| Wylie | e-texts based on the ACIP/ALL Input |
དང། ལོ་ཙཱ་བ་དགེ་སློང་དགེ་བའི་བློ་གྲོས་ཀྱིས་བསྒྱུར་བའོ།། (།།འདུལ་བ་ལུང་བླ་མའི་བྱེ་བྲག་ལུང་ཞུ་བའི་འགྲེལ་པ་དགེ་བའི་བཤེས་གཉེན་བཞུགས།)་།གལ་ཏེ་འོ་ན་ཇི་ལྟར་བསྙེན་པར་རྫོགས་པའི་གནས་སྐབས་ན་སྦྱོར་བར་བྱས་པ་ཙམ་གྱི་དབང་གིས ་དགེ་ཚུལ་གྱི་གནས་སྐབས་ན་སྦྱོར་བ་མེད་པ་ལྟུང་བར་འགྱུར་རོ་ན། འདི་ལ་ཡང་རྨ་བར་བྱ་སྟེ། བསྙེན་པར་རྫོགས་པའི་གནས་སྐབས་ན་སྦྱོར་བ་བྱས་པའི་དབང་གིས་དགེ་ཚུལ་གྱི་གནས་སྐབས་ན་བདག་ངོ་བོར་གྱུར་པ་ཁོ་ནས། ་དེའི་དུས་པའི་སྦྱོར་བ་མེད་པ་ཡང་དངོས་བཞིའི་ཁ་ན་མ་ཐོ་བ་ཉེས་བྱས་ཤེས་བྱ་བ་འགྲུབ་པར་འགྱུར་རོ། །གལ་ཏེ་བསྙེན་པར་རྫོགས་པའི་གནས་སྐབས་སམ། དགེ་ཚུལ་གྱི་གནས་སྐབས་ནས་ཁྱིམ་པ་ཉིད་གནས་སྐབས་པར་གྱུར་ན། ་ཅི་དེ་ན་ཡང་འདི་ལ་ལྟུང་ངམ་ཞེ་ན་ད་ནི་མེད་དེ། འདི་ལྟར་གང་གི་ཚེ་དགེ་ཚུལ་གྱི་གནས་སྐབས་ནས། ཁྱིམ་པ་ཉིད་ཀྱི་གནས་སྐབས་པར་གྱུར་པའི་ཚེ། འདིའི་སྔོན་གྱི་གནས་སྐབས་ཉམས་པས་བདག་གི་ངོ་བོར་གྱུར་པ་ཡིན་ནོ། །བདག་གི་ངོ ་བོར་གྱུར་ན་ཡང་འདི་ལ་ཁྱིམ་པའི་གནས་སྐབས་ན་ལྟུང་བ་མེད་པར་འགྱུར་རོ། །དེ་ཉིད་ཀྱི་ཕྱིར་བདག་གི་ངོ་བོར་གྱུར་པས་དགེ་ཚུལ་གྱི་གནས་སྐབས་ན་ལྟུང་བ་ཡང་ཉེས་བྱས་ཞེས་བྱ་བ་ལ་དགེ་སློང་གི་གནས་སྐབས་ཀྱི་སྦྱོར་བའི་དབང ་ཅན་གྱི་ཁ་ན་མ་ཐོ་བ་སློང་བར་ཤེས་པར་བྱའོ། །དེ་ལྟར་མ་ཡིན་ན་དགེ་སློང་གི་གནས་སྐབས་ཀྱི་སྦྱོར་བའི་དབང་ཅན་གྱི་ཁ་ན་མ་ཐོ་བ། དགེ་ཚུལ་གྱི་གནས་སྐབས་ན་ལྟུང་བ་ཡང་ཉེས་བྱས་ཤེས་པར་བྱ་བར་མི་འགྱུར་བ་ཞིག་ན། འདི་ལྟར ་དེ་ནི་ལྟུང་བ་ལྕི་བ་ཉེས་པ་སྦོམ་པོས་ཞེས་བྱ་བའི་སྦྱོར་བ་ཡིན་པས་སོ། །ང?་ནི་འདི་བརྗོད་པར་བྱ་སྟེ། གལ་ཏེ་ཁྱིམ་པ་ཉིད་ཀྱི་གནས་སྐབས་ཀྱི་སྦྱོར་བ་ཙམ་གྱི་དབང་གིས་དགེ་ཚུལ་གྱི་གནས་སྐབས་ན། དེའི་དུས་པའི་སྦྱོར་བ་མེད་པར་ཁ་ན ་མ་ཐོ་བ་ན་སྨད་པ་ཉེས་བྱས་ཞེས་བྱ་བ་སློང་བར་བརྗོད་ན་དེ་ཁྱིམ་པའི་གནས་སྐབས་ན་མ་ཐོ་བ་ཅི་ཞིག་ཏུ་འགྱུར། དེ་བཞིན་དུ་དགེ་ཚུལ་གྱི་གནས་སྐྱབས་ཀྱི་སྦྱོར་བ་ཙམ་གྱི་དབང་གིས། དགེ་སློང་གིས་གནས་སྐབས་ན་དེའི་དུས ་པའི་སྦྱོར་བ་མེད་པར་ཁ་ན་མ་ཐོ་བ་ལྕི་བ་ཉེས་པ་སྦོམ་ཕོ་ཞེས་བྱ་བ་སློང་བར་བརྗོད་ན། དེ་དགེ་ཚུལ་གྱི་གནས་སྐབས་ན་ལྟུང་བ་ཅི་ཞིག་ཏུ་འགྱུར། དེ་བཞིན་དུ་དགེ་སློང་གི་གནས་སྐབས་ཀྱི་སྦྱོར་བ་ཙམ་གྱི་དབང་གིས་དགེ་ཚུལ་གྱི་གནས་སྐབས་ན་དེའི་དུས ་པའི་སྦྱོར་བ་དེ་མེད་པར་ཁ་ན་མ་ཐོ་བ་ལྕི་བ་ཉེས་བྱས་ཞེས་བྱ་བ་སློང་བར་བརྗོད་ན། སྦྱོར་བ་ནི་ལྟུང་བར་ཅིར་འགྱུར་ཞེ་ན། འདི་ལ་ཁ་ཅིག་ན་རེ་རེ་ཞིག་ཁྱིམ་པ་ཉིད་ཀྱི་གནས་སྐབས་ན་སྦྱོར་བ་བྱེད་པ་ལ་ནི་ལྟུང་བ་སློང་བ་མི་སྲིད་དེ། འདིར་ལྟར་ཁྱིམ་པ ་རྣམས་ལ་ལྟུང་བ་རྣམ་པར་བཞག་པ་མེད་པའི་ཕྱིར་དང། ཁྱིམ་པ་ལ་སོགས་བསོད་ནམས་མ་ཡིན་པ་མང་པོ་སྐྱེ་བ་འབའ་ཞིག་ཏུ་ཟད་དོ། །ཞེས་གསུངས་པའི་ཡང་ཕྱིར་རོ། །དགེ་ཚུལ་གྱི་གནས་སྐབས་ན་ཤིན་ཏུ་སྨད་པ་ཉེས་བྱས་སུ་ཤེས་པར ་བྱ་སྟེ། འདི་ལྟར་ཉེས་བྱས་ན་སྨད་པའི་སྦྱོར་བ་ཡིན་པའི་ཕྱིར་རོ། །དགེ་སློང་གི་གནས་སྐབས་ན་ཡང་སྦྱོར་བ་མེད་ན་སྦོམ་པོ་ཁོ་ནར་ཤེས་པར་བྱ་སྟེ། འདི་ལྟར་དངོས་གཞིར་སྦྱོར་བ་ཡིན་པའི་ཕྱིར་རོ་ཞེས་ཟེར་རོ། །འདི་ནི་འདུལ་བ་འཛིན་པ་གཞན ་དག་མི་འདོད་དེ། འདི་ལྟར་གང་ལ་ཕྱིས་དགེ་ཚུལ་ལ་སོགས་པའི་གནས་སྐབས་ན་དངོས་གཞིའི་ཁ་ན་མ་ཐོ་བ་སྡུ་ན་ཁྱིམ་པ་ཉིད་ལ་སོགས་པའི་གནས་སྐབས་ཀྱི་སྦྱོར་བའི་རྒྱུ་ཅན་རྣམ་པར་བཞག་པ་དང། དེ་བཞིན་དུ་ཕྱི་མ་དགེ་ཚུལ ་ལ་སོགས་པའི་གནས་སྐབས་ན་སྔ་མ་དགེ་སློང་ལ་སོགས་པའི་གནས་སྐབས་ཀྱི་སྦྱོར་བའི་རྒྱུ་ཅན་རྣམ་པར་བཞག་པ་སྟེ། དེས་སྦྱོར་བ་རྒྱུན་ཆད་པ་འམ་སྦྱོར་བ་རྒྱུན་མ་ཆད་པ་ཞིག་ལས་འགྱུར་གྲང་ན། དེ་ལ་རེ་ཞིག་གལ་ཏེ་སྦྱོར་བ་རྒྱུན ་བཅད་ན། དེ་ལྟ་ན་ནི་སྦྱོར་བ་མེད་པའི་ཕྱིར་དངོས་གཞི་མི་སློང་བ་ཁོ་ན་ཏེ། མ་བསམས་པར་བསད་པ་ལྟ་བུའོ། །དེ་སྐད་དུ་ཡང་བདག་ཉིད་འཆིར་བཅུག་པ་བཟློག་པའི་སྐབས་སུ་རྣམ་པར་འབྱེད་པ་ལས། གལ་ཏེ་དེས་འདི་སྐད་དུ་ཚེ་དང་ལྡན ་པ་ཁྱོད་བདག་ཉིད་གསོད་པར་མ་བྱེད་ཅིག་།འཆི་བར་མ་བྱེད་ཅིག་།འཚོ་བ་དང་འབྲལ་བར་མ་བྱེད་ཅིག་ཅེས་སྨྲས་པ་ལས་ཅི་སྟེ་དེ་བདག་ཉིད་གསོད་པར་བྱེད་འཆི་བར་བྱེད། བདག་ཉིད་སྲོག་དང་བྲལ་བར་བྱེད་ན་སྔོན་གྱི ་སྦྱོར་བ་དེ་ཉིད་ཀྱིས་འཆིར་འཇུག་པ་དེ་ལ་ཉེས་པ་སྦོམ་པོར་འགྱུར་རོ་ཞེས་གསུངས་སོ། །འོན་ཏེ་སྦྱོར་བ་རྒྱུན་མ་བཅད་ན་དེ་ལྟ་ན་སྦྱོར་བ་ཡོད་པའི་ཕྱིར་དང། བསམས་པའི་འབྲས་བུ་ཡོངས་སུ་རྫོགས་པའི་ཕྱིར་དང། དངོས་གཞི་ཡོངས་སུ་རྫོགས ་པ་ཁོ་ནར་འགྱུར་ན། ཇི་ལྟར་ན་སྨད་པ་ཞེས་བྱ། གལ་ཏེ་དེའི་ཚེ་སྦྱོར་བ་མེད་པའི་ཕྱིར་རོ་ཞེ་ན། ཧ་ཅང་ཐལ་བར་འགྱུར་ཏེ། དགེ་སློང་གང་ཞིག་གིས་དགྲ་བསད་པའི་ཕྱིར་སྦྱོར་བ་བྱས་ཀྱང་ལོ་བཅུ་འམ་ཉི་ཤུ་འདས་ནས་དགྲ་དེ་སྲོག ་དང་བྲལ་ན། དགེ་སློང་དེ་ལ་དེའི་ཚེ་ད་ལྟར་བྱུང་བའི་སྦྱོར་བ་འགའ་ཡང་མེད་པས་དེ་ཡང་དངོས་གཞི་མེད་པར་ཐལ་བར་འགྱུར་བ་ཞིག་ན། དེ་ཡང་རིགས་པ་མ་ཡིན་ཏེ། སྔོན་གྱི་སྦྱོར་བ་རྒྱུན་མ་བཅད་པའི་ཕྱིར་རོ། །ཇི་ལྟར་འདི་དེའི ་ཚེ་སྦྱོར་བ་རྒྱུན་མ་བཅད་པ་ཡིན་པར་འདོད་པ་ལྟར། དེའི་སྦྱོར་བ་ཡང་དེའི་ཚེ་དེ་དང་འདྲ་བར་འདོད་པར་བྱའོ། །དེ་བཞིན་དུ་གལ་ཏེ་གནས་སྐབས་གཞན་ན་བྱས་པའི་སྦྱོར་བ་གནས་སྐབས་གཞན་མེད་དོ་ཞེ་ན་དེ་ལྟ་ན་ཡང་ཧ་ཅང་ཐལ་པར་འགྱུར ་ཏེ། གང་ཞིག་གིས་དགེ་སློང་ཉིད་ཀྱི་ཚེ་ཕམ་པའི་ལྟུང་བ་བྱུང་ནས་ཁྱིམ་པ་ཉིད་དུ་འཕོས་ན་དེ་གནས་སྐབས་གཞན་ན་བྱས་པའི་ཕམ་པའི་ལྟུང་བ་མེད་པས་ཡང་རབ་ཏུ་འབྱུང་བ་དང་སྡོམ་པའི་ཞིང་ཉིད་དུ་ཐལ་བར་འགྱུར་རོ། །དེ་ཡང ་རིགས་པ་མ་ཡིན་ཏེ། དེ་ནི་སྡོམ་པའི་ཞིང་མ་ཡིན་པ་ཉིད་དང་རྗེས་སུ་འབྲེལ་པའི་ཕྱིར་རོ། །གཞན་ཡང་ལས་གཅིག་གིས་འཕངས་པ་ཉིད་ཀྱིས་མཐུན་པ་གཅིག་པའི་ཕྱིར་གཞོན་ནུ་དང་དར་ལ་བབ་པ་དང་རྒན་པོ་ཉིད་ལ་སོགས་པ་བཞིན ་དུ་གནས་སྐབས་རྣམས་ཀྱི་རྟེན་ཐ་དད་པར་བྱེད་པ་མ་ཡིན་ན། ཇི་ལྟར་གནས་སྐབས་གཞན་ན་བྱས་པའི་སྦྱོར་བ་མེད་པར་འགྱུར་ཏེ། དེ་ལྟ་བས་ན་གནས་སྐབས་ནི་གཉིས་ཏེ་རབ་ཏུ་བྱུང་བ་བསྙེན་པར་མ་རྫོགས་པ་དང་བསྙེན་པར་རྫོགས་པ་ཉིད་དོ།། ་དེས་ན་རབ་ཏུ་བྱུང་བ་བསྙེན་པར་མ་རྫོགས་པ་དགེ་ཚུལ་གང་ཞིག་གི་རྐུ་བའི་ཕྱིར་ཕོ་ཉས་རྐུ་བའི་སྦྱོར་བ་བྱས་ནས་བསྙེན་པར་རྫོགས་པར་བྱེད་པ་དེ་ལ་དགེ་སློང་གི་དངོས་པོར་ཁས་ལེན་པའི་དུས་ན་སྦྱོར་བར་རྒྱུན་བཅད་པ་ཡིན་ནོ། །སྦྱོར་བ་ལས ་བྱུང་བའི་ཉེས་བྱས་དང་མི་ལྡན་པའོ། །བསྙེན་པར་རྫོགས་པ་དེ་ན་སྔོན་བྱེད་དུ་བཅུག་པའི་ཕོ་ཉས་བརྐུས་པའི་མཚན་ཉིད་ཀྱི་བྱ་བ་དེ་མཐར་ཕྱིན་པར་བྱེད་མོད་ཀྱི། འོན་ཀྱང་རྩ་བའི་ཁ་ན་མ་ཐོ་བ་སློང་བར་བྱེད་པ་ནི་མི་འགྱུར་ཏེ་སྦྱོར་བ་མེད ་པའི་ཕྱིར་རོ། །སྦྱོར་བ་ལས་བྱུང་བའི་ཉེས་བྱས་གང་ཡིན་པ་དེ་ནི་འདིའི་ཉེས་པ་སྦོམ་པོར་འགྱུར་ཏེ། ཕམ་པའི་སྦྱོར་བ་ནི་བསྙེན་པར་རྫོགས་པ་དག་ལ་ཉེས་པ་སྦོམ་པོར་བརྟག་པའི་ཕྱིར་རོ། །དེ་བཞིན་དུ་བསྙེན་པར་རྫོགས་པ་ཕམ་པའི ་སྦྱོར་བ་བྱས་ནས་སྦྱོར་བ་རྒྱུན་བཅད་དེ། གལ་ཏེ་དགེ་ཚུལ་ཉིད་དུ་འཕོས་ན་དེ་ལྟ་ན་དངོས་གཞི་སློང་བར་བྱེད་པའི་སྦྱོར་བ་ལས་བྱུང་བའི་ཉེས་པ་སྦོམ་པོའོ། །འདིའི་ཉེས་བྱས་སུ་འགྱུར་ཏེ། བསྙེན་པར་མ་རྫོགས་པ་རྣམས་ལ་ནི་ཉེས་བྱས ་ཙམ་དུ་བརྟན་པའི་ཕྱིར་རོ། །དེ་ལྟར་ན་འདུལ་བ་འཛིན་པའི་གཞུང་ལུགས་འདི་གཉིས་ནི་དགེ་སློང་མ་དང། དགེ་སློབ་མ་དང། དགེ་ཚུལ་མ་རྣམས་ཀྱི་སྦྱོར་བའི་དབང་གིས་གསོད་བ་ལ་སོགས་པ་བདུན་ཚན་འཆད་པར་འགྱུར་བ ་དག་ལ་ཡང་མཚན་ཉིད་ཇི་ལྟ་བ་བཞིན་དུ་རྗེས་སུ་དཔག་པར་བྱའོ། །གཞུང་མང་པོ་ཉིད་དུ་འགྱུར་བས་བདག་གིས་ནི་རྣམ་པར་མི་བཤད་དོ། །ཤོག་མ་ཞེས་བྱ་བ་ནི་གསེར་ལ་སོགས་པའི་དབྱིག་ལ་རྒྱལ་པོའི་སྐལ་བའོ། །ནམ་མཁའ་ལ? ་གསང་སྔགས་དང་སྨན་དང། མི་མ་ཡིན་པ་མངགས་པ་དང། ཤིང་ལས་འཕངས་པ་ལ་སོགས་པའོ། །བཟླས་ན་ཞེས་བྱ་བ་ནི་ཁྱེར་ནའོ། །དངོས་པོ་ཇི་ལྟ་བ་བཞིན་ནོ། །ཞེས་བྱ་བ་ལ། དངོས་པོ་ནི་མ་ཤ་ཀ་ལྔ་ལ་སོགས་པའི་རྫས་སོ ་དེས་ན་མ་ཤ་ཀ་ལྔ་ཚང་ན་ཕམ་པར་འགྱུར་བ་ལ་དངོས་པོ་མ་ཚང་ན་ཉེས་པ་སྤོམ་པོས་ཞེས་བྱ་བའི་ཐ་ཚིག་གོ། ཅི་སྟེ་རྫུ་འཕྲུལ་གྱིས་བཟླས་ན་ཞེས་བྱ་བ་ལ་ཅི་སྟེ་ཞེས་བྱ་བའི་སྒྲ་ནི་རྣམ་པར་རྟག་པའོ། །གཞན་དག་ན་རེ་དྲི་བ་ཡིན་ནོ་ཞེས་ཟེར་རོ ་རྫུ་འཕྲུལ་ན་ནམ་མཁའ་ལ་འགྲོ་བ་ལ་སོགས་པའོ། །ང་ཡང་འདིར་མངོན་པར་ཤེས་པའི་རང་བཞིན་འབའ་ཞིག་ཏུ་མ་ཟད་ཀྱི་གསང་སྔགས་དང་སྨན་གྱི་བྱས་པ་དང། ལས་ལས་སྐྱེས་པ་གང་ཡིན་པར་ཤེས་པར་བྱའོ། །མངོན་པར ་ཞེས་པའི་རང་བཞིན་གྱི་རྫུ་འཕྲུལ་གྱི་འདོད་ཆགས་དང་བྲལ་བའི་རྒྱུ་ལས་སྐྱེས་པ་ཉིད་ཀྱིས་རྒྱུ་སེམས་ཀྱི་སྣོད་མ་ཡིན་པའི་ཕྱིར་ཐམས་ཅད་ལ་ལྟུང་བ་མེད་པ་ཉིད་དུ་གྲུབ་པ་ཁོ་ནའོ། །གཞན་དག་ན་རེ་རྫུ་འཕྲུལ་སྨོས ་པས་ནི་འདིར་གཙོ་བོ་ཡིན་པའི་ཕྱིར་དང། བཅོས་པ་མ་ཡིན་པའི་ཕྱིར་མ་ལོན་པར་ཤེས་པའི་རང་བཞིན་ཁོ་ནར་གསུངས་པ་གཞན་དུ་ནི་མ་ཡིན་ནོ། །གསང་སྔགས་དང། སྨན་དང་ལས་ལས་སྐྱེས་པ་ནི་སྔར་ཕྱིན་པ་ནི་ཁྱེར་ལ་ཡན ་ལག་གཞན་ཡོད་ན་ཕམ་པར་འགྱུར་རོ། །སྔར་མ་ཕྱིན་པ་ནི་ཡན་ལག་གཞན་ཡོད་ན་སྤོམ་པར་འགྱུར། །དེ་ཉིད་ཀྱི་ཕྱིར་ཞུས་པ། གཞན་ལས་འདི་སྐད་དུ། བཙུན་པ་རེ་ཞིག་དགེ་སློང་གིས་ཤོ་གེ་མ་ནས་ནམ་མཁའ་ལས་ཟློ་བར ་བགྱིད་ན་ཅིར་འགྱུར་ལགས། གལ་ཏེ་རྫུ་འཕྲུལ་གྱིས་ཟློ་བར་བྱེད་ན་ཉེས་པ་མེད་དོ། །འོན་ཏེ་རྣམ་པ་གཞན་དག་གིས་ཟླ་ན་ཉེས་པ་སྦོམ་པོར་འགྱུར་རོ་ཞེས་འབྱུང་ངོ། །དེ་ལ་ངན་ན་འདི་ཡིན་གསང་སྔགས་དང་སྨན་དང། མི་མ ་ཡིན་པ་མངགས་པ་དང་ཤིང་ལས་འཕངས་པ་ལ་སོགས་པ་རྣམ་པ་གཞན་ཐམས་ཅད་ཀྱིས་ནི་ཤོ་གམ་སར་མ་བྱིན་པར་ནམ་མཁའ་ལས་ཤོ་གམ་ལས་འདའ་བར་བྱེད་པ་ལས་དགོངས་ཏེ་གསུངས་པ་ཡིན། །དེ་ལྟ་མ་ཡིན་ཏེས་བྱིན་པ་བཟླས་ན་ཡན་ལག ་ཐམས་ཅད་ཡོད་པས་ཕམ་པར་འགྱུར་བའི་ཕྱིར་སྦོམ་པོར་མི་རུང་ངོ། །ཁ་ཅིག་ལེན་པ་པོ་མཚམས་ཀྱིས་ན་འདུག་པ་ལ་སྦོམ་པོ་ཁོ་ནར་འགྱུར་བར་བརྗོད་དེ། འདི་ལྟར་ཁྱེར་བ་པ་མཚམས་ཀྱི་ནང་དུ་གཏོགས་པའི་ས་ལ་ནི་སྦོམ་པོ་ཁོ་ནའོ་ཞེས ་ཟེར་བ་མ་ཡིན་ནམ་དེ་ཇི་ལྟ་བུ་ཞེ་ན། དེ་ཉིད་ལ་དྲི་བར་བྱའོ། །ཤུལ་མ་ལགས་པ་ནས་ཞེས་བྱ་བས་ནི་ལམ་གོལ་བ་ནས་སོ། །འདིར་ནི་ཤོ་གམ་བཅད་པར་བྱ་བའི་རྫས་ནི་ཤོ་གམ་གྱི་གནས་སུ་བྱིན་པའི་ཤོ་གམ་གྱི་གནས་ལས་གློར་བཟུང་སྟེ། ་གྲོ་གང་ཡིན་པ་དེ་ལམ་མ་ཡིན་པ་ནས་བཟླ་བ་ཡིན་པར་ཤེས་པར་བྱ་སྟེ། འདི་ལྟར་ཤོ་གམ་གྱི་གནས་བཀོལ་ནས་དེ་ལས་འདའ་བའ་ཨི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་གལ་ཏེ་དེ་རྣམས་ཀྱིས་ལས་འདས་ནས་མཐར་འགྱུར་རོ་ཞེས་བྱ་བ་གསུངས་སྟེ། ་དེ་དག་ནི་ཤོ་གམ་པ་རྣམས་སོ། །ས་ནི་ཤོ་གམ་གྱི་སའོ། །ས་ལས་མ་འདས་ན་ནི་ཉེས་པ་སྦོམ་པོར་འགྱུར་ཏེ། རྐུ་སེམས་ནི་ཡོད་ལ་མཚམས་གཞན་དུ་ནི་མ་བཟླས་ན་སྦོམ་པོ་འདིར་འགྱུར་རོ། །མཚམས་གཞན་ཀྱང་ངོ་ཞེས་འབྱུང་བའི་ཕྱིར ་ཤོ་གམ་བཅད་པར་བྱ་བ་མཚམས་གཞན་ལས་མ་བཟླས་ནི་ཉེས་པ་མེད་པ་ཉིད་དུ་བཤད་པ་མ་ཡིན་ནམ་ཞེ་ན། རྐུ་སེམས་མོད་པར་ཤོ་གམ་མཚམས་གཞན་ལས་ཟློ་བར་མ་བྱེད་ན་ཉེས་པ་མེད་པར་ཉིད་དུ་བཤད་པ་ཡིན་ཏེ་འདིར་ཤོ ་གམ་གྱི་གནས་སུ་མ་སོང་ཡང་བླའོ་སྙམ་པ་དེ་ལྟ་བུའི་བསམ་པས་འདྲལ་མ་ཡིན་པ་ཤོ་གམ་གྱི་གནས་སུ་ཕྱིན་པ་སློང་བའི་བདག་ཉིད་གང་ཡིན་པ་དེའི་རྐུ་སེམས་ཉིད་མ་ཡིན་པར་ཤེས་པར་བྱ་སྟེ། རྐུ་བའི་བསམ་པ་མེད་པའི་ཕྱིར་རོ།། ་གང་ལ་རྐུ་སེམས་ཡོད་པ་དེ་ལ་ནི་ཤོ་གམ་གྱི་གནས་སུ་མ་ཞུགས་ན་ཡན་ལག་ཅིག་མ་ཚང་བའི་ཕྱིར་དང། ཡན་ལག་ལྷག་མ་ཡོད་པའི་ཕྱིར་སྦོམ་པོར་འགྱུར་གྱི་མཐར་འགྱུར་བ་ནི་མེད་དེ། །འདིར་ཤོ་གམ་སྨོས་པས་ཤོ་གམ ་དུ་བཅད་པར་བྱ་བ། རྒྱལ་པོ་སྐལ་བར་བླང་བར་འོས་པ་རིན་པོ་ཆེ་ལ་སོགས་པའི་རྫས་ཟློ་ན་ལྟུང་བར་འགྱུར་གྱི་ཐམས་ཅད་ནི་མ་ཡིན་ནོ་ཞེས་བྱ་བ་དེ་ལྟར་ཤེས་པར་བྱའོ། །ཤོ་གམ་བཅད་པ་ཞེས་བྱ་བ་ལ་སོགས་པ་ལ་ཤོ་གམ་སྤྱད་པ ་ནི་ཤོ་གམ་བཅད་པར་འོས་པ་སྟེ། ཇི་ལྟར་གཞན་གྱིས་རྐུ་ན་མཐར་འགྱུར་བ་དེ་བཞིན་དུ་རྐུ་སེམས་ཀྱིས་ཁ་དང་ལྐོག་མ་དག་ནས་རྒུ་ན་ཡང་མཐར་འགྱུར་བ་ཁོ་ནའོ་སྙམ་དུ་དགོངས་པ་ཡིན་ནོ། །འདི་ནི་ཁར་བཅུག་པ་གང་ཡིན་པ་དེ་ནི ་ལུས་ཀྱི་ཁོངས་སུ་གཏོགས་ལ། ཚེམ་བུའི་གསེབ་དུ་བཅུག་པ་གང་ཡིན་པ་ནི་གོས་དང་འདྲ་བའི་ཕྱིར་ལ་ལུས་དང་གོས་བཟླས་པ་ཡང་ཉེས་པ་འགའ་ཡང་མེད་པས་དེའི་ཕྱིར་ཉེས་པ་མེད་པའམ་ཡང་ན་སྨད་པར་འགྱུར་རོ་སྙམ་པ་བསལ ་བའི་ཕྱིར་རོ། །ཁ་དང་ལྐོག་མ་དག་ནི་ལྟོ་བ་དང་ལྷམ་དག་གི་དཔེ་ཡིན་ནོ། །ཚོང་པ་ནི་ཉོ་ཚོང་གིས་འཚོ་བའོ། །ཚུར་ཤོག་འདོང་ཞེས་བྱ་བ་ནི་ཤོག་ཅིག་འདོང་ངོ་ཞེས་བྱ་བ་ཡིན་ནོ། །ཉེས་བྱས་ཞེས་བྱ་བ་འདི་ལ་ཡང། འདི་ནི་སྦྱོར་བར ་བྱེད་པ་ཁོ་ན་ཏེ། འདི་ལྟར་འདི་ནི་གཞན་གྱི་དོན་གཏམ་ཆུད་གཟན་པའི་དོན་དུ་སྦྱོར་བ་ཡིན་གྱི་རང་གིར་བྱེད་པ་ནི་མ་ཡིན་པས་ཉེས་པ་སྦོམ་པོའི་སྦྱོར་བར་གྱུར་པ་ཡིན་ལ། ཉེས་པ་སྦོམ་པོའི་སྦྱོར་བ་ཡང་ཉེས་བྱས་ཡིན་ནོ།། ་འདིར་ཡང་ཤོ་གམ་སར་ཕྱིན་པ་ཟློ་བར་སྦྱོར་ན་ན་ཉེས་པ་ཡོངས་སུ་རྫོགས་པ་ཡིན་ལ་སར་མ་ཕྱིན་ན་ནི་ཉེས་པ་ཆུང་ངུ་ཡིན་ནོ་ཞེས་བྱ་བ་དེ་ལྟར་ཤེས་པར་བྱ་སྟེ། འདིར་ཤོ་གམ་སར་མ་ཕྱིན་པར་དྲལ་ན་ནི་གཞལ་བར་བྱ་བ་ན ་ཡན་པའི་ཕྱིར་དང། ཤོ་གམ་གྱི་ས་ལས་འདས་པའི་ཡན་ལག་མེད་པའི་ཕྱིར་ཉེས་བྱས་སུ་འགྱུར་ལ། ཉེས་བྱས་ཀྱི་སྦྱོར་བ་ནི་ཉེས་བྱས་ཆུང་ངུར་འགྱུར་ཏེ། སྤྱིར་བ་ལ་ནི་ཐམས་ཅད་དུ་ཉེས་བྱས་སོ་ཞེས་འབྱུང་བའི་ཕྱིར་རོ། །ཉེས་བྱས་སུ་འགྱུར་བ་ནི ་ཚིག་ཟུར་གྱིས། །དོན་ནི་འདི་ཡིན་ཏེ། གང་ལ་ལ་ཞིག་མི་མངོན་པའམ། ལམ་གཞན་འདི་ནས་འགྲོ་བ་དེས་ནི་ཤོ་གམ་གཞལ་མི་དགོས་ཞེས་བྱ་བ་ལ་སོགས་པ་ལྷངས་པོ་མ་ཡིན་པ་མི་བསལ་བར་སྨྲ་བ་དེ་ལ་ནི་ན་སྨད་ཉེས་བྱས ་འགྱུར་རོ། །འདི་ལྟར་ཟུར་གྱིས་སྨྲ་བ་ལ་ཞུགས་པའི་བསམ་པ་ནི་ཧ་ཅང་མི་བཟད་པ་མ་ཡིན་པས་དེའི་ཕྱིར་དེ་ལྟ་བུ་ཡིན་ནོ། །ཤོ་གམ་དུ་གཏོགས་པར་བྱ་བ་ནི་ཤོ་གམ་བཅད་པར་བྱ་བ་སྟེ། ཡིན་པ་ཞེས་བྱ་བ་ནི་ཞིག་ཁོ་ནས་དྲང་ངོ། །ཤོ་གམ ་གྱི་སར་མ་ཕྱིན་པར་ཞེས་བྱ་བ་ནི་ཤོ་གམ་གྱི་སར་མ་སོན་པར་རོ། །བཟླས་ན་ཞེས་བྱ་བ་ནི་ལམ་གཞན་ནས་སོ། །ཉེས་བྱས་སོ་ཞེས་བྱ་བ་ནི་འདི་ལ་ཉེས་བྱས་འདི་ནི་ཤོ་གམ་གྱི་གནས་སུ་མ་སོན་པའི་ཕྱིར་དང། གཞན་གྱི་དོན་ཡིན་པའི་ཕྱིར་ཉེས་པ་སྦོམ་པོའི ་སྦྱོར་བར་འགྱུར་བ་ཡིན་ནོ། །ཉེས་པ་སྦོམ་པོར་འགྱུར་རོ་ཞེས་བྱ་བ་འདི་ལ་ནི་རྐུ་སེམས་ཀྱང་ཡོད་ལ་སར་ཡང་མ་ཕྱིན་ན་སྦོམ་བོར་འགྱུར་རོ། །འོག་མ་ལ་ཡང་དེ་དང་འདྲ་བར་ཤེས་པར་བྱ་སྟེ། འདི་གཉིས་ཀྱིས་ཡུལ་གྱི་བྱེ་བྲག་ནི་གོང་མ་ལ་ནི་ཕྱེད་སྦྱིན་ནོ ་འོག་མ་ཡིན་ཐམས་ཅད་སྦྱིན་ནོ་ཞེས་བྱ་བར་ཟད་དོ། །ལམ་གཞན་ཅིག་ཞེས་བྱ་བ་ལ་སོགས་པ་ལ་ཉེས་བྱས་སོ་ཞེས་བྱ་བ་འདི་ལ་ནི་ཉེས་བྱས་ཆུང་ངུར་ཤེས་པར་བྱ་སྟེ། ཤོ་གམ་དྲལ་བའི་བསམ་པས་བཟློག་པའི་ཕྱིར་རམ་གཟུར་ཏེ་འགྲོར་གཞུག ་པའི་ཕྱིར་ལམ་གཞན་སྟོན་པས་སོ། །རིན་ཐང་བརྩི་བར་བྱའོ་ཞེས་བྱ་བ་འདི་ལ་ནི་རིན་ཐང་བརྩིས་ཏེ། དངོས་པོ་ཚང་ན་སར་ཕྱིན་པའི་ཕྱིར་དང། གཞན་གྱི་དོན་ཡིན་པའི་ཕྱིར་ཉེས་པ་སྦོམ་པོར་འགྱུར་བར་རིག་པར་བྱའོ། །ཞུས་པ་ལ་ལ་ལས་ཅིར་ ་འགྱུར་ལགས་ཉེས་པ་སྦོམ་པོར་འགྱུར་རོ་ཞེས་གསལ་བར་འབྱུང་ལ། གཞན་ལས་ཀྱང་དེ་དགེ་སློང་གིས་ཟློ་བར་བྱེད་ཅིང་ཤོ་གམ་གི་རྫས་གཞལ་བར་བྱ་བ་ཡང་མ་ཤ་ཀ་ལྔ་རི་བ་ཡིན་ན་ཉེས་པ་སྦོམ་པོར་འགྱུར་རོ་ཞེས་གསལ་བར་རབ་ཏུ་འབྱུང་ངོ ་དེའི་ཕྱིར་ཁྱོད་ལ་འབུལ་ཞེས་བྱ་བ་ལ་སོགས་པ་ལ་རིན་ཐང་བརྩི་བར་བྱའོ་ཞེས་བྱ་བ་འདི་རིན་ཐང་བརྩིས་ཏེ། དངོས་པོ་ཚང་ན་རྐུ་སེམས་ཡོད་པའི་ཕྱིར་དང། ས་ཕྱིན་པའི་ཕྱིར་ཕམ་པར་འགྱུར་རོ། །འདིར་ཡང་ཞུས་པ་གཞན་ལས་ཅིར་འགྱུར་ལགས། ་ཤོ་གམ་གྱི་ཐང་བརྩི་བར་བྱ་སྟེ། དངོས་པོ་ཚང་ན་ཕམ་པར་འགྱུར་རོ། །དངོས་པོ་མ་ཚང་ན་ནི་ཉེས་པ་སྦོམ་པོར་འགྱུར་རོ། །ཞེས་གསལ་བར་འབྱུང་སྟེ། དེ་མ་ཐག་པ་ཉི་ག་ཡང་དེ་དང་འདྲ་བར་ཤེས་པར་བྱའོ། །ཆོས་གོས་ཀྱི་གདང་ནི་ཆོས་གོས ་བཞག་པའི་གཞིའོ། །སྔ་མ་ལ་ཉེས་པ་སྦོམ་པོར་འགྱུར་རོ་ཞེས་བྱ་བ་འདིར་ནི་ཆེ་གེ་མོ་ཞིག་གི་ཆོས་གོས་ཀྱི་གདང་རྐུ་བར་བྱའོ་ཞེས་གཞན་གྱི་ནོར་རྐུ་བའི་ཕམ་པའི་སྦྱོར་བ་ལ་སྦོམ་པོ་འདིར་འགྱུར་རོ། །ཕྱི་མ་ལ་ནི་ལྟུང་བ་མེད་དོ་ཞེས ་བྱ་བ་ནི་རང་གི་ཡིན་པའི་འདུ་ཤེས་ཀྱིས་ཞུགས་པའི་ཕྱིར་རོ། །ཕྱི་མ་ལ་ཉེས་པ་སྦོམ་པོར་འགྱུར་རོ་ཞེས་བྱ་བ་འདི་ནི་རང་གི་ཡིན་པ་ལས་དུས་ཕྱིས་ཆེ་གེ་མོ་ཞིག་གི་ཆོས་གོས་ཀྱི་གདང་རྐུ་བར་བྱའོ་སྙམ་པ་གཞན་གྱི་ཡིན་པའི་བློ་རྐུ་སེམས་ཉེ ་བར་གནས་པའི་ཕྱིར་ཏེ། འདིར་དངོས་གཞི་བྱེད་པའི་དངོས་པོ་རང་གི་ཡིན་པས་མ་བྱིན་པ་ཉིད་ཀྱི་མཚན་ཉིད་ཡན་ལག་ཅིག་མ་ཚང་བར་འགྱུར་རོ། །དེའི་ཡན་ལག་མ་ཚང་བས་ཉེས་པ་སྦོམ་པོར་གསུངས་པ་ལེགས་པ་ཡིན་ནོ། །ཆོས་གོས་ཀྱི་གདང་གི ་རིན་ཐང་བརྩི་བར་བྱའོ་ཞེས་བྱ་བ་ནི་ཆོས་གོས་ཀྱི་གདང་ཤིང་རྐུ་བར་འདོད་ཀྱི་ཆོས་གོས་རྣམས་ནི་མ་ཡིན་པས་དེ་ཕྱིར་དེ་དག་བླང་བ་ལ་ལྟུང་བ་མེད་དེ་མ་བསམས་པའི་ཕྱིར་རོ། །ཆོས་གོས་ཀྱི་གདང་ནི་རིན་ཐང་བརྩིས་སྟེ་དངོས་པོ་ཚང་མ་ཕར ་བར་འགྱུར་རོ། །གལ་ཏེ་མ་ཚང་ན་སྦོམ་པོར་འགྱུར་རོ། །སྦོམ་པོར་འགྱུར་རོ་ཞེས་བྱ་བའི་ཉེས་པ་སྦོམ་པོ་འདི་ནི་སྦྱོར་བར་འགྱུར་བ་ཡིན་པར་ཤེས་པར་བྱའོ། །གལ་ཏེ་སོ་སོར་བགོས་པ་ལས་ཞེས་བྱ་བ་ལ་སོགས་པ་ནི་དེ་དག་ལ་ནོར་མ་ཐོབ་པའི་སྔོན་རོལ་ཏུ ་འདི་ལྟར་དེ་དག་ཐམས་ཅད་ཅིག་ལ་རྐུན་མ་ཡིན་པར་ཤེས་སེམས་པར་གྲུབ་པའི་བློས་རྣམ་པར་མི་གནས་པའི་ཕྱིར་རོ། །དེའི་ཕྱིར་ནོར་ཐོབ་པའི་དུས་ན་བརྐུས་པ་ལྡང་གི་སྔོན་རོལ་དུ་ནི་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ་།མི་སྟེར་བར་རྐུ་བ་ནི་སྦྱིན་དགོས ་པའི་ནོར་མི་སྟེར་ཅིང་སྦྱིན་པར་མི་བྱེད་པ་ཞེས་བྱ་བའི་ཐ་ཚིག་གོ་།མཐུས་རྐུ་བ་ནི་བཙན་ཐབས་སུ་འཕྲོག་པའོ། །ཕྱིར་སྦྱིན་པ་རྐུ་བ་ནི་དུས་རེ་ཞིག་པ་ཉིད་དུ་བླངས་ནས་རྐུ་བའི་ཕྱིར་ཏེ། འདི་ལྟར་ཡང་ཕྱིར་སྦྱིན་པར་བྱ་བ་ཡིན་པས་ན་ཕྱིར་སྦྱིན་པ་ཞེས་བྱའོ། ་བརྙེན་པོ་ཡང་ཕྱིར་སྦྱིན་པར་བྱ་བ་ཡིན་ཏེ། དེ་བས་ན་བརྙན་པོ་ཁོ་ན་ལ་ཕྱིར་སྦྱིན་པ་ཞེས་བྱ་བ་ལ་དེ་རྐུ་ན་ཡང་ཕྱིར་འདིར་ཆ་རྐུ་བ་ནི་གཏམས་པ་རྐུ་བ་ནི་བཅོལ་བ་རྐུ་བའི་ཕྱིར་རོ། །ཡོངས་སུ་གཏམས་པ་རྐུ་བ་ནི་སངས་རྒྱས་དང་དགེ་འདུན་དང། སློབ ་དཔོན་དང། མཁན་པོ་ལ་སོགས་པ་ཡང་དག་པར་བརྟགས་ཤིང་ཕུལ་བའི་ནོར་རྐུ་བའི་ཕྱིར་རོ། །གཞན་དག་ན་རེ་ཡོངས་སུ་བརྟགས་པར་རྐུ་བ་ཁོ་ན་ཡིན་པར་ཤེས་པར་བྱ་སྟེ། དེ་ཉིད་ཀྱི་ཕྱིར། ཞུ་བ་ལ་ལ་ལས་བསླུ་བས་རྐུ་བ་ཁོ་ན་འབྱུང་ངོ། །དེ ་བས་ན་ཡོངས་སུ་བརྟགས་པ་རྐུ་བ་ནི་བསླུ་བས་བརྐུ་བ་ཁོ་ན་ཡིན་པར་ཤེས་པར་བྱའོ། །རྐུ་བ་ཡོངས་སུ་རྫོགས་པ་ཉིད་དེར་མི་རུང་བའི་ཕྱིར་བརྟགས་པ་ཙམ་ནི་མ་ཡིན་ཏེ། འདི་ལྟར་ཡང་དག་པར་བསམས་ཏེ། མ་བྱིན་ན་ཉེས་བྱས་སོ་ཞེས་བཤད་ཏོ ་ཞེས་ཟེར་རོ། །གཞན་དག་ནི་འདི་ལ་གཞན་དུ་བརྗོད་དེ་གང་གིས་ཕུལ་བ་དེ་ལ་བདག་གི་ཡིན་པར་འཛིན་པ་མི་སྐྱེའོ། །བདག་གི་འཛིན་པ་མེད་པའི་ཕྱིར་ཡོངས་སུ་མ་བཟུང་བ་ཉིད་ཡིན་ནོ། །ཡོངས་སུ་བཟུང་བ་ཉིད་མེད་པའི་ཕྱིར་ཡན་ལག་གཅིག་མ ་ཆད་ན་སྦོམ་པོར་ཤེས་པར་བྱའི། མཐར་འགྱུར་བ་ནི་མ་ཡིན་ནོ་ཞེའོ། །ཆོས་རྐུ་བ་ནི་མདོ་སྡེ་དང་འདུལ་བ་དང། ཆོས་མངོན་པ་ལ་སོགས་པའི་ཆོས་བཟུང་བའི་ངོ་བོ་རྐུ་བའི་ཕྱིར། གང་དག་ཡོངས་སུ་བརྟགས་པའི་རྐུ་བ་བསླུབས་རྐུ་བ་ཉིད ་དུ་འདོན་པར་བྱེད་པ་དེ་ལ་དོན་ནི་འདི་ཡིན་ཏེ། ཉུང་ངུ་བྱིན་ན་མང་པོ་རྐུ་བ་ལ་སོགས་པ་འམ། ཚེ་ལོ་རྩེ་བ་ལ་སོགས་པས་བསླུ་བ་ཡིན་ནོ། །ཆོས་རྐུ་བ་མ་གཏོགས་པ་ཞེས་བྱ་བ་ན་བཀར་བ་སྟེ། འདི་ལ་ནི་རྐུ་སེམས་མེད་པའི་ཕྱིར་ཉེས་པ་མེད་པ་ཉིད་དོ། །འདི ་ལྟར་མདོ་སྡེ་ལ་སོགས་པའི་ཆོས་བྲི་བར་བྱ་བའི་གླེགས་བམ་མཐོང་ནས་འདྲི་བ་དང། འཛིན་པ་གང་ཡིན་པ་དེས་ནི་ཕ་རོལ་པོ་ལས་ཆུང་ཟད་ཀྱང་གོད་པར་མི་འགྱུར་ཏེ། འདི་ལྟར་བྲི་བར་བྱ་བའི་གཟུགས་བསྙེན་ས་ན་འདུག་པའི་ཕྱིར་རོ། ། ་རྐུ་བ་ནི་གོད་པ་ཡིན་ཏེ་དེ་ལྟ་བས་ན་འདིར་དེ་མ་གཏོགས་སོ། །འོ་ན་གླེགས་བམ་བྲིས་པ་བརྐུས་པ་ལ་ཚུལ་ཇི་ལྟ་བུ་ཞེ་ན། དེ་བརྐུས་ན་རིན་ཐང་དང་མཐུན་པར་ཉེས་པ་སྦོམ་པོ་ལ་སོགས་པའི་ལྟུང་བར་འགྱུར་ཤེས་པར་བྱའོ། །ཀརཥ་པ་ཎ་ནི་ཟོང ་གི་ཁྱད་པར་ཏེ། དངུལ་ལས་བྱས་པ་གཟུགས་དོད་པ་བཙོང་དུ་རུང་བ་ཡིན་ནོ། །མ་ཤ་ཀ་གསུམ་གྱིས་ཁུགས་པ་ནི་བཞི་ཆའི་ཆ་བརྩིས་ན་མ་ཤ་ཀ་གསུམ་གྱིས་ཕམ་པར་འགྱུར་ན་ཀརཥ་པ་ཎ་གཅིག་ལ་མ་ཤ་ཀ་བཅུ་གཉིས་རི་བའི་ཕྱིར་རོ།། ་མ་ཤ་ཀ་བཅུ་མ་ཁུགས་པ་ནི་བཞི་ཆའི་ཆ་བརྩིས་ན་འདིའི་ཚད་ཤོག་བུ་འོག་མ་འདི་ཡིན་ཞེས་བྱ་བའི་དོན་ཏེ། འདི་ནི་བདག་གིར་ཡོངས་སུ་འཛིན་པ་མེད་པའི་ཕྱིར་རོ། །ནི་ཞེས་བྱ་བའི་སྒྲ་ནི་ཡང་གི་དོན་ནམ་ཁྱད་པར་ཡིན་ཏེ། རྐུ་སེམས་ནི ་ཡན་ལག་གི་གཙོ་བོ་ཡིན་པའི་ཕྱིར། ན་ན་ཀ་ནི་ཀརཥ་པ་ཎ་ཉིད་དོ། །དེ་བས་ན་མ་ཤ་ཀ་ཉི་ཤུ་རི་བའི་ཀརཥ་པ་ཎའི་ཞེས་བྱ་བའི་ཐ་ཚིག་གོ་།ལྷག་མ་ནི་སྔ་མ་བཞིན་ནོ། །བོར་བར་འདུ་ཤེས་པ་ནི་ཡོངས་སུ་བོར་བར་འདུ་ཤེས་པའོ། །ཡོངས་སུ་མ་གཟུང ་བར་འདུ་ཤེས་པ་ཞེས་བྱ་བའི་ཐ་ཚིག་གོ་།འདི་ནི་རྐུ་སེམས་མེད་པའི་ཕྱིར་རོ། །གལ་ཏེ་རེ་རེ་ནས་ཞེས་བྱ་བ་ལ་སོགས་པ་ནི་སྦྱོར་བ་ཐ་དད་པའི་ཕྱིར་དངོས་གཞི་མེད་པའི་སྦྱོར་བ་ལ་ནི་སྦོམ་པོ་ཁོ་ནའོ་ཞེས་བྱ་བའི་དོན་ཏོ། །འདི་ལན་གཉིས་སུ་བརྗོད་པ་ནི་ཟློས་པ་ཡིན། ་ཡོ་བྱང་ཆེན་པོ་ནི་མ་ཤ་ཀ་ལྔ་ལ་སོགས་པ་རི་བའི་ཚད་ཀྱི་རྫས་ཏེ། འདིར་འཚོ་བ་ལེགས་པར་བྱེད་ཅིང་སྐྱོང་བར་བྱེད་པས་སོ། །སྦེད་པ་ནི་འཇོག་པར་བྱེད་པའོ། །ཉེས་པ་སྦོམ་པར་འགྱུར་རོ་ཞེས་བྱ་བ་འདི་ལ་ནི་རང་གི་ཡིན་པ་ལས་ཕྱིས་རྐུ་སེམས་ཉེ ་བར་གནས་པའི་ཕྱིར་དེ་ཡིན་ནོ། །རྐུ་སེམས་ཀྱིས་བླངས་ལ་ཞེས་བྱ་བ་ལ་སོགས་པས་སྦོམ་པོར་བརྗོད་པ་ནམ་པར་གཏོགས་པ་ཡིན་པར་ཤེས་པར་བྱའི་གནས་ནས་སྤགས་པ་ལ་ནི་མ་ཡིན་ཏེ། གནས་ནས་སྤགས་པས་ནི་མཐར་གྱུར་པ་བཤད ་པས་སྦོམ་པོ་བརྗོད་པ་འགལ་བ་དང་ལྡན་པར་འགྱུར་རོ། །སོམ་ཉིད་ནི་རང་གི་ངོ་བོ་མ་རྟོགས་པའི་ཕྱིར་རོ། །ཐེ་ཚོམ་ནི་ཁྱད་པར་མ་རྟོགས་པའི་ཕྱིར་རོ། །ཡང་ན་སོམ་ཉི་ནི་བདག་གི་ངོ་བོའི་སྒོ་ནས་ཤེས་ཀྱང་ཅི་རུང་སྙམ་པ་དེ་ལྟ་བུ་མ་ངེས་པའི་ཡིད ་ཀྱིས་མངོན་པར་རྗོད་པ་འབྱུང་བའི་ཕྱིར་རོ། །ཐེ་ཚོམ་ནི་ཇི་ཡོད་བྱད་འདི་ཁོ་ན་ཡིན་ནམ་གཞན་ཞིག་ཡིན་ནམ་སྙམ་པའི་ཐེ་ཚོམ་སྐྱེ་བའི་ཕྱིར་རོ། །ཇི་ལྟར་སོམ་ཉི་ཟ་ཞེས་ན། དེ་འདི་ཡིན་ནམ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མཆོད་སྦྱིན ་ལ་སོགས་པ་དེའིའོ། །འདི་དེ་ཡིན་ནམ་ཞེས་བྱ་བ་ནི་ཡོ་བྱད་དོ། །ནུབ་ཀྱི་བ་ལང་སྤྱོད་ནི་རི་རབ་ལས་བལྟོས་ན་ནུབ་ཡིན་པའི་ཕྱིར་དང། དེ་ན་ཡང་ཉོ་ཚོང་གི་ཐ་སྙད་རྣམས་ལ་བ་ལང་དག་གིས་སྦྱིན་པའི་ཕྱིར་དང་ངོ། །ཤར་གྱི་ལུས་འཕགས་ནི ་རི་རབ་ལ་བལྟོས་ན་ཤར་ཡིན་པའི་ཕྱིར་དང། མི་ལུས་འཕགས་པ་དང་གནས་པའི་ཕྱིར་རོ། །བྱང་གི་སྒྲ་མི་སྙན་ནི་རི་རབ་ལས་བལྟོས་ན་བྱང་ཡིན་པའི་ཕྱིར་དང། སྒྲ་མི་སྙན་པ་དག་གནས་པའི་ཕྱིར་རོ། །ཉེ་བར་འཁོར་དེ་ན་ནི་ཞེས་བྱ་བ་ལ་ ་སོགས་པ་ལ་ནི་ཞེས་བྱ་བའི་སྒྲ་ནི་གང་པོར་གསུངས་པ་ནི་མིའི་ཡིན་པའི་ཕྱིར་དང། མི་མ་ཡིན་པར་འདུ་ཤེས་ཞུགས་ཕྱིར་ཏེ། སྦྱོར་བར་གཏོགས་པ་ཁོ་ན་ཡིན་ནོ། །མིའི་ལ་མིར་འདུ་ཤེས་པ་ལ་མཐར་འགྱུར་བར་བརྗོད་པ་ནི ་མིའི་ཡིན་པའི་ཕྱིར་དང། མིའི་འདུ་ཤེས་ཀྱིས་ཀྱང་ཞུགས་པའི་ཕྱིར་ཏེ། འདུ་ཤེས་གཞན་གྱི་དོན་ལ་ཞུགས་པ་ལ་ནི་དངོས་གཞིའོ། །གཞན་ཉིད་ལ་དེའི་མ་ཡིན་ཞེས་འབྱུང་བའི་ཕྱིར་རོ། །མཆོད་རྟེན་དང་མཆོད་རྟེན་གྱི་གནས་ཞེས་བྱ་བ ་ལ་སོགས་པ་ལ། མཆོད་རྟེན་གྱི་གནས་ནི་ཆོས་ཀྱི་སྐུ་ཏེ། དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུའི་བདག་ཉིད་དྲན་པ་ཉེ་བར་གཞག་པ་དང། རྫུ་འཕྲུལ་གྱི་རྐང་དང། དབང་པོ་དང། སྟོབས་དང། བྱང་ཆུབ་ཀྱི་ཡན་ལག་དང། མཁྱེན་པ ་དང། སྟོབས་དང། མ་འདྲེས་པའི་ཉེ་བར་བཞག་པ་དང། མི་འཇིགས་པ་དང་ཐུགས་རྗེ་ཆེན་པོ་ལ་སོགས་པའི་ཡོན་ཏན་རྣམས་ཀྱི་གཟུགས་བརྙན་ཉིད་དུ་བསླང་བའི་ཕྱིར་རོ། །དེ་ཉིད་གནས་ཡིན་ཏེ། བསོད་ནམས་མཛའ་ཡས་པ་འདུ་བའི ་སྒོ་འབྱེད་ཅིང་རྒྱས་པར་བྱེད་པའི་ཕྱིར་རོ། །མཆོད་རྟེན་གྱི་གནས་ནི་གཟུགས་ཀྱི་སྐུ་སྟེ། སྟོབས་དང་མི་འཇིགས་པ་ལ་སོགས་པའི་ཡོན་ཏན་གྱི་གཞིའོ་ཞེས་བྱ་བའི་ཐ་ཚིག་གོ་།དེ་དག་བསགས་ཤིང་བསྡུ་བར་བཟང་བས་ན ་བསགས་པའོ། །མཆོད་རྟེན་འདི་ནི་རྟེན་འདི་ནི་བསགས་པ་དེ་དག་གིས་གཟུགས་བརྙན་ཏེ། ཆོས་ཀྱི་སྐུའི་གཟུགས་བརྙན་ནོ་ཞེས་བྱ་བའི་ཐ་ཚིག་གོ་།ཡང་ན་གནས་ཞེས་བྱ་བའི་སྒྲ་ནི་ལོགས་ཤིག་ཏུ་ལྷ་གཞན་ལ་སོགས་པའི ་ཡིན་པར་བྱ་སྟེ། དེས་ན་ལྷ་མིག་མཆོད་རྟེན་དང་མཆོད་རྟེན་གྱི་གནས་ལས་ཞེས་དོན་དེ་ལྟ་བུ་ཁོང་དུ་ཆུད་པར་བྱའོ། །གཞན་དག་ནི་མཆོད་རྟེན་ཞེས་བྱ་བའི་སྒྲ་མི་འདོན་ཏེ། མཆོད་རྟེན་ནི་མཆོད་རྟེན་དང་དོན་གཅིག་པའི་ཕྱིར་རོ། །གང ་སྨོས་པས་ནི་ལྷ་གཞན་དག་གིས་གཟུང་ངོ། །དེས་ན་མཆོད་རྟེན་དང་གནས་ལས་ཞེས་བྱ་བ་དོན་འདིར་འགྱུར་རོ། །གཞན་དག་མཆོད་རྟེན་གྱི་གནས་ཡིན་ཏེ། དེ་ལས་སོ་ཞེས་ཟེར་རོ། །གཞན་དག་ནི་མཆོད་དང་མཆོད་རྟེན་གྱི་འཁོར་ས་ལས་ཞེས་འདོན་ཏེ་དེ་ལ་དོན ་ནི་འདི་ཡིན་ཏེ། མཆོད་རྟེན་དང་མཆོད་རྟེན་དག་གི་འཁོར་ས་ཉེས་སྤྱོད་གང་ཡིན་པ་དེ་ལས་སོ་ཞེས་བྱ་བའི་ཐ་ཚིག་གོ་།རྒྱན་ནི་མགུལ་རྒྱན་དང་གདུ་བུ་རྒྱན་ཅན་དང་དཔུང་རྒྱན་ལ་སོགས་པ་སྟེ། འདི་ནི་བདག་པོ་ཡོངས་སུ་གྱུར་པར་མིའི་འཁྲོ་བ་བས ་ཡོངས་སུ་གཟུང་བ་མེད་པའི་ཕྱིར་རོ། །སྐུ་གདུང་དག་ནི་ནུས་པ་དག་གོ་།མཐར་འགྱུར་རོ་ཞེས་བྱ་བ་འདི་ནི། སངས་རྒྱས་ཀྱི་སྐུ་གདུང་ནི་རུས་པའི་རང་བཞིན་ཡིན་པའི་ཕྱིར་རོ། །རིན་ཆུང་སྟེ་དེ་བརྐུས་ན་སྦོམ་པོར་འགྱུར་རོ་སྙམ་དུ་སེམས་བར་གྱུར་པ་དེ ་བཟློག་པའི་ཕྱིར། །བཀུར་སྟི་བྱ་བ་ནི་མཆོད་པར་བྱ་བ་སྟེ། མཆོད་པའི་ཕྱིར་དོན་ཏུ་བརྐུས་པའི་ཕྱིར་དེ་ལ་མཆོད་པའི་དོན་དུ་གཉེར་བ་ལ་བདག་གིར་བྱ་བའི་བློ་ཡང་མི་འབྱུང་བ་ལ། སྟོན་པ་གཅིག་པ་ཉིད་ཀྱིས་ཐུན་མོང་ཡིན་པའི་ཕྱིར ་གཞན་གྱིས་ཡིན་པའི་བློ?་ཡང་མ་འབྱུང་བས་འདི་གསུངས་སོ། །དེ་ལ་འདི་ནི་གནས་གང་དུ་དེས་སྟོན་པའི་སྐུ་གདུང་བརྐུས་པའི་གནས་དེ་ན་འཇིག་རྟེན་ཐམས་ཅད་ལ་གྲགས་པས་ཐང་བཅད་པར་འགྱུར་བ་གང་ཡིན་པ་བརྐུས་པའོ ་དུས་དེ་ན་ཐང་དུ་བྱས་པ་གང་ཡིན་པའི་རིན་ཐང་ཆད་པ་དེས་འདིར་ཕམ་པ་ལ་སོགས་པའི་ལྟུང་བ་སློངས་པར་རིགས་པར་བྱའི་གང་ཟག་གཅིག་གམ་མང་པོ་འགའ་ཞིག་ལ་བསླུ་བ་པོས་བསླུ་བའི་ཕྱིར་རམ། གང་ཟག་གཅིག ་གིས་དུ་མ་ལ་ཁོ་བར་གྱུར་པར་ཤེས་ནས་སྡོད་ཆད་ཀྱི་རིན་ཐང་ཡོངས་སུ་བོར་ཏེ། ཆུང་ངུ་དང་ཆེན་པོར་ཐང་ཆོད་པར་བྱེད་པ་གང་ཡིན་པ་དེ་ནི་ཁྱབ་པར་བྱེད་པ་མ་ཡིན་པ་ཉིད་ཀྱི་ཐ་སྙད་དུ་བྱ་བ་མ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་དེ་ལྟར་ཤེས ་པར་བྱའོ། །གླེགས་བམ་ནི་བསྟན་བཅོས་ཀྱི་གནོད་དོ། །རིན་ཐང་བརྩི་བར་བྱའོ་ཞེས་བྱ་བ་ལ་རིན་ཐང་བརྩི་བའི་དངོས་པོ་ནི་གལ་ཏེ་མ་ཤ་ཀ་ལྔར་ཚང་ན་དེས་འདིས་འཕམ་པར་འགྱུར་ལ། ཅི་སྟེ་མ་ཚང་ན་ནི་སྦོམ་པོར་འགྱུར་རོ་སྙམ ་པ་འདི་ཡིན་ནོ། །ཕྱོགས་བཞིའི་དགེ་འདུན་གྱི་ཞེས་བྱ་བ་ལ་སོགས་པ་ནི་ཚད་རྣམ་པར་འཆད་པའི་དགེ་འདུན་མངའ་བ་ཡང་དགེ་འདུན་གྱི་ཡིན་པས། དེའི་ཕྱིར་ཕྱོགས་བཞིའི་ཞེས་བྱ་བ་སྨོས་ཏེ། ཕྱོགས་བཞིའི་དགེ་འདུན་དུ་གཏོགས ་པའི་གང་ཟག་འདས་པ་དང་མ་འོངས་པ་དང་ད་ལྟར་འབྱུང་བ་མཛའ་ཡས་པ་རྣམས་འདིའི་བདག་པོ་ཡིན་ལ། བདག་པོ་མཛའ་ཡས་པ་རྣམས་ཀྱི་སོ་སོའི་བགོ་སྐལ་ཡང་ནམ་ཡང་ཆད་པ་ཉིད་དུ་མི་རུང་བས། མ་ཤ་ཀ་ལྔ་ལ་སོགས ་པ་ཉིད་དུ་ཡན་ལག་གཅིག་མེད་པའི་ཕྱིར་འདིར་ཤེས་པར་བྱའོ། །གང་ཟག་མང་པོ་ནི་གསུམ་ལ་སོགས་པའོ། །ཡོངས་སུ་བརྟགས་པ་མ་བརྩལ་བར་ཞེས་བྱ་བ་ལ་སོགས་པ་ནི་གང་དག་གི་གཞུང་ལུགས་ཀྱིས་ཡོངས་སུ་བརྟགས་པའི ་བསླུ་བ་ཁོ་ན་ཡིན་པ་དེ་དག་གི་ལྟར་ན་འདི་ལ་ཐར་འགྱུར་རོ། །གང་དག་གི་ལྟར་ན་ཡོངས་སུ་བརྟགས་པ་ཀུན་ཏུ་རྟོགས་པ་ཙམ་ཁོ་ན་ཡིན་པ་དེ་དག་གི་ལྟར་ན་ཉེས་བྱས་སོ། །གང་དག་གི་གཞུང་ལུགས་ཀུན་ཏུ་བརྟགས་པ་ཞེས་བྱ་བ་ཕུལ ་བ་ཉིད་ཡིན་པ་དེ་དག་གི་ལྟར་ན་ཡང་དེ་ལ་བདག་གིར་བྱེད་པ་མེད་པའི་ཕྱིར་སྦོམ་པོར་འགྱུར་རོ། །གཞན་དག་ན་རེ་ཀུན་ཏུ་བརྟགས་པ་རྐུ་བ་ལ་ལྟུང་བ་གོར་དུ་བསྟན་ཟིན་པས་ཡང་སྨོས་པ་དོན་མེད་དེ། དེ་ལྟ་བས་ན་ཡོངས་སུ་བརྟགས ་པ་རྐུ་བ་ལ་ནི་ཉེས་བྱས་སུ་བརྗོད་པར་བྱའོ་ཞེས་ཟེར་ཏེ། འདི་ནི་ཡོངས་སུ་བརྟགས་པ་ཙམ་ཡིན་པའི་ཕྱིར་དེ་ལྟར་ཤེས་པར་བྱའོ། །རྒྱུད་པ་ནི་གཅིག་ནས་གཅིག་ཏུ་སྟེ། ཕོ་ཉ་དང་ཕོ་ཉ་ལ་སོགས་པ་ཡོར་ལ་བརྟགས་པར ་ཤེས་པར་བྱ་བའི་ཐ་ཚིག་གོ་།རིན་ཐང་ཞེས་བྱ་བ་ལ་སོགས་པ་ནི་དངོས་པོ་ཚང་ན་མཐར་འགྱུར་ལ། གལ་ཏེ་མ་ཚང་ན་སྦོམ་པོ་ཞེས་བྱ་བའི་དོན་ཏོ། །འདི་ནི། མངོན་སུམ་ཁོ་ནས་བརྐུས་ན་དངོས་གཞིར་འགྱུར་གྱི་བརྒྱུད་པས་ནི་མ་ཡིན་ནོ་སྙམ་དུ ་སེམས་པ་བཟློག་པའི་ཕྱིར་རོ། །གཞན་གྱིར་འདུ་ཤེས་པ་ནི་མིའི་ནོར་ཡིན་པ་ལ་མིའི་མ་ཡིན་པར་འདུ་ཤེས་པའོ། །ཡོངས་སུ་བཟུང་བ་ནི་བདག་གིར་བྱས་པའོ། །ཡོངས་སུ་མ་བཟུང་བ་ནི་བདག་གིར་མ་བྱས་པའོ། །མིས་ཡོངས་སུ་བཟུང་བ་ལ་ཡོངས་སུ་བཟུང་བར ་འདུ་ཤེས་པས་བརྐུས་པ་ནི་མཐར་འགྱུར་ཏེ། ཡོངས་སུ་བཟུང་བའི་ཕྱིར་དང། དེར་འདུ་ཤེས་པའི་ཕྱིར་རོ། །ཡོངས་སུ་བཟུང་བ་ལ་ཡོངས་སུ་མ་བཟུང་བར་འདུ་ཤེས་པས་ནི་ལྟུང་བ་མེད་དེ། ཡོངས་སུ་མ་བཟུང་པའི་འདུ་ཤེས་ཡོད་པའི་ཕྱིར་རོ། །ལྟུང་བ་མེད་པ ་ནི་མཛའ་ལ་སོགས་པའི་ལྟུང་བར་མི་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ་།ཡོངས་སུ་བཟུང་བ་ལ་ཡོངས་སུ་བཟུང་བར་འདུ་ཤེས་པས་ནི་སྦོམ་པོར་འགྱུར་ཏེ། ཡོངས་སུ་བཟུང་བའི་འདུ་ཤེས་ཡོད་པའི་ཕྱིར་རོ། །ཡོངས་སུ་མ་བཟུང་བ་ལ་ཡོངས་སུ་མ་བཟུང་བར་འདུ ་ཤེས་པས་ནི་ལྟུང་བ་མེད་དེ། ཡོངས་སུ་མ་བཟུང་བའི་ཕྱིར་དང། དེར་འདུ་ཤེས་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ་།གནས་གང་དུ་བཞག་པར་གྱུར་པ་ཞེས་བྱ་བ་ལ་སོགས་པ་ལ། གལ་ཏེ་འདིར་རྫས་གནས་ལས་ཕྲལ་བ་མེད་ན་ཇི་ལྟར་རྐུ་བ་ཡིན་ཞེ་ན། ་དེ་ནི་མ་ཡིན་ཏེ། རེ་ཞིག་རྐུ་བ་སློང་བ་འདི་ལ་ནི་འབྲལ་བར་འགྱུར་བ་རྒྱུའོ། །གཙོ་བོ་ཡིན་ལ་གནས་དང་བཅས་ཏེ་བརྐུས་ན་ཡང་ནོར་གྱི་བདག་པོ་རྫས་དང་བྲལ་བ་ཉིད་དུ་འགྱུར་བ་ཉིད་དུ་འགྱུར་བ་ཁོ་ན་སྟེ། དེའི་ཕྱིར་འདི་གསུངས་སོ། །མི་དབང ་བ་མི་འཐོབ་པའོ། །ཉེས་པ་སྦོམ་པར་འགྱུར་བའི་ཉེས་པ་ལ་སོགས་པ་ལ་ནི་རྒྱུ་སེམས་ཉེ་བར་གནས་པ་ཙམ་གྱི་ཕྱིར་རོ། །གྲུབ་ནས་ནི་ཞེས་བྱ་བ་ལ་སོགས་པ་ནི་སྙེད་པ་གྲུབ་ནས་ནི་མ་བྱིན་པ་ཞེས་བྱ་བའི་ཡན་ལག་མེད་པའི་ཕྱིར་དངོས ་པོ་ཚང་ན་སྦོམ་པོར་འགྱུར་ལ། གལ་ཏེ་མ་ཚང་ན་ཉེས་བྱས་སོ་ཞེས་བྱ་བའི་ཐ་ཚིག་གོ་།སྦྱོར་བ་བྱས་ནས་ཞེས་བྱ་བ་ནི་བྱེད་དུ་བཅུག་ནས་སོ། །ཞུགས་ནས་སྦྱོར་བ་བྱེད་ན་ཞེས་བྱ་བ་ནི་ཁང་པའི་ནང་དུ་སོང་ནས། ཕོ་ཉ་ཕྱི་རོལ་ན་འདུག ་པ་ལ་སྦྱོར་བ་བྱེད་པ་སྟེ། འདིས་ནི་སྦྱོར་བའི་དབང་གིས་ཀྱང་མཐར་འགྱུར་བ་ཁོ་ནའོ། །ཞེས་བྱ་བ་འདི་བསྟན་པ་ཡིན་ནོ། །མ་བྱིན་པར་ལེན་པའི་རྣམ་པ་གཞན་དག་ཀྱང་ཞུས་པ་ལས་འབྱུང་སྟེ། དེ་དག་ཀྱང་འདུལ་བ་འཛིན་པ་ཐམས་ཅད་ཀྱིས་གོམས ་པར་བྱས་པ་དང། མི་འགལ་བ་ཡང་ཡིན་ཏེ། ཡུན་རིངས་པ་དང། དགེ་སློང་རྣམས་ཀྱི་བློ་ཉམས་ཆུང་བ་དང། མངོན་པར་བརྩོན་པ་མེད་པ་དང། འདུལ་བ་མ་གུས་པ་དང། འཕྲལ་གྱི་བྱ་བས་གཡེངས་པ་དང། ལེ་ལོར་གྱུར་པ་དང། ཡི་གེ་བ་དན ་པ་རྣམས་ཀྱིས་རང་དགར་ཡི་གེ་བྲིས་པའི་ཕྱིར་ཉམས་པ་འབའ་ཞིག་ཏུ་ཟད་པས། དེ་དག་འདིར་ཉན་པ་པོ་རྣམས་ཀྱི་བློ་སྐྱེད་དབྱུང་བའི་ཕྱིར་དང། གཞུང་སིལ་བུའི་ཚིག་ཉིད་དུ་འདུ་བའི་ཕྱིར་དང། (ཕྱོགས་གཞན་ནས་གཞུང་མཐོང་ན་འོན་ཏེ་འདི་གཞུང་ཡིན་ནམ་འོན་ཏེ།) ་མ་ཡིན་ཞིག་གུ་སྙམ་དུ་ཚངས་པ་མཚུངས་པར་སྤྱོད་པ་རྣམས་ཐེ་ཚོམ་ཟ་བ་བཟློག་པའི་ཕྱིར་དང། སྔར་བཤད་པའི་དོན་དངོས་སུ་བསལ་བར་བྱ་བའི་ཆེད་དུ་བསྟན་པར་བྱ་ཞིང་བཤད་པར་ཡང་བྱ་སྟེ་སྐབས་མ་ཡིན་པར་བརྗོད་པར་གཏོགས ་པའི་ཉེས་པར་ནི་བསམས་པར་མི་བྱའོ། །འོག་ནས་འབྱུང་བའི་གཞུང་ལ་ཡང་ཅི་རིགས་པར་བསྡུ་བ་ལ་ལུགས་ནི་འདི་ཁོ་ན་ཡིན་ནོ། །དགེ་སློང་གིས་དགེ་སློང་ཞིག་ལ་འདི་སྐད་ཅེས་ཁྱོད་ཀྱིས་དགེ་སློང་ཆེ་གེ་མོ་ཞིག་གི་ཡོ་བྱད་དེ་དང་དེ་ཤེས་སམ ་ཞེས་སྨྲས་པ་ལས། དེས་འདི་སྐད་ཅེས་ཤེས་པོ་ཞེས་སྨྲས་པ་དང། སོང་ལ་དེ་འོན་ཅིག་དེ་བརྐུས་ཤིག་དེ་གནས་ནས་སྤྲོས་ཤིག་ཅེས་བགྱིས་པ་ལས་གལ་ཏེ་དེས་རྐུ་སེམས་ཀྱིས་ལེན་པར་བགྱིད། རྐུ་བར་བགྱིད་གནས་ནས་སྤོ་བར་བགྱིད་ན ་ཅི་ལགས། རྩིས་མགོ་འདྲ་བར་འགྱུར་རོ། །གལ་ཏེ་དེ་འདི་སྙམ་དུ་འདི་ནི་དེའི་ཡིན་ནོ་སྙམ་དུ་སེམས་ན་ལེན་པ་ལ་ལྟུང་བ་མེད་དེ། རྐུར་འཇུག་པ་གང་ཡིན་པ་དེ་ལ་ནི་དངོས་པོ་ཇི་ལྟ་བ་བཞིན་དུ་འགྱུར་རོ། །བཙུན་པ། མི་རྣམས་ཀྱི་ཆོས་གོས་ཀྱི་གཏུར་བུ་དང། ་ཆོས་གོས་ཀྱི་སྣོད་དང། ཆོས་གོས་ཀྱི་ཟ་མ་ཏོག་དང། གདང་ལ་བཞག་པར་གྱུར་པ་དེ་དགེ་སློང་གིས་རྐུ་སེམས་ཀྱིས་གང་འདོད་པ་དེ་རྒུའོ་ཞེས་འདམ་པར་བགྱིད་ན་ཅིར་འགྱུར་ལགས། ཉེས་པ་སྦོམ་པོར་འགྱུར་རོ། །གང་འདོད་པ་དེ་བརྐུས་ནས་ནི་རིན་ཐང་བརྩི་བར་བྱ་སྟེ། ་དངོས་པོ་ཚང་ན་མཐར་འགྱུར་རོ། །དངོས་པོ་མ་ཚང་ན་ནི་ཉེས་པ་སྦོམ་པོར་འགྱུར་རོ། །གདང་དང་བཅས་ཏེ་རྐུ་ན་ཅིར་འགྱུར། ཉེས་པ་སྦོམ་པོར་འགྱུར་རོ། །གང་གི་ཚེ་མཐར་འགྱུར་ལགས། གདང་ལས་ཕོག་པར་གྱུར་པ་ནའོ། །གདང་ལས་ཕོག་ནས ་རིན་ཐང་བརྩི་བར་བྱ་སྟེ། དངོས་པོ་ཚང་ན་མཐར་འགྱུར་རོ། །དངོས་པ་མ་ཚང་ན་ནི་ཉེས་པ་སྦོམ་པོར་འགྱུར་རོ། །བཙུན་པ་རེ་ཞིག་དགེ་སློང་གིས་བང་བ་ཕུག་ནས་འབྲུ་བརྐུས་ན་ཅིར་འགྱུར་ལགས། གལ་ཏེ་སྦྱོར་བ་གཅིག་གིས་བརྐུས་ན་དེའི་རིན ་ཐང་བརྩི་བར་བྱ་སྟེ། དངོས་པོ་མ་ཚང་ན་ཉེས་པ་སྦོམ་པོར་འགྱུར་རོ། །བཙུན་པ་དགེ་སློང་དག་གིས་འབྲས་བུ་དག་སྤྲུགས་ཤིང་བསྡམས་ནས་རྐུ་ན་ཅིར་འགྱུར་ལགས། གལ་ཏེ་སྦྱོར་བ་གཅིག་གིས་མ་ཤ་ཀ་ལྔར་ཚང་ན་མཐར་འགྱུར་རོ། །མ་ཚང ་ན་ཉེས་པ་སྦོམ་པོར་འགྱུར་རོ། །བཙུན་པ་དགེ་སློང་དག་གིས་ཆབ་ཀུན་ནས་བརྐུས་ན་ཅིར་འགྱུར་ལགས། ཆུའི་མགོ་ནས་བཟུང་སྟེ་ཆུའི་མཇུག་གི་བར་རིན་ཐང་བརྩི་བར་བྱ་སྟེ། དངོས་པོ་ཚང་ན་མཐར་འགྱུར་རོ། །དངོས་པོ་མ་ཚང་ན་ནི་ཉེས་པ ་སྦོམ་པོར་འགྱུར་རོ། །བཙུན་པ་མི་རྣམས་ཀྱི་རིན་པོ་ཆེ་འམ། རིན་པོ་ཆེར་སྨོས་པ་འམ། གསེར་བཅོམ་ནས་བརྐུས་ན་ཅིར་འགྱུར་ལགས། རིན་ཐང་བརྩི་བར་བྱ་སྟེ། དངོས་པོ་ཚང་ན་མཐར་འགྱུར་རོ། །བཙུན་པ་གལ་ཏེ་ཡི་གེ་དང་ལག་བརྡའི་ཡི་གེ ་དང་ལག་བརྡའི་ཡི་གེ་དག་དང། ལག་རྩིས་ཀྱིས་བརྐུས་ན་ཅིར་འགྱུར་ལགས། རིན་ཐང་བརྩི་བར་བྱ་སྟེ། དངོས་པོ་ཚང་ན་མཐར་འགྱུར་རོ། །དངོས་པོ་མ་ཚང་ན་ཉེས་པ་སྤོམ་པོར་འགྱུར་རོ། །བཙུན་པ་བཅོམ་ལྡན་འདས་ཀྱི་དགེ་སློང ་གིས་ཡོ་བྱད་ཆེན་པོ་ཞིག་གནས་ནས་གནས་སུ་སྤོས་ན་མཐར་འགྱུར་རོ་ཞེས་གསུང་པ་གང་ལགས་པ། དགེ་སློང་གིས་རྫས་ཆེན་པོ་ཞིག་རྒྱངས་བཅད་པར་འཆལ་ཡང་མཐར་མི་འགྱུར་བ་ལྟ་མཆིས་ལགས་སམ། ཡོད་དེ་འདི་ལྟར་དགེ་སློང ་གིས་ཡོ་བྱད་ཆེན་པོ་ཞིག་གིས་ཕྱོགས་གཅིག་ནས་བཟུང་སྟེ་རི་མོ་ཞིག་དུ་དྲངས་ཀྱང་མཛའ་ཅིག་ཤོས་གནས་དེ་ནས་མ་འཕགས་ན་ཉེས་པ་སྦོམ་པོར་འགྱུར་རོ། །བཙུན་པ་དགེ་སློང་ཁྱིམ་བདག་གི་ཁྱིམ་དུ་ནང་མིར་གྱུར་ལ་དེས་བདག ་དེའི་གཉེན་དག་གི་དྲུང་དུ་མཆིས་ཏེ། ཁྱིམ་བདག་གིས་ཕྲིན་པ་སྐད་དུ་འདི་སྐད་ཅེས་དངོས་པོ་ཆེ་གེ་མོ་ཞིག་བྱིན་ཅིག་ཅེས་མཆི་ན་ཅིར་འགྱུར་ལགས། ཉེས་པ་སྦོམ་པོར་འགྱུར་བའི་ཉེས་བྱས་སོ། །བཙུན་པ་དགེ་སློང་མི་རྣམས་ཀྱིས་གླང་པོ ་ཆེ་རྐུ་སེམས་བསྐྱེད་ན་སྦོམ་པོར་འགྱུར་རོ། །མ་སྨྲས་པར་གཞན་གྱི་དོན་དུ་ཞེས་བྱ་བ་ནི་ཕ་རོལ་པོས་མ་སྨྲས་པར་རང་ཉིད་ཀྱིས་དེ་འདི་ནི་གཞན་གྱི་དོན་ཡིན་པའི་ཕྱིར་རོ། །མི་མ་ལགས་པ་ཞེས་བྱ་བ་ལ་སོགས་པ་ལ། ཉེས་བྱས་སུ་འགྱུར་རོ ་ཞེས་བྱ་བ་འདི་ལ་མི་མ་ཡིན་པའི་ཡིན་པའི་ཕྱིར་དང། མ་ཡིན་པའི་འདུ་ཤེས་ཀྱིས་འཇུག་པའི་ཕྱིར་དེ་ཡིན་ནོ། །ཁ་ཅིག་ནི་འདིར་ཤེས་པ་སྦོམ་པོར་འགྱུར་རོ། །ཞེས་འདོན་པར་བྱེད་ཅིང་འཆད་པར་ཡང་བྱེད་དོ། །འདུལ་བ་འཛིན་པ་ཁ་ཅིག ་དེ་མི་འདོད་དེ། འདི་ལྟར་མི་མ་ཡིན་པའི་འགྲོ་བ་ལ་མིའི་འགྲོ་བ་པས་ཡོངས་སུ་བཟུང་བའི་འདུ་ཤེས་ཀྱིས་བརྐུས་ན་སྦོམ་པོར་འགྱུར་ཏེ། མིའི་འགྲོ་བ་པས་ཡོངས་སུ་བཟུང་བ་མེད་པའི་ཕྱིར་རོ། །དེ་ཉིད་ཀྱིས་མི་མ་ཡིན་པའི་འགྲོ་བས ་ཡོངས་སུ་བཟུང་བའི་འདུ་ཤེས་ཀྱིས་བརྐུས་ན་ཉེས་བྱས་ཏེ། མིའི་འགྲོ་བ་པས་ཡོངས་སུ་བཟུང་བའི་འདུ་ཤེས་ཀྱང་མེད་པའི་ཕྱིར་རོ། །དེ་ཉིད་ཚད་དུ་མ་ཚང་ན་ཉེས་བྱས་ཆུང་ངུ་ཡིན་ཏེ། མ་ཤ་ཀ་ལྔ་ལ་སོགས་པ་ཉིད་ཀྱང་མེད་པའི་ཕྱིར་རོ། །མིས་ཡོངས་སུ་མ་བཟུང་བའི་འདུ ་ཤེས་ཀྱི་ཚད་དུ་ཚང་བར་བརྐུས་ན་ཉེས་བྱས་ཏེ། མིའི་འགྲོ་བ་པས་ཡོངས་སུ་བཟུང་བ་དང། དེའི་འདུ་ཤེས་ཀྱང་མེད་པའི་ཕྱིར་རོ། །ཚད་དུ་མ་ཚང་བ་ལ་ནི་ཉེས་བྱས་ཏེ། མ་ཤ་ཀ་ལྔ་ལ་སོགས་པ་ཉིད་མེད་པའི་ཕྱིར་རོ། །དེའི་ཕྱིར་མིའི་འགྲོ་བ་པས་ཡོངས་སུ ་བཟུང་བ་དང། དེར་འདུ་ཤེས་པ་ཡང་མེད་པ་ཉིད་ཀྱིས་ཉེས་བྱས་སུ་གྲུབ་པར་འགྱུར་ན་ཇི་ལྟར་སྦོམ་པོ་ཞེས་བརྗོད་པར་བྱ་བའི་མི་ནི་མ་ཡིན་ནོ། །ཞེས་བྱ་བ་ལ་སོགས་པས་ཉེས་པ་སྦོམ་པོར་བརྗོད་དང་འགལ་བ་ཡང་མེད་དེ། དེ་ལ་ཡང་མེས་བདག་གིར་བྱ ་བ་དང་མ་བྲལ་བའི་ཕྱིར་དང། མིས་ཡོངས་སུ་བཟུང་བའི་འདུ་ཤེས་མེད་པའི་ཕྱིར་དེ་ཡིན་ནོ། །གང་དུ་དུད་འགྲོའི་སྐལ་བ་བདག་གིར་བྱེད་ན་ཞེས་བྱ་བ་ལ་སོགས་པས་ཉེས་པ་སྡོམ་པོར་བརྗོད་པ་དེར་ཡང་མི་རྣམས་ཀྱི་བསམ་པ་ཐག་པ་རྣམས་བཏང་བའི ་ཕྱིར་དང་མིས་ཡོངས་སུ་བཟུང་བའི་འདུ་ཤེས་ཡོད་པའི་ཕྱིར་དེ་ཡིན་ནོ། །མི་མ་ཡིན་པ་ལ་མིར་འདུ་ཤེས་པ་ལས་སྦོམ་པོར་གསུངས་པ་ནི་སྦྱོར་བ་ལས་བྱུང་བ་སྟེ། མིའི་མ་ཡིན་པའི་ཕྱིར་དང། མིའི་འདུ་ཤེས་ཀྱིས་ཞུགས་པའི་ཕྱིར་རོ། །དངོས་གཞི ་ལ་ནི་ཉེས་པ་མེད་དོ། །མིའི་ལས་མི་མ་ཡིན་པར་འདུ་ཤེས་པ་ལ་སྦོམ་ན་མ་ཤ་ཀ་བཅུ་རི་བ་སྟེ། འདིར་མ་ཤ་ཀ་ལྔས་འཕམ་པར་འགྱུར་བ་ནི་ཀརཥ་པ་ཎ་གཅིག་ལ་མ་ཤ་ཀ་བཞི་བཅུ་རི་བའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་གཏམ་གྱི་གཞི་ལས། མ་ཤ་ཀ་གསུམ ་བརྐུས་ན་ཕམ་པར་མི་འགྱུར་བ་ལྟ་མཆིས་སམ། བཀའ་སྩལ་པ་ཡོད་དེ་གང་ན་མ་ཤ་ཀ་བཅུ་གཉིས་ཀྱིས་ཀརཥ་པ་ཎ་ཁུགས་པ་ནའོ། །མ་ཤ་ཀ་ལྔ་བས་ལྷག་པ་བསྐུས་ན་ཕམ་པར་མི་འགྱུར་བ་མཆིས་སམ། བཀའ་སྩལ་པ་ཡོད་དེ་གང་ན་མ ་ཤ་ཀ་བཞི་བཅུས་ཀརཥ་པཎ་ཁུགས་པ་ནའོ་ཞེས་གསལ་བར་རབ་ཏུ་འབྱུང་ངོ། །དེ་བས་ན་འདིག་ནི་ཀ་རཥ་པ་ཎ་འི་བཞི་ཆ་གང་ཡིན་པ་དེ་བརྐུས་ན་ཕམ་པར་འགྱུར་རོ་ཞེས་བསྟན་པར་ཤེས་པར་བྱའོ། །ལྔ་ཉིད་ནི་ཀརཱ་པ་ཎའི་དཔེ ་ཡིན་ནོ་རྣམ་པར་འབྱེད་པ་ལས་ལྔ་ཉིད་དུ་སྨོས་པ་ཉིད་ནི་འབྲིང་གི་ཚད་ལ་བརྟེན་པར་ཤེས་པར་བྱ་སྟེ། བསླབས་པ་འཆའ་བའ་ཨི་དུས་ཙམ་ན་འཇིག་རྟེན་ན་ཕལ་ཆེར་བཞི་ཆ་ལ་མ་ཤ་ཀ་ལྔར་འདེབས་པའི་ཕྱིར་རོ། །ན་ན་ཀ་ལྟ་བུའི་ཞེས་བྱ་བ་ནི ་ཀརཥ་པ་ཎ་ཆོད་ཇི་ཙམ་གྲངས་ཇི་སྙེད་པའི་ཞེས་བྱ་བའི་ཐ་ཚིག་གོ་།མ་ཤ་ཀ་ཉི་ཤུས་ན་ན་ཁུགས་པ་ཞེས་བྱ་བ་ནི། མ་ཤ་ཀ་ཉི་ཤུ་རི་བ་ནི་ཀརཥ་པ་ཎའིའོ། །ཀ་ཀ་ནི་བཞིས་ཁུགས་པས་སོ་ཞེས་བྱ་བ་ལ། ཀ་ཀ་ནི་ཞེས་བྱ་བ་ནི་འགྲོན་བུ ་ཉི་ཤུ་རི་བའི་ཚད་དེ། འགྲོན་བུ་ཉི་ཤུ་རི་བའི་ཚད་ཀྱི་བོན་ཏི་ཀ་ལ། ཀ་ཀ་ནི་ཞེས་བྱ་བའི་ཐ་ཚིག་གོ་།དེས་ན་འགྲོན་བུ་ཉི་ཤུ་རི་བའི་ཚད་ཀྱི། ཀ་ཀ་ནི་དག་གིས་མ་ཤ་ཀ་འགྲོན་བུ་བརྒྱད་ཅུ་རི་པའི་ཚད་དེ་དེ་སོ་ཞེས་བྱ་བའི་ཐ་ཚིག་གོ་། ་ཀརཥ་པ་ཎ་ཇི་ལྟ་བུ་ལགས་ཞེས་བྱ་བ་ནི་སུས་བྱས་ཤིང་སུས་སྤྱོད་དུ་བཅུག་པ་ལགས་ཞེས་བྱ་བའི་ཐ་ཚིག་གོ་།རྒྱལ་པོ་རྨ་བྱ་པས་བྱས་སོ་ཞེས་བྱ་བ་ནི་རྒྱལ་པོའི་མིང་རྨ་བྱ་བ་ཞེས་བྱ་བ་བྱས་པ་སྟེ། འདི་ལྟར་རྒྱལ་པོ་དེས་དང་པོར་ཀརཥ ་པ་ཎ་སྤྱོད་དུ་བཅུག་སྟེ། །དེའི་ཕྱིར་དང་པོར་སྤྱོད་དུ་འཇུག་པའི་མི་ཡོངས་སུ་ཤེས་པར་བྱ་བའི་ཕྱིར་རྒྱལ་པོ་རྨ་བྱ་པས་བྱས་པའོ་ཞེས་བསྟན་པ་མཛད་པར་ཤེས་པར་བྱ་སྟེ། དཔལ་ལེགས ་བལྟམས་ཀྱིས་བྱས་པའི་དོད་ཆེ་ལྟ་བུའོ། །ཞུས་པ་ལ་ལའི་གཞུང་ལས། ན་ན་ཀ་ཇི་ལྟ་བུ་བརྐུས་ན་མཐར་འགྱུར་ལགས་ཉེ་བར་འཁོར་ཀ་ཀ་ནི་བཞི་པའི་ཉི་ཤུ་རི་བའི་ཀརཥ་པ་ཎའི་མ་ཤ་ཀ་ལྔ་བརྐུས་ན་མཐར་འགྱུར་རོ་ཞེས་འབྱུང་ངོ།། ་དེ་ལ་དོན་ནི་འདི་ཡིན་ཏེ། ཉི་ཤུ་རི་བའི་ཀརཥ་པ་ཎའི་ཞེས་བྱ་བ་ནི་མ་ཤ་ཀ་ཉི་ཤུས་ཁུགས་ཤིང་ཉི་ཤུ་རི་བའི་ཞེས་བྱ་བའི་ཐ་ཚིག་སྟེ། ལྷག་མ་ནི་སྔ་མ་བཞིན་དུ་བཤད་པར་བྱའོ། །གཞན་ལས་ཀྱང། ན་ན་ཀ་ཇི་ལྟ་བུའི་མ་ཤ་ཀ་ལྔ་པས་པ་ན་མཐར ་འགྱུར་ལགས། ཀ་ཀ་ནི་བཞི་པའི་མ་ཤ་ཀ་ཉི་ཤུ་རི་བའི་ན་ན་ཀའི་འོ་ཞེས་འབྱུང་སྟེ། པར་བ་ཞེས་བྱ་བའི་སྒྲ་ནི་མ་ཤ་ཀ་ཡིན་པའི་བཤད་དོ། །རྟ་དང་རྔ་མོ་དང། བ་ལང་དང་བོང་བུ་དང་གཞན་ཡང་ཉེ་བར་འཚོ་བ་གང་དག་ལགས་པ ་དེ་དག་སྲོག་དང་བྲལ་བར་བགྱིད་ན་ཅིར་འགྱུར་ལགས། གལ་ཏེ་འཚོ་བའི་དོན་དུ་སྲོག་དང་བྲལ་བར་བྱེད་ན་དངོས་པོ་ཚད་ན་མཐར་འགྱུར་རོ། །དངོས་པོ་མ་ཚང་ན་ནི་ཉེས་པ་སྦོམ་པར་འགྱུར་རོ། །ཅི་སྟེ་ཆུད་གཟན་པའི་སླད་དུ་ན་ཅིར ་འགྱུར་ལགས་ཉེས་པ་སྦོམ་པོར་འགྱུར་རོ། །འོན་ཏེ་ཆུད་གཟན་པའི་ཕྱིར་སྒྱིད་པ་གཅོད?་ན་ཉེས་པ་སྦོམ་པོར་འགྱུར་རོ། །བཙུན་པ་རེ་ཞིག་དགེ་སློང་གིས་ཁྱིམ་བདག་གི་ཆོས་གོས་ལ་བརྟགས་པ་བགྱིས་ནས་རྐུན་ཅིར་འགྱུར ་ལགས། ཉེས་པ་སྦོམ་པོར་འགྱུར་རོ། །ཏི་སྟེ་ཁྱིམ་བདག་འདི་སྐད་དུ་འཕགས་པ་བདག་གི་འདི་ཁྱོད་ལ་འདོམས་པས་སོ་ཞེས་སྨྲས་པ་ལ་དེ་དགེ་སློང་གིས་གཏན་བྱིན་པའི་འདུ་ཤེས་ཀྱིས་སྤྱོད་ན་ཉེས་པ་སྦོམ་པོར་འགྱུར་རོ། །འོན་ཏེ་འདི་གསང ་སྔགས་སམ་མེ་ཏོག་གམ་འབྲས་བུ་དག་གིས་ཉེ་བར་འགྲོ་བ་ལས་ཁྱིམ་བདག་དེ་འདི་སྐད་ཅེས་འཕགས་པ་བདག་གི་འདི་ཁྱོད་ཀྱིར་བསོ་ཞེས་སྨྲ་བ་ལས། དགེ་སློང་གིས་དེ་གཏན་བྱིན་པའི་འདུ་ཤེས་ཀྱིས་སྤྱད་ནི་ཉེས་པ་སྦོམ་པོར་འགྱུར་རོ ་བཙུན་པ་དགེ་སློང་གིས་བསྙན་པོ་བསྙན་ནས་རྐུ་ན་ཅིར་འགྱུར་ལགས། ཉེས་པ་སྦོམ་པོར་འགྱུར་རོ། །གང་གི་ཚེ་མཐར་འགྱུར་ལགས། ནམ་ཞིག་ཆ་གཅོད་པར་བྱེད་པ་ན་ཏེ། དངོས་པོ་ཚང་ན་མཐར་འགྱུར་རོ། །དངོས་པོ་མ་ཚང་ན་ནི་ཉེས་པ་སྦོམ་པོར ་འགྱུར་རོ། །བཙུན་པ་དགེ་སློང་གིས་བརྙས་པ་བརྙོན་ཏེ་བརྐུས་ན་ཅིར་འགྱུར་ལགས། སྦོམ་པོར་འགྱུར་རོ། །གང་གི་ཚེ་མཐར་འགྱུར་རོ། །ནམ་ཞིག་ཆ་གཅོད་པར་བྱེད་ན་སྟེ། དངོས་པོ་ཚང་ན་ནི་མཐར་འགྱུར། །དངོས་པོ་མ་ཚང་ན་ནི་ཉེས ་པ་སྦོམ་པོར་འགྱུར་རོ། །བསྐྱིས་པ་བསྙོན་ནས་བརྐུས་ན་ཅིར་འགྱུར་ལགས། ཉེས་པ་སྦོམ?་པོར་འགྱུར་རོ། །གང་གི་ཚེ་མཐར་འགྱུར་ལགས། ནམ་ཞིག་ཚ་བཅད་པ་ན་སྟེ། དངོས་པོ་ཚང་ན་མཐར་འགྱུར་རོ། །མ་ཚང་ན་ཉེས་པ་སྦོམ་པོར་འགྱུར་རོ། །བཅུ་ན ་བ་རེ་ཞིག་དགེ་སློང་གིས་གཏམ་པ་གཞན་ན་བར་གྱུར་པ་ཞིག་དེས་བསླངས་པ་ན་བསྙོན་པར་བགྱིད་ན་ཅིར་འགྱུར་ལགས། ཉེས་པ་སྦོམ་པོར་འགྱུར་རོ། །གང་གི་ཚེ་མཐར་འགྱུར་ལགས། ནམ་ཞིག་ཆ་བཅད་པ་ན་སྟེ། དངོས་པོ་ཚང་ན་མཐར་འགྱུར་རོ།། ་དངོས་པོ་མ་ཚང་ན་ཉེས་པ་སྦོམ་པོར་འགྱུར་རོ། །ཅི་སྟེ་སྔར་ཆ་ཆོད་པར་བྱེད་ལ་ཕྱིས་གནས་སྤེད་ན། དངོས་པོ་ཚང་ན་ཉེས་པ་སྦོམ་པོར་འགྱུར་རོ། །འོན་ཏེ་སྔར་གནས་ནས་སྤེད་ལ་ཕྱིས་ཆ་གཅོད་ན། དངོས་པོ་ཚང་ན་མཐར་འགྱུར་རོ། །དངོས་པོ་མ ་ཚང་ན་ནི་ཉེས་པ་སྦོམ་པོར་འགྱུར། །བཙུན་པ་བཅོམ་ལྡན་འདས་དགེ་སློང་གིས་མ་ཤ་ཀ་ལྔ་བསྐུས་ན་མཐར་འགྱུར་རོ། །ཞེས་གསུངས་པ་གང་ལགས་པ། དགེ་སློང་གིས་ཆེས་ཤིན་ཏུ་མང་པོ་ཞིག་བརྐུས་ཀྱང་མཐར་མི་འགྱུར་བ་ལྟ་མཆིས ་ལགས་སམ། ཡོད་དེ་སྐྱེ་བོ་མང་པོའི་བརྐུས་སམ། སྐྱེ་བོ་མང་པོ་དང་ལྷན་ཅིག་བརྐུས་ན་ཉེས་པ་སྦོམ་པོར་འགྱུར་རོ། །བཙུན་པ་མུན་ཁུང་དུ་ཆོས་གོས་བཞག་པར་གྱུར་པ་ལ། དགེ་སློང་བརྐུས་ན་ཅིར་འགྱུར་ལགས། བཀའ་སྩལ་པ། ཉེས ་པ་སྦོམ་པོར་འགྱུར་རོ། །གང་གི་ཚེ་མཐར་འགྱུར་ལགས། ནམ་ཞིག་ཆ་བཞིར་སོ་སོར་བགོས་པ་ན་སྟེ། དེ་ཡང་སོ་སོའི་བགོས་སྐལ་གྱིས་དངོས་པོ་ཚང་ན་མཐར་འགྱུར་རོ། །དངོས་པོ་མ་ཚང་ན་ཉེས་པ་སྦོམ་པོར་འགྱུར་རོ། །འདིར་བསྡུས ་པ་ནི། ཤེས་པས་གཏུང་བུ་འབྲུ་དང་ནི། འབྲས་བུ་ཆུས་དང་འཇོམས་པ་དང། ཡི་གེ་རིང་ཕྲིན་གླང་ཆེན་དང། དེ་བཞིན་བརྟགས་དང་བརྙས་པ་དང། བསྐྱིས་པ་དང་ནི་བ་ཉམས?་པ་དང། སྐྱེ་བོ་མང་པོ་དག་དང་ནི། མུན་དང་བཅས་པ་རྐུ་བ་ཡིན། བསྡུ་བ་འདི ་ནི་གཞན་ཡིན་ནོ། །དེ་ལ་ཆེ་གེ་མོ་ཞིག་གི་ཡོ་བྱད་དེ་དང་དེ་ཤེས་སམ་ཞེས་བྱ་བ་ལ་སོགས་པ་ལ་ཆེ་གེ་མོ་ཞིག་ཞེས་བྱ་བ་ནི་དམིགས་ཀྱིས་མ་བཟུང་བའོ། །ཡོ་བྱད་དེ་དང་དེ་ནི་ལྷུང་བཟེད་དང་ཆོས་གོས་ལ་སོགས་པ་ཏེ། ལན་གཉིས་སུ་བརྗོད་པ་ནི ་བཟླས་པར་ཟད་དོ། །འོ་ན་ཅིག་ཅེས་བྱ་བ་ནི་ཁྱེར་ཏེ་ཤོག་ཅིག་པའོ། །བརྐུས་ཤིག་པ་ནི་ནོར་གྱི་བདག་པོའི་བདག་གིས་མ་ཡིན་པའི་ཕྱིར་ཏེ། དུས་རེ་ཞིག་པ་ཙམ་མ་ཡིན་གྱི་ཐམས་ཅད་ཀྱི་ཐམས་ཅད་དུ་ཞེས་བྱ་བའི་ཐ་ཚིག་གོ་།རྩིས་མགོ་འདྲ་བ་ནི ་རྐུ་སེམས་ཡོད་ན་སྦྱོར་བར་བྱེད་པ་དང། སྤྱོར་བར་བྱ་བ་དག་ལ་ལྟུང་བར་འདྲ་བ་ཉིད་ལས་རང་གིས་དོན་དུ་རྐུ་བ་དང། རྐུར་འཇུག་ན་གཉི་ག་ལ་ཡང་ཕམ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །འདི་ནི་དེ་རིམ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་ལ་ལྟུང་བ་མེད་པར ་གསུངས་པའི་དགོང་པ་ནི་ཡང་དག་པར་ན་རྐུ་བར་བྱེད་པའི་དགེ་སློང་དེའི་བསམ་པ་ནི་འདི་ནི་དེའི་ཡིན་ལ། བདག་ནི་དེའི་ཆེད་ཁོ་ནར་ཡུལ་གཞན་དུ་སྤེད་པར་བྱེད་བར་ཟད་དོ་སྙམ་པ་འདི་ཡིན་ཏེ། དེའི་ཕྱིར་རྐུ་སེམས་མེད་པས་བརྐུས་པ་ལ་ལྟུང་བ་མེད་དོ་སྙམ་པ་ཡིན ་ཏེ། དཔེར་ན་མཁན་པ་ལ་སོགས་པའི་ནོར་ལྷུང་བཟེད་དང་ཆོས་གོས་ལ་སོགས་པ། སློབ་དཔོན་ལ་སོགས་པས་རྐུ་སེམས་མེད་པར་ཡུལ་གཞན་དུ་སྤེད་པར་བྱེད་པ་ལྟར། འདིས་ཀྱང་དེ་དེ་དང་འདྲའོ་ཞེས་བྱ་བའི་ཐ་ཚིག་གོ་།དངོས་པོ་ཇི་ལྟ་བ་བཞིན ་ནི་དངོས་པོ་ཉིད་དངོས་པོ་སྟེ། མ་ཤ་ཀ་ལྔ་ལ་སོགས་པ་རི་བའི་རྫས་ཞེས་བྱ་བའི་ཐ་ཚིག་གོ་ཆོས་ཀྱི་གཏུར་བུ་ནི་ཆོས་གོས་བཞག་པའི་ཚད་ཐུ་རོག་ཆོས་གོས་ཀྱི་སྣོད་ནི་ཆོས་གོས་བཞག་པའི་རུ་སྐྱེའོ། །ཆོས་གོས་ཀྱི་ཟ་མ་ཏོག་ནི་ཆོས་གོས་ཀྱི ་བཞག་ཏུ་རུང་བའི་སྣོད་ཀྱི་ཁྱད་པར་འདམ་བུའི་རྩེ་མོའི་སྡོང་བུའི་ཕྲ་ཞིང་མཉེན་པ་ལ་སོགས་པ་ལས་བྱས་པ་ཟླུམ་པོ་ཞིག་གོ་།གདང་ནི་ཆོས་གོས་ལ་སོགས་པ་གཟར་བར་བྱ་བའི་ཕུར་བ། གླང་པོ་ཆེའི་སོ་ལྟ་བུའི་རྩིག་པ་ལ་བཙུགས ་པ་ཞེས་བྱ་བའི་ཐ་ཚིག་གོ་།འདམ་པར་བྱེད་པ་ནི་སོ་སོར་བྱེད་པར་བྱེད་པའོ། །ཉེས་པ་སྦོམ་པོར་འགྱུར་རོ། །ཞེས་བྱ་བ་འདི་ལ་ནི་གནས་ནས་སྤེད་པར་བྱེད་མོད་ཀྱི། འོན་ཀྱང་འདིར་གནས་ནས་སྤོས་པ་ཙམ་ཁོ་ནས་ཕམ་པ་ནི་མ་ཡིན་ཏེ། འདི་ལ་འདོད ་པ་རྐུ་བར་བྱ་བའི་བློས་འབྱུང་གི་།རྐུ་བའི་བློ་ནི་མ་ཡིན་ཏེ། རྐུ་བར་མི་འདོང་པའི་མེ་ཏོག་རྣམས་འབྱེད་པའི་བཞིན་ནོ། །དེའི་ཕྱིར་དམ་པའི་ནོམ་པ་ཐམས་ཅད་ནི་རྩོམ་པ་གཅིག་ཏུ་གྱུར་པ་ཉིད་ཀྱིས། གནས་ནས་སྤེད་པའི་ཚེས་སྡུན་རོལ་པ ་ཡིན་པའི་ཕྱིར་ལྟ་བ་གཅིག་བྱེད་པ་ཡིན་པར་ཤེས་པར་བྱའོ། །བསམས་པའི་དོན་འགྲུབ་ནས་ནི་གནས་ནས་སྤོས་པ་ཁོ་ནས་ཕམ་པ་ཡིན་ནོ། །འདི་སྐད་དུ་འདམ་པ་དེ་ལ་ནི་ཉེས་པ་སྦོམ་པོ་གཅིག་གོ་།གདམས་པ་རྐུ་བའི་ཕྱིར་ནོམ་པ་ལ་ནི་གཞན་ནོ་ཞེས ་ཟེར་བ་དག་ཡོད་ཅེས་གྲ་གོ་།དེ་ནི་འདུལ་བ་འཛིན་པ་ཁ་ཅིག་མི་འདོད་དེ། འདི་ལྟར་བཅོ་བླག་མཁན་གྱི་གོས་རྐུ་བའི་ཕྱིར་ནོམ་པ་དང། ཀུན་ཏུ་ནོམ་པ་དང་སྡུད་བ་དང་ཐུམ་པོར་སྒྲེ་པ་ནི་ཇི་སྲིད་དུ་གནས་ནས་གནས་སུ་སྤེད་པར་མི་བྱེད་པ་དེ་སྲིད ་དུ་ཉེས་པ་སྦོམ་པོར་འགྱུར་རོ། །གནས་ནས་གནས་སུ་སྤོས་ན་ནི་བརྐུས་པ་ཞེས་བརྗོད་པར་བྱའོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལྟ་བས་ན་འདིས་ནི་དང་པོ་རེག་པ་ནས་བཟུང་སྟེ། ཇི་སྲིད་དུ་གནས་ནས་སྤོས་པར་མ་གྱུར་པ་སྲིད་དུ། རེག ་པ་ཐམས་ཅད་རྩོམ་པ་གཅིག་ཏུ་གྱུར་པའི་ཕྱིར་ལྟུང་བ་གཅིག་བྱེད་པ་ཉིད་དུ་བསྟན་པ་ཡིན་ནོ། །འདས་པའི་རེག་པ་ཡང་གནས་ནས་སྤེད་པའི་སྡུན་རལ་བ་ཡིན་པའི་ཕྱིར། འདི་ཡོངས་སུ་འདུས་པས་སྦྱོར་བར་གཏོགས་པའི་སྦོམ་པོ་ཅིག་ཁོ ་ནར་ཟད་ཀྱི་གཞན་པ་ནི་མ་ཡིན་ནོ། །འདིར་ནི་ནོམ་པའི་རྩོལ་བ་སྦྱོར་བར་གྱུར་པ་ཡོངས་སུ་བཏང་བར་གྱུར་པའི་ལྡོག་པ་གང་ཡིན་པ་དེའི་དབང་གིས་བྱེད་པ་གཞན་ཉིད་དུ་རྣམ་པར་བཞག་གི་ངལ་བསོ་བར་གྱུར་པ་ཙམ་ནི་མ་ཡིན་ཏེ། དེ་ལ་ནི་ཡོངས་སུ་བཏང་བའི ་བསམ་པ་མེད་པས་གྲུབ་པའི་ངོ་བོ་གཅིག་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་རྩོམ་པ་དེ་གཏོང་ཞིང་མཇུག་བརྟུལ་བར་གྱུར་པ་གང་ཡིན་པ་དེ་ལས་བྱེད་པ་གཞན་ཉིད་དུ་རྣམ་པར་བཞག་གོ་།ངལ་བསོ་བར་གྱུར་པ་གང་ཡིན་པ་དཔེར་ན་མནམས་ནས་ཕྱོགས ་སུ་བལྟ་བ་ལ་སོགས་པའི་དགོས་པ་འགའ་ཞིག་གིས་དུས་རེ་ཞིག་བཤོལ་ནས་ལང་ནོམ་པ་ལྟ་བུ་ནི་མ་ཡིན་ནོ་ཞེས་བཤད་དོ། །འདི་ནི་དེ་ལྟ་བུར་ཤེས་པར་བྱའོ། །དེ་ལྟ་མ་ཡིན་ན་སྐད་ཅིག་རེ་རེ་ལ་བསམ་པ་ཐ་དད་པས ་བྱེད་པ་ཐ་དད་པར་ཐལ་བར་འགྱུར་རོ། །མ་བྱིན་པར་ལེན་པ་ནི་དཔེ་སྟེ། མི་ཚངས་པར་སྤྱོད་པ་ལ་སོགས་པའི་སྦྱོར་བ་ཡང་ཚུལ་དུ་ནི་དེ་ཡིན་ནོ། །གདང་དང་བཅས་ཏེ་བརྐུས་ན་ཞེས་བྱ་བ་ལ་འདིར་ཉེས་པ་སྦོམ་པོར་གསུངས་པ་ནི་གདམས་པ ་རྐུ་བར་འདོད་པ་ལ། བརྐུས་པ་མེད་པའི་ཕྱིར་སྦྱོར་བ་ལ་ནོམ་པ་ཁོ་ན་སྦོམ་པོར་འགྱུར་བ་འབའ་ཞི་ཏུ་ཟད་པ་དང་འདྲའོ། །གདང་ལས་ཕོག་ན་ནི་གནས་ནས་སྤགས་པའི་ཕྱིར་དང། དངོས་པོ་ཚང་ན་ཕམ་པར་འགྱུར་རོ། །བད་བ་ནི་འབྲུ་ལ ་སོགས་པ་བཞག་པར་བྱ་བའི་གནས་བང་མཛོད་དང། གཞན་དག་ན་རེ་རྫང་ཡིན་ནོ་ཞེས་ཟེར་རོ། །གལ་ཏེ་སྦྱོར་བ་གཅིག་གིས་དངོས་པོ་ཚད་ན་རྫས་དེ་ཐམས་ཅད་གཅིག་ཡིན་ནོ་སྙམ་དུ་དགོངས་པ་ཡིན་ནོ། །འདིར་ཡང་བུག་ཕུག་པ་ཁོ་ན་སྦྱོར་བ་ཡིན ་པར་ཤེས་པར་བྱ་སྟེ། བྱེད་པ་གཞན་མེད་པའི་ཕྱིར་རོ། །དེའི་ཕྱིར་བུ་ག་གཏོང་ནས་ཇི་སྲིད་དུ་འབྲུ་རང་འབྲུ་ལ་དེ་སྲིད་དུ་འདིར་སྦྱོར་བར་གཅིག་གིས་བྱས་པའི་རྐུ་བར་བཤད་པར་རྣམ་པར་བཞག་གོ་ཞེས་བྱ་བ་དེ་ལྟར་ཤེས་པར་བྱའོ། །ཞུས ་པ་གཞན་ལ་ནི་འདི་སྐད་དུ་བཙུན་པ་རེ་ཞིག་དགེ་སློང་གིས་འབྲུའི་ཕུང་པོ་ལས་བཅད་ནས་འབྲུ་རྐུ་བར་བགྱིད་ན་ཅིར་འགྱུར་ལགས། རིན་ཐང་བརྩི་བར་བྱ་སྟེ། གལ་ཏེ་སྦྱོར་བ་གཅིག་གིས་དངོས་པོ་ཚང་ན་ཐར་འགྱུར་རོ། །ཅི་སྟེ་མཚང་ན ་ཉེས་པ་སྦོམ་པོར་འགྱུར་རོ་ཞེས་འབྱུང་ངོ། །འདིར་ཡང་གང་གལ་ཏེ་སྦྱར་བ་གཅིག་གིས་དངོས་པོ་ཚད་ན་ཞེས་བྱ་བ་ནི་བྱེད་པ་རེ་རེ་ཞིང་སོ་སོ་བ་ཉིད་དུ་བསྟན་ཏེ་ཞེས་བ་དེ་ལྟར་ཤེས་པར་བྱའོ། །དེ་བས་ན་གཞུང་འདི་གཉིས་ཀྱིས་ཁྱད་པར་ནི་འདི་ཡིན་གྱི། ་བུ་ག་གཏོང་ནས་བརྐུས་པ་བརྗོད་པར་འདོད་ན་ནི་རྫས་འབྲུལ་བ་ཁོ་ན་བརྐུས་པ་ཡིན་ནོ། །ཕུང་པོ་ལས་བརྐུས་པ་བརྗོད་པར་འདོད་ན་ནི་བླངས་པ་དང་མ་བླངས་པ་ལ་སྦྱོར་བ་ལས་བྱུང་བ་དང། དངོས་གཞི་ལྟུང་བ་རྣམས་ཐ་དད་དོ། །གལ་ཏེ་གཞུང ་ཐམ་ལས་འབྱུང་བ་ལྟ་ན། ཅིའི་ཕྱིར་མེ་ཏོག་སྡུད་པ་གཞན་དུ་རྩོམ་པ་གཅིག་ཏུ་གྱུར་པ་ཉིད་མ་ཡིན་ཞེ་ན། དེ་ནི་མ་ཡིན་ཏེ། ཕུང་པོ་ལས་བརྐུས་པ་ཞེས་བྱ་བ་གང་ཡིན་པ་དེ་ནི། སྤུངས་པ་ལ་རྐུ་བ་ཡིན་པས་འདི་ལ་བསྡུ་བའི་བློ་མའི་འབྱུང་ངོ། ། ་དེ་ལྟ་བས་ན་འདི་ལ་བསྡུ་བའི་བློ་མེད་པའི་ཕྱིར། སྡུད་པ་བཞིན་དུ་རྩོམ་པ་གཅིག་ཏུ་གྱུར་པ་ཉིད་ཀྱིས་ལྟུང་བ་རྣམ་པར་བཞག་པ་མ་ཡིན་ནོ་ཞེས་བྱ་བ་ལ་དེ་ལྟར་ཤེས་པར་བྱའོ། །སྤྲུགས་ཤིང་རིལ་གྱིས་བསྒུལ་ནས་སོ། །བརྡབས་ནས་ཞེས་བྱ ་པ་ནི་བོད་བ་ལ་སོགས་པ་བླང་ནས་སོ། །འདིར་ཡང་དེ་ན་འོག་གཞི་ཉིད་དུ་འདུག་པས་དང་གོས་ལ་སོགས་པས་གང་ཡིན་པ་དེའི་སྟེང་གི་ཆ་གང་ཡིན་པ་དེའི་སྟེང་གི་ཆ་གང་ཡིན་པ་དེར་ཕྱིར་པའི་བདག་ཉིད་ཀྱི་སྤྲུགས་ཤིང་བསྐུལ་ནས་ནི་འདིར ་བརྐུས་པ་ཡིན་པར་ཤེས་པར་བྱའི། རྩ་བའི་གནས་དང་བྲལ་བ་ཙམ་ནི་མ་ཡིན་ཏེ། དེ་ཙམ་གྱིས་གྲུབ་པའི་ཕྱིར་རོ་ཞེས་བྱ་བ་དེ་ལྟར་ཤེས་པར་བྱའོ། །སྤྲུགས་ཤིང་བརྡབས་ནས་བརྐུས་ན་ཞེས་བྱ་བ་ནི་སྤྲུགས་པའི་ཐབས་སམ། བརྡབས་པའི ་ཐབས་ཀྱིས་བརྐུས་པ་བརྗོད་པར་བཞེས་པ་ལ། སྤྲུགས་པ་འམ་བརྡབས་པ་དེ་ཉིད་བཀྲུས་པ་ཡིན་པར་ཤེས་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ་།ཆབ་བཀུམ་ནས་ཞེས་བྱ་བ་ནི་ཆུའི་ཕྱོགས་གཅིག་ནས་དྲངས་སོ། །ཆུའི་མགོ་ནི་ཆུའི་ཚོགས་སོ། །བཟུང་སྟེ་ཞེས་བྱ ་བ་ནི་བརྩམས་ནས་ཏེ། ཡོངས་སུ་བཟུང་ནས་ཞེས་བྱའི་ཐ་ཚིག་གོ་།འདིར་ཡང་གང་ཞིག་དྲལ་ནས་ཆུ་བཀུམ་པ་ལ་འཇུག་པར་འགྱུར་བས་ལུ་འགྲུབ་པ་ལ་སོགས་པའི་བརྐོས་པ་འབྲས་བུ་ཉིད་དུ་མི་སེམས་པ་ཁོ་ནར་ཁྲུས་དང་བཏུང་བ་ལ་སོགས་པའོ ་དགོས་པ་ལྷུར་ལེན་པ་ཉིད་ཀྱིས་དེ་སེམས་པ་ལ་ལྷུང་བ་འདི་རྣམ་པར་བཞག་པར་ཤེས་པར་བྱའོ་།།ས་ལུས་ལ་སོགས་སྒྲུབ་པའི་དོན་དུ་ཆུ་རྐུ་ངལ་ནི་ངང་གི་མཛའ་འགྲུབ་པར་བྱ་བ་དེའི་ཆེད་དུ་ལྷག་པ་དང། ཚིག་ཤས་སུ་འདོད་ན་དེར་འདུས ་པ་གཞན་གྱི་ལས་ཀྱི་མཛའ་དག་ལ་ཆུ་གཏོང་བའམ། ཟློག་པ་ཞེས་བྱའི་ཚུལ་དུ་ཤེས་པར་བྱའོ། །རིན་པོ་ཆེ་ནི་ནོར་བུ་མུ་ཏིག་ལ་སོགས་པའོ། །རིན་པོ་ཆར་སྨོས་པ་ནི་རལ་གྲི་ལ་སོགས་པའོ། །གཡུལ་ངོར་སྤྱད་པ་དང། པི་ཝང་ལ་སོགས ་པ་རོལ་མོའི་ཆ་བྱད་དེ་དེས་ཀྱང་རིན་པོ་ཆེ་བཞིན་དུ་ཤེ་ཟ་ལ་སོགས་པ་ཐག་སྲིད་པར་བྱེད་དོ། །གཞན་ན་རེ?་རིན་པོ་ཆེ་བཞིན་དུ་བདེ་བ་བསྒྲུས་པའི་ཕྱིར་རོ་ཞེས་ཟེར་རོ། །བཅོམ་ནས་རྐུ་བ་ནི་ཆུང་གཟོན་ནས་རྐུ་བའོ། །དེའི་ཕྱི་ནོར་དེ་ཆུང་གཟོན་པར ་གྱུར་པའི་རིན་ཐང་གང་ཡིན་པ་དེས་ཚད་དམ་མི་ཚད་པའི་དབང་གིས་བརྐུས་ན་ལྟུང་བ་སྦོམ་པོ་ལ་སོགས་པར་བལྟ་བར་བྱའོ། །སྡུན་རོལ་དུ་ནི་མ་ཡིན་ཏེ་དེའི་ཚེ་ནི་གཞོམ་བ་ཙམ་དུ་སེམས་པའི་ཕྱིར་ལ། བཅོམ་པ་ཙམ་གྱི་ནི་སྦོམ་པོ་ཁོ ་ནར་ཟད་དེ། ཆུད་གཟན་པའི་བསམ་པས་ཞུགས་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །ཡི་གེ་ནི་ཡིག་འབྲུར་བཀོད་པའོ། །ལག་བརྡའི་ཡི་གེ་དག་ནི་ལག་པ་བསྐྱོད་པ་ཁོ་ནས་བརྐུས་ཤིག་བྱ་བ་དེ་ལྟ་བུ་ལ་སོགས་པའི་ཡི་གེ་དག་ཉེ་བར་སྟོན ་པའི་ཕྱིར་རོ། །ལག་རྩིས་ནི་སོར་མོའི་རིག་ལ་རིགས་པས་བརྡ་བྱེད་པའི་ཕྱིར་རོ། །དེས་ན་ཡི་གེ་ལ་སོགས་པའི་རྣམ་པས་བརྐུས་ན་ལྟུང་བ་ན་སྨད་པ་མེད་དེ། རྐུ་སེམས་གཙོ་བ་ཡིན་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །ཡོ་བྱད་ཆེན་པོ ་ཞིག་གིས་ཕྱོགས་གཅིག་ནས་བཟུང་སྟེ་ཞེས་བྱ་བ་ལ་སོགས་པ་ནི་རྐུ་བར་བྱ་བ་ཉིད་དུ་འདོད་པ་མུ་ཏིག་གི་ཆུན་པོ་ལ་སོགས་པའི་ཕྱོགས་གཅིག་གིས་གནས་མ་ཤོར་བའི་མཚན་ཉིད་ཀྱི་གནས་སྐབས་ནི་གནས་ནས་མ་སྤགས་པའི ་ཕྱིར་དང། གནས་ནས་སྤགས་པ་མེད་ན་ཡང་བརྐུས་པ་དང། རང་གིར་བྱེད་པ་མེད་པའི་ཕྱིར་བརྐུས་པ་ཉིད་དུ་མི་འགྱུར་གྱི། ཕྱོགས་ཐམས་ཅད་ཀྱི་གནས་ཤོར་ན་ནོར་བརྐུས་པར་གྱུར་པ་ཁོ་ན་ཡིན་པར་དེ་ལྟར་ཤེས་པར་བྱའོ།། ་ནང་མི་ནི་ཁྱིམ་དུ་ཆུད་པ་སྟེ་ཁྱིམ་དུ་རྟག་ཏུ་འགྲོ་བ་ཞེས་བྱ་བའི་ཐ་ཚིག་གོ་།ཕྲིན་པ་རྐད་དུ་ཞེས་བྱ་བ་ནི་མིང་ནས་ཕུང་སྟེ། ཉེས་པ་སྦོམ་པོར་འགྱུར་བའི་ཉེས་པ་ནི། འདི་སློང་བ་ནི་སྦྱོར་བ་ཉིད་དོ་སྙམ་དུ་དགོངས་པ་ཡིན་ནོ། །བ་ལང ་ནི་བ་དང་གླང་ངོ། །ཉེ་བར་འཚོ་བ་དག་ནི་ཉོ་ཚོང་ལ་སོགས་པའི་ཐ་སྙད་ཀྱིས་འཚོ་བར་བྱེད་པའི་ཕྱིར་རོ། །སྲོག་དང་འབྲལ་བར་བགྱིད་པ་ནི་སྲོག་གཅོད་པར་བྱེད་པའོ། །འཚོ་བའི་དོན་ནི་བདག་ཉིད་ཀྱི་འཚོ་བ་སྒྲུབ་པའི་ཕྱིར་ཏེ། འདི་བསད ་ན་བདག་ཟས་དང་སྐོམ་ལ་སོགས་པས་འཕོངས་པར་མི་འགྱུར་ཞིང་བདེ་བར་འགྱུར་རོ་སྙམ་ནས་སོ་བྱ་བའི་ཐ་ཚིག་གོ་།དངོས་པོ་ཚང་ན་ཞེས་བྱ་བ་ནི་འདི་གསོད་པ་དང་དུས་མཉམ་པ་འམ། དུས་ཕྱིས་འབྱུང་བ་ཡང་རུང་གནས་སྤེད ་པ་ཁོ་ནས་བརྐུས་པ་ཡིན་ནོ་ཞེས་བྱ་བ་དེ་ལྟར་ཤེས་པར་བྱའོ། །ཆུད་གཟན་པ་ཞེས་བྱ་བ་ལས་ཆུད་མི་ཟ་བ་ནི་བདེ་བ་ལ་བྱའོ། །བྱེད་པ་གང་ལ་ཆུད་ཟན་པ་ཡོད་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། འདི་བདག་ལ་མ་ཕན་ཡང་བླའོ་སྙམ།། ་པའོ་ཞེས་བྱ་བའི་ཐ་ཚིག་གོ་།དེའི་ཕྱིར་ཆུད་གཟན་པའི་ཕྱིར་བསད་པ་གང་ཡིན་པ་འདི་ནི་ཆུད་གཟོན་པ་ཡིན་གྱི་ཕྲོགས་པ་ནི་མ་ཡིན་ནོ། །བརྐུས་པ་ནི་ཕྲོགས་པ་ཡིན་ཏེ། དེ་ལྟ་བས་ན་ཇི་སྲིད་དུ་མ་ཕྲོགས་པ་དེ་སྲིད་དུ་བསད་པ་ཙམ་འབའ་ ་ཞིག་གིས་བརྐུས་པར་མི་འགྱུར་ཞེས་བྱ་བ་དེ་ལྟར་ཤེས་པར་བྱའོ། །སྒྱིད་པ་ནི་གླང་པོ་ཆེ་ལ་སོགས་པའི་བརླའི་ནང་གོང་དང་རྗེ་དར་གྱི་ནང་ན་ཡོད་པའི་ཆའོ། །འདིར་ཡང་བདག་གིར་བྱེད་པའི་སེམས་མེད་པར་འབྲེལ་བའི་བསམ ་པས་ནི་དངོས་པོ་ཚང་ན་ཡང་སྦོམ་པོར་འགྱུར་རོ། །ཞེས་བྱ་བའི་ཐ་ཚིག་གོ་།སྒྱིད་པ་གཅོད་པ་ནི་རྩི་བ་མ་གཅོད་པ་ལ་སོགས་པ་གནོད་པ་གཞན་གྱི་ཡང་དཔེ་ཡིན་པར་རིག་པར་བྱའོ། །བརྟགས་པ་བགྱིས་ནས་རྐུ་ན་ཞེས་བྱ་བ་ལ་སོགས ་པ་ནི་འདི་ནི་བདག་གི་ཡིན་སྙམ་པ་འམ། ཡོངས་སུ་མ་བཟུང་བ་ཡིན་ནོ་སྙམ་པའམ། ལྷས་བྱིན་ལ་སོགས་པ་བདག་པོ་དེས་བདག་ལ་སྦྱིན་ནོ་སྙམ་པ་གང་དེ་ལྟ་བུ་ལ་སོགས་པ་ཡང་དག་པ་མ་ཡིན་པའི་འདུ་ཤེས་གང་དག་ཡིན་པ་དེ་དག་རྣམ་པར ་རྟོགས་པའི་དབང་གིས་མངོན་སུམ་དུ་བྱེད་པ་ཉེས་པའི་རྣམ་པ་དང་བཅས་པར་དོགས་པ་དང། རྗེས་སུ་འབྲེལ་པས་མ་ངེས་པ་ཉིད་དུ་མི་གཡོ་བ་རྐུ་བའི་དུས་ན་བྱེད་པ་གང་ཡིན་པ་དེ་ནི་རྣམ་པར་རྟོགས་པ་སྟེ་དེ་བྱས་ནས་སོ། །འདི་ནི་དོན་མི་གསལ་བ ་དམིགས་མི་ཕྱེད་དུ་སྙམ་དུ་བསམས་ནས་གཞན་དག་ནི་རྟོག་པའི་མཚན་ཉིད་གཞན་ཁོ་ནར་འཆད་པར་བྱེད་དེ། འདི་ལྟར་རྐུན་པོ་ལ་ཞུགས་པ་འབའ་ཞིག་ལ་དོན་གྱིས་དབང་གིས་ཡང་དག་པའི་འདུ་ཤེས་འདི་ལྟ་སྟེ། གཞན་གྱི་ཡིན་ནོ་སྙམ ་པ་འམ་ཡོངས་སུ་སྡུ་བ་དང་བཅས་སོ་སྙམ་པ་འམ། མི་འགྲོ་བས་ཡོངས་སུ་བཟུང་བའོ་སྙམ་པ་འམ། མ་ཡིན་པའོ་སྙམ་པ་འབྱུང་ལ་དེས་དངོས་གཞིའི་ཁ་ན་མ་ཐོ་བ་ཡོངས་སུ་སྤང་བར་བྱ་བའི་ཕྱིར་འདི་སྙམ་དུ་རྣམ་པར་རྟོག་པར་བྱེད་དེ། ཆོས་ཐམས ་ཅད་ནི་བདག་མེད་པའོ། །ཆོས་ཐམས་ཅད་ནི་ཡོངས་སུ་བཟུང་བ་མེད་པའོ། །ཆོས་ཐམས་ཅད་ནི་འབྲེལ་པར་ཡོངས་སུ་གཏོང་བ་སྟེ། འདི་ན་གཞན་གྱི་ཡིན་པ་དང་ཡོངས་སུ་བཟུང་བ་དང་བཅས་པ་འམ། མིའི་འགྲོ་བ་ལས་ཡོངས་སུ ་བཟུང་བ་མ་ཡིན་ནོ། །སྐད་ཅིག་མ་ཡིན་པའི་ཕྱིར་ཇི་ལྟར་འདི་སྐད་ཅིག་མ་གཉིས་པ་ལ་སོགས་པ་ལ་བྱུང་བ་གཞན་གྱི་རང་གི་ཡིན་ཞིང་བྱིན་པ་ཡིན་པ་ལྟར་བདག་ལ་ཡང་དེ་དང་འདྲའོ་ཞེས་དེ་ལྟར་ཡང་དག་པའི་འདུ་ཤེས་པ་རྣམ་པར་རྟོག་པ་དག་གིས ་སྦས་ནས་ཡོངས་སུ་བཟུང་བ་མེད་པ་ལ་སོགས་པའི་འདུ་ཤེས་དེས་རྒྱུན་ཆགས་པའི་འདུ་ཤེས་གང་ཡིན་པ་སྐྱེད་པར་བྱེད་དོ། །འདུ་ཤེས་ལྟ་བུ་དེ་ནི་བརྟགས་པ་ཡིན་པས་བརྟགས་པ་ཞེས་བྱ་སྟེ། བརྟགས་པ་དེས་ན་ཡན་ལག་གཞན་ཡོད་ན་ནི ་སྦོམ་པོར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ་།འདིར་སྨྲས་པ། ཡང་དག་འདུ་ཤེས་སྦགས་ནས་ནི། ངེས་པར་སྐྱེས་པར་བྱེད་པ་གང། །དེ་ནི་རྟོགས་པས་སྦྱར་བ་ན། །བརྟགས་པའི་འདུ་ཤེས་ཞེས་བཤད་དོ། །འདི་ནི་གང་ཞིག་འདུ་ཤེས་གཞན ་སྒྲོ་བཏགས་པའི་ཕྱིར་བཏེགས་པས་བརྐུས་པ་ལ་ཕམ་པར་འགྱུར་རོ། །སྙམ་དུ་སེམས་པའི་གཞུང་ལུགས་དེ་བཟློག་པའི་ཕྱིར་རོ། །བདག་གི་འདི་ཞེས་བྱ་བ་ལ་སོགས་པ་ནི། འདི་ནི་བདག་གི་ཡིན་མོད་ཀྱི་འོན་ཀྱང་དུས་རེ་ཞིག་སྦྱིན་གྱི ་ཐམས་ཅད་དུ་ནི་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ་།གཏན་བྱིན་པའི་འདུ་ཤེས་ཀྱིས་སྤྱད་ན་ཞེས་བྱ་བ་ལ་སོགས་པ་ལ་གཏན་བྱིན་པའི་འདུ་ཤེས་ཀྱིས་ཞེས་བྱ་བ་ནི་གཏན་བྱིན་པ་ལྟར་སྤྱོད་པའི་རྣམ་པ་སྟེ། པག་མེད་པ་ཉིད་དུ་ཞེས་བྱ་བའི་ཐ ་ཚིག་གོ་།འདི་ལྟར་སྤྱོད་པར་བྱེད་པ་ལ་བདག་ལ་གཏན་བྱིན་ཏེ་ཡོངས་སུ་བཏང་བ་དང་བྱིན་པའི་ཡིན་ནོ་སྙམ་དུ་བའི་འདུ་ཤེས་འདི་ཉེ་བར་གནས་ན། རང་གི་ཡིན་པའི་འདུ་ཤེས་ཀྱིས་སྤྱོད་པའི་ཕྱིར་ལྟུང་བ་མེད་པ་ཉིད་དུ་འགྱུར་གྱི། སྦོམ་པོར ་ཐལ་བ་ལྟ་བ་ཞིག་ག་ལ་འགྱུར་སྙམ་དུ་སེམས་ཏེ། དེ་ལྟ་བས་ན་འདི་ཤེས་པར་བྱའོ། །དེའི་ཕྱིར་ཁྱིམ་བདག་དེས་ཆོས་གོས་ལ་སོགས་པའི་དངོས་པོ་བགོ་བ་དང་གདིང་བ་ལ་སོགས་པའི་ཚེད་དུ་བྱིན་གྱི་ཡོ་བྱིན་པ་ནི་མ་ཡིན་པ ་གང་ཡིན་པ་དེ་ལ་ཇི་ལྟར་གཏན་བྱིན་པ་ཉིད་དུ་བྱིན་པའི་ནོར་ལ་རྣམ་པ་ཐམས་ཅད་དུ་སྤྱོད་པ་དེ་བཞིན་དུ་རྐུ་སེམས་ཀྱིས་སྤྱོད་པར་བྱེད་པ་གང་ཡིན་པ་དེ་ནི་དངོས་པོ་དེ་ཚང་ན་ཉེས་པ་སྦོམ་པོར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །འདི་ལྟར་སྤྱོད་པར་བྱེད ་པར་ཞེས་བྱ་བ་ནི་འཚོ་བར་བྱེད་པ་ཡིན་ཏེ། འདི་ནི་གཙོ་བོར་གྱུར་པ་ཁ་དོག་དང་རེག་པ་ལ་སོགས་པ་སྤྱད་པའི་ཕྱིར་བརྐུས་པ་དང་འདྲ་བ་ཡིན་ནོ། །འོན་ཏེ་འདི་གསང་སྔགས་སམ་ཞེས་བྱ་བ་ལ་ཉེ་བར་འགྲོ་བ་ནི་གསང་སྔགས་དང་མེ་ཏོག་དང་འབྲས་བུ་དག ་གིས་ཡོངས་སུ་མགུ་བར་བྱ་བའི་ཚུལ་ལམ་དབང་དུ་ཡང་དང་ཡང་དུ་དེའི་དྲུང་དུ་འགྲོ་བའི་ཕྱིར་རོ། །དེ་བས་ན་གསང་སྔགས་ལ་སོགས་པས་དབང་དུ་བྱེད་པ་འམ། དབང་དུ་མི་བྱེད་པ་དག་གིས་བྱིན་པ་ལ་གཏན་བྱིན་པ་ཉིད་ལྟར་རྐུ་སེམས་ཀྱིས་སྤྱོད་པ་གང་ཡིན ་པ་དེ་ནི་དངོས་པོ་ང་ནི་ཚང་ན་སྦོམ་པོར་འགྱུར་རོ། །ཞེས་བྱ་བའི་ཐ་ཚིག་གོ་།འདི་སྐད་དུ་ཟེར་བ་དག་ཀྱང་ཡོད་དེ། ཡོངས་སུ་མགུ་བར་བྱ་བའི་ཕྱིར་གསང་སྔགས་ལ་སོགས་པས་ཉེ་བར་འགྲོ་བར་བྱེད་པ་གང་ཡིན་པ་དེ་ནི་རྒྱུ་མཚན་ཅན་གྱི་སྙེད་པ་གྲུབ་ན་ཆགས ་པའི་དབང་གིས་བསམ་པ་ཉམས་པ་ཡིན་པས་ལོགས་པའི་འཚོ་བ་སློང་བར་འགྱུར་གྱི་བརྐུས་པར་གཏོགས་པའི་ཉེས་བྱས་ལ་སོགས་པ་ནི་འགའ་ཡང་མ་ཡིན་ཏེ། འདི་ལྟར་འདི་ནི་དེ་ཡོངས་སུ་མགུ་ནས་བྱིན་པ་གང་ཡིན་པ་དེ་ལེན་ཏོ། །དབང་དུ ་བྱ་བའི་གསང་སྔགས་ལ་སོགས་པས་ཉེ་བར་འགྲོ་བས་ཐོབ་པའི་ནོར་རྐུ་སེམས་ཀྱིས་སྤྱོད་ན་བཅིང་བ་དང་བརྡེག་པ་ལ་སོགས་པའི་ཐབས་ཀྱིས་དབང་མེད་པར་བྱས་ནས་སྦྱིན་དུ་འཇུག་པ་ཇི་ལྟ་བར་གསང་སྔགས་ལ་སོགས་པས་དབང་དུ ་བྱས་ནས་སྦྱིན་དུ་འཇུག་པ་འདི་ཡང་དེ་ཁོ་ན་དང་འདྲ་སྟེ། དེ་བས་ན་འདི་གསུངས་སོ་ཞེས་ཟེར་རོ། །ཁ་ཅིག་ནི་འདི་མིང་འདོད་དེ་འདི་ལྟར་གསང་སྔགས་ལ་སོགས་པ་དང་དུ་བྱས་ནས། སྦྱིན་དུ་འཇུག་པར་གལ་ཏེ་གནོད་པ་ཞིག་ཏུ་གྱུར ་ན་ནི་བཅིངས་པ་སྦྱིན་དུ་འཇུག་པ་ལས་ཐ་དད་པ་མ་ཡིན་ནོ། །ཅི་སྟེ་གནོད་པར་མ་གྱུར་པ་ཞིག་ན་ནི་སེམས་གཡེངས་པར་བྱས་སྟེ། སྦྱིན་དུ་འཇུག་པ་ལས་ཐ་མི་དད་པས་ཉེས་པ་སྦོམ་པོའོ་ཞེས་སྨོས་པ་མི་འཐད་དེ་དངོས་པོ་ཚང་ན་མཚན་ཉིད་དུ་གྱུར་པའི་ཕམ ་པར་གྱུར་པའི་ཕྱིར་རོ། །དེ་ལྟ་བས་ན་སྤྱད་ན་ཞེས་འབྱུང་བའི་ཕྱིར་ཉེས་པ་སྦོམ་པོ་འདི་ནི་བཏན་བྱིན་པ་ལྟར་སྤྱོད་པའི་ཕྱིར་ཡིན་གྱི་སྦྱིན་དུ་འཇུག་པའི་ཕྱིར་ནི་མ་ཡིན་ནོ་ཞེས་བྱ་བ་དེ་ལྟར་ཁོང་དུ་ཆུད་པར་བྱའོ། །བརྙན་པོ་ནི་བརྐུས་པས་གྲུབ་པ་སྟེ། ་འདི་དུས་གཞན་ན་རང་གི་ངོ་བོ་ཕྱིར་སྦྱིན་ནོ་ཞེས་དེ་ལྟར་བརྙས་པས་ཞུགས་པའི་ཕྱིར་རོ། །བསྙོན་པ་ནི་ང་ལ་བླངས་པ་མེད་དོ། །ཞེས་དེ་སྐད་དུ་སྨྲས་ནས་སོ། །ཉེས་པ་སྦོམ་པོ་ཞེས་བྱ་བ་ནི་འདིར་སྦོམ་པོ་འདི་ནི་སྦྱོར་བ་ལས་བྱུང་བ་ཡིན་ཏེ། འདི་ལྟར ་འདི་དངོས་གཞིའི་ཕྱིར་བསྙོན་པ་ལས་གཞན་པའི་བྱེད་པ་མེད་པས་ཉེ་བ་དེ་ཁོ་ན་སྦྱོར་བ་ཉིད་དུ་ཟད་དོ། །ཆ་གཅོད་པར་བྱེད་པ་ནི་མི་སྦྱིན་ནོ་ཞེས་དེ་ལྟར་མི་སྦྱིན་པར་ངེས་པ་བསྐྱེད་པའི་ཕྱིར་རོ། །འདིར་ཡང་ལུས་དང་ངག་གི་བྱེད་པ་དང། བཅས་པའི ་ཆ་གཅོད་པར་བྱེད་པ་ལ་ལྟུང་བ་ཉིད་དུ་མཛད་ནས་གསུངས་པར་ཤེས་པར་བྱའི། ཆ་གཅོད་པར་བྱེད་པ་ཙམ་མ་ཡིན་ཏེ། འདི་ལྟར་ལྟུང་བ་ནི་རྣམ་པར་རིག་བྱེད་དང། རྣམ་པར་རིག་བྱེད་མ་ཡིན་པ་སྐབས་དེ་ན་སྦྱོར་བ་མེད་དོ། །སྦྱོར་བ་མེད་པའི་ཕྱིར ་ན་སྨད་པ་ཉེས་པ་སྦོམ་པོའོ་ཞེས་བྱ་བར་འགྱུར་གྱི་རྩེ་བ་མཛའ་བྱ་བར་ནི་མ་ཡིན་ནོ། །སེམས་ཀྱི་ཀུན་ཏུ་རྟོགས་པ་སྤྲོད་པ་དག་སྟེ། འདི་ཤིན་བདག་གི་འདོད་པ་གྲོང་ལ་སོགས་པ་འཐོབ་པར་འགྱུར་རོ་སྙམ་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ་།རྣམ ་གྲངས་དུ་མ་ནི་རྣམ་པ་མང་པོས། དེ་ནི་བསད་པར་བྱ་བའོ། །ཡང་ཞེས་བྱ་ནི་ངེས་པར་བཟུང་བའོ། །སྦོམ་པོ་དེ་ལྟ་བུས་ཞེས་བྱ་བ་ནི་སྦྱོར་བ་དེ་ཁོ་ནས་སོ། །དུས་བྱས་ན་ཞེས་བྱ་བ་ནི་ཤི་བར་གྱུར་ནའོ། །མི་དུད་འགྲོའི་སྐྱེ་གནས་པར་འགྱུར་ཏེ་ཞེས་བྱ་བ་ལ་སོགས་པ ་ནི་འགྲོ་བ་གཞན་གྱི་རྣམ་པ་ཉིད་ཡིན་ཡང་མིར་འདུ་ཤེས་པ་ཁོ་ནས་བསད་ན་དངོས་གཞིར་འགྱུར་བར་ཤེས་པར་བྱའོ། །འགྲོ་བ་གཞན་དུ་འདུ་ཤེས་པས་ནི་ན་སྨད་པར་བཤད་དེ། དེ་སྐད་དུ་མི་ལ་མི་མ་ཡིན་པར་འདུ་ཤེས་པས་ནི་སྦོམ་པོར་འཆད་པར ་འགྱུར་རོ། །མཚམས་མ་མཆིས་པ་ཉིད་ཀྱི་ཁ་ན་མ་ཐོ་བས་ཀྱང་རེག་པར་མི་འགྱུར་བ་ནི་མནར་མེད་པའི་སེམས་ཅན་དམྱལ་བ་སྨིན་པར་མི་འགྱུར་བ་སྙམ་དུ་དགོངས་པ་ཡིན་ནོ། །དེ་ལ་མཚམས་མེད་པ་ཉིད་ནི་ཞེས་བྱ་བ་ནི་སྐྱེས་བུ་གང་ཞིག་སེམས་ཅན ་དམྱལ་བར་འགྱུར་བ་ལ་མཚམས་དང་བར་ཆད་མེད་པའི་སྐྱེས་བུ་དེ་ནི་མཚམས་མེད་པའོ། །དེའི་ངོ་བོ་གང་གིས་ནི་འདི་བར་ཆད་མེད་པ་སེམས་ཅན་དམྱལ་བ་རྣམས་སུ་སྐྱེ་བར་འགྱུར་བའི་སྒྲ་འཇུག་པའི་རྒྱུ་མཚན་ཉིད་ནི་མཚམས་མེད་པ་ཉིད་དེ་། ་དེས་ཞེས་བྱ་བའི་ཐ་ཚིག་གོ་།ལས་ཀྱི་སྲིད་པ་ནི་ལས་དགེ་བ་དང་མི་དགེ་བ་རྣམས་སོ། །བསད་པ་ནི་རབ་ཏུ་སྤངས་པའོ། །ནི་ཞེས་བྱ་བའི་སྒྲ་ནི་གང་གི་ཕྱིར་ཞེས་བྱ་བའི་དོན་ཡིན་ནོ། །མངོན་པར་སྒྲུབ་པའི་དོན་གྱིས་ཞེས་བྱ་བ་ནི་བསྐྱེད་པའི་དོན་གྱི་སྟེ། ་དེ་སྐད་དུ་ཡང་མདོ་ལས་དགེ་སློང་དག་འདི་སེམས་ཅན་དེར་སྐྱེས་པ་རྣམས་ནི་ལས་དགེ་བ་བསྒོམས་པ་ལས་འབྱུང་བ་ཟག་པ་དང་བཅས་པ་བྱས་པའི་རྣམ་པར་སྨིན་པ་སོ་སོར་མྱོང་བར་འགྱུར་ཏེ། དེ་ལྟ་བས་ན་ངེས་སེམས་ཅན་རྣམས་ནི་ལས་ཇི ་ལྟ་བ་བཞིན་ཉེ་བར་འགྲོ་བ་ཡིན་ནོ་ཞེས་གསུངས་སོ་ཞེས་འབྱུང་ངོ། །བསྐྱེད་པའི་དོན་གྱིས་ཞེས་བྱ་བ་ནི་བསྐྲུན་པའི་དོན་གྱིས་སྟེ། ཚིགས་སུ་བཅད་པ་ལས། སྲེད་པས་མི་ནི་སྐྱེད་པར་བྱེད། འདི་ནི་སེམས་ཀྱི་རྗེས་སུ་རྒྱུག་།སེམས་ཅན་འཁོར་བར་གཏོགས ་པ་འདིའི། སྡུག་བསྔལ་འཇིགས་པ་ཆེན་པོ་ཡིན་ཞེས་འབྱུང་བའི་ཕྱིར་རོ། །ཕ་དང་མ་ནི་བསད་བྱས་ཤིང། རྒྱལ་པོ་གཙང་སྦྲ་ཅན་གཉིས་དང། །ཡུལ་འཁོར་འཁོར་དང་བཅས་བཅོམ་ནས། །མི་ནི་དག་པ་ཉིད་དུ་འགྱུར་ཞེས ་གསུངས་སོ། །བཙུན་པ་རེ་ཞིག་དགེ་སློང་གིས་མ་འགུམ་པར་འཚལ་ཞེས་བྱ་བ་ལ་སོགས་པས་གཉི་ག་ལ་ཉེས་པ་སྦོམ་པོར་གསུངས་པ་ནི་མ་བསད་པའི་བསམས་པས་ཞུགས་པའི་ཕྱིར་རོ། །བུད་མེད་གཞན་བསད་པ་ལ་ནི་ལྟུང་བ་མེད་དོ། །མ ་བསད་པ་ལ་ཡང་མཚམས་མེད་པ་ཉིད་ནི་མ་ཡིན་ཏེ། མ་བསམས་པ་དེ་བསད་པའི་ཕྱིར་རོ། །དངོས་གཞི་ནི་བརྗོད་པར་འདོད་པའི་དོན་ཡོངས་སུ་རྫོགས་པའི་མཚན་ཉིད་ཡིན་པར་བཤད་པའི་བསམ་པའི་སྒོ་ནས་ནི་འཇུག་པ་ཉིད་ཀྱི་སྦྱོར་བ་ཡིན་ནོ། ་དེ་ཉིད་ཀྱི་ཕྱིར་བྱེ་བྲག་ཏུ་བཤད་པ་ལས། རྒྱུ་གཉིས་ཀྱིས་སྲོག་གཅོད་པའི་ཁ་ན་མ་ཐོ་བས་རེག་པར་འགྱུར་ཏེ། སྦྱོར་བ་དང། འབྲས་བུ་ཡོངས་སུ་རྫོགས་པས་སོ་ཞེས་གསལ་བ་ཁོ་ནར་འབྱུང་ངོ། །འདུལ་བ་འཛིན་པ་རྣམས་ན་རེ་སྲོག་གཅོད ་པ་ནི་དཔེ་སྟེ། གཞན་ལ་ཡང་ཚུལ་འདི་དང་ཞེས་ཟེར་ཏེ། དེ་བཞིན་དུ་བཤད་ཀྱང་ཟིན་ལ་འཆད་པར་ཡང་འགྱུར་རོ། །འདིའི་འོག་མ་དག་ལ་ཡང་ཅི་རིགས་སུ་སྦྱར་རོ། །བཙུན་པ་རེ་ཞིག་དགེ་སློང་གིས་མིའི་བུད་མེད་ཀྱི་མངལ་ན་དུད་འགྲོའི་སྐྱེ ་གནས་པར་སྐྱེས་པ་བཀུམ་ན་ཞེས་བྱ་བ་ལ་སོགས་པ་ལྟུང་བྱེད་དུ་གསུངས་པ་ནི་བུ་དུད་འགྲོའི་སྐྱེས་གནས་སུ་གཏོགས་པའི་བསམ་པས་ཞུགས་པའི་ཕྱིར་ཏེ། འདི་ལྟར་དུད་འགྲོ་བསད་ན་ལྟུང་བྱེད་དུ་བསྟན་པའི་ཕྱིར་རོ། །བུ་དུད་འགྲོར ་གཏོགས་པ་ཡིན་པར་ཡོངས་སུ་ཤེས་པ་ཡང་གསང་སྔགས་ལ་སོགས་པའི་མཐུས་ཤེས་པར་བྱ་སྟེ། འོག་མ་བུ་མིར་གཏོགས་པ་བསད་པ་ལ་ཡང་དེ་དང་འདྲའོ། །བཙུན་པ་རེ་ཞིག་དགེ་སློང་གིས་དུད་འགྲོའི་སྐྱེ་གནས་སུ་སྐྱེས་པ་དུད་འགྲོ་མོའི་མངའ་ ་དུ་མིའི་བུ་བཀུམ་ཞེས་བྱ་བ་ལ་སོགས་པས་མཐར་འགྱུར་བར་གསུངས་པ་ནི་མིའི་བུ་བསད་པའི་སེམས་ཡོད་པའི་ཕྱིར་ཏེ་མི་བསད་ན་ཡང་ཕམ་པར་བརྟན་པའི་ཕྱིར་རོ། །ཁ་ཅིག་ནི་མིའི་བུད་མེད་ཀྱི་མངལ་དུ་དུད་འགྲོའི་སྐྱེ་གནས་པར་གཏོགས་པ ་བསད་ན་ཡང་ཉེས་པ་སྦོམ་པར་འགྱུར་ལ། དུད་འགྲོའི་སྐྱེ་གནས་སུ་གཏོགས་པའི་མངལ་དུ་མི་བསད་ན་ཡང་ཉེས་བྱས་སུ་འདོན་ཏོ། །དེ་ནི་འདིས་བུ་མི་ཡིན་པར་ཡང་མ་བསམས་ལ། བུ་དེ་ལ་ཡང་མི་མ་ཡིན་པས་ཉེས་པ་སྦོམ་པོ་ཞེས་བྱ་བར་ཐལ་བར་ཅི ་ཞིག་ཡོད། བུ་མི་བསད་ན་ཡང་དུད་འགྲོའི་སྐྱེ་གནས་པར་གཏོགས་པར་ཡིན་པར་ཡང་མ་བསམས་ལ། དེ་ཡང་དུད་འགྲོའི་སྐྱེ་གནས་པར་སྐྱེས་པ་ཡང་མ་ཡིན་ན་ཉེས་བྱས་སུ་འདོན་པའི་སྐབས་ཅི་ཞིག་ཡོད། དེ་ལྟ་བས་ན་འདོན་པ་སྔ་མ་ཉིད ་བཟང་ངོ། །བསྐྱེད་པ་ནི་བསྐྲུན་པར་བྱེད་པའོ། །གསོ་བར་བྱེད་པ་ནི་སྲིད་པར་བྱེད་པའོ། །མི་ལ་མི་མ་ལགས་པར་འདུ་ཤེས་པས་ཞེས་བྱ་བ་ལ་སོགས་པས་མཐར་འགྱུར་བར་གསུངས་པས་ནི་སྦྱོར་བ་ཡོད་པའི་ཕྱིར་དང། བསམ ་པའི་དོན་ཡང་གྲུབ་པའི་ཕྱིར་རོ། །མི་ལ་མི་མ་ལགས་པར་འདུ་ཤེས་པས་ཞེས་བྱ་བ་ལ་སོགས་པས་སྦོམ་པོར་གསུངས་པ་ནི་སྦྱོར་བ་ཡོད་པའི་ཕྱིར་རོ། །དངོས་གཞི་ལ་ནི་ལྟུང་བ་མེད་དེ། མི་མ་ཡིན་པ་ལ་མིར་འདུ་ཤེས་པ་ཡང་དེ་དང་འདྲའོ། ། ་མི་མ་ལགས་པ་ལ་མི་མ་ལགས་པར་འདུ་ཤེས་པས་ཞེས་བྱ་བ་ལ་སོགས་པས་སྦོམ་པོར་གསུངས་པ་ནི་སྦྱོར་བ་ཡོད་པའི་ཕྱིར་དང། བསམ་པའི་དོན་ཡང་གྲུབ་པའི་ཕྱིར་རོ། །བདག་ཉིད་སྲོག་དང་བྲལ་ན་ཞེས་བྱ་བ་ལ་སོགས་པས་སྦོམ་པོར ་གསུངས་པ་ནི་སྦྱོར་བར་གྱུར་པ་སྟེ། གང་གི་ཕྱིར་བདག་ཉིད་བསད་ན་གསོད་པར་གཏོགས་པའི་ལས་ཀྱི་ལམ་ནམ་ཡང་སློང་བར་མི་སྲིད་པས་སོ། །འདི་ལྟར་སྐད་ཅིག་མ་གང་ལ་སྲོག་འགག་པ་དེའི་མཇུག་ཐོགས་སུ་སྐད་ཅིག་མ་གཉིས་པ་ལ ་གསོད་པའི་དངོས་གཞི་འབྱུང་བར་འགྱུར་གྱི། སྔོན་རོལ་དུ་ནི་མ་ཡིན་ཏེ། སྦྱོར་བའི་འབྲས་བུར་གྱུར་པ་སྲོག་གཅོད་པ་མ་གྲུབ་པའི་ཕྱིར་རོ། །སྐད་ཅིག་མ་གཉིས་པ་ལ་ཡང་གསོད་པ་པོ་དེའི་རྟེན་སྲིད་པ་བར་མས་བསྡུས ་པ་ལས་གཞན་གྱིས་འཕངས་པ་སྐྱེས་པ་མ་ཡིན་པའི་ངོ་བོ་ཤིན་ཏུ་ཐ་དད་པ་གཞན་ཁོ་ན་ཞིག་སྐྱེ་བར་འགྱུར་རོ། །ལས་གཞན་གྱིས་འཕངས་པའི་རྟེན་གྱིས་སྦྱོར་བ་བྱས་པ་ལས་གཞན་གྱིས་འཕངས་པ་ལས་སྡིག་པ་སྐྱེ་བ་ཡང ་མ་ཡིན་ཏེ། གཞན་གྱི་སྦྱོར་བ་ལས་གཞན་གྱི་སྦྱོར་བ་ལས་གཞན་ལ་གསོད་པར་ཐལ་བར་འགྱུར་དུ་འོང་ངོ། །འདི་ལ་ནི་འཕེན་པ་ཐ་དད་པས་རྟེན་ཐ་དད་པ་འདྲ་བས་དེའི་ཕྱིར་འདི་ལ་ལས་ཀྱི་ལམ་འབྱུང་ངོ། །འོན་ཏེ་དེ་སྔར་དུས ་བྱས་ན་ཞེས་བྱ་བ་ལ་སྦོམ་པོར་གསུངས་པ་ནི་སྦྱོར་བ་ནི་ལྟུང་བ་སྟོན་པར་བྱེད་པ་ཡིན་པར་ཤེས་པར་བྱ་སྟེ། འདི་ལྟར་གསོད་པ་པོ་དེ་སྔར་ཤི་ནས་དངོས་གཞི་སློང་བའི་དུས་ན་ཚེ་རབས་གཞན་དུ་རྣམ་པར་གནས་པར་འགྱུར་རོ ་ཚེ་རབས་གཞན་དུ་རྣམ་པར་གནས་པ་ལ་ཡང་སྔོན་གྱི་སྦྱོར་བ་རྒྱུ་ཅན་གྱི་གསོད་པ་ལྡང་པར་རིགས་པ་མ་ཡིན་ཏེ། རང་གི་ངོ་བོ་ཐ་དད་པའི་ཕྱིར་དང། ལས་གཞན་གྱིས་འཕངས་པའི་ཕྱིར་རོ། །འདིར་ཡང་སྔར་དུས་བྱས ་ན་ཞེས་བྱ་བའི་སྔར་དུས་བྱེད་པ་ཉིད་ནི་དཔེར་ཤེས་པར་བྱ་སྟེ། དེས་ན་གང་ཞིག་གིས་བསད་པ་ལ་སོགས་པའི་སྦྱོར་བ་བྱས་ནས་མགོ་མཉམ་དུ་ཤི་བ་དེ་ཡང་སྲོག་གཅོད་པ་ལ་སོགས་པ་མི་ལྡང་བ་ཁོ་ན་སྟེ། དངོས ་གཞི་སློང་བའི་དུས་ན་ལྟུང་བ་འབྱིན་པ་པོ་དེ་ཚེ་རབས་གཞན་དུ་གནས་པའི་ཕྱིར་ལ། ཚེ་རབས་གཞན་དུ་གནས་པ་ལ་ཡང་ཁ་ན་མ་ཐོ་བ་ལྡང་བ་མེད་པའི་ཕྱིར་རོ། །ཞེས་བྱ་བའི་དོན་ཏོ། །དགྲ་བཅོམ་པ་བཀུམ་པར་འཚལ ་བ་ལ་སོ་སོའི་སྐྱེ་བོ་བཀུམ་ན་ཞེས་བྱ་བ་ལ་སོགས་པས་སྦོམ་པོར་གསུངས་པ་ནི་བརྗོད་པར་འདོད་པའི་འབྲས་བུ་མ་གྲུབ་པའི་ཕྱིར་རོ། །དེ་ལ་དགྲ་བཅོམ་པ་ནི་ཉོན་མོངས་པའི་དགྲ་བཅོམ་པའི་ཕྱིར་རམ། མི་སྐྱེ་བའི་ཆོས་ཐོབ་པའི་ཕྱིར ་སོ་སོའི་སྐྱེ་བོ་ནི་འཕགས་པའི་སྐྱེ་བོ་དང་ཐ་དད་པར་འགྱུར་བ་འདོད་ཆགས་དང་བཅས་པ་གཞན་ནོ་ཞེས་བྱ་བའི་ཐ་ཚིག་གོ་།དེ་ལ་དོན་ནི་འདི་ཡིན། རྒྱུ་ཐ་དད་པ་དགྲ་བཅོམ་པ་བསད་པར་འདོད་པ་ལས་སོ་སོ་སྐྱེ་བོ་བསད་ན་མ་བསམས་པའི་ཡུལ་ལ ་བསད་པ་བསྒྲུབ་པའི་ཕྱིར་ཕམ་པ་ནི་མེད་ཀྱི། སྦྱོར་པ་ལ་ནི་སྦོམ་པོར་འགྱུར་ལ་མཚམས་མེད་པའི་སྦྱོར་བར་ཡང་འགྱུར་རོ། །འདིས་ནི་སོ་སོ་སྐྱེ་བོ་བསད་པར་འདོད་པ་ལས་དགྲ་བཅོམ་པ་བསད་ན་ཞེས་བྱ་བ་ལ་སོགས་པ་ལས་སྦོམ་པོར་བཤད་པར་ཤེས ་པར་བྱའོ། །དགྲ་བཅོམ་པ་དགུམ་པར་སྦྱོར་བ་བགྱིས་པ་ལས་ཞེས་བྱ་བ་ལ་སོགས་པས་སློབ་པ་བསད་ན་མཐར་འགྱུར་བ་དང། མཚམས་མེད་པ་དང་ཉེ་བར་གསུངས་པ་ནི་གནས་སྐབས་གཞན་ལམ་བསམས་ཀྱང། འདི་བསང་ངོ་སྙམ་དུ་རྟེན་ངེས ་པར་གཟུང་བའི་ཕྱིར་རིག་པར་བྱའོ། །སློབ་པ་ནི་ཡོངས་སུ་ཉམས་པ་འམ། མ་ཉམས་པ་ཡང་རུང་ཕྱིར་མི་འོང་བ་ལ་སོགས་པ་སྟེ། དགྲ་བཅོམ་པ་ཉིད་ཐོབ་པར་བྱ་བའི་ཕྱིར་སློབ་པ་ལ་བརྩོན་པའི་ཕྱིར་རོ། །འདི་ལྟར་དགྲ་བཅོམ་པ་དབང་པོ་རྟུལ་པོ་ཉོན་མོངས་པའི ་དབང་གིས་དགྲ་བཅོམ་པ་ཉིད་ལས་ཡོངས་སུ་ཉམས་ན་ཕྱིར་མི་འོང་བའི་ལ་སོགས་འབྲས་བུ་ལ་གནས་པར་འགྱུར་རོ། །སློབ་པ་མཐར་གྱིས་པ་ཡང་རུང། ཕལ་ཆེར་ལས་འདོད་ཆགས་དང་བྲལ་ཡང་རུང། ཕྱིར་མི་འོང་བ་ལ་སོགས་པ་དེ་བསང་ན་མཚམས ་མེད་པ་དང་ཉེ་བར་བཤད་དེ། མ་དགྲ་བཅོམ་མ་སུན་བྱས་དང། བྱང་ཆུབ་སེམས་དཔའ་ངེས་པ་ལ། །གནས་དང་སློབ་པ་བསང་པ་དང། །དགེ་འདུན་འདུ་བའི་སྒོ་འཕྲོག་པ། །མཚམ་མེད་པ་དང་འདྲ་བ་སྟེ། །ལྔ་པ་མཆོད་རྟེན་འཇིག་པ་ཡིན་ཞེས་འབྱུང་བའི ་ཕྱིར་རོ། །དེ་བས་ན་ཇི་ལྟར་རྒྱུ་ཐ་དད་པའི་སེམས་ཅན་གཞན་ལ་སྦྱོར་བ་བྱས་ནས་མ་བསམས་པའི་ཡུལ་གཞན་ལ་བྱ་བ་མཐར་ཕྱིན་པར་བྱས་པ་བརྗོད་པར་འདོད་པའི་དོན་ཡོངས་སུ་མ་རྫོགས་པའི་ཕྱིར། འབྲས་བུ་མ་རྫོགས་པ་ཡིན་པ ་ལྟར། གནས་སྐབས་གཞན་དགྲ་བཅོམ་པ་ཉིད་ཀྱི་གནས་སྐབས་སུ་གྱུར་པ་ལ་སྦྱོར་བ་བྱས་ནས་གནས་སྐབས་གཞན་མ་བསམས་པའི་སློབ་པའི་གནས་སྐབས་སུ་གྱུར་པའི་ཕྱིར་མི་འོང་བ་ཉིད་ལ་སོགས་པ་ལ་བྱ་བ་མཐར་ཕྱིན་པར་བྱས་པ་ནི། དེ་ལྟ་བུར ་འགྱུར་བ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འདི་ལྟར་སོ་སོའི་སྐྱེ་བ་བསད་པ་སྦྱོར་བ་བྱས་ལ། དགྲ་བཅོམ་པ་སྲོག་དང་བྲལ་ན་ཞེས་བྱ་བ་ལ་སོགས་པ་ལ་ཐར་འགྱུར་བ་དང། མཚམས་མེད་པར་འགྱུར་བ་ཡང་བཤད་པར་རིག་པར་བྱ་སྟེ། གནས་སྐབས ་གཞན་དུ་གྱུར་པ་ན་གཞན་ཉིད་མ་ཡིན་ནོ་ཞེས་འབྱུང་བའི་ཕྱིར་རོ། །དགུམ་པར་ཞེས་བྱ་བ་ནི་བསད་པར་རོ། །བཀྲི་བ་ནི་བཏང་བའོ། །གྲོང་གི་མི་ནི་གྲོང་གི་སྐྱེས་བུ་རྣམས་སོ། །རྒྱལ་པོའི་མི་ནི་རྒྱལ་པོའི་མི་རྣམས་སོ། །རྗེས་བཞིན་དུ་ཞེས་བྱ་བ་ནི་ཕྱི་བཞིན་དུ ་སྐྱེ་སྟེ་ལན་གཉིས་སྨོས་པ་ནི་བཟླས་པར་ཟད་དོ། །བརྟགས་པར་གྱུར་པ་ནི་འཇུག་པ་ལ་བརྟགས་པའོ། །མདུན་རོལ་ནི་མདུན་ན་ཚུར་རོ། །མཐར་འགྱུར་རོ་ཞེས་གསུངས་པ་འདི་ནི་བརྟན་ན་ཡང་ཕམ་པར་འགྱུར་བར་རབ་ཏུ་བསྟན་པའི་ཕྱིར་རོ། །དེས་ན་ཡང་བསད ་པར་བྱ་བ་དེ་གཤེད་མ་པས་བསད་ན་སྟོན་པར་བྱེད་པ་དེས་ཀྱང་བསད་པར་འགྱུར་ཏེ། སྦྱོར་བའི་དབང་གིས་བརྟན་པས་ཤི་ན་སྟོན་པ་པོ་ལ་ཕམ་པར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ་།ཉེས་བྱས་ཞེས་བྱ་བ་འདི་ལ་ནི་བསད་སེམས་མེད་པའི་ཕྱིར་ཏེ། ་འདི་ནི་ལྟུང་བའི་སྒོར་གྱུར་པའི་སྐབས་ཐམས་ཅད་དུ་དྲན་པས་བསྒྲུབ་པར་བྱའོ་ཞེས་བྱ་བ་འདིར་གཏོགས་པར་ཏེ། བཅད་པས་ཁ་ན་མ་ཐོ་བ་ཡིན་ནོ། །འདི་ལྟར་ཕན་གདགས་པའི་བློས་ཟས་བྱིན་པ་ལ་མཚམས་མེད་པར་གྱུར་དུ་འོང་བས ་སྲོག་གཅོད་པའི་སེམས་ཉེ་བར་མ་བཞག་པ་ལ་གསོད་པའི་ཁ་ན་མ་ཐོ་བ་འགའ་ཡང་ལྟུང་བར་མི་འགྱུར་ཏེ། དེ་ལྟ་བས་ན་འདུལ་བ་འཛིན་པ་རྣམས་ན་རེ་ཉེས་བྱས་ཞེས་བྱ་བ་ནི་རང་བཞིན་གྱི་ཁ་ན་མ་ཐོ་བ་གསོད་པར་གཏོགས་པ་ཡིན་པར་ཤེས་པར་བྱའོ་ཞེས ་ཟེར་རོ། །མ་བཀུམ་པར་བགྱིས་པ་ལས་ཞེས་བྱ་བ་ནི་བསད་པར་བྱས་པ་ལས་སོ། །ཉེས་པ་སྦོམ་པོར་འགྱུར་རོ་ཞེས་བྱ་བ་འདི་ནི་མ་བསམས་པ་བསད་པའི་ཕྱིར་སྦྱོར་བ་ལས་བྱུང་བ་ཡིན་ནོ། །སྲོག་དང་བྲལ་པའི་རྐྱེན་གྱིས་ཞེས་བྱ་བའི་ནི་བསད་པའི་རྒྱུ་ལས་སོ། །གསོད ་པའི་ཕམ་པ་གཏན་ལ་དབབ་པའོ། །མངོན་པར་མི་ཤེས་པ་ནི་ཟག་པ་དང་བཅས་པའི་ཤེས་པས་སོ། །ཡོངས་སུ་མི་ཤེས་པ་ནི་ཟག་པ་མེད་པའི་ཤེས་པས་སོ། །མིའི་ཆོས་བླ་མར་གྱུར་པ་ནི་ཆོས་ཐམས་ཅད་ཀྱི་མཆོག་མྱ་ངན་ལས་འདས་པ་མི་རྒྱུད་ལ་སྐྱེ་བའི ་ཕྱིར་རོ། །དེ་ཇི་ལྟ་བུ་ཞིག་ཅེ་ན། མཛའ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །མཛའ་ནི་མྱ་ངན་ལས་འདས་པ་སྟེ། ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་ཐམས་ཅད་ཀྱི་མཐར་གྱུར་བ་ཡིན་པའི་ཕྱིར་རོ། །འཕགས་པ་ནི་སངས་རྒྱས་དང་རང་སངས་རྒྱས་དང ་ཉན་ཐོས་རྣམས་ལས་འཕགས་པ་བླ་ཞེས་བྱ་བའི་ཐ་ཚིག་གོ་།དགྲ་བཅོམ་པ་རྣམས་ཀྱི་བླ་མ་ཆོས་ཞེས་འབྱུང་བའི་ཕྱིར་རོ། །ཁྱད་པར་ཐོབ་པ་ནི་ཁྱད་པར་རྙེད་པ་སྟེ། དགེ་སྦྱོང་གི་འབྲས་བུ་བཞི་རྙེད་པ་ཞེས་བྱ་བའི་ཐ་ཚིག་གོ་།གཞན་དག་ནི་འཕགས་པའི ་ཁྱད་པར་ཐོབ་པ་ཞེས་འཕགས་པ་ཞེས་བྱ་བའི་སྒྲའི་ཁྱད་པར་ཐོབ་པ་ཞེས་བྱ་བའི་སྒྲ་དང་ལྷན་ཅིག་སྦྱོར་བར་བྱེད་དེ། དེ་ལ་ནི་འཕགས་པའི་ཁྱད་པར་ཐོབ་པའོ་ཞེས་ཟག་པ་མེད་པ་ཐོབ་པའོ་ཞེས་རྣམ་པར་བཤད་པར་བྱའོ། །ཤེས་པ་ནི་སྡུག་བསྔལ ་ཤེས་པ་ལ་སོགས་པ་བཞིའོ། །མཐོང་བ་ནི་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་ལ་སོགས་པ་བཞིའོ། །རེག་པར་གནས་པ་ནི་བདེ་བར་གནས་པ་སྟེ། །བསམ་གཏན་བཞིའི་བདེ་བའི་མཚན་ཉིད་དོ། །མེད་པ་ནི་ཐོབ་པའི་སྒོ ་ནས་སོ། །མི་བདོག་པ་ནི་མངོན་དུ་གྱུར་པའི་ཚུལ་གྱིས་སོ། །འདི་ཤེས་སོ་ཞེས་བྱ་བ་ནི་བདེན་པ་བཞིའོ། །འདི་མཐོང་ངོ་ཞེས་བྱ་བ་ནི་ལྷ་ལ་སོགས་པའོ། །དེ་ལྟར་ཞེས་བྱ་བའི་སྒྲ་ནི་འོག་མ་དག་ལ་ཡང་བདག་ལ་བལྟའོ་ཐོས་སོ་ཉན་ཏོ ་ཞེས་བྱ་བ་ལ་སོགས་པ་བསྡུ་བའི་ཕྱིར་རོ། །ཁས་མཆེས་པ་ལས་ཞེས་བྱ་བ་ནི་ཁས་ལེན་པར་བྱེད་པ་སྟེ། བདག་ཉིད་ཡིན་པར་ཁས་ལེན་པ་ལས་ཞེས་བྱ་བའི་ཐ་ཚིག་གོ་།ལྟུང་བ་བྱུང་བ་ནི་ཕམ་པར་གྱུར་པའོ། །རྣམ་པར་དག་པར་འདོད་པས་ཞེས་བྱ ་བ་ནི་ལྡང་བའི་བསམ་པས་སོ། །དུས་གཞན་ཞིག་ན་ཞེས་བྱ་བ་ནི་དུས་གཞན་ནའོ། །དྲིས་པ་ནི་གཞན་དག་གིས་གླེངས་པ་ནའོ། །འམ་ཞེས་བྱ་བའི་སྒྲ་ནི་རྣམ་པར་རྟག་པའོ། །མ་དྲིས་པ་ནི་བདག་ཉིད་ཀྱིས་རྟོགས་ནས་སོ། །འདི་སྐད་ཅེས་བྱ་བ་ནི་སྨྲས་པའོ།། ་མ་མཐོང་བ་ཞེས་བྱ་བ་ནི་མིག་གི་རྣམ་པར་ཤེས་པས་སོ། །གསོབ་ནི་དོན་གྱིས་སྟོང་པའི་ཕྱིར་རོ། །གསོག་ནི་དགོས་པ་སྙིང་པོ་མེད་པའི་ཕྱིར་རོ། །རྫུན་དུ་སྨྲས་པ་ནི་མི་བདེན་པ་སྨྲས་པར་གྱུར་པའོ། །དོན་ནི་འདི་ཡིན་ཏེ། ཡང་དག་པ་ཇི་ལྟ་བ་བཞིན ་སྨྲས་པའི་ཕྱིར་བདག་ལ་ལྟུང་བར་མི་འགྱུར་རོ་སྙམ་ནས་ལྟུང་བ་མེད་པར་འདོད་པས་དེ་སྐད་དུ་སྨྲས་མོད་ཀྱི། འོན་ཀྱང་དེ་ལ་ལྟུང་བར་འགྱུར་བ་ཁོ་ནའོ། །འདི་ཡན་ལག་ནི་མ་ཡིན་ཏེ། འདི་ལྟར་དང་པོ་ཉིད་དུ་འདུ་ཤེས་སྦ་པ་བྱེད་པས་རྫུན་དུ་སྨྲས ་པར་གྱུར་པའི་ཕྱིར་རོ། །མངོན་པའི་ང་རྒྱལ་མ་གཏོགས་སོ་ཞེས་བྱ་བ་ནི་ང་རྒྱལ་བཞག་པ་སྟེ། མ་གཏོགས་ཞེས་བྱ་བའི་སྒྲ་ནི་བཀོལ་པའི་དོན་ཏོ། །མངོན་པའི་ང་རྒྱལ་ནི་བག་ཙམ་མཐོང་བའི་སྒོ་ནས་ཡོན་ཏན་མ་ཐོབ་པ་སྔོན་དུ་འགྲོ་བ་ཅན་གྱི་ང ་རྒྱལ་བྱེད་པ་སྟེ། འདི་ལྟར་མངོན་པའི་ང་རྒྱལ་ཅན་ནི་རྫུན་དུ་སྨྲ་བའི་ཕྱིར་མ་ཡིན་པར་ཡང་དག་པའི་འདུ་ཤེས་རྗེས་སུ་ཐ་སྙད་འདོགས་པས། དེའི་ཕྱིར་རྫུན་དུ་སྨྲས་པ་མེད་པས་དེ་ལ་ལྟུང་བ་མེད་དོ་ཞེས་བྱ་བའི་ཐ་ཚིག་གོ་།སྡིག་པ་ནི་འདོད ་ཆགས་ལ་སོགས་པ་སྟེ། དམ་པ་རྣམས་ཀྱིས་སྨད་པའི་ཕྱིར་རོ། །མི་དགེ་བ་ནི་འབྲས་བུ་ཡིད་དུ་མི་འོང་བའི་ཕྱིར་རོ། །ཆོས་རྣམས་ནི་ཉེས་པར་སྤྱོད་པའི་རང་གིས་ངོ་བོ་འཛིན་པའི་ཕྱིར་རོ། །ཁོང་དུ་ཆུད་པ་ཉིད་ནི་བདག་ཉིད་ཀྱིས་སོ། །བརྡ་སྤྱོད་པ་ཉིད་ནི་གཞན་ལའོ། ། ་བསམས་ནས་ཞེས་བྱ་བ་ནི་མནོས་ནས་སེམས་ལ་བཞག་ནས་ཞེས་བྱ་བའི་ཐ་ཚིག་གོ་།ལུང་སྟོན་པ་ནི་གཙང་བར་བྱེད་པ་འམ་ངེས་པས་སྟོན་པའོ། །ཉེས་པ་སྦོམ་པོར་འགྱུར་རོ་ཞེས་བྱ་བ་འདི་ལ། སྦོམ་པོ་འདི་ནི་མིའི་ཆོས་ལས་བླ་མར་གྱུར་པ་བརྗོད་པའི་མདུན ་པས་མིང་མཐུན་པའི་དོན་བརྗོད་པ་ཡིན་ཏེ། འདི་ལྟར་འདི་ལ་ནི་བསམས་པའི་དོན་ཁོ་ན་བརྗོད་པས་འདུ་ཤེས་སྦས་པ་མེད་དེ། དེ་ལྟ་བས་ན་བདག་ཉིད་མིའི་ཆོས་བླ་མར་གྱུར་པ་དང་ལྡན་པ་ཉིད་དུ་སྨྲས་སུ་ཟིན་ཀྱང་ཕན་པ་སློང་བར་མི་འགྱུར་རོ་ཞེས ་བྱ་བའི་ཐ་ཚིག་གོ་།དེ་བཞིན་དུ་དོན་མཐུན་པར་སྟོན་པར་བྱེད་པའི་ཚིག་འོག་མ་དག་ལ་ཡང་རྟོགས་པར་བྱ་སྟེ། གཞན་གྱིས་ཀྱང་ཐོས་ན་ཁ་ན་མ་ཐོ་བ་འདིར་འགྱུར་རོ། །མེད་པ་ནི་མི་བདོག་པའོ། །སངས་རྒྱས་བྱེད་པའི་ཆོས་ནི་སྟོབས་དང། མི་འཇིགས ་པ་དང། དྲན་པ་ཉེ་བར་བཞག་པ་དང། ཐུགས་རྗེ་ཆེན་པོ་ཞེས་བྱ་བ་དེ་བཞིན་གཤེགས་པའི་རྒྱུད་ལ་མངའ་བའི་ཡོན་ཏན་རྣམས་སོ། །སྟོན་པ་ནི་ཕན་པ་དང་མི་ཕན་པ་དག་གི་ཐབས་སྟོན་པར་བྱེད་པའི་ཕྱིར་རོ། །གདམས་ངག་སྟོན་པར་བྱེད་པ་ཞེས་བྱ ་བ་ལ་སོགས་པ་ལ་ཆོས་སྟོན་པའོ་ཞེས་བྱ་བ་ཇི་ལྟར་ཆོས་སྟོན་པ་ཡིན་ཞེ་ན། གདམས་ངག་སྟོན་པ་ཞེས་བྱ་བ་གསུངས་ཏེ། མི་ཕན་པ་འགོག་པའི་ཕྱིར་རོ། །རྗེས་སུ་སྟོན་པ་ནི་ཕན་པ་དང་སྦྱོར་བའི་ཕྱིར་རོ། །ཡང་ན་གདམས་ངག་སྟོན་པ་ནི་ལམ ་བསྒོམ་པའི་ལུང་འབོགས་པའི་ཕྱིར་རོ། །རྗེས་སུ་སྟོན་པ་ནི་བྱ་བ་དང་བྱ་བ་མ་ཡིན་པ་སློབ་པ་ཡིན་ནོ། །དེའི་ཕྱིར་ཇི་ལྟར་འདི་ཆོས་སྟོན་པ་ཡིན་ཞེ་ན། འདི་ལྟར་གདམས་ངག་སྟོན་པ་དང། རྗེས་སུ་སྟོན་པ་ཡིན་པས་སོ་ཞེས་བྱ་བའི་ཐ་ཚིག་གོ་།དང་པོའི་མཛའ་ཅན ་ཡང་རྒྱུར་འགྱུར་ཏེ། དཔེར་ན་བུ་དགའ་བ་ཡུལ་འཁོར་སྲུང་ཞེས་བྱ་བ་ལྟ་བུ་སྟེ། བུ་དགའ་བའི་ཕྱིར་ཞེས་བྱ་བའི་ཐ་ཚིག་གོ་།སྟོན་པའི་ཆོས་རྣམས་ནི་སྟོབས་དང་འཇིག་པ་ལ་སོགས་པ་ཐུན་མོང་དང་མ་ཡིན་པ་རྣམས་སོ། །ཉན་ཐོས་ནི ་གུས་པར་ཉན་པའི་སློབ་མ་ཞེས་བྱ་བའི་ཐ་ཚིག་གོ་།སྔོན་གྱི་གནས་ནི་སྔོན་གྱི་ཚེ་རབས་དྲན་པ་སྟེ། དེ་དང་དེར་སྐྱེས་པ་ཞེས་བྱ་བའི་ཐ་ཚིག་གོ་།ཡང་དག་པར་རྫོགས་པའི་སངས་རྒྱས་ནི་ཡང་དག་པའི་ཡེ་ཤེས་ཕྱིན་ཅི་མ་ལོག་པ་མི་བསླུ་པས་ཡེ་ཤེས ་ཀྱི་མཐུ་ཐོགས་པ་མེད་པ་རྒྱས་པ་དང་ལྡན་པའི་ཕྱིར་པདྨ་བཞིན་དུ་ཉིད་ཀྱིས་རྣམ་པར་སངས་རྒྱས་པའོ། །ཡང་ན་ཉོན་མོངས་པ་ཅན་དང། ཉོན་མོངས་པ་ཅན་མ་ཡིན་པའི་གཏི་མུག་ཉིད་དང་གཏན་དུ་བྲལ་བའི་ཕྱིར་སྐྱེས་བུ་གཉིད་སངས་པ་ལྟ ་བུར་སངས་རྒྱས་པ་ཡིན་ནོ། །ཐམས་ཅད་ནི་འདས་པ་དང་མ་འོངས་པ་རྣམས་སོ། །སྐྱབས་སུ་སོང་བ་ནི་སྡུག་བསྔལ་ལས་ཡོངས་སུ་བསྐྱབ་པའི་དོན་དུ་སྐྱབས་ཉིད་དུ་ཁས་བླངས་པར་གྱུར་པའོ། །མི་སློབ་པ་ནི་དགྲ་བཅོམ་པ་སྟེ། ཉོན་མོངས་པ་སྤངས ་བའི་ཕྱིར་ཡང་སློབ་པ་མེད་པའི་ཕྱིར་རོ། །ཉོན་མོངས་པ་ནི་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་སེམས་ཉེ་བར་ཉོན་མོངས་པར་བྱེད་པའི་མཚན་ཉིད་རྣམས་དང་བྲལ་བའི་ཕྱིར་རོ། །བཟོ་ནི་གསེར་འགྱུར་ལ་སོགས་པའི་ལས་སོ། །སློབ་པའི ་སྤྱོད་པ་ནི་ཉོན་མོངས་པ་སྤངས་པའི་ཕྱིར་ལམ་བསྒོམ་པའོ་ཀུན་ཏུ་སྤྱད་པ་ནི་ཉིན་གཅིག་བཞིན་དུ་འཕྲལ་གྱི་བྱ་བ་སྒྲུབ་པའོ། །ཅི་ཡང་སྤངས་པ་ནི་འདོད་ཆགས་ལ་སོགས་པ་ཟད་པའོ། །དགེ་སློང་གིས་ཞེས་བྱ་བ་ནི་དགེ་སློང་ལ་དགོངས ་པ་སྟེ། བརྟགས་པ་ཞེས་བྱ་བའི་ཐ་ཚིག་གོ་།འཚོ་བའི་ཡོ་བྱད་ནི་འཚོ་བ་སྒྲུབ་པར་བྱེད་པའི་རྫས་སྨན་ལ་སོགས་པ་སྟེ། འཚོ་བར་དགོངས་པ་ཞེས་བྱ་བའི་ཐ་ཚིག་གོ་།གང་ཡང་རུང་བ་ནི་མ་ཡིན་གྱི་ལྷུང་བཟེད་ལ་སོགས་པ་བཤད་མ ་ཐག་པ་འགའ་ཡང་ངོ། །ཡང་གཞན་ན་རེ་ཁབ་རལ་ལ་སོགས་པ་གཞན་ནོ། །དགེ་སྦྱོང་གིས་ཚུལ་གྱི་འབྲས་བུ་དག་ནི་རྒྱུན་ཏུ་ཞུགས་པ་ལ་སོགས་པ་བཞི་ནི། ཆོས་མངོན་པ་རྣམས་ན་རེ་བརྒྱད་ཅུ་རྩ་དགུ་ཞེས་ཟེར་རོ། །དགེ་སྦྱོང་གི་ཚུལ་ནི་ཟག་པ་མེད་པའི ་ལམ་མོ། །འདི་དག་ནི་དེའི་འབྲས་བུ་ཡིན་པའི་ཕྱིར་ཏེ། དགེ་སྦྱོང་ཚུལ་ནི་དྲི་མེད་ལམ། འབྲས་བུ་འདུས་བྱས་འདུས་མ་བྱས། དེ་དག་བརྒྱད་ཅུ་རྩ་དགུའོ་ཞེས་བྱ་བ་ལ་སོགས་པ་འབྱུང་བའི་ཕྱིར་རོ། །ལུས་ལས་ཉམས་པ་ནི་མདོ་སྡེ་དང་འདུལ་བ་དང ་མངོན་པ་འདོན་པ་ལ་སོགས་པ་ཉམས་པའོ། །ཀུན་ཏུ་སྦྱོར་བ་ནི་རྗེས་སུ་ཆགས་པ་དང། ཁོང་ཁྲོ་དང། ང་རྒྱལ་དང། མ་རིག་པ་དང། ལྟ་བ་དང། མཆོག་ཏུ་འཛིན་པ་དང། ཐེ་ཚོམ་དང། ཕྲག་དོག་དང། སེར་སྣ་ཞེས་བྱ་བའི་འཆིང་བར་བྱེད་པའི་མཚན ་ཉིད་དགུའོ། །འཆིང་བ་ནི་འདོད་ཆགས་དང། ཞེ་སྡང་དང། གཏི་མུག་ཞེས་བྱ་བ་གསུམ་མོ། །བག་ལ་ཉལ་བ་ནི་འདོད་པ་དང། སྲིད་པའི་འདོད་ཆགས་དང། ཁོང་ཁྲོ་དང། ང་རྒྱལ་དང། མ་རིག་པ་དང། ལྟ་བ་དང། ཐེ་ཚོམ་ཕྲ་རྒྱས་ཞེས་བྱ་བ་རྗེས་སུ ་འབྲེལ་པའི་མཚན་ཉིད་དམ། དམིགས་པ་དང་མཚུངས་པར་ལྡན་པ་དག་གིས་རྒྱས་པར་འགྱུར་བའི་མཚན་ཉིད་བདུན་ནོ། །ཉེ་བའི་ཉོན་མོངས་པ་ནི་གཡོ་དང་རྒྱགས་པ་དང། རྣམ་པར་འཚེབ་ལ་སོགས་པ་སྟེ། ཉོན་མོངས་པ་དང་ཉེ་བའི་ཉོན་མོངས ་པ་གཙོ་བོ་མ་ཡིན་པས་ཞེས་བྱ་བའི་ཐ་ཚིག་གོ་།ཀུན་ནས་དཀྲིས་པ་རྣམས་ནི་ངོ་ཚ་མེད་པ་དང། ཁྲེལ་མེད་པ་དང། ཕྲག་དོག་དང། སེར་སྣ་དང། རྒོད་པ་དང། འགྱོང་པ་དང། རྨུགས་པ་དང། གཉིས་དང། ཁྲོ་བ་དང། འཆབ་པ་ཞེས་བྱ་བ་སེམས་ཀུན ་ནས་དཀྲི་བར་བྱེད་པའི་བདག་ཉིད་བཅུའོ། །ཟད་པ་ནི་བྱེད་པ་ལོག་པའི་ཕྱིར་རོ། །འགགས་པ་ནི་འཇུག་ཀྱང་འགགས་པའི་ཕྱིར་རོ། །བྲལ་བ་ནི་དེ་ཀུན་ནས་སློང་བར་བྱེད་པའི་སེམས་དང་བྲལ་བའི་ཕྱིར་རོ། །རྣམ་པར་གྱུར་པ་ནི་ཀུན་ནས་སློང་བ་དང་འགལ ་པའི་སེམས་བསྐྱེད་པའི་ཕྱིར་རོ། །གྲོལ་བ་ནི་ཡང་མི་སྐྱེ་བའི་ཆོས་ཅན་ཉིད་དུ་སོ་སོར་བརྟགས་པའི་འགོག་པས་འགགས་པའི་ཕྱིར་རོ། །འཇིགས་པ་སྤངས་པ་ནི་སྐྱེ་བ་དང། རྒ་བ་དང་འཆི་བ་ལ་སོགས་པའི་འཇིགས་པ ་དང་བྲལ་བའོ། །འཇིག་རྟེན་པའི་འཇིགས་པ་ནི་ཆུ་དང་མེ་དང་རླུང་དང་རྡོ་དང་རྒྱལ་པོ་ལ་སོགས་པ་འབྱུང་ངོ། །ཐ་མ་ནི་འཇུག་མའོ། །ཟད་པ་ཤེས་པ་ན་ཉོན་མོངས་རྣམས་ཟད་པ་ལ། བདག་གི་ཉོན་མོངས་པ་རྣམས་ཟད་དོ་སྙམ་པ་དེ་ལྟ ་བུའི་ངེས་པ་སྐྱེ་བའི་ཕྱིར་རོ། །གང་གི་སྐྱེ་བའི་ཐ་མ་འདི་ཡིན་བའོ།། ཟད་པ་ནི་འབྲས་བུ་རྫོགས་པའི་ཕྱིར་རོ། །འགགས་པ་ནི་ད་ལྟར་བྱུང་ཉིད་ལས་ཉམས་པའོ། །བྲལ་བ་ནི་བྱེད་པ་ལོགས་པའོ། ། ་རྣམ་པར་གྱུར་བ་ནི་འཇུག་ཀྱང་འགགས་པའི་ཕྱིར་རོ། །ཐོབ་པ་ནི་སྒྲུབ་པའོ། །འཇིག་རྟེན་པའི་ཐོབ་པ་ནི་བཟའ་བ་དང་བཏུང་བ་དང་མལ་ཆ་དང་སྟན་དང་གོས་དང་གནས་མལ་ལ་སོགས་པའི་དངོས་པོའོ། །ཀྱེ་མ་ཞེས་བྱ་བ་ནི་རྩེ ་བའོ། །གྱུར་ཀྱང་ཞེས་བྱ་བ་ནི་གྱུར་ན་ཡང་ངོ། །ཅི་མ་རུང་ཞེས་བྱ་བ་ནི་སྨོན་པའོ། །རྒྱུན་དུ་ཞུགས་པ་ནི་ཁམས་གསུམ་པའི་མཐོང་བས་སྤངས་པར་བྱ་བའི་ཉོན་མོངས་པ་རྣམས་སྤང་བའི་ཕྱིར་རོ། །འཕགས་པའི་ལམ་ནི་མྱ་ངན་ལས ་འདས་པ་ཐོབ་པར་བྱ་བའི་རྒྱུ་ཡིན་ཏེ་དེ་བསྒྲུབ་པའི་ཕྱིར་རོ། །དེ་དག་དེར་ཞུགས་ཤིང་ཐོབ་པས་ན་རྒྱུན་དུ་ཞུགས་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ལན་ཅིག་ཕྱིར་འོང་བ་ནི་བསྒོམ་པས་སྤངས་པར་བྱ་བའི་ཉོན་མོངས་པའི་རྣམ་པ ་དྲུག་སྤངས་པས་ལྷ་རྣམས་ཀྱི་ནང་དུ་སྐྱེས་ནས་ལན་ཅིག་སྟེ། རེ་ཞིག་ཅིག་མིའི་འཇིག་རྟེན་དུ་འོངས་ནས་སྡུག་བསྔལ་གྱི་མཐར་བྱེད་པའི་ཕྱིར་རོ། །ཕྱིར་མི་འོང་བ་ནི་འདོད་པ་ན་སྤྱོད་པའི་བསྒོམ་པས་སྤང་བར་བྱ་བའི ་ཉོན་མོངས་པའི་རྣམ་པ་དགུ་སྤངས་པས་ཡང་སྐྱེ་བའི་དོན་དུ་འདོད་པའི་ཁམས་སུ་མི་འོང་བའི་ཕྱིར་རོ། །དགྲ་བཅོམ་པ་ནི་སྲིད་པའི་རྩེ་མོ་པའི་བསྒོམ་པས་སྤངས་པར་བྱ་བའི་ཉོན་མོངས་པའི་རྣམ་པ་ཆུང་ངུ་སྤངས་པས་འགྲོ་བ ་མཛའ་དག་གིས་མཆོད་པར་འོས་པའི་ཕྱིར་རོ། །ཉེས་པ་སྦོམ་པོར་ཞེས་བྱ་བ་ལ་འདིར་སྦོམ་པོར་གསུངས་པ་འདི་ལ་གཞན་དག་འདི་ལྟར་འདི་རང་ཉིད་སྐད་དུ་རྒྱུན་དུ་ཞུགས་པ་དང། ལན་ཅིག་ཕྱིར་འོང་བ་དང། ཕྱིར་མི་འོང་བ་དང། ་དགྲ་བཅོམ་པར་འགྱུར་ན་ཞེས་སྨྲ་བ་དང་སྦྱར་ན་གདོན་མི་ཟ་བར་རྒྱུན་ཏུ་ཞུགས་པ་ལ་སོགས་པ་ཡིན་ནོ། །སྙམ་དུ་སེམས་པར་འགྱུར་བས་སོ། །མིའི་ཆོས་བླ་མ་གྱུར་པ་ཟུར་གྱིས་སྨོས་པ་ཉིད་ཡིན་གྱི་དངོས་སུ་ཚིག་གི་བདག་ཉིད་མིའི་ཆོས་བླ་མར་གྱུར་བ་དང ་ལྡན་པ་ཉིད་དུ་སྨྲས་པ་ནི་མ་ཡིན་པས་ཕམ་པ་སློང་བ་མེད་དོ། །ཞུས་པ་ལ་ལས་ནི་འདི་སྐད་ཅེས། བཙུན་པ་དགེ་སློང་གིས་འདི་སྐད་ཅེས་དགེ་སློང་གང་ཞིག་གི་བསླང་བའི་ཁྱིམ་ཆེ་གེ་མོ་ཞིག་ཡིན་བ་དེ་ནི་རྒྱུན་དུ་ཞུགས་པ་དང་དེ་ནི་ལན་ཅིག་ཕྱིར ་འོང་བ་དང། ཕྱིར་མི་འོང་བ་དང། དགྲ་བཅོམ་པ་ཡིན་ནོ་ཞེས་སྨྲས་ལ་ཁྱིམ་དེ་སུའི་བསླང?་པའི་ཁྱིམ་ཡིན་ཞེས་བགྱིས་པ་དང། དེས་ཁོ་བོའི་ཡིན་ཏེ། ཁོ་བོ་ནི་རྒྱུན་ཏུ་ཞུགས་པ་དང། ལན་ཅིག་ཕྱིར་འོང་བ་དང། ཕྱིར་མི་འོང་བ་དང། དགྲ་བཅོམ་པ་ཡང་མ ་ཡིན་ནོ་ཞེས་སྨྲས་ན་ཅིར་འགྱུར་ལགས། ཉེས་པ་སྦོམ་པོར་འགྱུར་རོ་ཞེས་འབྱུང་ངོ། །དེ་ལ་དོན་ནི་འདི་ཡིན་ཏེ། ཉེས་པ་སྦོམ་པོར་འགྱུར་རོ་ཞེས་བྱ་བ་འདི་ལ་ཟུར་གྱིས་སྨོས་ཁོ་ནས་སྦོམ་པོར་འགྱུར་རོ། །འདིར་དགོངས་པ་ནི་ཡིན་ཏེ། གང་ཞིག་གིས་སྔར ་མིའི་ཆོས་བླ་མར་གྱུར་བ་ཡང་དག་པར་མ་ཡིན་བ་ཟུར་གྱིས་བརྗོད་ནས། ཕྱིས་ཡང་དག་པའི་ཚིག་སྦྱར་དུ་ཟིན་ཀྱང། སྔར་ཟུར་གྱིས་བརྗོད་པའི་དབང་ཁོ་ནས་སྦོམ་པོར་འགྱུར་རོ། །འདི་ལྟར་སྐྱེས་པའི་དོན་ནི་ནམ་ཡང་ཇི་ལྟར་ཡང་མ་སྐྱེས་པ་ཉིད་སྒྲུབ་པར་མི ་ནུས་སྟེ། ངོ་བོ་ཉིད་ནི་གཞན་དུ་བསྒྱུར་དུ་མི་རུང་བའི་ཕྱིར་སྔོན་པོ་སེར་པོ་ལ་སོགས་པ་ཉིད་ལྟ་བུའོ། །འདིར་ཡང་དགེ་སློང་གང་ཞིག་གིས་བླང་བའི་ཁྱིམ་ཆེ་གེ་མོ་ཞིག་ཡིན་པ་ལ་སོགས་པ་ལ་རང་གི་དོན་ཉིད་མེད་པའི་ཕྱིར་ཕམ་པ་ཉིད་མ་ཡིན་ནོ། ་ཁོ་བོ་ནི་རྒྱུན་ཏུ་ཞུགས་པ་དང། ལན་ཅིག་ཕྱིར་འོང་པ་དང། ཕྱིར་མི་འོང་བ་དང། དགྲ་བཅོམ་པ་ཡང་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་ནི་བདེན་པ་ཉིད་ཡིན་ནོ། །ཟག་པ་ཟད་པ་ནི་ཉོན་མོངས་པ་ཐམས་ཅད་སྤངས་པའི་ཕྱིར་རོ། །མ་སྨིན་པ་ནི་མ་རྒྱལ་བའོ།། ་ཡིན་ནོ་ཞེས་བྱ་བ་ནི་དེ་ལྟ་ཡིན་ནོ་ཞེས་བྱའོ། །ཉེས་པ་སྦོམ་པོར་འགྱུར་རོ་ཞེས་པ་འདི་ལ་སྦོམ་པོ་འདི་ནི་མིང་མཐུན་པར་སྨྲས་པ་ཡིན་ནོ། །སྔ་མ་བཞིན་ནོ། །བདག་ནི་རྒྱུན་ཏུ་ཞུགས་པའི་འབྲས་བུ་ཐོབ་པོ་ཞེས་བྱ་བ་ལ་སོགས་པ་ལ་རྒྱུན་ཏུ་ཞུགས་པའི ་འབྲས་བུ་ནི་ཟག་པ་མེད་པའི་ལམ་གྱིས་སེམས་ཀྱི་སྐད་ཅིག་མ་བཅུ་དྲུག་ཐོབ་པར་བྱ་བ་ཡིན་ནོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་ནི་ཟག་པ་མེད་པའི་ལམ་གྱིས་ཐོབ་པར་བྱ་བའི་འབྲས་བུ་འདུས་བྱས་དང་འདུས་མ་བྱས་སོ། །ཕྱིར་མི་འོང་བའི་འབྲས་བུ ་ནི་ཟག་པ་མེད་པའི་ལམ་གྱིས་ཐོབ་པར་བྱ་བའི་འབྲས་བུ་འདུས་བྱས་དང་འདུས་མ་བྱས་ཁོ་ནའོ། །མཆོག་གི་འབྲས་བུ་ནི་དགྲ་བཅོམ་པ་ཉིད་དོ། །ཟག་པ་མེད་པའི་ལམ་གྱིས་ཐོབ་པར་བྱ་བའི་འབྲས་བུ་འདུས་བྱས་དང་འདུས་མ་བྱས་ཏེ། འདི་ནི་ཉོན ་མོངས་པ་དང་ཉེ་བའི་ཉོན་མོངས་པ་མ་ལུས་པའི་རྩ་ནས?་བཏོན་པར་བྱ་བ་བྱས་པའི་ཕྱིར་འབྲས་བུ་ཐམས་ཅད་ཀྱི་གཙོ་བོ་ཉིད་དོ་སྙམ་དུ་དགོངས་པ་ཡིན་ནོ། །ལ་ལ་བདག་གིས་རྒྱུན་ཏུ་ཞུགས་པ་ལ་སོགས་པའི་འབྲས་བུ་ཐོབ་པ་ཞེས་བྱ་བ་གཟུགས་པོར ་སྨྲས་ན་ཕམ?་པར་འགྱུར་གྱི། རྣམ་པ་གཞན་དུ་ནི་མ་ཡིན་ནོ་སྙམ་དུ་སེམས་པར་འགྱུར་བ་དེའི་ཕྱིར་འདི་ཡིན་ནོ། །བདག་ཉིད་ཀྱིས་བྲིས་ལ་ཞེས་བྱ་བ་ལ་སོགས་པས་ཉེས་པ་སྦོམ་པོར་གསུངས་པ་ནི་རྣམ་པར་རིག་བྱེད་ཡོངས་སུ་རྫོགས་པ་མེད་པའི་ཕྱིར་རོ ་རྟོགས་པ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་གཞན་ལ་རྣམ་པར་རིགས་པར་བྱེད་པ་ན་འདི་ནི་རྟོགས་པ་ཡོངས་སུ་རྫོགས་པར་མི་འགྱུར་རོ་སྙམ་དུ་དགོངས་པ་ཡིན་ནོ། །ཁྱོད་ཀྱིས་ཐོབ་པ་འམ་ཞེས་བྱ་བ་ནི་ཁྱོད་ཟག་པ་དང་བྲལ་བའམ་ཞེས་བྱ་བ་ཡིན་ནོ། །ཡོངས་སུ་ཉམས་པ ་ནི་ཉམས་པར་འགྱུར་རོ། །ཐོབ་པ་ལས་ཡོངས་སུ་ཉམས་པ་ནི་བདག་དགེ་སྦྱོང?་གི་ཚུལ་གྱི་འབྲས་བུ་བཞི་དང་མངོན་པར་ཤེས་པ་དྲུག་ལས་ཉམས་པ་ཡིན་ནོ་ཞེས་བྱ་བ་ལ་སོགས་པས་མིའི་ཆོས་བླ་མར་གྱུར་པ་ཐོབ་པ་ལས་ཉམས་པ་སྟོན་པར་བྱེད་པ་གང ་ཡིན་པའོ། །ཐོབ་པ་ལས་ཡོངས་སུ་ཉམས་པ་ནི་ཐོབ་པ་ལས་འགྱུར་གྱི་མ་ཐོབ་པ་ལས་ནི་མ་ཡིན་ལ། འདིས་ཀྱང་ཐོབ་པ་ལས་ཡོངས་སུ་ཉམས་པ་ལུང་བསྟན་པས་ཐོབ་པར་ཡང་སྨྲས་པར་འགྱུར་ཏེ། དེ་ནི་ཐོབ་པ་སྔོན་དུ་འགྲོ་བ་ཅན་ཡིན་པའི་ཕྱིར་རོ། །དེ ་བས་ན་འདི་ལ་ཕམ་པ་ཁོ་ནར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ་།མ་ཐོབ་པ་ལས་ཡོངས་སུ་ཉམས་སུ་པ་ནི་ཟག་པ་དང་བཅས་པའི་དང། ཟག་པ་མེད་པའི་ཡོན་ཏན་མ་ཐོབ་དག་ལས་ཉམས་པ་སྟེ། ཐོབ་དང་མ་ཐོབ་ཉེར་སྤྱོད་ལས། །ཡོངས་ཉམས་རྣམ་པ་གསུམ་ཞེས་བྱ ་ཞེས་བྱ་བའི་ཕྱིར་རོ། །ཉེས་པ་སྦོམ་པོར་འགྱུར་རོ་ཞེས་བྱ་བ་འདིར་ནི་རེ་ཞིག་གལ་ཏེ་མིའི་ཆོས་བླ་མར་གྱུར་པ་ཞེས་བྱ་བའི་ཁྱད་པར་འགའ་ཞིག་བརྗོད་པར་འདོད་པའི་འདུན་པས་སྐྱེན་དང་བཅས་པ་ཡིན་ན་དེ་ལྟར་ཟུར་གྱིས་བརྗོད་པ་ཉིད་དུ་འགྱུར་ལ། དེ་ཟུར ་གྱིས་བརྗོད་ན་ཡང་སྦོམ་པོར་འགྱུར་རོ་བཤད་མ་ཐག་པ་ཡིན་ནོ། །མི་ཆོས་བླ་མར་གྱུར་པ་བརྗོད་པར་འདོད་པ་དང། འབྲེལ་པ་མེད་པ་གང་ཡིན་པ་དེ་ནི་རྫུན་དུ་སྨྲ་བ་མེད་པའི་ཕྱིར་ཉེས་པ་མེད་པར་ཁོ་ནར་ཞེས་བྱའོ་ཞེས་བྱ་བ་དེར་ཁོང་དུ་ཆུད་པར་བྱའོ། །རྒྱུན་དུ་ཞུགས ་པའི་འབྲས་བུར་ལུང་བསྟན་ཏོ། །སྙམ་པ་ལས་ལན་གཅིག་ཕྱིར་འོང་བའི་འབྲས་བུར་ལུང་སྟོན་པར་བགྱིས་ཞེས་བྱ་བ་ལ་སོགས་པས་ཉེས་པ་སྦོམ་པོར་འགྱུར་བར་གསུངས་པ་ནི་བསམས་པར་བརྗོད་པ་སྦྱོར་བར་གཏོགས་པ་ཁོ་ན་ཡིན་པར་ཁོང་དུ་ཆུད ་པར་བྱའོ། །རྒྱུ་རི་ཞེས་བྱ་བ་ནི་བྱ་རྒོད་ཕུང་པོ་དང་ངོས་ཡངས་ཀྱི་བར་དུ་རྒྱལ་པོ་ཤིང་རྟ་ཆེན་པོས་བྱས་པའི་གྲོང་ཁྱེར་རོ། བྱ་སྐྱིབས་ཀྱི་ངོས་ནི་ངད?་རིམ་བཞིན་དུ་ངོས་ཕྱིར་འཕགས་པ་ཡོད་པའི་ཕྱིར་རོ། །བྱ་རྒོད་ཕུང་པོ་རིའི་རྩེ་མོ་བྱ་རྒོད་འདྲ་བ ་དག་ཡོད་པའི་ཕྱིར་རོ། །གཞན་དག་ན་རེ་བྱ་རྒོད་ཀྱིས་དུར་ཁྲོད་བསིལ་པའི་ཚལ་ནས་རྒྱུ་མ་དག?་ཁྱེར?་དེ་རི་དེའི་ཁར་ཟ་བར་བྱེད་པས་སོ་ཞེས་ཟེར་རོ། །འོང་མའི་ཆལ?