ནི་བཙུན་པ་རེ་ཞིག་གྲོང་དང་ལྷན་ཅིག་གཙུག་ལག་ཁང་དང་འབྲེལ་པའི་མཚམས་མཆིས་ན་གང་མཚུན་ཆད་དུ་ཆོས་གོས་དག་དང་མི་འབྲལ་པར་འཚལ ་བར་གྱི། གྲོང་གིས་ཉེན་གོང་མ་གཏོགས་པ་ཚུན་ཆད་དུའོ་ཞེས་གསུངས་པ་ཡིན་ནོ?་།གྲོང་གི་ཉེན་ཀོར་མ་གཏོགས་པ་ཞེས་གསུངས་པའི་ཆིང?་?་ཉིད་ཀྱིས་གང་ན་མཚམས་བཅད་པ་མེད་པར་དེར་མི་འབྲལ་བའི་གནང་བ་མེད་པ་དེ་བསྟན་པ་ཡིན ་ཏེ། མཚམས་མ་བཅད་པའི་ཕྱོགས་ནི་མཚམས་ཀྱི་ཕྱི་རོལ་ཡིན་པས། མཚམས་ཀྱི་ཕྱི་རོལ་ཏུ་ནི་འབྲལ་བར་འགྱུར་བའི་ཕྱིར་རོ། །བཅད་བཞིག་ན་ཞིག་གོ་ཞེས་བྱ་བ་ནི། མཚམས་བཅད་བ་ལས་ཀྱིས་དཀྲོལ་བས་སམ། དེ་མི་གནས་བ་ཉིད་གྱིས ་ཞིག་ན་ཆོས་གོས་དང་མི་འབྲལ་བའི་གནང་བ་ཐོབ་པ་ཡང་ཞིག་གོ་ཞེས་བྱ་བའི་ཐ་ཚིག་གོ། དེས་ནི་མི་ཞིག་གོ་ཞེས་བྱ་བ་ནི། མི་འབྲལ་བའི་གནས་བ་ཞིག་པ་དེས་ནི་མཚམས་གཅད་པ་དེ་མི་ཞིག་པ་སྟེ། མཚམས་གཅད་བ་ནི་གནས་ཡིན་ལ་མི ་འབྲལ་བའི་གནང་བ་ཐོབ་བ་ནི་གནང་བ་ཡིན་པས། གནས་ཞིག་ན་ནི་གནས་པ་?་འཇིག་པར་རིགས་ཀྱི་གནས་བ་ཞིག་པས་ནི་གནས་འཇིག་པར་མི་རིགས་པའི་ཕྱིར་རོ། །མཆོད་རྟེན་དང་གཙང་ཁང་ཕྱུར་བུ་དང་འཁོངས་དང་གསོ་སྦྱོང་གི་གནས་དག ་ཏུ་ཕྱག་དར་བྱ་བ་ཉིད་དོ། །ཞེས་བྱ་བ་ལ། འདིར་གཞུང་ནི་མ་མོ་ལས་དེས་གསོ་སྦྱོང་བཅོ་ལྔ་པ་དེ་ཉིད་གྱིས་ཆེ་ནང་པར་སྡང་ལངས་ཏེ་མཆོད་རྟེན་དང་གཙང་ཁང་ཕྱུང་བུར་ཕྱག་དར་བྱའོ། །འཁོར་ས་དང་གསོ་སྦྱོང་གི་གནས་སུ་ཕྱག་དོར་བྱའོ་ཞེས ་གསུངས་པ་ཡིན་ནོ། །འདིར་ཕྱག་དར་བྱ་བ་ནི་གནས་ཁང་དམ་ཁྱམས་སམ་རྫིང་བུའི་ཚད་ཙམ་ཞིག་ཕྱགས་ན་ཕྱག་དར་བྱས་པ་ཉིད་ཡིན་ནོ། །དགེ་འདུན་ལ་འདུན་པ་ལ་སོགས་བ་ཕུལ་བ་ཉིད་ནི་ཕུལ་བ་ཉིད་ཡིད?་ཞེས་བྱ་བ་ནི། དགེ་སློང་ན་པ་ལ་སོགས་པས? ་དགེ་འདུན་ལ་འདུན་པ་ལ་སོགས་པ་ཕུལ་བ་ཉིད་ནི་ཕུལ་བའི་གྲངས་སུ་ཆུང་བ་ཉིད་ཡིན་པའོ། །འདིར་གཞུང་ནི། བཙུན་པ་རེ་ཞིག་དགེ་སློང་གིས་དགེ་འདུན་ཐམས་ཅད་འདུས་ཤིང་ཚོགས་པ་ལ་འདུན་པ་དང་ཡོངས་སུ་དག་པ་འབུལ་ན། འདུན ་བ་དང་ཡོངས་སུ་དག་པ་ཕུལ་ཞེས་བགྱི་འམ་ཉེ་བར་འཁོར་ཕུལ་ཞེས་བྱའོ་ཞེས་གསུངས་པ་ཡིན་ནོ། །དེ་ལས་གང་ཡང་རུང་བས་དེ་བརྗོད་པར་བྱ་བ་ཉིད་ཡིན་ནོ་ཞེས་བྱ་བ་ནི། འདུན་པ་ལ་སོགས་པ་འཕུལ་བར་བྱེད་པ་དེ་ཉིད་ཀྱིས་དགེ་འདུན་ལ་འདུན ་པ་ལ་སོགས་པ་མངོན་སུམ་དུ་ཕུལ་ཟིན་མོད་གྱི། འོན་ཀྱང་དགེ་འདུན་དེ་ལས་གང་ཟག་གང་ཡང་རུང་བས་དེའི་མདུན་པ་ལ་སོག་པ་དེ་དགེ་འདུན་ལ་བརྗོད་པར་བྱ་བ་ཉིད་ཡིན་ཏེ། བསྟན་པ་རྣམ་པར་བཞག་པ་རྗེས་སུ་བསྲུ་སུ?་དཔའ་ཨི?་ཕྱིར་རོ། །ལས་ཐམས་ཅད ་ལ་ཡང་མ་ལྷགས་པ་རྣམས་ཀྱིས་འདུན་པ་ལ་སོགས་པ་བརྫོང་པར་བྱ་བ་སྟེ། མིན་ན་ཡང་ཡང་བྱའོ།། །།བམ་པོ་?་ཅུ་བརྒྱད་པ། །མཚམས་ཀྱི་ཕྱི་རོལ་ན་གནས་པས་དེ་འབུལ་བ་དང་དབུལ་དུ་གཞུག་པར་མི་བྱའོ་ཞེས་བྱ་བ་ནི། མཚམས ་ཀྱི་ཕྱི་རོལ་ན་འདུག་བའི་གང་ཟག་གིས་འདུན་པ་ལ་སོགས་པ་དེ་དགེ་འདུན་ལ་དབུལ་བར་མི་བྱ་ཞིང་ལེན་པར་བྱེད་པས་ཀྱང་དེ་དབུལ་དུ་གཞུག་པར་མི་བྱ་བའོ། །འདི་ནི་མི་འཆགས་པ་མི་བྱའོ་ཞེས་གསུངས་བའི་སྤྲོས་པ་ཡིན་ཏེ ་འདི་ལྟར་མཚམས་གཞན་ན་གནས་པ་ནི་གང་ལ་ཡང་ཡན་ལག་ཉིད་མ་ཡིན་ནོ་ཞེས་གསུངས་པ་དེས་འདིར་མི་འཆགས་པར་བྱས་པ་ཉིད་ཡིན་ནོ། །བརྒྱུད་པས་མི་བྱའོ་ཞེས་བྱ་བ་ནི། དབུལ་བ་དང་འབུལ་དུ་གཞུག་པར་ཞེས་བྱ་བར་སྦྱར་རོ། ། ་ལེན་པར་བྱེད་པས་གཞན་ལ་ཕུལ་ལ་དེས་ཀྱང་གཞན་ཞིག་ལ་འབུལ་བ་ནི་བརྒྱུད་པ་ཡིན་ཏེ། དེ་ཡང་སྤྲིང་ཡིག་ལ་སོགས་པ་དག་གིས་དཔེ་ཡིན་ནོ། །ན་པ་དང་དབར་མེད་པ་དང་སྲོག་དང་ཆངས་པར་སྤྱོད་པའི་བར་ཆད་ཀྱིས་འཇིགས་པ་ལས ་གཞན་བས་འབུལ་བ་ལ་ནི་ཉེས་བྱས་སོ་ཞེས་བྱ་བ་ནི། ན་བ་ལས་གཞན་པ་དང། དབང་མེད་པ་ལས་གཞན་པ་དང་སྲོག་གིས་བར་ཆད་ཀྱིས་འཇིགས་པ་ལས་གཞན་པ་དང། ཚངས་པར་སྤྱོད་པ་པའི་བར་ཆད་ཀྱི་འཇིགས་པ་ལས་གཞན་པའི ་གང་ཟག་གིས་བདག་ཉིད་དགེ་འདུན་ཚོགས་པའི་ནད་དུ་མི་འདུ་བར་འདུན་པ་ལ་སོགས་པ་འབུལ་བ་ལ་ནི་ཉེས་བྱས་སུ་འགྱུར་ཏེ། དབུལ་པ་མི་འཆགས་པ་ནི་མ་ཡིན་ནོ། །འདིར་དབང་མེད་པས་ཞེས་སྨོས་པས་ནི་?་མཛའ་བཤེས་ཀྱིས་དབང ་གིས་བཟུང་བ་ཡན་ཆད་བསྡུའོ། །བར་ཆད་བྱེད་ཅེས་སྨོས་པས་ནི་རྒྱལ་པོ་དང་ཚོམ་རྐུན་ལ་སོགས་པ་དག་བསྡུའོ། །འདིར་ཚངས་པར་སྤྱོད་པའི་བར་ཆད་ཅེས་བྱ་བ་ནི། དགེ་སློང་གི་དངོས་པོ་ལས་ཉམས་པར་འགྱུར་བ་འབའ་ཞིག་ཏུ་མ་ཟད ་ཀྱི། འདི་ལྟར་ལས་ཉམས་སུ་མྱོང་བ་ཅམ་གྱིས་དབང་གིས་དགེ་བའི་ཕྱོགས་ཀྱིས་བར་ཆད་གང་འབྱུང་བར་འགྱུར་བ་དེ་ཡང་འདིར་ཚངས་པར་སྤྱོད་པའི་བར་ཆད་ཡིན་པར་རིག་པར་བྱ་སྟེ། དེ་ཙམ་གྱིས་ཚངས་པར་སྤྱོད་པའི་ཚོགས་ལ་གནོད ་པར་འགྱུར་བའི་ཕྱིར་རོ། །དེ་ལྟ་བས་ན་དགེ་བའི་ཕྱོགས་ཀྱིས་བར་ཆད་བྱེད་ཙམ་གྱིས་དབང་གིས་ཀྱང་འདིར་འདུན་པ་ལ་སོགས་པ་དབུལ་བ་ཉིད་དུ་བསྟན་པ་ཡིན་ནོ། །མ་བརྗོད་ན་ནི་མ་གུས་པ་ལས་སོ་ཞེས་བྱ་བ་ནི། ལེན་པར་བྱེད་པས་འདུན་པ་ལ ་སོགས་བ་བླངས་པ་དགེ་འདུན་མ་བརྗོད་པ་ནི་མ་གུས་པའི་ལྟུང་བྱེད་ཀྱི་རྗེས་སུ་མཐུན་པ་ལས་ཉེས་བྱས་སུ་འགྱུར་བའོ། །དེས་འཇིགས་པས་མཚམས་ཀྱིས་ཕྱི་རོལ་ནས་ཁྱེར་ཏེ་འོངས་པ་ལ་ནི་ཉེས་པ་མེད་དོ་ཞེས་བྱ་བ་ནི། འདུན་པ་ལ་སོགས་པ ་ལེན་བར་བྱེད་པ་དེས་མཚམས་ཀྱིས་ནད་ནས་འདུན་པ་ལ་སོགས་པ་བླངས་ནས། ཚངས་པར་སྤྱོད་པའི་བར་ཆད་ཀྱིས་འཇིགས་པ་དེས་མཚམས་ཀྱིས་ཕྱི་རོལ་ནས་ཀྱོགས་ཏེ་འདུན་པ་ལ་སོགས་པ་དེ་དགེ་འདུན་གྱི་ནང་དུ་ཁྱེར་ཏེ་འོངས་པ་ལ་ནི་ཉེས ་པ་མེད་དེ། དགེ་སྐོས་ཀྱིས་གསོ་སྦྱོང་གི་ཚོ་ཚུལ་ཤིང་ཁྲིམས་པས་དགེ་སློང་རྣམས་བགྲང་བར་བྱའོ་ཞེས་བྱ་བ་ནི། དགེ་སྐྲོས?་ཀྱིས་གསོ་སྦྱོང་གི་ཉིན་མོ་ཚུལ་ཤིང་བྲིམས་པས་དགེ་སློང་རྣམས་བགྲང་བར་བྱ་སྟེ། འོངས་པ་དང་མ་འོངས་པ་ཡོངས་སུ ་ཤེས་པར་བྱ་བའི་ཕྱིར་རོ། །ལེགས་པར་ཐོན་པས་གདོན་ཏེ་ཚིག་ཕྱེད་ཀྱང་མ་འཁྲུལ་པ་ཉིད་ནའོ་ཞེས་བྱ་བ་ནི། སོ་སོར་ཐར་བའི་མདོ་ཁ་ཏོན་དུ་ལེགས་པར་ཐོན་བས་གསོ་སྦྱོང་གདོན་པར་བྱ་སྟེ། ཇི་ལྟར་ན་ལེགས་པར་ཐོན་པ་ཉིད་ཡིན་ཞེ་ན། ཚིག ་བྱེད་ཀྱང་མ་འཁྲུལ་པ་ཉིད་ན་སྟེ། གང་ཚིག་ཕྱེད་ཀྱང་མི་འཁྲུལ་པ་དེ་ནི་ལེགས་པར་ཐོན་པ་ཉིད་ཡིན་ཏེ་དེས་གདོན་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། འདིར་གསོ་སྦྱོང་ཞེས་བྱ་བའི་སྒྲས་ན་སོ་སོར་ཐར་པའི་མདོ་ལ་བྱ་སྟེ། ཇི་ལྟར་སོ་སོར་ཐར་པའི ་མདོ་གདོན་པས་གསོ་སྦྱོང་འགྲུབ་བར་འགྱུར་གྱི་གསོ་སྦྱོང་ནི་གདོན་པར་བྱ་བ་མ་ཡིན་པས་དེའི་ཕྱིར་སོ་སོར་ཐར་པའི་མདོ་གཏོན་ན་གསོ་སྦྱོང་བཏོན་པ་ཉིད་དུ་འགྱུར་རོ། །དེ་ལྟར་ན་ཚིག་ཕྱེད་ཀྱང་མི་འཁྲུ་བ་ཉིད་པ་ནི་ན?་ལེགས་པར་ཐོན་པ་ཉིད་ཡིན་པས ་དེས་སོ་སོར་ཐར་པའི་མདོ་གདོན་པར་བྱའི། གཞན་དུ་ན་མ་ཡིན་ཏེ། གཞན་དུ་ན་ཉེས་བྱས་སུ་འགྱུར་རོ། །གདོན་བ་དེ་སུའི་ལས་ཡིན་ཞེ་ན། དེའི་ཕྱིར་དགེ་འདུན་གྱིས་གནས་བརྟན་གྱིའོ་ཞེས་བྱ་བ་སྨྲས་ཏེ། སོ་སོར་ཐར་པའི ་མདོ་གདོན་པ་ནི་དགེ་འདུན་གྱི་གནས་བརྟན་གྱི་ལས་ཡིན་ནོ། །མི་ནུས་པ་ཉིད་ཡིན་ན་གཉིས་པའིའོ་ཞེས་བྱ་བ་ནི། གལ་ཏེ་དགེ་འདུན་གྱིས་གནས་བརྟན་གྱིས་འདོན་པའི་ལས་མི་ནུས་པ་ཉིད་ཡིན་ན། དེའི་ཚེ་གདོན་པོ་དག་ནས་བརྟན་གཉིས་པའི ་ལས་ཡིན་པའོ། །དེས་ཀྱང་ན་གསུམ་པའིའོ་ཞེས་བྱ་བ་ནི། གཉིས་པ་དེས་ཀྱང་མི་ནུས་པ་ཉིད་ཡིན་ན། གདོན་པ་དེ་གནས་བརྟན་གསུམ་པའི་ལས་ཡིན་པའོ། །དེས་ཀྱང་ན་རེས་ཀྱིས་སོ་ཞེས་བྱ་བ་ནི། གནས་བརྟན་གསུམ་པ་དེས་ཀྱང་མི་ནུས་པ ་ཉིད་ཡིན་ན་དགེ་འདུན་ཐམས་ཅད་ཀྱི་རེས་ཀྱིས་གདོན་པར་བྱ་བའོ། །མི་ནུས་ན་གཞན་ལ་གཅོལ་བར་བྱའོ་ཞེས་བྱ་བ་ནི། རེས་བབ་པའི་ཚེ་གདོན་མི་ནུས་ན་འདོན་པ་གཞན་ལ་བཅོལ་བར་བྱ་བའོ། །མ་བཏུབ་ན་དགེ་འདུན་གྱིས་སོ་ཞེས་བྱ་བ་ནི ་གང་ཟག་གིས་བཅོལ་ཏེ་མ་བཏུབ་ན་དེ་ལ་དགེ་འདུན་གྱིས་བཅོལ་བར་བྱ་བའོ། །རྟག་ཏུ་ཡང་ངོ་ཞེས་བྱ་བ་ནི། དེ་རྟག་ཏུ་གདོན་པར་ཡང་དགེ་འདུན་གྱིས་བཅོལ་བར་བྱ་བའོ། །ཇུགས?་ན་ལྷག་མ་གཞན་གྱིས་སོ་ཞེས་བྱ་བ་ནི། བར་དུ་བརྗེད་པ་ལ་སོགས ་པས་གདོན་པ་རྡུགས་ཤིང་རྒྱུན་ཆད་ན་ལྷག་མ་དགེ་སློང་གཞན་གྱིས་གདོན་པར་བྱ་བའོ། །དུམ་བུ་འཛིན་པ་ཉིད་ཡིན་ན་ཇི་སྙེད་ཀྱིས་འགྲུབ་པ་བདག་གིས་སོ་ཞེས་བྱ་བ་ནི། གལ་ཏེ་དགེ་སློང་རྣམས་ཀྱིས་སོ་སོར་ཐར་པའི་མདོ་གདོན་པ་རྣམ་པ་ལྔ་པོ ་དག་ལས་དུམ་བུ་རེ་རེ་འཛིན་ཅིང་ཐོན་པ་ཡིན་ནོ། འདོན་པར་བྱེད་པ་ཇི་སྙེད་ཀྱིས་གདོན་པ་གྲུབ་པར་འགྱུར་བའི་དགེ་སློང་དེ་སྙེད་ཀྱིས་རྗེས་སུ་འགྲུབ་པར་བྱའོ། །ཞེས་བྱ་བའི་ཐ་ཚིག་གོ། འཇིགས་པ་དང་བཅས་པ་ཉིད་ཡིན་ན་གནས་མཛེས་པ་འདོད་བས ་གྲོང་དང་མི་ཉེ་བར་གསོ་སྦྱོང་བྱར་མི་རུང་ངོ་ཞེས་བྱ་བ་ནི། ཆོམ་རྐུན་པ་ལ་སོགས་པའི་འཚེ་བས་ཕྱོགས་འཇིགས་བ་དང་བཅས་པ་ཉིད་ཡིན་ན། ལམ་ཀ་ན་ནེའུ་སིང་ལ་སོགས་པ་གནས་མཛེས་པ་ཡོད་པ་ལ་སྲེད་ཅིང་འདོན་པས་གྲོང་དང་ཐག་རིང་པོའི་གནས་དེར་གསོ་སྦྱོང ་བྱར་མི་རུང་མི་རིགས་ཚུལ་མ་ཡིན་ནོ། །འདིར་གསོ་སྦྱོང་ཞེས་སྨོས་པ་ནི་དཔེ་ཙམ་དུ་ཟད་དེ། ལས་ཀྱིས་སྦྱོར་བ་གཞན་དག་ལ་ཡང་དེ་བཞིན་ནོ། །འདྲོན་པ་མི་སྡོད་ན་འགྲོ་བཞིན་དུ་བྱའོ་ཞེས་བྱ་བ་ན། ལམ་དུ་ལམ་གྲོགས་འགྲོན་པ་དག་སྡོད་དུ་མི་གཏུབ་ན་དགེ་སློང་རྣམས ་ཀྱིས་འགྲོ་བཞིན་དུ་གསོ་སྦྱོང་བྱ་སྟེ་།རྣམ་པ་གཞན་མ་གྲུབ་ན་འགྲོ་བཞིན་དུ་གསོ་སྦྱོང་བྱ་བ་ལ་མི་རིགས་པར་དོགས་པར་མི་བྱའོ། །འདིང་གཞུང་ནི་དགེ་སློང་དག་འདྲོན་པ་དང་ལྷན་ཅིག་ལྗོངས་རྒྱུར་འཕགས་པ་ན་དེ་དག་གིས་ས་ཕྱོགས་ནིའུ་སིང་ཅན་མཐོང་ནས་དེ ་དག་དེར་གསོ་སྦྱོང་བྱེད་པར་བརྩམས་པ་ན་འགྲོན་པ་དག་ཐལ་ནས་དེ་དག་ཕྱི་བཞིན་འདོང་བ་ན་ཆོམ་རྐུན་པ་དག་གིས་བཅོམ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ནིའུ་སིང་འདོད་པས་གསོ་སྦྱོང་མི་བྱ་བར་གྲོང་དང་ཉེ་བར་གསོ་སྦྱོང་དང་བྱའོ་ཞེས་བྱ ་བའི་བར་དུ་གསུངས་པ་དང། དགེ་སློང་དག་ཚོང་པ་འདྲོན་པ་དང་ལྷན་ཅིག་ལམ་དུ་འཕགས་ཏེ་ཞུགས་བ་ན། དགེ་སློང་རྣམས་ཀྱི་ཚོང་བ་དག་ལ་སྨྲས་པ་བཞིན་བཟང་དག་ཁོ་བོ་ཅག་གསོ་སྦྱོང་བྱེད་ཀྱི་བར་དུ་ཡུད་ཙམ་ཞིག་སྡོད་ཅིག། དེ་དག་གིས་སྨྲས་པ་།འཕགས ་པ་དགེ་ཕྱོགས་འདི་ན་ཆོམ་རྐུན་པོའི་འཇིགས་བ་མཆིས་ཀྱིས་ཚུར་སྤྱོན་ཅིག་དང་ཕྱོགས་གཞན་དུ་བསྡད་པར་བགྱིའོ། །ཞེས་བྱ་བ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འགྲོ་བཞིན་དུ་གསོ་སྦྱོང་བྱའོ་ཞེས་བྱ་བའི་བར་དུ་གསུངས་པ་ཡིན་ནོ། །སྒྲ་མི ་འདོང་ན་མདོར་བསྡུ་བས་སོ་ཞེས་བྱ་བ་ནི། འདྲོན་པ་གང་དག་ལམ་དུ་ཞུགས་པ་དག་འཇིགས་ཡུལ་དུ་སྒྲ་མི་འདོང་ན་དགེ་སློང་རྣམས་གྱིས་འགྲོ་བཞིན་དུ་མདོར་བསྡུས་བས་གསོ་སྦྱོང་བྱ་བའོ། །དེ་ཙམ་ཡང་ན་བྱིན་གྱིས་བརླབ་བོ་ཞེས་བྱ་བ་ནི། མདོར་བསྡུ་བས་ ་གསོ་སྦྱོང་བྱ་བ་ལ་སྒྲ་ཇི་ཙམ་འབྱུང་བར་འགྱུར་བའི་སྒྲ་དེ་ཙམ་ཡང་འདྲོན་པ་དག་མི་འདོད་ན། དེའི་ཚེ་དགེ་སློང་རྣམས་ཀྱིས་སོ་སོ་ནས་གསོ་སྦྱོང་བྱིན་གྱིས་བརླབ་པར་བྱ་སྟེ། འདི་ལྟར་དགེ་སློང་གཞན་དང་ལྷན་ཅིག་ཉིད་དུ་གསོ ་སྦྱོང་བྱེད་པ་ལ་སྒྲ་ལས་གྲོལ་བ་མེད་པས་དེའི་ཕྱིར་སོ་སོ་ནས་ཡིད་ཀྱིས་བྱིན་གྱིས་བརླབས་པར་བྱ་བའོ། །དད་པ་ཅན་དང་གཙོ་བོས་དག་དགའ་བར་འགྱུར་བས་ལྟ་ན་ཆོ་ག་རྗེས་སུ་བསྒྲགས་པ་ལ་ཁ་ན་མ་ཐོབ་མེད་དོ་ཞེས་བྱ་བ་ནི། དགེ་སློང་གིས་དགེ་སློང་གི་བྱ་བ ་ཆོ་ག་དག་གཞན་ལ་རྗེས་སུ་བསྒྲགས་པ་ལ་ཁ་ན་མ་ཐོ་བ་མེད་པའོ། །སུ་ལ་ཞེ་ན་དད་པ་ཅན་དང་གཙོ་བོ་དག་ལ་སྟེ་ཁྱིམ་བདག་དང་རྒྱལ་པོ་ལ་སོགས་པ་དག་ལའོ། །གང་གི་ཚེ་ཞེན་དགའ་བར་འགྱུར་ན་སྟེ་དེའི་ཚེ་ཆོ་ག་ཞེས་བྱ་བ་དགེ་སློང་གི་བྱ་བ་དང ་བྱ་བ་མ་ཡིན་པ་དག་དེ་དག་ལ་རྗེས་སུ་བསྒྲགས་པ་ལ་ཁ་ན་མ་ཐོ་བ་མེད་དོ། །དྲུང་དུ་གསོ་སྦྱོང་བྱེད་པ་ལ་ཡང་ངོ་ཞེས་བྱ་བ་ནི། དང་པ་ཅན་དང་གཙོ་བོ་དག་དགའ་བར་འགྱུར་བ་ལྟ་ན་དེ་དག་གི་དྲུང་དུ་གསོ་སྦྱོང་བྱེད་པ་ལ་ཡང་ཁ་ན་མ་ཐོ་བ་མེད་པའོ། །ཕོངས ་པའི་ཚེ་ཁྱིམ་པའི་དྲུང་དུ་བཤགས་པར་བྱའོ་ཞེས་བྱ་བ་ནི། ཕོངས་པའི་དུས་ཀྱི་ཚེ་ན་ཁྱིམ་པའི་དྲུང་དུ་ཡང་ལྟུང་བ་བཤགས་ཤིང་ཕྱིར་བཅོས་པར་བྱར་བ་རུང་བའོ། །གླེང་གཞི་ནི་ཆོམ་རྐུན་པ་དག་ལ་དེ་སྐད་གསུངས་པ་ཡིན་མོད་ཀྱི། ཁྱིམ་བ་གཞན་དག ་ལ་ཡང་རུང་བ་ཉིད་ཡིན་པའི་ཕྱིར་འདིར་སྦྱིར་བསྡུས་སོ། །དེ་ལྟར་གསན་བཀྱལ་ཀ་ཅན་ལ་སོགས་པ་དང་རྩེ་རྒོད་ལ་སོགས་པ་དང་རབ་ཏུ་བྱུང་ཞིང་བསྙེན་པར་མ་རྫོགས་པ་དག་གིས་དྲུང་དུ་ཡང་ཉེས་པ་མེད་དོ། །དེ་ལ་ཆོ་ག་རྗེས་སུ་བསྒྲགས་པ་ལ་ཡང་ངོ་ཞེས ་བྱ་བ་ནི། ཁྱིམ་པ་དེ་ལ་ཕོངས་པའི་ཚེ་རབ་ཏུ་བྱུང་བའི་བརླབ་པའི་ཆོ་ག་རྗེས་སུ་བསྒྲགས་པ་ལ་ཁ་ན་མ་ཐོ་བ་མེད་པའོ། །རྒྱལ་པོ་ལ་གོ་བར་བྱ་བ་ལ་ཡང་ངོ་ཞེས་བྱ་བ་ནི། རྒྱལ་པོའམ་དག་ཅག་གི་སྟོན་པས་འདི་སྐད་གསུངས་སོ། །འདི་ལྟར་བཀག་གོ་ཞེས་བྱ ་བ་ལ་སོགས་པ་རབ་ཏུ་བྱུང་བའི་བྱ་བ་དང། བྱ་བ་མ་ཡིན་པའི་ཆོ་ག་དེ་དག་གོ་བར་བྱེད་པ་ལ་ཁ་ན་མ་ཐོ་བ་མེད་དེ། གང་ལ་གོ་བར་བྱས་ན་ཆོས་དང་ལྡན་པའི་བྱ་བ་འགྲུབ་བར་འགྱུར་བ་དེ་ལ་གོ་བར་བྱས་པ་ལ་ཉེས་པ་མེད་བའོ། །གཞན་མ་རྫོགས་པ་ལ་མི་འཆགས ་པ་མེད་དོ་ཞེས་བྱ་བ་ལ། གཞན་ཞེས་བྱ་བ་ནི། སོ་སོར་ཐར་པའི་མདོ་གདོན་པ་རྣམ་པ་ལྔ་པོ་དག་ལས་གླེང་གཞི་ནི་རྫོགས་པར་མི་འགྱུར་གདོན་དུ་མི་རུང་བས། དེ་ལ་བལྟོས་ནས་ཕམ་པར་འགྱུར་བ་ལ་སོགས་པས་གདོན་པ་ལྷག་མ་བཞི་པོ་དག་ལ་གཞན་བྱ་སྟེ། ་དེ་དག་གདོན་བར་བརྩམས་ནས་མ་རྫོགས་པ་ལ་ནི་གདོན་པ་མི་འཆགས་པ་མེད་དེ། འོན་ཀྱང་བརྩམས་ན་རྫོགས་མར་བྱ་དགོས་སོ། །རྫོགས་པར་མ་བྱས་ན་ཉེས་བྱས་སུ་འགྱུར་རོ། །ཆོས་མ་ཡིན་པས་མི་བྱའོ་ཞེས་གང་གསུངས་པ་དེ་ལ་གསོ་སྦྱོང་འདི་ལ ་ཆོས་མ་ཡིན་པ་བསྟན་པའི་ཕྱིར། གདོན་པར་བྱ་བ་དང་དེའི་ཚད་དང་དུས་དང་འདོན་པར་བྱེད་པ་རྣམས་དེ་ཁོ་ན་བཞིན་ཉེ་བར་མ་བཟུང་བ་ནི་འདིར་ཆོས་མ་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། གདོན་པར་བྱ་བ་དང། དེའི་ཚེ་དང། དེའི་དུས་དང། དེ་འདོན་པར་བྱེད་པ་དག་དེ ་ཁོ་ན་བཞིན་དུ་ཉེ་བར་མ་བཟུང་བ་ནི་གསོ་སྦྱོང་གི་སྐབས་འདིར་ཆོས་མ་ཡིན་པ་ཡིན་ནོ། །དེ་ལ་གདོན་པར་བྱ་བ་དེ་ཁོ་ན་བཞིན་དུ་ཉེ་བར་མ་བཟུང་བ་ནི། སོ་སོར་ཐར་པའི་མདོ་ལས་གཞན་པ་ཕྲན་ཆེགས་ལ་སོགས་པ་འདོན་པའོ། །དེའི་ཚད་དེ་ཁོ་ན་བཞིན་ཉེ་བར ་མ་བཟུང་བ་ནི་གླེང་བཞི་མི་འདོན་ཅིང་ལྷག་མ་རྣམས་ཀྱང་ཐོས་པ་བསྒྲགས་པར་བསྒྲུབ་པ་མི་བྱེད་པའོ། །གསོལ་བ་མ་བརྗོད་བ་ནི་མི་ཐུན་པ་ཉིད་ཡིན་པར་རིག་པར་བྱ་སྟེ། གསོལ་བ་མ་བྱས་པར་བྱེད་པ་གང་ཡིན་པ་དེ་ནི་མ་བསྐོས་པར་བྱེད་པ་ཡིན་པའི་ཕྱིར་རོ། །དེའི་དུས་དེ ་ཁོ་ན་བཞིན་ཉེ་བར་མ་བཟུང་བ་ནི་གསོ་སྦྱོང་གི་དུས་ལས་གཞན་པའི་དུས་སུ་བྱེད་བའོ། །འདོན་པར་བྱེད་པ་དེ་ཁོ་ན་བཞིན་ཉེ་བར་མ་བཟུང་བ་ནི་གང་ཟག་གང་དག་གི་དབང་དུ་གསོ་སྦྱོང་བྱེད་པ་བསྙེན་པར་རྫོགས་པ་དང་བཅས་བ་ལྟ་བ་དང། ཚུལ་ཁྲིམས ་དག་གིས་རིགས་མཐུན་པ་དེ་དག་ལས་གཞན་བས་བྱེད་པའོ། །ཡང་ན་གང་གདོན་པར་བྱ་བ་དང། ཇི་སྙེད་གདོན་པ་བྱ་བ་དང། གང་གི་ཚེ་གདོན་པར་བྱ་བ་དང། གང་དག་གིས་གདོན་པར་བྱ་བ་དེ་དག་ཡོངས་སུ་སྤངས་ཏེ། གདོན ་བར་བྱ་བ་དང་ཚད་དང་དུས་དང་འདོན་པར་བྱེད་པ་གཞན་ཉིད་ཉེ་བར་འཛིན་པར་བྱེད་པ་དེ་ནི་འདིར་མི་འཆགས་པར་བྱེད་པ་ཆོས་མ་ཡིན་པ་ཡིན་པར་ཤེས་པར་བྱའོ། །གནས་དེ་ནས་འགའ་ཡང་མ་སོང་བ་ཉིད་ཡིན་ན་ངེས་པ་ཡིན་ནོ་ཞེས་སྔར་གང་བསྟན་པ་དེ་ལ ་སོང་བ་ཉིད་ཅེས་བྱ་བ་དེའི་ཚད་བསྟན་པའི་ཕྱིར། ཐོས་པའི་ཉེན་འཁོར་ལས་འདས་པ་ཉིད་ནི་སོང་བ་ཉིད་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། ཐོས་པའི་ཉེན་ཀོར་ཞེས་བྱ་བ་ཐོས་པའི་སྤྱོད་ཡུལ་གང་ཡིན་བདེ་ལས་འདས་ཏེ་སོང་བ་ནི་སོང་བ་ཉིད་ཡིན་ནོ། །གསོ་སྦྱོང ་གི་གཞི་དང་འབྲེལ་པ་རྣམ་པར་འབྱེད་པ་ལ་སོགས་པའི་སྐབས་སོ་ཞེས་བྱ་བ། གསོ་སྦྱོང་གི་གཞི་དང་འབྲེལ་པ་རྣམ་པར་འབྱེད་པ་དང། ཕྲན་ཚོགས་དང་འདུལ་བྱེད་དང། ཞུ་བའི་སྐབས་ནས་འབྱུང་བདག་བཤད་ཟིན་ཏོ།། །།གསོ་སྦྱོང ་གི་གཞི་རྫོགས་སོ་ཞེས་བྱ་བ་དེ་བཤད་ཟིན་ཏོ།། །།ད་ནི་དབྱར་གྱི་གཞི་བསྡུ་བའི་ཕྱིར། དབྱར་གནས་པར་ཁས་བླངས་པར་བྱའོ་ཞེས་བྱ་བ་སྨྲས་ཏེ། དབྱར་གནས་པར་བྱ་བ་ཉིད་ཀྱིས་ཁས་བླངས་པར་བྱའོ་དུས་ཇི་སྲིད་དུ་ཞེ་ན་དེའི་ཕྱིར། ཟླ་བ་གསུམ ་དུའོ་ཞེས་བྱ་བ་སྨྲས་སོ། །ཉི་མ་གང་ལ་ཞེ་ན་དེའི་ཕྱིར་ཆེས་བཅུ་དྲུག་ལའོ་ཞེས་བྱ་བ་སྨྲས་སོ། །ཟླ་བ་གང་གི་ཞེ་ན། དེའི་ཕྱིར་དབྱར་ཟླ་འབྲིང་པོ་ཉའི་ཕྱི་དེ་ཉིན་པར་གྱིའོ་ཞེས་བྱ་བ་སྨྲས་ཏེ། དབྱར་ཟླ་འབྲིང་བོ་ཉའི་ཕྱི་དེ་ཉིད་པར་ཞེས་བྱ་པ་ནི་དབྱད་ཟླ ་འབྲིང་པོ་ཆོས་བཅུ་དྲུག་སྟེ་དེ་ལའོ། །སྔགས་ལས་དབྱར་ཉེ་བར་བསྒྲུབ་པ་དབྱར་ཟླ་འབྲིང་པོ་ཆོས་བཅོ་ལྔ་ཞེས་གང་གསུངས་པ་གང་ཡིན་པ་དེ་ལས་དབྱར་ཟླ་འབྲིང་པོ་ཚེས་བཅོ་ལྔ་མི་དབྱར་ཉེ་བར་བསྒྲུབ་པར་བྱེད་པ་ཡིན་པར་གསུངས་པས། ཚེས་བཅུ ་དྲུག་ཕྱིན་ཆད་ནི་དབྱར་གྱི་དུས་ཉིད་ཡིན་པར་ཤེས་པར་བྱའོ། །གནས་པར་ཁས་བླང་བསྔ?་མའི་དུས་བསྟན་ནས། ཕྱི་མའི་དུས་བསྟན་པའི་ཕྱིར་དབྱར་ཟླ་ཐ་ཆུང་ཉའིའོ་ཞེས་བྱ་བ་སྨྲས་ཏེ། ཕྱི་དེ་ཉིན་?་གྱིའོ་ཞེས་བྱ་བར་སྦྱར་རོ། །དབུར་ཟླ་ཐ་ཆུང་ཉའི་ཕྱི་དེ ་ཉིན་པར་ཞེས་བྱ་བ་ནི། དབྱར་ཟླ་ཐ་ཆུང་ཚེས་བཅུ་དྲུག་སྟེ་དེ་ལའོ། །ཞག་བཅུ་འམ་ཟླ་བ་ཕྱེད་ཀྱིས་འབྱུང་བར་འགྱུར་བ་ཉིད་ན་གཙུག་ལག་ཁང་བྱི་དོར་བྱའོ་ཞེས་བྱ་བ་ནི། གནས་ཁས་བླངས་པ་འབྱུང་བར་འགྱུར་བ་ཉིད་ཀྱི་མདུན་དོལ་དེ་ཙམ་གནས་སོ། །ཁ ་ཅིག་པ་ནི་བདུན་ནམ་བརྒྱད་ན་ཞེའོ་ཞེས་བྱ་བ་ནི། ལུགས་ཁ་ཅིག་ལས་དེ་ཙམ་ན་གནས་པར་མཁས་བླངས་པ་འབྱུང་བར་འགྱུར་བ་ཉིད་ཀྱི་མདུན་རོལ་དེ་ཙམ་ནས་གཙུག་ལག་ཁང་བྱི་དོར་བྱའོ་ཞེས་ཀྱང་འབྱུང་ངོ། །ཉི་མ་སྔས་གནས་མལ་བསྡོག་གོ། ཞེས་བྱ་བ ་ནི་ཚེས་བཅུ་དྲུག་ལ་གནས་པར་ཁས་བླངས་པ་དེའི་ཉི་མ་སྔ་མ་སྟེ། །ཚེས་བཅོ་ལྔའི་ཉིན་པར་གནས་མལ་བསྡོག་པར་བྱ་བ་སྟེ། བསྡོག་པ་ཞེས་བྱ་བ་ནི་བགོ་བའི་ཕྱིར་སྟ་གོན་བྱ་བའོ། །འདིར་གནས་མལ་ཞེས་བྱ་བའི་སྒྲས་ནི། གནས་དང་སྟན་ལ ་སོགས་པ་གནས་མལ་ཐམས་ཅད་སྤྱིར་གཟུང་སྟེ། དེ་ལ་གནས་ཞེས་བྱ་བ་ནི། ཤིང་དྲུང་དང། ཁང་པ་དང་རྔ་ཁང་པ་བརྩེགས་པ་དང། བསིལ་ཁང་དང་སབ་མོས་བསྐོར་བ་དང། བ་གམ་དང་ཁང་བཟངས་དང། སྒོ་ཁང་གི་སྟེང་གི་བསིལ་ཁང་དང། ཁང ་སྟེང་གི་ཡོལ་ཁང་དང། ཡོལ་ཁང་དང། སྤང་ལེབ་ཁང་དང། ས་ཕུག་དང། བྲག་ཕུག་དང། རི་ཕུག་དང། རྩེའི་སྤྱིལ་བུ་དང། ལོ་མའི་སྤྱིལ་བུ་དང། འཆག་སར་བྱ་བ་དང། འཆག་སར་མ་བྱས་པ་དང། བྱ་སྐྱིབས་སུ་བྱས་པ་དང། བྱ་སྐྱིབས་སུ་མ་བྱས་པ ་དང། དེ་ལྟ་བུ་ལ་སོགས་པ་དགེ་འདུན་ལས་བྱུང་བ་དང། གང་ཟག་ལས་བྱུང་བའི་གནས་ཀྱི་རྣམ་པ་ཐམས་ཅད་སྦྱིར་བསྡུའོ། །སྟས་ཞེས་བྱ་བ་ནི་ཁྲི་དང་སྟན་དང། སྟན་ནང་ཚངས་ཅན་དང། ཕྱག་དང་ཁྲོད་དང། དར་དང། སྣམ་བུ་དང། བེའུ་རས་དང། དར ་ལ་དང། མོན་དར་དང། བེའུ་རས་ཡུག་ཆེན་དང། བེའུ་རས་དམར་པོ་དང། བེའུ་ཕྲུག་དང། ལ་དམར་དང། ཡུལ་ཀ་ཤི་ཀའི་རས་ཕྲན་དང། ཁ་དོག་ངན?་པ་དང། ཁ་དོག་ང་པ་དང། བལ་གོས་དང། ཤ་ནའི་རས་དང། ཟར་མའི་རས་དང། རས ་གོས་དང། དུ་གུ་ལའི་རས་དང། ཀོ་ཏམ་པའི་རས་དང། ཉི་འོག་གི་གོས་དང། དེ་ལྟ་པུ་ལ་སོགས་པ་དགེ་འདུན་ལས་བྱུང་བ་དང། གང་ཟག་ལས་བྱུང་བའི་གོས་དང། མལ་ཆ་དང་བསྟན་དང། དགེ་སྤྱོད་གི་འཚོ་བའི་ཡོ་བྱད་ཐུན་ཁྲིའུ་དང། ཆོལ་ཟངས་ཀྱི ་བར་ཡན་ཆད་སྤྱིར་བསྡུས་ཏེ། གནས་དང་གོས་ཀྱི་རྣམ་པ་དེ་དག་ཐམས་ཅད་ལ་གནས་མལ་ཞེས་བྱའོ། །ཁྲིའུ་དང་ཆོལ་ཟངས་ཡན་ཆད་དོ་ཞེས་བྱ་བ་ནི། ཐ་ན་ཁྲིའུ་དང་ཆོལ་ཟངས་ཀྱི་བར་ཡན་ཆད་ཀྱང་དེའི་ཉིན་མོ་སྡོག་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། ་སྟོབས་པ་བསྐོ་བར་བྱའོ་ཞེས་བྱ་བ་ནི། གནས་མལ་དེ་སྟོབས་པའི་དག་སློང་སྤྲོ་བར་བྱས་ནས་གསོལ་བ་དང་གཉིས་ཀྱི་ལས་ཀྱིས་སྒོ་བར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། དེའི་སྔགས་ནི་མིང་འདི་ཞེས་བྱ་བ་ཁྱོད་དགེ་འདུན་ལ་དབྱར་གྱི་གནས་མལ་སྟོབས ་པར་སྤྲོ་འམ་སྦྲོའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། མིང་འདི་ཞེས་བགྱི་བ་འདི་དགེ་འདུན་ལ་དབྱར་གྱིས་གནས་མལ་སྟོབས་པར་སྤྲོ་ན། གལ་ཏེ་དགེ་འདུན་གྱིས་དུས་ལ་བབ་ཅིང་བཟོད་ན། དགེ་འདུན་གྱིས་གནང་བར་མཛོད་ཅིག་དང། དགེ ་འདུན་གྱིས་མིང་འདི་ཞེས་བགྱི་བ་གནས་མལ་སྟོབས་པར་བསྐོས་ཏེ། གནས་མལ་སྟོབས་པ་མིང་འདི་ཞེས་བགྱི་བ་དགེ་འདུན་ལ་དབྱར་གྱི་གནས་མལ་སྟོབས་སོ། །འདི་ནི་གསོལ་བའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་མའི ་འདི་ཞེས་བགྱི་བ་འདི་དགེ་འདུན་ལ་དབྱར་གྱི་གནས་མལ་སྟོབས་པར་སྤྲོ་སྟེ། དེའི་སླད་དུ་དགེ་འདུན་གྱིས་མིང་འདི་ཞེས་གྱི་བ་གནས་མལ་སྟོབས་པར་བསྐོ་ན། ཚེ་དང་ལྡན་པ་གང་དག་མིང་འདི་ཞེས་པ་བགྱི་བ་གནས་མལ་སྟོབས་པར་བསྐོ་བར་བཟོད ་པ་དེ་དག་ནི་ཅང་མ་གསུངས་ཞིག། གང་དག་མི་བཟོད་པ་དེ་དག་ནི་གསུངས་ཤིག། དགེ་འདུན་གྱིས་བཟོད་ཅིང་གནང་ནས་དགེ་འདུན་གྱིས་དགེ་སློང་མིང་འདི་ཞེས་བགྱི་བ་གནས་མལ་སྟོབས་པར་བསྐོས་ལགས་ཏེ། འདི་ལྟར་ཅང་མི་གསུངས་པས་དེ་དེ་བཞིན ་དུ་འཛིན་ཏོ་ཞེས་གསུངས་པ་ཡིན་ནོ། །མི་ནུས་ན་དུ་མའོ་ཞེས་བྱ་བ་ནི། གང་ཟག་གཅིག་གིས་དགེ་འདུན་ལ་གནས་མལ་སྟོབས་པར་མི་ནུས་ན་དགེ་སློང་དུ་མ་བསྐོ་བར་བྱ་བའོ། །བསྐོས་པའི་འོག་ཏུ་དེས་ཅི་ཞིག་བྱ་ཞེ་ན་དེའི་ཕྱིར། དེས་དྲི་དག ་གིས་བསྐུས་པའི་ཚུལ་ཤིང་གཟེང་གྱི་སྦྲོག་མར་རས་དཀར་པོ་བཏིང་པས་དཀྲིས་པ་དག་རྒན་རིམས་སུ་བཞག་ནས། ཚེ་དང་ལྡན་པ་དག་གནས་འདི་ན་ཁྲིམས་སུ་བྱ་བ་འདི་དང་འདི་ཡོད་དེ། ཁྱེད་ཅག་ལས་གང་ཁྲིམས་སུ་བྱ་བ་འདི་དང་འདིས ་གནས་འདིར་གནས་པར་སྤྲོ་བ་དེས་ནི་ཚུལ་ཤིང་ལོང་ཞིག་ཁྱེད་ཅག་ལས་སུས་ཀྱང་དབྱང་དགེ་འདུན་གྱི་ནང་དུ་འཁྲུག་ལོང་བསྐྱེད་པར་མི་བྱའོ། །ཁྱེད་ཅག་ལས་གང་གིས་འགའ་ཞིག་ལས་ཆུང་ཟད་ཤེས་པ་ངེས་དེ་སྨྲོས་ཤིག། ཁྱེད་ཅག་ལས ་གང་དབྱར་གྱིས་ནང་དུ་དགེ་འདུན་ལ་འཁྲུག་ལོང་བསྐྱེད་པར་འགྱུར་བ་དེ་ལ་དགེ་འདུན་གྱིས་ཕྱིས་ཉེ་བར་བརྟག་པར་དགོངས་སོ་ཞེས་དགེ་སློང་རྣམས་ལ་གོ་བར་བྱའོ་ཞེས་བྱ་བ་སྨྲས་ཏེ། གནས་མལ་སྟོབས་པའི་དགེ་སློང་དེས་དེ་ལྟར་བྱའོ་ཞེས་བྱ ་བའི་ཐ་ཚིག་གོ། དེའི་འོག་ཏུ་དགེ་སློང་གཞན་གྱིས་བླངས་པ་དང་ཁས་བླང་པའི་ཕྱིར་དགེ་འདུན་ལ་གསོལ་བ་བྱའོ། ཞེས་བྱ་བ་ནི། གནས་མ་ལ་སྟོབས་པའི་དགེ་སློང་དེ་ལས་གཞན་པའི་དགེ་སློང་གཞན་ཅིག་གིས་དགེ་འདུན་གྱི་ཚུལ་ཤིང་བླང་བ་དང། ་དབྱར་གནས་པར་ཁས་བླངས་པའི་ཕྱིར་དགེ་འདུན་ལ་།གསོལ་བ་འབའ་ཞིག་གིས་ལས་ཤིག་བྱ་བ་སྟེ། དོན་དེ་གཉིས་གསོལ་བ་འབའ་ཞིག་གིས་ཅིག་ཅར་གོ་བར་བྱ་བའོ། །དེའི་སྔགས་ནི་དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དེད?་ནི་དགེ ་འདུན་གྱི་དབྱར་ཉེ་བར་བསྒྲུབ་པ་དབྱར་ཟླ་འབྲིང་པོ་ཆེས་བཅོ་ལྔ་ལགས་ན། གལ་ཏེ་དགེ་འདུན་གྱིས་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་པར་མཛོད་ཅིང་དང། དགེ་འདུན་གྱིས་དེང་ཚུལ་ཤིང་བཞེས་ཏེ་སང་ནང་པར་གནས་པར ་མཁས་བླང་ངོ། །འདི་ནི་གསོལ་བའོ་ཞེས་གསུངས་པ་ཡིན་ནོ། །དབྱར་ཕྱི་མ་ལ་ནི། དབྱར་ཉེ་བར་བསྒྲུབ་པ་དབྱར་ཟླ་ཐ་ཆུང་ཚེས་བཅོ་ལྔ་ལེགས་ན། ཞེས་སྔགས་ཀྱི་བྱེ་བྲག་ཏུ་བྱའོ། །གསོལ་བ་དེ་བྱས་པ་ཐག་ཁོ་ནར་ཚུལ་ཤིང་བྲིམ་མོ་ཞེས་བྱ་བ་ནི། དེ་ལྟར ་གསོལ་བའི་ལས་བྱས་མ་ཐག་ཏུ་ཚུལ་ཤིང་བྲིམ་པར་བྱ་བའོ། །དང་པོར་སྟོན་པའི་བླང་ངོ་ཞེས་བྱ་བ་ནི། ཚུལ་ཤིང་འདྲིམ་པའི་ཚེ་དང་པོ་ཁོ་ནར་ཚུལ་ཤིང་འདྲིམ་པར་བྱེད་པས་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཚུལ་ཤིང་ཇེ་བླང་བར་བྱ་བའོ།། ་གཞན་དག་གིས་ནི་སྟན་ལས་ཕྱེད་འཕགས་པས་སོ་ཞེས་བྱ་བ་ནི། སྟོན་པའི་ཚུལ་ཤིང་ལེན་པ་ལས་གཞན་པའི་དགེ་སློང་དག་གིས་ནི་རང་རང་གི་སྟན་ལས་ཕྱེད་འཕགས་པའི་སྤྱོད་ལམ་གྱིས་རང་རང་གིས་ཚུལ་ཤིང་བླང་བར་བྱ་བའོ། །དགེ་ཚུལ་རྣམས ་ཀྱི་ནི་སློབ་དཔོན་དང་མཁན་པོ་དག་གིས་སོ་ཞེས་བྱ་བ་ནི། སྟོན་པ་མན་ཆད་ནས་རྒན་རིམས་ཀྱི་དགེ་སློང་ཐམས་ཅད་ལ་ཚུལ་ཤིང་བྲིམ་པ་མཇུག་ཏུ་ཕྱིན་ནས་ཚུལ་ཤིང་འདྲིམ་པར་བྱེད་པ་དེ་ཡང་མགོ་ནས་བླངས་ཏེ། དགེ་སློང་གང་དག་ལ་སློབ་མ་དང་ཉེ་གནས ་དགེ་ཚུལ་ཡོད་པ་དེ་དག་ལ་དགེ་ཚུལ་གྱི་ཚུལ་ཤིང་ལེན་དུ་གཞུག་པའི་སློབ་དཔོན་དང་མཁན་པོ་གང་དག་ལ་སློབ་མ་འམ་ཉེ་གནས་དགེ་ཚུལ་ཡོད་པ་དེའི་ཚུལ་ཤིང་མཁན་པོ་དང་སློབ་དཔོན་དག་གིས་བླང་བར་བྱ་བའོ། །མཇུག་ཏུ་གཉུག་མར ་གནས་པ་རྣམས་ཀྱི་དེ་ཡང་ངོ་ཞེས་བྱ་བ་ནི། དེ་ལྟར་དགེ་ཚུལ་རྣམས་ཀྱིས་ཚུལ་ཤིང་བྲིམ་པ་ཟིན་པའི་མཇུག་ཏུ་གཙུག་ལག་ཁང་གི་སྲུང་མ་གཉུག་མར་གནས་པ་ལྷ་མོ་ཆེན་མོ་འཕྲོག་མ་ལ་སོགས་པ་དག་གི་ཚུལ་ཤིང་བྲིམ་པ་དེ་ཡང་བྱ་བའོ། །དལ ་བུས་བཞག་པར་བྱའོ་ཞེས་བྱ་བ་ནི། ཚུལ་ཤིང་བསྡུས་པ་ན་ཐམས་ཅད་ཀྱིས་དལ་བུས་བཞག་པར་བྱ་བའོ། །བགྲངས་ནས་གནས་འདིར་དགེ་སློང་འདི་སྙེད་ཀྱི་ཚུལ་ཤིང་བླངས་སོ་ཞེས་གོ་བར་བྱའོ་ཞེས་བྱ་བ་ནི། ཚུལ་ཤིང་བསྡུས་པའི་འོག་ཏུ་བགྲངས་ནས་དུ་བྱུང་བའི ་སྡོམ་དགེ་འདུན་ལ་སྒྲ་དེ་སྐད་ཅེས་བརྗོད་ཅིང་གོ་བར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། གནས་ཀྱི་བཞི་བསྟབས་པས་བྱའོ་ཞེས་བྱ་བ་ནི། གནས་པར་བྱ་བའི་གཞི་ནི་གནས་ཀྱི་གཞི་སྟེ་གནས་ཁང་ལ་སོགས་པའོ། །གནས་མལ་སྟོབས་པས་དེ་དགེ་འདུན་ལ་བསྟབས་བར ་བྱའོ། །དེ་དག་གི་སྒོ་ལྕགས་དང་ལྡེ་མིག་བླངས་པས་མདུན་དུ་འདུག་སྟེ་གནས་བརྟན་བཙུག་ལག་ཁང་ཆེ་གེ་མོ་ནི་རྙེད་པ་དང་བཅས་པ་གོས་ཀྱི་རིན་དང་བཅས་པ་ལགས་ཀྱིས་བཞེས་ཤིག་ཅེས་ཡོན་ཏན་ཇི་ལྟ་བ་བཞིན་དུ་མོས་པ་བསྐྱེད་ཅིང་ལེན་དུ་གཞུག་གོ་ཞེས་བྱ ་བ་ནི། གནས་མལ་སྟོབས་པའི་དགེ་སློང་གང་གིས་དབྱར་གྱིས་གནས་དེ་ན་ཡོད་པའི་གནས་ཀྱི་གཞི་བསྟབས་པར་བྱ་བ་ཉིད་དུ་འདོད་པ་གང་དག་ཡིན་པ་དེ་དག་གི་སྒོ་ལྕགས་དང་ལྡེ་མིག་ཐམས་ཅད་དེའི་ཚེ་བསྡུས་ཤིང་སྲེལ་བའི་དགེ་སློང་དེས་དང་པོར་དགེ་འདུན་གྱི ་གནས་བརྟན་གྱི་མདུན་དུ་འདུག་སྟེ། གནས་ཀྱི་གཞི་དེ་དག་གི་ཡོན་ཏན་ཇི་ལྟ་བ་བཞིན་དུ་བརྗོད་ཅིང་མོས་པ་བསྐྱེད་པ་བརྩམས་པས་ལེན་དུ་གཞུག་པ་སྟེ། གནས་བརྟན་གཙུག་ལག་ཁང་ཆེ་གེ་མོ་ནི་རྙེད་པ་དང་བཅས་པ་གོས་ཀྱིས་རིན་དང་བཅས་པ་ལགས་ཀྱིས་གལ ་ཏེ་བཞེད་ན་བཞེད་ཤིག་ཅེས་ལེན་དུ་གཞུག་གོ། དེ་བཞིན་དུ་རྒན་རིམས་ཀྱིས་ཐམས་ཅད་ལ་གནས་ཀྱིས་བཞི་ལྷག་མ་རྣམས་ཀྱང་ཡོན་ཏན་ཇི་ལྟ་བ་བཞིན་དུ་བརྗོད་དེ་མོས་པ་བསྐྱེད་ཅིང་ལེན་དུ་གཞུག་གོ། དགེ་སློང་གང་གིས་གནས་ཀྱི་བཞི་གང་བླངས་པ་དེལ་དེའི ་སྒོ་ལྕགས་དང་ལྡེ་མིག་ཀྱང་བཏང་པར་བྱའོ། །བླང་པ་ལ་སོགས་པ་ནི་ལྷུང་བཟེད་དང་འདྲ་བའོ་ཞེས་བྱ་བ་ནི། ཇི་སྐད་དུ་ལྷུང་བཟེད་འབྲེལ་བ་མེད་པ་བྲིམ་པའི་སྐབས་སུ་འདོད་ན་ཡོངས་ཞིག་ཅེས་བྱ་བ་དང། བར་དུ་ཆོད་པས་བླངས་པ་མི་བླང་ངོ་ཞེས་བྱ་བ་དང། ་ཚིག་གཉིས་པ་ལ་མི་སྦྱིན་ཞིང་གསུམ་པ་ལ་སྦྱིན་ནོ་ཞེས་བསྟན་པ་དེ་བཞིན་དུ་འདིར་གནས་ཀྱི་གཞི་བསྟབས་པ་ལ་ཡང་དེ་དག་ཐམས་ཅད་སྔ་མ་བཞེན་དུ་སྦྱར་བར་བྱའོ། །མཆོད་རྟེན་དང་དགེ་འདུན་གྱི་དོན་མ་ཡིན་བར་སོང་བར་ཤེས ་པ་ལ་ནི་འཐེབ་ཉིད་ལས་བསྐོ་བར་བྱའོ་ཞེས་བྱ་བ་ནི། དགེ་སློང་མཆོད་རྟེན་གྱིས་དོན་མ་ཡིན་པ་དང། དགེ་འདུན་གྱིས་དོན་མ་ཡིན་པར་སྒོ་དོན་ལ་རང་དགར་གཞན་དུ་སོང་བ་ལ་ནི་གནས་ཀྱི་བཞིའི་སྐལ་པ་འཐེབ་ཡོད་ན་དེ་ལས་བསྐོ་བར་བྱ་བ་ཉིད ་ཡིན་ནོ། །འདིར་འཐེབ་ཅེས་བྱ་བ་ནི། དགེ་སློང་གཉུག་མར་གནས་པ་རྣམས་ལ་བསྐོས་ཟིན་པའི་འོག་ཏུ་ཡང་བསྒོ་བར་བྱ་བའི་ལྷག་པ་ཡོད་པ་ལ་བྱ་སྟེ། དེ་ལྟར་ལྷག་པའི་ཐེབ་ཡོད་ན་བསྐོ་བར་བྱའོ། །མཆོད་རྟེན་གྱི་དོན་དང་དགེ་འདུན་གྱི་དོན་དུ ་སོང་བ་ལ་ནི་རྒན་རིམས་བཞིན་དུ་སྐལ་བ་བསྐོ་བར་བྱའོ། །འདིར་གཞུང་ནི། བཅོམ་ལྡན་འདས་ཀྱི་གནས་བརྟན་ཉེ་དགའ་ཨི་སྐབས་ལས་འདི་སྐད་ཅེས་གང་དགེ་འདུན་གྱི་འམ་མཆོད་རྟེན་གྱི་བྱ་བ་ལ་སོང་བ་དེ་ལ་ནི་རྒན་རིམས་བཞིན་དུ་གནས ་མལ་བསྐོ་བར་བྱའོ། །གཞན་ལ་ནི་འཐེབ་ཇི་ལྟ་བ་བཞིན་དུའོ་ཞེས་གསུངས་པ་ཡིན་ནོ། །ཤིང་ལྗོན་པའི་དྲུང་དང་ནིའུ་སྲིད་གི་གཞི་དག་ལ་ཡང་རྒན་རིམས་བཞིན་དུ་བསྐོ་བར་བྱའོ་ཞེས་བྱ་བ་ནི། ཤིང་དྲུང་ལ་སོགས་པའི་གནས་མལ་གཞན་དག་ལ ་ཡང་རྒན་རིམས་བཞིན་དུ་བསྐོ་བར་བྱ་བའོ། །གནས་ཁང་གིས་མི་ཆོག་ན་གཉིས་ལ་སོགས་པ་དག་ལ་ཐ་ན་དེའི་ས་གཞི་གདིང་པའི་ཚད་ཙམ་ཡང་ངོ་ཞེས་བྱ་བ་ནི། གལ་ཏེ་དགེ་སློང་རེ་རེ་ལ་གནས་ཁང་རེ་རེ་བསྐོར་མི་མཆོག་ན་དེའི་ཚེ་དགེ་སློང་གཉིས ་ལ་སོགས་པ་དག་ལ་གཅིག་མཐུན་མོང་དུ་བསྐོ་སྟེ། གཉིས་ལ་འམ་གསུམ་ལ་འམ་བཞི་ལ་འམ། དེ་དག་ལ་སོགས་པ་དག་ལ་གནས་ཁང་གཅིག་མཐུན་མོང་དུ་བསྐོ་བར་བྱའོ། །འོན་ཀྱང་མི་མཆོག་ན་དེའི་ཚེ་མཛའ་བསྟན་པའི་ཕྱིར། ཐ་ན་དེའི་ས ་གཞི་གདིང་བའི་ཚད་ཙམ་མོ་ཞེས་བྱ་བ་སྨོས་ཏེ། གནས་ཁང་གིས་ས་གཞིང་སྟན་གདིང་པའི་ཚད་ཙམ་དུ་ཤོད་བའི་དེ་སྙེད་ཀྱི་དགེ་སློང་དག་ལ་གནས་ཁང་གཅིག་བསྐོ་བར་བྱའོ། །ལྷུང་བཟེད་དང་བྱ་མ་བུམ་དང་ལ་དག་རྫས་དར་སོ་ཤིང་དང་སྨན་གྱི། གནས་ལ་བལྟོས ་པར་བྱའོ་ཞེས་བྱ་བ་ནི། གནས་ཁང་གཅིག་ཏུ་མལ་སྟན་གྱིས་ཚང་དུ་ཤོད་བའི་དགེ་སློང་དེ་སྙེད་ལ་གནས་ཁང་གཅིག་ཐུན་མོང་དུ་བསྐོ་བར་བྱའོ་ཞེས་བསྟན་པ་དེ་ལ་གནས་ཁང་དེར་དགེ་སློང་དག་གིས་ལྷུང་བཟེད་ལ་སོགས་པ་བཞག་པའི་གནས་ལས་བལྟོས་ཏེ ་དེའི་ཕྱིར་ན་མལ་བསྟན་དུ་ཤོང་པ་དེ་སྙེད་ཀྱི་དགེ་སློང་དག་ལ་གནས་དེ་མཐུན་མོང་དུ་བསྐོ་བར་བྱའོ། །སྒོ་ཁང་དང་ཐེམ་སྐས་ཀྱི་ལྐག་དང་ཁྱམས་དང་སྤོངས་དང་བཀད་ས་དང་སྲོ་ཁང་གི་ར་པ་དག་ནི་བསྐོ་བར་མི་བྱའོ་ཞེས་བྱ་བ་ནི། མི་ཤོད་དུ་ཟིན་ཀྱང་འདི་དག ་ནི་གང་ཟག་གིས་གནས་ཁང་དུ་བསྐོ་བར་མི་བྱའོ། །ར་བ་ཞེས་བྱ་བའི་སྒྲས་ནི་སྤོང་ས་མན་ཆད་དང་སོ་སོར་སྦྱར་བར་བྱའོ། །འདིར་གཞུང་ནི་རྣམ་པར་འབྱེད་པ་ལས་དགེ་སློང་དག་གནས་དྲུག་པོ་འདི་དག་ནི་བསྐོ་བར་མི་བྱ་བ་དག་སྟེ། སྒོ་ཁང་ཐམས་ཅད་དང་ཐེམ ་སྐས་ཀྱིས་ལྐོག་དང། ཁྱམས་དང། སྤོང་སའི་ར་བ་དང། བཀད་སའི་ར་བ་དང། སྲོ་ཁང་གི་ར་བ་དག་སྟེ། བསྐོ་བར་བྱེད་ན་ཉེས་བྱས་སུ་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །མཚན་མོ་གནས་མལ་མི་བསྐོའོ་ཞེས་བྱ་བ་ནི། གནས་ཁང་ཉི་ཚེར་མ་ཟད་ཀྱི། ཁྲི་ལ ་སོགས་པ་གཞན་ཐམས་ཅད་ལ་ཡང་དེ་བཞིན་ནོ། །ནད་པ་འདུག་པའི་གནས་ཁང་གཞན་ལ་མི་སྦྱིན་ནོ་ཞེས་བྱ་བ་ནི། ནང་པ་འདུག་པའི་གནས་ཁང་གཞན་ལ་མི་སྦྱིན་པ་སྟེ། གནས་ཁང་ཞེས་སྨོས་པས་ནི་ཁྲི་ལ་སོགས་པ་བཅད་པར་བསྟན་ཏོ། །དེ་ཉིད་ཐོབ ་པ་མེད་ན་མི་སྦྱིན་པར་མི་བྱའོ་ཞེས་བྱ་བ་ནི། གནས་པ་དེ་ཉིད་ཀྱིས་ཐོབ་པ་གང་ཡིན་པ་དེ་ནི་དེ་ཉིད་ཐོབ་པ་སྟེ། གནས་པ་ཉིད་ཐོབ་པའོ། །དེ་མེད་པ་ནི་ནད་པ་གང་གིས་རྒན་རིམས་སུ་གནས་ཁང་ན་སྔ་ནས་གནས་པ་ཐོབ་པ་མེད་པ་སྟེ། དེ་ལྟར་ནད་པས་སྔ་ནས ་གནས་ཁང་ན་གནས་པ་ཐོབ་པ་མེད་དུ་ཟིན་ཀྱང། གསར་དུ་གནས་ཁང་མི་སྦྱིན་པར་མི་བྱ་སྟེ། སྦྱིན་པ་ཁོ་ནར་བྱ་བའོ། །འདིར་གཞུང་ནི། དགེ་སློང་དག་གྱིས་དགེ་སློང་ནད་པའི་གནས་ཁང་གཞན་ལ་བསྐོ་བར་མི་བྱའོ། །བསྐོ་ན་འགལ ་ཚབས་ཅན་དུ་འགྱུར་རོ། །འདི་ལྟར་དགེ་སློང་ནད་པ་ལ་གནས་ཁང་བསྟབས་པ་དང། གཡོག་བསྟབས་པ་དང། ལས་སུ་མི་བསྐོ་བར་བསྟབས་པར་བྱའོ་ཞེས་གསུངས་པ་ཡིན་ནོ། །འདིར་ནད་པ་ཞེས་བྱ་བ་ནི་སྦྱོར་མི་བཟོད་པ་ཡིན་པར་རིག་པར་བྱའོ། ། ་དེ་དང་དེའི་གཡོག་ལས་བྱེད་དུ་མི་གཞུག་གོ་ཞེས་བྱ་བ་ནི། ནད་པ་དེ་དང་ནད་པ་དེའི་ནད་གཡོག་ལས་བྱེད་དུ་མི་གཞུག་པའོ། །མཛེ་ཅན་གྱིས་དགེ་འདུན་གྱི་གནས་མལ་སྤྱད་པར་མི་བྱའོ། །ཞེས་བྱ་བ་ནི། དེས་དགེ་འདུན་གྱིས་གནས་དང་མལ་ཆ་ལ་སོགས ་པ་སྤྱད་པར་མི་བྱའོ། །དེ་ལ་གནས་དབེན་པ་སྤྱན་ནོ་ཞེས་བྱ་བ་ནི། མཛེ་ཅན་དེ་ལ་མཛའ་འཁོབ་དབེན་པར་གནས་སྦྱིན་པར་བྱ་བའོ། །དགེ་འདུན་གྱིས་བསྟེན་པར་བྱ་བ་དང་བཅས་པར་ཐ་ན་ཁྱམས་དང་ཁྱམས་གྲུ་བཞི་དང་སྒོ་ཁང་དང་བང་རིམ་དང་འཆག ་པ་དང་ཤིང་དྲུང་གིས་གནས་དེར་ཡང་འདུག་པར་མི་བྱའོ་ཞེས་བྱ་བ་ནི། མཛེ་ཅན་གྱིས་དགེ་འདུན་གྱི་གནས་དེ་ལྟ་བུར་འདུག་པར་མི་བྱའོ། །གཤད་བ་དང་གཅི་བའི་སྐྱབས་གཉིས་སུ་འཇུག་པར་མི་བྱའོ་ཞེས་བྱ་བ་ནི། མཛེ་ཅན་གྱིས་དགེ་འདུན་གྱི་དེ ་གཉིས་སུ་འཇུག་པར་མི་བྱ་བའོ། །དེ་ལ་གཡོག་བསྐྲོ?་བས་སྙིང་བརྩེ་བར་བྱའོ་ཞེས་བྱ་བ་ནི། དགེ་འདུན་དུ་གྱུར་པའི་དགེ་སློང་དག་གིས་མཛེ་ཅན་དེ་ལ་གཡོག་བསྐོ་བས་རྗེས?་སུ་སྙིང་བརྩེ་བར་བྱ་བ་སྟེ་མཛེ་ཅན་དེ་ནི་ནད་ཡུན་རིང་ཞིང་ཆེ་བ་ཡིན་པའི ་ཕྱིར་དང། བསྟན་པ་ནི་སྙིང་རྗེས་རབ་ཏུ་ཕྱེ་བ་ཉིད་ཡིན་པའི་ཕྱིར་རོ། །འདིར་བཞུང་ནི། དགེ་སློང་མཛེ་ཅན་གྱིས་དགེ་འདུན་གྱི་གནས་མལ་ལ་སྤྱད་པར་མི་བྱ། །བྱམས་ལ་སོགས་བའི་གནས་སུ་གནས་པར་མི་བྱ། དགེ་འདུན་གྱི་བཤད་པའི་གནས ་དང། གཅི་བའི་གནས་སུ་འཇུག་པར་མི་བྱའོ། །དགེ་འདུན་གྱིས་དབེན་པའི་གནས་སུ་དེའི་གནས་སྦྱིན་པར་བྱ། གཡོག་ཀྱང་བྱའོ་ཞེས་གསུངས་པ་ཡིན་ནོ། །དུས་ཐམས་ཅད་དུ་དགོན་པ་པ་དག་ལ་ལྷུང་བཟེད་དང་ཆོས་གོས་བཞག་པའི་ཕྱིར་གནས་ཁང ་བསྐོ་བར་བྱའོ་ཞེས་བྱ་བ་ནི། དབྱར་དག་ཉི་ཚེར་མ་ཟད་ཀྱི་དུས་གཞན་ཐམས་ཅད་དུ་ཡང་དགེ་སློང་དགོན་པ་པ་དག་ལ་ལྷུང་བཟེད་ལ་སོགས་པ་བཞག་པའི་ཕྱིར། གཙུག་ལག་ཁང་དུ་གནས་ཁང་བསྐོ་བར་བྱ་བའོ། །འདིར་ནི་དགེ་སློང་དགོན་པ་པ་དག་གཙུག ་ལག་ཁང་དུ་ལྷགས་ཏེ། གནས་ཁང་དག་བསྙེན་པ་ན་དགེ་སློང་དག་ལས་མ་ཐོབ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གཙུག་ལག་ཁང་དུ་དགེ་སློང་དགོན་པ་པ་རྣམས་ཀྱིས་ལྷུང་བཟེད་དང་ཆོས་གོས་གང་དུ་འཇོག་པའི་གནས་ཁང་བསྐོ་བར ་བྱའོ་ཞེས་གསུངས་པ་ཡིན་ནོ། །དབྱར་གནས་པར་ཁས་བླངས་པ་ན་ཁ་ཅིག་གློ་བུར་དུ་འོང་སྲིད་པས་གནས་དང་གནས་མལ་བཞག་པར་བྱའོ་ཞེས་བྱ་བ་ལ། དབྱར་གནས་པར་ཁས་བླངས་པ་ཞེས་སྨོས་པས་དུས་ཐམས་ཅད་ནི་མ་ཡིན་པར་བསྟན་ཏེ། ་དབྱར་གནས་པར་ཁས་བླངས་པ་སྔ་མ་ཡང་རུང་ཕྱི་མ་ཡང་རུང་པར་དགེ་སློང་གློ་བུར་བ་དག་འོན་གབར་ཤེས་ན་གནས་ཀྱི་གཞི་དང་ཁྲི་ལ་སོགས་པའི་གནས་མལ་དག་བཞག་པར་བྱའོ། །མང་པོ་དག་ལྷགས་ན་གནས་པ་དག་གིས་བཟོད་བསྐོ་བར་བྱའོ། ། ་ཞེས་བྱ་བ་ནི། དགེ་སློང་གློ་བུར་བ་མང་པོ་དག་ལྷགས་ན་སྔར་གནས་པར་ཁས་བླངས་པ་དག་གི་གནས་མལ་བཟོད་བགོ་བར་བྱ་བའོ། །གནས་པར་ཁས་བླངས་པ་ཕྱིན་ཆད་མི་བྱའོ་ཞེས་བྱ་བ་ནི། དབྱར་གནས་པར་ཁས་བླངས་ཕྱི་མ་ཤོས་ཕྱིན་ཆད་ནི་གཟོད ་བསྐོ་བར་མི་བྱ་སྟེ། གནས་པར་ཁས་བླངས་པ་གསུམ་པ་མེད་པའི་ཕྱིར་རོ། །འདིར་གཞུང་ནི་རྣམ་པར་འབྱེད་པ་ལས་དགེ་སློང་དག་ངས་དགེ་སློང་མ་འོངས་པ་རྣམས་ལ་བརྟེན་ནས་དབྱར་གནས་པར་ཁས་བླངས་པ་གཉིས་པ་བཅས་ཏེ། གསུམ་པ ་ནི་མ་ཡིན་ནོ། །ཞེས་གསུངས་པ་ཡིན་ནོ། །མང་བ་ཉིད་ཡིན་ན་གཅིག་པ་ཡང་གཉིས་ལ་སོགས་པ་ཁྱབ་པའི་བར་དག་གོ་ཞེས་བྱ་བ་ནི། གནས་ཀྱི་གཞི་མང་བ་དག་ཡིན་ན་དགེ་སློང་རེ་རེ་ལ་ཡང་གནས་ཀྱི་བཞི་གཉིས་ལ་སོགས་པ་ནས་དུ་ཙམ ་བསྐོས་པ་གནས་ཐམས་ཅད་ལ་ཁྱབ་པར་འགྱུར་བ་དེ་སྙེད་ཀྱི་བར་དག་བསྐོ་བར་བྱའོ་ཞེས་བྱའི་ཐ་ཚིག་གོ་ཞག་གཅིག་གི་དོན་དུ་གནས་མལ་གནོད་པར་མི་བྱའོ་ཞེS་བྱ་བ་ནི། ཞག་ཅིག་ལས་མི་གནས་ན་ཞག་གཅིག་གི་དོན་དུ་གནས་པ་ལ་བགོ་བཤའ་མི་བྱ་བའོ། །གནས་མལ་ཞེS ་སྨོས་པ་ནི་དཔེ་ཙམ་དུ་ཟད་དོ། །གཙུག་ལག་ཁང་ལ་སོགས་པ་ཡང་དེ་བཞིན་ནོ། །འདིར་གཞུང་ནི་ཕྲན་ཚེགས་དག་ལས་དགེ་སློང་དག་གིས་ཞག་གཅིག་གི་དོན་དུ་གནས་མལ་གནོད་པར་མི་བྱའོ་ཞེས་གསུངས་པ་ཡིན་ནོ། །རྙེད་པ་འདོད་པས་གཙུག་ལག ་ཁང་མི་གནོད་དོ་ཞེས་བྱ་བ་ནི། རྙེད་པ་འདོད་པས་གཙུག་ལག་ཁང་ལ་སོགས་པ་གནས་དང། སྟན་ལ་སོགས་པ་མལ་ཆ་གནོད་པར་མི་བྱའོ། །འདིར་གཞུང་ནི། དེ་ནས་དུས་གཞན་ཞིག་ན་དགེ་སློང་རྣམས་ལ་རྒན་རིམས་བཞེན་དུ་གནས་མལ་སྟོབས་པར ་བྱེད་པ་ན། བྲམ་ཟེ་ཞིག་གཙུག་ལག་ཁང་དུ་འོངས་ནས་དེས་དེ་མཐོང་བ་དང། གང་གི་ཕྱིར་འདི་བཞིན་བགོ་བཤའ་བྱེད་པའི་ངང་ཚུལ་ཅན་ཤཱཀྱའི་སྲས་ཀྱི་དགེ་སྦྱོང་འདི་དག་ལ་སུ་ཞིག་མངོན་པར་དད་པར་མི་འགྱུར་སྙམ་དུ་དད་པ་སྐྱེས་པར་གྱུར་ནས། དེས ་གཙུག་ལག་ཁང་བྱེད་དུ་བཅུག་སྟེ་དགེ་སློང་གི་དགེ་འདུན་ལ་བུལ་བ་དང། དགེ་སློང་དག་གིས་སྨྲས་བ། ཧ་ཅང་ཡང་གཤེར་ཆེས་སོ་ཞེས་མི་ལེན་པ་དང། དེས་འཕྲུས་འདེབས་སུ་བཅུག་སྟེ་ཕུལ་ལོ། །དགེ་སློང་དག་གིས་སྨྲས་པ། ཧ་ཅང་དགོན་དུང་ཆེས ་སོ་ཞེས་མི་ལེན་པ་དང། བྲམ་ཟེ་ངེས་དེ་?་རྙེད་པ་འདོད་པས་མི་ལེན་པ་རིག་ནས། །བྲམ་ཟེ་དེ་ཤཱཀྱའི་སྲས་ཀྱི་དགེ་སྦྱོང་དག་ནི་རྙེད་པ་འདོད་པས་གཙུག་ལག་ཁང་ལེན་ཏོ་ཞེས་འཕྱ་བར་བརྩོམ་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ་དགེ་སློང་དག་གིས་རྙེད་པ་འདོད་པས་གཙུག་ལག་ཁང་བླང་བར་མི་བྱ་བར། འདི་ལྟར་སྦྱིན་བདག་རྣམས་ལ་རྗེས་སུ་སྙིང་བ་རྩེ་བས་གཙུག་ལག་ཁང་དག་བླང་བར་བྱའོ་ཞེས་གསུངས་པ་ཡིན་ནོ། །ཕོངས་པ་མེད་པའི་སེམས་ཀྱིས་ཀྱང་བླང་བར་བྱའོ། །ཐམས ་ཅད་ཡོངས་སུ་སྤྱད་པར་བྱའོ་ཞེས་བྱ་བ་ནི། གང་ཟག་གཅིག་གིས་གནས་ཁང་དུ་མ་གནོས་ནའོ། །གཅིག་གིས་ཐམས་ཅད་ཇི་ལྟར་སྤྱད་པར་བྱ་ཞེ་ན་དེའི་ཕྱིར། ལ་ལར་བཀླགས་པ་དང་ཁ་ཏོན་དང་འདུག་པ་དང་བཅས་པ་དག་ལས་གང་ཡང་རུང་བ་བྱ། ལ་ལར ་ལྷུང་བཟེད་དང་ཆོས་གོས་བཞག་པར་བྱ། ལ་ལར་མཚན་མོ་ཉལ་བར་བྱ། ལ་ལར་སྔ་དྲོ་དང་གུང་ཚིགས་དང་ཕྱི་དྲོ་འདུག་པས་དེ་ལ་སྦྱར་བར་བྱའོ་ཞེས་བྱ་བ་སྨྲས་ཏེ། ཐམས་ཅད་ཡོངས་སུ་སྤྱད་པར་བྱ་བ་དེ་ལ་ཐབས་དེ་ལྟར་སྦྱར་བར་བྱའོ། །དེ་ལ་གཞུང་ཁ ་གཅིག་ལས་ནི། ལ་ལར་བཀླག་པར་བྱ། ལ་ལར་ཁ་ཏོན་བྱ། ལ་ལར་ལྷུང་བཟེད་དང་ཆོས་གོས་བཞག་པར་བྱ། ལ་ལར་ཉལ་བར་བྱའོ་ཞེས་གསུངས་སོ། །གཞུང་ཁ་ཅིག་ལས་ནི་ལ་ལར་སྔ་དྲོ་འདུག་པར་བྱ། ལ་ལར་གུང་ཚིགས་ལ་འདུག་པར་བྱ། ལ་ལར་ཕྱི ་དྲོ་འདུག་པར་བྱ། ལ་ལར་མཚན་མོ་འདུག་པར་བྱའོ་ཞེས་གསུངས་པས་དེའི་ཕྱིར་དེ་གཉིས་བསྡུ་བའི་ཕྱིར་མདོ་འདི་བྱས་སོ། །གནས་པར་ཁས་བླངས་པས་གནས་ཀྱི་གཞིར་རལ་བ་དང་འདྲུམས་པ་བཅོས་པར་བྱའོ་ཞེས་བྱ་བ་ནི། དགེ་སློང་དབྱར་གནས ་པར་ཁས་བླངས་པས་གནས་ཀྱི་གཞི་རལ་བ་དང་འདྲུམས་པ་ཕྱིར་བཅོས་པར་བྱ་བའོ། །རལ་བ་ཞེས་བྱ་བ་ནི་ཕྱོགས་གཅིག་ཆད་པའོ། །འདྲུམས་པ་ཞེས་བྱ་བ་ནི་གས་པའོ། །དགེ་སློང་མ་དག་དབྱར་གནས་པ་རྣམས་གྱི་དབྱར་ཁང་བཅོས་པར་བྱའོ་ཞེས་བྱ་བ་ནི། ་རལ་པ་རང་འདྲུམས?་པ་སྟེ་དེ་ཡང་དབྱར་ཁང་གཅིག་ལ་ཡང་དགེ་སློང་མ་ཐམས་ཅད་སྦྱིས་ལོག་སྟེ། བཅོས་བར་བྱ་བ་ཡིན་གྱི། གནས་ཁང་གང་ན་གང་གནས་པ་དེས་ཉི་ཚེ་བཅོས་པ་ནི་མ་ཡིན་ནོ། །འཐབ་ཀྲོལ་ཅན་གྱིས་གནས་མི་འཐོབ་བར་བྱ་བའི་ཕྱིར་དགུན་མནོད་པ ་དང་དཔྱིད་མནོད་པའི་གནས་མལ་ཡང་བསྟབས་པར་བྱའོ་ཞེས་བྱ་བ་ནི། གང་ཟག་འཐབ་དཀྲོལ་ཅན་དག་གཞན་ནས་འོངས་པས་མཚམས་ཀྱི་ནད་དུ་གནས་མི་འཐོབ་པར་བྱ་བའི་ཕྱིར་དགུན་དང་དཔྱིད་གནོད་པའི་གནས་མལ་གཉིས་ཀྱང ་བསྟབས་པར་བྱའོ། །རིལ་གྱིས་བསྐོ་བར་བྱའོ་ཞེས་བྱ་བ་ནི། འཐབ་ཀྲོལ་ཅན་གྱིས་གནས་མི་འཐོབ་པར་བྱ་བའི་ཕྱིར་གནས་མལ་རིལ་གྱིས་བསྐོ་བར་བྱའོ། །དེ་ཉིད་བསྟན་པའི་ཕྱིར་།འདི་ལྟེ་སྟེ་གཙུག་ལག་ཁང་དང་ཁང་ཁྱིམ་དག་གི་གཉེན་ཀོར་ཡང་ངོ་ཞེས་བྱ ་བ་སྨྲས་ཏེ། གཙུག་ལག་ཁང་དང་ཁང་ཁྱིམ་དག་གི་ཉེན་ཀོར་ཡང་མ་ལུས་པར་རིལ་གྱིས་བསྐོ་བར་བྱ་བའོ། །ཁྱམས་ཀྱི་དེ་ཡང་ངོ་ཞེས་བྱ་བ་ནི། ཁྱམས་ཀྱི་ཉེན་ཀོར་དེ་ཡང་རིལ་གྱིས་བསྐོ་བར་བྱ་པའོ། །དེ་དག་དོང་པ་ཉིད་ཀྱིས་འོག་ཏུ་དེ་དག་མི་བཏང ་བར་མི་བྱའོ་ཞེས་བྱ་བ་ནི། འཐབ་ཀྲོལ་ཅན་དེ་དག་དོང་པའི་འོག་ཏུ་གཙུག་ལག་ཁང་དང་ཁང་ཁྱིམ་དང་ཁྱམས་དང་དེ་དག་གི་ཉེན་ཀོར་དེ་དག་སྔ་ན་ཁོ་བཞིན་དུ་མི་བཏང་བར་མི་བྱ་བ་སྟེ། ལྷུག་པར་བཏང་བར་བྱའོ། །རང་བཞིན་དུ་གནས་པའི་ཕྱིར ་སྒྱུ་ཐབས་མི་བྱའོ་ཞེས་བྱ་བ་ནི། དགེ་སློང་རང་བཞིན་དུ་གནས་པ་དེ་ཚུལ་ཁྲིམས་དང་ལྡན་པ་འཐབ་ཀྲོལ་ཅན་མ་ཡིན་པའི་ཕྱིར། སྒྱུ་ཐབས་ཞེས་བྱ་བ་གེགས་མི་བྱ་བ་སྟེ། འདི་ནི་བསྐོ་བའི་དུས་འབའ་ཞིག་ཏུ་མ་ཟད་ཀྱི། དུས་ཐམས་ཅད་དུ་ཡང ་དེ་བཞིན་ནོ། །འབྱུང་བའི་དོན་དུནི་མི་བསྐོའོ་ཞེས་བྱ་བ་ནི། དགེ་སློང་ད་ལྟར་མི་གནས་པ་ཕྱིས་འབྱུང་བར་འགྱུར་བའི་དོན་དུ་ནི་གནས་མལ་སྔ་ནས་བསྐོ་བར་མི་བྱའོ། །དེ་ཉིད་བསྟན་པའི་ཕྱིར། འདི་ནི་དུས་ཚིགས་དང་ཉིན་མཚན་དང་དེའི་ཡན་ལག ་ཆེ་གེ་མོ་ཞིག་ནི་བྱུང་བའི་འོ་འདི་ནི་མཁན་པོ་དང་སློབ་དཔོན་ཆེ་གེ་མོ་ཞིག་འབྱུང་བའི་འོ། །འདི་ནི་ལྷན་ཅིག་གནས་པ་ཉེ་གནས་ཆེ་གེ་མོ་ཞིག་འབྱུང་བའིའོ་འདི་ནི་གཏན་འདྲིས་པ་དང་ཕེབས་པར་སྨྲ་བ་དང་འཕྲོགས་བཤེས་དང་སྨོས་འདྲིན་ལ་སོགས ་བ་ཆེ་གེ་མོ་ཞིག་འབྱུང་པའིའོ་ཞེས་བཙུག་ལག་ཁང་དག་བསྐོ་བར་མི་བྱའོ་ཞེས་བྱ་བ་སྨྲས་ཏེ། གནས་ཁང་བསྐོ་བར་འདི་སྐད་ཅེས་གཙུག་ལག་ཁང་འདི་ནི་དགུན་དང། དགུན་སྨད་དང་དཔྱིད་དང་སོས་ཀ་དང། དབྱར་དང་སྟོན་གྱིས་དུས་ཚིག་ཆེ་གེ་མོ་ཞིག་ན་འབྱུང ་བའི་གནས་སུ་བསྐའོ?། །གཙུག་ལག་ཁང་འདི་ནི་སང་དང་གནངས་དང་གཞེས་དང་ཚེས་གཅིག་དང་གཉིས་དང་གསུམ་ལ་སོགས་པའི་ཉིན་མཚན་ཆེ་གེ་མོ་ཞིག་ན་འབྱུང་བའི་གནས་སུ་བསྐོའོ། །གཙུག་ལག་ཁང་འདི་ནི་སྔ་དྲོ་དང་གུང་ཚིགས་དང་ཕྱི་དྲོ་དང ་ཐུན་དང་པོ་དང་གཉིས་པ་དང་གསུམ་པ་དང་གཞི་པ་ཞེས་བྱ་བ་ཉིན་མཚན་དེའི་ཡན་ལག་ཆེ་གེ་མོ་ཞིག་ན་འབྱུང་བའི་གནས་སུ་བསྐོའོ་།གཙུག་ལག་ཁང་འདི་ནི་མཁན་པོ་དང་སློབ་དཔོན་ཆེ་གེ་མོ་ཞིག་འབྱུང་བའི་གནས་སུ་བསྐོའོ་ཞེས་བྱ་བ་ལ་སོགས་པ ་ལྟ་བུ་ཕྱིས་འབྱུང་བའི་དོན་དུ་གཙུག་ལག་ཁང་དག་བསྐོ་བར་མི་བྱའོ། །གནོད་པར་མི་བྱའོ་ཞེས་བྱ་བ་ནི། གཞན་གྱིསྦསྐོས་ཀྱང་གནོད་པར་མི་བྱའོ། །འདིར་གཞུང་ནི་འབྱུང་པའི་དོན་དུ་གཙུག་ལག་ཁང་བསྐོ་བར་མི་བྱ། བསྐོར་བཞུག་པར་མི་བྱའི་ཞེས ་གསུངས་པ་ཡིན་ཏེ། དེ་ལ་མདོ་སྔ་མས་ནི་བསྐོ་བར་མི་བྱའོ་ཞེས་གསུངས་པས་བསྡུས་སོ། །མདེ་འདིས་ནི་བསྐོར་བཞུག་པར་མི་བྱའོ་ཞེས་གསུངས་པས་བསྡུས་སོ། །ཚང་གཞིག་པའི་ཕྱིར་དབྱུག་གུ་ཐོགས་པ་བསྐོ་བར་བྱའོ་ཞེས་བྱ་བ་ནི། བྱེའུ་ལ་སོགS ་པའི་ཚངས་གཙུག་ལག་ཁང་དུ་འཆའ་བ་གཞིག་པའི་ཕྱིར་དགེ་སློང་དབྱུག་གུ་ཐོགས་པ་བསྐོ་བར་བྱའོ། །དེས་ཇི་ལྟར་པ་ཞིག་པར་བྱ་ཞེ་ན་དེའི་ཕྱིར། སྒོ་ང་མེད་པ་རྣམས་ནི་གདོན་པར་བྱའོ་ཞེས་བྱ་བ་སྨྲས་ཏེ། ཚང་སྒོ་ང་མེད་པ་རྣམས་ནི་དབྱུག་གུ་ཐོགས ་པས་གདོན་ཅིང་དབྱུང་པར་བྱའོ། །ཕྲ་མོ་རྣམས་ཀྱི་ནི་མི་ཡེལ་བར་བྱ་བའི་ཕྱིར་སྐུད་པས་དཀྲིའོ་ཞེས་བྱ་བ་ནི། སྦྲང་བུ་ཏྲེ་མ་བུཀ་དང། ཏྭཻ་ལ་ཏ་ཀ་ལ་སོགས་པ་དག་གི་ཆང་གང་ཡིན་པ་དེ་དག་ནི་མི་འཕེལ་བར་བྱ་བའི་ཕྱིར་སྐུར་པས་དཀྲི་པར་བྱའོ།། ་འདིར་གཞུང་ནི་མི་འཕེལ་བར་བྱ་བའི་ཕྱིར་སྐུད་པས་དཀྲིའོ་ཞེས་གསུངས་པ་ཡིན་ཏེ། དེ་ལ་ཚང་སྐུད་པས་དགྲིས་ན་དེ་དག་གིས་ཡང་ཕྱིར་སྐྱེད་པ་མི་ནུས་པའི་ཕྱིར་རོ། །གནས་མལ་ལ་སོགས་པ་སྦྱིན་ནོ་ཞེས་བྱ་བ་ལ། གོས་ལ་སོགས་པ་ཡང ་བསྡུ་བའི་ཕྱིར་སོགས་པ་ཞེས་བྱ་བའི་སྒྲ་སྨོས་སོ། །ཡོད་པ་ཉིད་ན་དུ་མ་ཡང་ངོ་ཞེས་བྱ་བ་ནི། ཁྲི་ལ་སོགས་པ་ཡོད་པ་ཉིད་ཡིན་ན། གང་ཟག་གཅིག་ལ་ཡང་དུ་མ་སྦྱིན་པར་བྱ་བ་སྟེ། གལ་ཏེ་རྒན་རིམས་ཀྱི་ཁྲི་ལ་སོགས་པ་ལ་ལན་ཉིས་བསྟབ་ཏུ་ཡོད་དམ་གསུམ ་ལ་སོགས་པ་བསྟབས་སུ་ཡོད་ན་ཡང་དེ་བཞིན་དུ་བསྟབས་ཤིང་སྦྱིན་པར་བྱའོ། །གལ་ཏེ་ལན་གྲངས་གཞན་ལ་ཁྱེད་པར་བྲིམ་དུ་མེད་ན་ཡང་རྒན་རིམས་ནས་བརྩམས་ཏེ་ཇི་ཙམ་ཁྱོད?་པ་ཡན་ཆད་ལ་བྲིམ་པར་དོན་གྱིས་ཤེས་པར་བྱ་སྟེ། འདི་ལྟར་རྒན་རིམས་ནས ་བརྩམས་ཏེ་རྙེད་པ་བྲིམ་མོ་ཞེས་གསུངས་པའི་ཕྱིར་རོ། །ཁྲི་ཆེན་པོ་དག་ཀྱང་བསྐོ་བར་བྱ་བ་ཉིད་ཡིན་ནོ་ཞེས་བྱ་བ་ནི། ཁྲི་ཚང་ཆེན་པོ་ནི་ཁྲི་ཆེན་པོ་སྟེ། གང་དག་ལ་མལ་ཡང་བཅར་རུང་བའོ། །དེ་བས་ན་ཁྲི་ཆན?་པོ་དེ་ལྟ་བུ་དག་ཀྱང་རྒན་རིམས་སུ་བསྐོ་བར་བྱའོ། ། ་བསྟན་དག་ཀྱང་ངོ་ཞེས་བྱ་བ་ནི། ཡང་བསྐོ་བར་བྱ་བ་ཉིད་ཡིན་ནོ། །འདིར་གཞུང་ནི་དེ་ལྟ་བས་ན་ཁྲི་ཆེན་པོ་དག་ཀྱང་རྒན་རིམས་སུ་བསྐོ་བར་བྱ་ཞིང་ཐ་ན་སྟན་དག་ཀྱང་ངོ་ཞེས་གསུངས་པ་ཡིན་ནོ། །དགེ་འདུན་གྱིས་གནས་མལ་གཡོགས་པ་དགེ་ཚུལ་མི་གཙང་བས ་ཉམས་བར་བྱེད་པའི་ཆོས་ཅན་ལ་སུམ་ཀྱང་མི་སྦྱིན་ནོ་ཞེས་བྱ་བ་ནི། དགེ་འདུན་གྱིས་གནས་མལ་ཁྲི་ལ་སོགས་པ་གོས་ལ་སོགས་པ་གཡོགས་པ་དག་དགེ་ཚུལ་འོག་རྫི་ཅན་ནམ་ཟ་གུ་མི་གཙང་བས་གནས་མལ་ཉམས་པར་བྱེད་པའི་ཆོས་ཅན་ལ་མི་སྦྱིན་པའོ།། ་སུས་ཀྱང་ཞེས་སྨོས་པའི་སྒྲས་ནི། གནས་མལ་སྟོབས་པའི་འབའ་ཞིག་ཏུ་མ་ཟད་ཀྱི། གཞན་དག་གིས་ཀྱང་སྦྱིན་པར་མི་བྱའོ་ཞེས་བྱ་བར་སྟོན་ཏོ། །དགེ་སློང་མལ་ཡང་མི་སྦྱིན་ནོ་ཞེས་བྱ་བ་ནི། དགེ་འདུན་གྱིས་གནས་མལ་གཡོགས་པ་དག་དགེ་སློང་མས་མི ་གཙང་བས་ཉམས་པར་བྱེད་པའི་ཆོས་ཅན་ལ་ཡང་སུས་ཀྱང་མ་སྦྱིན་པའོ། །འདིར་གནས་འབྱོར་པ་དེ་ལ་འདབ་ཏུ་གཙུག་ལག་ཁང་སྦྱིན་ནོ་ཞེS་བྱ་བ་ནི། དགེ་སློང་གིས་གཙུག་ལག་ཁང་འདིར་གནས་ལྷགས་པ་འབྱོར་པ་ཡོད་ན་དགེ་སློང་མ་རང་གི་ཚོགས་ཀྱི་དབྱར ་ཁང་མེད་པ་ཆོམ་རྐུན་ལ་སོགས་པ་རྐྱེན་གྱིས་དབང་གིས་ལོག་ཤིག་ན་གནས་པ་གྲ་མི་ཐུབ་པ་དེ་ལ་དགེ་སློང་གི་གཙུག་ལག་ཁང་གི་འདབ་ཀྱི་ཕྱོགས་སུ་གནས་ཁང་སྦྱིན་པར་བྱ་བའོ། །གནས་མལ་ལྷག་བཟང་པོ་མ་ཡིན་པ་ཡང་ངོ་ཞེས་བྱ་བ་ནི། དགེ་སློང་མ ་དེ་ལ་སྦྱིན་ནོ་ཞེས་བྱ་བར་སྦྱར་ཏེ། དགེ་འདུན་གྱི་གནས་མལ་མལ་ཆ་དང་སྟན་ལ་སོགས་པ་ཐ་ན་ཁྲིའུ་དང་ཆོལ་ཟངས་ཀྱི་བར་ཡན་ཆད་ཀྱང་དགེ་སློང་ཐམས་ཅད་ལ་ཁྱེད་པར་བྲིམས་ཏེ། གལ་ཏེ་ལྷག་མ་ཐེབ་ཡོད་ན་དེའི་ནང་ནས་བཟང་པོ་མ་ཡིན་པ་དགེ་སློང་མ་དེ་ལ ་སྦྱིན་པར་བྱའོ། །དེ་ལྟར་གནས་མལ་སྟོབས་པའི་དགེ་འདུན་ལ་རྒན་རིམས་ཀྱིས་གནས་མལ་བསྟབས་ཟིན་ནས་ཐམས་ཅད་ལ་འདི་སྐད་ཅེས་ཁྱེད་ཅག་ལས་གང་གིས་ཀྱང་དགེ་འདུན་གྱི་གནས་མལ་ལ་གདིང་བ་མེད་པར་ལོངས་སྤྱད་པར་མི་བྱ་གདིང་བ་རུང་བ་མ ་ཡིན་པས་ལོངས་སྤྱད་པར་མི་བྱ་གདིང་བ་དྲི་མ་ཅན་གྱིས་ལོངས་སྤྱད་པར་མི་བྱའོ་ཞེས་གོ་བར་བྱའོ་ཞེས་བྱ་བ་ནི། དགེ་སློང་རྣམས་ལ་གདིང་བ་མེད་པ་དང་གདིང་བ་རུང་བ་མ་ཡིན་པ་དང་གདིང་བ་དྲི་མ་ཅན་གྱིས་དགེ་འདུན་གྱི་མལ་ཆ་དང་སྟན་ལ་སོགས་པ་སྤྱད་པར ་མི་བྱ་བའི་བསླབ་པའི་གཞི་ཡོད་པའི་ཕྱིར་དེ་དག་ལ་བསྐུལ་ཞིང་ནན་ཏུར་བྱ་བའི་ཆེད་དུ་དེ་སྐད་གོ་བར་བྱའོ། །ཟླ་བ་ཕྱེད་ཕྱེད་ཅིང་སོ་སོར་བརྟགས་པར་བྱའོ་ཞེས་བྱ་བ་ནི། དགེ་སློང་རྣམས་གྱིས་གནས་མས?་མནོས་པ་གནས་མལ་སྟོབས་པས་ཟླ་བ་ཕྱེད་ཕྱེད་ཅིང་བྱུལ་ཞིང་བརྟག་པར ་བྱའོ། །དམ་ཚིག་ལས་འདས་ཤིང་སྤྱད་ན་གནས་པའི་གནས་ལ་གཞན་ནི་དགེ་འདུན་ལ་བརྗོད་དེ་དབྲོག་པར་བྱའོ་ཞེས་བྱ་བ་ནི། ཁྱེད་ཅག་ལས་གང་གིས་ཀྱང་དགེ་འདུན་གྱིས་གནས་མལ་ལ་གདིང་བ་མེད་པར་ལོངས་སྤྱོད་པར་མི་བྱ་ཞེས་བྱ་བ་ལ་སོགས་པའི་དམ་ཚིག ་སྔར་བསྒོ་བདེ་ལས་འདས་ཤིང་སྤྱད་པ་དག་བྱུང་ན། དེ་གལ་ཏེ་སློབ་མ་དང་ཉེ་གནས་སུ་གནས་པ་ཞིག་ཡིན་ན་ནི་དེའི་གནས་མཁན་པོ་དང་སློབ་དཔོན་གང་ཡིན་པ་ལ་བརྗོད་དེ་དགེ་འདུན་གྱིས་གནས་མལ་དེའི་ཕྱིར་དབྲོག་པར་བྱའོ། །གལ ་ཏེ་གནས་པ་མ་ཡིན་པ་གཞན་ཞིག་ཡིན་ན་ནི་དགེ་འདུན་ལ་བརྗོད་དེ་དགེ་འདུན་གྱིས་གནས་མལ་དེ་ཕྱིར་དབྲོག་པར་བྱ་བའོ། །གནས་མལ་སྟོབས་པ་དེས་ཆོས་བཅོ་ལྔའི་ཉིན་མོ་དགེ་འདུན་ལ་གནས་མལ་བསྟབས་ཟིན་ནས་འདི་སྐད་ཅེས་བརྗོད་པར ་བྱ་སྟེ། དགེ་འདུན་སངས་སྦྱིན་བདག་ཆེ་གེ་མོ་དང། ཞལ་ཏ་བ་ཆེ་གེ་མོ་དང། སྤྱོད་ཡུལ་གྱི་གྲོང་ཆེ་གེ་མོ་དང། ནད་གཡོག་ཆེ་གེ་མོས་གནས་པར་ཞལ་གྱིས་བཞེས་པར་འགྱུར་རོ་ཞེས་བརྗོད་པར་བྱའོ་ཞེས་བྱ་བ་ནི། དབྱར་ཟླ་འབྲིང་པོ་ཉ་འམ་དབྱད་ཟླ་ཐ་ཆུངས ་ཉི་འདུས་ངེར་དེ་སྐད་བརྗོད་པར་བྱའོ། །དགེ་འདུན་དུ་གྱུར་པའི་དགེ་སློང་རྣམས་ཀྱིས་ཀྱང་དེའི་ཚེ་ཇི་ལྟར་སོ་སོར་བརྟགས་ཏེ་གནས་པར་ཁས་བླང་བར་བྱ་ཞེ་ན། དེའི་ཕྱིར་འགྱོད་པ་དང་གཞན་སྡུག་བསྔལ་བ་དང་ཡིད་མི་བདེ་བ་བསྐྱེད་པ་ཉིད་དང་སེལ་བ་ཉིད ་དག་དང། བདེ་བ་དང་འདི་བདེ་བ་བསྐྱེད་བ་ཉིད་དང་རྗེས་སུ་བསྲུང་བ་ཉིད་དག་དང་ནད་གཡོག་ཉིད་ཚངས་པ་མཚུངས་པར་སྤྱོད་པ་དག་ལས་འབྱུང་བ་སོ་སོར་བརྟགས་པས་གནས་དང་སྤྱོད་ཡུལ་དང་བསོད་སྙོམས་དང། སྨན་སྦྱིན་པར་བྱེད་པ་ལ་རྣམ ་པར་བལྟས་ཏེ། གནས་པར་ཁས་བླང་བར་བྱའོ་ཞེས་བྱ་བ་སྨྲས་ཏེ། འགྱོད་བ་དང་འགྱོད་པ་ལས་གཞན་པའི་སྡུག་བསྔལ་དང། ཡིད་མི་བདེ་བ་མ་སྐྱེས་པ་མི་བསྐྱེད་པ་ཉིད་དང། སྐྱེད་བ་སེལ་བར་བྱེད་པ་ཉིད་དག་ཚངས་པ་མཚུངས་པ་སྤྱོད་པ་དག ་གི་ཡུལ་ལས་འབྱུང་བར་འགྱུར་བ་སོ་སོར་བརྟགས་པས་གནས་ལ་རྣམ་པར་བལྟ་སྟེ། དེ་ལྟ་བུ་འབྱུང་བར་འགྱུར་ན་གནས་པར་ཁས་བླང་པའོ། །དེ་བཞིན་དུ་བདེ་བ་དང་ཡིད་བདེ་བ་མ་སྐྱེས་པ་ཉིད་དང། སྐྱེས་པ་རྗེས་སུ་སྲུང་བར་བྱེད་པ་ཉིད་དག་ཚངས ་པ་མཚུངས་པར་སྤྱོད་པ་ངག་གིས་ཡུལ་ལས་འབྱུང་བར་འགྱུར་བ་སོ་སོར་བརྟག་བས་གནས་ལ་རྣམ་པར་བལྟས་ཏེ། དེ་ལྟ་བུ་འབྱུང་བར་འགྱུར་ན་གནས་པར་ཁས་བླང་དོ། །དེ་བཞིན་དུ་ན་བར་གྱུར་ན་ནང་གཡོག་ཉིད་ཚངས་པ་མཚུངས་པར་སྤྱོད་པ་དག་གི ་ཡུལ་ལས་འབྱུང་བར་འགྱུར་བ་སོ་སོར་བརྟག་པས་གནས་ལ་རྣམ་པར་བལྟས་ཏེ། དེ་ལྟ་བུ་འབྱུང་བར་འགྱུར་ན་གནས་པར་ཁས་བླང་ངོ། །དེ་བཞིན་དུ་སྤྱོད་ཡུལ་གྱི་གྲོང་གང་ནས་བསོད་སྙོམས་ལ་སོགས་པ་ཐོབ་པར་འགྱུར་བ་སོ་སོར་བརྟག་པས་སྤྱོད་ཡུལ ་ལ་རྣམ་པར་བལྟས་ཏེ། དེ་ལྟ་བུ་ཡོད་པར་གྱུར་ན་གནས་པར་ཁས་བླང་ངོ། །དེ་བཞིན་དུ་སྦྱིན་བདག་གང་གིས་བསོད་སྙོམས་དང་ནད་པའི་རྐྱེན་དང་སྨན་གྱིས་ཡོ་བྱད་འབྱོར་པ་ལ་སོ་སོར་བརྟགས་པས་བསོད་སྙོམས་དང་སྨན་བྱིན་པར་བྱེད་པ་ལ་རྣམ་པར ་བལྟས་ཏེ། དེ་ལྟ་བུ་ཡོད་པར་གྱུར་ན་གནས་པར་ཁས་བླང་ངོ་ཞེས་བྱ་བར་སྦྱར་རོ། །དེ་དག་ཐམས་ཅད་མེད་ན་དེར་གནས་པར་ཁས་བླང་བར་མི་བྱའོ། །དེ་ལ་སྡུག་བསྔལ་ཞེས་བྱ་བ་ནི་ལུས་ཀྱིའོ། །ཡིད་མི་བདེ་བ་ཞེས་བྱ་བ་ནི་ཡིད་ཀྱིའོ། །མི་བསྐྱེད་པ ་ཞེས་བྱ་བ་ནི་མ་སྐྱེད་པ་མི་བསྐྱེད་པའོ། །སེལ་བ་ཉིད་ཅེས་བྱ་བ་ནི། སྐྱེས་པའི་ཕྱིར་འཆོས་པར་བྱེད་པའོ། །བདེ་བ་ཞེས་བྱ་བ་ནི་ལུས་ཀྱིའོ། །ཡིད་བདེ་བ་ཞེས་བྱ་བ་ནི་ཡིད་ཀྱིའོ། །བསྐྱེད་པ་ཉིད་ཞེས་བྱ་བ་ནི་མ་སྐྱེས་བ་བསྐྱེད་པའོ་རྗེས་སུ་བསྲུང་བ་ཉིད ་ཅེས་བྱ་བ་ནི། ཚོགས་བསྐྱེད་པ་རྣམས་ཅི་ནས་ཀྱང་ཉམས་པར་མི་འགྱུར་བ་དེ་ལྟར་ཀུན་ཏུ་སྤྱོད་པའོ། །སོ་སོར་བརྟགས་པས་ཞེས་བྱ་བ་ནི། སོ་སོར་ཤེས་པར་བྱ་བས་སོ། །འདིར་གཞུང་ནི་དགེ་སློང་ངེས་འདི་ལྟར་བརྟག་པར་བྱ་སྟེ། གནས་འདི་ན་བདག་གི ་ཚངས་པ་མཚུངས་པར་སྤྱད་པ་གང་དག་བདག་གིས་འགྱོད་པ་དང་སྡུག་བསྔལ་དང་ཡིད་མི་བདེ་བ་མ་སྐྱེས་པ་མི་བསྐྱེད་པ་ཉིད་དང། སྐྱེད་པ་སེལ་བ་ཉིད་དང་བདེ་བ་དང་ཡིད་བདེ་བ་མ་སྐྱེས་པ་བསྐྱེད་པ་ཉིད་དང། སྐྱེས་བ་རྗེས་སུ་བསྲུང་བ་དག་དང་བདག་ན་ན ་ནད་གཡོག་བྱེད་བདེ་ལྟ་བུ་དག་ཡོད་དམ་ཞེས་སོ་སོར་བརྟགས་པས་གནས་ལ་རྣམ་པར་ལྟ་ཞིང་སྤྱོད་ཡུལ་འདི་ན་བདག་གི་བསོད་སྙོམས་དང་སྨན་སྦྱིན་པར་བྱེད་པ་ཡོད་དམ་ཞེས་སོ་སོར་བརྟགས་པས་སྤྱོད་ཡུལ་དང་སྦྱིན་བདག་ལ ་རྣམ་པར་བལྟས་ཏེ། དེའི་འོག་ཏུ་གནས་པར་ཁས་བླང་བར་བྱའི། གཞན་དུ་ན་གནས་བར་ཁས་བླང་བར་མི་བྱའོ་ཞེས་གསུངས་པ་ཡིན་ནོ། །གང་དུ་གནས་པར་ཁས་བླང་བར་བྱ་ཞེ་ན། དེའི་ཕྱིར་གཡོག་པར་དགེ་སློང་གི་མདུན་རོལ་ཏུའོ་ཞེས་བྱ་བ་སྨྲས་ཏེ། ་གནས་སྟེང་གཡོགས་པའི་ནང་གི་ཕྱོགས་དེར་དགེ་སློང་གི་མདུན་དུ་ཚེས་བཅུ་དྲུག་གི་ནང་པར་གནས་པར་ཁས་བླང་བར་བྱའོ། །དེའི་སྔགས་ནི་ཚེ་དང་ལྡན་པ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་མཚམས་ཀྱི་ནང་དང་བཅས་པའི་གནས ་འདིར་འདི་ལྟ་སྟེ། གནས་རལ་པ་དང་འདྲུམས་པ་བཅོས་པའི་སླང་དུ་སྦྱིན་བདག་མིང་འདི་ཞེས་བགྱི་བ་དང། ཞལ་ཏ་བ་མིང་འདི་ཞེས་བགྱི་བ་དང། སྤྱོད་ཡུལ་གྱི་གྲོང་ཆེ་གེ་མོ་ཞེས་བགྱི་བ་དང་བྲོ་གཡོག་ཆེ་གེ་མོ་ཞེས་བགྱི་བས་དབྱར་སྔ་མ་ཟླ་བ་གསུམ ་གནས་པར་ཁས་བླང་ངོ། །བདག་དབྱར་འདི་ན་མཆིས་ཤིང་བདག་གི་དབྱར་གྱི་གནས་ནི་འདི་ལགས་སོ་ཞེས་ལན་གསུམ་བརྗོད་པར་བྱའོ་ཞེས་གསུངས་པ་ཡིན་ནོ། །དབྱར་ཕྱི་མ་ལ་ནི་དབྱར་ཕྱི་མ་ཟླ་བ་གསུམ་གནས་བར་ཁས་བླང་ངོ་ཞེས་སྔགས ་ཀྱི་བྱེ་བྲག་ཏུ་བྱའོ། །གཙུག་ལག་ཁང་དུ་མར་མི་བྱའོ་ཞེས་བྱ་བ་ནི། གཙུག་ལག་ཁང་དུ་མར་མཚམས་སུ་རྫས་གཅིག་གིས་མནན་ཏེ། དགེ་སློང་གིས་གནས་པར་ཁས་བླང་བར་མི་བྱའོ། །འདིར་གཞུང་ནི་དགེ་སློང་གིས་གཙུག་ལག་ཁང་གཉིས་སུ་དབྱར ་གནས་པར་ཁས་བླང་བར་མི་བྱ་བའོ། །བྱེད་ན་འགལ་ཚབས་ཅན་དུ་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །གང་ན་དགེ་སློང་མེད་པ་ཉིད་དང་སྒོ་གླེགས་མེད་བར་ཉིད་དང་བཅས་པར་ཡང་མི་བྱའོ་ཞེས་བྱ་བ་ནི། གཙུག་ལག་ཁང་གང་ན་འདི?་གཉིས་ཀ་མེད་པའི ་གཙུག་ལག་ཁང་དེར་ཡང་གནས་པར་ཁས་བླང་བར་མི་བྱ་བའོ། །སྦྱིན་བདག་དང་ཞལ་ཏ་པ་དང་སྤྱོད་ཡུལ་ཀྱི་གྲོང་དང་ནད་གཡོག་དག་ཡོད་པ་ཉིད་ཡིན་ན་བརྗོད་པར་བྱའོ་ཞེས་བྱ་བ་ནི། གལ་ཏེ་གནས་དེ་ན་དེ་དག་ཡོད་པ་ཉིད་ཡིན་ན་སྔར་ཚེས་བཅོ་ལྔའི་ཉིན་པར ་གནས་མལ་སྟོབས་པས་ཀྱང་དགེ་འདུན་ལ་སང་སྦྱིན་བདག་ཆེ་གེ་མོ་ཞིག་དང་ཞལ་ཏ་པ་ཆེ་གེ་མོ་དང་སྤྱོད་ཡུལ་གྱི་གྲོང་ཆེ་གེ་མོ་དང་ནད་གཡོག་ཆེ་གེ་མོས་གནས་པར་ཞལ་གྱིས་བཞེས་པར་འགྱུར་རོ་ཞེས་བརྗོད་པར་བྱ་ཞིང། ཆེས་བཅུ་དྲུག་གི་ནང ་བར་དགེ་འདུན་གནས་པར་ཁས་ལེན་པའི་སྔགས་བརྗོད་པའི་ཚེ་ཡང་དེ་སྐད་བརྗོད་པར་བྱའོ།། །།བམ་པོ་བཞི་བཅུ་དགུ་པ། །བྱིན་གྱིས་མ་བརླབས་པར་མཚམས་ཀྱི་ཕྱི་རོལ་ཏུ་སྐྱ་རེངས་འཆར་བར་མི་བྱའོ་ཞེས་བྱ་བ་ནི། དགེ་སློང ་དབྱར་གནས་པར་ཁས་བླངས་པ་ཞག་བདུན་ལ་སོགས་པར་བྱིན་གྱིས་མ་བརླབས་པར་མཚམས་ཀྱི་ཕྱི་རོལ་ཏུ་སྐྱ་རེངས་འཆར་བར་མི་བྱའོ། །སྐྱ་རེངས་མ་ཤར་ཚུན་ཆད་ཀྱི་དུས་སུ་མཚམས་ཀྱི་ཕྱི་རོལ་ཏུ་འདའ་ཨི་བར་བྱེད་པ་ལ་ནི་ཉེས་བ་མེད་དེ་དེ ་ལྟར་ཡང་གལ་ཏེ་འགྲོ་ན་དེར་ཡང་གནས་པར་མི་བྱའོ་ཞེས་གསུངས་བའི་ཕྱིར་རོ། །ཆོས་དང་ལྡན་པའི་དོན་ཏུ་ཞག་བདུན་བྱིན་གྱིས་བརླབས་པར་བྱའོ་ཞེས་བྱ་བ་ནི། ཆོས་དང་མི་འབྲལ་བ་ནི་ཆོས་དང་ལྡན་པ་སྟེ། དེའི་དོན་གྱི་ཆེད་དུ་མཚམས་ཀྱི་ཕྱི་རོལ་དུ་འགྲོན་ཞག ་གཅིག་གམ་གཉིས་སམ་བདུན་མན་ཆད་ཇི་ཙམ་གྱིས་དོན་དེ་འགྲུབ་པ་དེ་ཙམ་གྱི་དུས་མཚམས་ཀྱི་ནང་དུ་དགེ་སློང་གཅིག་གི་མདུན་དུ་བྱིན་གྱིས་བརླབས་ཏེ་འགྲོ་བར་བྱའོ། །འདིའི་སྔགས་ནི་ཚེ་དང་ལྡན་པ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི ་བ་མཚམས་ཀྱི་ནང་དང་བཅས་པའི་གནས་འདིར་དབྱར་སྔ་མ་ཟླ་བ་གསུམ་གནས་པར་ཁས་བངས་པ་ལས་བདག་མིང་འདི་ཞེས་བགྱི་བ་བགྱི་བ་ཞིག་གི་སླད་དུ་དགུང་བདུན་མཚམས་ཀྱི་སླད་རོལ་ཏུ་མཆི་བ་དང། དེ་ཚུན་ཆད་ཀྱི་སླད་མཆི་?་བྱིན་གྱིས ་བརླབ་པོ། །བདག་དབྱར་འདི་ན་མཆིས་ཤིང་བདག་གིས་དབྱར་གྱིས་གནས་ནི་འདི་ལགས་སོ་ཞེས་ལན་གསུམ་བཟླས་སོ་ཞེས་གསུངས་པ་ཡིན་ནོ། །དབྱར་ཕྱི་མ་ལ་ནི་དབྱར་ཕྱི་མ་ཟླ་བ་གསུམ་གནས་པར་ཁས་བླངས་པ་ལས་ཞེས ་སྔགས་ཀྱི་བྱེ་བྲག་ཏུ་བྱའོ། །འདིར་ཞག་བདུན་ཞེས་སྨོས་པས་ནི་མཚོན་པ་ཅམ་དུ་ཟད་དོ། །ཞག་གཅིག་གམ་གཉིས་སམ་བདུན་མན་ཚད་ཇི་ཙམ་གྱིས་དོན་དེ་འགྲུབ་པ་དེ་ཙམ་གྱི་ཞག་གྲངས་སྨོས་པར་བྱའོ། །ཆོས་དང་ལྡན་པའི་དོན་བསྟན་པའི་ཕྱིར། ་འདི་ལྟ་སྟེ། དགེ་སློང་གི་ཀུན་དགའ་རབ་འབུལ་བ་དང་གཙུག་ལག་ཁང་ཞལ་བསྲོ་བ་དང་གནས་མལ་འབུལ་བ་དང་བསླབ་པ་བརྟན་པོ་བཅའ་བ་དང་མཆོད་རྟེན་ཞལ་བསྲོ་བ་དང་མཆོད་སྡོད་གཟུགས་པ་དང་རྒྱལ་མཚན་བསྒྲེང་བ་དང་མཆོད་པ་བྱ་བ ་དང། ཚན་དང་ཙན་དན་དང་གུར་གུམ་གྱིས་བྱུག་པ་བསྐུད་པ་དང་བཀླག་པ་དང་འགྱོད་པ་གསོལ་བ་དང་བལྟ་བའི་རྣམ་པ་སྤང་བ་དང། ཕྱོགས་དང་མཐུན་པ་བསྒྲུབ་པ་དང་བཟོད་པ་གསོལ་བ་དང་སྤོ་བ་ལ་སོགས་པ་བཞི་བྱ་བ་དང་དབྱུང་བ་དང་ནད་པ་དབུགས ་དབྱུང་བ་དག་ལའོ་ཞེས་བྱ་བ་སྨྲས་ཏེ། དགེ་སློང་མཚམས་ཀྱིས་ཕྱི་རོལ་ན་གནས་པ་གཞན་གྱི་ཆོས་དང་ལྡན་པའི་དོན་འདི་ལྟ་བུ་དག་བྱུང་ན་དེ་བསྒྲུབ་པའི་དོན་དུ་དགེ་སློང་དབྱར་གནས་པར་ཁས་བླང་བ་མཚམས་ཀྱི་ནང་ན་འདུག་པས་ཞག་བདུན་མན ་ཆད་མཚམས་ཀྱི་ཕྱི་རོལ་ཏུ་འགྲོ་ཞིང་དེ་མཚུན་ཆད་ཀྱི་ཕྱིར་འཁོར་བར་བྱིན་གྱིས་བརླབ་པོ་ཞེས་བྱ་བར་སྦྱར་རོ། །དགེ་སློང་གིས་ཞེས་བྱ་བ་ནི། དགེ་སློང་མཚམས་ཀྱིས་ཕྱི་རོལ་ན་གནས་པ་གཞན་གྱིའོ། །ཀུན་དགའ་ར་བ་དབུལ་བ་ཞེས་བྱ་བ་ནི། ་མཚམས་ཀྱིས་ནད་ན་བཞུགས་པའི་དགེ་འདུན་ལའོ། །གཙུག་ལག་ཁང་ཞལ་བསྲོ་བ་ཞེས་བྱ་བ་ནི། འཇུག་པ་དག་དང་གནས་པ་ལ་སོགས་པའི་ཆོ་ག་བྱ་བའོ། །གནས་མལ་འབུལ་བ་ཞེས་བྱ་བ་ནི། གནས་ཀྱི་གཞི་དང་མལ་ཆ་ལ་སོགས་པ་དགེ་འདུན་ལ ་འབུལ?་བའོ། །བསླབ་པ་བརྟན་པ་བཅའ་བ་ཞེས་བྱ་བ་ནི། བསྟན་པ་ལ་ཕན་པའི་རྩིགས་བརྟན་པོ་བཅའ་པའོ། །མཆོད་རྟེན་ཞལ་བསྲོ་བ་ཞེས་བྱ་བ་ནི། བརྩིགས་ནས་ཞལ་བསྲོ་བའི་ཆོ་ག་བྱ་བའོ། །མཆོད་སྟོང་གཟུགས་པ་ཞེས་བྱ་བ་ནི། མཆོད་རྟེན་གྱི་སྲོག་ཤིང ་གཟུགས་པའོ། །རྒྱལ་མཚན་བསྒྲེང་བ་ཞེས་བྱ་བ་ནི། རྒྱལ་མཚན་བསྒྲང་བ་དང་གདུགས་གདགས་པ་ལ་སོགས་པའོ། །མཆོད་པ་བྱ་བ་ཞེས་བྱ་བ་ནི། དཀོན་མཆོག་གསུམ་ལའོ། །ཚོན་གྱི་བྱུག་པ་བསྐུད་བ་ཞེས་བྱ་བ་ནི། མཆོད་རྟེན་ལ་སོགས་པ་ལ་ཡུང་ང་དང་བ་བླ ་སོགས་པའི་བྱུག་པ་བསྐུད་པའོ། །ཙན་དན་དང་གུར་གུམ་གྱི་བྱུག་པས་བསྐུད་པ་ཞེས་བྱ་བ་ཡང་དེ་བཞིན་ནེ། །ཀླག་པ་ཞེས་བྱ་བ་ནི། མདོ་སྡེའི་སྡེ་ཚན་ཀླགS་པ་དང་བཏོན་པ་ན་རྙེད་པ་གྲུབ་པ་ཡོད་པས་དཀོན་མཆོག་ལ་མཆོད་པ་བྱ་བའམ་ཀླག་པའི་ལུང་གནོད་པའོ། ། ་འགྱོད་པ་གསལ་བ་ཞེས་བྱ་བ་ནི། ངན་པ་བྱས་པའི་དངོས་པོས་འགྱོད་པར་གྱུར་པ་གསལ་བའོ། །འདིར་ལྟ་བའི་རྣམ་པ་སྤང་བ་ཞེས་བྱ་བ་ནི། སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་སྐྱེས་པ་བསལ་བའོ། །ཕྱོགས་དང་མཐུན་པ་བསྒྲུབ་པ་ཞེས་བྱ་བ་ནི། ནན་ཏུར་གྱིས ་ལས་སམ་རྩོད་པ་འགའ་ཞིག་བྱུང་བ་ན་དེའི་ཚེ་ཆོས་ཀྱིས་ཕྱོགས་བཙལ་བར་གེས་པའོ། །བཟོད་པ་གསོལ་བ་ཞེས་བྱ་བ་ནི། སྔར་དགེ་འདུན་གྱིས་སྤངས་པ་ལ་སོགས་པ་ཕྱིར་དགེ་འདུན་ལ་བཟོད་པ་གསོལ་བའོ། །སྦོ་བ་ལ་སོགས་པ་བཞིས་ཞེས་བྱ་བ་ནི། ་སྤོ་བ་དང་གཞི་གནས་སྤས?་དང། མགུ་བར་བྱ་བ་དང། གཞི་ནས་མགུ་བར་བྱ་བ་སྟེ། ཡང་གཞི?་ནས་བསླང་སྟེ་སྤོ་པ་དང། ཡང་བཞི་ནས་བསླང་སྟེ་སྤོ་བ་དང། ཡང་གཞི་ནས་བསླང་སྟེ་མགུ་བར་བྱ་བ་ནི། བཞི་ནས་སྤོ་བ་དང། ་བཞི་ནས་མགུ་བར་བྱ་བ་ལས་ཅ་མི་དད་ང། །དབྱུང་བ་ཞེས་བྱ་བ་ནི། དགེ་འདུན་ལྷག་མའི་ལྟུང་བ་ལས་དབྱུང་བའོ། །ནད་པ་དབུགས་དབྱུང་བ་ཞེས་བྱ་བ་ནི་ནད་པའི་ནད་དྲི་བའོ། །དགེ་སློང་མའི་ལྕི་བའི་ཆོས་ཀྱི་མགུ་བར་བྱ་བ་འབུལ་བ་ལ་ཡང་ངོ་ཞེས་བྱ་བ་ ་ནི། དགེ་སློང་མ་མཚམས་ཀྱི་ཕྱི་རོལ་ན་གནས་པ་གཞན་གྱི་ཆོས་དང་ལྡན་པའི་དོན་ནི་སྔར་དགེ་སློང་གིས་སྐབས་སུ་བསྟན་པ་དེ་དག་ཉིད་ཀྱང་ཡིན་ལ། དེའི་སྟེང་དུ་འདིས་ཀྱང་བསྣན་བར་བྱ་བའི་ཕྱིར་ཡང་ངོ་ཞེས་བྱ་བའི་སྒྲ་སྨོས་སོ། ། ་དགེ་སློང་མ་རྣམས་ཀྱིས་ལྕི་བའི་ཆོས་ལས་འདས་པ་གཉི་གའི་དགེ་འདུན་ལ་མགུ་བ་སྤྱད་པར་བྱ་དགོས་པས་འདི་དང་སྔ་མ་དག་ལྟ་བུའི་ཆོས་དང་ལྡན་བའི་དོན་དག་བྱུང་ན་དེ་བསྒྲུབ་པའི་དོན་དུ་ཡང་དགེ་སློང་དབྱར་གནས་པར་ཁས་བླངས་པ་མཚམས་ཀྱི ་ནད་ན་འདུག་པས་ཞག་བདུན་མན་ཆད་མཆམས་ཀྱི་ཕྱི་རོལ་ཏུ་འགྲོ་ཞིང་དེ་ཚུན་ཚད་གྱིས་ཕྱིར་འཁོར་བར་བྱིན་གྱིས་བརླབས་པོ་ཞེས་བྱ་བར་སྦྱར་རོ། །དགེ་སློབ་མའི་ཚངས་པར་སྦྱོད་པ་ལ་ཉེ་བར་གནས་པའི་སྡོམ་པ་དང་བསྙེན་པར་རྫོགས་པར་བྱ་བ་ལ ་ཡང་ངོ་ཞེས་བྱ་བ་ནི། དགེ་སློབ་མ་མཚམS་གྱི་ཕྱི་རོལ་ན་གནས་པ་རྣམས་ཀྱིས་ཚངས་པར་སྤྱོད་པ་ལ་ཉེ་བར་གནས་པའི་སྡོམ་པ་མནོད་པ་དང་བསྙེན་པར་རྫོགས་པར་བྱ་བ་ཆོས་དང་ལྡན་པའི་དོན་དེ་གཉིས་བྱུང་ན་དེ་དག་སྒྲུབ་བའི་དན་དུ་ཡང་དགེ་སློང ་དབྱར་གནས་པར་ཁས་བླངས་པ་མཚམས་ཀྱིས་ནང་ན་འདུག་པས་ཞག་བདུན་མན་ཆད་མཚམས་ཀྱི་ཕྱི་རོལ་ཏུ་འགྲོ་ཞིང་དེ་ཚུན་ཆད་ཀྱི་ཕྱིར་འཁོར་པར་བྱིན་གྱིས་བརླབ་བོ་ཞེས་བྱ་བར་སྦྱར་རོ། །དགེ་ཚུལ་གྱི་དེ་ལའོ་ཞེས་བྱ་བ་ནི། དགེ་ཚུལ ་མཚམས་ཀྱི་ཕྱི་རོལ་ན་གནས་པ་རྣམས་ཀྱིས་བསྙེན་པར་རྫོགས་པར་བྱ་བ་ཆོས་དང་ལྡན་བའི་དོན་དེ་བྱུངས་ན་དེ་བསྒྲུས་པཱི་དོན་དུ་ཡང་དགེ་སློང་དབྱར་གནས་པར་ཁས་བླངས་པ་མཚམས་ཀྱི་ནང་ན་འདུག་པས་ཞག་བདུན་མན་ཆད་མཚམས་ཀྱི ་ཕྱི་རོལ་ཏུ་འགྲོ་ཞིང་དེ་ཚུན་ཆད་ཀྱིས་ཕྱིར་འཁོར་བར་བྱིན་གྱིས་བརླབ་པོ་ཞེས་བྱ་བར་སྦྱར་རོ། །དེ་ལ་ཞེས་བྱ་བ་ནི་བསྙེན་པར་རྫོགས་པར་བྱ་བ་ལའོ། །དགེ་ཚུལ་མའི་བསླབ་པའི་སྡོམ་པ་བྱིན་པ་ལའོ་ཞེས་བྱ་བ་ནི། དགེ་ཚུལ་མ་མཚམས་ཀྱི་ཕྱི ་རོལ་ན་གནས་པ་རྣམས་ཀྱིས་བསླབ་པའི་སྡོམ་པ་སྦྱིན་པར་བྱ་བ་ཆོས་དང་ལྡན་པའི་དོན་དེ་བྱུང་ན་དེ་བསྒྲུབ་པའི་དོན་དུ་ཡང་དགེ་སློང་དབྱར་གནས་པར་ཁས་བླངས་པ་མཚམས་ཀྱསི་ནད་ན་འདུག་པས་ཞག་བདུན་མན་ཆད་མཚམས་ཀྱིས་ཕྱི་རོལ་ཏུ་འགྲོ་ཞིང ་དེ་ཆུན་ཆད་ཀྱིས་ཕྱིར་འཁོར་བར་བྱིན་གྱིས་བརླབ་པོ་ཞེས་བྱ་བར་སྦྱར་རོ། །ཁྱིམ་པ་དང་ཁྱིམ་པ་མོའི་མགོ་དཀྲི་བ་དང་བང་བསང་བ་དང་སྒྲ་བསྐྱེད་པ་དང་སྐྲ་བྲེགས་པ་དང་གདུབ་ཀོར་བསྐྱེད་པ་དག་ལའོ་ཞེས་བྱ་བ་ནི། ཁྱིམ་པ་དང་ཁྱིམ་པ་མོ་མཚམས་ཀྱི ་ཕྱི་རོལ་ན་གནས་པ་རྣམས་ཀྱསི་ཆོས་དང་ལྡན་པའི་དོན་བའདི་ལྟ་བུ་དག་བྱུང་ན་དེ་བསྒྲུབ་པའི་དོན་དུ་ཡང། དགེ་སློང་དབྱར་གནས་པར་ཁས་བླངས་པར་མཚམས་ཀྱིས་ནད་ན་འདུག་པས་ཞག་བདུན་མན་ཆད་མཚམས་ཀྱིས་ཕྱི་རོལ་ཏུ་འགྲོ་ཞིང་དེ་ཚུན ་ཆད་ཀྱིས་ཕྱིར་འཁོར་བར་བྱིན་གྱིས་བརླབས་པོ་ཞེས་བྱ་བར་སྦྱར་རོ། །མགོ་དཀྲེ་བ་ཞེས་བྱ་བ་ནི། བྱིས་བ་རྣམས་ཀྱིས་འཕྲལ་བ་གསལ་བར་བྱ་བའི་ཕྱིར་མགོ་བཀྲི་བར་བྱེད་པ་གང་ཡིན་པའོ། །བང་བསྲང་བ་ཞེས་བྱ་བ་ནི། བུད་མེད་བུ་བཅས ་པ་རྣམས་ཀྱིས་མདལ་གྱིས་དྲི་མ་བསལ་བའི་ཕྱིར་ཁྲུས་བྱེད་པའོ། །སྐྲ་བསྐྱེད་བ་ཞེས་བྱ་བ་ནི། ཁྱེའུ་རྣམས་ཀྱི་སྒྲ་དེ་ཕན་ཆད་མི་བྲེག་པར་གཞག་པར་བྱ་བའོ། །སྐྲ་བྲེག་པ་ཞེས་བྱ་བ་ནི་དེ་དག་ཉིད་ཀྱི་དང་པོའི་སྐྲ་དག་བྲེག་པར་བྱ་བའོ། །གདུབ་ཀོར ་བསྐྱེད་བ་ཞེས་བྱ་བ་ནི། རྣ་ཆ་གདུབ་ཀོར་གཞུག་པའི་ཕྱིར་?་བའི་བུ་གུ་བསྐྱེད་པའོ། །བསྙེན་པར་མ་རྫོགས་པ་རྣམས་ཀྱིས་དགེ་འདུན་ལྷག་མའི་སྐབས་མ་གཏོགས་པ་སྔ་མ་དག་ལ་ཡང་ངོ་ཞེས་བྱ་བ་ནི། སྔར་དགེ་སློང་དང་དགེ་སློང་མའི་ཆོས་དང་ལྡན ་པ་དོན་ཇི་སྐད་བསྟན་པ་དེ་དག་ལས་དགེ་འདུན་ལྷག་མའི་སྐབས་དང་སྦོ་བ་ལ་སོགས་པ་བཞི་དང་འབྱུང་བ་མ་གཏོགས་པ་ཀུན་དགའ་ར་བ་འབུལ་བ་ཞེས་བྱ་བ་ལ་སོགས་པ་ཐམས་ཅད་ནི་བསྙེན་པར་མ་བདོགས?་པ་དགེ་སློབ་མ་དང་དགེ་ཚུལ་དང་དགེ ་ཚུལ་མ་དང་ཁྱིམ་པ་དང། ཁྱིམ་པ་མོ་རྣམས་ཀྱིས་ཆོས་དང་ལྡན་པའི་དོན་ཡང་ཡིན་པས་བསྙེན་པར་མ་རྫོགས་པ་མཚམས་ཀྱི་ཕྱི་རོལ་ན་གནས་པ་རྣམས་ཀྱིས་ཆོས་དང་ལྡན་པའི་དོན་དེ་ལྟ་བུ་དག་བྱུང་ན་དེ་དག་བསྒྲུབ་བའི ་དོན་དུ་ཡང་དགེ་སློང་དབྱར་གནས་པར་ཁས་བླངས་པ་མཚམས་ཀྱི་ནང་ན་འདུག་པས་ཞག་བདུན་མན་ཆད་མཚམས་ཀྱི་ཕྱི་རོལ་ཏུ་འགྲོ་ཞིང་དེ་ཚུན་ཆད་ཀྱི་ཕྱིར་འཁོར་པར་བྱིན་གྱིས་བརླབ་པོ་ཞེས་བྱ་བར་སྦྱར་རོ། །དེ་ལྟར་ན་བཟོད་པ་གསོལ ་བ་ཡང་དེ་དག་ལ་ཐལ་བར་འགྱུར་རོ་ཞེ་ན་དེའི་ཕྱིར། ཁྱིམ་པ་དང་ཁྱིམ་པ་མོའི་གཟོད་པ་གསོལ་བ་ནི་ཁ་བསྲང་པའོ་ཞེས་བྱ་བ་སྨྲས་ཏེ། ཁྱིམ་པ་དང་ཁྱིམ་པ་མོའི་བཟོད་པ་གསོལ་བ་ནི། །སྔར་དེ་དག་ལ་དགེ་འདུན་གྱིས་ལྷུང་བཟེད་ཁས ་སྒྲུབ་པ་དག་ཕྱིར་ཁ་བསྲང་བར་གསོལ་བ་ཡིན་པར་བལྟ་བར་བྱ་སྟེ། ཁྱིམ་པ་དང་ཁྱིམ་པ་མོའི་མཚམས་ཀྱི་ཕྱི་རོལ་ན་གནས་པ་རྣམས་ལ་ལྷུང་བཟེད་ཁས་སྦུབ་པ་ཕྱིར་ཁ་བསྐང་བར་གསོལ་བ་ཆོས་དང་ལྡན་པའི་དོན་དེ་ལྟ་བུ་དག་བྱུང་ན ་དེ་དག་བསྒྲུབ་བའི་དོན་དུ་ཡང་དགེ་སློང་དབྱར་གནས་པར་ཁས་བླངS་པ་མཚམས་ཀྱིས་ནང་ན་འདུག་པས་ཞག་བདུན་མ་ན་ཆད་མཚམས་ཀྱིས་ཕྱི་རོལ་ཏུ་འགྲོ་ཞིང་དེ་ཚུན་ཆད་ཀྱིས་ཕྱིར་འཁོར་བར་བྱིན་གྱིས་བརླབ་པོ་ཞེས་བྱ་བར་སྦྱར་རོ། །ཟས་དང ་སྨན་དང་གཡོག་དག་མེད་ལ་དེ་དག་མེད་པར་འཆོ་མི་ནུས་ན་དེ་ལས་འདའ་བར་བྱའོ་ཞེས་བྱ་བ་ནི། དགེ་སློང་དབྱར་གནས་པར་ཁས་བླངས་བ་ལ་བྱིས་ཟས་དང་སྨད་དང་ནད་གཡོག་མེད་པ་དེ་དག་མེད་པར་འཆོ་མི་ནུས་ན་དེའི་ཚེ་དབྱར་གནས་པར་ཁས ་བླངས་པ་དེ་ལས་འདའ་བར་བྱའོ། །གལ་ཏེ་རྩ་བ་?་འབྲས་བུ་ལ་སོགས་པས་འཚོ་བར་ནུས་པ་ནི་དེའི་ཚེ། གནས་པར་བྱའོ། །དགེ་སྦྱོང་གི་ཚུལ་དང་སྲོག་དང་ཚངས་པར་སྤྱོད་པའི་བར་ཆད་ཡོད་ན་ཡང་ངོ། །ཞེས་བྱ་བ་ཡང་འདའ་བར་བྱའོ་ཞེས་བྱ ་བར་སྦྱར་ཏེ། གནས་དེ་ན་དབྱར་གྱི་ནང་དེར་དགེ་སྦྱོང་གི་ཚུལ་ལ་སོགས་པའི་བར་ཆད་ཡོད་ན་ཡང་གནས་པར་ཁས་བླངས་པ་དེ་ལས་འདའ་བར་བྱའོ། །དགེ་འདུན་དབྱེ་བའི་ཕྱིར་རྟུལ་པོ་རྗེས་སུ་མི་མཐུན་པའི་སེམས་སྐྱེད་བ་དང་སྡིག་པ་ཅན ་གྱི་ཚིག་བརྗོད་པ་དག་འབྱུང་ནའོ་ཞེས་བྱ་བ་ཡང་འདའ་བར་བྱའོ། །ཞེས་བྱ་བར་སྦྱར་ཏེ། གང་ཟག་བདག་ཉིད་གནས་དེར་དབྱར་གནས་པ་ན་དགེ་འདུན་དབྱེ་བའི་ཕྱིར་རྗེས་སུ་མི་མཐུན་པའི་སེམས་ཚུལ་དང་མཐུན་པ་མ་ཡིན་པ། ཨེ་མ་དགེ་འདུན ་དབྱེ་བར་བྱའོ་སྙམ་པ་གང་ཡིན་པ་དང། སྡིག་པ་ཅན་གྱི་ཚིག་དེའི་རྗེས་སུ་འདུན་པོ་དག་ཀྱང་རྗོད་པར་བྱེད་པ་ལྟ་ན་དེའི་ཚེ་མྱུར་བ་ཁོ་ནར་དབྱར་གནས་པ་དེ་དྲལ་ཏེ་གུད་དུ་འགྲོ་བར་བྱའོ། །དེ་ཞི་བར་བྱ་བའི་ཕྱིར་མཐུ་ཡོད་པ་ལྟ་ན་མི་འགྲོ་བར་མི་བྱའོ། ་ཞེས་བྱ་བ་ནི། མཚམས་གཞན་ན་དགེ་འདུན་དབྱེ་བའི་ཕྱིར་རྟུལ་བདག་ཡོད་ལ་དེ་ཞི་བར་བྱ་བའི་ཕྱིར་རང་ལ་ནུས་པའི་མཐུ་ཡོད་པ་ལྟ་ན་དེར་མི་འགྲོ་བར་མི་བྱ་བར་འགྲོ་བ་ཁོ་ནར་བྱ་བའོ། །སོང་ན་མི་འདའ་བར་མི་བྱ་བའོ་ཞེས་བྱ་བ་ནི། བྱིན་གྱིས ་བརླབས་པའི་དུས་ལམ་ཏེ། གལ་ཏེ་དེར་སོང་བ་ན་ཞག་བདུན་ལས་འདས་སུ་ཟིན་ཀྱང་བྱ་བ་དེ་ཉིད་ཀྱིས་དགེ་སློང་གི་དབྱར་རལ་བའི་ལྟུང་བར་མི་འགྱུར་རོ་ཞེས་གསུངས་པས་འདའ་བ་ལ་གཞོལ་བར་བསྟན་པའི་ཕྱིར་དགག་པ་གཉིས་བྱས་སོ། ། ་དམ་བཅས་ན་དབྱར་གནས་པ་དང་གནས་སུ་མི་འབྲེལ་བར་མི་བྱའོ་ཞེས་བྱ་བ་ནི། གནས་འདི་དབྱར་གནས་པར་བྱའོ་ཞེས་དམ་བཅས་ན་དབྱར་གནས་པར་རང་གི་གནས་སྐབས་དང་གནས་ཁང་ལ་སོགས་པ་གནས་སུ་འབྲེལ་པར་བྱ་བ་གང་ཡིན ་པ་དེ་བར་ཆད་མེད་ན་གདོན་མི་ཟ་བར་བྱ་སྟེ། མི་བྱེད་ན་ཉེས་བྱས་སོ་ཞེས་བྱ་བའི་ཐ་ཚིག་གོ། གསོ་སྦྱོང་གཅིག་པ་ཉིད་ཀྱི་གནས་གཉིས་སུ་ནི་དེ་འབྱུང་བ་མེད་དོ་ཞེས་བྱ་བ་ནི། གསོ་སྦྱོད་གཅིག་པ་ཉིད་ཀྱི་གནས་གཉིས་ཡོད་ན་ཅིག་ཤེས་སུ ་གནས་པར་བྱའོ་ཞེས་དམ་བཅས་ཤིང་གནས་ཅིག་ཤོས་སུ་གནས་པར་ཁས་ལེན་དུ་ཟིན་ཀྱང། དམ་བཅས་ན་དབྱར་གནས་པ་དང་གནས་སུ་འབྲེལ་པར་མི་བྱེད་པའི་ཉེས་པ་སྔར་བསྟན་པ་དེ་འབྱུང་བ་མེད་པའི། །འདི་སྐད ་བསྟན་ཏེ། གསོ་སྦྱོང་གཅིག་པའི་གནས་གཉིས་ལས་གཅིག་ཏུ་དབྱར་གནས་པར་དམ་བཅས་ནས་གཅིག་ཏུ་གནས་པར་ཁས་ལེན་པར་བྱེད་དུ་ཟིན་ཀྱང་དེ་ལ་དམ་བཅས་པ་ལས་འགལ་བའི་ཉེས་པ་མེད་དེ། འདི་ལྟར་གནས་དེ་གཉིས་གསོ་སྦྱོང ་གཅིག་ཡིན་པས་ཐ་དད་པ་མ་ཡིན་པའི་ཕྱིར་རོ། །རྙེད་པ་གཅིག་པ་ཉིད་ལ་ནི་ཡོད་དོ་ཞེས་བྱ་བ་ནི། གནས་དེ་གཉིས་གསོ་སྦྱོད་ནི་ཐ་དད་ལ་རྙེད་པ་ལ་ནི་གཅིག་པ་ཉིད་ཡིན་ན་དེའི་ཚེ་ཅིག་ཤོས་སུ་གནས་པར་དམ་བཅས་པ་ལས་ཅིག་ཤོས་སུ་གནས ་བར་ཁས་ལེན་ན་དེའི་ཚེ་ཉེས་པ་སྔ་མ་དེ་འབྱུང་བ་ཁོ་ནར་འགྱུར་ཏེ། གནས་པཱི་ལོངས་སྤྱོད་ཐ་དད་པས་གནས་ཐ་དད་པ་ཡིན་པའི་ཕྱིར་རོ། །རྙེད་པ་ཞེས་སྨོས་བས་ཡོན་བདག་གམ་རྙེད་པའི་ཚད་ནི་གཅིག་པ་ཉིད་དུ་མི་བཟུང་སྟེ། ཐ་དད་བའི་ཕྱིར་རོ ་འདིར་གཞུང་ནི་འདི་ལྟར་དགེ་སློང་གིས་གནས་འདིར་དབྱར་སྔ་མ་ཟླ་བ་གསུམ་གནས་བར་བྱའོ་ཞེས་དམ་བཅས་ནས་གནས་དེ་གཉིས་རྙེད་པ་ནི་གཅིག་ལ། གསོ་སྦྱོང་ནི་ཐ་དང་པར་གྱུར་ནས་དེ་འདི་སྙམ་དུ་འདིར་གནས་ན་ཡང་རྙེད་པ་གཅིག་ཏུ ་ཟད་ལ། ཕ་གིར་གནས་ན་ཡང་རྙེད་པ་གཅིག་ཏུ་ཟད་དོ་སྙམ་ནས། དེ་དམ་བཅས་ནས་མི་འགྲོ་ཞིང་དགེ་སློང་དེ་ལ་གནས་དེར་དབྱར་སྔ་མ་ཟླ་བ་གསུམ་ཡང་མི་སྣང། །ཕྱེ་མ་ཡང་མི་སྣང་ལ། དམ་ནི་བཅས་ན་ཉེས་བྱས་སོ། །ཞེས་གསུངས་པ་ཡིན་ནོ། ། ་གཞིར་གཏོགས་པའི་དབྱར་གྱི་གཞིའོ་ཞེས་བྱ་བ་ནི། འདུལ་བ་གཞིའི་སྐབས་སུ་གཏོགས་པའི་དབྱར་གྱི་གཞི་བཤད་ཟིན་ཏོ། །།ད་ནི་གླེང་གཞི་ལ་སོགས་པའི་བསྐབས་དུ་གཏོགས་པའི་དབྱར་གྱི་གཞི་བསྡུ་བའི་ཕྱིར། སྡེ་པ་ལྔ་ཆར ་གྱིས་ཀྱང་གནས་པར་ཁས་བླང་བར་བྱ་བ་ཉིད་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། དགེ་སློང་དང་དགེ་སློང་མ་འབའ་ཞིག་གིས་གནས་པར་ཁས་བླང་བར་བྱ་བ་ཉིད་དུ་མ་ཟད་ཀྱི། འདི་ལྟར་དགེ་སློབ་མ་དང་དགེ་ཚུལ་དང་དགེ་ཚུལ་མ་དག་གིས་ཀྱང་གནས་པར་ཁས་བླངས ་པར་བྱ་བ་ཉིད་ཡིན་པའོ། །དགེ་ཚུལ་དག་འབའ་ཞིག་གིས་མ་ཡིན་ནོ་ཞེས་བྱ་བ་ནི། བསྙེན་པར་རྫོགས་པ་འགའ་ཡང་མེད་པའི་དགེ་ཚུལ་དག་འབའ་ཞིག་གིས་གནས་པར་ཁས་བླང་བར་བྱ་བ་ཉིད་མ་ཡིན་བའོ། །ལོ་མ་ཚང་བ་དག་གིས་ཀྱང་ངོ་ཞས ་བྱ་བ་ནི། བསྙེན་པར་རྫོགས་སུ་ཟིན་ཀྱང་མི་གནས་པར་འདུག་པའི་ལོ་མཚང་བ་ཤ་སྟག་ཡིན་ན་དེ་དག་གིས་ཀྱང་གནས་པར་ཁས་བླང་པར་བྱ་བ་མ་ཡིན་ནོ། །དེ་དག་ལ་ཁས་བླངས་པ་མི་འཆགས་པ་ཉིད་ནི་མ་ཡིན་ནོ་ཞེས་བྱ་བ་ནི། དགེ་ཚུལ་འབའ་ ་ཞིག་དང་པོ་མ་ཚངས་བ་འབའ་ཞིག་པོ་དེ་དག་ལ་གནས་པར་ཁས་བླང་བ་ཉིད་ནི་འཆགས་མོད་ཀྱི་འོན་ཀྱང་གནས་མེད་པའི་ཕྱིར་དང། བྱ་བ་དང་བྱ་བ་མ་ཡིན་པ་ཡོངས་སུ་ཤེས་པ་མེད་པའི་ཕྱིར་གནས་པ་ཁས་བླངས་པ་བཀག་གོ། གནས་མལ་མི ་མནོད་པར་བྱ་བ་ཉིད་མ་ཡིན་ནོ་ཞེས་བྱ་བ་ནི། དེ་དག་གིས་གནས་པར་ཁས་བླངས་ན་གནས་མལ་མནོད་པར་བྱ་བ་ཉིད་ཡིན་ནོ། །སྟོབས་བ་མེད་ཀྱང་མ་ཡིན་ནོ་ཞེས་བྱ་བ་ནི། གནས་མལ་སྟོབས་པ་མེད་ཀྱང་གནས་མ་ལ་མི་མནོས་པ་མ་ཡིན་ཏེ ་མནོད་པར་བྱ་བ་ཁོ་ན་ཡིན་བའོ། །མ་སྐོས་བར་བསྟབས་པར་མི་བྱའོ་ཞེས་བྱ་བ་ནི། དགེ་འདུན་གྱི་གནས་མལ་སྟོབས་པ་མ་བསྟོས་པའི་གང་ཟག་གིས་བསྙེན་པར་རྫོགས་པ་དང་བསྙེན་པར་མ་རྫོགས་ཤིང་རབ་ཏུ་བྱུང་བ་སུ་ལ་ཡང་གནས་མལ ་བསྟབས་པར་མི་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །འགྱོད་པ་ལ་སོགས་པས་སྡེ་སྣོད་འཛིན?་པ་དང་འཐབ་ཀྲོལ་བྱེད་པ་ཡོད་པ་དང་མེད་པ་དག་མ་བསྡུས་པ་ཉིད་མ་ཡིན་ནོ་ཞེས་བྱ་བ་ནི། སྔར་འགྱོད་པ་དང་གཞན་སྡུག་བསྔལ་དང་ཡིད་མི་བདེ་བ་མི་བསྐྱེད ་པ་ཉིད་དང་སེམ་བ་ཉིད་དག་ཅེས་སྨོས་པའི་མདོ་དེས་སྡེ་སྣོད་འཛིན་པ་ཡོད་པ་དང། ཐབ་ཀྲོལ་བྱེད་བ་མེད་པ་འདི་གཉིས་ཀྱང་མ་བསྡུས་པ་ཉིད་མ་ཡིན་ཏེ། བསྡུས་པ་ཉིད་ཡིན་པའོ། །ཇི་ལྟར་བསྡུས་ཤེ་ན། འདི་ལྟར་འགྱོད་པ་དང ་གཞན་སྡུག་བསྔལ་དང་ཡིད་མི་བདེ་བ་མ་སྐྱེས་པ་ཉིད་ཅེས་སྨོས་པས་ནི་འཐབ་ཀྲོལ་བྱེད་པ་མེད་པ་ཉིད་བསྡུས་པ་ཡིན་ལ། འགྱེད་པ་དང་གཞན་སྡུག་བསྔལ་དང་ཡིད་མི་བདེ་བ་སྐྱེས་པ་སེལ་བ་ཉིད་ཅེས་སྨོས་བས་ནི་སྡེ་སྣོད་འཛིན་པ་ཡེད? ་པ་ཉིད་བསྡུས་པ་ཡིན་ནོ། །གནས་པར་ཁས་མ་བླངས་པས་གནས་མི་གཏོང་ན་གནས་པ་ཉིད་ཡིན་ནོ་ཞེས་བྱ་བ་ནི། དགེ་སློང་དབྱར་གནས་བར་ཁས་མ་བླངས་བས་གལ་ཏེ་ཟླ་བ་གསུམ་དུ་གནས་ཏེ་མི་གཏོང་ན་གནས་པ་ཉིད་ཡིན་ནོ། །འདིར ་གཞུང་ནི། ཁ་ཅིག་ལས་དགེ་སློང་དབྱར་གནས་པར་ཁས་མི་ལེན་པ་དག་ལ་དབྱར་རལ་བར་བརྗོད་པར་བགྱི་འམ་གལ་ཏེ་དབྱར་གྱི་ནང་དུ་གནས་མི་གཏོང་ན་དབྱར་རལ་བར་བརྗོད་པར་བྱའོ་ཞེས་གསུངས་པ་ཡིན་ཏེ། འདིས་ནི་གནས་པར་ཁས་མ་བླངས ་སུ་ཟིན་ཀྱང་དབྱར་གྱི་ནང་དུ་གནས་མི་གཏོང་ན་ཕྱི་རོལ་ཏུ་འགྲོ་བའི་ཕྱིར་བྱིན་གྱི་བརླབ་པར་བྱ་དགོས་སོ་ཞེས་བསྟན་པར་རིག་པར་བྱའོ། །ནམ་མཁའ་ལ་གནས་བར་ཁས་བླངས་བ་མི་འཆགས་སོ་ཞེས་བྱ་བ་ནི། ནམ་མཁའ་ལ་དབྱར་གནས་བར ་ཁས་བླང་བ་མི་འཆགས་པའོ། །གྲུ་ལ་ནང་དུ་འབྱམ་པ་ཉིད་དུ་ཤེས་ན་མི་འཆགས་ཏེ་ས་ལ་ཕྱིན་པ་དང་ས་ལ་གནས་པ་བརྟན་པོ་དང་འབྲེལ་བ་ནི་མ་གཏོགས་སོ་ཞེས་བྱ་བ་ནི། གྲུར་དགེ་སློང་གིས་གྲུ་ད་དབྱར་གྱི་ནང་དུ་འབྱམས་པ་ཉིད་དུ་ཤེས་ན་དབྱར ་གནས་པར་ཁས་བླངས་པ་མི་འཆགས་སོ། །ཅི་སྦྱིར་རམ་ཞེ་ན་མ་ཡིན་ཏེ་དེའི་ཕྱིར་ས་ལ་ཕྱིན་པ་དང་གནས་པ་བརྟན་པོ་དང་འབྲེལ་པ་ནི་མ་གཏོགS་ཏེ་གྲུ་སྐམ་ས་ལ་ཕྱིན་པ་དང་སྐམ་ས་ལ་གནས་པའི་ཕུར་པ་ལ་སོགས་པ་བརྟན་པོ་དང་འབྲེལ ་པ་ནི་མ་གཏོགས་ཏེ། དེར་ནི་དབྱར་གནས་པར་ཁས་བླང་པ་འཆགས་སོ། །འདི་སྐད་བསྟན་ཏེ། གལ་ཏེ་གྲུ་སྐམ་ས་ལ་གནས་པར་གྱུར་ཏམ། གྲུ་སྐམ་ས་ལ་གནས་པའི་དངོས་པོ་ཤིང་ལ་སོགས་པ་བརྟན་པོ་དང་འབྲེལ་ཅིང་གནས་པ་ཁས་ལེན་པ་ན་དེ ་དབྱར་གྱི་ནང་དུ་འབྱམས་པར་འགྱུར་བ་ཉིད་དུ་མི་ཤེས་ན་དེ་ལྟ་ན་དབྱར་གནས་པར་ཁས་བླངས་པ་འཆགས་ཀྱི། གཞན་དུན་མི་འཆགས་སོ་ཞེས་བྱ་བའི་ཐ་ཚིག་གོ། འདིར་གཞུང་ནི་དགེ་སློང་དག་གྲུར་དབྱར་གནས་པར་ཁས་ལེན་པ་བགྱིད་ན་དབྱར་རལ་བར ་བརྗོད་པར་བགྱི་འམ་རལ་བར་བརྗོད་པར་མི་བགྱི། བཀའ་སྩལ་པ། གལ་ཏེ་དབྱར་གྱིས་ནང་དུ་འབྱམ་པར་འགྱུར་བ་ཉིད་དུ་ཤེས་ན་དབྱར་རལ་བར་བརྗོད་པར་བྱའོ། །འོན་ཏེ་མི་ཤེས་ན་ནི་དབྱར་རལ་བར་བརྗོད་པར་མི་བྱའོ། །ཞེས་གསུངས་པ་དང་ཁ? ་ཅིག་ལས་བརྩུན་པ་རེ་ཞིག་དགེ་སློང་གྲུ་ལ་དབྱར་གནས་བར་ཁས་ལེན་ན་དབྱར་གནས་པར་ཁས་བླངས་ཞེས་བགྱི་འམ། གལ་ཏེ་ས་ལ་བརྟེན་ཅིང་གནས་བ་ཡིན་ན་དབྱར་གནས་པར་ཁས་བླངས་ཞེས་བྱའོ། །བཙུན་པ་ཕུར་བ་འམ་ཞུགས་ཤིང་འབྲེལ ་པ་ལགས་ན་དབྱར་གནས་པར་ཁས་བླངས་ཞེས་བགྱི་འམ། ཉེ་བར་འཁོར་གནས་པར་ཁས་བླངས་ཞེས་བྱའོ་ཞེས་གསུངས་པ་ཡིན་ཏེ། དེ་གཉི་ག་འདིར་བསྡུས་པ་ཡིན་ཏེ། །དེའི་ལྟ་བ་ལ་མངོན་པར་ཞེན་ནས་ཆོས་མ་ཡིན་པའི་ཕྱོགས་སུ་སོང་ན་སྐྱ་རེངས ་ཤར་ན་འཇིག་གོ་ཞེས་བྱ་བ་ནི། ཆོས་མ་ཡིན་བའི་ཕྱོགས་དེའི་ལྟ་བ་ལ་མངོན་པར་ཞེན་ནས་ཆོས་མ་ཡིན་པའི་ཕྱོགས་སུ་སོང་ན་སྐྱ་རངས་ཤར་ན་དབྱར་གནས་པར་ཁས་བླངས་པ་དེ་འཇིག་པའོ། །འདིར་གཞུང་ནི་གླེང་གཞི་དག་ལས་བཙུན་པ་རེ་ཞིག ་དབྱར་གྱི་ནང་དུ་དེ་དག་བྱེ་བར་གྱུར་ན། དེ་ལ་གལ་ཏེ་དགེ་སློང་བསམས་བཞིན་དུ་ཆོས་ཀྱི་ཕྱོགས་ནས་ཆོས་མ་ལགས་པའི་ཕྱོགས་སུ་མཆིན་དབྱར་རལ་ཞེས་བགྱི་འམ། ཉེ་བར་འཁོར་གལ་དེའི་ལྟ་བ་འདོད་ཅིང་དེར་ཡང་སོང་ན་སྐྱ་རེངས་ཤར་ན ་དབྱར་རལ་བར་བརྗོད་པར་བྱའོ་ཞེས་གསུངས་པ་ཡིན་ནོ། །ཐེ་ཚོམ་ཟ་བ་ཉིད་ལ་ནི་མི་འཇིག་གོ་ཞེས་བྱ་བ་ནི། བདག་གནས་པས་ཁས་བླངས་སམ་འོན་ཏེ་མ་བླངས་སྙམ་དུ་ཐེ་ཚོམ་ཟ་བ་ཉིད་ལ་ནི་དབྱར་གནས་པར་ཁས་བླངས་པ ་མི་འཇིག་པའོ། །མཛའ་ཨི་ཞག་དྲུག་ལ་བྱིན་གྱིས་བརླབ་པ་མི་འཆགས་སོ་ཞེས་བྱ་བ་ནི། གནས་པར་ཁས་བླངས་ནས་ཟླ་བ་གསུམ་གྱིས་མཛའ་ཨི་ཞག་དྲུག་ལུས་བའི་ཚ་ཕྱི་རོལ་ཏུ་འགྲོ་བའི་ཕྱིར་བྱིན་གྱིས་བརླབ་པ་མི་འཆགS་པ་སྟེ། དུས་ཧ ་ཅང་ཡུན་ཐུང་དུ་ལུས་པའི་ཕྱིར་རོ། །འདིར་གཞུང་ནི་ཞུ་བ་ལམ། བཙུན་པ་གལ་ཏེ་དགུད་དྲུག་ནའམ་ལྡ་ན་འམ་གཅིག་ན་དགག་དབྱེ་འབྱུང་བར་འགྱུར་བའི་ཚེ་བྱིན་གྱིས་བརླབས་ཏེ་མཆིས་ན། དབྱར་རལ་བར་བརྗོད་པར་བགྱི་འམ་ཉེ་བར་འཁོར་རལ་བར ་བརྗོད་པར་བྱའོ་ཞེས་གསུངས་པ་ཡིན་ནོ། །བྱ་བ་མེད་བར་ཤེས་ནས་ཕྱིར་མི་ལྡོག་པ་དང་གནས་པ་དག་ལ་ནི་འཇིག་གོ་ཞེས་བྱ་བ་ནི། དགེ་སློང་གང་ཆོས་དང་ལྡན་པའི་དོན་ལ་མཚམས་ཀྱི་ཕྱི་རོལ་ཏུ་འགྲོ་བར་བྱིན་གྱིས་བརླབས་ཏེ་མཚམས་ཀྱི ་ནར་ནས་འཕགས་པ་ན་དོན་དེ་གཞན་གྱིས་བསྒྲུབས་ཟིན་ཏམ་བསྒྲུབ་མི་དགོས་པའི་སྐབས་རྙེད་ཅིང། མཚམས་ཀྱི་ཕྱི་རོལ་ཏུ་བྱ་བ་མེད་པར་ཤེས་ནས་ཕྱིར་མི་ལྡོག་པར་མཚམས་ཀྱི་ཕྱི་རོལ་ཏུ་སྐྱ་རེངས་འཆར་བར་བྱེད་ན་སྔར་བྱིན་གྱིས་བརླབས་སུ ་ཟིན་ཀྱང་དབྱར་གནས་བར་ཁས་བླངས་པ་དེ་འཇིག་གོ། དེ་བཞིན་དུ་དགེ་སློང་གང་ཆོས་དང་ལྡན་པའི་དོན་ལ་མཚམས་ཀྱི་ཕྱི་རོལ་ཏུ་ཞག་བདུན་མན་ཆད་འགྲོ་བར་བྱིན་གྱིས་བརླབས་ཏེ་སོང་བ་ན། དོན་དེ་ཉི་མ་དེ་ཉིད་ཀྱིས་གྲུབ་པར་གྱུར་ན་དེའི་མོད ་ལ་ཕྱིར་མི་འོང་པར་མཚམས་ཀྱི་ཕྱི་རོལ་ཏུ་སྐྱ་རེངས་ཤར་གྱི་བར་དུ་གནས་པར་བྱེད་ན་སྔར་བྱིན་གྱིས་བརླབས་སུ་ཟིན་ཀྱང་དབྱར་གནས་པར་ཁས་བླངས་པ་དེ་འཇིག་ཏོ། ཞག་བདུན་བྱིན་གྱིས་བརླབས་པ་ལས་དོན་ཞག་གཅིག་གིས་གྲུབ ་ནས་ཞག་གཉིས་སུ་གནས་པ་དང། ཞག་གཉིས་གྱིས་གྲུབ་ནས་ཞག་གསུམ་དུ་གནས་པ་དང། ཞག་གསུམ་གྱིས་གྲུབ་ནས་ཞག་གཞིར་གནས་པ་དང། ཞག་གཞིས་གྲུབ་ནས་ཞག་སྔར་གནས་པ་དང། ཞག་ལྡས་གྲུབ་ནས་ཞག་དྲུག་དུ་གནས་པ་དང། ཞག ་དྲུག་གིས་གྲུབ་ནས་ཞག་བདུན་དུ་གནས་པ་ལ་ཡང་དེ་བཞིན་ནོ། །འདིར་གཞུང་ནི་གལ་ཏེ་ཤུལ་གྱི་དབུས་ཁོ་ནར་དོན་དེ་བག་ཡོངས་སུ་གྱུར་ན་དེས་མཆི་བར་བགྱི་འམ། ཉེ་བར་འཁོར་མི་བྱ་སྟེ། གལ་ཏེ་འགྲོ་ན་དབྱར་རལ་བའི་ཉེས་ཕྱས་སུ་འགྱུར་རོ་ཞེས ་གསུངས་པ་ཡིན་ནོ། །འདི་ལ་མཐར་ཐུག་པའི་མཛའ་ནི་ཞག་བདུན་ཉིད་དོ་ཞེས་བྱ་བ་ནི། བྱིན་གྱིས་བརླབ་པ་འདི་ལ་ཞག་གྲངས་ཀྱི་མཐར་ཐུག་པའི་མཛའ་ནི་ཞག་བདུན་ཉིད་ཡིན་ཏེ། དེས་ན་ཞག་གཅིག་དང་གཉིས་དང་གསུམ་དང་གཞི?་དང་ལྔ་དང་དྲུག་ཀྱང ་བྱིན་གྱིས་བརླབ་ཏུ་རུང་བ་ཉིད་ཡིན་ནོ། །ཅི་ཐམས་ཅད་ནི་མཛའ་དེ་ཉིད་ཡིན་ནམ་ཞེ་ན་དེའི་ཕྱིར། གནང་བ་མ་ཐོབ་པའི་མཛའ་དེ་ཉིད་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། ཞིག་གཞི་བཅུའི་གནང་བ་མ་ཐོབ་པ་གཞན་དག་གི་མཛའ་ཞག་བདུན་ཡིན་ནོ། །གཞན ་གྱི་ནི་ཞག་གཞི་བཅུའོ་ཞེས་བྱ་བ་ནི། གནང་བ་མ་ཐོབ་པ་ལས་གཞན་པ་ཞག་གཞི་བཅུ་བྱིན་གྱིས་བརླབ་པའི་གནང་བ་ཐོབ་པ་དག་གི་མཛའ་ནི་ཞིག་བཞི་བཅུའོ། །ཞག་བཞི་བཅུ་བྱིན་གྱིས་བརླབས་པའི་གནང་བ་ཐོབ་པའི་དགེ་སློང་གིས་ཀྱང་ནམ་འགྲོ ་བའི་ཚེ་མཚམས་ཀྱི་ནང་དུ་དགེ་སློང་གིས་མདུན་དུ་སྔགས་ཀྱིས་བྱིན་གྱིས་བརླབས་ཏེ་འགྲོ་བར་བྱའོ། །དེའི་སྔགས་ནི། ཚེ་དང་ལྡན་པ་དགོངས་སུ་གསོལ། །བདག་དགེ་སློང་མིང་འདི་ཞེས་བགྱི་བ་མཚམས་ཀྱི་ནང་དང་བཅས་པའི་གནས་འདིར་དབྱར་སྔ ་མ་ཟླ་བ་གསུམ་གནས་པར་ཁས་བླངས་པ་ལས་བདག་མིང་འདི་ཞེས་བགྱི་བ་དགེ་འདུན་གྱི་བགྱི་བ་ཞིག་གི་སླད་དུ་དགུད་གཞི་བཅུ་མཚམས་ཀྱི་སླད་རོལ་དུ་མཆི་བ་དང། དེ་ཚུན་ཆད་ཀྱིས་སླར་མཆི་བར་བྱིན་གྱིས་བརླབ་བོ། །བདག་དབྱར་འདི་ན ་མཆིས་ཤིང་བདག་གི་དབྱར་གྱི་གནས་ནི་འདི་ལགས་སོ་ཞེས་ལན་གསུམ་བཟླས་པ་ཡིན་ནོ། །དབྱར་ཕྱི་མ་ལ་ནི་དབྱར་ཕྱི་མ་ཟླ་བ་གསུམ་གནས་པར་ཁས་བླངས་པ་ལ་ཞེས་སྔགས་ཀྱིས་བྱེ་བྲག་ཏུ་བྱའོ། །ཞག་བཞི་བཅུ ་བྱིན་གྱིས་བརླབ་བའི་གནང་བ་ཐོབ་བ་ལ་དེ་བས་ཉུང་བ་བྱིན་གྱིས་བརླབ་པ་ཡང་འཆགས་པ་ཉིད་ཡིན་ནོ། །དེ་སྦྱིན་ནོ་ཞེས་བྱ་བ་ནི། ཞག་བཞི་བཅུ་བྱིན་གྱིས་བརླབ་པའི་གནང་བ་དེ་དགེ་འདུན་གྱིས་གང་ཟག་ལ་སྦྱིན་པར་བྱ་བ་སྟེ། དེ་ནི་དང་པོ་སྤྲོ་བ ་ཁས་ལེན་དུ་བཅུག་ནས་དེའི་འོག་ཏུ་རང་གིས་དགེ་འདུན་ལ་ལན་གསུམ་གསོལ་ནས་དགེ་འདུན་གྱིས་གསོལ་བ་དང་གཉིས་ཀྱི་ལས་ཀྱིས་གནང་བ་སྦྱིན་བར་བྱའོ། །དེའི་སྡགས་ནི་ཚེ་དང་ལྡན་པ་ཁྱོད་ཞག་བཞི་བཅུ་བྱིན་གྱིས་བརླབས་ཏེ། དགེ་འདུན ་གྱི་ཚེད་ལ་མཚམས་ཀྱི་ཕྱི་རོལ་ཏུ་འགྲོ་བར་སྦྲོ་འམ་སྤྲོའོ། །དགེ་འདུན་བཙུན་བ་རྣམས་གསན་དུ་གསོལ། བདག་དགེ་སློང་མིང་འདི་ཞེས་བགྱི་བ་མཚམས་ཀྱི་ནང་དང་བཅས་བའི་གནས་འདིར་དབྱར་སྔ་མ་ཟླ་བ་གསུམ་གནས་བར་ཁས ་བླངས་ཏེ་བདག་དབྱར་འདི་ན་མཆིས་ཤིང་བདག་གིས་དབྱར་གྱིས་གནས་འདི་ལགས་བ་ལས། བདག་དགེ་སློང་མིང་འདི་ཞེས་བགྱི་བཞག་བཞི་བཅུ་བྱིན་གྱིས་བརླབས་ཏེ་དགེ་འདུན་གྱིས་ཆེད་ལ་མཚམས་ཀྱི་སླད་རོལ་ཏུ་མཆི་བ་དད་དེ་ཚུན་ཆད་ཀྱི་སླད ་མཆི་བར་སྒྲོན་ཐུགས་བརྩེ་བ་ཅན་དགེ་འདུན་བཙུན་བ་རྣམས་ཀྱིས་ཐུགས་བརྩེ་བ་ཉེ་བར་གཟུང་སྟེ། བདག་དགེ་སློང་མིང་འདི་ཞེས་བགྱི་བ་ལ་ཞག་བཞི་བཅུའི་གནང་བ་སྩལ་དུ་གསོལ། ལན་གསུམ་དུ་བཟླས་དགེ་འདུན་བཙུན་པ་རྣམས་གསན ་དུ་གསོལ། དགེ་སློང་མིང་བ་འདི་འགྱི་བ་འདི་མཚམས་ཀྱི་ནང་དང་བཅས་པའི་གནས་འདིར་དབྱར་སྔ་མ་ཟླ་བ་གསུམ་གནས་བར་ཁས་བླངས་ཏེ། འདིར་དབྱར་འདི་ན་མཆིས་ཤིང་འདིའི་དབྱར་གྱི་གནས་འདི་ལགས་པ་ལས། དགེ་སློང་མིང ་འདི་ཞེས་བགྱི་བ་འདི་དགེ་འདུན་གྱི་ཆེད་ལ་མཚམས་གྱི་སླད་རོལ་ཏུ་མཆི་བ་དང་དེ་ཚུན་ཆད་ཀྱིས་སྔར་མཆི་བར་དགེ་འདུན་ལ་ཞག་བཞི་བཅུའི་གནང་བ་གསོལ་ན། གལ་ཏེ་དགེ་འདུན་གྱིས་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད ་ཅིག་དང། འདི་དབྱར་འདི་ན། མཆིས་ཤིང་འདིའི་དབྱར་གྱི་གནས་འདི་ལགས་བ་ལས་དགེ་འདུན་གྱི་ཆེད་ལས་མཚམས་ཀྱི་སླད་རོལ་ཏུ་མཆི་བ་དང། དེ་ཆུན་ཆད་ཀྱིས་སླར་མཆི་བར་དགེ་སློང་མིང་མིང་ཞེས་བགྱི་བ་ལ་དགེ་འདུན་གྱིས་ཞག་བཞི་བཅུའི ་གནང་པར་སྩལ་ཏེ། །འདི་ནི་གསོལ་བའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། །དགེ་སློང་མིང་འདི་ཞེས་བགྱི་བ་འདི་མཚམས་ཀྱི་ནང་དང་བཅས་བའི་གནས་འདིར་དབྱར་སྔ་མ་ཟླ་བ་གསུམ་གནས་པར་ཁས་བླངས་ཏེ་དབྱར་འདི་ན་མཆིས ་ཤིང་འདིའི་དབྱར་ཀྱི་གནས་འདི་ལགས་པ་ལས། དགེ་སློང་མིང་འདི་ཞེས་བགྱི་བ་འདི་དགེ་འདུན་གྱིས་ཆེད་ལ་མཚམས་ཀྱི་སླད་རོལ་ཏུ་མཆི་བ་དང། དེ་ཚུན་ཆད་ཀྱིས་སླར་མཆི་བར་དགེ་སློང་མིང་འདི་ཞེས་བགྱི་བ་ལ་དགེ་འདུན་གྱིས་ཞག་གཞི་བཅུའི་ག་ནང་བ ་དབྱར་འདི་ན་མཆིས་ཤིང་འདིའི་དབྱར་གྱི་གནས་འདི་ལགས་པ་ལས། དགེ་འདུན་གྱིས་ཆེད་ལ་མཚམས་ཀྱི་སླད་རོལ་དུ་མཆི་བ་དང། དེ་མཚུན་ཆད་ཀྱིས་ཀྱང་སླར་མཆི་བར་དགེ་སློང་མིང་འདི་ཞེས་བགྱི་བ་ལ་དགེ་འདུན་གྱིས་ཞག་གཞི་བཅུའི་གནང་བ ་སྩོལ?་ན། དགེ་སློང་མིང་འདི་ཞེས་བགྱི་བ་ལ་ཞག་བཞི་བཅུའི་གནང་བསྩལ་བར་ཚེ་དང་ལྡན་པ་གང་དག་བཟོད་བ་དེ་དག་ན་ཅིང་མ་གསུངས་ཞིག། གང་དག་མི་བཟོད་པ་དེ་དག་ནི་གསུངས་ཤིག། དགེ་འདུན་གྱིས་བཟོད་ཅིང་གནས་ནས་དགེ་འདུན་གྱིས་དགེ ་སློང་མའི་འདི་ཞེས་བགྱི་བ་ལ་ཞག་བཞི་བཅུའི་གནང་བ་སྩལ་ལགས་ཏེ། འདི་ལྟར་ཅང་མི་གསུང་པས་དེ་དེ་བཞིན་དུ་འཛིན་ཏོ་ཞེས་གསུངས་པ་ཡིན་ནོ། །དབྱར་ཕྱི་མ་ལ་ནི་དབྱར་ཕྱི་མ་ཟླ་བ་གསུམ་གནས་པར་ཁས་བླངས་ཏེ། ཞེས་སྔགས་ཀྱི ་བྱེ་བྲག་ཏུ་བྱའོ། །དེ་ལས་ལྷག་པར་ཕྱི་རོལ་ཏུ་གནས་པར་བྱ་བ་ཉིད་དོ་ཞེས་བྱ་བ་ནི། ཞག་བཞི་བཅུ་པོ་དེ་ལས་ལྷག་བར་མཚམས་ཀྱི་ཕྱི་རོལ་ཏུ་གནས་པར་མི་བྱ་བ་སྟེ། དགེ་སློང་གི་གལ་ཏེ་འགྲོ་བའི་ཕྱིར་ཚེ་གུར་བྱིན་གྱིས་བརླབ།། ་ཀྱང་རུང་ཅིག་ཅར་བྱིན་གྱིས་བརླབས་ཀྱང་རུང་སྟེ། ཇི་ལྟར་བྱིན་གྱིས་བརླབས་པ་དེ་ལས་ལྷག་བར་མཚམས་ཀྱི་ཕྱི་རོལ་དུ་འདུག་བར་མི་བྱའོ། །འདིར་གཞུང་ནི་ཉེ་བར་འཁོར་མཚམས་དེར་ཆེས་མང་དུ་འདིའི་བར་བྱའོ་ཞེས་གསུངས་བ་ཡིན་ནོ། ། ་དེ་ནི་སྡེ་བ་ལྔ་བོ་དག་གིས་ཡང་ཡིན་ནོ་ཞེས་བྱ་བ་ནི་བྱིན་གྱིས་རླབ་བ་དེའོ། །དེ་ནི་མཚམས་ཀྱི་ནང་དུ་འཆགས་སོ་ཞེས་བྱ་བ་ནི། སྡེ་བ་ལྔ་པོ་དག་གིས་བྱིན་གྱིས་བརླབ་པ་དེ་ནི་མཚམས་ཀྱི་ནང་དུ་བྱས་ན་འཆགས་ཀྱི་ཕྱི་རོལ་ཏུ་ནི་མི་འཆགས ་སོ་དགེ་སློང་གིས་མདུན་དུའོ་ཞེས་བྱ་བ་ནི། དགེ་སློང་གིས་མདུན་དུ་བྱིན་གྱིས་བརླབས་ན་འཆགས་སོ། །འདིར་དགེ་སློང་གི་མདུན་དུ་ཞེས་སྨོས་པ་ནི་དགེ་སློང་དང་དགེ་ཚུལ་གྱི་ཆོག་ཡིན་ནོ། །དགེ་སློང་མ་དང་དགེ་སློབ་མ་དང་དགེ་ཚུལ ་མ་རྣམས་ཀྱང་རང་གི་མཚམས་ཀྱི་ནང་དུ་དགེ་སློང་མའི་མདུན་དུ་བྱིན་གྱིས་བརླབ་བར་བྱའོ། །མུ་སྟེགས་ཅན་གྱི་ལྟ་བ་དང། བྲལ་བའི་ཕྱིར་དང་ཉེ་དུའི་བྱ་བ་དང་བདག་ཉིད་ཀྱི་ལུང་དང་རྟོགS་པ་ལ་ནི་མ་ནུར་ཟ་བ་བསལ་བའི་ཕྱིར་འགྲོ་བ་ལ་དབྱ ་བ་མ་བསྡུས་བ་ཉིད་དུ་དོགས་བར་མི་བྱའོ་ཞེས་བྱ་བ་ནི། སྔར་ཆོས་དང་ལྡན་པའི་དོན་དུ་ཞེས་སྨོས་པའི་མདོ་དེས་མུ་སྟེགས་ཅན་གྱིས་ལྟ་བ་དང་བྲལ་བ་ལ་སོགས་པའི་ཕྱིར་འགྲོ་བ་ལ་བྱིན་གྱིས་བརླབས་པ་དབྱེ་བ་ཡང་མ་བསྡུས་པ་ཉིད་དུ ་དོགས་བར་མི་བྱ་སྟེ། བསྡུས་པ་ཉིད་དུ་ཤེས་པར་བྱའོ། །གནས་བར་ཁས་བླངས་པ་ཉིད་ལ་གནས་པ་སྤང་བར་མི་བྱ་བ་ཉིད་དོ་ཞེས་བྱ་བ་ནི། དབྱར་གནས་བར་ཁས་བླངས་བ་ཉིད་ལ་གནས་བའི་དགེ་སློང་སྤང་བར་འོས་པ་ཞིག་ཡིན་ན་ཡང ་དབྱར་གྱི་ནང་དུ་སྤང་བར་མི་བྱ་བ་ཉིད་དོ། །འདིར་གཞུང་ནི་དགེ་སློང་གནས་བར་ཁས་བླངས་པས་སྤང་བར་བགྱི་བ་དེ་དང་ལྷན་ཅིག་གནས་བར་བགྱི་འམ། བཀའ་སྩལ་བ་གནས་པར་བྱའོ། །དགག་དབྱེ་བྱས་ནས་ནི་གནས་པར་མི་བྱའོ་ཞེས་གསུངས་པ་ཡིན ་གནས་པ་ནི་དཔེ་ཡིན་ནོ། །ཞེས་བྱ་བ་ནི། སྔར་མདོ་ལས་དམ་བཅས་ན་དབྱར་གནས་པར་དང་གནས་སུ་མི་འབྲེལ་བར་མི་བྱའོ་ཞེས་སྨོས་པ་དེ་ནི་དཔེ་ཙམ་དུ་ཟད་དེ། གཞན་དག་ལ་ཡང་དམ་བཅས་པ་བསྒྲུབ་བར་མི་བྱེད་ན་ཉེས་བྱས་སུ་འགྱུར་རོ་ཞེས ་བྱ་བའི་ཐ་ཚིག་གོ། འདིར་གཞུང་ནི་བཅོམ་ལྡན་འདས་ཀྱིས་དམ་བཅས་པ་འགྲུབ་བར་མི་བགྱིད་པ་ལས་ཉེས་བྱས་སུ་གསུངས་ན། བཙུན་པ་དམ་བཅའ་བ་དུ་མཆིས། ཉེ་བར་འཁོར་ལྔ་སྟེ་ལྔ་གང་ཞེ་ན། དབྱར་དམ་བཅའ་བ་དང། ལྷུང་བཟེས་དམ ་བཅའ་བ་དང། ཆོས་གོས་དམ་བཅའ་བ་དང། བསོད་སྙོམས་དམ་བཅའ་བ་དང། ནད་བའི་སྨན་དམ་བཅའ་བའོ་ཞེས་གསུངས་པ་ཡིན་ཏེ། རྣམ་པ་དེ་དག་དམ་བཅས་བ་ལས་ཁ་འོག་ཏུ་ལུས་འཁྲུས་པར་མི་བྱེད་ན་ཡང་ཉེས་བྱས་སུ་འགྱུར་རོ་ཞེས་བྱ་བར ་སྦྱར་རོ། །གླེང་བཞི་ལ་སོགས་བར་གཏོགས་བའི་དབྱར་གྱི་གཞིའོ་ཞེས་བྱ་བ་གླེང་གཞི་དང་ཞུ་བ་ལ་སོགས་པའི་སྐབས་སུ་གཏོགས་བའི་དབྱར་གྱི་གཞི་བཤད་ཟིན་ཏོ།། །།དབྱར་གྱི་གཞི་རྫོགས་སོ་ཞེས་བྱ་བ་དེ་བཤད་ཟིན་ཏོ།། །། ་དེ་ནི་དགག་དབྱེའི་གཞི་བསྡུ་བར་བྱ་སྟེ། དེའི་ཕྱིར་མི་སྨྲ་བའི་ཡི་དམ་བཅའ་བར་མི་བྱའོ་ཞེས་བྱ་བ་སྨྲས་སོ། །འདིས་དག་བ་དང་གྲོལ་བ་འཐོབ་བོ་སྙམ་ན་ཉེས་བ་སྤོམ་བོའོ་ཞེས་བྱ་བ་ནི། མི་སྨྲ་བ་འདིས་དག་པ་ཞེས་བྱ་བ་སྡིག་པ་མེད་པ་ཉིད་དང། གྲོལ་བ ་ཞེས་བྱ་བ་མྱ་ངན་ལས་འདས་པ་དེ་གཉིས་འཐོབ་པར་འགྱུར་རོ་སྙམ་པའི་བློས་མི་སྨྲ་བའི་ཡི་དམ་འཆའ་ན་དགེ་འདུན་འབྱེད་བ་ལས་རྟུལ་པའི་ཉེས་པ་སྦོམ་པོར་འགྱུར་རོ། །གཞན་དུན་ནི་ཉེས་བྱས་ཁོ་ནའོ་ཞེས་བྱ་བའི་ཐ་ཚིག་གོ། འདིར་གཞུང་ནི་མི་གཏི ་མུག་ཅན་འདི་ནི་མུ་སྟེགས་ཅན་གྱི་རྒྱལ་མཚན་ཏེ། འདི་ལྟ་སྟེ་མི་སྨྲ་བའོ། །དེ་ལྟར་ས་ན་དགེ་སློང་གིས་མི་སྨྲ་བའི་ཡི་དམ་བཅའ་བར་མི་བྱའོ། །དགེ་སློང་མི་སྨྲ་བའི་ཡི་དམ་བཅའ་བར་བྱེད་ན་ཉེས་པ་སྦོམ་པོར་འགྱུར་རོ་ཞེས་གསུངས ་པ་ཡིན་ནོ། །དབྱར་གནས་པས་དགེ་འདུན་ལ་མཐོང་བ་དང་ཐོས་པ་དང་དོགས་པ་དག་གི་དགག་དབྱེ་བྱའོ་ཞེས་བྱ་བ་ནི། དགེ་སློང་དབྱར་གནས་པར་ཁ་སླང་བ་དབྱར་རལ་བ་ཡང་རུང་དབྱར་མ་རལ་པ་ཡང་རུང་བས་དགེ་འདུན་ལ་ཚེ་དང་ལྡན་པ་དག་གིས ་བདག་ལ་མཐོང་བ་འམ་ཐོས་པ་འམ་དོགས་པ་གང་ལགས་པ་དེ་ཚེ་དང་ལྡན་པ་དག་གིས་སྨྲོས་ཤིང་དང་བདག་གིས་ཀྱང་དེ་བཞིན་དུ་སྐབས་འབྱེད་དོ་ཞེས་དགེ་འདུན་ལ་གནས་གསུམ་གྱིས་དགག་དབྱེ་བྱ་བ་སྟེ། འདི་ལྟར་དབྱར་རལ་བས་ཀྱང་དགག་དབྱེ ་བྱ་དགོས་སོ། །དུས་གང་གིས་ཚེ་ཞེ་ན་དེའི་ཕྱིར། དབྱར་རྣམས་ཀྱིས་ཐ་མའི་ཉི་མ་ལའོ་ཞེས་བྱ་བ་སྨྲས་ཏེ། དབྱར་གནས་པར་ཟླ་བ་གསུམ་གྱིས་ཉི་མའི་ཐ་མ་ལ་སྟེ། སྟོན་ཟླ་འབྲིང་པོ་ཉ་འམ་སྟོན་ཟླ་ཐ་ཆུང་ཉའི་ཉི་མ་དེ་ལའོ། །སྤྱོད་ཡུལ་དུ་བརྗོད ་པར་བྱའོ་ཞེས་བྱ་བ་ནི། གྲོང་ཁྱེར་དང་གྲོང་དང་ཚོད་དུས་ལ་སོགས་པར་སྦྲན་པར་བྱ་བ་སྟེ། ཅི་ཞིག་གི་ཕྱིར་ཞེ་ན་སྤྱོད་ཡུལ་ན་གནས་བའི་སེམས་ཅན་རྣམས་ཀྱི་བསོད་ནམས་སྤེལ་བའི་ཕྱིར་རོ། །གང་གིས་དུས་ནས་ཤེ་ན་དེའི་ཕྱིར། གང་ཚུན་ཆང ་ནས་བྱི་དོར་བྱེད་བ་ནས་སོ་ཞེས་བྱ་བ་སྨྲས་ཏེ། ཉི་མ་གང་ཚུན་ཆད་ནས་གཙུག་ལག་ཁང་བྱི་དོར་བྱེད་པ་དེ་ཚུན་ཆད་ནས་སོ། །དེ་ཡང་གང་ཚུན་ཆད་ནས་བྱེད་ཅེ་ན་སྔར་དབྱར་གྱི་གཞིའི་སྐབས་སུ་ཞག་བཅུ་འམ་ཟླ་བ་ཕྱེད་ཀྱིས་འབྱུང་བར་འགྱུར་པ ་ཉིད་ན་གཙུག་ལག་ཁང་བྱི་དོར་བྱའོ། །ཁ་ཅིག་ལས་ནི་བདུན་ནམ་བརྒྱད་ན་ཞེའོ་ཞེས་སྨོས་པས། དབྱར་གནས་བར་ཁས་ལེན་པ་འབྱུང་བར་འགྱུར་བ་ཉིད་ཀྱིས་མདུན་རོལ་ཞག་བཅུ་འམ་ཟླ་བ་ཕྱེད་དམ་ཞག་བདུན་ནམ་བརྒྱད་ནས་གཙུག་ལག་ཁང ་བྱི་དོར་བྱེད་བ་དང་འདྲ་བར་འདིར་ཡང་དགག་དབྱེའི་ཉི་མ་འབྱུང་བར་འགྱུར་བ་ཉིད་ཀྱི་མདུན་རོལ། ཞག་བཅུ་འམ་ཟླ་བ་ཕྱེད་དམ་ཞག་བདུན་ནམ་བརྒྱད་ནས་སྤྱོད་ཡུལ་ཏུ་བརྗོད་པར་བྱའོ། །ཇི་སྐད་བརྗོད་པར་བྱ་ཞེ་ན། དེའི་ཕྱིར་ཕུན་ཆད་ཞག་འདི་ཙམ་ན་དགེ ་འདུན་དག་དགག་དབྱེ་མཛད་བར་འགྱུར་བ་ཁྱེད་ཅག་ལ་བརྗོད་བ་ཡིན་ནོ་ཞེས་སོ་།ཞེས་བྱ་བ་སྨྲས་སོ། །གཙུག་ལག་ཁང་བརྒྱན་བར་བྱའོ་ཞེས་བྱ་བ་ནི། གང་ཚུན་ཆད་ནས་གཙུག་ལག་ཁང་བྱི་དོར་བྱ་བ་བསྟན་པ་དེ་ཚུན་ཆད་ནས་གཙུག་ལག་ཁང་གསོལ ་སོགས་བས་བརྒྱན་པར་བྱའོ། ཁང་བ་བརྩེགས་བ་དག་བརྩིག་གོ་ཞེས་བྱ་བ་ཡང་དེ་ཚུན་ཆད་ནས་སོ། །གཙང་ཁང་ཕྱུར་བུ་དག་ཀྱང་རི་མོ་བྲིའོ་ཞེས་བྱ་བ་ཡང་དེ་ཚུན་ཆད་ནས་སོ། །མཆོད་རྟེ་མདག་གསོ་བ་དང་བྱི་བྱད་བྱའོ་ཞེས་བྱ་བ་ཡང། དེ་ཚུན་ཆད ་ནས་དེ་གསོ་བ་ཞེས་བྱ་བ་ནི། རལ་བ་དང་འགྲུམ་པ་ལ་སོགས་པ་ཕྱིར་གསོ་བ་དང་དཀར་པོར་བྱའོ། །བྱི་བྱད་ཞེས་བྱ་བ་ནི། རྡུལ་ལ་སོགས་པ་སྦྲུགས་པ་དང་འཕྲེང་བ་རྒྱུ་རྙིང་པལ་སོགས་པ་སྩལ་བའོ། །སེང་གེའི་ཁྲི་བརྒྱད་བར་བྱའོ་ཞེས་བྱ་བ་ནི་ཆོས ་བཅུ་བཞི་ནས་སོ། །ངོ་མོས་མཚན་ཐོག་ཐག་ཆོས་མཉན་བ་འབྱུང་བར་འགྱུར་གྱིས་དེང་ཚེ་དང་ལྡན་བ་དག་གིས་ཚོགས་བ་སྦྱིན་བར་བྱའོ་ཞེས་སྦྱོང་ཡུལ་ཏུ་བརྗོད་ནས་མདོ་སྡེ་དང་འདུལ་བ་དང་མ་མོ་འཛིན་པ་གསོལ་བ་བཏབ་བ་དག་གིས་ཚེས་བཅུ་བཞིའི ་མཚན་ཐོག་ཏུ་ཆོས་མཉན་བའི་སྦྱིན་བར་བྱའོ་ཞེས་བྱ་བ་ནི། ཚེས་བཅུ་བཞིའི་ཉིན་མོ་སྦྱོར་ཡུལ་ཏུ་དེ་སྐད་སྦྲན་ནས་ཚེས་བཅོ་ལྔའོ་ནུབ་མོ་ཐམས་ཅད་དེ་ཚོགས་བ་ན་དགེ་སློང་མདོ་སྡེ་དང་འདིལ་བ་དང་མ་མོ་འཛིན་པ་གསོལ་བ་བཏབ་བ་དག་གིས་མཚན ་ཐོག་ཏུ་ཁ་ཏོན་གདོན་པས་ཆོས་མཉན་པ་སྦྱིན་པར་བྱའོ། །གཞན་ལ་ནི་དེ་དག་གི་ལས་ཀྱི་མདུན་རོལ་ཚུན་ཆད་དུ་ཆོས་དང་ལྡན་པའི་གཏམ་རྣམ་པར་གཏན་ལ་དབབ་པས་མཚན་འདའ་?་བར་བྱའོ་ཞེས་བྱ་བ་ནི། ཚེས་བཅོ་ལྔའི་ནུབ་མོ་མདོ་སྡེ་དང་འདུལ་བ ་དང་མ་མོ་འཛིན་པ་དེ་དག་གིས་དགག་དབྱེའི་ལས་ལ་མ་བབ་པའི་མདུན་རོལ་ཚུན་ཆད་དུ་ཆོས་དང་ལྡན་པའི་གཏམ་རྣམ་པར་གཏན་ལ་དབབ་པས་དགག་དབྱེའི་ལས་རྩོམ་པ་ལ་ཐུག་པ་ཚུན་ཆད་དུ་མཚན་མོ་འདའ་བར་བྱའོ། །དེ་ཡང ་གང་གི་ཚེ་ཞེ་ན་དེའི་ཕྱིར། དགག་དབྱེའི་ལས་ནི་སྐྱ་རེངས་འཆར་བའི་མདུན་དུའོ་ཞེས་བྱ་བ་སྨྲས་ཏེ། དགག་དབྱེའི་ལས་ནི་སྐྱ་རངས་དང་པོ་མ་ཤར་བའི་མདུན་དུ་ཟིན་པར་བྱ་བར་རིག་པར་བྱ་བའོ། །འདི་སྐད་བསྟན་ཏེ། དགག་དབྱེའི་ལས་ནི་ཅི་ནས ་ཀྱང་སྐྱ་རེངས་དང་པོ་ཤར་བ་དང། དགག་དབྱེའི་ལས་ཀྱིས་འཇུག་གི་འཆར་མ་འཕྲད་པ་ལྟར་སྐྱ་རངས་དང་པོ་མ་ཤར་བར་ལས་ཐམས་ཅད་ཟིན་པར་བྱའོ། །ལས་དང་པོ་བརྩོམ་པ་ཚུན་ཆད་དུ་ནི་ཆོས་བཤད་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། དགེ ་སློང་དགག་དབྱེ་བྱེད་པར་པ་སྐོ་བར་བྱའོ་ཞེས་བྱ་བ་ནི། ལས་ཀྱི་དང་པོ་ཁོ་ནར་དགེ་སློང་དགག་དབྱེ་བྱེད་པར་སྤྲོ་བར་བྱས་ནས་གསོལ་བ་དང་གཉིས་ཀྱི་ལས་ཀྱིས་བསྐོ་བར་བྱའོ། །དེའི་སྔགས་ནི་ཆེ་དང་ལྡན་པ་ཁྱོད་དབྱར་གནས་པའི་དགེ་འདུན་ལ ་དགག་དབྱེ་བྱེད་པར་སྤྲོ་འམ་སྦྲོའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་མིང་འདི་ཞེས་བགྱི་བ་འདི་དབྱར་གནས་པའི་དགེ་འདུན་ལ་དགག་དབྱེ་བགྱིད་པར་སྤྲོ་ན། གལ་ཏེ་དགེ་འདུན་གྱིས་དུས་ལ་བབ་ཅིང་བཟོད་ན་དགེ་འདུན ་གྱིས་གནད་བར་མཛོད་ཅིག་དང། དགེ་འདུན་གྱིས་དགེ་སློང་མིང་འདི་ཞེས་བགྱི་བ་འདི་དགག་དབྱེ་བགྱིད་པར་བསྐོ་སྟེ། དགེ་སློང་དགག་དབྱེ་བགྱིད་པ་མིང་འདི་ཞེས་བགྱི་པ་འདི་དབྱར་གནས་པའི་དགེ་འདུན་ལ་དགག་དབྱེ་བགྱིད་པར་འགྱུར་རོ། །འདི་ནི ་གསོལ་བའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་མིང་འདི་ཞེས་བགྱི་པ་འདི་དབྱར་གནས་པའི་དགེ་འདུན་ལ་དགག་དབྱེ་བགྱིད་པར་སྤྲོ་ཏེ། དེའི་སླད་དུ་དགེ་འདུན་གྱིས་དགེ་སློང་མིང་འདི་ཞེས་བགྱི་བ་དགག་དབྱེ་བགྱིད་པར་བསྐོ ་ན། དགེ་སློང་འདི་ཞེས་བགྱི་བ་དགག་དབྱེ་བགྱིད་པར་བསྐོ་བར་ཚེ་དང་ལྡན་པ་གང་དག་བཟོད་པ་དེ་དག་ནི་ཅང་མ་གསུངས་ཤིག། གང་དག་མི་བཟོད་པ་དེ་དག་ནི་གསུངས་ཤིག། དགེ་འདུན་གྱིས་བཟོད་ཅིང་གནང་ནས་དགེ་འདུན་གྱིས་དགེ་སློང་མིང་འདི ་ཞེས་བགྱི་བ་དགག་དབྱེ་བགྱིད་པར་བསྐོས་ལགས་ཏེ། འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ་ཞེས་གསུངས་པ་ཡིན་ནོ། །མི་ནུས་ན་དུ་མའོ་ཞེས་བྱ་བ་ནི། དགེ་འདུན་མང་བའི་ཕྱིར་དགག་དབྱེ་བྱེད་པ་གཅིག་གིས་?་ནུས་ན། དགག་དབྱེ་བྱེད་པ ་དུ་མ་ཡང་ཆོག་སྔར་བསྟན་པས་ཅིག་ཅར་དུས་གཅིག་ཏུ་བསྐོར་རུང་ངོ། །དགག་དབྱེ་བྱ་བའི་ཕྱིར་གཞན་གྱིས་དགེ་འདུན་ལ་གསོལ་བ་བྱའོ་ཞེས་བྱ་བ་ནི། དགག་དབྱེ་བྱེད་བ་བསྐོས་ཟིན་པའི་འོག་ཏུ་དགེ་སློང་དགག་དབྱེ་བྱེད་པ་ཉིད་མ་ཡིན་པ་གཞན་ཅིག ་གིས་དགག་དབྱེ་བྱེད་པའི་ཕྱིར་དགེ་འདུན་ལ་གསོལ་བ་བྱའོ། །འདིའི་སྔགས་ནི། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དེང་ནི་དགེ་འདུན་གྱི་དགག་དབྱེ་བཅོ་ལྔ་པ་ལགས་ཏེ། གལ་ཏེ་དགེ་འདུན་གྱིས་དུས་ལ་བབ་ཅིང་བཟོད་ན། དགེ་འདུན་གྱིས ་གནང་པར་མཛོད་ཅིག་དང། དེད་དགེ་འདུན་དགག་དབྱེ་མཛད་དོ། །འདི་ནི་གསོལ་བའོ། །ཞེས་གསུངས་པ་ཡིན་ནོ། །འདི་ལ་གྲལ་གྱི་ཆ་ལས་བྱར་རུང་ངོ་ཞེས་བྱ་བ་ནི། དགག་དབྱེ་བྱ་བ་འདི་ལ་གྲལ་གྱི་ཆར་གཅིག་ལ་དགག་དབྱེ་བྱེད་བ་དུ་མ་དག་གིས ་སྟོང་སྨད་ཀྱི་ཆར་བཅད་དེ་དགག་དབྱེ་བྱར་རུང་ངོ། །རྩཝ་དར་བྷ་བྲིམ་པ་དང་མདུན་དུ་འདུག་བ་ཡང་དགག་དབྱེ་བྱེད་པའི་ཡུལ་ཡིན་ནོ། །དེས་རྩཝ་དར་བྷ་བྲིམ་པར་བྱའོ་ཞེས་བྱ་བ་ནི། དགག་དབྱེ་བྱེད་པ་ངེས་ཇེ་དང་པོར་དགེ་འདུན་ཐམས་ཅད་ལ་རྩ་དར་བྷ་ཁྱེད་བར ་བྲིམ་བར་བྱའོ། །བྲིམ་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གིས་ན་སྔ་ནས་རྩཝ་དང་བྷ་སྟ་གོན་བྱ་བ་ཡང་དེ་ཉིད་ཀྱི་ལས་ཡིན་ནོ། །དགག་དབྱེ་བྱས་ཟིན་གྱི་བར་དུ་དགེ་སློང་ར་རེའི་མདུན་དུ་འདུག་པར་བྱའོ་ཞེས་བྱ་བ་ནི། དགག་དབྱེ་བྱེད་པས་དགེ་སློང་ཇི་སྙེད་ལ་དགག་དབྱེ ་བྱེད་བར་འགྱུར་བདེ་སྙེད་ཀྱི་དགེ་སློང་ར་རེའི་མདུན་དུ་འདུག་པར་བྱ་སྟེ། ཇི་ལྟར་དགག་དབྱེ་བྱ་བ་དག་ཞེ་ཙོག་ཙོག་པོར་འདུག་ཅིང་ལྷམ་ཕུད་དེ། བླ་གོས་ཕྲག་བ་གཅིག་ཏུ་བྱས་ཏེ་འདུག་པ་དེ་བཞིན་དུ་དགག་དབྱེ་བྱེད་བ་ཡང ་འདུག་པ་བྱའོ། །རྩཝ་དར་བྷ་སྔར་བྲིམས་པ་དེ་ནི་དགག་དབྱེ་གོ་བར་བྱེད་པའི་དུས་ན་དགག་དབྱེ་བྱ་བ་དང་དགག་དབྱོ་བྱང་བ་གཉི་གའི་ལགས་པས་ཕན་ཚུན་ནས་འབྱུང་པར་བྱའོ། །དེ་ལ་དགག་དབྱེ་གོ་བར་བྱ་བ་ནི་ལན་གསུམ་མོ་ཞེས་བྱ་བ་ནི། ་དགག་དབྱེ་བྱེད་པ་མདུན་ན་གནས་པ་དེ་དགེ་སློང་རེ་རེས་ཀྱང་དགག་དབྱེ་གོ་བར་བྱ་བའི་སྔགས་ལན་གསུམ་གསུམ་བརྗོད་པར་བྱའོ། །དེའི་སྔགས་ནི་ཚེ་དང་ལྡན་པ་དགོངས་སུ་གསོལ། དེང་ནི་དགེ་འདུན་གྱི་དགག་དབྱེ་བཅོ་ལྔ་བ་ལགས་ཏེ། ་བདག་དགེ་སློང་མིང་འདི་ཞེས་བགྱི་བའི་དགག་དབྱེ་ཡང་བཅོ་ལྔ་པ་ལགས་ན། བདག་དགེ་སློང་མིང་འདི་ཞེས་བགྱི་བ་བདག་ལ་མཐོང་བ་དང་ཐོས་པ་དང་དོགས་པའི་གནས་གསུམ་གྱིས་དབྱར་གནས་པའི་དགེ་འདུན་ལ་དགག་དབྱེ་བགྱིད་ཀྱིས་ཚེ ་དང་ལྡན་པ་རྣམས་ཀྱིས་བདག་ལ་གདམས་སུ་གསོལ། ཚེ་དང་ལྡན་པ་རྣམས་ཀྱིས་བདག་ལ་རྗེས་སུ་བསྟན་དུ་གསོལ། །ཚེ་དང་ལྡན་པ་རྣམས་ཀྱིས་བདག་ལ་རྗེས་སུ་བཟུང་དུ་བསོལ། ཐུགས་བརྩེ་བ་ཅན་ཚེ་དང་ལྡན་པ་རྣམས་ཀྱིས་ཐུགས ་བརྩེ་བའི་སླང་དུ་བདག་ལ་ཐུགས་བརྩེ་བར་མཛད་དུ་གསོལ། ལྟུང་བ་ཤེས་ཤིང་མཐོང་ན་ཆོས་བཞིན་འདུལ་བ་བཞིན་དུ་སླར་བགྱིའོ། །ལན་གསུམ་དུ་བཟླས་ཐབས་ཡིན་ནོ་ལེགས་སོ་ཞེས་གསུངས ་པ་ཡིན་ནོ། །དེ་ཙམ་གྱིས་ནད་པ་ངན་བ་དང་གནས་མལ་ཕན་ཚུན་དུ་འགྱུར་བ་དང་དུས་ལས་ཡོལ་བ་དང་གནོད་པ་འབྱུང་ན་གཉིས་སོ་ཞེས་བྱ་བ་ནི། ལན་གསུམ་བཟླས་པ་དེ་ཙམ་གྱིས་ནང་པ་ངལ་བ་འབྱུང་བ་འམ་གནས་མལ་པ་?་ཚུན ་དུ་འགྱུར་བ་འབྱུང་བ་འམ་དུས་ལས་ཡོལ་བ་འབྱུང་བ་འམ། གནོད་པ་འབྱུང་བ་ལྟན་དགག་དབྱེ་གོ་བར་བྱ་བའི་སྔགས་ལན་གྱིས་བཟླས་པར་བྱའོ། །དེ་ལ་ནང་པ་ངལ་བ་འབྱུང་བ་ནི། ནད་པ་སྡུག་བསྔལ་གྱི་ཚོར་བས་དལ་བར་འགྱུར་བ་སྟེ། རླུང་ལ་སོགS ་པས་ཀྱང?་ནང་པ་ངལ་བར་འགྱུར་བ་སྲིད་པས། ངེས་ན་འདིར་གཞང་འབྲུམ་གྱིས་ནད་འབའ་ཞིག་གི་དབང་དུ་མ་བྱས་སོ། །གནས་མ་ལ་ཕན་ཚུན་དུ་འགྱུར་བ་འབྱུང་བ་ནི་གནས་ཁང་དང་མལ་ཆ་དང་སྟན་ལ་སོགས་པ་ཆུང་ཟ་བར་འགྱུར་བ་སྟེ། རླུང་ལ་སོག ་པས་ཀྱང་གནས་མལ་ཕན་ཚུན་དུ་འགྱུར་བ་སྲིད་བ་ངེས་ན་འདིར་ཆར་པ་འབའ་ཞིག་གི་དབང་དུ་མ་བྱས་སོ། །དུས་ལས་ཡོལ་བ་འབྱུང་བ་ནི་དགག་དབྱེའི་དུས་ལས་ཡོལ་བ་འབྱུང་བ་སྟེ། སྨོན་ལམ་ཀློག་པ་དང་ཆོས་སྙན་པ་སྨྲ་བ་དང་ཆོས་དང་ལྡན་པཱི ་གཏམ་རྣམ་པར་གཏན་ལ་འབེབས་པ་དང་རྩོད་པ་ཉེ་བར་ཞི་བར་བྱེད་པས་ཀྱང་མཚན་འདའ་བར་འགྱུར་སྲིད་པས་དེས་ན་འདིར་སྦྱིར་བསྟན་ཏོ། །གནོད་པ་འབྱུང་བ་ནི། ཉམ་ང་བ་འབྱུང་བ་སྟེ། རྒྱལ་པོ་དང་ཆོམ་རྐུན་པ་དང་གྲོང་པའི་མི་དང་གདུག་པ་དང་ཀླུ ་དད་མེ་དང་ཆུ་ལ་སོགས་པའི་གནོད་པས་སྲོག་དང་དགེ་སྦྱོང་གིས་ཚུལ་དང་ཚངས་བར་སྤྱོད་པའི་བར་ཆད་དུ་འགྱུར་བ་ཡང་སྲིད་པ་ངེས་ན་འདིར་སྤྱིར་བསྟན་ནོ། །དེ་ཙམ་གྱིས་ན་ཡང་ལན་ཅིག་གོ་ཞེས་བྱ་བ་ནི། ལན་གཉིས་བཟླས་པ་དེ་ཙམ་གྱིས་ཀྱང་ནད་པ ་ངལ་བ་ལ་སོགས་པ་འབྱུང་བར་འགྱུར་བ་ལྟ་ན་དགག་དབྱེ་གོ་བར་བྱ་བའི་སྔགས་ལན་ཅིག་བཟླས་པར་བྱའོ། །དེས་བྲལ་རྫོགས་ན་གཞན་ལའོ་ཞེས་བྱ་བ་ནི། དགག་དབྱེ་བྱེད་པ་ངེས་དགེ་སློང་གི་གྲལ་གྱི་དགག་དབྱེ་བྱེད་བ་གཞན་ཅིག་ལ་རང་གི་དགག ་དབྱེ་བྱའོ། །མེད་ན་གཞན་ལའོ་ཞེས་བྱ་བ་ནི། དགག་དབྱེ་བྱེད་བ་གཞན་དེ་མེད་ན་དགག་དབྱེ་བྱེད་པ་ངདེས་དགེ་སློང་གཞན་གཅི་གི་མདུན་དུ་རང་གི་དགག་དབྱེ་བྱའོ། །དགེ་འདུན་ཐམས་ཅད་ཀྱིས་དགག་དབྱེ་བྱས་པ་དེ་ཉིད་དགེ་འདུན་ལ་གོ་བར་བྱའོ ་ཞེས་བྱ་བ་ནི། དགེ་སློང་གི་དགེ་འདུན་ཐམས་ཅད་ཀྱིས་དགག་དབྱེ་བྱས་ཟིན་པའི་རྗེས་ལ། དགག་དབྱེ་བྱེད་པས་དགེ་འདུན་ཐམས་ཅད་ཀྱིས་དགག་དབྱེ་བྱས་པ་དེ་ཉིད་དགེ་སློང་གི་དགེ་འདུན་ལ་གོ་བར་བྱས་མ་ཐག་ཏུ་དགེ་སློང་འདུས ་པ་ཐམས་ཅད་ཀྱིས་འདི་སྐད་ཅེས་ལེགས་པར་དགག་དབྱེ་མཛད་དོ། །ཤིན་ཏུ་དགག་དབྱེ་མཛད་དོ་ཞེས་བྱ་བའི་སྔགས་འདིས་དགག་དབྱེ་བྱེད་པའི་ཚིག་དེ་བསྒྲུབ་པར་བྱའོ། །ལེགས་པར་དགག་དབྱེ་མཛད་དོ་ཞེས་བྱ་བ་ནི། མཛེས་ཤིང་བ་ན་མ ་ཐོ་བ་མེད་བར་རོ། །ཤིན་ཏུ་དགག་དབྱེ་མཛད་དོ་ཞེས་བྱ་བ་ནི། འདི་ལ་བདག་ཅག་ཐེ་ཚོམ་མེད་དོ་ཞེས་བསྒྲུབ་པར་བྱ་བའོ། །རང་གི་རྫས་གང་ཡང་རུང་བ་ཐ་ན་ཁབ་ཙམ་གྱིས་ཀྱང་དགེ་འདུན་ལ་རྫས་ཀྱི་དགག་དབྱེ་བརྩམ་པར་བྱ་སྟེ་དེ་བླངས ་ན་ཐ་ཚིག་གིས་སོ་ཞེས་བྱ་བ་ནི། དེ་ལྟར་ཐམས་ཅད་ཀྱིས་ལེགས་པར་དགག་དབྱེ་མཛད་དོ། །ཤིན་ཏུ་དགག་དབྱེ་མཛད་དོ་ཞེས་བསྒྲུབས་མ་ཐག་ཏུ་དགག་དབྱེ་བྱེད་པ་དེས་རང་གི་རྫས་ཀྱིས་དགེ་འདུན་ལ་རྫས་ཀྱི་དགག་དབྱེ་བ་རྩམས་པར་བྱའོ།། ་རྫས་ཀྱི་དགག་དབྱེ་ཞེས་བྱ་བ་ནི། སྦྱིན་པར་བྱ་བའི་རྫས་གང་ལ་དགེ་འདུན་སྦྱན་དྲང་བའོ། །གང་ཡང་རུང་བ་ཞེས་བྱ་བ་ནི། ཆུང་དུ་ཡང་རུང་བའོ། །ཐ་ན་ཁབ?་ཙམ་གྱིས་ཀྱང་ཞེས་བྱ་བ་ནི། ཆུང་དུ་ན་ཁབ་ཀྱི་མཛའ་ཡན་ཆད་ཀྱང་རུང་བའོ། ། ་ཇི་ལྟར་བྱ་ཞེ་ན། དེའི་ཕྱིར་དེ་བླངས་ནས་ཚིག་གིས་སོ་ཞེས་བྱ་བ་སྨྲས་ཏེ། དགག་དབྱེ་བྱེད་པ་དེས་ཁབ་ལ་སོགས་པ་དེ་ལག་དུ་བླངས་ནས་རྒན་རིམས་ཀྱི་མདུན་དུ་འདུག་སྟེ། དགེ་འདུན་ལ་ཚིག་གིས་རྫས་ཀྱི་དགག་དབྱེ་བརྩམ་པར་བྱའོ། །ཚིག ་ད་ཇི་ལྟ་བུ་ཞིག་ཅེ་ན་དེའི་ཕྱིར། བཙུན་པ་རྫས་འདི་ལྟ་བུས་ཀྱང་དབྱར་གནས་པའི་དགེ་སློང་གི་?་དགེ་འདུན་ལ་དགག་དབྱེ་བགྱིར་རུང་ངོ་ཞེས་བྱ་བ་སྨྲས་ཏེ། སྔགས་ཀྱི་ཚིག་འདིས་སོ། །འདི་ནི་སྦྱིན་པར་བྱེད་པ་རྣམས་ཀྱི་བསོད་ནམས་ཀྱི་འདུ་བའི ་སྒོའི་བྱེ་བྲག་བསྟན་པའི་ཕྱིར་བཅས་ཏེ། འདི་ལྟར་དགག་དབྱེ་བྱས་པའི་དགེ་སློང་གི་དགེ་འདུན་ནི་དགེ་ལེགས་ཀྱིས་བསམ་པ་ཅན་ཡིན་པའི་ཕྱིར། ཤིན་ཏུ་ཡོངས་སུ་དག་པ་དང་བྱམས་པའི་སེམས་དང་ལྡན་པ་ཡིན་པའི་ཕྱིར་ཤིན་ཏུ་དད་བར ་འགྱུར་བ་ཡིན་པས། དེའི་ཕྱིར་བསོད་ནམས་ཀྱི་ཞིང་ཆེས་ཁྱད་པར་དུ་འཕགས་པ་ཡིན་པས་དེ་ལ་སྦྱིན་པ་བྱིན་ན་འབྲས་བུ་ཆེས་མང་པོར་འགྱུར་རོ། །དེའི་འོག་ཏུ་དགེ་ཚུལ་རྣམས་ལ་དགག་དབྱེ་བྱའོ་ཞེས་བྱ་བ་ནི། རྫས་ཀྱི་དགག་དབྱེ་བྱས་པ་དེའི ་འོག་ཏུ་དགག་དབྱེ་བྱེད་པ་དེས་དགེ་ཚུལ་རྣམས་ལ་དགག་དབྱེ་བྱའོ། །དེའི་འོག་ཏུ་དགེ་སློང་མ་རྣམས་ལའོ་ཞེས་བྱ་བ་ནི་དགེ་ཚུལ་རྣམས་ལ་དགག་དབྱེ་བྱས་པའི་འོག་ཏུ་དགག་དབྱེ་བྱེད་པ་དེས་དགེ་སློང་མ་རྣམས་ལ་དགག་དབྱེ་བྱའོ། རང་གི་ཕྱོགས ་མ་རྫོགས་པར་ཕྱོགས་གཞན་ལ་འཇུག་པར་མི་རིགས་པས་ངེས་ན་དགེ་ཚུལ་རྣམས་ཀྱི་འོག་ཏུ་དགེ་སློང་མ་རྣམས་ལ་དགག་དབྱེ་བྱ་བ་བསྟན་ཏོ། །དགེ་སློང་མ་ཞེས་སྨོས་པ་ནི་རང་གི་ཕྱོགས་དང་མཐུན་པའི་དེ་པ་ཙམ་དུ་ཟད་པས་ངེས་ན་དགེ ་སློང་མ་རྣམས་ཀྱི་འོག་ཏུ་དགེ་སློབ་མ་རྣམས་ལ་བྱ་བ་དང། དེའི་འོག་ཏུ་དགེ་ཚུལ་མ་རྣམས་ལ་བྱ་བ་ཡང་མདོ་འདིས་བསྡུས་པ་ཡིན་ནོ། །བྱིན་གྱིས་བརླབས་ཏེ་སོང་བས་དེར་སྔར་དགག་དབྱེ་བྱེད་པ་ན་དེ་དག་དང་ལྷན་ཅིག་བྱས་ན་དགག་དབྱེ ་བྱས་པ་ཉིད་ཡིན་ནོ་ཞེས་བྱ་བ་ནི། གལ་ཏེ་དགེ་སློང་དབྱར་གྱི་ནང་དུ་ཞག་བདུན་ལ་སོགས་བ་བྱིན་གྱིས་བརླབས་ཏེ། གཙུག་ལག་ཁང་གཞན་དུ་སོང་བ་ངེས་གནས་དེ་ན་གནས་པའི་དགེ་སློང་རྣམས་དབྱར་སྔ་མར་གནས་པར་ཁས་བླངས་པའི ་དབང་གིས་སམ། ཆོས་གྲངས་ནོར་བའི་དབང་གིས་སམ་གང་ཟག་འཐབ་ཀྲོལ་ཅན་འོང་བར་གྲགས་པའི་དབང་གིས་གནས་དེར་དགེ་སློང་གློ་བུར་དུ་འོངས་པ་དེའི་དགག་དབྱེའི་དུས་པས་སྔར་ཚོགས་ཏེ་དགག་དབྱེ་བྱེད་པ་ན། གནས་དེར་དགེ་སློང་གློ ་བུར་དུ་འོངས་བ་དེས་གཉུག་མང་གནས་པ་དེ་དག་དང་ལྷན་ཅིག་དགག་དབྱེ་བྱས་ན་དེས་དགག་དབྱེ་བྱས་པ་ཉིད་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། འདི་ནི་གང་དུ་གནས་པར་ཁས་བླངས་པ་དེ་ཉིད་དུ་དགག་དབྱེ་ངེས་བར་འཆགS ་ཀྱི་གཞན་དུ་མི་འཆགས་སོ་སྙམ་དུ་དོགས་པ་སྩལ་བའི་ཕྱིར་མདོར་བྱས་སོ། །འདིར་གཞུང་ནི། བཙུན་པ་རེ་ཞིག་དགག་དབྱེའི་གདུགས་ཀྱི་ལྷག་མ་བཅུ་མཆིས་ཤིང། དགེ་སློང་དེ་ཡང་བསྐོས་ཏེ་མཚམས་ཀྱི་སླད་རོལ་ཏུ་མཆིས་ནས ་དེ་ནས་གདུགས་བདུན་ན་དགག་དབྱེ་བྱུང་ནས་དེ་དང་དགག་དབྱེ་བགྱིད་ན། དགག་དབྱེ་བགྱིད་ཞེས་བགྱི་འམ། ཉེ་བར་འཁྲ་དགག་དབྱེ་བྱས་ཞེས་སམ། བཙུན་པ་རེ་ཞིག་དགག་དབྱེའི་གདུགས་ཀྱི་ལྷག་མ་བདུན་མཆིས་ཤིང་དགེ་སློང་དེ ་ཡང་བྱིན་གྱིས་བརླབས་ཏེ། མཚམས་ཀྱི་སླང་རོལ་ཏུ་མཆིས་ནས་གང་དུ་མཆིས་པ་དེར་གདུགས་བཞི་ལ་དགག་དབྱེ་བྱུང་ནས་དེ་དེར་དགག་དབྱེ་བགྱིད་ན། དགག་དབྱེ་བགྱིས་ཞེས་བགྱིའམ། ཉེ་བར་འཁོར་དགག་དབྱེ་བྱས་ཞེས་བྱའོ་ཞེས ་གསུངས་པ་ཡིན་ནོ།། །།བམ་པོ་ལྔ་བཅུ་པ། །བུད་མེད་ལ་ནི་མ་ཡིན་ནོ་ཞེས་བྱ་བ་ནི་དགག་དབྱེ་བྱེད་བ་བུད་མེད་ཡིན་ན། དེ་ལ་དགེ་སློང་དང་དགེ་སློང་མ་ལ་སོགས་པས་དགག་དབྱེ་བྱས་ན་དགག་དབྱེ་བྱས་པ་ཉིད་མ་ཡིན་ནོ།། ་ཞེས་སྨྲས་བ་ནི་དགག་དབྱེ་བྱེད་པ་བཟུང་གི་དགེ་འདུན་ནི་མ་ཡིན་ཏེ། བུད་མེད་ཀྱི་དགེ་འདུན་ལ་ཡང་སྐྱེས་པས་དགག་དབྱེ་ཡང་མི་བྱའོ། །དགག་དབྱེ་བྱེད་བ་ཉིད་ནི་སྐྱེས་པའི་དབང་དུ་བྱས?་པ་ཉིད་ཡིན་པའི་ཕྱིར་རོ། །གྱུར་བ་ལ་ཡང་ངོ་ཞེས་བྱ་བ། ་ནི། དགེ་སློང་དགག་དབྱེ་བྱེད་བར་བསྐོས་པ་དེ་དགག་དབྱེ་བྱེད་པ་ན་མཚན་གྱུར་ཏེ་དགེ་སློང་མའི་མཚན་དད་ལྡན་པར་གྱུར་ན་གང་ཟག་དེ་ལ། དགེ་སློང་མ་ལ་སོགས་པས་དགག་དབྱེ་བྱས་ན་ཡང་དགག་དབྱེ་བྱས་པ་ཉིད་མ་ཡིན་ཞེS་བྱ་བར་སྦྱར་རོ། །ཡོང་ཞེS་བྱ་བའི་སྒྲ་ནི། ་མདོ་སྔ་མ་ལས་མ་ཡིན་ནོ། །ཞེས་དགག་པའི་ཚིག་སྨོས་པ་དེའི་རྗེས་བསྙགས་པའི་ཕྱིར་དང་མཚན་གྱུར་པ་ལ་དགག་དབྱེ་བྱས་ན་ཡང་དགག་དབྱེ་བྱས་པ་ཉིད་མ་ཡིན་ན། གལ་ཏེ་དང་པོ་ནས་བུད་མེད་ཉིད་དུ་གྱུར་བ་ལ་ལྟ་སྨོས་ཀྱང་ཅི་དགོས་ཞེས་བྱ ་བར་སྟོན་ཏོ། །འདིར་གཞུང་ནི་དགེ་སློང་དགག་དབྱེ་བྱེད་པ་མཚན་གྱུར་ན་དགག་དབྱེ་བྱས་པ་མ་ཡིན་པར་བརྗོད་པར་བྱའོ་ཞེས་གསུངས་པ་ཡིན་ནོ། །གནས་པར་མི་ནུས་པ་ཉིད་ཡིན་ན་སྤྱོད་ཡུལ་དུ་གྱུར་པའི་དགེ་སློང་ལ་ཚོགས་ཀྱི་དགག་དབྱེས་གོ ་བར་བྱའོ་ཞེས་བྱ་བ་ནི། གནས་པར་ཁས་བླངས་པའི་གནས་སུ་ཡུལ་འཁྲུགས་པ་ལ་སོགས་པའི་རྒྱུས་གནས་པར་མི་ནུས་པ་ཉིད་ཡིན་ན་དེའི་ཚེ་རང་གི་མིག་སྔའི་སྤྱོད་ཡུལ་ཏུ་གྱུར་པའི་དགེ་སློང་མདུན་ན་གནས་པ་དེ་ལ་དགེ་སློང་འགྲོ་བར་སྩོལ ་བ་དེས་ཚོགས་ཀྱི་དགག་དབྱེས་དགག་དབྱེ་བ་གྱིད་དོ་ཞེས་གོ་བར་བྱས་ཏེ་འགྲོ་བར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། འདི་སྐད་བསྟན་ཏེ། ཡུལ་འཁྲུགས་པ་ལ་སོགས་པའི་གནོད་པས་གནས་པར་མི་ནུས་ན་དགེ་སློང་དག་དང་ཕྲང་བ་ལ་ཚོགS་པའི ་དགག་དབྱེ་བྱས་པས་གོ་བར་བྱ་བ་འམ། ཕན་ཚུན་གོ་བར་བྱ་བས་དགག་དབྱེ་གོ་བར་བྱས་ཏེ་འགྲོ་བར་བྱའོ། །ཚོགས་པའི་དགག་དབྱེའི་སྔགས་ནི། ཚེ་དང་ལྡན་པ་དགོངས་སུ་གསོལ། དེད་ནི་དགེ་འདུན་གྱི་དགག་དབྱེ་ལགས་ཏེ། བདག་དགེ ་སློང་མིང་འདི་ཞེས་བགྱི་བའི་ཡང་དག་དབྱེ་ཡང་ལགས་ན། བདག་དགེ་སློང་མིང་འདི་ཞེས་བགྱི་བ་བདག་ལ་མཐོང་བ་དང་ཐོས་པ་དང་དོགས་པའི་གནས་གསུམ་གྱིས་དབྱར་གནས་པའི་དགེ་འདུན་ཚོགས་པའི་དགག་དབྱེ་བགྱིད་གྱིས། ཚེ་དང་ལྡན ་པ་རྣམས་ཀྱིས་བདག་ལ་གདམས་སུ་གསོལ། །ཚེ་དང་ལྡན་པ་རྣམས་ཀྱིས་བདག་ལ་རྗེས་སུ་བསྟན་དུ་གསོལ། ཚེ་དང་ལྡན་པ་རྣམས་ཀྱིས་བདག་ལ་རྗེས་སུ་གཟུང་དུ་གསོལ། ཐུགས་བརྩེ་བ་ཅན་ཚེ་དང་ལྡན་པ་རྣམས་ཀྱིས་ཐུགས་བརྩེ་བའི ་སླད་དུ། བདག་ལ་ཐུགས་བརྩེ་པར་མཛད་དུ་གསོལ། ལྟུང་བ་ཤེས་ཤིང་མཐོང་ན་ཆོས་བཞིན་འདུལ་བ་བཞིན་དུ་སླར་བ་གྱིའོ། །ལན་གསུམ་དུ་བཟླས་ཐབས་ཡིན་ནོ། །ལེགས་སོ་ཞེས་གསུངས་པ་ཡིན་ནོ། །དབྱར་གྱི་ནང ་དུ་བྱ་བས་འགྲོ་དགོས་ན་དགག་དབྱེ་བྱའོ་ཞེས་བྱ་བ་ནི། དགག་དབྱེའི་དུས་ལམ་པ་བ་པར་དབྱར་གྱི་ནང་དུ་དགེ་སློང་བྱ་པའི་དབང་གིས་གནས་གཞན་དུ་འགྲོ་དགོས་པར་གྱུར་ན་ཚེས་བཅོ་ལྔ་འམ་བཅུ་བཞིའི་དུས་གང་ཡང་རུང་པ་གཅིག་དང་སྦྱར ་ཏེ་དགག་དབྱེ་ཚུལ་བཞིན་དུ་བྱ་ཞིང་འགྲོ་བར་བྱའོ། །འདི་སྐད་བསྟན་ཏེ། གནས་པར་ཁས་བླངས་པའི་དགེ་སློང་ལ་མི་འགྲོ་བར་མི་རུང་བའི་བྱ་བ་དེ་ལྟ་བུ་ཞིག་བྱུང་ན་རང་གར་འགྲོ་བ་མ་ཡིན་པའི་དགེ་སློང་དེས་དབྱར་གྱི་ནང་དུ་དགག་དབྱེ་བྱེད ་པ་ལ་མི་རིགས་པ་མེད་པར་རིག་པར་བྱའོ། །འདིར་གཞུང་ནི་བཙུན་པ་འདི་ལྟར་དགེ་སློང་དག་ཁྲིམས་སུ་བགྱི་བ་འདི་ལྟ་བུ་བགྱིས་ནས་དབྱར་གནས་པར་ཁས་ལེན་པར་བགྱིད་དེ། ཚེ་དང་ལྡན་པ་དག་གལ་ཏེ་བདག་དབྱར་གྱི་ནང་དུ་ཉེ་དུའི ་གནད་དུ་འགྲོ་བའི་དགག་དབྱེ་སྦྱིན་པ་ལྟ་ན་བདག་དབྱར་གནས་པར་ཁས་ལེན་ཏོ་ཞེས་མཆི་ན། བཙུན་པ་དགག་དབྱེ་སྩལ་བར་བགྱི་འམ། ཉེ་བར་འཁོར་སྦྱིན་པར་བྱའོ་ཞེས་གསུངས་པ་ཡིན་ནོ། །ཁྲིམས་སུ་བྱ་བ་མེད་པར་ཡང་དབྱར་གྱི་ནང་དུ ་ཉེ་དུ་འམ་གཞན་ཀྱི་ཕྱིར་འགྲོ་བ་ལ་དགག་དབྱེ་སྦྱིན་དུ་རུང་བས་དེའི་ཕྱིར་འདིར་སྦྱིར་མདོར་བྱས་སོ། །གཞི་འམ་གང་ཟག་གམ་གཉི་ག་གཞག་ནས་ཀྱང་ངོ་ཞེས་བྱ་བ་ཡང། དགག་དབྱེ་བྱར་རུང་ངོ ་ཞེས་བྱ་བར་སྦྱར་རོ། །གཞི་ཞེས་བྱ་བ་ནི་ལྟུང་བ་ལ་བྱ་སྟེ། ལྟུང་བ་ཐམས་ཅད་བཞག་ནས་དགག་དབྱེ་བྱར་མི་རུང་གི། འདི་ལྟར་ཕམ་པར་འགྱུར་བའི་སྡེ་མཚན་མ་གཏོགས་པ་དགེ་འདུན་ལྷག་མ་ལ་སོགས་པ་ལྟུང་བའི་སྡེ་ཚན་གཞན་གང ་ཡང་རུང་བ་།ཞིག་གཞག་སྟེ་དགག་དབྱེ་བྱར་རུང་བའོ། །དེ་ཡང་ཇི་ལྟ་བུ་ཞེ་ན་བདག་ཕམ་པར་འགྱུར་བའི་སྡེ་ཚན་མ་གཏོགས་པ་ལྟུང་བྱེད་ཀྱི་སྡེ་ཚན་གཞན་ལས་གང་ཡང་རུང་བ་ཞིག་ནི་དགག་དབྱེ་མི་བྱེད་ཀྱིས་ཁྱེད་ཀྱིས་ཀྱང་གནས་གསུམ་གྱིས་བདག་ལ་མ ་གླེང་།ཞིག། ཕམ་པར་འགྱུར་བའི་སྡེ་ཚན་ལ་སོགས་པ་ལྟུང་བ་གཞན་ནི། དགག་དབྱེ་བྱེད་ཀྱིས་ཁྱེད་ཅག་གིས་ཀྱང་གནས་གསུམ་གྱིས་གླེངས་ཤིག་ཅེས་ཟེར་བ་དེས་ཀྱང་དགག་དབྱེ་བྱ་བར་རུང་བའོ། །འདིར་གཞུང་ནི་གལ་ཏེ་དགེ་འདུན་ལྷག་མ་ཤེས་ན་བྱིན ་གྱིས་བརླབས་ཏེ་དགག་དབྱེ་བྱའོ། །ཕམ་པར་འགྱུར་བ་ཤེས་ན་ནི་སྙིལ་བར་གསུངས་པས་བསྙིལ་ཏེ་དགག་དབྱེ་བྱའོ། །དེ་ལས་གཞན་བ་དགྲ་ཤེས་ན་ནི་བཤགས་ཏེ་དགག་དབྱེ་བྱའོ། །ཞེས་གསུངས་པ་ཡིན་ནོ། །གང་ཟག་ཅེས་བྱ་བ་ནི་འདིར་གང ་ཟག་གང་ལས་ལུས་ཀྱིས་རེག་པ་ལ་སོགས་པའི་ལྟུང་བ་བྱུང་བར་གྱུར་པའི་གང་ཟག་དེ་ལ་བྱའི་གླེང་བ་པོ་དང་གླེང་བར་བྱ་བ་ནི་མ་ཡིན་ནོ། །དེ་ཡང་ཇི་ལྟ་བུ་ཞེ་ན་གང་ཟག་གང་གི་ཡུལ་ལས་ལུས་ཀྱིས་རེག་པ་ལ་སོགས་པ་བྱུང་བའི་གང་ཟག་གང་ཡང ་རུང་བ་ཞིག་ནི་དགག་དབྱེ་མི་བྱེད་ཀྱིས་ཁྱེད་ཅག་གིས་ཀྱང་གནས་གསུམ་གྱིས་བདག་ལམ་གླེང་ཞིག། དེ་ལས་གཞན་པའི་གང་ཟག་ཐམས་ཅད་ཀྱི་འབྱུང་པའི་མཛའ་ནི་དགག་དབྱེ་བྱེད་ཀྱིས་ཁྱེད་ཅག་གིས་ཀྱང་གནས་གསུམ་གྱིས་གླེངས་ཤིག་ཅེས་ཟེར་བ ་དེས་ཀྱང་དགག་དབྱེ་བྱར་རུང་བའོ། །གཉིག་ཞེས་བྱ་བ་ནི། གཞི་དང་གང་ཟག་གཉི་ག་སྟེ་གཞི་འདི་དང་གང་ཟག་འདི་ནི་དགག་དབྱེ་མི་བྱེད་ཀྱིས་ཁྱེད་ཀྱིས་ཀྱང་གནས་གསུམ་གྱིས་བདག་ལ་མ་གླེང་ཞིག། བཞི་དེ་དང་གང་ཟག་དེ་ལས་གཞན་པའི་གཞི་དང ་གང་ཟག་གི་བྱུང་བའི་མཛའ་ཐམས་ཅད་ནི་དགག་དབྱེ་བྱེད་ཀྱིས་ཁྱེད་ཀྱིས་ཀྱང་གནས་གསུམ་གྱིས་གླེངས་ཤིག་ཅེས་ཟེར་བ་དེས་ཀྱང་དགག་དབྱེ་བྱར་རུང་པའོ། །དེ་དག་གནོད་བར་བྱའོ་ཞེས་བྱ་བ་ནི། དེ་ལྟར་གཞི་འམ་གང་ཟག་གམ་གཉི་ག་བཞག ་སྟེ། དགག་དབྱེ་བྱེད་པ་དེ་དག་དགེ་འདུན་དུ་གྱུར་བའི་དགེ་སློང་དག་གིས་མནོད་ཅིང་ཁས་བླངས་བར་བྱ་བའོ། །བཞག་པར་བྱ་བ་མཛའ་མ་གཏོགས་པ་ཉིད་ཁས་བླངས་པར་བྱའོ་ཞེས་བྱ་བ་ནི། བཞག་པར་བྱ་བ་རྣམ་པ ་གསུམ་སྔར་སྟན་པ་ལས་བཞི་ཞེས་སྨོས་པ་དང་སྦྱར་ཏེ། བཞག་པར་བྱ་བ་གཞི་ཞེས་བྱ་བ་ལྟུང་བའི་སྡེ་ཚན་དེ་ལས་མཛའ་ཞེས་བྱ་བ་ཕམ་པར་འགྱུར་པའི་སྡེ་མཚན་མ་གཏོགས་པ་དེ་ལས་གཞན་དགེ་འདུན་ལྷག་མ་ལ་སོགས་པའི ་སྡེ་ཚན་གང་ཡང་རུང་བ་འཇོག་ཅིང། དགག་དབྱེ་བྱེད་ན་དགག་དབྱེ་བྱེད་པ་རྣམ་པ་དེ་ལྟ་བུ་དེ་ནི་དགེ་འདུན་དུ་གྱུར་པའི་དགེ་སློང་དག་དང། དགག་དབྱེ་བྱེད་པའི་དགེ་སློང་གིས་ཀྱང་ཁས་བླངས་བར་བྱའོ། །ཇི་ལྟར་ཁས་བླངས་བར་བྱ་ཞེ་ན་དེའི་ཕྱིར ་ཚེ་དང་ལྡན་པ་ཁོ་བོ་ཅག་ནི་ཚེ་དང་ལྡན་པས་ཅི་ནས་ཀྱང་གཞི་འཇོག་པར་བྱེད་ཅིང་གང་ཟག་འཇོག་པར་མི་བྱེད་བ་དེའི་དོན་དུ་འདུས་ཤིང་འདུག་པ་མ་ཡིན་གྱིས?་འདི་ལྟར་བཅོམ་ལྡན་འདས་ཀྱིས་ཚུལ་ཁྲིམས་རྣམ་པར་དག་པར་བྱ་བའི་ཕྱིར་ནི་གསོ་སྦྱོང ་གསུངས་ལ་ཆོས་རྣམ་པར་དག་པར་བྱ་བའི་ཕྱིར་ནི་དགག་དབྱེ་གསུངས་པས་གལ་ཏེ་འདོད་ན་དགག་དབྱེ་གྱིས་ཤིག་ཅེས་སོ་ཞེས་བྱ་བ་སྨྲས་ཏེ། ཚེ་དང་ལྡན་པ་ཞེས་བྱ་བ་ནི་བོང་བའི་ཚིག་གོ། ཁོ་བོ་ཅག་ནི་ཞེས་བྱ་བ་ནི། དགེ་འདུན་དུ་གྱུར་བའི་དགེ་སློང ་རྣམས་སོ། །ཅི་ནས་ཀྱང་ཞེས་བྱ་བ་ནི། ཀྱེ་མ་ཞེས་བྱ་བའི་ཐ་ཚིག་གོ། གཞིའི་འཇོག་པར་བྱེད་ཅིང་ཞེས་བྱ་བ་ནི། ལྟུང་བ་སྡེ་ལྔ་པོ་དག་ལས་ཕམ་པར་འགྱུར་པའི་མ་གཏོགས་པ་ལྟུང་བ་གཞན་གང་ཡང་རུང་བ་ཞིག་གི་དགག་དབྱེ་མི་བྱེད་ཅིང་ངོ། །གང ་ཟག་འཇོག་པར་མི་བྱེད་བ་ཞེས་བྱ་བ་ནི། གང་ཟག་གང་ལས་ལུས་ཀྱིས་རེག་པ་ལ་སོགས་པའི་ལྟུང་བ་བྱུང་བར་གྱུར་པའི་གང་ཟག་དེའི་དགག་དབྱེ་བྱེད་པར་འགྱུར་བའོ། །དེའི་དོན་དུ་ཞེས་བྱ་བ་ནི། ཇི་སྐད་བསྟན་མ་ཐག་པ་དེ་གཉིས་ཀྱི་དོན་དུའོ།། ་འདུས་ཤིང་ཞེས་བྱ་བ་ནི། གནས་གཅིག་ཏུ་འདུས་པར་གྱུར་པའོ། །འདུག་བ་ཞེས་བྱ་བ་ནི་འཁོང་པའོ། །མ་ཡིན་གྱིས་ཞེས་བྱ་བ་ནི། དེ་ལྟ་བུ་མ་ཡིན་བར་དགག་པའོ། །ཚུལ་ཁྲིམས་རྣམ་པར་དག་པར་བྱ་བའི་ཕྱིར་ནི་གསོ་སྦྱོང་གསུངས་ལ་ཞེས་བྱ་བ་ནི ་གསོ་སྦྱོང་བྱས་ན་ཁ་ན་མ་ཐོ་བ་མེད་པ་ཉིད་ཙམ་ལ་རྣམ་པར་དག་པ་ཞེས་བྱ་བའོ། །ཆོས་རྣམ་པར་དག་པར་བྱ་བའི་ཕྱིར་ནི་དགག་དབྱེ་གསུངས་པ་ཞེས་བྱ་བ་ནི། གླེང་བ་དང་གདམས་ངག་དང་རྗེས་སུ་བསྟན་པ་དག་ལ་ཡང་དག་པར་ཞུགས་བ་ཉིད་དང ་དྲང་བོ་ཉིད་དུ་གྱུར་ན། སེམས་དང་སེམས་ལས་བྱུང་བ་དག་གིས་ཆོས་རྣམ་པར་དག་པར་འགྱུར་བའོ། །གལ་ཏེ་འདོད་ན་དགག་དབྱེ་གྱིས་ཤིག། ཅེས་བྱ་བ་ནི། གལ་ཏེ་བདག་ལ་ཕམ་པར་འགྱུར་བ་བཞི་པོ་དག་གི་ཡོངས་སུ་མ་དག་བ་ཉིད་མེད་བར ་སེམས་ཤིང་གལ་ཏེ་གཞི་རང་གང་ཟག་གང་ཡང་བཞག་པ་མེད་པས་དགག་དབྱེ་བྱེད་བར་འདོད་ན་ཡང་དགག་དབྱེ་གྱིས་ཤིག། ཚེ་དང་ལྡན་པས་ཅི་ནས་ཀྱང་བཞི་འཇོག་པར་བྱེད་ཅིང། གང་ཟག་འཇོག་པར་མི་བྱེད་བ། དེ་ཁོ་བོ་ཅག་ལ་དགོས་པ་མེད་ཀྱི། འདི ་ལྟར་ཚེ་དང་ལྡན་པ་ཉིད་རྣམ་པར་དག་པར་བྱ་དགོས་སོ་ཞེས་བྱ་བའི་ཐ་ཚིག་གོ། འདི་སྐད་བསྟན་ཏེ། འདི་ལ་གཞི་ཁ་ཅིག་བཞག་པ་ཁོ་བོ་ཅག་ལ་དགོས་པ་མེད་དེ། ཁོ་བོ་ཅག་ནི་ཚེ་དང་ལྡན་པས་ཅི་ནས་ཀྱང་གཞི་འཇོག་པར་བྱེད་ཅིང་གང་ཟག་འཇོག་བར་མི་བྱེད་པ་དེའི་དོན་དུ་འདུས། ་ཤིང་འདུག་པ་མ་ཡིན་གྱི། འདི་ལྟར་ཚེ་དང་ལྡན་པ་ཉིད་རྣམ་པར་དག་བ་དགོས་བས། གལ་ཏེ་བདག་ལ་ཕམ་པར་འགྱུར་བ་བཞི་པོ་དག་གིས་ཡོངས་སུ་མ་དག་པ་ཉིད་མེད་པར་སེམས་ན། དེའི་ཕྱིར་དགག་དབྱེ་གྱིས་ཤིག། ཁོ་བོ་ཅག་ལ་བཞག ་པ་དགོས་པ་མེད་ཀྱིས་གལ་ཏེ་བཞག་བ་མེད་པ་ཁོ་ནར་དགག་དབྱེ་བྱེད་བར་འདོད་ན་ཡང་དགག་དབྱེ་གྱིས་ཤིག་ཅེས་བྱ་བའི་ཐ་ཚིག་གོ། གང་ཟག་འཇོག་པར་བྱེད་ཅིང་གཞི་འཇོག་པར་མི་བྱེད་པ་དང། གཞི་ཡང་འཇོག་པར་བྱེད་ཅིང་གང་ཟག་ཀྱང་འཇོག། ་པར་བྱེད་པའི་འོ་ཞེས་བྱ་བ་ཡང་དེའི་དོན་དུ་འདུས་ཤིང་འདུག་པ་མ་ཡིན་གྱི་ཞེས་བྱ་བ་ལ་སོགས་པར་སྦྱར་ཏེ། ཚེ་དང་ལྡན་པ་ཁོ་བོ་ཅག་ནི་ཚེ་དང་ལྡན་པས་ཅི་ནས་ཀྱང་གང་ཟག་འཇོག་པར་བྱེད་ཅིང། གཞི་འཇོག་པར་མི་བྱེད་པ་དེའི ་དོན་དུ་འདུས་ཤིང་འདུག་པ་མ་ཡིན་གྱི། འདི་ལྟར་བཅོམ་ལྡན་འདས་ཀྱིས་ཚུལ་ཁྲིམས་རྣམ་པར་དག་པར་བྱ་བའི་ཕྱིར་ནི་གསོ་སྦྱོང་གསུངས་ལ། ཆོས་རྣམ་པར་དག་པར་བྱ་བའི་ཕྱིར་ནི་དགག་དབྱེ་གསུངས་པས། གལ་ཏེ་འདོད་ན་དགག་དབྱེ་གྱིས? ་ཤིག་ཅེས་བྱ་བ་དང། ཚེ་དང་ལྡན་པ་ཁོ་བོ་ཅག་ནི་ཚེ་དང་ལྡན་པས་ཅི་ནས་ཀྱང་གཞི་ཡང་འཇོག་པར་བྱེད་ཅིང་གང་ཟག་ཀྱང་འཇོག་པར་བྱེད་པ་དེའི་དོན་དུ་འདུས་ཤིང་འདུག་པ་མ་ཡིན་གྱི། འདི་ལྟར་བཅོམ་ལྡན་འདས་ཀྱིས་ཚུལ་ཁྲིམས་རྣམ་པར ་དག་པར་བྱ་བའི་ཕྱིར་ནི་གསོ་སྦྱོང་གསུངས་ལ། ཆོས་རྣམ་པར་དག་པར་བྱ་བའི་ཕྱིར་ནི་དགག་དབྱེ་གསུངས་པས། གལ་ཏེ་འདོད་ན་དགག་དབྱེ་གྱིས་ཤིག་ཅེས་བྱ་བར་མདོའི་ཚིག་གཉིས་དང་གོ་རིམས་བཞིན་དུ་སྦྱར་རོ། །ཁས་བླངས་པ་ཉིད་ན ་བཞག་པའམ་གཞག་པ་བསྙེན་པས་ནི་ཁས་བླངས་པ་ཉམས་པར་མི་འགྱུར་རོ་ཞེས་བྱ་བ་ནི། དེ་ལྟར་གང་ཟག་གང་གཞི་འམ་གང་ཟག་གམ་གཉི་ག་བཞག་ནས་དགག་དབྱེ་བྱེད་པ་དེ་དག་དགེ་འདུན་དུ་གྱུར་པའི་དགེ་སློང་རྣམས་དང་དགག་དབྱེ ་བྱེད་པའི་དགེ་སློང་གིས་མནོས་ཤིང་ཁས་བླངས་པ་ཉིད་ན། གལ་ཏེ་གང་ཟག་དེ་བཞག་པ་འམ་བཞག་པ་སྙོན་པར་བྱེད་དེ། བདག་གིས་བཞག་པ་ཉིད་མ་ཡིན་ཏེ་ཆུང་ཟད་ཀྱང་མ་བཞག་གོ་ཞེས་འམ། བདག་གིS་བཞག་སྟེ་འདི་མ་བཞག ་གི་གཞན་བཞག་གོ་ཞེས་སྙོན་ན་དེ་གཉི་ག་བསྙོན་ཀྱང་རུང། གང་ཡང་རུང་བ་ཞིག་བ་སྙོན་ཀྱང་རུང་སྟེ། དེས་ནི་སྔར་དགེ་འདུན་དུ་གྱུར་བའི་དགེ་སློང་རྣམས་དགག་དབྱེ་བྱེད་པའི་དགེ་སློང་གིས་དེའི་དགག་དབྱེ་ཁས་བླང་བ་གང ་ཡིན་པ་དེ་དག་ཉམས་པར་མི་འགྱུར་ཏེ། དགག་དབྱེ་བྱས་བ་ཉིད་ཁོ་ན་ཡིན་པས་ཡང་ག་ཐོད་དགག་དབྱེ་བྱ་མི་དགོས་སོ་ཞེས་བྱ་བའི་ཐ་ཚིག་གོ། དེ་ལ་སྔ་མ་འམ་འདིའི་རྣམ་པ་དེ་ལྟ་བུ་ཅུང་ཟད་ཀྱང་མེད་དོ་ཞེས་ཟེར་ན་རྫུན་ཉིད་དོ་ཞེས་བྱ་བ་ནི། སྔར་བསྟན ་མ་ཐག་པའི་སྙོན་པ་དེ་ལ་སྔ་མ་ཞེས་བྱ་བ་བཞག་པ་ཞེས་བྱ་བ་སྔར་བསྟན་པ་དེའི་རྣམ་པ་དེ་ལྟ་བུ་ཆུང་ཟད་ཀྱང་མེད་དོ་ཞེས་ཟེར་བ་འམ་འདི་ཞེས་བྱ་བ་བཞག་པ་ཞེས་བྱ་བ་ཕྱིས་བསྟན་པ་འདིའི་རྣམ་པ་འདི་ལྟ་བུ་ཆུང་ཟད་ཀྱང་མེད་དོ་ཞེས་ཟེར་ན་བསྙོན་པའི ་ཡུལ་དེ་ལ་བཞག་པ་དང། བཞག་པའི་རྣམ་པ་དེ་ལྟ་བུ་ཆུད་ཟད་ཀྱང་མེད་དོ་ཞེས་ཟེར་བ་དེ་ནི་རྫུན་ཉིད་ཡིན་ཏེ། ལོག་པ་ཉིད་དང་རྫུན་སྨྲ་བའི་ཁ་ན་མ་ཐོ་བའི་བྱེད་པ་པོ་ཉིད་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། གལ་ཏེ་གནས་པར་ཁས་བླངས་པ་དག་གིས ་དགེ་སློང་འཐབ་ཀོལ་བྱེད་པ་དག་འོངས་པར་ཐོས་པར་གྱུར་ནས་གལ་ཏེ་གསོ་སྦྱོང་གཉིས་སམ་གསུམ་ཐལ་བར་གྱུར་ན་དགག་དབྱེ་བྱའོ་ཞེས་བྱ་བ་ནི། གལ་ཏེ་དབྱར་གནས་པར་ཁས་བླངས་པའི་དགེ་སློང་དག་གིས་རང་གི་གནས་དེར་དགག་དབྱེ ་བྱེད་པའི་དུས་སུ་གནས་བ་ཞན་ནས་དགེ་སློང་འཐབ་ཀྲོལ་བྱེད་པ་དག་འོང་བར་འགྱུར་ཞིང། དེ་དག་འོངས་ནས་བདག་ཅག་གི་དགག་དབྱེ་བྱས་པའི་ཚེ་དེ་དག་ཐབ་ཀྲོལ་བྱེད་པར་འགྱུར་བར་ཐོས་པར་གྱུར་ན་གལ་ཏེ་གནས་པར་ཁས་བླངས་པ་དེ་དག་གིས་གེ་ནས་དེད ་གནས་པར་ཁས་བླངས་པ་ཚུན་ཆད་དུ་གསོ་སྦྱོང་ལན་གཉིས་སམ་གསུམ་བྱས་ཤིང་ཐལ་བར་གྱུར་ན། དེའི་ཚེ་དེ་དག་གིས་དགག་དབྱེའི་དུས་ལམ་བབ་ཀྱང་རུང་སྟེ། ཅི་ནས་ཀྱང་དགེ་སློང་ཐུབ་ཀྲོལ་བྱེད་པ་དེ་དག་གནས་དེར་མ་འོངས་པའི་མདུན་རོལ་ཏུ་ཟླ་བ ་ཉ་ཤི་གཅིག་གིས་དུས་དང་སྦྱར་ཏེ་དགག་དབྱེ་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། གཉིས་ཐལ་བར་གྱུར་ན་ཞེས་སྨོས་པས་ནི་ཕྱེད་བྱས་པ་ཉིད་བསྟན་ལ། གསུམ་ཐལ་བར་གྱུར་ན་ཞེས་སྨོས་པས་ནི་ཕལ་ཆེར་བྱས་པ་ཉིད་དུ་བསྟན་ཏེ། ཐམས་ཅད་ལ་ཡང་ཕྱེད ་བྱས་པ་ནི་བྱས་པ་ཉིད་ཡིན་ནོ་ཞེས་འཇིག་རྟེན་པའི་གྲགས་པ་ཡིན་ལ། ཕལ་ཆེར་བྱས་པ་ཉིད་ཡིན་ནོ་ཞེས་འཕགས་པའི་གྲགས་པ་ཡིན་པས་འདིར་ཡང་གསོ་སྦྱོང་ལན་གཉིས་བྱས་པས་ནི་དབྱར་གནས་པ་བྱས་པ་ཉིད་ཡིན་པས ་འཇིག་རྟེན་པའི་གྲགས་པས་གྲགས་པ་ཉིད་ཡིན་ལ། གསོ་སྦྱོང་ལན་གསུམ་བྱས་པས་ནི་དབྱར་གནས་པས་བྱས་པ་ཉིད་ཡིན་པར་འཕགས་པའི་གྲགས་པས་གྲགས་པ་ཉིད་ཡིན་པས། རྐྱེན་དེ་ལྟ་བུའི་དབང་གིས་དུས་དེ་ཙམ་གྱིས་དགག་དབྱེ ་བྱས་ན་ཡང་དབྱར་གནས་པའི་ཡོན་ཏན་དང་དགག་དབྱེའི་ཡོན་ཏན་ཐོབ་པར་འགྱུར་རོ། །དགག་དབྱེ་ནི་ཚེས་བཅོ་ལྔ་ལ་བྱ་བ་ཡིན་པས། འདིར་ཡང་ཚེས་བཅོ་ལྔ་ལ་བལྟོས་པར་བྱ་བ་ཉིད་ཡིན་ནོ་ཚེས་བཅོ་ལྔ་སྨོས་པས་བཅུ་གཞི་ཡང་བཟུང ་བ་ཡིན་ཏེ། དེ་ཉིད་བཅོ་ལྔ་ཡིན་ནོ་ཞེས་སྔར་བསྟན་པའི་ཕྱིར་རོ། །མ་གྲུབ་ན་དཀྱིལ་འཁོར་པ་ལྔ་འམ་དྲུག་ཏུ་སློ་མཐུན་པར་བྱའོ་ཞེས་བྱ་བ་ནི། གལ་ཏེ་སྔར་བསྟན་པའི་ཐབས་དེས་སམ། བར་ཆད་ཀྱི་རྐྱེན་གཞན་གྱིས་དབང་གིས་དགག་དབྱེ ་དེ་ལྟར་བྱ་བར་མ་གྲུབ་པའི་སྐབས་སུ་དགེ་སློང་འཐབ་ཀྲོལ་བྱེད་པ་དག་དེར་ལྷགས་པར་གྱུར་ན། གནས་པར་ཁས་བླངས་པ་དེ་དག་དགག་དབྱེ་བྱེད་པའི་ཚེ་དཀྱིལ་འཁོར་བའི་མཚམས་ལྔ་འམ་དྲུག་ཏུ་བློ་མཐུན་པར་བྱ་ཞིང་དགག་དབྱེ་སོ་སོར ་བྱའོ། །དག་གིས་ཞེས་བའི་ཚིག་གིས་གསུས་ནས་ལྷུང་བཟེད་དང་ཆོས་གོས་བླང་བ་དང་གནས་ཁང་དང་ཁྱམས་དང་ཁང་པ་བརྩེགས་པ་བསྐོ་བ་དང་ཁྲུས་དང་སྣུམ་བག་གི་རྙེད་བ་བསྟབས་ཐ?་དང། ཆོས་མཉམ་བ་སྦྱིན་པ་དང་དེ་ལྟ་བུའི་མགུ་བར ་འགྱུར་བ་དག་བྱའོ་ཞེས་བྱ་བ་ནི། དགག་དབྱེ་མ་བྱས་པའི་སྐབས་དེར་འཐབ་ཀྲོལ་བ་དག་འོངས་ན་དེ་དག་ལ་དག་གིས་བཤེས་པའི་ཚིག་གིས་གསུས་ནས་ལྷུང་བཟེད་དང་ཆོས་གོས་བླང་བར་བྱ། གནས་ཁང་དང་ཁྱམས་དང་ཁང་བརྩེགས་པ་དག ་བསྐོ་བར་བྱ། ཁྲུས་དང་སྣུམ་བག་གི་རྙེད་པ་བསྟབས་པར་བྱ། ཆོས་མཉན་པ་སྦྱིན་པར་བྱ་ཞིང་དེ་ལྟ་བུ་ལ་སོགས་པའི?་གཅམ་གསག་མགུ་བར་འགྱུར་བའི་སྦྱོར་བ་གཞན་དེ་དག་ཀྱང་བྱའོ། །བདག་ཉིད་ཀྱི་དངོས་པོར་མ་གྲུབ་ན་དཀྱིལ་འཁོར་བདག་ཏུ་གསོ ་སྦྱོང་བྱའོ་ཞེས་བྱ་བ་ནི། དེ་ལྟར་བྱས་ཀྱང་གལ་ཏེ་བདག་ཉིད་དང་མཐུན་པའི་དངོས་པོར་མ་གྲུབ་ན་དཀྱིལ་འཁོར་བདག་ཏུ་གསོ་སྦྱོང་བྱའོ། །འོ་ན་དེར་ཁྱོད་ཀྱི་དགག་དབྱེ་མ་ཡིན་ནམ་ཞེས་ཟེར་བ་དག?་ལ་ཚེ་དང་ལྡན་པ་དག་སྡོང་ཅིག་ཁྱེད་ཅག་གློ་བུར་དུ ་ལྷགས་པ་ཡིན་གྱིས་དོན་འདི་ནི་གཉུག་མར་གནས་པ་དག་གིས་ཡིན་ནོ་ཞེས་ལན་གདབ་བར་བྱའོ་ཞེས་བྱ་བ་ནི། གལ་ཏེ་འཐབ་ཀྲོལ་བྱེད་བ་དག་འདི་སྐད་ཅེས་འོ་ན་ཁྱེད་ཅག་དེད་དགག་དབྱེ་ཡིན་ན་ཅིའི་ཕྱིར་གསོ་སྦྱོང་བྱེད་ཅེས་ཟེར་ན། དེ་སྐད་ཟེར ་པའི་འཐབ་ཀྲོལ་བྱེད་ན་དེ་དག་ལ་གཉུག་མར་གནས་བ་དེ་དག་གིས་འདི་སྐད་ཅེས། ཚེ་དང་ལྡན་པ་དག་སྡོད་ཅིག། ཁྱེད་ཅག་གི་གློ་བུར་དུ་ལྟགས་པ་ཡིན་པས་།གློ་བུར་དུ་ལྷགས་པ་རྣམས་ཀྱིས་དོན་འདི་བསམས་མི་དགོས་སོ། །དོན་འདི་ནི་གཉུག ་མར་གནས་པ་དག་གི་ཡིན་པས་དེད་དགག་དབྱེད་བྱེད་དམ་སང་ཉི་མ་གཞན་ལ་བྱེད་པ་དེ་ནི་གཉུག་མར་གནས་པ་དག་གི་བསམས་པ་ཡིན་ནོ་ཞེས་ལན་གདབ་པར་བྱའོ། །དོང་པ་དག་ན་དགག་དབྱེ་བྱའོ་ཞེས་བྱ་བ་ནི། འཐབ་ཀྲོལ་བྱེད་པ་དེ་དག་གནས་དེ་ནས ་དོད་པའི་འོག་ཏུ་གསོ་སྦྱོང་གི་དུས་སུ་དགག་དབྱེ་བྱ་སྟེ། དགག་དབྱེའི་ལས་འདི་ནི་གསོ་སྦྱོང་དང་རིགས་མཐུན་པ་ཉིད་ཡིན་པའི་ཕྱིར་རོ། །དགག་དབྱེའི་གཞིའོ་ཞེས་བྱ་བ་དེ་བཤད་ཟིན་ཏོ།། །།ད་ནི་དགག་དབྱེའི་གཞི་དང་འབྲལ་པ་ཕྲན ་ཚོགས་ལ་སོགས་པའི་སྐབས་ནས་འབྱུང་བ་བསྡུ་བར་བྱ་སྟེ། དེའི་ཕྱིར་ནང་དང་བཅས་བས་བཟོད་བ་མ་བྱས་པར་དགག་དབྱེ་མི་བྱའོ་ཞེས་བྱ་བ་སྨྲས་ཏེ། ཞེ་འགྲས་བ་དང་བཅས་པ་དག་གིས་ཕན་ཚུན?་བཟོད་པ་མ་བྱས་པར་གྱ་ཚོམ་དུ་དགག་དབྱེད ་མི་བྱའོ། །ཞག་བཅུ་འམ་ཟླ་བ་ཕྱེད་ཀྱིས་དེ་འབྱུང་བར་འགྱུར་བ་ཉིད་ན་དེའི་དུས་ཡིན་ནོ་ཞེས་བྱ་བ་ནི། ཞག་བཅུ་འམ་ཟླ་བ་ཕྱེད་ཀྱིས་དགག་དབྱེ་དེ་འབྱུང་བར་འགྱུར་བ་ཉིད་ན་བཟོད་པ་བྱ་བའི་དེའི་དུས་ཡིན་པའོ། །ཁ་ཅིག་ལས་ནི ་བདུན་ནམ་བརྒྱད་ན་ཞེའོ་ཞེས་བྱ་བ་ནི། གཞུང་ཁ་ཅིག་ལས་ནི་ཞག་བདུན་ནམ་བརྒྱད་ན་དགག་དབྱེད་བྱུང་བར་འགྱུར་བ་ཉིད་ན་བཟད་བ་བྱ་བ་དེའི་དུས་ཡིན་ནོ་ཞེས་འབྱུང་ངོ། །འདུས་བ་ནི་མ་ཡིན་ནོ་ཞེས་བྱ་བ་ནི། དེའི་དུས་ཞེས་བྱ་བར་སྦྱར་ཏེ། ་འདི་ལྟར་ལུང་ལས་དགག་དབྱེའི་དོན་དུ་འདུས་བ་ནི་བཟོད་བ་བྱ་བ་དེའི་དུས་མ་ཡིན་ནོ་ཞེས་གསུངས་མེད་ཀྱི། འོན་ཀྱང་འདུས་པ་ཐམས་ཅད་ཀྱང་དེའི་དུས་སུ་མི་རུང་སྟེ། འདི་ལྟར་བཟོད་པར་བྱ་བས་ཀྱང་དེར་སེམས་གཏོད་པར་མི་ནུས་ལ་བཟོད་པ་བྱེད་པའི ་སེམས་ཀྱང་སྐྱེངས་པར་འགྱུར་བས་དེའི་ཕྱིར་འདིར་བྱེ་བྲག་མེད་པར་མདོར་བསྡུས་སོ། །དེས་གཟོད་པ་མ་བྱས་པར་མི་བྱའོ་ཞེས་བྱ་བ་ནི། ནང་དང་བཅས་པ་དེས་བཟོད་པ་མ་བྱས་པར་དགག་དབྱེ་མི་བྱ་བའོ། །དེའི་ཚེ་འདུས་པ་ཐམས་ཅད་ཀྱིས་ཕན ་ཚུན་ཀུན་དགའ་བར་མ་བྱས་པར་མི་བྱའོ་ཞེས་བྱ་བ་ནི། དགག་དབྱེའི་དུས་དེའི་ཚེ་གནས་དེར་འདུས་བའི་དགེ་སློང་ཐམས་ཅད་ཀྱིས་ཕྱག་ལ་སོགས་པ་ཕན་ཚུན་ཀུན་དགའ་བར་མ་བྱས་པར་འཕྲལ་གྱ་ཚོམ་དུ་དགག་དབྱེ་མི་བྱའོ། །གཤེ་བ ་ལ་བཟོད་བ་མི་གསོལ་བར་མི་བྱའོ་ཞེས་བྱ་བ་ནི། དགག་དབྱེའི་དུས་འབའ་ཞིག་ཏུ་མ་ཟད་ཀྱི། དུས་གཞན་གྱི་ཚེ་ཡང་ངོ། །འདི་ནི་གནོད་པ་བྱེད་པའི་ཁོན་དུ་འཛིན་པ་སྤང་བའི་ཕྱིར་རོ། །དགེ་སློང་མས་དགེ་སློང་ལ་གནས་ཀྱི་ཕྱི་རོལ་ཏུ་བཟོད་པ ་གསོལ་བར་མི་བྱའོ་ཞེས་བྱ་བ་ནི། དགེ་སློང་གི་གནས་ཀྱི་ནང་དུ་གཟོད་པ་གསོལ་བར་བྱ་བའོ། །རྐང་པ་གཉིས་ལ་ཕྱག་བྱས་ཏེ་མི་བྱའོ་ཞེས་བྱ་བ་ནི། དགེ་སློང་མས་དགེ་སློང་ལ་བཟོད་པ་གསོལ་བའི་ཚེ་ན་དགེ་སློང་མས་དགེ་སློང་གི་རྐང་བ་གཉིས ་ལ་ཕྱག་བྱས་ཏེ་བཟོད་བ་གསོལ་བར་མི་བྱའོ། །འདི་ནི་གཟོད་པ་མི་བླང་དུ་མི་རུང་བའི་མགོན་དུ་གཉིའ་བསྐོན་པའི་སྒྱུ་ཐབས་སྤང་བའི་ཕྱིར་རོ། །བཟོད་ན་ཕྱག་བྱས་ཏེ་འགྲོ་བར་བྱའོ་ཞེས་བྱ་བ་ནི། དགེ་སློང་གིས་བཟོད་ན་དགེ་སློང་མས་དགེ་སློང་གིས་རྐང་པ ་གཉིས་ལ་མགོ་བོས་ཕྱག་བྱས་ཏེ་འགྲོ་བར་བྱའོ། །གཟོད་པ་གསོལ་བར་བྱེད་པ་དེ་ལ་དགེ་སློང་གིས་མ་གུས་བར་བྱས་ཏེ་འགྲོ་བར་མི་བྱའོ་ཞེས་བྱ་བ་ནི། དགེ་སློང་མ་བཟོད་བ་གསོལ་བར་བྱེད་པ་དེ་ལ་དགེ་སློང་གིས་མ་གུས་བ་བྱས་ཏེ་འགྲོ་བར་མི་བྱའོ། །འདའ་ ་པར་མི་བྱའོ་ཞེས་བྱ་བ་ནི། དགེ་སློང་མ་གཟོད་པ་གསོལ་བར་བྱེད་པ་དེས་ལས་དགེ་སློང་གིས་འདའ་བར་མི་བྱ་སྟེ། བཟོད་པ་དང་དུ་བླང་བར་བྱ་བའོ། །གཟོད་པར་བྱ་བ་ལ་སྔར་ཤེས་པ་ཤད་ཀྱིས་སྦྱོང་དུ་གཞུག་པར་བྱའོ་ཞེས་བྱ་བ་ནི་བཟོད་པ ་གསོལ་བར་བྱེད་པའི་གང་ཟག་གིས་གང་ཟག་གང་ལ་གཟོད་པ་གསོལ་བར་བྱ་བདེ་ལ་དུམ་བུ་ཚུགས་སུ་འཕྲལ་ལ་གཟོད་པར་གསོལ་བར་མི་བྱ་བར་བཟོད་བར་གསོལ་བའི་མདུན་རོལ་ཏུ་སྔར་གང་ཟག་ཤད་ཀྱིས་སྦྱོང་བར་བྱེད་བའི་ཐབས་ཤེས་པ་གཅིག ་ཤད་ཀྱིས་སྦྱོར་དུ་བཅུག་ནས། དེའི་འོག་ཏུ་བཟོད་རང་གི་བཟོད་པ་གསོལ་བར་བྱའོ། །འདི་ནི་བཟོད་པ་གསོལ་བ་ཐམས་ཅད་ཀྱིས་སྐབས་ཡིན་ནོ། །མི་འདོད་ན་ཐབས་བཙལ་བ་ལ་མི་འབད་བར་མི་བྱའོ་ཞེས་བྱ་བ་ནི། གཟོད་བ་གསོལ་བར་བྱ་བ་དེ་གཟོད་བར་མི ་འདོད་ན་?་བར་གསོལ་བར་བྱེད་བས་ཐབས་གང་གིས་དེས་བཟོད་པར་འགྱུར་བའི་ཐབས་དེ་ཡོངས་སུ་བཙལ་བ་ལ་མི་འབད་པར་མི་བྱ་སྟེ། འབད་བར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། མི་བསྐྱང་དོ་ཞེས་བྱ་བ་ནི། ཐབས་བཙལ་བ་དེ་ལ་ཡུན་རིང་དུ་མི ་བསྡད་པའོ། །ཀུན་ནས་བཀྲིས་པ་དང་མ་བྲལ་གྱི་བར་དུ་མི་བསྡད་པར་མི་བྱའོ་ཞེས་བྱ་བ་ནི། ཁྲོ་བའི་ཀུན་ནས་དཀྲིས་པ་ཞི་བར་མ་གྱུར་གྱི་བར་དུ་མ་བསྡད་བར་མི་བྱ་ཞིང་བསྡད་བར་བྱ་སྟེ། ཀུན་ནས་བཀྲིས་བ་དང་བྲལ་ནས་ཕྱིས་བཟོད་པ་གསོལ་བར་བྱའོ།། ་བཟོད་པ་གསོལ་བར་བྱེད་པ་ལ་མི་བཟོད་བར་མི་བྱའོ་ཞེས་བྱ་བ་ནི། གཅིག་བཟོད་བར་བྱེད་བ་ན་ཅིག་ཤོས་ཀྱིས་ཀྱང་བཟོད་བར་བྱའོ། །དགག་དབྱེའི་གཞི་དད་འབྲེལ་བའི་ཕྲན་ཚེགས་ལ་སོགས་པའི་སྐབས་སོ་ཞེས་བྱ་བ་ནི། དགག་དབྱེའི ་གཞི་དང་འབྲེལ་པ་ཕྲན་ཚོགས་ལ་སོགས་པའི་སྐབས་ནས་འབྱུང་བ་བཤད་ཟིན་ཏོ།། །།དགག་དབྱེའི་གཞི་རྫོགས་སོ་ཞེས་བྱ་བ་དེ་བཤད་ཟིན་ཏོ། །ད་ནི་སྲ་བརྐྱང་གི་གཞི་བཤད་པར་བྱ་སྟེ། དེའི་ཕྱིར་སྲ་བརྒྱད་གདིང་བར་བྱའོ་ཞེས་བྱ་བ་སྨྲས ་ཏེ། དགེ་འདུན་དུ་གྱུར་བའི་དགེ་སློང་དག་གིས་སྲ་བརྐྱང་ཞེས་བྱ་བའི་ཆོས་གོས་འོག་ནས་འབྱུང་བའི་ཆོ་གས་གདིང་བར་བྱ་བའོ། །ཇི་ལྟར་ཆོས་གོས་ལ་སྲ་བརྐྱང་ཞེས་བྱ་ཞེ་ན། སྲ་བརྐྱང་ཞེས་བྱ་བ་ནི་སྲ་བརྐྱང་སྟེ། འདི་ལྟར་འདི་ནི་གོས་དྲ་བའི་ཕྱིར ་གོས་གདོད་བར་བྱེད་ཅིང་བརྐྱོད་བར་བྱེད་པ་མི་འཁུམས་པར་བྱེད་པའི་ཆོས་ཅན་ཤིང་ལ་སོགས་པ་ལས་བྱས་བའི་སྤང་ལེབ་ལ་སྲ་བརྐྱང་ཞེས་བྱའོ། །དེ་བཞིན་དུ་སྤད་ལེབ་དེས་ཆོས་གོས་དྲ་བའི་ཕྱིར་ཆོས་གོས་སྐྱོར་བར་བྱེད་པ་ནི་ཕྲན་ཚེགས ་དག་ལས་ཀྱང་སྲ་བརྐྱང་ཞེས་གསུངས་ཏེ། དེ་ལྟ་བས་ན་དགེ་སློང་དག་གིས་སྲ་བརྐྱང་ཉེ་བར་བཞག་བར་རྗེས་སུ་གནད་དོ་ཞེས་གསུངས་སོ། །ཆོས་གོས་འདི་ཡང་སྲ་བརྐྱང་དང་འདྲ་བས་སྲ་བརྐྱང་ཞེས་བྱ་བ་སྟེ། ཇི་ལྟར་སྤད་ལེབ་ཀྱིས་གོས ་གདིང་ཞིང་མི་ཁུམས་པར་སྲ་བརྐྱང་གཅིག་ལ་རྐྱོང་བར་བྱེད་བས་སྤང་ལེབ་དེ་སྲ་བརྒྱད་ཞེས་བྱ་བ་དེ་བཞིན་དུ། ཆོས་གོས་འདིས་ཀྱང་དགེ་འདུན་དབྱེར་མེད་པ་དད་རོ་གཅིག་པ་དང་བྱ་བ་གཅིག་པ་དང་རྙེད་པ་དང་ཕན་ཡོན་འདྲ་བར་བསྒྲུབ་བའི་སྒོ ་ནས་གཏན་པ་གཅིག་ལ་འཇོག་པར་བྱེད་བས་དེའི་ཕྱིར་ཆོས་གོས་འདི་ཡང་སྲ་བརྒྱད་དང་འདྲ་བས་སྲ་རྐྱང་ཞེས་བྱའོ། །དེ་ལྟར་གང་གི་ཕྱིར་སླད་ལེབ་དེས་གོས་རྐྱོང?་བར་བྱེད་པས་སྲ་བརྐྱང་ཞེས་བྱ་བ་དེའི་ཕྱིར། འདིར་ཆོས་གོས་འདིས་ཀྱང ་དགེ་སློང་རྣམས་ཀྱང་པའི་མཚན་ཉིད་ཀྱི་བྱ་བ་ལ་སྦྱོར་བར་བྱེད་པས་སྲ་བརྐྱང་ཞེས་བྱ་བའོ། །དེ་ལྟར་ནས་སྲབ?་རྐྱང་དང་འདྲ་བར་ཆོས་གོས་འདི་ཡང་བྱ་བ་གཅིག་པ་ཉིད་ཀྱིས་དགེ་འདུན་མཛའ་དག་ལ་ཁྱབ་པར་བྱེད་པས་སྲ་བརྒྱད་ཞེས་བྱའོ། །ཅིའི་ཕྱིར་དེ་གདིང་བར་བྱ ་བ་གཏིད་བ་ལ་འབྲས་བུ་ཅི་ཡོད་ཅེ་ན། དེའི་ཕྱིར་གསུམ་བོ་དག་ཇི་ལྟ་བ་དེ་བཞིན་དུ་སྲ་བརྐྱང་བཏིང་ན་ཡང་ཡང་ཟ་བ་དང་འདུས་ཤིང་ཟབ་དད་མ་སྨྲས་པར་གྲོང་དུ་འགྲོ་བ་དང། གོས་སློང་བ་ལ་ཡང་ཉེས་པ་མེད་ལ་དེ་ལྷག་མ་དང་རྙེད་པ་ཐུན་མོད་དུ་འགྱུར་རོ་ཞེས ་བྱ་བ་སྨྲས་ཏེ། གསུམ་པོ་དག་ཇི་ལྟ་བ་བཞིན་དུ་ཞེས་བྱ་བ་ལ། གསུམ་པོ་དག་ཅེས་བྱ་བ་ནི། འཆད་བ་དང་འབྲལ་བ་དང་འཇོག་པ་ཞེས་བྱ་བ་དག་གོ། དེ་དག་ཇི་ལྟ་བ་ཞེས་བྱ་བ་ནེ?། སྔར་སྤང་བའི་ལྟུང་བྱེད་ཀྱི་སྐབས་སུ་འདིར་གསུམ་ནི་སྲ་བརྐྱང་བཏིང་བ ་ལ་མི་འབྱུང་ངོ་ཞེས་སྨོས་པའི་མདོ་དེས། གཏན་པ་གཏིང་བ་ལ་འཆད་བ་དང་འབྲལ་བ་དང་འཇོག་པ་ཞེས་བྱ་བ་གསུམ་པ་དག་ལ་ཉེས་པ་མེད་པར་བསྟན་པ་ཇི་ལྟ་བའོ། །དེ་བཞིན་དུ་སྲ་བརྐྱང་བཏིང་ན་ཡང་ཡང་ཟབ་དང་འདུས་ཤིང་ཟ་བ་དང། མ་སྨྲས་བར་གྲོང་དུ ་འགྲོ་བ་དང། གོས་སློང་བ་ལ་ཡང་ཉེས་བ་མེད་ལ་སྲ་བརྒྱང་གཏིང་བའི་དགེ་སློང་དེ་སྲ་བརྐྱང་བཏིང་བའི་དགེ་སློང་ལྷག་མ་གཞན་དག་དང་རྙེད་པ་ཐུན་མོང་དུ་འགྱུར་བའི་ཕན་ཡོན་ལྔ་ཡང་ཡོད་དོ། །དེ་ལྷག་མ་དག་དང་རྙེད་བ་ཐུན་མོང་དུ་འགྱུར་རོ།། ་ཞེས་བྱ་བ་ལ། དེ་ཞེས་བྱ་བ་ནི་སྲ་བརྐྱང་བཏིང་བའི་དགེ་སློང་དེ་སྟེ། དེ་ཇི་སྲིད་དུ་སྲ་བརྐྱང་འབྱིན་པར་མི་བྱེད་པ་དེ་སྲིད་ཀྱི་བར་དུ་ཡུལ་གཞན་ན་འདུག་ཀྱང་རུང་སྟེ། སྲ་བརྐྱང་བཏིང་བའི་དགེ་སློང་ལྷག་མ་གཞན་དག་དང་སྲ་བརྐྱང་དང་འབྲེལ་པའི་རྙེད་པ་ཐུན་མོང་དུ ་འགྱུར་བའོ། །སྲ་བརྐྱང་བཏིང་བ་ལ་ཕན་ཡོན་བཅུ་ཡོད་པ་ལས། འཆད་པ་དང་འབྲལ་བ་དང་འཇོག་པ་དང་ཡང་ཡང་ཟ་བ་དང་འདུས་ཤིང་ཟ་བ་དང། མ་སྨྲས་པར་གྲོང་དུ་འགྲོ་བ་དང། གོས་སློང་བ་དག་ལ་ཉེས་བ་མེད་བ་དང། དགེ་སློང་ལྷག་མ་དག་དང ་རྙེད་པ་ཐུན་མོང་དུ་འགྱུར་བ་ཞེས་བྱ་བ་ཕན་ཡོན་བརྒྱད་ནི་དེ་ལྟར་དངོས་སུ་བསྟན་ཏོ། །སྨད་གཡོགས་སྟོང་གཡོགས་དང་བཅས་པའི་ཆོས་གོས་ཀྱིས་ལྗོངས་བརྒྱུ་ཞིང་འགྲོ་བ་གང་ཡིན་པ་དང། རུང་བར་མ་བྱས་བའི་གོས་ཇི་ཙམ ་འདོད་པ་འཆད་བ་ཞེས་བྱ་བ་གང་ཡིན་པའི་ཕན་ཡོན་ཐ་མ་གཉིས་ནི་འདིར་མདོ་འདིས་མངོན་སུམ་དུ་བསྡུ་བ་མ་བྱས་ཏེ། སྔར་འཆང་བ་དང་འབྲལ་བ་དང། འཇོག་པའི་ཉེས་པའི་ཆོག་བསྟན་པའི་སྐབས་དག་ཏུ་གསུམ་པོ་བསྟན་པ་ཉིད་ཀྱིས ་བསྡུ?་བ་བྱས་ཟིན་པའི་ཕྱིར་རོ། །ཇི་ལྟར་ཞེ་ན། འདིར་འབྲལ་བའི་ཉེས་པ་ཡོངས་སུ་སྤང་བའི་ཕྱིར་ལྗོངས་བརྒྱ་བའི་ཚེ་ཡང་རྣམ་སྦྱར་ཁྱེར་བར་བྱེད་ལ། འཆང་བ་དང་འཇོག་པར་མི་ཉེས་པ་ཡོངས་སུ་སྤངས་བའི་ཕྱིར་ནི་གོས་རུང་བར་བྱེད་པ་ཡིན་པས། ་དེ་ལ་འདི་ལྟར་གང་གིས་སྲ་བརྐྱང་བཏིང་བ་དེ་ལ་འབྲལ་བའི་ཉེས་པ་མེད་པས། དེ་ལ་སྣམ་སྦྱར་བཀུར་ལ་དགོས་པ་མེད་པ་དེས་ཅི་ཞིག་བྱ། དེ་བཞིན་དུ་དེ་ལ་འཆད་བ་དང་འཇོག་བའི་ཉེས་པ་ཡང་མེད་པ་དེ་ལ་གོས་རུང་བར་བྱ་བ་དགོས་པ་མེད་པ་དེས ་ཀྱང་ཅི་ཞིག་བྱ་སྟེ། དེ་ལྟར་ན་སྔར་གསུམ་པོ་བསྟན་པ་ཉིད་ཀྱིས་དེ་གཉིས་བསྡུ་བར་བྱས་ཟིན་པ་ཡིན་ནོ། །འོ་ན་ཇི་ལྟར་འབྲལ་བའི་ཉེས་པ་མེད་ཀྱང་སྟོད་གཡོགས་དང་སྨད་གཡོགས་དང་བཅས་པའི་ཆོས་གོས་ཁྱེར་ཞིང་ལྗོངས་རྒྱུར་འགྲོ་བ་དེ་བཞིན་དུ ་སྣམ་སྦྱར་ཀུར་བ་ལ་ཡང་ཅིའི་ཕྱིར་གུས་པར་མི་བྱ་ཞེ་ན། དེ་ལྟ་མ་ཡིན་ཏེ། སྟོད་གཡོགས་སྨད་གཡོགས་དང་བཅས་པའི་ཆོས་གོས་བཀུར་བ་ནི་ངོ་ཚ་བའི་གནས་གཡོགས་པར་བྱ་བའི་ཕྱིར་དང། རབ་ཏུ་བྱུང་བའི་རྟགས་ཡང་དག་པར་བསྲུང ་པར་བྱ་བའི་ཕྱིར་ཡིན་གྱི། སྣམ་སྦྱར་བཀུར་བ་ནི་དགོས་པ་མེད་པའི་ཕྱིར་རོ། །བཅོམ་ལྡན་འདས་ཀྱིས་སྟོད་གཡོགས་སྨད་གཡོགས་དང་བཅས་བའི་ཆོས་གོས་བཀུར་ཞིང་ལྗོངས་བརྒྱུར་འགྲོ་བ་ལོགས་ཤིག་ཏུ་གསུངས་པ་དེ་ནི་སྣམ་སྦྱར་བྱེད་? ་བའི་ཁུར་ལས་ཐར་བར་བྱ་བའི་ཕན་ཡོན་བསྟན་པའི་ཕྱིར་རོ། །རུང་བར་མ་བྱས་པའི་གོས་དབང་བ་ལོགས་ཤིག་ཏུ་གསུངས་པ་དེ་ནི་རུང་བར་བྱེད་བའི་བྱ་བ་ལས་ཐར་བ་དང་བག་ཡངས་ཀྱི་བདེ་བའི་ཕན་ཡོན་ཡང་བསྟན་པའི་ཕྱིར་རོ། །སྲ་བརྐྱང་གདིར? ་བར་བྱའོ་ཞེས་སྨོས་པ་ན་གང་ཟག་གང་གིས་གདིང་བར་བྱ་ཞེ་ན། ལྡོག་པའི་སྒོ་ནས་དེ་བསྟན་བའི་ཕྱིར་དབྱར་གནས་བར་ཁས་མ་བླངས་པ་དང་དབྱར་རལ་བ་དང་དབྱར་ཕྱི་མར་གནས་པར་ཁས་བླངས་པ་དང་དབྱར་གནས་གཞན་དུ་གནས་པར་ཁ་བླངས ་པ་དག་ལ་དེ་མི་འབྱུང་ངོ་ཞེས་བྱ་བ་སྨྲས་ཏེ། དེ་དག་ལ་སྲ་བརྐྱང་གདིང་བ་མི་འབྱུང་ཞིང་སྲ་བརྐྱང་གི་ཕན་ཡོན་ཡང་མེད་དོ། །དབྱར་གནས་པར་ཁས་མ་བླངས་པ་དང། དབྱར་རལ་བ་གཉིས་ནི་གཉི་ག་ཚོགས་པ་ཡོངས་སུ་རྫོགS ་པ་མེད་དེ། སྔ་མ་ཤེས་ལ་ནི་གནས་པར་ཁས་བླངས་བ་མེད་པའི་ཕྱིར་རོ། །ཕྱི་མ་ཤོས་ནི་རལ་བའི་ཕྱིར་རོ། །དབྱར་གནས་གཞན་དུ་གནས་པར་ཁས་བླངས་པ་ལ་ཡང་དེ་མི་འབྱུང་སྟེ། སྲ་བརྐྱང་གཏིང་བར་གཏོགས་པའི་དགེ་འདུན་དང་ལྷན་ཅིག་དབྱར་གྱི ་ཚོགས་པ་མེད་པའི་ཕྱིར་རོ། །དེ་བས་ན་དབྱར་གནས་པར་ཁས་མ་བླངས་པ་དང། དབྱར་རལ་བ་དང་དབྱར་གནས་གཞན་དུ་གནས་པར་ཁས་བླངས་བ་དག་ཡིན་རེ་ཞིག་སྲ་བརྐྱང་གདིང་བ་དེ་མི་འབྱུང་བ་སྟེ། སྲ་བརྐྱང་གདིང་བ་ནི་དངོས་གཞིའི་ཚོག་ལ་བརྟེན་པ ་ཡིན་པའི་ཕྱིར་རོ། །དབྱར་ཕྱི་མར་གནས་པར་ཁས་བླངས་པ་དེ་ནི་དངོས་གཞིའི་ཆོ་གར་གཏོགས་པ་མ་ཡིན་ཏེ། གང་གི་ཚེ་དགེ་འདུན་ཐམས་ཅད་དབྱར་གནས་བ་སྔ་མར་གནས་པར་ཁས་ལེན་བ་ནེད་དགེ་འདུན་གྱི་རྣམ་པར་བཞག་པ་དེ་ལས་འདས ་ཏེ་དབྱར་གནས་པར་ཕྱི་མར་གནས་པར་ཁས་ལེན་པ་དེའི་ཚེ་ན་དགེ་འདུན་དང་ལྷན་ཅིག་ཚོགས་པའི་དབྱར་གནས་པ་དེ་ལ་མེད་པས་དེའི་ཕྱིར་དེ་ལ་ཡང་སྲ་བརྐྱང་གདིང་པ་དེ་མི་འབྱུང་ངོ། །ས་གཞན་ལ་གནས་པ་དག་ལ་ཡང་ངོ་ཞེས་བྱ་བ་ཡང། ས ་བརྐྱང་གདིང་བ་མི་འབྱུང་ངོ་ཞེས་བྱ་བར་སྦྱར་ཏེ། ས་གཞན་ན་གནས་བདག་ཅེས་བྱ་བ་ནི། ཆང་པས་གཅད་པ་དང་སྦོབ་བྱེད་པ་ལ་སོཌ་བདག་སྟེ་འདེ་དག་ནི་དགེ་སློང་རང་བཞིན་དུ་གནས་པ་དག་དང་རིས་མི་མཐུན་པ་ཡིན་བས་དེ་དག་ལ་ཡང་སྲ་བརྐྱང ་གདིང་བ་མི་འབྱུང་ངོ། །འདི་ལྟར་དགེ་ཚུལ་ལ་སོགས་པ་དག་ལ་ཡངས?་བརྐྱང་གང?་དེ?་བ་མི་འབྱུང་བར་གསུངས་མོད་ཀྱི། དེ་དག་འདིར་མ་སྨོས་པ་ནི་དེ་དག་ལ་ལས་ལ་འཇུག་པ་མེད་པས་དེའི་ཕྱིར་དེ་དག་ནི་མ་སྨོས་ཀྱང་གྲུབ་པ་ཉིད་དོ། །དེ་དག་ཉིད་འཐོབ ་པ་ཡིན་ན་མི་འབྱུང་ངོ་ཞེས་བྱ་བ་ནི། ས་གཞན་ན་གནས་པ་དེ་དག་ཉིད་འཐོབ་པ་ནི་དེ་དག་ཉིད་འཐོབ་པ་སྟེ། དེ་དག་འཐོབ་པ་ཉིད་ཡིན་ན་དེ་དག་ལ་སྲ་བརྐྱང་གདིང་བ་མི་འབྱུང་བའོ། །ཐ་མ་མ་གཏོགས་བ་དག་དང་ས་གཞན་ན་གནས་པ་དག་དང་དགེ་ཚུལ ་ནི་རྙེད་པ་དབང་ངོ་ཞེས་བྱ་བ་ནི། སྔར་དབྱར་གནས་པར་ཁས་མ་བླངས་པ་དང་དབྱར་རལ་བ་དང། དབྱར་ཕྱི་མར་གནས་བར་ཁས་བླངས་པ་དང། གནས་གཞན་དུ་གནས་པར་ཁས་བླངས་བ་དག་ལ་དེ་མི་འབྱུང་ངོ་ཞེས་སྨོས་ཆིག་བཞི་སྨོས་བའི་ཐ་མ་གནས ་གཞན་དུ་གནས་པར་ཁས་བླངས་པ་ཞེས་བྱ་བ་མ་གཏོགས་པ་དེའི་ལྷག་མ་གསུམ་བོ་དག་དང། ས་གཞན་ན་གནས་བདག་དང། དགེ་ཚུལ་དག་ནི་འདི་ལྟར་སྲ་བརྐྱང་བཏིང་བའི་ཕན་ཡོན་མི་ཐོབ་པ་ཡིན་མོད་ཀྱི། འོན་ཀྱང་དེ་དག་སྲ་བརྐྱང་བཏིང་བའི་རྙེད ་བའི་སྐལ་བ་ནི་དབང་བ་སྟེ། འདི་ལྟར་དེ་དག་ནི་དབྱར་གནས་པ་དག་དང། དོན་གཅིག་པ་ཉིད་ཡིན་པས་བཟློག་པར་མི་བྱའོ། །ས་གཞན་ན་གནས་བདག་ཅེས་སྨོས་པས་སྤངས་པ་ཡང་རྙེད་པ་དབང་བ་ཉིད་དུ་ཐལ་བར་འགྱུར་བས་དེ་སྩལ་བའི་ཕྱིར་སྤངས ་བ་ནི་མི་དབང་ངོ་ཞེས་བྱ་བ་སྨྲས་ཏེ། གནས་ནས་ཕྱུང་བ་ནི་དགེ་འདུན་ལས་ཐ་དང་དུ་གྱུར་བ་ཉིད་ཡིན་པས་དེའི་ཕྱིར་ནི་སྲ་བརྐྱང་བཏིང་བའི་རྙེད་བ་མི་དབང་བ་ཉིད་དུ་རིག་པར་བྱའོ། །ཆད་བས་གཅད་པ་དང་སྦོ་བ་ལ་སོགས་བ་བྱེད་པ་ནི་དགེ་འདུན་ལས་ཐ་དང ་དུ་གྱུར་བ་ཉིད་མ་ཡིན་བས་དེའི་ཕྱིར་དེ་དག་ནི་སྲ་བརྒྱད་བཏིང་བའི་རྙེད་པ་དབང་བ་ཡིན་ནོ། །བྱེ་བ་དག་ན་ཆོས་མ་ཡིན་བའི་ཕྱོགས་དང་མཐུན་པ་དག་ཏུ་སོང་བ་ནི་དེ་ཉིད་ཀྱིས་འཐོབ་པ་དང་འདྲའོ་ཞེས་བྱ་བ་ནི། ལྟ་བ་ཁས་ལེན་བས་དགེ་འདུན་དུ་གྱུར་བའི་དགེ་སློང ་གཉིས་སུ་བྱེད་པ། དག་ན། དེ་ན་ཆོས་མ་ཡིན་པའི་ཕྱོགས་དང་མཐུན་བར་གནས་པའི་དགེ་སློང་དག་གི?་ནང་དུ་ལྟ་བ་ཁས་ལེན་པས་སོང་བའི་གང་ཟག་ནི་སྲ་བརྐྱང་བཏིང་བའི་རྙེད་པ་ལ་དེ་ཉིད་ཀྱིས་འཐོབ་པ་དང་འདྲའོ་ཞེས་བྱ་བར་སྦྱར་ཏེ། དེ་ཉིད་ཀྱི་ཞེས ་བྱ་བ་ལ། དེ་ཞེས་བྱ་བའི་སྒྲ་ནི་གནས་ནས་ཕྱུང་བ་ལ་བསྙེགས་ཏེ་དེའི་དངོས་པོ་ནི་དེ་ཉིད་དོ། །བྱེ་བ་དག་ན་ཆོས་མ་ཡིན་པའི་ཕྱོགས་དང་མཐུན་པ་དག་ཏུ་སང་བའི་རྙེད་པ་འཐོབ་པ་ནི་སྤངས་བའི་རྙེད་པ་འཐོབ་པ་དང་འདྲ་སྟེ། ཇི་ལྟར་སྤངས་པ་ལ་སྲ་བརྐྱང་གདིང ་པ་མི་འབྱུང་ཞིང་འབྱུང་བ་ཡང་མེད་པར་གྱུར་པས་དེ་སྲ་བརྐྱང་བཏིང་བའི་རྙེད་པ་མི་འཐོབ་བ་དེ་བཞིན་དུ་འདིས་ཀྱང་མི་འཐོབ་བོ་ཞེས་བྱ་བའི་ཐ་ཚིག་གོ། ཕན་ཡོན་གང་གི་ཕྱིར་སྲ་བརྐྱང་བདིང་བ་དང། དགེ་སློང་གང་དག་གིས་སྲ་བརྐྱང་གདིང་བ་དེ་སྐབས་དང ་བཅས་པར་བསྟན་ནས། ང་ནི་འདིར་དངོས་པོ་གང་གདིང་བར་བྱ་བ་དེ་ལ་སྲ་བརྐྱང་ཉིད་དུ་བཞེད་པ་དེ་བརྗོད་པར་བྱ་སྟེ། དངོས་བཞིའི་དུས་ཀྱི་དགག་དབྱེའི་ཐར་དབྱར་གྱི་རྒྱུ་ལས་བྱུང་བ་འདིང་བའི་ཉི་མའི་མཐར་གྲུབ་པ་གོས་ཀྱི་རྙེད་པར་བགྲང་བའི་ཆོས་གོས ་གསུམ་མོ་ཞེས་བྱ་བ་ལ། དངོས་གཞིའི་དུས་ཞེས་བྱ་བ་ནི། དབྱར་རྣམ་པ་གཉིས་པོ་སྔ་མ་དང་ཕྱི་མ་དེས་ལས་འདིར་དངོས་གཞིའི་དུས་ཞེས་སྨོས་པས་ནི་དབྱར་སྔ་མའི་ཟླ་བ་གསུམ་བཟུང་བ་ཡིན་ཏེ། འདི་ལྟར་དབྱར་ཕྱི་མར་གནས་པར་ཁས་བླངས་པ་ལ་སྲ ་བརྐྱང་གདིང་བ་མི་འབྱུང་ངོ་ཞེས་གསུངས་པའི་ཕྱིར་དང། སྟོན་ཟླ་འབྲིང་པོ་ཆོས་བཅུ་དྲུག་ནི་སྲ་བརྐྱང་གདིང་པའི་ཉི་མ་ཉིད་ཡིན་པར་གསུངས་པའི་ཕྱིར་རོ། །དངོས་གཞིའི་དུས་དེའི་དགག་དབྱེ་ཞེས་བྱ་བ་ནི། དབྱར་སྔ་མ་ཟླ་བ་གསུམ་པོ་དེ་དག་གི་འཇུག་ ་ཏུ་སྟོན་ཟླ་འབྲིང་པོ་ཉལ་དགག་དབྱེ་བྱེད་པ་གང་ཡིན་བའོ། །མཐར་ཞེས་བྱ་བ་ནི་དངོས་གཞིའི་དུས་ཀྱི་དགག་དབྱེ་དེ་ཉིད་མཛའ་ཡིན་ཏེ། དབྱར་སྔ་མའི་ཟླ་བ་གསུམ་པོ་དེ་དག་གི་མཛའ་ཡིན་པའི་ཕྱིར་ཏེ། མཛའ་དེ་ཚུན་ཆད ་དུ་གོས་ཀྱི་རྙེད་པ་བྱུང་བ་དང་སྦྱར་རོ། །དབྱར་གྱི་རྒྱུ་ལས་བྱུང་བ་ཞེས་བྱ་བ་ནི། དབྱར་སྔ་མ་ཟླ་བ་གསུམ་པོ་དེ་དག་བསྡུས་པ་འམ་སོ་སོའི་རྒྱུ་ལས་བྱུང་བའི་གོས་ཀྱི་རྙེད་པ་གང་ཡིན་པའོ། །གང་ལ་རྙེད་བ་དབྱར་མང་མ་ཟླ་བ ་གསུམ་པོ་དེ་དག་བསྡུས་པའི་རྒྱུ་ལས་བྱུང་བ་ཡིན་ཞེ་ན། འདི་ལྟ་སྟེ་དབྱར་གནས་བའི་རྒྱུ་ལས་བྱུང་བའི་རྙེད་པ་གང་ཡིན་བའོ། །གང་ལ་རྙེད་པ་དབྱར་སྔ་མ་ཟླ་བ་གསུམ་པོ་དག་སོ་སོའི་རྒྱུ་ལས་བྱུང་བ་ཡིན་ཞེ་ན། འདི་ལྟ་སྟེ་གློ་བུར་དུ་བྱུང་བའི་རྙེད ་པ་གང་ཡིན་པ་སྟེ། དེ་ཡང་དབྱར་དེ་ལ་བྱུང་བའི་རྙེད་པ་ཡིན་གྱི། དུས་གཞན་གྱི་རྒྱུ་ལས་བྱུང་བའི་རྙེད་པ་ནི་མ་ཡིན་ནོ། །འདིར་བའི་ཉིན་མོའི་མཐར་གྲུབ་བ་ཞེས་བྱ་བ་ནི་དབྱར་སྔ་མ་ཟླ་བ་གསུམ་པོ་དེ་དག་གི་།དགག་དབྱེ་སྟེན་ཟླ་འབྲིད་པོ་ཉལ་བྱས་ནས ་སྟོན་ཟླ་འབྲིང་པོ་ཆེས་བཅུ་དྲུག་ལ་སྲ་བརྐྱང་གདིང་བའི་ཉི་མ་དེའི་མཛའ་ཚུན་ཆད་དུ་དབྱར་སྔ་མ་ཟླ་བ་གསུམ་པོ་དེ་དག་བསྡུས་པ་འམ་སོ་སོའི་རྒྱུ་ལས་བྱུང་བའི་གོས་ཀྱི་རྙེད་པ་གང་ཡིན་པའོ། །གོས་ཀྱི་རྙེད་བར་བགྲད་བ་ཞེས་བྱ་བ་ནི། གོས་ཀྱི་རྙེད་བར ་དངོས་སུ་གཏོགས་པའམ། དེའི་རིན་དུ་གཏོགས་པའི་རྙེད་པ་གང་ཡིན་པའོ། །ཆོས་གོས་གསུམ་པོ་ཞེས་བྱ་བ་ནི། གོས་ཀྱི་རྙེད་བར་བགྲང་བ་དེ་ལས་བསྒྱུར་བའི་ཆོས་གོས་གསུམ་པོ་སྣམ་སྦྱར་དང་བླ་གོས་དང་མཐང་གོས་གང་ཡིན་པ་སྟེ། ཆོས ་གོས་གསུམ་པོ་དེ་དག་འདིར་དགེ་སློང་རྣམས་ཀྱིས་གནས་བསྡུས་པ་དང། བདེ་བར་གནས་པར་བྱ་བ་དང། སྦྱིན་པ་པོ་རྣམས་ཀྱི་སྦྱིན་བར་བྱ་བའི་ཆོས་ཡོངས་སུ་སྤྱད་བར་བྱ་བའི་སྲ་བརྐྱང་གདིང་བར་བྱའོ་ཞེས་བྱ་བར་སྦྱར་རོ། །དེ་ལ་དངོས་གཞིའི ་དུས་ཞེས་སྨོས་པས་ནི། སྔར་གལ་ཏེ་གནས་པར་ཁས་བླངས་པ་དག་གིས་དགེ་སློང་འཐབ་ཀྲོལ་བྱེད་པ་དག་འོངས་བར་ཐོས་པར་གྱུར་ན་གལ་ཏེ་གསོ་སྦྱོང་གཉིས་སམ་གསུམ་ཐལ་བར་གྱུར་ན་དགག་དབྱེ་བྱའོ་ཞེས་སྨོས་བ་དང། དོང་པ་དག་ན་དགག་དབྱེ་བྱའོ་ཞེས ་སྨོས་པས། འཐབ་ཀྲོལ་བྱེད་པ་ལ་སོགས་པའི་རྒྱུས་དགག་དབྱེའི་ཉི་མ་བས་ཕྱིས་སྔར་རམ་ཕྱིས་དགག་དབྱེ་བྱ་བར་བསྟན་པ་གང་ཡིན་པ་དེ་བསྩལ་བར་ཤེས་པར་བྱའོ། །དབྱར་གྱི་རྒྱུ་ལས་བྱུང་བ་ཞེས་སྨོས་པས་ནི་དུས་གཞན་གྱི་རྒྱུ་ལས་བྱུང་བའི་གོས་ཀྱི་རྙེད ་པ་སྩལ་ཏོ། །གདིང་བའི་ཉི་མ་མཐར་གྲུབ་པ་ཞེས་སྨོས་པས་ནི། དབྱར་གྱི་རྒྱུ་ལས་བྱུང་བའི་རྙེད་བ་དུས་གཞན་དུ་གྲུབ་བ་སྩོལ་ཏོ། །གོས་ཀྱི་རྙེད་པར་བགྲང་བར་ཤེས་སྨོས་པས་ནི་གོས་ཀྱི་དོན་ལས་གཞན་པའི་མཁར་ལན་དང་གཙུག་ལག་ཁང་བརྒྱན ་པ་ལ་སོགས་པའི་དོན་དུ་འབྱུང་བའི་རྙེད་པ་སྩལ་ཏོ། །འདི་སྐད་བསྟན་ཏོ། །དབྱར་སྔ་མ་ཟླ་བ་གསུམ་པོ་སྟོན་ཟླ་འབྲིང་པོའི་ཚེས་བཅུ་དྲུག་གིས་ཉི་མ་དང་བཅས་པ་དག་བསྡུས་པ་འམ་སོ་སོའི་རྒྱུ་ལས་བྱུང་བའི་གོས་ཀྱི་རྙེད་པ་གང་ཡིན་པ་དེ་ལས་བསྒྱུར་བའི་ཆོས ་གོས་གསུམ་པོ་གང་ཡིན་པ་དེ་དག་འདིར་སྲ་བརྐྱང་གདིང་བར་བྱ་བ་ཡིན་ནོ། །གཙུག་ལག་ཁང་གང་ནི་གོས་ཀྱི་རྙེད་པར་ངེས་པར་གང་ཡིན་པ་དེ་ཡང་འདིར་བསྡུས་པར་ཤེས་པར་བྱ་སྟེ། དེ་ལྟ་བས་ན་དེ་དང་འབྲེལ་བ་ཡང་གདིང་བར་བྱའོ། །གོས་ཀྱི་དོན་དུ་རྙེད ་པའི་རིན་དག་གིས་བསྒྲུབས་པའི་ཆོས་གོས་གསུམ་པོ་གང་དག་ཡིན་པ་དེ་དག་ཀྱང་གདིང་བར་བྱ་སྟེ། གོས་ཀྱི་རིན་ནི་གོས་ཀྱིས་དོན་དུ་བྱིན་པ་ཡིན་པའི་ཕྱིར་རོ། །ལུང་ལས་ཆོས་གོས་གསུམ་ཞེས་དངོས་སུ་གང་གསུངས་པ་མེད་མོད་ཀྱི། སྔགས་ཀྱི་སྒོ་ནས་གསུམ ་དུ་གསུངས་པར་མངོན་ཏེ། དེ་ག་ལས་ཤེས་ཤེ་ན། ཚེ་དང་ལྡན་པ་དག་བདག་སང་སྲ་བརྐྱང་འདིངས་པར་འགྱུར་གྱིས། ཁྱེད་བཅག་གིས་རང་རང་གིས་ཆོས་གོས་རྣམས་དབྱུང་བར་བྱའོ་ཞེས་གསུངས་པའི་ལུད་ལས་ཤེས་ཏེ། གལ་ཏེ་གཅིག་བུ་ཞིག་གདིད་བར ་བྱ་བ་ཡིན་ན་ནི་དེ་ཅི་རང་རང་གིས་ཆོས་གོས་གཅིག་དབྱུང་བར་བྱའོ་ཞེས་གཅིག་གི་ཚིག་ཏུ་གསུངས་པར་འགྱུར་བ་ཞིག་ན། ལུང་ལས་རང་རང་གི་ཆོས་གོས་རྣམས་དབྱུང་བར་བྱའོ་ཞེས་མང་པོའི་ཚིག་ཏུ་གསུངས་བའི་ཕྱིར་དང། གཅིག ་ཅིག་བྱིན་གྱིས་བརླབས་པ་ལ་གསུམ་ཆར་གྱི་དབྱུང་བའང་མི་རིགས་བའི་ཕྱིར་རེ། །དེ་ལྟར་ཡང་འདིར་གཞུང་ནི། བཙུན་བ་གང་ཟག་གི་སྣམ་སྦྱར་གྱིས་སྲ་བརྐྱང་གདིང་དུ་རུང་དམ་ཉེ་བར་འཁོར་མི་རུང་ངོ། །གལ་ཏེ་དགེ་འདུན་ལ་ཕུལ་ན་ནི་རུང་ངོ། །བླ་གོས་དང ་མཐང་གོས་ཀྱང་དེ་བཞིན་ནོ་ཞེས་གསུངས་བ་ཡིན་ཏེ། བླ་གོས་དང་མཐང་གོས་གཉིས་སྨོས་བས་ཆོས་གོས་གསུམ་ཆར་སྲ་བརྐྱང་ཉིད་དུ་གདིང་བར་མངོན་ནོ། །དེ་ལྟ་བས་ན་དགེ་སློང་མ་རྣམས་ཀྱི་ཡང་ཆོས་གོས་ལྔ་ཆར་སྲ་བརྐྱང་ཉིད་དུ་གདིང་བར་འདིས་བསྟན་པ ་ཡིན་ནོ། །དགེ་འདུན་གྱིའོ་ཞེས་བྱ་བ་ནི། དགེ་འདུན་གྱི་ཆོས་གོས་གསུམ་སྲ་བརྐྱང་དུ་གདིང་བ་ཡིན་ཏེ། དེ་ནི་དགེ་འདུན་གྱིས་བྱིན་གྱིས་བརླབས་པར་བྱ་བ་དག་ཡིན་པའི་ཕྱིར་རོ། །ཆོས་གོས་གང་གདིང་བར་འོས་པ་དེ་བསྟན་པའི་ཕྱིར་རོ། །བཞད་བརྡབ་པ་མ་བྱས ་པ་དང་ཡ་ཡོར་མ་གྱུར་པ་དང་མ་དམུགས་བ་དང་མ་ཟེགས་བའོ་ཞེས་བྱ་བ་སྨྲས་ཏེ། བཤད་བརྡབ་མ་བྱས་བ་ཞེས་བྱ་བ་ལ་བཤད་བརྡབ་ཅེས་བྱ་བ་ནི། སྣམ་བུ་བཞིན་དུ་སྤུ་བཤད་ཅིང་བརྡབས་པ་སྟེ། དེ་ལྟར་མ་བྱས་པ་གང་ཡིན་པ་དེ་ནི་བཤད་བརྡབ་མ་བྱས་པའོ ་ཡ་ཡོར་མ་གྱུར་བ་ཞེས་བྱ་བ་ལ་ཡ་ཡོར་ཞེས་བྱ་བ་ནི་གྲཝ་དག་འཕྱངས་བའི་ཕྱིར་མི་མཉམ་བར་འདུག་པའོ། །ཁ་ཅིག་ན་རེ། འཐག་པའི་ཚེ་བར་བར་དུ་རྒྱུ་སྤུན་མ་བཅུག་ཅིང་སེད་སེད་པོར་གྱུར་པའོ་ཞེས་ཀྱང་ཟེར་ཏེ། །དེ་ལྟར་མ་བྱས་པ་གང་ཡིན་པ་དེ་ནི་ཡ་ཡོར ་མ་གྱུར་པའོ། །མ་དམུགས་པ་ཞེས་བྱ་བ་ལ། དམུགས་བ་ཞེས་བྱ་བ་ནི་སྲིན་དང་བྱ་དང་བྱི་བ་དང་ཨུད་ཙ་ཏིང་ག་དང་བྱི་བ་ལ་སོགས་པའི་མཆུས་དམུགས་?་བ་སྟེ། དེ་ལྟར་མ་བྱས་བ་གང་ཡིན་པ་དེ་ནི་མ་དམུགས་པའོ། །མ་ཟེགས་པ་ཞེས་བྱ་བ་ལ། ཟེགས ་བ་ཞེས་བྱ་བ་ནི་ཤས་སྲབ་པ་སྟེ། དེ་ལྟར་མ་བྱས་པ་གང་ཡིན་པ་དེ་ནི་མ་ཟེགས་པའོ། །ཁ་བསྒྱུར་བའོ་ཞེས་བྱ་བ་ནི། བཀྲུ་བཤལ་འབའ་ཞིག་དང་ཁ་བསྒྱུར་བ་བྱས་བ་སྟེ། བཀྲུ་བཤལ་འབའ་ཞིག་བྱས་པ་ཞེས་བྱ་བ་ནི། བཅག་པ་དང་བརྡབ་པ་མེད་པར་འགྲུབཤལ ་བྱས་པ་ཉི་ཚེ་བྱས་པའོ། །ཁ་བསྒྱུར་བ་ཞེས་བྱ་བ་ནི། དེ་ལྟར་བཀྲུ་བཤལ་འབའ་ཞིག་བྱས་པའི་འོག་ཏུ་ཁ་བསྒྱུར་བའི་མཚན་ཉིད་ཀྱིས་ཁ་དོག་བསྒྱུར་བར་བྱས་པའོ། །ཆོས་གོས་མ་བརྡབས་པ་རུང་བ་ཞེས་གསུངས་པ་གང་ཡིན་པ་དེ་ཉིད་འདིས་བསྡུས་པ་ཡིན་ནོ། ། ་འདིད?་གཞུང་ནི། ཆོས་གོས་མ?་བརྡབས་པ་རུང་བ་གང་ཞེ་ན། མ་བརྡབས་པ་ནི་མ་བཅགས་པའོ། །དེ་ཉིད་རུང་བ་ཡིན་པས་མ་བརྡབས་པ་རུང་བའོ་ཞེས་གསུངས་པ་ཡིན་ཏེ། ཆོས་གོས་ཁ་བསྒྱུར་པ་གང་ཡིན་པ་དེ་ཡང་དེ་ཡིན་པས་ཁ་བསྒྱུར་བ་མི་གདིང་བར ་མི་བྱའོ། །ཡོངས་སུ་མ་སྤྱད་པའོ་ཞེས་བྱ་བ་ནི། སུས་ཀྱང་ཡོངས་སུ་མ་སྤྱད་པ་སྟེ། ཡོངས་སུ་སྤྱད་པ་ཞེས་བྱ་བ་ནི་རྙིད་པར་གྱུར་བ་ཡིན་པས། ཆོས་གོས་རྙིང་པར་གྱུར་བས་སྲ་བརྐྱང་འདིད་བར་བྱེད་ན་མ་བཏིང་བར་བརྗོད་པར་བྱའོ། །དེ་ལྟར་ཡང་གཞུང་ནི ་ཆོས་གོས་རྙིང་པར་གྱུར་པ་གང་ཞེ་ན། དགེ་སློང་གིས་སྤྱད་པའི་ཆོས་གོས་གསུམ་གང་ཡིན་པའོ་ཞེས་གསུངས་པ་ཡིན་ནོ། །སྲ་བའོ་ཞེས་བྱ་བ་འདིས་ནི་ཆོས་གོས་ངེད?་སབ?་བསྩལ་ཏོ། །འདིར་གཞུང་ནི་དགེ་སློང་བྲམ་ཟེའི་བུ་མོས་ཞུས་པ་ལས། ཆོས་གོས ་དེངS་པ་གང་ཞེ་ན། ཆོས་གོས་གང་དགེ་སློང་གི་ལུས་ལས་དེངས་བའོ་ཞེས་གསུངས་པ་ཡིན་ཏེ། དེངས་པ་ནི་ཟད་པ་ཡིན་པས་དེ་ལྟར་མ་གྱུར་པ་ཞེས་བྱ་བའི་ཐ་ཚིག་གོ། མཐུད་མ་ཅན་དང་ལྟན?་རིངས་ཅན་དང་ལྷན་བ་ཅན་དང་ཆ་ག་ཅན་དང་གཟུངས་ཅན ་མ་ཡིན་པའོ་ཞེས་བྱ་བ་ལ། མ་ཡིན་པའོ་ཞེས་བྱ་བའི་སྒྲ་འདི་ལྔ་ཆར་དང་སོ་སོས་སྦྱར་རོ། །འཐུད་མ་ཅན་ཞེས་བྱ་བ་ནི། དུམ་བུ་རིགས་མི་མཐུན་པས་འཐུང་མ་བྱས་པ་སྟེ། དེ་ལྟ་བུས་མ་འཐུང་པ་ནི་འཐུང་མ་ཅན་མ་ཡིན་པའོ། །ལྷན་རིངས་ཅན་ཞེས ་བྱ་བ་ནི། ལྷན་བ་རིངས་པོས་གླན་པ་སྟེ། དེ་ལྟ་བུས་མ་གླན་པ་ནི་ལྷན་རིངས་ཅན་མ་ཡིན་པའོ། །ལྷན་པ་ཅན་ཞེས་བྱ་བ་ནི། གང་ལ་ཆུ་བུར་གྱི་རྣམ་པ་ལྟར་བློ་བའི་ལྷན་པ་གཞན་གྱིས་གླན་པ་སྟེ། དེ་ལྟ་བུ་མ་གླན་པ་ནི་ལྷན་པ་ཅན་མ ་ཡིན་པའོ། །ཆག་ཅན་ཞེས་བྱ་བ་ནི། ཆོས་གོས་དག་གི་མཛའ་ཐོག་ཐག་ཏུ་སྐུད་པའི་ཚོམས་ཀྱིས་ཆག་བཏབ་པ་སྟེ། དེ་ལྟ་བུས་མ་བཏབ་པ་ནི་ཆ་ག་ཅན་མ་ཡིན་པའོ། །གཟུངས་ཅན་ཞེས་བྱ་བ་ནི། མཛའ་ཟགས་པ་དག་ལ་སྐུད་པས་དེ?་ཀྲིས་ཤིང ་གཟུངས་བཏབ་པ་སྟེ། དེ་ལྟ་བུས་གཟུངས་མ་བཏབ་པ་ནི་གཟུངས་ཅན་མ་ཡིན་པའོ། །སྤངས་པ་དང་རྒྱུ་མ་བཏགས་པ་དང་བྲལ་ཕྲང་མ་ཡིན་པའོ་ཞེས་བྱ་བ་ལ། འདིར་ཡང་མ་ཡིན་པ་ཞེས་བྱ་བའི་སྒྲ་སོ་སོར་སྦྱར་ཏེ། སྤངས་པ་མ་ཡིན་པ་དང་རྒྱུ་མ་བརྟགས ་པ་མ་ཡིན་པ་དང་བྲལ་ཕྲད་མ་ཡིན་པ་ཞེས་བྱ་བར་སྦྱར་རོ། །སྤངས་པ་ཞེས་བྱ་བ་ནི། ཆོས་གོས་པ་དག་བ་སྟེ། འདིར་གཞུང་ནི་དགེ་སློང་བྲམ་ཟེའི་བུ་མོས་ཞུས་པ་ལས་ཆོས་གོས་བཞག་པ་གང་ཞེ་ན། ཆོས་གོས་གང་ཞག་བཅུ་འདས་པ་དང། ཞག་གཅིག ་བྲལ་བའོ་ཞེས་གསུངས་པ་ཡིན་ཏེ། དེ་ལྟར་མ་གྱུར་བ་ནི་སྤངས་པ་མ་ཡིན་པའོ། །རྒྱུ་མ་བརྟགས་པ་ཞེས་བྱ་བ་ནི། རུང་བ་མ་ཡིན་པ་སྟེ། འདིར་གཞུང་ནི་དེ་ཉིད་ལས་རྒྱུ་མ་བརྟགས་པ་ནི་རུང་བ་མ་ཡིན་པའོ་ཞེས་གསུངས་པ་ཡིན་ཏེ། དེ་ལྟ་བུ་མ ་ཡིན་པ་ནི། །རྒྱུ་མ་བརྟགས་པ་མ་ཡིན་བའོ། །བྲལ་ཕྲད་ཅེས་བྱ་བ་ནི། ཕྱག་དར་ཁྲོད་ལ་བྱ་སྟེ། འདི་ལྟར་སྔར་བོར་བའི་ཆེན་བདག་པོ་དང་བྲལ་བ་ཡིན་ལ། ཕྱིས་བླངས་པའི་ཚེ་ན་བདག་པོ་གཞན་དང་ཕྲད་པའི་ཕྱིར་རོ། །འདིར་གཞུང་ནི་དགེ་སློང་བྲམ ་ཟེའི་བུ་མོས་ཞུས་པ་ལས། ཆོས་གོས་བྲལ་བྲང་གང་ཞེ་ན། ཆོས་གོས་གང་ལམ་ཁ་ནས་བྱུང་བ་སྟེ། ལམ་དུ་བོར་བ་ལས་རྙེད་པའོ། །ཞེས་གསུངས་པ་ཡིན་ནོ། །དེ་ལྟ་བུ་མ་ཡིན་?་བྲལ་ཕྲང་མ་ཡིན་བའོ། །སྤངས་བ་ཞེས་བྱ་བ་ནི། ད་ལྟར་སྤངས ་པར་འགྱུར་བ་འབའ་ཞིག་ཏུ་མ་ཟད་ཀྱི། སྔོན་ལན་ཅིག་སྤངས་པར་འགྱུར་བ་ཡང་མི་རུང་ངོ། །དྲས་ཤིང་དྲུབས་བའོ་ཞེས་བྱ་བ་ནི། བྱིན་གྱིས་བརླབས་ཏུ་རུང་བ་སྟེ། དེའི་ཕྱིར་སྦྱར་མ་ཡང་བྱིན་གྱིས་བརླབས་ཏུ་རུང་པར་གསུངས་པ་གང་ཡིན་པ་དེ་ཡང་འདིས་བསྡུས ་པ་ཡིན་ནོ། །ཟིན་པའོ་ཞེས་བྱ་བ་ནི། ཡོངས་སུ་རྫོགས་པར་ཟིན་པ་ཞེས་བྱ་བའི་ཐ་ཚིག་གོ། ལྔ་པའོ་ཞེས་བྱ་བ་ནི་སྲིད་དུ་ཁུ་ལྔ་པ་སྟེ། འདིས་ཞིང་དུ་ཁྲུ་གསུམ་པ་ཡང་བསྡུས་བ་ཡིན་ནོ། །ལྷག་པ་ཡང་ངོ་ཞེས་བྱ་བ་ནི། ཁྲུ་ཚད་ལྷང་བ་དང་སུམ་ཕྲུགས ་ལྷགས་པ་ཡང་རུང་བ་སྟེ། སྲ་བརྐྱང་འདི་ལ་དགེ་འདུན་གྱིས་ཁྱབ་པར་བྱ་བ་ཡིན་པའི་ཕྱིར་ལྷག་པ་ལ་ཡང་ཉེས་པ་མེད་དོ། །དགེ་འདུན་ནང་ན་ཉུང་བ་དགེ་སློང་བཞི་ཡོད་ན་དེའི་ཕྱིར་དགེ་སློང་བཞིའི་ཚད་ཀྱི་ཆོས་གོས་སུམ་ཕྲུགས་བཞི་མན་ཆད ་གདིང་བར་བྱའོ། །ཁ་ཅིག་ན་རེ་ཆོས་གོས་སུམ་ཕྲུགས་བཞི་བས་ལྷག་པར་བཏིང་བ་ལ་ཡང་ཉེས་པ་མེད་དེ། སྦྱིན་པ་པོ་རྣམས་ཀྱིས་བསོད་ནམས་སྤེལ་བའི་ཕྱིར་དང། དགེ་སློང་རྣམས་ཀྱིས་རྙེད་པ་བསྒྲུབ་པའི་ཕྱིར་རོ་ཞེས་ཟེར་ཏེ། དེ་ལྟ་བས་ན་ངོ?་ཆ ་གོས་གསུམ་ཕྲུགས་ཇི་སྙེད་འབྱོར་པ་དེ་སྙེད་ཀྱང་གདིང་དུ་རུང་ངོ། །སྔར་མ་བཏིང་བའོ་ཞེས་བྱ་བ་ནི། ལོ་གཞན་ལ་སྲ་བརྐྱང་ཉིད་དུ་སྔར་མ་བཏིང་བའི་ཆོས་གོས་རུང་གི། སྔར་བཏིང་བ་ནི་མི་རུང་ངོ། །གདིང་བའོ་ཞེས་བྱ་བ་ནི། སྤྲོག་མའི་ནང་དུ་བཏིང་བ་སྟེ། ་གཟེབ་ཀྱི་སྤྲོག་མའི་ནང་དུ་བརྐྱང་བ་ཞེས་བྱ་བའི་ཐ་ཚིག་གོ། དུ་མ་ཡང་ངོ་ཞེས་བྱ་བ་ནི། ཆོས་གོས་སུམ་ཕྲུགས་ཞེས་བྱ་བར་སྦྱར་ཏེ། དགེ་འདུན་གྱི་ཚོགས་དུ་མ་ཡོད་པའི་ཕྱིར། ཆོས་གོས་གསུམ་ཕྲུགས་དུ་མ་ཡང་གདིང་དུ་རུང་ངོ། །དེ་ཇི་སྙེད་བའི་འདིད ་བར་བྱེད་པའོ་ཞེས་བྱ་བ་ནི། ཆོས་གོས་གསུམ་ཕྲུགས་དེ་ཇི་སྙེད་ཡོད་པ་དེ་རྙེད་ཀྱི་འདིད་པར་བྱེད་པའི་དགེ་སློང་ཡང་བསྐོ་བར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། དེ་ནི་ཆོས་གོས་གཞན་བྱིན་གྱིས་བརླབས་བར་ཡིན་པས་དེའི་ཕྱིར། བྱིན་གྱིས་བརླབ་པ? ་དག་ཕྱུང་ནས་སོ་ཞེས་བྱ་བ་ནི། གང་གི་ཕྱིར་སྲ་བརྐྱང་གདིང་བ་དེ་ནི་ཆོས་གོས་གཞན་བྱིན་གྱིས་བརླབ་པ་ཡིན་པས། དེའི་ཕྱིར་སྲ་བརྐྱང་འདིངས་བའི་ཉིན་བར་དགེ་སློང་རང་རང་གི་ཆོས་གོས་སྔར་བྱིན་གྱིས་བརླབས་བ་དག ་དབྱུང་པར་བྱ་ཞིང་དེ་དག་བྱུང་ནས་གཟོད་སྲ་བརྐྱང་གདིང་བར་བྱའོ། །ཞག་མ་ལོན་པར་ཚོགས་པས་མོས་པར་བྱའོ་ཞེས་བྱ་བ་ནི། སྲ་བརྐྱང་འདིངས་པའི་ཉི་མ་དེ་ཕན་ཆད་ནས་དབྱར་གྱི?་ནད་གཉི་མ། གང་ཚུན་ཆད་ཀྱི་བར་གྱི་ཉི ་མ་གང་ལ་ཆོས་གོས་དེ་འབྱོར་བའི་ཉི་མ་དེ་ལ་དབྱར་གནས་པར་ཁས་བླངས་པའི་དགེ་འདུན་དུ་འགྱུར་པའི་དགེ་སློང་ཐམས་ཅད་མཚམས་ཀྱི་ནང་དུ་ཚོགས་བས་ཆོས་གོས་དེ་དབྱར་གནས་པའི་དགེ་འདུན་གྱིས་གནས་བསྡུ་བ་དང། ་དགེ་སློང་རྣམས་བདེ་བར་གནས་པར་བྱ་བ་དང། སྦྱིན་པ་པོ་རྣམས་ཀྱི་སྦྱིན་པར་བྱ་བའི་ཆོས་གོས་ཡོངས་སུ་སྤྱད་པར་བྱ་བའི་སྲ་བརྐྱང་དུ་བརྡིང་བར་དགེ་སློང་ཐམས་ཅད་ཀྱིས་མོས་པར་བྱ་བའོ། །འདིར་གཞུང་ནི་ཇེ་དང་པོ་ཁོ་ནར ་ཚོགས་བས་ཆོས་གོས་འདི་ནི་དབྱར་གནས་པའི་དགེ་འདུན་གྱི་ཆོས་གོས་ཀྱི་རྙེད་པ་གྲུབ་པ་ལགས་ཏེ། གལ་ཏེ་དགེ་འདུན་བཞེད་ན་ཆོས་གོས་འདིས་དགེ་འདུན་གྱིས་སྲ་བརྐྱང་འདིང་བར་འགྱུར་རོ་ཞེས་མོས་པར་བྱའོ། །དེའི་འོག་ཏུ་ཉི ་མ་གཞན་ལ་གནས་མལ་བཤམ་པར་བྱའོ་ཞེས་གསུངས་པ་ཡིན་ནོ། །ཉི་མ་གང་ལ་མོས་པར་བྱས་པ་ཉི་མ་དེ་ཉིད་དམ་ཉི་མ་གཉིས་ལ་བློ་མཐུན་པར་བྱ་བ་ཁོ་ནར་ངེས་པ་མེད་དེ། གདིད་བའི་ཉི་མ་ལམ་བབ་པ་ཚུན་ཆད་ནམ་དགའ་བ་ན ་བྱར་རུང་ངོ། །མཚམས་ཀྱི་ནང་དུ་བློ་མཐུན་པར་བྱའོ་ཞེས་བྱ་བ་ནི། དེ་ལྟར་མོས་པར་བྱས་པའི་འོག་ཏུ་ཆོས་གོས་དེ་སྲ་བརྐྱང་ཉིད་དུ་བྱ་བར་དགེ་འདུན་གྱིས་མཚམས་ཀྱི་ནང་དུ་གསོལ་བ་དང་གཉིས་ཀྱི་ལས་ཀྱིས་བློ་མཐུན་པར་? ་འདིའི་སྔགས་ནི་དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། །འདི་ལྟར་གནས་འདི་ན། དབྱར་གནས་བའི་དགེ་འདུན་གྱིས་གོས་ཀྱི་རྙེད་བའི་ཆོས་གོས་བགྱིད་པ་འདི་དགེ་འདུན་གྱིས་སྲ་བརྐྱང་དུ་བྱ་བར་བཞེད་ན། གལ་ཏེ་དག ་འདུན་གྱིས་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང། འདི་ལྟར་གནས་བསྡུ་བ་དང། དགེ་སློང་རྣམས་བདེ་བར་གནས་པར་བགྱི་བ་དང། སྦྱིན་པ་པོ་རྣམས་ཀྱི་སྦྱིན་པར་བྱི?་བའི་ཆོས་གོས་ཡོངས་སུ་སྤྱད་པའི་སླད ་དུ་ཆོས་གོས་འདི་སྲ་བརྐྱང་བགྱིད་དེ། གནས་གང་དུ་སྲ་བརྐྱང་བཏིང་བར་ཆོས་གོས་རྙིང་པ་རྣམས་དང་ཡང་མི་འབྲལ་ན། གསར་པ་རྣམས་དང་ལྟ་ཅི་སྨོས། འདི་ནི་གསོལ་བའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། འདི་ལྟར་གནས ་འདིར་དབར་གནས་པའི་དགེ་འདུན་གྱི་གོས་ཀྱི་རྙེད་བའི་ཆོས་གོས་བགྱིས་པ་འདི་དགེ་འདུན་གྱི་སྲ་བརྐྱང་ཉིད་དུ་བྱ་བར་བཞེད་པས། དེའི་སླད་དུ་འདི་ལྟར་གནས་བསྡུ་བ་དང་དགེ་སློང་རྣམས་བདེ་བར་?་ནས་པར་བགྱི་བ་དང། སྦྱིན་པ་པོ་རྣམས་ཀྱིས་སྦྱིན་པར ་བྱ་བའི་ཆོས་གོས་ཡོངས་སུ་སྤྱད་པའི་སླད་དུ། དགེ་འདུན་གྱིས་ཆོས་གོས་འདི་སྲ་བརྐྱང་དུ་བགྱིས་ཏེ། གནས་གང་དུ་སྲ་བརྐྱང་བཏིང་བར་ཆོས་གོས་རྙིང་པ་རྣམས་དང་ཡང་མི་འབྲལ་ན། གསར་བ་རྣམས་ལྟ་ཅི་སྨོས་ཏེ། ཆོས་གོས་འདི་སྲ་བརྐྱང་དུ་བགྱི་བར ་ཚེ་དང་ལྡན་པ་གང་དག་བཟོད་པ་དེ་དག་ནི་ཅང་མ་གསུངས་ཤིག། གང་དག་མི་བཟོད་པ་དེ་དག་ནི་གསུངས་ཤིག། དགེ་འདུན་གྱིས་བཟོད་ཅིང་གནད་ན་དགེ་འདུན་གྱིས་ཆོས་གོས་འདི་སྲ་བརྐྱང་དུ་བགྱིས་ལགས་ཏེ། འདི་ལྟར་ཅང་མི་གསུངས་བས་དེ་དེ ་བཞིན་དུ་འཛིན་ཏོ་ཞེས་གསུངས་པ་ཡིན་ནོ། །འདིང་བ་ཡང་ངོ་ཞེས་བྱ་བ་ནི། མཚམས་ཀྱི་ནང་དུ་བསྐོ་བར་སྦྱར་ཏེ། འདི་ནི་སྤྲོ་བར་བྱས་ནས་གསོལ་བ་དང་གཉིས་ཀྱི་ལས་ཀྱིས་བསྐོ་བར་བྱའོ། །འདིའི་སྔགས་ནི། མིང་འདི་ཞེས་བྱ་བ་ཁྱོད་དབྱར་གནས་པའི་ ་དགེ་འདུན་གྱིས་སྲ་བརྐྱང་འདིང་པར་སྤྲོ་འམ་སྤྲོའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། །དགེ་སློང་མིང་འདི་ཞེས་བགྱི་བ་འདི་དབྱར་གནས་པའི་དགེ་འདུན་གྱིས་སྲ་བརྐྱང་འདིར་བར་སྤྲོན། གལ་ཏེ་དགེ་འདུན་གྱིས་དུས་ལང་བཅིང ་བཟོད་ན། དགེ་འདུན་གྱིས་གནད་པར་མཛོད་ཅིག་དང། དགེ་འདུན་གྱིས་དགེ་སློང་མིང་འདི་ཞེས་བགྱི་བསྲ་བརྒྱད་འདིང་པར་བསྐོ་སྟེ། དགེ་སློང་སྲ་བརྒྱང་འདིང་བ་མིང་འདི་ཞེས་བགྱི་བ་འདི?་དབྱར་གནས་པའི་དགེ་འདུན་གྱི་སྲ་བརྐྱང་འདིང་པར་འགྱུར་རོ།། ་འདི་ནི་གསོལ་བའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་མིང་འདི་ཞེས་བགྱི་བ་འདི་དབྱར་གནས་པའི་དགེ་འདུན་གྱི་སྲ་བརྐྱང་འདིར་བར་སྤྲོ་ན། དེའི་སླད་དུ་དགེ་འདུན་གྱིས་དགེ་སློང་མིང་འདི་ཞེས་བགྱི་བ་སྲ་བརྐྱང་འདིང་བར་བསྐོས་ཏེ། ་དགེ་སློང་སྲ་བརྐྱང་འདིང་བ་མིང་འདི་ཞེས་བགྱི་བ་འདི། དབྱར་གནས་པའི་དགེ་འདུན་གྱི་སྲ་བརྐྱང་འདིང་བར་གྱུར་ན། དགེ་སློང་མིང་འདི་ཞེས་བགྱི་བ་སྲ་བརྐྱང་འདིང་བར་བསྐོ་བར་ཚེ་དང་ལྡན་པ་གང་དག་བཟོད་པ་དེ་དག་ན་ཅིང་མ་གསུང་ཞིག། གང་དག་མི་བཟོང་བདེ ་དག་ནི་གསུངས་ཤིག། དགེ་འདུན་གྱིས་བཟོད་ཅིང་གནང་ནས་དགེ་འདུན་གྱི་དགེ་སློང་མིང་འདི་ཞེས་བགྱི་བ་སྲ་བརྐྱང་འདིད་བར་བསྐོས་ལགས་ཏེ། འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ། ཞེས་གསུངས་པ་ཡིན་ནོ།། །བམ་པོ་ལྔ་བཅུ ་གཅིག་པ།། སྲ?་བརྐྱང་འདིང་པའི་དགེ་སློང་རྣམ་པ་ཇི་ལྟ་བུ་ལས་བསྐོ་བར་བྱ་ཞེ་ན། དེའི་ཕྱིར། གང་ལ་དེ་འབྱུང་བའོ་ཞེས་བྱ་བ་སྨྲས་ཏེ། གང་ཟག་རྣམ་པ་ཇི་ལྟ་བུ་ལ་སྲ་བརྐྱང་འདིང་བ་དེ་འབྱུང་པ་སྟེ། སྔར་དབྱར་གནས་པར་ཁས་མ་བླངས་པ་དང་དབྱར་རལ ་བ་དད་དབྱར་ཕྱི་མར?་གནས་པར་ཁས་བླངས་པ་དང། གཡར་གནས་གཞན་དུ་གནས་པར་ཁས་བླངས་པ་དང་ས?་གཞན་ལ་གནས་པ་དང་དེ་དག་ཉིད་འཐོབ་པ་དང། བསྙེན་པར་མ་རྫོགས་པར་ཆོས་མ་ཡིན་པའི་ཕྱོགས་དང་མཐུན་པར་སོང་བ་ཞེས་སྨོས་བསླ? ་དེ་དག་ལས་གཞན་པའི་གང་ཟག་སྲ་བརྐྱང་འདིངས་བར་བསོ་བར་བའོ། །དེ་ལ་གཏང་པར་བྱའོ་ཞེས་བྱ་བ་ནི། སྲ་བརྐྱང་འདིངས་བར་བསྐོས་པའི་དགེ་སློང་དེ་ལ་དགེ་འདུན་གྱིས་ཉི་མ་གང་ལ་ཆོས་གོས་དེ་དགེ་འདུན་གྱི་སྲ་བརྐྱང་འདིངས་པར་གསོལ་བ་དང་གཉིས་ཀྱི་ལས ་ཀྱིས་བློ་མཐུན་པར་བྱས་པ་དེ་ཉིད་ཀྱི་ཉིན་མོ་གཏང་པར་བ་སྟེ། ཆོས་གོས་བློ་མཐུན་པར་བྱས་པ་ཉི་མ་གཞན་དུ་བཞག་པར་མི་རིགས་པའི་ཕྱིར་རོ། །ཇི་ལྟར་གཏང་པར་བྱ་ཞེ་ན། དེའི་ཕྱིར་གསོལ་བ་བྱས་ཏེའོ་ཞེས་བ་པ་?་ཏེ། གསོལ་བ་འབའ་ཞིག་གི་ལས་བྱས་ཏེ་གཏད ་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། འདིའི་སྔགས་ནི། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། ཆོས་གོས་འདི་ནི་དགེ་འདུན་གྱིས་སྲ་བརྐྱང་གདིང་པར་བློ་མཐུན་པར་བགྱིས་པ་ལགས། དགེ་སློང་མིང་འདི་ཞེས་བགྱི་པ་འདི་ནི་སྲ་བརྐྱང་འདིང་པར་བསྐོས་པ་ལགས་ན། ་གལ་ཏ་དགེ་འདུན་ཕྒས་བྱི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང། འདི་ལྟར་གནས་བསྡུ་བ་དང་དགེ་སློང་རྣམས་བདེ་བར་གནས་པར་བགྱི་བ་དང་སྦྱིན་པ་པོ་རྣམས་ཀྱི་སྦྱིན་པར་བྱ་བའི་ཆོས་ཡོངས་སུ་སྤྱད་པའི་སླད་དུ་དགེ་འདུན་གྱིས་ཆོས ་གོས་འདི་སྲ་བརྐྱང་འདིད་བར་དགེ་སློང་མིང་འདི་ཞེས་བགྱི་བ་ལ་གཏོང་ཅིང། །སྲ་བརྐྱང་འདིང་བ་དགེ་སློང་མིང་འདི་ཞེས་བགྱི་བ་ཆོས་གོས་འདིས་དབྱར་གནས་པའི་དགེ་འདུན་གྱིས་སྲ་བརྐྱང་འདིང་པར་འགྱུར་ཏེ། གནས་གང་དུ་སྲ་བརྐྱང་བཏིང་བར་ཆོས་གོས་རྙིང་པ ་རྣམས་དང་ཡང་མི་འབྲལ་ན། གསང་པ་རྣམས་དང་ལྟ་ཅི་སྨོས། འདི་ནི་གསོལ་བའོ་ཞེས་གསུངས་པ་ཡིན་ནོ། །བཀྲུ་བ་དང་དྲུབ་པ་དང་ཁ་བསྒྱུར་བ་དག་ལ་ངེས་སྔོན་དུ་འགྲོ་བར་བྱའོ་ཞེས་བྱ་བ་ནི། གལ་ཏེ་ཆོས་གོས་དེ་སྔར་བྱས་མ་ཟིན་པ་དང་བཟོད་བྱ་དགོས་པ ་ཞིག་ཡིན་ན། འདིང་བར་བྱེད་པ་ངེས་བཀྲུ་བ་ལ་སོགས་བ་དག་ལ་སྔོན་དུ་འགྲོ་བར་བྱའོ། །གཉིས་སམ་གསུམ་རྗེས་སུ་བསྒྲུབ་པས་སོ་ཞེས་བྱ་བ་ནི། བཀྲུ་བ་ལ་སོགས་པ་དེ་དག་ལས་གཉིས་སམ་གསུམ་གྱི་ལས་རྗེས་སུ་བསྲུབས་པས་གདོན་མི་ཟ་བར་སྔོན ་དུ་འགྲོ་བར་བྱ་བའོ། །ཟིན་བ་ཞིག་གྲུབ་ན་རང་གིས་ཁ་བསྲུབས་གཉིས་སམ་གསུམ་དྲུག་པར་བྱའོ་ཞེས་བྱ་བ་ནི། གལ་ཏེ་ཆོས་གོས་དེ་བྱས་ཟིན་པའི་ཞིག་རླུབ?་ན་དེའི་ཚེ་སྲ་བརྐྱང་འདིང་བས་དེའི་འོག་ཏུ་སྲུབས་གཅིག་གམ་གཉིས་ཙམ་དྲུབ་བར་བྱ ་བའོ། །འདིར?་གཞུང་ནི་དགེ་སློང་སྲ་བརྐྱང་འདིང་བས་སྲ་བརྐྱང་དུ་གདིང་བའི་ཆོས་གོས་བཀྲུ་བར་བྱ་བ་དང་དྲུབ་བར་བྱ་བ་དང་ཁ་བསྒྱུད?་བར་བྱ་བ་ལ་སྔོན་དུ་འགྲོ་པར་བྱའོ། །གལ་ཏེ་བྱས་ཟིན་པ་ཞིག་རྙེད་ན་དེའི་འོག་ཏུ་ཁབ་སྲུབས་གཉིས་སམ་གསུམ་དྲུབ་པར་བྱའོ ་དེ་ཞེས་གསུངས་པ་ཡིན་ནོ། །མནོས་བ་དང་རང་བྱེད་པ་དང་དེའི་འཇུག་དག་ཏུ་གོ་རིམས་བཞིན་དུ་འདོད་པར་འགྱུར་རོ་གདིང་ངོ་གཏིང་ངོ་སྙམ་དུ་སེམས་བསྐྱེད་པར་བྱའོ་ཞེས་བྱ་བ་ལ། ན་ནོས་ག་ཞེས་བྱ་བ་ནི་དང་པོ་དགེ་འདུན་ལས་སྲ་བརྐྱང་དུ་གདིང་བའི ་ཆོས་གོས་མནོས་བའི་ཆའོ། །རང་བྱེད་བ་ཞེས་བྱ་བ་ནི། གལ་ཏེ་ཆོས་གོས་དེ་སྔར་བྱས་མ་ཟིན་པ་ཞིག་ནས་བརྐྱང་འདིང་བ་རང་གིས་བཀྲུ་པ་དང་དྲུབ་པ་དང་ཁ་སྒྱུར་བ་དག་ལ་སྔོན་དུ་འགྲོ་བར་བྱ་བ་དང། ཟིན་པ་ཞིག་དྲུབ་ན་རང་གིས། །ཁབ་སྲབས་གཉིས་སམ ་གསུམ་འདྲུབ་བར་བྱེད་པའི་ཆེའོ། །དེའི་མཇུག་དག་ཏུ་ཞེས་བྱ་བ་ནི། སྲ་བརྐྱང་གདིང་བར་བྱ་བ་དེ་བཏིང་ཟིན་པའི་ཆེའོ། །གོ་རིམས་བཞིན་དུ་ཞེས་བྱ་བ་ནི། མནོས་བའི་ཚེ་ན་གདིང་པར་འགྱུར་རོ། །སྙམ་དུ་སེམས་བསྐྱེད་པར་བྱ་སྟེ་མ་བརྩམས་པའི་ཕྱིར་རོ། ། ་རང་བྱེད་པའི་ཚེན་གདིང་ངོས་མང་དུ་སེམས་བསྐྱེད་པར་བྱ་སྟེ། འདིང་བའི་ལས་བརྩམས་པའི་ཕྱིར་རོ། །དེའི་མཇུག་དག་ཏུ་གཏིང་ངོ་སྙམ་དུ་སེམས་བསྐྱེད་པར་བྱ་སྟེ་ཟིན་པའི་བྱིའོ། །དང་པོ་ཉམ་ནི་མ་འབྱུང་བ་མ་ཡིན་ནོ་ཞེས་བྱ་བ་ནི་མནོས་པའི ་ཚེན་འདིང་བར་འགྱུར་རོ་སྙམ་དུ་སེམས་བསྐྱེད་པར་བྱ་བ་སྟེ་མ་བྱས་ཏེ་ཉམས་ན་ཡང་འོག་མ་གཉིས་བྱས་ནས་བརྐྱང་གདིང་བར་མི་འབྱུད་པས་ཡིན་ཏེ་འབྱུང་ངོ། །ཚེ་དང་ལྡན་པ་དག་བདག་སང་སྲ་བརྐྱང་འདིངས་པར་འགྱུར་གྱིས་ཁྱད་ཅག་གི ་རང་རང་གིས་ཆོས་གོས་རྣམས་དབྱུང་བར་བྱའོ་ཞེས་ཚོགས་པ་ལ་བརྗོད་པར་བྱའོ་ཞེས་བྱ་བ་ནི། སྟོན་ཟླ་འབྲིང་པོ་ཚེས་བཅུ་དྲུག་ལ་སྲ་བརྐྱང་གདིང་བར་འགྱུར་བའི་མདུན་རོལ། སྟོན་ཟླ་འབྲིང་པོ་ཚེས་བཅོ་ལྔའི་དགོངས་ཁང་སྲ་བརྐྱང་འདིངས་པའི་དགེ ་སློང་ངེས་དགེ་འདུན་ཐམས་ཅད་མཚམས་ཀྱིས་ནང་དུ་ཚོགས་པ་ལ་དེ་སྐད་བརྗོད་པར་བྱ་བ་སྟེ། རང་རང་གིས་ཆོས་གོས་གསུམ་བོ་དག་སྔར་བྱིན་གྱིས་བརླབས་པའི་སྔགས་ཕྱུངས་ཤིག་ཅེས་བྱ་བའི་ཐ་ཚིག་གོ། འདུ་བའི་སྐབས་རྗེས་སུ་བསྒྲུབ་པར་བྱའོ ་ཞེས་བྱ་བ་ནི། ཚེས་བཅུ་དྲུག་གི་ནང་པར་སྲ་བརྐྱང་གདིང་བའི་དོན་དུ་དགེ་འདུན་འདུ་བ་དེའི་སྐབས་ནི་གནས་མ་ལ་བཤམ་པ་དང་གཎྜི་བརྡུང་བ་དང་དྲིས་བའི་ཚིག་གིས་ཡང་དག་པར་བསྒོ་བ་དག་སྟེ། དེ་དག་སྲ་བརྐྱང་འདིང་བའི་དགེ་སློང་དེས་རྗེས་སུ་བསྒྲུབ་ཅིང ་ལས་སུ་བྱ་བའོ། །དྲིས་པའི་ཚིག་གིས་ཡང་དག་པར་བསྒོ་བ་ཞེས་བྱ་བ་ནི། ཚེ་དང་ལྡན་བཅིལ?་ཕྱིར་གཎྜི་བརྡུང་ཞེས་དྲིས་པ་ལ་འདིའི་ཕྱིར་རོ་ཞེས་དགེ་སློང་རྣམས་ལ་ལན་བཏབ་པའི་ཚིག་གིས་དགེ་སློང་རྣམས་གནས་དེང་འདུ་བར་ཡང་དག་པར་བསྒོ ་བ་དེ་བྱ་བའོ། །དྲི་དང་མེ་ཏོག་གིས་མཆོད་ཅིང་བདུག་སྤོས་དྲི་ཞི་པོས་བདུགས་པ་དུ་མ་གཟེབ་ཀྱི་སྦྲོག་མར་ལྷན་ཅིག་བཞག་པ་ཐོགས་ཏེ་ནན་རིམས་སུ་འདུག་པས་གདིང་པར་བསྒྲུབ་པར་བྱའོ་ཞེས་བྱ་བ་ནི། སྲ་བརྐྱང་གདིང་བའི་ཆོས་གོས་སུམ་ཕྲུགས་དྲི་དེས ་མེ་ཏོག་གིས་མཆོད་ཅིང་བདུག་སྤོས་དྲི་ཞིམ་པོས་གདུགས་པ་ཕྲུགས་པ་གཅིག་གམ་གཉིས་སམ་དུ་མ་ཇི་སྙེད་འབྱོར་བ་གཟེབ་གྱི་སྤྲོག་མ་གཅིག་ཏུ་ལྷན་ཅིག་བཞག་པ་སྲ་བརྐྱང་འདིངས་པར་བྱེད་པའི་དགེ་སློང་གིས་སྤང་བར་ཐོགས་ཏེ་དགེ་སློང་རྒན་རིམས ་ཀྱི་མདུན་དུ་འདུག་པས་སྲ་བརྐྱང་བརྡིང་བ་བསྒྲུབ་པར་བྱ་པའོ། །དུས་གང་གི་ཚེ་ཞེ་ན། དེའི་ཕྱིར། ཚེས་བཅུ་དྲུག་ལའོ་ཞེས་བྱ་བ་སྨྲས་ཏེ། ཚེས་བཅུ་དྲུག་གི་ནང་པར་རོ། བཟླ་བ་གང་གི་ཚེ་ཞེ་ན་དེའི་ཕྱིར། སྟོན་ཟླ་འབྲིང་པོའིའོ་ཞེས་བྱ་བ་སྨྲ་ཏེ། ་སྟོན་ཟླ་འབྲིང་པོ་ཚེས་བཅུ་དྲུག་ལའོ། །ཅི་ཞིག་གིས་བསྒྲུབ་པར་བྱ་ཞེ་ན་དེའི་ཕྱིར། ལན་གསུམ་བཟླས་པས་སོ་ཞེས་བྱ་བ་སྨྲས་སོ། །ཅི་ཞིག་ལན་གསུམ་བཟླས་པ་ཞེན་དེའི་ཕྱིར། གདིང་ངོ་ཞེས་བྱ་བ་སྨྲས་ཏེ། ?་དང་པོར་དགེ ་འདུན་ཐམས་ཅད་ལ་གདིང་ངོ་ཞེས་བྱ་བའི་སྔགས་ལན་གསུམ་བཟླས་པས་བསྒྲུབ་པར་བྱ་བ་སྟེ། འདིའི་སྔགས་ནི། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། ཆོས་གོས་འདི་ནི་དགེ་འདུན་གྱིས་སྲ་བརྐྱང་དུ་བློ་མཐུན་པར་བགྱིས་བ་ལགས། ་བདག་དགེ་སློང་མིང་འདི་ཞེས་བགྱི་བ་ནི་སྲ་བརྐྱང་འདིངས་པར་བསྐོས་པ་ལགས་ཏེ། འདི་ལྟར་གནས་པ་བསྡུ་བ་དང། དགེ་སློང་རྣམས་བདེ་བར་གནས་པར་བགྱི་བ་དང། སྦྱིན་པ་པོ་རྣམས་ཀྱི་སྦྱིན་པར་བྱ་བའི་ཆོས་གོས་ཡོངས་སུ་སྤྱད་པའི་སླང ་དུ་བདག་སྲ་བརྐྱང་འདིང་པ་དགེ་སློང་མངའ་ཨི?་དི་ཞེས་བགྱི་བས་ཆོས་གོས་འདིས་དགེ་འདུན་གྱིས་སྲ་བརྐྱང་གདིང་བར་བགྱིའོ། །གནས་གང་དུ་སྲ་བརྐྱང་བཏིང་པར་ཆོས་སོ་གོས་རྙིང་པ་རྣམས་དང་མི་འབྲལ་ན། གསར་པ་རྣམS་དང་ལྟ་ཅི་སྨོས་ཞེས ་ལན་གསུམ་བཟླས་སོ་ཞེས་གསུངས་པ་ཡིན་ནོ། །དགེ་སློང་རེ་རེའི་མདུན་དུ་འདུག་སྟེ། གཏིང་ངོ་ཞེས་གོ་བར་བྱའོ་ཞེས་བྱ་བ་ནི། དེ་ལྟར་དགེ་འདུན་ཐམས་ཅད་ལ་གདིང་ངོ་ཞེས་བྱ་བའི་སྔགས་ལན་གསུམ་བཟླས་པས་བསྒྲུབས་ནས། དེའི་འོག་ཏུ ་སྲ་བརྐྱང་འདིངས་པའི་དགེ་སློང་དེས་གནས་བརྟན་མན་ཆད་ནས་དགེ་སློང་ཐམས་ཅད་ཀྱི་མདུན་དུ་རྒན་རིམས་ཀྱིས་འདུག་སྟེ། དགེ་སློང་རེ་རེ་ལ་ཡང་བཏིང་ངོ་ཞེས་བྱ་བའི་སྔགས་ལན་གསུམ་གསུམ་བཟླས་པས་བསྒྲུབ་པར་བྱ་བའོ། །འདིའི་སྔགས ་ནི་གནས་བརྟན་ནམ་བཙུན་པ་འམ་ཚེ་དང་ལྡན་པ་དགོངས་སུ་གསོལ། ཆོས་གོས་འདི་ནི་དགེ་འདུན་གྱི་སྲ་བརྐྱང་དུ་བློ་མཐུན་པར་བགྱིས་པ་ལགས། བདག་དགེ་སློང་མིང་འདི་ཞེས་བགྱི་བ་ནི་སྲ་བརྐྱང་འདིངས་པར་བསླས?་པ་ལགས?་ཏེ། དེའི་སླད་དུ་འདི ་ལྟར་གནས་བསྡུ་བ་དང། དགེ་སློང་རྣམས་བདེ་བར་གནས་པར་བགྱི་བ་དང། སྦྱིན་པ་པོ་རྣམས་ཀྱི་སྦྱིན་པར་བྱ་བའི་ཆོས་གོས་ཡོངས་སུ་སྤྱད་པའི་སླད་དུ། བདག་སྲ་བརྐྱང་འདིར་བ་དགེ་སློང་མིང་འདི་ཞེས་བགྱི་གིS་ཆོས་དགོས་འདིས། དགེ་འདུན་གྱིས་སྲ་བརྐྱང་བཏིང་ལགS ་ཏེ། གནས་གང་དུ་སྲ་བརྐྱང་བཏང་བར་ཆོས་གོས་རྙིང་པ་རྣམས་དང་ཡང་མི་འབྲལ་ན། གསར་བ་རྣམས་དང་ལྟ་ཅི་སྨོས་ཞེས་ལན་གསུམ་བཟླས་པར་བྱའོ་ཞེས་གསུངས་པ་ཡིན་ནོ། །གཞན་གྱིས་ནི་ལེགས་པར་གཏིང་ངོ་ཤིན་ཏུ་གཏིང་ངོ་འདི་ལ་རྙེད་པ་དང་ཕན ་ཡོན་གང་ཡོད་པ་དེ་བདག་གི་ཡིན་ནོ་ཞེས་བྱ་བ་ནི། དེ་ལྟར་སྲ་བརྐྱང་འདི་ངས་པར་བྱེད་པའི་དགེ་སློང་དེས་གནས་བརྟན་མན་ཆད་ནས་དགེ་སློང་ཐམས་ཅད་ཀྱི་མདུན་དུ་རྒན་རིམས་ཀྱིས་འདུག་སྟེ། དགེ་སློང་རེ་རེ་ལ་གདིང་དེ་ཞེས་བྱ་བའི་སྔགས་ལན ་གསུམ་གསུམ་བཟླས་པས་བསྒྲུབས་པ་ན། གནས་བརྟན་ལ་སོགས་པ་དགེ་སློང་གཞན་རེ་རེས་ཀྱང་དེའི་འཕྲལ་འཕྲལ་ལ་སྔགས་འདི་ལན་རེ་རེ་བཟླས་པར་བྱ་བའོ། །འདིའི་སྔགས་ནི། ལེགས་པར་གཏིང་ངོ་ཤིན་ཏུ་གཏིང་ངོ། །འདི་ལ་རྙེད་བ་དང་ཕན ་ཡོན་གང་ཡོང་པ་དེ་བདག་གི་ཡིན་ནོ་ཞེས་གསུངས་པ་ཡིན་ནོ། །འདི་ལ་རྗེས་སུ་ཡི་རང་བ་ནི་ཉམས་སུ་མྱོང་བ་དང་འདྲའོ་ཞེས་བྱ་བ་ནི། གང་ལ་སྲ་བརྒྱད་གཏིང་པ་འདི་ཉམས་སུ་མྱོང་བ་ལ་གཏིང་བའི་ཕན་ཡོན་དང་རྙེད་པ་འབྱུང་བ་དེ་བཞིན་དུ་གང་ལ ་སྲ་བརྐྱང་འདིང་བ་ན་གཉིད་ལོག་པ་ལ་སོགས་པའི་དབང་གིས་བཏིང་བ་འདི་ཉམས་སུ་མ་མྱོང་བས་གཉིད་སང་པ་ལ་སོགས་པའི་དུས་ན་སྲ་བརྐྱང་བཏིང་བར་ཐོས་ནས་འདི་ལ་རྗེས་སུ་ཡི་རང་བར་བྱེད་པ་དེ་ལ་ཡང་སྲ་བརྐྱང་བཏིང་པའི་ཕན་ཡོན་དང་རྙེད་པ་འབྱུང ་བར་འགྱུར་རོ། །འདི་སྐད་བསྟན་ཏེ། གང་གིས་སྲ་བརྐྱང་གདིང་བ་མངོན་སུམ་དུ་གྱུར་པ་ན་གཉིད་ལ་སོགས་པའི་དབང་གིས་ལས་ཉམས་སུ་མ་མྱོང་པ་ཡང་ཕྱིས་སར་བ་ན་རྗེས་སུ་ཡི་རང་པར་བྱྡ་ན། རྗེས་སུ་ཡི་རང་བ་དེ་ནི་ལས་ཉམས་སུ་མྱོང་བ་དང ་འདྲ་བར་ཤེས་པར་བྱའོ། །འདིར་གཞུང་ནི་མ་མོ་ལས་ཏེ་ཐོས་ནས་ལེགས་མ་གཏིང་ངོ་ཤིང་ཏུ་གཏིང་ངོ་ཞེས་རྗེས་སུ་ཡི་རང་བར་བྱེད་པ་དེ་དག་གིས་ཀྱང་སྲ་བརྐྱང་བཏིང་བར་བརྗོད་པར་བྱའོ་ཞེས་གསུངས་པ་ཡིན་ནོ། །གང་གིས་དེའི ་རྗེས་སུ་ཡི་རང་བར་བཞེན་དེའི་ཕྱིར་མངོན་སུམ་དུ་གྱུར་པས་སོ་ཞེས་བྱ་བ་སྨྲས་ཏེ། དེ་བཏིང་བའི་ཚོགས་པ་བྱིན་པས་སོ། །ད་ནི་སྲ་བརྐྱང་གདིང་བའི་དགེ་སློང་གིས་དགེ་འདུན་གྱིས་སྲ་བརྐྱང་བཏིང་པའི་ཆོས་གོས་དེ་ཇི་ལྟར་ཡོངས་སུ་བརྐྱང་པའི ་ཆོ་ག་བཤད་པར་བྱ་སྟེ་དེའི་ཕྱིར་དུས་དུས་སུ་བསང་བར་བྱ་བ་བསྲད་པར་བྱ་སྤྲུག་པར་བྱའོ་ཞེས་བྱ་བ་སྨྲས་ཏེ། སེར་བུའི་དང་ས་བསང་བ་དང་ཉི་མ་ལ་བསྲང་པ་དང་ཆུ་ལ་སྤགས་པར་བྱ་བའོ། །ཁྱིམ་དུ་བ་ཅན་དང་རྡུལ་ཅན་དུ་བཞག་པར་མི་བྱའོ ་ཞེས་བྱ་བ་ནི། གནས་ཁང་ལ་སོགས་བ་གང་དུ་དུ་བ་འཐུལ་བ་དང་རྡུལ་?་བ་དར་བཞག་བར་མི་བྱ་བའོ། །རྒྱལ་པོའི་ཕོ་བྲང་དུ་བཞག་པར་མི་བྱའོ་ཞེས་བྱ་བ་ཡོང་སྲ་བརྐྱང་དུ་གདིང་བའི་ཆོས་གོས་དེའོ། །དེ་དང་འབྲེལ་བར་མི་བྱའོ་ཞེས་བྱ་བ ་ནི། སྲ་བརྐྱང་འདིངས་བའི་དགེ་སློང་དེ་སྲ་བརྐྱང་བཏིང་བའི་ཆོས་གོས་དེ་དང་མཚམས་ཀྱིས་ཕྱི་རོལ་ཏུ་སྐྱ་རེངས་གིས་མཆོད་པར་འབྲལ་བར་མི་བྱ་བའོ། །ཁྱེར་ཏེ་གཞན་དུ་འགྲོ་བར་མི་བྱ་བའི་ཞེས་བྱ་བ་ནི། དེས་སྲ་བརྐྱང་དུ་གཏིང་བའི་ཆོས་གོས་དེ་ཁྱེར ་ཏེ་མཚམས་ཀྱི་ཕྱི་རོལ་གྱི་གཙུག་ལ་?་གཞན་ན་མ་གྲོང་གཞན་དུ་འགྲོ་བར་མི་བྱ་བའོ། །མི་བཙང་བའི་སྐྱབས་སུ་འཇུག་པར་མི་བྱའོ་ཞེས་བྱ་བ་ནི། དེས་ཆོས་གོས་ད་ཁྱེར་ཏེ་ཕྱི་རོལ་ཆེ་ཆུང་གི་གནས་སུ་འཇུག་པར་མི་བྱ་བའོ། །བླ་གང་མེད་བར་འདུག་པར་མི ་བྱའོ་ཞེས་བ་ཡང། དེ་ཁྱེར་ཏེ་ཞེས་བྱ་བར་སྦྱར་རོ། །སྲ་བརྐྱང་འདོད་པའི་དགེ་སློང་ལས་གཞན་པའི་གང་ཟག་གིས་ཆོས་གོས་དེ་བཞག་པ་དང་བསལ་བ་དང་བཀུར་བར་མ་བྱའོ། །དེ་དག་ནི་སྲ་བརྐྱང་གདིང་བའི་ཆོ་ག་ཡིན་ཏེ། དཔེར་ན ་གོས་གདིང་བ་དང་དྲ་བའི་སྲ་བརྐྱང་སྤང་ལེབ་ཡིན་པ་དང་འདྲ་བར་དབྱར་གནས་བར་ཁས་བླངས་པའི་དགེ་སློང་རྣམས་ཀྱིས་ཕན་ཡོན་དང་རྙེད་པ་འབྱུང་བའི་སྲ་བརྐྱང་ཡང་ཆོས་གོས་འདི་ཡིན་པས། དེའི་ཕྱིར་སྲ་བརྐྱང་དང་འདྲ་བས་སྲ་བརྐྱང་པ་ཞེས་བྱ་སྟེ། དེ་གདིང ་བའི་ཆོ་གི་ན་ཇི་སྐད་བསྟན་པ་དེ་དག་ཡིན་ནོ། །སྲ་བརྐྱང་བཏན་བ་གདིང་བའི་ཆོ་ག་བཤད་ཟིན་ཏོ།། །།ད་ནི་སྲ་བརྐྱང་ད་བྱུང་བའི་ཆོ་ག་བཤད་པར་བྱ་སྟེ་དེའི་ཕྱིར་འབྱུང་བ་ནི་རྣམ་པར་གཉིས་ཏེ། རང་འཇུག་བ་དང་འབྲལ་བ་དང་བཅོས་མའོ་ཞེས ་བྱ་བ་སྨྲས་ཏེ། རང་འཇུག་བ་དང་འབྲལ་བ་ཞེས་བྱ་བ་ནི། བྱེད་རྒྱུ་མེད་པར་རང་ཉིད་འདིངས་པའི་འཇུག་པ་དང་འབྲལ་བའོ་བཅོས་མ་ཞེས་བྱ་བ་ནི། ལ་སོགས་པའི་ཆོ་གས་བློ་མངོན་དུ་བཏང་སྟེ་དབྱུང་པའོ། །རང་འཇུག་པ་དང་དམ་བ་རྣམ་པ་གང་གིས ་འགྲུབ་པར་འགྱུར་ཞེན་དེའི་ཕྱིར། རང་འཇུག་པ་དང་འབྲལ་བ་ནི། སྲ་བརྐྱང་བས་མཚམས་གཞན་དུ་ཕྱིན་པ་དང་བྱིན་གྱིས་བརླབ་པར་བྱེད་པ་མེད་པར་མཚམས་ཀྱི་ནང་དུ་སྐྱ་རེངས་ཤར་བ་དང། དེའི་དཀྱིལ་འཁོར་གྱི་ཁོངས་སུ་གཏོགས་པ་འཆད་པའོ་ཞེS ་བྱ་བ་སྨྲས་ཏེ། རང་འཇུག་པ་དང་འབྲལ་བ་ནི་གནས་སྐབས་གསུམ་པོ་འདི་དག་ལ་འབྱུང་སྟེ། སྲ་བརྐྱང་པས་མཚམས་ཀྱིས་གནས་གཞན་དུ་ཕྱིན་པ་དང། མཚམས་གང་དུ་དེ་བཏིང་བའི་མཚམས་བེར་བྱིན་གྱིས་རློབ་པར་བྱེད་བའི་དགེ་སློང་ཐམས ་ཅད་?་ལུས་པར་མེད་པའི་ཚེ་དེར་སྒྱ་རེངས་ཤར་བ་དང། བྱིན་གྱིས་རློབ་པར་བྱེད་པའི་དགེ་འདུན་གྱི་མཚམས་ཀྱི་དཀྱིལ་འཁོར་གྱི་ཁོངས་སུ་གཏོངས་པ་གང་ཟག་གང་ལ་རྒྱུན་ཅད་པའི་གནས་སྐབས་ནའོ། །དེ་ལ་དང་པོ་གཉིས་ཀྱིས་ནི་དེར་གཏོགས ་བའི་དགེ་འདུན་ཐམས་ཅད་ཀྱི་སྲ་བརྐྱང་བཏིང་བ་རང་འཇུག་པ་དང་བྲལ་བར་འགྱུར་ལ། ཐ་མས་ནི་གང་ཟག་གང་དེའི་དཀྱིལ་འཁོར་གྱིས་ཁོངས་སུ་གཏོགས་པ་རྒྱུན་ཆད་པ་དེ་ཉི་ཚེ་བའི་སྲ་བརྐྱང་བཏིང་བ་རང་འཇུག་པ་དང་འབྲལ་བར་འགྱུར་ཏེ། སྲ་བརྐྱང ་གཏིང་བ་ནི་དབྱར་གྱིས་གནས་ཀྱི་རྗེས་སུ་འཇུག་པ་ཡིན་པའི་ཕྱིར་རོ། །གང་གིས་ཕྱིར་ཇི་ལྟར་སྲ་བརྐྱང་གདིང་བ་དེའི་ཕྱིར་དབྱར་གནས་པའི་གནས་ལས་གཞན་པའི་གནས་སུ་མི་འབྱུང་བདེ་བཞིན་དུ་བྱུང་པ་ཡང་གནས་གཞན་དུ ་གནས་པ་ཉིད་ན་འཇིག་པར་འགྱུར་བ་དེའི་ཕྱིར་སྲ་བརྐྱང་ངེས་མཚམས་གཞན་དུ་ཕྱིན་ན་སྲ་བརྐྱང་དབྱུང་བ་རང་འཇུག་པ་དང་འབྲལ་བར་འགྱུར་རོ། །གང་གིས་ཕྱིར་བྱིན་གྱིས་རློབ་པར་བྱེད་པའི་དགེ་སློང་ཐམས་ཅད་སྲ་བརྐྱང་གཏིང་བའི་གནས་དེ་ནས་བྲལ ་བར་གྱུར་པ་ཉིད་ཡིན་ན། ཇི་ལྟར་སྣམ་སྦྱར་ལ་སོགས་པ་བྱིན་གྱིས་བརླབས་པའི་ཆོས་གོས་གཞན་དག་གི་རྒྱུན་བཅད་པ་ཉིད་དང། མཚམས་ཐ་དད་པ་ན་གནས་པ་ཉིད་དུ་འགྱུར་བདེ་གཞིན་དུ། སྲ་བརྐྱང་འདི་ཡང་རྒྱུན་ཆད་པ་ཉིད་ན་དེ་ལ་འབྲལ་བའི ་སྤང་བ་ཉིད་དུ་འབྱུང་ཞིང། སྤང་བ་ཉིད་དུ་གྱུར་པའི་ཆོས་གོས་ལ་ཇི་ལྟར་སྲ་བརྐྱང་གདིང་བ་ཉིད་མི་འབྱུང་བ་དེ་བཞིན་དུ། འབྱུང་བ་ཡང་འཇིག་པར་འགྱུར་བ་དེའི་ཕྱིར་བྱིན་གྱིས་རློབ་པར་བྱེད་པ་མེད་པར་མཚམས་ཀྱི་ནང་དུ་སྐྱ་རེངས་ཤར་ན་ཡང་སྲ ་བརྐྱང་དབྱུང་བ་རང་འཇུག་པ་དང་བྲལ་བར་འགྱུར་རོ། །གང་གི་ཕྱིར་དགེ་སློང་གང་དབྱར་གནས་པར་ཁས་བླངས་པའི་དགེ་འདུན་གྱིས་དབྱར་གྱི་གནས་དེའི་མཚམས་ཀྱི་དཀྱིལ་འཁོར་གྱི་ཁོངས་སུ་གཏོགས་པ་དེས་དཀྱིལ་འཁོར་དེ་གཏན་གཏོང ་ཞིང་རྒྱུན་གཅོད་པར་བྱེད་པ་དེ་ལ་དགེ་སློང་ལྷག་མ་གཞན་དག་སྲ་བརྐྱང་གཏིང་བ་དེ་ལ་བག་ཡོངས་སུ་གནས་པ་གང་ཡིན་པ་ཉིད་དང། དགེ་སློང་དེ་དག་ལ་སྲ་བརྐྱང་བཏིང་བའི་དེ་ཕན་ཡོན་དད་རྙེད་པའི་གཞིར་གནས་པ་གང་ཡིན་པ་དེ་ཉིད་འཇིག་པར་འགྱུར ་བ་དེའི་ཕྱིར་དེའི་དཀྱིལ་འཁོར་གྱི་ཁོངས་སུ་གཏོགས་པ་བཅད་ན་ཡང་སྲ་བརྐྱང་དབྱུང་བ་རང་འཇུག་པ་དད་འབྲལ་བར་འགྱུར་རོ། །འདི་སྐད་བསྟན་ཏེ། གང་གི་ཕྱིར་དེའི་དཀྱིལ་འཁོར་གྱི་ཁོངས་སུ་གཏོགས་པ་ཆད་པ་ཞེས་བྱ་བའི་གང་ཟག་གཅིག་གི ་སྲ་བརྐྱང་བཏིང་བ་དེ་འཇིག་པར་འགྱུར་བ་དེའི་ཕྱིར་གང་ཟག་གང་དཔྱད?་གནས་པར་ཁས་བླངས་པའི་དགེ་འདུན་གྱི་དབྱར་དེའི་མཚམས་ཀྱིས་དཀྱིལ་འཁོར་ཀྱི་ཁོངས་སུ་གཏོགས་པ་གཏན་གཏང་ཞིང་རྒྱུན་བཅད་པ་དེ་ལ་སྲ་བརྐྱང་དབྱུང་བའི་འཇུག་པ་དང་བྲལ་བར་འགྱུར ་ཏེ་གཏིང་བའི་རྒྱུན་དང་བྲལ་བ་དང་རྗེས་སུ་འཇུག་པ་དང་བྲལ་བར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་སྟེ། ངོ་གཅིག་པའི་དངོས་པོ་ཉིད་མེད་པར་འགྱུར་བའི་ཕྱིར་རོ། །རང་འཇུག་པ་དང་བྲལ་བ་རྣམ་པ་གསུམ་སྨོས་པ་དེ་དག་ལས་དང་པོ་གཉིས་ཀྱིས་མཚན་ཉིད་ནི་རྒྱས ་པར་བཤད་ཟིན་ན། དེའི་དཀྱིལ་འཁོར་གྱི་ཁོངས་སུ་གཏོགས་པ་ཆད་པ་ཞེས་སྨོས་པ་དེ་རྣམ་པ་གང་གིས་དུས་གང་གིས་ཚེ་ན་དེའི་དཀྱིལ་འཁོར་གྱི་ཁོངས་སུ་གཏོགས་པ་ཆད་པར་འགྱུར་བ་དེ་མ་བསྟན་པས་དེའི་ཕྱིར་དེ། བྱེ་བྲག་ཏུ་གཏོགས་པར་བྱ་པའི་ཕྱིར ་འདིར་སྐབས་གཞན་བསྟན་པར་བྱ་སྟེ། དེའི་ཕྱིར་མ་ལྟ་བུའི་ཚིག་དྲུག་སྟེ། སྦྱོར་བས་འགྲོ་བ་དང། ངེས་པར་བྱེད་པ་དང། མཐར་ཐུག་པར་འགྱུར་བ་དང། ཞིག་པར་འགྱུར་བ་དང། བསམ་པའི་རྒྱུན་ཆད་པ་དང། མཚམས་ལས་འདའ་བའ་ཨོ་ཞེས་བྱ་བ་སྨྲས་སོ།། ་དེ་དག་ནི་དེའི་དཀྱིལ་འཁོར་གྱི་ཁོངས་སུ་གཏོགས་པ་ཆད་པ་ཞེས་བྱ་བ་དེའི་བྱེ་བྲག་ཏུ་བཤད་པར་གྱུར་པ་དག་ཡིན་ཏེ། ཚིག་དེ་དག་ནི་དེའི་དཀྱིལ་འཁོར་གྱི་ཁོངས་སུ་གཏོགས་པ་ཆད་པའི་གང་ཟག་དེའི་སྲ་བརྐྱང་དབྱུང་བ་རང་འཇུག་པ་དང། འབྲལ་བར ་འགྱུར་བ་དག་གིས་མ་དང་འདྲ་ཞིང་མའི་གནས་ལྟ་བུ་དག་ཡིན་པས་དེའི་ཕྱིར་མ་ལྟ་བུའི་ཚིག་དྲུག་ཅེས་བྱ་སྟེ། སྦྱོར་བས་འགྲོ་བ་ལ་སོགས་པ་དྲུག་པོ་དག་བྱུང་བ་ནི་དེའི་དཀྱིལ་འཁོར་གྱི་ཀོངས་སུ་གཏོགས་པ་འཆད་པ་དེ་ཡང་འབྱུང་པའི་ཕྱིར་རོ། །དེ་ལ་སྦྱོར་བS ་འགྲོ་བ་ཞེས་བྱ་བ་ནི། སྦྱོར་བ་ངེས་པས་མཚམས་ལས་འདའ་ཞིང་འགྲོ་བའོ། །ངེས་པར་བྱེད་པ་ཞེས་བྱ་བ་ནི། མཚམས་ཀྱི་ཕྱི་རོལ་ཏུ་ངེས་པ་སྐྱེད་པར་བྱེད་པའོ། །མཐར་ཐུག་པར་གྱུར་པ་ཞེས་བྱ་བ་ནི། ཆོས་གོས་བརྩམས་བ་ཟིན་པར་བྱས་པའོ། ། ་ཞིག་པར་གྱུར་བ་ཞེས་བྱ་བ་ནི། ཆོས་གོས་བརྩམས་པ་མ་ཟིན་སྐབས་སུ་རྐྱེན་འགའ་ཞིག་གིས་རྒྱུན་ཆད་པར་གྱུར་པའོ་།བསམ་པའི་རྒྱུན་ཆད་པ་ཞེས་བྱ་བ་ནི། ཆོས་གོས་ལས་རེ་བ་བྱུང་བ་རྒྱུན་ཆད་པར་གྱུར་པའོ། །མཚམས ་ལས་འདའ་བ་ཞེས་བྱ་བ་ནི། ཐེ་ཙོམ་ཟ་བའི་སྦྱོར་བས་མཚམས་ལས་འདའ་བྱེད་པའོ། །དེ་དག་གིས་དེའི་དཀྱིལ་འཁོར་གྱིས་ཁོངས་སུ་གཏོགས་པ་དེ་ཇི་ལྟར་ཆད་པར་བརྗོད་པར་བྱ་ཞེ་ན། དེའི་ཕྱིར། དེ་ལ་དེའོ་ཞེས་བྱ་བ་སྨྲས་ཏེ། གང་ཟག་སྦྱོར་པས ་འགྲོ་བ་ལ་སོགས་པ་རང་འཇུག་པ་དང་བྲལ་བའི་རྒྱུ་ཀུན་ཏུ་སྤྱོད་པ་དེ་ལ་དེའི་དཀྱིལ་འཁོར་གྱི་ཁོངས་སུ་གཏོགས་བ་ཆད་པ་དེ་རྣམ་པར་བཞག་གི་དགེ་འདུན་ཐམས་ཅད་ལ་ནི་དེ་རྣམ་པར་མི་བཞག་སྟེ། ཇི་ལྟར་སྲ་བརྐྱང་བས་མཚམས་གཞན་དུ ་ཕྱིན་པ་དང་བྱིན་གྱིས་རློབ་པར་བྱེད་པ་མེད་པར་མཚམས་ཀྱི་ནང་དུ་སྐྱ་རེངས་ཤར་བ་ཞེས་བྱ་བ་སྔར་བསྟན་པ་གཉིས་ཀྱིས་དགེ་འདུན་ཐམས་ཅད་ལ་སྲ་བརྐྱང་དབྱུང་བར་དང་འཇུག་པ་དང་བྲལ་བར་འགྱུར་བ་དེ་ལྟར་འདིས་ནི་མི་འགྱུར་བའོ། །འདི་སྐད ་བསྟན་ཏེ། གང་ཟག་གང་ལ་དེའི་དཀྱིལ་འཁོར་གྱི་ཁོངས་སུ་གཏོགས་པ་ཆད་པར་གྱུར་པ་དེ་ཉིད་ལ་སྲ་བརྐྱང་འགྱུང་བར་ངང་འཇུག་པ་དང་བྲལ་བར་འགྱུར་ཏེ། དེ་ཉིད་ཀྱི་སྲ་བརྐྱང་གཏིང་བ་ལས་གྱུར་པའི་རྙེད་པ་དད་ཕན་ཡོན་དག་ལྡོག་པར་འགྱུར་གྱི། ་དག་དགེ་འདུན་གཞན་གྱིས་ནི་ལྡོག་པར་མི་འགྱུར་རོ། །དེ་ལྟར་ན་མ་ལྟ་བུའི་ཚིག་དྲུག་པོ་དེ་དག་གིས་དེའི་དཀྱིལ་འཁོར་གྱི་ཁོངས་སུ་གཏོགས་བ་དེ་ཆད་བར་འགྱུར་བ་དེ་བསྟན་ཏོ། །དུས་གང་གིས་ཆོམ?་ལྟ་བུའི་ཚིག་དྲུག་པོ་དེ་དག་གིས་དེའི་དཀྱིལ ་འཁོར་གྱི་ཁོངས་སུ་གཏོགས་པ་དེ་ཆད་པར་འགྱུར་ཞེ་ན་དེའི་ཕྱིར། མཚམས་ལས་འདས་པ་ན་དེ་འགྲུབ་པོ་ཞེས་བྱ་བ་སྨྲས་ཏེ། དེའི་དཀྱིལ་འཁོར་གྱི་ཁོངས་སུ་གཏོགས་པའི་མཚམས་ལས་འདས་པ་ན་དེ་མཆད་པ་དེ་འགྲུབ་པོ། ཅི་གང་ཡང་རུང ་བས་མཚམས་ལས་འདས་པ་ན་འམ་ཞེ་ན། མ་ཡིན་ཏེ་དེའི་ཕྱིར་ཕྱིར་མི་འོང་བའི་སེམས་ཀྱིས་སོ་ཞེས་བྱ་བ་སྨྲས་ཏེ། དབྱར་གནས་པར་ཁས་བླངས་པའོ་དགེ་འདུན་གྱི་མཚམས་ཀྱི་དཀྱིལ་འཁོར་གང་ན་སྲ་བརྐྱང་གཏིང་བའི་ཆོས་གོས་འདུག་པ་དེར ་ཕྱིར་མི་འོང་བར་ད་མ་བཅས་པའི་སེམས་ཀྱིས་མཚམས་ལས་འདས་ཏེ་འགྲོ་ན་དེའི་ཚེ་དེའི་དཀྱིལ་འཁོར་གྱི་ཁོངས་སུ་གཏོགས་པ་དེ་ཆད་པས་འགྱུར་ཏེ། འདིས་ནི་སྦྱོར་བས་འགྲོ་བདེའི་དཀྱིལ་འཁོར་གྱི་ཁོངས་སུ་གཏོགས་པ་ཆད་པ་བསྟན་ཏོ། །ཅི་སྦྱོར་བས ་འགྲོ་བ་འབའ་ཞིག་གིས་དེ་ཆད་པར་ཟད་དམ་ཞེ་ན་མ་ཡིན་ཏེ་དེའི་ཕྱིར། མཚམས་ཀྱི་ཕྱི་རོལ་ཏུ་དེ་སྐྱེས་ན་ཡང་ངོ་ཞེས་བྱ་བ་སྨྲས་ཏེ། མཚམས་ཀྱི་ནང་ནས་འགྲོ་བའི་ཚེ་ན་ཕྱིར་མི་འོང་བའི་སེམས་མ་སྐྱེས་སུ་ཟིན་ཀྱང་མཚམས་ཀྱི་ཕྱི་རོལ་ཏུ་སོན ་པ་དེ་ཉིད་ན་ཕྱིར་མི་འོང་བར་ངས་པའི་སེམས་དེ་སྐྱེས་ན་ཡང་།དེའི་ཚེ་དེའི་དཀྱིལ་འཁོར་གྱི་ཁོངས་སུ་གཏོགས་པ་དེ་ཆད་པར་འགྱུར་ཏེ། འདིས་ནི་ངེས་པར་བྱེད་བས་དེའི་དཀྱིལ་འཁོར་གྱིས་ཁོངས་སུ་གཏོགས་པར་ཆད་པར་བསྟན་ཏོ། །ཅི་བྱེ་བྲག་མེད་པ་ཁོ ་ནས་མཚམས་ལས་འདས་པའི་དུས་དང། མཚམས་ཀྱི་ཕྱི་རོལ་ཏུ་ཕྱིར་མི་འོང་བའི་སེམས་སྐྱེས་པན་དེ་ཆད་པར་འགྱུར་བ་ཞེ་ན་མ་ཡིན་ཏེ། དེའི་ཕྱིར་ཚེས་གོས་བྱ་བའི་བསམ་པས་རྗེས་སུ་འབྲེལ་པ་མེད་ན་དེའི་ཚེ་ཉིད་ནའོ་ཞེས་བྱ་བ་སྨྲས་ཏེ། ཆོས་གོས་བྱའོ ་སྙམ་དུ་སེམས་པའི་ཆོས་གོས་བྱ་བའི་བསམ་པ་གང་ཡིན་པ་ངེས། དེར་རོ་གཅིག་པ་ཉིད་ཀྱི་རྗེས་སུ་འབྲེལ་བ་ཞེས་བྱ་བ་རྗེས་སུ་འཇུག་པ་ཉིད་དང་རྗེས་སུ་སོང་བ་ཉིད་གང་ཡིན་པའི་རྗེས་སུ་འབྲེལ་བ་དེ་མེད་ན། མཚམས་ལས་འདས་ཤིང་ཕྱིར་མི་འོང་བའི ་སེམས་སྐྱེས་པའི་དུས་དེའི་ཚེ་ཉིད་ན་དེའི་དཀྱིལ་འཁོར་གྱི་ཁོངས་སུ་གཏོགས་པ་དེ་ཆད་པར་འགྱུར་ཏེ། འདིས་ནི་སྦྱོར་བས་འགྲོ་བ་དང་ངེས་པར་བྱེད་པ་དེ་གཉིས་ཀྱི་བ་བྱེ་བྲག་གི་དེ་གནས་སྐབས་བསྟན་ཏོ། །ཅི་ཆོས་གོས་བྱ་བའི་བསམ་བས་རྫས་སུ་འབྲེལ ་པ་མེད་པ་འབའ་ཞིག་གིས་དེའི་ཚེ་ཆད་པར་འགྱུར་བར་ཟད་དམ་ཞེ་ན་མ་ཡིན་ནོ། །དེའི་ཕྱིར་ཡོད་ན་བྱེད་པར་འགྱུར་བ་ཉིད་ཆད་ནའོ་ཞེས་བྱ་བ་སྨྲས་ཏེ། གལ་ཏེ་ཆོས་གོས་བྱ་བའི་བསམ་པས་རྗེས་སུ་འབྲལ་པ་ཡོད་ན་ནི་དེའི་ཚེ ་དཀྱིལ་འཁོར་གྱི་ཁོངས་སུ་གཏོགས་པ་དེ་ཆད་པར་མི་འགྱུར་ཏེ། གང་གི་ཚེ་ཆོས་གོས་བྱེད་པར་འགྱུར་བ་ཉིད་རྒྱུན་ཆད་པར་འགྱུར་བ་དེ་ཉིད་ཀྱི་ཚེ་དེའི་དཀྱིལ་འཁོར་གྱི་ཁོངས་སུ་གཏོགས་པ་དེ་ཡང་ཆད་པར་འགྱུར་ཏེ། འདིས་ཀྱང་སྦྱོར་བས་འགྲོ་བ་དང ་ངེས་པར་བྱེད་པ་དེ་གཉིས་ཀྱི་བྱེ་བྲག་གིས་གནས་སྐབས་གཞན་བསྟན་ཏོ། །ཅི་མཚམས་ལས་འདས་པའི་དུས་དང་མཚམས་ཀྱི་ཕྱི་རོལ་ཏུ་ཆོས་གོས་བྱ་བའི་བསམ་པས་རྗེས་སུ་འབྲེལ་བ་མེད་པ་འབའ་ཞིག་གིས་དེ་ཆད་པར་འགྱུར་བར་ཟད་དམ་ཞེ་ན ་མ་ཡིན་ཏེ་དེའི་ཕྱིར། ཕྱིར་འོངས་ན་ཡང་ངོ་ཞེས་བྱ་བ་སྨྲས་ཏེ། སྲ་བརྐྱང་གཏིང་བའི་མཚམས་སུ་ཕྱིར་འོངS་ན་ཡང་ཆོས་གོས་བྱེད་པར་འགྱུར་བའི་བསམ་པས་རྗེས་སུ་འབྲེལ་པ་ཉིད་ཆད་པར་གྱུར་ན་དེའི་ཚེ་ཡང་དེའི་དཀྱིལ་འཁོར་གྱི་ཁོངས་སུ་གཏོགས ་པ་དེ་ཆད་པར་འགྱུར་ཏེ། གང་ཟག་དེ་ཉི་ཚེ་ལ་སྲ་བརྐྱང་དབྱུང་བ་རང་འཇུག་པ་དང་འབྲལ་བར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། འདིས་ཀྱང་སྦྱོར་བས་འགྲོ་བ་དང་ངེས་པར་བྱེད་པ་དེ་གཉིས་ཀྱི་བྱེ་བྲག་གི་གནས་སྐབས་གཞན་བསྟན་ཏོ། །བྱེད་པར ་འགྱུར་བ་ཉིད་ཆད་ནའོ་ཞེས་གང་སྨོས་པ་དེ་ལ་བྱེད་པར་འགྱུར་བ་ཉིད་ཆད་པའི་གནས་སྐབས་དུ་ཡོད་ཅེ་ན། དེའི་ཕྱིར་བྱེད་པར་འགྱུར་བའི་མཐར་ཐུག་པ་དང་བརྩམས་པ་ཞིག་པ་དང་བསམ་པའི་རྒྱུན་ཆད་པ་གསུམ་ལ་དེ་གནས་སོ་ཞེས་བྱ་བ་སྨྲས་ཏེ། ་ཆོས་གོས་བྱའོ་སྙམ་དུ་བསམས་པ་གང་ཡིན་པ་དེ་མཐར་ཐུག་པར་གྱུར་བ་དང། བརྩམས་པ་ཞིག་པར་གྱུར་པ་དང། བསམ་པའི་རྒྱུན་ཆད་པར་གྱུར་པ་ཞེས་བྱ་བ་དེ་གསུམ་གྱི་གནས་སྐབས་ལ་བྱེད་པར་འགྱུར་བ་ཆད་པ་དེ་གནས་པར་སྦྱར་རོ། །འདི་སྐད ་བསྟན་ཏེ། ཆོས་གོས་བྱེད་པར་འདོད་པ་དེ་མཐར་ཐུག་པར་གྱུར་བའི་དུས་དང། དེ་བརྩམས་པ་ཞིག་པར་གྱུར་པའི་དུས་དང། དེའི་བྱ་བའི་བསམ་བ་རྒྱུན་ཆད་པར་གྱུར་པའི་དུས་ན་ཡང་བྱེད་པར་འགྱུར་བ་ཞེས་བྱ་བ་དེ་རྒྱུན་ཆད་པར་རིག་པར་བྱའོ། །དེ་ལྟ་བས་ན་ཕྱིར ་མི་འོང་བའི་སེམས་ཀྱིས་མཚམས་ལས་འདའ་ཞིག་འགྲོ་བ་འམ། མཚམས་ཀྱིས་ཕྱི་རོལ་ཏུ་ཕྱིར་མི་འོང་བའི་སེམས་སྐྱེས་པའི་གང་ཟག་ཆོས་གོས་བྱེད་བར་འགྱུར་བ་ཉིད་མཐར་ཐུག་པར་འགྱུར་བ་འམ། བརྩམས་པ་ཞིག་པར་གྱུར་པ་ཨའ་མ། བྱ་བའི ་བསམ་པ་རྒྱུན་ཆད་པར་གྱུར་པ་གང་ཡིན་པ་དེ་ནི་དེའི་དཀྱིལ་འཁོར་གྱི་ཁོངས་སུ་གཏོགས་པ་ཆད་པ་ཡིན་པས། དེ་ལ་སྲ་བརྐྱང་དབྱུང་བ་རང་འཇུག་པ་དང་འབྲལ་བར་འགྱུར་རོ། །འདིས་ནི་མཐར་ཐུག་པར་གྱུར་པ་དང། ཞིག་པར་གྱུར་པ་དང། བསམ ་པའི་རྒྱུན་ཆད་པས་དེའི་དཀྱིལ་འཁོར་གྱི་ཁོངས་སུ་གཏོགས་པ་ཆད་པ་བསྟན་ཏོ། །ཅི་ངེས་པར་གྱུར་པས་དེའི་དཀྱིལ་འཁོར་གྱི་ཁོངས་སུ་གཏོགས་པ་ཆད་པར་འགྱུར་བར་ཟད་དམ་ཞེ་ན་མ་ཡིན་ཏེ་དེའི་ཕྱིར་ཡིད་གཉིས་ནི་ངེས་པར་འབྱིན་པར་བྱེད་པ་དང་འདྲའོ ་ཞེས་བྱ་བ་སྨྲས་ཏེ། ཕྱིར་མི་འོང་བའི་སེམས་ཀྱིས་མཚམས་ལས་འདའ་ཞིང་འགྲོ་བ་དང་མཚམས་ཀྱི་ཕྱི་རོལ་ཏུ་ཡིད་གཉིས་ཟ་བས་ཀྱང་དེའི་དཀྱིལ་འཁོར་གྱིས་ཁོངས་སུ་གཏོགས་པ་ཆད་ཅིང་སྲ་བརྐྱང་དབྱུང་བ་རང་འཇུག་པ་དང་འབྲལ་བར་འགྱུར ་པ་སྟེ། ཅི་ཕྱིར་འོང་པར་བྱ་འམ་འོན་ཏེ་ཕྱིར་འོང་བར་མི་བྱ་སྙམ་པ་དེ་ལྟ་བུའི་སེམས་གཅིག་ཏུ་མ་ངེས་པས་མཚམས་ལས་འདའ་ཞིང་འགྲོ་བ་དང། མཚམས་ཀྱི་ཕྱི་རོལ་ཏུ་སོན་པ་ན་དེ་ལྟ་བུའི་སྐྱེས་པས་གྱང་དེའི་དཀྱིལ་འཁོར་གྱི་ཁོངས་སུ་གཏོགས ་པ་ཆད་ཅིང་གང་ཟག་དེའི་སྲ་བརྐྱང་དབྱུང་བ་རང་འཇུག་བ་དང་འབྲལ་བར་འགྱུར་རོ། །འདིར་གཞུང་ནི་མཚམས་ཀྱི་ཕྱི་རོལ་ཏུ་འགྲོ་བ་ན་དེ་འདི་སྙམ་དུ་ཅི་ཕྱིར་འོང་བར་བྱ་ཞིང་ཆོས་གོས་བྱ་འམ། འོན་ཏེ་ཕྱིར་འོང་པར་མི་བྱ་ཞིང་ཆོས་གོས་མ་བྱ་སྙམ ་དུ་སེམས་པས་མཚམས་ལས་འདའ་བར་བྱེད་ན་དེའི་སྲ་བརྐྱང་དབྱུང་བ་རང་འཇུག་པ་དང་བྲལ་བ་ནི་མཚམས་ལས་འདའ་བའ་ཨི་མཛའ་ལས་བྱུང་བ་ཡིན་ནོ་ཞེས་གསུངས་པ་ཡིན་ཏེ། འདིས་ནི་མཚམམས་ལས་འདའ་པས་དེའི་དཀྱིལ་འཁོར ་གྱིས་ཁོངས་སུ་གཏོགས་པ་ཆད་པ་བསྟན་ཏོ། །མ་ལྟ་བུའི་ཚིག་དྲུག་པོ་མདོ་དང་སྦྱར་བའི་གནས་སྐབས་བསྟན་ནས། ད་ནི་ཚིག་དྲུག་པ་དེ་དག་གིས་དེའི་དཀྱིལ་འཁོར་གྱི་ཁོངས་སུ་གཏོགས་པ་ཆད་པར་འགྱུར་ཞེས་སྲ་བརྐྱང་དབྱུང་བ་རང་འཇུག་པ་དང་བྲལ ་བར་འགྱུར་བ་ལུང་གིས་ཚིག་དང་སྦྱར་བས་བསྒྲུབ་པར་བྱ་སྟེ། དེ་ལ་ཆོས་གོས་བྱ་བའི་བསམ་པ་མེད་པ་དང་ཕྱིར་འོང་བའི་སེམས་མེད་པས་མཚམས་ལས་འདས་ན་ནི་དེའི་སྲ་བརྐྱང་དབྱུང་བ་རང་འཇུག་པ་དང་བྲལ་བ་དེ་བྱུང་བས་འགྲོ་པའི་མཛའ་ལས ་བྱུང་བ་ཡིན་ནོ། །མཚམས་ཀྱི་ཕྱི་རོལ་ཏུ་སོན་པ་ན་ཕྱིར་མི་འང་བའི་སེམས་སྐྱེས་སམ་ཕྱིར་འོང་བ་ལ་ཐེ་ཚོམ་ཟ་བའི་སེམས་སྐྱེས་ཤིང་ཆོས་གོས་བྱ་བའི་བས་མ་པས་རྗེས་སུ་འབྲེལ་པ་མེད་པར་གྱུར་ན་ནི། དེའི་སྲ་བརྐྱང་དབྱུང་བ་རང་འཇུག་པ་དང་བྲལ་བདེ ་ངེས་པར་བྱེད་པའི་མཛའ་ལས་བྱུང་བ་ཡིན་ནོ། །ཆོས་གོས་བྱ་བའི་བསམ་པས་རྗེས་སུ་འབྲེལ་པ་ཡང་ཅིང་ཕྱིར་མི་འོང་བའི་སེམས་ཀྱིས་སམ་ཐེ་ཙོམ་ཟ་བའི་སེམས་ཀྱིས་འགྲོ་བར་བྱེད་པ་དང་མཚམས་ཀྱི་ཕྱི་རོལ་ཏུ་སོན་ཕན་ཆོས་གོས་བྱ་བཱི ་བསམ་པས་རྗེས་སུ་འབྲེལ་པ་ཡོད་ཅིང་ཕྱིར་མི་འོང་བའི་སེམས་སམ་ཐེ་ཚོམ་ཟ་བའི་སེམས་སྐྱེས་པ་ལ་ནི་གལ་ཏེ་མཐར་ཐུག་པར་གྱུར་པས་ཆོས་གོས་བྱེད་པར་གྱུར་པ་ཉིད་ཆད་པར་གྱུར་ན་ནི་དེའི་སྲ་བརྐྱང་དབྱུང་བ་རང་འཇུག་པ་དང་བྲལ་བདེ་མཐར་ཐུག ་པར་གྱུར་པའི་མཛའ་ལས་བྱུང་བ་ཡིན་ནོ། །གལ་ཏེ་བརྩམས་པར་ཞིག་པར་གྱུར་པས་ཆོས་གོས་བྱེད་པར་འགྱུར་བ་ཉིད་ཆད་པར་གྱུར་ན་ནི། དེའི་སྲ་བརྐྱང་དབྱུང་པར་འཇུག་པ་དང་བྲལ་བ་དེ་ཞིག་པར་གྱུར་པའི་མཛའ་ལས་བྱུང་བ་ཡིན་ནོ། ། ་གལ་ཏེ་བསམ་པའི་རྒྱུན་ཆད་པས་ཆོས་གོས་བྱེད་པར་འགྱུར་བ་ཉིད་ཆད་པར་གྱུར་ན་ནི། དེའི་སྲ་བརྐྱང་དབྱུང་བ་རང་འཇུག་པ་དང་བྲལ་བ་དེ་བསམ་པའི་རྒྱུན་ཆད་པའི་མཛའ་ལས་བྱུང་བ་ཡིན་ནོ། །ཆོས་གོས་བྱ་བའི་བསམ་པ་ལ་ཐེ་ཚོམ་ཟ་ཞིང་ཕྱིར་མ་འོང་བའི ་སེམས་ཀྱིས་སམ་ཕྱིར་འོང་བ་ལ་ཐེ་ཚོམ་ཟ་བའི་སེམས་ཀྱིས་མཚམས་ལས་འདས་པ་དང་ཆོས་གིས་བྱ་བའི་བསམ་པ་མེད་ཅིང་ཕྱིར་མི་འོང་བའི་སེམས་ཀྱིས་སམ་ཕྱིར་འོང་བ་ལ་ཐེ་ཚོམ་ཟ་པའི་སེམས་ཀྱིས་མཚམས་ལས་འདས་ན་ནི། དེའི་སྲ་བརྐྱང ་དབྱུང་བ་རང་འཇུག་པ་དང་བྲལ་བ་དེ་མཚམས་ལས་འདའ་བའ་ཨི་མཛའ་ལས་བྱུང་བ་ཡིན་ནོ། །སྲ་བརྐྱང་དབྱུང་བ་རང་འཇུག་པ་དང་བྲལ་བ་བཤད་ཟིན་ཏེ། །ད་ནི་བྱ་བ་དེས་པའི་སྒོ་ནས་བཅོས་མ་བརྗོད་པར་བྱ་སྟེ། དེའི་ཕྱིར་ལས་ལམ་གཞན་པའི ་བྱ་བ་རྗེས་སུ་བསྒྲུབ་པར་མི་བྱའོ་ཞེས་བྱ་བ་ནི། ལས་ཞེས་བྱ་བ་ནི། གསོལ་བ་དང་བཞིའི་ལས་འོག་ནས་འབྱུང་བ་སྟེ། དེ་ལས་གཞན་པ་སྦྱོར་བས་འགྲོ་བ་ལ་སོགས་པ་རྗེས་སུ་བསྒྲུབ་པར་མི་བྱའོ། །འདི་སྐད་བསྟན་ཏེ་ལས་ཀྱིས་མཚན་ཉིད་ཀྱི་བྱ་བ ་མ་གཏོགས་པ་བྱ་བ་གཞན་གྱིས་སྲ་བརྐྱང་དབྱུང་བ་བཅོས་མ་མི་བྱ་བ་སྟེ། འདི་ལྟར་སེམས་བསྐྱེད་པས་ཀྱང་དབྱུང་བ་འགྲུབ་པའི་ཕྱིར་རོ། །འདིར་སེམས་བསྐྱེད་པ་ཞེས་བྱ་བ་ནི་བདག་ལ་སྲ་བརྐྱང་མི་དགོས་སོ་སྙམ་དུ་བལྟོས་པ་མེད་པའི་སེམས ་བསྐྱེད་པའོ། །དེའི་དུས་ནི་དཔྱིད་ཟླ་ར་བ་ཉའོ་ཞེས་བྱ་བ་ནི། སྲ་བརྐྱང་དབྱུང་བའི་ཕྱིར་ལས་བྱ་བ་དེའི་དུས་ནི་དཔྱིད་ཟླ་ར་བ་ཉ་སྟེ་དེའི་དུས་སུ་དེ་བྱའོ། །མོད་ལའོ་ཞེས་བྱ་བ་ནི། ལོ་གཉིས་ལ་སོགས་པ་དང་འབྲེལ་པའི་དཔྱིད་ཟླ་ར་བ་ཉར་ཐལ་བར ་འགྱུར་བར་སྩལ་བའི་ཕྱིར་ཚིག་འདི་སྨོས་ཏེ། དབྱར་དེ་ཉིད་ཀྱིས་བར་དུ་མཆོད་པའི་མོད་ལ་འབྱུང་བའི་དཔྱིད་ཟླ་ར་བ་ཉ་ཁོ་ན་ལ་སྲ་བརྐྱང་དབྱུང་བར་བྱ་བའོ། །དུས་དེའི་མདུན་རོལ་ཏུ་སྲ་བརྐྱང་འདིང་པའི་དགེ་སློང་གིས་དེར་གཏོགས་པའི་དགེ་འདུན ་ཐམས་ཅད་ལ་སངས་བརྒྱད་འབྱིན་པར་འགྱུར་གྱིས་ཁྱེད་ཅག་གིས་རང་གིས་ཆོས་གོས་དག་བྱིན་གྱིས་བརླབ་པོར་བྱའོ་ཞེས་བརྗོད་པར་བྱའོ། །དཔྱིང་ཟླ་ར་བ་ཉ?་ལ་གསོ་སྦྱོང་བྱས་པའི་རྗེས་ལ་གསོལ་བ་དང་གཞིའི་ལས་ཀྱིས་སྲ་བརྐྱང ་དབྱུང་བར་བྱ་སྟེ། འདིའི་སྔགས་ནི། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། འདི་ལྟར་གནས་འདིར་དགེ་སློང་གི་དཔེ་འདུན་གྱིས་སྲ་བརྐྱང་བཏིང་བ་ལས། དེའི་རྗེས་སུ་འཇུག་པའི་དུས་ཚེས་བཅོ་ལྔ་ལགས་ཏེ་གལ་ཏེ་དགེ་འདུན་གྱིས་དུས་ལ་བབ་ཅིང ་བཟོད་ན། དགེ་འདུན་གྱི་གནང་བར་མཛོད་ཅིག་དང་དགེ་འདུན་གྱིས་སྲ་བརྐྱང་འབྱིན་པར་མཛད་དོ། །འདི་ནི་གསོལ་བའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། །འདི་ལྟར་གནས་འདིར་དགེ་སློང་གི་དགེ་འདུན་གྱིས་སྲ་བརྐྱང་གཏིང་བ་ལས་དེའི ་རྗེས་སུ་འཇུག་པའི་དུས་ཚེས་བཅོ་ལྔ་ལགས་ཏེ། དེའི་སླད་དུ་དགེ་འདུན་གྱིས་སྲ་བརྐྱང་འབྱིན་ན་སྲ་བརྐྱང་འབྱིན་པར་ཚེ་དང་ལྡན་པ་གང་དག་བཟོད་པ་དེ་དག་ནི་ཅང་མ་གསུངས་ཤིག། གང་དག་མི་བཟོང་པ་དེ་དག་ནི་གསུངས་ཤིག། ལན་གསུམ་བཟླས། ་དགེ་འདུན་གྱིས་བཟོད་ཅིང་གནང་ནས་དགེ་འདུན་གྱིས་སྲ་བརྐྱང་ཕྱུང་ལགས་ཏེ། འདི་ལྟར་ཅང་མི་གསུངས་པས་དེ་དེ་བཞིན་དུ་འཛིན་ཏོ་ཞེས་གསུངས་པ་ཡིན་ནོ། །བཅོམ་པའི་དོན་ཉིད་དུ་ནི་སྔར་ཡང་ངོ་ཞེས་བྱ་བ་ནི། དེ་དུས་ཡིན་ནོ་ཞེས་བྱ་བར་སྤྱར་ཏེ། ་དགེ་སློང་ཆོམ་རྐུན་གྱིས་བཅོམ་པ་ངག་གི་དོན་དུ་ནི་དབྱིང་ཟླ་ར་བ་ཉ་བས་སྔར་ཡང་དབྱུང་བའི་དུས་ཡིན་ཏེ། དེའི་དོན་དུ་ཡང་ཟླ་བ་ཉ་ཤིའི་གསོ་སྦྱོང་གི་དུས་གཅིག་དང་སྦྱར་ཏེ། སྔར་གསོ་སྦྱོང་བྱས་ལ་དེའི་མོང་ལ་གསོལ་བ་དང་བཞིའི་ལས་ཀྱིས་དབྱུང ་བར་བྱའོ། །འདིའི་སྔགས་ནི་དགེ་འདུན་བཛུན་པ་རྣམས་གསན་དུ་གསོལ། འདི་ལྟར་གནས་འདིར་དགེ་སློང་གི་དགེ་འདུན་གྱིས་སྲ་བརྐྱང་གཏིང་བ་ལས་ཆོམ་རྐུན་གྱིས་བཅོམ་པའི་དགེ་སློང་རྣམས་ལྷགས་ན། གལ་ཏེ་དགེ་འདུན་གྱིས་དུས་ལ་བབ་ཅིང ་བཟོད་ན། དགེ་འདུན་གྱི་གནང་བར་མཛོད་ཅིག་དང། ཆོམ་རྐུན་གྱིས་བཅོམ་པའི་དགེ་སློང་རྣམས་ལ་བརྟེན་ཏེ་དགེ་འདུན་སྲ་བརྐྱང་འབྱིན་པ་མཛད་དོ། །འདི་ནི་གསོལ་བའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། །འདི་ལྟར་གནས་འདིར་དགེ་སློང་གི་དགེ ་འདུན་གྱི་སྲ་བརྐྱང་གཏིང་བ་ལས་ཆོམ་རྐུན་གྱིས་བཅོམ་པའི་དགེ་སློང་རྣམས་ལྷགས་ཏེ། དེའི་སླད་དུ་ཆོམ་རྐུན་གྱིས་བཅོམ་པའི་དགེ་སློང་རྣམས་ལ་བརྟེན་ནས་དགེ་འདུན་གྱི་སྲ་བརྐྱང་འབྱིན་པ་མཛད་ན། ཆོམ་རྐུན་གྱིས་བཅོམ་པའི་དགེ་སློང་རྣམས་ལ་བརྟེན་ཏེ ་སྲ་བརྐྱང་འབྱིན་པར་ཚེ་དང་ལྡན་པ་གང་དག་བརྗོད་པ་དེ་དག་ནི་ཅང་མ་གསུངས་ཤིག། གང་དག་མི་བཟོད་པ་དེ་དག་ནི་གསུངས་ཤིག། ལན་གསུམ་དུ་བཟླས་།དགེ་འདུན་གྱིས་བཟོད་ཅིང་གནང་ནས་ཆོམ་རྐུན་གྱིས་བཅོམ་པའི་དགེ་སློང་རྣམས་ལ་བརྟེན་ནས་དགེ་འདུན་གྱི ་སྲ་བརྐྱང་ཕྱུང་ལགས་ཏ། འདི་ལྟར་ཅང་མི་གསུངས་བ་དེ་དེ་བཞིན་དུ་འཛིན་ཏོ་ཞེས་གསུངས་པ་ཡིན་ནོ། །དེ་ཉམས་སུ་མྱོན་གབ་དང་ལྡན་པ་ལ་ནི་མ་ཐོས་ཀྱི་བར་དུ་ཕན་ཡོན་རྗེས་སུ་འཇུག་གོ་ཞེས་བྱ་བ་ནི། གང་གིས་སྔར་དུས་མ་ཡིན་པ་དེས་སྲ་བརྐྱང་དབྱུང་བ་ཉམS ་སུམ་མྱོང་པ་དང་ལྡན་པ་དེ་ལ་ནི་ཇི་སྲིད་དུ་སྲ་བརྐྱང་ཕྱུད་བ་དེ་མ་ཐོས་ཀྱི་བར་དུ་མཚམས་ཀྱི་ནང་དམ་ཕྱི་རོལ་ན་འདུག་ཀྱང་རུང་སྟེ། སྲ་བརྐྱང་བཏིང་བ་དེའི་ཕན་ཡོན་རྗེས་སུ་འཇུག་ཅིང་ཡོད་དོ། །ནམ་ཐོས་པའི་ཚེ་ན་ནི་དེའི་ཕན་ཡོན་ལྡོག་ཅིང་མེད་པར་འགྱུར་རོ། ། ་འདི་ནི་སྲ་བརྐྱང་དབྱུང་བའི་ཆོས་པའི་མཛའ་ལས་བྱུང་བ་ཡིན་ཏེ། འདི་ཡང་མ་ལྟ་བུའི་ཚིག་ཡིན་ནོ། །གཙུག་ལག་ལས་སྲ་བརྐྱང་དབྱུང་བ་ཐོས་པའི་མཛའ་ལས་བྱུང་བ་ནི་འདུན་པ་ཡིན་ནོ་ཞེས་གསུངས་པ་དེ་འདི་ཡིན་པར་རིག་བར་བྱའོ། །ཅིག་ནས་སྐབས་ཐཾས?་ཅད?་ལ་མ ་ཐོས་བྱ?་བར་དུ་ཕན་ཡོན་རྗེས་སུ་འཇུག་གམ་ཞེ་ན་དེའི་ཕྱིར། རྗེས་སུ་འབྲེལ་པ་མེད་ནའོ་ཞེས་བྱ་བ་སྨྲས་ཏེ། རྗེས་སུ་འབྲེལ་པའི་ཤམ་མེད?་ན་མ་ཐོས་ཀྱི་བར་དུ་རྗེས་སུ་འཇུག་གིས་ཐོས་ན་ནི་ལྡོག་གོ་།རྗེས་སུ་འབྲེལ་པ་ཞེས་བྱ་བ་ནི། གོས་ལ་རེ་བ་ཡོད་པ་དང་གོས ་བརྩམས་པ་མ་ཞིག་བ་དང་གོས་པ་བརྩམས་པ་མཐར་ཐུག་པར་མ་གྱུར་པའི་ཤན་ཡོད་ནའོ། །དེ་མེད་པ་ནི་རྗེས་སུ་འབྲེལ་པ་མེད་པ་ཞེས་བྱའོ། །རྗེས་སུ་འབྲེལ་པ་ཡོད་པ་ཇི་སྲིད་དུ་ཕན་ཡོན་དེ་རྗེས་སུ་འཇུག་ཅེན་དེའི་ཕྱིར་ཡོད་ན ་མ་ཆད་ཀྱི་བར་དུའོ་ཞེས་བྱ་བ་སྨྲས་ཏེ། རྗེས་སུ་འབྲེལ་པ་ཡོད་པ་ལ་ནི་རྗེས་སུ་འབྲེལ་པ་ཡོད་པ་དེ་ཉིད་མ་ཆད་ཀྱི་བར་དུ་དེའི་ཕན་ཡོན་རྗེས་སུ་འཇུག་གོ། དེ་ཆད་ནིན་ཕན་ཡོན་དེ་ལྡོག་གོ་།འདིར་གཞུང་ནི་ཞུ་བ་ལས་སྲ་བརྐྱང་དབྱུང་བ་ཐོས་པའི་མཛའ་ ་ལས་བྱུང་བ་གང་ཞེ་ན། མཚམས་ཀྱི་ཕྱི་རོལ་ཏུ་ཤན་མེད་པའི་རྒྱུད་ཀྱིས་ཐོས་པ་དང་གོས་ལ་རེ་བ་ཆད་བ་དང། ཤན་ཡོད་ན་གོས་ཟིན་པར་གྱུར་པ་སྡེ། གལ་ཏེ་གོས་ལ་རེ་བ་ཡོད་པ་དང་བརྩམས་པ་ནི་ཤན་གྱི་རྒྱུན་ཡོད་པར་བརྗོད་པར་བྱ་སྟེ། དེ་བཞིན ་དུ་དེ་འཇུག་གོ་ཞེས་གསུངས་པ་ཡིན་ཏེ། འདི་མི་དགོས་སོ་སྙམ་དུ་བསམ་པ་བརྟུལ་ན་རྙེད་པ་འབྱུང་བར་སྣང་བ་ཡང་རུང་གོས་བརྩམས་པ་ཉིད་ཀྱང་རུང་བསམས་པ་མཐར་ཐུག་པར་རུང་བར་སྣང་བ་ཡང་རུང་སྟེ། མཐར་ཐུག་པ་དང་རེ་བ་ཆད་པ་ཡིན་པར་བྱ་བའོ། །དེ་གཉིས་ནི་མཐར་ཐུག་པའི་མཛའ་ལས ་བྱུང་བ་དང་རེ་བ་ཆད་པའི་མཛའ་ལས་བྱུང་པའི་རྣམ་པ་གཞན་གཉིས་ཡིན་ནོ། །ཞིག་པར་གྱུར་པའི་མཛའ་ལས་བྱུང་བའི་རྣམ་པ་གཞན་ཡང་འདིར་འབྱུང་བར་རིག་པར་བྱའོ།?་།མ་ཕྱུང་ན་ཐམས་ཅད་ཀྱི་དེའི་དུས་ཀྱི་རྙེད་པ་བགོ་བར་མི་བྱའོ་ཞས་བྱ་བ་ནི། ་སྲ་བརྐྱང་ཆོས་གོས་དེ་མ་ཕྱུང་ན་དགེ་སློང་ཐམས་ཅད་ཀྱི་སྲ་བརྐྱང་བཏིང་བའི་དུས་དེའི་རྙེད་པ་བགོ་བར་མི་བྱ་བ་སྟེ། འདི་ལྟར་སྲ་བརྐྱང་ཞེས་བྱ་བའི་ཆོས་གོས་དེ་ནི་ཆོས་གོས་བྱིན་གྱིས་བརླབ་ཏུ་རུང་བ་གཞན་དག་གིས་གཏེར་གྱི་གནས་ལྟ་བུ ་ཡིན་པས། གང་གིས་ཚེད་འདིད་པར་བྱེད་པ་ཐམས་ཅད་ཀྱིS་དེ་ཕྱུང་བར་གྱུར་པ་དེའི་ཚེ་ན་སྲ་བརྐྱང་བཏིང་བའི་དུས་ལས་བྱུང་བའི་རྙེད་པ་འགོ་བར་བྱའི། དེ་མ་ཕྱུང་བའི་སྔོན་རོལ་དུ་ནི་འགོ་བར་མི་བྱའོ་ཞེས་བྱ་བའི་ཐ་ཚིག་གོ་།གཞིར་གཏོགས་པའི་སྲ ་བརྐྱང་གི་ཞིའོ་ཞེས་བྱ་བ་འདུལ་བ་གཞིའི་སྐབས་སུ་གཏོགས་པའི་སྲ་བརྐྱང་གི་བཞི་བཤད་ཟིན་དོ།། །།ད་ནི་སྲ་བརྐྱང་གི་བཞི་ཞུ་བ་ལ་སོགས་པར་གཏོགས་པར་བསྡུ་བར་བྱ་སྟེ། དེ་ལ་སྭ་བརྐྱང་གཏིང་བར་བྱའོ་ཚེས་བཅུ་དྲུག་ལའོ། །སྟོན་ཟླ ་འབྲིང་པོའི་ཞེས་སྨོས་བས། སྟོན་ཟླ་འབྲིང་པོའི་ཆོས་བཅུ་དྲུག་ལ་སྲ་བརྐྱང་གདིང་པའི་དུས་ཡིན་ན་ཤོལ་གྱི་ཟླ་བ་ནི་རྒྱལ་པོའི་རྗེས་སུ་འབྲང་བར་བྱའོ་ཞེས་སྨོས་པས་གལ་ཏེ་སྟོན་ཟླ་འབྲིང་པོ་གཉིས་སུ་རྒྱལ་པོས་བྱས་ན་དེའི་ཚེ་ཟླ་བ་དེ་གཉིས་གང་ལ་སྲ་བརྐྱང ་གདིང་བར་བྱ་ཞེ་ན་དེའི་ཕྱིར། དགག་དབྱེ་ཇི་ལྟར་བྱ་བ་བཞིན་དུ་གདིང་ངོ་ཞེས་བྱ་བ་སྨྲས་ཏེ། དགག་དབྱེའི་ཉི་མའི་རྗེས་སུ་འབྲང་བས་སྲ་བརྐྱང་གདིང་བར་བྱའི། ཤོལ་གྱི་ཟླ་བའི་རྗེས་སུ་འབྲང་བས་ནི་མི་བྱའོ། །དེས་ན་རྒྱལ་པོའི་རྗེས་སུ་འབྲང་བས་དབྱང ་ཟླ་འབྲིང་ངོ་ཉ་ནས་དབྱར་ཟླ་ཐ་ཆུད་ཉའི་བར་གྱི་ཟླ་གཅིག་དང། དབྱར་ཟླ་ཐ་ཆུངས་ཉ་ནས་སྟོན་ཟླ་ར་བ་ཉའི་བར་གྱི་ཟླ་བ་གཅིག་དང། སྟོན་ཟླ་ར་བ་ཉ་ནས་སྟོན་ཟླ་འབྲིང་པོ་ཉའི་བར་གྱི་ཟླ་བ་གསུམ་པོ་དག་ཐལ་བའི་རྗེས་ལ་སྟོན་ཟླ་འབྲིང་པོ་ཉ་ནས་སྟོན་ཟླ་ཐ་ཆུང ་ཉའི་བར་གྱི་ཟླ་བ་དེ་ངོ?་གཉིས་སུ་གྱུར་ན། དེའི་ཚེ་སྟོན་ཟླ་འབྲིང་པོ་ཉའི་ཉིན་མོ་དགག་དབྱེ་བྱས་པའི་ཕྱིར་དེ་ཉིན་པར་སྟོན་ཟླ་འབྲིང་པོ་ཚེས་བཅུ་དྲུག་ཅེས་བྱ་བའི་ཉི་མ་དང་པོ་ད་ལ་སྲ་བརྐྱང་གདིང་བར་བྱའོ། །སྔར་ཡང་མ་ཡིན་ཕྱིས་ཀྱང་མ་ཡིན་ཏེ། འདི་ལྟར་འཐབ ་ཀྲོལ་ཅན་དག་འོང་དུ་དོགས་པའི་དབང་གིས་སྔར་དགག་དབྱེ་བྱེད་པ་ཡང་ཡོད་ལ། འཐབ་ཀྲོལ་ཅན་དག་མདོང་པའི་དབང་གིས་ཕྱིས་དགག་དབྱེ་བྱེད་པ་ཡང་ཡོད་པས་སྔ་ཕྱི་དེ་གཉིས་ཀྱི་དུས་ལས་བལྟོས་པའི་ཚེས་བཅུ་དྲུག?་ལ་སྲ་བརྐྱང་གདིང་བར་མི་བྱའོ། །གསོ ་སྦྱོད་གིས་མཛའ་མ་ཡིན་པ་ལ་མི་བྱའོ་ཞེས་བྱ་བ་ནི། སྲ་བརྐྱང་གདིང་བ་ཞེས་བྱ་བར་སྦྱར་ཏེ། འདིར་གསོ་སྦྱོང་ཞེས་བྱ་བའི་སྒྲ་ནི་ཚེས་བཅོ་ལྔའི་གསོ་སྦྱོང་གིས་དུས་སུ་དགག་དབྱེ་བྱས་པའོ། །དེའི་མཛའ་ཞེས་བྱ་བ་ནི། སྟོན་ཟླ་འབྲིང་པོ་ཉལ་དགག་དབྱེ ་བྱས་པ་དེ་ཉིད་ཀྱིས་ཕྱི་དེ་ཉིན་པར་སྟེ། སྟོན་ཟླ་འབྲིང་པོ་ཆེས་བཅུ་དྲུག་གོ། དེ་བས་ནས་སྟོན་ཟླ་འབྲིང་པོ་ཆེས་བཅུ་དྲུག་མ་ཡིན་པའི་དུས་གཞན་ལ་སྲ་བརྐྱང་གདིང་བར་མི་བྱའོ། །དབྱུང་བ་ཡང་ངོ་ཞེས་བྱ་བ་ནི། སྲ་བརྐྱང་དབྱུང་བ་ཡང ་གསོ་སྦྱོང་གི་མཛའ་མ་ཡིན་པ་ལ་མི་བྱ་བ་སྟེ། འདིར་ནི་དེའི་མཛའ་ཞེས་བྱ་བ་གསོ་སྦྱོང་གི་ཉི་མ་དེ་ཉིད་དང་སྦྱར་རོ། །དེའི་ཕྱིར་གསོ་སྦྱོང་གི་མཛའ་མ་ཡིན་པ་ལ་མི་བྱའོ་ཞེས་དགག་པ་གཉིས་བྱའོ། །དེ་ལྟ་ན་དབྱུང་བ་ཡང་གསོ་སྦྱོང་གི་མཛའ་ཁོ་ན་ལ ་བྱ་བར་བསྟན་པས་གདིང་པ་དང་འདྲི་བར་ཚེས་བཅོ་ལྔ་ལ་གསོ་སྦྱོང་བྱས་པའི་ཕྱི་དེ་ཉིན་པར་ཚེས་བཅུ་དྲུག་ལ་དབྱུང་པར་ཐལ་བར་འགྱུར་བ་སྩལ་བའི་ཕྱིར། འདི་ནི་ཉི་མ་དེ་ཉིད་ཀྱིའོ་ཞེས་བྱ་བ་སྨྲས་ཏེ། སྲ་བརྐྱང་དབྱུང་བ་འདི་ནི་གསོ་སྦྱོང་གི་ཉི་མ་ཚེས་བཅོ ་ལྔ་ཞེས་བྱ་བ་དེ་ཉིད་ལ་གསོ་སྦྱོང་བྱས་པའི་རྗེས་ལ་སྲ་བརྐྱང་དབྱུང་པ་ཡིན་གྱི། ཚེས་བཅུ་དྲུག་ལ་དབྱུང་བ་ནི་མ་ཡིན་ནོ་ཞེས་བྱ་པའི་ཐ་ཚིག་གོ་།བརྩམས་པ་འདི་ནི་དགེ་སློང་ཆོམ་རྐུན་གྱིས་ཅོམས་པ་ལ་སོགས་པ་ལ་བརྟེན་ནས་དུས་མ་ཡིན་པར་དབྱུང་བའི ་ཆེད་དུ་བྱས་པ་ཡིན་གྱི། དུས་སུ་དབྱུང་བ་ལ་ནི་སྲ་བརྐྱང་དབྱུང་བའི་ཉི་མ་ངེས་པ་ཡོད་པའི་ཕྱིར་འདིར་མདོར་བརྩམས་མི་དགོས་ཏེ། སྲ་བརྐྱང་དུས་སུ་དབྱུང་བའི་ཉི་མ་ནི་དཔྱིང་ཟླ་ར་བ་ཉ་ལ་གསོ་སྦྱོང་བྱས་པའི་རྗེས་ལ་དབྱུང་བ་ཡིན་ནོ། །དེ་ལྟར་ན་འདིར ་ཚིག་གི་དོན་ནི་འབྱུང་སྟེ། སྲ་བརྐྱང་གདིང་པ་ནི་སྟོན་ཟླ་འབྲིང་པོ་ཉ་ལ་དགག་དབྱེ་བྱས་ནས་སྟོན་ཟླ་འབྲིང་པོ་ཚེས་བཅུ་དྲུག་ལ་གདིང་པར་བྱའོ། །དུས་མ་ཡིན་པར་བྱུང་བ་ལ་ནི་ཟླ་བཱི་ངོ་དེས་བ་མེད་དེ་གསོ་སྦྱོང་གི་ཉི་མ་གཅིག་དང་སྦྱར་ཏེ་གསོ་སྦྱོང་བྱས་ནས་དེའི་མོད་ལ་དབྱུང ་བར་བྱའི། གསོ་སྦྱོང་གི་དུས་མ་ཡིན་པར་ནིར?་བྱུང་བར་མི་བྱའོ། །དུས་སུ་དབྱུང་བ་ནི་དབྱིང་ཟླ་ར་བ་ཉ་ལ་གསོ་སྦྱོང་བྱས་ནས་དེའི་ཉི་མ་ཉིད་ལ་དབྱུང་བར་བྱའོ། །གལ་ཏེ་གཉུག་མར་གནས་པ་དག་གིས་སྟོན་ཟླ་འབྲིང་བོ་ཉལ་དགག་དབྱེ་བྱས་ནས་སྟོན་ཟླ་འབྲིངས ་པོ་ཚེས་བཅུ་དྲུག་ལ་སྲ་བརྐྱང་བཅིང་བའི་འོག་ཏུ་དགེ་སློང་གློ་བུར་དུ་གཉུག་མར་གནས་པ་དག་པས་ཆེས་མང་བ་དག་དེར་ལྷགས་ཤིང་དེ་དག་ན་རེ་དེང་ཚེས་བཅོ་ལྔའི་གསོ་སྦྱོང་ཡིན་ནོ་ཞེས་ཟེར་ན་དུས་ཀྱི་ཕྱིར་ནི་མང་པོ་དག་གིས་རྗེས་སུ་འཇུག་པར་བྱ་བ་ཡིན་པས་དེང་སྲ ་བརྐྱང་གདིང་བའི་ཉི་མ་ལ་གཉུག་མར་གནས་པ་དག་གསོ་སྦྱོང་བྱེད་ན་དེ་དག་གིས་དེ་ལ་ཇི་ལྟར་བསྒྲུབ་པར་བྱ་ཞེ་ན་དེའི་ཕྱིར། ཡང་གསོ་སྦྱོང་བྱས་ན་ཕྱུང་བ་ཉིད་ཡིན་ནོ་ཞེས་བྱ་བ་ནི་སྲས?་ཏེ། འདིས་ཀྱང་རྣམ་པ་གཞན་གྱིས་དབྱུང་བ་རང་འཇུག་པ་དང་བྲལ་བ་རྣམ ་པར་བཞག་གོ། འདི་ལྟར་དེང་གསོ་སྦྱོང་གི་ཉི་མ་ཡིན་ནོ་སྙམ་པའི་བློས་ཡང་གསོ་སྦྱོང་བྱས་ན། སྲ་བརྐྱང་གཏིང་བ་རང་བྱུང་བར་འགྱུར་ཏེ། འདི་ལྟར་བདག་ཅག་གིས་དུས་མ་ཡིན་པར་སྲ་བརྐྱང་གདིང་ངོ་སྙམ་དུ་དེ་ལ་མི་ལྟོས་པའི་བློ་སྐྱེས་པའི་ཕྱིར་རོ། །ཡང་ཉི་མ་གཉིས ་པ་ལ་སྲ་བརྐྱང་གདིང་བར་བྱ་སྟེ། དེའི་ཚེ་ན་སྟོན་ཟླ་འབྲིང་པོ་ཆེས་བཅུ་དྲུག་ཡིན་པའི་བློ་སྐྱེས་པའི་ཕྱིར་རོ། །བཀྲ་ཤེས་ཀྱི་གསོ་སྦྱོང་དེའི་ཉིན་མོ་བྱས་པ་ལ་ནི་འདིར་ཐལ་བར་མི་འགྱུར་ཏེ། དེས་ན་དུས་མ་ཡིན་པར་བཏིང་བའི་བློ་མེད་པའི་ཕྱིར་རོ། །གཏིང་ནས་བྱེད་པ ་དག་ལ་ནི་དེ་ཐ་དད་པར་འགྲུབ་པོ་ཞེས་བྱ་བ་ནི། སྲ་བརྐྱང་གཏིང་ནས་དེའི་འོག་ཏུ་དགེ་འདུན་བྱེ་བར་གྱུར་ན་དགེ་སློང་དེ་དག་ལ་སྲ་བརྐྱང་དབྱུང་བ་དེ་ཐ་དད་པར་འགྲུབ་སྟེ། ཕྱོགས་གཅིག་གིས་ཕྱུང་ཟིན་ནས་ཕྱོགས་གཅིག་ཤོས་ཀྱིས་ཀྱང་དབྱུང་དགོས་ཏེ། འདི་ལ་གདིང་བ ་གཅིག་ཡིན་པའི་ཕྱོགས་གཅིག་གིས་ཕྱུང་ན་ཕྱོགས་ཅིག་ཤོས་ཀྱིས་ཀྱང་ཕྱུང་བ་ཉིད་ཡིན་ནོ་སྙམ་དུ་ཤེས་པར་མི་བྱའོ། །ཆོས་སྨྲ་བ་དག་ཡོད་པས་དེ་གདིང་ངོ་ཞེས་བྱ་བ་ནི། གནས་གང་དུ་དབྱར་གནས་པར་ཁས་བླངས་ནས་སམ་དགག་དབྱེ་བྱས་ནས་དགེ་འདུན་བྱེ ་བར་གྱུར་ན་དེ་ན་ཆོས་སྨྲ་བ་དག་ཀྱང་ཡོད་ལ། ཆོས་མ་ཡིན་པ་སྨྲ་བ་དག་ཀྱང་ཡོད་ན་ཆོས་སྨ་བ་དག་ཡོད་པའི་ཕྱོགས་དེས་སྲ་བརྐྱང་དེ་གདིང་བར་བྱ། དབྱུང་བར་བྱ། ཡོངས་སུ་བརྐྱང་བར་བྱ་བའོ། །འདིར་གཞུང་ནི། དབྱར་གནས་པའི་དགེ་འདུན་བྱེ་ན་གན་གྒིས་སྲ་བརྐྱང ་གདིང་བར་བགྱི། གང་དག་ཆོས་སྨྲ་བ་དག་གིས་སོ་ཞེས་གསུངས་པ་དང། དེ་དགེ་སློང་བྲམ་ཟེ་རི་བུ་མོས་ཞུས་པ་ལས་ཀྱང་དགེ་འདུན་བྱེ་ན་སུས་སྲ་བརྐྱང་གདིང་བར་བགྱི། ཆོས་སྨྲ་བ་དག་གིས་སོ། །ཆོས་སྨྲ་བ་དེས་ན་དབང་བྱེད་པ་ཉིད་ཡིན ་པའི་ཕྱིར་ཏེ། ཐམས་ཅད་ལ་ཡང་གདིང་བ་འབྱུང་བར་ནི་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །དེར་གཞན་དག་གིས་བྱས་ཀྱང་གནས་ཀྱི་རྙེད་བ་ནི་དེ་དག་ལ་འོས་པ་ཉིད་ཡིན་ནོ་ཞེས་བྱ་བ་ནི། གནས་དེར་དགེ་སློང་དུས་འདིར་གནས་པ་ལ་རྙེད་པ་འདི་སྦྱིན་པ ་བྱའོ་ཞེས་རྣམ་པ་དེ་ལྟར་གནས་ན་གནས་པའི་རྒྱུ་ལས་བྱུང་བའི་རྙེད་པ་དགེ་སློང་རྣམS་ལ་རྣམ་པར་བཞག་པར་གང་ཡིན་པའི་གནས་ཀྱི་རྙེད་པ་དེ་ནི་ཆོས་མ་ཡིན་པ་སྨྲ་བ་གཞན་དག་གིས་སྲ་བརྐྱང་གདིང་བ་བྱས་ཀྱང། གནས་ཀྱི་རྒྱུ་ལས་བྱུང་བའི་རྙེད་པ་སྟོན ་ཟླ་འབྲིང་པོ་ཉའི་མཐར་ཐུག་པའི་དུས་ཚུན་ཆད་དུ་བྱུང་བ་གང་ཡིན་པ་དེ་ནི་ཆོས་སྨྲ་བ་དེ་དག་ལ་འོས་པ་ཉིད་ཡིན་གྱི། ཆོས་མ་ཡིན་པ་སྨྲ་བ་དག་ལ་ནི་འོས་པ་མ་ཡིན་ཏེ། ཕྱོགས་གཞན་དུ་གནས་པའི་ཕྱིར་རོ། །གནས་ཀྱི་རྙེད་པ་ཞེས་སྨོས་པས་ནི་རྙེད་པ ་གཞན་བཅད་པའི་ཕྱིར་ཏེ་དེས་ན་སྲ་བརྐྱང་བཏིང་པའི་རྒྱུ་ལས་བྱུང་བའི་རྙེད་པ་བྱུང་བ་གང་ཡིན་པ་དེ་ནི་ཐམས་ཅད་ལ་འོས་པ་ཉིད་ཡིན་ནོ། །རང་བཞིན་དུ་གནས་པའི་གནས་སུ་དེ་སྤངS་པ་རྣམས་ལ་མི་འབྱུང་ངོ་ཞེས་བྱ་བ་ནི། རང་བཞིན་དུ་གནས་པའི་གནས་སུ་སྲ ་བརྐྱང་འདིང་བར་བྱེད་པ་དེ་སྤང་པ་རྣམས་ལ་མི་འབྱུང་དོ་ཞེས་བྱ་བའི་ཐ་ཚིག་གོ་།བསམ་པས་གནས་པ་ནི་གཏིང་བ་ཡིན་ནོ་ཞེས་བྱ་བ་ནི་འདི་ལས་བདག་གི་རྙེད་པ་དང་ཕན་ཡོན་འབྱུང་ངོ་སྙམ་དུ་དེ་ལྟར་བསམ་པ་སང་ནད?་དུ་གཉེར་བས་འཇུག་པ་དེ་ནི་སྲ་བརྐྱང ་བཏིང་པའི་ངོ་བོ་ཉིད་ཡིན་ནོ། །ལྷན་ཅིག་ཏུ་བྱ་བ་ལ་འདུན་པ་ཕུལ་པའི་དབང་གིས་ལྷགས་མ་རྣམས་གྱིས་བྱས་ན་བྱས་པ་ཉིད་ཡིན་ནོ་ཞེས་བྱ་བ་ནི། བསམ་པ་གནས་པ་ནི་གཏིང་བ་ཡིན་ལ། དེ་དང་བྲལ་བ་ནི་ཕྱུང་བ་ཡིན་པས། དེའི་ཕྱིར་གཞན་དག་དང་ལྷན ་ཅིག་བྱ་བ་གང་ཡིན་པའི་བྱ་བ་དེ་དགེ་སློང་འདུན་པ་བླངས་པ་ལྷག་མ་དག་གིས་བྱས་ན་འདུན་པ་འབུལ་བར་བྱེད་པས་ཀྱང་འདུན་པ་འཕུལ་བའི་དབང་གིས་བྱས་པ་ཉིད་ཡིན་ནོ། །དེ་དང་བྲལ་བ་ནི་ཕྱུང་བ་ཡིན་ནོ་ཞེས་བྱ་བ་ནི། བསམ་པ་གནས་པ་དེ་དང་བྲལ་བ་ནི་སྲ་བརྐྱང་ཕྱུང ་པ་ཡིན་ནོ། །དེའི་ཕྱིར་འདུན་པ་མ་ཕུལ་བ་ལ་ནི་འདུག་ཏུ་ཟིན་ཀྱང་གཉིད་ལོག་གམ་སྙོམས་པར་ཞུགས་ན་མ་ཐོས་ཀྱི་བར་དུ་གཏིང་བ་དང་ཕྱུང་བ་མི་འབྱུང་ངོ་ཞེས་བྱ་བ་ནི། གང་གི་ཕྱིར་བསམ་པ་གནས་པ་ནི་གཏིང་པ་ཡིན་ལ་དེ་དང་བྲལ་བ་ནི་ཕྱུང་བ་ཡིན་པ་དེའི་ཕྱིར་གང ་གིས་འདུན་པ་མ་ཕུལ་བ་ལ་ནི་དགེ་འདུན་གྱི་ནང་དུ་འདུག་ཏུ་ཟིན་ཀྱང་གཉིད་ལོག་གམ་སྙོམས་པར་ཞུགས་ན་ཇི་སྲིད་དུ་སྲ་བརྐྱང་བཏིང་བ་འམ་ཕྱུང་བ་མ་ཐོས་ཀྱི?་བར་དུ་དེ་ལ་སྲ་བརྐྱང་གཏིང་བ་འམ་ཕྱུང་པ་མི་འབྱུང་སྟེ། འདུན་བ་མ་ཕུལ་བའི་ཕྱིར་རོ། །ཐོས་ན་ནི་བཏིང ་བ་དང་ཕྱུང་བ་འབྱུང་བར་འགྱུར་རོ། །འདུན་པ་འཕུལ་བ་ལ་ནི་གཉིད་ལོག་གམ་སྙོམས་པར་ཞུགས་སུ་ཟིན་ཀྱང་མ་ཐོས་པའི་མདུན་དུ་ཡང་བཏིང་བ་དྲང་ཕྱུང་བ་འབྱུང་བ་ཁོ་ནར་འགྱུར་རོ། །མཚམས་གཅིག་པ་ཉིད་ཡིན་ན་དེར་གནས་གཞན་དུ་གནས་པ་རྣམས་ཀྱང་བཏིང ་བའི་ཕྱིར་གནས་པ་ཉིད་ཡིན་ནོ་ཞེས་བྱ་བ་ནི། མཚམས་གཅིག་གིས་ནང་ན་གནས་དུ་མ་ཡོད་ན་དབྱར་དེར་ཁ་ཅིག་ནི་གནས་གཅིག་ཏུ་གནས་ཤིང་ལྷག་མ་ཡང་གནས་གཞན་དུ་གནས་ན་དེ་དག་ཐམས་ཅད་སྲ་བརྐྱང་བཏིང་བའི་ཕྱིར་གནས་པ་ནི་ཡིན་ལ། རྙེད་པའི་ཕྱིར་གནS ་པ་ནི་མ་ཡིན་ཏེ། དེ་དག་ལ་གནས་ཀྱི་རྙེད་པ་ནི་བདག་པོས་ཇི་ལྟར་རྣམ་པར་བཞག་པ་བཞིན་དུ་རྣམ་པར་གནས་སོ། །འདི་བསྟན་ཏེ། མཚམས་གཅིག་གི་ནང་ན་གནས་དུ་མ་ཡོད་པ་དེར་གཅིག་ཅར་དབྱར་གནས་པར་ཁས་བླངས་པ་དག་སྲ་བརྐྱང་བཏིང་བའི་ཕྱིར་ཐམས ་ཅད་དུ་གནས་པ་ཉིད་ཡིན་ན། དེས་ན་གནས་གཅིག་ཏུ་སྲ་བརྐྱང་བཏིང་ཡང་ཐམས་ཅད་དུ་གཏིང་བར་འགྱུར་ཏེ་འདིར་དོན་ནི་དེ་ཡིན་ནོ། །དབྱར་དག་ལ་ནི་མཚམས་གཅིག་པ་ཉིད་ཀྱིས་གནས་གཅིག་ཡིན་པས། དབྱར་གྱི་འོག་དག་ཏུ་སྲ་བརྐྱང་འདིང་པའི་དུས་ཀྱི་བར་དུ་ཡང ་མཚམས་གཅིག་གོ་ཞེས་བྱ་བའི་ཐ་ཚིག་གོ། འདིར་གཞུང་ནི་བཙུན་པ་རེ་ཞིག་དགེ་སློང་དག་མཚམས་ཀྱི་ནང་དུ་གནས་བཞི་འམ་ལྔ་བགྱིས་ཏེ་དབྱང་གནས་པར་ཁས་ལེན་ཅིང་དགག་དབྱེ་བགྱིས་ནས་སྲ་བརྐྱང་འདིང་བར་བགྱིས་ན་གནས ་དེ་དག་ཐམས་ཅད་དུ་སྲ་བརྐྱང་བཏིང་བར་འགྱུར་རམ། ཉེ་བར་འཁོར་ཐམས་ཅད་སྲ་བརྐྱང་བཏིང་བར་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །དེ་ནི་བཏིང་བའི་ཆེ་དེ་ན་གནས་དེ་ཉིད་ཡིན་ནོ་ཞེས་བྱ་བ་ནི། གནས་གཞན་དེ་ནི་གནས་དེ་ཉིད་ཡིན་ཏེ། དེ་ཉིད་གནས ་འདི་ཡིན་གྱིས་གནས་ཐ་དད་པ་མ་ཡིན་ནོ། །གང་གི་ཚེ་ཞེ་ན། བཏིང་བའི་ཚོན་སྟེ་སྲ་བརྐྱང་བཏིང་བའི་ཚེ་ནའོ། །དེའི་ཚེ་ན་མཚམས་གཅིག་པ་དེ་ན་སྟེ་མཚམས་གཅིག་པ་ཡིན་ནའོ། །དེ་ལྟར་ན་གནས་གཞན་དུ་སྲ་བརྐྱང་འདིངས་བར་བྱེད་པ་ཡང་དེའི་ཚེ་ན་དེ་ཉིད ་དུ་འདིང་བར་བྱེད་པ་ཡིན་ནོ། །འདི་སྐད་བསྟན་ཏེ། །འདི་ལྟར་དབྱར་དག་ལ་གནས་དུ་མ་མཚམས་ཐ་དད་པ་དག་སྲ་བརྐྱང་འདིངས་པའི་དུས་སུ་སྟོན་ཟླ་འབྲིང་པོ་ཆོས་བཅུ་དྲུག་ལ་མཚམས་རྣམས་བསྐྱེད་དེ་གནས་དེ་དག་ཐམས་ཅད་མཚམས་གཅིག་ན་གནས་པར་གྱུར ་ན་དེའི་ཚེ་གནས་གང་ཡང་རུང་བར་སྲ་བརྐྱང་བཏིང་བར་བྱེད་ན། གནས་གཞན་ཐམས་ཅད་དུ་དབྱང་གནས་པའི་དགེ་སློང་ཐམས་ཅད་ཀྱིས་སྲ་བརྐྱང་བཏིང་བར་རིག་པར་བྱ་སྟེ། འདིང་བའི་དུས་ན་མཚམས་གཅིག་པའི་ཕྱིར་རོ། །འདིར་གཞུང་ནི་ཉེ་བར་འཁོར་དགེ ་སློང་གི་དགེ་འདུན་ཟླ་པ་གསུམ་གནས་པས་དབྱར་གྱི་ཟླ་བ་བཟླས་ནས་དེ་ཉིད་ཀྱི་ཚེས་བཅུ་དྲུག་ལ་མཚམས་ཆེན་པོ་བཤིག་སྟེ། གནས་བཞིའམ་ལྔ་མཚམས་གཅིག་ཏུ་བྱས་ནས་སྲ་བརྐྱང་འདིང་བར་བྱེད་ན་གནས་དེ་དག་ཐམས་ཅད་དུས་སྐྲ་བརྐྱང་བཏིང ་བར་བརྗོད་བར་བྱའོ་ཞེས་གསུངས་པ་ཡིན་ནོ། །བཏིང་ནས་མཚམས་ཐ་དད་པར་བྱས་ན་གང་ཡང་རུང་བ་དེ་ལས་དེའི་གནས་ཡིན་ནོ་ཞེས་བྱ་བ་ནི། མཚམས་གཅིག་ཏུ་གནས་དུ་མའི་གང་ཡང་རུང་བར་སྲ་བརྐྱང་བཏིང་ནས་ཕྱིས་མཚམས་ཐ་དད་པར་བྱས་ན། སྲ? ་བརྐྱང་བཏིང་བའི་དུས་གནས་དུ་མ་དེ་ལས་གནས་གང་ཡང་རུང་བ་ཆོས་གོས་དེའི་གནས་ཡིན་པ་སྟེ། གནས་གང་དུ་ཆོས་གོས་འདིང་བའི་ལས་བྱས་པའི་གནས་དེ་ཉིད་དེའི་གནས་དེ་ཉིད་དེའི་ག་ནས་མ་ཡིན་གྱི། གནས་གང་ཡང་རུང?་བར་བཞག་ན་ཡང་རང་གི ་གནས་ཁོ་ན་ན་གནས་པ་ཡིན་ནོ། །འདིར་གཞུང་ནི་བཙུན་པ་གལ་ཏེ་སྲ་བརྐྱང་བཏིང་ནས་མཚམས་ཆེན་པོ་བཤིག་སྟེ། སོ་སོའི་མཚམས་འགུམས་པར་བགྱིད་ན་སྲ་བརྐྱང་ཕྱུང་པར་བརྗོད་པར་བགྱིའམ་ཉེ་བར་འཁོར་མི་བྱའོ་གནས་དེ་དག་ཐམས་ཅད་དུ་སྲ ་བརྐྱང་བཏིང་བར་འགྱུར་རམ། ཉེ་བར་འཁོར་སྲ་བརྐྱང་བཏིང་བར་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །ཐ་དད་པ་ཉིད་ཡིན་ན་གནས་སོ་སོར་དེ་ཕྱུང་ངོ་ཞེས་བྱ་བ་ནི། སྲ་བརྐྱང་བཏིང་བའི་གནས་མང་པོ་དག་གི་མཚམས་ཐ་དད་པ་ཉིད་ཡིན་ན། གནས་སོ་སོ་སོ་སོར ་སྲ་བརྐྱང་དེ་དབྱུང་དགོས་ཀྱི། ཐམས་ཅད་ཀྱི་གཅིག་ཏུ་དབྱུང་དུ་མི་རུང་ངོ། །གལ་ཏེ་གནས་གང་སྲ་བརྐྱང་བཞག་པའི་གནས་དེར་སྲ་བརྐྱང་འབྱིན་པར་བྱེད་ན། གནས་གཞན་ན་གནས་པའི་དགེ་སློང་དག་གིས་སྲ་བརྐྱང་དེ་རང་གི་གནས་སུ་སྤོང་བར་བྱའོ། །ཡང ་ན་རང་གི་གནས་ནས་དགེ་སློང་འགའ་ཞིག་སྲ་བརྐྱང་བའི་གན་དུ་གཞན་དུ་བཞག་པར་བྱ་སྟེ། དེས་སྐྱ་རེངས་འཆར་བའི་དུས་སུ་འབྲལ་བའི་ཉེས་པ་སེལ་བར་བྱེད་དོ། །གཞན་དུ་ན་སྐྱ་རེངས་འཆར་བའི་དུས་སུ་སྲ་བརྐྱང་དབྱུང་པ་རང་འཇུག་པ་དང་བྲལ་བར ་འགྱུར་བ་དང། བྲལ་བའི་ཉེས་པར་ཡང་འགྱུར་རོ། །འདིར་གཞུང་ནི་བཙུན་པ་གལ་ཏེ་སྲ་བརྐྱང་བཏིང་ནས་མཚམས་ཆེན་པོ་བཤིག་སྟེ་སོ་སོའི་མཚམས་ཀུན་ནས་སྲ་བརྐྱང་འབྱིན་པར་བགྱིད་ན་གནས་དེ་དག་ཐམས་ཅད་དུ་སྲ་བརྐྱང་ཕྱུང་བར་འགྱུར་རམ་ཉེ ་བར་འཁོར་མི་འགྱུར་ཏེ། གང་དག་འབྱིན་པར་བྱེད་པ་དེ་དག་གིས་ནི་སྲ་བརྐྱང་ཕྱུང་བར་འགྱུར་ལ། གང་དག་འབྱིན་པར་མི་བྱེད་པ་དེ་དག་གིས་ནི་སྲ་བརྐྱང་ཕྱུང་བར་མི་འགྱུར་རོ། །མཚམས་གཅིག་པ་ཉིད་དུ་ནི་ཕྱུང་ན་ཐམས་ཅད་ཀྱི་སྲ་བརྐྱང་ཕྱུང་བར་འགྱུར་རོ ་ཞེས་གསུངས་པ་ཡིན་ནོ། །བྱེ་བ་ཉིད་ན་ཕྱོགས་སོ་སོའོ་ཞེས་བྱ་བ་ནི། གནས་གཅིག་ཏུ་གཏོགས་བ་ཉིད་ཡིན་ན་དགེ་འདུན་བྱེ་ཞིང་ཕྱོགས་གཉིས་སུ་གྱུར་ན། ཕྱོགས་གཅིག་གིས་ཕྱུང་བས་ཕྱོགས་ཅིག་ཤོས་ཀྱིས་ཕྱུང་བར་མི ་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། འདིར་གཞུང་ནི་དགེ་སློང་བྲམ་ཟེའི་བུ་མོས་ཞུས་པ་ལས། སྲ་བརྐྱང་བཏིང་བའི་གནས་སུ་དགེ་འདུན་བྱེ་ན་དེར་ཕྱོགས་གཅིག་གམ་ཅིག་ཤོས་ཀྱིས་སྲ་བརྐྱང་འབྱིན་པར་བགྱིད་ན་དེ་དག་ཐམས་ཅད་ཀྱིས་སྲ་བརྐྱང ་ཕྱུང་བར་བརྗོད་པར་བགྱིའམ། ཉེ་བར་འཁོར་མི་བྱ་སྟེ། གང་དག་འབྱིན་པར་བྱེད་པ་དེ་དག་གིས་ནི་སྲ་བརྐྱང་ཕྱུང་བར་འགྱུར་ལ། གང་དག་མི་བྱེད་པ་དེ་དག་གིས་ནི་སྲ་བརྐྱང་ཕྱུང་བར་མི་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །མ་བཏིང་པས་ཕྱུང ་བ་ནི་མ་ཕྱུང་བ་མ་ཡིན་ནོ་ཞེས་བྱ་བ་ནི། གནས་གཞན་དུ་དབྱར་གནས་པར་ཁས་བླངས་པ་གང་དག་ལ་སྲ་བརྐྱང་གདིང་བ་མེད་པ་དེ་དག་ནི་མ་བཏིང་བ་ཞེས་བྱ་སྟེ། མ་བཏིང་བའི་གང་ཟག་དེ་དག་གི་སྲི་བརྐྱང་ཕྱུང་བ་གང་ཡིན་པ་དེ་ནི་མ་ཕྱུང་བ་མ་ཡིན་ཏེ། ་ཕྱུང་བ་ཉིད་ཡིན་ནོ། །འདིར་གཞུང་ནི་བཙུན་པ་རེ་ཞིག་དབྱར་གནས་པའི་དགེ་སློང་དག་གིས་སྲ་བརྐྱང་བཏིང་ནས་མཚམས་ཀྱིས་སླད་རོལ་ཏུ་མཆིས་ཤིང་ལྟོས་པ་མ་མཆིས་པར་གྱུར་ནས། དགེ་སློང་གློ་བུར་བདག་ལྷགས་ཏེ་སྲ་བརྐྱང་འབྱིན་པར ་བགྱིད་ན་སྲ་བརྐྱང་ཕྱུང་བར་བརྗོད་བར་བགྱི་འམ། ཉེ་བར་འཁོར་ཕྱུང་བར་བརྗོད་བར་བྱའོ་ཞེས་གསུངས་པ་ཡིན་ནོ། །མི་འབྱུང་བ་ཉིད་ཀྱིས་ཁ་བསྐད་དུ་མི་རུང་བ་ཉིད་མ་ཡིན་ནོ་ཞེས་བྱ་བ་ནི། གནས་གཞན་དུ་དབྱར་གནས་མར་ཁས་བླངS་ཅི་གང་ལ ་སྲ་བརྐྱང་གདིང་བ་འབྱུང་བ་མེད་པ་དེ་ནི་མི་འབྱུང་བ་ཉིད་ཅེས་བྱ་སྟེ། མི་འབྱུང་བ་ཉིད་ཀྱི་གང་ཟག་དེས་སྲ་བརྐྱང་འདིང་བར་བྱེད་པའི་དགེ་སློང་དགེ་འདུན་དུ་མ་ཡོངས་བའི་ཁ་བསྐང་དུ་མི་རུང་བ་ཉིད་མ་ཡིན་ཏེ་རུང་ངོ། །འདིར་གཞུང་ནི་བཙུན་བ་རེ་ཞིག་དགེ་སློང ་གིས?་གཅིག་པུ་དབྱར་གནས་པར་ཁས་ལེན་ཅིང། དེས་དགུང་ཟླ་གསུམ་པོ་དག་འདས་ནས་དགེ?་གང་དབྱེ?་བ་གྱིས་ཏེ། དགེ་འདུན་ལ་སྲ་བརྐྱང་བའི་ཆོས་གོས་འབུལ་བར་བགྱིད་ཅིང་དེར་དགེ་སློང་བློ་བུར་བདག་ལྷགས་ཤིང་དེ་དག་སྲ་བརྐྱང་འདིང་ཆའི་རྗེས་སུ ་ཞུགས་ཏེ་དོང་ན་ཆོས་གོས་དེ་སུས་འཐོབ་བར་འགྱུར་ལགས། ཉེ་བར་འཁོར་དགེ་སློང་དེ་ཉིད་ཀྱིས་སོ་ཞེས་གསུངས་པ་ཡིན་ནོ། །མ་བཏིང་བ་ཉིད་ཀྱིས་དབྱུང་བར་མི་རུང་བ་ཉིད་མ་ཡིན་ནོ་ཞེས་བྱ་བ་ནི། གང་ལ་སྲ་བརྐྱང་གདིང་བ་མེད་པ་དེ་ནི་མ་བཏིང་པ ་ཞེས་བྱ་སྟེ། མ་བཏིང་བའི་གང་ཟག་དིས་བསྲ་བརྐྱང་འབྱིན་པ་དགེ་འདུ་ནད་དུ་མ་ལོངས་པའི་ཁ་བསྐང་དུ་མི་རུང་བ་མ་ཡིན་ཏེ་རུང་ངོ། །འདི་ནི་སྔར་དགེ་སློང་གློ་བུར་བདག་ལྷགས་ཤིང་དེ་དག་སྲ་བརྐྱང་འདིང་བའི་རྗེས་སུ་ཞུགས་ཏེ་དོད་ན་ཞེས་གསུངས་པ ་ཉིད་ལས་སྲ་བརྐྱང་འབྱིན་པར་བྱེད་ན་ཡང་རུང་བར་དོན་གྱིས་སྔོན་བས་མ་བོར་བྲིས་ཏེ། འདི་ལྟར་ཁ་བསྐང་བ་མེད་ན་དབྱུང་བའི་ལས་འབྱུང་བ་ཡང་མེད་པའི་ཕྱིར་རོ། །སྲ་བརྐྱང་བཏིང་བ་སྣམ་སྦྱར་མེད་པར་གྲོང་དུ་འཇུག་པ་ལ་སོགས་པ་དང་སུམ་དོ་ཚུན ་ཆད་དུ་འཇུག་པ་ལ་ཡང་ཉེས་བ་མེད་དོ་ཞེས་བྱ་བ་ནི། དགེ་སློང་སྲ་བརྐྱང་གཏིང་བའི་རྣམ་སྦྱར་མེད་བར་གྲོང་དུ་འཇུག་པ་ལ་སོགS་པ་ལ་ཉེས་པ་མེད་དོ། །སྩོགས་པ་ཞེས་བྱ་བའི་སྒྲས་ནི་གྲོང་ཁྱེར་དུ་འཇུག་པ་ལ་སོགས་པ་བསྡུའོ་སུམ་མདོ་ཚུན་ཆད་འདུག་པ་ཞེས་བྱ་བ ་ནི། ལམ་པོ་ཚེའི?་སུམ་མདོ་ཚུན་ཆད་དུ་འདུག་པ་ལ་ཡང་ཉེས་པ་མེད་དོ་ཞེས་བྱ་བའི་ཐ་ཚིག་གོ། འདི་ནི་དོན་ལས་འཐོབ་པས་གསལ་བར་བྱ་བའི་ཕྱིར་མདོར་བྲིས་ཏེ། སྔར་གསུམ་པོ་འདི་དག་ནི་སྲ་བརྐྱང་བཏིང་པ་ལ་མི་འབྱུང་ངོ་ཞེས་སྨོས་པས་བསྟན ་ཟིན་པའི་ཕྱིར་རོ། །འདིར་གཞུང་ནི། བཙུན་བ་སྲ་བརྐྱང་གཏིང་པཱི་གནས་ན་རྐྱེན་དུ་དག་བག་ཡངས་སུ་འགྱུར་ལགས། ཉེ་བར་འཁོར་བཅུ་སྟེ་བཅུ་གང་ཞེ་ན། ཡང་ཡང་ཟ་བ་དང་འདུས་ཤིང་ཟ་བ་དང། མ་སྨྲས་པར་རྒྱུ་བ་དང། སྨད་གཡོགས་སྟོད་གཡོགས་དང ་བཅས་བས་རྩི?་བདེར་ལྗོངས་རྒྱུབ་དང། མཚན་མོས་འབྲལ་བ་མེད་པ་དང། ཞག་བཅུས་ཟླ་བ་མེད་བ་དང། ཟླ་བས་འདའ་བ་མེད་བ་དང། གོས་ཇི་ཙམ་གྱིས་ཆོག་བ་སློང་བ་དང། གོས་རུང་བར་མ་བྱས་བ་ཇི་ཙམ་འདོད་བདག ་འཆང་བ་དང། སྟོན་ཟླ་འབྲིང་པོ་ཆེས་བཅུ་དྲུག་ནས་དབྱིང་ཟླ་ར་བ་ཉའི་བར་དུ་དབྱར་གནས་པའི་དགེ་འདུན་གྱི་རྙེད?་བ་མི་བགོ་བའོ་ཞེས་གསུངས་པ་དང། གཞན་ཡང་བཅོམ་ལྡན་འདས་ཀྱིས་དགེ་སློང་གིS་ཁྱིམ་གཞན་དུ་སྨད་གཡོགས་དང་སྟོད ་གཡོགས་ཀྱིས་འདུག་བར་བྱའོ་ཞེས་གསུངས་ན། བཙུན་བ་སུམ་མདོ་དང་བཞི་མདོ་དག་ཏུ་སྨད་གཡོགས་དང་སྟོད་གཡོགས་ཀྱིས་མཆིས་སུ་རུང་དམ། ཉེ་བར་འཁོར་སྲ་བརྐྱང་བཏིང་ན་རུང་ངོ་ཞེས་གསུངས་པ་ཡིན་ཏེ་དེ་གཉག་འདིར་བསྡུས ་པ་ཡིན་ཏོ། དགེ་འདུན་ཐམས་ཅད་དབྱར་ཕྱི་མར་གནས་པར་ཁས་བླངས་པ་ངག་ལ་ཡང་སྲ་བརྐྱང་གདིང་བ་ཆགས་སོ། །དེ་གདིང་བའི་དུས་ནི་སྟོན་ཟླ་ཐ་ཆུང་ཆེས་བཅུ་དྲུག་གོ། དཔྱིད་ཟླ་འབྲིང་པོ་ཉ་ལ་དེ་དབྱུང་ངོ། །སྲ་བརྐྱང་གདིང་བའི་དགེ་སློང ་གཞན་དུ་གྱུར་ན་དེ་སྦེད་པ་བསྐོ་བར་བྱའོ། །སྲ་བརྐྱང་གཞི་ཞུ་བ་ལ་སོགས་པའི་སྐབས་སོ་ཞེས་བྱ་བ་ནི། སྲ་བརྐྱང་གི་གཞི་ཞུ་བ་ལ་སོགས་པའི་སྐབས་སུ་གཏོགས་པ་བཤད་ཟིན་ཏོ།། །།སྲ་བརྐྱང་གི་གཞི་རྫོགས་སོ་ཞེས་བྱ ་བ་དེ་བཤད་ཟིན་ཏོ།། །།བམ་པོ་ལྔ་བཅུ་གཉིས་པ། །ད་ནི་གོས་ཀྱི་གཞི་བསྡུ་བར་བྱ་སྟེ་དེའི་ཕྱིར། མཚོན་གྱིས་མ་དྲས་པའི་གོས་སྦྱང་བར་མི་བྱའོ་ཞེས་བྱ་བ་སྨྲས་ཏེ། མཚོན་གྱིས་མ་དྲས་བ་ཞེས་བྱ་བ་ནི། ཁ་ཚར་དང་ཕུན་ཚར་མ་གཅད ་པ་སྟེ་དེ་ནི་ཁྱིམ་པའི་གོས་ཡིན་པའི་ཕྱིར་བཀག་གོ། འདིར་གཞུང་ནི་དེ་ལྟ་བས་ན་དགེ་སློང་དག་གིས་ཁྱིམ་པ་དག་གིས་གོས་མཚོན་གྱི་དྲས་པ་དག་ཁ་དོག་ངན་པ་བྱས་ཏེ་བཅང་བར་གནང་ངོ་ཞེས་གསུངས་པ་ཡིན་ནོ། །དྲས་ཤིང་དྲུབས ་པ་ཆོས་གོས་ཉིད་དུ་བྱིན་གྱིས་བརླབ་པར་བྱའོ་ཞེས་བྱ་བ་ནི། གླེགས་བུར་དྲས་ཤིང་དྲུབས་པ་ཞེས་བྱ་བའི་ཐ་ཚིག་སྟེ། དེ་ཆོས་གོས་ཉིད་དུ་བྱ་བའི་ཕྱིར་བྱིན་གྱིས་བརླབས་པར་བྱེའོ། །རྣམ་པ་གང་གིས་དྲུབས་པ་ཞེ་ན་དེའི་ཕྱིར་སྣམ་ཕྲན་སྣརེལ?་ཞི ་ཉིད་དང་ལྷག་མ་མཉམ་པ་ཉིད་དང་དབུས་ནས་གཞན་དུ་གླེགས་བུའི་འགྲོ་ཕྱོགS་ཕྱོགས་སུ་ལྟ་བ་ཉིད་དང་མཛའ་བསྐོར་བ་ཉིད་དགག་སོ་སོ་ཞེས་བྱ་བ་སྨྲས་ཏེ། ཞེང་དུ་བཏང་བའི་གླེགས་བུའི་ཚད་དག་ནི་སྔར་ཟླ་བས་སྤང་བ་རྣམ་པར་འབྱེད་པའི་སྐབས་སུ ་གླེགས་བུ་ཕྱེད?་དང་གསུམ་པ་ཉིད་དང་གླེགས་བུ་ཕྱེད་དང་གཞི་པ་ཉིད་དང། གླེགས་བུ་ཕྱེད་དང་ལྔ་བ་ཉིད་ཅེས་བྱ་བ་ལ་སོགས་བས་བཤད་པའི་རྣམ་པ་ཡིན་ནོ། །སྲིད་དུ་བཏང་བའི་གླེགས་བུའི་ཚད་དག་ནི་སྣམ་ཕྲན་སྨེལ་ཞི་ཉིད་དང། ལྷག་མ་མཉམ་བ? ་ཉིད་དང། དབུས་ནས་གཞན་དུ་གླེགས་བུའེ་འཕྲོ་ཕྱོགས་ཕྱོགས་སུ་ལྟ་བ་ཉིད་ཅེས་བྱ་བ་འདི་གསུམ་ལྟར་བྱའོ། །མཛའ་བསྐོར་བ་ཉིད་ཅེས་བྱ་བ་ནི་མཛའ་ཐམས་ཅད་བསྐོར་བ་སྟེ། མཛའ་ཞེས་སྨོས་བའི་ཕྱིར་རོ། །དེ་ལྟ་པས་ན་མདོ་འདི་ནི་སྲིད་དུ ་བཏང་བའི་གླེགས་བུའི་ཚད་ངག་དང་མཛའ་བསྐོར་གྱིས་དབང་དུ་བྱས་བ་ཡིན་ནོ། །དེ་ལ་སྣམ་ཕྲན་སྣརེལ་ཞི་ཉིད་ཅེས་བྱ་བ་ལ། འདིར་སྣམ་འཕྲན་ཞེས་བྱ་བའི་སྒྲ་ནི་སྲིད་དུ་བཏང་བའི་ཚལ་བུ་ལ་བྱའོ། །སྣརེལ་ཞི་ཞེས་བྱ་བ་ནི་སྲིད་དུ་བཏང་བའི་སྣམ་ཕྲན? ་དེ་དག་གི་ཚལ་བུ་རྣམས་ཀྱི་སྣ་དྲང་ཐད་དུ་མ་བབ་བར་མཐོན་དམན་མི་མཉམ་པ་ཉིད་ཀྱིས་འགྲུས་ཐབས་ཉིད་དུ་འདུག་པའོ། །དེའི་དངོས་པོ་ནི་དེ་ཉིད་དོ། །ལྷག་མ་མཉམ་པ་ཉིད་ཅེས་བྱ་བ་ལ། ལྷག་མ་ཞེས་བྱ་བ་ནི་དབུས་ཀྱི་སྣམ་འཕྲན་ལ་མ ་གཏོགས་པའི་སྣམ་འཕྲན་དག་འཚལ་བུས་ནོན་པ་གང་ཡིན་པ་དེའི་ལྷག་མའི་ཕྱོགས་ནི་འདིར་ལྷག་མ་ཉིད་དུ་བརྗོད་དེ་ལྷག་མ་དེ་དང་དབུས་ཀྱི་སྣམ་ཕྲན་དུ་མཉམ་བར་བྱ་བའོ། །དེའི་དངོས་པོ་ནི་དེ་ཉིད་དོ། །དབུས་ནས་གཞན་དུ་ཚལ་བུའི་འཕྲོ ་ཕྱོགས་ཕྱོགས་སུ་ལྟ་བ་ཉིད་ཅེས་བྱ་བ་ལ། དབུས་ཞེས་བྱ་བ་ནི་ཞེང་དུ་ཐལ་དྲང་དུ་བཏང་བའི་རྣམ་ཕྲན་དབུས་མ་གཉིས་ཀྱིས་བར་གྱི་གླེགས་བུའོ། །དེ་ནས་གཞན་དུ་གླེགས་བུའི་འགྲོ་ཞེས་བྱ་བ་ནི། དབུས་དེ་ནས་གཡས་གཡོན་གཞན ་དུ་སྣམ་འཕྲན་ཞེང་དུ་ཐལ་རངས་སུ་བལྟང་བ་དག་གིས་གླགས་བུའི་འབྱོའོ། །ཕྱོགས་ཕྱོགས་སུ་ལྟ་བ་ཞེས་བྱ་བ་ནི། གཡས་གཡོན་གྱི་གླེགས་བུ་ཐམས་ཅད་ལ་ཁྱབ་པར་བྱ་བའི་ཕྱིར་ཕྱོགས་ཕྱོགས་སུ་ཞེས་ཟློས?་བུང?་བྱ་སྟེ། གཡས་ཕྱོགས་ཀྱི་ཚལ་བུ ་རྣམས་ཀྱིས་འཕྲོ་ཡང་གཡས་ཕྱོགས་སུ་ཕྱི་བརྒྱུད་དུ་བལྟལ། གཡོན་ཕྱོགས་ཀྱི་འཚལ་བུ་རྣམས་ཀྱི་འཕོ་ཡང་གཡོན་ཕྱོགས་སུ་ཕྱི་བརྒྱུད་དུ་བལྟ་བའོ། །དེའི་དངོས་པོ་ནི་དེ་ཉིད་དོ། །དེ་ལྟར་རྣམ་ཕྲན་སྨྲལ་ཞེ་ཉིད་དང་ལྷག་མ་མཉམ་པ་ཉིད་དང། ་དབུས་ནས་གཞན་དུ་འཚལ་བུའི་འཕྲོ་ཕྱོགས་ཕྱོགས་སུ་ལྟ་བ་ཉིད་ཅེས་བྱ་བ་དེ་གསུམ་གྱིས་ནི་སྲིད་དུ་བཏང་བའི་གླེགས་སུ་དག་དྲུབ་པ་བསྟན་ཏོ། །མཛའ་?་བསྐོར་བ་ཉིད་ཅེས་བྱ་བ་ནི་ཆུ་ཞེང་གི་མཐབ་བོར་བར་ཀུན་དགའ་བོའི་མཛའ་བསྐོར་གྱིས ་བསྐོར་བའོ། །དེའི་དངོས་པོ་ནི་དེ་ཉིད་དོ། །དེ་ལྟར་རྣམ་པ་བཞི་པོ་དེ་དག་བསྡུས་པས་དྲུབས་པའི་ཆོས་གོས་གང་ཡིན་པ་དེ་བྱིན་གྱིས་བརླབ་པར་བྱའོ། །འདི་སྐད་བསྟན་ཏེ། ཇི་ལྟར་སྲིད་དུ་བཏང་བའི་འཚལ་བུ་རྣམས་ཀྱིས་སྣ་འཐོན་དམན་དུ་འདུག་པས་སྣམ ་ཕྲན་སྣརེལ་ཞི?་དེང?་དུ་འགྱུར་བ་དེ་ལྟར་ཆོས་གོས་དེ་དྲུབས་པར་བྱའོ། །སྣམ་བུ་གཅིག་ལ་འཚལ་བུས་ནོན་བའི་ལྷག་མ་མ་ནོན་བ་ཇི་ཙམ་ཡོད་པ་དེ་ཙམ་དུ་དེ་ལས་གཞན་པའི་གླེགས་བུ་ལྷགས་མ་དག་ཀྱང་དེ་དང་མཉམ་པར་བྱའོ། །དབུས་ཀྱི་སྣམ་བུ་ལས ་བལྟོས་ནས་གཡས་གཡོན་གྱི་ཕྱོགས་གཉིས་སུ་གླེགས་བུའི་འཕྲོ་ཕྱོགས་ཕྱོགས་སུ་བལྟ་བར་བྱའོ། །དོས་བཞི་ཀུན་ནས་འཁོར་བར་ཀུན་དགའ་བོའི་མཛའ་སྐོར་གྱིས་འཕྲོ་ཐམས་ཅད་བསྐོར་བར་བྱའོ། །ཆོ་ག་འདི་ནི་རབ་ཏུ་བྱུན་གབ་གཞན་དག་ལས་དགེ ་སློང་རྣམས་ཀྱི་ཆོ་ལ་གོས?་ཐ་དད་བར་བསྒྲུབ་པའི་ཕྱིར་རོ། །གོས་གང་ལ་ཆོས་གོས་ཀྱི་དོན་དུ་རྣམ་པ་དེ་ལྟ་བུར་བྱིན་གྱིས་བརླབ་པར་བྱ་ཞེ་ན། དེའི་ཕྱིར་ཐད་གོས་དང་བླ་གོས་དང་སྣམ་སྦྱར་ལའོ་ཞེས་བྱ་བ་སྨྲས་ཏེ། གསུམ་ཆར་ལ་ཡང་རྣམ་པ་དེ་ལྟ་བུར་གྲུབ་ཅིང ་བྱིན་གྱིས་བརླབ་པར་བྱའོ། །མཐད་གོས་ཞེས་བྱ་བ་ནི། སྨད་དུ་བགོ་བར་བྱ་བའོ། །བླ་གོས་ཞེས་བྱ་བ་ནི་ལུས་ཀྱི་སྟོང་དུ་བགོ་བར་བྱ་བའོ། །སྣམ་སྦྱར་ཞེས་བྱ་བ་ནི། སྣམ་འཕྲན་དུ་དྲས་ཏེ་སྦྱར་བ་ལས་བློས?་ཀྱི་རིགས་གང་འབྱུང་བའོ། །དགེ་སློང་མས་ནི ་ཤིང་ད་དབུད་བཅད་དང་རྡུལ་གཟན་རྣམ་པ་གང་ཡང་རུང་བའོ་ཞེས་བྱ་བ་ནི། དགེ་སློང་མས་སྔར་སྟན་བའི་ཆོས་གོས་གསུམ་དང་གཉིས་དང་ལྔ་བྱིན་གྱིས་བརླབ་པར་བྱའོ། །རྣམ་པ་གང་རུང་བཞེས་བྱ་བ་ནི། དྲས་ཤིང་དྲུབས་པ་ཡང་རུང་དྲས་ཤིང་དྲུབས་པ ་མ་ཡིན་ཡང་རུང་བའོ། །འདིར་གཞུང་ནི་དགེ་སློང་མ་གོས་ཆོས་ཟིན་པས་སྲ་བརྐྱང་ཕྱུང་ནས་གལ་ཏེ་ཆོས་གོས་ལྔ་པོ་གང་ཡང་རུང་བ་དག་ལས་ཆོས་གོས་གཅིག་དང་ནུབ་གཅིག་མཚམས་ཀྱི་ཕྱི་རོལ་ཏུ་བྲལ་ན་སྤང་བའི་ལྟུང་བྱེད་དོ་ཞེས་གསུངས་པ་ཡིན་ནོ། ། ་ཆོས་གོས་ལྔ་པོ་དག་ཅེས་བྱ་བ་ནི་སྣམ་སྦྱར་དང་བླ་གོས་དང་མཐང་གོས་དང་ཤིང་ད་དཔུང་བཅད་དང་རྡུལ་གཟན་ཞེས་བྱ་བ་དག་གོ་།བརྙན་རོའང?་ཡོད་ཅིང་བདོག་ནའོ་ཞེས་བྱ་བ་ནི། གལ་ཏེ་ཆོས་གོས་དྲས་ཤིང་དྲུབས་པ་བརྙན་པོ་ཡང་ཡོད་ཅིང་བདོག་ན། དེའི ་ཚེ་དེ་ཡང་བྱིན་གྱིས་བརླབ་པར་བྱའོ། །གལ་ཏེ་མི་བདོག་ན་ནི་དྲས་ཤིང་དྲུབས་པ་མ་ཡིན་པ་ལ་ཡང་བྱིན་གྱིས་བརླབ་པར་བྱ་བ་སྟེ། ཆོས་གོས་བྱིན་གྱིས་མ་བརླབས་པས་འདུག་པར་མི་བྱའོ། །དེ་དག་བཞག་སྟེ་སྐྱ་རེངས་འཆར་བ་འདའ་བར་མི་བྱའོ་ཞེས་བྱ ་བ་ནི། ཆོས་གོས་བྱས་ལ་གསུམ་མམ་ལྔ་པོ་དེ་དག་བཞག་སྟེ་སྐྱ་རེངས་འཆར་བ་འདའ་བར་མི་བྱའོ། །བརྙན་པོ་ཡང་ཡོད་ཅིང་བདོག་ནའོ། །འདི་སྐད་བསྟན་ཏེ་ཆོས་གོས་ཡོད་ན་སྐྱ་རེངས་ཤར་བའི་དུས་སུ་ཆོས་གོས་བྱིན་གྱིས་མ་བརླབས། བས་འདའ་བར ་མི་བྱའོ། །གཞན་མེད་ན་ཁ་མ་བསྒྱུར་བ་ལ་ཡང་བྱིན་གྱིས་བརླབས་པ་འཆགས་སོ་ཞེས་བྱ་བ་ནི། ཁ་བསྒྱུར་བ་འམ་བརྙན་པོ་གཞན་མེད་ན་ཁམ་བསྒྱུར་བའི་གོས་ལ་ཡང་བྱིན་གྱིས་བརླབས་པ་འཆགས་པའོ། །མ་དྲིས་བ་ལ་ཡང ་དོ་ཞེས་བྱ་བ་ནི། དྲ་པ་གཞན་མེད་ན་མ་དྲས་བ་ལ་ཡང་བྱིན་གྱིས་བརླབ་པ་འཆགས་བའོ། །དེ་ལ་གལ་ཏེ་འབྱོར་ན་ལྷན་ཐབས་གླན་ནོ་ཞེས་བྱ་བ་ནི། མ་དྲས་བདེ་ལ་གལ་ཏེ་ལྷན་ཐབས་ཞེས་བྱ་བ་གླེགས་བུའི་འཕྲོ་བདོག་ན་གླན་པར་བྱའོ།། ་ཁྱིམ་དུ་རུང་བའི་རྣམ་པ་ལ་ཡང་ངོ་ཞེས་བྱ་བ་ལ། ཁྱིམ་དུ་རུང་བ་ཞེས་བྱ་བ་ནི། ཁྱིམ་བའི་ཁྱིམ་དུ་སྤྱད་དུ་རུང་བའོ། །རྣམ་པ་ཞེས་བྱ་བ་ནི། དེ་ལྟ་བུའི་གོས་ཀྱི་རྣམ་པ་སྟེ། ཁ་ཚར་དང་ཕུག་ཚར་གྱི་མཛའ་བཅད་དུ་རུང་བ་དགེ་སློང་གི་ཆོས་གོས་ཀྱི ་རྣམ་པ་ཉིད་དུ་མ་རེས་བ་ཞེས་བྱ་བའི་ཐ་ཚིག་སྟེ། གཞན་མེད་ན་དེ་ལ་ཡང་བྱིན་གྱིས་བརླབས་པ་འཆགས་པའོ། །ཕྱིད་པ་དང་ལ་བ་དང་བེའུ་ཕྲུག་དང་ཀླ་མ་དང་སངས་པ་ནི་མི་འདྲ་བར་ལྷན་ཐབས་གླན་ཞིང་དྲུབ་བོ་ཞེས་བྱ་བ་ནི། ཆོས་གོས་ཉིད་དུ་བྱིན ་གྱིས་བརླབ་པར་བྱ་བའོ། །འདི་ལྟར་གཞན་ལས་སྤུ་ཅན་ནི་ཆོས་གོས་གསུམ་པོ་ཉིད་དུ་བྱིན་གྱིས་བརླབ་པར་མི་བྱའོ་ཞེས་གསུངས་མོད་ཀྱི། འོན་ཀྱང་ཟླ་བ་དང་བེའུ་ཕྲུག་དག་ལ་སྤུ་བྱི་བ་ཡང་སྲིད་བས་འདིར་དེ་གཉིས་བཟུང་ངོ། །འདིར་གཞུང་ནི ་དགེ་སློང་ལྔ་པོ་འདི་དག་ནི་མི་འོད་བ་དག་ཡིན་ཏེ། ཕྱིད་པ་ཐམས་ཅད་དང། ལ་བ་ཐམས་ཅད་དང། དེའུ་ཕྲུགས་ཐམས་ཅད་དང། ཀླ་ཨམ་ཐམས་ཅད་དང། གོས་སངས་བ་ཐམས་ཅད་དེ། ལྷན་ཐབས་གླན་ཏེ་བཅད་བར་བྱའོ་ཞེས་གསུངས་པ་ཡིན་ནོ། །གནས ་མ་ལ་མི་གཙང་བས་གོས་བོར་གྱུར་ན་དེའི་མོད་ལ་སྤྱད་བར་བྱའོ་ཞེས་བྱ་བ་ནི། དགེ་འདུན་གྱི་འམ་གང་ཟག་གི་མལ་ཆ་དང་སྟན་ལ་མི་གཙང་བས་གོས་བར་གྱུར་ན་དེའི་མོད་ཁོ་ན་ལ་མི་བརྐྱང་བར་བཀྲུ་བར་བྱ་བའོ། །དགེ་འདུན་གྱིས་རྩཝའི་ཁྲི་དང ་ཁྲིའུ་མ་གཏོགས་བསྟན་པ་མཆད་ལ་དེ་མ་ཡིན་པའི་གདིང་བ་མེད་པ་དང་གདིང་གཡོགས་ལ་ཡང་བར་ཚད་མ་བཅུག་པར་ཉེས་པར་སྤྱད་པར་མི་བྱའོ་ཞེས་བྱ་བ་ནི། དགེ་འདུན་གྱི་རྩཝའི་ཁྲི་དང་ཁྱིའུ་མ་གཏོགས་པ་ཐ་ན་སྟན་ཡན་ཆད་དགེ་འདུན་གྱིས་གནས ་མལ་ལ་དགེ་འདུན་གྱི་གདིང་བ་མ་ཡིན་བ་རང་གི་གདིང་བ་?་མེད་པར་ལོངས་སྤྱད་པར་མི་བྱ་བ་དང། དགེ་འདུན་གྱི་གདིང་གཡོགས་ལ་ཡང་གང་ཟག་གི་གོས་ཀྱི་བར་ཆད་མ་བཅུག་པར་སྤྱད་པར་མི་བྱ་བའོ། །རྩཝའི་ཁྲི་དང་ཁྱིའུ་ཞེས་བྱ་བ་ནི་རྩཝ ་མུན་ཇ་དང་གྲེས་མ་ལ་སོགས་པའི་ཐགས་མས་བརྒྱུས་པའི་ཁྲི་དང་ཁྲིའུ་སྟེ། དེ་ལ་གདའ་ཨི་བ་གཞན་མེད་ཀྱང་རུང་ངོ། །སྟན་ཡན་ཆད་ཅེས་བྱ་བ་ནི། མལ་སྟན་སྟ་ཞོག་གིས་ཐ་མལ་པར་འདུག་པའི་སྟན་ཡན་ཆད་ལ་ཡང་གདིང་བ་མེད་པར་འདུག་པས་མི ་བྱ་སྟེ། དེས་ན་འདིར་ཡན་ལག་གིས་རེག་པ་ཅམ་ལ་ཡང་གདིད་བ་གཞུག་དགོས་པར་རིགས་པར་བྱའོ། །དེ་མ་ཡིན་པར་ཞེས་བྱ་བ་ནི། དགེ་འདུན་གྱིས་གདིང་བ་མ་ཡིན་པའོ། །གདིང་བ་མེད་པར་ཉེ་བར་སྤྱད་པར་མི་བྱའོ་ཞེས་བྱ་བ་ནི། གདུང་ཟག་གི་གདིང ་བ་མེད་པར་རོ། །གདིང་གཡོགསྒ་ཞེས་བྱ་བ་ནི། འདིར་སྟེད་ནས་བགོ་བའི་གོས་དང་ཐང་ལ་བཞར་བའི་གདིང་བ་ལ་བྱ་སྟེ། དགེ་འདུན་གྱིས་གདིང་གཡོགས་དེ་ལ་ཡང་གང་ཟག་གི་གོས་ཀྱི་བར་ཆད་མ་བཅུག་པར་ཉེ་བར་སྤྱད་པར་མི་བྱའོ། །ཐམས་ཅད ་ཀྱི་ཁྲ་བོ་ཕལ་ཆེར་མ་ཉམས་པ་ལ་ཡང་ངོ་ཞེས་བྱ་བ་ལ། ཐམས་ཅད་ཀྱི་ཞེས་བྱ་བ་ནི། དགེ་འདུན་གྱི་འབའ་ཞིག་ཏུ་མ་ཟད་ཀྱི་གང་ཟག་གི་ལ་ཡང་ངོ། །ཁྲ་བོ་ཞེས་བྱ་བ་ནི། པར་ཐང་དང་དྲེའུ་རྡོག་དང་ཟ་འོག་ལ་སོགས་པ་ཚོན་རི་ཅན་ཐམས་ཅད་དོ། ། ་ཕལ་ཆེར་མ་ཉམས་པ་ཞེས་བྱ་བ་ནི། ཧ་ཅང་རྙིང་བ་མ་ཡིན་པའོ། །དེ་ཡང་སྟན་ཡན་ཆད་པ་དེ་མ་ཡིན་པའི་གདིང་བ་མེད་པ་དང། གདིང་གཡོགས་ལ་ཡང་བར་ཆད་མ་བཅུག་པར་ཉེ་བར་སྤྱད་པར་མི་བྱའོ། །སྐབས་འདིར་དེ་མ་ཡིན་པ་ཞེས་བྱ་བ་ནི། ཁྲ་བོ ་མ་ཡིན་པ་དང། དགེ་འདུན་གྱིས་མ་ཡིན་པ་གཉིག་གཟུང་ངོ། །དན་ངོན་ཙམ་དང་དྲི་མ་ཅན་གྱིས་མི་བྱའོ་ཞེས་བྱ་བ་ནི། གདིང་བ་དན་དོན་ཙམ་དང་གདིང་བ་དྲི་མ་ཅན་གྱི་དགེ་འདུན་གྱི་འམ་གང་ཟག་གིས་གནས་མ?་ལ་སྤྱད་པར ་མི་བྱ་བའོ། །གདིང་བ་བཅད་བར་བྱའོ་ཞེས་བྱ་བ་ནི། གང་ཟག་གིས་བཅད་བར་བྱ་བའོ། །དེ་སྟུག་ན་ཅིག་ཀྱང་རུང་ངོ་ཞེས་བྱ་བ་ནི། གདིད་བ་དེའོ། །སངས་པ་ནི་ཉི་རིམ་མོ་ཞེས་བྱ་བ་ནི། སེངས་པ་ཞེས་བྱ་བ་ནི། སེང་སེང་དུ་གྱུར་པ་ཡིན་མ་ཉི་རིམ་དུ་བྱ་དགོས་སོ།། ་ཁྲ་ཁྲ་པོ་མི་རུང་ངོ་ཞེས་བྱ་བ་ནི། སྟུག་པོ་ཡང་རུང་སེངས་པ་ཡང་རུང་སྟེ། གདིད་བ་ཁྲ་བོ་བཀྲ་བ་ཁྲ་ཁྲ་བོར་འདུག་བ་བཅས་པར་མི་བྱའོ། །དེ་ལ་གླེགས་བུའི་འཕྲོ་བྱའོ་ཞེས་བྱ་བ་ནི། གདིང་བ་དེ་ལ་ཆོས་གོས་ཀྱི་གླགས་བུའི་ཚལ་བལྟ་བུའོ། །ཕྱོགས ་གང་དུ་དུ་ཞིག་བྱ་ཞེ་ན། དེའི་ཕྱིར་འོག་རོལ་གྱིས་སུ་མཆའི་དང་བོར་རོ་ཞེས་བྱ་བ་སྨྲས་ཏེ། འོག་རོལ་ཞེས་བྱ་བ་ནི། རྐང་བའི་མཛའ་ལོགས་སུའོ། །སུམ་ཆ་ཞེས་བྱ་བ་ནང་བ་ལོགས་སུ་སུམ་ཆ་བོར་ལ་བསྟོང་དུ་སུམ་ཉིས་པོར་བའི་མཚམས་སུའོ། ་དང་པོར་རོ་ཞེས་བྱ་བ་ནི། སུམ་ཆའི་མཚམས་དེ་འོག་རོལ་གྱི་ཆའི་དང་པོ་ཡིན་པས་དེ་ཉིད་དུ་བཅད་དེ་ཆོས་གོས་ཀྱི་འཚལ་བུ་འདྲ་བར་གླེགས་བུའི་འཕྲོ་གཅིག་བྱ་བར་ཟད་ཀྱི། མཐར་ཡང་མི་བྱ་དབུས་སུ་ཡང་མི་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། ་གླེགས་བུ་གཅིག་པ་བྱིན་གྱིས་བརླབ་པར་མི་བྱའོ་ཞེས་བྱ་བ་ནི། གདིང་བ་སྟེ་དེའི་ཕྱིར་སྔར་འོག་རོལ་གྱི་དེ་སུམ་ཆའི་དང་པོར་རོ་ཞེས་སྨོས་པས་གླེགས་བུ་ཕྱེད་དང་གཉིས་པར་བྱ་བར་བསྟན་པ་ཡིན་ནོ། །གཡན་པ་དག་བ་པ་དེ་དང་ལྡན་པས་བཅད ་བར་བྱའོ་ཞེས་བྱ་བ་ནི། དགེ་སློང་གཡན་པ་དང་ལྡན་པས་གཡན་པ་དགབ་པ་དེ་བཅད་པར་བྱ་བའོ། །དེ་ཞག་ལྔ་འམ་དྲུག་ཅིང་སྤྱད་བར་བྱ་བའོ་ཞེས་བྱ་བ་ནི། གཡན་བ་དགག་པ་བཞག་ལྔ་འམ་དྲུག་བ?་བཀྲུ་བར་བྱ་བའོ། །སྦིམ་བབ་གྱི?་བ་ལ་གྱི ་དད་ཤ་ནའི་དང་ཟར་མའི་རུང་ངོ་ཞེས་བྱ་བ་ནི། ཆོས་གོས་ཉིད་དང་གོས་ལྷག་ཉིད་དུ་ཡང་དེ་ལས་བྱས་པའི་གོས་རུང་བའོ། །རྣམས་སུམ་བྱས་པ་དང་གསོམ་ནི་མི་རུང་བའོ་ཞེས་བྱ་བ་ནི། དཔག་བསམ་ཤིང་ལས་བྱུང་བའི་གོས་ལ་སོགས་པ་དང་གསོ ་མ་ལས་བྱས་པའི་གོས་ནི་མི་རུང་བ་སྟེ། སྦང་བའི་ཞུ་བ་ལས་ཉེས་བྱས་བྱེད་པ་ཉིད་ཀྱིས་མི་རུང་བའི་ཁོངས་སུ་གསུང་བའི་ཕྱིར་རོ། །སྐྲ་ལས་བྱས་པ་དང་གཅེར་བུ་པ་དང་བྱ་?་པ་པ་ཡང་དག་པར་ལེན་པ་ཡང་ངོ་ཞེས་བྱ་བ་ཡང། མི་རུང་ངོ་ཞེས ་བྱ་བར་སྦྱར་རོ། །སྐའི་ལྭ་བ་པ་ཡང་དག་པར་ལེན་པ་དང་གཅེར་བུ་པ་ཡང་དག་པར་ལེན་པ་དང། བྱ་འུག་པ་པ་ཡང་དག་པར་ལེན་པ་ནི་མི་རུང་ངོ། །འདིར་གཞུང་ནི་དགེ་སློང་བྲམ་ཟེའི་བུ་མོས་ཞུས་པ་ལས། མུ་སྟེགས་ཅན་གྱི་རྒྱལ་མཚན ་གསུམ་པོ། །གཙོར་བུ་པ་ཉིད་དང། བྱ་འུག་པ་པ་ཉིད་དང། སྐྲའི་ལྭ་བ་བ་ཉིད་འཆང་བར་བྱེད་ན་ཉེས་པ་སྦོམ་པོར་འགྱུར་རོ། །མུ་སྟེགས་ཅན་གྱི་རྒྱལ་མཚན་གསུམ་པོར་གམ་གཏོགས་པ་དེ་ལས་གཞན་པའི་མུ་སྟེགས་ཅན་གྱི་རྒྱལ་མཚན ་འཆང་ན་ཉེས་བྱས་སུ་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །གཞན་དེ་དག་ཀྱང་ཡང་དག་པར་བླངས་པ་སྔོན་དུ་གཏོང་བས་འཆད་ན་ནི་ཉེས་པ་སྦོམ་པོར་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །དེ་ལ་སྦོམ་པོའི་ཞེས་བྱ་བ་ནི། སྐྲ་ལས་བྱས་པ་དང། གཅེར ་བུ་པ་དང། བྱ་འུག་པ་ཡང་དག་པར་ལེན་པ་དེ་ལ་ནི་དགེ་འདུན་གྱི་དབྱེན་གྱི་ཕྱོགས་སུ་གཏོགས་པའི་ཉེས་པ་སྦོམ་པོར་འགྱུར་བར་རིག་པར་བྱའོ། །གཞན་བསྟེན་པ་ནི་དེའོ་ཞེས་བྱ་བ་ནི། གསུམ་པོ་དེ་དག་ལས་གཞན་པའི་མུ་སྟེགས་ཅན་གྱི་རྒྱལ ་མཆན་གཞན་བསྟེན་པ་ནི་མི་རང་བ་དེ་སྡེ་ཉེས་བྱས་བྱེད་པ་ཉིད་ཡིན་ནོ། །དེ་དག་ཀྱང་ཡང་དག་པར་བླང་བ་སྔོན་དུ་གཏང་བས་འཆང་ན་ནི་སྦོམ་པོར་འགྱུར་བས་དེའི་ཕྱིར་ཡང་དག་པར་བླང་བ་སྔོན་དུ་གཏོང་བ་ལས་གཞན་པ་ཡང་དག་པར་བླང་བ་སྔོན ་དུ་བཏོང་བ་མ་ཡིན་པས་འཆད་ན་དེ་ཡང་རུང་བ་མ་ཡིན་ཏེ་དེ་ནི་ཉེས་བྱས་བྱེད་པ་ཉིད་ཡིན་ནོ། །འདི་སྐད་བསྟན་ཏེ། མུ་སྟེགས་ཅན་གྱི་རྒྱལ་མཚན་གང་ཅི་ཡང་རུང་བ་འཆད་ན། ཡང་དག་པར་བླང་བ་སྔོན་དུ་བཏང་བས་ཀྱང་རུང། ཡང ་དག་པར་བླང་བ་སྔོན་དུ་མ་བཏང་བས་ཀྱང་རུང་སྟེ། དེ་དག་ཐམས་ཅད་ལ་དག་པ་དང་གྲོལ་བར་འཛིན་པས་འཆད་བ་ནི་ཉེས་པ་སྔོན་པར་འགྱུར་རོ། ། དག་པ་དང་གྲོལ་བར་འཛིན་པ་མེད་ན་ནི་སྐྲའི་བ་བ་དང་གཅེར་བུ་པ་དང། བྱ་འུག་པ་པ་གཽམ ་ནི་སྦོམ་པོ་ཉིད་དུ་ལོགས་ཤིག་ཏུ་གསུངས་པས། དེ་གསུམ་ལས་གཞན་པའི་མུ་སྟེགས་ཅན་གྱི་རྒྱལ་མཚན་ལ་དག་པ་དང་གྲོལ་བར་འཛིན་པ་མེད་ཅིང། ཡང་དག་པར་བླང་བསྔོན་དུ་མ་བཏང་བས་འཛིན་པ་ཐམས་ཅད་ལ་ནི་ཉེས་བྱས་སོ། ། ་སྐྲ་དཔལ་བ་དང་ལོ་མ་གྱོན་པ་དང་གཡང་གཞིའི་སྨད་གཡོགས་སྟོད་གཡོགས་དང་བཅས་པས་འཚོ་བ་དང་གསོ?་རས་དང་ཡན་ལག་གི་སྤུབས་དང་གོས་ཐམས་ཅད་སྔོ་བ་དང། གདངས་ཀ་ལྟ་བུ་དང། ཁ་ཚར་རིང་པོ་དང་རལ་ག་དང་གཙུག་ཏོར་དང ་མགོ་དཀྲི་བ་དང། ར་ཕྱར་དང་རྔ་བལ་གྱི་སྣམ་བུ་དང་མུ་སྟེགས་ཅན་གྱི་རྒྱལ་མཚན་ཡང་ངོ་ཞེས་བྱ་བ་ཡང་མི་རུང་བ་ཞེས་བྱ་བར་སྦྱར་རོ། །སྐྲ་འབལ་བ་ཞེས་བྱ་བ་ནི། མུ་སྟེགས་ཅན་གྱི་བརྟུལ་ཞུགས་སྐྲ་འཐོབ་པར་བྱེད་པའོ། །ལོ་མ་གྱོན་པ་ཞེས་བྱ ་བྱ་ནི། ལོ་མ་དང་ཤུད་པ་ལ་སོགས་པ་གྱིན་པའོ། །གཡང་གཞི་སྨད་གཡོགས་སྟོང་གཡོགས་དང་བཅས་པས་འཚོ་བ་ཞེས་བྱ་བ་ནི། རི་དགས་ཀྱིས་བགས་པའི་འོ། །གསོར་ས་ཞེས་བྱ་བ་ནི། གསུམ་ལས་བྱས་པའི་གོས་སེང་སེང་པོའོ། །ཡན་ལག་གི ་སྤུབས་ཞེས་བྱ་བ་ནི། དེར་མ་ལ་སོགས་པའི་གོས་སོ། །གོས་ཐམས་ཅད་སྔོ་བ་ཞེས་བྱ་བ་ནི། རིལ་གྱིས་སྔོ་བ་བཀག་པ་ཡིན་གྱི། གོས་ཐམས་ཅད་སེར་བ་དང་དམར་བ་ནི་མ་བཀག་གོ། གདེངས་ཀ་ལྟ་བུ་ཞེས་བྱ་བ་ནི། གོས་ཀྱི་ཁ་ཆེར་སྤྲུལ་མགོ ་གེངས་ཀ་ལྟ་བུར་རིང་པོར་བྱེད་པའོ། །ཁ་ཚར་རིང་པོ་ཞེས་བྱ་བ་ནི། གོས་ཁ་ཚར་མ་བཅད་པའོ། །རླ་ག་ཞེས་བྱ་བ་ནི། ཤིང་དང་དཔུང་བཅས་ལས་གཞན་པའི་རྣམ་པ་ཡིན་པར་རིག་པར་བྱ་སྟེ། དཔེར་ན་ལྷམ་ཡུ་རིངས་ཀྱི་རྣམ་པ་ལས་ལྷམ་སྒྲོག ་གུ་ཡུ་ཅན་གྱི་རྣམ་པ་ཆུང་ཟད་གཞན་པ་དང་འདྲའོ། །གཙུག་ཏོར་ཞེས་བྱ་བ་ནི་གཙུག་བཏོར་མཐོན་པོའོ། །མགོ་དཀྲིས་པ་ཞེས་བྱ་བ་ནི། ཐོས་ལ་སོགས་པ་སྟེ་གཙུག་ཏོར་མ་ཡིན་ནོ། །ར་ཕྱར་ཞེས་བྱ་བ་ནི། ར་བལ་ལས་བྱས་པའི་ཕྱིར་བའོ ་རྔ་བལ་གྱིས་མ་བུ་ཞེས་བྱ་བ་ནི། རྔ་མོའི་བླ་ལས་བྱས་པའི་སྣམ་བུའོ། །མུ་སྟེགས་ཅན་གྱི་རྒྱལ་མཚན་ཞེས་བྱ་བ་ནི། དེ་དག་ལ་གཞན་པ་ཡིན་པར་མ་རིག་པར་བྱའོ། །པུ་ལ་སའི་འདབ་མ་གང་ཙམ་དང་མར་མེའི་སྙིང་པོ་ཙམ་དེས་ཀྱང་སྙོམས ་པར་བྱ་བའི་ཕྱིར་བགོ་བཤའ་བྱའོ་ཞེས་བྱ་བ་ནི། ཟས་ནི་ཐན་ཤིང་པུ་ལ་སའི་ལོ་མ་གང་ཙམ་དེས་ཀྱང་དབང་པ་ཐམས་ཅད་ལ་སྙོམས་པར་བྱ་བའི་ཕྱིར་བགོ་བཤའ་བྱའོ། །གོས་ནི་ཐ་ན་མར་མེའི་སྙིང་པོ་ཙམ་དེས་ཀྱང་དབང་བ་ཐམས་ཅད་སྙོམས་པར ་བྱ་བའི་ཕྱིར་བགོ་བཤའ་བྱའོ། །འདིར་གཞུང་ནི་ཕྲན་ཚེགས་དག་ལས་དགེ་སློང་དག་དེ་ལྟ་པས་ན་ཟས་ཀྱིས་རྙེད་པ་བྱུང་ན་བུ་སའི་ལོ་མས་ཀྱང་སྙོམས་པར་བྱས་ཏེ་བགོ་བཤའ་བྱའོ། །གོས་ཀྱི་རྙེད་པ་བྱུང་ན་མར་མེའི་སྙིང་པོ་ཙམ་གྱི་སྦྱོར་བས་ཀྱང ་སྙོམས་པར་བྱས་ཏེ་བགོ་བཤའ་བྱའོ་ཞེས་གསུངས་པ་ཡིན་ནོ། །ལ་བ་དང་དེ་དག་ནི་བཙོངས་ཏེའོ་ཞེས་བྱ་བ་ནི། བོག་བཤའ་བྱའོ་ཞེས་བྱ་བར་སྦྱར་རོ། །ལ་བ་དང་ལ་པ་ལྟ་བུའི་གོས་གཞན་གང་དག་བཅད་དུ་མི་རུང་བ་དེ་དག་ནི་གཙོངས་ཏེ་བགོ་བཤའ ་བྱའོ། །མ་གཤེགས་པ་ཉིད་དོ་ཞེས་བྱ་བ་ནི། ལ་བ་དང་དེ་ལྟ་བུ་དག་ནི་དེ་ལས་གཞན་པའི་གོས་བཞིན་དུ་མོག་ཤེགས་པ་ཉིད་ཡིན་ནོ། །རྙེད་པོ་བགོ་བ་ལ་སྔ་བྱའོ་ཞེས་བྱ་བ་ནི་རྙེད་པ་བགོ་བ་ལ་བྱ་བ་ལྔ་བྱ་བའོ། །རྙེད་པ་བགོ་བ་ལ་བྱ་བ་ལྔ་བྱ་བ་དེ་དག ་གང་ཞེ་ན་དེའི་ཕྱིར། དེང་རྙེད་པ་བགོད་པར་འགྱུར་གྱིས་དེར་ཁྱེད་ཅག་གིས་ཆོགས་པར་བྱའོ་ཞེས་དགེ་འདུན་ལ་བརྗོད་པར་བྱ་བ་དང་གཎྜི་བརྡུངས་བ་དང། ཚུལ་ཤིང་བྲིམ་པ་དང། བགྲང་བ་དང། སོ་སོའི་སྐྱལ་བ་བྲརེམ་པའོ་ཞེས ་བྱ་བ་སྨྲས་ཏེ། རྙེད་བ་བགོ་བའི་དུས་སུ་བྱ་བ་ལྔ་པོ་དེ་དག་གོ་རིམ་བཞིན་དུ་བྱའོ། །ཐ་མ་ཡན་ཆད་བྱེད་པ་ཉིད་ན་འོངས་པ་དབང་བ་ཉིད་ཡིན་ནོ་ཞེས་བྱ་བ་ནི། རྙེད་བ་བགོ་བའི་དུས་སུ་བྱ་བ་ལྔ་པོ་དེ་དག་གི་གོ་རིམས་ཀྱི་ཐ་མ་ནི་སོ་སོའི་སྐལ་པ་དྲིམ ་པ་སྟེ། གདོམ་བཞི་ལྟ་ཅེ་སྨོས་ཀྱི། ཐ་མ་དེ་ཡན་ཆད་བྱེད་པ་ན་དགེ་སློང་གཞན་གློ་བུར་དུ་འོངས་པ་ཡང་རྙེད་པའི་སྐལ་བ་དབང་བ་ཉིད་ཡིན་པའོ། །འདི་ནི་ངས་བའི་རྙེད་པ་མ་ཡིན་གྱི། དགེ་འདུན་ཙམ་ལ་སྦྱིར་སྤགས་ཏེ་ཕུལ་བའི་རྙེད་བ ་ཡིན་པར་ཤེས་པར་བྱ་སྟེ། དཔེར་ན་དུས་སྟོན་ཆེན་པོ་དག་གིས་ཆ་ལྟ་བུའོ། །དབྱར་གནས་པའི་རྒྱུ་ལས་བྱུང་བ་ལ་སོགས་པའི་རྙེད་པ་དེས་པ་གཞན་ལ་ནི་གློ་བུར་དུ་འོངས་ཀྱི་མི་དབང་བ་ཉིད་ཡིན་ནོ། །བྱ་བ་ལྔ་པོ་འཇུག་ཏུ་མ་བྱིན་པ་ཉིད་ལ་ནི་གློ ་བུར་དུ་འོང་བ་ཉིད་དབང་བར་བསྟན་ན། འཇུག་ཏུ་ཕྱིན་པ་ལ་ཇི་ལྟར་བསྒྲུབ་བར་བྱ་ཞེ་ན་དེའི་ཕྱིར། འཇུག་ཏུ་ཕྱིན་པ་ཉིད་ན་མི་དབང་ངོ་ཞེས་བྱ་བ་སྨྲས་ཏེ། བྱ་བ་ལྔ་པོ་ཐམས་ཅད་འཇུག་ཏུ་ཕྱིན་པ་ཉིད་ན་འོངས་པ་དེ་ནི་དེར་རྙེད་པ་མི་དབང་ངོ། །དེ་ནི་རྙེད་པ ་ཆུང་དུ་ལ་ཡང་ངོ་ཞེས་བྱ་བ་ནི། སྔར་སྟན་པ་ལ་སོགས་པ་དེ་ནི་རྙེད་པ་ཆུང་དུ་ལ་ཡང་བྱའི། རྙེད་པ་ཆེན་པོ་འབའ་ཞིག་ལ་བྱ་བར་མ་ཟད་དོ། །རྙེད་པའི་བྱ་དེད་ཞུགས་ན་སོང་བ་ཉིད་ཡིན་ཡང་མི་དབང་བ་མ་ཡིན་ནོ་ཞེས་བྱ་བ་ནི། དབྱར་གནས་པ་ལ ་སོགས་བའི་རྒྱུ་གང་གིས་རྙེད་པ་འབྲིམ་པར་བྱེད་པའི་བྱ་བ་དེར་གལ་ཏེ་དགེ་སློང་དེ་ཞུགས་བར་གྱུར་ན་གནས་སྐབས་དེ་དག་བྱ་བ་དེ་བྱས་པ་ཡིན་པས། གཙུག་ལག་ཁང་གིས་མཚམས་ལས་འདས་ཏེ་སོང་ཡང་རྙེད་པ་དེ་དབང་བ་ཡིན་ནོ། །དེའི་ཕྱིར ་འགྲོ་བས་མནོས་པ་བཅོལ་བར་བྱའོ་ཞེས་བྱ་བ་ནི། གང་གི་ཕྱིར་རྙེད་པ་དེ་དབང་བ་དེའི་ཕྱིར་དགེ་སློང་འགྲོ་བས་རང་གི་བསྐལ་པ་ནོད་པ་གཞན་ལ་བཅོལ་པར་བྱ་བའོ། །ཁས་བླངས་པ་དང་ལྡན་པས་མ་ཟིན?་དོན་བསབ་པར་བྱ་བ་ཉིད་ཡིན་ནོ་ཞེས་བྱ་བ་ནི ་མདོད་དོ་ཞེས་ཁས་བླངས་པ་དང་ལྡན་པས་གལ་ཏེ་རྙེད་པ་མ་མ་ནོས་ན་དེའི་ཚེ་སྒོ་ནས་བསབ་པར་བྱ་བ་ཉིད་ཡིན་པའོ། །རྙེད་པ་ཆུང་དུ་ལ་པ་ན་ལྔ་ལ་སོགས་པའོ་ཞེས་བྱ་བ་ནི། རྙེད་པ་ཆུང་དུ་ལ་ཡང་གལ་ཏེ་མནོད་པར་ཁས་བླངས་པ་དང་ལྡན་པས ་?་མནོས་ན། བགོ་སྐལ་མ་ཤ་ཀ་ལྔའམ་དེ་བས་ལྷགས་པ་ཡིན་ན་དེ་ལ་བསྩམ་པར་བྱ་བ་ཉིད་ཡིན་པའོ། མ་བཅོལ་ན་གནོད་པར་ནི་བྱའོ་ཞེས་བྱ་བ་ནི། བདག་པོས་མ་བཅོལ་ན་དེའི་སྐལ་བ་མནོད་པར་མི་བྱའོ། །སློབ་དཔོན་ནམ་མཁན་པོའི ་ན་མནོད་པར་བྱའོ་ཞེས་བྱ་བ་ནི། དེ་གཉིས་ཀྱི་ནི་མ་བཅོལ་ན་ཡང་ངོ། །ཡིད་བཅུགས་པའི་གནས་ཀྱི་དོན་དུ་ཡང་ངོ་ཞེས་བྱ་བ་ནི། གང་ཟག་གང་ཡིད་བཅུགས་པའི་གནས་སུ་གྱུར་པ་ཡིན་ན་དེའི་དོན་དུ་ཡང་མ་བཅོལ་ཀྱང་གནོད་པར་བྱའོ།། ་རང་གི་ཕྱོགས་དང་མཐུན་པ་མ་ཡིན་པའི་དོན་དུ་མི་བྱའོ་ཞེས་བྱ་བ་ནི། བྱེ་བའི་ཕྱོགས་སུ་སོང་བའི་དོན་དུ་ཡང་མནོད་པར་མི་བྱ་བའོ། །དེ་ནི་གནས་མལ་ལ་ཡང་ངོ་ཞེས་བྱ་བ་ནི། མ་བཅོལ་ན་མནོད་པར་མི་བྱའོ་ཞེས་བྱ་བ་ལ་སོགས་པ་དེ་ནི ་གནས་མལ་ལ་ཡང་རིག་པར་བྱ་བ་སྟེ། གང་གིས་བཅོལ་ཏམ་གང་ལ་ཡོད་བཅུགས་པ་ཡོད་པ་ནི་མངོན་སུམ་དུ་མ་གྱུར་གྱང་དེའི་དོན་དུ་མནོད་པར་བྱའོ། །ཟས་ལ་ཡང་ངོ་ཞེས་བྱ་བ་ནི། མ་བཅོལ་ན་མནོད་པར་མི་བྱ་བའོ་ཞེས་བྱ་བ་ལ་སོགས་པ་རིག ་པར་བྱ་བ་སྟེ། དེ་དག་ནི་གཞན་གྱི་ཚིག་གེ་ལ་སྐབས་མེད་བར་བྱ་བའི་ཕྱིར། །གཞན་གྱི་དོན་དུ་གནོད་པ་ཕ་རོལ་ལ་གོ་པར་བྱའོ་ཞེས་བྱ་བ་ནི་གཞན་གྱི་དོན་དུ་རྙེད་པ་དང་གནས་མལ་ལ་སོགས་པ་མནོད་པ་གང་ཟག་ཕ་རོལ་པོ་གཞན་དག་ལ ་གོ་བར་བྱ་བ་སྟེ། འདིར་ཡང་གཞན་གྱིས་ཚིག་གིས་སྐབས་མེད་པར་བྱ་བའི་ཕྱིར་རོ། །འདིར་གཞུང་ནི་ནོད་པར་བྱེད་པས་ཕ་རོལ་ལ་གོ་བར་བྱའོ་ཞེས་གསུངས་པ་ཡིན་ནོ། །མི་དབང་བས་ནང་དུ་ཞུགས་ཏེ་མི་བྱའོ་ཞེས་བྱ་བ་ནི། ་རྙེད་པ་མི་དབང་བས་གང་ངག་དབང་བ་དེ་དག་གི་ནང་དུ་ཞུགས་ཏེ་སྐལ་བ་མནོད་པར་མི་བྱའོ། །འདིར་གཞུང་ནི་དེ་ལྟ་བས་ན་དགེ་སློང་གིས་གཞན་གྱི་རྙེད་པར་འཇུག་པར་མི་བྱའོ་ཞེས་གསུངས་པ་ཡིན་ནོ། །འདིར་དཔེ་གཞན་ཡོད་ཚེ་དང་ལྡན་པ ་ཉི་དགའ་མགྲོན་དུ་བོས་པས་ཟན་ཟོས་ན་བདེ་ནས་ཡོན་རས་ཡུག་ཆེན་མི་ནོས་པ་ཡིན་ནོ། །དབང་བ་གཅིག་ཉིད་ཀྱིས་ཤིན་ཏུ་མང་པོ་ཐོབ་པ་ལ་མི་དབང་བའི་རྒྱུར་འགྱུར་བ་མེད་དོ་ཞེས་བྱ་བ་ནི། གང་ཟག་དབང་བ་གཅིག་ཉིད་ཀྱིས་རྙེད་པ་ཤིན་ཏུ་མང ་པོ་ཐོབ་པ་ལ་མི་དབང་བའི་རྒྱུར་འགྱུར་བ་མེད་བའོ། །འདི་སྐད་བསྟན་ཏེ། གལ་ཏེ་གཙུག་ལག་ཁང་ན་དགེ་སློང་གཅིག་བུ་འདུག་པར་གྱུར་ལ། དེར་རྙེད་བ་ཤིན་ཏུ་མང་པོ་གྲུབ་པར་གྱུར་ཀྱང། དབང་བ་ཉུང་བ་མི་དབང་བའི་རྒྱུར་མི་འགྱུར་ཏེ། རྙེད་པ ་དེ་དེ་ཉིད་ཀྱི་ཡིན་པར་རིག་པར་བྱའོ། །འདིར་ཁུངས་ནི་རྒན་ཞུགས་ཏེ་གཉིས་འདིས་ཉམ་དུ་བདག་ཅག་གཉིས་ལ་ངས་ལུག་ཆེན་བརྒྱ་ཇི་ལྟར་འབྱུང་བར་འགྱུར་ཏེ། གཞན་ནས་འཇུག་ཏུ་གཞུག་པར་བྱའོ་སྙམ་དུ་སེམས་སོ། །ཞེས་གསུངས་པ་དང ་དེད་དཔོན་གྱིས་དགེ་འདུན་གྱི་ཕྱིར་གཙུག་ལག་ཁང་དུ་རྙེད་པ་མང་པོ་བསྐུར་བ་ན། གཙུག་ལག་ཁང་དེན་དགེ་སློང་གཅིག་ཕུ་ཞིག་གནས་བ་དེ་འགྱོད་པས་མི་ལེན་པ་ནས། བཅོམ་ལྡན་འདས་ཀྱིས་དེ་ནི་དེན་གང་གནས་པ་དེའི་ཡིན་ནོ་ཞེས ་རྗེས་སུ་གནང་བའི་བར་དུ་གསུངས་པ་ཡིན་ནོ། །བྱ་བ་ན་ཆོས་མ་ཡིན་པའི་ཕྱོགས་དང་མཐུན་པ་དག་ཏུ་སོང་བ་དགེ་འདུན་གྱི་རྙེད་པ་མི་དབང་དོ་ཞེས་བྱ་བ་ནི། དགེ་འདུན་དབྱེ་བ་ན་གང་ཟག་གང་ཆོས་ཀྱི་ཕྱོགས་དང་མཐུན་པ་སྤངས་ཏེ་ཆོས་མ ་ཡིན་པའི་ཕྱོགས་དང་མཐུན་བར་ཏུ་སེང་བ་གང་ཡིན་པ་དེ་དགེ་འདུན་གྱི་རྙེད་པ་མི་དབང་བའོ། །དེའི་དུས་ཀྱི་རྙེད་པ་ལ་ནི་?་རིང་དུ་གནས་ན་གནས་པ་ཉིད་ཡིན་ནོ། །ཞེས་བྱ་བ་ནི། དབྱར་གནས་པ་ལ་སོགས་པའི་དུས་དེར་འབྱུང་བའི་རྙེད་པ་ནི་དེའི ་དུས་ཀྱི་རྙེད་མ་ཞེས་བྱ་སྟེ། དེ་ལ་ནི་གང་ཟག་དུས་ཆེས་ཡུན་རིན་དུ་དབྱར་གྱི་ནང་ན་གནས་ན་དུས་དེ་བས་ཐུང་བ་ཞིག་གནས་པར་མ་གྱུར་དུ་ཟིན་ཀྱང་དེ་རྙེད་པ་དེ་ལ་གནས་ཉིད་ཡིན་པས་རྙེད་པ་དེའི་སྐལ་བ་དབང་བའོ། །འདི་སྐད་བསྟན་ཏེ། ་གང་དུས་ཆིས་ཡུན་རིང་དུ་འདུག་འདུག་ནས་གནས་གཞན་དུ་སོང་བ་དེ་ནི་དེའི་དུས་ཀྱི་རྙེད་པ་དབང་བ་ཉིད་ཡིན་ཏེ། དེ་ནི་སོང་བའི་དབང་དུ་བྱས་ཏེ་གསུངས་པ་ཡིན་ནོ། །བབས་པ་དང་ཤི་བར་གྱུར་བ་གཉིས་ཀྱང་ངོ་ཞེས་བྱ ་བ་ནིང་འདི་གཉིས་ཀྱང་ཆས་རིང་དུ་གནས་གནས་པ་ཡིན་ན་དེའི་དུས་ཀྱི་རྙེད་པ་དབང་བ་ཉིད་ཡིན་ནོ། །འདི་ལྟར་འདི་བ་ཉེས་ལ་ཡང་རྙེད་པ་དགོས་པ་ཡོད་དེ་འགའ་ཞིག་ལ་དབུལ་ལམ། བུ་ལོན་པ་ཡོད་དམ། ནད་གཡོགས་ལ་ཡོ་བྱང་དྲུག ་མ་འབྱོར་ན་དེ་སྦྱིན་པར་བྱ་བ་ཉིད་དང། དགེ་སློང་རྣམས་ཀྱིས་ཤི་བའི་ཡོ་བྱད་དུ་བྱིན་གྱིས་བརླབས་པ་ལ་སོགས་པར་ཤི་བའི་རྙེད་པའི་སྐལ་བ་དང་བཅས་པའི་སྒོ་དེ་ལྟ་བུ་དག་ཡོད་ལ། གབས་པ་ལ་ནི་དངོས་སུ་དགོས་པ་ཉིད་ཡོད་པའི་ཕྱིར་རོ།། ་རྙེད་པ་ནི་ཇི་ལྟར་རྣམ་པར་ངེས་བར་བྱེད་པ་ལྟར་རྣམ་པར་གཞག་གོ་ཞེས་བྱ་བ་ནི། རྙེད་བ་ནི་བདག་པོ་དག་གི་བརྙེད་པ་འདི་ནི་འདི་ལྟར་རྣམ་པར་ངེས་པར་བྱའོ་ཞེས་བསྡོས་ཤིང་ཇི་ལྟར་རྣམ་པར་ངེས་པར་བྱས་པ་དེའི་རྗེས་སུ་འབྲང་བས་རྣམ ་བར་བཞག་པར་བྱ་བ་སྟེ། གཙུག་ལག་ཁང་འདི་ན་གནས་པའི་དགེ་སློང་རྣམས་ཀྱིས་གནས་མལ་དང་བསོད་སྙོམས་ལ་སོགས་པ་ལོངས་སྤྱད་པར་བྱའོ་ཞེ་འམ། དགུན་ནམ་དགུན་སྤང་དམ་དབྱིད་དམ་སོས་ཀ་འམ། དབྱར་རམ་སྟོན ་གནས་པའི་དགེ་འདུན་རྣམས་ལ་རྙེད་པ་འདི་འབུལ་གྱིས་འདི་ན་གནས་པའི་དུས་ཚིག་འདིའི་ཁོངས་སུ་གཏོགས་བས་སྤྱད་བར་དབྱའོ་ཞེ་འམ། གང་ལ་ལ་གནས་ཁང་འདི་འམ་ཁང་ཁྱིམ་འདི་ན་གནས་པ་དེ་ལ ་རྙེད་པ་འདི་ཁུང་བར་འབུལ་གྱིས་དེས་འདི་སྤྱད་བར་བྱའོ་ཞེས་དེ་ལྟར་ཡོན་བདག་གིས་གཙུག་ལག་ཁང་ནམ། དུས་ཚིག་བསམ་གནས་ཁང་གི་དབང་དུ་བྱས་ཏེ་དགེ་འདུན་ནམ་གང་ཟག་ལ་རྙེད་པ་བསྡོས་ཤིང་རྣམ་པར་དེས ་པར་བྱས་པ་དེ་ནི་དེ་ཁོ་ན་བཞིན་དུ་གཙུག་ལག་ཁང་དང། དུས་ཚིགས་དང། གནས་ཁང་དོན་དགེ་འདུན་ནམ་གང་ཟག་སུ་གནས་པ་དག་གིས་འཁྲུལ་བ་མེད་པར་སྦྱང་པར་བྱ་བ་ཡིན་ཏེ། དེ་ནི་ཡིན་བདག་གིས་རྣམ་པར་དེས་པར་བྱོས ་པའི་དབང་དུ་བྱས་པ་ཡིན་ནོ། །མཐོབ་རྣམས་གྱིས་བྱང་ངོ་ཞེས་བྱ་བ་ནི། རྙེད་བ་ནི་ཇི་ལྟར་རྣམ་པར་ངེས་པར་བྱེད་བ་ལྟར་རྣམ་པར་བཞག་གོ་ཞེས་བྱ་བའི་རྗེས་བསྙག་པའི་ཕྱིར། ཀྱང་ངོ་ཞེས་བྱ་བའི་སྒྲ་སྨོས་སོ། །འདི་ནི་གང་གང་ཆེན ་ཡོན་བདག་གིས་རྣམ་པར་ངེས་བར་མ་བྱས་པ་དེའི་ཆེ་རྙེད་པ་ཐོབ་པའི་གང་ཟག་རྣམས་ཀྱིས་རྣམ་པར་ངེས་བར་བྱས་པ་དབང་དུ་བྱས་པ་ཡིན་ཏེ། ཁས་བླངས་པ་དང་བསམ་བླངས་བའི་ཕྱོགས་གཉིས་ཀྱིས་ཁྱབ་ཆེག་མོ་མི་བྱེད་ཀྱིའོ།། ་ཁྱིམ་ཆེ་གེ་མོ་ནི་དེད་ཀྱིའོ། །ལམ་བོ་ཆེ་འདི་ནི་ཁྱེད་ཀྱིའོ། །ལམ་པོ་ཆེ་འདི་ནི་དེད་ཀྱིའོ་ཞེས་བྱ་བ་ལ་སོགས་པ་ལྟ་བུར་ཁྲིམས་སུ་བཅས་ན། གལ་ཏེ་ཕྱོགས་ཅིག་ཤོས་ཀྱི་?་རྣམ་བར་ངེས་པར་བྱས་པའི་ཁྱིམ་ལ་སོགས་པའི་གང་ཡིན ་པ་དེ་ནས་ཕྱོགས་ཅིག་ཤེས་ཀྱི་རྙེད་པ་གང་འཐོབ་པ་དེ་ནི་ཕྱོགས་དེ་མི་དེ་པང་སྟེ། ཁྱིམ་པ་ལ་སོགས་པ་དེ་ཕྱོགས་གང་ག་རེ་རྣམ་པར་ངེས་པར་བྱས་བའི་ཕྱོགས་དེ་དབང་བར་རིག་པར་བྱའོ། །གལ་ཏེ་གཅིག་གིས་ཕྱོགས་སུ་བྱས་པའི་ཁྱིམ ་དུ་ཕྱོགས་པ་ཉི་གདུས་གཅིག་ཏུ་ཆོགས་ཏེ། རྙེད་པ་མཉམ་དུ་གྲུབ་བར་གྱུར་ན་ཡང་རྙེད་བ་དེ་དག་ཁྱིམ་དེ་ཕྱོགས་གང་གིས་རྣམ་པར་ངེས་པར་བྱས་པའི་ཕྱོགས་དེ་ཉིད་དབང་གི། །ཕྱོགས་གཅིག་ཤོས་མི་དབང་གི། ཕྱོགས་ཅིག་ཤོས་མི་དབང་སྟེ ་ཕྱོགས་དེས་ཐོབ་ཏུ་ཟིན་ཀྱང་ཕྱོགས་གཅིག་ཤོས་ཡི་དབུལ་བར་བྱ་དགོས་སོ། །ཇི་སྟེ་དབང་བའི་ཕྱོགས་དེས་བྱིན་ན་ནི་མི་དབང་བའི་ཕྱོགས་ཀྱིས་ཀྱང་ཅི་བདེར་ལོངས་སྤྱད་དུ་རུང་ངོ། །ལ་ལ་འདི་སྙམ་དུ་དོགས་ཏེ། ཁྱིམ་དེར་ཕྱོགས་གཉིས ་གོས་རྙེད་བ་གྲུབ་པ་ན་ཕྱོགས་ཅིག་ཤོས་ཀྱིས་ཀྱང་རྙེད་པ་གྲུབ་བ་ཡིན་ན་དེའི་སྐལ་བ་ཅིག་ཤོས་ལ་དབུལ་ཅི་དགོས་སྙམ་དུ་དོགས་པ་བསལ་བའི་ཕྱིར། ཐམས་ཅད་ཀྱིས་ཕུལ་ན་ཡང་ངོ་ཞེས་བྱ་བ་སྨྲས་ཏེ། སྦྱིན་བདག་ཐམས་ཅད་ཀྱི་གང་གིས་ཚེ ་རྙེད་པ་འབུལ་བར་བྱེད་དུ་ཟིན་ཀྱང་དེའི་ཆེ་འཐོང་བ་རྣམས་ཀྱིས་རྣམ་པར་བཞག་པ་བྱས་པ་དེའི་རྗེས་སུ་འབྲང་བས་རྙེད་པ་རྣམ་པར་བཞག་པར་རིག་པར་བྱའོ། །འོ་ན་འདི་སྐད་ཅེས་གང་གི་ཆོ་དགེ་འདུན་འབྱེད་བ་དེའི་ཆེ་དགེ་སློང་དག་གིས་ཀྱིམ་ཆག་མོ ་ནི་ཁྱེད་ཀྱིའོ། །ཁྱིམ་ཆེ་གེ་མོ་ནི་དེད་ཀྱིའོ། །ཞེས་དེ་དང་དེ་ལྟར་ཁྲིམས་སུ་བྱ་བ་བཅས་ནས་དབྱར་གནས་པར་ཁས་ལེན་པར་བྱེད་པ་ཞེས་གསུངས་བས། འདིར་དབྱར་གྱི་དུས་སུ་བྱ་བདག་གི་ཕྱོགས་གཉིས་ཀྱི་དབང་དུ་མཛད་དེ། གསུངས་པ ་མ་ཡིན་ནམ་ཞེ་ན། འདིད་དབྱར་གྱིས་དུས་སུ་བྱེ་བ་དག་གི་ལ་ཕྱོགས་གཉིས་ནི་དཔེ་ཙམ་དུ་ཟད་དེ། དགུན་ལ་སོགས་པ་དག་གིས་དུས་ཚིགས་གཞན་དང་སྡེ་མཏན་གཞན་དག་ལ་ཡང་འདི་རུང་བས་དེའི་ཕྱི?་སྐྱེས་དོར་བསྡུས་སོ། །གལ་ཏེ་ཟས ་ལ་ཡང་དེ་ལྟར་རྣམ་པར་ངེས་བར་བྱས་པར་གྱུར་ན་དེའི་ཚེ་ཕྱོགས་ཅིག་ཤོས་ཀྱིས་རྗེས་སུ་མ་གནང་ན། ཕྱོགས་གཞན་གྱིས་བཟའ་བར་མི་བྱ་སྟེ། དེ་ལྟར་ས་ན་རྙེད་པ་ཐམས་ཅད་ལ་ཡང་རྗེས་སུ་གནང་བ་ཉིད་ཡིན་ཉེས་པ་མེད་པར་རིག་པར ་བྱའོ། །དགེ་འདུན་ཡོངས་སུ་མ་བཅད་ན་ལས་ཀྱི་མཚམས་ཀྱིས་ཡོངས་སུ་བཅད་དོ་ཞེས་བྱ་བ་ནི། སྦྱིན་བདག་གིས་འདི་སྐད་ཅེས་བདག་གིས་དགེ་འདུན་ལ་ཕུལ་ལོ་ཞེས་ཟེར་ཞིང། དགེ་འདུན་གང་དག་ལ་འབུལ་བ་ཡོངས་སུ ་མ་བཅད་པར་རྙེད་པ་རྣམ་པར་ངེས་པར་མ་བྱས་ན། དེའི་ཆེ་ལས་ཀྱི་མཚམས་ཀྱི་དགེ་འདུན་ཡོངས་སུ་བཅད་པར་བྱས། ལས་ཀྱི་མཚམས་ཞེས་བྱ་བ་ནི། ལས་བྱར་རུང་བའི་མཚམས་ཏེ། མཚམས་ཆེན་པོ་བཅད་བའི་གནས་ན་ནི། ་དཔག་ཚད་ཕྱིད་དང་གསུམ་གྱི་མཛའ་ཚུན་ཆད་དོ། །མཚམས་མ་བཅད་པའི་གནས་རྩིག་པས་བསྐོར་བ་ན་ནི་ཕྱིར་རའི་རྩིག་པའི་མཛའ་ཆུན་ཆད་དོ། །མཚམས་མ་བཅད་བའི་རྩིག་པས་མ་བསྐོར་བའི་གནས་ན་ནི་ཝ་ཁ་ནས་ཆུ་?་པའི ་སྣས་གར་སླེབས་པའི་མཛའ་ཚུན་ཚད་དོ། །དཀྱིལ་འཁོར་བའི་མཚམས་བཅད་པའི་གནས་ན་ནི་དེ་ཉིད་ཀྱི་མཛའ་?་ཚུན་ཆད་དོ། །གྲོང་གི་གནས་ན་ནི་གྲོང་གི་ཉེ་འཁོར་ཀྱི་མཛའ་ཆུན་ཆད་དོ། །མཚམས་དེ་དག་གི་ཁོངས་སུ་གཏོགས་པའི་དགེ ་སློང་རྣམས་ཀྱིས་རྙེད་བ་དེ་དབང་ངོ་ཞེས་བྱ་བའི་ཐ་ཆོག་གོ། འདི་ལ་གཅིག་ལ་སོགས་པ་ནི་དེ་ཉིད་དོ་ཞེས་བྱ་བ་ནི། དགེ་འདུན་གྱི་ཕྱིར་འཕུལ་བའི་རྙེད་པ་འདི་ལ། གང་ཟག་གཅིག་ལ་སོགས་པའི་དགེ་འདུན་དུ་མ་ལོངས་པ་མཚམས་གཅིག ་གནང་དུ་གཏོགས་པ་རྣམས་ནི་དགེ་འདུན་གྱི་ཉིད་དང་འབྲ་སྟེ། དེ་དག་རྙེད་པ་དེ་དབང་དོ་ཞེས་བྱ་བའི་ཐ་ཚིག་གོ། དཔེར་ན་དགེ་སློང་སྐྱེས་བ་འམ་བུད་མེད་འགའ་ཞིག་ལ་བརྟེན་ནས་དབྱར་གནས་པར་ཁས་ལེན་ཅིང་གནས་དེན་བུད་མེད་ལ་སོགས ་པས་དགེ་འདུན་གྱི་བྱིར་རྙེད་པ་འབུལ་བར་བྱེད་ན་མཚམས་དེའི་ནང་དུ་གཏོགས་པ་རྣམས་ཀྱི་རྙེད་པ་དེ། གལ་ཏེ་བདག་གིས་འོད་ཉིད་ཀྱི་དགེ་འདུན་ལ་འབུལ་ལོ་ཞེས་ཟེར་ལ། གལ་ཏེ་དེ་ན་གང་ཟག་གཞན་མེད་ན་སྐྱེད་པ་དེ་མཚམས ་ཀྱིས་བསྟབས་པ་ཡིན་ནོ། །གལ་ཏེ་འདི་ཁྱོད་ཁོན་ལ་བུལ་ལོ་ཞེས་ཟེར་ན་ནི་རྙེད་བ་དེ་བརྟེན་གྱིས་བསྟབས་པ་ཡིན་ཏེ། རྟེན་གྱིས་དབང་གིས་གྲུབ་ཅེས་བྱ་བའི་ཐ་ཚིག་གོ། ཆོས་ཀྱི་རྙེད་པ་ནི་དེ་སྨྲ་བ་རྣམས་དབང་བ་ཉིད་ཡིན་ནོ་ཞེས་བྱ་བ་ནི་ཆོས་ལ་འཕྲུལ ་བའི་རྙེད་པ་ནི། ཆོས་?་བ་རྣམས་དབང་བ་ཉིད་ཡིན་བའོ། །འདུལ་བ་བྱེ་བྲག་ཏུ་བཤད་པ་དག་ལས་མྱ་ངན་ལས་འདས་པ་ལས་ཕུལ་བ་ནི་མཆོད་རྟེན་གྱི་དང་འང་བར་བཞག་གོ་ཞེས་གསུངས་པས། དེའི་ཕྱིར་འདི་ནི་བཤད་པ་ལ་སོགས་པའི་ཆོས ་ཀྱི་རྙེད་པ་ཡིན་པར་རིག་པར་བྱའི། མྱ་ངན་ལས་འདས་པའི་ཆོས་ཀྱི་རྙེད་པ་ནི་མ་ཡིན་ནོ། །གཙུག་ལག་གི་ཚིགས་སུ་བཅད་པ་གཅིག་འཛིན་པ་ནི་འདིར་དེ་ཉིད་ཀྱི་མཛའ་ཡིན་ནོ་ཞེས་བྱ་བ་ལ། གཙུག་ལག་ཅེས་བྱ་བ་ནི། དང་སྲོང་གིས་གསུངས ་པ་སྟེ་དེའི་ཚིག་སུ་བཅད་པ་གཅིག་འཛིན་པ་ནི་ཆོས་ཀྱི་རྙེད་པ་དབང་བ་འདི་ལ་ཆོས་སྨྲ་བ་དེ་ཉིད་ཀྱི་ཕྱི་མཛའ་ཡིན་ནོ། །མདོ་འདི་ནི་རྩོད་པའི་གཞིའི་གཞུང་ལས་བྱུང་ངོ། །མཚན་མི་མཐུན་པའི་ཤི་བའི་ཡོ་བྱད་ལ་ཅིག་ཤེས་ཡོད་ན་མི་དབང་གཉིད ་དོ་ཞེས་བྱ་བ་ལ། མཚན་མི་མཐུན་བ་ཞེས་བྱ་བ་ནི་དགེ་སློང་དག་དགེ་ང་ཚུལ་གྱི་རྒྱུད་དུ་གཏོགས་པའི་ཤི་བའི་ཡོ་བྱད་དེ་ལ་ནི། དགེ་སློང་མ་དང་དགེ་སྨོས་མ་དང་དག་ཚུལ་མ་དག་མི་དབང་ངོ། །དེ་གཞིན་ད་དགེ་སློང་མ་དང་དགེ་སློང་མ་དང་དགེ་ཚུལ་མའི ་རྒྱུད་དུ་གཏོགས་པ་ཤི་བའི་ཡོ་བྱད་དེ་ལ་ཡང་དགེ་སློང་དང་དགེ་ཚུལ་དག་མི་དབང་བ་ཉིད་ཡིན་ནོ། །ཅི་ཐམས་ཅད་དུ་འམ་ཞེ་ན་མ་ཡིན་ཏེ། དེའི་ཕྱིར་ཅིག་ཤོས་ཡོད་ན་ཅེས་བྱ་བ་སྨྲས་ཏེ། ཅིག་ཤོས་བྱ་བ་མཚན་མཐུན་པ་ཡོད་ན་མཚན་མི་མཐུན་པ་མི? ་?་དབང་པོ། །འདི་སྐད་བསྟན་ཏེ། གང་ན་མཚན་མཐུན་པ་ཡོད་པ་དེ་ན་མཚན་མི་མཐུན་པ་མི་དབང་ངོ། །གང་ན་མཚན་མཐུན་བ་མེད་པ་དེ་ན་མཚན་མི་མཐུན་པ་ཡང་དབང་ངོ། །མདོ་འདི་ནི་གླེང་བཞིའི་གཞུང་ལས་འབྱུང་ངོ། །གནས ་ནས་ཕྱུང་བའི་ཡང་དེ་བཞིན་ནོ་ཞེས་བྱ་བ་ནི། གནས་ནས་ཕྱུང་བའི་རྒྱུད་དུ་གཏོགས་པའི་ཤི་བའི་ཡོ་བྱད་ལ་ཡང་གནས་ནས་མ་ཕྱུང་བ་ཅིག་ཤོས་ཡོད་ན་གནས་ནས་མ་བྱུང་བ་མི་དབང་ལ། གནས་ནས་མ་བྱུང་བ་མེད་ན་ནི་གནས་ནས ་ཕྱུང་བ་དབང་ངོ། །མེད་ན་ཡང་ངོ་ཞེས་བྱ་བ་ནི། མ་སྤངས་པའི་རྒྱུད་དུ་གཏོགས་པའི་ཤི་བའི་ཡོ་བྱད་ལ་ནི་མ་སྤངས་པ་ཅིག་ཤོས་མེད་ན་ཡང་སྤངས་པ་མི་དབང་བའོ། །ཅི་དུས་ཐམས་ཅད་དཱུམ་ཞེ་ན་མ་ཡིན་ཏེ། དེའི་ཕྱིར་རྒྱུ་ལས་སེམས་མ་ལོག ་ནའོ་ཞེས་བྱ་བ་སྨྲས་ཏེ། ལྟུང་བ་མ་མཐོང་བ་ལ་སོགས་པའི་རྒྱུ་གང་གིས་དེ་གནས་ནས་དབྱུང་བའི་ལས་བྱས་པའི་རྒྱུ་དེ་ལས་སེམས་མ་ལོག་ཅིང་བཟློག་པར་མ་བྱས་པ་དེ་གནས་ནས་མ་ཕྱུང་བའི་རྒྱུད་དུ་གཏོགས་པའི་ཤི་བའི་ཡོ་བྱད་ལ་གནས ་ནས་མ་ཕྱུང་བ་ཅིག་ཤོས་མེད་ན་ཡང་མི་དབང་གི་རྒྱུ་ལས་སེམས་ལོག་ན་ནི་དབང་ངོ། །འདིར་གཞུང་ནི་གང་དབང་ལགས། དེ་དག་གང་གིས་དང་པོར་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་སྤོང་བར་བྱེད་བའོ་ཞེས་གསུངས་པ་ཡིན་ནོ། །དེའི་དེ ་མནོད་པར་བྱ་བ་ཉིད་ལ་དེ་ནི་ཐ་དད་པ་ཉིད་མ་ཡིན་ནོ་ཞེས་བྱ་བ་ནི། སྤངས་པ་དེའི་ཤི་བའི་ཡོ་བྱད་དེ་མནོད་བར་བྱ་བ་ཉིད་ལ། སྤངས་པ་དེ་ནི་མ་སྤངས་བ་དང་ཐ་དད་པ་ཉིད་མ་ཡིན་ནོ། །འདི་སྐད་བསྟན་ཏེ། སྤངས་པ་དེ་དག་གི་ཤི་བའི་ཡོ་བྱད་དེ ་དག་མནོད་བར་བྱ་བ་ཉིད་ལ་སྤངས་པ་དེ་དག་ནི་མ་སྤངས་པ་དག་དང་ཐ་དད་པ་ཉིད་མ་ཡིན་པའི་ཕྱིར། སྤངས་པའི་ཤི་བའི་ཡོ་བྱད་ལ་ནི། སྤངས་པ་གཅིག་ཤོས་ཡོད་ཀྱང་མ་སྤངས་པ་ཡང་དབང་སྟེ། སྤངས་པ་ནི་དགེ་འདུན་ལས་ཐ་དང་?་ཉིད ་མ་ཡིན་པའི་ཕྱིར་རོ། །ཐ་དད་བའི་ལ་ནི་ཐ་དད་པ་ཉིད་དོ་ཞེས་བྱ་བ་འདི་ནི། ཁས་བླངས་པ་དང་ཁས་མ་བླངས་པའི་ཕྱོགས་ཐ་དད་པའི་ཤི་བའི་ཡོ་བྱད་ལ་ནི་ཕྱོགས་དེ་གཉིས་ཐ་དད་པ་ཡིན་པས། ཕྱོགས་ཐ་དང་བའི་ཤི་བའི་ཡོ་བྱད་བླང་པར ་བྱ་བ་ཉིད་ལ་ཐ་དད་བ་ཡིན་ཏེ། གཅིག་ལ་གཅིགམི་དབང་ངོ་ཞེས་བྱ་བའི་ཐ་ཚིག་གོ། འདི་སྐད་བསྟན་ཏེ། གཞན་གྱི་ཕྱོགས་སུ་གཏོགས་པའི་ཤི་བའི་ཡོ་བྱད་ལ་གཞན་གྱི་ཕྱོགས་སུ་གཏོགས་པའི་གང་ཟག་མི་དབང་བྱས་ཆོས་དང་མཐུན་པའི་ཕྱོགས་སུ ་གཏོགས་པའི་ཤི་བའི་ཡོ་བྱད་ལ་ཡང། ཆོས་མ་ཡིན་པ་དང་མཐུན་པའི་ཕྱོགས་སུ་གཏོགས་པ་མི་དབང་ལ། ཆོས་མ་ཡིན་པ་དང་མཐུན་པའི་ཕྱོགས་སུ་གཏོགས་པའི་ཤི་བའི་ཡོ་བྱད་ལ་ཡང་ཆོས་དང་མཐུན་པའི་ཕྱོགས་སུ་གཏོགས་པ་མི་དབང ་དོ། །འདིར་གཞུང་ནི། ཁས་བླངས་པ་རྣམས་ཀྱིས་གནས་སུ་ཁས་མ་བླངས་བའི་དགེ་ཚུལ་འོངས་ཏེ་དུས་བྱས་པར་གྱུར་ན་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །ཆོས་དང་མཐུན་པའི་ཕྱོགས་ཁས་བླངས་པ་ནི་ཁས་བླངས་པ་ཡིན་ལ། ཆོས ་མ་ཡིན་པ་དང་མཐུན་པའི་ཕྱོགས་ཁས་བླངས་པ་ནི་ཁས་མ་བླངས་པ་ཡིན་པར་རིག་པར་བྱའོ། །རབ་ཏུ་བྱུང་བ་དང་ཚངས་པ་མཚུངས་པར་སྤྱོད་པ་ལས་གཞན་པ་དག་དེ་མི་དབང་བ་ཉིད་ཡིན་ནོ་ཞེས་བྱ་བ་ནི། རབ་ཏུ་བྱུང་བ་དང་ཚངས་པ་མཚུངས་པར་སྤྱོད་པ་ལས ་གཞན་པ་ཉེ་དུ་ལ་སོགས་པ་དང་རྒྱལ་པོ་ཡང་རབ་ཏུ་བྱུང་བའི་ཤི་བའི་ཡོ་བྱད་དེ་མི་དབང་བ་ཉིད་ཡིན་ཏེ། དེ་ནི་རབ་ཏུ་བྱང་བ་དང་ཚངས་པ་མཚུངས་པར་སྤྱོད་པ་དག་ཁོ་ནས་དབང་བ་ཡིན་ནོ། །འདིར་རབ་ཏུ་བྱུང་བ་ཞེས་སྨོས་པ་ནི་དགེ་ཚུལ་དང་དགེ་ཚུལ ་མ་དང་དགེ་སློབ་མ་ཡང་དབང་བ་ཉིད་དུ་བསྟན་པའི་ཕྱིར་རོ། །ཚངས་བ་མཚུངས་པར་སྤྱོད་པ་ཞེས་སྨོས་པ་ནི། གཞན་མུ་སྟེགས་ཅན་བརྩལ་བའི་ཕྱིར་རོ། །གསོལ་བའམ་དང་པོ་དང་ཐ་མས་བྱིན་གྱིས་བརླབས་ཟིན་པ་ན་འོངས་པ་ནི་དབང་ངོ་ཞེས་བྱ་བ་ནི། ་ཤི་བའི་ཡོ་བྱད་ལ་དགེ་འདུན་གྱིས་གསོལ་བས་བྱིན་གྱིས་བརླབས་སུ་ཟིན་ཀྱང་རུང། དང་པོ་དང་ཐ་མས་བྱིན་གྱིས་བརླབས་ཟིན་ཀྱང་རུང་སྟེ། དེའི་འོག་ཏུ་རབ་ཏུ་བྱུང་བ་ཚངས་པ་མཚུངས་པར་སྤྱོད་པ་འོངས་པ་དག་ནི་མི་དབང་བ་ཉིད་ཡིན་ནོ། །བྱིན་གྱིས ་བ་རླབ་པ་དེ་གཉིས་མ་ཟིན་བའི་སྐབས་སུ་འོངས་བ་ནི་དབང་ངོ། །དང་པོར་ཤི་བའི་བསོད་ནམས་སུ་ཡོན་བཤེད་པ་བྱས་ནས་ཕྱིས་བྱིན་གྱིས་བརླབས་བར་བྱའོ། །གལ་ཏེ་ཡོན་བཤད་མ་བྱས་པར་བྱིན་གྱིས་བརླབ་པ་དེ་གཉིས་བྱེད་ན་ནི ་བྱིན་གྱིས་བརླབ་པ་དེས་ཕྱིས་འོངས་པ་དག་སྐལ་བ་མི་དབང་བ་ཉིད་དུ་ཡང་མི་འགྱུར་ལ་བྱིན་གྱིས་བརླབས་པ་དེ་ཡང་མི་འཆགས་སོ། །ཡོན་བཤད་པའི་འོག་ཏུ་བྱིན་གྱིས་རློབ་ན་ནི་བྱིན་གྱིས་བརླབ་པ་དེ་ཡང་འཆགས་ལ་ཕྱིས་འོངས་པ་དག་ཀྱང་སྐལ ་བ་མི་དབང་བ་ཉིད་དུ་འགྱུར་རོ། །གསོལ་བས་བྱིན་གྱིས་བརླབ་པའི་སྔགས་ནི། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། འདི་ལྟར་གནས་འདིར་དགེ་སློང་ཉེ་དགའ་གུམ་ན། གལ་ཏེ་དགེ་འདུན་གྱིས་དུས་ལ་བབ་ཅིང་བཟོད་ན། དགེ་འདུན ་གྱིས་གནང་བར་མཛོད་ཅིག་དང། དགེ་འདུན་གྱིས་དགེ་སློང་ཉེ་དགའ་གུམ་པའི་རྫས་བགོ་བར་བགྱི་བ་གུམ་པའི་ཡོ་བྱད་ཆོས་གོས་དང་ཆོས་གོས་མ་ལགས་པ་གདའ་བ་བྱིན་གྱིས་བརླབ་པོ། །འདི་ནི་གསོལ་བའོ་ཞེས་གསུངས་པ་ཡིན་ཏེ། འདིར ་ཉེ་དགའ་ཞེས་སྨོས་པ་ནི། གླེང་གཞིའི་དབང་གིས་གསུངས་པར་ཟད་དེ། ལས་བྱ་བའི་སྐབས་སུ་ནི་གང་ཟག་གང་ཤི་བའི་ཡོ་བྱད་བྱིན་གྱིས་བརླབ་བར་བྱ་བདེ་ཉིད་ཀྱི་མིང་ནས་བརྗོད་པར་བྱའོ། །དང་པོ་དང་ཐ་མས་བྱིན་གྱིས་བརླབ་པ་བསྟན་པའི ་ཕྱིར། དེ་ལས་འགའ་ཞིག་དགེ་འདུན་གྱིས་ནན་པ་དད་གསར་བུ་གཉིས་ལ་བྱིན་པ་ནི་དེ་ཞེས་བྱའོ་ཞེས་བ་སྨྲས་ཏེ། དེ་ལས་ཞེས་བྱ་བ་ནི། ཤི་བའི་ཡོ་བྱད་དེ་ལས་སོ། །འགའ་ཞིག་ཅེས་བྱ་བ་ནི་དངོས་པོ་འགའ་ཞིག་གོ། རྒན་པ་ཞེས་བྱ་བ་ནི ་གྲལ་བཙོའོ། །གསང་བུ་ཞེས་བྱ་བ་ནི་གྲལ་ཐ་མ་ན?་འདུག་པ་སྟེ། དེ་གཉིས་ལ་ཤི་བའི་ཡོ་བྱད་དེ་ལས་དངོས་པོ་སྣ་རེ་ཞིག་སྦྱིན་བ་ནི་དང་པོ་དང་ཐ་མས་བྱིན་གྱིས་བརླབ་པ་དེ་ཞེས་བྱའོ། །འདིར་གཞུང་ནི། ཡོ་བྱད་གཅིག་བཅོངས ་ཏེ་ཅུང་ཞིག་དགེ་འདུན་གྱི་རྒན་པ་དང་དགེ་འདུན་གྱི་གསར་བུ་ལ་བྱིན་ནས་ཞེས་གསུངས་པ་ཡིན་ནོ། །དེ་ལ་དང་པོ་དང་ཐ་མ་ཞེས་བྱ་བ་མི་དགེ་འདུན་གྱི་རྒན་པ་ནི་དང་པོ་ཡིན་ལ། དགེ་འདུན་གྱི་གསར་བུ་ནི་ཐ་མ་ཡིན་ཏེ། ཤི་བའི་ཡོ་བྱད་ཀྱི་གནས་དེར ་ཚོགས་པའི་དགེ་འདུན་ཚུལ་བཞིན་དུ་དང་ར?་བ་རྣམས་ལས་དང་པོ་དང་ཐ་མདེ?་གཉིས་ལ་ཤི་བའི་ཡོ་བྱད་དེ་ལས་དངོས་པོ་སྣ་རེ་ཕུལ་ན་ཆོ་ག་དེ་ཉིད་ཀྱི་བྱིན་གྱིས་བརླབ་པ་ཡིན་ནོ། །ཡང་རྣམ་པ་གཅིག་ཏུ་ན་དང་པོ་དང་ཐ་མ་ཞེས་བྱ་བ་ཕྱོགས་གཅིག་དང ་ཚིགས་གཅིག་གིས་ཀྱང་བསྟན་ཏེ། ཐ་མ་ཞེས་བྱ་བ་ནི། རྒན་རབས་ནས་རྗེས་སུ་མཐུན་པར་བགྲངས་ནས་གསར་བུ་ཐ་མ་ཡིན་ལ། གཞོན་རབས་ནས་རྗེས་སུ་མི་མཐུན་པར་བགྲངས་ན་རྒན་ཐ་མ་ཡིན་པས་དེ་ལྟར་ན་རྒན་པ་དང་གསར་བུ་གཉི་ག་ཐ་མ་ཞེས་བྱའོ།། ་དང་པོ་ཞེས་བྱ་བ་ནི་རྒན་རབས་ནས་རྗེས་སུ་མཐུན་པར་བགྲངས་ཏེ། གསང་བུ་ཐ་མར་བྱས་ན་དེ་ལ་ཤི་བའི་ཡོ་བྱང་སྣ་ཅིག་དང་པོར་སྦྱིན་དགོས་པས་དེ་དང་པོ་ཡིན་ལ། གཞོན་རབས་ནས་རྗེས་སུ་མི་མཐུན་པས་བགྲངས་ཏེ། རྒན་པ་ཐ་མར་བྱས་ནས་དེ་ལ་ཡང ་ཤི་བའི་ཡོ་བྱད་སྣ་གཅིག་དང་པོར་སྦྱིན་དགོས་པས། དེ་ལྟར་ན་རྒན་པ་དང་གསར་བུ་གཉི་ག་དང་པོ་ཞེས་བྱ་སྟེ། དེ་ནི་དང་པོ་དང་ཐ་མས་བྱིན་གྱིས་བརླབ་པར་བྱ་བ་ཡིན་ནོ། །གང་ན་བྱིན་གྱིས་བརློབ་པར་བྱ་བ་འདུག་པ་དེ་ནི་མཚམས་སུ་གཏོགས་པ་རྣམས ་བྱིན་གྱིས་བརློབ་པར་བྱེད་པ་ཡིན་ནོ། །ཞེས་བྱ་བ་ནི། གནས་གང་ན་བྱིན་གྱིས་བརླབ་པར་བྱ་བའི་དངོས་པོ་འདུག་པ་དེའི་མཚམས་སུ་གཏོགས་པའི་རབ་ཏུ་བྱུང་བ་རྣམས་ནི་དེ་བྱིན་གྱིས་བརློབ་པར་བྱེད་པ་ཡིན་ཏེ། དེ་དག་གིས་དངོས་པོ་དེ་བྱིན་གྱིས ་བརླབ་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། འདི་ལ་ཤི་བའི་གནས་ཉིད་ནི་རྒྱུ་མ་ཡིན་ནོ། ཞེས་བྱ་བ་ནི། ཤི་བའི་ཡོ་བྱད་བྱིན་གྱིས་བརླབ་པར་བྱ་བ་འདི་ལ། ཤི་བའི་གནས་ཉིད་ནི། རྒྱུ་མ་ཡིན་ཏེ། འདིར་ཤི་བ་དེའི་དབང་གིས་མཚམས་དེ་ན་གནས་པའི་དགེ་སློང་རྣམS ་གྱིས་གནས་གཞན་ན་ཤི་བའི་ཡོ་བྱད་འདུག་པའི་བྱིན་གྱིས་བརླབ་ཏུ་མི་རུང་བ་ཉིད་ཡིན་ལ། གནས་གཞན་དུ་ཤི་བ་དེའི་ཡོ་བྱད་མཚམས་འདི་ན་འདུག་བ་ནི་མཚམས་འདི་ན་གནས་པའི་དགེ་སློང་རྣམས་ཀྱིས་བྱིན་གྱིས་བརླབ་ཏུ་རུང་བ་ཉིད་དོ། ། ་མཚམས་ཀྱིས་བར་ན་འདུག་བ་ལ་ལུས་སམ་གཞན་གྱིས་རེག་པས་ཇི་ཙམ་ནོན་པ་དེར་གཏོགས་པའི་རྣམས་སོ་ཞེས་བྱ་བ་ལ་མཚམས་ཀྱི་བར་ཞེས་བྱ་བ་ནི། མཚམས་གཞན་དང་གཞན་གྱིས་བྲ་རོ། །དེ་དག་ན་བྱིན་གྱིས་བརླབ་པར་བྱ་བ་འདུག་པ་ནི ་མཚམས་ཀྱི་བར་ན་འདུག་པའོ། །མཚམས་ཀྱི་བར་ན་འདུག་པའི་ཤི་བའི་ཡོ་བྱད་དེ་ལ་ཤི་བ་དེའི་ལུས་ཀྱིས་རེག་གམ་ཁྲི་དང་ཁྲིའུ་ལ་སོགS་པ་གཞན་གྱིས་རེག་པའི་ཤི་བའི་ཡོ་བྱད་བྱིན་གྱིས་བརླབ་པར་བྱ་བ་དེ་མཚམས་ཇི་ཙམ་ནོན་ཅིང་ཁྱབ་པའི་མཚམS ་དེར་གཏོགས་པའི་དགེ་སློང་རྣམས་བྱིན་གྱིས་བརླབ་པར་བྱེད་པ་ཡིན་ཏེ། མཚམས་དེ་ན་གནས་ཤིང་འཁོད་བ་དེ་དག་གིས་བྱིན་གྱིས་བ་རླབ་པར་བྱའི། མཚམས་གཞན་ན་གནས་པ་དག་གིས་ནི་མ་ཡིན་ནོ། །དེ་ལྟ་བས་ན་འདི་ལ་ནི་བྱིན་གྱིས་བརླབ ་པར་བྱ་བའི་རྫས་ཀྱི་དབང་གིS་རྣམ་པར་བཞག་གི། ཤི་བའི་རོའི་དབང་གིས་ནི་མ་ཡིན་ནོ། །གང་ན་ནོར་དང་འདྲ་བ་དེ་འདུག་པའི་དེའི་ཁོངས་སུ་ཡོ་བྱད་གཏོགས་པ་ཉིད་ཡིན་ནོ་ཞེས་བྱ་བ་ནི། མཚམས་གང་ན་ནོར་དང་འདྲ་བ་དེ་འདུག་པའི་མཚམས་དེའི་ཁོངས་སུ ་ཤི་བའི་ཡོ་བྱད་མཚམས་གཞན་ན་འདུག་པ་ཡང་གཏོགས་པས། ངེས་ན་མཚམས་གང་ན་ནོར་དང་འདྲ་བ་དེ་འདུག་པའི་མཚམས་དེའི་ཁོངས་སུ་གཏོགས་པའི་དགེ་འདུན་གྱིས་མཚམས་དེ་ཉིད་ཀྱིས་ནང་དུ་ནོར་དང་འདྲ་བ་དེ་བྱིན་གྱིས་བརླབས་ན་ཤི་བཱི ་ཡོ་བྱང་མཚམས་གཞན་ན་འདུག་པའི་ཆོས་གོས་དང་ཆོས་གོས་མ་ཡིན་པ་སྣང་བ་དང་མི་སྣང་བ་ཐམས་ཅད་བྱིན་གྱིས་བརླབ་པར་འགྱུར་རོ་ཞེས་བྱ་བར་སྦྱར་རོ། །ནོར་དང་འདྲ་བར་ཞེས་བྱ་བ་ནི། ཁྱིམ་པ་འམ་རབ་ཏུ་བྱུང་བ་གང་གིས་ལག?་ཏུ་གཞན་ཤི་བའི ་ཡོ་བྱད་བྱིན་གྱིས་བརླབ་པར་བྱ་བ་བཞག་པའི་ཁྱིམ་པ་འམ་རབ་ཏུ་བྱུང་བ་དེ་ལ་བྱ་སྟེ། དེ་ནི་ནོར་དེའི་དངོས་པོ་དང་འདྲ་བ་འམ་དེའི་གཟུགས་བརྙན་ནམ། དེའི་རིང་ལུགས་ལྟ་བུ་ཡིན་པའི་ཕྱིར་རོ། །འདི་སྐད་བསྟན་ཏེ། འདི་ལྟར་གནས་གཞན་ན་ནོར?་དང་འདྲ་བའི ་གང་ཟག་ད་འདུག་ན། ངེས་གཞན་ཤི་བའི་ནོར་བྱིན་གྱིས་བརླབས་པའི་བྱ་བ་དག་གནས་གཞན་དུ་བཞག་དུ་ཟིན་ཀྱང་ནོར་དང་འདྲ་བའི་གང་ཟག་དེ་འདུག་བའི་གནས་དེ་ཉིད་ན་བྱིན་གྱིས་བརླབ་པར་བྱ་བའི་ནོར་དེ་ཡང་འདུག་པ་ཉིད་དང་འདྲ་བར་བལྟ་བར་བྱ་སྟེ། ་ངེས་ན་གནས་གང་ན་ནོར་དང་འདྲ་བའི་གང་ཟག་དེ་འདུག་པའི་གནས་དེ་ཉིད་དུ་ནོར་དང་འདྲ་བའི་གང་ཟག་དེ་ཉིད་བྱིན་གྱིས་བརླབས་ན། དེས་གཞན་ཤི་བའི་ཡོ་བྱད་ཆོས་གོས་དང་ཆོས་གོས་མ་ཡིན་པ་སྣང་བ་དང་མི་སྣང་བ་གནས་གཞན་དུ་བཞག་པ་ཐམས་ཅད་བྱིན་གྱིས་བརླབ་པ་ཉིད་དུ་འགྱུར་རོ། །དེའི་ཕྱིར་དེའི ་ནོར་དང་འདྲ་བས་གཞན་ན་འདུག་པ་བྱིན་གྱིས་བརླབ་པར་བྱའོ་ཞེས་བྱ་བ་སྨྲས་ཏེ། དགེ་སློང་རྣམས་ཀྱིས་ནོར་དང་འདྲ་བའི་གང་ཟག་དྲུང་ན་འདུག་པས་གཞན་ཤི་བའི་ཡོ་བྱད་དེ་ལ་བཞག་པ་ཐག་རིང་པོ་ནས་འདུག་པ་གསོལ་བ་འབའ་ཞིག་གི་ལས་ཀྱིས ་བྱིན་གྱིས་བརླབ་པར་བྱ་བའོ། །འདེའི་སྔགས་ནི། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། འདི་ལྟར་གནས་འདི་དགེ་སློང་གྲེ་སྐྱེས་གུམ་པར་གྱུར་ན། གལ་ཏེ་དགེ་འདུན་གྱིས་དུས་ལ་བབ་ཅིང་བཟོད་ན། དགེ་འདུན་གྱིས་གནང་བར་མཛོད་ཅིག་དང། ་དགེ་འདུན་གྱིས་དགེ་སློང་ཀུན་དགའ་བོ་ནོར་དང་འདྲ་བས་དགེ་སློང་གྲོ་སྐྱེས་གུམ་པའི་རྫས་བགོ་བར་བགྱི་བ། གུམ་བའི་ཡོ་བྱང་ཆོས་གོས་ངང་ཆོས་གོས་མ་ལགས་པ་གདའ་བ་དང་མི་གདའ་བྱིན་གྱིས་བརླབ་པོ། །འདི་ནི་གསོལ་བའོ་ཞེས་གསུངས་པ ་ཡིན་ནོ། །བསྐུར་བ་བསྐུར་བ་ར་བྱ་བ་མ་སྤངས་པ་ནི་དེ་ཉིད་ཡིན་ནོ་ཞེས་བྱ་བ་ནི། བསྐུར་བའི་དངོས་པོ་གང་ཡང་རུང་བ་གང་ལ་བསྐུར་བར་བྱ་བའི་གང་ཟག་དེས་མ་སྤངས་པ་ནི་དེའི་ཉིད་ཡིན་ཏེ། བསྐུར་བར་བྱ་བ་དབང་བ་ཉིད་ཡིན་ནོ། །འདི་སྐད་བསྟན་ཏེ། གལ ་ཏེ། སྐུར་བར་བྱེད་པས་བསྐུར་བར་བྱ་བ་ལ་དངོས་པོ་ཞིག་སྐུར་བར་བྱེད་ཅིང། བསྐུར་བར་བྱ་བ་དེས་ཀྱང་དངོས་པོ་དེ་སྤོང་བར་མི་བྱེད་ན། དངོས་པོ་དེ་བསྒྱུར?་བར་བྱ་བ་དབང་པར་རིག་པར་བྱའོ། །དེ་ན་སྐབས་དེར་སྐུར་བ་བྱེད་པ་དང་བསྐུར་བར་བྱ ་བ་གཉི་ག་ཤི་བར་གྱུར་ན་དངོས་པོ་དེ་བསྐུར་བར་བྱེད་པ་ཉིད་ཤི་བའི་ཡོ་བྱད་དུ་འགྱུར་རོ། །དེས་སྤངས་ན་ཡང་ངོ་ཞེས་བྱ་བ་ནི། བསྐུར་བར་བྱེད་པ་དེས་དངོས་པོ་དེ་སྤངས?་ན་ཡང་འོན་ཀྱང་དངོས་པོ་དེ་སྐུར་བར་བྱེད་པ་དེ་ཉིད་དབང་བར་འགྱུར་རོ། །འདི་སྐད་བསྟན་ཏེ ་སྐུར་བར་བྱེད་པས་བསྐུར་བར་བྱ་བ་ལ་སྐུར་བའི་དངོས་པོ་དེ་བསྐུར་བར་བྱ་བ་དེས་སྤངས་པར་གྱུར་པ། སྐུར་བར་བྱེད་པ་དེས་ཐོས་ནས་དེས་ཀྱང་བདག་གིས་སྔར་སྤངས་ཟིན་བ་འདིས་བདག་ལ་ཅི་ཞིག་བྱ་ཞེས་ཡང་སྤངས་པར་གྱུར་དུ་ཟིན་ཀྱང། དངོས་པོ་དེ་སྐུར ་བར་བྱེད་པ་ཉིད་དབང་ངོ། །དེས་ན་སྐབས་དེར་སྐུར་བར་བྱེད་པ་དང་བསྐུར་བར་བྱ་བ་གཉི་ག་ཤི་བར་གྱུར་ན་དངོས་པོ་དེ་བསྐུར་བར་བྱེད་པ་ཉིད་ཀྱི་ཤི་བའི་ཡོ་བྱད་དུ་འགྱུར་རོ། །འདིར་གཞུང་ནི། དགེ་སློང་གིས་དགེ་སློང་ལ་ཆོས་གོས་དག་བསྐུར་ནས། གང་ལ ་སྐུར་བ་དེས་སྤངས་ནས་གང་གིས་བསྐུར་བ་དེས་ཀྱང་སྤངས་ན། གང་ལ་སྐུར་བ་དེ་ཡིར་བྱིན་གྱིས་བརླབས་པ་མ་ཡིན་ནོ། །གང་གིས་བསྐུར་བ་དེ་ཡིར་བྱིན་གྱིས་རློབ་པར་བྱེད་ན་ནི་བྱིན་གྱིས་བརླབས་པ་ཡིན་ཏེ། ལེགས་པར་བྱིན་གྱིས་བརླབས་པ་ཡིན་ནོ། ་ཞེས་གསུངས་པ་ཡིན་ཏེ། ཤི་བའི་ཡོ་བྱད་དུ་བྱིན་གྱིས་བརླབ་པ་ཉིད་ཀྱིས་སྐུར་བར་བྱེད་པ་དེ་ཉིད་ཀྱིར་བྱིན་གྱིས་བརླབ་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། ཕྱི་རོལ་དུ་ཡང་མཚམས་ཀྱི་།ནང་དུ་འདུ་ཤེས་པ་ངག་གིས་འབའ་ཞིག་གིས་བྱིན་གྱིས ་རློབ་པ་མི་འཆགས་སོ་ཞེས་བྱ་བ་ནི། མཚམས་ཀྱི་ཕྱི་རོལ་ཏུ་མཚམས་ཀྱིས་ནང་དུ་འདུ་ཤེས་པའི་གང་ཟག་རྣམས་ཀྱིས་འབའ་ཞིག་གིས་ཞེས་བྱ་བ་མི་མཐུན་པ་དག་གིས་བྱིན་གྱིས་རློབ་པར་བྱེད་ན་མི་འཆགས་སོ། །ཡང་ཞེས་བྱ་བའི་སྒྱུས?་ནི ་མཆམས་ཀྱིས་ནང་དུ་མི་འཆགས་ཏེ། འབའ་ཞིག་གིས་བྱིན་གྱིས་རློབ་པ་ནི་མི་མཐུན་པ་ཉིད་ཡིན་པའི་ཕྱིར་རོ། །འདི་སྐད་བསྟན་ཏེ། མཚམས་ཀྱི་ཕྱི་རོལ་ལམ་མཚམས་ཀྱིས་ནང་དུ། མཚམས་ཀྱི་ནང་དུ་འདུ་ཤེས་པའི་གང་ཟག་རྣམས་ཀྱིས་མི་མཐུན་པས་བྱིན ་གྱིས་རློབ་པ་མི་འཆགས་ན། མཚམས་ཀྱི་ཕྱི་རོལ་ཏུ་འདུ་ཤེས་པ་དག་གིས་ལྟ་མི་འཆགས་པ་སྨོས་ཀྱང་ཅིང་གོས་ཏེ་མི་འཆགས་པ་མི་བྱའོ། །ཞེས་སྤྱིར་བསྟན་པ་ངེས་འདི་ལ་ཉེས་བྱས་སུ་ཤེས་པར་བྱའོ། །ཡིད་གཉིས་ཟན་ཡང་ཡིད་གཉིས་ནི་འདུ་ཤེས ་དང་འདྲའོ་ཞེས་སྤྱིར་བསྟན་པ་དེས་དེ་ལ་ཡང་ཉེས་བྱས་སུ་འགྱུར་བར་ཤེས་པར་བྱའོ། །ཕྱི་རོལ་ཏུ་མཚམས་ཀྱིས་ནང་དུ་འདུ་ཤེས་པ་འམ་ཡིད་གཉིས་ཟ་བས་རྐུ་སེམས་ཀྱིས་བྱིན་གྱིས་རློབ་པར་བྱེད་ན། རྐུ་སེམས་དེ་ལ་ཉེས་པ་སྦོམ་པོར་འགྱུར་རོ། །མཚམས ་ཀྱི་ནད་དུ་རྐུ་སེམས་ཀྱིས་བྱིན་གྱིས་བརློབ་པར་བྱེད་ན། བརྐུས་པའི་མདུན་རོལ་ཏུ་དེ་ལ་ཡང་ཉེས་པ་སྦོམ་པོར་འགྱུར་རོ། །བརྐུས་པ་ཉིད་ན་ནི་དངོས་པོ་ལས་རྣམ་པར་བཞག་གོ། དབྱུང་བ་དང་རིམ་གྲོ་དང་ཆོས་མཉན་པ་དང་ཡོན་བཤད་པ་མ་བྱས་པར་བྱིན་གྱི ་བརླབ་པར་མི་བྱའོ་ཞེས་བྱ་བ་ནི། མཚམས་དེར་ཤིན་ཤི་བའི་རོ་དབྱུང་བ་ལ་སོགས་པ་མ་བྱས་པར་ཤི་བའི་ཡོ་བྱད་བྱིན་གྱིས་བརླབ་པར་མི་བྱའོ། །ལྷུང་བཟེད་དང་ཆོས་གོས་ཁྱིམ་གཞན་ན་འདུག་པ་ཉིད་ནི་ཁྱིམ་བདག་གིས་གང་ལ་སྦྱིན་པ་དེ་དབང་བ ་ཉིད་ཡིན་ནོ་ཞེས་བྱ་བ་ནི། གལ་ཏེ་ཤི་བའི་ལྷུང་བཟེད་དང་ཆོས་གོས་ལ་སོགས་པ་ཁྱིམ་པ་གཞན་ན་འདུག་པར་གྱུར་ན་དེ་དག་ནི་ཁྱིམ་བདག་དེས་རབ་ཏུ་བྱུང་བ་གང་ལ་བྱིན་པའི་རབ་ཏུ་བྱུང་བ་དེ་དབང་བ་ཉིད་ཡིན་ནོ། །གལ་ཏེ་དབང་ཞིང་ངེས་བངས?་པ་ཡིན་ནོ། ། ་ཞེས་བྱ་བ་ནི། ཁྱིམ་བདག་དེས་རབ་ཏུ་བྱུང་བ་གང་ལ་བྱིན་པའི་རབ་ཏུ་བྱུང་བ་དེ་ཡང་གལ་ཏེ་མཚན་མཐུན་པ་ཞེས་བྱ་བ་ལ་སོགས་པ་རྣམ་པ་ལྔར་སྨོས་པ་དག་གིས་དབང་བ་ཉིད་ཡིན་ཞིང་ལྷུང་བཟེད་ལ་སོགས་པའི་དངོས་པོ་ངེས་ཀྱང་ཕོངས་པ་ཡིན་ནོ་ངེས ་དེའི་ཚེ་བླང་བར་བྱའོ། །གལ་ཏེ་ཁྱིམ་བདག་སྦྱིན་པའི་ཕྱིར་འཇུག་བར་མི་བྱེད་ན་དེའི་ཚེ་སུ་དབང་བ་ཉིད་ཡིན་ཞེ་ན་དེའི་ཕྱིར། སྦྱིན་བར་མི་བྱེད་ན་བསླངས་པ་དང་ལྡན་པའོ་ཞེས་བྱ་བ་སྨྲས་ཏེ། འདིར་ཡང་དབང་ཞིང་ངེས་ཕོངས་པར ་ཞེས་བྱ་བར་སྦྱང་བར་རིག་པར་བྱའོ། །ཁྱིམ་བདག་གིས་རང་གར་སྦྱིན་པར་མི་བྱེད་ན་དེའི་ཚེ་དེ་དབང་ཞིང་དེས་ཕོངས་པའི་རབ་ཏུ་བྱུང་བ་གང་གིས་ཁྱིམ་བདག་དེ་ལ་བསླངས་པ་དང་ལྡན་པ་དེ་དབང་བ་ཉིད་ཡིན་ནོ། །ཅིག་ཅར་བླངས་ན་ནི་སྦྱིར་དབང་ངོ།། ་མཐར་གྱིས་ན་དང་པོའོ་ཞེས་བྱ་བ་ནི། མཐར་གྱིས་སློང་ན་དང་པོར་གང་གིས་བསླངས་ན་དེར་དབང་བ་ཉིད་ཡིན་ནོ། །གལ་ཏེ་ལན་པ་མེད་དམ་ཡོད་ལེན་པ་ཡོད་ཀྱང་རུང་སྟེ། ཁྱིམ་བདག་གིས་གང་ཟག་ལ་ཡང་བྱེ་བྲག་ཏུ་མ་བྱས་པར་སུ་ཁྱེར་བ ་ཁྱེར་ཅིག་སྙམ་དུ་པོར་པར་གྱུར་ན་དེ་ལ་སུ་དབང་བ་ཉིད་ཡིན་ཞེ་ན་དེའི་ཕྱིར། མེད་པ་ཉིད་ཡིན་ཞིང་མ་བསྔོས་པར་བོར་ན་སོང་བ་དང་ལྡན་པའོ་ཞེས་བྱ་བ་སྨྲས་ཏེ། ལེན་པ་མེད་ཅིང་གང་དག་ལ་བྱེ་བྲག་ཏུ་མ་བསྔོས་པར་བོར་ན་དེའི་ཚེ་དང་པོར་ངེས ་སོང་བ་ན་སོང་བ་དང་ལྡན་པ་ཞེས་བྱ་བ་སྟེ། དེ་དབང་བ་ཉིད་ཡིན་ནོ། །དེའི་ཕྱིར་དེ་ནི་མཐར་གྱིས་དང་འདྲའོ་ཞེས་བྱ་བ་སྨྲས་ཏེ། ཇི་ལྟར་མཐར་གྱིས་སློང་བ་ལ་དང་པོར་གང་གིས་བསླངས་པ་དབང་བ་དང་འདྲ་བར་འདིར་ཡང་དེ་བཞིན་ནོ། །བུ་ལོན ་པ་བྱུང་བ་ན་དེ་ལ་གཞལ་བར་བྱ་བའི་ཚད་ཀྱི་ཤི་བའི་ཡོ་བྱད་དེ་དབང་བ་ཉིད་ཡིན་ནོ། ཞེས་བྱ་བ་ནི། གལ་ཏེ་ཤི་བའི་འོག་ཏུ་བུ་ལོན་པ་བྱུང་ན་དེའི་ཚེ་བུ་ལོན་པ་དེ་ལ་ཤི་བ་དེས་གཞལ་བར་བྱ་བའི་རྫས་ཀྱི་ཚད་ཀྱི་ཤི་བའི་ཡོ་བྱད་བུ་ལོན་པ ་དེ་དབང་བ་ཉིད་ཡིན་ནོ། །མ་བགོས་པར་བྱུང་ན་དེ་ལ་གཞལ་བར་བྱ་བ་ཉིད་ཀྱི་བགོས་པའི་འོག་ཏུ་བྱུང་ན་ནི་དེ་ལ་མི་གཞལ་བར་བྱ་བ་ཉིད་དོ་སྙམ་དུ་དོགས་པ་བརྩལ་བའི་ཕྱིར་བགས་ན་ཡང་ངོ་ཞེས་བྱ་བ་སྨྲས་ཏེ། གཞལ་བར་བྱ་བ་ཉིད་དོ་ཞེས་བྱ ་བར་སྦྱར་རོ། །དེ་དང་ལྷན་ཅིག་རྣམ་པར་བཞག་པ་དེ་ལ་སྦྱིན་པར་བྱ་བ་ཉིད་དམ་བླང་བར་བྱ་བ་ཉིད་གང་ཡིན་པ་སྡེ་དེ་ཉིད་མ་ཡིན་ནོ་ཞེས་བྱ་པ་ནི། ཤི་བ་དེ་དང་བུ་ལོན་དེད་པ་དང་བུ་ལོན་འཇལ་བར་ལྷན་ཅིག་རྣམ་པར་བཞག་པ་ཞེས་བྱ་བ་མངོན་སུམ་དུ་འཐམས ་པ་དགེ་སློང་གིས་བུ་ལོན་དེང་པ་ལ་ཕར་གཞལ་བར་བྱ་བའི་རིན་དང། བུ་ལོན་འཇལ་པ་ལས་དགེ་སློང་གིས་ཚུར་བླང་བར་བྱ་བའི་སྤུ་གྱུར་པ་གང་ཡིན་པ་དེ་ཉིད་གཞལ་བ་དང་བླང་བར་བྱའི། ཤི་བ་དེས་བུ་ལོན་དེ་དཔེ་ལས་རྫས་གང་བླངས་པ་དང་བུ་ལོན ་འཇལ་བ་ལ་གང་གཏང་པ་དེ་ཉིད་དངོས་སུ་གཞལ་ཞིང་བླང་བར་མི་བྱ་བའོ། །དཔེར་ན་ཤི་བས་ཚོངས་པ་ལས་རས་ཡུག་ཆེན་བླངས་ཏེ་རིན་སྦྱིན་པར་བྱའོ། །ཞེས་འཐམས་པ་ལ་ནི་རིན་སྦྱིན་པར་བྱའི། རས་ཡུག་ཆེན་དངོས་སྦྱིན་པར་མི་བྱ་བ་དང། ཐ་ག ་པ་ལ་རས་ཡུག་ཆེན་གྱི་དོན་དུ་རྒྱུ་སྤུན་གཏད་པ་ལས་ནི་རས་ཡུག་ཆེན་བླང་བར་བྱའི། རྒྱུ་སྤུན་བླང་བར་མི་བྱ་བ་ལྟ་བུའོ། །འདིར་གཞུང་ནི། དགེ་སློང་དག་གིས་ཕྲ་བ་བཀུག་པ་དང། དེ་ན་རེ་འཕགས་པ་དག་བདག་གིས་དེ་ལ་སྦོམ་པོར་དབུལ་བར་བགྱི་བ? ་ལགས་སོ་ཞེས་ཟེར་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལ་དགེ་སླང་ཤི་བས་ཅི་འདྲ་བ་གཏང་པས་དགུག་པར་བྱ་བའོ་ཞེས་གསུངས་པ་ཡིན་ནོ། །དེས་ཚངས་པ་མཚུངས་པར་སྤྱོད་པ་རྣམས་ལ་བུ་ལོན་ཆགས་པ་ཉིད་དུ་མི་འགྱུར་རོ་ཞེས ་བྱ་བ་ནི། ཤི་བ་ལ་བུ་ལོན་ཆགས་པ་དེས་ཚངས་པ་མཚུངས་པར་སྤྱོད་པ་རྣམས་ལ་བུ་ལོན་ཆགས་པ་ཉིད་དུ་མི་འགྱུར་བ་སྟེ། ཚངས་པ་མཚུངས་པར་སྤྱོད་པ་དག་གིས་རང་གིས་ལྷུང་བཟེད་དང་ཆོས་ཀྱིས་ཤི་བ་དེའི་བུ་ལོན་གཞལ་བར་མི་བྱའོ་ཞེས་བྱ ་བའི་ཐ་ཚིག་གོ། །།བམ་པོ་ལྔ་བཅུ་གསུམ་པ། །ལག་གི་གླས་དཀོན་མཆོག་གིས་བླངS་པ་ཉིད་ཡིན་ན་དེའི་ཇི་སྙེད་པ་དེ་སྙེད་མཉམ་པར་བསབ་པོ་ཞེས་བྱ་བ་ནི། གང་ཟག་ལག་གི་གླས་དཀོན་མཆོག་གསུམ་གྱིས་དཀོར་བླངས་ ་ཤིང་ཁྱེར་བ་ཉིད་ཡིན་ན། དཀོན་མཆོག་དེའི་དཀོར་ཇི་སྙེད་བླངས་པ་དེ་སྙེད་ལག་གི་གླ་དེའི་ཤི་བའི་ཡོ་བྱད་ལས་ཆ་མཉམ་པར་བྱས་ཏེ། དཀོན་མཆོག་ལ་དབུལ་བ་ཞིང་བོར་བསབ་པར་བྱའོ། །འདིར་གཙུག་ལག་ལས ་གལ་ཏེ་དགེ་འདུན་གྱི་ནི་མཆོད་རྟེན་གྱིར་བྱེད། མཆོད་རྟེན་གྱི་ནི་དགེ་འདུན་གྱིར་བྱེད་ཅིང་དེ་བཞིན་དུ་ཆོས་ཀྱི་ཡང་འདྲེས་པར་བྱེད་ན། དེའི་ལྷུང་བཟེད་དང་ཆོས་གོས་ལས་ཆ་གསུམ་དུ་བྱས་ཏེ། ཇི་སྙེད་བླངས་པ་དེ་སྙེད་དེར་དབུལ་ཞིང་ལྷག ་མ་དགེ་འདུན་ལ་དབུལ་ལོ་ཞེས་གསུངས་མོད་ཀྱི། དེ་ནི་ཐ་མལ་པའི་ཤེས་པས་བཟུང་བར་དཀའ་ལ་འདི་ལ་ལྷག་པར་ཕུལ་བ་ཡང་ཉེས་པ་མེད་པས། དེའི་ཕྱིར་ཐམས་ཅད་འགེད་ལ་དག་གོ་གླས་ཞེས་སྨོས་པ་ནི་དཔེ་ཙམ་དུ་ཟད་དེ་འདི་ལྟར ་གཞན་དག་གིས་བརྐུས་ན་དེ་དག་ལ་ཡང་དེ་བཞིན་བྱར་རུང་ངོ་ལག་གི་བླ་ཞེས་བྱ་བ་ནི། ལས་སར་པ་ལ་སྦྱོར་དུ་འཇུག་པས་ལག་གི་གླ་ཞེས་བྱའོ། །ནང་གཡོག་དང་བཅས་པ་ཉིད་ཡིན་ན་ཡོ་བྱད་དྲུག་དེ་དབང་བ་ཉིད་ཡིན་བས ་བྱིན་གྱིས་བརླབ་པར་མི་བྱ་བ་ཉིད་དོ་ཞེས་བྱ་བ་ནི། གལ་ཏེ་ཤི་བ་དེ་ནད་གཡོག་དང་བཅས་པ་ཉིད་ཡིན་ན། ཤི་བ་དེའི་ཡོ་བྱད་དྲུག་ནི་ནད་གཡོག་དེ་དབང་བ་ཉིད་ཡིན་པས། དགེ་སློང་རྣམས་ཀྱིས་བྱིན་གྱིས་མི་བསླབ་པར་བྱ་བ་ཉིད་ཡིན་ནོ།། ་ཡོ་བྱད་དྲུག་ནི་ཆོས་གོས་གསུམ་དང་སྟན་དང་ལྷུང་བཟེད་དང་ཆུ་ཆགས་སོ། །དེ་ནི་རབ་དང་འབྲིང་དང་ཐ་མ་དད་བཅས་པ་ལས་སོ་ཞེས་བྱ་བ་ནི། དེ་དབང་བ་ཉིད་དོ་ཞེས་བྱ་བར་སྦྱར་ཏེ། ནད་གཡོག་དེ་ལ་ཡོ་བྱད་དྲུག་པོ་དག་ལས་ཁ་ཅིག་ནི ་དགེ་སྦྱོང་གི་ཡོ་བྱད་དང་འཚོ་པའི་ཡོ་བྱད་རབ་ལས་སྦྱིན་པར་བྱའོ། །ཁ་ཅིག་ནི་འབྲིང་ཁ་ཅིག་ནི་ཐ་མ་དང་ལྡན་པ་ལས་སྦྱིན་པར་བྱའོ། །དུ་མ་ཉིད་ཡིན་ན་ཐུན་མོང་ངོ་ཞེས་བྱ་བ་ནི། ནད་གཡོག་གཉིས་སམ་གསུམ་མམ་མང་པོ་ཉིད་ཡིན ་ན་ཡོ་བྱད་དྲུག་པོ་དེ་དག་གི་ཐུན་མོང་ཡིན་ནོ། །དེའི་དོན་དུ་སོང་བ་ཉིད་ཡིན་ལ་ནད་པ་ཤི་ན་སྦྱིན་པར་བྱ་བ་ཉིད་དོ་ཞེས་བྱ་བ་ནི། ནད་གཡོག་ནད་པ་དེའི་དོན་དུ་གཞན་དུ་སོང་བ་ཉིད་ལ། ཕྱི་ན་ནད་པ་ཤི་བར་གྱུར་ན་ཡང་ཡོ་བྱད་དྲུག་པོ་སྦྱིན་པར་བྱ ་བ་ཉིད་ཡིན་ནོ། །གལ་ཏེ་ནད་པའི་ཕྱིར་ནད་གཡོག་གཞན་དུ་སོང་བར་གྱུར་ན་དེ་ལྟ་ན་ཡང་ཡོ་བྱད་དྲུག་པོ་སྦྱིན་པར་བྱ་བ་ཉིད་ཡིན་གྱི་གཞན་དུ་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། རྫས་དེ་མི་དབང་བ་ལ་ནི་དེ་མི་སྦྱིན་ནོ་ཞེས་བྱ་བ་ནི། ཤི་བའི་རྫས་དེ ་མི་དབང་བ་ཁྱིམ་པ་ལ་སོགས་པའི་གཡོག་ལ་ནི་ཡོ་བྱད་དྲུག་པོ་དེ་མི་སྦྱིན་པའོ། །འདིར་གཞུང་ནི། བཙུན་པ་བྲོ་གཡོག་ཁྱིམ་པ་ལ་གས་ན། དེ་ལ་བྲོ་གཡོག་གིས་ཆོས་གོས་བསལ་བར་བགྱི་འམ། བཀའ་སྩལ་པ་མི་བྱའོ། །དེ་བཞིན་དུ་ནད ་གཡོག་དགེ་སློང་མ་དང་དགེ་སློབ་མ་དང་དགེ་ཚུལ་མ་ཡང་མི་སྦྱིན་ནོ། ཞེས་བརྒྱ་ཆེར་གསུངས་པ་ཡིན་ནོ། །གང་ན་མཚན་མི་མཐུན་པ་དག་འབའ་ཞིག་ཡོད་ལ་མཚན་མཐུན་པ་དག་མེད་པ་དེར་ནི་མཚན་མི་མཐུན་པ་དག་ལ་ཡང་སྦྱིན་པར་བྱ་བ ་ཉིད་ཡིན་ཏེ། དེ་དག་དབང་བའི་ཕྱིར་རོ། །གཞན་དུ་གནས་པར་ཁས་བླངས་པ་ལ་མི་སྦྱིན་པར་བྱའོ་ཞེས་བྱ་བ་ནི། ནང་གཡོགས་གནས་གཞན་དུ་ཁས་བླངས་པ་ལ་ཡོ་བྱད་དྲུག་པོ་དག་མི་སྦྱིན་པར་མི་བྱ་སྟེ། འདི་ལྟར་གཞན་དུ་གནས་པར་ཁས ་བླངས་པ་ནི་མི་སྦྱིན་པའི་རྒྱུ་མ་ཡིན་པའི་ཕྱིར་རོ། །འདི་ལ་བསྙེན་པར་མ་རྫོགས་པ་ནི་ཐམས་ཅད་དབང་བ་ཉིད་དོ་ཞེས་བྱ་བ་ནི། ཤི་བའི་ཡོ་བྱད་བགོ་བ་འདི་ལ་བསྙེན་པར་མ་རྫོགས་པ་ནི་སོ་སོའི་སྐལ་བའི་ཆ་ཐམས་ཅད་བསྙེན་པར་རྫོགས་པ ་དང་མཉམ་པར་དབང་སྟེ། དབྱར་གྱི་རྙེད་པ་ལ་སོགས་པ་གཞན་དག་ལ་སུམ་ཆ་དབྲི་བ་ལྟ་བུ་མ་ཡིན་ནོ། །ནད་པས་སྨྲས་པས་སྦྱིན་པ་ཕྲི་ཡད་ཇི་སྐད་སྨྲས་པ་བཞིན་དུ་བྱ་བ་ཉིད་དོ་ཞེས་བྱ་བ་ནི། ནད་པས་ནད་གཡོག་གམ་གཞན་གང་ལ ་སྨྲས་པའི་གང་ཟག་དེས་སྦྱིན་པ་ཕྲི་ཡང་ནད་པས་ཇི་སྐད་སྨྲས་བ་ཁོ་ན་བཞིན་བྱ་དགོས་སོ། །ཇི་སྐད་བསྟན་ཏེ། གལ་ཏེ་ནད་བས་གང་ཟག་འགའ་ཞིག་ལ་དངོས་པོ་འགའ་ཞིག་བྱིན་ཅིག་ཅེས་ནད་གཡོག་གམ་གཞན་ལ་གཏང ་བ་ལས་ནད་གཡོག་གམ་གཞན་དེས་ཕྱིར་ཟིན་ཀྱང་དེ་ལྟར་མི་བྱ་བར། སྔར་ནད་པས་བསྒོ་བ་ཁོ་ན་བཞིན་དུ་བྱ་དགོས་ཏེ་ཤི་བས་སྔར་ལྟོས་པ་མེད་པར་བྱས་ཟིན་པའི་ཕྱིར་རོ་ཤི་བ་ཉིད་ཀྱི་དུས་ན་རྫས་ཉིད་སྒྲུབ་པ་ལ་ནི་ནོར་བདག་མི་དབང་ངོ་ཞེས ་བྱ་བ་ནི། ནད་པས་བདག་ཤི་བར་གྱུར་ན་དེའི་འོག་ཏུ་གཟོད་རྫས་འདི་ཉིད་གང་ཟག་ཆེ་གེ་མོ་ཞིག་ལ་སྦྱིན་པར་གྲུབ་པ་ལ་ནི་ཤི་བ་དེ་ནོར་བདག་ཏུ་མི་འགྱུར་བས་ནོང་དེ་དེ་ལ་མི་སྦྱིན་པར། དགེ་འདུན་གྱིས་བྱིན་གྱིས་བརླབ་པར་བྱ་སྟེ། ་འདི་སྐད་བསྟན་ཏེ། གལ་ཏེ་བདག་ཤི་བར་གྱུར་ན་དེའི་ཚེ་ཆེ་གེ་མོ་ཞིག་ལ་བདག་གི་རྫས་འདི་སྦྱིན་པར་བྱ་ཞེས་ཟེར་བའི་བར་དུ་བྱུང་བ་ནི་ནོར་དེའི་བདག་པོར་མི་འགྱུར་ཏེ། ཤི་བའི་ནོར་དེ་རབ་ཏུ་བྱུང་བ་གཞན་དབང་བས་དེ་དག་གིས་དེ་བྱིན་གྱིས ་བརླབ་པར་བྱ་བ་ཉིད་ཡིན་ནོ། །ཁྱིམ་ན་གནས་པ་ནི་དབང་ངོ་ཞེས་བྱ་བ་ནི། ཁྱིམ་པ་ནི་གལ་ཏེ་བདག་ཤི་བར་གྱུར་ན་དེའི་འོག་ཏུ་གཟོད་རྫས་འདི་ཉིད་གང་ཟག་ཆེ་གེ་མོ་ཞིག་ལ་སྦྱིན་པར་གྲུབ་ན་དེ་ཤི་བའི་ཚེ་ཡང་ནོར་དེའི་བདག་པོར་འགྱུར ་རོ། །འདིར་གཞུང་ནི་ཕྲན་ཚོགས་དག་ལས་ཁྱིམ་པ་དག་ནི་ལྟོས་པ་དང་བཅས་པས་དུས་བྱེད་ལ། རབ་ཏུ་བྱུང་བ་དག་ནི་ལྟོས་པ་མེད་པས་དུས་བྱེད་པའི་ཕྱིར་རོ། །ཞེས་གསུངས་པ་ཡིན་ཏེ། དེ་ལྟ་བས་ན་ཁྱིམ་པ་ནི་ལྟོས་པ་དང་བཅས་པའི ་ཕྱིར་དབང་ལ། རབ་ཏུ་བྱུང་བ་ནི་ལྟོས་བ་མེད་པའི་ཕྱིར་མི་དབང་ངོ། ཁྱིམ་པས་བུ་དང་ཆུང་མ་ཕུལ་ནས་ཤིན་ཅི་བ་དེར་བྱའོ་ཞེས་བྱ་བ་ནི། ཁྱིམ་པས་དགེ་འདུན་ལ་བུ་དང་ཆུང་མ་ཕུལ་ནས་ཁྱིམ་པ་ཉིད་ཤི་ན་དེའི་བུ་དང་ཆུང་མ་དག་ཅི་བདེར་བྱ ་སྟེ། བདག་གིར་མི་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། གླང་པོ་ཆེ་དང་རྟ་དང་བོང་བུ་དང་དྲེའུ་དང་གོ་ཆ་རྣམས་ནི་རྒྱལ་པོ་ལ་དབུལ་ལོ་ཞེས་བྱ་བ་ནི། གླང་པོ་ཆེ་ལ་སོགས་པ་ནི་རྒྱལ་པོ་ལ་དབུལ་ལོ། །དབྱིག་དང་གསེར་དང་གཞན་བྱས་པ་དང་མ་བྱས་པ་རྣམས ་ནི་གསུམ་ལའོ་ཞེས་བྱ་བ་ནི། དབུལ་ལོ་ཞེས་བྱ་བར་སྦྱར་ཏེ། དབྱིག་དང་གསེར་དང་དེ་དག་ལས་གཞན་བ་ཟངས་ཀྱི་རང་བཞིན་ལ་སོགས་པ་རྡུབས་སུ་བྱས་པ་དང་མ་བྱས་པ་དང་རྣམས་ནི་དཀོན་མཆོག་གསུམ་ལ་དབུལ་ལོ། །རིན་པོ་ཆེ་རྣམས ་ཀྱང་ཞེས་བྱ་བ་ནི། ནོར་བུ་དང་བཻཌཱུརྱ་དང་དུང་གཡས་སུ་འཁྱིལ་པ་ལ་སོགས་པ་དག་ཀྱང་དཀོན་མཆོག་གསུམ་ལ་དབུལ་ལོ། །མུ་ཏིག་རྣམས་ནི་གལ་ཏེ་གཞན་ཡོད་ན་དེའི་སྐལ་བས་སམ་ལྷག་པ་ཉིད་ཡིན་ན་ཡང་རུང་གལ་ཏེ་མོད་ཀྱང་དེ ་བཞིན་དུ་སངས་རྒྱས་ལའོ་ཞེས་བྱ་བ་ནི། མུ་ཏིག་རྣམས་ནི་གལ་ཏེ་མུ་ཏིག་ལས་གཞན་པ་བཻ་ཌཱུརྱ་ལ་སོགས་པའི་རིན་པོ་ཆེ་ཡོད་ན་དཀོན་མཆོག་གསུམ་པོ་དག་ལས་སངས་རྒྱས་དེའི་སྐལ་བས་མུ་ཏིག་རྣམས་བརྗེས་ཏེ་སངས་རྒྱས་བཅོམ ་ལྡན་འདས་ལ་དབུལ་བར་བྱའོ། །སངས་རྒྱས་ཉག་གཅིག་གི་སྐུ་བསྐལ་གྱི་རིན་པོ་ཆེ་གཞན་དག་པས་མུ་ཏིག་རིན་ཆེ་བའི་ཕྱིར་མུ་ཏིག་ལྷག་པ་ཉིད་ཡིན་ཡང་རུང་སྟེ། དེ་ལྟ་ན་ཡང་མུ་ཏིག་དེ་དག་ཐམས་ཅད་སངས་རྒྱས་ལ་དབུལ་ལོ་།གལ་ཏེ་མུ ་ཏིག་ལས་གཞན་པ་རིན་པོ་ཆེ་མེད་ན་ནི་དེ་བཞིན་དུ་སྐྱིན་པ་མེད་ཀྱང་བླ་སྟེ། དཀོན་མཆོག་གསུམ་ཆར་གྱི་སྐུ་སྐལ་གྱི་མུ་ཏིག་ཐམས་ཅད་སངས་རྒྱས་ཉག་གཅིག་ལ་དབུལ་ལོ། །ཆོ?་ན་རྩི་ཆེན་པོ་རྣམས་ཀྱང་ངོ་ཞེས་བྱ་བ་ནི། གང་གུས་དང་མཚལ ་དང་ཐིང་ཤིང་ལ་སོགས་པ་ཡང་སངས་རྒྱས་ལ་དབུལ་ལོ་ཞེས་བྱ་བའི་རྗེས་བརྙག་པའི་ཕྱིར་ཀྱང་ཞེས་བྱ་བའི་སྒྲ་སྨོས་སོ། །དེ་དག་ནི་བཏགས་ཏེ་དྲི་བཙངས་ཁང་གི་ཞལ་ཞལ་དུ་བྱའོ་ཞེས་བྱ་བ་ནི། སངས་རྒྱས་ལ་ཕུལ་བའི་མུ་ཏིག་དེ་དག་ནི ་ནི་བཏགས་ཏེ་དྲ་གཙག་?་ཞལ་ཞལ་དུ་བྱའོ། །དེ་མ་ཡིན་པ་སངས་རྒྱས་ཀྱི་ནི་སྐུ་གཟུགས་དང་དྲི་གཅད?་ཁང་དང་མཆོད་རྟེན་གྱིས་ཡོ་བྱད་དུ་བྱའོ་ཞེས་བྱ་བ་ནི། མུ་ཏིག་མ་ཡིན་པ་སངས་རྒྱས་ཀྱི་སྐུ་སྐལ་གྱིས་རིན་པོ་ཆེ་གཞན་ནི་སྐུ ་གཟུགས་ལ་སོགས་པའི་ཡོ་བྱད་དུ་སྦྱར་བར་བྱའོ། །ཆོས་ཀྱིས་ནི་སངས་རྒྱས་ཀྱི་བཀའ་བྲི་བ་དང་སེང་གེའི་ཁྲི་དག་གིའོ་ཞེས་བྱ་བ་ནི། ཡོ་བྱད་དུ་སྦྱར་རོ་ཞེས་བྱ་བར་སྦྱར་ཏེ། ཆོས་ཀྱི་སྐུ་སྐལ་གྱི་རིན་པོ་ཆེ་དག་ནི་ངར་མ་བྲི་བ་དང་སེང་གེའི ་ཁྲིའི་ཡོ་བྱད་དུ་སྦྱར་བར་བྱའོ། །ཐེག་པ་ནི་སྐུ་གཟུགས་ལའོ་ཞེས་བྱ་བ་ནི། ཁྱོགས་དད་ཤིང་རྟའི་ཐེག་པ་གཞོན་པ་དག་ནི་སྐུ་གཟུགས་ལ་དབུལ་བའོ། །རྒྱལ་མཚན་དང་དེའི་སྲོག་ཤིང་དག་ནི་རྒྱལ་མཚན་གྱིས་དོན་དུའོ་ཞེས་བྱ་བ་ནི། རྒྱལ ་མཚན་དང་རྒྱལ་མཚན་གྱི་སྲོག་ཤིང་དག་ནི་རྒྱལ་མཚན་ཉིད་ཀྱིས་དོན་དུ་དབུལ་ལོ། །དེར་རུང་བའི་སྲོག་ཤིང་རྣམས་ཀྱང་ངོ་ཞེས་བྱ་བ་ནི། རྒྱལ་མཚན་གྱི་སྲོག་ཤིང་དུ་རུང་བའི་སྲོག་ཤིང་གཞན་དག་ཀྱང་སྐུ་གཟུགས་ལ་དབུལ་ལོ ་ཞེས་བྱ་བའི་རྗེས་བསྙག་པའི་ཕྱིར། ཀྱང་ངོ་ཞེས་བྱ་བའི་སྒྲ་སྨོས་སོ། །གཞན་དག་དང་མཚོན་ཆ་རྣམས་ནི་དགེ་འདུན་ལའོ་ཞེས་བྱ་བ་ནི། དབུལ་ལོ་ཞེས་བྱ་བར་སྦྱར་ཏེ་།རྒྱལ་མཚན་གྱིས་སྲོག་ཤིང་དུ་རུང་བ་ལས་གཞན་པ་རྒྱལ་མཚན ་གྱིས་སྲོག་ཤིང་དུ་མི་རུང་བའི་སྲོག་ཤིང་ཐུང་དུ་དག་ངང་མཚོན་ཆ་རྣམས་ནི་དགེ་འདུན་ལ་དབུལ་ལོ། །དེ་དག་ནི་འཁར་བསིལ་གྱི་ཡུ་བ་དང་ཁབ་དང་གྲིའུར་བྱས་ཏི་བྲིམ་མོ་ཞེས་བྱ་བ་ནི། གཞན་དག་དང་མཚོན་ཆ་དེ་དག་ལས་སྲོག་ཤིང་གཞན ་དེ་དག་ནི་འཁར་བསིལ་གྱི་ཡུ་བར་བྱ། མཚོན་ཆ་རྣམས་ནེ་ཁབ་དང་གྲིའུར་བྱས་ཏེ་དགེ་འདུན་ལ་བྲིམ་མོ། །དགེ་འདུན་གྱིས་གཞན་ནི་བཞག་པ་དང་བགོ་བ་དང་བཟའ་བ་དག་ཏུ་ཅི་རིགས་པར་བྱའོ་ཞེས་བྱ་བ་ནི། དགེ་འདུན་གྱིས་སྲོག་ཤིང་དང་མཚོན? ་མཚོན་ཆ་ལ་སོགས་པ་ཇི་སྐད་སྨོས་པའི་རྣམ་པ་དེ་དག་ལས་གཞན་པ་ཞིང་དང་རས་དང་འབྲས་ལ་སོགས་པ་དག་ནི་བཞག་པར་འོས་པ་དག་ཀྱང་བཞག་པར་བྱའོ། །བགོ་བར་འོས་པ་དག་ཀྱང་བགོ་བར་བྱའོ། །བཟའ་བར?་འོས་པ་དག་ཀྱང་བཟའ་བར ་བྱ་སྟེ། དེ་ལྟར་ཅི་རིག་པར་བྱའོ། །ཞིང་དང་ཁང་ཁྱིམ་དང་ཚོང་ཁང་དང་གནས་མལ་དང་མགར་སྤྱང་དང་གསེར་མགར་གྱི་ལག་ཆ་དང་འདྲེག་མཁན་གྱི་ལག་ཆ་དང་རྫ་མཁན་གྱི་ལག་ཆ་དང་ཤིང་མཁན་གྱི་ལག་ཆ་དང། བསིལ་ཡབ་མཁན་གྱི་ལག་ཆ ་དང་བྲན་དང་བྲན་མོ་དང་ལས་བྱེད་པ་དང་ཞོ་ཤས་འཚོ་བ་དང་བ་ལང་དང་མ་ཧེ་དང་ར་དང་ལུག་དང་སྨན་དང་སངས་རྒྱས་ཀྱིས་བསྟན་བཅོས་ཀྱི་གླེགས་བམ་དང་མྱུར་དུ་མི་འགྲུབ་པའོ་ངམ་རྒྱ་དག་ནི་དང་པོར་འོས་པ་ཉིད་ཡིན་ནོ་ཞེས་བྱ་བ་ནི། དགེ་འདུན་གྱི ་ཞིང་ལ་སོགས་པ་འདི་དག་ནི་དང་པོར་འོས་པ་ཉིད་ཡིན་ཏེ། བཞག་པར་འོས་པ་ཉིད་ཡིན་ནོ། །རས་དང་ངས་ཡུག་ཆེན་དང་པེའུ་རས་དང་མཆིལ་ལྷམ་དང་ལྷམ་སྒྲོ་གུ་ཅན་དང་འབྲུ་མར་དང་འབྲུ་མར་སྣོང་དང་བྱ་མ་བུམ་དང་རིལ་བ་སྤྱིའུ་ལུགས་དང ་གླགས་བམ་གཞན་དང་དམ་རྒྱ་གཞན་དང་མཚོན་རྩི་གཞན་དག་ནི་གཉིས་པར་འོས་པ་ཉིད་ཡིན་ནོ། །ཞེས་བྱ་བ་ནི། དགེ་འདུན་གྱི་རས་ལ་སོགS་པ་འདི་དག་ནི་གཉིས་བར་འོས་པ་ཉིད་ཡིན་ཏེ། བགོ་བར་འོས་པ་ཉིད་ཡིན་ནོ། །འབྲས་དང་ཏིལ ་དང་ནས་དང་མོན་སྲན་སྡེའུ་དང་མོན་སྲན་གྲེའུ་དང་འབྲུ་གཞན་དང་བཟའ་བ་དང་བཏུང་བ་དག་ནི་གསུམ་པར་འོས་པ་ཉིད་ཡིན་ནོ་ཞེས་བྱ་བ་ནི། དགེ་འདུན་གྱི་འབྲས་ལ་སོགས་པ་འདི་དག་ནི་གསུམ་པར་འོས་པ་ཉིད་ཡིན་ཏེ། བཟའ་བར་འོས་པ ་ཉིད་ཡིན་ནོ། །གཞིར་གཏོགས་པའི་གོས་ཀྱི་གཞིའོ་ཞེས་བྱ་བ་ལ། འདུལ་བའི་གཞིར་གཏོགས་པའི་གོས་ཀྱི་བཞི་བཤད་ཟིན་ཏོ། །ད་ནི་ཕྲན་ཚེགས་ལ་སོགས་པར་གཏགས་པའི་གོས་ཀྱི་གཞི་བསྡུ་བའི་ཕྱིར་གླེགས་བུ་དང་གླེགས་བུ་བྱེད ་དག་མཉམ་པར་བྱའོ་ཞེས་བྱ་བ་སྨྲས་ཏེ། གླེགས་བུ་རྣམས་ཀྱང་ལོགས་སུ?་ཤིག་ཏུ་མཉམ་པར་བྱ། གླེགས་བུ་ཕྱེད་རྣམས་ཀྱང་ལོགས་ཤིག་ཏུ་མཉམ་པར་བྱའོ། །གླེགས་བུ་ཡང་གླེགས་བུ་རྣམས་དད་ལྷན་ཅིག་ཚད་མཉམ ་པར་བྱ། གླེགས་བུ་ཕྱེད་རྣམས་ཀྱང་གླེགས་བུ་ཕྱེད་རྣམས་དང་ལྷན་ཅིག་ཚད་མཉམ་པར་བྱ་སྟེ། མཉམ་པ་འདི་ནི་མཛེས་པ་ཉིད་དུ་བྱ་བའི་ཕྱིར་རོ། །གཞལ་བའི་ཕྱིར་དེའི་ཚང་ཀྱི་ཚག་ཤིང་བཅད་བར་བྱའོ་ཞེས་བྱ་པ་ནི། གླེགས་བུ ་དང་གླགས་བུ་བྱེད་གཞལ་བའི་ཕྱིར་དེ་གཉིས་ཀྱིས་ཚད་ཀྱི་ཆག་ཤིང་བཅང་བར་བྱའོ། །གལ་ཏེ་ཆག་ཤིང་གཅིག་གིས་གཉི་གའི་དགོས་པ་འགྲུབ་ན་ནི་གཉིས་མི་དགོས་སོ། །དེ་ལྟར་ཡང་གཞན་ལས་ཆག་ཤིང་གཅིག་ཁོ་ན་ཅང་བར་བྱའོ ་ཞེས་གསུངས་ཏེ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཆག་ཤིང་བྱ་ཞིང་དེའི་ཚད་ཀྱི་གླེགས་བུ་བྱའོ། །གླེགས་བུའི་ཚང་ཀྱིས་གླེགས་བུ་ཕྱེད་བཅང་པར་བྱའོ་ཞེས་གསུངས་པ་ཡིན་ནོ། །ཚལ་བུ་དག་ཀྱང་ངོ་ཞེས་བྱ་བ་ཡང་མཉམ ་པ་ཉིད་དུ་བྱའ?། །དེའི་ཚད་ཀྱི་ཆག་ཤིང་བཅད་བར་བྱའོ། །ཞེས་བྱ་བ་ནི་གཞལ་པའི་ཕྱིར་ཚལ་བུའི་ཚང་གྱི་ཆག་ཤིང་བཅང་བར་བྱ་བའོ། །དེའི་ཆེ་ཚད་ནི་སོར་བཞིའོ་ཞེས་བྱ་བ་ནི། ཚལ་བུ་དེའི་ཆེ་ཚད་ཀྱི་ཞེང་ནི་སོར་བཞེར་བྱའོ། །བྱ་རོག ་གི་མཐོ་གང་ཡང་ངོ་བྱའོ་ཞེས་བྱ་བ་ནི་ཡང་ཚལ་བུ་དེའི་ཆེ་ཚད་ཀྱི་ཞེང་སྟེ། བྱ་རོག་གི་མཐོ་ཞེས་བྱ་བ་ནི་འཇུ་བ་མོའི་ཚིགས་དབུས་མའི་སྟེང་དུ་མཐེ་བོའི་ཚིགས་དབུས་མའི་ལྟོ་གཏང་དེ་རྒྱ་གྲམ་དུ་བྱ་རྐང་འདྲ་བར་བཞག་སྟེ། དེ་ལྟར ་བཞག་པའི་ཐེབ་མཇུབ?་གཉིས་ཀྱི་རྩེ་མོའི་བར་གྱི་ཚང་ནི་བྱ་རོག་གི་མཐོ་གང་ཞེས་བྱའོ། །དེ་ལ་དངོས་སུ་ན་སོང་བཞི་ཁོ་ན་ཡོད་དེ། རྣམ་པ་གཞན་གྱིས་བསྟན་པའི་ཕྱིར་དེ་སྐད་གསུངས་སོ། །ཆུང་ཚང་ནི་སོར་གཉིས་སམ་ཕྱེད་དང་གསུམ ་མ་མོ་མཐེབ་སོར་གཅིག་གོ་ཞེས་བྱ་བ་ནི། ཚལ་བུ་ཆུང་ཚད་ཀྱི་ཞེང་ནི་སོར་གཉིས་སམ་སོར་ཕྱེད་ངང་གསུམ་མམ་མཐེ་བོའི་སོར་གཅིག་གོ། གཞུང་ཁ་ཅིག་ལས་ནི་ཆེ་ཚང་ནི་སོར་བཞིའོ། །ཆུང་ཚད་ནི་སོང་ཕྱེད་དང་གསུམ་མོ། །དེའི་བར་ནི་འབྲིང་ཚད་དེ་ཞེS ་འབྱུང་སྟེ། གཞུང་ཁ་ཅིག་ལས་ནི་ཆེ་ཚང་ནི་སོང་གཞི་འམ་བྱ་རོག་གིས་མཐོ་གང་ངོ། །ཆུང་ཚང་ནི་སོར་གཉིས་སམ་མཐེ་བོའི་ལྟོ་གང་ངོ། །དེའི་བར་ནི་འབྲིང་ཚང་དོ་ཞེས་གསུངས་སོ། །དེ་ལྟར་ན་འདིར་ཚིག?་གིས་དོན་འདི་འབྱུང་སྟེ། སོར་བཞི་ནི ་ཆོས་གོས་ཆེ་ཚད་ཀྱིའོ། །སོར་གསུམ་དང་སོང་ཕྱེད་དང་སོར་གཉིས་དང་ཐེབ་སོར་གཅིག་ནི་ཆོས་གོས་ཆུང་ཚད་ཀྱིའོ། །འབྲིང་ནི་བར་མའོ། །ས་ལ་ཆོས་གོས་གདིང་བར་མི་བྱའོ་ཞེས་བྱ་བ་ནི། སལ་ཆོས་གོས་གདིང་བར་མི་བྱ་བའོ། །དེའི་དོན་དུ ་གཏན་པ་བྱའོ་ཞེས་བྱ་བ་ནི། ཆོས་གོས་གདིང་བ་དེའི་དོན་དུ་སྲ་བརྐྱང་བྱ་བའོ། །ཤིང་ལས་བྱས་པ་འམ་སྨྱིག་མ་ལས་བྱས་པ་འམ་གྲུ་བཞི་བ་རྟོང་པའི་ཕྱིར་ཐག་གུ་གཞུག་པའི་བུག་བཏོད་པ་ནི་དེ་ཞེས་བྱའོ། ཞེས་བྱ་བ་ནི། ཐད་གཅད་ཅིང་གདིང་བའི ་ཕྱིར་ཐག་གུ་གང་ཡིན་པ་དེ་གཞུག་པའི་བུ་ག་གང་ལ་བཏོང་བ་སྨྲས་ཏེ། དབྱིབས་དེ་ལྟ་བུར་བྱའོ། ཅི་ལས་བྱས་པ་ཞེ་ན་དེའི་ཕྱིར་ཆོས་གོས་ཇི་ཙམ་བར་རོ་ཞེས་བྱ་བར་སྨྲས་ཏེ། ཆོས་གོས་དང་འཚམ་པའི་ཚད་དུ་བྱའོ་།ཆོས་གོས་ཚང་ཐ་དད་པ་དུ་མ་ཡོད ་པས་གཏན་པ་ཡང་དུ་མ་བྱ་དགོས་སོ། །གྲིའུས་དྲའོ་ཞེས་བྱ་བ་ནི་ཆོས་གོས་སོ། །དེ་བཅང་བར་བྱའོ་ཞེས་བ་བའི་ནི་གྲེའུ་དེའོ། །དེ་དབྱིབས་ཇི་ལྟེ་བུར་བྱ་ཞེ་ན་དེའི་ཕྱིར་བྱ་རོག་གིས་མཆུ་ལྟ་བུ་འམ་བྱ་གག་གི་གཤོག་པ་ལྟ་བུར་རོ་ཞེས་བྱ་བ་སྨྲས་ཏེ། ་དབྱིབས་དེ་ལྟ་བུར་བྱའོ། ཅི་ལས་བྱས་པ་ཞེ་ན་དེའི་ཕྱིར། ལྕགས་ལས་བྱས་པ་ལས་གཞན་མ་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། ལྕགས་ལས་བརྡུངས་པ་ནི་ལྕགས་ལས་བྱས་པ་སྟེ། དེ་ལས་གཞན་པ་ལས་མི་བྱའོ། །ཡུ་བརྩི་ཅན་དང་ཁྲ་ ་པོ་མི་བཅང་ངོ་ཞེས་བྱ་བ་ནི། གྲེའུའི་ཡུ་བ་བསེ་རྩི་ཅན་དང་སྲ་རྩི་ལ་སོགས་པ་འཚེར་བག་ཅན་གྱིས་བསྐུས་པ་དང་ཚོན་རྩིས་པ་དང་འབུར་ཤང་ལ་སོགས་པའི་རི་མོ་ཅན་བཅང་བར་མི་བྱའོ། །སོར་དྲུག་གི ་ཚད་ལས་ལྷག་པ་མི་བཅང་ངོ་ཞེས་བྱ་བ་ནི། གྲིའུ་ཡི་སྲིད་ཀྱི་ཚང་སོར་དྲུག་ལས་ལྷག་པ་མི་བཅད་པའོ། །འདིར་གཞུང་ནི་གྲིའུ་ནི་གསུམ་སྟེ། ཆེན་པོ་དང་འབྲིང་དང་ཆུང་ངུའོ། །ཆེན་པོ་ནི་སོར་དྲུག་གོ། ཆུང་ནི་སོར་བཞིའོ། །དེའི་བར་མི ་འབྲིང་ངོ་ཞེས་གསུངས་པ་ཡིན་ནོ། །ཁ་ཅིག་ལས་ནི་བརྒྱད་ལས་མི་བཅང་ངོ་ཞེས་སོ་ཞེས་བྱ་བ་ནི། གཞུང་ཁ་ཅིག་ལས་ནི་གེའུ་སོར་བརྒྱད་ཀྱི་ཚད་ལས་ལྷག་བ་མི་བཅང་ངོ་ཞེས་འབྱུང་ངོ། །འདིར་གཞུང་ནི་ཆེན་པོ་ནི་སོར ་བརྒྱད་དོ་ཞེས་གསུངས་པ་ཡིན་ནོ། །སོར་བཞི་པས་ཐུང་བ་ནི་དགོས་པ་མེད་དོ་ཞེས་བྱ་བ་ནི། དེ་བས་ཐུང་བ་ནི་ཅིང་ཡང་མི་མཁོ་བས་དེ་ཡང་ཅང་བར་མི་བྱ་བའོ། །ལྕི་བའི་བྱུག་པས་བསྐུས་པར་བཅོམ་མོ་ཞེས་བྱ་བ་ནི། ཆོས་གོས་སྲ ་བརྐྱང་ལ་གྲིའུས་དྲས་པ་བཙེམ་པའི་གནས་ནི་དངོས་སུ་འམ་བརྒྱུད་པས་རྡུལ་ལྡང་བ་མེད་པར་བྱ་བའི་ཕྱིར་ལྕི་བའི་བྱུག་པས་བསྐུས་པར་བཅོམ་མོ། །འདི་ནི་རྡུལ་གྱིས་མ་རུངས་པར་འགྱུར་བ་སྤང་བའི་ཕྱིར་རོ། །ལྕི་བ་མེད་ན་ཆག་ཆག ་བཏབ་ཅིང་ཕྱག་པར་རོ་ཞེས་བྱ་བ་ནི། བ་ལང་གི་ལྕི་བ་མེད་ན་ཆུས་ཆག་ཆག་བཏབ་ཅིང་ཕྱག་མས་ཕྱགས་པའི་གནས་སུ་ཆོས་གོས་བཙེམ་མོ། །དེ་བཅོམ་པར་བྱའོ་ཞེས་བྱ་བས་ནི། དགེ་སློང་གིས་ཆོས་གོས་དེ་ཙམ་དུ་རུང་བའོ། ། ་འདིར་གཞུང་ནི་དགེ་སློང་དག་བྱ་གག་གི་གཤོག་ཤིང་ངམ་སྤྱིག་མའི་ཚལ་བུ་གང་ཡིན་པས་ཆོས་གོས་དག་བཅོམ་པར་བྱེད་དོ། །ཞེས་གསུངས་པ་དང། གཞན་ལས་བཅོམ་བར་འོས་པ་བཅོམ་པར་བྱའོ་ཞེས་གསུངས་པས་དེའི་ཕྱིར ་མདོ་འདི་བྱས་སོ། །ཁབ་ཀྱིས་བྱང་ངོ་ཞེས་བྱ་བ་ལ་ཀྱང་ངོ་བཞེས་བྱ་བའི་སྒྲས་ནི་བྱ་གག་གི་གཤོག་ཤིང་དང་སྨྱིག་མའི་ཚལ་བུ་འབའ་ཞིག་ཏུ་མ་ཟད་ཀྱི་བབ་ཀྱིས་ཀྱང་བཅོམ་དུ་རུང་བའོ། །དྲ་བའི་གཞུང་ནི་དགེ་སློང་ངག་ལགས་པ་དག་གིས་དྲ་བར་བྱེད་པ་ན ་མི་རུངས་པར་གྱུར་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གྲིའུས་དྲ་བར་བྱའོ་ཞེས་གསུངས་པ་ཡིན་ནོ། །ཁབ་ཀྱི་གཞུང་ནི་དགེ་སློང་དག་བྱ་གག་གི་གཤོག་ཤིང་དང་སྨྱིག་མའི་ཚལ་བུས་ཆོས་གོས་བཅོམ་པ་ན། བཅོམ་ལྡན་འདས་ཀྱིས ་བཀའ་སྩལ་པ། ཁབ་བཅང་བར་བྱའོ་ཞེས་གསུངས་པ་ཡིན་ནོ། །དེ་བཅང་བར་བྱའོ་ཞེས་བྱ་བ་ནི། ཁབ་དེའི་ར་གན་དང་ཟངས་ངང་འཁང་བ་ངང་ལྕགས་ལས་བྱས་པ་ལས་གཞན་མི་བཅང་ངོ་ཞེས་བྱ་བ་ནི། ར་གན་ལ་སོགས་པ་ལས་བྱས་པ་ལས ་གཞན་པའི་ཁབ་བཅང་བར་མི་བྱའོ། །ཁ་ཅིག་ལས་ཟངས་དང་ལྕགས་རྣོ་བ་དག་ལས་བྱས་པ་ཞེས་སོ་ཞེས་བྱ་བ་ནི། གཞུང་ཁ་ཅིག་ལས་ཁབ་ནི་རྣོ་ཟངས་དང་རྣོ་ལྕགས་ལས་བྱས་བ་བཅང་ངོ་ཞེས་འབྱུང་ངོ། །རྣོ་བ་ཞེས་བྱ་བ་ནི་དེ་གཉིས་ཀྱི་རིགས་ཀྱི ་བདག་ཉིད་གཞན་ཞིག་ཡོད་དོ། །དེའི་ཁབ་རལ་སྦུ་གུ་ལྟ་བུ་འམ་ཆང་པ་ལྟ་བུར་བཅང་བར་བྱའོ་ཞེས་བྱ་བ་ནི། ཁབ་དེའི་ཁབ་རལ་སྤུ་གུའི་རྣམ་པ་ལྟ་བུ་དང། ཆང་བའི་རྣམ་པ་ལྟ་བུ་གློ་ནས་དབྱེར་རུང་བ་བཅང་བར་བྱ་བའོ། །དེ་ངོ་ཚ་མེད་པ་དང་དགེ་ཚུལ ་དག་ལ་རག་ལས་བར་མི་བྱའོ་ཞེས་བྱ་བ་ནི། ཁབ་རལ་དེ་དགེ་སློང་ངོ་ཚ་མེད་པ་དང་དགེ་ཚུལ་ངག་ལ་རག་ལས་པར་མི་བྱ་བའོ། །མི་བཤེས་པ་དང་མི་དྲན་པ་དང་རང་བཞིན་དུ་གནས་པ་མ་ཡིན་པ་དག་ལ་ཡང་ངོ་ཞེས་བྱ་བ་ནི། མི་བཤེས་པ་དང་དྲན ་པ་དང་མི་ལྡན་པ་དང་རང་བཞིན་དུ་གནས་པ་མ་ཡིན་པ་དག་ལ་ཡང་ཁབ་རལ་དེ་དག་ལས་པར་མི་བྱ་བའོ། །ཁབ་དང་གྲིའུ་དག་བཅེས་མི་ཟས་པར་བྱ་བའི་ཕྱིར་སྦྲ?་ཚིལ་གྱིས་བསྐུས་པའི་རས་མར་བཞུག་བར་བྱའོ་ཞེས་བྱ་བ་ནི། ཁབ་དང་བྲིའུ ་དག་བཙའ་ཞེས་བྱ་བ་མཚོན་གྱི་དྲི་མས་མི་ཟོས་པར་བྱ་བའི་ཕྱིར་སྤྲ་ཚིལ་གྱིས་བསྐུས་པའི་རས་མར་གཞུག་པར་བྱ་བའོ། །འདིར་གཞུང་ནི། དགེ་སློང་རྣམས་ཀྱི་ཁབ་བཙས་ཟོས་པ་དང། བཅོམ་ལྡན་འདས ་ཀྱིས་བཀའ་སྩལ་པ། རས་མ་ལ་སྦྲ་ཚིལ་གྱིས་སྐུ་ཞིང་དེར་ཁབ་དཀྲིས་ཏེ་བཞག་པར་བྱའོ་ཞེས་གསུངས་པ་དང། ཁ་ཅིག་ལས་ཁབ་དང་མཚོན་བཞག་པར་བྱའོ་ཞེས་གསུངས་པ་ཡིན་ནོ། །མི་འབྱིལ་བར་བྱ་བའི་ཕྱིར་ཆོས་གོས ་ལ་སྒྲོག་རྟེན་བྱས་ཏེ་སྒྲོ་གཟུངས་གདགས་སོ་ཞེས་བྱ་བ་ནི། ཆོས་གོས་གྱོན་པ་ལུས་ལས་མི་འབྱིལ་བར་བྱ་བའི་ཕྱིར་ཆོས་གོས་ལ་སྒྲོ་བརྟེན་བྱས་ཏེ་དེར་སྒྲོ་བཟུངས་གདགས་པའོ། །སྒྲོག་རྟེན་ཅེས་བྱ་བ་ནི། སྦྲོག་གཟུངས་གྱི ་རྟེན་མ་ཆོས་གོས་ལ་ལྷན་བ་གྲུ་བཞིས་གླན་པའོ། །སྒྲོག་ཟུངས་ཞེས་བྱ་བ་ནི་འཛིན་པའི་ཐག་གུའོ། །སྒྲོག་གུ་ཡང་ངོ་ཞེས་བྱ་བ་ནི། མི་འབྱིལ་པར་བྱ་བའི་ཕྱིར་ཆོད?་གོལ་སྒྲོག་རྟེན་བྱས་ཏེ་གདགས་པའོ། །སྒྲོག་གུ་ཞེས་བྱ་བ་ནི ་བཟུང་བའི་ཐག་གུའོ། །བཙོ་བླག་མཁན་ལ་གོས་ཁ་བསྒྱུར་བ་དང། མ་བསྒྱུར་བ་འཁྲུར་གཞུག་པར་མི་བྱའོ་ཞེས་བྱ་བ་ནི། དྲུག་སྟེ་གང་གཙོ་བླག་མཁན་དག་ལ་གོས་དག་འཁྲུར་འཇུག་པ་ན། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ་དགེ་སློང་དག་གིས་ངུར་སྨྲིག་དག་བཅོ?་བླག་མཁན་ངག་ལ་འཁྲུང་མི་གཞུག་བར་གཞོང་པ་འཇམ་པོར་རང་གིས་བཀྲུ་བར་བྱའོ་ཞེས་གསུངས་པ་དང། དྲུག་སྡེ་དག་གོས་དཀར་པོ་དག་བཙོ་བླག་མཁན་ལ་འཁྲུར་འཇུག་པ་ན། བཅོམ ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་དགེ་སློང་གིས་ཐམས་ཅད་ཀྱི་ཐམས་ཅད་དུ་བཙོ་བླག་མཁན་ལ་འཁྲུར་མི་བཞུག་གོ་ཞེས་གསུངས་པ་ཡིན་ནོ། །དེ་རང་འདྲ་བར་རང་གིS་མི་བྱའོ་ཞེས་བྱ་བ་ནི། བཙོ་བླག་མཁན་དེ་དང་འདྲ་བར ་དགེ་སློང་རང་གིས་བཀྲུ་བར་མི་བྱ་བ་སྟེ། དེ་ནི་བརྡབ་པ་ལ་སོགས་པས་མ་རུངས་པར་འགྱུར་བ་སྤངས་བའི་ཕྱིར་རོ། །དེའི་དོགས་སུ་མི་བྱའོ་ཞེས་བྱ་བ་ནི། བཙོ་བླག་མཁན་དེའི་དོགས་སུ་བཀྲུ་བར་མི་བྱའོ། །ཤིང་གི་ངོས་ལ་མི་བྱའོ། ཞེས་བྱ་བ་ནི། གོས་བཀྲུ ་བར་མི་བྱ་བའོ། །གཞོང་པ་འཇམ་པོར་བཀྲུ་བར་བྱའོ་ཞེས་བྱ་བའི་གཞུང་ནི། གཞོང་པ་འཇམ་པོར་ངང་གིS་བཀྲུ་བར་བྱའོ་ཞེས་གསུངས་པ་ཡིན་ནོ། །ཆུ་བེད་པས་སོ་ཞེས་བྱ་བ་ནི། ཧ་ཅང་ཡང་མི་དྲོ་ཧ་ཅང་ཡང་མི་གྲང་བ་སྟེ་དེ་ནི་དྲི་མ་འདག་པའི་ཐབས ་བསྟན?་པ་ཡིན་ནོ། །ལག་པ་གཉིས་ཀྱིས་མཐར་གྱིས་བསྒྱུར་ཞིང་ངོ་ཞེས་བྱ་བ་ནི། ལག་པ་གཉིས་ཀྱིས་མཐར་གྱིས་བསྒྱུར་ཞིང་བཀྲུ་བར་བྱ་བའོ། །མི་ནུས་ན་རྐང་བ་གཉིས་གྱིས་སོ་ཞེས་བྱ་བ་ནི། གལ་ཏེ་ལག་པ་གཉིས་ཀྱིས་མི་ནུས་ན་རྐང་པ ་གཉིས་ཀྱིས་བཀྲུ་པར་བྱ་བའོ། །དེ་ལྟར་ཁྱིམ་པས་བཀྲུར་དུང་ངོ་ཞེས་བྱ་བ་ནི། ཇི་ལྟར་རང་གིས་བཀྲུ་བའི་ཆོ་ག་བསྟན་པ་དེ་ལྟར་ཁྱིམ་པས་ཀྱང་བ་ཀྲུར་དུང?་བའོ། །དེའི་གཞན་དུ་གྱུར་པར་སྤྱོད་པ་བསྲུང་བར་བྱའོ་ཞེས་བྱ་བ་ནི། ཆོ་ག་ཇི་སྐད་བསྟན ་པ་ལས་གཞན་དུ་ཁྱིམ་བ་དེའི་ལོག་བར་སྤྱོང་བ་དགེ་སློང་གིས་བསྲུང་བར་བྱ་བའོ། །འདིར་གཞུང་ནི། གཞན་གྱིས་ལག་པ་གཉིས་ཀྱིས་ཀྱང་མི་ནུས། རྐང་པ་གཉིས་ཀྱིས་ཀྱང་མི་ནུས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་དག་གིས་ཞལ་ཏ་བྱས ་ཏེ་གཞན་གྱིས་བཀྲུ་བར་བྱའོ་ཞེས་གསུངས་པ་ཡིན་ནོ། །ཕྱག་དང་ཁྲོད་ལེགས་པར་བཀྲུ་བ་དང་བཙེམས་པ་དག་ཁ་བསྒྱུར་བ་བཅང་བར་བྱའོ་ཞེས་བྱ་བ་ནི། ཕྱག་དང་ཁྲོད་ནི་ལེགས་པར་བགྲུས་པ་དང། ལེགས་པར་བཙེམས་པ་དང། ལེགས་པར ་ཁ་བསྒྱུར་པར་བྱས་ཏེ་བཅང་བར་བྱའོ། །འདིར་གཞུང་ནི་དགེ་སློང་གིས་ཕྱག་དང་ཁྲོད་མི་གཙང་བས་གོས་པ་དག་བཅང་བར་མི་བྱ་བའོ། །གང་འཚང་ན་ཉེས་བྱས་སུ་འགྱུར་རོ། །ཕྱག་དར་ཁྲོད་དག་ལེག་པར་བཀྲུས་པ་དང་ལེགས་པར་བཙེམས ་པ་དང་ལེགས་པར་ཁ་བསྒྱུར་བ་བྱས་ཏེ་བཅང་བར་བྱའོ། །ཞེས་གསུངས་པ་ཡིན་ནོ། །མི་བཙང་བས་གོས་པའི་ཆོས་གོས་མི་བཅང་ངོ་ཞེས་བྱ་བ་ཡང། ཆོད་ལ་ལེགས་པར་བཀྲུས་ཏེ་བཅང་བར་བྱའོ་ཞེས་བྱ་བར་སྦྱར་རོ། ། ་ཚོན་བཟད་བ་ཉིད་དུ་བྱ་བའི་ཕྱིར་གྲིབ་མ་དང་ཉི་མ་འདྲེས་པར་བརྡུང་ཞིང་རྐམ་པར་བྱའོ་ཞེས་བྱ་བའི་གཞུང་ནི། རྣམ་པར་འབྱེད་པའི་སྟན་གྱིས་སླབ་པཱི་གཞི་ལས། པིབ?་པ་ལའི་ཚོན་བླངས་ཏེ་ཆམ་ཆོམ་བརྡུང་བར་བྱ་ཞིང་སྐམས་ཏེ་བསྐོལ་བར ་བྱའོ་ཞེས་གསུངས་པ་ཡིན་ནོ། །ཚེན?་བརྡུང་བ་དང་སྐམ་པ་གྲིབ་མ་དང་ཉི་མ་འདྲེས་མ་ལ་གཞན་དུ་བྱས་ན་ཉམས་པར་འགྱུར་རོ། །པིབ་པ་ལ་ཞེས་སྨོས་པ་ནི་ཚོན་གཞན་གྱིས་དཔེ་ཡིན་ནོ། །གོས་དག་མེད་པར་སྐོལ་ལོ་ཞེས་བྱ་བ་ནི། ཚོན་གྱིས་ནད ་དུ་གོས་དག་མ་བཅུག་པར་བསྐོལ་བར་བྱ་བའོ། །བྱེ་བྲག་གསུམ་མན་ཆད་དུའོ་ཞེས་བྱ་བ་ནི། བསྐོལ་ལོ་ཞེས་བྱ་བར་སྦྱར་རོ། །གང་གི་ཕྱིར་བྱེ་བྲགས་སུམ་མན་ཆད་དུ་བསྐོལ་དགོས་པ་དེའི་ཕྱིར། མང་བ་ཉིད་དུ་འདོད་པ་ཉིད་ཡིན་ན་ལན་གསུམ ་བྱའོ་ཞེས་བྱ་བ་ལ། མང་བའི་དངོས་པོ་ནི་མང་བ་ཉིད་དེ། དེ་འདོད་པ་ཉིད་ཡིན་ན་ལན་གསུམ་བསྐོལ་བར་བྱའོ། །ཕྱི་མཆོས་ངན་པ་ཉིད་དོ་ཞེས་བྱ་བ་ནི། དང་པོ་བསྐོལ་པ་བས་ཕྱིས་བསྐོལ་བ་ཤོས་ཆེས་ངན་པ་ཉིད་ཡིན་ནོ། །དེའི་ཕྱིར་ཐ་དད་པར ་བཞག་གོ་ཞེས་བྱ་བ་ནི། གང་གི་ཕྱིར་ཕྱི་མ་ཆེས་ངན་པ་ཉིད་ཡིན་པ་དེའི་བསྐོལ་བ་རྣམས་སྣོང་ཐ་དད་པར་བླུགས་སོ། །འདི་ནི་དང་པོའོ་ཞེས་བྱ་བ་ལ་སོགས་པའི་ཡི་གེ་བྲིའོ་ཞེས་བྱ་བ་ནོ། འདི་ནི་ཚོན་དང་པོའོ། །འདི་ནི་གཉིས་པའོ། །འདི་ནི ་གསུམ་པའོ་ཞེས་དང་པོ་ལ་སོགས་པར་བསྐོལ་བའི་མཚོན་ཡོངས་སུ་ཤེས་པར་བྱ་བའི་ཕྱིར་སྣོད་ཀྱི་སྟེང་དུ་ཡི་གེ་བྲིའོ། །སྔར་དང་པོ་དང་སྦྱར་རོ་ཞེས་བྱ་བ་ནི། སྔར་ཆེན?་དང་པོ་བསྐོལ་བ་དང་གོས་རྣམས་སུ་སྦྱར་བར་བྱ་བའོ། །གོས་ཀུན ་ནས་བརྩུགས་པ་ལའོ་ཞེས་བྱ་བ་ནི། ཚོན་ལེགས་པར་འཇེན་པ་ཉིད་དུ་བྱ་བའི་ཕྱིར། ཚོན་གྱིས་ཀུན་ནས་བརྩུགས་པའི་གོས་དེ་ལ་ཚོན་དང་སྦྱང་བར་བྱའོ། །དེ་ལས་མཐུན་ཇི་ཙམ་རན་པ་བཅུ་ཞིང་གཞོང་བར་བླུགས་སོ། ཞེས་བྱ་བ་ནི་ཚོན་བསྐོལ་བ་དེ་ལས་ཇི ་ཙམ་གྱིས་གོས་བངས་བར་འགྱུར་བའི་མཐུན་དེ་ཙམ་བཅུ་ཞིང་གཞོང་པར་བླུགས་བར་བྱའོ། །གཤེར་ཆོས་ན་འཛག?་ལ་སྐམས་ཆད་ནི་འདྲིས་པར་འགྱུར་བས། ངེའི་ཕྱིར་རན་པར་རོ་ཞེས་བྱ་བ་ནི། བདས་པར་གྱུར་པའི་ཐུན་གཤེད་ཆེས་ན་གོས་ལས ་འཛག?་པར་འགྱུར་ལ། སྐམས་ཆེས་ན་གས་འདྲིས་པར་འགྱུར་བས་དེའི?་ཕྱིར་ཐུན་ངན་པར་བླུགས་སོ། །གཟང་ཐག་ཐང་གཅད་པ་ཉིད་ལ་སྐམས་ན་བཟང་ངོ་ཞེས་བྱ་བ་ནི། གཟར་ཐག་ཐང་གཅད་ཅིང་བརྒྱངས་པ་ལ་སྐབས་ན་བཟང་བའོ། ། ་ཇི་ལྟར་ཞེ་ན་དེའི་ཕྱིར་མཛའ་འབྱར་བས་སོ་ཞེས་བྱ་བ་སྨྲས་ཏེ། མཛའ་མ་རྣམས་འབྱར་བས་སོ། ཇི་ལྟར་མཛའ་འབྱར་བར་བྱ་ཞེ་ན་དེའི་ཕྱིར། དབང་བུ་དག་གིས་སོ་ཞེས་བྱ་བ་སྨྲས་སོ། །གཟུང་དཀའ་བ་རྣམས་ནི་རྩཝ་བཏིང་བར་རོ་ཞེས་བྱ་བ་ནི། དབང ་བུ་དག་གིས་བཟུང་དཀའ་བའི་གོས་རྣམས་ནི་རྩཝ་བཏིང་བའི་སྟེང་དུ་བསྐམ་པའོ་།ཚོན་ཕྱོགས་གཅིག་ཏུ་མི་འཆིགས་པར་བྱ་བའི་ཕྱིར་ཡང་དང་ཡང་བསྒྱུར་བར་བྱའོ་ཞེས་བྱ་བ་ནི། ཚོན་གྱིས་གོས་མཛའ་དག་ལ་ཁྱབ་བར་བྱ་བའི་ཕྱིར་ཡང་དང ་ཡང་དུ་བླ་འོག་བསྒྱུར་བར་བྱ་བ?་སྟེ་།དེས་ནི་ཕྱོགས་གཅིག་ཏུ་འཆིགས་པར་མི་འགྱུར་རོ། །ཚོན་སར་པ་ནི་སར་པ་དག་ལ་བླུགས་ན་བཟང་ངོ་ཞེས་བྱ་བ་ནི། ཚོན་སར་པ་ནི་གོས་སར་པ་ངག་ལ་བླུགས་ནས་བཟང་བའོ། །རྙིང་པ་ནི་རྙིང་པ་ངག་ལའོ་ཞེས ་བྱ་བ་ནི། ཚོན་རྙིང་པ་ནི་གོས་རྙིང?་པ་དག་ལ་བླུགས་ན་བཟང་བའོ། །སར་པ་རྣམས་ནི་ཉི་མ་ལ་སྐམས་ནའོ་ཞེས་བྱ་བ་ནི། གོས་སར་པ་རྣམས་ནི་ཉི་མ་ལ་སྐམས་ན་བཟང་བའོ། །རྙིང་བ་རྣམས་ནི་གྲིབ་མ་ལའོ་ཞེས་བྱ་བ་ནི། བསམ་བཟང་ངོ་ཞེས ་བྱ་བར་སྦྱར་རོ། །མི་འདྲིས་པར་བྱ་བའི་ཕྱིར་ཉི་མ་གཞན་ལ་ཆུའི་ཐུན་བླུགས་སོ། །ཞེས་བྱ་བ་ནི། མི་འདྲིས་པར་བྱ་བའི་ཕྱིར་ཉི་མ་གཞན་ལ་མཆུའི་ཐུན་ཇི་ཙམ་གྱིས་བངས་པར་འགྱུར་བ་བླུག?་ཤིང་གཙུག་པ་དང་སྐམ་པར ་བྱའོ་མཚོན་ཞག་ལོན་ན་སྲ་བར་འགྱུར་ལ་སྲ་བར་གྱུར་ན་ཆུའི་ཐུན་གྱིས་ཀྱང་བརྟོལ་བར་ནུས་སོ། །བང་རིམ་དང་འཆག་སར་ཚོན་གྱི་ལས་མི་བྱའོ་ཞེས་བྱ་བ་ལ། བང་རིམ་ཞེས་བྱ་བ་ནི། གཙུག་ལག་ཁང་གི་ཁྱམས་ཀྱིའོ། །གཙུག་ལག ་ཁང་དུ་མི་བྱའོ་ཞེས་བྱ་བ་ཡང་ཚོན་གྱི་ལས་སོ། །དེ་སྟེང་དུ་བྱའོ་ཞེས་བྱ་བ་ནི། ཚོན་གྱི་ལས་ཏེ་གཙུག་ལག་ཁང་གི་སྟེང་དུ་བྱ་བ་སྟེ། དེ་ནི་དེའི་གནས་ཡིན་གྱིས་བང་རིམ་ནི་མ་ཡིན་ནོ། །འཐོར་འཐུང་བྱ་བའི་ཉེན་ཀོར་དུ་མི་བྱའོ་ཞེས ་བྱ་བ་ནི། ཆབ་ཀུང་ས་ལ་སོགས་པའི་ཉེན་ཀོར་དུ་ཚོན་གྱི་ལས་མི་བྱ་བའོ། །ཕྱོགས་དེར་ཞལ་ཞལ་བྱའོ་ཞེས་བྱ་བ་ནི། མཚོན་གྱི་ལས་བྱ་བའི་ཕྱོགས་དེར་ཞལ་ཞལ་བྱ་བའོ། །གལ་ཏེ་རྡོ་ཐལ་གྱིས་བྱུགས་པ་ཡིན་ན་བཀྲུ་བར ་བྱའོ་ཞེས་བྱ་བ་ནི། གལ་ཏེ་ཕྱོགས་དེ་རྡོ་ཐལ་གྱིས་བྱུགས་པ་ཡིན་ན། དེའི་ཚེ་ཆུས་བཀྲུ་བར་བྱའོ། །གལ་ཏེ་བརྩམས་པ་ན་རླུང་དང་ཆར་འོང་ན་ཁྱམས་སུ་བྱའོ་ཞེས་བྱ་བ་ནི། གལ་ཏེ་ཚོན་གྱི་ལས་བརྩམས་པ་ན་རླུང་དང་འཆར་འོང་ན ་དེའི་ཆེ་ཁྱམས་སུ་ཚོན་གྱིས་ལས་སོ། །བྱས་ཟིན་ནས་ཕྱོགས་དེར་ལྕི་བ་འམ་སས་བྱུགས་པར་བྱའོ་ཞེས་བྱ་བ་ནི། ཚོན་གྱི་ལས་བྱས་ཟིན་ནས་གྱོགས་དེར་ལྕི་བ་འམ་སས་བྱུག་པར་བྱ་བའོ། །བཅགས་པ་དང་བརྡབ་པ་རུང་བར་མ་གྱུར་བ་སྤྱང ་བ་རྟེན་པར་མི་བྱའོ། །ཞེས་བྱ་བ་ནི། གོས་བཅགས་པ་དང་བརྡབ་པ་རུང་བར་མ་གྱུར་པ་སྦྱང་བ་བསྟེན་པར་མི་བྱ་བའོ། །འདིར་རུང་བ་གང་ཡིན་ཞེ་ན་དེའི་ཕྱིར། འདི་ལ་འཚོར་བ་ཉམས་པ་ནི་རུང་བ་མ་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། གོས་འདི ་ལ་ཚེར་བ་ཞེས་བྱ་བ་ནི། མདོག་གསལ་ཞིང་འཚོར་བ་ཉམས་པ་ནི་རུང་བ་ཡིན་ནོ། །ཇི་ལྟར་འཚེར་བ་ཉམས་པར་བྱ་ཞེ་ན་དེའི་ཕྱིར། ཆུས་བརླན་པ་ཉིད་ནའོ་ཞེས་བྱ་བ་སྨྲས་ཏེ། གོས་ཀྱི་འཚེར་བ་ཆུས་བརླན་པ་ཉིད་ན་ཉམས་ཤིང་རུང་བ་ཡིན་ནོ། ། ་ཟིལ་པས་བརླན་ན་ལག་པས་མཉེ་བས་ཉམས་པར་བྱ་སླའོ་ཞེས་བྱ་བ་ནི། གོས་ཟིལ་པས་བརླན་ན་ལག་པས་མཉེ་བས་འཚེར་བ་ཉམས་པར་བྱ་སླ་བ་ཉིད་ཡིན་ནོ། །ཤམ་ཐབས་བགོས་པའི་སྟེན་གདུ་སྐ་རགས་བཅིང་ངོ་ཞེས་བྱ་བ་ནི། ཤམ་ཐབས ་བགོས་པའི་སྟེང་དུ་སྐ་རགས་བཅིང་བར་བྱ་བའོ། །ཅི་ཞིག་བཅིང་བར་བྱ་ཞེ་ན་དེའི་ཕྱིར་ཤུར་བུ་འམ་ལྕག་པོད?་ང?་བརྒྱ་ཆང་ཤུར་བུ་འཕྲེ་འུས་སོ་ཞེས་བྱ་བ་སྨྲས་ཏེ། །ཤུར་བུ་ཞེས་བྱ་བ་ནི། སྐུད་པ་མང་པོ་ལས་བཏགས་པ་སྲབ་མོ་ཞེང ་ཆེ་བའོ། །ལྕགས་པོས་ཅེས་བྱ་བ་ནི། ལྷས་མ་གྲུ་བཞིར་འདུག་པའོ། །རྒྱ་འཆང་ཞེས་བྱ་བ་ནི། སྐུད་པ་མང་པོ་ལས་བཏགས་པ་ཉིད་ཡིན་ལ་དབུས་ཁོད་སྟོང་དུ་འདུག་པའོ། །ཤུར་བུ་འཕྲེའུ་ཞེས་བྱ་བ་ནི། སྐུད་པ་ཕྲ་མོ་ལས་བཏགས་ལ་མདོ ་མདོར་བུ་གུ་ལྔ་འམ་དྲུག་རིན་དུ་བྱས་པ་གཏོད་པའོ། །སྐ་རགས་མ་བཅིངས་པར་གྲོང་དུ་འགྲོ་པར་མི་བྱའོ་ཞེས་བྱ་བ་ནི། ཤམ་ཐབས་བགོས་པའི་སྟེང་དུ་སྐ་རགས་མ་བཅིངས་པར་གྲོང་དུ་འཇུག་པར་མི་བྱ་བ་སྟེ། འདི་ནི་ཤམ་ཐབས་བརླག་པར ་འགྱུར་བ་སྤང་བའི་ཕྱིར་རོ། །ཁྲིས་གཅིག་གིས་ཀྱང་ངོ་ཞེས་བྱ་བ་ནི། གལ་ཏེ་སྐ་རགས་ཁྲིས་གཅིག་གིས་བཅིངས་ན་དེ་ལྟ་ན་ཡང་རུང་བའོ། །ཚོམ་བུ་ཅན་དང་ཚར་ཚར་ཅན་དང་ཟླ་གམ་ཅན་དང། གསེར་སྐུད་ནི་བྱན་མ་ཡིན་པ་མ་ཡིན་ནོ་ཞེས་བྱ་བ ་ལ་ཆོམ་བུ་ཅན་ཞེས་བྱ་བ་ནི། གསེར་སྐུད་གྱི་ཤར་བུ་གསུམ་མམ་བཞིའི་ཚོམས་ལ་མདོ་མདོར་ནོར་བུའི་ཕྲད་སྦྲས་པའོ། །ཚར་ཚར་ཅན་ཞེས་བྱ་བ་ནི། གསེར་ལས་བྱས་པའི་ཚར་ཚར་གྲོག་སྒུལ་གྱི་བར་རི་ལུ་ཅན་གསེར་སྐུད་གྱིས་བརྒྱས་ ་པ་ཐོག་མར་དྲིལ་བུ་གཡེར་ཀ་འཕྱང་བདག་བཏགས་པའི་འོག་པག་གང་ཡིན་པའོ། །ཟླ་གམ་ཅན་ཞེས་བྱ་བ་ནི། གསེར་ལས་བྱས་པའི་རྒྱན་ཟླ་གམ་གྲུ་གསུམ་དག་གིས་བརྒྱན་པའི་འོག་པག་གང་ཡིན་པའོ། །གསེར་སྐུད?་ཅེས ་བྱ་བ་གསེར་ལས་བྱས་པའི་ལུ་གུ་བརྒྱུད་ངོ། །དེ་དག་ནི་རྒྱན་མ་ཡིན་པ་མ་ཡིན་ཏེ་རྒྱན་ཁོ་ན་ཡིན་ནོ། །རྒྱན་ཐོགས་པ་བསྟན་པར་མི་བྱའོ་ཞེས་སྨོས་པས་དེ་དག་བཀག་པར་རིག་པར་བྱའོ། །ཁྲ་པོར་བྱས་པ་ཡང་དེ་དང་འདྲའོ་ཞེས་བྱ་བ་ནི། ་ཟ་འོག་དང་ཚོན་རིས་དང་སྐུད་རིས་དང་ཕྲ་བཀོད་པ་ལ་སོགས་བས་ཁྲ་བོར་བྱས་པའི་གོས་ཀྱང་རྒྱན་དང་འདྲ་སྟེ། མད་འདི་ནི་གོས་ཀྱི་དོན་དུ་བྱས་པ་ཡིན། རྩ་ལས་བྱས་པ་དང་ཤིང་ལས་བྱས་པ་དང་གཞན་ཡང་རྒྱན་གྱིས་ཁོངས་སུ་གཏོགས ་པའི་ཕྱིར་རོ། །གཞི་མ་བཏིང་བའི་སར་ཆོས་གོས་བཞག་པར་མི་བྱའོ་ཞེས་བྱ་བ་ནི། རས་སམ་ལོམ་ལ་སོགས་པ་བཞིམ་བཏིང་བའི་ས་ལ་ཆོS་གོས་བཞག་པར་མི་བྱ་བ་སྟེ། དེ་ནི་མ་རུངས་པར་འགྱུར་བའི་སྤང་བའི་ཕྱིར་རོ། །འདིར་བཞུང་ནི། ་རྣམ་པར་འབྱེད་པའི་སྟན་གྱིས་བསླབ་པའི་གཞི་ལས། དགེ་སློང་རྣམས་ཆོས་གོས་ངག་གྱོན་ཏེ་ས་ལ་འཁོད་པ་ན་ཆོས་གོས་ངག་མ་རུངས་པར་གྱུར་པ་དང། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དད་པས་སྦྱིན་བར་བྱ་བ་ཆུང་གཟན་པར་མི་བྱ ་བར་འདི་ལྟར་སྟན་མང་ཚངས་ཅན་ལ་འདུག་པར་བྱའོ། །སྟན་ནང་ཚངས་ཅན་ཇི་ལྟ་བུ་མི་ཤེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྩཝའི་ཆུ་ན་པོ་བཅིངས་ཏེར་སམས་དགྲི་བར་བྱའོ་ཞེས་གསུངས་པ་ཡིན་ནོ། །འདིར་སྟན་ནང་ཚངས་ཅན ་ནི་དཔེ་ཙམ་དུ་ཟད་དེ་སྟན་གཞན་ལ་ཡང་འདུག་པར་བྱའོ། །འདི་ནི་ཆོས་གོས་མ་རུངས་པར་འགྱུར་བ་སྤང་བའི་ཕྱིར་རོ། །མི་བཅང?་བའི་ཕྱོགས་སུ་མི་བཞག་གོ་ཞེས་བྱ་བ་ནི། ཆོས་གོས་ཏེ་བར་དུ་ཆོད་པར་གྱུར་ཀྱང་མི་བཞག་གོ། རྟུལ་པོ་ཡོང་ན ་ཕུར་ལྕི་བས་མི་མནན་ནོ་ཞེས་བྱ་བ་ནི། རྟུལ་བ་གཞན་ཡོང་ན་ཁུར་ལྕི་བས་ཆོས་གོས་གནན་པར་མི་བྱ་བའོ། །གཞན་དུ་སྤྱད་པས་ཡོངས་སུ་སྤྱད་པར་མི་བྱའོ་ཞེས་བྱ་བ་ནི། སྟོང་དུ་བགོ་བ་སྨད་དུ་བགོ་བ་དང་སྨད་དུ་བགོ་བ་སྟོང་དུ་བགོ་བ་ཡོངས་སུ ་སྤྱང་པར་མི་བྱ་བའོ། །བཤང་བ་དང་གཅིབ་བྱ་བ་དང་མི་གཙང་བའི་བྱི་དོར་བྱ་བ་དག་ཏུ་བླ་གོས་བགོ་བ་བསྟན་པར་མི་བྱའོ་ཞེས་བྱ་བ་ནི། བཤང་བ་དང་གཅི་བ་དང་མི་གཅེང་བའི་བྱི་དོར་བྱ་བ་ངག་ཏུ་བླ་གོས་བགོ་བར་མི་བྱ་བའོ། །མི་གཅང་བའི་བྱི ་དོར་བྱ་བ་ངག་ཏུ་ཞེས་བྱ་བ་ནི། མི་གཙང་བའི་ངོ་བོ་ཉིད་གང་ཡིན་པ་གཙུག་ལག་ཁང་དུ་ཆག་ཆག་གདབ་པ་དང་ཕྱག་དར་བྱ་བ་དང། རྐང་པ་བཀྲུ་བ་དང། ཆབ་ཀུངས་ཕྱག་པ་དང་བཀྲུ་བཤལ་བྱ་བ་ལ་སོགས་པའི་བྱི་དོར་གྱི་ལས་དག་སྟེ་།དེ་དག ་ཏུ་བླ་གོས་བགོ་བར་མི་བྱ་བའོ། །དེར་ཉལ་བར་མི་བྱའོ་ཞེས་བྱ་བ་ནི། བླ་གོས་དེའི་སྟེང་དུ་ཉལ་བར་མི་བྱ་བའོ། །བསོད་སྙོམས་ལ་རྒྱུ་བ་དང་མཆོད་སྟོན་དང་མཆོད་རྟེན་ལ་ཕྱག་བྱ་བ་དང་རྗེས་ས་བྱ་བ་དང་དགེ་འདུན་ཚོགས་པ་དང་གདམས་ངག་དང ་ཆོས་མཉན་པ་ཉམས་སུ་མྱོང་བ་ལས་གཞན་པའི་བྱ་བ་ལ་སྣམ་སྦྱར་བགོ་བར་མི་བྱའོ་ཞེས་བྱ་བ་ནི། བསོད་སྙོམས་ལ་རྒྱུ་བ་ལ་སོགས་པ་ཉམས་སུ་མྱོང་བར་བྱ་བ་ལས་གཞན་པའི་བྱ་བ་ལ་སྣམ་སྦྱར་བགོ་བར་མི་བྱ་བའོ། །དེ་ལ་འདུག་པ་འམ་ཉལ ་བར་མི་བྱའོ་ཞེས་བྱ་བ་ནི། སྣམ་སྦྱང་དེའི་སྟེང་དུ་འདུག་པ་དང་ཉལ་བར་མི་བྱ་བ་སྟེ། ངེས་ན་གྲཝ་བརྗིབ་ཡང་བཀག་པ་ཡིན་ནོ། །གཞུང་ནི་སྣམ་སྦྱར་ལུས་ལ་རེག་པར་མི་བྱ། གདིང་བར་མི་བྱ། རྒྱུན་ཏུ་བགོ་བས་ལོངས་སྤྱད་པར་མི་བྱ། སྣམ་སྦྱར་གྱི ་སྟེང་དུ་འདུག་པར་མི་བྱ། ཉལ་བར་མི་བྱ། སྣམ་སྦྱར་གྱིས་རྩ་འམ་ལྕི་བ་འམ་ས་བསྐུར་བར་མི་བྱའོ་ཞེས་གསུངས་པ་ཡིན་ནོ། །འགའ་ཡང་བཀུར་བ་ལ་སྦྱར་བར་མི་བྱའོ་ཞེས་བྱ་བ་ནི། སྣམ་སྦྱར་གྱིས་དངོས་པོ་འགའ་ཡང་བཀུར་བལ་སྦྱར ་བར་མི་བྱ་བ་སྟེ། སྣམ་སྦྱར་གྱི་ནང་དུ་ཅི་ཡང་བཅུག་སྟེ་བཀུར་བར་མི་བྱ་བའོ་ཞེས་བྱ་བའི་ཐ་ཚིག་གོ། ལུས་ལ་རེག་པར་བགྲོ་བར་མི་བྱའོ་ཞེས་བྱ་བ་ནི། སྣམ་སྦྱར་ལུས་ལ་རེག་པར་བགོ་བར་མི་བྱའོ། །མཚན་ཁུང་གཡས་པའི ་དྲོད་ཀྱིས་དེ་མ་རུངས་པར་འགྱུར་རོ་ཞེས་བྱ་བ་ནི། མཚན་ཁུང་གཡས་པའི་དྲོད་ཅེས་བྱ་བ་མཚན་ཁུང་གཡས་པའི་དངུལ་གྱིས་སྣམ་སྦྱར་དེ་མ་རུངས་བར་འགྱུར་སྲིད་པའོ། །དེ་ལྟར་མི་འགྱུར་བར་བྱ་བའི་ཕྱིར་ཕྱོགས་དེར་དེ་ལ་གོས་གླན་པར ་བྱའོ་ཞེས་བྱ་བ་ནི། མ་རུང་དེ་ད་ལྟར་མི་འགྱུར་བར་བྱ་བའི་ཕྱིར་མཆན་ཁུངས་གཡས་པའི་ཕྱོགས་དེར་སྣམ་སྦྱར་དེ་ལ་གོས་བླ་པར་བྱ་བའོ། །ཚང་ཇི་ཅམ་ཞེ་ན་དེའི་ཕྱིར་ཁྲུ་ཕྱེད་དང་དོ་དང་མཐོ་གང་ངོ་ཞེས་བྱ་བ་སྨྲས་ཏེ། དེའི་ཚང་ནི་སྲིད་དུ་ཁྲུ་བྱེད ་ངོ། །ཞེང་དུ་མཐོ་གང་ངོ། །ངོས་གཉིས་ཀར་སྐུང་པའི་གཟུངས་ཀྱིས་སྦྱར་རོ་ཞེས་བྱ་བ་ནི། གོས་དེ་ངོས་གཉིས་ཀར་ཁབ་བསྲུབས་ཀྱིས་བསྐུད་པའི་གཟུངས་ཀྱིས་མདོ་མདོར་གཟུངས་གདབ་ཅིང་སྦྱར་བར་བྱའོ། །དངོས་སུ་བཙེམ་བར་ནི་མི་བྱའོ། །དུས ་དུས་དེ་བཀྲུ?་བ་དང་བ་བསྒྱུར་བར་བྱའོ་ཞེས་བྱ་བ་ནི་གོས་དེའོ། །དེའི་ནི་བཙག་གིས་སོ་ཞེས་བྱ་བ་ནི། གོས་དེའི་ཁ་བསྒྱུར་བ་དེ་ནི་བཙག་གིས་རིག་པར་བྱའོ། །གདང་ཕྱིས་བཅང་པར་བྱའོ་ཞེས་བྱ་བ་ལ། གདོང་ཕྱིས་ནི་ལག་ཕྱིས་ལ་སོགས་པ་དག་གིས ་དཔེ?་ཡིན་ནོ། །ལུས་འཇོག་བས་རྣག་གཟན་ནོ་ཞེས་བྱ་བ་ནི། བཅང་བར་བྱ་བ་སྟེ། དགེ་སློང་གིས་ལུས་ཁྲག་ཀམ་རྣག་འཇག་པ་དེ་ནི་ལུས་འཛག་པ་ཞེས་བྱ་སྟེ། དེས་རྣག་གཟན་བཅང་བར་བྱའོ། །དེ་ཆོས་ཀྱིས་ནང་དུ་བགོའོ་ཞེས་བྱ་བ་ནི། རྣག?་གཟན ་ང?་ཆོས་གོས་ཀྱི་ནང་རོལ་དུ་བགོ་བར་བྱ་བའོ། །འབྱར་ན་བསྐལ་པའི་ཆུ་དང་སོ་ཕག་གིས་ཕྱ་མ་དང་སྦྱར་བའི་ཆུས་སྤངས་ཏེ་ངལ་བུས་བང?་ཀྱིས་ཁང་གྱིས་དགོག་པར་བྱའོ་ཞེས་བྱ་བ་ནི། རྣག་གཟན་དེ་ལུས་ལ་འབྱར་ན་ཤེང?་པིབ?་བ་ལ་ལ་སོགས ་པའི་སུན་པ་དང་སྦྱར་བ་བསྐྲ?་བའི་ཆཱུམ། སོ་བག་གི་ཕྱེ་མ་ངང་སྦྱར་བ་ཆུས་སྦྱངས་ཏེ་ངལ་བུས་ཁང་ཀྱིས་ཁང་ཀྱིས་དགོགས་པར་བྱའོ། །དེ་གཉིས་ཀྱིས་ནི་དྲི་མ་འདག་པ་དང་རྨ་འཚོ་བར་འགྱུར་རོ། །རྣག་དང་ཁྲག་ཀྱང་ངོ་ཞེས་བྱ་བ་ནི། བསྐ་བའི་ཆུ་དང་སོ་ཐག ་གི་ཕྱེ་མ་དང་སྦྱར་བའི་མཆུས་སྤངས་ཏང་ལ་བུས་ཁང་ཀྱིས་ཁང་ཀྱིས་དགོགས་པར་བྱའོ། །དུས་རུས་སུ་དེ་བཀྲུ་བ་དང་སྐམ་པ་དང་ཁ་བསྒྱུར་བར་བྱའོ་ཞེས་བྱ་བ་ནི། རྣག་གཟན་དེའོ། །དེའི་དེ་ནི་བཙག་གིས་བཟང་ངོ་ཞེས་བྱ་བ་ནི། རྣག་གཟན་དེའི་ཁ ་བསྒྱུར་བ་ངའོ?་ངའི?་དེ་ལ་ནི་སའི་སྙིང་པོ་བཟང་ངོ་ཞེས་བྱ་བ་ནི། འཛག་པ་དེའི་སྐམས་པ་དང་ཤ་བཀྲང་མི་འགྱུར་བ་དེའི་སྨན་དུ་ནི་སའི་སྙིང་པོའི་ཕྱེ་མ་བཟང་ངོ། །ཆོས་གོས་དག་གར་བབ་ཏུ་མི་བཞག་གོ་ཞེས་བྱ་བ་ནི། སྐང་འགའ་ཙམ་བཞག་པའི ་སྐབས་དགགས་པ་ནི་སྔར་བྱས་ཟིན་པས་འདི་ནི་མཛོད་དུ་གྱུར་པའི་གནས་གང་ཡིན་པ་དེའི་དགག་པ་ཡིན་ནོ། །དེའི་དོན་དུ་རྔད་བུ་བཅའ་ཨོ་ཞེས་བྱ་བ་ནི། ཆོས་གོས་བཞག་པ་དེའི་དོན་དུའོ། །དེའི་དོན་དུ་སྤུབས་ཁུང་བྱའོ་ཞེས་བྱ་བ་ནི། གོས་ཀྱི་རྡང ་བཅའ་བ་དེའི་དོན་དུ་རྩིག་ངོས་ལ་སྦུབས་ཁུང་གདོང་པར་བྱ་བའོ། །གང་གི་ཚེ་ཞེ་ན་དེའི་ཕྱིར་གཙུག་ལག་ཁང་རྩིག་པའི་ཚེ་ནའོ་ཞེས་བྱ་བ་སྨྲས་ཏེ། དང་པོ་གཅུག?་ལག་ཁང་རྩིག་པ་རྩིག་པའི་ཚེ་ཉིད་ན་སྦུབས་བཟུང་གདོད?་པར་བྱའི། རྩིགས་ཟིན་བའི་འོག་ཏུ ་ནི་མི་བྱ་སྟེ། རྩིག་པ་བསྐོས་ན་གཙུག་ལག་ཁང་མ་རུངས་པར་འགྱུར་བའི་ཕྱིར་རོ། །བྱས་ཟིན་ན་བུ་གུ་མི་བྱའོ་ཞེས་བྱ་བ་ནི། གཙུག་ལག་ཁང་བརྩིགས་ཟིན་ན་སྤུབས་ཁུང་བྱ་བའི་ཕྱིར་གཙུག་ལག་ཁང་ལ་བུ་གུ་གདོང་པར་མི་བྱ་བའོ། །ཁང་ཁྱིམ་ལ་ཡང ་དེ་བཞིན་ནོ་ཞེས་བྱ་བ་ནི། རྡང་བུ་བཅའ་བའི་ཕྱིར་དང། རྩིག་པའི་ཚེ་ན་སྦུབས་ཁུང་གདོད་པ་དང། བྱས་ཟིན་ན་བུ་གུ་མི་བྱ་བ་གཙུག་ལག་ཁང་བཞིན་ནོ། །དེ་ནི་ཤིང་བུ་འམ་ཐག་པས་འགྲུབ་པོ་ཞེས་བྱ་བ་ནི། དགོན་པར་ཡང་རུང་གཙུག་ལག་ཁང་དུ་ཡང ་རུང་སྟེ། ཆོས་གོས་བཞག་པའི་རྡང་བུ་དེ་ཤིང་བུ་འམ་ཐག་པས་འགྲུབ་པའོ། །གཏུང་བུས་གོས་ངག་བཀུར་ན་བཟང་ངོ་ཞེས་བྱ་བ་ནི། གོས་དག་ཆུད་ཟ་བར་འགྱུར་བ་སྤོང་བ་དང་འབྲེལ་པའི་ཕྱིར་རོ། །དེ་བྱའོ་ཞེས་བྱ་བ་ནི། གཏུར་བུ ་ངེ་བྱའོ། །ཁྲུ་གསུམ་དང་ཕྱེད་དང་གསུམ་ཉིས་ལྟབ་ཏུ་བྱས་ཏེ་བཙམ་མོ་ཞེས་བྱ་བ་ནི། གཏུར་བུ་དེ་སྲིད་དུ་ནི་ཁྲུ་གསུམ་མོ། །ཞང་དུ་ནི་ཁྲུ་ཕྱེད་དང་གསུམ་ལས་ཉིས་ལྟབ་ཏུ་བྱས་ཏེ་བཅོམ་མོ། །དབུས་སུ་ཁ་གདོང་ངོ་ཞེས་བྱ་བ་ནི། གཏུར་བུ་དེའི ་དབུས་སུ་གདོང་པར་བྱ་བའོ། །ཁ་རན་བུ་གཅན་བྱའོ་ཞེས་བྱ་བ་ནི། གཏུང་བུ་དེའི་ཁ་དེར་བར་ན་བུ་གཅན་བྱ་བའོ། །ཁ་རན་བུ་ག་ཅན་ཅི་ལས་བྱ་ཞེ་ན་དེའི་ཕྱིར་ཐག་གུ་ལས་སོ་ཞེས་བྱ་བ་སྨྲས་སོ། །ཁ་རྒྱུན་གཞན་ཡང་ངོ་ཞེས་བྱ་བ་ནི། ཁ་བརྒྱུད ་པའི་སྲད་བུ་གཞན་ཡང་གདགས་པའོ། །སྤྱད་པར་བྱ་བ་དག་སྟེང་དུ་གཞུག་གོ་ཞེས་བྱ་བ་ནི། གོས་སྤྱང་པར་བྱ་བ་དག་གཏུར་བུའི་ཁ་ལོགས་སུ་གཞུག་བའོ། །སང་འགྲོ་བར་འགྱུར་བ་ཉིད་ན་བཱ་མ་ལ་ཞུས་ཏེ་གནང་ན་འགྲོ་བར་བྱའོ་ཞེས ་བྱ་བ་ནི། ཞག་གཅིག་གི་འོག་ཏུ་འགྲོ་བར་འགྱུར་བའི་མདུན་རོལ་ནས་བླ་མ་ལ་ཞུས་ཏེ་གལ་ཏེ་གནང་ན་འདེའི་འོག་ཏུ་འགྲོ་བར་བྱའོ། །རང་གི་གནས་སུ་ཆག་ཆག་ལ་སོགས་པ་བྱས་ཏེའོ་ཞེས་བྱ་བ་ནི། འགྲོ་བར་བདག་ཉིད་གང་ན ་གནས་པའི་གནས་དེར་ཆག་ཆག་ལ་སོགས་བ་བྱས་ཏེ་གཞན་དུ་འགྲོ་བར་བྱ་བའོ། །སོགས་པ་ཞེས་སྨོས་པའི་སྒྲས་ནི་ཕྱག་དར་དང་ལྕི་བ་འཛམ་པོས་བྱུག་པར་བྱ་བདག་བསྡུའོ། །ལམ་དུ་ཆོས་དང་ལྡན་པའི་གཏམ་གྱིས་སམ་འཕགས ་པའི་མི་སྨྲ་བ་ཉིད་ཀྱིས་འགྲོ་བར་བྱའོ་ཞེས་བྱ་བ་ནི། དགེ་སློང་ལམ་དུ་ཞུགས་པས་སོ། །ངལ་བསོ་བའི་གནས་སུ་བཙུག་ལག་གི་ཚིགས་སུ་བཅད་པ་གདོན་ཏོ་ཞེས་བྱ་བ་ནི། གང་དུ་ངལ་བསོས་པའི་གནས་དེ་ནས་འགྲོ་བའི་ཚེ་དང་སྲོང་གིས ་གསུངས་པའི་ཚིགས་སུ་བཅང་པ་གདོན་པའོ། །ཆུ་བཅུས་པར་ཡང་ངོ་ཞེས་བྱ་བ་ཡང། གནས་སུ་དྲང་སྲོང་གིས་གསུངས་པའི་ཚིགས་སུ་བཅང་བ་གདོན་པའོ། །སུའི་ཕྱིར་ཞེ་ན་དེའི་ཕྱིར་ཆུ་དེ་གང་གི་ཡིན་པ་དེའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། ཡུལ་གྱི ་བདག་པོ་འམ་ཁྲོན་པའི་བདག་པོའོ། །ལྷ་རྣམས་ཀྱི་ཕྱིར་ཡང་གཞན་ནོ་ཞེས་བྱ་བ་ན། ཆུ་བཅུས་པའི་གནས་སུ་ཆུའི་ལྷ་རྣམས་ཀྱིས་ཕྱིར་ཡང་དྲང་སྲོང་གིས་གསུངས་པའི་ཚིགས་སུ་བཅད་པ་གཞན་གདོན་པའོ། །གནས་པར་ནི་རྒྱུད་ཆགས་གསུམ ་པའོ། །ཞེས་བྱ་བ་ནི། ཞག་ཏུ་གནས་པའི་གནས་སུ་ནི་དགོངས་ཀ་དང་ནང་པར་གྱིས་དུས་གཉིས་སུ་རྒྱུད་ཆགས་གསུམ་པ་གདོན་པར་བྱ་བའོ། །དབྱང་ཐག་བཅང་བར་བྱའོ་ཞེས་བྱ་བ་ནི། འབབ་ཆུ་དཀོན་པའི་ཡུལ་དུ་ཁྲོན་པ་ལ་བལྟོས་ཤིང་འགྲོ་བའི ་ཚེ་ནའོ། །དེའི་ཚང་ནི་ཁྲུ་བརྒྱ་ཡན་ཆད་ནས་བརྒྱ་ལྔ་བཅུ་མན་ཆང་ངོ་ཞེས་བྱ་བ་ནི་དབྱང་ཐག་དེའི་སྲིད་ཀྱི་ཚད་དོ། །ཁ་ཅིག་ལས་ནི་ཡུལ་གྱི་རྗེས་སུ་མཐུན་པ་ཞེས་སོ་ཞེས་བྱ་བ་ནི། གཞུང་ཁ་ཅིག་ལས་དེ་སྐད་འབྱུང་སྟེ། ཡུལ་སེར་ཆེ་བར་ནི་དབྱང་ཐག ་ཐུང་དུ་ཡང་རུང་བའོ། །དེ་མེད་པར་ཁྲོན་པའི་ཆུ་མ་ཡིན་པ་དཀོན་པའི་ཡུལ་ཏུ་ཀུན་ཏུ་རྒྱུ་བར་མི་བྱའོ་ཞེས་བྱ་བ་ནི། དབྱར་ཐག་དེ་མེད་པར་ཁྲོན་པའི་ཆུ་མ་ཡིན་པ་འབབ་ཆུ་ལ་སོགས་པའི་ཆུ་དཀོན་པའི་ཡུལ་དུ་ལྗོངས་རྒྱུ་ཞིང་འགྲོ་བར་མི་བྱའོ། །ལམ་དུ་འགྲོ ་བས་ཆོས་གོས་སྦྲུགས་ཤིང་ཁྲུས་བྱ་བ་འམ་རྐང་ལག་བཀྲུས་ཏེ་ཆུ་ཐོགས་ནས་མཆིལ་ལྷམ་ཕྱིས་ཤིང་ཆོས་གོས་གསུམ་གྱོན་ཏེ་སྤྱོད་ལམ་ཞི་བས་གཙུག་ལག་ཁང་དུ་འཇུག་པར་བྱའོ་ཞེས་བྱ་བ་ནི། དགེ་སློང་ལམ་དུ་འགྲོ་བས་གཙུག་ལག ་ཁང་གཞན་དུ་ཕྱིན་དུ་ཉེ་བ་ན། ཆོས་གོས་སྤྲུགས་ཤིང་ནུས་ན་ཁྲུས་བྱ་བ་འམ། མ་ནུས་ན་རྐང་པ་དང་ལག་པ་བཀྲུས་ཏེ་བཏུང་བའི་ཆུ་རུང་པ་ཐོགས་ནས་མཆིལ་ལྷམ་ཕྱིས་ཤིང་ཆོས་གོས་གསུམ་གྱོན་ཏེ། སྤྱོད་ལམ་ཞི་བས་གཙུག་ལག་ཁང་དུ ་འཇུག་བར་བྱ་བའོ། །འདིར་གཞུང་ནི། དགེ་སློང་ངག་ངེས་དགེ་སློང་ལམ་དུ་འགྲོ་བའི་ཀུན་ཏུ་སྤྱོད་བའི་ཆོས་དག་བཅའ་བར་བྱ་སྟེ། །དགེ་སློང་ལམ་དུ་འགྲོ་བས་ཆུ་མཐོང་ན་ལྷུང་བཟེད་དང་ཆོས་གོས་ཕོག་སྟེ་ཕྱོགས་གཅིག་ཏུ་བཞག ་པར་བྱའོ། །དེའི་འོག་ཏུ་ཆོས་གོས་དག་སྦྲུག་པར་བྱ་ཞིང་ཁྲུས་བྱའོ། །ཡང་ན་རྐང་པ་དང་ལག་བ་དག་བཀྲུ་བར་བྱའོ། །ཆུ་བཙག་པར་བྱའོ། །རས་མ་སྤངས་ཏེ་མཆིས་ལྷམ་གཉིས་བྱི་དོང་བྱའོ། །ལག་པ་བསྙལ་ནས་ལེགས་པར་གྱོན་བ་དང་ཤམ ་ཐབས་ལེགས་པར་བགོས་པས་ཞི་བའི་སྤྱོད་ལམ་གྱིས་གཙུག་ལག་ཁང་དུ་འཇུག་པར་བྱའོ། །གཞན་དུ་ན་འགལ་ཆབས་ཅན་དུ་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །རྒན་རིམས་བཞི་ལ་ཕྱག་བྱས་ནས་ཐ་མལ་བའི་ཕྱོགས་སུ་བསྡད་པར་བྱའོ ་ཞེས་བྱ་བ་ནི། གཙུག་ལག་ཁང་གཞན་དུ་སོན་ནས་གཉུག་མར་གནས་པའི་དགེ་སློང་རྒན་རིམས་བཞི་ཙམ་ལ་ཕྱག་བྱས་ནས་ཐ་མལ་བའི་ཕྱོགས་ལྐོག་ཏུ་གྱུར་བ་མ་ཡིན་བ་དགེ་སློང་ཐམས་ཅད་འདུལ་བའི་གནས་གང་ཡིན་བ་དེར ་བསྡུད་པར་བྱའོ། །སྒྲ་བསྐྱུངས་བ་དང་མཛེས་པ་དང་ཤིན་ཏུ་བསྡམས་བ་དང་སྤྱོད་ལམ་རན་པར་རོ་ཞེས་བྱ་བ་ནི། དེ་ན་སྡོད་ཅིང་གཞན་དང་ཕྲད་པའི་ཚེ་དེ་ལྟར་བྱ་བ་སྟེ། སྒྲ་བསྐྱུང་ཞེས་བྱ་བ་ནི་མི་ཅོར་བའི་ཕྱིར་རོ། །མཛེས་པ་ཞེས་བྱ་པ་ནི་ཆ་ལུག ་འོ་གཟེ་བའི་ཕྱིར་རོ། །ཤིན་ཏུ་བསྡམས་པ་ཞེས་བྱ་བ་ནི་མཉམ་པར་གཞག་པའི་ཕྱིར་རོ། །སྤྱོད་ལམ་རན་པ་ཞེས་བྱ་བ་ནི་བྱ་པ་ཚུལ་དང་མཐུན་པའི་ཕྱིར་རོ། །རྒྱུས་ཤེས་བ་དང་ལྡན་པས་བསུ་ཕར་བྱའོ་ཞེས་བྱ་བ་ནི། གཉུག་མར་གནས ་པ་གང་གིས་གློ་བུར་དུ་འོངས་པ་དེ་ལ་འདི་ནི་ཆེ་གེ་མོ་ཞིག་གོ། གནས་ཆེ་གོ་མོ་ཞིག་ནས་འོངས་སོ། །ཆེ་གེ་མོ་ཞིག་དང་ལྷན་ཅིག་གནས་པ་འམ་ཉེ་གནས་ཡིན་ནོ། །ཞེས་རྒྱུས་ཤེས་བ་དང་ལྡན་པ་དེས་དེ་བསུ?་ཞིང་རང་གི་གནས་སུ་ངལ་སོར་བཞུག་པ ་དང་ཆ་མདུད་བམ?་པར་བྱའོ། །མི་ཤེས་ན་མུ་གཅིག་པ་ཡིན་ཡོད?་བསུ་བར་མི་བྱའོ་ཞེས་བྱ་བནི། རྒྱུས་མི་ཤེས་ན་མུ་གཅིག་པ་ཞེས་བྱ་བ་ཚངས་པ་མཚུངས་པར་སྤྱོད?་ཡིན་ཡང་རང?་གི་གནས་སུ་བསུ་བར་མི་བྱ་སྟེ། གཞན་དུ་མུ་མི་གཅིག་བ་ངག་བསུ་བར་མི ་བྱ་བ་འབའ་ཞིག་ཏུ་མ་ཟད་དོ། །སྒོ་ཆོད་ཅིག་འཚོལ་ན་མ་སྦྱིན་ཅིག་ལེན་ན་བཟློག་ཅིག་ཅེས་བཅོལ་བ་ཁས་བླངས་ནས་ཡལ་བར་བོར་རམ། འདི་ཁོ་བོའི་གྲོགས་ཡིན་ནོ་ཞེས་བྱ་བ་ལ་སོགས་པའི?་ཚིགས་ཡིད་བཅུགས་པའི?་དངོས་པོ་ཉིད་དུ་སྒྲུབས་པ ་ལས་རླག་པར་གྱུར་ན་གཞལ་བར་བྱ་བ་ཉིད་ཡིན་ནོ། །ཞེས་བྱ་བ་ནི། གལ་ཏེ་དགེ་སློང་བྲང་བདག་གིས་དགེ་སློང་གཞན་ལ་འདི་སྐད་ཅེས་གནས་འདིའི་སྒོ་ཆོད་ལ། འདིར་ཁོ་བོ་དང་ཡིད་བཅུགས་སོ་ཞེས་ཟེར་བསུ་ཡང་མ་བཏང་ཞིག་ཁོ་བོའི ་འམ་གཞན་གྱི་རྫས་འཚོལ་ན་དེ་ལ་མི་སྦྱིན་ཅིག། རང་ཐུགས་ཐུབ་ཏུ་ལེན་ན་དེ་བཟློག་ཅིག་ཅེས་དེ་སྐད་དུ་བཅོལ་ནས་དགེ་སློང་གཞན་དེས་ཀྱང་དེའི་ཚིག་ཁས་བླངས་ནས་དེའི་འོག་ཏུ་ཡལ་བར་དོར་ཏེ། སྒོ་?་མ་བཅད་ཆོལ་ན་ལང་བྱ་ནི། ལེནྣ་ཡང་མ ་བཟློག་པ་ལས་དགེ་སློང་བྲང་བདག་དེའི་རྫས་ཅི་བརླག་པའི་སྐྱིན་པ་དགེ་སློང་གཞན་ངེས་གཞལ་བར་བྱ་བ་ཉིད་ཡིན་ནོ། །གཞན་ཡང་དགེ་སློང་གཞན་ཞིག་གིས་དགེ་སློང་བྲང་བདག་གི་གནས་སུ་གང་ཟག་གཞན་ཞིག་ཁྲིད་དེ་འོངས་ཤིང་འདི་སྐད་ཅེས ་འདི་ཁོ་བོའི་གྲོགས་ཡིན་གྱིས་འདི་ནང་དུ་འཇུག་ན་སྒོམ་བཅང་ཅིག་ཚོལ་ན་བྱིན་ཅིག་ལེན་ནམ་བཟློ་གཅིག་ཅེས་བྱ་བའི་ཚིག་གིས་ཡིད་བཅུགས་པའི་དངོས་པོ་ཉིད་དུ་བསྒྲུབས་པ་ལས། བྲང་ངར་བྲང་བདག་གིས་རྗེས་བརླག་པར་གྱུར་ན་དེར་རྫས་ཅི་རླག ་བའི་སྦྱིན་པ་དགེ་སློང་གཞན་དེས་གཞལ་བར་བྱ་བ་ཉིད་ཡིན་ནོ། །རྣམ་པ་འདི་གཉིས་ནི་གཉུག་མར་གནས་པ་དང་གློ་བུར་དུ་འོངས་པ་གཉི་ག་ལ་བྱེ་བྲག་མེད་པ་ཉིད་དུ་ཤེས་པར་བྱའོ། །ཡིད་ཆེས་པ་ལ་བརྟེན་པར་བྱའོ་ཞེས་བྱ་བ་ནི། ལྷུང་བཟེད་ ་དང་ཆོས་གོས་ལ་སོགས་པ་ཐམས་ཅད་ནི་ཡིད་ཆེས་བ་ལ་བརྟེན་པར་བྱ་བའོ། །ཇི་ལྟ་བུ་ལ་ཞེན་དེའི་ཕྱིར། གཞན་གྱིས་མི་ཤེས་པའི་བྱེ་བྲག་ཏུ་བརྟག་པ་ནི་ཐབས་ཡིན་ནོ་།ཞེས་བྱ་བ་སྨྲས་ཏེ། གང་ཟག་གཞན་གྱིས་? ་ཤེས་བའི་བྱེ་བྲག་བརྟགས་བདེ?་ནི་སྨྲས་པའི་ཚིག་བདེན་ནམ་མི་བདེན་པ་བག་མ་པར་བྱ་བའི་ཐབས་ཡིན་ནོ། །འདི་སྐད་བསྟན་ཏེ། གང་ཟག་ཡིད་མི་ཆེས་པ་ཞིག་ན་རེ་ནོར་བདག་ཚེ་གེ་མོ་ཞག་གིས་ཆེས་དང་ལྷུང་བཟེད་ལ་སོགས་པ་ཡོ ་བྱད་ཆེ་གེ་མོ་ཞིག་ཁོ་བོ་ལ་བྱིན་གྱིས་སྐུར་ཅིག་ཅེས་ཟེར་ན། ཡིད་མི་ཆེས་བ་དེ་ལ་གྱ་ཙོམ་དུ་བསྐུར་བར་མི་བྱ་བར་ངེས་བརྒྱུས་མི་ཤེས་བའི་རྟགས་ཅི་ཡོད་པ་བརྟག་པའི་སྒོ་ནས་བདེན་ནམ་བརྫུན་པ་བག་མ་པར་བྱ་ཞིང་རྟགས་ལ་མ་བབ་ཅིང ་ཡིད་མ་ཆེས་ན་མི་བསྐུར་རོ། །རྟགས་ལ་བབ་ཅིང་ཡིད་ཆེས་ན་ནི་བསྐུར་བར་བྱའོ། །དབུལ་བར་བྱ་བ་ལྟུང་ནའོ་ཞེས་བྱ་བ་ནི། དབུལ་བར་བྱ་བའི་དངོས་པོ་འབུལ་བར་བྱེད་པས་འཛིན་མ་ནུས་ཏེ། ལེན་པར་བྱེད་པའི་ལག་ཏུ་མ་སོན་པར་ཆུ་ལ ་སོགས་པའི་ནང་དུ་ལྷུང་ན་འབུལ་བར་བྱེད་པས་གཞལ་པར་བྱ་བ་ཉིད་དོ། །གལ་ཏེ་མ་བླངས་པར་བཏང་ནའོ་ཞེས་བྱ་བ་ནི། གལ་ཏེ་གང་ལ་དབུལ་བར་བྱ་བ་ངེས་མ་བླངས་པར་འབུལ་བར་བྱེད་པས་བཏང་ན་ནི་དེའི་ཚེ་འབུལ་བར་བྱེད་པས ་གཞལ་བར་བྱ་བ་ཉིད་མ་ཡིན་གྱིས། ལེན་པར་བྱེད་བས་གཞལ་བར་བྱ་བ་ཉིད་ཡིན་ནོ། །དེའི་ཕྱིར་སྦྱིན་བ་དང་ལེན་བའི་དུས་ན་དེ་ལ་བག་མེད་བར་མི་འགྱུར་བར་བྱ་བའི་ཕྱིར་དྲི་བར་བྱའོ་ཞེས་བྱ་བ་སྨྲས་ཏེ། འབུལ་བ་དང་ལེན་པའི་དུས་དེ་ལ་ཤོར ་ཅིང་ལྟུང་བ་ཞེས་བྱ་བའི་བག་མེད་པ་དེ་མི་འགྲུབ་པར་བྱ་བའི་ཕྱིར་ཁྱོད་ཟིན་ཏམ་འོན་ཏེ་མ་ཟིན་ཅེས་བྱ་བའི་ཚིག་དྲི་བར་བྱའོ། །གལ་ཏེ་དྲིས་པ་ན་འདི་སྐད་ཅེས་ཁོ་བོས་ཟིན་ཏོ་ཞེས་ཟེར་ན་དེའི་ཚེ་བླངས་པའི་དངོས་པོ་དེ་ཤོར་ཅིང་ལྷུང་བ ་ལེན་པར་བྱེད་པས་གཞལ་བར་བྱ་བ་ཉིད་ཡིན་ནོ། །གལ་ཏེ་ཁོ་བོས་མ་ཟིན་ཏོ་ཞེས་ཟེར་བའི་སྐབས་སུ་དབུལ་བར་བྱ་བའི་དངོས་པོ་ཤོང་ཅིང་ལྟུང་བ་གྱུར་ན་ནི་དེའི་ཚེ་དབུལ་བར་བྱེད་པས་གཞལ་བར་བྱ་བ་ཉིད་ཡིན་ནོ། །བརྙས་པ་མི་གཙང་བས་མ ་རུང་པར་གྱུར་བ་དཀྲུ་བ་ལ་སོགས་པས་སེམས་གཟུང་བར་མ་གྲུབ་ན་ནི་རིན་སྦྱིན་ནོ་ཞེས་བྱ་བ་ནི། བརྙས་པོ་བྱས་པའི་རྫས་མི་བཅིང?་བས་མ་རུངས་པར་གྱུར་པ་བཀྲུ་བ་ལ་སོགས་པས་བདག་པོའི་སེམས་བཟུང་བར་མ་གྲུབ་ན། དེའི་ཚེ་གང ་ལས་བརྙས་པ་དེ་ལ་ངེས་དེའི་རིན་སྦྱིན་བར་བྱའོ།། །།ཞར་ལ་བྱུང་བའི་སྐབས་རྫོགས་སོ།། །།བམ་པོ་ལྔ་བཅུ་བཞི་པ། །རྒྱུས་ཤེས་པ་དང་ལྡན་པས་བསུ་བར་བྱའོ་ཞེས་གང་སྨྲས་པ་དེ་ལ་བསྐུ་བ་ཇི་ལྟར་བྱ་ཞེན་དེའི་ཕྱིར ་ལྷུང་བཟེད་དང་ཆོས་གོས་བླང་བར་བྱའོ། །སྟན་གདིང་བར་བྱའོ་རྐང་པ་བཀྲུ་བས་མགྲོན་དུ་གཉེར་བར་བྱའོ་ཞེས་བྱ་བ་སྨྲས་ཏེ། འདི་དག་དང་འོག་ནས་འབྱུང་བ་དག་གིས་བསུ་བར་བྱའོ། །ཆུས་ཀྱང་ངོ་ཞེས་བྱ་བ་ནི། བཏུང་བའི་དོན་གྱིས་ཆུས་ཀྱང ་མགྲོན་དུ་གཉེར་བར་བྱ་བའོ། །ཕྱག་བྱའོ་སྤྱོད་པ་བདེ་འམ་དྲིའོ། །ཅི་ནུས་ཀྱིས་ཡང་དག་པར་དགའ་བར་བྱའོ། །གནས་མལ་རྐྱེན་དུ་འབབ་པར་སྦྱིན་ནོ་ཞེས་བྱ་བ་དག་གིས་ཀྱང་བསུ་བར་བྱའོ། །འདིར་གཞུང་ནི། དགེ་སློང་གྲོང་མཛའ་བས་དགེ་སློང ་འོངས་ཤིང་ལྷག་པ་དག་ལ་རྒན་རིམས་སུ་ཅི་རིགས་པར་བསུ་བར་བྱ་ཞིང་གནས་མལ་ཅི་བདོག་པ་ཡང་བལྟབས་པར་བྱའོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །དགེ་འདུན་གྱིས་གནས་བརྟན་གྱི་ནང་དུ་འགྲོ་བར་བྱའོ་ཞེས་བྱ་བ་ནི་གློ ་བུར་པའོ། །ཚིག་དེ་ནི་གློ་བུར་པ་ལམ་དུ་མི་འགྲོ་བདག་གི་ཕྱིར་གསུངས་པ་ཡིན་ནོ། །ངེས་དེ་གནས་འཆའ་བ་ལ་སྦྱར་བར་བྱའོ་ཞེས་བྱ་བ་ནི། དགེ་འདུན་གྱི་གནས་བརྟན་ངེས་གློ་བུར་དུ་འོངས་པ་དེའོ། །གལ་ཏེ་རྒན་ན་དེ་ལ་གནས་མལ ་བསྟབས?་པའི་ཕྱིར་དེའི་དགེ་བསྐོས་པའོ། །ཞེས་བྱ་བ་ནི། གློ་བུར་དུ་འོངས་པ་དེ་ལ་གནས་མལ་བསྟབས་པའི་ཕྱིར་དགེ་འདུན་གྱི་ས་གནས་བརྟན་གྱིས་གནས་མལ་སྟོབས་པའི་དགེ་བསྐོས་ལ་བསྒོ་བར་བྱའོ། །བབ་ཚོལ་ཏུ ་གནས་?་བར་མི་བྱའོ། ཞེས་བྱ་བ་ནི། སྐབས་ལ་མ་བསྡང་བའི་གནས་མལ་བརྙ་བར་མི་བྱ་བ་སྟེ། དེ་ནི་ཧབ་ཤུར་ཅན་དུ་འགྱུར་བ་སྤང་བའི་ཕྱིར་རོ། །འདིར་གཞུང་ནི་དགེ་སློང་གློ་བུར་དུ་འོངས་པས་གལ་ཏེ་གནས་མལ་སྐོ་བར ་ལེགས་བར་སོ་སོར་བཏགས་ཏེ་མ་ནོད་པར་བྱའོ་ཞེས་གསུངས་པ་ཡིན་ནོ། །གློ་བུར་དུ་འོངས་པའི་སྐབས?་རྫོགས་སོ།། །།ཆོས་གོས་ཀྱི་མཛའ་ཟེགས་ན་མཛའ་བསྐོར་གྱིས་གླན་ཞིང་ཕྱིར་བཅོས་སོ་ཞེས་བྱ་བ་ནི། ཆོས་གོས ་ཀྱི་མཛའ་མ་ཟེགས་པར་གྱུར་ན་མཛའ་སྐོར་གྱི་ལྷན་རིངས་ཀྱིས་གླན་ཞིང་ཕྱིར་བཅོས་པར་བྱ་བའོ། །སྨྱུང་ཚོམས་ལྟ་བུ་དག་གིས་དེའི་གཟུངས་གདབ་པོ་ཞེས་བྱ་བ་ནི། ཁོབ་སྲུབས་མྱུང་ཚེམས་འདྲ་བ་རིང་པོ་དགེ་དྲུབ་པས་མཛའ་ ་བསྐོར་དེའི་གཟུངས་གདབ་པའོ། །རོའི་གོས་ནི་བླ་གབ་མེད་པར་ཤིང་ལྗོན་པ་ལ་སོགས་པའི་སྟེང་དུ་ཉི་མ་བདུན་ནམ་བརྒྱད་དམ་ཁ་ཅིག་ལས་ལྔ་འམ་དྲུག་བཞག་སྟེ་འཁྲུར་བཅུག་ནས་སྤྱད་པར་བྱའོ་ཞེས་བྱ་བ་ནི། དུར་ཁྲོད་པས་རོའི ་གོས་ནི་བླ་གབ་མེད་པར་ཞག་ལོན་པར་བཞག་སྟེ། སྤྱད་པར་བྱའོ། །ཕྱོགས་གང་དུ་ཞེ་ན། ཤིང་ལྗོན་པ་ལ་སོགས་པའི་སྟེང་དུའོ། །དུས་ཇི་སྲིད་དུ་ཞེ་ན། ཞག་བདུན་ནམ་བརྒྱད་དམ་གཞུང་ཁ་ཅིག་ལས་ཞག་ལྔ་འམ་དྲུག་ཅེས་ཀྱང་འབྱུང་ངོ།། ་དེ་ནས་འཁྲུར་བཅུག་སྟེ་སྤྱད་པར་བྱའོ། །བདག་དུར་ཁྲོད་པའོ་ཞེས་གོ་བར་བྱས་ནས་འབོད་པ་ན་གཙུག་ལག་ཁང་དང་ཁྱིམ་དག་ཏུ་འཇུག་པར་བྱའོ་ཞེས་བྱ་བ་ནི། དུར་ཁྲོད་པ་གཙུག་ལག་ཁང་དང་ཁྱིམ་གྱི་རབ་ཏུ་ཕྱིན་པ་ན་གྱ་ཚམ་དུ་འཇུག་བར?་མི ་བྱ་བར་བདག་དུ་བ་ཁྲོད་པའོ་ཞེས་སྐད་ཀྱིས་བོད་ཅིང་གོ་བར་བྱས་ནས། གལ་ཏེ་གླས་ཚུར་ཤོག་ཅེས་འབོང་ན་བཟོང་གཙུག་ལག་ཁང་དང་ཁྱིམ་དག་ཏུ་འཇུག་པར་བྱ་བའོ། །དུར་ཁྲོད་པས་བདག་གིར་བྱ་བ་མ་བཏང་བ་ལ་ཡང་སྤྱད་བ་བརྟེན་པར་བྱའོ་ཞེས་བྱ་བ ་ནི། སྦྱིན་བདག་གི་སྟན་ཡན་ཆད་བདག་གིར་བྱ་བ་མ་བཏང་བ་ཐམས་ཅད་ཀྱི་ཐམས་ཅད་དུ་མ་བོར་བའི་ཡོ་བྱད་ལ་སྦྱིན་བདག་བསོད་ནམས་འདོད་པས་འདི་ལ་འདུག་ཅིག་འདི་སྤྱོད་ཅིག་ཅེས་མགྲོན་དུ་གཉེར་ན་དུར་ཁྲོད་བས་དེ་ལ་སྤྱད་བ་བསྟན་པར་བྱ ་བའོ། །བཏང་བ་ལ་ནི་མགྲོན་དུ་མ་གཉེར་ཀྱང་ཅི་དགར་སྤྱད་བར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། དགེ་འདུན་གྱི་གནས་མལ་ལ་སྤྱད་པར་མི་བྱའོ་ཞེས་བྱ་བ་ནི། དུར་ཁྲོད་པས་སོ། །མཆོད་རྟེན་ལ་འདོམ་གང་ཙམ་གྱིས་འགྱེད་དོ་ཞེས་བྱ་བ་ཡང་དུར་ཁྲོད ་པས་སོ། །སྦྲང་ཡབ་བཅང་བར་བྱའོ་ཞེས་བྱ་བ་ནི། སྦྲང་བུ་ཟ་བའི་ཡུལ་དུ་དགེ་སློང་ཐམས་ཅད་ཀྱིས་སོ། །དེ་ཇི་ལྟ་བུ་ཞིག་ཅེ་ན། དེའི་ཕྱིར། བལ་ལས་བྱས་པ་དང་ཤན་ལས་བྱས་པ་དད་རས་བལ་ལས་བྱས་པའི་རས་མའམ་འདབ་མའི་དོག་པའོ ་ཞེས་བྱ་བ་སྨྲས་སོ། །གླང་པོ་ཆེ་དང་རྟ་དང་བ་ལང་གི་སྤུ་ལ་སོགས་པ་ལས་བྱས་པའི་མི་རུང་ངོ་ཞེས་བྱ་བ་ལ། སྤུ་ཞེས་བྱ་བའི་སྒྲ་ནི། གླང་པོ་ཆེ་ལ་སོགས་པ་གསུམ་ཅར་དང་སོ་སོར་སྦྱར་བར་བྱའོ། །སོགས་བ་ཞེས་སྨོས་པས་ནི། སྦྲང་བུ་དག ་འཆི་བའི་བདག་ཉིད་གང་ཡིན་པ་དེ་ཡང་འདིར་བཀག་པ་ཡིན་ནོ། །ཐམས་ཅད་དུ་གང་ཟག་གིས་མཁར་བ་རྩི་ཅན་ཉིད་དང་ཁྲ་བོ་ཉིད་མི་རུང་ངོ་ཞེས་བྱ་བ་ནི། སྒྲད་ཡབ་ཀྱི་ཡུ་བ་འབའ་ཞིག་ཏུ་མ་ཟད་ཀྱི་ལུས་བརྟེན་པའི་ཁང་བ་གཞན་ཐམས་ཅད ་ལ་ཡང་གང་ཟག་གི་མཁར་བ་རྩི་ཅན་དང་ཁྲ་བོ་མི་རུང་བ་སྟེ། ཚོན་ལ་སོགས་པའི་ཕྱོགས་གཅིག་ཏུ་གྱུར་ཅིང་ཡན་ལག་ཏུ་?་ལ་ཡང་མི་རུང་ངོ། །སྤྲད་སྐྱབས་ཀྱང་ངོ་ཞེས་བྱ་བ་ཡང་བཅང་བར་བྱའོ། །དེ་ཇི་ལྟ་བུ་ཞིག་ཅེ་ན་དེའི་ཕྱིར་ཤིང་བུའི ་སྟེང་དུ་རས་ཀྱིས་གཡོགས་པའི་ཞེས་བྱ་བ་སྨྲས་སོ། །ཇི་ལྟར་ཤིང་བུ་ལ་གཡོགས་བར་བྱ་ཞེ་ན་དེའི་ཕྱིར་བཅིང་བས་སོ་ཞེས་བྱ་བ་སྨྲས་སོ། །རས་ཇི་ཙམ་ཞིག་ཅེ་ན་དེའི་ཕྱིར་ཁྲུ་བཞི་དང་དེ་པའོ་ཞེས་བྱ་བ་སྨྲས་ཏེ། སྲིད་དུ ་ཁྲུ་གཞི་ལ་ཞེང་དུ་ཁྲུང་བའི་ཚད་དེ། །ངོས་ཅིས་གཡོག་ཅེ་ན་དེའི་ཕྱིར། རས་བྲུ་བཅུ་གཉིས་བས་གཡོག་གོ་ཞེས་བྱ་བ་སྨྲས་ཏེ། དེའི་སྲིད་དུ་ཁྲུ་བཅུ་གཉིས་ཀྱི་ཚང་ཡོད་པས། །ཇི་ལྟར་གཡོག་པར་བྱ་ཞེ་ན་དེའི་ཕྱིར་འབྱང་བ་དང་བཅས་པར་རོ་ཞེས ་བྱ་བ་སྨྲས་ཏེ། རས་ཀྱིས་མཛའ་མ་རྣམས་འབྱར་བར་བྱའོ། །དེའི་མ་མཛའ་ནི་མལ་ཆས་སྦྱར་རོ་ཞེས་བྱ་བ་ནི། གཡོགས་མའི་རས་དེའི་མཛའ་ནི་མལ་ཆས་སྦྱར་ཅིང་མཚམས་བསྩུབ་པར་བྱའོ། །སྒོ་བས་གེས་ཁར་གདོང་དེ་ཞེས་བྱ་བ ་ནི། སྦྲང་སྐྱབས་ཀྱ་སྒོ་སྣོལ་མར་གདོང་པར་རོ། །ཚ་བར་ནི་བསིལ་ཡབ་སྦྱར་རོ་ཞེས་བྱ་བནི། ཚང་ཁུངས་སུ་ནི་བསིལ་ཡབ་སྦྱར་བར་བྱ་བའོ། །བསིལ་ཡབ་བཅུང་བར་བྱའོ་ཞེས་བྱ་བ་ནི། རླུང་གཡབ་པ་ནི་བསིལ་ཡབ་བོ། །བསིལ ་ཡབ་མཁན་གྱིས་བྱས་བ་འམ་ཏ་ལའི་ཆད་བུའོ་ཞེས་བྱ་བ་ལ། བསིལ་ཡབ་མཁན་གིས་བྱས་པ་ནི་བཅོས་མ་སྟེ་བསིལ་ཡབ?་མཁན་གྱིས་བྱས་པའི་ཕྱིར་རོ། །ཏ་?་ཆད་བུ་ནི་རངས་འཁྲུངས་ཏེ་ཏ་ལའི་ལོ་མའི་ཚོགས་ཡིན་པའི་ཕྱིར་རོ།། ་ཁྲ་ཁྲ་བོ་མི་རུང་ངོ་ཞེས་བྱ་བ་ནི། ཡུ་བ་ནི་སྔར་གྱིའུ་ངང་སྦྲང་ཡབ་ཀྱི་སྐབས་སུ་བཀག་ཟིན་པས་འདི་ནི་བསིལ་ཡབ་ཀྱིས་ལུས་སྤྱིལ?་སྙེགས་སོ། །དགེ་འདུན་གྱིས་ནི་གཞན་ཡོད་ཞེས་བྱ་བ་ནི་དགེ་འདུན་གྱིས་ནི་བསིལ་ཡག་མཁན་གྱིས་བྱས་བ་དང་ཏ་ལའི་ཆང་བུ་ལས་གཞན་པ ་ཀོ་ལྤགས་ལས་བྱས་པ་དང་རྨ་བྱའི་གཤོག་པ་ལ་སོགས་པ་ལས་བྱས་པ་དང། །ད་ཁྲ་བོ་མ་ཡིན་པ་ལས་གཞན་པ་ཁྲ་ཁྲ་བོར་འདུག་པ་དང་ཡུ་བ་རྩ་ཅན་དད་ཁྲ་བོ་ཡང་བཅང་བར་བྱ་སྟེ། དེ་ལྟ་བུ་ནི་གང་ཟག་ལ་བཀག་པའི་ཕྱིར་རོ།། ་ནོར་བུ་དང་རྔ་མའི་བསིལ་ཡབ་རྙེད་ན་མཆོད་རྟེན་ལ་དབུལ་ལོ། །ཞེས་བྱ་བ་ནི། གལ་ཏེ་གང་ཟག་གིས་བསིལ་ཡབ་ཡུབ་ནོར་བུ་ལས་བྱས་པ་དངོས་རྔམ་ལས་བྱས་པ་མན་ཆད་རྙེད་ཅིང་མཆོད་རྟེན་གྱིས་ཕྱིར་ལེན་པར་བྱེད་ན་དེའི་ཚེ་ཉེས་པ་མེད་པའོ།། ་མཆོད་རྟེན་གང་ལ་ཞེ་ན་དེའི་ཕྱིར་ཉན་ཐོས་ཀྱིལ་ལ་ཡང་དེ་ཞེས་བྱ་བ་སྨྲས་ཏེ། སངས་རྒྱས་ཀྱི་འབའ་ཞིག་ཏུ་མ་ཟད་དོ། །བདེར་གཞུང་ནི་དགེ་སློང་གིས་རྔ་མའི་བསིལ་ཡབ་ཡུ་བ་ནོར་བུ་ཅན་བཅད་པར་མི་བྱའོ། །ཇི་སྟེ་དེ་རྙེད་ན་དེ་བླངས་ཏེ་སངས་རྒྱས ་ཀྱི་མཆོད་རྟེན་ནམ་ཉན་ཐོས་ཀྱིས་མཆོད་རྟེན་ལ་དབུལ་བར་བྱའོ་ཞེས་གསུངས་པ་ཡིན་ནོ། །སྟན་ནད་ཚངས་ཅན་དང་ལ་བ་དང་སྔས་ནད་ཚངས་ཅན་དང་གོར་བུ་དག་བཅད་བར་བྱའོ་ཞེས་བྱ་བ་ནི། མ་མོ་ལས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ཀྱིས ་གནས་མལ་རྗེས་སུ་གནང་བ་འདི་ལྟ་སྟེ། ཁྲི་དང་ཁྲིའུ་དང་སྟན་ནང་ཚངས་ཅན་དང་ལ་བ་དང་སྔས་ནང་ཚངས་ཅན་དང་གོར་བུ་དང་སྟན་དང་བགོ་བ་དགེ་འདུན་གྱི་ཡང་རུང་བ་གང་ཟག་གིས་ཡང་རུང་བའོ་ཞེས་གསུངས་པ་ཡིན་ནོ། །བུ་དང་ཆུང་མའི ་རྙེད་པ་ནི་སྦྱིན་པར་བྱེད་པའི་དབང་གིས་བསྒྲུབ་པོ་ཞེས་བྱ་བ་ནི། སྦྱིན་པར་བྱེད་པ་རང་གི་བུ་དང་ཆུང་མ་འབུལ་ན་སྦྱིན་པར་བྱེད་པས་ཇི་ལྟར་རྣམ་པར་ངེས་པར་བྱས་བ་དེ་བཞིན་དུ་རྣམ་པར་ངེས་པར་བྱའོ། །གལ་ཏེ་བླུ་བར་བྱེད་ན་དེ་ཇི་ཙམ་དུ་འདོད ་པ་དེ་ཙམ་དུ་གཙང་བ་ཉིད་ཡིན་ནོ་ཞེས་བྱ་བ་ནི། གལ་ཏེ་སྦྱིན་པར་བྱེད་པས་བུ་དང་ཆུང་མ་ཕུལ་བ་ཕྱིར་བླུ་བར་འདོད་པ། སྦྱིན་པར་བྱེད་བ་དོར་ནི་ཇི་ཙམ་དུ་འདོད་པ་དེ་ཙམ་དུ་བཙོང་བ་ཉིད་ཡིན་ཏེ། སྦྱིན་པར་བྱེད་བདེ་ས་བུ་དང་ཆུང་མ་བླུ་བའི་ཕྱིར་ཇི ་ཙམ་འབུལ་བ་དེ་ཙམ་བླངས་ཏེ་བླུར་སྦྱིན་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། འདིར་གཞུང་ནི་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་རྒྱལ་བྱེད་ཀྱི་ཚལ་དེར་དུས་སྟོན་ཆེན་པོ་བྱུང་བ་ན་དགེ་འདུན་ལ་བུ་དང་ཆུང་མ་ཕུ་བའི་ཚེ། དགེ་སློང་རྣམས་ཀྱིས་ཇི ་ལྟར་བསྒྲུབ་པར་བྱ་བ་མི་ཤེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་མ། ཁྱིམ་བདག་ལ་དྲི་བར་བྱའོ། །དེ་དག་གིས་ཁྱིམ་བདག་ལ་དྲིས་པ་དང། དེས་སྨྲས་པ་འཕགས་བདག་རིན་སྐྱེད་ཅིག་དང་བདག་གིས་རིན་དབུལ་ལོ ་དྲུག་སྡེ་དག་གིས་དེ་དང་ལྷན་ཅིག་གཏོང་པར་བརྩམས་པ་ན། དེ་ན་བུར?་མེད་བུ་གཞོན་ནུ་ཅན་ཞིག་གིས་ཁྱིམ་བདག་མགོན་མེད་ཟས་སྦྱིན་དེའི་རྐང་པ་གཉིས་ལ་གཏུགས་ཏེ་སྨྲས་པ། རྗེའི་སྲས་བདག་ནི་བུ་གཞོན་ནུ་ཅན་ལགས་ན་བདག་མི ་བཏང་བར་ཅི་གནང་ཞེས་བྱ་བའི་བར་གྱི་སྐབས་དེ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་བ་དང། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ། དགེ་སློང་ངག?་བུད་མོང་ནི་སྙིང་སྟོབས་ཆུང་བས་དངངས་པར་འགྱུར་གྱིས་དེ་ལྟ་བས་ན ་དགེ་སློང་དག་གིས་བུད་མེད་བསྐྱེད་པར་མི་བྱ་སྟེ། སྐྱེད་པར་བྱེད་ན་འགལ་ཚབས་ཅན་དུ་འགྱུར་རོ། །འདི་ལྟར་སྦྱིན་བདག་ཉིད་དང་ཅིང་དང་པའི་དབང་གིས་སྦྱིན་པར་བྱེད་པ་གང་ཡིན་པ་རེ་ཉིད་བླང་བར་བྱའོ་ཞེས་གསུངས་པ་ཡིན་ནོ། །ཡང ་དང་ཡང་དབུལ་ཏུ་རུང་ངོ་ཞེས་བྱ་བ་ནི། ཕུལ་ཟིན་པའི་དངོས་པོ་ལེན་པ་པོ་དེ་ཉིད་ལ་ཡང་ཡང་དབུལ་ཏུ་རུང་བ་སྟེ། སྦྱིན་པར་བྱེད་པའི་དང་བ་སྤེལ་བའི་ཕྱིར་རོ། །ཤིང་ལྗོན་པ་ལ་ཕུལ་བ་གལ་ཏེ་རྒྱན་ཞིག་ཡིན་ན་དུས་སྟོན་གྱི་ཚེ་དེ་ཉིད་བརྒྱན་པར ་བྱ་བའི་ཕྱིར་གཞག་གོ་ཞེས་བྱ་བ་ནི། སྦྱིན་བདག་གིས་གཅུག་ལག་ཁང་གི་ཤིང་ལྗོན་པ་ལ་རྫས་ཕུལ་བ་གལ་ཏེ་རྒྱན་ཞིག་ཡིན་ན་ནི་དུས་སྟོན་གྱིས་ཚེ་ཤིང་ལྗོན་པ་དེ་ཉིད་བརྒྱན་པའི་ཕྱིར་བཞག་པར་བྱའོ། །ཤིང་ལྗོན་པ་དེ་བརྡིབ་ནད་དང ་རགས་མཐུན་པའི་ཤིང་ལྗོན་པ་གཞན་བརྒྱན་པའི་ཕྱིར་བཞག་པར་བྱའོ། །དེ་དང་རིགས་མཐུན་པ་གཞན་མེད་ན་དེགས་མི་མཐུན་པ་གཞན་བརྒྱན་པའི་ཕྱིར་བཞག་པར་བྱའོ། །རྩིག་པ་ལ་ནི་གལ་ཏེ་གནས་ཁང་གིས་ན་རི་མོ་བྱ་བའི་ཕྱིར་རོ།། ་ཞེས་བྱ་བ་ནི། རྩིག་པ་ལ་ཕུལ་ན་གལ་ཏེ་རྩིག་བ་དེ་གནས་ཁང་གི་ཡིན་ན་རྫས་དེ་གནས་ཁང་གི་རྩིག་པ་ལ་རི་མོ་བྲི་བའི་ཕྱིར་སྤྱད་པར་བྱའོ་།གལ་ཏེ་ཡིན་ནམ། ཀ་པ་ལ་ན་ལས་སར་པའི་ཕྱིར་རོ་ཞེས་བྱ་བ་ནི། གལ་ཏེ་རྩིག་པ་དེ་གནས་ཁང་གི་མ་ཡིན ་ནམ། ཀ་ལ་བ་ཕུལ་ན། རྩིག་པ་དེ་དང་ཀ་བ་དེ་ལ་ཕུལ་བའི་རྫས་དེ་མཁར་ལན་གྱིས་ཕྱིར་བཞག་པར་བྱའོ། །ས་ལ་ནའོ་ཞེས་བྱ་བ་ནི། འདི་ནི་འོག་མ་རྣམས་ཀྱི་སྤྱིར་བསྟན་པ་ཡིན་ནོ། །མེ་ཁང་གི་ནི་གནང་མར་རོ་ཞེས་བྱ་བ་ནི། མི་འབུད་བའི ་མི?་ཁང་གིས་ལ་ཕུལ་བའི་རྫས་ནི་དགེ་འདུན་གྱི་གནང་?་གང་དང་གང་དུད་གོས་པའི་རྒྱུར་སྤྱད་ཀྱི་མེ་ཁང་དེ་ཉི་ཚེའི་ནང་དུ་འབུད་པའི་གནང་མར་བྱ་བ་འབའ་ཞིག་ཏུ་མ་ཟད་དོ། །ཡང་ན་སྣུམ་བག་གི་རྙེད་པར་དོ་ཞེས་བྱ་བ་ནི། མེ་ཁང་གི་ས་ལ་ཕུལ ་བའི་རྫས་དེ་ཡང་ན་དགེ་འདུན་གྱི་སྣུམ་བག་གི་རྙེད་པ། ཤ་འམ་ཉ་ཤ་འམ། ཤ་སྐམ་མམ། ཞོ་འམ། འོ་མ་འམ། མར་རམ། ཞུན་མར་ལ་སོགས་པར་བསྒྱུར་ཞིང་སྤྱད་པར་བྱའོ། །རུང་བའི་ཁང་བ་ནི་ན་བའི་སྨན་དུ་བཞག་གོ་ཞེས་བྱ ་བ་ནི། རུང་བའི་ཁང་བའི་ས་ལ་ཕུལ་བའི་རྫས་ནི་ན་བའི་སྨན་དུ་བསྒྱུར་ཅིང་བཞག་པའོ། །བཀང་སའི་ནི་ཟས་སུ་བྱའོ་ཞེས་བྱ་བ་ནི། བཀང་སའི་ཁང་པའི་ས་ལ་ཕུལ་བའི་རྫས་ནི། ཟས་སུ་བསྒྱུར་བར་བྱའོ། །སྐྱེ་མལ་གྱི་ནི་བཏུང་བར་རོ་ཞེས་བྱ་བ་ནི ་སྐྱེ་མལ་གྱིས་ལ་ཕུལ་བའི་རྫས་ནི་བཏུང་བར་བསྒྱུར་བར་བྱའོ། །བསྲོ་?་གི་གནས་ནི་བསྲོ་ཁང་དམ་སྣུམ་བག་གིས་རྙེད་པར་རོ་ཞེས་བྱ་བ་ནི། བསྲོ་ཁང་གི་གནས་ཀྱིས་ལ་ཕུལ་བའི་རྫས་ནི་བསྲོ་ཁང་གི་ཡོ་བྱད་དམ་དགེ་འདུན་གྱི་ས་སྣུམ་བག་གི ་རྙེད་པར་བྱ་བའོ། །འཁོར་གྱི་ཁྱམས་དང་དབོང?་སའི་ར་བཱི་ནི་སྣུམ་བག་གི་རྙེད་པར་རོ་ཞེས་བྱ་བ་ནི། དེ་གཉིས་ཀྱིས་ས་ལ་ཕུལ་བའི་རྫས་ནི་དགེ་འདུན་གྱི་སྣུམ་བག་གིས་རྙེད་པར་བྱ་བའོ། །ཡང་ན་སྐྱེས་པའི་རབས་ཀྱི་སྡེ་བྲི་བར་བྱའོ།། ་ཞེས་བྱ་བ་ནི། སྔ་མ་དེ་གཉིས་ཀྱིས་ལ་ཕུལ་བའི་རྫས་དེ་ཡང་ན་འདིར་སྤྱད་བར་བྱ་བའོ། །བང་རིམ་དང་འཆག་ས་དང་སྒོ་ཁང་དང་ཁྱམས་དག་ལ་ཕུལ་བའི་ནི་བགོ་བའོ་ཞེས་བྱ་བ་ནི། དེ་དག་གིས་ལ་ཕུལ་བའི་རྫས་ནི་དགེ ་འདུན་གྱིས་བགོ་བར་བྱ་བའོ། །རྫིད་བུའི་ཡང་ངོ་ཞེས་བྱ་བ་ནི། རྫིང་བུའི་ས་ལ་ཕུལ་བའི་རྫས་ཀྱང་བགོ་བར་བྱ་བའོ། །ཁ་ཅིག་ལས་དེ་ནི་ཕྱོགས་བཞིའི་དགེ་འདུན་གྱི་ཉིད་དུ་བཞག་གོ་ཞེས་སོ། ཞེས་བྱ་བ་ནི། གཞུང་ཁ་ཅིག་ལས་རྫིང ་བུའི་ས་ལ་ཕུལ་བའི་རྫས་དེ་ནི་འདི་ལྟར་བྱའོ་ཞེས་འབྱུང་བའོ། །དཀོན་མཆོག་གི་དོན་དུ་བསླད་དུ་རུང་ངོ་ཞེས་བྱ་བ་ནི། དཀོན་མཆོག་གསུམ་གྱི་དོན་དུ་དགེ་སློང་གིས་གཞན་ལ་ཡོ་བྱད་བླང་དུ་རུང་བའོ། །བསྒྲག་ཏུ་ཡང་ངོ་ཞེས་བྱ་བ ་ཡང་རུང་ངོ་ཞེས་བྱ་བར་སྦྱར་ཏེ། སྦྱིན་པར་བྱ་བ་དང། སྦྱིན་བདག་རྣམས་ཀྱི་མིང་ཉན་དུ་གཞུག་པ་ནི་བསྒྲག་པ་ཞེས་བྱ་བ་སྟེ། སྔོ་བྱང་དང་སྨོན་ལམ་གླག་པ་ཞེས་བྱ་བའི་ཐ་ཚིག་གོ། གང་གི་ཚེ་བསྒྲག་པར་བྱ་ཞེ་ན་དེའི་ཕྱིར་ལེན་པའི་ཚེའོ།། ་ཞེས་བྱ་བ་སྨྲས་ཏེ། རྙེད་པ་འབུལ་བ་ལེན་པའི་ཚེའོ། མཐོང་བར་བྱ་བའི་ཕྱིར་འཕང?་ལོ་བྱའོ་ཞེས་བྱ་བ་ནི། སྒྲོག་བར་བྱེད་པ་གཞན་གྱིས་མཐོང་བར་བྱ་བའི་ཕྱིར་དེར་འཕང་ལོ་བྱ་བའོ། །འདིར་འཕང་ལོ་ཞེས་བྱ་བ་ནི། འཕང་ལོ་གཉིས་དང་ལྡན་པའི ་ཤིང་རྟ་ཡིན་པར་དགོངས་ཏེ། དེའི་སྟེང་རས་བསྒྲག་པར་བྱའོ། །ཚ་བ་དང་རླུང་དང་ཆར་པའི་གནོད་པས་མི་རེག?་བར་བྱ་བའི་ཕྱིར་ཁང་པ་བརྩེགས་པར་སྒོ་བཞི་དང་ལྡན་པ་ཡང་ངོ་ཞེས་བྱ་བ་ནི། བྱའོ་ཞེས་བྱ་བར་སྦྱར་ཏེ། ཚ་བ་ལ་སོགས་པའི ་གནོད་པས་སྒྲོག་པར་བྱེད་པའི་དགེ་སློང་ལ་མི་རིག་པར་བྱ་བའི་ཕྱིར་འཕད་ལ་དེའི་སྟེང་དུ་ཁང་པ་བརྩེགས་པ་སྒོ་བཞི་དང་ལྡན་པར་བྱའོ། །དུས་སྟོན་གྱི་རྗེས་ལ་འཕང་ལོ་བརྟུལ་ལོ་ཞེས་བྱ་བ་ནི། དུས་སྟོན་ཟིན་པའི་རྗེས་ལ་འཕད་ལོ ་བརྟུལ་ཞིང་སྦ་བར་བྱ་བའོ། །སྣོད་སྤྱད་འགྲུབ་པས་རྙེད་པ་དྲུབ་པར་བྱའོ་ཞེས་བྱ་བ་ནི། དུས་སྟོན་དེ་ལ་རྙེད་པ་བྱུང་བ་གང་ཡིན་པ་དེ་དག་དགེ་སློང་སྣོད་སྤྱད་འདྲུབ་བས་དྲུག་པར་བྱ་བའོ། །གཉི་ག་ལ་མ་བསྔོས་པ་སྟོན་པ་མཆོད་བའི་ཚེ་འཕུལ ་བ་དགེ་འདུན་གྱི་ལ་དགེ་སློང་མ་རྣམས་ཀྱི་འཇུག་པ་མེད་དོ་ཞེས་བྱ་བ་ནི། དགེ་སློང་གི་དགེ་འདུན་དད་དགེ་གོང?་མའི་དགེ་འདུན་གཉི་ག་ལ་ཐུན་མོང་དུ་མ་བསྔོས་བའི་རྙེད་བ་དགེ་སློང་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས ་དང་བྱང་ཆུབ་སེམས་དཔའ་ཨི་གནས་སྐབས་ཀྱང་སྟོན་པ་ཡིན་པས། དེ་མཆོད་པའི་ཚེ་བྱུང་བ་དགེ་འདུན་དབང་བ་ལ་ནི། དགེ་སློང་མ་རྣམས་ཀྱིས་འཇུག་པ་མེད་དེ་སྐལ་པ་མི་དབང་ངོ། །དེ་བཞིན་དུ་དགེ་སློང་མ་རྣམས་ཀྱིས་བྱས་པའི་ཚེ ་དགེ་སློང་མ་ལ་བསྔོས་པའི་རྙེད་པ་བྱུང་བ་གང་ཡིན་པ་དེ་ལ་ཡང་དགེ་སློང་རྣམས་ཀྱིས་འཇུག་པ་མེད་དོ། །གཉི་གས་བྱས་བ་ན་གཉི་ག་ལ་བསྔོས་པའི་རྙེད་པ་བྱུང་བ་གང་ཡིན་པར?་ལ?་ནི་གཉི་གའི་འཇུག་པ་ཡོད་དོ། །གཉི་ག་དབང་ངོ། ། ་འདི་ལ་གཅིག་གིས་ནང་དུ་དེ་དག་གིས་འཕང་ལོ་ཐ་དད་པ་བཙུགས་ན་ཉེས་པ་སྦོམ་པོའོ་ཞེས་བྱ་བ་ལ། འདི་ལ་ཞེས་བྱ་བ་ནི། སངས་རྒྱས་རྗེ་བཙུན?་ལ་སོགས་པ་མཆོད་པ་ལའོ། །གཅིག་གིས་ནང་དུ་ཞེས་བྱ་བ་ནི་མཆོད་པ་གང་དུ་དགེ་སློང ་རྣམས་ཀྱིས་འཕང་ལོ་བཙུགས་པ་དེ་ཉིད་ཀྱི་ནང་དུའོ། །དེ་དག་གིས་ཞེས་བྱ་བ་ནི་དགེ་སློང་མ་དག་གིས་ཏེ། དེར་དགེ་སློང་མ་དག་གིས་འཕང་ལོ་ཐ་དད་པ་གཞན་བཙུགས་ན་དེ་དག་ལ་དགེ་འདུན་གྱིས་དབེན་གྱི་སྐབས་སུ་གཏོགས་པའི་ཉེས ་པ་སྦོམ་པོར་འགྱུར་རོ། །གཞན་དུ་བཅུགས་པ་ལ་ནི་ཉེས་པ་མེད་དོ། །སྣོད་སྦྱང་འགེང་པས་བགོ་བར་བྱའོ་ཞེས་བྱ་བ་ནི། དུས་སྟོན་དེ་ལ་བྱུང་བའི་རྙེད་པ་གང་ཡིན་པ་དེ་དག་གང་ཟག་སྣོད་སྤྱད་འགེད་པས་བགོ་བར་བྱ་བའོ། །དེ་བསྐོ་བར ་བྱའོ་ཞེས་བྱ་བ་ནི། དགེ་འདུན་གྱིས་ཀྱང་གང་ཟག་སྣོང་སྤྱད་དགེང་པ་དེ་སྤྲོ་བར་བྱས་ནས། གསོལ་བ་དང་གཉིས་ཀྱི་ལས་ཀྱིས་བསྒོ་བར་བྱ་བའོ། །འདིའི་སྔགས་ནི་མིད་འདི་ཞེས་བགྱི་བ་ཁྱོད་དགེ་འདུན་གྱི་སྣོད་སྤྱོད ་བགེད་པར་སྤྲོ་འམ་སྤྲོའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། མིང་འདི་ཞེས་བགྱི་བ་འདི་དགེ་འདུན་གྱི་སྣོད་སྦྱང་བགེད་བར་སྤྲོ་ན། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱི་གནང་བར་མཛད་ཅིག་དང། ་དགེ་འདུན་གྱི་མིང་འདི་ཞེས་བགྱི་བ་དགེ་འདུན་གྱི་སྣོད་སྦྱད་བགེད་པར་བཀོ་སྟེ། སྣོད་སྤྱད་བགེད་པ་མིང་འདི་ཞེས་བགྱི་བས་དགེ་འདུན་གྱི་སྣོད་སྤྱད་བགེད་བར་འགྱུར་རོ། །འདི་ནི་གསོལ་པའོ། །དགེ་འདུན་བཙུན་པ་རྣམས་གསན ་དུ་གསོལ། མིང་འདི་ཞེས་བགྱི་བ་འདི་དགེ་འདུན་གྱི་སྣོད་སྤྱད་བགེད་པར་བཀོ་སྟེ། དེའི་སླད་དུ་དགེ་འདུན་གྱི་མིང་འདི་ཞེས་བགྱི་བ་དགེ་འདུན་གྱི་སྣོང་སྤྱད་བགེད་པར་བསྐོས་ཏེ། སྣོང་སྤྱད་བགེད་པ་མིང་འདི་ཞེས་བགྱི་བས་དགེ ་འདུན་གྱི་སྣོད་སྤྱད་བགེད་བར་འགྱུར་ན། ཚེ་དང་ལྡན་པས?་དག་མིང་འདི་ཞེས་བགྱི་བ་དགེ་འདུན་གྱི་སྨོད་སྤྱད་བགེད་པར་བསྐོ་བར་བཟོད་པ་དེ་དག་ནི་གཅད་མ་གསུང་ཞེས། གང་དག་མི་བཟོད་པ་དེ་དག་ནི་གསུངས་ཤིག། དགེ་འདུན ་གྱིས་བཟོད་ཅིང་གནད་ནས་དགེ་འདུན་གྱིས་མིང་ཞེས་བགྱི་བ་སྣོད་སྤྱད་པ་དགེ་པར་བ་སྐོས་སགས་ཏེ། འདི་ལྟར་ཅང་མི་གསུངས་བས་དེ་དེ་བཞིན་དུ་འཛིན་ཏོ་ཞེས་གསུངས་པ་ཡིན་ནོ། །དེས་ཇི་ལྟར་བགོ་བར་བྱ་ཞེ་ན་དེའི་ཕྱིར་གཅོད་པར་བྱ་བ་རྣམས ་བཙོངས་ཏེའོ་ཞེས་བྱ་བ་སྨྲས་ཏེ། བཙོད་བར་འོས་པ་ནི་བཙོང་བར་བྱ་བ་སྟེ། གོས་ལ་སོགས་པའི?། །དེ་དག་ནི་བཙོངས་ཏེ་བགོ་བར་བྱའོ། །སུ་ལ་བཙོངས་ཏེ་ཞེ་ན་དེའི་ཕྱིར། དགེ་འདུན་འདུས་བ་ལའོ་ཞེས་བྱ་བ་སྨྲས་ཏེ། གང་དུ་དགེ ་འདུན་དུ་གྱུར་བའི་དགེ་སློང་རྣམས་འདུས་པར་གྱུར་བ་དེ་ལའོ། །ཇི་ལྟར་གཙོངས་ཏེ་ཞེ་ན་དེའི་ཕྱིར་བསྐྱེད་པས་སོ་ཞེས་བྱ་བ་སྨྲས་ཏེ། བཙོད་བར་བྱ་བའི་དངོས་པོའི་རིན་ཐང་དགེ་འདུན་གྱི་གནས་བརྟན་གྱིས་རན་པར་བཅད་པ་དེ་ལས་སུ་ཉོ་འདོད་པས ་བསྐྱེད་པའི་ཐབས་དེས་བཙོངས་ཏེའོ། །དེ་ཉིད་ཀྱིས་དེར་འདུ་བའི་སྐབས་རྗེས་སུ་བསྒྲུབ་པར་བྱའོ་ཞེས་བྱ་བ་ནི། སྣོད་སྤྱད་འགྱེད་པའི་གང་ཟག་དེ་ཉིད་ཀྱིས་དགེ་འདུན་གང་དུ་འདུ་བའི་གནས་དེར་འདུ་བའི་སྐབས་ཞེས་བྱ་བ་དགེ་འདུན་འདུ་བ་དང ་འབྲེལ་པ་གནས་མ་ལ་བཤམ་པ་དང་རྙེད་པ་བགོ་བ་ལ་ལྔ་བྱའོ་ཞེས་སྔར་སྟན་བདེ་དག་རྗེས་སུ་བསྒྲུབ་པར་བྱ་སྟེ་ལས་སུ་བྱའོ་ཞེས་བྱ་བའི་ཐ་ཆོ་ག་གོ། དགེ་འདུན་གྱི་གནས་བརྟན་གྱིས་རིན་ཐད་དབབ་པོ་ཞེས་བྱ་བ་ནི། གཙོང་བར་བྱ ་བའི་དངོས་པོ་རྣམས་ཀྱིའོ། །རིན་ཐང་ཇི་ཙམ་དུ་གདབ་པར་བྱ་ཞེ་ན་དེའི་ཕྱིར་ངན་པར་རོ་ཞེས་བྱ་བ་སྨྲས་ཏེ། ངང་པོ་སུ་ལ་ཡང་བཙོངས་བར་མ་བྲིམས་པའི་མདུན་དུ་དགེ་འདུན་གྱི་གནས་བརྟན་གྱིས་གཙོང་བར་བྱ་བའི་རྫས་རྣམས་ཀྱི ་རིན་ཐང་རན་པར་གདབ་པར་བྱ་བའོ། །དེས་ནི་དེ་ལ་མི་འབབ་པ་ཉིད་དོ་ཞེས་བྱ་བ་ནི། རིན་ཐང་བཏབ་པ་དེས་ནི་དགེ་འདུན་གྱི་གནས་བརྟན་དེ་ལ་རྫས་དེ་ཉོ་བ་དང་དའི་རིན་གཞལ་བ་མི་འབབ་པ་ཉིད་དོ། །རིན་ཐང་བཏབ་པའི་འོག་ཏུ་བསྐྱེད ་ན་ནི་དེ་ལ་ཡང་འབབ་པ་ཉིད་ཡིན་ནོ། །ཡང་མི་འབྱུང་བར་ངེས་པར་བྱས་ནས་བསྐྱེད་པ་ལ་དབབ་པོ་ཞེས་བྱ་པ་ནི། སྔར་དགེ་འདུན་གྱི་གནས་བརྟན་གྱིས་སྤྱིའི་རིན་ཐང་རན་པར་བཏབ་ནས་སྣོད་སྦྱང་བགེད་པའི་གང་ཟག་གིས་རྫས་དེ་ལག་ན་ཐོགས ་ཏེ་།དགེ་འདུན་གྱིས་གནས་བརྟན་ན་ཆད་གསར་བུ་ཡན་ཆད་དེ་ན་འདུས་པ་ཐམས་ཅད་ཀྱི་མདུན་དུ་རྫས་ངེ་གཡང་སྔ་བྲིམས་ཞིང་རྫས་འདི་ནི་ཙམ་རིའོ་ཞེས་བསྒྲགས་པར་བྱའོ། །དེའི་ཚེ་གང་ཟག་གང་གིས་རྫས་དེའི་དི་ན?་ཡང་བསྐྱེད་པ་གཞན ་མི་འབྱུང་བར་ངེས་པར་བྱས་ནས། རྫས་དེའི་རིན་སྔར་བཅད་པར་ལས་བསྐྱེད་ན་དེ་ལ་རྫས་དེ་མི་ཉོར་མི་གནང་དང་རིན་བསྐྱེད་པ་དང་བཅས་པ་མི་དབུལ་ཏུ་མི་གནང་བ་འབབ་བོ། །དེ་བཞིན་དུ་ངེས་བསྐྱེད་པའི་གོང་དུ་གཞན ་གཅིག་གིས་ཡང་བསྐྱེད་པ་གཞན་མི་འབྱུང་བར་ངེས་པར་བྱས་ནས་བསྐྱེད་ན་དེ་ལ་འབབ་པོ། །དེ་བཞིན་དུ་ངེས་བསྐྱེད་པའི་གོང་དུ་གཞན་གཅིག་གིས་ཡང་བསྐྱེད་པ་གཞན་མི་འབྱུང་བར་ངེས་པར་བྱས་ནས་བསྐྱེད་ན་དེ་ལ་འབབ་སྟེ། དེ ་བཞིན་དུ་གོང་ནས་གོང་དུ་བསྐྱེད་ཅིང་ཐ་མར་དེ་ལས་ཟློ་ཞིང་གོང་དུ་བསྐྱེད་པར་བྱེད་པས་སཱུང་མ་བྱུང་ན་དེའི་ཚེ་སྣོད་སྤྱད་འགེང་པ་ངེས་དགེ་འདུན་ཐམས་ཅད་ཀྱི་མགོ་མཇུག་ཏུ་ལན་ཅིག་བཟླས་ཏེ། རྫས་འདི་གང་ཟག་ཆེ་གེ་མོས་རིན་འདི ་ཙམ་གྱིས་བསྐྱེད་དེ་ཉོས་སོ་ཞེས་སྤྱིར་བསྒྲགས་ཏེ་ཏོག་བརྡུངས་ནས་རྫས་དེ་གང་ཟག་དེའི་མདུན་དུ་བཞག་གོ། དེ་ཕྱིན་ཆད་ན་གཞན་གྱིས་བསྐྱེད་ཅིང་ཉོར་མི་གནང་ངོ། །མི་ཉོ་བས་བསྐྱེད་པར་མི་བྱའོ་ཞེས་བྱ་བ་ནི། གང་ཟག་གང་རྫས་དེ་ཉོ ་བར་མི་འདོད་པ་དེ་ནི་མི་ཉོ་བ་ཞེས་བྱ་སྟེ། དེས་དེའི་ཚེ་བསྐྱེད་པར་མི་བྱའོ། །བུད་མེད་མི་བྱའོ་ཞེས་བྱ་བ་ནི། དགེ་སློང་བུད་མེད་ཉོ་བས་ནི་རིན་དེ་ལྟར་བསྐྱེད་པར་མི་བྱ་བ་སྟེ། གཞུང་ནི་སྔར་མགོན་མེད་ཟས་སྦྱིན་གྱི་འབྱུང་བའི་མཛའ་བསྟན ་པ་ཉིད་ཡིན་ནོ། །རིན་མ་ཕུལ་གྱི་བར་དུ་སྤྱང་བ་དང་བྱི་དོར་ཡང་མི་བྱའོ་ཞེས་བྱ་བ་ནི། གང་ཟག་གང་གིས་དགེ་འདུན་གྱི་རྫས་བསྐྱེད་དེ་ཉོས་པ་དེས་དགེ་འདུན་ལ་རིན་མ་ཕུལ་གྱིས། བར་དུ་གོས་ལ་སོགས་པ་བགོ་པ་ལ་སོགས་པས ་སྤྱད་པར་ཡང་མི་བྱ་ལ། བཀྲུ་བ་དང་ཁ་བསྒྱུར་བ་ལ་སོགས་པའི་བྱི་དོར་ཡང་མི་བྱའོ། །ཡང་ཞེས་བྱ་བའི་སྒྲས་ནི་བྱ་བ་གཞན་ཡང་དགག་པ་བསྟན་པའི་ཕྱིར་རོ་བསྒོ་སྐལ་བ་རྣམས་མང་བ་ཉིད་ཡིན་ན་བཅུ་ལ་སོགས་པའི་ཚོམས་ཀྱིས ་བགོ་བར་བྱའོ་ཞེས་བྱ་བ་ནི། བསྒོ་སྐལ་བ་ཞེས་བྱ་བ་རྙེད་པའི་བསྒོ་སྐལ་དབང་བའི་གང་ཟག་མང་བ་ཉིད་ཡིན་ན་བཅུ་ལ་སོགས་པའི་ཚོམས་གྱིས་བགོ་བར་བྱ་སྟེ། གང་ཟག་བཅུའི་སྐལ་བ་ཚོམས་གཅིག་ཏུ་བཅད་པ་འམ་ཉི་ཤུའི་སྐལ་བ་ཚོམས ་གཅིག་ཏུ་བཅད་པ་འམ་སུམ་ཅུའི་སྐལ་བ་ཚོམས་གཅིག་ཏུ་བཅད་པ་ལ་སོགས་པ་དད་དེ་བཞིན་དུ་བརྒྱའི་སྐལ་བ་ཆོམས་གཅིག་ཏུ་བཅང་བ་འམ། ཉིས་བརྒྱའི་སྐལ་བ་ཚོམས་གཅིག་ཏུ་བཅད་པ་འམ། སུམ་བརྒྱའི་སྐལ་བ་ཚོམས་གཅིག ་ཏུ་བཅད་པ་ལ་སོགས་པ་ལྟ་བུའོ། །ཕོག་པ་མ་བགོས་པར་ཚོམས་ལས་འགའ་ཞིག་ཤི་ན་དེའི་སྐལ་བ་ཚོམས་དེ་པ་དབང་པ་ཉིད་ཡིན་ནོ་ཞེས་བྱ་བ་ནི། ཚོམས་གཅིག་གྱིས་རྙེག་པའི་སྐལ་པ་ཕོག་པ་སྒོ་གསེས་སུ་མ་བགོས་བར ་ཆམས་ང་ལས་གང་ཟག་འགའ་ཞིག་ཤི་ན་དེའི་སྐལ་བ་ཚོམས་དེ་པའི་གང་ཟག་ཏུ་ཡོད་པ་དག་སྤྱིར་དབང་བ་ཉིད་ཡིན་ནོ། །བགོས་པའི་འོག་ཏུ་ཤི་ནི་དེའི་སྐལ་པ་མཚམས་སུ་གཏོགས་པའི་རབ་ཏུ་བྱུང་བ་ཚངས་པ་མཚུངས་པར་སྤྱོད་བ་རྣམས་ཀྱིས ་ཤི་བའི་ཡོ་བྱད་དུ་བྱིན་གྱིས་བརླབ་པར་བྱ་བའོ། །མྱ་ངན་ལས་འདའ་པའི་བསམ་པས་རབ་ཏུ་བྱུང་བ་ཚུལ་ཁྲིམས་དང་ལྡན་པ་ལ་ནི་གོས་སྟོད་ཕྲག་བརྒྱ་པ་དད་ཟས་རོ་བརྒྱ་བ་དང་ཁང་པ་བརྩེགས་པ་ལྔ་བརྒྱ་པ་ཡང་འ?་སོ་སོ་ཞེས་བྱ་བ་ནི། མྱ ་ངན་ལས་འདའ་བའ་ཨི་བསམ་པས་རབ་ཏུ་བྱུང་བའི་གང་ཟག་ཚུལ་ཁྲིམས་དང་ལྡན་པ་ལ་ནི་སྦྱིན་བདག་ལྷ་དད་བཅས་པའི་འཇིག་རྟེན་གང་ཡང་རུང་བས་གོས་དང་ཟས་དད་གནས་རྣམ་པ་དེ་ལྟ་བུ་དག་ཕུལ་ཡང་བླང་ཞིང་ལོངས་སྤྱད་བར་འོས་པ་ཡིན ་ནོ། །གོས་གང་ཀར་ཤ་པ་ན་འབུམ་རི་བ་དེ་ནི་གོས་སྟོང་ཕྲག་བརྒྱ་པ་ཞེས་བྱའོ། །ཟས་གང་ལ་རོའི་རྣམ་པ་བརྒྱ་ཡོང་བ་དེ་ནི། ཟས་རོ་བརྒྱ་པ་ཞེས་བྱའོ། །ཁང་བ་བརྩེགས་པ་གང་ལ་མི་ལྔ་བརྒྱའི་གནས་བཅང་རུང་བའམ། ཡང་ན་ནེ་ཙོའི་སྣ་ལྟ་བུ ་ལྔ་བརྒྱ་ཡོད་པ་དེ་ནི་ཁང་པ་བརྩེགས་པ་ལྔ་བརྒྱ་པ་ཞེས་བྱའོ། །དགེ་འདུན་གྱི་རྫས་ཀྱང་ངོ་ཞེས་བྱ་བ་ཡང། ལས་སོ་ཞེས་བྱ་བར་སྦྱར་ཏེ། མྱ་ངན་ལས་འདའ་བའ་ཨི་བསམ་པས་རབ་ཏུ་བྱུང་བ་ཚུལ་ཁྲིམས་དང་ལྡན་པ་ལ་ནི་དགེ་འདུན་གྱི ་རྫས་བླང་ཞིང་ལོངས་སྤྱད་པར་འོས་པ་ཡིན་ནོ། །དགེ་འདུན་གྱི་རྫས་རྣམ་པ་ཇི་ལྟ་བུ་ཞིག་འོས་ཤེ་ན་དེའི་ཕྱིར་མི་བསློབ་པ་མན་ཆད་ཀྱིའོ་ཞེས་བྱ་བ་སྨྲས་ཏེ། མི་སློབ་པའི་དགེ་འདུན་མན་ཆད་ཀྱི་རྫས་ཏེ། དགྲ་བཅོམ་པའི་དགེ་འདུན་མངའ་བའི ་རྫས་ཀྱང་འོས་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། ཚུལ་ཁྲིམས་དང་ལྡན་པ་རྣམ་པ་གང་ལ་ཞེན་དེའི་ཕྱིར་སོ་སོའི་སྐྱེ་བོ་ལ་ཡང་ངོ་ཞེས་བྱ་བ་སྨྲས་ཏེ། ཡང་ངོ་ཞེས་བྱ་བའི་སྒྲས་འཕགས་པ་འབའ་ཞིག་ལ་འོས་པར་མ་ཟད་དོ། །ཞེས་བྱ་བར ་བསྟན་ཏོ། །ཚུལ་ཁྲིམས་འཆལ་པ་ལ་ནི་མ་ཡིན་ནོ་ཞེས་བྱ་བ་ནི། གོས་སྟོང་ཕྲག་བརྒྱ་པ་ལ་སོགས་པ་དང་དགེ་འདུན་གྱི་རྫས་འོས་པ་མ་ཡིན་པའོ། །ལེ་ལོ་ཅན་ལ་ནི་བླངས་པ་དང་ཉེ་བར་སྤྱད་པ་བུ་ལོན་དུ་འགྱུར་རོ་ཞེས་བྱ་བ་ནི། ཚུལ་ཁྲིམས ་དང་ལྡན་པ་ལེ་ལོ་ཅན་ཞེས་བྱ་བ་བསྒྲུབ་མི་འཕོང་པའི་རང་བཞིན་ཅན་ནི། བླངས་པ་ཞེས་བྱ་བ་བདག་གིར་བྱས་པ་དང། ཉེ་བར་སྤྱད་པ་ཞེས་བྱ་བ་ལོངས་སྤྱོད་པ་དག་བུ་ལོན་དུ་འགྱུར་ཞེས་བྱ་བ་ཚེ་རབས་གཞན་ལ་སྦྱིན་བདག་དེ་ལ་དཔྱ?་འཇལ་བའམ ་དེའི་བྲན་གཡོག་དང་ཕྱུགས་ལ་སོགས་པར་སྐྱེ་བར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། མཚམས་ཀྱི་ནང་ཉིད་ན་གང་ཟག་གི་གཙུག་ལག་ཁང་དམ་དེའི་རྙེད་པས་འཚོ་བ་ལ་ནི་དགེ་འདུན་གྱི་རྙེད་པ་འོས་སོ་ཞེས་བྱ་བ་ནི། གང་ཟག་གང་དགེ་འདུན ་གྱི་མཚམས་ཀྱི་ནད་ན་གང་ཟག་གི་གཙུག་ལག་ཁང་ཡོད་པ་དེའི་འཚོ་བས་འཚོ་བ་འམ། གང་ཟག་གིས་གཙུག་ལག་ཁང་མཚམས་གྱི་ཕྱི་རོལ་ན་འདུག་པ་དེའི་རྙེད་པས་འཚོ་ཞིང་མཚམས་ཀྱི་ནང་ན་གནས་པ་དེ་ལ་མཚམས་དེའི? ་གཏོགས་པའི་དགེ་འདུན་གྱི་རྙེད་པ་ཡང་འོས་པ་ཡིན་ཏེ། གང་ཟག་གིས་སྦྱར་བའི་རྙེད་པ་དང་དགེ་འདུན་གྱི་རྙེད་བ་གཉི་ག་དབང་ངོ་ཞེས་བྱ་བའི་ཐ་ཚིག་གོ། དེས་པའི་གནས་ཁང་ན་ཡང་ངོ་ཞེས་བྱ་བ་ནི། སྦྱིན་བདག་གིས་གནས་ཁང་འདི་ན་སུ་གནས་པ་དེ་ལ ་རྙེད་པ་འདི་ཙམ་ཞིག་ཁུད་པར་དབུལ་ལོ་ཞེས་ངེས་པར་བྱས་པའི་གནས་ཁང་དེ་ན་སུ་གནས་པའི་གང་ཟག་དེ་ལ་ཡང་གནས་ཁང་དེའི་རྙེད་པ་དད་མཚམས་དེའི་དགེ་འདུན་གྱི་རྙེད་པ་གཉི་ག་འོས་པ་ཡིན་ཏེ། དེ་གཉི་ག་དབང་ངོ་ཞེས་བྱ་བའི་ཐ་ཚིག་གོ་། ་དེ་རེ་མོར་བསྐོའོ་ཞེས་བྱ་བ་ནི། རྙེད་པ་ངེས་པའི་གནས་ཁང་དེ་དགེ་སློང་རྣམས་ལ་རེ་མོར་སྐོ་བར་བྱ་བ་སྟེ། དེའི་རྙེད་བ་དགེ་འདུན་གྱིས་ཀྱང་མི་བཀུར་ལ། དུས་ཐམས་ཅད་དུ་གང་ཟག་གཅིག་པུ་ལ་ཡང་མི་སྦྱིན་ནོ། །ལྕགས་ལས་བྱས་པའི་སྣོད་དག་ལས ་ལྷུང་བཟེད་དང་ལྷུང་བཟེད་ཆུང་དུ་དང་ཚ་སྣོད་དང་ཟ་བོར་དང་ལྡེ་མིག་ཁྱོག་པོ་དང་གྲེའུ་དང་ཁབ་དད་སེན་མོ་བཅད་པ་དང་ནལ་ཟེ་དང་ཐལ་ཕྱགས་དང་སྟ་རེ་དང་སླ་དང་ཕོར་བུ་དག་ནི་བགོ་བར་བྱ་བ་ཉིད་དོ་ཞེས་བྱ་བ་ནི། ལྕགས་ལས་བྱས་པའི་སྩོད་སྤྱད་དག ་ལས་དེ་དག་ནི་བགོ་བར་བྱ་བ་ཉིད་ཡིན་ནོ། །བོང་ཚོང་ཆེན་པོ་གཞན་དག་ནི་མི་བགོ་བར་ཕྱོགས་བཞིའི་དགེ་འདུན་གྱི་ཉིད་དུ་བཞག་བར་བྱའོ། །ལྷུང་བཟེད་ཆུང་ངུ་ཞེས་བྱ་བ་ནི་བྱིན་གྱིས་བརླབ་ཏུ་མི་རུང་བ་ཆུང་དུའོ། །ཚ་སྣོད་ཅེས་བྱ་བ་ནི། ལན་ཆའི་སྣོད་དོ།། ་ཟོ་པོར་ཞེས་བྱ་བ་ནི། ཁ་ཟླུམ་འདྲ་བ་མཐོན་པོ་ནད་ཟབས་རིད་པའོ། །ཐལ་ཕྱགས་ཞེས་བྱ་བ་ནི་མེ་འཇོག་པའོ། །སླང་ཞེས་བྱ་བ་ནི་དོག་ལོ་འདྲ་བའོ། །ཕོར་བུ་ཞེས་བྱ་བ་ནི་ཟླུམ་པོ་ཁ་རུབ་བོ། །སའི་སྣོད་སྤྱད་དག་ལས་ནི་ལྷུང་བཟེད་ཆུང་ངུ་སླང་དང་བུམ ་བུ་དང་བྱ་མ་བུམ་དང་གཞོད་པ་དང་རིལ་པ་སྤྱི་བླུགས?་ཆུ་སྣོད་དག་གོ་ཞེས་བྱ་བ་ནི། བགོ་བར་བྱ་བ་ཉིད་དོ་ཞེས་བྱ་བར་སྦྱར་རོ། །ཁྲི་ནི་རིན་པོ་ཆེ་ལས་བྱས་པ་ལ་སོགས་པ་མན་ཆད་ནས་ལྕགས་ལས་བྱས་པའི་བར་དག་གོ་ཞེས་བྱ་བ་ནི། ཁྲི་རིན་པོ་མཆེ་?་ ་བྱས་པ་ནས་ལྕགས་ལས་བྱས་པའི་བར་ཡན་ཆད་བགོ་བར་བྱ་བ་ཉིད་ཡིན་ནོ། །ཇི་ལྟར་བྱ་ཞེ་ན་དེའི་ཕྱིར་བརྗོད་ཏེའོ་ཞེས་བྱ་བ་སྨྲས་ཏེ། རིན་དུ་བཙོངས་ཏེ་བགོ་བར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། ཤིང་ལས་བྱས་པ་ནི་མ་ཡིན་ནོ་ཞེས ་བྱ་བ་ནི། ཁྲི་ནི་བགོ་བར་བྱ་བ་ཉིད་མ་ཡིན་ནོ། །ཚོན་རྩི་ནི་ལྔ་ལས་གཞན་པའོ་ཞེས་བྱ་བ་ནི། གུར་གུམ་ལ་སོགས་པ་ཚོན་ཆེན་པོ་སྣ་ལྔ་ལས་གཞན་པ་དག་བགོ་བར་བྱ་བ་ཉིད་དེ། ཅི་གནས་སྐབས་ཐམས་ཅད་དམ་ཞེ་ན་དེའི་ཕྱིར་མ་བསྐོལ་བའོ་ཞེས ་བྱ་བ་སྨྲས་ཏེ། གལ་ཏེ་མ་བསྐོལ་ནའོ། །བསྐོལ་བ་ནི་ཁ་བསྒྱུར་བར་བྱ་བ་ཉིད་དོ་ཞེས་བྱ་བ་ནི། རྩོན་རྩི་ཆེན་པོ་བསྐོལ་བ་ནི་ཁ་བསྒྱུར་བར་འོས་པའི་གོས་ལ་སོགས་པ་ལ་སྦྱར་བར་བྱ་བ་ཉིད་དོ། །ཁ་བསྒྱུར་བར་བྱ་བ་གང་ལ་ཞེ་ན་དེའི་ཕྱིར་དགེ་འདུན ་གྱི་ལའོ་ཞེས་བྱ་བ་སྨྲས་ཏེ། ཁ་བསྒྱུར་བར་བྱ་བ་གང་ཡིན་པ་དེ་གལ་ཏེ་དགེ་འདུན་གྱི་ཡིན་ན་དེ་ལ་སྦྱར་བར་བྱ་བ་ཉིད་དོ། །ཀུན་དགའ་ར་བ་དང་གཙུག་ལག་ཁང་དང་དེ་དག་གི་གཞི་དང་གནས་མལ་དག་ནི་གཙོང་བར་བྱ་བ་ཡང་མ་ཡིན ་ནོ་ཞེས་བྱ་བ་ནི། ཀུན་དགའ་ར་བ་ཞེས་བྱ་བ་མེ་ཏོག་གི་ར་བ་ལ་སོགས་པ་དང་གཙུག་ལག་ཁང་ཞེས་བྱ་བ་གནས་ཁང་ལ་སོགས་པ་དང་དེ་དག་གི་གཞི་ཞེས་བྱ་བ་ཀུན་དགའ་ར་བའི་དོན་དང་གཙུག་ཁང་གི་དོན་གྱིས་གཞི་དང་གནས་མལ་དེ ་དག་ནི་གཙོང་བར་བྱ་བ་ཡང་མ་ཡིན་ནོ། །ཡང་ཞེས་བྱ་བའི་སྒྲ་ནི་བགོ་བར་བྱ་བ་ཡང་མ་ཡིན་པར་བསྟན་ཏོ། །བཞག་པར་བྱ་བ་ཉིད་མ་ཡིན་ནོ་ཞེས་བྱ་བ་ནི། དེ་དག་གཏར་བཞག་བར་བྱ་བ་ཉིད་ཀྱང་མ་ཡིན་ནོ། ཞེས་བྱ་བའི་ཐ་ཚིག་གོ། བྱིན་གྱིས ་བརླབ་པར་བྱ་བ་ཉིད་མ་ཡིན་ནོ། །ཞེས་བྱ་བ་ནི། ཚོན་ཆེན་པོ་ཁ་བསྒྱུར་བ་ནི་གང་ཟག་གི་ཉིད་དུ་བྱིན་གྱིས་བརླབ་པར་བྱ་བ་མ་ཡིན་བའོ། །ཕམ་ལ་གོས་དང་ཟས་ཀྱིས་བཏང་བར་བྱའོ་ཞེས་བྱ་བ་ནི། ཕམ་དག་ལ་ཟས་དང་གོས་ཀྱིས་མཚོ་བའི་མཐུད? ་མས་བཏང་བར་བྱ་བའོ། །ཇི་ལྟར་བཏང་བར་བྱ་ཞེ་ན་དེའི་ཕྱིར། གལ་ཏེ་ལྷུང་བཟེད་དང་ཆོས་གོས་ལས་ལྷག་བའི་རྙེད་པ་མེད་ན་བླངས་ཏེའོ་ཞེས་བྱ་བ་ནི། གལ་ཏེ་རང་ལ་ལྷུང་བཟེད་དང་ཆོས་གོས་ལས་ལྷག་པའི་རྙེད་པ་གཞན་མེད་ན་ཡོན་བདག་གཞན ་ལ་བསླང་སྟེ་བཏང་བར་བྱའོ། །མ་གྲུབ་བ་ན་ཟན་གྱི་བསྐལ་བ་ལས་ཕྱེད་སྦྱིན་ནོ་ཞེས་བྱ་བ་ནི། བླངས་ཏེ་མ་གྲུབ་ན་རང་གི་ཟས་ཀྱི་སྐལ་པ་ལS་ཀྱང་སྦྱིན་ནོ། །བྱེ་བྲག་ཤེས་བར་བྱ་བའི་ཕྱིར་ཆོས་གོས་དག་ལ་ཐིག་ལ་བྱའོ་ཞེས་བྱ་བ་ནི། གང ་ཟག་ཕན་ཚུན་འདྲ་བ་དག་དེ་དང་མི་ནོར་བར་བྱ་བའི་ཕྱིར་ཆོས་གོས་ཀྱི་མཐར་མཚོན་གྱི་ཐིག་ལེས་མཚན་མ་གདབ་པར་བྱ་བའོ། །འདིར་གཞུང་ནི་དགེ་སློང་དག་ཁྱེད་ཀྱིས་དགེ་སློང་མཛེས་དགའ་ཨི་ཆོས་གོས་དག་ལ་ཐིག་ལེ་བྱོས་ཤིག་དང་འདི་ནི ་མཛེས་དགའ་ཨོ། །འདི་ནི་བཅོམ་ལྡན་འདས་སོ། །ཞེས་ཤེས་བར་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །དེ་དག་ལ་མཚན་མ་གདབ་བོ་ཞེས་བྱ་བ་ནི་ཆོས་གོས་དེ་དག་ལའོ། །སྣག་ཚ་དེའི་ཐིག་ལ་ནི་དེ་ཞེས་བྱའོ་ཞེས་བྱ་བ་ནི། མཚན་མ་ཞེས ་བྱ་སྟེ། ཆོས་གོས་ཀྱི་གྲཝར་སྣག་ཚའི་ཐིག་ལེ་གསུམ་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། ལུང་དག་ཀྱང་ངོ་ཞེས་བྱ་བ་ནི། ཆོས་གོས་དག་ལ་གདགས་པ་སྟེ། འདི་ནི་མི་ནོར་བར་བྱ་བའི་མཚན་མའི་སྐབས་མ་ཡིན་གྱི་ཚོན་གྱི་ལས་བྱ་བ་ན་གཟར་ཐག ་ལ་དབང་བུས་མཛའ་འབྱར་བར་བྱའོ་ཞེས་སྔར་བསྟན་པའི་སྐབས་ཏེ། གོས་གཟར་ཐག་ལ་གདགས་པའི་ཕྱིར་གོས་ཀྱི་གྲཝ་གྲཝར་ཐག་གུ་གདགས་པ་ལ་ལུང་ཞེས་བྱའོ། །ཁ་ཚོར་དང་ཕུན་ཚར་གྱི་མཐར་རང་ཆག་བྱའོ་ཞེས་བྱ་བ་ནི། གོས་ཁ་ཚར ་དང་ཕུན་ཆར་བཅད་པའི་འཕྲོ་རང་ཆག་བྱ་བ་སྟེ། དཔེར་ན་གདོང་ཕྱིས་གྱི་མཐར་བྱེད་པ་བཞིན་དུ་མཛའ་དྲིལ་སྟེ་གྲུབ་པ་ནི་རང་ཆག་ཤེས་བྱའོ། །སྣམ་སྦྱར་མ་ཡིན་པ་དག་ལ་དྲས་ཏེ་བྱིན་གྱིས་བརླབ་པར་དེས་བ་མེད་དོ་ཞེས་བྱ་བ་ནི། སྣམ་སྦྱར ་སྦྱར་མ་ཡིན་པ་དེ་ལས་གཞན་པ་བླ་གོས་དང་ཐ་དགས?་ངག་ལའོ། །དྲས་ཤིང་དྲུབ་པ་ཆོས་གོས་ཉིད་དུ་བྱིན་གྱིས་བརླབ་པར་བྱའོ་ཞེས་བྱ་བས། དྲས་པ་ལ་བྱིན་གྱིས་བརླབ་པའི་ཆོ་ག་ངེས་པར་མཛད་པ་དེ་ནི་སྣམ་སྦྱར་འབའ་ཞིག ་གི་ཡིན་པར་རིག་པར་བྱའོ། །དེ་ལས་གཞན་པའི་ཆོས་གོས་དག་ལ་ནི་ཆོ་ག་འདི་ངེས་པ་མེད་དོ། །དེ་བས་ན་ཆོས་གོས་བརླབ་པ་ཉིད་དམ་ཆོས་གོས་ཚིག་པ་ཉིད་ལ་སོགས་པའི་རྐྱེན་དེ་ལྟ་བུ་དག་ཡོད་ན་སྣམ་སྦྱར་ལ་ཡང་དྲིས་ཤིང་དྲུབས་པ ་ཆོས་གོས་ཉིད་དུ་བྱིན་གྱིས་བརླབ་པོ་ཞེས་བྱ་བའི་ཆོ་ག་འདི་ངེས་པ་མེད་དོ། །རྐྱེན་དེ་ལྟ་བུ་?་དག་མེད་ན་ནི་སྣམ་སྦྱར་ལ་དྲས་ཤིང་དྲུབས་པ་ཆོས་གོས་ཉིད་དུ་བྱིན་གྱིས་བརླབ་པོ་ཞེས་བྱ་བའི་ཆོ་ག་འདི་ངེས་པ་ཁོ་ནའོ། །ཆོས་གོས་གཞན ་ལ་ནི་རྐྱེན་དེ་ལྟ་བུ་ངག་མེད་ན་ཡང་ཆོ་ག་འདི་ངེས་པ་མེད་དོ། །འདི་སྐད་བསྟན་ཏེ། སྣམ་སྦྱར་ལས་གཞན་བའི་ཆོས་གོས་བླ་གོས་དང་ཐང་གོས་བླ་གོས་དག་ལ་དྲས་ཤིང་དྲུབས་བ་ཆོས་གོས་ཉིད་དུ་བྱིན་གྱིས་བརླབ་པར་བྱའོ་ཞེས་བྱ་བའི་ཆོ་ག ་ཡོད་པ་དེ་ནི་ངེས་པ་མ་ཡིན་ཏེ། དེ་ལ་ཅི་དགར་འཇུག་པའི་ཆོ་ག་ཡིན་ནོ། །སྣམ་སྦྱར་ལ་ནི་རྐྱེན་དེ་ལྟ་བུ་དག་ཡོད་ན་ནི་མ་དྲས་བར་བྱིན་གྱིས་བརླབ་བ། །རྐྱེན་དེ་ལྟ་བུ་དག་མེད་ན་ནི་དྲས་པ་ལ་བྱིན་གྱིས་བརླབ་བ་ཁོ་ནར་ངེས་པ་ཡིན་ནོ། །ལུ? ་འདི་བསྒྲུབ་པའི་ཕྱིར་འདིར་གཞུང་ནི་བཙུན་བ་ཆོས་གོས་མ་དྲས་པ་ལ་བྱིན་གྱིས་བརླབ་ཏུ་དུང་ངམ། ཉེ་བར་འཁོར་མི་རུང་ངོ། །རྐྱེན་དེ་ལྟ་བུ་དག་ཡོད་ན་ནི་རུང་ངོ་ཞེས་གསུངས་པ་ཡིན་ནོ། །དེ་ཇི་ལྟར་ཁུངས་སུ་རུང་ཞེ་ན། འདི་ལྟར་འདིར་ཆོས་གོS ་ཞེས་གསུངས་པ་ནི་སྣམ་སྦྱར་ཁོ་ན་ཡིན་པར་ངེས་རྣམ་པར་གནས་པའི་ཕྱིར་རོ། །དེར་ཅི་མངོན་ཞེ་ན། འདི་ལྟར་བླ་གོས་དང་མཐང་གོས་གཉིས་མ་དྲས་བ་གང་ཡིན་པ་ངེས་ནི་ཆ་ལུགས་རྫོགས་པ་དང། རབ་ཏུ་བྱུང་བ་འདི་པའི་ཆ་ལུགས་ལ་གནོད ་པ་མེད་པས་དེའི་ཕྱིར་འདིར་དེ་གཉིས་ཀྱིས་ལྷག་མ་སྣམ་སྦྱར་ལ་ཆོས་གོས་ཞེས་གསུངས་པ་ཡིན་ནོ། །ལུང་ལས་ཀྱང་འདིར་ཆོས་གོས་ཞེས་བྱ་བ་སྣམ་སྦྱར་ཡིན་པར་གསུངས་ཏེ། མ་མོ་ལས་སྣམ་སྦྱར་ནི་དྲ་བར་བྱའོ། །བླ་གོས་ནི་ངེས་པ་མེད་དོ། ། ་མཐང་གོས་ཀྱང་ངེས་པ་མེད་དོ། །ཞེས་གསུངས་བ་ཡིན་ནོ། །རྐྱེན་དེ་ལྟ་བུ་ངག་མེད་པར་མ་དྲས་པ་དེས་གྲོང་དང་ཁྱིམ་གཞན་དུ་འཇུག་པ་དང་འདུག་པར་མི་བྱའོ་ཞེས་བྱ་བ་ནི། རྐྱེན་དེ་ལྟ་བུ་དག་མེད་པར་ཞེས་བྱ་བ་རྐྱེན་གང་དག་གིS་སྣམ་སྦྱར་མེད ་པར་གྲོང་དང་ཁྱིམ་གཞན་དུ་འཇུག་པ་དང་འདུག་ཏུ་རུང་བ་འདི་ལྟ་སྟེ། དགེ་སློང་དང་བཅས་བ་ཉིད་དང་སྒོ་གེགས་དང་བཅས་བ་ཉིད་དུ་བཅས་པའི་གནས་དང། ཆར་པ་འབབ་པ་དང། ཆར་པ་འབབ་པར་དོགས་པ་དང། བགྲོད་པར་བྱ་བ་ཆུ་ཀླུང་གིS ་ཆོད་པ་ལྟ་བུ་ཉིད་མེད་ན་།གནང་བ་མ་ཡིན་པ་དང་སྲ་བརྐྱང་མ་བཏིང་བས་སྣམ་སྦྱར་མེད་པར་གང་ཡང་འགྲོ་བར་མི་བྱའོ་ཞེས་སྔར་འབྲལ་བའི་སྤང་བའི་རྣམ་པར་འབྱེད་པའི་སྐབས་སུ་བསྟན་པ་དེ་ལྟ་བུའི་རྐྱེན་དེ་དག་མེད་པར་སྣམ་སྦྱར་མ་དྲས་པ ་ངེས་གྲོང་དང་ཁྱིམ་གཞན་དུ་འཇུག་པ་དང་འདུག་བར་མི་བྱའོ། །དེ་ལྟར་ཡང་འདིར་གཞུང་ནི་བཙུན་པ་སྣམ་སྦྱར་བཞག་བར་བགྱི་བ་ལ་རྒྱུ་དུ་ངག་དང་རྐྱེན་དུ་དག་མཆིས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཉེ་བར་འཁོར་ལྔ་སྟེ་ལྔ་གང་ཞེ་ན། དགེ ་སློང་དང་བཅས་པ་ཉིད་དང། སྒོ་གླེགས་དང་བཅས་པ་ཉིད་དུ་བཅས་པའི་གནས་དང། ཆར་པ་འབབ་བ་དང། ཆར་པ་འབབ་པར་དོགས་པ་དང། གྲོང་གཞན་དུ་འགྲོ་བར་འདོད་ཆུ་ཀླུང་གིས་མཆོད་པ་དང། སྲ་བརྐྱང་བཏིང་བའི་གནས་དང་གསོལ་བའི? ་ལས་ནི་ལྔ་པའོ་ཞེས་གསུངས་པ་ཡིན་ནོ། །འདིར་ལུང་ལས་ཀྱང་བཙུན་པ་ཆོས་གོས་མ་དྲས་པས་གྲོང་དུ་འཇུག་ཏུ་རུང་ངམ་ཉེ་བར་འཁོར་མི་རུང་ངོ། །རྐྱེན་དེ་ལྟ་བུ་དག་ཡོད་ན་ནི་རུང་ངོ་ཞེས་གསུངས་པ་ཡིན་ནོ། །ལུང་དང་རིགS་པ་འདི་དང་སྔ་མ་གཉིས ་ཀྱིས་ན་འདིར་ཆོས་གོས་ཞེས་སྨོས་བ་ནི་སྣམ་སྦྱར་ཡིན་པར་དགོངས་པར་རིགས་སོ། །མུ་སྟེགས་ཅན་གྱི་འཇུག་གནས་སུ་ཡང་དེ་བཞིན་ཞེས་བྱ་བ་ནི། རྐྱེན་དེ་ལྟ་བུ་དག་མེད་པར་སྣམ་སྦྱར་མ་དྲས་བ་དེས་མུ་སྟེགས་ཅན ་གྱི་འདུག་གནས་སུ་འཇུག་བ་དང་འདུག་བར་མི་བྱ་བ་སྟེ། སྣམ་སྦྱར་མ་དྲས་བས་མུ་སྟེགས་ཅན་གྱི་འདུག་གནས་དེ་ན་མུ་སྟེགས་ཅན་དག་ཉེ་བར་མི་འཁོར་ཀྱང་འཇུག་བ་དང་འཇུག་བར་མི་བྱ་བར་དགོངས་སོ། །འདི་སྐད་བསྟན་ཏེ། གལ་ཏེ ་འདུག་གནས་དེ་ན་མུ་སྟེགས་ཅན་དག་ཉེ་བར་མི་གནས་སུ་ཟིན་ཀྱང་རྐྱེན་དེ་ལྟ་བུ་དག་མེད་ན་སྣམ་སྦྱར་མདྲས་པ་དེས་དེང་འཇུག་བ་དང་འཇུག་པར་མི་བྱའོ། །རྐྱེན་དེ་ལྟ་བུ་དག་ཡང་ན་ནི་བྱའོ། །འཁོད་ན་འཇུག་པ་དང་འདུག་པར་མི་བྱའོ་ཞེས ་བྱ་བ་ནི། མུ་སྟེགས་ཅན་གྱིས་འདུག་གནས་དེ་དག་ན་མུ་སྟེགས་ཅན་དག་འཁོད་ན་རྐྱེན་དེ་ལྟ་བུ་དག་ཡོད་ཀྱང་མུ་སྟེགས་ཅན་གྱི་འདུག་གནས་དེར་སྣམ་སྦྱར་མེད་པར་འཇུག་པ་དང་འདུག་པར་མི་བྱ་བ་སྟེ། འདི་ལྟར་ཆོས་གོས་མ་དྲས ་བ་ནི་ཀུན་ཏུ་རྒྱུ་ལ་སོགས་པ་མུ་སྟེགས་ཅན་རྣམས་ཀྱི་གོས་དང་འདྲ་བ་བསྟེན་པས་དེར་ཞུགས་པ་དང་འདུག་པར་འགྱུར་བ་གང་ཡིན་པ་དེས་དེའི་ཕྱོགས་ཀྱི་ནང་དུ་བསྟེན་བ་ཡིན་པར་དོགས་པར་འགྱུར་བ་དེ་བས་ན་འདིར་དེ་དགག་བ ་མཛད་དོ། །འདིར་གཞུང་ནི། བཙུན་བ་ཀུན་ཏུ་རྒྱུ་བའི་འདུག་གནས་སུ་སྣམ་སྦྱར་མ་མཆིས་པས་མཆིང་རུང་དམ། ཉེ་བར་འཁོར་མི་རུང་ངོ། །གལ་ཏེ་ཀུན་ཏུ་རྒྱུ་དག་ཕྱི་རོལ་ཏུ་བྱུང་བར་གྱུར་ན་ནི་རུང་ངོ། །ཞེས་གསུངས་པ་ཡིན་ཏེ་།དེ་ན ་མུ་སྟེགས་ཅན་དག་མི་འཁོར་ན་རྐྱེན་དེ་ལྟ་བུའི་དབང་གིས་འགྲོང་བ་རུང་བའི་གཞུང་ཡིན་ནོ། །སྤུ་ཅན་ཆོས་གོས་གསུམ་ཉིད་དུ་བྱིན་གྱིས་མི་བརླབ་པོ་ཞེས་བྱ་བ་ནི། རྐྱེན་དེ་ལྟ་བུ་དག་མེད་ནའོ། །དེ་བགོ་བའི་གོས་སུ་མི་བསྟེན་ནོ་ཞེས་བྱ་བ་ནི། ་སྤུ་ཅན་དེ་མལ་ཆ་མ་ཡིན་པའི་གོས་སུ་ལུས་ལ་བགོ་བར་མི་བྱ་བ་སྟེ། དེ་ཡང་རྐྱེན་དེ་ལྟ་བུ་དག་མེད་ནའོ། །སེང་པ་དག་བདག་གིར་བྱའོ་ཞེས་བྱ་བ་ནི། རུང་པར་བྱས་ཏེ་བཅང་བ་ལ་འདིར་བདག་གིར་བྱའོ་ཞེས་བྱ་བའི་སྒྲར་གསུངས་སོ། །དེ་ནི་རྣམ་བ ་བཞིའོ་ཞེས་བྱ་བ་ནི། སེང་བ་དེ་ནི་རྣམ་པ་བཞི་ཡོད་བ་ཉིད་དོ། །བཞི་གང་ཞེ་ན། དེའི་ཕྱིར་བལ་ལས་བྱས་པ་དང་ཟང?་མ་ལས་བྱས་བ་དང་དུ་ཀུ་ལ་ལས་བྱས་པ་དང་ངས་བལ་ལས་བྱས་པའོ་ཞེས་བྱ་བ་སྨྲས་ཏེ། ཤ་ན་ལ་སོགས་བ་ལས་བྱས་བའི ་སེང་བ་ཡང་མི་རུང་བ་ནི་མ་ཡིན་མོད་ཀྱིས། མི་སྡུག་བས་འདིར་གཞི་ལས་མ་སྨོས་སོ། །སྤུ་དམའ་བ་ལ་སོགས་པ་རས་ཀྱི་རྣམ་བ་ཡང་བ་གཞན་དག་ཀྱང་ངོ་ཞེས་བྱ་བ་ཡང་བདག་གིར་བྱང་རུང་བྱའོ། །སྤུ་དམའ་བ་ཞེས་བྱ་བ་ནི་སྤུ་ཐུང་དུ་སྡུག་པོ་ཕྱིར་དེ ་འདུག་པ་སྟེ། བེའུ་རས་ལས་བྱའོ། །སྤུ་ཅན་གཞན་ཡང་རྣམ་པ་དེ་འདྲ་ན་བདག་གིར་བྱར་རུང་ངོ། །ལ་བ་ཡང་ངོ་ཞེས་བྱ་བ་ཡང་བདག་གིང?་བྱང་དུང་བ་སྟེ། དེ་ནི་སྤུ་དམའ་བ་མ་ཡིན་བའི་ཕྱིར་བརྩམས་སོ། །གནང་པ་མེད་ན་སྤུ་ཕྱིར་བསྟན་ཏེ་བསྒོ་བར ་མི་བྱ་སྟེ་།གཞན་དུ་ནའོ་ཞེས་བྱ་བ་ནི། ལ་བ་དེ་དྲི་མ་དང་ཤིག་ལ་སོགས་པའི་གནོད་པ་མེད་ན་སྤུ་ཕྱིར་བསྟན་ཏེ་ཕྱི་སློག་ཏུ་བགོ་པར་མི་བྱ་བའོ། །གནོད་པ་ཡོད་ན་ནི་ཉེས་པ་མེད་དོ། །འདིར་གཞུང་ནི་དྲི་མ་ཅན་དང་ཤིག་ཅན་ལ་ལྟུང་བ་མེད་དོ། །ཞེས ་གསུངས་པ་ཡིན་ནོ། །གཞན་དུའོ་ཞེས་བྱ་བ་ནི་ནང་སློ་ག་ཏུ་གྱོན་པ་ལ་ཉེས་པ་མེད་དོ། །དེ་དེ་བཞིན་དུ་གྱོན་བས་བཅག་དང?་མི་བྱའོ་ཞེས་བྱ་བ་ནི། ལ་བ་དེ་ཕྱི་སློག་དུ་དེ་བཞིན་དུ་གྱོན་པས་བཅག་པར་མི་བྱ་བ་སྟེ། འདིས་ནི་གནོད་པ་ཡོད་ན་ཞེས་བྱ་བ་དམིགས་ཀྱིས ་བསལ་ཏེ། གནོད་པ་ཡོད་ཀྱང་དེ་དེ་བཞིན་དུ་གྱོན་པས་བཅག་པར་མི་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། འདིར་གཞུང་ནི་བཅོམ་ལྡན་འདས་ཀྱིས་དགེ་སློང་གིས་ལ་བ་སྤུ་ཕྱིར་བསྟན་ཏེ་བགོ་བར་མི་བྱའོ་ཞེས་གསུངས་པ་དང། དགེ་སློང་དག་གིས ་བ་ལང་རྫིའི?་ཁྱིམས་ནས་ལ་བའི?་གོས?་ངག?་རྙེད་ནས་དགེ་སློང་དེ་དག་ཤིག་མང་བས་ཤིག་དག་གིས་ཟོས་ནས་མོས་བར་མ་གྱུར་བའི་སྐབས་དེ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་བསོལ་ནས་བཀའ་ ་སྩལ་བ། ལ་བ་སྤུ་ཕྱིར་བསྟན་སྟེ་གྱོན་ལ་འདུག་པར་བྱ་ཞིང་ཉལ་བར་ཡང་བྱའོ། །བཅག་བར་མི་བྱའོ་ཞེས་གསུངས་པ་ཡིན་ནོ། །བར་མིག་གི་ལ་བ་དང་བེའུ་ཕྲུགས་དང་པར་?་ཁྲ་བོ་གང་ཟག་གིས་བདག་གིར་མི་བྱའོ། །ཞེས་བྱ་བ་ནི། ་བར་སིག་གིས་ཡུལ་ནས་བྱུང?་བའི་ལ་བ་ནི་པར་སིག་གིས་ལབ་ཞེས་བྱ་བ་སྟེ། ཧ་ཅང་རིན་ཆེ་བའི་ཕྱིར་དགག་བ་མཛད་དོ། །བེའུ་རས་ཀྱི་རིགས་སྤུང?་ཕོར་རིང་བ་ནི་བེའུ་ཕྲུག་ཅེས་བྱ་སྟེ། དེ་ལ་མེ་ཏོག་གི་རྣམ་པ་ལྟ་བུའི་རི་མོ་སྣང་བས ་དགག་བར་མཛད་དོ། །བར་ཐང་ཁྲ་བོ་ནི་བཀྲ་བའི་ཕྱིར་བཀག་སྟེ། དེ་དག་གང་ཟག་གའི?་མི་བྱའོ། །རྙེད་བ་དང་ཐོབ་པ་ཉིད་ལ་བྱེ་བྲག་མེད་པར་རིག་པར་བྱའོ། །འཆག་སར་བར་ཐང་གདིང་བ་ནོད་པར་བྱའོ་ཞེས་བྱ་བ་ཡལ་གལ་ཏེ་ཁྲ་བོ་འཛིན?་བདག ་གིར?་མི་བྱའོ། །ཁྲ་བོ་མ་ཡིན་ན་ཅི་དགར་བྱའོ། །རྟག་ཏུ་མལ་གཅིག་ཏུ་བཅག་པར་མི་བྱའོ། །ཞེས་བྱ་བ་ནི། པར་ཐང་གི་ཕྱོགས་གཅིག་ཁོ་ནའི་སྟེང་དུ་རྟག་ཏུ་བཅག་པར་མི་བྱ་བའོ། །ནུས་པ་ཉིད་ཡིན་ན་བཙེམ་པ་དང་ལྷན་པ་རིང་པོ་དག ་ཀླན་བས་ཕྱིར་བཅེས་པར་བྱའོ་ཞེས་བྱ་བ་ནི། བར་ཐང་དེ་རྙིངས་པར་གྱུར་བ་ན་གལ་ཏེ་ཕྱིར་བཅོས་ནུས་བ་ཉིད་ཡིན་ན་དེའི་ཚེ་བཙེམ་པ་དང་ལྡན་པ་འདི?་པོས?་ཀླན་པ་དག་གིས་ཕྱིར་བཅོས་བར་བྱ་བའོ། །མི་ནུས་བ་ཉིད་ན་འཆགས་དེ ་ཉིད་དུ་ལྕི་བ་དང་སས་བྱུག་པར་བྱའོ་ཞེས་བྱ་བ་ནི། གལ་ཏེ་བར་ཐང་དེ་ཕྱིར་བཅོས་མི་ནུས་པ་ཉིད་ཡིན་ན་དེའི་ཚེ་འཆགས་དེ་ཉིད་དུ་ལྕིང་དང་སའི་བྱུག་བ་བསྲེས་བས་བྱུག་པར་བྱའོ། །གཞན་བཅད་པར་བྱའོ་ཞེས་བྱ་བ་ནི། སྤུ་ཅན་དང ་སྤུ་དམའ་བ་ལ་སོགས་པ་སྔར་བསྟན་པ་དེ་དག་ལས་གཞན་བར་པར་སིག་གི་ལ་བ་ལ་སོགས་པ་བཅད་བའོ། །ཅི་བདག་ཉིད་ཀྱིས་ཉིད་དཱུམ་ཇི་ལྟར་བཅང་བར་བྱ་ཞེ་ན་དེའི་ཕྱིར་སྦྱིན་བདག་ལ་ཡིད་བརྟན་པས་སོ་ཞེས་བྱ་བ་སྨྲས་ཏེ། དེ་དབང་བའི ་བསམ་པས་དེ་ལ་ཡིད་བརྟན་ཏེ་བཅད་བར་བྱའོ། །སྣམ་སྦར་དང་བླ་གོས་དང་ཐང་གོས་དང་ཤམ་ཐབས་དང་ཤམ་ཐབས་ཀྱི་གཟན་དང་རྡུལ་གཟན་དང་རྡུལ་བསམ་གྱི་གཟན་དང་གདོང་ཕྱིས་དང་རྣག་གཟན་དང་གཡན་པ་དགབ་པ་དང་སྐྲ་གཟེད་པ ་དང་གདིང་པ་དང་དབྱར་གྱིས་གོས་རས་ཆེན་བཅད་བར་བྱའོ། །ཞེས་བྱ་བ་ནི། ཡོ་བྱང་བཅུ་གསུམ་པོ་དེ་དག་བཅད་བར་བྱའོ། །ཆོས་གོས་གནང་བ་དེ་ཉིད་དུ་བྱིན་གྱིས་བརླབས་ཏེ་བཅང་བར་བྱའོ་ཞེས་བྱ་བ་ནི། སྣམ་སྦྱར་ལ་སོགས་པའི་ཆོས་གོས ་གནང་བདག་སྣམ་སྦྱར་ལ་སོགས་བ་དེ་ཉིད་ཀྱིས་མིང་དུ་བྱིན་གྱིས་བརླབས་ཏེ་བཅང་བར་བའོ། །དེ་དག་གིས་སྔགས་ནི་ཚེ་དང་ལྡན་པ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བའི་ཆོས་གོས་བགྱིས་ལགས་པ་རུང་བ་སྤྱད་པར་འོས་པ་འདི ་ཆོས་གོས་སྣམ་སྦྱར་དུ་བྱིན་གྱིས་བརླབ་པ། །ལན་གསུམ་བཟླས། ཐབས་ཡིན་ནོ། །ལེགས་སོ། །དེ་བཞིན་དུ་བླ་གོས་དང། མཐང་དགོས་དང། ཤམ་ཐབས་དང། ཤམ་ཐབས་ཀྱི་གཟན་དང་རྡུལ་གཟན་དང་རྡུལ་གཟན་གྱི་གཟན་དང་གདོང་ཕྱིས ་དང། རྣག་གཟན་དང། གཡན་པ་དགབ་པ་དང། སྐྲ་གཟེད་དང། གདིང་བ་དང་དབྱར་གྱི་གོས་ངས་ཆེན་ལ་ཡང་བརྗོད་པར་བྱའོ། །ཡོ་བྱད་ཀྱི་གོས་ཀྱང་ངོ་ཞེས་བྱ་བ་ཡང་བཅད་བར་བྱའོ་ཞེས་བྱ་བར་སྦྱར་རོ། །འདིའི་སྔགS་ནི་ཚེ་དང་ལྡན་པ་དགོངས ་སུ་གསོལ། །གོས་འདི་བདག་དང་ཚངས་པ་མཚུངས་པར་སྤྱོད་པ་ལ་མཁོ་བའི་ཡོ་བྱར?་ཀྱི་གོས་སུ་བྱིན་གྱིས་བརླབ་པོ། །ལན་གསུམ་བཟླས། ཐབས་ཡིན་ནོ།། ལེགས་སོ་ཞེས་གསུངས་པ་ཡིན་ནོ། །དེ་ནི་དཀར་པོ་ཉིད་དང་ཁ་ཚར་དང་ཕུན་ཚར་ ་དང་བཅས་པ་ལ་ཡང་ཉེས་བ་མེད་དོ་ཞེས་བྱ་བ་ནི། ཡོ་བྱེད་ཀྱི་གོས་འཆའ་པ་དེའོ། །དགེ་འདུན་གྱི?་ཡང་ངོ་ཞེས་བྱ་བ་ནི་དགེ་འདུན་གྱི་ཡོ་བྱད་ཀྱིས་གོས་ཀྱང་དཀར་པོ་ཉིད་དང་ཁ་ཚར་དང་ཕུན་ཚར་དང་བཅས་པ་། ་འཆང་བ་ལ་ཉེས་པ་མེད་པའོ། །འདིར་གཞུང་ནི་དེ་ལྟ་བས་ན་དགེ་འདུན་གྱི་གོས་དག་ནི་སར་པ་དང་ཁ་ཚར་དང་ཕུན་ཚར་རིང་པོ་དག་ཀྱང་བཅད་བར་གནང་ངོ་ཞེས་གསུངས་པ་ཡིན་ནོ། །གཞན་དུ་མ་ཡང་རུང་བ་བྱས་ཏེ་བཅང་བ་དང ་བྱའོ་ཞེས་བྱ་བ་ནི། སྣམ་སྦྱར་ལ་སོགས་བ་ཡོ་བྱད་བཅུ་གསུཾ་དང་ཡོ་བྱད་ཀྱི་གོས་ལས་གཞན་པའི་གོས་དུ་མ་ཡང་རུང་བར་བྱས་ཏེ་བཅང་བར་བྱའོ། །འདིའི་སྔགས་ནི་ཚེ་དང་ལྡན་པ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི ་བའི་གོས་ལྷག་པ་རུང་བར་མ་བགྱིས་བ་རུང་བར་བགྱི་བར་འོས་པ་འདི་མཁན་པོའི་ལགས་པ་རུང་བར་བགྱིའོ། །མཁན་པོ་ལ་ཡིད་བརྟན་ཏེ་བཅད་བར་བགྱིའོ། །རྐྱེན་ཇི་ལྟ་བ་བཞིན་དུ་བགྱིའོ། །ལན་གསུམ་དུ་བཟླས། ཐབས ་ཡིན་ནོ་ལེགས་སོ་ཞེས་གསུངས་བ་ཡིན་ནོ། །འདིར་མཁན་པོ་ཞེས་སྨོས་པ་ནི་དཔེ་ཙམ་དུ་ཟད་དེ། མཁན་པོ་འམ་སློབ་དཔོན་རྣམས་སམ་བསྙེན་པར་རྫོགས་པ་གཞན་གང་ཡང་རུང་ངོ། །སེམས་མི་བརྟན་པ་ལ་རུང་བར་མི་བྱའོ་ཞེས་བྱ ་བ་ནི། སྨྱོན་པ་ལ་སོགས་བའི་མིང་གིས་ཆོས་གོས་དག་རུང་བར་མི་བྱ་བ་སྟེ། སྨྱོན་པ་ལ་སོགས་པ་དག་ནི་ཐ་སྙད་དུ་བྱ་བ་ཉིད་མ་ཡིན་པའི་ཕྱིར་རོ། །བསྙེན་བར་མ་རྫོགས་པ་ལ་མི་བྱའོ་ཞེས་བྱ་བ་ནི། དགེ་ཚུལ་ལ་སོགས་བ་སྙེན ་པར་མ་རྫོགས་བའི་མིང་གིས་རུང་བར་མི་བྱའོ། །འདིར་གཞུང་ནི་དགེ་སློང་དག་དགེ་ཚུལ་ལ་གོས་དག་རུང་བར་བྱེད་བ་ན་ངེས་གོས་ཀྱིས་ཕྲེང་བ་ཕུལ་བ་དང། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ། བསྙེན་པར་མ་རྫོགས་པ་ལ་གོS ་དག་རུང་བར་མི་བྱ་བའོ་ཞེས་གསུངས་པ་ཡིན་ནོ། །མངོན་སུམ་དུ་མི་བྱའོ་ཞེས་བྱ་བ་ནི་གང་ལ་རུང་བར་བྱ་བ་དའི་མངོན་སུཾ་དུ་རུང་བར་མི་བྱ་བའོ། །ཡུལ?་གཞན་དུ་གནས་པར་གྱུར་པ་ཉིད་ན་རུང་བར་ཡང་མི་ཉམས་སོ་ཞེས་བྱ་བ་ནི། གང་གི་མིང་གིས་རུང་པར ་བྱས་བ་དེ་ཡུལ་གཞན་དུ་གནས་པར་གྱུར་ཀྱང་རུང་པ་དེ་མི་ཉམས་པོ་ལ?། །ཤིན་ཉམས་སོ་ཞེས་བྱ་བ་ནི། གང་ལ་རུང་བར་བྱས་པ་དེ་ཤིན་དེ་རུང་བར་ཉམས་པའོ། །ཅི་གང་གི་ཚེ་ཤི་པ་དེའི་ཚེ་ཁོ་ན་དེ་ཉམས་སམ་ཞེ་ན་དེའི་ཕྱིར་ཤེས་ནའོ་ཞེས་བྱ་བ ་སྨྲས་ཏེ། གལ་ཏེ་དེ་ཤི་བར་ཤེས་ནའོ། །འདི་ལ་རུང་བར་བྱེད་པ་བདག་པོ་ཉིད་དོ། །ཞེས་བྱ་བ་ནི། རུང་བར་བྱས་བའི་དངོས་བོ་འདི་ལ་རུང་བར་བྱེད་པ་བདག་པོ་ཡིན་ཏེ་དེ་ཉིད་དབང་གིས་གང་ལ་རུང་བར་བྱས་པ་དེ་མི་དབང་པོ། །སྤངས་པ་བདག ་གིར་མི་བྱའོ་ཞེས་བྱ་བ་ནི་དགེ་འདུན་གྱིས་སམ་གང་ཟག་གིས་གཞན་གྱིས་རྫས་སྤངས་པ་བདག་གིར་མི་བྱ་བ་སྟེ། འདི་ལྟར་དེ་ནི་སྤང་བའི་ལྟུང་བྱེད་ཕྱིར་བཅོས་བའི་ཕྱིར་བཞག་པ་ཡིན་གྱི་སྦྱིན་བའི་ཕྱིར་བཞག་པ་མ་ཡིན་པའི་ཕྱིར་རོ།། ་དགེ་སློང་ལ་སྤང་བར་བྱའོ་ཞེས་བྱ་བ་ནི། དགེ་འདུན་ལ་ཡང་མི་སྤང་ལ་བསྙེན་བར་མ་རྫོགས་བ་ལ་ཡང་མི་སྤང་ངོ། །མི་གསལ་བ་ལ་ཡང་མི་བྱའོ་ཞེས་བྱ་བ་ནི། གླེན་པ་ལ་སོགས་པ་ལ་ཡང་བང?་བར་མི་བྱ་བ་སྟེ། ཐ་སྙད?་མི་ཤེས་བའི ་ཕྱིར་རོ། །མ་བྱིན་ན་བླང་ངོ་ཞེས་བྱ་བ་ནི། སྤངS་བའི་རྫས་གང་ལ་སྤངས་པ་དེས་ཕྱིར་མ་བྱིན་པ་སྤང་བར་བྱེད་པས་ཕྱིར་བསླང་བར་བྱ་བའོ། །མཐུས་ཀྱང་འགུག་གོ་ཞེས་བྱ་བ་ནི། མ་བྱིན་ན་ཞེས་བྱ་བའི་རྗེས་བསྙེགས་བའི་ཕྱིར་ཀྱང་ཞེས་བྱ་བའི ་སྒྲ་སྨོས་སོ། །གོས་དྲི་དག་གིས་གོས་པ་བཀྲུས་ཏེ་ལོག་བར་བྱའོ་ཞེས་བྱ་བ་ནི། གོས་ག་པུར་ལ་སོགས་བའི་དྲི་དག་གིས་གོས་པ་བགྲུས་ཏེ་བགོ་བར་བྱ་བའོ། །ཕྱེ་མ་དག་གིས་ན་སྤྲུགས་ཏེའོ་ཞེས་བྱ་བ་ནི། གོས་ལ་སོགས་པའི་ཕྱེ་མ་དག་གིས ་གོས། ན་སྤྲུགས་ཏེ་བགོ་བར་བྱ་བའོ། །སྣུམ་ཀྱིས་ན་རྩུབ་པར་བྱས་ཏེའོ་ཞེས་བྱ་བ་ནི། གོས་སྣུམ་གྱིས་གོས་ན་ཐལ་ཆུ་ལ་སོགས་པས་སྣུམ་ཕྱུར་སྟེ་བགོ་བར་བྱ་བའོ། །དེ་དག་ནི་མི་སྡུག་བའི་ཕྱིར་བརྩལ་བ་ཡིན་གྱི། སྩོགས་འདོག ་ཏུ་འགྱུར་བ་ནི་མ་ཡིན་ཏེ། སྩོགས་འཇོག་ནི་ཟས་དང་འབྲེལ་པ་ཡིན་པའི་ཕྱིར་རོ། །ཆར་འབབ་པའི་ཚེ་བླ?་གབ་མེད་པར་དགེ་འདུན་གྱིས་མི་བགོའོ་ཞེས་བྱ་བ་ནི་གོས་སོ། །བཀྲུ་བཤལ་དང་ཚོན་དང་ལྷུང་བཟེད་ཀྱིས་ལས་དང་ཤིང་གཤེགས་བ ་ལ་སོགས་པ་བྱེད་བའི་ཚེ་མི་བགོའོ་ཞེས་བྱ་བ་ཡང། བཀྲུ་བཤལ་ལ་སོགས་པའི་ལས་བྱེད་པའི་ཚེ་ཡང་དགེ་འདུན་གྱིས་གོས་མི་བགོ་པའོ། །ལྷན་ཅིག་པ་ཉིད་ལ་ཞེས་མ་བསྒྲོན་གཅིག་དང་བྲལ་བའི་ཕྱིར་འདོམས་པ་ལ་བྱིན ་པ་ནི་ཡང་དག་པ་ཉིད་ཀྱི་གྲངས་ཡིན་ན་ཞེས་བྱ་བ་ནི། རྫས་འདོམས་པར་བྱེད་པ་གཉིས?་སམ་མང་པོ་དག་གིས་དགེ་སློང་ལ་རྫས་ཤིག་གཏམས་ནས་དེ་དག་གིས་དེང?་ལྷན་ཅིག་ཚོགས་ལེན་དུ་འོངས་ན་བྱིན་ཅིག་ཅེས་མ་བསྒོ་ནས། རྫས ་བདག་གང་ཡང་རུང་བ་གཅིག་ལེན་དུ་འོངས་བའི་ཚེ་གཅིག་དང་བྲལ?་བའི་ཕྱིར་ཞེས་བྱ་བ་གྲོགས་བཞན་ཚོགས་མི་འབྱུང་ཞིང་བཞག་པའི་ཕྱིར་འདོམས་བར་བྱེད་པ་གང་ཡང་རུང་བ་སེན་དུ་འོངས་བ་དེ་ལ་གཏམས་བའི་དགེ་སློང་གིས་རྗེས་དེ་བྱིན ་ན་ཡང་དག་པར་བྱིན་བའི་གྲངས་སུ་གཏོགས་བ་ཡིན་ཏེ། རུང་ངོ་ཞེས་བྱ་བའི་ཐ་ཚིག་གོ། འདིར་གཞུང་ནི། བཙུན་པར་ཞིག་སྐྱེ་བོ་བཞིས་གོས་གཏམ་བར་གྱུར་པ་གཅིག་གིས་ལེན་ན་བསྩལ་བར་བགྱི་འམ། ཉེ་བར་འཁོར་སྦྱིན་བར་བྱའོ་ཞེS? ་གསུངས་པ་ཡིན་ནོ། །འདོམས་བར་བྱང་བ་དང་བཅས་པ་ལ་མི་སྦྱིན་ནོ་ཞེས་བྱ་བ་ནི། འདོམས་པར་བྱེད་བ་མ་ཡིན་པ་དང་བཅས་ཏེ་ལྷན་ཅིག་ཏུ་ལན་དུ་འོངས་ན་བསྐུར་བར་མི་བྱ་བ་སྟེ། དངོས་བོ་དེ་བདག་བོ་མ་ཡིན་པ་གཞན་ལ་ཡང་སྤྱིར ་པར་འགྱུར་བའི་ཕྱིར་རོ། །སྨྱོན་པས་ཉེ་དུ་མ་ཡིན་པ་དང་དེའི་ཁྱིམ་ནས་བླངས་པ་ལ་བླང་བར་མི་བྱའོ་ཞེས་བྱ་བ་ནི། སྨྱོན་པ་ལས་བརྫས་བླང་བར་མི་བྱ་བ་སྟེ། སྨྱོན་པས་རང་གི་ཉེ་དུ་མ་ཡིན་པའི་ཁྱིམ་ནས་བླངས་པ་དང། ་སྨྱོན་པ་རང་གི་ཁྱིམ་ནས་བླངས་བ་ལས་རྫས་དགེ་སློང་གིས་བླང་བར་མི་བྱ་བའོ། །དེ་ནི་སྨྱོན་བ་ནི་ཐ་སྙད་བྱར་མི་རུང་བ་ཡིན་པས་བརྐུས་སོ། ཞེས་ཁ་ཟེར་བའི་ཉེས་པ་སྤང་བའི་ཕྱིར་རོ། །འདིར་གཞུང་ནི། གང་ལ་ཕ་འམ་མ་འམ་ཕུ ་ནུ་འམ་བུ་སྲིང་མངོན་པའི་རང་གི་ཁྱིམ་ནས་སྦྱིན་པར་བྱེད་པས་དེ་ལས་ནི་བླང་བར་བྱའོ། །གང་ལS་བླང་བར་མི་བགྱི། གང་ན་ཕ་མ་ལ་སོགས་བ་མི་མངོན་བ་ནས་སོ་ཞེས་གསུངས་པ་ཡིན་ནོ། །བུ་བསྐྲད་པ་ལས་བླང་བར་བྱའོ་ཞེས་བྱ་བ ་ནི། ཕས་བུ་རེ་ཞིག་བསྐྲད་པའི་ལ་གནས་རྫས་བླང་བར་བྱ་བ་སྟེ། བུ་དེའི་ཕའི་ཁྱིམ་གྱི་བདག་པོ་ལས་དེ་མི་ལྡོག་པའི་ཕྱིར་རོ། །དུར་ཁྲོད་ནས་ཕྱིར་བཟློག་བ་ཡང་ངོ་ཞེས་བྱ་བ་ནི། དུར་ཁྲོད་དུ་རོ་བསྐྱལ་ནས་དེ་ནས་རོའི་གོས་ཕྱིར་བཟློག་པ་དགེ ་སློང་ལ་དབུལ་ན་བླང་བར་བྱ་བའོ། །ཕྱིར་འགུགས་ན་སྦྱིན་པར་བྱ་བའོ་ཞེས་བྱ་བ་ནི། དུར་ཁྲོད་ནས་ཕྱིར་བཟློག་པའི་གོས་དགེ་སློང་ལ་ཕུལ་བ་དེ་དགེ་སློང་ལས་ཕྱིར་འགུགས་ན་ཕྱིར་སྦྱིན་པར་བྱ་བ་སྟེ། ངན་པ་ནོར་དུ་མི་ཆེ་བའི་ཕྱིར་རོ། །ཡང ་རྙེད?་ན་བླང་ངོ་ཞེས་བྱ་བ་ནི། དུར་ཁྲོད་ནས་ཕྱིར་བཟློག་པ་དགེ་སློང་ལ་ཕུལ་བ་དགེ་སློང་ལS་ཕྱིར་འགུགས་པར་དེ་ཡང་དགེ་སློང་ལ་འབུལ་ན་དགེ་སློང་གིས་བླང་བར་བྱ་སྟེ། དེ་ནི་དེས་ཁྲོ་བ་མི་བསྟན་པའི་ཕྱིར་རོ། །མཆོད་རྟེན ་ཀྱིས་བསྐོར་དང་འབྱུང་ཁུངས་དང་རྩ་བ་དང་འབྲས་བུ་དང་བུ་རམ་ཤིང་ལས་གཞན་པའི་ཟས་ཀྱིས་དོན་དང། བསྐོ་བས་ཉེ་བར་འཚོ་བར་བྱ་བ་དང། ན་བའི་རུང་བེ་ནི་བདག་གིར་བྱ་བའི་ཕྱིར་བགོ་བར་མི་བྱ་བ་ཉིད་པ་ཡིན་ནོ་ཞེས་བྱ་བ་ནི། རྣམ་པ་དག ་ནི་བདག་གིར་བྱི?་བའི་ཕྱིར་མགོ་བར་མི་བྱ་བ་ཉིད་ཡིན་ནོས་ཞེས་བྱ་བར་སྦྱར་རོ། །མཆོད་རྟེན་གྱིས་དཀོར་ཞེས་བྱ་བ་ནི། འདིར་དེ་བཞིན་གཤེགས་པའི་མཆོད་རྟེན་གྱིས་བཀོར?་ལ་བྱ་སྟེ། དེ་ནི་གང་ཟག་གིས ་བདག་གིར་བྱ་བའི་ཕྱིར་བགོ་བར་མི་བྱ་བ་ཉིད་དོ། །ཉན་ཐོས་དང་རང་སངས་རྒྱས་ཀྱི་མཆོད་རྟེན་གྱིས་བཀོར་ནི་འདིར་མ་གཏོགས་ཏེ། དེ་ནི་དགེ་འདུན་གྱིས་ཁོངས་སུ་གཏོགས་བས་དགེ་སློང་གིས་ནོར་ཉིད་དུ་བགོ་བར་བྱ་བ་ཉིད་ཡིན་པའི་ཕྱིར ་རོ། །དེ་བཞིན་གཤེགས་པའི་མཆོད་རྟེན་གྱིས་ནི་སངས་རྒྱས་དཀོན་མཆོག་ཉིད་དགེ་འདུན་ལས་ཐ་དད་པ་ཡིན་པས་དེ་ནི་བགོ་བར་མི་བྱ་བ་ཉིད་ཡིན་ནོ། །འབྱུང་ཁུངས་ཞེས་བྱ་བ་ནི། དགེ་འདུན་གྱིས་འདུ?་སློ་སྟེ་འདི་ལྟ་སྟེ། ཞིང་དང་ལོ་ཐང་དང ་ཀུན་དགའ་ར་བ་ལ་སོགས་པ་དང། འདུ་བའི་སྒོ་མི་གྲད་པ་ཉིད་དུ་ངེས་པར་བྱས་པ་གཞན་དག་དང། བ་ལང་དང། མ་ཧེ་ལ་སོགས་པ་དང། ལྷ་འབངས་དང་རྩེ་རྒོད་ལ་སོགས་པ་དག་སྟེ། དེ་དག་ཀྱང་བདག་གིར་བྱ་བའི་ཕྱིར་བགོ་བར་མི་བྱ་བ ་ཉིད་ཡིན་ནོ། །རྩ་བ་དང་འབྲས་བུ་དང་བཱུམ་ཤིང་ལས་གཞན་པའི་ཟས་ཀྱི་དོན་དུ་ཞེས་བྱ་བ་ལ། རྩ་བ་ལ་ཕུག་ལ་སོགས་བ་དང། འབྲས་བུ་ཤིང་ཏོག་ལ་སོགས་བ་དང། བུ་རམ་ཤིང་དག་ནི་བགོས་ཀྱང་ཉེས་བ་མེད་དོ། །དེ་དག་ལས ་གཞན་པ་ཟས་ཀྱིས་དོན་དུ་སྦྱར་བགོ?་ནས་ལ་སོགས་རྩང་བག་དང། ཀ་ཤ་བ་ན་ལ་སོགས་པ་དཀོར་མཛོད་དང་།མར་ལ་སོགས་པ་ཤེ་དང། སྒ་ཚ་ལ་སོགས་པ་སྤྱོད་དག་དང། དེ་དག་ལ་སོགས་པའི་དངོས་པོ་ཁའི?་འདུ་བའི་སྒོ་དག་ནི ་ཟས་ཀྱི་དོན་ཤེས་བྱའོ། །དེ་ལྟར་ཡང་གཙུག་ལག་ལས་ཁའི་འདུ་བའི་སྒོ་འཕྲོག་ན་ཞེས་བྱ་བའི་མིག་ཡོང?་ང?་ཁར་བཟའ་བའི་དོན་གྱིས་རྫས་རྣམས་ནི་གའི?་འདུ་བའི་སྒོ་ཞེས་བྱ་སྟེ། དེ་དག་ཀྱང་བདག་གིར་བྱ་བའི་ཕྱིར་བགོ་བར་མི་བྱ་བ་ཉིད ་ཡིན་ནོ། །གལ་ཏེ་གཙུག་ལག་ཁང་ན་ཁའི་འདུ་བའི་སྒོ་དེ་དག་དགེ་འདུན་གྱིས་སྤྱད་པ་ལས་ལྷག་པའི་འཐེབ་ཡོད་ན་ནི་འབྲུ་ལ་སོགས་པ་བཙོངས་ཏེ་གོས་ཀྱི་རིན་དག་བགོས་བལ་ཉེས་པ་མེད་དོ། །རྟག་རེས་འཁོར་དང་ནད་གསོལ་ཉིད ་དུ་འབྲས?་ལ་སོགས་པ་བྲིམ་པ་ལ་ཡང་ཉེས་པ་མེད་པ་ཁོ་ནའོ། །སྐོ་བས་ཉེ་བར་འཚོལ་བར་བྱ་བ་ཞེས་བྱ་བ་ནི། སྒོ་བས་ཉེ་བར་འཚོ་བར་འགྱུར་བ་གང་ཡིན་བ་སྟེ། གནས་མལ་གཙུག་ལག་ཁང་དང་ང?་ཁྱིམ་དང་ས་གཞི་ལ་སོགS་བ་དང་མལ་ཆ ་དང་སྟན?་དང་བགོ་བ་དང་གདིང་གཡོག་ལ་སོགས་པ་དང། སྣོད་སྤྱད་ལ་སོགས་པ་དགེ་འདུན་གྱིས་སྤྱི་བུངས་གང་ཟག་ལ་བསྐོ་ཞིང་སྤྱད་པར་བྱ་བ་དག་སྟེ། དེ་དག་ཀྱང་བདག་གིར་བྱ་བའི་ཕྱིར་བགོ་བར་མི་བྱ་བ་ཉིད་ཡིན་ནོ། །ན་བའི་རུང་བ་ཞེས ་བྱ་བ་ནི། སྨན་དུ་གྱུར་བའི་སྨན་གང་དུ་གཏོགས་པའི་ཨ་རུ་ར་ལ་སོགས་བ་དག་སྟེ། དེ་དག་ཀྱང་བདག་གིར་བྱ་བའི་ཕྱིར་བགོ་བར་མི་བྱ་བ་ཉིད་དོ། །དེ་དག་ལས་ལག་པའི་འཐེབ་ཡོད་ན་ནི་བསྒྱུར་ཞིང་དགེ་འདུན་མཆོད་སྟོན་གསོལ་བ་ལ་ནི་ཉེས་བ་མེད ་དོ། །བདག་གིར་བྱ་བའི་ཕྱིར་བགོ་བར་མི་བྱ་བ་ཉིད་དོ་ཞེས་བྱ་བ་ནི། མཆོད་རྟེན་གྱིས་དཀོར་ལ་སོགས་པ་ལྔ་པོ་དེ་དག་གང་ཟག་སྒོ་སྒོར་བཀུར་བའི་ཕྱིར་བགོ་བ་བགག་པ་ཡིན་གྱིས་ཞལ་ཏ་དང་བྱི་དོར་དང་བསྲུང་བསྐྱབ་བྱ་བའི་ཕྱིར་ལས་བགོས་ཏེ ་ཆང་ཁྱུར་ལེན་པ་བསྐག?་བ་ནི་མ་ཡིན་ནོ། ཞེས་བྱ་བའི་ཐ་ཚིག་གོ། །།བམ་བོ་ལྔ་བཅུ་ལྔ་པ། །རྙེད་བ་ལ་ནི་དབྱར་གྱིས་མཚམས་འཇུག་གོ་ཞེས་བྱ་བ་ནི། རྙེད་པ་འདི་དགེ་འདུན་གྱིའོ་ཞེས་དགེ་འདུན་ཙམ་གྱིས་ཕྱིར་དབུལ ་བའི་རིང་བ་གང་ཡིན་བ་དེ་ལ་ནི། དབྱར་གྱི་དུས་སུ་གྱུར་བའི་མཚམས་འཇུག་པ་དེ་སྟེ་དབང་བ་ཉིད་ཡིན་གྱིས། རྙེད་བའི་དུས་སུ་བྱུང་བའི་མཚམས་ནི་མིང་དབང་ངོ། །འདི་སྐད་བསྟན་ཏེ། དབྱར་གྱིས་དུས་སུ་མཚམས་རྣམ་བར་བཞག་བར་གྱུར ་པ་གང་ཡིན་བ་དེ་བཀྲོལ་ནས་མཚམས་དེར་དགེ་སློང་གང་དག་རྣམ་པར་བཞག་པ་དེ་དག་ལ་སྦྱིན་བདག་དེས་དགེ་འདུན་ཙམ་ལ་བསྔོ་བས་འབུལ་བའི་རྙེད་བ་བྱུང་བ་གང་ཡིན་བ་དེ་ནི་དབྱར་གྱིས་མཚམས་སུ་གཏོག ་པའི་དགེ་སློང་རྣམས་ཉི་ཚེ་དབང་གིས། དེའི་ཚེའི་མཚམས་རྣམ་པར་བཞག་པའི་དགེ་སློང་རྣམས་ནི་མི་དབང་ངོ། །འདིར་གཞུང་ནི་གཏན་བའི་བཞིའི་ཞུ་བ་ལས། དགེ་སློང་དག་དབྱར་གནས་པར་ཁས་བླངས་ནས་སྤྱོད་ཡུལ་གྱི་གྲོང་གི ་ཉེན་འཁོར་དུ་མཚམས་བགྱིད་ཅིང་དེ་དག་གིས་དགག་དབྱེ་བགྱིས་ནས་ཕྱི་རོལ་གྱིས་མཚམས་བགྱིས་ཏེ། དེར་ཡང་མིས་དགེ་འདུན་གཞན་བཙུད་ནས་དགེ་འདུན་ལ་ཆོས་གོས་དག་འབུལ་ན་གང་གིས་ཐོབ་བར་འགྱུར། གང་དག་དེར་དབྱར ་གནས་པ་དག་གིས་སོ། །ཅིའི་ཕྱིར་ཞེ་ན་རྙེད་བ་དེ་གནས་ཀྱིས་བསྟབས་པ་ཡིན་པའི་ཕྱིར་རོ་ཞེས་གསུངས་བ་ཡིན་ནོ། །འོ་ན་དགེ་སློང་གཞན་དེ་དག་གནས་དེར་སྦྱིན་བདག་གིས་བཙུད་ལ། རྙེད་པ་ཡང་སྦྱིན་བདག་གིས་དབང་གིས་རྣམ ་བར་བཞག་པ་ཡིན་ན་ཅིའི་ཕྱིར་དེ་དག་མི་དབང་ཞེ་ན། སྨྲས་པ། སྦྱིན་བདག་གིས་འདི་སྙམ་དུ་ཁོ་བོས་དགེ་འདུན་ཙམ་གྱི་ཕྱིར་དབུལ་བར་བྱ་སྟེ། འདི་དག་རང་གིས་དབང་བོ་ཉེ་དུ་རྣམ་པར་འཇོག་ཅིང་ལན་གྲང་སྙམ་བའི་ཕྱིར་ཏེ། དེས་ནི་སྦྱིན་བདག ་གིས་དགེ་སློང་གཞན་དག་དེར་བཙུང་དུ་ཟིན་ཀྱང་དེ་དག་མི་དབང་པོ་ཉིད་ཡིན་ནོ། །གལ་ཏེ་སྦྱིན་བདག་གིས་དགེ་སློང་འདི་དག་དང་གཞན་དག་ལ་ཡང་དབུལ་ལོ་ཞེས་པ་ཡོངས་སུ་ཆད་པར་བྱེད་ན་ནི་དེའི་ཚེ་གཞན་དག་ཀྱང་དབང་བར་ཐེ་ཙོམ ་མེད་དོ། །རྙེད་པ་དེ་གནས་ཀྱིས་བསྟབས་པའི་ཕྱིར་རོ་ཞེས་གསུངས་པ་ལ། འདིར་གནས་ཞེས་བྱ་བ་ནི་དབྱར་གྱིས་གནས་ལ་བྱ་སྟེ། དབྱར་གྱིས་གནས་ངེས་བསྒྲུབས་བའི་རྙེད་པ་ནི་གནས་ཀྱིས་བསྟབས་པའི་རྙེད་བ་ཞེས་བྱའོ། །དབྱང ་རལ་བ་ནི་མི་དབང་བ་ཉིད་མ་ཡིན་ནོ་ཞེས་ལ?་བྱ་བ་ནི། ཡུན་རིང་དུ་གནས་གནས་པ་ཉིད་ཡིན་ན་དབྱར་རལ་ཡང་དགེ་སློང་དེ་གནས་ཀྱིས་བསྟབས་པ་ཡིན་པའི་རྙེད་པ་མི་དབང་བ་ཉིད་མ་ཡིན་ཏེ་དབང་བ་ཁོ་ནའོ། །འདིར་གཞུང་ནི། གང་ལས་སྦྱིན་པར་བྱ ་ཞེ་ན། དབྱར་སྔ་མ་འམ་ཕྱི་མ་གང་ཡོད་པ་ལས་ཏེ། ཡུན་རིང་དུ་གནས་གནས་པ་ལས་སོ་ཞེས་གསུངས་པ་ཡིན་ནོ། །གནས་ནས་ཕྱུང་བ་ཉིད་ན་ནི་མི་དབང་ངོ་ཞེས་བྱ་བ་ནི། གནས་ནས་ཕྱུང་བ་ཉིད་དུ་གྱུར་བ་ན་དབྱར་གནས་པའི་རྙེད་པ་དེ་མི ་དབང་བ་སྟེ?་།དེ་ནི་དགེ་འདུན་ལས་གནས་དང་ལོངས་སྤྱོད་ཕྱི་རོལ་ཏུ་གྱུར་པར་བྱས་པའི་ཕྱིར་རོ། །རྫས་ཀྱིས་མནན་པར་གནས་པར་ཁས་བླངས་པ་ནི་སྐལ་པ་ཅིག་ཁོ་ནའོ་ཞེས་བྱ་བ་ནི། མཚམས་དུ་མ་ཁྲི་ལ་སོགས་པའི་རྫས་གཅིག་གིས་མནན ་བར?་དབྱར་གནས་པར་ཁས་བླངས་པ་ནི་མཚམས་དུ་མ་མནན་པ་དེ་དག་ནས་རྙེད་པའི་ཆ་བསྡུས་ཏེ། སྤྱིར་མི་གཅིག་གིས་སྐལ་བ་གཅིག་ཁོ་ན་སྦྱིན་པའོ། །འདི་སྐད་བསྟན་ཏེ། མཚམས་ཇི་སྙེད་མནན་པ་དེ་རྙེད་ཀྱི་རྙེད་པ་དབང་གིས། མཚམས་དུ ་མ་མནན་པ་དེ་དག་ནས་ཆ་བསྡུས་ཏེ། སྐལ་བ་གཅིག་ཁོ་ན་དབང་ངོ། །སྐལ་བ་གཅིག་ཁོ་ནའོ་ཞེས་སྨོས་པ་དེས་གང་ནས་སྐལ་བ་གཅིག་ཁོ་ན་དེ་ལ་སྦྱིན་པར་བྱ་ཞེ་ན་དེའི་ཕྱིར་དེ་ལ་མནན་པ་རྣམས་སུ་བདག་ཉིད་འགྲེང་པའི་ཆ་ཉིད་དོ་ཞེས་བྱ་བ་སྨྲས ་ཏེ། མཚམས་དུ་མ་ཁྲི་ལ་སོགས་པས་མནན་ཏེ་གནས་པར་ཁས་བླངས་པའི་གང་ཟག་དེ་ལ་མཚམས་ཀྱི་?་སྙེད་བ་མནན་པ་རྣམས་སུ་བདག་ཉིད་གཏོད་པར་བགྲང་བའི་མཚམས་དེ་དག་ཐམས་ཅད་ནས་ཆ་རེ་རེ་ཉིད་དབང་སྟེ། དེ་དག་གི་ཆ་སྤྱིར ་བསྡོམས་པ་ལས་མི་གཅིག་གི་སྐལ་བ་གཅིག་ཁོ་ན་སྦྱིན་པའོ། །འདི་སྐད་བསྟན་ཏེ། མཚམས་གཉིས་སམ་གསུམ་མམ་བཞི་ལ་སོགས་པ་ཇི་སྙེད་མནན་པའི་མཚམས་དེ་དག་ནས་ཕྱེད་དམ་སུམ་ཆ་འམ་བཞི་ཆ་ལ་སོགས་བའི་ཆ་རེ་རེ་དབང་སྟེ། ་དེ་དག་སྦྱིར་བསྡུས་པ་ལས་སྐལ་བ་རངས་པ་གཅིག་ཁོ་ན་སྦྱིན་པར་བྱའོ། །འདིར་གཞུང་ནི་གཙུག་ལག་ཁང་གཅིག་གི་རྙེད་བའི་ཐང་གང་ཡིན་པ་དེ་དེས་གནས་ཇི་སྙེད་མནན་པ་དེ་རྙེད་ནས་ཆ་བསྡུས་ཏེ་དེ་ལས་སྐལ་བ་གཅིག ་སྦྱིན་པར་བྱའོ་ཞེས་གསུངས་པ་ཡིན་ནོ། །གཞན་པ་གཅིག་ཏུ་གནས་པར་ཁས་བླངས་པ་ལ་ནི་ཡུན་རིང་བ་ཉིད་ཀྱིས་རྣམ་པར་བཞག་གོ་ཞེས་བྱ་བ་ནི། མཚམས་དུ་མ་ཁྲིལ་སོགས་བས་མནན་ཏེ་གནས་པར་ཁས་བླངས་བ་སྔར་བསྟན་པ་དེ ་ལས་གཞན་པ་གཅིག་ཏུ་གནས་པར་ཁས་བླངས་པ་ཞེས་བྱ་བ་དབྱར་གནས་པར་ཁས་ལེན་པའི་དུས་དེ་ཉིད་ཀྱི་ཚེ་དང་པོར་གནས་གཅིག་ཏུ་གནས་པར་ཁས་བླངས་ནས་དེ་མ་ཐག་ཏུ་ཡང་གནས་གཞན་གཅིག་ཏུ་གནས་པར་ཁས ་བླངས་ཤིང། དེའི་འོག་ཏུ་ཡང་གནས་གཞན་བ་ཅིག་ཏུ་གནས་པར་ཁས་བླངས་ཏེ། དེ་ནས་ཡང་གནས་གཞན་གཅིག་ཏུ་གནས་པར་ཁས་བླངས་པ་སྟེ། དེ་ལྟར་གནས་ཐ་དད་པ་དུ་མར་གནས་པར་ཁས་བླངས་པ་ལ་ནི། གནས་དེ་དག་གང་དུ ་དབྱར་ཡུན་རིང་དུ་གནས་གནས་པ་ཉིད་ཀྱིས་དེའི་རྙེད་པ་རྣམ་པར་བཞག་སྟེ། གང་དུ་ཡུན་རིང་དུ་གནས་གནས་པའི་གནས་དེ་གཅིག་པུ་ནས་དེའི་རྙེད་པའི་སྐལ་བ་རངས་པ་གཅིག་སྦྱིན་བར་བྱའི། གནས་དེ་དག་ཐམ་ཅད་ནས་སྐལ་བ་རེ་རེ ་ཡང་མི་སྦྱིན་པ། དེ་དག་ནས་ཆ་བསྡུ་བར་ཡང་མི་བྱའོ། །འདིར་གཞུང་ནི། ཚེ་དང་ལྡན་པ་ཉེ་དགས་རྙིང་བ་འདོད་པས་གཙུག་ལག་ཁང་གཉིས་སུ་ཚུལ་ཤིང་དང་གནས་?་བླངས་ཏེ་གནས་པར་ཁས་བླངས་པ་ནི། དེས་གཙུག་ལག་ཁང ་གཅིག་ནས་ཆོས་གོས་ཀྱི་རིན་ཐོབ་ལ་ཅིག་ཤོས་ནས་མ་ཐོབ་ནས་དེ་ནས་ཀྱང་རྙེད་བ་བསྒྲུབ་པ་ན། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ། གང་དུ་གང་གསོ་སྦྱོང་མང་དུ་བྱས་པ་དེ་ནས་རྙེད་པ་བླངས་བར་བྱའོ་ཞེས་གསུངས་པ་ཡིན་ནོ།། ་དགེ་ཚུལ་དང་དགེ་ཚུལ་མ་དག་ནི་རྙེད་པ་ལ་སུམ་ཆ་དབྲི་བ་ཉིད་དོ་ཞེས་བྱ་བ་ནི་དེ་གཉིས་ནི་གོས་ཀྱི་རིན་རྙེད་པ་ལ་སུམ་ཆ་དབྲི་ཞིང་སུམ་གཉིས་དབང་བ་ཉིད་ཡིན་པའོ། །དབྱར་གནས་པ་ལ་སོགས་པ་དགེ་འདུན་གྱི་གོས་ཀྱི་རྙེད་བ་ལ་སུམ ་ཆ་དབྲིའོ། །ཡོན་བདག་གིས་མངོན་སུམ་དུ་སྦྱིར་ཕུལ་བའི་རྙེད་པ་ལ་ནི་མི་དབྲིའོ། །ཟས་ལ་ནི་མཉམ་པ་ཉིད་དོ་ཞེས་བྱ་བ་ནི། དགེ་ཚུལ་དང་དགེ་ཚུལ་མ་དག་ཟས་ཀྱི་རྙེད་པ་ལ་ནི་བསྙེན་བར་རྫོགས་བ་དང་མཉམ་པར་དབང་བ་ཡིན་ནོ། །གོས་ལ ་སོགས་པ་ལ་ནི་མི་མཉམ་མོ། །བསྙེན་པར་རྫོགས་པ་ལ་འདོད་པ་དང་དགེ་སློབ་མ་དག་ཀྱང་ངོ་ཞེས་བྱ་བ་ནི། དེ་གཉིས་ཀྱང་བསྙེན་པར་རྫོགས་པ་དག་དང་རྙེད་པ་མཉམ་པ་ཉིད་ཡིན་པ་སྟེ། འདིར་ནི་ཟས་ཀྱི་རྙིང་བ་འབའ་ཞིག་ཏུ་མ་ཟད་ཀྱི། ་རྙེད་བ་ཐམས་ཅད་མཉམ་བའོ། །བསྙེན་པར་རྫོགས་བར་འདོད་པ་ཞེས་བྱ་བ་ནི། དགེ་ཚུལ་དང་དགེ་སློབ་མ་ལ་བྱ་སྟེ། དགེ་ཚུལ་མ་ལ་ནི་དགེ་སློབ་མར་མ་བྱས་ཀྱི་བར་དུ་བསྙེན་པར་རྫོགས་པར་བྱར་མི་རུང་བའི་ཕྱིར་རོ། །འདིར་དགེ་སློབ་མ ་ཡང་དངོས་སུ་སྨོས་པས་དགེ་ཚུལ་ཉེ་ཚེ་བཟུང་སྟེ། དགེ་ཚུལ་ལོ་ཡང་ཚད་ལ་བསྙེན་པར་རྫོགས་པར་ཡང་འདོད་པ་རྣམས་བྱའི། ལོ་མཚངས་བ་དང་ལོ་ཚངས་པ་ཡང་བསྙེན་པར་རྫོགས་པར་མི་འདོད་པ་རྣམས་ནི་སུམ་ཆ་དབྲི་བསྡར་བསྟན་པ ་ཉིད་ཀྱི་པ་ཁོངས་སུ་གཏོགས་སོ། །འདིར་གཞུང་ནི་སིལ་བུ་དག་ལས། དགེ་སློང་དང་དགེ་སློང་མ་དག་ནི་སྐལ་པ་མཉམ་པར་སྦྱིན་ནོ། །དགེ་ཚུལ་དང་དགེ་ཚུལ་མ་དག་ལ་ནི་སུམ་གཉིས་སྦྱིན་ནོ། །བསྙེན་པར་རྫོགས་པར་འདོད་པ་དང་དགེ་སློབ་མ་དག ་ཀྱང་མཉམ་པར་སྦྱིན་ནོ་ཞེས་གསུངས་པ་ཡིན་ནོ། །དགེ་སློང་དང་དགེ་སློང་མ་རྣམས་ཀྱི་སྐལ་པ་བགོ་བ་ནི་གང་ཟག་ལས་ཡིན་གྱི་དགེ་འདུན་ལས་ནི་མ་ཡིན་ནོ་ཞེས་བྱ་བ་ནི། འདི་ལས་འདི་རྙེད་ནི་དགེ་སློང་གི་དགེ་འདུན་ལ་དབུལ་ལོ། །འདི ་སྙེན་ནི་དགེ་སློང་མའི་དགེ་འདུན་ལ་དབུ་ལོ། །ཞེས་དེ་ལྟར་བྱེ་བྲག་ཏུ་མ་བྱས་པའི་རྙེད་པ་ནི་དགེ་སློང་གི་དགེ་འདུན་ལ་དང་དགེ་སློང་མའི་དགེ་འདུན་གཉིས་གང་ཟག་གིས་གྲངས་ལས་བགོ་བར་བྱའི། དགེ་འདུན་གྱིས ་གྲངས་ལས་ཕྱིར་བྱེད་དུ་མི་བགོ་བའོ། །འདི་སྐད་བསྟན་ཏེ། དགེ་སློང་དང་དགེ་སློང་མའི་རང་བཞིན་གྱི་གང་ཟག་ཇི་སྙེད་དེ་ལ་སྐལ་བ་དབ་བ?་དེ་སྙིང་པོ་མཉམ་བར་བྱའི། བྱེད་དགེ་སློང་གི?་དགེ་འདུན་ལ་སྦྱིན་ཞིང་ཕྱེད་དགེ་སློང་མའི་དགེ ་འདུན་ལ་སྦྱིན་པ་མ་ཡིན་ནོ། །འདིར་གཞུང་ནི། མགོའི་ཤས་ཀྱིས་བགོ་བར་བྱའོ་ཞེས་གསུངས་པ་ཡིན་ནོ། །ཟས་ཀྱི་མཇུག་ཐོགས་ཀྱི་རྙེད་པ་བྱེ་བྲག་ཏུ་མ་བཅང་པ་དེ་ལས་དགེ་སློང་མ་ཟོས་པ་ཉིད་དག་ཀྱང་མི་འཇུག་བ་མ་ཡིན་ནོ་ཞེས ་བྱ་བ་ལ། ཟས་ཀྱི་མཇུག་ཐོགས་ཀྱི་རྙེད་པ་ཞེས་བྱ་བ་ནི། ཟས་སྔར་ཟར་བཅུ་གནས་དེའི་འོག་ཏུ་ཟས་ཀྱི་རྗེས་ལ་དབུལ་བའི་རྙེད་པ་གང་ཡིན་པའོ། །བྱེ་བྲག་ཏུ་མ་བཅད་པ་ཞེས་བྱ་བ་ནི། འདི་དགེ་སློང་རྣམས་ཁོ་ན་ལ་དབུལ་ལོ་ཞེས ་སྦྱིན་བདག་གིས་བྱེ་བྲག་ཏུ་མ་བཅད་པའི། །དེ་ལྟ་བུའི་རྙེད་པ་དེ་ལ་ནི་རེར་ཟན་བཟོས་པའི་དགེ་སློང་མ་རྣམས་ཀྱང་མི་དབང་བ་མ་ཡིན་ཏེ་དབང་ངོ་ཞེས་བྱ་བར་སྦྱར་རོ། །འདིར་གཞུང་ནི། དགེ་སློང་དྲུག་ཅུ་ལྗོངས་རྒྱུ་ཞིང་འགྲོ་བ་ན་རི་བྲག ་གཞན་ཞིག་ཏུ་ཕྱིན་ནས་དེ་ན་ཁྱིམ་བདག་དང་བ་ཅན་ཞིག་འདུག་པ་དེས་དེ་དག་ཁྱིམ་གཞན་དུ་ཟན་ལ་མགྲོན་དུ་བོས་ནས་དགེ་སློང་རེ་རེ་ལ་རས་ཡུག་ཆེན་བསྐོན་ནོ་སྙམ་དུ་བསམས་ཤིང་དེ་དག་ཀྱང་ཟན་བཟའ་བའི་ཕྱིར་བཞུགས་པ་དང ་དགེ་སློང་མ་དྲུག་བཅུ་ཡང་རི་བྲག་དེ་ཉིད་དུ་ལྷགས་ནས་དེ་དག་གིས་ཀྱང་དེར་ཟན་ཟོས་སོ། །དེ་ནས་ཁྱིམ་བདག་དེས་རས་ཡུག་ཆེན་དྲུག་བཅུ་རྒན་པའི་མཐར་གཞག་པ་དང་དགེ་སློང་དག་གིས་ཇི་ལྟར་བགོ་བར་བྱ་བ་མི་ཤེས་ནས། བཅོམ་ལྡན ་འདས་ཀྱིས་བཀའ་སྩལ་ག་རྙེད་བ་འདི་གཉིས་གའི་དགེ་འདུན་གྱི་ཡིན་པས་གཉི?་དགེ་འདུན་གྱིས་མཉམ་པར་བྱའོ་བར་བྱའོ་ཞེས་གསུངས་པ་ཡིན་ནོ། །སྟན་དང་ཆུ་དང་བསོད་སྙོམས་དག་ལ་དགེ་སློང་དགེ་སློང་མ་དག་པས་གཙོ་བོ་ཉིད་མ་ཡིན་པ་མ་ཡིན་ནོ་ཞེས་བྱ་བ་ནི། སྟན་ལ་སོགས་པ་དག་ལ ་དགེ་སོང་ནི་དགེ་སློང་མ་དག་པས་གཙོ་བོ་ཉིད་ཡིན་པའོ། །དགེ་སློང་མ་རྣམ་ཀྱིས་ཚོགས་པ་ན་རྒན་པའི་མཐར་སྟན་དག་བཞག་གོ་ཞེས་བྱ་བ་ནི། དགེ་སློང་མ་རྣམས་ཀྱི་ཚོགས་པའི་དུས་ན་རྒན་བའི་མཛའ་ལོགས་སུ་གྲལ་གྱི་སྟན་དག་ལ་བཞག ་པར་བྱ་སྟེ། འདི་ནི་བརྒྱལ་དགེ་སློང་ནི་འགའ་འོང་བར་འགྱུར་སྲིང་པས་དེའི་ཕྱིར་?་དགེ་སློང་དང་བཅས་པ་ཉིད་དེ་ན་དེ་དག་གིས་མི་ནུས་ན་དགེ་སློང་མས་ཡོན་བཤད་པར་བྱའོ། །ཞེས་བྱ་བ་ནི། མཆོད་རྟན་ལ་སོགས་པ་དག་ལ་དགེ་སློང་དང་བཅས་པ་ཉིད ་ཡིན་ལ། དགེ་སློང་དེ་དག་གིས་ཡོན་བཤད་བར་བྱེད་མི་ནུས་ན་དགེ་སློང་མས་ཡོན་བཤད་པར་བྱར་རུང་བའོ། །འབྲིམ་བར་བྱེད་བས་སྦྱིན་པའི་ཕྱིར་བས་ཉེ་བར་གཞག་བ་ན་དགེ་འདུན་གྱི་?་གནས་བརྟན་གྱི་དང་པོར་སྙོམས་པར་བྲིམས་ཤིག་ཅེས ་བསྒོ་བར་བྱའོ་ཞེས་བྱ་བ་ནི། དགེ་འདུན་གྱི་གནས་བརྟན་གྱིས་ཟས་འདྲིམ་བར་བྱེད་བའི་གང་ཟག་གིས་དགེ་འདུན་ལ་ཟས་སྦྱིན་བའི་ཕྱིར་དགེ་འདུན་དུ་ཟས་ཉེ་བར་གཞག་པ་ན་དེ་ལ་དང་པོར་ཐམས་ཅད་ལ་སྟོམས?་པར་བྲིམས་ཤིག་ཅེས་བསྒོ་བར ་བྱ་བའོ། །དང་པོར་ཟས་ལེན་བྱའི་དང་པོར་དེ་ལ་དེ་སྐད་མ་བསྒོ་ན་ཉེས་བྱས་སོ། །དང་པོས་མ་སྨྲས་ན་ཡང་དེའི་འོག་ཏུ་སྨྲ་པར་བྱ་བ་ཡིན་ཏེ། དེའི་ཚེ་ཡང་མ་སྨྲས་ན་ཉེས་བྱས་གཞན་དུ་འགྱུར། འཁོར་ལ་བལྟས་ཏེ་མང་ལ་ཟས་ཉུང་བ་ཉིད་ཡིན་ན ་དེའི་ཚེ་སྔ?་མ་བརྗོད་ཅིང་ཁྱེར་བར་ཞེས་སོ་ཞེས་བྱ་བ་ནི། དགེ་འདུན་གྱིས་གནས་བརྟན་གྱིས་འཁོར་ལ་བལྟས་ཏེ་འཁོར་མང་ལ་ཟས་ཉུང་བ་ཉིད་ཡིན་ན་དེའི་ཚེ་དགེ་འདུན་གྱི་གནས་བརྟན་གྱིས་ཟས་འདྲིམས་པས་སྦྱིན་པའི་ཕྱིར་ཟས་ཉེ་བར་གཞ? ་པ་ན། དེ་ལ་དང་པོར་སྔ་མ་བརྗོད་ཅིང་ཁྱེད་པར་བྲིམས་ཤིག་ཅེས་བསྒོ་བར་བྱའོ་ཞེས་བྱ་བར་སྦྱར་རོ། །སྔ་མ་བརྗོད་ཅིང་ཞེས་བྱ་བ་ནི། འཁོར་མང་ལ་ཟས་ཉུང་བ་ཉིད་ཡིན་ན་ཞེས་སྔར་བསྟན་མ་ཐག་པ་དེ་ཉིད་བརྗོད་ཅིང་སྟེ། དགེ་སློང་དག ་མང་ལ་ཟས་ཉུང་གིས་ཁྱེད་བར་བྲིམས་ཤིག་ཅེས་བསྒོ་བར་བྱ་བའོ། །འདི་སྐད་བསྟན་ཏེ། འཁོར་ལ་བལྟས་ཏེ་འཁོར་གྱི་རྗེས་དག་མང་ལ་ཟས་ཉུང་བ་ཉིད་ཡིན་ན་དེའི་ཚེ་དགེ་འདུན་གྱི་གནས་བརྟན་གྱི་ཟས་འདྲིམ་པའི་གང་ཟག་གིས ་སྦྱིན་པའི་ཕྱིར་ཟས་ཉེ་བར་བཞག་པ་ན་དེ་ལ་སྔ་མ་བརྗོད་ཅིང་ཞེས་བྱ་བ་འཁོར་གྱི་རྗེས་དག་མང་ལ་ཟས་ཉུང་བ་ཉིད་ཅེས་སྔར་བསྟན་པ་དེ་བརྗོད་ཅིང་ཁྱེད་པར་བྲིམས་ཤིག་ཅེས་བསྒོ་བར་བྱ་བའོ། །གཞན་ཉིད་ཡིན་ན་ཅི་འབྱོར་བ་ཞེས་སོ་ཞེས་བྱ་བ ་ལ། གཞན་ཉིད་ཡིན་ན་ཞེས་བྱ་བ་ནི་འཁོར་གྱི་རྫས་དག་ནི་ཉུང་ལ་ཟས་ནི་མང་བ་ཉིད་ཡིན་པའོ། །ཅི་འབྱོར་བ་ཞེས་སོ་ཞེས་བྱ་བ་ནི། འཁོར་བ་བལྟས་ཏེ་འཁོར་ཉུང་ལ་ཟས་མང་བ་ཉིད་ཡིན་ན་དེའི་ཚེ་དགེ་འདུན་གྱི་གནས་བརྟན་གྱིས ་ཟས་འདྲིམས་པས་སྦྱིན་པའི་ཕྱིར་ཟས་ཉེ་བར་གཞག་པ་ན། དེ་ལ་དང་པོ་འཁོར་ཉུང་ལ་ཟས་མང་བ་ཉིད་ཡིན་ནོ་ཞེས་བརྗོད་ཅིང་ཅི་འབྱོར་བ་བྲིམས་ཤིག་ཅེས་བསྒོ་བར་བྱ་བའོ། །རྒན་བའི་མཐར་སམ་པྲ་བ་ཏ་ཞེས་མ་བརྗོད་བར་དང་པོར་བླང ་བར་མི་བྱའོ་ཞེས་བྱ་བ་ནི། འདྲིམ་བར་བྱེད་བས་དགེ་འདུན་གྱི་རྒན་པའི་མཛའ་ལོགས་སུ་སམ་པྲ་བ་ཏ་ཞེས་བྱ་བའི་སྔགས་མ་བརྗོད་ཀྱི་བར་དུ་དགེ་འདུན་གྱི་གནས་བརྟན་གྱིས་དང་པོར་ཟས་བླང་བར་མི་བྱ་བའོ། །སམ་པྲ་?་ཏེ་ཞེས་བྱ ་བའི་ཚིག་གོ་དོན་ནི་མཉམ་པར་གྱུར་ཅིག་ཅེས་བྱ་སྟེ། བི་ཤམ་པྲ་བ་ཏ་ཅེས་བྱ་བ་ནི་མི་མཉམ་པར་གྱུར་ཅེས་བྱ་སྟེ། དྲུག་ཏུ་གྱུར་ཅེས་བྱ་བའི་དོན་ཡིན་མོ། དུག་མེད་བར་གྱུར་བ་ནི་མཉམ་པར་གྱུར་བ་སྟེ་སམ་པྲ་བ་ཏེ་ཞེས་བྱ་བ་ཡིན་ནོ། ། ་དེ་བས་ན་ཟས་འདྲིམ་པར་བྱེད་བའི་གང་ཟག་གིས་དགེ་སློང་གི་མངོན་སུམ་དུ་སམ་བྲ་བ་ཏ་ཞེས་བྱ་བའི་སྔགས་འདི་རྗོད་ན། ཟས་དུག་ཅན་ཡང་དུག་མེད་པར་འགྱུར་རོ། །ཟས་བསྡོགས་བ་ན་བསྐོས་པ་དག་ལས་གཞིན་པ་དག་ལྷགས་ན་དེ་ལ ་སྦྲན?་པར་བྱའོ་ཞེས་བྱ་བ་ནི། སྦྱིན་བདག་གིས་ཟན་དྲང་ལ་རག་པར་བསྡོགས་པ་ནི། འགྲོན་དུ་བསྐོས་བའི་དགེ་སློང་དག་ལས་གཞན་བའི་དགེ་སློང་མགྲོན་དུ་མ་བསྐོས་པ་དག་ལྷགས་ན་དེའི་ཚེ་མགྲོན་དུ་བསྐོས་བའི་དགེ་སློང་དག་གིས་སྦྱིན་བདག ་དེ་ལ་སྤྲན་པར་བྱ་བའོ། །དེ་ནི་ཕོངས་པ་སྤངས་བའི་ཕྱིར་དང་སྐྱེངས་པ་སྤངས་བའི་ཕྱིར་རོ། །དགེ་སློང་ཆོས་གོས་གསུམ་སྦྱིན་དུ་གཞུག་བར་མི་བྱའོ་ཞེས་བྱ་བ་ནི། དགེ་སློང་གིས་དགེ་སློང་ཆོས་གོས་གསུམ་དབུལ་ཏུ་མ་གཞུག་པའོ། །དགེ་འདུན ་གྱི་སོས་བར་གྱུར་བ་ཉིད་ན་འདི་ཕྱིར་སྦྱིན་ན་སྙམ་པ་དེ་ལས་གཞན་བའི་ཡིད་ཀྱིས་བླང་བར་མི་བྱའོ་ཞེས་བྱ་བ་ནི། དགེ་སློང་ནད་པས་དགེ་འདུན་ལ་ཆོས་གོས་གསུམ་པ་ཡོན་དུ་ཕུལ་བ་ནི་དགེ་འདུན་གྱིས་གལ་ཏེ་ནང་བ་སོས་བར་གྱུར་ན་ཆོས་? ་འདི་ཕྱིར་སྦྱིན་ནོ་སྙམ་པའི་སེམས་ཀྱིས་བླང་བར་བྱའི། དེ་ལས་གཞན་པའི་ཡིད་ཀྱིས་བླང་བ་རིམ་བྱའོ། །གང་ཟག་ལ་ཕུལ་བ་ཡང་དེ་བཞིན་དུ་བསྒྲུབ་པར་བྱའོ། །སྟོད་གཡོགས་དང་སྨད་གཡོགས་ཀྱིས་རོ་དོར་རོ་ཞེས་བྱ་བ་ནི། ཤི་བའི་རེ་ནི་སྟོང ་གཡོགས་དང་སྨད་གཡོགས་ཀྱིས་གཡོགས་ཏེ་དོར་བ་བྱའི་?་མོར་མི་དོར་བ་སྟེ། དེ་ནི་མགོན་མེད་བར་ཐལ་བར་འགྱུར་བའི་ཉེས་པ་སྤང་བའི་ཕྱིར་རོ། །འབྲིང་གིས་སོ་ཞེས་བྱ་བ་ནི། སྟོང་གཡོགས་དང་སྨད་གཡོགས་ངན་པ་ཡང་མ་ཡིན་པ་བཟང ་པོ་ཡང་མ་ཡིན་པ་འབྲིད་གིས་དོར་བར་བྱའོ། །ལྷག་མས་མི་བྱའོ་ཞེས་བྱ་བ་ནི། སྟོང་གཡོགས་དང་སྨད་གཡོགས་ལས་གཞན་བའི་རྫས་ལྷག་མས་རོ་དོར་བར་མི་བྱ་བའོ། །ཤམ་ཐབས་མ་བཅིངས་པར་གྲོང་དུ་འཇུག་པར་མི་བྱའོ་ཞེས་བྱ་བ་ནི། ་སྐ་རགས་ཀྱིས་སོ། །ཁྲིས་གཅིག་གིས་ཀྱང་མི་བྱའོ་ཞེས་བྱ་བ་ནི། སྐ་རགས་ཁྲིས་གཅིག་གིས་བཅིངས་པས་ཀྱང་གྲོང་དུ་འཇུག་པར་མི་བྱ་བའོ། །གོས་ཀྱི་གཞི་ཕྲན་ཚེགས་ལ་སོགས་པ་ཞུ་བ་དང་བཅས་པའི་སྐབས་སོ་ཞེས ་བྱ་བ་གོས་ཀྱི་གཞི་དེ་དག་གི་སྐབས་ནས་འབྱུང་བ་དེ་བཤད་དོ། །གོས་ཀྱི་གཞི་རྫོགས་སོ་ཞེས་བྱ་བ་དེ་བཤད་ཟིན་ཏོ། །ད་ནི་ཀོ་ལྡགས་ཀྱི་གཞི་བཤད་པར་བྱ་སྟེ། དེ་ལ་དང་པོར་མཛའ་ཁོབ་དེས་པར་ཤེས་པར་བྱ་བའི་ཕྱིར་ཡུལ་དབུས ་བསྟན་པར་བྱ་སྟེ། དེའི་ཕྱིར་ཡུལ་དབུས་ཀྱི་མཚམས་སོ་ཞེས་བྱ་བ་སྨྲས་ཏེ། བསྟན་པར་བྱའོ་ཞེས་བྱ་བར་སྦྱར་རོ། །དེ་གང་ཞེ་ན། དེའི་ཕྱིར་ཤར་དུ་ནི་ལི་ཁར་ཤིང་འཕེལ་གྱི་མདུན་གྱི་ནགས་ལི་ཁ་རའི་ཤིང་ཚང་ཚིང་ཅན་ཞེས་བྱའོ་ཞེས་བྱ ་བ་སྨྲས་ཏེ། ཤར་ཕྱོགས་ན་ཡུལ་ལི་ཁར་ཤིང་འཕེལ་བ་ཞེས་བྱ་བ་ཡོད་དེ་དེའི་འདུན་ན་ནགས་ལ་ཁ་རའི་ཤིང་ཚང་ཚིང་ཅན་ཞེས་བྱ་བ་ཡོད་པའི་ནུབ་ཀྱི་ཆ་ཚུན་ཆད་ནི་ཡུལ་དབུས་ཀྱི་ཤར་ཕྱོགས་ཀྱི་མཚམས་ཡིན་ནོ། །དེ་ཕན་ཆད་ནི་ཡུལ ་མཛའ་ཁོ་བ་ཡིན་ནོ། །ནགས་ཞེས་བྱ་བ་ནི་འདིར་རྩ་དང་གེལ་བ་དང་བཅས་པའི་སའི་ཕྱོགས་ཀྱི་གཏོས་ཆེན་པོའོ། །ལྷོར་ནི་འདམ་བུ་ཅན་གྱི་ལྷོ་ན་ཆུ་ཀླུང་དེ་ཞེས་བྱ་བའོ། །ཞེས་བྱ་བ་ནི། ལྷོ་ཕྱོགས་ན་གྲོང་ཁྱེར་འདམ་བུ་ཅན་ཞེས་བྱ་བ ་ཡོད་དེ། དེའི་ལྷོན་ཆུ་ཀླུང་འདམ་བུ་ཅན་ཞེས་བྱ་བ་ཡོད་པའི་བྱང་ཕྱོགས་ཀྱི་ཆ་ཚུན་ཆད་ནི་ཡུལ་གྱི་དབུས་ཀྱི་ལྷོ་ཕྱོགས་ཀྱི་མཆམས་ཡིན་ནོ། །དེ་ཕན་ཆད་ན་ཡུལ་མཛའ་ཁོབ་པ་ཡིན་ནོ། །ནུབ་ཏུ་ནི་བྲམ་ཟེའི་གྲོང་ཀ་བ་དང་ཉེ ་བའི་ཀ་བ་ཞེས་བྱ་བ་གཉིས་ཡོད་དོ། །ཞེས་བྱ་བ་ནི། ནུབ་ཕྱོགས་ན་བྲམ་ཟེའི་གྲོང་ཀ་བ་དང་ཉེ་བའི་ཀ་བཞེས་བྱ་བ་གཉིས་ཡོད་དོ། དེའི་ཤར་གྱི་ཆ་ཚུན་ཆད་ནི་ཡུལ་དབུས་ཀྱི་ནུབ་ཕྱོགས་ཀྱི་མཚམས་ཡིན་ནོ། །དེ་ཕན་ཆད་ནི་ཡུལ་མཛའ་ ་འཁོབ་ཡིན་ནོ། །བྱང་དུ་ནི་ཨུ་ཤི་རའི་རི་ཞེས་བྱ་བའོ་ཞེས་བྱ་བ་ནི། བྱང་ཕྱོགས་ན་རི་ཨུ་ཤི་རའི་རི་ཞེས་བྱ་བ་ཡོད་དེ། དེའི་ལྷོའི་ཆ་ཚུན་ཆད་ནི་ཡུལ་དབུས་ཀྱི་བྱང་ཕྱོགས་ཀྱི་མཚམས་ཡིན་ནོ། །དེ་ཕན་ཆད་ནི་ཡུལ་མཛའ་འཁོབ་ཡིན་ནོ། །མཛའ་ ་འཁོབ་ཏུ་མཆིལ་ལྷམ་དག་བཅང་བར་བྱའོ་ཞེས་བྱ་བ་ནི། ཡུལ་མཛའ་འཁོབ་ཏུ་རྐང་པ་དག་སྐྱབས་པའི་ཕྱིར་མཆིལ་ལྷམ་དག་བཅང་བར་བྱ་བའོ། །གནས་མ་ལ་བསྐྱང་བའི་ཕྱིར་ཡང་ངོ། །ཞེས་བྱ་བ་ནི། ཡུལ་དབུས་སུ་ཡང་གནས་མལ ་བསྐྱ་བའི་ཕྱིར་མཆིལ་ལྷ་མ་དག་བཅང་བར་བྱ་བའོ། །གནས་མལ་ཞེས་སྨོས་པས་ནི་ཁྲི་ལ་སོགས་པ་ཡང་བཟུང་བ་ཉིད་དུ་ཤེས་པར་བྱ་སྟེ། ཁྲི་ལ་སོགས་པ་དེ་ལ་ཡང་རྐང་པ་དག་གིས་རྫི་བའི་གནས་སྐབས་སྲིད་པའི་ཕྱིར་རོ། །གནས་གཞན ་དུ་སོང་བས་ཀྱང་གནས་མལ་བསྐྱང་བའི་ཕྱིར་རྐང་པ་གཉིས་ལ་དེ་དག་བསྒོ་བར་རིགས་པར་སྣང་ངོ། །འདིར་གཞུང་ནི?་བསོད་སྙོམས་པ་ཞིག་མཉན་ཡོད་དུ་བསོད་སྙོམས་ལ་ཞུགས་པ་ན་དེ་མཆིལ་ལྷམ་མེད་པས་རྐང་བ་དག་སེར་ཀ་བྱུང་བ ་ཁྱིམ་བདག་དེས་མཐོང་ནས། དེས་དེ་ལ་སྨྲས་བ། འཕགས་པ་ཁྱོད་ལ་མཆིལ་ལྷམ?་བདག་མེད་མདོད་ཚུར་ཤོག་དང་སྦྱིན་དུ་གཞུག་གོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །མཆིལ་ལྷམ་ཇི་ལྟ་བུ་དག་བཅང་བར་བྱ་ཞེན་དེའི་ཕྱིར་ཆིག་རི་མོ ་ཞེས་བྱ་བ་སྨྲས་ཏེ། མཐིལ་ཆིག་རིམ་ཅན་ནོ་ཞེས་བྱ་བའི་ཐ་ཚིག་གོ། རྡོགས་པ་གཞུག་པས་བཅོས་པར་བྱའོ་ཞེས་བྱ་བ་ནི། རྡོལ་བ་ཉིད་ན་རྡོགས་བ་གཞུག་ཅིང་བཅོས་སུ་རུང་བའོ། །རིམ་པ་གཞན་ནི་མི་རུང་ངོ་ཞེས་བྱ་བ་ནི། མཐིལ་རིམ་པ་གཞན ་གདགས་ཤིང་བཅས་སུ་ནི་མི་རུང་བའོ། །འདིར་གཞུང་ནི། གལ་ཏེ་རྡོལ་ན་རྡོགས་པ་བཅུག་སྟེ་བཅང་བར་བྱའོ། ཞེས་གསུངས་པ་ཡིན་ནོ། །?་ན་ཞེས་བྱ་བ་ནི་བུ་གུ་བྱུང་ནའོ། །ཁྱིམ་པས་ཐ་ན་གོམ་བ་བདུན་དུ་བགོས་ན་རིམ་པ་མང་ཡང་རུང་ངོ་ཞེS ་བྱ་བ་ནི། མཆིལ་ལྷམ་མཐིལ་རིམ་པ་མང་པོ་གལ་ཏེ་ཁྱིམ་པས་ཐུན་གོམ་པ་བདུན་དུ་བསྒོས་ན་རིམ་པ་མང་ཡང་བཅང་དུ་རུང་བའོ། །འདིར་གཞུང་ནི་ཉེ་བར་འཁོར་ཁྱིམ་པས་ཐ་ན་གོམས་པ་བདུན་དུ་བགོས་པར་གྱུར་ནའོ་ཞེས ་གསུངས་པ་ཡིན་ནོ། །རུང་བ་ཙམ་གྱིས་དོན་ཉིད་དུ་དེ་དང་སྦྱར་བའི་དབང་དུ་ལེན་པ་ན་མི་རུང་བ་བླངས་པ་ཉིད་མ་ཡིན་ནོ་ཞེས་བྱ་བ་ལ། རུང་བ་ཙམ་གྱིས་དོན་ཉིད་དུ་ཞེས་བྱ་བ་ནི། རུང་བ་ཙམ་གྱིས་མཐིལ་དང་པོ་ལ་སོགས་དོན་དུ་ལེན་པ་གང་ཡིན་པ་དེ་ནི ་རུང་བ་ཙམ་གྱི་དོན་དུ་ལེན་པ་སྟེ། དེའི་དངོས་པོ་ན་ཉི་དེ་དེར་རོ། །དེ་དང་སྦྱར་བའི་དབང་དུ་ལེན་པ་ཞེས་བྱ་བ་ནི། རུང་བ་ཙམ་དེ་དང་བདག་ཉིད་དུ་སྦྱར་ཞིང་ཕྲེད་པར་བྱ་བའི་ཕྱིར་ལེན་པའོ། །མི་རུང་བ་བླངས་པ་ཉིད་མ་ཡིན་ནོ་ཞེས་བྱ་བ་ནི། དེ ་ལྟར་ལན་པ་དེ་ནི་མི་རུང་བ་བླངས་པ་ཉིད་མ་ཡིན་ཏེ། རུང་བ་ཁོ་ན་བླངས་པ་ཡིན་ནོ། །འདིས་ནི་ཚིག་རིམ་དུ་བྱས་ཏེ་བཅང་བར་བྱའོ་སྙམ་པས་རིམ་པ་མང་པོ་དག་དགེ་སློང་གིས་བདག་གིར་བྱས་ན་མི་རུང་བ་བླངས་པ་ཉིད་མ་ཡིན་ནོ་ཞེས ་གསུངས་པ་བསྡུས་པ་ཡིན་ནོ། །འདི་སྐད་བསྟན་ཏེ། འདི་ལ་འཐིལ་དང་པོ་ལ་ལ་སོགས་པ་རུང་བ་ཡོད་པ་གང་ཡོད་པ་དེ་བདག་གིས་འདི་ལས་བླང་ངོ་སྙམ་པའི་བསམ་པས་རུང་བ་དང་འདྲེས་པའི་མི་རུང་བ་ལེན་པ་གང་ཡིན་པ་ལ་ནི་བདག་གིར ་བྱ་བ་མི་འབྱུང་བས་དེས་ནི་མི་རུང་བ་བླངས་པ་ཉིད་མ་ཡིན་ཏེ། རུང་བ་མ་ཡིན་བའི་དངོས་པོ་ལ་བདག་གིར་བྱ་བ་མི་འབྱུང་བའི་ཕྱིར་རོ། །འདིར་གཞུང་ནི་བསོད་སྙོམས་པ་མཆི་ལྷ་མེད་པ་ཞིག་མཉན་ཡོད་དུ་བསོད་སྙོམས་ལ་ཞུགས་པ་ན། དེ་ཁྱིམ ་བདག་གཅིག་གིས་ཁྱིམ་དུ་ཁྲིད་དེ་ཟས་བསོད་པས་ཚིམ་པར་བྱས་ནས། མཆིལ་ལྷམ་རིམ་པ་མང་པོ་དག་བྱིན་པ་དང། དགེ་སློང་དེས་སྨྲས་པ། ཁྱིམ་བདག་བཅོམ་ལྡན་འདས་ཀྱིས་རྗེས་སུ་མ་གནང་ངོ། །དེས་སྨྲས་པ། འཕགས་སོང་ལ ་ལ་རིམ་པ་གཅིག་པར་བྱས་ཏེ་བཅང་བར་གྱིས་ཤིག། དེས་བླངས་ཏེ་གཙུག་ལག་ཁང་དུ་སོང་ངོ་ཞེས་གསུངས་བ་ཡིན་ནོ། །འདི་ལ་རིམ་པ་གཅིག་པར་བྱས་ཏེ་བཅང་བར་བྱའོ། །སྙམ་པའི་བསམ་པས་དགེ་སློང་གིས་མཆིལ་ལྷམ་རིམ་པ་མང་པོ ་དག་བདག་གིར་བྱས་པ་གང་ཡིན་པ་དེ་ལ་ཉེས་པ་མེད་དོ། །ཁྲ་བོ་བཀྲ་བ་དག་མི་བཅང་ངོ་ཞེས་བྱ་བ་ནི། མཆིལ་ལྷམ་དག་ཅེས་བྱ་བར་སྦྱར་ཏེ་འདི་མན་ཆད་ནས་འོག་གིས་མདོ་ལས་སྒེག་རྫས་སུ་གྱུར་བ་གཞན་དག་ཀྱང་ངོ་ཞེས་འབྱུང་བ་ཡན ་ཆད་མཆིལ་ལྷམ་དག་ཅེས་བྱ་བར་སྦྱར་རོ། །ལུག་རུ་ལྟ་བུ་དག་མི་བཅང་ངོ་ཞེས་བྱ་བ་ནི། མཆིལ་ལྷམ་རྨ་བྱའི་གཤོག་པ་ལ་སོགས་པས་ལུག་རུའི་རྣམ་པ་ལྟར་གཉེར་མ་མཐོན་དམན་ཅན་དུ་བྱས་པ་དག་ཅད་པར་མི་བྱའོ། ། ཤྭདཐ་དང ་ཀ་ར་བི་རིའི་འདབ་མ་ལྟ་བུ་དག་མི་བཅང་ངོ་ཞེས་བྱ་བ་ནི། མཆིལ་ལྷམ་ཤིང་ཨ་ཤྭདཐ་དང་ཀ་ར་བི་རིའི་འདབ་མ་ལྟ་བུའི་དབྱར་འདབ་ཅན་དག་བཅང་བར་མི་བྱ་བའོ། །གསེར་དང་དངུལ་གྱིས་སྤྲས་པ་དག་མི་བཅང་ངོ་ཞེས་བྱ་བ་ནི། མཆིལ ་ལྷམ་གསེར་དང་དངུལ་གྱིས་བརྒྱན་བཔ་དག་མི་བཅང་བའོ། །ཁྲིགས་ཁྲིག་ཟེར་བ་དག་མི་བཅང་ངོ་ཞེས་བྱ་བ་ནི། མཆིལ་ལྷ་མ་སྒྲ་ཁྲིག་ཁྲིགས་ཟེར་བ་དག་མི་བཅང་བའོ། །ཀྲོག་ཀྲོག་ཟེར་བ་དག་ཀྱང་མི་བཅང་ངོ་ཞེས་བྱ་བ་ནི། མཆིལ་ལྷམ ་སྒྲ་གྲོག་ཀྲོག་ཟེར་བ་དག་མི་བཅང་བའོ། །ཏུག་ཏུག་ཟེར་བ་དག་མི་བཅང་ངོ་ཞེས་བྱ་བ་ནི། མཆིལ་ལྷམ་སྒྲ་ཏུག་ཏུག་ཟེར་བ་དག་མི་བཅང་བའོ། །ཐྲིག་ཐྲིག་ཟེར་བ་དག་མི་བཅང་ངོ་ཞེས་བྱ་བ་ནི། མཆིལ་ལྷམ་སྒྲ་ཐྲིག་ཐྲིག་ཟེར་བ་དག་མི་བཅང་བའོ།། ་སྒེག་རྫས་སུ་འགྱུར་བ་གཞན་དག་ཀྱང་ངོ་ཞེས་བྱ་བ་ནི། སྒེག་རྫས་ཐམས་ཅད་དགག་པའི་ཕྱིར་ཚིག་འདི་སྨོས་སོ། །པོལ་ཀོ་བ་ཅན་ནི་མི་རུང་བ་ཉིད་མ་ཡིན་ནོ་ཞེས་བྱ་བ་ནི། དེ་ནི་སྒེག་རྫས་སུ་གཏོགས་པ་མ་ཡིན་པར་ཤེས་པར་བྱའོ། ། ་སྣ་དང་རྟིང་པའི་སྦུབས་ཅན་བཅང་པར་བྱའོ། །ཞེས་བྱ་བ་ནི། མཆིལ་ལྷམ?་སྣའི་སྦུབས་ཅན་དང་རྟིང་པའི་སྦུབས་ཅན་བཅང་བར་བྱ་བའོ། །འདིར་གཞུང་ནི་དགེ་སློང་རྣམས་བྱ་རྒོད་ཀྱི་ཕུང་པོའི་རི་ལ་འཛེག་པ་ན་རྐང་པའི་སྣ ་དག་འདྲུད?་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྣ་སྦུབས་ཅན་བཅང་བར་བྱའོ་ཞེས་གསུངས་པ་དང། འབབས་པ་ནི་རྟིང་པ་དག་འདྲུང་ནས་རྟིང་སྦུབས་ཅན་བཅང་བར་བྱའོ་ཞེས་གསུངས་པ་ཡིན་ནོ། །ཁ་ཆུ་ཆུས་བྱུང་ངོ་ཞེས་བྱ་བ ་ནི། ལྷམ་གྱིས་མིང་ཁ་ཆུ་ཆུས་བྱུང་ཞེས་བྱ་བ་དེ་བཅང་བར་བྱ་བའོ། །དེའི་མིང་ནི་དོན་ལས་བཏགས་པ་ཡིན་ཏེ། ཀླུའི་ཁ་ཆུའི་ཆུ་ལས་རྩ་དག་དུག་ཅན་དུ་གྱུར་ནས་རྩཝ་དེའི་གནོད་པ་བསལ་བའི་ཕྱིར་འཇིག་རྟེན་དུ་ལྷམ་དེ་བྱུང་བས་ལྷམ་དེའི་མིང་ཁ ་ཆུ་ཆུས་བྱུང་ཞེས་བྱའོ། །ལྷམ་དེ་ནི་རྐང་པ་ཐམས་ཅད་ཕལ་ཆེར་གཡོགས་ལ་བོལ་གྱི་སྣར་མཐོངས་ཆུང་བ་སྟེ། སྦུབས་མཐོངS་ཅན་ཞེས་བྱ་བ་ཡིན་པར་རིག་པར་བྱའོ། །ལྷམ་ཡུ་ཆད་ཀྱང་ངོ་ཞེས་བྱ་བ་ཡང་བཅང་བར་བྱའོ། །ཞེས་བྱ་བར་སྦྱར ་རོ། །འདིར་གཞུང་ནི། གང་གི་ཚེ་ཀུའི་རྒྱལ་པོ་སོག་མ་མེད་ཀྱིས་སེར་བའི་ཆར་ཕབ་པ་དེའི་ཚེ། རྩ་དག་ཀྱང་དུག་ཅན་དུ་གྱུར་ནས་དེར་དགེ་སློང་དག་འཆག་པའི་རྐང་པ་དག་ལ་རྨ་དག་བྱུང་ཞིང་རྨ་བྱ་བར་གྱུར་ནས། བཅོམ་ལྡན་འདས་ཀྱིས་བཀའ་ ་སྩལ་བ། ཁ་ཆུ་ཆུས་བྱུང་བ་བཅང་བར་བྱའོ། །ལྷམ་ཡུ་ཆད་བཅང་བར་བྱའོ་ཞེས་གསུངས་པ་ཡིན་ནོ། །ཆུ་ལ་ཆབ་བྲོམ་འཆགས་པའི་ཡུལ་དུ་ཞྭ་དང་ལྷམ་སྒྲོག་བུ་ཅན་ཡང་ངོ་ཞེས་བྱ་བ་ནི་ཡུལ་གང་དུ་ཆུ་ལ་ཆབ་བྲོམ་འཆགས་པའི་ཡུལ ་དེར་ནི་ཞྭ་དང་ལྷམ་སྒྲོག་གུ་ཅན་དག་བཅང་བར་བྱའོ། །དེ་གཉིས་ནི་ལྷགས་པ་སྐྱབས་བའི་ཕྱིར་བཅང་བར་གསུངས་པ་ཡིན་པས། ལྷགS་པ་དང་བྲལ་ན་དབྱར་གྱི་གོས་རས་ཆེན་བཞིན་དུ་བཞག་པར་རིག་པར་བྱའོ། །ནད་གསོ་བའི་དོན་དུ་ནི ་དུས་ཐམས་ཅད་དུ་ཡང་བཅང་དུ་རུང་སྟེ། བཅས་པའི་ཁ་ན་མ་ཐོབ་དང་བཅས་པ་ཉིད་ཡིན་པའི་ཕྱིར་རོ། །བླ་མའི་དྲུང་དུ་མཆིལ་ལྷམ་བགོ་བ་བསྟེན་པར་མི་བྱའོ་ཞེས་བྱ་བ་ནི། སྟོན་པ་དང་མཁན་པོ་དང་སློབ་དཔོན་ལ་སོགས་པའི་དྲུང་དུ་མཆིལ ་ལྷམ་བསྒོ་བར་བསྟེན་པར་མི་བྱ་བའོ། །བཅོམ་ལྡན་འདས་ཀྱི་ཉིད་ཀྱི་སྤྱན་སྔར་མཆིལ་ལྷམ་གྱོན་ཞིང་འཆག་པའི་དགེ་སློང་སྨད་པས་ན། དགེ་སློང་དག་ལ་ཡང་ཚུལ་དེ་ཉིད་སྨད་པ་ཡིན་པར་དེའི་ཕྱིར་མདོ་འདི་བྱས་སོ། །སེང་གེ་དང་སྟག་དང་གུང ་དང་གླང་པོ་ཆེ་ཅད་ཤེས་དང་རྟ་ཅང་ཤེས་ཀྱི་ཡན་ལག་ཅུང་ཟད་ཀྱང་ལུས་ལ་གདགས་པར་མི་བྱ་བ་ཉིད་དོ་ཞེས་བྱ་བ་ནི། དེ་དག་གི་པགས་པ་དང་རྒྱུས་པ་ལ་སོགས་པ་ཅུང་ཟད་དགེ་སློང་གི་ལུས་ལ་གདགས་པ་བསྟེན་པར་མི་བྱ་བའོ། །དེ་དག་གི་གླང ་པོ་ཆེ་ཕལ་བ་དང་སྟ་དམུ་རྒོད་དང་དེ་ལས་གཞན་པའི་གཅན་གཟན་དག་ཀྱང་འཕངས་པ་ཡིན་ནོ་ཞེས་བྱ་བ་ནི། སེང་གེ་ལ་སོགས་པ་དེ་དག་གིས་གླང་པོ་ཆེ་ཕལ་པ་ལ་སོགས་པ་དག་ཀྱང་བསྡུས་པར་རིག་པར་བྱ་བའོ། །འདིར་གཞུང་ནི། དེ་ལྟ་བས ་ན་དགེ་སློང་གིས་རུང་བ་མ་ཡིན་པ་ལྔ་པོ་དག་གི་མཆིལ་ལྷམ་དག་བཅང་བར་མི་བྱ་སྟེ། གླང་པོ་ཆེ་ཅད་ཤེས་ཀྱི་དང་རྟ་ཅང་ཤེས་ཀྱི་དང་སེང་གེ་དང་སྟག་གི་དང་གུང་གིའོ་ཞེས་གསུངས་པ་ཡིན་ནོ། །མཆིལ་ལྷམ་དག་བརྡབ་པར་མི་བྱའོ་ཞེས་བྱ་བ ་ནི། རྡུལ་ལ་སོགས་པ་སྤུགས་པའི་ཕྱིར་ས་ལ་སོགས་པ་ལ་བརྡབ་པར་མི་བྱ་བའོ། །རསྨ་གཤེར་བདག་གིས་དྲུང་དེ་དེ་དག་གི་རྡུལ་མེད་པར་བྱ་བའི་ཕྱཡིར་ཕྱི་བར་བྱའོ་ཞེས་བྱ་བ་ནི། མཆིལ་ལྷམ་དེ་དག་གི་རྡུལ་མེད་པར་བྱ་བའི་ཕྱིར་རས་མཆུས ་གཤེར་བར་བྱས་བ་དག་གིས་ཕྱི་བར་བྱ་བའོ། །དེ་བཅང་བར་བྱའོ་ཞེས་བྱ་བ་ནི་ཕྱི་བའི་རས་མ་དེའོ། །དེ་དག་བརྒྱུ་བར་བྱའོ་ཞེས་བྱ་བ་ནི། མཆི་ལ་ལྷམ་དེ་དག་གི། མི་མཛེས་པའི་དངོས་པོ་དབྱེན་པའི་ཕྱོགས་སུ་བྱའོ་ཞེས་བྱ་བ་ནི། མཆིལ་ལྷམ་བརྒྱུ་བ་དང ་ལྷུང་བཟེད་གླན་བ་ལ་སོགས་པ་མི་མཛེས་པའི་དངོས་པོ་ཐམས་ཅད་དབྱེན་པའི་ཕྱོགས་སུ་ལས་སུ་བྱ་བའོ། །དེའི་ཆོད་དུ་སྒྱུང?་བུ་དང་ཀོ་བ་དག་བཅང་བར་བྱ་སྟེ་གྲ་གྲི་ནི་མ་ཡིན་ནོ་ཞེས་བྱ་བ་ནི་མཆིལ་ལྷམ་དེ་བརྒྱུ་བའི་དོན་དུ ་བསླུང?་བུ་ངང་ཀོ་བ་བཅང་པར་བྱའོ། །གྲ་གྲེ་ནི་མ་ཡིན་ནོ་ཞེས་བྱ་བ་ནི། ཀོ་བ་གྲ་བའི་གྱི་ཆེན་བ་ནི་རྐྱན་མ་ཡིན་པས་གཞན་གྱིས་མཐོང་བར་འགྱུར་བའི་ཉེས་པ་སྤང་བའི་ཕྱིར་བཀག་གོ། འདིར་གཞུང་ནི། བསླུང་བུ་དང་ཀོ་བ་བཅང་བར་བྱ་ཞིང་གྲ ་གྲི་ནི་མ་ཡིན་མོ་ཞེས་གསུངས་པ་ཡིན་ནོ། །ཁྱིམ་གཞན་དང་ཆབ་ཀུང་ས་ལས་གཞན་པར་ཤིང་གི་མཆིལ་ལྷམ་བགོ་བར་མི་བྱའོ་ཞེས་བྱ་བ་ནི། དེ་གཉིས་མ་གཏོགས་པའི་གནས་གཞན་དུ་བགོ་བར་མི་བྱ་བའོ། །སྦྱིག་མའི་གླེགས་བུ ་དང་མུན་ཛ་དང་སི་རི་དང་དར་བྷོ་དག་གི་ཡང་མི་བྱའོ་ཞེས་བྱ་བ་ཡང། མཆིལ་ལྷམ་བགོ་བར་མི་བྱའོ། །ཐག་གུའི་ཡང་ངོ་ཞེས་བྱ་བ་ཡང་མཆིལ་ལྷམ་བགོ་བར་མི་བྱ་བའོ། །རླུང་ཁྲག་ཅན་མ་ཡིན་པས་སོ་ཞེས་བྱ་བ་ནི། གང་ཟག་རླུང་ཁྲག་ཅན་མ་ཡིན ་པས་ཐག་གུའི་མཆིལ་ལྷམ་བག?་བར་མི་བྱ་བའོ། །རླུང་ཁྲག་ཅན་གྱི་ནང་བས་ན་མི་འདྲུལ་བར་བྱ་བའི་ཕྱིར་ཐག་གུའི་མཆིལ་ལྷམ་བཅང་བར་བྱའོ། །ཁྱིམ་གཞན་དུ་གཞན་མེད་ན་ཀོ་ལྤགས་ལ་འདུག་པར་བྱའོ་ཞེས་བྱ་བ་ནི་ཁྱིམ་པའི་ཁྱིམ ་གཞན་དུ་སྟན་གཞན་མེད་ན་ཀོ་?་ཀྱི་སྟེང་དུ་འདུག་བར་བྱ་བའོ། །དེར་ཡང་རྐྱེན་དེ་ལྟ་བུ་དག་མེད་ན་ཉལ་བར་མི་བྱ་བ་ཉིད་ཞེས་བྱ་བ་ནི། ཁྱིམ་གཞན་དེར་ཡང་ཁྲི་ལ་སོགས་བའི་མལ་ཆ་གཞན་མི་འབྱོར་བའི་རྐྱེན་དེ་ལྟ་བུ་དག་མེད་ན་ཀོ་ལྔགས? ་དེའི་སྟེང་དུ་ཉལ?་བར་མི་བྱ་བའོ། །ཀོ་ལྤགས་ཀྱི་ཐགས་མ་ཡང་ཀོ་ལྤགས་མ་ཡིན་པ་མ་ཡིན་ཏེ། ཀོ་ལྤགས་ཁོ་ན་ཡིན་པས་དའི་ཕྱིར་ཀོ་ལྤགས་ཀྱིས་བརྒྱུས་བའི་ཁྲི་དང་ཁྲིའུ་ལ་སོགས་པ་ལ་ཡང་འདུག་བར་མི་བྱ་བའོ། །མིག་ལ་ཕན་བར་བྱ་བའི ་ཕྱིར་དོམ་ལྤགས་བཅང་བར་བྱའོ་ཞེས་བྱ་བ་ནི། མིག་ལ་ཕན་བར་བྱ་བའི་ཕྱིར་དོམ་ལྤགས་བཅང་བར་བྱའོ། །འདིར་གཞུང་ནི། དོམ་ལྤགས་བླང་བ་རྗེས་སུ་གནད་དོ་ཞེས་གསུངས་པ་ཡིན་ནོ། །རྐང་བའི་གནས་སུ་གདིད་བ་བྱའོ་ཞེས་བྱ་བ་ནི། དོམ་ལྤགས ་བླངས་པ་དེ་སྟན་དང་རྐང་པའི་འོག་དང་ལྷམ་གྱི་ནང་ལ་སོགས་པར་གཞུག་བར་བྱ་བའོ། །སངས་རྒྱས་ཀྱི་ནི་གཙང་ཁང་གི་སྒོར་རོ་ཞེས་བྱ་བ་ནི། སངས་རྒྱས་མངའ་བའི་དོམ་ལྤགས་ནི་དྲི་ཙང་ཁང་གི་སྒོར་གདིང་བར་བྱ་བའོ། །མཆིལ་ལྷམ་དག་ཏུ ་བགོ་བར་བྱའོ་ཞེས་བྱ་བ་ནི། མིག་ལ་ཕན་པར་བྱ་བའི་ཕྱིར་དོམ་ལྤགས་དེའོ། །རླུང་ནད་ཅན་གྱིས་ནི་འདུག་བ་དང་ཉལ་བར་ཡང་བྱའོ་ཞེས་བྱ་བ་ནི། གང་ཟག་རླུང་ནད་ཅན་གྱིས་ནི་དོམ་ལྤགས་དེའི་སྟེང་དུ་འདུག་པ་དང་ཉལ་བར་ཡང་བྱ་བའོ། ། ་གཞད་འབྲུམ་ཅན་ཐམས་ཅད་ཀྱིས་ཀྱང་དེ་བཞིན་ནོ་ཞེས་བྱ་བ་ནི། གཞང་འབྲུམ་གྱི་ནང་ཅན་ཐམས་ཅད་ཀྱིས་ཀྱང་དོམ་ལྤགས་དེ་ལྔར་བསྟན་པ་བཞིན་དུ་?་བའི་གནས་སུ་གདིང་བ་དང་མཆིལ་ལྷམ་དག་ཏུ་བགོ་བ་དང་འདུག་པ་དང་ཉལ་བར ་ཡང་བྱ་བའོ། །འདིར་གཞུང་ནི། དེ་ལྟ་བས་ན་དགེ་སློང་གཞད་འབྲུམ་ན་བས་དོམ་ལྤགས་ཀྱི་མཆིལ་ལྷམ་དག་བཅང་བར་རྗེས་སུ་གནང་ངོ་ཞེས་གསུངས་པ་ཡིན་ནོ། །དེའི་རྗེས་སུ་འབྲང་བས་རྐང་བའི་གནས་སུ་གདིད་བ་དང་འདུག་པ་དང་ཉལ ་བར་རིགས་ཏེ་ཕན་པའི་ཕྱིར། །དེ་ལ་དེ་ལྟར་སྦྱར་བར་བྱའོ་ཞེས་བྱ་བ་ནི། དོམ་ལྤགས་དེ་ལ་རྣམ་པ་དེ་ལྟར་ནན་ཏན་དུ་སྦྱར་བར་བྱའོ། །སྦུ་ལ་རེག་བས་ཕན་པ་བྱེད་པ་ཉིད་དུ་རིག་གོ་ཞེས་བྱ་བ་ནི། དོམ་ལྤགས་ཀྱི་སྤུ་ལ་རེགཔས་ཕན་པ་བྱེད་པ་ཉིད ་དུ་ཤེས་པའོ། །འདིར་གཞུང་ནི། དགེ་སློང་དག་དོམ་ལྤགས་ཀྱི་སྦུ་དག་འོག་ཏུ་བསྟེན་བར་བྱེད་པ་དང་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ། སྤུ་དག་གྱེད་རུ་བསྟན་བར་བྱའོ་ཞེས་གསུངས་པ་ཡིན་ནོ། །མཆིལ་ལྷམ་དག་རིམ་པ་མང ་པོ་ཉིད་ཀྱིས་ཀྱང་ངོ་ཞེས་བྱ་བ་ཡང། ཕན་པ་བྱེད་པ་ཉིད་དུ་རིག་གི་ཞེས་བྱ་བར་སྦྱར་ཏེ། དོམ་ལྤགས་གཅིག་རིམ་ཡང་ཕན་པ་བྱེད་པ་ཉིད་ཡིན་བས་རིམ་པ་མང་པོ་ཉིད་ཅེས་སྨོས་པ་ནི་མཆོག་ཏུ་བསྟན་བའི་ཕྱིར་རོ། །དུ་མའི་སྟེང་དུ་གཅིག? ་གཞག་པས་ཀྱང་ངོ་ཞེས་བྱ་བ་ནི། ཀོ་ལྤགས་གཞན་རིམ་པ་དུ་མའི་སྟེང་དུ་དོམ་ལྤགས་རིམ་པ་བཅིག་གཞག་པས་ཀྱང་ཕན་པ་བྱེད་པ་ཉིད་དུ་རིག་གོ་ཞེས་བྱ་བར་སྦྱར་ཏེ། གལ་ཏེ་རིམ་ཡང་པོ་ཉིད་མི་འབྱོར་ན། དེའི་ཚ་རིམ་པ་ཞན་དག་གིས ་སྟེང་དུ་རིམ་པ་གཅིག་ཁོན་ལ་བརྟེན་པར་བྱའོ། །འདིར་གཞུང་ནི། རིམ་པ་མང་པོ་དག་རྙེད་པ་མང་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྟེང་དུ་གཅིག་རིམ་གཞུག་པར་བྱའོ་ཞེས་གསུངས་པ་ཡིན་ནོ། །ཤམ་པ་རན་ཏ་དག་ཏུ་ནི་ཀོ ་ལྤགས་མི་བཅང་བར་མི་བྱའོ་ཞེས་བྱ་བ་ནི། ཡུལ་ཨཤམ་པ་རན་ཏ་དག་ཏུ་ན་ཀོ་ལྤགས་ཅི་དགའ་མགུར་བད་དུ་གནང་བས། དེ་ལས་གཞན་པ་དག་ཏུ་བཀག་པ་འདི་དག་གསུངས་པར་སྦྱར་རོ། །འདིར་གཞུང་ནི། བེའུ་གསོད་པའི་གླེང་བཞི ་ལས། དེ་ལྟ་བསན་དགེ་སློང་གིས་ཀོ་ལྤགས་བཅང་པར་མི་བྱའོ་ཞེས་གསུངས་པ་ཡིན་ནོ། །སེང་གེ་ལ་སོགས་པའི་མི་བཅང་ངོ་ཞེས་བྱ་བ་ཡང། ཀོ་ལྤགས་ཞེས་བྱ་བར་སྦྱར་ཏེ། སེང་གེ་དོད་སྟག་ལ་སོགས་པ་ནས་གླང་པོ་ཆེ་ཕལ་བ་ལ་སོགས ་བའི་མཐར་ཐུག་པའི་དག་གི་ཀོ་ལྤགས་ཉེ་བར་གཞག་པར་གཞག་པར་མི་བྱའོ། །གང་གི་ཀོ་ལྤགས་མི་རུང་བ་ཉིད་ཡིན་པ་དེའི་རྒྱུས་བ་དང་རུས་པ་དང་ས་དོང་ཤ་ལ་སོགས་པ་ཡང་ངོ་ཞེས་བྱ་བ་ཡང། སྲོག་ཆགས་གང་གི་ཀོ་ལྤགས་མི་རུང་བ་དེའི་རྒྱུས ་བ་ལ་སོགས་པ་ཡང་མེ་རུང་བ་ཉིད་ཡིན་ནོ། །རྐྱལ་བ་བསྐ་བ་བཅང་བར་བྱའོ་ཞེས་བྱ་བ་ནི། ཆུ་ལ་རྐྱལ་པ་བསྐ་བས་ཞེན་བར་བྱས་པར་བཅང་བར་བྱའོ། །ཡང་ན་རྐྱལ་སྐྱའོ་ཞེས་བྱ་བ་ཡང། ཆུ་ལ་རྐྱལ་པས་བཅང་བར་བྱའོ་ཞེས་བྱ་བར་སྦྱར་རོ། །རྒྱལ ་པ་བསྐ་བས་ཞེན་པར་བྱས་པ་དཀར་པོ་ནི་རྐྱལ་སྐྱ་ཞེས་བྱའོ། །ཁྲ་བོ་བ་ཀ་བ་མི་བཅང་ངོ་ཞེས་བྱ་བ་ནི། རྐྱལ་བ་དང་རྐྱལ་སྐྱལ། །རྐྱལ་མི་ཤེས་པས་སྟ་གོན་མ་བྱས་པར་ཆུའི་གཏིང་དུ་འཇུག་པར་མི་བྱའོ་ཞེས་བྱ་བ་ནི། གང་ཟག་རྐྱལ་མི་ཤེས་པས་སྟེ ་གོན་མ་བྱས་པར་ཞེས་བྱ་བ་རྐྱལ་བ་ལ་སོགས་པས་རྐྱལ་མ་བསླབས་པར་ཆུའི་གཏིང་དུ་འཇུག་པར་མི་བྱའོ། །འདིར་གཞུང་ནི། གང་རྐྱལ་མི་ཤེས་བ་དེས་རང་གི་ལུས་ཡོངས་སུ་བཏང་བར་མི་བྱའོ་ཞེས་གསུངས་པ་ཡིན་ནོ། །དབེན་བའི་ཕྱོགས་སུ་རྐྱལ ་བསླབ་པར་བྱའོ་ཞེས་བྱ་བ་ནི། དབེན་པའི་ཕྱོགས་སུ་རྐྱལ་བསླབ་པར་བྱ་བ་སྟེ། འདི་ན་མི་མཛེས་བའི་དངོས་པོ་ཡོངས་སུ་སྤང་བར་བྱ་བའི་ཕྱིར་རོ། །དེ་མ་ཡིན་པའི་གཏིང་དུ་ཁྱུ་མཆོག་མ་གཏོགས་པའི་བ་ལང་ལ་བརྟེན་པར་མི་བྱའོ་ཞེས་བྱ་བ་ནི། ་བ་ལང་གིས་རྒལ་མི་ནུས་པའི་གཏིང་དུ་བ་ལང་ཁྱུ་མཆོག་མ་གཏོགས་པའི་བ་ལང་གཞན་ལ་བརྟེན་པར་མི་བྱའོ། །འདིར་བ་ལང་ཞེས་སྨོས་བ་འདི་ནི་རིགས་ཙམ་ལ་བྱ་སྟེ། བ་ཡང་རུང་གླང་ཡང་རུང་ངོ། །དེ་ལ་གལ་ཏེ་བ་ལ་བརྟེན་ན་བསླབ་བའི ་གཞི་འདི་ལས་འགལ་བའི་ཉེས་བྱས་གཅིག་དང་མོ་ལ་རེག་པའི་ཉེས་བྱས་གཞན་གཅིག་དང་གཉིས་སུ་འགྱུར་རོ། །ཁྱུ་མཆོག་མ་གཏོགས་པ་ཞེས་བྱ་བ་ནི་དེ་མཐུ་དང་ལྡན་པས་དལ་བར་མི་འགྱུར་བའི་ཕྱིར་རོ། །གླང་པོ་དང་རྟ་དང་མ་ཧ་དང་གཡག ་ངག་ལ་བརྟེན་པར་བྱའོ། །ཞེས་བྱ་བ་ནི། ཆུ་ཀླུང་བརྒལ་བའི་ཕྱིར་རོ། །ཀོ་ལྤགས་ཀྱི་གཞི་རྫོགས་སོ་ཞེས་བྱ་བ་དེ་བཤད་ཟིན་ཏོ། །ད་ནི་སྨན་གྱི་གཞི་བསྡུ་བར་བྱ་སྟེ། དེའི་ཕྱིར་སྨན་བསྟན་པར་བྱའོ་ཞེས་བྱ་བ་སྨས་ཏེ། བཟའ་བ་དང་བཏུང་བར་བྱའོ། ། ་ཞེས་བྱ་བའི་ཐ་ཚིག་གོ། དེ་ནི་རྣམ་པ་བཞི་འོ་ཞེས་བྱ་བ་ནི། སྨན་དེའི་རྣམ་པ་བཞི་ཡོད་དེ། དུས་སུ་རུང་བ་དང་ཐུན་ཆོད་དུ་རུང་བ་དང། ཞག་བདུན་པ་དང། འཚོ་བའི་བར་དུ་བཅང་པ་ཉིད་དོ། །དེ་ལ་དུས་སུ་རུང་བ་ཞེས་བྱ་བ་ནི། འབྲས་ཆན་ལ་སོགས་པའི ་རང་གི་གུང་ཚིགས་ཀྱི་དུས་ཚུན་ཆད་དུ་བྱེ་བྲག་མེད་པར་བསྟེན་བར་བྱ་བ་ཉིད་གང་ཡིན་པའོ། །ཐུན་ཚོང་དུ་རུང་བ་ཞེས་བྱ་བ་ནི། ཐུན་ཚོད་ཀྱི་མཛའ་ཨི་དུས་ཚུན་ཆད་དུ་རང་གིས་བྱིན་གྱིས་བརླབས་ཏེ་བསྟེན་པར་བྱ་བ་གང་ཡིན་པའོ།། ་ཞག་བདུན་པ་ཞེས་བྱ་བ་ནི། ཞག་བདུན་གྱི་མཛའ་ཚུན་ཆད་དུ་མཚན་མོ་དང་ཉིན་མོའི་ངོ་བོ་ཉིད་ཀྱི་དུས་སུ་རང་གིས་བྱིན་གྱིས་བརླབས་ཏེ་བསྟེན་པར་བྱ་བ་གང་ཡིན་པའོ། །འཚོ་བའི་བར་དུ་བཅང་བ་ཞེས་བྱ་བ་ནི། ཇི་སྲིད་འཚོའི་དུས་ཀྱི ་མཛའ་མཚུན་ཆད་དུ་རང་གིས་བྱིན་གྱིས་བརླབས་ཏེ་བསྟེན་པར་བྱ་བ་གང་ཡིན་པའོ། །དང་པོ་མ་ཡིན་པ་ཉིད་དག་ནི་ནད་པའི་ཕྱིར་རོ་ཞེས་བྱ་བ་ལ་འདིར་དང་པོ་ཞེས་བྱ་བ་ནི། དུས་སུ་རུང་བ་སྟེ། དེ་མ་ཡིན་པ་ལྷག་མ་གསུམ་པོ་མཐུན་ཚོང ་དུ་རུང་བ་དང། ཞག་བདུན་པ་དང་འཚོ་བའི་བར་དུ་བཅང་བ་དག་ཉིད་ནི་ནང་བའི་ཡུལ་ལ་བསྟེན་པར་བྱ་བ་ཉིད་ཡིན་གྱི། མིན་བའི་ཡུལ་ལ་ནི་མ་ཡིན་ནོ། །འདི་སྐད་བསྟན་ཏེ། ཐུན་ཚོང་དུ་རུང་བ་གང་ཡིན་པ་ནི་ཐུན་ཚོད་ཀྱི་མཛའ་ཨི་དུས་སུ་རང་གིས ་བྱིན་གྱིས་བརླབས་ཏེ། བསྟེན་པར་བྱ་བ་ཉིད་ཡིན་ནོ། །ཞག་བདུན་པ་གང་ཡིན་པ་ནི། ཞག་བདུན་གྱི་མཛའ་ཨི་དུས་སུ་རང་གིས་བྱིན་གྱིས་བརླབས་ཏེ་བསྟེན་པར་བྱ་བ་ཉིད་ཡིན་ནོ། །འཚོ་བའི་བར་དུ་བཅང་པ་གང་ཡིན་པ་ནི་ཇི་སྲིད་འཚོ་བའི་བར་དུ ་རང་གིས་བྱིན་གྱིས་བརླབས་ཏེ་བསྟེན་པར་བྱ་བ་ཉིད་ཡིན་ཏེ། དེ་དག་ནི་ནང་པའི་ཕྱིར་གནང་བ་ཡིན་གྱི། མིན་བའི་ཕྱིར་ནི་མ་ཡིན་ནོ། །ངེས་ན་ཐུན་ཚོད་དུ་རུང་བ་དང། ཞག་བདུན་པ་དང། འཚོ་བའི་བར་དུ་བཅད་བའི་སྨན་དག་ནི་ཡིན་བས་ཐུན་ཚོད ་དུ་རུང་བ་ཉིད་ལ་སོགས་པར་བྱེན་གྱིས་བརླབ་ཏུ་ཡང་མི་རུང་ལ་གཞན་གྱིས་བྱིན་གྱིས་བརླབས་པ་དག་ཀྱང་བཟར་མི་རུང་ངོ། །བྱིན་གྱིས་མ་བརླབས་པ་དག་ནི་དུས་མ་ཡིན་པར་བཟར་ཡང་རུང་ངོ། །འདིར་གཞུང་ནི། བཙུན་པ་ཐུན་ཚོད་དུ་རུང་བ་དང ་ཞག་བདུན་པ་དང་འཚོའི་བར་དུ་བཅང་བའི་སྨན་བྱིན་ལེན་གྱིས་པ་དང་བྱིན་གྱིས་བརླབས་པ་གང་དག་ལགས་པ་དེ་དག་བྲོ་མི་འཚལ་བས་ཡོངས་སུ་བཅད་དུ་རུང་དམ། ཉེ་བར་འཁོར་མི་རུང་ངོ། །བྱིན་ལེན་བགྱིས་པ་དང་བྱིན་གྱིས་བརླབས་པ་དེ་དག་བྲོ་འཚལ ་བས་ཡོངས་སུ་སྤྱད་དུ་རུང་ངམ། ཉེ་བར་འཁོར་རུང་ངོ་ཞེས་གསུངས་པ་ཡིན་ནོ། །ཙོ་ཅ་དང་ཆུ་ཤིང་གི་འབྲས་བུ་དང་རྒྱ་ཤུག་དང་ཨ་ཤྭདཐ་དང་ཨུ་དུམ་བ་ར་དང་སྩུབ་འགྱུར་དང་རྒུན་ཆུ་དང་འབྲ་གོའི་བཏུང་བ་རྣམས་ནི་ཐམས་ཅད་དུའོ་ཞེས་བྱ་བ་ནི། ཙོ ་ཙ་ཞེས་བྱ་བའི་ཤིང་ཏོག་ལ་སོགས་པ་བརྒྱད་པོ་དེ་དག་གི་ཁུ་བ་ལས་སྐོམ་དུ་བྱས་པ་དག་ནི་ན་བ་དང་མིན་པ་དང་དུས་དང་དུས་མ་ཡིན་པ་ཐམས་ཅད་དུ་བཏུང་དུ་རུང་བ་ཡིན་པས། དེ་དག་ཀྱང་དང་པོ་ཉེར་མ་ཡིན་ནོ། །ཐུན་ཆོད་དུ་རུང་པ་ནི་བཏུང་བ ་དག་གོ་ཞེས་འབྱུང་བའི་རྣམ་པས་ན་འདིར་ཐུན་ཚོང་དུ་རུང་བ་ནི། དང་པོ་ཉིད་མ་ཡིན་པ་རྣམ་པར་གནས་པ་ཉིད་ཡིན་ཏེ། ཐུན་ཚོད་དུ་རུང་བ་ཉིད་དེ་དག་ནི་ཐམས་ཅད་དུ་རུང་བ་ཉིད་ཡིན་ནོ། །ཞེས་བྱ་བའི་ཐ་ཚིག་གོ། བཅོས་པའི་ཚྭ་དང་འབྲུའི་ཚ་དང་ཞོ་ཁ ་ཆུ་དང་དར་བའི་དངས་མ་དང་རྩ་བ་མོ་ཆུས་བཏབ་པ་ཚགས་ཀྱི་བཙགས་བ་ཤིན་ཏུ་ཀླབ་བཞིན་སྣང་བ་འདམ་བུའི་ཉག་མའི་མདོག་ལྟ་བུ་དག་ཀྱང་དེ་དང་འདྲའོ་ཞེས་བྱ་བ་ནི། བཅོས་པའི་ཚྭ་ལ་སོགས་པ་ལྔ་པོ་ཆུས་བཏབ་པ་ལ་སོགས་པ་དེ ་དག་ནི་ཤིང་ཏོག་ཙོ་རྩལ་ལ་སོགས་པའི་བཏུང་བ་དང་འདྲའོ་ཞེས་བྱ་བར་སྦྱར་རོ། །བཅོས་པའི་ཆཝ?་ཞེས་བྱ་བ་ནི། རྒུན་ཆད་དང་སྦྲང་ཆང་ལ་སོགས་པ་བཅོས་པའི་ཚྭའོ། །འབྲུའི་ཚྭ་ཞེས་བྱ་བ་ནི་ནས་ཆང་དང་འབྲས་ཆང་ལ་སོགས་པ་འབྲུའི་ཆང ་ལས་བྱས་པའི་ཚྭའོ། །ཞོ་ཁ་ཆུ་ཞེས་བྱ་བ་ནི་ཞ་ཁུའོ། །ངར་བའི་དངས་ན་ཞེས་བྱ་བ་ནི་ཆུར་ཁུའོ། །རྩ་བ་མོ་ཞེས་བྱ་བ་ནི། འབྲས་དང་ཕྲེ?་དང་གྲོལ་སོགས་པ་བཙོས་པའི་ཁུ་བ་རྩི་མེད་པར་མནན་པའི་ཆང་ཁུའོ། །ཆུས་བཏབ་པ་ཞེས་བྱ་བ་ནི། ལྔ་པོ ་དེ་དག་ནི་ཆུའི་རུང་བས་རུང་པར་བྱས་པའོ། །ཚགས་ཀྱིས་བཙགས་པས་ཞེས་བྱ་བ་ནི་རས་ཀྱིས་ཚགས་ཀྱིས་བཙགས་པའོ། །ཤིན་ཏུ་སླ་བ་ཞེས་བྱ་བ་ནི། སྐ་བ་མ་ཡིན་པའོ། །བཞིན་སྣང་བཞེས་བྱ་བ་ནི། བཞིན་གྱི ་གཟུགས་བརྙན་སྣང་བའོ། །?་ཁུ་ཉིག?་མའི་མདོག་ལྟ་བུ་ཞེས་བྱ་བ་ནི། འདམ་བུའི་ཉག་མའི་མདོག་འདྲ་བ་སྟེ། ཅུང་ཟད་ཙམ་སེར་བའི་རྣམ་པ་ཡིན་ནོ། །དེ་དང་འདྲའོ་ཞེས་བྱ་བ་ནི། ཙོ་ཙ་ལ་སོགས་པའི་ལྟུང་བ་དང་འདྲ་བ་སྟེ། བཅོས་བའི ་ཚྭལ་སོགས་པ་ལྔ་པོ་དེ་དག་བཅོས་པའི་ཚྭ་ལ་སོགས་པ་ཉིད་དུ་ཤིན་ཏུ་སྲིན་ཅིང་ཡོངས་སུ་གྲུབ་ཅེས་བྱ་བའི་ཐ་ཚིག་གོ། འདིར་གཞུང་ནི། དགེ་སློང་དག་ལྔ་པོ་འདི་དག་ནི་ལྟུང་བ་བསྐྱུར་བ་དག་ཡིན་ཏེ། །འདི་ལྟ་སྟེ་བཅོས་པའི་ཚ་དང་འབྲུའི ་ཚ་དང་ཞོ་ཁ་ཆུ་དང་དར་བའི་དངས་མ་ངང་རྩབ་མ་མི་ལྔ་པ་ཡིན་ཏེ། དེ་དག་ཆུས་བཏབ་པ་ཚགས་ཀྱིས་བཙགས་པ་ཤིན་ཏུ་སླ་བ་བཞིན་སྣང་བ་འདམ་བུའི་ཉག་མའི་མདོག་ལྟ་བུ་དག་ནི་དུས་སམ་དུས་མ་ཡིན་པར་ཡང་ནད་པ་འམ་ནང་བ་མ་ཡིན ་བས་གཏུང་བར་བྱ་བ་དག་སྟེ། འདི་ལ་འགྱོད་པར་མི་བྱའོ་ཞེས་གསུངས་པ་ཡིན་ནོ། །དེ་ལྟ་བུ་ཉིད་ཀྱིས་མདུན་རོལ་ཏུ་བསྙེན་པར་རྫོགས་པའི་མཚན་མཐུན་པས་རེག་ཏུ་མི་རུང་ངོ་ཞེས་བྱ་བ་ལ། དེ་ལྟ་བུའི་དངོས་པོ་ནི་དེ་ལྟ་བུ་ནིད་དོ། །དེ་ལྟ་བུ་ཉིད ་ཀྱི་མདུན་རོལ་ཏུ་ཞེས་བྱ་བ་ནི། ཆུས་བཏབ་བ་ལ་སོགས་པ་ཉིད་ཀྱི་མདུན་རོལ་ཏེ། ཆུ་མ་བཏབ་པ་ཉིད་ལ་སོགས་པའི་ཚེའོ། །དེའི་ཚེ་བཅོས་པའི་ཚལ་ལོ་སོགས་པ་དེ་དག་ལ་བསྙེན་པར་རྫོགས་པ་མཚན་མཐུན་པས་རེག་ཏུ་མི་རུང་བ་ཉིད་ཡིན ་ནོ། །འདི་ལྟར་རེག་པ་ནི་རྣམ་པ་གཉིས་ཏེ། བྱིན་ལེན་བྱས་བ་སྔོན་དུ་བཏང་བ་དང། བྱིན་ལེན་བྱས་པ་སྔོན་དུ་མ་བཏང་པའོ། །དེ་ལ་བྱིན་ལེན་བྱས་པ་སྔོན་དུ་མ་བཏང་བ་ལ་དག་པ་ལ་ནི་ལག་ཉར?་བླངས་པའི་ཉེས་པས་གོས་པར་འགྱུར་བས་། ་དེའི་ཕྱིར་འདིར་ནི་བྱིན་ལེན་བྱས་པ་སྔོན་དུ་བཏང་བའི་རེག་པ་འགོག་བར་བྱེད་དོ། །འདི་སྐད་བསྟན་ཏེ། བཏུང་བ་ཇི་སྲིད་དུ་ཆུས་མ་བཏབ་ཅིང་ཚགས་ཀྱིས་མ་བཙགས་པ་བཏུང་དུ་རུང་བར་མ་གྱུར་ཅིང། ཤམ་ཐང་བྱེ་བར་མ་གྱུར་པ་དེ་སྲིད་དུ་བསྙེན་པར་རྫོགས ་པ་མཚོན་མཐུན་པས་སྔར་བྱིན་ལེན་མི་བྱའོ། ། རུ་ར་ལ་སོགས་པ་ལྔ་ཡང་ངོ་ཞེས་བྱ་བ་ནི། ཨ་རུ་ར་དད་བ་རུ་ར་དང་སྐྱུ་རུ་ར་དང། ན་ལེ་ཤམ་དང། བི་བི་ལིང་ཞེས་བྱ་བ་ལྔ་པོ་དག་ཀྱང་ཐམས་ཅད་དུ་རུང་བ་སྟེ། དང་པོ་ཉིད་མ་ཡིན་ནོ། །འདིར་གཞུང་ནི་ཕྲན ་ཚེགས་དག་ལས། འབྲས་བུ་ལྔ་ནི་དུས་སམ་དུས་སམ་དུས་མ་ཡིན་པར་ཡང་ནི་བའམ། མི་ན་བས་ཀྱང་བཟའ་བར་བྱ་བ་དག་ཡིན་ཏེ། ལྔ་གང་ཞེ་ན། ཨ་རུ་ར་དང། སྐྱུ་རུ་ར་དང། བདུ?་ར་དང། ན་ལེ་ཤམ་དད་པི་པི་ལིང་ངོ་ཞེས་གསུངས་པ་ཡི་མོའུ་དམ་ཡོང་ཞེS་བྱ ་བ་ནི། བུ་རམ་བྱིན་གྱིས་མ་བརླབས་པ་ཡང་ཐམས་ཅད་དུ་རུང་བ་སྟེ། དང་པོ་ཉིད་མ་ཡིན་ནོ། །དེ་བྱིན་གྱིས་བརླབས་པ་བཟའ་བ་ལ་ལམ་དུ་ཞུགས་པ་དང་དག་སྐོས་དང་ལག་གི་བླ་རྣམས་ནི་ནད་པ་དང་འདྲ་བ་ཉིད་ཡིན་ནོ་ཞེས་བྱ་བ་ནི། བུ་རམ་དེ་ཞག་བདུན་པ་ལ ་སོགས་པར་བྱིན་གྱིས་བརླབས་པ་བཟའ་བ་ལ་ཇི་ལྟར་ནང་པས་དུས་དང་དུས་མ་ཡིན་པ་ཐམས་ཅད་དུ་བཟར་རུང་བ་དེ་བཞིན་དུ། ལམ་དུ་ཞུགས་པ་དང་དགེ་བསྐོས་དང་ལག་གིས་བླ་དག་གིས་ཀྱང་བཟང་རུང་ངོ། །ཞེས་བྱ་བའི་ཐ་ཚིག་གོ། ཟན ་ཆད་པས་ཀྱང་དེ་དང་དུས་སུ་རུང་བ་མ་ཡིན་པར་གཟར་རུང་ངོ་ཞེས་བྱ་བ་ནི། དགེ་སློང་ཟན་ཆད་བས་ཀྱང་བུ་རམ་བྱིན་གྱིས་བརླབS་བ་དེ་དང་ནད་པ་དང་འདྲ་བ་ཉིད་དུ་བཟང་རུང་ལ། གཞན་ཡང་དུས་སུ་རུང་པ་མར་དང་འབྲུ་མར་ལ་སོགས་པ་ཡང་དུས་མ་ཡིན ་པའ་གཟར་རུང་ཞིང་ཞག་བདུན་པ་དང། འཚོ་བའི་བར་དུ་བཅང་པ་ཐམས་ཅད་ཀྱང་གཟར་རུང་བའོ། །བུ་རམ་དང་འདྲ་བར་སྦྲང་རྩི་ཡང་དུས་མ་ཡིན་པར་ཡང་བཟར་རུང་སྟེ། བཅོམ་ལྡན་འདས་ཀྱིས་སྤྲེའུ་ལས་སྦྲང་རྩི་བཞེས་ཤིང་རུང་བར་བྱས་སོ ་སྙམ་དུ་དགོངས་པའི་ཕྱིར་ཏེ། ངེས་ན་བཏུང་བ་དང་འདྲ་བར་ཕྱེད་ཡོལ་ཕན་ཆད་ཀྱང་སྦྲང་རྩི་རུང་པར་བྱ་བར་རིགས་སོ། །ད་ནི་རྣམ་པ་བཞི་པ་དག་བརྗོད་པར་བྱ་སྟེ། དེ་ལ་དུས་སུ་རུང་བ་ཞེས་བྱ་བ་ནི་བཟའ་བར་བྱ་བ་ཐམས་ཅད་དུས་སུ ་བཟར་རུང་བ་ཉིད་ཡིན་པས་ལོགས་ཤིག་ཏུ་མི་བརྗོད་དེ་བྱེ་བྲག་མེད་པའི་ཕྱིར་རོ། །ཐུན་ཆོད་དུ་རུང་བ་དང། ཞག་བདུན་པ་དང། འཚོ་བའི་བར་དུ་བཅང་བ་དག་བརྗོད་པར་བྱ་སྟེ། དེའི་ཕྱིར་ཐུན་ཚོང་དུ་རུང་བ་ནི་བཏུང་བ་དག་གོ་ཞེས་བྱ་བ་སྨྲས་ཏེ། འདིར ་ཐུན་ཚོང་དུ་རུང་བ་ནང་བས་བྱིན་གྱིས་བརླབ་པར་བྱ་བའི་གཞུང་ནི་ཁྱིམ་པ་འམ་དགེ་ཚུལ་གྱིས་སྦྱར་བ་ཚགས་ཀྱིས་བཙགས་པ་དག་ནི་ཐུན་ཚོང་དུ་རུང་བའོ་ཞེས་གསུངས་པ་ཡིན་ནོ། །ཐུན་ཚོང་དུ་རུང་བའི་བཏུང་བ་བྱིན་གྱིས་མ་བརླབས་པ་ཐམས་ཅད ་ལ་རུང་པའོ་བཞུང་ནི་འབྲས་བུ་བརྒྱད་པོ་ཁྱིམ་པ་འམ་དགེ་ཚུལ་གྱིས་སྤྱད་པ་ཚགས་ཀྱིས་བཅགས་པ་འདི་དག་ནི་དུས་སམ་དུས་མ་ཡིན་པར་ཡང་ན་བ་འམ་ན་བ་མ་ཡིན་པས་ཀྱང་བཏུང་བར་བྱ་བ་དག་ཡིན་ཏེ། འདི་ལ་འགྱོད་པར་མི་བྱའོ་ཞེS ་གསུངས་པ་ཡིན་ཏེ། ཤིན་ཏུ་སླ་བའོ་ཞེས་བྱ་བ་ནི། ཐུན་ཚོང་དུ་རུང་བ་ནི་བཏུང་བ་དག་གོ་ཞེས་སྨོས་པ་དེའི་སྐ་བ་ཉིད་སྩལ་ཏོ། །དེའི་རྫས་དེ་ཉིད་མ་ཡིན་པའི་ཕྱིར་གལ་ཏེ་དུས་སུ་རུང་བ་ཡིན་ན་བསྙེན་པར་མ་རྫོགས་པས་སྦྱར་ཞིང་ཚངས་ཀྱིས་ཀྱང ་བཙགས་པར་བྱའོ་ཞེས་བྱ་བ་ལ། དེའི་རྫས་ཞེས་བྱ་བ་ནི་བཏུང་བ་དེའི་རྫས་སོ། །དེ་ཉིད་མ་ཡིན་པའི་ཕྱིར་ཞེས་བྱ་བ་ནི། བཏུང་བ་ཉིད་མ་ཡིན་པའི་ཕྱིར་རོ། །གལ་ཏེ་དུས་སུ་རུང་བ་ཡིན་ན་ཞེས་བྱ་བ་ནི། རྫས་གང་ལས་བཏུང་བར་བྱ་བའི་རྫས་དེ ་གལ་ཏེ་དུས་སུ་རུང་བ་ཡིན་ན་སྟེ། དེའི་ཚེ་རྫས་དེ་བསྙེན་པར་མ་རྫོགས་པར་བསྐོལ་བ་ལ་སོགས་པ་སྦྱར་ཞིང་ཚགས་ཀྱིས་ཀྱང་བཙག་པར་བྱའོ། །དུས་མ་ཡིན་པར་རུང་བ་ཉིད་ན་ནི་བསྙེན་པར་རྫོགས་པས་སྦྱར་ཞིང་བཙག་?་ལ་ཡང་ཉེས་བ་མེད་དོ།། ་དེ་དག་ཏུ་གཞན་པལ་པོ་སེའུ་དང་མདུ་ལུང?་ག་ལ་སོགས་བའི་རྫས་སོ་ཞེས་བྱ་བ་ནི། ཐུན་ཚོང་དུ་རུང་བའི་བཏུང་བ་དེ་དག་ཏུ་ཙོ་ཙ་ལ་སོགས་པའི་བཏུང་བ་དག་ལས་གཞན་པ། བལ་བོ་ལེའུ་དང་མ་དུ་ལུང་གལ་སོགས་པའི་རྫས་དག་གིས་སྦྱོར་བར་བྱེད་ན ་འདི་ལྟར་དེར་བལ་པོ་སེའུ་དང་མ་དུ་ལུང་གལ་སོགས་པའི་རྫས་ཀྱིས་ཟས་ཉིད་ཀྱིས་ཁྱབ་པར་བྱེད་དུ་ཟིན་ཀྱང་ཉེས་པ་མེད་པའོ། །སོགས་བཞེས་བྱ་བའི་སྒྲས་ནི་རྩ་བ་དང་སྡོང་བུ་དང་འདབ་མ་དང་མེ་ཏོག་དང་འབྲས་བུ་ཟས་ཀྱི་དོན་དུ་ཁྱབ་པར་བྱེད་པ ་གང་ཡིན་པ་དེ་དག་ཀྱང་བསྡུ་པར་རིག་པར་བྱའོ། །འདི་སྐད་བསྟན་ཏེ། །ཙོ་ཙལ་སོགས་པའི་བཏུང་པ་དག་ལས་གཞན་པའི་བཏུང་བ་བལ་བོ་སེའུ་དང་མ་དུ་ལུང་ག་ལ་སོགས་པས་སྦྱོར་བར་བྱེད་ན། འདི་ལྟར་དེར་བལ་པོ་སེའུ་དང་མ་དུ་ལུང་ག་ལ ་སོགས་པའི་རྫས་ཀྱི་ཟས་ཉིད་ཀྱིས་ཁྱབ་པར་བྱེད་དུ་ཟིན་ཀྱང་ཉེས་པ་མེད་དོ། །འདིར་གཞུང་ནི་དགེ་སློང་དག་གིས་བུར་མ་ཟོས་པ་དང། དེ་དག་ལ་སྐོམ་པའི་གནོད་པ་བྱུང་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བུ་རམ་ཆུ་བྱས་ཏེ་བཏུང་བར ་བྱའོ་ཞེས་གསུངས་པ་ཡིན་ནོ། །དེ་དུས་སུ་རུང་བ་ཉིད་ཡིན་ན་ཐུན་ཚོད་ཀྱི་མཛའ་ཡིན་ནོ་ཞེས་བྱ་བ་ནི། བཏུང་པའི་རྫས་དེ་རྒུན་འབྲུམ་ལ་སོགས་པ་དུས་སུ་རུང་བ་ཉིད་ཡིན་ན་མཚན་མོའི་ཐུན་ཚོང་ཀྱི་ཆའི་ཚད་ཀྱི་མཛའ་གང་ཡིན་པ་དེ་བཏུང་བ ་དེ་བཏུང་བའི་མཛའ་ཡང་ཡིན་པར་རིག་པར་བྱའོ། །གཞན་ཉིད་ཡིན་ན་དེའི་གང་ཡིན་པའོ་ཞེས་བྱ་བ་ནི། བཏུང་བའི་རྫས་དེ་དུས་སུ་རུང་བ་ལས་གཞན་པ་དུས་མ་ཡིན་པར་རུང་བ་ཉིད་ཡིན་ན་རྫས་དེའི་བཟའ་བའི་དུས་ཀྱི་མཛའ་ཞག་བདུན་པ་འམ ་འཚོ་བའི་བར་དུ་བཅང་བའི་མཛའ་གང་ཡིན་པ་དེ་ཉིད་བཏུང་བ་དེའི་མཛའ་ཡང་ཡིན་པ་སྟེ། ཐུན་ཚོད་ཀྱི་མཛའ་དང་ལྷན་ཅིག་འགལ་བ་མེད་དོ། །གང་གི་ཕྱིར་ཞག་བདུན་པ་དང་འཚོ་བའི་བར་བཅད་པའི་རྫས་ཐུན་ཚོད་ཀྱི་མཛའ་ལས་ཐ་འཁར ་?་རུང་བ་ཉིད་ཡིན་པ་དུས་ཐམས་ཅད་དུ་ཉེས་པ་མེད་པའི་ཕྱིར་ནམ་ཡང་བཟང་མི་རུང་བ་ཉིད་དུ་མི་འགྱུར་བ་དེའི་ཕྱིར་དུས་སུ་རུང་བ་མ་ཡིན་པའི་རྫས་ལས་བྱས་པའི་བཏུང་བ་དེ་བཏུང་བ་ཉིད་གྱི་ཕྱིར་ནི་དུས་ཐམས་ཅད ་པ་ཉིད་ཡིན་པར་ཤེས་པར་བྱ་ཞིང་བྱིན་གྱིས་བརླབ་པའི་ཕྱིར་ནི་ཐུན་ཆོད་དུ་རུང་བ་ཉིད་ཡིན་པར་ཤེས་པར་བྱའོ། །དེ་ནི་འདིར་ལུགས་གཞན་དགག་པར་བྱ་བར་འདོད་ནས་གཞན་གྱི་ལུགས་པའི་ཕྱིར་ཁ་ཅིག་ན་རེ་མ་གྱུར་ན་དེ་ཡིན་གྱི་གྱུར་ན་གང ་ཚུན་ཆད་ད་ཡིན་པའོ་ཞེས་ཟེར་རོ་ཞེས་བྱ་བ་སྨྲས་ཏེ། འདིར་འདུལ་བ་འཛིན་པ་ཁ་ཅིག་ན་རེ་འདི་ལ་གྱུར་པ་ཞེས་བྱ་བ་ནི། བཏུང་བ་བཞིན་སྣང་བ་ཉིད་ཀྱི་མཚན་ཉིད་ཤིན་ཏུ་སླ་བ་དང་མྱོས་པར་མི་འགྱུར་བ་ཉིད་ལས་གཞན་དུ་གྱུར་པ་ཉིད་ནི་གྱུར ་པ་ཞེས་བྱ་སྟེ། མྱོས་པར་འགྱུར་བར་གྱུར་པ་ཞེས་བྱ་བའི་ཐ་ཚིག་གོ། དེས་ན་སྔར་མདོ་ལས་གཞན་ཉིད་ཡིན་ན་དེའི་གང་ཡིན་པའོ་ཞེས་སྨོས་པས་བཏུང་བའི་རྫས་ཀྱི་མཛའ་གང་ཡིན་པ་དེ་ཉིད་བཏུང་བདེའི་མཛའ་ཡང་ཡིན་ནོ། །ཞེས་གང ་བསྟན་བ་དེ་གཅིག་ཏུ་ངེས་པར་རྣམ་པར་གནས་པ་མ་ཡིན་པར་ཤེས་པར་བྱ་སྟེ། འདི་ལྟར་ངོ་བོ་ཉིད་མ་གྱུར་ན་དེ་བཏུང་བའི་མཛའ་ཡིན་གྱི། གྱུར་ན་སྐད་ཅིག་གང་ཚུན་ཆད་ཀྱི་འོག་ཏུ་ངོ་བོ་ཉིད་དེ་གྱུར་པའི་སྐད་ཅིག་དེ ་ཉིད་བཏུད་བའི་མཛའ་ཡིན་པར་ཤེས་པར་བྱའོ་ཞེས་ཟེར་ན། དེ་ནི་མ་ཡིན་ཏེ་དུས་ལྷག་པ་ལ་བསྟེན་ན་མི་འཆགས་པར་འགྱུར་བའི་ཕྱིར་དད་དེ་འབྱུང་བར་འགྱུར་བ་ཕལ་བ་རྣམས་ཀྱི་བགྲོད་པ་མ་ཡིན་པའི་ཕྱིར་བྱིན་གྱིས་བརླབ ་པར་བྱ་བ་ཉིད་མ་ཡིན་པར་འགྱུར་བའི་ཕྱིར་རོ་ཞེས་བྱ་བ་ནི། གྱུར་ན་གང་ཚུན་ཆད་དེ་ཡིན་པའོ་ཞེས་ཟེར་བ་དེ་ནི་མ་ཡིན་ཏེ། དུས་ལྷག་པ་ལ་བསྟེན་ན་མ་འཆགས་པར་འགྱུར་བའི་ཕྱིར་ཏེ། གང་ནས་ལྟུང་བར་གྱུར་བར་འགྱུར་བ་དེ་ལས ་ལྷག་པར་?་བྱིན་གྱིས་བརླབ་བརྟེན?་བྱིན་བགྱིས་བརླབ་པ་དེ་མི་འཆགས་པར་འགྱུར་བའི་ཕྱིར་རོ། །འདི་ལྟར་བྱིན་གྱིས་བརླབ་པ་ནི་རེ་ཞིག་བཟའ་པའི་ཕྱིར་ཡིན་པས་བཟར་རུང་བ་ཉིད་ཡིན་ནོ། །དེའི་ཕྱིར་གང་གི་ཚེ་བཟང་རུང་བ་ཉིད་རྣམ་པར ་ལོག་པ་དེའི་ཚེ་བྱིན་གྱིས་བརླབས་ཀྱང་རྣམ་པར་ལྡོག་པར་མི་འགྱུར་རམ། དེས་ན་སྐད་ཅིག་གང་ཚུན་ཆད་ཀྱི་འོག་ཏུ་བཏུང་བའི་ངོ་བོ་ཉིད་གྱུར་པར་འགྱུར་བའི་སྐད་ཅིག་དེ་ལས་གཞན་པའི་དུས་ལྷག་མ་དེ་ལ་ནི་བྱིན་གྱིས་བརླབ་པར་རྗེས་སུ་མ ་གནད་བས། དེས་ན་འདིར་དུས་དེ་ཙམ་ཞིག་ཏུ་འགྱུར་བའི་ཕྱིར་རོ། །གལ་ཏེ་འདི་སྙམ་དུ་དུས་གང་ལྟ་བཏུང་བའི་ངོ་བོ་ཉིད་གྱུར་པར་འགྱུར་བའི་དུས་དེ་ཙམ་ཚུན་ཆད་ལ་བྱིན་གྱིས་བརླབ་པ་བརྟེན་པར་བྱེད་པས་དེས་ན་ཉེས་བ་འདིར་མི་འགྱུར་རོ ་སྙམ་དུ་སེམས་ན་དེའི་ཕྱིར། དེ་འགྱུར་བར་འགྱུར་བ་ཕལ་པ་རྣམས་ཀྱི་བགྲོད་པ་མ་ཡིན་པའི་ཕྱིར་ཞེས་བྱ་བ་སྨྲས་ཏེ། གང་གི་ཕྱིར་འབྱུང་བར་འགྱུར་བ་མ་འོངས་པའི་དངོས་པོ་དེ། ཕལ་པ་ཆུ་རོལ་མཐོང་བ་རྣམས་ཀྱི་བགྲོད་པ་མ་ཡིན ་ཞིང་ཡུལ་གྱི་དངོས་པོར་མི་འགྱུར་བ་དེའི་ཕྱིར་བྱིན་གྱིས་བརློབ་པའི་དུས་ན་འགྱུར་བའི་དུས་ཡོངས་སུ་མི་ཤེས་པས་བྱིན་གྱིས་བརླབ་པའི་ཕྱིར་ཡོངས་སུ་བཟུང་བར་བྱ་བའི་དུས་གང་ཡིན་པ་དེ་མི་ཤེས་སོ། །དེ་མི་ཤེས་པའི་ཕྱིར་གདོན་མི ་ཟ་བ་ཁོ་ནར་དུས་ལྷག་པ་ལ་བསྟེན་པར་འགྱུར་རོ། །དེས་ན་བྱིན་གྱིས་བརླབས་པར་བྱ་བ་ཉིད་མ་ཡིན་པར་འགྱུར་བའི་ཕྱིར་རོ། །འདིར་རོ་དང་ཕྱེ་མ་དང་སྦྱར་བའི་བཏུང་བ་དག་འདུས་པ་ཉིད་ཡིན་ནོ་ཞེས་བྱ་བ་ཡང། འདིར་ཞེས་བྱ་བ་ནི་ཐུན་ཆོད ་དུ་རུང་བ་དག་སྟེ། དེར་བུ་རམ་ཤིང་ལ་སོགས་པའི་རོ་དག་ཀྱང་འདུས་པ་ཉིད་ཡིན་ལ། ཕྱེ་མ་དང་སྦྱར་བའི་བཏུང་བ་ཞེས་བྱ་པ། ཕྱེ་མཆད་གི་སྣོད་ཀྱི་ནང་དུ་སྤང་བ་ལ་ཆད་གིས་དིས་གོས་བང་གྱུར་བ་དག་ལས་བཏུང་བར་བྱས་པ་དེ་ཡང་དེར ་འདུས་པ་ཉིད་ཡིན་ནོ། །མདོ་འདི་དང་མདོ་འོག་མ་གཉིས་ནི་སྔར་ཐུན་ཚོད་དུ་རུང་བ་ནི་བཏུང་བ་དག་གོ། ཞེས་སྨོས་པའི་མདོ་དེའི་སྤོས་པ་ཡིན་ནོ། །སྨན་རྩ་བས་ཤིང་ཏུ་སླབ་ཡང་ངོ་ཞེས་བྱ་བ་ཡང། ཐུན་ཚོད་དུ་རུང་བའི ་བཏུང་བ་དག་ཏུ་འདུས་པ་ཉིད་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །སྨན་རྩ་བས་ཞེས་བྱ་བ་དེ་ཇི་ལྟ་བུ་ཞིག་ཡིན་ཞེ་ན་དེའི་ཕྱིར་དེ་ནི་རྩ་བ་ལ་སོགས་པའི་སྨོན་བསྐུས་པ་སྐྱུར་བའོ་ཞེས་བྱ་བ་སྨྲས་ཏེ། སྨན་རྩབས་ཞེས་བྱ་བ་དེ་ནི་རྩ་བ་དང་སྔར་བུ་དང ་འདབ་མ་དང་མེ་ཏོག་དང་འབྲས་བུའི་སྨན་ཆུས་སྤངས་?་བསྐུས་པའི་ཁུ་བ་སྐྱུར་བག་ཅན་དུ་གྱུར་པ་ཡིན་པར་ཤེས་པར་བྱའོ། །ཐུན་ཚོད་དུ་རུང་བ་བསྟན་ནས། ད་ནི་ཞག་བདུན་པ་བཤད་པར་བྱ་སྟེ་དེའི་ཕྱིར་ཞུན་མར་དང་འབྲུ་མར ་དང་སྦྲང་རྩི་དང་བུ་རམ་གྱི་དབུ་བ་དག་ནི་ཞག་བདུན་པའོ་ཞེས་བྱ་བ་སྨྲས་ཏེ། བུ་རམ་དང་ཧྭགས་དང་ལི་ཁ་ར་ལ་སོགས་པའི་ཐམས་ཅད་ནི་བུ་རམ་གྱི་དབུ་བ་ཉིད་ཀྱིས་འཕངས་སོ་ཞེས་བྱ་བ་ནི། བུ་རམ་གྱི་དབུ་བ་ཞེས་བྱ་བ་ཉིད་དེ་དག ་ལས་བྱུང་བ་ཡིན་པའི་ཕྱིར་རོ། །ཁྱིམ་བདག་གླང་ལྟ་བུས་དགེ་སློང་ཟན་ཆད་པ་རྣམས་ཀྱིས་དུས་མ་ལགས་པར་ཅི་ཞིག་ཚལ་དུ་རུང་ཞེས་ཞུས་པ་ན་།བུ་རམ་དང་ཞུན་མར་དང་ཧྭགས་དང་ལི་ཁར་དག་དང་བཏུད་པ་དག་གོ་ཞེས་གསུངས ་པ་གང་ཡིན་པ་དེ་ལས་ན་འདི་ལྟར་ཤེས་པར་བྱས་ཏེ། དེ་དག་ལས་བཏུང་བ་དག་སྐབས་གཞན་དུ་ཐུན་ཚོད་དུ་རུང་བ་ཉིད་དུ་གསུངས་པས། ལྷག་མ་ཞུན་མར་དང་བུ་རམ་ལ་སོགས་པ་དེ་དག་ནི་ཞག་བདུན་བ་ཉིད་ཡིན་པར་གནས་སོ།། ་བདུད་རྩི་ནི་ཞུན་མར་དང་འདྲ་བ་ཉིད་དོ་ཞེས་བྱ་བ་ནི། བཟའ་བར་བྱ་བ་ཉིད་དང་ཞག་བདུན་པ་ཉིད་ཀྱི་ཕྱིར་ཏེ། བདུད་རྩི་ནི་ཞུན་མར་དང་ངོ་བོ་ཉིད་འདྲ་བའི་ཕྱིར་རོ། །ཞག་བསྐོལ་ཅིང་བཙགས་པ་དག་ནི་འབྲུ་མར་དང་འདྲ་བ་ཉིད་ངོ་ཞེས་བྱ་བ་ཡང ་བཟང་པར་བྱ་བ་ཉིད་དང་ཞག་བདུན་པ་ཉིད་ཀྱི་ཕྱིར་ཏེ། གང་གི་ཚེ་ཞག་དག་བསྐོལ་ཞིང་བཙགས་པ་དེའི་ཆེག་ནག་བག་མེད་པ་ན་འབྲུ་མར་དང་འདྲ་བར་འགྱུར་བའི་ཕྱིར་རོ། །འདིར་གཞུང་ནི། ཞག་རྣམ་པ་ལྔ་པོ་འདི་དག་ནི་དུས་མ་ཡིན་པར་བསྐོལ། དུས་མ་ཡིན ་པར་བཙིགས། དུས་མ་ཡིན་པར་བྱིན་ལེན་བྱས། དུས་མ་ཡིན་པར་བྱིན་གྱིས་བརླབས་ན་ཡོངས་སུ་ལོངས་སྤྱད་པར་མི་བྱའོ། །དུས་སུ་བསྐོལ་ཅིང་དུས་མ་ཡིན་པར་བཙགས་དུས་མ་ཡིན་པར་བྱིན་ལེན་བྱས་དུས་མ་ཡིན། པར་བྱིན་གྱིས་བརླབS ་ན་ཡང་ཡོངས་སུ་ལོངས་སྤྱད་པར་མི་བྱའོ། །དུས་སུ་བསྐོལ་ཅིང་དུས་སུ་བཙགས་དུས་མ་ཡིན་པར་བྱིན་ལེན་བྱས་དུས་མ་ཡིན་པར་བྱིན་གྱིས་བརླབས་ན་ཡང་ཡོངས་སུ་ལོངས་སྤྱོད་པར་མི་བྱའོ། དུས་སུ་བསྐོལ་ཅིང་དུས་སུ་བཙགས་དུས་སུ་བྱིན ་ལེན་བྱས་ཤིང་དུས་མ་ཡིན་པར་བྱིན་གྱིས་བརླབས་ན་ཡོངས་སུ་ལོངས་སྤྱད་པར་མི་བྱའོ། །དུས་སུ་བསྐོལ་དུས་སུ་བཙགས་དུས་སུ་བྱིན་ལེན་བྱས་དུས་སུ་བྱིན་གྱིས་བརླབས་ན་འབྲུ་མར་ཉིད་དུ་ལོངས་སུ་སྤྱད་པས་ཞག་བདུན་པར་ཡོངས་སུ་ལོངས་སྤྱད ་པར་བྱའོ་ཞེས་གསུངས་པ་ཡིན་ནོ་།འདི་སྐད་བསྟན་ཏེ། བསྐོལ་བ་དང་བཙགས་པ་གཉིས་ནི་དུས་སུ་བྱས་ཀྱང་རུང། དུས་མ་ཡིན་པར་བྱས་ཀྱང་རུང་ལ། བྱིན་ལེན་བྱས་པ་དང་བྱིན་པ་དང་བྱིན་གྱིས་བརླབས་པ་ནི་དུས་ཁོ་ནར་བྱ་དགོས་ཏེ། གང་གིས་ཕྱིར་དུས ་མ་ཡིན་པར་བྱིན་ལེན་བྱས་པ་དང་དུས་མ་ཡིན་པར་བྱིན་གྱིས་བརླབས་པ་ཡོངས་སུ་ལོངས་སྤྱད་པར་མི་བྱ་ཞིང། དུས་སུ་བྱིན་ལེན་བྱས་ལ་དུས་མ་ཡིན་པར་བྱིན་གྱིས་བརླབས་པ་ཡང་ཡོངས་སུ་ལོངས་སྤྱད་པར་མི་བྱ་བ་དེའི་ཕྱིར་བྱིན་ལེན་དང་བྱིན་གྱིས ་བརླབས་པ་གཉིས་ནི་དུས་ཁོ་ནར་བྱ་བ་ཡིན་ན། ཆུ་བཙགས་པ་ལ་ནི་དུས་ངས་བ་མེད་དོ། །ཞག་རྣམ་པ་ལྔ་ཞེས་གསུངས་པ་དེ་དག་ནི་གང་ཡིན། ཅི་དེ་དག་འབྲུ་མར་དང་འདྲ་བ་ཉིད་ཡིན་ནམ་འོན་ཏེ་འདྲ་བ་ཉིད་མ་ཡིན་ཞེ་ན་དེའི་ཕྱིར་ཉའི་དང་རི་བོང་གི ་དང་ཆུ་སྲིན་བྱིས་བ་གསོད་ཀྱིས་དང་དོམ་གྱི་དང་ཕག་གིའོ་ཞེས་བྱ་བ་སྨྲས་ཏེ། དེ་ལྔའི་ཞག་ནི་འབྲུ་མར་དང་འདྲ་བ་ཉིད་ཡིན་ནོ། །དེ་དག་ནི་ནད་པ་ལ་ཕལ་ཆེར་སྦྱོར་བར་བྱེད་དོ། ཞེས་བྱ་བ་ནི། ཞག་རྣམ་པ་ལྔ་པོ་སྔར་བསྟན་བ་དེ ་དག་ནི་འཇིག་རྟེན་ནད་བ་ལ་ཕལ་ཆེར་སྦྱོར་ཞིང་ལྡུང་པ་བྱེད་པས་དེའི་ཕྱིར་ཞག་རྣམ་པ་ལྔ་ཞེས་གསུངས་ཀྱི་འདི་ལ་ངེས་པ་ནི་མེད་དོ། །སོས་པ་ཉིད་ནི་དེ་དག་ནད་པའི་ཕྱིར་སློང་ན་སྦྱིན་ནོ་ཞེས་བྱ་བ་ནི། ནད་བ་གང་གིས་བྱིན་གྱིས་བརླབས་པ་དེ་ཉིད ་ནས་སོས་ཉིད་ན་ཞག་རྣམ་པ་ལྔ་པོ་དེ་དག་གཞན་དག་ནད་པའི་ཕྱིར་སློང་ན་སྦྱིན་པར་བྱ་བའོ། །དེ་མེད་ན་སྨན་ཁང་དུའོ་ཞེས་བྱ་བ་ནི། སློང་བ་མེད་ན་དགེ་འདུན་གྱིས་སྨན་ཁང་དུ་བཞག་པར་བྱ་བའོ། །སྨན་ཁུ་དང་མིག་སྨན་དག་ཀྱང་ངོ་ཞེས་བྱ་བ་ཡང། ་སོར་པ་ཉིད་ན་དེ་དག་ནང་བའི་ཕྱིར་སློང་ན་སྦྱིན་ནོ་ཞེས་བྱ་བར?་དང། དེ་མེད་ན་སྨན་ཁང་དུ་བཞག་གོ་ཞེས་བྱ་བར་སྦྱར་རོ།། །།བམ་པོ་ལྔ་བཅུ་དྲུག་པ། །ཞག་བདུན་བ་བསྟན་ནས། ད་ནི་འཚོ་བའི་བར་དུ་བཅད་བ་བཤད་པར་བྱ་སྟེ ་དེའི་ཕྱིར་འཚོ་བའི་བར་དུ་བཅང་བ་ནི་རྩ་བ་དང་སྡོང་བུ་དང་འདབ་མ་དང་མེ་ཏོག་དང་འབྲས་བུ་ཟས་ཀྱི་དོན་དུ་ཁྱབ་པར་བྱེད་པ་མ་ཡིན་པའོ་ཞེས་བྱ་བ་སྨྲས་ཏེ། གང་དག་ཟས་ཀྱི་དོན་དུ་ཁྱབ་པར་བྱེད་པར་མ་ཡིན་པ་དེ་དག་འཚོ་བའི་བར་དུ་བཅང ་པ་ཡིན་ནོ། ཞེས་བྱ་བའི་ཐ་ཚིག་གོ། དེ་ལ་རྩ་བ་དག་གང་ཞེ་ན་འདི་ལྟ་སྟེ། གླ་སྒང་དང་ཤུ་དག་དང་ཡུང་ང་དང་སྒེའུ་གཤེར་དང་བོང་ད་དཀར་པོ་དག་གོ་ཞེས་བྱ་བ་སྨྲས་ཏེ། དེ་དག་ནི་མཚོན་བ་ཙམ་དུ་ཟད་ཀྱི། རྩ་བའི་སྨན་ཟས་ཀྱི་དོན་དུ་བྱ་བ ་པར་བྱེད་པ་མ་ཡིན་གཞན་དག་ཀྱང་བསྡུའོ། །སྡོང་བུ་དག་གང་ཞེ་ན། ཙན་དན་དང་སྦྱི་མ་དང་ཤུག་པ་དང་སླེ་ཏྲེས་དང་ཐད་ཤིང་དང་སྐྱེར་བ་དག་གོ་ཞེས་བྱ་བ་སྨྲས་ཏེ། དེ་དག་ཀྱང་མཚོན་པ་ཙམ་དུ་ཟད་ཀྱི། སྡོང་བུའི་སྨན་ཟས་ཀྱི་དོན་བུ་ཁྱབ ་བར་བྱེད་པ་མ་ཡིན་པ་གཞན་དག་ཀྱང་བསྡུའོ?་འདབ་མ་དག་གང་ཞེན་?་ཀ་དང་ཀོ་ཤ་ཋ་ཤ་དང་བཏབ་དང། ནིམ་པ་དང། སབ་ཏ་པེ་སྣའི་འདབ་མ་དག་གོ་ཞེས་བྱ་བ་སྨྲས་ཏེ། དེ་དག་ཀྱང་མཚོན་པ་ཙམ་དུ་ཟད་ཀི་།འདབ་མལ་སྨན་ཟས་ཀྱི་དོན་དུ ་ཁྱབ་པར་བྱེད་པ་མ་ཡིན་པ་གཞན་དག་ཀྱང་བསྡུའོ། །མེ་ཏོག་དག་གང་ཞེ་ན། མེ་ཏོག་ནི་བ་ཤ་ཀ་དང་ནི་པS་དང་དྷ་ཏ་ཀ་དང་ཀླུ་ཤིང་དང་པདྨའི་ཟེ་བ་དག་གོ་ཞེས་བྱ་བ་སྨྲས་ཏེ། དེ་དག་ཀྱང་མཚོན་པ་ཙམ་དུ་ཟད་ཀྱི། མེ་ཏོག་གིས་སྨན་ཟས་ཀྱི་དོན་དུ ་ཁྱབ་པར་བྱེད་བ་མ་ཡིན་པ་གཞན་དག་ཀྱང་བསྡུའོ། །འབྲས་བུ་དག་གང་ཞེ་ན། ཨ་རུ་ར་དང། སྐྱུ་རུ་ར་དང། བ་རུར་དང། ན་ལེ་ཤམ་དང། པི་པི་ལིང་དག་གོ་ཞེས་བྱ་བ་སྨྲས་ཏེ། དེ་དག་ཀྱང་མཚོན་པ་ཙམ་དུ་ཟས?་ཀྱི། འབྲས་བུའི་སྨན་ཟས་ཀྱིས་དོན་དུ་ཁྱབ་པར ་བྱེད་པ་མ་ཡིན་པར་གཞན་བདག་ཀྱང་བསྡུའོ། །རྩ་བ་དང་སྡོང་བུ་དང་འདབ་མ་དང་མེ་ཏོག་དང་འབྲས་བུ་དག་བསྟན་ནས། འཚོ་བའི་བར་དུ་བཅང་བ་གཞན་བསྟན་པའི་ཕྱིར་ལྕེ་པའོ་ཞེས་བྱ་བ་སྨྲས་སོ། །དེ་ཉིད་བསྟན་པའི་ཕྱིར་འདི་ལྟ་སྟེ། ཤིང་ཀུན་དང། སྲ་རྩི་དང ་རྒྱ་སྐྱེགས་དང། སྤྲ་ཚིལ་དང་ཤིང་མ་ཞོའོ་ཞེས་བྱ་བ་སྨྲས་ཏེ། འདི་ལྟ་སྟེ་ཞེས་བྱ་བའི་སྒྲས་ནི་དཔེར་བསྟན་པའི་ཕྱིར་རོ། །ཤིང་མ་ཞོ་ཞེས་བྱ་བ་ནི། རྒྱ་སྐྱེགས་ལས་གཞན་པའི་ཤིང་དག་གི་ཤིང་མ་ཞོ་སྟེ། བསྲེ་རྩི་དང་ཐང་ཆུ་ལ་སོགས་པ་དག་གོ། འགྱུར ་བྱད་དོ་ཞེས་བྱ་བས་ནི། འགྱུར་བྱེད་ཀྱི་སྡེ་མཚན་ཏོ། །དེ་ཉིད་བསྟན་པའི་ཕྱིར་འདི་ལྟ་སྟེ། ཏིལ་གྱི་དང་རྒྱ་སྐྱེགས་ཀྱི་ཤིང་གི་དངས་ཚུར་གྱི་དང་ནས་ཀྱི་དང། ནས་ཀྱི་གྲ་མའི་དད་བ་ཤ་ཀའི་དང་ཐལ་པའི་འགྱུར་བྱེད་དོ་ཞེས་བྱ་བ་སྨྲས་སོ། །ལན་ཚའོ་ཞེས ་བྱ་བ་ནི། ལན་ཚའི་སྡེ་ཚན་སྟོན་ཏོ། །དེ་ཉིད་བསྟན་པའི་ཕྱིར་རོ། །འདི་ལྟ་སྟེ། རྒྱམ་ཚོ་དང་ཁ་རུ་ཚ་དང་ཚ་དམར་དང་རྒྱ་མཚོའི་ཚ་དང་བ་ཆའོ་ཞེས་བྱ་བ་སྨྲས་ཏེ། སྨན་ཁུའོ་ཞེས་བྱ་བ་ནི། སྨན་མི་བཏགས་པར་བསྐོལ་བ་དང་བགྲུང་བ་དང་བཀུར་བར་བྱ་བའི ་སྡེ་ཚན་སྟོན་ཏོ། །དེ་ཉིད་བསྟན་པའི་ཕྱིར་འདི་ལྟ་སྡེ། ཤིང་ཨ་མྲ་དང་ནིམ་པ་དད་ཀོ་ཤམ་པ་དང་ཤི་རི་ཤི་དད་འཛམ་བུ་དག་གོ་ཞེས་བྱ་བ་སྨྲས་སོ། །ཇི་ཙམ་གྱིས་ཚོག་པ་བསྟེན་ནོ་ཞེས་བྱ་བ་ནི་སྨན་ཁུའོ། །བཀྲུས་བས་ཡང་ངོ་ཞེS ་བྱ་བ་ནི། ཇི་ཙམ་གྱིས་ཆོ་ག་པ་ཁོ་ན་བསྟེན་པའོ། །མི་མཉེ་བ་ལ་ལན་ཅིག་བཀྲུའོ་ཞེས་བྱ་བ་ནི། གང་ལ་རེག་པས་མཉེ་བར་མི་བྱ་བ་དེ་ནི་མི་མཉེ་བཞེས་བྱ་སྟེ། དེ་ལ་ནི་ལན་ཅིག་བཀྲུས་དེ་ཉིན་ཅིག་ལ་ལན་ཅིག་བཀྲུ་བའོ། །དལ་བ་ལ་སོགས་པ་སྤང ་བའི་ཕྱིར་ལན་དུ་མ་བཀྲུ་བ་བཀག་གོ། སྨན་ཁུ་དེ་ལྟར་བསྟེན་ཏོ་ཞེས་བྱ་བ་ནི། རྣམ་པ་དེ་ལྟར་ཞེས་བྱ་བའི་ཐ་ཚིག་སྟེ། འདི་ནི་སྐམ་རྡོ་ལེ་སོགས་པ་ལ་ཡིན་ནོ། །སྨན་སྨོས་པས་དུག་སྨན་མ་བསྡུས་པ་ཉིད་མ་ཡིན་ནོ་ཞེས་བྱ་བ་ནི། འདིར་སྨན ་ཞེས་སྨོས་པས་དུག་སྨན་ཡང་བསྡུས་པར་རིག་པར་བྱའོ། །དེ་ནི་འཚོ་བའི་བར་དུ་བཅང་བ་ཉིད་དོ་ཞེས་བྱ་བ་ནི། དུག་སྨན་དེ་ནི་འཚོ་བའི་བར་དུ་བཅད་པ་ཉིད་ཡིན་པའོ། །ཉེ་བར་འཁོར་བུ་རམ་ཤིང་ནི་དུས་སུ་རུང་པའོ་ཁུ་བ་ནི་ཐུན་ཚོང་དུ ་རུང་བའོ། །བུ་རམ་ནི་ཞག་བདུན་པའོ། །བུ་ར་མ་ཤིང་དང་བུ་རམ་གཉིས་བསྲེགས་པའི་ཐལ་བ་ནི་འཚོའི་བར་དུ་བཅད་བའོ་ཞེས་གསུངས་པ་དེར། ཐལ་བ་འཚོའི་པར་དུ་བཅང་བ་ཉིད་དུ་གསུངས་པས། ཐལ་བ་ཡང་དུག་སྨན་གྱི་ཁོངས ་སུ་གཏོགས་པ་ཉིད་ཡིན་ལ། ས་ལ་སོགས་པ་ཟས་ཀྱི་དོན་དུ་ཁྱབ་པར་མི་བྱེད་པ་དག་འཚོ་བའི་བར་དུ་བཅད་པ་ཉིད་དུ་རྣམ་པར་གནས་སོ་ཞེས་གསུངས་པས་དེའི་ཕྱིར་གཞུང་དེ་ནི་འདིར་ཁུངས་ཉིད་ཡིན་ནོ། །ནུ་ཞེས་འཚོ་བའི་བེའུ?་རྣམས ་ཀྱི་ལྕི་བ་དང་གཅིན་དག་ནི་དེ་ཞེས་བྱའོ་ཞེས་བྱ་བ་ནི། དུག་སྨན་ཞེས་བྱའོ་ཞེས་བྱ་བར་སྦྱར་རོ། །འོག་ནས་ཐལ་བ་དང་ས་ཞེས་འབྱུང་བ་དག་ཀྱང་དུག་སྨན་ཞེས་བྱ་བར་སྦྱར་རོ། །དེ་དག་ནི་དུག་ལ་ཕན་ནོ་ཞེས་བྱ་བ་ནི། །ལྕི་བ་དང་གཅིན་ལ་སོགས ་བ་དུག་སྨན་ཞེས་བྱ་བ་ཇི་སྐད་བསྟན་པ་དེ་དག་ནི་དུག་ཟོས་པ་ལ་ཕན་ནོ། །ཐལ་བའོ་ཞེས་བྱ་བ་ནི། ཐལ་བའི་སྡེ་ཚན་སྟོན་ཏེ། འདི་ཡང་དུག་སྨན་ཞེས་བྱའོ། །དེ་ཉིད་བསྟན་པའི་ཕྱིར་ཤིང་ཀན་ཙ་ན་དང་ཀཱ་པཱི་ད་ཏ་ལ་དང་ཨ་ཤྭདཐ?་དད་ཨུ་དུམ་བ་ར་དང་ནྱ་གྲོ་དྷ་རྣམས་ཀྱི་ལོ? ་ཞེས་བྱ་བ་སྨྲས་ཏེ། དེ་རྣམས་ཀྱི་ཐོལ་བའོ། །དེའི་ཞེས་བྱ་བ་ནི། ཐལ་བ་དེ་དུག་ལ་ཕན་པའོ། །ས་ནི་སོར་བཞིའི་འོག་གིས་བཟང་ངོ་ཞེས་བྱ་བ་ནི། དུག་ལ་ཕན་བའི་ས་ནི་སོར་བཞིའི་འོག་གིས་བཟང་སྟེ། རླུང་དང་ཉི་མ་ལ་སོགས་པས་མཉམས་པའི་ཕྱིར་རོ། ། ་འདིར་གཞུང་ནི། དགེ་སློང་དག། དུག་སྨན་ཞེས་བྱ་བ་ནི། ལྕི་བ་དང་གཅིན་དང་ཐལ་བ་དང་ས་སྟེ། དེ་ལ་བལྕིབ་ནི་བེའུ་འབྲངས་ནས་རིང་པོ་མ་ལོན་པའི་མའི་ནུ་ཞོས་འཚོ་པ་གང་དག་ཡིན་པ་དག་གི་སྟེ། གཅིན་ཡང་དེ་དག་ཉིད་ཀྱིའོ་ཞེས་བྱ་བ་ལ་སོགས་པ ་གསུངས་པ་ཡིན་ནོ། །དེ་དགེ་བསྙེན་དད་པ་ཅན་ལས་བླང་ངོ་ཞེས་བྱ་བ་ནི། དུག་སྨན་དེ་དགེ་བསྙེན་དང་པ་ཅན་ལས་བླང་བར་བྱ་བ་སྟེ། དགེ་བསྙེན་ལ་དང་བ་བྲི་ཡང་སྲིད་པས་དེས་ན་འདིར་དང་པ་ཅན་ཞེས་སྨོས་ཏེ། དུག་སྨན་དེ་དག་ནི་རྐྱེན་དུ་འབབ་བ ་མ་ཡིན་པའི་ཕྱིར་གསང་སྟེ། བྱ་བ་ཡིན་པར་རིགས་པས་དེའི་ཕྱིར?་?་བསྙན་དང་པ་ཅན་ལས་བླང་བ་དང་བྱིན་ལེན་ཡང་ངེས་བསྟབས་པར་གསུངས་སོ། །འོག་ནས་ཤ་དང་ནས་ཀྱི་སྦྱོར་བ་འབྱུང་བ་དག་ཀྱང་དེ་ཁོ་ན་བཞིན་དུ་བྱ་བར་རིག་པར་བྱའོ ་དེས་བྱིན་ལེན་བསྟབས་པར་བྱའོ་ཞེས་བྱ་བ་ནི། དགེ་བསྙེན་དང་པ་ཅན་དེས་དུག་སྨན་དེའི་བྱིན་ལེན་བསྟབས་པར་བྱ་བའོ། །ཤའི་བདག་ཉིད་ཀྱི་སྨན་དེ་ཡང་ངོ་ཞེས་བྱ་བ་ཡང། དགེ་བསྙེན་དང་པ་ཅན་ངེས་བྱིན་ལེན་བསྟབས་པར་བྱ་བའོ། །གལ་ཏེ ་དག་བསྙེན་དང་པ་ཅན་ཡང་མེད་ལ། ནད་པ་ཡང་ནད་ལ་ན་བར་གྱུར་ན་དེའི་ཚེ་བཞན་ལས་ཀྱང་བླང་བ་དང་བྱིན་ལེན་བྱ་སྟེ། གསོ་བའི་དོན་ནི་མ་གཏོགས་སོ་ཞེས་གསུངས་པའི་ཆོ་ག་ལས་རིག་པར་བྱའོ། །འདིར་གཞུང་ནི་བཙུན་བ་བཅོམ་ལྡན ་འདས་ཀྱིས་དགེ་སློངས་རིལ་དུག་སྨན་སྦྱིན་པར་བྱའོ་ཞེས་གསུངས་ན། བཙུན་པ་གང་གིས་བསྩལ་བར་བགྱི། ཉེ་བར་འཁོར་དགེ་བསྙེན་དད་པ་ཅན་གྱིས་སོ། །བཙུན་པ་ཅི་ལགས་དེ་ཡང་བྱིན་ལེན་པ་གྱིང་དུ་སྩལ་ཏན།། ་ཉེ་བར་འཁོར་དེ་ཡང་བྱིན་ལེན་བྱེད་དུ་གཞུག་གོ་བཙུན་པ་སུས་བྱིན་ལེན་བགྱིད་དུ་སྩལ། ཉེ་བར་འཁོར་དགེ་བསྙེན་དང་བ་ཅན་གྱིས་སོ། ཞེས་གསུངས་པ་ཡིན་ནོ། །ཐམས་ཅད་ཤེན་པའི་གནས་ནས་བླང་ངོ་ཞེས་བྱ་བ་ནི། ཤ་རློན་པ་འབའ་ཞིག་ཏུ་མ ་ཟད་ཀྱི། ཤའི་སྨན་ཐམས་ཅད་དགེ་བསྙེན་དང་པ་ཅན་གྱིས་ཤེན་པའི་གནས་ནས་བླང་པའོ། །དེ་ནི་བྱ་བ་ཉིད་ཡིན་ནོ་ཞེས་བྱ་བ་ནི། དགེ་བསྙེན་དང་པ་ཅན་གྱིས་ཤེན་པའི་གནས་ནས་ཤའི་སྨན་བླང་བ་དེ་ནི་བྱ་བ་མ་ཡིན་པ་མ་ཡིན་གྱིས། བྱ་བ ་ཉིད་ཡིན་ཏེ་དེ་ལ་བྱ་བའི་ཆ་མ་ཡིན་པར་དོགས་པར་མི་བྱའོ། །གལ་ཏེ་དུས་མ་ཡིན་པར་ནས་ལས་བྱས་པའི་སྨན་དགོས་པ་ཉིད་ཡིན་ན་དེའོ་དོན་དུ་བ་ལང་རྒན་པའི་ལྕི་བའི་ནས་ཀྱིས་ཆོག་པར་བྱའི་གཞན་བཟའ་བར་མི་བྱའོ་ཞེས་བྱ་བ་ནི། ་གལ་ཏེ་དུས་མ་ཡིན་པར་ནས་ལས་བྱས་པའི་སྨན་དགོས་པ་ཉིད་ཡིན་མནས་ལས་བྱས་པའི་སྨན་དེའི་དོན་དུ་བ་ལང་རྒན་རྒོན་གྱི་ལྕི་བའི་ནང་ནས་བྱུང་བའི་ནས་ཀྱིས་ཆོག་པར་བྱའོ། ནས་གཞན་དག་ནི་དུས་མ་ཡིན་པར་བཟའ་བར ་མི་བྱའོ། །ངེས་མཆོག་ལ་ནང་པ་ཡང་ནང་ལ་བར་འགྱུར་བ་ལྟ་ན་དེའི་འོག་ཏུ་བཟོད་ན་བ་དུས་སོ་ཞེས་གསུངས་པ་དང་སྦྱར་ཏེ། ནད་གཞན་ལས་བྱས་པའི་སྨན་ཡང་བཟའ་བར་བྱའོ། །གལ་ཏེ་སྐྱོ་མ་ཚགས་ཀྱིས་བཙགས་ན་སྟེ། གཞན ་ནི་མ་ཡིན་ཏེ་ཞེས་བྱ་བ་ནི། དུས་མ་ཡིན་པར་ནས་ལས་བྱས་པའི་སྨན་དགོས་པ་ཉིད་ཡིན་ན་དེའི་དོན་དུ་བ་ལང་རྒན་པའི་ལྕི་པའི་ནས་ཀྱིས་ཆོག་པར་བྱ་བ་དེ་ཡང་ནས་དེ་ལས་བྱས་པའི་སྐྱོ་མ?་གལ་ཏེ་ཚགས་ཀྱིས་བཙགས་ན་དེས ་ཚོག་པར་བྱ་བ་ཡིན་གྱི། ཚགས་ཀྱིས་བཙགས་པ་དེ་ལས་གཞན་པ་ཆགས་ཀྱིས་མ་བཙགS་པ་དག་ནི་བཟའ་བར་མི་བྱའོ། །ག་ཏེ་ཤའི་སྨན་དགོས་བ་ཉིད་ན་མཚིལ?་སྟུག་པའི་ཤེས་སོ་ཞེས་བྱ་བ་ནི། གལ་ཏེ་དུས་མ་ཡིན་པར་ཤ་ལས་བྱས་པའི་སྨན་དགོས ་པ་ཉིད་ཡིན་ན་དེའི་དོན་དུ་མཚའི་སྡུག་པའི་ནང་ནས་བྱུང་བའི་ཤས་ཆོག་པར་བྱའོ། །ཤ་གཞན་དུས་མ་ཡིན་པར་བཟའ་བར་མི་བྱའོ། །དེས་མཆོག་ལ་ནད་པ་ཡང་ནད་ལ་བར་འགྱུར་བལྟ་ན་དེའི་འོག་ཏུ་བཟོད་ཤ་གཞན་ལས་བྱས་པའི་སྨན་ཡང་བཟའ་བར ་བྱའོ། །གལ་ཏེ་ཁུ་བ་ཆགས་ཀྱིས་བཙགས་ན་སྟེ་གཞན་ནི་མ་ཡིན་ནོ་ཞེས་བྱ་བ་ན། དུས་མ་ཡིན་པར་ཤ་ལས་བྱས་པའི་སྨན་དགོས་པ་ཉིད་ཡིན་ན་དེའི་དོན་དུ་མཆའི་སྟུག་པའི་ནད་ནས་བྱུང་བའི་ཤས་ཆོག་པར་བྱ་བ་དེ་ཡང་ཤ་དེ་ལས་བྱས་པའི་ཁུ་བ ་གལ་ཏེ་ཚགས་ཀྱིས་བཙགས་ན་ངེས་ཆོག་པར་བྱ་བ་ཡིན་གྱི། ཚགས་ཀྱིས་བ་ཙགས་པ་དེ་ལས་གཞན་པ་ཚགS་ཀྱིས་མ་བཙགས་པ་དག་ནི་བཟའ་བར་མི་བྱའོ། །གཞན་དང་བཅས་པ་ལ་དེ་ལྷག་པར་སྤྱད་པ་ཡོད་དོ་ཞེས་བྱ་བ་ལ། གཞན་དང་བཅས ་པ་ཞེས་བྱ་བ་ནི། དུས་སུ་རུང་བ་དང་བཅས་པའི་ཐུན་ཚོང་དུ་རུང་བ་དང་།ཐུན་ཚོང་དུ་རུང་བ་དང་བཅས་པའི་ཞག་བདུན་པ་དང། ཞག་བདུན་པ་དང་བཅས་པའི་འཚོ་བའི་བར་དུ་བཅད་པའོ། །དེ་ལྷག་པར་སྤྱད་པ་ཡོད་དོ་ཞེས་བྱ་བ་ནི། ཐུན་ཚོད་དུ་རུང་བ ་དེ་ལ་དུས་སུ་རུང་བའི་ཟས་དེ་ལྷག་པར་སྤྱད་པ་ཡོད་པ་དང། ཞག་བདུན་པ་ལ་མཐུན་ཚོང་དུ་རུང་བའི་ཟས་དེ་ལྷག་པར་སྤྱད་པ་ཡོད་པ་དང། བ་ཚོ་བའི་བར་དུ་བཅང་པ་ལ་ཞག་བདུན་པའི་ཟས་དེ་ལྷག་པར་སྤྱད་པ་ཡོད་པ་ཉིད་ཡིན་བའོ། །དེའི་ཕྱིར ་དེ་དང་བཅས་པ་ལ་ཆོ་ག་སྔ་མས་འཇུག་པར་བྱའོ་ཞེས་བྱ་བ་ནི། གང་གི་ཕྱིར་གཞན་དང་བཅས་པ་ལ་དེ་ལྷག་པར་སྤྱད་པ་ཡོད་པ་དེའི་ཕྱིར་གཞན་དེ་དང་བཅས་པ་ཕྱི་མ་ལ་གཞན་གྱི་ཆོ་ག་སྔ་མས་འཇུག་པར་བྱའོ་ཞེས་བྱ་བར་སྦྱར་རོ། །དེ་དང་བཅས་བར ་པ་ལ་ཞེས་བྱ་བ་ནི། དུས་སུ་རུང་བ་དེ་དང་བཅས་པའི་ཐུན་ཚོད་དུ་རུང་བ་དང། ཐུན་ཚོང་དུ་རུང་བ་དེ་དང་བཅས་པའི་ཞག་བདུན་བ་དང། ཞག་བདུན་པ་དེ་དང་བཅས་པའི་འཆོ་བའི་བར་དུ་བཅད་བ་ལའོ། །ཆོ་ག་སྔ་མས་འཇུག་པར་བྱའོ ་ཞེས་བྱ་བ་ནི། ཐུན་ཚོད་དུ་རུང་བ་ལ་ནི་དུས་སུ་རུང་བའི་ཆོ་གས་འཇུག་པར་བྱ་ཞིང་དུས་སུ་བཟའ་བར་བྱའི། ཐུན་ཚོད་དུ་བཟའ་བར་མི་བྱ་བ་དང། ཞག་བདུན་པ་ལ་ནི་ཐུན་ཚོད་དུ་རུང་བའི་ཚོགས་འཇུག་པར་བྱ་ཞིང་ཐུན་ཆོད་དུ་བཟའ་བར་བྱའི། ་ཞག་བདུན་པར་བཟའ་བར་མི་བྱ་བ་དང། འཚོ་བའི་བར་དུ་བཅད་པ་ལ་ནི་ཞག་བདུན་པའི་ཆོ་གས་འཇུག་པར་བྱ་ཞིང་ཞག་བདུན་པར་བཟའ་བར་བྱའི། འཚོ་བའི་བར་དུ་བཅད་པར་བཟའ་བར་མི་བྱ་བའོ། །འདིར་གཞུང་ནི་ཐུན་ཚོད་དུ་རུང་བ་དང། ་ཞག་བདུན་པ་དང། འཚོ་བའི་བར་དུ་བཅད་བ་དུས་སུ་རུང་བ་དད་འདྲེས་པ་དག་ནི་དུས་ཁོ་ནར་ཡོངས་སུ་ལོངས་སྤྱད་པར་བྱའི། དུས་མ་ཡིན་པར་ལོངས་སྤྱད་པར་མི་བྱའོ། །ཞག་བདུན་པ་དང་འཚོ་བའི་བར་དུ་བཅད་པ་ཐུན་ཆོད་དུ་རུང་བ ་དང་འདྲེས་པ་དག་ནི་ཐུན་ཚོད་ཁོ་ནར་ཡོངས་སུ་ལོངས་སྤྱད་པར་བྱའི། ཐུན་ཚོད་ཀྱི་མཛའ་ལས་ཡོལ་བར་ཡོངས་སུ་ལོངས་སྤྱད་པར་མི་བྱའོ། །འཚོ་བའི་བར་དུ་བཅད་བ་ཞག་བདུན་པ་དང་འདྲེས་པ་ནི་ཞག། ་བདུན་པ་ཁོ་ནར་ཡོངས་སུ་ལོངས་སྤྱད་པར་བྱའི། ཚོ་བའི་བར་དུ་བཅད་བར་ཡོངས་སུ་ལོངས་སྤྱད་པར་མི་བྱའོ་ཞེས་གསུངས་པ་ཡིན་ནོ། །རང་བཞིན་བཞན་དུ་མ་གྱུར་པ་ནི་སྔོན་གྱི་རང་བཞིན་མ་ཡིན་པ་ཉིད་མ་ཡིན་ནོ་ཞེས་བྱ་བ་ནི། དེ་སྨན ་གཞན་དང་ལྷན་ཅིག་འདྲེས་ཀྱང་རང་གི་ངོ་བོ་ཉིད་ཀྱི་རྣམ་པ་ལས་གཞན་དུ་མ་གྱུར་བ་ནི་སྔོན་གྱི་རང་གི་དོན་ཉིད་མ་ཡིན་པ་མ་ཡིན་ཏེ། སྔོན་གྱི་རང་གི་ངོ་བོ་ཉིད་ཁོ་ན་ཡིན་ནོ་ཞེས་བྱ་བའི་ཐ་མིག་གོ། དེའི་ཕྱིར་གཞན་དང་མ་འདྲེས་པ་ལ་ནི་རང ་གི་ཚོགས་རུང་བར་བྱ་བ་མི་འགྲུབ་བ་མ་ཡིན་ནོ་ཞེས་པ་ནི། གང་གི་ཕྱིར་རང་བཞིན་གཞན་དུ་མ་གྱུར་བ་ནི་སྔོན་གྱི་རང་བཞིན་མ་ཡིན་པ་ཉིད་མ་ཡིན་པ་དེའི་ཕྱིར་སྨན་ད་སྨན་གཞན་དང་རེག་ཅིང་ཕྲད་པར་གྱུར་དུ་ཟིན་ཀྱང་གཞན་དང་མ་འདྲེས་ཤིང་རང ་བཞིན་ཐ་དད་པར་གནས་པ་ལ་ནི་རང་གི་ཆོགས་རུང་བར་བྱ་བ་མི་འགྲུབ་བ་མ་ཡིན་ཏེ། འགྲུབ་པ་ཁོ་ན་ཡིན་ནོ། །འདི་སྐད་བསྟན་ཏེ། དུས་སུ་རུང་བའི་ནང་ན་འདུག་པའི་ཐུན་ཚོད་དུ་རུང་བ་དུས་སུ་རུང་བ་དང་མ་འདྲེས་པ་ནི་ཐུན་ཆོད་དུ་རུང་བ་ཉིད་ཡོངས་སུ ་ལོངས་སྤྱད་དུ་རུང་ལ། དེ་བཞིན་དུ་ཐུན་ཚོད་དུ་རུང་བའི་ནང་ན་འདུག་པའི་ཞག་བདུན་པ་ཐུན་ཚོང་དུ་རུང་བ་དང་མ་འདྲེས་པ་ནི་ཞག་བདུན་གཉིད་དུ་ཡོངས་སུ་ལོངས་སྤྱད་པར་རུང་བ་དང། ཞག་བདུན་པའི་ནང་ན་འདུག་པའི་འཚོ་བའི་བར་དུ་བཅད་བ ་ཞག་བདུན་པ་དང་མ་འདྲེས་པ་ནི་འཚོ་བའི་བར་དུ་བཅད་བ་ཉིད་དུ་ཡོངས་སུ་ལོངས་སྤྱད་པར་དུད་སྟེ། རང་རང་གི་ཚོགས་འཇུག་པར་བྱར་རུང་དོ་ཞེས་བྱ་བའི་ཐ་ཚིག་གོ་།བུ་རམ་བསྒོད་བའི་ཕྱིར་འབྲས་ཕྱེའི་ནང་དུ་བཞག་པ་ནི་བཀྲུ་བས་རང་ཁོ་ནའི་གྲངས ་ཉིད་དུ་འགྲུབ་པོ་ཞེས་བྱ་བ་ནི། བུ་རམ་གོང་བུར་བྱ་བའི་ཕྱིར་འབྲས་ཕྱེའི་ནང་དུ་བཞག་སྟེ་གོང་བུར་གྱུར་བ་ན་འབྲས་ཕྱེའི་བག་ཆག་པ་ནི་ཆུས་བཀྲུས་པས་ཞག་བདུན་པ་ཞེས་བྱ་བ་རང་ཁོ་ནེའི་གྲངས་ཉིད་དུ་འགྲུབ་པར་འགྱུར་བའོ། །འགོར་གྱི་གཟུངས ་ནི་བུ་རམ་ཉིད་དུ་ཤེས་པར་བྱའོ་ཞེས་བྱ་བ་ནི། གལ་ཏེ་བུ་རམ་བསྐོལ་བའི་དུས་ན་འགོར་དང་ལིང་ཉིད་དུ་མི་བཏུབ་པ་འགོར་དང་ལིང་ཉིད་དུ་བྱ་བའི་ཕྱིར་འབྲས་ཀྱིས་བག་ཕྱེ་ལ་སོགས་པ་ལྡུགས་བ་དེ་ནི་བུ་རམ་ཉིད་ཡིན་བས་ཞག་བདུན་པ་ཉིད་ཡིན་གྱི། ་དུས་སུ་རུང་བ་ཉིད་ནི་མ་ཡིན་པར་ཤེས་པར་བྱའོ། །བྱིན་གྱིས་བརླབས་པ་ལ་ནི་གསོག་འཇོག་མི་འབྱུང་ངོ་ཞེས་བྱ་བ་ནི། གལ་ཏེ་སྨན་ཞག་བདུན་པ་དང་འཚོའི་བར་དུ་བཅད་བར་བྱིན་གྱིས་བརླབས་པར་གྱུར་ན་དེ་ལ་དུས་དེ་ཙམ་གྱིས་གསོག ་འཇོག་གི་ཉེས་པ་འབྱུང་བ་མི་འགྱུར་བའོ། །འདིར་གཞུང་ནི། བཙུན་པ་བྲོ་འཚལ་བས་བྱིན་ལེན་བགྱིས་པ་དང། བྱིན་གྱིས་བརླབ་པ་ཡོངས་སུ་ལོངས་སྤྱད་དུ་རུང་དམ། ཉེ་བར་འཁོར་རུང་ངོ་ཞེས་གསུངས་པ་ཡིན་ནོ། །བྲོའམ? ་བ་ཞེས་སྨོས་པས་ནི་ན་བ་ལ་རུང་བ་ཉིད་ཡིན་པར་བསྟན་ཏོ། །ནད་པའི་ཕྱེད་དུ་ཡོངས་སུ་ལོངས་སྤྱད་པའི་ཕྱིར་རང་གིས་དུས་ཀྱི་མཛའ་ཨི་བར་དུ་བྱིན་གྱིས་བརླབ་པར་བྱའོ་ཞེས་བྱ་བ་ནི། ཐུན་ཚོང་དུ་རུང་བ་དང། ཞག་བདུན་པ་དང། འཚོ ་བའི་བར་དུ་བཅད་བ་དག་རང་རང་གི་དུས་ཀྱིས་མཛའ་ཚུན་ཆད་དུ་བྱིན་གྱིས་བརླབ་པར་བྱ་བའོ། །དུས་སུ་རུང་བ་ནི་བྱིན་གྱིས་བརླབ་མི་དགོས་ཏེ་དེ་བྱིན་གྱིས་བརླབ་པ་དོན་མེད་པའི་ཕྱིར་རོ། །དེ་དག་གི་སྔགས་ནི། ཚེ་དང་ལྡན་པ་དགོངས་སུ ་གསོལ། བདག་དགེ་སློང་མིང་འདི་ཞེས་བགྱི་བའི་སྨན་ཐུན?་ཙོང?་དུ་རུང་བ་འདི་དག་བདག་དང་ཚངས་པ་མཚུངས་པར་སྤྱོད་པ་རྣམས་ཀྱིར་བགྱི་བར་ཐུན་ཚོད་དུ་རུང་བར་བྱིན་གྱིས་བརླབ་བོ། །ལན་གསུམ་དུ་བཟླས། ཐབས་ཡིན་ནོ། །ལེགས ་སོ་ཞེས་གསུངས་པ་དང། ཞག་བདུན་པ་དང། འཚོ་བའི་བར་དུ་བཅད་པ་དག་ལ་ཡང་དེ་བཞིན་ནོ་ཞེས་གསུངས་པ་ཡིན་ནོ། །དུས་གང་གི་ཚེ་བྱིན་གྱིས་བརླབ་པར་བྱ་ཞེ་ན་དེའི་ཕྱིར་ཟས་སྔ་མའི་ཚེའོ་ཞེས་བྱ་བ་སྨྲས་ཏེ། གུང་ཆིགས་ཀྱི་མདུན ་རོལ་དུ་ཟས་བཟའ་བ་ཐམས་ཅད་ཀྱི་དུས་གང་ཡིན་པ་ད་ནི་ཟས་སྔ་མའི་དུས་ཏེ་ཆོ་གའི་གཞི་ཞེས་བྱ་བ་ཡིན་པས་དུས་དེར་བྱིན་གྱིས་བརླབ་པར་བྱའོ། །ཇི་ལྟར་ཞེ་ན། དེའི་ཕྱིར་བྱིན་ལེན་བྱས་ཏེའོ་ཞེས་བྱ་བ་སྨྲས་ཏེ། བྱིན་ལེན་བྱས་ཏེ་བྱིན ་གྱིས་བརླབ་པར་བྱའོ། །བྱིན་ལེན་མ་བྱས་པ་དང་གསོག་འཇོག་དང་འདྲེས་པ་བསུངས་པར་བྱ་བ་ཡིན་ནོ་ཞེས་བྱ་བ་ནི། བྱིན་གྱིས་རློབ་པའི་ཚེ་བྱིན་ལེན་མ་བྱས་པར་བྱིན་གྱིས་བརླབ་ཏུ་ཡང་མི་རུང་ལ། དྲི་མ་ལ་སོགས་པ་དང་འབག་པས་གསོག ་འཇོག་དང་འདྲེས་པ་ལ་བྱིན་གྱིས་བརླབ་ཏུ་ཡང་མི་རུང་བས་དེའི་ཕྱིར་དེ་གཉིས་བསྲུང་བར་བྱ་བའོ། །དེའ?་ཕྱིར་ལག་པ་གཉིས་བསྙལ་ནས་སོ་ཞེས་བྱ་བ་ནི། གང་གི་ཕྱིར་བྱིན་ལེན་མ་བྱས་པ་དང་གསོག་འཇོག་དང་འདྲེས་པ་བསྲུང་བར་བྱ་བ་ཡིན་པ་དེའི ་ཕྱིར་ལག་པ་གཉིས་བསྙལ་ནས་བྱིན་ལེན་བྱས་ཏེ་བྱིན་གྱིས་བརླབ་པར་བྱ་བའོ། །དེས་ན་བྱིན་ལེན་མ་བྱས་པ་དད་གསོག་འཇོག་དང་འདྲེས་བ་མེད་པར་འགྱུར་རོ། །ལག་ཉར་བླངས་པ་དང་གསོག་འཇོག་བྱས་པ་དང་བྱིན་ལེན་མ་བྱས་པ་དང་ནང་དུ ་ཞག་ལོན་པ་དང་ནང་དུ་བཅོས་པ་དང་དགེ་སློང་གིས་བཅོས་པ་དག་ལ་བྱིན་གྱིས་བརླབ་པ་མི་འཆགས་སོ་ཞེས་བྱ་བ་ལ། འདིར་གཞུང་ནི། ཞུ་བ་ལས། བཙུན་པ་དུས་སུ་རུང་བ་དང་ཐུན་ཚོང་དུ་རུང་བ་དང་ཞག་བདུན་པ་དད་འཚོའི་བར་དུ་བཅད་བའི ་སྨན་གང་དག་སུག་ཉར་བླངས་པ་དང་བྱིན་ལེན་མ་བགྱིས་པ་དད་ནད་དུད་གུང་ལོན་པ་དང་ནང་དུ་བསྒྲལ་བ་དང་རང་གིས་བསྒྲལ་བ་དང་དགེ་སློང་གིས་བསྒྲལ་བ་དེ་དག་ཡོངས་སུ་ལོངས་སྤྱོད་པར་རུང་དམ། ཉེ་བར་འཁོར་མི་རུང་ངོ་ཞེས་གསུངས་པ ་ཡིན་ནོ་དོ་དང་སླ་བ་ཉིད་ཡོངས་སུ་གྱུར་ན་གསོག་འཇོག་བྱས་པ་ཉིད་ཡིན་ནོ་ཞེས་བྱ་བ་ནི། བྱིན་གྱིས་བརླབས་བའི་བཏུང་བ་རྒུན་ཆུལ་སོགས་བའི་རོ་མྱོས་བར་མི་འགྱུར་བ་ཉིད་ལ་མྱོས་པར་འགྱུར་བ་ཉིད་དུ་ཡོངས་སུ་གྱུར་བ་དང། སླ་བ ་བཞིན་སྣང་བ་ལས་བཞིན་མི་སྣང་བ་ཉིད་དུ་ཡོངས་སུ་གྱུར་ན། དེའི་ཚེ་གསོག་འཇོག་བྱས་པ་ཉིད་ཡིན་ཏེ། དེ་ཡང་བྱིན་ལེན་བྱས་ཤིང་བྱིན་གྱིས་བརླབས་པ་ལ་གསོག་འཇོག་བྱས་པར་འགྱུར་གྱི་བྱིན་ལེན་མ་བྱས་པ་ལ་ནི་མི་འགྱུར་ཏེ། བྱིན་ལེན ་མ་བྱས་པ་ལ་གསོག་འཇོག་མི་སྲིད་པའི་ཕྱིར་རོ། །གལ་ཏེ་རོ་དང་སླ་བ་གཉི་ག་ཡོངས་སུ་གྱུར་ན་ཡང་བཏུང་བར་མི་བྱ་བ་ཉིད་ཡིན་ནོ། །རོ་འབའ་ཞིག་ཡོངས་སུ་གྱུར་ན་ཡང་བཏུང་བར་མི་བྱ་བ་ཉིད་ཡིན་ནོ། །ཇི་སྟེ་སླབ་འབའ་ཞིག་ཡོངས་སུ་གྱུར་ན ་ཡང་བཏུང་བར་མི་བྱ་བ་ཉིད་ཡིན་ཏེ། བྱིན་ལེན་མ་བྱས་པའི་ཕྱིར་རོ། །དེ་བས་ན་བཏུང་བ་བྱིན་ལེན་བྱས་ཉིད?་བྱིན་གྱིས་བརླབས་པ་རོ་དང་སླ་བ་ཉིད་ཡོངས་སུ་གྱུ?་ན་རང་གས་དུས་ཀྱི་མཛའ་ཨི་མདུན་རོལ་ཏུ་?་གསོག ་འཇོག་བྱས་པ་ཉིད་དུ་འགྱུར་ཏེ། འདིར་དོན་དེ་ཡིན་ནོ་འདི་གཉིས་ཀྱིས་ནི་ངོ་བོ་ཉིད་གྱུར་པར་བསྟན་ཏེ། དེས་ན་དེ་གཉིས་ལས་གཅིག་ཏུ་གྱུར་ན་ཡང་གསོག་འཇོག་བྱས་པ་ཉིད་ཡིན་ནོ། །འདིར་གཞུང་ནི། སལ་བུའི་བུ་རམ་གྱིས་?་བའི་སྐབས ་ནས་?་བཅུན་པ་བཏུང་བ་བཙགས་པ་དགུང་བདུན་བར་བྱིན་གྱིས་བརླབ་ཏུ་རུང་དམ། ཉེ་བར་འཁོར་རུང་ངོ། །བཙུན་པོ་ཡུན་ཇི་སྲིད་དུ་བཞག་པར་འཆལ་བར་བགྱི། ཉེ་བར་འཁོར་ཤིན་ཏུ་བསླ་ཞིང་མི་སྐྱུ་རིལ་རང་གི་ངོ་བོ་ཉིད་མི་སྦོད?་བ་དེ་སྲིད་དུའོ ་ཞེས་གསུངས་བ་ཡིན་ནོ། །བྱིན་བརླབས་པ་འོག་མ་དང་ལྷན་ཅིག་ཡོངས་སུ་ལོངས་སྤྱད་པར་མི་བྱའི་ཞེས་བྱ་བ་ནི། ཐུན་ཆོད་དུ་རུང་བ་བྱིན་གྱིས་བརླབ་པ་དུས་སུ་རུང་བ་དང་ལྷན་ཅིག་ཡོངས་སུ་འོངས་སྤྱད་པར་མི་བྱ་བ་དང། ཞག་བདུན་པར ་བྱིན་གྱིས་བརླབས་པ་དུས་སུ་རུང་བ་དང་ཐུན་ཚེ་ད་དུ་རུང་བ་དག་དང་ལྷན་ཅིག་ཡོངས་སུ་ལོངས་སྤྱད་པར་མི་བྱ་བ་དང། འཚོ་བའི་བར་དུ་བཅད་བར་བྱིན་གྱིས་བརླབས་པ་དུས་སུ་རུང་བ་དང་ཐུན་ཆོད་དུ་རུང་བ་དང་ཞག་བདུན་བརྩམས་དང་ལྷན་ཅིག ་ཡོངས་སུ་ལོངས་སྤྱོད་པར་མི་བྱ་སྟེ། འདིར་བྱེ་བྲག་ཏུ་མ་བཅད་བར་བྱིན་གྱིས་བརླབ་པ་དང་གསོག་འཇོག་གིས་དུས་ལ་མ་བབ་པ་དང་ལྷན་ཅིག་ཅེས་བྱ་བར་ཤེས་པར་བྱའོ། །འདིར་གཞུང་ནི། མོངྒལ་གྱི་?་དེ་ལ་ཐུན་ཆོད་དུ་རུང་བ་གང ་ཡིན་པ་དང། ཞག་འདུན་པ་གང་ཡིན་པ་དང། འཆའི་བར་དུ་བཅད་བ་ཡང་ཡིན་པ་དེ་དུས་སུ་རུང་བ་དང་འདྲེས་ན་ཡོངས་སུ་ལོངས་སྤྱད?་པར་མི་བྱའོ་ཞག་བདུན་པ་གང་ཡིན་པ་དང། འཚོའི་བར་དུ་བཅས་?་ཡིན་པ་དེ་ཐུན་ཆོད་དུ་?་བ ་དང་འདྲེས་ན་ཡང་ཡོངས་སུ་ལོངས་སྤྱད་པར་མི་བྱ་རོ། །འཚེའི་བར་དུ་བཅའ་བ་གང་ཡིན་པ་དེ་ཞག་བདུན་བ་དང་འདྲེས་ན་ཡང་ཡོངས་སུ་ལོངས་སྤྱད་པར་མི་བྱའོ་ཞེས་གསུངས་པ་ཡིན་ནོ། །སྨན་གྱི་གོ་རིམས་ནི་དཔེའོ་ཞེས་གསུངས་པ་ནི། སྔར་དེ་ནི ་རྣམ་པ་བཞིའོ་ཞེས་སྨོས་པས་དུས་སུ་རུང་བ་དང་ཐུན་ཚོད་དུ་རུང་བ་དང་ཞག་བདུན་པ་དང་འཚོའི་བར་དུ་བཅད་པ་ཞེས་སྨན་རྣམ་པ་བཞི་སྨོས་པའི་གོ་རིམས་དེ་ནི་དགེ་ཙམ་དུ་ཟད་དེ། དེས་ན་འདིས་མིག་སྨན་ལ་སོགས་པ་དག་ཀྱང་འཕངས་བ་ཉིད ་ཡིན་ནོ། །དེའི་ཕྱིར་མིག་སྨན་བསྟེན་བར་བྱའོ་ཞེས་བྱ་བ་སྨྲས་ཏེ། མིག་སྨན་བསྟེན་དུ་རུང་བའོ། །སྨན་མ་ཡིན་པའི་དོན་དུ་མི་བྱའོ་ཞེས་བྱ་བ་ལ། སྒེག་བའི་དོན་ནི་སྨན་མ་ཡིན་པའི་དོན་ཏེ། དེའི་དོན་དུ་མིག་སྨན་བསྟེན་པར་མི་བྱ་བའོ། །དེའི་སྣོད ་རིགས་པའོ་ཞེས་བྱ་བ་ནི། མིག་སྨན་དེའི་སྣོད་རུང་བ་ཉེ་བར་བཞག་པར་བྱ་བའོ། །གང་གི་སྣོད་ཅི་ཡིན་ཞེ་ན། དེའི་ཕྱིར་མིག་སྨན་སྐྱེར་ཁ་ན་དེ་?་བ་མ་ཏོག་གོ་ཞེས་བྱ་བ་སྨྲས་སོ། །སྨན་རི་ལུའི་ནི་སྒྱེ་ལུའོ་ཞེས་བྱ་བ་ནི། དེའི་སྣོད་?། །མིག་སྨན ་དུ་བ་དང། སྤྲུས་པ་དང་ཕྱེ་མ་རྣམས་ཀྱིས་ན་དོང་བུའོ་ཞེས་བྱ་བ་ནི། མིག་སྨན་དུ་བ་དང་མིག་སྨན་སྦྱས་པ་དང་མིག་སྨན་ཕྱེ་མ་རྣམས་ཀྱི་སྣོད་ནི་སྨྱིག་མ་ལ་སོགས་པཱི་དོང་བུའོ། །ཐུར་མ་བཅད་བར་བྱའོ། །ཞེས་བྱ་བ་ནི། མིག་སྐུ་བའི ་ཕྱིར་རོ། །ཟངས་མ་དང་ལྕགས་དག་གི་བཟང་ངོ་ཞེས་བྱ་བ་ནི། ཐུན་མའོ། །ཅི་དེ་གཉིས་ཐམས་ཅད་ཀྱི་བཟང་དམ་ཞེ་ན། དེའི་ཕྱིར་རང་ཁྲུངས་དག་གོ་ཞེས་བྱ་བ་སྨོས་ཏེ། རང་བཞིན་གྱིས་གྲུབ་པ་དག་གམ་བཞུས་ཏེ་བླུགས་པ་དག་གི། ནད་པས་སྨན ་གཞུག་པའི་ཕྱིར་མཚན་ཕུག་ཅང་བར་བྱའོ་ཞེས་བྱ་བ་ལ། མཚན་ཁུག་ཞེས་བྱ་བ་ནི། ལྕུག?་མ་ལ་སོགས་པ་ལས་བྱས་པའི་སྨན་གྱི་སྣོད་ཀོ་ལྤགས་ཀྱིས་བཅིངས་བ་རིམ་བ་རེ་རེ་ཡང་སྨན་ཐ་དང་པར་བཞུག་བར་བྱ་བའི་ཕྱིར་མིག་མང་པོ ་པོ་ཡོད་ཅིང་ཁ་བཅད་དུ་རུང་བའོ། །དེད་?་ཤོད་བ་ཉིད་ཡིན་ན་བྲུམས་སམ་ཐུམས་བྱས་ཏེ་བཅེར་རོ་ཞེས་བྱ་བ་ན། མཚན་ཁུག་དེར་སྨན་མངས་ལ་སྣོད་ཆུང་ས་པས་མི་ཤོད་པ་ཉིད་ཡིན་ན་དེའི་ཚེ་སྨན་གྱི་ཐུན་པོ་དག་བྲུམས་སན? ་མས་སུ་བྱས་ཏེ། གཅིག་གིས་སྡང་དུ་གཅིག་གཅེར་པར་བྱ་བ་འམ། ཕྱི་དུ?་མས་གཅིག་ཏུ་བྱས་ཏེ་བཞེག་པར་བྱའོ་ཞེས་བྱ་བའི་ཐ་ཆིག་གོ། བཅུག་པ?་མི་འདུལ་བར་བྱ་བའི་ཕྱིར་དུས་སུ་?་མོ་ཞེས་བྱ་བ་ནི། སྨན་མཆན་ཁུབ་ཏུ་བཅུག ་བི་བརླན་གྱིས་མི་འདུལ་བར་བྱ་བའི་ཕྱིར་དུས་དུས་སུ་བསྐམ་བར་བྱ་བའོ་།གང་དུ་བསྐམ་བར་བྱ་ཞེན་དེའི་ཕྱེར་ཉི་གྲིབ་ལའོ་ཞེས་བྱ་བ་སྨྲས་ཏེ། ཉི་མ་རང་གྲིབ་མ་འདྲེན་མའི་ནང་དུ་བསྐམS་པར་བྱའོ། །བསྐམས་ན་མཐུ་?་ཞེས་བྱ་བ་ནི། ་ཉི་མ་ཆབ་འབའ་ཞིག་ལ་བསྐམས་ན་སྨན་རྣམས་ཀྱི་མཐུ་?་བར་འགྱུར་བའོ། །འདིས་ཅི་སྨན་ཐམས་ཅད་བསྒོམས་བ་བསྟན་པ་ཡིན་གྱི་མཚན་ཁུག་གི་ཡུལ་འབའ་ཞིག་ཏུ་མ་ཟད་པོས་རུངས་པར་འགྱུར་བའི་རྒྱུ་བྱུང་ན་རང་གིས ་འགྲུབ་བར་བྱའོ་ཞེས་བྱ་བ་ནི། རླུང་དང་ཆར་བ་ལ་སོགས་པ་སྨན་མ་རུངས་པར་འགྱུར་བའི་རྒྱུ་བྱུང་ན་དགེ་སློང་རང་གིས་བསྡུ་ཞིང་གྲུབ་པར་བྱ་བྱའོ། །ཅིག་ཅེས་སྐབས་ཐམས་ཅད་དུ་འམ་ཞེ་ན་དེའི་ཕྱིར། བསྟེན་བར་མ་རྫོགས་པ་མང་ནའོ་ཞེས ་བྱ་བ་སྨྲས་སི་སྨན་པོར་བཅད་བར་བྱའི་ཞེས་བྱ་བ་ནི། ནད་བས་ཞེས་བྱ་བར་སྦྱར་རོ། །སྨན་གྱི་ནལ་ཟེ་ཡང་དོ་ཞེས་བྱ་བ་ཡང། ?་བས་བཅད་པར་བྱའོ་ཞེས་བྱ་བར་སྦུ?་རོ། །འགྲོར་མི་བཏུབ་པས་ཕུལ་བའི་བཏུང་བར་?་ཞེས་བྱ་བ་ཡང?་བཅད་དེ ་ཞེས་བྱ་བར་སྦྱར་རོ། །འགྲོར་མི་བཏབ་པ་ཞེས་བྱ་བ་ལ། འགྲོ་བ་ཞེས་བྱ་བ་ནི་མིང་བའི་ཚེ་དང་དུ་འགྲོ་བའོ། །མ་བཏུབ?་ཞེས་བྱ་བ་ནི། མེད་པའི་ཚ་དང་དུ་འགྲོ་མི་བཏུབ་ཅིང་མགུལ་བར་ཐོགས་ཤིང་གནང་བ་སྟེ། གང་གིས་དེར?་འགྲོ?་མི ་བརྩབ?་བ་མགུལ་བའི་ནང་ཅེས་བྱ་བའི་ཐ་ཚིག་གོ། ཕུལ་བའི་བཏུད་ཕོར་ཞེས་བྱ་བ་ནི། གང་གིས་ཟས་ཐོས?་པ་མགུལ་པར་ཐོགས་ཤིང་ཕུལ་བའི་ཕྱིར་ཕྱི་ནས་སྐོམ་འཐུང་བར་བྱེད་བའི་སྣོད་ཆུང་དུ་མལ་བྱའོ། །འདིར་གཞུང་ནི། གནས་བརྟན་ཁྱོད ་ཅི?་བསྙུང། །ཆེ་དང་ལྡན་པ་འགྲོར་མི་བཏུབ་པའོ། །ཁྱོད་ཀྱིས་སྔོན་ཅི་བགྱིས། ཕུལ་བའི་བཏུང་ཕོར་མ་བཅངས་སོ། །དེ་ཅིའི་ཕྱིར་མི་བཅད། བཅོམ་ལྡན་འདས་ཀྱིས་མ་གནང་དོ་ཞེས་ཟེར་བའི་སྐབས་དེ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ ་བ་དང། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟབས་ནི། ཕུལ་བའི་བཏུང་ཕོར་བཅང་བར་རྗེས་སུ་གནང་ངོ་ཞེས་གསུངས་པ་ཡིན་ནོ། །འདིར་ནི་གླེང་གཞིའི་དབང་གིས་འགྲོར་མི་བཏུབ་བས་ཞེས་མདོར་བསྡུ་བར་བྱས་སོ། །ནད་པས་ལན ་ཆ་བཅད་བར་བྱའོ་ཞེས་བྱ་བ་ནི། འགྲོར་མི་བཏུབ་བས་ཞེས་བྱ་བ་སྩལ་བའི་ཕྱིར་འདིར་ནད་བས་ཞེས་བྱ་བ་སྨྲོས་སོ། །དེའི་སྣོད་ནི་རྭའི་སྦུབས་བཟང་ངོ་ཞེས་བྱ་བ་ནི། ལན་ཚ་དེའི་འོ། །རྭ་ཇི་ལྟ་བུ་བཟང་ཞེ་ན་དེའི་ཕྱིར། ལྕིབས་ཀུན་ནས་བསྐོལ ་བའོ་ཞེས་བྱ་བ་སྨྲས་ཏེ། ད་ནི་སྣུམ་དང་དྲི་མའི་དྲི་ད་བ་སྤང་བའི་ཕྱིར་རོ། །དེ་མེད་པའི་ཉེས་པར་མི་འགྱུར་བར་གྱ?་བའི་ཕྱིར་ཁ་དག་བ་གཞུག་གོ་ཞེས་བྱ་བ་ནི། ཁ་གབ་མེད་པའི་ཉེས་བ་མི་འབྱུང་བར་བྱ་བའི་ཕྱིར་ཏེ། བརྟུལ་ཤུགས་པས་རྫས་མ ་རུངས་པར་འགྱུར་བ་ལ་སོགས་པའི་ཉེས་པ་སྤང?་བའི་ཕྱིར་ཞེས་བྱ་བའི་ཐ་ཚིག་གོ། དེ་ཅི་ལས་བྱས་པ་ཞེ་ན་དེའི་ཕྱིར་དེ་ཉིད་ལས་བྱས་པའོ་ཞེས་བྱ་བ་སྨྲས་ཏེ། རྭ་ལྕི་བས་ཀུན་ནས་བསྐོལ་བ་ལས་བྱས་བའི་ཁ་གབ་གཞུག་པའོ། །དྲིས་བསྒོས་པཱི ་སའོ། །ཞེས་བྱ་བ་ནི། ནད་པས་བཅད་དོ་ཞེས་བྱ་བར་སྦྱར་ཏེ། དེ་ནི་ལག་པ་བསྙལ་བ་ལ་སོགས་པའི་ཕྱད་དུ་དགོས་བའི་ཕྱིར་རོ། །ཆུ་བསྲོ་བའི་ཕྱིར་ལྕགས་ཀྱི་གར་བུའོ་ཞེས་བྱ་བ་ཡང་ནད་པས་བཅད་དོ་ཞེས་བྱ་བར་སྦྱར་རོ། །ཐམས་ཅད་ཀྱིས་སྤྱད ་པར་བྱའོ་ཞེས་བྱ་བ་ནི། ནད་པས་བཅད་བར་བྱ་བ་དེ་དག་ནི་ནད་པ་འབའ་ཞིག་གིས་སྤྱད་པར་མ་ཟད་ཀྱི། ན་བ་དང་མིན་པ་ཐཾས་ཅད་ཀྱིས་སྤྱད་དུ་རུང་བའོ། །འདིར་གཞུང་ནི། བཅོམ་ལྡན་འདས་ཀྱིས་བསྲོ་གང་བྱའོ་ཞེས་གསུངས་པ་དང། གནས་པར་བྱ་བའི་དགེ ་སློང་དག་ཆུ་གྲོན་བསྐོལ་པས་ངལ་བར་གྱུར་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྕགས་ཀྱིས་གར་བུ་བསྲེག་པར་བྱ་ཞིང་ལྕགས་ཐག་གིས་གདགས་པར་བྱའོ་ཞེས་གསུངས་པ་ཡིན་ནོ། །དེ་ལྟ་བས་ན་དགེ་འདུན་གྱིས་ཀྱང་བཅད ་དུ་རུང་ངོ། །བསྲེགས་པ་གདགས་པའི་ཕྱིར་དེ་ལ་ལྕགས་ཐག་གདགས་སོ་ཞེས་བྱ་བ་ནི། ལྕགས་ཀྱི་གར་བུ་དེ་ལའོ། །ཚ་བའི་དུས་ནས་གཤེར་བས་དེ་མནན་ཏོ་ཞེས་བྱ་བ་ནི། ལྕགས་ཀྱི་གར་བུ་བསྲེགས་པའི་ཚེ་ལྕགས་ཐག་ཚ་བར་གྱུར ་བའི་དུས་ནས་གཤེར་བས་ལྕགས་ཐག་དེ་མནན་ཏོ། །བསྲེགས་པ་ན་ཟས་དང་འབགས་པའི་གནས་མེད་དོ་ཞེས་བྱ་བ་ནི། ལྕགས་ཀྱི་གར་བུ་དེ་བསྲེགས་པ་ན་དེ་ལ་ཟས་དང་འབགས་པའི་གནས་མེད་པའོ། །དེ་བས་ན་འདིར་ལྕགས་ཀྱི ་གར་བུ་དེ་རུང་བར་བྱ་བའི་ཕྱིར་འབད་པ་ནི་དོན་མེད་དོ། །རུང་བ་སྔར་བསྲོའོ། ཞེས་བྱ་བ་ནི། བཏུང་བར་བྱ་བ་ལ་སོགས་པའི་ཆུ་རུང་བ་ཤོས་སྔར་བསྲོ་བའོ། །ལོངས་སྤྱོད་པ་ཕྱིས་སོ་ཞེས་བྱ་བ་ནི། ཆབ་ཁུང་ལ་སོགས་པར་ཁྲུས་བྱ་བའི་ཆུ ་ཕྱིས་བསྲེ་བའོ། །འདི་གཉིས་ནི་གཙང་སྦྲ་བྱ་བའི་ཕྱིར་རོ། །འདོམས་ཀྱི་གསོ་བ་བསྟེན་པར་བྱའོ་ཞེས་བྱ་བ་ནི། ནད་པས་ཞེས་བྱ་བར་སྦྱར་རོ། །འདོམས་ཀྱི་གསོ་བ་ཞེས་བྱ་བ་ནི། མས་བཏང་བ་ལ་སོགས་པའོ། །འདིར་གཞུང་ནི། གལ་ཏེ་སྨན ་པ་ན་རེ་གཞན་གྱིས་འཚོ་བར་མི་འགྱུར་རོ་ཞེས་ཟེར་ན་མས་བཏང་བར་བྱའོ་ཞེས་གསུངས་པ་ཡིན་ནོ། །གཞན་གྱིས་འཚོ་བར་ནུས་པ་ཉིད་ན་དེ་ལ་སྦོམ་པོའོ་ཞེས་བྱ་བ་ནི། སྨན་གཞན་བྱ་བའི་ཐབས་ཀྱིས་ནད་དེ་ལས་འཚོ་བར་ནུས་པ་ཉིད་ཡིན་ན ་འདོམས་ཀྱི་གསོ་བསྟེན་པ་རེ་ལ་ཉེས་བ་སྦོམ་པོར་འགྱུར་རོ། །འདིར་གཞུང་ནི་མ་མོ་ལས། དེ་ལས་གཞན་པའི་སྨན་དག་གིས་དགེ་སློང་གིས་མཚོན་འདོམས་ཀྱི་ལས་བྱེད་དུ་མི་གཞུག་གོ། གང་བྱེད་དུ་འཛུད་ན་ཉེས་པ་སྦོམ་པོར་འགྱུར་རོ། །མི་འཚོབ ་ཉིད་ཡིན་ན་བྱེད་དུ་གཞུག་གོ་ཞེས་གསུངས་པ་ཡིན་ནོ། །འདི་ལ་ཟངས་མ་འམ་ཁར་བའི་སྦུ་གུ་བཟང་གིར?་ལྕགས་ནི་མི་རུང་ངོ་ཞེས་བྱ་བ་ནི། འདོམས་ཀྱི་གསོ་བ་འདི་ལའོ། །མཚོན་གྱིས་གསོབ་བ་ཡང་དེ་དང་འདྲའོ་ཞེས་བྱ་བ་ནི། མཚོན་ཀྱིས་གསོབ་?་སྟེན་བར་བྱའོ། །གཞན་གྱིས ་འཚོ་བར་ནུས་པ་ཉིད་ན་དེ་ལ་སྦོམ་བོའི་ཞེས་བྱ་བར་སྦྱར་རོ། །འདིར་གཞུང་ནི། མ་མོ་ལས་བརྟུལ་བ་གཞན་ཡོད་ན་དགེ་སློང་གིས་མཚོན་གྱི་ལས་བྱེད་དུ་མི་གཞུག་གོ། གང་བྱེད་དུ་འཇུག་ན་ཉེས་པ་ཐོམ་པོར་འགྱུར་རོ། །རྟུལ་བ་གཞན་མེད་ན་བྱེད ་དུ་གཞུག་གོ། ཞེས་གསུངས་པ་ཡིན་ནོ། །གདོང་དུ་རྩིའི་རྒྱུན་ལས་གཞན་པར་དེ་མི་བསྟེན་ནོ་ཞེས་བྱ་བ་ནི། གདོད་དུ་རྩའི་རྒྱུན་ལས་གཞན་པར་མཚོན་གྱིས་གསོ་བ་དེ་མི་བསྟེན་པའོ། །འདིར་གཞུང་ནི་ཕྲན་ཚེགས་དག་ལས་དགེ་སློང་གིས ་གདོང་ནི་མེ་ལོང་ལྟ་བུ་ཡིན་པས་དེའི་ཕྱིར་དགེ་སློང་གིས་སྨན་པ་གདོང་དུ་མཚོན་གྱི་ལས་བྱེད་དུ་མི་གཞུག་གོ་ཞེས་གསུངས་པ་ཡིན་ནོ། །གཞང་འབྲུམ་བཅད་པར་མི་བྱའོ་ཞེས་བྱ་བ་ནི། གང་གི་ཕྱིར་མཚོན་གྱིས་གསོ་བ་མི་བྱའོ་ཞེས་བྱ་བ་དེའི ་ཕྱོགས་གཅིག་ཏུ་གྱུར་བ་ནི་གདོང་དུ་མཚོན་གྱིས་ལས་བྱེད་པ་དང་གཞང་འབྲུམ་གཅོད་པ་འདི་གཉིས་ཡིན་པས་དེའི་ཕྱིར་འདི་གཉིས་ལ་ཡང་སྦོམ་པོར་རིག་པར་བྱའོ། །མཚོན་ལས་གཞན་པས་ཀྱང་ངོ་ཞེས་བྱ་བ་ནི་མཚོན་ལས་གཞན་པས་ཀྱང ་གཞང་འབྲུམ་གཅད་པར་མི་བྱའོ། །དེ་ནི་གསང་སྔགས་དང་སྨན་དག་གིས་གསོའོ་ཞེས་བྱ་བ་ནི། གཞང་འབྲུམ་དེའོ། །ཞེས་འགྲས་པས་གསོར་མི་གཞུག་གོ། ཞེས་བྱ་བ་ནི་གཞང་འབྲུམ་མོ། །གསོ་བའི་ཕྱིར་ནུབ་མོ་ཟ་བ་ནི་ཚུལ་དང་མི་མཐུན ་པ་མ་ཡིན་ནོ། །ཞེས་བྱ་བ་ནི། ནད་གསོ་བའི་ཕྱིར་ནུབ་མོ་ཟས་ཟ་བ་ནི་ཚུལ་དང་མི་མཐུན་པ་མ་ཡིན་ཏེ། མདོ་འདི་དང་འོག་མ་གཉིས་ནི་གསོ་བའི་དོན་དུ་ནི་མ་གཏོགས་སོ་ཞེས་གསུངས་པའི་སྤྲོས་པ་ཡིན་ནོ། །འདི་ལ ་བྱིན་ལེན་མ་བྱས་པ་དང་གསོག་འཇོག་བྱས་པ་དག་མི་རུང་བ་ཉིད་དུ་དོགས་པར་མི་བྱའོ་ཞེས་བྱ་བ་ནི། གསོ་བ་འདི་ལ་བྱིན་ལེན་མ་བྱས་པ་དང་གསོག་འཇོག་བྱས་པའི་ཟས་དག་མི་རུང་བ་ཉིད་དུ་དོགས་པར་མི་བྱ་བའོ། །འདིར་གཞུང་ནི། ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མཚན་མོ་ཡང་བཏུང་བར་བྱའོ། །བྱིན་ལེན་སྟོབས་བ་མེད་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ། བྱིན་ལེན་སྟོབས་པ་མེད་ན་བྱིན་ལེན་མ་བྱས་པར་ཡང་བཏུང་བར་བྱའོ་ཞེས་བྱ་བ་ལ ་སོགས་པ་གསུངས་པ་ཡིན་ནོ། །གསོ་བའི་ཕྱིར་རེང་བུའི་དུ་བ་བརྡུབ་པར་བྱའོ་ཞེས་བྱ་བ་ནི། དུབ་བྱ་བའི་ཕྱིར་སྨན་ལS་རེང་བུ་བྱེད་པ་གང་ཡིན་པ་དེ་ནི་རེང་བུའི་དུ་བ་ཞེས་བྱ་སྟེ། རེང་བུ་ལས་བྱུང་བའི་དུ་བ་དེ་བརྡུབ་པར་བྱའོ། །འདིར་གཞུང་ནི་དེ་ལྟ ་བས་ན་རེང་བུའི་དུ་བརྡུབ་པར་རྗེས་སུ་གནང་ངོ་ཞེས་གསུངས་པ་ཡིན་ནོ། །དེ་ནི་སྨན་གཅེའུ་འགྲུབ་བོ་ཞེས་བྱ་བ་ནི་དུ་བ་རྡུབ་བ་དེའོ། །ལྕགས་ལས་བྱའོ་ཞེས་བྱ་བ་ནི་སྨན་གཅེའུའོ། །སོར་བཅུ་གཉིས་པ་བཟང་ངོ་ཞེས་བྱ་བ་ནི། སྨན་གཅེའུ ་དེའི་སྲིད་ཀྱི་ཚད་དུ་སོར་བཅུ་གཉིས་པ་བཟང་ངོ། །རྣོ་བ་དང་རྩུབ་པར་མི་བྱའོ་ཞེས་བྱ་བ་ནི། སྨན་གཅེའུ་སྦུབས་སོ། །ཞུན་མར་རམ་འབྲུ་མང་གྱིས་བསྐུས་ཏེ་ཤུབས་སུ་གཞུག་གོ་ཞེས་བྱ་བ་ནི། སྨན་གཅེའུའོ། །དེ་ནི་ཟུང་ང་འམ། ཆོས་གོས་ཀྱི ་རྡང་བུ་ལ་བཞག་གོ་ཞེས་བྱ་བ་ནི། སྨན་གཅེའུའི་ཤུབས་དེའོ། །དྲི་མ་མེད་པར་བྱ་བའི་ཕྱིར་མེར་བཞུག་གོ་ཞེས་བྱ་བ་ནི། སྨན་གཅེའུའོ། །སྣར་གླུགས་བའི་ལས་བྱའོ་ཞེས་བྱ་བ་ནི། སྣར་རྡུབ་པའི་ལས་སོ། །དེ་ནི་སྣང་གླུགས་པའི་སྤྱད་ཀྱི ་འགྲུབ་པོ་ཞེས་བྱ་བ་ནི། སྣར་གླུགས་པའི་ལས་དེའོ། །མཆུ་གཉིས་པ་མི་རྣོབ་བཟང་ངོ་ཞེས་བྱ་བ་ནི། སྣར་གླུགས་པའི་སྤྱད་ནི་ཁབ་བྲག་མཆུ་གཉིས་པ་མི་སྣོ་བ་བཟང་ངོ། །དེ་བྱའོ་ཞེས་བྱ་བ་ནི། སྣར་གླུགས་པའི་སྦྱད་དེའོ། །སྨན་གྱི་གོ་རིམས་ནི་དཔེའོ ་ཞེས་སྨོས་པ་དེས་མཚོན་པ་གཞན་བསྟན་པའི་ཕྱིར་སྨན་གྱི་ཕྱིར་ཤ་རློན་པ་བསྟེན་པར་བྱའོ་ཞེས་བྱ་བ་སྨྲས་ཏེ། ཤ་རློན་པ་བཟའ་བར་བྱ་བའོ། །དེ་ཟ་མི་ནུས་ན་ཐབས་བྱའོ་ཞེས་བྱ་བ་ནི། ཤ་རློན་པ་དེ་ཟ་མི་ནུས་པའི་གང་ཟག་ལ་ཟང་གཞུག ་པའི་ཐབས་བྱ་བའོ། །རས་ཀྱིས་མིག་གཉིས་དགབ་པོ་ཞེས་བྱ་བ་ནི། རས་ཀྱིས་མིག་གཉིས་སྟེ་ཤ་རློན་པ་ཡིན་པར་མི་ཤེས་པར་བྱ་ཞིང་ཁར་བསྙོད་པ་ནི་ཐབས་ཡིན་ནོ། །མི་འགལ་བར་བྱ་བའི་ཕྱིར་དྲི་ཞིམ་སྤོས་བསྒོའོ་ཞེས་བྱ་བ་ནི། སྐྱུག་མི ་བྲོ་བའི་ཕྱིར་ཐ་བེལ་སོགས་པའི་རྫས་དྲི་ཞིན་པོས་ཤ་རློན་པ་ལ་བསྒོ་ཤིང་ཟར་བཞུག་པ་སྟེ། དེ་ཡང་ཐབས་ཡིན་ནོ། །ཤ་མེད་པ་ཉིད་ན་མདུན་དུ་བཟའ་བ་དང་བཅའ་བ་ཡིད་དུ་འོང་བ་བཞག་སྟེ། དགྲོལ་ལོ་ཞེས་བྱ་བ་ནི། ཤ་རློན་པའི་དུམ་གྲུགས་ལ ་སོགས་པའི་ཤན་མེད་པ་ཉིད་ན་མདུན་དུ་བཟའ་བ་དང་བཟའ་བ་ཡིད་དུ་འོང་བ་དག་བཞག་སྟ་མིག་རས་ཀྱིས་གཡོགས་པ་དགྲོལ་བར་བྱ་བ་སྟེ་དེ་ཡང་ཐབས་ཡིན་ནོ། །དེ་གཞན་གྱིས་དོན་དེར་ན་སྦོམ་པོའོ། །ཞེས་བྱ་བ་ནི། ཤ་རློན་པ་དེ་སྨན ་གྱི་དོན་ལས་གཞན་པ་གསང་སྔགས་བསྒྲུབ་པ་ལ་སོགས་པའི་དོན་དེར་ཟ་ན་དགེ་འདུན་གྱིས་དབེན་གྱི་དགེ་འདུན་ལྷག་མའི་སྐབས་སུ་སུ་གཏོགས་པའི་ཉེས་པ་སྦོམ་པོར་འགྱུར་ཏེ། བདག་ཉིད་འདྲེའི་ནང་དུ་གཏོགས་པར་བྱེད་པའི་ཕྱིར་རོ། །མིའི ་ཤ་ནི་ཐམས་ཅད་དུའོ་ཞེས་བྱ་བ་ནི། སྨན་གྱི་དོན་དང་སྨན་མ་ཡིན་པའི་དོན་ཐམས་ཅད་དུ་མི་ཤ་ཟོས་ན་ཉེས་པ་སྦོམ་བོར་འགྱུར་རོ། །འདིར་གཞུང་ནི། ཁྱིམ་བདག་གི་ཆུད་མ་སྡེ་ཆེན་མས་བརླའི་ཤ་བཅད་དེ་གཡོག་མོ་ལ་བུ་མོ་ཕོ་ཤའི ་ཁུ་ཤ་གྱིས་ལ། འཕགས་པ་ཆེ་གེ་མོ་ཞིག་གི་གནང་དུ་ཁྱེར་ལ། བྱིན་ཅིག་ཅེས་བྱ་བ་ནས། བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་བ། དགེ་སློང་དག་ཤ་འདི་ནི་ཐ་ཆད་ཡིན་ཏེ། འདི་ལྟ་སྟེ་མི་ཤའོ། །དེ་ལྟ་བས ་དགེ་སློང་གིས་མི་ཤ་བཟའ་བར་མི་བྱའོ། །ཟན་ཉེས་པ་སྦོམ་པོར་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །སླན་གྱིས་ཕྱིར་བྱ་བ་ཡང་བཅོམ་ལྡན་འདས་ཀྱི་སྨད་པས་དེའི་ཕྱིར་འདིར་ཐམས་ཅད་དུའོ་ཞེས་མདོར་བསྡུ་བ་བྱས་སོ། །ཤ་བསྔོས་པར ་ཤེས་ན་བཟའ་བར་མི་བྱའོ་ཞེས་བྱ་བ་ནི། ཟ་བ་པོའི་ཕྱིར་སྦྱིན་བདག་གིས་ཤ་བསྔོས་བར་ཟབ་པོས་མཐོང་བ་མ་དང་ཐོས་པ་དང་དོགས་པའི་སྒོ་ནས་ཤེས་ན་ངེས་ཤ་དེ་བཟའ་བར་མི་བྱ་བ་སྟེ། དེ་བས་ན་རབ་ཏུ་ཕྱུང་བ་རྣམས་ཀྱིས་ནི་བཤན་པའི་གནས་སམ ་ཚོངས་དུས་ནས་ཤ་རུང་བ་དགེ་བསྙེན་དང་བ་ཅན་གྱིས་བླངས་ཏེ་བཟའ་བར་རྗེས་སུ་གནང་ངོ། །སྟག་གིས་གོང་མ་མི་བཟའ་འོ་ཞེས་བྱ་བ་ནི། ཤ་ཤེས་ན་བཟའ་ཟར་མི་བྱ་བའོ། །འདིར་གཞུང་ནི། དགེ་སློང་དག་སྟག་ནི་རུས་སྦེད་པ་ཡིན་པས་དེའི་ཕྱིར ་དགེ་སློང་གིས་སྟག་གིས་གོད་མའི་ཤ་བཟའ་བར་མི་བྱའོ་ཞེས་གསུངས་པ་ཡིན་ནོ། །དེ་ནི་བལྟོས་པ་དང་བཅས་པའི་ཕྱིར་བཀག་པས་དེའི་ཕྱིར་ལྟོས་པ་དང་བཅས་པ་གཞན་གྱིས་སྦས་པར་ཤེས་ན་ཡང་བཟླ་བར་མི་བྱ་བའོ། །གླང་པོ་ཆེ་དང་རྟ་དང ་ཀླུ་རྣམས་ཀྱིས་མི་གཟའོ་ཞེས་བྱ་བ་ནི། དེ་རྣམས་ཀྱི་ཤ་བཟའ་བར་མི་བྱ་བའོ། །རྨིག་གཅིག་པ་དང་ཝ་དང་སྤྲེའུ་དང་ཤིང་རྟ་མོ་དང་བྱ་རོག་དང་བྱ་རྒོད་དང་ཆུ་སྐྱར་དང་ཁྱི་དང་བྱ་ཁྲ་དང་འུག་པ་དང། དེ་དག་ལས་གཞན་བའི་བྱ་མི་རོ་ཟ་བ་དག་དང་བྱ ་གར་དང་ཕ་ཝ་དང་སྐྱིན་ཀོར་དང་དྲེའུ་སྲིན་དང་སྲིན་བུ་རྣམས་ཀྱིས་ཡང་མི་བཟའ་ཨོ་ཞེས་བྱ་བ་ནི། དེ་དག་གི་ཤ་ཡང་ཤེས་ན་བཟའ་བར་མི་བྱའོ་ཞེས་བྱ་བར་སྦྱར་རོ། །མིག་གཅིག་པ་ཞེས་བྱ་བ་ནི། རྟ་དང་བོང་བུ་དང་དེའུ་དང་རྐྱང་ལ་སོགས་པའོ ་ཤིང་རྟ་མོ་ཞེས་བྱ་བ་ནི། བྱ་ཤིང་རྟ་མོའོ། །ཁྱ་རོག་ཅེས་བྱ་བ་ནི། ཁྱ་དང་ཕོ་རོག་གོ། དེ་དག་ལས་གཞན་པའི་བྱ་མི་རོ་ཟ་བདག་ཅེས་བྱ་བ་ནི། མི་རོ་ཟ་བའི་བྱ་སྔར་བསྟན་པ་དེ་དག་ལས་གཞན་པའི་བྱ་མི་རོ་ཟ་བ་ཐམས་ཅད་སྦྱིར་བཟུང་ངོ། །སྐྱིན་གོར་ཞེས ་བྱ་བ་ནི། ཆུ་ན་གནས་པ་དང་སྐམ་ན་གནས་པའི་སྐྱིན་ཀོར་རོ། །དྲེའུ་སྲིན་ཞེས་བྱ་བ་ནི། ས་ལ་སྐྱེས་པའི་སྲིན་བུ་རིང་པོའོ། །སྲིན་བུ་རྣམས་ཞེས་བྱ་བས་ནི་སྲིན་བུའི་རིགས་གཞན་དག་བསྟན་ཏོ། །རྣམ་ཤེས་མང་པོའི་ཚིག་ཏུ་བྱས་པས་ནི་ཤིང ་སྲིན་དང་སྲིན་གྱི་མེས་དང་སྦྲུལ་དང་སྲེ་མོ་དང་བྱི་བ་ལ་སོགས་པ་གཞན་དག་ཀྱང་བསྡུའོ། །སྲིན་བུ་ཞེས་སྨོས་པས་ནི། སྲིན་བུ་པདྨ་ལ་སོགས་པ་ཡང་བསྡུའོ། །འདིར་གཞུང་ནི། བཙུན་པ་པད?་པའི་ཤ་འཚལ་དུ་རུང་དམ། ཉེ་བར་འཁོར་མི་རུང་ངོ།། ་དེ་བཞིན་དུ་དགེ་སློང་གིས་བྱ་གར་གྱི་ཤ་བཟའ་བར་མི་བྱའོ། །བྱ་རོག་ལ་སོགས་པའི་ཤ་ཡང་བཟའ་བར་མི་བྱའོ་ཞེས་བྱ་བ་ལ་སོགས་པ་དང། གཞུང་ཁ་ཅིག་ལས་སྲིན་བུ་རྣམས་ཀྱི་ཚིལ་འཚལ་བར་བགྱི་འམ་འཚལ་བར་མི་བགྱི། བཀའ་ ་བསྩལ་པ། བཟའ་བར་མི་བྱའོ། །ནང་དང་བྲལ་བའི་ཕྱིར་ལུས་བསྐུ་བར་ནི་བྱའོ་ཞེས་གསུངས་པ་ཡིན་ནོ། །ཤའི་བྱིན་ལེན་སྟོབས་པ་ལས་བཅད་པ་ལས་བྱུང་བ་ཉིད་མ་ཡིན་ནམ་ཞེས་དྲི་བར་བྱའོ་ཞེས་བྱ་བ་ནི། རབ་ཏུ་བྱུང་བ་རྣམས་ལ་སྦྱིན་བདག ་གིས་ཤའི་བྱིན་ལེན་བསྟབས་པ་ན་དེ་ལ་ཟ་བ་པོས་འདི་དགེ་སློང་གིས་བཟར་མི་རུང་བའི་ཤ་བཅད་པ་མི་ཤ་དང་སྟག་གི་གོང་མ་དང་གླང་པོ་ཆེ་དང་རྟ་དང་ཀླུ་དང་རྨིག་གཅིག་པ་ལ་སོགས་པའི་ཤ་མ་ཡིན་ནམ་ཞེས་འདྲི་བར་བྱ་ཞིང། དེ་དག་ལS ་བྱུང་བ་མ་ཡིན་ན་བཟའ་བར་བྱའོ། །ཚིག་དེ་ནི་མཚོན་པ་ཙམ་དུ་ཟད་དེ། འདི་ཅིའི་ཤ་ཞེས་དྲིས་ན་གཞན་མ་སྨོས་ཀྱང་ཉེས་པ་མེད་དོ། །དུ་མ་ཉིད་ན་དང་པོས་སོ་ཞེས་བྱ་བ་ནི། ཟ་བ་པོ་དུ་མ་ཉིད་ཡོད་ན་དང་པོས་དྲི་བར་བྱ་བ་སྟེ། དགེ་སློང་དུ་མཚོགS ་ན་དགེ་འདུན་གྱིས་གནས་བརྟན་གྱིས་དྲི་བར་བྱའོ་ཞེས་བྱ་བ་ནི་ཐ་ཚིག་གོ། ཉམས་ན་འོག་མས་སོ་ཞེས་བྱ་བ་ནི། ཤའི་སྐབས་དྲིའོ་ཞེས་བྱ་བར་སྦྱར་ཏེ། གལ་ཏེ་དང་པོས་དྲི་བ་ཉམས་ཏེ་མ་དྲིས་ན་དེའི་འོག་མའི་དགེ་སློང་གིས ་དྲི་བར་བྱ་བའོ། །གླང་པོ་ཆེ་དང་མིའི་འོ་མ་དག་བཏུང་བར་མི་བྱ་བ་ཉིད་དོ་ཞེས་བྱ་བ་ནི། རབ་ཏུ་བྱུང་བས་བལ་གླང་མོ་དང་བུད་མེད་ཀྱི་འོ་མ་བཏུང་བར་མི་བྱའོ། །པགས་པ་དང་རྒྱས་བ་དང་སྣར་གླུགས་པ་དང་མིག་སྐུད་ཅིང་བཟའ་བཏུང་མི་བྱེད་པ ་ལ་ནི་སྐྱོན་ཆགས་པ་མེད་དོ་ཞེས་བྱ་བ་ནི། ཤ་དང་འོ་མ་རུང་བ་མ་ཡིན་པ་ལ་སོགས་པས་ཤེས་བྱ་བར་སྦྱར་ཏེ། དེ་དག་གི་པགས་པ་བསྐུད་པ་དང་རྨ་སྐུད་པ་དང་སྣར་ཀླུགས་པ་དང་མིག་སྐུད་ཅིང་བཟའ་བཏུང་མ་བྱེད་པ་ལ་ནི་སྐྱོན་ཆགས་པ ་མེད་དོ། །ཞེས་བྱ་བའི་ཐ་ཚིག་གོ། འདིར་གཞུང་ནི་བཙུན་བ་སྨན་རུང་བ་མ་ལགས་པ་དག་དང་བསྐོལ་བའི་འབྲུ་མར་འཚལ་ཏུ་རུང་དམ། ཉེ་བར་འཁོར་མི་རུང་ངོ། །ལུས་སྐུད་པ་དང་རྨའི་སྐུ་མཉེ་བྱ་བ་དང། སྣར་གླུགས་པའི་ལས་བྱ་བ་ནི་ལྟུང་བ་མེད ་དོ། །བཙུན་པ་བུད་མེད་ཀྱི་འོ་མ་འཚལ་དུ་རུང་དམ་ཉེ་བར་འཁོར་མི་རུང་ངོ། །མིག་སྐུ་བ་ལ་ནི་ལྟུང་བ་མེད་དོ་ཞེས་གསུངས་པ་ཡིན་ནོ། །ནད་པས་ནི་ཞུན་མར་དང་འབྲུ་མར་ཆང་དང་འདྲེས་པ་བཏུང་བར་བྱ་བ་ཉིད་དོ་ཞེས་བྱ་བ་ནི། གང་ཟག་ནད་པས་ནི་ཞུན ་མར་དང་འབྲུ་མར་ཆད་དང་འདྲེས་པ་བཏུང་བར་བྱ་བ་ཉིད་ཡིན་ནོ། །འདིར་གཞུང་ནི། བཙུན་པ་རེ་ཞིག་ཞུན་མར་དང་འབྲུ་མར་སྐྱེམས་དང་ལྷན་ཅིག་འདྲེས་པར་གྱུར་ན་འཚལ་ཏུ་རུང་དམ། ཉེ་བར་འཁོར་རུང་སྟེ། དེ་ཡང་ནད་པས་ཡིན་གྱི་མིན་བས་ནི ་མ་ཡིན་ནོ། ཞེས་གསུངས་པ་ཡིན་ནོ། །ཆང་མ་ཡིན་པ་ཉིད་ན་ཉེས་པ་མེད་པ་ཉིད་དོ་ཞེས་བྱ་བ་ནི། ཆང་དག་ཆང་མ་ཡིན་པ་ཉིད་དུ་གྱུར་ན་ཐམས་ཅད་ལ་ཉེས་པར་མི་འགྱུར་བ་སྟེ། འདིར་ཆང་མ་ཡིན་པ་ཉིད་ཅེས་བྱ་བས་ནི་དེའི་དེ་དང་རོ་གཉི་ག ་མེད་པར་གྱུར་བ་བསྟན་ཏེ། གལ་ཏེ་དྲི་དང་རོའི་རོ་མྱང་བ་མྱོས་པར་མི་བྱེད་པར་དག་ཅེས་གསུངས་བ་ལས་ཤེས་པར་བྱའོ། །དེ་ནི་བསྐོལ་བ་ལས་འགྲུབ་པོ་ཞེས་བྱ་བ་ནི། ཆད་མ་ཡིན་པ་ཉིད་དེ་ནི་བསྐོལ་བ་ལས་ཆང་མ་ཡིན་པར་འགྱུར་བའོ། །འདིར ་གཞུང་ནི། བཙུན་པ་མྱོས་པར་འགྱུར་བའི་ལྟུང་བ་ཞུགས་ཀྱིས་བསྐོལ་ན་འཚལ་ཏུ་རུང་དམ། ཉེར་བར་འཁོར་རུང་ངོ། །ཞེས་གསུངས་པ་ཡིན་ནོ། །དེ་ནི་ནད་བསྔོས་པས་བཏབ་ཅིང་སའི་ནང་དུ་བཅུག་ན་ཚ་ཉིད་དུ་འགྱུར་རོ། །ཞེས་བྱ་བ་ནི། ཆང་དེ་ནི ་ནང་དུ་ཡོས་བླུགས་ཏེ་སྣོད་དང་བཅས་པར་སའི་ནང་དུ་བཅུག་ན་ཆར་འགྱུར་བའོ། །རྒུན་གྱི་ཁུ་བ་ནི་བསྐོལ་ན་འཆང་ཉིད་དུ་མི་འགྱུར་རོ་ཞེས་བྱ་བ་ནི། རྒུན་གྱི་ཁུ་བ་བཙིར་མ་ཐག ་ཏུ་བསྐོལ་ན་ཡུན་རིང་དུ་བཞག་ཀྱང་ཕྱིས་ཆང་དུ་མི་འགྱུར་ཏེ། དྲོ་འཇའ་ཡིན་ནོ། །འདིར་གཞུང་ནི། བསྐོལ་ཏེ་བཞག་པར་བྱ་ཞིང་དགེ་འདུན་གྱི་དུས་མ་ཡིན་པའི་བཏུང་བར་འགྱུར་རོ། །ཞེས་གསུངས་པ་ཡིན་ནོ། །ཐ་དད་པ་མ་ཡིན་པ་ཉིད་ལ་ནི་ཡོད་པ ་ཉིད་མ་ཡིན་ནོ་ཞེས་བྱ་བ་ནི། དཔེར་ན་ཏིལ་དག་ལས་ཏིལ་མར་ཐ་དད་པ་ཉིད་མ་ཡིན་པ་དང་བུ་རམ་ཤིང་དག་ལ་ཁུ་བ་ཐ་དད་པར་ཉིད་མ་ཡིན་པས། ཏིལ་དེ་ལ་ཡང་ཏིལ་མར་ཡོད་པ་ཉིད་མ་ཡིན་ལ། བུ་རམ་ཤིང་དེ་ལ་ཡང་བུ་རམ་ཡོད་པ་ཉིད་མ ་ཡིན་པ་ལྟ་བུའོ། །དེ་ལྟ་བས་ན་ཏིལ་བྱིན་ལེན་བྱས་པས་ཏིལ་མར་བྱིན་ལེན་བྱས་བར་མི་འགྱུར་ལ། བུ་རམ་ཤིང་བྱིན་ལེན་བྱས་པས་ཀྱང་བུ་རམ་བྱིན་ལེན་བྱས་པར་མི་འགྱུར་བར་ཤེས་པར་བྱའོ། །འདི་སྐད་བསྟན་ཏེ། དགེ་སློང་གིས་ཏིལ་བྱིན ་ལེན་བྱས་ཏེ་བཙགས་ན་དེའི་ཏིལ་མར་གཟོད་བྱིན་ལེན་བྱ་དགོས་ལ། དུ་རམ་ཤིང་བྱིན་ལེན་བྱས་ཏེ་བཙིར་ན་དེའི་ཁུ་བ་གཟེད་བྱིན་ལེན་བྱ་དགོས་སོ། །དེས་ན་བྱིན་ལེན་བྱས་པའི་ཏིལ་དང་བུ་རམ་ཤིང་ནི་བཟར་རུང་ལ། དེ་ཉིད་བཙིར་ཅིང་བཙགས་པའི ་ཏིལ་མར་དང་ཁུ་བ་ནི་ཡང་བྱིན་ལེན་མ་བྱས་པར་བཟར་མི་རུང་ངོ། །བག་ཆགས་སུ་གྱུར་པ་ཉིད་ནི་ཡོད་པ་ཉིད་དོ་ཞེས་བྱ་བ་ནི། བག་ཆགས་སུ་གྱུར་པ་ཉིད་ནི་ཡོད་པ་ཉིད་ཡིན་པའོ། །འདིར་གཞུང་ནི་བཙུན་པ་ཞག་རུང་བ་མ་ལགས་པ ་དག་དང་བསྐོལ་པའི་དཔོན་ཆེ་འཆལ་ཏུ་རུང་ངམ་མི་རུང། བཀའ་སྩལ་པ། ནད་པས་ནི་བཟང་རུང་ལ་མི་ན་བས་ནི་མི་རུང་ངོ། །ཤ་ལ་ཡང་དེ་བཞིན་ནོ་ཞེས་ཁུ་བ་ལས་རྫས་རུང་བ་མ་ཡིན་པ་དང་འཕགས་པ་བཟའ་བར་བྱ་བ་ཉིད་མ་ཡིན་ནོ། །ཞེས ་གསུངས་པ་དེ་འདིར་བསྡུས་པ་ཡིན་ནོ། །ཆང་གི་སྲེད་པ་དང་བྲལ་བར་བྱ་བའི་ཕྱིར་རྩ་བ་དང་སྡོང་བུ་དང་འདབ་མ་དང་མེ་ཏེག་དང་འབྲས་བུའི་སྨན་སྐམ་པོའི་ཕྱེ་མ་ཆད་ནི། དྲིས་བསྒོས་པའི་ཆུ་དང་སྦྱར་བ་བཏུང་ངོ་ཞེས་བྱ་བ་ནི། ཆད་འདོད་པའི་སྲེད ་པ་ཡོད་ན་དེ་དང་དབྲལ་བར་བྱ་བའི་ཕྱིར་ཆང་གི་ཡོ་བྱད་དུ་རུང་བའི་རྩ་བ་དང་སྡོང་བུ་དང་འདབ་མ་དང་མེ་ཏོག་དང་འབྲས་བུའི་སྨན་སྐམ་པོའི་ཕྱེ་མ་ཆང་གི་བརླངས་པས་བསྒོས་པ་དང་སྦྱར་བའི་ཆུ་བཏུང་བར་བྱ་བ་སྟེ། དེ་ནི་ཕྱེ་མ་དང་སྦྱར་བའི་བཏུང་བ ་ཞེས་བྱའོ། །འདིར་གཞུང་ནི། དེ་ལྟ་བས་ན་ཆད་དུ་རུང་བའི་རྩ་བ་དང་སྡོང་བུ་ལ་སོགས་པའི་རྫས་སྐམ་པོ་གང་དག་ཡིན་པ་དེ་དག་ཕྱེ་མར་བྱས་ཏེ་རས་མ་དཀར་པོར་ཕུར་ནང་ཆང་གི་ཤུགས་དག་དང་བྲལ་བའི་སྣོང་མ་གང་བར་བཅང་བར་བྱ་ཞིང་དེ་ནས ་ཕྱུང་སྟེ་ཕྱི་དོར་བྱས་ནས་ཟས་དང་མ་འཕགས་པའི་ཆུ་དང་ལྷན་ཅིག་སྦར?་ཞིང་བཙགས་ཏེ་བཏུག?་བར་རྗེས་སུ་གནང་ངོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །ཆང་གིས་དྲིས་བསྒོ་བར་བྱའོ་ཞེས་གསུངས་ན། ཇི་ལྟར་བསྒོ་བར་བྱ་ཞེ་ན། དེའི་ཕྱིར ་ཆང་དང་བཅས་པའི་སྣོད་དུ་དབྱངས་ཏེ་བཞག་པས་བསྒོ་བར་བྱའོ་ཞེས་བྱ་བ་སྨྲས་ཏེ། སྨན་གྱི་ཕྱེ་མའི་ཕུར་མ་དེ་ཆད་དང་བཅས་པའི་སྣོད་ཀྱི་ནང་དུ་ཆང་ལ་མ་རེག་པར་དབྱངས་ཏེ་བཞག་པས་བསྒོས་པར་བྱའོ། །རེག་པ་བསྲུང་ངོ་ཞེས་བྱ་བ་ནི། ཕྱེ་མའི ་ཕུར་?་མང་དང་རེག་བར་མི་འགྱུར་བར་བྱ་བའི་ཕྱིར་བསྲུང་བར་བྱ་བའི་ཕྱིར་བསྲུང་བར་བྱ་བའོ། །དེའི་ཕྱིར་མ་གང་བ་དང་ཤུགས་དང་བྲལ་བ་ཉིད་དུའོ་ཞེས་བྱ་བ་ནི། གང་གི་ཕྱིར་རེག་པ་བསྲུང་དགོས་པ་དེའི་ཕྱིར་ཆང་གིས་མ་གད་པའི་སྣོང་ཆད་གི ་ཤུགས་དང་གྲལ་བ་ཉིད་ཀྱི་ནང་དུ་དབྱངས་ཏེ་གཞུག་པར་བྱའོ། །གཞན་དུ་ན་གྱེན་དུ་ལྡུད་པས་རེག་པར་འགྱུར་བའི་ཕྱིར་རོ། །དེ་བཞིན་དུ་རོ་མེད་བར་བྱེད་པ་དང་དུས་མ་ཡིན་པར་བཏུང་?་དང་ཡང་ངོ་ཞེས་བྱ་བ་ནི། ཇི་ལྟར་ཕྱི་མ་ཆད་དང་རེག་པ ་བསྲུང་བར་བྱ་བ་དེ་བཞིན་དུ་རྫས་གང་གིས་བཏུང་བ་དེ་རོ་མེད་ཕར་བྱེད་པར་འགྱུར་བའི་རྫས་དེ་དང་རེག་པ་ཡང་བསྲུང་བར་བྱ་བ་དང། དུས་མ་ཡིན་པར་བཏུང་བ་ལ་ཟས་དང་རེག་པ་ཡང་བསྲུང་བར་བྱ་བའོ། །མཛེས་པ་ཡང་བཟང་ངོ་ཞེས་བྱ་བ་ནི། ཕྱེ ་མ་སྐམ་བོ་ཆང་གི་དྲིས་བསྒོས་པ་དང་སྦྱར་བའི་ཆུ་དེ་ཟས་དང་རེག་པ་དེ་ལས་དེ་ལྟར་བསྲུང་བར་བྱ་བ་ཉིད་མཛེས་པ་ཡིན་ཏེ་དེ་བཟང་བའོ། །དེའི་ཕྱིར་རས་མ་དཀར་པོས་བཙག་བར་བྱའོ་ཞེས་བྱ་བ་ནི། གང་གི་ཕྱིར་མཛེས་པ་བཟང་བ་དེའི་ཕྱིར་རས ་མ་དཀར་པོས་བཙགས་པར་བྱ་བའོ། །ནད་པས་ཆང་ནི་རྩ་མཆོག་གིས་ཀྱང་མི་བཏུང་ངོ་ཞེས་བྱ་བ་འདི་ནི། བཅས་པའི་ཁ་ན་མ་ཐོ་བ་དང་བཅས་པ་ཐམས་ཅད་ནད་པའི་ཡུལ་ལ་རྗེས་སུ་གནང་བ་དེའི་དམིགས་ཀྱིས་བསལ་བ་བསྟན་པ་ཡིན་ཏེ། ཇི་ལྟར ་བཅོམ་ལྡན་འདས་ཀྱིས་ཤཱཀྱ་ན་བར་གྱུར་བ་དག་ལ་དེ་ཉིད་མ་གནང་བར་གསུངས་པ་ཡིན་ནོ། །དེ་ལྟར་ཡང་དགེ་སློང་གང་ད་ལ་སྟོན་པ་ཞེས་ཟེར་བ་ཁྱེད་ཅག་གིས་ཆང་ཐ་ན་རྩ་མཆོག་གིས་མི་བླུང་མི་བཏུང་ངོ་ཞེས་གསུངས་པ་ཡིན་ནོ། །དགེ་བསྙེན་ཡན ་ཆད་ཐམས་ཅད་ཀྱིས་མི་བླུང་ངོ་ཞེས་བྱ་བ་ནི། དགེ་བསྙེན་གྱི་མཛའ་ཡན་ཆད་ཆོས་འདི་པ་བསླབ་པ་མ་བླངས་པ་ཐམས་ཅད་ཀྱིས་ཀྱང་ཆད་བླུད་པར་མི་བྱ་བའོ། །འདིར་གཞུང་ནི་དགེ་བསྙེན་གྱི་མི་བྱ་བའི་ལས་དྲུག་སྟེ། སེམས་ཅན་བཙོང་བ་དང། ་མཚོན་ཆ་གཙོང་བ་དང། ཆད་བཙོང་པ་དང། དུག་བཙོང་བ་དང་།རྒྱ་སྐྱེགས་ཀྱི་ལས་དང། ཏིལ་བཅིར་བའི་ལས་སོ་ཞེས་གསུངས་པ་ཡིན་ནོ། །རང་བཞིན་གྱི་ཁ་ན་མ་ཐོ་བ་དང་བཅས་པ་ལས་གཞན་པ་ཐམས་ཅད་ལ་གསེ་བའི་དོན་ཉིད ་མ་གཏོགས་སོ་ཞེས་བྱ་བ་ནི་ལྷག་མའོ་ཞེས་བྱ་བ་ནི། བཅས་པའི་ཁ་ན་མ་ཐོ་བ་དང་བཅས་པ་ཐམས་ཅད་བཀག་པ་ལ་གསོ་བའི་དོན་ཉིད་དུ་ནི་མ་གཏོགས་ཏེ་དེའི་དོན་དུ་ནི་དགག་པ་མེད་དོ་ཞེས་གསུངས་པ་དེའི་ལྷག་མ་ནི་མྱོས་པར་འགྱུར་བའི་བཏུང ་བ་བཀག་བ་འདི་ཡིན་ཏེ། འདི་ནི་གསོ་བའི་དོན་དུ་ཡང་བཀག་པར་ཤེས་པར་བྱའོ། །ནད་པ་གསོ་བའི་དོན་དེ་ཉིད་དུ་བཅས་པའི་ཁ་ན་མ་ཐོ་བ་དང་བཅས་པ་ལྷག་པར་སྤྱོད་པ་ལ་ནི་ལྟུང་བ་མེད་དེ། དཔེར་ན། ཤ་བསྔོས་པར་ཤེས་ན་བཟའ་བར་མི་བྱའོ ་ཞེས་བྱ་བ་ལ་སོགས་པ་བཅས་པའི་ཁ་ན་མ་ཐོ་བ་དང་བཅས་པ་ཐམས་ཅད་གསོ་བའི་དོན་ཉིད་དུ་མ་གཏོགས་སོ་ཞེས་བསྟན་པ་དེའི་ལྷག་མ་དམིགས་གྱིས་བསལ་བ་ནི་མྱོས་པར་འགྱུར་བའི་ལྟུང་བ་མ་གཏོགས་སོ་ཞེས་བྱ་བ་འདི་མིན་ཏེ། སྡིག་པ ་ཐམས་ཅད་ཀྱི་སྒོར་གྱུར་པ་ཡིན་པའི་ཕྱིར་དེ་ལ་དམིགས་ཀྱིས་བསལ་བ་མེད་དོ། །འདིར་གཞུང་ནི། བཙུན་པ་ནད་པའི་གཡོག་ཇི་ལྟར་བགྱི། ཉེ་བར་འཁོར་རང་བཞིན་གྱི་ཁ་ན་མ་ཐོ་བ་དང་བཅས་པ་མ་གཏོགས་པར་ཅི་ནས་ཀྱང་ནད་པ་སོས་པར་འགྱུར་བ ་ལྟར་རོ། །དེ་ལྟ་བས་ན་དགེ་སློང་གིས་སྒོས་སྐྱ་བཟའ་བར་མི་བྱའོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །སྒོག་སྐྱ་དང་དགུན་བཙོང་དང་ཀེའུ་བཟའ་བར་མི་བྱའོ་ཞེས་བྱ་བ་ནི། བཙོས་ཀྱང་རུང་མ་བཙོས་ཀྱང་རུང་བའོ། །ནད་པས་ནི་དབེན་པཱི་ཕྱོག་སུའོ་ཞེས ་བྱ་བ་ནི། སྒོག་སྐྱ་ལ་སོགས་པ་བཟའ་བའོ། །ཟོས་ནས་སྒོག་སྐྱ་ནི་ཞག་བདུན་དགུན་བཙོང་ཞག་གསུམ་ཀེའུ་ནི་ཞག་?་གཅིག་མ་ལོན་པར་གཙུག་ལག་ཁང་དུ་འཇུག་པར་མི་བྱའོ། །ཞེས་བྱ་བ་ནི། ནད་པས་དབེན་པའི་ཕྱོགས་སུ་སྒོག་སྐྱ་ལ་སོགས་པ་ཟོས ་ནང་གཙུག་ལག་ཁང་དུ་འཇུག་པར་མི་བྱའོ་ཞེས་བྱ་བར་སྦྱར་རོ། །ཟོས་མ་ཐག་ཏུ་འཇུག་པར་མི་བྱ་བར་མ་ཟད་ཀྱི་སྒོག་སྐྱ་ནི་ཟོས་ནས་ཞག་བདུན་མ་ལོན་པར་འཇུག་པར་མི་བྱའོ། །ཀུན་དོང་ནི་ཟོས་ནས་ཞག་གསུམ་མ་ལོན་པར་འཇུག་པར་མི་བྱའོ། །ཀིའུ་ནི ་ཟོས་ནས་ཞག་གཅིག་མ་ལོན་པར་འཇུག་པར་མི་བྱའོ། །གནས་མལ་ལ་མི་བྱའོ་ཞེས་བྱ་བ་ནི། ལོངས་སྤྱད་པར་རོ། །བཤད་པའི་སར་འཇུག་པར་མི་བྱའོ་ཞེས་བྱ་བ་ནི། དགེ་འདུན་གྱིའོ། །གཅི་བའི་སར་མི་བྱའོ་ཞེས་བྱ་ཡང། དགེ་འདུན་གྱིས་འཇུག ་པར་རོ། །དགེ་འདུན་གྱི་ནང་དུ་འགྲོ་བར་མི་བྱའོ་ཞེས་བྱ་བ་ཡང། ནད་པ་སྒོག་སྐྱ་ལ་སོགས་པ་ཟོས་པས་སོ། །མཆོད་རྟེན་གྱི་ཉེན་འཁོར་དུ་མི་བྱའོ་ཞེས་བྱ་བ་ནི། མཆོད་རྟེན་གྱི་ཉེན་འཁོར་དུ་འགྲོ་བར་མི་བྱའོ། །དེའི་ཐག་ནི་འདོམ་གང་ངོ་ཞེས་བྱ་བ་ནི། མཆོད ་རྟེན་གྱི་ཉེན་ཀོར་དེའི་འོ། །འདིར་གཞུང་ནི། མཆོད་རྟེན་གྱིས་ཉེན་ཀོར་འདོམ་གང་སྤང་བར་བྱ་སྟེ། དགེ་སློང་དག་མཆོད་རྟེན་ནི་ལྷ་མངོན་པར་དད་པ་ཅན་དག་གིས་ཀུན་ནས་གང་བ་ཡིན་ལ། ལྷ་རྣམས་ནི་གཙང་སྦྲ་འདོད་པ་ཡིན་པས། དྲི་དེ་ནི་དེ་དག་དང་མི ་ཐུན་པའི་ཕྱིར་རོ་ཞེས་གསུངས་པ་ཡིན་ནོ། །ཁྱིམ་པ་དག་ལ་ཆོས་སྟོན་པར་མི་བྱའོ་ཞེས་བྱ་བ་ཡང། ནད་པ་སྒོག་སྐྱ་ལ་སོགས་པ་ཟོས་པས་སོ། །ཁྱིམ་བདག་ཏུ་འགྲོ་བར་མི་བྱའོ་ཞེས་བྱ་བ་ནི། ཁྱིམ་པའི་ཁྱིམ་དག་ཏུའོ། །སྐྱེ་བོས་གང་བའི་ཕྱོགས ་སུ་མི་བྱའོ་ཞེས་བྱ་བ་ནི། སྐྱེ་བོས་གང་བའི་ཕྱོགས་སུ་ཡང་འགྲོ་བར་མི་བྱ་བའོ། །འཇུག་ཏུ་ཁྲུས་བྱས་སོ་ཞེས་བྱ་བ་ནི། ནད་པས་དེ་ལྟར་སྒོག་སྐྱ་ལ་སོགས་པ་བསྟེན་པའི་དགོས་པ་བསྒྲུབས་ཟིན་ནས་མཇུག་ཏུ་ཁྲུས་བྱ་བའོ། །གོས་དག་གི་དྲི་ནི ་བཀྲུ་བ་དང་དུ་བ་དག་གིས་བསལ་ལོ། ཞེས་བྱ་བ་ནི། ནད་པས་སྒོག་སྐྱ་ལ་སོགས་པ་བསྟེན་པ་དེའི་གོས་དག་ལ་དྲི་ཆགས་པ་ནི་ཐབས་དེ་གཉིས་ཀྱི་བསལ་བར་བྱ་བའོ།། །།བམ་པོ་ལྔ་བཅུ་བདུན་པ། །རུང་བ་ཉིད་དུ་བྱིན་གྱིས་བརླབ ་པར་བཙོས་པ་དང་གནས་པ་དག་ནི་ཕྱི་རོལ་དང་དའོ་ཞེས་བྱ་བ་ནི། དཔེར་ན་དགེ་སློང་གིས་གནས་ཉེན་འཁོར་འདོ་མ་གང་དང་བཅས་པ་ནས་ཕྱི་རོལ་ཏུ་གྱུར་པའི་ཀུན་དགའ་ར་བ་དང་འབྲོག་དགོན་པ་ལ་སོགས་པའི་གནས་གང ་ཡིན་པ་དེར་ཟས་འཆོད་པ་དང་འཆད་བ་དག་ལ་ནང་དུ་བཅོས་པ་དང་ནང་དུ་ཞག་ལེན་པའི་ཉེས་པས་གོས་པར་མི་འགྱུར་བ་དེ་བཞིན་དུ། གཙུག་ལག་ཁང་གིས་ནང་དུ་ཡང་རུང་བ་ཉིད་དུ་བྱིན་གྱིས་བརླབ་པའི་རུང་བའི་ཁང་བ་བྱས་ན་དེར་ཡང་ཉེས ་པ་དེ་དག་མི་འབྱུང་བའོ། །རུང་བའི་ཁང་པ་དེ་བྱིན་གྱིས་བརླབ་ཏུ་རུང་བར་བསྟན་པའི་ཕྱིར་བྱིན་གྱིས་བརླབ་པར་བྱའོ་ཞེས་བྱ་བ་སྨས་ཏེ། །རུང་པའི་ཁང་པའོ་ཞེས་བྱ་བར་སྦྱར་རོ། །ཤིང་དྲུང་དང་གླང་པོ་ཆེའི་ར་བ་དང་མུ་སྟེགས་ཅན་གྱི་འདུག་གནས ་དང་རྒྱལ་པོའི་ཕོ་བྲངས་དང་དགེ་སློང་མའི་དབྱར་ཁང་དང་གཙུག་ལག་ཁང་གི་བང་རིམ་དང་སྒོ་ཁང་དང་ཁྱམས་དང་བསྲོ་ཁང་དང་དཔོང་སའི་ར་བ་དག་ཏུ་མི་བྱའོ། ཞེས་བྱ་བ་ནི། རུང་བའི་ཁང་པ་བྱིན་གྱིས་བརླབ་པར་ཞེས་བྱ་བར་སྦྱར་རོ། །ཤིང་དྲུང ་ལ་སོགས་པ་དེ་དག་ཏུ་རུང་བཱི་ཁང་པ་བྱིན་གྱིས་བརླབ་པར་མི་བྱའོ་ཞེས་གསུངས་པའི་ཕྱིར་ཏེ། གཏུམ་ཕུགས་ཅན་དང་སྨྱོན་ཐབས་མཁན་དང་ཟིལ་གྱིས་མནོན་པར་བྱེད་པ་དག་ཡོངས་སུ་སྤང་བའི་ཕྱིར་རོ། །ཁ་ཅིག་ལས་བླ་གབ་མེད་པ ་དང་མེ་ཁང་དང་མཆོད་རྟེན་གྱི་གཞི་དང་ཁྱིམ་བདག་གི་གཞིར་ཡང་ཞེས་སོ་ཞེས་བྱ་བ་ནི། གཞུང་ཁ་ཅིག་ལས་དེ་དག་ཏུ་ཡང་རུང་བའི་ཁང་པ་བྱིན་གྱིས་བརླབ་པར་མི་བྱའོ་ཞེས་འབྱུང་སྟེ། འདི་དག་དང་སྡང་སྨོས་བདག་ཏུ་རུང་བའི་ཁང་པ་བྱིན ་གྱིས་བརླབ་པར་མི་བྱའོ། །དེར་གཡོས་དང་བཙོ་བ་ཡང་མི་བྱའོ་ཞེས་བྱ་བ་ནི། ཤིང་དྲུང་ལ་སོགས་པ་དང་བླག་བ་མེད་པ་དེར་རོ། །འདིར་གཡོས་ཞེས་བྱ་བ་ནི་འབྲས་ཆན་ལ་བྱ་བའོ། །དེ་ལས་གཞན་ལ་ནི་གཙོ་བ་ཡིན་པར་ཤེས་པར་བྱའོ། ། ་དགེ་སློང་གིས་དེ་གཉིས་ཕྱོགས་མི་དབེན་པར་གཞན་གྱིས་ལག་ཏུ་ཡང་བྱེད་དུ་མ་གཞུག་ན་རང་གིས་བྱ་བ་ལྟ་ཅི་སྨོས་ཏེ། དང་པོ་ཉིད་ནས་བཀག་པའི་ཕྱིར་རོ། །དེ་བས་ན་དགེ་སློང་གིས་ཤིང་དྲུང་ལ་སོགས་པ་དང་བླ་གབ་མེད་པ་ལ་སོགས་པ་དེར་གཡོས་དང་བཙོ ་བ་གཞན་བྱེད་དུ་ཡང་མི་གཞུག་སྟེ། ཆུལ་མ་ཡིན་པས་གཞན་དག་ལས་ཟིལ་གྱིས་མནོན་པ་དང་མི་གུས་པ་འབྱུང་བའི་ཕྱིར་རོ། །ཆོས་པའི་བྱི་དོར་ཡང་མི་བྱའོ་ཞེས་བྱ་བ་ནི། ཤིང་?་ལ་སོགས་པ་དང་བླ་གབ་མེད་པ་ལ་སོགས་པ་དེར་ཟས་ཆོས་ཟིན་པའི ་བྱི་དོར་ཡང་མི་བྱའོ། །ཆོས་པ་ཞེས་བྱ་བ་ནི་མི་སྙི་བ་རྣམས་ཀྱི་ནི་སུམ་ཆ་བངས་པ་ན་ཆོས་པ་ཡིན་ནོ། །སྙི་བ་རྣམས་ཀྱི་ནི་ཁ་དོག་གྱུར་པ་ནི་ཆོས་པ་ཡིན་ནོ། །ཁུ་བ་རྣམས་ཀྱི་ནི་ལན་གཉིས་ཁོལ་པར་གྱུར་པ་ན་ཚོས་པ་ཡིན་ཏེ། ཚོས་པ་དེ་དག་དགེ་སློང་རང ་གིས་གནས་དེ་དག་ཏུ་བྱི་དོར་བྱ་བ་བཀག་གོ། འདི་ལ་དུས་གཞི་ཡོད་དོ་ཞེས་བྱ་བ་ནི། རུང་བའི་ཁང་པ་བྱིན་གྱིས་བརླབས་པ་འདི་ལ་དུས་བཞི་ཡོད་པའོ། །དེ་དག་ཀྱང་གང་ཞེ་ན། དང་པོ་སོ་ཕག་འགྲེམས་པའོ་ཞེས་བྱ་བ་ནི། རུང་བའི་ཁང་པ་བྱིན་གྱིས་བརླབ ་པའི་དུས་གཅིག་ནི་རུང་བའི་ཁང་པ་དེ་ཉིད་ཐོག་མའི་རྩིག་པའི་ཚེ་དང་པོ་སོ་ཕག་གིས་གཅལ་འགྲེམས་པའི་ཚེའོ། །ཕྱིས་ལས་སར་པ་དང་བཅས་པ་ཉིད་དོ་ཞེས་བྱ་བ་ནི། དང་པོ་སོ་ཕག་བཀྲམ་པའི་འོག་ཏུ་དེ་ཕྱིན་ཆད་ནས་ཇི་སྲིད་དུ་ལས་སར་པ་ཞེས ་བྱ་བ་དེའི་མཁར་ལོན་གྱིས་ལས་མ་རྫོགས་ཤིང་ད་དུང་ལས་སར་པའི་མཇུག་ཡོད་པ་ཉིད་ཀྱི་བར་གྱི་དུས་གང་ཡང་རུང་བ་དེ་ཡང་དུས་གཞན་གཅིག་ཡིན་པའོ། །གཞན་གྱི་ཚེ་དགེ་སློང་གནས་པ་ཉིད་དང་མ་བྲལ་བའོ། །ཞེས་བྱ་བ་ནི། ལས་སར་པ ་མཐར་ཕྱིན་པའི་འོག་ཏུ་དུས་གཞན་གྱི་ཚེ་གནས་དེར་དང་པོ་དགེ་སློང་ཞུགས་པ་ནས་ཕྱིས་ནས་གྱི་ཚེ་དེ་ན་དགེ་སློང་འགལ་ཡང་མེད་པར་མ་གྱུར་པའི་བར་གྱི་དུས་གང་ཡང་རུང་བར་དེ་ཡང་དུས་གཞན་ཅིག་ཡིན་པའོ། །དེ་དག་མེད་པ་ནི་གནས་པའི་ཕྱིར་དགེ ་སློང་དག་ཕྱིན་པའོ་ཞེས་བྱ་བ་ནི། དགེ་སློང་སྔར་གནས་གནས་པ་དེ་དག་མེད་པ་ན་དགེ་སློང་ཕྱི་མ་གཞན་དག་དེར་གནས་པའི་ཕྱིར་གནས་དེར་ཕྱིན་པའི་ཚེ་ཁོ་ནའི་དུས་དེ་ཡང་དུས་གཞན་ཅིག་ཡིན་པ་སྟེ། དུས་བཞི་པོ་དེ་དག་ལས་གང ་ཡང་རུང་བར་བྱིན་གྱིས་བརླབས་ཀྱང་རུང་གི། རུང་བའི་ཁང་པ་གཅིག་ལ་ཡང་དུས་དེ་བཞི་ཆར་དུ་བྱིན་གྱིས་བརླབས་པར་བྱ་བ་ནི་མ་ཡིན་ནོ། །དེ་དག་མེད་པ་ན་གནས་པའི་ཕྱིར་དགེ་སློང་དག་ཕྱིན་པ་ཞེས་སྨོས་པ་དེའི་ཕྱིན་པའི་དུས་ཀྱི་ཚིག་ཅིས་གཟུང ་ཞེ་ན། དེའི་ཕྱིར་བྱ་བ་གཞན་རྩོམ་པ་དང་ངལ་གསོ་བ་མ་བྱས་པ་ཚུན་ཆད་ནི་དེ་ཉིད་དོ་ཞེས་བྱ་བ་སྨྲས་ཏེ། དེ་གཉིས་དངོས་ནི་ད་དུང་མ་བྱས་ལ་དེ་གཉིས་བྱ་བའི་མཚམས་ལ་ཐུག་པ་ཚུན་ཆད་ཀྱི་དུས་ནི་དེར་ཕྱིན་པ་ཞེས་བྱ་བ་ཡིན་པར་སྦྱར་རོ། །བྱ་བ ་གཞན་བརྩམས་པ་མ་བྱས་པ་ཚུན་ཆད་ཅེས་བྱ་བ་ནི། ཕྱིན་པ་དེ་དག་གིས་ཕྱིན་པ་ལས་གཞན་པའི་བྱ་བ་ཆུ་བཙགས་པ་དང་གཙུག་ལག་ཁང་བསྐོ་བ་ལ་སོགས་པ་ཇི་སྲིད་དུ་མ་བརྩམས་པ་ཚུན་ཆད་དོ། །ངལ་གསོ་བ་མ་བྱས་པ་ཞེས་བྱ་བ་ནི། སྟན ་ལ་སོགས་པ་འདུག་པར་བྱ་བ་ཇི་སྲིད་དུ་མ་བཤམས་པ་ཚུན་ཆད་དོ། །དེ་ལྟར་བྱ་བ་གཞན་བརྩམས་པ་དང་ངལ་གསོ་བ་དེ་གཉིས་མ་བྱས་པ་ཚུན་ཆད་ཀྱི་བར་གྱི་དུས་དོན་དེ་དག་མེད་པ་ན་གནས་པའི་ཕྱིར་དགེ་སློང་དག་ཕྱིན་པ་ཉིད་ཀྱིས་དུས་ཡིན་པར ་རིག་པར་བྱའོ། །ཐམས་ཅད་ལ་དགེ་འདུན་གྱིས་ལས་ཀྱིས་སོ་ཞེས་བྱ་བ་ནི། དུས་བཞི་པོ་ཇི་སྐད་སྟན་པ་དེ་དག་ཐམས་ཅད་ལ་དགེ་འདུན་གྱིས་གསོལ་བ་དང་གཉིས་ཀྱིས་ལས་ཀྱིས་རུང་བའི་ཁང་བ་བྱིན་གྱིས་བརླབ་པར་བྱའོ། །དེའི་སྔགས་ནི་དགེ་འདུན ་བཙུན་པ་རྣམས་གསན་དུ་གསོལ། གནས་ཐམས་ཅད་གྲུབ་པ་འམ་བགྱིས་བ་འམ་ལགས་པ་ནང་མཚམས་དང་ཕྱི་རོལ་ཉེན་ཀོར་འདོམ་གང་དང་བཅས་པ་འདི་དགེ་འདུན་གྱིས་རུང་བའི་ཁང་པར་བཞེད་ན་གལ་ཏེ་དགེ་འདུན་གྱིས་དུས་ལ་བབ་ཅིང ་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང། དགེ་འདུན་གྱིས་གནས་ཐམས་ཅད་གྲུབ་པ་འམ་བགྱིས་པ་འམ་ལགས་པ་ནང་མཚམས་དང་ཕྱི་རོལ་ཉེན་ཀོར་འདོམས་གང་དང་བཅས་པ་འདི་དགེ་འདུན་གྱིས་རུང་བའི་ཁང་བར་བགྱིའོ། །འདི་ནི་གསོལ་བའོ།། ་དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། གནས་ཐམས་ཅད་གྲུབ་པ་འམ། བགྱིས་པ་འམ་ལགས་པ་ནང་མཆམས་དང་ཕྱི་རོལ་ཉེན་ཀོར་འདོམ་གང་དང་བཅས་པ་འདི་དགེ་འདུན་གྱི་རུང་བའི་ཁང་པར་བཞེང་དེ། དེའི་སླད་དུ་དགེ་འདུན་གྱིས་གནས་ཐམས་ཅད ་དུ་གྲུབ་པ་འམ་བགྱིས་པས།། ལགས་པ་ནང་མཚམས་དང་ཕྱི་རོལ་ཉེན་ཀོར་འདོམས་གང་དང་བཅས་པ་འདི་དགེ་འདུན་གྱི་རུང་བའི་ཁང་བར་བགྱི་ན། ཚེ་དང་ལྡན་པ་གང་དག་གནས་ཐམས་ཅད་གྲུབ་པ་འམ་བགྱིས་པ་འམ་ལགས་པ་ནང་མཚམས་དང་ཕྱི་རོལ ་ཉེན་གོར་འདོམ་གང་དང་བཅས་པ་འདི་དགེ་འདུན་གྱི་རུང་བའི་ཁང་བར་བགྱི་བར་བཟོང་པ་དེ་དག་ནི་བཅང་མ་གསུང་ཤིག་གང་དག་མི་བཟོད་པ་དེ་དག་ནི་གསུངས་ཤིག། དགེ་འདུན་གྱིས་བཟོད་ཅིང་གནང་ནས། དགེ་འདུན་གྱིས་གནས་ཐམས་ཅད་གྲུབ་པ་འམ། ་བགྱིས་པ་འམ། ལགས་པ་ནང་མཚམས་དང་ཕྱི་རོལ་ཉིན་ཀོར་འདོམ་གང་དང་བཅས་པ་འདི་དགེ་འདུན་གྱིས་རུང་བའི་ཁང་པར་བགྱིས་ལགས་ཏེ། འདི་ལྟར་ཅང་མི་གསུང་བས་དེ་དེ་བཞན་དུ་འཛིན་ཏོ་ཞེས་གསུངས་པ་ཡིན་ནོ། །འདིར་གནས་ཐམས་ཅད་གྲུབ་པ ་འམ་བགྱིས་པ་འམ་ལགས་པ་ཞེས་ཚིག་གསུམ་སྨོས་པ་ནི་གནས་ལ་རྣམ་པ་དེ་ལྟ་བུ་གསུམ་སྲིད་པས་སྤྱིར་བསྟན་པའི་ཕྱིར་ཡིན་གྱི། ལས་བྱེད་པའི་དུས་ན་ནི་གནས་དེ་རྣམ་པ་དེ་གསུམ་གང་ཡིན་པ་གཅིག་སྨོས་པར་བྱ་སྟེ། དཔེར་ན་གནས་ཐམས་ཅད ་གྲུབ་པ་ནང་མཚམས་དང་ཕྱི་རོལ་ཉེན་ཀོར་འདོམ་གང་དང་བཅས་པ་འདི་ཞེས་བྱ་བ་ལྟ་བུར་སྦྱར་ཏེ་བརྗོད་པར་བྱའོ། །དང་པོ་གཉིས་ལ་ནི་གང་ཟག་གིས་ཀྱང་ངོ་ཞེས་བྱ་བ་ནི། བྱིན་གྱིས་བརླབ་པའི་དུས་དང་པོ་གཉིས་ཏེ། དང་པོས་སོ་ཕག་འགྲེམས་པའོ་ཞེས་བྱ་ ་བ་དང། ཕྱིས་ལས་སར་པ་དང་བཅས་པ་ཉིད་དོ་ཞེས་བྱ་བ་དེ་གཉིས་ཀྱིས་དུས་སུ་ནི་གང་ཟག་གིས་ཀྱང་བྱིན་གྱིས་བརླབ་ཏུ་རུང་བའོ། །གང་ཟག་ཇི་ལྟ་བུས་ཤེ་ན་དེའི་ཕྱིར་ལག་གིས་བླས་སོ་ཞེས་བྱ་བ་སྨྲས་ཏེ། དང་པོ་ཤོས་ལ་ནི་འབའ་ ་ཞིག་གིས་ཀྱང་ངོ་ཞེས་བྱ་བ་ནི། དང་པོ་གཉིས་ལས་ཀྱང་དང་པོར་ཤོས་ཏེ་དང་པོ་སོ་ཕག་འགྲེམས་པའོ་ཞེས་བྱ་བའི་དུས་དེར་ནི་གང་ཟག་ལག་གི་བླ་འབའ་ཞིག་གིས་ཀྱང་བྱིན་གྱིས་བརླབ་ཏུ་རུང་བའོ། །ཀྱང་ངོ་ཞེས་བྱ་བའི་སྒྲས་ནི་དགེ་སློང་གཞན ་དང་ལྷན་ཅིག་པས་ཀྱང་རུང་བར་སྟོན་ཏོ། །ཇི་ལྟར་བྱིན་གྱིས་བརླབ་པར་བྱ་ཞེ་ན་དེའི་ཕྱིར་བརྗོད་པས་སོ་ཞེས་བྱ་བ་སྨྲས་ཏེ། སེམས་བསྐྱེད་པ་སྔར་བཏང་ནས་ཚིག་ཏུ་བརྗོད་པས་བྱིན་གྱིས་བརླབ་པར་བྱའོ། ཅད་མི་སྨྲ་བས་ནི་མ་ཡིན་ནོ། །འདིར ་གཞུང་ནི་འདི་ལྟར་དགེ་སློང་ལག་གི་བླས་རྡོ་བཏེག་པ་ན་དེའི་དང་པོར་བཞི་འདི་ནི་དགེ་འདུན་གྱིས་རུང་བའི་ཁང་པར་འགྱུར་པའོ་སྙམ་དུ་སེམས་བསྐྱེད་པར་བྱ་ཞིང་ཚིག་ཏུ་ཡང་བརྗོད་པར་བྱའོ་ཞེས་གསུངས་པ་ཡིན་ནོ། །འདིར་གང་ཟག་གིས ་བྱིན་གྱིས་བརླབ་པའི་ཆོག་དང་སྔགས་ཀྱང་གཞུང་དེ་ཉིད་ཡིན་ནོ། །དུས་དང་པོར་བྱིན་གྱིས་བརླབ་པའི་རུང་བའི་ཁང་པ་འདིའི་མིང་ནི་བཏེགས་པའི་མཛའ་ལས་བྱུང་བ་ཞེས་བྱའོ། །གཉིས་པ་ལ་ནི་དགེ་སློང་རབ་ཏུ་མང་པོ་དག་གིས་སེམས ་བསྡུ་བས་སོ་ཞེས་བྱ་བ་ནི། བྱིན་གྱིས་བརླབས་པའི་དུས་གཉིས་པ་སྟེ། ཕྱིས་ལས་སར་པ་དང་བཅས་པ་ཉིད་དོ་ཞེས་བྱ་བའི་དུས་དེར་ནི་དགེ་སློང་རབ་ཏུ་མང་པོ་དག་གིར་རུང་བའི་ཁང་པར་སེམས་བསྡུ་བས་བྱིན་གྱིས་བརླབ་པར་བྱ་བ་སྟེ། ་འདིའི་སྔགས་ནི་ཚེ་དང་ལྡན་པ་དག་གཞི་འདི་དགེ་འདུན་གྱིས་རུང་བའི་ཁང་པར་འགྱུར་བར་སེམས་བསྡུས་ཤིག་ཅེས་གསུངས་པ་ཡིན་ནོ། །དུས་གཉིས་པར་བྱིན་གྱིས་བརླབས་པའི་རུང་བར་ཁད་པ་འདིའི་མི་བྲིན?་སེམས་བསྡུས་པའི་མཛའ་ ་ལས་བྱུང་བ་ཞེས་བྱའོ། །གསུམ་པ་ལ་ནི་ལས་ཁོ་ནས་སོ་ཞེས་བྱ་བ་ནི། བྱིན་གྱིས་བརླབས་པའི་དུས་གསུམ་པ་སྟེ། གཞན་གྱི་ཚེ་དགེ་སློང་གནས་པ་ཉིད་དང་མ་བྲལ་བའོ་ཞེས་བྱ་བའི་དུས་དེའི་ཚེ་ནི་དགེ་འདུན་གྱིས་གསོལ་པ་དང་གཉིས་ཀྱིས་ལས་ཀྱིས་བྱིན ་གྱིས་བརླབ་པ་ཁོ་ནར་བྱ་བའོ། །དུས་གསུམ་པར་བྱིན་གྱིས་བརླབ་པའི་རུང་བའི་ཁང་པ་འདའ་ཨི་མིང་ནི་ལས་ཀྱི་མཛའ་ལས་བྱུང་པ་ཞེས་བྱའོ། །བཞི་པ་ལ་ནི་ཇི་སྙེད་ཕྱིན་པ་དེ་སྙེད་ཀྱིས་རུང་བའི་ཁང་པ་ཉིད་དུ་བསྒྲག་པའི་ཚིག་ཅིག་ཅར་བརྗོད་པས་སོ་ཞེས་བྱ་བ་ནི། ་བྱིན་གྱིས་བརླབ་པའི་དུས་བཞི་པ་སྟེ། དེ་དག་མེད་པ་ན་གནས་པའི་ཕྱིར་དགེ་སློང་དག་ཕྱིན་པའོ་ཞེས་བྱ་བའི་དུས་དེ་རིན་དགེ་སློང་གསུམ་ལ་སོགས་པ་ཇི་སྙེད་དེར་ཕྱིན་པ་དེ་སྙེད་ཀྱིས་རུང་བའི་ཁང་པ་ཉིད་དུ་བསྒྲག་པའི་ཆིག་ཅིག་ཅར་བརྗོད་པས་བྱིན་གྱིས ་བརླབ་པར་བྱའོ། །འདིའི་ཆོ་ག་དང་སྔགས་ནི། དགེ་སློང་ཕྱིན་པ་ཐམས་ཅད་ཀྱིས་གཞི་འདི་ནི་དགེ་འདུན་གྱི་རུང་བའི་ཁང་པར་འགྱུར་བའོ། །ཞེས་ཚིག་མཐུན་པར་ཅིག་ཅར་བརྗོད་པར་བྱའོ་ཞེས་གསུངས་པ་ཡིན་ནོ།། དུས་བཞི་པར་བྱིན་གྱིས་བརླབས་པའི ་རུང་བའི་ཁང་པ་འདིའི་མིང་ནི་འཕྲལ་ལ་བྱུང་བའི་གནས་ཞེས་བྱའོ། །འཕྲལ་ལ་བྱུང་བ་ཞེས་བྱ་བ་ནི་ཚེང་དུ་མ་བསམས་པ་སྟེ། གནས་འདི་ཆེད་དུ་མ་བསམས་པ་བྱུང་བ་ཡིན་བས་འཕྲལ་ལ་བྱུང་བའི་གནས་ཞེས་བྱ་བའོ། །གཅིག་གིས་གཙུག་ལག ་ཁང་དུ་མའི་བྱ་བ་བྱེད་པ་ལ་མི་མཛེས་པ་མེད་དོ་ཞེས་བྱ་བ་ནི། དུང་བའི་ཁང་བ་གཅིག་གིས་གཙུག་ལག་ཁང་དུ་མའི་བྱ་བ་ནང་དུ་བཙོ་བ་དང་ནང་དུ་ཞག་ལོན་པ་དག་བྱེད་པ་ལ་ནི་མི་མཛེས་པ་མེད་དེ་མཛེས་པ་ཁོ་ནའོ། །འདི་སྐད་བསྟན་ཏེ། གཙུག་ལག ་ཁང་ཡུལ་ཐ་དད་བ་ན་གནས་པ་གཎྜི་ཐ་དད་པ་དུ་མ་དག་ཏུ་རུང་བའི་ཁང་པ་གཅིག་བྱིན་གྱིས་བརླབས་པར་གྱུར་ན། དེས་གཙུག་ལག་ཁང་ཐམས་ཅད་ན་གནས་པ་དག་གིས་ནང་དུ་ཞག་ལོན་པ་དང་ནང་དུ་བཅོས་པ་ལ་སོགས་པའི་བྱ་བ་བྱེད་ན་དེ་མི ་མཛེས་བ་མ་ཡིན་པར་ཤེས་པར་བྱ་བའོ། །གཅིག་གིས་གཙུག་ལག་ཁང་དུ་མའི་བྱ་བ་བྱེད་པའི་རུང་བའི་ཁང་པ་འདིའི་མིང་ནི་བ་ལང་གི་གནས་ལྟ་བུ་ཞེས་བྱ་སྟེ། རུང་བའི་ཁང་པ་གཅིག་ལ་གཙུག་ལག་ཁང་མང་པོ་བ་ལང ་ལྟར་ཁ་ཐ་དད་པ་དག་ནས་ཁོང་པ་དག་ནི་བ་ལང་གི་གནས་ལྟ་བུའོ། །འདིར་གཞུང་ནི་བ་ལང་གི་གནས་ལྟ་བུ་གང་ཞེ་ན། གཞི་གང་ལ་ཐ་དད་པ་དག་ནས་འཁོད་པའོ་ཞེས་གསུངས་པ་ཡིན་ནོ། །དེ་ནི་ཐ་དད་པར་གྱུར་པའི་རུང་བ་ཉིད་དུ་མ ་བསྟན་ཏོ་ཞེས་བྱ་བ་ནི། གནས་པའི་གཞི་ཁ་ཐ་དད་པ་དག་ནས་འཁོད་པ་ཞེས་བསྟན་པའི་རུང་བའི་ཁང་པ་དེ་ནི་གཙུག་ལག་ཁང་གི་གནས་འབྲེལ་པ་མེད་པ་ཐ་དད་པར་གྱུར་པ་དག་གི་རུང་བའི་ཁང་པ་ཉིད་དུ་བསྟན་པ་མ་ཡིན་པར་ཤེས་པར ་བྱ་སྟེ་འདི་ལྟར་གཙུག་ལག་ཁང་གི་གནས་འབྲེལ་པས་བྱིན་གྱིས་བརླབ་པའི་རུང་བའི་ཁང་པ་ཉིད་ཡིན་ནོ། །འདི་སྐད་བསྟན་ཏེ། རུང་བའི་ཁང་པ་དེ་ནི་གནས་པའི་གཞི་མ་འབྲེལ་པ་ངེས་བྱིན་གྱིས་བརླབ་པ་མ་ཡིན་ནོ། །འདིར་གཞུང་ནི། འདི་ལྟར ་མཚམས་གཅིག་ཏུ་གཙུག་ལག་ཁང་རབ་ཏུ་མང་པོ་ཁ་ཐ་དད་པར་རབ་ཏུ་བཀོད་པར་གྱུར་ཅིང། དེར་རུང་བའི་ཁང་པ་གཅིག་ལ་བློ་མཐུན་པར་བྱས་ན་གཙུག་ལག་ཁང་དེ་དག་ཐམས་ཅད་ཀྱི་རུང་བའི་ཁང་པ་གཅིག་ཁོ་ན་ཡིན་ནོ་ཞེས་གསུངས་པ ་ཡིན་ནོ། །པདྨ་ཞེས་བྱ་བ་ཡན་ཆད་མུ་གེའོ་ཞེས་བྱ་བ་ནི། འོག་གི་མདོ་གང་ནས་པདྨ་ཞེས་འབྱུང་བ་ཡན་ཆད་འདི་མན་ཆད་ཀྱི་བར་ནས་ཅི་སྨོས་པ་ཐམས་ཅད་མུ་གེའི་དུས་ཀྱི་ཚེ་ན་གནང་བ་ཡིན་པར་རིག་པར་བྱའི། དུས་གཞན་གྱི་ཚེ་ན་ནི་མི ་གནང་ངོ་ཞེས་བྱ་བར་སྦྱར་རོ། །དེ་ལྟར་ཡང་འདིར་གཞུང་ནི། ཀུན་དགའ་བོ་ངས་གྲོང་ཁྱེར་ཡངས་པ་ཅན་དུ་མུ་གེས་ཕོངས་པ་གནོད་པ་བྱུང་བ་ན་དགེ་སློང་རྣམས་ལ་དངོས་པོ་བརྒྱད་པོ་ནང་དུ་ཞག་ལོན་པ་དང། ནང་དུ་བཙོས་པ་དང་རང་གིས་བཙོས ་པ་དང། དགེ་སློང་གིས་བཅོས་བ་དང། སྔ་དྲོ་བའི་ཟས་བྱིན་ལེན་བྱས་པ་དང་དེས་ན་མངོན་པར་བསྒྲུབས་པ་དང་ནགས་ཀྱི་རུས་པ་དང་པདྨ་གང་དག་བྱེད་རྗེས་སུ་གནང་བའི་དངོས་པོ་དེ་དགེ་སློང་རྣམས་ད་དུང་ཡང་རུང་བ་དེ་ཉིད་ཀྱིས་ཡོངས་སུ་ལོངས་སྤྱོད ་པར་བྱེད་དེ། དགེ་སློང་ཁ་ཅིག་ནི་ཟ་བར་བྱེད་ཁ་ཅིག་ཟ་བར་མི་བྱེད་དེ། དེ་ནས་བཅོམ་ལྡན་འདས་ཀྱིས་གླེང་གཞི་དེ་ལ་དགེ་སློང་རྣམས་བསྡུས་ཏེ། དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ངས་གྲོང་ཁྱེར་ཡངས་པ་ཅན་དུ་མུ་གེ་ཕོངས་པ ་གནོད་པ་བྱུང་བ་ན་དགེ་སློང་ཡང་པ་ཅན་རྣམས་ལ་རྗེས་སུ་སྙིང་བརྩེ་བའི་ཕྱིར་དངོས་པོ་བརྒྱད་རྗེས་སུ་གནང་བ་གང་དག་ཡིན་པ་དེ་དག་མུ་གེའི་ཚེ་ཡོངས་སུ་ལོངས་སྤྱད་པར་བྱའོ། ལོ་ལེགས་པའི་ཚེ་ཡོངས་སུ་ལོངས་སྤྱོད་པར་མི་བྱའོ། །གང ་ཡོངས་སུ་ལོངས་སྤྱད་པར་བྱེད་པ་ན་འགལ་ཚབས་ཅན་དུ་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །མུ་གེའི་ཚེ་དགེ་སློང་གིས་བཅོས་པ་དང་ལག་ཉར་བླངས་པ་བྱིན་ལེན་བྱས་པ་དག་བཟའ་བར་བྱའོ། །ནང་དུ་བཙོས་པ་དང་ཞོག་ལོན་པའོ། །སྔ ་དྲོ་བའི་ཟས་སོ་ཞེས་བྱ་བ་དེ་དག་ནི་ཟས་སྤངས་ནས་ཟ་བ་དང་ཡང་ཡང་ཟ་བ་གནང་བའོ། །བཏུང་བའི་ཐམས་ཅད་དུའོ་ཞེས་བྱ་བ་ནི། མུ་གེ་དང་ལོ་ལེགས་པའི་དུས་ཐམས་ཅད་དུ་ཡང་ཐུག་པ་དང་སྐྱོ་མ་ལ་སོགས་པའི་ལྟུང་བ་ནི་སྤངས་ནས་ཟ་བ ་དང་ཡང་ཡང་ཟ་བའི་སྐབས་གནང་བའོ། །འདིར་གཞུང་ནི་དེ་ལྟ་བས་ན་གྲོ་བཞིན་སྐྱེས་བྱེ་བ་ཉི་ཤུ་པ་ལས་བསྟེན་ཏེ་དགེ་འདུན་ཐམས་ཅད་ཀྱིས་བཏུང་བར་རྗེས་སུ་གནང་ངོ་ཞེས་གསུངས་པ་ཡིན་ཏེ། འདི་ཡང་སྤངས་པ་ཟ་པ་དང་ཡང་ཡང་ཟ་བ་བག ་ཡངས་སུ་གནང་བ་ཡིན་ནོ། །སྔར་བྱིན་ལེན་བྱས་པ་སྤངས་ཏེ་ལངས་པས་སོ་ཞེས་བྱ་བ་ནི། ཟས་སྔར་བྱིན་ལེན་བྱས་པ་གང་ཡིན་པ་དེ་སྤངས་ཏེ་ལངས་པས་བཟའ་བར་བྱ་བའོ། །འདི་ནི་སྤངས་ནས་ཟ་བའི་ལྟུང་བྱེད་ཀྱི་དམིགས་ཀྱིས་བསལ་བའོ ་དེ་བླང་བའི་ཕྱིར་ལྡང་བར་བྱའོ་ཞེས་བྱ་བ་ནི། སྔར་བྱིན་ལེན་བྱས་པ་དེ་བླང་བའི་ཕྱིར་ལྡང་བར་བྱ་བ་སྟེ། འདི་ནི་ཟས་བརྩམས་པས་ལྡང་བར་མི་བྱའོ་ཞེས་བྱ་བ་དེའི་བག་ཡངས་སུ་བྱ་བ་དེའི་བག་ཡངས་སུ་བྱ་བ་ཡིན་ནོ།། ལྷག་མའོ་ཞེས ་བྱ་བ་ནི། སྤངས་ཏེ་ལངས་པས་བཟའ་བར་བྱའོ་ཞེས་བྱ་བར་སྦྱར་ཏེ་དེས་བཟའ་བའི་ཕྱིར་སྟེ་གོན་བྱས་པ་གང་ཡིན་པ་དེ་ལས་ལྷག་མ་ཡོད་པ་གང་ཡིན་པ་དེ་དགེ་སློང་སྤངས་ཏེ། ལངས་པས་བཟའ་བར་བྱ་བའོ།། ་འདི་དང་འོག་མ་ཡངས་སྤངས་ནས་ཟ་བའི་ལྟུང་བྱེད་ཀྱི་དམིགས་ཀྱིས་བསལ་བའོ།། མངོན་པར་བསྒྲུབས་པའོ་ཞེས་བྱ་བ་ནི། བཞག་པའི་གནས་ནས་དྲངས་པ་སྤངས་ཏེ་དགེ་སློང་ལྔ་པས་བཟའ་བར་བྱའོ། །རང་གིས་ཟས་ཀྱི་གནས་ནས ་ལྷག་མ་དེ་དྲང་བ་ལས་མི་རིགས་པར་སེམས་པ་གང་ཡིན་པར་དེ་སྩལ་བའི་ཕྱིར་དེ་བསྒྲུབ་པར་བྱའོ་ཞེས་བྱ་བ་སྨྲས་ཏེ། ལྷག་མ་དེ་དྲང་བར་བྱ་བའོ། །ནགས་ཀྱི་རུས་པའོ་ཞེས་བྱ་བ་ནི་སྤངས་ཏེ་ལངས་པས་བཟའ་བར་བྱ་བའོ། །ནགས་ཀྱི་རུས་པ་ཞེས ་བྱ་བ་ནི། དཔེར་ན་ཤའི་རུས་པ་ནི་རུང་བ་དག་ཡིན་པ་དེ་བཞིན་དུ། ནགས་ཀྱི་ཤིང་དག་གི་རུས་པ་ཡང་ཤིང་ཏོག་རུས་པ་ཅན་དག་ཡིན་བས། དེའི་ཕྱིར་ཤིང་ཏོག་རུས་པ་ཅན་དག་ནི་ནགས་ཀྱིས་རུས་པ་ཡིན་ནོ། །ནགས་ཀྱི་རུས་པ་ཞེས་བྱ་བ་ནི། ་ཅི་ཞིག་ཡིན་ཞེ་ན། དེའི་ཕྱིར་འདི་ལྟ་སྟེ། རྒུན་དང་བལ་པོ་སྲེའུ་དང་འབྲ་གོ་དང་སྟར་ག་དང་བཱ་ཏཱ་དང་ཨུ་རུ་མའི་ཀ་དང་ཀུ་དུ་མ་ཡི་ཀ་དང་ཁམ་བུ་རྒྱ་ཤུག་དང་སར་དག་ནི་དེ་ཞེས་བྱ་བའོ་ཞེས་བྱ་བ་སྨྲས་ཏེ། དེ་དག་ནི་ནགས་ཀྱི་རུས་པ་ཞེས་བྱའོ། །པདྨའོ ་ཞེས་བྱ་བ་ནི། དེ་ཡང་ནགས་ཀྱིས་རུས་པ་ཡིན་ཏེ། སྤངས་ཏེ་ལངས་པས་བཟའ་བར་བྱའོ། །པདྨ་ཞེས་བྱ་བ་དེ་ཅི་ཞིག་ཡིན་ཞེ་ན། དེའི་ཕྱིར་འདི་ལྟ་སྟེ། པདྨའི་རྩ་བ་དང་པདྨའི་རྩ་ལག་དང་བེ་ཏ་དང་ཨུཏཔ་ལའི་རྩ་བ་དང་པདྨའི་སྙིང་པོ་དག་ནི་དེ་ཞེས ་བྱའོ་ཞེས་བྱ་བ་ནི། དེ་དག་ནི་པདྨ་ཞེས་བྱའོ། །རྒྱུན་ལ་སོགས་པ་དེ་དག་ནི་རུས་པ་དང་བཅས་པ་རུས་པ་ལྟ་བུའི་རྩ་བ་དང་འབྲས་བུ་དག་ནི་དཔེ་ཡིན་ཏེ་རང་བཞིན་འདྲ་བའི་ཕྱིར་རོ། །གཞིར་རྟོགས་པའི་སྨན་གྱི་གཞིའོ་ཞེས་བྱ་བ་དེ་བཤད་ཟིན་ཏོ།། ད་ནི་སྨན་གྱི་གཞི ་ཕྲན་ཚེགས་ལ་སོགས་པའི་སྐབས་བརྗོད་པར་བྱའོ། །དེ་ལ་རེ་ཞིག་འབྲེལ་པ་བསྟན་པར་བྱ་སྟེ། བཀྲེས་པ་དེང་སྐོམ་པ་དག་ནི་ནད་དང་འདྲ་བ་ཡིན་ཏེ། ལུས་ལ་གནོད་པར་བྱེད་པ་ཉིད་ཡིན་པའི་ཕྱིར་རོ། །དེ་བས་ན་དེ་དག་གི་གཉེན་པོར་གྱུར་བ་འཚོ་བ་ཙམ་བསྒྲུབ་པར་བྱེད་པ ་བཟའ་བར་བྱ་བ་དང་བཏུང་བར་བྱ་བ་དུས་སུ་རུང་བའི་སྨན་གྱི་ཁོངས་སུ་གཏོགས་པ་ཉིད་གང་དག་ཡིན་བ་དེ་དག་གི་འདུ་བའི་སྒོ་བསྟན་པའི་ཕྱིར། རྒྱལ་སྲིད་དང་དེའི་ཕྱེད་མདོད་པར་མི་བྱའོ་ཞེས་བྱ་བ་སྨྲས་ཏེ། རྒྱལ་སྲིད་དེའི་ཕྱེད་དོ། །དགེ་འདུན་གྱི ་ཆེད་དུ་ཞིང་མངོན་པར་བྱའོ་ཞེས་བྱ་བ་ནི། རྒྱལ་པོ་ལ་སོགས་པས་ཕུལ་བའོ། །ཞིང་ཡང་ངོ་ཞེས་བྱ་བ་ནི། མནོད་པར་བྱའོ་ཞེས་བྱ་བར་སྦྱར་ཏེ། ཞིང་ནི་གྲོང་གི་ཡུལ་ཅིག་ཡིན་པའི་ཕྱིར་རོ། །དེ་ཡལ་བར་མི་དར་རོ་ཞེས་བྱ་བ་ནི། ཞིང་དེའོ། །དེའི་ཐོག་ཤས ་མནོད་དོ་ཞེས་བྱ་བ་ནི། ཞིང་དེའོ། །ཐོག་ཤས་བཙལ་ལོ་ཞེས་བྱ་བ་ནི། ཞིང་གི་ཐོག་ཤས་བཙལ་བར་བྱ་བའོ། །རྨོས་པས་དེ་གཙུག་ལག་ཁང་དུ་དབུལ་བར་བྱ་བ་ཉིད་དོ་ཞེས་བྱ་བ་ནི། ཞིང་པ་གང་གིས་ཞིང་དེ་རྨོས་པ་དེས་ཞིང་དེའི་ཐོག་ཤས་དེ་དགེ ་འདུན་གྱི་གཙུག་ལག་ཁང་དུ་དབུལ་བར་བྱ་བ་ཉིད་དོ། །ནམ་གྱི་ཆེ་ཞེ་ན། དེའི་ཕྱིར། བདག་ཉིད་ཀྱི་བས་དང་པོར་རོ་ཞེས་བྱ་བ་སྨྲས་ཏེ། ཞིང་པས་བདག་ཉིད་ཀྱི་ཞིང་ཐོག་ཤས་པས་དགེ་འདུན་གྱི་ཐོག་ཤས་དང་པོར་དབུལ་བར་བྱ་བ་ཉིད་དོ། །བསྲུང་བའི ་བྱོར?་དགེ་སློང་དག་བསྐེའོ་ཞེས་བྱ་བ་ནི། དགེ་འདུན་གྱི་ཐོག་ཤས་གནོད་པ་བསྲུང་བའི་ཕྱིར་དགེ་སློང་དག་བསྐོ་བར་བྱའོ། །འདུ་བ་དང་འགོད་པ་དང་གཉི་ག་ལས་གང་ཡང་རུང་བ་མི་མངོན་པས་རྩིས་གདབ་པར་མི་བྱའོ་ཞེས་བྱ་བ་ནི། གཙུག་ལག་ཁང་གང་ན་འདུ་བ་དག? ་འགོད་པ་དང་འདུ་བ་དགོད་གཉིས་ལས་གང་ཡང་རུང་བའི་རྩིས་བྱ་མི་དགོས་ཤིང་མི་མངོན་པ་དེར་དགེ་སློང་དག་གིས་བརྩིས་གདབ་པར་མི་བྱ་བར་ཅི་འདུ་བ་དད་ཅི་འགོད་པའི་སྒོ་དེ་བཞིན་དུ་བསྡུ་ཞིང་སྤྱད་པར་བྱ་བའོ། །གཞན་ལ་ནི་དྲན་པ་དང ་ཤེས་བཞིན་སྔོན་དུ་བཏང་སྟེ་དེ་ལ་འཇུག་པར་བྱའོ་ཞེས་བྱ་བ་ནི། གཙུག་ལག་ཁང་གང་ན་འདུ་བ་དང་འགོད་པ་དང་འདུ་དགོས་གཉིས་ལས་གང་ཡང་རུང་བའི་རྩིས་བྱ་དགོས་ཤིང་མངོན་པ་དེར་དགེ་སློང་དག་གིས་རྩིས་བྱ་བ་དེ་ལ་དྲན་པ་དང་ཤེས་བཞིན ་སྔོན་དུ་བཏང་སྟེ་འཇུག་པར་བྱའོ། །དགེ་འདུན་གྱིས་ཆེད་དུ་གཡོག་ཉེ་བར་གཞག་གོ་ཞེས་བྱ་བ་ནི། དགེ་འདུན་གྱི་ཆེད་དུ་ཡོན་བདག་གིས་གཡོག་ཕུལ་ན་ཉེ་བར་གཞག་པར་བྱ་བའོ། །འདིར་གཞུང་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་འདུན་གྱི ་ཆེད་དུ་གཡོག་བླང་བར་བྱའོ་ཞེས་གསུངས་པ་ཡིན་ནོ། །གང་ནད་པ་ནི་མ་ཡིན་ནོ། །ཞེས་བྱ་བ་ནི། གཙུག་ལག་ཁང་དུ་སྒྲ་མི་འབྱུང་བ་དེ་ལྷ་འབངས་ཀྱི་སྡུམ་པ་བྱེད་དུ་གཞུག་གོ་ཞེས་བྱ་བ་ནི། ལྷ་འབངས་ཀྱི་སྡུམ་པ་གང་ནས་ལྷ་རིས་པའི་གཏམ་ཐ ་མལ་པའི་སྒྲ་དང། ཐབ་མོ་ལ་སོགས་པ་བླག་ཅོར་གྱི་སྒྲ་གཙུག་ལག་ཁང་དུ་མི་འབྱུང་མི་གྲག་པའི་ཕྱོགས་དེར་ལྷ་འབངས་ཀྱི་སྡུམ་པ་བྱེད་དུ་གཞུག་པའོ། །ཇི་སྙེད་དགོས་པ་འཇུག་པར་བྱ་བ་ནི། ལྷ་འཕངས་དང་རྩེ་རྒོད་ལ་སོགས་པའི་བླས་ཇི་སྙེད ་དགོས་པ་བཅུག་ལག་ཁང་གི་ནང་དུ་འཇུག་པར་བྱའི། རིལ་གྱིས་མི་དགུག་གོ་ཞེས་བྱ་བའི་ཐ་ཚིག་གོ། །ཟན་དང་གོས་སྦྱིན་པར་བྱ་བ་ཉིད་དོ་ཞེས་བྱ་བ་ནི། །དགེ་འདུན་གྱི་གཡོགས་དག་ལའོ། །གལ་ཏེ་ལས་བྱེད་ནའོ་ཞེས་བྱ་བ་ནི། །གལ་ཏེ་གཡོག ་དག་ལས་བྱེད་ན་དེ་དག་ལ་ཟས་དང་གོས་སྦྱིན་པར་བྱ་བ་ཉིད་དོ། །ན་བ་རྣམས་ལ་གཡོག་བྱའོ་ཞེས་བྱ་བ་ནི། གཡོག་དག་གལ་ཏེ་ན་ན་དེ་རྣམས་ཡལ་བར་མི་དོར་བར་སྨན་ལ་སོགས་པས་བསྙེན་བཀུར་བྱ་བའོ། །བ་ལང་དང་མ་ཏེ་དང་ར་དང་ལུག་དང ་གླང་པོ་ཆེ་དང་རྟ་དང་རྔ་མོ་དང་བོང་བུ་དང་འབྲུ་རྣམས་དང་སྣོད་ཀྱང་ངོ་ཞེས་བྱ་བ་ལང། དགེ་འདུན་གྱི་ཆེད་དུ་བླང་བར་བྱ་བའོ། །འདིར་གཞུང་ནི། བཙུན་པ་དགེ་སློང་གིས་ལོངས་སྤྱོད་དང་ལོངས་སྤྱོད་མཆོག་བླང་དུ་རུང་ངམ། ཀ་ཏ་ཡ་ན་དགེ་འདུན་གྱིས་ཆེད་དུ་བླང ་དུ་རུང་ངོ། །དེ་ལ་ལོངས་སྤྱོད་ན་གྲོང་དང་ཞིང་དག་གོ། ལོངས་སྤྱོད་མཆོག་ནི་བ་ལང་དང་མ་ཧེ་དང་ར་དང་ལུག་དང་གོ། ཡོ་བྱད་མི་མ་ཡིན་པ་དག་གང་ཞེ་ན། གླང་པོ་ཆེ་དང་རྟ་དང་རྔ་མོ་དང་བོང་བུ་དང་ར་དང་ལུག་དང་མ་ཧེ། བཅོམ་ལྡན་འདས་ཀྱིས་རྗེས་སུ་གན ་?་ཆོད་རྟེན་གྱི་ཡང་རུང་དགེ་འདུན་གྱི་ཡང་རུང་བ་དག་གོ་ཞེས་གསུངས་པ་ཡིན་ནོ།། དེ་དག་མཆོད་རྟེན་གྱིར་ཡང་མི་རུང་བ་ཡིན་ནོ་ཞེས་བྱ་བ་ནི། གྲོང་ལ་སོགས་པ་དང་བ་ལང་ལ་སོགས་པ་དགེ་འདུན་གྱི་ཆེད་དུ་བླང་དུ་རུང་བ་དེ་དག་མཆོད་རྟེན་གྱི་ཆེད་དུ ་ཡང་བླང་དུ་རུང་བ་ཁོ་ན་ཡིན་པའོ། །ཁ་གཟར་དང་ཚ་ཁུག?་བཅང་བར་བྱའོ་ཞེས་བྱ་བ་ནི་གང་ཟག་གིས་ཀྱང་ངོ། །དེ་གཉིས་དང་ཕུལ་བའི་བཏུང་ཕུར་ལ་གཞན་པའི་ཁར་བའི་སྣོད་གང་ཟག་གིས་བཅད་བར་མི་བྱའོ་ཞེས་བྱ་བ་ནི། ཁ་གཟར་དང་ཚ་ཁུག་དེ་གཉིས་དང ་ཕུལ་བའི་བཏུང་ཕོར་ལས་གཞན་པའི་འཁར་བའི་སྨོད་དག་གང་ཟག་གིས་བཅང་བར་མི་བྱའོ་ཞེས་བྱ་བ་བདག་གིར་མི་བྱ་བའོ། །འདི་ལྟར་འཁར་བའི་སྣོད་གཞན་ཡང་སྨན་ཕོར་དུ་ཡོངས་སུ་ལོངས་སྤྱད་པས་ཡོངས་སུ་ལོངས་སྤྱོད་པར་བྱའོ་ཞེས་གསུངས་པས ་དེའི་ཕྱིར་འདི་ནི་བདག་གིར་བྱ་བ་དགག་པའི་རྣམ་པ་ཡིན་ནོ། །ཀུན་དགའ་ར་བ་ཉེ་བར་གཞག་བར་བྱའོ་ཞེས་བྱ་བ་ལ། འདིར་ཉེ་བར་གཞག་བ་ཞེས་བྱ་བ་ནི་བཅང་བ་སྟེ་དེས་ན་དགེ་འདུན་ནམ། གང་ཟག་གིས་ཀྱང་གཡོག་བཅང་བར་བྱ་བའོ། །འདིར་གཞུང་ནི། ་ཡོ་བྱེད་མི་དག་གང་ཞེ་ན། ཀུན་དགའ་ར་བ་པ་བཅོམ་ལྡན་འདས་ཀྱིས་རྗེས་སུ་གནང་བ་དགེ་འདུན་གྱིས་ཡང་རུང་གང་ཟག་གིས་ཡང་རུང་བའོ་ཞེས་གསུངས་པ་ཡིན་ནོ། །བསྲུང་བའི་ཕྱིར་བྱིས་པ་མཚན་འཐུན་པ་འབུལ་བ་དག་བླང་བར་བྱའོ། །ཞེས་བྱ་བ་ནི་ ་ཁྱིམ་བདག་གིས་བྱིས་པ་ཁྱེའུ་དང་བུ་མོ་དག་བསྲུང་བའི་ཕྱིར་དགེ་འདུན་ནམ་གང་ཟག་ལ་དབུལ་ན་མཚན་མཐུན་པ་དག་བླང་བར་བྱ་སྟེ། དགེ་སློང་རྣམས་ཀྱིས་ནི་ཁྱེའུ་དག་བླང་བར་བྱ་བའོ། །དགེ་སློང་མ་རྣམས་ཀྱིས་ནི་བུ་མོ་དག ་བླང་བར་བྱ་བའོ། །འདིར་གཞུང་ནི་བཅོམ་ལྡན་འདས་ལ་འཕྲོག་མ་སྐྱབས་སུ་སོང་ཞིང་བསླབ་པའི་གཞིང་དག་ལ་གཞག་ནས། ངེས་བུ་དེ་དག་གནོད་སྦྱིན་གདུག་པས་འཇིགས་པ་བསྲུང་བའི་ཕྱིར་དགེ་འདུན་ལ་ཕུལ་བ་ཐོས་ནས་དེ་དག་འདི་སྙམ་དུ་དེས ་བསྲུང་བའི་ཕྱིར་དགེ་སློང་རྣམས་ལ་བུ་དག་རེ་ཞིག་འབུལ་བར་བྱེད་ན་བདག་ཅག་གིས་ཀྱང་ཅིའི་ཕྱིར་མི་དབུལ་སྙམ་ནས། དེ་དག་གིས་དབུལ་བར་བརྩམས་པ་དང། དགེ་སློང་དག་མེ་ལེན་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བླང་བར ་བྱའོ་ཞེས་གསུངས་པ་ཡིན་ནོ། །དེ་དག་གི་ཆ་ལུགས་ནི་མགུལ་པར་ཆོས་གོས་བཏགས་པ་ཉིད་དོ་ཞེས་བྱ་བ་ནི། བྱིས་པ་དགེ་སློང་གིས་བླངS་པ་དེ་དག་གིས་ཆ་ལུགས་ནི་མགྲུལ་པར་དགེ་སློང་གིས་ཆོས་གོས་ཀྱི་ཚལ་བུ་རེ་རེ་བཏགས་པ་ཡིན་ནོ།། ་རྐང་བར་ཡང་རུང་ངོ་ཞེས་བྱ་བ་ནི། ཆོས་གོས་བདགS་པ་ཉིད་དོ། །ཕན་གདགས་པའི་སེམས་ཀྱིས་སོ་སོར་བསྐྱང་བར་བྱའོ་ཞེས་བྱ་བ་ནི། དགེ་སློང་རྣམས་ཀྱིས་བྱིས་པ་དེ་དག་ལ་ཕན་གདགས་པའི་སེམས་ཀྱིས་སོ་སོར་བརྐྱང་བར་བྱ་སྟེ། ཟང་ཟིང ་དང་བཅས་པའི་སེམས་ཀྱིས་ནི་མ་ཡིན་ནོ། །དེའི་ཉེ་དུས་ཕུལ་བ་བླང་བར་བྱའོ་ཞེས་བྱ་བ་ནི། བྱིས་པ་དེ་དག་གི་ཉེ་དུས་གོས་ལ་སོགས་པ་དག་དགེ་སློང་ལ་ཕུལ་བ་བླང་པར་བྱའོ། །འཇུག་ཏུ་ནི་རིན་ཉིད་དུ་ཡང་ངོ་ཞེས་བྱ་བ་ནི། དེའི་ཉེ་དུ་དག་གིས་འཇུག ་ཏུ་བྱིས་པ་ཕྱིར་ལེན་པའི་ཚེ་བྱིས་པའི་རིན་ཉིད་དུ་གོས་ལ་སོགས་པ་ཕུལ་བ་ཡང་བླང་བར་བྱ་སྟེ། དེ་ནི་དེ་དག་གིས་དད་པཱི་དབང་དུ་བྱས་བ་ཉིད་ཡིན་པས། འདི་ལ་ལོག་པས་འཚོ་བ་ཉིད་ཡིན་པར་དོགས་པར་མི་བྱའོ། །དེ་དག་གིས་བྱས་པ་ཤས ་པས་ཀྱང་ངོ་ཞེས་བྱ་བ་ནི། བྱིས་པ་དེ་དག་གིས་བྱས་པ་ཤེས་པས་དགེ་སློང་ལ་གོས་ལ་སོགས་པར་དུལ་བ་ཡང་བླང་བར་བྱའོ། །དེའི་རིན་བདག་བར་མི་བྱའོ་ཞེས་བྱ་བ་ནི། དགེ་སློང་གིས་བྱིས་པ་དེ་དག་ཡོངས་སུ་བསྐྱངས་པའི་རིན་དང་རྔན་པ་དང་བླ་འདའ་བར་མི ་བྱའོ། །ཤིང་ཏོག་རྙེད་པ་བདག་གིར་མི་བྱའོ་ཞེས་བྱ་བ་ནི། གཞན་གྱིས་ཤིང་ཏོག་གི་རྙེད་པ་ཕུལ་བ་དག་བླང་བར་བྱའོ། །འདིར་གཞུང་ནི། བྲམ་ཟེ་དང་ཁྱིམ་བདག་དད་པ་ཅན་དག་གིས་དགེ་སློང་དག་ལ་ཤིང་ཏོག་དག་འབུལ་བར་བྱེད་པ་ན། དགེ་སློང་དག ་མ་ལེན་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བླང་བར་བྱའོ་ཞེས་བྱ་བའི་བར་དུ་གསུངས་པ་ཡིན་ནོ། །ཞུན་མར་དང་འབྲུ་མར་དང་སྦྲང་རྩི་དང་བུ་རམ་གྱི་དབུ་བ་ཡི་བུམ་པ་ཡང་ངོ་ཞེས་བྱ་བ་ཡང་བསང?་བར་བྱའོ་ཞེས་བྱ་བར ་སྦྱར་ཏེ། ཞུན་མང་ལ་སོགས་པས་གང་བའི་བུམ་པ་ནི་ཞུན་མང་ལ་སོགས་པའི་བུམ་པའོ། །འདིར་གཞུང་ནི། ཞུན་མར་དང་འབྲུ་མར་དང་སྦྲང་རྩི་དང་བུ་རམ་གྱི་དབུ་བའི་བུམ་པ་དགེ་འདུན་ལ་འབུལ་བ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བླང ་བར་བ་ཞིང་བླངས་ནས་དགེ་སློང་དག་གམ་ཁྱིམ་པ་དག་གིས་བྲིམ་པར་བྱའོ་ཞེས་གསུངས་པ་ཡིན་ནོ། །དེ་དག་གི་སྣོད་ཀྱང་ངོ་ཞེས་བྱ་བ་ནི། ཞུན་མར་ལ་སོགས་པ་དེ་དག་གི་སྨོད་བུམ་པ་ལ་སོགས་པ་ཡང་འབྲུལ་ན་བདག་གིར་བྱ་བའོ། །དེ་དག་བཞག་བར ་བྱའོ་ཞེས་བྱ་བ་ནི། ཞུན་མར་ལ་སོགས་པ་དང་དེ་དག་གི་སྣོད་དག་གོ། གང་དུ་བཞག་པར་བྱ་ཞེ་ན། དེའི་ཕྱིར་གཞི་ལའོ་ཞེས་བྱ་བ་སྨྲས་སོ། །བཤད་པ་དང་གཅི་བ་དང་ཆང་གི་བུམ་པ་དག་ནི་མི་མཁོ་བ་ཉིད་དོ་ཞེས་བྱ་བ་ནི། དེ་དག་ནི ་མི་མཁོ་བ་ཉིད་ཡིན་པའི་ཕྱིར་གང་ཡང་ཉེ་བར་གཞག་པར་མི་བྱའོ། །དགེ་འདུན་གྱི་ཕྱིར་གཡས་དང་འཚོད་པ་གང་ཡིན་པ་དག་གི་ཞལ་ཏ་བྱའོ་ཞེས་བྱ་བ་ནི། དགེ་འདུན་གྱི་ཕྱིར་ཡོན་བདག་གིས་འབྲས་ཆན་གྱི་གཡོས་དང?་འཚོད་མ་ལ་སོགས་པ་འཚོད ་པ་གང་ཡིན་བདག་གི་ཞལ་ཏ་བྱ་བ་སྟེ། འདིར་གཞན་བྱེད་དུ་གཞུག་པ་ཡིན་གྱི་རང་གིས་བྱ་བ་ནི་མ་ཡིན་ཏེ། དགེ་སློང་གིས་བཙོས་པའི་ཉེས་པར་འགྱུར་བའི་ཕྱིར་རོ། །ལྷུང་བཟེད་དུ་བསོད་སྙོམས་མ་བླུགས་པའི་མདུན་རོལ་ཏུ ་མ་བཟུང་བ་ཉིད་ཀྱིས་བསོད་སྙོམས་ལ་འཇུག་པ་བསྟེན་པ་མི་བྱའོ་ཞེས་བྱ་བ་ནི། གང་དུ་བསོད་སྙམས་ལ་འགྲོ་བའི་ཚེ་ལྷུང་བཟེད་དུ་བསོད་སྙོམས་མ་བླུགས་པའི་མདུན་རོལ་ཏུ་ལྷུང་བཟེད་གློས་མ་བཟུར་བར་བསོད་སྙོམས་ལ་འཇུག་པར ་མི་བྱ་བ་སྟེ། དེ་ནི་མི་གཙང་བས་གོས་པའི་ཉེས་པ་སྤང་བའི་ཕྱིར་རོ། །ལྷུང་བཟེད་ཀྱི་ཁ་གཡོགས་བཅད་བར་བྱའོ་ཞེས་བྱ་བ་ནི། ལྷུང་བཟེད་ཀྱི་ནང་དུ་བསོད་སྙོམས་བླུགས་པ་གང་གིས་གཡོགས་པར་བྱེད་པ་དེ་ནི་ལྷུང་བཟེད་ཀྱིས་ཁ་གཡོགS ་ཞེས་བྱ་སྟེ། བཅད་བར་བྱའོ། །འདི་དང་འཁར་བའི་སྣོད་བཅད་པ་ལ་ཐུན་མོང་མ་ཡིན་པ་ཉིད་དུ་དོགས་པར་མི་བྱའོ་ཞེས་བྱ་བ་ནི། ལྷུང་བཟེད་ཀྱི་ཁ་གཡོགས་བཅང་བར་བྱའོ། །ཞེས་བྱ་བ་འདི་དང་ཁ་གཟར་དང་ཚ་ཁུག་དང་ཕུལ་བའི་བཏུང་ཕོང་ལས ་གཞན་པའི་འཁར་བའི་སྣོད་བཅང་བར་མི་བྱའོ་ཞེས་སྨོས་པ་དེ་ལ་དགེ་སློང་དང་དགེ་སློང་མ་དག་གི་ཐུན་མོང་མ་ཡིན་པ་ཉིད་དུ་དོགས་པར་མི་བྱ་བ་སྟེ། དགེ་སློང་མས་ཀྱང་ལྷུང་བཟེད་ཀྱི་ཁ་གཡོགས་བཅང་བར་བྱ་བ་དང། ཁ་གཟར་དང་ཚ་ཁུག ་དག་དང་ཕུལ་བའི་བཏུང་ཕོར་ལས་གཞན་པའི་འཁར་བའི་སྣོད་བདག་གིར་མི་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། ནད་པས་ཞྭ་བཅང་བ་ལ་མི་རུང་བ་ཉིད་དུ་ཡོང་ངོ་ཞེས་བྱ་བ་ཡང། །དོགས་པར་མི་བྱའོ་ཞེས་བྱ་བར་སྦྱར་ཏེ། དགེ་སློང་མ་ནང་བས་ཞྭ་ཅང ་བ་ལ་མི་རུང་བ་ཉིད་དུ་དོགས་པར་མི་བྱའོ། །འདི་སྐད་བསྟན་ཏེ། ཉེ་བར་འཁོར་རང་བཞིན་གྱིས་ཁ་ན་མཐོ་བ་དང་བཅས་པ་མ་གཏོགས་པར་ཞེས་གསུངས་པས་ནད་པ་ལ་ཞྭ་བཅང་བར་རྗེས་སུ་གནང་བ་གང་ཡིན་པ་དེ་དགེ་སློང་མ་ལ་མི་རུང་བ་ཉིད ་དུ་དོགས་པར་མི་བྱའོ། །འདིར་གཞུང་ནི། སྐྱེ་དགུའི་བདག་མོ་ཆེན་མོ་ཀླད་པ་ན་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཞྭ་བཅད་པར་བྱའོ་ཞེས་གསུངས་པ་ཡིན་ནོ། །དེ་ལྟ་བས་ན་ཆུ་ལ་ཆབ་རོམ་འཆགས་པའི་ཡུལ་དུ་དགེ་སློང་རྣམས་ལ་རྗེས་སུ ་གནང་བ་གང་ཡིན་པ་དེ་དགེ་སློང་མ་རྣམས་ལ་ཡང་རྗེས་སུ་གནང་བར་ཤེས་པར་བྱའོ། །གསིལ་བྱེད་ཀྱི་སྒྲ་མ་བྱུང་བར་བསོད་སྙོམས་ལ་ཁྱིམ་དུ་འཇུག་པར་མི་བྱའོ་ཞེས་བྱ་བ་ལ། སིལ་བྱེད་ཅེས་བྱ་བ་ནི། ཁར་བསིལ་གྱི་མིང་གཉིས་པ་ཡིན་ནོ། །དས་སྒྲ ་མ་ཕྱུང་བར་ཁྱིམ་དུ་བསོད་སྙོམས་ལ་འཇུག་པར་མི་བྱའོ། །དེ་བཅད་བར་བྱའོ་ཞེས་བྱ་བ་ནི། གསིལ་བྱེད་དེའོ། །འབྱུང་བ་དང་འཇུག་པ་ལ་མཁས་པར་འབད་པར་བྱའོ་ཞེས་བྱ་བ་ནི། བསོད་སྙོམས་པས་ཁྱིམ་ནས་ཕྱིར་འབྱུང་བ་དང། ཁྱིམ་དུ་འཇུག་པའི་ལམ ་རྒྱུས་ལ་མཁས་པ་ཉིད་དུ་འབད་པར་བྱའོ། །ཇི་ལྟར་ཞེ་ན། དེའི་ཕྱིར་མཚན་མ་བྱ་བས་སོ་ཞེས་བྱ་བ་སྨྲས་ཏེ། མཚན་མ་གདབ་པར་བྱའོ། །ཅི་ཞིག་གིས་ཤེན། དེའི་ཕྱིར་བསོད་སྙོམས་ཀྱི་འབྲམ་ཟེར་ལ་སོགས་པའོ་ཞེས་བྱ་བ་སྨྲས་ཏེ། སྐབས་སྐབས་སུ ་ཕྱི་ལ་སོགས་པའི་འབྲམ་ཟེར་བཞག་པ་ལ་སོགས་པས་སོ། །ཆོས་བཙོང་པས་འཚོ་བ་སྦྱར་བར་མི་བྱའོ། །ཞེས་བྱ་བ་ནི། རྙད་པའི་ཕྱིར་ཟོད་དུ་གྱུར་པའི་ཆོས་བསྟན་པས་འཚོ་བ་སྦྱར་བར་མི་བྱ་སྟེ། །དེ་ནི་ལོག་བས་འཚོ་བའི་ཕྱིར་དགག་པ་མཛད་དོ།། ་འདིར་གཞུང་ནི་མ་མོ་ལས་དེ་དག་ཆོས་ཀྱི་སྒོ་ནས་རྙེད་པ་ཡོངས་སུ་འཚོལ་ཞིང་ཆོས་འཚོང་བས་འཚོ་བ་སྦྱོར་བར་བྱེད་པ་ན། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཆོས་ཀྱི་སྒོ་ནས་རྙེད་པ་ཡོངས་སུ་བཙལ་བར་མི་བྱ་ཞིང་ཆོས་འཚོང་བས་འཚོ་བ་སྦྱར ་བར་མི་བྱའོ་ཞེས་གསུངས་པ་ཡིན་ནོ། །ཆུ་མེད་ན་ཞོལ་སོགས་པའི་ཁུ་བས་རྐང་པ་དག་བཀྲུའོ་ཞེས་བྱ་བ་ནི། ཆུ་མེད་ན་ཞོ་གང་ཆུ་དང་ཆུང་ཁུ་དང་རྩབས་མོ་ལ་སོགས་པས་རྐང་པ་དག་བཀྲུང་རུང་བའོ། །རྐང་པ་བཀྲུ་བ་དེ་ནི་དཔེ་ཙམ་དུ་ཟད་དེ། བཤད ་བ་དང་གཅི་བ་ལ་སོགས་པ་བྱ་བ་དག་ལ་ཡང་ཆུ་མེད་ན་དེ་དག་གིས་བཀྲུ་བ་ལ་ཉེས་པ་མེད་དོ། །འདི་ནི་འོག་ནས་ཟས་རྐང་པས་བརྫི་བར་མི་བྱའོ་ཞེས་འབྱུང་བའི་དམིགས་ཀྱིས་བསལ་བ་ཡིན་ནོ། །རྩཝ་བམ་ལ་འདུག་པར་བྱའོ་ཞེས ་བྱ་བ་ནི། སྟན་གཞན་མེད་ནའོ། །བླ་གབ་མེད་པའི་མཛའ་གཅིག་ཏུ་གཞག་གོ་ཞེས་བྱ་བ་ནི། རྩཝ་བ་མ་མི་སྤྱོད་པའི་ཚེ་ནའོ། །སྤུངས་ཏེ་ཡང་ངོ་ཞེས་བྱ་བ་ནི། སོ་སོར་བཞག་པ་འབའ་ཞིག་ཏུ་མ་ཟད་ཀྱི། སྤུངས་ཏེ་བཞག་ཏུ་ཡང་རུང་བའོ། །མཇུག་ཏུ་དོད་ངོ ་ཞེས་བྱ་བ་ནི་བྱ་བ་ཟིན་པའི་མཇུག་ཏུ་རྩཝ་བ་མདོར་བར་བྱ་བའོ། །མང་བ་ཉིད་ཡིན་ན་བྱའོ་ཞེས་བྱ་བ་ནི། དགེ་སློང་མང་བ་ཉིད་ཡིན་ལ་སྟན་གྱིས་མི་མཆོག་ན་རྩཝ་བམ་བྱའོ། །གྲལ་གྱི་ཚང་དུ་མ་ཉིད་ཀྱང་ངོ་ཞེས་བྱ་བ་ཡང། མང་བ་ཉིད་ཡིན་ན་བྱའོ་ཞེས་བྱ ་བར་སྦྱར་ཏེ། དགེ་སློང་མང་པ་ཉིད་ཡིན་ན་གྲལ་གྱི་ཚར་དུ་མ་ཉིད་ཀྱང་བྱང་རུང་བའོ། །ཚད་ཇི་ཙམ་ཞེ་ན། དེའི་ཕྱིར་ལྔ་བརྒྱའི་ཚར་རོ་ཞེས་བྱ་བ་སྨྲས་ཏེ། གྲལ་ཚར་གཅིག་ལ་དགེ་སློང་ལྔ་བརྒྱ་བཀང་པ་མན་ཆད་ཀྱི་ཚར་རིང་བོར་བྱར་དུར་བའོ། །རྒན་པའི ་མཛའ་རེ་རེར་སྤྱི་བུངས་བྱའོ་ཞེས་བྱ་བ་ནི། གྲལ་ཚར་དུ་ཡོད་པའི་རྒན་པའི་མཐར་རེ་རེར་བཟའ་བ་དང་བཅའ་བའི་འདྲི་མ་སྒོའི་ཟས་ཀྱི་སྤྱི་བུངས་རེ་རེ་བྱའོ། །འདྲི་མ་པ་དང་རྐུ་བ་ཉིད་ན་སྤྱན་པ་དག་བསྐོའོ?་ཞེས་བྱ་བ་ནི། ཟས་འདྲིམ་པའི་ཐོར་བྱན་དང ་ཕྱག་ཚང་བརྐུ་པ་ཉིད་ཡིན་ན་སྤྱན་པ་དགེ་སློང་དག་བསྐོ་བར་བྱའོ། །ཟན་གྱི་ལས་བྱེད་པ་དག་གིས་དད་པོད་བཟའ་བར་བྱའོ་ཞེས་བྱ་བ་ནི། གཙང་སྦྱོར་བ་ལ་སོགས་པ་ཟས་ཀྱི་ཞལ་ཏ་བྱེད་པ་དག་གིས་ཇེ་དང་པོར་འཚལ་མ་ཟོས་ཏེ་དྲི་མ་ལ་སོགས་པཱི ་ལས་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། འདུས་པ་ཆེན་པོའི་ཚེ་རྒན་རིམས་སུ་འཁོང་དུ་གཞུག་པའི་ཕྱིར་དང་འགྲིམ་དུ་གཞུག་པའི་ཕྱིར་དགེ་སློང་དག་བསྐོའོ་ཞེས་བྱ་བ་ནི། དགེ་སློང་དག་གིས་འདུས་པ་ཆེན་པོའི་ཆེ་དགེ་སློང་དག་བསྐོ་བར་བྱའོ། །ཅི་ཞིག་གི ་ཕྱིར་ཞེ་ན། རྒན་རིམས་སུ་འཁོད་དུ་གཞུག་པའི་ཕྱིར་ཏེ། གང་དང་གང་དག་རྒན་པ་དེ་དང་དེ་དག་དང་པོ་ཁོ་ནར་འཁོད་དུ་གཞུག་པའི་ཕྱིར་རོ། །རྒན་རིམས་སུ་འཁོང་དུ་གཞུག་པའི་གང་གི་ཕྱིར་ཏེ་གང་དང་གང་དག་རྒན་པ་དེ་དང་དེ་དག་ལ་དང་པོ་ཁོ་ནར་བསོད་སྙོམS ་ལ་སོགས་པ་འདྲི་མ་དུ་གཞུག་པའི་ཕྱིར་རོ། །འདི་ལ་དགེ་སློང་མས་ནི་གཉིས་སམ་གསུམ་བཞག་སྟེ། ཅི་དགར་འཁོད་པར་བྱའོ་ཞེས་བྱ་བ་ནི། འདུས་པ་ཆེན་པོ་འདི་ལ་དགེ་སློང་མས་ནི་རྒན་པ་གཉིས་སམ་གསུམ་རྒན་རིམས་སུ་འཁོད་དུ་བཅུག་ནས ་ལྷག་པ་གཞན་ཅི་དགར་འཁོང་པར་བྱའོ། །སྒྲ་བསྐྱུངས་ཏེ་ཟིན་གྱི་ཆེད་དུ་འགྲོ་བར་བྱའོ་ཞེས་བྱ་བ་ནི། ཟས་ཀྱི་ཆེད་དུ་འགྲོ་བའི་ཆོ་སྒྲ་བསྐྱུངས་ཏེ་འགྲོ་བར་བྱའོ། །ཤིན་ཏུ་བསྔམས་པ་དང་སྤྱོད་ལམ་མཇེས་པས་སོ་ཞེས་བྱ་བ་ཡང་ཟན་གྱི་ཆེད་དུ་འགྲོ་བར ་བྱའོ། །མཛེས་པས་སོ་ཞེས་བྱ་བ་ཡང། ཟན་གྱི་ཆེད་དུ་འགྲོ་བར་བྱ་བའོ། །དེ་བཞིན་དུ་འདུག་པར་བྱའོ་ཞེས་བྱ་བ་ནི། སྒྲ་བསྐྱངས་པ་དང་ཤིན་ཏུ་བསྡམས་པ་དང་སྤྱོད་ལམ་མཛེས་པ་དང་མཛེས་པས་ཟས་ཀྱི་ཆེད་དུ་འཇུག་པར་བྱའོ། །ཟས་རྐང་པས་བརྫི་བར ་མ་བྱའོ་ཞེས་བྱ་བ་ནི། འབྲས་ཆན་ལ་སོགས་པའི་ཟས་རྐང་པས་བརྫི་བ་དང་བགོམ་པར་མི་བྱ་བ་སྟེ། འདི་ནི་སྤྱིར་བཀག་པ་ཡིན་པས་གང་ཡང་རུང་བས་སོ། །ལྷུང་བཟེད་ཀྱི་གཞི་ལ་རྐང་པས་རེག་པར་མི་བྱའོ་ཞེས་བྱ་བ་ནི། ལྷུང་བཟེད་ཀྱི་གཞི་ཡང་མིག་དང ་ཞ་ཉེའི་དབྱར་འདབ་དང་བྱུག་རིས་དང་རྩཝ་ལ་སོགས་པ་དག་ལ་རྐང་པས་རེག་པར་མི་བྱའོ། །དྲན་པ་ཉེ་བར་གཞག་སྟེ་བསོད་སྙོམས་བླང་བར་བྱའོ་ཞེས་བྱ་བ་ནི། འདིས་ནི་སྦྱིན་པར་བྱེད་པའོ། །བདག་ནི་ལེན་པའོ་སྙམ་དུ་བསོད་སྙོམས་དང་འབྲེལ་པར ་སེམས་བཏད་པར་བསྟན་ཏོ། །སེམས་རྣམ་པར་མ་ཡེངས་པས་བསོད་སྙོམས་བླང་བར་བྱའོ་ཞེས་བྱ་བ་ནི། ཡུལ་གཞན་ལ་སེམས་འཕྲོ་བར་མི་བྱ་བས་བསོད་སྙོམས་བླང་བར་བྱ་བའོ། །མི་འཕྲོ་བ་དང་འཚོ་བ་ཙམ་དང་དེ་མ་དྲེས་པ་དང་མི་དཀྲུག་པ་དང་ཤིན ་ཏུ་དབེན་པ་དང་དུས་ལས་མི་ཡོལ་བར་བསྒྲུབ་པར་བྱའོ་ཞེས་བྱ་བ་ནི། བསོད་སྙོམས་ཞེས་བྱ་བར་སྦྱར་ཏེ། མི་འཕྲོ་བར་བསྒྲུབ་པར་བྱ་བ་ནི། རྣམ་པར་མི་གཡེང་ཞིང་མི་འཕྲོ་བར་བསོད་སྙོམས་བཟའ་བར་བྱ་བའོ། །འཚོ་བ་ཙམ་དུ ་བསྒྲུབ་པར་བྱ་བ་ནི། ལུས་འཚོ་བ་ཙམ་དུ་བསོད་སྙོམས་བཟའ་བར་བྱའི། ཕྱར་གཡེང་བ་ལ་སོགས་པའི་ཕྱིར་མ་ཡིན་ནོ། །དེ་མ་འདྲེས་པར་བསྒྲུབ་པར་བྱ་བ་ནི། བསོད་སྙོམས་དེ་མ་འདྲེས་མ་བསླད་པར་བཟའ་བར་བྱ་བའོ། །མི་བཀྲུག་པར་བསྒྲུབ ་པར་བྱ་བ་ནི། ཐམས་ཅད་སྣོད་གཅིག་ཏུ་བླུགས་ཏེ་བཀྲུགས་ཤིང་བཟའ་བར་མི་བྱ་བའོ། །ཤིན་ཏུ་དབེན་པར་བསྒྲུབ་པར་བྱ་བ་ནི། གནས་དབེན་པར་བཟའ་བར་བྱ་བའི། ལམ་པོ་ཆེ་ལ་སོགས་པ་དག་ཏུ་བཟའ་བར་མི་བྱའོ། །དུས་ལས་མ་ཡོལ་བར ་བསྒྲུབ་པར་བྱ་བ་ནི། དུས་ལས་མ་ཡོལ་བར་བཟའ་བར་བྱ་བ་སྟེ། ཕྱེད་ཡོལ་ཕན་ཆད་བཟའ་བར་མི་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། གང་ལ་མགྲོན་དུ་བོས་པ་དེ་ལས་གཞན་རྙེད་པ་བདག་གིར་བྱེད་པ་ལ་མི་རིགས་པ་ཉིད་མེད་དོ། །ཞེས་བྱ་བ་ནི། དགེ ་འདུན་ནམ་གང་ཟག་ཐུག་པ་ལ་སོགས་པའི་དངོས་པོ་གང་ལ་མགྲོན་དུ་བོས་པས་ཐུག་པ་ལ་སོགས་པའི་དངོས་པོ་དེ་ལས་གཞན་པའི་བསོད་སྙོམས་རྙེད་པ་བདག་གིར་བྱེད་པ་ལ་མི་རིགས་པ་མེད་པའོ། །འདིར་གཞུང་ནི། འདྲེག་མཁན་རབ་ཏུ ་བྱུང་བས་དགེ་འདུན་ཐུག་པ་ལ་སྤྱན་དྲངས་ནས་རོ་བསོད་པ་སྟ་གོན་བྱས་པ་དང། དགེ་སློང་དག་ཟས་གཞན་ལ་མགྲོན་དུ་བོས་པས་དེ་མི་ལེན་པ་དང། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཟས་གཞན་ལ་མགྲོན་དུ་བོས་པས་གཞན་རྙེད་པ་བདག ་གིར་བྱེད་པ་ལ་མིང་གིས་པ་མེད་དོ་ཞེས་གསུངས་པ་ཡིན་ནོ། །རང་གི་ཟས་ལ་གཞན་མནོས་པ་ལ་ཉེས་པ་མེད་ངོ་ཞེས་བྱ་བ་ནི། རང་གི་ཟས་ཟ་བའི་ཚེ་གལ་ཏེ་གཞན་གྱིས་ཟས་གཞན་སྦྱིན་པར་བྱེད་ན་དེ་མནོད་པའི་ཉེས་པ་མེད་པ་ཉིད་ཡིན་པའོ།། ་གཞན་གྱིས་མགོན་དུ་བོས་པ་ནི་འདུག་པ་ལས་དེས་གནང་ན་གཞན་གྱིས་བྱིན་པ་ནད་པའི་ཁོངས་སུ་གཏོགས་པ་དང་འདྲའོ་ཞེས་བྱ་བ་ནི། སྦྱིན་བདག་གཞན་གྱིས་མགྲོན་དུ་བོས་ནས། དགེ་སློང་འདུག་པ་ལ་སྦྱིན་བདག་གཞན་གིས་གང ་སྦྱིན་པ་ནི་སྦྱིན་བདག་བཞི་པོའི་དེའི་ཟས་ཀྱི་ཁོངས་སུ་གཏོགས་པ་དང་འདྲ་པའོ། །དེས་ནི་དམ་བཅས་པ་ལས་འདས་པ་དང་ཡང་ཡང་ཟ་བའི་ཉིས་པ་མི་འབྱུང་ངོ། །འདིར་གཞུང་ནི། དེ་ནས་བཅོམ་ལྡན་འདས་ཀྱི་སྡིག་བྱུང་བའི་ཀྱང?་རྣམས་ཀྱི་དགངས་ག ་ལ་དོར་བ་དེར?་གཤེགས་ཏེ་བྱོན་ནས། དགེ་སློང་གི་དགེ་འདུན་གྱི་གུང་དུ་གདན་མས་པ་ཉིད་ལ་བཞུགས་སོ། །དེ་ནས་གྱད་གྱི་གནའ་ཆེན་པོ་ལ་གཏོགས་པ་བསྣང་བྱེད་ཅེས་བྱ་བས་བཅའ་བ་དང་བཏུང་བ་དག་བྲིམ་པར་བརྩམས་པ་དང། དགེ་སློང་དག ་འགྱོད་པས་མི་ལེན་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྦྱིན་བདག་ལ་དྲི་བར་བྱ་བའོ། །དགེ་སློང་བདག་གིས་སྡིག་བྱུང་བའི་བྱང་རྣམས་ལ་དྲིས་པ་དང། དེ་དག་གིས་སྨྲས་པ། འཕགས་པ་དག་བཞེས་ཤིག་ཅེས་བྱ་བ་ལ་སོགས་པ་གསུངས་པ ་ཡིན་ནོ།། དེར་འདི་ལྟ་སྟེ། སྡིག་བྱུང་བའི་གྱང་རྣམས་ཀྱིས་མགྲོན་དུ་བོས་པའི་དགེ་སློང་རྣམས་ལ་གྱད་ཀྱི་གནའ་ཚེན་པོ་ལ་གཏོགས་པ་སྣང་བྱེད་ཀྱིས་བཅའ་བ་དང་བཏུང་བ་དག་བྲིམས་པ་སྦྱིན་བདག་གིས་གནད་པ་དེ་ནི་སྦྱིན་བདག་བཞི་པོའི་ཁོངས་སུ ་གཏོགས་པ་དང་འདྲའོ། །བསམས་པའི་དོན་གྱིས་སྒྲའི་སྦྱོར་བ་རྣམ་པར་བཞག་གི་གྲག་པས་ནི་མ་ཡིན་ནོ། ཞེས་བྱ་བ་ནི། གང་གི་ཕྱིའི?་བརྡའི་དབང་གི་སྒྲ་ཐམས་ཅད་དོན་ཐམས་ཅད་ཀྱི་བརྗོད་པ་དག་ཡིན་ལ། དོན་ཐམས་ཅད་ཀྱང་སྒྲ་ཐམས་ཅད ་ཀྱི་བརྗོད་པར་བྱ་བ་དག་ཡིན་པ་དེའི་ཕྱིར། སངས་རྒྱས་ཚུར་ཤོག་ཅེས་བྱ་བ་ལ་སོགS་པས་བོད་ཅིང་ཅི་ཡང་རུང་བ་སྦྱིན་པར་བྱེད་པ་ནི་སྨྲ་བ་པོའི་བསམས་པའི་དོན་གྱིས་རྣམ་པ་བཞག་གི། གྲགས་པས་ནི་མ་ཡིན་ཏེ། གལ་ཏེ་དེས་དེ་སྐད་འབོད་པ་དེ་སངས་ ་རྒྱས་ཉིད་དུ་བསམས་པ་ཡིན་ན་ནི་སངས་རྒྱས་དཀོན་མཆོག་ཉིད་ལ་ཕུལ་བ་ཡིན་ནོ། །ཇི་སྟེ་གྲགས་པ་ཉིད་བསམས་པ་ཡིན་ན་ནི་གྲགས་པ་ཉིད་ལ་ཕུལ་བ་ཡིན་ནོ། །བླངས་པ་སྤང་བར་མི་བྱའོ་ཞེས་བྱ་བ་ནི། ཟས་དང་གོས་ལ་སོགས་པ ་གཞན་ལས་བླངས་པའི་ཕྱིར་སྦྱིན་པར་མི་བྱ་བའོ། །འདི་ལྟར་བསོད་སྙོམས་ལ་དེ་སྐད་གསུངས་པ་ཡིན་མོང་ཀྱི། གཞན་ལ་ཡང་རུང་བར་སྣང་བས་འདིར་སྤྱིར་མདོར་བསྡུས་སོ། །ལྟ་བ་དང་ཚུལ་ཁྲིམས་ཕུན་སུམ་ཚོགས་པ་དག་ལས་བླངས་པ་གཞན་གོ ་རིམས་བཞིན་ལ་སྦྱིན་པ་དང། འཚོ་བར་བྱེད་པ་ལྷག་པ་ཁམ་གཅིག་ཡན་ཆད་ལེན་པ་དང། ཟ་བ་ནི་དད་པས་སྦྱིན་པར་བྱ་བ་ཆུང་གཟོན་པ་ཡིན་ནོ། ཞེས་བྱ་བ་ནི། སྦྱིན་བདག་ལྟ་བ་དང་ཚུལ་ཁྲིམས་ཕུན་སུམ་ཚོགས་པ་དག་ལས་བླངས་པ། གཞན ་གོ་རིམས་བཞིན་ལ་སྦྱིན་ཞེས་བྱ་བ། ལྟ་བ་ཕུན་སུམ་ཚོགས་པ་ལས་བླངས་པ་ལྟ་བ་ཉམས་པ་ལ་སྦྱིན་པ་དང་ཚུལ་ཁྲིམས་ཕུན་སུམ་ཚོགས་པ་ལ་བླངས་པ་ཚུལ་ཁྲིམས་འཚལ་པ་ལ་སྦྱིན་པ་ནི། དད་པས་སྦྱིན་པར་བྱ་བ་ཆུད་གཟོན་པ ་ཡིན་ནོ། །ལྟ་བ་ཕུན་སུམ་ཚོགས་པ་ཞེས་བྱ་བ་ནི། རྒྱུ་དང་འབྲས་བུ་ལ་སྐུར་པ་མི་འདེབས་པ་འཇིག་རྟེན་པའི་ལྟ་བ་ཡང་དག་པར་ལྡན་པའོ། །དེ་ལས་བཟློག་པ་ནི་ལྟ་བ་ཉམས་པའོ་ཚུལ་ཁྲིམས་ཕུན་སུམ་ཚོགས་པ་ཞེས་བྱ་བ་ནི། སོ་སོར་ཐར་པའི ་སྡོམ་པ་དང་ལྡན་པའོ། །དེ་ལས་བཟློག་པ་ནི་ཚུལ་ཁྲིམས་འཆལ་པའོ། །དེ་དག་ཀྱང་དཔེ་ཙམ་དུ་ཟད་དེ། མཆོག་ལས་བླངས་པ་མཆོག་མ་ཡིན་པ་ལ་སྦྱིན་པ་ཡང་དེ་བཞིན་ནོ། །བདག་ཉིད་ཚིམས་པར་གྱུར་ཟིན་པས་འཚོ་བར་བྱེད་པ་ལྷག་པ་ཐ་ན ་ཁམ་གཅིག་ཡན་ཆད་ལེན་པ་ཡང་དད་པས་སྦྱིན་པར་བྱ་བ་ཆུད་གཟོན་པ་ཡིན་ནོ། །བདག་ཉིད་ཚིམ་པར་གྱུར་ཟིན་པས་འཚོ་བར་བྱེད་པ་ལྷག་མ་ཁ་མ་གཅིག་ཡན་ཆད་ཟ་བ་ཡང་དད་པས་སྦྱིན་པར་བྱ་བ་ཆུད་གཟོན་པ་ཡིན་ནོ། །འདི་སྐད་བསྟན་ཏེ། ་ལྟ་བ་ཕུན་སུམ་ཚོགས་པ་ལས་བསམས་བཞིན་དུ་བླངས་ཏེ། ལྟ་བ་ཉམས་པ་ལ་སྦྱིན་པ་དང་ཚུལ་ཁྲིམས་ཕུན་སུམ་ཚོགས་པ་ལས་བསམས་བཞིན་དུ་བླངས་ཏེ། ཚུལ་ཁྲིམས་འཆལ་པ་ལ་སྦྱིན་པར་བྱེད་པ་དང། བདག་ཉིད་ཚིམ་པར་གྱུར་ཟིན་ནས་བསམས་པ ་བཞིན་དུ་འཚེ་བར་བྱེད་པ་ལྷག་པ་ཐ་ན་ཁམ་གཅིག་ཡན་ཆད་ལེན་པ་དང། བདག་ཉིད་ཚིམ་པར་གྱུར་ཟིན་པས་བསམས་པ་བཞིན་དུ་འཚོ་བར་བྱེད་པ་ལྷག་པར་ཐ་ན་ཁམ་གཅིག་ཡན་ཆད་ཟ་བ་ནི་དང་པས་སྦྱིན་པར་བྱ་བ་ཆུད་གཟོན་པ་ཡིན་ནོ། །ལུས་འཚོ་པ ་ཙམ་ལ་ནི་དེ་ཆད་གཟོན་པར་འགྱུར་རོ། །ལུས་འཚོ་བ་ཙམ་ལས་ལྷག་པ་ཐ་ན་ཁམ་གཅིག་ཡན་ཆད་ཙམ་ལ་ནི་དེ་ཆུད་གཟོན་པར་འགྱུར་རོ། །ཕ་མ་དང་ནད་པ་དང་རབ་ཏུ་བྱུང་བར་འདོད་པ་དང་སྒྲུམ་པ་དག་དང་འདུལ་བ་དང་འདོད་པས་བསོད་སྙོམས་པ་རེག་པ ་དང་ཁྱིམ་པ་འོངས་པ་ལ་ནི། དེ་ལས་བགོ་བཤའ་བྱའོ་ཞེས་བྱ་བ་ནི། དེ་དག་ལ་བྱིན་པ་ནི་དད་པས་སྦྱིན་པར་བྱ་བ་ཆུང་གཟོན་པར་མི་འགྱུར་རོ་ཞེས་བྱ་བར་སྦྱར་རོ། །འདོད་པས་བསོད་སྙོམས་ལ་རེག་པ་ཞེས་བྱ་བ་ནི། གལ་ཏེ་ཁྱིམ་པས་དགེ་སློང་གི ་བསོད་སྙོམས་ལ་ལག་གིས་འཛིན་པའོ། །ཁྱིམ་པ་འོངས་པ་ཞེས་བྱ་བ་ནི། ཟས་ཀྱི་དུས་སུ་གློ་བུར་དུ་འོངས་པའོ། །དེ་དག་ཀྱང་དཔེ་ཙམ་དུ་ཟད་དེ། །ཕུ་ནུ་ལ་སོགས་པ་ཉེ་དུ་གཞན་དག་ལ་ཡང་དེ་བཞིན་ནོ། །ཁམ་ཆད་གཅིག་ཟ་བ་པོ་རྣམ་པར་མ་བཅད་པར་བཞག ་པར་བྱའོ་ཞེས་བྱ་བ་ནི། ཟས་ཀྱི་བྱ་བ་བྱེད་པའི་དང་པོར་ཟས་ཀྱི་ཁམ་ཆད་གཅིག་ཟ་བ་པོ?་དམིགས་གྱིས་དེས་པ་མེད་པས་སེམས་ཅན་ཐམས་ཅད་ལ་བསྔོས་ཏེ་བཞག་པར་བྱ་བའོ། །འདིར་གཞང་ནི་ཅི་ནས་ཀྱང་ལྷག་མར་མ་གྱུར་པའི་ཁམ་ཆང་གཅིག་བཞག ་པར་བྱའོ་ཞེས་གསུངས་པ་ཡིན་ནོ། །དུད་འགྲོ་ལ་ཡང་སྦྱིན་པར་བྱའོ་ཞེས་བྱ་བ་ནི། ཁམ་ཆད་གཅིག་བཞག་པ་དེའོ། །འདིར་གཞུང?་ནི། དགེ་སློང་གིས་ཟོས་ནས་དུད་འགྲོའི་ཁམ་མི་བཞག་པར་མི་བྱའོ་ཞེས་གསུངས་པ་ཡིན་ནོ། །བཟའ་བའི་ཕྱིར་ཉེ་བར་གཞག་པ ་ལས་མ་རྫོགས་པར་སྦྱིན་པར་མི་བྱའོ་ཞེས་བྱ་བ་ནི། བདག་ཉིད་བཟའ་བའི་ཕྱིར་ཉེ་བར་བཞག་པའི་ཟས་ལས་བདག་ཉིད་ཀྱི་ཟས་ཀྱི་བྱ་བ་མ་རྫོགས་ཀྱི་བར་དུ་ལྷག་མ་ཟ་བ་ལ་སོགས་བ་ལ་སྦྱིན་པར་མི་བྱའོ། །དད་པས་སྦྱིན་པ་བྱ་བ་ཉིད ་ཀྱིས་མགྲོན་དུ་བོས་པ་ལ་ཡང་མི་བྱའོ། །ཞེས་བྱ་བ་ནི། ཁྱོད་ཁོ་ནས་འདི་བཟའ་བར་བྱའོ། །ཞེས་དད་པས་སྦྱིན་པར་བྱ་བ་ཉིད་ཀྱིས་མགྲོན་དུ་བོས་པ་ལ་བཟའ་བའི་ཕྱིར་ཉེ་བར་གཞག་པའི་ཇས?་ལས་ནི་རྫོགས་ཀྱང་སྦྱིན་པར་མི་བྱའོ། །ལྷུང་བཟེད་ཀྱི་གཞི ་ནི་ལྷག་མ་བཟའ་བ་རྣམས་ལ་ཅི་བདེར་བྱའོ་ཞེས་བྱ་བ་ནི། ལྷུང་བཟེད་ཀྱི་འོག་བཞི་ཉིད་དུ་ཁུར་སྐྱ་ལ་སོགས་པ་གདིང་བ་གང་ཡིན་པ་དད་དེ་དང་འབྲེལ་པ་འབྲས་ཆན་ལ་སོགས་པའི་ལྷག་མ་གང་ཡིན་པ་དེ་ནི་ལྷག་མ་ཟ་བ་རྣམས་ལ་ཅི་བདེར ་སྦྱིན་པར་བྱ་བའོ། །གཉུག་མར་གནས་པ་རྣམས་ལ་གཏོར་མ་སྦྱིན་ནོ་ཞེས་བྱ་བ་ནི། གཙུག་ལག་ཁང་ནག་ཉུག་མར་གནས་པའི་མི་མ་ཡིན་པ་དག་ལ་སྤྱི་བུངས་ལ་སོགས་པ་ལས་གཏོར་མ་སྦྱིན་པར་བྱའོ། །དེ་དག་གི་ཆོ་གའི་རྗེས་སུ་འབྲངས་པས་སྔ ་དྲོ་ལ་སོགས་པ་རོ་ཞེས་བྱ་བ་ནི། གཉུག་མར་གནས་པ་དེ་དག་གི་ཟས་ཀྱི་ཆོ་གའི་རྗེས་སུ་འབྲངས་པས། དེ་དག་ལ་གཏོར་མ་སྦྱིན་བ་ནི་སྔ་དྲོ་འམ་གུང་ཚོགས་སམ་མི་ཕྱི་དྲོའམ་མཚོན་མ་ལ་སོགས་པར་གང་རིགས་པར་བྱའོ། །ཆོ་ག་ཐ་དད་པ་ཉིད་ཡིན ་ན་ཐ་དད་པར་རོ་ཞེས་བྱ་བ་ནི། གཙུག་ལག་ཁང་ན་གཉུག་མར་གནས་པ་ཁ་ཅིག་གི་ཆོ་ག་ཡང་གཞན་ཡིན་ལ། ཁ་ཅིག་གི་ཆོ་ག་ཡང་བཞིན་ཡིན་ན། དེ་དག་ཆོ་ག་ཐ་དད་པ་ཉིད་ལ་དྲི་དང་མེ་ཏོག་དང་བདུག་པ་དང་གཏོར་མ་ལ་སོགས་པ་ཡང་རང་རང་གི་ཆོ་ག་གཞིག ་ཐ་དད་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། ། མྲ་རུས་པ་མ་ཆགས་པ་ཉིད་ཀྱི་གནས་སྐབས་སུ་བཟའ་བར་མི་བྱའོ་ཞེས་བྱ་བ་ནི། ཤིང་རྟོག་པ་མྲ་རུས་པ་མ་ཆགས་པའི་གནས་སྐབས་སུ་བཟའ་བར་མི་བྱའོ། །རྩ་བ་དང་སྡོང་བུ་དང་འདབ་མ་དང་མེ་ཏོག་དང ་འབྲས་བུ་དང་བཅའ་བར་བྱ་བ་དང། འབྲས་ཆན་དང་ཟན་གོན་དང་ལྡག་གུ་དང་ཤ་དང་སྨུམ་ཁུར་དང་འོ་མ་དང་ཞོ་དང་མར་དང་ཉ་ཤི་དང་ཤ་སྐམ་དག་ནི་མི་རུང་བ་ཉིད་མ་ཡིན་ནོ་ཞེས་བྱ་བ་ནི། རྩ་བ་ལ་སོགས་པ་དེ་དག་དགེ་སློང་རྣམས་ཀྱིས་བཟའ་བའི་ཕྱིར་མི ་རུང་བ་ཉིད་མ་ཡིན་ཏེ་རུང་བ་ཁོ་ན་ཡིན་ནོ། །རྩ་བ་ལ་སོགས་པས་ནི་བཅའ་བ་དག་བསྟན་ཏོ། །འབྲས་ཆན་ལ་སོགས་པས་ནི་ཟ་བ་དག་བསྟན་ཏོ། །འོ་མ་ལ་སོགས་པས་ནི་ཚད་མ་དག་བསྟན་ཏོ། །སོ་མ་དང་ཡུངས་ཀར་དང་རྩ་བ་དང་སྡོང་བུ་དང་འདབ་མ་དང་མི ་ཏོག་དང་འབྲས་བུ་ལ་སོགས་པའི་ཐུག་པ་དག་བསྟེན་བར་བྱ་བ་ཉིད་མ་ཡིན་པར་དོགས་པར་མི་བྱའོ་ཞེས་བྱ་བ་ནི། སོ་མ་ལ་སོགས་པ་དེ་དག་གི་ཐུག་བདག་བསྟེན་པར་བྱ་བ་ཉིད་མ་ཡིན་པར་དོགས་པར་མི་བྱ་སྟེ། བསྟེན་བར་བྱ་བ་ཉིད་ཁོ་ན་ཡིན་ནོ།། ་འདི་དག་སྨན་གྱི་སྐབས་ཡིན་མོད་ཀྱི་འཚོ་བ་ཙམ་གཞན་ལ་ཡང་རུང་བ་ཉིད་ཡིན་ནོ། །ཆུས་ཀྱང་སྤངས་ན་བཅག་ཏུ་གྱུར་པ་ཉིད་དོ་ཞེས་བྱ་བ་ནི། བཟའ་བ་དང་བཅའ་བ་དག་ནི་ཐ་ན་ཆུ་ཙམ་གྱིས་ཀྱང་དེ་སྤངས་ན་བཙག་ཏུ་གྱུར་བ་ཉིད་ཡིན་ཏེ། ཆུ་ཞེས་སྨོས་པ་ནི ་མཛའ་བསྟན་བ་དེས་འོ་མ་ལ་སོགས་པ་ཚོད་མའི་རྣམ་པ་གང་ཡང་རུང་བས་སྤངས་པ་ན་བཙག་ཏུ་འགྱུར་བ་ཉིད་བསྟན་ཏོ། །རྒྱལ་བར་བླུགས་པ་ནི་མི་རུང་བ་ཉིད་མ་ཡིན་ནོ་ཞེས་བྱ་བ་ནི། ཚྭ་ལ་སོགས་པ་རྐྱལ་བ་དང་འབྲག་དང་འགྲོད་པ་ལ་སོགས་པར ་བླུགས་པ་དེ་དག་ནི་སྣོད་དེ་དག་ཀོ་ལྔགས་ཡིན་དུ་ཟིན་ཀྱང་མི་རུང་བ་ཉིད་མ་ཡིན་ཏེ་རུང་བ་ཁོ་ནའོ། །སྣོད་དུ་ཟན་བཟར་རུང་ངོ་ཞེས་བྱ་བ་ནི། དེ་ལ་འགལ་བ་མེད་བའོ། །སྣོད་ཁྱད་པར་ཇི་ལྟ་བུ་དག་ཏུ་ཞེ་ན། དེའི་ཕྱིར། ཡོལ་གོར་རོ་ཞེས་བྱ་བ་སྨྲས་ཏེ། ཤིང་ལས ་བྱས་པའི་ཡོལ་གོར་རོ། །རྡོ་ལས་བྱས་པར་ཡང་ངོ་ཞེས་བྱ་བ་ནི། ཡོལ་གོར་ཟས་གཟར་རུང་བའོ། །ཟས་བྱས་པར་ཡང་ངོ་ཞེས་བྱ་བ་ནི། སྣོད་དེར་སྔོན་ཟས་ཟོས་སུ་ཟིན་ཀྱང་ཟས་ཀྱི་སྣོད་བྱར་རུང་བའོ། །ལྕག་ཀྱི་ལྷུང་བཟེད་ལ་སོགས་པ་བཞིན་ཀྲུས ་ཏེའོ་ཞེས་བྱ་བ་ནི། ཇི་ལྟར་ལྕགས་ཀྱི་ལྷུང་བཟེད་ལ་སོགས་པ་སྔར་ཟས་བླུགས་པ་ཡང་བཀྲུ་སྟེ། ཟས་ཀྱི་སྣོད་བྱེད་པ་དེ་བཞིན་དུ་ཤིང་དང་རྡོའི་ཡོལ་གོར་འདི་དག་ཏུ་སྔར་ཟས་བླུགས་པ་ཡང་བཀྲུས་ཏེ་ཟས་ཀྱི་སྣོད་དུ་བྱའོ། །བཀྲུ་བཤལ ་ནི་གནས་པའི་ལས་ཡིན་ནོ་ཞེས་བྱ་བ་ནི། ལྷུང་བཟེད་ལ་སོགས་པའི་ལས་བཀྲུ་བཤལ་ནི་སློབ་མ་དང་ཉེ་གནས་དག་གི་ལས་ཡིན་པའོ། ཟོས་ནས་ཀྱང་ངོ་ཞེས་བྱ་བ་ནི། ཟས་ཟོས་པའི་རྗེས་ལ་ལྷག་མ་ཅན་གྱི་ལྷུང་བཟེད་ལ་སོག་པའི། ་བཀྲུ་བཤལ་ཡང་གནས་བདག་གི་ལས་ཡིན་ནོ། །འདིར་གཞུང་ནི་མཁན་པོ་དང་སློབ་དཔོན་དག་གི་སྣོད་དག་གནས་པ་དག་གིས་བཀྲུས་ཏེ་དབུལ་བར་བྱའོ། །ཟོས་ནས་ཀྱང་གནས་པ་དག་གིས་སྣོད་དང་བྱ་མ་བུམ་དག་བཀྲུས་ཏེ་བསྐུར་བར ་བྱའོ་ཞེས་གསུངས་པ་ཡིན་ནོ། །གཞན་དང་ལྷན་ཅིག་སྣོད་གཅིག་ཏུ་བཟའ་བར་མི་བྱའོ་ཞེས་བྱ་བ་ནི། གཞན་གཉིས་པ་ལ་སོགས་པ་དང་ལྷན་ཅིག་སྣོད་གཅིག་གི་ནང་དུ་ཟས་བཟའ་བར་མི་བྱ་བའོ། །ལམ་དུ་སྣོད་དག་མེད་ན་བཟའ་བར་བྱའོ་ཞེས་བྱ ་བ་ནི། ལམ་དུ་སྣོད་གཞན་དག་མེད་ན་གཞན་དང་ལྷན་ཅིག་སྣོད་གཅིག་།ཏུ་བཟའ་བར་བྱའོ། །རིམ་གྱིས་ཟན་དུས་ལས་ཡོལ་བར་དོགས་ན་ལྷན་ཅིག་བཟའ་ཨི། དུས་ལས་ཡོལ་བར་མི་འགྱུར་ན་ནི་དེའི་ཚེ་ཡང་ལྷན་ཅིག་བཟའ་བར་མི་བྱ་བའོ། །ལམ ་དུས་སུ་དང་ལྷན་ཅིག་ཏུ་སྣོད་གཅིག་ཏུ་བཟའ་བར་བྱ་ཞེ་ན། དེའི་ཕྱིར་དགེ་སློང་དང་ངོ་ཞེས་བྱ་བ་སྨྲས་སོ། །གཞན་གྱིས་ལག་བཏེག་ན་རང་གིས་གཞུག་གོ་ཞེས་བྱ་བ་ནི། ལྷན་ཅིག་ཟ་བའི་ཆེ་དགེ་སློང་གཞན་གྱིས་ལག་བཏེག་པ་ན་རང་གིས་ལག ་གཞུག་པར་བྱ་བའོ། །དགེ་ཚུལ་དང་ནི་འོག་མ་བཞིན་ནོ་ཞེས་བྱ་བ་ནི། དགེ་ཚུལ་དང་འོག་མ་ཞེས་བྱ་བ་འོག་ནས་གཡོག་རྣམས་ལ་བཅངས་ཏེ་སྦྱིན་ནོ་ཞེས་འབྱུང་བ་བཞིན་དུ་སྡེར་ལ་མི་གདགས་པར་ཚལ་མ་ཕོག་ལ་སྩལ་ཏོ་ཞེས་བྱ་བའི་ཐ་ཚིག ་གོ། མི་ལྡན་པ་ན་ལྷན་ཅིག། ཏུའོ་ཞེS་བྱ་བ་ནི། རྐྱེན་གྱི་དབང་གིས་ཚལ་མ་ཕོགས་ལ་སྩལ་དུ་མི་ལྡན་ན་ལམ་དུ་སྣོད་གཞན་མེད་ན་དགེ་ཚུལ་དང་ཡང་ལྷན་ཅིག་སྣོད་གཅིག་ཏུ་བཟའ་བའོ། །འདིར་གཞུང་ནི། དགེ་ཚུལ་དག་ལ་སྣོད་དག་མེད་ནས། བཅོམ་ལྡན ་འདས་ཀྱིས་བཀང་སྩལ་པ། དེ་དག་ལ་བཅངས་ཏེ་ལག་ཏུ་སྦྱིན་པར་བྱའོ། །ལམ་འཇིགས་པ་དང་བཅས་ཤིང་འགྲོན་པ་དག་ཀྱང་ཐལ་མི་ཟངས་བཅད་དུ་མི་རུང་ན་ལྷུངས་བཟོད་བྱིན་གྱིས་བརླབས་པ་མི་བཏང་བར་དེ་དག་དང་ལྷན་ཅིག་བཟའ་བར་བྱའོ་ཞེས་གསུངས ་པ་ཡིན་ནོ། །གཡོག་རྣམས་ལ་བཅངས་ཏེ་སྦྱིན་ནོ་ཞེས་བྱ་བ་ནི། ཆལ་མ་ཕོགས་ལ་སྩལ་བའོ། །ཉེ་དུས་བཅུགས་པས་གསོལ་ན་ཐམས་ཅད་དུ་དབེན་པའི་ཕྱོགས་སུའོ་ཞེས་བྱ་བ་ནི། གལ་ཏེ་ཉེ་དུས་བཅུགས་པས་ལྷན་ཅིག་བཟའ་བར་གསོལ་ན་དེའི་ཚོ་ལམ ་འབའ་ཞིག་ཏུ་མ་ཟད་ཀྱི། གནས་ཐམས་ཅད་དུ་ཡང་དབེན་བའི་ཕྱོགས་སུ་ལྷན་ཅིག་ཏུ་བཟའ་བར་བྱའོ། །དེ་གཉིས་ལས་བྱིན་ལེན་བྱས་པ་འཇིག་པ་དང་བྱིན་ལེན་མ་བྱས་པ་དང་འདྲེ་པ་བསྲུང་པར་བྱ་བ་ཉིད་དོ་ཞེས་བྱ་བ་ནི། དགེ་ཚུལ་དང་ཉེ་དུ་དེ་གཉིས་དང་ངོ ་དང། དང་ལྷན་ཅིག་ཟ་བའི་ཚེ་བྱིན་ལེན་བྱས་པ་འཇིག་པ་དང། བྱིན་ལེན་མ་བྱས་པ་དང་འདྲེ་བ་བསྲུང་བར་བྱ་བ་ཉིད་ཡིན་ནོ། །ཇི་ལྟར་བསྲུང་བར་བྱ་བ་ཉིད་ཡིན་ཞེ་ན། དེའི་ཕྱིར་ལྷུང་བཟེད་བྱིན་གྱིས་བརླབས་ཏེ་ལག་པ་དགེ་བསྙལ་དུ་བཅུག་ནས་སོ་ཞེས་བྱ་བ་སྨྲས་ཏེ། ་རང་གིས་ལྷུང་བཟེད་བྱིན་ལེན་བྱས་ཏེ། དེ་གཉིས་ལག་བསྙལ་དུ་བཅུག་ནས་ལྷན་ཅིག་བཟའ་བར་བྱའོ། །འདིར་གཞུང་ནི། ཕྱོགས་དབེན་པར་འདུག་སྟེ་ལག་པ་དག་བསྙལ་དུ་བཅུག་ནས་སྨོད་མི་བཏང་བར་བཟའ་བར་བྱ་སྟེ། འདི་ལ་འགྱོད་པར་མི་བྱའོ་ཞེས་གསུངས ་པ་ཡིན་ནོ། །མཆིལ་ལྷམ་དང་བཅས་བཞིན་དུ་བཟའ་བར་མི་བྱའོ་ཞེས་བྱ་བ་ནི། མཆིལ་ལྷམ་དག་གྱོན་བཞིན་དུ་བཟའ་བར་མི་བྱའོ། །ནད་པས་ན་མནན་ཏེའོ་ཞེས་བྱ་བ་ལ། འདིར་ནང་ལ་ཞེས་བྱ་བ་ནི། ནད་པ་གང་ལ་རྐང་པས་ལ་བཞག་ན་མི་འཕྲོད་པ་དེ་ནད་པ ་ཡིན་པར་ཁས་བླངས་ཏེ། དེས་ནི་མཆི་བ་ལྷ་མ་གཉིས་ཕུང་པའི་སྟེང་དུ་རྐང་པ་གཉིས་ཀྱིས་མནན་ཏེ་བཟའ་བར་བྱ་བའོ། །སྒྲེན་མོ་དང་གོས་གཅིག་པས་མི་བྱའོ་ཞེས་བྱ་བ་ནི། བཟའ་བར་རོ། །ནད་པ་ལ་ནི་ལྟུང་བ་མེད་དོ་ཞེས་བྱ་བ་ལ ་འདིར་ནང་པའི་ཚད་ནི་མི་ནུས་པ་ལ་བྱ་སྟེ། དེས་ནི་སྒྲེན་མོའམ་གོས་གཅིག་པས་ཟ་བ་ལ་ལྟུང་བ་མེད་དོ། །དེ་གཡོག་དག་གིས་སྐྱོར་བར་བྱའོ་ཞེས་བྱ་བ་ནི། ནད་བདེ་གཡོག་གིས་ལུས་དང་གོས་ལ་སོགས་པས་སྐྱོར་ཏེ་ཟར་གཞུག་པའོ།། ་འདིར་གཞུང་ནི་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྒྲེན་མོས་བཟའ་བར་མི་བྱའོ། །ནད་པས་སྦྱོར་མི་བཟོད་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ནད་པ་ལ་ལྟུང་བ་མེད་དོ། །དེ་གཡོག་གིས་གོས་ཀྱིས་སྐྱོང་བར་བྱའོ་ཞེས་གསུངས ་པ་ཡིན་ནོ། །ནུས་ན་དངུལ་ཟན་ལ་བརྟེན་པར་བྱའོ་ཞེས་བྱ་བ་ནི། ནད་པས་ནུས་ན་དངུལ་ཟན་ལ་བརྟེན་པར་བྱ་བའོ། །གལ་ཏེ་ནུས་ན་ཆོས་གོས་སྟེང་མ་མེད་པར་བཟའ་བར་མི་བྱའོ། །གསང་བའི་ཕྱོགས་ཀྱང་ངོ་ཞེས་བྱ་བ་ནི། ནད་པས་ནུས་ན་ཁོར ་གསུམ་ཁེབས་པའི་མཐར་ཐུག་པའི་ཤམ་ཐབས་ལ་རྟེན་པར་བྱ་བ་སྟེ། འདི་ནི་སྒྲེན་མོའི་སྐབས་དང་གོས་གཅིག་པའི་སྐབས་གཉི་གར་གཏོགས་པ་ཡིན་པར་རིག་པར་བྱའོ། །ཟན་གྱི་ཕྱིར་འདུག་པས་འདིར་མ་འདི་ནས་བྱིན་ཅིག་ཅེས ་འདྲི་མ་མཁན་ལ་གོ་བར་བྱའོ་ཞེས་བྱ་བ་ནི། ཟན་གྱི་འདུག་ཅིང་བཀད་པའི་གང་ཟག་གིས་དངོས་པོ་འདི་བྱིན་ཅིག་ཅེ་?་མཱ། སྤྱི་བུད་ལ་སོགས་པ་འདི་ནས་བྱིན་ཅིག་ཅེས་གང་ཟག་འདྲི་མ་མཁན་ལ་བརྗོད་ཅིང་གོ་བར་མི་བྱའོ། །ནད་པས ་འཕྲོག་པ་ལ་ནི་ལྟུང་བ་མེད་དོ། །ཞེས་བྱ་བ་ནི། གལ་ཏེ་ནད་པས་ནད་དང་འཕྲོད་པ་ཁམས་སྙོམས་པར་འགྱུར་བའི་ཟས་འདི། བྱིན་ཅིག་ཅེའམ། འདི་ནས་བྱིན་ཅེས་གོ་བར་བྱས་པ་ལ་ལྟུང་བ་མེད་པའོ། །འདིར་གཞུང་ནི་ནད་པ་ལ་གལ ་ཏེ་ངེས་ཁམས་སྙོམས་པར་འགྱུར་ན་ལྟུང་བ་མེད་དོ་ཞེས་གསུངས་པ་ད་འདིར་བསྡུས་པ་ཡིན་ནོ། །གཞུང་ཁ་ཅིག་ལས་དེའི་དཔེ་བསྟན་བདེ་བསྟན་བཱི་ཕྱིར། དཔེར་ན་དོང་ཆུང་བས་ཆོས་པ་དང་དོད་ཆེ་བས་རློན་པ་ལྟ་བུའོ་ཞེས་བྱ་བ་སྨྲས་ཏེ། དྲོད་ཆུང་བས་ཆོས་པ་བྱིན ་ཅིག་འདི་ནས་བྱིན་ཅིག་ཅེས་བྱ་བ་དང། དྲོད་ཚོ་བས་རློན་པ་བྱིན་ཅིག་འདི་ནས་བྱིན་ཅིག་ཅེས་གོ་བར་བྱས་པ་ལ་ལྟུང་བ་མེད་པ་ལྟ་བུའོ་བདག?་ཉིད་ལ་ནད་པ་ཡི་དུད་ཤེས་དང་ཟས་ལ་སྨོན་གྱིས་འདུ་ཤེས་ཉེ་བར་གཞག་པར་བྱའོ། །ཞེས་བྱ་བ་ནི་བསྐྲེས་པ ་དང་བསྐོམ་པ་ནི་ནང་ཡིན་ལ། བདག་ལ་དེ་ཡོད་པས་བདག་ཉིད་ལ་ནད་པའི་འདུ་ཤེས་ཉེ་བར་གཞག་པ་དང། དེ་ཟས་གྱི་འཚོ་བས་ཟས་ལ་སྨན་གྱི་འདུ་ཤེས་ཉེ་བར་གཞག་སྟེ། ཟས་བཟའ་བར་བྱ་བའོ། །དྲན་པ་ཡང་ངོ་ཞེས་བྱ་བ་ཡང། ཟས་ལ་ཉེ་བར་གཞག ་སྟེ་བཟའ་བར་བྱ་བའོ། །ཇི་ལྟར་ཞེ་ན། དེའི་ཕྱིར། འབྱུང་བ་འདྲ་བ་དང་འགྱུར་བ་དང་ཕྱིར་རྒོལ་བ་ཉིད་དང་རྒྱུ་མཐུན་པ་དང་བརྟེན་པའི་རྣམ་པ་དང་བཙལ་བ་དང་གཞན་ལ་རག་ལས་པ་ཉིད་དང་ནང་དང་བཅས་པ་ཉིད་དང་སོ་སོར་འགྲོ་བ་ཉིད་དག་གིས་མི་མཐུན་པ ་ཉིད་དུ་བཞག་པའོ་ཞེས་བྱ་བ་སྨྲས་ཏེ། འབྱུང་བ་ལ་སོགས་པ་རྣམ་པ་བཅུ་བོ་དེ་དག་གིས་ཟས་ལ་མི་མཐུན་པའི་དྲན་པ་ཉེ་བར་གཞག་སྟེ་བཟའ་བར་བྱའོ་ཞེས་བྱ་བར་སྦྱར་རོ། །དེ་ལ་འབྱུང་བ་ཞེས་བྱ་བ་ཅི། ཟས་འདི་མི་གཅེད་པ་དང་ལུང་ལ་སོགས་པ་དག ་ལས་འབྱུང་བའོ། །འདྲ་བ་ཞེས་བྱ་བ་ནི། འདི་ལྟ་སྟེ་འབྲས་ཅན་ནི་སྲིན་བུ་དང་འདྲ་ལ་ཕྱེ་དག་ནི་རུས་ཕྱེ་དང་འདབ་ལ་སོགས་པའོ། །འགྱུར་པ་ཞེས་བྱ་བ་ནི། ཟས་ཟོས་ན་བར་ཀན་དང་སྣབས་དང་རྣག་དང་ཁྲག་ལ་སོགས་པར་འགྱུར་བའོ། །ཕྱིར་རྒོལ་བ་ཉིད་ཅེས? ་བྱ་བ་ནི། ཟས་ཀྱི་ཕྱིར་རྒོལ་བ་ཉིད་རྣམས་དང་རྗེས་སུ་འབྲེལ་བ་སྟེ། ཟས་ཀྱི་རྒྱུ་ལས་མ་ནི་པུ་དང་ལྷན་ཅིག་ཐབ་པར་བྱེད། བུ་ནི་མ་དང་ལྷན་ཅིག་འཐབ་པར་བྱེད་པ་ལ་སོགས་པའོ། །རྒྱུ་མཐུན་པ་ཞེས་བྱ་བ་ནི། ཟས་ནི་བཤང་བ་རང?་གཅི་བ་ལ་སོགས་པ་ཤིན་ཏུ་སྨད་པ་ ་ངག་དང་རྒྱུ་མཐུན་པ་ཡིན་པའོ། །བརྟན་པའི་རྣམ་པ་ཞེས་བྱ་བ་ནི། རྟེན་ཅིང་འབྲེལ་པར་འགྱུད་བ་སྟེ། ཟས་འདི་ཞིང་ལ་སོགས་པ་ལས་བརྟེན་ཏེ་བྱུང་བ་དང་དེ་དག་ལ་བརྟེན་ནས་སྲེད་པ་ལ་སོགས་པ་ཀུན་ནས་ཉོན་མོངས་པ ་ངག་འབྱུང་བའི་ཕྱིར་རོ། །བཙལ་པ་ཞེས་བྱ་བ་ནི། དེ་ཚོགས་ཆེན་པོས་སྒྲུབ་དགོས་པའོ། །གཞན་ལ་རག་ལས་བ་ཉིད་ཅེས་བྱ་བ་ནི། ཚེགས་ཆེན་པོས་འབྲུ་ལ་སོགས་པ་གྲུབ་ཀྱང་དེ་གཡོ་བ་ལ་སོགས་པ་མེད་ན་མི་ལྡན་པའི་ཕྱིར་གཞན་ལས་དག་ལས ་ཉིད་དུ་འགྱུར་བའོ། །ནང་དང་བཅས་པ་ཉིད་ཅེས་བྱ་བ་ནི། ཟས་ལོག་པར་ཞུ་བས་རིམས་ལ་སོགས་པ་ནང་མང་པོ་དུམ་དག་འབྱུང་བའི་ཕྱིར་རོ། །སོ་སོར་འགྲོ་བ་ཉིད་ཅེས་བྱ་བ་ནི། ཟས་འདི་རྣམ་པ་བཞིད་འགྲོ་བ་སྟེ། དེའི་ཆ་གཅིག་ནི་ལུས་ཀྱིས་མེས་སྲེག ་པར་བྱེད་པ་དང། གཉིས་པ་ནི་བཤང་བ་དང་གཅི་བར་འགྱུར་བ་དང། གསུམ་པ་ནི་སྲིན་བུང?་ག་གི་བཟའ་བར་འགྱུར་བ་དང། བཞི་པ་ནི་ལུས་རྟས་པར་བྱེད་བའོ།། །།བམ་པོ་ལྔ་བཅུ་བརྒྱད་པ། །དྲན་པ་ཉེ་བར་གནས་པས་སོ་ཞེས་བྱ ་བ་ནི། ཟས་ལ་སེམས་གཏང་བས་སོ། སེམས་རྣམ་པར་མ་ཡོངས་པས་སོ་ཞེས་བྱ་བ་ནི། སེམས་ཅན་ཐམས་ཅད་གྱིས་ཟས་ལ་གཏང་བས་སོ། །ཤེས་བཞིན་གྱིས་སྒྲ་བསྐྱུང་ཞིང་ངོ་ཞེས་བྱ་བ་ནི། བླ་གཅོར་མི་བྱ་བར་ཟས་བཟའ་བར་བྱ་བའོ། །དེ་མི་བྱ ་བར་རོ་ཞེས་བྱ་བ་ནི། ལག་པ་དང་རྐང་བ་ལ་སོགས་པའི་སྒྲ་མི་བྱ་བར་རོ། །མི་དབྱུང་བར་ཐུག་པ་དག་གོ་ཞེས་བྱ་བ་ནི། སྒྲ་མི་དབྱུང་བར་ཐུག་བ་དག་བཏུང་བར་བྱའོ། །ཁྲུམ་ཁྲུམ་མི་བྱ་བར་རོ་ཞེས་བྱ་བ་ནི། སྒྲ?་ཁྲུམ་ཁྲུམ་མི་བྱ་བར་ཁུར་བ་ལ་སོགས་པ ་བཅའ་བར་བྱའོ། །སྒྲ་འབྱུང་བ་དག་ཆུལ་སོགས་པས་སྙི་བར་བྱའོ་ཞེས་བྱ་བ་ནི། ཟས་བལྡད་ན་སྒྲ་འབྱུང་བ་དག་ཆུ་ལ་སོགས་པས་སྤང་བར་བྱ་བའོ། །བཟའ་བ་དེའི་དོན་དུ་རོལ་མོ་བྱེད་དུ་མི་འཇུག་གོ་ཞེས་བྱ་བ་ནི། ཟས་བཟའ་བ་ངོ?་འདོན་དུ་གླུ་གླིང ་དང་སིལ་སྙན་ལ་སོགས་པའི་རོལ་མོ་བྱེད་དུ་གཞུག་ཅིང་བཟའ་བར་མི་བྱ་བའོ། །འདིར་གཞུང་ནི། ཨ་མྲས་བསྐྱངས་ཀྱིས་རང་གིས་མགྲོན་དུ་བོས་པའི་དགེ་འདུན་ཟན་ཟབ་ན་རོལ་མ་བྱ་བར་བརྩམས་པ་དང། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་གིS ་རོལ་མོ་བྱེད་དུ་བཅུག་པ་བཞིན་དུ་བཟའ་བར་མི་བྱའོ། །ཟ་ན་འགལ་ཚབས་ཅན་དུ་འགྱུར་རོ། །ཁང་པའི་དུས་སྟོན་དང་མཆོད་རྟེན་ལ་རོལ་མོ་བྱེད་དུ་བཅུག་པ་ལ?་ནི་ལྟུང་བ་མེད་དོ་ཞེས་གསུངས་པ་ཡིན་ནོ། །ཁ་ནས་རོལ་མོ་བྱེད་པ་ཉིད་ལ་ནི་ཉེས་བྱས་ཕྲ་མོར་འགྱུར་རོ།། ་བཤད་བ་བྱེད་པ་ཉིད་ན་མི་བྱའོ་ཞེས་བྱ་བ་ནི། ཆོས་བཤད་པ་དང་ཡོན་བཤད་པ་ལ་སོགས་པ་བྱེད་པ་ཉིད་ན་ཟན་བཟའ་བར་མི་བྱའོ། །དེ་སོ་སོར་རིག་པར་བྱའོ། ཞེས་བྱ་བ་ནི། ཡོན་བཤད་པ་དེ་སོ་སོར་རིག་པར་བྱའོ། །འདིར་གཞུང་ནི། དགེ་སློང་གིས་ཡོན་བཤད ་པར་བྱེད་པ་ན་བཟའ་བར་མི་བྱའོ་ཞེས་གསུངས་པ་ཡིན་ནོ། །ཡོན་བཤད་པ་ཞེས་བྱ་བ་ནི། དགེ་བའི་རྩ་བ་བསྔོ་ཞིང་སྨོན་ལམ་འདེབས་པའོ། །དུས་ཡོལ་བར་གྱུར་ན་ཆིགས་སུ་བཅད་པ་གཉིས་སམ་གསུམ་དུའོ་ཞེས་བྱ་བ་ནི། གལ་ཏེ་གྲོའི་དུས་ཡོལ་བར་དོགས ་པ་ཡོང་ན་དེའི་ཚེ་ཚིགས་སུ་བཅད་པ་གཉིས་སམ་གསུམ་བཤད་པ་བྱེད་ཀྱེ་བར་དུ་བཟའ་བར་མི་བྱ་བའོ། །རྐྱང་པ་འཆང་ན་ཚིག་གཉིས་སམ་གསུམ་འཆང་ཀྱི་བར་དུ་བཟའ་བར་མི་བྱ་བ་ཡང་འདིའི་རྗེས་སུ་འབྲང་བར་ཤེས་པར་བྱའོ། །དེའི་འོག་ཏུ་ཟ་བ་ལ་མི ་ལྟུང་བ་མེད་དོ། །ཟོས་ནས་བཙུག་ལག་གི་ཚིགས་སུ་བཅད་པ་གདོན་ཏོ་ཞེས་བྱ་བ་ནི། ཟན་ཟོས་པའི་རྗེས་ལ་ལག་པ་བསྙལ། ལྟུང་བ་བཟེད་དང་ཁ་བཀྲུས་ནས་དྲང་སྲོང་གིས་གསུངས་བའི་ཚིགས་སུ་བཅང་པ་གདོན་པའོ། །ཟོས་ནས་མགྲོན་དུ་འབོད་པ་ལ་ཡོན ་བཤད་པ་དང་ཆོས་བཤད་པ་དག་བྱའོ་ཞེས་བྱ་བ་ནི། ཟན་ཟོས་པའི་རྗེས་ལ་སྦྱིན་བདག་ལ་ཡོན་བཤད་པ་དང་ཆོས་བཤད་པ་དག་བྱའོ། །མདོ་སྡེའི་གསུང་ལས་ལག་པ་བསྙལ་ལྷུང་བཟེད་བཞག་ནས་ཞེས་གསུངས་པ་བཞིན་དུ་ཤེས་པར་བྱ་སྟེ། བའི ་ནང་ཡང་བཀྲུས་ནས་ཚིགས་སུ་བཅད་པ་འདོན་པར་བྱའོ། །ཐམས་ཅད་ཀྱིས་ཟོས་ཟིན་པ་ཉིད་དུ་ངེས་པར་ཤེས་ནས་སོ་ཞེས་བྱ་བ་ནི། དགེ་སློང་ཐམས་ཅད་ཀྱི། ཟན་ཟོས་ཟིན་པ་ཉིད་དུ་ངེས་པར་ཤེས་ནས་ཡོན་བཤད་པ་དང་ཆོས ་བཤད་བ་དག་བྱའོ། །ཇི་ལྟར་ངེས་པར་ཤེས་པར་བྱ་ཞེ་ན། དེའི་ཕྱིར་ཀུན་ཏུ་བལྟ་བས་སོ་ཞེས་བྱ་བ་སྨྲས་སོ། །གང་གི་དེ་དག་བྱ་ཞེ་ན། དེའི་ཕྱིར་དུ་མ་ཉིད་ཡིན་ན་དང་བོས་སོ། ཞེས་བྱ་བ་སྨྲས་ཏེ། གལ་ཏེ་དགེ་སློང་དག་དུ་མ་ཉིད་ཡིན་ན་དེའི་ཚེ་དེ་དག་གི ་གྲལ་གྱི་དང་པོ་བས་དེ་དག་བྱའོ། །མི་ནུས་ན་ནུས་པ་གཞན་ལ་བཙལ་ལ་ཞེས་བྱ་བ་ནི། གལ་ཏེ་དང་པོས་དེ་དག་མི་ནུས་ན་དགེ་སློང་དུ་མ་ཉིད་ཡོད་པ་གཞན་ལ་བཅོལ་བར་བྱ་བའོ། །གལ་ཏེ་མ་བྱས་པར་དགེ་སློང་རྣམས་འགྲོ་བའི་རྐྱེན་འབྱུང་ན་འཁོར ་ཐ་ན་བཞི་ཡན་ཆད་སྦྱིན་ནོ་ཞེས་བྱ་བ་ནི། གལ་ཏེ་ཡོན་བཤད་པ་དང་ཆོས་བཤད་པ་དག་མ་བྱས་མ་རྫོགས་པར་དགེ་སློང་རྣམས་འགྲོ་དགོས་པའི་རྐྱེན་བྱུང་ན་དེའི་ཆེ་འཆད་པར་བྱེད་བའི་འཁོང་ཐན་དགེ་སློང་བཞི་ཡན་ཆད་བཞག་སྟེ་གཞན་འགྲོ་བར ་བྱ་བའོ། །དེ་ལ་རྐྱེན་བྱུང་ན་ཕྱིན་པ་ལ་ཞུས་ཏེའོ་ཞེས་བྱ་བ་ནི། འཁོར་དེ་ལ་འགྲོ་དགོས་པའི་རྐྱེན་ཞིང་བྱུང་ན། འཆད་དེའི་བྱེད་པ་གང་གི་འཁོར་དུ་བདག་ཉིད་བྱིན་པ་དེ་ལ་ཞུས་ཏེ་འཁོར་དེ་ཡང་འགྲོ་བར་བྱ་བའོ། །ཡོན་འཆད་བ་ནི་དགའ་བོ་དང ་ཉེ་དགའ་ངག་གིས་མིང་སྨོས་པར་བྱའོ་ཞེས་བྱ་བ་ནི། ཡོན་འཆང་པར་བྱེད་པ་ན་དེར་ཀླུའི་རྒྱལ་པོ་དགའ་བོ་དང་ཉེ་དགའ་གཉིས་ཀྱི་མིང་ཡང་སྨོས་པར་བྱ་བ་སྟེ། དེ་གཉིས་ནི་བཅོམ་ལྡན་འདས་ཀྱིས་བསྟན་པ་ལ་མངོན་པར་དད་པ་ཉིད་ཡིན་པའི ་ཕྱིར་དང། བསྟན་པ་ཡོངས་སུ་སྐྱོང་བར་བྱེད་པ་ཉིད་ཡིན་པའི་ཕྱིར་ཏེ། མིང་སྨོས་ན་དགའ་བ་ཡང་སྐྱ་བའི་ཕྱིར་རོ། །འདིར་གཞུང་ནི་རྣམ་པར་འབྱེད་པ་ལས་ཡོན་འཆང་པཱི་ཚེ། ཀླུའི་རྒྱལ་པོ་དགའ་བོ་དང་ཉེ་དགའ་བ་གཉིས་ཀྱི་མིང་ཡང་སྨོས་བར ་བྱའོ། །སྨོས་པར་མི་བྱེད་མ་འགལ་ཚབས་ཅན་དུ་འགྱུར་རོ། །ཞེས་གསུངས་པ་ཡིན་ནོ། །མིང་པ་གཉིས་པས་དུས་མ་ཡིན་པའི་སྒྲེགས་པ་ངག་དང་པོ་གཉིས་སམ་གསུམ་པོར་ཏེ་བ་བཀྲུས་ནས་མིང་པར་བྱའོ་ཞེས་བྱ་བ་ནི། གང་ལ་མིང་པ་གཉིས་ཡོད་པ་དེ་ནི་མིང་བ ་གཉིས་པ་སྟེ། དེས་ཟས་ཟས?་ཞེས་ཕྱིད་དུས་མ་ཡིན་པར་བ་ལང་བཞིན་དུ་སྒྲགས་པ་འབྱུང་ཞིང་ཟས་ཕྱིར་བཟློས་ཤིང་བལྡང?་ན་དང་པོར་གཉིས་སམ་གསུམ་བོང་ཏེ། དེའི་འོག་ཏུ་ཁ་དཀྲུས་ནས་ཕྱི་མ་རྣམས་མིང་པར་བྱ་བ་སྟེ། དེ་ནི་མཆོག་འབྲི་ཞིང་སྦྱོར་མི་བཟོད་པའི ་ཉེས་པ་སྤང་བའི་ཕྱིར་རོ། །གཉིས་སམ་གསུམ་མདོད་བ་ནི་ཁ་ཆུ་ལ་སོགས་པས་གནོད་པ་ཉིད་སྤང་པའི་ཕྱིར་རོ། །ཁ་བཀྲུ་བ་ནི་ཁལ་ཆགས་པ་དང་བྲལ་བར་བྱ་བའི་ཕྱིར་རོ། །དེ་ནི་ཟས་མ་ཡིན་པ་མ་ཡིན་ནོ་ཞེས་བྱ་བ་ནི། སྒྲེགས་པ་དང་འབྲལ་པ་དེ་ནི་ཟས?་ཁོ་ན?་ཡིན་པའོ ་དེའི་ཕྱིར་གཞན་གྱིས་དུས་མ་ཡིན་པ་དང་སྤངས་པའི་ཚེ་སྒྲུབས་བའི?་འབྱུང་ན་ཁ་བཀྲུ་བར་བྱའོ་ཞེས་བྱ་བ་ནི། གང་གི་ཕྱིར་སྒྲེགས་པ་དང་འབྲེལ་བ་དེ་ཟས་ཡིན་པ་དེའི་ཕྱིར་མིང་བ་གཉིས་པ་ལས་གཞན་པ་མིང་པ་གཅིག་བས་དུས་མ་ཡིན་པ་དང་ཟས་སྤངས་པའི་ཚེ ་སྒྲེགས་པ་འབྱུང་ན་ཁ་བཀྲུ་བར་བྱའོ། །ད་འདི་མན་ཆད་ན་ཟས་གྱི་རྒྱུ་མཐུན་པ་གང་དག་ཡིན་པ་དེ་དག་བརྗོད་པར་བྱའོ། །མ་བཤམས་པའི་ཕྱོགས་སུ་མཆིལ་མདོར་པར་མི་བྱའོ་ཞེས་བྱ་བ་ནི། གཙུག་ལག་ཁང་གི་ཕྱོགས་གང་དུ་དགེ་འདུན་གྱིས་མཆིལ་མ་དོར་བཱི ་གནས་མ་བཤམས་པའི་ཕྱོགས་དེར་མཆིལ་མ་གྱ་ཚོ་མདུ?་དོར་བར་མི་བྱ་བའོ། །བྱི་དོར་བྱས་པར་ཡང་མི་བྱའོ་ཞེས་བྱ་བ་ནི། དགེ་འདུན་གྱིས་ཕྱོགས་མ་ཡིན་ཡང་རུང་སྟེ་གང་དུ་གང་ཟག་གིས་ཀྱང་ཞལ་ཞལ་ལ་སོགས་པས་བྱི་དོར་བྱས་བའི་ཕྱོགས་དེར་ཡང ་མཚལ་མདོར་བར་མི་བྱའོ། །སོས་ལྕེ་བཅིར?་ཏེ་ཡང་མི་བྱའོ་ཞེས་བྱ་བ་ནི། སོས་ལྕེ་བཅིར་ཏེ་མཆིལ་མ་བསླན་ཏེ་མ་སྒྲ་ཆིད་ཅེས་ཀྱང་ཕྱོགས་དེར་དོར་བར་མི་བྱ་བའོ། །དེ་དང་དེའི་སྒྲ་དཀོན་མཆོག་དང་བླ་མའི་མདུན་དུ་མི་བྱའོ་ཞེས་བྱ་བ་ནི། མཆིལ་མ་དོར་བ་དེ ་དང་མཆིལ་མདོར་བ་དེའི་སྒྲ་ཧག་ཐ་ཞེས་བྱ་བ་དཀོན་མཆོག་དང་གནས་བརྟན་ལ་སོགས་པའི་དྲུང་དུ་མི་བྱ་བའོ། །ཟ་བའི་དྲུང་དུ་ཡང་མི་བྱའོ་ཞེས་བྱ་བ་ནི། དེ་དང་དེའི་སྒྲའོ། །ལྷག་མ་ནི་དྲུང་དུ་ཡང་དང་ཡང་?་མི་བྱའོ་ཞེས་བྱ་བ་ནི། དཀོན ་མཆོག་དང་བླ་མ་དང་ཟ་བའི་ལྷག་མ་དགེ་སློང་གཞན་དག་གིས་མདུན་དུ་ཡང་དེ་དང་དེའི་སྒྲ་ཡང་དང་ཡང་མི་བྱ་བའོ། །མི་ནུས་ན་གཞན་དུ་འགྲོ་བར་བྱའོ་ཞེས་བྱ་བ་ནི། གལ་ཏེ་མཆིལ་མདོར་བ་དེ་དང་དེའི་སྒྲ་བྱ་བ་བཀག་པ་དེ་བསྲུང་པར་མི་ནུས་ན་དེའི་ཚེ ་ཕྱོགས་གཞན་དུ་འགྲོ་བར་བྱའོ། །གཞན་ལ་མི་བདེ་བ་མི་བྱའོ་ཞེས་བྱ་བ་ནི། གཞན་ལ་མི་བདེ་བ་རྣམ་པ་ཐམས་ཅད་མི་བྱའོ། །འདིར་གཞུད་ནི། དགེ་སློང་གིས་ཟ་བའི་མདུན་དུ་མཆིལ་མ་དོར་བར་མི་བྱའོ། །བ?་ཐུང་བའི་མདུན་དུ་ཡང་མི་བྱའོ། །ས་གཞི་བྱི་དོར། ་བྱས་པར་ཡང་མི་བྱའོ། །དགེ་སློང་གིས་མ་བཤམས་པའི་ཕྱོགས་སུ་ཡང་མཚལ་མ་དོང་བར་མི་བྱའོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །འོག་མ་རྣམས་ཀྱིས་ནི་གཞན་ལ་མི་བདེ་བ་མི་བྱ་བ་བསྡུས་པ་ཡིན་ཏེ། སྡུད་སྒྲ་ཅན་གྱིས་ཉལ་བར་མི ་བྱའོ་ཞེས་བྱ་བ་ནི། སྡུར་པའི་སྒྲ་དང་པོ་ཅན་གྱིས་ལྷག་མ་རྣམས་ཀྱི་དྲུང་དུ་ཡང་ཉལ་བར་མི་བྱའོ། །ངེས་སྡུར་སྒྲ་སྤང་བའི་ཕྱིར་ཇི་ལྟར་བྱ་ཞེ་ན་དེའི་ཕྱིར། ངེས་བཅག་པ་འམ་གཞན་དུ་འགྲོ་བར་བྱའོ་ཞེས་བྱ་བ་སྨྲས་ཏེ། བཅག་པས་གཉིས་བསྲུང་བ་འམ་གཞན ་དུ་འགྲོ་བར་བྱ་བའོ། དེའི་སྣོད་ནི་གླང་པོ་ཆེའི་རྨིག་མཐིལ་ལྟ་བཱུམ་རྩེག་མའོ་ཞེས་བྱ་བ་ནི། །མཆིལ་མ་དེའི་སྣོད་ཆོལ་ཟངས་ན་སྔ?་མ་ལྟ་བུའོ། །དེ་མེད་ན་ཕྱི་མ་ཤོས་སོ། །གླང་པོ་ཆེའི་རྨིག་མཐིལ་ལྟ་བུའོ་ཞེས་བྱ་བ་ནི། ཆོལ་བཟངས་ཀྱི་ཞབས་མཉམ ་བའོ། །བརྩག་མ་ཞེས་བྱ་བ་ནི། བྷྲིད་གར་འམ་ལྕགས་བསྐྱད་ཀྱི་སྟེང་དུ་ཆོས་ཟངས་བ་ཞག་པའོ། །དེ་ཉེ་བར་གཞག་པར་བྱའོ་ཞེས་བྱ་བ་ནི་མཆིལ་མ་སྣོད་དེའོ། །དེར་སོ་ཕག་གི་ཕྱེ་མ་འམ་བྱེ་མ་འམ་ཐལ་བ་ངག་གི་གཅལ?་གླུགས་སོ་ཞེས་བྱ་བ་ནི། མཆིལ ་མ་སྣོད་དེར་རོ་དེར་སྦྲད་བུ་འདུ་བའི་གཉེན་པོ་གང་ཞེ་ན། དེའི་ཕྱིར་སྦྲང་བུ་དག་བསྐྲད་པ་ནི་གཉེན་པོ་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། ས་འམ་ལོ་མ་ལ་སོགས་པས་གདབ་བས་སོ། །དྲ་རི་བར་མི་འགྱུར་བ་དང་སྲོག་ཆགས་འབྱུང་བར་མི་འགྱུར་བར་བྱ་བའི་ཕྱིར་དུས་སུ ་བཀྲུ་བ་དང་སྐམ་པར་བྱའོ་ཞེས་བྱ་བ་ནི། མཆིལ་མའི་སྣོད་དེའོ། །དེའི་དུས་ཀྱིས་ཚད་དུ་གཞན་ཉེ?་བར་གཞག་གོ་ཞེས་བྱ་བ་ནི། བཀྲུ་བ་དང་སྐྲམ་པ་དེའི་དུས་ཀྱི་ཆེད་དུ་མཆིལ་མའི་སྣོད་ཀྱི་འཐེབ་གཞན་ཉེ་བར་གཞག་པར་བྱ་བའོ། །མ་བྲལ་པར་བྱ་བའི་ཕྱིར་གཙུག་ལག ་ཁང་གི་གྲའི་ཀ་བ་བཞི་པོ་དག་གིས་ངོས་སུ་ཡང་མཆིལ་མའི་སྣོད་ངག་བཞག?་པར་བྱའོ། །ཞེས་བྱ་བ་ནི། མཆིལ་མའི་སྣོད་ཀྱིས་མི་བྲེལ་བར་བྱ་པའི་ཕྱིར་ཐ་ན་ཕྱོགས་དེ་དག་ཏུ་ཡང་མཆིལ་མའི་སྣོད་ཀྱིས་འཐོབ་དག་བཞག་པར་བྱའོ། །རླུང་གི་ཁས?་སྐྲ་དང་བཅས ་པར་མི་བྱའོ་ཞེས་བྱ་བ་ནི། ཕྱེན་སྒྲ་དང་བཅས་པར་མི་བཏང་བའོ། །དཀོན་མཆོག་དང་བླ་མའི་མདུན་དུ་མི་བཏང་ངོ་ཞེས་བྱ་བ་ནི། སྒྲ་མེད་པར་ཡང་ངོ། །གཞན་གྱིས་དྲུང་དུ་ཡང་ཡང་མི་བཏང་ངོ་ཞེས་བྱ་བ་ནི། དཀོན་མཆོག་དང་བླ་མ་ལས་གཞན་པའི་དྲུང་དུ ་ཡང་སྒྲ་མེད་པ་ཡང་དང་ཡང་དུ་མི་བཏང་བའོ། །ཤིན་ལྷོན་དའི་དྲུང་དུ་བཤད་བ་དང་གཅི་བདག་མི་བྱའོ་ཞེས་བྱ་བ་ནི། དེ་སྐྱེ་བ་མང་པོ་འདུ་བའི་གནས་ཡིན་པའི་ཕྱིར་རོ། །དགེན?་པ་དེ་དག་གི་སྐབས་མེད་པ་ཉིད་ཡིན་ནམ་གཏོགས་སོ་ཞེས་བྱ་བ་ནི། གལ་ཏེ ་དགོན་པའི་གནས་སུ་ཤིང་ལྗོན་པ་དེ་དག་གིས་ཁྱབ་ཅིང་སྐབས་མེད་པ་ཉིད་ཡིན་ན། ཤིང་ལྗོན་པ་དེ་དག་གིས་དྲུང་དུ་ནི་མ་གཏོགས་སོ། །ཚིར་མ་ཅན་གྱིས་ཡང་ངོ་ཞེས་བྱ་བ་ནི། ཤིང་ཚོར་མ་ཅན་གྱིས་དྲུང་ཡང་མ་གཏོགས་ཏེ། དེར་སྐྱེ་བོ་དག་མི་འདུ་བའི་ཕྱིར་རོ ་བཤད་བའི་སྐྱབས་བྱའོ་ཞེས་བྱ་བ་ནི། གཤང་བའི་ཆབ་ཁུངས?་བྱའོ། །གལ་ཏེ་གཙུག་ལག་ཁང་དུ་ན་ནུབ་བམ་བྱང་གི་ཕྱོགས་སུའོ་ཞེས་བྱ་བ་ནི། གལ་ཏེ་གཙུག་ལག་ཁང་དང་འབྲེལ་པར་ཆབ་ཁུངས་བྱེད་ན་གཙུག་ལག་ཁང་གི་ནུབ་བམ་བྱང་གི་ཕྱོགས ་སུ་བྱའོ། །འདིར་ནུ་དང་བྱང་ཞེས་བྱ་བ་ནི། ཉི་མ་ཤར་ནུབ་ཀྱི་འགྲོས་ཀྱི་ཕྱོགས་ལས་བལྟོས་པ་ནི་མ་ཡིངཡི། གཙུག་ལག་ཁང་གི་སྒོ་ཕྱོགས་བཞི་གང་ལྟ་ཡང་རུང་སྟེ། སྒོ་ནི་ཤར་ཕྱོགས་ཤེས་བྱའོ། །གཡས་ཀྱིས་གཡས་རོལ ་གྱིས་ངོས་ནི་ལྷོ་ཕྱོགས་སོ། །རྒྱབ་ནི་ནུབ་ཕྱོགས་སོ། །གཡས་ཀྱི་གཡོན་རོལ་གྱི་དོས་ནི་བྱང་ཕྱོགས་ཤེས་བྱ་བའོ། །དེ་བས་ན། འདིར་གཙུག་ལག་ཁང་གི་རྒྱབ་ཀྱི་ཕྱོགས་སམ་གཡས་ཀྱི་གཡོན་རོལ་གྱི་ཕྱོགས་ཀྱི་ཐབས་ཁུངས་བྱའོ། །རྐང ་ཁྲུས་ས་དང་སྟོར་ཁུངས་ལ་སོགས་པ་མི་གཙང་བའི་ལས་ཁང་སྟེང་དང་ཤོད་དུ་བྱའོ། །ཆོག་ཐམས་ཅད་ཕྱོགས་འདི་གཉིས་སུ་བྱའོ། །སྒོ་ལོགས་དང་གཡས་ཀྱི་གཡས་རོལ་གྱི་ཕྱོགས་གཙོ་བོ་ཡིན་པའི་ཕྱིར་དེར་ཆབ་ཁུང་ལ་སོགས ་པ་བྱར་མི་རུང་ངོ། །གསོད་ལྡོད་དམ་དུག་རྡུགས་སོ་ཞེས་བྱ་བ་ནི། ཆབ་ཁུངས་རྣམ་པ་དེ་གཉིས་གང་ཡང་རུང་བར་བྱ་བའོ། །གསོད་ལྡོད་ཞེས་བྱ་བ་ནི་ཁུང་ལ་སྟོར་ཁུང་གི་ཝ་བཙུགས་པའོ། །ཕུག་དུགས་ཞེས་བྱ་བ་ནི། ཁུང་ལ་སྟོར་ཁུང་གི་ཝ་མ་བཙུགས ་པ་ཁུང་ཉི་ཚེ་བསྐོས་པའོ། །འོག་ཏུ་ཤིང་ཚེར་མ་ཅན་དག་བསྐྱེད་པར་བྱའོ་ཞེས་བྱ་བ་ནི། ཆབ་ཁུང་ས་ཡང་ཐོགས་ནས་བཏོང་ན་འོག་གི་ཁྲུད་གི་ཕྱོགས་སུ་ཤིང་ཚེར་མ་ཅན་དག་བསྐྱེད་པར་བྱ་བའོ། །ཐང་ལ་བྱེད་ནནི་མཛའ་འཁོར་པར་ཤིང་ཚར་མ་ཅན ་དག་བསྐྱེད་པར་བྱ་བའོ། །སྟེང་དུ་བུ་ཁུའི་ཉེན་འཁོར་དུ་རྐང་རྟེན་དག་གཞུག་གོ་ཞེས་བྱ་བ་ནི། ཆབ་ཁུང་སའི་ནང་གིས་ས་གཞིའི་སྟེང་དུ་དོད་གི་བུ་གུའི་ཉེན་འཁོར་གཡས་གཡོན་དུ་འདུག་པའི་རྐང་པ་གཉིས་བརྟེན་པའི་རྐང་རྟེན་རྟུག་ཤིང་དམ་རྡོ་ལེབ ་བམ་སོ་ཕག་དག་གཞུག་པར་བྱ་བའོ། །རིལ་པ་སྤྱི་བབླུགས་བཞག་པར་བྱའོ་ཞེས་བྱ་བ་ནི། ཆབ་ཁུང་སར་ཁྲུས་བྱ་བའི་རིལ་པ་སྤྱི་བླུགས་བཞག་པའི་གནས་བྱ་བའོ། །སྒོ་བསྣོལ་མར་གདོད་དོ་ཞེས་བྱ་བ་ནི། ཆབ་ཁུང་སའི་ར་བའི་སྒོའི་ལག་ཅིག་ནད ་དུ་བསྣོལ་ལ་སྒོའི་ལག་ཅིག་ཕྱི་རོལ་ཏུ་བསྣོལ་ཞིང་ཅི་ནས་ཀྱང་སྒོ་དྲང་པོར་མི་འདུག་པས་ནང་དུ་ཞུགས་པའི་ཕྱིར་རོལ་ནས་མི་སྣང་བ་དེ་ལྟར་སྒོ་གདོད་བར་བྱ་བའོ། །འདིར་གཞུང་ནི། དེ་དག་སྒོ་དང་པོར་འདོད་ཅིང་ཕྱི་རོལ་ནས་སྣང་བ་ནས། བཅོམ་ལྡན་འདས་ཀྱིས་བཀའ་ ་སྩལ་བ། སྒོ་བསྣོལ་མང་གདོད་པར་བྱའོ་ཞེས་བྱ་བའི་བར་དུ་གསུངས་པ་ཡིན་ནོ། །སྒོ་གླེགས་གཞུག་གོ་ཞེས་བྱ་བ་ནི། ཆབ་ཁུང་སའི་རབ་ལའོ། །ཡང་མིག་དང་སྒོ་གཏན་དག་ཀྱང་གཞུག་གོ་ཞེས་བྱ་བ་ནི། སྒོ་གླེགས་དེ་ལའོ། །འཇུག་པར་འདོད་པས་སྒྲ་བྱའོ ་ཞེས་བྱ་བ་ནི། ཆབ་ཁུངས་སའི་ནང་དུ་འཇུག་པར་འདོད་པའི་གང་ཟག་གིས་སེ་གོལ་དང་ལུང་བ་ལ་སོགས་པའི་སྒྲ་དབྱུང་པར་བྱ་བའོ། །དེར་ཞུགས་པས་ཀྱང་ཐོས་ནའོ་ཞེས་བྱ་བ་ནི། ཆད་ཁུངས་དེར་སྔར་ཞུགས་པའི་གང་ཟག་དོན་འདུག་ཨུས་བྱང་འཇུག་པར ་འདོད་པའི་གང་ཟག་ཕྱིས་འོངས་བས་སྒྲ་བྱས་པ་ཐོས་ནས་སེ་གོལ་དང་ལུད་པ་ལ་སོགས་པའི་སྒྲར་བྱུང་བའོ། །གོས་ལེགས་པར་བརྗེས་པས་ཤེས་བཞིན་དུ་འཇུག་པར་བྱའོ་ཞེས་བྱ་བ་ནི། ཆབ་ཁུང་སར་རོ།། དཀྱིལ་དུ་འདུག་པར་བྱའོ་ཞེས་བྱ་བ་ནི་ཁུང་གི ་དཀྱིལ་དུ་འབབ་པར་རོ། །རྐང་རྟེན་གཉིས་ལ་མི་གོས་བར་ཁད་ཀྱིས་ཁང་ཀྱིས་བྱའོ་ཞེས་བྱ་བ་ནི། བཤད་བ་ཞེས་བྱ་བར་དོན་གྱིས་ཁོང་དུ་ཆུད་པར་བྱའོ། །མི་འོང་ན་བསྡད་པར་མི་བྱའོ་ཞེས་བྱ་བ་ནི། བཤད་བའི་ཤུགས་དང་མི་འབྱུང་ན། མཐུས་བརྩིར་བར ་མི་བྱ་བའོ། །འོད་ན་དགག་པར་མི་བྱའོ་ཞེས་བྱ་བ་ནི། ཤུགས་འབྱུང་ན་ཕྱིར་དགག་པར་མི་བྱ་བའོ། །དེ་དང་འབྲེལ་པའི་དོན་ལས་གཞན་པས་དེའི་དྲུང་དུ་འདུག་པར་མི་བྱའོ་ཞེས་བྱ་བ་ནི། ཆབ་ཁུང་ས་དེ་དང་འབྲེལ་བའི་དོན་བཤད་པའི་བྱ་བ་ལས་གཞན་པའི ་དགོས་བས་ཆད་ཁུད་ས་དེའི་དྲུང་དུ་འདུག་པར་མི་བྱ་བའོ། །འདིར་གཞུང་ནི། དགེ་སློང་གིས་བཤད་བའི་སའི་ཉེན་ཀོང་དུ་འགྲེང་བར་མི་བྱ། འདུག་པར་མི་བྱ། ཉལ་བར་མི་བྱ། བཅག་པར་མི་བྱ། ཁ་ཏོན་མི་བྱའོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ ་རྐང་པ་བཀྲུ་བ་དང། འཐོང་འཐུང་བྱ་བ་དག་ཏུ་ཡང་དེ་བཞིན་ནོ་ཞེས་བྱ་བ་ནི། དེ་དང་འབྲེལ་བའི་དོན་ལས་གཞན་པས་དེ་དག་གི་དྲུང་དུ་འདུག་པར་མི་བྱ་བའོ། །འདིར་རྐང་པ་བཀྲུ་པས་ཞེས་བྱ་བས་ནི་རྐང་ཁྲུས་ཀྱིས་དང་གཅི་བའི ་སྐྱབས་གཉིག་བསྟན་ཏོ། །འཐོར་འཐུང་ཞེས་བྱ་བས་ནི་ཁ་གདོད་བཀྲུ་བ་དང་ལག་པ་བསྙལ་བའི་ས་བསྟན་ཏོ། །དགེ་བསྐོས་ཀྱིས་ཉི་མ་རེ་རེ་ཞིང་བྱི་དོར་བྱའོ་ཞེས་བྱ་བ་ནི། དགེ་བསྐོས་ཀྱི་ཉི་མ་རེ་རེ་ཞིང་དགེ་འདུན་བྱི?་བཤད་བའི་སྐྱབས་དང་རྐང་ཁྲུས ་ས་དང་འཐོང་འཐུང་གིས་དག་གི་ཕྱོགས་སྦྱར་བར་འོས་པ་དག་སྦྱད་བར་བྱ་བའོ། །ས་དང་ལོ་མ་བཞག་པ་ཡང་ངོ་ཞེས་བྱ་བ་ནི། དགེ་སྐོས་ཀྱིས་བྱའོ་ཞེས་བྱ་བའི་རྗེས་བསྙགས་པའི་ཕྱིར་ཡང་ངོ་ཞེས་བྱ་བའི་སྒྲ་སྨོས་སོ། །ལོ་མ་ནི་ཕྱི་པར་བྱ་བའི ་བོར་རྟོག་ལ་སོགས་པ་དག་གི་དཔེ་ཡིན་ནོ་ཞེས་བྱ་བ་ནི། གཙུག་ལག་ལས། ལོ་མ་ཞེས་སྨོས་བ་ནི་བཤད་བ་ཕྱི་བའི་བོང་བ་ལ་སོགས་པ་གཞན་དག་གི་དཔེ་ཙམ་དུ་ཟད་དེ། གཞན་དག་ཀྱང་རུང་ངོ། །ཕྱོགས་མ་ཡིན་པར་གཅི་བར་མི་བྱའོ་ཞེས ་བྱ་བ་ནི། གཅི་བའི་སྐྱབས་མ་ཡིན་པའི་ཕྱོགས་གཞན་དུ་གཅིན་གཅི་བར་མི་བྱ་བའོ། །དུ་མར་མི་བྱའོ་ཞེས་བྱ་བ་ནི། ཕྱོགས་དུ་མར་གཅི་བར་མི་བྱ་བའོ། །རྒྱུན་གྱི་ཁུང་སྒོར་གཞུག་གོ་ཞེས་བྱ་བ་ནི། གཅི་བའི་རྒྱུན་གྱིའོ། །གཅིག་པའི་སྐྱབས་བྱའོ་ཞེས་བྱ་བ་ནི། ་གཅི་བའི་ཆབ་ཁུངས་བྱ་བའོ། དེའི་གློར་རོ་ཞེས་བྱ་བ་ནི། བཤད་བའི་སྐྱབས་དེའི་གློང་གཅི་བའི་སྐྱབས་བྱེད་དུ་གཞུག་པའོ། །ཕུག་རྡུགས་སམ་ཝ་གཞུག་བར་བྱའོ་ཞེས་བྱ་བ་ནི། གཅི་བའི་ཕྱིར་རོ། །གཞན་ནི་འདྲའོ་ཞེས་བྱ་བནི། འོག་ཏུ་ཤིང་ཚེད་མ ་ཅན་དག་བསྐྱེད་དོ་ཞེས་བྱ་བ་ལ་སོགས་པ་ལྷག་མ་གཞན་ནི་བཤད་པའི་སྐྱབས་དང་འདྲའོ། །ས་དང་ལོ་མ་བཞག་པ་ཡང་ངོ་ཞེས་བྱ་བ་ནི་འདིར་མི་དགོས་པའི་ཕྱིར་བཟློག་པར་བྱའོ། །འཁྲུ་བའི་ནང་ཅན་ལ་ནི་ཁྲིའུའི་བུ་གུ་བྱའོ་ཞེས་བྱ་བ་ནི། འཁྲུ ་པའི་ནད་དང་ལྡན་པའི་གང་ཟག་ལ་ནི་དེ་བྱ་བའོ། །ཇི་ལྟར་བྱ་ཞེ་ན། དེའི་ཕྱིར་ཐགས་མ་ཤུགས་བས་སོ་ཞེས་བྱ་བ་སྨྲས་ཏེ། ཁྲིའུ་ཐགས་མས་བརྒྱུས་པ་དབུས་ནས་ཐགས་མ་ཕན་ཚུན་བཤུགས་ཏེ་དབུས་སུ་མཐོངS་གདོད་པར་བྱའོ། །མི་བཏུབ་ན་བཅང་ངོ་ཞེས ་བྱ་བ་ནི། གལ་ཏེ་བཤུབས་སུ་མི་བཏུབ་ན་དེའི་ཚེ་ཐགས་མ་དེ་བཅད་པར་བྱའོ། །གལ་ཏེ་ནན་ཐན་ཀོར་དུ་ལོ་མའི་ཆད་བུ་དག་གཞུག་གོ་ཞེས་བྱ་བ་ནི། གལ་ཏེ་བཤད་པ་བྱ་བའི་ཕྱིར་འདུག་པ་ན་རེག་པས་བཤད་བའི་ལམ་གྱིས་ཐན་ཀོར་ན་ན་དེའི་ཚེ་ཐགས་མའི ་བུ་གུའི་ཐན་ཀོང་དུ་ལོ་མའི་ཆད་བུ་དག་གཞུག་པར་བྱ་བའོ། །ས་སྣང་པ་བསྲུང་བར་བྱའོ་ཞེས་བྱ་བ་ནི། གནས་ཁང་ལ་སོགས་པར་ས་བསྐོར་མི་རུང་བས་དེ་བསྲུང་བར་བྱ་དགོས་པའོ། །དེའི་ཕྱིར་འོག་གཞིར་གྱོ?་མོའོ་ཞེས་བྱ་བ་ནི། གང་གི་ཕྱིར་ས་སྣང་པ་བསྲུང ་བར་བྱ་བ་དེའི་ཕྱིར་ཁྲིའུའི་བུ་གུ་དེའི་འོག་གཞིར་གྱོ་མོ་གཞུག་པར་བྱའོ་ཞེས་བྱ་བར་སྦྱར?་རོ། ཧ་ཅང་མི་མཐོ་བ་བཟང་ངོ་ཞེས་བྱ་བ་ནི། གྱོ་མོའོ། །དྲི་ད་བར་མི་འགྱུར་བར་བྱ་བའི་ཕྱིར་དུས་དུས་སུ་བཀྲུ་བ་དང་སྐམ་པ་དང་ཡུངས་མར་གྱིས་བསྐུ་བར་བྱའོ་ཞེས་བྱ་བ་ནི། ་གྱོ་མོ་དེ་དྲིད་པར་མི་འགྱུར་པར་བྱ་བའི་ཕྱིར་དུས་དུས་སུ་བཀྲུ་བ་ལ་སོགས་པ་བྱ་བའོ། །དེའི་དུས་ཀྱི་ཆེད་དུ་གཞན་སྒྲུབ་པོ་ཞེས་བྱ་བ་ནི། བཀྲུ་བ་དང། སྐམ་པ་དང། ཡུངས་མར་གྱིས་བསྐུ་བ་དེའི་དུས་ཀྱི་ཆེད་དུ་གྱོ་མོའི་འཐེབ་གཞན་བསྒྲུབ་པར?་བྱ་བའོ། །མ ་འབྱོར་ན་གཞི་ཉིད་དུ་ལ་ཆུན་བཞག་པར་བྱའོ་ཞེས་བྱ་བ་ནི། གལ་ཏེ་དེའི་དུས་ཀྱི་ཆེད་དུ་གྱོ་མོ་གཞན་མ་འབྱོར་ན་དེའི་ཚེ་གྱོ་མོ་བཀྲུས་པ་དང་བསྐམས་པ་དང་ཡུངས་མར་གྱིས་བསྐུས་པ་དེ་ཉིད་ཀྱིས་སྟེང་དུ་བཤད་པའི་ལམ་གྱི་གཞི་ཉིད་དུ་ལོ་ཆུན ་བཞོག་པར་བྱ་ཞིང་དེའི་ལོ་ཆུན་སྟེང་དུ་བཤད་པ་བྱའོ། །ལོ་ཆུན་དེ་ཡང་བཤད་བ་དེ་ཉིད་དང་ལྷན་ཅིག་ཏུ་དོར་བར་བྱ་ཞིང་བཤད་བའི་དུས་གཞན་གྱིས་ཚེན་ཡང་ལོ་ཆུ་ན་གཞན་བཞག་བར་བྱ་བའོ། །དུས་དེ་ལྟ་བུས་ན་གྱོ་མོ་དེ་ཉིད་ཀྱི་བཀྲུ་བ་ལ་སོགས་པའི་དོན་འགྲུབ ་པར་འགྱུར་ངོ?། །འདིར་ལོ་ཆུ་ན་ཞེས་བྱ་བ་ནི། ལོ་མ་མང་པོ་ཕན་ཚུན་གཤིབS་པའི་ཆུན་པོ་ལ་བྱའོ། །བཤད་བ་བྱས་ནས་དེ་བྱེད་པའི་བཤད་བའི་ལམ་ཕྱི་བར་བྱའོ་ཞེས་བྱ་བ་ནི། བཤད་བ་དེ་བྱེད་པའི་ལམ་ཕྱི་བར་བྱ་བའོ། །ཅི་ཞིག ་གིས་དེ་བྱི?་བར་བྱ་ཞེ་ན། དེའི་ཕྱིར། རྣོན་པོ་དང་རྩའི་ཆང་བ་མ་ཡིན་པས་སོ་ཞེས་བྱ་བ་སྨོས་ཏེ། རྫས་རྣོན་པོ་དང་རྩལ་སོགས་པ་རྩུབ་པོས་ཕྱི་བར་མི་བྱ་སྟེ། དེ་ནི་སྣང་བའི་སྡུག་བསྔལ་སྡང་བའི་ཕྱིར་རོ། །འོ་ན་ཅི་བཟང་ཞེ་ན། དེའི་ཕྱིར། འདི་ལ་རས་མ་དང ་ལོ་ཆུན་དང་ལོ་མའི་ཆང་བུ་དང་ཤིང་དང་བོང་རྟོག་དག་བཟང་བ་ཉིད་དོ་ཞེས་བྱ་བ་སྨྲས་ཏེ། ཀྱི?་བ་འདི་ལ་རས་མ་ལ་སོགས་པ་དག་བཟང་བ་ཉིད་དེ། དེ་དག་གིས་ཕྱི་བར་བྱའོ། །ས་གཉིས་ཀྱིས་བཀྲུ་བར་བྱའོ་ཞེས་བྱ་བ་ནི། རས་མ་ལ་སོགས་པས་ཕྱིས་པའི ་འོག་ཏུ་ས་རྣམ་གཉིས་ཀྱི་བཤད་བའི་ལམ་བཀྲུ་བར་བྱའོ་ཞེས་བྱ་བར་སྦྱར་རོ། །སྔར་བཞག་བའི་ས་མ་འདྲེས་པ་དག་གིས་ཕྱིས་བཀྲུ་བར་བྱའོ་ཞེས་བྱ་བ་ནི། བཤད་བ་བྱེད་པའི་མདུན་རོལ་དུ་སྔར་བཞག་པའི་ས་ཕན་ཚུན་མ་འདྲེས་པ་དག་གིས་ཕྱིས ་བཀྲུ་བར་བྱ་བའོ། །འཐོར་མཐུང་གི་རྐང་རྟེན་དག་ཟེར་མདག་གིས་མ་ཉམས་པ་ཉིད་དུ་ཁད་ཀྱིས་དལ་བུས་ངལ་བུས་སོ་ཞེས་བྱ་བ་ནི། འཐོར་འཐུང་བྱ་བའི་ཆེད་དུ་འཐོང་འཐུང་གི་སར་རྐང་རྟེན་བྱས་པ་དག་ཁྲུས་བྱེད་བའི་ཆུའི་ཟེད་མ་དག་གིས ་མི་ཉམས་པ་ཉིད་དུ་ཁང་གྱིས་དལ་བུས་དལ་བུས་བཀྲུ་བཤལ་བྱ་བའོ། །བདུན་པོ་དག་གིས་གཡོན་པའོ། །ཞེས་བྱ་བནི། སའི་ཕུང་པོ་བདུན་པོ་དག་གིས་ལག་པ་གཡོན་པ་བཀྲུ་བར་བྱའོ། །བདུན་གྱིས་ནི་གཉི་གའོ་ཞེས་བྱ་བ་ནི། སའི་ཕུང་?་གཞན ་བདུན་གྱིས་ནི་ལག་པ་གཉི་ག་བཀྲུ་བར་བྱ་བའོ། །ལག་ངར་གཉིས་ཀྱི་བཀྲུ་བར་བྱའོ་ཞེས་བྱ་བ་ནི། ལག་པ་གཉིས་བཀྲུས་པ་དེའི་རྗེས་ལའོ། །ཡང་ལག་པ་གཉིས་པས་སོ་ཞེས་བྱ་བ་ནི། ལག་དང་གཉིས་བཀྲུ་བ་དེའི་འོག་ཏུ་ཡང་ལག་པ་གཉིས་ལས? ་བཀྲུ་བར་བྱ་བའོ། །གཞན་གིས་རིལ?་པ་སྤྱི་བླུགས་སོ་ཞེས་བྱ་བ་ནི། དེའི་རྗེས་ལས་གཞན་གྱིས་རིལ་པའི་སྤྱི་བླུགས་བཀྲུ་བར་བྱ་བའོ། །རྐང་པ་གཉིས་བཀྲུའོ་ཞེས་བྱ་བ་ནི། དེའི་འོག་ཏུ་རྐང་པ་གཉིས་བཀྲུ་བར་བྱ་བའོ། །ལྟོ་འཛག་པས་ནི་ཐ་མའི་མདུན་དག་ཏུ་ཕྱི་བ ་ཙམ་བྱས་ཏེ་འདུག་པ་ལ་ཉེས་པ་མེད་དོ་ཞེས་བྱ་བ་ནི། གང་ཟག་ལྟོ་འཛག་པས་ནི་ཐ་མའི་མདུན་དག་ཏུ་ཞེས་བྱ་བ་། འཛག་པ་མཐར་ཐུག་ཅིང་ཆད་པའི་མདུན་རོལ་འཛག་པ་མ་ཆད་པའི་གནས་སྐབས་དག་ཏུ་བཤད་བ་བྱས་པའི་རྗེས་ལ་རས་མ་ལ་སོགས ་པས་ཕྱི་པ་ཙམ་བྱས་ཏེ་ས་ལ་སོགས་པས་མ་བཀྲུས་པར་འདུག་པ་ལ་ཉེས་པ་མེད་དོ། །ཆད་བའི་རྗེས་ལ་ནི་སྔ་མ་བཞིན་དུ་བཀྲུ་བར་བྱའོ། །དེ་ལས་གཞན་པས་ནི་ཆུ་ཡོད་ན་འཐོང་འཐུང་མ་བྱས་བར་ཡང་འདུག་པར་མི་བྱའོ་ཞེས་བྱ་བ་ནི། ལྟོ་འཛག་བ་དེ ་ལས་གཞན་པའི་གང་ཟག་ལྟོ་འཛག་པ་མ་ཡིན་པས་ནི། ཆུ་ཡོད་ན་འཐོར་འཐུང་གི་བཀྲུ་བཤལ་མ་བྱས་པར་འདུག་པར་མི་བྱའོ། །ཆུ་མེད་ན་ནི་མ་བཀྲུས་ཀྱང་ཉེས་པ་མེད་དེ། དེ་ནི་མ་མོ་ལས་གསུངས་སོ། །སྨན་གྱི། བཞི་ཕྲན་ཚེགས་ལ་སོགས་བའི ་སྐབས་སོ་ཞེས་བྱ་བ་ནི། སྨན་གྱི་གཞི་ཕྲན་ཚེགས་ལ་སོགས་པའི་སྐབས་ནས་འབྱུང་བ་བཤད་ཟིན་ཏོ།། །།སྨན་གྱི་གཞི་རྫོགས་སོ་ཞེས་བྱ་བ་ནི་བཤད་ཟིན་ཏོ།། ད་ནི་ལས་ཀྱི་གཞི་བསྡུ་བའི་ཕྱིར་ཆེ་ག་ལས་འདས་ན་ལས་མི་ཆགས ་སོ་ཞེས་བྱ་བ་སྨྲས་ཏེ། ལས་ཀྱི་རྒྱུར་གྱུར་པའི་ཆོ་ག་དགེ་འདུན་ཚང་བ་དང། ལས་བརྗོད་པ་དང། ལས་བྱེད་པ་ཉིད་ལ་སོགས་པ་ལས་འདས་ན། གསོལ་བ་དང། བརྗོད་པ་དང། སོ་སོར་ཐར་པ་གདོན་པ་དང། དགག་དབྱེའི་ལས་དང་དེ་དག་གི་འབྲས་བུ ་བསྙེན་པར་རྫོགས་པ་ལ་སོགས་པ་སྤང་མི་འཆགས་སོ། །འདི་སྐད་བསྟན་ཏེ། ཆོ་ག་གང་གིས་ལས་བསྟན་པ་ཡོངས་སུ་དག་པ་དང་དགེ་འདུན་ཚང་བ་དང་ལས་བརྗོད་པ་དང་ལས་བྱེད་པ་ལ་སོགS་པ་གང་དག་ཡིན་པའི་ཆོ་ག་དེ་དག་ལས་འདས་ན། ལས ་དེ་བྱས་པར་མི་འགྱུར་ཞིང་ལས་ཀྱི་འབྲས་བུ་ཡང་འགྲུབ་པར་མི་འགྱུར་རོ། །འདིར་ཆོ་ག་ནི་དགེ་འདུན་ཚང་བ་དང་ལས་བརྗོད་པ་དང་ལས་བྱེད་པ་དེ་ཉིད་ངོ་ཞེས་བྱ་བ་ནི། ཆོ་གའི་རྣམ་པ་བསྟན་ཏེ། དགེ་འདུན་ཚང་བ་ཞེས་བྱ་བ་ནི། དགེ་འདུན ་ལྷག་མའི་ལྟུང་བ་ལས་དབྱུང་ལ་ནི་དགེ་སློང་ཉི་ཤུ་ལ་སོགས་པའོ། །ཡུལ་དབུས་སུ་བསྙེན་པར་རྫོགས་པ་ལ་ནི་བཅུ་ལ་སོགས་པའོ། །མཛའ་འཁོབ་ཏུ་བསྙེན་པར་རྫོགས་པ་ལ་ནི་གཞན་མེད་ན་འདུས་བ་འཛིན་པ་དང་ལྔ་ལ་སོགས་པའོ། །དགེ་སློང་མ་དགེ ་འདུན་ལྷག་མ་ལས་བྱུང་བ་ལ་ནི། མཚམས་ཀྱི་དགེ་འདུན་གཉི་ག་ཚོགས་པའོ། །དགེ་སློབ་མའི་སྡོམ་པ་སྦྱིན་པ་དང་ཚངས་པར་སྤྱོད་པ་ལ་ཉེ་བར་གནས་པའི་སྡོམ་པ་སྦྱིན་པ་དང་འཁོར་ཉེ་བར་འཇོག་པ་དང། འཁོར་མང་པོ་ཉེ་བར་འཇོག་པའི། གནང ་བ་སྦྱིན་པ་ལ་ནི་ཡུལ་དབུས་སུ་དགེ་སློང་མ་བཅུ་གཉིས་ལ་སོགས་པའོ། །བསྙེན་པར་རྫོགས་པ་ལ་ནི་དགེ་སློང་བཅུ་དང། དགེ་སློབ་མོ་བཅུ་གཉིས་ལ་སོགས་པའོ། །ལས་གཞན་ཐམས་ཅད་ལ་ནི་བཞི་ལ་སོགས་པའོ་ཞེས་གསུངས་པའི་གྲངས་དེ་བཞིན ་ཚངས་བའོ། །ལས་བརྗོད་པ་ཞེས་བྱ་བ་ནི། གསོལ་བ་འབའ་ཞིག་གི་ལས་དང། གསོལ་བ་དང་གཉིས་ཀྱི་ལས་དང། གསོལ་བ་དང་བཞིའི་ལས་བརྗོད་པ་དག་ལས་གང་ལ་གང་བྱ་བར་གསུངས་པ་དེ་ལས་མ་ཆད་པ་སྟེ་ལྷག་མ་ལ་ནི་ཉེས་པ ་མེད་དོ། །ལས་བྱེད་པ་ཞེས་བྱ་བ་ནི། བསྙེན་པར་རྫོགས་པ་ལས་བྱ་བ་ལ་སོགས་པའོ། །ལས་ནི་གསོལ་བ་དང་བརྗོད་པ་དང་སོ་སོར་ཐར་པ་གདོན་པ་དང་དགག་དབྱེའོ་ཞེས་བྱ་བ་ནི། ལས་ཀྱི་རྣམ་པ་བསྟན་ཏེ། གསོལ་བ་ཞེས་བྱ་བ་ནི། གསོལ་བ་འབའ་ ་ཞིག་གི་ལས་སོ། །བརྗོད་པ་ཞེས་བྱ་བ་ནི། ལས་བརྗོད་པ་དང་པོ་དང་གཉིས་པ་དང་གསུམ་པའོ། །སོ་སོར་ཐར་པ་གདོན་པ་ཞེས་བྱ་བ་ནི། གསོ་སྦྱོང་ངོ། །དགག་དབྱེ་ཞེས་བྱ་བ་ནི། དབྱར་གནས་པའི་དགེ་འདུན་ལ་གནས་གསུམ་གྱིས། ངག?་དབྱེ་བྱའོ།། ་ཐོས་པར་བྱ་བ་མ་ཡིན་པས་ཐོས་པས་ནི་མི་འཆགས་བར་མི་འགྱུར་རོ་ཞེས་བྱ་བ་ནི། ཐོས་པར་བྱ་བ་མ་ཡིན་པ་བསྙེན་པར་མ་རྫོགས་པ་ལ་སོགས་པས་ཐོས་པས་ནི་ལས་མི་འཆགས་པར་མི་འགྱུར་ཏེ་འཆགས་པ་ཁོ་ནའོ། །ལས་བྱེད་པ་ལ་སོགས་བ་དག ་ལ་ལྟུང་བ་ཙམ་དུ་མི་འགྱུར་རོ། །དེ་ལྟར་ཡང། ཀུན་དགའ་པོ་ཁྱོད་ཀྱིས་རྒྱལ་པོ་གསོ་སྦྱོང་གི་ཕྱིར་སོ་སོར་ཐར་པ་འདོན་པ་ཉན་དུ་མ་བཅུག་པ་ཉེས་སོ་ཞེས་གསུངས་པ་ཡིན་ནོ། །མི་འཆགས་པ་མི་བྱའོ་ཞེས་བྱ་བ་ནི། ལས་གང་ལ་འཆགས་པ་མེད་པ་དེ ་ནི་མི་འཆགས་པ་སྟེ། ལས་དེ་ནི་མི་བྱ་བའོ། །དེ་ལྟར་ཡང་ཆོས་མ་ཡིན་པས་ལས་བྱེད་པ་ནི་མི་འཆགས་ལ་དེས་དགེ་འདུན་ལས་འགལ་ཚབས་ཅན་དུ་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །ད་ནི་ཆོག་ལས་འདས་ན་ལས་མི་འཆགས་སོ་ཞེས་སྨྲས་པ་གང ་ཡིན་པ་དེ་བརྗོད་པར་བྱའོ། །ཆོས་མ་ཡིན་པས་མི་བྱའོ་ཞེས་བྱ་བ་ནི། ཆོས་མ་ཡིན་པས་ལས་མི་བྱ་བ་སྟེ། ཆོས་མ་ཡིན་པ་ཞེས་བྱ་བ་ནི། གླང་བ་མ་བྱས། དྲན་པར་མ་བྱས་པར་མཐུས་མངོན་སུམ་དུ་མ་གྱུར་པར་ཆད་པའི་ལས་བྱེད་དུ་གཞུག་པ་ལ་སོགས་པའོ ་ལས་ཀྱི་བཞི་ལས་གཞན་པ་དག་ལ་ཆད་པའི་ལས་ནི་མངོན་སུམ་དུ་བྱེད་དུ་གཞུག་གོ། ཞེས་བྱ་བ་ལ་སོགས་པའི་ཆོ་ག་འབྱུང་བ་དེ་དག་ཀྱང་བསྡུ་བའི་ཕྱིར་མདོ་འདི་བྱས་སོ། །མི་མཐུན་པ་དག་མི་བྱའོ་ཞེས་བྱ་བ་ནི། ལས་སོ།། ཚོགས་ཀྱི་མི་བྱའོ་ཞེས ་བྱ་བ་ནི། ཚོགས་ཀྱིས་ཚོགས་ཀྱི་ལས་དག་མི་བྱ་བ་སྟེ། འདི་ལྟར་ཚོགས་ཀྱི་གཞི་ལ་སོགས་པའི་ལས་དག་བྱེད་ན་དགེ་འདུན་གྱི་དབྱེན་ཉིད་དུ་འགྱུར་བའི་ཕྱིར་རོ། །འདིར་ཚོགས་ཞེས་བྱ་བ་ནི་དགེ་འདུན་དུ་ལོངས་པ་སྟེ། བཞི་ཡན་ཆད་དོ། །དེ་ནི་དགེ་སློང་དང ་དགེ་སློང་མའི་ཡུལ་གཉིག་ལ་བཞི་ཡན་ཆད་ཚོགས་ཡིན་པར་འདྲའོ། །དགེ་འདུན་དུ་མ་གྱུར་པ་དག་གིས་མི་བྱའོ་ཞེས་བྱ་བ་ནི། ལ་ས་སོ། ལས་གང་ལ་དུ་དག་དགེ་འདུན་ཉིད་ཡིན་ཞེ་ན་དེའི་ཕྱིར། དབྱུང་བ་ལ་ནི་ཉི་ཤུ་ལ་སོགས་པ་དགེ་འདུན་ཉིད་དོ་ཞེས ་བྱ་བ་སྨྲས་ཏེ། དགེ་སློང་དགེ་འདུན་ལྷག་མའི་ལྟུང་བ་ལས་དབྱུང་བའི་ལས་གང་ཡིན་པ་དེ་ལ་ནི་དགེ་སློང་ཉི་ཤུ་ལ་སོགས་པས་དགེ་འདུན་ཉིད་ཡིན་ནོ། །བསྙན་པར་རྫོགས་པ་ལ་ནི་བཅུ་ལ་སོགས་པའོ་ཞེས་བྱ་བ་ནི། དགེ ་སློང་ཡུལ་དབུས་སུ་བསྙེན་པར་རྫོགས་པར་བྱ་བའི་ལས་ནི་དགེ་སློང་བཅུ་ལ་སོགས་པ་དགེ་འདུན་ཉིད་ཡིན་བའོ། །མཛའ་འཁོབ་དག་ཏུ་མེད་ན་འདུལ་བ་འཛིན་པ་དང་ལྔ་ལ་སོགས་པའོ་ཞེས་བྱ་བ་ནི། དགེ་སློང་ཡུལ་མཛའ་འཁོབ་ཏུ་བསྙེན་པར ་རྫོགས་པར་བྱ་བའི་ལས་ལ་ནི་དགེ་སློང་བཅུ་ལ་སོགས་པ་མེད་ན་འདུལ་བ་འཛིན་བ་པ་ཞེས་བྱ་བ་ལས་བྱེད་པ་ཉིད་དུ་གཏོགས་པར་ལྔ་ལ་སོགས་པ་དགེ་འདུན་ཉིད་ཡིན་ནོ། །ཡོད་ན་ནི་གཞིའི་ཆོ་ག་ཁོ་ན་ལ་བརྟེན་པར་བྱའོ། །དེས་ན་དགེ་སློང་མ ་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བའི་མགུ་བ་དང་དབྱུང་བའི་ལས་ལ་ནི་མཚམས་གཉིག་ན་དགེ་སློང་དང་དགེ་སློང་མ་གཉི་གའི་དགེ་འདུན་ཐམས་ཅད་ཚོགས་པ་དགེ་འདུན་ཉིད་ཡིན་ནོ། །དགེ་སློང་མ་ཡུལ་དབུས་སུ་བསྙེན་པར་རྫོགས་པར་བྱ་བའི ་ལས་ལ་ནི་དགེ་སློང་བཅུ་ལ་སོགས་པ་དང་དགེ་སློང་མ་བཅུ་གཉིས་ལ་སོགས་པ་དགེ་འདུན་ཉིད་ཡིན་ནོ། །དགེ་སློང་མ་ཡུལ་མཛའ་འཁོབ་ཏུ་བསྙེན་པར་རྫོགས་པར་བྱ་བའི་ལས་ལ་ནི་མེད་ན་དགེ་སློང་བ་དུལ་བ་འཛིན་པ་ཉིད་གཏོགས་པར ་ལྔ་ལ་སོགས་པ་དང། དགེ་སློང་མ་འདུལ་བ་འཛིན་པ་ཉིད་གཏོགས་པར་དྲུག་ལ་སོགས་པའི་གཉི་གའི་དགེ་འདུན་དགེ་འདུན་ཉིད་ཡིན་ནོ། །ཡོད་ན་ནི་བཞིའི་ཆོག་ཁོ་ན་ལ་བརྟེན་པར་བྱའོ། །དགེ་སློང་མའི་སྡོམ་པ་སྦྱིན་པ་ལ་ནི་དབུས་དང་མཛའ་འཁོར ་ཏུ་དགེ་སློང་མའི་གྲངས་བསྙེན་པར་རྫོགས་བར་བྱ་བའི་ལས་དང་འདྲ་བར་ཤེས་པར་བྱ་བའོ། །ལྷག་མ་ལ་ནི་བཞི་ལ་སོགས་པའོ་ཞེས་བྱ་བ་ནི། དབྱུང་བ་དང་བསྙེན་པར་རྫོགས་པར་བྱ་བའི་ལས་མ་གཏོགས་པ་དེ་དག་གི་ལྷག་མའི་ལས་ནི ་དགེ་སློང་བཞི་ལ་སོགས་པ་དགེ་འདུན་ཉིད་ཡིན། དགག་དབྱེ་ལ་ནི་དགག་དབྱེ་བྱེད་པར་གཏོགས་པར་ལྔ་ལ་སོགས་པ་དགེ་འདུན་ཉིད་ཡིན་ནོ། །དགེ་སློང་མ་རྣམས་ཀྱི་ལས་ནི་ཐ་དད་པ་ཉིད་དོ་ཞེས་བྱ་བ་ནི། དགེ་སློང་མ་རྣམས་ཀྱི་ལས་ནི་བསྙེན་པར་རྫོགས་པར ་དང་དགག་དབྱེའི་ལས་མ་གཏེགས་པ་གཞན་ཐམས་ཅད་དགེ་སློང་དང་ཐ་དད་པ་ཉིད་དུ་བྱ་བ་ཉིད་ཡིན་ནོ། །དེ་ལྟར་ཡང་དགེ་སློང་རྣམས་ཀྱིས་ལས་དག་ཀྱང་ཐ་དད་པ་ལ་དགེ་སློང་མ་རྣམས་ཀྱི་ལས་དག་ཀྱང་ཐ་དད་བ་ལ་གསུངས་པ་ཡིན་ནོ། །དགག་དབྱེ་ནི་དགེ ་སློང་གི་དགེ་འདུན་ལ་ཡང་ངོ་ཞེས་བྱ་བ་ནི། དགེ་སློང་མ་རྣམས་ཀྱིས་དགག་དབྱེ་ནི་དགེ་སློང་གི་དགེ་འདུན་ལ་ཡང་བྱ་དགོས་པའོ། །ཡང་ངོ་ཞེས་བྱ་བའི་སྒྲས་ནི། དགེ་སློང་མའི་དགེ་འདུན་པ་ཡང་བྱ་དགོས་པར་བསྟན་ཏེ། འདི་ལྟར་དགེ་སློང་མ་རྣམས་ཀྱི ་དགག་དབྱེ་ནི་གཉི་གའི་དགེ་འདུན་ལ་བྱ་དགོས་པའི་ཕྱིར་རོ། །གསོ་སྦྱོང་ནི་དེ་དང་མཐུན་པ་འགྲུབ་པ་རྣམས་ཀྱིས་སོ་ཞེས་བྱ་བ་ནི། དགེ་སློང་མ་རྣམས་ཀྱིས་གསོ་སྦྱོང་ནི་མཐུན་པ་གྲུབ་པ་རྣམས་ཀྱིས་བྱ་བར་རིག་བར་བྱ་སྟེ། སུ་དང་མཐུན་པ་ཞེ་ན། ་དགེ་སློང་གི་དགེ་འདུན་དེ་དང་སྟེ། དགེ་སློང་མ་དག་གི་གསོ་སྦྱོང་ཐ་དད་པ་ཡིན་མོད་ཀྱི། གལ་ཏེ་དགེ་སློང་གི་དགེ་འདུན་དང་མཐུན་པར་གྱུར་པ་རྣམས་ཀྱིས་འགྲུབ་ཀྱིས། མི་གྱུར་པ་རྣམས་ཀྱིས་མི་འགྲུབ་བོ། །ཇི་ལྟར་ན། དེ་དག་གིས་དགེ་སློང་གི་དགེ ་འདུན་དང་གསོ་སྦྱོང་མཐུན་པར་འགྲུབ་པར་བྱ་ཞེ་ན། དེའི་ཕྱིར། འདུན་པ་དང་གསོ་སྦྱོང་འབུལ་བས་དེ་བསྒྲུབ་བོ་ཞེས་བྱ་བ་སྨྲས་ཏེ། འདུན་པ་དང་གསོ་སྦྱོང་དག་འབུལ་ཞིང་སྟོབས་པས་དེ་མཐུན་པ་དེ་བསྒྲུབ་བར་བྱའོ། །དགེ་སློང་མའི་དགེ་འདུན་གྱི་འདུན་པ ་དང་གསོ་སྦྱོང་དགེ་སློང་མ་གཉིས་ཀྱིས་དགེ་སློང་གི་དགེ་འདུན་ལ་དབུལ་པར་བྱ་སྟོབས་པར་བྱ་ཐོབ་པར་བྱ་སྟེ། དེ་ལྟར་ན་དགེ་སློང་མ་རྣམས་ཀྱིས་མཐུན་པར་འགྲུབ་པར་འགྱུར་རོ། །འདི་ལ་གཉིས་ཀྱིས་བྱའོ། ཞེས་བྱ་བ་ནི། འདུན་པ་དང་གོས ་སྦྱོར་དབུལ་བ་འདི་ལ་དགེ་སློང་མ་གཉིས་ཀྱིས་དགེ་སློང་མའི་དགེ་འདུན་ལས་བླང་ཞིང་དགེ་སློང་གི་དགེ་འདུན་ལ་དབུལ་བར་བྱ་བའོ། །དེ་གཉིས་ནུས་པ་ཉིད་ཀྱིས་སོ་ཞེས་བྱ་བ་ནི། དགེ་སློང་མ་དེ་གཉིས་འདུན་པ་དང་གསོ་སྦྱོང ་དབུལ་ནུས་པ་ཉིད་ཀྱིས་དབུལ་བར་བྱའོ། །མེད་ན་གཅིག་གོ་ཞེས་བྱ་བ་ནི། དགེ་སློང་མ་གཉི་གས་ནུས་པ་ཉིད་མེད་ན་གཅིག་གིས་ནུས་པ་ཉིད་ལ་དབུལ་པ་བརྟེན་པར་བྱ་བ་ཁོ་ན་ཡིན་ནོ། །དགེ་སློང་གི་དགེ་འདུན་གྱིས་ལེན་པའི་དགེ་སློང་བསྐོ་བར་བྱའོ ་ཞེས་བྱ་བ་ནི། དགེ་སློང་གི་དགེ་འདུན་གྱིས་དགེ་སློང་མའི་དགེ་འདུན་གྱིས་འདུན་པ་དང། དགེ་སློང་དགེ་སྦྱོང་མ་དེ་གཉིས་ལས་ལེན་པའི་གཅིག་བསྐོ་བར་བྱ་བའོ། །དེ་སྒོ་གང་དུ་བསྡད་པར་བྱའོ་ཞེས་བྱ་བ་ནི། ལེན་པར་བསྐོས་པའི་དགེ་སློང་དེས ་དེའི་ཚེ་ན་སྒོ་གང་དུ་བསྡད་པར་བྱ་བའོ། །འབྲོས་ན་ཤད་ཀྱིས་སྦྱད་དོ་ཞེས་བྱ་བ་ནི། གལ་ཏེ་ལེན་པར་བསྐོས་པའི་དགེ་སློང་དེས་འཇིགས་པ་དང་བཅས་པའི་ཕྱིར་འབྲོས་པར་བྱེད་ན་དེའི་ཚེ་དགེ་སློང་དེ་ལ་དགེ་སློང་མ་དེ་གཉིས་ཀྱིས་ཤད་ཀྱིས ་སྤྱད་པར་བྱ་བའོ། །ངེས་ཀྱང་དེ་བཞིན་ནོ། །ཞེས་བྱ་བ་ནི། གལ་ཏེ་དེའི་ཆོ་ན་དགེ་སློང་མ་དེ་གཉིས་འབྲོས་ན་དགེ་སློང་དེས་ཀྱང་དེ་བཞིན་དུ་ཤད་ཀྱིས་སྦྱང་བར་བྱ་བའོ། །འབྲོས་པར་མི་བྱའོ་ཞེས་བྱ་བ་ནི། ལེན་པར་བྱེད་པའི་དགེ་སློང་དེ་དང་འབུལ་བར ་བྱེད་པའི་དགེ་སློང་མ་དེ་གཉིས་འབྲོས་པར་མི་བྱ་བའོ། །མི་ཤེས་ན་མིང་དུས་དྲིའོ་ཞེས་བྱ་བ་ནི། དབུལ་བར་བྱེད་པའི་དགེ་སློང་མ་དེ་གཉིས་ཀྱིས་ལེན་པར་བྱེད་པའི་དགེ་སློང་དེ་མི་ཤེས་ན་དེ་གཉིས་ཀྱིས་དེའི་མིང་རུས་དྲི་བར་བྱའོ། །མགུ་བ་དང་ད་བྱུང་བ ་ནི་གཉི་ག་ཚོགས་པ་ལའོ་ཞེས་བྱ་བ་ནི། དགེ་སློང་མ་རྣམས་ཀྱི་དགེ་འདུན་ལྷག་མ་བྱུང་བའི་མགུ་བར་བྱ་བ་དང་དབྱུང་བ་ནི་དགེ་སློང་མའི་དགེ་འདུན་འབའ་ཞིག་ལ་བྱ་བ་མ་ཡིན་གྱི། དགེ་སློང་དང་དགེ་སློང་མ་གཉི་གའི་དགེ་འདུན་ཚོགས་པ་དུས ་གཅིག་ཏུ་གནས་གཅིག་ན་འཁོད་པ་དག་ལ་བྱ་བའོ། །བསྙེན་པར་རྫོགས་བར་བྱ་བ་ལ་ཡང་ངོ་ཞེས་བྱ་བ་ནི། དགེ་སློང་མ་རྣམས་ཀྱི་བསྙེན་པར་རྫོགས་པར་བྱ་བ་དེ་ཡང་གཉི་གའི་དགེ་འདུན་ཚོགས་པ་ལ་བྱ་བའོ། །འདི་ལ་དེ་དག་གི་ཚོགས་ནི་བཅུ་གཉིས་སོ་ཞེས ་བྱ་བ་ནི། དགེ་སློང་མ་བསྙེན་པར་རྫོགས་པར་བྱ་བ་འདི་ལ་ཡུལ་དབུས་སུ་ནི་དགེ་སློང་མ་དེ་དག་གི་ཚོགས་བཅུ་གཉིས་ཡན་ཆད་དོ།། ཡུལ་མཛའ་འཁོབ་ཏུ་ནི་དགེ་སློང་མ་བཅུ་གཉིས་མེད་ན་འདུལ་པ་འཛིན་པ་ཉིད་གཏོགS་པར་དྲུག་ཡན་ཆད་དོ།། བཅུ་གཉིས ་ཡོད་ན་ནི་གཞིའི་ཆོ་ག་ཁོ་ནས་བསྙེན་པར་རྫོགས་པར་བྱ་བའོ། །སྟོན་རོལ་གྱི་བསྡོམ་པ་གཉིས་དང་འཁོར་དང་འཁོར་མང་པོ་ཉེ་བར་གཞག་པའི་གནང་བ་སྦྱིན་པ་དང་བཅས་པའི་དགེ་འདུན་གྱི་མཛའ་འོ་ཞེས་བྱ་བ་ནི། དགེ་སློང་མའི་ཚོགས་བཅུ་གཉིས་ཞེས་སྔར ་བསྟན་པ་དེ་ནི་དགེ་སློང་མ་བསྙེན་པར་རྫོགས་པའི་སྔོན་རོལ་གྱི་སྡོམ་པ་གཉིས་པོ་བསླབ་པའི་སྡོམ་པ་དང། ཚངས་པར་སྦྱོར་པ་ལ་ཉེ་བར་གནས་པའི་སྡོམ་པ་དང། བསྙེན་པར་རྫོགས་པའི་འོག་ཏུ་ལོ་བཅུ་གཉིས་ལོན་ཞིང་ནུས་པའི་ཚེ་འཁོར་ཉེ་བར་འཇོག ་པའི་སྣང་བ་དང། འཁོར་མང་པོ་ཉེ་བར་འཇོག་པའི་སྣང་བ་ཞེས་བྱ་བ་སྡོམ་པ་གཉིས་དང། གནང་བ་གཉིས་པོ་བསྙེན་པར་རྫོགས་པ་དང་བཅས་པའི་དགེ་འདུན་མའི་གྲངས་ཀྱི་མཛའ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། འདི་སྐད་བསྟན་ཏེ། དགེ་སློང་མ་བསྙེན ་པར་རྫོགས་པའི་མདུན་རོལ་ཏུ་དགེ་སློབ་མའི་བསླབ་པའི་སྒོམ་པ་སྦྱིན་པ་དང། ཚངས་པར་སྤྱོད་པ་ལ་ཉེ་བར་གནས་པའི་སྡོམ་པ་སྦྱིན་པ་དང། བསྙེན་པར་རྫོགས་ནས་ལོ་བཅུ་གཉིས་ལོན་ཞིང་ནུས་པའི་ཚེ་འཁོར་ཉེ་བར་འཇོག་པའི་གནང་བ་སྦྱིན་པ་དང ་འཁོར་མང་པོ་ཉེ་བར་འཇོག་པའི་གནང་བ་སྦྱིན་པ་དང། གཉི་གའི་དགེ་འདུན་ལས་བསྙེན་པར་རྫོགས་པར་བྱེད་པའི་ལས་ལྔ་པོ་དེ་དག་ལ་དགེ་སློང་མའི་དགེ་འདུན་གྱི་གྲངས་ཡུལ་དབུས་སུ་ནི་བཅུ་གཉིས་ཡན་ཆད་དགེ་འདུན་ཉིད་ཡིན་ནོ། །མཛའ་འཁོག ་ཏུ་ནི་བཅུ་གཉིས་མེད་ན་འདུལ་བ་འཛིན་པ་ཉིད་གཏོགས་པར་དྲུག་ཡན་ཆད་དགེ་འདུན་ཉིད་དོ། །བཅུ་གཉིས་ཡོད་ན་ནི་མཛའ་འཁོབ་ཏུ་ཡང་བཞིའི་ཆོ་ག་ཉིད་ལ་བརྟེན་པར་བྱའོ། །ལྷག་མ་དག་གི་ཚོགས་ནི་བཞིའོ་ཞེས་བྱ་བ་ནི་དགེ ་སློང་མའི་ལས་ལྔ་པོ་ཇི་སྐད་བསྟན་པ་དེ་དག་གི་ལྷག་མ་དགེ་སློང་མའི་དགེ་འདུན་གྱི་ལས་གཞན་ཐམས་ཅད་ལ་ནི་དགེ་སློང་མ་བཞིའི་ཚོགས་ཡན་ཆད་ཀྱིས་ལས་བྱར་རུང་བའོ། །དེ་ལྟར་ཡང་འདིར་གཞུང་ནི། དགེ་སློང་མ་རྣམས་ཀྱི་ཚོགས ་བཞིས་ལས་དག་བྱའོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །ལས་བྱེད་པ་མོས་མི་ནུས་ན་ངེས་དགེ་སློང་གིས་བྱས་པའི་ཚིག་དེས་པར་བརྟགས་ན་རུང་ངོ་ཞེས་བྱ་བ་ནི། དགེ་སློང་མ་ལས་བྱེད་པ་ལས་བྱེད་མི་ནུས་ན་དེ་དགེ་སློང་གིས་ལས ་བྱས་པའི་ཚིག་ངེས་པར་བརྟགས་ཤིང་ཐོས་ན་དེ་ལས་བྱས་པ་ཉིད་དུ་འགྱུར་བའོ། །འདི་སྐད་བསྟན་ཏེ། གལ་ཏེ་དགེ་སློང་མ་ལས་བྱེད་པ་བས་ལས་མི་ནུས་ན། དེས་དགེ་སློང་ལས་བྱེད་པའི་ཚིག་མཉན་ཏེ་རུང་བར་རིག་བར་བྱའོ། །ཇི་ཙམ་ཡན་ཆད ་ཅེ་ན་དེའི་ཕྱིར། འདི་ལྟར་ཅད་མི་གསུང་ཤེས་བྱ་བའི་གོང་ཡན་ཆད་དོ་ཞེས་བྱ་བ་སྨྲས་ཏེ། དགེ་འདུན་འཕགས་མ་རྣམས་ཀྱིས་བཟོད་ཅིང་གནང་ནས་དགེ་འདུན་འཕགས་མ་རྣམས་ཀྱིས་ཆེ་གེ་མོ་ཞིག་ལགས་ཏེ། ཞེས་བྱ་བ་ཡན་ཆད་ནི་དགེ ་སློང་གིས་བྱས་པ་མཉན་ན་རུང་ངོ། །འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ་ཞེས་བྱ་བ་ནི། དགེ་སློང་མ་ལས་བྱེད་པ་ཉིད་ཀྱིས་ངེས་པ་ཁོ་ནར་བརྗོད་པར་བྱ་དགོས་སོ། །མི་འདུག་པར་བགྲེང་བ་ནི་ཁ་སྐོང་བ་ཉིད་མ་ཡིན་ནོ་ཞེས་བྱ་བ་ནི། ་དགེ་འདུན་མ་ཚད་པའི་ཆོ་ལས་ཀྱི་མཚམས་དེ་ཉིད་ན་དགེ་སློང་ས་ལ་མེ་འདུག་པར་བགྲེང་བ་གང་ཡིན་པ་དེ་ནི་དགེ་འདུན་ཆད་པར་བྱ་བའི་ཁ་སྐོང་བ་ཉིད་མ་ཡིན་ཏེ། སྤྱོད་ལམ་ཐ་དད་པར་འདུག་པས་ཐ་དད་པ་ཉིད་དུ་སྣང་བའི་ཕྱིར་རོ། །གང་ལ་བྱ་བ་ཡང་མ ་ཡིན་ནོ་ཞེས་བྱ་བ་ནི། གང་ཟག་གང་ལ་བསྐྲད་པ་ལ་སོགས་པའི་ལས་བྱ་བའི་གང་ཟག་དེ་ཉིད་ཀྱང་ཁ་བསྐོང་བ་ཉིད་མ་ཡིན་པའོ། །དེའི་ཕྱིར་བདུན་པ་དང་ཡོངས་སུ་དག་པའི་ཆོ་ག་ལས་མ་ཡིན་པ་ཉིད་དོ་ཞེས་བྱ་བ་ནི། འདུན་པ་དང་ཡོངས་སུ་དག་པ་དང་འབུལ་བར་བྱེད་པའི ་གང་ཟག་གིས་འདུན་པ་དང་ཡོངས་སུ་དག་པ་ཕུལ་ནས་བདག་ཉིད་ལས་ཀྱི་གནས་སུ་མ་འོངས་ན་དེས་འདུན་པ་དང་ཡོངས་སུ་དག་བ་ཕུལ་བ་དེས་ཀྱང་ཁ་བསྐད་དུ་མི་རུང་བ་ཉིད་ཡིན་པའོ། །དེ་བས་ན་གང་ཟག་གསུམ་གྱིས་འདུན་པ་དང་ཡོངས་སུ་དག་པ་བླངས ་ཏེ། གསོ་སྦྱོང་དང་དགག་དབྱེ་ལ་སོགས་པ་ལས་གང་ཡང་མི་བྱའོ། །དེ་གཉིས་དབུལ་བར་བྱ་བ་ཉིད་མ་ཡིན་ནོ་ཞེས་བྱ་བ་ནི། དགེ་འདུན་གྱི་ཁ་?་བསྐོང་བར་བྱེད་པའི་གང་ཟག་གིས་འདུན་པ་དང་ཡོངས་སུ་དག་པ་དེ་གཉིས་དབུལ་བར་བྱ་བ་ཉིད་མ་ཡིན་ཏེ ་བདག་ཉིད་ལས་ཀྱི་གནས་སུ་འགྲོ་བར་བྱ་བ་ཉིད་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། དགག་དབྱེ་བྱེད་པ་ཉིད་དུ་མི་བསྐོའོ་ཞེས་བྱ་བ་ནི། ཁ་བསྐོང་བར་བྱེད་པ་དགག་དབྱེ་བྱེད་པ་ཉིད་དུ་མི་བསྐོ་བ་སྟེ། དགེ་སློང་གསུམ་གྱི་སྟེང་དུ་དགེ་སློང་གཅིག་གིས་ཁ་བསྐང་སྟེ། དགེ ་འདུན་དུ་གྱུར་པའི་དུས་ན་དེ་དགག་དབྱེ་བྱེད་པ་ཉིད་དུ་བསྐོར་མི་རུང་སྟེ། འདི་ལྟར་དགེ་སློང་གསུམ་ལ་དགེ་སློང་གཅིག་གིས་དགག་དབྱེ་བྱར་མི་རུང་བའི་ཕྱིར་རོ། །དགེ་སློང་བཞིའི་སྟེང་དུ་ལྔ་པ་ཅིག་གིས་ཁ་བསྐད་ན་ནི་དེ་དགག་དབྱེ་བྱེད་པ་ཉིད་དུ་བསྐོར ་རུང་སྟེ། དགག་དབྱེ་བྱེད་པ་མ་གཏགས་པར་བཞིའི་ཚོགས་དགེ་འདུན་དུ་གྱུར་པ་ཡོད་པའི་ཕྱིར་རོ། །བསྙེན་པར་མ་རྫོགས་པ་དང་ཉམས་པ་དང་མཚམས་མེད་པ་བྱས་པ་དང་སྡིག་པའི་ལྟ་བ་ཅན་དང་ས་གཞན་ན་གནས་པ་དང་ཐ་དད་པར་གནས་པ་རྣམས ་ཀྱང་མ་ཡིན་ནོ་ཞེས་བྱ་བ་ནི། དེ་དག་ཀྱང་ཁ་སྐོང་བ་ཉིད་མ་ཡིན་པའོ། །སྡིག་པའི་ལྟ་བ་ཅན་ཞེས་བྱ་བ་ནི། ཚངས་པའི་དྲ་བ་ཞེས་བྱ་བའི་མདོ་སྡེ་ལས་གསུངས་པའི་ལྟ་བའི་རྣམ་པ་དྲུག་ཅུ་རྩ་གཉིས་པོ་དག་ལས་གང་ཡང་རུང་བ་ཀུན་ཏུ་སྤྱོད་པའོ། །འདིས ་ནི་ཐམས་ཅད་ལྟ་བར་མཐུན་པ་ཚུལ་ཁྲིམས་ཡོངས་སུ་དག་པ་འདུས་བ་འཁོད་པ་དག་གིས་གསོ་སྦྱོང་དང་དགག་དབྱེ་དང་གསོལ་བ་དང་གཉིས་དང་གསོལ་བ་དང་བཞིའི་ལས་བྱའོ་ཞེས་གསུངས་པ་བསྡུས་པ་ཡིན་ནོ། །ས་གཞན ་ན་གནས་པ་ཞེས་བྱ་བ་ནི། སྤོ་བ་ལ་སོགས་པ་ཆད་པའི་ལས་བྱེད་པའོ། །འདིས་ནི་བཞིའི་ཚོགས་ཀྱིས་ལས་བྱ་སྟེ། སྤོ་བ་བྱེད་པ་དང་བཞིས་བྱེད་ན་ཆོས་མ་ཡིན་པ་ལས་བྱེད་པ་ཡིན་ནོ། །བཞི་ནས་སྤོ་བ་བྱེད་བ་དང་མགུ་བ་སྤྱོད་པ་དང། བཞི་ནས་མགུ་བ ་སྤྱོད་པ་དང། གནས་ནས་ཕྱུང་བ་དང་བཞིས་བྱེད་ན་ཆོས་མ་ཡིན་པས་བྱེད་པ་ཡིན་ནོ། །ཞེས་གསུངས་པ་བསྡུས་པ་ཡིན་ནོ། །འདིར་གནས་ནས་ཕྱུང་བ་ཞེས་སྨོས་བ་ནི་སྦོ་བ་བྱེད་པ་དག་གི་དཔེ་ཡིན་ནོ། །སྤོ་བ་བྱེད་བ་ལ་སོགས་བ་སྨོས་པས་ནི་བསླབ་པ ་བྱིན་པ་ཡང་བཟུང་བར་གྲུབ་སྟེ། བསླབ་པ་བྱིན་པ་ནི་ཆེས་སྨན་པ་ཡིན་པའི་ཕྱིར་རོ། །ཐ་དད་པར་གནས་པ་ཞེས་བྱ་བ་ནི། འདིར་ཆོས་དང་མཐུན་པའི་ཕྱོགས་མ་ཡིན་པ་ཁས་བླངས་པ་ཡིན་པར་ཤེས་པར་བྱ་སྟེ། ཆོས་མ་ཡིན་པའི་ཕྱོགས ་དང་མཐུན་པ་ཁས་བླངས་པའི་ཐ་དད་པར་གནས་པ་ནི་སྡིག་པའི་ལྟ་བ་ཅན་ཞེས་སྨོས་པ་ཉིད་ཀྱིས་བསྡུས་པའི་ཕྱིར་རོ། །དེ་བས་ནི་ཆོས་མ་ཡིན་པའི་ཕྱོགས་དང་མཐུན་པ་ཁས་བླངས་བ་དག་གི་ལས་དག་ལ་ཆོས་དང་མཐུན་པའི་ཕྱོགས་ཁས ་བླངས་པའི་ཐ་དད་པར་གནས་པ་ལ་ཁ་སྐོང་བ་ཉིད་མ་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །འཁྲུལ་པ་དང་བཅས་པ་ཡང་ངོ་ཞེས་བྱ་བ་ཡང། ཁ་སྐོང་བ་ཉིད་མ་ཡིན་ནོ་ཞེས་བྱ་བའི་རྗེས་བསྙག་པའི་ཕྱིར་རོ། །ཡང་ངོ་ཞེས་བྱ་བའི་སྒྲ་སྨོས་ཏེ། ཐམས་ཅད ་ཚུལ་ཁྲིམས་ཡོངས་སུ་དག་པ་ཞེས་གསུངས་པས། དེའི་ཕྱིར་མདོ་འདི་བྱས་སོ། །འདིར་ཚུལ་ཁྲིམས་ཡོངས་སུ་དག་བ་ནི་ལྟུང་བ་ཐམས་ཅད་ཡོངས་སུ་དག་པས་ཡོངས་སུ་དག་པ་ཡིན་གྱི། ཕབ་བར་འགྱུར་བ་ཉིད་ཅམ་གྱིས་ནི་མ་ཡིན་ནོ། །དེ་ལྟར ་ཡང་འདིར་གཞུང་ནི། སིལ་བུ་དག་ལས། བཙུན་པ་ཇི་ཅམ་གྱིས་རང་བཞིན་དུ་གནས་པ་མ་ལགས་པར་འགྱུར། ཉེ་བར་འཁོར་ཇི་ཙམ་གྱིས་ལྷག་པར་སྤྱད་པར་མ་ཡིན་པ་ལྷག་པར་སྤྱོད་ཅིང་དགེ་སློང་གི་སླ་བ་པ་ལ་མི་བསླབ་པ་སྟེ། ཉེ་བར་འཁོར་དེ་ཙམ་གྱིས་ན ་རང་བཞིན་དུ་གནས་པ་མ་ཡིན་པར་འགྱུར་རོ། །ཞེས་གསུངས་པ་ཡིན་ནོ།། ཉེས་བྱས་ལ་སོགས་པ་གང་ཡང་རུང་བས་འཁྲུལ་བར་གྱུར་ཅིང་ཇི་སྲིད་དུ་འཆགས་པར་མི་བྱེད་དམ་བྱིན་གྱིས་རློབ་པར་མི་བྱེད་པ་དེ་སྲིད་དུ་དེ་དགེ་སློང་གི་རང་བཞིན་ཡོངས་སུ ་དག་པ་ལས་ཉམས་པ་ཡིན་པར་རིག་པར་བྱ་སྟེ། དེ་ཉིད་ཀྱིས་རང་བཞིན་དུ་གནས་བ་མ་ཡིན་པ་དེ་བསྟན་ཏོ། །རང་བཞིན་དུ་གནས་པ་མ་ཡིན་པ་དེ་ཉིད་ཀྱིས་ནི་ཕྱིར་བཟློག་པར་ངོས་པ་ཉིད་མ་ཡིན་པར་གསུངས་ཏེ། དེ་ལྟར་ཡང་འདིར་གཞུང་ནི། བཙུན་པ ་གང་ཟག་དུ་དག་གིས་སླར་བཟློག་པར་མི་འཆགས། ཉེ་བར་འཁོར་བཅུ་གཉིས་ཀྱིས་ཏེ་བྱིས་བ་དང་རྨོངས་པ་དང་མི་གསལ་བ་དང། མི་མཁས་པ་དང། ངོ་ཚ་མེད་པ་དང། ནད་དང་བཅས་པ་དང། མཚམས་ཀྱི་ཕྱི་རོལ་ན་གནས་པ་དང། གནས་ནས་བྱུང་བ་དང ་ཚིགས་ཡང་དག་པར་མ་བསྡམས་པ་དང། སྤྱོད་ལམ་ལས་ཉམས་བ་དང། རང་བཞིན་དུ་གནས་པ་མ་ཡིན་པ་དང། བསླབ་པར་བྱིན་པས་སོ་ཞེས་གསུངས་པ་ཡིན་ནོ། །དེ་དག་གིས་ཕྱིར་བཟློག་བ་མི་འཆགས་པས་དེའི་ཕྱིར་ཕམ་པར་འགྱུར་བ་མ་བྱུང་བ ་ཙམ་ཉི་ཚེ་རང་བཞིན་དུ་གནས་བ་མ་ཡིན་ཏེ། ལྟུང་བ་ཐམས་ཅད་ཡོངས་སུ་དག་པ་རང་བཞིན་དུ་གནས་པ་ཞེས་བྱའོ། །འདི་ལྟར་ཕམ་པར་འགྱུར་བ་འབྱུང་བ་དང་ནི་ལྷན་ཅིག་འདུལ་བའི་ཐ་སྙད་བྱ་བ་མེད་པ་ཁོ་ན་ཡིན་པས་དེའི་ཡུལ་ལ་ནི་ཕྱིར་ཟློག་པ ་མི་སྐྱེའོ་ཞེས་བྱ་བ་འདི་བསམ་པར་མི་བྱ་སྟེ། ཁྱིམ་པ་དང་འདྲའོ། །གང་གིས་འཁྲུལ་པ་དང་བཅས་པ་ཡིན་ཞེ་ན། དེའི་ཕྱིར་བསྡམ་པར་བྱ་བས་ཀྱང་ཡིན་གྱི་བཤགས་པར་བྱ་བ་འབའ་ཞིག་གིས་ཡིན་པར་མ་ཟད་དོ་ཞེས་བྱ་བ་སྨྲས་ཏེ། བཞགས་པར ་བྱ་བའི་ཉེས་བྱས་འབའ་ཞིག་གི་འཁྲུལ་པ་དང་བཅས་པ་ཡིན་པར་མ་ཟད་ཀྱི། བསྡམ་པར་བྱ་བའི་ཉེས་བྱས་ཀྱིས་ཀྱང་འཁྲུལ་པ་དང་བཅས་པ་ཉིད་ཡིན་པར་འགྱུར་རོ།། འདི་ལ་ཁ་ཅིག་ན་རེ། གལ་ཏེ་ཉེས་བྱས་ཙམ་གྱིས་ཀྱང ་ཁ་སྐོང་བ་ཉིད་དུ་རྣམ་པར་མི་བཞག་ན། དེའི་ཚེ་བཅོམ་ལྡན་འདས་ཀྱི་བསྟན་པ་ལས་སོ་སོར་ཐར་པའི་སྡོམ་པ་དྲུང་ནས་ཕྱུང་བར་འགྱུར་བས། དེའི་ཕྱིར་འདིར་འཁྲུལ་པ་དང་བཅས་པ་ཁ་བསྐོང་བ་ཉིད་མ་ཡིན་པར་བསྒྲུབ་བར་འདོད་ན། དེའི་ཚེ་ཕམ ་པར་འགྱུར་བའི་ལྟུང་བ་གང་ཡང་རུང་བ་བྱུང་བ་ནི་འཁྲུལ་པ་དང་བཅས་པ་ཡིན་པས་དེ་ནི་ཁ་བསྐོང་བ་ཉིད་མ་ཡིན་པར་རིགས་ཀྱི། ལྟུང་བ་གཞན་བྱུང་བ་ནི་ཁ་བསྐོང་པ་ཉིད་དུ་རུང་ངོ་ཞེས་ཟེར་བ་དག་ཡོད་དེ། དེ་དག་ནི་རང་དགའ་དང་འདོད་རིས་ཀྱི་དབང ་གིས་བདག་ཉིད་ཀྱང་རབ་ཏུ་ཉམས་པར་བྱེད་ཅིང་གཞན་ཡང་རབ་ཏུ་ཉམས་པའི་ལམ་ལ་འཇུག་པ། བདེ་བར་གཤེགས་པའི་སྟན་བ་མར་གྱི་ཉིད་བུ་ལྟ་བུ་ལ་མི་གཙང་བའི་ཅོག་ཆུས་སློད་པར་བྱེད་པ་ཡིན་པས། འདིར་དེ་དག་གི་ལུགས་ཀྱི་རྗེས ་མི་བསྙགས་པར། འཕགས་པ་བཞི་ཐམས་ཅད་ཡོད་པར་སྨྲ་བའི་འདུལ་བ་འཛིན་པ་ཆེན་པོ་སློབ་དཔོན་ཡོན་ཏན་འོད། བདག་དང་གཞན་གྱི་གྲུབ་པའི་མཛའ་རྒྱ་མཚོའི་ཕ་རོལ་ཏུ་སོན་པ། བདེ་བར་གཤེགས་པའི་ཆོས་འདུལ་བ་བདུད་རྩའི? ་སྙིང་ཁུས་ཤེས་རབ་ཀྱི་དབང་པོ་རྒྱས་པར་གྱུར་པས་འདུལ་བའི་གཞུང་ལུགས་ཐམས་ཅད་དང་བསྟུན་ཏེ་མདོར་བྱས་པ་འདི་ཉིད་ཚད་མར་ལྟ་བར་བྱ་བའོ།། འདིར་ཉེས་བྱས་ལ་སོགས་པའི་འཁྲུལ་བ་དང་བཅས་བས་ནི་པགས?་པ་དང་བྱིན་གྱིས ་བརླབ་པ་དག་གིས་ཆོས་བཞིན་དུ་ཕྱིར་གསོ་བར་བྱ་སྟེ། དགེ་འདུན་གྱི་ཁ་བསྐང་བར་བྱའོ། །དེ་ལྟར་ཡང་གཞུང་ནི། དགག་དབྱེའི་གཞི་ལས་གལ་ཏེ་བསྡམས་པར་བྱ་བ་ཤེས་ན། བསྡམ་པར་བྱས་ལ་དགག་དབྱེ་བྱའོ་ཞེས་བྱ་བ་ལ་སོགས་པ་གསུངS ་པ་ཡིན་ནོ། །བཤགས་པ་མེད་པར་ཡང་དག་པར་འགྱུར་བ་སྲིད་པར་བསྟན་པའི་ཕྱིར། བྱིན་གྱིས་བརླབས་བས་དག་པ་ཉིད་དུ་འགྱུར་རོ་ཞེས་བྱ་བ་སྨྲས་ཏེ། དགེ་འདུན་ལྷག་མ་དང་སྤང་བའི་ལྟུང་བྱེད་ནི་བྱིན་གྱིས་བརླབས་ཏེ་འདུག་པར་བྱའོ། །ལྟུང་བྱེད་དང་སོ་སོར ་བཤགས་པར་བྱ་བ་དང། བསླབ་པ་མང་པོ་རྣམས་ལས་བཤགས་པར་བྱ་བ་རྣམས་ནི་ལེན་པར་བྱེད་པ་ཡོད་ན་ངེས་པ་ཁོ་ནར་བཤགS་པར་བྱ་སྟེ། འདུག་པར་བྱ་བའོ། །ལེན་པར་བྱེད་པ་མེད་ན་ནི་བྱིན་གྱིས་བརླབས་ཏེ་འདུག་པར་བྱའོ། །བསྡམ་པར་བྱ་བ་རྣམS ་ནི་བསྡམས་ཏེ་འདུག་པར་བྱ་བའོ། །ནུས་པ་ཉིད་ཡིན་ན་མི་འགྱུར་རོ་ཞེས་བྱ་བ་ནི། ལྟུང་བྱེད་ལ་སོགས་པ་བཤགས་པར་བྱ་བ་འཆིགས་ནུས་པ་ཉིད་ཡིན་ན་བྱིན་གྱིས་བརླབས་པས་དག་པ་ཉིད་དུ་མི་འགྱུར་བའོ། །འདིར་གཞུང་ནི་དགག་དབྱེའི་གཞི་ལས ་གལ་ཏེ་ཕམ་པར་འགྱུར་བ་དག་ཤེས་ན། བསྙིལ་ཏེ་དགག་དབྱེ་བྱའོ། །གལ་ཏེ་དགེ་འདུན་ལྷག་མ་དག་ཤེས་ན་བྱིན་གྱིས་བརླབས་ཏེ་དགག་དབྱེ་བྱའོ། །གལ་ཏེ་སྤང་བ་དག་ཤེས་ན་བྱིན་གྱིས་བརླབས་ཏེ་དགག་དབྱེ་བྱའོ། །གལ་ཏེ་ལྟུང་བྱེད་དག་ཤེས་ན ་བཤགས་ཏེ་དགག་དབྱེ་བྱའོ། །གལ་ཏེ་སོ་སོར་བཤགས་པར་བྱ་བ་དག་ཤེས་ན་སོ་སོར་བཤགས་ཏེ་དགག་དབྱེ་བྱའོ། །གལ་ཏེ་བཤགས་པར་བྱ་བའི་ཉེས་བྱས་དག་ཤེས་ན་བཤགས་ཏེ་དགག་དབྱེ་བྱའོ། །གལ་ཏེ་བསྡམ་པར་བྱ་བའི་ཉེས་བྱས་དག་ཤེས་ན ་བསྡམS་ཏེ་དགག་དབྱེ་བྱའོ། །ཞེས་གསུངས་པ་ཡིན་ནོ། །འདིར་ལྟུང་བྱེད་ལ་སོགས་པ་བཤགས་པར་གསུངས་པ་ནི་ཉི་མ་དེ་ཉིད་ལ་ཕྱིར་བཅོས་པར་ནུས་པའི་ཕྱིར་རོ། །དེ་བས་ན་བཤགས་པར་ནུས་པ་ཉིད་ཡིན་ན་བྱིན་གྱིས་བརླབས་པས་དག་པ་ཉིད་དུ་མི ་འགྱུར་རོ། །ཞེས་བསྟན་ཏོ། །ནུས་པ་ཉིད་གང་ཞེ་ན། དེའི་ཕྱིར་དེའི་ཚེ་ལན་པ་ཡོད་ན་ལྟུང་བྱེད་འབའ་ཞིག་ཏུ་འགྱུར་བ་དང་སོ་སོར་བཤགས་པར་བྱ་བ་དང་ཕྱིར་བཅོས་པར་བྱ་བའི་ཉེས་བྱས་ནི་ནུས་བ་ཡིན་ཏེ་བཤགས་པ་ཙམ་ཡིན་པའི་ཕྱིར་རོ་ཞེས ་བྱ་བ་སྨྲས་ཏེ། ཉི་མ་གང་ལ་ལས་བྱེད་པའི་ཉི་མ་དེའི་ཚེ་ལྟུང་བ་གང་དག་བཤགས་པ་ལེན་པ་ཉིད་ཡོད་ན་ཕྱིར་བཅོས་པར་བྱ་ནུས་པ་དེ་དག་ནི་ལྟུང་བྱེད་འབའ་ཞིག་ཏུ་འགྱུར་བ་དང། སོ་སོར་བཤགས་པར་བྱ་བ་དང། བཤགས ་པའི་ཉེས་བྱས་རྣམས་ཏེ། འདི་ལྟར་དེ་དག་ནི་དེའི་མདུན་དུ་བཤགས་པ་ཙམ་གྱིས་ཕྱིར་བཅོས་པར་བྱ་བདག་ཡིན་པའི་ཕྱིར་རོ། །ལྟུང་བ་བྱུང་བ་ལ་འདུ་ཤེས་ཇི་ལྟ་བ་བཞིན་དུ་བསྒྲུབ་པར་བྱའོ་ཞེས་བྱ་བ་ནི། ལྟུང་བ་བྱུང་བའི་ག?་ཟག་ལ་ནི་བྱེད ་པ་བོ་རྣམས་ཀྱི་འདུ་ཤེས་ཇི་ལྟ་བ་བཞིན་དུ་འབྱུང་བ་དེའི་རྗེས་སུ་འབྲང་བས་དེ་དག་གིས་འཇུག་པར་བྱ་བ་སྟེ། ལྷག་མ་དང་བཅས་པར་འདུ་ཤེས་པ་རྣམས་ཀྱིས་ནི་བྱིན་གྱིས་རློབ་ཏུ་གཞུག་པའམ། ཕྱིར་བཅོས་པར་བྱེད་དུ་བཅུག་ནས་དེ་དང ་ལྷན་ཅིག་ལས་བྱའོ། །ལྷག་མ་མེད་བར་འདུ་ཤེས་པ་རྣམས་ཀྱིས་ནི་དེ་མེད་པ་ལས་བྱའོ། གཅིག་ལ་དེ་ལྟར་བསྟིལ་བ་དང་མི་བསྙིལ་བ་དང་ཕྱིར་བཅོས་པ་རྣམ་པ་དུ་མ་ནི་རིག་པ་ཁོ་ནའོ་ཞེས་བྱ་བ་ནི། གང་ཟག་ལྟར་བ་བྱུང་བ་གཅིག་ལ་དེ ་ལྟར་བསྙིལ་བ་དང་མི་བསྙིལ་བ་ཞེས་བྱ་བ་ལས་སྤང་པ་དང་མི་སྤང་བ་དང་ཕྱིར་བཅོས་པ་རྣམ་པ་དུ་མ་ཞེས་བྱ་བ་ལྟུང་པ་གསོར་གཞུག་པ་རྣམ་པ་དུ་མ་བྱེད་དུ་གཞུག་པ་ནི་རིགས་པ་ཁོ་ན་ཡིན་ནོ། །འདི་སྐད་བསྟན་ཏེ། ལྷག་མ་མེད་པར་འདུ་ཤེས་པ ་རྣམས་ཀྱིས་ནི་དེ་བསྙིལ་པར་བྱའོ། །ལྷག་མ་དང་བཅས་པར་འདུ་ཤེས་པ་རྣམས་ཀྱིས་ནི། བསྡུ་བར་བྱའོ། །བཤགས་པར་བྱ་བར་འདུ་ཤེས་པ་རྣམས་ཀྱིས་ནི་བཤགས་པའི་བདག་ཉིད་ཀྱི་ཕྱིར་བཅོས་པ་བྱེད་དུ་གཞུག་གོ། བསྡམ་པར་བྱ་བར་འདུ ་ཤེས་པ་རྣམས་ཀྱིས་ནི་བསྡམས་པའི་བདག་ཉིད་ཀྱི་ཕྱིར་བཅོས་པ་བྱེད་དུ་གཞུག་སྟེ། དེ་དག་ནི་རིགས་ཤིང་རུང་བ་ཉིད་ཡིན་པར་རིག་པར་བྱའོ། །དེ་དག་ནི་བྱེད་པ་པོ་ཉིད་མ་ཡིན་ནོ་ཞེས་བྱ་བ་ནི། མི་འདུག་པར་འགྲེང་བ་དང། གང་ལ་བྱ་བ་དང། འདུན ་པ་དང། ཡོངས་སུ་དག་པ་དབུལ་བ་དང། བསྙེན་པར་མ་རྫོགས་པ་དང། ཉམས་པ་དང། མཚམས་མེད་པ་བྱས་པ་དང། སྡིག་པའི་ལྟ་བ་ཅན་དང། ས་གཞན་ན་གནས་པ་དང། ཐ་དད་པར་གནས་པ་དང། འཁྲུལ་པ་དང་བཅས་པ་དག་ན་ཁ་སྐོང་བ་ཉིད་མ་ཡིན ་ནོ་ཞེས་བསྟན་པ་དེ་དག་ནི་ལས་ཀྱི་བྱེད་པ་པོ་མ་ཡིན་ཏེ། དེ་དག་གི་ལས་བྱར་མི་རུང་བའོ། །འདི་སྐད་བསྟན་ཏེ། མི་འདུག་པར་འགྲེང་བ་ཞེས་བྱ་བ་ནས་འཁྲུལ་པ་དང་བཅས་པ་ཞེས་བྱ་བའི་བར་དུ་ཇི་སྐད་མདོ་ལས་བསྟན་པ་དེ་དག་གིས་ལས་བྱས་པ་ནི ་ལས་མ་བྱས་པ་ཉིད་ཡིན་ནོ་།འདིར་གཞུང་ནི། གླེང་གཞི་དག་ལས་བཙུན་པ་བསླབ་པ་སྩལ་བ་ལས་དག་བགྱིས་ན་བགྱིས་ཞེས་བརྗོད་པར་བགྱི་འམ། འོན་ཏེ་མ་བགྱིས་ཞེས་བརྗོད་པར་བགྱི།?་ཉེ་བར་འཁོར་མ་བྱས་ཞེས་བརྗོད་པར་བྱ་སྟེ། ཡང་བྱ་བ་དག་ཡིན ་ནོ།། བཙུན་པ་ཟ་མ་དང་མ་ནིང་དང། དགེ་སློང་མ་སུན་ཕྱུང་བ་དང། མ་བཀུམ་པ་དང། ཕ་བཀུམ་པ་དང། དགྲ་བཅོམ་པ་བཀུམ་པ་དང། དགེ་འདུན་གྱི་དབྱེན་བགྱིས་པ་དང། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བ་དང། མུ་སྟེགས་ཅན ་དང་མུ་སྟེགས་ཅན་ཞུགས་པ་དང། རྐུ་ཐབས་སུ་གནས་པ་དང། ཐ་དད་པར་གནས་པ་དང། གནས་པར་མི་བགྱི་བས་ལས་དག་བགྱིས་ན་བགྱིས་ཞེས་བརྗོད་པར་བགྱི་འམ་མ་བགྱིས་པ་ཞེས་བརྗོད་པར་བགྱི། ཉེ་བར་འཁོར་མ་བྱས་ཞེས་བརྗོད་པས་བྱ་བ ་སྟེ། ཡང་བྱ་བ་དག་ཡིན་ནོ་ཞེས་གསུངས་པ་ཡིན་ནོ། །གང་ཚོགས་ཀྱི་ཁ་སྐོང་པར་མི་ངོས་པ་ངེས་ལས་བྱ་བ་ཐག་རིང་དུ་སྤང་པར་བྱ་བ་ཁོ་ན་ཡིན་ཏེ། ལས་བྱེད་པ་ནི་ཚོགས་ཀྱིས་ཁ་སྐོང་བ་གཞན་དག་པས་ཆེས་གཅེས་པ་ཡིན་པའི་ཕྱིར་དང། དགེ་འདུན ་གྱི་གཙོ་བོར་གྱུར་པ་ཡིན་པའི་ཕྱིར་རོ། །འདི་ལྟར་དགེ་འདུན་ཐམས་ཅད་ཀྱིས་གང་བྱ་བ་སྟེ། ལས་བྱེད་པ་དེས་བྱ་དགོས་པས་དེའི་ཕྱིར་དེ་ནི་དགེ་འདུན་དུ་གྱུར་པ་ཉིད་ཡིན་ནོ། །ལྷག་མ་དང་བཅས་པར་ཕྱིར་བཅོས་པ་ལ་ཞུགས་པ་ནི་འདོན་པར་བྱེད་པ ་ཉིད་ཡིན་ནོ་ཞེས་བྱ་བ་ནི། སྔར་དེ་དག་ནི་བྱེད་པ་པོ་ཉིད་མ་ཡིན་ནོ། །ཞེས་སྨོས་པ་དེའི་དམིགས་ཀྱིས་བསལ་བ་ཡིན་ཏེ། དགེ་འདུན་ལྷག་མའི་ལྟུང་བ་བྱུང་པ་ཕྱིར་འཆོས་པ་ལ་ཞུགས་པ་སྤོ་བ་དང། གཞི་ནས་སྤོ་བ་དང། མགུ་བར་བྱ་བ་དང། ་གཞི་ནས་མགུ་བར་བྱ་བ་བྱེད་པ་དང། གནས་ནས་དབྱུང་བ་ལ་སོགས་པ་གསོ་བ་ལ་ཞུགས་པའི་གང་ཟག་གིས་ནི་སོ་སོར་ཐར་པ་འི་མདོ་གདོན་དུ་རུང་བ་ཉིད་ཡིན་པའོ། །དེ་ལས་གཞན་པ་དེ་དག་གིས་ནི་ཐོས་པ་དང་བཅས་པར་མི་བྱའོ་ཞེས་བྱ་བ་ནི། ལྷག ་མ་དང་བཅས་པ་ཕྱིར་འཚོས་པ་ལ་ཞུགས་པ་ཞེས་སྨོས་པ་དེ་ལས་གཞན་བ། བསྙེན་པར་མ་རྫོགས་པ་དང། ཉམས་པ་ལ་སོགས་པ་དེ་དག་གིས་ནི་ལས་ཐོས་པར་མི་བྱ་བའོ། །བསྙེན་པར་མ་རྫོགས་པ་དང། ཉམས་པ་ལ་སོགས་པ་དེ་དག་ལS ་ཁ་ཅིག་དམིགས་ཀྱིས་བསལ་བ་བསྟན་པའི་ཕྱིར། མ་སྤངས་པ་དང་མ་ལོག་པ་མ་གཏོགས་སོ་ཞེས་བྱ་བ་སྨྲས་ཏེ། མ་སྤངས་པ་ཞེས་སྨོས་པས་ནི། སྤངས་པ་དང། སྤངས་པ་ཐ་དད་པ་དང། གནས་ནས་ཕྱུང་བ་གཉིས་དམིགས་ཀྱིས་སལ་ཏེ། ་དེ་གཉིས་ནི་དགེ་སློང་གི་དགེ་འདུན་ལས་སྤང་པའི་ཕྱིར་རོ། །མ་ལོག་པ་ཞེས་སྨོས་པས་ནི། ལོག་པ་ཉམས་པ་དང་མཚམས་མེད་པ་བྱས་པ་དང། བསྙེན་པར་རྫོགས་པ་ལས་བྲལ་བ་དམིགས་ཀྱིས་བསལ་བ་ཏེ། ཉམས་པ་དང་མཚམས་མེད་པར ་བྱེད་པ་གཉིས་ནི་ལོག་པ་ཡིན་ཏེ། གང་ལས་ཤེན་བདེ་འགྲོར་འགྲོ་བ་དང། རང་བཞིན་དུ་གནས་པའི་རྗེས་སུ་མཐུན་པ་ཉིད་ལས་སོ། །བསྙེན་པར་རྫོགས་པ་ལས་བྲལ་བ་ནི་བསྙེན་པར་རྫོགས་པ་ལས་ལོག་པ་ཡིན་ནོ། །དེ་ལྟར་ན་འདིར་ཚིག་དོན་འདི ་འབྱུང་སྟེ། མ་སྤངས་པ་དང་མ་ལོག་པ་མ་གཏོགས་པ་དེ་ལས་གཞན་བདག་གིས་ཐོས་པ་དང་བཅས་པར་ལས་མི་བྱའོ། །མ་སྤངས་པ་དང་མ་ལོག་པ་ཞེས་བྱ་བ་འདིས་ནི། བསླབ་པ་བྱིན་པ་དེའི་ངོ་བོ་ཉིད་ཚོལ་བ་བྱིན་པ་དང། བསྡིགས་པ་དང། ་སྨད་པ་དང། བསྐྲད་པ་དང། སྤངས་པ་དག་བསྟན་ཏེ། དེ་དག་གིས་ཐོས་པ་དང་བཅས་པར་ལས་བྱེད་པ་ལ་ཉེས་པ་མེད་དོ། །གནས་ནས་ཕྱུང་བ་ནི་རང་གི་ལས་ལ་ཡང་ངོ་ཞེས་བྱ་བ་ཡང། མ་གཏོགས་སོ་ཞེས་བྱ་བའི་རྗེས་བསྙེགས་པའི་ཕྱིར་ཡང་ངོ་ཞེས་བྱ ་བའི་སྒྲ་སྨོས་ཏེ། གནས་ནས་ཕྱུང་བ་དེའི་རང་གི་ལས་བཟོད་པ་གསོལ་བ་དེ་ནི་ངེས་ཐོས་པ་དང་བཅས་པར་བྱའོ། ལས་གཞན་ནི་ངེས་ཐོས་པར་མི་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། ནང་དུ་དྲི་བའི་ཕྱིར་གསོལ་བ་ལ་སོགས་པ་བསྙེན་པར་རྫོགས་པར་བྱ་བ ་ཡང་ངོ་ཞེས་བྱ་བ་ཡང། མ་གཏོགས་སོ་ཞེས་བྱ་བ་རྗེས་བསྙེག་པའི་ཕྱིར་ཡང་ངོ་ཞེས་བྱ་བའི་སྒྲ་སྨོས་སོ། །ནང་དུ་ཞེས་བྱ་བ་ནི་དགེ་འདུན་གྱི་ནང་དུའོ་དྲི་བའི་ཕྱིར་ཞེས་བྱ་བ་ནི། དགེ་འདུན་གྱི་ནང་དུ་བར་ཆད་ཀྱི་ཅོས་གང་དག་ལས་ཀྱི་སློབ་དཔོན་གྱིས་དྲི་བའི ་ཕྱིར་རོ། །གསོལ་པ་ཞེས་བྱ་བ་ནི། དེའི་ཕྱིར་གསོལ་བ་འབའ་ཞིག་གིས་ལས་བྱེད་པ་གང་ཡིན་པ་སྟེ། ནང་དུ་དྲི་བའི་ཕྱིར་གསོལ་བ་འབའ་ཞིག་གི་ལས་བྱེད་བདེ་ནི་བསྙེན་པར་རྫོགས་པར་བྱ་བའི་གང་ཟག་གིས་ཐོས་ཀྱང་རུང་ངོ། །སོགས་ཞེས་བྱ་བའི་སྒྲས་ནི་གསོལ ་པ་དང་བཞིའི་ལས་ཀྱིས་བསྙེན་པར་རྫོགས་པར་བྱ་བ་དག་བསྡུས་ཏེ། དེ་དག་ཀྱང་བསྙེན་པར་རྫོགས་པར་བྱ་བའི་གང་ཟག་གིས་ཐོས་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། འདི་སྐད་བསྟན་ཏོ། ལས་བྱེད་པའི་སློབ་དཔོན་གྱིས་དགེ་འདུན་གྱི་ནང་དུ་བར་ཆད་ཀྱི་ཆོས ་རྣམས་དྲི་བའི་ཕྱིར་གསོལ་བ་འབའ་ཞིག་གི་ལས་བྱ་བ་དང། གསོལ་བ་དང་བཞིའི་ལས་ཀྱིས་བསྙེན་པར་རྫོགས་པར་བྱ་བའི་ལས་དེ་དག་གི་བསྙེན་པར་རྫོགས་པར་བྱ་བའི་གང་ཟག་ངེས་ཐོས་པ་དང་བཅས་པར་བྱའོ། །དེ་ལས་གཞན་པ་ནི་ཐོས་པར་མི ་བྱའོ། །བམ་པོ་ལྔ་བཅུ་དགུ་པ། །ཐོས་པར་བྱ་བ་མ་ཡིན་པ་བསྙེན་པར་མ་རྫོགས་པ་ལ་སོགས་པའི་གང་ཟག་ལ་བསྙེན་པར་རྫོགས་པར་བྱ་བ་ལ་སོགས་པ་མངོན་སུམ་དུ་བྱ་བ་གང་ཡིན་པ་དང། བསྙིལ་བ་ལ་སོགས་པ ་རྗེས་སུ་བསྒྲག་པར་བྱ་བ་གང་ཡིན་པ་ལས་རྣམ་པ་གཉིས་བྱ་བ་དེ་ལ་མངོན་སུམ་དུ་བྱ་བ་དང། རྗེས་སུ་བསྒྲག་པར་བྱ་བ་དག་ཐབས་གང་གིས་བྱ་ཞེ་ན། དེའི་ཕྱིར་དེ་དག་བྱ་བ་ལྟ་བའི་ཉེན་ཀོར་དུ་བཞག་པས་ནི་མངོན་སུམ་དུ ་བསྒྲུབ་བོ། །གོ་བར་བྱ་བས་ནི་རྗེས་སུ་བསྒྲག་པའོ་ཞེས་བྱ་བ་སྨྲས་ཏེ། དེ་དག་བྱ་པ་ལ་ཞེས་བྱ་བ་ནི། མངོན་སུམ་དུ་བྱ་བ་དང། རྗེས་སུ་བསྒྲག་པར་བྱ་བ་ལའོ། །མངོན་སུམ་དུ་བྱ་བ་ནི། བལྟ་བའི་ཉེན་ཀོར་དུ་བཞག་པས་བསྒྲུབ་བོ། །རྗེས་སུ་བསྒྲག་པ་ནི ་གོ་བར་བྱ་བས་བསྒྲུབ་པོ། །འདི་སྐད་བསྟན་ཏེ། ཐོས་པར་བྱ་བ་ཡིན་པའི་གང་ཟག་ལ་མངོན་སུམ་དུ་ལས་གང་བྱ་བདེ་ལ་ནི་བལྟ་བར་བྱ་བའི་ཉིན་ཀོར་དུ་བཞག་པ་ཉིད་ཀྱིས་བསྒྲུབ་པར་བྱའོ། །དེ་བཞིན་དུ་ཐོས་པར་བྱ་བ་མ་ཡིན་པའི་གང་ཟག་ལ་རྗེས་སུ ་བསྒྲག་པས་ལས་གང?་བྱ་བ་དེ་ལ་ནི་གོ་བར་བྱ་བ་ཉིད་ཀྱིས་བསྒྲུབ་པར་བྱ་སྟེ། ཁྱོད་ལ་གསོལ་བ་དང་བཞིའི་ལས་བྱ་བ་ལས། གསོལ་བ་ནི་བྱས་ཟིན་ཏོ། ཞེས་བྱ་བ་ལ་སོགས་པས་གོ་བར་བྱ་བས་སོ། །སྨྱོས་པའི་གནང་བ་དང་ཕྱག་མི་བྱ་བ་དང་མི་སྨྲ་བ ་དང་ལོངས་མ་སྤྱད་པ་དང། གཙུག་ལག་ཁང་གི་སྡོམ་པ་དག་ནི་མངོན་སུམ་དུ་མ་གྱུར་པར་རོ་ཞེས་བྱ་བ་ནི། སྨྱོས་པའི་གནང་པ་དང། ཕྱག་མི་བྱ་བའི་སྡོམ་པ་དང། མི་སྨྲ་བའི་སྡོམ་པ་དང། ལོངས་མི་སྤྱོད་པའི་སྡོམ་པ་དང། གཙུག་ལག་ཁང་གི ་སྡོམ་པ་དག་ནི་མངོན་སུམ་དུ་མ་གྱུར་པར་བྱ་བའོ། །འདིར་གཞུང་ནི། མ་མོ་ལས་མངོན་སུམ་དུ་མ་གྱུར་པར་བྱ་བའི་ལས་བཅུ་གང་ཞེ་ན། ལྷུང་བཟེད་ཁས?་དབུབ་པ་དང་ལྷུང་བཟེད་ཁས་ཕུབ་པ་བག་ཡང?་སུ་བྱ་བ་དང། སློབ་པའི་སྡོམ་པ་དང། སློབ་པའི་སྡོམ་པ་བ་གཡངས་སུ་བྱ ་བ་དང། དགེ་ཚུལ་གྱིས་སྡོམ་པ་དང། སྨྱོས་པའི་གནང་བ་དང། ཕྱག་མི་བྱ་བའི་སྡོམ་པ་དང། མི་སྨྲ་བའི་སྡོམ་པ་དང། ལོངས་མི་སྤྱོད་པའི་སྡོམ་པ་དང། གཙུག་ལག་ཁང་གི་སྡོམ་པའོ་ཞེས་གསུངས་པ་ཡིན་ནོ། །ལྷུང་བཟེད་ཁས་དབུབ་པ་ནས་དགེ་ཚུལ ་གྱི་སྡོམ་པའི་བར་གྱི་སྡོམ་པ་ལྔ་པོ་འདིང་ཅིའི་ཕྱིར་མདོར་མ་བསྡུས་ཤེ་ན། དེ་དག་ནི་བསྙེན་པར་མ་རྫོགས་པའི་ཡུལ་ཡིན་པས་དེ་དག་ལས་མངོན་སུམ་དུ་འགྱུར་བའི་དོགས་པ་མེད་པའི་ཕྱིར་རོ། །ལས་བཅུ་པོ་དེ་དག་ནི་ལྟ་བའི་ཉེན་ཀོར་དུ་བཞག་པ་ཉིད་ཀྱིས་མངོན ་སུམ་དུ་བསྒྲུབ་པར་ཡང་མི་བྱའོ། །གོ་བར་བྱ་བས་རྗེས་སུ་བསྒྲགས་པས་ནི་བསྒྲུབ་པར་བྱ་བ་ཁོ་ན་ཡིན་ནོ།། ལྷུང་བཟེད་ཁས་དབུབ་པའི་སྡོམ་པ་ནི་ལི་ཙ་བྱི?་ཚན་པོ་པ་ལས་བཅས་པ་ལྟ་བུའོ། ལྷུང་བཟེད་ཁས་ཕུབ་པ་བག་ཡངས་སུ་བྱ་བའི་གནང་བ་ནི་དེ་ཉིད་ལ ་ལྷུང་བཟེད་ཕྱིར་བཟློག་པ་མཛད་པ་ལྟ་བུའོ། སློབ་པའི་སྡོམ་པོ་ནི་དམག་དཔོན་སེངྒེ་ལས་བཅས་པ་ལྟ་བུའོ། །སློབ་པའི་སྡོམ་པ་བག་ཡོངས་སུ་བྱ་བ་ནི་དེ་ཉིད་ལ་སྡོམ་པ་གཞག་པར་མཛད་པ་ལྟ་བུའོ། །དགེ་ཚུལ་གྱི་སྡོམ་པ་ནི། དགེ་ཚུལ་བསྙིལ་བ་མི་བསྡུ ་བའི་སྡོམ་པའོ། །དེ་དག་ནི་རང་གི་ཡང་དག་པར་བསྡམ་པར་ཡིན་གྱི། གཞན་ལ་སྤྱོད་པ་བྱ་བ་མ་ཡིན་པས་མངོན་སུམ་དུ་མ་གྱུར་པ་བྱ་བ་དག་ཡིན་ནོ། །སྨྱོས་པའི་གནང་བ་ནི་དགེ་སློང་བྱེ་མ་སྐྱེས་ལ་བཅས་པ་ལྟ་བུའོ། །ཕྱག་མི་བྱ་བའི་སྡོམ་པ་ནི། དགེ ་སློང་གནས་ནས་ཕྱུང་བ་ལ་དགེ་སློང་མ་རྣམས་ཀྱིས་ཕྱག་བྱ་བའི་འོས་མ་ཡིན་པའི་སྡོམ་བ་བཅས་པའོ། །མི་སྨྲ་བའི་སྡོམ་པ་དང། ལོངས་མི་སྤྱོད་པའི་སྡོམ་པ་དང། ལོངས་མི་སྤྱོད་པའི་སྡོམ་པ་དང་གཙུག་ལག་ཁང་གི་སྡོམ་པ་ནི། ལྷུང་བཟེད་ཁ་སྦུབ་པའི་སྡོམ་པ་ནས། དགེ་ཚུལ་གྱི་སྡོམ ་པའི་བར་གྱི་སྡོམ་པ་ལྔ་པོ་བཅས་པ་དེ་དག་དང་གཏམ་འདྲེ་བར་མི་བྱ་བ་དང། དེ་དག་གི་ལོངས་སྤྱོད་ལ་ལོངས་སྤྱོད་པར་མི་བྱ་བ་དང། དེ་དག་གི་གཙུག་ལག་ཁང་དུ་འགྲོ་བར་མི་བྱ་བའི་སྡོམ་པ་བཅས་པའོ། །བསྙེན་པར་རྫོགས་པ་རྣམས་ལ་ལས ་དེ་དག་མངོན་སུམ་དུ་མ་གྱུར་པར་བྱའོ། །ལས་གཞན་ཐམས་ཅད་ནི་མངོན་སུམ་དུ་བྱའོ། །གསོལ་བ་མ་བྱས་པར་དེའི་དོན་དུ་བརྗོད་པར་མི་བྱའོ། །ཞེས་བྱ་བ་ནི། གང་གི་དོན་དུ་ལས་བརྗོད་པ་དེ་བྱེད་པའི་གཞི་དེ་ལ་སྔར་གསོལ་བ་མ་བྱས་པར་ལས ་བརྗོད་པར་མི་བྱ་བའོ། །སྔར་མི་མཐུན་པ་དག་མི་བྱའོ་ཞེས་སྨོས་པ་དེའི་མི་མཐུན་པའི་ངོ་བོ་ཉིད་བསྟན་པའི་ཕྱིར། དེའི་མཚམས་ཀྱི་ཁོངས་སུ་གཏོགས་པ་ཁ་སྐོད་བར་བོས་པ་ལུས་སམ་དེ་ལ་འདུན་པས་འདུས་པར་རྗེས་སུ་མ ་ཞུགས་པ་ཉིད་དང་ཕྱིར་ཟློག་པར་བྱེད་པ་ཡང་གང་ལ་ལས་དེ་བྱེད་པ་དེ་ལས་གཞན་པས་གལ་ཏེ་མི་མཐུན་པ་དང་ཆོས་དང་ལྡན་ན་སྤྱོད་ལམ་ལས་མ་ཉམས་པ་དང། རང་བཞིན་དུ་གནས་པ་དང། དག་ཡང་དག་པར་བསྡམས་པས་མངོན་པར ་མི་ཤེས་པ་དང། ནང་དང་བཅས་པ་མ་གཏོགས་པ་མི་མཐུན་པ་ཉིད་དོ། ཞེས་བྱ་བ་སྨྲས་ཏེ། མི་མཐུན་པ་ཉིད་ནི་རྣམ་པ་གཉིས་ཏེ། འདུས་པར་རྗེས་སུ་མ་ཞུགས་པ་ཉིད་དང། ཕྱིར་ཟློག་པར་བྱེད་པའོ། །དེ་ལ་འདུས་པར་རྗེས་སུ་མ་ཞུགས་པ་ཉིད་ཅེས་བྱ་བ་དེ་ཇེ ་བསྟན་པའི་ཕྱིར། དེའི་མཚམས་ཀྱི་ཁོངས་སུ་གཏོགས་པ་ཞེས་བྱ་བ་སྨོས་ཏེ། མཚམས་གང་དུ་ལས་དེ་བྱེད་པ་དེའི་མཚམས་ཀྱི་ཁོངས་སུ་གཏོགས་པའི་དགེ་སློང་ངོ། །དགེ་སློང་ཁྱད་པར་ཇི་ལྟ་བུ་ཅན་ཞིག་ཅེ་ན་དེའི་ཕྱིར་ཁ་སྐོང་བར་འོས་པ ་ཞེས་བྱ་བ་སྨྲས་ཏེ། ཚོགས་ཀྱི་ཁ་བསྐང་བའི་ཕྱིར་འོས་པ་ཉིད་ཡིན་གྱི། མི་འོས་པ་བསྙེན་པར་མ་རྫོགས་པ་དང། ཉམས་པ་ལ་སོགས་པ་དག་ནི་མ་ཡིན་ཏེ། དེ་ལྟ་བུའི་དགེ་སློང་དེ་འདུས་པར་རྗེས་སུ་མ་ཞུགས་པ་ཉིད་དོ། །རྣམ་པ་གང་གིས་འདུས ་པར་རྗེས་སུ་མ་ཞུགས་པ་ཉིད་ཅེ་ན། དེའི་ཕྱིར་ལུས་སམ་དེ་ལ་འདུན་པས་ཤེས་བྱ་བ་སྨྲས་ཏེ། ལུས་ཀྱི་འདུས་པར་རྗེས་སུ་མ་ཞུགས་པའམ། ལས་དེ་ལ་འདུན་པས་རྗེས་སུ་མ་ཞུགས་པ་སྟེ། དེ་ནི་འདུས་པར་རྗེས་སུ་མ་ཞུགས་པ་ཉིད་ཀྱི་མི་མཐུན ་པ་ཉིད་ཅེས་བྱ་སྟེ། དགེ་འདུན་འདུས་པའི་ནང་དུ་རྗེས་སུ་མ་ཞུགས་པ་ཉིད་ཀྱིས་མི་མཐུན་པ་ཉིད་ཡིན་ནོ། །ཕྱིར་ཟློག་པར་བྱེད་པ་ཞེས་བྱ་བ་ནི། ཕྱིར་ཟློག་པར་བྱེད་པ་ཡང་ཞེས་བྱ་བ་སྟོན་ཏེ། དེ་ཡང་མི་མཐུན་པ་ཉིད་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །ཡང ་ཞེས་བྱ་བའི་སྒྲས་ནི། ཕྱིར་བཟློག་པར་བྱེད་པ་ཡང་གལ་ཏེ་དེའི་མཚམས་ཀྱི་ཁོངས་སུ་གཏོགས་པ་ཁོ་ན་མིན་ན་མི་མཐུན་པ་ཉིད་ཡིན་གྱི། དེའི་མཚམས་ཀྱིས་ཁོངས་སུ་གཏོགས་པ་མ་ཡིན་ན་དེའི་ཕྱིར་ཟློག་པ་མི་འཆགས་སོ་ཞེས་བྱ་བའི་ཆོས་གཞན་འདི ་སྡུད་པར་ཕྱིར་རོ། །གང་གིས་ཕྱིར་བཟློག་པར་བྱེད་ཅེ་ན་དེའི་ཕྱིར། གང་ལ་ལས་བྱེད་པ་དེ་ལས་གཞན་པས་ཞེས་བྱ་བ་སྨྲས་ཏེ། དེས་ཕྱིར་བཟློག་པ་འཆགས་ཀྱི། གང་ལ་ལས་བདེ་བྱེད་པ་དེ་ཉིད་ཀྱིས་ཕྱིར་བཟློག་པ་ནི་མི་འཆགས་སོ། །ཅི་ལས་ཐམས་ཅད ་ལ་གང་ལ་བྱེད་པ་དེ་སྩལ་བར་བྱ་བ་འམ་ཞེ་ན་དེའི་ཕྱིར། གལ་ཏེ་མི་མཐུན་པ་དང་ཆོས་དང་ལྡན་ན་ཞེས་བྱ་བ་སྨྲས་ཏེ། མི་མཐུན་པ་ནི་ཆད་པའི་ལས་སོ། །ཆོས་དང་ལྡན་པ་ནི། འདུན་པ་ལེན་པ་དང། དགེ་འདུན་ཚོགས་པ་དང། གསོལ་བ་བྱ་བ་ལ་སོགས ་པ་རིགས་པ་དང་ལྡན་པ་སྟེ། གལ་ཏེ་ལས་དེ་དེ་ལྟ་བུ་ཡིན་ན། ལས་དེ་ལྟ་བུ་དེ་ལ་བསྩལ་ལོ། གལ་ཏེ་གང་ལ་བྱེད་པའི་ལས་དེ་མི་མཐུན་པ་མ་ཡིན་པ་དང་ཆོས་དང་ལྡན་པ་མ་ཡིན་ན་ནི་དེས་ཕྱིར་བཟློག་པ་ཡང་འཆགས་སོ། །ཆད་པའི་ལས་དང་གསོལ ་པ་ལས་གྲངས་སུ་གཞུག་པ་དག་ལ་ནི་གང་ལ་བྱེད་པ་ངེས་ཕྱིར་བཟློག་པ་ནི་མི་འཆགས་སོ། །སྦྱིན་པ་དང་དབྱུང་བ་དང་བཟོད་པ་དང་བསྐོ་བ་དག་ནི་གང་ལ་བྱེད་པ་དེས་ཕྱིར་བཟློག་པ་འཆགས་སོ། །འདིར་སྦྱིན་པ་ཞེས་བྱ་བ་ནི། ཁར་བའི་སྣང་བ་ལ་སོགས་པ ་སྦྱིན་པ་ཡིན་པར་ཤེས་པར་བྱའོ། །འདིར་གཞུང་ནི་གླེང་གཞི་དག་ལ། བཙུན་པ་བཅོམ་ལྡན་འདས་ཀྱིས་གང་ལ་ལས་བྱེད་པ་ངེས་ཕྱིར་ཟློག་པ་མི་འཆགས་སོ་ཞེས་གང་གསུངས་པ་དེ་ལ། བཙུན་པ་གང་ལ་ཆོས་མ་ལགས་པས་ལས་བགྱིད་པ་དེས ་སླར་བཟློག་པ་ཡང་འཆགས་སམ། ཉེ་བར་འཁོར་འཆགས་སོ། །བཙུན་པ་རེ་ཞིག་གང་ཟག་བཅུ་གཉིས་པ་དག་བསྐོ་བ་ན། དེ་དག་འདི་སྐད་ཅེས་བདག་ཅག་མ་བསྐོ་ཞིག་ཅེས་མཆི་ན་དེ་དག་གིས་སླར་བཟློག་པ་ཡང་མི་འཆགས་སམ། ཉེ་བར་འཁོར ་འཆགས་ཏེ། མི་འཆགས་སོ། །ཞེས་བྱ་བ་དེ་ནི། ངེས་ཆང་པའི་ལས་ལ་དགོངས་ཏེ། གསུངས་སོ་ཞེས་གསུངས་པ་ཡིན་ནོ། །གང་ཟག་རྣམ་པ་ཇི་ལྟ་བུས་ཕྱིར་བཟློག་པ་འཆགས་ཤེ་ན། དེ་བསྟན་པའི་ཕྱིར་རོ། །སྤྱོད་ལམ་ལས་མཉམས་པ ་དང་རང་བཞིན་དུ་གནས་པ་དང་ངག་ཡང་དག་པར་བསྡམས་པས་ཞེས་བྱ་བ་སྨྲས་ཏེ། དེ་དག་གིས་ཕྱིར་ཟློག་པ་ནི་འཆགས་སོ། །དེ་དག་བཟློག་པ་ནི་མི་བཙུན་པས་དེ་དག་གིས་ཕྱིར་ཟློག་པ་ནི་མི་འཆགས་སོ། །སྤྱོད་ལམ་ལས་མཉམས་པ་ལ་སོགས་པ ་རྣམ་པ་དེ་ལྟ་བུ་ཐམས་ཅད་ཀྱིས་ཕྱིར་བཟློག་པ་འཆགས་སམ་ཞེན་དེའི་ཕྱིར་མངོན་པར་མི་ཤེས་པ་དང་ནང་དང་བཅས་པ་མ་གཏོགས་པ་ཞེས་བྱ་བ་སྨྲས་ཏེ། འདིར་མངོན་པར་མི་ཤེས་པ་ཞེས་བྱ་བ་ནི། འདུལ་བར་གཏོགས་བའི་བྱ་བ་དག་མངོན་བར་མི་ཤེS ་པ་ཡིན་པར་ཤེས་པར་བྱ་སྟེ། འདིས་ནི་བྱས་པ་དང་རྨོངས་པ་དང་མི་མཁས་པ་ཞེས་གང་གསུངས་པ་དེ་བསྡུས་སོ། །ནང་དང་བཅས་པ་ཞེས་བྱ་བ་ནི་ཞེ་འགྲས་པ་སྟེ། གང་ཟག་ཕྱིར་བཟློག་བར་བྱེད་པ་དེ་དང། གལ་ཏེ་འཁོན་དུ་འཛིན་པ་ཡོད་ན་ཞེ་འགྲས་བའི ་དངོས་པོར་རིགས་པ་རྗེས་སུ་བསྲུང་བར་བྱ་བ་སླ་བ་མ་ཡིན་པས་དེ་གཉིས་མ་གཏོགས་སོ། །གཞུང་ལས་བཙུན་པ་དུ་དག་གིས་སླར་ཟློག་པ་འཆགས། ཉེ་བར་འཁོར་བཞི་སྟེ། རང་བཞིན་དུ་གནས་པ་དང། དེའི་མཚམས་ན་གནས་པ་དང་སྤྱད་ལམ་བསམ? ་ཉམས་པ་དང། དག་ཡང་དག་པར་བསྡམས་པས་སོ་ཞེས་གསུངས་པ་ལ། འདིར་དག་ཡང་དག་པར་བསྡམས་པ་ཉིད་ཀྱིས་མངོན་པར་མི་ཤེས་པ་དང། ནང་དང་བཅས་པ་ཉིད་སྩལ་བར་རིག་བར་བྱའོ། །སིལ་བུ་དག?་ལས་བཙུན་པ་ཇི་ཙམ་གྱིས་ན་དང ་ཡང་དག་པར་བསྡམས་པ་ལགས་ཉི་བར་འཁོར་གང་ཚུན་ཆད་བརྫུན་དུ་སྨྲ་བའམ་ཕྲ་མ་ཅན་ནམ་དག་རྩུབ་པོ་ཅན་ནམ་ཚིག་འཁྱལ་བ་ཅན་མ་ཡིན་ནའོ། །ཞེས་བྱ་བ་ལ་སོགས་པ་གསུངས་པ་དག་བསྡུ་བའི་ཕྱིར་རྫུན་དུ་སྨྲ་བའི་རྗེས་སུ་མཐུན་པ་ཉིད་ནི ་དག་ཡང་དག་པར་མ་བསྡམས་པའོ་ཞེས་བྱ་བ་སྨྲས་ཏེ། རྫུན་དུ་སྨྲ་བའི་རྗེས་སུ་མཐུན་པ་ཉིད་ཅེས་བྱ་བ་ནི། རྫུན་དུ་སྨྲ་བ་ལས་སེམས་ཕྱིར་མ་འདུས་པ་ཉིད་དེ། དེ་ནི་དག་ཡང་དག་པར་མ་བསྡམས་པ་ཡིན་གྱི། དྲན་པ་ཉམས་པ་གང་ཡང་རུང་བས་རྫུན་དུ ་གྱུར་བ་ནི་མ་ཡིན་ནོ། །ཅི་དེ་འབའ་ཞིག་གིS་དག་ཡང་དག་པར་མ་བསྡམས་པ་ཡིན་ན་མ་ཞེན་དེའི་ཕྱིར། ཕྲ་མ་དང་དག་རྩུབ་པོ་དང་ཚིག་འཁྱལ་པའི་ཡོད་དོ། ཞེས་བྱ་བ་སྨྲས་ཏེ། རྗེས་སུ་མཐུན་པ་ཉིད་ནི་དག་ཡང་དག་པར་མ་བསྡམས་པའོ་ཞེས་བྱ་བའི་རྗེས ་བསྙག?་པའི་ཕྱིར། ཡང་ངོ་ཞེས་བྱ་བའི་སྒྲ་སྨོས་ཏེ། དེ་དག་རེ་རེའི་རྗེས་སུ་མཐུན་པ་ཉིད་ཀྱང་འདིར་དག་ཡང་དག་པར་མ་?་པ་ཡིན་པར་བལྟ་བར་བྱའོ། །རང་བཞིན་དུ་གནས་པ་མ་ཡིན་པ་ཉིད་ཀྱང་དེ་དག་གིའོ་ཞེས་བྱ་བ་ནི། རང་བཞིན་དུ་གནས་པ ་མ་ཡིན་པ་ཉིད་ཀྱང་བརྫུན་དུ་སྨྲ་བ་ལ་སོགས་པ་དེ་དག་གི་རྗེས་སུ་མཐུན་པ་ཉིད་ཡིན་པ་སྟེ། དེས་ན་དག་ཡང་དག་པར་མ་བསྡམས་པ་དེ་ནི་རང་བཞིན་དུ་གནས་པ་མ་ཡིན་པ་ཞེས་ཀྱང་བྱའོ། །གཞན་དུ་ཡང་བྱ་བ་མ་ཡིན་པའོ་ཞེས་བྱ་བ་ནི། རང་བཞིན་དུ ་གནས་པ་མ་ཡིན་པ་ལས་གཞན་ཡང། བྱ་བ་མ་ཡིན་པ་ལྟུང་བར་གྱུར་བ་དག་ལྷག་པར་སྤྱོད་པའི་རྗེས་སུ་མཐུན་པ་ཉིད་ཀྱང་རང་བཞིན་དུ་གནས་པ་མ་ཡིན་པ་ཞེས་བྱའོ། །བྱ་བ་མི་བྱེད་པའོ་ཞེས་བྱ་བ་ནི། བྱ་བ་གང་ཡིན་པ་མི་བྱེད་བ་ཡང་རྗེས་སུ་མཐུན ་པ་ཉིད་ཡིན་པ་སྟེ། དེས་ན་བསླབ་བ་ཐམས་ཅད་ལ་བརྩོན་པ་བཏང་ཞིང་སྤྲོ་བ་བོར་བ་ལ་ཡང་རང་བཞིན་དུ་གནས་པ་མ་ཡིན་པ་ཞེས་བྱའོ། །དེ་བརྩམས་པ་འགྲོ་བའི་སེམས་ཀྱིས་བཏང་བ་ནི་སྤྱོད་ལམ་ལས་ཉམས་པ་ཡིན་ནོ་ཞེས་བྱ་བ་ནི། འདུག་པ་ཞེས ་བྱ་བའི་སྤྱོད་ལམ་དེ་བརྩམས་ཤིང་སྔར་འདུག་པར་གྱུར་པ། གཞན་དུ་འགྲོ་བའི་སེམས་ཀྱིས་བཏང་བ་ནི་སྦྱོང་ལམ་ལས་ཉམས་པ་ཡིན་པའོ། །དགེ་འདུན་གྱི་ནང་ནས་སྟན་ལས་ལངS་བ་ནི་སྤྱོད་ལམ་ལས་ཉམས་པ་ཡིན་གྱི། དེ་ནས་གཞན་དུ་སོང ་པ་འབའ་ཞིག་ཏུ་མ་ཟད་དོ།། འདིར་གཞུང་ནི་ཉེ་བར་འཁོར་གང་ཚུན་ཆད་དགེ་འདུན་གྱི་ནང་ནས་ལངས་པར་གྱུར་བའི་ཞེས་གསུངས་པ་ཡིན། །ལྟ་བ་དགེ་འདུན་བླ་བརྗོད་བར་བྱའོ་ཞེས་བྱ་བ་ལ། འདི་ལྟར་ལྟ་བ་ཞེས་བྱ་བ་ནི། བློ ་གྲོས་དང་བསམ་པ་ལ་བྱ་སྟེ། དགེ་འདུན་གྱི་བྱ་བ་དགོས་པ་ལ་ལྟབ་དགེ་འདུན་ལ་བརྗོད་བར་བྱ་བའོ། །གཞན་ལ་མི་བྱའོ་ཞེས་བྱ་བ་ནི། དགེ་འདུན་ལས་གཞན་པའི་ཆོགས་དགེ་འདུན་མ་ཡིན་པ་ལ་ལྟ་བ་བརྗོད་པར་མི་བྱའོ། །དེས་ན་གང་ཟག་གཅིག ་བུ་ལ་ལྟ་བ་བརྗོད་པར་ག་ལ་བྱ་སྟེ། དགོས་པ་མ་འགྲུབ་པའི་ཕྱིར་རོ། །བསྙེན་པར་མ་རྫོགས་པ་ལ་མི་བྱའོ་ཞེས་བྱ་བ་ནི། དགེ་ཚུལ་གྱི་ཚོགས་ལ་ཡང་ལྟ་བ་བརྗོད་པར་མི་བྱ་བའོ། །ཁ་བསྐོང་བར་འོས་བ་མ་ཡིན་པ་ལ་ཡང་ངོ་ཞེས་བྱ་བ་ནི། བསྙེན་པར ་རྫོགས་པ་ཡིན་ཡང་དགེ་འདུན་གྱི་བསྐོང་བའི་འོས་མ་ཡིན་པ་ལ་ཡང་ལྟ་བ་བརྗོད་པར་མི་བྱ་བའོ། །ལྷག་མ་མ་ལུས་པ་ཉིད་མི་བྱའོ་ཞེས་བྱ་བ་ནི། ཕམ་བར་གྱུར་བ་ཡིན་བར་ཤེས་བའི་ལྟ་བ་ནི་དགེ་འདུན་ལ་ཡང་བརྗོད་པར་མི་བྱ་བའོ། །འདི ་ཕམ་པར་འགྱུར་བ་འབྱུང་བར་བདག་གིས་ཤེས་སོ་ཞེས་སུ་ལ་ཡང་བརྗོད་བར་མི་བྱ་བ་སྟེ། དགོས་པ་མེད་པའི་ཕྱིར་དང་འཐབ་ཀྲོལ་ཏུ་འགྱུར་བའི་ཕྱིར་རོ། །འདིར་གཞུང་ནི་མ་མོ་ལས། ཆོས་དང་ལྡན་པ་མ་ཡིན་བའི་ལྟ་བ་བརྗོད་ལ་ལྔ་གང་ཞེ་ན། ་གནས་པར་མི་བྱ་བ་ལ་ལྟ་བ་བརྗོད་པ་དང། ཐ་དད་བར་གནས་པ་ལ་ལྟ་བ་བརྗོད་པ་དང། བསྙེན་བར་མ་རྫོགས་པ་ལ་ལྟ་བ་བརྗོད་བ་དང། ཆོགས་ལ་ལྟ་བ་བརྗོད་པ་དང། ལྷག་མ་མ་ལུས་པའི་དངོས་པོའི་ལྟ་བ་བརྗོད་པ་སྟེ། ལྔ་པོ་དེ་དག་ནི་ཆོས ་དང་ལྡན་པ་མ་ཡིན་པའི་ལྟ་བ་བརྗོད་བའོ། །དེ་ལས་བཟློག་པ་ལྔ་ནི་ཆོས་དང་ལྡན་པའི་ལྟ་བ་བརྗོད་པ་ཡིན་ནོ། ཞེས་གསུངས་བ་ཡིན་ནོ། །འདིར་ཚོགས་ཞེས་སྨོས་པ་ནི་དགེ་འདུན་དུ་མ་གྱུར་བ་དག་བཟུང་ངོ། །ལྟག་མ་མ་ལུས་པའི་དངོས་པོའི ་ལྟ་བ་བརྗོད་པ་བགག་པ་ལ་ནི་གང་ཟག་དེ་ལས་དེའི་རྒྱུས་གནོད་བ་འབྱུང་བ་སྤང་བའི་ཕྱིར་རོ། །འདིར་གཞུང་ནི། ཞུ་བ་ལས། སྔོན་ལྟུང་བ་བྱུང་བ་ལ་ལྟ་བ་བརྗོད་ན་ཉེས་བྱས་སོ། །རྐུ་ཐབས་སུ་གནས་བ་དང། དང་པོ་འཁྲུགས་པ་དང། བསླབ་པ་བྱིན་པ་དང། ་དགེ་ཚུལ་ལ་ལྟ་བ་བརྗོད་ན་ཉེས་བྱས་སུ་འགྱུར་རོ། །དེ་བཞིན་དུ་གནས་ནས་ཕྱུང་བ་ལ་ལྟ་བ་བརྗོད་ན་ཡང་ཉེས་བྱས་སུ་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །དེ་བས་ན་ཐམས་ཅད་དུ་ཡང་ཁ་སྐོད་པར་འོས་པ་མ་ཡིན་པ་བཀག་པར་ཤེས་བར་བྱའོ། ། ་བསྐོས་བ་རྗེས་ནས་ཆེས་ལེགས་པ་དང་ཆོས་མང་བུ་བྱེད་པ་བསྐོ་བར་བྱའོ་ཞེས་བྱ་བ་ནི། སྔར་བསྐོས་བའི་གང་ཟག་བརྗེས་ནས་བྱ་བ་དེ་ལ་ཆེས་ལེགས་བར་བྱེད་བ་དང་ཆེས་མང་དུ་བྱེད་བའི་གང་ཟག་གཞན་ཡིན་པ་དེ་བསྐོ་བར་བྱ་བའོ།། དུས་དེས་པར ་བྱས་ཏེ་མི་བྱའོ་ཞེས་བྱ་བ་ནི། བསྐོར་བར་རོ། །གང་ལ་དུས་ངེས་བར་བྱ་སྟེ་བསྐོ་བར་མི་བྱ་ཞེ་ན་དེའི་ཕྱིར། ཡང་དང་ཡང་དཱུམ་གཞན་ལའོ་ཞེས་བྱ་བ་སྨྲས་ཏེ། ཡང་དང་ཡང་དུ་ཞེས་བྱ་བའི་དུས་གཞན་དུ་ཡང་དགོས་པ་བྱུང་ངོ་ཅོག་དུ་ཁྱོད་འབའ་ཞིག་བསྐོའོ་ཞེས ་དེ་ལྟར་དུས་དེས་བར་བྱས་ཏེ་མི་བསྐོ་བའོ། །གཞན་ལའོ་ཞེས་བྱ་བ་ནི། དགོས་པ་གཞན་དག་ལ་ཡང་ཁྱོད་ཁོ་ན་བསྐོའོ། །ཞེས་དེ་ལྟར་དུས་ངེས་བར་བྱས་ཏེ་ཡང་མི་བསྐོ་བའོ། །གཞན་ལ་ཡང་ཇི་ཙམ་གྱིས་ཆོག་པ་ན་སྤང་བ་སྦྱིན་ནོ། །ཞེས་བྱ་བ་ནི། ཡང་དང ་ཡང་དུ་འམ་གཞན་ལ་ཞེས་སྨོས་པ་ལས་གཞན་པ་ལས་ཅིག་ལ་དུས་ངེས་པ་མེད་པར་བསྐོས་པ་དེ་ལ་ཡང་ཅི་རན་ཙམ་ན་བརྗེ་བ་བྱ་བ་སྟེ། ཁྱོད་འདི་ལས་དབྱུང་ངོ་བསྙིལ་བའི་ཚུལ་ཏུ་ཡང་མི་བྱའོ། །བསྐོས་པ་མེད་ན་མདུད་དོར་བས་བསྐོའོ་ཞེས་བྱ་བ་ནི། ་སྣོད་སྤྱད་འགེད་པར་བསྐོས་བའི་གང་ཟག་མེད་ན་རྙེད་བ་དབང་བ་རྣམས་ཀྱིས་མདུད་དགྱེ་ཞིང་བགོ་བར་བྱ་བའོ། །དེ་ཡང་མདུད་འདོར་བའི་གང་ཟག་ཡོད་ན་ནི་དབང་བ་རྣམས་ཀྱི་མདུད་མཚན་མ་བཏབ་བ་མང་པོ་མདུད་འདོར་བའི་ལག་ཏུ་བྱིན་ནས། དེས ་མིག་བཀབ་སྟེ་མདུད་རེ་རྫས་རེའི་སྟེང་དུ་བཞག་ཅིང། གང་ལ་བབ་པ་དེ་དེས་བླང་ངོ། །གལ་ཏེ་མདུད་འདོར་བ་མེད་ན་ནི་རྫས་རྣམས་མི་མངོན་པར་བཞག་སྟེ། དབང་བ་རྣམས་ཀྱིས་རང་རང་གི་ལག་ཉར་རི་རེ་བླང་ཞིང་གང་ཟིན་བ་དེང་དེས ་བསྐུར?་བར་བྱ་སྟེ། དེ་ནི་འཇིག་རྟེན་ན་མདུད་འགྱེད་པ་ཞེས་བྱའོ། །གང་ཁ་སྐང་པར་མི་འོས་པ་དེ་མདུད་འདོར་བར་ཡང་བྱའོ་ཞེས་བྱ་བ་ནི། གང་ཟག་བསྙེན་བར་མ་རྫོགས་པ་ལ་སོགས་པ་གང་དགེ་འདུན་གྱི་ཁ་བསྐང་བར་འོས་པ་མ་ཡིན་པ་དེ་རྙེད་པ་བགོ ་བ་ལ་སོགས་བ་མདུད་འདོར་བར་འོས་བ་ཡང་མ་ཡིན་པའོ།། དགེ་འདུན་གྱི་དབྱེན་ལ་ཡང་འོས་པ་མ་ཡིན་བས་ཚུལ་ཤིང་དག་འདྲིམ་པ་མི་འཆགས་སོ་ཞེས་བྱ་བ་ནི། དགེ་འདུན་བྱེ་བ་ནི། ཆོས་དང་ཆོས་མ་ཡིན་བའི་ཕྱོགས་སུ་གཏོགས་བ་བརྟག་པའི ་ཕྱིར་ཚུལ་ཤིང་དག་འདྲིམ་པ་ཡང་གང་ཟག་དགེ་འདུན་གྱིས་ཁ་སྐོང་བར་འོས་བ་མ་ཡིན་པས་བྲིམས་བ་མི་འཆགས་པའོ། །འདིར་གཞུང་ནི། སིལ་བུ་དག་ལས། བཙུན་པ་རྐུ་ཐབས་སུ་གནས་པས་ཚུལ་ཤིང་བྲིམས་བས་དགེ་འདུན་དབྱེ་བར་འགྱུར་རམ། ་ཉེ་བར་འཁོར་མི་འགྱུར་རོ། །ཞེས་བྱ་བ་ལ་སོགས་པ་གསུངས་བ་ཡིན་ནོ། །ལས་ཀྱི་བཞི་གཞིར་གཏོགས་པའོ་ཞེས་བྱ་བ་ལ། ལས་ཀྱི་གཞི་འདུལ་བའི་གཞིའི་སྐབས་སུ་གཏོགས་བ་བཤད་ཟིན་ཏོ།། །།ད་ནི་ལས་ཀྱི་གཞི་ཞུ་བ་ལ་སོགས་པའི ་སྐོབས་སྦྱིར་བསྟན་པ་བསྡུ་བའི་ཕྱིར། བརྗོད་པ་ལྷག་མ་དག་གིས་ནི་མ་བྱས་པ་ཉིད་མ་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། གང་ལ་ལས་བརྗོད་པ་དག་ལྷག་པར་བྱེད་བ་དེ་ལ་ནི་ལས་མི་འཆགས་པ་ཉིད་མ་ཡིན་ཏེ། འཆགས་པ་ཁོ་ནའོ། འདི་ལ་ཆོ་ག་ལས་འདས་ན ་ལས་མི་འཆགས་ལ་སོ་ཞེས་བྱ་བའི་ཉེས་བར་འགྱུར་བར་དོགས་པར་མི་བྱའོ། །ཉམས་ན་མ་བྱས་པ་ཉིད་དོ་ཞེས་བྱ་བ་ནི། གང་ལ་ལས་བརྗོད་པ་ཇི་སྙེད་གསུངས་པ་དེ་ལས་ཉམས་ན་ནི་ལས་དེ་མ་བྱས་པ་ཉིད་དོ། །བྱེད་བ་ཉིད་ནི་སོང་ན་ཚགས་མ་རྫོགས ་བ་རྣམ་པར་འཁྲུགས་པ་ཉིད་དོ་ཞེས་བྱ་བ་ནི། ལས་བྱེད་པ་ཉིད་ན་བྱེད་པ་དག་སོང་ན་དེའི་ཚེ་གསོལ་བའི་བདག་ཉིད་དམ་བརྗོད་པའི་བདག་ཉིད་ཀྱི་ཚིགས་མ་རྫོགས་པ་གང་ཡིན་པ་དེ་རྣམ་པར་འཁྲུགས་པ་ཉིད་ཡིན་ཏེ། ཉམས་པ་དང་མ་བྱས་པ་ཉིད་ཡིན་ནོ་ཞེས ་བྱ་བའི་ཐ་ཚིག་གོ། རྫོགས་པར་བྱས་པ་གང་ཡིན་པ་དེ་ནི་བྱས་པ་ཉིད་ཁོ་ན་ཡིན་ནོ། །ལས་དེ་ལ་དགེ་འདུན་གྱི་ཚད་དག་ཏུ་མ་ལངས་པ་རྣམས་མ་ལུས་པ་ཉིད་ན་རྫོགས་པའོ་ཞེས་བྱ་བ་ནི། ལས་བྱེད་པ་ཉིད་ན་བྱེད་པ་དག་སོང་བའི་ཚེ་ལས་ཏེ་བྱ་བ་ལ་དགེ་འདུན་གྱི ་མཛའ་བཅུའི་ཚོགས་ལ་སོགས་པ་དེའི་ཚད་དག་ཏུ་དེ་ནས་མ་ལངས་པ་རྣམས་མ་ལུས་པ་ཉིད་ཡིན་ན་ནི་ཚིགས་རྫོགས་པ་དག་ཀྱང་རྣམ་པར་འཁྲུགས་པ་ཉིད་ཡིན་ནོ། །འདིར་མ་ལངས་པ་ཞེས་བྱ་བ་ནི་སྟན་ལས་མ་འཕགས་པ་ཡིན་པར་རིག་པར་བྱའོ། །འདི་སྐད་བསྟན ་ཏེ། ལས་བྱེད་པ་ན་གལ་ཏེ་དགེ་སློང་དག་དེའི་ནང་ནས་འགྲོ་བ་ན་ལས་དེ་ལ་དགེ་འདུན་གྱི་མཛའ་བཅུའི་ཚོགས་ལ་སོགས་པ་དག་ཕྱིན་མ་ལུས་པར་གྱུར་ན། ལས་ཀྱི་ཚིགས་སྔར་རྫོགས་པ་ཡང་རྣམ་པར་འཁྲུགས་པ་ཉིད་དོ། །ལུང་པ་ཉིད་ན་མི་འགྱུར་རོ ་ཞེས་བྱ་བ་ནི། ལས་བྱེད་པ་ན་གལ་ཏེ་དགེ་སློང་ཁ་ཅིག་སོང་ཡང་དེ་ན་ལས་དེའི་ཚན་ཀྱི་དགེ་སློང་མ་ལངས་པ་ལྷག་མ་དག་ལུས་པ་ཉིད་ཡིན་ན་དེའི་ཚེ་ལས་ཀྱི་ཚིགས་སྔར་རྫོགས་པ་རྣམ་པར་འཁྲུགས་བར་མི་འགྱུར་བ་ཉིད་དོ། །གལ་ཏེ་དེ་ཡང་བྱེད་པར་འདོད་ན ་ཚིག་གིས་རྣམ་པར་དཀྲུག་ཅིང་གསོལ་བས་དགེ་འདུན་ལ་བཙུན་པ་དག་ཡང་གསོལ་བ་བགྱིའོ་ཞེ་འམ་རྗེས་སུ་བསྒྲག་གོ་ཞེས་བྱ་བས་སོ་ཞེས་བྱ་བ་ནི། གལ་ཏེ་ལས་བྱེད་པ་དེའི་ཚིགས་རྫོགས་པའི་ལས་དེ་ཡང་བཞི་ནས་བཟླས་ཏེ་བྱེད་པར་འདོད་པ་ན་ཚིགS ་རྫོགས་པ་རྣམ་པར་མ་འཁྲུགས་པ་དེ་དང་པོར་ཚིག་གིས་རྣམ་པ་རང་ཀྲུག་ཅིང་དེའི་འོག་ཏུ་ལས་དེ་བཞི་ནས་བཟླས་པར་བྱའོ། །ཇི་ལྟར་ཚིག་གིས་རྣམ་པར་དཀྲུག་པར་བྱ་ཞེ་ན། གསོལ་བས་སོ། །སུ་ལ་ཞེ་ན་དགེ་འདུན་ལའོ་རྣམ་པ་གང་གིས་ཤེ་ན། དེའི་ཕྱིར ་བཙུན་པ་དག་ཡང་གསོལ་བ་བགྱིའོ་ཞེ་འམ་རྗེས་སུ་བསྒྲག་གོ་ཞེས་བྱ་བས་སོ་ཞེས་བྱ་བ་སྨྲས་ཏེ། ཡང་གསོལ་བ་བགྱིའོ་ཞེས་བྱ་བ་ནི། གསོལ་བའི་བདག་ཉིད་ཀྱི་ཚིགས་རྫོགས་ཟིན་པ་དེ་ཡང་གཞི་ནས་བཟླས་?? ་བྱའོ། །རྗེས་སུ་བསྒྲག་གོ་ཞེས་བྱ་བ་ནི། གསོལ་བའི་བདག་ཉིད་དང་ལས་བརྗོད་པའི་བདག་ཉིད་ཀྱི་ཚོགས་གཉིས་རྫོགས་ཟིན་པ་དེ་ལས། ལས་བརྗོད་པ་འབའ་ཞིག་ཡང་བཞི་ནས་བཟླས་པར་འདོད་ན་དེ་སྐད་ཅེས་བྱའོ། །གལ་ཏེ་གསོལ་བའི་བདག་ཉིད ་ཀྱི་ཚིགས་དང། ལས་བརྗོད་བའི་བདག་ཉིད་ཀྱིས་ཚིགས་གཉི་ག་རྫོགས་ཟིན་པ་དེ་ཡང་གཞི་ནས་བཟླས་པར་འདོད་ན་ནི་དེའི་ཆེ་གསོལ་བའི་ལས་བགྱི་ཞིང་རྗེས་སུ་ཡང་བསྒྲག་གོ་ཞེས་ཚིག་གཉིག་བརྗོད་བར་བྱའོ། །འདིར་དགེ་འདུན་ལ་ཞེས་སྨོས ་བ་ནི་དཔེ་ཙམ་དུ་ཟད་དེ། དེས་ན་གང་ཟག་ལ་ལྷུང་བཟེད་ལ་སོགས་པ་བྱིན་གྱིས་བརླབས་པའི་ཚོགས་རྫོགས་ཟིན་པ་དེ་ཡང་བཞི་ནས་བཟླས་པར་འདོད་ན་ཡང་གང་ཟག་དེ་ལ་བཙུན་པ་ཡང་རྗེས་སུ་བསྒྲག་གོ་ཞེས་བྱ་བའི་ཚིག་གིས་ཚིགས་སྔར ་རྫོགས་པ་དེ་རྣམ་པར་དཀྲུག་པར་བྱ་ཞིང་དེའི་འོག་ཏུ་སྔགས་ཀྱི་ཚིག་གཞི་ནས་བཟླས་པར་བྱའོ། །དེ་བས་ན་འདིར་གལ་ཏེ་དེ་ཡང་བྱེད་པར་འདོད་ན་ཚིག་གིས་རྣམ་པར་དཀྲུག་ཅིང་གསོལ་བས་ཞེས་སྨོས་པ་ནི། དགེ་འདུན་འབའ་ཞིག་ལ་བྱ་བར་མ ་ཟད་ཀྱི་གང་ཟག་ལ་ཡང་བྱར་རུང་སྟེ། དེའི་སྐབས་སུ་ཡང་གསོལ་བ་བགྱིའོ་ཞེས་བྱ་བའི་ཚིག་ནི་བརྗོད་མི་དགོས་ཏེ། དེ་ནི་གསོལ་བའི་བདག་ཉིད་ཀྱི་ལས་ཀྱི་སྐབས་ཡིན་པའི་ཕྱིར་རོ། །རྗེས་སུ་བསྒྲག་གོ་ཞེས་བྱ་བའི་ཚིག་ནི་བརྗོད་པར་བྱ་སྟེ་།དེ་ནི ་བྱིན་གྱིས་?་བའི་སྔ?་དག་ལ་ཡང་རུང་བའི་ཕྱིར་རོ། །བཟློག་པའི་ཕྱིར་བསྒོ་བ་དང། བསྙེལ་བ་དང། དེའི་ངོ་བོ་ཉིད་ཚལ་དུ་གཞུག་པ་དང། བརླབ་པ་དང་མཐུན་པ་དང། དེའི་གསོ་སྦྱོང་དང། མུ་སྟེགས་ཅན་གྱི་གནས་དང། དེ་ལས་གཞན་པའི་?་དང ་མགུ་བ་དང། ཡང་བཞི་ནས་བསླང་བ་དང། དྲན་པས་འདུལ་བ་དང་མ་མྱོས་པས་འདུལ་བ་སྦྱིན་བ་དང། བསྙེན་པར་རྫོགས་པར་བྱ་བ་དང། མཚམས་བཀྲོལ་བ་དང། ནན་ཐུར་གྱི་ལས་དང། དབྱུང་བ་དག་ལ་ནི་བརྗོད་པ་གསུམ་མོ་ཞེས་བྱ་བས་ནི། ལས ་སུམ་ཅུ་བསྟན་ཏེ། དེ་དག་ནི་གསོལ་བ་དང་བཞིའི་ལས་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །དེ་ལ་བཟློག་བའི་ཕྱིར་བསྒོ་བས་ཞེས་བྱ་བས་ནི། དགེ་འདུན་འབྱེད་པ་ཉིད་ལ་སོགས་པའི་ཆོས་ལས་བཟློག་པའི་ཕྱིར་བསྒོ་བའི་ལས་བཅུ་བསྟན་ཏེ། དེ་དག་ཀྱང་གང་ཞེ་ན ་འདི་ལྟ་སྟེ། དགེ་འདུན་གྱི་དབྱེན་བྱེད་པ་དང། དེའི་རྗེས་སུ་ཕྱོགས་པ་དང། ཁྱིམ་སུན་འབྱིན་པ་དང། བཀའ་བློ་མི་བདེ་བ་དང། དགེ་སློང་དང་དགེ་ཚུལ་སྡིག་པ་ཅན་གྱི་ལྟ་བར་གྱུར་བ་མི་གཏོང་བ་དང། གནས་ནས་བྱུང་བའི་རྗེས་སུ་ཕྱོགས་བའི་དགེ་སློང་མ ་དང། དགེ་སློང་མ་དཀོན་མཆོག་གཏོང་བ་ལ་སོགས་པ་བཞི་ལ་ཞུགས་པ་དག་བཟློག་པའི་ཕྱིར་བསྒོ་བ་སྟེ། དཀོན་མཆོག་གཏོང་བ་དང། འཐའ་ཀྲོལ་བྱེད་པ་དང། སྡེ་ཞིང་གནས་པ་དང། སྡེ་ཞེང་གནས་སུ་འཇུག་པའོ། །བསྙིལ་བ་ཞེས་བྱ་བ་ནི། དགེ་ཚུལ ་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་མི་གཏོང་བ་བསྙིལ་བའི་ལས་གཅིག་བསྟན་ཏོ། །དེའི་ངོ་བོ་ཉིད་ཚལ་དུ་གཞུག་པ་སྦྱིན་པ་ཞེས་བྱ་བས་ན། ལྟུང་བ་གང་བྱུང་བ་མི་གསོལ་བར་མི་དྲན་པ་ལ་དེའི་ངོ་བོ་ཉིད་ཚོལ་ཏུ་གཞུག་བའི་ལས་གཅིག་བསྟན་ཏོ། །བསླབ ་པ་སྦྱིན་པ་ཞེས་བྱ་བས་ནི་ཕམ་པར་འགྱུར་བ་བྱུང་བ་ཉམས་པ་ལ་བསླབ་པ་སྦྱིན་པའི་ལས་ཤིག་བསྟན་ཏོ། །མཐུན་པ་སྦྱིན་པ་ཞེས་བྱ་བ་ནི། མཐུན་པ་སྦྱིན་པའི་ལས་བསྟན་ཏོ། །དེའི་གསོ་སྦྱོང་སྦྱིན་པ་ཞེས་བྱ་བས་ནི། མཐུན་བའི་གསོ་སྦྱོང་སྦྱིན ་པའི་ལས་གཅིག་བསྟན་ཏོ། །མུ་སྟེགས་ཅན་གྱི་གནས་སྦྱིན་པས་ཞེས་བྱ་བས་ནི་མུ་སྟེགས་ཅན་རབ་ཏུ་འབྱུང་བར་འདོད་པ་ལ་ཟླ?་བཞིའི་བར་དུ་མཁན་པོས་སྦྱར་བའི་ཀོས་ཀྱིས་གནས་པ་སྦྱིན་པའི་ལས་གཅིག་བསྟན་ཏོ། །དེ་ལས་གཞན་པའི་སྤོ་བ་སྦྱིན་པ་ཞེས ་བྱ་བས་ནི། མུ་སྟེགས་ཅན་ལ་ཟླ་བ་བཞིའི་བར་དུ་མཁན་པོས་སྦྱར་བའི་གོས་ཀྱིས་གནས་པ་སྦྱིན་པ་ལས་གཞན་པ་དགེ་འདུན་ལྷག་མ་བཅས་པའི་སྤྲོ་བ་སྦྱིན་པའི་ལས་གཅིག་བསྟན་ཏོ། །མགུ་བ་སྦྱིན་པ་ཞེས་བྱ་བས ་ནི། དགེ་འདུན་ལྷག་མའི་ལྟུང་བའི་ཕྱིར་མགུ་བ་སྦྱིན་པ་དང། ལྕི་བའི་ཆོས་ལྷག་པར་སྤྱད་པའི་ཕྱིར་མགུ་བ་སྦྱིན་བའི་ལས་གཅིག་བསྟན་ཏོ། །ཡང་གཞི་ནས་བསླང་བ་སྦྱིན་པ་ཞེས་བྱ་བ་ནི། སྤོ་བ་དང་མགུ་བར་བྱ་བ་བྱེད་པའི་སྐབས་སུ་གལ ་ཏེ་དགེ་འདུན་ལྷག་མདེ་འདི་ཀྱི་ལྟུང་བ་བྱུང་བས་གཞི་ནས་སྦོ་བ་དང། གཞི་ནས་མགུ་བར་བྱ་བ་དང། ཡང་གཞི་ནས་བསླངས་ཏེ་སྦོ་བ་དང། ཡང་བཞི་ནས་བསླངས་ཏེ་མགུ་བར་བྱ་བ་སྦྱིན་བའི་?་བཞི་བསྟན་ཏོ། །དྲན་བས་འདུལ་བ་སྦྱིན་པ་ཞེས་བྱ་བས་ནི། དྲན་བས་འདུལ ་བར་འོས་བ་ལ་དྲན་བས་འདུལ་བ་སྦྱིན་བའི་ལས་གཅིག་བསྟན་ཏོ། །མ་མྱོས་པས་འདུལ་བ་སྦྱིན་པ་ཞེས་བྱ་བས་ནི། མ་མྱོས་པས་འདུལ་བར་འོས་བ་ལ་མ་མྱོས་པས་འདུལ་བ་སྦྱིན་པའི་ལས་གཅིག་བསྟན་ཏོ།། བསྙེན་པར་རྫོགས་པར་བྱ་བ་ཞེས ་བས་ནི། དགེ་སློང་དང་དགེ་སློང་མ་བསྙེན་བར་རྫོགས་པར་བྱ་བའི་ལས་གཅིག་བསྟན་ཏོ། །མཚམས་དགྲོལ་བ་ཞེས་བྱ་བས་ནི། མཚམས་ཆེན་པོ་དང། མཚམས་ཆུང་དུ་དང། དཀྱིལ་འཁོར་པའི་མཚམས་དགྲོལ་བའི་ལས་གཅིག་བསྟན་ཏོ། ་ནན་ཐུར་གྱི་།ལས་ཞེས་བྱ་བས་ནི། ནན་ཐུང་དང་བཟོད་བར་བྱ་བའི་ལས་གཉིས་བསྟན་ཏེ། འདི་ལྟ་སྟེ། བསྡིགས་པ་དང། སྨད་པ་དང། བསྐྲད་བ་དང། མ་མཐོང་བས་གནས་ནས་དབྱུང་བ་དང། ཕྱིར་མི་འཆོས་བས་གནས་ནས ་དབྱུང་བ་དང། སྡིག་བ་ཅན་གྱི་ལྟ་བའི་རྣམ་པ་མི་གཏོང་བས་གནས་ནས་དབྱུང་བ་དང། གསོ་སྦྱོང་བཞག་པ་དང། དགག་དབྱེ་བཞག་པ་དག་ནི་ནན་ཐུར་གྱི་ལས་སོ། །གནས་ནས་ཕྱུང་བ་དེ་དག་ལ་བཟོད་བ་བྱ་བ་ནི། བཟོད་པའི་ལས་སོ། །དབྱུང་བ ་ཞེས་བྱ་བས་ནི། དགེ་འདུན་ལྷག་མ་ལས་དབྱུང་བ་དང། བསྲ་བརྐྱང་དབྱུང་བའི་ལས་གཉིས་བསྟན་ཏེ། ལས་སུམ་ཅུ་བོ་དེ་དག་ལ་ནི་གསོལ་བ་དང་བཞིའི་ལས་བྱའོ། །དེ་ལྟར་འདུལ་བའི་གཞུང་ལས་བགྲང་བ་དང། ཁྱིམ་གྱི་བསླབ་པའི་སྡོམ་པ་སྦྱིན ་པ་དང། ཕྱག་མི་བྱ་བའི་བསླབ་པའི་སྡོམ་པ་སྦྱིན་པ་དག་རྩོད་བ་སྤོང་པར་བྱེད་བ་སྐེ་བ་དང། བཟོད་པ་གསོལ་བ་ཞེས་བྱ་བ་དག་ཀྱང་གསོལ་བ་དང་བཞིའི་ལས་སུ་སྣང་བ་དེ་དག་ནི་འདིར་གསོལ་བ་དང་བཞིའི་ལས་སུ་མ་བྱས་སོ། །དེ་ལྟར་ག་ལས ་ཤེས་ཤེ་ན། གཏམ་གྱི་གཞི་ལས་ལས་གྱིས་གྲངས་བརྗོད་པ་ལས་བྱུང་སྟེ་བཙུན་པ་ལས་དག་ཏུ་མཆིས། ཉེ་བར་འཁོར་བརྒྱ་རྩ་གཅིག་གོ། བཙུན་པ་ལས་དུ་དག་གིས་ལས་ཐམས་ཅད་བསྡུས། ཉེ་བར་འཁོར་གསུམ་གྱིས་ཏེ། གསུམ་གང་ཞེ་ན། ་གསོ་པའི་ལས་དང། གསོལ་བ་དང་གཉིས་ཀྱི་ལས་དང། གསོལ་བ་དང་བཞིའི་ལས་ཀྱིས་སོ། །བཙུན་པ་ལས་བརྒྱ་རྩ་གཅིག་པ་གང་ལགས་པ་དེ་དག་ལ་གསོལ་བའི་ལས་དག་ནི་དུ། གསོལ་བ་དང་གཉིས་ཀྱི་ལས་དག་ནི་དུ་གསོལ་བ་དང ་བཞིའི་ལS?་དག་ནི་དུ་མཆིས། བཀའ་སྩལ་བ། ཉེ་བར་འཁོར་གསོལ་བའི་ལས་ནི་ཉི་ཤུ་རྩ་བཞིའོ། །གསོལ་བ་དང་གཉིས་ཀྱི་ལས་ནི་བཞི་བཅུ་རྩ་བདུན་ནོ། །གསོལ་བ་དང་བཞིའི་ལས་ནི་སུམ་ཅུའོ་ཞེས་གསུངས་སོ། །དེ་ནི་བརྡ་ཕྲད་སླ་བར་བྱ་བའི་ཕྱིར། གསོལ ་པ་དང། གསོལ་བ་དང། གཉིས་དང། གསོལ་བ་དང་བཞིའི་ལས་རྣམས་ཚིགས་སུ་བཅད་པ་དག་གིས་བསྡུ་བར་བྱ་སྟེ། རེའི་ཕྱིར། གསོད?་དང་ནང་དུ་དྲི་ཕྱིར་དང། གསོ་སྦྱོང་དེ་ལ་ལྟུང་བཅས་དང། དེ་ལ་དགེ་འདུན་ཡིད་གཉིས་དང། རྩོད་དང་དེས ་ཉིད་མ་ཡིན་དང། དེ་ཡི་དོན་དུ་ལྔ་པོ་དག།། ཐམས་ཅད་དགག་དབྱེར་གཏོགས་པ་ཡིན། །དབྱར་གནས་ཁས་བླངས་ཉིད་དང་ནི། །ཤི་བའི་རྫས་དང་ནོར་འདྲི་དང། །ཆོས་གོས་?་ཀྱང་གཏང་བ་དང། །ཆོས་གོས་སྦྱིན་པར་བྱ་བ་དང། །གནས་ངན་ལེན་ནི ་བརྗོད་པ་དང། །གྲངས་སུ་གཞུག་པ་བཞི་དག་དང། །ཁྱིམ་གྱི་སྡོམ་དང་དེ་གཞིག་དང། །ལྷུང་བཟེད་ཁས་དབུབ་བྱ་བ་དང། །དེ་ཉིད་བཟློག་པར་བྱ་བ་དག། གསོལ་བ་འབའ་ཞིག་ལས་ཡིན་ནོ། །གནས་དང་མཚམས་ནི་གཉིས་པོ་དང།། ་གསུམ་ཟེར་མི་འབྲལ་སྨྱོས་དང་དགག་དབྱེ་དང། གནས་མ་ལ་སྟོབས་པར་བྱེད་བ་དང། །རུང་བའི་ས་བཞི་བསྐོ་བ་དང། །སྲ་བརྐྱང་དང་ནི་དེ་གདིང་དང། །སྤོང་དང་ལག་གི་བླ་དང་ནི། །གནས་ཁང་སྒོ་ལ་སོགས་པ་དང། །གཟུ་དང་གསལ་དང་སྤེད་པ་དང། ཚུལ ་ཤིང་འདྲིམ་པར་བྱེད་པ་དང། །ཁང་པ་ཁང་ཆེན་བསྟན་པ་དང། །གླེང་དང་འབྲལ་བར་མི་འགྱུར་དང། །སྟན་དང་ལྷུང་བཟེད་འདྲི་མ་པ་དང། །མ་དང་གོ་བར་བྱ་བ་དང། །སྟོན་པ་དང་ནི་ནགS་ཉུལ་དང། །ཕྱག་མི་བྱ་དང་མང་ཕྱིར་དག་ཁང་བ་དྲ་བའི་ཕྱིར་དང་ནི། ། ་རྙད་པ་གཅིག་ཏུ་བྱ་ཕྱིར་དང། །བརླབ་པ་བྱིན་དང་ཉེར་གནས་དང། །བུ་དང་ཉ་དུ་ཕྱིར་འགྲོ་བ། །གསོལ་བ་དང་གཉིས་ཀྱིས་ལས་ཡིན་ནོ། །བསྙེན་པར་རྫོགས་པར་བྱ་བ་དང། མུ་སྟེགས་གནས་དང་མཚམས་འགྲོལ་བ་དང། མཐུན་སྦྱིན་གསོ ་སྦྱོང་བདུན་པོ་དང། །བརྒྱད་དང་དྲན་དང་མ་མྱོས་དང། །དེ་ཉིད་ཚེལ་ཏུ་གཞུག་པ་དང། །བསྒོ་བར་བྱ་བ་རྣམས་དང་ནི། །ཉམས་པ་སྦྱིན་པར་བྱ་བ་དག། གསོལ་དང་གཞི་ཡིས་ལས་ཡིན་ནོ། ཞེས་བྱ་བ་སྨྲས་སོ། །ད་ནི་བསྡུ་བའི་ཚིག་སུ་བཅད་པ་དེ་དག ་གི་བཤད་པར་བྱའོ། །དེ་ལ་གསང་དང་ཞེས་བྱ་བས་ནི་ལས་གཅིག་བསྟན་ཏེ། གསར་སྟེ་སྟོན་པའི་སློབ་དཔོན་གྱིས་བར་ཆད་ཀྱི་ཆོས་རྣམས་གསང་སྟེ་དྲི་བའི་ཕྱིར་གསོལ་བ་འབའ་ཞིག་གི་ལས་བྱ་བའོ། །ནང་དུ་དྲི་ཕྱིར་ཞེས་བྱ་བས ་ཀྱང་ལས་གཅིག་བསྟན་ཏེ། ལས་བྱེད་པའི་སློབ་དཔོན་གྱིས་བར་ཆད་ཀྱི་ཆོས་རྣམས་དགེ་འདུན་གྱིས་ནང་དུ་དྲི་བའི་ཕྱིར་གསོལ་བ་འབའ་ཞིག་གི་ལས་བྱ་བའོ། །གསོ་སྦྱོང་ཞེས་བྱ་བས་ཀྱང་ལས་ཀྱང་ལས་གཅིག་བསྟན་ཏེ། སོ་སོང་ཐར་བའི་མདོ ་གདོན་པའི་ཕྱིར?་གསོལ་བ་འབའ་ཞིག་གི་ལས་བྱ་བའོ། །དེ་ལ་ལྟུང་བ་བཅས་?་ཞེས་བྱ་བས་ཀྱང་ལས་གཅིག་བསྟན་ཏེ། གསོ་སྦྱོང་དེ་ལ་དགེ་འདུན་ཐམས་ཅད་ལྟུང་བ་དང་བཅས་བར་གྱུར་ན་གསོལ་བ་འབའ་ཞིག་གི་ལས་ཀྱིས་བྱིན་གྱིས་བརླབས ་ཏེ་གསོ་སྦྱོང་བྱ་བའོ། །དེ་ལ་དགེ་འདུན་ཡིད་གཉིས་དང་ཞེས་བྱ་བས་ཀྱང་ལས་གཅིག་བསྟན་ཏེ། གསོ་སྦྱོང་གི་ཚེ་ལྟུང་བ་དགེ་འདུན་ཐམས་ཅད་ཡིད་གཉིས་དང་བཅས་པར་གྱུར་ན་གསོལ་བ་འབའ་ཞིག་གི་ལས་ཀྱིས་བྱིན་གྱིས་བརླབས་ཏེ་གསོ ་སྦྱོང་བྱ་བའོ། །རྩོད་དང་ཞེས་བྱ་བས་ཀྱང་ལས་གཅིག་བསྟན་ཏེ། གསོ་སྦྱོང་གི་ཚེ་དགེ་འདུན་ལྟུང་བའི་ཕྱིར་རྩོད་པར་གྱུར་ན་གསོལ་བ་འབའ་ཞིག་གི་ལས་ཀྱིས་བྱིན་གྱིས་བརླབས་ཏེ་གསོ་སྦྱོང་བྱ་བའོ། །དེས་ཉིད་མ་ཡིན་དང་ཞེས་བྱ་བས་ཀྱང་ལས་གཅིག ་བསྟན་ཏེ། གསོ་སྦྱོང་གི་ཚེ་ལྟུང་བ་དེ་ནི་གང་ཡིན་པ་དེ་ལས་ཇི་ལྟར་ནི་ལྡང་བར་འགྱུར་ཞེས་བྱ་བ་ལ་སོགས་པས་ངེས་པ་ཉིད་མ་ཡིན་པར་གྱུར་ན་དེའི་ཚེ་གསོལ་བ་འབའ་ཞིག་གི་ལས་ཀྱིས་བྱིན་གྱིས་བརླབས་ཏེ་གསོ་སྦྱོང་བྱ་བའོ། །དེའི་དོན་དུ་ལྔ་པོ་དག ་ཐམS་ཅད་དགག་དབྱེར་གཏོགས་པ་ཡིན་ཞེས་བྱ་བ་ནི་ལས་ལྔ་བསྟན་ཏེ། གསོ་སྦྱོང་དེའི་དོན་དུ་ལས་ལྔ་པོ་དག་གསུངས་པ་ཐམས་ཅད་དགག་དབྱེར་ཡང་གཏོགས་པ་ཡིན་པའོ། །དབྱར་གནས་ཁས་བླངས་ཉིད་དང་ཞེས་བྱ་བས་ནི་ལས་གཅིག་བསྟན་ཏེ། ་དབྱར་གནས་པར་ཁས་བླང་བའི་ཆོ་གསོལ་བ་འབའ་ཞིག་གི་ལས་བྱ་བའོ། །ཤི་བའི་རྫས་དང་ནོར་འདྲ་ཞེས་བྱ་བས་ཀྱང་ལས་གཅིག་བསྟན་ཏེ། ཤི་བའི་རྫས་བགོ་བར་བྱ་བ་འམ། ཤི་བའི་ནོར་རྫས་གང་ཟག་གང་ལ་ཡོད་པ་དེ་གསོལ་བ་འབའ་ཞིག ་གི་ལས་ཀྱིས་བྱིན་གྱིས་བརླབ་པར་བྱ་བའོ། །ཆོས་གོས་སྲ་བརྐྱང་བཏང་བ་དང་ཞེས་བྱ་བ་དང། ཆོས་གོས་སྦྱིན་པར་བྱ་བ་དང། ཞེས་བྱ་བས་ཀྱང་གཅིག་སྟན་ཏེ། དབྱར་གནས་པའི་དགེ་འདུན་གྱིས་ཆོས་གོས་སྲ་བརྐྱང་གདིང་བའི་དགེ་སློང་ལ་གཏད་པ ་དང། ཀྱང་བུ་ནོར་ལྟ་བུ་ཆོས་གོས་གསུམ་ངན་པ་ལ་དགེ་འདུན་གྱིས་ངས་ཡུག་ཆེན་གཅིག་སྦྱིན་པ་ལ་གསོལ་བ་འབའ་ཞིག་གིས་ལས་བྱ་བའོ། །གནས་དང?་ལེན་ནི་བརྗོད་པ་དང་ཞེས་བྱ་བས་ཀྱང་ལས་གཅིག་བསྟན་ཏེ། དགེ་སློང ་དང་དགེ་སློང་མ་གང་དག་ཇི་ལྟར་སྐྱེ་བོ་ཕལ་པོ་ཆེའི་ཚོགས་མ་དང་པར་རིག་པར་འགྱུར་བ་དེ་ལྟ་དེ་ལྟར་ཁྱིམ་རྣམས་སུ་སྦྱོང་པར་བྱེད་པ་གསོལ་བ་འབའ་ཞིག་གི་ལས་ཀྱིས་ཁྱིམ་རྣམས་སུ་སོ་སོར་གོ་བར་བྱེད་དུ་གཞུག་པའོ། །གྲངས་སུ་གཞུག་པ་བཞི ་དག་དང་ཞེས་བྱ་བས་ཅི་ལས་གཞི་བསྟན་ཏེ། དོར་འཕྱ་བའི་གྲངས་སུ་གཞུག་པ་དང། གཞོགས་འཕྱས་བྱེད་པའི་གྲངས་སུ་གཞུག་པ་དང། སྒ་བ་རྣལ་གཟོན་པའི་གྲངས་སུ་གཞུག་པ་དང། ཅིང་མ་སྨྲ་བས་རྣལ་གཟོན་པའི་གངས་སུ་གཞུག་? ་དག་གསོལ་བ་འབའ་ཞིག་གི་ལས་ཀྱིས་དེ་དག་གི་གྲངས་སུ་གཞུག་པའོ། །ཁྱིམ་གྱི་སྡོམ་པ་དང་ཞེས་བྱ་བས་ནི། ལས་གཅིག་བསྟན་ཏེ། སྦྱིན་བདག་ལོངས་སྤྱོད་འགྲིབས་པ་ལ་དེ?་ཁྱིམ་དུ་ཟན་མི་?་བར་གསོལ་བ་འབའ་ཞིག་གི ་ལས་ཀྱིས་བསླབ་པའི་སྡོམ་པ་སྦྱིན་པར་བྱ་བའོ། །དེ་གཞིག་དང་ཞེས་བྱ་བས་ཀྱང་ལས་གཅིག་བསྟན་ཏེ། ཁྱིམ་གྱི་སྡོམ་པ་སྦྱིན་པ་དེ་ཉིད་ལོངས་སྤྱོད་འཕེལ་བ་ལ་གསོལ་བ་འབའ་ཞིག་གི་ལས་ཀྱིས་ཁྱིམ་གྱི་སྡོམ་པ་དེ་གཞིག་པར་བྱ་བའོ།། ་ལྷུང་བཟེད་ཁས་དབུབ་བྱ་བ་དང། ཞེས་བྱ་བས་ཀྱང་ལས་གཅིག་བསྟན་ཏེ། ཁྱིམ་བདག་དགེ་སློང་ལ་ཡང་དག་པ་མ་ཡིན་པས་སྐུར་པ་འདེབས་པ་ལ་གསོལ་བ་འབའ་ཞིག་གི་ལས་ཀྱིས་ལྷུང་བཟེད་ཁས་དབུབ་པར་བྱ་བའོ། །དེ་ཉིད་བཟློག་པར་བྱ་བ ་དག་ཅེས་བྱ་བས་ཀྱང་ལས་གཅིག་བསྟན་ཏེ་ལྷུང་བཟེད་ཁས་ཕུབ་པ་དེ་ཉིད་བཟོད་པ་གསོལ་བ་ལ་གསོལ་བ་འབའ་ཞིག་?་ལས་ཀྱིས་དེ་བཟློག་པར་བྱ་བ་སྟེ། ལས་ཉི་ཤུ་རྩ་བཞི་པོ་ཇི་སྐད་བསྟན་པ་དེ་དག་ནི་གསོལ་བ་འབའ་ཞིག་གིས་ལས ་ཡིན་ནོ། གནས་རང་ཞེས་བྱ་བས་ནི་ལས་གཅིག་བསྟན་ཏེ། གསོ་སྦྱོང་གི་གནས་ལ་གསོལ་བ་དང་གཉིས་ཀྱིས་ལས་ཀྱིས་བློ་མཐུན་པར་བྱ་བའོ། །མཚམས་ནི་གཉིས་པོ་དང་ཞེས་བྱ་བས་ཀྱང་ལས་གཅིག་བསྟན་ཏེ། །དཀྱིལ་འཁོར་བའི་མཚམས་དང་མཆམས ་ཆེན་པོ་དང་མཚམས་བུ་ཆུང་དུ་དག་གསོལ་བ་དང་གཉིས་ཀྱི་ལས་ཀྱིས་བཅད་བར་བྱ་བའོ། །མི་འབྲལ་ཞེས་བྱ་བས་ཀྱང་ལས་གཅིག་བསྟན་ཏེ། མཚམས་ཆེན་པོ་བཅད་པའི་ནང་དུ་གསལ་བ་དང་གཉིས་ཀྱི་ལས་ཀྱིས་ཆོས་གོས་དག་དང་འབྲལ་བར་མི ་Fའགྱུར་བའི་གནང་བ་སྦྱིན་པའོ། །སྨྱོས་དང་ཞེས་བྱ་བས་ཀྱང་ལས་གཅིག་བསྟན་ཏེ། དགེ་སློང་སྨྱོས་ཤིང་སེམས་འཁྲུགས་པ་ལས་ཀྱི་གནས་སུ་རང་རོང་བྱེད་པ་ལ་གསོལ་བ་དང་གཉིས་ཀྱི་ལས་ཀྱིས་མི་མཐུན་པར་མི་འགྱུར་བའི་གནང་བ་སྤྱན་བའོ། ། ་དགག་དབྱེ་དང་ཞེས་བྱ་བས་ཀྱང་ལས་གཅིག་བསྟན་ཏེ། དབྱར་གནས་པའི་དགེ་འདུན་ལ་དགག་དབྱེ་བྱེད་པའི་དགེ་སློང་གསོལ་བ་དང་གཉིས་ཀྱི་ལས་ཀྱིས་བསྐོ་བའོ། །གནས་མས་སྟོབས་པར་བྱེད་པ་ཞེས་བྱ་བས་ཀྱང་ལས་གཅིག་བསྟན་ཏེ། དེ་བྱང ་གནས་པར་ཁས་ལེན་པ་རྣམས་ལ་གནས་མལ་སྟོབས་པའི་དགེ་སློང་གསོལ་བ་དང་གཉིས་ཀྱི་ལས་ཀྱིས་བསྐོ་བའོ། །རུང་བའི་ས་བཞིའི་སྐོ་བ་དང་ཞེས་བྱ་བས་ཀྱང་ལས་གཅིག་བསྟན་ཏེ། རུང་བའི་ཁང་པ་ལ་གསོལ་བ་དང་གཉིས་ཀྱི་ལས་ཀྱིས་བློ་མཐུན ་པར་བྱ་བའོ། །སྲ་བརྐྱང་དང་ནི་ཞེས་བྱ་བས་ནི་ལས་གཅིག་བསྟན་ཏེ། དེ་དབྱར་གནས་པའི་དགེ་འདུན་གྱིས་བརྐྱང་ལ་གསོལ་བ་དང་གཉིས་ཀྱི་ལས་ཀྱིས་བློ་མཐུན་པར་བྱ་བའོ། །དེ་གདིང་དང་ཞེས་བྱ་བས་ཀྱང་ལས་གཅིག་བསྟན་ཏེ། དབྱར་གནས་པའི་དགེ་འདུན ་གྱི་སྲ་བརྐྱང་གདིང་བའི་དགེ་སློང་གསོལ་བ་དང་གཉིས་ཀྱི་ལས་ཀྱིས་བསྐོ་བའོ། །སྤང་བ་དང་ཞེས་བྱ་བས་ཀྱང་ལས་གཅིག་བསྟན་ཏེ། སྤོང་བའི་ཞལ་ཏ་བྱེད་པ་གསོལ་བ་དང་གཉིས་ཀྱི་ལས་ཀྱིས་བསྐོ་བའོ།། ལག་གི་བླ་དང་ནི་ཞེས་བྱ་བས་ཀྱང་ལས་གཅིག་བསྟན ་ལག་གི་བླ་དང། ལག་དཔོན་གསོལ་བ་དང་གཉིས་ཀྱི་ལས་ཀྱིས་བསྐོ་བའོ། །གནས་ཁང་བསྐོ་ལ་སོགས་པ་དང་ཞེས་བྱ་བས་ནི་ལས་བཅུ་གཉིས་བསྟན་ཏེ། གནས་ཁང་བསྐོ་བ་དང་ཟས་ལ་བསྐོ་བ་དང། ཐུག་པ་འདིམ་པ་དང། ་བག་ཙོས་འདྲིམ་པ་དང། ཕྲན་ཚེགས་འདྲིམ་པ་དང། སྣོད་སྤྱད་འདྲུབ་པ་དང། གོས་སྤེང་པ་དང། གོས་འགྱེད་པ་དང། དབྱར་གྱི་རས་ཆེན་སྤེད་པ་དང། དབྱར་གྱི་རས་ཆེན་འགྱེད་པ་དང། མདག་གཞུག་པ་དང། མཇོས་ཆོས་དག་གསོལ་བ་དང་གཉིས་ཀྱི་ལས ་ཀྱིས་བསྐོ་བའོ། །གཟུ་དང་ཞེས་བྱ་བས་ནི་ལས་གཅིག་བསྟན་ཏེ། དགེ་འདུན་ལ་རྩོད་པ་བྱུང་བ་མངོན་སུམ་གྱིས་འདུལ་བའི་གཟུ་བོ་གསོལ་བ་དང། གཉིས་ཀྱི་ལས་ཀྱིས་བསྐོ་པའོ། །གསལ་དང་ཞེས་བྱ་བས་ཀྱང་ལས་གཅིག་བསྟན་ཏེ། དགེ་འདུན་ལ ་རྩོད་པ་བྱུང་བ་གཟུ་བོས་ཞི་བར་མ་ནུས་ཏེ་དེས་དགེ་འདུན་ལ་ཕུལ་བ་ན་དགེ་འདུན་གྱིས་རྩོད་པ་དེ་ཞི་བར་བྱེད་པའི་གང་ཟག་གསལ་བ་དང་གསལ་པའི་ཡང་གསལ་བ་གསོལ་ཞིང་གཉིས་ཀྱི་ལས་ཀྱིས་བསྐོ་པའོ། །སྦེད་པ་དང་ཞེས་བྱ་བས་ཀྱང་ལས་གཅིག ་བསྟན་ཏེ། དགེ་འདུན་ལ་རྩོད་པ་བྱུང་བ་གང་ཟག་གསལ་བ་དང། གསལ་བའི་ཡང་བསལ་བས་ཞི་བར་མ་ནུས་ཏེ། དགེ་འདུན་ལ་ཕུལ་བ་ན་དགེ་འདུན་གྱིས་རྩོད་པ་སྤེད་པའི་གང་ཟག་གསོལ་བ་དང་གཉིས་ཀྱི་ལས་ཀྱིས་བསྐོ་བའོ། །ཚུལ་ཤིང ་འདྲིམ་པར་བྱེད་པ་དང་ཞེས་བྱ་བས་ཀྱང་ལས་གཅིག་བསྟན་ཏེ། དགེ་འདུན་ལ་རྩོད་པ་བྱུང་བའི་ཚེ་ཚུལ་ཤིང་འདྲིམ་པའི་གང་ཟག་གསོལ་བ་དང་གཉིས་ཀྱིས་བསྐོ་བའོ། །ཁང་པ་ཞེས་བྱ་བས་ཀྱང་ལས་གཅིག་བསྟན་ཏེ། དགེ་སློང་ཁང་བའི ་གཞི་རུང་བ་བསྟན་པ་གསོལ་བ་ལ་གསོལ་བ་དང་གཉིས་ཀྱི་ལས་ཀྱིས་ཁང་པའི་བཞི་རུང་བ་བསྟན་པ་སྦྱིན་པའོ། །ཁང་ཆེན་བསྟན་པ་དང་ཞེས་བྱ་བས་ཀྱང་ལས་གཅིག་བསྟན་ཏེ། དགེ་སློང་གཙུག་ལག་ཁང་གི་གཞི་རུང་བ་བསྟན་པ་གསོལ་བ་དང་གསོལ ་བ་དང་གཉིས་ཀྱིས་ལས་ཀྱིས་གཙུག་ལག་ཁང་གི་བཞི་རུང་བསྟན་པ་སྦྱིན་པའོ། །གླེང་དང་ཞེས་བྱ་བས་ཀྱང་ལས་གཅིག་བསྟན་ཏེ། དགེ་སློང་ཁྱིམ་སུན་འབྱིན་བ་ལ་དགེ་སྦྱོང་གི་ཆོས་མ་ཡིན་པ་རྣམ་པ་མང་པོས་གླེང་བའི་གང་ཟག་གསོལ་བ་དང་གཉིས ་ཀྱིས་ལས་ཀྱིས་བསྐོ་བའོ། །འབྲལ་བར་མི་འགྱུར་དང་ཞེས་བྱ་བས་ཀྱང་ལས་གཅིག་སྟན་ཏེ། རྒན་པོ་དང་ནད་པ་གསོལ་བ་དང་གཉིས་ཀྱིས་ལས་ཀྱིས་ཆོས་གོས་སྣམ་སྦྱར་དང་འབྲལ་བར་མི་འགྱུར་བའི་གནང་བ་སྦྱིན་པའོ། །སྟན་དང་ཞེས་བྱ ་བས་ཀྱང་ལས་གཅིག་བསྟན་ཏེ། །དགེ་སློང་ལག་གི་བླ་ལ་གསོལ་བ་དང་གཉིས་ཀྱི་ལས་ཀྱིས་ལོ་དྲུག་ཆུན་ཆད་དུ་བསྟན་གནང་བ་སྦྱིན་པའོ། །ལྷུང་བཟེད་འདྲི་མ་པ་དང་ཞེས་བྱ་བས་ཀྱང་ལས་གཅིག་བསྟན་ཏེ། ལྷུང་བཟེད་འབྲེལ་བ་མེད་པ ་འདྲིམ་བའི་གང་ཟག་གསོལ་བ་དང་གཉིས་ཀྱིས་ལས་ཀྱིས་ག་སྐོ་བའོ། །མ་དང་གོ་བར་བྱ་བ་དང། །ཞེས་བྱ་བས་ཀྱང་ལས་གཅིག་བསྟན་ཏེ། །དགེ་སློང་དག་དགེ་སློང་མ་སྐྱེ་བོ་ཕལ་པོ་ཆེ་མ་དད་བར་རིག་པར་འགྱུར་བ་དེ་ལྟར་ཁྱིམ་རྣམས ་སུ་སྦྱོད་པ་དག་ཁྱིམ་རྣམས་སུ་སོ་སོར་གོ་བར་བྱེད་པའི་གང་ཟག་གསོལ་བ་དང་གཉིས་ཀྱི་ལས་ཀྱིས་བསྐོ་བའོ། །སྟོན་པ་དང་ནི་ཞེས་བྱ་བས་ཀྱང་ལས་གཅིག་བསྟན་ཏེ། དགེ་སློང་མའི་སྟོན་པ་གསོལ་བ་དང་གཉིས་ཀྱི་ལས་ཀྱིས་བསྐོ ་བའོ། །ནགས་ཉུལ་དང་ཞེས་བྱ་བས་ཀྱང་ལས་གཅིག་བསྟན་ཏེ། སོ་སོར་བཤགས་པའི་ཉེས་པ་སྤང་བའི་ཕྱིར་གང་ཟག་ནགས་ཉུལ་བ་གསོལ་བ་དང་གཉིས་ཀྱི་ལས་ཀྱིས་བསྐོ་བའོ། །ཕྱག་མི་བྱ་བ་དང། ཞེས་བྱ་བས་ཀྱང་ལས ་གཅིག་བསྟན་ཏེ། །དགེ་སློང་དགེ་དུན་གྱི་གནས་ནས་ཕྱུང་བ་ལ་དགེ་སློང་མས་གསོལ་བ་དང་གཉིས་ཀྱི་ལས་ཀྱིས་ཕྱག་བྱ་བའི་འོས་མ་ཡིན་བའི་སྡོམ་པ་སྦྱིན་པའོ། །མང་ཕྱིར་དང་ཞེས་བྱ་བས་ནི་ལས་གཉིས་བསྟན་ཏེ། དགེ་སློང་མ ་འཁོར་སྐྱོང་ནུས་པ་ལ་གསོལ་བ་དང་གཉིས་ཀྱིས་ལས་ཀྱིས་འཁོར་ཉེ་བར་འཇོག་པའི་གནང་བ་སྦྱིན་པ་དང། དགེ་སློང་མ་འཁོར་སྐྱོང་ནུས་པ་དང་ལོ་བཅུ་གཉིས་ཁོན་པ་ལ་གསོལ་བ་དང་གཉིས་ཀྱི ་ལས་ཀྱིས་འཁོར་དང་འཁོར་མང་པོ་ཉེ་བར་འཇོག་པའི་གནང་བ་སྦྱིན་པའོ། །ཁང་བ་ཞེས་བྱ་བས་ནི་ལས་གཅིག་བསྟན་ཏེ། དགེ་སློང་རྒན་པོ་དང་ན་བ་ཁར་བ་གནང་པ་གསོལ་བ་ལ་གསོལ་བ་དང་གཉིས་ཀྱིས་ལས ་ཀྱིས་ཁར་བའི་གནང་བ་སྦྱིན་པའོ། །དྲ་བའི་ཕྱིར་དང་ནི་ཞེས་བྱ་བས་ཀྱང་ལས་གཅིག་བསྟན་ཏེ། དགེ་སློང་རྒན་པོ་དང་ན་བ་དྲ་པ་གནང་བ་གསོལ་པ་ལ་གསོལ་བ་དང་གཉིས་ཀྱི་ལས་ཀྱིས་དྲ་བ་གནང་བ་སྦྱིན་པའོ། ། ་རྙེད་པ་གཅིག་ཏུ་བྱ་ཕྱིར་དང་ཞེས་བྱ་བས་ཀྱང་ལས་གཅིག་བསྟན་ཏེ། །གཙུག་ལག་ཁང་མཚམས་ཐ་དད་པ་གཉིས་ཀྱི་རྙེད་པ་གཅིག་ཏུ་བྱ་བའི་ཕྱིར་གསོལ་བ་དང་གཉིས་ཀྱི་ལས་བྱ་བའོ། །བསླབ་པ་བྱིན་དང ་ཞེས་བྱ་བས་ཀྱང་ལས་གཅིག་བསྟན་ཏེ། དགེ་སློང་མའི་བསླབ་པའི་སྡོམ་པ་གསོལ་བག་སོལ་བ་དང་གཉིས་ཀྱི་ལས་ཀྱིས་དགེ་སློང་མའི་སྦྱིན་པའོ། །ཉེ་དག་ནས་དང་ཞེས་བྱ་བས་ཀྱང་ལས་གཅིག་བསྟན་ཏེ། དགེ་སློང་མ་བསྙེན་པར་རྫོགS ་པར་བྱ་བའི་སྐབས་སུ་གསོལ་བ་དང་གཉིས་ཀྱིས་ལས་ཀྱིས་ཚངས་པར་སྤྱོད་པ་ལ་ཉེ་བར་གནས་པའི་སྡོམ་པ་སྦྱིན་པའོ། །བུ་དང་ཞེས་བྱ་བས་ཀྱང་ལས་གཅིག་བསྟན་ཏེ། དགེ་སློང་མ་གསོལ་བ་དང་གཉིས་ཀྱི་ལས་ཀྱིས་བུ་དང་ལྷན་ཅིག ་ཁྱིམ་གཅིག་ལ་ཉལ་བའི་གནང་བ་སྦྱིན་པའོ། །ཉེ་དུ་དང་ཞེས་བྱ་བས་ཀྱང་ལས་གཅིག་བསྟན་ཏེ། དགེ་སློང་མི་མུ་གེའི་སྡུག་བསྔལ་བྱུང་བའི་ཚེ་གསོལ་བ་དང་གཉིས་ཀྱི་ལས་ཀྱིས་ཉེ་དུ་རྣམས་དང་ལྷན་ཅིག་འབྲེལ་པའི་ཉེ་བར་སྤྱོད་པ་གནང ་བ་སྦྱིན་པའོ། །ཕྱིར་འགྲོ་དང་ཞེས་བྱ་བས་ཀྱང་ལས་གཅིག་བསྟན་ཏེ། །དབྱར་གནས་པར་ཁས་བླངས་པ་དགེ་འདུན་གྱི་ཆེད་ལ་མཚམས་ཀྱི་ཕྱི་རོལ་ཏུ་འགྲོ་བ་ལ་གསོལ་པ་དང་གཉིས་ཀྱི་ལས་ཀྱིས་ཞག་བཞི་བཅུ་མཚམས་ཀྱི་ཕྱི་རོལ་ཏུ་འགྲོ ་བའི་བ་ནང་བ་སྦྱིན་པ་སྟེ། ལས་བཞི་བཅུ་རྩ་བདུན་པ་ཇི་སྐད་བསྟན་པ་དེ་དག་ནི་གསོལ་བ་དང་གཉིས་ཀྱིས་ལས་ཡིན་ནོ། །བསྙེན་པར་རྫོགས་པར་བྱ་བ་དང་ཞེས་བྱ་བས་ནི་ལས་གཅིག་བསྟན་ཏེ། དགེ་སློང་དང་དགེ་སློང་མ་གསོལ་བ་དང ་བཞིའི་ལས་ཀྱིས་བསྙེན་བར་རྫོགས་པར་བྱ་པའོ། །མུ་སྟེགས་གནས་དང་ཞེས་བྱ་བས་ཀྱང་ལས་གཅིག་བསྟན་ཏེ། མུ་སྟེགས་ཅན་རབ་ཏུ་བྱུང་བར་འདོད་པ་ལ་གསོལ་བ་དང་གཞིའི་ལས་ཀྱིས་ཟླ་བ་བཞིའི་བང་དུ་མཁན་པོས་སྦྱར་བའི་གོས ་ཀྱིས་གནས་པ་སྦྱིན་པའོ། །མཚམས་དགྲོལ་དང་ཞེས་བྱ་བས་ཀྱང་ལས་གཅིག་བསྟན་ཏེ། དཀྱིལ་འཁོར་པ་དང་མཚམས་ཆེན་པོའི་དང་མཚམས་བུ་ཆུང་གིS་མཚམས་བཅད་པ་ལ་གསོལ་བ་དང་བཞིའི་ལས་ཀྱིས་དཀྲོལ་བའོ། ། ་མཐུན་སྦྱིན་ཞེས་བྱ་བས་ཀྱང་ལས་གཅིག་བསྟན་ཏེ། གནས་ནས་ཕྱུང་བ་བཟོད་པའི་ལས་བྱ་བ་ལ་གསོལ་བ་དང་བཞིའི་ལས་ཀྱིས་མཐུན་པ་སྦྱིན་པའོ། །གསོ་སྦྱོང་ཞེས་བྱ་བས་ཀྱང་ལས་གཅིག་བསྟན་ཏེ། མཐུན་པ་སྦྱིན་པ་ལ ་གསོལ་བ་དང། བཞིའི་ལས་ཀྱིས་མཐུན་པའི་གསོ་སྦྱོང་སྦྱིན་པའོ། །བདུན་པོ་དང་ཞེས་བྱ་བས་ནི་ལས་གཉིས་བསྟན་ཏེ། ནན་ཐུར་གྱི་ལས་བདུན་པོ་བསྡིགས་པ་དང། སྨད་པ་དང། བསྐྲད་པ་དང། ཕྱིར་འགྱིང་པ་དང་། ་མ་མཐོང་བ་དང། ཕྱིར་མི་འཆོས་པ་དང། སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་མི་གཏོད་བས་གནས་ནས་དབྱུང་བ་དང། གསོ་སྦྱོང་བཞག་པ་དང། དགག་དབྱེ་གཞག་པར་བྱ་བ་དག་ལ་གསོལ་བ་དང་པའིའོ་ལས་བྱ་བ་དང། གནས་ནས་ཕྱུང་བ་དེ་དག ་ལ་བཟོད་པ་བྱ་བ་ལ་གསོལ་པ་དང་གཞིའི་ལས་བྱའོ། །བརྒྱད་དང་ཞེས་བྱ་བས་ནི་ལས་བརྒྱད་བསྟན་ཏེ། སྤོ་བ་དང་མགུ་བར་བྱ་བ་དད་བཞི་ནས་སྤོ་ཐ་དང། བཞི་ནS?་མགུ་བར་བྱ་བ་དང། ལྔ་བཞིན་ས་བསླང་ཏེ་སྤོ་པ་དང་ལྔ་བཞི་ནS ་བསླངས་ཏེ་མགུ་བར་བྱ་བ་དག་དང། དགེ་འདུན་ལྷག་མ་ལས་དབྱུང་བ་དང། སྲ་བརྐྱང་དབྱུང་བདག་ལ་གསོལ་བ་དང་བཞིའི་ལས་བྱ་བའོ། །དྲན་དང་ཞེས་བྱ་བས་ནི་ལས་གཅིག་བསྟན་ཏེ། དྲན་པས་འདུལ་བར་འོས་པ་ལ་གསོལ ་བ་དང་གཞིའི་ལས་གྱིས་ངས་པས་འདུལ་པ་སྦྱིན་པའོ། །མ་མྱོས་དང་ཞེས་བྱ་བས་ཀྱང་ལས་གཅིག་བསྟན་ཏེ། མ་མྱོས་པས་འདུལ་བར་འོས་པ་ལ་གསོལ་པ་དང་བཞིའི་ལས་ཀྱིས་མ་མྱོས་པས་འབུལ་བ་སྦྱིན་པའོ། །དེ་ཉིད་ཚོ་བ ་ཏུ་གཞུག་པ་དང་ཞེས་བྱ་བས་ཀྱང་ལས་གཅིག་བསྟན་ཏེ། དེའི་ངོ་བོ་ཉིད་ཚོལ་ཏུ་གཞུག་པར་འོས་པ་ལ་གསོལ་བ་དང་གཞིའི་ལས་གྱིས་དེའི་ངོ་བོ་ཉིད་ཚལ་དུ་གཞུག་པ་སྦྱིན་པའོ། །བསྒོ་བར་བྱ་བ་རྣམས་དང་ནི་ཞེས་བྱ་བས་ཀྱང ་བཟློག་པའི་ཕྱིར་བསྒོ་བར་བྱ་བའི་ལས་བཅུ་དང། བསྙིལ་བའི་ལས་གཅིག་བསྟན་ཏེ། དགེ་འདུན་གྱི་དབྱེན་བྱེད་པ་དང། དེའི་རྗེས་སུ་ཕྱོགས་པ་དང། ཁྱིམ་སུན་འབྱིན་པ་དང། དཀའ་བློ་མི་བདེ་བ་དང། དགེ་སློང་དང་དགེ་ཆུལ? ་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་མི་གཏོང་བ་དང། གནས་ནས་ཕྱུང་བའི་རྗེས་སུ་ཕྱོགས་པའི་དགེ་སློང་མ་དང། དགེ་སློང་མ་དཀོན་མཆོག་གཏོང་བ་དང། འཐབ་ཀྲོལ་བྱེད་པ་དང། །སྡེ་ཞིང་གནས་པ་དང། །སྡེ་ཞིང་གནས་སུ ་འཇུག་པ་དང། །དགེ་ཚུལ་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་མི་གཏོང་བ་བསྙིལ་བ་དག་ལ་གསོལ་བ་དང་བཞིའི་ལས་བྱ་བའོ། །ཉམས་པ་སྦྱིན་པར་བྱ་བ་ནི་ཞེས་བྱ་བས་ནི་ལས་གཅིག་བསྟན་ཏེ། ཕམ་པར་འགྱུར་བའི་ལྟུང་བ་བྱུང ་བ་ལ་གསོལ་བ་དང་?་གཞིའི?་ལས་ཀྱིས་བསླབ་པ་སྦྱིན་པ་སྟེ། ལས་སུམ་ཅུ་པོ་ཇི་སྐད་བསྟན་པ་དེ་དག་ནི་གསོལ་བ་དང་བཞིའི་ལས་ཡིན་ནོ། །ལས་རྣམ་པར་བཞག་པའི་སྐབས་ཀྱི་རྣམ་པར་དབྱེ་བ་ཇི་སྐད་བསྟན་པ་དེ་དག་ནི་སློབ་དཔོན་བཙུན་པ ་ཡོན་ཏན་འོད་ཀྱིས་ཉེ་བར་སྦྱར་བའི་ལུགས་བཞིན་ནོ། །ལས་རྣམ་པར་བཞག་པའི་སྐབས་ཀྱི་རྣམ་པར་དབྱེ་བ་སློབ་དཔོན་དུལ་བའི་ལྷས་ཉེ་བར་སྦྱར་བའི་ལུགS་ནི་མདོ་འདི་གསུམ་ཡིན་ཏེ། ཆད་པ་དང་བསྒོ་བ་དང་རྩོད་པ་ཞི་བ་བྱ་བ་དང། །ས་གོང་མར ་སྔོ་བར་དགེ་འདུན་ལ་མཁོ་པོ་རྣམ་པར་བཞག་པ་དབྱུང་བ་དག་ལ་ནི་གསོལ་བ་བརྗོད་པ་གསུམ་དང་བཅས་པའོ། །བསྐོ་བ་དང། རབ་ཏུ་བྱུང་བ་ལ་མཁོ་བ་རྣམ་པར་བཞག་པའི་བྱ་བ་དག་ལ་ནི་བརྗོད་པ་གཅིག་དང་བཅས་པའོ་།རྗེས་སུ ་གནང་བ་དང། དགེ་འདུན་གྱིས་བྱིན་གྱིས་བརླབ་པ་དང། སྦྱིན་པ་དང། རང་གི་དོན་ལ་སྦྱར་བ་དང། བགྲང་བ་དང། ཁྱིམ་པའི་དོན་རྣམ་པར་བཞག་པ་བྱ་བ་དང་དབྱུང་བདག་ལ་ནི་འབའ་ཞིག་གོ། དེ་ལ་ཆད་པ་ཞེས་བྱ་བས་ནི། ཆད་པས་བཅད ་པའི་ལས་བཅུ་གསུམ་བསྟན་ཏེ། བསླབ་པ་སྦིན་པ་གདིང?་བསྙིལ་བ་ཉིད་དང། དེའི་ངོ་བོ་ཉིད་ཆོལ་ཏུ་གཞུག་པ་སྦྱིན་པ་དང། །མུ་སྟེགས་ཅན་གནས་པ་སྦྱིན་པ་དང། དེ་ལས་གཞན་པའི་སྤོ་བ་སྦྱིན་པ་དང། །མགུ་པར་བྱ་བ་སྦྱིན་པ་དང། གཞི་ནས ་སྒོ་བ་སྦྱིན་པ་དང། གཞི་ནས་མགུ་པར་བྱ་བ་སྦྱིན་པོ་དང། ཡང་བཞི་ནས་བླངས་ཏེ་སྤོ་བ་སྦྱིན་བ་དང། ཡང་གཞི་ནས་བསླངས་ཏེ། མགུ་བ་བྱ་བ་སྦྱིན་པ་དང། དྲན་པས་འདུལ་བ་སྦྱིན་པ་དང། མ་མྱོས་པས་འདུལ་བ་སྦྱིན་པ་དང། སྡིག་པ་ཅན ་གྱི་བ་ལྟ་བའི་རྣམ་པ་ལ་སོགས་པ་སྤང་བའི་ཕྱིར་ནན་ཐུད་ཀྱི་ལས?་བདུན་པོ་དག་གོ། བསྒོ་བོ་ཞེས་བྱ་བས་ནི་བཟློག་པའི་ཕྱིར་བསྒོ་བའི་ལས་བཅུ་བསྟན་ཏེ། དགེ་འདུན་གྱི་དབྱེན་བྱེད་པ་དང། དེའི་རྗེས་སུ་ཕྱོགས་པ་དང། ཁྱིམ་སུན་འབྱིན་པ་དང། ་བཀའ་བློ་མི་བདེ་བ་དང། དགེ་སློང་དང་དགེ་ཚུལ་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་མི་བཏོང་བ་དང། གནས་ནས་ཕྱུང་བའི་རྗེས་སུ་ཕྱོགས་པའི་དགེ་སློང་མ་དང་དཀོན་མཆོག་གཏོང་བ་དང། འཐབ་ཀྲོལ་བྱེད་པ ་དང། སྡེ་ཞིང་གནས་པ་དང། སྡེ་ཞིང་གནས་སུ་འཇུག་པ་ཞེས་བྱ་བ་དག་གོ། རྩོད་པ་ཞི་བར་བྱ་བ་ཞེས་བྱ་བས་ནི། རྩོད་པ་ཞི་བར་བྱ་བའི་ལས་གཉིས་བསྟན་ཏེ། མཐུན་པ་སྦྱིན་པ་དང་མཐུན་པའི་གསོ་སྦྱོང་སྦྱིན་པ་ཞེས ་བྱ་བའོ། །ས་གོང་མར་སྤོ་བ་ཞེས་བྱ་བས་ནི། ?་ཁྱད་པར་དུ་འཕགས་པ་གོང་མར་སྤོ་བའི་ལས་གསུམ་བསྟན་ཏེ། བསྙེན་པར་རྫོགས་པར་བྱ་བ་དང། དབྱུང་བ་དང། །བཟོད་པར་བྱ་བ་ཞེས་བྱ་བ་དག་གོ། དགེ་འདུན་ལ་མཁོ་བ ་རྣམ་པར་བཞག་པ་དབྱུང་བ་ཞེས་བྱ་བས་ནི། དགེ་འདུན་ལ་མཁོ་བའི་རྣམ་པར་བཞག་པ་བྱས་པ་དབྱུང་བའི་ལས་གཉིས་བསྟན་ཏེ། མཚམས་དགྲོལ་བ་དང། སྲ་བརྐྱང་དབྱུང་བ་ཞེས་བྱ་བའོ། །གསོལ་བ་བརྗོད་པ་གསུམ ་དང་བཅས་པའོ་ཞེས་བྱ་བས་ནི། །གསོལ་བ་ལས་བརྗོད་པ་གསུམ་དང་བཅས་པ་སྟེ། གསོལ་བ་དང་བཞིའི་ལས་ཞེས་བྱ་བའི་ཐ་ཚིག་གོ། དེ་ལ་ནན་ཐུར་གྱི་ལས་བདུན་པོ་དག་ནི་ཚུལ་གཅིག་པའི་ཕྱིར་ལས་གཅིག་ཏུ་བགྲང་ངོ།། ་བཟོད་པ་བྱ་བའི་ལས་དག་ཀྱང་ཚུལ་གཅིག་པའི་ཕྱིར་ལས་གཅིག་ཏུ་བགྲང་སྟེ། དེ་ལྟར་ལས་སུམ་ཅུ་བོ་དེ་དག་ནི་གསོལ་བ་དང་བཞིའི་ལས་ཡིན་པར་ཤེས་པར་བྱའོ། །དེ་དག་ནི་འབད་པ་ཆེན་པོས་བྱ་དགོས་པས་འདིར་མགོ་གཅིག ་ཏུ་གསུངས་སོ། །བསྐོ་བ་ཞེས་བྱ་བས་ནི། བསྐོ་བ་དང་བློ་མཐུན་པར་བྱ་བའི་ལས་སུམ་ཅུ་རྩ་གཅིག་བསྟན་ཏེ། སྤོ་བའི་ཞལ་ཏ་བྱེད་པ་བསྒོ་བ་དང། །ལག་གི་བླ་དང་ལག་དཔོན་བསྒོ་བ་དང། དགག་དབྱེ་བྱེད་པ་བསྐོ་བ་དང། ་གནས་མལ་སྟོབས་པ་བསྐོ་བ་དང། རུང་བའི་ཁང་པ་ལ་བློ་མཐུན་པར་བྱ་བ་དང། གསོ་སྦྱོང་གི་གནས་ལ་བློ་མཐུན་པར་བྱ་བ་དང། སྲ་བརྐྱང་འདིང་བར་བསྐོ་པ་དང། སྲ་བརྐྱང་ལ་བློ་མཐུན་པར་བྱ་བ་དང། གནས་ཁང་བསྐོ་བ་བསྐོ་པ་དང། ?་ལ་བསྒོ་བ ་བསྐོ་བ་དང། ཐུག་པ་འདྲིམ་པ་བསྐོ་བ་དང། བག་ཆོས་འདྲིམ་པ་བསྐོ་བ་དང། སྣོད་སྤྱད་འདྲུ་བ་པར་བསྐོ་བ་དང། གོས་སྤེད་པ་བསྐོ་བ་དང། ཆོས་གོས་འགེད་པ་བསྐོ་པ་དང། དབྱར་གྱིས་ངོས?་ཆེན་སྦེད་པ་བསྐོ་བ་དང། དབྱར་གྱིས་ངས?་ཆེན་འགྱེད་པ ་བསྐོ་བ་དང། མདག་གཞུག་པ་བསྐོ་བ་དང། མཛེས་ཆོས་བསྐོ་བ་དང། གཟུ་པོ་བསྐོ་བ་དང་གསལ་བ་དང་གསལ་བའི་གང་ཟག་གསལ་བ་བསྐོ་བ་དང། རྩོད་པ་སྦེད་པ་བསྐོ་བ་དང། ཁང་པ་བསྟན་པ་དང། གཙུག་ལག་ཁང་བསྟན་པ་དང། གླེང་བ་བསྐོ་བ ་དང། ལྷུང་བཟེད་འབྲེལ་བ་མེད་པ་འདྲི་མ་པར་བསྐོ་བ་དང། གནས་ན་ལེན་བརྗོད་པ་བསྐོ་བ་དང། དགེ་སློང་མའི་སྟོན་པ་བསྐོ་བ་དང། ནགས་ཉུལ་བ་བསྐོ་བ་དང། ཚུལ་ཤིང་འདྲི་མ་པ་བསྐོ་བ་དག་གོ། རབ་ཏུ་བྱུང་བ་ལ་མཁོ་བ་རྣམ་པར་བཞག་པའི ་བྱ་བས་ཞེས་བྱ་བས་ནི། རབ་ཏུ་བྱུང་བ་ལ་མཁོ་པ་རྣམ་པར་གཞག་པའི་བྱ་བ་བཅུ་དྲུག་བསྟན་ཏེ། དཀྱིལ་འཁོར་པའི་མཚམས་དང་མཚམས་ཆེན་པོ་དང་མཚམས་བུ་ཆུང་བཅང་པ་དང། ཆོས་གོས་དང་མི་འབྲལ་བའི་གནང་བ་སྦྱིན་པ་དང། སྨྱོས་པའི ་གནང་བ་སྦྱིན་པ་དང། སྣམ་སྦྱར་དང་མི་འབྲལ་བའི་གནང་བ་སྦྱིན་པ་དང། སྟན་གྱི་གནང་བ་སྦྱིན་པ་དང། ཕྱག་མི་བྱ་བའི་སྡོམ་པ་སྦྱིན་པ་དང། འཁོར་ཉེ་བར་འཇོག་པའི་གནང་པ་སྦྱིན་པ་དང། འཁོར་མང་པོ་ཉེ་བར་འཇོག་པའི་གནང་བ་སྦྱིན་པ་དང། ་ཁང་བའི་གནང་བ་སྦྱིན་པ་དང། དྲ་བའི་གནང་བ་སྦྱིན་པ་དང། རྙེད་པ་གཅིག་ཏུ་བྱ་བའི་གནང་བ་སྤྱིད་པ་དང། བསླབ་པའི་སྡོམ་པ། སྦྱིན་པ་དང། ཚངས་པར་སྤྱོད་པ་ལ་ཉེ་བར་གནས་པའི་སྡོམ་པ་སྦྱིན་པ་དང། བུ་དང་ལྷན་ཅིག་ཉལ་བའི་གནང ་སྦྱིན་པ་དང། ཉེ་དུ་རྣམས་དང་ལྷན་ཅིག་འབྲེལ་བའི་ཉེ་བར་སྤྱོད་པ་གནང་བ་སྦྱིན་པ་དང། མཚམས་ཀྱི་ཕྱི་རོལ་ཏུ་འགྲོ་བའི་གནང་བ་སྦྱིན་པ་དག་གོ། བརྗོད་པ་གཅིག་པ་དང་བཅས་པའོ་ཞེས་བྱ་བས་ནི། གསོལ་བའི་ལས ་བརྗོད་པ་གཅིག་དང་བཅས་པ་སྟེ། གསོལ་བ་དང་གཉིས་ཀྱིས་ལས་ཞེས་བྱ་བའི་ཐ་ཚིག་གོ། དེ་ལ་ལག་གི་བླ་བསྐོ་བ་དང། ལག་དཔོན་བསྐོ་བ་གཉིས་ནི་ཚུལ་གཅིག་པའི་ཕྱིར་ལས་གཅིག་བར་བགྲད་དོ། །གསལ་བ་བསྐོབ?་དང། གསལ་བཱི? ་ཡང་གསལ་བ་བསྐོ་བ་གཉིས་ཀྱང་ཚུལ་གཅིག་པའི་ཕྱིར་ལས་གཅིག་ཏུ་བགྲང་ངོ། །དཀྱིལ་འཁོར་པའི་མཚམས་བཅད་པ་དང། མཚམས་ཆེན་པོ་བཅད་པ་དང་མཚམས་བུ་ཚུང་བཅད་པ་གསུམ་ཡང་ཚུལ་གཅིག་པའི་ཕྱིར་ལས་གཅིག་ཏུ ་བགྲང་སྟེ། དེ་ལྟར་ལས་བཞི་བཅུ་རྩ་བདུན་པོ་དེ་དག་ནི་གསོལ་བ་དང་གཉིས་ཀྱིས་ལས་ཡིན་པར་ཤེས་པར་བྱའོ། །དེ་དག་ནི་འབད་པ་འབྲིང་པོས་བྱ་དགོས་པས་འདིར་མགོ་གཅིག་ཏུ་གསུངས་སོ། །རྗེས་སུ་གནང་བ་ཞེས་བྱ་བས་ནི། ་རྗེས་སུ་གནང་བའི་ལས་བཞི་བསྟན་ཏེ། གསང་སྟེ་དྲི་བ་དང། ནང་དུ་དྲི་བ་དང། གསོ་སྦྱོང་བྱ་བ་དང། དགག་དབྱེ་བྱ་བ་རྗེས་སུ་གནང་བའོ། །དགེ་འདུན་གྱིས་བྱིན་གྱིས་བརླབས་པ་ཞེས་བྱ་བ་ནི། དགེ་འདུན་གྱིས་བྱིན་གྱིས་བརླབས་པའི་ལས་དགུ ་བསྟན་ཏེ། གསོ་སྦྱོང་གི་ཚེ་དགེ་འདུན་ལྟུང་བ་དང་བཅས་པ་དད་ཡིད་གཉིས་དང་བཅས་པ་དང། རྩོད་པར་གྱུར་བ་དང། ངེས་པ་ཉིད་མ་ཡིན་པར་གྱུར་བ་དང། དགག་དབྱེའི་ཚེ་དགེ་འདུན་ལྟུང་བ་དང་བཅས་པ་དང། ཡིད་གཉིས་དད་བཅས་པ་དང ་རྩོད་བར་གྱུར་བ་ངེས་པ་ཉིད་མ་ཡིན་པར་གྱུར་པ་དང། ཤི་བའི་རྫས་དང་ནོར་དང་འདྲ་བ་བྱིན་གྱིས་བརླབ་པོ། །སྦྱིན་པ་ཞེས་བྱ་བས་ནི། དགེ་འདུན་གྱི་ཆོས་གོས་སྦྱིན་བའི་ལས་གཅིག་བསྟན་ཏེ། དགེ་འདུན་གྱིས་སྲ་བརྐྱང་འདིང་བ་ལ་སྲ ་བརྐྱང་?་བ་དང། ཆོས་གོས་ངན་པ་ལ་རས་ཡུག་ཆེན་སྦྱིན་པའོ། །རང་གི་དོན་ལ་སྦྱར་བ་ཞེས་བྱ་བས་ནི་རང་གི་དོན་ལ་སྦྱར་བའི་ལས་གཉིས་བསྟན་ཏེ། གནས་དན་ལེན་བརྗོད་པ་དང། ཚུལ་ཤིང་བླང་པ་དང། དབྱང་གནས་པར་ཁས་བླངས་བ་ལ་སྦྱར ་རོ། །བགྲང་བ་ཞེས་བྱ་བས་ནི། གྲངས་སུ་གཞུག་པ་བཞི་བསྟན་ཏེ། དོར་འཕྱ་བའི་གྲངས་སུ་གཞུག་པ་དང། གཞོགས་འབྱད་བྱེད་པའི་གྲངས་སུ་གཞུག་པ་དང། བསྒོ་བ་རྣ་ལ་གཟོན་པའི་གྲངས་སུ་གཞུག་པ་དང། ཅད་མི་སྨྲ་བས་རྣལ་གཟོན་པའི ་གྲངས་སུ་གཞུག་བའོ། །ཁྱིམ་པའི་དོན་རྣམ་པར་བཞག་པར་བྱ་བ་ཞེས་བྱ་བས་ནི། ཁྱིམ་པ་བསྲུང་བའི་དོན་དང། ལམ་བཟང་པོར་བཞག་པའི་དོན་རྣམ་པར་གཞག་པའི་ལས་གཉིས་བསྟན་ཏེ། ཁྱིམ་གྱི་སྡོམ་པ་སྦྱིན་པ་དང། ལྷུང་བཟེད་ཁས་དབུབ་པར་བྱ ་བའོ། །དབྱུང་བ་ཞེས་བྱ་བས་ནི་ཁྱིམ་གྱི་དོན་རྣམ་པར་བཞག་པ་བྱས་པ་དབྱུང་བའི་ལས་གཉིས་བསྟན་ཏེ། ཁྱིམ་གྱི་སྡོམ་པ་གཞིག་པ་དང། ལྷུང་བཟེད་ཁས་ཕུབ?་བ་བཟློག་བར་བྱ་བའོ། །འབའ་ཞིག་གོ་ཞེS་བྱ་བས་ནི་ལས་བརྗོད་པ་མེད་བ་སྟེ། གསོལ ་བ་འབའ་ཞིག་གི་ལS་ཞེS་བྱ་བའི་ཐ་ཚིག་གོ། དེ་ལ་ཤི་བའི་རྫས་བྱིན་གྱིས་བརླབ་པ་དང་ནོར་དང་འདྲ་བ་བྱིན་གྱིས་བརླབས་པ་གཉིས་ནི་ཚུལ་གཅིག་པའི་ཕྱིར་ལས་གཅིག་ཏུ་བགྲང་ངོ། །སྲ་བརྐྱང་བཏད་པ་དད་རས་ཡུག་ཆེན་སྦྱིན་པ་གཉིས་ཀྱང་ཚུལ་གཅིག ་བའི་ཕྱིར་ལས་གཅིག་ཏུ་བགྲང་ངོ། །ཚུལ་ཤིང་བླང་བ་དང་དབྱར་གནས་བར་ཁས་བླང་བ་ལ་སྦྱོར་བ་གཉིས་ཀྱང་ཚུལ་གཅིག་པའི་ཕྱིར་ལས་གཅིག་ཏུ་བགྲང་སྟེ། དེ་ལྟར་ལས་ཉི་ཤུ་རྩ་བཞི་པོ་དེ་དག་ནི་གསོལ་བ་འབའ་ཞིག་གི་ལས་ཡིན་པར་ཤེས ་པར་བྱའོ། །དེ་དག་ནི་དགེ་འདུན་ལ་གོ་བར་བྱ་བ་ཙམ་དུ་ཟད་པས་འབད་བ་ཆུང་དུས་ཀྱང་འགྲུབ་བའི་ཕྱིར་འདིར་མགོ་གཅིག་ཏུ་གསུངས་སོ།། །།བམ་པོ་དྲུག་ཅུ་པ། །ལྷག་པོར་མ་གཏོགས་པ་རང་གི་དོན་གྱི་སྔགས་ ་བརྗོད་པ་ཡང་ངོ་ཞེས་བྱ་བ་ཡང། བརྗོད་པ་གསུམ་མོ་ཞེས་བྱ་བར་སྦྱར་ཏེ། ལྷག་བོར་བྱ་བར་གསོལ་བ་མ་གཏོགས་པར་རང་གི་དོན་གྱིས་སྔགས་བརྗོད་པ་གང་ཡིན་པ་དེ་ཡང་ལན་གསུམ་བརྗོད་པར་བྱ་བའོ། །འདི་ལྟ ་སྟེ། ཁར་བ་དང་འདྲ་བ་ལ་སོགས་པ་གསོལ་བ་གང་ཡིན་པ་དང། ཆོས་གོས་ལ་སོགས་པ་བྱིན་གྱིས་བརླབ་བ་གང་དག་ཡིན་བ་དང། སྐྱབས་སུ་འགྲོ་བ་དང། རབ་ཏུ་འབྱུང་བ་དང། སྡོམ་པ་ནོད་པ་གང་དག་ཡིན་པ་དང། མཆོད་རྟེན་ལ་ཕྱག་བྱ་བ ་དང། བདུག་བ་བསྲེགས་བ་ལ་སོགས་པ་ཡང་དག་པར་བླང་བ་གང་དག་ཡིན་པ་དང། ལྟུང་བ་བཤགས་བ་དང། གསོ་སྦྱོང་དང་དགག་དབྱེ་དག་དང། གནས་པར་ཁས་བླང་བ་དང། མཏམས་ཀྱི་ཕྱི་རོལ་ཏུ་མི་འབྲལ་བར་བྱ་བའི་ཕྱིར་ཞག་གཅིག ་ལ་སོགས་པ་བྱིན་གྱིས་བརླབ་བ་དང། ཡང་དག་པར་བླང་བ་གཞན་དག་དང། འདུན་པ་དང། ཡོངས་སུ་དག་པ་དག་དབུལ་བ་དང་དགག་དབྱེ་དབུལ་བ་དང་དགག་དབྱེ་རིག་པར་བྱ་བ་ལ་སོགས་པའི་སྔགས་བརྗོད་པ་གང་དང་ཡིན་པ་དེ་དག་ཐམས ་ཅད་ནི་ལན་གསུམ་བཟླས་པར་བྱའོ། །ཞེས་བྱ་བའི་ཐ་ཚིག་གོ། ལྷག་བར་མ་གཏོགས་པར་སྨོས་བ་ནི་འབྲས་བུ་ཆུང་བས་ལན་གཅིག་གསོལ་བས་ཀྱང་འགྲུབ་པས་དེ་ལ་ནི་ལན་གསུམ་བརྗོད་མི་དགོས་སོ། །གཞན་གྱིས་དོན་དུ་གང་ཟག་ལ་ཡང ་ངོ་ཞེས་བྱ་བས་ནི། གཞན་གྱི་དོན་དུ་སྔགས་གང་ཟག་ལ་བརྗོད་པ་གང་ཡིན་པ་དེ་ལ་ཡང་ལན་གསུམ་ཁོ་ན་བརྗོད་པར་བྱ་བ་སྟེ། དེས་ན་གཞན་གྱི་དོན་དུ་དགེ་འདུན་ལ་བརྗོད་པ་ནི་ལན་ཅིག་ཁོ་ནས་ཆོག་གི་ཞེས་བྱ་བའི་ཐ་ཚིག་གོ། འདི་ལྟ་སྟེ་། ་འདུན་པ་དང། ཡོངས་སུ་དག་པ་དང་དགག་དབྱེ་བརྗོད་པ་དག་དགེ་སློང་ལ་བརྗོད་པར་བྱ་བའོ་ཞེས་བྱ་བའི་ཕྱོགས་ལ་ནི་ལན་གསུམ་བརྗོད་པར་བྱའོ། །དགེ་འདུན་ལ་བརྗོད་པར་བྱའོ་ཞེས་བྱ་བའི་ཕྱོགས་ལ་ནི་ལན་ཅིག་བརྗོད་པར་བྱ་སྟེ། གང་ཟག ་ལ་ཞེས་སྨོས་པའི་ཕྱིར་རོ། །ལྷག་པོར་ཡང་མདུན་དུ་རྩོག་བུར་འདུག་སྟེའོ་ཞེས་བྱ་བ་ནི། རང་གི་དོན་གྱི་སྔགས་གང་ཟག་ལ་བརྗོད་པ་དང། གཞན་གྱི་དོན་དུ་སྔགས་གང་ཟག་ལ་བརྗོད་པ་རྣམ་པ་གཉིས་དང། ལྷག་པོར་བྱ་བའི་སྔགས་བརྗོད་པ་གང་ཡིན་པ་དེ ་ཡང་གང་ཟག་གི་མདུན་དུ་ཙོག་པུར་འདུག་སྟེ་བརྗོད་པར་བྱའི། གཞན་གྱིས་ནི་མ་ཡིན་ནོ། དགེ་འདུན་ལ་ངག་ལས་པའི་རང་གི་དོན་གྱིས་སྔགས་བརྗོད་པ་ནི། མི་གཏོགས་སོ། །ཞུ་བ་ཡང་ངོ། ཞེས་བྱ་བ་ནི། འདི་རབ་ཏུ་འབྱུང་དམ་ཞེས་དགེ་སློང་གིས་དགེ་འདུན ་ལ་ཞུ་བར་བྱེད་བ་ན། རབ་ཏུ་བྱུང་བར་འདོད?་པའི་དགེ་བསྙེན་དེས་ཀྱང་རྒན་པའི་མཛའ་ལོགས་སུ་ཙོག་བུས་འདུག་བར་བྱ་བའོ། །བསྙེན་པར་རྫོགས་པར་བྱེད་པ་ན་གསང་སྟེ་བསྟོན་པ་མ་གཏོགས་པ་ཕ་གུ་ལ་རྟིད་པ་གཉིས་ཀྱིས་སོ་ཞེས་བྱ་བ་ནི། བསྙེན་པར ་རྫོགས་པའི་ལས་བྱེད་པ་ན་གསང་སྟེ་སྟོན་པའི་སློབ་དཔོན་གྱིས་གསང་སྟེ། བར་ཆད་ཀྱི་ཆོས་བསྟན་པའི་སྐབས་ཉི་ཚེ་མ་གཏོགས་པ། མཁན་པོར་གསོལ་བ་དང། བསྙེན་པར་རྫོགས་པ་གསོལ་བ་དང། ལས་ཀྱི་སློབ་དཔོན་གྱིས་བར་ཆད་དྲི་བ་མཉེན་པ ་དང། དེའི་ལན་འདེབས་པ་དང། བསྙེན་པར་རྫོགས་པར་བྱ་བ་ལ་སོགས་པའི་སྐབས་ཐམས་ཅད་དུ་བསྙེན་པར་རྫོགས་པར་བྱ་བའི་གང་ཟག་དེ་ཕ་གུའི་སྟེང་དུ་རྟིང་པ་གཉིས་ཀྱིས་འདུག་ཏུ་གཞུག་པར་བྱའོ། །ཆོས་གོས་དང་ལྷུང་བཟེད་བྱིན་གྱིས་བརླབ་པ ་ནི་སྔར་བྱས་ཟིན་པས་དེ་ལ་ནི་ཆོ་ག་འདི་ཐལ་བར་མི་འགྱུར་རོ། །འདིར་པ་གུ་ཞེས་བྱ་བ་ནི་བོང་བ་ཡིན་པར་ཤེས་པར་བྱ་བའོ། །བུད་མེད་ནི་སྟན་ནད་ཚངས་ཅན་ལ་སོགས་པའོ་ཞེས་བྱ་བ་ནི། བུད་མེད་བསྙེན་པར་རྫོགས་པར་བྱེད་པ་ན་གསང་སྟེ་བསྟན ་པ་མ་གཏོགS?་པཱི་གནས་སྐབས་ཇི་སྐད་བསྟན་པ་དེ་དག་ཏུ་སྟན་ནང་ཚངས་ཅན་ལ་སོགས་པ་ལ་ཅི་བདེར་འདུག་དུ་གཞུག་པ་ཡིན་གྱི། ཙེག་པུར་འདུག་དུ་ཡང་མི་གཞུག་གོ། སོགས་པ་ཞེས་སྨོས་པའི་སྒྲས་ནི་རྫས་འཇམ་བ་དང་ཡངས་པ་གཞན་དག་ཀྱང ་བསྡུའོ། གཞན་གཙོ་བོ་མ་ཡིན་པོ་ཉིད་ལ་ནི་དགེ་འདུན་ལ་རྒན་པའི་མཐར་རོ་ཞེས་བྱ་བ་ནི། རང་གི་དོན་གྱི་སྔགས་དགེ་འདུན་ལ་བརྗོད?་པ་ན་དགེ་འདུན་གྱི་རྒན་པའི་མཛའ་ལོགས་སུ་ཙོག་བུར་འདུག་སྟེ་བརྗོད་པར་བྱ་བའོ ་གཞན་གྱི་དོན་དུ་ནི་འགྲེང་སྟེ་འདུད་པ་དང་བཅས་པར་རོ། །ཞེས་འོག་ནས་འབྱུང་བས། འདི་ནི་རང་གི་དོན་གྱི་སྔགས་བརྗོད་པའི་ཆོ་ག་ཡིན་པར་གནས་སོ། །གཞན་གཙོ་བོར་མ་ཡིན་པ་ཉིད་ལ་ནི་ཞེས་བྱ་བ་ནི་དགེ་འདུན་སྤྱི་ལ་རང་གི་དོན ་གྱི་སྔགས་བརྗོད་པ་སྟེ། དེ་ལ་ནི་གང་ཟག?་གཞན་འགའ་ཞིག་ལ་ཙོ་ཆེར་དག་ལས་བ་མ་ཡིན་གྱི། དགེ་འདུན་ལ་རག?་ལས་བ་ཉིད་ཡིན་པའི་ཕྱིར་རོ། །དེས་ན་དགེ་འདུན་ལ་རང་གི་དོན་གྱི་སྔཌ་བརྗོད་འདི་ལྟ་སྟེ། སྔགས་བརྗོད་པའི་གང་ཟག་དག་གིས་གསོལ་བ་དག་དང། སྦོ ་བ་བྱེད་བ་ལ་སོགས་པའི་འདས་པ་བརྗོད་པ་དག་ནི་དགེ་འདུན་ལ་རྒན་པའི་མཛའ་ལོགས་སུ་ཙོག་པུར་འདུག་སྟེ་བརྗོད་བར་བྱའོ། །སྔགས་མ་བརྗོད་པའི་གང་ཟག་དག་གིས་གསོལ་བ་དང་གཞན་ལས་མཉན་ཏེ་བརྗོད་པར་བྱ་བ་དེ་ནི་གང་ཟག་ལ ་རག་ལས་པ་ཡིན་པས་དེ་ནི་དེས་དེའི་མདུན་དུ་ཙོག་པུར་འདུག་སྟེ་བརྗོད་པར་བྱའོ། །འདུན་བ་དང་ཡོངས་སུ་དག་པ་དང། དགག་དབྱེ་བརྗོད་པ་གང་ཟག་ལས་ལེན་ཅིང་གང་ཟག་ལ་བརྗོད་པར་བྱེད་པ་དེ་ཡང་གང་གི་མདུན་དུ་བརྗོད་བའི་གང ་ཟག་དེ་ལ་དག་ལས་བ་ཡིན་པS་དེའི་མདུན་ཅོག་པུར་འདུག་སྟེ་བརྗོད་པར་བྱའོ། །འདི་ནི་བསྙེན་བར་རྫོགས་པའི་སྐབས་ནས་གསུངས་མོད་ཀྱི། ཐམས་ཅད་ལ་ཡང་འདྲ་བར་སྦྱིར་མདོ་འདི་བྱ་སོ། །འདིར་གཞུང་ནི། དེ་ནས་ལས་བྱེད་བའི ་འདུན་དུ་ཕྱག་འཚལ་དུ་བཅུག་སྟེ། འདུག་ཏུ་གཞུག་ཅིང་འདུག་ཏུ་བཅུག་ནས་བསྙེན་པར་རྫོགས་པ་གསོལ་ཏུ་གཞུག་གོ། ཞེས་གསུངས་པ་ཡིན་ནོ། །གཞན་གྱི་དོན་དུ་ནི་འགྲེང་སྟེ་འདུད་བ་དང་བཅས་པར་རོ་ཞེས་བྱ་བ་ནི། གཞན་གྱི ་དོན་དུ་དགེ་འདུན་ལ་བསྔགས་བརྗོད་པ་ནི་འགྲེང་སྟེ། འདུན་པ་དང་བཅས་པ་ཞེས་བྱ་བ་ཐལ་མོ་སྦྱར་བ་ཉིད་དང། མགོ་སྨད་བ་ཉིད་ཀྱིས་བརྗོད་པར་བྱའོ། །འདི་སྐད་བསྟན་ཏེ། དགེ་འདུན་ལ་གཞན་གྱི་དོན་དུ་བརྗོད་པ་གང་ཡིན་པ་དེ་ནི་རྒན་པའི་མཐར ་དགྲང་སྟེ། འདུན་པ་དང་བཅས་པས་བརྗོད་པར་བྱ་སྟེ། འདི་ལྟ་སྟེ་ཞུ་བ་དག་དང། འདུན་པ་དང། ཡོངས་སུ་དག་པ་དང། དགག་དབྱེ་བརྗོད་པ་དགེ་འདུན་གྱི་ཕྱོགས་ལ་བྱ་བ་དང། དབྱར་གནས་པའི་དགེ་འདུན་གྱིས་དགག་དབྱེ་མཛད་ལགས་སོ ་ཞེས་གོ་བར་བྱ་བ་དང། ཁྲིམས་སུ་བྱ་བ་བཟང་པོ་བརྗོད་པ་དང། རྩོད་པ་མི་བསྐྱེད་པ་ཉིད་དང་ཚུལ་ཤིང་གི་གྲངས་དང། གནས་མལ་ལ་ལོག་ཕར་ལོངས་སྤྱོད་པར་བྱེད་པ་ཉིད་གོ་བར་བྱ་བ་དག་གོ། ཁ་ཅིག་ལས་གསང་སྟེ་བསྟན་པ་ཉིད་ནི་ལམ ་གྱི་དབུས་ནས་ཞེས་སོ་ཞེས་བྱ་བ་ནི། གཞུང་ཁ་ཅིག་ལས་གསང་སྟེ་སྟོན་པའི་སློབ་དཔོན་གྱིས་གསང་སྟེ་བང?་ཆད་ཀྱི་ཆོས་དྲིས་ནས་དགེ་འདུན་ལ་དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། །བདག་གིས་མཁན་པོ་མིང་འདི་ཞེས་བགྱི་བས ་མིང་འདི་ཞེས་བགྱི་བ་ལ་བར་ཆད་ཀྱིས་ཆོས་རྣམས་གསང་སྟེ་བསྟན་ན་དེ་བར་ཆད་ཀྱིས་ཆོས་རྣམས་ཡོངས་སུ་དག་གོ་ཞེས་ཁོ་ན་ཉིད་མཆིན་ཅི་མཆི་ཤིག་ཀ་མ་ཞེས་ཞུ་བའི་སྔགས་འདི་ནི་ལམ་གྱི་དབུས་ནས་འགྲེང་སྟེ་འདུད་པ་དང་བཅས་པས་བརྗོད་པར ་བྱའོ་ཞེས་འབྱུང་ངོ། །གཞན་ནི་ཇི་སྐད་བསྟན་པ་བཞིན་རྒན་པའི་མཐར་འགྲེང་སྟེ་འདུད་པ་དང་བཅས་པས་བརྗོད་པར་བྱའོ། །རྫས་བྱིན་གྱིས་བརླབ་པ་ཡང་དོ་ཞེས་བྱ་བ་ཡང། འགྲེང་སྟེ་བྱའོ་ཞེས་བྱ་བར་སྦྱར་རོ། །མདུན་དུ་ཞེས་བྱ་བ ་ནི་ཤུགས་ཀྱིས་འཐོབ་བོ། །འདིར་གཞུང་ནི་སྨན་གྱི་བྱིས་བརླབ་པ་ལ་དགེ་སློང་གིས་མདུན་དུ་འགྲེང་སྟེ་འདི་སྐད་བརྗོད་པར་བྱའོ། ཞེས་གསུངས་པ་ཡིན་ཏེ། །དེའི་རྗེས་སུ་འབྲང་བས་ཐམས་ཅད་ཀྱི་དབང་དུ་བྱ་བའི་ཕྱིར་མདོ་འདི ་བྱས་སོ། །དབྱུང་བར་བྱ་བ་ལ་ཡང་ཆོ་ག་དེ་བཞིན་དུ་ཤེས་པར་བྱའོ། །གང་གི་མདུན་དུ་བྱིན་གྱིས་བརླབ་པ་འམ་དབྱུང་བར་བྱ་བ་དེའི་སྤྱོད་ལམ་ཡང་དེ་ཁོ་ན་དང་འདྲའོ། །འདིར་རྫས་ཞེས་སྨོས་པ་ནི ་ལྷུང་བཟེད་དང་ཆོས་གོས་དང་སྨན་ལ་སོགས་པ་དག་ཡིན་པར་རིག་པར་བྱའོ། །དེས་ན་ཉི་མ་དང་གསོ་སྦྱོང་དང་དགག་དབྱེ་དག་རྗེས་སུ་བསྒྲུབ་པ་དམིགས་ཀྱིས་བསལ་བ་ཡིན་ཏེ། གསོ་སྦྱོང་དང་དགག་དབྱེ་དག་བྱིན་གྱིས་བརླབ ་བ་ནི་ཙོག་བུར་འདུག་སྟེ་བྱ་བར་གསུངས་པས་དེ་དེ་གཉི་ག་ཡང་འདུག་སྟེ་བྱའོ། །རུང་བར་བྱ་བ་ནི་དེ་ཉིད་དོ་ཞེས་བྱ་བ་ནི། གོས་རྣམ་པར་བརྟག་པ་ནི་བྱིན་གྱིས་བརླབ་པ་དེ་ཉིད་ཡིན་པར་རིག་པར་བྱའོ། །དེས་ན་རྣམ་པར་བརྟག་པ་དེ་ལ ་ཡང་ཆོ་ག་དེ་བཞིན་དུ་ཤེས་པར་བྱའོ། །འདིར་གཞུང་ནི་སིལ་བུ་དག་ལས། འདི་ལྟར་རྣམ་པར་བརྟག་པར་བྱ་སྟེ། དགེ་སློང་གི་འདུན་དུ་འགྲེང་སྟེ་བཙུན་པ་དགོངས་སུ་གསོལ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། ་དེ་བཟུང་སྟེ་བྱའོ་ཞེས་བྱ་བ་ནི། དགེ་སློང་དེ་གཉི་གའི་ལག་པས་རྫས་དེ་བཟུང་སྟེ་བྱིན་གྱིས་བརླབ་པའི་སྔགས་དེ་བྱ་བའོ། །འདི་ནི་གོས་ཀྱི་དོན་དུ་གསུངས་པ་ཡིན་ནོ། །ལྷུང་བཟེད་དང་སྨན་བྱིན་གྱིས་བརླབ་པའི་ཕྱིར ་ལྷུང་བཟེད་དང་སྨན་ནི་ལག་པ་གཡོན་པར་བཞག་སྟེ། ལག་པ་གཡས་པས་བཀབ་ནས་སོ་ཞེས་བྱ་བ་སྨྲས་ཏེ། བྱིན་གྱིས་རློབ་ཏུ་འཇུག་པ་དང་བྱིན་གྱིས་རློབ་པར་བྱེད་པ་གཉི་གས་དེ་ལྟར་བྱའོ། །སྨན་དབྱུང་བ་ནི་དེའི་རྗེས་སུ་འབྲང ་བས་ཆོ་ག་འདི་བཞིན་དུ་བྱ་བར་ཤེས་པར་བྱའོ། །ལྷུང་བཟེད་ཀྱིས་དབྱུང་བ་ནི་ལག་པས་སྟེང་ནས་གཡོག་པ་བཏང་སྟེ་ལག་པ་ཡ་རེས་ཁ་ནས་བཟུང་སྟེ་བྱའོ། །བཟུང་བར་བྱ་བ་མ་ཡིན་པ་ཉིད་ལ་ནི་མདུན་དུ་གཞག་སྟེའོ་ཞེས ་བྱ་བ་ནི། བཟུང་བར་བྱ་བ་མ་ཡིན་པ་ཉིད་གསེར་དངུལ་ལ་སོགས་པ་རེག་ཏུ་མི་རུང་བ་དག་ནི་མདུན་དུ་བཞག་སྟེ་བྱིན་ག་ཡིས་བརླབ་པར་བྱའོ། །ལས་ནི་འདུག་པ་ཉིད་ཀྱིས་སོ་ཞེས་བྱ་བ་ནི། གསོལ་བ་དར་གསོལ་བ་དང་གཉིས་དང་གསོལ་བ་དང ་བཞིའི་ལས་ཐམས་ཅད་ནི་འདུག་པ་ཉིད་ཀྱིས་བྱའི། སྤྱོད་ལམ་གཞན་གྱིས་མི་བྱ་བའོ། །བརྟད་བ་བྱུང་ན་ནི་སྤྱོད་ལམ་གཞན་གྱིས་ཀྱང་གསོ་སྦྱོང་ལ་སོགས་པའི་ལས་བྱའོ། །དགེ་འདུན་ནམ་གཅིག་ཁོ་ན་ལ་མ་བརྟེན་པ་ལ་ནི ་གང་ཟག་དགེ་སློང་ལ་བརྗོད་པར་བྱ་བ་ཉིད་དོ་ཞེས་བྱ་བ་ནི། སྐབས་གང་དུ་དགེ་འདུན་ཁོ་ན་ལ་བརྗོད་པར་བྱའོ་ཞེ་འམ། གང་ཟག་ཁོ་ན་ལ་བརྗོད་པར་བྱའོ་ཞེས་ངེས་པར་མ་བརྟེན་པ་དེར་ནི་གང་ཟག་དགེ་སློང་ལ་བརྗོད་པ་བྱ་བ ་ཉིད་དུ་བརྟེན་པར་བྱའི། གཞན་ལ་ནི་མི་བྱ་སྟེ། དཔེར་ན་སྤོ?་བརྗོད་པ་དགེ་འདུན་ལ་བརྗོད་པར་བྱའོ། །གྲོང་དུ་འཇུག་པའི་ཕྱིར་ཞུ་བ་ནི་གང་ཟག་ལ་བརྗོད་པར་བྱའོ་ཞེས་དགེ་འདུན་དང་གང་ཟག་ལ་གོ་བ་དབྱེ་བ་ཉིད་དུ་ངེས་པར ་བརྟེན་པ་མཛད་པ་དེར་ནི་དེ་ཁོ་ན་བཞིན་དུ་སོ་སོར་བརྗོད་པར་བྱའོ། །གང་ཟག་དེ་ལྟར་སོ་སོར་ངེས་པར་བརྟེན་པ་མ་མཛད་པ། དཔེར་ན། རྫས་བྱིན་གྱིས་བརླབ་པ་དང་ཉི་མ་བྱིན་གྱིས་བརླབ་པ་དག ་ལ་ནི་དགེ་སློང་དུ་གྱུར་བའི་གང་ཟག་ལ་བརྗོད་པར་བྱ་བ་ཉིད་ཡོད?་པར་ཤེས་པར་བྱའོ། །ཆོས་གོས་དབྱུང་བ་དང་བྱིན་གྱིས་བརླབ་པ་ནི་ཉེ་བར་མི་གནས་ན་ཡིད་ཀྱི་རྣམ་པར་གྲཏགས?་པས་འཆགས་སོ་ཞེས་བྱ་བ་ནི། དགེ་སློང་ཉེ་བར་མི ་གནས་ན་ཆོས་གོས་བྱིན་གྱིས་བརླབ་པ་དང་འབྱུང་བ་དོག?་རང་གི་ཡིད་ཀྱིས་རྣམ་པར་བརྟགས་པས་འཆགས་སོ། །ཆོས་གོས་ནི་བྱིན་གྱིས་བརླབ་པ་ལ་ཉེ་བདག་ནས་པ་ལ་བྱིན་གྱིས་བརླབ་པར་བྱའོ། །ད་བྱུང་བ་ལ་ནི་ཉེ་བར་གནས ་བ་མི་དགོས་སོ། །དེ་ལྟ་བས་ན་ཆོས་གོས་ཉེ་བར་མི་གནས་ཀྱང་དབྱུང་བ་འགྲུབ་པ་ཁོ་ནར་འགྱུར་རོ། ཉེ་བར་གནས་ན་ནི་ལག་བས་བཟུང་སྟེ་དབྱུང་བར་བྱ་བ་ཉིད་ཡིན་ནོ། ་འདིར་གཞུང་ནི། དགེ་སློང་དག་ལྔ་པོ་འདི་དག་ནི་སེམས་བསྐྱེད་པས་འགྲུབ་པ་ཡིན་ཏེ། གསོ་སྦྱོང་དང་དགག་དབྱེ་དང་ཆོས་གོས་བྱིན་གྱིས་བརླབ་བ་དང། ཆོས་གོས་རྣམ་པར་བརྟག་པ་དང། གང ་ཟག་གིས་མགྲོན་དུ་བོས་བའོ། ཞེས་གསུངས་པ་ཡིན་ནོ། །དེ་ལ་གསོ་སྦྱོང་དང་དགག་དབྱེ་གཉིས་སེམས་བསྐྱེད་པས་འགྲུབ་པ་ནི་སྐབས་གཞན་དུ་མདོར་བྲིས་ཟིན་ཏོ། །ཆོས་གོས་བྱིན་གྱིས་བརླབ་པ ་དང་རྣམ་པར་བརྟགས་པ་སེམས་བསྐྱེད་པས་འགྲུབ་བ་ནི་སྐབས་འདིས་བསྟན་པ་ཡིན་ནོ། །གང་ཟག་གིས་མགྲོན་དུ་བོས་པ་སེམས་བསྐྱེད་པས་འགྲུབ་པ་ནི། ཅང་མི་གསུངས་པས་ཤེས་མདོ་སྡེ་ལས ་གསུངས་པ་ཡིན་ཏེ། བཅོམ་ལྡན་འདས་ཀྱིས་ཁྱིམ་བདག་མགོན་མེད་ཟས་སྦྱིན་ལ་ཅང་མི་གསུང་བས་གནང་ངོ། །ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །སྔ་མ་མ་ཕྱུང་ན་མི ་འཆགས་སོ་ཞེས་བྱ་བ་ནི། དངོས་པོ་ལ་སྔར་བྱིན་གྱིས་བརླབ་པ་མ་ཕྱུང་བར་གཞན་བྱིན་གྱིས་རློབ་པར་བྱེད་པ་གང་ཡིན་པ་དེ་མི་འཆགས་སོ། །གཅིག་བུས་བྱིན་གྱིས་བརླབ་ན་དེ་ལ་དང་པོར ་བསམས་པ་བསྒྲུབ་ཅིང་ཚིག་ཏུ་བརྗོད་པར་བྱའོ་ཞེས་བྱ་བ་ནི། གལ་ཏེ་གཅིག་པུས་གསོ་སྦྱོང་ལ་སོགས་པ་བྱིན་གྱིས་རློབ་པར་བྱེད་ན། བྱིན་གྱིས་བརླབ་པའི་ཡུལ་དེ་ལ་སྔར་བསམ་པ་སྒྲུབ་ཅིང་བསམ ་པ་ཉེ་བར་གཞག་པ་དང། །བསམ་པ་མངོན་དུ་བྱ་ཞིང་དེའི་འོག་ཏུ་ཚིག་ཏུ་ཡང་བརྗོད་པར་བྱ་བའོ། །འདི་སྐད་བསྟན་ཏེ། གལ་ཏེ་གྲོགས་མེད་བས་གཅིག་པུས་གསོ་སྦྱོང་ལ་སོགས་པ་བྱིན་གྱིས་རློབ་པར་བྱེད་ན་དེའི་ཚེ་དེ་དང་པོར་འདི་བྱིན ་གྱིས་བརླབ་པོ། །སྙམ་དུ་བསམ་པས་མངོན་དུ་བྱ་ཞིང་དེའི་འོག་ཏུ་ཚིག་ཏུ་ཡང་བརྗོད་པར་བྱའོ། །འདིར་གཞུང་ནི་དགེ་སློང་བྲམ་ཟེའི་བུ་མོས་ཞུས་པ་ལས་དེ་ལྟར་སེམས་བསྐྱེད་པར་བྱ་ཞིང་ཚིག་ཏུ་ཡང་བརྗོད་པར་བྱའོ་ཞེས་གསུངས་པ་ཡིན ་ནོ། །དགེ་སློང་དང་འདུ་བ་ཉིད་ན་བླ་གོས་ཕྲག་པ་གཅིག་ཏུ་བྱས་པ་ཉིད་དོ་ཞེས་བྱ་བ་ནི། འཆགས་པ་ལ་སོགས་པ་དག་ལ་དགེ་སློང་དང་ལྷན་ཅིག་འདུ་བ་ཉིད་ན་བླ་གོས་ཕྲག་པ་གཅིག་ཏུ་བྱས་པ་ཉིད་ཀྱིས་ཀུན་ནས་གཡོགས་པ་དང་བྲལ་བ ་ཉིད་རིགས་པར་བལྟ་བར་བྱའོ། །རང་གི་དོན་དུ་སྔགས་ལན་གསུམ་བརྗོད་པར་བྱེད་བ་ཉིད་ན་དེ་འོས་པ་ཉིད་ན་ཕྱག་བྱས་ཏེའོ་ཞེས་བྱ་བ་ནི། རང་གི་དོན་དུ་དགེ་འདུན་ནམ་གང་ཟག་གང་ལ་བརྗོད་པའི་བདག་ཉིད་དམ། གཞན་ཡང་རུང་བའི ་སྔགས་ལན་གསུམ་བརྗོད་པ་ཉིད་ན་དེ་བརྗོད་པ་ཉིད་ཀྱིས་མདུན་རོལ་ཏུ་གལ་ཏེ་ཟླ་དེ་ཕྱག་བྱ་བའི་འོས་ཉིད་ཡིན་ན་ཕྱག་བྱས་ཏེ་བརྗོད་པར་བྱ་བའོ། །གསང་སྟེ་སྟོན་པར་ཡང་ངོ་ཞེས་བྱ་བ་ཡང། ཕྱག་བྱས་ཏེ་བྱ་བར་རིགས་པའོ། ། ་སྣམ་སྦྱར་དང་བཅས་པ་ཉིད་ནི་བསྙེན་པར་རྫོགས་པའི་ཕྱིར་འདུས་པ་ལ་ཡང་ངོ་ཞེས་བྱ་བ་ནི། བསྙེན་པར་རྫོགས་པར་བྱ་བའི་གང་ཟག་ལ་མཁན་པོས་ཆོས་གོས་གསུམ་བྱིན་གྱིས་རློབ་ཏུ་བཅུག ་སྟེ། སྣམ་སྦྱར་དང་བཅས་པ་ཉིད་དུ་གྱུར་བ་ན་དེས་བདག་ཉིད་བསྙེན་པར་རྫོགས་པར་བྱ་བའི་ཕྱིར་འདུས་པའི་དགེ་འདུན་ལ་ཕྱག་བྱ་བ་ཉིད་དུ་རིགས་པའོ། །དང་པོར་གསུམ་མོ་ཞེས་བྱ་བ་ནི། བསྙེན་པར་ ་རྫོགས་བར་བྱ་བའི་ཕྱིར་འདུས་པའི་དང་པོར་དགེ་སློང་དང་ཕྲད་དོ་ཅོག་ཐམས་ཅད་ལ་བསྙེན་པར་རྫོགས་པར་བྱ་བ་དེ་ཕྱག་ལན་གསུཾ་གསུམ་བྱ་བར་རིག་པར་ཡིན་ཏེ། འདི་ལྟར་ཕྱག་བྱས་བས་བདག་ཉིད་དགེ་འདུན་གྱི་ནང་དུ་འཇུག ་བར་སྟོན་ཅིང། བསམ་པ་དྲག་བོས་དང་པོར་འཇུག་བར་རིགས་པས་དེའི་ཕྱིར་འདིར་དང་པོར་ལན་གསུམ་ཕྱག་བྱ་བར་གསུངས་སོ། །དེའི་དོན་ཉིད་དུ་དང་ཉི་མ་བརྗོད་པ་ལ་ཐལ་མོ་སྦྱར་བ་ཉིད་དོ་ཞེས་བྱ་བ་ནི། ཐལ་མོ་སྦྱོར་བར་བྱེད་པའི ་གང་ཟག་དེའི་དོན་འདི་ལྟ་སྟེ། རབ་ཏུ་དབྱུང་བའི་ཕྱིར་ཞུ་བ་དང། ཡང་དག་པར་བླང་བ་དང། མཁན་པོ་ཉིད་ལ་སོགས་པར་གསོལ་བ་དང། སྦྱིན་པ་དག་ལ། བར་ཆད་དི་པ་དང། བསྙེན་པར་རྫོགས་པའི་ཕྱིར་འདུལ་བ་དག ་བསྒྲུབ་པའི་ཕྱིར་དགེ་འདུན་ནམ་གང་ཟག་འདུས་པར་གྱུར་པ་དེ་ནི་དོན་ཉིད་དུ་ཞེས་བྱ་སྟེ། དེའི་དོན་ཉིད་དུ་འདུས་པའི་དགེ་འདུན་ནམ་གང་ཟག་དེ་ལ་ཡང་ཐལ་མོ་སྦྱོར་བར་བྱེད་པའི་གང་ཟག་དེས་ཐལ་མོ་སྦྱར་བ་ཉིད་དུ་རིགས་པ་ཡིན་ནོ། ་ཉི་མ་བརྗོད་པ་ལ་ཞེས་བྱ་བ་ནི། གསོ་སྤྱོང་དང་དགག་དབྱེའི་དུས་བྱིན་གྱིས་བརླབ་པ་དང། འདུན་པ་དང། ཡོངས་སུ་དག་པ་དང། དགག་དབྱེ་སྦྱིན་བ་དང། དབྱུང་བ་དག་དང། ཡོངས་སུ་དག་བའི་དུས་འདས་པ་བརྗོད་པ་དག ་དང། ཡོངས་སུ་གནས་པ་ལ་སོགས་པ་ལས་དབྱུང་བ་དེད་ནི་ཟླ་བའི་དོ་འདིའི་ཉི་མ་འདིའོ་ཞེས་བརྗོད་པ་དག་སྟེ་དེ་ལ་ཡང་ཐལ་མོ་སྦྱར་བ་ཉིད་དུ་རིགས་པ་ཡིན་ནོ། །གལ་ཏེ་གང་ཟག་གིས་རང་གི་དོན་དུ་བརྗོད་ན་གསོལ་བ་བཏབ་པས ་མཇུག་ཏུ་ཐབས་ཡིན་ནོ་ཞེས་བྱ་བ་ནི། གལ་ཏེ་གང་ཟག་གིས་རང་གིས་དོན་ཙམ་སྒྲུབ་པའི་ཕྱིར་བརྗོད་ན་གསོལ་བ་བཏབ་པའི་གང་ཟག་གིས་དེ་སྔགས་བརྗོད་དུ་བཙུག་པའི་མཇུག་ཏུ་ཐབས་ཡིན་ནོ། །ཞེས་བརྗོད་པར་བྱ་བའོ། ། ་ཐབས་ལས་བྱུང་བ་ནི་ཐབས་ཡིན་ཏེ། ཁྱོད་ཀྱིས་དེ་ལྟར་བྱས་པ་ནི་དོན་དེ་བསྒྲུབ་པའི་ཐབས་ཡིན་ནོ། ཞེས་བྱ་བའི་ཐ་ཚིག་གོ་།དེའི་རྗེས་ལ་ཅིག་ཤོས་ཀྱིས་ལོགས་སོ་ཞེས་སོ་ཞེས་བྱ་བ་ནི། གསོལ་བ་བཏབ་བའི་གང་ཟག་དེས་ཐབས་ཡིན་ནོ་ཞེས་བྱ་བའི་ཚིག་བརྗོད་པ་དེའི་རྗེས་ལ ་གསོལ་བ་འདེབས་པར་བྱེད་པའི་གང་ཟག་ཅིག་ཤོས་ཀྱིས་ལེགས་སོ་ཞེས་བརྗོད་པར་བྱ་བའོ། །ཐབས་ཡིན་ན་ཞེས་གང་སྨྲས་པ་དེ་ལེགས་ཏེ་དེ་ནི་ཐབས་ཡིན་ན་ཞེས་བྱ་བའི་ཐ་ཚིག་གོ། འདུན་པ་དང་ཞེ་སྡང་དང་གཏི་མུག་དང་འཇིགས་པས་འགྲོ་བ་དང་སྦྲེལ?་བས ་བྱས་པ་དང་མ་བྱས་པ་དྲན་པར་ནུས་པ་སྤྲོ་བར་བྱས་ཏེ་བསྐོའོ་ཞེས་བྱ་བ་ནི། གང་ཟག་བྱས་པ་དང་མ་བྱས་པ་དྲན་པར་ནུས་པ་བསྐོའོ། ཁྱད་པར་ཇི་ལྟ་བུ་ཅན་ཞིག་ཅེ་ན། འདུན་པས་འགྲོ་པ་ལ་སོགས་པ་དང་གྲལ་བའོ། ཇི་ལྟར་བསྐོ་ཞེ་ན། སྤོ་བར་བྱས་ཏེའོ། བྱས་པ ་ཉིད་ན་གནས་པ་བརྗོད་པར་བྱའོ་ཞེས་བྱ་བ་ནི། གསོལ་བ་དང་གཉིས་ལས་སམ་གསོལ་བ་དང་བཞིའི་ལས་བྱས་པ་ཉིད་ན་ལས་བྱེད་པས་ལས་བྱས་ཟིན་པའི་མཇུག་བསྡུ་བ་བརྗོད་པར་བྱ་བ་སྟེ། དཔེར་ན་དགེ་འདུན་གྱིས་བཟོད་ཅིང་གནང་ནས་དགེ་འདུན་གྱིས་མིང་འདི ་ཞེས་བགྱི་བ་རབ་ཏུ་བྱུང་བསྙེན་པར་རྫོགས་པར་མཛད་ལགས་ཏེ། འདི་ལྟར་ཅད་མི་གསུངས་བས་དེ་བཞིན་དུ་འཛིན་ཏོ་ཞེས་གསུངས་པ་ལ་སོགས་པ་ལྟ་བུའོ། །གསོལ་བ་འབའ་ཞིག་གི་ལས་ལ་ནི་ཆོ་ག་འདི་མེད་དེ། གསོལ་བ་ནི་གོ་བར་བྱ་བ་ཙམ་ཡིན་པའི ་ཕྱིར་རོ། །མཚམས་གཅོད་པ་ཉིད་ནི་བཅད་པ་དང་འདྲ་བ་ཉིད་དུ་ཤེས་པར་བྱའོ་ཞེས་བྱ་བ་ལ། འདིར་མཚམས་གཅོད་པ་ཉིད་ཅེས་བྱ་བ་ནི་མཚམས་གཅོད་པར་རྩོན་པ་ཉིད་དེ། དེས་ན་མཚམས་གཅོད་པ་ཉིད་གང་ཡིན་པ་དེ་ནི་བཅད་པ ་དང་འདྲ་བ་ཉིད་དུ་ཤེས་པར་བྱ་བ་སྟེ། ཇི་ལྟར་དགེ་འདུན་གྱིས་མཚམས་མ་མནན་པར་མཚམས་བཅང་ན་མཚམས་བཅད་པ་ཉིད་མི་འགྲུབ་པ་དེ་བཞིན་དུ། དགེ་འདུན་གྱིས་མཚམས་མ་མནན་པར་མཚམས་གཅོད་པ་རྩོམ་ན་རྩོམ་པ་དེ་ཡང་མི ་འགྲུབ་བོ། །འདི་སྐད་བསྟན་ཏེ། ཇི་ལྟར་དགེ་འདུན་མཚམས་གཞན་ན་གནས་པས་མཚམས་གཅད་པ་ཉིད་མི་འགྲུབ་པ་དེ་བཞིན་ཚམས་གཅོད་པ་ཡང་མི་འགྲུབ་སྟེ། འདི་ལྟར་མཚམས་གཅད་བར་འདོད་པའི་ངོས་དང་ཉེ ་བའི་ཕྱོགས་ཀྱི་མཚམས་གཞན་གང་ཡིན་པ་དེ་ན་གནས་པའི་དགེ་འདུན་གྱིས་མཚམས་གཅོད་པར་བྱེད་ན། དགེ་འདུན་དང་ཉེ་བའི་མདུན་གྱི་ཆའི་ཕྱོགས་དེ་ཡང་བཅད་པར་མི་འགྱུར་ཏེ། འདི་ནི་མཚམས་གཞན་ད་གནས་པ་ནི་གང་གི་ཡན་ལག ་ཉིད་ཀྱང་མ་ཡིན་ནོ་ཞེས་འབྱུང་བ་དེའི་སྤྲོས་པ་ཡིན་ནོ། །སྡུད་པར་བྱེད་པས་གཎྜི་བརྡུངས་པ་དང་འདྲ་བ་ལ་བརྗོད་པ་རྗེས་སུ་སྒྲུབ་བ་དག་གིས་བསྡུ་བར་བྱ་བ་དག་ལ་གོ་བར་བྱའོ་ཞེས་བྱ་བ་ནི་དགེ་འདུན་སྡུད་བར་བྱེད་པའི་གང་ཟག་གིས་གཎྜི་བརྡུངས་བ་དང ་ཅིའི་ཕྱིར་བརྡུངས་ཞེས་འདྲི་བ་དག་ལ་འདིའི་ཕྱིར་བརྡུངས་སོ་ཞེས་བརྗོད་པས་དེ་དག་དེར་འདུ་བར་རྗེས་སུ་སྒྲུབ་པ་དག་གིས་བསྡུ་བར་བྱ་བའི་དགེ་སློང་དག་ལ་གོ་བར་བྱ་བའོ། །དེས་དེ་དག་གི་དོན་དུ་སྟོན་བཤམ་མོ་ཞེས་བྱ་བ་མི་སྡུད་པར་བྱེད་པ ་དེས་བསྡུ་བར་བྱ་བ་དེ་དག་གི་དོན་དུ་སྟན་བཤམ་པར་བྱའོ། །བསྐོས་བའི་བྱ་བ་དེའི་དོན་ཉིད་ལ་ནི་དེ་ཉིད་དེ་ཞེས་བྱ་བ་ནི། བཀོས་པ་དེའི་བྱ་བ་ལག་གི་བླ་ལ་སོགས་པ་དོན་གང་གི་ཕྱིར་དེ་བསྐོ་བར་བྱ་བ་རེའི་དོན་ཉིད་ལ་གང་དུ་དགེ་འདུན་འདུ་བར ་འགྱུར་བ་དང་དགེ་འདུན་བསྡུ་པར་བྱ་བའི་སྐབས་རྗེས་སུ་བསྒྲུབ་པར་བྱ་བ་དེ་ཉིད་ཀྱི་ལས་ཡིན་པར་ཤེས་པར་བྱའོ། །ཐམས་ཅད་ལ་རྒན་རིམས་སུའོ་ཞེས་བྱ་བ་ནི། ཤིང་དྲུང་དང་ནེ་དུ་བསིང་གི་ཕྱོགས་དང། དགོན་པའི་ས་གཞི་དང་འདུག་པའི་གནས་ཐམས་ཅད་ལ ་ནི་རྒན་རིམ་སུ་བསྐོ་པ་རིགས་པ་ཉིད་ཡིན་བའོ། །བླང་པར་བྱ་བ་ལ་ནི་འདོད་པ་མཚོག་ཉིད་ཡིན་ནོ་ཞེས་བྱ་བ་ནི། འདུ་བ་དང་ཕྱག་བྱ་བ་དང་མདུན་དུ་འགྲོ་བ་དག་ལ་ནི་རྒན་རིམས་སུ་ཁོ་ནས་རྣམ་པར་བཞག་གི་།འདོད་པས་རྣམ་པར་མི་བཞག་གོ་།བླང་བར ་བྱ་བ་གནས་མལ་ལ་སོགས་པ་དག་ལ་ནི་འདོད་པས་མཆོག་ཉིད་དུ་རྣཾ་པར་བཞག་གི་།དངོས་པོ་ལས་རྣམ་པར་མི་གཞག་སྟེ། ལེན་བའོ་རྒན་པ་དེ་འདོད་པ་ཡིན་ན་ངན་པ་གང་ཡིན་པ་དེ་ཡང་དེ་ལ་སྦྱིན་པར་བྱ་བའི་ཕྱིར་མཆོག་ཉིད་ཡིན་གྱི་།གང་ལ་འཐོབ ་བ་བཟང་བ་དེའི་མཆོག་ཉིད་མ་ཡིན་ནོ། །འདིར་གཞུང་ནི་དངོས་པོ་ཆེན་པོ་གང་དག་ཡིན་པ་ལ་བྱི་དོར་བྱེད་པས་རྒན་པོ་དག་ངལ་བར་འགྱུར་བས་མི་འདོད་ན་དེ་དག་ལ་མི་འདོད་བཞིན་དུ་དེ་དག་སྦྱིན་པར་མི་བྱ་བར་གསར་བུ་ངག་གིས་དེ་དག་བླང་བར་བྱའོ ་ཞེས་གསུངས་པ་ཡིན་ནོ། །ལས་སྤྱིར་བསྟན་པའོ་ཞེས་བྱ་བ་ལ། ལས་ཀྱི་གཞི་ཞུ་བ་ལ་སོགས་པའི་སྐབས་ནས་འབྱུང་བ་སྤྱིར་བསྟན་པ་བཤང་ཟིན་ཏོ།། །།ད་ནི་ལས་ཀྱི་གཞི་ཞུ་བ་ལ་སོགས་པའི་སྐབས་ཐུན་མོང་མ་ཡིན་པ་བསྡུ་བའི་ཕྱིར། ་བསྒོ་བ་ལས་བྱུང་བ་ཕྱིར་མ་བཅོས་པས་ལས་ཉམས་སུ་མྱོང་བར་མི་བྱའོ་ཞེས་བྱ་བ་སྨྲས་ཏེ། བསྒོ་བ་ལས་བྱུང་བ་ཞེས་བྱ་བ་དགེ་འདུན་གྱི་དབྱེན་བྱེད་པ་དང་དེའི་རྗེས་སུ་ཕྱོགས་པ་དང། ཁྱིམ་སུ་བྱིན་པ་དང། བཀའ་བློ་མི་བདེ་བའི་དགེ་འདུན་ལྷག ་མ་བཞི་དང། སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་མི་གཏོང་བའི་ལྟུང་བྱེད་དག་ལས་ཉེས་པ་གང་བྱུང་པ་དེ་བཤགས་པ་དང། བྱིན་གྱིས་བརླབ་པ་དག་གིས་ཕྱིར་མ་བཅོས་པའི་གང་ཟག་གིས་དགེ་འདུན་དང་ལྷན་ཅིག་ལས་ཉམས་སུ་མྱོང་བར་མི་བྱ་བ ་སྟེ་།དེ་མྱོང་བར་བྱེད་ན་ཉེས་བྱས་སུ་འགྱུར་རོ། །གང་དག་གིས་དེ་ཁ་ན་མ་ཐོ་བ་དེར་ཕྱིར་མ་བཅོས་པར་ཤེས་བཞིན་དུ་དུང་ལྷན་ཅིག་ལས་ཉམས་སུ་མྱོང་བར་བྱེད་པ་དེ་དག་ལ་ཡང་ཉེས་བྱས་སུ་འགྱུར་རོ།། གསོ་སྦྱོང་དང་དགག་དབྱེ་བྱེད་པ་དག་ནི ་མ་གཏོགས་སོ་ཞེས་བྱ་བ་ནི། དེ་གཉིས་ཉམས་སུ་མྱོང་བ་ལ་ནི་ཉེས་བྱས་སུ་མི་འགྱུར་རོ་ཞེས་བྱ་བཱི་ཐ་ཚིག་གོ་།འདིར་གཞུང་ནི། རྣམ་པར་འབྱེད་པ་ལས་དགེ་སློང་གིས་ཇི་སྲིད་དུ་གཞི་དེ་མ་བཤགས་ཤིང་སོ་སོར་མ་བཤགས་པར་གསོལ་བ་དང ་གསོལ་བ་དང་གཉིས་དང་གསོལ་བ་དང། བཞིའི་ལས་ཉམས་སུ་མྱོང་བར་བྱེད་ན་ཐམས་ཅད་དུ་ཉེས་བྱས་སོ་ཞེས་གསུངས་བ་ཡིན་ནོ། །མཚམས་གཞན་ན་གནས་པ་ནི་གང་གི་ཡན་ལག་ཉིད་ཀྱང་མ་ཡིན་ནོ་ཞེས་བྱ་བ་ནི། དགེ་འདུན་ནམ ་གང་ཟག་མཚམས་གཞན་ན་གནས་པ་ནི་ལས་གང་གི་ཡན་ལག་ཉིད་ཀྱང་མ་ཡིན་ཏེ། བྱིན་ལེན་ལ་སོགས་པ་བྱས་ཀྱང་མ་བྱས་པ་ཉིད་དུ་ཤེས་པར་བྱའོ། །དེར་སོང་ན་ཚོགས་པའི་ཡན་ལག་ཉམས་སོ་ཞེས་བྱ་བ་ནི། འདུན་པ་དང་ཡོངས་སུ་དག ་བ་དང་དགག་དབྱེ་ལེན་པས་གང་ཟག་གཞན་ལས་དེ་དག་བླངས་ནས་དགེ་འདུན་གྱི་ནང་དུ་མ་བརྗོད་པར་མཚམས་གཞན་དུ་སོང་ན་ཚོགས་པའི་ཡན་ལག་ཅེས་བྱ་བ་འདི་ལྟ་སྟེ། འདུན་པ་དང་ཡོངས་སུ་དག་པ་དང་དགག་དབྱེ་བླངས་པའི?་ཉམས་པ ་ཡིན་ནོ། །དེ་བས་ན་ཉམས་པའི་ཉེས་བ་སྤང?་བའི་ཕྱིར་འདུན་པ་ལ་སོགས་པ་ལེན་པ་དེས་ནམ་མཁའ་ལ་འདུག་པར་མི་བྱའོ་ཞེས་བྱ་བ་ལ་སོགས་པའི་བསླབ་པའི་གཞི་བཅའ་བ་མཛད་དོ། །འདིང་གཞུང་ནི་གླེང་གཞི་དག་ལས། བཙུན་བ་དགེ་སློང ་གིས་འདུན་པ་བླངས་ཏེ། སྟེང་གི་ནམ་མཁའ་ལ་མཆིས་ནས་འདུན་པ་འཚལ་ཏེ་མཆིས་ཞེས་བརྗོད་པར་བགྱི་འམ། འཚལ་ཏེ་མ་མཆིས་ཞེས་བརྗོད་པར་བགྱི། ཉེ་བར་འཁོང་ཁྱེད་སྟེ་མ་འོངས་ཞེས་བརྗོད་པར་བྱ་སྟེ་ཡང་བླང་བར་བྱའོ།། ་བཙུན?་པ་དགེ་སློང་ཡོངས་སུ་དག་པ་ལེན་བས་ཡོངས་སུ་དག་པར་བླངས་ཏེ། སྟེང་གི་ནམ་མཁའ་ལ་འཚལ་ཏེ་མཆི་བ་ན། ཡོངས་སུ་དག་པ་འཚལ་ཏེ་མཆིས་ཞེས་བརྗོད་པར་བགྱི་འམ། འཚལ་ཏེ་མ་མཆིས་ཞེས་བརྗོད་པར་བགྱི་ཉེ་པར ་འཁོར་ཁྱེར་ཏེ་མ་འོངས་ཞེས་བརྗོད་པར་བྱ་སྟེ། ཡང་བླང་བར་བྱའོ་ཞེས་གསུངས་པ་དང། ཞུ་བ་ལས་ཀྱང་ཡོངས་སུ་དག་པ་བླངས་ནས་མཚམས་ཀྱི་སླང་རོལ་ན་མཆིན། ཡོངས་སུ་དག་བ་རྒྱུན་ཆད་པར་བརྗོད་པར་གྱི་འམ། རྒྱུན་མ་ཆད་པར་བརྗོད ་པར་བགྱི། བཀའ་སྩལ་པ་།རྒྱུན་ཆང་པར་བརྗོད་པར་བྱའོ་ཞེས་གསུངས་པ་ཡིན་ནོ། །དེའི་དམིགས་ཀྱིས་བསལ་བ་ནི་དེས་འཇིགས་པས་མཚམས་ཀྱི་ཕྱི་རོལ་ནས་ཁྱེར་ཏེ་འོངས་པ་ལ་ནི་ཉེས་པ་མེད་དོ། །ཞེས་གང་སྨྲོས?་པ་ཡིན་པར་ཤེས་པར་བྱའོ།། ་གཅིག་ཏུ་རྐང་པ་ཡ་གཅིག་ལ་གཅིག་ཏུ་ཡ་གཅིག་ན་གཉི་གར་གནས་པ་ཉིད་དོ་ཞེས་བྱ་བ་ནི། མཚམས་གཅིག་ཏུ་གང་གི་རྐང་པ་ཡ་གཅིག་བཞག་ལ། མཚམས་གཅིག་ཏུ་རྐང་པ་ཡ་གཅིག་བཞག་ན་དེ་མཚམས་དེ་གཉི་གར་གནས་པ་ཉིད ་ཡིན་པའོ། །ཐམས་ཅད་ནོན་པ་ལ་གནས་ན་ནོན་པ་ཉིད་དོ་ཞེས་བྱ་བ་ནི། མཚམས་དུ་མནོན་བའི་རྫས་ལ་གནས་པ་གང་ཡིན་པ་དེས་ནི་ནོན་པའི་རྫས་ངེས་མཚམས་ཇི་ཙམ་ནན་པ་ཉིད་ཡིན་པའི་མཚམས་དེ་དག་ཐམས་ཅད་དུ་གནས་པ་ཉིད་ཡིན་ནོ།། ་དུ་མར་གནས་བར་ཁས་བླངས་པ་ལ་ནི་འཆགས་པ་ཁོ་ནའོ་ཞེས་བྱ་བ་ནི། གང་གི་གནས་དུ་མར་གཅིག་ཏུ་རྐང་པ་ཡ་གཅིག་ལ་གཅིག་ཏུ་ཡང་གཅིག་བ་ཞག་པ་འམ། ཐམས་ཅད་ནོན་པ་ལ་གནས་པས་དབྱར་གནས་པར་ཁས་ལེན་པ་དེ་ལ་ནི་གནS ་པར་ཁས་བླངས་བ་མི་འཆགས་པ་མ་ཡིན་ཏེ། འཆགས་པ་ཁོ་ན་ཡིན་ནོ། །གནས་མལ་དུ་མ་མནོད་པར་རིགས་པ་ཉིད་དོ། ཞེས་བྱ་བ་ནི། སྔར་བསྟེན་པའི་ཚུལ་གྱིས་མཚམས་དུ་མར་གནས་པའི་དགེ་སློང་གིས་མཚམས་དེ་དག་གི་ཁོངས་སུ ་གཏོགས་པའི་གཙུག་ལག་ཁང་ངག་ཡིན་པ་དེ་དག་གིས་གནས་མལ་ཐམས་ཅད་ནོད་བར་བྱེད་ན་མ་རིགས་པ་མ་ཡིན་ཏེ་།རིགས་པ་ཁོ་ན་ཡིན་ནོ་ཞེས་བྱའི་ཐ་ཚིག་གོ་།ཅི་ངེས་གཙུག་ལག་ཁང་ཐམས་ཅད་དུས་མཉམ་པར་གནས་པར་བྱ་བ་འམ། ་འོན་ཏེ་ཅི་དཀར་གནས་པར་བྱ་ཞེ་ན། དེའི་ཕྱིར་དེས་ཅི་དགར་གནས་པར་བྱ་བ་ཉིད་དོ་ཞེས་བྱ་བ་སྨྲས་ཏེ། དེས་གཙུག་ལག་ཁང་གང་དུ་དུས་ཇི་སྲིད་གནས་པར་འདོད་པ་དེ་སྲིད་དེར་གནས་པར་བྱ་བ་ཉིད་ཡིན་ནོ། །རྒྱལ་བ་ནི་མི་མཐུན་པ་ཉིད་བྱེད ་པ་མ་ཡིན་ནོ་ཞེས་བྱ་བ་ནི། རྒྱལ་བ་སངས་རྒྱས་བཅོམ་ལྡན་འདས་མཚམས་ཀྱི་ནད་ན་བཞུགས་ལ། དགེ་འདུན་འདུས་པར་རྗེས་སུ་མ་ཞུགས་པར་དགེ་འདུན་གྱི་ལས་བྱེད་པ་ནི་མི་མཐུན་པ་ཉིད་དུ་མི་འགྱུར་ཏེ་།དེ ་ནི་དཀོན་མཆོག་གཞན་ཡིན་བས་དགེ་འདུན་གྱི་ལས་མི་མཐུན་པར་བྱེད་པ་ཉིད་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ་།ཁ་སྐོད་པར་བྱེད་པ་ཉིད་མ་ཡིན་ནོ་ཞེས་བྱ་བ་ནི། རྒྱལ་བ་ནི་དགེ་འདུན་གྱི་ཁ་སྐོང་བར་བྱེད་པ་ཉིད་མ་ཡིན་ཏེ་ཁ་སྐོད་བར་བྱེད་རྒྱལ ་བས་ཁ་བསྐང་སྟེ་ལས་དག་མི་བྱ་བ་ཉིད་ཡིན་ནོ། །ངེས་བྱ་བ་ལས་མ་ཡིན་པས་མི་འཆགས་སོ་ཞེས་བྱ་བ་ནི། ལས་དེས་བསྙེན་པར་རྫོགས་པ་ལ་སོགས་པ་བྱ་བ་རྣམ་པར་བཞག་པ་གང་ཡིན་པ་དེ་ལས་མ་ཡིན་བས་བྱས་ནི་མ་འཆགS ་པའོ། །འདིར་གཞུང་ནི་བསྙེན་པར་རྫོགས་པར་བགྱི་བ་ལ་གསོལ་བ་དང་བཞིའི་ལས་མི་བགྱིད་ན། བསྙེན་པར་རྫོགས་པ་ཞེས་བརྗོད་པར་བགྱི་འམ། བསྙེན་པར་མ་རྫོགས་ཞེས་བརྗོད་པར་བགྱི། བཀའ་སྩལ་པ། བསྙེན་པར་མ་རྫོགS ་ཞེས་བརྗོད་པར་བྱའོ་ཞེས་གསུངས་པ་ཡིན་ནོ། །དེ་བསྙེན་པར་རྫོགས་བར་བྱ་བའི་སྐབས་སུ་གསུངས་པ་ཡིན་མོད་ཀྱི། ཐམས་ཅད་ལ་འདྲ་བས་འདིར་སྤྱིར་མདོར་བྱས་སོ། །ཕལ་ཆེར་བྱས་པ་ཉིད་ཡིན་ཡང་ལས་ལོངས་སུ་མ་རྫོགས་པའི ་ཕྱིར་དེ་མ་བྱས་པ?་ཉིད་ཡིན་བར་དོགས་པ་བསལ་བའི་ཕྱིར། ཚིགས་ཕལ་ཆེད་བྱས་པ་ཉིད་ན་བྱས་པ་ཉིད་དོ་ཞེས་བྱ་བ་སྨྲས་ཏེ། གསོལ་བའི་བདག་ཉིད་དམ་བརྗོད་པའི་བདག་ཉིད་ཀྱི་ཚིག་ཕལ་ཆེར་བྱས་པ་ཉིད་ཅེས་བྱ་བ་སུམ་གཉིས ་བརྗོད་ཟིན་ན་སུམ་ཆ་བརྗོད་པའི་ཆེན་རིལ་གྱིས་བརྗོད་ཟིན་པ་ཉིད་ཡིན་ནོ། །གསོལ་བ་དང་བརྗོད་པ་དག་ལ་དོན་གྱི་སྐབས་གསུམ་ཡོད་དེ། དང་པོ་ནི་རང་གི་ངོ་བོ་ཙམ་བརྗོད་པ་སྟེ། དཔེར་ན། དགེ་འདུན་བཙུན་བ་རྣམས་གསན་དུ་གསོལ་། ་མིང་འདི་ཞེས་བགྱི་བ་འདི་མིང་འདི་ཞེས་བགྱི་བ་ལས་བསྙེན་བར་རྫོགས་པར་འཚལ་ཏེ། སྐྱེས་པ་ཡང་ལགས། སྐྱེས་པའི་དབང་པོ་དད་ཡང་ལྡན། ལོ་ཉི་ཤུ་ཡང་ལོན། འདིའི་ཆོས་གོས་གསུམ་དང་ལྷུང་བཟེད་ཀྱང་ཚད། བར་ཆད་ཀྱི་ཆོས ་རྣམས་ཀྱང་ཡོངས་སུ་དག་གོ་ཞེས་ཁོ་ན་ཉིད་མཚན་ཞེས་གསུངས་པ་ལྟ་བུའོ། །གཉིས་པ་ནི་བྱ་བ་བརྗོད་བ་སྟེ། དཔེར་ན་མིང་འདི་ཞེས་བགྱི་བ་འདི་མཁན་པོ་མིང་འདི་ཞེས་བགྱི་བས་དགེ་འདུན་ལས་བསྙེན་པར་རྫོགས་པར་གསོལ་ཏེ། ཞེས ་གསུངས་པ་ལྟ་བུའོ། །གསུམ་པ་ནི་བྱེད་པ་བརྗོད་པ་སྟེ། དཔེར་ན་གལ་ཏེ་དགེ་འདུན་གྱིས་དུས་ལ་བབ་ཅིང་བཟོད་ན། དགེ་འདུན་གྱིས་གནད་བར་མཛོད་ཅིག་དང། དགེ་འདུན་གྱིས་མིང་འདི་ཞེས་བགྱི་བ་མཁན་པོ་མིང?་འདི་ཞེས་བགྱི་བས་བསྙོན ་པར་རྫོགས་པར་མཛད་དོ་ཞེས་གསུངས་པ་ལྟ་བུའོ། །དེ་ལ་དོན་གྱི་སྐབས་གཉིས་བྱས་པ་ཉིད་ན་ལས་ཕལ་ཆེར་བྱས་པ་ཉིད་དུ་ཤེས་པར་བྱའོ། །ཅི་ཚིག་ཐམས་ཅད་ལ་ཕལ་ཆེར་བྱས་པ་ཉིད་ན་བྱས་པ་ཉིད་ཡིན་ནམ་ཞེས། དེའི་ཕྱིར་འོག་མ་མེད ་པ་ལའོ་ཞེས་བྱ་བ་སྨྲས་ཏེ་།ཚིག་གང་ལ་ཚིག་འོག་མ་མེད་པ་དེ་ནི་འོག་མ་མེད་པ་སྟེ། དཔེར་ན་གསོལ་བ་འབའ་ཞིག་གི་ལས་ལ་ནི་དེ་ཉིད་འོག་མ་མེད་པ་ཡིན་ནོ། །གསོལ་བ་དང་གཉིས་ཀྱི་ལས་ལ་ནི་ལས་བརྗོད་པའི་འོག་མ་མེད་པ་ཡིན་ནོ། ། ་གསོལ་བ་དང་བཞིའི་ལས་ལ་ནི་ལས་བརྗོད་པ་གསུམ་པ་འོག་མ་མེད་པ་ཡིན་ཏེ། དེ་དག་ཚིག་ཕལ་ཆེར་བྱས་བ་ཉིད་ན་བྱས་པ་ཉིད་ཡིན་གྱི་གཞན་ལ་ནི་མ་ཡིན་ནོ། །འདིང་གཞུང་ནི་།གླེང་གཞི་དག་ལས་མཚམས་བཅད་པ་ལས་བཙུན་པ་རེ་ཞིག? ་མཚམས་འགུམ་པ་ན་དགེ་སློང་ལས་བགྱིད་བ་སྲོག་ཆད་ཅིང་དུས་བགྱིས་པར་གྱུར་ན་མཚམས་བཀུམ་པར་བརྗོད་བར་བགྱི་འམ་མ་བཀུམ་པར་བརྗོད་པར་བགྱི་ཉེ་བར་འཁོར་གལ་ཏེ་མཚན་མ་དག་བརྗོད་པར་གྱུར་ཏན་ནི་ལས་ཕལ་ཆེར་བྱས་པས་བཅད་ ་པར་བརྗོད་པར་བྱའོ། །བཟློག་པས་ནི་མ་བཅད་པར་བརྗོད་པར་བྱའོ། །དགེ་སློང་མའི་མཚམས་ལ་ཡང་དེ་བཞིན་ནོ་ཞེས་གསུངས་པ་ཡིན་ནོ། །དེ་ཉིད་ཐམས་ཅད་དུ་བུང་བས་འདིར་སྤྱིར་མདོར་བྱས་སོ། །མཚན་མ ་དག་མ་བརྗོད་པ་ཉིད་ན་མ་བཅད་པ་ཡིན་ནོ་ཞེས་བྱ་བ་ནི། ཕལ་ཆེར་བྱས་པ་ཉིད་ཡིན་ན་བྱས་པ་ཉིད་ཡིན་དུ་ཟིན་ཀྱང་མཚམས་ཀྱི་སྐབས་སུ་ནི་ཕྱོགས་བཞིའི་མཚན་མ་དག་མ་བརྗོད་ན་མཚམས་བཅད་པའི་ལས་མ་བྱས་པ ་ཉིད་ཡིན་ནོ། །ཡོངས་སུ་གནས་བས་ནི་ཉེ་བར་གནས་པའི་སྡོམ་པ་ལས་བཞན་པའོ་ཞེས་བྱ་བ་ནི། ཡོངས་སུ་གནས་པས་ནི་ཚངས་པར་སྤྱད་པ་ཉེ་བར་གནས་པའི་སྡོམ་པ་ལས་ཞན་བའི་ལས་བྱས་པ་ཉིད་ན་བྱས་བ་ཉིད་ཡིན ་པའོ། །འདིར་གཞུང་ནི། དགེ་སློང་བྲམ་ཟེའི་བུ་མོས་ཞུས་པ་ལས་ཡོངས་སུ་གནས་པས་དགེ་སློང་གནས་ནས་འབྱིན་ན། གནས་ནས་ཕྱུང་བར་བརྗོད་པར་བགྱི་འམ། ཉེ་བར་གནས་པའི་སྡོམ་པ་མ་གཏོགས་པར་ལས་ཐམས ་ཅད་བྱས་བར་བརྗོད་པར་བྱའོ། །ཞེས་གསུངས་པ་ཡིན་ནོ། །དེ་ནི་དཔེ་ཙམ་དུ་ཟད་དེ་དགེ་འདུན་ལྷག་མ་སྤྱོད་པ་ལ་གནས་བ་གཞན་དག་ལ་ཡང་ཆོ་ག་འདི་རིག་པར་བྱའོ། །སྨྱོན་བས་གདོན་པ་ཡང་ངོ་ཞེས་བྱ་བ་ནི། སྨྱོན་བས་སོ་སོར་ཐར་པའི་མདོ ་གདོན་པ་བྱས་པ་ཡང་བྱས་པ་ཉིད་ཡིན་པའོ། །འདིར་གཞུང་ནི་སྨྱོན་པས་སོ་སོར་ཐར་པའི་མདོ་འདོན་ན་སོ་སོར་ཐར་པའི་མདོ་གདོན་པར་བརྗོད་པར་བགྱི་འམ། བཀའ་སྩལ་པ། བཏོན་པར་བརྗོད་པར་བགྱིའོ། །?་སྦྱོང?་བགྱིས་པར་བརྗོད ་པར་བགྱི་འམ། བཀའ་སྩལ་པ། བྱས་པར་བརྗོད་པར་བྱའོ་ཞེས་གསུངས་པ་ཡིན་ནོ། །སྨྱོན་པ་ནི་དཔེ་ཙམ་དུ་ཟད་དེ་དེས་ན་དང་བཞིན་ཉམས་པ་ཐམས་ཅད་ཀྱང་འཕངས་པ་ཡིན་ཏེ་འདྲ་བའི་ཕྱིར་རོ། །དབྱེན་རྗེས་སུ་སྒྲུབ་པ་ནི་གསོལ་བ་དང་?་ཞེས་བྱ་བ་ནི ་བསྙེན་པར་མ་རྫོགས་པའི་རྒྱུ་གང་དག་གིས་གསོལ་བའི་ལས་བྱས་པ་མི་འཆགས་པ་དེ་བཞིན་དུ་རྒྱུ་དེ་དག་ཉིད་ཀྱིས་དགེ་འདུན་གྱི་དབྱེན་གྱི་སྦྱོར་བ་རྗེས་སུ་སྒྲུབ་པ་ཡང་མི་འཆགས་པ་སྟེ་།དཔེར་ན་བདག་ཉིད་རིགས་པ་མ་ཡིན་པས་ཚུལ་ཤིང་དག་ལེན་པ་དང། ་འདྲིམ?་པར་བྱེད་པ་རིགས་པ་མ་ཡིན་པས་གཞན་རིགས་བ་མ་ཡིན་པ་དག་ལེན་དུ་འཇུག་པ་དང། ཆོས་དང་ཆོས་མ་ཡིན་པ་དག་ལོག་པར་སྒྲོག་པར་བྱེད་ན། དབྱེན་རྗེས་སུ་བསྒྲུབ་པ་མི་འཆགས་པ་ལྟ་བུའོ། །འདིར་གཞུང་ནི། ཞུ་བ་ལས་གནས་ནས་ཕྱུང ་བ་དང་ལྔས་དགེ་འདུན་འབྱེད་ན་དགེ་འདུན་ཕྱེ་བར་བརྗོད་པར་བྱའོ། །རྐུ་ཐབས་སུ་གནས་པ་དང་དགུས་དགེ་འདུན་འབྱེད་ན་དགེ་འདུན་མ་ཕྱེ་བར་བརྗོད་པར་བྱའོ། །མཚན་གཉིས་པས་ཚུལ་ཤིང་ལེན་ཏམ་རྗེས་སུ་སྒྲོགས་ན། དགེ་འདུན་བྱེ་བར་རྗོད་པར་བགྱི་འམ། དགེ་འདུན་མ ་བྱེ་བར་བརྗོད་པར་བགྱི། བཀའ་སྩལ་པ། དགེ་འདུན་མ་བྱེ་བར་བརྗོད་པར་བྱའོ་ཞེས་གསུངས་པ་ཡིན་ནོ། །འདི་ལ་མཚན་མི་མཐུན་པ་ཉིད་ནི་ཡན་ལག་མ་ཡིན་ནོ་ཞེས་བྱ་བ་ནི། དབྱེན་རྗེས་སུ་སྒྲུབ་བ་འདི་ལ་ཕོ་རྣམས་ལ་ནི་མོ་ཉིད་ཡན་ལག་མ་ཡིན་ལ། མོ་རྣམས ་ལ་ཡང་ཕོ?་ཉིད་ཡན་ལག་མ་ཡིན་ནོ། །འདིར་གཞུང་ནི་གཏམ་གྱི་གཞི་ལས། །ཉེ་བར་འཁོར་དགེ་སློང་ཁོ་ནས་དགེ་སློང་གི་དགེ་འདུན་འབྱེད་པར་འགྱུར་གྱི། །དགེ་སློང་མས་ཀྱང་མི་འགྱུར། དགེ་སློབ་མས་ཀྱང་མི་འགྱུར། དགེ?་ཚུལ་གྱིས་ཀྱང་མི་འགྱུར?་རོ?། །དེ་ཚུལ་མས་ཀྱང་མི་འགྱུར་མོད་ཀྱི། འོན་ཀྱང་དགེ ་འདུན་དབྱེ་བའི་ཕྱིར་བརྟུལ་བར་ནི་མི་འགྱུར་རོ། །དགེ་སློང་མ་ཁོ་ནས་དགེ་སློང་མའི་དགེ་འདུན་འབྱེད་པར་འགྱུར་གྱི། དགེ་སློང་གིས་ཀྱང་མི་འགྱུར་།དགེ་སློབ་མས་ཀྱང་མི་འགྱུར། དགེ་ཚུལ་གྱིས་ཀྱང་མི་འགྱུར། དགེ་ཚུལ་མས་ཀྱང་མི་འགྱུར་མོད་ཀྱི། ་འོན་ཀྱང་དགེ་འདུན་དབྱེ་བའི་ཕྱིར་བརྟུལ་བར་ནི་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །བཞད་གད་ཀྱི་དངོས་པོས་ནི་གང་གིར་ཡང་མི་འགྱུར་རོ་ཞེས་བྱ་བ་ནི། བཞད་གང་ཀྱི་དངོས་པོ་ཞེས་བྱ་བ་ཀུ་རེ་འི་བསམ་པ་ལས་བྱས་བ་ཐམས་ཅད་ནི་གང་གི་ཡན་ལག་ཏུ ་ཡང་མི་འགྱུར་པའོ། །འདིར་གཞུང་ནི། དགེ་འདུན་གྱི་དབྱེན་ཀྱི་སྐབས་སུ་དགེ་སློང་བྲམ་ཟེའི་བུ་མོས་ཞུས་པ་ལས། གང་གིས་འཕྱར་གཡེང་གི་བསམ་པས་རྗེས་སུ་སྒྲོགས་ཤིང་ཚུལ་ཤིང་ལེན་དུ་སྩོལ་ན་དགེ་འདུན་བྱེ་བར་བརྗོད་པར ་བགྱི་འམ། ཉེ་བར་འཁོར་མི་བྱའོ། །ལས་བགྱིས་པ་ལས་ལྟུང་བཅིར་འགྱུར། དཔྱོན་གྱི་སྐབས་ཀྱི་ཉེས་པ་སྦོམ་པོར་འགྱུར་རོ། །གལ་ཏེ་དགེ་འདུན་གྱིས་ཤོས་ན་དགེ་འདུན་ཐམས་ཅད་ལ་ཡང་འགལ་ཚབས་ཅན་དུ་འགྱུར་རོ། ཞེས་གསུངས་པ ་ཡིན་ནོ། །རྗེས་སུ་སྒྲེགས་ཤིང་ཞེས་བྱ་བའི་སྒྲ་ནི་ལས་བརྗོད་པ་ལ་བྱའོ། །མི་འཆགས་བའི་བློས་དབྱེན་དང་གནས་ནས་འབྱིན་པ་དག་ནི་སྦོམ་པོའོ་ཞེས་བྱ་བ་ནི། དབྱེན་གྱི་ལས་དང་གནས་ནས་དབྱུང་བའི་ལས་མི་འཆགས་བར་ཤེས་བཞིན་དུ ་མི་འཆགས་ཀྱང་བླའི་འོན་ཀྱང་བྱའོ་སྙམ་པའི་བློས་དབྱེན་དང་གནས་ནས་དབྱུང་བའི་ལས་བྱེད་དམ་དེའི་ཡན་ལག་གི་དངོས་པོ་བསྒྲུབ་ན་ཐམས་ཅད་དུ་དབྱེན་གྱི་ཕྱོགས་ཀྱི་སྦོམ་པོར་འགྱུར་བའོ། །དགེ་འདུན་དུ་མ་གྱུར་པ་ཉིད་ན་ཉེས་བྱས་སོ ་ཞེས་བྱ་བ་ནི། གྲོགས་མེད་པ་ཉིད་དུ་བྱེད་པ་འམ་གཅིག་དང་ལྷན་ཅིག་དང་ལྷན་ཅིག་གམ། གཉིས་དང་ལྷན་ཅིག་ཏུ་དབྱེན་དང་གནས་ནས་འབྱིན་བདག་བྱེད་ན་ཉེས་བྱས་སུ་འགྱུར་བའོ། །འདི་ནི་རྩེད་མོའི་རྣམ་པ་ཡིན་གྱི། རྗེས་སུ་བསྒྲུབ་པའི་རྣམ་པ་ནི ་མ་ཡིན་པར་ཤེས་པར་བྱའོ། །འདིར་གཞུང་ནི་གཅིག་གིས་གཅིག་གནས་ནས་འབྱིན་ན་ཉེས་བྱས་སོ། །གཅིག་གིས་གཉིས་སམ། གཅིག་གིས་མང་པོ་འམ། གཅིག་གིས་བཞི་འམ། གཉིས་ཀྱིས་གཉིས་སམ་།གཉིས་ཀྱིས་མང་པོ་འམ། ་གཉིས་ཀྱི་བཞི་འམ། གཉིས་ཀྱིས་གཅིག་གམ་།མང་པོས་མང་པོ་འམ། མང་པོས་བཞི་འམ། མང་པོས་གཅིག་གམ་།མང་པོས་གཉིས་གནས་ནས་འབྱིན་ན་ཉེས་བྱས་སུ་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །ཐ་དད་པར་གནས་པ་དག་ལས་གཞན ་བ་ཁ་སྐོང་བ་དེ?་འོས་པ་མ་ཡིན་པ་དག་གི་ཚོགས་ཀྱིས་གསོལ་བ་དང་བརྗོད་པ་དག་ནི་མ་ཡིན་ནོ་ཞེས་བྱ་བ་ནི། ཐ་དད་པར་གནས་པ་དག་ལས་གཞན་པ་བསྐོར?་བར་འོས་པ་མ་ཡིན་པ་མཚམས་མེད་པ་བྱས་པ་ལ་སོགས་པའི་ཚོགས་ཀྱིས་གསོལ་བ ་དང་བརྗོད་པ་དག་བྱས་པ་ཉིད་ནི་བྱས་པ་ཉིད་མ་ཡིན་པའོ། །འདིར་ཐ་དད་པར་གནས་པ་དག་ཅེས་བྱ་བ་གང་ཡིན་བར་ཤེས་པ་བྱ་ཞེན་འདི་ལྟར་ཁ་སྐད་བར་འོས་པ་མ་ཡིན་པ་ཐམས་ཅད་ཀྱང་རྣམ་གྲངས་ཀྱིས་ཐ་དད་པར་གནས་པ་ཡིན་མོད?་ཀྱི། འོན་ཀྱང་འདིར?་ཆོས ་མ་ཡིན་པའི་ཕྱོགས་ཁས་བླངས་པ་ནི་ཐ་དད་པར་གནས་པ་ཉིད་ཡིན་པས་ཐ་དད་པར་གནས་པ་ཉིད་དུ་གྱུར་པ་ཡིན་པར་རིག་པར་བྱའོ། །གསོ་སྦྱོང་དང་དགག་དབྱེ་དག་ལ་ཇི་ལྟར་བརྗོད་པར་བྱ་ཞེ་ན། བསྙེན་པར་རྫོགས་པ་དང་བཅས་པ་མ་ཉམས་པ་དག་གིས ་བསླབ་པ་དག་ལ་གུས་པར་བྱ་དགོས་ལ་གོས་སྦྱོང་དང་དགག་དབྱེ་དག་བྱ་བ་གང་ཡིན་པ་དེ་ནི་བསླབ་པའི་ཡན་ལག་དང་བསླབ་པ་རྗེས་སུ་སྐྱོང་བར་གྱུར་བ་དག་ཡིན་པས་དེའི་ཕྱིར་ཁ་སྐོད་བར་འོས་པ་མ་ཡིན་པས་གསོ་སྦྱོང་དང་དགག་དབྱེ་དག་ནི་མ ་བྱས་པ་ཉིད་ཁོ་ན་ཡིན་ནོ། །རང་གི་འོས་བའི་དགེ་འདུན་གྱིས་ཉམས་སུ་མྱོང་བ་མི་གྲུབ་པ་ཉིད་ན་མ་ཡིན་ནོ་ཞེས་བྱ་བ་ནི། ལས་དེ་ལ་རང་གི་འོས་པ་ཡིན་པ་བཞིའི་ཚོགས་ལ་སོགས་པའི་དགེ་འདུན་གང་ཡིན་པ་དེ་ལས་དེ་ཉམས་པ་སྦྱོང་བ་མ ་གྲུབ་པ་ཉིད་ལས་དེ་བྱས་པ་ཉིད་མ་ཡིན་བའོ། །འདི་སྐད་བསྟན་ཏེ། གལ་ཏེ་དགེ་འདུན་གྱིས་ལས་དེ་མ་ཐོས་ན་ལས་དེ་བྱས་བ་ཉིད་མ་ཡིན་ནོ། །རང་གིས་ཞེས་སྨོས་བས་ནི་དགེ་འདུན་ཉུང་བ་སྩལ་ཏོ། །འོས་པ་ཞེས་སྨོས་བས་ནི་དང་པོ་ཉམས་པ ་ལ་སོགས་པ་འོས་པ་མ་ཡིན་བདག་སྩལ་ཏོ། །ཅི་ལས་ཐམས་ཅད་མ་ལུས་བ་འམ་ཞེ་ན་དེའི་ཕྱིར། གསོལ་བ་ཐོས་ན་དེ་གྲུབ་པ་ཉིད་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། དགེ་འདུན་དང་ཉན་དུ་གཞུག་པ་བསྙེན་པར་རྫོགས་པར་བྱ་བ་ལ་སོགས་པས་གསོལ ་པ་ཙམ་ཐོས་ན་ཡང་ཉམས་སུ་མྱོང་བ་དེ་གྲུབ་པ་ཉིད་ཡིན་ཏེ། དེ་ཙམ་ཐོས་པ་ལས་དེ་བྱས་པ་ཉིད་ཡིན་ནོ། །སྐལ་བ་དང་ལྡན་པའི་རང་བཞིན་ཅན་ལ་མདག་པ་འདྲ་བས་རབ་ཏུ་འབྱིན་དུ་བཅུག་པ་ནི་ཆོ་ག་མ་ཡིན་པ་མ་ཡིན་ནོ ་ཞེས་བྱ་བ་ནི། རབ་ཏུ་འབྱུང་བའི་སྐལ་བ་དང་ལྡན་པའི་རང་བཞིན་ཅན་གྱི་གང་ཟག་གང་ཁྱིམ་ནས་འབྱུང་བའི་སྐབས་མི་རྙེད་ན། སྐལ་བ་དང་ལྡན་པའི་རང་བཞིན་ཅན་གྱི་གང་ཟག་དེ་ལ་མངག་བ་འདྲ་བས་རབ་ཏུ་འབྱིན་དུ་འཇུག་པ་གང?་ཡིན་པ་དེ་ནི ་ཆོ་ག་མ་ཡིན་བ་མ་ཡིན་ཏེ་ཆོ་ག་ཡིན་པ་ཁོ་ནར་བལྟ་བར་བྱའོ། །མདག་པ་འདྲབས་ཞེས་བྱ་བ་ནི། རབ་ཏུ་དབྱུང་བར་བྱ་བ་དེའི་གན་དུ་མདག་པ་རབ་ཏུ་དབྱུང་བ་གང་ཡིན་པ་དེ་ཉིད་བདག་ཡིན་ལ། བདག་གང་ཡིན་པ་ཉིད་རབ་ཏུ་དབྱུང་བ་དེ་ཡིན ་ནོ། །ཞས་བྱ་བའི་སྒོ་ནས་རབ་ཏུ་དབྱུང་བ་ཉིད་དང་འདྲ་སྟེ་ངེས་སོ། །དགེ་སློང་མས་རབ་ཏུ་དབྱུང་བར་བྱ་བ་དེའི་གན་དུ་མནག་བ་ཡང་དེ་དང་འདྲ་སྟེ། དེས་རབ་ཏུ་འབྱིན་དུ་གཞུག་པ་ནི་ཆོ་ག་ཡིན་ནོ། །འདིར་གཞུང་ནི་དེ་ལྟ་བས་ན་མདག་བས་དེ་ལྟ ་བུ་བསྙེཎ་པར་རྫོགས་པར་བྱའོ། །བསྙེན་པར་རྫོགས་པར་མི་བྱེད་ན་འགལ་ཚབས་ཅན་དུ་འགྱུར་རོ་ཞེས་གསུངས་པའི་སྐབས་ཀྱིས་ཆོས་བྱིན་གྱི་སྐབས་རྗེས་སུ་གནང་བ་ཡིན་ནོ། །འདི་ལ་རབ་ཏུ་འབྱིན་དུ་གཞུག་པའི་རྣམ་པར་བཞག་པ་གང ་ཞེ་ན། དེའི་ཕྱིར་མདག?་པ་དེ་ལ་དེའི་སྐབས་རྗེས་སུ་བསྒྲུབ་པར་བྱའོ་ཞེས་བྱ་བ་སྟེ། ཞུབ་དང་སྐབས་སུ་བཏང་བ་དང། དགེ་བསྙེན་གྱི་སྡོམ་པ་དང། རབ་ཏུ་དབྱུང་བ་དང། ཁས་བླང་བ་ལ་སོགས་པ་མཁན་པོ་ལ་སོགས་པས་བསྐལ་བ་དང ་ལྡན་པའི་རང་བཞིན་ཅན་གྱི་རབ་ཏུ་དབྱུང་བ་དེ་ལ་བྱ་བ་གང་ཡིན་པ་དེ་དག་མདག་པ་དེ་ལ་རྗེས་སུ་བསྒྲུབ་པར་བྱ་སྟེ། མདག་པ་དེས་མཁན་པོ་ལ་སོགས་པ་ལས་ལུང་མནོས་ཏེ་དེར་སོང་ནས། རབ་ཏུ་དབྱུང་བ་དེ་ལ་དེ་དག་བསྒོ་བར་བྱ ་བ་ཡིན་ཏེ། འདིར་རྣམ་པར་གཞག་པ་དེ་ནི་དེ་ཡིན་ནོ། །འདི་ལྟར་མདག་པའི། །ལས་ཀྱིས་བསླབ་པ་སྦྱིན་པ་དེ་ནི་སློབ་དཔོན་དང་འདྲ་བས། དེའི་ཕྱིར་འདིར་མདག་པ་ཡང་བསྙེན་པར་རྫོགས་བས་བྱ་བར་རྣམ་པར་གཞག་གོ་།ཅི་བྱེ ་བྲག་མེད་པར་རམ་ཞེ་ན། དེའི་ཕྱིར་བུད་མེད་ལ་ནི་བུད་མེད་དང་སྐྱེས་པས་ཀྱང་ངོ་ཞེས་བྱ་བ་སྨས་ཏེ། རབ་ཏུ་དབྱུང་བར་བྱ་བ་བུད་མེད་ལ་ནི་མདག་པ་བུད་མེད་ཀྱིས་ཀྱང་བྱར་རུང། སྐྱེས་པས་ཀྱང་བྱར་རུང། །སྐྱེས་པ་ཁ་ནི་སྐྱེས་བ་ཁོ་ནས་སོ? ་ཞེས་བྱ་བ་ནི། བུད་མེད་ཀྱིས་མི་བྱ་སྟེ། མཐུ་དང་ལྡན་པའི་ཡུལ་ལ་དམན་པ་དབང་མེད་པའི་ཕྱིར་རོ། །དེ་ལ་མདག་པས་ཇི་ལྟར་བསྒྲུབ་པར་བྱ་ཞེ་ན། དེའི་ཕྱིར་གསོལ་བ་དང་ཁས་བླང་བ་ངག་དེའི་མིང་ཁོ་ནས་བྱའོ། །ཞེས་བྱ་བ་སྨྲས་ཏེ། ་མིང་འདི་ཞེས་བྱ་བ་དེ་རབ་ཏུ་འབྱུང་བར་གསོལ་ལོ། །རབ་ཏུ་འབྱུང་བ་ཡང་དག་པར་ལེན་ཏོ་ཞེས་དེ་ལྟར་དེའི་མིང་གིས་བྱའོ། །རབ་ཏུ་འབྱུང་བཞུབ་ཡང་མདག་པས་དེའི་མིང་ཁོ་ནས་དགེ་འདུན་ལ་ཞུ་བར་བྱའོ། །བསྙེན་པར་རྫོགས ་པ་མན་ཆད་གོང་མ་ཡང་ངོ་ཞེས་བྱ་བ་ནི། རབ་ཏུ་བྱུང་བའི་གོང་མ་བསྙེན་པར་རྫོགས་པ་མན་ཆད་ཀྱང་སྐལ་བ་དང་ལྡན་པའི་རང་བཞིན་ཅན་ལ་མངག་པ་འདྲ་བས་གང་བྱ་བ་དེ་མི་རིགས་པ་མ་ཡིན་ཏེ། རིགས་པ་ཁོ་ན་ཡིན་པའོ། །འདིར ་གོང་མ་ཞེས་བྱ་བ་ནི། སྔར་རབ་ཏུ་བྱུང་བ་ཞེས་སྨོས་པས་དགེ་ཚུལ་གྱི་སྡོམ་པ། །སྦྱིན་པ་བསྟན་པའི་གོང་མ་དགེ་ཚུལ་མི་བསྡོམ་པ་སྦྱིན་པ་དང། བསླབ་པའི་སྡོམ་པ་སྦྱིན་པ་དང། ཆངས་པར་སྤྱང་པ་ལ་ཉེ་པར་གནས་པའི་སྡོམ་པ་སྦྱིན ་པ་དང། བསྙེན་པར་རྫོགས་པར་བྱ་བ་དག་གོ། མི་ནོད་ན་བྱིན་པ་ཉིད་མ་ཡིན་ནོ་ཞེས་བྱ་བ་ནི། བསླབ་པ་སྦྱིན་པ་དང། བསླབ་པ་གསོལ་བ་དང། སྡོམ་པ་སྦྱིན་པ་དག་ལ་ལས་བྱེད་པ་ན་དེ་དག་འདི་སྐད་ཅེས་བདག་ལ་བསླབ་པ་མ་སྦྱིན་ཅིག་། ་བདག་བསྙེན་པར་རྫོགས་པར་མ་བྱ་ཞིག་ཅེས་མི་ནོད་ན་སྦྱིན་པར་བྱེད་དུ་ཟིན་ཀྱང་བྱིན་པ་ཉིད་དུ་མི་འགྱུར་བའོ་།དེ་ལ་གསོལ་བ་ཉམས་སོ་ཞེས་བྱ་བ་ནི། །མི་ནོད་པ་དེ་ལ་དེས་སྔར་གསོལ་བ་གང་ཡིན་པ་དེ་ཡང་ཉམS ་པ་ཡིན་ཏེ་།དེའི་ཕྱིར་བླང་བའི་འདོད་པ་དེ་ཡང་གསོལ་བར་བྱ་བ་ཉིད་ཡིན་ནོ། །སྔར་བཞམས་ཏེ་།བསྒོ་བ་ཉིད་ཆོ་ག་ཉིད་ཡིན་ནོ་ཞེས་བྱ་བ་ནི། དེ་དག་ལ་བཞམས་ཏེ་བསྒོ་བར་བྱའོ་ཞེས་གང་གསུངས་པ་དེ་ཉིད་ཆོ་ག་ཡིན་པར་ཤེས་པར་བྱ་སྟེ ་ངེས་ན་དེ་མ་བསྒྲུབས་ན་།ཆོ་ག་ལས་འདས་ན་ལས་མི་འཆགས་སོ་ཞེས་བསྟན་པས་བསྒོ་བར་བྱ་བ་ལ་ཡང་སྔར་བཞམས་ཏེ་མ་བསྒོ་ན་ལས་མི་འཆགས་སོ། །གནས་ནས་དབྱུང་བ་ལ་ཡང་དེ་བཞིན་ནོ་ཞེས་བྱ་བ་ནི། གནས་ནས ་དབྱུང་བ་ལ་ཡང་སྔར་བཞམས་ཏེ་།བསྒོ་བ་ཉིད་ཆོ་ག་ཉིད་ཡིན་པ་སྟེ། དེས་ན་གནས་ནས་དབྱུང་བ་ལ་ཡང་བཞམས་ཏེ། བསྒོབ་མ་བྱས་པར་ལས་མི་འཆགས་སོ། །དགོངས་སུ་གསོལ་ཞེས་བྱ་བ་ལ་སོགས་པ་ལ་ནི། ཕ་རོལ་གྱི་སེམས ་གཏང་པ་ཉིད་གཙོ་བོ་ཡིན་ནོ་ཞེས་བྱ་བ་ནི། །དགོངས་སུ་གསོལ་ཞེས་བྱ་བ་ལ་སོགས་པ་བརྗོད་པར་བྱ་བ་དག་ལ་ཕ་རོལ་གྱི་སེམས་གཏང་པ་ཉིད་གཙོ་བོ་ཡིན་ཏེ། གང་གི་ཕྱིར་དེ་ལྟར་ཡིན་པ་དེའི་ཕྱིར་སེམས་གཏོང་པར་བྱེད་པ་དག་གི་སེམS ་གཏང་ན། ལས་བྱེད་པས་དགོངས་སུ་གསོལ་ཞེས་བྱ་བ་ལ་སོགས་པ་མ་བརྗོད་ཀྱང་ལས་མི་འཆགས་པར་དོགས་པར་མི་བྱའོ། །སོགས་པ་ཞེས་སྨོས་པའི་སྒྲས་ནི་།དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་འདུན་བཙུན་པ ་བ་རྣམས་དགོངས་སུ་གསོལ། །བཙུན་པ་དགོངས་སུ་གསོལ། ཚེ་དང་ལྡན་པ་དགོངས་སུ་གསོལ། ཚེ་དང་ལྡན་པ་དག་སེམས་སྡུས་ཤིག་།སེམས་སྡུས་ཤིག་ཅེས་བྱ་བ་སྔགས་དག་བསྡུ་བར་རིག་པར་བྱའོ། །ངོན་གྱི་སྐབས་ངག་གི་གོ། ་རིམས་འཁྲུགས་པས་ནི་མི་འཆགས་པ་མ་ཡིན་ནོ་ཞེས་བྱ་བ་ནི་གསོལ་བའི་བདག་ཉིད་དམ་བརྗོད་པའི་བདག་ཉིད་ཀྱི་ཚིག་གོ་རིམས་འཁྲུགས་པ། དཔེར་ན་མིང་འདེ?་ཞེས་བགྱི་བ་མིང་འདི་ཞེས་བགྱི་བས་དགེ་འདུན་ལས་བསྙེན་པར་རྫོགས་པར་གསོལ་ཏེ ་ཞེས་བརྗོད་པར་བྱ་བ་ལ། དགེ་འདུན་ལས་མིང་འདི་ཞེས་བགྱི་བ་མིང་འདི་ཞེས་བགྱི་བས་བསྙེན་པར་རྫོགས་པར་གསོལ་ཏེ། ཞེས་བྱ་བ་ལྟ་བུའི་ཚིག་གི་གོ་རིམས་འཁྲུགས་པས་ནི་ལས་མི་འཆགས་པར་མི་འགྱུར་རོ། །དེ་ཡང་ཚིག་གི་ཕྲང་སྔ ་ཕྱི་འཁྲུགས་པས་གོ་བར་བྱེད་པ་མ་ཡིན་ན་ནི་མི་འཆགས་སོ། །གོ་བར་བྱེད་པ་ཡིན་ན་ནི་འཆགས་སོ། །དེ་ནི་མི་བྱ་བ་ཉིད་དོ་ཞེས་བྱ་བ་ནི། དགོངས་སུ་གསོལ་ཞེས་བྱ་བ་ལ་སོགས་པའི་ཚིག་མེད་པ་དང། དོན་གྱི་སྐབས་དག་གི་གོ་རིམས ་འཁྲུགས་པ་དེ་ནི་མི་བྱ་བ་ཉིད་དེ། དེ་ནི་ཟུར་ཆགས་པ་ཡིན་པས་དེ་ལྟར་བྱེད་ན་ཉེས་བྱས་སུ་འགྱུར་རོ། །མཚན་གཞན་ལ་བརྟེན་པས་ནི་མ་ཡིན་ནོ་ཞེས་བྱ་བ་ནི། དགེ་སློང་ཞེས་བརྗོད་པས་བྱ་བ་ལ་དགེ་སློང་མ་ཉིད་དུ་བརྗོད་པ་དང། དགེ་སློང་མ ་ཞེས་བརྗོད་པར་བྱ་བ་ལ་དགེ་སློང་ཉིད་དུ་བརྗོད་པ་ལ་སོགས་པས་ནི་ལས་མི་འཆགས་པ་མ་ཡིན་པའོ། །འདི་སྐད་བསྟན་ཏེ། མཚན་གཞན་བརྗོད་པས་ནི་ལས་མི་འཆགས་པར་མི་འགྱུར་ཏེ། རྗོད་པ་མཉེས་བྱས་སུ་ནི་འགྱུར་རོ། །དགེ་སློང་དང ་དགེ་སློང་མ་ཉིད་དག་གི་ལས་གཞན་བྱེད་པས་མ་ཡིན་ནོ་ཞེས་བྱ་བ་ནི། དགེ་སློང་ཉིད་ལ་དགེ་སློང་མ་ཉིད་ཀྱི་ལས་བྱེད་པ་མི་འཆགས་པ་མ་ཡིན་ལ། དགེ་སློང་མ་ཉིད་ལ་དགེ་སློང་ཉིད་ཀྱི་ལས་བྱེད་པ་ཡང་མི་འཆགས་པ་མ་ལེན་པའོ། ་དེ་ལྟ་བས་ན་དགེ་སློང་བསྙེན་པར་རྫོགས་པར་བྱ་བའི་ལས་ལ་དགེ་སློང་མ་རྣམས་ཀྱི་བསྙེན་པར་རྫོགས་པར་བྱ་བའི་ལས་ཀྱི་ཆོ་ག་གང་ཡིན་པ་དེ་བྱེད་ན་ཉམས་པ་ཆུང་ཟད་ཀྱང་མེད་ཀྱི། དགེ་སློང་མའི་དགེ་འདུན་གསོགས་པ་ལ་ ་སོགས་པ་ལྷག་པ་དག་ཡོད་པར་ཟད་དེ། ལྷག་པ་དག་གིས་ནི་མ་བྱས་པ་ཉིད་མ་ཡིན་བས་དེའི་ཕྱིར་དགེ་སློང་མའི་ལས་ཀྱིས་ནི་དགེ་སློང་ཉིད་དུ་འགྱུར་བར་ཤེས་པར་བྱའོ། །འདི་ལྟར་དགེ་སློང་མ་བསྙེན་པར་རྫོགས་པར ་བྱ་བ་ལ་ནི། དགེ་སློང་གི་དགེ་འདུན་གཙོ་བོ་ཡིན་བས་དགེ་སློང་མའི་དགེ་འདུན་གསོགས་པ་ནི་ཚུལ་དང་མཐུན་པ་ཙམ་དུ་བྱ་བར་ཟད་པས་དགེ་སློང་གི་ལས་ཀྱིས་ཀྱང་དགེ་སློང་མ་ཉིད་དུ་འགྱུར་བར་ཤེས་པར་བྱའོ། །དེ་ལྟར་ཡང་དགེ་སློང་རྣམས ་ལས་དགེ་སློང་མས་བསྙེན་པར་རྫོགས་པ་དགེ་སློང་མའི་དངོས་པོ་བཙལ་བར་བྱའོ་ཞེས་གསུངས་པ་ཡིན་ནོ། །འདིར་གཞུང་ནི་སིལ་བུ་དག་ལས་བཙུན་པ་རེ་ཞིག་དགེ་ཚུལ་དགེ་སློང་མའི་ལས་ཀྱིས་བསྙེན་བར་རྫོགས་པར་བགྱིད་ན། བསྙེན ་པར་རྫོགས་པར་བརྗོད་པར་གྱི་འམ། ཉེ་བར་འཁོར་བསྙེན་པར་རྫོགས་པར་བརྗོད་པར་བྱ་སྟེ། བསྙེན་པར་རྫོགས་པར་བྱེད་པ་དག་ལ་ནི་འགལ་ཚབས་ཅན་དུ་འགྱུར་རོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །ལས་ཀྱི་གཞི་ཞུ ་བ་ལ་སོགས་པའི་སྐབས་སོ་ཞེས་བྱ་བ་དེ་ཞུ་བ་ལ་སོགས་པའི་སྐབས་ནས་འབྱུང་བ་བཤད་ཟིན་ཏོ། །ལས་ཀྱི་གཞི་རྫོགས་སོ་ཞེས་བྱ་བ་དེ་བཤད་ཟིན་ཏོ།། །།བན?་པོ་དྲུག་ཅུ་གཅིག་པ། །ང་ནི་ཕྱིར་བཅོས་པའི་གཞི་བསྡུ་དེའི ་ཕྱིར། གཞི་མ་ཞི་བར་ཤེས་ནས་གླེང་བ་པོས་སོ་སོར་ཤེས་པར་བྱས་ཤིང་མངོན་སུམ་དུ་འཛོག་པ་ལ་ནན་ཐུར་གྱི་ལས་བྱའོ་ཞེས་བྱ་བ་སྨས་ཏེ། ན་ན་ཐུན་གྱི་ལས་གྱི་རྒྱུ་འཐབ་ཀྲོལ་བྱེད་པ་ཉིད་ལ་སོགས་པའི་གཞི་དེ་མ་ཞི་ཉེ་བར་མ་ཞི་ཞིང་ངེས ་ཡོངས་སུ་མ་བཏང་ཕྱིར་མ་བཅོས་པར་ཤེས་ཤིང་རྣམ་པར་ཤེས་ལ་ཡིད་ཆེས་ཤིང་མངོན་པར་ཡིད་ཆེས་པར་གྱུར་ནས། གླེང་བ་པོས་ཀྱང་རྒྱུ་བ?་ཐབ་ཁྲོས་བྱེད་པ་ཉིད་ལ་སོགས་པ་དེ་ལེགས་པར་སོ་སོར་ཤེས་པར་བྱས་ཤིང་།གླེང་བར་བྱ་བ་དེ ་ཡང་དགེ་འདུན་གྱིས་མངོན་སུམ་དུ་འདོག་ན། དེའི་ཚེ་དགེ་འདུན་གྱིས་དེ་ལ་ནན་ཐུར་གྱི་ལས་བྱའོ། །དགེ་འདུན་ཐམས་ཅད་ཀྱིས་རང་གིས་གླེང་བར་ནི་མི་བྱའོ། །གང་ལ་གླེང་བ་པོ་མ་བྱུང་པ་དེ་ལ་ཅི་དགེ་འདུན་གྱིས་བཏང་སྙོམས་སུ་བྱ་བ་འམ། འོན་ཏེ་གླེང ་བ་པོ་བསླང་སྟེ་འཇུག་པར་བྱ་ཞེ་ན་།དེའི་ཕྱིར་གླེང་བ་པོ་རང་མ་བྱུང་ན་དགེ་འདུན་གྱིས་བསླང་བར་བྱའོ་ཞེས་བྱ་བ་སྨྲས་ཏེ། འདིར་ལུང་ནི་བསྐྲད་པར་བྱ་བའི་ལས་ལས་ལཾ་ཕྱེད་དུ་སོང་ལ། འགྲོ་འགྱོགས་དང་ནབ་སོ་གཉིས་ཀྱི་གླེང་བ་པོ་དགེ་སློང་བསྐེ ་པར་བྱའོ་ཞེས་གསུངས་པ་ཡིན་ནོ། །དགེ་འདུན་ཐམས་ཅད་གཤེ་བ་གང་ཡིན་པ་དེ་ནི་མི་རིགས་ཤིང་མི་མཛེས་པས་དེའི་ཕྱིར་གླེང་བར་བྱ་བ་རྣམ་པ་དེ་ལྟ་བུ་མངོན་སུམ་དུ་གྱུར་པ་ལ་ནན་ཐུར་གྱི་ལས་བསྡིགས་པ་ལ་སོགས་པ་བདུན་པོ་དག་བྱའོ།། ་ནན་ཐུར་ཞེས་བྱ་བ་ནི། འོག་ཏུ་བཞག་ཅིང་བཤུང་བ་ཉིད་དུ་རྣམ་པར་བཞག་པ་ཞེས་བྱ་བའི་ཐ་ཚིག་གོ། འདུ་བ་མི་སྟེར་ན་གྲགས་པ་ཙམ་གྱིས་སོ་ཞས་བྱ་བ་ནི། གླེང་བ་པོས་སོ་སོར་ཤེས་པར་བྱས་ཤིང་མངོན་སུམ་དུ་འཇོག་ན་ཞིས ་སྨོས་པ་དེ་གཉིས་ཀྱི་དམིགས་ཀྱིས་བསལ་བ་ཡིན་ཏེ། འདི་ལྟར་གལ་ཏེ་མངོན་སུམ་ཉིད་མི་སྟེར་ན་དེའི་ཚེ་སོ་སོར་ཤེས་པར་བྱ་བ་ལ་སོགས་པ་བྱར་མི་ནུས་པས་དེའི་ཕྱིར་འཐབ་ཀྲོལ་བྱེད་པ་ཉིད་ལ་སོགས་པ་རྒྱུ་གྲགས་པ་ཙམ་གྱིས་མངོན? ་སུམ་གྱེ་དངོས་པོ་མི་བསལ་བར་བསྡིགས་པ་ལ་སོགས་པའི་ལས་བྱའོ། །མ་མཐོང་བ་ལ་ནི་ཁས་ལེན་པ་ཡན་ལག་མ་ཡིན་ཏེ་ཡོང་པ་ཉིད་རྣམ་པར་བཤིག་པའི་ཕྱིར་རོ་ཞེས་བྱ་བ་ནི། གང་གི་ཚེ་ལྟུང་བ་མ་མཐོང་བས་གནས ་ནས་དབྱུང་བའི་ལས་བྱེད་པའི་མ་མཐོང་བ་དེ་ལ་ནི་གྲགས་པ་དང་མངོན་སུམ་གྱི་དངོས་པོ་དེ་གཉིས་ཡན་ལག་ཡིན་གྱི་ཁས་ལེན་པ་ནི་ཡན་ལག་མ་ཡིན་ཏེ། འདི་ལྟར་བྱས་ཡང་དག་པའི་ལྟུང་བ་མ་མཐོང་ཞིང་ལྟུང་བ་ཡང་དག་པ་མ ་མཐོང་བ་དེ་ལ་གལ་ཏེ་དེ་བདེན་ཡང་དག་སྟེ་བདག་གིས་ལྟུང་བ་མཐོང་ངོ་ཞེས་ཁས་བླངས་པ་ཡིན་པས་རྒྱུ་དེ་ཡོད་པ་ཉིད་རྣམ་པར་བཤིག་པའི་ཕྱིར་དེ་ལ་ནན་ཐུར་གྱི་ལས་མི་བྱ་བ་ཉིད་ཡིན་པས་དེའི་ཕྱིར་དེ་ལ ་ཁས་ལེན་པ་ནི་ཡན་ལག་མ་ཡིན་ནོ། །སྐབས་མི་འབྱེད་ན་ཡང་མི་རིགས་པའི་ཕྱིར་རོ་ཞེས་བྱ་བ་ནི། སྐབས་མི་འབྱེད་ན་ཡང་གྲགས་པ་དང་མངོན་སུམ་གྱི་དངོས་པོ་དེ་གཉིས་ཡན་ལག་ཡིན་གྱི་ཁས་ལེན་པ་ནི་ཡན་ལག་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ་མི་རིགས་པའི་ཕྱིར་རོ། །འདིར་རྒྱུ་གཉིས་ཀྱིས་མི་རིགས་ཏེ། སྐབས་མི་འབྱེད་པའི་གང་ཟག་དེ་ལ་གླེང་བ་ཉིད་ཀྱང་མི་བྱ་ན་ཁས་ལེན་པ་ལྟ་ག་ལ་ཡོད་དེ། དེའི་ཕྱིར་རྒྱུ་གཅིག་གིས་ཀྱང་མི་རིགས་ལ། གང་བསྐབས་འབྱེད་པར་མི་བྱེད་པ་དེ་ལ་ཇི་ལྟར་བྱས ་ཀྱང་སྐབས་རྙེད་ཅིང་གླེང་བ་ལ་ཁས་བླང་ངོ་སྙམ་དུ་སེམས་པར་མི་འགྱུར་བས་དེའི་ཕྱིར་རྒྱུ་གཉིས་པ་དེས་ཀྱང་མི་རིགས་སོ། གླེང་བ་པོ་རང་མ་ལངས་ན་བསྐྱོ་བས་བསླང་བར་བྱའོ་ཞེས་བྱ་བ་ནི། གལ་ཏེ་གླེང་བ་ཕོ་རང་མ་ལངས་ན་སྤྲོ་བར ་བྱ་བ་སྟེ། གསོལ་བ་དང་གཉིས་ཀྱི་ལས་ཀྱིས་བསྐོ་བར་བྱའོ། །དེའི་སྔགས་ནི་ཚེ་དང་ལྡན་པ་མིང་འདི་ཞེས་བྱ་བ་ཁྱོད་རེ་ལྡེ་རི་ལ་སོང་སྟེ་དགེ་སློང་འགྲོ་འགྱོགས་དང་ནབ་སོ་ལ་དགེ་སྦྱོང་གི་ཆོས་མ་ཡིན་པ་རྣམ་པ་མང་པོས་གླེང་བར ་སྤྲོ་ངམ?། སྤྲོའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ་།དགེ་སློང་གླེང་པ་པོ་མིང་འདི་ཞེས་བགྱི་བ་འདི་རེ་ལྔེའི་རིལ་མཆིས་ཏེ། དེ་དགེ་སློང་འགྲོ་འགྱོགས་དང་ནབ་སོ་ལ་དགེ་སློང་གི་ཆོས་མ་ལགས?་པ་རྣམ་པ་མང་པོས་གླེང་བར ་སྤྲོ་ན་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །རྒྱུ་གང་གིས་ནན?་ཐུར་གྱི་ལས་བྱ་བ་དེ་སྤྱིར་བསྟན་ནས། ནན་ཐུར་བྱས་པ་ཇི་ལྟར་གྱུར་པ་ལ་བཟོད་པར་བྱ་བ་དེ་བསྟན་པའི་ཕྱིར། །གཤེ་བ་དང་ཁྲོ་བ་དང་སྤྱོབ་ཉིད་དང་དགེ་འདུན་གྱི་རྙེད་པ ་མེད་པ་དང། གནས་མེད་པར་བྱ་བར་སེམས་པ་ཉིད་དང་བླའི་གྲཝ་དང་འོག་གཟུ་དང་ཉེ་དུའི་གང་ཟག་རྟེན་ཉིད་དང། དགེ་འདུན་རྟེན་མ་ཡིན་པ་ཉིད་དུ་མ་འཛིན་པ་དང། ཁྱིམ་པ་དང། མུ་སྟེགས་ཅན་གྱི་རྒྱལ་མཚན་འཆད་བ་དང། མུ་སྟེགས་ཅན་ལ་བརྟེན ་པ་དང། ཆོ་ག་མ་ཡིན་པ་སྤྱོད་པ་དང། དགེ་སློང་གི་བསླབ་པ་དག་ལ་མི་སློབ་པར་མི་བྱེད་པ་དང། སྐྲ་འགྲེང་བར་གྱུར་པ་དང། སྐྲ་འཕྱར་བར་གྱུར་པ་དང། དགེ་འདུན་ལ་སྤུ་སྙལ་བར་བྱེད་པ་དང། འབྱུང་བར་བསྐྱོད?་པ་དང། མཚུངས་པར་ཉེ་བར་སྟོན ་པ་དང། རྒྱུ་ལས་ཕྱིར་བཟློག་པ་གསོལ་བ་ལའོ་ཞེས་བྱ་བ་སྨྲས་ཏེ། མི་འཛིན་པ་དང། ཞེས་བྱ་བ་ནི། ཚིག་གོང་མ་བཞི་པོ་དང་སོ་སོར་སྦྱར་ཏེ། གཤེ་བ་དང་ཁྲོ་བ་དང་སྤྱོ་བ་ཉིད་མི་འཛིན་པ་དང། དགེ་འདུན་གྱི་རྙེད་པ་མེད་པ་དང། གནས་མེད་པར ་བྱ་བར་སེམས་པ་ཉིད་མི་འཛིན་པ་དང། བླའི?་གྲ་དང་འོག་གཟུང་ང་ཉེ་དུའི་གང་རྟེན་ཉིད་དུ་མི་འཛིན་པ་དང། དགེ་འདུན་རྟེན་མ་ཡིན་པ་ཉིད་མི་འཛིན་པ་ཞེས་བྱ་བར་སྦྱར་རོ། །མི་བྱེད་པ་ཞེས་བྱ་བར་ཡང་ཚིག་གོང་མ་གསུམ་དང་སོ་སོར་སྦྱར་ཏེ། ་ཁྱིམ་པ་དང་མུ་སྟེགས་ཅན་གྱི་རྒྱལ་མཚན་འཆད་བར་མི་བྱེད་པ་དང། གནས་མེད་པར་བྱ་བར་སེམས་པ་ཉིད་གི་འཛིན་པ་དང། བླའི་གྲ་དང། འོག་གཟུ་དང། ཉེ་དུའི་གང་ཟག་རྟེན་ཉིད་དུ་མི་འཛིན་པ་དང། དགེ་འདུན་རྟེན་མ་ཡིན་པ་ཉིད་དུ་མི་འཛིན་བ་ཞེས་བྱ ་བར་སྦྱར་རོ། །མ་བྱེད་པ་ཞེས་བྱ་བ་ཡང་ཚིག་གོང་མ་གསུམ་དང་སོ་སོར་སྦྱར་ཏེ། ཁྱིམ་པ་དང་མུ་སྟེགས་ཅན་གྱི་རྒྱལ་མཚན་འཆད་བར་མི་བྱེད་པ་དང་མུ་སྟེགས་ཅན་ལ་བརྟེན་པ་དང། ཆོག་མ་ཡིན་པ་སྤྱོད་པར་མ་བྱེད་པ་དང། དགེ་སློང་གི་བསླབ་པ་དག ་ལ་མི་སློབ་པར་མི་བྱེད་པ་ཞེས་བྱ་བར་སྦྱར་རོ། །དེ་ལ་གཤེ་བ་དང་ཁྲོ་བ་དང་སྤྱོ་བ་ཉིད་མི་འཛིན་པ་ཞེས་བྱ་བ་ནི། ཁྱིམ་པ་དང་རབ་ཏུ་བྱུང་བ་དག་གི་གཤེ་བ་དང། ཁྲོ་བ་དང། སྤྱོ་བ་ཉིད་མི་འཛིན་པ་སྟེ་དེ་དག་མི་འཛིན་ཅིང་བཟོད་པ་ཡང་གསོལ ་བ་ལ་དགེ་འདུན་གྱིས་བཟོད་པའི་ལས་བྱའོ་ཞེས་བྱ་བར་སྦྱར་རོ། །དགེ་འདུན་གྱི་རྙེད་པ་མེད་པ་དང། གནས་མེད་པར་བྱ་བར་སེམས་པ་ཉིད་མི་འཛིན་པ་ཞེས་བྱ་བ་ནི། ཅི་ནས་ཀྱང་དགེ་འདུན་གྱི་རྙེད་པ་མེད་པར་བྱ་བ་དང། དགེ ་འདུན་གྱི་གནས་མེད་པར་བྱའོ་སྙམ་དུ་སེམས་པ་ཉིད་མི་འཛིན་པ་སྟེ། འདིར་དགེ་འདུན་ཞེས་སྨོས་པ་ནི་དཔེ་ཙམ་དུ་ཟད་དེ། དགེ་འདུན་དུ་གྱུར་ཀྱང་རུང་དགེ་འདུན་དུ་མ་གྱུར་ཀྱང་རུང་བའི་དགེ་སློང་བསྡུས་པ་འམ་།རེ་རེ་ལ་དེ ་ལྟར་སེམས་པ་ཉིད་མི་འཛིན་པ་སྟེ་།དེ་ལྟར་མི་འཛིན་ཅིང་བཟོད་པ་ཡང་གསོལ་བ་ལ་དགེ་འདུན་གྱིས་བཟོད་པའི་ལས་བྱའོ། །བླའི་གྲ་དང་འོག་གཟུ་ངང་ཉེ་དུའི་གང་ཟག་རྟེན་ཉིད་དུ་མི་འཛིན་པ་ཞེས་བྱ་བ་ནི། བླའི་གྲ་ཡང ་རྟེན་ཉིད་དུ་མི་འཛིན། འོག་གི་གཟུ་བོ་ཡང་རྟེན་ཉིད་དུ་མི་འཛིན། ཉེ་དུ་ཁྱིམ་པ་དང་རབ་ཏུ་བྱུང་བའི་གང་ཟག་ཀྱང་རྟེན་ཉིད་དུ་མི་འཛིན་པ་སྟེ་།དེ་དག་རྟེན་ཉིད་དུ་མི་འཛིན་ཅིང་བཟོད་པ་ཡང་གསོལ་བ་ལ་དགེ་འདུན་གྱིས་བཟོད་པའི ་ལས་བྱའོ། །དགེ་འདུན་རྟེ་རྣམ་ཡིན་པ་ཉིད་དུ་མི་འཛིན་པ་ཞེས་བྱ་བ་ནི། དགེ་འདུན་རྟེན་ཁོ་ན་ཡིན་པར་འཛིན་པ་སྟེ། དེ་ལྟར་འཛིན་ཅིང་བཟོད་པ་ཡང་གསོལ་བ་ལ་དགེ་འདུན་གྱིས་བཟོད་པའི་ལས་བྱའོ། །ཁྱིམ་བ་དང་མུ་སྟེགས་ཅན་གྱི ་རྒྱལ་མཚན་འཆང་བར་མི་བྱེད་པ་ཞེས་བྱ་བ་ནི། ཁྱིམ་བའི་རྒྱལ་མཚན་འཆད་བར་མི་བྱེད་པ་དང། མུ་སྟེགས་ཅན་གྱི་རྒྱལ་མཚན་འཆང་བར་མི་བྱེད་པ་དེ་འཆང་བར་མི་བྱེད་ཅིང་བཟོད་པ་ཡང་གསོལ་བ་ལ་དགེ་འདུན་གྱིས་བཟོད་པའི་ལས་བྱའོ།། ་མུ་སྟེགས་ཅན་ལ་བསྟེན་པ་དང་ཆོ་ག་མ་ཡིན་པར་སྤྱོད་པར་མི་བྱེད་པ་ཞེས་བྱ་བ་ནི་མུ་སྟེགས་ཅན་ལ་བསྟེན་པར་མི་བྱེད་པ་དང། སྤྱོད་པ་དང་སྤྱོད་ལམ་གྱི་རྣམ་པར་བཀག་པ་ཆོ་ག་མ་ཡིན་པ་དག་སྤྱོད་པར་མི་བྱེད་པ་སྟེ། དེ་དག་མི་བྱེད་ཅིང་བཟོད?་པ་ཡང ་གསོལ་བ་ལ་དགེ་འདུན་གྱིས་བཟོད་པའི་ལས་བྱའོ། །དགེ་སློང་གི་བསླབ་བདག་ལ་མི་སློབ་པར་མི་བྱེད་པ་ཞེས་བྱ་བ་ནི་སྤོ་བས་བསྡུས་པའི་བསླབ་པ་དག་ལ་སློབ་པ་ཁོ་ནར་བྱེད་པ་སྟེ། དེ་ལྟར་བྱེད་ཅིང་བཟོད་པ་ཡང་གསོལ་བ་ལ་དགེ་འདུན་གྱིས། ་བཟོད་པའི་ལས་བྱའོ། །སྒྲ་འགྲོང་བར་གྱུར་པ་ཞེས་བྱ་བ་ན་སྐྲ་ངག་གྱེན་དུ་རྣམ་པར་འགང་བར་གྱུར་པ་ཉིད་དོ། །སྐྲ་འཕྱར་བར་གྱུར་པ་ཞེས་བྱ་བ་ནི་སྐྲ་དག་ཐད་ཀར་རྣམ་པར་འཕྱར་བར་གྱུར་པ་ཉིད། །དེ་གཉིས་ནི་སྨ་བབ་པ་ཉིད་དུ་བསྟན་པ་ཡིན་ཏེ། འདི་ལྟར ་སྨ་བབ་པ་སྐྲ་འགྲེང་བར་གྱུར་པ་དང། སྒྲ་འཕྱར་བར་གྱུར་པ་ཡིན་ནོ། །ཞེས་གྲགས་པའི་ཕྱིར་ཏེ། དེ་ལྟར་གྱུར་ཅིང་བཟོད་པ་ཡང་གསོལ་བ་ལ་དགེ་འདུན་གྱིས་བཟོད་པའི་ལས་བྱའོ། །དགེ་འདུན་ལ་སྤུ་སྙེལ?་བར་བྱེད་པ་ཞེས་བྱ་བ་ནི། དགེ་འདུན་གྱི་ཡུལ་ལ ་སྤུ་འཁུམས་པར་བྱེད་པ་སྟེ། དེ་ནི་རྒྱ་པ་མེད་པ་ཉིད་དུ་བསྟན་ཏེ། འདི་ལྟར་རྒྱགས་པ་དང་བཅས་པ་ནི་སྤུ་དག་ཏེ་པོར་ཤིན་ཏུ་སྤུངས་པར་སྟོན་པས་དེས་ན་འདི་ནི་དགེ་འདུན་ལ་རྒྱགས་པ་མེད་པ་ཉིད་དུ་བྱེད་པ་བསྟན་ཏེ། དེ་ལྟར་བྱེད་ཅིང་བཟོད་པ་ཡང་གསོལ་བ་ལ་དགེ ་འདུན་གྱིས་བཟོད་པའི་ལས་བྱའོ། །འགྱུར་བར་བསྐྱོད་པ་ཞེས་བྱ་བ་ནི། ནན་ཐུར་བྱས་པ་ཉིད་ཅེས་བྱ་བའི་རིགས་པ་མ་ཡིན་པ་དག་པ་མ་ཡིན་བ་སྨད་པ་ཞེས་བྱ་བའི་གནས་སྐབས་ཀྱི་བྱེ་བྲག་དེ་ནས་རྣམ་པར་དག་པའི་ལམ་དུ་གནས་པར་འབྱུང་བ་ནི་འབྱུང་བ་ཞེས་བྱའོ།། ་དེ་སྒྲུབ་པར་བྱེད་པ་ནི་བསྐྱོད་པ་ཞེས་བྱ་བ་སྟེ་།དེ་ལྟར་བསྐྱོད་ཅིང་བཟོད་པ་ཡང་གསོལ་བ་ལ་དགེ་འདུན་གྱིས་བཟོད་པའི་ལས་བྱའོ། །མཚུངས་པར་ཉེ་བར་སྟོན་པ་ཞེས་བྱ་བ་ལ་མཚུངས་པ་ཞེས་བྱ་བ་ནི་ཡང་དག་པ་ཉིད་དུ་གྱུར་པར་འཇུག་པ་སྟེ། དགེ་འདུན་དང་འདྲེ ་ཞིང་དགེ་འདུན་དང་ལྷན་ཅིག་མཚུངས་པར་འཇུག་པའོ། །དེས་ཉེ་པར་སྟོན་པ་ནི་གང་གིས་འདི་བདག་ཅག་དང་མཚུངས་པར་གྱུར་ཏོ་ཞེས་བྱ་བར་ཤེས་པར་འགྱུར་བར་ལུས་འདུང་ག་དང་བཅས་པ་དང་རྗེས་དང་བཅས་པས་གཉེན་ཞིང་རྗེས་སུ་མཐུན་བའི་བྱ་བ་དང ་མཛའ་བར་གྱུར་པའི་སྤྱོད་པ་དང་ལྡན་ཞིང་གུས་པ་དང་རྗེས་གཉིས་ཀྱིས་བདག་ཉིད་དུ་གྱུར་པའི་ནང་དུ་གནས་ཤིང་ཐ་དད་དུ?་གྱུར་པ་ལས་ཕྱིར་ལོག་པར་སྟོན་པ་སྟེ་དེ་ལྟར་མཚུངས་པར་ཉེ་བར་སྟོན་ཅིང་བཟོད་པ་ཡང་གསོལ་བ་ལ་དགེ་འདུན་གྱིས་བཟོད་པའི ་ལས་བྱའོ། །རྒྱུ་ལས་ཕྱིར་ལྡོག་པ་ཞེས་བྱ་བ་ནི། འཐབ་ཀྲོལ་བྱེད་པ་ཉིད་ལ་སོགས་པའི་རྒྱུ་གང་གིས་དེ་ལ་ནན་ཐུར་གྱི་ལས་བྱས་པར་གྱུར་པའི་རྒྱུད་ལས་ཕྱིར་ལྡོག་པ་སྟེ། དེ་ལས་ཕྱིར་ལྡོག་ཅིང་བཟོད་པ་ཡང་གསོལ་བ་ལ་དགེ་འདུན་གྱིས་བཟོད་པའི ་ལས་བྱའོ། །བཟོད་བ་གསོལ་བ་ལའོ་ཞེས་བྱ་བ་ནི་ཇི་སྐད་སྨོས་པའི་རྣམ་པ་དེ་དག་ལྟར་གྱུར་དུ་ཟིན་ཀྱང་བཟོད་པ་མི་གསོལ་ན་དེ་ལ་དགེ་འདུན་གྱིས་བཟོད་པའི་ལས་མི་བྱའོ། །འདི་ལྟར་ཇི་སྐད་སྨོས་པའི་རྣམ་པ་དེ་དག་ཐམས་ཅད་ལྟར་ཡང་གྱུར ་ལ། དགེ་འདུན་ལ་བཟོད་བ་གསོལ་བའི་སྔགས་ལན་གསུམ་བཟླས་པ་ཡང་བྱེད་ན། དེའི་ཚེ་དགེ་འདུན་གྱིས་དེ་ལ་གསོལ་བ་དང་བཞིའི་ལས་ཀྱིས་བཟོད་པར་བྱ་བའོ། །དེ་ལ་དགེ་འདུན་ལ་བཟོད་པ་གསོལ་བའི་སྔགས་ལན་གསུམ་བཟླས་པར་བྱ་བ་ནི། དགེ ་འདུན་བཙུན་པ་རྣམས་གསན་དུ་གསོལ། བདག་དགེ་སློང་དམར་སེར་ཅན་འཐབ་ཀྲོལ་བགྱིད་པ་མཚང་འདྲུ་བར་བགྱིད་པ་རྩོད་པར་བགྱིད་པར་བགྱིད་པ་རྩོད་པའི་གཞི་འགྱེད་པ་ལགས་ཏེ། དགེ་འདུན་གྱིས་བདག་ལ་བསྡིགས་བའི་ཕྲིན་ལས། མཛད ་ལགས་ན་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །དགེ་འདུན་གྱིས་དེ་ལ་གསོལ་བ་དང་བཞིའི་ལས་ཀྱིས་བཟོད་པ་བྱ་བའི་སྔགས་ནི། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་དམར་སེར་ཅན་འདི་འཐབ་ཀྲོལ་བགྱིད་པ་མཆད་འདྲུ་བར་བགྱིས ་པ་།རྩོད་པར་བགྱིད་པ་འགྱེད་པད་བགྱིད་བ་རྩོད་བའི?་གཞི་བགྱིད་པ་ལགས་ཏེ། འཐབ་ཀྲོལ་བགྱིད་པ་མ་གཏང་པ་འདི་ལ་དགེ་འདུན་གྱིས་བསྡིགས་པའི་ཕྲིན་ལས་མཛད་ལགས་ཏེ། ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །གསོལ་བའི་ཞར? ་ལ་གཞན་བརྫོད་པར་བྱ་སྟེ། ལས་སྦྱིན་པ་དང་དབྱུང་བ་དང་བསྙེན་པར་རྫོགས་པར་བྱ་བ་དང་གཞིག་པ་དང་བསྲང་བ་ཡང་ངོ་ཞེས་བྱ་བ་ནི། ལས་ཀྱིས་སྦྱིན་བ་འམ། ལས་གྱི་བདག་ཉིད་སྦྱིན་པ་འདི་ལྟ་སྟེ། ཁང་པ་དང་གཙུག་ལག་ཁང་བསྟན་པ་ལ་སོགས་པའི ་ལས་སྦྱིན་པ་དང། དགེ་འདུན་ལྷག་མ་ལས་འབྱུང་བ་དང། ཁྱིམ་གྱི་བསླབ་པ་གཞིག་པ་དང། ལྷུང་བཟེད་ཁས་ཕུབ་པ་ཕྱིར་བསྲང་བ་ངག་ཀྱང་དགེ་འདུན་ལས་གསོལ་བའི་སྔགས་ལན་གསུམ་ཟློས་པ་ལ་སྦྱིན་བར་བྱ་བ་ཁོ་ན་ཡིན་ནོ། །དེའི་སྔགS ་ནི་དགེ་འདུད་བཙུན་པ་རྣམས་གསན་དུ་གསོལ། །བདག་དགེ་སློང་ལག་གི་བླ་མིང་འདི་ཞེས་བགྱི་བས་ཁང་བའི་གཞི་རུང་བ་བརྩོད་པ་མ་མཆིས་པ་ཙམ་དུ་རུང་བ་ཞིག་བཙལ་ཏེ། བདག་དགེ་སློང་ལག་གི་བླ་མིང་འདི་ཞེས་བགྱི་བ་དགེ་འདུན་ལས་ཁང་པའི ་གཞི་རུང་བ་རྩོད་པ་མ་མཆིས་པ་བརྩམ་དུ་རུང་བ་བསྟན་པ་གསོལ་ན། ཐུགས་བརྩེ་བ་ཅན་དགེ་འདུན་བཙུན་པ་རྣམས་ཀྱིས་ཐུགས་བརྩེ་བའི་སླད་དུ་བདག་དགེ་སློང་ལག་གི་བླ་མིང་འདི་ཞེས་བགྱི་བ་ལ་ཁང་པའི་གཞི་རུང་བ་རྩོད་པ་མ་མཆིས། ་པ་བརྩམ་དུ་རུང་བ་བསྟན་པ་སྩལ་དུ་གསོལ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །གཞི་མ་ཞི་བར་ཤེས་ནས་ཞེས་བྱ་བ་ལ་སོགས་པས་ནན་ཐུར་གྱི་ལས་ཀྱི་རྒྱུ་ཐུན་མོང་བ་བསྟན་ནས། ང་ནི་རྒྱུ་གང་ན་ན་ཐུར་གྱི་ལས་གང་དག ་བྱ་བ་དེ་དག་གི་བྱེ་བྲག་བསྟན་པར་བྱ་སྟེ། འཐབ་ཀྲོལ་བྱེད་པ་ལ་ལས་ཀྱིས་བསྡིགས་པར་བྱའོ་ཞེས་གྱི་བ་ནི། གང་ཟག་འཐབ་ཀྲོལ་བྱེད་པ་ལ་གསོལ་པ་དང་བཞིའི་ལས་ཀྱིས་བསྡིགས་པར་བྱའོ། །དེའི་སྔགས་ནི། དགེ་འདུན་བཙུན་པ ་རྣམས་གསན་དུ་གསོལ། དགེ་སློང་དམར་སེར་ཅན་འདི་དག་ནི་འཐབ་ཀྲོལ་བགྱིད་པ་མཚད་འདྲུ་བར་བགྱིད་པ་རྩོད་པར་བགྱིད་པ་བགྱེད་པར་བགྱིད་པ་རྩོད་པའི་གཞི་བགྱིད་པ་ལགས་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །དགེ ་འདུན་ལྷག་མའི་ལྟུང་བ་ཕྱིར་མི་འཆོས་པར་རྒྱུན་དུ་བྱེད་པ་ལ་ནི་སྨད་པའོ་ཞེས་བྱ་བ་ནི། དགེ་འདུན་ལྷག་མའི་ལྟུང་བ་རྒྱུན་དུ་འབྱིན་ཅིང་སྔ་མ་ཕྱིར་མ་བཅོས་པར་ཡང་དང་ཡང་དུ་འབྱིན་པ་ལ་འི?་གསོལ་བ་དང་བཞིའི་ལས ་ཀྱིས་སྨད་པར་བྱའོ། །དེའི་སྔགས་ནི་དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་དགེ་ལྡན་ལྟུང་བ་རྒྱུན་དུ་བགྱིད་པ་འདི་དགེ་འདུན་ལྷག་མའི་ལྟུང་བ་རྒྱུན་དུ་བགྱིད་དེ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །ཁྱིམ་སུན ་འབྱིན་པ་ལ་ནི་བསྐྲད་པའོ་ཞེས་བྱ་བ་ནི། ཁྱེམ?་སུན་འབྱིན་པ་མ་བཏང་བ་ལ་ནི་གསོལ་བ་དང་བཞིའི་ལས་ཀྱིས་བསྐྲད་པ་བྱ་བའོ། །དེའི་སྔགས་ནི་དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་འགྲོ་འགྱོགས་དང་ནབ་སོ ་འདི་གཉིས་ཁྱིམ་སུན་འབྱིན་པ་སྡིག་པའི་ཆོས་ཀུན་ཏུ་སྤྱོད་པ་ལགས་ཏེ། ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །དེའི་ཕྱིར་འདུ་བ་མི་སྦྱིན་པ་དང། སྐབས་མི་འབྱེད་པ་དག་ལ་ཡང་ངོ་ཞེས་བྱ་བ་ནི། བསྐྲད་པར་བྱ་བ་དེའི་ཕྱིར་འདུ ་བ་མི་སྦྱིན་པ་དང་སྐབས་མི་འབྱེད་པ་དག་ལ་ཡང་གནས་ནས་བསྐྲད་བའི་ཕྱིར་གསོལ་བ་དང་བཞིའི་ལས་བྱའོ། །འདི་སྐད་བསྟན་ཏེ། གལ་ཏེ་ཁྱིམ་སུན་འབྱིན་པར་བྱེད་པ་དེ་བསྐྲད་པའི་ལས་བྱ་བའི་ཕྱིར་དགེ་འདུན་གྱི་ནང་དུ་འདུར་མི་བཏུབ ་བམ་སྐབས་མི་བྱེད་དུ་ཟིན་ཀྱང་གྲགས་པ་ཙམ་གྱིས་དགེ་འདུན་གྱིས་བསྐྲད་པའི་ལས་བྱ་བ་ཁོ་ན་ཡིན་ནོ། །དེ་མ་མཐོང་ངོ་ཞེས་ཟེར་ན་ཡང་ངོ་ཞེས་བྱ་བ་ནི། ཁྱིམ་སུན་འབྱིན་པ་དེ་དགེ་འདུན་གྱི་ནང་དུ་འདུས་ཤིང་སྐབས་འབྱེད་དུ་ཟིན་ཀྱང ་ལྟུང་བ་དེ་མ་མཐོང་ཞེས་ཟེར་ན་དེ་ལྟར་ན་ཡང་གྲགས་པ་ཙམ་གྱིས་དགེ་འདུན་གྱིས་བསྐྲད་པའི་ལས་བྱའོ། །འདི་སྐད་བསྟན་ཏེ། གལ་ཏེ་ཁྱིམ་སུན་འབྱེན་པ་དེ་བདག་ཉིད་ལ་ཁྱིམ་སུན་འབྱིན་པ་ཉིད་མ་མཐོང་ངོ་ཞེས་ཟེར་ན་དེ་ལྟ་ན་ཡང ་གྲགས་པ་ཙམ་གྱིས་དགེ་འདུན་གྱིས་བསྐྲེད?་བའི་བྱ་བ་ཁོ་ན་ཡིན་ནོ། །ཁྱིམ་པ་ལ་བརྙས་ཐོབས་འབྱེད་པ་ལ་ནི་ཕྱིར་འགྱེད་པའོ་ཞེས་བྱ་བ་ནི། ཁྱིམ་པ་ལ་མཛའ་ཨི?་ཚམ་པ་ནི་བརྙེས་ཐབས་བྱེད་པ་སྟེ། གང་འབྱིམ?་པ་ལ་བརྙས་ཐབས་བྱེད་པ་དེ་ནི ་དགེ་སྦྱོང་གི་ཆོས་ལས་འདས་པ་ཡིན་པས་དེ་ལས་བཟློག་པའི་ཕྱིར་དེ་ལ་ནི་འགྱེད་པའི་ནན་ཐུབ་གྱི་ལས་བྱའོ། །ཕྱིར་འགྱེད་པ་ཞེས་བྱ་བ་ནི་ཁྱིམ་པ་ཡི་ཆད་པ་བསལ་བའི་ཕྱིར་དགེ་སློང་དེ་ལ་ཇི་སྲིད་དུ་ཁྱད་ཀྱིས་ལས་ཀྱི་མཛའ་འདི་མ་བཏང ་གི་བར་དུ་ཁྱོད་ཀྱི་ཡུལ་ལས་ངེད་ཀྱི་མཛའ་གཅུགས་ཀྱི་དངོས་པོ་དང་དགའ་བའི་དངོས་པོ་ཕྱིར་བསྡུ་ཞིང་ངེད་ཕྱིར་འགྱེད?་པར་བྱའོ་ཞེས་གསོལ་བ་དང་བཞིའི་ལས་ཁྱིས་བསྒོ་བའོ། །དེའི་སྔགས་ནི་དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། ་དགེ་སློང་དམ་པ་འདི་ཁྱིམ་པ་ལ་བརྙས་ཐབས་བགྱིད་ན་གལ་ཏེ་དགེ་འདུན་གྱིས་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང། དགེ་འདུན་གྱིས་དགེ་སློང་དམ་པ་ཁྱིམ་པ་ལ་བརྙས་ཐབས་བགྱིད་པ་ལ་སླང་འགྱེད་པས ་ཕྲིན་ལས་མཛད་དོ། །ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །འདི་ལ་བཟོད་པ་གསོལ་བའི་ལས་ཀྱི་གནས་སུ་དེ་ལ་བཟོད་པ་གསོལ་དུ་གཞུག་གོ་ཞེས་བྱ་བ་ནི། ཕྱིར་འགྱེད་པའི་ལས་འདི་ལ་བཟོད་པ་གསོལ་བའི་ལས་ཀྱི་གནས་སུ ་ཁྱིམ་པ་དེ་ལ་བཟོད་པ་གསོལ་དུ་གཞུག་པ་ཡིན་པར་བལྟ་བར་བྱ་བའོ། །འོན་ཀྱང་གསོལ་བ་བྱས་ཏེ་དེ་ཁྱིམ་པ་ལ་བཟོད་པ་གསོལ་དུ་གཞུག་པར་བྱ་སྟེ། ཁྱིམ་བས་བཟོད་པ་ཉིད་བཟོད་པ་བྱས་པ་ཡིན་པར་ཤེས་པར་བྱའོ། །ལྟུང་བ ་གྲགས་པ་ཕྱིར་མ་བཅོས་པ་བསྡམས་པས་ཕྱིར་བཅོས་སུ་མི་རུང་བ་དང། མ་མཐོང་ཞེས་ཟེར་ཞིང་ཕྱིར་འཆོས་པ་རྗེས་སུ་བསྒྲུབ་པར་མི་འདོད་པ་དང་སྡིག?་པ་ཅན་གྱི་ལྟ་བ་མི་གཏོང་བ་ལ་ནི་གནས་ནས་འབྱུང་བ་བྱའོ་ཞེས་བྱ་བ་ནི། ཕྱིར ་མི་འཆོས་པས་གནས་ནས་དབྱུང་བ་དང། མ་མཐོང་བས་གནས་ནས་དབྱུང་བ་དང། སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་མི་གཏོང་བས་གནས་ནས་དབྱུང་བ་གསུམ་གོ་རིམས་བཞིན་དུ་བསྟན་ཏོ། །དེ་ལ་ལྟུང་བ་གྲགས་པ་ཕྱིར ་མ་བཅོས་པ་བསྡམ་པས་ཕྱིར་བཅོས་སུ་མི་རུང་བ་ཞེས་བྱ་བས་ནི། ཕྱིར་མི་འཆོས་པས་གནས་ནས་དབྱུང་བ་བསྟན་ཏེ། ལྟུང་བ་གྲགས་པ་ཞེས་བྱ་བ་ནི་ལྟུང་བ་དེ་གནས་ནས་འབྱིན་པར་བྱེད་པས་ཤེས་པར་གྱུར་བ་གང་ཡིན་པའོ། །ཕྱིར་མ་བཅོས ་པ་ཞེས་བྱ་བ་ནི། ལྟུང་བ་གྲགས་པ་དེ་ཞེས་བྱ་བར་སྦྱར་ཏེ། ལྟུང་བ་དེ་ཕྱིར་མ་བཅོས་ཤིང་མ་བཤགས་ཞེས་བྱ་བའི་ཐ་ཚིག་གྲོ། བསྡམས་པའི་ཕྱིར་བཅོས་སུ་མི་རུང་བ་ཞེས་བྱ་བ་ནི། གལ་ཏེ་འདི་ལྟར་ལྟུང་བ་འདི་བསྡམས་པས་ཕྱིར་བཅོས ་སུ་མི་རུང་གི། བཤགས་པར་བྱ་བ་ཡིན་ནོ་ཞེས་བྱ་བར་དགེ་འདུན་གྱིས་ཤེས་པ་སྟེ། དེ་ལྟར་ཤེས་ཀྱང་ལྟུང་བ་དེ་ཆོས་བཞིན་དུ་ཕྱིར་མི་འཆོས་པ་ལ་གསོལ་བ་དང་བཞིའི་ལས་ཀྱིས་གནས་ནས་དབྱུང་བར་བྱའོ། །དེའི་སྔགས་ནི། དགེ ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་འདུན་པ་འདི་ལ་ལྟུང་བ་བྱུང་ཡང་དེ་ཆོས་བཞིན་དུ་སླར་མི་འཆོས་ན། གལ་ཏེ་དགེ་འདུན་གྱིས་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང། དགེ་འདུན་གྱིས ་དགེ་སློང་འདུན་པ་ལྟུང་བ་སླར་མི་འཆོས་པ་དེ་ལ་གནས་ནས་དབྱུང་བའི་ཕྲིན་ལས་མཛད་དོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །མ་མཐོང་ཞེས་ཟེར་ཞིང་ཕྱིར་འཆོས་པ་རྗེས་སུ་བསྒྲུབ་པར་མི་འདོད་པ་ཞེས་བྱ་བ་ནི། མ ་མཐོང་བས་གནས་ནས་དབྱུང་བ་བསྟན་ཏེ། མ་མཐོང་ཞེས་ཟེར་ཞིང་ཕྱིར་འཆོས་པ་རྗེས་སུ་སྒྲུབ་བས་མི་འདོད་པའི་གང་ཟག་དེ་ལ་གསོལ་བ་དང་བཞིའི་ལས་ཀྱིས་གནས་ནས་དབྱུང་བར་བྱའོ། །དེའི་སྔགས་ནི་དགེ་འདུན་བཙུན་པ ་རྣམས་གསན་དུ་གསོལ། དགེ་སློང་འདུན་པ་འདི་ལ་ལྟུང་བ་བྱུང་སྟེ། །དེ་ལ་དགེ་སློང་རྣམས་ཀྱིས་གླེངས་ཤིང་དྲན་པར་བགྱིས་ཀྱང་ལྟུང་བ་མ་མཐོང་ངོ་ཞེས་མཆི་ན། གལ་ཏེ་དགེ་འདུན་གྱིས་དུས་ལ་བ་བཅིང་བཟོད་ན་དགེ་འདུན་གྱིས་གནང ་བར་མཛོད་ཅིག་དང། །དགེ་འདུན་གྱིས་དགེ་སློང་འདུན་པ་ལྟུང་བ་མི་མཐོང་བ་ལ་གནས་ནས་དབྱུང་བའི་ཕྲིན་ལས་མཛད་དོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །སྡིག་པ་ཅན་གྱི་ལྟ་བ་མི་གཏོང་བས་ནི་སྡིག་པ་ཅན་གྱི་ལྟ་བའི ་རྣམ་པ་མི་གཏོང་པས་གནས་ནས་དབྱུང་བ་བསྟན་ཏེ། སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་མི་གཏོང་བ་དེ་ལ་གསོལ་པ་དང་བཞིའི་ལས་ཀྱིས་གནས་ནས་དབྱུང་བ་བྱའོ། །དེའི་སྔགས་ནི་དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། །དགེ་སློང ་འཆི་ལྟས་འདི་ལ་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་འདི་ལྟ་བུ་འདི་བྱུང་སྟེ། ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །འདི་ཉིད་དུ་ལྟུང་བ་འདི་ཕྱིར་བཅོས་པར་གྱིས་ཤིག་དགེ་འདུན་འདི་ཉིད་ཀྱིས་ཁྱོད་བག་ཡོངས་སུ་བྱེད་པར་འགྱུར་རོ ་ཞེས་བརྗོད་པར་བྱའོ་ཞེས་བྱ་བ་ནི། དེ་ལྟར་ནན་ཐུར་གྱིས་ལས་བདུན་བོ་དག་ལས་གང་ཡང་རུང་བ་བྱས་པའི་རྗེས་ལ་ལས་དེ་བྱེད་པའི་དགེ་འདུན་གྱིས་གང་ལ་བྱས་པའི་གང་ཟག་དེ་ལ་དེ་སྐད་བསྒོ་བར་བྱའོ། །འདི་ཉིད་དུ་ཞེས་བྱ་བ་ནི ་གནས་འདི་ཉིད་དུའོ། །ལྟུང་བ་འདི་ཕྱིར་བཅོས་པར་གྱིས་ཤིག་ཅེས་བྱ་བ་ནི། གནས་འདི་ཉིད་དུ་ལྟུང་བ་འདི་ཕྱིར་བཅོས་པར་བྱའོ། །གནས་གཞན་དུ་འཆོས་སུ་མི་གནང་བར་བསྟན་པ་ཡིན་ནོ། །དགེ་འདུན་འདི་ཉིད་ཀྱིས་ཁྱོད་བག ་ཡོངས་སུ་བྱེད་པར་ང་གྱུར་རོ་ཞེས་བྱ་བ་ནི། དགེ་འདུན་འདི་ཉིད་ལ་རག་ལས་པ་ཡིན་གྱི། དགེ་འདུན་འདིས་མ་གནང་ན་མཚམས་གཞན་གྱི་དགེ་འདུན་གྱིས་བག་ཡངས་སུབྱེད་པར་མི་འགྱུར་བར་བསྟན་པ་ཡིན་ནོ། །ལྟུང་བ་བཅབ ་པར་མི་བྱའོ་ཞེས་བྱ་བ་ནི། རང་གི་ལྟུང་བའི་དབང་དུ་བྱས་པ་ཡིན་གྱི་གཞན་གྱི་འཆབ་པའི་ཉེས་པ་ནི་བསྟན་ཟིན་པའི་ཕྱིར་རོ། །དགེ་འདུན་ལྷག་མ་འབའ་ཞིག་ཏུ་མ་ཟད་ཀྱི་རང་གི་ལྟུང་བ་ཐམས་ཅད་ཀྱང་གང ་ཟག་གི་མདུན་དུ་ལན་གསུམ་མཐོལ་ཞིང་བཤགས་པར་བྱ་བ་ཡིན་ནོ། །དེའི་སྔགས་ནི་ཚེ་དང་ལྡན་པ་དགོངས་སུ་གསོལ། བདག་དགེ་སློང་མིང་འདི་ཞེས་བགྱི་བ་ལ་ལྟུང་བ་འདི་ལྟ་བུ་འདི་བྱུང་སྟེ། བདག་དགེ་སློང་མིང་འདི་ཞེས ་བགྱི་བ་ལྟུང་བ་དེ་ཚེ་དང་ལྡན་པའི་མདུན་དུ་མཐོལ་ལོ་འཆགས་སོ། །མི་འཆབ་བོ། །མཐོལ་ཞིང་བཤགས་ན་བདག་བདེ་བ་ལ་རེག་པར་གནས་པར་འགྱུར་གྱི། མ་མཐོལ་མ་བཤགས་ན་མི་འགྱུར་རོ། །ལན་གསུམ་དུ་བཟླས། ་ལྟུང་བ་མཐོང་ངམ་མཐོང་ངོ། །ཕྱིན་ཆད་སྡོམ་མམ། སྡོམ་མོ། །ལན་གསུམ་དུ་བཟླས། ཐབས་ཡིན་ནོ་ལེགས་སོ་ཞེས་གསུངས་པ་ཡིན་ནོ། །གང་ལ་མཐོལ་བར་བྱ་བའི་གང་ཟག་མེད་ན་ནི་དེ་སྲིད་དུ་མ་མཐོལ་བ་ལ་ཉེས་བ ་མེད་དེ། དེ་ལྟར་ཡང་འདིར་གཞུང་ནི། བཙུན་པ་རེ་ཞིག་ལྟུང་བ་དང་བཅས་བ་དགེ་སློང་མ་མཆིས་པའི་གནས་ན་གནས་པས་གོང?་ལ་ཡང་མ་བརྗོད་ན་བཅབས་བས་བརྗོད་པར་བགྱི་འམ། ཉེ་བར་འཁོར་མི་བྱའོ་ཞེས་བྱ་བ་ལ ་སོགས་པ་གསུངས་པ་ཡིན་ནོ། །ཐ་ན་མིང་གོ་བར་བྱ་བ་ཉིད་དོ་ཞེས་བྱ་བ་ནི། གལ་ཏེ་རྒྱ་ཆེར་གོ་བར་བྱད་མ་ནུས་ན་ཐ་ན་ལྟུང་བྱེད་སྡེ་ལྔ་པོ་དག་ལས་གང་བྱུང་བའི་མིང་ཙམ་ཡང་གོ་བར་བྱ་བ་ཉིད་ཡིན་ནོ། །འདིར་གཞུང་ནི་བདག་ལ ་ཕམ?་པར་འགྱུར་བ་བྱུང་ངོ་ཞེ་འམ་སོ་སོར་བཤགས་པར་བྱ་བའི་རིགས་བརྗོད་པ་མ་བྱས་པ་གང་ཡིན་པ་དང། དགེ་སློང་སྟན་དེ་ཉིད་ལ་འདུག་པ་དེས་ཚེ་དང་ལྡན་པ་བདག་ལ་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ངོ་ཞེ་འམ། ལྟུང་བྱེད་ཀྱི ་ལྟུང་བ་བྱུང་ངོ་ཞེས་བརྗོད་པར་བྱའོ་ཞེས་གསུངས་པ་ཡིན་ནོ། །རྒྱ་ཆེར་གོ་བར་བྱ་བར་ཤིན་ཏུ་རིགས་མོད་ཀྱི། ཐ་ན་ལྟུང་བའི་མིང་ཡང་བརྗོད་བར་བྱ་བ་ཉིད་དེ། དེའི་གཞུང་ཡང་བཙུན་པ་བདག་གིས་བསླབ་པ་མ་ཕུལ་བར་མི་ཚངས་པར ་སྤྱོད་པ་འཁྲིག་པའི་ཆོས་བསྟེན་ཏོ། །ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །དེ་ལྟ་བས་ན་ཐ་མའི་མཐར་ཐུག་པའི་དབང་དུ་བྱས་ཏེ། མིང་ཙམ་གྱིས་རིགས་པར་བྱ་བ་ཉིད་དུ་གསུངས་པ་ཡིན་ནོ། །ཉེས་བྱས་ནི་གང་ཡང་རུང་བས ་སོ་ཞེས་བྱ་བ་ནི། ཉེས་བྱས་རིག་པར་བྱ་བ་ཉིད་ལ་ནི་བདག་ལ་ལྟུང་བ་བྱུང་ངོ་ཞེ་འམ། བདག་གི་ཁ་ན་མ་ཐོ་བ་བྱས་སོ་ཞེས་བྱ་བ་རྣམ་པ་གང་ཡང་རུང་བས་རིག་པར་བྱ་བ་ཉིད་ཡིན་ནོ། །དེ་དག་གང་ལ་རིག་པར་བྱ་བ་ཉིད་ཡིན་ཞེ་ན། དེའི ་ཕྱིར་རང་བཞིན་དུ་གནས་པ་ལའོ་ཞེས་བྱ་བ་སྨྲས་ཏེ། དགེ་སློང་རང་བཞིན་དུ་གནས་པ་ལ་རིག་པར་བྱ་བ་ཉིད་ཡིན་ནོ། །འདིར་གཞུང་ནི་ཞུ་བའི་གང་ཟག་གི་གཞི་ལས། ཉེ་བར་འཁོར་རང་བཞིན་དུ་གནས་བ་མཚམས་ཀྱི་ནང་ན་འདུག་པ ་ལའོ་ཞེས་གསུངས་པ་ཡིན་ནོ། །ཅི་ལྟ་བ་ལས་རང་གི་ཕྱོགས་མ་ཡིན་པ་ཡང་རང་བཞིན་དུ་གནས་པ་ཡིན་ནམ་ཞེ་ན་དེའི་ཕྱིར། ལྟ་བ་ཐ་མི་དད་པ་ལའོ་ཞེས་བྱ་བ་སྨྲས་ཏེ། གལ་ཏེ་ལྟ་བ་ཐ་མི་དད་པ་ཡིན་ན་དེའི་ཚེ་དེའི་མདུན་དུ་རིག་པར ་བྱ་བ་ཉིད་ཡིན་ནོ། །རབ་ཏུ་བྱུང་ཞིང་བསྙེན་པར་མ་རྫོགས་པ་མ་བསྙིལ་བ་ཡང་དག་བར་སྡོམ་པ་དང་ཁྱིམ་པ་ཡང་དག་པར་སྡོམ་པ་ཡང་རང་བཞིན་དུ་གནས་པ་ཉིད་ཡིན་ནམ་ཞེ་ན། དེའི་ཕྱིར་བསྙེན་པར་རྫོགས་པ་དང་བཅས་པ་ལའོ ་ཞེས་བྱ་བ་སྨྲས་ཏེ། དེ་ལ་རིག་པར་བྱ་བ་ཉིད་ཡིན་ནོ། །དགེ་སློང་གིས་ཀྱང་དགེ་སློང་མ་ལ་རིག་པར་བྱ་བ་ཉིད་ཡིན་ལ། དགེ་སློང་མས་ཀྱང་དགེ་སློང་ལ་རིག་པར་བྱ་བ་ཉིད་ཡིན་ནམ་དེའི་ཕྱིར་མཚན་མཐུན་པ་ལའོ་ཞེས་བྱ་བ་སྨྲས་ཏེ། ་དེ་ལྟར་ན་འདྲ་བའི་ཕྱིར་བསྙེན་པར་མ་རྫོགས་པས་ཀྱང། བསྙེན་པར་མ་རྫོགས་པ་ལ་ལྟུང་བ་རིག་པར་བྱ་བ་དང་བཤགས?་པར་བྱ་འམ་ཞེ་ན། དེའི་ཕྱིར་དེ་ཉིད་ལ་འདི་དང་འོག་པ་བཅས་ཏེའོ?་ཞེས་བྱ་བ ་སྨྲས་ཏེ། །བསྙེན་པར་རྫོགས་པ་དང་བཅས་པ་དེ་ཉིད་ལ་དགེ་ཚུལ་ལ་སོགས་པས་ལྟུང་བ་རིག་པར་བྱ་བ་འདི་ཉིད་ལྟུང་བ་བཤགས་པར་བྱ་བ་འགོ་ནས་འབྱུང་བ་དང་བཅས་ཏེ་བྱའོ། །རིས?་མཐུན་པའི་ཡུལ་ལ་ཅིའི?་ཕྱིར་མ་རུང་ཞེ་ན ་དེའི་ཕྱིར་རབ་ཏུ་བྱུང་བ་བསྙེན་པར་མ་རྫོགས་པ་དག་ནི་བསྙེན་པར་རྫོགས་པའི་དགེ་འདུན་གྱི་ཡོངས་སུ་བཟུང་བ་ཙམ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། དེའི་ཕྱིར་དགེ་ཚུལ་ལ་སོགས་པའི་བྱ་བ་ཐམས་ཅད་ནི་བསྙེན་པར་རྫོགས་པ་ཉིད ་ལ་རག་ལས་པ་ཁོ་ན་ཡིན་པར་རྣམ་པར་གནས་སོ། །དེ་ལྟར་ཡང་རབ་ཏུ་བྱུང་ཞིང་བསྙེན་པར་མ་རྫོགས་པ་དག་གིས་དགེ་འདུན་ལ་དགག་དབྱེ་བྱའོ་ཞེས་གསུངས་པ་ལས་ཤེས་སོ། །ཆོས་འདི་བ་ལ་དེ་བྱས་ན་བྱས་པ་ཉིད་དོ་ཞེས ་བྱ་བ་ལ། ཆོས་འདི་པ་ཞེས་སྨོས་པས་ནི་བསྙེན་པར་རྫོགས་པ་མཚན་མི་མཐུན་པ་དང་རབ་ཏུ་བྱུང་ཞིང་བསྙེན་པར་མ་རྫོགས་པ་དང། ཁྱིམ་པ་དེ་བཞིན་གཤེགས་པའི་ཆོས་ཀྱི་ལྟ་བ་ཅན་ཐམས་ཅད་བསྡུ་སྟེ། ཆོས་འདི་པ་དེ་དག ་ལྟུང་བ་རིག་པར་བྱ་བ་དེ་བྱས་ན་ཡང་བྱས་པ་ཉིད་ཡིན་པ་དེ་ལ་རིག་པར་བྱས་ན་བཅབས་པར་མ་འགྱུར་རོ། །འོ་ན་དེ་ལྟར་ན་བསྙེན་པར་རྫོགས་པ་དང་བཅས་པ་ཞེས་བྱ་བ་ལ་སོགས་པ་ངེས་པར་ཅིའི་ཕྱིར་བྱས་ཤེ་ན། སྔར་དེ་ལྟར ་ངས་པར་སྨྲས་པ་ནི་དགེ་འདུན་གྱིས་ཡུལ་ལ་མ་གུས་བ་སྤང་བའི་ཕྱིར་དེ་མི་རིག་པར?་བསྟན་པར་ཤེས་པར་བྱའོ། །འོ་ན་མདོ་འདི་ཅིའི་ཕྱིར་བྱ་བ་ཞེ་ན། མ་བརྗོད་པ་བརྗོད་པར་བྱ་བའི་ཕྱིར་ཏེ། ངེས་ན་མཚན་མི་མཐུན་པ་བསྙེན་པར ་རྫོགས་པ་དག་ལ་རིག་པར་བྱེད་ན་ཡང་བཅབས?་པར་ནི་མི་འགྱུར་ལ། རིག་པར་བྱེད་པ་ལས་ཉེས་བྱས་སུ་ནི་འགྱུར་རོ། །བསྙེན་པར་མ་རྫོགས་པ་ངག་ལ་རིག་པར་བྱེད་པ་དག་ལ་ནི་བཅབས་པར་ནི་མི་འགྱུར་བ། གནས་ངན་ལེན ་རིག་པར་བྱད་པ་ལས་ནི་ལྟུང་བྱེད་དུ་འགྱུར་རོ། །གནས་ངན་ལེན་མ་ཡིན་པ་བརྗོད་པ་ལས་ནི་ཉེས་བྱས་སུ་འགྱུར་རོ། །བསྙེན་པར་རྫོགས་པ་མཚན་མཐུན་པ་ངག་ལ་རིག་པར་བྱེད་པ་ལ་ནི་འཆབ་པར་དབང?་མི་འགྱུར་ལ་ལྟུང་བར་ཡང ་མི་འགྱུར་ཏེ། འདིར་རྣམ་པར་བཞག་པ་ནི་དེ་ཡིན་ནོ། །འདིར་གཞུང་ནི་ཉེ་བར་འཁོར་གྱིས་ཞུས་པའི་གང་ཟག་གི་བཞི་ལས་དགེ་སློང་ལ་བརྗོད་ན?་བརྗོད་ཅེས་འགྱི་འམ། ཉེ་བར་འཁོར་བརྗོད་ཅེས་བྱའོ། །དེ་བཞིན་དུ་དགེ་སློང ་མ་དང་བསླབ་པ་བྱིན་པ་དང། དགེ་སློབ་མ་དང་དགེ་ཚུལ་དང་དགེ་ཚུལ་མ་དང་དག་བསྙེན་དང་དགེ་བསྙེན་མ་ལ་བརྗོད་ན་བརྗོད་པར་བགྱི་འམ། ཉེ་པར་འཁོར་བརྗོད་ཅེས་བྱའོ་ཞེས་གསུངས་པ་ཡིན་ནོ། །མཚམས་གཞན་ན་གནས་པ་ལ ་ཡང་ངོ་ཞེས་བྱ་བ་ཡང་རིག་པར་བྱས་ན་བྱས་པ་ཉིད་ཡིན་པ་སྟེ། འདི་ནི་མཚམས་གཞན་ན་གནས་པ་ནི་གང་གི་ཡན་ལག་ཉིད་ཀྱང་མ་ཡིན་ནོ་ཞེས་བྱ་བ་དེའི་དམིགས་ཀྱིས་བསལ་བ་ཡིན་ནོ། །འདིར་གཞུང་ནི་དེ་བཞིན་དུ་དོགས་ལ ་མཆིས་པ་ལ་ནམ་མཁའ་ལ་མཆིས་པས་སམ། ནམ་མཁའ་ལ་མཆིས་པ་ལ་དོག་ས་ལ་མཆིས་པས་བརྗོད་ན་བརྗོད་ཅེས་བགྱི་འམ། ཉེ་བར་འཁོར་བརྗོད་ཅེས་བྱ་སྟེ་བརྗོད་པ་ལ་ཉེས་བྱས་སུ་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །བསྒོ ་བ་ལས་བྱུང་བ་ནི་དགེ་འདུན་ཐམས་ཅད་ལའོ་ཞེས་བྱ་བ་ནི། བསྒོ་བ་ལས་བྱུང་བའི་ལྟུང་བ་རྣམས་ནི་དགེ་འདུན་ཐམས་ཅད་ལ་རིག་པར་བྱ་བ་ཉིད་ཡིན་ཏེ། དགེ་འདུན་ལྷག་མཐུན?་མོང་བཞི་པོ་དགེ་འདུན་འབྱེད་པ་དང། དེའི་རྗེས་སུ ་ཕྱོགས་པ་དང། ཁྱིམ་སུན་འབྱིན་པ་དང། བཀའ་བློ་མི་བྱེད་བ་མི་གཏོང་བདག་དང། དགེ་འདུན་ལྷག་མ་ཐུན་མོང་མ་ཡིན་པ་བཞི་པོ་དཀོན་མཆོག་གཏོང་བ་དང། འཐབ་ཀྲོལ་བྱེད་པ་དང། སྡེ་ཞིང ་གནས་པ་དང། སྡེ་ཞིང་གནས་སུ་འཇུད་པ་དག་དང། ལྟུང་བྱེད་ཐུན་མོང་བའི་ལྟ་བའི་རྣམ་པ་མི་གཏོང་བ་དག་གི་བསྒོབ་ལས་བྱུང་བའི་ལྟུང་བ་རྣམས་ཀྱི་ཕྱིར་བཅས་ཤིང་བཤགས་པ་དང། དེ་དག་གི་རིག་པར་བྱ་པ་ཉིད་ཀྱང ་དགེ་འདུན་ཐམས་ཅད་ལ་བྱ་བ་ཡིན་ནོ། །འདིར་གཞུང་ནི་དགེ་སློང་སྟན?་དེ་ཉིད་ལ་འདུག་པ་ངེས་ཚེ་དང་ལྡན་པ་དག་བདག་ལ་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ངོ་ཞེས་བརྗོད་པར་བྱ་སྟེ། གལ་ཏེ་བརྗོད་པར་བྱེད་ན་དེ་ལྟན་ལེགས། ་གལ་ཏེ་མི་བརྗོད་ན་དེ་ལ་ཉི་མ་དེ་ཉིད་ལས་བརྩམས་ཏེ་འཆབ་བའི་བྱུང་ངོ། །དགེ་སློང་དེས་ཚེ་དང་ལྡན་པ་དག་བདག་ལ་ལྟུང་བྱེད་བྱུང་ངོ་ཞེས་བྱ་བའི་བར་དང་འབྱུང་ངོ་ཞེས་བྱ་པའི་པར་དུ་གསུངས་པ་ཡིན་ནོ། །སོ་སོར་བཤགས ་པར་བྱ་བ་ནི་གནས་དེར་ཚོགས་པ་ལའོ་ཞེས་བྱ་བ་ནི། ཐམས་ཅད་ལ་ཞེས་བྱ་བར་སྦྱར་ཏེ། གནས་དེར་དགེ་སློང་གང་དག་ཚོགས་པ་དེ་དག་ཐམས་ཅད་འདིར་བསྡུ་བར་རིག་པར་བྱའོ། དགེ་འདུན་ནི་མ་ཡིན་ནོ། །དེ་ལྟར ་ཡང་འདིར་གཞུང་ནི། གནས་ཀྱི་ནང་དུ་སོང་བས་དགེ་སློང་གང་དག་མཐོང་བ་དེ་དག་གི་དྲུང་དུ་ཅི་ནས་ཀྱང་གནས་ཁང་ལ་སོགས་པ་ན་འཁོད་པ་དག་ལ་ཡང་གྲགས་པར་འགྱུར་པ་དེ་ལྟར་ཐོས་པ་དང་བཅས་པར་བརྗོད་པར ་བྱའོ་ཞེས་གསུངས་པ་ཡིན་ནོ། །དེ་ལྟར་བྱས་ན་གལ་ཏེ་ཁ་ཅིག་ལ་གཏིང་ལོག་པ་དང་བྲེལ་བ་ལ་སོགས་པའི་དབང་གིས་གྲགས་པར་མ་གྱུར་ན་ཡང་ཉེས་པ་མེད་དོ། །འདིར་གནས་ཀྱི་གཞི་སྨོས་པ་ནི་འདུ་བའི་གནས་ཀྱི་དཔེ་ཡིན་ཏེ། ་ཕྱོགས་གང་དུ་དགེ་སློང་དག་འདུ་བ་དེར་ཅི་ནས་ཀྱང་དགེ་ཚུལ་ལ་སོགས་པ་ཐོས་པར་བྱ་བ་མ་ཡིན་པ་དག་གིས་ཐོས་པར་མི་འགྱུར་བ་ད་ལྟར་བྱའོ། །འདི་ནི་དུས་ཅུང་ཞིག་གནས་པ་ལ་ཡང་ཤེས་པར་བྱའོ། །དེར་འདི་ཇི་ལྟར་རིག་པར་བྱ་བ་ཉིད་ཡིན ་ཞེ་ན། དེའི་ཕྱིར་ཚེ་དང་ལྡན་པ་ངག་བདག་ལ་སྨིད?་པའི་གནས་སུ་གྱུར་པ་མི་རིགས་པ་སོ་སོར་བཤགས་པར་བྱ་བ་བྱུང་གི་ཆོས་དེ་སོ་སོར་འཆགས་སོ་ཞེས་བྱ་བ་སྨྲས་ཏེ། སྤྱད་པ་དེ་ངེས་པར་སྨད་པ་ཉིད་དང་ཟས་ལ་གདུ་བ་ཉིད་ཡིན་པའི ་ཕྱིར་སཅང?་པ་ཡིན་ཏེ། འདི་ལྟར་ཟང་ཟིང་མེད་བའི་ཆོས་བསྒྲུབ་པའི་ཕྱིར་ཞུགས་པ་རྣམས་སྤང་པའི་གནས་དེ་ཉིད་ལ་རྒྱུག་པ་ནི་སྒྲུབ་པ་པ་ལ་མི་རིགས་པ་ཡིན་ནོ། །འདི་ནི་སྨྲ་སྔགས་འདོན་པའི་རྣམ་པ་བརྗོད་བས་སོ་སོར་བཤགས་པར ་བྱ་བ་ཉིད་དུ་གསུངས་པ་ཡིན་གྱི་བཤགས་པ་ནི་མ་ཡིན་ནོ། །བཤགས་པ་ནི་ཇི་ལྟར་ལྟུང་བྱེད་ཀྱི་ལྟུང་བས་གཅིག་གི་མདུན་དུ་བཤགས་པར་བྱ་བར་གསུངས་པ་དང་འདྲའོ། །དེ་ནི་སྔགས་དང་འདྲ་བ་མ་ཡིན་ནོ་ཞེས་བྱ་བ་ནི། རིག ་པར་བྱ་བ་ད་ནི་རང་གི་དོན་དུ་སྔགས་ལན་གསུམ་བརྗོད་པ་དང་འདབ?་མ་ཡིན་ཏེ། ལན་ཅིག་བརྗོད་པས་ཆོག་གོ་།སྔགས་ནི་དགེ་སློང་གཞན་གང་ལ་ལན་གསུམ་བརྗོད་པར་བྱ་བ་དེའི་མདུན་དུ་ཙོག་པུར་འདུག་སྟེ་ཐལ་མོ་སྦྱར་བར་བྱ་བ ་ཡིན་ནོ། །ཡིད་ཀྱི་དེ་ལས་ན་བསྡམ་པ་བྱས་ན་ལྡང་ངོ་ཞེས་བྱ་བ་ནི། ཡིད་ཀྱི་ཉེས་བྱས་བསྡམ་པར་བྱ་པ་དོན་གྱི་ཕྱིར་གཞན་ཤི་བར་འདོད་པ་ཞེས་བྱ་བ་ལ་སོགས་པ་དེ་ལས་ནི་ཡང་མི་བྱའོ་སྙམ་དུ་བསམ་པ་ལས་ཕྱིར་བཟློག་པའི ་བསམ་པ་བྱས་ན་ལྟུང་བ་ལས་ལྡང?་བར་འགྱུར་རོ། །གཞན་ལས་ནི་དེ་དང་བཅགས་པའི་བཤགས་པའོ་ཞེས་བྱ་བ་ནི། ཡིད་ཀྱིས་ལྟུང་བ་དེ་ལས་གཞན་པ་བཤགས་པར་བྱ་བའི་ལྟུང་བ་ལས་ནི་བསྡམས་བར་བྱ་བ་དེ་དང་བཅས ་པའི་བཤགས་པ་བྱས་ན་ལྡང་བ་སྟེ་དག་པ་དང་མ་དག་པ་དག་ནི་བསམ་པའི་གཞི་ལས་བྱུང་བ་ཡིན་པས་བསྡམ་པར་བྱ་བ་མེད་ན་བཤགས་པས་ཅིར་ཡང་མི་འགྱུར་རོ། །འདིར་གཞུང་ནི་ཕྱིན་ཆང་སྡོམ་མམ? ་བསྡོམ་མོ་ཞེས་གསུངས་པ་ཡིན་ནོ། །ཚིག་ཏུ་བརྗོད་པ་ནི་སེམས་བཟློག་པ་སྔོན་དུ་བཏང་བ་ཡིན་གྱི། གཞན་དུ་ན་རྫུན་དུ་སྨྲ་བ་ཁོ་ནར་འགྱུར་རོ། །དེ་ལྟར་ཡང་བསམ་པས་ལྟུང་བ་ལས་ལྡང་བར་སྨའི། ཆད་པའི་ལས་ཀྱིས་ནི་མ ་ཡིན་ནོ་ཞེས་གསུངས་པ་ཡིན་ནོ། །གང་ལ་བཤགས་པར་བྱ་ཞེ་ན་དེའི་ཕྱིར། དེ་གཅིག་པུ་ལྟ་བ་ཐ་མི་དད་པ་ལའོ་ཞེས་བྱ་བ་སྨྲས་ཏེ། དེ་ཞེས་བྱ་བའི་སྒྲས་ནི་རང་བཞིན་དུ་གནས་པ་ཞེས་བྱ་བ་ལ་སོགས་པ་སྔར་བསྟན་པའི་བྱེ་བྲག ་དང་ལྡན་པའི་ལྟ་བ་ཐ་མི་དད་པ་བསྟན་ཏོ། །གཅིག་པུ་ཞེས་སྨོས་པའི་སྒྲས་ནི་མང་པོ་དག་བསལ་ཏེ། འདི་ལྟར་གང་ཟག་གཅིག་ལ་བཤགས་པར་འགྲུབ་པ་བསྟན་ཏོ། །དེ་ལྟ་བས་ན་རང་བཞིན་དུ་གནས་པ་བསྙེན་པར་རྫོགས་པ་དང ་བཅས་པ་མཚན་མཐུན་པར་ལྟ་བ་ཐ་མི་དད་པ་ཞེས་གང་གསུངས་པ་དེ་ལྟ་བུ་གཅིག་ལ་བཤགས་པར་བྱའོ། །ཅི་ཐམས་ཅད་ལ་འམ་ཞེ་ན་དེའི་ཕྱིར་ཁ་ན་མ་ཐོ་བ་མི་མཐུན་པ་ལའོ་ཞེས་བྱ་བ་སྨྲས་ཏེ། ལྟུང་བ་མི་འདྲ་བ་ལ་ཞེས ་བྱ་བའི་ཐ་ཚིག་གོ་།ཇི་ལྟར་ཁ་ན་མ་ཐོ་བ་མི་མཐུན་པ་ཉིད་ཡིན་ཞེ་ན་དེའི་ཕྱིར་སྡེ་ཆེན་ལས་སོ་ཞེས་བྱ་བ་སྨྲས་ཏེ། གང་གི་མདུན་དུ་བཤགས་པར་བྱ་བ་དེ་དང་གལ་ཏེ་ལྟུང་བའི་སྡེ་ཚན་ལས་མི་མཐུན་པ་ཡིན་ན་དེ་ལ་བཤགས་སུ ་རུང་ངོ། །འདིར་གཞུང་ནི་གླེང་གཞི་དག་ལས་བཙུན་པ་རིགS་མཐུན་བ་ཞེས་ཀྱང་གྱི། ལྟུང་བ་རིས་མི་མཐུན་པ་ཞེས་ཀྱང་བགྱི་ན། བཙུན་པ་ལྟུང་བ་རིས་མཐུན་པ་ནི་གང་ལགས། ལྟུང་བ་རིས་མི་མཐུན་པ་ནི་གང་ལགས། ཉེ་བར་འཁོར ་ཕྲུམ?་པར་འགྱུར?་བ་གང་ཡིན་པ?་ནི་ཕམ་པར་འགྱུར་བ་དང་རིས་མཐུན་པ་ཡིན་ལ། དེ་ལས་གཞན་པ་དག་དང་རིས་མི་མཐུན་པ་ཡིན་ནོ། །དགེ་འདུན་ལྷག་མ་ནི་དགེ་འདུན་ལྷག་མ་དང་ངོ། །ལྟུང་བྱེད་ནི་ལྟུང་བྱེད་དང་ངོ། །སོ་སོར ་བཤགས?་པ་ན?་སོ་སོར་བཤགས་པ་དང་ངོ། །ཉེས་བྱས་ནི་ཉེས་བྱས་དང་ངོ་ཞེས་གསུངས་པ་ཡིན་ནོ། །འདིས་ཉེས་བྱས་རང་དབང་ཅན་ངག་བསྡུས་པར་རིག་པར་བྱ་སྟེ། ལྟུང་བ་གཞན་དང་འབྲེལ་བའི་ཉེས་བྱས་གང་ཡིན་པ་དེའི་ལྟུང་བ ་དེ་བཤགས་པ་ཉིད་གྱིས་དེ་ཡང་བཤགས་བ་བྱས་པར་འགྱུར་རོ། །ཅི་དེ་འདའ་བར་མི་བྱ་བ་ཡིན་ནམ་ཞེ་ན་དེའི་ཕྱིར་མེད་ན་ལྟུང་བ་ལས་སོ་ཞེས་བྱ་བ་སྨྲས་ཏེ། གང་གི་མདུན་དུ་བཤགས་པར་བྱ་བ་སྡེ་ཚན་ལས་ཁ་ན་མ་ཐོ་བ་མི་མཐུན་པ ་མེད་ན་ལྟུང་བ་ལས་ཁ་ན་མ་ཐོ་བའི་མཐུན་པའི་མདུན་དུ་བཤགས་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ་།འདིར་གཞུང་ནི་སི་པ་བུ་དག་ལས་བཙུན་པ་ལྟུང་བ་མཐུན་པས་ལྟུང་བ་མཐུན་པའི་མདུན་ན་ལྟུང་བ་བཤགས་སུ་རུང་ངམ་ཉེ་བར ་འཁོར་མི་རུང་ངོ། །རྐྱེན་དེ་ལྟ་བུ་དག་ཡོད་ན་རིགས་མ་མཐུན་པར་བྱས་ཏེ་རུང་ངོ་ཞེས་གསུངས་པ་ཡིན་ནོ། །སྤོང་བ་ལས་ནི་སྤངས་པ་དང་བྲལ་བསྔོན?་དུ་བཏང་བ་ལས་སོ་ཞེས་བྱ་བས་ནི། སྡང་བའི་ལྟུང་བྱེད་ལས་ནི་རྫས་དེ་སྤངས ་པ་དང་སྤངས་པ་དེ་དང་ཞག་གཅིག་བྲལ་བར་བྱ་བ་དེ་གཉིས་སྔོན་དུ་བཏང་སྟེ་བཤགས་ན་ལྡང་པར་འགྱུར་རོ། །ཞག་དེ་ལ་ཆོས་གོས་གཞན་བྱིན་གྱིས་བརླབ་པར། བྱིན་གྱིས་བརླབ་ཏུ་རུང་བའི་ཆོས་གོས་མེད་པར་གནས་པར་བྱའོ། ། ་ཆོས་གེས?་གཞན་བྱིན་གྱིས་བརླབ་ན་ནི་བྱིན་གྱིས་བརླབ་ཏུ་རུང་བ་དང་བྲལ་པར་མི་འགྱུར་རོ། །ལྷག་མ་དད་བཅས་པར་གཏོགས་པའི་སྦོམ་པོ་ལྕི་བ་ལས་ནི་དགེ་འདུན་ལྔ་ལ་སོགས་པ་ཐམས་ཅད་ལའོ་ཞེས་བྱ་བ་ནི། ལྷག་མ་དང་བཅས ་པར་གཏོགས་པ་ཞེས་བྱ་བ་ནི། འདིར་ཕྱིར་བཅོས་པའི་ལྷག་མ་དང་བཅས་པ་ཡིན་པའི་ཕྱིར་དགེ་འདུན་ལྷག་མའི་ལྟུང་བ་ཡིན་པར་ཤེས་པར་བྱའོ། །དེར་གཏོགས་པ་དེ་དང་འབྲེལ་པའི་སྦོམ་པོ་ལྕི་བ་ལས ་ནི་མཚམས་དེར་གཏོགས་པའི་དགེ་འདུན་ལྔ་ལ་སོགས་པ་ཐམས་ཅད་ལ་བཤགས་པར་ལྡང་བར་འགྱུར་རོ། །དགེ་འདུན་ལྷག་མར་གཏོགས་པའི་སྦོམ་པོ་ཡང་བ་ལས་ནི་གང་ཟག་གཅིག་ལ་བཤགས་པས་ལྡང་བར་འགྱུར ་རོ། །ལྷག་མ་མེད་པར་གཏོགས་པའི་སྦོམ་པོ་ལྕི་བ་ལས་ནི་མ་བཅད་པ་ལྷག་པ་ལའོ་ཞེས་བྱ་བ་ནི། འདི་ལ་ཕྱིར་བཅོས་པའི་ལྟག་མ་མེད་པའི་ཕྱིར་ལྷག་མ་མེད་པ་སྟེ། ཕམ་པར་འགྱུར་བ་དག་ཡིན་པར་ཤེས་པར་བྱའོ། ། ་དེར་གཏོགས་པ་དེ་དང་འབྲེལ་བའི་སྦོམ་པོ་ལྕི་བ་ལས་ནི་མཚམས་དེར་གཏོགས་པའི་དགེ་འདུན་གནས་ཀྱི་གཞི་དེ་ནས་མཚམས་ཀྱི་ཕྱི་རོལ་ཏུ་མ་བཅད་པ་ལྔ་བས་ལྷག་པ་དྲུག་གི་ཚོགས་ལ་སོགས་པ་ཐམས་ཅད་ལ་བཤགས ་པས་ལྡང་བར་འགྱུར་རོ། །དེས་ན་དགེ་སློང་ཉུང་བའི་གནས་སུ་ནི་གནས་གཞན་ནས་དགེ་སློང་རྙེད་དེ་དགེ་འདུན་དྲུག་གི་ཚོགས་སུ་ཚང་བ་ཡན་ཆད་ལ་བཤགས་པར་བྱའི། དེར་དགེ་འདུན་གཞན་བཞག་སྟེ་དྲུག་གི་ཚོགས་ལ་སོགས ་པ་ལོགས་ཤིག་ཏུ་བཅད་པ་ལ་བཤགས་པར་མི་བྱའོ། །ཡང་བ་དེ་ལས་ནི་བཞི་ལ་སོགས་པ་ལའོ་ཞེས་བྱ་བ་ནི། ལྷག་མ་མེད་པར་གཏོགས་པའི་སྦོམ་པོ་ཡང་བདེ་ལས་ནི་མཚམས་དེར་གཏོགས་པའི་དགེ་འདུན་མ་བཅད་པ ་བཞི་ལ་སོགས་པ་ཐམས་ཅད་ལ་བཤགས་པས་ལྡང་བར་འགྱུར་རོ། །སྦོམ་པོ་ལྕི་བ་དང་ཡང་བ་ཇི་ལྟར་ཤེས་པར་བྱ་ཞེ་ན། ཁ་ན་མ་ཐོབ་མང་བ་ནི་ལྕི་བ་ཡིན་ལ། ཁ་ན་མ་ཐོ་བ་ཉུང་བ་ནི་ཡང་བ་ཡིན་ཏེ་ཁ་ན་མ་ཐོ་བ་མང་བ ་དང་ཉུང་བ་ཉིད་ནི་ཡུལ་དང་བསམ་པ་ཤས་ཆེ་བ་དང་ཤས་ཆུང་བ་གཉིས་ལས་ཤེས་པར་བྱ་སྟེ། །དཔེར་ན་འཛག་སྣོད་དུ་ཁུ་བ་ཕྱུང་བ་ནི་ཡང་བ་ཡིན་ལ། དེ་བཞིན་དུ་རྩ་དང་ཕུབ་མ་ལ་སོགས་པ་རྐུ་བ་ཡང་ཡང་བ་ཡིན། ལུས་སུ ་མི་རུང་བའི་ཡན་ལག་གི་རྣམ་པ་མཉེད་པ་ལ་སོགས་པ་ཡང་ཡང་བ་ཡིན་ནོ། །བསྟན་པར་བྱ་བ་མཐུ་མེད་པར་ཁུ་བ་འབྱིན་པ་ནི་ལྕི་བ་ཡིན་ལ། དེ་བཞིན་དུ་ཡན་ལག་མ་ཚང་བའི་རྫས་མང་པོ་རྐུ་བ་ཡང་ལྕི་བ་ཡིན། ལས་སུ ་རུང་བའི་ཡན་ལག་གི་རྣམ་པ་རྩོལ་བ་ལ་སོགས་པ་ཡང་ལྕི་བ་ཡིན་ནོ། །འདིར་གཞུང་ནི་འདུལ་བྱེད་དག་ལས། སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཉེ་བར་འཁོར་གྱིས་ཞུས་པ། བཙུན་བ་ཉེས་པ་སྦོམ་པོ་ཇི ་ལྟར་བཤགས་པར་བགྱི། ཉེ་བར་འཁོར་ཉེས་པ་སྦོམ་པོ་ནི་བཞི་པོ་འདི་དག་ཡིན་ཏེ། ཕམ་པར་འགྱུར་བས་ཀུན་ནས་བསླང་བ་ལྕི་བ་དང། ཕམ་པར་འགྱུར་བས་ཀུན་ནས་བསླད་བ་ཡང་བ་དང། དགེ་འདུན་ལྷག་མས་ཀུན་ནས ་བསླད་བ་ལྕི་བ་དང། དགེ་འདུན་ལྷག་མས་ཀུན་ནས་བསླང་བ་ཡང་བའོ། །ཉེ་བར་འཁོར་དེ་ལ་ཕམ་པར་འགྱུར་བས་ཀུན་ནས་བསླང་བའི་ཉེས་པ་སྦོམ་པོ་ལྕི་བ་གང་ཡིན་པ་དེ་ནི་མཚམས་ཀྱི་ནང་དུ་དགེ་འདུན་ཐམས་ཅད་ཀྱི་མདུན་དུ ་བཤགས་པར་བྱའོ། །ཕམ་བར་འགྱུར་བས་ཀུན་ནས་བསླང་བའི་ཉེས་པ་སྦོམ་པོ་ཡང་པ་གང་ཡིན་པ་དེ་ནི་མཚམས་ཀྱི་ཕྱི་རོལ་ཏུ་དགེ་སློང་བཞིའི་མདུན་དུ་བཤགས་པར་བྱའོ། །དེ་ལ་དགེ་འདུན་ལྷག་མས་ཀུན་ནས་བསླང་བའི་ཉེས་པ ་སྦོམ་པོ་ལྕི་བ་གང་ཡིན་པ་དེ་ནི་མཚམས་ཀྱི་ཕྱི་རོལ་ཏུ་དགེ་སློང་ལྔའི་མདུན་དུ་བཤགས་པར་བྱའོ། །དགེ་འདུན་ལྷག་མས་ཀུན་ནས་བསླང་བའི་ཉེས་པ་སྦོམ་པོ་ཡང་བ་གང་ཡིན་པ་དེ་ནི་མཚམས་ཀྱི་ནང་དུ་དགེ་སློང་གཅིག་གི་མདུན་དུ ་བཤགས་པར་བྱའོ་ཞེས་གསུངས་པ་ཡིན་ནོ། །མཐར་དེ་ལ་བརྩལ་པ་རྐྱེན་མ་འབྱོར་པ་ཉིད་ན་ལས་བྱས་པ་དང་འདྲའོ་ཞེས་བྱ་བ་ལ། མཐར་ཞེས་བྱ་བ་ནི། འཆི་བའི་སྲིད་པའི་གནས་སྐབས་ཀྱི་འཆི་བའི ་སྐད་ཐ་མར་རོ། །དེ་ལ་ཞེས་བྱ་བ་ནི་ཕྱིར་བཅོས་པ་ལའོ། །བརྩལ་བ་ཞེས་བྱ་བ་ནི། དེའི་ཕྱིར་ལུས་དང་ངག་དག་གིས་བརྩལ་བ་བརྩམས་པའོ། །རྐྱེན་མ་འབྱོར་པ་ཉིད་ན་ཞེས་བྱ་བ་ནི་བཤགས་པའི་རྐྱེན་མ་འབྱོར་པ་ཉིད་ན་སྟེ། ་དེའི་ཚེ་ན་ཕྱིར་བཅོས་པའི་ལས་དེ་བྱས་པ་དང་འདྲ་བར་རིག་པར་བྱའོ། །འདིར་གཞུང་ནི་དགེ་སློང་ཞིག་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ནས་དེ་ངོ་ཚ་དང་བཅས་པས་ཡུལ་གཞན་དུ་ཕྱིར་བཅོས་པར་བྱའོ་སྙམ་པའི་བསམ་པས ་དེས་ཡུལ་གཞན་དུ་སོང་བའི་སྐབས་སུ་སྟག་གིས་སྲོག་དང་ཕྲལ་བར་གྱུར་པ་ན། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་དེ་ནི་ལྟུང་བ་དེ་ལས་ལངས་པ་ཡིན་ཏེ། ད་ནི་བསམ་པས་ལྟུང་བ་ལས་ལྡང་བར ་སྨྲའི། ཆད་པའི་ལས་ཀྱིས་ནི་མ་ཡིན་ནོ་ཞེས་བྱ་བའི་བང་དུ་གསུངས་པ་ཡིན་ནོ། །འདི་ལྟར་དགེ་འདུན་ལྷག་མའི་སྐབས་སུ་དེ་སྐད་གསུངས་མོད་ཀྱི། ལྟུང་བ་ཐམས་ཅད་བཤགས་པ་ལ་ཡང་རུང་བའི་ཕྱིར་སྦྱིར་མདོར ་བྱས་སོ། །སྨྱོས་པས་བྱས་པ་དེས་ཕྱིར་སངས་པ་ནི་འདུ་ཤེས་པ་ནི་ཉེས་བྱེད་དང་འདྲ་བ་ཉིད་དོ་ཞེས་བྱ་བ་ནི། སྨྱོས་པ་ལ་སོགས་པས་རང་བཞིན་ལས་ཉམས་པའི་གནས་སྐབས་སུ་ཁ་ན་མ་ཐོབ་གང་བྱས་པ་ངེས་ཕྱིར་སངས ་ཤིང་དྲན་པ་རྙེད་པ་ན་བདག་གིས་དེ་ལྟ་བུ་ཞིག་བྱས་སོ་སྙམ་དུ་འདུ་ཤེས་པ་ན་ཉེས་བྱེད་དང་འདྲ་བ་ཉིད་ཡིན་ཏེ། ཉེས་བྱེད་ཅེས་བྱ་བ་ནི་ཉེས་པ་བྱེད་པས་ཉེས་བྱེད་དེ་ཉེས་བྱས་ལ་བྱའོ། །དེ་དང་འདྲ་བ་ཉིད་ཅེས་བྱ་བ་ནི་གང་ཟག ་གཅིག་གི་མདུན་དུ་བཤགས་པར་བྱ་པའི་སྒོ་ནས་འདྲ་བ་སྟེ། བཤགས་པ་དེ་ཡང་ལོག་པ་བརྩལ་བར་བྱ་བའི་ཕྱིར་ཡིན་གྱི། ཕྱིར་བཅོས་པའི་ཕྱིར་ནི་མ་ཡིན་ཏེ། སྨོས་པ་དང་སེམས་འཁྲུགས་པ་དང་ཚོར་བས་ཉེན་པ་དག་ལ་ལྟུང ་བ་མེད་པའི་ཕྱིར་རོ། །མིང་དང་རིགས་དང་ལྡན་པར་བརྗོད་ན་ལྟུང་བ་ལས་སོ་ཞེས་བྱ་བ་ནི་ལྡང་ངོ་ཞེས་བྱ་བར་ཤེས་པར་བྱ་སྟེ། མིང་དང་རིགས་དང་ལྡན་པར་བརྗོད་ན་ལྟུང་བ་ལས་ལྡང་བར་འགྱུར་རོ། །མིང་དང་ལྡན་པ་ཞེས ་བྱ་བ་ནི། ཉེས་པ་སྦོམ་པོ་དང་དགེ་འདུན་ལྷག་མ་དང་སྦད་བའི་ལྟུང་བྱེད་དང་ལྟུང་བྱེད་འབའ་ཞིག་དང། སོ་སོར་བཤགས་པར་བྱ་བ་དང། ཉེས་བྱས་ཤེས་བྱ་བ་དག་གོ། རིགས་དང་ལྡན་བ་ཞེས་བྱ་བ་ནི་མི་ཚངས་པར་སྤྱོད་བས། ་ཀུན་ནས་བསླད་པ་ལ་སོགས་པ་དང། བསམས་བཞིན་དུ་ཁུ་བ་འབྱིན་པས་ཀུན་ནས་བསླང་བ་ལ་སོགས་པ་དང། འཆང་བས་ཀུན་ནས་བསླང་བ་ལ་སོགས་པ་དང། རྫུན་དུ་སྨྲ་བས་ཀུན་ནས་བསླང་བ་ལ་སོགས་པ་དང། ་ཤམ་ཐབས་ཟླུམ་བོར་མ་བགོས་པས་ཀུན་ནས་བསླང་བ་ལ་སོགས་པ་དག་སྟེ། དེ་ལྟར་མིང་དང་རིགས་པ་དང་ལྡན་པར་བརྗོད་པས་ལྟུང་བ་བཤགས་པར་བྱའོ། །བདག་ལ་བརྗོད་པ་ནི་སྔགས་ལས་ཤེས་པར་བྱ་སྟེ། བདག ་དགེ་སློང་མིང་འདི་ཞེས་བགྱི་བ་ལ་ལྟུང་བྱད་བྱུང་སྟེ། རྫུན་དུ་སྨྲ་བས་ཀུན་ནས་བསླང་བ་ལ་སོགས་པ་ཞེས་བྱ་བ་ཡིན་ནོ། །དགེ་འདུན་ལྷག་མ་ལ་ནི་དུས་འདི་སྲིད་ཅིག་བཅབས་པ་ཉིད་དམ་མ་བཅབས་པ་ཉིད་དང་ངོ་ཞེས་བྱ་བ་ནི། ་དགེ་འདུན་ལྷག་མ་ལ་ནི་གཞན་དང་ལྡན་པར་བརྗོད་པར་བྱ་སྟེ། གལ་ཏེ་འཆབ་པ་འཛིན་པར་བྱེད་ན་ནི་དུས་ཇི་སྲིད་འཆབ་པར་བྱེད་པ་ཞག་གཅིག་བཅབས་པ་འམ་ཞག་གཉིས་བཅབས་པ་ལ་སོགས་པ་དེ་དང་བརྗོད་པར་བྱའོ། ། ་གལ་ཏེ་འཆབ་པ་འཛིན་པར་མི་བྱེད་ན་ནི་མ་བཅབས་པ་ཉིད་དང་བརྗོད་པར་བྱའོ། །དེ་ལས་བསླང་བར་བྱེད་པ་ནི་དབྱུང་བའོ་ཞེས་བྱ་བ་ནི། དགེ་འདུན་ལྷག་མ་དེ་ལས་བསླང་བར་བྱེད་པའི་མིང་ནི་འབྱུང་བ་ཞེས་བྱ་སྟེ། ་ལྟུང་བ་ལས་དབྱུང་བ་ཞེས་བྱ་བའི་ཐ་ཚིག་གོ་།དབྱུང་བ་གང་ཞེ་ན། དེའི་ཕྱིར་དགེ་འདུན་ལས་ཞག་དྲུག་མགུ་བར་བྱ་བ་མནོས་ཏེ་སྤྱད་པ་ལའོ་ཞེས་བྱ་བ་སྨྲས་ཏེ། ལྟུང་བ་འབྱིན་པ་གང་གིས་དགེ་འདུན་ལས་ཞིག་དྲུག་མགུ་བར་བྱ་བ་མནོས ་ཏེ་སྤྱད་བ་དེ་ལྟུང་བ་དེ་ལས་སློང་བར་བྱེད་པ་གང་ཡིན་པ་དེ་ནི་དབྱུང་བ་ཡིན་ནོ། །འདི་སྐད་བསྟན་ཏེ། ཇི་སྲིད་དུ་ཞག་དྲུག་མགུ་བར་བྱ་བ་མ་སྤྱད་པ་དེ་དེ་སྲིད་དུ་འབྱུང་བ་མི་སྲིད་དོ། །དགེ་སློང་མས་ནི་ཟླ་བ་ཕྱེད་དོ་ཞེས་བྱ་བ་ནི། དགེ ་སློང་མས་ནི་གཉི་གའི་དགེ་འདུན་ལས་ཟླ་བ་ཕྱེད་མགུ་བར་བྱ་བ་དེ་མནོས་ཏེ་སྤྱད་པར་བྱ་བ་ཉིད་ཡིན་ནོ། །ཡིད་མགུ་བའི་དངོས་པོ་ནི་མགུ་བར་བྱ་བའོ། །འདི་སྐད་བསྟན་ཏེ། དགེ་སློང་མས་ནི་དགེ་འདུན་ལྷག་མ་འབའ་ཞིག་ལ ་གཉི་གའི་དགེ་འདུན་ལས་ཟླ་བ་ཕྱེད་མགུ་བར་བྱ་བ་མནོས་ཏེ་སྤྱད་པར་བྱ་བར་མ་ཟད་ཀྱི། ལྕི་བའི་ཆོས་ལས་འདས་ན་ཡང་གཉི་གའི་དགེ་འདུན་ལས་ཟླ་བ་ཕྱེད་མགུ་བར་བྱ་བ་མནོས་ཏེ་སྤྱད་པར་བྱའོ། །བཅབས་པའོ་ཉེས་པ་མེད ་ན་དེ་འཆགས་སོ་ཞེས་བྱ་བ་ནི། གལ་ཏེ་དགེ་འདུན་ལྷག་མའི་ལྟུང་བ་བཅབས་པའི་ཉེས་པ་མེད་ན་དེའི་ཚེ་མགུ་བར་བྱ་བ་དེ་འཆགས་སོའོ། །སྤོ་བས་དེ་མེད་པར་འགྱུར་རོ་ཞེས་བྱ་བ་ནི། སྤོ་བ་ཞེས་བྱ་བ་ནི། ཇི་སྲིད་བཅབས ་པའི་དུས་དེ་སྲིད་དུ་ཆད་པའི་ལས་ཀྱིས་ཀུན་ཏུ་གནས་པ་དེས་བཅབས་པའི་ཉེས་པ་དེ་འབྱུང་ཞིང་མེད་པར་འགྱུར་བ་སྟེ། ཇི་སྲིད་དུ་བཅབས་པའི་ཉེས་པ་མེད་པར་མ་བྱས་པ་དེ་སྲིད་དུ་མགུ་བར་བྱ་བ་མི་འཆགས་སོ། །བྱས་ན་ནི ་མི་འཆགས་སོ། །དེའི་རྗེས་སུ་འབྲངས་བས་ལྟུང་བ་གཞན་དག་ལ་ཡང་སྔར་བཅབས་པའི་ཉེས་པ་ཕྱིར་བཅོས་པར་བྱ་ཞིང་ཕྱིས་ལྟུང་བ་ཕྱིར་བཅོས་པར་བྱ་བར་ཤེས་པར་བྱའོ། སྤོ་བ་ཇི་ལྟ་བུ་ཞེ་ན། དེའི་ཕྱིར་དགེ་འདུན་ལས་དུས་དེ ་སྲིད་མནོས་ཏེའོ་ཞེས་བྱ་བ་སྨྲས་ཏེ། ལྟུང་བ་འབྱིན་པར་བྱེད་པ་དེས་དུས་ཇི་སྲིད་དུ་བཅབས་པའི་དུས་དེ་སྲིད་དུ་སྤོ་བ་དགེ་འདུན་ལས་མནོས་ཏེའོ། །དེ་གཉིས་བྱེད་པ་ཉིད་ན་དགེ་འདུན་ལྷག་མ་དེ་བྱུང་ན་མནོས་ཏེ་བྱས་པ་དེ་གཉིས ་ཞིག་པས་དེའི་ཕྱིར་གཞི་ནས་བརྩམས་པ་ཉིད་སྦྱིན་ནོ་ཞེས་བྱ་བ་ནི། དགེ་འདུན་ལྷག་མ་དེ་ཕྱིར་བཅོས་པའི་ཕྱིར་སྤོ་བ་དང་མགུ་བར་བྱ་བ་དེ་གཉིས་བྱེད་པ་ཉིད་ན་དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་སྔ་མ་དང་འདྲ་བ་རིགས་མཐུན་པ ་ཡང་བྱུང་ན། སྤོ་བ་ལ་གནས་པ་མནོས་པ་དང་མགུ་བར་བྱ་བ་སྤྱད་བ་མནོས་ཏེ་བྱས་པ་དེ་གཉིས་ཉམས་པ་ཡིན་ནོ། །དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་སྔ་མ་དང་མི་འདྲ་བ་བྱུང་བས་ནི་མི་ཉམས་སོ། །གང་གི་ཕྱིར་དགེ་འདུན ་ལྷག་མའི་ལྟུང་བ་སྔ་མ་དང་འདྲ་བ་བྱུང་ན་སྤོབ་དང་མགུ་བར་བྱ་བ་མནོས་ཤིང་བྱས་པ་དེ་གཉིས་ཉམས་པ་དེའི་ཕྱིར་གཞི་ནས་བརྩམ་པ་ཉིད་སྦྱིན་པར་བྱ་སྟེ། དགེ་སློང་དེ་ལ་ཡང་གཞི་ནས་བརྩམས་ཏེ་སྤོ་པ་དང། མགུ་པར་བྱ་བ ་གཉིས་སྦྱིན་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ་།བརྩམས་པ་ནི་མཐར་ཐུག་པར་བྱ་བ་དང་འདྲའོ་ཞེས་བྱ་བ་ནི། སྤོབ་དང་གཞི་ནས་སྤོ་བ་དང་ཡང་གཞི་ནས་བསླང་སྟེ་སྤོ་བ་དང། མགུ་བར་བྱ་བ་དང། གཞི་ནས་མགུ་བར་བྱ་བ་དང། ཡང ་གཞི་ནས་བསླང་སྟེ་མགུ་བར་བྱ་བ་བརྩམས་པ་གང་ལ་དགེ་འདུན་ལྷག་མའི་ལྟུང་བ་རིགས་མཐུན་པ་བྱུང་ན། དེའི་ཚེ་སྤོ་པ་ལ་སོགས་པ་བརྩམས་པ་དེ་ནི་མཐར་ཐུག་པར་བྱ་བ་དང་འདྲ་སྟེ། མཐར་ཕྱིན་པར་བྱ་བ་དང་འདྲ་ཞིང་ཡོངས་སུ ་རྫོགས?་པར་བྱ་བ་དང་འདྲ་བར་བལྟ་བར་བྱ་སྟེ། ཡོངས་སུ་མི་གཏོང་ངོ་ཞེས་བྱ་བའི་ཐ་ཚིག་གོ་།དེའི་ཕྱིར་དེ?་མཆགས་ན་དེའི་ཚེ་དང་པོ་ཡང་ཐ་དད་པར་བསླང་བར་བྱ་བ་ཉིད་དོ་ཞེས་བྱ་བ་ནི། གང་གི་ཕྱིར ་བརྩམས་པ་ནི་མཐར་ཐུག་པ་དང་འདྲ་བ་དེའི་ཕྱིར་སྤོ་བ་ལ་སོགས་པ་སྔར་བྱིན་པ་གང་ཡིན་པ་དེ་དགེ་འདུན་མ་ཚང་བ་ལ་སོགས་པའི་ཉེས་པས་མཆགས་ཤིང། དེ་མ་ཆགས་པའི་གནས་སྐབས་སུ་དགེ་འདུན་ལྷག་མའི་ལྟུང ་བ་ལྟུང་བ་སྔ་མ་དང་འདྲ་བ་རིགས་མཐུན་པ་བྱུང་ན་དེའི་ཚེ་དང་པོ་ཡང་དཔེར་ན་ལྟུང་བ་བར་མ་མ་བྱུང་ཡང་སྤོ་བ་དང་མགུ་བར་བྱ་བ་སྦྱིན་པར་བྱ་དགོས་པས་དེ་བཞིན་དུ་སྤོ་བ་དང་མགུ་བར་བྱ་བ་ཐ་དད་པར་གཞི་ནས་བསླངས ་ཏེ་སྦྱིན་པར་བྱ་བ་ཉིད་ཡིན་ནོ། །ལྟུང་བ་བར་མ་ཕྱིར་བཅོས་པའི་ཕྱིར་གཞི་ནས་སྤོ་བ་ཉིད་ཀྱིས་དང་པོའི་གཞི་ནས་བསླང་སྟེ། སྤོ་བ་དང་མགུ་བར་བྱ་བ་སྦྱིན་པ་ལྟ་བུར་ནི་མི་བྱའོ། །འདི་སྐད་བསྟན་ཏེ། གང་གི་ཚེ་སྤོ ་པ་སྔ་མ་མཆགས་པ་དེའི་ཚེ་དགེ་འདུན་ལྷག་མའི་ལྟུང་བ་རིགས་མཐུན་པ་བྱུང་ན། སྤོ་བ་སྦྱིན་པར་བྱའི། གཞི་ནས་སྤོ་བ་སྦྱིན་པར་ནི་མི་བྱའོ། །གང་གི་ཚེ་གཞི་ནས་སྤོ་བ་བྱིན་པ་མ་ཆགས་ན་དེའི་ཚེ་གཞི་ནས་སྤོ ་བ་དེ་ཉིད་གཟོད་སྦྱིན་པར་བྱའོ། ཡང་གཞི་ནས་བསླང་སྟེ་སྦོ་བ་སྦྱིན་པར་ནི་མི་བྱའོ། །གང་གི་ཚེ་ཡང་གཞི་ནས་བསླང་སྟེ་སྤོ་བ་སྦྱིན་པ་མ་ཆགས་ན། དེའི་ཚེ་ཡང་གཞི་ནས་བསླང་སྟེ་སྤོ་བ་དེ་ཉིད་གཟོད་སྦྱིན་པར་བྱའི། ་མགུ་བར་བྱ་བ་སྦྱིན་པར་ནི་མི་བྱའོ། །དེ་ལྟར་ན་འདིར་ཚིག་གི་དོན་འདི་འབྱུང་སྟེ། གལ་ཏེ་དགེ་སློང་གིས་སྤོ་བ་ལ་སོགས་པ་བླངས་པ་ལ་རྐྱེན་གཞན་གང་ཡང་རུང་བས་སྤོ་བ་དེ་མ་ཆགས་པར་དེའི་སྐབས་སུ་དགེ་འདུན་ལྷག ་མའི་ལྟུང་བ་ལྟུང་པ་སྔ་མ་དང་འདྲ་བ་ཡང་བྱུང་ན་དེའི་ཚེ་དེ་ལ་ཡང་སྤོ་བ་ཉིད་སྦྱིན་པར་བྱའི། གཞི་ནས་སྤོ་བ་སྦྱིན་པར་ནི་མི་བྱ་སྟེ། སྤོ་བ་སྔ་མ་ཤོས་མ་ཆགས་པའི་ཕྱིར་རོ། །བར་མ་དེ་ཉིད་ཕྱིར་བཅོས་པར་བྱའོ་ཞེས་བྱ་བ་ནི། །སྤོ་བ ་སྔ་མ་ཤོས་མ་ཆགས་བའི་སྐབས་སུ་དགེ་འདུན་ལྷག་མའི་ལྟུང་བ་བར་མ་ལྟུང་བ་སྔ་མ་དང་འདྲ་བ་བྱུང་བ་དེ་ཡལ་བར་མི་འདོར་བར་ཕྱིར་བཅོས་པར་བྱ་བ་ཉིད་ཡིན་པའོ། །དེའི་ཕྱིར་དེའི་དོན་དུ་ཡང་བརྟེན་པར་བྱ་བ་ཉིད་ཡིན་ནོ་ཞེས་བྱ ་པ་ནི། གང་གི་ཕྱིར་བར་མ་དེ་ཕྱིར་བཅོས་པར་བྱ་བ་དེའི་ཕྱིར་གཞི་ནས་བརྩམས་པ་གང་གི་ཚེ་ཡོངས་སུ་གནས་པ་ལ་སོགས་པ་མ་ཆགས་པ་ལེན་པར་བྱེད་པ་དེའི་ཚེ་ལྟུང་བ་ཕྱིས་བྱུང་བ་དེ་ཕྱིར་བཅོས་པ་དེའི་དོན་དུ་ཡང་སྔར་བྱུང་བ་ཡང ་སླར་བླང་བར་བྱ་སྟེ་ལྟུང་བ་དེ་དག་ཐམས་ཅད་ཀྱི་ཡུལ་དུ་གྱུར་པ་ཕྱིར་བཅོས་པའི་ཕྱིར་སེམས་བསྐྱེད་དེ་རྒྱུད་དང་འདྲ་བའི་ཚུལ་གྱིས་ཚིག་གཅིག་ཁོ་ནས་སྦོ་པ་ལ་སོགས་པ་བླང་བར་བྱའོ། །དཔེར་ན་རྒྱུད་ལན་ཅིག་བརྐྱང་བས་རྒྱུད་ལ ་སྐད་དང་སྦྱང་བ་ལ་སོགས་པའི་བྱ་བ་དུ་མ་ཅིག་ཅར་བྱེད་པ་དེ་བཞིན་དུ། ལྟུང་བ་ཐམས་ཅད་ཕྱིར་བཅོས་པའི་ལན་ཅིག་ཁོ་ནར་སྤོ་བ་ལ་སོགས་པ་སླང་བར་བྱའོ། །འདི་སྐད་བསྟན་ཏེ། ལྟུང་བ་སྔ་མ་ཕྱིར་བཅོས་པར་བྱ་བའི་ཕྱིར ་སྤོ་བ་ལ་སོགས་པ་ལེན་པ་གང་ཡིན་པ་དེ་ནི་ལྟུང་བ་ཕྱི་མ་དག་ཕྱིར་བཅོས་པར་བྱ་བ་ཉིད་ཀྱི་ཕྱིར་ཡང་བརྟེན་པར་བྱ་བ་ཉིད་ཡིན་པས་ལྟུང་བ་ཕྱི་མ་དགྲ་གི་མིང་ཡང་དེར་བརྗོད་པར་བྱའོ། །དེ་བཅབས་པའི་དུས་ལྷག་བ་ཡང་དེ ་གཞུག་པ་ཉིད་དོ་ཞེས་བྱ་བ་ནི། ལྟུང་བ་ཕྱིས་བྱུང་བ་དེ་བཅབས་པའི་དུས་ལྷག་པ་གང་ཡིན་པ་དེ་ཡང་ལྟུང་པ་སྔ་མ་བཅབས་པའི་དུས་དེ་ཉིད་དུ་གཞུག་ཅིང་འགྲང་བར་བྱ་བ་ཉིད་ཡིན་ནོ། །རྣམ་པ་གང་གིས་གཞུག་པར་བྱ་ཞེ་ན། ་དེའི་ཕྱིར་གཞི་ནས་སྤོ་པའམ་ཡང་གཞི་ནས་བསླང་སྟེ་ཡོངས་སུ་གནས་པའི་དུས་ཇི་ཙམ་ལོན?་བས་སོ། །དེ་ལ་ལྷག་པ་ཞེས་སྨོས་བས་ནི་བཅབས་པའི་དུས་མཉམ་པ་གང་ཡིན་པ་དང། ཉུང་པ་གང་ཡིན་པ? ་དེ་གཉིས་ལྷག་པའི་ནང་དུ་བགྲང་པར་མི་བྱའོ། །དེས་ན་གང་ལ་ལྟུང་བ་སྔ་མ་བཅབས་པའི་དུས་ཟླ་བ་ཕྱེད་ཡོད་ལ། ལྟུང་བ་ཕྱི་མ་བཅབས་པའི་དུས་ཀྱང་ཟླ་བ་ཕྱེད་ཡོད་པ་དེ་ལ་ནི་ཟླ་བ་ཕྱེད་ཁོ་ན་སྤོ་བ་སྦྱིན་པར་བྱའོ། །གང་ལ ་ལྟུང་བ་ཕྱི་མ་བཅབས་པའི་དུས་ཟླ་བ་གཅིག་ཡོད་པ་དེ་ལ་ནི་ཟླ་བ་གཅིག་ཁོ་ན་སྤོ་བ་སྦྱིན་པར་བྱ་སྟེ། དེས་ལྟུང་བ་སྔ་མ་ཕྱེད་བཅབས་པ་དང། ལྟུང་བ་ཕྱི་མ་ཟླ་བ་གཅིག་བཅབས་པའི་ཉེས་པ་གཉི་ག་མེད་པར་འགྱུར་བར ་ཤེས་པར་བྱའོ། །ཇི་ལྟར་ལྟུང་བ་ཕྱི་མ་བཅབས་པའི་དུས་ལྷག་པ་སྲིད་པར་འགྱུར་བ་བརྗོད་པར་བྱ་སྟེ། སྤྱོད་པ་ལ་ཞུགས་པ་མཐར་ཐུག་ནས་ལྟུང་བ་བར་མ་བརྗོད་པ་དང་གཞན་དུ་ཡང་མ་བརྗོད་པས་སོ། །རྣམ་པ ་གཞན་གྱིས་ཀྱང་འདི་ལྟ་སྟེ། སྤོ་པའམ་གཞི་ནས་སྤོ་བར་བྱེད་པས་ལྟུང་པ་རིགས་མཐུན་བ་བྱུང་ནས། འཐབ་ཀྲོལ་བྱེད་པ་འོང་བའི་ཕྱིར་སྤོ་བ་ལ་སོགས་པ་བཏང་སྟེ། ཡང་ཕྱིར་ལེན་པ་ངེས་བཏང་བའི་གནས ་སྐབས་སུ་བཅབས་པའི་དུས་ཆེས་རིང་དུ་སྒྲུབ་པར་བྱེད་པའོ། །མནོས་ཏེའོ་ཞེས་སྨྲས་ན་དགེ་འདུན་གྱིས་སྤོ་བ་དང་མགུ་བར་དེ་གཉིས་སྦྱིན་པར་བྱ་བ་མ་བསྟན་པས་དེ་བརྗོད་པར་བྱ་སྟེ་དེ་གཉིས་ལས་ཀྱིས་སྦྱིན་ནོ་ཞེས་བྱ་བ་ནི། ་དགེ་འདུན་གྱིས་གང་ཟག་ལྟུང་བ་བྱུང་བ་དེ་ལ་ཡོངས་སུ་གནས་པ་དང། མགུ་བར་བྱ་བ་དེ་གཉིས་གསོལ་བ་དང་བཞིའི་ལས་གྱིས་སྦྱིན་པར་བྱ་བའོ། །དེ་ལ་ཡོངས་སུ་གནས་པ་སྦྱིན་པའི་སྔགས་ནི། དགེ་འདུན་བཙུན་པ ་རྣམས་གསན་དུ་གསོལ། དགེ་སློང་འཆང་ཀ་འདི་ལ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ལ། ཟླ་བ་ཕྱེད་བཅབས་ཏེ། དགེ་སློང་འཆར?་ཀ་འདི་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་ཟླ་བ་ཕྱེད་བཅབS ་བ་དེའི་སླད་དུ་དགེ་འདུན་ལས་ཟླ་བ་ཕྱེད་ཡོངས་སུ་གནས་པ་གསོལ་ན། གལ་ཏེ་དགེ་འདུན་གྱིས་དུས་ལ་བབ་ཅིང་བཟོད་ན། དགེ་འདུན་གྱིས་གནང་བར་མཛོད་ཅིག་དང། དགེ་འདུན་གྱིས་དགེ་སློང་འཆར་ཀ་ལ་ཆེ་གེ་མོ་ལས ་བྱུང་པའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ལ་ཟླ་བ་ཕྱེད་བཅབས་པ་དེའི་སླད་དུ་ཟླ་བ་ཕྱེད་ཡོངས་སུ་གནས་པ་སྩོལ་ཏོ། །འདི་ནི་གསོལ་བའོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །མགུ་བར་བྱ་བ་སྦྱིན་པའི་སྔགས་ནི། དགེ་འདུན ་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་འཆར་ཀ་འདི་ལ་ཆེ་གེ་མོ་ལས་བྱུང་བ་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ལ། དགེ་སློང་འཆར་ཀ་འདི་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་དེའི་སླད་དུ་དགེ་འདུན ་ལས་ཞག་དྲུག་མགུ་བར་བགྱི་བ་གསོལ་ན། གལ་ཏེ་དགེ་འདུན་གྱིས་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང། དགེ་འདུན་གྱིས་དགེ་སློང་འཆར་ཀ་ལ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི། ་ལྟུང་བ་བྱུང་བ་དེའི་སླད་དུ་ཞག་དྲུག་མགུ་བར་བགྱི་བ་སྩོལ་ཏོ། །འདི་ནི་གསོལ་བའོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །གཞི་ནས་ཡོངས་སུ་གནས་པ་དང། གཞི་ནས་མགུ་བར་བྱ་བ་དང། ཡང་གཞི་ནས་བསླང་སྟེ་ཡོངས ་སུ་གནས་པ་དང། ཡང་གཞི་ནས་བསླང་སྟེ་མགུ་བར་བྱ་བ་དག་ཀྱང་གསོལ་བ་དང་བཞིའི་ལས་ཀྱིས་སྦྱིན་པར་བྱ་སྟེ། དེ་ལ་གཞི་ནས་ཡོངས་སུ་གནས་པ་སྦྱིན་པའི་སྔགས་ནི། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། ་དགེ་སློང་འཆར་ཀ་འདི་ལ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་འབྱུང་བ། ཟླ་བ་ཕྱེད་བཅབས་པས་དགེ་སློང་འཆར་ཀ་འདི་དགེ་འདུན་གྱི་གན་དུ་མཆིས་ཏེ། ཆེ་གེ་མོ་ལས་བྱུང་བའི་དགེ་འདུན ་ལྷག་མའི་ལྟུང་བ?་བྱུང་བ་ལ་ཟླ་བ་ཕྱེད་བཅབས་པ་དེའི་སླད་དུ་དགེ་འདུན་ལ་ཟླ་བ་ཕྱེད་སྤོ་བ་གསོལ་ན། དགེ་འདུན་གྱིས་དགེ་སློང་འཆར་ཀ་འདི་ལ་ཆེ་གེ་མོ་ལས་བྱུང་པའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ལ། ཟླ་བ་ཕྱེད ་ཡོངས་སུ་གནས་པ་བསལ་ཏེ། འདི་ཡོངས་སུ་གནས་པ་བགྱིད་བཞིན་པ་ལས་དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་སྔ་མ་དང་འདྲ་བ་ཡང་བྱུང་ལ་བཅབས་པས་དགེ་སློང་འཆར་ཀ་འདི་དགེ་འདུན་གྱིས་ནང་དུ་མཆིས་ཏེ། ་དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་སྔ་མ་དང་འདྲ་བ་ཡང་བྱུང་ལ། བཅབས་པའི་སླད་དུ་དགེ་འདུན་ལས་གཞི་ནས་ཡོངས་སུ་གནས་པ་གསོལ་ན། གལ་ཏེ་དགེ་འདུན་གྱིས་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང ་བར་མགྲོད?་ཅིག་དང། དགེ་འདུན་གྱིས་དགེ་སློང་འཆར་ཀ་ལ་དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་སྔ་མ་དང་འདྲ་བ་ཡང་བྱུང་ལ། བཅབས་པ་དེའི་སླད་དུ་གཞི་ནས་ཡོངས་སུ་གནས་པ་སྩོལ་ཏོ། །འདི་ནི་གསོལ་བའོ་ཞེས་བྱ་བ ་ལ་སོགས་པ་གསུངས་པ་ཡིན་ནོ། །གཞི་ནས་མགུ་བར་བྱ་བ་སྦྱིན་བའི་སྔགས་ནི། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་འཆར་ཀ་འདི་ལ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ལ། ་དགེ་སློང་འཆར་ཀ་འདི་དགེ་འདུན་གྱི་གན?་དུ་མཆིས་ཏེ། ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་དེའི་སླད་དུ་དགེ་འདུན་ལས་ཞག་དྲུག་མགུ་བར་བགྱི་བ་གསོལ་ན། དགེ་འདུན་གྱིས་དགེ་སློང་འཆར་ཀ་འདི ་ལ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་དེའི་སླད་དུ་ཞིག་དྲུག་མགུ་བར་བགྱི་བ་བསྩལ་ཏེ། འདི་མགུ་བ་བགྱིད་བཞིན་པ་ལས་དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་སྔ་མ་དང་འདྲ་བ་ཡང་བྱུང་ལ། དགེ་སློང ་འཆར་ཀ་འདི་དགེ་འདུན་གྱི་གན་དུ་མཆིས་ཏེ་དགེ་འདུན་ལྷག་མའི་ལྟུང་བ་སྔ་མ་དང་འདྲ་བ་ཡང་བྱུང་བ་དེའི་སླད་དུ་དགེ་འདུན་ལས་གཞི་ནས་མགུ་བར་བགྱི་བ་གསོལ་ན། གལ་ཏེ་དགེ་འདུན་གྱིས་དུས་ལ་བབ་ཅིང་བཟོད་ན། དགེ ་འདུན་གྱིས་གནང་བར་མཛོད་ཅིག་དང། དགེ་འདུན་གྱིས་དགེ་སློང་འཆར་ཀ་ལ་དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་སྔ་མ་དང་འདྲ་བ་ཡང་བྱུང་བ་དེའི་སླད་དུ་གཞི་ནས་མགུ་བར་བགྱི་བ་སྟོལ་ཏོ། །འདི་ནི་གསོལ་བའོ་ཞེས་བྱ་བ་ལ་སོགས་པ་གསུངས ་པ་ཡིན་ནོ། །ཡང་གཞི་ནས་བསླད་སྟེ། ཡོངས་སུ་གནས་པ་སྦྱིན་པའི་སྔགས་ནི། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་འཆར་ཀ་འདི་ལ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ལ་ཟླ་བ ་ཕྱེད་བཅབས་པས་དགེ་སློང་འཆར་ཀ་འདི་དགེ་འདུན་གྱི་གན་དུ་མཆིས་ཏེ། ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ལ་ཟླ་བ་ཕྱེད་བཅབས་པ་དེའི་སླད་དུ་དགེ་འདུན་ལས་ཟླ་བ་ཕྱེད་ཡོངས་སུ་གནས་པ་གསོལ་ན། དགེ ་འདུན་གྱིས་དགེ་སློང་འཆར་ཀ་འདི་ལ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ལ་ཟླ་བ་ཕྱེད་བཅབས་པ་དེའི་སླད་དུ་ཟླ་བ་ཕྱེད་ཡོངས་སུ་གནས་བ་སྩལ་ཏེ། འདི་ཡོངས་སུ་གནས་པར་བགྱིད་བཞིན་པ་ལས ་དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་སྔ་མ་དང་འདྲ་བ་ཡང་བྱུང་ལ་བཅབས་པས་དགེ་སློང་འཆར་ཀ་འདི་དགེ་འདུན་གྱི་གན་དུ་མཆིས་ཏེ། དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་སྔ་བ་དང་འདྲ་བ་ཡང་བྱུང་ལ་བཅབས་པ་དེའི་སླད་ ་དུ་དགེ་འདུན་ལས་གཞི་ནས་ཡོངས་སུ་གནས་པ་གསོལ་ན་དགེ་འདུན་གྱིས་དགེ་སློང་འཆར་ག་འདི་ལ་དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་སྔ་མ་དང་འདྲ་བ་ཡང་བྱུང་ལ་བཅབས་པ་དེའི་སླད་དུ་གཞི་ནས ་ཡོངས་སུ་གནས་པ་སྩལ་ཏེ། འདི་གཞི་ནས་ཡོངས་སུ་གནས་པ་བགྱིད་བཞིན་པ་ལས་དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་བར་མ་དང་འདྲ་བ་ཡང་བཟླས་ཏེ། བྱུང་ལ་བཅབས་པས་དགེ་སློང་འཆར་ཀ་འདི་དགེ་འདུན ་གྱི་གན་དུ་མཆིས་ཏེ། དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་བར་མ་དང་འདྲ་བ་ཡང་བཟླས་ཏེ་བྱུང་ལ་བཅབས་པ་དེའི་སླད་དུ་དགེ་འདུན་ལས་ཡང་གཞི་ནས་བསླང་སྟེ་ཡོངས་སུ་གནས་པ་གསོལ་ན། གལ་ཏེ་དགེ་འདུན་གྱིས་དུས་ལ ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང། །དགེ་འདུན་གྱིས་དགེ་སློང་འཆར་ཀ་ལ་དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་བར་མ་དང་འདྲ་བ་ཡང་བཟླས་ཏེ་བྱུང་ལ་བཅབས་པ་དེའི་སླད་དུ་ཡང་གཞི་ནས་བསླད ་སྟེ་ཡོངས་སུ་གནས་པ་སྩོལ་ཏོ། །འདི་ནི་གསོལ་བའོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །ཡང་གཞི་ནས་བསླང་ཏེ་མགུ་བར་བྱ་བ་སྦྱིན་པའི་སྔགས་ནི། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། ་དགེ་སློང་འཆར་ཀ་འདི་ལ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ལ་དགེ་སློང་འཆར་ཀ་འདི་དགེ་འདུན་གྱི་གན་དུ་མཆིས་ཏེ། ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ལ། དེའི་སླད་དུ ་དགེ་འདུན་ལས་ཞག་དྲུག་མགུ་བར་བགྱི་བ་གསོལ་ན། དགེ་འདུན་གྱིས་དགེ་སློང་འཆར་ཀ་འདི་ལ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་དེའི་སླད་དུ་ཞག་དྲུག་མགུ་བ?་བགྱི་བསྩལ་ཏེ་།འདི ་མགུ་བ་བགྱིད་བཞིན་པ་ལས་དགེ་འདུན་ལྷག་མའི་ལྟུང་བ་སྔ་མ་དང་འདྲ་བ་ཡང་བྱུང་ལ། དགེ་སློང་འཆར་ཀ་འདི་དགེ་འདུན་གྱི་གན་དུ་མཆིས་ཏེ། དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་སྔ་མ་བདང་?་བ་ཡིད་བྱུང་བ་དེའི ་སླད་དུ་དགེ་འདུན་ལས་གཞི་ནས་མགུ་བར་བགྱི་བ་གསོལ་ན། དགེ་འདུན་གྱིས་དགེ་སློང་འཆར་ཀ་འདི་ལ་དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་སྔ་མ་དང་?་ཡང་བྱུང་བ་དེའི་སླད་དུ་གཞི་ནས་མགུ་བར་?་ཏེ། ་འདི་གཞི་ནས་མགུ་བ་བགྱིད་བཞིན་པ་ལས་དགེ་འདུན་ལྷག་མའི་ལྟུང་བ། བར་མ་དང་འདྲ་བ་ཡང་བཟླས་ཏེ་བྱུང་ལ། དགེ་སློང་འཆར་ཀ་འདི་དགེ་འདུན་གྱི་གན་དུ་མཆིས་ཏེ། དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ ་བར་མ་དང་འདྲ་བ་ཡང་བཟླས་ཏེ་བྱུང་བ་དེའི་སླད་དུ་དགེ་འདུན་ལས་ཡང་གཞི་ནས་བསླང་སྟེ་མགུ་བར་བགྱི་བ་གསོལ་ན། གལ་ཏེ་དགེ་འདུན་གྱིས་དུས་ལ་བབ་ཅིང་བཟོད་ན། དགེ་འདུན་གྱིས་གནད་བར་མཛད་ཅིག་དང། ་དགེ་འདུན་གྱིས་དགེ་སློང་འཆར་ཀ་ལ་དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་བར་མ་དང་འདྲ་བ་ཡང་བཟླས་ཏེ་བྱུང་བ་དེའི་སླད་དུ་ཡང་གཞི་ནས་བསླང་སྟེ་མགུ་བར་བགྱི་བསྩོལ་ཏོ། །འདི་ནི་གསོལ་བའོ་ཞེས་བྱ་བ་ལ་སོགས ་པ་གསུངས་བ་ཡིན་ནོ། །ཡོངས་སུ་གནས་པར་བྱས་པ་ལས་མགུ་བར་བྱ་བ་སྦྱིན་པའི་སྔགས་ནི། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་འཆར་ཀ་འདི་ལ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན ་ལྷག་མའི་ལྟུང་བ་བྱུང་ལ་ཟླ་བ་ཕྱེད་བཅབས་པས་དགེ་སློང་འཆར་ཀ་འདི་དགེ་འདུན་གྱི་གན་དུ་མཆིས་ཏེ། ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་ཟླ་བ་ཕྱེད་བཅབས?་དེའི་སླད་དུ། དགེ ་འདུན་ལས་ཟླ་བ་ཕྱེད་ཡོངས་སུ་གནས་པ་གསོལ་ན། དགེ་འདུན་གྱིས་དགེ་སློང་འཆར་ཀ་འདི་ལ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ལ། །ཟླ་བ་ཕྱེད་བཅབས་པ་དེའི ་སླད་དུ་ཟླ་བ་ཕྱེད་ཡོངས་སུ་གནས་པ་བསྩལ་ཏེ། དགེ་སློང་འཆར་ཀ་འདིས་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ལ་ཟླ་བ་ཕྱེད་བཅབས་པ་དེའི་སླད་དུ་ཟླ་བ་ཕྱེད་ཡོངས་སུ་གནས་པ་བགྱིས་ལགས་ཏེ ་དགེ་འདུན་ལས་ཞག་དྲུག་མགུ་བར་བགྱི་བ་གསོལ་ན། གལ་ཏེ་དགེ་འདུན་གྱིས་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང། དགེ་འདུན་གྱིས་དགེ་སློང་འཆར་ཀ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན ་ལྷག་མའི་ལྟུང་བ་བྱུང་བ་ཟླ་བ་ཕྱེད་བཅབས་པ་དེའི་སླད་དུ། ཟླ་བ་ཕྱེད་ཡོངས་སུ་གནས་པ་བགྱིས་པ་ལ་ཞག་དྲུག་མགུ་བར་བགྱི་བ་སྩོལ་ཏོ། །འདི་ནི་གསོལ་བའོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །གཞི་ནས ་ཡོངས་སུ་གནས་པ་བྱས་པ་ལ་མགུ་བར་བྱ་བ་སྦྱིན་པའི་སྔགས་ནི། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་འཆར་ཀ་འདི་ལ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ལ་ཟླ་བ་ཕྱེད་བཅབས ་པས་དགེ་སློང་འཆར་ཀ་འདི་དགེ་འདུན་གྱི་གན་དུ་མཆིས་ཏེ། ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ལ་ཟླ་བ་ཕྱེད་བཅབས་པ་དེའི་སླད་དུ་དགེ་འདུན་ལས་ཟླ་བ་ཕྱེད་ཡོངས་སུ་གནས་པ་གསོལ ་ན?་དགེ་འདུན་གྱིས་དགེ་སློང་འཆར་ཀ་འདི་ལ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ལ་ཟླ་བ་ཕྱེད་བཅབས་ལ་དེའི་སླད་དུ། ཟླ་བ་བྱེད་ཡོངས་སུ་གནས་པ་བསྩལ་ཏེ། །འདི་ཡོངས་སུ་གནས་པ ་བགྱིད་བཞིན་པ་ལས་དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་སྔ་མ་དང་འདྲ་བ་ཡང་བྱུང་ལ། །བཅབས་པས་དགེ་སློང་འཆར་ཀ་འདི་དགེ་འདུན་གྱི་གན་དུ་མཆིས་ཏེ། དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་སྔ་མ་དང་འདྲ ་བ་ཡང་བྱུང་ལ་བཅབས་པ་དེའི་སླད་དུ་དགེ་འདུན་ལས་གཞི་ནས་ཡོངས་སུ་གནས་པ་གསོལ་ན། །དགེ་འདུན་གྱིས་དགེ་སློང་འཆར་ཀ་འདི་ལ་དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་སྔ་མ་དང་འདྲ་བ་ཡང་བྱུང་ལ། ་བཅབས་པ་དེའི་སླད་དུ་གཞི་ནས་ཡོངས་སུ་གནས་པ་བསྩལ་ཏེ། །དགེ་སློང་ཆར་ཀ་འདིས་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ལ་ཟླ་བ་ཕྱེད་བཅབས་པ་དེའི་སླད་དུ་ཟླ་བ་ཕྱེད་ཡོངས་སུ་གནས་པ་ཡང ་བགྱིས་ལགས། །ལྟུང་བ་བར་མའི་སླད་དུ་གཞི་ནས་ཡོངས་སུ་གནས་པ་ཡང་བགྱིས་ལགས་ཏེ། དགེ་འདུན་ལས་ཞག་དྲུག་མགུ་བར་བགྱི་བ་གསོལ་ན། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན ་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང། དགེ་འདུན་གྱིས་དགེ་སློང་འཆར་ཀ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་ཟླ་བ་ཕྱེད་བཅབས་པ་དེའི་སླད་དུ་ཟླ་བ་ཕྱེད་ཡོངས་སུ་གནས་པ་ཡང་བགྱིས། ་དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་སྔ་མ་དང་འདྲ་བ་ཡང་བྱུང་ལ། བཅབས་པ་དེའི་སླད་དུ་གཞི་ནས་ཡོངས་སུ་གནས། པ་ཡང་བགྱིས་པ་ལ་ཞག་དྲུག་མགུ་བར་བགྱི་བ་སྩོལ་ཏོ། །འདི་ནི་གསོལ་བའོ ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །ཡང་གཞི་ནས་བསླད་སྟེ་ཡོངས་སུ་གནས་པར་བྱས་པ་ལ་མགུ་བར་བྱ་བ་སྦྱིན་བའི་སྔགས་ནི། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། ་དགེ་སློང་འཆེར་ཀ་འདི་ལ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་འབྱུང་ལ་ཟླ་བ་ཕྱེད་བཅབས་པས་དགེ་སློང་འཆར་ཀ་འདི་དགེ་འདུན་གྱི་གན་དུ་མཆིས་ཏེ། ཆེ་གེ་མོ་ལས་བྱུང?་བའི་དགེ་འདུན་ལྷག་མའི་ལྟུང་བ་ཕྱུང ་ལ་ཟླ་བ་ཕྱེད་བཅབས་པ་དེའི་སླད་དུ། དགེ་འདུན་ལས་ཟླ་བ་ཕྱེད་ཡོངས་སུ་གནས་པ་གསོལ་ན། དགེ་འདུན་གྱིས་དགེ་སློང་འཆར་ཀ་འདི་ལ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ལ་ཟླ་བ་ཕྱེད་བཅབས་པ་དེའི་སླད་དུ་ཟླ་བ་ཕྱེད ་ཡོངས་སུ་གནས་པ་སྩལ་ཏེ། འདི་ཡོངས་སུ་གནས་བ་བགྱིད་བཞིན་པ་ལས་དགེ་འདུན་ལྷག་མའི་ལྟུང་བ་སྔ་མ་དང་འདྲ་བ་ཡང་བྱུང་ལ་བཅབས་བས་དགེ་སློང་འཆར་ཀ་འདི་དགེ་འདུན་གྱི་གན་དུ་མཆིས་ཏེ། དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ ་སྔ་མ་དང་འདྲ་བ་ཡང་བྱུང་ལ། བཅབས་པ་དེའི་སླད་དུ་དགེ་འདུན་ལས་གཞི་ནས་ཡོངས་སུ་གནས་པ་གསོལ་ན། དགེ་འདུན་གྱིས་དགེ་སློང་འཆར་ཀ་འདི་ལ་དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་སྔ་མ་དང་འདྲ་བ་ཡང་བྱུང་ལ། བཅབས་པ་དེའི་སླར? ་དུ་གཞི་ནས་ཡོངས་སུ་གནས་པ་སྩལ་ཏེ། འདི་གཞི་ནས་ཡོངས་སུ་གནས་པ་བགྱིད་བཞིན་པ་ལས་དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་བར་མ་དང་འདྲ་བ་ཡང་བཟླས་ཏེ་བྱུང་ལ་བཅབས་པས་དགེ་སློང་?་འདི་དགེ་འདུན་གྱི ་གན་དུ་མཆིས་ཏེ། དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་བར་མ་དང་འདྲ་བ་ཡང་བཟླས་ཏེ་བྱུང་ལ་བཅབས་པ་དེའི་སླད་དུ་དགེ་འདུན་ལས་ཡང་གཞི་ནས་བསླངས་ཏེ་ཡོངས་སུ་གནས་པ་གསོལ་ནས། དགེ་འདུན་གྱིས་དགེ་སློང་འཆར་ཀ ་འདི་ལ་དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་བར་མ་དང་འདྲ་བ་ཡང་བཟླས་ཏེ་བྱུང་ལ་བཅབས་པ་དེའི་སླད་དུ་ཡང་གཞི་ནས་བསླད་སྟེ་ཡོངས་སུ་གནས་པ་སྩལ་ཏེ། དགེ་སློང་འཆར་ཀ་འདིས་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་པའི? ་ལྟུང་བ་བྱུང་ལ་ཟླ་བ་བྱེད་བཅབས་བ་དེའི་སླད་དུ་ཟླ་བ་ཕྱེད་ཡོངས་སུ་གནས་པ་ཡང་བགྱིད་ལགས། ལྟུང་བ་བར་མའི་སླད་དུ་གཞི་ནས་ཡོངས་སུ་གནས་པ་ཡང་བགྱིས་ལགས། ལྟུང་བ་ཡང་བཟླས་པའི་སླད་དུ་ཡང་གཞི་ནས་བསླངས་ཏེ་ཡོངས་སུ་གནས་སུ ་ཡང་བགྱིས་ལགས་ཏེ། དགེ་འདུན་ལས་ཞག་དྲུག་མགུ་བར་བགྱི་བར་གསོལ་ལན། གལ་ཏེ་དགེ་འདུན་གྱིས་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དེ་དེ། དགེ་འདུན་གྱིས་དགེ་སློང་འཆར་ག་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན ་ལྷག་མའི་ལྟུང་བ་བྱུང་ལ་ཟླ་བ་ཕྱེད་བཅབས་བ་དེའི་སླད་དུ་ཟླ་བ་ཕྱེད་ཡོངས་སུ་གནས་པ་ཡང་གྱིས། དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་སྔ་མ་དང་འདྲ་བ་ཡང་བྱུང་ལ་བཅབས་བ་དེའི་སླད་དུ་གཞི་ནས་ཡོངས་སུ་གནས་བ་ཡང་བགྱིས་།དགེ་འདུན་ལྷག ་མའི་ལྟུང་བ་ལྟུང་བ་བར་མ་དང་འདྲ་བ་ཡང་བཟླས་ཏེ་བྱུང་བ་བཅབས་པའི་སླད་དུ། ཡང་གཞི་ནས་བསླང་སྟེ་ཡོངས་སུ་གནས་པ་ཡང་བགྱིས་པ་ལ་ཞག་དྲུག་མགུ་བར་བགྱི་བ་སྩལ་ཏོ། །འདི་ནི་གསོལ་བའོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན ་ནོ།། །།བམ་པོ་དྲུག་ཅུ་གཉིས་པ། །དབྱུང་བ་ཡང་ངོ་ཞེས་བྱ་བ་ཡང་དགེ་འདུན་གྱིས་གསོལ་བ་དང་བཞིའི་ལས་ཀྱིས་སྦྱིན་ནོ་ཞེས་བྱ་བའི་རྗེས་བསྙོ?་བའི་ཕྱིར་ཡང་ངོ་ཞེས་བྱ་བའི་སྒྲ་སྨོས་སོ། །དེ་ལ་མ་?་ནི་ཚི་བྱས་?་བྱུང་བའི་སྡག ་ནི། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ་?་དགེ་སློང་འཆར་ཀ?་འདི་ལ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ལ་དགེ་སློང་འཆར་ཀ་འདི་དགེ་འདུན་གྱི་གན་དུ་མཆིས་ཏེ། ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་?་ལྟུང ་བྱུང་བ་དེའི་སླད་དུ། དགེ་འདུན་ལས་ཞག་དྲུག་མགོ་བར་བགྱི་བ་གསོལ་ནས། དགེ་འདུན་གྱིས་དགེ་སློང་འཆང་ཀ་འདི་ལ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་དེའི་སྨད་དུ་ཞག་དྲུག་མགུལ་?་ཏེ། དགེ་སློང་? ་འདི་ལ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་དེའི་སླད་དུ་ཞག་དྲུག་མགུ་བ་བགྱིས་ལགས་ཏེ། དགེ་འདུན་ལས་དབྱུང་བ་གསོལ་ན། གལ་ཏེ་དགེ་འདུན་གྱིས་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས ་གནང་བར་མཛོད་ཅིག་དང། དགེ་འདུན་གྱིས་དགེ་སློང་འཆར་ཀ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་དེའི་སླད་དུ་ཞག་དྲུག་མགུ་བ་བགྱིས་བ་དབྱུང་བར་བགྱིའོ། །འདི་ནི་གསོལ་བའོ། །དགེ་འདུན་བཙུན་པ་རྣམས ་གསན་དུ་གསོལ། དགེ་སློང་འཆར་ཀ་འདི་ལ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ལ། དགེ་སློང་འཆར་ཀ་འདི་དགེ་འདུན་གྱི་གན་དུ་མཆིས་ཏེ། ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་དེའི་སླད་དུ ་དགེ་འདུན་ལས་ཞག་དྲུག་མགུ་བར་བགྱི་བ་གསོལ་ནས། དགེ་འདུན་གྱིས་དགེ་སློང་འཆར་ཀ་འདི་ལ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་འབྱུང་བ་དེའི་སླད་དུ་ཞག་དྲུག་མགུ་བར་བགྱི་བསྩལ་ཏེ། དགེ་སློང་འཆད་ཀ་འདིས ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་དེའི་སླད་དུ་ཞག་དྲུག་མགུ་བ་བགྱིས་ལགས་ཏེ། དགེ་འདུན་ལས་དབྱུང་བར་གསོལ་ན། དེའི་སླད་དུ་དགེ་འདུན་གྱིས་དགེ་སློང་འཆར་?་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྟར ་མའི་ལྟུང་བ་བྱུང་བ་དེའི་སླད་དུ་ཞག་དྲུག་མགུ་བར་བགྱིས་པ་དབྱུང་བར་མཛད་ན། ཚེ་དང་ལྡན་པ་གང་དག་དགེ་སློང་འཆར་ཀ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་དེའི་སླད་དུ་ཞག་དྲུག་མགུ་བར་བགྱིས་པར? ་དབྱུང་བར་བཟོད་པ་དེ་དག་ན་ཅིང་མ་གསུང་ཞིག། གང་དག་མི་བཟོད་པ་དེ་དག་ནི་གསུངས་ཤིག་།འདི་ནི་ལས་བརྗོད་པ་དང་པོ་སྟེ། དེ་བཞིན་དུ་ལན་གཉིས་ལན་གསུམ་དུ་བཟླས། དགེ་འདུན་གྱིས་བཟོད་ཅིང་གནང་ནས། དགེ་འདུན་གྱིས ་དགེ་སློང་འཆང་ཀ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་དེའི་སླད་དུ་ཞག་དྲུག་མགུ་བ་བགྱིས་བ་ཕྱུང་ལ་?་ཏེ། འདི་ལྟར་བཅད་མི་གསུངས་དེ་དེ་བཞིན་དུ་འཛིན་ཏོ་ཞེས་གསུངས་པ་ཡིན་ནོ། །མགུ་བར་བྱ་བ་དང་གཞི་ནས་མགུ་?་? ་བྱས་བ་དབྱུང་བའི་སྔགས་ནི། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་འཆང་ཀ་འདི་ལ་ཆེ་གོ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ། དགེ་སློང་འཚེར་?་འདི་དགེ་འདུན་གྱི་གན་དུ་མཆིས་ཏེ། ཆེ་གེ་མོ་ལས་བྱུང་བའི་དགེ ་འདུན་ལྷག་མའི་ལྟུང་བ་བྱུང་བ་དེའི་སླད་དུ་དགེ་འདུན་ལས་ཞག་དྲུག་མགུ་བར་བགྱི་བ་གསོལ་ནས། དགེ་འདུན་གྱིས་དགེ་སློང་འཆར་ག?་འདི་ལ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་དེའི་སླད་དུ་ཞག་དྲུག་མགུ་བར་བགྱི་བ་སྩལ་ཏེ། འདི་མགུ་བ་བགྱི་བཞིན་བ ་ལས་དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་སྔ་མ་དང་འདྲ་བ་ཡང་བྱུང་ལ། དགེ་སློང་འཆར་ཀ་འདི་དགེ་འདུན་གྱི་གན་དུ་མཆིས་ཏེ། དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་སྔ་མ་དང་འདྲ་བ་ཡང་བྱུང་བ་དེའི་སླད་དུ་དགེ ་འདུན་ལས་བཞི་ནས་མགུ་བར་བགྱི་བ་གསོལ་ནས། དགེ་འདུན་གྱིས་དགེ་སློང་འཆར་ཀ་འདི་ལ་དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་སྔ་མ་དང་ཅི་འདྲ་བ་ཡང་བྱུང་ལ་དིའི་སླད་དུ་གཞི་ནས་མགུ། ?་བགྱི་བསྩལ་ཏེ། དགེ་སློང་འཆིར་ཀ་འདིས་ཚོག་མོ ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་དེའི་སླད་དུ་ཞག་དྲུག་མགུ་བ་ཡང་བགྱིས་ལགས། ལྟུང་བ་བར་མའི་སླད་དུ་གཞི་ནས་མགུ་བ་ཡང་བགྱིས?་ལ་གིས་?། དགེ་འདུན་ལས་དབྱུང་བར་གསོལ་ན། གལ་ཏེ་དགེ་འདུན་གྱིས་? ་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛད་ཅིག་དང། དགེ་འདུན་གྱིས་དགེ་སློང་འཆར་ཀ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་དེའི་སློད་དུ་ཞག་དྲུག་མ་གྲུབ་ཡང་?་གྱིས། ལྟུང་བ་བར་?་སླད་བཞི་ན ་མགུ་པ་ཡང་བགྱིས་བ་དབྱུང་བར་བགྱིའོ། །འདི་ནི་གསོལ་བའོ། །དགེ་འདུན་བཙུན་བ་རྣམས་གསན་དུ་གསོལ། །དགེ་སློང་འཆར་ཀ་འདི་ལ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ལ། དགེ་སློང་འཆར་ཀ་འདི ་དགེ་འདུན་གྱི་གན་དུ་མཆིས་ཏེ། ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་དེའི་སླད་དུ་དགེ་འདུན་ལས་ཞག་དྲུག་མགུ་བར་བགྱི་བ་གསོལ་ནས། དགེ་འདུན་གྱིས་དགེ་སློང་འཆར་ཀ་འདི་ལ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན ་ལྷག་མའི་ལྟུང་བ་བྱུང་བ་དེའི་སླད་དུ་ཞག་དྲུག་མགུ་བ་བགྱི་བ་སྩལ་ཏེ། འདི་མགུ་བ་བགྱིད་བཞིན་བ་ལས་དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་སྔ་མ་དང་འདྲ་བ་ཡང་བྱུང་ལ། དགེ་སློང་འཆར་ཀ་འདི་དགེ་འདུན་གྱི་གན་དུ་མཆིས་ཏེ། དགེ་འདུན ་ལྷག་མའི་ལྟུང་བ་ལྟུང་བ་སྔ་མ་དང་འདྲ་བ་ཡང་བྱུང་ལ། དེའི་སླད་དུ་དགེ་འདུན་ལས་གཞི་ནས་མགུ་བར་བགྱི་བ་གསོལ་ནས། དགེ་འདུན་གྱིས་དགེ་སློང་འཆར་ཀ་འདི་ལ་དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་སྔ་མ་དང་འདྲ་བ་ཡང་བྱུང་བ་དེའི་སླད་དུ ་གཞི་ནས་མགུ་བར་བགྱི་པ་སྩལ་ཏེ། དགེ་སློང་འཆར་ཀ་འདིས་ཚེག་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་དེའི་སླད་དུ་ཞག་དྲུག་མགུ་བ་ཡང་བགྱིས་ལགས། ལྟུང་བ་བར་མའི་སླད་དུ་གཞི་ནས་མགུ་བ་ཡང་བགྱིས་ལགས་ཏེ། དགེ་འདུན ་ལས་དབྱུང་བ་གསོལ་ན། དེའི་སླད་དུ་དགེ་འདུན་གྱིས་དགེ་སློང་འཆར་ཀ་ལ་ཆེ་གོ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་དེའི་སླད་དུ་ཞག་དྲུག་མགུ་བ་ཡང་བགྱིས། ལྟུང་བ་བར་མའི་སླད་དུ་གཞི་ནས་མགུ་བ་ཡང་བགྱིས་པ་དབྱུང་བར ་མཛད་ན། ཚེ་དང་ལྡན་པ་དག་དགེ་སློང་འཆར་ཀ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་དེའི་སླད་དུ་ཞག་དྲུག་མགུ་བ་ཡང་བགྱིས། ལྟུང་བ་བར་མའི་སླད་དུ་གཞི་ནས་མགུ་བ་ཡང་བགྱིས་པ་དབྱུང་བར་བཟོད་པ་དེ་དག་ན་ཅིང་? ་གསུང་ཞིག། གང་དག་མི་བཟོད་བ་དེ་ནི་གསུངས་ཤིག་འདི་ནི་ལས་བརྗོད་པ་དང་པོ་སྟེ་དེ་བཞིན་དུ་ལན་གཉིས་ལན་གསུམ་དུ་བཟླས། དགེ་འདུན་གྱིས་བཟོད་ཅིང་གནང་ནས། དགེ་འདུན་གྱིས་དགེ་སློང་འཆར་ཀ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུད་ལྷག ་མའི་ལྟུང་བ་བྱུང་བ་དེའི་སླད་དུ་ཞག་དྲུག་མགུ་བ་ཡང་བགྱིས། ལྟུང་བ་བར་མའི་སླད་དུ་གཞི་ནས་མགུ་བ་ཡང་བགྱིས་པ་ཡང་ཕྱུང་ལགས་ཏེ། འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ་ཞེས་གསུངས་པ་ཡིན་ནོ། །མགུ་བར་བྱ་བ་དང ་གཞི་ནས་མགུ་བར་བྱ་བ་དང། ཡང་གཞི་ནས་བསང་སྟེ་མགུ་བར་བྱ་བ་བྱས་བ་དབྱུང་བའི་སྔགས་ནི། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་འཆར་ཀ་འདི་ལ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ལ། དགེ ་སློང་འཆར་ཀ་འདི་དགེ་འདུན་གྱི་གན་དུ་མཆིས་ཏེ། ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་དེའི་སླད་དུ་དགེ་འདུན་ལས་ཞག་དྲུག་མགུ་བར་བགྱི་བ་གསོལ་ན། དགེ་འདུན་གྱིས་དགེ་སློང་འཆར་ཀ་འདྲི་ལ་ཆེ་གེ་མོ་ལས་བྱུང་བའི ་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་དེའི་སླད་དུ་ཞག་དྲུག་མགུ་བར་བགྱི་བ་སྩལ་ཏེ། །འདི་མགུ་བ་བགྱིད་བཞིན་པ་ལས་དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་སྔ་མ་དང་འདྲ་བ་ཡང་བྱུང་ལ། དགེ་སློང་འཆར་ཀ་འདི་དགེ་འདུན་གྱིས་གན་དུ ་མཆིས་ཏེ། དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་སྔ་མ་དང་འདྲ་བ་ཡང་བྱུང་བ་དེའི་སླད་དུ་དགེ་འདུན་ལས་གཞི་ནས་མགུ་བར་བགྱི་བ་གསོལ་ན། དགེ་འདུན་གྱིས་དགེ་སློང་འཆར་ཀ་འདི་ལ་དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་སྔ་མ་འདྲ་བ་ཡང ་བྱུང་བ་དེའི་སླད་དུ་གཞི་ནས་མགུ་བར་བགྱི་བ་སྩལ་ཏེ། འདི་གཞི་ནས་མགུ་བར་བགྱིད་བཞིན་པ་ལས་དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་བར་མ་དང་འདྲ་བ་ཡང་བཟླས་ཏེ་བྱུང་ལ། དགེ་སློང་འཆད་ཀ་འདི་དགེ་འདུན་གྱི་གན་དུ་མཆིས་ཏེ། དགེ ་འདུན་ལྷག་མའི་ལྟུང་བ་ལྟུང་བ་བར་དང་འདྲ་བ་ཡང་བཟླས་ཏེ་བྱུང་བ་དེའི་སླད་དུ། དགེ་འདུན་ལས་ཡང་གཞི་ནས་བསླང་སྟེ་མགུ་བར་བགྱི་བ་གསོལ་ནས། དགེ་འདུན་གྱིS་དགེ་སློང་འཆར་ཀ་འདི་ལ་དགེ་འདུན་ལྷག་མའི་ལྟུང་བ ་ལྟུང་བ་བར་མ་དང་འདྲ་བ་ཡང་བཟླས་ཏེ་བྱུང་བ་དེའི་སླད་དུ་ཡང་གཞི་ནས་བསླད་སྟེ་མགུ་བར་བགྱི་བ་སྩལ་ཏེ། དགེ་སློང་འཆར་ཀ་འདིས་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་དེའི་སླད་དུ་ཞག་དྲུག་མགུ་བ་ཡང་བགྱིས་?།། ་ལྟུང་བ་བར་མའི་སླད་དུ་གཞི་ནས་མགུ་བ་ཡང་བགྱིས་ལགས། ལྟུང་བ་ཡང་བཟླས་པའི་སླད་དུ་ཡང་གཞི་ནས་བསླང་སྟེ་མགུ་བ་ཡང་བགྱིས་ལགས་ཏེ། དགེ་འདུན་ལས་དབྱུང་བ་གསོལ་ན། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན། དགེ་འདུན ་གྱིས་གནང་བར་མཛོད་ཅིག་དང། དགེ་འདུན་གྱིས་དགེ་སློང་འཆར་ཀ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་དེའི་སླད་དུ་ཞག་དྲུག་མགུ་བ་ཡང་བགྱིས། །ལྟུང་བ་བར་མའི་སླད་དུ་ཡང་གཞི་ནས་མགུ་བ་ཡང་བགྱིས། ལྟུང་བ ་ཡང་བཟླས་བའི་སླད་དུ་ཡང་བཞི་ནས་བསླང་སྟེ། མགུ་བ་ཡང་བགྱིས་པ་དབྱུང་བར་བགྱིའོ། །འདི་ནི་གསོལ་བའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། །དགེ་སློང་འཆར་ཀ་འདི་ལ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ལ ་དགེ་སློང་འཆང་ཀ་འདི་དགེ་འདུན་གྱི་གན་དུ་མཆིས་ཏེ། ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བའི་སླད་དུ་དགེ་འདུན་ལས་ཞག་དྲུག་མགུ་བར་བགྱི་བ་གསོལ་ནས། དགེ་འདུན་གྱིས་དགེ་སློང་འཆར་ཀ་འདི་ལ་ཆེ་གེ་མོ་ལས ་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་དེའི་སླད་དུ་ཞག་དྲུག་མགུ་བར་བགྱི་བ་སྩལ་ཏེ། འདི་མགུ་བ་བགྱིད་བཞིན་པ་ལས་དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་སྔ་མ་དང་འདྲ་བ་ཡང་བྱུང་ལ། དགེ་སློང་འཆར་ཀ་འདི་དགེ་འདུན་གྱི་གན་དུ་མཆིS ་ཏེ། དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་སྔ་མ་འདྲ་བ་ཡང་བྱུང་བ་དེའི་སླད་དུ། དགེ་འདུན་ལས་གཞི་ནས་མགུ་བར་བགྱི་བ་གསོལ་ནས། དགེ་སློང་འཆར་ཀ་འདི་ལ་དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་སྔ་མ་དང་འབྲ་བ་ཡང་བྱུང་ལ་དེའི་? ་གཞི་ནས་མགུ་བར་བགྱི་བ་སྩལ་ཏེ། འདི་གཞི་ནས་མགུ་བར་བགྱིད་བཞིན་པ་ལས་དགེ་འདུན་ལྟག་མའི་ལྟུང་བ་ལྟུང་བ་བར་མ་དང་འདྲ་བ་ཡང་བཟླས་ཏེ་བྱུང་ལ་དགེ་སློང་འཆར་ཀ་འདི་དགེ་འདུན་གྱི་གན་དུ་མཆིས་ཏེ། དགེ་འདུན་ལྷག་མའི་ལྟུང་བ ་ལྟུང་བ་བར་མ་དང་འདྲ་བ་ཡང་བཟླས་ཏེ་བྱུང་བ་དེའི་སླད་དུ་དགེ་འདུན་ལས་ཡང་གཞི་ནས་བསླད་སྟེ་མགུ་བར་བགྱི་བ་གསོལ་ནས། དགེ་འདུན་གྱིས་དགེ་སློང་འཆར་ཀ་འདི་ལ་དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་བར་མ་དང་འདྲ་བ་ཡང་བཟླས་ཏེ་བྱུང་བ ་དེའི་སླད་དུ་ཡང་གཞི་ནས་བསླང་སྟེ་མགུ་བར་བགྱི་བ་སྩལ་ཏེ། དགེ་སློང་འཆར་ཀ་འདིས་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་དེའི་སླར་དུ་ཞག་དྲུག་མགུ་བ་ཡང་བགྱིས་ལགས། ལྟུང་བ་བར་མའི་སླད་དུ་གཞི་ནས་མགུ་བ་ཡང་བགྱིས ་ལགས། ལྟུང་བ་ཡང་བཟླས་བའི་སླད་དུ་ཡང་གཞི་ནས་བསླང་སྟེ་མགུ་བ་ཡང་བགྱིས་ལགས་ཏེ། དགེ་འདུན་ལས་དབྱུང་བ་གསོལ་ན། དེའི་སླད་དུ་དགེ་འདུན་གྱིས་དགེ་སློང་འཆར་ཀ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་དེའི་སླད? ་དུ་ཞག་དྲུག་མགུ་བ་ཡང་བགྱིས་ལྟུང་བ་བར་མའི་སླད་དུ་གཞི་ནས་མགུ་བ་ཡང་བགྱིས། ལྟུང་བ་ཡང་བཟླས་པའི་སླད་དུ་ཡང་གཞི་ནས་བསླང་སྟེ་མགུ་བ་ཡང་བགྱིས་པ་དབྱུང་བ་མཛད་ན། ཚེ་དང་ལྡན་པ་གང་དག་དགེ་སློང་?་ཀ་ཆེ་གེ་མོ་ལས་བྱུང ་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་དེའི་སླད་དུ་ཞག་དྲུག་མགུ་བ་ཡང་བགྱིས། ལྟུང་བ་བར་མའི་སླད་དུ་གཞི་ནས་མགུ་བ་ཡང་བགྱིས། ལྟུང་བ་ཡང་བཟླས་པའི་སླད་དུ་ཡང་གཞི་ནས་བསླད་སྟེ་མགུ་བ་ཡང་བགྱིས་དབྱུང་བར་བཟོད་བ་དེ་དག་ནི་ཅིང་མ ་གསུངས་ཞིག། གང་དག་མི་བཟོད་པ་དེ་དག་ནི་གསུངས་ཤིག། འདི་ནི་ལས་བརྗོད་པ་དང་པོ་སྟེ་དེ་བཞིན་དུ་ལན་གཉིས་གསུམ་དུ་བཟླས། །དགེ་འདུན་གྱིས་བཟོད་ཅིང་གནང་ནས་དགེ་འདུན་གྱིས་དགེ་སློང་འཆར་ཀ་ཆེ་གེ་མོ་ལས་བྱུང ་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་དེའི་སླད་དུ་ཞག་དྲུག་མགུ་བ་ཡང་བགྱིས། ལྟུང་བ་བར་མའི་སླད་དུ་གཞི་ནས་མགུ་བ་ཡང་བགྱིས། ལྟུང་བ་ཡང་བཟླས་བའི་སླད་དུ་ཡང་གཞི་ནས་བསླང་སྟེ་མགུ་བ་ཡང་བགྱིས་བ་ཕྱུང་ལགས་ཏེ། འདི་ལྟར ་ཅད་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ་ཞེས་གསུངས་བ་ཡིན་ནོ། །ཡོངས་སུ་གནས་པ་དང་མགུ་བ་བྱས་པའི་དབྱུང་བའི་སྔགས་ནི། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། །དགེ་སློང་འཆར་ཀ་འདི་ལ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན ་ལྷག་མའི་ལྟུང་བ་བྱུང་ལ་ཟླ་བ་ཕྱེད་བཅབས་པས་དགེ་སློང་འཆར་ཀ་འདི་དགེ་འདུན་གྱི་གན་དུ་མཆིས་ཏེ། ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ལ་ཟླ་བ་ཕྱེད་བཅབས་པ་དེའི་སླད་དུ་དགེ་འདུན་ལས་ཟླ་བ་ཕྱེད་ཡོངས་སུ་གནས ་པ་གསོལ་ནས། དགེ་འདུན་གྱིས་དགེ་སློང་འཆར་ཀ་འདི་ལ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ལ་ཟླ་བ་ཕྱེད་བཅབས་བ་དེའི་སླད་དུ་ཟླ་བ་ཕྱེད་ཡོངས་སུ་གནས་པ་སྩལ་ཏེ། དགེ་སློང་འཆར་ཀ་འདི་ཆེ་གེ་མོ་ལས་བྱུང་བའི་དགེ ་འདུན་ལྷག་མའི་ལྟུང་བ་བྱུང་ལ་ཟླ་བ་ཕྱེད་བཅབས་པ་དེའི་སླད་དུ་ཟླ་བ་ཕྱེད་ཡོངས་སུ་གནས་པ་བགྱིས་ལགས་ཏེ། དགེ་འདུན་ལས་ཞག་དྲུག་མགུ་བ་བགྱི་བར་གསོལ་ན། དགེ་འདུན་གྱིས་དགེ་སློང་འཆར་ཀ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན ་ལྷག་མའི་ལྟུང་བ་བྱུང་ལ་ཟླ་བ་ཕྱེད་བཅབས་པ་དེའི་སླད་དུ་ཟླ་བ་ཕྱེད་ཡོངས་སུ་གནས་བ་བགྱིས་པ་འདི་ལ་ཞག་དྲུག་མགུ་བར་བགྱི་བ་སྩལ་ཏེ། དགེ་སློང་འཆར་ཀ་འདིས་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་ཟླ་བ་ཕྱེད་བཅབS ་བ་དེའི་སླད་དུ་ཟླ་བ་ཕྱེད་ཡོངས་སུ་གནས་པ་ཡང་བགྱིས་ལགས། ཞག་དྲུག་མགུ་བ་ཡང་བགྱིས་ལགས་ཏེ། དགེ་འདུན་ལས་དབྱུང་བ་གསོལ་ན། གལ་ཏེ་དགེ་འདུན་གྱིས་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང། དགེ་འདུན་གྱིས་དགེ ་སློང་འཆར་ཀ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ལ། ཟླ་བ་ཕྱེད་བཅབས་པ་དེའི་སླད་དུ་ཟླ་བ་ཕྱེད་ཡོངས་སུ་གནས་པ་ཡང་བགྱིས། ཞག་དྲུག་མགུ་བ་ཡང་བགྱིས་པ་དབྱུང་བར་བགྱིའོ། །འདི་ནི་གསོལ་བའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ ་དགེ་སློང་འཆར་ཀ་འདི་ལ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་འདི་ལ་ཟླ་བ་ཕྱེད་བཅབས་པས། དགེ་སློང་འཆར་ཀ་འདི་དགེ་འདུན་གྱི་གན་དུ་མཆིས་ཏེ། ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ལ་ཟླ་བ་ཕྱེད་བཅབS ་བ་དེའི་སླད་དུ་དགེ་འདུན་ལས་ཟླ་བ་ཕྱེད་ཡོངས་སུ་གནས་པ་གསོལ་ནས། དགེ་འདུན་གྱིས་དགེ་སློང་འཆར་ཀ་འདི་ལ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ལ། ཟླ་བ་ཕྱེད་བཅབས་བ་དེའི་སླད་དུ་ཟླ་བ་ཕྱེད་ཡོངས་སུ་གནས་པ ་སྩལ་ཏེ། དགེ་སློང་འཆར་ཀ་འདིས་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ལ་ཟླ་བ་ཕྱེད་བཅབས་པ་དེའི་སླད་དུ་ཟླ་བ་ཕྱེད་ཡོངས་སུ་གནས་པ་བགྱིས་ལགས་ཏེ། དགེ་འདུན་ལས་ཞག་དྲུག་མགུ་བར་བགྱི་བ་གསོལ་ནས། དགེ་འདུན ་གྱིས་དགེ་སློང་འཆར་ཀ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ལ། ཟླ་བ་ཕྱེད་བཅབས་པ་དེའི་སླད་དུ་ཟླ་བ་ཕྱེད་ཡོངས་སུ་གནས་པ་བགྱིས་བ་འདི་ལ་ཞག་དྲུག་མགུ་བར་བགྱི་བ་སྩལ་ཏེ། དགེ་སློང་འཆར་ཀ་འདི་ཆེ ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ལ། ཟླ་བ་ཕྱེད་བཅབས་པ་དེའི་སླད་དུ་ཟླ་བ་ཕྱེད་ཡོངས་སུ་གནས་པ་ཡང་བགྱིས་ལགས། ཞག་དྲུག་མགུ་བ་ཡང་བགྱིས་ལགས་ཏེ། དགེ་འདུན་ལས་དབྱུང་བ་གསོལ་ན། དེའི་སླད་དུ ་དགེ་འདུན་གྱིས་དགེ་སློང་འཆར་ཀ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ལ། ཟླ་བ་ཕྱེད་བཅབས་བ་དེའི་སླད་དུ། ཟླ་བ་ཕྱེད་ཡོངས་སུ་གནས་པ་ཡང་བགྱིས་ཞག་དྲུག་མགུ་བ་ཡང་བགྱིས་པ་དབྱུང་བ་མཛད་ན། ཚེ་དང་ལྡན་པ ་གང་དག་དགེ་སློང་འཆར་ཀ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ལ་ཟླ་བ་ཕྱེད་བཅབས་པ་དེའི་སླད་དུ་ཟླ་བ་ཕྱེད་ཡོངས་སུ་གནས་པ་ཡང་བགྱིས། ཞག་དྲུག་མགུ་བ་ཡང་བགྱིས་བ་དབྱུང་བར་བཟོད་བ་དེ་དག་ནི་ཅང་མ་གསུང་ཞིག། གང་དག ་མི་བཟོད་པ་དེ་དག་ནི་གསུངས་ཤིག། འདི་ནི་ལས་བརྗོད་བ་དང་པོ་སྟེ། དེ་བཞིན་དུ་ལན་གཉིས་ལན་གསུམ་དུ་བཟླས། དགེ་འདུན་གྱིས་བཟོད་ཅང་གནང་ནས། དགེ་འདུན་གྱིས་དགེ་སློང་འཆར་ཀ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང ་བ་ཟླ་བ་ཕྱེད་བཅབས་བ་དེའི་སླད་དུ་ཟླ་བ་ཕྱེད་ཡོངས་སུ་གནས་པ་ཡང་བགྱིས། ཞག་དྲུག་མགུ་བ་ཡང་བགྱིས་པ་ཕྱུང་ལགས་ཏེ། འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ། ཞེས་གསུངས་པ་ཡིན་ནོ། །ཡོངས་སུ་གནས་པ་དང་གཞི་ནས ་ཡོངས་སུ་གནས་པ་དང་མགུ་བར་བྱས་པ་དབྱུང་བའི་སྔགས་ནི། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། །དགེ་སློང་འཆར་ཀ་འདི་ལ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ལ་ཟླ་བ་ཕྱེད་བཅབས་བས་དགེ་སློང་འཆར་ཀ་འདི ་དགེ་འདུན་གྱི་གན་དུ་མཆིས་ཏེ། ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ལ་ཟླ་བ་ཕྱེད་བཅབས་བ་དེའི་སླད་དུ་དགེ་འདུན་ལས་ཟླ་བ་ཕྱེད་ཡོངས་སུ་གནས་པ་གསོལ་ནས། དགེ་འདུན་གྱིས་དགེ་སློང་འཆར་ཀ་འདི་ལ་ཆེ་གེ་མོ་ལས་བྱུང ་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ལ་ཟླ་བ་ཕྱེད་བཅབས་པ་དེའི་སླད་དུ་ཟླ་བ་ཕྱེད་ཡོངས་སུ་གནས་པ་སྩལ་ཏེ། འདི་ཡོངས་སུ་གནས་བ་བགྱིད་བཞིན་པ་ལས་དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་སྔ་མ་དང་འདྲ་བ་ཡང་བྱུང་ལ་བཅབས་བས་དགེ་སློང ་འཆར་ཀ་འདི་དགེ་འདུན་གྱི་གན་དུ་མཆིས་ཏེ། དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་སྔ་མ་དང་འདྲ་བ་ཡང་བྱུང་ལ་བཅབས་བ་དེའི་སླད་དུ་དགེ་འདུན་ལས་གཞི་ནས་ཡོངས་སུ་གནས་པ་གསོལ་ན། དགེ་འདུན་གྱིས་དགེ་སློང་འཆར་ཀ་འདི་ལ་དགེ་འདུན་ལྷག་མའི ་Fལྟུང་བ་ལྟུང་བ་སྔ་མ་དང་འདྲ་བ་ཡང་བྱུང་ལ་བཅབས་བ་དེའི་སླད་དུ་གཞི་ནས་ཡོངས་སུ་གནས་བ་སྩལ་ཏེ། དགེ་སློང་འཆར་ཀ་འདིས་ཆེ་གེ་མི་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་སྔ་མ་དང་འདྲ་བ་ཡང་བྱུང་ལ། ཟླ་བ་ཕྱེད་བཅབས་བའི་དེའི་སླད་དུ ་ཟླ་བ་ཕྱེད་ཡོངས་སུ་གནས་པ་ཡང་བགྱིས། དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་སྔ་མ་དང་འདྲ་བ་ཡང་བྱུང་ལ་བཅབས་པའི་སླད་དུ་གཞི་ནས་ཡོངས་སུ་གནས་པ་ཡང་བགྱིས་ལགས་ཏེ། དགེ་འདུན་ལས་ཞག་དྲུག་མགུ་བར་བགྱི་བ་གསོལ་ནས་དགེ་འདུན ་གྱིས་དགེ་སློང་འཆར་ཀ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་བྱུང་ལ་ཟླ་བ་ཕྱེད་བཅབས་བ་དེའི་སླད་དུ་ཟླ་བ་ཕྱེད་ཡོངས་སུ་གནས་པ་ཡང་བགྱིས། དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་སྔ་མ་དང་འདྲ་བ་ཡང་བྱུང་ལ། བཅབས་པའི་སླད་དུ ་གཞི་ནས་ཡོངས་སུ་གནས་པ་ཡང་བགྱིས་པ་འདི་ལ་ཞག་དྲུག་མགུ་བར་བགྱི་བསྩལ་ཏེ། དགེ་སློང་འཆར་ཀ་འདིས་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་ལ་ཟླ་བ་ཕྱེད་བཅབས་པ་དེའི་སླད་དུ་ཟླ་བ་ཕྱེད་ཡོངས་སུ་གནས་བ་ཡང ་བགྱིས་ལགས། དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་སྔ་མ་དང་འདྲ་བ་ཡང་བྱུང་ལ་བཅབས་བའི་སླད་དུ་གཞི་ནས་ཡོངས་སུ་གནས་པ་ཡང་བགྱིས་ལགས། ཞག་དྲུག་མགུ་བ་ཡང་བགྱིས་ལགས་ཏེ། དགེ་འདུན་ལས་དབྱུང་བ་གསོལ་ན། གལ་ཏེ་དགེ ་འདུན་གྱིས་དུས་ལ་བབ་ཅིང་བཟོད་ན། དགེ་དུན་གྱིས་གནང་བར་མཛོད་ཅིག་དང། དགེ་འདུན་གྱིས་དགེ་སློང་འཆར་ཀ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ལ། ཟླ་བ་ཕྱེད་བཅབས་བ་དེའི་སླད་དུ་ཟླ་བ་ཕྱེད་ཡོངས་སུ་གནས་པ་ཡང་བགྱ ་དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་སྔ་མ་དང་འདྲ་བ་ཡང་བྱུང་ལ་བཟླས་པའི་སླང་དུ་གཞི་ནས་ཡོངས་སུ་གནས་བ་ཡང་བགྱིས། ཞག་དྲུག་མགུ་བ་ཡང་བགྱིས་བ་དབྱུང་བར་བགྱིའོ། །འདི་ནི་གསོལ་བའོ། །དགེ་འདུན ་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་འཆར་ཀ་འདི་ལ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ལ་ཟླ་བ་ཕྱེད་བཅབས་པས་དགེ་སློང་འཆར་ཀ་འདི་དགེ་འདུན་གྱི་གནད་དུ་མཆིས་ཏེ། ཆེ་གེ་མོ་ལས་བྱུང་བའི་དགེ་འདུན ་ལྷག་མའི་ལྟུང་བ་བྱུང་ལ་ཟླ་བ་ཕྱེད་བཅབས་པ་དེའི་སླད་དུ་དགེ་འདུན་ལས་ཟླ་བ་ཕྱེད་ཡོངས་སུ་གནས་པ་གསོལ་ནས། དགེ་འདུན་གྱིས་དགེ་སློང་འཆར་ཀ་འདི་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་ལ་ཟླ་བ་ཕྱེད་བཅབས ་པ་དེའི་སླད་དུ་ཟླ་བ་ཕྱེད་ཡོངས་སུ་གནས་པ་བསྩལ་ཏེ། འདི་ཡོངས་སུ་གནས་པ་བགྱིད་བཞིན་པ་ལས་དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་སྔ་མ་དང་འདྲ་བ་ཡང་བྱུང་ལ། བཅབས་པས་དགེ་སློང་འཆར་ཀ་འདི་དགེ་འདུན་གྱི་གན་དུ་མཆིས ་ཏེ། དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་སྔ་མ་དང་འདྲ་བ་ཡང་བྱུང་ལ་བཅབས་པ་དེའི་སླད་དུ་དགེ་འདུན་ལས་གཞི་ནས་ཡོངས་སུ་གནས་པ་གསོལ་ནས། དགེ་འདུན་གྱིས་དགེ་སློང་འཆར་ཀ་འདི་ལ་དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་སྔ ་མ་དང་འདྲ་བ་ཡང་བྱུང་ལ། བཅབས་པ་དེའི་སླར་དུ་གཞི་ནས་ཡོངས་སུ་གནས་པ་སྩལ་ཏེ། དགེ་སློང་འཆར་ཀ་འདིས་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ལ། ཟླ་བ་ཕྱེད་བཅབས་པ་དེའི་སླད་དུ་ཟླ་བ་ཕྱེད་ཡོངས་སུ་གནས ་པ་ཡང་བགྱིས། དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་སྔ་མ་དང་འདྲ་བ་ཡང་བྱུང་ལ་བཅབས་པའི་སླད་དུ་གཞི་ནས་ཡོངས་སུ་གནས་པ་ཡང་བགྱིས་ལགས་ཏོ། དགེ་འདུན་ལས་ཞག་དྲུག་མགུ་བར་བགྱི་བ་གསོལ་ནས། དགེ་འདུན་གྱིས་དགེ་སློང ་འཆར་ཀ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ལ་ཟླ་བ་ཕྱེད་བཅབས་པ་དེའི་སླང་དུ་ཟླ་བ་ཕྱེད་ཡོངས་སུ་གནས་པ་ཡང་བགྱིས། དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་སྔ་མ་དང་འདྲ་བ་ཡང་བྱུང་ལ་བཅབས་པ་དེའི་སླད་དུ་གཞི་ནས་ཡོངས་སུ ་གནས་བ་ཡང་བགྱིས་པ་འདི་ལ་ཞག་དྲུག་མགུ་བར་བགྱི་བ་སྩལ་ཏེ། དགེ་སློང་འཆར་ཀ་འདི་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ལ། ཟླ་བ་ཕྱེད་བཅབས་པ་དེའི་སླད་དུ་ཟླ་བ་ཕྱེད་གནས་པ་ཡང་བགྱིས་ལགས། དགེ་འདུན་ལྷག་མའི ་ལྟུང་བ་ལྟུང་བ་སྔ་མ་དང་འདྲ་བ་ཡང་བྱུང་ལ། བཅབས་པའི་སླད་དུ་གཞི་ནས་ཡོངས་སུ་གནས་པ་ཡང་བགྱིས་ལགས། ཞག་དྲུག་མགུ་བ་ཡང་བགྱིས་ལགས་ཏེ། དགེ་འདུན་ལས་དབྱུང་བར་གསོལ་ན་དེའི་སླད་དུ་དགེ་འདུན་གྱིས་དགེ་སློང་འཆང་ཀ་ཆེ་གེ ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ལ་ཟླ་བ་ཕྱེད་བཅབས་པ་དེའི་སླང་དུ་ཟླ་བ་ཕྱེད་ཡོངས་སུ་གནས་པ་ཡང་བགྱིས། དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་སྔ་མ་དང་འདྲ་བ་ཡང་བྱུང་ལ་བཅབས་པའི་སླད་དུ་གཞི་ནས་ཡོངས་སུ་གནས་བ ་ཡང་བགྱིས། ཞག་དྲུག་མགུ་བ་ཡང་བགྱིས་པ་དབྱུང་བ་མཛད་ན། ཚེ་དང་ལྡན་པ་གང་དག་དགེ་སློང་འཆར་ཀ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ལ། ཟླ་བ་ཕྱེད་བཅབས་བ་དེའི་སླད་དུ་ཟླ་བ་ཕྱེད་ཡོངས་སུ་གནས་པ་ཡང་བགྱིས། དགེ ་འདུན་ལྷག་མའི་ལྟུང་བ་ལྟུང་བ་སྔ་མ་དང་འདྲ་བ་ཡང་བྱུང་ལ། བཅབས་པའི་སླད་དུ་གཞི་ནས་ཡོངས་སུ་གནས་པ་ཡང་བགྱིས། ཞག་དྲུག་བ་གུས་ཡང་བགྱིས་པ་དབྱུང་བར་བཟོད་པ་དེ་དག་ནི་ཅང་མ་གསུང་ཞིག་གང་དག་མི་བཟོད་པ་དེ་དག་ནི་གསུངས ་ཤིག། འདི་ནི་ལས་བརྗོད་པ་དང་པོ་སྟེ། དེ་བཞིན་ལན་གཉིས་ལན་གསུམ་དུ་བཟླས། དགེ་འདུན་གྱིས་བཟོད་ཅིང་གནང་ནས། དགེ་འདུན་གྱིས་དགེ་སློང་འཆར་ཀ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ལ་ཟླ་བ་ཕྱེད་བཅབས་པ་དེའི་སླད་དུ ་ཟླ་བ་ཕྱེད་ཡོངས་སུ་གནས་པ་ཡང་བགྱིས། དགེ་འདུན་ལྷག་མའི་ལྟུང་བ་བར་མ་དང་འདྲ་བ་ཡང་བྱུང་ལ། བཅབས་པའི་སླད་དུ་གཞི་ནས་ཡོངས་སུ་གནས་པ་ཡང་བགྱིས། ཞག་དྲུག་མགུ་བ་བགྱིས་པ་ཡང་ཕྱུང ་ལགས་ཏེ། འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ། །ཞེས་གསུངས་པ་ཡིན། །ཡོངས་སུ་གནས་པ་དང་གཞི་ནས?་ཡོངས་སུ་གནས་པ་དང། ཡང་བཞི་ནས་བསླང་སྟེ་ཡོངས་སུ་གནས་པ་དང། མགུ་བ་བྱས་པ་དབྱུང་བའི་སྔགས་ནི། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། །དགེ ་སློང་འཆར་ཀ་འདི་ལ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ལ་ཟླ་བ་ཕྱེད་བཅབས་པས་དགེ་སློང་འཆར་ཀ་འདི་དགེ་འདུན་གྱིས་གན་དུ་མཆིས་ཏེ། ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ལ་ཟླ་བ་ཕྱེད་བཅབS ་པ་དེའི་སླད་དུ་དགེ་འདུན་ལ་ཟླ་བ་ཕྱེད་ཡོངས་སུ་གནས་པ་གསོལ་ནས། དགེ་འདུན་གྱིས་དགེ་སློང་འཆར་ཀ་འདི་ལ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ལ་ཟླ་བ་ཕྱེད་བཅབS་བ་དེའི་སླད་དུ་ཟླ་བ་ཕྱེད་ཡོངས་སུ་གནས་བ་སྩལ་ཏེ། ་འདི་ཡོངས་སུ་གནས་པ་བགྱིད་བཞིན་པ་ལས་དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་སྔ་མ་དང་འདྲ་བ་ཡང་བྱུང་ལ། བཅབས་པས་དགེ་སློང་འཆར་ཀ་འདི་དགེ་འདུན་གྱི་གན་དུ་མཆིས་ཏེ་དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་སྔ་མ་དང་འདྲ་བ་ཡང ་བྱུང་ལ། བཅབས་པ་དེའི་སླད་དུ་དགེ་འདུན་ལས་གཞི་ནས་ཡོངས་སུ་གནས་པ་གསོལ་ནས་དགེ་འདུན་གྱིས་དགེ་སློང་འཆར་ཀ་འདི་ལ་དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་སྔ་མ་དང་འདྲ་བ་ཡང་བྱུང་ལ་བཅབས་པས་དེའི་སླད་དུ་གཞི་ནས་ཡོངS ་སུ་གནས་པ་སྩལ་ཏེ། འདི་གཞི་ནས་ཡོངས་སུ་གནས་བ་བགྱིད་བཞིན་པ་ལས་དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་བར་མ་དང་འདྲ་བ་ཡང་བཟླས་ཏེ་བྱུང་ལ་བཅབས་པས་དགེ་སློང་འཆར་ཀ་འདི་དགེ་འདུན་གྱི་གནད་དུ་མཆིས་ཏེ། དགེ་འདུན ་ལྷག་མའི་ལྟུང་བ་ལྟུང་བ་བྱུང་བ་བར་མ་དང་འདྲ་བ་ཡང་བཟླས་ཏེ་བྱུང་ལ་བཅབས་པ་དེའི་སླད་དུ་དགེ་འདུན་ལས་ཡང་གཞི་ནས་བསླང་སྟེ། ཡོངས་སུ་གནས་བ་གསོལ་ནས་དགེ་འདུན་གྱིས་དགེ་སློང་འཆར་ཀ་འདི་ལ་དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་བར ་མ་དང་འདྲ་བ་ཡང་བཟླས་ཏེ་བྱུང་ལ་བཅབས་པ་དེའི་སླད་དུ་ཡང་བཞི་ནས་བསླང་སྟེ་ཡོངས་སུ་གནས་པ་སྩལ་ཏེ། དགེ་སློང་འཆར་ཀ་འདིས་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ལ་ཟླ་བ་ཕྱེད་བཅབས་པ་དེའི་སླད་དུ་ཟླ་བ་ཕྱེད་ཡོངས་སུ་གནས ་པ་ཡང་བགྱིས། དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་སྔ་མ་དང་འདྲ་བ་ཡང་བྱུང་ལ་བཅབས་པ་དེའི་སླད་དུ་གཞི་ནས་ཡོངས་སུ་གནས་པ་ཡང་བགྱིས། དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་བར་མ་དང་འདྲ་བ་ཡང་བཟླས་ཏེ་བྱུང་ལ་བཅབས་པའི་སླད་དུ་ཡང་གཞི ་ནས་བཟླས་ཏེ། ཡོངས་སུ་གནས་པ་ལང་བགྱིས་ལགས་ཏེ། དགེ་འདུན་ལས་ཞག་དྲུག་མགུ་བར་བགྱི་བ་གསོལ་ནས། དགེ་འདུན་གྱིས་དགེ་སློང་འཆར་ཀ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ལ་ཟླ་བ་ཕྱེད་བཅབས་པ་དེའི་སླད་དུ་ཟླ་བ ་ཕྱེད་ཡོངས་སུ་གནས་པ་ཡང་བགྱིས། དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་སྔ་མ་དང་འདྲ་བ་ཡང་བྱུང་ལ་བཅབས་བ་དེའི་སླད་དུ་གཞི་ནས་ཡོངས་སུ་གནས་པ་ཡང་བགྱིས། དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་བར་མ་དང་འདྲ་བ་ཡང་བཟླས་ཏེ་བྱུང་ལ ་བཅབས་པའི་སླད་དུ་ཡང་གཞི་ནས་བསླང་སྟེ་ཡོངས་སུ་གནས་པ་ཡང་བགྱིས་པ་འདི་ལ་ཞག་དྲུག་མགུ་བར་བགྱི་བ་སྩལ་ཏེ། དགེ་སློང་འཆར་ཀ་འདིས་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ལ་ཟླ་བ་ཕྱེད་བཅབས་པ་དེའི་སླད་དུ་ཟླ་བ ་ཕྱེད་ཡོངས་སུ་གནས་པ་ཡང་བགྱིས་ལགས། དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་སྔ་མ་དང་འདྲ་བ་ཡང་བྱུང་ལ་བཅབས་པའི་སླད་དུ་གཞི་ནས་ཡོངས་སུ་གནས་པ་ཡང་བགྱིས་ལགས། དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་བར་མ་དང་འདྲ་བ་ཡང་བཟླས ་ཏེ་བྱུང་ལ་བཅབས་པའི་སླད་དུ་ཡང་གཞི་ནས་བསླང་སྟེ་ཡོངས་སུ་གནས་པ་ཡང་བགྱིས་ལགས། ཞག་དྲུག་མགུ་བ་ཡང་བགྱིས་ལགས་ཏེ། དགེ་འདུན་ལས་འབྱུང་བ་གསོལ་ན། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན ་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང། དགེ་འདུན་གྱིས་དཔེ་སློང་འཆར་ཀ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ལ་ཟླ་བ་ཕྱེད་བཅབས་པ་དེའི་སླད་དུ་ཟླ་བ་ཕྱེད་ཡོངས་སུ་གནས་པ་ཡང་བགྱིས། དགེ་འདུན་ལྷག་མའི་ལྟུང་བ ་ལྟུང་བ་སྔ་མ་དང་འདྲ་བ་ཡང་བྱུང་ལ་བཅབས་པའི་སླད་དུ་གཞི་ནས་ཡོངས་སུ་གནས་པ་ཡང་བགྱིས། དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་བར་མ་དང་འདྲ་བ་ཡང་བཟླས་ཏེ་བྱུང་ལ་བཅབས་པའི་སླད་དུ་ཡང་གཞི་ནས་བསླང་སྟེ་ཡོངས་སུ་གནས་པ་ཡ་ཨང ་བགྱིས་ཞག་དྲུག་མགུ་བར་བགྱིས་པ་ཡང་དབྱུང་བར་བགྱིའོ། །འདི་ནི་གསོལ་པའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་འཆར་ཀ་འདི་ལ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ལ་ཟླ་བ་ཕྱེད་བཅབས་པས་དགེ ་སློང་འཆར་ཀ་འདི་དགེ་འདུན་གྱི་གན་དུ་མཆིས་ཏེ། ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ལ་ཟླ་བ་ཕྱེད་བཅབས་པ་དེའི་སླད་དུ་དགེ་འདུན་ལས་ཟླ་བ་ཕྱེད་ཡོངས་སུ་གནས་བ་གསོལ་ནས། དགེ་འདུན་ག་ཡིས་དགེ་སློང་འཆར་ཀ ་འདི་ལ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ལ་ཟླ་བ་ཕྱེད་བཅབས་པ་དེའི་སླད་དུ་ཟླ་བ་ཕྱེད་ཡོངས་སུ་གནས་པ་སྩལ་ཏེ། འདི་ཡོངས་སུ་གནས་པ་བགྱིད་བཞིན་པ་ལས་དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་སྔ་མ་དང་འདྲ ་བ་ཡང་བྱུང་ལ་བཅབས་པས་དགེ་སློང་འཆར་ཀ་འདི་དགེ་འདུན་གྱི་གན་དུ་མཆིས་ཏེ། དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་སྔ་མ་དང་འདྲ་བ་ཡང་བྱུང་ལ་བཅབས་པས་དེའི་སླད་དུ་དགེ་འདུན་ལས་གཞི་ནས་ཡོངས་སུ་གནས་བ་གསོལ་ནས། དགེ ་འདུ་མ་གྱིས་དགེ་སློང་འཆར་ཀ་འདི་ལ་དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་སྔ་མ་དང་འདྲ་བ་ཡང་བྱུང་ལ། བཅབས་པ་དེའི་སློང་དུ་གཞི་ནས་ཡོངས་སུ་གནས་བ་སྩལ་ཏེ། འདི་གཞི་ནས་ཡོངས་སུ་གནས་བ་བགྱིད་བཞིན་པ་ལས་དགེ་འདུན་ལྷག་མའི་ལྟུང་བ་བར་མ ་དང་འདྲ་བ་ཡང་བཟླས་ཏེ་བྱུང་ལ་བཅབས་པས་དགེ་སློང་འཆར་ཀ་འདི་དགེ་འདུན་གྱི་གན་དུ་མཆིས་ཏེ། དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་བར་མ་དང་འདྲ་བ་ཡང་བཟླས་ཏེ་བྱུང་ལ་བཅབས་པ་དེའི་སླད་དུ་དགེ་འདུན་ལས་ཡང་གཞི་ནས་བསླང་སྟེ་ཡོངས་སུ་གནས ་པ་གསོལ་ནས། དགེ་འདུན་གྱིས་དགེ་སློང་འཆར་ཀ་འདི་ལ་དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་བར་མ་དང་འདྲ་བ་ཡང་བཟླས་ཏེ་བྱུང་བ་བཅབས་པ་དེའི་སླད་དུ་གཞི་ནས་བསླང་སྟེ། ཡོངས་སུ་གནས་པ་སྩལ་ཏེ། དགེ་སློང་འཆར་ཀ་འདིས་ཆེ་གེ་མོ་ལས་བྱུང་བའི ་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ལ་ཟླ་བ་ཕྱེད་བཅབས་པ་དེའི་སླད་དུ་ཟླ་བ་ཕྱེད་ཡོངས་སུ་གནས་པ་ཡང་བགྱིས། དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་སྔ་མ་དང་འདྲ་བ་ཡང་བྱུང་ལ་བཅབས་པའི་སླད་དུ་གཞི་ནས་ཡོངས་སུ་གནས་པ་ཡང་བགྱིས། དགེ་འདུན ་ལྷག་མའི་ལྟུང་བ་ལྟུང་བ་བར་མ་དང་འདྲ་བ་ཡང་བཟླས་ཏེ་བྱུང་ལ་བཅབས་པའི་སླད་དུ་ཡང་གཞི་ནས་བསླང་སྟེ་ཡོངས་སུ་གནས་པ་ཡང་བགྱིས་ལགས་ཏེ། དགེ་འདུན་ལས་ཞག་དྲུག་མགུ་བར་བགྱི་བ་གསོལ་ནས་དགེ་འདུན་གྱིས་དགེ་སློང་འཆར་ཀ་ཆེ་གེ་མོ ་ནས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ལ་ཟླ་བ་ཕྱེད་བཅབས་པ་དེའི་སླད་དུ་ཟླ་བ་ཕྱེད་ཡོངས་སུ་གནས་པ་ཡང་བགྱིས། དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་སྔ་མ་དང་འདྲ་བ་ཡང་བྱུང་ལ་བཅབས་པའི་སླད་དུ་གཞི་ནས་ཡོངས་སུ་གནས་པ་ཡང ་བགྱིས་སོ། །དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་བར་མ་དང་འདྲ་བ་ཡང་བཟླས་ཏེ་བྱུང་ལ་བཅབས་པའི་སླད་དུ་ཡང་གཞི་ནས་བསླང་སྟེ་ཡོངས་སུ་གནས་པ་ཡང་བགྱིས་ལགས་པ་འདི་ལ་ཞག་དྲུག་མགུ་བར་བགྱི་བ་སྩལ་ཏེ། དགེ་སློང་འཆར་ཀ་འདི་ཆེ་གེ་མོ་ལས ་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ལ་ཟླ་བ་ཕྱེད་བཅབས་བ་དེའི་སླད་དུ་ཟླ་བ་ཕྱེད་ཡོངས་སུ་གནས་པ་ཡང་བགྱིས་ལགས། དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་སྔ་མ་དང་འདྲ་བ་ཡང་བྱུང་ལ་བཅབས་པའི ་སླད་དུ་གཞི་ནས་ཡོངས་སུ་གནས་པ་ཡང་བགྱིས་ལགས། དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་བར་མ་དང་འདྲ་བ་ཡང་བཟླས་ཏེ་བྱུང་ལ་བཅབས་པའི་སླད་དུ་ཡང་གཞི་ནས་བསླང་སྟེ་ཡོངས་སུ་གནས་པ་ཡང་བགྱིས་ལགས། ཞག་དྲུག་མགུ་བ ་ཡང་བགྱིས་ལགས་ཏེ། དགེ་འདུན་ལས་དབྱུང་བ་གསོལ་ན། དེའི་སླད་དུ་དགེ་འདུན་གྱིས་དགེ་སློང་འཆར་ཀ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ལ་ཟླ་བ་ཕྱེད་བཅབས་པ་དེའི་སླད་དུ་ཟླ་བ་ཕྱེད་ཡོངས་སུ་གནས་པ་ཡང་བགྱིས ་དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་སྔ་མ་འདྲ་བ་ཡང་བྱུང་ལ་བཅབས་པ་དེའི་སླད་དུ་གཞི་ནས་ཡོངས་སུ་གནས་པ་ཡང་བགྱིས། དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་བར་མ་དང་འདྲ་བ་ཡང་བཟླས་ཏེ་བྱུང་ལ་བཅབས་པའི་སླང་དུ་ཡང ་གཞི་ནས་བསླང་སྟེ་ཡོངས་སུ་གནས་པ་ཡང་བགྱིས། ཞག་དྲུག་མགུ་བ་ཡང་བགྱིས་པ་དབྱུང་བ་མཛད་ན། ཚེ་དང་ལྡན་པ་གང་དག་དགེ་སློང་འཆར་ཀ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ལ་ཟླ་བ་ཕྱེད་བཅབས་པ་དེའི་སླད ་དུ་ཟླ་བ་ཕྱེད་ཡོངས་སུ་གནས་པ་ཡང་བགྱིས། དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་སྔ་མ་དང་འདྲ་བ་ཡང་བྱུང་ལ་བཅབས་པའི་སླད་དུ་གཞི་ནས་ཡོངས་སུ་གནས་པ་ཡང་བགྱིས། དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་བར་མ་དང་འདྲ་བ་ཡང ་བཟླས་ཏེ། བྱུང་ལ་བཅབས་པའི་སླད་དུ་གཞི་ནས་བསླང་སྟེ་ཡོངས་སུ་གནས་བ་?་བགྱིས་ཞག་དྲུག་མགུ་བ་ཡང་བགྱིས་པ་དབྱུང་བར་བཟོད་པ་དེ་དག་ནི་ཅང་མ་གསུང་ཞིག། གང་དག་མི་བཟོད་པ་དེ་དག་ནི་གསུངས་ཤིག། འདི་ནི་ལས་བརྗོད་པ་དང་པོ ་སྟེ་དེ་བཞིན་ལན་གཉིས་ལན་གསུམ་དུ་བཟླས། དགེ་འདུན་གྱིས་བཟོད་ཅིང་གནང་ནས། དགེ་འདུན་གྱིས་དགེ་སློང་འཆར་ཀ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ལ། ཟླ་བ་ཕྱེད་བཅབས་པ་དེའི་སླད་དུ་ཟླ་བ་ཕྱེད་ཡོངས་སུ་གནས་པ ་ཡང་བགྱིས། དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་སྔ་མ་དང་འདྲ་བ་ཡང་བཅབས་པའི་སླད་དུ་གཞི་ནས་ཡོངས་སུ་གནས་པ་ཡང་བགྱིས་།དགེ་འདུན་ལྷག་མའི་ལྟུང་བ་ལྟུང་པ་བར་མ་དང་འདྲ་བ་ཡང་བཟླས་ཏེ་བྱུང་ལ་བཅབས་པའི་སླད་དུ་ཡང་གཞི་ནས ་བསླང་སྟེ་ཡོངས་སུ་གནས་པ་ཡང་བགྱིས། ཞག་དྲུག་མགུ་བ་ཡང་བགྱིས་བ་ཕྱུང་ལས་ཏེ། འདི་ལྟར་ཅང་མི་གསུབ་པས་དེ་བཞིན་འཛིན་ཏོ་ཞེས་གསུངས་པ་ཡིན་ནོ། །ཡོངས་སུ་གནས་པ་དང་གཞི་ནས་ཡོངས་སུ་གནས་པ་དང། ཡང་གཞི་ནས་བསླང་སྟེ ་ཡོངས་སུ་གནས་པ་དང། མགུ་བ་དང་གཞི་ནས་མགུ་བ་དང། ཡང་གཞི་ནས་བསླང་སྟེ། མགུ་བ་ཡང་བྱས་པ་དབྱུང་བའི་སྔགས་ཀྱང་དེ་བཞིན་དུ་ཅི་རིགས་པར་བརྗོད་པར་བྱའོ།། །།དེར་བསྡིགས་པ་ཡང་ངོ་ཞེས་བྱ་བ་ནི། དབྱུང་བ་དེར་བསྡིགས་པའི་སྔགS ་ཀྱང་བརྗོད་པར་བྱ་སྟེ། དེའི་སྔགས་ནི། འཆར་ཀ་ཁྱོད་ཉོན་ཅིག། ཁྱོད་ཀྱི་ལེགས་པ་མ་བྱས་སོ། །ལེགས་བ་ཤིན་ཏུ་མ་བྱས་སོ། །བྱ་བ་གཞན་ཡིན་ན་གཞན་བྱས་སོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི ་སངས་རྒྱས་དེའི་ཆོས་ནི་འདི་ལྟར། འདོད་ཆགས་འདོད་ཆགས་དང་བྲལ་བར་བྱ་བའི་ཕྱིར་སེམས་རྣམ་བར་གྲོལ་བ་དང།། །།ཤེས་རབ་རྣམ་པར་གྲོལ་བའི་ཆོས་སྟོན་ཅིང། ཞེ་སྡང་འདོད་ཆགས་དང་བྲལ་བར་བྱ་བ་དང། གཏི ་མུག་འདོད་ཆགས་དང་བྲལ་བར་བྱ་བའི་ཕྱིར་སེམས་རྣམ་པར་གྲོལ་བ་དང། ཤེས་རབ་རྣམ་པར་གྲོལ་བའི་ཆོས་སྟོན་བཞིན་དུ་ཁྱོད་ཀྱིས་མི་མཛེས་པ་འདི་ལྟ་བུ་འདི་བྱས་པ་མི་རིགས་སོ། །མི་གཏི་མུག་ཅན་ཁྱོད་ཀྱིས་སྦྲུལ་ནག་པོ་དུག་མྱུར་དུ་ ་ཁྱབ་པར་བྱེད་པ་དུག་དྲག་པོ་དུག་རྣོ་བ་ལ་ལག་པ་གཉིས་ཀ་བཟུང་བ་ནི་བླའི། ཀུན་ཏུ་ཆགས་པའི་སེམས་ཀྱིས་རང་གི་ཡན་ལག་རྣམ་པ་ལ་བཟུང་བ་ནི་དེ་ལྟ་མ་ཡིན་ནོ། །མི་གཏི་མགུ་ཅན་ཁྱོད་ལག་པ་གང་དག་གིས་བྲམ་? ་དང་ཁྱིམ་བདག་དད་བ་ཅན་རྣམས་ལས་དད་བས་བྱིན་བ་བླང་པར་བྱ་བའི་ལག་བ་དེ་དག་ཉིད་ཀྱིས་མི་མཛེས་པ་འདི་ལྟ་བུ་འདི་བྱ་བ་མི་རིགས་སོ། །མི་གཏི་མུག་ཅན་ཁྱོད་ཀྱིས་དེ་ལྟར་བདག་ལ་བསྙེན་བཀུར་བྱ་བ་ཉམས་སུ་བླངས་པར་གྱུར་ཏོ། །འཆར ་ཀ་གཉིས་པོ་འདི་དག་ནི་ཆོས་ཀྱི་སྒྲོན་མ་དང། ཆོས་ཀྱིས་སྣང་བ་དང། ཆོས་ཀྱི་འོད་དང། ཆོས་ཀྱི་གསལ་བ་དང། ཆོས་ཀྱི་སྣང་གསལ་དང། ཆོས་ཀྱི་མར་མེ་དང། ཆོས་རབ་གསལ་མེད་པར་བྱེད་པ་སྟེ། གཉིས་གང་ཞེ་ན། ལྟུང་བ་འབྱིན་པ་གང ་ཡིན་པ་དང། ལྟུང་བ་བྱུང་ནས་ཆོས་བཞིན་དུ་ཕྱིར་མི་འཆོས་པ་གང་ཡིན་པའོ། །གཉིས་ནི་སྡིག་པའི་རྩ་བ་མི་རྐོ། རྒྱུན་ལས་བཟློག་པ་ལ་མི་འབད། འབབ་ཆུ་དང། འཁྲི་ཤིང་མི་སྐེམས། བདུད་མི་འདུལ། བདུད་ཀྱི་རྒྱལ་མཚན་མ་བསྙོལ། ་ཆོས་ཀྱི་རྒྱལ་མཚན་མི་བསྒྲེང། སྡིག་པའི་རྒྱུན་མི་གཅོག། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཆོས་ཀྱི་འཁོར་ལོ་ཆོས་དང་མཐུན་པར་བསྐོར་བ་རྗེས་སུ་མི་བསྐོར་བ་སྟེ། གཉིས་གང་ཞེ་ན། ལྟུང་བ་འབྱིན་པ་གང་ཡིན་པ་དང། ལྟུང ་བ་བྱུང་ནས་ཆོས་བཞིན་དུ་ཕྱིར་མི་འཆོས་པ་གང་ཡིན་པའོ། །གཉིས་ནི་ཀུན་ནས་ཉོན་མོངས་པར་འགྱུར་བ་དང། གཉིས་ཀྱིས་གྲག་པ་འཕེལ་བར་འགྱུར་ཏེ། གཉིས་གང་ཞེ་ན། ལྟུང་བ་འབྱིན་པ་གང་ཡིན་པ་དང། ལྟུང་བ་བྱུང་ནས་ཆོས ་བཞིན་དུ་ཕྱིར་མི་འཆོས་པ་གང་ཡིན་པའོ། །འཆར?་ཀ་ཁྱོད་ཀྱིས་ལྟུང་བ་འདི་མ་བཤགས་ཤིང་སོ་སོར་མ་བཤགས་ན། མི་རྟག་པའི་འདུ་ཤེས་དང། མི་རྟག་པ་ལ་སྡུག་བསྔལ་བའི་འདུ་ཤེས་དང། སྡུག་བསྔལ་བ་ལ་བདག་མེད་པའི ་འདུ་ཤེས་དང། ཟས་ལ་མི་མཐུན་པའི་འདུ་ཤེས་དང། འཇིག་རྟེན་ཐམས་ཅད་ལ་མངོན་པར་མི་དགའ་བའི་འདུ་ཤེས་དང། ཉེས་དམིགས་ཀྱི་འདུ་ཤེས་དང། སྤོང་བའི་འདུ་ཤེས་དང། འདོད་ཆགས་དང་བྲལ་བའི་འདུ་ཤེས་དང། འགོག་པའི་འདུ་ཤེས་དང ་?་བའི་འདུ་ཤེས་དང། མི་སྡུག་པའི་འདུ་ཤེས་དང། རྣམ་པར་བསྡོས?་པའི་འདུ་ཤེས་དང། རྣམ་པར་བརྙག་པའི་འདུ་ཤེས་དང། རྣམ་པར་བམ་པའི་འདུ་ཤེས་དང། རྣམ་པར་འབུས?་བཞིག་པའི་འདུ་ཤེས་དང། རྣམ་པར་ཟོས་པའི་འདུ་ཤེས་དང ་རྣམ་པར་དམར་བའི་འདུ་ཤེས་དང། རྣམ་པར་འཐོར་བའི་འདུ་ཤེས་དང། རུས་གོང་གི་འདུ་ཤེས་དང། སྟོང་པ་ཉིད་སུ་སོ་སོར་རྟོགས་པའི་འདུ་ཤེས་ཀྱི་འོས་མ་ཡིན། བསམ་གཏན་དང་པོ་དང། གཉིས་པ་དང། གསུམ་པ་དང། བཞི་པ་དང། བྱམས་པ་དང། སྙིང་རྗེ ་དང། དགའ་བ་དང། བཏང་སྙོམས་དང། ནམ་མཁའ་མཛའ་ཡས་སྐྱེ་མཆེད་དང། རྣམ་ཤེས་མཛའ་ཡས་སྐྱེ་མཆེད་དང་།ཅི་ཡང་མེད་པའི་སྐྱེ་མཆེད་དང། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་དང། རྒྱུན་ཏུ་ཞུགས་པའི་འབྲས་བུ་དང། ལེན་ཅིག ་ཕྱིར་འོང་བའི་འབྲས་བུ་དང། ཕྱིར་མི་འོང་བའི་འབྲས་བུ་དང། རྫུ་འཕྲུལ་གྱི་ཡུལ་དང། ལྷའི་རྣ་བ་དང། སེམས་ཀྱི་རྣམ་གྲངས་དང། སྔོན་གྱི་གནས་དང། འཆི་འཕོ་དང། སྐྱེ་བ་དང། ཟག་པ་ཟད་པའི་འོས་མ་ཡིན་ནོ། །འཆར་ཀ་ལྟུང་བ་འདི་མ་བཤགS ་ཤིང་སོ་སོར་མ་བཤགས་ན། འགྲོ་བ་གཉིས་?་གང་ཡང་རུང་བ་ཞིག་ཁྱོད་གྱི་འགྲོ་བ་ཡིན་པར་ཤེས་པར་བྱ་སྟེ། སེམས་ཅན་དམྱལ་བའམ་དུད་འགྲོའོ། །བཅོམ་ལྡན་འདས་ཀྱིས་ཀྱང་ལས་ཀྱི་མཛའ་འཆབ་པའི་འགྲོ་བ་ནི་གཉིས་ཏོ། སེམས་ཅན ་དམྱལ་བ་?་དུད་འགྲོའོ། །གང་དག་ངས་བཤད་པ་ལ་ཡིད་མི་ཆེས་པ་དེ་དག་ནི་འཆབ་པར་སེམས་སོ། །ཞེས་གསུངས་སོ་ཞེས་གསུངས་པ་ཡིན་ནོ། །བསྡིགས་པ་དེ་ནམ་གྱི་ཚེ་བྱ་ཞེ་ན་དེའི་ཕྱིར། གསོལ་བ་དང་ལས་བརྗོད་པ་དང་པོ་རྩ་བར་དུའོ ་ཞེས་བྱ་བ་སྨྲས་ཏེ། གསོལ་བ་བྱས་ནས་དེའི་རྗེས་ལ་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། ལྟུང་བ་འབྱིན་པ་གནས་སྐབས་ཇི་ལྟར་འདུག་པ་ལ་བྱ་ཞེ་ན་དེའི་ཕྱིར་རྩ་བཀྲམ་པ་ལྟ་བུར་འགྱེལ་བ་ལའོ་ཞེས་བྱ་བ་སྨྲས་ཏེ། རྩ་བཅད ་དེ་ས་ལ་བཀྲམ་པ་ལྟར་ལུས་ཐམས་ཅད་ས་ལ་བསྒྱེལ་བ་ལ་ཞེས་བྱ་བའི་ཐ་ཚིག་གོ་།གཟེངས་བསྟོད་པ་ཡང་ངོ་ཞེས་བྱ་བ་ནི། དེ་ལ་གཟེངས་བསྟོད་པའི་སྔགས་ཀྱང་བརྗོད་པར་བྱ་སྟེ། དེའི་སྔགས་ནི། འཆར་ཀ་ཁྱོད་ཀྱིས་ལེགས་བ་བྱས་སོ ་ལེགས་པ་ཤིན་ཏུ་བྱས་སོ། །གཉིས་ནི་མཁས་པ། གཉིས་ནི་གསལ་བ། གཉིས་ནི་དགེ་བ། གཉིས་ནི་སྐྱེས་བུ་དམ་པ་སྟེ། གཉིས་གང་ཞེ་ན། ལྟུང་བ་མི་འབྱུང་བ་གང་ཡིན་པ་དང། ལྟུང་བ་བྱུང་ནས་ཆོས་བཞིན་དུ་ཕྱིར་འཆོས་པ་གང་ཡིན ་བའོ། །གཉིས་ནི་སྡིག་པའི་རྩ་པ་རྐོ་བ། རྒྱུན་ལས་བཟློག་པ་ལ་འབད་པ་འབབ་ཆུ་དང་འཁྲི་ཤིང་སྐེམས་པ་དང། བདུད་འདུལ་བ། བདུད་ཀྱི་རྒྱལ་མཚན་སྙོལ་བ། ཆོས་ཀྱི་རྒྱལ་མཚན་བསྒྲེང་བ། སྡིག་པའི་རྒྱུན་གཅོད་པ། དེ་བཞིན་གཤེགS ་བ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཆོས་ཀྱི་འཁོར་ལོ་ཆོས་དང་མཐུན་པ་བསྐོར་བ་རྗེས་སུ་བསྐོར་བ་སྟེ། གཉིས་གང་ཞེ་ན། ལྟུང་བ་མི་འབྱིན་བ་གང་ཡིན་པ་དང། ལྟུང་བ་བྱུང་ནས་ཆོས་བཞིན་དུ་ཕྱིར་འཆོས་པ་གང་ཡིན ་པའོ། །གཉིས་ནི་རྣམ་པར་བྱང་བར་འགྱུར་ཞིང་ཀུན་ནས་ཉོན་མོངས་པར་མི་འགྱུར་བ་དང། གཉིས་ཀྱི་ཟག་པ་འཕེལ་བར་མི་འགྱུར་བ་སྟེ། གཉིས་གང་ཞེ་ན། ལྟུང་པ་མི་འབྱིན་པ་གང་ཡིན་པ་དང་།ལྟུང་བ་བྱུང་ནས་ཆོས་བཞིན་དུ་ཕྱིར་འཆོས ་པ་གང་ཡིན་པའོ།། འཆར་ག་ཁྱོད་ལྟུང་བ་འདི་བཤགས་ཤིང་སོ་སོར་བཤགས་ན་མི་རྟག་པའི་འདུ་ཤེས་དང། མི་རྟག་པ་ལ་སྡུག་བསྔལ་བའི་འདུ་ཤེས་དང། སྡུག་བསྔལ་བ་ལ་བདག་མེད་པའི་འདུ་ཤོས་དང། ཟས་ལ་མ་མཐུན་པའི་འདུ་ཤེས་དང ་འཇིག་རྟེན་ཐམས་ཅད་ལ་མངོན་པར་མི་དགའ་བའི་འདུ་ཤེས་དང། ཉེས་དམིགས་ཀྱི་འདུ་ཤེས་དང། སྤོང་བའི་འདུ་ཤེས་དང། འདོད་ཆགས་དང་བྲལ་པའི་འདུ་ཤེས་དང། འགོག་པའི་འདུ་ཤེས་དང་།འཆི་བའི་འདུ་ཤེས་དང། མི་སྡུག་བའི་འདུ ་ཤེས་དང། རྣམ་པར་བསྔོས་པའི་འདུ་ཤེས་དང་།རྣམ་པར་བརྣགས་པའི་འདུ་ཤེས་དང། རྣམ་པར་འབུས་ཞིགས་པའི་འདུ་ཤེས་དང། རྣམ་པར་བམ་པ་བི་འདུ་ཤེས་དང། རྣམ་པར་ཟོས་པའི་འདུ་ཤེས་དང། རྣམ་པར་དམར་བའི་འདུ་ཤེས་དང། རྣམ ་པར་འཐོར་བའི་འདུ་ཤེས་དང་།རུས་གོང་གི་འདུ་ཤེས་དང། སྟོང་པ་ཉིད་དུ་སོ་སོར་རྟོག་པའི་འདུ་ཤེས་ཀྱི་འོས་སུ་གྱུར་པ་ཡིན། བསམ་གཏན་དང་པོ་དང། གཉིས་པ་དང། གསུམ་པ་དང། བཞི་པ་དང། བྱམས་པ་དང་།སྙིང་རྗེ་དང། དགའ་བ་དང། བཏང ་སྙོམས་དང། ནུམ་མཁའ་མཛའ་ཡས་སྐྱེ་མཆེད་དང། རྣམ་ཤེས་མཛའ་ཡས་སྐྱེ་མཆེད་དང། ཅི་ཡང་མེད་པའི་སྐྱེ་མཆེད་དང། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་དང། རྒྱུན་ཏུ་ཞུགས་པའི་འབྲས་བུ་དང། ལན་ཅིག་ཕྱིར་འོང་བའི་འབྲས་བུ ་དང། ཕྱིར་མི་འོང་བའི་འབྲས་བུ་དང། རྫུ་འཕྲུལ་གྱི་ཡུལ་དང། ལྷའི་རྣ་བ་དང། སེམས་ཀྱི་རྣམ་གྲངས་དང། སྔོན་གྱི་གནས་དང། འཆི་འཕོ་དང། སྐྱེ་བ་དང། འབྲས་བུའི་མཆོག་དགྲ་བཅོམ་པའི་འོས་སུ་གྱུར་པ་ཡིན་ནོ། །འཆར་ཀ་ལྟུང་བ་འདི་བཤགས ་ཤིང་སོ་སོར་བཤགས་པས་འགྲོ་པ་གཉིས་པ་ལས་གང་ཡང་རུང་བ་ཞིག་ཁྱོད་ཀྱི་འགྲོ་བ་ཡིན་པར་ཤེས་པར་བྱ་སྟེ། ལྷ་འམ་མིའོ། །བཅོམ་ལྡན་འདས་ཀྱིས་ཀྱང་ལས་ཀྱི་མཛའ་མི་འཆབ་པའི་འགྲོ་བ་ནི་གཉིས་ཏེ་ལྷ་འམ་མིའོ། །གང་དག་པས་བཤད་པ ་ལ་ཡིད་ཆེས་པ་དེ་དག་ནི་འཆབ་པར་མི་སེམས་སོ། །ཞེས་གསུངས་སོ། །ཡང་གསུངས་པ། བཅབས་པ་ཆར་བ་བཞིན་དུ་འབབ། །བཤགས་པས་ཆར་བཞིན་བབ་མི་འགྱུར། །དེ་ལྟ་བས་ན་བཤགས་པ་བྱ། །དེ་ལྟས་ཚོར་བཞིན་དེ་མི་འབབ། ཅེའོ།། ་ཚེ་དང་ལྡན་པ་འཆར་ཀ་ཁྱོད་ཕྱུང་ཟིན་གྱིས་བག་ཡོད་པར་བསྒྲུབས་ཤིག། ཅེས་གསུངས་པ་ཡིན་ནོ། །གང་གི་ཚེ་གཟེངས་བསྟོང་པ་དེ་བྱ་ཞེ་ན་དེའི་ཕྱིར་བརྗོད་པ་བྱས་མ་ཐག་ཏུའོ་ཞེས་བྱ་བ་སྨྲས་ཏེ། ཕྱང་ལགས ་དེ་འདི་ལྟར་ཅང་མི་གསུང་པས་དེ་དེ་བཞིན་དུ་འཛིན་ཏོ་ཞེས་བྱ་བའི་ཚིག་བརྗོད་པར་བྱས་མ་ཐག་ཏུའོ་ཞེས་བྱ་བའི་ཐ་ཚིག་གོ་ཕྱིར་བཅོས་པའི་གཞི་གཞིད?་གཏོགས་པའོ་ཞེས་བྱ་བ་དེ་འདུལ་བའི་བཞིའི་སྐབས་སུ་གཏོགས་པ་བཤད ་ཟིན་ཏོ། །།ང་ནི་ཕྱིར་བཅོས་པའི་གཞི་ཞུ་བའི་ཕྱིར་ཚུལ་ཁྲིམས་འཚལ་པ་བསྐྲད་པར་བྱའོ་ཞེས་བྱ་བ་སྨྲས་ཏེ། འདིར?་ཚུལ་ཁྲིམས་འཆལ་བ་ཞེས་བྱ་བ་ནི་ཕམ་པར་གྱུར་པ་ཡིན་པར་ཤེས་པར་བྱའོ། །འདི་ལ་དགེ་འདུན་དབང ་ངོ་ཞེས་བྱ་བ་ནི། ཚུལ་ཁྲིམས་འཆལ་བ་བསྐྲད་པ་འདི་ལ་དགེ་འདུན་དབང་བ་ཉིད་དེ། གཙུག་ལག་ཁང་གི་བྱ་བ་ནི་ཚོགས་ལ་རག་ལུས་པ་ཉིད་ཡིན་པའི་ཕྱིར་དེ་ལ་དགེ་འདུན་དབང་བ་ཉིད་ཡིན་ནོ། །འདིར་གཞུང་ནི་བཅོམ་ལྡན་འདས་ཀྱིས ་དགེ་སློང་ཚུལ་ཁྲིམས་འཆལ་པ་བསྐྲད་པར་བྱའོ་ཞེས་བཀའ་སྩལ་ན། གང་གིས་བསྐྲད་བར་བགྱི། དགེ་འདུན་གྱིས་སོ་ཞེས་གསུངས་བ་ཡིན་ནོ། །དེས་དེ་ལ་ལ་བར་མི་དོར་རོ་ཞེས་བྱ་བ་ནི། དགེ་འདུན་དེས་ཚུལ་ཁྲིམས་འཆལ་བ་བསྐྲད་པ ་དེ་ཡལ་བར་མི་བོར་བ་སྟེ། དགེ་འདུན་གྱིས་དེ་ལ་འབང་བྱར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ་བསྙིལ་བ་ལ་བཟོད་པར་བྱ་བ་ཉིད་དོ་ཞེས་བྱ་བ་ནི། དགེ་ཚུལ་བསྙིལ་བའི་ལས་བྱས་པའི?་ཇི་ལྟར་ན་མཐུད?་བྱས་པ་གཞན་དག་ལ་བཟོད་པར་བྱ ་བ་དེ་བཞིན་དུ་དེ་ལ་ཡང་བཟོད་པར་བྱ་བ་ཉིད་ཡིན་ནོ། །འདིར་གཞུང་ནི་དགེ་ཚུལ་བསྙིལ་པ་སྡུད་པའི་ལྟུང་བྱེད་ཀྱི་ཞུ་བ་ལས་དགེ་འདུན་གྱིས་དགེ་ཚུལ་བསྙིལ་བའི་ལས་ཀྱིས་བསྙིལ་བར་གྱུར་ཅིང་དེ་ཡང་འབྱུང་བར་བསྐྱོད་ན་བཟོད ་པར?་བགྱི་འམ། བཟོང་བར་མི་བགྱི། བཟོད་པར་བྱའོ་ཞེས་གསུངས་པ་ཡིན་ནོ། །ནན་ཐུར་བྱེད་པ་དག་གིས་མ་བསྐོས་ན་ནན་ཐུར་བྱས་པ་ལ་བཟོད་པ་མི་འཆགས་སོ་ཞེས་བྱ་བ་ནི། ནན་ཐུར་བྱེད་པའི་དགེ་སློང་རྣམས་ཀྱིས་ནན་ཐུར་བྱས་པའི་གང་ཟག ་དེ་ལ་བཟོད་པ་གྱིས་ཤིག་ཅེས་མ་བསྐོས་བར་དགེ་སློང་གཞན་གྱིས་དེ་ལ་བཟོད་པ་ལེན་བར་བྱེད་པ་མི་འཆགས་པ་སྟེ། གལ་ཏེ་དགེ་སློང་གཞན་དག་ནན་ཐུར་བྱས་པ་དེ་ལ་བཟོད་པ་བྱེད་འདོད་ན་ཅི་ནས་ཀྱང་ནན་ཐུར་བྱེད་བ་དག་གིས་དེར་བསྐོས་པ་ཉིད་དུ ་འགྱུར་བར་དེ་ལྟར་བྱ་ཞིང་དེ་ལ་བཟོད་པར་བྱའོ། །བསྐྲད་པས་སུན་ཕྱུང་བའི་གནས་སུ་གནས་པར་མི་བྱ་བ་ཉིད་དོ་ཞེས་བྱ་བ་ནི། ཁྱིམ་སུན་འབྱིན་པ་བསྐྲད་པ་ཉིད་ཀྱིས་གནས་གང་སུན་ཕྱུང་བར་གྱུར་པའི་སྤྱོད་ཡུལ་གྱི་གནས་དེར་ངེས་གནས་བར་མི་བྱ ་བ་ཉིད་དེ། དེས་དེ་དག་གི་མ་དང་བ་ཡོངས་སུ་སྤང་བའི་ཕྱིན་གཞན་དུ་འགྲོ་བར་བྱའོ། །འདིར་གཞུང་ནི་རྣམ་པར་འབྱེད་པ་ལS་ཚེ་དང་ལྡན་པ་ཁ་ཡོད་གནས་འདི་ནས་སོང་ཞིག་ཅོས་བྱ་བ་དང། དགེ་སློང་བྲམ་ཟེའི་བུ་མས་ནུས་པ་ལས་ཀྱང་བསྐྲད་བ་ཞེས་བྱ་བའི ་དོན་ཅི་ལགས་ཉེ་བར་འཁོར་ལས་དེའི་མིང་ཡིན་ཏེ། འོན་ཀྱང་བསྐྲད་བར་བྱ་བ་ནི་དགེ་སློང་ཁྱིམ་སུན་འབྱིན་པ་གང་ཡིན་པ་དེ་ལ་བྱ་སྟེ་དེ་འདིར་གནས་པར་མི་བྱའོ་ཞེས་གསུངས་པ་ཡིན་ནོ། །གནས་ནས་ཕྱུང་བ་ཐཾས་ཅད་ལ་གནས་བར་བྱ་བ་མ་ཡིན་པ་ཉིད་དང་ལོ་སྤང་པ་བྱ་? ་ཡིན་པ་ཉིད་ཞེས་བྱ་བ་ནི། ལྷག་ཅིག་གནས་པར་བྱ་བ་ཉིད་མ་ཡིན་བང?་ངོ། ལྷན་ཅིག་ལོངས་སྤྱད་པ་བྱ་བ་མ་ཡིན་པ་ཉིད་ཅེས་བྱ་བ་དེ་གཉིས་ནི་གནས་ནས་ཕྱུང་བ་ཐམས་ཅད་ལ་རིག་པར་བྱའོ། ལྟ་བའི་རྣམ་པ་མི་གཏོང་བ་ཉིད་ཀྱིས་གནས་ནས་ཕྱུང?་བའི་བཞི? ་ལ་དེ་གཉིས་རིག་པར་བྱ་བར་མ་ཟད་དོ། །དེ་ཡང་བསྐྲད་པར་བྱ་བ་ཡིན་ནོ། །འདིར་གཞུང་ནི་དགེ་སློང་བྲམ་ཟེའི་བུ་མོས་ཞུས་པ་ལས་གནས་ནས་ཕྱུང་བ་གྲོགས་དང་བཅས་པར་བརྗོད་པར་བགྱིའམ་བསྦོགས?་མ་མཆིས་པར་བརྗོད་པར་བགྱི?་གནས་ནས ་བྱུང་བ་ཐམས་ཅད་གཅིག་པུ་གྲོགས་མེད་པ་གཉིས་པ་མེད་པར་བརྗོད་པར་བྱའོ། །གནས་ནས་ཕྱུང་བ་ལོངས་སྤྱོད་དང་བཅས་པར་བརྗོད་བར་བགྱི་འམ། ལོངས་སྤྱོད་མ་མཆིས་བར་བརྗོད་པར་བགྱི། གནས་ནས་ཕྱུང་བ་ཐམS ་ཅད་ལོངས་སྤྱོད་མེད་པར་བརྗོད་པར་བྱའོ་ཞེས་གསུངས་པ་ཡིན་ནོ། །འདི་ལ་འདུ་ཤེས་ཀྱིས་རྣམ་པར་བཞག་གོ་ཞེས་བྱ་བ་ནི། གནས་ནས་ཕྱུང་བ་སྤང་བ་འདི་ལ་འདུ་ཤེས་ཀྱིས་རྣམ་པར་བཞག་པ་སྟེ། གང་གིས་འདི་གནས་ནས་ཕྱུང་བ་ཡིན་ནོ་ཞེས་བྱ ་བར་ཤེས་ལ་དེ་མི་སྤོང་བ་དེ་ལ་ཉེས་པ་འགྱུར་གྱིས་མི་ཤེས་པ་ལ་ནི་མ་ཡིན་ནོ། །འདིར་གཞུང་ནི། གང་གིས་གནས་ནས་ཕྱུང་བར་ཤེས་པ་དེས་ལྷན་ཅིག་གནས་པ་དང། ལྷན་ཅིག་ལོངས་སྤྱད་པར་མི་བྱའི། གང་གིས་གནས་ནས་ཕྱུང་བར་མི་ཤེས ་པ་དེས་ལྷན་ཅིག་གནས་པ་དང། ལྷན་ཅིག་ལོངས་སྤྱད་པ་དག་ལ་ནི་ལྟུང་བ་མེད་དོ་ཞེས་གསུངས་པ་ཡིན་ནོ། །ཡོངས་སུ་སྤང་བར་བྱ་བ་ཐམས་ཅད་ཡོངས་སུ་སྤང་བ་དག་ལ་ཡང་འདིའི་རྗེས་སུ་འབྲང་བའི་རྣམ་པ་གཉིས་རིག་བར་བྱའོ། །བྱ་བ་ཉིད ་ན་དེ་གཉིས་ཆོས་མ་ཡིན་པའི་ཕྱོགས་དང་ཅིག་ཤོས་ཡིན་གྱི་ཅིག་ཤོས་དང་ནི་མ་ཡིན་ནོ་ཞེས་བྱ་བ་ནི། ལས་བྱེད་པ་དང། འཁོར་ལོ་བྱེ་བ་དག་ལས་གང་ཡང་རུང་བ་བྱེ་བ་ཉིད་ན་གནས་པར་བྱ་བ་མ་ཡིན་བ་ཉིད་དང་ལོངས་སྤྱད་བར་བྱ་བ ་མ་ཡིན་པ་ཉིད་དེ་གཉིས་ཆོས་མ་ཡིན་པའི་ཕྱོགས་དང་ཅིག་ཤོས་ཀྱི་ཕྱོགས་སུ་ལྷན་ཅིག་མི་བྱ་བ་ཡིན་གྱི། ཆོས་ཀྱི་ཕྱོགས་ཅིག་ཤོས་དད་ཆོས་མ་ཡིན་པའི་ཕྱོགས་སུ་ལྷན་ཅིག་བྱར་མི་རུང་བ་ནི་མ་ཡིན་ཏེ། ཆོས་ཀྱི་ཕྱོགས་ལ་ནི་ཉེས་པ ་མེད་པའི་ཕྱིར་རོ། །འདིར་གཞུང་ནི་ཁས་བླངས་བདག་ཁས་མ་བླངས་པ་དག་དང་ལྷན་ཅིག་ལོངས་སྤྱོད་པར་བྱེད་ན་ཉེས་བྱས་སོ། །ཁས་མ་བླངས་པ་དག་ཁས་བླངས་པ་དག་དང་ལྷན་ཅིག་ལོངས་སྤྱོད་པར་བྱེད་པ་ལ་ནི་ལྟུང་བ་མེད་དོ་ཞེས ་གསུངས་པ་ཡིན་ནོ། །ནན་ཐུར་བྱས་པ་གཞན་དག་ལ་དེ་གཉིས་མི་བྱའོ་ཞེས་བྱ་བ་ནི། གནས་ནས་ཕྱུང་བ་ལས་གཞན་པའི་ནན་ཐུར་བྱས་པ་བསྡིགས་པ་དང་སྨད་པ་དང་བསྐྲད་པ་དང་ཕྱིར་འགྱེད་པ་བྱས་པའི་ཡུལ་དག་ལ་ལྷན་ཅིག་གནས་པར་མི་བྱ ་བ་ཉིད་དང་ལྷན་ཅིག་ལོངས་སྤྱད་པར་མི་བྱ་བ་ཉིད་དེ་གཉིས་མི་བྱ་བའོ། །འདིར་གཞུང་ནི་བསྡིགས་པའི་ལས་བགྱིས་པ་ལ་སྨད་པའི་ལས་བགྱིད་ན་བགྱིས་པར་བརྗོད་པར་བགྱི་འམ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ། བྱས་པར་བརྗོད་པར་བྱ་སྟེ། ་སྡིགS་པའི་ལས་ནི་བག་ཡངས་སུ་གྱུར་ཏོ་ཞེས་བྱ་བ་ལ་སོགས་པས་གནས་ནས་ཕྱུང་བ་ལས་གཞན་པའི་ནན་ཐུར་བྱས་པ་དག་ལ་ནན་ཐུར་གཞན་འཆགས་བར་གསུངS་ནས་གནས་ནས་བྱུང་བ་ལ་བསྡིགས་པའི་ལས་བགྱིད་ན་བགྱིས་བར་བརྗོད་པར་བགྱི་འམ། ་ཉེ་བར་འཁོར་མི་བྱ་སྟེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་ལོངས་མི་སྤྱད་པར་བྱ་བའི་ཕྱིར་སོང་བ་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་གནས་ནས་ཕྱུང་བ་ལ་སྨད་པ་དང་བསྐྲད་བ་དང་ཕྱིར་འགྱེད་བའི་ལས་བགྱིད་ན་བགྱིས་པར་བརྗོད་པར་བགྱི་འམ། ཉེ་བར་འཁོར་མི ་བྱ་སྟེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འོངས་མི་སྤྱད་པར་བྱ་བའི་ཕྱིར་སོང་བ་ཡིན་པའི་ཕྱིར་རོ་ཞེས་གསུངས་པ་ཡིན་ཏེ། དེའི་ཕྱིར་མདོ་འདི་བྱས་སོ། །དེS་འགྲོགས་བཤེས་ལ་བརྟེན་ཏེ་གནས་པར་བྱ་བ་ཉིད་དོ་ཞེས་བྱ་བ་ནི། ནན་ཐུར་བྱས་པ་དེས་འགྲོགས་བཤེས་ལ ་བརྟེན་ཏེ་གནས་པར་བྱ་བ་ཉིད་ཡིན་པ་སྟེ། ཆད་པ་དང་བཅས་པ་ཉིད་ལ་ཡང་དེ་ལྟར་འགྱུར་རོ།། འདིར་གཞུང་ནི་མི་གནས་པར་འདུག་པར་མི་བྱའོ།། ཞེས་གསུངས་པ་དེའི་དོན་ཅི་ལགས། གང་ཟག་གང་ལ་འགྲོགས་བཤེས་སམ་གུས་པ་འམ་ངོ་ཚ་ཤེས ་པ་འམ་ཡིད་དུ་འཐད་པའི་སེམས་ཉེ་བར་གནས་པ་ཡོད་པ་དེ་ལ་གནས་ཏེ་འདུག་པར་བྱའོ་ཞེས་གསུངས་པའི་གཞུང་གནང་བ་ཡིན་ནོ། །ནན་ཐུར་བྱ་བས་སམ་ཉམས་བ་བསྐྲད་པར་བྱ་བས་འགྱུར་བ་བསྟེན་ན་ཡོ་བྱད་ཀྱང་ཕྱུང་སྟེ་དོར་རོ་ཞེས་བྱ་བ་ནི། ་དགེ་སློང་གང་ལ་ནན་ཐུར་བྱ་བ་དེས་སམ། ཚུལ་ཁྲིམས་འཆལ་བ་ཉམས་པ་ལ་བསྐྲད་བར་བྱ་བ་ངེས་དོམ་ཟུང་དང་ཁྲོ་བ་ལ་སོགས་པ་འགྱུར་བ་བསྟེན་ན་དེའི་ཚེ་དེའི་ཡོ་བྱད་ཀྱང་ཕྱུང་སྟེ་དོར་བར་བྱའོ། །མཐུས་བསྐྲད་བ་དེ ་བྱའོ་ཞེས་བྱ་བ་ནི། སྔར་བསྟན་བ་བའི་གང་ཟག་ནན་ཐུར་བྱ་བ་དང། ཚུལ་ཁྲིམས་འཆལ་བ་དེ་གཉིས་སོ། །འཇུས་པ་བཅད་པར་བྱའོ་ཞེས་བྱ་བ་ནི། གང་ཟག་དེ་གཉིས་བསྐྲད་པ་ན་ཀ་བ་ལ་སོགས་པ་གང་ལ་འཇུས་པ་དེ་ཡང་བཅད་པར་བྱའོ། །དེ་རྡིབ ་པའི་ཆོས་མ་ཡིན་ན་དབྱུང་ངོ་ཞེས་བྱ་བ་ནི། གང་ལ་འཇུས་བ་བཅད་པར་བྱ་བ་དེ་སྡིབ་པར་འགྱུར་བ་ཉིད་མ་ཡིན་ན་དབྱུང་བར་བྱའོ། །འདིར་གཞུང་ནི། དེ་ལ་ཀ་བ་བཅད་པར་བྱ་སྒོ་སྐྱེས་དབྱུང་བར་བྱའོ་ཞེས་གསུངས་པ་ཡིན་ཏེ། དེའི་ཕྱིར ་མདོད་གཉིས་བྱས་སོ། །དེ་དགེ་འདུན་གྱིས་ཕྱིར་བཅོས་སོ་ཞེས་བྱ་བ་ནི། བཅད་པ་དང་ཕྱུང་བ་དེ་དགེ་འདུན་གྱིས་ཕྱིར་བཅོས་པར་བྱའོ། གང་གི་ཕྱིར་བཅད་པ་དང་ཕྱུང་བ་དེས་ནི་མ་ཡིན་ནོ། །ཇི་ལྟར་ཞེ་ན་དེའི་ཕྱིར། བཅོལ་ཏེའོ་ཞེས་བྱ་བ་སྨྲས་ཏེ། ་སྦྱིན་བདག་ལའོ། །མ་གྲུབ་ན་གཙུག་ལག་ཁང་གི་རྫས་ཀྱིས་སོ་ཞེས་བྱ་བ་ནི། བཅོལ་ཏེ་མ་གྲུབ་ན་གཙུག་ལག་ཁང་གི་རྫས་ཀྱིས་ཕྱིར་བཅོས་པར་བྱའོ། །འཐབ་ཀྲོལ་བྱེད་པ་བསྐྲད་བ་ན་གཟུང་བར་མི་བྱའོ་ཞེས་བྱ་བ་ནི། དགེ་སློང་འཐབ་ཀྲོལ ་བྱེད་པ་གཙུག་ལག་ཁང་ནས་བསྐྲད་པ་ན། དགེ་སློང་གཞན་གྱིས་ཕྱིར་བཟུང་བར་མི་བྱ་སྟེ། དེ་ནི་ཕྲན་ཚོགས་དག་ལས་འབྱུང་ངོ། །འཐབ་ཀྲོལ་ལ་འདེབས་མི་ལོག་ན་ཉེ་བར་ཞི་བར་བྱའི་ཕྱིར་གནས་ནས་དབྱུང་བར་བྱའོ་ཞེས་བྱ་བ་ནི། འཐབ ་ཀོལ་བྱེད་པ་ལ་བསྡིགས་པས་ཉེ་བར་ཞི་བར་བྱ་བའི་ཕྱིར་བརྩམས་ཤིང་འབད་བས་འཐབ་ཀྲོལ་མ་ལོག་ཅིང་མ་བཏང་ན་ཉེ་བར་ཞི་བར་བྱ་བའི་ཕྱིར་དེ་གནས་ནས་དབྱུང་བའི་ལས་བྱའོ། །ཡང་དང་ཡང་དུ་དོན་གཞན་དང་གཞན་གྱི་ཕྱིར། ་འཐབ་ཀྲོལ་སྐྱེད་བར་བྱེད་བ་ཉིད་ལ་ནི་བསྡིགས་པའི་ལས་བྱའོ། །མི་གཏོང་བ་ལ་ནི་གནས་ནས་དབྱུང་བའི་ལས་བྱ་སྟེ། དེ་གཉིས་ཀྱི་ཡུལ་གྱི་བྱེ་བྲག་ནི་དེ་ཡིན་ནོ། །འདིར་གཞུང་ནི་གླེང་གཞི་དག་ལས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཐབ ་ཀྲོལ་བྱེད་པ་དག་བཟློག་པར་བྱའོ། །དེ་དག་བཟློག་པ་ན་མི་འཁོང་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ། གལ་ཏེ་བཟློག་པ་ན་མི་འཁོད་ན་གནས་ནས་དབྱུང་བའི་ལས་བྱའོ་ཞེས་གསུངས་བ་ཡིན་ནོ། །རྣམ་པར་གཏན་ལ་བདེ?་བས་བ་ལས ་གྱུར་པ་ལ་ཉེ་བར་ཞི་བས་སོ་ཞེས་བྱ་བས་ནི། འདི་ནི་འདི་ལྟ་བུ་ཡིན་ནོ། །འདི་ལྟ་བུ་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པས་དངོས་པོའི་རང་གི་ངོ་བོ་ངེས་པར་འཛིན་པ་ནི་རྣམ་པར་གཏན་ལ་འབེབས་པ་སྟེ། དེ་ལས་གྱུར་བའི་འཐབ་ཀྲོལ་ལ་འོག་ནས་འབྱུང ་བའི་རྩོད་པ་ཉེ་བར་ཞི་བར་བྱ་བས་མི་ལྡོག་ན་ཉེ་བར་ཞི་བར་བྱ་བའི་ཕྱིར་གནས་ནས་དབྱུང་བའི་ལས་བྱའོ། །གནས་པ་ལ་གནས་ཀྱིས་འབད་པར་བྱའོ་ཞེས་བྱ་བ་ནི། སློབ་མ་དང་ཉེ་གནས་ཀྱི་རྣམ་པར་གཏན་ལ་འབེབས་པ་ལས་གྱུར་བའི་ཐབ་མོ་ལ ་མཁན་པོ་དང་སློབ་དཔོན་གྱིས་ཡལ་བར་མི་དོར་བར་འབད་བར་བྱ་བ་སྟེ། འདི་ལྟར་དེས་གཞན་ལ་བཅོལ་བས་འབད་བར་བྱའམ་རང་གིས་བྱ་བས་ཀྱང་རུང་ངོ། །འཐབ་ཀྲོལ་གྱི་རྒྱུ་ཉེ་བར་སྒྲུབ་བ་ཡང་གནས་ནས་དབྱུང་བར་བྱ་བ་ཉིད་དོ་ཞེས་བྱ་བ་ནི ་མི་གཏོང་ན་ཞེས་བྱ་བར་སྦྱར་ཏེ། འདི་འཐབ་ཀྲོལ་གྱི་རྒྱུ་ཞེས་བྱ་བ་ནི། འཐབ་ཀྲོལ་བསྐྱེད་བའི་གཞི་བདེན་ཡང་རུང་བརྫུན་ཡང་རུང་བ་སྟེ་འཐབ་ཀྲོལ་གྱི་རྒྱུ་ཉེ་བར་སྒྲུབ་བར་བྱེད་བ་གང་ཡིན་པ་སྟེ་འཐབ་ཀྲོལ་གྱི་རྒྱུ་ཉེ་བར་སྒྲུབ་བ་ལས་བཟློག་པའི་ཕྱིར ་འབད་པས་མ་ལོག་ན་དེ་ལ་ཡང་གནས་ནས་དབྱུང་བའི་ལས་བྱ་བ་ཉིད་ཡིན་གྱི་འཐབ་ཀྲོལ་བྱེད་པ་འབའ་ཞིག་ལ་བྱ་བར་མ་ཟད་དོ། །དགེ་སློང་མ་རྣམས་དང་འདྲེ་ཞིང་གནས་བ་ལ་ཡང་གནས་ནས་དབྱུང་བར་བྱའོ་ཞེས་བྱ་བ་ཡང་མི་གཏོན་ཞེས་བྱ་བར ་སྦྱར་ཏེ། འདིར་འདྲེ་ཞིང་གནས་བ་ཞེས་བྱ་བ་ནི། ཡང་དང་ཡང་དུ་འདྲེ་ཞིང་གནས་པ་སྟེ། དགེ་སློང་གྲོ་སྐྱེས་ལྟ་བུའོ། །དགེ་སློང་གང་དགེ་སློང་མ་རྣམས་དང་ལྷན་ཅིག་འདྲེ་ཞིང་གནས་བ་ལ་འབད་པས་བཟློག་ཀྱང་མི་གཏོང ་ན་དེ་ལ་ཡང་གསོལ་བ་དང་བཞིའི་ལས་ཀྱིས་གནས་ནས་དབྱུང་བར་བྱའི། གཞན་དག་ལ་བྱ་བ་འབའ་ཞིག་ཏུ་མ་ཟད་དོ། །དེའི་སྔགས་ནི། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། ཚེ་དང་ལྡན་པ་གྲེ་སྐྱེས་དགེ་སློང་མ་རྣམས་དང་ལྷན་ཅིག ་འདྲེ་ཞིང་གནས་ན། གལ་ཏེ་དགེ་འདུན་གྱིས་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང། དགེ་འདུན་གྱིས་དགེ་སློང་གྲེ་སྐྱེས་དགེ་སློང་མ་རྣམས་དང་ལྷན་ཅིག་འདྲེ་ཞིང་གནས་པ་ལ་གནས་ནས་དབྱུང་བའི་ཕྲིན་ལས ་མཛད་དོ། །འདི་ནི་གསོལ་བའོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །འདིས་གནས་ནས་ཕྱུང་བ་ལ་དགེ་སློང་མས་ཕྱག་བྱ་བའི་འོས་མ་ཡིན་བའི་སྡོམ་པ་བྱའོ་ཞེས་བྱ་བ་ནི། དགེ་སློང་མ་དང་འདྲེ་ཞིང་གནས་བའི་བདག་ཉིད་ཀྱི་རྒྱུ་འདིས་གནས ་ནས་ཕྱུང་བའི་དགེ་སློང་ལ་དགེ་སློང་མ་རྣམས་ཀྱིས་ཀྱང་གསོལ་བ་དང་གཉིས་ཀྱི་ལས་ཀྱིས་ཕྱག་བྱ་བའི་འོས་མ་ཡིན་པའི་སྡོམ་པ་སྦྱིན་པར་བྱའོ། །དེའི་སྔགས་ནི་དགེ་འདུན་འཕགས་མ་རྣམས་བདག་ལ་གསན་དུ་གསོལ། འཕགས་པ་དགེ་སློང ་གྲེ་སྐྱེས་དགེ་སློང་མ་རྣམས་དང་ལྷན་ཅིག་འདྲེ་ཞིང་གནས་པས་དགེ་སློང་གི་དགེ་འདུན་གྱིས་གནས་ནས་དབྱུང་བའི་ཕྲིན་ལས་མཛད་ལགས་ཏེ། དེའི་སླད་དུ་དགེ་འདུན་འཕགས་མ་རྣམས་ཀྱིས་འཕགས་པ་དགེ་སློང་གྲེ་སྐྱེས་གནས་ནས་དབྱུང ་བའི་ཕྲིན་ལས་འཛིན་ལགས་པ་ལ་ཕྱག་བགྱི་བའི་འོས་མ་ལགས་བའི་སྡོམ་པ་སྩོལ་ན། གལ་ཏེ་དགེ་འདུན་འཕགས་མའི་དུས་ལ་བབ་ཅིང་བཟོད་ན། དགེ་འདུན་འཕགས་མ་རྣམས་ཀྱིས་གནང་བར་མཛོད་ཅིག་དང། དགེ་འདུན་འཕགས་མ་རྣམས་ཀྱིས ་འཕགས་པ་དགེ་སློང་གྲེ་སྐྱེས་གནས་ནས་དབྱུང་བའི་ཕྲིན་ལས་མཛད་ལགས་བ་ལ་ཕྱག་བགྱི་བའི་འོས་མ་ལགས་པའི་སྡོམ་པ་སྩོལ་ཏོ། །འདི་ནི་གསོལ་བའོ། །ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ།། །།བམ་པོ་དྲུག་ཅུ་གསུམ་པ།། ་ནན་ཐུར་གྱི་རྒྱུ་གཞན་ལ་དེའི་དོན་དུ་བསམ་བས་གཞན་བྱེད་པ་ནི་འཆགས་སོ་ཞེས་བྱ་བ་ནི། ནན་ཐུར་གྱི་རྒྱུ་གཞན་ལ་ཞེས་བྱ་བ་བསྡིགས་བའི་ནན་ཐུར་གྱི་རྒྱུ་འཐབ་ཀྲོལ་བྱེད་པ་ཉིད་གང་ཡིན་པ་དེ་ལའོ། །དེའི་དོན་དུ་བསམ་བས་ཞེས་བྱ་བ་ནི། ནན ་ཐུར་གྱི་རྒྱུ་ཉེ་བར་གནས་པ་དེའི་བདག་ཉིད་ཀྱི་རང་གི་ངོ་བོར་གྱུར་བའི་དོན་གང་ཡིན་པ་དེ་ནི་དོན་ཏོ། །དེར་བསམ་པ་གང་ཡིན་པ་ནི་དེའི་དོན་དུ་བསམ་པ་སྟེན་ན་ཐུར་གྱི་རྒྱུ་ཉེ་བར་གནས་པ་དེའི་དོན་དུ་བསམ་པས་ཞེས་བྱ་བའི་ཐ་ཚིག་གོ་།གཞན་བྱེད་བ ་ཞེས་བྱ་བ་ནི་བསྡིགས་བའི་ནན་ཐུང་གྱི་ལས་ཀྱི་རྒྱུ་འཐབ་ཀྲོལ་བྱེད་པ་ཉིད་གང་ཡིན་པ་དེ་ལ་དེའི་དོན་དུ་བསམ་པས་དེའི་མིང་དང་ཚིག་ལས་གཞན་བའི་སྒྲ་བསྐྲད་པའི་ནན་ཐུར་གྱི་ལས་བྱ་བའི་རྒྱུ་ཁྱིམ་སུན་འབྱིན་པ་ཉིད་གང་ཡིན་པའི་མིང་དང ་ཚིག་གི་སྒྲ་གང་ཡིན་པ་བརྗོད་པའོ། །འཆགས་སོ་ཞེས་བྱ་བ་ནི། གཞན་གྱི་མིང་དང་ཚིག་གི་སྒྲ་བརྗོད་པ་དེས་བསྡིགས་བའི་ནན་ཐུར་གྱི་ལས་བྱ་བའི་རྒྱུ་འཐབ་ཀྲོལ་བྱེད་པ་ཉིད་གང་ཡིན་པ་དེ་བརྗོད་བའི་ལས་འཆགས་པ་སྟེ། དེས་བསྡིགས་བའི ་ལས་ཉིད་འཆགས་སོ་ཞེས་བྱ་བའི་ཐ་ཚིག་གོ། འདི་སྐད་བསྟན་ཏེ། གལ་ཏེ་བསྡིགས་བའི་ནན་ཐུར་གྱི་རྒྱུ་ཉེ་བར་གྱུར་ལ། དེའི་དོན་དུ་བསམ་པས་བསྐྲད་བ་ལ་སོགས་བའི་མིང་གིས་ནན་ཐུར་གྱི་ལས་བྱེད་ན་དེ་ལྟ་ན་ཡང་བསྡིགས་པའི་ནན་ཐུར་གྱིས ་ལས་ཉིད་འཆགས་བར་འགྱུར་རོ། །གཞན་དུ་ན་མི་འཆགས་སོ་ཞེས་བྱ་བ་ནི། དེའི་དོན་དུ་བསམ་བ་མེད་བས་ནི་མི་འཆགས་བ་སྟེ་དེའི་མིང་གི་དོན་འདོད་པ་ཉིད་དུ་མི་སེམས་ན་ནན་ཐུར་གྱི་རྒྱུ་ཉེ་བར་གནས་པ་དེའི་ལས་མི་འཆགས་སོ། །འདི་སྐད ་བསྟན་ཏེ། ནན་ཐུར་གྱི་རྒྱུ་ཉེ་བར་གནས་པ་དེའི་མིང་དང་དེའི་བརྗོད་པའི་དོན་དེ་ལ་ནན་ཐུར་གྱི་ལས་གཞན་གྱི་མིང་དང་དོན་དུ་བརྗོད་པ་ན་སྔ་མ་ཉིད་ཡིན་པར་མི་སེམས་པར་གཞན་ཉིད་ཡིན་པར་སེམས་ན་ནི་ལས་དེ་མི ་འཆགས་སོ། །འཐབ་ཀྲོལ་བྱེད་པ་ཉིད་ཀྱི་རྒྱུ་ལ་གང་གི་ཚེ་ནན་ཐུར་གྱི་ལས་བྱེད་པ་དེའི་ཚེ། གལ་ཏེ་བསྡིགས་པའི་སྒྲའི་དོན་དུ་བསམས་ཏེ་བསྐྲད་པའི་ལས་བྱེད་ན་དེས་ནི་བསྡིགས་པའི་ལས་འཆགས་སོ། ཇི་ཏེ་འཐབ་ཀྲོལ་བྱེད་པ་ཉིད་ཀྱི ་རྒྱུ་ལ་བསྐྲད་པའི་དོན་ཉིད་དུ་བསམས་ཏེ། བསྐྲད་པའི་ལས་བྱེད་ན་དེས་ནི་བསྡིགས་པའི་ལས་མི་འཆགས་སོ། །དེ་ལྟར་ཡང་ཉེ་བར་འཁོར་བསྡིགས་པ་ཡང་གཞན་ལ་སྨད་པ་ཡང་གཞན་བསྐྲད་པ་ཡང་གཞན་ཕྱིར་འགྱེད་བ་ཡང་གཞན་ཁོ་ན ་ཡིན་ཏེ། དེ་དག་གི་རྒྱུ་ནི་ཐ་དད་པ་ཉིད་དོ་ཞེས་གསུངས་པ་ཡིན་ནོ། །གཞན་ལ་ཉམས་སོ་ཞེས་བྱ་བ་ནི། ནན་ཐུར་གཞན་བྱས་པ་ལ་སྔ་མ་ཉམས་པ་ཡིན་ཏེ། གཞན་མི་འཆགས་པ་ནི་མ་ཡིན་ནོ། །འདི་སྐད་བསྟན་ཏེ། ནན་ཐུར་གཞན་བྱས་ན་ནན་ཐུར ་སྔར་བྱས་བ་ཉམས་སོ། །འདིར་གཞུང་ནི་དགེ་སློང་བྲམ་ཟེའི་བུ་མོས་ཞུས་པ་ལས་བཙུན་པ་རེ་ཞིག་བསྡིགས་བའི་ལས་བགྱིད་བ་ལ་སྨད་པའི་ལས་བགྱིད་ན་བགྱིས་བར་བརྗོད་བར་བགྱི་འམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ། བྱས་པར ་བརྗོད་པར་བྱ་སྟེ། བསྡིགས་པའི་ལས་ནི་བག་ཡངས་སུ་གྱུར་ཏོ། །བཙུན་པ་གནས་ནས་ཕྱུང་བ་ལ་བསྡིགས་བའི་ལས་བགྱིད་ན་བགྱིས་པར་བརྗོད་པར་བགྱི་འམ། ཉེ་བར་འཁོར་མི་བྱ་སྟེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་ལོངས་མི་སྤྱོད་པའི་ཕྱིར་སོང་བའི ་ཕྱིར་རོ། །ཞེས་གསུངས་པ་ཡིན་ནོ། །གནས་ནས་ཕྱུང་བ་ལ་ནི་མི་འཆགས་སོ་ཞེས་བྱ་བ་ནི། གནས་ནས་དབྱུང་བའི་བདག་ཉིད་ཀྱི་ནན་ཐུར་བྱས་པ་ལ་ནི་བསྡིགས་པ་ལ་སོགས་བའི་ནན་ཐུར་གྱི་ལས་གཞན་མི་འཆགས་པའོ། །སྔར་མ་ཉམས ་པར་ཡང་མི་འགྱུར་ཏེ། དེ་ལོངས་མི་སྤྱོད་པའི་ཕྱིར་སོང་བ་ཉིད་ཡིན་པའི་ཕྱིར་རོ། །ཤེས་པ་དང་བསོད་ནམས་ཆེན་པོ་དང་མདོ་སྡེ་དང་འདུལ་བ་དང་མ་མོ་འཛིན་པ་དང་ཐོས་པ་མང་བ་དང་ཕྱོགས་མང་བ་དང་ཁོར་མང་བ་དག་ལ་ནི་སྦོམ་བོའོ་ཞེས་བྱ་བ་ནི། ཤེས ་བ་དང་བསོད་ནམས་ཆེ་བ་དང་མདོ་སྡེ་འཛིན་པ་དང་འདུལ་བ་འཛིན་པ་དང་མ་མོ་འཛིན་པ་དང་ཐོས་པ་མེད་བ་དང་ཕྱོགས་མང་པོ་དང། འཁོར་མང་བ་ཆོས་ཀྱིས་གནས་ནས་འབྱིན་ན་དབྱེན་གྱི་སྐབས་སུ་གཏོགས་པའི་ཉེས་བ་སྦོམ་བོར་འགྱུར་རོ། །ཐོས ་ལ་མང་བ་ཞེས་སྨོས་པ་ན་རྟོག་གེ་དང་སྒྲ་དང་དཔྱོད་བ་ལ་སོགས་པ་དག་ཀྱང་བསྡུས་པ་ཡིན་ནོ། །གལ་ཏེ་དབྱེ་བར་འདོད་པས་གནས་ནས་འབྱིན་ན་ནི་སྒོམ་པོའི། །དབྱེ་བར་མི་འདོད་པས་གནས་ནས་འབྱིན་ན་ནི་སྦྱོར་བ་ལས་བྱུང་བའི་ཉེས་བྱས་སོ། །ཁྱིམ་པ ་ནི་དཔེའོ་ཞེས་བྱ་བ་ནི། །ཕྱི་མ་པ་ལ་བརྙས་ཐབས་བགྱིད་པ་ཕྱིར་འགྱོད་པའི་ལས་བྱའོ་ཞེས་གསུངས་པའི་སྐབས་སུ་ཁྱིམ་བ་ཞེས་པ་ནི་དགེ་སློང་ལ་སོགས་པ་ལྔ་པོ་དག་གི་དཔེ་ཡིན་ནོ། །སློང་ལ་སོགས་པ་ལྔ་པོ་དག་ལ་བརྙས་ཐབས་བྱེད་པ་ལ ་ཡང་ཕྱིར་འགྱེད་པ་བྱའོ་ཞེས་བྱ་བ་ནི། ཁྱིམ་པ་ལ་བརྙས་ཐབས་བྱེད་པ་ལ་ཕྱིར་འགྱེད་པའི་ལོས་བྱའོ་ཞེས་གསུངས་པ་དེ་ནི་དཔེ་ཙམ་དུ་ཟད་དེ། དགེ་སློང་དང་དགེ་སློང་མ་དང་དགེ་སློབ་མ་དང་དགེ་ཚུལ་དང་དགེ?་ཚུལ་མ་དགལ་བརྙས་ཐངས་བྱེད་པ་དག་ལ་ཡང་ཕྱིར་འགྱིད་བའི ་ལས་བྱ་བ་ཁོ་ན་ཡིན་ནོ། །འདིར་གཞུང་ནི། བཙུན་པ་བཅོམ་ལྡན་འདས་ཀྱིས་དགེ་སློང་ཁྱིམ་པ་ལ་བརྙས་ཐབས་བགྱིད་པ་ལ་ཕྱིར་འགྱེད་པའི་ལས་བྱའོ་ཞེས་གསུངས་ན། བཙུན་པ་དགེ་སློང་ལ་བརྙས་ཐབས་བགྱིད་བར་གྱུར་ན་དེ་ལ་ཡང་ཕྱིར་འགྱེད་པའི ་ལས་བགྱི་འམ། ཉེ་བར་འཁོར་བྱའོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །ཁྲོ་བ་ནི་བརྙས་ཐབས་མ་ཡིན་པ་མ་ཡིན་ནོ་ཞེས་བྱ་བ་ནི། ཁྲོ་བ་ནི་བརྙས་ཐབས་བྱེད་བ་ཡིན་པས་དེ་ལ་ཡང་ཕྱིར་འགྱེས་པའི་ལས་བྱ་བ་ཉིད་ཡིན་ནོ། །ནན་ཐུར་གྱི་ལས་དག ་མཐུན་མོང་མ་ཡིན་པར་དོགས་པར་མི་བྱའོ་ཞེས་བྱ་བ་ནི། ནན་ཐུར་གྱི་ལས་དག་ལ་དགེ་སློང་དང་དགེ་སློང་མཐུན་མོང་མ་ཡིན་པར་དོགས་པར་མི་བྱ་སྟེ། དགེ་སློང་མ་རྣམས་ལ་ཡང་ནན་ཐུར་གྱི་ལས་དག་བྱ་བ་ཉིད་ཡིན་ནོ། །རབ ་ཏུ་བྱུང་ཞིང་བསྙེན་བར་མ་རྫོགས་པ་ལ་ཡང་དེ་དག་བྱ་བ་ཉིད་ཡིན་ནོ་ཞེས་བྱ་བ་ནི། རབ་ཏུ་བྱུང་ཞིང་བསྙེན་པར་མ་རྫོགས་པ་ལ་ཡང་ནན་ཐུར་གྱི་ལས་བྱ་བ་ཉིད་ཡིན་པའོ། །ཁྱིམ་པ་ལ་མི་བྱའོ་ཞེས་བྱ་བ་ནི། ཁྱིམ་པ་ལ་ནན་ཐུར་གྱི་ལས་དག་མི་བྱ་བ་སྟེ། ་དེ་ལ་དགེ་འདུན་མི་དབང་བའི་ཕྱིར་རོ། །དགེ་སློང་ལ་ཕམ་པར་འགྱུར་བ་ཡང་དག་པ་མ་ཡིན་པས་སྐུར་པ་དང་གཤེ་བ་དང་སྦྱོ་བ་ལ་ལྟུང་བཟེད་ཁས་དབུབ་པ་བྱའོ་ཞེས་བྱ་བ་ནི། གསོལ་བ་འབའ་ཞིག་གི་ལས་ཀྱིས་ལྟུང་བཟེད་ཁས་དབུབ་པར་བྱའོ་ཞེས ་བྱ་བར་སྦྱར་རོ། །སུ་ལ་ཁས་དབུབ་པར་བྱ་ཞེ་ན་དེའི་ཕྱིར་དགེ་སློང་ལ་ཕམ་པར་འགྱུར་བ་ཡང་དག་པ་མ་ཡིན་པས་སྐུར་བའི་ཁྱིམ་པ་ལའོ་ཞེས་བྱ་བར་སྦྱར་རོ། །འདིར་དགེ་སློང་ཞེས་སྨོས་པ་ནི་ཆོས་འདི་བའི་རབ་ཏུ ་བྱུང་བའི་དཔེ་ཡིན་ནོ། །ཕམ་པར་འགྱུར་བ་ཞེས་སྨོས་བ་ཡང་དཔེ་ཡིན་ཏེ། ཚུལ་ཁྲིམས་ལྟར་བྱ་བ་ཡིན་གྱི་ལྟུང་བ་ལྷུར་བྱ་བ་ནི་མ་ཡིན་ནོ། །དེས་ན་རབ་ཏུ་བྱུང་ཞིང་བསྙེན་པར་མ་རྫོགས་པ་ལ་སྐུར་བ་འདེབས་པ་ལ་ཡང་ལྟུང་བཟེད་ཁས་དབུབ་པ ་བྱའོ། །ཡང་དག་པ་མ་ཡིན་པས་སྐུར་བ་ཞེས་བྱ་བ་ནི། བརྫུན་གྱིས་སྐུར་བ་འདེབས་པ་སྟེ་དེ་ལའོ། །གཤེ་བ་དང་སྤྱི་བ་ལ་ཞེས་བྱ་བ་ནི། རབ་ཏུ་བྱུང་བ་འདེབ་ལ་ཡང་དག་པ་ཡང་རུང་ཡང་དག་པ་མ་ཡིན་པ་ཡང་རུང་བས་གཤེ་བ་དང་སྦྱོ་བར་བྱེད ་པའི་ཁྱིམ་པ་ལ་ཡང་ལྷུང་བཟེད་ཁས་དབུབ་བ་བྱ་བའོ། །འདིར་གཞུང་ནི་ཆོས་གཉིས་དང་ལྡན་པའི་ཁྱིམ་པ་དག་ལ་ལྷུང་བཟེད་ཁས་དབུབ་པ་བྱ་སྟེ། གཉིས་གང་ཞེ་ན། དགེ་སློང་དག་ལ་གཤེ་བ་དང་སྦྱོ་བར་བྱེད་བ་དང། དགེ་སློང་དག་པ་ལ་གཞི ་མེད་པར་ཕམ་པར་འགྱུར་པའི་ཆོས་ཀྱིས་སྐུར་བ་འདེབས་པ་ལའོ་ཞེས་གསུངས་པ་ཡིན་ནོ། །ཅི་ཁས་བུབ་ཏུ་བཞག་པས་ཁས་དབབ་པར་བྱ་བ་མག་འོན་ཏེ་གཞན་གྱིས་ཤེ་ན་དེའི་ཕྱིར་རྣམ་པར་བཞག་པ་བྱ་བས་སོ་ཞེས་བྱ་བ་སྨྲས་ཏེ། འདིར་ལྷུང་བཟེད་བཟེད ་པར་མ་བྱའོ་ཞེས་ཁྲིམས་སུ་བཅའ་བ་རྣམ་པར་བཞག་པར་བྱ་བས་ཡིན་གྱི། ལྷུང་བཟེད་གྱི་དབྱིབས་ཀྱིས་ནི་མ་ཡིན་ནོ། །རྣམ་པ་གང་ཞེས་དེ་རྣམ་པར་བཞག་ཅེ་ན་དེའི་ཕྱིར་གསོལ་བས་སོ། །ཞེས་བྱ་བ་སྨྲས་ཏེ། གསོལ་བ་འབའ་ཞིག་གི་ལས་ཀྱིས་སོ། །དེའི་སྔགས ་ནི། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། ལི་ཙ་བཱི་ཆེན་པོས་ཚེ་དང་ལྡན་པ་གྱད་བུ་ནོར་ལ་ཡང་དག་པ་མ་ལགས་པས་སྐུར་ན། གལ་ཏེ་དགེ་འདུན་གྱིས་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང། དགེ་འདུན་གྱིས་ལི ་ཙ་བཱི་ཆེན་པོ་ལ་ལྷུང་བཟེད་ཁས་དབུབ་པར་བགྱིའོ། །འདི་ནི་གསོལ་བའོ་ཞེས་གསུངས་པ་ཡིན་ནོ། །གང་གི་ཕྱིར་དེ་ཁས་ཕུབ་པ་དེའི་དོན་བརྗོད་པར་བྱ་སྟེ། ལྷུང་བཟེད་ཁས་ཕུབ་པའི་ཁྱིམ་དུ་འགྲོ་བར་མི་བྱའོ། །སྟན་ལ་འདུག་པར་མི་བྱའོ། །སྦྱིན་པར་བྱ ་བའི་ཆོས་བཤམས་པ་ལ་ཡོངས་སུ་ལོངས་སྤྱོད་པར་མི་བྱའོ། །བསོད་སྙོམས་བླང་བར་མི་བྱའོ། །ཆོས་བསྟན་པར་མི་བྱའོ་ཞེས་བྱ་བ་སྨྲས་ཏེ། སྦྱིན་པར་བྱ་བའི་ཆོས་བཤམས་པ་ལ་ཡོངས་སུ་ལོངས་སྤྱད་པར་མི་བྱའོ་ཞེས་སྨོས་པས་ནི་གཙུག་ལག་ཁང་ཡང ་སྤང་བར་བྱས་པར་རིག་པར་བྱའོ། །དེ་ལྟར་ཡང་འདིར་གཞུང་ནི། བསྦྱིན་བར་བྱ་བའི་ཆོས་སྔར་བཤམས་པ་དག་ལ་ཡོངས་སུ་ལོངས་སྤྱད་པར་མི་བྱའོ་ཞེས་གསུངས་པ་ཡིན་ནོ། གང་དུ་ལས་བྱ་བ་དེར་གཏོགས་བདག་ལ་ཁས་སྦུབ་པ་ཉིད་ཡིན་ནོ། །ཞེས་བྱ་བ་ནི་? ་གནས་ཀྱི་གཞི་གང་དུ་མས་བྱ་བ་དེར་གཏོགས་པའི་ཁྱིམ་བདག་རྣམས་ལ་ལྷུང་བཟེད་ཁས་སྤུབ་པ་ཉིད་ཡིན་ནོ། །འདིར་གཞུང་ནི། དགེ་སློང་གིས་ཁྱིམ་བདག་གཞིའི་གནས་བཞི་པོ་དག་ཏུ་ལྷུང་བཟེད་གཞི་ཁས་དབུབ་པར་འགྱུར་བ་མཆས་སམ།། ་བཀའ་སྩལ་བ་ཡོད་དེ། ཁྲིའམ་ཁྲིའུ་འམ། ཤིང་དམ་རེ་ལྡེས་གནས་པ་བཞི་པོ་དག་གི་མཚམས་དག་མནན་ཏེ་ཁས་དབུབ་བར་བྱེད་ནའོ་ཞེས་གསུངས་པ་ཡིན་ནོ། །ཐ་ན་གནས་ནས་ཕྱུང་བ་ཕན་ཆད་རང་གི་ཕྱོགས་དང ་མཐུན་པ་མ་ཡིན་པའི་ཁྱིམ་དུ་དེ་མི་འཆགས་སོ་ཞེས་བྱ་བ་ནི། ཐན་གནས་ནས་ཕྱུང་བ་ཕན་ཆད་ནས་རང་གི་ཕྱོགས་དང་མཐུན་པ་མ་ཡིན་པ་ཚུན་ཆད་ཀྱི་དགེ་སློང་གིས་ཡོན་བདག་གི་ཁྱིམ་དུ་ལྷུང་བཟེད་ཁས་དབུབ་པ་དེ་མི་འཆགས་སོ། །འདིར་གཞུང ་ནི་དགེ་སློང་ཁས་བླངས་བ་དག་གིས་ཁས་མ་བླངས་བ་དག་གི་ཁྱིམ་བདག་རྣམས་ཀྱི་ཁྱིམ་བདག་ཏུ་ལྷུང་བཟེད་ཁས་དབུབ་པར་བྱེད་ན་ཁས་མ་ཕུབ་པར་བརྗོད་པར་བྱའོ། །དེ་བཞིན་དུ་གནས་ནས་ཕྱུང་བ་དག་གིས་རང་བཞིན་དུ་གནས་པ་དག་གི ་ཁྱིམ་བདག་རྣམས་ཀྱི་ཁྱིམ་དག་ཏུ་ལྷུང་བཟེད་ཁས་དབུབ་པ་བྱེད་ན་ཁས་མ་ཕུབ་བར་བརྗོད་བར་བྱའོ། །དེ་བཞིན་དུ་གནས་བར་མི་བྱ་བ་དག་གི་ཁྱིམ་བདག་རྣམས་ཀྱི་ཁྱིམ་དག་ཏུ་ལྷུང་བཟེད་ཁས་དབུབ་པར་བྱེད་ན་ཁས་མ་ཕུབ་པར་བརྗོད ་བར་བྱའོ་ཞེས་གསུངས་བ་ཡིན་ནོ། །དེ་འགའ་ཞིག་གིས་གོ་བར་བྱའོ་ཞེས་བྱ་བ་ནི། ལྷུང་བཟེད་ཁས་ཕུབ་པ་དེ་དགེ་སློང་འགའ་ཞིག་གིས་ཁྱིམ་བདག་དེ་ལ་དགེ་འདུན་གྱིས་ཁྱོད་ལ་ལྷུང་བཟེད་ཁས་ཕུབ་པ་ཞེས་གོ་བར་བྱའོ། །བཟོད་པར་གསོལ ་བ་དང་ལྡན་ན་གསོལ་བས་བཟློག་བར་བྱའོ་ཞེས་བྱ་བ་ནི། ཁྱིམ་བདག་དེས་དགེ་སློང་གང་ལ་སྐུར་བ་འམ་གཤེ་བ་དང་སྦྱོར་བ་བྱས་པའི་དགེ་སློང་དེ་ལ་བཟོད་བ་གསོལ་ཟིན་པ་དང་ལྡན་ཞིང་དགེ་འདུན་ལ་ལྷུང་བཟེད་ཕྱིར་བཟློག་བར་གསོལ་བའི ་སྔགས་ལན་གསུམ་ཡང་བརྗོད་ན་དེ་ལ་དགེ་འདུན་གྱིས་གསོལ་བ་འབའ་ཞིག་གི་ལས་ཀྱིས་ལྷུང་བཟེད་ཕྱིར་བཟློག་བར་བྱ་བའོ། །དེ་ལ་གསོལ་བའི་སྔགས་ལན་གསུམ་བཟླས་པ་ནི། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། བདག ་ལོ་ཙ་བའཾ་ཆེན་པོ་མི་དགེ་བའི་གྲོགས་པོས་བསླུས་པས་འཕགས་པ་གྱང་བུ་ནོར་ལ་ཡང་དག་པ་མ་ལགས་པས་སྐུར་བས་དགེ་འདུན་གྱིས་བདག་ལ་ལྷུང་བཟེད་ཁས་དབུབ་པ་མཛད་དེ། བདག་ལྷུང་བཟེད་ཁས་ཕུབ་པ་དགེ་འདུན་ལས་ལྷུང་བཟེད ་སླར་བཟློག་པར་གསོལ་ན། ཐུགས་བརྩེ་བ་ཅན་དགེ་འདུན་བཙུན་པ་རྣམས་ཀྱིས་ཐུགས་བརྩེབས་སླང་དུ་ཉེ་བར་བཟུང་སྟེ་ལྷུང་བཟེད་སླར་བཟློག་ཏུ་གསོལ་ལན་གསུམ་དུ་བཟླས་ཞེས་གསུངས་པ་ཡིན་ནོ། །གསོལ་བ་འབའ་ཞིག་གི་སྔགས་ནི། ་དགེ་འདུན་བཙུན?་པ་རྣམས་གསན་དུ་གསོལ། ལི་ཙ་པཱི་ཆེན་པོ་མི་དགེ་བའི་གྲོགས་པོས་བསླུས་པ་འདིས། ཆེ་དང་ལྡན་པ་གྱ་དབུ་ནོར་ལ་ཡང་དག་པ་མ་ལགས་པས་སྐུར་ཏེ། དགེ་འདུན་གྱིས་ངེས?་ལྷུང་བཟེད་ཁས་དབུབ་པ་མཛད་པ་ལས། ལི་ཙ ་བཱི་ཆེན་པོ་ལྷུང་བཟེད་ཁས་ཕུབ་པ་དེ། དགེ་འདུན་ལས་ལྷུང་བཟེད་སླར་བཟློག་པ་གསོལ་ན། གལ་ཏེ་དགེ་འདུན་གྱིས་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང། །དགེ་འདུན་གྱིས་ལི་ཙ་པཱི་ཆེན་པོ་ལ་ལྷུང་བཟེད ་སླར་བཟློག་པ་མཛད་དོ། །འདི་ནི་གསོལ་བའོ་ཞེས་གསུངས་པ་ཡིན་ནོ། །བཅབ་པའི་སེམས་མ་སྐྱེས་ན་མཛའ་ལས་ལྡང་བར་འགྱུར་རོ་ཞེས་བྱ་བ་ནི། གང་ལ་བཅབ་པའི་སེམས་གཅིག་ཀྱང་མ་སྐྱེས་ན་དེ་ཕམ་བར་འགྱུར་བའི་ལྟུང་བ་ལས་ལྡང་བར ་འགྱུར་བའོ། །ཐབས་གང་གིས་ལྡང་བར་འགྱུར་ཞེ་ན་དེའི་ཕྱིར་བསླབ་པ་སྤྱོད་པས་སོ་ཞེས་བྱ་བ་སྨྲས་སོ། །བསླབ་པར་སྤྱོར?་བ་དེ་གང་གིས་བསྒྲུབ་པར་བྱ་ཞེ་ན། དེའི་ཕྱིར་དེ་ཐོབ་པས་སོ་ཞེས་བྱ་བ་སྨྲས་ཏེ། བསླབ་པ་ལ་སྦྱོད་པ་ཐོབ་པས་བསྒྲུབ་པར་བྱའི་མཐོབ ་པས་མ་ཡིན་ནོ། །སུ་ལས་ཐོབ་པ་ཞེ་ན་དེའི་ཕྱིར། དགེ་འདུན་ལས་སོ་ཞེས་བྱ་བ་སྨྲས་ཏེ། དགེ་འདུན་ལས་ཇི་སྲིད་འཚོ་བའི་བར་དུ་བསླབ་པ་སྦྱིན་པར་ལན་གསུམ་གསོལ་ཏེ། ཐོབ་པས་ལྡང་བར་འགྱུར་རོ། །གསོལ་བའི་སྔགས་ལན་གསུམ་བཟླས་པ་ནི། དགེ ་འདུན་བཙུན་པ་རྣམས་གསན་དུ་གསོལ། བདག་དགེ་སློང་དགའ་བྱེད་ཀྱིས་བསླབ་པ་མ་ཕུལ་བར་མི་ཚངས་པར་སྤྱོད་བ་འཁྲིག་པའི་ཆོས་བསྟེན་ཀྱང་བཅབ་པའི་སེམས་གཅིག་ཙམ་གྱིས་ཀྱང་བཅབས་བར་མ་བགྱིས ་ཏེ་བདག་དགེ་སློང་དགའ་བྱེད་དགེ་འདུན་ལས་ཇི་སྲིད་འཚོའི་བར་དུ་བསླབ་པར་གསོལ་ན། ཐུགས་བརྩེ་བ་ཅན་དགེ་འདུན་བཙུན་པ་རྣམས་ཀྱིས་ཐུགས་བརྩེ་བའི་སླད་དུ། བདག་དགེ་སློང་དགའ་བྱེད་ལ་ཇི་སྲིད་འཚོའི་བར་དུ་བསླབ་པ་སྩལ་ཏུ ་གསོལ། ལན་གསུམ་དུ་བཟླས་ཞེས་གསུངས་པ་ཡིན་ནོ། །དགེ་འདུན་གྱིས་དེ་ལ་ཇི་ལྟར་སྦྱིན་པར་བྱ་ཞེ་ན་དེའི་ཕྱིར་ལས་ཀྱིས་སྦྱིན་ནོ་ཞེས་བྱ་བ་སྨྲས་ཏེ། གསོལ་བ་དང་བཞིའི་ལས་ཀྱིས་སྦྱིན་ནོ། །དེའི་སྡགས་ནི་དགེ་འདུན་བཙུན་པ་རྣམས་གསན་དུ ་གསོལ། དགེ་སློང་དགའ་བྱེད་འདིས་བསླབ་པ་མ་ཕུལ་བར་མི་ཚངས་བར་སྦྱོད་པ་འཁྲིག་པའི་ཆོས་བསྟེན་ཀྱང་བཅབ་པའི་སེམས་གཅིག་ཅིམ་གྱིས་ཀྱང་བཅབ་པར་མ་བགྱིས་ཏེ། དགེ་སློང་དགའ་བྱེད་འདི་དགེ་འདུན་ལས་ཇི་སྲིད་འཚོའི་བར་དུ ་བསླབ་པ་གསོལ་ན། གལ་ཏེ་དགེ་འདུན་གྱིས་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛད་ཅིག་དང། དགེ་འདུན་གྱིས་དགེ་སློང་དགའ་བྱེད་ལ་ཇི་སྲིད་འཚོའི་བར་དུ་བསླབ་པ་སྩལ་ཏོ། །འདི་ནི་གསོལ་བའོ་ཞེས་བྱ་བ་ལ་སོགས་པ ་གསུངས་པ་ཡིན་ནོ། །དུས་ཇི་སྲིད་དུ་ཞེ་ན། དེའི་ཕྱིར་ཇི་སྲིད་འཚོའི་བར་དུའོ་ཞེས་བྱ་བ་སྨྲས་སོ། །འདིར་གཞུང་ནི་ཕྲན་ཚེགས་དག་ལས། དགེ་སློང་དག་དགེ་སློང་དགའ་བྱེད་འདི་ལ་ཇི་སྲིད་འཚོའི་བར་དུ་བསླབ་པ་བྱིན་ཅིག་ཅེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ།། ་གང་གི་ཚེ་དགྲ་བཅོམ་པ་ཉིད་ཐོབ་པ་དེའི་ཚེ་ན་ནི་བསླབ་པ་བྱིན་པ་ཞེས་མི་བྱ་སྟེ། འཁྲུལ་བའི་རྒྱུ་འདོད་ཆགས་ལ་སོགས་པ་ཐམས་ཅད་སྤངས་བའི་ཕྱིར་རོ། །ངོ་ཆ་དང་ལྡན་པ་དང་མདོ་སྡེ་འཛིན་པ་དང་འདུལ་བ་འཛིན་པ་དང་མ་མོ་འཛིན ་པ་དང་ཤེས་བས་ནི་གཅིག་གི་མདུན་དུ་བཤགས་བས་དགེ་འདུན་ལྷག་མ་འདག་གོ་ཞེས་བྱ་བ་ནི། དེ་དག་གིས་ནི་གང་ཟག་གཅིག་གི་མདུན་དུ་བཤགས་པས་ཆོག་གི། ཡོངས་སུ་གནས་པ་དང་མགུ་བ་དག་སྤྱད་པར་མི་དགོས་པ་ཉིད་དོ། །བསམ་པས་ལྷུང་བ་ལས ་ལྡང་གི་ཆད་པའི་ལས་ཀྱིས་ནི་མ་ཡིན་ནོ་ཞེས་བྱ་བ་ནི། བསམ་བའི་ཁྱད་བར་བསྐྱེད་བའི་ཕྱིར་ཆད་པའི་ལས་བྱ་བ་ཡིན་གྱི། གལ་ཏེ་ཆད་བའི་ལས་མེད་པར་བསམ་པའི་ཁྱད་པར་སྐྱེན་ཆད་པའི་ལས་མི་དགོས་སོ། །འདིར་གཞུང་ནི། སིལ་བུ་དག་ལས་དེ་ལྟ་བས་ན། ་གང་དག་རྣམ་བ་དེ་ལྟ་བུར་རང་བཞིན་གྱིས་ངོ་ཚ་ཤེས་པ་དང་ལྡན་པ་དེ་དག་གིས་ནི་གཅིག་གི་མདུན་དུ་བཤགས་པར་རྗེས་སུ་གནང་ངོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །ལྟུང་བ་མིང་དང་རིགས་པ་དང་ལྡན་བརྗོད་པར་བྱའོ་ཞེས་གང ་གསུངས་པ་དེ་ལ་འདིར་མིང་ནི་རྣམ་པ་ཇི་ལྟ་བུ་ཞིག་ཡིན། རིགས་ནི་རྣམ་པ་ཇི་ལྟ་བུ་ཞིག་ཡིན་པར་ཤེས་པར་བྱ་ཞེ་ན། དེའི་ཕྱིར་འདིར་མིང་ནི་ལྟུང་བྱེད་ཀྱི་སྡེ་ཆེན་ལས་མིང་ངོ། །བྱུང་བ་ནི་རིགས་སོ་ཞེས་བྱ་བ་སྨྲས་ཏེ། སྡེ་ཚན་ལ་བརྟེན་ནས་ལྟུང་བ་རྣམས ་ཀྱི་མིང་དུ་གྲགས་པ་གང་ཡིན་བར་ཤེས་པར་བྱའོ། །བྱུང་བ་གང་ཡིན་པ་དེ་ནི་རིགས་ཡིན་བར་ཤེས་པར་བྱའོ། །དེས་ན་ཕམ་བར་འགྱུར་བ་དང། དགེ་འདུན་ལྷག་མ་དང། ལྟུང་བྱེད་དང། སོ་སོར་བཤགས་པར་བྱ་བ་དང། ཉེས་བྱས་ཞེས་བྱ་བ་ལྟུང་བྱེད ་ཀྱི་སྡེ་ཚན་ལྔ་པོ་དག་ནི་མིང་ངོ། །མི་བསོད་བ་ལ་སོགས་བའི་ཕམ་པར་འགྱུར་བ་བྱུང་བ་དང། བསམས་བཞིན་དུ་ཁུ་བ་འབྱིན་པ་ལ་སོགས་པའི་དགེ་འདུན་ལྷག་མ་བྱུང་བ་དང། གཏན་བ་ཕྱུང་ནས་ཞག་བཅུ་ལས་འདས་པར་གོས་རྣམ་པར་མ་བརྟགS ་བ་འཆང་བ་ལ་སོགས་བའི་སྤང་བའི་ལྟུང་བྱེད་དང། ཤེས་བཞིན་དུ་བརྫུན་དུ་སྨྲ་བ་ལ་སོགས་བའི་ལྟུང་བྱེད་བྱུང་བ་ཉེ་དུ་མ་ཡིན་པའི་དགེ་སློང་མའི་ལག་ནས་བཟའ་བ་དང་བཅའ་བ་ལེན་པ་ལ་སོགས་བའི་སོ་སོར་བཤགས་པ་བྱུང་བ་དང། ཤམ་ཐབས ་ཟླུམ་པོར་མ་གོས་པ་ལ་སོགས་པའི་ཉེས་བྱས་བྱུང་བ་ནི་རིགས་ཡིན་ནོ། །འདིར་གཞུང་ནི་བཙུན་པ་ལྟུང་བ་རྣམས་ཀྱི་མིང་ཞེས་ཀྱང་བགྱི། རིགས་ཞེས་ཀྱང་བགྱིན། བཙུན་པ་མིང་ནི་གང་ལགས་རིགས་ནི་གང་ལགས། ་ཉེ་བར་འཁོར་ཕམ་པར་འགྱུར་བ་ཞེས་བྱ་བ་ནི་མིང་ངོ། །བྱུང་བ་ནི་རིགས་སོ། །དགེ་འདུན་ལྷག་མ་ཞེས་བྱ་བ་ནི་མིང་ངོ། །བྱུང་བ་ནི་རིགས་སོ། །ལྟུང་བྱེད་དང་སོ་སོར་བཤགས་བར་བྱ་བ་དང་ཉེས་བྱས་ཞེས་བྱ་བ་ནི་མིང་ངོ། །བྱུང་བ་ནི་རིགས་སོ་ཞེས ་གསུངས་པ་ཡིན་ནོ། །ཀཽ་ཤམ་བི་པ་དང་དམར་སེར་ཅན་གྱི་གཞི་གཉིས་ལ་ཕྱིར་བཅོས་པའི་གཞི་ཞེས་བྱ་བའི་མིང་གཞན་དུ་བྱས་ཏེ་ཕྱིར་བཅོས་བར་བྱ་བའི་གང་ཟག་གིས་བྱེ་བྲག་ཐམས་ཅད་བསྟན་པའི་ཕྱིར་རོ། །འགྲབ་གྲོལ་བྱེད་པ་ལ ་སོགས་པའི་གང་ཟག་གང་ཇི་སྙེད་ཕྱིར་བཅོས་པར་བྱ་བ་དེ་དག་ཐམས་ཅད་དེ་གཉིས་ཀྱིས་ཕྱིར་བཙོས་པར་གསུངས་པས། དེའི་ཕྱིར་དོན་དང་མཐུན་པར་མིང་བསྟན་བར་བྱ་བའི་ཕྱིར་དེ་གཉིས་ལ་ཕྱིར་བཅོས་པའི་གཞི་ཞེས་བྱ་བའི་མིང་གཞན་དུ ་བྱས་ཏེ་།དེས་ན་མིང་བརྗོད་པ་ཁོ་ནས་བརྡ་ཕྲད་སླ་བར་འགྱུར་རོ། །ཕྱིར་བཅོས་པའི་གཞི་ཞུ་པ་ལ་སོགས་པའི་སྐབས་སོ་ཞེས་བྱ་བ་དེ་ཞུ་བ་ལ་སོགས་པའི་སྐབས་ནས་འབྱུང་བ་བཤད་ཟིན་ཏོ།། །།ཕྱིར་བཅོས་བའི་གཞི་རྫོགས་སོ།། །། ་ཞེས་བྱ་བ་ཀཽ་ཤམ་བི་པ་དད་དམར་སེར་གྱི་གཞི་བཤད་ཟིན་ཏོ།། །།ད་ནི་དུས་དང་དུས་མ་ཡིན་པར་བསྡུས་པ་འབྱུང་བའི་གཞི་བསྡུ་བའི་ཕྱིར་འདི་ལ་དགེ་འདུན་ལྷག་མ་མི་ཤེས་པ་ཉིད་དང་བཅབ་པའི་སེམས་མ་བཞག་པས་བརྗོད་པ་དང་བྱས ་སམ?་མ་བྱས་ཇི་ཞིག་ཇི་ལྟ་བུ་ཞིག་ཅེས་དྲན་བར་མི་ནུས་པ་ཉིད་དང། བསྙེན་པར་མ་རྫོགས་པ་ཉིད་དང། གནས་ནས་ཕྱུང་བ་ཉིད་ལ་འཆབ་པ་མི་འཆགས་སོ་ཞེས་བྱ་བ་སྨྲས་ཏེ། དེ་དག་ལ་དགེ་འདུན་ལྷག་མའི་ལྟུང་བ་འཆབ་བའི་ཉེས་པ་མི ་?་བྱུང་ངོ་ཞེས་བྱ་བར་སྦྱར་རོ། །འདི་ལ་དགེ་འདུན་ལྷག་མ་མི་ཤེས་པ་ཉིད་ཅེས་བྱ་བ་ལ། འདི་ལ་ཞེས་བྱ་བ་ནི་བསྒྲུབ་པ་འདི་ལའོ། །དགེ་འདུན་ལྟག་མ་མི་ཤེས་པ་ཉིད་ཅེས་བྱ་བ་ནི། དགེ་འདུན་ལྷག་མར་འགྱུར་རོ། །ཞེས་བྱ་བར་མི་ཤེས་པ་ཉིད་ཏེ། ཤེས ་ཏེ་སྦས་ན་ནི་འཆབ་པར་འགྱུར་བས་དེ་ལྟར་མི་ཤེས་པ་ཉིད་ཡིན་ན་དེ་ལ་འཆབ་པ་མི་འབྱུང་ངོ། །བཅབ་པའི་སེམས་མ་བཞག་པས་བརྗེད་པ་ཞེས་བྱ་བ་ནི། དགེ་སློང་གང་གིས་བཅབ་པའི་སེམས་སྔ་ནས་མ་བཞག་པས་དགེ་འདུན་ལྷག་མ་བྱུང་ནས་སྔར ་ཤེས་པའི་དོན་དེ་ཉིད་དོགས་པ་མིང་པར་བརྗོད་པ་སྟེ། གང་གིས་བཅབ་པའི་སེམས་བཞག་པས་ནི་ཕྱིར་བརྗེད་པར་གྱུར་དུ་ཟིན་ཀྱང་འཆབ་པའི་ཉེས་པ་ཁོ་ནར་འགྱུར་བས་དེའི་ཕྱིར་བཅབ་པའི་སེམས་མ་བཞག་པ་ཞེས་བྱེ་བྲག་ཏུ་བྱས་ཏེ། དེ་ལྟར་བཅབ ་པའི་སེམས་མ་བཞག་པས་བརྗེད་པ་དེ་ལ་ཡང་འཆབ་པ་མི་འབྱུང་ངོ། །བྱས་སམ་མ་བྱས་ཇི་ཞིག་ཇི་ལྟ་བུ་ཞིག་ཅེས་དྲན་པར་མི་ནུས་པ་ཉིད་ཅེས་བྱ་བ་ལ། བྱས་སམ་མ་བྱས་ཞེས་བྱ་བས་ནི་ཅི་བདག་གིས་དེད་ལས་ཤིག་བྱས་སམ་འོན་ཏེ་མ ་བྱས་སྙམ་ལུ?་ལས་ཀྱིས་འཇུག་པའི་སྐབས་ལ་དོགས་པ་བསྟན་ཏོ། །ཅི་ཞིག་ཅེས་བྱ་བ་ནི་བདག་ཉིད་དང་བདག་ལས་ཤིག་བྱས་སོ་དེ་ལྟར་ལས་བྱས་པ་ཉིད་དུ་ཡིད་ལ་སྣང་བས་ན་བདག་གིས་ལས་དེའི་ངོ་བོ་ཉིད་ཅི་ཞིག་བྱས། ཅི་བདག་གིས་ཁུ་བ་འབྱིན ་པའི་ངོ་བོ་ཉིད་དམ་ལུས་ཀྱིས་རེག་བའི་ངོ་བོ་ཉིད་ལ་སོགས་པ་འམ་ཅི་ཞིག་བྱས་ཞེས་ངོ་བོ་ཉིད་ཀྱི་ཡུལ་ལ་དོགས་པ་བསྟན་ཏོ། །ཇི་ལྟ་བུ་ཞིག་ཅེས་བྱ་བས་ནི་བདག་གིས་དེང་ཁུ་བ་འབྱིན་པ་འམ་ལུས་ཀྱིས་རེག་པ་ལ་སོགས་པའི་ངོ་བོ་ཉིད་ཀྱི་ལས་བྱས་ན ་ཅི་དེ་བསམས་བཞིན་དུ་བྱས་སམ་འོན་ཏེ་བསམས་བཞིན་དུ་མ་བྱས། ཅི་བར་དུ་གཅོད་པ་དང་བཅས་པར་བྱས་སམ་འོན་ཏེ་བར་དུ་ཆོད་པ་མེད་པར་བྱས། ཅིག་ཉིད་ལོག་པས་སམ། འོན་ཏེ་གཉིད་མ་ལོག་པས་བྱས་ཞེས་དེ་ལྟར་ལས་ཀྱི་ངོ་བོ་ཉིད་སྤྱིར་ཡིད་ལ ་སྣང་བའི་ཡུལ་ལ་སྦྱོད་བའི་སྐབས་ཀྱི་དོགས་པ་བསྟན་ཏེ། དེ་ལྟར་བྱ་བ་སམ་མ་བྱས་ཇི་ཞིག་ཇི་ལྟ་བུ་ཞིག་ཅེས་དྲན་པར་མི་ནུས་པ་ཉིད་དེ་ལ་ཡང་འཆབ་བ་མི་འབྱུང་ངོ། །བསྟེན་བར་མ་རྫོགས་པ་ཉིད་ལ་ནི་དགེ་འདུན་ལྷག་མ་མེད ་པས་དེ་ལ་ཡང་འཆབ་བ་མི་འབྱུང་ངོ། །གནས་ནས་ཕྱུང་བ་ཉིད་ནི་ཐ་རང?་བར་གྱུར་བ་ཡིན་བས་གྱིར་བཙོས་པའི་གྲོགས་མེད་བའི་ཕྱིར་དེ་ལ་ཡང་འཆབ་བ་མི་འབྱུང་ངོ། །ཐ་སྙད་དུ་རུང་བའི་འདུ་ཤེས་ཉམས་པ་ཉིད་ལ་ནི་ཕམ་པར་འགྱུར་བ་མན་ཆད་ཀྱི ་ལྟུང་བ་ཡང་མི་འབྱུང་ངོ་ཞེས་བྱ་བ་ནི། སྨྱོན་པ་དང་སེམས་འཁྲུགས་བ་ལ་སོགས་པ་ཐ་སྣང?་དུ་རུང་བའི་འདུ་ཤེས་ཉམས་པ་ཉིད་ལ་ནི་ཕམ་པར་འགྱུར་བ་མན་ཆད་ཀྱི་ལྟུང་བ་ཡང་མི་འབྱུང་བའོ། །མན་ཆད་ཅེས་སྨོས་བ་ནི་ལྟུང་བ་ཐམས་ཅད་མི་འབྱུང ་བར་བསྟན་ཏོ། །ཡང་ཞེས་བྱ་བའི་སྒྲ་ནི་འཆབ་པ་ཡང་མི་འབྱུང་ངོ་ཞེས་བྱ་བར་བསྟན་ཏོ། །མ་བཅས་བ་ཉིད་ལ་ཡང་ངོ་ཞེས་བྱ་བ་ནི། དེ་ལ་ཕམ་བར་འགྱུར་བ་མན་ཆད་ཀྱི་ལྟུང་བ་ཡང་མི་འགྱུད་དོ་ཞེས་བྱ་བའི་རྗེས་སྙེག་བའི་ཕྱིར་ཡང་ངོ་ཞེས་བྱ་བའི ་སྒྲ་སྨོས་སོ། །འདིར་གཞུང་ནི་ལས་དང་པོ་བ་ལ་ལྟུང་བ་མེད་དོ་ཞེས་གསུངས་པ་ཡིན་ནོ། །མི་ཤེས་བ་ཉིད་ལ་ནི་མ་ཡིན་ནོ་ཞེས་བྱ་བ་ནི། འདི་ལྟུང་བ་ནི། འདི་ལྟུང་བ་ཡིན་ནོ། །ཞེས་བྱ་བར་མི་ཤེས་པ་ཉིད་ལ་ནི་ལྟུང་བ་མི་འབྱུང་བ་མ་ཡིན་ཏེ་འབྱུང་བ་ཁོ ་ན་ཡིན་པའོ། །འདིར་གཞུང་ནི་ཚེ་དང་ལྡན་པ་དེ་མི་ཤེས་བས་ནི་མི་འགྲོལ་ཏེ། དེ་ལ་ཉེས་པ་གང་བྱུང་བ་དེ་ཆོས་བཞིན་དུ་བྱེད་དུ་གཞུག་གི་སྟེང་དུ་ཞེས་གསུངས་བ་ཡིན་ནོ། །མངོན་བར་ཡིད་མི་ཆེས་བ་ཉིད་ལ་ཡང་ངོ་ཞེས་བྱ་བ་ཡང་མི་འབྱུང་བ་མ ་ཡིན་ནོ་ཞེས་བྱ་བར་སྦྱར་ཏེ། འདོན་བ་དང་འབུལ་བ་དད་བརྗོད་བ་དག་ཐོས་བ་ན་འདི་ལྟུང་བ་ཡིན་ནོ་ཞེས་བྱ་བར་མངོན་པར་ཡིད་མི་ཆེས་པ་ཉིད་ལ་ཡང་ལྟུང་བ་འབྱུང་བ་ཁོ་ནར་འགྱུར་རོ། །མངོན་པར་མི་ཤེས་པ་ཉིད་དུ་འདུ་ཤེས་པ་ལ་ཡང་ངོ་ཞེས་བྱ་བ ་ཡང་མི་འབྱུང་བ་མ་ཡིན་ནོ་ཞེས་བྱ་བར་སྦྱར་ཏེ། འདོན་པ་བྱེད་པ་དང་རྗོད་པར་བྱེད་པ་ལ་དི་བྱིས་པ་ཡིན་པས་ཆུང་ཟད་ཀྱང་སྨྲ་བ་མ་ཡིན་ནོ་ཞེས་དེའི་ཆིག་དག་ལ་མི་གུས་ཤིང་མངོན་པར་མི་ཤེས་གཉིད་དུ་འདུ་ཤེས་པས་ལྟུང་བ་ལ་ཡང་མངོན་པར ་ཡིད་མི་ཆེས་པ་ཉིད་ལ་ཡང་ལྟུང་བ་འབྱུང་བ་ཁོ་ནར་འགྱུར་ཏེ། དེ་དག་ནི་ལྟུང་བ་མི་འབྱུང་བའི་རྒྱུ་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། འདིར་གཞུང་ནི་ཀུན་ཤེས་པར་འདོད་བའི་དགེ་སློང་གིས་ཀྱང་བསླབ་བ་འདི་ལ་བསླབ་པར་བྱའོ་ཞེས་གསུངས་པ ་ཡིན་ནོ། །ས་གཞན་ན་གནས་པ་ཉིད་ལ་ནི་སྔ་མ་ཡང་ངོ་ཞེས་བྱ་བ་ནི། བསྡིགས་པ་དང་སྨད་པ་དང་བསྐྲད་པ་དང་ཕྱིར་འགྱེད་བ་དང་བསླབ་པ་བྱིན་བས་གཞན་ན་གནས་པ་ཉིད་ལ་ནི་སྔ་མ་ཞེས་བྱ་བ་ལྟུང་བ་འབྱུང་བ་ཁོ་ནའོ་ཞེས་བསྟན་བདག་ནི་སྔ་མ་འཆབ་པ ་ཞེས་བྱ་བ་ཡང་མི་འབྱུང་བ་མ་ཡིན་ཏེ་འབྱུང་བ་ཁོ་ན་མ་ཡིན་བའོ། །ཡང་ངོ་ཞེས་བྱ་བའི་སྒྲས་ནི་ལྟུང་བ་ཡང་མི་འབྱུང་བ་མ་ཡིན་ཏེ་འབྱུང་བ་ཁོ་ནའོ་ཞེས་བྱ་བ་སྟོན་ཏོ། དེ་ལ་འཆབ་པ་དང་ལྟུང་བ་གཉི་ག་འབྱུང་ངོ་ཞེས་བྱ་བའི་ཐ་ཚིག་གོ། འཆབ་བ་ལ ་དགེ་འདུན་ལྷག་མ་ཉིད་ལ་ཡིད་གཉིས་ཟབ་ནི་ཤེས་པ་དང་འདྲའོ་ཞེས་བྱ་བ་ནི། ཡིད་གཉིས་ནི་འདུ་ཤེས་དང་འདྲ་བར་ཞེས་བྱ་བར་སྦྱར་ཏེ། འཆབ་བའི་ཡུལ་?་དགེ་འདུན་ལྷག་མ་ལ་ཡིད་གཉིས་པ་བཞིན་དུ་བཅབས་ན་དགེ་འདུན་ལྷག་མར་ཤེས ་བཞིན་དུ་བཅབས་པ་དང་འདྲ་སྟེ། འཆབ་བའི་ཉེས་པར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། ས་གང་ལ་འཆབ་བ་མི་འབྱུང་བ་དེ་ལ་སྤྱད་བ་ཡང་ངོ་ཞེས་བྱ་བ་ནི། བསྙེན་བར་མ་རྫོགས་པ་དང་གནས་ནས་ཕྱུང་བ་དང། ཐ་སྙད་དུ་བྱར་རུང་བའི་འདུ་ཤེས ་ཉམས་པ་ཞེས་སྨོས་བ་དེ་དག་ནི་འདིར་ས་ཞེས་བྱ་བའི་སྒྲང་བརྗོད་དེ། དེ་དག་ཇི་ལྟར་འཆབ་པ་འབྱུང་བའི་ཞིང་མ་ཡིན་པ་དེ་བཞིན་དུ་ཡོངས་སུ་གནས་པ་ལ་སོགས་པ་སྤྱད་སའི་ཞིང་མ་ཡིན་ནོ། །མགུས་བས་སྤྱོད་པ་གཏོད་ན་ཉེས་བྱས་སོ་ཞེས་བྱ་བ་ནི ་ཡོངས་སུ་གནས་པ་དང་མགུ་བ་སྤྱོད་པ་མ་གུས་པས་གཏོང་ན་ཉེས་བྱས་སུ་འགྱུར་བའོ། །འཐབ་ཀྲོལ་བྱེད་པ་འོང་པས་གཏོང་བ་ལ་ནི་ཉེས་པ་མེད་དོ། །དེ་ལ་དེའི་སྡེ་པ་ལྷག་པར་སྤྱོད་པ་ཡང་ངོ་ཞེས་བྱ་བ་ནི། ཡོངས་སུ་གནས ་བ་དང་མགུ་བ་སྤྱོད་པའི་གནས་སྐབས་དེ་ལ་དེའི་སྡེ་པ་ཞེས་བྱ་བ་དགེ་འདུན་ལྷག་མའི་སྡེ་ཚན་དུ་གཏོགས་པའི་དངོས་གཞི་འམ། ཉེས་པ་སྦོམ་པོ་འམ་ཉེས་བྱས་ལྷག་པར་སྤོང་ན་ཡང་ཉེས་བྱས་སུ་འགྱུར་བའོ། །ཡོད་ལ་ཕྱིར་མི་འཆོས་ན་ཡང་ངོ་ཞེས་བྱ ་པ་ནི། ལེན་པར་བྱེད་པ་ཡོད་པ་ལ་སོགས་པར་ཕྱིར་འཆོས་བའི་ཐབས་ཡོད་པ་ལྟུང་བ་ཕྱིར་མི་འཆོས་ན་སྐྱ་རེངས་རེ་རེ་ཞིང་ཉེས་བྱས་རེ་རེར་འགྱུར་བའོ། །མི་སྤྱོད་བའི་ས་ནས་ཕྱིར་འོངས་བ་ནི་དེའི་གནས་སྐབས་ཉིད་ཡིན་ནོ་ཞེས་བྱ་བ་ནི། ཡོངས་སུ་གནས ་པ་དང་མགུ་བ་སྤྱོད་པའི་གནས་སྐབས་ནས་བསྙེན་པར་མ་རྫོགས་པ་དང་གནས་ནས་ཕྱུང་བ་དང་ཐ་སྙད་དུ་རུང་བའི་འདུ་ཤེས་ཉམས་བ་ཡོངས་སུ་གནས་པ་དང་མགུ་བ་མི་སྤྱོད་པའི་སར་སོང་ནས། མི་སྦྱོང་བའི་སར་དེ་ནས་ཕྱིར་འོངས་ནས་ཡོངས་སུ ་གནས་པ་དང་མགུ་བ་སྤྱོད་པའི་གནས་སྐབས་ཉིད་ཡིན་པ་སྟེ། སྟུང་བ་དང་བཅས་པའི་གནས་སྐབས་ཉིད་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། སྤྱངས་པའི་གཞིལ་ལྷག་མ་རྗེས་སུ་བསྒྲུབ་པོ་ཞེས་བྱ་བ་ནི། བདག་ལ་ལྟུང་བའི་མིང་ནི་འདི་བྱུང་།རིགས ་ནི་འདི་འབྱུང་།དུས་འདི་སྲིད་དུ་བཅབས་པ་ཟམ་པ་བཅབས་པ་དེའི་ཕྱིར་བདག་གིས་སྤྱད་ཟིན་ཏོ།། ལྷག་མ་ནི་འདི་སྲིད་ཅིག་ལུས་སོག་ཞེས་གང་ལ་སྤྱང་པ་གང་ལ་ཀུན་ཏུ་སྤྱད་པ་དེ་བརྟེན་པར་བྱ་བའི་དགེ་འདུན་ལ ་བརྗོད་ཅིང་སྦྱངས་པའི་གཞི་ལ་ལྷག་མ་མ་སྤྱད་པ་ཇི་སྙེད་ཡོད་པ་བསྒྲུབ་པར་བྱ་བ་སྟེ། དེ་ལ་ལྷག་མ་གང་ཡོད་པ་དེ་སྤྱོད་བར་བྱ་བའོ། །འདིར་གཞུང་ནི། ཡོངས་སུ་གནས་བར་བྱེད་པའི་གང་ཟག་གིས་གཞི་ཇི་ཙམ་སྤྱངས་ནས་རྣམ་པར་འཁྱམS ་ཏེ་ཡང་ཕྱིར་འོངས་ནས་བསྙེན་པར་རྫོགས་ན་འདུལ་བ་དང་འགལ་བའི་བཅས་པའི་ཁ་ན་མ་ཐོ་བའི་ཉོམས་བྱས་བཤགས་ཏེ། སྤོང་བ་ལ་ཡོངས་སུ་གནས་བར་གྱུར་ན། སྤོང་བ་ལ་ཡོངས་སུ་གནས་པར་འགྱུར་རོ། །ཞེས་གསུངས་པ་ཡིན་ནོ། །བཅབS ་པའི་དུས་ངེས་པར་མི་ཤེས་ན་ཉུང་བ་ཉིད་དུ་མི་འགྱུར་བ་ལ་བརྟེན་པར་བྱའོ་ཞེས་བྱ་བ་ནི། ལྟུང་བ་གང་ལ་བཅབས་པའི་དུས་དེས་པ་ཉིད་དུ་མི་ཤེས་ཏེ་བདག་གིས་ལྟུང་བ་དེ་དུས་འདི་སྲིད་དུ་བཅབས་སོ་ཞེས་བྱ་བར་བཅབས་པའི་དུས་ངེས་པར་མི་ཤེས་པ ་དེ་ལ་ཇི་ནས་ཀྱང་ཉུང་བ་ཉིད་དུ་མི་འགྱུར་བའི་དུས་དེ་སྲིད་གཅིག་ལ་བརྟེན་པར་བྱ་བ་སྟེ། ཇི་ནས་ཀྱང་བཅབས་པའི་དུས་པས་ཉུང་བ་ཉིད་དུ་མི་འགྱུར་བའི་དུས་དེ་སྲིད་ཅིག་ལ་བརྟེན་ཏེ་ཡོངས་སུ་གནས་པ་སྤྱད་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ་།ཡུལ ་གང་ལ་ཉུང་བ་ཉིད་དུ་མི་འགྱུར་བའི་དུས་དེ་ལ་བརྟེན་པར་བྱ། དུས་དེ་ནི་ཇི་འདྲ་བ་ཞིག་ཅེ་ན་དེའི་ཕྱིར་།སྤྱད་པར་བྱ་བ་ཉིད་ལ་དག་པའི་མཛའ་ཅན་ཉིད་གྱི་བྱེ་བྲག་གིའོ་ཞེས་བྱ་བ་སྨྲས་ཏེ། ཡུལ་གང་ལ་ཞེ་ན་སྤྱད་པར་བྱ་བ་ཉིད་ལའོ། །དུས་དེ་ཇི་འདྲ་བ་ཞིག ་ཅེ་ན་།དག་པའི་མཛའ་ཅན་ཉིད་ཀྱི་བྱེ་བྲག་གི་དུས་ཏེ་ཡུལ་དེ་ལ་ཉུང་བ་ཉིད་དུ་མི་འགྱུར་བའི་དུས་དེ་ལྟ་བུ་ལ་བརྟེན་པར་བྱའོ་ཞེས་བྱ་བར་སྦྱར་རོ། །འདིར་དུས་དེ་དོན་གཉིས་ལ་བརྟེན་ཏེ་བཅབས་པ་དང་སྤྱད་བར་བྱ་བ་ཉིད་ལའོ། །དེ་ལ་བཅབས་པ ་ཞེས་བྱ་བ་ནི་དུས་འདི་སྲིད་བཅབས་བ་ཞེས་བྱའོ། །ཁྱད་པར་བྱ་བ་ཉིད་ཅེས་བྱ་བ་ནི་དུས་འདི་སྲིད་དུ་ཡོངས་སུ་གནས་པར་བྱའོ་ཞེས་བྱ་བའོ། །དེ་ལ་བཅབས་པ་ལ་ནི་ཡོངས་སུ་གནས་པ་དང་མགུ་བར་བྱ་བ་གཉི་གའི་དུས་ལ་བརྟེན་ནོ། །སྤྱད་པར་བྱ་བ ་ཉིད་ལ་ནི་ཡོངས་སུ་གནས་པའི་དུས་འབའ་ཞིག་ལ་བརྟེན་གྱི། མགུ་བར་བྱ་བའི་དུས་ལ་ནི་མི་བརྟེན་ཏེ། འདི་ལྟར་མགུ་བའི་དུས་ནི་ཞག་དྲུག་ཁོ་ནར་ངེས་པ་ཉིད་ཡིན་པའི་ཕྱིར་རོ། །དེ་བས་ན་འདིར་བཅབས་པའི་དུས་ངེས་པར་མི་ཤེས་པས་སྤྱད་བར་བྱ་བ ་ཉིད་ཀྱི་ཡུལ་ལ་བརྟེན་པར་བྱ་སྟེ། ཡོངས་སུ་གནས་པ་སྤྱད་པར་བྱ་བ་ཉིད་ཀྱི་ཡུལ་ལའོ། །ཡུལ་དེ་ལ་དུས་ཇི་ལྟ་བུ་ལ་བསྟེན་པར་བྱ་ཞེ་ན་།དེའི་ཕྱིར་དག་པའི་མཛའ་ཅན་ཉིད་ཀྱི་བྱེ་བྲག་གི་དུས་ལ་སྟེ་།དག་པ་ཞེས་བྱ་བ་ནི་དྲི་མ ་མེད་པའི་བཅབས་པའི་ཉེས་པས་མ་གོས་པའི་དུས་ཏེ། སྔོན་དགེ་འདུན་ལྷག་མའི་ལྟུང་བ་མ་བྱུང་ཞིང་མ་བཅབས་པ་ཉིད་ཀྱིས་དུས་སོ། །དེའི་མཛའ་ཞེས་བྱ་བ་ནི་དག་པའི་ཡང་དེ་ཉིད་ཡིན་ལ་མཛའ་ཡང་དེ་ཉིད་ཡིན་ཏེ། དགེ་འདུན་ལྷག་མཻ་ལྟུང་བ ་མ་བྱུང་ཞིང་མ་བཅབས་པའི་དུས་དེའི་མཛའ་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ཞིང་བཅབས་པའི་སྔ་རོལ་ཁོ་ནའི་གནས་སྐབས་ཀྱི་དུས་སོ།། མཛའ་ཅན་ཞེས་བྱ་བ་ནི། ཡོངས་སུ་གནས་པའི་དུས་གང་ལ་དག་པའི་མཛའ་ཨི་དུས་དེ་ཡོད་པ་དེ་ནི་དག ་པའི་མཛའ་ཅན་ཏེ། བཅབས་པའི་དུས་ངེས་པར་མི་ཤེས་པས་ཡོངས་སུ་གནས་པར་སྤྱད་པར་བྱ་བ་ཉིད་བརྩམ་པ་དེའི་དང་པོའི་ཁོངས་ན་སྔོན་དགེ་འདུན་ལྷག་མ་མ་བྱུང་གི་བཅབས་པའི་ཉེས་པས་མ་གོས་པའི་དུས་དག་པ་དེའི་མཛའ་ཡང་ཡོད ་པ་ལ་བྱའོ། །དེའི་བྱེ་བྲག་གི་ཞེས་བྱ་བ་ནི་ཡོངས་སུ་གནས་པ་སྤྱད་པའི་དུས་ཀྱི་དང་པོ་དག་པའི་མཛའ་ཅན་དེའི་བྱེ་བྲག་གི་དུས་ཏེ། དག་པའི་དུས་ཀྱི་མཛའ་དང་བཅས་བ་དེ་ཚུན་ཆད་ནས་བཟུང་སྟེ། ནམ་དགེ་འདུན་ལྷག་མ་བྱུང་པ་བཅབས་པར་དྲན ་ཞིང་མཐོལ་བའི་བར་གྱི་དུས་ཟླ་པ་བཞི་ལ་སོགས་པ་ཇི་སྲིད་དུ་ཡོངས་སུ་གནས་པ་སྤྱད་པར་བྱ་བ་ཉིད་ཀྱི་དུས་ལ་བྱའོ། །འདི་སྐད་བསྟན་ཏེ་བཅབས་པའི་དུས་ངེས་པར་མི་ཤེས་པས་ཡོངས་སུ་གནས་པ་སྤྱད་པར་བྱ་བའི་དུས་ནི་སྔོན་ཡོངས་སུ་དག་པའི་དུས ་ཀྱི་མཛའ་དང་བཅབས་པ་ནས་བཟུང་སྟེ་ནམ་མཐོལ་བའི་བར་གྱི་དུས་ཀྱི་བྱེ་བྲག་དེ་སྲིད་ཀྱི་བར་དུ་སྤྱད་པར་བྱའོ། །ཡོངས་སུ་གནས་པ་སྤྱད་པའི་དུས་གང་ལ་དག་པའི་དུས་ཀྱི་མཛའ་དང་བཅབས་པའི་དུས་ཀྱི་བྱེ་བྲག་ཟླ་བ་བཞི་ལ་སོགས་པ་ཡོད་པ་དེ་ནི་དག ་པའི་མཛའ་ཅན་ཉིད་ཀྱི་བྱེ་བྲག་གི་དུས་ཞེས་བྱ་སྟེ། བཅབས་བ་འདི་དུས་དེས་པར་མི་ཤེས་པས་ཡོངས་སུ་གནས་བ་སྤྱད་པར་བྱ་བ་ཉིད་ཀྱི་ཡུལ་ལ་དུས་དེ་ལྟ་བུ་ལ་བརྟེན་པར་བྱའོ། །ཇི་ལྟར་ཉིད་དུ་མི་འགྱུར་བ་དག་པའི་མཛའ་ཅན་ཉིད་ཀྱི་བྱེ་བྲག་གི་དུས ་ལ་བརྟེན་པར་བྱ་ཞེ་ན་དེའི་ཕྱར། དགེ་པའི་མཛའ་ཅན་ཟླ་བ་བཞི་ལའོ་ཞེས་བྱ་བ་སྨྲས་ཏེ། སྡང་བྱེ་བྲག་ཅེས་སྨོས་པ་དེ་གང་ཡིན་ཞེས། ཟླ་བ་བཞི་ཞེས་བྱ་བ་འདི་དང་སྦྱར་ཏེ། དག་པའི་མཛའ་ཅན་ཉིད་ཀྱི་བྱེ་བྲག་གི་དུས་ཟླ་བ་བཞི་ལ་བརྟེན་པར་བྱ་བའོ། །ཟླ་བ་བཞི ་ཞེས་སྨོས་ལས་ནི་དཔེ་སྟེ་ཉུང་བ་ཉིད་དུ་མི་འགྱུར་བ་དག་པའི་མཛའ་ཅན་ཉིད་ཀྱི་བྱེ་བྲག་གི་དུས་ཟླ་བ་གསུམ་མ་མ་ལྔ་ལ་སོགས་པ་ལ་བསྟེན་པར་བྱའོ། །དུས་དེ་ཙམ་ཞིག་སྤྱོད་ན་དེས་བ་ཁོ་ན་ད་བཅབས་བའི་དུས་ལས་ཉུང་བ་ཉིད་དུ་མི་འགྱུར་བར་བསམས་ནས ་དག་པའི་མཛའ་ཅན་གྱི་བྱེ་བྲག་ཟླ་བ་བཞི་ལ་སོགས་པ་སྨོས་ཀྱི་སྤྱད་པར་བྱ་བའི་དུས་དེ་ཁོ་ནེ་ར་ངེས་པ་ཉིད་དུ་བསམས་བ་ནི་མ་ཡིན་ནོ།། ལྷག་པ་ལ་ནི་ཉེས་བ་མེད་པས་དེའི་ཕྱིར་དག་བའི་མཛའ་དང་བཅས་ཏེ་བཟུང་ནས་ཟླ་བ་བཞི་ལ་སོགས་པ་ལ་བརྟེན་པར ་བཅས་སོ། །འོ་ན་བཅབས་པའི་དུས་དེས་པར་མི་ཤེས་པས་ཉུང་བ་ཉིད་དུ་མི་འགྱུར་བའི་དུས་ལ་བརྟེན་པར་གང་གསུངས་པ་དེ་ལ་ཅི་ཉུང་བ་ཉིད་དུ་མི་འགྱུར་དུས་ཡོངས་སུ་ཆད་པ་ཞིག་ལ་བརྟེན་པར་བྱ་འམ། ཞེ་ན་མ་ཡིན་ཏེ་དེའི་ཕྱིར་བཅབས་བ་ནི་དཔག་ཏུ་མེད ་བ་ལའོ་ཞེས་བྱ་བ་སྨྲས་ཏེ། བརྟེན་པར་བྱའོ་ཞེས་བྱ་བར་སྦྱར་རོ། །བཅབས་པའི་དུས་ངེས་པར་མི་ཤེས་ན་བཅབས་བའི་ཕྱིར་ནི་དུས་དཔག་ཏུ་མེད་པ་ལ་བརྟེན་པར་བྱའོ། །ཇི་ལྟར་ཞེ་ན་དེའི་ཕྱིར་བསམས་བཞིན་དུ་ཁུ་བ་ཕྱུང་བ་ལས་བྱུང་བ་དཔག་ཏུ་མེད་པར་ཞེས་སོ ་ཞེས་བྱ་བ་སྨྲས་ཏེ། བསམས་བཞིན་དུ་ཁུ་བ་ཕྱུང་པ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ལ་དུས་དཔག་ཏུ་མེད་བར་བཅབས་བ་ཞེས་བྱ་བར་སྦྱར་རོ། །སྔགས་བརྗོད་པའི་སྐབས་སུ་བསམས་བཞིན་དུ་ཁུ་བ་ཕྱུང་བ་ལས་བྱུང་བའི་དགེ་འདུན་ལྷག་མ ་ལྟུར་བ་བྱུང་ལ་དུས་དཔག་ཏུ་མེད་པར་བཅབས་བས་ཞེས་བརྗོད་པར་བྱའོ། །ཅིའི་ཕྱིར་འདིར་ཡང་ཟླ་བ་བཞི་བཅབས་པས་ཞེས་མ་བརྗོད་ཅེ་ན། དེ་སྐད་བརྗོད་པ་ན་བདེན་པར་བརྗོད་པར་མི་འགྱུར་ཏེ། ངེས་པ་མེད་པ་ལ་དེས་པ་ཉིད་དུ ་བརྗོད་པའི་ཕྱིར་ཏེ། དེ་བས་ན་འདི་སྐད་མི་བརྗོད་དོ། །དེ་ལྟར་ན་ཇི་སྐད་བསྟན་པའི་མདོ་རྣམ་པ་ལྔ་པོ་དེ་དག་ལས་ཚིག་གི་དོན་འདི་འབྱུང་སྟེ། ཡོངས་སུ་གནས་པ་གསོལ་པ་འམ། གཞི་ནས་ཡོངས་སུ་གནས་པ་གསོལ་བ་འམ་ཡང་གཞི་ནས་བསླང་སྟེ་ཡོངS ་སུ་གནས་པ་གསོལ་བ་འམ། མགུ་བར་བྱ་བ་གསོལ་བ་འམ། གཞི་ནས་མགུ་བར་བྱ་བ་གསོལ་བ་འམ། ཡང་གཞི་ནས་བསླང་སྟེ་མགུ་བར་བྱ་བ་གསོལ་བ་འམ། ཡོངས་སུ་གནས་པ་སྦྱིན་པ་འམ། གཞི་ནས་ཡོངས་སུ་གནས་པ་སྦྱིན་པ་འམ། ཡང་གཞི་ནས ་བསླང་སྟེ་ཡོངས་སུ་གནས་པ་སྦྱིན་པ་འམ་མགུ་བར་བྱ་བ་སྦྱིན་པ་འམ། གཞི་ནས་མགུ་བར་བྱ་བ་སྦྱིན་པ་འམ། ཡང་གཞི་ནས་བསླང་སྟེ་མགུ་བར་བྱ་བ་སྦྱིན་པ་འམ། ཡོངས་སུ་གནས་པ་གཏོང་བ་འམ། གཞི་ནས་ཡོངས་སུ་གནས་པ་གཏོང་བ་འམ། ཡང ་གཞི་གནས་བསླང་སྟེ་ཡོངས་སུ་གནས་པ་གཏོང་བ་འམ། མགུ་བར་བྱ་བ་གཏོང་བ་འམ། གཞི་ནས་མགུ་བར་བྱ་བ་གཏོང་བ་འམ། ཡང་གཞི་ནས་བསླང་སྟེ་མགུ་བར་བྱ་བ་གཏོང་བ་འམ་ཡོངས་སུ་གནས་པ་བརྗོད་པ་འམ་གཞི་ནས་ཡོངས་སུ་གནས ་པ་བརྗོད་པ་འམ་ཡང་གཞི་ནས་བསླང་སྟེ་ཡོངས་སུ་གནས་པ་བརྗོད་པ་འམ། མགུ་བར་བྱ་བ་བརྗོད་པ་འམ། གཞི་ནས་མགུ་བར་བྱ་བ་བརྗོད་པ་འམ། ཡང་གཞི་ནས་བསླང་སྟ་མགུ་བར་བརྗོད་པ་ན། གང་གི་ཚེ་བཅབས་པ་རྗོད་པར་བྱེད་པ་དེའི་ཚེ་ནི་སྔགས་ཀྱི་ཚིག ་དུས་ཉུང་བ་ཉིད་དུ་མི་འགྱུར་བ་དཔག་ཏུ་མེད?་པ་བཅབས་པས་ཤེས་བྱ་བ་ལ་བརྟེན་པར་བྱའོ། །གང་གི་ཚེ་ཡོངས་སུ་གནས་པ་ལ་སོགས་པ་སྤྱད་བར་བྱ་བ་ཉིད་རྗོད་པར་བྱེད་བ་དེའི་ཚེ་ནི་སྔགས་ཀྱི་ཚིག་དུས་ཉུང་བ་ཉིད་དུ་མི་འགྱུར་བ་དག་བའི་མཛའ་ཅན ་ཟླ་བ་བཞི་ཡོངས་སུ་གནས་པ་ཞེས་བྱ་བ་ལ་བརྟེན་པར་བྱའོ།། གང་གི་ཚེ་མགུ་བར་བྱ་བ་ལ་སོགས་པར་སྤྱད་པར་བྱ་བ་ཉིད་རྗོད་པར་བྱེད་པ་དེའི་ཚེ་ནི་སྔགས་ཀྱི་ཚིག་དུས་ཞག་དྲུག་ཁོ་ན་ལ་བརྟེན་པར་བྱའོ། །དེ་དག་གི་སྔགས་ཀྱི་ཚིག་འདི་ལྟར་སྦྱར་བར་བྱ་སྟེ་དགེ ་འདུན་བཙུན་བ་རྣམས་གསན་དུ་གསོལ། །བདག་དགེ་སློང་འཆར་ཀ་ལ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ལ་།དཔག་ཏུ་མ་མཆིས་པ་བཅབས་པར་བདག་དགེ་སློང་འཆར་ཀ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ལ ་དཔག་ཏུ་མ་མཆིས་པ་བཅབས་པ་དེའི་སླད་དུ་དགེ་འདུན་ལས་དག་པའི་མཛའ་ཅན་ཟླ་བ་བཞི་ཡོངས་སུ་གནས་པ་གསོལ་ན། ཐུགས་བརྩེ་བ་ཅན་དགེ་འདུན་བཙུན་པ་རྣམས་ཀྱིས་ཐུགས་བརྩེ་བའི་སླང་དུ་།བདག་དགེ་སློང་འཆར་ཀ་ཆེ་གེ་མོ་ལས་བྱུང་བའི ་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ལ་དཔག་ཏུ་མ་མཆིས་པ་བཅབས་པ་དེའི་སླད་དུ་དག་པའི་མཛའ་ཅན་ཟླ་བ་བཞི་ཡོངས་སུ་གནས་པ་སྩལ་དུ་གསོལ། ལན་གསུམ་དུ་བཟླས། གཞི་ནས་ཡོངས་སུ་གནས་པ་གསོལ་བ་དང། ཡང་གཞི་ནས་བསླད་སྟེ་ཡོངས་སུ ་གནས་བ་གསོལ་བའི་སྔགས་ལ་ཡང་དེ་བཞིན་དུ་སྦྱར་རོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་འཆར་ཀ་འདི་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ལ་དཔག་ཏུ་མ་མཆིས་པ་བཅབས་པས་དགེ་སློང་འཆར་ཀ ་འདི་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ལ་དཔག་ཏུ་མ་མཆིས་པ་བཅབས་པ་དེའི་སླད་དུ་དགེ་འདུན་ལས་དག་པའི་མཛའ་ཅན་ཟླ་བ་བཞི་ཡོངས་སུ་གནས་པ་གསོལ་ན་།གལ་ཏེ་དགེ་འདུན་གྱིས་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས ་གནང་བར་མཛོད་ཅིག་དང་དགེ་འདུན་གྱིས་དགེ་སློང་འཆར་ཀ་ལ་ཆེ་གེ་མ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ལ་དཔག་ཏུ་མ་མཆིས་པ་བཅབས་པའི་སླད་དུ་དག་བའི་མཛའ་ཅན་ཟླ་བ་བཞི་ཡོངས་སུ་གནས་པ་སྩོལ་ཏོ། །འདི་ནི་གསོལ་བའོ། །ལས་བརྗོད ་པ་གསུམ་ཡང་དེ་བཞིན་དུ་བྱའོ། །གཞི་ནས་ཡོངས་སུ་གནས་པ་སྦྱིན་པ་དང། ཡང་གཞི་ནས་བསླང་སྟེ་ཡོངས་སུ་གནས་པ་སྦྱིན་པའི་སྔགས་ལ་ཡང་དེ་བཞིན་དུ་སྦྱར་རོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ་།བདག ་དགེ་སློང་འཆར་ཀ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ལ་དཔག་ཏུ་མ་མཆིས་པ་བཅབས་པས་བདག་དགེ་སློང་འཆར་ཀ་དགེ་འདུན་གྱི་གན་དུ་མཆིས་ཏེ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ལ་དཔག་ཏུ་མ་མཆིས ་པ་བཅབས་བས་དེའི་སླད་དུ་དགེ་འདུན་ལས་དག་པའི་མཛའ་ཅན་ཟླ་བ་བཞི་ཡོངས་སུ་གནས་པ་གསོལ་ན། དགེ་འདུན་གྱིས་བདག་དགེ་སློང་འཆར་ཀ་ལ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ལ། དཔག་ཏུ་མ་མཆིས་པ་བཅབས་བས་དེའི ་སླང་དུ་དག་པའི་མཛའ་ཅན་ཟླ་བ་བཞི་ཡོངས་སུ་གནས་བསྩལ་ཏེ། བདག་དགེ་སློང་འཆར་ཀ་མ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ལ་དཔག་ཏུ་མ་མཆིས་པ་བཅབས་པས་དེའི་སླད་དུ་དག་པའི་མཛའ་ཅན་ཟླ་བ་བཞི་ཡོངས་སུ་གནས་པ ་བགྱིས་ལགས་ཏེ། དགེ་འདུན་ལས་ཞག་དྲུག་མགུ་བར་བགྱི་བ་གསོལ་ན། ཐུགས་བརྩེ་བ་ཅན་དགེ་འདུན་བཙུན་པ་རྣམས་ཀྱིས་ཐུགས་བརྩེ་བར་ཉེ་བར་བཟུང་སྟེ། བདག་དགེ་སློང་འཆར་ཀ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ལ་དཔག་ཏུ་མ ་མཆིས་པ་བཅབས་བ་དེའི་སླད་དུ་དག་པའི་མཛའ་ཅན་ཟླ་བ་བཞི་ཡོངས་སུ་གནས་པ་བགྱིས་ལགས་པ་ལ་ཞག་དྲུག་མགུ་བར་བགྱི་བ་སྩལ་དུ་གསོལ། ལན་གསུམ་དུ་བཟླས། གཞི་ནས་མགུ་བར་བྱ་བ་གསོལ་བ་དང། ཡང་གཞི་ནས་བསླང་སྟེ་མགུ་བར་བྱ ་བ་གསོལ་པའི་སྔགས་ལ་ཡང་དེ་བཞིན་དུ་སྦྱར་རོ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་འཆར་ཀ་འདི་ལ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ལ། དཔག་ཏུ་མ་མཆིས་པ་བཅབས་བས་དགེ་སློང་འཆར་ཀ་འདི་དགེ ་འདུན་གྱི་གན་དུ་མཆིས་ཏེ། ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ལ་དཔག་ཏུ་མ་མཆིས་པ་བཅབས་པ་དེའི་སླད་དུ་དགེ་འདུན་ལས་དག་པའི་མཛའ་ཅན་ཟླ་བ་བཞི་ཡོངས་སུ་གནས་པ་གསོལ་ན། དགེ་འདུན་གྱིས་དགེ་སློང་འཆར་ཀ་འདི་ལ་ཆེ་གེ་མོ་ལམ་བྱུང ་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ལ་དཔག་ཏུ་མ་མཆིས་པ་བཅབས་པ་དེའི་སླད་དུ་དག་པའི་མཛའ་ཅན་ཟླ་བ་བཞི་ཡོངས་སུ་གནས་པ་སྩལ་ཏེ་།དགེ་སློང་འཆར་ཀ་འདིས་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ལ་དཔག་ཏུ་མ་མཆིས་པ་བཅབས ་པ་དེའི་སླད་དུ་དག་པའི་མཛའ་ཅན་ཟླ་བ་བཞི་ཡོངས་སུ་གནས་པ་བགྱིས་ལགས་ཏེ། དགེ་འདུན་ལས་ཞག་དྲུག་མགུ་བར་བགྱི་བ་གསོལ་ན། གལ་ཏེ་དགེ་འདུན་གྱིས་དུས་ལ་བབ་ཅིང་བཟོད་ན། དགེ་འདུན་གྱིས་གནང་བར་མཛོག་ཅིག་དང། དགེ་འདུན་གྱིས། ་དགེ་སློང་འཆར་ཀ་ཆེ་གེམོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ལ་དཔག་ཏུ་མཆིས་པ་བཅབས་པ་དེའི་སླད་དུ་དག་པའི་མཛའ་ཅན་ཟླ་བ་བཞི་ཡོངས་སུ་གནས་པ་བགྱིས་བ་ལ་ཞག་དྲུག་མགུ་བར་བགྱི་བསྩལ་ཏོ། །འདི་ནི་གསོལ་བའོ། །ལས་བརྗོད་བ་གསུཾ ་ཡང་དེ་བཞིན་དུ་བྱའོ། །གཞི་ནས་མགུ་བར་བྱ་བ་སྦྱིན་པ་དང། ཡང་གཞི་ནས་བསླང་སྟེ་མགུ་བར་བྱ་བ་སྦྱིན་པའི་སྔགས་ལ་ཡང་དེ་བཞིན་དུ་སྦྱར་རོ། །དགེ་འདུན་བཙུན་པ་གསན་དུ་གསོལ་།བདག་དགེ་སློང་འཆར་ཀ་ལ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན ་ལྷག་མའི་ལྟུང་བ་བྱུང་ལ། དཔག་ཏུ་མ་མཆིས་པ་བཅབས་པས། བདག་དགེ་སློང་འཆར་ཀ་དགེ་འདུན་གྱི་གན་དུ་མཆིས་ཏེ། ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ལ་དཔག་ཏུ་མ་མཆིས་པ་བཅབས་བ་དེའི་སླད་དུ་དགེ་འདུན་ལས་དག་པའི ་མཐམ?་ཅན་ཟླ་བ་བཞི་ཡོངས་སུ་གནས་པ་གསོལ་ན། དགེ་འདུན་གྱིས་བདག་དགེ་སློང་འཆར་ཀ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ལ་དཔག་ཏུ་མ་མཆིས་བ་བཅབས་པ་དེའི་སླད་དུ་དག་པའི་མཛའ་ཅན་ཟླ་བ་བཞི་ཡོངས་སུ་གནས ་བསྩལ?་ཏེ། བདག་དགེ་སློང་འཆར་ཀ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ལ་དཔག་ཏུ་མ་མཆིས་པ་བཅབས་པ་དེའི་སླད་དུ་དག་བའི་མཛའ་ཅན་ཟླ་བ་བཞི་ཡོངས་སུ་གནས་པ་བགྱིས་པ་ལ་ཞག་དྲུག་མགུ་བར་བགྱི ་བ་སྩལ་ཏེ་།བདག་དགེ་སླང་འཆར་ཀ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྷུང་བ་བྱུང་ལ་དཔག་ཏུ་མ་མཆིས་པ་བཅབས་པ་དེའི་སླད་དུ་དག་པའི་མཛའ་ཅན་ཟླ་བ་བཞི་ཡོངས་སུ་གནས་པ་ཡང་བགྱིས་ལགས་ཞག་དྲུག་མགུ་བར་ཡང་བགྱིས ་ཏེ། དགེ་འདུན་ལས་དབྱུང་བ་གསོལ་ན། ཐུགས་བརྩེ་བ་ཅན་དགེ་འདུན་བཙུན་པ་རྣམས་ཀྱིས་ཐུགས་བརྩེ་བས་ཉེ་བར་བཟུང་སྟེ། བདག་དགེ་སློང་འཆར་ཀ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ལ། དཔག་ཏུ་མ་མཆིས་པ་བཅབས་པ ་དེའི་སླད་དུ་དག་པའི་མཛའ་ཅན་ཟླ་བ་བཞི་ཡོངས་སུ་གནས་པ་ཡང་བགྱིས་།ཞག་དྲུག་མགུ་བ་ཡང་བགྱིས་པ་ལ་དབྱུང་བ་བསྩལ་དུ་གསོལ། ལན་གསུམ་དུ་བཟླས་།གཞི་ནས་ཡོངས་སུ་གནས་བ་བྱས་པས་མགུ་བ་བྱས་པ་དང་།ཡང་གཞི་ནས་བསླད ་སྟེ་ཡོངས་སུ་གནས་པ་བྱས་པས་མགུ་བ་བྱས་པ་དབྱུང་བར་གསོལ་བའི་སྔགས་ལ་ཡང་དེ་བཞིན་དུ་སྦྱར་རོ། །དགེ་འདུན་བཙུན་བ་རྣམས་གསན་དུ་གསོལ། དགེ་སློང་འཆར་ཀ་འདི་ལ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ལ་དཔག ་ཏུ་མ་མཆིས་པས་བཅབས་པས་དགེ་སློང་འཆར་ཀ་འདི་དགེ་འདུན་གྱི་གན་དུ་མཆིས་ཏེ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ལ། དཔག་ཏུ་མ་མཆིས་པ་བཅབས་པ་དེའི་སླད་དུ་དགེ་འདུན་ལས་དག་པའི་མཛའ་?་ཅན་ཟླ་བ་བཞི་ཡོངS ་སུ་གནས་པ་གསོལ་ན། དགེ་འདུན་གྱིས་དགེ་སློང་འཆར་ཀ་འདི་ལ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ལ། དཔག་ཏུ་མ་མཆིས་པ་བཅབས་པ་དེའི་སླང་དུ་དག་པའི་མཛའ་ཅན་ཟླ་བ་བཞི་ཡོངས་སུ་གནས་པ་སྩལ་ཏེ། དགེ ་སློང་འཆར་ཀ་འདིས་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ལ་དཔག་ཏུ་མ་མཆིས་པ་བཅབས་པ་དེའི་སླད་དུ་དག་པའི་མཛའ་ཅན་ཟླ་བ་བཞི་ཡོངས་སུ་གནས་བ་བགྱིས་ལགས་ཏེ། དགེ་འདུན་ལས་ཞག་དྲུག་མགུ་བར་བགྱི་བ་གསོལ ་ན་དགེ་འདུན་གྱིས་དགེ་སློང་འཆར་ཀ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ལ་དཔག་ཏུ་མ་མཆིས་པ་བཅབ་པ་དེའི་སླད་དུ་དག་པའི་མཛའ་ཅན་ཟླ་བ་བཞི་ཡོངས་སུ་གནས་བ་བགྱིས་པ་འདི་ལ་ཞག་དྲུག་མགུ་བར་བགྱི་བསྩལ་ཏེ། དགེ་སློང ་འཆར་ཀ་འདིས་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ལ། དཔག་ཏུ་མ་མཆིས་པ་བཅབས་པ་དེའི་སླད་དུ་དག་པའི་མཛའ་ཅན་ཟླ་བ་བཞི་ཡོངས་སུ་གནས་པ་ཡང་བགྱིས་ལགས། ཞག་དྲུག་མགུ་བ་ཡང་བགྱིས་ལགས་ཏེ། དགེ་འདུན ་ལས་དབྱུང་བ་གསོལ་ན། གལ་ཏེ་དགེ་འདུན་གྱིས་དུས་ལ་བབ་ཅིང་བཟོད་ན་།དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་།དགེ་འདུན་གྱིས་དགེ་སློང་འཆར་ཀ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ལ། དཔག་ཏུ་མ་མཆིས་པ་བཅབས་པ ་དེའི་སླད་དུ་དག་པའི་མཛའ་ཅན་ཟླ་བ་བཞི་ཡོངས་སུ་གནས་པ་ཡང་བགྱིས། ཞག་དྲུག་མགུ་བ་ཡང་བགྱིས་བ་དབྱུང་བར་བགྱིའོ། །འདི་ནི་གསོལ་བའོ། །ལས་བརྗོད་པ་གསུམ་ཡང་དེ་བཞིན་དུ་བྱའོ། །གཞི་ནས་ཡོངས་སུ་གནས་པ་བྱས་པས་མགུ ་བ་བྱས་པ་དང། ཡང་གཞི་ནས་བསླང་སྟེ་ཡོངས་སུ་གནས་པ་བྱས་པས་མགུ་བ་བྱས་པ་དབྱུང་བའི་སྔགས་ལ་ཡང་དེ་བཞིན་དུ་སྦྱར་རོ། །འདི་ལ་ཇི་སྙེད་ལ་སེམས་པ་དེ་སྙེད་དུ་གཏོགས་པ་ཉིད་རྗེས་སུ་བསྒྲུབ་པོ་ཞེས་བྱ་བ་ནི། ཡོངས་སུ་གནས་པ་དང་མགུ ་བར་བྱ་བ་འདི་ལྟུང་བ་ཇི་སྙེད་པ་ལ་ཕྱིར་བཅོས་པར་སེམས་པ་དེ་སྙེད་དུ་གཏོགས་པ་ཉིད་རྗེས་སུ་བསྒྲུབ་པར་བྱ་སྟེ། ལྟུང་བ་མང་པོ་དག་ལ་ཡང་སྤོ་བ་དང། མགུ་བར་བྱ་བ་གཅིག་རྗེས་སུ་བསྒྲུབ་པར་བྱ་བ་ཉིད་ཀྱིས་ཆོ་ག་གོ་ཞེས་བྱ་བའི་ཐ་ཚིག་གོ་།ཚད་ནི་རྣམ་པ ་གཉིས་ཏེ་མཚན་མོའི་ཚད་དང་ལྟུང་བའི་ཚད་དོ། །དེ་ལ་མཚན་མའི་ཚད་དེས་པར་མི་ཤེས་བའི་ཆོ་ག་ནི་བསྟན་ཟིན།། །།ལྟུང་བའི་ཚད་ངེས་པར་མི་ཤེས་པའི་ཆོ་ག་བཤད་པར་བྱ་སྟེ། ངེས་པར་མི་ཤེས་པ་ནི་དེ་དཔག་ཏུ་མེད ་པ་ལ་བརྟེན་པར་བྱའོ་ཞེས་བྱ་བ་ནི། ལྟུང་བའི་ཚད་ངེས་པར་མི་ཤེས་ན་ལྟུང་བ་དེ་དཔག་ཏུ་མེད་པ་འབྱུང་ངོ་ཞེས་བྱ་བ་དེ་ལ་བརྟེན་པར་བྱ་སྟེ། ཕྱིར་བཅོས་པ་འདྲ་བའི་ཕྱིར་དེ་ལྟར་ཤེས་པར་བྱའོ། །དེའི་སྐབས་སུ་སྔགས་ཀྱི་ཚིག་འདི་ལྟར་སྦྱར་བར་བྱ་སྟེ། དགེ ་འདུན་བཙུན་པ་རྣམས་གསན་དུ་གསོལ། བདག་དགེ་སློང་འཆར་ཀ་ལ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་དཔག་ཏུ་མ་མཆིས་པ་བྱུང་ལ། ཟླ་བ་ཕྱེད་དམ་དཔག་ཏུ་མ་མཆིས་པ་བཅབས་བས་དག་དགེ་སློང་འཆར་ཀ་ཆེ་གེ་མོ ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་དཔག་ཏུ་མ་མཆིས་པ་བྱུང་ལ་ཟླ་བ་ཕྱེད་དམ་དཔག་ཏུ་མ་མཆིས་པ་བཅབས་པ་དེའི་སླད་དུ་དགེ་འདུན་ལས་ཟླ་བ་ཕྱེད་དམ་དག་པའི་མཛའ་ཅན་ཟླ་བ་བཞི་ཡོངས་སུ་གནས་པ་གསོལ་ན། ཐུགས་བརྩེ་བ ་ཅན་དགེ་འདུན་བཙུན་པ་རྣམས་ཀྱིས་ཐུགས་བརྩེ་བས་ཉེ་བར་བཟུང་སྟེ། བདག་དགེ་སློང་འཆར་ཀ་ལ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་དཔག་ཏུ་མ་མཆིས་པ་བྱུང་ལ། ཟླ་བ་ཕྱེད་དམ་དཔག་ཏུ་མ་མཆིས་པ་བཅབས་པ་དེའི ་སླད་དུ་ཟླ་བ་ཕྱེད་དམ་དག་པའི་མཛའ་ཅན་ཟླ་བ་བཞི་ཡོངས་སུ་གནས་པ་སྩལ་དུ་གསོལ། ལན་གསུམ་དུ་བཟླས། ཡོངས་སུ་གནས་བ་སྦྱིན་པ་ལ་སོགས་པ་ལྷག་མ་རྣམས་ལ་དེ་བཞིན་དུ་སྦྱར་བར་བྱའོ། །མང་པོ་ཉིད་ལ་ནི་ཚད་ཤིན་ཏུ་མང་པོ་དང ་ལྡན་པ་ཞེས་སོ་ཞེས་བྱ་བ་ནི། ལྟུང་པ་དག་མང་བ་ཉིད་ཡིན་ན་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་ཚད་ཤིན་ཏུ་མང་པོ་དང་ལྡན་པ་བྱུང་ལ་ཞེས་བྱ་བ་ལ་བརྟེན་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ་།དེའི་སྐབས་སུ་སྔགས་ཀྱི་ཚིག་འདི་ལྟར ་སྦྱར་པར་བྱ་སྟེ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། །བདག་དགེ་སློང་འཆར་ཀ་ལ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་ཚད་ཤིན་ཏུ་མང་པོ་དང་ལྡན་པ་བྱུང་ལ། ཟླ་བ་ཕྱེད་དམ་དཔག་ཏུ་མ་མཆིས་པ་བཅབས་པས་།དག་དགེ་སློང་འཆར ་ཀ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་ཆད་ཤིན་ཏུ་མང་པོ་དང་ལྡན་པ་བྱུང་ལ་ཟླ་བ་ཕྱེད་དམ་དཔག་ཏུ་མ་མཆིས་པ་བཅབས་པས་དེའི་སླད་དུ་དགེ་འདུན་ལས་ཟླ་བ་ཕྱེད་ལ་དག་པའི་མཛའ་ཅན་ཟླ་བ་བཞི་ཡོངས་སུ་གནས་པ་གསོལ་ན། ཐུགས ་བརྩེ་བ་ཅན་དགེ་འདུན་བཙུན་པ་རྣམས་ཀྱིས་ཐུགས་བརྩེ་བས་ཉེ་བར་བཟུང་སྟེ། བདག་དགེ་སློང་འཆར་ཀ་ལ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་ཆད་ཤིན་ཏུ་མང་པོ་དང་ལྡན་པ་བྱུང་ལ་ཟླ་བ་ཕྱེད་དམ་དཔག་ཏུ་མ་མཆིས་པ་བཅབས་པ ་དེའི་སླད་དུ་ཟླ་བ་ཕྱེད་དམ་དག་པའི་མཛའ་ཅན་ཟླ་བ་བཞི་ཡོངས་སུ་གནས་པ་སྩལ་ཏུ་གསོལ་ལན་གསུམ་དུ་བཟླས་ཡོངས་སུ་གནས་པ་སྦྱིན་པ་ལ་སོགས་པ་ལྷག་མ་རྣམས་ལ་ཡང་དེ་བཞིན་དུ་སྦྱར་རོ།། །།བམ་པོ་དྲུག་ཅུ་བཞི་པ། ་དུས་རྣམས་ནི་ལྷག་པས་སོ་ཞེས་བྱ་བ་ནི། ལྟུང་བ་བཅབས་པའི་དུས་ཐ་དད་པ་རྣམས་ནི་དེ་དག་གི་ནང་ནས་ལྟུང་བ་གང་གིས་བཅབས་པའི་དུས་ཡུན་རིང་ཞིག་ལྷག་པ་དེ་ལ་བརྟེན་པར་བྱའོ། །འདི་སྐད་བསྟན་ཏེ། ལྟུང་བ་དུ་མ་བཅབས་པའི་དུས་ཐ་དད་པ ་རྣམས་ལ་གང་གི་ཚེ་ཡོངས་སུ་གནས་པ་དང། མགུ་བར་བྱ་བ་སྦྱིན་པ་དེའི་ཚེ་ན་ལྟུང་བ་དེ་དག་གི་ནང་ནས་གང་གིས་བཅབས་པའི་དུས་ཡུན་རིང་བའི་ལྟུང་བ་གཅིག་གི་དུས་ཀྱི་ལྟུང་བ་གཞན་དག་གི་དུས་ཀྱང་བརྗོད་པར་བྱ་བ་འགྲུབ་པར་འགྱུར་རོ། །མིང་དག་ལ ་ནི?་སྩོགས་བ་དང་ལྡན་བ་ཉིད་དུའོ། །ཞེས་བྱ་བ་ནི། བསམས་བཞིན་དུ་ཁུ་བ་ཕྱུང་བ་ལ་སོགས་པ་ནི་འདིར?་མིང་དུ་གསུངས་པ་རིག་པར་བྱ་སྙེ། སྡེ་ཚན་ཀྱི་མིང་ལ་ཐ་དད་པ་མེད་པའི་ཕྱིར་རོ། །གང་གི་ཕྱིར་དགེ་འདུན་ལྷག་མ་ཞེས་བྱ་བ་དེ་ལ་དབྱེ་བ་འགའ་?་ཡང་མེད་པ ་དེའི་ཕྱིར་བསམས་བཞིན་དུ་ཁུ་བ་ཕྱུང་བ་ལ་སོགས་པའི་མིང་དེ་དག་ལ་ནི་སྩོགས་པ་དང་ལྡན་བ་ཉིད་དུ་བརྟེན་པའོ། །དེའི་དོན་དུ་ལྟུང་བ་རྣམས་ཀྱི་མིང་སོ་སོར་བརྗོད་པར་བྱ་སྟེ། ཆེ་གེ་མོ་ལ་སོགས་པ་ཞེས་བྱ་བའི་དོན་གྱིས་ལྟུང ་བ་གཞན་དག་གི་མིང་བརྗོད་པ་ལ་བརྟེན་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ་།དེའི་སྐབས་སྔགས་ཀྱི་ཚིག་འདི་ལྟར་སྦྱར་བར་བྱ་སྟེ། དགེ་འདུན་བཙུན་བ་རྣམས་གསན་དུ་གསོལ། བདག་དགེ་སློང་འཆར་ཀ་ལ་བསམས་བཞིན་དུ་ཁུ་བ་ཕྱུང་བ་ལ་སོགས་པའི་དགེ ་འདུན་ལྷག་མའི་ལྟུང་བ་བྱུང་བ་ལ་སོགས་པ། ལུས་ཀྱིས་རེག་པ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་དང། འཁྲིག་པ་དང་ལྡན་པ་སྨྲ་བ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་དང་།ཀུན་སྤྱོད་བསྔགས་པ་ལས་བྱུང་པའི་དགེ་འདུན་ལྷག་མའི ་ལྟུང་བ་དང། སྨྱན་བགྱིས་པ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ལ་ཟླ་བ་ཕྱེད་དམ་དཔག་ཏུ་མ་མཆིས་པ་བཅབས་པ་དེའི་ཞེས་བྱ་བ་ལ་སོགས་པར་སྦྱར་རོ། །ཅི་བྱེ་བྲག་མེད་པར་དང་པོ་གང་ཡིན་པ་ཉིད་ལ་བརྟེན་པར་བྱ་པའམ་ཞེ་ན ་དེའི་ཕྱིར། ལྕི་བ་ཉིད་དང་བསམ་པ་དྲག་པོས་བྱས་པ་ཉིད་དག་གིས་དང་པོ་ཉིད་དུའོ་ཞེས་བྱ་བ་སྨྲས་ཏེ། འདིར་ལྕི་བ་ཉིད་ཅེས་བྱ་བ་ནི། གཞི་ལས་ལྟུང་བ་གང་ལ་ལྟུང་བ་དུམ་འབྱུང་བ་དེ་ནི་ལྕི་བ་ཉིད་དོ། །བསམ་པ་དྲག་པོས་བྱས་པ་ཉིད་ནི་ལྟུང་བ་གང་འདོད ་ཆགས་སམ་ཞེ་སྡང་དམ་གཏི་མུག་གི་བསམ་པ་དྲག་པོས་ཀུན་ནས་བསླང་བ་སྟེ། ལྟུང་བ་ཕྱིར་བཅོས་པའི་སྐབས་འདིར་ལྕི་བ་ཉིད་དང་བསམ་པ་དྲག་པོས་བྱས་པ་ཉིད་གང་ཡིན་པའི་མིང་དང་པོར་བརྗོད་པར་བྱའི་།སྔར་ལྟུང་བ་གང་བྱུང་བ་དེའི་མིང་དང་པོར་ནི ་སྨོས་པར་ནི་མི་བྱའོ།། འདིར་གཞུང་ནི་སངས་རྒྱས་བཅོམ་ལྡན་འདས་ལ་ཚ་དང་ལྡན་པ་ཉེ་བར་འཁོར་གྱིས་ཞུས་པ། བཙུན་པ་དགེ་སློང་ལ་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ཞིང་བསམས་བཞིན་དུ་ཁུ་བ་ཕྱུང་བ་ལས་བྱུང་བ་ནི་དགུང་གཅིག་བཅབས་ལ་འཛིན་པ ་ལས་བྱུང་བ་ནི་དགུང་གཉིས་བཅབས་པ་ནས། བཀའ་བློ་མི་བདེ་བ་ལས་བྱུང་བ་དགུང་བཅུ་གསུམ་བཅབས་པའི་བར་དུ་བྱུང་ན། བཙུན་བ་ལྟུང་བ་དེ་དག་དུས་གཅིག་དང་སྐད་ཅིག་ཅིག་ལ་ལས་བགྱིད་པ་གཅིག་གིས་ཡོངས་སུ་གནས་པ་དང། གཞི་ནས་ཡོངས་སུ་གནS ་པ་དང་།མགུ་བར་བགྱིད་བ་དང་།གཞི་ནས་མགུ་བར་བགྱི་བ་སྩལ་ཅིང་དབྱུང་བར་བགྱི་བ་དང་།ལས་དེ་དག་ཀྱང་བགྱིད་པར་བརྗོད་བ་དང་དེས་དགེ་འདུན་ལ་ཡང་འགལ་ཚབས་ཅན་དུ་མི་འགྱུར་བར་རུང་ངམ། ཉེ་བར་འཁོར་རུང་སྟེ། བསམས་བཞིན་དུ་ཁུ་བ ་ཕྱུང་བ་ལས་བྱུང་བ་ཞག་གཅིག་བཅབས་པའི་ལྟུང་བ་གང་ཡིན་པ་ནས་བཀའ་བློ་མི་བདེ་བ་ལས་བྱུང་བཞག་བཅུ་གསུམ་བཅབས་མའི་བར་གྱི་ལྟུང་བ་གང་ཡིན་པ་དེ་དག་ལས། དམ་པ་དང་རབ་ཏུ་དམ་པ་དང་ལྕི་བ་དང་ཞག་མང་དུ་བཅབས་པ་གང་ཡིན་པ་དེའི ་ཕྱིར་ཡོངས་སུ་གནས་པ་དང་གཞི་ནས་ཡོངས་སུ་གནས་པ་དང་།མགུ་བར་བྱ་བ་དང་གཞི་ནས་མགུ་བར་བྱ་བའི་སྦྱིན་ཞིང་དབྱུང་བར་བྱ་སྟེ། ལས་དེ་དག་ཀྱང་བྱས་པར་བརྗོད་པར་བྱ་ལ། དེས་དགེ་འདུན་ལ་ཡང་འགལ་ཚབས་ཅན་དུ་མི་འགྱུར་རོ། །ཞེས་གསུངས་པ་ཡིན་ནོ། །འདིར ་མངོན་པར་ཞེན་བས་བྱས་པ་ནི་དམ་པ་ཡིན་ལ། མངོན་པར་ཞེན་པ་ཤས་ཆེན་པོ་བྱས་པ་ནི་རབ་ཏུ་དམ་བ་ཡིན་པར་རིག་པར་བྱའོ། །སྤྱོད་པ་ལ་སྔོན་བྱུང་བ་གཞན་ཕྱིར་གསོ་བར་འདོད་པ་སྐྱེས་ན་ཐ་དད་པར་སྦྱིན་ཞིང་ཅིག་ཅར་སྤྱོད་དོ་ཞེས་བྱ་བ་ནི། ཡོངས་སུ་གནས་པ ་དང་མགུ་བར་བྱ་བ་སྤྱོད་པའི་གང་ཟག་ལ་སྔོན་ལྟུང་བ་གཞན་ཕྱིར་གསོ་བར་འདོད་པ་སྐྱེས་ན། དེ་ལ་ལྟུང་བ་དེའི་ཡོངས་སུ་གནས་པ་དང་མགུ་བར་བྱ་བ་སྦྱིན་པ་ནི་ཐ་དད་པར་བྱ་ཞིང་སྤྱོད་པ་ནི་ཅིག་ཅར་སྤྱད་དུ་རུང་བ་སྟེ། འདི་ལ་ལྟུང་བ་གཞན་ཡིན་པས་སྤྱད་པ་ཡང ་ཐ་དད་པར་སྤྱད་པའི་ཆོ་ག་ཡིན་ནོ་སྙམ་དུ་བསམ་པར་མི་བྱའོ། །དེ་བཅབས་པ་ཉིད་ཡིན་ན་མགུ་བར་བྱ་བ་མི་སྲིད་དོ་ཞེས་བྱ་བ་ནི། ཅིག་ཅར་སྤྱད་པ་དེ་བཅབས་པའི་རྒྱུ་ལས་ཡོངས་སུ་གནས་པར་བྱེད་པ་ཉིད་ཡིན་ན། མགུ་བ་སྤྱོད་པ་དང་ཡོངས་སུ་གནས ་པ་དེ་ཅིག་ཅར་སྤྱད་པ་དེ་མི་སྲིད་པ་སྟེ། མགུ་བར་བྱ་བ་ནི་སེམས་མགུ་བར་བྱ་བའི་ཕྱིར་ཡིན་ལ་ཡོངས་སུ་གནས་བ་ཞི?་བཅངས་པའི་ཁ་ན་མ་མཐོ་བ་གཞོམ་པའི་ཕྱིར་ཡིན་པའི་ཕྱིར་རོ། །དེས་ན་གཉིས་ནི་ཅིག་ཅར་སྤྱད་བ་ནི་མི་སྲིད་དོ། །དགེ་སློང་དག ་ཁྱེད་ཀྱིས་གང་ཟག་དེ་ལ་ལྟུང་བ་གཉི་གའི་རྒྱུད་ལས་སྔ་མ་ལ་ནི་ཇི་ལྟར་བཅབས་པའི་སྤོ་བ་བྱིན་ཅིག། ཕྱི་མ་ལ་ནི་ཞག་དྲུག་མགུ་བར་བྱ་བ་བྱིན་ཅིག་ཅེས་བྱ་བ་ལ་སོགས་པ་གསུངས་པ་གང་ཡིན་པ་དེས་ནི་མགུ་བ་སྤྱོད་པའི་གནས་སྐབས་སུ་ཡོངས་སུ ་གནས་པ་ཡང་སྤྱད་པ་དེ་ལྟར་བསྟན་པར་ཤེས་པར་མི་བྱ་སྟེ། དེ་ནི་ཕྱིར་བཅོས་པ་ཙམ་བསྟན་པ་ཡིན་པས་།དེར་ནི་སྔར་བཅབས་པའི་ཕྱིར་ཡོངས་སུ་གནས་པ་བྱེད་དུ་བཅུག་པ་དེའི་འོག་ཏུ་དབྱུང་བའི་ཕྱིར་མགུ་བ་བྱེད་དུ་ཆུག་ཅིག། ཅེས་གསུངས་པ་ཡིན་གྱི། ་མགུ་པ་དང་ཡོངས་སུ་གནས་པ་གཉིས་ཅིག་ཅར་སྤྱོད་དུ་གཞུག་པ་ནི་མ་ཡིན་ནོ། །ཅིའི་ཕྱིར་གང་ཟག་གི་གཞི་ལ་དུས་མ་ཡིན་པར་བསྡུས་པ་འབྱུང་བའི་གཞི་ཞེས་མིང་དུ་གཞན་དུ་བྱས་ཤེ་ན། དོན་དང་ལྡན་པར་བསྟན་པའི་ཕྱིར་ཏེ། དུས་དང་དུས་མ་ཡིན ་པར་ཞེས་བྱ་བ་ནི་།འདི་ནི་ལྟུང་བ་བཅབས་པ་སྤྱད་པ་རྣམས་ཀྱི་ལྡང་བའི་དུས་སོ། །འདི་ནི་དུས་མ་ཡིན་ན་ཞེས་བྱ་པར་སྦྱར་རོ། །བསྡུས་པ་འབྱུང་བ་ཞེས་བྱ་བ་ནི། ལྟུང་བ་རྣམས་ཀྱི་ཆོ་ག་མདོར་བསྡུས་པ་འདི་ཅིག་ཅར་དོན་གཅིག་ཏུ་འབྱུང་བའོ། །དུས་དང་དུས་མ ་ཡིན་པར་བསྡུས་པ་འབྱུང་བའི་གཞིའོ་ཞེས་བྱ་བ་གང་ཟག་གི་གཞི་འདུལ་བ་གཞིའི་སྐབས་སུ་གཏོགས་པ་བཤད་ཟིན་ཏོ།། །།ད་ནི་དུས་དང་དུས་མ་ཡིན་པར་བསྡུས་པ་འབྱུང་བའི་གཞི་ཞུ་བའི་སྐབས་བརྗོད་པར་བྱ་སྟེ། ཉིན་ཚན་གྱི་ཐ་མའི་ཆ་མ ་ཡིན་པ་ལ་འཆབ་པ་མི་འབྱུང་ངོ་ཞེས་བྱ་བ་ནི། ཉིན་མཚན་གྱི་ཐ་མའི་ཆ་མ་ཡིན་པ་ཞེས་བྱ་བསྐྱ་རེངས་འཆར་བའི་སྐད་ཅིག་གི་མདུན་རོལ་ཚུན་ཆད་དེ་།དེ་ལ་འཆབས་པ་འབྱུང་པར་མི་འགྱུར་རོ། །སྐྱ་རེངས་ཤར་ན་ནི་འཆབ་པ་འབྱུང་བ་ཁོ་ནར་འགྱུར་རོ། ། ་བརྗོད་པའི་ཡན་ལག་མེད་ན་དེའི་སེམས་མ་ཡིན་བ་ཉིད་འཆབ་པ་མ་ཡིན་ནོ་ཞེས་བྱ་བ་ནི། བརྗོད་པའི་ཡན་ལག་ཏུ་གྱུར་པ་རང་བཞིན་དུ་གནས་པ་དང། ལྟ་བ་ཐ་མི་དད?་པ་དང། བསྙེན་པར་རྫོགས་པ་དང་བཅས་པ་དང། མཚན་ཐ་མི་དད་པ་དང་།མཚམས་ཀྱི་ནང་ན ་གནས་པ་ཞེས་བྱ་བ་ལ་སོགས་པའི་གང་ཟག་གང་ཡིན་པ་དེ་མེད་ན། ཉིན་མཚན་གྱི་ཐ་མའི་ཆ་དེ་ལ་ཡང་དེའི་སེམས་མ་ཡིན་པར་ཉིད་ཡོད་ཀྱང་དེ་ལ་འཆབ་པ་མ་ཡིན་ནོ། །བརྗོད་པའི་ཡན་ལག་ཡོད་ལ་གལ་ཏེ་མི་བརྗོད་དོ་སྙམ་དུ་མི་བརྗོད་པའི་བསམ་པ་བསྐྱེད་ན། ་དེའི་ཚེ་འཆབ་པ་ཁོ་ནར་འགྱུར་རོ། །བརྗོད་དུ་མེད་ངམ?་སོང་བའི་དབང་ནི་མེད་པ་དང་འདྲ་བ་ཉིད་དོ་ཞེས་བྱ་བ་ནི། བརྗོད་པའི་ཡན་ལག་ཡོད་དུ་ཟིན་ཀྱང་གལ་ཏེ་རྐྱེན་འགའ་ཞིག་གིས་བརྗོད་དུ་འགྲོ་བའི་གོ་སྐབས་མེད་དམ་གནས་དེ་ནས་སོང་བར་གྱུར་ན་དེའི ་དབང་གི་ཡན་ལག་དེ་མེད་པ་ནི་དེའི་བརྗོད་པའི་ཡན་ལག་དེ་མེད་པ་དང་འདྲ་བ་ཉིད་ཡིན་ནོ། །འདི་སྐད་བསྟན་ཏོ། བརྗོད་པའི་ཡན་ལག་ཉེ་བར་གནས་སུ་ཟིན་ཀྱང་རྐྱེན་འགའ་ཞིག་གིས་བདག་ཉིད་དེར་བརྗོད་དུ་འགྲོ་བའི་སྐབས་མེད་དམ། བདག་ཉིད་གནས ་དེ་ནས་གཞན་དུ་སོང་བར་གྱུར་པའི་དབང་དག་གིས་བརྗོད་བའི་ཡན་ལག་མེད་པ་ན་མི་བརྗོད་པའི་སེམས་གང་ཡིན་པ་དེ་ནི་འཆབ་པ་མ་ཡིན་ནོ། །འགྲོད་དུ་མེད་པ་དང་སོང་བ་དང་གཉིས་ཀྱིས་བརྗོད་པ་མ་གྲུབ་པ་འབའ་ཞིག་མེད་པ་དང་འདྲ་བ་ཉིད་ཡིན་པར་མཛའ་ ་ཀྱི་འདི་ལྟེར་དེའི་དོན་གྱི་དབང་གིས་བྱས་པ་ཡང་ངོ་ཞེས་བྱ་བ་ཡང་མེད་པ་དང་འདྲ་བ་ཉིད་ཡིན་ཏེ། དེའི་དོན་གྱི་དབང་གིས་ཞེས་བྱ་བ་ནི། འཆབ་པར་འགྱུར་དུ་དོགས་པའི་དོན་གྱི་དབང་གིས་ཏེ། བརྗོད་པའི་ཡན་ལག་ཏུ་གྱུར་པའི་གང་ཟག་ཉེ་བར་གནས་བལྟུང ་བ་བྱུང་བ་དེ་འདི་སྙམ་དུ་གལ་ཏེ་དེའི་གན་དུ་སོང་ལ་མ་བརྗོད་ན་འཆབ་པའི་ཉེས་བར་འགྱུར་དུ་དོགས་པས་དེའི་དབང་གིས་དེར་མི་འགྲོ་འམ། གཞན་དུ་སོང་བས་བརྗོད་པ་མ་བྱས་ན་དེ་ལྟར་ན་ཡང་བཅབས་པར་མི་འགྱུར་བ་ཁོ་ན་ཡིན་ནོ། །འདི་སྐད་བསྟན་ཏེ ་སོང་སྟེ་མ་བརྗོད་ན་བདག་ལ་བཅབས་པའི་ཉེས་པར་འགྱུར་རོ་སྙམ་དུ་དོགས་པའི་བསམ་པས་གལ་ཏེ་བརྗོད་པའི་ཡན་ལག་གིས་དྲུང་དུ་མི་འགྲོ་འམ། གནས་དེ་ནས་གཞན་དུ་སོང་བར་གྱུར་ན། དེ་ལྟར་ན་ཡང་བརྗོད་པའི་ཡན་ལག ་མེད་པ་དང་འདྲ་བ་ཉིད་དུ་རིག་པར་བྱ་སྟེ། དེའི་ཚེ་ཡང་འཆབ་པ་མི་འབྱུང་ངོ། །འདིར་གཞུང་ནི། བཙུན་པ་རེ་ཞིག་དགེ་སློང་ལྟུང་བ་དང་བཅས་པ་དགེ་སློང་མི་གནས་པའི་གནས་ན་མཆིས་ཤིང་གང་ལ་ཡང་བརྗོད་པར་མི་བགྱིད་ན། བཅབས་པར་བརྗོད་པར་བགྱི ་འམ་ཉེ་བར་འཁོར་མི་བྱའོ། །བཙུན་པ་རེ་ཞིག་དགེ་སློང་ལྟུང་བ་དང་བཅས་པ་དགེ་སློང་རྣམས་དང་ལྷན་ཅིག་གདུགས་ཡོལ་བར་བགྱིས་ནས་མཚང་མོ་དགེ་སློང་མི་གནས་པའི་གནས་ན་མཆིས་ཤིང་གང་ལ་ཡང་བརྗོད་པར་མི་བགྱིད་ན་བཅབས ་པར་བརྗོད་པར་བགྱི་འམ། ཉེ་བར་འཁོར་མི་བྱའོ་ཞེས་གསུངས་པ་ཡིན་ནོ། །དོན་མེད་པ་ནི་ཉེས་བྱས་སོ་ཞེས་བྱ་བ་ནི། དོན་ཆུད་ཟད་ལ་ཡང་མི་བལྟོས་པར་མི་འགྲོ་འམ། གཞན་དུ་སོང་བས་ནི་ཉེས་བྱས་སུ་འགྱུར་བའོ། །མཛའ་ཨི་མདུན་རོལ་ཏུ་ཡང ་དེ་ཞེས་བྱ་བ་ནི། ཉིན་མཚན་གྱི་མཛའ་ཨི་མདུན་རོལ་ཏུ་བཅབས་པ་ཡང་ཉེས་བྱས་སུ་འགྱུར་བའོ། །འཆབ་པའི་སེམས་མ་བཏང་བ་ཉིད་ནི་དེའི་སེམས་ཉིད་ཡིན་ནོ་ཞེས་བྱ་བ་ནི། འཆབ་པ་ཀུན་ཏུ་སྤྱོད་པ་ཁོ་ན་ཉིན་མཚན་གྱི་མཐར་འཆབ་པའི་སེམས? ་ཞིང། འཆབ་པ་བསླང་བར་འགྱུར་བ་འབའ་ཞིག་ཏུ་མ་ཟད་ཀྱི། འདི་ལྟར་འཆབ་པའི་སེམས་ཀུན་ཏུ་མི་སྤྱོད་ཀྱང་མ་བཏང་ཞིང་ཡོངས་སུ་མ་སྤངས་པ་ཉིད་ཀྱང་འཆབ་པ་དེའི་སེམས་ཉིད་ཡིན་པར་རིག་པར་བྱའོ། །འདིར་གཞུང་ནི་གང་གི་མདུན་དུ་འཆའ ་བ་འབྱུང་བར་འགྱུར། རང་བཞིན་དུ་གནས་པ་དང་མཚམས་ཀྱི་ནང་ན་གནས་པ་ལ་གལ་ཏེ་མི་བརྗོད་ན་དེའི་ཕྱིན་ཆད་འཆབ་པ་འབྱུང་བར་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །འདིར་བརྗོད་པ་རྗེས་སུ་བསྒྲུབ་པར་མི་བྱེད་པ་ཙམ་གང་ཡིན་པ་ཁས་བླང་བར་བྱའི ་འཆབ་པ་ལ་ཕྱོགས་པ་ཉིད་ནི་མ་ཡིན་པས་།དེའི་ཕྱིར་མདོ་འདི་བྱས་སོ། །དགེ་སློང་ཕམ་པར་གྱུར་པས་ལྟུང་བ་ཕྱིར་མ་བཅོས་པ་ལ་ནི་ཉེས་པ་མེད་དོ་ཞེས་བྱ་བ་ནི། དགེ་སློང་ཕམ་པར་གྱུར་པས་ལྟུང་བ་ཕྱིར་མ་བཅོས་པ་ལ་ནི་ཉེས་པ་མེད་པའོ། །འདི་ནི་ཡོད ་ལ་ཕྱིར་མིའི་ཚོས་པ་ཡང་ཉེས་བྱས་སོ་ཞེས་སྔར་སྨྲས་པ་དེའི་དམིགས་ཀྱིས་བསལ་བ་ཡིན་ཏེ། དེའི་སྡོམ་པ་ནི་དགོས་པ་མེད་པ་ཉིད་དུ་གྱུར་པའི་ཕྱིར་དེ་ལ་ཉེས་པ་མེད་པ་ཉིད་དུ་རིག་པར་བྱའོ། །དུས་དང་དུས་མ་ཡིན་པར་བསྡུས་པ་བྱུང་བའི་གཞི་ཞུ་བའི ་སྐབས་སོ་ཞེས་བྱ་བ་དེ་ཞུ་བའི་སྐབས་ནས་བྱུང་བ་བཤད་ཟིན་ཏོ། །དུས་དང་དུས་མ་ཡིན་པར་བསྡུས་པ་འབྱུང་བའི་གཞི་རྫོགས་སོ་ཞེས་བྱ་བ་གང་ཟག་གི་གཞི་བཤད་ཟིན་ཏོ།། །།ད་ནི་ས་གཞན་ན་གནས་པའི་སྤྱོད་པའི་གཞི་བསྡུ་པའི་ཕྱིར ་ཡོངས་སུ་གནས་པ་དང་མགུ་བར་བྱ་བ་སྤྱོད་པ་དག་གིས། དགེ་སློང་རང་བཞིན་དུ་གནས་པ་ལས་མངོན་པར་སྨྲ་པ་དང་ཕྱག་དང་མངོན་དུ་ལྡང་བ་དང་ཐལ་མོ་སྦྱར་བ་དང་གུས་པའི་ལས་དག་བདག་གིར་མི་བྱའོ་ཞེས་བྱ་བ་སྨྲས་ཏེ། ཡོངས་སུ་གནས ་པ་དང་མགུ་བར་བྱ་བ་སྦྱོད་པ་དག་གིས་ཞེས་སྨོས་པས་ནི་གཞི་ནས་སྤོ་བ་དང། ཡང་གཞི་ནས་བསླང་ཏེ་ཡོངས་སུ་གནས་པ་དང། གཞི་ནས་མགུ་པར་བྱ་བ་དང། ཡང་གཞི་ནས་སླང་སྟེ་མགུ་བར་བྱ་བ་སྤྱོད་པ་དག་ཀྱང་བསྡུས་པ་ཡིན་ནོ། །མངོན་པར་སྨྲ་བ ་ཞེས་བྱ་བ་ནི། ཕྱག་འཚལ་ལོ་ཞེས་ཟེར་བ་སྟེ། མངོན་པར་ཞེས་བྱ་བ་ནི། བརྗོད་པའི་ཚིག་ཡིན་ལ། སྨྲ་བ་ཞེས་བྱ་བ་ནི། ཕྱག་འཚལ་ལོ་ཞེས་བྱ་བའི་ཚིག་ཡིན་པར་སྦྱར་རོ། །ཕྱག་ཅེས་བྱ་བ་ནི་ལུས་འདུད་པའོ། །མངོན་དུ་ལྡང་བ་ཞེས་བྱ་བ་ནི། མིག ་སྔར་བབ་ན་སྟན་ནས་ལྡང་པའོ། །ཐལ་མོ་སྦྱར་བ་ཞེས་བྱ་བ་ནི། ཐལ་མོ་སྦྱར་ཞིང་འདུད་པའོ། །གུས་པའི་ལས་དག་ཅེས་བྱ་བ་ནི་ཡག་པོ་བརྐྱོང་པ་དང་བསྩུབ་ལ་སོགས་པ་མཆོད་པའི་ལས་གཞན་དག་བསྡུའོ། །དེ་གཉིས་ཀྱིས་མི་བྱ་བ་གང་ཡིན ་པ་དེའི་སྐབས་གཞན་དག་གིས་ཀྱང་དེ་དག་ལའོ་ཞེས་བྱ་བ་ལ། དེ་གཉིས་ཀྱིས་ཞེས་བྱ་བ་ནི། ཡོངས་སུ་གནས་པ་དང་མགུ་བར་བྱ་བ་སྦྱོང་པ་དེ་གཉིས་ཀྱིས་སོ། །མི་བྱ་བ་གང་ཡིན་པ་དེའི?་སྐབས་ཞེས་བྱ་བ་ནི། དགེ་སློང་དང ་བཞིན་དུ་གནས་པ་ལས་མངོན་པར་སྨྲ་བ་དང། ཕྱག་དང་མངོན་དུ་ལྡང་བ་དང་ཐལ་མོ་སྦྱོར་བ་དང། གུས་པའི་ལས་དག་བདག་གིར་མི་བྱའོ་ཞེས་ཇི་སྐད་བསྟན་པ་ཕག་གོ་།གཞན་དག་གིས་ཀྱང་ད་ཞེས་བྱ་བ་ནི། རང་བཞིན་དུ་གནས་ལ་དག་གིས་ཀྱང་ངོ ་དེ་དག་ལའོ་ཞེས་བྱ་བ་ནི། སྤོ་བ་དང་མགུ་བར་བྱ་བ་སྤྱོད་བ་དེ་དག་ལ་མངོན་པར་སྨྲ་བ་ལ་སོགས་པ་དེ་དག་མི་བྱ་བའོ། །འདི་སྐད་བསྟན་ཏེ། རང་བཞིན་དུ་གནས་པ་དག་གིས་ཡོངས་སུ་གནས་པ་དང། མགུ་བར་བྱ་བ་སྦྱོང་བ་དེ་གཉིས་ལ་མངོན་པར་སྨྲ་བ ་ལ་སོགས་པ་དེ་དག་མི་བྱའོ། །དེ་དང་ལྷན་ཅིག་ཏུ་གོམ་པ་བསྲི་བ་ཉིད་ལས་བཞན་པས་བཅག་པར་མི་བྱའོ་ཞེས་བྱ་བ་ནི། དེ་གཉིས་ཀྱིས་དགེ་སློང་རང་བཞིན་དུ་གནས་པ་དེ་དང་ལྷན་ཅིག་ཏུ་གོམ་པ་བསྲི་བ་ཉིད་མ་གཏོགས་པར་གོམ་པ་མཉམ་དུ་འདོར ་བ་དང། གོམ་པ་མདུན་དུ་ཐལ་བར་འདོར་བ་དག་གིས་བཅག་པར་མི་བྱ་བའོ། །སྟན་ཆེས་དམའ་བ་ཉིད་ལས་གཞན་བས་འདུག་པར་ཡང་ངོ་ཞེས་བྱ་བ་ནི། ཡོངས་སུ་གནས་པ་དང་མགུ་བར་བྱ་བ་ད་སྦྱོང་བ་དེ་གཉིས་ཀྱིས་དགེ་སློང་རང་བཞིན་དུ་གནས ་པའི་དྲུང་དུ་སྟན་ཆེས་དམའ་བ་ཉིད་ལས་གཞན་པ་མཉམ་པའམ་མཐོ་བས་འདུག་པར་ཡང་མི་བྱ་བ། སྟན་ཅིག་ལ་སྟ་སྨོས་ཀྱང་ཅི་དགོས་ཞེས་བྱ་བའི་ཐ་ཚིག་གོ། འདི་སྐད་བསྟན་ཏེ། དེ་གཉིས་འདུག་པས་དགེ་སློང་རང་བཞིན་དུ་གནས་པ་དང་ལྷན ་ཅིག་སྟན་ཆས་དམའ་བ་ལ་འདུག་པར་བྱའི། མཉམ་པ་འམ་མཐོན་པ་ལ་འདུག་པར་མི་བྱའོ། །ཕྱི་བཞིན་འབྲང་པའི་དཔེ་སྦྱོང་གི་བདག་ཉིད་ལས་གཞན་བས་?་འབྱིན་དག་ཏུ་འགྲོ་བ་ཡང་ངོ་ཞེས་བྱ་བ་ནི། ཡོངས་སུ་གནས་པ་དང་མགུ་བར་བྱ་? ་བ་དེ་གཉིས་ཀྱིས་དགེ་སློང་རང་བཞིན་དུ་གནས་པ་དང་ལྷན་ཅིག་ཁྱིམ་དག་ཏུ་དེའི་ཕྱི་བཞིན་འབྲང་བའི་དགེ་སྦྱིད་གི་བདག་ཉིད་ལས་གཞིན་པ་དེའི་གྲོགས་མ་དེའི་བླ་མའི་བདག་ཉིད་འགྲོ་བང་ཡང་མི་བྱ་བའོ། །འདི་སྐད་བསྟན་ཏེ། དེ་གཉིས་གྲོང་དུ་འགྲོ ་བས་རང་བཞིན་དུ་གནས་པའི་དགེ་སློང་གི་ཕྱི་བཞིན་དུ་འབྲང་བའི་དགེ་སྦྱོང་གི་ཆོས་ཀྱིས་འགྲོ་བར་བྱའི། མདུན་དུ་འགྲོ་བའི་དགེ་སྦྱོང་གི་ཆོས་ཀྱིས་མི་བྱའོ། །གཡོགས་ས་མ་གཅིག་ཏུ་མལ་བཤམས་པར་མི་བྱའོ་ཞེས་བྱ་བ་ནི། ?་བ་དང་མགུ་བར་བྱ་བ ་སྤྱོད་བ་དེ་གཉིས་ཀྱིས་དགེ་སློང་རང་བཞིན་དུ་གནས་པ་དང་ལྷན་ཅིག་ཏུ་ངོས་དང་སྟེང་གཡོགས་གཅིག་པའི་གནས་ཀྱི་ནང་དུ་མལ་བཅའ་བར་མི་བྱ་བའོ། །རབ་ཏུ་དབྱུང་བ་དང་བསྙེན་བར་རྫོགས་པ་དང་གནས་སྦྱིན་པ་དང་དགེ་ཚུལ་ཉེ་བར་བཞག་པ་དག་མི་བྱའོ་ཞེས ་བྱ་བ་ནི། དེ་གཉིས་ཀྱིས་རབ་ཏུང?་བྱུང་བར་མི་བྱ། བསྙེན་པར་རྫོགས་པར་མི་བྱ། གནས་སྦྱིན་པར་མི་བྱ། དགེ་ཚུལ་ཉེ་བར་གཞག་པར་མི་བྱ་བའོ། །གསོལ་བ་དང་བརྗོད་པ་དག་ཁས་མི་བླང་ངོ་ཞེས་བྱ་བ་ནི། དེ་གཉིས་ཀྱིས་དགེ་འདུན་གྱི་གསོལ་བ་དང་བརྗོད ་བའི་ལས་དག་བྱོད་དུ་བཅུག་པ་ཁས་བླང་པར་མི་བྱ་བའོ། །འདི་སྐད་བསྟན་ཏེ། དེ་གཉིས་ཀྱིས་ཚོགས་ཀྱི་ཁ་སྐོང་བ་ཉིད་ཀྱི་ཡན་ལག་ཀྱང་མི་བྱའོ། །ལས་བྱེད་པ་ངང་དགེ་སློང་མའི་སྟོན་པ་དང་དགེ་འདུན་གྱི་ཡིད་བརྟན་པར་བསྐོ་བ་ཡང་ངོ་ཞེས་བྱ་བ་ཡང་ཁས ་མི་བླང་ངོ་ཞེས་བྱ་བར་སྦྱར་ཏེ། དེ་གཉིས་ཀྱིས་ལས་བྱེད་པར་བསྐོ་བ་དང། དགེ་སློང་མའི་སྟོན་པར་བསྐོ་བ་དང། དགེ་འདུན་གྱིས་ཡིད་བསྟན་པར་བསྒོ་བ་ཁས་བླང་པར་མི་བྱའོ། །དགེ་འདུན་གྱི་ཡིད་བརྟན་བ་ཞེས་བྱ་བ་ནི། གནས་ཁང་བསྐོ་བ་ལ་སོགས་པའོ།། ་སྔར་བསྐོས་པས་ཀྱང་མི་བྱའོ་ཞེས་བྱ་བ་ནི། དེ་གཉིས་ལས་བྱེད་པ་ལ་སོགས་པ་དག་ཏུ་སྔར་བསྐོས་ན་ཡང་མི་བྱ་བའོ། །དགེ་སློང་མ་རྣམ་པ་ལ་བསྟན་པར་ཡང་མི་བྱའོ་ཞེས་བྱ་བ་ལ?་བསྔར་བསྐོས་ན་ཞེས་བྱ་བའི་རྗེས་བསྙག་པའི་ཕྱིར་ཡང་ཞེས་བྱ་བའི་སྒྲ་སྨོས་སོ།། ་འདོན་པ་གཞན་ཡོད་ན་གསོ་སྦྱོང་ལ་སོ་སོར་ཐར་བ་འདོན་པར་མི་བྱའོ་ཞེས་བྱ་བ་ནི། འདོན་པར་བྱེད་པའི་དགེ་སློང་གཞན་ཡོད་ན་དེ་གཉིས་ཀྱིས་གསོ་སྦྱོང་ལ་སོ་སོར་ཐར་བའི་མདོ་གདོན་པར་མི་བྱ་བའོ། །དགེ་སློང་ལ་ཉམས ་བས་གླེང་བར་མི་བྱའོ་ཞེས་བྱ་བ་ནི། དེ་གཉིས་ཀྱིས་དགེ་སློང་ལ་ཆུལ་ཁྲིམས་ཉམས་པ་དང་ལྟག་ཉམས་པ་དང་ཆོ་ག་ཉམས་པ་དང་འཚོ་བ་ཉམས་བས་གླེང་བར་མི་བྱ་བའོ། །ཅི་ཐམས་ཅད་ལ་གླེང་བར་མི་བྱ་འམ་ཞེན་དེའི་ཕྱིར་དགེ་འདུན་ལས་མ་བཀར་བ་ལའོ ་ཞེས་བྱ་བ་སྨྲས་ཏོ། རང་བཞིན་དུ་གནས་པའི་དགེ་སློང་ལ་གླང་བར་མི་བྱའོ། །དགེ་འདུན་ལས་བཀར་བ་དང་རང་བཞིན་དུ་གནས་པ་མ་ཡིན་པ་དག་ལ་ནི་བཀག་པ་མེད་དོ། །འདིར་གཞུང་ནི་དགེ་སློང་ཐ་དད་པར་གནས་པས་དགེ་སློང་རང་བཞིན་དུ་གནས ་པའི་གདམས་ངག་གཞག་པར་མི་བྱ། གསོ་སྦྱོང་གཞག་པར་མི་བྱ། དགག་དབྱེ་གཞག་པར་མི་བྱ་ཞིང། རང་བཞིན་དུ་གནས་པའི་དགེ་སློང་ལ་གླེང་བར་མི་བྱ་དྲན་པར་མི་བྱའོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །བརྗོད་པ་དང་བཅས་པ ་ཉིད་དང་ཕུར་པ་དང་བཅས་པ་ཉིད་དག་མི་བྱའོ་ཞེས་བྱ་བ་ནི། དེ་གཉིས་ཀྱིས་དགེ་སློང་རང་བཞིན་དུ་གནས་པ་དགེ་འདུན་ལས་མ་བཀར་བ་ལ་བརྗོད་པ་དང་བཅས་པ་ཉིད་དང། ཕུར་པ་དང་བཅས་པ་ཉིད་དག་མི་བྱ་བའོ། །གདམས་ངག་དང་གསོ ་སྦྱོང་དང་དགག་དབྱེ་དང་གསོལ་བ་དང་བརྗོད་པ་དག་གཞག་པར་མི་བྱའོ། །ཞེས་བྱ་བ་ནི། དེ་གཉིས་ཀྱིས་དགེ་སློང་རང་བཞིན་དུ་གནས་པ་དགེ་འདུན་ལས་མ་བཀར་བའི་གདམས་ངག་གཞག་པར་མི་བྱ། གསོ་སྦྱོང་གཞག་པར་མི་བྱ། དགག་དབྱེ ་གཞག་པར་མི་བྱ། གསོལ་བ་གཞག་པར་མི་བྱ། ལས་བརྗོད་པ་གཞག་པར་མི་བྱ་བའོ། །དེ་དང་བསྟེན་པར་མི་བྱའོ་ཞེས་བྱ་བ་ནི། དེ་གཉིས་ཀྱིས་དགེ་སློང་རང་བཞིན་དུ་གནས་པ་དེ་དང་བསྟེན་པར་མི་བྱ། བསྡོད་པར་མི་བྱ་སྟེ། ?་བསྲིལ་བར་མི་བྱའོ་ཞེས་བྱ ་བའི་ཐ་ཚིག་གོ་ཚད་བ་དེའི་རྒྱུ་བྱས་པ་སྤང་ངོ་ཞེས་བྱ་བ་ནི། དེ་གཉིས་ཀྱིས་ཡོངས་སུ་གནས་པ་དང། མ་གུལ་སྦྱད་བ་ལ་ཐུག་པའི་ཆད་བ་དེའི་རྒྱུ་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་དང་བཅབས་པ་བྱས་པ་གང་ཡིན་པ་དེ་ལྟ་བུ་གཞན་དགེ་སློང་བར་བྱ ་བ་སྟེ། མི་སྤོང་མཁན་མཐོ་བ་གཞན་དུ་འགྱུར་རོ། །ཉེས་བ་གཞན་ཡང་པོ་ཞེས་བྱ་བཞི། ཆད་བའི་ལས་ཀྱི་རྒྱུར་གྱུར་པ་ལས་གཞན་གྱི་ཉེས་པ་ཡང་སྤང་བར་བྱ་བའོ། །འདིར་གཞུང་ནི་དགེ་འདུན་གྱིས་དབྱུང་བའི་ལས་བྱས་པ་དེས་ལྟུང་བ་དབྱུང་བར་མི་བྱ་ཞིང ་?་?་གཞན་ཡང་མི་བྱའོ་ཞེས་གསུངས་པ་ཡིན་ནོ། །ཚངས་པ་མཚུངས་པར་སྤྱོད་པ་རྣམས་ལ་ཉེས་པ་དང་མཐུན་པ་ཉིད་མི་བྱའོ་ཞེས་བྱ་བ་ནི། དེ་གཉིས་ཀྱིས་ཚངས་བ་མཚུངས་པར་སྤྱོད་པ་རྣམས་ཀྱི་ཡུལ་ལ་མ་གུས་པ་དང་བརྙས་ཐབས་ལ་སོགས་པ་མི་བྱ ་བའོ། །བརྟུལ་ཤུགས་སྙིང་པོ་མེད་པར་འགྱུར་རོ་སྙམ་དུ་ཡིད་ལ་བྱའོ་ཞེས་བྱ་བ་ནི། དེ་གཉིས་ཀྱིས་འདི་སྙམ་དུ་བདག་ཅག་གིས་ཚངས་པ་མཚུངས་པར་སྤྱོད་པ་རྣམས་ཀྱི་ཡུལ་ལ་གུས་པ་དང་བཅས་པས་གནས་པར་བྱ་བ་ལ་སོགས་པ་སྔར་ཇི་སྐད་བསྟན ་བ་དེ་དག་མ་བྱས་ན་སྤོ་བ་དང་མགུ་བ་བྱ་བ་སྤྱད་པ་ལ་སོགས་པའི་བརྟུལ་ཞུགས་ལ་སྙིང་པོ་མེད་ཅིང་གསོག་ཏུ་འགྱུར་རོ་སྙམ་དུ་དེ་ལྟར་ཡིད་ལ་ངེས་པར་བརྟག་པར་བྱ་བ་སྟེ། གུས་པར་བསྐྱེད་པར་བྱ་བའི་ཕྱིར་དེ་སྐད་བསྟན་ཏོ། །ནང་བར་སྔར་ལངས་ཏེ་སྒོ་དབྱེ ་བ་དང་མར་མེའི་སྐོང་བུ་བསྩལ་བར་བྱའོ་ཞེས་བྱ་བ་ནི། དེ་གཉིས་ཀྱིས་ནང་བར་སྔར་ལྡང?་བར་བྱ། གཙུག་ལག་ཁང་གི་སྒོ་དག་དབྱེ་བར་བྱ། མར་མེའི་སློང?་བུ་དག་བསྩལ་བར་བྱའོ། །གཙུག་ལག་ཁང་དུ་ཆག་ཆག་དང་ཕྱག་དང་དང་ལྕི་བ་འཇམ་པོའི་བྱུག་པས་? ་བདག་ཀྱང་ངོ་ཞེས་བྱ་བ་ཡང་དེ་གཉིས་ཀྱི་བྱ་བའོ། །བཤད་པ་དང་གཅི་བའི་སྐྱབས་དགེ་སྦྱོང་ངོ་ཞེས་བྱ་བ་ནི། དེ་གཉིས་ཀྱིས་དགེ་འདུན་གྱི་བཤད་པ་དང་གཅི་བའི་ཆབ་ཁུངས་དག་བྱི་དོར་བྱ་བའོ། །ས་ཕྱག་བ་དང་དུས་དང་མཐུན་བའི་ཆུ་དག་གཞག་བར་བྱའོ ་ཞེས་བྱ་བ་ནི། བཤང་བ་དང་གཅི་བའི་སྐྱབས་དེ་གཉིས་ཀྱིས་ཕྱག་པ་དང། དེ་དག་ཏུ་དགུན་ནི་ཆུ་དྲོན་མོ་གཞག་པར་བ། ཚ་བའི་དུས་སུ་ནི་ཆུ་གྲང་མོ་གཞག་པར་བྱ་བའོ། །ཝའི་ཁ་དག་བསྩལ་ལོ་ཞེས་བྱ་བ་ནི། དེ་གཉིས ་ཀྱིས་གཙུག་ལག་ཁང་གི་ཝེའི་བདག་བསྩལ་བར་བྱ་བའོ། །སྟན་བཤམ་མོ་ཞེས་བྱ་བ་ནི། དེ་གཉིས་ཀྱིས་དགེ་འདུན་གྱི་ཁྲིའུ་ལ་སོགས་པའི་སྟན་དག་བཤམ་པར་བྱ་བའོ། །དུས་ཤེས་པར་བྱ་སྟེ་བདུག་སྤོས་དང་དེའི་པོག་ཕོར་དག་ཉེ་བར་གཞག་གོ ་ཞེས་བྱ་བ་ནི། དེ་གཉིས་ཀྱིས་མཆོད་པའི་དུས་ཤེས་པས་བྱ་སྟེ། བདུག་སྤོས་དང་པོག་ཕོར་ངལ་སྟེ་གོན་བྱ་བའོ། །གལ་ཏེ་ནུས་པ་ཉིད་ཡིན་ན་སྟོན་པའི་ཡོན་ཏན་ཡང་དྲག་པར་བསྒྲག་གོ་ཞེས་བྱ་བ་ནི། གལ་ཏེ་ནུས་ན་དེ་གཉིས་ཀྱིས་སྟོན་པ་སངས་རྒྱས ་བཅོམ་ལྡན་འདས་ཀྱི་ཡོན་ཏན་ཡང་དག་པར་བསྒྲག་པར་བྱ་བའོ། །གལ་ཏ་མི་ནུས་ན་སྨྲ་བ་པོ་གཞན་ལ་བཅོལ་ལོ་ཞེས་བྱ་བ་ནི། གལ་ཏེ་དེ་གཉིས་ཀྱིས་སྟོན་པའི་ཡོན་ཏན་ཡང་དག་བར་སྒྲོག་མི་ནུས་ན་སྨྲ་བ་པོ་གཞན་ལ་བཅོལ་བར་བྱ་བའོ།། ་སྤྲི་བུངས?་བཤམས་ན་གཎྜ་བརྡུང་ངོ་ཞེས་བྱ་བ་ནི། འབྲས་ཆན་ལ་སོགས་པའི་སྤྱི་བུངས་འོངས་ཤིང་བཤམས་ཟིན་པ་ན་དེ་གཉིས་ཀྱི་གཎྜི་བརྡུང་བར་བྱ་བའོ། །གལ་ཏེ་དགེ་སློང་རྣམས་ཆ་ན་བསིལ་ཡབ་བྱའོ་ཞེས་བྱ་བ་ནི། གལ་ཏེ་དགེ་སློང་རྣམས་ཆ་བར ་གྱུར་ན་དེ་གཉིས་ཀྱིས་བསིལ་ཡབ་ཀྱིས་གཡབ་པར་བྱ་བའོ། །དེ་དག་གི་འདུག་པ་ལ་སོགས་པ་ནི་བསྙེན་པར་རྫོགས་པ་ཐམས་ཅད་ཀྱི་མཛའ་ཉིད་དོ་ཞེས་བྱ་བ་ནི། དེ་གཉིས་ཀྱིས་འདུག་པ་ལ་སོགས་པ་ནི་བསྙེན་པར་རྫོགས་པ་ཐམས་ཅད་ཀྱི་མཛའ་ཉིད ་ཡིན་པ་སྟེ། དེ་ནི་གྲལ་རིམས་བསྟན་པའི་ཕྱིར་རོ། །དགེ་སློང་གི་གྲལ་དེར་ཐམས་ཅད་ཀྱི་ཐ་མར་འདུག་པ་དང་འགྲོ་བ་ལ་སོགས་པ་བྱའོ། །ཟས་ཀྱི་བྱ་བ་བྱས་ནས་གདན་ཆ་དབྱེན་པར་བརྟུལ་ལོ་ཞེས་བྱ་བ་ནི། དགེ་སློང་རྣམས་ཀྱིས་ཟས་ཀྱི་བྱ་བ་བྱས་ཟིན་ནས་དགེ ་འདུན་གྱི་གདན་ཆ་དབྱམ?་པོ་དང་གོར་བུ་དང་པར་ཏད་ལ་སོགས་པ་དག་དབྱེན་པའི་གནས་སུ་བསྡུ་བར་བྱ་བའོ། །ལྷུང་བཟེད་ཀྱི་གཞི་དོར་རོ་ཞེས་བྱ་བ་ནི། ལྷུང་བཟད་ཀྱི་གཞི་རྩ་ལ་སོགས་པ་དེ་དག་ཉིད་ཀྱིས་ཕྱི་རོལ་ཏུ་དོར་བར་བྱ་བའོ། །དུས་ཤེས་པར་བྱ ་སྟེ་མཆོད་རྟེན་གྱི་ཕྱག་དང་བྱའོ་ཞེས་བྱ་བ་ནི། མཆོད་པའི་དུས་ཤེས་པར་བྱས་ཏེའོ། །ལྕི་བ་འཇམ་པོའི་བྱུག་པས་བསྐུའོ་ཞེས་བྱ་བ་ནི། མཆོད་རྟེན་དག་ལའོ། །འདུ་བའི་དུས་སུ་བཤམས་པ་ལ་སོགས་པ་ནས་ཡོན་ཏན་གྱི་སྐབས་ཀྱི་བར་དག་གོ་ཞེས་བྱ ་བ་ནི། དགེ་འདུན་?་བའི་དུས་སུ་ཡང་སྟན་བཤམ་པ་ནས་སྟོན་པའི་ཡོན་ཏན་ཡང་དག་པར་བསྒྲག་པའི་བར་དག་བྱ་བ་སྟེ། སྔ་རེས་ན་བཤམ་མེ། །དུས་ཤེས་པར་བྱ་སྟེ། བདུག་སྤོས་དང་དེའི་?་པོར་དག་ཉེ་བར་བཞག་གོས?་ལ་ཏེ་ནུས་པ་ཉིད་ཡིན་ན ་སྟོན་པའི་ཡོན་ཏན་ཡང་དག་པར་བསྒྲུབ་གོ་།གལ་ཏེ་མི་ནུས་ན་སྨྲ་བ་པོར་བཅོལ་ལོ་ཞེས་ཇི་སྐད་བསྟན་པ་དེ་དག་བྱའོ། །ཞེས་བྱ་བའི་ཐ་ཚིག་གོ་།གལ་ཏེ་མ་ནུས་པ་ཉིད་ཡིན་ནི་ཉི་མ་བརྗོད་པ་ཡང་ངོ་ཞེས་བྱ་བ་ནི། གལ་ཏེ་མ་ནུས་པ་ཉིད་ཡིན་ན་དེ་གཉིས་ཀྱིས ་ཉི་མ་བརྗོད་པ་ཡང་བྱ་བའོ། །གལ་ཏེ་མི་ནུས་ན་དགེ་སློང་གཞན་ལ་བཅོལ་ལོ་ཞེས་བྱ་བ་ནི། གལ་ཏེ་ཉི་མ་བརྗོད་པར་མི་ནུས་ན་དེ་གཉིས་ཀྱིས་དགེ་སློང་གཞན་ལ་བཅོལ་བར་བྱ་བའོ། །དགོངས་གང་དུས་དང་མཐུན་པའི་ཆུས་དགེ་སློང་རྣམས་ཀྱི་རྐང་པ་བཀྲུའོ་ཞེས་བྱ་བ་ནི། ་མཚན་མོ་དུས་དང་མཐུན་པའི་ཆུ་ཞེས་བྱ་བ་གྲང་བའི་དུས་སུ་ནི་དྲོ་བ། ཚ་བའི་དུས་སུ་ནི་བསྲེལ་བས་དགེ་སློང་རྣམས་ཀྱི་རྐང་པ་དག་པར་བཀྲུ་བའོ་།རྐང་པ་དག་བསྐུའོ་ཞེས་བྱ་བ་ནི། དགོངས་ཀར་དགེ་སློང་རྣམས་ཀྱིའོ། །མེ་འདོད་ན་སྣུམ་དབུལ་ལོ་ཞེས་བྱ་བ་མི་དགེ། ་སློང་དག་རྐང་པ་བཀྲུ་བར་མི་འདོད་ན་?་མ་དབུལ་བར་བྱ་བའོ། །དེའི་གཙུག་ལག་ཁང་ཐ་མར་འོས་པ་ཉིད་ཡིན་ནོ་ཞེས་བྱ་བ་ནི། སྦོ་བ་དང་མགུ་བར་བྱ་བ་སྤྱོད་བ་པ་དེའི་གནས་ཁང་ལ་སོགས་པ་གཙུག་ལག་ཁང་བསྙེན་བར་རྫོགས་པ་ཐམས་ཅད་ཀྱི་ཐ་མར་ ་བསྐོ་བར་བྱ་བ་ཉིད་ཡིན་པའོ། །སྤོ་བ་བྱེད་པ་ལ་སོགས་པ་ནང་ནི་ཚེ་རིམས་ཀྱིས་བསྐོ་ཏེ། མགུ་བར་བྱ་བ་སྤྱོད་བདག་པས་སྤོ་པ་ཐ་མ་ཉིད་ཡིན་ནོ། །སྤོ་བ་དག་བས་བསླབ་པ་ཡིན་པ་ཐ་མ་ཉིད་ཡིན་ཏེ་ལྟུང་བ་བྱུང་བ་ཆོས་སྨན ་པ་ཡིན་པའི་ཕྱིར་རོ། །ཐམས་ཅད་ལས་གནས་ནས་ཕྱུང་བ་ཐ་མ་ཉིད་ཡིན་ཏེ་སྤངས་པའི་ཕྱིར་རོ། །ཐམས་ཅད་དུ་རྙེད་པ་དབང་པོ་ཉིད་ཡིན་ནོ། །ཞེས་བྱ་བ་ནི། གནས་ནས་ཕྱུང་བ་མ་གཏོགས་པས་གཞན་ན་གནས་ན་དེ་དག་གོ་།དགེ་བའི་ཕྱོགས་ལ་མི ་གཡལ་བར་བྱའོ་ཞེས་བྱ་བ་ནི། དེ་དག་དགེ་བའི་ཕྱོགས་ཀྱི་དུས་མ་ཡིན་པར་ཞེས་པར་མི་བྱ་སྟེ། འདི་ལྟར་དེ་དེའི་དུས་ན་རྟོག་པའི་སྐལ་བ་ཅན་མ་ཡིན་དུ་ཟིན་ཀྱང་དེ་ལྟ་མོད་ཀྱི་ཚོགས་རྗེས་སུ་བསྒྲུབ་པའི་ཕྱིར་དགེ་བའི་ཕྱོགས་ལ་མི་གཡོལ་བར་བྱའོ། །ནམ ་ཞིག་ན་རྟོགས་པའི་སྐལ་བ་ཅད་དུ་ཡང་འགྱུར་ཏེ། འདི་ལྟར་བཅོམ་ལྡན་འདས་ཀྱི་བསམས་པས་ལྟུང་བ་ལས་ལྡང་བར་སྨྲའི་བ་ཆད་པའི?་ལས་ཀྱིས་ནི་མ་ཡིན་ནོ་ཞེས་གསུངས་པའི་ཕྱིར་རོ། །བསླབ་པ་སྦྱིན་པ་ཡང་རྟོགས་པ་གྲགས་པས་དེས་ན་དགྲ་བཅོམ ་པ་ཉིད་ཐོབ་བ་ན་སྤོ་བ་ངང་མགུ་བར་བྱ་བ་སྦྱོད་པ་དེ་དག་ཉིས་ཀྱང་བསླབ་བ་སྦྱིན་པ་དང་འདྲ་བར་རང་བཞིན་ཐོབ་ཅིང་ཆད་པའི་ལས་ལྷག་མ་སྤྱད་པར་བྱ་མི་དགོས་པ་ཉིད་ཡིན་ཏེ། དབྱུང་བ་ལ་སོགས་པ་བྱ་མི་དགོས་སོ། །འདི་ལ་དེའི་ངོ་བོ་ཉིད་ཚོལ ་བ་བྱིན་པ་དང་བསླབ་པ་བྱིན་པ་དག་ཀྱང་དེ་དང་འདའ་ཨོ་ཞེས་བྱ་བ་ནི། དགེ་སློང་རང་བཞིན་དུ་གནས་པ་ལས་མངོན་པར་སྨྲ་བ་ལ་སོགས་པ་དག་བདག་གིར་མི་བྱའོ་ཞེས་ཇི་སྐད་བསྟན་པའི་སྤྱོད་པ་འདི་ལ་དེའི་ངོ་བོ་ཉིད་ཚོལ་བ་བྱིན་པ་བསླབ་པ་བྱིན་པ ་དག་ཀྱང་སྤོ་བ་དང་མགུ་བར་བྱེ་བ་སྤྱོར་བ་དེ་བར་འབྲེ་སྟེང་གཉིས་ཀྱི་སྤྱོད་པ་ཡང་འདི་དག་ཉིད་ཡིན་ནོ། །གདོན་པར་མི་བྱའོ་ཞེས་བྱ་བ་ནི། དེའི་ངོ་བོ་ཉིད་ཚོལ་བ་བྱིན་པ་དང་བསླབ་པ་བྱིན་པ་དེ་གཉིས་ཀྱིས་འདོན་པ་གཞན་མེད་ན་ཡང་གསོ་སྦྱོང་ལ་སོ་སོར ་ཐར་བ་?་ཁོ་ན་པར?་མི་བྱ་བའོ། །སྔ་མ་ནི་བཟོད་པ་གསོལ་བས་རང་བཞིན་འཐོབ་བོ་ཞེས་བྱ་བ་ནི། དེའི་ངོ་བོ་ཉིད་ཚོལ་བ་བྱིན་པ་དང་བསླབ་བ་བྱིན་པ་ཞེས་བྱ་བ་གཉིས་སྨོས་པའི་སྔ་མ་སྟེ། དེའི་ངོ་བོ་ཉིད་ཚོལ་བ་བྱིན་པ་ནི་རང་གིས་དགེ་འདུན་ལ་བཟོད་པ ་གསོལ་ཞིང་དགེ་འདུན་གྱིས་གསོལ་བ་དང་བཞིའི་ལས་ཀྱིས་བཟོད་པ་བྱས་ན་རང་བཞིན་དུ་གནས་པ་ཉིད་འཐོབ་པའོ། །རང་གིས་བཟོད་པ་གསོལ་བའི་སྔགས་ནི། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། བདག་དགེ་སློང་འཆར་ཀ་དེའི་ངོ་བོ་ཉིད་ཆོལ ་ཏུ་བསྩལ་པོ་ལ་སྐྲ་འགྲེང་པར་གྱུར། སྐྲ་འཕྱར་པར་གྱུར་ཅིང་དགེ་འདུན་ལ་སྤུ་སྙོལ་བར་བགྱིད། འབྱུང་བར་སྤྱོད་མཚུངས་པར་ཉེ་བར་སྟོན་ཅིང་མཚམས་ཀྱི་ནང་དུ་མཆིས་ཏེ་བཟོད་པ་གསོལ་ཞིང་གཞི་གང་ལས་རྨད་བབ་པའི་ཕྲིན་ལས་མཛེད་པའི་གཞི ་དེ་ལས་སླང་ལྡོག་ན། ཐུགས་བརྩེ་བ་ཅན་དགེ་འདུན་བཙུན་པ་རྣམས་ཀྱི་ཐུགས་བརྩེ་བས་ཉེ་བར་བཟུང་སྟེ། བདག་དགེ་སློང་འཆར་ཀ་དེའི་ངོ་བོ་ཉིད་ཚོལ་ཏུ་སྩལ་བ་ལ་བཟོད་པ་མཛད་དུ་གསོལ། ལན་གསུང་བཟླས་ཞེས་གསུངས་པ་ཡིན་ནོ། །དགེ་འདུན་གྱི ་གསོལ་བ་དང་བཞིའི་ལས་ཀྱིས་བཟོད་པ་བྱ་བའི་སྔགས་ནི། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་འཆར་ཀ་དེའི་ངོ་བོ་ཉིད་ཚོལ་ཏུ་སྩལ་བ་འདི་སྐྲ་འགྲེང་བར་གྱུར། སྐྲ་འཕྱར་བར་གྱུར་ཅིང་དགེ་འདུན་ལས་སྤུ་སྙོལ་བར་བགྱིད། འབྱུང ་པར་བསྐྱོད། མཚུངས་པར་ཉེ་བར་སྟོན་ཅིང་མཆམས་ཀྱི་ནང་དུ་མཆིས་ཏེ་བཟོད་པ་གསོལ་ཞིང་གཞི་གང་ལས་རྨ་དབབ་པའི་ཕྲིན་ལས་མཛད་པའི་གཞི་དེ་ལས་སླར་ལྡོག་ན། གལ་ཏེ་དགེ་འདུན་གྱིས་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར ་མཛོད་ཅིག་དང། དགེ་འདུན་གྱིས་དགེ་སློང་འཆར་ཀ་དེའི་ངོ་བོ་ཉིད་ཚོལ་ཏུ་སྩལ་པ་ལ་བཟོད་པ་མཛད་དོ། །འདི་ནི་གསོལ་བའོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །འོག་མ་ནི་དགྲ་བཅོམ་པ་ཉིད་ཀྱིས་སོ་ཞེས་བྱ་བ་ནི། བསླབ་པ་བྱིན་པ་ཞེས་བྱ་བ་ནི། ་བཟོད་པས་རང་བཞིན་མི་འཐོབ་ཀྱི་དགྲ་བཅོམ་པ་ཉིད་འཐོབ་པས་རང་བཞིན་དུ་གནས་པ་ཉིད་འཐོབ་པར་འགྱུར་བའོ། །སྒོ་དབྱེ་བ་ཡན་ཆད་དང་གཙུག་ལག་ཁང་ལ་སོགས་པ་ལ་ཡོངས་སུ་གནས་པ་དང་ལྡན་པ་དང་སྤྱོད? ་བ་དང་ལྡན་པ་ཉིད་ཀྱང་དོ་ཞེས་བྱ་བ་ནི་དེ་དང་འདྲའོ་ཞེས་བྱ་བར་སྦྱར་ཏེ། སྒོ་དབྱེ་བ་ཡན་ཆད་དང་གཙུག་ལག་ཁང་ལ་སོགས་པའི་སྤྱོད་པ་དེ་གཉིས་ལ་ཡོངས་སུ་གནས་པ་དང་ལྡན་པ་དང་སྤྱད་པ་དང་ལྡན་པ་དེ་གཉིས་ཀྱང་ཡོངས་སུ་གནས་པ་དང་མགུ ་བར་བྱ་བ་སྤྱོད་པ་དེ་དང་འདྲའོ་ཞེས་བྱ་བའི་ཐ་ཚིག་གོ། སྒོ་དབྱེ་བ་ཡན་ཆད་ཅེས་བྱ་བ་ནི། སྔར་མདོ་ལས་ནང་པར་སྔར་ལངས་ཏེ་སྒོ་དབྱེ་བ་དང་མར་མེའི་སྐད་བུ་བསྩལ་བར་བྱའོ་ཞེས་བསྟན་པའི་སྐབས་སུ་སྒོ་དབྱེ་བ་ཞེས་སྨོས་པ་སྟེ་དེ་ཡན་ཆད་ནས་ཡོངས་སུ ་གནས་པ་དང་མགུ་བར་བྱ་བ་སྤྱོད་པ་དག་གིས་དགེ་སློང་རང་བཞིན་དུ་གནས་པ་ལས་མངོན་པར་སྨྲ་བ་དང་ཕྱག་དང་མངོན་བུ་ལྡང་བ་དང་ཐལ་མོ་སྦྱར་བ་དང། གུས་པའི་ལས་བདག་གིར་མི་བྱའོ་ཞེས་མགོར་སྨོས་པའི་མན་ཆད་ཀྱི་བར་གྱི་མདོ་ཐམས་ཅད་དང ་སྦྱིར་སྦྱར་རོ། །གཙུག་ལག་ཁང་ལ་སོགས་བ་ཞེས་བྱ་བ་ནི། སྔར་མདོ་ལས་དེའི་གཙུག་ལག་ཁང་ཐ་མར་འོས་པ་ཉིད་ཡིན་ནོ། །ཞེས་བསྟན་པའི་སྐབས་སུ་གཙུག་ལག་ཁང་ཞེས་སྨོས་པ་སྟེ། དེ་ནི་གཙུག་ལག་ཁང་ཞེས་བྱ་བའི་སྒྲས་འཕངས་པ་ཡིན་ཏེ ་?་བའི་ཕྱིར་རོ། །སྩོགས་པ་ཞེས་བྱ་བའི་སྒྲས་ནི། དེའི་འོག་གི་མདོ་ལས་ཐམས་ཅད་དུ་རྙེད་པ་དབང་བ་ཉིད་ཡིན་ནོ། །ཞེས་བྱ་བ་དང། དགེ་བའི་ཕྱོགས་ལ་མི་གཡེལ་བར་བྱའོ་ཞེས་བསྟན་པའི་མདོ་དེ་གཉིས་འཕངས་པ་ཡིན་གྱི་གཞན་ནི་མ་ཡིན་ཏེ། ཡུལ་ཐ ་དང་པ་ཡིན་ནོ་ཞེས་བྱ་བར་ཤེས་པར་བྱའོ། །དེ་ལྟར་ན་སྒོ་དབྱེ་བ་ཡན་ཆད་ཀྱིས་མདོ་ཐམས་ཅད་དང། དེའི་གཙུག་ལག་ཁང་ཐ་མར་འོས་བ་ཉིད་ཡིན་ནོ་ཞེས་བྱ་བ་དང། ཐམས་ཅད་རྙེད་པ་དབང་བ་ཉིད་ཡིན་ནོ་ཞེས་བྱ་བ་དང། དགེ་བའི་ཕྱོགས་ལ་མི་གཡེལ་བར་བྱའོ ་ཞེས་བྱ་བའི་མདོ་གསུམ་པོ་དེ་དག་གི་སྤྱོད་པ་ལ་ནི། སྤོ་བ་དང་ལྡན་པ་ཞེས་བྱ་བ་སོ?་བ་བྱས་ཟིན་ལ། མགུ་བར་བྱ་བ་མ་བླངས་པ་དང། སྤྱད་པ་དེད་ལྡན་པ་ཞེས་བྱ་བ་མགུ་བར་བྱ་བ་སྤྱད་ཟིན་ལ། ད་དུང་མ་ཕྱུང་བའི་གང་ཟག་དེ་དག་ཀྱང་སྤོ་བ་དང། མགུ་བར་བྱ་བ་སྤྱོད ་?་དེ་དང་འདྲ་བར་རིག་པར་བྱ་སྟེ། དེ་གཉིས་ནི་རང་བཞིན་དུ་གནས་པ་ཉིད་མ་ཡིན་པའི་ཕྱིར་དད། ལས་བྱས་པ་ཉིད་ཡིན་པའི་ཕྱིར་དེ་ལྟར་རྣམ་པར་བཞག་གོ། འདི་སྐད་བསྟན་ཏེ་ཡོངས་སུ་གནས་པ་བྱས་ལ་མགུ་བར་བྱ་བ་མི་སྦྱིན་གྱི་བར་དུ་ནི་རེ་ཞིག་ཆོ་གའི་དེ་ཡིན ་ལ། མགུ་བར་བྱ་བ་བྱིན་པ་ལ་ནི་སྒོ་དབྱེ། བལ་སོགས་པ་སྔར་བསྟན་པའི་མདོ་ཆོ་ག་ཐམས་ཅད་བྱ་དགོས་པར་ཤེས་པར་བྱའོ། །མགུ་བར་བྱ་བ་སྤྱད་ཟིན་ལ། དབྱུང་བར་མི་བྱེད་པའི་བར་དུ་ནི་རེ་ཞིག་ཆོ་ག་འདི་ཡིན་ལ། དབྱུང་བ་བྱས་ཟིན་པ་ལ་ནི་སྒོ་དབྱེ་བ་ལ་སོགས ་བ་སྔར་སྟན་པའི་ཆོ་ག་ཐམས་ཅད་བྱ་མི་དགོས་ཏེ་རང་བཞིན་དུ་གནས་པར་གྱུར་ཟིན་པའི་ཕྱིར་རོ་ཞེས་བྱ་བར་ཤེས་པར་བྱའོ། །བསྡིགས་པ་དང་སྨད་བ་དང་སྐད་པ་དང་ཕྱིར་འགྱེད་པ་དང་གནས་ནས་ཕྱུང་བ་དག་ཀྱང་དེ་བཞིན་ནོ་ཞེས་བྱ་བ་ནི། དེ་དག་ཀྱང་སྒོ ་དབྱེ་བ་ཡན་ཆད་དང་གཙུག་ལག་ཁང་ལ་སོགས་པ་ལ་ཡོངས་སུ་གནས་པ་དག་མགུ་བར་བྱ་བ་སྤྱོད་པ་དང་འདྲ་བད་རིག་པར་བྱ་བའོ། །དེ་དག་ལ་ཧ་ཅང་ཐལ་བར་འགྱུར་བ་དམིགས་ཀྱིས་བསལ་བའི་ཕྱིར་གདོན་པ་ནི་མི་བྱ་བ་ཉིད་དོ། །ཞེས་བྱ་བ་སྨྲས་ཏེ། འདོན ་པ་གཞན་མེད་ན་ཡང་དེ་དག་གིས་གསོ་སྦྱོང་ལ་སོ་སོར་ཐར་པ་གདོན་བ་མི་བྱ་བ་ཉིད་ཡིན་པའོ། །གཞན་དག་གིས་གནས་ནས་ཕྱུང་བ་སྨད?་བར་བྱ་ག་ཁོ་ནའོ་ཞེས་བྱ་བ་ནི། རང་བཞིན་དུ་གནས་པ་གཞན་གྱིས་གནས་ནས་ཕྱུང་བ་ནི་སྤང་བར་བྱ་བ་ཁོ་ན་ཡིན་ཏེ། དེ་དང ་ལྷན་ཅིག་ཏུ་བཅག་པ་དང་འདུག་པ་དང་འགྲོ་བ་ཇི་སྐད་བསྟན་པ་དག་ཀྱང་ནི་བྱ?་ཞིང་འདོན་པ་གཞན་མེད་པ་ན་ངེས་སོ་སོར་ཐར་པའི་མདོ་གདོན་པ་ཡང་ཉམས་སུ་མྱོང་བར་མི་བྱའོ། །གཞན་ཡང་དེ་ལ་ལུས་སམ་དག་གི་འདྲེ་བར་གྱུར་པ་ཆུང?་ཟད་ཀྱང་སྤྱད་བར་མི་བྱའོ ་དེའི་དུས་ཉིད་ཀྱི་རྒྱུ་ལས་བྱུང་བའི་རྙེད་པ་ཡང་མི་དབང་བ་ཉིད་ཡིན་ནོ་ཞེས་བྱ་བ་ནི། དེ་གནས་དེས་ཕྱུང་བའི་དུས་ཉིད་ཀྱི་ཚེ་ན་དགེ་འདུན་ལ་རྙེད་པ་བྱུང་བ་གང་ཡིན་པ་དེ་ཡང་གནས་ནས་ཕྱུང་བ་དེ་མི་དབང་བ་ཉིད་ཡིན་པའོ། །འདི ་སྐད་བསྟན་ཏེ། དེ་གནས་ནས་ཕྱུང་བའི་གནས་སྐབས་སུ་དགེ་འདུན་ལ་རྙད་པ་བྱུང་བའི་དེའི་གནས་ནས་བྱུང་བ་དེ་མི་དབང་བ་ཉིད་ཡིན་ནོ། །གནས་ནས་མ་ཕྱུང་བའི་མདུན་རོལ་དུ་དབྱར་གནས་པ་ལ་སོགས་བའི་རྒྱུ་ལས་བྱུང་བའི་རྙེད་པ་གང་ཡིན་པ ་དེ་ནི་དེ་ཡང་དབང་བ་ཉིད་ཡིན་ཏེ། དེའི་ཚེ་ན་དེ་རང་བཞིན་དུ་གནས་པ་ཉིད་ཡིན་པའི་ཕྱིར་རོ། །ཅི་མི་དབང་བ་ཉིད་དེ་བསྟན་དུ་འམ་ཞེ་ན། དེའི་ཕྱིར་བྱེ་བ་བཞིན་ནོ་ཞེས་བྱ་བ་སྨྲས་ཏེ། ཇི་ལྟར་དགེ་འདུན་བྱེ་བ་ན་ཆོས་དང་མཐུན་པའི་ཕྱོགས་ཀྱི་རྙེད་བ་ཆོས་མ ་ཡིན་བའི་ཕྱོགས་དང་མཐུན་པའི་གང་ཟག་མི་དབང་བ་ལ་ངེས་ཆོས་དང་མཐུན་པའི་ཕྱོགས་ཕྱིར་ཁས་བླངས་པ་ན་རྙེད་པ་དབང་བ་དེ་བཞིན་དུ་གནས་ནས་ཕྱུང་བ་འདི་ཡང་ཇི་སྲིད་དུ་གནས་ནས་ཕྱུང་བ་དེ་སྲིད་དུ་རང་བཞིན་དུ་གནས་པའི་དགེ་འདུན་གྱི་རྙེད ་པས་མི་དབང་ལ་ན་མ་བཟོད་པ་གསོལ་ཏེ། གནས་སུ་ཆུད་པའི་དུས་ན་རྙེད་པ་དབང་ངོ། །བྱེ་བའི་རྙེད་པ་དེ་ཡང་འོག་གི་མདོ་ལས་རིག་པར་བྱའོ། །བྱེ་བ་དག་ན་ཆོས་མ་ཡིན་པའོ་ཕྱོགས་དང་མཐུན་པ་ཡང་དེ་དང་འདྲའོ་ཞེས་བྱ་བ་ནི། དགེ་འདུན་བྱེ་བ་ན་ཆོས་མ ་ཡིན་པའི་ཕྱོགས་དང་མཐུན་པ་གང་གནས་ནས་ཕྱུང་བ་དེ་དང་འདྲ་བ་སྟེ་གནས་ནས་ཕྱུང་བ་ལ་གང་དུ་སྤྱོད་བ་ཅི་བསྟན་པ་དེ་དག་ཐམས་ཅད་ཆོས་མ་ཡིན་པའི་ཕྱོགས་དང་མཐུན་པ་ལ་ཡང་བལྟ་བར་བྱ་བའོ། །དེས་ན་སྒོ་དབྱེ་བ་ཡན་ཆད་དང་གཅུག་ལག ་ཁང་ལ་སོགས་པ་ལ་ཡང་ཆོས་མ་ཡིན་པའི་ཕྱོགས་དང་མཐུན་བ་དེ་གནས་ནས་ཕྱུང་བ་དེ་དང་འདྲ་ལ་གདོན་པ་ནི་མི་བྱ་བ་ཉིད་དོ་ཞེས་བྱ་བ་ལ་ཡང་ཆོས་མ་ཡིན་བྱི?་སོགས་དང་མཐུན་པ་དེ་གནས་ནས་ཕྱུང་བ་དང་འདྲ་བ་དང། གཞན་བདག་གིས་གནས་ནས་ཕྱུང་བ་?་བར་བྱ་བ ་ཁོ་ནའོ་ཞེས་བབ་ལ?་ཡང་ཆོས་མ་ཡིན་པའི་ཕྱོགས་དང་མཐུན་བ་དེ་གནས་ནས་ཕྱུང་བ་དང་འདྲ་བ་དང་དེའི་དོན་ཉིད་ཀྱི་རྒྱུ་ལས་བྱུང་བའི་རྙེད་པ་ཡང་མི་དབང་བ་ཉིད་ཡིན་ནོ། །ཞེས་བྱ་བ་ལ་ཡང་ཆོས་མ་ཡིན་པའི་ཕྱོགས་དང་མཐུན་པ་དེ་གནས་ནས་ཕྱུང་བ་དང་འདྲེ་བར་བསྟན ་པར་ཤེས་པར་བྱའོ། །རང་བཞིན་དུ་གནས་པ་མ་ཡིན་པ་དག་ལ་སྤོ་བ་དང་མགུ་བར་བྱ་བ་དང་བསླབ་པ་བྱིན་པ་དགེ་མི་འཆགས་སོ་ཞེས་བྱ་བ་ནི། རང་བཞིན་དུ་གནས་པ་མ་ཡིན་པ་ཞེས་བྱ་བ་ས་གཞན་ན་གནས་པ་དག་པ་གང་ཟག་སྤོ་བ་དང་མགུ་བར་བྱ་བ་སྤྱོད་པ་དང ་བསླབ་པ་བྱིན་པ་དག་གིས་སྤོ་བ་དང། མགུ་བར་བྱ་བ་དང། བསླབ་པ་སྤྱོད་བ་དག་མི་བྱེད་ན་མི་འཆགས་ཏེ། ཡུན་རིང་པོར་སྤྱད་ཀྱང་དུས་ཆུང་ཟད་ཀྱང་མ་སྤྱད་པ་ཉིད་དང་འདྲ་བར་འགྱུར་རོ། །དེ་ལྟར་ཡང་འདིར་གཞུང་ནི་སྤོ་བ་གསུམ་དང་རང་བཞིན་དུ་གནས་པ ་གཅིག་གམ་སྤོ་བ་གཉིས་དང་རང་བཞིན་དུ་གནས་པ་གཉིས་སམ། སྤོ་བ་གཅིག་དང་རང་བཞིན་དུ་གནས་པ་གསུམ་ལ་སྤོ་བ་དང་མགུ་བར་བྱ་བ་དང། བསླབ་པ་སྤྱད་པར་མི་བྱའོ་ཞེས་གསུངས་པ་ཡིན་ནོ། །དེའི་ཕྱིར་འདིར་རང་བཞིན་དུ་གནས་པ་མ་ཡིན་པ ་དག་ལ་ཞེས་སྨོས་པ་ནི་ས་གཞན་ན་གནས་པ་དག་ཡིན་པར་གསུངས་པ་ཡིན་ཏེ། དེ་བས་ན་རང་བཞིན་དུ་གནས་པ་མ་ཡིན་པ་དག་ལ་སྤོ་བ་ལ་སོགས་པ་དག་སྤྱད་པ་དེ་ནི་མ་སྤྱད་པ་ཁོ་ན་ཡིན་ཏེ། འདི་ལྟར་དེ་དག་ལ་དེ་མི་འཆགས་པའི་ཕྱིར་རོ། །དགེ་འདུན ་མ་ཡིན་པ་ལ་ཡང་ངོ་ཞེས་བྱ་བ་ནི། སྤོ་བ་ལ་སོགས་པ་ལ་མི་འཆགས་པ་སྟེ། དགེ་འདུན་དུ་མ་གྱུར་པའི་གང་ཟག་གཅིག་གམ་གཉིས་སམ་གསུམ་དག་ལ་སྤོ་བ་དང་མགུ་བར་བྱ་བ་དང། བསླབ་པ་སྤྱོད་པ་ཡང་མི་འཆགས་སོ། །གནས་དེ་ན་འཁོད་པ་དག ་ལས་ཡོངས་སུ་བཅད་བ་དག་ལ་ཡང་ངོ་ཞེས་བྱ་བ་ཡང་མི་འཆགས་སོ་ཞེས་བྱ་བར་སྦྱར་ཏེ། གནས་གང་དུ་སྤོ་བ་ལ་སོགས་པ་དེ་དག་སྦྱང་པར་བྱ་བའི་གནས་དེ་ན་འཁོད་པའི་དགེ་སློང་དག་ལས་དགེ་སློང་གཅིག་གམ་གཉིས་སམ་གསུམ་མམ ་དགེ་འདུན་དུ་གྱུར་པ་ཡང་རུང་སྟེ། ལོག་ཤིག་ཏུ་ཡོངས་སུ་བཅང་ཅིང་བཀར་པ་དག་ལ་སྤོ་བ་ལ་སོགས་པ་སྤྱོད་པ་མི་འཆགས་སོ། །མང་པོ་ཉིད་ཡོངས་སུ་སྤང་བར་མི་བྱའོ་ཞེས་བྱ་བ་ནི། གནས་དེ་ན་དགེ་སློང་མང་པོ་དག་འཁོད་ལ། ་འདིར་སྤྱད་པ་དཀའ་ཨོ་སྙམ་པའི་བློ་མང་བ་ཉིད་ཀྱི་ཉེས་པས་སྤང་བར་མི་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། གནས་བརྟན་དང་སོ་སོར་ཐར་པ་དང་བཅས་པ་ཉིད་དུ་འབད་པར་བྱའོ་ཞེས་བྱ་བ་ནི། གནས་གང་ན་གནས་བརྟན་དང་བཅས་པ་སོ་སོར་ཐར་པ་དང་བཅས་པའི་དག ་འདུན་ཡོད་པའི་གནས་དེར་ཇི་ལྟར་སྤྱད་པར་འགྱུར་ཞིག་གུ་སྙམ་དུ་དེའི་དོན་དུ་འབད་པར་བྱ་བའོ། །མ་གྲུབ་ན་གཞན་དུ་ཡང་སྤྱད་པར་བྱ་བའོ། །གང་ན་གཞན་གསུམ་ལ་སོགས་པ་དེ་དག་གི་མིང་རྣམ་པ་ཐམས་ཅད་སྤྱོད་པ་དེར་དེ་སྤྱོད་པར་མི་བྱའོ་ཞེས་བྱ་བ ་ནི། གནས་གང་ན་གང་ཟག་གཞན་གསུམ་ལ་སོགས་པ་སྤོ་བ་དང་གཞི་ནས་སྤོ་བ་དང། ཡང་གཞི་ནས་བསླང་སྟེ་སྤོ་བ་དང། མགུ་བར་བྱ་བ་དང། གཞི་ནས་མགུ་བར་བྱ་བ་དང། ཡང་གཞི་ནས་བསླང་སྟེ་མགུ་བར་བྱ་བ་དེ་དག་གིས་མིང་རྣམ་པ་ཐམས་ཅད་སྤྱོད ་པའི་གནས་དེར་སྤོ་བ་ལ་སོགས་པ་དེ་སྤྱད་པར་མི་བྱ་སྟེ། ཚོགས་ཀྱིས་ཚོགས་ཀྱི་ལས་བྱར་མི་རུང་བའི་ཕྱིར་རོ། །དེ་བས་ན་གཙུག་ལག་ཁང་ན་གཞན་གསུམ་ལ་སོགས་པ་དེ་དག་གི་མིང་རྣམ་པ་ཐམས་ཅད་སྤྱོད་པ་དག་འཁོད་པ་དེར་གང་ཡང་སྤྱད་པར་མི ་གཞི་ནས་བསླང་སྟེ་སྤོང་སྤྱོད་པ་དེར་ཡང་གཞི་ནས་བསླང་སྟེ་སྤོ་བ་སྤྱད་པར་མི་བྱའོ། །དེ་བཞིན་དུ་གང་ན་གཞན་གསུམ་ལ་སོགས་པ་མགུ་བ་བྱ་བ་སྤྱད་པ་དེད་མགུ་བར་བྱ་བ་སྤྱད་པར་མི་བྱའོ། །གང་གཞན་གསུམ་ལ་སོགས་པ་གཞི་ནས་མགུ་བར་བྱ་བ་སྤྱོད་པ ་དེར་གཞི་ནས་མགུ་བར་བྱ་བ་སྤྱད་པར་མི་བྱའོ། །གང་ན་གཞན་གསུམ་ལ་སོགས་པ་ཡང་གཞི་ནས་བསླང་སྟེ་མགུ་བར་བྱ་བ་སྤྱེད་པ་དེར། ཡང་གཞི་ནས་བསླང་སྟེ་མགུ་བར་བྱ་བ་སྤྱད་པར་མི་བྱའོ། །དེ་བཞིན་དུ་གང་ན་གཞན་གསུམ་ལ་སོགས་པ་བསླབ་པ་སྤྱོད་པ་དེར ་བསླབ་པ་སྤྱད་པར་མི་བྱའོ། །འདིར་གཞུང་ནི། གཙུག་ལག་ཁང་གཅིག་ཏུ་ཡོངས་སུ་གནས་པ་བྱེད་པ་བཞིས་ཡོངས་སུ་གནས་པ་སྤྱད་པར་མི་བྱའོ། །གཞི་ནས་ཡོངས་སུ་གནས་པ་བྱེད་པ་བཞིས་གཞི་ནས་ཡོངས་སུ་གནས་པ་སྤྱད་པར་མི་བྱའོ། །མགུ་བར་བྱ་བ་སྤྱོད?་པ ་བཞིས་མགུ་བར་བྱ་བ་སྤྱད་པར་མི་བྱའོ། །གཞི་ནས་མགུ་བ་ལ་བྱ་བ་སྤྱོད་པ་བཞིས་གཞི་ནས་མགུ་བར་བྱ་བ་སྤྱད་པར་མི་བྱའོ། །གཙུག་ལག་ཁང་གཅིག་ཏུ་བསླབ་པ་བྱིན་པ་བཞིས་བསླབ་པ་ལ་བསླབ་པར་མི་བྱའོ་ཞེས་གསུངས་པ་ཡིན་ནོ། །དང་པོ་གཉིས་གྱིས ་གཞན་དུ་སྐྱ་རེངས་འཆར་བར་མི་བྱའོ་ཞེས་བྱ་བ་ནི། སྤོ་བ་སྤྱོད་པ་དང་མགུ་བར་བྱ་བ་སྤྱོད་པ་དང་མགུ་བར་བྱ་བ་སྤྱོད་པ་དང། བསླབ་པ་ལ་སྤྱོད་པ་ཞེས་བྱ་བ་གསུམ་སྨོས་པའི་དང་པོ་གཉིས་ཏེ། སྤོ་བ་སྤྱོད་པ་དང་མགུ་བར་བྱ་བ་སྤྱོད་པ་གཉིས་ཀྱིས་གནས་གང་དུ་སྤྱད་པར་བྱ་བ་ཡང་དག་པར་བླ་བ ་བའི་གནས་དེ་ལས་གཞན་པའི་མཚམས་སུ་སྐྱ་རེངས་འཆར་བ་མི་བྱ་བའོ། །བསླབ་པ་བྱིན་པ་ལ་ནི་ཆོ་ག་འདི་མེད་དེ། དེ་ནི་ཆེ་གཅིག་པ་ཡིན་པས་ཆོ་གཅིག་ཏུ་གནས་གཅིག་ཏུ་ངེས་པ་མེད་པའི་ཕྱིར་རོ། །འདུས་པའི་དགེ་འདུན་ལ་འདས་པ་འབྱུང་བར་འགྱུར་རོ ་བརྗོད་པར་བྱ་བ་ཉིད་དོ་ཞེས་བྱ་བ་ནི། སྤོ་བ་དང་མགུ་བ་སྤྱོད་པ་ངེས་གནས་གང་དུ་གཎྜི་བརྡུངས་པན་མཚམས་དེར་གཏོགས་པའི་དགེ་སློང་གནས་དེར་ཇི་སྙེད་འདུས་བདེ་སྙེད་ཀྱི་དགེ་འདུན་ལ་རང་གིས་ཡོངས་སུ་གནས་པ་ལ་སོགས་པའམ་མགུ་བར་བྱ་བ་ལ་སོགས ་པ་གང་སླང་པ་དེའི་སྔར་འདས་པའི་ཞག་གྲངས་དང་ཕྱིས་འབྱུང་བར་འགྱུར་བའི་ཞིག་གྲངས་སྔགས་ཀྱིས་བརྗོད་པར་བྱ་བ་ཉིད་ཡིན་པའོ། །འདུས་པའི་ཞེས་སྨོས་པས་ནི་འདིར་ལས་བཞིན་དུ་ཐམས་ཅད་མ་ཚོགས་ན་བརྗོད་པ་མི་འཆགས་པ་མ་ཡིན་ཏེ། ཐམས་ཅད་ ་མ་འདུས་ཀྱང་ཇི་སྙེད་འདུས་པ་ལ་བརྗོད་པར་བྱ་བ་བསྟན་ཏོ། །དགེ་འདུན་ལ་ཞེས་སྨོས་པས་ནི་གང་ཟག་ལ་བརྗོད་དུ་མི་རུང་སྟེ་བཞི་ཡན་ཆད་ཀྱི་ཚོགས་ལ་བརྗོད་པར་བྱ་བ་བསྟན་ཏོ། །དེའི་སྔགས་ནི། དགེ་འདུན་བཙུན་པ་རྣམས་གསན?་དུ?་གསོར? ་བདག?་དགེ་སློང་མིང་འདི་ཞེས་བགྱི་པ་ལ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ལ། །ཟླ་བ་ཕྱེད་བཅབས་པས་བདག་དགེ་སློང་མིང་འདི་ཞེས་བགྱི་བ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ལ་ཟླ་བ་ཕྱེད་བཅངས་པ་དའི་སླང?་དུ་དགེ ་འདུན་ལས་ཟླ་བ་ཕྱེར་ཡོངས་སུ་གནས་པ་གསོལ་ཏེ། དགེ་འདུན་གྱིས་བདག་དགེ་སློང་མིང་འདི་ཞེས་བྱ་བ་ལ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ལ། ཟླ་བ་ཕྱེད་བཅབས་པ་དེའི་སླང་དུ་ཟླ་བ་ཕྱེད་སྤོ་པ་བསྩལ་བས་ཞག་འདི་སྙེད་ཅིག་ནི་བགྱིས ་ལགས། བགྱི་བ་ནི་ཞག་འདི་སྙེད་ཅིག་མཆིས་ཏེ། དགེ་འདུན་བཙུན་པ་རྣམས་ཀྱིས་བདག་སྤོ་བ་བགྱིད་པར་བཟུང་དུ་གསོལ། ལན་གསུམ་དུ་བཟླས་ཞེས་གསུངས་པ་ཡིན་ནོ། །མགུ་བ་སྤྱད་བའི་སྐབས་སུ་ནི། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། །བདག་དགེ་སློང་མིང ་འདི་ཞེས་བགྱི་བ་ལ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་པ་ལ། བདག་དགེ་སློང་མིང་འདི་ཞེས་བགྱི་བ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་དེའི་སླར་དུ་དགེ་འདུན་ལས་ཞག་དྲུག་མགུ་བར་བགྱི་བ་གསོལ་ཏེ། དགེ་འདུན་གྱིས་བདག ་དགེ་སློང་མིང་འདི་ཞེས་བགྱི་བ་ལ་ཆེ་གེ་མོ་ལས་བྱུང་པའི་དགེ་འདུན་ལྷག་མའི་ལྟུང་པ་བྱུང་བ་དེའི་སླང་དུ་ཞག་དྲུག་མགུ་བར་བགྱི་བ་སྩལ་བས། ཞག་འདི་སྙེད་ཅིག་ནི་བགྱིས་ལགས། བགྱིས་ནི་ཞག་འདི་སྙེད?་ཅིག་མཆིས་ཏེ། དགེ་འདུན་བཙུན་པ་རྣམས་ཀྱིས་བདག་མགུ ་བར་བགྱི་བ་སྤྱོད་པར་བཟུང་དུ་གསོལ། ལན་གསུམ་དུ་བཟླས་ཞེས་གསུངས་པ་ཡིན། །དུས་དཔག་ཏུ་མེད་པ་བཅབས་པས་དག་པའི་མཛའ་ཅན་ཟླ་བ་བཞི་སྤོ་བ་གསོལ་བ་དང། ལྟུད་པ་ཚད་ཤིན་ཏུ་མང་པོ་དང་ལྡན་པ་ཕྱུང་ལ་ཟླ་བ་ཕྱེད་དམ་དཔག་ཏུ་མེད་པ་བཅབས་པས་?་ཕྱེད ་དམ?་དག?་པའི་མཛའ་ཅན་ཟླ་བ་བཞི་ཡོངས་སུ་གནས་པ་གསོལ་བ་དང། གཞི་ནས་ཡོངས་སུ་གནས་པ་ལ་སོགས་པ་གསོལ་བ་དང། གཞི་ནས་མགུ་བར་བྱ་བ་ལ་སོགས་པ་གསོལ་བའི་སྔགས་བརྗོད་པ་ཡང་དེ་བཞིན་དུ་ཅི་རིག་པར་སྦྱར་རོ། །དུས་ཇི་ཙམ་ཞིག་བརྗོད་པར ་བྱ་ཞེ་ན་དེའི་ཕྱིར། གལ་ཏེ་ཡུན་རིང་དུ་སྤྱད་པར་བྱ་བ་ཉིད་མ་ཡིན་ན་ཉིན་རེ་ཞིང་ངོ་ཞེས་བྱ་བ་སྨྲས་ཏེ། གལ་ཏེ་སྤོ་བ་ཡུན་རིང་དུ་སྤྲད?་པར་བྱ་བ་ཉིད་མ་ཡིན་ན་ཉིན་རེ་ལན་རེ་བརྗོད་པར་བྱ་བ་ཉིད་ཡིན་ནོ། །ཟླ་བ་ཕྱེད་ལས་ལྷག་པ་ནི་ཡུན་རིང་བ་ཉིད་ཡིན་པར་ཤེས་པར་བྱ་སྟེ། གསོ ་སྦྱོང་གི་དུས་གཞན་གྱིས་ཚང་པའི་ཕྱིར་རོ། །འདི་ལ་ནི་གསུམ་མ་མ་བཞི་ཞིང་ངོ་ཞེས་བྱ་བ་ནི། ཡུན་རིང་དུ་སྤྱད་པའི་བྱ་བ་ཉིད་འདི་ལ་ནི་ཉི་མ་གསུམ་མམ་བཞི་ཞིང་ལན་རེ་བརྗོད་པར་བྱ་བ་ཉིད་ཡིན་ནོ། །དེ་གཉིས་ལ་དོན་དེས་བརྙས་ཐབས་མི་བྱའོ་ཞེས་བྱ་བ་ནི། སྤོ་བ་དང ་མགུ་པར་བྱ་བ་སྤྱོད་པ་དེ་གཉིས་ལ་དགེ་འདུན་ལྷག་མ་ལ་སོགས་པ་ཀུན་ཏུ་སྤྱོད་པའི་དོན་དེས་གཞན་དག་གིས་བརྙས་ཐབས་མི་བྱ་བ་སྟེ། ལྟུང་བ་བྱུང་ནས་ཆོས་བཞིན་དུ་ཕྱིར་འཚོས་པ་ནི་མཁས་པ་གསལ་བ་དགེ་བ་སྐྱེས་བུ་དམ་པ་ཡིན་བའི་ཕྱིར་རོ།། །།ཁམ་བོ་དྲུག་ཅུ་ལྔ ་བ། འཐབ་ཀྲོལ་བྱེད་པ་འོང་བར་ཐོས་ཤིང་གལ་ཏེ་ངེས་འཇིགས་ན་དགེ་འདུན་ཚོགས་པའམ་གང་ཟག་ལ་ཕྱིར་བཏང་བར་བྱ་བ་ཉིད་ཡིན་ནོ་ཞེས་བྱ་བ་ནི། གང་ཟག་ཐམས་ཅད་ལ་འཐབ་ཀྲོལ་བྱེད་ཅིང་ཕྱིར་རྒོལ་བའམ་དེ་དང་མི་མཛའ་བ་ཉིད་དུ་གནས་ངའི་གང་ཟག་འཐབ་ཀྲོལ ་བྱེད་པ་གཅིག་གམ་དུ་མ་འོང་བར་ཐོས་ཤིང་གལ་ཏེ་དེ་དག་གིས་གཞི་དེ་གླེང་བ་དང་དྲན་པར་བྱེད་པས་འཇིགས་ན་དེའི་ཚེ་སྤོ་བ་དང་མགུ་བར་བྱ་བ་སྤྱོད་བ་ངེས་དགེ་འདུན་ཚོགས་པ་ཡང་རུང་།གང་ཟག་ལ་ཡང་རུང་སྟེ། སྤོ་བ་དང་མགུ་བར་བྱ་བ་སྦྱད་པ་དེ་སྔགས་ཀྱིས་ཕྱིར་བཏང་བར་བྱ ་ཞིང་བདག་ཉིད་རང་བཞིན་དུ་གནས་པ་ཉིད་དུ་བཞག་པར་བྱ་བའོ། །དགེ་འདུན་ལ་ཕྱིར་བཏང་བའི་སྔགས་ནི། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། བདག་དགེ་སློང་མིང་མི?་ཞེས་བགྱི་བ་སྤོ་བ?་བགྱིད་པས?་དགེ་སློང་ཅུ་ཐབ?་ཀྲོལ་བགྱིད་བ་མཚང་འདྲུ་བར་བགྱིད་པ་འཐབ་མོ་བགྱི? ་པ། འགྱེད་པར་བགྱིད་པ། རྩོད་པར་བགྱིད་པ། དག་མཆི་ཞེས་ཐོས་ཏེ། དེ་དག་གིས་བདག་ལ་གཞི་ནས་གླེང་བར་འགྱུར། དྲན་པར་བགྱིད་པར་འགྱུར་བདག་གི་ཚེ་དང་ལྡན་པ་དག་གི་མདུན་དུ་སྤོ་བ་སློང་བཏང་བར་བགྱིའོ། །ཕྱིར་རྦོལ་བ་མི ་མཛའ་བ་དེ་དག་སླང་མཆིས་ནས་ཡང་སྤོ་བ་བླང་བར་བགྱིའོ། །དགེ་འདུན་བཙུན་པ་རྣམས་ཀྱིས་བདག་རང་བཞིན་དུ་གནས་པར་བཟུང་དུ་གསོལ། ལན་གསུམ་དུ་བཟླས་ཞེས་གསུངས་པ་ཡིན་ནོ། །གཞི་ནས་སྤོ་བ་ལ་སོགས་པ་དང་མགུ་བར་བྱ་བ་ལ་སོགས་པ་ཕྱིར་བཏང ་བའི་སྔགས་ཀྱང་དེ་བཞིན་དུ་ཅི་རིགས་པར་སྦྱར་རོ། །གང་ཟག་ལ་ཕྱིར་བཏང་བའི་སྔགས་ཀྱི་གཞུང་ནི་ཞབ་ལས། བཙུན་པ་བཅོམ་ལྡན་འདས་ཀྱིས་གལ་ཏེ་ཡོངས་སུ་གནས་པ་བྱེད་པའི་དགྲ་བོས་འོང་ན་དེས་སྤོ་བའི་སྤྱོད་བ་བག་ཡངས་སུ་བྱའོ་ཞེས་བཀའ་སྩལ་ན། དེས ་དེ་ཇི་ལྟར་བག་ཡངས་སུ་བགྱི། ཉེ་བར་འཁོར་དགེ་སློང་དེས་ཆོས་གོས་ཕྲག་པ་གཅིག་ཏུ་བྱས་ཏེ། མཆིལ་ལྷམ་དག་ཕུད་ནས་དགེ་སློང་གི་མདུན་དུ་ཙོག་པུར་འདུག་སྙེ་འདི་སྐད་བརྗོད་པར་བྱའོ། །བདག་དགེ་སློང་ཡོངས་སུ་གནས་སུ་བར་བགྱིས་པའི་དགེ་སློང་དག་པོ་མཆིས་ཏེ།། ་བདག་མིང་འདི་ཞེས་བགྱི་བ་སྤོ་བའི་སྦྱང་པ་བག་ཡངས་སུ་བགྱིད་ཅིང་སླར་ཡང་ཡང་ལན་པར་བགྱིད་དོ། །ཡང་བླངས་ཏེ་སྤྱོད་པར་བགྱིད་ན་ཚེ་དད་ལྡན་བ་དག་གི་བདག་ངོ་ཚམ་མཆིས་པར་མི་བཟུང་དུ་གསོལ། དེ་བཞིན་དུ་ལན་གཉིས་ལན་གསུམ་དུ་བཟླས་ཐབས་ཡིན་ནོ་ལེགས་སོ ་ཞེས་གསུངས་པ་ཡིན་ནོ། །དགྲ་བོ་སོང་ནི?་ཕྱིར་ཡང་དེ་བཞིན་དུ་བླང་བར་བྱ་སྟེ། དེ་ནི་སྤོ་བ་དང་མགུ་བར་བྱ་བ་སྤྱོད་པ་གཉི་གའི་སྤྱོད་པ་ཡིན་ནོ། །འཇིགས་པ་དང་བྲལ་ན་དེ་ཉིད་དུ་ཕྱིར་བླང་བར་བྱའོ་ཞེས་བྱ་བ་ནི། གང་ཟག་འཐབ་ཀྲོལ་ཅན་དེ་སོང་ཞིང་འཇིགས་པ་དང་བྲལ་ན་གཙུག་ལག་ཁང ་དེ་ཉིད་དུ་སྤོ་བ་དང་མགུ་བར་བྱ་བ་སྤྱོད?་པ་དེ་དགེ་འདུན་ཚོགས་པའམ་གང་ཟག་གི་མདུན་དུ་སྔགས་ཀྱི་ཡང་ཕྱིར་བླང་བར་བྱ་བའོ། །དེའི་སྔགས་ནི་དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། བདག་དགེ་སློང་མིང་འདི་ཞེས་བགྱི་བ་སྤོ་བ་བགྱིད་བས། དགེ་སློང་འཐབ་དགྲོལ་?་? ་འདྲོ?་བར་བགྱིད་པ། འཐབ་མོ་བགྱིད་པ་འགྱེད་པར་བགྱིང་བ། རྩོར་བར་བགྱིད་པ་དག་མཆི་ཞེས་ཐོས་ཏེ། དེ་དག་གིས་བདག་ལ་གཞི་འདིས་གླེང་བར་འགྱུར་དྲན་པར་བགྱིད་པར་འགྱུར་བས། བདག་གིས་དེ་སྐད་ཐོས་ནས་དགེ་སློང་རྣམས་ཀྱི་མདུན་དུ་སྤོ་བསླར་བཏང་བ་ཕྱིར ་རྒོལ་བ་མི་མཛའ་བ་དེ་དག་སླར?་མཆིས་ལགས་པས་བདག་སྤོ་བ་ཡང་སླར་ལེན་ཏོ། །སྤོ་བཞག་མཁོང་པ་རྣམས་བགྱིའོ། །དགེ་འདུན་བཙུན་པ་རྣམས་ཀྱིས་བདག་ཡོངས་སུ་གནས་པར་བགྱིད་པར་གཟུང་དུ་གསོ་ལ་ལེན་གསུམ་དུ་བཟླས་ཞེས་གསུངས་པ་ཡིན་ནོ། །གཞི ་ནས་སྤོ་བ་ལ་སོགས་པ་དང་མགུ་བར་བྱ་བ་ལ་སོགས་པ་སྤྱོད་པ་ཕྱིར་བླང་བའི་སྔགས་ཀྱང་དེ་བཞིན་དུ་ཅི་རིགས་བར་སྦྱར་རོ། །ས་གཞན་ན་གནས་པའི་སྤྱོད་པའི་གཞིའི་ཞེས་བྱ་བ་དེ་འདུལ་བ་གཞིར་གཏོགས་པ་བཤད་ཟིན་ཏོ། །། ་ད་ནི་ས་གཞན་དུ་གནས་པའི་སྤྱད་པའི་གཞི་ཞུ་བའི་སྐབས་བསྡུ་བའི་ཕྱིར། སྤོ་བ་དང་མགུ་བར་བྱ་བ་སྤྱོད་པ་རང་བཞིན་དུ་གནས་པ་དང་ལྷུན་ཅིག་ཏུ་གཡོགས་མ་གཅིག་པར་ཉལ་ན་ཉིན་མཚན་དེ་བཅད་དོ་ཞེས་བྱ་བ་སྨྲས་ཏེ། ཡོངས་སུ་གནས་པ་དང་མགུ་བར་བྱ་བ་སྤྱོད་པ་རང ་བཞིན?་དུ་གནས་བ་དང་ལྷན་ཅིག་ཏུ་གཡོགས་མ་གཅིག་པའི་གནས་སུ་ཉལ་ན་ཇི་སྲིད་ཉལ་བའི་ཉིན་མཚན་དེ་སྤོ་བར་བྱ་བ་དང། མགུ་བ་སྤྱོད་པར་བྱ་བའི་ཞག་ཏུ་བགྲང་པར་མི་བྱ་ཞིང་བཅད་བར་བྱ་བའོ། །འདིར་གཞུང་ནི་སྤོ་བ་བྱེད་པས་རང་བཞིན་དུ་གནས་བ་དང་ལྷན ་ཅིག་ཏུ་གཡོགས་མ་གཅིག་པར་ཉལ་ན་དེའི་ཉིན་མཚན་དེ་སྤོབ་དང་མགུ་བར་བྱ་བ་སྤྱོད་པར་མི་བགྲང་པར་ཉིན་མཚན་དེ་བཅད་དེ་བགྲང་པར་བྱའོ། །མགུ་བར་བྱ་བ་སྤྱོད་པ་ལ་ཡང་ངོ་བཞིན་ནོ་ཞེས་གསུངས་པ་ཡིན་ནོ། །མཚམས་ཀྱི་ཕྱི་རོལ་ཏུ་ཡང་དེ་ཞེས་བྱ་བ་ཡང། ?་ན ་ཉིན་མཚན་ད་གཅང་ངོ་ཞེས་བྱའི་རྗེས་སྙག་པའི་ཕྱིར་ཡང་ངོ་ཞེས་བྱ་བའི་སྒྲ་སྨོས་སོ། །མ་བརྗོད་ན་ཡང་ངོ་ཞེས་བྱ་བ་ཡང། ཡོངས་སུ་གནས་པ་དང་མགུ་བ་སྦྱོང་པའི་ཞག་འདས་པ་དང། འབྱུང་བར་འགྱུར་བར་བརྗོད་ན་ཡང་ཉིན་མཚན་དེ་བཅད་པར་བྱ་བར་ཐོས?་བར་བྱ་བ་དང? ་མཚམས་དེ་ན་ཉེ་བར་མི་འཁོད་ན་མི་འབྱུང་ངོ་ཞེས་བྱ་བ་ནི། མཚམས་གང་དུ་དེ་སྤྱད་པར་བྱ་བའི་མཚམས་དེ་ན་གང་ན་བརྗོད་ཅིང་ཐོས་བར་བྱ་བའི་དགེ་སློང་དག་ཉེ་བར་མི་གནས་ན་མ་བརྗོད་པ་དེ་མི་འབྱུང་བའོ། །ཉི་མ་དེ་ཉིད་ལ་ཕྱིར ་འོད་ན་མཚམས་གཞན་དུ་འགྲོ་བ་ལ་ཉེས་པ་མེད་དོ་ཞེས་བྱ་བ་ནི། གལ་ཏེ་ཉི་མ་དེ་ཉིད་ལ་ཕྱིར་འོང་ན་མཚམས་གཞན་དུ་འགྲོ་བ་ལ་ཉེས་པ་མེད་པའོ། །སྤོ་བ་བྱེད་བས་སྤོ་བབྱེད་པ་དང་ལྷན་ཅིག་གཡོགས་མ་གཅིག་བར་ཉལ་བར་མི་བྱའོ་ཞེས་བྱ་བ་ནི། སྤོ་བ་དང ་མགུ་བར་སྤྱོད་བས་ད་སྤྱོད་པ་གཞན་དང་ལྷན་ཅིག་ཏུ་གཡོགས་མ་གཅིག་པའི་གནས་སུ་ཞག་ལོན་པར་ཉལ་བར་མི་བྱ་བ་སྟེ། ཉིན་མཚན་གཅད་བར་ནི་མི་འགྱུར་མོད་ཀྱི། འོན་ཀྱང་ཉིན་མཚན་གྱི་མཐར?་ཉེས་བྱས་ཡོངས་སུ་རྫོགས་པར་འགྱུར་ལ། དེའི་མདུན ་རོལ་དུ་ནི་སྦྱར་བ་ལས་བྱུང་བའི་ཉེས་བྱས་སུ་འགྱུར་རོ། །རང་བཞིན་དུ་གནས་པ་དང་ལྷན་ཅིག་ཉལ་བ་ལ་ཡང་ཁ་ན་མ་ཐོ་བ་དེ་གཉིས་སུ་འགྱུར་བའི་སྟེང་དུ་དེའི་ཉིན་མཚན་གཅང་བར་ཡང་འགྱུར་རོ། །དེ་དང་མུ་སྟེགས་ཅན་སྤོ་བ་ལ་གནས་པ་དང་དེར་ལྷན་ཅིག་པ་ལ་ནི ་ཉེས་པ་མེད་དོ་ཞེས་བྱ་བ་ནི། སྤོ་བ་དང་མགུ་བ་སྤྱོད་པ་དེ་དང་མུ་སྟེགས་ཅན་ཟླ་བ་བཞིའི་བར་དུ་མཁན་པོས་སྦྱར་བའི་གོས་ཀྱིས་སྤོ་བ་ལ་གནས་པ་དང་ལྷན་ཅིག་གཡོགས་མ་གཅིག་པའི་གནས་དེར་ཉལ་བ་ལ་ཉེས་པ་མེད་པའོ། །ཅིའི་ཕྱིར་སྤོ་བའི་གཞིས་གཞན་ན་གནས ་བའི་སྤྱོད་པའི་གཞི?་ཞེས་མིང་གཞན་དུ་བྱས་ཤེ་ན། ས་གཞན་ན་གནས་པ་ཐམས་ཅད་ཀྱི་ཡུལ་བསྟན་པར་བྱ་བའི་ཕྱིར་སྤོ་བའི་གཞི་འདིའི་མིར?་ས་གཞན་ན་གནས་བའི་སྤྱོད་པའི་གཞི་ཞེས་མིང་གཞན་དུ་བྱས་སོ། །མགུ་བར་བྱ་བ་སྤྱོད་པ་དང་བསླབ་པ་བྱིན་པ་ལ་སོགས་པས་གཞན ་ན་གནས་པ་གང་ཇི་སྙེད་པ་དེ་དག་ཐམས་ཅད་གཞི་འདིས་སྤྱོད་པར་བསྟན་གྱི། སློབ་བྱེད་པས་འབའ་ཞིག་ཏུ་མ་ཟད་མས་དེའི་ཕྱིར་དོན་དེ་བསྟན་བའི་ཕྱིར། ས་གཞན་ན་གནས་པའི་སྤྱོད་པའི་གཞི་ཞེས་ཆིད?་གཞན་དུ་བྱས་སོ། །ས་གཞན་ན་གནས་སོ་བའི་སྤྱོད་པའི་ཞུ་བའི་སྐབས་སོ་ཞེས་བྱ་དེ་ཞུ་བའི ་སྐབས་ནས་འབྱུང་བ་བཤད་ཟིན་ཏོ། །ས་གཞན་ན་གནས་པའི་སྤྱོད་པའི་གཞི་རྫོགས་སོ་ཞེས་བྱ་བ་སྤོ་བའི་གཞི་བཤད་ཟིན་ཏོ། །ད་ནི་ཡོངས་སུ་སྦྱང་བའི་གཞི་བསྡུ་བའི་བྱ་བ་སྟེ། འདིར་གཞི་དང་བཅས་པས་གླེང་བ་ལ་སོགས་པ་ནི་འཆགས་ལ་གཞི་མེད་བས་གླེང་བ་ལ་སོགས་པ་ཞིག? ་མ་འཆགས་སོ། །ཞེས་འོག་ནས་འབྱུང་བས་བཞི་དང་བཅས་པ་ནི་གང་ཡིན། གཞི་མེད་པ་ནི་གང་ཡིན་ཞེ་ན་དེའི་ཕྱིར། མ་གྲགས་པ་ནི་གཞི་ཉིད་མ་ཡིན་ནོ་ཞེས་བྱ་བ་སྨས་ཏེ། མ་གྲགས་པ་ཞེས་བྱ་བ་མིའི་ཆོས་ལས་བླ་མར་གྱུར་པ་ཐ་སྙད་དུ་བྱ་བ་མ་ཡིན་པའི་མཐོང་བ་དང་ཐོས་པ་དང ་དོགས་པ་ནི་བཞི་ཉིད་མ་ཡིན་ཏེ། གཞི་དེས་གླེང་བ་ལ་སོགས་པ་མི་བྱའོ་ཞེས་བྱ་བའི་ཐ་ཚིག་གོ་།མ་གྲགས་པ་ངེས་ཅིའི་ཕྱིར་གླེང་བར་ནི་བྱ་ཞེ་ན། ཁ་ཅིག་མིའི་ཆོས་ལས་བླ་མ་དང་ལྡན་པས་གླེངས་པ་ན་དེའི་ཆོས་ལ་སྐུར་པ་འདེབས་པར་འགྱུར་བ་དང། ཁ་ཅིག་དེ་དང་མི་ལྡན་བཞིན ་དུ་བདག་ཉིད་དེ་དང་ལྡན་པར་སྒྲོ་འདོགས་ཤིང་གཞན་ལ་སྐུར་བ་འདེབས་པའི་ཉེས་པ་སྤང་བའི་ཕྱིར་རོ། །འདིར་གཞུང་ནི་དགེ་སློང་དག་ལྷའི་མིག་ནི་ཐ་སྙད་དུ་བྱ་བ་མ་ཡིན་ཏེ། དེ་བས་ན་དགེ་སློང་གིས་ལྷའི་མིག་གིས་མཐོང་བས་གླེང་བར་མི་བྱའོ་ཞེས་བྱ་བ་ནས། དེ་བཞིན་དུ ་ལྟའི་རྣ་བས་གླེང་བར་མི་བྱའོ་ཞས་བྱ་བ་ལ་སོགས་པའི་བར་དུ་གསུངས་པ་ཡིན་ནོ། །དགག་དབྱེ་བརྗོད་པ་རྫོགས་ན་དགག་དབྱེ་བཞག་པ་མི་འཆགས་སོ་ཞེས་བྱ་བ་ནི། གང་ཟག་གང་གིས་དབྱར་གནས་པའི་དགེ་འདུན་ལ། ཚེ་དང་ལྡན་པ་དགོངས་སུ་གསོལ། །ངེད་ནི་དགེ་འདུན ་གྱི་དགག་དབྱེ་བཅོ་ལྟ?་པ་ལགས་ཏེ། བདག་དགེ་སློང་མིང་འདི་ཞེས་བགྱི་བའི་དགག་དབྱེ་ཡང་བཅོ་ལྔ་པ་ལ་ཀས་ན། བདག་དགེ་སློང་མིང་འདི་ཞེས་བགྱི་བ་བདག་ལ་མཐོང་བ་དང་ཐོས་པ་དང་དོགས་པའི་གནས་གསུམ་གྱིས་དབྱར་གནས་པའི་དགེ་འདུན་ལ་དགག་དབྱེ ་བ?་བྱིང?་ཀྱིས་ཚེ་དང་ལྡན་པ་རྣམས་ཀྱིས་བདག་ལ་གདམས་སུ་གསོལ། །ཆེ་དང་ལྡན་པ་རྣམས་ཀྱིས་བདག་ལ་རྗེས་སུ་བསྟན་དུ་གསོལ་།ཚེ་དང་ལྡན་པ་རྣམས་ཀྱིས་བདག་ལ་རྗེས་སུ་གཟུང་དུ་གསོལ་ཐུགས་བརྩེ་བ་ཅན་ཚེ་དང་ལྡན་པ་རྣམས་ཀྱི་ཐུགས་བརྩེ་བ་ཉེ་བར་བཟུང ་སྟེ་བདག་ལ་ཐུགས་བརྩེ་བར་མཇད་དུ་གསོལ་ལྟུང་བ་ཤེས་ཤིང་མཐོང་ན་ཆོས་བཞིན་དུ་སླར་བགྱིའོ། །ལན་གསུམ་དུ་བཟླས། ཐབས་ཡིན་ནོ། །ལེགས་སོ་ཞེས་བྱ་བའི་སྔགས་ཀྱིས་དགག་དབྱེ་བརྗོད་པར་རྫོགས་པར་བྱས་ནས། དེ་ལ ་ཁྱོད་ཕྱིས་བདག་ལ་མཐོང་བ་དང་ཐོས་པ་དང་དོགས་པའི་གནས་གསུམ་གྱིས་དགག་དབྱེ་མ་བྱེད་ཅིག་ཅེས་དགག་དབྱེ་འཇོག་པ་མི་འཆགས་པའོ། །དགག་དབྱེ་བརྗོད་པ་མ་རྫོགས་པ་དགག་དབྱེ་འཇོག་པར་བྱེད་ན་ནི་འཆགས་སོ། །དགག་དབྱེའི་སྔགས་ལན་ཅིག་བརྗོད ་པ་ན་དེའི་མཐར་ཕྱིན་པ་ཉིད་རྫོགས་པ་ཡིན་ནོ། །ལན་གཉིས་བརྗོད་པ་ལ་ནི་གཉིས་པའི་མཐར་ཕྱིན་པ་ཉིད་རྫོགས་པ་ཡིན་ནོ། །ལན་གསུམ་བརྗོད་པ་ལ་ཡང་གསུམ་པའི་མཐར་ཕྱིན་པ་ཉིད་རྫོགས་པ་ཡིན་ནོ། བྱེད་པ་པ་ནད་པ་དང་ལྡན་པ་ཉིད་ལ་ཡང་དེ་བཞིན་ནོ་ཞེས ་བྱ་བ་ནི། དགག་དབྱེ་འཇོག་པ་གང་གི་བྱེད་པ་པོ་ནད་པ་ཡིན་པ་ད་ནི་བྱེད་པ་པོ་ནད་པ་དང་ལྡན་པ་སྟེ་དེའི་དངོས་པོ་ནི་དེ་ཉིད་དོ། །ངེས་བགག་དབྱེ་འཇོག་ཏུ་འཛུད?་པ་ཡང་སྔ་མ་བཞིན་དུ་མི་འཆགས་པ་ཉིད་ཡིན་ནོ། །འདི་སྐད་བསྟན་ཏེ། ནད་པས་དགེ་སློང་གཞན་གྱི ་དགག་དབྱེ་འཇོག་ཏུ་འཛུད་ཅིང་ཁྱོད་གནས་གསུམ་གྱིས་དབྱར་གནས་པའི་དགེ་འདུན་ལ་དགག་དབྱེ་མ་བྱེད་ཅིག་ཅེས་ཟེར་ན་དེ་མི་འཆགས་སོ། །ཅི་ངེས་མངོན་སུམ་དུ་འཇོག་པ་མི་འཆགས་པར་མ་ཟད་དམ་ཞེ་ན། དེའི་ཕྱིར་མདགས་བས་ཀྱང་ངོ་ཞེས་བྱ་བ་སྨྲས་ཏེ། ནད་པS? ་ངེས་མངགས་པས་དགག་དབྱེ་འཇོག་ཏུ་འཛུད་པ་ཡང་མི་འཆགས་སོ། །ཀྱང་ངོ་ཞེས་བྱ་བའི་སྒྲས་ནི། རང་གིས་འཇོག་ཏུ་འཛུད་ན་ཡང་མི་འཆགས་སོ་ཞེས་བྱ་བའི་ཐ་ཚིག་གོ་།ནད་པ་ཉིད་ལ་ཡང་ངོ་ཞེས་བྱ་བ་ནི། གལ་ཏེ་གཞན་གྱིས་ནད་པའི་དག་གང་བྱེ་འཇོག་པར་བྱེད་ན་དེས? ་ཀྱང་ནད་བའི་དགག་དབྱེ་བཞག་པ་མི་འཆགས་པའོ། །འདིར་དགག་དབྱེ་ཞེས་སྨོས་པ་ནི་གསོ་སྦྱོང་དང་གདམས་ངག་བཞག་པའི་དཔེ?་ཡིན་ནོ། །དེ་མནོས་བར་མི་བྱའོ་ཞེས་བྱ་བ་ནི། དགག་དབྱེ་བཞག་བ་མི་འཆགས་བར་བསྟན་པ་གང་ཡིན་པ་དེ་དགེ་འདུན་གྱིས་ཀྱང་མནོད་པར་མི་བྱ་བའི? ་ནད་བས་རང་ངམ་མངགས་པས་གཞན་གྱི་དགག་དབྱེ་འཇོག་ཏུ་འཇུད་པ་དང། གཞན་གྱིས་རང?་ངམ?་མངགས་བས་ནད་པའི་དགག་དབྱེ་འཇོག་ཏུ་འཛུད་པར་དག་དགེ་འདུན་གྱི་ཇི་ལྟར་མནོད་པར་མི་བྱ་ཞེ་ན། དེའི་ཕྱིར་ཚེ་དང་ལྡན་པ་ནད་པ་ནི་སྦྱོར་མི་བཟོད་པ་ཡིན་གྱི་ཁྱོད་སྡད་ཅིག ་ཅེ་འམ་ཚེ་དང་ལྡན་པ་ཕོ་ཉ་ནད་པ་དེ་ལ་ནི་བརྒལ་ཞིང་བརྟག་པ་མ་ཡིན་ན་ཞེས་ལན་གདབ་པར་བྱ་བའོ་ཞེས་བྱ་བ་སྨྲས་ཏེ། གལ་ཏེ་ནད་པ་རང་གིས་གཞན་གྱི་དགག་དབྱེ་འཇོག་ཏུ་འཇུག་ན་དེའི་ཚེ་དགེ་འདུན་གྱིས་ནད་པ་དེ་ལ་ཚེ་དང་ལྡན་པ་ནད་པ་ནི་སྦྱོར་མི་བཟོད་པ་ཡིན་གྱིས ་ཁྱོད་སྡོད་ཅིག་ཅེས་ལན་གདབ་པར་བྱའོ། །གལ་ཏེ་ནད་པས་མང?་བས་གཞན་གྱི་དགག་དབྱེ་འཇོག་ཏུ་འཛུད་ན། དེའི་ཆེ་དགེ་འདུན་གྱིས་མངགས་པ་དེ་ལ་ཚེ་དང་ལྡན་པ་ཕོ་ཉ་ནད་པ་དེ་ལ་ན?་བརྒལ་ཞིང་བརྟག་པར་བྱ་བ་མ་ཡིན་ནོ་ཞེས་ལན་གདབ་པར་བྱའོ། །གལ་ཏེ་གཞན ་གྱི་རང་གིས་ནད་པའི་དགག་དབྱེ་འཇོག་ཏུ་འཛུད་ན་དེའི་ཚེ་དགེ་འདུན་གྱིས་གཞན་དེ་ལ་ཚེ་དང་ལྡན་བ་ནད་པ་ལ་ནི་སྦྱོར་མི་བཟོང་པ་ཡིན་གྱིས་ཁྱོད་སྡོད་ཅིག་ཅས་ལན་གདབ་པར་བྱའོ། །གལ་ཏེ་གཞན་གྱིས་མངགས་པས་ནང་པའི་དགག་དབྱེ་འཇོག་ཏུ་ཏུ་འཇུད་ན་དེའི ་ཚེ་དགེ་འདུན་གྱིས་མངགས་པ་དེ་ལ་ཚེ་དང་ལྡན་པ་ཕོ་ཉ་ནད་པ་དེ་ལ་ནི་བརྒལ་ཞིང་བརྟགས་པར་བྱ་བ་མ་ཡིན་ནོ་ཞེས་ལན་གདབ་པར་བྱའོ། བྱས་བ་དང་བྱེད་བའི་རང་གི་ངོ་བོ་མ་རྟོགས་པ་ཉིད་ན་ཡང་གླེང་བ་མི་འཆགས་སོ་ཞེས་བྱ་བ་ལ་བྱས་པའི་རང་གི་ངོ་བོ་མ ་རྟོགས་པ་ཉིད་ཅེས་བྱ་བ་ནི། འཕགས་པ་ཆེ་གེ་མོས་ཉེས་པ་བྱས་ཞེས་ནི་ཐོས་ཀྱི། ཉེས་པ་འདི་དང་འདི་ལྟ་བུ་བྱས་ཞེས་ནི་མ་ཐོས་སོ་ཞེས་ཟེར་བའོ། །བྱེད་པའི་རང་གི་ངོ་བོ་མ་གཏོགས་པ་ཉིད་ཅེས་བྱ་བ་ནི། འཕགས་པས་ཉེས་པ་འདི་དང་འདི་ལྟ་བུ་བྱས་ཞེས་ནི་ཐོས་ཀྱི། ་ཆེ་གེ་མོ་ཞིག་གིས་ཞེས་ནི་མཐོས་སོ་ཞེས་ཟེར་པ་སྟེ་།དེ་ལྟར་བྱས་པ་དང་བྱེད་པའི་རང་གི་ངོ་པོ་མ་རྟོགས་པ་ཉིད་ཡིན་ན་ཡང་གླེང་བ་མི་འཆགས་སོ། །ལྷག་མས་ཀྱང་དུས་མ་ཡིན་པར་འཇུག་པར་མི་བྱའོ་ཞེས་བྱ་བ་ལ། ལྷག་མས་ཀྱང་ཞེས་བྱ་བ་ནི་བྱེད་པ་པོ་ནད་པ་ལ་ ་སོགས་པས་གླེང་བདེ་ལས་གཞན་པས་ཀྱང་དུས་མ་ཡིན་བར་གླེང་བ་ལ་འཇུག་པར་མི་བྱའི་དུས་སུ་འཇུག་པར་བྱ་བའོ། །དྲན་པ་དང་ཤེས་བཞིན་ཉེ་བར་མ་བཞག་པར་མི་བྱའོ་ཞེས་བྱ་བ་ནི། དྲན་པ་དང་ཤེས་བཞིན་དུ་མ་བྱས་པར་ཡང་གླེང་བ་ལ་འཇུག ་པར་མི་བྱ་བའོ། །མཛའ་མ་ཡིན་པར་མི་བྱའོ་ཞེས་བྱ་པ་ནི། གནས་གང་དུ་གླེང་བར་བྱ་བའི་གང་ཟག་དེའི་བསྲུང་བར་བྱ་བ་མཁན་པོ་འམ་སློབ་དཔོན་ནམ་དགེ་འདུན་ནམ་ཞེ་འགྲས་པ་ལ་སོགས་པ་སྤང་བར་བྱ་བ་དག་གི་མདུན་དུ་གླེངས་ན་དེས་བདག་ལ་བརྙས་པར ་འགྱུར་རོ། །སྙམ་པའི་བློ་སྐྱེ་བར་འགྱུར་བའི་གནས་དེ་ལས་གཞན་པའི་མཛའ་དབྱེན་པ་དེར་གླེང་བར་བྱ་བ་ལ་གླེང་བར་བྱའི། ངེས་བསྲུང་བར་བྱ་བ་དག་གི་དབུས་སུ་གླེང་བར་མི་བྱ་བའོ། །ལྕགས་ཀྱི་གསར་ཤིང་ཅན་ཉིད་ནི་བམ་པ་རྣམས་ཀྱིས་སྨད་པར་བྱ་བ་ཉིད ་ཡིན་པའི་ཕྱིར་ཏེ། གང་ལྕགས་ལས་བྱས་པའི་བསལ་ཤིང་གིས་འཛུགས་པར་བྱེད་པ་དེ་ནི་ལྕགས་ཀྱི་གསལ་ཤིང་ཅན་ཏེ། མང་པོ་དག་གིས་མདུན་དུ་གནང་དུ་ཕོག་པར་བྱེད་པ་གང་ཡིན་པའོ། །དེའི་དངོས་པོ་ནི་དེ་ཉིད་དེ་གནང་དུ་འཕོག་པར་བྱེད་པ་གང་ཡིན་པའོ། །དེའི་དངོས་པོ་ནི་དེ་ཉིད་དེ་གནང་དུ་འཕོག་པར་བྱེད་པ་ཉིད་དོ། །དེ་ནི ་དམ་པ་རྣམས་ཀྱིས་སྨད་པར་བྱ་བ་ཉིད་ཡིན་པས་དེའི་ཕྱིར་མཛའ་མ་ཡིན་པར་གླེང་བ་ལ་འཇུག་པར་མི་བྱའོ། །སྐབས་འབྱེད་དུ་མ་བཅུག་པར་མི་བྱའོ་ཞེས་བྱ་བ་ནི། གང་དུ་གང་ཟག་གང་ལ་སྐབས་འབྱེད་དུ་མ་བཅུག་པར་གླེང་པ་ལ་འཇུག་པར་མི་བྱ་བ་སྟེ། དེ་ནི ་རབ་ཏུ་འཁྲུགས་པ་སྤང་བའི་ཕྱིར་རོ། །དགག་དབྱེ་ནི་དེ་ཉིད་ཡིན་ནོ་ཞེས་བྱ་བ་ནི། གང་གིས་དགག་དབྱེའི་ཚེ་དགེ་འདུན་ལ་དགག་དབྱེ་བྱས་པ་དེ་ནི་སྐབས་ཕྱེ་བ་ཉིད་ཡིན་པས་དེའི་ཕྱིར་དགག་དབྱེ་བྱེད་པ་ན་གླེང་བ་ལ་འཇུག་པ་ལ་ནི་ཉེས་བ་མེད་དོ་མི་དྲན་ན་དྲན་པར་བྱའོ ་ཞེས་བྱ་བ་ནི་བླེངས་བ་ན་མི་དྲན་ན་དྲན་པར་བྱ་བའོ། དྲན་པར་བྱ་བ་ནི་གླེང་བའི་འཁོར་ཡིན་པས་དེའི་ཕྱིར་ཇི་ལྟར་གླེང་བ་ལ་དུས་མ་ཡིན་པར་འཇུག་པར་མི་བྱ་བ་དང་དྲན་པ་དང་ཤེས་བཞིན་ཉེ་བར་མ་བཞག་པར་མི་བྱ་བ་དང། མཛའ་མ་ཡིན་པར་མི་བྱ་བ་དང། སྐབས་འབྱེད ་དུ་མ་བཅུག་པར་མི་བྱ་བའོ། །ཞེས་ཇི་སྐད་སྨོས་པ་དེ་དག་དྲན་པར་བྱ་བའི་སྐབས་འདིར་ཡང་གྲུབ་པ་ཡིན་ནོ། །དེ་མི་བྱེད་ན་དེ་ལ་བརྗོད་པ་དང་བཅས་པ་ཉིད་བྱའོ་ཞེས་བྱ་བ་ནི། སྐབས་འབྱེད་པ་དེ་མི་བྱེད་ན་གླེང་བར་བྱ་བ་དེ་ལ་བརྗོད་པ་དང་བཅས་པ་ཉིད་བྱའོ་ཇི་ལྟར་བརྗོད ་པ་དང་བཅས་པ་ཉིད་བྱ་ཞེ་ན་དེའི་ཕྱིར། ཚེ་དང་ལྡན་པ་ཁྱོད་ལ་བརྗོད་པ་དང་བཅས་པ་ཉིད་བྱས་ཁྱོད་ཀྱིས་གནས་འདི་ནས་མ་ཞུས་པར་འགྲོ་བར་མི་བྱའོ། །ཁོ་བོ་ལ་ཚེ་དང་ལྡན་པ་ལ་བརྗོད་པའི་ཕྱིར་བསྡིགས་པ་ཡོད་ཅེས་སོ་ཞེས་བྱ་བ་སྨྲས་ཏེ། བརྗོད་པར་བྱ་བ ་ཉིད་དུ་ངེས་པ་ནི་བསྡིགས་པ་ཞེས་བྱའོ། །དེས་དུལ་བར་མི་འགྱུར་ན་མི་གདམས་པ་ཉིད་དུའོ་ཞེས་བྱ་བ་སྨྲས་ཏེ། དེ་ལྟར་བརྗོད་པ་དང་བཅས་པ་ཉིད་བྱས་ཀྱང་གལ་ཏེ་དུལ་བར་མི་འགྱུར་ན་དེའི་ཚེ་གླེང་བར་བྱ་བ་དེ་ལ་མི་གདམས་པ་ཉིད་དུ་བྱ་བའོ། །དེ་ལ་གཏམ་འདྲེ་བ ་ལ་སོགས་པ་ཡང་བཟློག་པར་བྱའོ་ཞེས་བྱ་བ་ནི། མི་གདམས་པ་ཉིད་དུ་བྱས་པ་དེ་ལ་གདམས་ཤིང་རྗེས་སུ་བསྟན་པར་བྱ་བ་ཉིད་ཀྱིས་ཕན་གདགས་པ་བཟློག་པར་བྱ་བ་འབའ་ཞིག་ཏུ་མ་ཟད་ཀྱི་གཏམ་འདྲེ་བ་དང་ཕེབས་པར་སྨྲ་བ་དང་སོ་སོར་ཀུན་དགའ་བར ་བྱ་བའི་ཐ་སྙད་ཀྱི་ཆིག་སྦྱིན་པ་ཡང་མི་བྱའོ། །དེ་ལྟར་ན་ཡང་གསོ་སྦྱོང་གཞག་གོ་ཞེས་བྱ་བ་ནི། དེ་ལྟར་སྨྲ་བར་མི་བྱ་བ་ཉིད་དུ་རྣམ་པར་གཞག་ཅིང་མི་གདམས་པར་བྱས་ཀྱང་དུལ་བར་མི་འགྱུར་ཞིང་སྐབས་མི་འབྱེད་ན་དེའི་ཚེ་གསོལ་བ་དང་བཞིའི་ལས་ཀྱིས་དེའི ་ཚེ་གསོ་སྦྱོང་གཞག་པར་བྱ་བའོ། །དེའི་སྔགས་ནི། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་མིང་འདི་ཞེས་བགྱི་བ་འདི་གླེངས་ཤིག་དྲན་པར་བགྱིས་ཀྱང་སྐབས་འབྱེད་དུ་མི་བཏུབ་སྟེ། འདི་དགེ་སློང་རྣམས་ཀྱི་སྨྲ་བར་མི་བགྱིད་པ་ཉིད ་དུ་རྣམ་པར་བཞག་ཅིང་མི་གདམས་པར་བགྱིས་ཀྱང་སྐབས་མི་འབྱེད་ན། གལ་ཏེ་དགེ་འདུན་གྱིས་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛད་ཅིག་དང། དགེ་འདུན་གྱིས་དགེ་སློང་མིང་འདི་ཞེས་བགྱི་བའི་གསོ་སྦྱོང་གཞག་པར་བགྱིའོ། ། ་འདི་ནི་གསོལ་བའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་མིང་འདི་ཞེས་བགྱི་བ་འདི་གླེང་ཤིང་དྲན་པར་བགྱིས་ཀྱང་སྐབས་འབྱེད་དུ་མི་བཏུབ་སྟེ། འདི་དགེ་སློང་རྣམས་ཀྱིས་སྨྲ་བར་མི་བགྱི་བ་ཉིད་དུ་རྣམ་པར་བཞག་ཅིང་མི ་གདམས་པར་བགྱིས་ཀྱང་སྐབས་མི་འབྱེད་དེ་དེའི་སླང་དུ་དགེ་འདུན་གྱིས་དགེ་སློང་མིང་འདི་ཞེས་བགྱི་བའི་གསོ་སྦྱོང་བཞག་པར་བགྱི་ན། ཚེ་དང་ལྡན་པ་གང་དག་དགེ་སློང་མིང་འདི་ཞེས་བགྱི་བའི་གསོ་སྦྱོང་བཞག་པར་བཟོད་པ་དེ་དག་ནི་ཙང་མ་གསུང་ཞིག་།གང ་དག་མི་བཟོད་པ་དེ་དག་ནི་གསུངས་ཤིག་།ལན་གསུམ་དུ་བཟླས། དགེ་འདུན་གྱིས་བཟོད་ཅིང་གནང་ནས་དགེ་འདུན་གྱིས་དགེ་སློང་མིང་འདི་ཞེས་བགྱི་བའི་གསོ་སྦྱོང་གཞག་ལགས་ཏེ། འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ་ཞེས་གསུང་སྤ ་ཡིན་ནོ། །དེས་ཀྱང་ན་དགག་དབྱེ་བྱའོ་ཞེས་བྱ་བ་ནི། དེ་ལྟར་གསོ་སྦྱོང་གཞག་པ་དེས་ཀྱང་དུལ་བར་མི་འགྱུར་ཞིང་སྐབས་མི་འབྱེད་ན་དེའི་ཚེ་གསོལ་བ་དང་བཞིའི་ལས་ཀྱིས་དེའི་དགག་དབྱེ་གཞག་པར་བྱ་བའོ། །དེའི་སྔགས་ནི། དགེ་འདུན་བཙུན་པ་རྣམས་གསན ་དུ་གསོལ། དགེ་སློང་མིང་འདི་ཞེས་བགྱི་བ་འདི་གླེང་ཞིང་དྲན་པར་བགྱིས་ཀྱང་སྐབས་འབྱེད་དུ་མི་བཏུབ་སྟེ། འདི་དགེ་སློང་རྣམས་ཀྱིས་སྨྲ་བར་མི་བགྱིད་བ་ཉིད་དུ་རྣམ་པར་བཞག་ཅིང་མི་གདམས་བར་བགྱིས་ཀྱང་སྐབས་མི་འབྱེད་ན། གལ་ཏེ་དགེ་འདུན་གྱིས ་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང། དགེ་འདུན་གྱིས་དགེ་སློང་མིང་འདི་ཞེས་བགྱི་བའི་དགག་དབྱེ་གཞག་པར་བགྱིའོ། །འདི་ནི་གསོལ་བའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་མིང་འདི་ཞེས་བགྱི ་བ་འདི་གླེངས་ཤིང་དྲན་པར་བགྱིས་ཀྱང་སྐབས་འབྱེད་དུ་མི་བཏུབ་སྟེ། འདི་དགེ་སློང་རྣམས་ཀྱིས་སྨྲ་བར་མི་བགྱི་བ་ཉིད་དུ་རྣམ་པར་བཞག་ཅིང་མི་གདམས་པར་བགྱིས་ཀྱང་སྐབས་མི་འབྱེད་དེ་དེའི་སླང་དུ་དགེ་འདུན་གྱིས་དགེ་སློང་མིང་འདི་ཞེས་བགྱི་བའི ་དགག་དབྱེ་གཞག་པར་བགྱི་ན། ཚེ་དང་ལྡན་པ་གང་དག་དགེ་སློང་མིང་འདི་ཞེས་བགྱི་བའི་དགག་དབྱེ་གཞག་པར་བཟོད་པ་དེ་དག་ནི་ཅང་མ་གསུངས་ཞིག་།གང་དག་མི་བཟོད་པ་དེ་དག་ནི་གསུངས་ཤིག་།ལན་གསུམ་དུ་བཟླས། དགེ་འདུན་གྱིས་བཟོད་ཅིང་གནང་ནས། དགེ ་འདུན་གྱིས་དགེ་སློང་མིང་འདི་ཞེས་བགྱི་བའི་དགག?་དབྱེ་གཞག་ལགས་ཏེ། འདི་ལྟར་ཅང་མི་གསུང་པས་དེ་དེ་བཞིན་དུ་འཛིན་ཏོ་ཞེས་གསུངས་པ་ཡིན་ནོ། །གསོ་སྦྱོང་དང་དགག་དབྱེ་གཞག་བ་ཞེས་བྱ་བ་ནི། གང་ཟག་འདི་འདུག་པ་དང་ལྷན་ཅིག་དགེ་སློང་རྣམས་ཀྱིས ་གསོ་སྦྱོང་དང་དགག་དབྱེ་མི་བྱའོ་ཞེས་བྱ་བ་ཡིན་པར་རིག་པར་བྱའོ། །འཇོག་པར་བྱེད་པ་དག་གིས་བཞག་པ་དེ་དང་ལྷན་ཅིག་ཏུ་བྱ་བ་ཡང་འདིར་བཟོད་པ་ཡིན་ནོ་ཞེས་བྱ་བ་ནི། འཇོག་པར་བྱེད་པའི་དགེ་སློང་གང་དག་གིས་གསོ་སྦྱོང་དང་དགག་དབྱེ་གཞག་པ་གང ་ཡིན་པ་དེ་གང་ཟག་དེ་དང་ལྷར་ཅིག་བྱ་བ་གང་ཡིན་པ་དེ་ཡང་སྐབས་འདིར་དེ་ལ་བཟོད་པར་བྱ་བ་ཡིན་གྱི། ཚིག་འབའ་ཞིག་གིས་བཟོང་པར་བྱ་ཞིང་བག་ཡངས་སུ་བྱ་བར་མ་ཟད་དོ་ཞེས་བྱ་བའི་ཐ་ཚིག་གོ་།འདིར་གཞུང་ནི། དྲུག་སྡེ་དག་གིས་འདྲན་འཐོར་གྱི་བསམ ་པས་དགེ་སློང་གི་གསོ་སྦྱོང་གཞག་བ་དང། དགེ་སློང་རང་བཞིན་དུ་གནས་པ་ཐམས་ཅད་ཀྱིས་ཀྱང་ཁྱོད་ཀྱི་གསོ་སྦྱོང་དྲུག་སྡེ་དག་གིས་བཞག་གོ་།ཞེས་གསོ་སྦྱོང་ལས་བཟློག་པར་བྱེད་ནས། ཡང་དྲུག་སྡེ་དག་གིས་གསོ་སྦྱོང་བྱའོ་ཞེས་བྱ་བ་སྨྲས་པ་ནས། བཅོམ་ལྡན ་འདས་ཀྱིས་བཀའ་སྩལ་པ། གལ་ཏེ་དགེ་སློང་གང་དག་གིས་གསོ་སྦྱོང་བཞག་པ་དེ་དག་ཉིད་ཀྱིས་གསོ་སྦྱོང་བྱས་ན་བཟོད་བ་བྱས་པར་བརྗོད་པར་བྱའོ་ཞེས་བྱ་བའི་བར་དུ་གསུངས་པ་ཡིན་ནོ། །སྐབས་ཕྱེ་བ་ཉིད་ན་གལ་ཏེ་མཉེན་བ་ཉིད་མ་ཡིན་ན་ཕུར་བ་དང་བཅས་བ་བྱའོ ་ཞེས་བྱ་བ་ནི། གླེང་བར་བྱ་བ་དེས་སྐབས་བྱི་བ་ཉིད་ན་གལ་ཏེ་མཉན་པ་ཉིད་དུ་མི་འགྱུར་ན། དེའི་ཚེ་དེ་ལ་ཕུར་བ་དང་བཅས་པ་ཉིད་དུ་བྱས་སྟེ་ཕུར་བ་དང་བཅས་པའི་སྐབས་འདི་ནི་མ་མོ་ལས་འབྱུང་ངོ། །ཇི་ལྟར་ཕུར་བ་དང་བཅས་པར་བྱ་ཞེ་ན། དེའི་ཕྱིར་གནས ་འདི་འམ་གཞན་དུ་འམ་བཞི་འདི་འམ་གང་ཡང་རུང་བ་ལ་འདོད་པ་སྨྲ་བར་བྱའོ་ཞེས་བྱ་བ་དང། ལྟུང་བ་བསལ?་ཅིང་ཞེས་པ་བསྟན་ཏེ་བཏང་བའོ་ཞེས་བྱ་བ་སྨྲས་ཏེ། གང་ཡང་རུང་བ་ལ་ཞེས་བྱ་བ་ནི། གནས་སམ་གཞི་ལའོ། །ཉེ ་པ་བསྟན་ཏེ་ཞེས་བྱ་བ་ནི། ལྟུང་བ་བཀལ་ཅིང་ཞེས་བྱ་བའི་རྣམ་གྲངས་གཞན་བསྟན་ཏོ། །རྟ་དམུ་རྒོང་ཕུར་བ་དང་བཅས་བ་དང་འདྲ་བར་དེ་ཡང་དྲི་མ་དང་བཅས་པར་བཏང་བ་ཡིན་པས་དེའི་ཕྱིར་ཕུར་བ་དང་བཅས་པ་ཞེས་བྱའོ། །ཚུལ་ཁྲིམས་ཡང་ལྟ ་བ་དང་ཆོག་དང་འཚོ་བ་ཉམས་པས་གླེང་བ་ལ་སོགས་པ་དེ་དག་ཐམས་ཅད་བྱེད་པ་གཞི་དང་བཅས་པ་འཆགས་སོ་ཞེས་བྱ་བ་ནི། མཐོད་བ་དང་ཐོས་པ་དང་ངོས་པ་དག་གིས་གཞི་དང་བཅས་བ་ཚུལ་ཁྲིམས་པར་ལྟ་བ་དང་ཆོ་ག་དང་འཚོ་བ་ཉམས་པས ་གླེང་བ་ལ་སོགས་པ་དེ་དག་ཐམས་ཅད་བྱད་ན་འཆགས་པའོ། །སྩོགས་པ་ཞེས་བྱ་བའི་སྒྲས་ནི། དྲན་པར་བྱ་བ་དང་སྐབས་འབྱེད་དུ་གཞུག་པ་དང། བརྗོད་པ་དང་བཅས་པ་ཉིད་དང། མི་གདམས་པ་ཉིད་དང། གསོ་སྦྱོང་གཞག་པ་དང། དགག་དབྱེ་བཞག ་པ་དང། ཕུར་པ་དང་བཅས་པ་བྱ་བ་དག་བསྡུ་སྟེ། དེ་དག་བྱ་བ་ཡང་གཞི་ཡོད་ན་འཆགས་ཀྱི། གཞི་མེད་པར་ཚུལ་ཁྲིམས་ལ་སོགས་པ་ཉམས་པས་གླེང་བ་ལ་སོགས་པ་བྱེད་ན་ནི་མི་འཆགས་སོ། །གཞི་ལེགས་པ་མ་ཡིན་པས་མེ་བྱའོ་ཞེས་བྱ ་བ་ནི། གླེང་བ་ལ་སོགས་པ་དེ་དག་ལེགས་པར་མ་མཐོང་བ་དང་ལེགས་པར་མ་ཐོས་པ་དང། ལེགས་པར་མི་དོགས་བས་མི་བྱ་བ་དེ་གསལ་བར་མ་མཐོང་པ་ནི་ལེགས་པར་མ་མཐོང་བའོ། །མི་གསལ་བར་ཐོས་བ་ནི་ལེགས་པར་མ་ཐོས་པའོ། །སྙིང ་ཐ་དད་ཅིང་དང་པ་ཞན་བའི་ཡོངས་སུ་རྟོག་པ་ནི་ལེགས་པར་མི་དོགས་པའོ། །འདི་ལ་དངོས་པོ་ལས་བདེན་པ་ཉིད་ཀྱི་རྒྱུ་མ་ཡིན་ནོ་ཞེས་བྱ་བ་ནི། གཞི་འདི་ལ་དངོས་པོ་ལས་བདེན་པ་ཉིད་ཀྱི་རྒྱུ་མ་ཡིན་གྱི། འདུ་ཤེས་ལས་བདེན་པ་ཉིད་ཀྱི་རྒྱུ་ཉིད་ཀྱི་རྒྱུ་ཉིད་དུ་རྣམ་པ ་གཞན་པ་སྟེ། དངོས་པོ་བདེན་པ་ཉིད་ཡིན་ཡང་གལ་ཏེ་མཐོང་བ་ལ་སོགས་པའི་འདུ་ཤེས་མེད་པས་གླེང་བར་བྱེད་ན་གཞི་མེད་པ་ཁོ་ནས་གླེང་བ་ལ་སོགས་པར་འགྱུར་ལ། དངོས་པོ་མི་བདོན་པ་ཉིད་ཡིན་ཡང་གལ་ཏེ་མི་མཐོང་བ་ལ་སོགས་པའི་འདུ་ཤེས ་ཀྱིས་གླེང་བར་བྱེད་ན་གཞི་དང་བཅས་པ་ཁོ་ནས་གླེངས་པ་ལ་སོགས་པར་འགྱུར་རོ་ཞེས་བསྟེན་པ་ཡིན་ནོ། །ཐོས་པ་ནི་རྣམ་པ་གསུམ་སྟེ་བྱ་བའི་མཚན་མ་དང་གཞན་ཕེབས་པར་སྨྲ་བ་དང་རང་གིས་རྗེས་སུ་ཐོས་པའོ་ཞེས་བྱ་བ་ལ། བྱ་བའི་མཚན་མ་ཞེས་བྱ་བ་ནི། ་བྱ་བ་དེ་སྒྲ་གང་དག་གིས་འཇུག་པའི་སྒྲ་དེ་དག་དེར་བྱ་བ་དེ་དང་ལྷན་ཅིག་འབྱུང་བའི་རང་བཞིན་ཅན་གང་ཡིན་པ་དེ་ནི་བྱ་བའི་མཚན་མའི་སྒྲ་སྟེ་མི་ཚངས་པར་སྤྱོད་པ་དང་འཛིན་པ་ལ་སོགས་པའི་བྱ་བ་གང་བྱེད་པ་དེ་ལ་སྒྲ་ཤུབ་ཤུབ་པ་དང། ཁུར་ཚུར་གྱིས་བརྡེགS? ་པ་ལག་པས་བརྡེགས?་པ་ལ་སོགས་པའི་སྒྲ་གྲག་པ་གང་ཡིན་པ་དེ་ནི་བྱ་བའི་མཚན་མའི་སྒྲ་ཐོས་པ་ཡིན་ནོ། །གཞན་ཕེབས་པར་སྨྲ་བ་ཞེས་བྱ་བ་ནི། གཞན་དག་མི་ཚངས་པར་སྤྱོད་པ་དང་འཛིན་པ་ལ་སོགས་པ་གང་བྱེད་པ་དེ་གཞན་ཕེབས་པར་སྨྲ་བ་ལས ་ཐོས་པ་གང་ཡིན་པའོ། །རང་གིས་རྗེས་སུ་ཐོས་པ་ཞེས་བྱ་བ་ནི། ཆེ་གེ་མོ་ཞིག་གིས་ལྟ་བུ་བྱས་སོ་ཞེས་གཞན་དག་ལོགས་ཤིག་ན་གཏམ་ཟེར་པ་རང་གིས་ལོགས་ཤིག་ནས་རྫས་སུ་ཐོས་པ་གང་ཡིན་པའོ། །འདིར་གཞུང་ནི། འདི་ལ་དགེ་སློང་དག་གིས ་རྣམ་པ་གང་དག་དང། རྟགས་གང་དག་དང། མཚན་མ་གང་དག་གིས་ཕམ་པར་འགྱུར་བ་མཛའ་ཨི་ལྟུང་བ་འབྱིན་པའི་རྣམ་པ་དེ་དག་དང། རྟགས་དེ་དག་དང། མཚན་མ་དེ་དག་གིས་ཕམ་པར་འགྱུར་བ་མཛའ་ཨི་ལྟུང་བ་འབྱིན་པ་དེ་ཐོས་པ་དང་གཏམ་དེ ་ཡང་དེ་ལས་བྱུང་ཞིང་དེའི་རང་བཞིན་གྱིས་ཉེ་བར་གནས་པ་ཡིན་པ་དང། དེ་བཞིན་དུ་ངེས་དགེ་སློང་ཕམ་པར་འགྱུར་བ་མཛའ་ཨི་ལྟུང་བ་བྱུང་ངོ། །ཞེས་ཡིད་ཆོས་པའི་ཚིག་ལས་ཐོས་པར་གྱུར་ན་གཞི་དེས་གནས་དེའམ་གཞན་དུ་དེའི་གསོ་སྦྱོང་འཇོག་པར ་བྱེད་ན། ཆོས་བཞིན་དུ་གསོ་སྦྱོང་འཇོག་པར་བྱེད་པ་ཡིན་ནོ་ཞེས་གསུངས་པ་ཡིན་ཏེ། དེར་ཇི་སྐད་གསུངས་པ་དེ་དག་གོ་རིམས་བཞིན་དུ་འདིར་བསྡུས་པ་ཡིན་ནོ། །ཡིད་མ་ཆེས་པ་ནི་གཞི་མ་ཡིན་ནོ་ཞེས་བྱ་བ་ནི། ཐོས་ཀྱང་ཡིད་མཚུས?་པ་གང ་ཡིན་པ་དེ་ནི་གཞི་མ་ཡིན་པར་རིག་པར་བྱའོ། །འདིར་གཞུང་ནི། ངེས་ཡིད་ཆེས་པའི་ཚིག་ལས་ཐོས་པ་མ་ཡིན་ན་ཞེས་གསུངས་པ་ཡིན་ནོ། །ཡོངས་སུ་སྦྱངས་པའི་གཞིའོ་ཞེས་བྱ་བ་དེ་འདུལ་བ་གཞིའི་སྐབས་སུ་གཏོགས་པ་བཤད་ཟིན་ཏོ།། །།དེ་ནི་ཡོངས ་སུ་སྦྱངས་པའི་གཞི་ཞུ་བའི་སྐབས་བསྡུ་བའི་ཕྱིར་ཤེས་པ་དུ་མ་ཉིད་ཡིན་ན་གླེང་བ་ལ་སོགས་པ་འདོད་བས་ཞེས་བྱ་བ་སྨྲས་ཏེ། གལ་ཏེ་གླེང་བར་བྱ་བ་དེའི་ལྟུང་བ་ཤེས་པའི་དགེ་སློང་དུ་མ་ཉིད་ཡིན་ན་དེ་ལ་གླེང་བ་དང་དྲན་པར་བྱ་བ་དང། སྐབས་འབྱེད་དུ་གཞུག་བ ་ལ་སོགས་པ་ལ་དེ་དག་རྒན་རིམས་ཀྱིས་འཇུག་པར་བྱ་བ་དམ་ངེས་ཀྱི་གང་གླེང་བར་འདོད་པས་ཅི་དགར་འཇུག་པར་བྱ་བའོ། །འདིར་གཞུང་ནི་རྫུན་དུ་སྨྲ་བའི་ལྟུང་བྱེད་ཀྱི་ཞུ་བ་ལས་བཙུན་པ་དགེ་སློང་དགེ་འདུན་གྱི་དབུས་སུ་བསླབ་པ་ལས་འདའ་བར་བགྱིད ་ན། སུས་གྲེང་བར་བགྱི། གང་འདོད་པས་སོ་ཞེས་གསུངས་བ་ཡིན་ནོ། །དགག་དབྱེ་མ་ཡིན་པར་དེ་གཞག་པར་མི་བྱའོ་ཞེས་བྱ་བ་ནི། དགག་དབྱོའི?་ལས་ཀྱི་དུས་མ་ཡིན་པ་གཞན་དུ་དགག་དབྱེ་དེ་གཞག་པར་མི་བྱའོ། །གསོ་སྦྱོང་བ་ན་མ་ཡིན་པར་དེ ་མི་བྱའོ་ཞེས་བྱ་བ་ནི། གསོ་སྦྱོང་གི་ལས་ཀྱི་དུས་མ་ཡིན་པ་གཞན་དུ་གསོ་སྦྱོང་དེ་གཞག་པར་མི་བྱ་བའོ། །འཇོག་པར་མི་བྱེད་པ་བུད་མེད་ཀྱིས་གཞན་སྐྱེས་པའི་གཞག་བ་ཉིད་བྱེད་དམ་བྱས་པ་ཉིད་ན་གཞག་པ་ཉིད་མ་ཡིན་ན་ཞེས་བྱ་བ་ནི། གསོ་སྦྱོང་དང་དགག ་དབྱེ་འཇོག་པར་བྱེད་པས་དེ་དག་འཇོག་པར་བྱེད་པ་ཉིད་ན་འམ་།གཞག་པར་བྱས་བ་ཉིད་ཀྱི་འོག་ཏུ་གལ་ཏེ་མཚན་གྱུར་ཏམ་དང་པོ་ཉིད་ནས་བུད་མེད་དུ་གྱུར་པ་ཉིད་ཀྱིས་འཇོག་པར་བྱེད་བཟུང?་མེད་ཡིན་པར་གྱུར་ལ་།གཞག་པར་བྱ་བ་གཞན་སྐྱེས་པ་ཡིན་པར་གྱུར ་ན། དེ་ནི་འཇོག་པར་བྱེད་པ་བུད་མེད་ཉིད་ཀྱིས་གཞན་སྐྱེས་པའི་གསོ་སྦྱོང་དང་དགག་དབྱེ་ཞིག་བདེ་ཉིད་བྱེད་དམ་བྱས་པ་ཉིད་ནི་གཞག་པ་ཉིད་མ་ཡིན་ཏེ། བུད་མེད་རྣམས་ནི་སྐྱེས་པའི་ཡུལ་ལ་དབང་མེད་བའི་ཕྱིར་གཞག་པ་མི་འབྱུང་བ་ཁོ་ན་ཡིན་ནོ། །སྐྱེས་བས་བུད་མེད ་ཀྱི་འཇོག་བ་ནི་འབྱུང་བ་ཁོ་ན་ཡིན་ནོ། །འོ་ན་གང་གི་ཚེ་འཇོག་བར་བྱེད་པ་བུད་མེད་ཀྱིས་འཇོག་ཏུ་བཅུག་ནས་སྐྱེས་བ་ཉིད་དུ་གྱུར་ན། ཇི་ལྟར་མརྗོད་བར་བྱ་ཞེ་ན། འཇོག་བར་བྱེད་པ་བུད་མེད་ཉིད་ལ་གཞག་པ་དང་པོ་ནས་མི་འབྱུང་བས་ཕྱིས་སྐྱེས་བ་ཉིད་དུ་གྱུར་ཀྱང ་རྗེས་སུ་འཇུག་པ་མེད་དོ། །དེ་ལྟ་བས་ན་བུད་མེད་ཀྱིས་འཇོག་ཏུ་བཅུག་ནས་སྐྱེས་པ་ཉིད་དུ་གྱུར་ཀྱང་གཞག་བ་ཉིད་མེད་དོ། །འདིར་གཞུང་ནི། དགག་དབྱེའི་གཞི་ཞུ་བ་ལས་བཙུན་པ་རེ་ཞིག་དགེ་སློང་གིས་དགེ་སློང་གི་དགག་དབྱེ་འཇོག་པར་བགྱིད་ཅིང། གང་གི ་འཇོག་པར་བགྱིད་པ་དེ་མཚན་གྱུར་ཏེ་དགེ་སློང་མར་གྱུར་ན་བཞག་བར་བརྗོད་པར་བགྱི་འམ། ཉེ་བར་འཁོར་གཞག་པར་བརྗོད་པར་བྱའོ། །འཇོག་པར་བགྱིད་པ་གང་ལགས་བ་དེ་མཆན་གྱུར་ཏེ་དགེ་སློང་མར་གྱུར་ན། གཞག་པར་བརྗོད་པར་བགྱིའམ། ཉེ ་བར་འཁོར་གཞག་པར་བརྗོད་པར་བགྱིའོ། །བཙུན་བ་རེ་ཞིག་དགེ་སློང་མས་དགེ་སློང་མའི་དགག་དབྱེ་འདྲག?་པར་བགྱིད་ཅིང་གང་གིས་འཇོག་པར་བགྱིད་པ་དེ་མཚན་གྱུར་ཏེ་དགེ་སློང་དུ་གྱུར་ན་གཞག་པར་བརྗོད་པར་བགྱི་འམ། ཉེ་བར་འཁོར་གཞག་པར ་བརྗོད་པར་མི་བྱའོ། །འཇོག་པར་བགྱིད་པ་གང་ལགས་པ་དེ་མཚན་གྱུར་ཏེ་དགེ་སློང་དུ་གྱུར་ན་གཞག་པར་བརྗོད་བར་བགྱིའམ། ཉེ་བར་འཁོར་གཞག་པར་བརྗོད་པར་མི་བྱའོ། །དེ་བཞིན་དུ་དགེ་སློང་དང་དགེ་སློང་མས་དགག་དབྱེ་བྱེད་པ་ཡང་བརྗོད་པར་བྱའོ་ཞེས ་གསུངས་པ་ཡིན་ནོ། །རང་བཞིན་ཉམས་པས་ཀྱང་མ་ཡིན་ནོ་ཞེས་བྱ་བ་ནི། སྨྱོན་པ་ལ་སོགས་པས་གཞག་པ་ཉིད་ཀྱང་གཞག་པ་ཉིད་མ་ཡིན་པའོ། །ཚུལ་ཁྲིམས་མེད་པ་དང་གཅིག་པ་ཉིད་མ་ཡིན་པས་ཀྱང་མ་ཡིན་ནོ་ཞེས་བྱ་བ་ནི། ཉམས་པ་འམ་དང་བོ་ནས་སྡོམ་བ་ ་མ་ཐོབ་པས་ཚུལ་ཁྲིམས་མེད་པ་ཉིད་དང་།ཆོས་དང་ཆོས་མ་ཡིན་པའི་ཕྱོགས་སུ་གྱུར་པ་ཕན་ཚུན་བློ་གཅིག་པ་ཉིད་མ་ཡིན་པ་དེ་གཉིས་ཀྱིས་གཞག་པ་ཉིད་ཀྱང་གཞག་བ་ཉིད་མ་ཡིན་ནོ། །གཅིག་པ?་ཉིད་མ་ཡིན་པའི་གཞུང?་ནི་དགག་དབྱེའི་? ་ཞུ་བ་ལས་བཙུན་པ་རེ་ཞིག་ཁས་བླངས་པ་དག་གིས་ཁS་མ་བླངས་པ་དག་གིས་དགག་དབྱེ་འཇོག་པར་བགྱིད་ན། གཞག་པར་བརྗོད་པར་བགྱི་འམ། ཉེ་བར་འཁོར་གཞག་པར་བརྗོད་བར་མི་བྱའོ། །བཙུན་པ་རེ་ཞིག་ཁས་མ་བླངས་པ་དག་གིས་པས་བླ་བ? ་པ་དག་གིས་དགག་དབྱེ་འཇོག་པར་བགྱིད་ན། གཞག་པར་བརྗོད་པར་བགྱི་འམ། ཉེ་བར་འཁོར་གཞག་པར་བརྗོད་པར་མི་བྱའོ་ཞེས་གསུངས་པ་ཡིན་ནོ། །དེ་གཉིས་ཀྱི་མ་ཡིན་ནོ་ཞེས་བྱ་བ་ནི། རང་བཞིན་ཉམས་པ་ཞེས་བྱ་བ་དེ་དང། ཚུལ་ཁྲིམས་མེད་པ་དང ་གཅིག་བ་ཉིད་མ་ཡིན་བ་ཞེས་སྨོས་པའི་ཚོགས་དེ་གཉིས་ཀྱི་གསོ་སྦྱོད་དང་དགག་དབྱེ་གཞན་གྱིས་གཞག་པ་ཉིད་ཀྱང་གཞག་པ་ཉིད་མ་ཡིན་པའོ། །ཅིའི་ཕྱིར་གསོ་སྦྱོང་གཞག་པའི་གཞི་འདིའི་མིང་ཡོངས་སུ་སྦྱང་བའི་གཞི་ཞེས་གཞན་དུ་བྱས་ཤེ་ན ་གཞི་འདིས་དགག་དབྱེ་གཞག་པ་དང་གདམས་དག་གཞག་པ་དང། བརྗོད་པ་དང་བཅས་པ་དང། ཕུར་པ་དང་བཅས་པ་ལ་སོགས་པས་ཡོངས་སུ་སྦྱང་བ་ཐམས་ཅད་བསྡུས་པ་ཡིན་གྱི། གསོ་སྦྱོང་གཞག་པ་འབའ་ཞིག་ཏུ་མ་ཟད་ཀྱི། དེ་དག་ཐམས་ཅད་བསྟན་པའི ་ཕྱིར། གསོ་སྦྱོང་གཞག་པའི་གཞི་འདི་མིང་ཡོངས་སུ་སྦྱང་བའི་གཞི་ཞེས་མིང་གཞན་དུ་བྱས་སོ། །ཡོངས་སུ་སྤྱད་པའི་གཞི་ཞུ་བའི་སྐབས་སོ་ཞེས་བྱ་བ་དེ་ཞུ་བའི་སྐབས་ནས་འབྱུང་བ་བཤད་ཟིན་ཏོ།། །།ཡོངས་སུ་སྤྱོད་པའི་གཞི་རྫོགས་ཞེས་བྱ་བ་གསོ ་སྦྱོང་གཞག་པའི་གཞི་བཤད་ཟིན་ཏོ།། །།ད་ནི་ལས་བྱེ་བའི་གཞི་སྨྲ་བར་འདོད་ནས་དགེ་འདུན་ཐ་དད་པ་ཉིད་དུ་ནུས་པ་ལ་མི་འདོད་པར་གླེང་བ་དང་གླེང་བར་འདོད་པ་ན་ལོག་པར་མི་བྱའོ་ཞེས་བྱ་བ་སྨྲས་ཏེ། གང་ཟག་གང་གིས་དགེ་འདུན་ཐ་དད་བ?་ཉིད་དུ་དབྱེ་བ་? ་ནུས་པ་དེ་ལ་མི་འདོད་བཞིན་དུ་ཕར་གླེང་བར་བྱ་བ་ལ། དེས་ཚུར་གླེངས་པ་ན་ཡང་ལོག་ཐབས་མི་བྱ་བ་སྟེ། དེས་ནི་དེས་དགེ་འདུན་འབྱེད་པར་འགྱུར་བ་སྤང་བའི་ཕྱིར་རོ། །འདའ་བར་བྱ་བ་གང་ན་མི་མཐུན་པ་ཡོད་པ་དེ་དང་ལྷན་ཅིག་ཏུ་འཁོར་པར་མི་བྱའོ་ཞེས་བྱ་བ་ནི། གནས ་གང་དུ་འདའ་བར་བྱེད་ཅིང་ངལ་གསོ་བར་བྱེད་པའི་གནས་དེ་ནི་འདའ་བར་བྱ་བ་ཞེས་བྱ་སྟེ། དབྱེན་པ་ཞེས་བྱ་བའི་ཐ་ཚིག་གོ། འདའ་བར་བྱ་བའི་གནས་གདན་མི་མཐུན་པ་ཞེས་བྱ་བར་དགྲ་བོ་ཡོད་པ་དེར་དེ་དང་ལྷན་ཅིག་ཏུ་འཁོད་པ་ཞེས་བྱ་བ་འདུག་པ་དང། འགྲེང་བར ་མི་བྱ་སྟེ། འཐབ་ཀྲོལ་གྱི་སྐབས་བཅད་པའི་ཕྱིར་འདི་བཅའ་བ་མཛད་དོ། །གཞན་དུ་ནི་གོ་གཉིས་སམ་གསུམ་གྱིས་བར་དུ་བཅད་དེའོ་ཞེས་བྱ་བ་ནི། འདའ་བར་བྱ་བའི་གནས་དབྱེན་པ་སྔར་བསྟན་པ་དེ་ལས་གཞན་པའི་གནས་གང་ན་གང་ཟག་མི་མཐུན་པ་ཡོད་པ་དེ ་དང་ལྷན་ཅིག་ཏུ་མི་འཁོད་དུ་མི་རུང་ན་གོ་གཉིས་སམ་གསུམ་གྱི་བར་དུ་བཅད་དེ་འཁོད་པར་བྱའོ། །འདི་ནི་ལུས་ཀྱི་ཕ་རོལ་གནོད་པ་དང་དེ་དང་རེག་པ་སྤང་བའི་ཕྱིར་རོ། །དེས་ཅིག་ཤོས་དང་ཡང་དེ་བཞིན་ནོ་ཞེས་བྱ་བ་ནི། མི་མཐུན་པའི་ཡུལ་གང་ལ་འདའ་བར་བྱ་བ ་གང་ན་མི་མཐུན་པ་ཡོད་པ་དེ་དང་ལྷན་ཅིག་ཏུ་འཁོད་པར་མི་བྱ་བ་དང། གཞན་དུ་ནི་གོ་གཉིས་སམ་གསུམ་གྱིས་བཅད་དེ་འཁོད་པར་བྱའོ་ཞེས་བསྟན་པ་གང་ཡིན་པ་དེ་མི་མཐུན་པ་དེས་ཀྱང་མི་མཐུན་པའི་ཡུལ་གཅིག་ཤོས་དང་དེ་བཞིན་དུ་བྱ་བའོ། །དེ་གཉིས་གྱི ་གཙུག་ལག་ཁང་བར་དུ་ཆོད་པ་སྤྲིན་པར་བྱ་བ་ཉིད་དང་མངོན་པར་བྱ་བ་ཉིད་དོ་ཞེས་བྱ་བ་ནི་གང་ཟག་མི་མཐུན་པ་དེ་གཉིས་ཀྱི་གཙུག་ལག་ཁང་ཞེས་བྱ་བ་གནས་པའི་གཞི་གཡོགས་པའམ་མ་གཡོགས་པ་གང་ཡང་རུང་པ་བར་དུ་གཞན་གྱི་གནས་ཁང ་གིས་ཆོད་པ། གནས་ཁང་བསྐོ་བས་ཀྱང་སྦྱིན་པར་བྱ་བ་ཉིད་ཡིན་ལ། རང་གིས་ཀྱང་གནོད་པར་བྱ་བ་ཉིད་ཡིན་ནོ། །བསྐོ་བས་དེ་ལས་གཞན་དུ་བསྐོས་ན་ཡང་ཉེས་བྱས་སུ་གྱུར་ལ་ནོད་པས་དེ་མནོས་ན་ཡང་ཉེས་བྱས་སུ་འགྱུར་རོ། །དགེ་འདུན་ཐམས་ཅད་ཀྱིས ་གྲོགས་བྱས་སམ་ལས་བསྩལ་ཏེ། དེར་གནས་ཁང་སྦྱིན་པར་བྱེད་ན་ཡང་ཐམས་ཅད་ལ་ཉེས་བྱས་སུ་འགྱུར་རོ། །འདི་ནི་མི་མཐུན་བ་དེ་གཉིས་མ་འཕྲད་བར་བྱ་བའི་ཕྱིར་རོ། །ཆོས་དང་འདུལ་བ་ལ་གལ་ཏེ་དེ་དང་ལྡན་པར་ཤེས ་ནས་ཆོས་མ་ཡིན་པ་ལ་མངོན་པར་ཞན་པ་ལ་དགེ་འདུན་མཐུན་པ་མེད་དོ་ཞེས་བྱ་བ་ནི། དངོས་པོ་དང་འབྲེལ་བའི་རྣམ་པའི་འདུལ་བ་ལ་གལ་ཏེ་དེ་དང་ལྡན་པ་ཉིད་དུ་ཤེས་ན་ཞེས་བྱ་བ་ཆོས་འདུལ་བ་ལ་གལ་ཏེ་མི་མཐུན་པ་དེ་དང་ལྡན་པར་ཤེས་ནས ་ཆོས་མ་ཡིན་པ་ལ་མངོན་པར་ཞེན་པ་ལ་ཞེས་བྱ་བ་དེ་ལྟར་ཆོས་དང་འདུལ་བའི་རྣམ་པ་ལ་མི་མཐུན་པ་ཉིད་དང་ལྡན་པར་ཤེས་ནས་དེའི་འོག་ཏུ་ཆོས་མ་ཡིན་པ་ལ་མངོན་པར་ཞེན་པར་བྱེད་པ་དེ་ལ་དགེ་འདུན་མཐུན་པ་མེད་དོ། །གང་གི་ཕྱིར་ཆོས་དང ་འདུལ་བའི་ཕྱིར་དགེ་འདུན་མཐུན་པ་ཡིན་གྱི་དོན་གཞན་གྱི་ཕྱིར་མ་ཡིན་པ་དེའི་ཕྱིར་དོན་གཞན་གྱི་ཕྱིར་མི་མཐུན་པ་ལ་ནི་དགེ་འདུན་མཐུན་པ་འབྱེ་བར་མི་འགྱུར་རོ། །དེའི་ཕྱིར་དེ་ལས་གཞན་པ་དག་དང་ཚོགས་ཏེ་ལས་བྱས་ན་ཡང་མི་འཆགས་བལ་ཕན ་ཚུན་མི་མཐུན་པ་ཉིད་དུ་ཡང་མི་འགྱུར་རོ་ཞེས་བྱ་བ་ནི། གང་གི་ཕྱིར་ཇི་སྐད་བསྟན་པ་ལ་དགེ་འདུན་མཐུན་པ་མེད་པ་དེའི་ཕྱིར་ཆོས་མ་ཡིན་པ་ལ་མངོན་པར་ཞེན་པ་དེ་དག་དང། དེ་ལས་གཞན་པའི་ཆོས་ཀྱི་ཕྱོགས་དང་མཐུན་པ་དང་ཚོགས་ཏེ་ལས་བརྒྱ ་རྩ་གཅིག་པོ་དག་བྱས་ན་ཡང་མི་འཆགས་ལ། མ་ཆོགས་བར་སོ་སོར་བྱེད་ན་ཡང་ཕན་ཚུན་མི་མཐུན་པ་ཉིད་དུ་མི་འགྱུར་ཏེ། ཕྱོགས་སོ་སོའི་ལས་འཆགས་པར་འགྱུར་བའོ། །དེ་དག་དེའི་མི་མཐུན་པའི་ཕྱོགས་དང་འཐབ་པར་འགྱུར་བ ་ཉིད་ནི་?་འདི་བ་དག་གིས་ཕྱོགས་མི་བྱ་བ་ཉིད་ཡིན་ནོ་ཞེས་བྱ་བ་ནི། ཆོས་མ་ཡིན་པ་ལ་མངོན་པར་ཞེན་པ་དེ་དག་དེའི་མི་མཐུན་པའི་ཕྱོགས་སུ་གཏོགས་པ་དང། ལྷན་ཅིག་འཐབ་པར་འགྱུར་བ་ཉིད་ན་དེ་དག་ལ་ཆོས་འདི་བ་དགེ་སློང་དང་དགེ་སློང་ནི་འདབ? ་ཚུལ་དང་ཤར་བྲེ?་སློབ་མ་དང། དགེ་བསྙེན་དང་དགེ་མ་སྙན་མ་དག་གིས་ཕྱག་མི་བྱ་བ་ཉིད་ཡིན་པའོ། །མངོན་དུ་ལྡང་བ་དང་སྟན་ལ་བོང་པ་དང་གཏམ་འདྲེ་བ་དང། ཕེབས་པར་སྨྲ་བ་དང། ཀུན་དགའ་བར་འགྱུར་བ་དང། རྣམ་པར་ལྟ་བ་དང་ཆུད་ཟད་ལྟ་བ་དག ་གྱུར་མ་བྱའོ་ཞེས་བྱ་བ་ནི། ཇི་སྐད་སྨོས་པ་དེ་དག་ཐམས་ཅད་ཀྱང་ཆོས་མ་ཡིན་པ་ལ་མངོན་པར་ཞེན་པ་སྤང་བའི་ཕྱིར་རོ། །གཏམ་འདྲེ་བ་ཞེས་བྱ་བ་ནི། ཚིག་གི་ལན་ལ་སོགས་པ་ཀུན་ཏུ་སྨྲ་བ་སྦྱིན་པའོ། །ཕེབས་པར་སྨྲ་བ་ཞེས་བྱ་བ་ནི། ཡིད་བཙུགས?་པའི་གཏམ ་བྱ་བའོ། །ཀུན་དགའ་བར་འགྱུར་བ་ཞེས་བྱ་བ་ནི། གཏམ་དྲི་བ་ལ་སོགས་པའི་ཐ་སྙད་བྱ་བའོ། །རྣམ་པར་ལྟ་བ་ཞེས་བྱ་བ་ནི། མིག་གིས་རྒྱུན་དང་ལྡན་པར་བལྟ་བའོ། །ཅུང་ཟད་ལྟ་བ་ཞེས་བྱ་བ་ནི། རྒྱུན་དང་ལྡན་པ་མ་ཡིན་པར་བལྟ་པའོ། །ལོག་པའི་ཐ་སྙད ་ཀྱིས་གནས་མལ་ངན་པ་རྗེས་སུ་སྦྱིན་ནོ་ཞེས་བྱ་བ་ནི། ཆོས་མ་ཡིན་པ་ལ་མངོན་པར་ཞེན་པ་དེ་དག་ཉེ་བར་འོངས་ནའོ། །ཁ་ཅིག་ལས་ནི་ཚིགས་གིས་ཐོས་པ་དང་བཅས་པར་གཞན་ལའོ་ཞེས་བྱ་བ་ནི། གཞུང་ཁ་ཅིག་ལས་ནི་ཆོས་མ་ཡིན་པ་ལ་མངོན་པར་ཞེན ་པ་དེ་དག་འོངས་ན་ཚིག་གིས་ཅི་ནས་ཀྱང་དེ་དག་གིས་ཐོས་པ་དང་བཅས་པར་གང་ཟག་གཞན་ལ་བརྟེན་ཏེ་དེ་དག་འདི་ཙམ་འཐོབ་བོ་ཞེས་བྱ་ཨའི་ཚིག་གིས་གནས་མལ་ངན་པ་རྗེས་སུ་སྦྱིན་པར་བྱའོ་ཞེས་འབྱུང་ངོ། །གཙུག་ལག་ཁང་འཇུག་ཏུའོ་ཞེས་བྱ ་བ་ནི། སྦྱིན་ནོ་ཞེས་བྱ་བར་སྦྱར་ཏེ། མཇུག་ཏུ་ཞེས་བྱ་བ་ནི་ཐ་མར་རོ། །ཁོ་བོ་ཅག་རྒན་ནོ་ཞེས་ཟེར་ན་ཁྱེད་ཀྱང་བདག་ཅག་ཤཱཀྱའི་སྲས་ཀྱི་དགེ་སློང་དག་ཡིན་ནོ་སྙམ་དུ་བདག་ཉིད་ཁས་འཆེ་འམ་ཁྱེད་ཅག་དག་གང་དག་གི་སྤྱོད་ཚུལ་འདི་ལྟ་བུ་དང་གཏམ ་འདི་ལྟ་བུ་ལ་འདི་ཡང་མི་འཐོབ་པ་ཡིན་ནོ་ཁྱོད་ཀྱི་སྟོན་པ་ཐུགས་རྗེ་དང་ལྡན་པས་དེས་ན་འདི་རྗེས་སུ་གནང་ངོ་ཞེས་གཞན་ལ་ལན་གདབ་པར་བྱའོ་ཞེས་བྱ་བ་ནི། ཆོས་མ་ཡིན་པ་ལ་མངོན་པར་ཞེན་པ་དེ་དག་གནས་མ་ལ་ངན་པ་དག?་ཐ་མར་བྱིན་པ་ན། གལ ་ཏེ་འདི་སྐད་ཅེས་ཁོ་བོ་ཅག་རྒན་རིམས་མིན་ན་ཅི་ཕྱིར་གནས་མལ་འདི་ལྟ་བུ་ངན་པ་མཇུག་ཏུ་སྦྱིན་ཞེས་ཟེར་ན་དེ་དག་ལ་དངོས་སུ་ལན་མི་གདབ་པར་གང་ཟག་གཞན་ལ་བརྟེན་ཏེ་ལན་འདི་སྐད་གདབ་པར་བྱའོ་ཞེས་བྱ ་བར་སྦྱར་རོ། །ཁྱེད་ཅག་ཀྱང་བདག་ཅག་ཤཱཀྱའི་སྲས་ཀྱི་དགེ་སྦྱོང་དག་ཡིན་ནོ་སྙམ་དུ་བདག་ཉིད་ཁས་འཆེ་འམ་ཞེས་བྱ་བ་ནི། ཁྱེད་ཅག་དེ་མ་ཡིན་ནོ་ཞེས་བྱ་བའི་ཟུར་ཡིན་ནོ། །སྤྱོད་ཚུལ་འདི་ལྟ་བུ་ཞེས་བྱ་བ་ནི། ཁྱེད་ཅག་གིས་སྤྱད་པའི་སྤྱོད་པ་ལ་སོགS ་པ་དང་གསོ་སྦྱོང་དང་དགག་དབྱེ་ཉམས་བ་གང་ཡིན་པ་དེ་དག་བརྗོད་པར་བྱའོ། །གཏམ་འདི་ལྟ་བུ་ལ་ཞེས་བྱ་བ་ནི། སྤྱོད་ཚུལ་དེ་ལ་ཉེས་དམིགས་གང་བྱུང་བ་སྟེ་སྟོན་པར་ཀུན་ཏུ་གཤེགས་པ་ལ་སོགས་པ་གང་ཡིན་པ་དེ་དག་བརྗོད་པར་བྱའོ། །འདི་ཡང་མི་འཐོབ་པ ་ཡིན་ན་ཞེས་བྱ་བ་ནི། གནས་མ་ངན་པ་མཇུག་ཏུ་བྱིན་བ་འདི་ཡང་ཁྱེད་ལ་མི་འོས་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། ཁྱེད་ཀྱི་སྟོན་པ་ཐུགས་རྗེ་དང་ལྡན་པ་ཞེས་བྱ་བ་ནི། དེ་དག་ཀྱང་ད་དུང་དེ་བཞིན་གཤེགས་པའི་ཉན་ཐོས་ཡིན་པས་སྟོན་པའི་ཚེ་བ་ཉིད ་བརྗོད་པའོ། །དེས་ན་ཞེས་བྱ་བ་ནི། སྟོན་པ་ཐུགས་རྗེ་དང་ལྡན་པའི་རྒྱུ་དེས་ནའོ། །འདི་རྗེས་སུ་གནང་ངོ། །ཞེས་བྱ་བ་ནི། གནས་མལ་ངན་པ་མཇུག་ཏུ་སྦྱིན་པ་ཞེས་བྱ་བའི་རྗེས་སུ་གནང་ངོ་ཞེས་སོ། །གཞན་ལ་ལན་གདབ་པར་བྱའོ་ཞེས་བྱ་བ་ནི། དེ་དག་ལ་དངོས ་སུ་ལན་མི་གདབ་པར་གང་ཟག་གཞན་ལ་བརྟེན་ཏེ་ལན་དེ་སྐད་ལན་གདབ་པར་བྱ་བའོ། །དགེ་སློང་མས་སྟན་ལས་ལྡང་བ་དབྲི་བར་མི་བྱའོ་ཞེས་བྱ་བ་ནི། དགེ་སློང་འཐབ་ཀྲོལ་བྱེད་པ་དེ་དག་ལ་དགེ་སློང་མས་ནི་སྟན་ལས་ལྡང་བ་གཞན་གྱི་ལུགས ་ལས་དབྲི་བར་མི་བྱ་བའོ། །འདི་སྐད་བསྟན་ཏེ། དགེ་སློང་མས་ནི་འཐབ་ཀྲོལ་བྱེད་པ་དག་མཐོང་ན་དེ་ལྟ་ན་ཡང་སྟན་ལས་ལྡང་བར་བྱའོ། །དགེ་བསྙེན་གྱིས་བསོད་སྙོམས་དབུལ་བར་བྱའོ་ཞེས་བྱ་བ་ནི། འཐབ་ཀྲོལ་ཅན་དེ་དག་ལའོ། །བཟོད་པ་བྱས་པ་དེ ་དྲག་ལ་མཐུན་པ་ཐོབ་པ་མེད་པར་མཐུན་པ་མི་འབྱུང་ངོ་ཞེས་བྱ་བ་ནི། ཆོས་མ་ཡིན་པ་ལ་མངོན་བར་ཞེན་བདེ་དག་གིས་དགེ་འདུན་ལ་བཟོད་པ་གསོལ་ཏེ། དགེ་འདུན་གྱིས་གསོལ་བའི་དང་བཞིའི་ལས་ཀྱིས་བཟོད་བ་བྱས་སུ་ཟིན་ཀྱང་དེ་དག་རང་གིས་དགེ་འདུན ་ལ་རྫུན་པ་གསོལ་ཏེ། དགེ་འདུན་གྱིས་གསོལ་བ་དང་བཞིའི་ལས་ཀྱིས་མཐུན་པ་སྦྱིན་པ་འཐོབ་པ་མེད་པར་དགེ་འདུན་དང་མཐུན་པ་མི་འབྱུང་བའོ། །དེ་དག་གིས་དགེ་འདུན་ལ་བཟོད་པ་གསོལ་བའི་སྔགས་ནི། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ ་བདག་དགེ་སློང་ཀཽ་ཤཱམ་བཱི་བའི་དགེ་སློང་ནང་བར་སྔ་ཞིག་ཏུ་མདོ་སྡེ་དང་འདུལ་བ་དང་མ་མོའི་ལུང་རྣམ་པར་རྟོག་རྟོག་ན་འདི་སྙམ་བགྱིད་དེ་གང་ལས་བདག་ཅག་ལ་འཐབ་པ་དང་མཚང་འདྲུ་བ་དང། རྩོད་པ་དང་འགྱེད་པ་འབྱུང་བའི་གཞི་ནི་འདི་ལྟ་སྟེ། ་ལྟུང་བ་བྱུང་དམ་མ་བྱུང་བ་དང་གནས་ནས་བྱུང་དམ་མ་བྱུང་བ་ལགས་ན་བདག་ཅག་ལ་ལྟུང་བ་བྱུང་གི་ལྟུང་བ་མ་བྱུང་བ་མ་ལགས་གནས་ནས་ཕྱུང་བ་ལགས་ཀྱི། གནས་ནས་མ་ཕྱུང་བ་མ་ལགས་ཏེ། གང་གནས་ནས་ཕྱུང་བ་ནི་ཆོས་དང་མཐུན་པའི་ལས་མ ་འཁྲུགས་པ་གཞག་པར་མི་འོས་པས་བགྱིས་སོ་སྙམ་བགྱིད་ནས་བདག་གྲོང་ཁྱེར་ཡངས་པ་ཅན་གྱི་དགེ་སློང་དང་བསྡུམས་ཀྱི་ཞིང་མཐུན་པར་བགྱིའོ་སྙམ་དུ་སྟེ། བདག་ཀོ་ཤཱམ་བཱི་བའི་དགེ་སློང་སྐྲ་འགྲེང་བར་གྱུར་སྐྲ་འཕྱར་བར་གྱུར་ཅིང་དགེ་འདུན ་ལ་སྤུ་སྙོལ་བར་བགྱིད། འབྱུང་བ་བསྐྱོད་མཚུངས་པ་ཉེ་བར་སྟོན་ལ་མཚམས་ཀྱི་ནང་དུ་མཆིས་ཏེ་བཟོད་པ་གསོལ་ཞིང་གཞི་གང་ལས་གནས་ནས་དབྱུང་བའི་ཕྲིན་ལས་མཛད་པའི་གཞི་དེ་ལས་སླར་ལྡོག་པར་བགྱིད་ན་ཐུགས་བརྩེ་བ་ཅན་དགེ་འདུན ་བ་རྣམས་ཀྱིས་ཐུགས་བརྩེ་བའི་སླད་དུ་བདག་གནས་ནས་དབྱུང་བའི་བྲིན་ལས་མཛད་ལགས་པ་ལ་བཟོད་པ་མཛད་དུ་གསོལ། ལན་གསུམ་བཟླས་ཞེས་གསུངས་པ་ཡིན་ནོ། །དགེ་འདུན་གྱིས་གསོལ་བ་དང་བཞིའི་ལས་ཀྱིས་བཟོད?་པར་བྱ་བའི་སྔགས? ་ནི་དགེ་འདུན་བཅུན་པ་རྣམས་གསན་དུ་གསོལ། ཀཽ་ཤཱམ་བི་བའི་དགེ་སློང་གནས་ནས་དབྱུང་བའི་ཕྲིན་ལས་མཛད་ལགས་པ་འདི་སྐྲ་འགྲེང་བར་གྱུར། སྐྲ་འཕྱར་བར་གྱུར་ཅིང། དགེ་འདུན་ལས་སྦུ་སྙོལ་བར་བགྱིད། འབྱུང་བ ་བསྐྱོད། མཚུངས་པ་ཉེ་བར་སྟོན་ལ་མཚམས་ཀྱི་ནང་དུ་མཆིས་ཏ། བཟོད་པ་གསོལ་ཞིང་གཞི་གང་ལས་གནས་དབྱུང་བའི་ཕྲིན་ལས་མཛད་པའི་གཞི་དེ་ལས་སླར་ལོག་པར་བགྱིད་ན། གལ་ཏེ་དགེ་འདུན་གྱིས་དུས་ལ་བབ་ཅིང་བཟོད་ན། དགེ་འདུན ་གྱིས་གནང་བར་མཛོད་ཅིག་དང། དགེ་འདུན་གྱིས་ཀཽ་ཤཱམ་བཱི་བ་འདི་དགེ་སློང་གནས་ནས་དབྱུང་བའི་ཕྲིན་ལས་མཛད་པ་ལགས་བ་ལ་བཟོད་པ་མཛད་དོ། །འདི་ནི་གསོལ་བའོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །མཐུན་པ ་གསོལ་བ་དང་མཐུན་པ་སྦྱིན་པའི་སྔགས་ནི་འོག་ནས་འབྱུང་ངོ། །གསོ་སྦྱོང་མེད་པར་རང་བཞིན་དུ་གནས་པ་ཉིད་མི་འཐོབ་བོ་ཞེས་བྱ་བ་ནི། མཐུན་པ་གསོལ་ཏེ་མཐུན་པ་ཐོབ་ཏུ་ཟིན་ཀྱང་ཇི་སྲིད་དུ་དགེ་འདུན་ལས་མཐུན་པའི་གསོ་སྦྱོང་མ་གསོལ་ཅིང ་མཐུན་པའི་གསོ་སྦྱོང་མ་ཐོབ་ཀྱི་བར་དུ་རང་བཞིན་དུ་གནས་པ་ཉིད་མི་འཐོབ་སྟེ། ཆོས་དང་ཟང་ཟིང་གི་ལོངས་སྤྱོད་གཉིས་ཀྱི་འོས་ཉིད་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། མཐུན་པའི་གསོ་སྦྱོང་ཞེས་བྱ་བ་ནི། དོན་དང་མཐུན་པར་བརྗོད་པ་ཡིན་ཏེ། མཐུན ་བར་སྒྲུབ་པའི་ཕྱིར་གསོ་སྦྱོང་བྱ་བའི་ཐ་ཚིག་གོ། དེ་བྱིན་ནས་བྱའོ་ཞེས་བྱ་བ་ནི། མཐུན་པའི་གསོ་སྦྱོང་དེ་དེ་བཞིན་ནི་བྱ་བར་བྱིན་ནས་བཟོད་བྱའོ། །དེ་ནི་ལས་ཀྱིས་སོ་ཞེས་བྱ་བ་ནི། མཐུན་པའི་གསོ་སྦྱོང་སྦྱིན་པ་དེ་ནི་དེ་དག་གིས་གསོལ་ནས་དགེ་འདུན ་གྱིས་གསོལ་བ་དང་བཞིའི་ལས་ཀྱིས་སྦྱིན་པའོ། །དེ་དག་གིས་གསོལ་བའི་སྔགས་ནི། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། བདག་ཀཽ་ཤཱམ་བཱི་པའི་དགེ་སློང་ལ་དགེ་འདུན་གྱིས་གནས་དབྱུང་བའི་ཕྲིན་ལས་མཛད་ལགས་པས་བདག་དགེ་འདུན ་གྱིས་གན་དུ་མཆིས་ཏེ་བཟོད་པ་གསོལ་ན་དགེ་འདུན་གྱིས་བདག་ལ་བཟོད་པའི་ཕྲིན་ལས་མཛད་ལགས་ཏེ། བདག་བཟོད་པའི་ཕྲིན་ལས་མཛད་ལགས་པ་འཁོར་དང་བཅས་པ་དགེ་འདུན་གྱི་གན་དུ་མཆིས་ནས་མཐུན་པ་གསོལ་ཏེ། དགེ་འདུན་གྱིས་བདག ་འཁོར་དང་བཅས་པ་ལ་མཐུན་པ་སྩལ་ལགས་པས་བདག་ཀཽ་ཤཱམ་བཱི་བའི་དགེ་སློང་འཁོར་དང་བཅས་པ་མཐུན་པ་སྩལ་བ། མཐུན་པའི་གསོ་སྦྱོང་དུ་གསོལ་ན་ཐུགས་བརྩེ་བ་ཅན་དགེ་འདུན་བཙུན་པ་རྣམས་ཀྱིས་ཐུགས་བརྩེ་བའི་སླད་དུ་བདག་ཀཽ? ་ཤཱམ་བཱི་བའི་དགེ་སློང་འཁོར་དང་བཅས་པ་མཐུན་པ་སྩལ་པ་ལ་མཐུན་པའི་གསོ་སྦྱོང་སྩལ་དུ་གསོལ། ལན་གསུམ་དུ་བཟླས་ཞེས་གསུངས་པ་ཡིན་ནོ། །དགེ་འདུན་གྱིས་གསོལ་བ་དད་བཞིའི་ལས་ཀྱིས་མཐུན་པའི་གསོ་སྦྱོང་བའི་སྔགས་ནི། དགེ་འདུན་བཙུན་བ་རྣམས ་གསན་དུ་གསོལ། ཀཽ་ཤཱམ་བཱི་པའི་དགེ་སློང་འདི་ལ་དགེ་འདུན་གྱིས་གནས་ནས་དབྱུང་བའི་ཕྲིན་ལས་མཛད་ལགས་པས་འདི་དགེ་འདུན་གྱི་གན་དུ་མཆིས་ཏེ། བཟོད་པ་གསོལ་ན་དགེ་འདུན་གྱིས་འདི་ལ་བཟོད་པའི་ཕྲིན་ལས་མཛད་ལགས་ཏེ། བཟོད་པའི་ཕྲིན་ལས ་མཛད་ལགས་བས་འཁོར་དང་བཅས་པ་འདི་དགེ་འདུན་གྱི་གན་དུ་མཆིས་ནས་མཐུན་པ་གསོལ་ཏེ། དགེ་འདུན་གྱིས་ཀཽ་ཤཱམ་བཱི་བའི་དགེ་སློང་འཁོར་དང་བཅས་པ་འདི་ལ་མཐུན་པ་བསྩལ་ལགས་པས། ཀཽ་ཤཱམ་བཱི་པའི་དགེ་སློང་དག་འཁོར་དང་བཅས་པ ་མཐུན་པ་བསྩལ་བ་འདི་མཐུན་པའི་གསོ་སྦྱོང་གསོལ་ན་གལ་ཏེ། དགེ་འདུན་གྱིས་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནད་བར་མཛོད་ཅིག་དང། དགེ་འདུན་གྱིས་ཀཽ་ཤཱམ་བཱི་པའི་དགེ་སློང་འཁོར་དང་བཅས་པ་མཐུན་པ་སྩལ་བ་ལ་མཐུན་པའི་གསོ ་སྦྱོང་སྩོལ་ཏོ། །འདི་ནི་གསོལ་བའོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །སྔ་མ་ཡང་ངོ་ཞེས་བྱ་བ་ནི། མཐུན་པ་སྦྱིན་པ་ཞེས་སྔར་བསྟན་པ་དེ་ཡང་དེ་དག་གིས་གསོལ་ནས། དགེ་འདུན་གྱིས་གསོལ་བ་དང་བཞིའི་ལས་ཀྱིས་སྦྱིན་པའོ། །དེ་དག་གིས ་གསོལ་བའི་སྔགས་ནི། དགེ་འདུན་བཙུན་བ་རྣམས་གསན་དུ་གསོལ། བདག་ཀཽ་ཤཱམ་བཱི་པའི་དགེ་སློང་ལ་དགེ་འདུན་གྱིས་གནས་ནས་དབྱུང་བའི་ཕྲིན་ལས་མཛད་ལགས་པས་བདག་དགེ་འདུན་གྱི་གན་དུ་མཆིས་ཏེ་བཟོད་པ་གསོལ ་ན་དགེ་འདུན་གྱིས་བདག་ལ་བཟོད་པ་མཛད་ལགས་ཏེ། བདག་ཀཽ་ཤཱམ་བཱི་པའི་དགེ་སློང་བཟོད་པའི་ཕྲིན་ལས་མཛད་ལགས་པ་འཁོར་དང་བཅས་པ་མཐུན་པ་གསོལ་ན། ཐུགས་བརྩེ་བ་ཅན་དགེ་འདུན་བཙུན་པ་རྣམས་ཀྱིས་ཐུགས་བརྩེ་བའི་སླད་དུ་བདག ་ཀཽ་ཤཱམ་བཱི་པའི་དགེ་སློང་བཟོད་པའི་ཕྲིན་ལས་མཛད་ལགས་པ་འཁོར་དང་བཅས་པ་ལ་མཐུན་པ་སྩལ་དུ་གསོལ། ལན་གསུམ་བཟླས་ཞེས་གསུངས་པ་ཡིན་ནོ། །དགེ་འདུན་གྱིས་བཟོད་པ་གསོལ་བ་དང། བཞིའི་ལས་ཀྱིས་མཐུན་པ་སྦྱིན་བའི ་སྔགས་ནི། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། ཀཽ་ཤཱམ་བཱི་པའི་དགེ་སློང་འདི་ལ་དགེ་འདུན་གྱི་གནས་ནས་དབྱུང་བའི་ཕྲིན་ལས་མཛད་ལགས་པས་འདི་དགེ་འདུན་གྱི་གན་དུ་མཆིས་ཏེ། བཟོད་པ་གསོལ་ནས་དགེ་འདུན་གྱིས་འདི་ལ? ་བཟོད་བ་མཛད་ལགས་ཏེ། ཀཽ་ཤཱམ་པཱི་བའི་དགེ་སློང་བཟོད་པའི་ཕྲིན་ལས་མཛད་ལགས་པ་འཁོར་དང་བཅས་པའི་མཐུན་པ་གསོལ་ན། གལ་ཏེ་དགེ་འདུན་གྱིས་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང། དགེ་འདུན་གྱིས ་ཀཽ་ཤཱམ་བཱི་པའི་དགེ་སློང་བཟོད་པའི་ཕྲིན་ལས་མཛད་ལགས་པ་འཁོར་དང་བཅས་པ་འདི་ལ་མཐུན་པ་སྩོལ་ཏོ། །འདི་ནི་གསོལ་བའོ། །ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ།། །།བམ་པོ་དྲུག་ཅུ་དྲུག་པ། །མཐུན་པ་དང་བཀྲ་ཤིས ་དང་གནོད་པ་བྱུང་བའི་དོན་དུ་གསོ་སྦྱོང་བྱར་རུང་ངོ། །ཞེས་བྱ་བ་ལ་མཐུན་པའི་དོན་དུ་གསོ་སྦྱོང་བྱར་རུང་བ་ནི། བྱེ་བ་རྣམས་ཀྱི་མཐུན་པ་སྒྲུབ་པའི་ཕྱིར་མཐུན་པའི་གསོ་སྦྱོང་བྱར་རུང་བ་སྐབས་འདིར་ཇི་སྐད་བསྙན་པ་ཉིད་ཡིན་ནོ། བཀྲ་ཤིས་ཀྱི་དོན་དུ ་གསོ་སྦྱོང་བྱར་རུང་བ་ནི། ཆོས་དང་འདུལ་བའི་སྐབས་སུ་ཆོས་མ་ཡིན་པ་དང་འདུལ་བ་མ་ཡིན་པའི་དོན་སྒྲོ་འདོགས་པ་བཀྲ་མི་ཤིས་པ་དང། དགེ་འདུན་བདེ་བའི་སྐབས་སུ་དགེ་འདུན་ལ་མི་བདེ་བ་ཡམས་ཀྱི་ནང་དང། སེར་བ་དང་བྱེ་བ་དང་ཆོམ་རྐུན་དང་དམག ་དང་རླུང་ལ་སོགས་པ་ཕྱི་རོལ་གྱི་མི་བཀྲ་མི་ཤིས་པ་འབྱུང་བ་དག་མཐོང་ན་བཀྲ་ཤིས་པར་སྒྲུབ་པའི་ཕྱིར་གསོ་སྦྱོང་བྱར་རུང་པའོ། །གནོད་པ་བྱུང་བའི་དོན་དུ་གསོ་སྦྱོང་བྱར་རུང་བ་ནི། རིམས་ཉིན་བཞི་པ་ལ་སོགས་པའི་གནོད་པ་བྱུང་བ་ན། དེ་དག་ཉེ་བར་ཞི་བར་བྱ་བའི ་དོན་དུ་གསོ་སྦྱོང་བྱར་རུང་བའོ། །གྲོང་ཁྱེར་ཡངས་པ་ཅན་ཡང་དག་པར་སྡུད་པར་བྱེད་པ་ན། གསོ་སྦྱོང་བྱས་པ་གང་ཡིན་པ་དེ་ནི་མི་རུང་བའི་གཞི་བཅུ་བྱུང་བ་དེ་དག་ཉེ་བར་ཞི་བར་བྱ་བའི་ཕྱིར་ཏེ། དེ་ཡང་ཆོས་དང་འདུལ་བའི་སྐབས་སུ་ཆོས་མ་ཡིན་པ་ལ་འདུལ ་བ་མ་ཡིན་པའི་དོན་སྒྲོ་འདོགས་པར་བཀྲ་མི་ཤིས་པ་མཐོང་ནས། བཀྲ་ཤིས་པར་སྒྲུབ་པའི་ཕྱིར་བཀྲ་ཤིས་ཀྱི་གསོ་སྦྱོང་བྱ་བ་ཡིན་ནོ། །མི་རུང་བའི་བཞི་བཅུ་གང་ཞེ་ན། སྡོམ་ལ། ཧུ་ལུ་ཧུ་ལུ་ཡི་རང་དང། །ཀུན་སྤྱད་གནོད་དང་ལན་ཚ་དང། །ལམ་དང་སོར་གཉིས ་དཀྲུག་དང་གདིང། །གསེར་གྱི་རུང་བ་བྱས་པ་ནི། །འདི་ལ་རུང་མིན་བཞི་བཅུ་ཡིན། །དེ་ལ་ཧུ་ལུ་ཧུ་ལུའི་རང་བཞིན་བྱ་བ་ནི། ཡངས་པ་ཅན་པ་དག་ཆོས་མ་ཡིན་པ་དང་མི་མཐུན་པས་ལས་དག་བྱེད་ཅིང། མཇུག་ཏུ་ཐལ་མོ་བརྡབས་ཏེ། ཧུ་ལུ་ཧུ་རུ?་ཞེས་བྱ་བའི ་སྒྲ་ཕྱུང་ནས་ལས་འདི་གྲུབ་བོ་ཞེས་ཟེར་བ་གང་ཡིན་པའོ། །ཡི་རང་བའི་རུང་བ་ཞེས་བྱ་བ་ནི། ཡངས་པ་ཅན་པ་དག་ཆོས་མ་ཡིན་པ་དཔེ་མི་མཐུན་པས་ལས་སུ་དག་བྱས་ནས། དགེ་སློང་ལྷག་མ་རྣམས་རྗེས་སུ་ཡི་རང་བ་བྱེད་དུ་བཅུག་པ་གང་ཡིན་པའོ། ། ་ཀུན་ཏུ་སྤྱད་པའི་རུང་བ་ཞེས་བྱ་བ་ནི། དེ་དག་གིས་གྲགས་པའི་དབང་གིས་བརྐོས་པ་དང། རྐོར་བཅུག་པ་གང་ཡིན་པའོ། །གནོད་པའི་རུང་བ་ཞེས་བྱ་བ་ནི། །དེ་དག་ན་བར་གྱུར་ནས་ཆང་འཐུངས་བ་གང་ཡིན་པའོ། །ལན་ཚའི་རུང་བ་ཞེས་བྱ་བ་ནི། དེ་དག ་གིས་འཚོ་བའི་བར་དུ་བཅང་བར་བྱིན་གྱིས་བརླབ་པའི་ལན་ཚ་དུ་སུ་རུང་བ་དང། ལྷན་ཅིག་ཏུ་མིན་བར་ཡང་ཟོས་པ་གང་ཡིན་པའོ། །ལམ་གྱི་རུང་བ་ཞེས་བྱ་བ་ནི་དེ་དག་གིས་རྒྱང་གྲགས་ཕྱེད་དུ་ཡང་སོང་སྟེ། འདུས་ཤིང་ཟ ་བརྒྱས་པ་གང་ཡིན་པའོ། །སོར་གཉིས་ཀྱིས་རུང་བ་ཞེས་བྱ་བ་ནི། དེ་དག་གིས་སྤངས་ལྟག་པོར་བྱེད་དུ་མ་བཅུག་པར་སོར་མོ་གཉིས་ཀྱིས་རེག་པར་བྱས་ཏེ་བཟོད་པ་གང་ཡིན་པའོ། །དཀྲུག་པའི་རུང་བ་ཞེས་བྱ་བ་ནི། དེ་དག་གིས་ཞེ?་དང་འོ་མ་དག ་དཀྲུགས་ཏེ་དུས་མ་ཡིན་པར་ཡང་འཐུངས་པ་གང་ཡིན་པའོ། །གདིང་བའི་རུང་བ་ཞེས་བྱ་བ་ནི། དེ་དག་གིས་གདིང་བ་གསང་པ་ལ་གདིང་བ་རྙིང་པ་བདེ་བར་གཤེགས་པའི་མཐོ་གང་འཁོར་བས་མ་གླན་པར་སྤྱད་པ་གང་ཡིན་པའོ། །གསེར ་གྱི་རུང་བ་ཞེས་བྱ་བ་ནི། དེ་དག་གིས་ལྷུང་བཟེད་ཁྲིའུ་གོར་བུ་ཅན་གྱི་སྟེང་དུ་བཞག་སྟེ། དགེ་ཚུལ་གྱི་མགོ་འམ་ཕྲག་པར་བཀལ་ཏེ། བསྔགས་པ་བརྗོད་ཅིང་བྲམ་ཟེ་དང་ཁྱིམ་བདག་དག་ལས་དབྱིག་དང་གསེར་ལ་སོགས་པ་བསླངས་ཏེ། ་སྤྱད་པ་གང་ཡིན་པ་སྟེ། དེ་ནི་དེ་དག་གིས་རང་གི་ངོ་བོ་ཡིན་པར་བལྟ་བར་བྱའོ། །མཐུན་པའི་གསོ་སྦྱོང་ལ་སོགས་པ་དེ་དག་གང་གི་ཚེ་བྱ་ཞེ་ན། དེའི་ཕྱིར། འདི་ལ་དུས་དང་ཁོ་ནའི་རྒྱུ་ཉིད་དུའོ་ཞེས་བྱ་བ་སྨྲས་ཏེ། གསོ་སྦྱོང་བྱ་བ་འདི་ལ་དེ་དག་ཆོས ་བཅུ་བཞིའམ་བཅོ་ལྔའི་དུས་དེ་ཁོ་ནའི་རྒྱུ་ཉིད་དུ་བྱ་བར་མ་དེས་ཀྱི་མཐུན་པ་ལ་སོགས་པ་དེ་དག་གིས་དུས་དེ་ཁོ་ནའི་རྒྱུ་ཉིད་དུ་བྱ་བ་ཡིན་ནོ། །འདིར་གཞུང་ནི། ཉེ་བར་འཁོར་གསོ་སྦྱོང་ནི་ལྔ་པོ་འདི་དག་ཡིན་ཏེ། བཅུ་བཞི་པ་དང་བཅོ་ལྔ ་པ་དང། བཀྲ་ཤིས་གྱི་གསོ་སྦྱོང་དང། གནོད་པ་བྱུང་བའི་གསོ་སྦྱོང་དང་མཐུན་བའི་གསོ་སྦྱོད་ངོ། །དེ་དགེ་སློང་གིས་གསོ་སྦྱོང་མ་ཡིན་པར་གསོ་སྦྱོང་མི་བྱའོ། །བྱེད་ན་འགལ་ཚབས་ཅན་དུ་འགྱུར་རོ། །བཀྲ་ཤིས་ཀྱི་གསོ་སྤྱོད་དང། གནོད་པ་བྱུང་བའི་གསོ ་སྦྱོང་དག་མཐུན་པའི་གསོ་སྦྱོང་ནི་མ་གཏོགས་སོ་ཞེས་བྱ་བ་གསུངས་པ་ཡིན་ནོ། །ལས་བྱེད་བའི་གཞིའོ་ཞེས་བྱ་བ་དེ་འདུལ་བའི་གཞིའི་སྐབས་སུ་གཏོགས་པ་བཤད་ཟིན་ཏོ།། །།ད་ནི་ལས་བྱེ་བའི་གཞི་ཞུ་བ་དང། བྲམ་ཟེའི་བུ་མོའི་སྐབས ་བསྡུ་བའི་ཕྱིར། ཆོས་མ་ཡིན་པ་སྨྲ་བ་དག་གིས་དབྱེ་བའི་སེམས་ཀྱིས་མཚམས་ཀྱི་ནང་དུ་ལས་ཐ་དད་པར་བྱས་ན་དེ་བྱེ་བ་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། ཆོས་མ་ཡིན་པར་སྨྲ་བ་དག་གིས་ཆོས་སྨྲ་བ་འདི་དག་བདག་ཅག་གི་ནང་དུ་ཞུགས་བས་ཅི་བྱས། དེ་དག ་བདག་ཅག་ལས་ཐ་དད་པར་གྱུར་ཅིག་སྙམ་དུ་དེ་བྱ་བའི་སེམས་ཀྱིས་མཚམས་ཀྱི་ནང་དུ་ཆོས་?་བདག་ལས། ལས་ཐ་དད་པར་བྱས་ན་ལས་དེ་བྱེ་བ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ་།ཆོས་སྨྲ་བ་དག་གིས་མཚམས་ཀྱི་ནང་དུ་ཆོས་མ་ཡིན་པ་སྨྲ་བ་དག་ལས་ཐ ་དད་པར་བྱས་པ་ནི། ལས་དེ་བྱེ་བར་མི་འགྱུར་ཏེ། དེ་དག་གིས་ལས་དེ་ཆོས་ལས་རྣམ་པར་མ་གཡོགས་པ་ཁོ་ནར་བྱེད་པའི་ཕྱིར་རོ། །འདིར་གཞུང་ནི་ས་དག་གིས་ཀཽ་ཤམ་བཱི་པའི་དགེ་འདུན་ཕྱེ་པར་གྱུར། ཆོས་མ་ཡིན་བ་སྨྲ་བ་དག་གིས་མཚམས ་ཀྱི་ནང་དུ་གནས་གཅིག་ཏུ་གོས་སྦྱོང་མ་འདྲེས་པར་བྱས་སོ་ཞེས་གསུངས་པ་ཡིན་ནོ། །འདི་ལ་སོ་སོའི་རང་གི་ལས་ནི་འཆགས་སོ་ཞེས་བྱ་བ་ནི། ལས་བྱེ་བའི་བདག་ཉིད་ཀྱི་དགེ་འདུན་གྱི་བྱེ་བ་འདི་ལ་ཕྱོགས་སོ་སོའི་ལས་ཐ་དད་པར་བྱས་པ་ནི་ཐ ་དད་པར་འཆགས་སོ། །རང་གི་ཕྱོགས་དང་མཐུན་པ་མ་ཡིན་པ་ལ་ནི་མི་འཆགས་སོ་ཞེས་བྱ་བ་ནི། རང་གི་ཕྱོགས་དང་མཐུན་པ་མ་ཡིན་པའི་གང་ཟག་ལ་བསྡིགས་པ་དང་སྨད་པ་དང་བསྐྲད་པ་དང། ཕྱིར་འགྱེད་པ་དང་གནས་ནས་དབྱུང་བའི་ལས ་བྱེད་བ་ནི་མི་འཆགས་སོ། །འདིར་གཞུང་ནི་དགེ་འདུན་བྱེ་བར་རྣམ་པར་གནས་པ་ན། ཕན་ཚུན་གྱི་ཕྱོགས་གནས་ནས་འབྱིན་པར་བགྱིད་ན། གནས་ནས་ཕྱུང་བར་བརྗོད་པར་བགྱི་འམ། བཀའ་སྩལ་པ། གནས་ནས་ཕྱུང་བར་བརྗོད་པར་བྱའོ་ཞེས་གསུངས་པ ་ཡིན་ནོ། །དགེ་འདུན་གྱི་ནི་ཆོས་སྨྲ་བས་བྱས་པ་ཉིད་ནི་བྱས་པ་ཉིད་ཡིན་ནོ་ཞེས་བྱ་བ་ནི། དགེ་འདུན་གྱི་མཚམས་བཅད་པ་ལ་སོགས་པའི་ལས་གང་ཡིན་པ་དེ་ནི་ཆོས་སྨྲ་བ་དག་གིས་བྱས་བ་ཉིད་ན་བྱས་པ་ཉིད་ཡིན་གྱི་ཆོས་མ ་ཡིན་པ་སྨྲ་བ་དག་གིས་བྱས་པ་ཉིད་ན་ནི་བྱས་པ་ཉིད་མ་ཡིན་ནོ། །འདིར་གཞུང་ནི་དགེ་འདུན་བྱེ་བ་ན་གཅིག་གམ་ཅིག་ཤོས་ཀྱིས་མཚམས་འགྲོལ་བར་བགྱིད་ན། མཚམས་བཀྲོལ་བར་བརྗོད་པར་བགྱིའོ?་ན?། །གལ་ཏེ་ཆོས་སྨྲ་བས་འགྲོལ་བར་བྱེད་ན་བགྲོལ ་བར་བརྗོད་པར་བྱའོ་ཞེས་གསུངས་པ་ཡིན་ནོ། །འདི་ལ་གལ་ཏེ་གཟུ་བོ་དག་ཡོད་ན་དགེ་སློང་མ་རྣམས་ལ་བསྟན་པར་བྱ་བ་ཉིད་ཡིན་ནོ་ཞེས་བྱ་བ་ནི། དགེ་འདུན་བྱེ་བ་འདི་ལགས་ཏེ་དགེ་སློང?་གཟུ་བོ་དག་ཡོད་ན། དེ་དག་གིས་དགེ་སློང་མ་རྣམས་ལ ་བསྟན་པར་བྱ་བ་ཉིད་ཡིན་ནོ། །གལ་ཏེ་དེ་དག་མེད་ན་ཆོས་སྨྲ་བ་དག་ཉིད་ཀྱིས་སོ། །འདིར་གཞུང་ནི་ཞུ་བ་ལས་བཙུན་པ་རེ་ཞིག་ཀཽ་ཤཱམ་བཱི་པའི་དགེ་སློང་ཕྱོགས་གཉིས་སུ་འདུས་ཤིང་མཆིས་པར་གྱུར་ན། དེ་གཉིས་གང་གིས་དགེ་སློང་མ་རྣམས་ལ་བསྟན ་པར་བགྱི། ཉེ་བར་འཁོར་གཟུ་བོ་དག་གིས་མཚམས་ཀྱི་ཕྱི་རོལ་ཏུ་སོང་སྟེ། བསྟན་པར་བྱ་བའོ་ཞེས་གསུངས་པ་དང། བྲམ་ཟེའི་བུ་མོས་ཞུས་པ་ལས་ཀྱང་གལ་ཏེ་གཟུ་བོ་དག་མེད་ན། ཆོས་སྨྲ་བ་དག་ཁོ་ནས་སོ་ཞེས་གསུངས་པ་ཡིན་ནོ། །དེ་དག་གི ་ནི་ཆོས་ཀྱི་ཕྱོགས་དང་མཐུན་པ་དག་གིས་མི་མཐུན་པ་ཉིད་དོ་ཞེས་བྱ་བ་ནི། གཟུ་བོ་དེ་དག་གི་ལས་ནི་ཆོས་ཀྱི་ཕྱོགས་དང་མཐུན་བ་དག་གིས་མི་མཐུན་པ་ཉིད་དུ་འགྱུར་བ་སྟེ། དེ་དག་ནི་དགེ་འདུན་གྱི་ཁོངས་སུ་གཏོད་པའི་ཕྱིར་དང། དགེ་འདུན་ལས ་ཐ་མི་དད་པའི་ཕྱིར་རོ། །ཆོས་མ་ཡིན་པའི་ཕྱོགས་དང་མཐུན་པ་དག་གིས་ནི་མི་མཐུན་པ་ཉིད་དུ་མི་འགྱུར་ཏེ་དེ་དག་ནི་དགེ་འདུན་གྱི་ཁོངས་སུ་མ་གཏོགས་པའི་ཕྱིར་དང་དགེ་འདུན་ལས་ཐ་དད་པའི་ཕྱིར་རོ། །དེ་བས་ན་གཟུ་བོའི་དགེ་སློང་དག་གི་ལས?་ལ་སྨྲ་བར་ཆོས་སྨྲ? ་བདག་དང་མི་མཐུན་པ་ཉིད་སྤང་བར་བྱ་ཞིང་དེ་དང་ལྷན་ཅིག་ལས་བྱས་ན་ཡང་འཆགས་སོ། །ཆོས་མ་ཡིན་པར་སྨྲ་བ་དག་དང་ནི་མི་མཐུན་པ་ཉིད་སྤང་བར་བྱ་མི་དགོས་ཏེ། དེ་དག་དང་ལྷན་ཅིག་ལས་བྱས་ན་ཡང་མི་འཆགས་སོ། །རྗེས་སུ་ཞུགས་ན་དེ་ཉིད་ཉམས་སོ ་ཞེས་བྱ་བ་ནི། གཟུ་བོ་རྣམས་ཆོས་སྨྲ་བ་འམ། ཆོས་མ་ཡིན་པ་སྨྲ་བ་གང་རུང་བའི་ཕྱོགས་ཀྱི་རྗེས་སུ་ཞུགས་ན། གཟུ་བོ་ཉིད་ཉམས་ཏེ་གཟུ་བོར་མི་རུང་ངོ་ཞེས་བྱ་བའི་ཐ་ཚིག་གོ་།གཟུ་བོ་ཞེས་བྱ་བ་ནི། སྐམ་ལ་གནས་པ་སྟེ་སྦུས་ན་གནས་པ་དང་ཞལ་ཆེ་བ་ཉིད ་ཡིན་པས་འདི་ལྟར་དེ་དག་ནི་ཐབ་ཀྲོལ་གྱི་ལྗན་ལྗིན་གྱི་འདམ་རྫབ་སྤངས་པའི་སྐམ་སའི་དབུས་ན་གནས་པ་ཡིན་པས། གཟུ་བོ་དང་དབུས་ན་གནས་པ་དང། ཞལ་ཆེ་བ་ཡིན་བར་རིག་པར་བྱའོ། །ཕྱོགས་དེ་གཉིས་ལས་ཕྱོགས་གང་ཡང་རུང་བ་ཅིག ་ཤོས་སུ་མ་ལྟུང་ལ། ཅིག་ཤོས་སུ་ཡང་མ་ལྟུང་བ་ཉིད་ཀྱི་སྐམ་ལ་གནས་པ་ནི་གཟུ་བོ་ཞེས་བྱའོ། །དེ་ལྟར་ཡང་འདིར་གཞུང་ནི། ཞུ་བ་ལས། ཡངས་པ་ཅན་གྱི་དགེ་སློང་དག་གིས་བཞི་བཅུ་ཕྱུང་བ་ན། དགེ་སློང་གནས་བརྟན་གང་དག་ཕྱོགས་ཅིག་ཤོས ་སུ་ཡང་མ་གཏོགས་ལ་ཕྱོགས་གཉིས་པར་ཡང་མ་གཏོགས་པ་དེ་དག་གི་ལགས་པར་བརྗོད་པར་བགྱི། སྐམས་ལ་གནས་པ་གཟུ་བོ་ཡིན་པར་བརྗོད་པར་བྱའོ་ཞེས་གསུངས་པ་ཡིན་ནོ། །དེ་མི་བྱའོ་ཞེས་བྱ་བ་ནི། གཟུ་བོ་ཉིད་ཉམས་པ་དེ་མི ་བྱའོ། །འདིར་གཞུངས་ནི། དགེ་འདུན་བྱ་བར་རྣམ་པར་གནས་པ་ན། གཟུ་བོ་རྣམས་ཀྱིས་ཇི་ལྟར་བསྒྲུབ་པར་བགྱི། ཕྱོགས་ཅིག་ཤོས་སུ་རང་འགྲོ་བར་ཡང་མི་བྱ། མ་དགས་པ་བཏང་བར་ཡང་མི་བྱ་ཞིང། ཕྱོགས་གཉིས་པར་ཡང་རང་འགྲོ་བར ་ཡང་མི་བྱ། མདག?་པ་བཏང་བར་ཡང་མི་བྱ་བར་ལུས་ཀྱིས་ཀྱང་བསྡམ་པར་བྱ། ངག་གིས་ཀྱང་བསྡམ་པར་བྱ་ཞིང་མཚམས་ཀྱི་ཕྱི་རོལ་ཏུ་སོང་སྟེ། གསོ་སྦྱོང་བྱའོ་ཞེས་གསུངས་པ་ཡིན་ནོ། །དགེ་སློང་མའི་དགེ་འདུན་ཕྱོགས་དང་གཞན་གྱི་ཕྱོགས་སུ ་རྣམ་པར་གནས་པ་ལ་གདམས་པར་བྱ་བ་ཡིན་ནོ་ཞེས་བྱ་བ་ནི། དགེ་སློང་མའི་དགེ་འདུན་ལས་དང་འཁོར་ལོ་མ་བྱེ་བ་དགེ་སློང་གི་དགེ་འདུན་ལས་དང་འཁོར་ལོ་བྱེ་བའི་ཕྱོགས་དང་གཞན་གྱི་ཕྱོགས་ཀྱི་འགབ་ལ་བརྟན ་ཅིང་རྣམ་པར་གནས་པ་དག་ལ་ནི་དགེ་སློང་གི་དགེ་འདུན་གྱི་ཕྱོགས་བཟུང་བ་མེད་པར་ཅི་ནས་ཀྱང་དེ་དག་བྱེ་བར་མི་འགྱུར་བར་བྱ་བའི་ཕྱིར་གདམས་ཤིང་རྗེས་སུ་བསྟན་པར་བྱ་བ་ཉིད་ཡིན་ནོ། །འདིར་གཞུང་ནི་དགེ་སློང་མའི་དགེ་འདུན་ཕྱོགས ་དང་ཕྱོགས་ལ་རྣམ་པར་གནས་པ་ལ་དགུང་ཟླ་ཕྱེད་ཕྱེད་ཅིང། གདམས་དག་དང་རྗེས་སུ་བསྟན་པ་སྩལ་པར་བགྱིའམ། བཀའ་སྩལ་པ། དགེ་སློང་མའི་དགེ་འདུན་བྱེ་བར་མི་འགྱུར་བར་བྱ་བའི་ཕྱིར་སྦྱིན་པར་བྱའོ་ཞེས་གསུངས་པ་ཡིན་ནོ། །བྱེ་བ ་ལ་ནི་དེ་ལྟ་མ་ཡིན་ནོ་ཞེས་བྱ་བ་ནི། དགེ་སློང་མའི་དགེ་འདུན་ལས་དང་འཁོར་ལོ་བྱེ་བ་ཕྱོགས་དང་གཞན་གྱི་ཕྱོགས་སུ་རྣམ་པར་གནས་པ་ལ་ནི་སྔ་མ་ལྟར་གདམས་པར་མི་བྱ་བ་ཉིད་ཡིན་པའོ། །གསོལ་བ་ན་མཐུན་པ་ཉིད་ལ་ངེས་པར་སྦྱར་བར་བྱ་བ་ཉིད་ཡིན་ནོ ་ཞེས་བྱ་བ་ནི། དགེ་སློང་མི་བྱ་བ་ཕྱོགས་དང་གཞན་གྱི་ཕྱོགས་སུ་རྣམ་པར་གནས་པ་དེ་དག་གདམས་ངག་གསོལ་བ་ན། སྲིད་མོ་དང་རྗེས་སུ་མཐུན་པར་གྱིས་ཤིག་ཅེས་མཐུན་པ་ཉིད་ལ་ངེས་པར་སྦྱར་བར་བྱའོ། །དབྱར་གྱི་རྙེད་པ་ནི་ཆོས་སྨྲ་བ་དབང་བ་ཉིད་ཞེས་བྱ་བ་ནི། ་དགེ་འདུན་བྱེ་བ་ན་དབྱར་གནས་པའི་རྒྱུ་ལས་བྱུང་བའི་རྙེད་པ་ནི་ཆོས་སྨྲ་བ་དག་དབང་བ་ཉིད་ཡིན་གྱི། ཆོས་མ་ཡིན་པ་སྨྲ་བ་དག་མི་དབང་བའོ། །གཉི་ག་འདུས་པ་ལ་བྱེ་བྲག་ཏུ་མ་བྱས་པར་བགོ་བཤའ་བྱ་བ་དགེ་འདུན་ལ་ཕུལ་བ་ཡང་ངོ་ཞེས་བྱ་བ་ནི། ཆོས་དང་ཆོས་མ ་ཡིན་པ་སྨྲ་བའི་ཕྱོགས་གཉི་ག་འདུས་པ་ལ་བྱེ་བྲག་ཏུ་མ་བྱས་བར་དགེ་འདུན་ཙམ་ལ་ཕུལ་བའི་བགོ་བཤད་བྱ་བ་ཆོས་གོས་ལ་སོགས་པ་དགེ་འདུན་ལ་ཕུལ་བ་ཡང་ཆོས་སྨྲ་བ་རྣམས་དབང་བའོ། །འདི་སྐད་བསྟན་ཏེ་དབྱར་གནས་བའི་རྒྱུ་ལས་བརྟེན་ཏེ་དགེ་འདུན ་ཙུམ?་ལ་འབུལ་བར་བྱེད་པའི་རྙེད་པ་གང་ཡིན་པ་དེ་ཡང་ཆོས་སྨྲ་བ་དག་ཁོ་ན་དབང་བ་ཡིན་གྱི། ཆོས་མ་ཡིན་པ་སྨྲ་བ་དག་ནི་མི་དབང་ངོ། །ཅི་ཐམས་ཅད་ལ་དེ་ལྟར་རྣམ་པར་བཞག་གམ་ཞེ་ན་དེའི་ཕྱིར། དེ་ལ་གལ་ཏེ་དགེ་འདུན་གྱི་ཚད་ཉིད་ཡིན་ན་དེ་དག་གོ ་ཞེས་བྱ་བ་སྨྲས་ཏེ། རྙེད་པ་དབང་བ་དེ་ལ་གལ་ཏེ་ཆོས་སྨྲ་བ་དག་བཞི་ཡན་ཆད་ཡིན་ན་རྙེད་པ་དེ་དེ་དག་དབང་བ་རྣམ་པར་བཞག་གོ་།དེ་དག་ཉུང་བ་ཉིད་ཡིན་ན་ཇི་ལྟར་བསྒྲུབ་པར་བྱ་ཞེ་ན་དེའི་ཕྱིར། གལ་ཏེ་ཉུང་བ་ཉིད་ཡིན་ལ་ཅིག་ཤོས་ནི་དེ་ཉིད་ཡིན་ན་གང ་གི་བདེ?་པར་ཕུལ་བའོ་ཞེས་བྱ་བ་སྨྲས་ཏེ། གལ་ཏེ་དེ་ན་ཆོས་སྨྲ་བ་དག་ནི་དགེ་འདུན་གྱི་ཚད་པས་ཉུང་བ་ཉིད་ཡིན་ལ། ཆོས་མ་ཡིན་པ་སྨྲ་བ་ཅིག་ཤོས་ནི་དགེ་འདུན་གྱི་ཆོད་དེ་ཉིད་ཡིན་ན། ཕྱོགས་དེ་གཉིས་ཀྱི་གང་ཟག་གང་གི་བང་བར་རྙེད་པ་དེ་ཕུལ ་བའི་ཕྱོགས་དེ་རྙེད་པ་དབང་ངོ། །པང་བ་ཞེས་སྨོས་པ་ནི་ལག་པ་དང་རྐང་པའི་དྲུང་དག་གི་དཔེ་ཡིན་ནོ། །གལ་ཏེ་གཉིས་གའི་ན་གཉི་གའོ་ཞེས་བྱ་བ་ནི། གལ་ཏེ་ཕྱོགས་གཉི་གའི་དགེ་སློང་གི་བང་བ་ལ་སོགས་པར་ཕུལ་ན་ཕྱོགས་གཉིས་ཀ་དབང་བའོ།། ་དེ་ལ་ཕྱོགས་གཉི་གས་ཇི་ལྟར་བགོ་བར་བྱ་ཞེ་ན་དེའི་ཕྱིར། དེ་ལ་གང་ཟག་ལས་ཆ་ཉིད་ཡིན་གྱི་དགེ་འདུན་ལས་མ་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། ཕྱོགས་གཉི་ག་དབང་བའི་རྙེད་པ་དེ་ལ་ཕྱོགས་གཉི་གའི་གང་ཟག་ཇི་སྙེད་ཡོད་པ་དེ་རྙེད་ཀྱི་ཆའི་ཉིད་དུ་ཡབགོ ་བར་བྱའི། ཆོས་དང་ཆོས་མ་ཡིན་པ་སྨྲ་བའི་དགེ་འདུན་གྱི་ཕྱོགས་གཉིས་ལས་ཕྱེད་ཕྱེད་དུ་བགོ་བ་ནི་མ་ཡིན་ནོ། །ལས་བྱེ་བའི་གཞི་ཞུ་བ་དང། བྲམ་ཟེའི་བུ་མོའི་སྐབས་སོ་ཞེས་བྱ་བ་དེ་དེ་གཉིས་ཀྱི་སྐབས་ལས་འབྱུང་བ་བཤད་ཟིན་ཏོ། ། ་ལས་བྱེ་བའི་གཞི་རྫོགས་སོ་ཞེས་བྱ་བ་དེ་བཤད་ཟིན་ཏོ།། །།ད་ནི་འཁོར་ལོ་བྱེ་བའི་གཞི་སྨྲ་བར་འདོད་ན། དེ་བསྡུ་བའི་ཕྱིར་དགེ་འདུན་གྱི་དབྱེ་ན་ནི་ཆོས་ལས་ཐ་དད་པའི་དངོས་པོར་གསལ་བས་སམ་དོན་དེས་ཚུལ་ཞིང་ལེན་དུ་འཇུག ་པས་སོ་ཞེས་བྱ་བ་སྨྲས་ཏེ། དགེ་འདུན་གྱི་དབྱེན་ནི་རྒྱུ་གཉིས་ཀྱིས་འགྱུར་ཏེ། ཆོས་ལས་ཐ་དད་པའི་དངོས་པོར་གསོལ་བས། དབྱེན་བྱེད་པ་དང་དོན་དེས་ཚུལ་ཤིང་ལེན་དུ་འཇུག་པས་དབྱེན་བྱེད་བའོ། །དེ་ལས་ཆོས་ཐ་དང་བཱི ་དངོས་པོས་གསོལ་བས་དབྱེན་བྱེད་བ་ཞེས་བྱ་བ་ལ་འདིར་ཆོས་ཞེས་བྱ་བ་ནི། ཐར་པའི་ལམ་ཡང་དག་པ་ཉིད་དུ་གྱུར་བ་སྟེ། དེ་ལས་ཐ་དད་བའི་དངོས་སོ་བར་བྱ་བའི་ཕྱིར་འགྱེད་བ་བྱེད་བའི་གང་ཟག་གིས་ཆོས་མ་ཡིན་པའི་ཕྱོགས་དང་མཐུན ་པའི་དགེ་འདུན་ལ་།གསོལ་བས། དགེ་འདུན་འབྱེད་པར་བྱེད་བའོ། །དེའི་སྔགས་ནི། ཆེ་དང་ལྡན་པ་དག་དགེ་སྦྱོང་གཽ་ཏ་མ་ནི་ཤ་ཟ་སྟེ། བདག་ཅག་གིས་ཤ་བཟའ་བར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། གཞི་དེ་ལས་སྲོག་ཆགས་གསོད་བ་འགྱུར་བའི་ཕྱིར་རོ། ་དགེ་སྦྱོང་གཽ་ཏ་མ་ནི་འོ་མ་འཐུང་སྟེ། བདག་ཅག་གིས་བཏུང་བར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། གཞི་དེ་ལས་བེའུ་ལ་གནོད་བའི་ཕྱིར་རོ། །དགེ་སྦྱོང་གཽ་ཏ་མ་ནི་ལན་ཚ་ཟ་སྟེ། བདག་ཅག་གིས་བཟའ་བར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཁ་བ་ལས ་གྱུར་པའི་ཕྱིར་རོ།། དགེ་སྦྱོང་གཽ་ཏ་མ་ནི། གོས་དྲས་པ་གྱོན་ཏེ་བདག་ཅག་གིས་བགོ་བར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། གཞིད?་ལས་ཐ་དད་བས་སྦྱིན་བར་བྱ་བ་ཆུད་ཟོས་པར་འགྱུར་བའི་ཕྱིར་རོ། །དགེ་སྦྱོང་གཽ་ཏ་མ་ནི་དགོན་པ་ན་གནས་པར་བྱེད་དོ།། ་བདག་ཅག་གིས་གྲོང་དུ་གནས་བར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། གཞི་དེ་ལས་དད་པས་སྦྱིན་བར་བྱ་བ་ཡོངས་སུ་མ་སྤྱད་བར་འགྱུར་བའི་ཕྱིར་རོ། །ཚེ་དང་ལྡན་བ་དག། ཁྱེད་ཅག་ལས་གང་བཏུལ་ཞུགས་ཀྱི་གནས་ལྔ་པོ་འདི་དག་གིས་དག་པ་དང། ་གྲོལ་བ་དང་ངེས་པར་འབྱུང་བར་འདོད་བ་དང། བཟོད་བ་དང། ལེགས་བར་འཛིན་པ་དེས་དགེ་སྦྱོང་གཽ་ཏ་མ་ལས་རིང་དུ་གྱིས་ཤིག། སོ་སོར་གྱིས་ཤིག། ཐ་དད་དུ་གྱིས་ཤིག། རྒྱང་སྲིངས་ཤིག། ཐག་སྲིངས་ཤིག། ལོགས་ཤིག་ན་འདུག་ཅིག་ཅེས ་ཟེར་བ་ཡིན་ནོ། །དོན་དེས་ཚུལ་ཤིང་ཡིན་དུ་འཇུག་པས་དབྱེན་བྱེད་པ་ཞེས་བྱ་བ་ལ། འདིར་དོན་ངེས་ཞེས་བྱ་བ་ནི། ཆོས་ལས་ཐ་དད་པའི་དངོས་པོར་ཞེས་སྔར་སྨོས་བའི་དོན་དེ་ཉིད་ཀྱིས་ཏེ། དེ་ལས་ཐ་དད་བའི་དངོས་པོར་བྱ་བའི་ཕྱིར་འབྱེད་པར་བྱེད་བའི་གང་ཟག ་གིས་ཆོས་མ་ཡིན་པའི་ཕྱོགས་དང་མཐུན་བའི་དགེ་འདུན་ལ་ཚུལ་ཤིང་ལེན་དུ་འཇུག་བས་དགེ་འདུན་འབྱེད་བར་བྱའོ། །དེའི་སྔགས་ནི་ཚེ་དང་ལྡན་བ་དག། དགེ་སྦྱོང་གཽ་ཏ་མ་ནི་ཤ་ཟ་སྟེ། བདག་ཅག་གིས་ཤ་བཟའ་བར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན་།གཞི ་དེ་ལས་སྲོག་གཅོད་པར་འགྱུར་བའི་ཕྱིར་རོ། །དགེ་སྦྱོང་གཽ་ཏ་མ་ནི་འེམ?་འཐུང་སྟེ། བདག་ཅག་གིས་བཏུང་བར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། གཞི་དེ་ལས་བེའུ་ལ་གནོད་པའི་ཕྱིར་རོ། །དགེ་སྦྱོང་གཽ་ཏ་མ་ནི་ལན་ཚ་ཟ་སྟེ། །བདག་ཅག་གིས་?་བར ་མི་བྱའོ། །དེ་ཅིའི་ཕྱིར་ཞ་ན། ཁུ་བ་ལས་གྱུར་བའི་ཕྱིར་རོ། །དགེ་སྦྱོང་གཽ་ཏ་མ་ནི་གོས་དྲས་པ་གྱོན་ཏེ། །བདག་ཅག་གི་བགོ་བར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། གཞི་དེ་ལས་དད་པས་སྦྱིན་བར་བྱ་བ་ཆུད་ཟོས་པར་འགྱུར་བའི་ཕྱིར་རོ། །དགེ་སྦྱོང་གཽ ་ཏ་མ་ནི་དགོན་པར་གནས་བར་བྱེད་དེ། བདག་ཅག་གིས་གྲོང་དུ་གནས་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། གཞི་དེ་ལས་དད་བས་སྦྱིན་པར་བྱ་བ་ཡོངས་སུ་མ་སྤྱད་པར་འགྱུར་བའི་ཕྱིར་རོ། །ཚེ་དང་ལྡན་པ་དག་ཁྱེད་ཅག་ལས་གང་བརྟུལ་ཞུགས་ཀྱི ་གནས་ལྔ་བོ་འདི་དག་གིས་དག་པ་དང། གྲལ་བ་དང། ངེས་པར་འགྱུར་བར་འདོད་བ་དང། བཟོད་བ་དང་ལེགས་བར་འཛིན་པ་དེས་ཚུལ་ཤིང་ལོང་ཤིག་ཅེས་ཟེར་བ་ཡིན་ནོ། །དབྱེ་བར་བྱ་བ་དག་དགེ་འདུན་གྱི་ཚད་ཉིད་མ་ཡིན་པ་དང་མཚམས ་ཀྱི་ནང་ན་གཞན་དགེ་འདུན་གྱི་ཚད་དག་ཀྱང་མིང?་བ་ཉིད་ཡིན་ན་དེ་མི་འཆགས་སོ་ཞེས་བྱ་བ་ནི། གལ་ཏེ་ཕྱོགས་གཉི་ག་ལ་སོ་སོ་ན་དགེ་འདུན་གྱི་ཚད་དུ་མེད་པ་ཉིད་ཡིན་ན། འབྱེད་པར་བྱེད་པ་དེས་དགེ་འདུན་བྱེ་བ་དེ་མེ་འཆགས་སོ། །འདིར་དགེ་འདུན ་གྱི་ཚད་ནི་བཞི་ཡན་ཆད་དོ། །འབྱེད་བར་བྱེད་བ་ཉིད་ཀྱིས་ཆོས་མ་ཡིན་བའི་ཕྱོགས་ཀྱི་དགེ་འདུན་གྱི་ཁ་བསྐད་དུ་ཡང་མི་རུང་ངོ། །ཅི་འབྱེད་བ་ཐམས་ཅད་ལ་མཚམས་མེད་བར་འགྱུར་རམ་ཞེ་ན། དེའི་ཕྱིར་།ཆོས་དང་ཆོས་མ ་ཡིན་པ་གཉི་ག་དེ་བཞིན་ཉིད་དུ་ཤེས་ན་མཚམས་མེད་པའོ་ཞེས་བྱ་བ་སྨྲས་ཏེ། ཆོས་ཀྱང་ཆོས་ཉིད་དུ་ཤེས་ལ་ཆོས་མ་ཡིན་པ་ཡང་ཆོས་མ་ཡིན་པ་ཉིད་དུ་ཤེས་བཞིན་དུ་དགེ་འདུན་འབྱེད་བར་བྱེད་ན་དེ་ལ་མཚམས་མེད་བའི་ཁ་ན་མ་མཐོ་བར་འགྱུར་རོ ་ཆོས་ལ་ཆོས་མ་ཡིན་བར་འདུ་ཤེས་པ་དང། ཆོས་མ་ཡིན་པ་ལ་ཆོས་སུ་འདུ་ཤེས་པ་ལ་ནི་མཚམས་མེད་བར་མི་འགྱུར་ཏེ། དེ་ལ་བསམ་པས་ལོག་པར་བསྒྲུབ་བ་མེད་བའི་ཕྱིར་རོ། །དབྱེ་བ་ལ་ཆོས་སུ་འདུ་ཤེས་པས་ཀྱང་ངོ་ཞེས་བྱ་བ་ནི། མཚམས ་མེད་བ་ཉིད་དུ་འགྱུར་རོ་ཞེས་བྱ་བར་སྦྱར་ཏེ། ཕུང་བོའི་ལྷག་མ་མེད་བ་ཆུད་ཟ་བ་དེ་ལས་བཟློག་ཅིང་དབྱེན་བྱེད་བ། འགྲོ་བ་རྣམས་ཐར་བ་ལས་བཟློག་བ་གང་ཡིན་པ་དེ་ནི་འདོད་བའི་ཁམས་ཀྱི་དབང་ཕྱུག་ལ་ཕན་པ་ཆེན་པོ་བྱེད་པ་ཡིན་ནོ་ཞེས་བྱ་བ་ལ ་སོགས་པའི་རྣམ་པས་དབྱེན་ལ་ཆོས་སུ་འདུ་ཤེས་བས་དགེ་འདུན་གྱི་དབྱེན་བྱེད་ན་དེས་ཀྱང་ཆོས་དང་ཆོས་མ་ཡིན་པ་དག་དེ་བཞིན་ཉིད་དུ་ཤེས་པ་ཡིན་པས་མཚམས་མེད་པར་འགྱུར་རོ། །ཡིད་གཉིས་ནི་འདུ་ཤེས་དང་འདྲ་བས་དེའི་ཕྱིར་འདི་ལ་ཡིད་གཉིས ་ཟན་ཡང་དེ་མཚམས་མེད་པ་ཉིད་དུ་འགྱུར་བར་རིག་པར་བྱའོ། །འཁོར་ལོ་བྱེ་བའི་གཞིའོ་ཞེས་བྱ་བ་དེ་བཤད་ཟིན་ཏོ། །ད་ནི་རྩོད་བའི་གཞི་སྨྲ་བར་འདོད་ནས། རྩོད་བ་ནི་རྣམ་པ་གཞི་སྟེ། འགྱེད་བའི་ཕྱིར་རྩོད་བ་དང། མ་གདམས་བའི་ཕྱིར་རྩོད་བ་དང། ལྟུང་བའི་ཕྱིར ་རྩོད་བ་དང། བྱེ་བའི་ཕྱིར་རྩོད་པ་སྟེ་དེ་ལ་འགྱེད་བའི་ཕྱིར་རྒྱུ་ལས་རྩོད་བར་འགྱུད་པའི་ཕྱིར་རྩོད་བའོ། །ལྷག་མ་རྣམས་ཀྱང་དེ་བཞིན་དུ་བརྗོད་པར་བྱའོ་ཞེས་གསུངས་བ་ལ་རྩོད་བ་བཞི་པོ་གང་དག་ཡིན་པ་དེ་དག་གི་རང་གི་ངོ་བོ་ངེས་བར་གཟུང་བའི་ཕྱིར། འཁྲུག ་ལོང་གི་རྒྱུ་བཞིའོ་ཞེས་བྱ་བ་སྨྲས་ཏེ། ཚིག་གི་ཕྱིར་སེམས་གཞོལ་བ་གང་ཡིན་བ་དེ་ནི་འདིར་འཁྲུག་ལོང་ཞེས་བྱའི་ཁྲོ་བ་ནི་མ་ཡིན་ནོ། །ཚིག་ཅེས་བྱ་བ་ནི། དགྲ་བོས་མི་མཐུན་པར་སྨྲ་བ་ཡིན་དགོངས་ཀྱི་ཚིག་ཙམ་ནི་མ་ཡིན་ཏེ། དེའི་ཕྱིར་དེ་ལ་འཁྲུག་ལོ་ཉིད ་ཏུ་ཉེ་བར་གདགས་སོ། །གལ་ཏེ་ཚིག་གི་ཕྱིར་སེམས་གཞོལ་བ་འཁྲུག་ལོང་ཡིན་ལ་དེ་ཉིད་རྩོད་པ་ཡིན་ན། འོ་ན་ཇི་ལྟར་གཙུག་ལག་ལས་དེ་ལ་བརྟེན་ཏེ་འཐབ་པ་དང་མཆེད་འདྲུ་བ་དང། རྩོད་བ་དང། འགྱེད་བ་གང་ཡིན་པ་དེ་འགྱེད་པའི་ཕྱིར་རྩོད་པ་ཞེས་བྱའོ་ཞེས ་གསུངས་ཤེ་ན། འདི་ལྟར་འཐབ་བ་ལ་སོགས་པ་ནི་ཚིག་གི་ཕྱིར་གཞོལ་བའི་འཁྲུག་ལོང་འདིའི་འཁོར་ཡིན་ཏེ། དེ་དང་འབྲེལ་བ་ལས་བྱུང་བའི་ཕྱིར་རོ། །ཡང་དག་བར་ན་འཁྲུག་ལོང་ཉིད་རྩོད་པ་ཡིན་ཏེ། འདི་ལྟར་རྩོད་པའི་གཞི་ཡིན་པས་གཞིར་གྱུར་བའི ་དངོས་པོ་ནི་འགྱེད་བའི་ཕྱིར། རྩོད་བ་ཡིན་པར་རིགས་བའི་ཕྱིར་རོ། །འཁྲུག་ལོང་གི་རྒྱུ་བཞི་བོ་དེ་དག་གང་ཞེ་ན་དེའི་ཕྱིར། དངོས་བོའི་དེ་བཞིན་ཉིད་ལ་ལོག་པར་སྒྲུབ་བ་དང། སྦོང་བ་དང་ལྟུང་བ་དང་བཅས་པ་ཉིད་དང། ལས་ལ་མཐུན་བ་མི་སྦྱིན་པའོ་ཞེས ་བྱ་བ་སྨྲས་ཏེ། དངོས་བོའི་དེ་བཞིན་ཉིད་ཅེས་བྱ་བ་ནི། དེའི་རང་བཞིན་ཉིད་དེ། རང་གི་ངོ་བོ་ཞེས་བྱ་བའི་ཐ་ཚིག་གོ། དེ་ལ་ལོག་པར་སྒྲུབ་པ་ཞེས་བྱ་བ་ནི། མ་ངེས་པ་ཉིད་དེ་ཆོས་ཡིན་ནོ། །ཞེ་འམ་ཆོས་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་ལྟ་བུར་གཉིས་སུ ་འདྲེན་པའོ། །དེ་ལྟར་དངོས་པོའི་དེ་བཞིན་ཉིད་ལ་ལོག་བར་སྒྲུབ་པ་དེ་ནི་འཁྲུག་ལོང་གི་རྒྱུ་དང་པོ་ཡིན་ནོ། །ཇི་ལྟར་དངོས་པོའི་དེ་བཞིན་ཉིད་ལ་སོགས་བསྒྲུབ་པ་?་ཞིག་འཁྲུག་ལོང་དང་བོའི་རྒྱུར་བཞག་སྟེ། དེ་ལྟར་དངོས་པོའི་རྣམ་པ་ལ་སྤྱོད་པ་ལས ་ཀྱང་འགྱེད་བ་བྱུང་བའི་ཕྱིར་ཏེ། ཅིའི་ཕྱིར་ཁྱོད་ཀྱིས་བླངས་ཤེའམ་བྱིན་ཞེ་འམ་ལས་སུ་བསྐོས་བ་འདི་མ་བྱས་ཞེས་འགྱེད་བ་གང་ཡིན་པ་དེ་ཡང་དངོས་པོའི་དེ་བཞིན་ཉིད་མ་ཡིན་པ་མ་ཡིན་ཏེ། འདི་ནི་བྱ་བའོ་ཞེ་འམ་བྱ་བ་མ་ཡིན་ནོ་ཞེས་ཞུགས་པའི་ཕྱིར་རོ་ཞེ་ན ་འདི་ལྟར་འདི་དེ་ལྟ་བུ་དང་མཐུན་པ་དག་མ་བསྡུས་པ་ཤེས་པར་མི་བྱ་སྟེ། དེས་ན་དངོས་པོའི་རང་གི་ངོ་བོ་ཁོ་ན་ལ་འགྱེད་བ་འདི་འབྱུང་བས་དེའི་ཕྱིར། དངོས་པོའི་དེ་བཞིན་ཉིད་ལ་ལོག་པར་སྒྲུབ་བ་ལས་འགྱེད་བའི་ཕྱིར ་རྩོད་པ་འདི་འབྱུང་བར་ཤེས་བར་བྱའོ། །སྤོང་བ་ཞེས་བྱ་བ་ནི། གདམས་ངག་ལ་སོགས་པ་འཇིག་པར་འགྱུར་བས་གཞན་སྤོང་བ་སྟེ། འདི་ནི་འཁྲུག་ལོང་གི་རྒྱུ་གཉིས་པ་ཡིན་ནོ། །རྒྱུ་དེ་ལས་མི་གདམས་པའི་ཕྱིར་རྩོད་པ་འབྱུང་བར་ཤེས་པར་བྱའོ ་ལྟུང་བ་དང་བཅས་བ་ཉིད་ཅེས་བྱ་བ་ནི། འཁྲུག་ལོང་གི་རྒྱུ་གསུམ་པ་ཡིན་ཏེ། ད་ལ་ལྟུང་བའི་ཕྱིར་རྩོད་པ་འབྱུང་ངོ། །ལས་ལ་མཐུན་བ་མི་སྦྱིན་བ་ཞེས་བྱ་བ་ནི། གསོལ་བ་ལ་སོགས་པའི་ལས་ལ་མཐུན་བ་མི་སྦྱིན་པ་སྟེ། དེ་ནི་འཁྲུག་ལོང?་གི ་རྒྱུ་བཞི་པ་ཡིན་ཏེ། དེ་ལས་བྱ་བའི་ཕྱིར་རྩོད་པ་འབྱུང་ངོ། །འཁྲུག་ལེང་གི་རྒྱུ་བཞི་པོ་དེ་དག་གི་བསྐྱེད་བའི་འཁྲུག་ལོང་བཞི་པོ་དག་ཇི་ལྟར་ཉེ་བར་ཞི་བར་འགྱུར་ཞེ་ན་དེའི་ཕྱིར། རྒྱུ་དང་པོ་ལས་བྱུང་བ་ནི་རྒྱུད་གཅིག་ཏུ་བྱ་བས་ཉེ་བར་ཞིའོ་ཞེས་བྱ་བ་སྨྲས་ཏེ། ་རྒྱུ་དང་པོ་ཞེས་བྱ་བ་དངོས་པོའི་དེ་བཞིན་ཉིད་ལ་ལོག་པར་སྒྲུབ་པ་ཞེས་བྱ་བ་ལས་འབྱུང་བའི་འཁྲུག་ལོང་འགྱེད་བའི་ཕྱིར་རྩོད་བ་ཞེས་བྱ་བ་དེ་ནི་རྒྱུད་གཅིག་ཏུ་བྱ་བས་ཉེ་བར་ཞི་བར་འགྱུར་ཏེ། མངོན་སུམ་གྱིས་འདུལ་བར་འགྱུར་བ་ཞེས་བྱ་བ་ཡང་དེ་ཡིན་ནོ།། ་རྒྱུད་ཅེས་བྱ་བ་ནི་ངེས་པར་རྟོགས་པ་སྟེ། དངོས་པོ་གང་ལ་ངེས་པར་རྟོགས་པ་གཅིག་ཡོད་པའི་དངོས་པོ་དེ་ནི་རྒྱུད་གཅིག་ཅེས་བྱ་སྟེ། གཅིག་ཏུ་རྣམ་པར་བྱ་བའོ། །ངེས་བ་བསྐྱེད་པ་མཛའ་གཅིག་ཏུ་བྱ་བ་དེས་ཞེས་བྱ་བའི་ཐ་ཚིག་གོ། འདི་ལྟར་དངོས་པོའི་རང་གི ་ངོ་བོ་ལ་ལོག་པར་སྒྲུབ་པ་ནི་ཐེ་ཚོམ་ཞེས་བྱ་བ་སྟེ། ཐེ་ཚོམ་ནི་ངེས་པ་བསྐྱེད་པས་ལྡོག་པས་དེས་ན་རྒྱུད་གཅིག་ཏུ་བྱ་བས་ལོག་པར་སྒྲུབ་བ་ཉེ་བར་ཞི་བར་འགྱུར་ཏེ། མཛའ་གཅིག་ཏུ་བྱེད་པའི་ཕྱིར་རོ། །རྒྱུ་གཉིས་པ་ལས་བྱུང་བ་ནི་འདི་དང་དག་བ་སྦྱིན་བསོ་ཞེས་བྱ་བ་ནི ་རྒྱུག་ཉིས་པ་ཞེས་བྱ་བ་སྤོང་བ་ཞེས་བྱ་བ་ལས་བྱུང་བའི་འཁྲུག་ལོང་མི་གདམས་པའི་ཕྱིར་རྩོད་པ་ཞེས་བྱ་བ་ནི། རྒྱུ་གཅིག་ཏུ་ཞེས་བྱ་བ་ཞེས་སྨོས་པ་འདི་དང། དག་པ་སྦྱིན་པས་ཉེ་བར་ཞི་བར་འགྱུར་ཏེ། དྲན་པས་འདུལ་བ་དང་མ་མྱོས་བས་འདུལ་བ་ཞེས་བྱ་བ་ཡང་དེ ་བཞིན་ནོ།། འདིར་གླེང་བར་བྱ་བ་དེ་དང་འབྲེལ་བའི་དྲན་པ་གང་ཡིན་པ་དེས་འདི་འདུལ་བ་ནི་དྲིན་པས་འདུལ་བའི་རྩོད་པ་ཉེ་བར་ཞི་བ་ཡིན་ལ། གླེང་བར་བྱ་བ་དེ་ཉིད་མྱོས་པའི་ཕྱིར་ཕྱིས་ངེས་པ་སྐྱེས་ཤིང་འདུ་ཤེས་མ་ཉམས་པའི་བདག་ཉིད་དུ་གྱུར་བ་གང་ཡིན་པ་དེ་ནི ་འདིར་མ་མྱོས་པ་ཞེས་བྱ་སྟེ། དེས་འདུལ་བ་ནི་འདིར་མ་མྱོས་བས་འདུལ་བའི་རྩོད་པ་ཉེ་བར་ཞི་བ་ཡིན་ནོ། །སྤོང་གཞེས?་བྱ་བ་ནི་རྒྱུ་དང་བཅས་པ་ཡང་ཡོད་ལ། རྒྱུ་མེད་པ་ཡང་ཡོད་དེ། དེ་ལ་རྒྱུ་དང་བཅས་པ་ཉིད་ཡིད་ཡིན་ན་ནི་རྒྱུད་གཅིག་ཏུ་བྱ་བས་དེ་ལས་བྱུང་བའི་རྩད ་པ་ཉེ་བར་ཞི་བ་ཉིད་དུ་འགྱུར་ཏེ། སྤང་བར་འོས་པ་ཉིད་ངེས་པར་གྱུར་བའི་ཕྱིར་རོ། །རྒྱུ་མེད་པ་ཉིད་ཡིན་ན་ནི། དག་བ་སྦྱིན་པས་ཉེ་བར་ཞི་བར་འགྱུར་ཏེ། སྤང་བའི་རྒྱུ་མེད་ན་དག་པ་རྣམ་པར་གནས་པའི་ཕྱིར་རོ། །དེ་ལྟར་ན་རྒྱུ་གཉིས་ཀྱིས་སྤང་བའི་རྒྱུ་ལས་བྱུང་བའི་རྩོད ་བ་ཉེ་བར་ཞི་བར་བསྟན་ཏོ། །རྒྱུ་གསུམ་ལ་འབྱུང་བ་ནི་ཕྱིར་བཅོས་པ་དང་ངེས་བར་འཛིན་པ་ལ་སྦྱར་བ་ཉིད་སྦྱིན་པས་སོ་ཞེས་བྱ་བ་ནི། རྒྱུ་གསུམ་པ་ཞེས་བྱ་བ་ལྟུང་བ་དང་བཅས་པ་ཉིད་ཅེས་བྱ་བ་ལས་བྱུང་བའི་འཁྲུག་ལོང་ལྟུང་བའི་ཕྱིར་རྩོད་པ་ཞེས་བྱ་བ་དེ་ནི ་ཕྱིར་བཅོས་པ་ཞེས་བྱ་བ་བཤགས་པས་ཉེ་བར་ཉི་བར་བྱ་བ་དང་ངེས་པར་འཛིན་པ་ལ་སྦྱར་བ་ཉིད་སྦྱིན་པ་ཞེས་པ་དེའི་ངོ་བོ་ཉིད་དུ་ཚོལ་དུ་གཞུག་པས་ཉེ་བར་ཞི་བར་བྱའོ། །ལྟུང་བ་དང་བཅས་བ་ཉིད་ནི་རྣམ་པ་གཉིས་ཏེ། རྣམ་པར་ཤེས་བ་ན་རང་གི་ངོ་བོའི ་ཉེས་པ་དང། རྣམ་པར་མི་ཤེས་པ་ན་རང་གི་ངོ་བོའི་ཉེས་པས་སོ། །དེ་ལ་རྣམ་པར་ཤེས་པ་ན་རང་གོ་ངོ་བོའི་ཉེས་པས་ལྟུང་བ་དང་བཅས་པ་ཉིད་ལ་ནི་ཕྱིར་བཅོས་པས་གསལ་བ་བྱས་ན་དེ་ལ་བྱུང་བའི་རྩོད་པ་ཞེ་བར་ཞི་བར་འགྱུར་རོ། །རྣམ་པར་མི་ཤོས ་པ་ན་རང་གི་ངོ་བོའི་ཉེས་པས་ལྟུང་བ་དང་བཅས་པ་ཉིད་ལ་ནི་རང་གི་ངོ་བོ་བསལ་ནས། བསལ་བར་ནུས་པས་དེ་ལ་ནི་ངེས་པར་འཛིན་པ་ལ་སྦྱར་བ་ཉིད་སྦྱིན་པས་དེ་ལས་བྱུང་བའི་རྩོད་པ་ཉེ་བར་ཞི་བར་འགྱུར་རོ། །དེ་ལྟར་ན་རྒྱུ ་གཉིས་ཀྱིས་ལྟུང་བ་དང་བཅས་པ་ཉིད་ཀྱི་རྒྱུ་ལས་བྱུང་བའི་རྩོད་བ་ཉེ་བར་ཞི་བར་བསྟན་ཏོ། །ཐ་མའི་ནི་སྦྱིན་དུ་གཞུག་པས་སོ་ཞེས་བྱ་བ་ནི། ཐ་མ་ཞེས་བྱ་བ་ལས་ལ་མཐུན་པ་མི་སྦྱིན་པ་ཞེས་བྱ་བའི་རྒྱུ་ལས་བྱུང་བའི་འཁྲུག་ལོང་བྱ་བའི་ཕྱིར་རྩོད ་བ་ཞེས་བྱ་བ་དེ་ནི་།ཁས་ལ་མཐུན་པ་སྦྱིན་དུ་གཞུག་པས་ཉེ་བར་ཞི་བར་བྱ་སྟེ། མཐུན་པ་ཉིད་དུ་གྱུར་ན་ཞེས་བྱ་བའི་ཕྱིར་རྩོད་པ་ཉེ་བར་ཞི་བ་ཉིད་ཡིན་ནོ། །འོ་ན་རྒྱུད་གཅིག་ཏུ་བྱ་བས་ཉེ་བར་ཞི་བར་བྱའོ་ཞེས་གང་བསྟན་པ་དེ་ཇི་ལྟར་རྒྱུད་གཅིག་ཏུ་བྱ ་ཞེ་ན་དེའི་ཕྱིར་།འགྱེད་བ་གཉིས་རང་གིས་མ་ནུས་ན་ཚོགས་པར་དབྱུང་བ་དག་གིས་ལེགས་པར་བསྒྲུབ་པོ་ཞེས་བྱ་བ་སྨྲས་ཏེ། གལ་ཏེ་འགྱེད་པར་བྱེད་པའི་གང་ཟག་དེ་གཉིས་རང་གིས་རྩོད་པ་དེ་ཉེ་བར་ཞི་བར་བྱེད་མི་ནུས་ན་ཚོགས་བར་འབྱུང ་བར་དག་གིས་དོན་དེ་ལེགས་པར་བསྐུབ?་ཅིང་མཛའ་ཅིག་ཏུ་བྱའོ། །འོ་ན་འགྱེད་པ་མང་པོ་དག་འབྱུང་ན་ཅིའི་ཕྱིར་འགྱོད་བ་གཉིས་ཞེས་གཉིས་ཀྱི་ཚིག་ཏུ་བྱས་ཤེ་ན། བདེན་མོད་ཀྱི་དོན་ཕྱོགས་སུ་རྣམ་པར་གནས་པས་དེ་ལ་གཉིས་ཉིད་དུ་བྱུང་བ་ཉིད་ཡིན་པཱི ་ཕྱིར་རོ། །ཚོགས་པར་དབྱུང་བ་ཇི་ལྟ་བུ་དག་གིས་ཤེ་ན། དེའི་ཕྱིར་དགེ་སློང་དག་གིས་སོ་ཞེས་བྱ་བ་སྨྲས་སོ། །དགེ་སློང་ཇི་ལྟ་བུ་དག་གིས་ཤེ་ན་དེའི་ཕྱིར། འདྲང་བ་དག་གིས་ཞེས་བྱ་བ་སྨྲས་སོ། སུ་འདྲང་བ་དག་གིས་ཤེ་ན་དེའི་ཕྱིར་དེ་གཉིས་སོ་ཞེས་བྱ་བ་སྨྲས་སོ། །འགྱིད་བ་དེ་གཉིས་སོ།། ་ཇི་སྙེད་དག་གིས་ཤེ་ན་དེའི་ཕྱིར་གཅིག་ཡན་ཆད་ཀྱིས་སོ་ཞེས་བྱ་བ་སྨྲས་སོ། །གཅིག་ཡན་ཆད་དུ་འང་རུང་བ་ཞེས་བྱ་བའི་ཐ་ཚིག་གོ། དགེ་སློང་གཅིག་གམ་དུ་མ་ཇི་ལྟ་བུ་ལ་དེ་གཉིས་གྱིས་འདྲང་བར་བྱ་ཞེ་ན་དེའི་ཕྱིར། གཟུ་བོ་དག་ལས་འདྲང་བར་བྱའོ ་ཞེས་བྱ་བ་སྨྲས་ཏེ། ཕྱོགས་གཉི་གའི་དབུས་ན་གནས་པ་ལ་བརྟེན་པ་ནི་གཟུ་པོ་ཡིན་པར་རིག་པར་བྱའོ། །དེ་ལྟར་ཡང་འདིར་གཞུང་ནི་སོ་སོར་ཐར་བའི་སྐབས་ཀྱི་རྩོད་བ་ཞི་བར་བྱ་བ་ཞུ་བའི་གཞུང་ཁ་ཅིག་ལས་དགེ་སློང་གཟུ་བོ་གང་ཞེ་ན། ཕྱོགས་ཅིག་ཤོས་ཡང ་མ་སོང་ལ་གཉིས་པར་ཡང་མ་སོང་བ་གང་ཡིན་པའོ་ཞེས་གསུངS་བ་ཡིན་ནོ། །དེ་དག་དགེ་འདུན་གྱིས་གཏན་དུ་བསྐོའོ་ཞེས་བྱ་བ་ནི། གཟུ་བོ་དེ་དག་དགེ་འདུན་གྱིས་གནས་དེར་གཏན་དུ་དགེ་འདུན་གྱི་རྩོད་པ་བྱུང་ངོ་ཅོག་རྣམ་པར་ཞི་བར་བྱ་བའི་ཕྱིར་བསྐོ་བར་བྱའི ་རྩོད་པ་གཅིག་གི་ཕྱིར་འཕྲལ་ལ་བསྐོ་བར་བྱ་བ་མ་ཡིན་ནོ། །དེ་ཡང་དགེ་འདུན་གྱིས་སྤྲོ་བར་བྱས་ནས། གསོལ་བ་དང་གཉིས་ཀྱི་ལས་ཀྱིས་བསྐོའོ། །དེའི་སྔགས་ནི་མིང་འདི་ཞེས་བྱ་བ་ཁྱོད་དགེ་འདུན་ལ་རྩོད་བ་བྱུང་བ་བྱུང་བ་རྣམས་མངོན་སུམ་གྱིས་འདུལ་བས་རྣམ ་བར་ཞི་བར་བྱེད་པར་སྤྲོ་འམ་སྤྲོའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། གཟུ་བོ་མིང་འདི་ཞེས་བགྱི་བ་འདི་འདུན་ལ་རྩོད་བ་བྱུང་བ་བྱུང་བ་རྣམས་མངོན་སུམ་གྱིས་འདུལ་བས་རྣམ་པར་ཞི་བར་བགྱིད་པ་སྤྲོ་ན་གལ་ཏེ་དགེ་འདུན་གྱིས་དུས་ལ་བབ ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛད་ཅིག་དང། དགེ་འདུན་གྱིས་གཟུ་བོ་མིང་འདི་ཞེས་བགྱི་བ་འདི་རྩོད་པ་རྣམ་པར་ཞི་བར་བགྱིད་བ་བསྐོ་བར་བགྱིད་དེ་།གཟུ་བོ་མིང་འདི་ཞེས་བགྱི་བ་འདི་དགེ་འདུན་ལ་རྩོད་པར་བྱུང་བ་བྱུང་བ་རྣམས་མངོན་སུམ ་གྱིས་འདུལ་བས་རྩོད་པ་རྣམ་པར་ཞི་བར་བགྱིད་དོ། །འདི་ནི་གསོལ་བའོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །འདིར་ཐབ་མོ་མི་བསྐྱེད་བ་བསྐོ་བར་བྱ་བ་ཉིད་དེ་ཞེས་བྱ་བ་ནི། གཟུ་བོ་བསྐོ་བ་འདི་གང་ཟག་དེ་ལྟ་བུ་བསྐོ་བར་བྱ་བ་ཉིད་ཡིན་ནོ། །ངོ་ཚ་ཤེས ་ཤིང་བསླབ་ར་འདོད་པའོ་ཞེས་བྱ་བ་ནི། གཟུ་བོར་བསྐོ་བར་བྱ་བ་ཉིད་དོ་ཞེས་བྱ་བར་སྦྱར་ཏེ། འདིར་ངོ་ཚ་ཤེས་པ་ཞེས་བྱ་བ་ནི། བསླབ་པའི་གཞི་ཡང་དག་པར་བླངས་པ་ཐམས་ཅད་ལ་བག་རྐྱོང་བ་ཞུམ་པར་བྱེད་པ་ཡིན་གྱི། ཕམ་ ་པར་འགྱུར་བ་ཙམ་ཉི་ཚེ་མ་ཟད་དོ། །མ་མོ་ལས་འདི་སྐད་དུ་གསུངས་ཏེ། དགེ་སློང་ཆོས་ཉི་ཤུ་རྩ་གཉིས་དང་ལྡན་པ་བཙལ་བར་བྱ་སྟེ། ཉི་ཤུ་རྩ་གཉིས་གང་ཞེ་ན། ཅི་ཚེ་དང་ལྡན?་པ་དེ་ཚུལ་ཁྲིམས་དང་ལྡན་ཞིང་དང་པོ་ནས་ཕུན་སུམ ་ཚོགས་པ་དང། ངོ་ཚ་ཤེས་ཤིང་འགྱོད་པ་དང་ལྡན་ལ་བསྡམས་པ་དང། བསླབ་པ་འདོད་པ་དང། འདུལ་བ་ལ་ཤིན་ཏུ་རྣམ་པར་ངེས་ཤིང་ཐོས་བ་འཛིན་པ་ཐོས་པ་བསགས་པ་དང། ལུང་ཐོན་པ་དང། རྩོད་པ་ལ་མཁས་པ་དང། རྩོད་པ་ཀུན་ནས་སློང་བ་ལ ་མཁས་པ་དང། རྩོད་པའི་བྱེ་བྲག་ལ་མཁས་པ་དང། རྩོད་པ་འགོག་པ་ལ་མཁས་པ་དང། རྩོད་པ་འགགས་ནས་ཕྱིས་མི་འབྱུང་བ་ལ་མཁས་པ་དང། བསྟན་བཅོས་ལ་མཁས་པ་དང། གཞི་ལྷག་བར་སྤྱོད་པ་ལམ་ལས་ཤིང་ཉེས་རྩོམ་མེད་བར་སྨྲ་བ་དང། ་ཉེས་རྩོམ་བྱེད་དུ་མི་འཇུག་པ་དང། ལུས་དང་དག་གི་མི་འཇུག་པ་དང། སྨྲ་བར་བྱེད་ཅིང་སྨྲས་བ་བརྡ་ཕྲད་པར་བྱེད་བ་དང། གོ་བར་བྱེད་ཅིང་བསྒོ་བ་བརྡ་ཕྲད་པར་བྱེད་པ་དང། རྣམ་པར་རིག་པར་བྱེད་ཅིང་རྣམ་བར་རིག་བར་བྱས་པ་བརྡ་ཕྲད་པར་བྱེད་བ་དང། ངེས ་པར་རྟོགས་པར་བྱེད་ཅིང་ངེས་པར་བརྟགས་པ་བརྡ་ཕྲད་བ་བྱེད་པ་དང། འདུན་པས་འགྲོ་བ་མ་ཡིན་པ་དང། ཞེ་སྡང་གིས་འགྲོ་བ་མ་ཡིན་པ་དང། གཏི་མུག་གིས་འགྲོ་བ་མ་ཡིན་པ་དང། འཇིགས་བས་འགྲོ་བ་མ་ཡིན་པ་སྟེ། གཟུ་བོ་ཆོས་ཉི་ཤུ་རྩ ་གཉིས་པོ་དེ་དག་དང་ལྡན་པ་ནི། ཆོས་ཀྱི་ལོངས་སྤྱོད་དམ་ཟང་ཟིང་གི་ལོངས་སྤྱོད་ཀྱིས་ཕྱོགས་གཉི་ག་ལ་མི་བརྟེན་པ་ཡིན་ནོ་ཞེས་གསུངས་བ་དེ་དག་འདིར་ཅི་རིགས་པར་བསྡུས་པར་ཤེས་བར་བྱའོ། །འདུལ་བ་ལ་ཤིན་ཏུ་རྣམ་པར་ངེས་པའོ་ཞེས ་བྱ་བ་ནི། ལྟུང་བ་དང་ལྟུང་བ་མ་ཡིན་བ་ལ་མཁས་པ་ཞེས་བྱ་བའི་ཐ་ཚིག་གོ། རྩོད་བ་བྱུང་བའི་སྤྱོད་བ་ལ་མཁས་པའོ་ཞེས་བྱ་བ་ནི། རྩོད་པ་ལ་མཁས་པ་དང། རྩོད་པ་ཀུན་ནས་སློང་བ་ལ་མཁས་པ་དང། རྩོད་པའི་བྱེ་བྲག་ལ་མཁས་པ་དང། རྩོན ་བ་འགོག་པ་ལེ་མཁས?་བ་དང། རྩོད་པ་འགགས་ནས་ཕྱིས་མི་འབྱུང་བ་ལ་མཁས་པའོ། །རྣམ་པར་ཞེན་པའོ་ཞེས་བྱ་བ་ནི། དོན་རྣམ་པར་ངེས་པས་མི་འགྱུར་བ་སྟེ། དེས་ནི་བསྟན་བཅོས་ལ་མཁས་པ?་བསྡུས་སོ། །བརྟེན་ཞིང་ཉེས་རྩོམ ་མེད་པར་འཇུག་པའོ་ཞེས་བྱ་བ་ལ། བརྟན་པ་ཞེས་བྱ་བས་ནི། ལུས་དང་དག་གིས་མི་མཇུག་པ་བསྡུས་སོ། །ཉེས་རྩོམ་མེད་པར་འཇུག་པ་ཞེས་བྱ་བས་ནི། གཞི་ལྷག་པར་སྤྱོད་པ་ལ་མཁས་ཤིང་ཉེས་རྩོམ་མེད་པར་སྨྲ་བ་འམ། ཉེས་རྩོམ་བྱེད་དུ ་མི་འཇུག་པ་བསྡུས་སོ། །སྙམས་བའོ་ཞེས་བྱ་བས་ནི་འདུན་བ་དང་ཞེ་སྡང་དང། འཇིགས་པས་མི་འགྲོ་བ་བསྟན་ཏོ། །བརྡ་ཕྲད་པའོ་ཞེས་བྱ་བ་ནི། གཞན་གྱིས་བསྒོ་བ་བརྡ་ཕྲད་པར་བྱེད་པ་གང་ཡིན་པ་དེ་ནི། བརྡ་ཕྲད་པ་སྟེ་དེས་ནི་སྨྲས་བ་བརྡ་ཕྲད ་པར་བྱེད་པ་དང། བསྒོ་བ་བརྡ་ཕྲད་བར་བྱེད་པ་དང། རྣམ་པར་རིག་པར་བྱས་བ་བརྡ་ཕྲད་པར་བྱེད་བ་དང། ངེས་པར་བརྟགས་པ་བརྡ་ཕྲད་པ་ཞེས་བྱ་བའི་ཚིག་འོག་མ་བཞི་བསྡུས་སོ། །བརྡ་སྤྲོད་པར་བྱེད་པའོ་ཞེས་བྱ་བ་ནི། གཞན་ལ་གོ་བར་བྱེད་ནུས ་པ་གང་ཡིན་པ་དེ་ནི་བརྡ་སྤྲོད་པར་བྱེད་པ་སྟེ། དེས་ནི་སྨྲ་བར་བྱེད་པ་དང། གོ་བར་བྱེད་པ་དང། རྣམ་པར་རིག་པར་བྱེད་པ་དང། ངེས་པར་རྟོགས་པར་བྱེད་པ་ཞེས་བྱ་བའི་ཚིག་གོང་མ་བཞི་བསྡུས་སོ། །མང་བས་བའོ་ཞེས་བྱ་བ་ནི། རྨོངས་པ་མེད་ཅིང་མ་ལས ་བ་སྟེ། དེས་ནི་གཏི་མུག་གིས་འགྲོ་བ་མ་ཡིན་པ་ཞེས་བྱ་བ་ཡན་ཆད་བསྡུས་ཏེ། དེ་བས་ན་འདི་ཙམ་གྱིས་ཐམས་ཅད་བསྡུས་པར་རིག་པར་བྱའོ། །དེ་དག་གིས་ཉེ་བར་མ་ཞི་ན་དགེ་འདུན་ལ་དབུལ་ལོ་ཞེས་བྱ་བ་ནི། གཟུ་པོ་དེ་དག་གིས་རྩོད་པ་དེ་ཉེ་བར་གཞི ་ན་དགེ་འདུན་ལ་དབུལ་བར་བྱའོ། །དེས་མི་ནུས་ན་གསལ་བ་དག་བསྐོའོ་ཞེས་བྱ་བ་ནི། དགེ་འདུན་ངེས་རྩོད་བ་ཉེ་བར་ཞི་བར་བྱེད་མ་ནུས་ན་དགེ་སློང་གསལ་བ་དག་བསྐོ་པར་བྱའོ། །གསལ་བ་དུ་དག་བསྐོ་བར་བྱ་ཞེ་ན་དེའི་ཕྱིར་དགེ་འདུན་གྱི་ཚད་ལས་གཉིད་? ་དག་གོ་ཞེས་བྱ་བ་སྨྲས་ཏེ། མཚམས་ཀྱི་ཕྱི་རོལ་ཏུ་སོང་ན་དགེ་འདུན་དུ་ཚང་བ་དག་བསྐོའོ་ཞེས་བྱ་བའི་ཐ་ཚིག་གོ། དེ་ཡང་དགེ་འདུན་གྱིས་སྦྲོ་བར་བྱས་ནས། གསོལ་བ་དང་གཉིས་ཀྱི་ལས་ཀྱིས་བསྐོའོ། །དེའི་སྔགས་ནི་མིང ་འདི་ཞེས་བྱ་བ་ཁྱོད་དགེ་འདུན་ལ་རྩོད་བ་བྱུང་བ་རྣམ་པར་ཞི་བར་བྱེད་བ་སྤྲོ་འམ་སྦྲོའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་གསལ་བ་མིང་འདི་ཞེས་བགྱི་བ་འདི་དགེ་འདུན་ལ་རྩོད་བ?་བྱུང་བ་རྣམ?་ཞི་བར་བགྱིད་བར་སྤྲོན་གལ་ཏེ་དགེ་འདུན་གྱིས་དུས་ལ་དབ ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་དགེ་འདུན་གྱིས་མིང་འདི་ཞེས་བགྱི་བ་འདི་གསལ་བར་བསྐོ་བར་བགྱི་སྟེ། གསལ་བ་མིང་འདི་ཞེས་བགྱི་བ་འདི་དགེ་འདུན་ལ་རྩོད་བ་བྱུང་བ་རྣམ་པར་ཞི་བར་བགྱིད་དོ། །འདི་ནི་གསོལ་བའོ་ཞེས་བྱ་བ་ལ་སོགས་པ་གསུངས་བ ་ཡིན་ནོ། །སྡེ་ཚན་དེས་མ་ནུས་ན་རང་གིས་གསལ་བ་དག་བསྐོ་བ་ཉིད་དོ་ཞེས་བྱ་བ་ནི། གཟུ་བོའི་སྡེ་ཚན་ནམ་གསལ་བའི་སྡེ་ཚན། གསལ་བའི་ཡང་གསལ་བའི་སྡེ་ཆེན་གང་ཡང་རུང་བས་རྩོད་པ་དེ་ཉེ་བར་ཞི་བར་མ་ནུས་ན་སྡེ་ཚན་དེ་དག་གིས་གསལ་བ ་དག་བསྐོ་བར་རིགས་པ་ཉིད་ཡིན་ཏེ། དགེ་འདུན་གྱི་ཚད་ལས་མི་ཉུང་བ་དག་གོ་ཞེས་སྔར་སྨོས་པའི་དགོས་པ་ནི་དེ་ཡིན་པར་ཤེས་པར་བྱའོ། །འདིར་གཞུང་ནི་ཁ་ཅིག་ལས། གཟུ་བོ་རྣམས་ཀྱིས་གསལ་བ་དག་བསྐོ་བར་གསུངས་ཏེ། གལ་ཏེ་དགེ ་སློང་གཟུ་བོ་དག་གིས་རྩོད་པ་དེ་ཉེ་བར་ཞི་བར་བྱེད་མ་ནུས་ན། དགེ་སློང་གཟུ་བོ་རྣམས་ཀྱིས་དགེ་སློང་གསལ་བ་དག་བསྐོ་བར་བྱའོ་ཞེས་གསུངས་བ་དང། ཁ་ཅིག་ལས་དགེ་འདུན་གྱིས་གསལ་བདག་བསྐོ་བར་གསུངས་ཏེ། གལ་ཏེ་དགེ་འདུན་གྱིས ་རྩོད་བ་དེ་ཉེ་བར་ཞི་བར་བྱེད་མ་ནུས་ན། གལ་ཏེ་དགེ་འདུན་གྱིས་དགེ་སློང་གསལ་བ་དག་བསྐོ་བར་བྱའོ་ཞེས་གསུངས་བ་ཡིན་ཏེ། འདིར་དེ་གཉི་ག་ཡང་རུང་ངོ། །མི་ནུས་ཤིང་གཞན་མི་བྱེད་ན་གང་ལས་བླངས་བ་དེ་ལ་དབུལ་ལོ་ཞེས་བྱ་བ་ནི། གསལ་བ ་དང་གསལ་བའི་གསལ་བ་ཡིན་པ་དེ་དག་གིས་རྩོད་པ་དེ་ཉེ་བར་ཞི་བར་ཞི་བར་བྱེད་མ་ནུས་ཤིང། རང་གི་སྡེ་ཚན་ལས་སྡེ་ཚན་གཞན་བསྐོ་བར་ཡོད་མི་བྱེད་ན། དེའི་ཚེ་དང་པོ་རྩོད་པ་དེ་གང་ལས་བླངས་བ་དེ་ཉིད་ལ་ཕྱིར་དབུལ་བར་བྱ་བ་སྟེ། གསལ་བའི་གསལ་བ་དག ་གིས་ནི་གསལ་བ་དག་ལའོ། །གསལ་བདག་གིས་ནི་གཟུ་བོ་དག་ལ་འམ། དགེ་འདུན་དག་ལའོ། །གཟུ་བོ་དག་གིས་ནི་རྒོལ་བ་དང་ཕྱིར་རྒོལ་བ་དག་ལའོ། །གནས་བརྟན་དག་གིས་ནི་རྩོད་བ་སྦེད་པ་ལའོ། །དེས་ནི་དགེ་འདུན་ལའོ། །ཕྱིར་འོངས་ན་དགེ་འདུན ་བཞི་བོས་རྩོད་པ་སྦེད་པའོ་སྐོའོ་ཞེས་བྱ་བ་ནི་གསལ་བ་དག་ལས་རྩོད་པ་དེ་ཕྱིར་འོངས་ན། དགེ་འདུན་བཞི་བོས་རྩོད་པ་སྦྲེད་པ་བསྐོ་བར་བྱ་སྟེ། དེ་ཡང་དགེ་འདུན་གྱིས་སྦྲོ་བར་བྱས་ནས་གསོལ་བ་དང་གཉིས་ཀྱི་ལས་ཀྱིས་བསྐོ་བར་བྱའོ། །དེའི་སྔགས་ནི་མིང ་འདི་ཞེས་བྱ་བ་ཁྱོད་དགེ་འདུན་གྱི་རྩོད་བ་སྦེད་བར་སྤྲོ་འམ་སྤྲོའོ། །དགེ་འདུན་བཙུན་བ་རྣམས་གསན་དུ་གསོལ། དགེ་སློང་མིང་འདི་ཞེས་བགྱི་བ་འདི་དགེ་འདུན་གྱི་རྩོད་པ་སྦེད་པར་སྤྲོ་ན། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན། དགེ་འདུན་གྱིས་གནད་བར ་མཛོད་ཅིག་དང། དགེ་འདུན་གྱི་མིང་འདི་ཞེས་བགྱི་བ་འདི་རྩོད་པ་སྦེད་བར་བསྐོ་བར་བགྱི་སྟེ། རྩོད་པ་སྦྱོད་པ་མིང་འདི་ཞེས་བགྱི་བ་འདི་དགེ་འདུན་ལ་རྩོད་པ་སྦེད་དོ། །འདི་ནི་གསོལ་བའོ་ཞེས་བྱ་བ་ལ་སོགས་བ་གསུངས་པ་ཡིན་ནོ། །དེས་གནས་བརྟན་དང་བཅས ་སོ་སོར་ཐར་བ་དང་བཅས་པའི་དགེ་འདུན་གཞན་ལ་དབུལ་ལོ་ཞེས་བྱ་བ་ནི། རྩོད་པ་སྦེད་བ་དེས་རྩོད་པ་དེ་གནས་བརྟན་དང་བཅས། སོ་སོར་ཐར་བ་དང་བཅས་བའི་དགེ་འདུན་གཞན་ལ་དབུལ་བར་བྱའོ། །སྔར་བྱུང་བ་བརྗོད་དེ?་དུས་ཟླ་བ་གསུམ་དུ་དབུལ་ལོ ་ཞེས་བྱ་བ་ནི། རྩོད་པ་སྦེད་པ་དེས་གནས་བརྟན་དང་བཅས་སོ་སོར་ཐར་བ་དང་བཅས་བའི་དགེ་འདུན་གཞན་ལ་བྱུང་བའི་མཛའ་སྔར་བརྗོད་དེ། དུས་ཟླ་བ་གསུམ་དུ་རྩོད་བ་དེ་དབུལ་བར་བྱ་བའོ། །དེའི་སྔ་ཁས?་ནི་དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། རྩོད་པ ་འདི་གནས་ཆེ་གེ་མོ་ཞེས་བགྱི་བར། གང་ཟག་ཆེ་གེ་མོ་ཞེས་བགྱི་བ་དང། མིང་ཚེ་གེ་མོ་ཞེས་བགྱི་བ་ལས། གཞི་འདིའི་སླད་དུ་བྱུང་ནས། ཡུན་འདི་སྲིད་ཅིག་ལགས་ཏེ། རྩོད་པ་འདི་གཟུ་བོ་རྣམས་ལ་ཕུལ་ན། གཟུ་བོ་རྣམས་ཀྱིས་ཀྱང་རྣམ་པར ་ཞི་བར་བགྱིད་རྡོ་མ་ཐོག་སྟེ། དེ་དག་གིས་དགེ་འདུན་ལ་ཕུལ་ནས། དགེ་འདུན་གྱིས་ཀྱང་རྣམ་པར་ཞི་བར་བགྱིད་རྔོ་མ་ཐོགས་སྟེ། དགེ་འདུན་གྱི་དགེ་སློང་གསལ་བ་དག་བསྐོས་ན། དགེ་སློང་གསལ་བ་རྣམས་ཀྱིས་ཀྱང་རྣམ་པར་ཞི་བར་བགྱིས་རྡོ་མ་ཐོག་སྟེ། ་དེ་དག་གིས་དགེ་སློང་གསལ་བའི་ཡང་གསལ་བ་དག་བསྐོས་ན། དགེ་སློང་གསལ་བའི་ཡང་གསལ་བ་དེ་དག་གིས་ཀྱང་རྣམ་པར་ཞི་བར་བགྱིད་རྡོ་མ་ཐོགས་སྟེ། དེ་དག་གིས་གསལ་བ་རྣམས་ལ་ཕུལ་བ་ལས་གསལ་བ་རྣམས་ཀྱིས་དགེ་འདུན་ལ་ཕུལ ་ནས། དགེ་འདུན་གྱིས་བདག་དགེ་སློང་མིང་འདི་ཞེས་བགྱི་བ་རྩོད་པ་སྦེད་པར་བསྐོས་ཏེ། བདག་རྩོད་བ་སྦེད་བ་དགེ་སློང་མིང་འདི་ཞེས་བགྱི་བས་རྩོད་པ་འདི་གནས་བརྟན་དང་བཅས། སོ་སོར་ཐར་པ་དང་བཅས་པའི་དགེ་འདུན་ལ་དབུལ་ལོ།། དགེ་འདུན་ཀྱི ་བཙུན་པ་རྣམས་ཀྱིས་རྩོད་པ་འདི་ཟླ་བ་གསུམ་གྱི་མཛའ་ཚུན་ཆད་ཀྱིས་རྣམ་པར་ཞི་བར་མཛད་དུ་གསོལ་ཞེས་གསུངས་བ་ཡིན་ནོ། །དེ་ནི་དེའོ་ཞེས་བྱ་བ་ནི། དབུལ་བའི་བདག་ཉིད་ཀྱི་ལས་དེ་ནི་རྩོད་བ་སྦེད་བ་དེ་ཡིན་པ་སྟེ། དེ་དབུལ་བ་ཐམས་ཅད་བསྡུ ་བའི་ཕྱིར་མདོ་འདི་བྱས་སོ། །ཕྱིར་ཕུལ་བ་ན་དེས་མདོ་སྡེ་དང་འདུལ་བ་དང་མ་མོ་འཛིན་པ་དག་ལའོ་ཞེས་བྱ་བ་ནི། གནས་བརྟན་དང་བཅས། སོ་སོར་ཐར་བ་དང་བཅས་བའི་དགེ་འདུན་གྱིས་རྩོད་བ་དེ་ཉེ་བར་ཞི་བར་བྱེད་མ་ནུས་ཏེ་རྩོད་པ་སྦེད་བའི་དགེ་སློང་དེས ་རྩོད་པ་དེ་མདོ་སྡེ་ལ་སོགས་པ་འཛིན་བ་དག་ལ་དབུལ་བར་བྱའོ། །ཟླ་བ་དྲུག་ཏུའོ་ཞེས་བྱ་བ་ནི། སྔར་བྱུང་བ་བརྗོད་དེ་དུས་ཟླ་བ་དྲུག་ཏུ་དབུལ་ལོ་ཞེས་བྱ་བར་སྦྱར་རོ། །དེའི་སྔགས་ནི་ཚེ་དང་ལྡན་པ་མདོ་སྡེ་འཛིན་པ་དང། འདུལ་བ་འཛིན་པ་དང། མ་མོ་འཛིན ་པ་དག་གསན་དུ་གསོལ། རྩོད་བ་འདི་གནས་ཆེ་གེ་མོ་ཞེས་བགྱི་བར་གང་ཟོག་གེ་གེ་མོ་དང། མིང་ཆེ་གེ་མོ་ཞེས་བགྱི་བ་ལས་གཞི་འདིའི་སླད་དུ་བྱུང་ནས། ཡུན་འདི་སྲིད་ཅིག་ལགས་ཏེ། རྩོད་བ་འདི་གཟུ་བོ་རྣམས་ལ་ཕུལ་ན། གཟུ་བོ་རྣམས་ཀྱིས་ཀྱང་རྣཾ་པར་ཞིག? ་བགྱིད་རྡོམ་ཐོག་སྟེ། དེ་དག་གིས་དགེ་འདུན་ལ་ཕུལ་ནས། དགེ་འདུན་གྱིས་ཀྱང་རྣམ་པར་ཞི་བར་བགྱིད་རྡོ་མ་ཐོག་སྟེ། དགེ་འདུན་གྱིས་དགེ་སློང་གསལ་བ་དག་བསྐོས་ནས། དགེ་སློང་གསལ་བ་རྣམས་ཀྱིས་ཀྱང་རྣམ་བར་ཞི་བར་བགྱིད་རྡོ་མ་ཐོག་སྟེ། དེ ་དག་གིས་དགེ་སློང་གསལ་བའི་ཡང་གསལ་བ་དག་བསྐོས་ན། དགེ་སློང་གསལ་བའི་ཡང་གསལ་བ་དེ་དག་གིས་ཀྱང་རྣམ་པར་ཞི་བར་བགྱིད་རྡོ་མ་ཐོག་སྟེ། དེ་དག་གིས་གསལ་བ་རྣམས་ལ་ཕུལ་བ་ལས་གསལ་བ་རྣམས་ཀྱིས་དགེ་འདུན་ལ་ཕུལ་ནས། ་དགེ་འདུན་གྱིས་བདག་དགེ་སློང་མའི་མིང་འདི་ཞེས་བགྱི་བརྩོད་བ་སྦེད་བར་བསྐོས་ཏེ། བདག་རྩོད་བ་སྦེད་བ་དགེ་སློང་མིང་འདི་ཞེས་བགྱི་བས། རྩོད་པ་འདི་གནས་བརྟེན་དང་བཅས་བའི་དགེ་འདུན་ལ་ཟླ་བ་གསུམ་གྱི་མཛའ་ཚུན་ཆད་དུ་ཕུལ་ན། གནས ་བརྟན་དང་བཅས། སོ་སོར་ཐར་བ་དང་བཅས་བའི་དགེ་འདུན་གྱིས་ཀྱང་རྣམ་བར་ཞི་བར་བགྱིད་རྔོ་མ་ཐོག་སྟེ། དེས་ཀྱང་བདག་རྩོད་པ་སྦེད་བ་མིང་འདི་ཞེས་བགྱི་བ་ལ་སྩལ་ནས། བདག་རྩོད་པ་སྦེད་བ་མིང་འདི་ཞེས་བགྱི་བས་རྩོད་བ་འདི་མདོ་སྡེ་འཛིན་པ ་དང་འདུལ་བ་འཛིན་པ་དང། མ་མོ་འཛིན་པ་རྣམས་ལ་དབུལ་ལོ། །མདོ་སྡེ་འཛིན་པ་དང་འདུལ་བ་འཛིན་བ་དང་མ་མོ་འཛིན་པ་རྣམས་ཀྱིས་རྩོད་པ་འདི་ཟླ་བ་དྲུག་གི་མཛའ་ཚུན་ཆད་ཀྱིས་རྣམ་པར་ཞི་བར་མཛད་དུ་གསོལ། ཞེས་གསུངས་བ་ཡིན་ནོ། ། ་དེ་དག་གིས་གནས་བརྟན་མཐུ་དང་ལྡན་པ་ལའོ་ཞེས་བྱ་བ་ནི། མདོ་སྡེ་འཛིན་བ་དང་འདུལ་བ་འཛིན་པ་དང། མ་མོ་འཛིན་པ་དེ་དག་གིས་རྩོད་པ་ཕྱིར་ཕུལ་བ་དེ་གནས་བརྟན་གྲགས་པ་བས་ཀྱང་ཆེས་གྲགས་བ། གཙོ་བོ་བས་ཀྱང་ཆེས་གཙོ་བོ་དེ་ལ་དབུལ ་འཇིག་བར་བྱ་བའོ། །ཐུག་པ་མེད་བར་རོ་ཞེས་བྱ་བ་ནི། སྔར་བྱུང་བ་བརྗོད་དེ། དེས་ཐུག་པ་མེད་པར་དབུལ་ལོ་ཞེས་བྱ་བར་སྦྱར་ཏེ། གནས་གཞན་མེད་བའི་ཕྱིར་འདིར་དུས་དཔག་ཏུ་མེད་པ་ལ་བརྟེན་པ་མཛད་དོ། །འདིའི་སྔགས་ནི ་གནས་བརྟན་གསན་དུ་གསོལ། རྩོད་པ་འདི་གནས་ཆེ་གེ་མོ་ཞེས་བགྱི་བར་གང་ཟག་ཆེ་གེ་མོ་ཞེས་བགྱི་བ་དང། མིང་ཆེ་གེ་མོ་ཞེས་བགྱི་བ་ལས་གཞི་འདིའི་སྦད་དུ་བྱུང་ནས་ཡུན་འདི་སྲིད་ཅིག་ལགས་ཏེ། རྩོད་པ་འདི་གཟུ་བ་རྣམས་ལ་ཕུལ་ན་གཟུ་བོ་རྣམS ་ཀྱིས་ཀྱང་རྣམ་བར་ཞི་བར་བགྱིད་རྡོ?་མ་ཐོག་སྟེ། དེ་དག་གིས་དགེ་འདུན་ལ་ཕུལ་ནས། དགེ་འདུན་གྱིས་ཀྱང་རྣམ་པར་ཞི་བར་བགྱིད་རྡོ་མ་ཐོག་སྟེ། དགེ་འདུན་གྱིས་དགེ་སློང་གསལ་བ་དག་བསྐོས་ན། དགེ་སློང་གསལ་བ་རྣམས་ཀྱིས་ཀྱང་རྣམ་པ་བཞི་བར ་བགྱིད་རྔོ་མ་ཐོག་སྟེ། དེ་དག་གིས་དགེ་སློང་གསལ་བའི་ཡང་གསལ་བ་དག་བསྐོས་ན། དགེ་སློང་གསལ་བའི་ཡང་གསལ་བ་དེ་དག་ཀྱང་རྣམ་བར་ཞི་བར་བགྱིད་རྔོ་མ་ཐོག་སྟེ། དེ་དག་གིས་གསལ་བ་རྣམས་ལ་ཕུལ་བ་ལས་གསལ་བ་རྣམས་ཀྱིས་དགེ ་འདུན་ལ་ཕུལ་ནས། དགེ་འདུན་གྱིས་བདག་དགེ་སློང་མིང་འདི་ཞེས་བགྱི་བརྩོད་བ་སྦེད་བར་བསྐོས་ཏེ། བདག་རྩོད་བ་སྦེད་བ་དགེ་སློང་མིང་འདི་ཞེས་བགྱི་བས་རྩོད་བ་འདི་གནས་བརྟན་དང་བཅས་སོ་སོར་ཐར་བ་དང་བཅས་བའི་དགེ་འདུན ་ལ་ཟླ་བ་གསུམ་གྱི་མཛའ་ཚུན་ཆད་དུ་ཕུལ་ནས་ངེས་ཀྱང་རྣམ་བར་ཞི་བར་བགྱིད་རྔོ་མ་ཐོག་སྟེ། དེས་བདག་རྩོད་བ་སྦེད་བ་མིང་འདི་ཞེས་བགྱི་བ་ལ་སྩལ་ནས། བདག་རྩོད་པ་སྦེད་བ་མིང་འདི་ཞེས་བགྱི་བས། རྩོད་པ་འདི་མདོ་སྡེ་འཛིན་པ་དང། འདུལ་བ ་འཛིན་བ་དད་མ་མོ་འཛིན་པ་རྣམས་ལ་ཟླ་བ་དྲུག་གི་མཛའ་ཚུན་ཆད་དུ་ཕུལ་ནག་དེ་དག་གིས་ཀྱང་རྣམ་བར་ཞི་བར་བགྱིད་རྡོ་མ་ཐོག་ནང?། དེ་དག་གིས་བདག་རྩོད་བ་སྦེད་པ་མིང་འདི་ཞེས་བགྱི་བ་ལ་སྩལ་ཏེ། བདག་རྩོད་པ་སྦེད་བ་མེད་འདི་ཞེས ་བགྱིས་བས?་རྩོད་པ་འདི་གནས་བརྟན་ལ་དབུལ་ལོ། །གནས་བརྟན་གྱི་རྩོད་བ་འདི་ཐུག་བ་མ་མཆིས་པ་ཚུན་ཆད་ཀྱི་རྣམ་པར་ཞི་བར་མཛད་དུ་གསོལ་ཞེས་གསུངས་པ་ཡིན་ནོ། །གནས་བརྟན་དེས་གཏུལ་བར་བྱ་བ་དེ་གཉིས་ལ་ཇི་ལྟར་བསྒྲུབ་བར་བྱ་ཞེན ་དེའི་ཕྱིར། དེར་དེ་གཉིས་ལས་བདག་གིར་བྱ་བ་ཐ?་ན་འདག་རྫས་དང་སོ་ཤིང་ཡན་ཆད་ཆུང་ཟད་ཀྱང་སྤང་བར་བྱའོ་ཞེས་བྱ་བ་སྨྲས་ཏེ། གནས་བརྟན་ངེས་གདུལ་བར་བྱ་བ་དེ་གཉིས་ལས། །ལྷན་ཅིག་འགྲེང་བ་དང་འདུག་བ་དང་ལྷན་ཅིག་འཆགས་སར ་འཆག་པ་དང། གཏམ་འདྲེ་བ་དང་ཕེབས་བར་སྨྲ་བ་ཡང་ངོ་ཞེས་བྱ་བ་ཡང། དེས་དེ་གཉིས་ལS་སྤང་བར་བྱའོ་ཞེས་བྱ་བར་སྦྱར་རོ། །རྗེས་སུ་འབྲང་ན་དེ་དག་ལ་འདི་སྐད་ཅེས་ཚེ་དང་ལྡན་པ་དག་ཁྱེད་ཅོག་ལེགས་བར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང ་ནས་འཐབ་བར་འགྱུར། མཚང་འདྲུ་བར་འགྱུར། རྩོད་བར་འགྱུར། འགྱེད་བར་གྱུར་ཅིང་གནས་པ་ན་མ་རྙེད་དེ་རྙེད་བ་མ་ཡིན་ནོ། །ཉེས་པ་རྙེད་ཀྱི་ལེགས་པ་རྙེད་བ་མ་ཡིན་གྱིས་ཚེ་དང་ལྡན་པ་དག་མ་འཐབ་ཞིག། མཚད་མ་འདུ་ཤིག་མ་རྩོད་ཅིག། མ ་འགྱེད་ཅིག་།འགྱེད་བ་གཉི་ག་རྒྱལ་བ་མེད་དོ། །རྒྱུ་ག་བ་གཉི་ག་རྒྱལ་བ་མེད་དེ་གཅིག་རྒྱལ་གཅིག་ཕམ་དུ་འགྱུར་རོ་ཞེས་བརྗོད་བར་བྱའོ་ཞེས་བྱ་བ་ནི། རྒལ་བ་དང་ཕྱིར་རྒོལ་བའི་དགེ་སློང་དེ་དག་གནས་བརྟན་དེའི་རྗེས་སུ་འགྲོ་བ་ན་དེས་དེ་དག ་ལ་དེ་སྐད་ཅེས་བརྗོད་བར་བྱའོ། །ཆོས་མང་བའི་བློས་ལེགས་བར་བཞག་བ་ནི་ལསྒ་པར་སྒྲུབ་བའི་རྣམ་པ་གཞན་ཡིན་ནོ་ཞེས་བྱ་བ་ནི། ཚོགས་བར་འབྱུང་བ་དག་གིས་རྒྱུད་གཅིག་ཏུ་བྱའོ་ཞེས་བྱ་བ་ལ་སོགས་བ་ཇི་སྐད་སྟན་པའི་རྣམ་པ་དག ་གིས་འགྱེད་བའི་ཕྱིར་རྩོད་པ་ཉེ་བར་ཞི་བར་བྱ་བའི་རྣམ་པ་ཇི་སྐད་བསྟན་བ་དེ་དག་ལས་འདི་ལྟ་སྟེ། ཆེས་མང་བའི་བློས་ལེགས་བར་གཞག་བ་ཞེས་བྱ་བ་འདི་ནི་ལེགས་བར་སྒྲུབ་བའི་རྣམ་པ་གཞན་ཡིན་བར་ཤེས་བར་བྱའོ།། །།བམ་པོ་དྲུག་ ་ཅུ་བདུན་པ། །འདི་ནི་ཆོས་རྣམ་པར་གཏན་ལ་དབབ་པ་ལ་སྲིད་ཀྱི་ཚུལ་ཁྲིམས་རྣམ་པར་གཏན་ལ་དབབ་པ་ལ་ནི་མི་སྲིད་དོ་ཞེས་བྱ་བ་ནི། ཆེས་མང་བའི་བློས་ལེགས་པར་གཞག་པ་འདི་ནི་ཞེས་བྱ་བར་སྦྱར་རོ། །ཆོས་རྣམ་པར ་གཏན་ལ་དགབ?་བ་ཞེས་བྱ་བ་ནི། དངོས་པོའི་དེ་བཞིན་ཉིད་ལ་ལོག་པར་སྒྲུབ་པ་བསལ་བ་སྟེ། དེ་ལ་ནི་ཆེས་མང་བའི་བློས་ལེགས་པར་གཞག་པ་ཞེས་བྱ་བ་འདི་སྲིད་དེ། ཅི་འདི་ཆོས་ཡིན་ན་འོན་ཏེ་ཆོས་མ་ཡིན། འདུལ་བ་ཡིན་ནམ་འོན་ཏེ་འདུལ་བ་མ་ཡིན ་ཞེས་བྱ་བ་ལ་སོགས་པས་ཆོས་རྣམ་པར་གཏན་ལ་དབབ་པ་ལ་ནི་ཆེས་མང་པ་དག་གི་བློས་ལེགས་པར་གཞག་ཏུ་རུང་བའི་ཕྱིར་རོ། །ཚུལ་ཁྲིམས་རྣམ་པར་གཏན་ལ་དབབ་བ་ཞེས་བྱ་བ་ནི། ལྟུང་བ་དར་བཅས་པ་ཉིད་བསལ་བ་སྟེ། དེ་ལ་ནི་ཆེས་མང ་པའི་བློས་ལེགས་བར་གཞག་པ་ཞེས་བྱ་བ་འདི་མི་སྲིད་དོ། །ཅི་འདིས་གཞི་འདི་བྱས་སམ་འོན་ཏེ་མ་བྱས་ཞེས་བྱ་བ་ལ་སོགས་པས་ལྟུང་བ་དང་བཅས་པ་ཡིན་ནམ། ལྟུང་བ་མེད་པ་ཡིན་པ་རྣམ་པར་དཔྱད་པ་ལ་ནི་གླེང་བ་པོ་དང། གླེང་བར་བྱ་བ ་གཉིས་ཀྱིས་བློས་ལེགས་བར་གཞག་པར་ཟད་ཀྱི། ཆེས་མང་པོ་དག་གི་བློས་ལེགས་པར་གཞག་ཏུ་མེད་པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། དེའི་ཕྱིར་དེའི་སྐབས་ཀྱི་ཤེས་པ་ནི་འགྱེད་པ་གཉིས་དང་འབྲེལ་བ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། དེའི ་སྐབས་ཀྱི་ཤེས་བ་ཞེས་བྱ་བ་ཚུལ་ཁྲིམས་རྣམ་པར་གཏན་ལ་དབབ་པའི་ཡུལ་གྱི་སྐབས་ཀྱི་ཤེས་པ་ནི། འགྱེད་པ་གཉིས་ཞེས་བྱ་བ་གླེང་བ་པོ་དང་གླེང་བར་བྱ་བ་གཉིས་ཀྱི་རྒྱུད་དང་འབྲེལ་བ་ཡིན་པའི་ཕྱིར་ཏེ། འདུལ་བ་རྣམ་པར་གཏན་ལ་དབང ་བ་ནི་འདིས་གཞི་འདི་བྱས་སམ། འོན་ཏེ་མ་བྱས་ཞེས་གཏན་ལ་འབེབས་པ་ཡིན་པས། དེ་ནི་འགྱེད་པ་གཉིས་ལས་གཞན་བ་དག་གི་ཤེས་པའི་ཡུལ་མ་ཡིན་པས་དེའི་ཕྱིར་འདུལ་བ་རྣམ་པར་གཏན་ལ་དབབ་བ་ལ་ནི་ཆེས་མང་བའི་བློས་ལེགས ་པར་བཞག་པ་དེ་མི་སྲིད་དོ། །ཅི་འདི་ལ་དེ་བཞིན་དུ་བརྟེན་པར་བྱ་འམ་ཞེ་ན་དེའི་ཕྱིར། རྒོལ་བ་དང་ཕྱིར་རྒོ་ལ་བ་དག་གིས་གཅེས་པར་གཟུང་བ་ཉིད་དང་རབ་ཏུ་དམ་པ་ཉིད་དང་མི་བཟང་པ་ཉིད་ཡིན་ཞིང་དེ་དག་འབྱེ་བར་དོགས་པ་ཉིད་ཀྱིས་དེ་ལ་བརྟེན་པར ་བྱའོ་ཞེས་བྱ་བ་སྨྲོས་ཏེ། གལ་ཏེ་རྒོལ་བ་དང་ཕྱིར་རྒོལ་བ་དག་གིས་མངོན་པར་ཞེན་པ་རྣོན་བོས་གཅོད་པ་དེ་གཅེས་པར་གཟུང་བ་ཉིད་དང། མངོན་པར་ཞེན་པ་མི་ཕྱེད་པས་རབ་ཏུ་དམ་པ་ཉིད་དང། མདོ་སྡེ་དང་འདུལ་བ་དང་མ་མོ་འཛིན་པ་ཉིད་དང། རྣམ་བར ་གནོན་བ་ཉིད་ཀྱིས་དེ་མི་བཟང་པ་ཉིད་ཀྱང་ཡིན་ཞིང། གལ་ཏེ་རྩོད་པ་དེ་ཡལ་བར་བོར་ན། དེ་དག་འབྱེ་བར་དོགས་པ་ཉིད་ཀྱང་ཡོད་ན་དེའི་ཚེ་དགེ་འདུན་འབྱེ་བར་གྱུར་ན་མི་རུང་ངོ། །སྙམ་པའི་བསམ་པས་ཆེས་མང་བའི་བློས་ལེགས་པར་གཞག ་པ་ཞེས་བྱ་བ་ལེགས་པར་བསྒྲུབ་པའི་རྣམ་པ་གཞན་འདི་ལ་བརྟེན་པར་བྱའི་གཞན་དུ་ན་མི་བྱའོ། །བསྡམ་པར་བྱ་བ་ཉིད་མ་ཡིན་པའི་དོན་ལའོ་ཞེས་བྱ་བ་ནི། །འདི་ལྟུང་བ་ཡིན་ནམ་མ་ཡིན་ཞེས་རྣམ་པར་གཏན་ལ་དབབ་པའི་དོན་ཏེ། གལ་ཏེ་ལྟུང ་བ་ལས་བསྡམས་པར་བྱ་བའི་བདག་ཉིད་མ་ཡིན་གྱི། བཤགས་པར་བྱ་བའི་བདག་ཉིད་ཡིན་ན། དེས་ཀྱང་དོན་དེ་ལ་ཆེས་མང་བའི་བློས་ལེགས་པར་བཞག་བཞེས་བྱ་བའི་ལེགས་བར་བསྒྲུབ་བའི་རྣམ་པ་གཞན་འདི་ལ་བརྟེན་པར་བྱའི། བསྡམ། ་བར་བྱ་བའི་དོན་ཡིན་ན། དེ་ལ་ནི་རྣམ་པ་འདི་ལ་བརྟེན་པར་མི་བྱ་སྟེ། ཕྲན་ཚེགས་ཙམ་དུ་ཟད་བའི་ཕྱིར་རོ། །ཅི་དང་པོ་ཉིད་ནས་འདི་ལ་བརྟེན་པར་བྱ་འམ་ཞེ་ན། དེའི་ཕྱིར། གནས་བརྟན་ཀྱི་མཐར་ཐུག་པ་དག་ཡོངས་སུ་ཉོན་མོངས་པར་གྱུར་བ་དག ་ལའོ་ཞེས་བྱ་བ་སྨྲས་ཏེ། དགེ་འདུན་གཞི་བོ་དང་གསལ་བ་ལ་སོགས་པའི་རིམ་གྱིས་གནས་བརྟན་གྱི་མཐར་ཐུག་པའི་བར་ངག་གིས་ཡོངས་སུ་ཉོན་མོངས་པར་བརྩལ་ཀྱང་ཉེ་བར་མ་ཞི་བར་གྱུར་པ་ཉིད་ཡིན་ན། དེའི་ཆེ་གཟོད་ལགས་པར་བསྒྲུབ ་བའི་རྣམ་པ་གཞན་འདི་ལ་བརྟེན་པར་བྱའོ། །གང་གིས་འདི་ལ་རྟེན་པར་བྱེད་ན་དེའི་ཕྱིར། དགེ་འདུན་གཞི་བོས་སོ་ཞེས་བྱ་བ་སྨྲས་སོ། །དོན་འདི་ལ་ཆེས་མང་པོ་དག་ལ་འདྲང་བར་ཇི་ལྟར་ཤེས་པར་བྱ་ཞེ་ན་དེའི་ཕྱིར། ་འདི་ལ་ཚུལ་ཤིང་བྲིམ་པས་བློ་གཟུང་བར་བྱ་བ་ཉིད་དོ་ཞེས་བྱ་བ་སྨྲས་ཏེ། ཆེས་མང་པོའི་བློ་ལེགས་བར་གཞག་བ་འདི་ལ་ཚུལ་ཤིང་བྲིམ་པས་རྒོལ་བ་དང་ཕྱིར་རྒོལ་བདག་གིས་བློ་བཟུང་ཞིང་འདྲའ་བྱ་བ་ཉིད་ཡིན་ནོ། །ཚུལ་ཤིང་འདྲི་མ ་བ་བསྐོ་མར་བྱའོ། །ཞེས་བྱ་བ་ནི། དགེ་འདུན་གྱིས་ཚུལ་ཤིང་འདྲི་མི་བའི་དགེ་སློང་སྤྲོ་བར་བྱས་ནས། གསོལ་བ་དང་གཉིས་ཀྱི་ལས་ཀྱིས་བསྐོ་བའོ། །འདིའི་སྔགས་ནི་མིང་འདི་ཞེས་བྱ་བ་ཁྱོད་དག་འདུན་ལ་ཚུལ་ཤིང་འདྲི་མ་བར་སྤྲོ་འན? ་སྤྲོའོ། །དགེ་འདུན་བཙུན་ལ་རྣམས་གསན་དུ་གསོལ། དགེ་སློང་མིང་འདི་ཞེས་བྱ་བ་འདི་དགེ་འདུན་ལ་ཚུལ་ཤིང་འདྲིམ་བར་སྤྲོ་ན། གལ་ཏེ་དགེ་འདུན་གྱིས་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང། དགེ ་འདུན་གྱིས་དགེ་སློང་མིང་འདི་ཞེས་བྱ་བ་འདི་ཚུལ་ཤིང་འདྲིམ་བར་བསྐོ་བར་བགྱི་སྟེ། དགེ་སློང་ཚུལ་ཤིང་འདྲི་མ་པ་མིང་འདི་ཞེས་བགྱི་བ་འདི་ཚུལ་ཤིང་འདྲི་མ་མོ། །འདི་ནི་གསོལ་བའོ། །ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །དེས་ཚུལ ་ཤིང་རྣམ་པ་གཉིས་དག་ཉེ་བར་གཞག་གོ་ཞེས་བྱ་བ་ནི། དགེ་སློང་ཚུལ་ཤིང་འདྲི་མ་བདེས་ཆོས་དང་ཆོས་མ་ཡིན་པའི་ཕྱོགས་ཀྱི་ཚུལ་ཤིང་རྣམ་པ་གཉིས་དག་ཉེ་བར་གཞག་པར་བྱ་བའོ། །ཆོས་ཀྱི་ཚུལ་ཤིང་དག་ནི་ལ་ཡོ་མེད་པ་དང་ཁྱར་ཁྱོར་མེད ་བ་དང་ཅས་ཅུས་མེད་པ་དང་ཁ་དོག་བཟང་བ་དང་དྲི་ཞེས་བ་དང་རེག་པ་འཇམ་པ་ཉིད་དག་ཡིན་ལ་ཅིག་ཤོས་ཀྱི་ནི་བཟློག་པའོ་ཞེས་བྱ་བའོ། །ཅིག་ཤོས་ཞེས་བྱ་བ་ནི། ཆོས་མ་ཡིན་པ་སྟེ། དེའི་ཚུལ་ཤིང་དག་ནི་ཡ་ཡོ་ཅན་དང་ཁྱེར་ཁྱོད་ཅན ་དང་?་ཅུས་ཅན་དང?་བ་དོག་ད་ནེ་བ་དང་དྲི་ད་བ་དང་རེག་བ་རྩུབ་བ་དག་ཡིན་ནོ། །དགེ་འདུན་ལ་འདུ་བར་གསོལ་ལོ་ཞེས་བྱ་བ་ནི། ཚུལ་ཤིང་འདྲི་མ་བདེས་སོ། །ཇི་སྐད་དུ་ཞེ་ན་དེའི་ཕྱིར། ཚུལ་ཤིང་འདྲིམ་བར་འགྱུར་གྱིས་ཐམས་ཅད་ཀྱིས་འདུ་བར ་བྱའོ་ཞེས་སོ་ཞེས་བྱ་བ་སྨྲས་སོ། །གལ་ཏེ་དེ་ལྟར་འདུ་བ་སྦྱིན་པས་ཚོགས་པ་ན་ཆོས་མ་ཡིན་པའི་ཚུལ་ཤིང་ལྷག་བར་འགྱུར་པར་སེམས་ན་བྲི་བར་མི་བྱའོ་ཞེས་བྱ་བ་ནི། གལ་ཏེ་དེ་ལྟར་འདུ་བ་རྗེས་སུ་སྦྱིན་པའི་རྣམ་པས་ཚོགས་པ་ན། ཚུལ་ཤིང་བྲིམ་བར ་བྱ་བའི་ཚེ། འདྲི་མ་བར་བྱེད་པས་ཆོས་མ་ཡིན་པའི་ཚུལ་ཤིང་ལྷག་བར་འགྱུར་བར་སེམས་ན་དེའི་ཚེ་བྲིམ་པར་མི་བྱའོ། །ཆོས་ཀྱི་ཚུལ་ཤིང་དག་ལྷག་བར་སེམས་ན་ནི་ངེས་ན་བྲིམ་པར་བྱའོ། །འདྲིམ་པའི་ཚེ་ན་ལག་བ་གཡས་པས་ཆོས་ཀྱི་ཚུལ་ཤིང ་དག་བཟུང་ཞིང་གཡོན་བས་ཅིག་ཤོས་དག་གོ་ཞེས་བྱ་བ་ནི། ཚུལ་ཤང་འདྲིམ་པའི་ཚེན་ལག་པ་གཡས་པས་ཆོས་ཀྱི་ཚུལ་ཤིང་དག་བཟུང་ཞིང། ལག་བ་གཡོན་པས་ཅིག་ཤོས་ཆོས་མ་ཡིན་པའི་ཚུལ་ཤིང་དག་བཟུང་བར་བྱའོ། །དེ་དག་གཡོགས ་ཏེ་སྔ་མ་དག་སྣང་བར་བྱས་ནས་བརྗོད་བར་བྱའོ་ཞེས་བྱ་བ་ནི། ཆོས་མ་ཡིན་པའི་ཚུལ་ཤིང་དེ་དག་གཡོགས་ཏེ་ཆོས་ཀྱི་ཚུལ་ཤིང་སྔ་མ་དག་སྣང་བར་བྱས་ནས། དགེ་འདུན་ལ་བརྗོད་པར་བྱ་བའོ། །ཇི་ལྟར་བརྗོད་པར་བྱ་ཞེ་ན་དེའི་ཕྱིར།། གནས་བརྟན་འདི ་དག་ནི་ཆོས་ཀྱི་ཚུལ་ཤིང་ཡ་ཡོ་མེད་པ་ཁྱར་ཁྱོར་མེད་བ་ཅས་ཅུས་མེད་པ་ཁ་དོག་བཟང་བ་དྲི་ཞིམ་པ་རིག་པ་འཇམ་བདག་ཡིན་གྱིས་ལོང་ཞིག་ཅེས་སོ་ཞེས་བྱ་བ་སྨྲས་ཏེ། དེ་སྐད་བརྗོད་པར་བྱའོ། །ཅིག་ཤོས་ཚོལ་ན་ཚིག་གཉིས་གྱི་བར་དུ་མི་དབུལ ་པོ?་ཞེས་བྱ་བ་ནི། གལ་ཏེ་ཅིག་ཤོས་མ་ཡིན་པའི་ཚུལ་ཤིང་ཚོལ་ན་ཚིག་གཉིས་ཀྱི་བར་དུ་མི་དབུལ་ལོ། །གཡོག་ཕྱེ་སྟེ་གང་གིས་ཆོས་ཀྱི་མང་བར་འགྱུར་བ་དེ་ལྟར་བྲིམ་པར་བྱའོ་ཞེས་བྱ་བ་ནི། གལ་ཏེ་གཡོགས་ཏེ་བྲིམས་ན། ཆོས་ཀྱི་ཚུལ་ཤིང ་མང་བར་འགྱུར་བ་ལྟ་ན་ཡང་གཡོགས་ཏེ་བྲིམ་པར་བྱའོ། །ཇི་སྡེ་ཕྱེ་སྟེ་བྲིམས་ན། ཆོས་ཀྱི་ཚུལ་ཤིང་མང་བར་འགྱུར་བ་ལྟ་ན་ཡང་ཕྱེ་སྟེ་བྲིམ་པར་བྱའོ། །ཆོས་ཀྱི་ཚུལ་ཤིང་བླངས་བ་དག་གིས་སློབ་མ་ལ་སོགས་བདག ་ཆོས་མ་ཡིན་པའི་ཚུལ་ཤིང་ལེན་པར་རྩོལ་བ་ལྟར་ན་དེའི་ཚེ་ཚུལ་ཤིང་འདྲི་མ་པས་དེ་དག་ལ་ཇི་ལྟར་བསྒྲུབ་བར་བྱ་ཞེ་ན་དེའི་ཕྱིར། ཚེ་དང་ལྡན་པ་ཁྱོད་ཀྱི་མཁན་པོ་དང་སློབ་དཔོན་དང། མཁན་པོ་གཅིག་པ་དང་སློབ་དཔོན་གཅིག་པ ་དང། གཏམ་འདྲེས་པ་དང། ཕེབས་པར་སྨྲ་བ་དང། སྨོས་འདྲིན་དང་འགྲོགས་བཤེས་ཀྱི་ཚུལ་ཤིང་ལོང་ཞིག་ཁྱོད་དེ་དག་དང་ལྷན་ཅིག་རྩོད་པར་གྱུར་ན་མི་ལེགས་སོ་ཞེས་རྣ་དྲུང་དུ་གཤུབ་པོ་ཞེས་བྱ་བ་སྨྲས་ཏེ། བརྡ་སྦྲད་པའི་ཕྱིར་རྣ་དྲུང་དུ་གེ་ཤུབ?་ཅིང ་དེ་སྐད་ཡང་དང་ཡང་དུ་བརྗོད་པར་བྱའོ། །ཆོས་མ་ཡིན་པའི་ཚུལ་ཤིང་བླང་བར་མི་བྱའོ། །ཞེས་བྱ་བ་ནི། ལེན་ན་འདུལ་བ་དང་འགལ་བའི་ཉེས་བྱས་ཀྱི་རུང་བ་བཤགས་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། མདོ་སྡེ་དང་འདུལ་བ་དང་མ་མོ་འཛིན་པ་དག་ལམ ་དྲིས་བར་མི་བྱའོ་ཞེས་བྱ་བ་ནི། ཚུལ་ཤིང་བླང་བར་ཞེས་བྱ་བ་སྨྲས་ཏེ། མདོ་སྟེ་འཛིན་པ་ལ་སོཌ་བ་འདྲི་བ་མི་ཆོས་ཡོངས་སུ་ཤེས་པར་བྱ་བའི་ཕྱིར་རོ། །དབྱེན་དུ་འགྱུར་བའི་བཟོད་པས་མི་བྱའོ། །ཞེས་བྱ་བ་ནི། ཨེ་མའི་བྱེ་བར་གྱུར་ན་ཇི་མ་རུང་སྙམ་པའི་མངོན ་བར་འདོན་པས་ཀྱང་ཚུལ་ཤིང་བླང་བར་མི་བྱའོ། །ཆོས་མ་ཡིན་བས་མི་བྱའོ་ཞེས་བྱ་བ་ན། ཨེ་མའོ་ཆོས་མ་ཡིན་བ་བྱུང་བར་གྱུར་ན་ཅི་མི་རུང་སྙམ་པས་ཚུལ་ཤིང་བླང་བར་མི་བྱ་བ་སྟེ། ཆོས་མ་ཡིན་པ་བྱུང་བར་འདོད་པས་བླང་བར་མི་བྱའོ། །དེ་གཉིས ་འབྱུང་བར་གྱུར་པ་ཉིད་དུ་ཤེས་ན་མི་བྱའོ་ཞེས་བྱ་བ་ནི། འདི་ལྟར་ཨེ་མའོ་བྱེ་བར་གྱུར་ན་ཅི་མ་རུང་སྙམ་པ་དང། ཨེ་མའོ་ཆོས་མ་ཡིན་པ་བྱུང་བར་གྱུར་ན་ཇི་མ་རུང་སྙམ་པར་བྱེད་དུ་ཟིན་ཀྱང་དེ་གཉིས་འབྱུང་བར་འགྱུར་བ་ཉིད་དུ་ཤེས་ཏེ། དོན་འདི་ལྟ་བུ་དང ་འདི་ན་དགེ་སློང་གང་དག་དབྱེན་ལ་མངོན་པར་ཞེན་པར་བྱེད་བ་དེ་ལྟ་བུ་དག་ཡོད་པས་སྟོན་པ་ཉིད་ཀྱང་འགའ་ཞིག་འབྱུང་བར་འགྱུར་རོ་སྙམ་དུ་ཤེས་ན་དེ་ལྟ་ན་ཡང་ཚུལ་ཤིང་དག་བླང་བར་མི་བྱ་བའོ། །མཉམ་པ་ཉིད་ན་ཉན་ཐོས་ཆེན་པོའི་ཕྱིར་ཆོས་ཀྱི ་ཚུལ་ཤིང་གཅིག་བླང་ངོ་ཞེས་བྱ་བ་ནི། ཆོས་དང་ཆོས་མ་ཡིན་བའི་ཚུལ་ཤིང་དག་གྲངས་མཉམ་པ་ཉིད་ཡིན་ན། ཉན་ཐོས་ཆེན་པོ་བཙུན་པ་ཀུན་ཤེས་ཀཽཎྜི་ནྱ་ལ་བསྔོས་ཏེ་ཆོས་ཀྱི་ཚུལ་ཤིང་གཅིག་བླང་བར་བྱ་བ་སྟེ། དེ་ལྟར་ན་རྩོད་པ་ཆོས་ཀྱིས་ཉེ ་བར་ཞི་བར་གྱུར་བ་ཡིན་ནོ། །ཆོས་མ་ཡིན་པའི་ཚུལ་ཤིང་ལྷག་ན་ནི་རྩོད་པ་དེ་ཆོས་མ་ཡིན་པས་ཉེ་བར་ཞི་བར་གྱུར་བ་ཡིན་ནོ། །ཆོས་མ་ཡིན་པS་ཉེ་བར་ཞི་བ་ལ་སྐྱོ་སྡོགས་མི་བྱའོ་ཞེས་བྱ་བ་ནི། ཆོས་ཀྱི་ཉེ་བར་ཞི་བ་ལ་སྐྱོ་སྡོགས་བྱེད་པ་ནི་ལྟུང་བྱེད་དུ་འགྱུར ་བས་འདི་ནི་ཉེས་བྱས་སུ་གསུངས་སོ། འགྱེད་པའི་ཕྱིར་རྩོད་པ་ཉེ་བར་ཞི་བ་བཤད་ཟིན་ཏོ། །མི་གདམས་པའི་ཕྱིར་རྩོད་པ་ནི་རྒྱུད་གཅིག་ཏུ་བྱ་བ་དང་དག་བ་སྦྱིན་པ་ཞེས་བྱ་བ་གཉིས་ཀྱིས་ཉེ་བར་ཞི་བར་བསྟན་པ་དེ་ལ་རྒྱུད་ཅིག་ཏུ་བྱ་བ་ནི་བསྟན་ཟིན་པས ་དག་བ་སྦྱིན་པ་བརྗོད་པར་བྱ་སྟེ། དེའི་ཕྱིར་གླེང་བའི་ཁ་ན་མ་ཐོ་བ་མེད་པ་ལ་ནི་དག་པ་སྦྱིན་ནོ་ཞེས་བྱ་བ་སྨྲས་ཏེ། གལ་ཏེ་དགེ་སློང་དེ་ལ་ལྟུང་བ་གང་གིས་གླེང་པར་བྱ་པའི་ལྟུང་བ་དེའི་ཁ་ན་མ་ཐོ་བ་མེད་པར་གྱུར་ན་དེའི་ཕྱིར་དེ་ལ་དྲན་པས་འདུལ ་བ་དང་མ་མྱོས་བས་འདུལ་བའི་བདག་ཉིད་ཀྱི་དག་པ་སྦྱིན་པར་བྱའོ། །གླེང་པ་དེ་ནི་རྣམ་པ་བཞི་སྡེ་གཞི་མེད་པ་དང། གཞན་རྗེས་སུ་བསྒྲུབས་པའི་དབང་གིས་དང་ཕྱིར་བཅོས་པ་ལ་མི་ལྟོས་པའི་ཕྱིར་དང་སྨྱོན་པས་བྱས་པས་སོ་ཞེས་བྱ་བ་ནི། གླེང་བའ ་ཁ་ན་མ་ཐོ་བ་མེད་བ་དེ་ནི་རྣམ་པ་བཞི་སྟེ། གཞི་མེད་པ་ནི་ལྟུང་བ་མ་བྱུང་བ་ཉིད་ལ་གླེང་བ་གང་ཡིན་བའོ། །གཞན་རྗེས་སུ་བསྒྲུབས་པའི་དབང་གིས་ནི་དེས་གཞན་རྗེས་སུ་བསྒྲུབས་ལ། གཞན་གྱི་གླེང་བར་བྱེད་པ་སྟེ། ལྟུང་བྱེད་ལ་དགེ་འདུན་ལྷག ་མ་ལ་སོགས་བས་གླེང་པའོ། །ཕྱིར་བཅོས་པ་ལ་མི་ལྟོས་པའི་ཕྱིར་ནི་འདི་ལྟུང་བ་བྱུང་པར་འགྱུར་རོ། །ཞེས་བྱ་བ་དེ་ངེས་ཆོས་བཞིན་དུ་ཕྱིར་བཅོས་པ་ཉིད་ནི་ཕྱིར་བཅོས་པ་ཉིད་ལ་མི་ལྟོས་པར་གླེང་བའོ། །སྨྱོན་པས་བྱས་པ ་ནི་སྒྲོན་པའི་གནས་སྐབས་སུ་དེས་རུང་བ་མ་ཡིན་པ་ཀུན་ཏུ་སྤྱད་པ་དེS་གླེང་བར་བྱེད་པའོ། །དང་པོ་གསུམ་ལ་ནི་དྲན་པས་འདུལ་བ་སྦྱིན་ན་ཞེས་བྱ་བ་ནི། གཞི་མེད་པ་དང་གཞན་རྗེས་སུ་བསྒྲུབ་པའི་དབང་གིས་དང། ཕྱིར་བཅོས་པ་ལ་མི་ལྟོས་པའི ་ཕྱིར་ཞེས་བྱ་བ་གསུམ་གྱིས་གླེང་བར་བྱ་བ་དེ་དག་ལ་ནི་དགེ་འདུན་གྱིས་དྲན་པས་འདུལ་བ་སྦྱིན་བར་བྱ་སྟེ། དེ་བྱིན་ན་དགེ་སློང་དེ་ལ་དགེ་སློང་དག་གིས་དྲན་བ་དང་ལྡན་བར་འཛིན་གྱི། ལྟུང་བ་དང་བཅས་པར་མི་འཛིན་ཏེ། གང་གི་ཕྱིར་འདི་ནི ་དྲན་པ་དང་ལྡན་པ་ཡིན་པས། འདིས་ལྟུང་བ་བརྗོད་པས་དེ་མི་དྲན་ན། དེའི་ཕྱིར་འདི་ལ་ལྟུང་བ་མེད་དེ་ཉིད་ཀྱིས་འདི་ལ་རྩོད་པ་ཉེ་བར་ཞི་བ་ཡིན་ནོ། །དེ་ཡང་རང་གིས་དགེ་འདུན་ལ་གསོལ་ནས། དགེ་འདུན་གྱིས་གསོལ་བ་དང་བཞིའི་ལས་ཀྱིས་སྦྱིན་པར ་བྱའོ་།དེའི་སྔགས་ནི་དགེ་འདུན་བཙུན་བ་རྣམས་གསན་དུ་གསོལ། བདག་དགེ་སློང་གྱད་བུ་ནོར་ལ་དགེ་སློང་མ་མཛད་མོས་ཡང་དག་པ་མ་ལགས་པ་གསོབ་གསོག་རྫུན་གྱིས་སྐུར་ཏེ། བདག་ལ་དགེ་སློང་དག་གིས་གཞི་དེས་གླེང་བས། བདག ་དགེ་སློང་གྱད་བུ་ནོར་དགེ་འདུན་ལས་དྲན་བས་འདུལ་བ་གསོལ་ན། ཐུགས་བརྩེ་བ་ཅིན་དགེ་འདུན་བཙུན་པ་རྣམས་ཀྱིས་ཐུགས་བརྩེ་བའི་སླད་དུ་།བདག་དགེ་སློང་གྱང་བུ་ནོར་ལ་དྲན་པས་འདུལ་བ་བསྩལ་དུ་གསོལ། ལན་གསུམ་དུ་བཟླས། ་དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ་།དགེ་སློང་གྱང་བུ་ནོར་འདི་ལ་དགེ་སློང་མ་མཛའ་མོས་ཡང་དག་པ་མ་ལགས་པ། གསོབ་གསོག་བརྫུན་གྱིས་སྐུར་ཏེ། འདི་ལ་དགེ་སློང་དག་གིས་གཞི་དེས་གློང་བས་དགེ་སློང་གྱང་བུ་ནོར་འདི་དགེ ་འདུན་ལས་དྲན་པས་འདུན་བས་གསོལ་མ་གལ་ཏེ་དགེ་འདུན་གྱིས་དུས་ལ་བབ་ཅིང་བཟོད་ན། དགེ་འདུན་གྱིས་གནང་པར་མཛོད་ཅིག་དང། དགེ་འདུན་གྱིས་དགེ་སློང་གྱང་བུ་ནོར་འདི་ལ་དྲན་པས་འདུལ་བ་སྩོལ་ཏོ། །འདི་ནི་གསོལ་པའོ་ཞེས་བྱ་བ་ལ ་སོགས་པ་གསུངས་པ་ཡིན་ནོ། །ཐ་མ་ལ་ནི་མ་མྱོས་པས་འདུལ་བའོ་ཞེས་བྱ་བ་ནི། སྨྱོན་པས་བྱས་པས་གླེང་བ་ལ་ནི་དགེ་འདུན་གྱིས་མ་མྱོས་པས་འདུལ?་བ་སྦྱིན་པར་བྱ་བ་སྟེ། དེ་བྱིན་ན་དགེ་སློང་དེ་ལ་དགེ་སློང་དེ་དག་གིས་རང་བཞིན་དུ་གནས་པ་ཉིད་དུ་འཛིན་གྱི ་ལྟུང་བ་དང་བཅས་པར་མི་འཛིན་ཏེ། གང་གི་ཕྱིར་སྨྱོས་པའི་གནས་སྐབས་དང་ལྷན་ཅིག་ཐ་སྙད་འགའ་ཡང་མེད་པ་དེའི་ཕྱིར་སྨོས་པའི་གནས་སྐབས་སུ་ལྷག་བར་སྤྱད་བ་བྱས་པས་གླེང་བ་ཡང་མེད་པ་ཁོ་ནར་འགྱུར་བས། རྩོད་པ་ཉེ་བར་ཞི་བར་འགྱུར་རོ། ་དེ་ཡང་རང་གི་དགེ་འདུན་ལ་གསོལ་ནས། དགེ་འདུན་གྱིས་གསོལ་བ་དང་བཞིའི་ལས་ཀྱིས་སྦྱིན་པར་བྱའོ། །དེའི་སྔགས་ནི་དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། བདག་དགེ་སློང་བྱེ་མ་སྐྱེས་སྨྱོས་པ་སེམས་འཁྲུག་པ་སྡུག་བསྔལ་གྱི་ཚོར་བས ་གཟིར་བས། དགེ་སློང་གི་ཚུལ་མ་ལགས་བ་རྗེས་སུ་ན་ཐུན་པ་མ་ལགས་བ་རུང་བ་མ་ལགས་པ། ཚུལ་དང་མཐུན་བ་མ་ལགས་པ། མང་དུ་སྦྱད་ཅིང་སྨྲས་ཏེ་བརྩལ་ནས། མིག་གྱུར། ཁ་ཆུ་ཟགས་།བཞིན་བསྒྱུར། ས་ལ་འདྲེས་ལྡོག་གཉིད་ཀྱི་མ་ལོག་པ་ལྟར ་བཅོས། མ་མྱོས་ཀྱང་མྱོས་བ་ལྟར་བཅོས། སྨ?་བར་མ་བསམས་ཀྱང་སྨྲས་ཏེ། བདག་གིས་དྲན་བ་རྙེད་ན་བདག་ལ་དགེ་སློང་རྣམས་ཀྱིས་གཞི་དེས་གླེང་བས་བདག་དགེ་སློང་བྱེ་མ་སྐྱེས་དགེ་འདུན་ལས་མ་མྱོས་པས་འདུལ་བ་གསོལ་ན། ཐུགས་བརྩེ་བ་ཅན་དགེ ་འདུན་བཙུན་པ་རྣམས་ཀྱིས་ཐུགས་བརྩེ་བའི་སླད་དུ། བདག་དགེ་སློར་བྱེ་མ་སྐྱེས་ལ་མ་མྱོས་པས་འདུལ་བ་བསྟལ་དུ་གསོལ་ལན་གསུམ་དུ་བཟླས་དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། བདག་དགེ་སློང་བྱེ་མ་སྐྱེས་མྱོས་བ་སེམས་འཁྲུགས་པ ་སྡུག་བསྔལ་གྱི་ཚོར་བས་གཟེར་བ་འདིས། དགེ་སློང་གི་ཚུལ་མ་ལགས་པ་རྗེས་སུ་མཐུན་པ་མ་ལགས་པ། རུང་པ་མ་ལགས་པ་ཚུལ་དང་མཐུན་པ་མ་ལགས་པ། མང་དུ་སྤྱད་ཅིང་སྨྲས་ཏེ་བརྩལ་ནས་མིག་གྱུར། ཁ་ཆུ? ་ཟགས། བཞིན་བསྒྱུར། ས་ལ་འདྲེས་ལྡོགས། གཉིད་ཀྱིས་མ་ལོག་ཀྱང་གཉིད་ཀྱིས་ལོག་པ་ལྟར་བཅོས། མ་མྱོས་ཀྱང་མྱོས་བ་ལྟར་བཅོས། སྨྲ་བ་རིམ་བསམས་ཀྱང་སྨྲས་ཏེ། འདིས་དྲན་པ་རྙེད་ན་འདི་ལ་དགེ་སློང་རྣམས་ཀྱིས་གཞི་དེས་གླེང་བས། དགེ ་སློང་ཕྱེ་མ་སྐྱེས་འདི་དགེ་འདུན་ལས་མ་མྱོས་པས་འདུལ་བ་གསོལ་ན། གལ་ཏེ་དགེ་འདུན་གྱིས་དུས་ལ་བབ་ཅིང་བཟོད་ན། དགེ་འདུན་གྱིས་གནང་བར་མཛེད་ཅིག་དང། དགེ་འདུན་གྱིས་དགེ་སློང་བྱེ་མ་སྐྱེས་ལ་མ་མྱོས་པས་འདུལ་པ་བསྩོལ་ཏོ། །འདི ་ནི་གསོལ་བའོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །མི་གདམས་པ་ལ་རྩོད་པ་ཉེ་བར་ཞི་བར་བྱ་བའི་ཆོ་ག་བཤད་ཟིན་ཏོ།། །།ལྟུང་བའི་ཕྱིར་རྩོད་པ་ནི་ཕྱིར་བཅོས་པས་ཉེ་བར་ཞི་བར་བྱའོ་ཞེས་བསྟན་པ་དེའི་རབ་ཏུ་དབྱེ་བ་བསྟན་པའི་ཕྱིར ་ལྟུང་བ་དང་བཅས་པ་ཉིད་ཀྱི་འཁྲུག་ལོང་རྣམ་པ་གསུམ་སྟེ། འཕྲོས་པ་མེད་བ་དང། འཕྲོས་པ་དང་བཅས་པ་རྣམ་པ་གཉིས་པ་ཉི་ཚེ་བ་དང། དགེ་འདུན་མཛའ་དག་དང་འབྲེལ་པའོ་ཞེས་བྱ་བ་སྨྲས་ཏེ། དེ་ལ་ཕྱིར་འཕྲོས་པ་མེད་པ་ནི་ཕྱོགས་དང ་གཞན་གྱི་ཕྱོགས་སུ་རྣམ་པར་གནས་པ་དང་བྲལ་བ་སྟེ། འདི་སྐད་བསྟན་ཏེ། གང་ལ་གླེང་བར་བྱ་བ་དང། གླེང་བ་པོ་འབའ་ཞིག་ཁོ་ན་ལ་འཁྲུག་ལོང་ཡོད་ཀྱི་གཞན་གང་ལ་ཡང་འཁྲུག་ལོང་མེད་པ་དེ་ནི་འཕྲོས་པ་མེད་པའི་འཁྲུག་ལོང་ཡིན་ནོ།། ་ཉི་ཚེ་བ་ཞེས་བྱ་བ་ནི་གང་ལ་གླེང་བར་བྱ་བ་དང་གླེང་བ་པོ་གཉིས་འབའ་ཞིག་ཁོ་ནར་མ་ཟད་ཀྱི་དགེ་འདུན་གྱི་ཁོངས་སུ་གཏོགས་པ་ཁ་ཅིག་ལ་ཡང་འཁྲུག་ལོང་བྱུང་བའོ། །དགེ་འདུན་མཛའ་དག་དང་འབྲེལ་པ་ཞེས་བྱ་བ་ནི། གང་ལ་དགེ་སློང་གི ་ཚོམས་གཅིག་ཀྱང་མ་ལུས་པར་དགེ་སློང་མཛའ་དག་ཕྱོགས་དང་གཞན་གྱི་ཕྱོགས་སུ་རྣམ་པར་གནས་པས་འཁྲུག་ལོང་དུ་གྱུར་པའོ། །དང་པོ་ལས་ནི་ཁས་བླངས་པའི་བྱ་བས་ཕྱིར་བཅོས་སོ་ཞེས་བྱ་བ་ནི། འཕྲོས་པ་མེད་པས་འཁྲུག་ལོང་དུ་གྱུར་པའི་འོག ་ཏུ་ལྟུང་བའི་ཕྱིར་བཅོས་པ་ནི་ཁས་བླངས་པའི་བྱ་བས་ལྟུང་བ་ཕྱིར་བཅོས་པར་བྱ་སྟེ། ཁས་བླངས་བ་ཙམ་གྱི་དབང་གིས་དེའི་ཕྱིར་བཅོས་པར་བྱ་བའི་ཕྱིར་རོ། །དེའི་མིང་ཅིའི་ཕྱིར་དེ་སྐད་ཅེས་བྱ་བར་རྣམ་པར་བཞག་ཅེ་ན། སྨྲས་པ། རྩོད་པ་ཞི་བར་བྱ་བ་གང ་ལ་ཚེ་དང་ལྡན་པ་ཁྱོད་ལ་ལྟུང་བ་བྱུང་གིས་ཆོས་བཞིན་དུ་ཕྱིར་གྱིས་ཤིག་ཅེས་གླེང་བ་པོས་ཚུལ་དེ་ལྟ་བུར་བྱས་པ། འཁྲུག་ལོང་མེད་པ་ལ་ཁས་བླངས་པ་འབའ་ཞིག་གིས་ཕྱིར་བཅོས་པར་བྱ་བ་དེ་ནི་ཁས་བླངས་པའི་བྱ་བས་རྩོད་པ་ཞི་བར་བྱ་བ་ཞེས་བྱ་སྟེ། ་དེའི་ཕྱིར་དེའི་མིང་དེ་སྐད་ཅེས་བྱའོ། །བྱ་བ་ཞེས་བྱ་བ་ནི་ཕྱིར་བཅོས་བར་བྱ་བའོ། །གཉིས་པ་ལས་ནི་མངོན་སུམ་གྱིས་འདུལ་བས་སོ་ཞེས་བྱ་བ་ནི། འཕྲོས་པ་དང་བཅས་པ་ཉི་ཚེ་བས་འཁྲུག་ལོང་དུ་གྱུར་པའི་འོག་ཏུ་ནི་མངོན་སུམ་གྱིས་འདུལ་བས་ཕྱིར ་བཅོས་སོ། །འདི་སྐད་བསྟན་ཏེ། གཉིས་པ་ལས་འཁྲུག་ལོང་དུ་གྱུར་པའི་འོག་ཏུ་ལྟུང་བའི་ཕྱིར་འཆོས་པར་བྱེད་པ་གང་ཡིན་པ་དེ་ནི་མངོན་སུམ་གྱི་འདུལ་བས་རྩོད་པ་ཞི་བར་བྱེད་པ་ཡིན་ནོ། །ཅིའི་ཕྱིར་དེའི་མིང་དེ་སྐད་བྱས་ཤེ་ན། གླེང་བར་བྱ་བ་དང་གླེང ་བ་པོ་དང་དེ་དག་གིས་རྗེས་སུ་འབྲང་བ་རྣམས་ཀྱི་རྒོལ་བ་དང་ལན་མངོན་སུམ་དུ་བྱུང་བས་གང་ཡིན་པ་དེ་ནི་སྔོན་དུ་བཏང་བ་ཡིན་པའི་ཕྱིར་མིང་དེ་སྐད་ཅེས་བྱས་སོ། །དེ་ལྟར་ན་ཚིག་གི་དོན་འདི་འབྱུང་བ་སྟེ། འདི་ལ་རྟོལ་བ་དང་ལན་གྱི་ཚིག་དག་མངོན་སུམ་དུ་བྱུང ་བ་དག་གིས་འདུལ་ཞིང་ཞི་བ་ཡིན་གྱི། གླེང་བ་པོས་དམ་བཅས་པ་ཙམ་གྱིས་འདི་ལ་རྣམ་པར་ངེས་པར་སྦྱིན་པ་མ་ཡིན་པར་རིག་པར་བྱའོ། །གསུམ་པ་ལ་ནི་རྩཝ་བཀྲམ་བལྟ་བུས་སོ་ཞེས་བྱ་བ་ནི། གསུམ་པ་ལས་འཁྲུག་ལོང་བྱུང་བའི་འོག་ཏུ་ལྟུང་བ་བྱང? ་འཆོས་བར་བྱེད་པ་གང་ཡིན་པ་དེ་ནི་རྩ་བཀྲམ་པ་ལྟ་བུ་ཞེས་བྱ་བའི་རྩོད་པ་ཞི་བར་བྱེད་པ་ཡིན་ནོ། །ཅིའི་ཕྱིར་དེའི་མིང་དེ་སྐད་ཅེས་བྱས་ཤེ་ན། དཔེར་ན་རྩཝ་བཀྲམ་པ་ན་རྩཝ་ཐམས་ཅད་ཕན་ཚུན་ནས་རྩེ་སྤྲད་དུ་ཉལ་བ་དང ་འདྲ་བར་ཕྱོགས་དང་གཞན་གྱི་ཕྱོགས་སུ་རྣམ་པར་གནས་པའི་དགེ་འདུན་དུ་གྱུར་བའི་དགེ་སློང་ཐམས་ཅད་འདི་ལ་འཁྲུག་ལོང་ཉེ་བར་ཞི་བའི་ཕྱིར་ཕན་ཚུན་ནས་འདུད་བར་འགྱུར་བས་དེའི་ཕྱིར་དེའི་མིང་དེ་སྐད་ཅེས་བྱ་བར་བཞབ ་གོ། འདི་ལ་མང་པོ་དག་གི་དོན་དུ་དགེ་འདུན་མ་ཡིན་པ་ལ་བཤགས་པར་བྱ་བ་དག་ནི་གཅིག་གིས་ཕྱིར་བཅོས་པར་བྱའོ་ཞེས་བྱ་བ་ནི། ཉེས་པ་སྦོམ་པོ་དང་དགེ་འདུན་ལྷག་མ་དང་དགེ་འདུན་ལྷག་མར་གཏོགས་པའི་ཉེས་?་སྦོམ་པོ ་ལྕི་བ་དགེ་འདུན་ལ་བཤགས་བར་བྱ་བ་དེ་དག་ལས་གཞན་པའི་ལྟུང་བ་དགེ་འདུན་མ་ཡིན་པ་ལ་བཤགས་པར་བྱ་བ་དག་ནི་འདིར་གང་ཟག་མང་པོ་དག་གི་དོན་དུ་གང་ཟག་གཅིག་གིས་རྩ་བཀྲམ་པ་ལྟ་བུས་ཕྱིར་བཅོས་པ་བྱར་རུང ་པའོ། །འདི་སྐད་བསྟན་ཏེ། མང་པོ་དག་གི་དོན་དུ་གཅིག་གིས་འཆོས་པར་བྱེད་ན་དེའི་ཚེ་ཡང་ལྟུང་བའི་ཕྱིར་རྩོད་པ་ཉེ་བར་ཞི་བར་འགྱུར་རོ། །དུ་མ་དག་ཅིག་ཅར་དུ་ཡང་ངོ་ཞེས་བྱ་བ་ནི། འདིར་མང་པོ་དག་གི་དོན་དུ་ལྟུང་བ་དུ་མ་དག་ཅིག ་ཅར་དུ་ཕྱིར་བཅོས་སུ་ཡང་རུང་བའོ། །གང་ཡིན་པའོ་ཞེས་སྨོས་པ་དང་ཤེས་པ་སྣང་བར་བྱ་བས་སོ་ཞེས་བྱ་བ་ནི། གཞི་འདི་ལས་ཁྱོད་ལ་ལྟུང་བ་བྱུང་བ་གང་ཡིན་པ་དང། ཁོ་བོ་ལ་ལྟུང་བ་བྱུང་བ་གང་ཡིན་པ་དེ་དག་ཚེ་དང་ལྡན་པ་དག ་གི་མདུན་དུ་བཤགས་པ་དང་མི་བཅས་པར་ཁོ་བོ་སྤྲོའོ་ཞེས་བྱ་བ་ལ་སོགས་པའི་སྔགས་སྨོས་པ་དང་ལྟུང་བའི་མིང་དང་རིགས་ལས་གཞན་ལྟུང་བའི་ངོ་བོ་ཉིད་ཤེས་པར་སྣང་བར་བྱ་ཞིང་གོ་བར་བྱ་བས་ཕྱིར་བཅོས་པར་བྱའོ་ཞེས་བྱ་བའི ་ཐ་ཚིག་གོ། དེའི་སྔགས་ནི་ཚེ་དང་ལྡན་པ་དག་བདག་ཅག་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་བ་ནས། འཐབ་པར་འགྱུར། མཚང་འདྲུ་བར་གྱུར། རྩོད་པར་འགྱུར། འགྱེད་པར་གྱུར་ཅིང་གནས་ཏེ་ཕྱོགས་དང ་གཞན་གྱི་ཕྱོགས་སུ་རྣམ་པར་གནས་པ་ནི་བདག་ཅག་གིས་མ་རྙེད་དེ་རྙེད་པ་མ་ཡིན་ནོ། །ཉེས་པ་རྙེད་ཀྱི་ལེགས་པ་རྙེད་པ་མ་ཡིན་ནོ། །ཁ་ན་མ་ཐོ་བ་སྦོམ་པོ་དང། ཁྱིམ་ན་གནས་པ་ལ་བརྟེན་པ་མ་རྟོགས་པར་གཞི་འདི་ལས་ཁྱེད་ལ་ལྟུང་བ་བྱུང་བ ་གང་ཡིན་པ་དང། ཁོ་པོ་ལ་ལྟུང་བ་བྱུང་བ་གང་ཡིན་པ་དེ་དག་ཚེ་དང་ལྡན་པ་དག་གི་མདུན་དུ་བཤགས་པ་དང། མི་བཅབ་པར་ཁོ་བོ་སྤོའོ། །ཚེ་དང་ལྡན་པ་དག་བདག་ཅག་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་ནས། འཐབ་བར ་གྱུར། མཚང་འདྲུ་བར་གྱུར་།རྩོད་པར་གྱུར། འགྱེད་པར་གྱུར་ཅིང་གནས་ཏེ། ཕྱོགས་དང་གཞན་གྱི་ཕྱོགས་སུ་རྣམ་པར་གནས་པ་ན་བདག་ཅག་གིས་མ་རྙེད་དེ་རྙེད་པ་མ་ཡིན་ནོ། །ཉེས་པ་རྙེད་ཀྱི་ལེགས་པ་རྙེད་པ་མ་ཡིན་ནོ། །ཁ་ན་མ་ཐོ་བ་སྦོམ ་པོ་དང། ཁྱིམ་ན་གནས་པ་ལ་བརྟེན་པ་མ་གཏོགས་པར་གཞི་འདི་ལས་དེ་དག་ལ་ལྟུང་བ་བྱུང་བ་གང་ཡིན་པ་དང། ཁོ་བོ་ལ་ལྟུང་བ་བྱུང་བ་གང་ཡིན་པ་དེ་དག་ཚེ་དང་ལྡན་པ་དག་གི་མདུན་དུ་ཁོ་བོ་འཆགས་སོ་མི་འཆབ་པོ། །མཐོལ་ཞིང་བཤགས ་ན་བདག་བདེ་བ་ལ་རེག་པར་འགྱུར་རོ། །མ་མཐོལ་མ་བཤགས་ན་ནི་མི་འགྱུར་རོ། །ལྟུང་བ་མཐོང་ངམ། མཐོང་ངོ། །ཕྱིན་ཆད་སྡོམ་མམ། སྡོམ་མོ་ཞེས་གསུངས་པ་ཡིན་ནོ། །ཕྱོགས་གཞན་གྱིས་ཀྱང་མཐུན་བ་དེ་དག་ལའོ་ཞེས་བྱ་བ་ནི། ཕྱོགས་གཞན ་གྱིས་ཀྱང་བློ་གཅིག་ཏུ་གྱུར་བ་དེ་དག་ལ་དེ་ཕྱིར་བཅོས་པར་བྱའོ། །གཞན་གང་ལ་ཡང་མ་ཡིན་ནོ། །ཁས་མི་ལེན་པ་དང་དོན་མེད་པ་ལ་ནི་བཤགས་པ་མི་འཆགས་སོ་ཞེས་བྱ་བ་ནི། ཁ་ན་མ་ཐོ་བ་ཁས་མི་ལེན་པ་དང། ཁ་ན་མ་ཐོ་བ་མེད་པ་བཞིན་དུ་འཆགས ་བ་གང་ཡིན་པ་དེ་ལ་ནི་བཤགས་པ་མི་འཆགས་པ་སྟེ། ལྟུང་བ་བྱུང་བ་དག་ལ་ལྟུང་བ་མ་བྱུང་ངོ་ཞེས་ཁས་མི་ལེན་པ་དང། ལྟུང་བ་མ་བྱུང་བ་ལ་དག་ལ་ལྟུང་བ་བྱུང་ངོ་ཞེས་ཁས་ལེན་པར་བྱེད་པ་ནི་ཆོས་མ་ཡིན་པའོ་ཞེས ་གསུངས་པ་དེ་བསྡུས་པ་ཡིན་ནོ། །འདིར་ལུང་ནི་འདི་ལྟར་དག་སློང་ཕམ་བར་འགྱུར་བའི་ལྟུང་བ་བྱུང་ལ་མ་བྱུང་ངོ་ཞེས་ཁས་འཆིས་པར་བྱེད་པ་དེ་ལ། དགེ་འདུན་གྱིས་ཁས་འཆེ་བར་བྱེད་དུ་འཛུད་པ་དེ་ནི་ཆོས་མ་ཡིན་པས་དམ་འཆར་གཞུག ་པ་ཡིན་ནོ་ཞེས་གསུངས་པ་ཡིན་ནོ། །ལྷན་ཅིག་གིས་དངོས་པོར་གླེང་བ་ཉིད་དུ་རུང་ངོ་ཞེས་བྱ་བས་ནི། གང་ཟག་གིས་གང་ཟག་ལ་གླེང་བར་བྱེད་པ་དང། གང་ཟག་གིས་གང་ཟག་གཉིས་ལ་དང། གང་ཟག་གིས་གང་ཟག་མང་པོ་དང། གང་ཟག་གིས ་དགེ་འདུན་ལ་དང། གང་ཟག་གཉིས་ཀྱིས་གང་ཟག་ལ་དང། གང་ཟག་གཉིས་ཀྱིས་གང་ཟག་གཉིས་ལ་དང། གང་ཟག་གཉིས་ཀྱིས་གང་ཟག་མང་པོ་ལ་དང། གང་ཟག་གཉིས་ཀྱིས་དགེ་འདུན་ལ་དང། གང་ཟག་མང་པོས་གང་ཟག་ལ་དང། ་གང་ཟག་མང་པོས་གང་ཟག་གཉིས་ལ་དང། གང་ཟག་མང་པོས་གང་ཟག་མང་པོ་ལ་དང། གང་ཟག་མང་པོས་དགེ་འདུན་ལ་དང། དགེ་འདུན་གྱིས་གང་ཟག་ལ་དང། དགེ་འདུན་གྱིས་གང་ཟག་གཉིས་ལ་དང། དགེ་འདུན་གྱིས་གང་ཟག་མང་པོ་ལ་དང། དགེ ་འདུན་གྱི་དགེ་འདུན་ལ་གླེང་བར་བྱེད་ན་ཞེས་བྱ་བ་དང། གླེང་བར་བྱེད་པའི་སྐབས་ལྷན་ཅིག་གི་དངོས་པོར་བསྟན་པ་དེ་དག་བསྡུའོ། །གླེང་བ་པོ་ཉིད་ཀྱང་དེ་བཞིན་ནོ་ཞེས་བྱ་བ་ནི། ལྷན་ཅིག་གི་དངོས་པོས་རུང་བའོ། །འདི་ལ་གྲངས་ཀྱི་བྱེ་བྲག་ནི་ངེས་བ་མེད་དེ་ཞེས ་བྱ་བ་ནི། གློང་བར་བྱ་བ་དང་གླེང་བ་པོ་ཉིད་ལ་གླེང་བར་བྱ་བ་ཇི་སྙེད་པ་དེ་སྙེད་ཁོ་ནའི་གླེང་བ་པོ་དག་གིས་བྱ་བར་མ་ངེས་པའོ། །གླེང་བ་པོ་ལུས་དང་ངག་དག་གིས་བསྡམས་པ་ཉིད་དང། སྡེ་སྣོད་དག་ཤེས་བ་ཉིད་དང། དགེ་འདུན་གྱི་ནང་དུ་བསམ་བཞིན ་དུ་ཆོས་དང་འདུལ་བ་ལོག་བ་དང། དེ་ལས་བཟློག་པ་དག་མི་སྟོན་བ་ཉིད་ཅེས་བྱ་བ་གསུམ་དང་ལྡན་བ་གུས་པར་བྱའོ་ཞེས་བྱ་བ་ནི། གླེང་བ་པོ་ཡོན་ཏན་གསུམ་དང་ལྡན་པ་ལ་གུས་པར་བྱ་སྟེ། གསུམ་གང་ཞེ་ན། ལུས་དང་དག་དག་གིས་བསྡམས་པ་ཉིད་དང། ་སྡེ་སྣོད་དགེ་ཤེས་པ་ཉིད་དང། དགེ་འདུན་གྱི་ནང་དུ་བསམས་བཞིན་དུ་ཤེས་པ་རྣམ་པར་བཞག་པའི་ཆོས་དང། ཚུལ་ཁྲིམས་རྣམ་པར་བཞག་པའི་འདུལ་བ་ཆེས་མ་ཡིན་པ་དང། འདུལ་བ་མ་ཡིན་པར་?་པར་མི་སྟོན་ཅིང། དེ་ལས་བཟློས་པ་ཆོས་མ ་ཡིན་པ་དང་འདུལ་བ་མ་ཡིན་པ་ཆོས་དང་འདུལ་བར་མི་སྟོན་པ་ཉིད་དོ། །ཚུལ་ཁྲིམས་འཆལ་པ་དང་ལོག་བར་སྟོན་པ་ལ་མཐུན་པར་མི་བྱའོ་ཞེས་བྱ་བ་ནི། གླེང་བ་པོ་ཚུལ་ཁྲིམས་འཆལ་བ་དང། ཆོས་དང་འདུལ་པ་མ་ཡིན་པ་ལ་ཆོས་དང་འདུལ་བ་ཡིན ་བར་ལོག་པར་སྟོན་པ་ལ་ནི་མཐུན་པར་མི་བྱ་སྟེ། མི་འདྲང་ཞིང་སྨད་པ་དང་དེའི་ཚིག་གིས་ཆུད་ཟད་ཀྱང་བསྒྲུབ་པར་མི་བྱའོ། །རྣམ་པ་དེ་ལྟ་བུ་མ་ཡིན་པ་སྡེ་སྣོད་དག་འཛིན་ཅིང་མི་ཤེས་པ་ལ་ནི་བློན་གདབ་པར་བྱའོ་ཞེས་བྱ་བ་ནི། གླེང་བ་པོ་ཚུལ་ཁྲིམས ་ཚུལ་ཁྲིམས་ལུས་དང་དག་དག་གིས་སྡམས་པ་དང། ཆོས་དང་འདུལ་བ་བཞིན་དུ་སྟོན?་པ་སྡེ་སྣོད་དག་ཚིག་གི་སྒོ་ནས་འཛིན་ཅིང། དོན་གྱི་སྒོ་ནས་མི་ཤེས་པས། གླེང་བར་བྱེད་པ་ལ་ནི་དགེ་འདུན་གྱིས་བློན ་གདབ་བར་བྱ་སྟེ། ཚིག?་འཛམ?་པོ་སྙན་པའི་རྣམ་བས་བཟློག་པར་བྱ་བ་ནི་བློན་གདབ་པའོ། །འོ་ན་གླེང་བ་པོ་ཡོན་ཏན་གསུམ་དང་ལྡན་པ་ལ་གུས་པར་བྱའོ། །ཞེས་ཇི་སྐད་བསྟན་པ་ལ་བརྟག་པ་ཙམ་པར་མི་བྱ་འམ་ཞེ་ན་དེའི་ཕྱིར། དེ་ལ་བསམ་པ་རྟོགS ་བར་བྱ་བའི་ཕྱིར་བརྒལ་ཞིང་བརྟག་བར་བྱའོ་ཞེས་བྱ་བ་སྨྲས་ཏེ། གླེང་བ་པོ་ཡོན་ཏན་གསུམ་དང་ལྡན་པ་སྨད་པར་བྱ་བ་མ་ཡིན་པ་དེ་ལས་བསམ་བར་ཤེས་པར་བྱ་བའི་ཕྱིར་བརྒལ་ཞིང་བརྟག་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། སེམས་ཀྱི་སྤྱོད་པ་ནི་གཡོ ་བ་ཡིན་བས་སྔར་སྡིག་བ་ལ་མ་ཞུགས་སུ་ཟིན་ཀྱང། ཕྱིས་འཇུག་པར་འགྱུར་སྲིད་པས་དེའི་ཕྱིར་སེམས་ཀྱི་སྤྱོད་པ་བགམ་པའི་ཕྱིར་བརྒལ་ཞིང་བརྟག་པར་བྱའོ། །ཇི་ལྟར་བརྒལ་ཞིང་བརྟག་པར་བྱ་ཞེ་ན། དེའི་ཕྱིར། ་གནས་སུ་མི་གཞག་པས་སོ་ཞེས་བྱ་བ་སྨྲས་ཏེ། དུས་དང་ཡུལ་དང་སྤྱོད་ལམ་དང་རྗེས་སུ་བསྒྲུབས་པའི་གནས་སུ་ཚིག་མི་བཞག་པས་བརྒལ་ཞིང་བརྟག་པར་བྱ་སྟེ། འདི་ནི་ལོག་པའི་བསམ་པ་རྗེས་སུ་བཙལ་བར་བྱ་བར་ཡིན་གྱི། ཡང་དག་པའི ་བསམ་པ་རྗེས་སུ་བཙལ་བར་བྱ་བ་ནི་མ་ཡིན་ནོ། །གལ་ཏེ་གང་ཟག་དེ་ལ་བརྒལ་ཞིང་བརྟག་པར་ན་དུས་ལ་སོགས་པའི་གནས་སུ་གླེང་བའི་ཚིག་བརྗོད་པར་མི་བྱེད་ན། དེ་ལོག་པར་གླེང་བ་ལ་ཞུགས་པར་ངེས་པ་ཡིན་པས་དེའི་ཕྱིར། གནས་སུ་མི ་འཇོག་ན་བསམ་པ་ལོག་པར་ཡིན་པར་ཤེས་པར་བྱའོ། །གང་དུ་མི་འཇོག་ན་བསམ་པ་ལ་ལོག་པར་ཡམཚོན་པར་བྱ་བའི་གནས་དེ་གང་ཞ་ན། དེའི་ཕྱིར། གནས་ནི་དུས་དང་ཡུལ་དང་སྤྱོད་ལམ་དང་རྗེས་སུ་སྒྲུབ་པ་དག་གོ་ཞེས་བྱ་བ་སྨྲས་ཏེ། དུས ་ཞེས་སྨོས་པས་ནི་མཚན་མོ་བྱས་པས་གླེང་བ་དང། ཉིན་མོ་བྱས་པས་གླེང་བ་ལ་སོགས་པ་བསྡུས་སོ། །ཡུལ་ཞེས་སྨོས་པས་ནི་ལྐོག་ཏུ་བྱས་པ་དང། གསལ་བར་བྱས་པ་དང། ལམ་དུ་བྱས་པ་དང། ལམ་བགོལ་བར་བྱས་པ་དང། གྲོང་དུ་བྱས ་དུ་བྱས་པ་དང། དགོན་པར་བྱས་པ་ལ་སོགས་པ་བསྡུས་སོ། །སྤྱོད་ལམ་ཞེས་སྨོས་པས་ནི། འགྲོ་བ་དང། འགྲེང་བ་དང། འདུག་བ་དང་ཉལ་པས་བྱས་པས་གླེང་བ་བསྡུས་སོ། །རྗེས་སུ་སྒྲུབ་པ་ཞེས་སྨོས་པས་ནི་ཕམ་པར་འགྱུར་བ་དང། དགེ་འདུན ་ལྷག་མ་དང། ལྟུང་བྱེད་དང། སོ་སོར་བཤགས་བར་བྱ་བ་དང། ཉེས་བྱས་རྗེས་སུ་བསྒྲུབ་པས་གླེང་བར་བསྡུས་སོ། །གནས་གཞན་དུ་འཕོ་བ་དང་རྙོག་པ་ཅན་དུ་གྱུར་ན་གླེང་བ་མི་འཆགས་སོ་ཞེས་བྱ་བ་ནི། གལ་ཏེ་གླེང་བ་པོ་དེ་ལ་དེ་ལྟར་བརྒལ་ཞིང ་བརྟགས་བས་ན། གནས་ནས་གནས་གཞན་དུ་འཕོ་བ་དང། འཁྲུག་བའི་རྙོག་པ་ཅན་དུ་གྱུར་ན་དེའི་ཚེ་དེ་ལ་གླང་བ་མི་འཆགས་པ་ཉིད་ཡིན་ཏོ། གླེང་བའི་བྱ་བ་མ་བྱས་བ་ཉིད་དང་མ་བྱུང་བ་དང་མི་སྐྱེ་བ་ཉིད་ཡིན་ནོ། །གནས་ནས་གནས་གཞན་དུ ་འཕོས་ན་གླེངས་པ་ཉིད་དང། གླེང་བ་བོ་ཉིད་མེད་པ་ཡིན་ཏེ། དེ་ཉིད་ཀྱིས་འདིར་དགོས་པ་གྲུབ་པར་འགྱུར་ཏེ། འདི་ལྟར་དེ་ལྟར་ན། རྩོད་པ་ཉེ་བར་ཞི་བར་ཡིན་བའི་ཕྱིར་རོ། །སྨྲ་བ་པོ་བདེན་བ་མཐོང་བ་ཉིད་དང་ཡོན་ཏན་ལས་ཆེས་མཆོག ་ཏུ་གྱུར་བ་ཁྱིམ་པ་ཡང་རུང་བ་གཞན་ཚད་མར་བྱའོ་ཞེས་བྱ་བ་ནི། གང་གི་ཚེ་གླེངས་བའི་གང་ཟག་ཉེས་བ་ཁས་མི་ལེན་པ་དེའི་ཚེ་ཇི་ལྟར་ངེས་པར་བྱ་ཞེ་ན། སྨྲ་བ་པོ་བདེན་པ་མཐོང་བ་ཟག་པ་མེད་པའི་ལམ་མཐོང་བ་ཉིད་དམ་འདོད་པའི་ཁམས་ཀྱི ་འདོད་ཆགས་དང་བྲལ་བ་ལ་སོགས་པ་ཡོན་ཏན་ལས་ཆེས་མཆོག་ཏུ་གྱུར་པ། རབ་ཏུ་བྱུང་བ་འབའ་ཞིག་ཏུ་མ་ཟད་ཀྱི་ཁྱིམ་པ་རུང་བ་གཞན་དག་ཆེད་མར་བྱ་སྟེ། དེ་དག་ཆེ་གཞིར་དྲི་བར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ་།འདིར་གཞུང་ནི་སིལ་བུ་དག་ལས ་བཙུན་པ་རེ་ཞིག་དགེ་སློང་གཉིས་ལ་ཐ་དད་བར་སྨྲ་བ་དང། འགལ་བར་སྨྲ་བ་དང་མི་མཐུན་བར་སྨྲ་བ་དག་བྱུང་ན། གང་གི་ཚིག་གཟུང་བར་བགྱི། གང་ཚུལ་ཁྲིམས་དང་ལྡན་པའོ། །གཉི་ག་ཚུལ་ཁྲིམས་དང་ལྡན་པ་ལགས་ན། གང་མང་དུ་ཐོས་པའིའོ ་གཉི་ག་མང་དུ་ཐོས་བ་ལགས་ན་གང་ཡང་དག་པར་བསྡམས་བའོ། །གཉི་ག་ཡང་དག་པར་བསྡམས་པ་ལགས་ན། གང་ཆེས་ཡང་དག་པར་བསྡམས་པའིའོ། །གཉི་ག་ཆེས་ཡང་དག་པར་བསྡམས་པ་ལགས་ན་དེ་ནི་གནས་མ་ཡིན་སྐབས་མ ་ཡིན་ཏེ། གལ་ཏེ་གཉི་ག་ཆེས་ཡང་དག་པར་བསྡམས་པ་ལ་ཐ་དད་སྨྲ་བ་དང་།འགལ་བར་སྨྲ་བ་དང་མི་མཐུན་པར་སྨྲ་བ་དག་འབྱུང་བ་དེ་ནི་གནས་མེད་དོ། །ཞེས་གསུངས་པ་ཡིན་ནོ། །གཞན་དང་བཅས་པ་ཉིད་ཡིན་ན་ཚིག་བསྟུན་པར་བྱའོ་ཞེས་བྱ་བ་ནི། ཆེ ་གཞི་དེ་ལ་གལ་ཏེ་གང་ཟག་གཞན་དང་བཅས་པ་ཉིད་ཡིན་ན། གཞན་དེ་ཡང་དྲི་བར་བྱ་ཞིང་དེའི་ཚིག་གི་ཅིག་ཤེས་ཀྱི་ཚིག་བཟུང་བར་བྱའོ། །འདིར་བཞུང་ནི་བཙུན་པ་དགེ་བསྙེན་མ་དང་བ་ཅན་དགེ་སློང་རྣམས་ཀྱི་དྲུང་དུ ་མཆིས་ཏེ། འདི་སྐད་ཅེས་བཙུན་པ་དག་བདག་གིས་དགེ་སློང་ཞིག་རྒྱལ་རིགས་མོ་དང་ལྷན་ཅིག་མི་ཚངས་བར་སྤྱོད་པས་ཉམས་པར་བགྱིད་པ་མཐོང་ངོ་ཞེས་མཆིན། བགྱིད་དུ་རྩལ་ཅིང་དེ་ལ་དེའི་ངོ་བོ་ཉིད་ཚོལ་བ་དང། མཐུན་པར་བཅས ་པར་བགྱི་འམ། ཉེ་བར་འཁོར་མི་བྱ་སྟེ། དྲི་བར་བྱ་ཞིང་གལ་ཏེ་དོ་ན་སྲིད་མོ་གཞན་འགའ་ཞིག་ཀྱང་ཡོད་དོ་ཞེས་ཟེར་ན་གཉི་ག་ལ་དྲི་བར་བྱའོ། །གལ་ཏེ་མཐུན་ན་དགེ་བསྙེན་མ་དད་པ་ཅན་གྱི་ཚིག་གིས་བྱེད་དུ་གཞུག་ཅིང་དེ་ལ་དེའི་ངོ་བོ་ཉིད ་ཚོལ་བ་དང་མཐུན་པ་ཡང་སྦྱིན་པར་བྱའོ། །གལ་ཏེ་འདིས་རྒྱལ་རིགས་མོ་དང་ལྷན་ཅིག་མི་ཚངས་པར་སྤྱོད་པ་མ་བྱས་ཀྱི། འདིས་བྲམ་ཟེ་མོ་དང་ལྷན་ཅིག་མི་ཚངས་བར་སྤྱད་བས་སོ་ཞེས་ཟེར་ན། དགེ་སློང་གིས་དམ་བཅས་པས་བྱེད་དུ་གཞུག ་གོ་ཞེས་གསུངས་པ་ཡིན་ནོ། །ཐེ་ཚོམ་ཉིད་དུ་གྱུར་ན་ཤེས་པ་ཉིད་མ་ཡིན་ནོ་ཞེས་བྱ་བ་ནི། གང་དོན་གང་ལ་ཐེ་ཚོམ་ཉིད་དུ་གྱུར་བ་དེས་དོན་དེ་ཤེས་པ་ཉིད་མ་ཡིན་ཏེ། འདིར་ངེས་པའི་ཤེས་པ་མ་སྐྱེས་པའི་ཕྱིར་རོ། །འདིར་གཞུང་ནི་བགེ་བསྙེན་མ ་དང་བཙན་གྱིས་དགེ་སློང་དུས་མ་ཡོན་པར་རའི?་ཆུ་འཐུང་བ་མཐོང་ནས། དེ་དགེ་སློང་རྣམས་ལ་འདི་སྐད་ཅེས་བདག་གིས་དགེ་སློང་དུས་མ་ལགས་པར་སྐྱོ་མ་འཐུང་བ་མཐོང་ངོ་ཞེས་མཆི་ན། ཆོས་བཞིན་དུ་བགྱིད་དུ་བརྩལ་ཅིང་དེའི་ངོ་བོ་ཉིད་ཆོས་ལ་དང ་མཐུན་པ་བརྩལ་བར་བགྱི་འམ་ཉེ་བར་འཁོར་མི་བྱ་སྟེ། ཇི་དགེ་སློང་ལ་དྲི་བར་བྱ་ཞིང་གལ་ཏེ་དེ་འདི་སྐད་ཅེས་བདག་གི་དུས་མ་ཡིན་པར་སྐྱོ་མ་མ་འཐུངས་ཀྱི། བདག་གི་ལི་ཁ་རའི་ཆུ་འཐུངས་སོ་ཞེས་ཟེར་ན། དགེ་སློང་གིས་དམ་བཅས་པ་བྱེད་དུ་གཞུག་གོ ་ཞེས་གསུངས་པ་ཡིན་ནོ། །དེ་ལས་ནས་པར་གྱུར་པ་ནི་ཁས་བླངས་པ་དང་འདྲའོ་ཞེས་བྱ་བ་ནི། བདེན་པ་མཐོང་བ་ཉིད་དང་ཡོན་ཏན་ལས་ཆེས་མཆོག་ཏུ་གྱུར་བའི་ཆེ་བ་གཞི་དེ་ལས་ངེས་པར་གྱུར་བ་ནི་རང་གིས་ཁས་བླངས་པ་དང་འདྲ་སྟེ། གླེངས་པས ་ཁས་བླངས་ན་མཐར་ཐུག་པ་ཡིན་ནོ། །ཞེས་བསྟན་པ་ཉིད་དུ་འགྱུར་བར་རིགས་པར་བྱའོ། །གལ་ཏེ་དེ་ལྟར་ཁས་བླངས་པ་ལས། ངེས་པ་སྐྱེས་པར་གྱུར་བ་ན་གླེང་བར་བྱ་བ་དེ་ཕྱིས་མི་སྒྲུབ་ན་དེའི་ཚེ་ཇི་ལྟར་བསྒྲུབ་པར་བྱ་ཞེ་ན་དེའི་ཕྱིར། ལྷུང་བའི་ཕྱིར་རྩོད་པ ་འདི་ལ་དེའི་ངོ་བོ་ཉིད་ཚོལ་བ་དང་མཐུན་པ་སྦྱིན་པར་བྱ་བ་ཉིད་དོ་ཞེས་བྱ་བ་སྨྲས་ཏེ། རྒྱུ་ཡོད་པས་དགེ་འདུན་ལ་ལྟུང་བ་ཁས་བླངས་ནས་ཡོད?་ཁྱད་དུ་གསོང་བར་བྱེད་ན་དེའི་ངོ་བོ་ཉིད་ཚོལ་བ་མཐུན་བ་སྦྱིན་པའི་རྒྱུ་ཡིན་ཏེ། དེ་ལ་ཁས་བླངས་བས་ནི་ཡིད་བ་བསྟན ་པ་ཡིན་ལ། ཁྱད་དུ་གསོད་པས་ནི་མེད་པ་སྟོན་པ་ཡིན་པའི་ཕྱིར་རོ། །ངེས་པ་དང་བྲལ་བ་ནི་ཁྱད་དུ་གསོད་པ་ཡིན་ནོ་ཞེས་བྱ་བ་ལ། ངེས་པ་དང་བྲལ་བ་ཞེས་བྱ་བ་ནི། མི་དྲན་པ་སྟེ། དོན་བརྗེད་བས་ཁྱད་དུ་གསོང་བ་ཡིན་ནོ། །མ་མཐོང་བ་ལ་ནི་གནས་ནས་དབྱུང་བའི ་ལས་བྱ་སྟེ། ལྟུང་བ་མ་མཐོང་བའི་ཕྱིར་རོ། །འདི་ནི་བརྗོད་པས་ཁྱད་དུ་གསོང་བ་ཡིན་པས། དེ་ལ་ནི་དེའི་ངོ་བོ་ཉིད་ཚོལ་བ་དང་མཐུན་པ་སྦྱིན་པར་བྱ་བ་ཉིད་དུ་བསྟན་ཏེ། དགེ་འདུན་ལ་ཁས་བླངས་ནས་ཁྱད་དུ་གསོང་ན་ངེས་པར་འཛིན་དུ་གཞུག་པའི།། ་ཕྱིར་ངེས་པར་སྦྱོར་བ་ཡིན་ནོ་ཞེས་བྱ་བ་ནི། དགེ་འདུན་ལ་ལྟུང་བ་ཁས་བླངས་ནས་ཡང་ཁྱད་དུ་གསོད་བར་བྱེད་ན། དེ་ངེས་པར་འཛིན་དུ་གཞུག་པའི་ཕྱིར་ངེས་པར་སྦྱོར་བ་སྦྱིན་པར་བྱ་སྟེ། འཛིན་དུ་གཞུག་གོ་ཞེས་བྱ་བའི་ཐ་ཚིག་གོ། ཅིའི་ཕྱིར་འདིའི་འདི? ་དེའི་ངོ་བོ་ཉིད་ཚོལ་བ་དང་མཐུན་བ་ཞེས་བྱ་ཞེ་ན། དེའི་ཕྱིར། དེ་ནི་དེའི་ངོ་བོ་ཉིད་ཚོལ་བ་ལ་ཕན་བ་ཡིན་པའི་ཕྱིར་དེའི་ངོ་བོ་ཉིད་ཚོལ་བ་དང་མཐུན་པ་ཉིད་ངོ་ཞེས་བྱ་བ་སྨྲས་ཏེ། ལྟུང་བ་དེའི་ངོ་བོ་ཉིད་ཚོལ་བ་ལ་ཕན་ཞིང་དེ་དང་རྗེས་སུ་མཐུན་པ་ཉིད་ཡིན་པའི ་ཕྱིར། དེའི་ངོ་བོ་ཉིད་ཚོལ་བ་དང་མཐུན་པ་ཉིད་ཅེས་བྱའོ། །དེ་ནི་སླབ་བ་སྦྱིན་པ་དང་སྤོ་བ་དང་མགུ་བ་སྦྱིན་པ་ལ་སོགས་པས་ས་གཞན་ན་གནས་པའི་ཚུལ་ད?་དང་དྲ་བ་ཡིན་པར་བལྟ་བར་བྱ་སྟེ། འདི་བླངས་བས་དེའི་ངོ་བོ་ཉིད་ཚོལ ་བར་བྱེད་ལ། ལྟུང་བ་དེའི་ངོ་བོ་ཉིད་ཡོངས་སུ་ཤེས་ན། དགེ་འདུན་གྱི་དེ་ལ་བཟོད་པ་བྱ་ཞིང་དེའི་འོག་ཏུ་རང་བཞིན་དུ་གནས་པ་ཉིད་དུ་འགྱུར་རོ། །ཁ་ཅིག་གིས་འདིན?་ན་ཐུར་གྱི་ཚུལ་ཏུ་བསྟན་ཏོ་ཞེས་བྱ་བ་ནི། འདུལ་བ་འཛིན་བ་ཁ་ཅིག་གིས་དེའི་ངོ་བོ་ཉིད ་ཚོལ་བ་དྲང་མཐུན་པ་སྦྱིན་པ་ཞེས་བྱ་བ་འདི་ནན་ཏུར་གྱི་ཚུལ་དུ་བསྟན་ཏེ། ཇི་ལྟར་བསྡིགས་པ་ལ་སོགས་པའི་ནན་ཐུར་གྱི་ལས་དག་མི་འདོད་བཞིན་དུ་དགེ་འདུན་གྱིས་བྱེད་པ་དེ་བཞིན་དུ་འདི་ལ་ཡང་དགེ་འདུན་གྱིས་སྦྱིན་པ་ཡིན་པས། ནན་ཏུ་བགྱི ་ཚུལ་ཏུ་སྟོན་ཅིང་སྤོ་བ་ལ་སོགས་པའི་ཚུལ་ཏུ་བསྟན་པ་ནི་མ་ཡིན་ནོ་ཞེས་ཟེར་ཏེ། དེ་ལྟར་ཡང་ཅི་མངོན་ཞེ་ན། དགེ་འདུན་ཐམས་ཅད་འདུག་ཅིང་མཐུན་པར་གྱུར་པའི་འོག་ཏུ་དགེ་སློང་གཅིག་གིས་གསོལ་བར་བྱ་སྟེ་ལས་བྱ་བ། དགེ་འདུན ་བཙུན་པ་ནམས་གསན་དུ་གསོལ། དགེ་སློང་ཤི་རི་ཀ་འདི་དགེ་འདུན་གྱི་དབུས་སུ་ཞེས་བྱས་བ་ལ་སོགས་པ་གསུངས་པ་ཡིན་གྱི། དགེ་སློང་ཤི་རེ་ཀས་རྒན་པའི་མཐར་འདུག་སྟེ། དགེ་འདུན་བཙུན་པ་རྣམས་གསན་དུ་གསལ། བདག་དགེ་སློང་ཤི་ར ་ཀ་དགེ་འདུན་གྱི་དབུས་སུ་ཞེས་བྱ་བ་ནས། ཐུགས་བརྩེ་བའི་སླད་དུ་བདག་ལ་དེའི་ངོ་བོ་ཉིད་ཚོལ་བ་དང་མཐུན་པ་བརྩལ་དུ་གསོལ། ཞེས་གསོལ་བར་བྱའོ་ཞེས་མ་གསུངས་པའི་ཕྱིར་རོ་ཞེས་ཟེར་རོ། །དེ་ནི་མི་བཟང་སྟེ་མདོ་སྡེ་དང་འགལ་བའི་ཕྱི ་རོ་ཞེས་བྱ་བ་ནི། འདུལ་བ་འཛིན་པ་ཁ་ཅིག་དེའི་ངོ་བོ་ཉིད་ཚོལ་བ་དང་མཐུན་པ་སྦྱིན་པ་འདི་ན་ན་ཐུར་གྱི་ཚུལ་དུ་སྟོན་པ་དེ་ནི་མི་བཟང་སྟེ། མདོ་སྡེ་དང་འགལ་བའི་ཕྱིར་རོ། །མདོ་སྡེ་ལས་ཀུན་དགའ་བོ་འདི་ན་དགེ་སློང་དགེ་འདུན་གྱི་དབུས་སུ་ལྟུང་བར ་ཁྱད་དུ་གསོད་པར་བྱེད་ཅིང་ཁྱད་དུ་བསད་ནས་ཁས་ལེན་པར་བྱེད་ལ་ཁས་བླངས་ནས་ཡང་ཁྱད་དུ་གསོང་བར་བྱེད་པ་དེ་ལ་དགེ་སློང་རྣམས་ཀྱིས་འདི་སྐད་ཅེས་བརྗོད་པར་བྱ་སྟེ། ཚེ་དང་ལྡན་པ་ཁྱོད་དགེ་འདུན་གྱི་དབུས་སུ་ལྟུང་བ་ཁྱད་དུ་གསོད་པར ་བྱེད་ཅིང་ཁྱད་དུ་བསད་ནས་ཁས་ལེན་པར་བྱེད་ལ་ཁས་བླངས་ནས་ཡང་ཁྱད་དུ་གསོད་པར་བྱེད་པ་གང་ཡིན་པ་དེ་ནི་ཁྱོད་ཀྱིས་མ་རྙེད་དེ་རྙེད་པ་མ་ཡིན་ནོ། །ཉེས་པ་རྙེད་ཀྱི་ལེགས་པ་རྙེད་པ་མ་ཡིན་གྱི། ཚེ་དང་ལྡན་པ་ཁྱོད་དགེ་འདུན་གྱི་གན་དུ་སོང་ལ ་དེའི་ངོ་བོ་ཉིད་ཚོལ་བ་དང་མཐུན་པ་ལེགས་པར་གསོལ་ཅིང། དེས་དགེ་འདུན་གན་དུ་སོང་སྟེ། དེའི་ངོ་བོ་ཉིད་ཚོལ་བ་དང་མཐུན་པར་གསོལ་བར་བྱའོ། །དགེ་འདུན་གྱིས་ཀྱང་ཆོས་དང་འདུལ་བས་དེ་ལ་དེའི་ངོ་བོ་ཉིད་ཚོལ་བ་དང་མཐུན་པ་སྦྱིན་པར ་བྱའོ་ཞེས་བྱ་བ་གསུངས་པའི་མདོ་སྡེ་འདི་དང་འགལ་བས་ཁ་ཅིག་འདི་ནན་ཏུར་གྱི་ཚུལ་ཏུ་སྟོན་པ་དེ་ནི་མི་བཟང་སྟེ། འདི་ལྟར་གང་གསོལ་བ་བྱེད་པ་དེ་ནི་བདག་ཉིད་དག་པར་བྱ་བའི་ཕྱིར་ཡིན་གྱི་ནན་ཐུར་གྱི་ལས་ནི་མ་ཡིན་ནོ། །དེ་བར་ཞི་བ་ཉི་ཀྱིས་ཚན ་ལS་ལོགས་ཤིག་ཏུ་མཛད་པར་ནི་མི་བཞེད་དོ་ཞེས་བྱ་བ་ནི། གལ་ཏེ་དེའི་ངོ་བོ་ཉིད་ཚོལ་བ་དང། མཐུན་པ་སྦྱིན་པ་འདི་ནན་ཏུ་ར་གྱི་ཚུལ་ཡིན་མོང་ཀྱི། རྩོད་པ་ཉེ་བར་ཞི་བའི་སྐབས་ཉིད་ཡིན་པས་ནན་ཐུར་གྱི་ལས་ཀྱི་སྡེ་ཚན?་ལས་ལོགས་ཤིག ་ཏུ་མཛད་ཅིང་དེ་དག་གི་ནང་དུ་མ་གསུངས་སོ་ཞེ་ན་དེ་ནི་མི་རུང་སྟེ། ལུང་ལས་དེ་ལྟར་མི་བཞེད་པའི་ཕྱིར་རོ། །འདི་ལྟར་དེ་ནན་ཐུར་གྱི་ལས་ཉིད་ཡིན་ན་ནན་ཏུར་གྱི་ལས་ཀྱི་སྡེ་ཚན་གྱི་ནང་དུ་གསུངས་པར་འགྱུར་བའི་རིགས་རྣམ་གསུངས་པའི་ཕྱིར་རོ། །ཉེ་བར་ཞི་བ་ཉིད་ཡིན་པའི་ཕྱིར་ནི་ལོགས་ཤིག ་ཏུ་བཞག་སྟེ། ནན་ཏུར་གྱི་ལས་ཀྱི་ནང་དུ་མ་བཞག་པས་དེའི་ཕྱིར་འདི་ནི་ནན་ཏུར་གྱི་ཚུལ་ཏུ་བསྟན་པ་མ་ཡིན་ནོ། དེ་ལྟར་བཞེད་?་དགེ?་ལས་ཤེན་དེའི་ཕྱི། བསྡིགས་པ་ལ་སོགས་པ་ནི་དེ་འདི་ཡིན་པས་རྣམ་པར་མ་བཞག་པའི་ཕྱིར་རོ་ཞེས། བ་སྨྲས་ཏེ། བསྡིག་པ ་དང་སྨད་པ་དང་ཕྱིར་བསྐྲད་པ་དང་ཕྱིར་འགྱེད་པ་དང་གནས་ནས་དབྱུང་བ་དེ་དག་ཀྱང་འཐབ་མོ་ལ་སོགས་པ་ཉེ་བར་ཞི་བར་བྱ་བ་ཉིད་ཡིན་མོད་ཀྱི། དེ་དག་ནི་དེ་ཉིད་ཀྱི་ནན་ཐུར་གྱི་ལས་ཀྱི་སྡེ་ཚན་དག་ལས་ལོགས་ཤིག་ཏུ་རྣམ་པར ་མ་བཞག་པའི་ཕྱིར་ཏེ། ངེས་ན་ཉེ་བར་ཞི་བ་ཉིད་ཀྱིས་ནན་ཏུར་གྱི་ལས་ཀྱི་སྡེ་ཚན་དག་ལས་ལོགས་ཤིག་ཏུ་མཛད་པར་མི་བཞེད་དོ། །གལ་ཏེ་དེའི་ངོ་བོ་ཉིད་ཀྱིས་ཚོལ་བ་དང་མཐུན་པ་སྦྱིན་པ་འདི་ལྟུང་བ་མ་མཐོང་བའི་ཕྱིར་ཡིན་པས་ནན་ཏུར ་གྱི་ལས་དང་རང་བཞིན་ཉིད་དུ་འདོད་ན། དེའི་ཚེས་ཉེས་པ་གཞན་དུ་ཡང་ཐལ་བར་གྱུར་པར་བསྟན་པའི་ཕྱིར། དེ་ཤེས་བཞིན་དུ་ཁྱད་དུ་གསོད་དོ་སྙམ་ན། ཡིད་བཞིན་དུ་མ་མཐོང་བ་ཉིད་ཀྱི་ཤེས་པ་སྐྱེ་བའི་ཕྱིར་རོ་ཞེས་བྱ་བ་སྨས་ཏེ། གང་གི་ཚེ ་ནན་ཏུར་གྱི་ལས་ཀྱི་ངོ་བོ་ཉིད་ལ་དེའི་ངོ་བོ་ཉིད་ཚོལ་བ་དང་མཐུན་པ་སྦྱིན་པར་བྱེད་པ་ན་ལྟུང་བ་དེ་ཤེས་བཞིན་དུ་ཁྱད་དུ་གསོད་དོ་སྙམ་པ་དེ་ལྟ་བུའི་བློ་དགེ་འདུན་ལ་སྐྱེ་བ་དེའི་སེ་ལྟུང་བ་མ་མཐོང་བ་ཉིད་དེ་ནི་ལྟུང་བ་དེ་ཡོད་བཞིན་དུ་མ་མཐོང ་ཞེས་ཟེར་བ་དེ་ལ་བའི་བློ་དགེ་སློང་རྣམས་ལ་སྐྱེ་བར་འགྱུར་བའི་ཕྱིར་རོ། །དེ་ལ་ལྟུང་བ་མ་མཐོང་བ་ལ་ནན་ཏུར་གྱི་ལས་ཀྱི་དབང་དུ་བྱ་བ་ལ་ནི། མ་མཐོང་བས་གནས་ནས་དབྱུང་བ་ཞེས་བྱ་བའི་ནན་ཐུར་ལས་བཅའ་བ་མཛད་ཟིན་པས་། ་དེས་ན་དེའི་ངོ་བོ་ཉིད་ཚོལ་བ་དང་མཐུན་པ་འདིའི་སྐབས་མེད་པ་ཉིད་དུ་འགྱུར་རོ། །དེ་ལྟ་བས་ན་ཁ་ཅིག་དེའི་ངོ་བོ་ཉིད་ཚོལ་བ་དང་མཐུན་པ་འདི་ནན་ཐུར་གྱི་ལས་ཀྱི་ཚུལ་དུ་སྟོན་པ་དེ་མི་བཟང་སྟེ། འདི་ལྟར་ཤེས་ལ་མ་མཐོང་བ་ཉིད་ལ་ནི་འདི ་ལ་ལྟུང་བ་ཡོད་བཞིན་དུ་མ་མཐོང་ངོ་སྙམ་པའི་ཤེས་པ་སྐྱེ་བ་ཉིད་ཀྱི་ཕྱིར་རོ། །ཉེ་བར་ཞི་བར་བྱ་བའི་ཕྱིར་འབད་ཕ་མི་བསྐྱེད་པར་མི་བྱའོ་ཞེས་བྱ་བ་ནི། རྩོད་པ་ཉེ་བར་ཞི་བར་བྱ་བའི་ཕྱིར་མི་འབད་པར་མི་བྱའོ་ཐ་ཚིག་གོ་འདིར ་གཞུང་ནི། དགེ་འདུན་དུ་གྱུར་པའི་དགེ་སློང་དག་གིས་དགེ་སློང་དག་བྱ་བའི་ཕྱིར་རྩོད་པ་དགེ་འདུན་མཐུན་པས་ཉེ་བར་ཞི་བར་བྱའོ་ཞེས་གསུངས་པ་ཡིན་ནོ། །གལ་ཏེ་འགའ་ཞིག་མཐུན་པ་སྦྱིན་པར་མི་བྱེད་ན་དེའི་ཚེ་དེ་ལ་འབད་བར་བྱ་བ་སྟེ། ཐམས་ཅད ་?་དུ་རུང་བའི་ཕྱིར་སྦྱར་མདོར་བྱས་སོ། །རྩོད་པའི་གཞིའོ་ཞེས་བྱ་བ་དེ་འདུལ་བ་གཞིའི་སྐབས་ནས་འབྱུང་བ་བཤད་ཟིན་ཏོ།། །།ད་ནི་རྩོད་པའི་གཞི་ཞུ་བའི་སྐབས་བསྡུ་བའི་ཕྱིར་ཞི་བ་ཐམས་ཅད་ནི་བྱ་བའི་ཕྱིར་རྩོད་པར་འཇུག་གོ་ཞེས་བྱ་བ ་སྨྲས་ཏེ། རྩོད་པ་ཞི་བར་བྱ་བ་བདུན་པོ་ཐམས་ཅད་ནི་བྱ་བའི་ཕྱིར་རྩོད་པ་ལ་འཇུག་གོ། རྣམ་པ་གང་གིས་རྩོད་པ་ནི་དར་བྱ་བ་ཐམས་ཅད་བྱ་བའི་ཕྱིར་རྩོད་པར་འཇུག་ཅེ་ན། རྒྱུའི་སྒོ་ནས་ཏེ། རྒྱུ་གང་གིས་རྩོད་པ་ཞི་བར་བྱ་བ་བདུན་པོ་དག་འཇུག་པར ་འགྱུར་བའི་རྒྱུ་དེ་ནི། བྱ་བའི་ཕྱིར་རྩོད་པ་ལ་ཡོད་དེ། འདི་ལྟར་སྤོ་བ་ལ་སོགས་པ་ནི་མཐུན་པ་མི་སྦྱིན་པའི་རྒྱུ་ཡིན་པ་དེའི་ཕྱིར། བྱ་བའི་ཕྱིར་རྩོད་པ་མཐུན་པ་མི་སྦྱིན་པ་ཞེས་བྱ་བ་གང་ཡིན་པ་དེའི་སྒོ་ནས་འདིར་ཞི་བར་བྱ་བ་ཐམས་ཅད་འཇུག་གོ་། ་ཇི་ལྟར་ཞེ་ན། གསོལ་བ་ལ་སོགས་པའི་ལས་ལ་མཐུན་པ་མ་སྦྱིན་པ་ནི། བྱ་བའི་ཕྱིར་རྩོད་པ་ཡིན་པས། དེ་ལ་ཇི་ལྟར་སྤོ་བ་ཉིད་ལ་བརྟེན་ཏེ་མཐུན་པ་མི་སྦྱིན་པ་དེ་བཞིན་དུ་མི་གདམས་པའི་ཕྱིར་རྩོད་པ་ཞི་བར་བྱ་བའི་དྲན་པ་དང་མ་མྱོས་པས་འདུལ ་བ་གཉིས་ཀྱང་འདིར་འཇུག་གོ། ཇི་ལྟར་ལྟུང་བ་དང་བཅས་པ་ཉིད་ལ་དེ་བཞིན་དུ་ལྟུང་བའི་ཕྱིར་རྩོད་པ་ཞི་བར་བྱེད་པ་ཁས་བླང་པའི་བྱ་བ་དང། མངོན་སུམ་གྱིས་འདུལ་བ་དང་རྩ་བཀྲམ་བ་ལྟ་བུ་དག་གྱང་འཇུག་གོ་།ཁས་ལེན་ཅིང་ཁྱད་དུ་གསོད་པས ་ལ་དེའི་ངོ་བོ་ཉིད་ཚོལ་པ་དང་མཐུན་པ་ཡང། །ཇི་ལྟར་རྣམ་པར་ངེས་པར་བྱ་བ་སྤོ་བ་དང། ལྟུང་བ་དང་བཅས་པ་འདི་གཉིས་ཀྱིས་མཐུན་པ་མི་སྦྱིན་པ་དེ་བཞིན་དུ་འགྱེད་པའི་ཕྱིར་རྩོད་པ་ཉེ་བར་ཞི་བར་བྱེད་པའི་གང་མང་བ་རྩལ་བ་དང། མངོན་སུམ་གྱིས་? ་བ་ཡང་འདིར་འཇུག་གོ། འདིར་གཞུང་ནི། བཙུན་པ་བཅོམ་ལྡན་འདས་ཀྱིས་རྩོད་པ་བཞི་བོ་གང་དག་གསུངས་པ་དང་རྩོད་པ་ཞི་བ་བདུན་པོ་གང་དག་གསུངས་པ་དེ་དག་ལ། བཙུན་པ་དགེ་སློང་གིས་རྩོད་པ་ཡིན?་པོ་འཇིག་རྩོད་བ? ་ཞི་བར་བགྱིད་པ་བདུན་པོ་གང་ཡང་རུང་བས་ཉེ་བར་ཞི་བར་བགྱི་བ། ཉེ་བར་ཞི་བར་རུང་དམ། ཉེ་བར་འཁོར་བྱ་བའི་ཕྱིར་རྩོད་པ་མ་གཏོགས་པ་མི་རུང་ངོ་ཞེས་གསུངས་པ་ཡིན་ནོ། །ཁ?་སྐོད་པར་འོས་པ་མ་ཡིན་པ་ནི་དགེ་འདུན་གྱི་ཐ་སྙད་ལ་འཚོགས་པར་དབྱུང་བའི ་ཉིད་མ་ཡིན་ནོ། །ཞེས་བྱ་བ་ནི། བསྙེན་པར་མ་རྫོགས་པ་དང། ཉམས་པ་ལ་སོགས་པ་གང་དགེ་འདུན་གྱིས་ཁ་སྐོང་བར་འོས་པ་མ་རིན་པ་དེ་ནི་གཟུ་བོ?་ལ་སོགས་པ་དགེ་འདུན་གྱི་ཐ་སྙད་ལ་ཡང་ཚོགས་པར་འགྱུར་བ་ཉིད་མ་ཡིན་ནོ། །གཞན་གྱི ་དག་ལ་ནི་བསྙེན་པར་རྫོགས་པ་དང་བཅས་པ་རྣམས་ཀྱི་དབང་དུ་བྱའོ་ཞེས་བྱ་བ་ནི། བསྙེན་པར་མ་རྫོགས་པ་དགེ་ཚུལ་ལ་སོགས་པ་གཞན་གྱི་རྩོད་པ་དག་ལ་ནི་བསྙེན་པར་རྫོགས་པ་དང་བཅས་རྣམས་ཀྱི་དབང་དུ་བྱ་སྟེ། དེ་དག་གི་དེ་ཉེ་བར་ཞི་བར ་བྱ་བའོ། །བུད་མེད་རྣམས་ཀྱི་ནི་སྐྱེས་པས་རིགས་པ་ཉིད་དོ་ཞེས་བྱ་བ་ནི། །བུད་མེད་རྣམས་ཀྱི་རྩོད་པ་གང་ཡིན་པ་དེ་ནི་སྐྱེས་པ་རྣམས་ཀྱིས་ཉེ་བར་ཞི་བར་བྱ་བ་རིགས་པ་ཉིད་ཡིན་པའོ། །འདིར་གཞུང་ནི་དགེ་སློང་རྣམས་ཀྱི་རྩོད་པ་གང་ལགས་པ་དེ་དགེ་སློང་རྣམས་ཀྱི་སྤང་དུ་རུང་ངམ། ཉེ་བར་འཁོར་མི་རུང་སྟེ། ་དགེ་སློང་རྣམས་ཀྱི་རྩོད་པ་ནི་དགེ་སློང་རྣམས་ཀྱི་ཉེ་བར་ཞི་བར་བྱའོ། །དེ་བཞིན་དུ་དགེ་སློང་མ་རྣམས་ཀྱི་རྩོད་པ་ཡང་དགེ་སློང་བ་རྣམས་ཀྱིས་ཉེ་བར་ཞི་བར་བྱའོ། །དེ་བཞིན་དུ་དགེ་སློང་མ་རྣམས་དང། དགེ་ཚུལ ་རྣམས་དང། དགེ་ཚུལ་མ་རྣམས་ཀྱི་རྩོད་པ་ཡང་དགེ་སློང་མ་རྣམས་ཀྱི་ཉེ་བར་ཞི་བར་བྱའོ། །ཞེས་གསུངས་པ་ཡིན་ནོ། །སྲོག་གམ་བསྙེན་པར་རྫོགས་པ་ལས་ཉམས་ན་ཉེ་བར་ཞི་བ་ཉིད་ཡིན་ནོ་ཞེས་བྱ་བ་ནི། སྲོག་ལས་ཉམས་གམ་བསྙེན་པར་བཟློས? ་པ་ལས་ཉམས་ན་རྩོད་པ་ཉེ་བར་ཞི་བ་ཉིད་ཡིན་ནོ། །སྤང་བ་ཉིད་ནས་གཞན་གྱི་ཕྱོགས་ཉིད་ཀྱི་བར་དུ་གྱུར་ན་ཡང་ངོ་ཞེས་བྱ་བ་ནི། སྤང་བར་བྱ་བ་ཉིད་ནས་ཕྱོགས་ནས་ཕྱོགས་མ་ཡིན་པ་ཐ་དད་རེ་རེ་གནས་པའི་བར་དུ་གྱུར་ན་དེ་དགེ་ཐམས་ཅད་ལ་ཡང་ངོ། །དེ ་ཉེ་བར་ཞི་བ་ཉིད་ཡིན་པའོ། །གཞན་དུ་སོང་དམ་ནད་ཀྱི་རྣམ་པ་ཡུན་རིང་པོས་བཏབ་ན་ཡང་ངོ་ཞེས་བྱ་བ་ཡང། རྩོད་པ་ཉེ་བར་ཞི་བ་ཉིད་ཡིན་པའོ། །གང་གིས་སྲོག་ལས་ཉམས་པ་ནས་ནད་ཀྱི་རྣམ་པ་ཡུན་རིང་པོས་བཏབ་པའི་བར་དུ་གྱུར་ན། རྩོད་ལ་ཨང་? ་ཞིབ?་ཉིད་ཡིན་ཞེ་ན། དེའི་ཕྱིར། དོན་སྦྱིན་པར་བྱེད་པའམ་མངོན་པར་བརྩོན་པའོ་ཞེས་བྱ་བ་སྨྲས་ཏེ། དོན་སྦྱིན་བར་བྱེད་པ་ནི་གླང་བ་པོའོ། །མངོན་པར་བརྩོན་པ་ནི་ལེང་བར་བྱ་བ་སྟེ། དེ་གཉིས་གཉི་ག་གང་ཡང་རུང་བ་གཅིག་གི། འདིར་ཉམས་པ་ལ་སོགས་པའི ་གཞུང་ནི། བཙུན་པ་རྩོད་པ་བཞི་པོ་དག་ལས་རྩོད་པ་གང་ཡང་རུང་བ་བྱུང་ལ། རྩོད་བཞི་བར་བགྱིད་པའི་ཆོས་བདུན་པོ་དག་ལས་རྩོད་པ་ཞི་བར་བགྱིད་པའི་ཆོས་གང་ཡང་རུང་བས་ཉེ་བར་ཞི་བར་མི་བགྱིད་ཅིང་ཉེ་བར་ཞི་བར་ཡང་བགྱི་བ་མཆིས་སམ། ཡོད་དེ ་སྦྱིན་པར་བྱེད་པའི་དགེ་སློང་དུས་བྱེད་དམ། སྦྱིན་པའི་དགེ་སློང་དུས་བྱེད་དམ། སྦྱིན་པར་བྱེད་པའི་དགེ་སློང་ཁྱིམ་པ་ཉིད་དུ་དམ་འཆའའམ། དགེ་ཚུལ་ཉིད་དམ། དགེ་སློང་མ་སུན་ཕྱུང་བ་ཉིད་དམ། སྐུ་ཐབས་སུ་གནས་པ་ཉིད་དམ། མ་ནིང་ཉིད་དམར་མུ་སྟེགས ་ཅན་ཉིད་དམ། མུ་སྟེགས་ཅན་ཞུགས་པ་ཉིད་དམ། མ་བསད་པ་ཉིད་དམ། ཕ་བསད་པ་ཉིད་དམ། དགྲ་བཅོམ་པ་བསད་པ་ཉིད་དམ། དགེ་འདུན་གྱི་དབྱེན་བྱས་པ་ཉིད་དམ། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་བྱུང་བ་ཉིད་དམ། གནས ་པར་མི་བྱ་བ་ཉིད་དམ། ཐ་དད་དུ་གནས་པ་ཉིད་དུ་དམ་འཆའ་བར་བྱེད་དམ། དེ་བཞིན་དུ་བྱིན་བའི་དགེ་སློང་དེ་དག་ཏུ་དམ་འཆའ་བར་བྱེད་དམ། སྦྱིན་པར་བྱེད་པའི་དགེ་སློང་ནད་ཀྱི་རྣམ་པ་ཡུན་རིང་པོས་ཐེབས་སམ། གཞན་དུ་སོང་དམ་།དེ་བཞི ་དུ་བྱིན་པའི་དགེ་སློང་དེ་ལྟར་གྱུར་ན། རྩོད་པ་ཉེ་བར་ཞི་བར་བརྗོད་པར་བྱའོ་ཞེས་གསུངས་པ་ཡིན་ནོ། །རྩོད་པའི་གཞི་ནུ་བའི་སྐབས་སོ་ཞེས་བྱ་བ་དེ་ཞུ་བའི་སྐབས་ནས་འབྱུང་བ་བཤད་ཟིན་ཏོ། རྩོད་པའི་གཞི་རྫོགས་སོ ་ཞེས་བྱ་བ་དེ་བཤད་ཟིན་ཏོ།། །།འདུལ་བའི་མདོ་རྒྱ་ཆེར་འགྲེལ་པ། བམ་པོ་དྲུག་ཅུ་བརྒྱད་པ། །ད་ནི་གནས་མལ་གྱི་གཞི་བསྡུ་བར་བྱ་སྟེ། དེ་ལ་དགེ་སློང་རྣམས་ཀྱིས་སུ་ལ་ནི་ཕྱག་བྱ། སུ་ལ་ནི་ཕྱག་མི་བྱ་ཞེ་ན། རྗེ་དང་པོར ་ཕྱག་བྱ་བ་དང་།མ་བྱ་བ་བསྡུ་བའི་ཕྱིར། སོ་སོར་ཐར་པའི་སྡོམ་པས་མཆོག་ལ་རབ་ཏུ་བྱུང་བས་ཕྱག་བྱའོ་ཞེས་བྱ་བ་སྨྲས་ཏེ་།སོ་སོར་ཐོར་བའི་སྡོམ་པས་མཆོག་ཏུ་གྱུར་བ་དགེ་སློང་གང་ཡིན་པ་དེ་ལ་རབ་ཏུ་བྱུང་བ་དགེ་ཚུལ་གྱི་ཕྱག ་བྱའོ། །སོ་སོར་ཐར་བའི་སྡོམ་པས་མཆོག་ཏུ་གྱུར་པ་དགེ་སློང་མ་ལ་ནི་དགེ་སློབ་མ་དང་དགེ་ཚུལ་མས་ཕྱག་བྱའོ། །དགེ་སློང་མ་ལ་ནི་དགེ་ཚུལ་མས་ཕྱག་བྱའོ། །མཉམ་ན?་རྒན་པ་ལའོ་ཞེས་བྱ་བ་ནི། སོ་སོར་ཐར་བའི་སྡོམ་པས་མཉམ་པ ་ཡིན་ན། །སོ་སོར་ཐར་པའི་སྡོམ་པ་དེ་ཉིད་ཀྱིས་རྒན་བ་དེ་ལ་གཞོན་པས་ཕྱག་བྱའི་ན་ཚོད་ཀྱིས་ནི་མ་ཡིན་ནོ། །དེས་ན་དགེ་སློང་སོ་སོར་ཐར་བའི་སྡོམ་པས་མཉམ་པ་དག་ནི་སོ་སོར་ཐར་པའི་སྡོམ་པ་དེ་ཉིད་ཀྱིས་རྒན་པ་ལ་གཞོན་པས་ཕྱག ་བྱའོ། །དགེ་སློབ་མ་སོ་སོར་ཐར་བའི་སྡོམ་པས་མཉམ་པ་དག་ཀྱང། སོ་སོར་ཐར་བའི་སྡོམ་པ་དེ་ཉིད་ཀྱིས་རྒན་པ་དག་ལ་གཞོན་པས་ཕྱག་བྱའོ། །དགེ་སློབ་མ་སོ་སོར་ཐར་པའི་སྡོམ་བས་མཉམ་པ་དག་ཀྱང་སོ་སོར་ཐར་བའི་སྡོམ་པ་དེ་ཉིད་ཀྱིས ་རྒན་པ་ལ་གཞོན་པས་ཕྱག་བྱའོ། །དགེ་ཚུལ་མ་སོ་སོར་ཐར་བའི་སྡོམ་པས་མཉམ་པ་དག་ཀྱང་སོ་སོར་ཐར་པའི་སྡོམ་པ་དེ་ཉིད་ཀྱིས་རྒན་པ་ལ་གཞོན་པས་ཕྱག་བྱ་སྟེ། སྡོམ་པ་སྔར་བླངས་པ་ལ་ཕྱིས་བླངས་པས་ཕྱག་བྱའོ་ཞེས་བྱ་བའི ་ཐ་ཚིག་གོ་།མདོ་སྔ་མས་སོ་སོར་ཐར་པའི་སྡོམ་པས་མཆོག་ལ་རབ་ཏུ་བྱུང་བས་ཕྱག་བྱའོ་ཞེས་བསྟན་པ་ལ། དགེ་ཚུལ་བས་དགེ་སློབ་མ་དང་དགེ་སློང་མ་སོ་སོར་ཐར་པའི་སྡོམ་པས་མཆོག་ཡིན་པས། དགེ་ཚུལ་གྱི་དགེ་སློབ་མ་དང་དགེ་སློང་མ ་ལ་ཕྱག་བྱ་བ་དང། མདོ་འདིས་མཉམ་ན་རྒན་པ་ལའོ་ཞེས་བསྟན་པ་ལ་དགེ་སློང་དང་དགེ་སློང་མ་ཡང་སོ་སོར་ཐར་བཱི?་སྔོམ་བས་མཉམ་པ་ཡིན་པས། དགེ་སློང་མ་སོ་སོར་ཐར་པའི་སྡོམ་པས་རྒན་པ་ལ། དགེ་སློང་གིས་ཕྱག་བྱ་བར་ཐལ་བར་འགྱུར་བ ་པ་དང། དགེ་ཚུལ་དང། དགེ་ཚུལ་མ་ལ་ཡང་སོ་སོར་ཐར་བའི་སྡོམ་བས་མཉམ་པ་ཡིན་པས། དགེ་ཚུལ་མ་སོ་སོར་ཐར་བའི་སྡོམ་པས་རྒན་པ་ལ་དགེ་ཚུལ་གྱིས་ཕྱག་བྱ་བར་ཐལ་བར་འགྱུར་བ་དེ་བསལ་བའི་ཕྱིར་འདིར་མདོ་དེ་གཉིས་ཀྱི་བྱེ་བྲག་བསྟན ་བར་བྱ་སྟེ། དེའི་ཕྱིར་མཚན་ཐ་མི་དད་པ་ལའོ་ཞེས་བྱ་བ་སྨྲས་ཏེ། ཕོ་དང་མོའི་མཆན་མ་དག་གིས་མཚན་མཐུན་པ་དག་ལ་ཆོ་ག་དེ་དག་རྣམ་པར་བཞག་གི་མཚན་མི་མཐུན་པ་དག་ལན?་མ་ཡིན་ནོ། །དེས་ན་སོ་སོར་ཐར་བའི་སྡོམ་པས་རྒན་པ་ཐམས ་ཅད་ལ་ཕྱག་བྱ་བ་མ་ཡིན་གྱི་མཚན་ཐ་མི་དད་པ་སོ་སོར་ཐར་པའི་སྡོམ་པས་རྒན་པ་ལ་ཕྱག་བྱའོ། །དེ་ལྟ་ན་ཇི་ལྟར་སྐྱེས་པས་བུད་མེད་ལ་ཕྱག་མི་བྱ་བ་དེ་བཞིན་དུ་།བུད་མེད་ཀྱིས་ཀྱང་སྐྱེས་པ་ལ་ཕྱག་མི་བྱ་བར་ཐལ་བར་འགྱུར་ཏེ། དེས་ན་དགེ་ཚུལ ་མས་ཀྱང་དགེ་ཚུལ་ལ་ཕྱག་མི་བྱ་བ་དང། དགེ་ཚུལ་མ་དང་དགེ་སློང་མ་དང། དགེ་སློང་མས་ཀྱང་དགེ་སློང་ལ་ཕྱག་མི་བྱ་བར་འགྱུར་བ་བསལ་བའི་ཕྱིར། སྐྱེས་པ་མོ་དམན་པ་ལ་བུད་མེད་ཀྱིས་སོ་ཞེས་བྱ་བ་སྨྲས་ཏེ། སྐྱེས་པ་སོ་སོར་ཐར་བའི་སྡོམ་བས? ་བུད་མེད་ལས་མི་དམན་ན། གསར་བུ་ལ་ཡང་བུད་མེད་ཀྱིས་ཕྱག་བྱ་ན། དུས་མཉམ་པའམ་རྒན་པ་ལྟ་བུ་ལ་སྨོས་ཀྱང་ཅི་དགོས་ཏེ། དེས་ན་དགེ་ཚུལ་མས་ཀྱང་དགེ་ཚུལ་ལ་ཕྱག་བྱ་དགོས་ལ། དགེ་ཚུལ་མ་དང་དགེ་སློང་མ་དང་དགེ་སློང་མས་ཀྱང་དགེ་སློང ་ལ་ཕྱག་བྱ་དགོས་སོ། །དགེ་སློབ་མ་དང། དགེ་སློང་མས་ནི་དགེ་ཚུལ་ལ་བཏུད་དེ་ཕྱག་བྱ་མི་དགོས་ལ། དགེ་ཚུལ་གྱིས་ཀྱང་དེ་གཉིས་ལ་བཏུད་དེ་ཕྱག་བྱ་མི་དགོས་སོ། །མཆོག་དེ་དག་ཐམས་ཅད་ཀྱིས་དམིགས་ཀྱིས ་བས་ལས་བསྟན་པའི་ཕྱིར། ས་གཞན་ན་གནས་པ་དང་ཉམས་བ་དང་དགེ་སློང་མ་སུན་ཕྱུང་བ་དང། ཆོས་མ་ཡིན་པའི་ཕྱོགས་དང་མཐུན་པ་དང་ཐ་དང་བར་གནས་པ་དང། མཚམས་མེད་པ་བྱས་པ་དང། ཉལ་བ་དང་སྙོམས་པར་བཞུགས་པ་དང། བྲལ ་བ་དང། སེམས་གཞན་དུ་སོང་བ་དང་།རྒྱབ་ཀྱིས་ཕྱོགས་པ་དང། ཁྱིམ་གཞན་ན་འདུག་པ་དང། ཟས་ཀྱི་གྲལ་ན་འདུག་པ་དང་མ་གཏོགས་སོ་ཞེས་བྱ་བ་སྨྲས་ཏེ། ས་གཞན་ན་གནས་པ་ཞེས་བྱ་བ་ནི། སྤོ་བ་དང་གཞི་ནས་སྤོ་བ་དང་ཡང་གཞི་ནས ་བསླང་སྟེ་སྤྲོ་བ་སྤྱོད་པ་དང། མགུ་བར་བྱ་བ་དང། གཞི་ནས་མགུ་བར་བྱ་བ་དང། ཡང་གཞི་ནས་བསླང་སྟེ་མགུ་བར་བྱ་བ་སྤྱོད་པ་དང། བསླབ་པ་བྱིན་པ་དང་དེའི་ངོ་བོ་ཉིད་ཚོལ་བ་དང། མཐུན་པ་བྱིན་པ་དང། བསྡིགས་པ་དང། སྨད་བ་དང། བསྐྲད ་པ་དང། ཕྱིར་འགྱེད་པ་དང། མ་མཐོང་བས་གནས་ནས་ཕྱུང་བ་དང། ཕྱིར་མི་འཆོས་པས་གནས་ནས་ཕྱུང་བ་དང། སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་མི་གཏོང་བས་གནས་ནས་ཕྱུང་བ་ཞེས་བྱ་བ་ནན་ཐུར་བྱས་པ་དག་གོ། ཉམས་པ་ཞེས་བྱ་བ་ནི ་གནས་པར་མི་བྱ་བའོ། །དགེ་སློང་མ་སུན་ཕྱུང་བ་དང་མཚམས་མེད་པ་བྱས་པ་ཞེས་སྨོས་བས་ནི། མུ་སྟེགས་ཅན་ཞུགས་པ་དང། རྐུ་ཐབས་སུ་གནས་པ་དང། ཟ་མ་དང་མ་ནིང་ལ་སོགས་པ་སྡོམ་པའི་ཞིང་མ་ཡིན་པར་གྱུར་བདག་བསྡུས་སོ། ། ་ཆོས་མ་ཡིན་པའི་ཕྱོགས་དང་མཐུན་པ་ཞེས་སྨོས་པ་ནི། ཐ་དད་བར་གནས་པའི་བྱེ་བྲག་གོ། ཆོས་མ་ཡིན་པའི་ཕྱོགས་དང་མཐུན་པའི་ས་ཡིན་པ་དེས་ནི་ཆོས་ཀྱིས་ཕྱོགས་དང་མཐུན་པའི་ཐ?་དད་པར་གནས་པ་ལ་ཕྱག་བྱ་བ་ཉིད་ཡིན་ནོ། །ཉལ་བ ་ཞེས་བྱ་བ་ན་གྲོས་ཕབ་སྐྱེ་ཉལ་བའོ། །སྙོམས་པར་ཞུགས་པ་ཞེས་བྱ་བ་ནི་ཏིང་ངེ་འཛིན་ལའོ། །བྲེལ་བ་ཞེས་བྱ་བ་ནི་བྱ་བ་རྗེས་སུ་བསྒྲུབ་པ་ལ་གཞོལ་བའོ། །སེམས་གཞན་དུ་སོང་བ་ཞེས་བྱ་བ་ནི། ཕྱག་འཚལ་བ་ལ་སེམས་གཏོང་པ་མི་སྦྱིན་པའོ ་རྒྱབ་ཀྱིས་ཕྱོགས་པར་ཞེས་བྱ་བ་ནི་མདུན་པར་ལྟ་བའོ། །ཁྱིམ་གཞན་ན་འདུག་པ་ཞེས་བྱ་བ་ནི་ཁྱིམ་པའི་ཁྱིམ་ན་འདུག་པའོ། །ཟས་ཀྱི་གྲལ་ན་འདུག་པ་ཞེས་བྱ་བ་ནི། ཟན་ཟ་བའི་གྲལ་ན་བཀད་པའོ། །མ་གཏོགས་སོ་ཞེས་བྱ་བ་ནི། དེ་དག་ལ་དགེ་ཚུལ ་དང། དགེ་ཚུལ་མ་དང། དགེ་སློབ་མ་དང། དགེ་སློང་མ་དང། དགེ་སློང་གང་གིས་ཀྱང་གཏུགས་ཏེ་ཕྱག་མི་བྱའོ། །ཁྱིམ་པས་རབ་ཏུ་བྱུང་བ་ལའོ་ཞེས་བྱ་བ་ནི། ཁྱིམ་པས་རབ་ཏུ་བྱུང་བ་གཏོགས་པ་ཇི་སྐད་བསྟན་པ་དེ་དག་ལས་གཞན་པའི་རབ་ཏུ་བྱེད ་པ་ཐམས་ཅད་ལ་ཕྱག་བྱའོ། །ཁྱིམ་གཞན་ན་ཡང་འདུག་པ་ཡང་མ་གཏོགས་པར་མི་རིགས་ཏེ། ཁྱིམ་གཞན་ནི་ཁྱིམ་པ་རྣམས་ཀྱི་སྤྱོད་ཡུལ་ཡིན་པའི་ཕྱིར། རབ་ཏུ་བྱུང་བ་ཁྱིམ་པ་གཞན་ན་འདུག་པ་དག་ལ་ཡང་ཁྱིམ་པས་ཕྱག་བྱ་དགོས་སོ།། ་དེ་ལྟར་ཡང་འདིར་གཞུང་ནི་ཁྱིམ་བདག་གི་ཆུད་མ་སྡེ་ཅན་མ་དད་པ་སྐྱེས་པས། གནས་ནས་ཕྱིར་བྱུང་སྟེ་བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་བྱས་སོ་ཞེས་གྲགས་པ་ཡིན་ནོ། །མ་གཏོགས་པ་གཞན་ཐམས་ཅད་ལ་ནི་ཁྱིམ་པས་ཀྱང་ཕྱག་མི་བྱ་བར་རིགS ་ཏེ། འདི་ལྟར་སྤོ་བ་ལ་སོགས་པ་སྤྱོད་པ་ནི་སྡིག་པ་ཆེན་པོ་དང་ལྡན་པ་ཡིན་པས་དེ་དག་ལ་ཡང་ཁྱིམ་པས་ཕྱག་མི་བྱ་བར་རིགས་ལ། ནན་ཏུར་བྱས་པ་དག་ཀྱང་སྤངས་པ་ཡིན་པའི་ཕྱིར་རོ། །འདིར་དེ་དག་གི་གཞུང་ནི་སངས་རྒྱས་བཅོམ་ལྡན་འདས་ལ། ཚེ་དང ་ལྡན་པ་ཉེ་བར་འཁོར་གྱིས་ཞུས་པ། བཙུན་པ་ཕྱག་མི་བགྱི་བ་དུ་མཆིས། ཉེ་བར་འཁོར་སུམ་ཅུ་རྩ་གཉིས་ཏེ། བསྡིགས་པའི་ལས་བྱས་པ་དང། སྨད་པའི་ལས་བྱས་པ་དང། བསྐྲད་པའི་ལས་བྱས་པ་དང། ཕྱིར་འགྱེད་པའི་ལས་བྱས་པ་དང། མ་མཐོང་བས ་གནས་ནས་ཕྱུང་བ་དང། ཕྱིར་མི་ཆོས་བས་གནས་ནས་ཕྱུང་བ་དང། སྡིག་པ་ཅན་གྱི་ལྟ་བ་མི་གཏོང་བས་གནས་ནས་ཕྱུང་བ་དང། སྤོ་བ་བྱེད་པ་དང། གཞི་ནས་སྤོ་བ་བྱེད་པ་དང། མགུ་བ་སྤྱོད་པ་དང། གཞི་ནས་མགུ་བ་སྤྱོད ་པ་དང། བསླབ་པ་བྱིན་པ་དང། ཟ་མ་དང། མ་ནིང་དང། དགེ་སློབ་མ་སུན་ཕྱུང་བ་དང། རྐུ་ཐབས་སུ་གནས་པ་དང། ཐ་དད་པར་གནས་པ་དང། གནས་པར་མི་བྱ་བ་དང། མ་བསད་པ་དང། ཕ་བསང་པ་དང། དགྲ་བཅོམ་པ་བསད་པ་དང། དགེ་འདུན་གྲུ ་དབྱེན་བྱས་པ་དང། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་ཕྱུར་བ་དང། གཅེར་བུ་དང། གོས་གཅིག་པ་དང། ཉལ་བ་དང། སྙོམས་པར་ཞུགས་པ་དང། རྒྱབ་ཀྱིས་ཕྱོགས་པ་དང། སོ་ཤིང་ཟ་བ་དང། བཤད་པ་བྱེད་པ་དང། གཅི་བ་བྱེད ་པ་དང། ཁྱིམ་གཞན་ལ་འདུག་པའོ། །བཙུན་པ་ཕྱག་བགྱི་བ་དུ་མཆིས། ཉེ་བར་འཁོར་ལྔ་སྟེ། ཁྱིམ་པས་རབ་ཏུ་བྱུང་བ་ལ་དང། བསྙེན་པར་མ་རྫོགས་པས་བསྙེན་པར་རྫོགས་པ་ལ་དང། གཞོན་པས་རྒན་པ་ལ་དགེ་སློང་མ་བསྙེན་པར་རྫོགS ་ནས་ལོ་བརྒྱ་ལོན་པས། དགེ་སློང་དེ་རིང་བསྙེན་པར་རྫོགས་པ་ལ་དང། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ལྷ་དང་བཅས་པའི་འཇིག་རྟེན་གིས་ཕྱག་བྱའོ་ཞེས་གསུངས་པ་ཡིན་ནོ། །བྲེལ་བ་དང ་སེམས་གཞན་དུ་སོང་བ་དང། ཟས་ཀྱི་གྲལ་ན་འདུག་པ་དག་ནི་གཞུང་གཞན་ལས་བསྡུས་སོ། །ཐམས་ཅད་ཀྱིས་སངས་རྒྱས་ལའོ་ཞེས་བྱ་བ་ནི། ཁྱིམ་པ་ཡང་རུང་རབ་ཏུ་བྱུང་བ་ཡང་རུང། བུད་མེད་ཀྱང་རུང། སྐྱེས་པ་ཡང་རུང། རྒན་པ་ཡངས་སུ ་གཞོན་པ་ཡང་རུང་བ་ཐམས་ཅད་ཀྱིས་སངས་རྒྱས་བཅོམ་ལྡན་འདས་ལ་ཕྱག་བྱའོ། །གཙུག་ལག་ཁང་བྱའོ་ཞེས་བྱ་བ་ནི། དགེ་སློང་གཙུག་ལག་ཁང་བྱ་བ་ལ་མི་རུང་བ་མེད་པའོ། །དེ་ལྟར་ཡང་འདིར་གཞུང་ནི་འདི་ལྟ་སྟེ། དགེ་སློང་ཀུན་དགའ་ར ་བ་དེ་ཉིད་དུ་ཕྱོགས་བཞིའི་དགེ་སློང་གི་དགེ་འདུན་གྱི་ཕྱིར་གཙུག་ལག་ཁང་སྲོ་པར་བྱེད་འདོད་དོ་ཞེས་གསུངས་པ་ཡིན་ནོ། །ངོས་གཅིག་གི་དངོས་སུ་དྲི་གཙང་ཁང་ཉིད་དོ་ཞེས་བྱ་བ་ལ་འདིར་ངོས་ཞེས་བྱ་བ་མི་ཕྱོགས་ཏེ་ཤར་ལ་སོགས་བའི་ཕྱོགས ་གཅིག་གི་དབུས་སུ་དྲི་གཙང་ཁང་བྱ་བ་ཉིད་ཡིན་ནོ། །དེའི་མདུན་དུ་སྒོ་ཁང་ངོ་ཞེས་བྱ་བ་ནི། དྲི་གཙང་ཁང་དེའི་མདུན་གྱི་བྱང་གཏད?་ཀྱི་འོངས་སུ་སྒོ་ཁང་རྩིག་པར་བྱའོ། །གྲུ་བཞི་བཟང་བ་ཉིད་དོ་ཞེས་བྱ་བ་ནི། གཙུག་ལག་ཁང་གི་དབྱིབས་ནི་གྲུ་བཞི ་བཟང་བ་ཉིད་དེ། རྣམ་པ་གཞན་ཡང་བཀག་པ་ནི་མེད་པར་ཤེས་པར་བྱའོ། །ཁྱམས་གསུམ་པ་ཡང་ངོ་ཞེས་བྱ་བ་ཡང། གྲུབ་བཞི་བཟང་ངོ་ཞེས་བྱ་བའི་རྗེས་སུ་སྦྱར་ཏེ། གྲུ་བཞི་ལོངས་གསུམ་ན་ཁྱམས་བཏགས་ན་བཟང་ངོ། །འདིར་གཞུང་ནི་བཅོམ་ལྡན ་འདས་ཀྱིས་བཀའ་སྩལ་བ། །ཁྱིམ་བདག་རྗེས་སུ་གནང་གི་བྱེད་དུ་ཚུག་ཅིག་།དེ་ཇི་ལྟར་བྱད་དུ་གཞུག་པ་མི་ཤེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གལ་ཏེ་གནས་ཁང་གསུམ་བྱེད་དུ་འཇུག་ན་དབུས་སུ་དྲི་གཙང་ཁང་བྱེད་དུ་གཞུག་ཅིང ་གློ་གཉིས་སུ་གནས་ཁང་གཉིས་སོ། ཁྱམས་གསུམ་པ་ལ་ནི་དེ་བཞིན་གནས་ཁང་དགུ་དག་གོ། ཁྱམས་བཞི་པ་ལ་ནི་དབུས་སུ་སྒོ་ཁང་གི་བྱང་གཏད་དུ་དྲི་གཙང་ཁང་ངོ། །སྒོ་ཁང་གི་ངོས་གཉིས་སུ་གཙང་ཁང་གཉིས་སོ་ཞེས་གསུངས་པ་ཡིན་ནོ ་མི་ནོད་པར་བྱའོ་ཞེས་བྱ་བ་ནི། གཙུག་ལག་ཁང་ཞེས་བྱ་བར་སྦྱར་ཏེ། འདིས་དོན་གྱིས་དེའི་ས་གཞི་ཉེན་ཀོར་དང་བཅས་པ་མནོད་པར་རིག་པར་བྱའོ། །གཙུག་ལག་ཁང་དུ་གནས་པར་བྱའོ་ཞེས་བྱ་བ་ནི། གཙུག་ལག་ཁང་བྱའོ་ཞེས་བྱ་བ་དང་མཆོད ་པར་བྱའོ་ཞེས་སྨོས་བ་དེ་གཉིས་ཀྱིས་གནས་པར་བྱ་བ་མ་བསྡུས་ཏེ། དེ་གཉིས་ཀྱིས་གཞན་གྱི་དོན་དུ་བྱ་བ་དང། མནོད་པར་བསྟན་པ་ལ་བསྲིད་པས་འདིས་ནི་བདག་ཉིད་གཙུག་ལག་ཁང་དུ་གནས་པར་རྗེས་སུ་གནང་བ་བསྟན་ཏོ། །གཞན་དག་དགེ་འདུན ་གྱི་གཞིར་དགེ་འདུན་གྱི་ཕྱིར་རམ་གང་ཟག་དགེ་སློང་གི་ཕྱིར་གནས་ཀྱི་གཞི་བྱེད་བརྗེས་སུ་གནང་བར་བྱའོ་ཞེས་བྱ་བ་ནི། དགེ་འདུན་དུ་གྱུར་པའི་དགེ་སློང་དག་གིས་སོ། །གལ་ཏེ་སྦྱིན་བདག་སློང་ན་ངེས་རྗེས་སུ་གནང་ཤར ་ཞེས་བྱ་བ་ནི། གལ་ཏེ་དགེ་འདུན་གྱི་གཞི་དེ་ལ་སྦྱིན་བདག་ཡོད་ན་ངེས་རྗེས་སུ་གནང་ན་དགེ་འདུན་དུ་གྱུར་པའི་དགེ་སློང་དག་གིས་གཞན་དག་དགེ་འདུན་གྱི་གཞིར་དགེ་འདུན་གྱི་ཕྱིར་རམ་།གང་ཟག་དག་སློང་ག་ཕྱིར་གནས་ཀྱི་གཞི་བྱེད་པའི ་རྗེས་སུ་གནང་བར་བྱའོ། །གྲོང་ཁྱེར་གྱི་ཕྱི་རོལ་ལམ་ནང་དུ་བསྟི་བའི་གནས་དག་རུང་ངོ་ཞེས་བྱ་བ་ནི། གྲོང་ཁྱེར་གྱི་ནང་དམ་ཕྱི་རོལ་གང་དུ་དགེ་སློང་དག་བསོད་སྙོམས་ལ་སོགས་པའི་དོན་དུ་འཇུག་པ་རྣམས་ཀྱི་ཆེ་བ་དང་ངལ་བ་ལ་སོགས ་པ་གསལ་པའི་ཕྱིར། བསྟི་བའི་གནས་ཕྱིར་འོང་བའི་གནས་ཞེས་བྱ་བ་དེ་བྱེད་དུ་གཞུག་ཏུ་རུང་བའོ། །འདིར་གཞུང་ནི་གལ་ཏེ་བཅོམ་ལྡན་འདས་ཀྱིས་རྗེས་སུ་གནང་ན། བདག་གིས་གྲོང་ཁྱེར་གྱི་སྨད་རོལ་ཏུ་བསྟི་བའི་གནས་བགྱིད་དུ་སྩལ ་ཏོ། །ཞེས་བྱ་བ་ནས་།ཁྱིམ་བདག་རྗེས་སུ་གནང་གིས་རྩིགས་ཤིག་ཅེས་བྱ་བའི་བར་དུ་གསུངས་པ་ཡིན་ནོ། །འདིར་གྲོང་ཁྱེར་གྱི་ཕྱི་རོལ་ཏུ་ཞེས་གསུངས་པ་ན། བྱུང་བའི་དབང་གིས་སྨོས་པ་ཡིན་གྱི། གང་ཁྱེར་གྱི་ནང་དུ་ཡང་གལ་བ་མེད ་པས་འདིར་གཉིག་མདོར་བསྡུས་སོ། །རང་གི་ཁྲོམ་པར་བར་དུ་གཅོད་པའི་ཕྱིར་རྩིག་གུ་བྱ་བས་ཀུན་ཏུ་འཆགས་པའི་ཤེས་པ་བསལ་བར་བྱའོ་ཞེས་བྱ་བ་ནི་རང་གི་ཁྲོན་པར་རང་ཉིད་ཆུ་ཆུ་བའི་ཚེ། བུད་མེད་གཞན་ཡང་ཆུ་ཆུར་འོང་བ་ན། ་བུད་མེད་ལ་ཀུན་ཏུ་འཆགས་པའི་སེམས་སྐྱེས་ན། གཅིག་གིས་གཅིག་མ་མཐོང་བར་བར་དུ་གཅད་པའི་ཕྱིར་རྩིག་པ་བྱ་བས་།བུད་མེད་ལ་བལྟ་ཞིང། ཀུན་ཏུ་འཆགས་པའི་ཤེས་པ་སྐྱེ་བ་བསམ་པར་བྱ་བ་སྟེ་གང་གི་ཚེ་བུར་མེད་ཆུའི་གནང་དུ ་ངེར་འོང་བ་ན། དེ་མཐོང་བས་འདོད་ཆགས་ཀྱི་ཤེས་པ་སྐྱེས་ན། རྩིག་པས་བར་དུ་གཅང་ན། ཉེས་པ་དེ་སྐྱེ་བར་མི་འགྱུར་བའོ། །སྙིམ་པ་བཀང་སྟེ་གླུད་པས་བུད་མེད་རྗེས་སུ་གཟུང་བར་བྱ་ཞིང་ཆུའི་རྒྱུན་མ་ཆད་པར་གླུགས་པས་མི་བྱའོ་ཞེས་བྱ་བར ་བུད་མེད་ཀྱིས་ཆུ་སྙིམ་པ་གང་འཐུངས་ཟིན་ནས་སྙིམ་པ་གཉིས་པ་གང་ཞིག་གླུད་པར་བྱའི་།སྙིམ་པ་ནས་འཐུངས་བཞིན་དུ་ཆུའི་རྒྱུན་ཕྱི་མ་ཡང་སྙིམ་པར་རྒྱུན་མི་འཆད་པར་མི་བྱའོ་ཞེས་བྱ་བའི་ཐེ་ཚིག་གོ་།འདི་ནི་བུད་མེད་དགེ་སློང་ལ་ཆགས་སོ།། ་ཆུས་བརྣངས་ཏེ་ཤི་བ་བྱུང་བའི་མཛའ་ལས་བཅས་པ་ཡིན་ནོ། །དེའི་དུས་ཉིད་ཀྱི་དབྱར་གྱི་ནང་དུ་འོངས་བ་ནི་རྙེད་པ་དབང་ངོ་ཞེས་བྱ་བ་ནི། དབྱར་གྱི་རྙེད་པ་དེའི་དུས་ཉིད་ཀྱི་ཚེ་དབྱར་གྱི་ནང་དུ་འོངས་ཤིང་ཞག་བཞི་བཅུ་རྩ་དྲུག་ལས་ལྷག་པར་མཚམས ་དེའི་ནང་དུ་གནས་ན། དབྱར་གནས་པར་ཁས་མ་བླངས་ཀྱང་རུང་དབྱར་རལ་ཡང་རུང་སྟེ། དབྱར་གྱི་རྙེད་པའི་སྐལ་པ་དབང་པའོ། །འདིར་རྙེད་པ་དབང་བའི་རྒྱུན་གནས་པ་ཡིན་གྱི། གནས་པ་ཁས་བླངས་པ་ནི་མ་ཡིན་ཏེ། གནས་པར་ཁས་མ་བླངས ་ཀྱང་ཡུན་རིང་དུ་གནས་ན་ཇི་ལྟར་གནས་ཀྱང་རུང་སྟེ་རྙེད་པ་དབང་ངོ། །ཟ་ཞིང་རྙེད་པ་མ་བྱིན་པ་ལན་མི་རིགས་སོ་ཞེས་བྱ་བ་ནི་ཟན་ཙམ་གྱིས་འཚོ་ཞིང་རྙེད་པ་མ་བྱིན་ན་ནི། མཚམས་དེའི་དགེ་འདུན་གྱི་ལས་སུ་བསྐོ་བར་མི་རིགས་ཏེ། དེ་ལས་སུ་བསྐོ ་བར་མི་བྱའོ། །འདི་ནི་དབྱར་གྱི་ནང་དུ་འོངས་པ་དག་གི་དབང་དུ་བྱས་ཏེ་གསུངས་པ་ཡིན་ནོ། །འདིར་གཞུང་ནི་དགེ་སློང་དེ་དག་གིས་རྙེད་པ་མ་ཐོབ་པ་དང། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ། གལ་ཏེ་ལས་སུ་བསྐོས་པ་བྱེད་ན་ནི་རྙེད་པ་ཡང ་སྦྱིན་པར་བྱའོ། །ཇི་སྟེ་མི་བྱེད་ན་ནི་ཟིན་ལ་བལྟོས་པ་ཙམ་གྱིས་གནས་པར་བྱ་སྟེ། ལས་དང་རྙེད་པ་སྤང་པོ་ཞེས་གསུངས་པ་དང། གཞུང་གཞན་ལས་དགེ་སློང་དག་ཟས་ཀྱི་རྙེད་པ་དེ་ཡང་མི་ནོད་ནས། བཅོམ་ལྡན་འདས་ཀྱིས་འགའ་སྩོལ་བ། དེ་དག? ་ལ་ཟས་ཀྱི་རྙེད་བ་སྦྱིན་པར་བྱའོ། །ཞེས་གསུངས་པ་དེ་དག་འདིར་བསྡུས་པ་ཡིན་ནོ། །ལས་སུ་ནི་གཞོན་རིམས་ནས་མཐར་གྱིས་བསྐོའོ?་ཞེས་བྱ་བ་ནི། ལས་ནི་གཞོན་རིམས་ནས་མཐར་ཀྱིས་བྱའོ། །རྙེད་པ་མི་འཐོབ་པ་ལ་ཟན་སྦྱིན ་པར་བྱ་བ་ཉིད་དོ་ཞེས་བྱ་བ་ནི། ལས་མི་བྱར?་པས་རྙེད་པ་མི་འཐོབ་པ་ལ་ཟས་ནི་སྦྱིན་པར་བྱ་བ་ཉིད་ཡིན་པའོ། །གཞན་གྱི་རྙེད་པ་ལ་འདུ་བར་མི་བྱའོ་ཞེས་བྱ་བ་ནི། དགེ་སློང་གཞན་གྱི་རྙེད་པའི་དུས་སུ་དགེ་སློང་གཞན་མགྲོན་དུ་མ་བོས?་པས་དེར་བློ ་སྔོན་དུ་བཏང་སྟེ་འདུ་བར་མི་བྱའོ། །དེའི་སྔོན་དུ་མ་སོང་བ་དྲོ་ལ་བབ་ནས་གཙུག་ལག་ཁང་གཞན་དུ་ཟ་བ་ལ་ནི་ཉེས་པ་མེད་དོ་ཞེས་བྱ་བ་ནི། གལ་ཏེ་ཟན་གྱི་དོན་ཁོ་ནར་དེར་སོང་བ་མ་ཡིན་པ། གཙུག་ལག་ཁང་གཞན་དུ་སོང་ནས་དྲོ་ལ་བབ་ཏེ་དེར་ཟན ་ཟོས་པ་ལ་ནི་ཉེས་པ་མེད་པའོ། །མུ་གེའི་ཚེ་རང་གི་མ་ཁྱེར་བ་ལ་ཡང་ངོ་ཞེས་བྱ་བ་ནི། མུ་གེའི་དུས་ཀྱི་ཚེ་རང་གི་གཙུག་ལག་ཁང་ནས་རྒྱགས་མ་ཁྱེར་བར་གཙུག་ལག་ཁང་དུ་ཟས་ཟོས་ན་བློ་སྔོན་དུ་བཏང་ཡང་ཉེས་པ་མེད་པའོ། །དགེ་སློང་གི་ཚོད ་ཉིད་པས་ལྷག་བ་ཉིད་ལ་བླངས་པ་ཡང་ངོ་ཞེས་བྱ་བ་ནི། གཙུག་ལག་ཁང་གཞན་དགེ་སློང་ཇི་སྙེད་འཁོད་པའི་ཟས་ཀྱི་ཚོད་ལས་ལྷག་མའི་འཐེབ་ཡོད་པ་ཉིད་ཡིན་ན། ཟས་ཀྱི་ཆེད་དུ་དེར་སོང་སྟེ་ཟས་བླངས་ན་ཡང་ཉེས་པ་མེད་དོ། །གཙུག་ལག་ཁང ་ཡལ་བར་མི་དོར་རོ་ཞེས་བྱ་བ་ནི། དགེ་འདུན་དུ་གྱུར་པའི་དགེ་སློང་དག་གམ་གང་ཟག་གིས་ཀྱང་ངོ། །ཕྱིར་བཅོས་པའི་ཕྱིར་སྦྱིན་བདག་སྤྲོ་བར་བྱའོ་ཞེས་བྱ་བ་ནི། བྱེ་བྲག་ཏུ་མ་སྨོས་པས་གནས་པའི་གཞི་ཉི་ཚེར་མ་ཟད་ཀྱི། དགེ་འདུན་གྱི ་གཙུག་ལག་ཁང་ཐམས་ཅད་ཀྱང་ངོ། །མ་གྲུབ་ན་དགེ་འདུན་གྱི་ལས་ཇི་ཙམ་གྱི་ནུས་པ་ངེས་པར་སྦྱར་རོ་ཞེས་བྱ་བ་ནི། སྦྱིན་བདག་མ་གྲུབ་ན་ཕྱིར་བཅོས་པའི་ཕྱིར་དགེ་འདུན་གྱི་རྫས་ལས་ཇི་ཙམ་གྱིས་ཆོག་པས་ཕྱིར་བཅོས་པར་བྱ་བའོ། །རང ་གིས་ཀྱང་ཕྱིར་བཅོས་པར་བྱའོ་ཞེས་བྱ་བ་ནི། ལག་གི་ལས་ཀྱི་ཚུལ་གྱིས་ཅི་ནུས་པས་ཀྱང་ངོ། །རྙེད་པ་ནོད་པ་གཙུག་ལག་གང་གི་བྱི་དོར་བྱའོ་ཞེས་བྱ་བ་ནི། གཙུག་ལག་ཁང་དེ་ནས་ཁང་རྙེད་བནོད་པ་དེ་ལས་དེ་བྱ་བའོ། །དད་བའི་རྙེད་བ་ནི་གཙུག ་ལག་ཁང་ཉིད་ཀྱི་མ་ཡིན་ནོ་ཞེས་བྱ་བ་ནི། དད་པའི་རྒྱུ་ལས་བྱུང་བའི་རྙེད་པ་གང་ཡིན་པ་སྦྱིན་བདག་དད་པས་དུས་ངེས་པ་མེད་པར་གང་ཟག་འགའ་ཞིག་ལ་འབུལ་བར་བྱེད་པ་དེ་ནི་གཙུག་ལག་ཁང་ཉིད་ཀྱི་རྙེད་པ་མ་ཡིན་ནོ། །གཙུག་ལག་ཁང་ནས་སྒོ ་གཅད་དེ་འགྲོ་བར་བྱའོ་ཞེས་བྱ་བ་ནི་།གཙུག་ལག་ཁང་ནས་གཞན་དུ་འགྲོ་བའི་ཚེ་སྒོ་གཅད་འགྲོ་བར་བྱའོ། །སྲུངས་མ་ཡང་གཞག་སྟེའོ་ཞེས་བྱ་བ་ནི། གཙུག་ལག་ཁང་གི་སྟེ་གཙུག་ལག་ཁང་གི་སྲུང་མ་ཡང་བཞག་སྟེ་གཞན་དུ་འགྲོ་བར་བྱ་བའོ། །དེ་ལས་ཟས་མེད་ན ་སྦྱིན་ནོ་ཞེས་བྱ་བ་ནི། གལ་ཏེ་གཙུག་ལག་ཁང་གི་སྲུང་མ་དེ་ལ་ཟན་མེད་ན་སྦྱིན་པར་བྱའོ། །དེས་ཆོམ་རྐུན་པའི་རང་དབང་ཉིད་མེད་པར་ངེས་པར་མི་ཤེས་པར་སྒོ་དབྱེ་བར་མི་བྱའོ་ཞེས་བྱ་བ་ནི། གཙུག་ལག་ཁང་གི་སྲུང་མ་དེས་གཞན་དག་ཕྱི ་རལ་ནས་གཙུག་ལག་ཁང་གི་སྒོ་ཕྱེ་ཞིག་ཅེས་ཟེར་ན། ཆོམ་རྐུན་པའི་རང་དབང་ཉིད་མེད་པར་ངེས་པར་མི་ཤེས་བར་སྒོ་དབྱེ་བར་མི་བྱ་བའོ། །འདིར་ངེས་བར་ཤེས་པར་བྱ་བའི་ཐབས་གང་ཡིན་ཞེ་ན་དེའི་ཕྱིར། ཁང་སྟེང་དུ་འཛེགས་ཏེ་བལྟ་བ་དང ་ཁྱོད་རིམས་ཀྱིས་མ་བཏབ་བམ་ཞེས་བརྡ་སྐད་བརྗོད་བ་ན་འདིར་ཐབས་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། ཁང་སྟེང་དུ་འཛེགས་ཏེ་བལྟ་བ་ཡང་ཐབས་ཡིན་ནོ། །ཁྱོད་རིམས་ཀྱིས་མ་བཏབ་བམ་ཞེས་བརྡ་སྐད་བརྗོད་ཅིང་དྲི་བར་བྱ་བ་ཡང་ཐབས་ཡིན་ནོ། །གནས ་དང་མིང་དང་ཕ་མ་ལ་སོགས་བ་སོ་སོར་ཤེས་པར་བྱེད་དུ་གཞུག་པ་ཡང་ངོ་ཞེས་བྱ་བ་ཡང། ཐབས་ཡིན་ཏེ་ཁྱོད་གནས་གང་ན་འདུག་པ་ཞིག་།ཁྱོད་ཀྱི་མིང་ཅི་ཁྱོད་ཀྱི་ཕ་མ་གང་ཡིན་ཞེས་བྱ་བ་ལ་སོགས་པ་དྲི་ཞིང་དེ་ལན་འདེབས་སུ་གཞུག་པ་ཡང་ཐབS ་ཡིན་པར་ཤེས་པར་བྱའོ། །ཡིད་མི་ཆེས་ཤིང་འཇིགས་པ་དང་བཅས་པ་ཉིད་ལ་སྒོ་དབྱེ་བར་མི་བྱའོ་ཞེས་བྱ་བ་ནི། གང་ཟག་ཡིད་མི་ཆེས་ཤིང་འཇིགས་པ་དང་བཅས་པ་དེ་ཉིད་ལ་གཙུག་ལག་ཁང་གི་སྒོ་དབྱེ་བར ་མི་བྱའོ། །དགོན་པ་བས་ཁྱིམ་བཅང་བར་བྱའོ་ཞེས་བྱ་བ་ནི། དགེ་སློང་དགོན་པ་པས་བསེར?་བྱ་བའི་ཕྱིར་རོ། །དེས་ནང་པར་སྔར་ལངས་མ་ཐག་ཁོ་ནར་གཙུག་ལག་ཁང་དང་མཆོད་རྟེན་གྱི་འཁོར་ས་བལྟ་བར་བྱའོ་ཞེས་བྱ་བ་ནི། ཁྱི་འཆང ་བའི་གང་ཟག་དེ་ནང་པར་སྔར་ལངས་མ་ཐག་ཁོ་ནར་ཞེས་བྱ་བ་ནི། བྱ་བ་གཞན་དག་མ་བྱས་པའི་མདུན་རོལ་ཏུ་གཙུག་ལག་ཁང་དང་མཆོད་རྟེན་གྱི་འཁོར་ས་དག་ཁྱིས་སྨྱེ་བ་ལ་སོགས་པར་མ་བྱས་སམ་ཞེས་བལྟ་བར་བྱའོ། །གལ་ཏེ ་དེས་བཤང་བར་བྱས་ན་དོར་བར་བྱ་ཞིང་གལ་ཏེ་གཅི་བ་བྱས་ན་ཕྱི་བར་བྱ་།གལ་ཏེ་སྡེར་མོ་དག་གིས་བྲད་ན་མཉམ་པར་བྱའོ་ཞེས་བྱ་བ་ནི། གལ་ཏེ་ཁྱི་དེས་གཙུག་ལག་ཁང་དང་མཆོད་རྟེན་གྱི་འཁོར་ས་དག་དེ་ལྟར་བྱས་ན་ཁྱི་འཆང་བའི ་དགེ་སློང་དེས་དེ་ལྟར་བྱ་བའོ། །དེ་དག་གིས་གནས་དག་ཏུ་དཀྱིལ་འཁོར་བྱའོ་ཞེས་བྱ་བ་ནི། བཤང་བ་ལ་སོགས་བ་དེ་དག་གི་གནས་དག་ཏུ་དཀྱིལ་འཁོར་བྱ་བའོ། །དེ་ཇི་ལྟར་གསོ་བར་བྱ་ཞེ་ན་དེའི་ཕྱིར། དེ་ལ་ལྟུང་བཟེད་ཀྱི་ལྷག་རོལ་སྦྱིན ་ནོ་ཞེས་བྱ་བ་སྨྲས་ཏེ། ཁྱི་དེ་ལའོ། །གང་དུ་སྦྱིན་པར་བྱ་ཞེ་ན། དེའི་ཕྱིར་མཆོད་རྟེན་དང་གཙུག་ལག་ཁང་གི་ཉེན་ཀོར་གྱི་ཕྱི་རོལ་ཏུའོ་ཞེས་བྱ་བ་སྨྲས་ཏེ། མཆོད་རྟེན་དང་གཙུག་ལག་ཁང་དང། དེ་གཉིས་ཀྱི་ཉེན་ཀོར་གྱི་ཕྱི་རོལ་ཏུའོ།། ་སྤྱོད་ལམ་ཅི་འདོད་པས་ལུས་དབོག་གོ་ཞེས་བྱ་བ་ནི། མཁན་བོ་དང་སློབ་དཔོན་གྱིས་སློབ་པ་དང་།ཉེ་གནས་ལ་ཀླག་བའི་ལུས་དབོག་བའི་སྤྱོད་ལམ་བཞི་བོ་དག་ལ་ཅི་འདོད་བས་འཕོག་ན་ཡང་དེ་ལ་ཉེས་པ་མེད་པའོ། །གསར་བུས་མནོད ་བའི་ཕྱིར་ནི་ཁམས་སྙོམས་པ་ཉིད་དྲིས་ཏེ་ཕྱག་བྱ་བ་སྔར་བཏང་བའི་སྤྱོད་ལམ་བསྟེན་པར་བྱའོ་ཞེས་བྱ་བ་ནི། གསར་བུས་བླ་མ་ལས་ཀླག་པའི་ལུང་མ་ནོད་པའི་ཕྱིར་ནི། སྔར་ཕྱག་བྱས་ཏེ་བསྙུན་གསོལ་ནས་བྱ་བའི་སྤྱོད་ལམ་བསྟེན་པར་བྱའོ། །རྒན ་པས་ནི་ཕྱག་མི་བྱ་བར་བསྙུན་གསོལ་ནས། ཐལ་མོ་བསྣོལ་ཏེ་བཅང་ངོ་ཞེས་བྱ་བ་ནི། ལག་པ་གཉིས་ཀྱི་ཐལ་མོ་བསྣོལ་ཏེ་བཅང་བའི་སྤྱོད་ལམ་བསྟེན་པར་བྱ་བའོ། །ལུས་དང་སེམས་གདུད་དོ་ཞེས་བྱ་བ་ནི། ལུས་གདུང་བ་དང་སེམས་གདུང་པར་བྱ་བ ་སྟེ། ང་རྒྱལ་གྱི་ཁོངས་པ་སྤ་བའི་ཡན་ལག་ཀྱང་སེམས་དམའ་བ་ཉིད་ཡིན་ལ། གུས་པ་དང་བཅས་པ་ཉིད་ཀྱང་སེམས་དམའ་བ་ཉིད་ཡིན་ནོ། །དྲང་པོར་ཞེས་བྱ་བ་ནི། གྱ་གྱུ་མེད་པ་དང་སྒྱུ་དང་གཡོ་མེད་པར་བྱའོ། །ལུང་འབོག་པར་བྱེད་པ་གནས ་སྐབས་ཇི་ལྟ་བུ་ལ་སྤྱོད་ལམ་ཇི་ལྟ་བུ་བསྟེན་པར་བྱ་ཞེ་ན། དེའི་ཕྱིར་འཆག་པ་ན་གོམ་པ་བསྲི་བས་བཅག་པའི་འོ་བྱ་བ་སྨྲས་ཏེ། ལུང་འབོག་པར་བྱེད་པ་འཆགས་པ་ན་ལུང་ནོད་པར་བྱེད་པས། གོམ་པ་ཕྱིར་བསྲི་བས་བཅག་པའི་སྤྱོད་ལམ་བསྟེན་པར ་བྱའོ། །འགྲེང་བ་ནི་འགྲེང་བའི་འོ་ཞེས་བྱ་བ་ནི། ལུང་འབོག་པར་བྱེད་པ་འགྲེང་བ་ན་ལུང་ནོད་པར་བྱེད་པས་ཀྱང་འགྲེང་བའི་སྤྱོད་ལམ་བསྟེན་པར་བྱ་བའོ། །འདུག་པ་དང་ཉལ་བ་ན་འདུག་པའི་འོ་ཞེས་བྱ་བ་ནི། ལུང་འབོག་པར་བྱེད་པ་འདུག་པ་ཉལ་བ་ན ་ལུང་མེད?་པར་བྱེད་བས་འདུག་པའི་སྤྱོད་ལམ་བསྟེན་པར་བྱ་བའོ། །གང་དུ་འདུག་པའི་སྤྱོད་ལམ་བསྟེན་པར་བྱ་ཞེ་ན་དེའི་ཕྱིར། སྟན་ཆེས་དམའ་བ་ལའོ་ཞེས་བྱ་བ་སྨྲས་ཏེ། འདིར་ཆེས་རྒན་བས་ནི་རྗེས་སུ་གནང་བ་ལ་མི་བལྟོས་པ་ཉིད་ཀྱིས་རང་འདུག ་པར་བྱའོ། །གསར་བུས་ནི་རྗེས་སུ་གནང་བ་ལ་བལྟོས་ཏེ་འདུག་པ་བྱ་བ་བསྟན་པའི་ཕྱིར། གསར་བུས་ནི་བསྒོ་ནའོ་ཞེས་བྱ་བ་སྨྲས་ཏེ། ལུང་འབོག་བར་བྱེད་བས་བསྒོ་ཞིང་རྗེས་སུ་གནང་ན་འདུག་བར་བྱའོ། །མ་བསྒོ་བའི་ཆོ་ག་བསྟན་པའི་ཕྱིར་མ་བསྒྲོན?་ཙོག་བུས ་སོ་ཞེས་བྱ་བ་སྨྲས་ཏེ། འདུག་པ་བསྟེན་པར་བྱའོ་ཞེས་བྱ་བར་སྦྱར་རོ། །མནོད་པར་བྱ་བ་མང་བ་ཉིད་ན་ཞུ་བར་བྱའོ་ཞེས་བྱ་བ་ནི། ལུང་ནོད་བར་བྱ་བའི་གཞུང་མང་བ་ཉིད་ཡིན་ན་འདུག་པའི་ཕྱིར་ལུང་དབོག་བར་བྱེད་བ་ལ་ཞུ་བར ་བྱའོ། །འདིར་གཞུང་ནི། གལ་ཏེ་གསར་བུ་ཡིན་ལ་མང་དུ་ནོད་པ་ན་སློབ་དཔོན་ལ་ཞུ་སྟེ་སྟན་ཆེས་དམའ་བ་ལ་འདུག་ནས་ལུང་མནོད་པར་བྱའོ། །ཇི་སྟེ་ཉུང་དུ་ནོད་ན་ནི་ཙོག་བུས་འདུག་སྟེའོ་ཞེས་གསུངས་པ་ཡིན་ནོ། །ཐོས་པ་ནི་ཉེན་ཀོར་མ ་གཏོགས་པ་སྣང་བའི་ཉེན་ཀོར་དུ་འདུག་སྟེ་ཁ་ཏོན་བྱའོ་ཞེས་བྱ་བ་ནི། ལུང་འབོག་པར་བྱེད་པའོ། །གདམས་ངག་ནི་མཛའ་གཅིག་ཏུ་སོང་སྟེ་བསྒྲུབ་པར་བྱའོ་ཞེས་བྱ་བ་ནི། བསྒོམ་པའི་གདམས་དག་གོ། ལུང་འབོག་པ་དང་མནོད་པ་ནི་ཤིན་ཏུ ་ལེགས་པར་བཀླག་པ་དང་ཤིན་ཏུ་ཡོངས་སུ་བྱང་བ་དང་ཐེ་ཚོམ་མེད་པར་བྱས་ཏེའོ་ཞེས་བྱ་བ་ནི། ལུང་འབོག་པ་ཞེས་བྱ་བ་ནི། ཀློག་ཏུ་གཞུག་པ་ཞེས་བྱ་བ་ལ་སོགས་པའི་དོན་དུ་ལུང་འབོག་པར་བྱེད་པས་ལུང་ནོད་པར་བྱེད་པ་ལ་ལུང་འབོག་པའོ། །མནོད ་པ་ཞེས་བྱ་བ་ནི། དེའི་དོན་དུ་ལུང་འབོག་པར་བྱེད་པ་ལས་ལུང་མནོད་པ་བྱེད་པར་ལུང་མནོད་པའོ། །ཤིན་ཏུ་ལེགས་པར་བཀླགས་པ་ཞེས་བྱ་བ་ནི། ཤིན་ཏུ་ལེགས་པར་གནོད་པར་བྱས་པའོ། །ཤིན་ཏུ་ཡོངས་སུ་བྱ་བ་ཞེས་བྱ་བ་ནི། ཤིན་ཏུ་མཚན ་མར་འདྲིས་པར་བྱས་པའོ། །ཐེ་ཚོམ་མེད་པར་བྱས་ཏེ་ཞེས་བྱ་བ་ནི། རྣམ་གྲངས་ཀྱི་ཕྱོགས་ལ་སོགས་པ་དག་ལ་ཤིན་ཏུ་ངེས་པར་བྱས་ཏེའོ། །གནས་ཁང་དང་ཟས་ལ་བསྐོ་བ་དང་ཐུག་བ་དང་བག་ཚོས་དང་ཤིང་ཏོག་འདྲིམ་པ་བསྐོ་བར་བྱའོ་ཞེས་བྱ་བ་ནི། ། ་གང་ཟག་གནས་ཁང་བསྐོ་བ་དང། ཟས་ལ་བསྐོ་བ་དང། ཐུག་པ་འདྲིམ་པ་དང། བག་ཚོས་འདྲིམ་པ་དང། ཤིང་ཏོག་འདྲིམ་པ་དག་སྤྲོ་བར་བྱས་ཏེ། གསོལ་བ་དང་གཉིས་ཀྱི་ལས་ཀྱིས་བསྐོ་བར་བྱ་བའོ། །དེ་ལ་གནས་ཁང་བསྐོ་བ་བསྐོ་བའི ་སྔགས་ནི། མིང་འདི་ཞེས་བྱ་བ་ཁྱོད་དགེ་སློང་ལྷགས་པ་ལྷགས་པ་རྣམས་ལ་གནས་ཁང་བསྐོ་བར་སྤྲོའམ་སྤྲོའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་མིང་འདི་ཞེས་བགྱི་བ་འདི་དགེ་སློང་ལྷགས་པ་ལྷགས་པ་རྣམས་ལ་གནས་ཁང ་བསྐོ་པར་སྤྲོ་ན། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན། དགེ་འདུན་གྱིས་གནང་བར་མཛོད་ཅིག་དང། དགེ་འདུན་གྱིས་དགེ་སློང་མིང་འདི་ཞེས་བགྱི་བ་གནས་ཁང་བསྐོ་བར་བསྐོ་བར་བགྱི་སྟེ། དགེ་སློང་མིང་འདི་ཞེས་བགྱི་བ་འདི། དགེ་སློང་ལྷགS ་པ་ལྷགས་པ་རྣམས་ལ་གནས་ཁང་བསྐོའོ། །འདི་ནི་གསོལ་བའོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །ཆས་ལ་བསྐོ་བ་བསྐོ་པའི་སྔགས་ནི། མིང་འདི་ཞེས་བྱ་བ་ཁྱོད་དགེ་སློང་རྣམས་ལ་ཟས་ལ་བསྐོ་བར་སྤྲོ་འམ་སྤྲོའོ། །དགེ་འདུན་བཙུན་པ་རྣམས ་གསན་དུ་གསོལ། མིང་འདི་ཞེས་བགྱི་བ་འདི་དགེ་སློང་རྣམས་ལ་ཟས་ལ་བསྐོ་བར་སྤྲོ་ན། གལ་ཏེ་དགེ་འདུན་གྱིས་དུས་ལ་བབ་ཅིང་བཟོད་ན། དགེ་འདུན་གྱིས་གནང་བར་མཛོད་ཅིག་།དགེ་འདུན་གྱིས་དགེ་སློང་མིང་འདི་ཞེས་བགྱི་བ་དགེ་སློང་རྣམས་ལ ་ཟས་ལ་བསྐོ་བར་བསྐོ་བར་བགྱི་སྟེ། དགེ་སློང་མིང་འདི་ཞེས་བགྱི་བ་འདི་དགེ་སློང་རྣམས་ལ་ཟས་ལ་བསྐོའོ། །འདི་ནི་གསོལ་བའོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །ཐུག་པ་འདྲིམ་པ་དང་བག་ཚོས་འདྲིམ་པ་དང་ཤིང་ཏོག་འདྲིམ་པ་དག་བསྐོ་བ་བསྐོ་བའི ་སྔགས་ཀྱང་ཟས་ལ་བསྐོ་བ་བསྐོ་བའི་སྔགས་ཇི་སྐད་སྨོས་པ་དེ་ཉིད་ཀྱིས་ཅི་རིགས་པར་སྦྱར་བར་བྱའོ། །?་བུར་འདྲིམ་པ་ཡོད་ཞེས་བྱ་བ་ཡང་སྤྲོ་བར་བྱ་སྟེ། གསོལ་བ་དང་གཉིས་ཀྱི་ལས་ཀྱིས་བསྐོ་བར་བྱ་བའོ། །དེ་བསྐོ་བའི་སྔགས་ཀྱང་ཟས་ལ་བསྐོ་བ་བསྐོ་བའི་སྔགས་ཇི་སྐད་སྨོས་པ ་དེ་ཉིད་ཀྱིས་ཅི་རིགས་པར་སྦྱར་བར་བྱ་བའོ། །གཞུང་ཁ་ཅིག་ལས་ནི་བར་བུར་འདྲིམ་པ་ཞེས་བྱ་བ་འདིའི་མིང་ཕྲན་ཚེགས་འདྲིམ་པ་ཞེས་འབྱུང་ངོ། །བར་བུར་ཞེས་བྱ་བ་དེ་ཅི་ཡིན་ཞེ་ན་དེའི་ཕྱིར་ལྷག་རོལ་ཕྱི་དེ་ཉིན་པར་བྲིམ་པར་བྱ་བ་ནི་དེ་ཞེས་བྱ་བའོ་ཞེས་བྱ་བ ་སྨྲས་ཏེ། འདིར་གཞུང་ནི་བག་ཚོས་ལ་སོགས་པ་འབྲིམས་པའི་ལྷག་རོལ་ལུས་བ་སུ་འདེ་འདྲིམ་པར་མི་བྱེད་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ། བར་བུར་འདྲིམ་པར་བསྐོ་བར་བྱ་ཞིག་དེས་དེ་དག་ཕྱི་དེ་ཉིན་བར་བྲིམ ་བར་བྱའོ་ཞེས་གསུངས་པ་ཡིན་ནོ། །སྣོད་སྤྱད་འདྲུབ་བའོ་ཞེས་བྱ་བ་ནི། སྦྲོ་བར་བྱ་སྟེ་གསོལ་བ་དང་གཉིས་ཀྱི་ལས་ཀྱིས་བསྐོ་བའོ། །དེའི་སྔགས་ནི། མིང་འདི་ཞེས་བྱ་བ་ཁྱོད་དགེ་འདུན་གྱི་སྣོད་སྤྱད་འདྲུབ་པར་སྦྲོ་འམ་སྦྲོའོ། །དགེ་འདུན་བཙུན་པ་རྣམས ་གསན་དུ་གསོལ། དགེ་སློང་མིང་འདི་ཞེས་བགྱི་བ་འདི་དགེ་འདུན་གྱི་སྣོད་སྤྱད་འདྲུབ་བར་སྤྲོ་ན། གལ་ཏེ་དགེ་འདུན་གྱིས་དུས་ལ་བབ་ཅིང་བཟོད་ན། དགེ་འདུན་གྱིས་གནང་བར་མཛོད་ཅིག་དང། དགེ་འདུན་གྱིས་དགེ་སློང་མིང་འདི་ཞེས་བ་གྱི་བ་འདི་དགེ ་འདུན་གྱིས་སྣོད་སྤྱད་འདྲུབ་པ་བསྐོ་བར་བགྱི་སྟེ། དགེ་སློང་མིང་འདི་ཞེས་བགྱི་བ་འདི་དགེ་འདུན་གྱི་སྣོད་སྦྱད་འདྲུབ་པོ་འདི་ནི་གསོལ་བའོ་ཞེས་བྱ་བ་ལ་སོགས་པ་གསུངས་བ་ཡིན་ནོ། །དབྱར་གྱི་རས་ཆེན་ནོ་ཞེས་བྱ་བ་ནི། དགེ་འདུན་གྱི་དབྱར་གྱི་རས་ཆེན ་སྦེད་བ་དང་འགྱེད་པར་སྦྲོ་བར་བྱའོ། །གསོལ་བ་དང་གཉིས་ཀྱི་ལས་ཀྱིས་བསྐོ་བའོ། །དེ་དག་བསྐོ་བའི་སྔགས་ནི་མིང་འདི་ཞེས་བྱ་བ་ཁྱོད་དགེ་འདུན་གྱི་དབྱར་གྱི་གོས་རས་ཆེན་སྦེད་པ་དང་བགོད་པ་སྤྲོ་འམ་སྤྲོའོ། །དགེ་འདུན་བཙུན་པ་རྣམས ་གསན་དུ་གསོལ། དགེ་སློང་མིང་འདི་ཞེས་བགྱི་བ་འདི་དགེ་འདུན་གྱི་དབྱར་གྱི་རས་ཆེན་སྦེད་བ་དང་བགྲོད་བར་སྦྲོ་ན། གལ་ཏེ་དགེ་འདུན་གྱིས་དུས་ལ་བབ་ཅིང་བཟོད་ན། དགེ་འདུན་གྱིས་གནང་བར་མཛོད་ཅིག་དང། དགེ་འདུན་གྱིས་དགེ་སློང་མིང ་འདི་ཞེས་བགྱི་བ་འདི་དགེ་འདུན་གྱི་དབྱར་གྱི་གོས་རས་ཆེན་སྦེད་པ་དང། འགེད་བར་བསྐོ་བར་བགྱི་སྟེ། དགེ་སློང་མི་འདི་ཞེས་བགྱི་བ་འདི་དགེ་འདུན་གྱི་དབྱར་གྱི་གོས་རས་ཆེན་སྦེད་བ་དང་འགེད་སོ། །འདི་ནི་གསོལ་བའོ་ཞེས་བྱ་བ་ལ་སོགས་པ ་གསུངས་བ་ཡིན་ཏོ། སྲ་བརྐྱང་ངོ་ཞེས་བྱ་བ་འདི། སྲ་བརྐྱང་སྦེད་པ་སྤྲོ་བར་བྱས་ཏེ་གསོལ་བ་དང་གཉིས་ཀྱི་ལས་ཀྱིས་བསྐོའོ། །འདིར་སྲ་བརྐྱང་སྦེད་བ་ཞེས་བྱ་བ་ནི། ཆོས་གོས་སྲ་བརྐྱང་འདིར་བ་ཡིན་པར་དགོངས་སོ། །དེའི་སྔགས་ནི་མིང་འདི་ཞེས ་བྱ་བ་ཁྱོད་དབྱར་གནས་པའི་དགེ་འདུན་གྱི་ཆོས་གོས་སྲ་བརྐྱང་འདིང་བར་སྤྲོ་འམ་སྦྲོའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་མིང་འདི་ཞེས་བགྱི་པ་འདི་དབྱར་གནས་པའི་དགེ་འདུན་གྱི་ཆོས་གོས་མྲ་བརྐྱང་འདིར་བར་སྦྲོ་ན། ་གལ་ཏེ་དགེ་འདུན་གྱིས་དུས་ལ་བབ་ཅིང་བཟོད་ན། དགེ་འདུན་གྱིས་གནང་བར་མཛོད་ཅིག་དང། དགེ་འདུན་གྱིས་དགེ་སློང་མིང་འདི་ཞེས་བགྱི་བ་ཆོས་གོས་སྲ་བརྐྱང་གདིང་བར་བསྐོས་ཏེ། དགེ་སློང་ཆོས་གོས་སྲ་བརྐྱང་གདིང་བ་མིང་འདི་ཞེས་བགྱི་བ་འདི ་དབྱར་གནས་པའི་དགེ་འདུན་གྱི་ཆོས་གོས་སྲ་བརྐྱང་གདིང་བར་འགྱུར་རོ། །འདི་ནི་གསོལ་བའོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །གོས་དག་གོ་ཞེས་བྱ་བ་ནི། གོས་སྤེད་པ་སྤྲོ་བར་བྱས་ཏེ། གསོལ་བ་དང་གཉིས་ཀྱི་ལས་ཀྱིས་བསྐོ་བའོ། །འགེད ་བ་ཡང་ངོ་ཞེས་བྱ་བ་ནི། གོས་དང་འགེད་བ་སྤྲོ་བར་བྱས་ཏེ། གསོལ་བ་དང་གཉིས་ཀྱི་ལས་ཀྱིས་བསྐོ་བའོ། །གོས་སྦེད་བ་དང་གོས་འགྱེད་བ་འདི་གཉིས་ནི་གོས་ཀྱི་རྙེད་པ་འདྲུབ་བའི་སྐབས་སུ་གཏོགས་པས་འདི་གཉིས་བསྐོ་བའི་སྔགས་ནི། གོས་ཀྱི་རྙེད ་བ་འདྲུབ་པ་བསྐོ་བའི་སྔགས་ཇི་སྐད་སྨོས་བ་དེ་ཉིད་ཀྱིས་ཅི་རིགས་པར་སྦྱར་པར་བྱའོ། །དགེ་སྐོས་དང་མངག་གཞུག་བ་དག་གོ་ཞེས་བྱ་བ་ནི། དེ་གཉིས་སྤྲོ་བར་བྱས་ཏེ་གསོལ་བ་དང་གཉིས་ཀྱི་ལས་ཀྱིས་བསྐོ་བའོ། །འདི་གཉིས་བསྐོ་བའི་སྔགས་ཀྱང ་སྣོད་བཅུད་འདྲུབ་པ་བསྐོ་བའི་སྔགས་ཇི་སྐད་སྨོས་པ་དེ་གཉིས་ཀྱིས་ཅི་རིགས་པར་སྦྱར་བར་བྱའོ། །མངག་གཞུག་པ་ཞེས་བྱ་བ་ནི། དགེ་སྐོས་ཀྱི་འགབ་ལེན་ཅིང་དེའི་དོན་གྲོགས་བྱེད་པའོ། །འདིར་གཞུང་ནི། དགེ་སློང་རྣམས་ཀྱི་བཟན?་གྱི་གྲལ་དང ་ཆོས་མཉན་བར་སུ་ཡང་སྟན་ཤོམ་བར་མི་བྱེད་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སྐོས་བསྐོ་བར་བྱ་ཞིང། དགེ་སྐོས་ཀྱིས་ཀུན་ཏུ་སྤྱད་པ་ཐམས་ཅད་བྱའོ། །དགེ་སྐོས་ལ་བྱ་བ་ཅུང་ཞིག་བྱུང་བ་ན། དེ་སུ ་ཡང་མི་བྱེད་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ། མངག་གཞུག་པ་བསྐོ་བར་བྱའོ་ཞེས་གསུངས་བ་ཡིན་ནོ། །སྡེར་སྤྱད་འདྲིམ་བའོ་ཞེས་བྱ་བ་ནི། སྦྲོ་བར་བྱ་བ་ཏེ། གསོལ་བ་དང་གཉིས་ཀྱིས་བསྐོ་བའོ། །དེའི་སྔགས་ནི་མིང་འདི་ཞེས་བྱ་བ ་ཁྱོད་དགེ་འདུན་ལ་སྡེར་སྤྱད་འདྲིམ་པར་སྤྲོ་འམ་སྤྲོའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་མིང་འདི་ཞེས་བགྱི་བ་འདི་དགེ་འདུན་ལ་སྡེར་སྤྱད་འདྲིམ་པར་སྦྲོ་ན། གལ་ཏེ་དགེ་འདུན་གྱིས་དུས་ལ་བབ་ཅིང་བཟོད་?་དགེ་འདུན་གྱིས ་གནང་བར་མཛོད་ཅིག་དང། དགེ་འདུན་གྱིས་དགེ་སློང་མིང་འདི་ཞེས་བགྱི་བ་འདི་སྡེར་སྤྱད་འདྲིམ་པར་བསྐོ་བར་བགྱི་སྟེ། དགེ་སློང་མིང་འདི་ཞེས་བགྱི་བ་འདི་དགེ་འདུན་ལ་སྡེར་སྤྱད་འདྲིམ་མོ། །འདི་ནི་གསོལ་བའོ་ཞེས་བྱ་བ་ལ་སོགས་པ་གསུངས ་བ་ཡིན་ནོ། །དེ་དག་བྲིམ་པ་དང་ཟན་གྱུར་ནས་བྲུབ་པ་ནི་དེའི་ལས་ཡིན་ནོ་ཞེས་བྱ་བ་ནི། སྡེར་སྤྱད་དེ་དག་བྲིམ་བ་དང་གདུག་ཚོད་གྱུ་ནས་བྲུབ་བ་ནི། སྡེར་སྤྱད་འདྲིམ་པ་དེའི་ལས་ཡིན་ནོ། །འདིར་གཞུང་ནི་དེས་དགེ་སློང་རྣམས་ཀྱི་ཟན་གྱི་གྲལ་ཏུ ་སྡེར་སྤྱད་དག་བྲིམ་པར་བྱ་ཞིང། ཟན་གྱུར་ནས་བྲུབ་པར་བྱའོ་ཞེས་གསུངས་པ་ཡིན་ནོ། །ཆུའི་ཞལ་ཏ་པའོ་ཞེས་བྱ་བ་ནི། སྦྲོ་བར་བྱས་ཏེ་གསོལ་བ་དང་གཉིས་ཀྱི་ལས་ཀྱིས་བསྐོའོ། །དེ་བསྐོ་བའི་སྔགས་ཀྱང་ཟས་ལ་བསྐོ་བ་བསྐོ་བའི་སྔགས་ཇི་སྐད ་སྨོས་པ་དེ་ཉིད་ཀྱི་ཅི་རིགས་པར་སྦྱར་བར་བྱའོ། །མཛེས་འཆོས་སོ་ཞེས་བྱ་བ་ནི། སྤྲོ་བར་བྱས་ཏེ་གསོལ་བ་དང་གཉིས་ཀྱི་ལས་ཀྱིས་བསྐོ་བའོ། །དེ་བསྐོ་བའི་སྔགས་ཀྱང་དགེ་སྐོས་བསྒོ་བའི་སྔགས་ཀྱིས་ཅི་རིགས་པར་བྱའོ། །དེས་བལྟས་ཏེ་རབ་ཏུ ་བྱུང་བ་རྣམས་མི་མཛེས་པ་བསྟེན་ནས་གོལ་གྱི་སྒྲ་མངོན་དུ་བཏང་ཏེ་མཛེས་བ་ལ་ངེས་བར་སྦྱར་བར་བྱའོ་ཞེས་བྱ་བ་ནི། མཛེས་མཆོས་དེས་སོ། །མཛེས་པ་ལ་ངེས་པར་སྦྱར་བའི་ངོ་བོ་ཉིད་བསྟན་བའི་ཕྱིར། འདི་ལྟ་སྟེ་ཟས་ལ་སྒྲ་བསྐྱུར་བ་ཉིད་དང ་ཤིན་ཏུ་བསྡམས་པ་ཉིད་དང་ཤིན་ཏུ་ནོགས་ཐུབ་པ་ཉིད་ཀྱིས་སོ། །མཆོད་རྟེན་ལ་ཕྱག་བྱ་བ་ལ་སྒྲ་བསྐྱུང་བ་ཉིད་དང་རྒན་རིམས་ཀྱིས་སོ་ཞེས་བྱ་བ་སྨྲས་སོ། །བང་རིམ་གྱི་ཞལ་ཏ་བའོ་ཞེས་བྱ་བ་ནི། སྤྲོ་བར་བྱས་ཏེ། གསོལ་བ་དང་གཉིས་ཀྱི་ལས ་ཀྱིས་བསྐོ་བའོ། །འདི་བསྐོ་བའི་སྔགས་ཀྱང་གནས་ཁང་བསྐོ་བ་བསྐོ་བའི་སྔགས་ཇི་སྐད་སྨོས་པ་དེ་ཉིད་ཀྱིས་ཅི་རིགས་པར་སྦྱར་བར་བྱའོ། །དེས་དང་པོར་ཟན་ཟོས་ཏེ་དབྱུག་གུ་བླངས་ནས་ཟན་ཟ་བ་དག་ལ་ཁྲ་དང་བྱིའུ་དང་ཕུག་རོན་ལ ་སོགས་པ་དག་བཟློག་བར་བྱའོ་ཞེས་བྱ་བ་ནི། བང་རིམ་གྱི་བ་ཞལ་ཏ་བ་དེས་སོ། །ཁྲལ་སོགས་པ་དེ་དག་ནི་བང་རིམ་དག་ཏུ་གནས་འཆའ་བས་དེའི་ཕྱིར་དེས་ཤས་ཆེར་དེ་དག་བཟློག་པར་བྱེད་པས་བར་རིམ་གྱི་ཞལ་ཏ་བ་ཞེས་བྱའོ། ། ་གནས་མལ་འབོག་པ་དང། གནས་མལ་བྱི་དོར་འབོག་བའོ་ཞེས་བྱ་བ་ནི། དེ་གཉིས་འབོག་པར་སྤྲོ་བར་བྱས་ཏེ། གསོལ་བ་དང་གཉིས་ཀྱི་ལས་ཀྱིས་བསྐོ་བར་བྱའོ། །གནས་མལ་ཞེས་བྱ་བ་ནི་ཁྲ་དང་ཁྲིའུ་དང་སྟན་ནང་ཚངས་ཅན་དང་མལ་ཆ་དང་སྟན་དང་གནས ་མལ་ལ་སོགས་པའོ། །གནས་མལ་བྱི་བོ་ཞེས་བྱ་བ་ནི་ཁྲི་དང་ཁྲིའུ་དང་སྟན་ནང་ཚངས་ཅན་དང་མལ་ཆ་དང་སྟན་དང་གནས་ལ་སོགས་པ་མེད་པ་འདི་ལྟ་སྟེ། ཤིང་ལྗོན་པའི་དྲུང་དང། ནེའུ་བསྲིང་ལ་སོགས་པ་གཏན་གྱི་གནས་མལ་མ་ཡིན་བའོ། །དེ་གཉིས ་བསྐོ་བའི་སྔགས་ནི་མིང་འདི་ཞེས་བྱ་བ་ཁྱོད་དགེ་འདུན་ལ་གནས་མལ་འབོག་པར་སྦྲོ་འམ་སྦྲོའོ། །དགེ་འདུན་བཙུན་བ་རྣམས་གསན་དུ་གསོལ། དགེ་སློང་མིང་འདི་ཞེས་བགྱི་བ་འདི་དགེ་འདུན་ལ་གནས་མལ་འབོག་པར་སྦྲོ་ན། གལ་ཏེ་དགེ་འདུན་གྱིས ་དུས་ལ་བབ་བཟོད་ན། དགེ་འདུན་གྱིས་གནང་བར་མཛོད་ཅིག་དང། དགེ་འདུན་གྱིས་དགེ་སློང་མིང་འདི་ཞེས་བགྱི་བ་འདི་དགེ་འདུན་ལ་གནས་མལ་འབོག་བར་བསྐོ་བར་བགྱི་སྟེ། དགེ་སློང་མིང་འདི་ཞེས་བགྱི་བ་འདི་དགེ་འདུན་ལ ་གནས་མལ་འབོག་གོ། འདི་ནི་གསོལ་བའོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །ཟས་རུང་བ་དང་བཅས་པ་ཉིད་ཡིན་ན་མི་དག་འོང་བ་ལ་སྒེའུ་ཆུང་བསྲུང་བའོ་ཞེས་བྱ་བ་ནི། ཟས་རུང་བ་དང་བཅས་པ་ཉིད་ཅེས་བྱ་བ་ཤ་དང་བཅས་པ་ཉིད་ཡིན་ན། དེར ་མི་གཞན་དག་འོང་བ་དགག་བའི་ཕྱིར་སྒེའུ་ཆུང་སྲུང་བ་སྤྲོ་བར་བྱས་ཏེ། གསོལ་བ་དང་གཉིས་ཀྱི་ལས་ཀྱིས་བསྐོ་བར་བྱའོ། །འདིར་སྒེའུ་ཆུང་ཞེས་བྱ་བ་ནི་འགག་སྒོ་ཡིན་བར་རིགས་པར་བྱའོ། །འདིར་གཞུང་ནི་དགེ་སློང་དག་གྲལ་ན་ཟན་ཟ་བར་མི ་དག་འོངས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ། སྒེའུ་ཆུང་བསྲུང་བར་བསྐོ་བར་བྱའོ། །ཤ་དག་འདྲིམ་པ་ན་བྲམ་ཟེ་དང་ཁྱིམ་བདག་དག་འཕྱ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་གི་ཚེ་རུང་བ་ཡོད་བ་དེའི་ཚེ ་སྒེའུ་ཆུང་བསྲུང་བ་བསྐོ་བར་བྱའོ་ཞེས་གསུངས་བ་ཡིན་ནོ། །འདིའང་ཟས་ལ་བསྐོ་བའི་ཁོངས་སུ་གཏོགས་བ་ཡིན་བས་འདི་བསྐོ་བའི་སྔགས་ཀྱང་ཟས་ལ་བསྐོ་བ་བསྐོ་བའི་སྔགས་ཇི་སྐད་བསྟན་པ་དེ་ཉིད་ཀྱིས་ཅི་རིགས་བར་སྦྱར ་བར་བྱའོ། །གནས་མལ་གྱི་གཞིའོ་ཞེས་བྱ་བ་དེ་འདུལ་བའི་གཞིའི་སྐབས་ནས་བྱུང་བ་བཤད་ཏོ།། །།ད་ནི་གནས་མལ་གྱི་གཞི་ཕྲན་ཚེགས་ལ་སོགས་བའི་སྐབས་བསྡུ་བའི་ཕྱིར་ཕྱག་འཚལ་བའི་གནས་མུན་ཁྲོད་དུ་ཕྱག་དང་བཅས ་པའི་ཚིག་བརྗོད་པར་བྱའོ་ཞེས་བྱ་བ་སྨྲས་ཏེ། ཕྱག་འཚལ་བའི་གནས་མུན་ཁྲོད་དུ་དགེ་སློང་གི་ཕྱག་མི་བྱ་བར་ཕྱག་འཚལ་ལོ་ཞེས་བྱ་བའི་སྒྲ་དང་བཅས་པའི་ཚིག་བརྗོད་བར་བྱའོ། །ཉེན་ཀོར་དུ་གྱུར་པ་གཞན་གྱི་ཕྱག་བྱ་བར་བརྩམས་བ ་ལ་ཕྱག་མི་བྱ་བར་མི་བྱའོ་ཞེས་བྱ་བ་ནི། ཕྱག་བྱ་བར་འོས་བ་ཉེན་ཀོར་དུ་འོངས་བ་གཞན་གྱིས་ཕྱག་བྱ་བར་བརྩམས་པ་ལ་བདག་གི་ཕྱག་བྱས་ཟིན་ཀྱང་བླ་སྟེ་ཡང་ཕྱག་བྱ་བའོ། །ཚངས་པའི་ཕྱག་གིས་ནི་དེ་བྱས་པ་ཉིད་ཡིན་ནོ་ཞེས་བྱ་བ་ནི། ཚངས ་བའི་ཕྱག་ཙས་བྱ་བ་དགེ་འདུན་ཐམས་ཅད་གནས་གཅིག་ཏུ་ཚོགས་པ་ལ་ཕྱིར་ཕྱག་བྱ་བ་སྟེ། དེ་བྱས་ནས་ཕྱག་དེ་བྱས་བ་ཉིད་ཡིན་པའོ། །ནད་དང་བཅས་པ་ལ་ཕྱག་མི་བྱའོ་ཞེས་བྱ་བ་ལ། འདིར་ནང་དང་བཅས་བ་ཞེས་བྱ་བ་ནི་གནོད་པར་བྱ ་བའི་བསམ་པས་ཉེ་བར་གནས་བ་ཡིན་བར་རིགས་པར་བྱའི། རྩོད་དོ་ཙོག་ཐམས་ཅད་ནི་མ་ཡིན་ནོ། །དེས་ན་གནོད་པ་བྱ་བའི་བསམ་པས་ཉེ་བར་གནས་པ་ལ་ཕྱག་བྱ་བ་མི་རུང་གི་རྩོད་བ་གཞན་ལ་ནི་རུང་ངོ། །འདིར་གཞུང་ནི་གཉིས་ལ ་ཕྱག་བྱ་སྟེ། གློ་བུར་དུ་འོངས་པ་དག་དང་གཉུག་མར་གནས་པ་དག་གིས་ཕན་ཚུན་རྒན་རིམས་བཞིན་དུ་ཕྱག་བྱའོ། །ནང་དང་བཅས་པ་དང་སྤོ་བ་བྱེད་པ་དག་ནི་མ་གཏོགས་སོ་ཞེས་གསུངས་པ་ཡིན་ནོ། །ཕྱག་འཚལ་བ་ལ་ཨ་རོག ་གྱ་ཞེས་མི་བྱ་བར་མི་བྱའོ་ཞེས་བྱ་བ་ནི། གང་ཟག་ཕྱག་འཚལ་བ་ལ་ཨ་རོ་གྱ་ཞེས་བརྗོད་པར་བྱ་བ་ཁོ་ན་ཡིན་པའོ། །འདས་བ་ན་ཕྱག་བྱ་བ་ཡིན་པ་ལ་ནི་ཕྱག་མི་བྱ་བ་ཉིད་མ་ཡིན་ནོ། །ཞེས་བྱ་བ་ནི། སྔོན་འདས་པའི་དུས་ན་དེ་ཕྱག་བྱ་བ་ཉིད་དུ་གྱུར ་བ་ཡིན་ན། ད་ལྟར་ཕྱག་བྱ་བ་ཉིད་མ་ཡིན་དུ་ཟིན་ཀྱང། སྔོན་གྱི་གནས་སྐབས་དེ་ཉིད་མངོན་སུམ་དུ་བྱས་ཏེ་ཕྱག་བྱར་རུང་བས་དེའི་ཕྱིར་དེ་ལ་ནི་ཕྱག་མི་བྱ་བ་ཉིད་མ་ཡིན་ནོ། །འདི་ནི་དགེ་སློང་རྒན་པོ་ཁྲོས་པའི་དབང་གིས་སྡོམ་པ་རྒྱུན་ཆད་དེ ་སྦྲུལ་དུ་གྱུར་བ་ལ་དགེ་སློང་ཅིག་ཤོས་ཀྱི་སྔོན་གྱི་རྒྱུད་དེ་ཉིད་མངོན་སུམ་དུ་བྱས་ཏེ། གཟུང་བར་བྱའོ་ཞེས་གསུངས་པའི་གླེང་གཞི་ཡིན་ཏེ། ཐམས་ཅད་ལ་བྱེ་བྲག་མེད་པར་རུང་བས་འདིར་སྦྱིར་མདོར་བྱས་སོ། །སྤགས་པ་ལ་ཕྱག་མི་བྱའོ་ཞེས་བྱ་བ་ནི ་གང་ཟག་སྤགས་པ་ལ་ཕྱག་མི་བྱའོ། །སྦགས་པས་མི་བྱའོ་ཞེས་བྱ་བ་ནི། གང་ཟག་སྤགས་བས་གཞན་ལ་མི་བྱའོ། །དེ་བདག་གིར་མི་བྱའོ་ཞེས་བྱ་བ་ནི། སྤགས་པས་ཕྱག་དེ་བདག་གིར་མི་བྱའོ། །སྦགས་བ་ལས ་མི་བྱའོ་ཞེས་བྱ་བ་ནི། སྦགས་བ་གཞན་ལས་ཕྱག་དེ་བདག་གིར་མི་བྱའོ། །འདིར་གཞུང་ནི་བཅོམ་ལྡན་འདས་ཀྱིས་ནང་བ་ལྟ་བར་བྱའོ་ཞེས་གསུངས་བ་དང། ནད་པ་བལྟ་བའི་དགེ་སློང་རྒན་པོ་དག་དང། གསར་བུ་དག་ཀྱང་དོང་ནས་དེ་ལ ་གསར་བུ་གང་དག་ཡིན་པ་དེ་དག་ནི་ནང་བ་དེ་ལ་ཕྱག་དག་འཚལ་བར་བྱེད་རྒན་པོ་གང་དག་ཡིན་བ་དེ་དག་ལ་ནི། ནད་བ་དེ་ཕྱག་དག་འཚལ་བར་བྱེད་བ་ན་དེ་སྐྱོ་བར་གྱུར་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ། སྦགས་བ་ལ་ཕྱག ་མི་བྱའོ། །སྦགས་པས་ཕྱག་མི་བྱའོ། །སྤགས་བས་ཕྱག་བདག་གིར་མི་བྱའོ། །སྤགས་པ་ལས་ཕྱག་བདག་གིར་མི་བྱའོ། །སྤགས་པ་ལ་ཕྱག་འཚལ་ལམ། སྤགས་པས་ཡང་ཕྱག་འཚལ་ལམ། སྦགས་བས་ཕྱག་བདག་གིར་བྱེད་དམ། སྤགS ་པ་ལས་ཕྱག་དག་གིར་བྱེད་ན་འགལ་ཚབས་ཅན་དུ་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །སྤགས་པ་ནི་རྣམ་པ་གཉིས་ཏེ། ཐན་སོ་ཤིང་ཡན་ཆད་ཟ་བས་དང། ཐ་ན་དེའི་སོ་བྱི་དོར་བྱེད་བ་ཡན་ཆད་མི་གཅོད་བས་སོ་ཞེས་བྱ་བ་ནི། ཟ་བས་སྤགས་བ་ནི་ཐ་ན ་སོ་ཤིང་ཡན་ཆད་ཟ་བས་སྤགས་པ་ཡིན་ནོ། །མི་གཙང་བས་སྦགས་བ་ནི་ཐ་ན་མི་གཙང་བའི་ས་བྱི་དོར་བྱེད་བ་ཡན་ཆོད་ཀྱིས་སྦགས་བ་ཡིན་ནོ། །འདི་ལ་གཅེར་བུ་ཉིད་དང་གོས་གཅིག་པ་ཉིད་ནི་སྤགས་པ་དང་འདྲའོ་ཞེས་བྱ་བ་ནི། ཕྱག་བྱ་བ་འདི ་ལྟ་སྟེ། དེས་ན་གཅེར་བུ་ལ་ཕྱག་མི་བྱའོ། །གཅེར་བུས་ཕྱག་མི་བྱའོ། །གཅེར་བུས་ཕྱག་བདག་གིར་མི་བྱའོ། །གཅེར་བུ་ལས་བདག་གིར་མི་བྱའོ། །དེ་བཞིན་དུ་གོས་གཅིག་བས?་ཕྱག་མི་བྱའོ། །གོས་གཅིག་པས་ཕྱག་མི་བྱའོ། །གོས་གཅིག་བས་ཕྱག ་བདག་གིར་མི་བྱའོ། །གོས་གཅིག་བ་ལས་ཕྱག་བདག་གིར་མི་བྱའོ། །ཕྱག་ནི་རྣམ་བ་གཉིས་ཏེ། ཡན་ལག་ལྔས་ཕྱག་འཚལ་བ་དང། སྒྱིད་བ་ལམ་ཁྱུད་བས་ཕྱག་འཚལ་བའོ་ཞེས་བྱ་བ་ནི། དེ་གཉིས་གང་ཡང་རུང་བ་ཅིག་བྱིས་ན་ཡང?་ཕྱག་འཚལ་བ་ཉིད་ཡིན་ནོ།། ་སྦྲིད་བ་བྱུང་བ་ལ་སོས་ཤེས་བརྗོད་བར་མི་བྱ་སྟེ། རྒན་ཞུགས་དང་ཁྱིམ་པ་ལ་ནི་མ་གཏོགས་སོ་ཞེས་བྱ་བ་ནི། གང་ཟག་སྦྲིད་བ་བྱུང་བ་ལ་སོས་ཞེས་བརྗོད་བར་མི་བྱའོ། །གང་ཟག་རྒན་ཞུགས་དང་ཁྱིམ་བ་ལ་ནི་མ་གཏོགས་ཏེ། དེ་གཉིས་ལ་ནི་སོས་ཞེས་བརྗོད ་དུ་རུང་དེ། །གསར་བུ་དེ་ལ་ནི་ཨ་རོག་གྱ་ཞེས་བྱའོ་ཞེས་བྱ་བ་ནི་གསར་བུ་སྤྲིད་བ་བྱུང་བ་དེ་ལ་ནི་རྒན་བོས་ཨ་རོག་གྱ་ཞེས་བརྗོད་བར་བྱའོ། །རྒན་པོ་ལ་ནི་ཕྱག་བྱའོ་ཞེས་བྱ་བ་ནི། རྒན་བོ་སྤྲིད་བ་བྱུང་བ་དེ་ལ་ནི་གསར་བུས་ཕྱག་བྱ་བའོ། །སྦྲིད་བ་བྱུང་ན་ཡང་ངོ་ཞེས་བྱ་བ ་ནི། གསར་བུ་སྦྲིད་བ་བྱུང་ན་ཡང་རྒན་བོ་ལ་ཕྱག་བྱ་བའོ། །འདིར་གཞུང་ནི་གསར་བུས་སྦྲིད་བ་བྱུང་ན་ཕྱག་བྱའོ་ཞེས་གསུངས་བ་ཡིན་ནོ། །དེ་བཞིན་གཤེགས་བ་ལ་ཚེ་དང་ལྡན་བ་དང་མིང་དང་རུས་བརྗོད་བས་ཀུན་ཏུ་སྤྱོད་པར་མི་བྱའོ་ཞེས་བྱ་བ་ནི། དེ་བཞིན ་གཤེགས་བ་ལ་ཚེ་དང་ལྡན་བ་ཞེས་བརྗོད་བ་དང། མིང་ནས་བརྗོད་བ་དང། རུས་ནས་བརྗོད་བས་བོང་བས་བོང་བར་མི་བྱའོ། །ཉེ་བའི་ཚིག་དང་བྲལ་བར་དེའི་མཚན་ནམ་གདུང་སྨོས་བར་མི་བྱའོ་ཞེས་བྱ་བ་ནི། ཉེ་བའི་ཚིག་དང་བཅས་བར་མཚན་ནམ ་གདུང་སྨོས་བར་བྱ་བའོ། །འདིར་གཞུང་ནི་འདི་ལྷར་ཉེ་བའི་ཚིག་དང་བཅས་བར་སྟོན་བའི་མཚན་སྨོས་བར་བྱ་སྟེ། བཅོམ་ལྡན་འདས་ཤཱཀྱ་ཐུབ་བ་ཞེས་བརྗོད་བར་བྱའོ་ཞེས་བྱ་བ་ལ་སོགས་བ་གསུངས་པ་ཡིན་ནོ། །རྒན་པའི་མི་བྱའོ་ཞེས་བྱ་བ་ནི། ་ཉེ་བའི་ཚིག་དང་བྲལ་བར་མིང་དང་རུས་སྨོས་བར་རོ། །འདི་ལ་གནས་བརྟན་དང་ཚེ་དང་ལྡན་བ་ནི་ཉེ་བའི་ཚིག་ཉིད་ཀྱི་ཚུལ་དང་མཐུན་བ་ཡིན་ནོ་ཞེས་བྱ་བ་ནི། རྒན་བ་འདི་ལའོ། །སྔ་མ་ལ་ནི་མ་ཡིན་ནོ་ཞེས་བྱ་བ་ནི། དེ་བཞིན་གཤེགས་པ་ལ་སྟེ། སྟོན་པ ་ལ་གནས་བརྟན་དང་ཚེ་དང་ལྡན་པ་ཞེས་བྱ་བ་ནི་ཉེ་པའི་ཚིག་ཉིད་ཚུལ་དང་མཐུན་པ་མ་ཡིན་ནོ་ཞེས་བྱི་བའི་ཐ་ཚིག་གོ་།ལག་གི་བླས་འགྲོ་བ་དང་འོང་བ་དང་ལྡན་པའི་གཞིར་གཙུག་ལག་ཁང་རབ་ཏུ་གནས་བར ་བྱའོ་ཞེས་བྱ་བ་ནི། གང་དུ་འགྲོར་ཡང་ནུས་ལ་འང་བར་ཡང་ནུས་བའི་གཞིར་རོ། །འདིར་གཞུང་ནི་མ་མོ་ལས་ཕྱོགས་གང་དུ་དང་པོ་གཙུག་ལག་ཁང་རབ་ཏུ་གནས་པར་བྱེད་བ་དེར་དགེ་སློང་ལག་གི་བླས་དང་པོ་ཁོ་ནར་གཙུག་ལག་ཁང་གི ་གཞི་བརྟག་བར་བྱ་སྟེ། འོང་བ་དང་ལྡན་བ་དང། འགྲོ་བ་དང་ལྡན་བ་དང་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །ཤིང་ལྗོན་བ་དང་རྫོང་བུ་དང་འཆགས་དག་ཀྱང་ངོ་ཞེས་བྱ་བ་ཡང་ལྡན་པར་ཞེས་བྱ་བར་སྦྱར་ཏེ་ཤིང་ལྗོན་བ་དང་ལྡན་བ་དང ་རྫིང་བུ་དང་ལྡན་བ་དང་འཆགས་དང་ལྡན་བའི་གཞིར་གཙུག་ལག་ཁང་རབ་ཏུ་གནས་བར་བྱའོ། །ཉེན་ཀོར་དང་ངོ་ཞེས་བྱ་བ་ནི། ཉེན་ཀོར་དང་ལྡན་བའི་གཞིར་གཙུག་ལག་ཁང་རབ་ཏུ་གནས་བར་བྱ་བའོ། །རྒྱུན་ལུགས་དང་ཀླག་ཅོར་དང་སྒྲ་དང ་ཏུག་རིང་ཆུང་བར་རོ་ཞེས་བྱ་བ་ནི། རྒྱུན་ལུགས་ཉུང་བ་དང་ཀླག་ཅོར་ཆུང་བ་དང། སྒྲ་ཆུང་བ་དང་ཏུག་རིང་ཆུང་བར་གཙུག་ལག་ཁང་རབ་ཏུ་གནས་བར་བྱ་བའོ། །དེ་ལ་གང་དུ་སྐྱེ་བོ་མང་པོ་ཡང་དང་ཡང་དུ་འདུ་བར་མི་འགྱུར་བ་དེ་ནི་རྒྱུན་ལུགས ་ཉུང་བའོ། །རང་དབང་དུ་གཏམ་ཟེར་བའི་ཕེབས་བར་སྨྲ་བ་ནི། ཀླག་ཅོར་རོ། །བྲམ་ཟེའི་ཀློག་བ་དང་འདུན་མའི་ཐ་སྙད་དང་གླང་བོ་ཆ་དང་རྟ་ལ་སོགས་བའི་སྒྲ་ནི་སྒྲའོ། །རྫ་ལྔ་ལ་སོགས་པའི་སྒྲ་སྐད་ནི་ཏུག་རིང་དེ་དེ་དག་ཆུང་བར་རོ། །སྦྱིན་བ ་བོས་རྗེས་སུ་གཙུག་ལག་ཁང་བྱ་བའི་དངོས་པོ་ལས་དེ་བྱ་བའི་སྤྱད་བྱའོ་ཞེས་བྱ་བ་ནི། སྦྱིན་བདག་གིས་རྗེས་སུ་གནང་ན་གཙུག་ལག་ཁང་བྱ་བའི་རྫས་གང་ཡིན་བ་དེ་ལས་ལག་གི་བླས་བྱ་བའི་སྤྱད་བྱ་བ་ལ་མི་རིགས་པ་མེད་པའོ། །འདིར་གཞུང་ནི་གལ ་ཏེ་ཁྱིམ་བདག་གིས་རྗེས་སུ་སྟེར་ན་དེ་ཉིད་ལ་སྤྱད་དེ་ཉེ་བར་བཞག་བར་བྱའོ་ཞེས་གསུངས་པ་ཡིན་ནོ། །དེ་བཞག་པའི་ཁང་བ་སྦྱིན་ནོ་ཞེས་བྱ་བ་ནི། ལག་གི་བླས་བྱ་བའི་སྤྱད་དེ་བཞག་པའི་ཁང་བ་སྦྱིན་བར་བྱའོ། །འདིར་གཞུང་ནི་དེའི་ཁང་པ་ཡང་སྦྱིན ་པར་བྱ་ཞིང་དེར་བཞག་པར་བྱ་བའོ་ཞེས་གསུངས་བ་ཡིན་ནོ། །དེར་དགོས་བའི་འབྲུ་མར་ལ་སོགས་པ་ཚོན་རན་བར་ཉོའོ་ཞེས་བྱ་བ་ནི། ལག་གི་ལས་བྱ་བ་དེར་དགོས་བའི་འབྲུ་མར་ལ་སོགས་བ་ཇི་དགོས་བ་ཉོ་བར་བྱ་བའོ། །ལག་གི་བླས་སྤྱི་བུངས ་ཅི་འདྲ་བ་དེ་འདྲ་བ་བཟའ་ཨོ་ཞེས་བྱ་བ་ནི། ལག་གི་བླས་ཟན་ནི་དགེ་སློང་བཞི་བ་དག་གི་ཟན་གྱི་སྤྱི་བུངས་ཅི་འདྲ་བ་དེ་འདྲ་བ་བཟའ་བར་བྱ་བའི་ལྷག་བར་ནི་མི་བྱ་བའོ། །གཙུག་ལག་ཁང་གི་སྤྱི་བུངས་ཀྱི་ཟན་ཐང་དང་སྦྱར་ཞེན། ལག་གི་བླ་དེ་གཙུག་ལག་ཁང་དུ ་གཏོགས་བའི་དགེ་སློང་གཞན་དག་གི་སྤྱི་བུངས་ཀྱི་ཟན་ཐང་དང་སྦྱར་ཏེ་བཟའ་ཨོ། །གནས་དེའི་གཙུག་ལག་ཁང་མེད་བ་ཉིད་ཡིན་ན་ཉེན་ཀོར་གྱི་གཙུག་ལག་ཁང་གིའོ་ཞེས་བྱ་བ་ནི། གལ་ཏེ་གནས་དེ་ནི་གཙུག་ལག་ཁང་གཞན་མེད་བ་ཉིད་ཡིན་ན་ཉེན ་ཀོར་གྱི་གཙུག་ལག་ཁང་གི་ཟན་ཐང་ཇི་ཙམ་བཟའ་བར་བྱ་བའོ། །སྣུམ་བག་གི་རྙེད་བ་ནོད་དེ་ཞེས་བྱ་བ་ནི། བྱ་བ་ན་ཡང་དགེ་སློང་གཞན་གྱི་ཐང་བཞིན་དུ་མནོད་པའོ།། །འདུལ་བའི་མདོ་རྒྱ་བཆེར་འགྲེལ་པ། །བམ་བོ ་དྲུག་ཅུ་དགུ་བ། །གཙུག་ལག་ཁང་དག་གི་རྩེག་མ་ཉིད་ཀྱི་མཛའ་ནི་ལྔའོ་ཞེས་བྱ་བ་ནི། དགེ་སློང་རྣམས་ཀྱིའོ། །དགེ་སློང་མ་རྣམས་ཀྱི་རྩེག་མ་ཉིད་ནི་གསུམ་མོ་ཞེས་བྱ་བ་ནི་མཛའ་ཨོ། །འདིར་གཞུང་ནི་སིལ་བུ་དག་ལས་དགེ་སློང། ་རྣམས་ཀྱི་གཙུག་ལག་ཁང་ནི་ལྔ་རྩེག་ཏུའོ། །དྲི་གཙང་ཁང་ནི་བདུན་རྩེག་གོ། སྒོ་ཀཧྔ་སྟེང་གི་བསིལ་ཁང་ཡང་བདུན་རྩེག་གོ་།དགེ་སློང་རྣམས་ཀྱི་གཙུག་ལག་ཁང་ནི་གསུམ་རྩེག་བྱའོ། །དི་གཙང་ཁང་ནི་ལྔ་རྩེག་གོ། སྒོ་ཁང་སྟེང་ ་གི་བསིལ་ཁང་ཡང་ལྔ་རྩེག་གོ་ཞེས་བྱ་བ་ལ་སོགས་བ་ཡིན་ནོ། །དྲི་གཙང་ཁང་དང་སྒོ་གང་སྟེང་གི་བསིལ་ཁང་དག་གི་རྩིག་མ་གཉིས་ཀྱིས་ལྷག་པར་བྱའོ་ཞེས་བྱ་བ་ནི། གཙུག་ལག་ཁང་བས་རྩེག་མ་གཉིས ་ཀྱིས་ལྷག་པར་བྱ་བ་སྟེ། དགེ་སློང་རྣམས་ཀྱི་ནི་བདུན་རྩེག་གོ་།དགེ་སློང་མ་རྣམས་ཀྱི་ལྔ་རྩེག་གོ་།དེ་དག་ལྕི་བས་འཇིག་པ་ཉིད་ཡིན་ན་རྩེག་མ་གཞིག་པ་ལ་ཁ་ན་མ་ཐོ་བ་མེད་དོ་ཞེས་བྱ་བ་ནི། དགེ་སློང་དང་དགེ་སློང་མའི་གཙུག་ལག ་ཁང་དེ་དག་ལྕི་བས་འཇིག་པ་ཉིད་ཡིན་ན་རྩེག་མ་འཇིག་བ་མི་ཁ་ན་མ་ཐོ་བ་མེད་པ་ཉིད་ཡིན་ཏེ། རྩེག་མ་ཇི་སྙེད་གཞིག་བ་གཅིག་གམ་དུ་མ་དེ་སྙེད་གཞིག་བར་བྱའོ། །བརྩམས་པ་བསྐྱེད་པ་འམ་བསྐྱུང་བར་བྱ་བའི་ཕྱིར་གཞིག་པར་ཡང ་ངོ་ཞེས་བྱ་བ་ཡང། ཁ་ན་མ་ཐོ་བ་མེད་དོ་ཞེས་བྱ་བར་སྦྱར་ཏེ། གཙུག་ལག་ཁང་བསྩམས་པ་མཐར་མ་ཐུག་པ་ཡོ་བྱད་ལ་སོགས་བ་དང་ལྡན་བས་ཆུང་དུ་ཆེན་པོར་བསྐྱེད་བར་བྱ་བའི་ཕྱིར་རམ། ཡོ་བྱད་ལ་སོགས་བ་དང་མི་ལྡན་བ་ཆེན ་བོ་ཆུང་ངུར་བསྐྱུང་བར་བྱ་བའི་ཕྱིར་གཞིག་པ་ལ་ཡང་ཁ་ན་མ་ཐོ་བ་མེད་དོ། །འདིར་གཞུང་ནི་གལ་ཏེ་བྱེད་དུ་འཛུད་མི་ནུས་ན་གཞིག་སྟེ་ཆུང་ངུར་བྱེད་དུ་གཞུག་སྟེ་འདི་ལ་འགྱོད་བར་མི་བྱའོ་ཞེས་བྱ་བ་གསུངས་པ་ཡིན་ནོ། །མཆོད་རྟེན་དང་སྐུ ་གཟུགས་དག་ནི་སྐྱེད་བར་ཉིད་ཀྱི་ཕྱིར་རོ་ཞེས་བྱ་བ་ནི། བརྩམས་བ་བཤིག་ན་ཁ་ན་མ་ཐོ་བ་མེད་པ་སྟེ། དེ་གཉིས་བརྩམས་པ་བསྐྱུང་བའི་ཕྱིར་བཤིག་བ་ནི་ཁ་ན་མ་ཐོ་བར་འགྱུར་རོ། །རྙིངས་པ་ཉིད་ཀྱི་ཕྱིར་ནི་ཟིན་ཀྱང་མཉམ་པའི་ཕྱིར་ཡང་ངོ ་ཞེས་བྱ་བ་ནི། མཆོད་རྟེན་དང་སྐུ་གཟུགས་དག་རྙིངས་བ་ཉིད་གསར་བུས་བཅོས་པའི་ཕྱིར་ནི་བརྩམས་པ་འབའ་ཞིག་ཏུ་མ་ཟད་ཀྱི་ཟིན་ཀྱང་རུང་སྟེ། བརྩམས་བ་འམ་ཟིན་པ་དེ་དག་བསྐྱེད་བ་འབའ་ཞིག་གི་ཕྱིར་བཤིག་པ་ལ་ཁ་ན་མ་ཐོ་བར་མེད ་བར་མ་ཟད་ཀྱི། སྔ་མ་དང་མཉམ་པར་བྱ་བའི་ཕྱིར་གཞིག་བར་བྱ་བ་ལ་ཡང་ཁ་ན་མ་ཐོ་བ་མེད་དོ། །རྙིངས་པ་གང་ལ་ཕྱིར་བཅོས་པས་བསྐྱེད་བར་བྱ་མི་ནུས་པ་དེ་ལ་མཉམ་པ་ལ་ཁ་ན་མ་ཐོ་བ་མེད་པ་འདི་གསུངས་བར་རིག་བར་བྱའོ། །ཕྱོགས ་གཅིག་བཅོས་བའི་ཕྱིར་ཡང་ངོ་ཞེས་བྱ་བ་ནི། མཆོད་རྟེན་དང་སྐུ་གཟུགས་དག་གི་ཕྱོགས་གཅིག་རྙིངས་པ་ཕྱིར་བཅོས་པར་བྱ་བའི་ཕྱིར་བཤིག་བ་ལ་ཡང་ཁ་ན་མ་ཐོ་བ་མེད་དོ། །འདིར་གཞུང་ནི་མཆོད་རྟེན་དང་གདུགས་དག་རྙིངས་བ་ན། བཅོམ ་ལྡན་འདས་ཀྱིས་བཀའ་སྩལ་བ། ཕྱིར་བཅོས་བར་བྱའོ་ཞེས་གསུངས་པ་ཡིན་ནོ། །མདོ་སྔ་མའི་གཞུང་ནི། སྐྱང་སྣུལ་གྱི་སྐུ་གཟུགས་དག་རྙིངས་བར་གྱུར་པ་ན། དགེ་སློང་དག་འགྱོད་པས་ཕྱིར་མི་འཆོས་པར་བྱེད་པ་དང། བཅོམ་ལྡན་འདས་ཀྱི ་བཀའ་སྩལ་བ། ལྷག་པ་འམ་མཉམ་པར་བྱའི། ཆུང་བར་མི་བྱའོ་ཞེས་གསུངས་པ་ཡིན་ནོ། །གདུག་སླ་སོགས་པ་དབོག་པ་ཡང་ངོ་ཞེས་བྱ་བ་ནི། རྙེངས་བ་ཕྱིར་བཅོས་པའི་ཕྱིར་མཆོད་རྟེན་དང་སྐུ་གཟུགས་དག་ལས་དཔོག་བ་ལ་ཁ་ན་མ་ཐོ་བ ་མེད་པའོ། །སོགས་པ་ཞེས་བྱ་བའི་སྒྲས་ནི་ཆར་ཁབ་ལ་སོགས་པ་དག་ཀྱང་བསྡུའོ། །གཞན་གདགས་བའི་ཕྱིར་ཡང་ངོ་ཞེས་བྱ་བ་ནི། རྙིངས་པ་ཕྱིར་བཅོས་པར་བྱ་བའི་ཕྱིར་དབོག་བ་ལ་ཁ་ན་མ་ཐོ་བ་མེད་བ་འབའ་ཞིག་ཏུ་མ་ཟད་ཀྱི། སར་བ་གཞན ་གདགས་བའི་ཕྱིར་དབོག་བ་ལ་ཡང་ཁ་ན་མ་ཐོ་བ་མེད་པའོ། །དེའི་དོན་དུ་ཉེ་བར་མ་གཞག་པར་དཔོག་བར་མི་བྱའོ་ཞེས་བྱ་བ་ནི། གཞན་གདགས་པ་དེའི་དོན་དུ་གདུགས་ལ་སོགས་བ་ཉེ་བར་མ་གཞག་བར་སྔ་མ་དཔོག་བར་མི་བྱའོ། །འདིར་གཞུང་ནི ་གཞན་དག་གིས་གདུགས་དག་ཕོག་པར་གྱུར་ནས། དེ་དག་བར་དུ་དུས་བྱེད་པར་གྱུར་བ་དང་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ། ཇི་སྲིད་དུ་གཞན་དག་ཉེ་བར་མ་བཞག་བ་དེ་སྲིད་དུ་དབོག་བར་མི་བྱའོ་ཞེས་གསུངས་པ་ཡིན་ནོ། །སྐྱེས་པའི་རབས་ལ་སོགS ་པའི་རི་མོ་དང་སངས་རྒྱས་ཀྱི་བཀའ་ཨི་ཡི་གེ་དག་ཀྱང་ངོ་ཞེས་བྱ་བ་ནི། དེ་དག་རྙིངས་པོ་བཅོས་པའི་ཕྱིར་ཕྱིད་པ་ལ་ཁ་ན་མ་ཐོ་བ་མེད་དོ། །ཅི་ཞིག་གི་ཕྱིར་ཕྱིད་པ་ལ་ཞེ་ན། དེའི་ཕྱིར་བྱིད་པའི་བྱེ་བྲག་ཁོ་ན་བྱ་བའི་ཕྱིར་རོ་ཞེས་བྱ ་བ་སྨྲས་ཏེ། གཏམ་རྒྱུད་ཀྱི་རི་མོ་དང་ཡི་གེའི་གཞུང་བྱིད་པའི་བྱེ་བྲག་གང་ཡིན་པ་དེ་ཁོ་ན་ཕྱིར་བྲི་བའི་ཕྱིར་བྱིད་པ་ལ་ཁ་ན་མ་ཐོ་བ་མེད་དོ། །འདི་སྐད་བསྟན་ཏེ། གཏམ་རྒྱུད་ཀྱི་བྱེ་བྲག་དང་ཡི་གེའི་བྱེ་བྲག་དེ་གཉིས་ཁོ་ན་ཕྱིར་བྲི་བའི་ཕྱིར་དེ་ལ ་བྱིད་བར་བྱའི་གཞན་གྱི་ཕྱིར་ནི་མ་ཡིན་ནོ། །རྩོམ་པར་བྱེད་པས་མ་བྱས་ན་གཞན་གྱིས་ལྷག་མ་བྱའོ་ཞེས་བྱ་བ་ནི། གང་གིས་མཆོད་རྟེན་དང་གཙུག་ལག་ཁང་དག་རྩོམ་པར་བྱེད་བ་དེས་བརྩམས་ནས་ཟིན་པར་མ་བྱས་ན། གཞན་གྱིས་དེའི ་ལྷག་མ་བྱ་བ་ལ་མི་རིགས་པ་མེད་པའོ། །གལ་ཏེ་དགེ་འདུན་གྱི་ཕྱིར་ཕྱེད་བརྩིགས་ན་མཁར་ལན་སྦྱིན་པར་བྱ་བ་ཉིད་དོ་ཞེས་བྱ་བ་ནི། གལ་ཏེ་དགེ་འདུན་གྱི་ཕྱིར་སྦྱིན་བདག་གི་གཙུག་ལག་ཁང་ལ་སོགས་པ་ཕྱེད་བརྩིགས་པ་དེའི ་ཚེ་དགེ་འདུན་གྱིས་མཁར་ལན་བཏང་བར་བྱ་བ་ཉིད་ཡིན་ཏེ་འདི་ལ་ཚུལ་དང་མི་མཐུན་པ་མེད་པར་ཤེས་པར་བྱའོ། །འདིར་ཕྱེད་ཅེས་བྱ་བའི་སྒྲ་?་ནི་ཆ་ཤས་ལ་སྙེགས་ཀྱི་ཆ་མཉམ་པའི་ཕྱེད་ཁོ་ན་མ་ཡིན་ཏེ། ཆུང་ཟད་ཙམ་བརྩིགས་ན་ཚིག་ཅེས ་བྱ་བ་?་ཐ་ཚིག་གོ། འདིར་གཞུང་ནི་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གཞི་མ་ཟིན་པ་ལ་དགེ་སློང་དག་གིས་མཁར་ལན་གྱིས་བཏང་བར་བྱའོ། །དགེ་སློང་དག་ཉི་མ་རངས་པ་ཁོ་ནར་ལས་བྱེད་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ ་པ། ཉི་མ་རངས་པ་ཁོ་ནར་ལས་མི་བྱ་བར་འདི་ལྟར་ལན་ཅིག་བྱའོ་ཞེས་གསུངས་པ་ཡིན་ནོ། །དེས་བཏང་བའི་དུས་ནི་གལ་ཏེ་དགུན་ཡིན་ན་ཟས་ཀྱི་འོག་རོལ་ཏུའོ། །གལ་ཏེ་དུས་སོ་ག་ཡིན་ན་ཟས་ཀྱི་མདུན་རོལ་ཏུ་ངོ་ཞེས་བྱ་བ་ནི། མཁར ་ལན་གྱིས་བཏང་བ་དེའི་དུས་སོ། །འདིར་གཞུང་ནི་དགེ་སློང་དག་སོ་ག་ནི་ཟས་ཀྱི་འོག་རོལ་ཏུ་ལས་བྱེད་ལ་།དགུན་ནི་ཟས་ཀྱི་མདུན་རོལ་ཏུ་ལས་བྱེད་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགུན་ནི་ཟས་ཀྱི་འོག་རོལ་ཏུ་ལས་བྱ་བ་ལ་སོ་གྲ་ནི་ཟས ་ཀྱི་མདུན་རོལ་ཏུ་ལས་བྱའོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །ཟས་ཀྱི་བྱ་བའི་དུས་ལུས་པར་རེ་ཞེས་བྱ་བ་ནི། ཇི་སྲིད་དུ་ཟས་ཀྱི་བྱ་བ་ལྷུང་བཟེད་བཀྲུ་བ་ལ་སོགས་པ་དག་གི་དུས་ལས་ཡོལ་བར་འགྱུར་བ་དེ་སྲིད་དུ་ལས་མི་བྱའོ། །དེ་ལས་བྱི ་དོར་མ་བྱས་པར་འཚོ་བ་ལ་འཇུག་པར་མི་བྱའོ་ཞེས་བྱ་བ་ནི་མཁར་ལ་ན་གྱི་ལས་དེ་ལས་བཀྲུ་བཤལ་ལ་སོགས་པ་བྱི་དོར་མ་བྱས་པར་བསོད་སྙོམས་པར་འགྲོ་བ་ལ་སོགས་པ་པ་འཚོ་?་བ་ལ་འཇུག་པར་མི་བྱའོ། །དེའི་མཛའ་ནི་རྐང་ལག་བཀྲུས་བ་ཉིད ་དོ་ཞེས་བྱ་བ་ནི། བྱི་དོར་བྱ་བ་དེའི་མཛའ་ཨོ། །ལག་གི་བླས་ཁེའུ་སུས་སྦྱོར་དུ་གཞུག་གོ་ཞེས་བྱ་བ་ནི། གལ་ཏེ་དགེ་སློང་དག་ཟས་ཀྱི་མདུན་རོལ་ཏུ་ལས་བྱེད་ན་དེའི་ཚེ་ལག་གི་བླས་ཁེའུ་སུས་དུ་གཞུག་གོ། ཟས་ཀྱི་འོག་འོག་རོལ་ཏུ་ནི་སྐོམ་དང་རྐང་ལག ་སྐུ་མཉེ་བྱ་བའོ་ཞེས་བྱ་བ་ནི། གལ་ཏེ་དགེ་སློང་དག་ཟས་ཀྱི་འོག་རོལ་ཏུ་ལས་བྱེད་ན་དེའི་ཚེ་ལག་གིས་བླས་སྐོམ་ལ་སོགས་པ་སྦྱོར་དུ་གཞུག་པའོ། །གནས་ཁང་དག་གི་སྒོ་གདོད་དོ་ཞེས་བྱ་བ་ནི། དགེ་འདུན་གྱི་ཡང་རུང་གང་ཟག་གི་ཡང་རུང་ངོ། །སྒོ ་གླེགས་གཞུག་གོ་ཞེས་བྱ་བ་ནི་སྒོར་རོ། །ལག་གཟུངས་དང་ཡང་མིག་དང་ཀོ་བའི་དུམ་བུ་དག་གོ་ཞེས་བྱ་བ་ནི། སྒོ་གླེགས་ལ་གཞུག་པར་བྱའོ། །སྐར་ཀུང་གདོད་དོ་ཞེས་བྱ་བ་ནི། གནས་ཁང་ལའོ། །ཕྱོགས་གང་དུ་གདོད་བར་བྱ་ཞེ་ན་དེའི་ཕྱིར། དཀྱིལ ་དུའོ་ཞེས་བྱ་བ་སྨྲས་ཏེ། རྩིག་ངོས་ཀྱིའོ། །དབྱིབས་ཅི་འདྲ་བ་ཞེ་ན་དེའི་ཕྱིར། ཕྱི་རུབ་ལ་ནང་ཡངས་པ་རྒྱ་མཚོའི་རྣམ་པ་ལྟ་བུའོ་ཞེས་བྱ་བ་སྨྲས་ཏེ། ཕྱི་རོལ་གྱི་ཁ་ཞུམ་ལ་ནང་ལོགས་ཡངས་པ་རྒྱ་མཚོ་ལྟར་བྱིན་གྱིས་ཡངས་པའོ། །དྲ་བ་གཞུག་གོ ་ཞེས་བྱ་བ་ནི། སྐར་ཁུང་ལ་སྟེ། དྲ་བ་ཞེས་བྱ་བ་ནི་ཤར་བའོ། །སྒོ་གླེས་སོ་ཞེས་བྱ་བ་ནི། སྐར་ཁུང་ལ་གཞུག་པར་བ་བའོ། །འཁོར་གཏན་དང་གནམ་གཟེར་དང་ཕྲེད་གཏན་དག་གོ་ཞེས་བྱ་བ་ནི། སྒོ་གླེགས་དེ་ལ་གཞུག ་པར་བྱའོ། །དབྱུག་གུ་སྐམ་ཁ་བཅང་ངོ་ཞེས་བྱ་བ་ནི། སྒོ་དབྱེ་བའི་ཕྱིར་རོ། །གསར་གྱིས་གཙུབ་པས་རྒྱུའོ་ཞེས་བྱ་བ་ནི། ཐགས་མ་བརྒྱུ་བའི་ཐབས་ནི་གསོར་གྱིས་གཙུབ་པའི་ཐབས་ཀྱིས་བྱ་བའོ། །གནས་ཁང་གི་མདུན་དུ་ཁྱམ་བྱ་བའོ་ཞེས ་བྱ་བ་ནི་སྒོ་ལོགས་སུའོ། །སོ་ཕག་གི་གཅལ་བདུན་ནམ་བརྒྱད་གཞུག་གོ་ཞེས་བྱ་བ་ནི། གནས་ཁང་བརྩིག་པའོ་འོག་གཞི་གཅལ་དུ་སོ་ཕྱག་རིམ་པ་བདུན་ནམ། བརྒྱད་གཞུག་པར་བྱ་བའོ། དེའི་སྟེང་དུ་ཀ་རྟེན་གྱི་སྤང་ལེབ་པོ་ཞེས་བྱ ་བ་ནི། སོ་ཕག?་གཅལ་དེའི་སྟེང་དུ་བསྟེན?་གྱི་སྤང་ལེབ་གཞུ་བར་བྱའོ། དེའི་སྟེང་དུ་ཀ་བའི་ཚར་དག་གོ་ཞེས་བྱ་བ་ནི། ཀ་རྟེན་གྱི་སྤང་ལེབ་དེའི་སྟེང་དུ་ཀ་བའི་ཚར་དག་གཟུགས་པའོ། །དེ་དག་གི་སྟེང་དུ་ཀ་གཞུའི་འདབ་མ་དག་གོ་ཞེས་བྱ་བ་ནི། ཀ་བའི་ཚར་དེ་དག་གི ་སྟེང་དུ་ཀ་གཞུའི་འདབ་མ་དག་གཞག་པའོ། །དེ་དག་གི་སྟེང་དུ་གདུང་མ་དག་གོ་ཞེས་བྱ་བ་ནི། ཀ་གཞུའི་འདབ་མ་དེ་དག་གི་སྟེང་དུ་གདུང་མ་དག་བཞག་པར་བྱ་བའོ། །དེ་དག་གི་སྟེང་དུ་ཕྱམ་དག་གོ་ཞེས་བྱ་བ་ནི། གདུང་མ་དེ་དག་གི ་སྟེང་དུ་ཕྱམ་དག་བཞག་པར་བྱ་བའོ། །དེ་དག་གི་སྟེང་དུ་སྤང་ལ་བདག་གོ་ཞེས་བྱ་བ་ནི། ཕྱམ་དེ་དག་གི་སྟེང་དུ་སྤང་ལེབ་དག་དགོས་པར་བྱའོ། །དེ་དག་གི་སྟེང་དུ་སོ་ཕག་དགྲམ་མོ་ཞེས་བྱ་བ་ནི། སྤང་ལེབ་དེ་དག་གི་སྟེང་དུ་སོ་ཕག་གཅལ ་དགྲམ་པར་བྱ་བའོ། །དེ་དག་གི་སྟེང་དུ་སོ་ཕག་གི་ཕྱེད་མའི་འཇིམ་པའོ་ཞེས་བྱ་བ་ནི། སོ་ཕག་བཀྲམ་པ་དེ་དག་གི་སྟེང་དུ་སོ་ཕག་གི་ཕྱེ་མའི་འཇིམ་པས་ཀླན་པར་བྱ་བའོ། །མི་ལྟུང་བའི་བྱ་བའི་ཕྱིར་ལན་ཀན་བྱའོ་ཞེས་བྱ་བ་ནི། རྩེག ་མ་དག་གི་སྟེང་དུའོ། །མི་འགུལ་བར་བྱ་བའི་ཕྱིར་ཤར་བ་གཞུག་གོ་ཞེས་བྱ་བ་ནི། ལན་ཀན་དེ་མི་འགུལ་བར་བྱ་བའི་ཕྱིར་རོ། །འདིར་ཤར་བ་ཞེས་བྱ་བ་ནི། ལན་ཀན་གྱི་ཤིང་རིང་པོ་རྣམ་པར་བཞག་པའི་བར་དུ་གཟུངས་ཀྱི་ཤིང་ཐུང་དུ་གང་དག ་འཛུད་པ་དེ་དག་ལ་བྱའོ། །དེ་ལ་ལྕགས་ཀྱི་གཟེར་བུ་དག་གིས་སྦྱར་རོ། །ཞེས་བྱ་བ་ནི་ཤར་བ་དེ་སྟེང་གི་ཤིང་དེ་ལ་ལྕགས་གཟེར་དག་གིས་གདབ་ཅིང་སྦྱར་པའོ། །འཛེག་པའི་ཕྱིར་ཐེམ་སྐས་བྱའོ་ཞེས་བྱ་བ་ནི་རྩེག་མ་དག་ལའོ། །འོག་ཏུ་རྡོ་ལས ་བྱས་པ་བར་དུ་ས་ལས་བྱས་པ་སྟེང་དུ་ཤིང་ལས་བྱས་པའོ་ཞེས་བྱ་བ་ནི། རྩེག་པ་དག་ཏུ་ཐེམ་སྐད་དག་གོ་།ཡ་གད་ལས་འཛེག་པར་བྱའོ་ཞེས་བྱ་བ་ནི། ཐེམ་སྐས་མེད་ནའོ། །ཤིང་དང་སྙུག་མ་དང་ཐག་པ་ལས་བྱས་པ་ཡང་ངོ་ཞེས་བྱ་བ་ནི། ཡ་གང ་ནི་དེ་གསུམ་གང་ལས་བྱས་པ་ཡང་རུང་བའོ། །རྫིང་བུ་དང་སྒོ་གང་དུ་རྫབ་མི་འབྱུང་བར་བྱ་བའི་ཕྱིར་སོ་ཕག་གི་གཅལ་གཞུག་གོ་ཞེས་བྱ་བ་ནི། རྫིང་བུ་དང་སྒོ་གང་དུ་རྫབ་འབྱུང་བ་བཟློག་པའི་ཕྱིར་སོ་ཕག་གི་གཅལ་བཀྲམ་པར་བྱ་བའོ།། ་དེའི་སྟེང་དུ་སོ་ཕག་གི་ཕྱེ་མའི་འཇིམ་པའོ་ཞེས་བྱ་བ་ནི། སོ་ཕག་གི་གཅལ་དེའི་སྟེང་དུ་སོ་ཕག་གི་ཕྱེ་མའི་འཇིམ་བས་བསྐུ་བའོ། །དེའི་སྟེང་དུ་རྡོ་ཐལ་གྱིས་སོ་ཞེས་བྱ་བ་ནི། སོ་ཕག་གི་ཕྱེ་མའི་འཇིམ་པ་དེའི་སྟེང་དུ་རྡོ་ཐལ་གྱི་སྐྱང་ནུལ ་གྱིས་བསྐུ་བར་བྱའོ། །མེད་ན་རྐང་པ་བསྐྱབ་པའི་ཕྱིར་ཤིང་གི་སྤང་ལེབ་པོ་ཞེས་བྱ་བ་ནི། གཅལ་ཇི་སྐད་བསྟན་པའི་རྫས་དེ་དག་མེད་ན། རྐང་པ་བསྐྱབ་པའི་ཕྱིར་ཤིང་གི་སྤང་ལེབ་གཞུག་པར་བྱ་བའོ། །ཡང་ན་བར་བར་དུ་སོ་ཕག་དག་གོ་ཞེས ་བྱ་བ་ནི། རྐང་པ་བསྐྱབ་པའི་ཕྱིར་གཞུག་པའོ། །མཆོད་རྟེན་ལ་ཡང་དེ་བཞིན་ནོ་ཞེས་བྱ་བ་ནི། རྫབ་མི་འབྱུང་བར་བྱ་བའི་ཕྱིར་སོ་ཕག་གི་གཙལ་གཞུག་གོ་ཞེས་བྱ་བ་ནས། ཡང་ན ་དུ་གཞུག་པའོ། །འདི་ལ་འདོམ་གང་ཙམ་བྱས་བ་ཉིད་ན་བྱས་པ་ཉིད་དོ་ཞེས་བྱ་བ་མི། མཆོད་རྟེན་འདི་ལ་གཅལ་དེ་འདོམ་གང་ཅམ་བྱས་པ་ཉིད་ན་བྱས་བ་ཉིད་ཡིན་ནོ། །སེང་གེའི་བྲི་གྲུ་བཞི་བྱའོ་ཞེས་བྱ་བ་ནི། ཆོས་སྒྲའོ? ་པ་བཞག་པའི་ཕྱིར་རོ། །རྐང་པ་རག་ལ་སེང་གེའི་གདོང་ཉིད་དོ་ཞེས་བྱ་བ་ནི། རྐང་བ་བཞི་པོ་དག་ལས་སེང་གེའི་གདོང་ལྟ་བུ་བྱ་བའོ། །སྦོ་བའི་དོན་དུ་གཟུང་བའི་ཕྱིར་བཞི་བ་དག་ལ་ལྕགས་ཀྱི་ཡང་མིག་དགེ་གདགས་གོ་ཞེ་སྦྱ་བ་ནི། སེང ་གེའི་ཁྲི་དེ་སྦོ་བའི་དོན་དུ་གཟུང་བའི་ཕྱིར་རྐང་པ་བཞི་པོ་དེ་དག་ལ་ལྕགས་ཀྱི་ཡང་མིག་དག་གདགས་པའོ། །ཐག་གུ་དག་གིས་བཏག་གོ་ཞེས་བྱ་བ་ནི། སེང་གེའི་ཁྲིའི་ཐགས་མའོ། །དེར་སྟན་ནས་ཚངས་ཅན་བཞག་?་ཞེས་བྱ་བ་ནི། སེང་གེའི ་ཁྲི་དེར་རོ། །སྟེང་དུ་བླ་དེའོ་ཞེས་བྱ་བ་ནི། སེང་གེའི་ཁྲི་དེའི་སྟེང་དུ་གདགས་པའོ། །སྦྱད་པ་དག་གོ་ཞེས་བྱ་བ་ནི། བླ་རེ་དེ་དང་སེང་གེའི་ཁྲིད་ལས་གདགས་པའོ། །བརྟན་པ་ལ་ནི་སོ་ཕག་པས་བྱས་པའི་ཐེམ་སྐད་བྱའོ་ཞེས་བྱ་བ་ནི་སེང ་གེའི་ཁྲི་གཞན་དུ་མི་བསྐྱོད་པའི་ཆོས་ཅན་བརྟན་པའོ། །སྤོ་བ་ལས་ནི་ཤིང་ལས་བྱས་པའོ་ཞེས་བྱ་བ་ནི། སེང་གེའི་ཁྲི་གཞན་དུ་སྦོ་པ་ལ་ཤིང་ལས་བྱས་པའི་ཐེམ་སྐས་བྱ་བའོ། །མ་འབྱོར་ན་ཡ་གང་དོ་ཞེས་བྱ་བ་ནི་ས་ཤིང་ལས་བྱས་པའི ་ཐེམ་སྐས་མ་འབྱོར་ན་དེ་ལ་ཡ་?་གཟུགས་པར་བྱ་བའོ། །རྐང་རྟེན་ཡང་ངོ་ཞེས་བྱ་བ་ནི། གང་དུ་རྐང་པ་གཉིས་འཕྱང་རྐང་རྟེན་བྱའོ། །མཆོད་པོར་ཞེས་བྱ་བ་ནི། རྐང་རྐང་རྟེན་བྱའོ། །མཆོད་པོར་ཞེས་བྱ་བ་ནི། རྐང ་རྟེན་ལ་ཞེས་བྱ་བར་ཤེས་པར་བྱ་སྟེ། གང་གི་ཚེ་དད་པ་ཅན་དག་གིས་རྐང་རྟེན་ལ་དྲིས་བྱུག་པ་དང། མེ་ཏོག་གིས་གཡོགས་པ་དང་མཆོད་ཡོན་ལ་སོགས་པ་དག་གིས་མཆོད་པར་བྱེད་པ་དེའི་ཚེའོ། །དེའི་སྟེང་དུ་ལོ་མའི་ཆུན་བུ་འམ ་རྩའི་ཆུན་བུ་བཞག་པར་བསྟན་པའི་ཕྱིར། སྟེང་དུ་ལོ་མའི་ཆུན་པོ་འམ་རྩའི་ཆུན་པོ་བཞག་གོ་ཞེས་བྱ་བ་སྨྲས་ཏེ། ལོངས་པའི་གནས་སྐབས་སུ་དོགས་པ་སྦང་བའི་ཕྱིར་རོ། །འདི་ནི་རྐང་པ་གཉིས་མི་འཕྱང་བར་བྱ་བའི་ཕྱིར་རོ་ཞེས་བྱ་བ་ནི། རྐང ་རྟེན་བྱ་བ་འདི་ནི་དེའི་ཕྱིར་རོ། །འདི་ནི་ལྡོས?་འགྲུབ་པོ་ཞེས་བྱ་བ་ནི་རྐང་པ་གཉིས་མི་འཕྱང་བར་བྱ་བ་འདི་ནི་རྔོས་ཀྱང་འགྲུབ་པའོ། །ཟན་ཟ་བ་རྣམས་ལ་ཁྲ་དང་བྱེའུ་དང་ཕུག་དོན་དག་གིས་མི་འཚར་བར་བྱ་བའི་ཕྱིར་བྱ་རྒྱ་བྱའོ། །འདིར་གཞུང ་ནི། དགེ་སློང་དག་ཁྱམས་སུ་ཟན་ཟ་བ་ན། དེ་དག་ལ་ཁྲ་དང་བྱེའུ་ཕུག་རོན་དག་གིས་ཚེ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ། བྱ་རྒྱ་བྱའོ་ཞེས་གསུངས་པ་ཡིན་ནོ། །དེ་ནི་རྣམ་པ་བཞིའོ་ཞེས་བྱ་བ་ནི། བྱ་རྒྱ་དེའོ། །མུན་ཛ་ལས་བྱས ་པ་དང་བལ་བ་ཛ་ལས་བྱས་པ་དང་ཤ་ལས་བྱས་པ་དང་རས་བལ་ལས་བྱས་པའོ་ཞེས་བྱ་བ་བཞི་པོ་དེ་དག་ནི་ཀ་ཤ་དང་ཀུ་ཤ་ལ་སོགས་པ་གཞན་དག་གི་དཔེ་ཡིན་ནོ། །གྲུ་བཞི་དག་ཏུ་གཟུངས་གཟེར་གདབ་པོ་ཞེས་བྱ་བ་ནི་ཁྱམས་ཀྱིའོ། །དེ་དགའ་ ་གདགས་སོ་ཞེས་བྱ་བ་ནི། གཟུང་གཟེར་དེ་དག་ལ་བྱ་རྒྱ་གདགས་སོ། །ཤིང་གི་ནི་འཆག་པ་དང་འདུལ་བས་དེའི་ཕྱིར་ལྕགས་ལས་བྱས་པ་དག་གོ་ཞེས་བྱ་བ་ནི། གཟུགས་གཟེར་དག་གོ། དེའི་ཕྱོགས་གཅིག་ཏུ་མཐོངས་གདོད་དོ་ཞེས་བྱ་བ་ནི ་བྱ་རྒྱ་དེའི་ཕྱོགས་གཅིག་ཏུ་མཐོངས་གདོད་པར་བྱ་བའོ། །ཅིའི་ཕྱིར་ཞེ་ན་དེའི་ཕྱིར། ཟན་ཟོས་ཟིན་ནས་འཇུག་པར་བྱ་བའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། དགེ་སློང་རྣམས་ཟན་ཟོས་ཟིན་ནས་ཁྲལ་སོགས་པ་ནང་དུ་འཇུག་པར་བྱ་བའི་ཕྱིར་རོ། །དེ་དྲོ་ཀར་དག་པ ་པ?་ཞེས་བྱ་བ་ནི། མཐོངས་དེའོ། །དབྱནར་དག་ཁྱམས་སུ་ཆུ་མི་འབྱུང་བར་བྱ་བའི་ཕྱིར་སྤང་ལེབ་དག་གོ་ཞེས་བྱ་བ་ནི། གཞུག་གོ་ཞེས་བྱ་བར་སྦྱར་རོ། །ཕྱོགས་གང་དུ་ཞེ་ན་དེའི་ཕྱིར་?་བའི་བར་དག་ཏུའོ་ཞེས་བྱ་བ་སྨྲས་སོ། །ཅི་ཐམས་ཅད་དུ་འམ། ་ཞེ་ན་དེའི་ཕྱིར་སྣང་བར་བྱ་བའི་ཕྱོགས་མ་གཏོགས་པར་རོ་ཞེས་བྱ་བ་སྨྲས་ཏེ། སྣང་བ་འཇུག་པར་བྱ་བའི་ཕྱོགས་མ་གཏོགས་པར་རོ། །མེད་ན་སེག་དག་གམ་རེ་ལྡེ་དག་གོ་ཞེས་བྱ་བ་ནི། སྤང་ལེབ་དག་ན་དེང་སེག་དག་གི ་དེ་ལྡེ་དག་གཞུག་བར་བྱ་བའོ། །དབྱད་ཀྱི་ཟླ་བ་བཞི་པོ་དག་གི་མཐར་དབྱུང་ངོ་ཞེས་བྱ་བ་ནི། སྤང་ལེབ་ལ་སོགས་པའི། །འཁོར་གྱི་ཁྱམས་བྱའོ་ཞེས་བྱ་བ་ནི། །ཁྱམས་ཟླུམ་བ་བྱ་བའོ། །གནས་བསིལ་བར་བྱ་བའི་ཕྱིར་ཕྱི་རོལ་རྩིག་བས་བསྐོར་རོ་ཞེས་བྱ་བ་ནི། གནས་བསིལ་བར་བྱ་བའི་ཕྱིར་ནང་དུ་ཀ་བའི ་ཚར་གཟུགས་ཤིང་ཕྱི་རོལ་རྩིག་བས་བསྐོར་བར་བྱ་བ་དང། དབུས་སུ་རྫིང་བུ་བཞག་པར་བྱ་བའོ། །ཀ་བའི་ཚར་དག་གཟུགས་སོ་ཞེས་བྱ་བ་ནི། ནང་དུའོ། །སྐར་ཁུང་གདོང་དོ་ཞེས་བྱ་བ་ནི། དེར་སྐར་ཁུང་མང་པོ་དག་གདོད་པར་བྱ་བའོ།། ་མ་མཛའ་དག་སྟན་གྱི་མ་མཛའ་དང་ཐད་ཀར་བབ་པར་བྱའོ་ཞེས་བྱ་བ་ནི། སྐར་ཁུང་དེ་དག་གི་མ་མཛའ་དག་ཁྲི་ལ་སོགས་པའི་སྟན་ཚད་མ་དག་གིས་ཡང་མཛའ་དང་ཐད་ཀར་བབ་པར་འགྱུར་བ་དེ་ལྟར་འཁོར་གྱི་ཁྱམས་དེར་སྐར་ཁུང་མང ་པོ་དག་གདོད་པར་བྱ་བའོ།། དྲ་བ་དང་སྒོ་གླེགས་དག་གཞུག་ག་ཞེས་བྱ་བ་ནི། སྐར་ཁུང་དག་ལའོ། །ཟས་དང་མེ་དང་སྤོང་ས་དང་འཆག་སའི་ཁང་པ་དག་བྱའོ་ཞེས་བྱ་བ་ནི། ཟས་ཀྱི་ཁང་པ་དང་མེའི་ཁང་པ་དང་དཔོང་སའི་ཁང་པ ་དང་འཆག་སའི་ཁང་པ་དག་བྱ་བའོ། །རྩིག་ངོས་ཀྱི་ཕྱོགས་འཁོར་བར་གློ་བུར་དག་བྱའོ་ཞེས་བྱ་བ་ནི། གཙུག་ལག་ཁང་གི་རྩིག་ངོས་ཀྱི་ཕྱོགས་སུ་རྒྱུན་ལུགས་ཀྱིས་ཕན་ཆད་དུ་གཙུག་ལག་ཁང་གི་རྩིག་པ་ལ་བརྟེན་ཏེ་གནས ་གྱི་ཆེད་དུ་ཁང་བུ་གཡོགས་མ་དག་བཅས་པ་དགེ་བྱ་བའོ། །བསྟི་གནས་ཞེས་བྱ་བ་ནི་ཁྱམས་ཀྱི་ངོ་བོ་ཉིད་ཡིན་པས་འདི་དང་ཐ་དད་དོ། །ས་ཁྱིམ་རུང་ངོ་ཞེས་བྱ་བ་ནི། དགེ་སློང་དག་གི་གནས་སུ་ཕུག་རུང་བའོ། །དགྲ་གང་ཡང་ངོ་ཞེས ་བྱ་བ་ཡང། དགེ་སློང་དག་གི་གནས་སུ་རུང་བ་སྟེ། འདིར་དགྲ་གང་ཞེས་བྱ་བ་ནི། གཙུག་ལག་ཁང་གི་གྲ་དག་གི་ཡང་ཏོག་ལ་སོགས་པ་སྟེ། ཕ་རོལ་གྱི་མཚོན་རྡུགས་པར་བྱེད་པའི་ཕྱིར་རོ། །འདི་ལ་ལན་ཀན་གྱིས་བས་ནི། བྱམས་དང་འདྲའོ་ཞེས་བྱ ་བ་ནི། དགྲ་གང་འདི་ལ་མི་ལྟུང་བར་བྱ་པའི་ཕྱིར་ལན་ཀ་ན་བྱ་བ་དང་།མི་འགུལ་བར་བྱ་བའི་ཕྱིར་ཤར་བ་གཞུག་པ་དང། དེ་ལྕགས་ཀྱི་གཟེར་བུ་དག་གིས་སྦྱར་བ་དང། འཛེག་པའི་ཕྱིར་ཐེམ་སྐས་བྱ་བ་ལ་སོགས་པའི་སྐབས་ནི་ཁྱམས་དད་འདྲའོ། ་རབ་ཏུ་བྱུང་བའི་ཀུན་དགའ་ར་བ་བརྩིགས་པས་བསྐོར་བ་ཉིད་ཀྱང་ངོ་ཞེས་བྱ་བ་ཡང་རུང་ངོ་ཞེས་བྱ་བའི་རྗེས་བསྙག་པའི་ཕྱིར་རོ་ཀྱང་ངོ་ཞེས་བྱ་བའི་སྒྲ་སྨོས་སོ། །རྩིག་པ་ལ་ཆུ་ཁུང་གདོད་པ་ཉིད་ཀྱང་ངོ་ཞེས་བྱ་བ་ནི། རབ་ཏུ་བྱུང་བའི་ཀུན་དགའ་ར ་བ་གང་ཡིན་པ་དེ་ལ་ཆུ་ཁུང་གདོད་པ་ཉིད་ཀྱང་རུང་བའོ། །གཙང་དང་ཕོབས?་དག་ཀྱང་ངོ་ཞེས་བྱ་བ་ཡང། རབ་ཏུ་བྱུང་བའི་ཀུན་དགའ་ར་བ་དེ་དག་གིས་བསྐོར་བ་ཉིད་ཀྱང་རུང་བའོ། །གང་ཟག་གི་གཙུག་ལག་ཁང་ཡོ་བྱད་དང་བཅས་པ་ཡང་ངོ་ཞེས ་བྱ་བ་ཡང། རུང་བ་ཉིད་ཡིན་ཏེ། ལན་ཀན་དང། དྲ་བ་དང་ཟས་ཀྱི། དད་པ་ལ་སོགས་པ་ནི་ཡོ་བྱད་ཡིན་པར་རིག་པར་བྱའོ། །སྔོན་པོ་ལ་སོགས་པ་ཟད་པར་མཚན་མ་མངོན་དུ་བྱ་བའི་ཕྱིར་གནས་ཁང་གི་རྩིག་པ་དག་སྔོན་པོ་ལ་སོགས་པ་རྣམ་པ་བཞིར ་བྱའོ་ཞེས་བྱ་བ་ནི། ཟད་ཕང་སྔོན་པོ་དང། ཟད་པར་སེར་པོ་དང། ཐད་པར་དམར་པོ་དང། ཟད་པར་དཀར་པོའི་སྐྱེ་མཆེད་ཀྱི་མཚན་མ་དག་མངོན་དུ་བྱ་བའི་ཕྱིར་གནས་ཁང་གི་རྩིག་པ་དག་སྔོན་པོ་ལ་སོགས་པ་ཁ་དོག་རྣམ་པ་བཞིར་བྱ་བའོ ་འདིར་གཞུང་ནི་དགེ་སློང་ཞིག་ཟད་པར་སྔོན་པོའི་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་བསྒོམ་བར་བྱེད་པའི་དགེ་སློང་དེ་ལ་རེ་ཞིག་མངོན་དུ་མི་འགྱུར་བ་ན། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གནས་ཁང་གི་རྩིག་པ་སྔོན་པོ་དང་སྲེང་མོ ་དང་དམར་པོ་དང་དཀར་པོ་རྣམ་པ་བཞིར་བྱས་ཏེ་དེ་དག་མཐོང་ནུས་མངོན་དུ་བྱས་ཏེ། ཟད་པར་སྔོན་པོའི་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པ་བསྒོམ་པར་བྱའོ་ཞེས་གསུངས་པ་ཡིན་ནོ། རབ་ཏུ་བྱུང་བའི་ཐུན་དགའ་ར་བ ་ལ?་རི་མོ་བྲི་བ་ཉིད་དུ་རུང་ངོ་ཞེས་བྱ་བ་མི་རབ་ཏུ་བྱུང་པའི་གཙུག་ལག་ཁང་ལ་རི་མོ་བྲི་བ་ཉིད་དུ་རུང་བའོ། །གང་དུ་ཅི་ཞིག་བྲི་བར་བྱ་ཞེ་ན་དེའི་ཕྱིར་སྒོར་གནོད་སྦྱིན་ལག་ན་རྡོ་རྗེ་འཛིན་པ་ལ་སོགས་པ་དག་བྲིའོ་ཞེས་བྱ་བ་སྨྲས་ཏེ། གཙུག་ལག་ཁང ་གི་སྒོར་གནོད་སྦྱིན་ལག་ན་རྡོ་རྗེ་འཛིན་པ་ལ་སོགས་པ་དག་རི་མོར་བྲི་བར་བྱའོ། །སྒོ་གང་དུ་འཁོར་བའི་འཁོར་ལོའོ་ཞེས་བྱ་བ་ཡང། རི་མོར་བྲིའོ་ཞེས་བྱ་པར་སྦྱར་རོ། །འཁོར་བའི་འཁོར་ལོ་ཅི་འདྲ་བ་ཞེ་ན། དེའི་ཕྱིར། ཆ་ལྔ་བར་བྱའོ་ཞེས ་བྱ་བ་སྨས་ཏེ། འདིར་ཆ་ལྔ་པ་ཞེས་བྱ་བའི་སྒྲས་ནི་འགྲོ་པ་ལྔ་པོ་དག་བསྟན་ཏེ། ལྷ་དང་མིའི་ཆ་དག་ཕྱོགས་གང་དུ་བྲི་བར་བྱ་ཞེ་ན་དེའི་ཕྱིར། སྟེང་དུ་ལྷ་དང་མི་རྣམས་སོ་ཞེས་བྱ་བ་སྨྲས་ཏེ། འཁོར་ལོའི་སྟེང་གི་ཕྱོགས་སུ་ལྷ་དང་མིའི་འགྲོ་བ་དག ་བྲི་བར་བྱའོ། །དེས་ན་འོག་གི་ཕྱོགས་དག་ཏུ་སེམས་ཅན་དམལ་བ་དང་དུད་འགྲོ་དང། ཡི་དགས་ཀྱི་འགྲོ་པ་དག་བྲི་བར་ཞར་ལ་ཤེས་པར་བྱའོ། །གླིང་བཞི་པོ་དག་གོ་ཞེས་བྱ་བ་ཡང་བྲི་བར་བྱ་བའོ། །རྫུས་ཏེ་སྐྱེ་བའི་སེམས་ཅན་ཟོ་ཆུན་རྒྱུད ་མོ་བཞིན་དུ་འཆི་འཕོ་བ་དང་སྐྱེ་བ་དག་ཀྱང་དོ་ཞེས་བྱ་བ་ཡང་རི་མོ་བྲི་བར་བྱའོ། །དབུས་སུ་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་དག་ཕུག་རོན་དང་སྤྲུལ་དང་ཕག་གི་རྣམ་པར་རོ་ཞེས་བྱ་བ་མི་དེ་དག་གོ་རིམས་བཞིན་དུ་ཡིན་པར་རི་མོ་བྲི་བར ་བྱ་བའོ། །སྔ་མ་དེ་གཉིས་གཏི་མུག་གིས་ཟ་བར་རོ་ཞེས་བྱ་བ་ནི། འདོད་ཆགས་དང་ཞེ་སྡང་གཏི་མུག་གི་རྣམ་པ་ཕུག་རོ་ན་དང་སྦྲུལ་གཉིས་གཏི་མུག་གི་རྣམ་པ་ཕག་གིས་ཟ་བ་དང་འདྲ་བར་བྲི་བར་བྱའོ། །ཁོར་ཁོར་ཡུག་ཏུ་རྟེན ་ཅིང་འགྲེལ་ཕར་འབྱུང་བའི་ཡན་ལག་བཅུ་གཉིས་དང་ཐམས་ཅད་མི་རྟག་པ་ཉིད་ཀྱིས་བཟུང་བར་རོ་ཞེས་བྱ་བ་ནི། འཁོར་བའི་འཁོར་ལོའི་ཕྱི་རོལ་གྱིས་མཛའ་ཁོར་ཁོར་ཡུག་ཏུ་རྟེན་ཅིང་འབྲེལ་པར་འབྱུང་བའི་ཡན་ལག་བཅུ་གཉིས ་བྲི་བར?་གཞིན?་དེ་དགྲ་ཐམས་ཅད་ཀྱང་མི་རྟག་པ་ཉིད་ཀ་ཨིས་སྲིན་པོས་པང་དུ་བླངས་ཏེ་ཡན་ལག་ལྔ་ཆར་གྱིས་བཟུང་བར་བྲི་བར་བྱ་བའོ། །སྟེང་དུ་སངས་རྒྱས་མྱ་ངན་ལས་འདས་པའི་དཀྱིལ་འཁོར་དཀར་པོ་ཉེ་བར་སྟོན་པའོ། །ཞེས་བྱ་བ་ནི། འཁོར་བའི ་འཁོར་ལོ་མི་རྟག་པ་ཉིད་ཀྱིས་སྲིན་པོས་བཟུང་བ་དེའི་སླད་དུ་སངས་རྒྱས་བཅོམ་ལྡན་འདས་ཀྱི་སྐུ་གཟུགས་བྲི་ཞིང། དེའི་དྲུང་དུ་མྱ་ངན་ལས་འདས་པའི་གཟུགས་བརྙན་དཀྱིལ་འཁོར་དཀར་པོ་བྲི་བར་བྱ་སྟེ། སངས་རྒྱས་ཀྱི་སྐུ་གཟུགས ་ངེས་དཀྱིལ་འཁོར་དེའི་གཞན་ལ་ཉེ་བར་སྟོན་པར་མཛད་པ་འདྲ་བར་བྲི་བར་བྱ་བའོ། །འོག་ཏུ་བརྩམས་པར་བྱ་ཞིང་ཞེས་བྱ་བའི་ཚིགས་སུ་བཅད་པ་གཉིས་སོ་ཞེས་བྱ་བ་ནི། འཁོར་བའི་འཁོར་ལོ་མི་རྟག་པ་ཉིད་ཀྱིས་སྲིན་པོས་བཟུང་བ་དེའི་འོག ་ཏུ་བརྩམ་པར་བྱ་ཞིང་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་གཉིས་ཡི་གེར་བྲི་བར་བྱ་བའོ། །ཚིགས་སུ་བཅད་པ་གཉིས་གང་ཞེ་ན། བརྩམ་པར་བྱ་ཞིང་དུ་བྱུང་བར་བྱ། །སངས་རྒྱས་བསྟན་ལ་འཇུག་པར་བྱ། །འདམ་བུའི་ཁྱིམ་ན་གླང ་ཆེན་བཞིན། །འཆི་བདག་སྔོ་ནི་གཞོམ་པར་བྱ། །གང་ཞིག་རབ་ཏུ་བག་ཡོད་པར། །ཆོས་འདུལ་འདི་ལ་སྤྱོད་འགྱུར་བ། །སྐྱེ་བའི་འཁོར་གྲ་རབ་སྤངས་ནས། །སྡུག་བསྔལ་ཐ་མར་བྱེད་པར་འགྱུར། །ཞེས་གསུངས་པ་ཡིན་ནོ། །དེ་སྟོན ་པར་བྱེད་པ་གཞག་པར་བྱའོ་ཞེས་བྱ་བ་ནི། སྐྱེ་བོ་ལྷགས་པ་རྣམས་ལ་འཁོར་བའི་འཁོར་ལོ་དེ་སྟོན་ནུས་པའི་དགེ་སློང་གཙུག་ལག་ཁང་དེར་གཞག་པར་བྱ་བའོ། །དེའི་ཁོར་འཁོར་ཡུག་ཏུ་ཆོ་འཕྲུལ་ཆེན་པོ་དང་བདུད་གཅོམ་པ་དག་གོ ་ཞེས་བྱ་བ་ནི། སྒོ་ཁང་དེའི་ཁོར་ཁོར་ཡུག་ཏུ་བཅོམ་ལྡན་འདས་རྡོ་རྗེའི་གདན་ལ་བཞུགས་ཏེ་བདུད་འདུལ་བ་དང། མངོན་པར་རྫོགས་བར་སངས་རྒྱས་ཏེ་ཆོ་འཕྲུལ་ཆེན་པོ་བསྟན་པའི་རྒྱུད་རི་མོ་བྲི་བར་བྱ་བའོ ་ཁྱམས་སུ་སྐྱེས་པའི་རབས་དག་གོ་ཞེས་བྱ་བ་ནི། གཅུག་ལག་ཁང་གི་ཁྱམས་སུ་སྐྱེས་པའི་རབས་ཀྱི་སྡེ་དག་རི་མོ་བྲི་བར་བྱ་བའོ། །དྲི་གཅེང་ཁང་གི་སྒོར་གནོད་སྦྱིན་ཕྲེང་ཐོགས་དག་གོ་ཞེས་བྱ་བ་ནི། དྲི་གཙང་ཁང་ག་སྒོར་གནོད ་སྦྱིན་ལག་ན་ཕྲེང་ཐོགས་དག་རི་མོར་བྲི་བར་བྱ་བའོ།། སྤོངས་སའི་ཁང་པར་གནས་བརྟན་གྱི་བྲལ་དག་གོ་ཞེས་བྱ་བ་ནི། སྤོང་སའི་རྩིག་ངོས་སུ་གནས་བརྟན་ཆེན་པོ་འཕགས་པ་ཀུན་ཤེས་ཀཽཎྜི་ནྱ་ལ་སོགས་པ་དགྲ་བཅོམ་པའི་དགེ ་འདུན་རྣམས་ཀྱི་གཟུགས་རི་མོར་བྲི་བར་བྱའོ། །མཛོད་ཀྱི་སྒོར་གནོད་སྦ་ཡིན་ལག་ན་མྱུ་གུ་ཐོགས་པ་དག་གོ་ཞེས་བྱ་བ་ནི། མཛོད་ཀྱི་སྒོར་གནོད་སྦྱིན་ལག་ན་རིན་པོ་ཆེའི་མྱུ་གུ་དང་སྙེ་མ་དང་དོག་བ་དང། འབྲུ་ཐོགས་པ་དག་རི? ་མོར་བྲི་བར་བྱ་བའོ། །ཟས་ཀྱི་ཁང་པར་ལག་ན་བཅའ་བ་ཐོགས་པ་དག་གོ་ཞེས་བྱ་བ་ནི། བཀད་སར་གནོད་སྦྱིན་ལག་ན་བཅའ་བ་དང་བཟའ་བ་ཐོགས་པ་དག་རི་མོར་བྲི་བར་བྱ་བའོ། །བསྲོ་གང་གི་ཁན་པར་ལག་ན་མྱུ་གུ་དང་བུམ་པ ་ཐོགས་པ་དག་གོ་ཞེས་བྱ་བ་ནི། བསྲོ་གང་གི་ཁང་པར་གནོད་སྦྱིན་ལག་ན་བུམ་པ་དང་མྱུ་གུ་ཐོགས་པ་དག་རི་མོར་བྲི་བར་བྱ་བ་སྟེ། བུམ་པ་ནི་ཁྲུས་ཀྱི་དོན་ཉིད་དུ་དགོས་ལ་མྱུ་གུ་ནི་གདིང་བའི་དོན་ཉིད་དུ་དགོས་པའི་ཕྱིར། །མེ་ཁང་དུ་གྲུལ ་བུམ་མེ་སྦར་བར་བྱེད་པ་དག་དང་གྲུལ་བུམ་གྱི་བུ་བྱི་དོར་ལ་སོགས་བ་བྱེད་པ་དང་མེ་སྦར་བར་བྱེད་པ་དག་དང་སྦྱིན་བདག་མར་མེ་ཐོགས་བ་དང་ལྷའི་ཕོ་ཉ་དག་གོ་ཞེས་བྱ་བ་ནི། མེ་བུད་པའི་ཁང་པར་གྲུལ་བུམ་མེ་སྦར་?་བྱེད་པ་དག་རི་མོར ་བྲི་བར་བྱ་སྟེ། དེ་དག་ནི་མེ་ལ་དབང་བར་གྲགས་པའི་ཕྱིར་རོ། །དེར་གྲུལ་བུམ་གྱི་བུ་བྱི་དོར་ལ་སོགས་པ་བྱེད་པ་དང། མེ་སྦར་བར་བྱེད་བ་དག་ཀྱང་རི་མོར་བྲི་བར་བྱའོ། །དེར་སྦྱིན་བདག་གང་ཡིན་པ་འཁོར་དང་བཅས་པ་མར་མེ་ཐོགས་པ་ཡང་རི་མོར ་བྲི་བར་བྱ་བ་སྟེ། མེ་བུད་པའི་ཁང་པ་ནི་མུན་པར་དག་པའི་ཕྱིར་མར་མེ་གཟུགས་པར་གསུངས་པའི་ཕྱིར་དེར་ལྷའི་ཕོ་ཉ་དག་རི་མོར་བྲི་བར་བྱ་སྟེ། ལྷའི་ཕོ་ཉ་ཞེས་བྱ་བ་ནི། སེམས་ཅན་སྐྱེ་བ་དང་རྒ་བ་དང་ན་བ་དང་འཆི་བ་ལ་སོགས་པ་དེ་དག་སྟེ་དེ་དག ་ནི་སྐྱོ་བ་བསྐྱེད་པར་བྱ་བའི་ཕྱིར་དང། དགེ་བའི་ཕྱགས་ལ་མངོན་པར་བརྩོན་པར་བྱ་བའི་ཕྱིར་རོ། །ཆུའི་ཁང་པར་ཀླུ་ལག་ན་བུམ་པ་ཐོགས་པ་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ་དག་དང་ཀླུའི་བུ་མོ་ཆུ་འདྲིམ་པར་བྱེད་པ་དག་གོ་ཞེས་བྱ་བ་ནི?། ཆུའི ་ཁར་བར་དེ་དག་རི་མོར་བྲི་བར་བྱ་བ་སྟེ། ཀླུ་རྣམས་ནི་ཆུ་ལ་དབང་བའི་ཕྱིར་རོ། །ནད་བའི་རུང་བའི་ཁང་པར་དེ་བཞིན་གཤེགས་པ་ནད་པའི་རིམ་གྲོ་མཛད་བའོ་ཞེས་བྱ་བ་ནི། སྨན་ཁང་དུ་ནི་དེ་བཞིན་གཤེགས་པ་ནད་པའི་རིམ་གྲོ་མཛད་པ་རི་མོར ་བྲི་བར་བྱ་བའོ། །བཤང་བ་དང་གཅི་བའི་སྐྱབས་སུ་དུར་ཁྲོད་དག་གམ་མགོའི་ཐོད་པ་དག་གོ་ཞེས་བྱ་བ་ནི། ཆབ་ཁུངས་རྣམ་གཉིས་སུ་ནི་དུར་ཁྲོད་རྒྱས་པ་འམ་མགོའོ?་ཐོད་པ་ལ་སོགས་པ་རུས་པའི་རྐེང་རུས་དམ་དུམ་དག་རི་མོར་བྲི་བར་བྱ་བའོ།། ་གཙུག་ལག་ཁང་བླ་ག་བ་མེད་པ་མ་ཡིན་པར་མེ་དུ་བ་དང་བཅས་པ་བུད་པར་ཡང་མི་བྱ་བ་བཅང་བར་ཡང་མི་བྱའོ་ཞེས་བྱ་བ་ནི། རིམ་མ་རུངས་པར་འགྱུར་བ་སྤང་བའི་ཕྱིར་རོ། །བླ་ག་བ་མེད་པར་ནི་ཉེས་བ་མེད་དོ། །སྦྱིལ་བར་ནི་ཐམས་ཅད་མི་བྱའོ་ཞེས་བྱ་བ་ནི ་ས་གཞི་སྦྱི་བའམ་བརྡུངས་པ་འཇམ་པོར་ནི་མེ་དུ་བ་ཅན་དང་དུ་བ་མེད་པ་ཐམས་ཅད་བུད་པར་ཡང་མི་བྱ་བཅང་བར་ཡང་མི་བྱ་བའོ། །དེའི་དོན་དུ་ཞུགས་ལིང་བཅང་བར་བྱའོ་ཞེས་བྱ་བ་ནི། མེ་བུད་པ་དང་བཅང་བ་དེའི་དོན་དུ་ཞུགས་ལིང་བཅང་བར་བྱ་བའོ། །མེ་ལ ་དགོས་པ་གྱོ་མོ་ལ་སོགས་པའི་སྣོད་ནི་ཞུགས་ལིང་ཞེས་བྱ་བ་ནི། འདིར་གཞུང་ནི་དགེ་སློང་དག་དགུན་སྨད་ཀྱི་དུས་སུ་ལྷགས་བས་ཉེན་ནས་སྤྱིལ་བར་མེ་འབུད་པར་ཕྱེད་པ་ན་སྦྱིལ་བ་མ་རུངས་བར་གྱུར་ནས། བཅོམ ་ལྡན་འདས་ཀྱིས་བཀའ་སྩལ་པ། སྦྱིལ་བ་མེ་བུད་པར་མི་བྱའོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །མཉམ་པར་གཙར་བའི་ཕྱིར་ལྕགས་ཀྱི་ཕྲ་སྐམ་མོ་ཞེས་བྱ་བ་ནི། བཅང་བར་བྱའོ་ཞེས་བྱ་བར་སྦྱར་ཏེ། མེའི་ཕྱོགས་ཕན་ཚུན་ནས་བསྐུལ ་པ་ནི་མཉམ་པར་གཅེར་བཞེས་བྱའོ། །ལྕགས་ཀྱི་ཕྲ་སྐམ་ཞེས་བྱ་བ་ནི་ལྕགས་ཀྱི་ཐལ་ཕྱགས་སོ། །ཤིང་གི་གཡོགས་པས་ཀྱང་དེ་འགྲུབ་པོ་ཞེས་བྱ་བ་ནི། ཤིང་གི་གཡོགས་པ་ཞེས་བྱ་བ་ཤིང་གི་ཐལ་ཕྱགས་ཀྱིས་ཀྱང་ཕྲ་སྐམ་གྱི་ལས་དེ ་འགྲུབ་བོ།། ཁང་སྐྱོང་གིས་གཙུག་ལག་ཁང་ཉི་མ་རེ་རེ་ཞིང་ཕྱག་དར་བྱའོ་ཞེས་བྱ་བ་ནི། གཙུག་ལག་ཁང་གི་ཁང་སྐྱོང་གིས་ཉི་མ་རེ་རེ་ཞིང་གཙུག་ལག་ཁང་ཕྱག་དར་བྱ་བའོ། །ཅི་མཛའ་ཨི་ཕྱོགས་ཐཾས་ཅད་དམ་ཞེ་ན་དེའི་ཕྱིར། མི་ནུས་ན་ཁོ་བའི་ཕྱོགས་སོ་ཞེས་བྱ་བ ་སྨྲས་ཏེ། གཙུག་ལག་ཁང་མཛའ་དག་ཕྱག་དར་བྱེད་མི་ནུས་ན་གཙུག་ལག་ཁང་གི་ཕྱོགས་གང་མཁོ་བ་དེ་ཕྱག་དར་བྱའོ། །ལྷག་མ་ནི་ཚེས་བརྒྱད་དམ་ཚེས་བཅུ་བཞི་ལ་གཎྜི་བརྡུངས་ཏེ་དགེ་འདུན་ཐམས་ཅད་ཀྱིས་ཆོས་དང་ལྡན་པའི་གཏམ་གྱི ་ས་མ་འཕགས་པ་མི་སྨྲ་བ་ཉིད་ཀྱིས་སོ་ཞེས་བྱ་བ་ནི། འཁོ་བའི་ཕྱོགས་ཀྱི་ལྷག་མ་ཕྱག་དར་མ་བྱས་པ་གང་ཡིན་པ་དེ་དག་ནི་ཆོས་བརྒྱད་དམ་བཅུ་བཞིའི་དུས་སུ་དགེ་འདུན་ཐམས་ཅད་ཀྱིས་ཇི་སྐད་སྨོས་པའི་རིམ་པ་དེས་ཕྱག་དར་བྱའོ། །ཆོས་གྱི ་འདུན་སར་ཆག་ཆག་དང་ལྕི་བ་འཇམ་པོའི་བྱུག་པས་ཕྱུག་གོ་ཞེས་བ་བ་ནི། གསོ་སྦྱོང་དང་དགག་དབྱེ་ལ་སོགས་པ་ཆོས་ཀྱི་མདུན་མའི་གནས་དེང་ཆག་ཆག་གདབ་བར་བྱ། ལྕི་བ་འཇམ་པོའི་བྱུག་པས་བསྐུ་བར་བྱའོ། །མཇུག་ཏུ་ཁྲུས་བྱའོ་།ཞེས? ་བྱ་བ་ནི། ཕྱག་དར་ལ་སོགས་པ་ཟིན་པའི་མཇུག་ཏུ་དེའི་ཚེ་ཁྲུས་བྱ་བའོ། །ཡང་ན་རྐང་ལག་བཀྲུའོ?་ཞེས་བྱ་བ་ནི་མཇུག་ཏུའོ། །ཆའི་བོར་ན་པས་ལུས་ཀྱང་བྱུག་གོ་ཞེས་བྱ་བ་ནི། ལག་པ་ཆུས་བརླན་པས་ལུས་ཀྱི་རྡུལ་ཕྱི་བའི་ཕྱིར་ལུས་ལ་བྱུག ་བར་བྱ་བའོ། །སྣུམ་བག་གི་རྙེད་པ་བྱའོ་ཞེས་བྱ་བ་ནི། ཚེས་བརྒྱད་དང་བཅུ་བཞི་དང་བཅོ་ལྔ་ལའོ། །དཀོན་མཆོག་གི་དོན་དུ་ཕྱག་དར་བྱས་པ་དང་ཞལ་ཞལ་བྱས་པའང། དྲི་གཙང་ཁུང་དང་སྐུ་གཟུགས་དང་མཆོད ་རྟེན་དང་སྲོག་ཤིང་གི་གྲིབ་མ་ལ་གཙུག་ལག་ཁང་གི་ཚིགས་སུ་བཅད་བ་གདོན་ཅིང་བགོམ་མོ་ཞེས་བྱ་བནི། དེ་དག་ལས་མིང་གོམ་དུ་མི་རུང་ནི། དྲང་སྲོང་གིས་གསུངས་པའི་ཚིགས་སུ་བཅད་པ་གདོན་ཅིང་བགོམ་པར་བྱའོ། །ཉི་མ་དེ་ཉིད་ལ་གནས་? ་སོ་སོར་བརྟག་པ་དང་བཅོས་པར་བྱའོ་ཞེས་བྱ་བ་ནི། ཚེས་བརྒྱད་དང་བཅུ་བཞིའི་ཉི་མ་དེ་ཉིད་ལ་མལ་ཆ་དང་སྟན་དང་གདིང་བ་ལ་སོགས་པ་སོ་སོར་བརྟག་པ་དང་བཅོས་པར་བྱ་བའོ། །སུས་དེ་ལ་སོ་སོར་བརྟག་པར་བྱ་ཞེ་ན་དེའི་ཕྱིར། རྡོལ་བ་ལ་སོགས ་པ་དང་ལྡན་པ་དག་གིས་སོ་ཞེས་བྱ་བ་སྨྲས་ཏེ། མལ་ཆ་ལ་སོགས་པའོ། །སུས་བཅོས་པར་བྱ་ཞེན་དའི་ཕྱིར། གནས་པ་དག་གིས་སོ་ཞེས་བྱ་བ་སྨྲས་ཏེ། དེ་དག་ཉིད་ཀྱིས་འདིར་མཁན་པོ་དང་སློབ་དཔོན་དག་གིས་མལ་སྟན་ལ་སོགས་པ་བཅས་པར་བྱའོ ་གནས་མལ་གྱི་གཞི་ཆག་ཆག་དང་ཕྱག་དར་དང་ལྕི་བ་འཇམ་པོའི་བྱུག་པས་བསྐུ་བར་བྱའོ་ཞེས་བྱ་བ་ནི། གནས་ཁང་ལ་སོགས་པ་གནས་མལ་གྱི་གཞི་དག་དེ་ན་གནས་པའི་དགེ་སློང་དག་གི་ཆག་ཆག་ལ་སོགས་པ་བྱ་བའོ། །མལ་ཆ་དྲི་མས་གོས ་པ་སྤྲུག་པར་བྱའོ་ཞེས་བྱ་བ་ནི། གལ་ཏེ་སྦྲུགས་པས་དྲི་མ་དང་བྲལ་བར་འགྱུར་ནའོ། །གལ་ཏེ་ཧ་ཅང་ན་བཀྲུའོ་ཞེས་བྱ་བ་ནི། གལ་ཏེ་ཧ་ཅང་དྲི་མ་ཅན་དུ་གྱུར་ན་འགྱུར་བྱེད་ཀྱི་ཆུལ་སོགས་པས་བཀྲུ་བར་བྱ་བའོ། །ཆག་ཆག་བཏབ་པའི་?་ཏུ་བྱ་བ། ་གོ་ཞེས་བྱ་བ་ནི། ཆག་ཆག་བཏབ་བའི་འོག་ཏུ་ཕྱག་དང་བྱ་བའོ། །དེའི་འོག་ཏུ་བཤམ་མོ་ཞེས་བྱ་བ་ནི། ཕྱག་དར་བྱས་པའི་འོག་ཏུ་མལ་དང་སྟན་བཤམ་པར་བྱ་བའོ། །གཞི་རྡུལ་དང་བཅས་པ་མོ་སྦྲུགས་པ ་མི་བྱའོ་ཞེས་བྱ་བ་ནི། མལ་དང་སྟན་གྱི་གཞིའི་ཁྲི་ལ་སོགས་པ་རྡུལ་དང་བཅས་བ་ཉིད་ཡིན་ན་དེ་མ་སྦྲུགས་བའི་སྟེང་དུ་མལ་ཆ་དང་སྟན་བཤམ་བར་མི་བྱ་བའོ། །བཤམ་བར་བྱ་བ་དག་ལས་གོས་གཅིག་སྦྲུགས་པར་སྦྱད། ཞེས་བྱ་བ་ནི ་མལ་དང་སྟན་བཤམ་པར་བྱ་བ་དེ་དག་གི་ནང་ནས་གོས་གཅིག་ཅིག་ཁྲི་ལ་སོགས་བ་སྦུག་ཅིང་ཕྱི་བའི་རྡུལ་ཕྱགས་སུ་སྤྱད་པར་བྱ་བའོ། །གོས་ཇི་ལྟ་བུ་ཞིག་ཅེ་ན་།དེའི་ཕྱིར་ངན་བའོ་ཞེས་བྱ་བ་སྨྲས་ཏེ། ཐམས་ཅད་ཀྱི་ཐ་མའོ།། ་དེ་བཅོས་སོ་ཞེས་བྱ་བ་ནི། སྦྲུག་བའི་དོན་དུ་སྤྱད་བའི་གོས་ངན་པ་དེའོ། །མི་ནུས་བ་ཉིད་ན་རས་མར་བྱས་ཏེ་ཤིང་བུའི་རྩེ་མོལ་བཏགས་ནས་སྦྲུག་གོ་ཞེས་བྱ་བ་ནི། དེས་ཁྲི་ལ་སོགས་པ་དག་སྦྲུག་གོ་ཞེས་བྱ་བར་སྦྱར་ཏེ། གོས་ངན ་པ་དེ་ཧ་ཅང་ཞིགས་ཆེས་བར་གྱུར་ནས་གང་གི་ཚེ་ངེས་ཁྲི་ལ་སོགས་བ་དག་སྦྲུག་པར་མི་ནུས་ཤིང་ཕྱིར་བཅོས་སུ་མི་རུང་བ་དེའི་ཚེ་གོས་ཞིགས་པ་དེ་རས་མར་བྱས་ཏེ་དམ་དུ་གཤེགས་ནས་ཤིང་བུའི་རྩེ་མོ་ལ་བཏགས་ཏེ་སྦྲང་ཡབ ་བཞིན་དུ་དེས་ཁྲི་ལ་སོགས་པ་དག་སྦྲུག་པར་བྱའོ། །དེ་ལྟར་ཡང་མི་རུང་བ་ཉིད་ཡིན་ན་སྦྱིན་བ་བོའི་བསོད་ནམས་མངོན་བར་སྤེལ་བ་དང་ཡུན་རིང་བ་ཉིད་དུ་བྱ་བའི་ཕྱིར་ལྕི་བ་དང་ས་དང་བསྲེས་ཏེ་ཀ་བ་དང་རྩིག་པའི་སེར་ཀ་ཀླན་བར་བྱའོ་ཞེས ་བྱ་བ་ནི་།དེ་ལྟར་རས་མར་བྱས་ཀྱང་ཁྲི་ལ་སོགས་བ་སྦྲུག་བར་མི་ནུས་བ་ཉིད་ཡིན་ན་ཇི་སྐད་སྨོས་བ་དེ་བཞིན་བྱ་བའོ། །སྒོ་གང་དང་ཁྱམ་སུ་མལ་བཅའ་བ་དང་བཅས་ན་ལང་བཟུང་བར་མི་བྱའོ་ཞེས་བྱ་བ་ནི་།དེ་དག་ཏུ་མལ་བཅའ་བར་ཡང་མི་བྱ་ལ་གཞན ་གྱིས་བཅས་ན་ཡང་རང་གིས་བཟུང་བར་མི་བྱ་བའོ། །སྦྱིན་བ་བོ་མྱ་ངན་བསང་བའི་ཕྱིར་ཕུལ་ན་དེས་མཐོང་བར་བཞག་བར་མི་བྱའོ་ཞེས་བྱ་བ་ནི། རྒྱལ་བོ་གསལ་རྒྱལ་གྱིས་རང་གི་མ་ཤི་བའི་མྱ་ངན་བསང་བའི་ཕྱིར་མའི་ཁྲི་དགེ་འདུན་ལ་ཕུལ་བ་དགེ་སློང་དག ་གིས་སྒོ་གང་དང་ཁྱམས་སུ་བཤམས་པ་རྒྱལ་པོས་མཐོང་ནས་ཡང་མྱ་ངན་ལངས་པའི་བྱུང་བའི་མཛའ་ལས་བཅས་པ་ཡིན་ཏེ། དེ་ལྟ་བུའི་རྫས་སྦྱིན་བདག་གིས་མཐོང་བར་མི་བྱའོ། །སྒྲ་མི་སྙན་བའི་གཉེན་བོའི་ཕྱིར་ཚེས་བརྒྱད་དང་བཅུ་བཞི་དག་ལ་ཁྱམས ་སུ་བཤམ་བར་བྱའོ་ཞེས་བྱ་བ་ནི། སྦྱིན་བདག་གིས་མཐོང་བར་མི་བྱ་བའི་ཕྱིར་རྫས་དེ་སྦས་པ་ན་།གལ་ཏེ་གཞན་དག་འདི་སྐད་ཅེས་དགེ་སློང་དེ་དག་གིས་མལ་ཁྲི་བརྐུས་སོ་ཞེས་བྱ་བ་ལ་སོགས་བའི་སྒྲ་མི་སྙན་པ་སྐུར་བ་དང་ཕྱར་ག་དང་དྲི?་ངེས་སུ་འགྱུར་བ་དེ ་བསལ་བའི་ཕྱིར་གཉེན་པོའི་ཕྱིར་ཚེས་བརྒྱད་དང་བཅུ་བཞི་ལ་སོགས་བ་དུས་སུ་སྦྱིན་བདག་དེ་མེད་པའི་སྐབས་སུ་མལ་ཁྲི་ལ་སོགས་པ་དེ་དག་ཁྱམས་ལ་སོགས་པ་དག་ཏུ་བཤམས་ཤིང་གཞན་གྱིས་མཐོང་བར་བྱ་བའོ། །ཁྲི་དང་ཁྲིའུ་བཅང་བར་བྱའོ ་ཞེས་བྱ་བ་ནི། གང་ཟག་གིས་ཀྱང་ངོ། །སྦྱིལ་བ་མི་ཉམས་བར་བྱ་བའི་ཕྱིར་ཁྲི་རྐང་གི་མཐིལ་མཉམ་པར་བཅད་བར་བྱའོ་ཞེས་བྱ་བ་ནི། ས་གཞི་སྤྱིལ་བ་མཉམ་པོ་མི་ཉམས་པར་བྱ་བའི་ཕྱིར་རོ། །ཡང་ན་དེའི་འོག་ཏུ་ཕུབ་མའི་ཕུང་བུ་གཞག ་པ་འམ་དེ་རས་མས་དཀྲི་བར་བྱའོ་ཞེས་བྱ་བ་ནི། སྤྱིལ་བ་མི་ཉམས་བར་བྱ་བའི་ཕྱིར་ཡང་ན་ཁྲི་རྐང་དེའི་འོག་ཏུ་ཕུབ་མའི་ཕུང་བུ་ཀླུགས་པ་འམ་ཁྲི་རྐང་དེ་རས་མས་དཀྲི་བར་བྱ་བའོ། །དགེ་འདུན་མ་ཡིན་བས་རྐང་པ་བྲིས་པའི་ཁྲིའུ་བདག་གིར ་བྱ་བ་བརྟེན་པར་མི་བྱའོ་ཞེས་བྱ་བ་ནི། དགེ་འདུན་མ་ཡིན་པ་གང་ཟག་གིས་རྐང་པ་རི་མོ་བྲིས་བའི་ཁྲིའུ་བཅང་བར་མི་བྱའོ།། འདིར་གཞུང་ནི། དགེ་སློང་གཞན་དག་ཁྲིའུ་རྐང་བ་ཁྲ་བོ་རང་གིས་བྱེད་དུ་མི་མཛུད་ལ་གཞན་ལས་ཐོབ་བ་ནི་འཆད་བར ་བྱེད་པ་དང། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ། དེ་ལྟ་བས་ན་དགེ་འདུན་ལ་ནི་ཁྲིའུ་རྐང་བ་ཁྲ་བོ་ཐོབ་པ་དང་བྱེད་དུ་བཅུག་པ་རྗེས་སུ་གནང་ངོ། །གང་ཟག་ལ་ནི་རྣམ་པ་ཐམས་ཅད་རྗེས་སུ་མི་གནོད་དོ་ཞེས་གསུངས་བ ་ཡིན་ནོ། །སྟན་བཟང་བོ་དང་རྒྱབ་རྟེན་དང་བཅས་པའི་སྟན་ཡང་མི་བྱའོ་ཞེས་བྱ་བ་ཡང། དགེ་འདུན་མ་ཡིན་པས་བདག་གིར་བྱ་བ་བསྟེན་པར་མི་བྱའོ། །སྟན་བཟང་པོ་ཞེས་བྱ་བ་པ་ནི་སྟན་ཚད་ཆེན་པོའོ། །རྒྱབ་རྟེན་དང་བཅས་པའི་སྟན་ཞེས་བྱ ་བ་ནི། ལུས་ཀྱི་རྒྱབ་རྟེན་དང་བཅས་པའི་སྟན་ནོ། །མར་མེའི་སྡོང་བུ་ཡང་མི་བྱའོ་ཞེས་བྱ་བ་ནི། ཤིང་ལྗོན་པའི་རྣམ་པ་འདྲ་བའི་མར་མེའི་སྡོང་བུ་ཡང་དགེ་འདུན་མ་ཡིན་པས་བདག་གིར་བྱ་བ་བསྟེན་པར་མི་བྱ་བའོ། །འདིར་གཞུང་ནི་དགེ་འདུན་ལ་ནི ་ཡལ་ག་གཅིག་པའི་མར་མེའི་སྡོང་བུ་རྙེད་ན་ཡང་རྗེས་སུ་གནང་ངོ། །གང་ཟག་ལ་ཅི་རྗེས་སུ་མི་གནང་ངོ། །ཡལ་ག་གཉིས་པ་དང་མང་པོ་ཡང་དེ་བཞིན་ནོ་ཞེས་གསུངས་པ་ཡིན་ནོ། །ཁ་ཅིག་ལ་ནི་ཡལ་ག་དུ་མ་པ་ཞེས་སོ་ཞེས་བྱ་བ་ནི། ལུགས་ཁ་ཅིག ་ལས་ནི་ཡལ་གང་དུ་མ་དང་ལྡན་པའི་མར་མེའི་སྡོད་བུ་དགེ་འདུན་མ་ཡིན་པས་བདག་གིར་བྱ་བ་བསྟེན་པར་མི་བྱའི། ཡལ་ག་གཅིག་དང་ལྡན་པ་བདག་གིར་བྱས་པ་ལ་ནི་ཉེས་པ་མེད་དོ་ཞེས་འབྱུང་ངོ། །སྟན་ནད་ཚངས་ཅན་གྲུ་བཞི་དང་སྔས་ནང་ཚངས ་ཅན་བཅད་བར་བྱའོ་ཞེས་བྱ་བ་ནི། དགེ་འདུན་དང་གང་ཟག་གིས་ཀྱང་ངོ། །སྟན་ནང་ཚངས་ཅན་ཞེས་བྱ་བ་ནི། ཤིང་བལ་ཅན་ནོ། །སྔས་ནད་ཚངས་ཅན་གྱི་རྣམ་པ་བསྟན་བའི་ཕྱིར། ཁྲུ་བཞི་དང་དེ་གཉིས་བལྟབ་ཏུ་བྱས་ཏེ་བ་རྩེ་མོ་ཞེས་བྱ་བ་སྨྲས་ཏེ། ་སྲིད་དུ་ནི་ཁྲུ་བཞི་པ་ཉིས་བལྟ་བ་ཞེད་དུ་ནི་ཁྲུད་པ་ཉིས་བལྟབ་ཏུ་བྱས་ཏེ་བཙེ?་མོ། །ཤིང་བལ་གྱིས་བརྗོད?་དོ་ཞེས་བྱ་བ་ནི། སྟན་ནང་ཚངས་ཅན་དང་སྔས་ནང་ཚངས་ཅན་དག་གོ། སོ་སོར་བརྟགས་པ་མ་བྱས་པ་ཉལ་བར་མི་བྱའོ་ཞེས་བྱ་བ་ནི། མལ་དང་སྟན་ལ ་སོ་སོར་བརྟག་བ་མ་བྱས་བ་དེར་ཉལ་བར་མི་བྱའོ། །འདིར་གཞུང་ནི། ཉལ་བར་བྱེད་ན་སོ་སོར་བརྟགས་ཏེ་ཉལ་བར་བྱའོ་ཞེས་གསུངས་པ་ཡིན་ནོ། །དྲན་པ་ཉེ་བར་མ་གཞག་པར་མི་བྱའོ་ཞེས་བྱ་བ་ནི། ཉལ་བར་མི་བྱ་བ་སྟེ། འདིར་དྲན་པ་ཞེས་བྱ་བ་ནི། དགེ་བ་བརྩམས་པ་དང་འབྲེལ? ་བ?་དང། དགེ་བའི་ཕྱོགས་གཞན་དང་འབྲེལ་བ་དག་དུས་ཇི་ལྟ་བ་བཞིན་དུ་ལྡང་བ་དང། འབྲེལ་བ་དང། ལུས་དང་གོས་མི་འཕྱར་བ་དང་འབྲེལ་བའི་དྲན་པ་ཡིན་པར་རིག་པར་བྱའོ། །གཞན་དང་ལྷན་ཅིག་ཁྲི་འམ་སྟན་ནམ་གཞན་ལ་ཅིག་ཅར་མི་བྱའོ་ཞེས་བྱ་བ་ནི་།ཉལ ་བར་མི་བྱ་བ་སྟེ། གཞན་ཞེས་སྨོས་བས་ནི་མུ་སྟེགས་ལ་སོགས་པ་དག་བསྡུའོ། །ངོ་ཚ་ཤེས་པས་མེད་ན་སྟན་སོ་སོར་གཏིང་བཏུར་བུ་འམ་ལྷུང་བཟེད་ཀྱི་སྣོད་ལ་སོགས་པས་བར་དུ་བཅད་ནས་དྲན་པ་ཉེ་བར་གཞག་སྟེ་ཉལ་བར་བྱའོ་ཞེས་བྱ་བ་ནི། དགེ་སློང་ངོ་ཚ་ཤེས ་ཤིང་ཁྲེལ་ཡོད་པས་ནི་ཁྲི་ལ་སོགས་བ་མལ་ཐ་དད་པ་མེད་པ་ན། གདིང་བའི་སྟན་སོ་སོར་བཏིང་སྟེ་ཆོས་གོས་ཀྱི་གཏུར་བུ་འམ་ལྷུང་བཟེད་ཀྱི་སྣོད་ལ་སོགས་པས་བར་ཏུ་སྤྱད་ནས་དྲན་པ་ཉེ་བར་གཞག་སྟེ་ཁྲི་འམ་སྟན་ནམ་གཞན་དེའི་སྟེང་དུ་གཞན་དང་ལྷན་ཅིག ་ཉལ་བར་བྱའོ། །འདི་ནི་ཕན་ཚུན་ལུས་རེག་པ་སྤང་བའི་ཕྱིར་རོ། །གསུམ་ལས་ལྷག་པ་མང་བ་དང་ལྷན་ཅིག་ཁྲི་ལས་མཛེག་པ་ཉིད་བརྟེན་པར་མི་བྱའོ་ཞེས་བྱ་བ་ནི། གང་ཟག་གསུམ་ལས་ལྷག་བ་མང་པོ་དང་ལྷན་ཅིག་ཏུ་ཁྲི་གཅིག་གི་སྟེང་དུ་འཇོག ་པ་དང་འདུག་བ་དང་ཉལ་བར་མི་བྱའོ། །འདི་སྐད་བསྟན་ཏེ། ཁྲི་གཅིག་གི་སྟེང་གང་ཟག་གཉིས་སམ་གསུམ་ནི་འཛེག་པ་དང་འདུག་པ་དང་ཉལ་བར་བྱའོ། །བཞི་ཡན་ཆད་ནི་མི་བྱའོ། །ཁྲི་རིང་པོ་ལ་ནི་གཉིས་ལས་མི་བྱའོ་ཞེས་བྱ་བ་ནི། ལྷག་པར་མང་པོ ་དང་ལྷན་ཅིག་འཛེག་པ་ཉིད་བརྟེན་བར་མི་བྱ་བའོ། །ཁྲིའུ་ལ་གཅིག་མ་ཡིན་པས་མི་བྱའོ་ཞེས་བྱ་བ་ནི། གཅིག་པོ་ཁོ་ན་དེ་ལ་འདུག་པར་བྱའོ། །དེ་ནི་ཁྲི་ཐུང་དུའི་དཔེ་ཡིན་པར་བལྟ་བར་བྱའོ། །ཤིང་གི་སྤང་ལེབ་ལ་ནི་སྟོབས་ཅི་ཡོད་པ་དང་གོ་ཅི་ཡོད་པ་ལས ་ཤེས་པར་བྱའོ། །ལོ་གསུམ་ལས་ལྷག་པས་བར་དུ་ཚོད་པ་དང་ལྷན་ཅིག་སྟན་ལ་འདུག་པར་མི་བྱའོ་ཞེས་བྱ་བ་ནི། དགེ་སློང་རྫོགས་པར་བསྙེན་པའི་དུས་ལོ་གསུམ་ལས་ལྷག་བས་བར་དུ་ཚོད་ཅིང་ཁྱད་ཞུགས་པ་རྒན་པ ་དང་ལྷན་ཅིག་སྟན་གཅིག་ལ་འདུག་པར་མི་བྱ་བ་སྟེ། འདི་ལྟར་གཞོན་པ་ཆེས་རྒན་པ་དང་ལྷན་ཅིག་འདུག་པར་མི་རིགས་པའི་ཕྱིར་རོ། །འདིར་ལོ་གསུམ་ལས་ལྷགས་བས་བར་དུ་ཆོད་བ་ཞེས་སྨོས་པ་ནི་བསྙེན་བར་རྫོགས་པའི་ལོ་གྲངས ་ཡིན་གྱི། ན་ཚོད་ནི་མ་ཡིན་ཏེ། དེས་ན་ལོ་གསུམ་ལྷག་ན་མི་རུང་གི། ལོ་གསུམ་ཡན་ཆད་ནི་རུང་བར་ཤེས་བར་བྱའོ། །ཁྱིམ་གཞན་དུ་སྟན་གཞན་མེད་ན་མཁན་པོ་དང་ཡང་དྲན་པ་ཉེ་བར་བཞག་སྟེ་སྟན་ཅིག་ལ་འདུག་པར་བྱའོ་ཞེས་བྱ ་བ་ནི། ཁྱིམ་པའི་ཁྱིམ་གཞན་དུ་གལ་ཏེ་སྟན་གཞན་མེད་ན་མཁན་བོ་དང་ཡང་སྟན་ཅིག་ལ་འདུག་པ་བརྟེན་པར་བྱའོ། །འདི་ནི་མཁན་པོ་ཡིན་ཏེ་གུས་པ་དང་བཅས་བས་འདུག་པར་བྱའོ་སྙམ་དུ་དྲན་པ་ཉེ་བར་གཞག་སྟེ། འདུག་པར་བྱའོ།། ་ཁྱིམ་པ་དང་གང་དུ་འང་མི་བྱའོ་ཞེས་བྱ་བ་ནི། ཁྱིམ་པ་དང་ནི་ཁྱིམ་གཞན་ཡང་རུང་བ་གཙུག་ལག་ཁང་ཡང་རུང་སྟེ་གང་དུ་ཡང་སྟན་གཅིག་ལ་འདུག་པར་མི་བྱའོ། །བསྙེན་བར་མ་རྫོགས་པ་དང་ཡང་མི་བྱའོ་ཞེས་བྱ་བ་ནི། བསྙེན་བར་མ་རྫོགS ་པ་དང་ཡང་གང་དུ་ཡང་སྟན་ཅིག་ལ་འདུག་པར་ཡང་མི་བྱ་བའོ། །ཟམ་དང་མ་ནིང་དང་མ་བསད་པ་ལ་སོགས་བ་དང་མུ་སྟེགས་ཅན་དང་མུ་སྟེགས་ཅན་དུ་ཞུགས་བ་དང་རྐུ་ཐབས་སུ་གནས་པ་དང་ཐ་དད་པར་གནས་བ་དང་གནས་བར་མི་བྱ་བ ་དག་དང་མི་བྱའོ་ཞེས་བྱ་བ་ནི། དེ་དག་དང་གང་དུ་ཡང་སྟན་ཅིག་ལ་འདུག་པ་བསྟེན་པར་མི་བྱའོ། །བསླབ་པ་བྱིན་པ་དང་མི་བྱའོ་ཞེས་བྱ་བ་ཡང། གང་དུ་ཡང་སྟན་གཅིག་ལ་འདུག་པ་བསྟེན་པར་མི་བྱའོ། ཨར་མོ་ནིག་ནི་བསྙེན་པར ་རྫོགས་པ་དང་བཅས་པའི་དགེ་འདུན་འདུས་པ་ལས་གཞན་པར་སྟན་ཉིད་ཡིན་ནོ། །ར་མོ་ནིག་ནི་བསྙེན་བར་རྫོགས་པ་དང་བཅས་པའི་དགེ་འདུན་འདུས་པ་ལས་གཞན་བའི་གནས་སུ་སྟན་ཉིད་ཡིན་པའོ། །གང་གི་ཕྱིར་དེ་ལྟ་ཡིན་པ་དེའི་ཕྱིར་དགེ ་འདུན་འདུས་པ་ལས་གཞན་པར་ཡང་ཨར་མོ་ནིག་དེ་ལ་ལོ་གསུམ་ལས་ལྷག་པས་བར་དུ་ཚོད་བ་དང་ལྷན་ཅིག་འདུག་པ་བསྟེན་བར་མི་བྱའོ། །འདིར་བསྙེན་པར་རྫོགས་པ་དང་བཅས་པར་ཞེས་སྨོས་པ་ནི། བསྙེན་བར་མ་རྫོགས་པ་དང་ལྷན་ཅིག་དགེ ་འདུན་ཚོགས་ན་ཡང་འདུག་པར་མི་བྱའོ་ཞེས་བསྟན་པའི་ཕྱིར་སྨྲོས་སོ། །སྟེགས་བུ་ནི་མ་ཡིན་ནོ་ཞེས་བྱ་བ་ན། སྟེགས་བུ་ནི་སར་གྱུར་བ་ཉིད་ཡིན་པས་སྟན་ཉིད་མ་ཡིན་ནོ། །དོག་པའི་གནོད་པར་གྱུར་ན་ལྟུང་བ་མེད་དོ་ཞེས་བྱ་བ་ནི། འདུས་བའི་སྐབས ་ཀྱི་བསླབ་བའི་གཞི་དེ་དག་ཐམས་ཅད་ལ་འདི་དམིགས་ཀྱིས་བསལ་བ་ཡིན་ནོ། །འདིར་གཞུང་ནི་བཙུན་པ་དགེ་སློང་ཁྱིམ་པ་དང་ལྷན་ཅིག་སྟན་ནང་ཚངས་ཅན་གཅིག་ལས་མཆིས་སུ་རུང་ངམ། ཉེ་བར་འཁོར་མི་རུང་སྟེ་རྐྱེན་དེ་དག་ལྟ་བུ་དག་ཡོད་ན་ནི་རུང་ངོ་ཞེས ་གསུངས་པ་ཡིན་ནོ། །གནས་མལ་སྤེད་པ་ནི་གལ་ཏེ་གཉིས་ཡོད་ན་གཅིག་གིས་ཁྲིའམ་ཁྲིའུ་བཀུར་ཞིང་ཅིག་ཤོས་ཀྱིས་སྟན་ནད་ཆངས་ཅན་ལ་སོགས་པའོ་ཞེས་བྱ་བ་ནི། གལ་ཏེ་གང་ཟག་གཉིས་ཡོད་ན་དེ་ལྟར་བཀུར་བར་བྱ་བའོ། །འདིར་བྱེ ་བྲག་ཏུ་མ་སྨོས་པས་དགེ་འདུན་གྱི་འབའ་ཞིག་ཏུ་མ་ཟད་ཀྱི་གང་ཟག་གི་ཡང་རུང་ངོ། །དགེ་འདུན་གྱི་སྙིང་མི་བརྩེ་བར་མདུན་ནས་དྲང་བ་དང་གཡས་ནས་དྲང་བར་མི་བྱའོ་ཞེས་བྱ་བ་ནི། དགེ་འདུན་གྱི་མལ་ཆ་དང་སྟན་ལ་སོགས་པའི་གནས ་མལ་དེ་མི་བརྩེ་ཞིང་ལྟོས་པ་མེད་པར་མདུན་ནས་ཚུར་དྲང་ཞིང་བཤལ་བ་དང་གློ་གཡས་གཡོན་ནས་དྲང་ཞིང་བཤལ་བར་མི་བྱའོ། །ཅི་ནས་ཀྱང་དེ་དུ་བ་དང་དྲི་མ་དང་རྡུལ་དག་གིས་གོས་བར་འགྱུར་བ་དེ་ལྟར་མི་བྱའོ་ཞེས་བྱ་བ་ནི། དགེ་འདུན་གྱི ་གནས་མལ་དེའོ། །དེ་མི་གཙང་བའི་སྐྱབས་དང་ཉེ་བར་བསྟེན་པར་མི་བྱའོ་ཞེས་བྱ་བ་ནི། དགེ་འདུན་གྱི་གནས་མལ་དེ་བཤང་བ་དང་གཅི་བའི་སྐྱབས་དག་དང་ཉེ་བར་བཅང་བ་དང་བཞག་པ་བསྟེན་པར་མི་བྱའོ། །ཉམས་པ་དོར ་པར་མི་བྱའོ་ཞེས་བྱ་བ་ནི། དགེ་འདུན་གྱི་གནས་མལ་སྟན་ལ་སོགས་པ་དེ་དག་བརླན་དང། བཤེར་བ་དང་རྡུལ་ཆགས་པ་དང་རྡོལ་པ་ལ་སོགས་པས་ཉམས་པ་ཕྱི་རོལ་ཏུ་དོར་བར་མི་བྱ་བའོ། །འོ་ན་ཇི་ལྟར་ཞེ་ན་དེའི་ཕྱིར། བསྲད་པ་དང་བསྐམ་པ་དང ་སྤྲུག་པ་དང་བུ་གུ་གླན་པར་བྱའོ་ཞེས་བྱ་བ་སྨྲས་ཏེ། གནས་མལ་དེའོ། །རལ་པ་ལ་ལྷན་རིངས་སོ་ཞེས་བྱ་བ་ནི། གནས་མལ་རལ་བ་དང་གས་པ་དག་ལ་ལྷན་རིངས་ཀྱིས་གླན་པར་བྱ་བའོ། །དབུས་ཟེགས་ན་མཛའ་གཉིས་དབུས་ཉིད་དུའོ་ཞེས་བྱ་བ་ནི། ་གལ་ཏེ་གནས་མལ་གྱི་དབུས་ཟེགས་ཤིང་མཛའ་གཉིས་སྲ་ན་དེའི་ཚེ་མཛའ་གཉིས་དབུས་ཉིད་དུ་བྱ་བའོ། །དེར་འོས་པ་ཁ་བསྒྱུར་རོ་ཞེས་བྱ་བ་ནི། ཁ་བསྒྱུར་བར་འོས་པའི་གནས་མལ་ཁ་བསྒྱུར་བར་བྱ་བའོ། །ཕྱིར་བཅོས་མི་ནུས་བ་ཉིད་ཡིན་ན་དཀོན ་མཆོག་ལ་ཕུལ་བའི་མེར་མེ་གང་ཟག་སྦྱིན་བདག་ཡིན་པ་ཡང་རུང་བ་དག་གིས་སྙིང་པོ་ཉིད་དུ་སྤྱོད་དོ་ཞེས་བྱ་བ་ནི། གལ་ཏེ་གནས་མལ་མི་རུང་བ་ཉིད་དུ་གྱུར་པས་ཕྱིར་བཅོས་མི་ནུས་པ་ཉིད་ཡིན་ན་དེའི་ཚེ་དཀོན་མཆོག་གསུམ་ལ་ཕུལ་བའི་མར ་མེ་གང་ཟག་སྦྱིན་བདག་ཡིན་པ་ཡང་རུང་བ་དག་གི་སྙིང་པོ་ཉིད་དུ་སྤྱད་པར་ཡང་རུང་བ་བྱ་སྟེ། དགེ་འདུན་སྦྱིན་བདག་ཡིན་པའི་མར་མེ་དག་འབའ་ཞིག་གི་སྙིང་པོར་སྤྱོད་པར་བྱ་བར་མ་ཟད་དོ། །དེར་མི་མཁོ་བ་ཉིད་ཡིན་ན་འཇིམ་པ་དང་བསྲེས ་ཏེ་དཀོན་མཆོག་དག་གི་རྩིག་པ་དང་ཀ་པ་དང་སྒོ་གླེགས་ཀྱི་སེར་ཀ་དག་བྱུག་བའི་ཕྱིར་དེ་ལ་ནན་ཏན་བྱའོ་ཞེས་བྱ་བ་ནི། གནས་མལ་དེ་སྔར་བསྟན་པའི་མར་མེའི་སྙིང་པོ་དེར་མི་མཁོ་བ་ཉིད་ཡིན་ན། དེའི་ཚེ་འཇིམ་པ་དང་ལྷན་ཅིག་བསྲེས་ཏེ་། ་དཀོན་མཆོག་དག་གི་རྩིག་པ་དང་ཀ་བ་དང་སྒོ་གླེགས་ཀྱི་སེར་ཀ་དག་བྱུག་པར་བྱ་བའི་ཕྱིར་བསྲད་པ་དང་བསྐམ་པ་དག་སྤྲུག་པ་དེ་ལ་ནན་ཏན་བྱ་བའོ། གནས་མལ་ཇི་ལྟ་བུར་གྱུར་བཀུས?་བསྲེད་པ་ལ་སོགས་པའི་ནན་ཏན་བྱ་ཞེ་ན་དེའི་ཕྱིར། བསྐོས་? ་ནི་མནོས་པས་སོ་ཞེས་བྱ་བ་སྨྲས་ཏེ། གནས་མལ་བསྐོས་པ་ནི་གང་ཟག་གིས་མནོས་པ་དེས་བསྲད་པ་ལ་སོགས་པ་ནན་ཏན་བྱའོ། །ལྷག་མ་ནི་དགེ་འདུན་གཎྜི་བརྡུངས་པས་བསྡུས་ཏེའོ་ཞེས་བྱ་བ་ནི། གནས་མལ་བསྐོས་པའི་ལྷག་མ་མ་བསྐོས ་པ་ནི་དགེ་འདུན་གཎྜི་བརྡུད་བས་བསྡུས་ཏེ་དགེ་འདུན་དུ་གྱུར་པའི་དགེ་སློང་ཐམས་ཅད་ཀྱིས་བསྲད་པ་ལ་སོགས་པ་ལ་ནན་ཏན་བྱ་བའོ། དགེ་འདུན་གྱི་རྐུ་འཕྲོག་བྱེད་པ་མཐོང་ལ་ནུས་ན་མི་བཟློག་པར་མི་བྱའོ་ཞེས་བྱ་བ་ནི། དགེ་འདུན་གྱི་དངོས་པོ་ལ་ཆོམ ་རྐུན་བས་རྐུ་འཕྲོག་བྱེད་པ་མཐོང་ལ་གལ་ཏེ་ཕྱིར་བཟློག་ནུས་ན་མི་བཟློག་པར་མི་བྱ་སྟེ་བཟློག་པ་ཁོ་ནར་བྱ་བའོ། །རྐུ་འཕྲོག་ནི་དཔེ་ཙམ་དུ་ཟད་དེ་ཆུད་ཟ་བར་འགྱུར་བ་དག་ལ་ཡང་ཆོ་ག་དེ་བཞིན་དུ་བསྒྲུབ་པར་བྱའོ། །སྐྲག་པ་ན་དགེ་འདུན་གྱིས་ཡལ ་བར་མི་དོར་རོ་ཞེས་བྱ་བ་ནི། ཆོམ་རྐུན་ལ་སོགས་པས་སྐྲག་པ་ན་དགེ་འདུན་གྱིས་དངོས་པོ་ཡལ་བར་མི་དོར་བའོ། །གནས་སུ་མ་སོན་གྱི་བར་དུ་ཁྱེར་བར་བྱེད་པས་ལོངས་སྤྱད་པར་བྱ་བ་ཉིད་ཡིན་ནོ་ཞེས་བྱ་བ་ནི། སྐྲག་པ་ན་དགེ་འདུན་གྱིས་དངོས་བོ་ཡལ ་བར་མ་བོར་ཏེ་བླངས་པ་གང་ཡིན་པ་དེ་ནི་དགེ་སློང་གིས་གནས་སུ་མ་སོན་གྱི་བར་དུ་གང་གིས་ཁྱེར་བར་བྱེད་པའི་གང་ཟག་དེ་ཉིད་ཀྱིས་ལོངས་སྤྱད་པར་བྱ་བ་ཉིད་ཡིན་པའོ། །དེ་རང་གི་གནས་སུ་བཀུར་པར་མི་འགྲུབ་ན་གནས་གཞན་དུ་ལོངས་སྤྱད་པས ་ཡོངས་སུ་སྤྱད་པར་བྱའོ་ཞེས་བྱ་བ་ནི། གལ་ཏེ་བརྫུས་ཏེ་རང་གི་གནས་སུ་བཀུར་མི་འགྲུབ་ན་གནས་གཞན་དུ་ཡོངས་སུ་ལོངས་སྤྱད་པས་ཡོངས་སུ་སྤྱད་པའོ། །གནས་གཞན་གྱི་ཟས་དང་ཡོ་བྱད་ཀྱི་རྙེད་པ་གནས་གཞན་དུ་ཡོངས་སུ་སྤྱད་པར་མི་བྱའོ་ཞེས་བྱ་ ་བ་ནི། གནས་གཞན་གྱི་ཟས་ཀྱི་རྙེད་བ་བཟའ་བ་དང་བཅའ་བ་ལ་སོགས་པ་དང་ཡོ་བྱད་ཀྱི་རྙེད་པ་མར་མེ་དང་འབྲུ་མར་དང། རྐང་པ་བསྐུ་བ་དང་མཆིལ་ལྷམ་དང་གོས་དང་གདུགས་དང་ཤིང་དང་རྩ་བ་དང་སྡོང་བུ་དང་འདབ་མ་དང་མེ ་ཏོག་དང་འབྲས་བུ་དང་སྨན་ལ་སོགས་པ་དག་གནས་དེར་གནས་པ་མི་བརྟེན་པས། གནས་གཞན་དུ་དྲང་ཞིང་ཡོངས་སུ་སྤྱད་པར་མི་བྱ་བའོ། །དེ་དེ་ལ་སྦྱིན་པར་མི་བྱའོ་ཞེས་བྱ་བ་ནི། གནས་གཞན་གྱི་ཟས་དང་ཡོ་བྱད་ཀྱི་རྙེད་བ་དེ་གནས་གཞན་དུ་ཟ་བར ་བྱེད་པ་དེ་ལ་དགེ་འདུན་གྱིས་སྦྱིན་པར་མི་བྱ་བའོ། །ནོད་པ་འབུལ་དུ་གཙུག་པར་བྱ་བ་ཉིད་དོ་ཞེས་བྱ་བ་ནི། གནས་གཞན་དུ་ཟ་བར་བྱེད་བ་དེས་གནས་གཞན་གྱི་ཟས་དང་ཡོ་བྱད་ཀྱི་རྙེད་པ་གང་ཡིན་པ་དེ་དགེ་འདུན་གྱིས་ནོད་པར་བྱེད་པའི་གང་ཟག་དེ ་ཉིད་ཕྱིར་འབུལ་ཏུ་གཞུག་པར་བྱའོ། །མི་གཞུག་ན་འབོག་པའོ་ཞེས་བྱ་བ་ནི། གལ་ཏེ་ནོད་པ་དམ་རྙེད་དམ་མཐུ་དང་ལྡན་པ་ལ་བརྟེན་པའི་ཕྱིར་དེ་ལས་ཟས་དང་ཡོ་བྱད་ཀྱི་རྙེད་པ་དེ་ཕྱིར་མ་ཞུགས་ན་གང་ཟག་གིས་ནོད་བ་དེ་ལ་ཕོག་པའི་གང་ཟག ་འབོག་འབོག་པ་དེ་ཉིད་དགེ་འདུན་གྱིས་ཕྱིར་དབུལ་ཏུ་གཞུག་པར་བྱ་བའོ། །འདིར་གཞུང་ནི་དགེ་སློང་གཞན་དུ་གནས་པས་གཞན་དུ་ཁྱེར་ཏེ་ཅུང་ཟད་ཅི་ཙམ་ཟོས་བ་ཐམས་ཅད་རིན་ཆང་བར་བྱས་ཏེ་འབུལ་ཏུ་གཞུག་པར་བྱའོ་ཞེས་གསུངས་པ་ཡིན ་ནོ།། །།འདུལ་བའི་མདོ་རྒྱ་ཆེར་འགྲེལ་པ། །བམ་པོ་བདུན་ཅུ་སྟེ་ཐ་མའོ།། །།ཆ་དབང་བདག་གིས་དགེ་འདུན་གྱི་རྩ་དང་ཤིང་མི་མཁོ་བ་རང་གི་དང་འདྲ་བར་སྤྱད་པ་ལ་ཁ་ན་མ་ཐོ་བ་མེད་དོ་ཞེས་བྱ་བ ་ནི། གང་ཟག་དེ་འཐོབ་ཅིང་དེའི་ཆ་དབང་བདག་གིས་དགེ་འདུན་གྱི་རྩ་དང། ཤིང་དགེ་འདུན་གྱིས་འཁོར་ནས་སྐྱེ་ཞིང་ཡོངས་སུ་མ་བཟུང་བ་ཡིན་པ་མི་མཁོ་བདེ་དག་རང་གི་དང་འདྲ་བ་སྤྱད་པ་ལ་ཁ་ན་མ་ཐོ་བ་མེད་པའོ། །མ་བསྐོས་པར ་འཁོར་ཞིང་སྤྱོད?་པ་ལ་ཇི་ལྟར་འོངས་པས་ཡིན་གྱི་རྒན་རིམས་ཀྱིས་མ་ཡིན་ནོ་ཞེས་བྱ་བ་ནི། དགེ་འདུན་གྱི་ཡོ་བྱད་གང་ཟག་སྒོ་གཅིག་ཏུ་མ་བསྐོས་པར་རེས་ཀྱིས་འཁོར་ཞིང་སྤྱད་པ་ཟངས་ལ་སོགས་པ་མར་མེ་བཞིན་དུ་ཅིག་ཅར་སྤྱད་པར་བྱ་བ་མ་ཡིན་པ་ལ ་ནི་ཇི་ལྟར་འོངས་པས་སྤྱད་པར་བྱའི། རྒན་རིམས་ཀྱིས་སྤྱད་པར་བྱ་བ་ནི་མ་ཡིན་ཏེ། དེ་མ་བསྐོས་ན་དང་པོ་སུ་འོངས་པ་དེ་ལ་གཡར་བོར་སྦྱིན་པར་བྱའོ། །བསྐོས་ན་ནི་བསྐོས་པའི་ཚེ་ན་གང་གིས་མནོས་པ་དེ་བདག་པོ་ཉིད་ཡིན་ནོ། །ཅིག་ཅར་བརྙས་ན་ནི ་དེའོ་ཞེས་བྱ་བ་ནི། གལ་ཏེ་ཅིག་ཅར་བརྙས་པར་གྱུར་ན་ནི་ཅིག་ཅར་རྙས་པ་དེ་རྒན་རིམས་ཀྱི་སྤྱད་པར་བྱ་བའོ། །མ་ཟིན་ན་དེ་ལས་འབྲལ་བར་མི་བྱའོ་ཞེས་བྱ་བ་ནི། གང་གིས་བརྙས་པ་དེའི་ཁ་བསྒྱུར་བ་ལ་སོགས་པའི་ལས་བརྩམས་པ་མ་ཟིན་ན་མ ་བསྐོས་པ་འཁོར་ཞིང་སྤྱད་བ་ཟངས་ལ་སོགས་པ་དེ་ལས་དབྲལ་བར་མི་བྱ་སྟེ། གཞན་ཀྱི་མཐུས་དབྲོག་པར་མི་བྱའོ་ཞེས་བྱ་བའི་ཐ་ཚིག་གོ་།དེས་བཀྲུ་བར་ཆོས་བཀང་པ་འཕགས་པ་ཉིད་ན་དེ་ཡིན་ནོ་ཞེས་བྱ་བ་ནི། དེ་བཀྲུ་བར་ཞེས་བྱ་བརྐང་པ་དེ་? ་བའི་རྐང་པ་ཁྲུས་སར་གལ་ཏེ་ཆུས་རྐང་པ་འབགས་ཤིང་གོས་པ་ཉིད་ཡིན་ནོ། བརྩམས་པ་མ་ཟིན་པ་ཉིད་ཡིན་པ་སྟེ། མ་ཟིན་ན་དེ་དང་དབྲལ་བར་མི་བྱའོ་ཞེས་བྱ་བར་སྦྱར་ཏེ། ངེས་རྐང་པ་བཀྲུས་མ་ཟིན་གྱི་བར་དུ་གཞན་གྱིས་རྐང་ཁྲུས་སའི་གོ ་དབྲོག་པར་མི་བྱའོ་ཞེས་བྱ་བའི་ཐ་ཚིག་གོ་།ཆབ་ཁུངས་དེར་ཞུགས་པ་ཉིད་ན་འོ་ཞེས་བྱ་བ་ནི། བཤང་བ་དང་གཅི་བའི་ཆབ་ཁུངས་དེར་ཞུགས་པ་ཉིད་ན་མ་ཟིན་པ་ཉིད་ཡིན་པས། མ་ཟིན་ན་དེ་དང་དབྲལ་བར་མི་བྱའོ་ཞེས་བྱ་བར་སྦྱར་ཏེ། དེས་བཤད ་བ་དང་གཅི་བ་མ་ཟིན་གྱི་བར་དུ་གཞན་གྱིས་ཆབ་ཀུང་སའི་གོ་འབྲོག་པར་མི་བའི་ཞེས་བྱ་བའི་ཐ་ཚིག་གོ། བསྒོམ་པའི་ཕྱིར་འདུག་པ་བསླང་བར་མི་བྱའོ་ཞེས་བྱ་བ་ནི། བསམ་གཏན་ལ་སོགས་པ་བསྒོམ་པའི་ཕྱིར་འདུག་པ་གཞན་གྱི་མཐུས་བསླང་བར ་མི་བྱའོ། །དེ་ལ་རྒན་རིམས་སུ་མི་བྱའོ་ཞེས་བྱ་བ་ནི་སྒོམ་པ་དེ་ལ་རྒན་རིམས་སུ་མི་བྱའི། ཇི་ལྟར་འོས་བས་བྱ་བ་སྟེ། སྒོམ་པའི་ཡོ་བྱད་སྟན་ལ་སོགས་པ་དག་ལ་ཇི་ལྟ་བོས་ལོངས་སྤྱད་པར་བྱའི། རྒན་རིམས་སུ་ལོངས་སྤྱད་པར་བྱ ་བ་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། འདིར་གཞུང་ནི་དགེ་སློང་དག་སྤོང་བའི་ཁང་པ་ན་འཁོད་ཅིང་དགེ་བའི་ཕྱོགས་དག་བྱེད་པ་ན། དྲུག་སྡེ་དག་ལྷགས་ཏེ་དེད་ཅིག་རྒན་ནོ་ཞེས་སློང་བར་བྱེད་པ་དང། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འདི་ལ ་རྒན་རིམས་སུ་མི་བྱའོ་ཞེས་གསུངས་པ་ཡིན་ནོ། །དགེ་སློང་ལས་དང་ཟས་ཀྱིས་འབགས་པ་མི་བྱའོ་ཞེས་བྱ་བ་ནི། དགེ་སློང་ལས་དང་ཟས་བརྩམས་པ་འབགས་པ་བསླང་བར་མི་བྱའོ། །བྱུག་རིས་མ་ཡིན་པར་འདུག་པར་མི་བྱའོ་ཞེས་བྱ་བ་ནི། ་རང་གི་གོ་མ་ཡིན་པ་ནི་བྱུག་རིས་མ་ཡིན་པ་སྟེ། དེར་འདུག་པར་མི་བྱའོ། །བྱ་བ་བྱས་ནས་འཁོར་ཞིང་སྤྱད་པར་འདོད་པ་ཡོད་ན་བཅད་བར་མི་བྱའོ་ཞེས་བྱ་བ་ནི། དགེ་སློང་གིས་རང་གི་གོས་ཁ་བསྒྱུར་བ་ལ་སོགས་པ་དང་རྐང་པ་བཀྲུ་བ་ལ་སོགས ་པ་དང། བཤང་གཅི་བྱ་བ་ལ་སོགས་པ་བྱ་བ་བྱས་ཟིན་ནས་དགེ་འདུན་གྱི་འཁོར་ཞིང་སྤྱད་བ་ཟངས་ལ་སོགས་པ་དང། རྐང་བཀྲུས་ལ་སོགས་པ་དང་ཆབ་ཀུང་ས་ལ་སོགས་པ་གཞན་འདོད་བ་ཡོད་ན་མི་བཅང་མི་བརྣོག་པར་བཏང་བར་བྱ་བའོ།། ་བར་དུ་དོན་གྱི་ཆེད་ཉིད་དུ་ཁྲི་ལས་ལངས་པ་ན་བྱ་བ་བྱས་པ་ཉིད་མ་ཡིན་ནོ་ཞེས་བྱ་བ་ནི། གོས་ཁ་བསྒྱུར་བ་དང་གདང་ལ་གཟར་བ་དང་དབོག་པ་མི་སླེབས་པ་བསྙག་པའི་ཆེད་དུ་རྐང་རྟེན་ཁྲེའུ་གཙུགས་བ་ལས་བར་དུ་དོན་གྱི་དབང་ཉིད་དུ་ཁྲིའུ་ལས ་བབས་པ་ནི། ད་དུང་ལས་སྔ་མ་བརྩམས་པ་མ་ཟིན་པས་བྱ་བ་བྱས་བ་ཉིད་མ་ཡིན་ཏེ། དེའི་སྐབས་སུ་གཞན་ཁྲིའུ་འདོད་པ་ཡོད་ན་བསྐུར་བར་མི་བྱའོ། །གཞན་ལ་ཡང་དེ་བཞིན་དུ་ཅི་རིགས་པར་སྦྱར་རོ། །དེའི་དུས་ནི་དེ་ལ་ཆོས་གོས་སམ་བུས་འཁྱུང ་བཞག་པར་བྱའོ་ཞེས་བྱ་བ་ནི། བར་དུ་དོན་གྱི་ཆེད་ཉིད་དུ་ཁྲིའུ་ལས་ལྡང་བ་དེའི་དུས་ན་ཁྲིའུ་ལ་རང་གི་ཆོས་གོས་སམ་ཕུས་འཁྱུད་བཞག་པར་བྱ་བའོ། །དེ་ནི་ཁྲིའུ་བྱ་བ་མ་བྱས་པར་ཁ་བརྡམ་དུ་འདྲོ་ཨ་ཏ?་བྱ་བའི་ཕྱིར་རོ། །འདོད་པ་ཡོད་ལ་གནས ་ཡོད་ན་དགེ་འདུན་གྱི་སྔགས་བ་ཉིད་བསྟན་པར་མི་བྱའོ་ཞེས་བྱ་བ་ནི། དགེ་སློང་གི་དགེ་འདུན་གྱི་འཁོར་ཞིང་སྤྱད་བ་ཟངས་ལ་སོགས་པ་བླངས་ཏེ་ཚོན་ལ་སོགས་པས་སྦགས་ཤིང་རང་གི་བྱ་བ་བྱས་མ་ཟིན་བའི་ཚེས་དེ་དང?་གཞན་ཡོད་ལ་བདག་ལ་སྣོད་ལ་སོགས་པ ་གནས་གཞན་ཡོད་ན། དགེ་འདུན་གྱི་སྣོད་སྦགས་པ་དེར་རང་གི་བྱ་བ་བྱས་མ་ཟིན་ཀྱང་མི་བསྟེན་པར་བྱ་སྟེ་བསྐུར་བར་བྱ་བའོ། །འདི་སྐད་བསྟན་ཏེ་དགེ་སློང་གང་གིས་དགེ་འདུན་གྱི་ཡོ་བྱད་དེ་བླངས་ཤིང་སྦགས་པ་དེ་མ་ཟིན་པའི་ཚེ་དེ་འདོད་པའི་གང་ཟག ་གཞན་ཡོད་ལ། བདག་ལ་ཡང་ཡོ་བྱད་གཞན་ཡོད་ན་དེའི་ཚེ་དགེ་འདུན་གྱི་ཡོ་བྱད་དེ་བྱོ་སྟེ་བསྐུར་བར་བྱ་བའོ། །དོན་ཡོད་ན་རྣམ་པ་དེ་ལྟ་བུ་ལས་བྲལ་བར་བྱས་པ་ལ་ཁ་ན་མ་ཐོ་བ་མེད་དོ་ཞེས་བྱ་བ་ནི། གང་ཟག་དེ་དགེ་འདུན་གྱི་ཡོ་བྱད?་འདོད་པ་ཕྱི་མ་ཤོས ་དེ་ལ་དོན་ཡོད་པ་ཉིད་ཡིན་ན། གང་ཟག་སྔ་མ་ཤོས་ལ་རང་གི་སྣོད་གཞན་ཡོད་བཞིན་དུ་དགེ་འདུན་གྱི་ཡོ་བྱད་གང་ཟག་ཕྱི་མ་ལ་མི་སྟེར་ན་གང་ཟག་རྣམ་པ་དེ་ལྟ་བུ་དེ་ལས་གང་ཟག་ཕྱི་མ་ཤོས་ཀྱིས་དགེ་འདུན་གྱི་སྣོད་དེ་ན་དེའི་འབགས་པ་འདུག་པ་དེ། ་དེ་རང་གི་སྣོད་གཞན་དེར་བྱོ་སྟེ། དགེ་འདུན་གྱི་འཁོར་ཞིང་སྤྱད་པའི་ཡོ་བྱད་དེ་དེ་ལས་བྲལ་བར་བྱས་ཏེ། ཁྱེར་བ་ལ་ཁ་ན་མ་ཐོ་བ་མེད་བའོ། །དོན་མེད་ན་ནི་བྲལ་བར་མི་བྱའོ། །དགེ་འདུན་གྱིས་མཆིག?་དང་དེའི་མ་ཚིག་?་བཅད་བར་བྱའོ་ཞེས་བྱ་བ་ནི། མ་ཚིག ་ཅེས་བྱ་བ་ནི་ལན་ཚལ་སོགས་པ་བཏགས་པའི་ཕྱིར་འོག་གཞིར་བཞག་རྡོ་ལེབ་བོ། །དེའི་མཆིག་གུ་ཞེས་བྱ་བ་ནི། མཆིག་དེའི་སྟེང་ནས་ལན་ཚེ་ལ་སོགས་བ་འཐག?་བར་བྱེད་པའི་རྡོ་ལེབ་ཆུང་དུ་ཕྲེང་དཀར་བཞག་བའོ། །འདུག་མ་ཟན?་གྱི་ལོག་ཆ་ཡོད་དོ ་ཞེས་བྱ་བ་ཡང། བཅང་བར་བྱའོ་ཞེས་བྱ་བའི་རྗེས་བསྙག་པའི་ཕྱིར་ཡང་ངོ་ཞེས་བྱ་བའི་སྒྲ་སྨོས་ཏེ། དགེ་སློང་དག་གིས་དགེ་འདུན་གྱི་ཕྱིར་བཅང་བར་བྱ་བའོ། །སྣོད་དུ་བཅུག་སྟེ་རྩིག་པ་ལ་བཞག་གོ་ཞེས་བྱ་བ་ནི། འདྲེག? ་མཁན་གྱི་ལག་ཆའོ། །འདིར་གཞུང་ནི་དགེ་སློང་གི་དགེ་འདུན་གྱི་ཕྱིར་འདྲེག་མཁན་གྱི་ལག་ཆ་བཅང་བར་བྱ་ཞིང། སྣོད་དུ་བཅུག་སྟེ་རྩིག་པ་ལ་བཞག་པར་བྱའོ་ཞེས་གསུངས་པ་ཡིན་ནོ། །སྣོད་ཅེས་བྱ་བ་ནི་འདྲེག་མཁན་གྱི་ལག་ཆའི་སྣོད ་ཡིན་པར་ཤེས་པར་བྱའོ། །སྟེའུ་དང་སྟ་རེ་དང་གཟོད་ལ་སོགས་པ་དང་དེ་དག་གི་སྣོད་དང་བཅས་པ་ཡོད་ཞེས་བྱ་བ་ཡང་དགེ་འདུན་གྱིས་བཅང་བར་བྱའོ་ཞེས་བྱ་བའི་རྗེས་བསྙག་པའི་ཕྱིར་ཡང་ངོ་ཞེས་བྱ་བའི་སྒྲ་སྨོས་ཏེ། དགེ་འདུན་གྱིས་སྟེའུ་དང ་སྟ་རེ་དང་གཟོང་ལ་སོགས་པ་དང་དེ་དག་གི་སྣོད་དང་བཅས་པ་བཅང་བར་བྱའོ། །སོགས་པ་ཞེས་སྨོས་པའི་སྒྲས་ནི། སྤྱད་ཕྲ་མོ་ལ་སོགས་པ་དག་བསྡུའོ། །དེ་དག་གི་སྣོད་ཅེས་སྨོས་པས་ནི་ཤིང་མཁན་གྱི་ལག་ཆའི་སྣོད་དག་བསྡུའོ། །འདིར ་གཞུང་ནི་ཤིང་དག་གཤེགས་པར་མི་ནུས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་འདུན་གྱི་ཕྱིར་སྟ་རེ་དང་གཟོད་བཅང་བར་བྱའོ། །དགེ་སློང་ཞིག་གི་ཁྲི་ཆག་ནས་དགེ་སློང་དེས་སྨྲས་པ། ཁོ་བོ་ལ་གཟོང་ཡོད་དེ་ཞེས་བྱ་བ་ནས། ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དབེན་པའི་ཕྱོགས་སུའོ། དགེ་འདུན་གྱི་སྟེའུ་དང་སྣོད་དག་ཀྱང་བཅང་བར་བྱ་བའོ། །གང་ཟག་གི་འཆང་ན་འགལ་ཚབས་ཅན་དུ་འགྱུར་རོ་ཞེས་བྱ་བ་གསུངས་པ་ཡིན་ནོ། །དེས་དགེ་སློང་ལ་གཡར་པོ ་ཉིད་དུས་ལས་བྱས་པ་ཡན་ཆད་སྦྱིན་ནོ་ཞེས་བྱ་བ་ནི། དགེ་འདུན་དེས་དགེ་སློང་ཤིང་བཟོ་བྱེད་པ་དེ་ལ་ལག་ཆེའི་སྣོད་ཐ་ནས་ལས་བྱས་པ་ཡན་ཆད་ཀྱང་གཡར་པོ་ཉིད་དུ་སྦྱིན་པར་བྱའོ། །དགེ་སློང་མས་མཆིང་བུའི་སྣོད་བཅང་བར་མི་བྱའོ་ཞེས་བྱ་བ ་ནི། རྣམ་པ་ཐམས་ཅད་དུའོ། །ཐམས་ཅད་ཀྱིས་འབྲུ་མར་སྣོད་བཅང་བར་བྱའོ་ཞེས་བྱ་བ་ནི། དགེ་སློང་དང་དགེ་སློང་མ་ཐམས་ཅད་ཀྱིས་སོ། །ཕུལ་གང་མན་ཆད་ནས་ཕུལ་ཕྱེད་ཡན་ཆད་ཤོང་བའོ་ཞེས་བྱ་བ་ནི། འབྲུ་མར་སྣོད་ཀྱི་ཚད་དེ་ཕུལ་གང་ལ་ནི ་དབུས་ཀྱི་སྲང་བརྒྱད་ཀྱི་ཚད་དོ། །ཕུལ་ཕྱེད་ལ་ནི་དབུས་ཀྱི་སྲང་བཞིའི་ཚད་དོ། །ལྕགས་ཀྱི་དག་ལ་ཡང་ངོ་ཞེས་བྱ་བ་ནི། དགེ་སློང་དང་དགེ་སློང་མ་ཐམས་ཅད་ཀྱིས་བཅང་བར་བྱའོ། །དེའི་ལྕགས་སྒྱེད་ཀྱང་ངོ་ཞེས་བྱ་བ་ནི། ལྕགས་ཀྱི་དོག་ལའི་ལྕགས ་སྒྱེད་རྐང་གསུམ་པ་འམ་རྐང་བཞི་པ་ཡང་བཅང་བར་བྱ་བའོ། །ས་ལས་བྱས་པའི་ཐབ་ཀྱང་ངོ་ཞེས་བྱ་བ་ནི། རྒྱ་ཐབ་དང་སྒྱེད་པོ་ཡང་བཅང་བར་བྱ་བའོ། །གནང་བ་ཐོབ་པས་ཁར་བའོ་ཞེས་བྱ་བ་ནི། ཁར་བའི་གནང་བ་ཐོབ་པ་ཐམས་ཅད་ཀྱིས་ཁར་བ་བཅད ་བར་བྱ་བའོ། །དྲ་བ་ཁ་དོག་གཅིག་པ་ཡང་ངོ་ཞེས་བྱ་བ་ཡང། གནང་བ་ཐོབ་པ་ཐམས་ཅད་ཀྱིས་བཅང་བར་བྱ་བའོ། །འདིར་དྲ་བ་ཞེས་བྱ་བ་ནི་བྱ་རྒྱའི་རྣམ་པ་ལྟ་བུ་ཡིན་པར་ཤེས་པར་བྱ་སྟེ་དེ་ཁ་དོག་གཅིག་པ་བཅང་བར་བྱའོ། །འདིར་གཞུང་ནི་བཅོམ ་ལྡན་འདས་ཀྱིས་དྲན་པ་ཉེ་བར་གཞག་པར་བྱའོ་ཞེས་བཀའ་སྩལ་བ་དང། དྲུག་སྡེ་དག་གི་ཚོན་སྣ་ལྔ་པའི་དྲ་བ་དག་ཉེ་བར་བཞག་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཚོན་སྣ་ལྔ་བའི་དྲ་བ་དག་ཉེ་བར་བཞག་པར་མི་བྱའོ་ཞེས་གསུངས ་པ་ཡིན་ཏེ། དེའི་ཕྱིར་དྲ་བ་ཁ་དོག་གཅིག་པ་ཡང་ངོ་ཞེས་སྨོས་སོ། །དེ་སྦྱིན་པར་བྱའོ་ཞེས་བྱ་བ་ནི། ཁར་བ་དང་དྲ་བའི་གནང་བ་དེ་སྦྱིན་པར་བྱ་བའོ། །ཅི་ཐམས་ཅད་ལ་འམ་ཞེ་ན་དེའི་ཕྱིར། རྒས་བ་དང་ན་བ་དག་ལའོ་ཞེས་བྱ་བ་སྨྲས་ཏེ། རྒས ་པ་དང་ན་བདག་གིས་དགེ་འདུན་ལ་གསོལ་ནས། དགེ་འདུན་གྱི་གསོལ་བ་དང་གཉིས་ཀྱི་ལས་ཀྱིས་གནང་བ་སྦྱིན་པར་བྱའོ། །དེའི་སྔགས་ནི། དགེ་འདུན་བཅུན་པ་རྣམས་གསན་དུ་གསོལ། བདག་དགེ་སློང་མིང་འདི་ཞེས་བགྱི་བ་རྒས་འཁོགས ་ཤིང་ཉམ་ཆུང་ལ་བྲོ་འཚལ་ཅིང་སྦྱོར་མི་བཟོད་དེ་དགེ་འདུན་ལས་ཁར་བ་གནང་བ་གསོལ་ན་ཐུགས་བརྩེ་བ་ཅན་དགེ་འདུན་བཙུན་པ་རྣམས་ཀྱིས་ཐུགས་བརྩེ་བའི་སླད་དུ་བདག་དགེ་སློང་མིང་འདི་ཞེས་བགྱི་བརྒས་འཁོགས་ཤིན ་ཉམ་ཆུང་བ་ལ་བྲོ་འཆལ་ཅིང་མི་བཟོད་པ་ལ། ཁར་བ་གནང་བ་སྩལ་དུ་གསོལ། ལན་གསུམ་དུ་བཟླས་དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་མིང་འདི་ཞེས་བགྱི་བརྒས་འཁོགས་ཤིང་ཉམས་ཆུང་ལ་བྲོ་འཚལ་ཅིང་སྦྱོར ་མི་བཟེད་བ་འདི་དགེ་འདུན་ལས་མཁར་བ་གནང་བ་གསོལ་ན། གལ་ཏེ་དགེ་འདུན་གྱིས་དུས་ལ་བབ་ཅིང་བཟོད་ན། དགེ་འདུན་གྱིས་གནང་བར་མཛོད་ཅིག་དང། དགེ་འདུན་གྱིས་དགེ་སློང་མིང་འདི་ཞེས་བགྱི་བརྒས་འཁོགས་ཤིང་ཉམས་ཆུང ་ལ་བྲོ་འཚལ་ཅིང་སྦྱོར་མི་བཟོད་པ་ལ་ཁར་བ་གནང་བ་སྩོལ་ཏོ། །འདི་ནི་གསོལ་བའོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །དྲ་བ་གནང་བ་གསོལ་བ་དང་སྦྱིན་པའི་སྔགས་ནི་ཁར་བ་གནང་བ་ཞེས་འབྱུང་བ་མིང་བརྫེས་ལ། སྐབས་དེར་དྲ་བ ་ཞེས་བྱ་བ་སྨོས་ཏེ་དྲ་བ་གནང་བ་ཉིད་བརྗོད་པར་བྱའོ། །དེ་གཉིས་ཚིག་གཅིག་གིས་སྦྱིན་པ་ཡང་སྲིད་དོ་ཞེས་བྱ་བ་ནི། ཁར་བ་དང། དྲ་བ་གནང་བ་དེ་གཉིས་སྔགས་ཀྱི་ཚིག་གཅིག་གིས་ཅིག་ཅར་དུ་གསོལ་བ་དང་སྦྱིན་དུ་ཡང་རུང་ངོ། །སྡིག ་སྦྲུལ་ལ་སོགས་བའི་གཉེན་པོའི་ཕྱིར་ཁར་བ་སྒྲ་དང་བཅས་པ་བཅད་དོ་ཞེས་བྱ་བ་ནི། སྡིག་སྦྲུལ་མང་བའི་ཡུལ་དུ་ངེས་འཚེ་བའི་གཉེན་པོར་དགེ་སློང་གིས་ཁར་བའི་མེ་ཏོག་གསོང་ལྡོང་སྙིང་བོ་ཅན་སྒྲ་དང་བཅས་བཅང་བར་བྱའོ། །སྔར་རྒན་བོ་དང་ནད ་པ་དག་ལ་གནང་བ་སྦྱིན་བའི་ཁར་བ་ནི་གནས་བརྟན་བའི་ཕྱིར་བེ་ཅོན་སྦོམ་པོ་རྗེས་སུ་གནང་བ་ཡིན་ནོ། །འཁར་གསིལ་ནི་དགོས་བ་གཞན་གྱི་དབང་གིས་གསུངས་སོ། །འདི་ནི་སྡིག་སྦྲུལ་ལ་སོགས་པའི་གཉེན་པོའི་ཕྱིར་རྗེས་སུ་གནང་བ་ཡིན ་པས་དེའི་ཕྱིར་དེ་གསུམ་ཐ་དད་པར་ཤེས་པར་བྱའོ། །ཡུ་བའི་རྩ་བ་ནས་གསན་སྦུ་བུ་བ་སྐོན་ནོ་ཞེས་བྱ་བ་ལ། ཡུ་བ་ཞེས་བྱ་བའི་སྒྲས་ནི་ཁར་བ་གནང་བ་ཐོབ་པའི་ཁར་བའི་ཡུ་བ་དང། འཁར་སིལ་གྱི་ཡུ་བ་དང། གོས་ཀྱི་སྲོག་ཤིང་གི་ཡུ་བ་དག ་བཟུང་ངོ། །དེ་དག་གི་རྩ་བ་མ་ཐོག་གསན། ལྕགས་ཀྱི་བུ་གུ་ངོས་གཅིག་ཞབས་བཅུག་པ་བསྐོན་པར་བྱ་བའོ། །ཡ་རྟག་ནི་དཀྲི་བས་སོ་ཞེས་བྱ་བ་ནི། ཡུ་བ་དེ་དག་གི་ཡ་ཏོག་གསན་ན་དཀྲི་བ་བསྐོན་པར་བྱ་སྟེ། ལྕགས་ཀྱིས་གླེགས་བུས་ཀུན་ནས ་འཁོར་བར་དཀྲི་བར་བྱའོ། །འདིར་གཞུང་ནི། རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་གྱི་བསིལ་བའི་ཚལ་གྱི་དུར་ཁྲོད་ན་སྡིག་སྦྲུལ་དག་མང་བས། དེ་ན་དགེ་སློང་དུར་ཁྲོད་དུ་འགྲོ་བ་དག་སྡིག་སྦྲུལ་དག་གིས་ཟིན་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ་དེ་ལྟ་བས་ན་སྡིག་སྦྲུལ་བཟློག་པའི་ཕྱིར་ཁར་བ་སྒྲ་ཅན་རྗེས་སུ་གནང་ངོ། །ཞེས་བྱ་བའི་བར་དུ་གསུངས་པ་ཡིན་ནོ། །གོས་ཀྱི་སྲོག་ཤིང་ཞེས་བྱ་བ་ནི་གོས་ཀྱི་གདང་ཡིན་ནོ། །སྨྱིག་མི་མཁན་གྱིས་བྱས་པ་འམ་ལོ་མ་ལས་བྱས་པའི་གདུགས་བཅད ་བར་བྱའོ་ཞེས་བྱ་བ་ནི། སྨྱིག་མས་འཚོ་བའི་སྨྱིག་མཁན་ཏེ། དེས་བྱས་པའི་གདུགས་ནི་སྨྱིག་མ་མཁན་གྱིས་བྱས་པའི་གདུགས་སོ། །དེ་ནི་སྐྱེ་བོ་ཐམས་ཅད་ཀྱི་དོན་དུ་གདུགས་ཁྲ་བོ་བཀྲ་བ་དག་བྱེད་བས་དེ་འདིར་ཉེས་བ་མེད་པ་བསྟན་པའི་ཕྱིར ་སྨྱིག་མ་མཁན་གྱིས་བྱས་པའི་ཞེས་སྨོས་སོ། །ལོ་མ་ལས་བྱས་པའི་གདུགས་ནི་འཕྲལ་གྱི་རང་བཟོར་བྱས་པ་ཡིན་ཏེ། དེ་གཉིས་གང་།འབྱོར་པ་བཅང་བར་བྱའོ། །ཡུ་བ་ནི་ལུས་ཀྱི་ཚད་དོ་ཞེས་བྱ་བ་ནི། གདུགས་ཀྱི་ཡུ་བའི་སྲིད་ཀྱི་ཚད་ནི་ལུས ་ཀྱི་སྲིད་ཀྱི་ཚད་དང་མཉམ་པར་བྱའོ། །ངེས་གྲོང་དབུས་སུ་འགྲོ་བར་མི་བྱའོ་ཞེས་བྱ་བ་ནི། གདུགས་དེས་གྲོང་གིས་དབུས་སུ་འགྲོ་བར་མི་བྱའོ། །གལ་ཏེ་ལམ་གྱི་དབང་གིས་ནི་གློར་བསྙལ་ཏེ་འོ་ཞེས་བྱ་བ་ནི། གལ་ཏེ་ལམ་གྱི་དབང་གིས་ ་གྲོང་དབུས་སུ་མི་འགྲོར་མི་རུང་ན། གདུགས་དེ་གློང?་བསྙལ་ཏེ། འགྲོ?་བར་བྱའོ། །ཆར་འབབ་པ་ཉིད་ནི་བསོད་སྙོམས་ལ་རྒྱུ་བར་བྱའོ་ཞེས་བྱ་བ་ནི། གདུགས་ཀྱིས་གྲོང་དབུས་སོ། །ཡུ་བ་ལ་བཞར་དུ་མི་རུང་བ་ཡིན་ནོ ་ཞེས་བྱ་བ་ནི། གོས་བསྐྱབ་པའི་ཕྱིར་ཡུབ་ལ་བཞར་ཞིང་ཡིབ་ཏུ་མི་རུང་བ་མ་ཡིན་ཏེ། རུང་བ་ཁོ་ནའོ་ཡུ་བ་ནི་བྱི་དོར་བྱའོ། །ཆད་ན་ཁྱིམ་དག་ཏུ་བཞག་གོ་ཞེས་བྱ་བ་ནི། ཆར་པ་ཆང་ན་དེའི་ཚེ་དྲུང་ན་འདུག་པའི་ཁྱིམ་གང་ཡིན་པ་དེར་གདུགས་ཏེ ་གཏམས་ཏེ་བཞག་པའོ། །འབྱུང་ཀར་བླང་ངོ་ཞེས་བྱ་བ་ནི། གང་དུ་བཞག་པའི་གྲོང་དེ་ནས་ཕྱིར་འབྱུང་ཀར་གདུགས་ཏེ་བླང་བའོ། །གཙུག་ལག་ཁང་ན་གནས་པའི་སྐབས་བཤད་ཟིན་ཏོ།། །།ད་ནི་གནས་གཞན་ན་གནས ་པའི་སྐབས་བརྗོད་པར་བྱ་སྟེ། རོལ་མོ་མཁན་གྱིས་གནས་དང་སྨད་འཚོང་མའི་གནས་དང། ཆང་འཚོང་གི་གནས་དང། རྒྱལ་པོའི་ཕོ་བྲང་དང། གདོལ་པའི་ཁྱིམ་གྱི་གནས་དག་བསྟེན་པར་མི་བྱའོ་ཞེས་བྱ་བ་ནི། སྤྱོད་ཡུལ་མ་ཡིན་པའི ་གནས་ལྔ་པོ་དེ་དག་ཏུ་འཇུག་པར་མི་བྱ་བའོ། །མི་གཙང་བའི་སྐབས་དང་ཉེ་བར་འདུག་པར་མི་བྱའོ་ཞེས་བྱ་བ་ནི། འཇུག་པའི་ཕྱིར་སོང་ན་ཡང་དེའི་ཉེན་ཀོར་དུ་བསྡད་པར་མི་བྱའོ། །འདིར་གཞུང་ནི། གླེང་གཞི་དག་ལས་དེ་ལྟ་བས་ན་དགེ ་སློང་གི་ཆབ་ཀུང་སར་སོང་ན་འདུ་འཇིས་གནས་པར་མི་བྱའོ། །དེའི་ཉེན་ཀོར་དུ་ལུང་དབོག་པར་མི་བྱ། བཀླག་བར་མི་བྱ། ཁ་ཏོན་མི་བྱའོ། ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །གོས་རིན་པོ་ཆེར་གྱུར་པས་དགོན་པར་གནས་པར་མི་བྱའོ ་ཞེས་བྱ་བ་ནི། ལ་བ་རིན་པོ་ཆེ་ལ་སོགས་པ་རིན་ཆེ་བས་སོ། །ལྡུམ་བུ་ནི་མེ་རུ་གའི་ཕྱེ་མས་ལ་བལ་སྲོག་ཆགས་དག་མི་འབྱུང་ངོ་ཞེས་བྱ་བ་ནི། ལྡུམ་བུ་དེའི་ཕྱེ་མས་བཏབ་ན་ལ་བལ་སྲིན་ལ་སོགས་པ་སྲོག་ཆགས་དག་མི་འབྱུང་ཞིང་དེ་དག་གིས ་དྲིས?་པར?་མི་འགྱུར་བའོ། །ཤིང་ཀུན་གྱི་ཡང་དེ་ཞེས་བྱ་བ་ནི། ཤིང་ཀུན་གྱི་ཕྱེ་མས་ཀྱང་ལ་བ་ལ་སྲོག་ཆགས་དག་མི་འབྱུང་བའོ། །ཤིང་ནི་མ་པ་དང་བ་ཤ་ཀའི་ལོ་མ་དག་གི་ཡང?་ངོ་ཞེས་བྱ་བ་ནི། ཤིང་དེ་གཉིས་ཀྱི་ལོ་མ་དག་གི་ཕྱེ་མས་ཀྱང་ལ་བ ་ལ་སྲོག་ཆགས་དག་མི་འབྱུང་བའོ། །རིམ་པ་དེར་སོང་ན་དེ་ལ་ཤིན་ཏུ་ཕན་བ་ཉིད་དོ་ཞེས་བྱ་བ་ནི། གོས་ཀྱི་རིམ་པ་གཅིག་ཏུ་ཕྱེ་མ་སོང་ཞིང་བཏབ་ན་ཡང་རིམ་པ་གཞན་ལ་ཤིན་ཏུ་ཕན་པ་ཉིད་ཡིན་ཏེ། དེའི་མཐུས་རིམ་པ་གཞན་ལ ་ཡང་ཤིན་ཏུ་ཕན་པ་ཉིད་ཡིན་པའོ། །སྐམ་པ་ཡང་དེའི་དོན་ཉིད་ཡིན་ནོ་ཞེས་བྱ་བ་ནི། གོས་སྐམ་པ་ཡང་སྲོག་ཆགས་མི་སྐྱེ་བ་ཉིད་དེའི་དོན་ཉིད་ཡིན་པའོ། །འདིར་གཞུང་ནི། དུས་དུས་སུ་བསྐམ་པར་བྱའོ་ཞེས་གསུངས་པ་ཡིན་ནོ། ། ་དགོན་པ་བས་ཕྱོགས་དང་ལམ་དང་ཚེས་གྲངས་དང་ཉི་མ་དང་རྒྱུ་སྐར་དག་ལ་མཁས་བར་བྱའོ་ཞེས་བྱ་བ་ནི། དགོན་པ་པས་དེ་དག་ཤེས་པར་བྱ་བའོ། །རྟག་ཏུ་མེ་དང་ཆུ་ཡོང་བར་རོ་བྱ་བ་ནི། དགོན་པ་པས་དེ་གཉིས་རྟག་ཏུ་ཡོད་པར་ཕྱེ་དང་རས ་མ་དག་དང་སྦྲང་རྩི་དང་ཞུན་མར་དག་ཅི་འབྱོར་པ་ཉེ་བར་བཞག་གོ་ཞེས་བྱ་བ་ནི། དགོན་པ་བས་དེ་དག་ཅི་འབྱོར་བ་བཅང་བར་བྱ་བ་སྟེ། དེ་ནི་ཆོམ་རྐུན་པའི་གནོད་པར་ཟློག་བའི་ཕྱིར་རོ། །འདིར་གཞུང་ནི་ཕྱེ་དང་སྦྲང་རྩི་དང་ཞུན་མར་ཅི་འབྱོར་པ ་ཉེ་བར་བཞག་པར་བྱའོ་ཞེས་གསུངས་པ་ཡིན་ནོ། །གལ་ཏེ་ཟས་ལས་ལྷག?་བྱུང་ན་ཅེས?་ངོ་ཞེས་བྱ་བ་ནི། གལ་ཏེ་ཟས་ལས་ལྷག་རོལ་ལུས་པར་གྱུར་ན་ཡང་ཉེ་བར་གཞག་པར་བྱའོ། །དགེ་སློང་མས་དགོན་པར་གནས་པར་མི་བྱའོ། ཞེས་བྱ་བ་ནི། ་རྣམ་པ་ཐམས་ཅད་དུའོ། །གྲོང་ཁྱེར་གྱི་ནང་དུ་དབྱར་ཁང་བྱའོ་ཞེས་བྱ་བ་ནི། དགེ་སློང་མས་སོ། །དེས?་དེའི་ཕྱི་སྒོར་འདུག་པར་མི་བྱའོ་ཞེས་བྱ་བ་ནི། དགེ་སློང་མ་དེས་དབྱར་ཁང་དེའི་ཕྱི་སྒོར་འདུག་པར་མི་བྱའོ། །སྣང་ཡལ་ཅན་དུ་མི་བྱའོ་ཞེས་བྱ་བ་ནི། ་འདུག་པར་ཏེ། འདིར་སྣང་ཡལ་ཅན་ཞེས་བྱ་བ་ནི། སྐར་ཁུང་འབའ་ཞིག་ཏུ་མ་ཟད་ཀྱི། གང་དུ་ཕྱི་རོལ་སྣང་བ་ཐམས་ཅད་ཡིན་པར་རིག་པར་བྱའོ། །ལམ་གྱི་བཞི་མདོར་མི་བྱའོ་ཞེས་བྱ་བ་ཡང་འདུག་པའོ། །གོས་མེད ་པ་ཅན་གྱིས་མི་བྱའོ་ཞེས་བྱ་བ་ནི། དགེ་སློང་མི་གོས་མེད་པ་ཅན་གྱིས་ཐམས་ཅད་དུ་འདུག་པར་མི་བྱའོ། །དེ་ལ་རྡུལ་ཟན་ནི་གོས་ཉིད་ཡིན་ནོ་ཞེས་བྱ་བ་ནི། བསྟན་མ་ཐག་པའི་མདོ་དེ་ལའོ། །དཔུང་པ་གཉིས་མ་གཡོགས་པར་ཁྱིམ་བའི ་དྲུང་དུ་མི་བྱའོ་ཞེས་བྱ་བ་ནི། དགེ་སློང་མས་རྡུལ་ཟན་གྱི་གོས་ཉིད་གྱོན་དུ་ཟིན་ཀྱང་དཔུང་པ་གཉིས་མ་གཡོགས་པར་ཁྱིམ་པའི་དྲུང་དུ་འདུག་བར་མི་བྱའོ། །དེའི་སྐྱིལ་མོ་ཀྲུང་གི་གནས་སུ་སྐྱིལ་མོ་ཀྲུང་ཕྱེད་དོ་ཞེས་བྱ་བ་ནི། དགེ་སློང་མ་དེའི་སྐྱིལ ་མོ་ཀྲུང?་གིས་འདུག་པའི་གནས་སུ་ནི་སྐྱིལ་མོ་ཀྲུང་ཕྱེད་ཀྱིས་འདུག་བར་རིག་པར་བྱ་སྟེ། དེས་སྐྱིལ་མོ་ཀྲུང་ཕྱེད་ཀྱིས་ཏིང་ངེ་འཛིན་ལ་འདུག་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། ཟག་བྱེད་ཀྱི་སྒོར་སྲོག་ཆགས་མི་འཇུག་པར་བྱ་བའི་ཕྱིར་གོས ་ལ་སོགས་པས་གཡོག་གོ་ཞེས་བྱ་བ་ནི། དགེ་སློང་མས་མོ་མཚན་གྱི་སྒོར་འབུ་སྦྲང་ལ་སོགས་པ་སྲོག་ཆགས་ཕྲ་མོ་མི་འཇུག་པར་བྱ་བའི་ཕྱིར། གོས་ལ་སོགས་པས་གཡོགས་པར་བྱ་བའོ། །དགེ་སློང་དག་གིས་དགེ་སློང་མ ་གཙུག་ལག་ཁང་དུ་འཇུག་པ་དག་བཟློག་པར་མི་བྱའོ་ཞེས་བྱ་བ་ནི། དགེ་སློང་དག་གིས་དགེ་སློང་མ་དགེ་འདུན་གྱི་གཙུག་ལག་ཁང་དུ་འཇུག་པ་དག་ཕྱིར་བཟློག་བར་མི་བྱ་བའོ། །དེ་དག་གཏམ་མི་འདྲི་བ་དང་མི་གདམས་པ་དང། གསོ ་སྦྱོང་དང་དགག་དབྱེ་གཞག་པ་དག་གིས་ཡོངས་སུ་གདུལ་བར་བྱའོ་ཞེས་བྱ་བ་ནི། དགེ་སློང་དག་གིས་དགེ་སློང་མ་དེ་དག་ཚུལ་བཞིན་མ་ཡིན་པ་བྱེད་ན་གཏམ་འདྲེ་བར་མི་བྱ་བ་ལ་སོགས་པ་དག་གིས་ཡོངས་སུ་གདུལ་པར་བྱ་ཞིང་དུལ་བ་ཐོབ ་བར་བྱའོ། །དེས་དགེ་སློང་རྗེས་སུ་གནང་བ་བྱེད་དུ་མ་བཅུག་པར་གཙུག་ལག་ཁང་དུ་འཇུག་པར་མི་བྱའོ་ཞེས་བྱ་བ་ནི། དགེ་སློང་མ་དེས་དགེ་སློང་རྗེས་སུ་གནང་བར་བྱེད་དུ་མ་བཅུག་ཅིང་གོ་བར་མ་བྱས་པར་དགེ་སློང་གི་གཙུག་ལག་ཁང་དུ་ཐུག་ཐུབ་ཏུ ་འཇུག་པར་མི་བྱའོ། །དགེ་སློང་གིས་དེ་ལ་ཇི་ལྟར་རྗེས་སུ་གནང་བར་བྱ་ཞེ་ན། དེའི་ཕྱིར། ཁྱོད་ནང་དང་བཅས་པ་མ་ཡིན་ན་རྗེས་སུ་གནང་ངོ་ཞེས་བྱ་བ་སྨྲས་ཏེ། གལ་ཏེ་ཁྱེད་དགེ་སློང་རྣམས་དང་ཞེ་འགྲས་པ་མ་ཡིན་ན་རྗེས་སུ་གནང་བར་བྱའོ། །ཅིང་བཞིན ་རྗེས་སུ་གནང་བར་བྱའམ་ཞེ་ན་དེའི་ཕྱིར་དྲི་བས་ཞེ་འགྲས་པ་མེད་པ་ཉིད་ངེས་པར་ཤེས་པར་བྱས་ཏེའོ་ཞེས་བྱ་བ་སྨྲས་ཏེ། དྲི་བ་གང་གིས་དགེ་སློང་མ་དེ་ལ་ཞེ་འགྲས་པ་མེད་ཅིང་རྙོག་པ་མེད་པ་ཉིད་དུ་སྟོན་པའི་དྲི་བ་དེས་ཞེས་བྱ་བའི་ཐ་ཚིག་གོ། གནས་ཀྱི་ཡང ་དག་པར་སྦྱར་བའི་སྐབས་རྫོགས་སོ།། །།ད་ནི་སྦ་བའི་རྣམ་པར་བཞག་པ་དང་ཡོངས་སུ་བསྐྱང་བའི་སྐབས་བསྟན་པར་བྱ་སྟེ། ཕྲེང་གཏན་དང་གནས་གཟེར་དང་འཁོར་གཏན་དང་སྒོ་ལྕགས་དང་ལྡེ་མིག་ཀྱོག་པོ་དག་གཙུག་ལག་ཁང ་བསྟན་པའི་ཕྱིར་ཡང་དག་པར་སྦྱར་རོ་ཞེས་བྱ་བ་ནི། གཙུག་ལག་ཁང་གི་སྒོ་ལ་སོགས་པ་བསྡམས་པའི་ཕྱིར་སྟ་གོན་བྱའོ། །སྒོ་ལྕགས་ཞེས་སྨོས་པ་ནི་སྒོ་གཏན་ཡང་བརྗོད་པ་ཡིན་ནོ། །འདིར་གཞུང་ནི་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ་དགེ་སློང་དག་ལྔ་པོ་འདི་དག་ནི་སྡོམ་པར་བྱེད་པ་དག་ཡིན་ཏེ། ལྔ་གང་ཞེ་ན། ཕྲེད་གཏན་དང་གནམ་གཟིར་དང་འཁོར་གཏན་དང་སྒོ་ལྕགས་དང་ལྡེ་མིག་ཀྱོག་པོ་སྟེ། དེ་དག་གཙུག་ལག་ཁང་ན་བདོག་ན་ཐམས་ཅད་དགེ་སྐོས་ཀྱིས་བཅང་བར་བྱའོ ་ཞེས་གསུངས་པ་དང། རྣམ་པར་འབྱེད་པ་ལས་ཀྱང་དགེ་འདུན་གྱི་གནས་བརྟན་དགེ་སློང་གིས་དགེ་སྐོས་ལ་ཚེ་དང་ལྡན་པ་ཁྱོད་ཀྱིས་སྒོ་བཅད་དམ། གཙུག་ལག་ཁང་སོ་སོར་བརྟགས་སམ་ཞེས་དྲི་བར་བྱའོ་ཞེས་གསུངས་པ་དང། མ་མོ་ལས་ཀྱང ་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་གནས་མལ་བསྲུང་བའི་ཕྱིར་ལྡེ་མིག་ཀྱོག་པོ་རྗེས་སུ་གནང་ངོ་ཞེས་གསུངས་པ་ཡིན་ནོ། །དགེ་སྐོས་ཀྱིས་དགོངས་ཀར་གཙུག་ལག་ཁང་བསྡམས་ནས་སོ་སོར་བརྟག་པར་བྱའོ་ཞེས་བྱ་བ ་ནི། དགེ་སྐོས་ཀྱིས་མཚན་མོའི་ཐུན་དང་པོའི་ཆར་གཙུག་ལག་ཁང་གི་སྒོ་ལ་སོགས་པ་བསྡམས་ནས་གཙུག་ལག་ཁང་སོ་སོར་བརྟག་པར་བྱའོ། །འཇིགས་པ་དང་བཅས་པ་ཉིད་ཡིན་ན་ཐུན་པ་ཉིད་ཀྱིས་མེལ་ཚེ་བྱའོ་ཞེས་བྱ་བ་ནི། གལ་ཏེ ་གཙུག་ལག་ཁང་འཇིགས་པ་དང་བཅས་པ་ཉིད་ཡིན་ན་དེའི་ཚེ་དགེ་སློང་རྣམས་ཀྱིས་ཐུན་ཏུ་ཀླག་པའི་ཐུན་ཉིད་ཀྱིས་མེལ་ཚེ་བྱ་བའོ། །དེར་གྱུར་པས་ཉལ་བ་དང་སྙོམས་པར་འཇུག་པ་དགེ་སྤོང?་ཞེས་བྱ་བ་ནི། མེལ་ཚེའི་ཐུན་པར་གྱུར་པ་དེས་ཉལ ་བ་དང་སྙོམས་པར་འཇུག་པ་དག་ངེས་པར་སྤང་བར་བྱ་སྟེ། གཞན་དུ་ན་ཡིད་བརྟན་པ་ལ་འཁུས་པར་འགྱུར་རོ། །དེར་དགེ་འདུན་གྱི་གནས་བརྟན་གྱི་དགེ་སྐོས་ལ་དམ་གཞག་བྱས་པ་ཉིད་དྲི་བར་བྱའོ་ཞེས་བྱ་བ་ནི། གཙུག་ལག་ཁང་དེར་དགེ་འདུན ་གྱི་གནས་བརྟན་གྱིས་དགེ་སྐོས་ལ་སྒོ་བཅད་པ་ལ་སོགས་པ་དམ་གཞག་བྱས་པ་ཉིད་སྨྲ་བར་བྱའོ། །གལ་ཏེ་ཡང་དག་པར་སྦྱར་བ་དག་གིས་མ་བསྡམས་པ་ཉིད་ན་གཙུག་ལག་ཁང་བརླག་ན་དགེ་སྐོས་འཇལ་དུ་གཞུག་པར་བྱ་བ་ཉིད་ཡིན་ནོ་ཞེས ་བྱ་བ་ནི། གལ་ཏེ་ཕྲེད་གཏན་ལ་སོགས་པ་སྦོམ་པར་བྱེད་པ་ལྔ་པོ་ཡང་དག་པར་སྦྱར་བ་དག་གིས་གཙུག་ལག་ཁང་གི་སྒོ་ལ་སོགས་པ་མ་བསྡམས་པ་ཉིད་ན་ཆོམ་རྐུན་པ་དག་གིས་གཙུག་ལག་ཁང་བོར་བརླག་བྱུང་ན། རྫས་ཅི་བརླག་པ་དགེ ་སྐོས་འཇལ་དུ་གཞུག་པར་བྱ་བ་ཉིད་ཡིན་ཏེ། དགེ་སྐོས་ལ་སྐྱིན་འབབ་པོ་ཞེས་བྱ་བའི་ཐ་ཚིག་གོ། དེ་དག་ཇི་ཅམ་ཉམས་པར་བྱས་པ་དེ་ཙམ་གྱི་ཆ་དག་གོ་ཞེས་བྱ་བ་ནི། བསྡམ་པའི་ཕྱིར་ཡང་དག་པར་སྦྱར་བ་ཕྲེང་གཏན་ལ་སོགས་པ་དག ་ལས་གཅིག་གམ་དུ་མ་འམ། མང་པོས་བསྡམས་པ་མ་བསྒྲུབས་གོང་ཉམས་པར་བྱས་ན་ཡང་དག་པར་སྦྱར་བ་དེ་དག་ཇི་ཙམ་མ་བསྒྲུབས་ཤིང་ཉམས་པར་བྱས་བ་དེ་ཙམ་གྱི་ཆ་དགེ་སྒོས་འཇལ་ཏུ་གཞུག་པར་བྱ་བ་ཉིད་ཡིན་ཏེ། གལ་ཏེ་གཅིག་གིས ་མ་བསྡམས་ན་གཅིག་གི་ཆ་འཇལ་ཏུ་གཞུག་གོ། ཇི་སྟེ་གཉིས་ཀྱིས་མ་བསྡམས་ན་གཉིས་ཀྱི་ཆ་འཇལ་ཏུ་གཞུག། དེ་བཞིན་དུ་གསུམ་གྱིས་མ་བསྡམས་ན་གསུམ་གྱི་ཆ་བཞིས་མ་བསྡམས་ན་བཞིའི་ཆ་འཇལ་ཏུ་གཞུག་གོ། གལ་ཏེ་ལྔ ་ཆར་གྱིས་མ་བསྡམས་ན་སྒྱིན་པ་རིལ་གྱིས་འཇལ་ཏུ་གཞུག་གོ། ལྡེ་མིག་སྐྱོག་པོ་དང་སྒོ་ལྕགས་བཅང་བར་བྱའོ་ཞེས་བྱ་བ་ནི། དགེ་སློང་དང་དགེ་སློང་མ་ཐམས་ཅད་ཀྱིས་སོ། །སྒོམ་པ་ཇི་སྙེད་ཡོད་པ་དེ་དག་གིས་སྒོ་མ་བསྡམས་པར་འགྲོ་བར ་མི་བྱའོ་ཞེས་བྱ་བ་ནི། ཕྲེད?་གཏན་ལ་སོགས་པ་སྡོམ་པར་བྱེད་?་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་ཀྱིས་སྒོ་མ་བསྡམས་པར་གཞན་དུ་འགྲོ་བར་མི་བྱའོ། །གལ་ཏེ་གནས་སྟོང་པར་ཞུགས་པར་གྱུར་ཕན་དེས་ཆག་ཆག་ལ་སོགས་པ་བྱའོ་ཞེས་བྱ་བ་ནི། ་གནས་གང་དུ་ཞུགས་པར་གྱུར་པ་དེ་གལ་ཏེ་སྟོང་པ་ཡིན་ན། དེར་ཆག་ཆག་ལ་སོགས་པ་བྱ་བའོ། །སྣོད་སྦྱང་བརྩམས་པ་འཁོས་སུ་དབབ་པར་བྱའོ་ཞེས་བྱ་བ་ནི། གནས་གང་དུ་ཞུགས་པར་གྱུར་པ་དེ་ནི་གལ་ཏེ་སྣོད་སྤྱད་དག་བསྡུ་སྐྱོག་མ་བྱས ་པར་བརྩམས་པར་འདུག་ན་དེ་དག་གནས་ཇི་ལྟ་བ་ཞིག་བསྡུ་སྐྱོག་བྱ་ཞིང་མཁོས་སུ་དབབ་པར་བྱ་བའོ། །གལ་ཏེ་དེ་མི་བཟོད་ན་བྱི་དོར་བྱའོ་ཞེས་བྱ་བ་ནི། སྣོད་སྤྱད་དེ་དག་གལ་ཏེ་བཀྲུ་བཤལ་ལ་སོགས་པ་བྱི་དོར་བྱ་བ་དེ་བགྲོད་ཅིང་ཉེས?་པ་ཡིན་ན ་དེ་བཀྲུ་བཤལ་ལ་སོགས་པ་བྱི་དོར་བྱ་སྟེ། མཁོས་སུ་དབབ་པར་བྱའོ། །གལ་ཏེ་རུང་བར་བྱེད་པ་ཡོད་ན་སྔོ་བྲེག་པ་བྱེད་དུ་གཞུག་གོ། ཞེས་བྱ་བ་ནི། གལ་ཏེ་རྩེ་རྒོད་ལ་སོགས་པ་བསྙེན་བར་མ་རྫོགས་པ་རུང་བར་བྱེད་པ་ཡོད་ན། གཙུག ་ལག་ཁང་དུ་རྩ་སྔོན་པོ་ལ་སོགས་པ་ལྷ་བཏུབ་འཐོབ་ཏུ་གཞུག་གོ། གལ་ཏེ་དེར་ཁྱིམ་པ་དག་ལྷགས་ན་དེ་དག་ལ་ཆོས་དང་ལྡན་པའི་གཏམ་དང་ནུས་པའི་ཆོས་གཞན་ཡང་བྱའོ་ཞེས་བྱ་བ་ནི། གལ་ཏེ་གཙུག་ལག ་ཁང་དེར་ཁྱིམ་པ་དག་ལྷགས་ན། ཁྱིམ་པ་དེ་དག་ལ་ཆོས་དང་ལྡན་པའི་གཏམ་བྱ་བ་དང་ཟས་སྐོམ་དང་གཡར་གཟིགས་ལ་སོགས་པ་ནུས་པའི་ཆོས་གཞན་ཡང་བྱ་བའོ། །གནས་ཀྱི་གཞིའི་ནང་གི་སྐབས་བཤད་ཟིན་ཏོ།། །། ་ང་ནི་ཕྱི་རོལ་གྱི་སྐབས་བརྗོད་པར་བྱ་སྟེ། ཤིང་ལྗོན་པ་བསྐྱེད་པ་མི་རུང་བ་མ་ཡིན་ནོ་ཞེས་བྱ་བ་ནི། དགེ་སློང་གིས་ཤིང་ལྗོན་བ་བསྐྱེད་དུ་རུང་བ་སྟེ། འདིར་ཤིང་ལྗོན་པ་ཞེས་བྱ་བས་ནི་ནགས་མ་དང་གེལ་པ་དང་འཁྲི་ཤིང་དང་ཏ་ལ་ལ ་སོགས་པ་དག་བསྟན་པར་རིག་པར་བྱའོ། །དེ་བསྐྱེད་ནས་མི་བསྐྱད་བར་མི་བྱའོ་ཞེས་བྱ་བ་ནི། ཤིང་ལྗོན་པ་ལ་སོགས་པ་དེ་བསྐྱེད་ནས་མི་བསྐྱང་བར་མི་བྱ་སྟེ། བསྐྱང་བ་ཁོ་ནར་བྱ་བའོ། །ཤིང་ལྗོན་པ་དུས་ཇི་སྲིད་དུ་བསྐྱང་བར་བྱ་ཞེ་ན་དེའི ་ཕྱིར། དེའི་ཤིང་ལྗོན་པ་ནི་མེ་ཏོག་ཆགས་ཀྱི་བར་དུའོ་ཞེས་བྱ་བ་སྨྲས་ཏེ། མེ་ཏོག་གི་ཤིང་ལྗོན་པ་ནི་མེ་ཏོག་ཆགས་ཀྱི་བར་དུ་བསྐྱང་བར་བྱའོ། །གཞན་ནི་འབྲས་བུའི་བར་དུའོ་ཞེས་བྱ་བ་ནི། འབྲས་བུའི་ཤིང་ལྔོན?་པ་ནི་འབྲས་བུ་ཆགས ་ཀྱི་བར་དུ་བསྐྱང་བར་བྱའོ། །གང་ལ་མེ་ཏོག་དང་འབྲས་བུའི་གཉི་ག་ཡང་འགྲུབ་པའི་ཤིང་ལྗོན་པ་དེ་ལ་ནི་གང་གི་དོན་དང་ལྡན་པ་ཉིད་དུ་ཆེས་གྲགས་པ་དེས་རྣམ་པར་བཞག་གོ། ཡུན་རིང་བ་ཉིད་ནི་ལོ་ལྔར་རོ་ཞེས་བྱ་བ་ནི། མེ་ཏོག་དང་འབྲས ་བུ་ཆགས་པ་དེ་གཉིས་ནི་ཡུན་རིང་བ་ཉིད་ན་ལོ་སྔར་བསྐྱང་བར་བྱ་བའོ། །འདི་ལ་དགེ་སློང་བསྐོས་པ་ནི་རང་ཉིད་དང་འདྲའོ་ཞེས་བྱ་བ་ནི། ཤིང་ལྗོན་པ་བསྐྱེད་བ་བསྐྱང་བ་འདི་ལ་དགེ་སློང་གཞན་ལ་བཅོལ་ཞིང་བསྐོས་པ་ནི་རང་ཉིད་དང་འདྲ་སྟེ། དགེ ་སློང་བསྐོས་པ་བསྐྱང་བ་བྱས་ན་རང་ཉིད་ཀྱིས་བསྐྱང་བ་བྱས་བ་དང་འདྲ་བ་ཡིན་ནོ། །འདིར་གཞུང་ནི་དགེ་སློང་ཀུན་དགའ་ར་བ་བསྐྱེད་པས་ལོ་སྔར་གར་ཡང་འགྲོ་བར་མི་བྱའོ། །གལ་ཏེ་འགྲོ་ན་དགེ་སློང་ལ་རྗེས་སུ་གཏད་དེ་འགྲོ་བར་བྱའོ་ཞེས་གསུངས་པ་ཡིན་ནོ། ། ་བཅུ་བའི་བདག་ཉིད་ཀྱིས་བསྐྱང་བ་ཇི་ལྟར་བྱ་ཞེ་ན་དེའི་ཕྱིར། ལག་པ་དག་དང་རྐང་པ་དག་བཀྲུ་བ་དང་སོ་ཤིང?་དོར་བ་དང་ལྷུང་བཟེད་བཀྲུ་བ་དང། ཁྲུས་བྱ་བ་ནི་བཅུ་པ་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། ཕྱོགས་དེར་རྐང་པ་བཀྲུ་བ་ལ་སོགས་པ་ཁྲུས་ཀྱི་མཐར་ཐུག ་པའི་བར་དག་བྱ་བ་ནི། བཅུ་པ་བྱ་བ་ཡིན་པར་རིག་པར་བྱའོ། །གྲང་བ་བསྐྱབ་པའི་ཕྱིར་ཁང་བུའི་སྦུབས་བྱའོ་ཞེས་བྱ་བ་ནི་ལྷགས་པ་བསྐྱབ་པའི་ཕྱིར་དེའི་སྟེང་དུ་ཁང་བུའི་སྦུབས?་དབུབ་པར་བྱ་བའོ། །དབྱུགས་དབྱུང་བའི་ཕྱིར་དེ་ལ་སྐར་ཁུང་གདོད་དོ་ཞེས ་བྱ་བ་ནི། རླངས་དེའི་ཕྱིར་དབྱུང་བའི་ཕྱིར་ཁང་བུའི་སྦུབས་དེ་ལ་སྐར་ཁུང་གདོད་པར་བྱ་བའོ། །གཡོགས་མས་དགབ་བོ་ཞེས་བྱ་བ་ནི། གང་བ་བསྐྱབ་པའི་ཕྱིར་ཁོ་ནར་ཁང་བུའི་སྦུབས་དེའི་སྟེང་གཡོག་པར་བྱ་བའོ། །སོག་མི་ཚ་བར་བྱ་བའི་ཕྱིར་དེ ་བསལ་ལོ་ཞེས་བྱ་བ་ནི། སོ་ཀ་ཤིང་ལྗོན་པ་མི་ཚ་བར་བྱ་བའི་ཕྱིར་གཡོགས་མ་དེ་གསལ་བར་བྱ་བའོ། །དབྱར་དག་ནི་མི་འདྲུལ་བར་བྱ་བའི་ཕྱིར་སྔ་མ་ཡང་ངོ་ཞེས་བྱ་བ་ནི། དབྱར་དག་ནི་ཤིང་ལྗོན་པ་མི་འདྲུལ་བར་བྱ་བའི་ཕྱིར་སྔ་མ་དག་ཅེས་བྱ་བ ་ཁང་བུའི་སྦུགས་དེ་ཡང་བསལ་བར་བྱའོ། །ཆུའི་ཡུར་བ་གདོད་དོ་ཞེས་བྱ་བ་ནི། ཁང་བུའི་སྦུབས་དེ་ལས་ཆུའི་ཡུར་བ་གདོད་པར་བྱ་བའི། །རྩ་བའི་འོངས་ཡལ་བར་མི་དོར་རོ་ཞེས་བྱ་བ་ལ། རྩ་བ་ཞེས་བྱ་བ་ནི། ཤིང་ལྗོན་པའོ། །དེའི་འོངས ་ཞེས་བྱ་བ་ནི། མེ་ཏོག་དང་འབྲས་བུ་ལ་སོགས་པ་ཐོགས་ཏེ་ད་ཡལ་བར་མི་དོར་བའོ། །འདིར་གཞུང་ནི། དེས་རྩ་བའི་ཐོགས་ཡལ་བར་དོར་བར་མེ་བྱ་ཞིང་བྱི་དོར་བྱའོ་ཞེས་གསུངས་པ་ཡིན་ནོ། འཁོར་ཡརྣམ་པར་དབྱེ་བའི་བྱེ་བྲག་གི་བྱི་དོར་བྱའོ་ཞེས་བྱ་བ་ ་ནི། དགེ་སློང་དག་གི་འཁོར་མང་ཉུང་རྣམ་པར་དབྱེ་བའི་མི་གླས་ཀྱི་བྱེ་བྲག་དེས་བྱི་དོར་གྱི་ལས་བྱ་བའོ། །ཅི་དེ་ལ་འཇུག་པས་སམ་ཞེ་ན་དེའི་ཕྱིར། ཁ་ཅིག་ཏུ་སོ་ཤིང་བཟའ་བ་དང་ཁ་ཅིག་ཏུ་བཀྲུ་བ་དང་ཁ་ཅིག་ཏུ་རྐང་པ ་དག་བཀྲུ་བ་དེ་ལྟ་བུ་དེ་ལ་འཇུག་པ་ཉིད་མ་ཡིན་བས་སོ་ཞེས་བྱ་བ་སྨྲས་ཏེ། གཅིག་ཏུ་དེ་ལ་བྱ་བ་དེ་དག་འཇུག་པ་ཉིད་དུ་མི་བྱ་བར་ལྷག་མ་རྣམས་ལ་ཡང་དེ་ལྟར་ཁ་བཀྲམ་ཏེ་བཅུ་བར་བྱ་བའོ། །བྱི་དོར་གྱིས་ལས་ལྷག་མ་སྨེད་ལ་སོགས་པ་གདབ ་པ་དང། ཁང་བུའི་སྦུབས་ལ་བྱ་བ་ལ་སོགས་བ་རང་གི་བསྐྱེད་བ་ལ་བྱ་བར་བསྟན་པ་གང་ཡིན་པ་དེ་དག་ལ་ཡང་ཅི་རིགས་པར་ཁ་བཀྲམ་སྟེ་བྱ་བར་རིག་པར་བྱའོ། །མེ་ཏོག་དང་འབྲས་བུ་བསྲུང་བའི་ཕྱིར་དགེ་སློང་དག་བསྐོ་བར་བྱའོ་ཞེས་བྱ་བ་ནི། ་མེ་ཏོག་དང་འབྲས་བུ་ལ་སོགས་པ་བསྲུང་བའི་ཕྱིར་དགེ་སློང་དག་བསྐོ་བར་བྱ་བའོ། །ཟན་གྱི་དུས་ཀྱི་ཆེད་དུ་གཞན་དག་གོ་ཞེས་བྱ་བ་ནི། དགེ་སློང་སྔ་མ་དག་ཟན་ཟ་བའི་དུས་ཀྱི་ཆེད་དུ་དགེ་སློང་གཞན་དག་བསྐོ་བར་བྱའོ། །དེ་དག་གིས་ཆོས་དང་པོར་ཟན ་ཟོས་ཏེ་འགྲོ་བར་བྱའོ་ཞེས་བྱ་བ་ནི། ཟན་གྱི་དུས་ཀྱི་ཆེད་དུ་བསྐོས་བའི་དགེ་སློང་དེ་དག་གིས་ཟན་སྔར་ཟོས་ཏེ་དེར་འགྲོ་བར་བྱའོ། །གནས་ཀྱི་ཚུལ་བཤད་ཟིན་ཏོ།། །།ད་ནི་བྱ་བའི་སྐབས་བརྗོད་པར་བྱ་སྟེ། ཀློག་ཏུ་འཇུག་པས་བསྙེན ་བཀུར་ཆེས་མང་པོ་བྱེད་པ་དང་མི་ནུས་བ་ལ་ལོགས་ཤིག་ཏུ་བྱ་བས་ཀྱང་བརྩེ་བར་བྱའོ་ཞེས་བྱ་བ་ལ། ཀློག་ཏུ་འཇུག་པ་ཞེས་བྱ་བ་ནི། ཀློག་པའི་སློབ་དཔོན་གྱིས་བསྙེན་བཀུར་ཆེས་མང་དུ་བྱེད་པ་ཞེས་བྱ་བ་རང་གི་དྲུང་ན་འདུག་པའི་སློབ་མ་དང། ་ཉེ་གནས་སློབ་དཔོན་རང་གི་བསྙེན་བཀུར་དང་འཕྲལ་གྱི་བྱ་བའི་ལས་ཆེས་མང་པོ་བྱེད་པ་དང། ལུང་ཕོག་པ་སྦྱིར་ཅིག་ཅར་དུ་འཛིན་ཅིང་ཀློག་པ་དང། ཁ་ཏོན་བྱ་བ་ལ་སོགས་པར་མི་ནུས་པའི་གང་ཟག་ལ་ལོགས་ཤིག་ཏུ་ལུང་འབོག་པ་དང་རྣམ ་པར?་བཤད་པ་ལ་སོགས་པ་བྱ་བས་ཀྱང་རྗེས་སུ་སྙིང་བརྩེ་བར་བྱ་བའོ། །དེའི་འདུལ་བ་བཟུང་སྟེ་དེའི་ལུང་དབོག་པ་དང་ཁ་ཏོན་བྱ་བ་དང། དམིགས་ཀྱིས་དྲི་བ་སྦྱིན་པ་དག་གིས་དགེ་སློང་མ་ལ་རྗེས་སུ་བརྩེ་བར་བྱའོ་ཞེས་བྱ་བ་ནི། དགེ་སློང་གིས་དགེ་སློང་མ ་དེའི་འདུལ་བ་བཟུང་སྟེ། དགེ་སློང་མའི་འདུལ་བ་དེའི་ལུང་དབོག་པ་དང་ཁ་ཏོན་བྱ་བ་དང་དམིགས་ཀྱིས་འདྲི་བ་སྦྱིན་བ་དག་གིས་དགེ་སློང་མ་ལ་རྗེས་སུ་བརྩེ་བར་བྱ་བའོ། །ཡི་གེ་བྲི་བར་བྱའོ་ཞེས་བྱ་བ་ནི། དགེ་སློང་གིས་སྦྲིང་ཡིག་ལ་སོགས་པ་ཡི་གེ་བི་བ་ལ ་ཚུལ་དང་མི་མཐུན་པ་མེད་པར་ཤེས་པར་བྱའོ། །འདིར་གཞུང་ནི་།རྣམ་པར་འབྱེད་པ་ལས། བཅོམ་ལྡན་འདས་ཉིད་ཀྱིས་ཡབ་ལ་སྦྲིང་ཡིག་སྐུར་བ་དང། སྐྱེ་དགུའི་བདག་མོ་ཆེན་མོས་ཨུཏཔ་ལའི་མདོག་གི་ཕྱིར་རང་ཉིད་ཀྱིས་ཡི་གེ་བསྲིང་ངོ་ཞེས ་གསུངས་པས་དེའི་ཕྱིར་མདོ་འདི་བྱས་སོ། །དྲན་པ་དང་འཛིན་པར་མི་ནུས་པས་འདུལ་བའོ་ཞེས་བྱ་བ་ནི། གང་ཟག་གིས་འདུལ་བའི་ཚིག་དང་དོན་དྲན་པ་དང་འཇིན་པར་མི་ནུས་བ་དེས་འདུལ་བ་ཡི་གེར་བྲི་བར་བྱའོ། །དེ་མི་བྲི་བར་བྱ་བ་ཉིད་ཡིན་ནོ་ཞེས་བྱ་བ ་ནི། འདུལ་བ་དེ་དྲན་པར་བྱའི། དོན་ལས་གཞན་དུ་ཡི་གེར་མི་བྲི་བར་ཉིད་ཡིན་པའོ། །འདིར་གཞུང་ནི། བཙུན་པ་བཅོམ་ལྡན་འདས་ཀྱིས་མ་འོངས་པའི་དུས་ན་བརྗེད་ངས་པ་རྒྱུད་ཉམ་ཆུང་བ་དག་འབྱུང་བར་འགྱུར་ཏེ། དེ་དག་གིས་གླེང་གཞི་ཡང ་ཐོན་པར་མི་འགྱུར་རོ་ཞེས་གསུངས་ལ། བཅོམ་ལྡན་འདས་ཀྱིས་ལྔ་པོ་དག་ནི་ཡི་གེར་མི་བྲི་སྟེ། ལྔ་གང་ཞེ་ན། སོ་སོར་ཐར་པ་ཐམས་ཅད་དང། སོ་སོར་ཐར་པ་དང་ལྡན་པ་ཐམས་ཅད་དང། འདུལ་བ་ཐམས་ཅད་དང། འདུལ་བ་དང་ལྡན་པ ་ཐམས་ཅད་དང། གང་ཟག་སོ་སོའི་ངོ?་ཞེས་ཀྱང་བཀའ་སྩལ་ན། དེ་དག་གིས་ཇི་ལྟར་བསྒྲུབ་པར་བགྱི། ཉེ་བར་འཁོར་དེ་དག་གིས་གླེགས་བུ་ལ་ཡི་གེ་བྲིས་ཏེ་བཅང་བར་བྱའོ་ཞེས་གསུངས་པ་ཡིན་ནོ། །འདི་ལ་སོ་སོར་ཐར་པ་ནི་དེ་དང་འདྲའོ་ཞེས་བྱ་བ ་ནི། ཡི་གེར་བྲི་བ་དང་ཡི་གེར་མི་བྲི་བ་ཉིད་འདི་ལ་སོ་སོར་ཐར་པ་ནི་འདུལ་བ་དེ་དང་འདྲ་སྟེ། དྲན་པ་དང་འཛིན་པར་མི་ནུས་པས་ནི་སོ་སོར་ཐར་པ་ཡི་གེར་བྲི་བར་བྱ་བའོ། །དེ་དང་ལྡན་པ་ཡང་ངོ་ཞེས་བྱ་བ་ནི། འདུལ་བ་དེ་དང་ལྡན ་པ་དང། སོ་སོར་ཐར་པ་དེ་དང་ལྡན་པ་ཡང་ཡི་གེར་བྲི་བ་དང་ཡི་གེར་མི་བྲི་བ་ཉིད་འདི་ལ་འདུལ་བ་དང་འདྲ་བར་ཤེས་པར་བྱ་བའོ། །འདིར་གཞི་དག་ནི་འདུལ་བ་ཉིད་ཀྱིས་བསྟན་ཏོ། །མདོ་ཙམ་ནི་སོ་སོར་ཐར་པ་ཉིད་ཀྱིས་བསྟན་ཏོ། །སོ་སོར་ཐར་པ་རྣམ ་པར་འབྱེད་པ་དང་དེར་གཏོགས་པའི་ཕྲན་ཚེགས་དང་གླེང་གཞི་དང་སིལ་བུ་དང་ཞུ་བ་ལ་སོགས་པ་ནི་སོ་སོར་ཐར་པ་དང་ལྡན་པ་ཉིད་ཀྱིས་བསྟན་ཏོ། །མདོ་ཙམ་ནི་སོ་སོར་ཐར་པ་ཉིད་ཀྱིས་བསྟན་ཏོ། །སོ་སོར་ཐར་པ་རྣམ ་པ་ཉིད་ཀྱིས་བསྟན་ཏོ། །གང་ཟག་གི་ཡང་ངོ་ཞེས་བྱ་བ་ཡང། མི་བྲི་བར་བྱ་བ་ཉིད་ཡིན་ནོ། ཞེས་བྱ་བའི་རྗེས་བསྙེག་པའི་ཕྱིར་ཡང་ངོ་ཞེས་བྱ་བའི་སྒྲས་སྨོས་ཏེ། གང་ཟག་གིས་དངོས་པོ་གང་ཡིན་པ་དེ་ཡང་ཡི་གེར་བྲི་བར་མི་བྱ་བ་སྟེ། དེ ་ལ་བདག་པོའི་མིང་ཡི་གེར་བྲི་བར་མི་བྱ་བའོ། །མཚན་མར་བྱ་བ་ལ་ནི་ཉེས་པ་མེད་དོ་ཞེས་བྱ་བ་ནི། འདིར་མཚན་མ་ཞེས་བྱ་བ་ནི་ཡོངས་སུ་ཤེས་པར་བྱ་བའི་ཕྱིར་ལྷུང་བཟེད་ལ་སོགས་པ་ལ་མངོན་མཚན་བྱེད་པ་དེ་གང་ཡིན་པ་དེ་ཡིན་པར་རིག་པར་བྱའོ།། ་འདིར་གཞུང་ནི། མཚན་མ་བྱེད་པ་ལ་ལྟུང་བ་མེད་དོ་ཞེས་གསུངས་པ་ཡིན་ནོ། །དགེ་འདུན་གྱི་གནས་མལ་ལ་མིང་ཡི་གེར་བྲིའོ་ཞེས་བྱ་བ་ནི། དགེ་འདུན་གྱི་གནས་མལ་ལ་མིང་ཡི་གེར་བྲི་བར་བྱ་བའོ། །ཇི་ལྟར་ཞེ་ན་དེའི་ཕྱིར། འདི་ནི་ཆེ་གེ་མོའི ་གཙུག་ལག་ཁང་མིང་འདི་ཞེས་བྱ་བའི་སྦྱིན་པར་བྱ་བའི་ཆོས་སོ་ཞེས་སོ་ཞེས་བྱ་བ་སྨྲས་ཏེ། སྦྱིན་པར་བྱ་བའི་ཆོས་འདི་ནི་སྦྱིན་བདག་ཆེ་གེ་མོའི་གཙུག་ལག་ཁང་མིང་འདི་ཞེས་བྱ་བའི་སྦྱིན་པར་བྱ་བའི་ཆོས་སོ་ཞེས་ཡི་གེར་བྲི་བར་བྱ་བའོ། །སྦྱིན་པར ་བྱ་བའི་ཆོས་ཞེས་བྱ་བ་ནི། སྦྱིན་པར་བྱ་བ་དེའི་ངོ་བོ་ཉིད་ཀྱི་ཆོས་སོ། །འདིར་གཞུང་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ། མལ་ཆ་དེ་ལ་འདི་ནི་རྒྱལ་བོ་གཟུགས་ཅན་སྙིང་པོ་སྦྱིན་པར་བྱ་བའི་ཆོས་སོ་ཞེས་ཡི་གེར་བྲི་བར་བྱའོ་ཞེས་གསུངས་པ་ཡིན ་ནོ། །གོས་དག་ལ་ཡང་ངོ་ཞེས་བྱ་བ་ནི། དགེ་འདུན་གྱི་གོས་དག་ལ་ཡང་འདི་ནི་ཆེ་གེ་མོའི་གཙུག་ལག་ཁང་མིང་འདི་ཞེས་བྱ་བའི་སྦྱིན་བར་བྱ་བའི་ཆོས་སོ་ཡི་གེར་བྲི་བར་བྱ་བའོ། །རྣམ་པ་དེ་ལྟར་གཞན་ལ་ཡང་ངོ་ཞེས་བྱ་བ་ནི། གནས་མལ་གྱི ་རྣམ་པ་དེ་ལྟར་སྣོད་སྤྱད་པ་ལ་སོགས་པའི་དོན་གཞན་ལ་ཡང་བྱ་བའོ། །ཀློག་ཏུ་འཛུད་པའི་སྐབས་ཞར་ལ་བྱུང་བ་དང་བཅས་པ་བཤད་ཟིན་ཏོ།། །།ད་ནི་ཀློག་པར་བྱེད་པའི་སྐབས་བརྗོད?་པར་བྱ་སྟེ། སངས་རྒྱས་ཀྱི ་བཀའ་སྡེབ་སྦྱོར་དང་ཚིག་དང་རིམ་པ་དེ་ལ་གཞོལ་བ་ཉིད་ཀྱིས་སྦྱར་ཏེ་ཀླག་པར་མི་བྱའོ་ཞེས་བྱ་བ་ནི། སངས་རྒྱས་ཀྱི་བཀའ་ཞལ་ནས་གསུངས་པའི་ལུང་དག་སྡེབ་སྦྱོར་དང་ཚིག་དང་རིམ་པ་དེ་དག་ལ་གཞོལ་བ་ཉིད་ཀྱིས་དེ་དག་སྦྱར་ཏེ་ཀླག་པར ་མི་བྱ་བའོ། །སྡེབ་སྦྱོར་ཞེས་བྱ་བ་ནི་ཀླག་པའི་རྣམ་པ་སྟེ་རིང་པོར་དྲང་བ་ལ་སོགས་པའི་རྣམ་པ་དང་ང་རོ་འགྱུར་བ་ལ་སོགས་པའི་མིང་ངོ། །ཚིག་ཅེས་བྱ་བའི་ཚིག་རེ་རེར་རྣམ་པར་ཕྱེ་སྟེ་ཀློག་པའོ། །རིམ་པ་ཞེས་བྱ་བ་ནི་ཐམས་ཅད་གཅིག་ཏུ ་བྱས་ཏེ་ཀློག་པའོ། །དེ་ལ་གཞོལ་བ་ཉིད་ཀྱིས་ཞེས་བྱ་བ་ནི། དེ་དག་ཁོ་ན་ལྟ་བུར་བྱས་པར་གྱུར་ཅིག་སྙམ་པ་སྟེ། སྡེབ་སྦྱོར་ལ་སོགས་པའི་རྣམ་པ་ལ་སོགས་པ་བཏོན་པ་དེ་ལྟ་བུར་གྱུར་ཅིག་སྙམ་པ་ཉིད་ཀྱིས་སོ། །གལ་ཏེ་རང་གི་རང་ཉིད་ཀྱིས ་རྣམ་པ་དེ་ལྟ་བུར་ཀློག་པ་ཡིན་ན་དེའི་ཚེ་ནི་ཉེས་པ་མེད་དོ། །གཞན་ལ་ལེགས་པར་གོ་བར་བྱེད་ནུས་ཤིང་སངས་རྒྱས་ཀྱི་བཀའ་ལ་བརྩོན་པ་ཉིད་མི་གཏོང་ན་ཕྱི་རོལ་པའི་བསྟན་བཅོས་དག་བཟུང་བར་བྱའོ་ཞེས་བྱ་བ་ནི། དགེ་སློང་གིས་ཕྱི་རོལ་གྱི ་བསྟན་བཅོས་དག་བཟུང་བར་བྱ་བ་སྟེ། འདིར་བྱེ་བྲག་ཏུ་མ་སྨོས་པས་ཚིག་དང་དོན་གཉི་གར་ཤེས་པར་བྱའོ། །འདིར་གཞུང་ནི་དེ་ལྟ་བས་ན་དགེ་སློང་གིས་འཇིག་རྟེན་རྒྱང་ཕན་པ་བཟུང་བར་རྗེས་སུ་གནང་ངོ་ཞེས་གསུངས ་པ་ཡིན་ནོ། །ཅི་ཐམས་ཅད་ཀྱིས་བྱེ་བྲག་མེད་པར་རམ་ཞེ་ན་དེའི་ཕྱིར། གཞན་ལ་ལེགས་པར་གོ་བར་བྱེད་ནུས་ཤིང་ངོ་ཞེས་བྱ་བ་སྨྲས་ཏེ། གཞན་མགུ་བར་བྱེད་ནུས་པ་གང་ཡིན་པ་དེས་སོ། །ཅི་དེ་ལ་གཞོལ་བ་ཁོ་ནས་དེ་བཟུང་བར་བྱེའམ ་ཞེ་ན་དེའི་ཕྱིར། སངས་རྒྱས་ཀྱི་བཀའ་ལ་བརྩོན་པ་ཉིད་མི་གཏོང་ན་ཞེས་བྱ་བ་སྨྲས་ཏེ། རྣམ་པ་ཐམས་ཅད་དུ་སངས་རྒྱས་ཀྱི་བཀའ་ལ་བརྩོན་པ་གཏོང་བར་མི་བྱའོ། །དེའི་དུས་ནི་ཉི་མ་སུམ་ཆ་བདེ་བ་མ་ཡིན་པ་ལའོ་ཞེས་བྱ་བ་ནི། ཕྱི ་རོལ་པའི་བསྟན་བཅོས་བཟུང་བ་དེའི་དུས་ནི་ཉི་མའི་སུམ་ཆ་སྟེ། དེ་ཡང་བདེ་བ་མ་ཡིན་པ་ཞེས་བྱ་བ་གང་གི་ཚེ་ལུས་དང་སེམས་ལས་སུ་རུང་བ་མ་ཡིན་པར་རིག་པར་བྱའོ། །མཚན་མོ་ཡང་ངོ་ཞེས་བྱ་བ་ནི། དེའི་དུས་སུམ་ཆ་བདེ་བ་མ་ཡིན་པའོ ་ཞེས་བྱ་བར་སྦྱར་རོ། །གསང་སྔགས་ཕན་འདོགས་པར་བྱེད་པ་དག་བཟུང་བར་བྱའོ་ཞེས་བྱ་བ་ནི། དུག་གི་གནོད་པ་ལ་སོགས་པ་སེལ་བར་བྱེད་པ་དག་གོ། སྦྱར་བར་བྱའོ་ཞེས་བྱ་བ་ནི། གསང་སྔགས་ཕན་འདོགས་པར་བྱེད་པ ་བདག་གིས་བཟུང་བདག་གཞན་ལ་གདབ་པ་ལ་སོགས་པ་ཐམས་ཅད་དུ་སྦྱར་བར་བྱའོ། །གནོད་པར་བྱེད་པ་ནི་མི་བྱའོ་ཞེས་བྱ་བ་ནི། གསང་སྔགས་གནོད་པར་བྱེད་པ་ནི་བཟུང་བར་མི་བྱ་སྦྱར་བར་ཡང་མི་བྱ་བའོ། །དེ་དག་གི་ཕྱག་གི ་གནས་སུ་དཀོན་མཆོག་གསུམ་བརྗོད་པར་བྱའོ་ཞེས་བྱ་བ་ནི། གསང་སྔགས་དེ་དག་ལ་ཕྱག་འཚལ་བ་འབྱུང་བ་གང་ཡིན་བ་དེའི་གནས་སུ་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ་ཞེས་བརྗོད་པར་བྱ་བའོ། །ལྷ་གཞན་ལ་ཕྱག་མི་བྱའོ་ཞེས ་བྱ་བ་ནི། ཁྱབ་འཇུག་ལ་སོགས་པ་ལའོ། །འདིར་གཞུང་ནི་གསང་སྔགས་ནི་རྣམ་པ་གཉིས་ཏེ། ཕན་འདོགས་པ་དང། གནོད་བར་བྱེད་བའོ། །དེ་ལ་གནོད་པར་བྱེད་བ་གང་ཡིན་པ་དེ་དག་ནི་དགེ་སློང་རྣམས་ཀྱིས་བཀླག་པར་མི་བྱ་སྦྱར་བར་མི་བྱའོ། །ཕན ་འདོགས་པ་གང་ཡིན་པ་དེ་དག་ནི་དགེ་སློང་རྣམས་ཀྱིས་བཀླག་པར་བྱ་སྦྱར་བར་བྱའོ་ཞེས་གསུངས་པ་དང། གསང་སྔགས་དེ་དག་ལ་ལྷ་གཞན་ལ་ཕྱག་འཚལ་བ་སྔོན་དུ་བཏང་བ་དག་བྱུང་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང ་གིས་འདི་ལས་ཕྱི་རོལ་པའི་ལྷ་ལ་ཕྱག་མི་བྱའོ་ཞེས་གསུངས་པ་ཡིན་ནོ། །མཆོད་པ་མི་བྱའོ་བཀུར་སྟི་མི་བྱའོ་ཞེས་བྱ་བ་ནི། འདི་ལས་ཕྱི་རོལ་བའི་ལྷ་ལའོ། །གནས་སུ་ཕྱིན་ན་མངོན་སུམ་དུ་འགྲེང་སྟེ་སེ་གོལ་ཀྱི་སྒྲས་གོ་བར་བྱས་ནས་གཙུག་ལག ་གི་ཚིགས་སུ་བཅད་བ་གདོན་པས་དེ་ལ་ཕན་བཏགས་པར་བྱའོ་ཞེས་བྱ་བ་ནི། དགེ་སློང་གིས་འདི་ལས་ཕྱི་རོལ་པའི་ལྷའི་གནས་སུ་ཕྱིན་ན་དེའི་མངོན་སུམ་དུ་འགྲེང་སྟེ། སེ་གོལ་གྱི་སྒྲས་གོ་བར་བྱས་ནས་དྲང་སྲོང་གིས་གསུངས་པའི་ཚིགས ་སུ་བཅད་པའི་གདོན་པས་དེ་ལ་ཕན་གདགས་པའོ། །བཟོ་རྗེས་སུ་བསྒྲུབ་པ་དང་བསླབ་པ་དང་དེའི་སྣོད་ཉེ་བར་བཞག་པར་མི་བྱ་སྟེ་མཚོན་གྱི་ཤུབས་དང་ཁབ་རལ་དང་རིམ་ཕྱིས་ནི་མ་གཏོགས་སོ་ཞེས་བྱ་བ་ནི། དགེ་སློང་གིས་རང་གིས་བཟོ་མི ་བྱ་བ་དང། གཞན་ལ་གཟོ་བསླབ་པར་མི་བྱ་བ་དང། བཟོ་སྦྱད་ཀྱི་སྣོད་ཉེ་བར་གཞག་པར་མི་བྱའོ། །གྲི་ཤུབས་ལ་སོགས་པ་དང་ཁབ་རལ་དང་རམ་ཕྱིས་ནི་མ་གཏོགས་སོ། །འདིར་གཞུང་ནི། དགེ་སློང་གིས་ང་ལྟ་བུའི་སྣོད་ཉེ་བར ་གཞག་པར་མི་བྱའོ། །སྔོན་སྨན་པ་ཡིན་ན་མཚོན་གྱི་སྣོད་དོ། །སྔོན་ཡི་གེ་བ་ཡིན་ན་རམ་ཕྱིས་དང། སྔོན་ཟངས་མཁན་ལས་རབ་ཏུ་བྱུང་བ་ཡིན་ན་ཁྲབ་རལ་ནི་མ་གཏོགས་སོ། ཞེས་གསུངས་པ་ཡིན་ནོ། །མུ་གཅིག་པ ་ལ་བསོད་ནམས་ཀྱི་བསམ་པས་དགེ་བའི་གོས་པ་ཉེ་བར་བསྒྲུབ་པར་བྱ་སྡེ?། གླ་རྔན་གྱིས་མ་ཡིན་ནོ་ཞེས་བྱ་བ་ནི། ཚངས་པ་མཚུངས་པར་སྤྱོད་པ་མུ་གཅིག་པ་དག་ལའོ། །བཀྲུ་སྨན་བཏང་ནས་གཞན་དུ་འགྲོ་བར ་མི་བྱའོ་ཞེས་བྱ་བ་ནི། གཞན་ལ་བཀྲུ་སྨན་བཏང་ནས་དེ་ཉིད་དུ་བསྡད་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། རྐྱེན་དེ་ལྟ་བུ་དག་བྱུང་ན་ཧ་ཅང་འཁྲུ་བ་ལ་སོགས་པའི་གནོད་པའི་གཉེན་པོའི་ཆོ་ག་བསྟན་ཏེའོ?་ཞེས་བྱ་བ་ནི། གདོན་མི་ཟ་བར ་འགྲོ་དགོས་པ་དེ་ལྟ་བའི་རྐྱེན་དག་བྱུང་ན། ཧ་ཅང་འཁྲུ་བ་དང་ཡེ་མི་འཁྲུ་བ་ལ་སོགས་པའི་གནོད་པའི་གཉེན་པོའི་ཆོ་ག་སྨན་དཔྱད་ཀྱི་ཐབས་གཞན་དག་ནད་བ་དང་ནད་གཡོག་ལ་བསྟན་ཏེ་འགྲོ་བར་བྱ་བའོ། །འདིར་གཞུང་ནི་དེ་ལྟ་བས་ན ་དགེ་སློང་གིས་གླ་རྔན་གྱིས་བཀྲུ་སྨན་བཏང་བར་མི་བྱའོ། །བཀྲུ་སྨན་བཏང་ནས་གཞན་དུ་འགྲོ་བར་མི་བྱའོ། །རྐྱེན་དེ་ལྟ་བུ་དག་བྱུང་ན་བསྒོས་ཏེ་འགྲོ་བར་བྱའོ་ཞེས་གསུངས་པ་ཡིན་ནོ། །ཚངས་པ་མཚུངས་པར་སྤྱོད་པ་མཚན ་མཐུན་བ?་ལ་དབེན་པའི་ཕྱོགས་སུ་འདྲེག་མཁན་གྱི་བྱ་བའོ། ཞེས་བྱ་བ་ནི་རབ་ཏུ་བྱུང་བས་ཚངས་པ་མཚུངས་པར་སྤྱོད་པ་མཚན་མཐུན་པ་ཞེས་བྱ་བ་དགེ་སློང་གིས་དགེ་སློང་ལ་དང། དགེ་སློང་མས་དགེ་སློང་མ་ལ་དབེན་པའི་ཕྱོགས ་སུ་འདྲག་མཁན་གྱི་བྱ་བ་སྐྲ་དང་སེན་མོ་བྲེག་པ་ལ་སོགས་པ་དག་བྱའོ། །ཁྲིའི་ཡན་ལག་ཆག་པ་བཅོས་པ་ཡང་ངོ་ཞེས་བྱ་བ་ཡང། དབེན་པའི་ཕྱོགས་སུ་བྱ་བའོ། །འདིར་ཁྲི་ཞེས་སྨོས་པ་ནི་ཁྲིའུ་ལ་སོགས་པ་གཞན་དག་གི་དཔེ ་ཡིན་ནོ། །ཕྲེང་བའི་རིམ་པ་དག་བརྒྱུ་བ་ཡང་ངོ་ཞེས་བྱ་བ་ཡང། དབེན་པའི་ཕྱོགས་སུ་བྱ་བའོ། །དཀོན་མཆོག་མཆོད་པར་གྱུར་པ་སེམས་ཅན་གྱི་གཟུགས་མ་ཡིན་པའི་རི་མོ་བྲི་བ་ཡང་ངོ་ཞེས་བྱ་བ་ཡང། དབེན་པའི ་ཕྱོགས་སུ་བྱ་བའོ། །སེམས་ཅན་གྱི་གཟུགས་མ་ཡིན་པ་ཞེས་སྨོས་པས་ནི་འདབ་མའི་མྱུ་གུ་ལ་སོགས་པ་དགེ་བཟུང་ངོ། །དེའི་ཕྱིར་དྲི་བ་ནི་དེ་ཉིད་ཡིན་ནོ་ཞེས་བྱ་བ་ནི། སེམས་ཅན་དང་སེམས་ཅན་མ་ཡིན་པའི་གཟུགས་བརླབ ་པའི་ཕྱིར་དང། རྩོམ་ཞིང་འབྲི་བ་ནི་ལོབས་པས་བྲིས་ཟིན་པ་ཉིད་དང་འདྲ་བ་སྟེ། སེམས་ཅན་གྱི་གཟུགས་བསླབ་པའི་ཕྱིར་དང་འདྲི་བར་བརྩོན་པ་ལ་ནི་ཉེས་པར་འགྱུར་ལ། སེམས་ཅན་གྱི་གཟུགས་མ་ཡིན་པ་ལ་ནི་ཉེས་པར་མི ་འགྱུར་རོ། །ཤི་བའི་སྐབས་དང་བཞག་པའི་སྐབས་ལས་གཞན་པའི་རྗེས་སུ་བསྒྲུབ་པའི་སྐབས་བཤད་ཟིན་ཏོ།། །།ད་ནི་ཤི་བའི་སྐབས་དང་བཞག་པའི་སྐབས་སུ་གང་བྱ་བ་དེ་བརྗོད་པར་བྱ་སྟེ། ཚངས ་བ་མཚུངས་པར་སྤྱོད་པ་ཤི་བའི་ལུས་ལ་མཆོད་བར་བྱའོ་ཞེས་བྱ་བ་ནི། སྦོས་ཆུ་དང་ཁྲུས་དང་བྱུག་པ་དང་མེ་ཏོག་དང་གོས་ཀྱིས་དགབ་པ་དང། གདུགས་དང་རྒྱལ་མཚན་བསྒྲེང་བ་དང་དུང་དང་རྔ་བོ་ཆེ་དང་རྔ་བ་ཊ་ཧ་ལ་སོགས་བའི ་སྒྲ་དབྱུང་བ་དང། བདུག་སྤོས་བསྲེག་པ་དང། མེ་ཏོག་སིལ་མ་ལ་སོགས་པས་གཏོར་བའི་མཆོད་པ་བྱ་བའོ། །དེ་བསྲེག་པར་བྱའོ་ཞེས་བྱ་བ་ནི་རོ་དེའོ། །འདིར་གཞུང་ནི་ལུས་ལ་མཆོད་པ་བྱས་ཏེ་བསྲེག་པར་བྱའོ། །ཞེས ་གསུངས་པ་ཡིན་ནོ། །ཅི་གདོན་མི་ཟ་བར་བསྲེག་པར་བྱ་བ་ཁོ་ན་ཡིན་ནམ་ཞེ་ན་དེའི་ཕྱིར་གལ་ཏེ་སྲོག་ཆགས་དང་བཅས་པའི་རྨ་མེད་པ་ཡིན་ནའོ་ཞེས་བྱ་བ་སྨྲས་སོ། །སོ་སོར་བརྟག་པས་ངེས་པར་བྱའོ་ཞེས་བྱ་བ་ནི། དེ་ལ་སྲོག ་ཆགས་ཡོད་དམ་མེད་བའོ། །བརྐོ་བ་འམ་ཆུ་ཀླུང་དུ་བསྐོར་རོ་ཞེས་བྱ་བ་ནི། ཡང་ན་ས་བརྐོས་པར་གཞུག་པ་འམ། ཆུ་ཀླུང་དུ་བསྐྱུར་བར་བྱ་བའོ། །མི་རུང་ན་ཚང་ཚིང་གི་དབུས་སུ་བཞག་གོ་ཞེས་བྱ་བ་ནི། བརྒྱ་ལ་སྲོག ་ཆགས་དང་བཅས་ཤིང་བསྲེགས་ན། སྲོག་ཆགས་མང་པོ་དག་འཆི་བ་ལྟ་ནའོ། །སྤྱོད་ལམ་གང་གིས་བཞག་པར་བྱ་ཞེ་ན། དེའི་ཕྱིར། གློག་མས་པས་བསྙལ་ཏེ་མིག་བྱང་ཕྱོགས་སུ་བསྟན་ཏེ་ཞེས་བྱ་བ་སྨས་སོ། །སྨྲས? ་སུ་རྩའི་ཆུན་པོ་གཞུག་གོ་ཞེས་བྱ་བ་ནི། རོ་ལའོ། རྩ་དག་གམ་ལོ་མ་དག་གིས་གཡོག་གོ་ཞེས་བྱ་བ་ཡང་རོ་དེའོ། །ཆོས་མཉན་པ་དང་ཡོན་བཤད་པ་དག་བྱའོ་ཞེས་བྱ་བ་ནི། རོ་དེའི་ཕྱིར་རོ། །རེག་པ་དག་གིས་གོས་དད་བཅས་ཏེ། ཁྲུས་བྱའོ ་ཞེས་བྱ་བ་ནི། རོལ་རེག་པ་དག་གིས་སོ། །གཞན་དག་གིས་ནི་རྐང་ལག་བཀྲུའོ་ཞེས་བྱ་བ་ནི། རོལ་མ་རེག་བ་དག་གིས་སོ། །མཆོད་རྟེན་ལ་ཕྱག་བྱས་ཏེ་འཇུག་པར་བྱའོ་ཞེས་བྱ་བ་ནི། དགེ་སློང་དེ་དག་གིས་མཆོད་རྟེན་ལ་ཕྱག་བྱས ་ཏེ་གཙུག་ལག་ཁང་དུ་འཇུག་པར་བྱའོ། །མཆོད་རྟེན་ནི་རྣམ་པ་གཉིས་ཏེ་གཅིང་ཁང་ཅན་ཉིད་དང་ཀ་བ་ལྟ་བུ་ཉིད་དོ་ཞེས་བྱ་བ་ནི། གཙང་ཁང་ཅན་ཉིད་ཅེས་བྱ་བ་ནི། བུམ་པའི་ཕྱོགས་ན་གཙང་ཁང་ཕྱུར་བུ་དང་ལྡན་པ་ཉིད་དོ། །ཀ་བལྟ་བུ་ཉིད ་ཅེས་བྱ་བ་ནི། གཙང་ཁང་མེད་པ་ཀ་བའི་རྣམ་པ་ལྟ་བུར་བསྒྲེང་བ་ཉིད་དོ། །དེ་རབ་ཏུ་བྱང་བ་རྣམས་ལ་འོས་པ་ཉིད་དོ་ཞེས་བྱ་བ་ནི། མཆོད་རྟེན་དེའོ། །ཅི་ཐམས་ཅད་ལའམ་ཞེན་དེའི་ཕྱིར། གལ་ཏེ་དགེ་བ་ཡིན་ནའོ་ཞེས་བྱ་བ་སྨྲས་ཏེ། རབ ་ཏུ་བྱུང་བར་ཞེས་བྱ་བར་སྦྱར་རོ། །སངས་རྒྱས་རྣམས་ཀྱིས་ནི་རྣམ་པ་ཐམས་ཅད་དོ་ཞེས་བྱ་བ་ནི། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སྐུ་གདུང་གི་མཆོད་རྟེན་ནི་རྣམ་པ་ཐམས་ཅད་རྫོགས་པར་བྱའོ། །རྣམ་པ་ནི་བང་རིམ་བཞིན་དང་འདྲ་བ ་མ་དང་བུམ་པ་དང་པུ་ཤུ་དང་སྲོག་ཤིང་དང་གདུགས་བཅུ་གསུམ་དང་ཆར་ཀབ་དག་གོ་ཞེས་བྱ་བ་ནི། མཆོད་རྟེན་གྱི་རྣམ་པ་ཐམས་ཅད་རྫོགས་པའོ། །སངས་རྒྱས་རྣམས་ཀྱི་ནི་ཆར་ཀབ་མེད་པའོ་ཞེས་བྱ་བ་ནི། རྣམ་པར་དག་ལས་ཆེན ་ཀ་བ་འབའ་ཞིག་མེད་པ་ཞེས་བྱ་བའི་ཐ་ཚིག་སྟེ། དེ་ཡང་བསེ་རུ་ལྟ་བུའི་ཕྱིར་གསུངས་པ་ཡིན་གྱི། ཚོགས་དང་སྤྱོད་པའི་ནི་དགྲ་བཅོམ་པའི་རྣམ་པ་ལྟ་བུའོ། །འདིར་གཞུང་ནི་རང་སངས་རྒྱས་ཀྱི་ནི་ཆར་ཀབ་མེད་པའོ་ཞེས་གསུངས་པ་ཡིན་ནོ། །ཉན་ཐོས ་རྣམས་ཀྱི་ནི་འབྲས་བུའི་ཚད་དག་གིས་དེའི་གདུགས་གཅག་ལྷག་པའོ་ཞེས་བྱ་བ་ནི། ཉན་ཐོས་རྣམས་ཀྱི་མཆོད་རྟེན་ནི་རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་སོགས་པའི་ཚད་དག་གིས་ཆར་ཀབ་མེད་པའི་མཆོད་རྟེན་དེའི་གདུགས་གཅིག་གིས་ལྷག་པར་བྱ ་སྟེ། །འབྲས་བུ་ཇི་སྙེད་ཐོབ་པ་དེ་སྙེད་ལས་གདུགས་རེ་རེས་ལྷག་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། འདིར་གཞུང་ནི། དགྲ་བཅོམ་པའི་ནི་གདུགས་ལྔའོ། །ཕྱིར་མི་འོང་བའི་ནི་གདུགས་བཞིའོ། །ལན་ཅིག་ཕྱིར་འོང་བའི་ནི་གདུགས་གསུམ་མོ། །རྒྱུན ་ཏུ་ཞུགས་པའི་ནི་གདུགས་གཉིས་སོ་ཞེས་གསུངས་པ་ཡིན་ནོ། །ཉན་ཐོས་ཀྱི་མཆོད་རྟེན་ནི་ཕྱོགས་གང་དུ་བྱ་ཞེ་ན། དེའི་ཕྱིར། དེ་བཞིན་གཤེགས་པའི་ཕྱོགས་ཀྱི་ཡུལ་ཉིད་དུ་གང་དུ་དེ་དག་གས་པར་གྱུར་པའི་ཕྱོགས་དེར་དེའི་འཁོར་དུ་བྱའོ ་ཞེས་བྱ་བ་སྨྲས་ཏེ། དེ་བཞིན་གཤེགས་པའི་མཆོད་རྟེན་གྱི་ཕྱོགས་བཞི་པོ་གང་ཡིན་པ་དེ་དག་ཉིད་ཉན་ཐོས་ཀྱི་མཆོད་རྟེན་དེ་དག་གི་ཡུལ་ཡིན་ཏེ་དེའི་དངོས་པོ་ནི་དེ་ཉིད་དེ་དེར་རོ། །གང་གི་ཚེ་དེ་བཞིན་གཤེགས་པའི་མཆོད་རྟེན་གྱི་ཕྱོགས་ཀྱི་ཡུལ་ཉིད་དུ ་ཉན་ཐོས་ཀྱི་མཆོད་རྟེན་དག་བྱེད་པར་འདོད་པ་དེའི་ཚེ་དེ་བཞིན་གཤེགས་པ་བཞུགས་པའི་དུས་ན་སྔོན་དེ་བཞིན་གཤེགས་པའི་ཕྱོགས་གང་དུ་ཉན་ཐོས་ཆེན་པོ་དེ་དག་གནས་པར་འགྱུར་བའི་ཕྱོགས་དེར་དེ་བཞིན་གཤེགས་པའི་མཆོད་རྟེན་དེའི་འཁོར་དུ་ཉན ་ཐོས་དེ་དག་གི་མཆོད་རྟེན་བརྩིག་པར་བྱ་སྟེ། དཔེར་ན་མཆོག་ཟུང་གཅིག་ནི་བཅོམ་ལྡན་འདས་ཀྱི་མངོན་སུམ་ན་གནས་པར་གྱུར་པས། དེ་ཉིད་ཀྱི་མཆོད་རྟེན་ནི་དེ་བཞིན་གཤེགས་པའི་མཆོད་རྟེན་གྱི་སྤྱན་སྔར་བརྩིག་པར་བྱ་བ་ལ་སོགས་པ ་ལྟ་བུའོ། །འདི་ལ་རྒན་རིམས་སུ་མི་བྱ་བར་མི་བྱའོ་ཞེས་བྱ་བ་ནི། མཆོད་རྟེན་གྱི་ཡུལ་འདི་ལ་ཉན་ཐོས་ཆེན་པོ་རྣམས་ཀྱི་མཆོད་རྟེན་རྒན་རིམས་སུ་བརྩིག་པར་བྱ་སྟེ། དང་པོར་འོད་སྲུངས་ཆེན་པོའིའོ། །དེའི ་འོག་ཏུ་གཞན་དག་གིའོ། །སོ་སོའི་སྐྱེ་བོ་རྣམས་ཀྱི་ནི་བྱི་བོའོ་ཞེས་བྱ་བ་ནི། སོ་སོའི་སྐྱེ་བོ་དགེ་བ་རྣམས་ཀྱི་མཆོད་རྟེན་ནི་སྲོག་ཤིང་མེད་པ་བྱི་བོར་བྱ་བའོ། །དེ་དག་གི་དགེ་འདུན་གྱི་ཀུན་དགའ་ར་བའི་ཕྱི་རོལ་ཏུ་བྱའོ་ཞེས་བྱ་བ་ནི། སོ་སོའི ་སྐྱེ་བོ་དགེ་བ་རྣམས་ཀྱི་མཆོད་རྟེན་དེ་དག་སྟེ། སོ་སོ་སྐྱེ་བོ་ཡིན་པའི་ཕྱིར་རོ། །འཕགས་པ་ལ་ནི་མཆོད་རྟེན་གྱི་དུས་སྟོན་རིགས་སོ་ཞེས་བྱ་བ་ནི། འཕགས་པའི་གང་ཟག་ལ་མཆོད་རྟེན་གྱི་དུས་སྟོན་བྱ་བར་རིགས་པའོ། །ཉན ་ཐོས་ཀྱི་མཆོད་རྟེན་ལ་ཕུལ་བ་ནི་ཚངས་པ་མཚུངས་པར་སྤྱོད་པ་རྣམས་དབང་བ་ཉིད་ཡིན་ནོ་ཞེས་བྱ་བ་ནི། དེ་ལ་རས་དང་སྣམ་བུ་དང་རྫས་ཀྱི་རྣམ་པ་གཞན་གང་དག་ཕུལ་བ་དེ་དག་ནི་དགེ་སློང་རྣམས་ཀྱིས་བགོ་བར་བྱ་བའོ། །འདིར ་གཞུང་ནི། ཚངས་པ་མཚུངས་པར་སྤྱོད་པའི་རྫས་ལ་ནི་དགེ་སློང་ཚངས་པ་མཚུངས་པར་སྤྱོད་པ་དག་དབང་དོ་ཞེས་གསུངས་པ་ཡིན་ནོ། །མུ་ཏིག་དག་ནི་བསྟན་པ་བཞིན་དུའོ་ཞེས་བྱ་བ་ནི། ཉན་ཐོས་ཀྱི་མཆོད་རྟེན་ལ་མུ་ཏིག་ཕུལ་བ་དག ་ནི་སྔར་མུ་ཏིག་ནི་སངས་རྒྱས་ལ་དབུལ་ཞིང་དྲི་གཙང་ཁང་གི་ཞལ་དུ་བྱའོ་ཞེས་བསྟན་བ་བཞིན་དུ་བྱ་བའོ། བུད་དུང་དག་ནི་སངས་རྒྱས་ལ་དབུལ་ལོ་ཞེས་བྱ་བ་ལ། འདིར་གཞུང་ནི་བུད་དུད་གང་དག་ཡིན་པ་དེ་དག་ནི་འཛམ་བུའི་གྲིབ་མ་ལས ་བྱུང་བའི་སྐུ་གཟུགས་ལ་དབུལ་བར་བྱའོ་ཞེས་གསུངས་པ་ཡིན་ནོ། །དེ་ལས་ཞིག་རལ་བཅོས་པའི་ཕྱིར་བཞག་པར་བྱའོ་ཞེས་བྱ་བ་ནི། མཆོད་རྟེན་ལ་ཕུལ་བའི་རྫས་དེ་ལ་མཆོད་རྟེན་དེ་ཉིད་ཀྱི་ཞིག་རལ་བཅོས་པའི་ཕྱིར་བཞག་པར ་ཡང་བྱ་བའོ། །མཆོད་པར་རུང་བ་ཉིད་ཀྱང་ངོ་ཞེས་བྱ་བ་ནི། འཕན་གདུགས་ལ་སོགས་པ་མཆོད་པར་རུང་བ་ཉིད་ཀྱང་མཆོད་རྟེན་དེ་ཉིད་ཀྱི་དུས་སྟོན་གྱི་ཚེ་མཆོད་པར་བྱ་བའི་ཕྱིར་བཞག་པར་བྱ་བའོ། །འདིར་གཞུང་ནི་དེ་ལ་དབྱིག་དང་གསེར་གང ་ཡིན་པ་དེ་དག་མཆོད་རྟེན་དེ་ཉིད་ཞིག་རལ་ཏུ་གྱུར་པ་བཅོས་པའི་ཕྱིར་བཞག་པར་བྱ་བའོ། །མཆོད་པར་རུང་བའི་རྫས་གང་ཡིན་པ་དེ་དག་ནི་དུས་སྟོན་གྱི་མཆོད་པ་བྱ་བའི་ཕྱིར་བཞག་པར་བྱའོ་ཞེས་གསུངས་པ་ཡིན་ནོ། །སངས་རྒྱས་ལ་ལྕགས ་ལས་བྱས་པའི་མཆོད་རྟེན་བྱ་བ་ནི་ཆོས་དང་མཐུན་ནོ་ཞེས་བྱ་བ་ནི། བྱར་རུང་ངོ་ཞེས་བྱ་བའི་ཐ་ཚིག་གོ། དབུ་སྐྲ་དང་སེན་མོའི་མཆོད་རྟེན་གསེར་དང་དངུལ་དང་བཻཌཱུརྱ་དང་ཤེལ་ལས་བྱས་པ་ལ་ཡང་ངོ་ཞེས་བྱ་བ་ཡང་ཆོས་དང་མཐུན་པའོ།། ་འདིར་བ་ཞུང་ནི་རྣམ་པར་དབྱོད་པ་ལས་གལ་ཏེ་བཅོམ་ལྡན་འདས་ཀྱིས་རྗེས་སུ་གནང་ན་བདག་གིས་འཛམ་བུའི་གྲིབ་མ་ལས་བྱུང་བའི་སྐུ་གཟུགས་བགྱིད་དུ་སྩལ་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱིམ་བདག་རྗེས ་སུ་གནང་གིས་བྱེད་དུ་ཆུག་ཅིག། ཅེས་གསུངས་པ་དང། སིལ་བུ་དག་ལས་ཀྱང་གལ་ཏེ་བཅོམ་ལྡན་འདས་ཀྱིས་རྗེས་སུ་གནང་ན་བདག་གི་དབུ་སྐྲ་དང་སེན་མོའི་མཆོད་རྟེན་དག་ལ་མཐུན་འཁོར་བགྱིད་དུ་སྩལ་ཏོ། །བཅོམ ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱིམ་བདག་རྗེས་སུ་གནང་གིས་བྱེད་དུ་ཆུག་ཅིག་ཅེས་བྱ་བ་ལ་སོགས་པ་གསུངས་པ་དང། གླེང་གཞི་དག་ལས་ཀྱང་གལ་ཏེ་བཅོམ་ལྡན་འདས་ཀྱིས་རྗེས་སུ་གནང་ན་བདག་གིས་དབུ་སྐྲ ་དང་སེན་མོའི་མཆོད་རྟེན་དག་ལ་ཚོན་དང་དོ་ཀར་རྩི་སྐུད་དུ་སྩལ་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱིམ་བདག་རྗེས་སུ་གནང་གིས་སྐུད་དུ་ཆུག་ཅེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །དེ་ལ་མཐུན་པའི ་འཁོར་བྱའོ་ཞེས་བྱ་བ་ནི། སངས་རྒྱས་ཀྱི་མཆོད་རྟེན་དེ་ལ་རི་མོ་དང་བྱུག་པའི་ལས་ལ་སོགས་པས་མཐུན་པའི་འཁོར་བྱ་བའོ་།དགའ་ལྡན་གྱི་གནས་ན་བཞུགས་པ་ལ་སེགས་པ་ནས་ཡོངས་སུ་མྱ ་ངན་ལས་འདས་པའི་མཛའ་ཨི་པར་གྱི་སྤྱོད་པ་ནི་དེ་ཞེས་བྱའོ་ཞེས་བྱ་བ་ནི། མཐུན་པའི་འཁོར་ཅེས་བྱའོ། །དཀར་རྩིས་དཀར་པོར་བྱའོ་ཞེས་བྱ་བ་ནི། ས་དཀར་ལ་སོགས་པས་སོ། །མར་མེ་འཛིན་པ་བྱའོ་ཞེས་བྱ་བ་ནི། མར ་མེའི་ཕྱིར་ཀོང་བུ་བྱའོ། །ལན་ཀོན་གྱིས་སྐོར་རོ་ར་ཞེས་བྱ་བ་ནི། ཁོར་ཁོར་ཡུག་ཏུ་བསྐོར་བར་བྱའོ། །རྟ་བབས་བསྒྲེང་བར་བྱའོ་ཞེས་བྱ་བ་ནི་བསྐོར་རོ། །རྒྱལ་མཚན་གཟུགས་སོ་ཞེས་བྱ་བ་ནི། མཆོད་རྟེན་གྱི ་དྲུང་དུའོ། །ད་ནི་རྣམ་པ་བཞིའོ་ཞེས་བྱ་བ་ནི། རྒྱལ་མཚན་ནོ། །བཞི་གང་ཞེན་དེའི་ཕྱིར། སེང་གེའི་རྒྱལ་མཚན་དང་ཆུ་སྲིན་གྱི་རྒྱལ་མཚན་དང། ཀླུའི་རྒྱལ་མཚན་དང་ཁྱུ་མཆོག་གི་རྒྱལ་མཚན་ནོ ་ཞེས་བྱ་བ་སྨྲས་སོ། །གཙང་ཁང་ཀི་མུ་ཁྱུང་བྱའོ་ཞེས་བྱ་བ་ནི། གཙང་ཁང་ཕུར་བུའི་ཚར་གྱིས་བསྐོར་བར་བྱ་བའོ། །དེར་རྟ་བབས་བསྒྲེང་བར་བྱའོ་ཞེས་བྱ་བ་ནི། གཙང་ཁང་གི་མུ་ཁྱུད་དེར་རོ། །སྒོ་ཡབ ་བྱའོ་ཞེས་བྱ་བ་ནི། གཙང་ཁང་གི་མུ་ཁྱུད་དེའི་མདུན་དུ་སྒོ་ཡབ་ཀྱི་ཁྱམས་བྱ་བ་སྟེ། སྒོའི་དྲུང་དུ་ཁང་པ་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། དེ་ལ་ལན་ཀན་གྱི་བསྐོར་རོ་ཞེས་བྱ་བ་ནི། སྒོ་ཡབ་དེ་ལའོ། །ཀ་བ ་རྣམས་བཅག་གིས་བསྐུའོ་ཞེས་བྱ་བ་ནི། གཙང་ཁང་ལ་སོགས་པའོ། །རྩིག་པ་དག་རྒྱ་སྐྱེགས་ཀྱི་བྲིའོ་ཞེས་བྱ་བ་ནི། ཁྲ་བོ་ལ་སོགས་པར་བྱུག་པའོ། །དྲིས་དབང་བསྐུར་བ་དབུལ་ལོ་ཞེས་བྱ་བ་ནི། ཆོས་དང ་མཐུན་ནོ་ཞེས་བྱ་བར་སྦྱར་རོ། །འབྲུ་མར་དང་བབ་བླ་དང་ཅན་དན་དང་གུར་ཀུམ་གྱི་ཆག་ཆག་དག་ཀྱང་ངོ་ཞེས་བྱ་བ་ཡང། དབུལ་བ་ཆོས་དང་མཐུན་ནོ་ཞེས་བྱ་བར་སྦྱར་རོ། །གཟེར་བུ་ནི་གདབ་བོ་ཞེས་བྱ་བ་ནི། མཆོད་རྟེན་ལ་གོས་ལ ་སོགས་པ་དཔྱད་བའི་ཕྱིར་གཟེར་བུ་གདབ་པར་མི་བྱ་བའོ། །རྩིག་པའི་ཚ་འཕྲེང་བ་ལ་སོགས་པ་གདགས་པའི་ཕྱིར་ཟུང་ད་དག་གཞུག་གོ་ཞེས་བྱ་བ་ནི། མཆོད་རྟེན་བརྩིག་པའི་ཚེ་ཕྲེང་བ་དང་དར?་ལ་སོགས་པ་གདགས་པའི་ཕྱིར་ཟུང ་ད་དག་གཞུག་པར་བྱ་བའོ། །མི་དབུག་གོ་ཞེས་བྱ་བ་ནི། མཆོད་རྟེན་ཟུང་ད་གཞུག་པའི་ཕྱིར་ར། །སྟེང་དུ་མར་མེ་མི་གཟུགས་སོ་ཞེས་བྱ་བ་ནི། མཆོད་རྟེན་གྱི་སྟེང་དུ་མར་མེ་གཟུགས་པར་མི་བྱའོ། །མཆོད་པ་བྱ་བའི་ཕྱིར་ཁྱིམ ་པ་དག་འཛེག་ཏུ་གཞུག་གོ་ཞེས་བྱ་བ་ནི། མཆོད་རྟེན་ལའོ། །མེད་ན་དགེ་ཚུལ་དག་དྲི་ཆུས་རྐང་བ་བཀྲུས་ཏེའོ་ཞེས་བྱ་བ་ནི། ཁྱིམ་པ་མེད་ནའོ། །གལ་ཏེ་མ་བྱས་ན་དྲི་དག་གིས་དྲིལ་ཕྱི་བྱས་ཏེ་འམ་གོས་ཀྱིས་དཀྲིས་ཏེ་སྟོན་པའི ་འདུ་ཤེས་མངོན་དུ་བྱས་ནས་དོན་གྱི་བརྣབ་སེམས་ཀྱི་དྲན་པ་དག་གིས་སོ་ཞེས་བྱ་བ་ནི། གལ་ཏེ་དྲི་ཆུས་རྐང་པ་བཀྲུ་བ་དག་མ་བྱས་ན་དེའི་ཕྱིར་དྲི་དག་གིས་རྐང་པའི་དྲིལ་ཕྱི་བྱས་ཏེ་འམ། ཡང་ན་འབོབ་ལ་སོགས་པའི་གོས་ཀྱིས་དཀྲིས ་ཏེ་སྟོན་པའི་འདུ་ཤེས་མངོན་དུ་བྱས་ནས་དགོས་པའི་དོན་གྱི་བརྣབ་སེམས་ཀྱི་དྲན་པ་དག་གིས་དགེ་ཚུལ་དག་མཆོད་རྟེན་ལ་འཛེག་དུ་གཞུག་གོ། དེ་དག་ཀྱང་མེད་ན་དགེ་སློང་དག་གིས་དེ་བཞིན་དུ་བྱའོ་ཞེས་བྱ་བ་ནི་དགེ་ཚུལ་དེ་དག ་ཀྱང་མེད་ན་དགེ་སློང་དེ་དག་གིས་དྲི་ཆུས་རྐང་པ་བཀྲུབ་ལ་སོགས་པའི་རྣམ་པ་ཇི་སྐད་བསྟན་པ་དེ་བཞིན་དུ་བྱས་ཏེ་འཛེག་པར་བྱ་བའོ། །དེའི་ཆེད་དུ་ཐག་པ་གདབ་སོ་ཞེས་བྱ་བ་ནི་འཛེག་པ་དེའི་ཆེད་དུ་ཐག་པ་གདགས་ཤིང ་སྦྱང་པར་བྱའོ། །རིན་པོ་ཆེ་ལས་བྱས་པའི་ཕྲེང་བ་དབུལ་ལོ་ཞེས་བྱ་བ་ནི་མཆོད་རྟེན་ལའོ། །འཇིག་པར་བྱེད་པ་ལ་བཟློག་པའི་ཕྱིར་སྦུབས་གཡགས་ཀྱིས་གཡོག་གོ་ཞེས་བྱ་བ་ནི་ཆར་པ་ལ་སོགས ་པས?་མཆོད་རྟེན་འཇིག་པར་བྱེད་པ་བཟློག་པའི་ཕྱིར་ངོས་ནས་བསྐྱོར་བའི་སྦུབས་དང། སྟེང་དུ་གཡོགས་པའི་གཡོགས་མས་གཡོག་པར་བྱ་བ་སྟེ། སྟེང་དུ་ཁང་པ་དབུབ་པོ་ཞེས་བྱ་བའི་ཐ་ཚིག་གོ་།མུན་མི་ནག་པར་བྱ་བའི ་ཕྱིར་དེ་ལ་སྒོ་གདོད་དོ་ཞེས་བྱ་བ་ནི་སྦུབས་གཡོགས་དེ་ལའོ། །སངས་རྒྱས་ཀྱི་སྐུ་གཟུགས་བྱའོ་ཞེས་བྱ་བ་ནི་ཆེས་དང་འཐུན་པ་ཉིད་ཡིན་པའོ། །དེ་ལ་དུས་སྟོན་བྱའོ་ཞེས་བྱ་བ་ནི་སངས་རྒྱས་ཀྱི་སྐུ་གཟུགས་དེ་ལའོ། །བལྟམ ་བ་དང་གཙུག་ཕུད་དང་དབུ་སྒྲ་དང་བྱང་ཆུབ་པའི་དུས་སྟོན་དག་ཀྱང་ངོ་ཞེས་བྱ་བ་ཡང་ངོ་ཞེས་བྱ་བྲ་སྦྱར་ཏེ། དུས་སྟོན་ཅེས་བྱ་བའི་སྒྲ་ནི་བལྟམས་པ་ལ་སོགས་པ་དང་སོ་སོར་སྦྱར་རོ། །གྲོང་ཁྱེར་དུ་གཤེགས་པ་བྱའོ་ཞེས་བྱ་བ ་ནི་སངས་རྒྱས་ཀྱི་སྐུ་གཟུགས་དེའོ། །འདི་ལ་དགེ་སློང་གིས་བཀུར་དུ་རུང་ངོ་ཞེས་བྱ་བ་ནི་སངས་རྒྱས་ཀྱི་སྐུ་གཟུགས་གྲོང་ཁྱེར་དུ་གཤེགས་པ་འདི་ལ་ཁྱོགས་ལ་སོགས་པ་དེ་དག་དགེ་སློང་གིས་བཀུར་དུ་རུང་བའོ། །དེ་ནི་གསར ་བུ་དག་ལ་འབབ་པོ་ཞེས་བྱ་བ་ནི་བཀུར་བའོ། །སྡེ་བ་ལྔ་པོ་དག་གིས་ཞམ་འབྲིང་བྱའོ་ཞེས་བྱ་བ་ནི་དགེ་སློང་ལ་སོགས་དག་གིས་སོ། །མཆོད་ཡོན་དུ་བྱ་བ་ནི་རྒན་པོ་དག་གི་གཟུང་ངོ་ཞེས་བྱ་བ་ནི་གོས་དང་རྒྱན་ལ་སོགས་པ་མཆོད ་ཡོན་དུ་བྱ་བ་དག་ནི་དགེ་སློང་གིས་གཟུང་བར་བྱ་བའོ། །དེ་ལ་རོལ་མོ་བྱེད་པ་དག་གི་ཕ་རོལ་མོ་བྱ་བ་དང། བཀུར་སྟེ་ཆེན་པོ་གཞན་ཡང་བཟང་ངོ་ཞེས་བྱ་བ་ནི། སངས་རྒྱས་ཀྱི་སྐུ་གཟུང་ཀྲོང་ཁྱེར་དུ་གཤེགས་པར་བྱ་བ་དེ ་ལ་རོལ་མོ་མཁན་དྲག་གིས་གླུ་གླིང་དང་སིལ་སྙན་ལ་སོགས་པས་རོལ་མོ་བྱ་བ་བཟང་ངོ། བཀུར་སྟི་ཆེན་པོ་གཞན་ཡང་ངོ་ཞེས་བྱ་བ་ནི་དེ་ལ་ལྷའི་གཟུགས་བྱས་པ་དག་གིས་མེ་ཏོག་དག་འཐོར་བ་དང་གོས་དག་འཐོར་བ་དང་རྒྱན་དག་འཐོར་བ་དང། ་ལྷའི་བུ་དག་བསིལ་ཡང་དག་གིས་གཡོབ་པ་དང། ལྷའི་བུ་མོ་དག་གར་བྱེད་པ་དང། དྲི་བ་དག་སིལ་སྙན་བྱེད་པ་དང། གྲུབ་པ་དག་བསྟོད་པར་བྱེད་པ་དང། མི་འམ་ཅི་དག་གྲུ་ལེན་པ་དང། ཀླུ་དག་ཆག་ཆག་འདེབས་པ་དང། ་?་མེ་ཏོག་གི་ཁང་?་བྱ་བ་ལ་སོགས་པ་དག་བཟང་བའོ། །རོལ་མོ་བྱེད་དུ་གཞུག་པའི་ཕྱིར་ཀྱེ་མི་དག་སྟོན་པ་ལ་མཆོད་པ་དག་གྱིས་ཤིག་ཅེས་བརྗོད?་པ་ལ་ཁ་ན་མ་ཐོ་བ་མེད་དོ་ཞེས་བྱ་བ་ནི་རྔ་བོ་ཆེ་དང་རྔ་པ་ཧ་ཧ་ལ་སོགས་པ་དག་བརྡུང ་ཞི་ཕ་རོལ་མོ་བྱེད་དུ་གཞུག་པའི་ཕྱིར་རྔ་མཁན་ལ་སོགས་པ་དག་ལ་ཀྱི་མི་དག་སསྟོན་པ་ལ་མཆོད་?་གྱི་?་ཤིག་ཅེས་བརྗོད་པ་ལ་ཁ་ན་མ་ཐོ་བ་མེད་པའོ། །ལམ་པོ་ཆེ་དང་ལམ་སྲང་དང། བཞི་མདོ་དང་སུམ་མདོ་དག་དུ་སང་དམ་གནངས? ་འབྱུང་བར་འགྱུར་བ་ཉིད་ན་ཞིག?་བྲི་པ་བསྒྲག་པར་བྱའོ་ཞེས་བྱ་བ་ནི་སངས་རྒྱས་ཀྱི་སྐུ་གཟུགས་གྲོང་ཁྱེར་དུ་གཤེགས་པའི་ཞག་གཅིག་གམ་གཉིས་ཀྱི་མདུན་རོལ་དུའོ་།ཇི་ལྟར་ཡི་གེར་བྲིས་པ་ཞེ་ན་དེ་ལྟར་སངས་རྒྱས་གཤེགས ་པར་འགྱུར་རོ་ཞེས་གྲོ་བ་ལ་བྲིས་པ་གླང་པོ་ཆེའི་གཤུལ་སྟེང་དུ་གདུགས་དང་རྒྱལ་མཚན་དང་བ་དུན་ལ་སོགས་པས་ཡོངས་སུ་བསྐོར་བར་བྱའོ་ཞེས་བྱ་བ་སྨྲས་ཏེ། དེ་ལྟར་ཡི་གེ་བྲིས་པ་བསྒྲག་པར་བྱའོ། །དེ་ལྟར་ཞེས་བྱ་བ་ནི་སད་དམ ་གནངས་སངས་རྒྱས་གཤེགས་པར་འགྱུར་རོ་ཞེས་སྨོས་པ་ལ་སྙེགས་སོ། །བྱང་ཆུབ་སེམས་དཔའ་ཨི་སྐུ་གཟུགས་བྱ་བ་ཆོས་དང་ལྡན་ནོ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་ཨི་སྐུ་གཟུགས་བྱར་རུང་བའོ། །ང་རྒྱལ་མཚན་དག་གིས་ ་བསྐུར་རོ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་ཨི་སྐུ་གཟུགས་དེའོ། །ལན་ཀན་གྱིས་བསྐོར་རོ་ཞེས་བྱ་བ་ཡང་དེའོ། །ལྕགས་ཀྱི་ཀ་བདག་གིས་ཀྱང་ངོ་ཞེས་བྱ་བ་ཡང་བསྐོར་ཞེས་བྱ་བར་སྦྱར་རོ། །དེ་དག་ལ་པ་དན ་གདགས་སོ་ཞེས་བྱ་བ་ནི་ལྕགས་ཀྱི་ཀ་བདེ་དག་ལའོ། །རྗེས་སུ་འགྲོ་བ་བྱའོ་ཞེས་བྱ་བ་ནི་འདིར་རྗེས་སུ་འགྲོ་བ་ཞེས་བྱ་བ་ནི་སྔར་འཐུན་པའི་འཁོར་ཅེས་སྨོས་པ་ཉིད་ཡིན་པ་རིག་པར་བྱའོ། །རྐང་རྒྱན་དང་རྣ་རྒྱན་མ་གཏོགས་པའི་རྒྱན ་གདགས་སོ་ཞེས་བྱ་བ་ནི་དེ་གཉིས་མ་གཏོགས་པའི་རྒྱན་གདུབ་བུ་ཅན་དང་བུང་རྒྱན་ལ་སོགས་པ་རྒྱན་ལྷག་མ་དག་གདགས་པར་བྱའོ། །སྤོས་ཀྱིས་ལུས་སྦྱིན་བྱའོ་ཞེས་བྱ་བ་ནི་དྲི་ལས་བྱས་པའི་འདབ་མ་དང། མྱུ་གུ་དང་ཁྲི ་ཤིང་དང་མེ་ཏོག་ལ་སོགས་པ་ལུས་ལ་གཞག་པར་བྱ་བ་ན་སྤོས་ཀྱི་ལུས་སྦྱིན་ཞེས་བྱའོ། །ཁྱོགས་ཀྱིས་ཀུར་རོ་ཞེས་བྱ་བ་ནི་སྐུ་གཟུགས་དག་གོ། ཤིང་རྟས་ཀྱང་ངོ་ཞེས་བྱ་བ་ཡང་བཀུར་རོ་ཞེས་བྱ་བར་སྦྱར་རོ། །དེ་ལ་གདུགས ་དང་རྒྱལ་མཚན་དང་བ་དན་བསྒྲེང་ངོ་ཞེས་བྱ་བ་ནི་ཁྱོགས་དང་ཤིང་རྟ་དེ་ལའོ། །དབུ་ལ་མེ་ཏོག་སྣ་ཚོགས་གདགས་སོ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་ཨི་སྐུ་གཟུགས་ཀྱི་དབུ་ལ་མེ་ཏོག་ཐོད་ཅིང་བར་བྱ་བའོ། །མཆོད་ཡོན་དང་ཞབས་ལ་གསོལ ་པ་དག་ཀྱང་ངོ་ཞེས་བྱ་བ་ཡང་དེ་ལ་དབུལ་བ་ཆོས་དང་འཐུན་པའོ། །དར་རྫས་ནི་གནས་པ་དང་གཞོན་ནུ་དང་རྒན་པོ་དག་གིས་བླང་ངོ་ཞེས་བྱ་བ་ནི་འདིར་དད་རྫས་ཞེས་བྱ་བ་ནི་ཡོངས་སུ་ཆིམ་པས་ཕུལ་བའི་རྫས་སོ་།གནས་བརྟན་རྣམས ་ཀྱིས་གསུངས་ངོ་ཞེས་བྱ་བ་ནི་དད་རྫས་སོ། །ལམ་པོ་ཆེར་འཕྲེང་བའི་ཟམ་ཏོག་བྱའོ་ཞེས་བྱ་བ་ནི་མཆོད་ཡོན་དང། ཞབས་ལ་གསོལ་བ་དང་མེ་ཏོག་དང་གོས་ལ་སོགས་པ་གཏོར་བདག་ས་ལ་མི་འབབ་པར་བྱ་བའི་ཕྱིར་དེ་དག་གིས་ལས ་སྲོལ་དུ་ཕྲེང་བའི་ཟ་མ་ཏོག་གཞག་པར་བྱ་བའོ། །ཕྲེང་བའི་ཟ་མ་ཏོག་དུ་དྲི་ཟ་མ་ཏོག་གཞུག་གོ་ཞེས་བྱ་བ་ནི་ཕྲེང་བའི་ཟམ་ཏོག་གི་ནང་དུ་དྲིའི་ཟ་མ་ཏོག་གཞག་པར་བྱ་བའོ། །ཕྲེག་བ་གདགས་སོ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་ཨི་སྐུ་གཟུགས་ལའོ།། ་མཆོད་པ་རྫོགས་ཤིང་རོལ་མོ་བརྟུལ་པ་དག་ན་སྐྱེ་བོའི་ཚོགས་ཕྱིར་དོང་བའི་ཚེ་རྒྱན་བརྟུལ་བའོ་ཞེས་བྱ་བ་ནི་དེའི་ཚེ་སྐུ་གཟུགས་ལ་སོགས་པའི་རྒྱན་བརྟུལ་བར་བྱ་བའོ། །གང་གི་ཚེ་ཞེ་ན་དེའི་ཕྱིར་མཚན་མོའི་ཞེས་བྱ་བ་སྨྲས་ཏེ་ཉིན་མོ་ནི་ཕྱིར་དོང་དུ་ཟིན ་ཀྱང་ཕྱིར་འོང་བ་དང། དང་པོ་ནས་མི་འདོད་པ་ཡང་སྲིད་བས་དེའི་ཕྱིར་ཉིན་མོ་རྒྱན་བརྟུལ་བར་མི་བྱའོ། །བྱང་ཆུབ་སེམས་དཔའ་འབའ་ཞིག་ལ་དེ་ལྟར་བྱ་བར་མ་ཟད་ཀྱི་མཆོད་པ་ཐམས་ཅད་དེ་ལ་ཆོ་ག་དེ་ལྟར་བྱ་བར་རིག་པར་བྱའོ། །ཤི་བའི ་སྐབས་མཆོད་རྟེན་བྱ་བ་ལ་སོགས་པ་འདྲ་བ་དང་བཅས་པ་བཤད་ཟིན་ཏོ།། །།ད་ནི་སྐབས་སྔ་མའི་མཛའ་བྱ་བ་བརྗོད་པར་བྱ་སྟེ། རབ་ཏུ་བྱུང་བའི་གནས་སུ་དུས་སྟོན་བྱ་བ་ཆོས་དང་འཐུན་ནོ་ཞེས་བྱ་བ་ནི་གང ་ཟག་གི་གཙུག་ལག་ཁང་དུ་དུས་སྟོན་བྱར་རུང་བ་སྟེ་དེ་ནི་ཁང་པའི་དུས་སྟོན་ཞེས་བྱའོ་འདུལ་བ་རྒྱ་ཆེར་བསྟན་པ་བཤད་ཟིན་ཏོ།། །།དེ་ནི་འདུལ་བ་མདོར་བསྡུས་པ་བརྗོད་པར་བྱ་སྟེ། མི་རུང་བ་དང་མཐུན་ལ ་རུང་བ་དང་འགལ་བ་ནི་རུང་བ་མ་ཡིན་པར་བསྡུའོ་ཞེས་བྱ་བ་ནི། གང་རུང་བ་མ་ཡིན་པ་བརྟེན་ཅིང་རུང་བ་དང་འགལ་བ་དེ་ནི་རུང་བ་མ་ཡིན་པ་སྟེ། དེ་ནི་འདིར་རུང་བ་མ་ཡིན་པར་མདོར་བསྡུའོ། །ཕྱི་མ་དང་མཐུན་ལ་སྔ་མ་དང ་འགལ་བ་ནི་རུང་བར་རོ་ཞེས་བྱ་བ་ལ། ཕྱི་མ་ཞེས་བྱ་བ་ནི་རུང་བ་སྟེ། དེ་དང་མཐུན་ལ། སྔ་མ་ཞེས་བྱ་བ་ནི་མི་རུང་བ་སྟེ། དེ་དང་འགལ་བ་ནི་རུང་བ་སྟེ། དེ་ནི་འདིར་རུང་བར་མདོར་བསྡུའོ། །དཔེར་ན་ཁྲིའུ་རྐང་བ་བྲིས་པ ་བཅད་པར་མི་བྱ་བ་ཉིད་དང། ཉལ་བ་དང། འགྲོ་བས་བཤད་པ་དང་གཅིབ་དག་མི་བྱ་བ་ཉིད་དང། ཉལ་བ་དང་འགྲོ་བས་ཟས་བཟའ་བར་མི་བྱ་བ་ཉིད་ཅེས་བྱ་བ་ལ་སོགས་པ་དག་གི་དགག ་པའི་རྣམ་པ་ཡིན་ལ། ཚ་དང་བསྲེས་པའི་རྒུན་ཆུ་བཏུང་བར་བྱ་བ་ཉིད་དང། ཁམ་ཕར་དག་ཏུ་ཟས་བཟའ་བར་བྱ་བ་ཉིད་ཅེས་བྱ་བ་ལ་སོགས་པ་དག་ནི་གནང་བའི་རྣམ་པ་ཡིན་ཏེ། དེ་དག་ཐམས་ཅད་འདིས་བསྟན་པ་ཉིད ་ཡིན་ནོ། །འདི་སྐད་བསྟན་ཏེ། བཅོམ་ལྡན་འདས་ཀྱིས་མ་བཀག་ལ་མི་རུང་བ་ཡང་བསྟེན་པ་གང་ཡིན་པ་དེ་ནི་འདིས་བཀག་པར་རིག་པར་བྱའོ། །རྗེས་སུ་མ་གནང་ལ་རུང་བ་ཡང་བསྟེན་པ་གང་ཡིན་པ་དེ་ནི་འདིས་རྗེས་སུ་གནང ་བར་རིག་པར་བྱའོ། །གནས་མལ་གྱི་གཞི་ཕྲན་ཚེགས་ལ་སོགས་པའི་སྐབས་སོ་ཞེས་བྱ་བ་དེ་ཕྲན་ཚེགས་ལ་སོགས་པའི་སྐབས་ནས་འབྱུང་བ་བཤད་ཟིན་ཏོ།། །།གནས་མལ་གྱི་གཞི ་རྫོགས་སོ་ཞེས་བྱ་བ་དེ་བཤད་ཟིན་ཏོ།། །།འདུལ་བའི་མདོ་རྣམས་རྫགས་སོ། །།གང་དག་དུལ་ཞིང་བསླབ་འདོད་པ། །འདུལ་འཛིན་དེ་ལ་གཞོལ་བ་དག། དེ་དག་བདེ ་བར་གནས་བྱའི་ཕྱིར། །རུས་ལྦགས་ལྷག་མ་ལུས་གྱུར་ཅིང། །མི་ཟད་ན་དཀྱིས་ཟིན་པའི་ལུས། །སྲོག་ན་མགྲིན་པར་ཕྱིན་འདྲ་ཞིང། །སངས་རྒྱས་ཚུལ་ཁྲིམས་མངོན་འདོད་པ། །སློབ་དཔོན་ཆོས་ཀྱི་བཤེས་གཉན་གྱི། ་འདུལ་མདོ་རྒྱ་ཆེར་འགྲེལ་པ་འདི། །དེ་ལྟར་བདག་གིས་སྦྱར་བྱས་པས། །ལན་ཅིག་མ་ཡིན་དེ་བཞིན་དུ། །ཚུལ་ཡོན་བཞི་ལ་བདག་སྤྱོད་ཤོག། དཔལ་ལྡན་ཡུལ་མཆོག་ཏར་མི་ཏ་ཞེས་བྱ། །དམ་པས་བསྔགས་པ ་དོན་མཁས་པ་གནས། །པཀྵུ་ཞེས་བྱ་ཆུ་ཀླུང་འགྲམ་དུ་ནི། །འབྱོར་རྒྱས་གྲགས་མཆོག་གྲོང་ཁྱེར་གྲུབ་པར་འགྱུར། །དཔལ་ལྡན་གནས་མཆོག་གྲོང་ཁྱེར་དེ་ཉིད་དུ། །ཁ་ན་མ་ཐོ་མེད་པའི་རིགས་མཆོག་སྐྱེས། །དེ་ནི་ལོ་བརྒྱད ་བསམ་པ་རྣམ་དག་པས། །ཁྱིམ་གྱི་འབྱོར་པ་དགའ་ལ་འང་ཆགས་པ་མེད། །སྐྱེ་བ་གཞན་ནས་གོམས་པས་རྟོགས་ལྡན་ཞིང། །དཀོན་མཆོག་གསུམ་ལ་བརྟེན་པས་སེམས་དབེན་གྱུར། །བསླབ་པའི་རྟེན་ལྡན་ཚུལ་ལ་ཉེར ་སྤྱད་ཅིང། །དམ་པའི་བསྟན་ལ་བརྟན་པས་འདི་རྣམས་ཕྱེ། །སངས་རྒྱས་བྱམས་པ་ཉི་མ་ནི། །རྡོ་རྗེ་མཆོག་གི་གདན་སྦོ་ལ། །ཇི་སྲིད་རྫོགས་སངས་མ་ཤར་བ། །དེ་སྲིད་ས་སྟེང་འདིར་གནས་ཤོག། །། ་འདུལ་བའི་མདོ་རྒྱ་ཆེར་འགྲེལ་པ་རྫོགས་སོ།། །།འདུལ་བའི་མདོ་ཞེས་བྱ་བ། ངེས་པར་འབྱུང་བའི་ཚུལ་ཁྲིམས་ཀྱི་དབང་དུ་བྱས་པ། འདུལ་བརྒྱ་མཚོའི་སྙིང་པོ་མདོར་བསྡུས་པ། ལྷག ་པའི་ཚུལ་ཁྲིམས་ཀྱི་བསླབ་པ་མཛའ་དག་གི་མཛོད་དུ་གྱུར་པ། འདུལ་བའི་སྡེ་སྣོད་ཐམས་ཅད་ཀྱི་མ་ལྟ་བུ། འཕགས་པ་གཞི་ཐམས་ཅད་ཡོད་པར་སྨྲ་བའི་འདུལ་བ་འཛིན་པ་ཆེན་པོ་བྲམ་ཟེའི་སློབ་དཔོན་བཙུན་པ་ཡོན་ཏན་འོད། ་བདག་དང་གཞན་ག་ཡི་གྲུབ་པའི་མཛའ་རྒྱ་མཚོའི་ཕ་རོལ་ཏུ་སོན་པ། བདེ་བར་གཤེགས་པའི་ཆོས་འདུལ་བ་བདུད་རྩིའི་སྙིང་ཁུས། ཤེས་རབ་ཀྱི་དབང་པོ་རྒྱས་པ། དེ་བཞིན་གཤེགས་པའི་བཀའ་དམ་པ་ནན་ཏན་སྙིང ་པོར་བསྒྲུབས་པས། སྡེ་པ་ཐམས་ཅད་ཀྱི་འདུལ་བའི་སྡེ་སྣོད་མཛའ་དག་གི་གཙོ་བོར་གྱུར་པ། འཕགས་པ་གཞི་ཐམས་ཅད་ཡོད་པར་སྨྲ་བའི་འདུལ་བ་ཀུན་ལས་བཏུས་པའི་རྒྱ་ཆེར་འགྲེལ་པ་འདི་ནི་འཕགས་པ་གཞི་ཐམས་ཅད ་ཡོད་པར་སྨྲ་བའི་འདུལ་བ་འཛིན་པ་ཆེན་པོ། ཐོ་གར་གྱི་བྱེ་བྲག་ཏུ་སྨྲ་བའི་སློབ་དཔོན་དྷརྨ་མི་ཏྲ་ས་བྱས་སོ།། །། ་རྫོགས་སོ།། །།དབང་ཕྱུག་དམ་པའི་མངའ་བདག་དཔལ་ལྡན་ལྷ་བཙན་པོའི་བཀའ་ལུང་གིས། འཕགས་པ་གཞི་ཐམས་ཅད་ཡོད་པར ་སྨྲ་བའི་འདུལ་བ་འཛིན་པ། ཁ་ཆེའི་བྱེ་བྲག་ཏུ་སྨྲ་བའི་སློབ་དཔོན་ཛི་ན་མི་ཏྲ་དང། ཞུ་ཆེན་གྱི་ལོ་ཙཱ་བ་བན་དེ་ཀླུའི་རྒྱལ་མཚན་གྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ ་འདི་ལ་ཤལོ་ཀ་ནི་ཉི་ཁྲི་ཆིག་སྟོང་ཡོད། བམ་པོ་ནི་བདུན་ཅུར་བྱས་སོ།། མངྒ་ལཾ་བྷ་ཝནྟུ། ་