་ནི་སྨྱུག་མ་སྦོམ་པོའི་ནགས་སོ། །བསྟན་པ་ནི་ལུང་འཔོག་པ་དང་གཟུང་བའོ། །སྙོམ་ལས་ནི ་ལེ་ལོའོ། །མི་མ་ལགས་པ་ལ་མི་མ་ལགས་པར་འདུ་ཤེས་ཏེ་ཞེས་ཏེ་ཞེས་བྱ་བ་ལ་སོགས་པས་ཉེས་པ་སྦོམ་པོར་གསུངས་པ་ནི་སྦྱོར་བ་ཡོད་པའི་ཕྱིར་དང། བསམས་པའི་དོན་མ་གྲུབ་པའི་ཕྱིར་རོ། །མི་མ་ལགས་པ་ལ་མིར་འདུ་ཤེས་ཏེ་ཞེས་བྱ་བ་ལ ་སོགས་པས་སྦོམ་པོར་གསུངས་པ་ནི་སྦྱོར་བ་ཡོད་པའི་ཕྱིར་ཏེ། མི་ལ་མི་མ་ཡིན་བར་འདུ་ཤེས་པ་ལ་ཡང?་དེ་དང་འདྲའོ། །མི་ལ་མིར་འདུ་ཤེས་ཏེ་ཞེས་བྱ་བ་ལ་སོགས་པས་མཐར་འགྱུར་བར་གསུངས་པ་ནི་སྦྱོར་བ་ཡོད་པའི་ཕྱིར་དང། བསམས་པའི ་དོན་གྲུབ་པའི་ཕྱིར་རོ། །གལ་ཏེ་ལུང་ཚུལ་བར་བྱ་བ་ཞེས་བྱ་བ་ནི་མདོ་སྡེ་དང་འདུལ་བ་དང། ཆོས་མངོན་བ་རྣམས་གདོན་པ་དང། ཁ་ཏོན་དུ་བྱ་བ་ལ་སོགས་པས་སྒྲག་པའོ། །ཉེས་པ་སྦོམ་པོར་འགྱུར་རོ་ཞེས་བྱ་བ་འདིར་ནི་མི་མཐུན་པའི་དོན་བརྗོད་པ ་ཡིན་ནོ། །ཉན་ཐོས་ཀྱི་ཆོས་རྣམས་ནི་ཟད་པ་ཤེས་པ་ལ་སོགས་པའོ། འཇིག་རྟེན་པའི་བསམ་གཏན་ནི་ཟག་པ་དང་བཅས་པའི་སེམས་རྩེ་གཅིག་པའི་མཚན་ཉིད་དོ། །དགོངས་ཀ་ནི་མཚན་མོའི་མགོ་དང་པོ་ཟུག་པའོ། །ཉེས་པ་སྦོམ་པོར་འགྱུར་རོ ་ཞེས་བྱ་བ་ནི་འདིར་སྦོམ་པོ་འདི་ནི་ཟུར་གྱིས་བརྗོད་པ་ཡིན་ཏེ། འདི་ལྟར་གཞན་དག་འཇིག་རྟེན་པའི་བསམ་གཏན་ལ་སྙོམས་པར་མ་ཞུགས་སོ་ཞེས་ཟེར་བ་དང་སྦྱར་ན་འཇིག་རྟེན་ལས་འདས་པའི་བསམ་གཏན་ལ་སྙོམས་པར་ཞུགས་པ་ལྟ་ཅི ་ཞིག་སྙམ་དུ་སེམས་པར་འགྱུར་རོ། །དངོས་སུ་མ་སྨྲས་པས་ཕམ་པར་ནི་མི་འགྱུར་རོ། །ཚུལ་འབྲས་བུ་དག་ལུང་བསྟན་ཏོ་ཞེས་བྱ་བ་ལ་སོགས་པས་ཉེས་པ་སྦོམ་པོར་གསུངས་པ་ནི་ཟུར་གྱིས་བརྗོད་པ་ཡིན་ནོ། །ལུང་བསྟེན་དེ་ཞེས་བྱ་བ་ནི་བསྟན་པར་བྱ་བ་སྟེ། འདིར་ནི་གཞན ་དག་འབྲས་བུ་མ་ཐོབ་པར་ལུང་སྟོན་པར་མི་བྱེད་པས་འདི་ལྟར་འབྲས་བུ་དག་ཏུ་བསྟན་ཏོ་ཞེས་ཟེར་བ་དང་སྦྱར་ན། འདིར་གདོན་མི་ཟ་བར་འབྲས་བུ་དག་ཐོབ་པ་དག་སྙམ་དུ་སེམས་པར་འགྱུར་རོ། །ཟུར་གྱིས་བརྗོད་པའི་ཕྱིར་སྦོམ་པོ་སྟེ། དངོས་སུ་མ་སྨྲས་པས་ཕམ་པ ་ནི་མེད་དོ་ཞེས་བྱ་བའི་ཐ་ཚིག་གོ་།ཕོ་ཉ་ལས་ཞེས་བྱ་བ་འདིར་ནི་རང་གི་ཚོག་མེད་པའི་ཕྱིར་རོ། །བརྗོད་པ་ནི་གོ་བར་བྱེད་པ་སྟེ། དེ་བཞིན་དུ་འོག་མ་དག་ལ་ཡང་ཁོང་དུ་ཆུད་པར་བྱའོ། །ཡི་གེ་ཞེས་བྱ་བ་འདི་ལ་གོང་དུ་བདག་ཉིད་ཀྱིས་བྲིས་ལ་འདི་སྐད་ཅེས་ཞེས་བྱ? ་བ་བཤད་མོད་ཀྱི། འོན་ཀྱང་དེར་དེར་ནི་གཞན་ལ་སྙད་འདོགས་པར་བཤད་དེ། དེ་ཉིད་ཀྱི་ཕྱིར་འདི་སུས་བྲིས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །སྨྱོན་པ་ནི་སྨྱོས་པས་ཐ་སྙད་ཀྱི་བློ་ཉམས་པའོ། །ཉེས་པ་སྦོམ་པོར་འགྱུར་རོ་ཞེས་བྱ་བ་འདིས་ནི་རྟོགས་པར་ཡོངས་སུ་མི ་བསལ་བའི་ངོ་བོ་ཉིད་ཀྱི་ཕྱིར་ཏེ། འདི་ལྟར་གཞན་གྱིས་རྟོགས་པར་བྱ་བའི་ཕྱིར་ལུས་དང་ངག་གིས་ཐ་སྙད་དུ་བྱེད་ན་སྨྱོན་པའི་རྟོགས་པ་གང་ཡིན་པ་དེའི་བྱ་བ་དང་བྱ་བ་མ་ཡིན་པའི་བློ་ཉམས་པའི་ཕྱིར་ཡོངས་སུ་མི་གསལ་བའི་ངོ་བོ་ཉིད་ཡིན་ནོ། །ཞེས་བྱ་བ ་དེ་ལྟར་ཤེས་པར་བྱ་སྟེ། དེ་བཞིན་དུ་འོག་མ་དག་ལ་ཡང་ཤེས་པར་བྱའོ། སེམས་གཡེངས་པ་ནི་གང་གི་སེམས་རླུང་ལ་སོགས་པའི་རང་བཞིན་ལས་ཉམས་པའོ། །ཆེར་བས་ཉེན་པ་ནི་སྡུག་བསྔལ་གྱི་ཚོར་བ་རྣམས་ཀྱིས་སེམས་ཉམས་པའོ། །འོན ་པ?་ནི་རྣ་བ་ཉམས་པའོ། །ཉེས་པ་སྦོམ་པོར་འགྱུར་རོ་ཞེས་བྱ་བ་འདི་ནི་རྟོགས་པ་པོ་ཉིད་མ་ཡིན་པའི་ཕྱིར་རོ། །འདི་ལྟར་རྣམ་པར་རིག་བྱེད་ཀྱི་འབྲས་བུ་ནི་དོན་རྟོགས་པ་ཁོ་ན་སྟེ། དེ་ནི་དེའི་དོན་དུ་ཞུགས་པའི་ཕྱིར་རོ། །དེ་ཡང་འདི་ལ་འབྲས་བུ་མང་པའི ་ཕྱིར་ཏེ། དེ་བཞིན་དུ་འོག་མ་དག་ལ་ཡང་ཤེས་པར་བྱའོ། །གླེན་པ་ནི་རྟོགས་པར་མི་ནུས་པའོ། །ར་རོ་བ་ནི་འབྲུའི་ཆད་དང་སྦྱར་བའི་ཆད་ལ་སོགས་པས་ར་རོ་བར་གྱུར་པའོ། །རབ་ཏུ་མྱོས་པ་ནི་གསང་སྔགས་དང་སྨན་ལ་སོགས་པའོ ་སྙོམས་པར་ཞུགས་པ་ནི་སེམས་མཉམ་པར་བཞག་པ་འམ། སེམས་མེད་པའོ། །འགྲོ་བ་གཞན་ན་གནས་པ་ནི་ལྷ་ལ་སོགས་པའི་འགྲོ་བར་སྐྱེས་པའོ། །ཉེས་པ་སྦོམ་པོར་འགྱུར་རོ་ཞེས་བྱ་བ་འདི་ལ་ནི་ཐ་སྙད་ལས་འདས་པའི་ཕྱིར་ཏེ། འདི་ལྟར་མིའི ་ཡུལ་ལ་ལྷག་པར་སྤྱོད་པ་གང་ཡིན་པ་དེ་ཐ་སྙད་ཐམས་ཅད་ཀྱི་ཞིང་ཡིན་པའི་ཕྱིར་དང། རང་གི་འགྲོ་བ་ཡིན་པའི་ཕྱིར་ཏེ། གཞན་ལ་ནི་མ་ཡིན་ནོ་སྙམ་དུ་དགོངས་པ་ཡིན་ནོ། །དབུས་ནི་ཡུལ་དབུས་སུ་སྐྱེས་པའོ། །མཛའ་འཁོབ་པའི་སྐད་ནི ་ཡུལ་མཛའ་འཁོབ་པའི་སྐད་དེ། འདི་ནི་རྟོགས་པ་མང་བའི་ཕྱིར་རོ། །མཛའ་འཁོབ་པ་ནི་ཡུལ་མཛའ་འཁོབ་པའོ། །ལུས་ཀྱི་རྣམ་པར་རིག་བྱེད་ནི་ལུས་ཀྱི་བྱེད་པའོ། །ཉེས་པ་སྦོམ་པོར་འགྱུར་རོ་ཞེས་བྱ་བ་འདི་ལ་ནི་རྣམ་པར་རིག་བྱེད་ཡོངས་སུ ་གསལ་བ་མེད་པའི་ཕྱིར་རོ། །ཚིག་མེད་པས་ལུས་ཀྱི་རྣམ་པར་རིག་བྱེད་ཀྱི་རྣམས་པར་རིག་པར་བྱེད་པ་ནི་དོན་རྟོགས་པ་རྫོགས་པར་མི་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ་།དབེན?་པ་ཞེས་བྱ་བ་ནི་གནས་སྟོང་བར་རོ། །དབེན་པའི་འདུ་ཤེས་ནི་ཡུལ ་སྟོང་པའི་འདུ་ཤེས་སོ། །ཉེས་བ་སྦོམ་པོར་འགྱུར་རོ་ཞེས་བྱ་བ་འདི་ལ་ནི་དབེན་པ་ན་ཉན་པ་པོ་མེད་པའི་ཕྱིར་དང། དབེན་པ་འདུ་ཤེས་ན་ཡང་བསྒྲག་པའི་བློ་མེད་པའི་ཕྱིར་རྣམ་པར་རིག་བྱེད་ཡོངས་སུ་རྫོགས་པ་མེད་དོ། །དེའི་ཕྱིར་སྦོམ་པོར་འདི་ནི ་སྦྱོར་བ་ལས་བྱུང་བ་ཡིན་ཏེ་དངོས་གཞི་ལ་ནི་ལྟུང་པ་མེད་དོ། །དབེན?་པར་མི་དབེན?་པའི་འདུ་ཤེས་ཀྱིས་ཞེས་བྱ་བ་ལ་སོགས་པས་ཉེས་པ་སྦོམ་པོར་གསུངས་པ་ནི་སྦྱོར་གཏོགས་པ་སྟེ། །དབེན་པ་ན་ཉན་པ་པོ་མེད་པའི་ཕྱིར་རོ། མི་དབེན་པར་དབེན་པའི ་འདུ་ཤེས་ཀྱིས་ཞེས་བྱ་བ་ལ་སོགས་པས་སྡོམ་པོར་གསུངས་པ་ནི་སྦྱོར་བར་གཏོགས་པ་ཁོ་ན་སྟེ། མི་དབེན་པ་ན་ཉན་པ་པོ་ཡོད་པའི་ཕྱིར་དང། དབེན་པར་འདུ་ཤེས་པ་ན་ཡང་བསྒྲགས་པའི་བློ་མེད་པའི་ཕྱིར་རོ། །མི་དབེན་པར་མི་དབེན་པའི་འདུ་ཤེས ་ཀྱིས་ཞེས་བྱ་བ་ལ་སོགས་པས་མཐར་འགྱུར་བར་གསུངས་ཏེ། མི་དབེན་པ་ན་ཉན་པ་པོ་ཡོད་པའི་ཕྱིར་དང། མི་དབེན་པར་འདུ་ཤེས་ན་ཡང་བསྒྲག་པའི་བློ་ཡོད་པའི་ཕྱིར་ཏེ། དེ་བཞིན་དུ་འོག་མ་དག་ལ་ཡང་ཅི་རིགས་པར་ཤེས་པར་བྱའོ།། ་འདི་སྐད་དུ་མ་བསམས་པའི་ཉན་པ་པ་ལ་མིའི་ཆོས་བླ་མར་གྱུར་པ་བསྒྲགས་པ་གང་ཡིན་པ་དེ་ལ་ཡང་ཕམ་པར་འགྱུར་བ་ཁོ་ན་ཞེས་ཟེར་བ་དག་ཡོད་ཅེས་གྲག?་གོ?། དེ་ནི་འདུལ་བ་འཛིན་པ་གཞན་དག་མི་འདོད་དེ། འདི་ལྟར་རྣམ ་པར་རིག་བྱེད་ཀྱི་དོན་ནི་བརྗོད་པར་འདོད་པའི་གང་ཟག་གིས་རྟོགས་པ་ཡིན་ནམ་བསམས་པ་ལ་བསྒྲགས་པ་ལ་ནི་བརྗོད་པར་འདོད་པའི་གང་ཟག་གིས་རྟོགས་པ་མེད་ན་དེ་ཇི་ལྟར་འབྲས་བུ་ཡོངས་སུ་རྫོགས་པ་མེད་པ་ཕམ་པ་ཞེས་བྱ ་བ་དེ་བས་ན་མ་བསམས་པ་ལ་བསྒྲགས་པ་ལ་ནི་སྦོམ་པོར་འགྱུར་ལ། བསམས་པ་ལ་བསྒྲགས་པ་ལ་ནི་ཕམ་པའོ་ཞེས་བྱ་བའི་ཐ་ཚིག་གོ་།གསང་སྔགས་སམ་སྨན་ངག་གིས་བདག་ཉིད་མི་གདའ་?་བར་བགྱིས་ནས་ཞེས་བྱ་བ་ལ་སོགས ་པས་ཉེས་པ་སྦོམ་པོར་འགྱུར་བར་གསུངས་པ་ནི་མི་སྣང་བར་སྨྲས་ན་ཐ་སྙད་དུ་མི་རུང་བའི་ཕྱིར་ཏེ། འདི་ལྟར་མི་སྣང་བར་སྨྲས་ན་ཐ་སྙད་དུ་མི་རུང་བ་ཉིད་དང། རྣམ་པར་རིག་བྱེད་ཉིད་ཡོངས་སུ་མ་རྫོགས་པར་སྣང་བའི་ཕྱིར་ཏེ། གཞན ་ལས་མིའི་ཆོས་བླ་མར་གྱུར་པ་སྨྲས་ན་ཞེས་བྱ་བ་ལ་སོགས་པས་ཉེས་པ་སྦོམ་པོར་འགྱུར་བར་གསུངས་པ་ནི་རང་གི་ཚིག་མེད་པའི་ཕྱིར་རོ། །གོང་དུ་ཕོ་ཉལ་སོགས་པས་བཤད་མོད་ཀྱི། འོན་ཀྱང་ཕོ་ཉ་ལས་ཞེས་སྨོས་པས ་ལྐོག་ཏུ་གྱུར་པ་ཉིད་དུ་ཤེས་པར་བྱ་ལ། གཞན་ལས་ཞེས་སྨོས་པས་ནི་མངོན་སུམ་དུ་ཤེས་པར་བྱ་སྟེ། འདི་གཉིས་ཀྱིས་ཁྱད་པར་ནི་དེ་ཡིན་ནོ། །གཞན་དག་གི་སླང་དུ་ཞེས་བྱ་བ་ལ་སོགས་པས་ཉེས་པ ་སྤོམ་པོར་འགྱུར་བར་གསུངས་པ་འདིར་ནི་བདག་ཉིད་ཀྱི་ཕྱེད་ཀྱི་ཡན་ལག་མེད་པའི་ཕྱིར་རོ། །འདི་ལྟར་སློབ་མ་ལ་སོགས་པའི་ནོར་འགྲུབ་པར་བྱ་བའི་ཆེད་དུ། བདག་ཉིད་ལ་བསྟོད་པར་མིའི་ཆོས་བླ་མར་གྱུར་པ་སྨྲ་བས་གཞན ་གྱི་འདོད་པའི་དོན་སྒྲུབ་པར་བྱེད་དོ། །དེ་བཞིན་དུ་འདི་དང་འདྲ་བ་འོག་མ་དག་ལ་ཡང་ཅི་རིགས་པར་ཤེས་པར་བྱ་སྟེ། རང་གི་ཚིག་དང་བདག་ཉིད་ལ་བསྟོད་པས་ཞེས་འབྱུང་བའི་ཕྱིར་རོ། །ཕོ་ཉ་ལས་དང་གཞན་ལས་དང? ་གཞན་དག་གི་ཕྱིར་ཞེས་བྱ་བ་བཅད་པའི་ཁ་ན་མ་ཐོ་བའི་བསླབ་པའི་གཞི་དག་ལ་ན་སྨད་པར་འབྱུང་གི་རང་བཞིན་གྱི་ཁ་ན་མ་ཐོ་བ་དག་ལ་མ་ཡིན་ཏེ། གཞན་གྱི་གནོད་པ་བསལ་བའི་ཆེད་དུ་དགྲ་གསོད་པ་དང། གཞན་གྱི ་དོན་དུ་མི་ཚངས་པར་སྤྱོད་པ་བསྟེན་པ་དང་སྔོན་ཆུང་མར་གྱུར་པའི་བུད་མེད་ལས་བུ་བསྐྱེད་པའི་ཕྱིར་ཁུ་བ་འབྱིན་པ་དང། དེ་ཉིད་ཀྱི་ཡོངས་སུ་གདུང་བ་དང་བྲལ་བར་བྱ་བའི་ཕྱིར་ལུས་ངག་ལ་རྣམ་པར་བྱེད་པ་ལ་དངོས་གཞི ་མེད་པར་འགྱུར་དུ་འོང་ངོ། །དེ་ལྟ་བས་ན་ཕོ་ཉ་ལ་སོགས་པ་ལས་མིའི་ཆོས་བླ་མར་གྱུར་པ་སྨྲས་ན་དངོས་གཞིར་འགྱུར་བ་ཁོ་ནའོ། །དེ་བཞིན་དུ་ཀུན་ཏུ་སྨྲས་པ་དང་བསྔགས་པ་བརྗོད་པ་ལ་སོགས་པ་ལ་ཡང་ཅི་རིག ་པར་ཤེས་པར་བྱའོ། །ཞུས་པ་ནི་སོ་སོར་ཐར་པ་ལ་སོགས་པ་རྣམ་པར་འབྱེད་པ་དང། ངེས་པར་འཛིན་པ་དང། གཏན་ལ་འབེབ་པའོ་ཞེས་བྱ་བའི་ཐ་ཚིག་གོ་།ཁ་ཆེ་བ་ལས་ཞེས་བྱ་བ་འདི་ལ་ནི་འདི་སྐད་ཅེས་གྲག་སྟེ། ་སྟོན་པ་འདས་པའི་གསུང་རབ་ལ། བྲམ་ཟེ་རྒྱལ་པོ་རྒྱལ་བ་ཤེས་ཞེས་བྱ་བ་བསྟན་པ་ལ་སྡང་བ་ཞིག་བྱུང་བར་གྱུར་ནས་དེས་བསྟན་པ་ལ་གནོད་པ་མང་པོ་བྱས་པར་འགྱུར་ཏེ། མཆོད་རྟེན་དག་ཀྱང་བཤིག་།དགེ་འདུན་གྱི་ཀུན་དགའ་ ་ར་བ་དག་ཀྱང་བསྲེགས། །དགེ་སློང་རྣམས་ཀྱང་བསད། སངས་རྒྱས་ཀྱི་བཀའ་ཨི་གླེགས་བམ་རྣམས་ཀྱང་ཕོང་པོར་བཅེར་ནས་བསྲེགས་སོ། དེ་ནས་རིམ་གྱི་དགེ་སློང་རྣམས་ཀྱིས་ཡུལ་དང་གནས་སྣ་ཚོགས་དག་ནས་སྡེ ་སྣོད་གསུམ་གྱི་གླེགས་བམ་ཐམས་ཅད་བསྡུས་ནས་བཅོམ་བརླག་ལག་ཏུ་ཡང་དག་པར་བསྡུ་བ་བྱས་ཏེ་གཞུང་བླ་མའི་གླེགས་བམ་ནི་མ་རྙེད་དོ། །དེ་དག་གིས་འདི་ལྟར་ཁ་ཆེའི་ཡུལ་ན་དགེ་སློང་ཞིག་གཞུང་བླ་མ་འདོན་ཏོ་ཞེས་ཐོས་ནས། དེ་དག་གི ་ཕྱིར་ཁ་ཆེའི་ཡུལ་དུ་དོང་སྟེ། དེའི་དྲུང་དུ་ཕྱིན་ནས་སྨྲས་པ་ཁོ་བོ་ཅག་གིས་ཁྱོད་གཞུང་བླ་མ་འདོན་ཏོ་ཞེས་ཐོས་པ་གང་ཡིན་པ་དེ་རྗེ་ཁ་ཏོན་གྱིས་ཤིག་།དེ་སྨྲས་པ། ཅུང་ཟད་ཅིག་ནི་དྲན། ཅུང་ཟད་ཅིག་ནི་མི་དྲན་ནོ། །དེ་ནས་དེ་དག་གིས་ཇི་ལྟ་བུ ་ཞིག་དྲན་པ་དེ་ཁོ་ན་བཞིན་དུ་སྨྲོས་ཤིག་ཅེས་སྨྲས་པ་དང། དེས་དེ་ཁོ་ན་བཞིན་དུ་ཁ་ཏོན་བྱས་སོ། །དགེ་སློང་རྣམས་ཀྱིས་ཀྱང་གཞུང་བསྡུ་བར་བྱ་སྟེ། ཕྱིས་ཚིག་དང་ཚིག་གི་དོན་རྣམ་པར་སྤྱད་པའི་སྒོ་ནས་སྦྱར་བར་བྱའོ་སྙམ་དུ་བསམས་པར ་བྲིས་པ་ལས་ཕྱིས་འཕྲལ་གྱི་བྱ་བས་རྣམ་པར་གཡེངས་ནས་དུས་རིང་མོ་ཞིག་གི་བར་དུ་ཇི་ལྟ་བ་བཞིན་དུ་མ་སྦྱར་རོ། །དགེ་སློང་གཞན་དག་ཀྱང་ཡུལ་གཞན་དག་ན་གཞན་དུ་འདོན་པར་གྱུར་ཏོ། དེ་ཉིད་ཀྱི་ཕྱིར་ཡང་དག་པར་བསྡུས་པའི་གཞི་? ་ཉམས་པས་གཞུང་བླ་མ་འདི་ལ་འདོན་པ་ཡང་རྣམ་པ་དུ་མ་ལ། དོན་ཀྱང་རྣམ་པ་དུ་མ་སྟེ་དེའི་ཕྱིར་བཙུན་པ་ཡོན་ཏན་འོད་ཀྱིས་འདུལ་བ་བཤད་པ་ལ་ཡང་དང་ཡང་དུ་ཞུས་པ་ལ་ལ་ལས་འདི་སྐད་དུ་འབྱུང་ངོ་ཞེས་བཤད་དོ། །བདག་གིས་ཀྱང་འདིར ་གཞུང་གི་རྣམ་པར་རྟོག་པ་དག་ཕྱོགས་དང་ཕྱོགས་སུ་བསྟན་པར་བྱ་སྟེ་སྔར་ཡང་བཤད་ཟིན་ཏོ། །སྦྱར་བ་ནི་གཞུང་གཞན་དུ་བྱས་པའོ། །དེ་བས་ན་འཕགས་པ་ཉེ་བར་འཁོར་གྱིས་ཞུས་པ་འདི་ཁ་ཆེའི་དགེ་སློང་ལས་རྙེད་པ་ལས་ན་ཉེ ་བར་འཁོར་གྱིས་ཞུས་པ་ཁ་ཆེ་བ་ཞེས་བྱ་སྟེ། ཀློག་པ་ནི་ཚིགས་སུ་བཅད་པ་གཅིག་ལན་གསུམ་བཟླས་པས་སོ་ཞེས་བྱ་བ་བཅོམ་བརླག་པ་ལས་བྱུང་བའི་ལུང་རྙེད་པ་བཞིན་ནོ་ཞེས་བརྗོད་དོ། །འཕགས་པ་ཉེ་བར་འཁོར་གྱིས་ཞུས་པའི་གཞུང་རྒྱ་གར ་ཡུལ་པ་ཡང་ཤོ་ལོ་ཀ་ཉིས་སྟོང་ཙམ་གྱིས་ཚང་ཅིག་ལ་ལན་སྤྱོད་པ་ཁོ་ནའོ། །སྨྲ་བའི་ཕམ་པ་གཏན་ལ་དབབ་པའོ། །གཞུང་བླ་མའི་ཚིག་དཀའ་བ་རྣམ་པར་བཤད་པ་རིགས་པ་དང་ལྡན་པ་སློབ་དཔོན་མདོ་སྡེ་འཛིན་པ་དགེ་བའི་བཤེས་གཉེན ་གྱིས་བཀོད་པ་ལས་ཕམ་པ་རྣམས་རྫོགས་སོ། །ཆེད་དུ་བསམས་ནས་ཞེས་བྱ་བ་ནི་དབྱུང་བར་བསམས་པས་སོ། །ཁུ་བ་ཕྱུང་ན་ཞེས་བྱ་བ་ལ། ཁུ་བ་ནི་དགའ་བྱེད་དེས་འདིས་དགའ་བར་ནུས་པའི་ཕྱིར་རོ། །གཞན་དག་ན་རེ་ཉོན་མོངས་པ་ཅན་གྱི་ཡིད ་བདེ་བ་དང་ལྡན་པའི་ཕྱིར་གདུང་བ་དང་བྲལ་བར་འགྱུར་བས་ཞེས་ཟེར་རོ། །ཁྱད་པར་མ་སྨོས་པའི་ཕྱིར་སྔོན་པོ་དང་སེར་པོ་ལ་སོགས་པ་ཁུ་བ་རྣམ་པ་ལྔ་ཆར་བཟུང་ངོ། །དེ་འབྱིན་པ་ནི་ལུས་ཀྱི་རྩོལ་བས་དབང་པོའི་གནས་ནས་སྤང་པའོ།། ་དེ་བས་ན་གང་གི་ཚེ་སེམས་དང། ལུས་ཀྱི་རྩོལ་བ་དང། འབྱིན་པ་འདི་གསུམ་ཡོད་ན་དེའི་ཚེ་དགེ་འདུན་ལྷག་མར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ཅིའི་དུས་ཐམས་ཅད་དུ་འམ་ཞེ་ན། སྨྲས་པ་མ་ཡིན་ཏེ། རྨི་ལམ་གྱི་མ་གཏོགས་ཞེས་བྱ་བ ་འབྱུང་སྟེ། རྨི་ལམ་ཉིད་རྨི་ལམ་གྱིའོ། །དེ་མ་གཏགས་པ་ནི་གཉིད་མ་ལོག་པའི་གནས་སྐབས་ཀྱིས་སོ། །འདི་ལྟར་རྨི་ལམ་གྱི་གནས་སྐབས་ན་ནི་ལུས་དང་ངག་གི་རྣམ་པར་རིག་བྱེད་དང་རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་རྟག་པ་འཇུག ་པར་མི་ནུས་སོ། །རྨི་ལམ་གྱི་སེམས་ཀྱང་རྣམ་པར་ཤེས་པའི་ཚོགས་ལྔ་ལ་སོགས་པ་དང་འདྲ་བར་ཁ་ནང་དུ་བལྟས་པར་འཇུག་པ་ཡིད་ཀྱི་རྣམ་པར་ཤེས་པ་ཡིན་ལ། ཐ་སྙད་ནི་ཁ་ཕྱིར་བལྟ་བའི་སེམས་ཀྱིས་སློང་བས་དེའི་ཕྱིར་འདི་ཡིན་ནོ། །འདིར་ཁུ་བ ་འབྱིན་པ་ལ་རྨི་ལམ་གྱི་སྨོས་པ་སྟེ། མི་ཚངས་པར་སྤྱོད་པ་ལ་སོགས་པ་ཁ་ན་མ་ཐོ་བ་གཞན་དག་ལ་ཡང་ཚུལ་འདི་རུང་བའི་ཕྱིར་རོ། །འདིར་ནི་བྱུང་བའི་དབང་གིས་འདི་བྱུང་བར་ཟད་དོ། །འདིར་ཚུལ་ནི་ཁུ་བ་འབྱིན་པའི་རྒྱུ་ཅན་གྱི་དགེ་འདུན་ལྷག་མ་ནི ་ཁུ་བ་ནི་ཁུ་བ་འབྱིན་པའི་དགེ་འདུན་ལྷག་མའོ་ཞེས་བྱ་བ་དེ་ལྟར་ཤེས་པར་བྱའོ། །འགྱུར་བ་ནི་ཐམས་ཅད་དུ་སྦྱར་བའི་ཕྱིར་འགྱུར་རོ་ཞེས་བྱ་བའི་ཚིག་ཁོང་ནས་དྲང་སྟེ། དེ་བཞིན་དུ་ལྟུང་བ་འོག་མ་དག་ལ་ཡང་ཅི་རིགས་པར་སྦྱར་རོ་ཞེས་བྱ་བའི་སྒྲ ་ཁོང་ནས་དྲང་ངོ། །བརྩམས་པ་ནི་རེག་པའི་བྱ་བ་ཅུང་ཟད་རྙེད་པ་ལ་སོགས་པ་བྱེད་པའོ། །ཕྱུང་བ་ནི་སྔོན་གྱི་ཤུགས་ཀྱིས་རང་གིས་གནས་ནས་འཕོས་པའོ། །ཉེས་པ་སྦོམ་པོར་འགྱུར་རོ་ཞེས་བྱ་བ་འདིར་ཉེས་པ་སྦོམ་པོར་གསུངས་པ་ནི་སྦྱོར་བར ་གཏོགས་པ་ཡིན་ནོ། །གཉིད་ལོག་པའི་ཚེ་ཞེས་བྱ་བ་ལ་སོགས་པ་ལ། བརྩམས་པ་ནི་གཉིད་ལོག་པའི་གནས་སྐབས་ནས་མཁྱུང་བ་དང་འོ་བྱེད་པ་ལ་སོགས་པའི་བྱ་བ་བྱེད་པའོ། །ཕྱུང་བ་ནི་རང་གི་གནས་ན་འབེབས་ལ་ད་དུང་སྤུབས་སུ་ནི་མ་ཕྱིན་པོ ་སྐད་ཅིག་མ་གསུམ་པ་ལ་སོགས་པ་ལ་གནས་པའོ། །ཉེས་པ་སྤོམ་པོར་འགྱུར་རོ་ཞེས་བྱ་བ་འདིས། ཉེས་པ་སྤོམ་པོར་གསུངས་པ་ནི་རེག་པ་དང་ཅུང་ཟད་ནོམ་པ་ལ་སོགས་པའི་བྱ་བ་བྱེད་པ་ལ་དང་པོའི་གནས་ནས་སྦོག་གོ་ཞེས་བྱ་བ་ཡན་ལག་མེད ་པའི་ཕྱིར་སྤུབས་སུ་ཕྱིན་པ་འབྱིན་པ་ཡིན་ནོ། །དེ་བས་ན་འདི་ནི་གང་ཞིག་སྤུབས་སུ་ཕྱིན་པ་འབྱིན་པ་ལ་སྤོམ་པོར་གསུངས་པའི་ཕྱིར་དེ་ཕན་ཆད་སྐད་ཅིག་མ་གསུམ་པ་ལ་སོགས་པ་ལ་ན་སྨད་པ་མེད་དོ་སྙམ་དུ་སེམས་པ་དེའི་གཞུང་ལུགས་བཟློག་པའི ་ཕྱིར་རོ། །ལྟུང་བ་མེད་པ་ནི་གཉིད་ལོག་པའི་རྩོལ་བ་ལས་བྱུང་བའི་ཕྱིར་དང། དེ་ལྟར་ཡང་རྩོལ་བ་མེད་པའི་ཕྱིར་ལྟུང་བ་མེད་པར་གསུངས་པ་ཡིན་ནོ། །ཞུས་པ་ལ་ལ་ལས་ནི་འདི་སྐད་དུ་གཉིད་ལོག་པའི་རྩོལ་བས་བྱུང་ན་གལ་ཏེ་རོ ་མྱང་བར་བྱེད་ན་ཉེས་པ་སྤོམ་པོར་འགྱུར་རོ་ཞེས་འབྱུང་ངོ་དེ་ལ་དོན་ནི་འདི་ཡིན་ཏེ། གཉིད་ལོག་པའི་རྩོལ་བ་ལས་བྱུང་བའི་ཁུ་བ་གནས་ནས་འཕོས་པའི་ཕྱིར་གཉིད་མ་ལོག་པའི་གནས་སྐབས་ན་ཅུང་ཟད་བསྟན་པ་ལ་སོགས་པའི་བྱ་བ་དེ་ཉིད་བྱ་རཱ ་པ་ལས་རོ་མྱང་བ་ཡོད་ན་དང་པོ་ཉིད་ཀྱི་ཡན་ལག་མེད་པའི་ཕྱིར། ཉེས་པ་སྤོམ་པོར་འགྱུར་ཏེ། སྤུབས་སུ་ཕྱིན་པ་འབྱིན་པ་དང་འདྲའོ། །གཞན་དག་ནི་གཞན་དུ་བརྗོད་དེ། གཉིད་ལོག་པའི་གནས་སྐབས་དང། འོ་བྱེད་པ་དང་མཁྱུད་པ་ལ་སོགས ་པའི་རྩོལ་བས་བྱུང་བ་གང་ཡིན་པ་དེ་ཉིད་ཀྱིས་རོ་མྱང་བ་བྱེད་ན་སྤོམ་པོ་འདིར་འགྱུར་རོ་ཞེའོ། །འདི་ནི་འདུལ་བ་འཛིན་པ་གཞན་དག་མི་འདོད་དེ། རོ་མྱང་བ་ཙམ་གྱིས་ནི་ལྟུང་བར་རིགས་པ་དེ་མ་ཡིན་ཏེ། ལུས་དང་ངག་གི་བྱེད་པ་མེད་ན་རྣམ་པར་རིག་བྱེད ་མེད་པའི་ཕྱིར་ལ། དེ་མེད་ན་ཡང་ལྟུང་བ་མེད་པའི་ཕྱིར་རོ། །གཉིད་ལོག་པའི་རྩོལ་བས་ནི་རྨི་ལམ་གྱི་ནི་མེད་པ་དང་འདྲ་བའི་ཕྱིར་གཉིད་མ་ལོག་པར་རྟོགས་པའི་རོ་མྱང་བ་ཁོ་ན་གཟུང་ངོ། །བྱེད་པ་མེད་པའི་རོ་མྱང་བ་ལ་ནི་ཡིད་ཀྱི་ཁ་ན་མ་ཐོ་བར་རྣམ ་པར་གནས་ལ། བྱེད་པ་དང་བཅས་པ་ལ་ནི་ཉེས་པ་སྤོམ་པོར་འགྱུར་རོ་ཞེས་བྱ་བ་དེ་ལྟར་ཤེས་པར་བྱའོ། །དེ་ལྟ་བས་ན་རྣམ་པར་བཤད་པ་ལྔ་མ་ཉིད་བཟང་ངོ། །དེ་ལ་གཞུང་འདི་གཉིས་ལས་ནི་གོ་སྐབས་དང་བཅས་པ་ཡིན་ནོ། །སྔ་མ་ནི་གོ་སྐབས ་མེད་པ་ཡིན་ནོ། །སྤུབས་སུ་ཕྱིན་པ་སྔར་འཕགས་པ་བར་སྐབས་སུ་ཞུ་བའི་རྒྱུན་ས་ཞེས་བྱ་བའི་སྤུབས་ན་འདུག་པ་ཡིན་ནོ། །ཉེས་པ་སྤོམ་པོར་འགྱུར་རོ་ཞེས་བྱ་བ་འདིར་སྤོམ་པོར་གསུངས་པ་ནི་དང་པོའི་གནས་ནས་འབྱིན་པ་མེད་པའི་ཕྱིར་རོ།། ་གནས་ནས་འཕགས་མ་ཐག་ཏུ་ཞེས་བྱ་བ་ནི་དང་པོ་གནས་ནས་འཕོས་པའོ། །ཡང་ཅི་ཁུ་བ་ལ་འཁྲིས་པ་བཞིན་དུ་གནས་ངེས་པ་འགའ་ཞིག་ཡོད་དམ། ཅི་ན་འདི་ལྟར་གནས་ནས་འཕགས་མ་ཐག་ཏུ་ཞེས་བརྗོད་ཅེ་ན། ཁུ་བ་ལ་གནས་ཀྱིས་ཁྱད་ངེས་པ་ནི ་འགའ་ཡང་མེད་ཀྱི། འོན་ཀྱང་འདི་ནི་ཁུ་ཤུགས་བཞིན་དུ་ལུས་རྣམས་ལས་འབྱུང་བར་འགྱུར་ཏེ། ཇི་ལྟ་བུ་རམ་ཤིང་གི་རང་གི་ཡན་ལག་དག་ལས་ཁུ་ཤུགས་དང། འབྲུ་ལས་འབྲུ་མར་དང། ཞོ་ལས་མར་འབྱུང་བ་ལྟར་སེམས་ཀྱིས་ཁྱད ་པར་དུ་བྱས་པའི་ལུས་ངག་ལ་སོགས་པའི་དབང་གིས་ཁུ་བ་འཕགས་པ་འདི་ཡང་དེ་དང་འདྲ་བར་ཤེས་པར་བྱའོ། །འཕགས་པ་དེ་ཡང་དེ་དུས་ཤེས་པ་རྣམས་ན་རེ་གང་གི་ཚེ་འདོད་ཆགས་ཤས་ཆེ་བ་ཉིད་དང། ཉམས་སུ་མྱོང་བ་ཤིན་ཏུ་གསལ ་བ་ཉིད་དང། སྙིང་འདར་བ་ལ་སོགས་པ་ལུས་ཀྱི་འགྱུར་བ་འབྱུང་བ་དེའི་ཚེ་ན་ཞེས་བརྗོད་ན། ཕྱིན་པར་འགྱུར་བ་ནི་འཇུག་པར་འགྱུར་བ་སྟེ། འདི་ལྟར་ཁུ་བ་གནས་ནས་འཕགས་མ་ཐག་ཏུ་སྐད་ཅིག་མ་གཅིག་གིས་ཀྱང་རབ་ཏུ་མི་ཚོད་པར ་རྩོལ་བའི་དབང་གིས་སྤུབས་སུ་འཇུག་པར་འགྱུར་རོ། །བསྐྱོད་དེ་བཏང་བ་ལས་ཞེས་བྱ་བ་ནི་བསྐྱོད་པ་སྟེ། འཕགས་ཤིང་ཤུགས་ཕྱུང་ལ་འཇུག་ཐོགས་སུ་འཕགས་པར་བྱས་ནས་ཁུ་བ་འབྱིན་ལ། ལུས་དང་ཡིད་དག་གིས་བཟློག་པ་ལས་ཞེས་བྱ ་བའི་ཐ་ཚིག་གོ་།ཕྱུང་བ་ནི་རྩོལ་བ་བཟློག་ཀྱང་སྔོན་གྱི་སྦྱོར་བའི་དབང་གིས་དང་པོའི་གནས་ནས་འཕགས་ཏེ། སྤུབས་སུ་ཕྱིན་ཅིར་དབང་པོར་སོན་པ་སྣང་བའི་ངོ་བོར་འགྱུར་རོ། །ཉེས་པ་སྤོམ་པོར་འགྱུར་ཞེས་བྱ་བ་འདིར་སྤོམ་པོར་གསུངས ་པ་འདི་ནི་སྦྱོར་བ་ལས་བྱུང་བ་ཡིན་གྱི། དབང་པོ་མཛའ་ནས་འབྱིན་པ་ལ་ནི་མ་ཡིན་ཏེ། དེ་ནས་འབྱིན་པ་ལ་ནི་དང་པོ་ལས་འབྱིན་པ་མེད་པའི་ཕྱིར་དང། སྤུབས་སུ་ཕྱིན་པ་ལ་འབྱིན་པ་མེད་པའི་ཕྱིར་གཅི་བ་དང་འདྲ་བ་ཉིད་དུ་རྣམ་པར་གནས་སོ། ་དང་པོ་མཛའ་ནས་བྱུང་བ་ན་དགའ་བ་ཤིན་ཏུ་ཤས་ཆེ་བ་ཉིད་དུ་འགྱུར་ལ། འབྱིན་པའི་དོན་གྱིས་བསྒྲུབ་པ་ཡང་ཡོངས་སུ་རྫོགས་པ་མ་ཡིན་ནམ་ཞེ་ན། དེ་ལྟ་བུ་ནི་ཡོད་མོད་ཀྱི་འོན་ཀྱང་འདུལ་བ་འཛིན་པ་རྣམས་ནི་དེ་ཇི་ལྟར་འབྲས ་བུའི་གཙོ་བོར་གྱུར་པའི་ཕྱིར་རེག་པ་བདག་གིར་བྱེད་པ་དང་པོར་ཁོ་ན་ལ་མི་ཚངས་པར་སྤྱོད་པ་འབྱུང་གི་གཞན་གང་དུ་ཡང་མ་ཡིན་པ་ལྟར་འདིར་ཡང་དེ་དང་འདྲའོ་ཞེས་ཟེར་རོ། །གནས་ནས་འཕགས་པ་ནི་གང་ཞིག་སྐད་ཅིག་མ་གཉིས་པ་ལ ་དང་པོའི་གནས་འཕགས་པར་འགྱུར་བ་དེ་ལ་དེ་སྐད་ཅེས་བྱའོ། །མ་བཙལ་བར་ཞེས་བྱ་བ་ནི་ཆགས་པར་འགྱུར་བའི་གཟུགས་མཐོང་བ་ལ་སོགས་པའི་རྒྱུས་རྩོལ་བ་མེད་པར་གྱི་ནང་འགྱུར་བའི་ཕྱིར་རོ། །བྱུང་བ་ནི་དང་པོའི་གནས་ཉིད་ནས་སོ།། ་བདག་གིར་མི་བྱེད་པ་ནི་རོ་མྱང་བ་མི་བྱེད་པའོ། །བདག་གིར་བྱེད་ན་ཞེས་བྱ་བ་ལ་སོགས་པས་ཉེས་པ་སྤོམ་པོར་གསུངས་པ་འདི་ནི་རྩོལ་བ་དང་བཅས་པ་རོ་མྱངས་པའི་ཕྱིར་སྤུབས་སུ་ཕྱིན་པ་འབྱིན་པ་དང་འདྲའོ། །རྩོལ་བ་མེད་པར་བདག ་གིར་བྱེད་པ་ལ་ནི་ཡིད་ཀྱི་ཁ་ན་མ་ཐོ་བར་གནས་པས་དེའི་ཕྱིར་འདིར་ཤེས་པར་བྱའོ། །བཙུན་པ་རེ་ཞིག་དགེ་སློང་ཞེས་བྱ་བ་ལ་སོགས་པས་མཚན་གྱུར་ན་ལྟུང་བྱེད་དུ་འགྱུར་བར་གསུངས་པ་ནི་འདི་ལྟར་དགེ་སློང་མ་རྣམས་ལ་ནི་ཁུ་བ་བྱུང་ན ་ལྟུང་བྱེད་དུ་བསྟན་པའི་ཕྱིར་ཏེ། ཇི་ལྟར་སྐྱེས་པ་རྣམས་རང་གིས་བརྩལ་ན་བསམ་པ་ཉམས་པ་སྟོབས་དང་ལྡན་པར་འགྱུར་བར་དགེ་སློང་མ་རྣམས་ནི་དེ་མ་ཡིན་པས་དེ་ལ་དགེ་འདུན་ལྷག་མར་རྣམ་པར་མི་བཞག་གོ་།དགེ་སློང་མ་ཞེས་བྱ་བ་ལ་སོགས ་པས་མཚན་གྱུར་ན་དགེ་འདུན་ལྷག་མར་གསུངས་པ་ནི། མཚན་གྱུར་པ་ནི་དེའི་ཞིང་ཉིད་ཡིན་ནོ། །བྱས་པ་ནི་དེ་ཉིད་ཡིན་ནོ་ཞེས་བྱ་བ་འབྱུང་བའི་ཕྱིར་རོ། །ཟག་བྱེད་ནི་ཡན་ལག་སྐྱེས་སོ། །ཉེས་པ་སྤོམ་པོར་འགྱུར་རོ་ཞེས་བྱ་བ་འདི་ལ་ཁ ་ཅིག་ན་རེ་གཞན་གྱི་ཡན་ལག་སྐྱེས་ལས་འབྱིན་ན་ངེས་པར་བདག་ཉིད་ལ་འབྱིན་པར་གཏོགས་པའི་རྒྱུར་འབྱུང་བས་དེའི་ཕྱིར་འདི་གསུངས་སོ་ཞེས་ཟེར་རོ། འདི་ནི་འདུལ་བ་འཛིན་པ་གཞན་དག་མི་འདོད་དེ། འདི་ལྟར་འདི་ལ་འབྱུང་བ་ནི་ཡིན་ལག་ཉིད་མ ་ཡིན་ནོ། །འོ་ན་ཅི་ཞེ་ན། འབྱིན་པར་འདུན་པ་ལ་སོགས་པ་ཡིན་ནོ། །འདི་ལ་ཡང་འབྱིན་པར་འདུན་པ་ལ་སོགས་པ་རྩ་བར་བྱེད་པར་གཏོགས་པའི་ཡན་ལག་ལྷག་མ་རྣམས་ནི་ཡོད་ཀྱི། འདིར་རང་གི་ཁུ་བ་ཉིད་ཅེས་བྱ་བའི་ཡན་ལག་གཅིག་གཅིག ་མེད་པ་འབའ་ཞིག་ཏུ་ཟད་པས་དེ་མེད་པའི་ཕྱིར་སྤོམ་པོ་འདིར་འགྱུར་གྱི་བདག་ཉིད་འགྱུར་བའི་ཕྱིར་ནི་མ་ཡིན་ནོ། །དགེ་སློང་མ་ལ་ནི་གཞི་ཇི་ལྟ་བ་བཞིན་ནོ་ཞེས་བྱ་བས་ནི་འབྱིན་པའི་འདུན་པས་ནི་ལྟུང་བ་མེད། །དེ་མེད་ན་ནི་ཉེས་བྱས་སོ་ཞེས་བྱ་བའི ་ཐ་ཚིག་གོ་།ཞུས་པ་ལ་ལ་ལས་འདི་སྐད་དུ། བཙུན་པ་དགེ་སློང་གི་ཡན་ལག་སྐྱེས་ཅུང་ཟད་མ་ཉེད་པ་བདག་གིར་བགྱིད་ན་ཅིར་འགྱུར་ལགས། ཉེས་པ་སྤོམ་པོར་འགྱུར་རོ། །ཀུན་ཏུ་མ་ཉེད་པ་བདག་གིར་བགྱིད་ན་ཅིར་འགྱུར་ལགས། ཉེས ་པ་སྤོམ་པོར་འགྱུར་རོ། །མངོན་པར་འཚིར་བ་བདག་གིར་བགྱིས་ན་ཅིར་འགྱུར་ལགས། གཉེས་པ་སྤོམ་པོར་འགྱུར་རོ། །ཡན་ལག་སྐྱེས་ལས་སུ་རུང་བ་ལ་ཉུག་ན་ཅིར་འགྱུར་ལགས། ཉེས་པ་སྤོམ་པོར་འགྱུར་རོ། །སྨན་གྱིས་འབྱིན་པར་བགྱིད ་ན་ཅིར་འགྱུར་ལགས། ཉེས་པ་སྤོམ་པོར་འགྱུར་རོ་ཞེས་འབྱུང་ངོ། །ནོམ་དང་ཀུན་ཏུ་ནོམ་པ་དང། འཚིར་བ་དང་ནི་ཉུག་པ་དང། སྨན་དག་ཐ་མར་བྱས་ནས་ནི། འབྱིར་པའི་བསྡུ་བ་གཞན་ཡིན་ནོ། །འདི་དག་གི་དོན་ནི་འདི་ཡིན་ཏེ། ཅུང་ཟད ་མ་ཉེས་པ་ནི་ཡན་ལག་སྐྱེས་ཀྱི་ཕྱོགས་གཅིག་ཆ་ཆུང་མ་ཉེད་པའོ། །ཀུན་ཏུ་མ་ཉེད་པ་ནི་ཡན་ལག་སྐྱེས་ཀྱི་ཕྱོགས་ཐམས་ཅད་ཁྱབ་པར་མ་ཉེད་པའོ། །མངོན་པར་འཚིར་བ་ནི་ཡན་ལག་སྐྱེས་ཆད་པར་བཟུང་ནས་འཚིར་བའོ། །ལས་སུ་རུང ་བ་ནི་འདྲེན་པའོ། །དེའི་ཕྱིར་ཡན་ལག་སྐྱེས་ལས་སུ་རུང་བ་ལ་དབྱུང་བའི་འདུན་པས་ཉུག་ན་ལག་པ་ལ་སོགས་པ་སེམས་ཅན་དུ་མ་ཉེད་པ་ནི་ཉེས་པ་སྦོམ་པོར་འགྱུར་རོ། །སེམས་ཅན་དུ་བགྲད་བ་མ་ཡིན་པས་ནི་ཉེས་བྱས་སོ ་ཞེས་དེ་ལྟར་ཤེས་པར་བྱའོ། །སྨན་ནི་ཀ་ཙ་ཀའི་འདབ་མ་ལ་སོགས་པ་ཁུ་བ་འབྱུང་བར་བྱེད་པས་སོ། །སྨན་གྱིས་འབྱིན་པ་འདི་ལ་ནི་ཡན་ལག་སྐྱེས་པ་ལ་རག་པའི་ཡན་ལག་གཅིག་ཁོ་ན་མེད་པས་དངོས་གཞིའི་དུས་ན་འདོད་ཆགས ་ཀྱིས་འགྱུར་བ་ཡོད་ན་སྦོམ་པོ་འདིར་འགྱུར་བར་ཤེས་པར་བྱའོ། །མེད་ན་ནི་ནམ་ཡང་ལྟུང་བ་མེད་དེ། གཅི་བ་དང་འདྲ་བའི་ཕྱིར་རོ། །འབྱིན་བའི་དགེ་འདུན་ལྷག་མ་གཏན་ལ་དབབ་པའོ།། །།དྲལ་བ་ནི་འདོད་ཆགས་ཀྱིས་སྨྲས་པ་སྟེ ་དེ་ལྟ་བས་ན་འདིས་ནི་འདོད་ཆགས་ཀྱིས་དབང་གིས་རེག་པའི་དགེ་འདུན་ལྷག་མ་ལ་སོགས་པ་གསུམ་དུ་འགྱུར་རོ་ཞེས་སྟོན་པར་བྱེད་དོ། །གྱུར་པ་ནི་གྱུར་པར་སོང་བ་སྟེ། ཡུལ་དེ་དང་འབྲེལ་བར་འདོད་པར་གྱུར་པ་ཞེས་བྱ་བའི་ཐ ་ཚིག་གོ་།འདིས་ནི་རེག་པ་ལ་སོགས་པའི་བདེ་བ་དོན་དུ་གཉེར་བ་ལ་ལྟུང་བ་འདི་གསུམ་དུ་འགྱུར་རོ་ཞེས་སྟོན་པར་བྱེད་དོ། །དེ་ཕྱིར་ཚིག་གཉིས་སྨོས་པ་ནི། མ་ལ་སོགས་པ་གསལ་བའི་ཆེད་ཡིན་ནོ། །ལུས་ཀྱི་རེག་པ་ནི་ལུས་དང་ཆད ་མེད་པར་ཕྲད་པའོ། །ལག་པ་ནས་གཟུང་བའམ་ཞེས་བྱ་བ་ལ་སོགས་པས་ནི་ལུས་ཀྱི་རེག་པའི་ངོ་བོ་བསྟན་ཏོ། །ལན་པ་ནི་སྐྲ་ལྷས་པའོ། །འམ་ཞེས་བྱ་བའི་སྒྲ་ནི་འདིར་བསྡུས་པ་ཡིན་ཏེ། དེས་ན་ལག་པ་དང་རྐང་པ་དང། ་ལན་བུ་ལ་སོགས་པ་ལ་འཛིན་པ་རྩོམ་པ་གཅིག་ཏུ་གྱུར་པ་མེད་པ་ལས་དགེ་འདུན་ལྷག་མ་གཅིག་ཁོ་ནར་འགྱུར་གྱི་རེ་རེར་ནི་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ་།གང་དག་འམ་ཞེས་བྱ་བའི་སྒྲ་རྣམས་ནི་རྣམ་པར་རྟོག་པའི་དོན ་ཡིན་པ་ཉིད་དུ་ཁས་བླངས་ནས་ལེན་བུ་ལ་རེག་པ་ལ་ཡང་དང་ས་གཞིར་སྨྲ་བ་དེ་དག་གི་ལྟར་ན་རྣམ་པར་འབྱེད་པའི་ལྟུང་བ་བསྟན་པ་ལས་ལན་བུ་མ་སྨོས་པ་དང་འགལ་ལ་ཞེས་བྱ་བར་ཤེས་པར་བྱའོ། །ཡན་ལག་ནི་ལག་པ་ལ་སོགས་པ ་ཡན་ལག་གི་གཙོ་བོའོ། །ཉིད་ལག་ནི་སོར་མོ་ལ་སོགས་པ་ལ་སོགས་པ་ཡན་ལག་གི་གཙོ་བོ་མ་ཡིན་པའོ། །ནོམ་པ་ནི་ཆུང་ཟད་རག་པའོ། །ཉུག་པ་ནི་བདག་ཉིད་ཐམས་ཅད་ཀྱིས་སོ། །བདག་གིར་བྱེད་པ་ནི་རོ་མྱང་བར་བྱེད་པའོ། ། ་ལུས་ནི་འབྱུང་བ་དང། འབྱུང་བ་ལས་གྱུར་པ་འདུས་པའོ། །དབང་པོ་ནི་དེག་པ་ལ་དབང་བྱེད་པའི་ཕྱིར་རོ། །ཉམས་པ་ནི་འབྲས་བུ་ལ་སོགས་པས་མ་རུང་བའོ། །ཉེས་པ་སྦོམ་པོར་འགྱུར་རོ་ཞེས་བྱ་བ་འདི་ནི་རེག་པའི་བདེ་བ་ཉམས་སུ ་མྱོང་བ་ཡོངས་སུ་རྫོགས་པ་མེད་པའི་ཕྱིར་རོ། །གཉིས་ནི་དགེ་སློང་དང་བུད་མེད་དག་གོ་།ཉེས་བྱས་སོ་ཞེས་བྱ་བ་འདི་ནི་གཉི་ག་ཉམས་པ་ཉིད་ཡིན་ན་ཤིན་ཏུ་ཡང་རེག་པའི་བདེ་བ་ཉམས་སུ་མྱོང་བ་མེད་པའི་ཕྱིར་རོ། །འདི་ལྟར་འདུལ ་བ་འཛིན་པ་རྣམས་ན་ར་རེག་པའི་བདེ་བ་ཉམས་སུ་ཡོང་བ་མེད་ན་དེ་ཙམ་གྱིས་ལུས་ཀྱི་ཆ་ཉམས་པ་ཉིད་ཡིན་པར་ཤེས་པར་བྱ་སྟེ། ཉམས་པ་དག་ཉིད་ལྷག་མ་དག་ལ་ནི་རོག་པ་ཉམས་སུ་མྱོང་བ་རྫོགས་པར་བྱེད་པར་འགྱུར་པ་ཁོ ་ནའོ་ཞེས་ཟེར་རོ། །དེ་འདི་ལྟར་ཡིན་ནམ་ཞེས་བྱ་བ་ནི་བདག་འདོད་པའོ། །དེ་འདི་མ་ཡིན་པ་ཞེས་བྱ་བ་ནི་བདག་མི་འདོད་པའོ། །འདི་བུད་མེད་ཡིན་ནམ་འོན་ཏེ་མ་ཡིན་སྙམ་པ་ནི་བུད་མེད་ཡིན་ན་མ་འོན་ཏེ་སྐྱེས་པ་ཡིན་སྙམ་དུ་སེམས་པའོ། ། ་དངོས་པོ་ཇི་ལྟ་བ་བཞིན་ནོ་ཞེས་བྱ་བ་འདི་ནི་རེ་ཞིག་གལ་ཏོ་བུད་མེད་ཡིན་ན་དེ་ལ་དགེ་འདུན་ལྷག་མར་འགྱུར་རོ། །འོན་ཏེ་སྐྱེས་པ་ཡིན་མ་ནི་དེ་ལས་སྦོམ་པོ་སྟེ། འདི་ལྟར་སྐྱེས་པ་དང་ལྷན་ཅིག་ལུས་ཀྱི་རག་པ་ལ་ཉེས་པ་སྦོམ་པོ་བ་འཆད་པར ་འགྱུར་རོ། །སོས་ཞེས་བྱ་བ་ནི་བདག་ཉིད་ཀྱིའོ། །ས་དག་ལ་ཞེས་བྱ་བ་ནི་ཡུལ་དུ་གྱུར་པ་དག་སྟེ། དེ་བཞིན་དུ་རྨ་ལ་སོགས་པ་འོག་མ་དག་ལ་ཡང་ཅི་རིགས་པར་སྦྱར་རོ། །དེ་ལ་སོས་ཞེས་བྱ་བ་ལ་སོགས་པས་སྦོམ་པོར་གསུངས ་པ་ནི་རེག་པའི་རོ་ཡོངས་སུ་རྫོགས་པ་མེད་པའི་ཕྱིར་ཏེ། འོག་མ་རྨ་དང་སྤུ་དང་སེན་མོ་དང་ཤ་མེད་པ་རྣམས་ལ་ཡང་གཏན་ཚིགས་ནི་འདི་ཁོ་ན་ཡིན་ནོ། །རྨ་ནི་ན་ལ་སོགས་པ་ལས་བྱུང་བའོ། །སྤུས་ཞེས་བྱ་བ་ལ་ནི་མཚན་ཁུང་དང་འདོམས་ལ་སོགས ་པ་ན་ཡོད་པས་སོ། །ཉེས་པ་སྦོམ་པོར་འགྱུར་རོ་ཞེས་བྱ་བ་ནི་འདི་ལ་ལུས་ཉིད་མེད་པའི་ཕྱིར་རོ། །གང་དག་ལན་བུ་ལ་རེག་བ་ལ་ཡང་དངོས་གཞིར་སྨྲ་བ་དེ་དག་ལ་ཡང་གཏན་ཚིགས་ནི་འདི་ཁོ་ན་འབྱུང་ངོ། །གལ་ཏེ་ལུས་ལ་རེག་པ་བཞིན་དུ་འདི་ལ་རེག ་ན་རེ་ཉེ་བར་གནས་པའི་ཕྱིར་རོ་ཞེ་ན། དེ་ནི་སྤུ་ལ་རེག་པ་ལ་ཡང་མཚུངས་སྟེ། འདི་ལྟར་མཚན་ཁུང་དང་འདོམས་ན་ཡོད་པའི་སྤུ་ལ་རེག་ན་དཔུང་བ་དང་བྱིན་པ་ལ་སོགས་པའི་ལུས་ལ་རེག་པ་ལས་ཀྱང་རོ་ལྷག་པར་ཉེ་བར་གནས་མོད་ཀྱི་ལུས་ཉིད ་མེད་པའི་ཕྱིར་དེ་ལ་དངོས་གཞི་མེད་པ་ཉིད་དུ་ནི་མི་འདོད་དོ། །རོ་ཉེ་བར་གནས་པ་ལས་ཀྱང་འདིར་ཡན་ལག་ཉིད་མ་ཡིན་ཏེ། འདོད་ཆགས་ཤས་ཆེན་པོ་རྩོལ་བ་མི་བྱེད་བཞིན་དུ་ཚུལ་བཞིན་མ་ཡིན་པའི་ཡིད་ལ་བྱེད་པའི་དབང་གིས་རོ་ཤིན ་ཏུ་ཆེན་པོ་ཉམས་སུ་མྱོང་བ་ལ་ཡང་དངོས་གཞི་ཐལ་བར་འགྱུར་དུ་འོང་བས་སོ། །གལ་ཏེ་འོ་ན་ཇི་ལྟར་སོ་སོར་ཐར་པའི་མདོ་ལས་ལན་བུ་ལས་བཟུང་བ་འམ་ཞེས་གསུངས་ཤེ་ན་ཞེས་དེ་ནི་བྱུང་བའི་དབང་གིས་གསུངས་ཀྱི། དེ་ཡན་ལག་ནི་མ ་ཡིན་ཏེ། རང་གིས་བླངས་པའི་སྐུད་པ་ཐག་ཏུ་འཇུག་པ་དང་འདྲའོ། །རྣམ་པར་འབྱེད་པ་ལས་ལན་བུ་ནས་བཟུང་བ་འམ་ཞེས་བྱ་བ་ལན་བུ་ཞེས་བྱ་བ་ནི་སྐྲ་དང། དེ་དང་འབྲེལ་བའི་གོས་སོ་ཞེས་གསུངས་པ་མ་ཡིན་ནམ་ཞེས་ན་དེ་སྐད་དུ ་གསུངས་མོད་ཀྱི་ལན་བུ་ནས་བཟུང་བ་ལ་དགེ་འདུན་གྱི་ལྷག་མར་ནི་མ་གསུངས་སོ། །གལ་ཏེ་འོ་ན་ཇི་ལྟར་རྣམ་པར་འབྱེད་པ་ལས་སྨོས་ཤེ་ན། བྱུང་བའི་དབང་གིས་འོངས་པའི་མདོའི་ཚིག་དེ་ཁོ་ན་དོན་རྣམ་པར་དབྱེ་བའི་ཕྱིར་ཡིན་གྱི། ལྟུང་བ་བསྟན་པ་ལས་མ ་གསུངས་པའི་ཕྱིར་འདིར་ཡན་ལག་ཏུ་གསུངས་པ་ནི་མ་ཡིན་ཏེ། འདི་ལྟར་དགེ་སློང་གང་དག་དྲལ་ཅིང་གྱུར་པའི་སེམས་ཀྱིས་བུད་མེད་དམན་ཆུང་མི་ཚངས་པར་སྤྱོད་པའི་འཁྲིག་པ་ལས་བྱུང་བའི་ཆོས་བསྟེན་པར་བཟོད་པ་ཉིད་པ་གང་ཡིན་པ་དེ་ལ ་སྤྱི་བོ་ནས་ནོམ་པར་བྱེད་པ་ན་གོས་ཀྱིས་བར་དུ་མཆོད་པ་ལ་ནོ་མ་ན་དགེ་འདུན་ལྷག་མར་འགྱུར་རོ། །གོས་ཀྱིས་བར་དུ་ཆོད་པ་ལ་ནོམ་ན་ཉེས་པ་སྦོམ་པོར་འགྱུར་རོ། །སྤྱི་བོ་ལ་ཇི་ལྟ་བ་དེ་བཞིན་དུ་དཔྲལ་བ་དང། མཆུ་དང། ཀོས་ཀོ་དང། རྣ་བ་དང། ་སྣ་དང། མགྲིན་པ་དང། ཕྲག་པ་དང། མཚན་ཁུང་དང། རྩིབ་ལོགས་དང། རྒྱབ་དང། བྲང་དང། རྐེད་པ་དང། བརླ་དང། བྱིན་པ་དང། རྗེ་དར་དང། རྐང་པའི་ཐོར་ཏོ་དང། ཐ་ན་རྐང་པའི་མཐེ་བོང་ལ་ནོམ་པར་བྱེད་ན་གོས་ཀྱིས་བར་དུ་མཆོད་པ་ལ ་ནོམ་ན་དགེ་འདུན་ལྷག་མའོ། །གོས་ཀྱིས་བར་དུ་ཆོད་པ་ལ་ནོམ་ན་དགེ་འདུན་ལྷག་མའོ། །གོས་ཀྱིས་བར་ཏུ་ཆོད་པ་ལ་ནོམ་པ་ཉེས་པ་སྦོམ་པོར་འགྱུར་རོ་ཞེས་གསུངས་པ་འདིས་ན་ལྟུང་བ་བསྟན་པ་ཐམས་ཅད་དུ་དབང་པོ་དང་བཅས་པའི་ལུས ་ཁོ་ན་ལྟུང་བྱེད་དུ་གསུངས་ཀྱི་ལན་བུ་ལ་སོགས་པ་དབང་པོ་མེད་ན་ལུས་ཀྱི་མ་ཡིན་པའི་གཟུགས་རྣམས་ནི་མ་ཡིན་ནོ། །དེ་ལྟར་ཡང་ཐ་ན་རྐང་པའི་མཐེ་བོང་ལ་རེག་པར་བྱེད་ན་ཞེས་བྱ་བ་འདིར་ཐམས་ཅད་ཉེ་བར་བསྡུས་ནས། མཛའ་རབ་ཏུ ་སྟོན་པར་མཛད་པའོ། །བཅོམ་ལྡན་འདས་ཀྱིས་ལ་ལ་དབང་པོ་མེད་པ་དག་ལ་ཡང་དངོས་གཞི་མེད་པ་ཉིད་དུ་སེམས་པར་གྱུར་ན་མི་རུང་ངོ་སྙམ་ནས་རྣམ་པར་སྤྱད་པའི་ཕྱིར་ལུས་ཁོ་ན་རབ་ཏུ་བསྟན་ཏེ། །དེ་ལྟ་མ་ཡིན་ན་སེན་མོ་དང་སྐྲ་དག ་མཛའ་ཡིན་པའི་ཕྱིར་བདེ་བར་གཤེགས་པས་ཐ་ན་སེན་མེ་འམ། སྐྲ་དག་ལ་རེག་པར་བྱེད་ན་ཞེས་དེ་སྐད་དུ་མཛའ་བསྟན་པར་འགྱུར་རོ། །དེའི་ཕྱིར་ལུས་མ་ཡིན་པའི་ཕྱིར་ལན་བུ་དང། དེ་དང་འབྲེལ་པའི་གོས་ལ་རེག་པ་ནི་སྦོམ ་པོར་བྱེད་པ་ཉིད་ཁོ་ནར་འདོད་པར་བྱ་སྟེ། སེན་མོ་དང་སོ་དང་སྤུ་ལ་རེག་པ་བཞིན་ནོ་ཞེས་བྱ་བའི་ཐ་ཚིག་གོ་།མིའི་བུད་མེད་ལ་མིར་འདུ་ཤེས་པས་ཞེས་བྱ་བ་ལ་སོགས་པས་དགེ་འདུན་ལྷག་མར་གསུངས་པ་ལ་ནི་སྦྱོར་བ་ཡོད་པའི་ཕྱིར་དང། ་བསམས་པའི་དོན་གྲུབ་པའི་ཕྱིར་རོ། །མི་ལ་མི་མ་ལགས་པར་འདུ་ཤེས་པས་ཞེས་བྱ་བ་ལ་སོགས་པས་སྦོམ་པོར་གསུངས་པ་ནི་སྦྱོར་བ་ཡོད་པའི་ཕྱིར་རོ། །དངོས་གཞི་ལ་ནི་ལྟུང་བ་མེད་པ་ཁོ་ན་སྟེ། མི་མ་ཡིན་པས་མིར་འདུ་ཤེས་པ་ཡང ་དེ་དང་འདྲའོ། །མི་མ་ལགས་པ་ལ་མི་མ་ལགས་པར་འདུ་ཤེས་པས་ཞེས་བྱ་བ་ལ་སོགས་པས་སྦོམ་པོར་གསུངས་པ་ནི་སྦྱོར་བ་ཡོད་པའི་ཕྱིར་དང། བསམས་པའི་དོན་གྲུབ་པའི་ཕྱིར་རོ། །མི་མ་ཡིན་པ་མོ་སྨོས་པས་ནི་ཁྱད་པར་མ་བརྗོད ་པའི་ཕྱིར་རོ། །སེམས་ཅན་དམྱལ་བ་དང། དུད་འགྲོ་དང། ཡི་དྭགས་དང། ལྷའི་འགྲོ་བར་སྐྱེས་པ་རྣམས་འཕངས་ཏེ། འགྲོ་བ་གཞན་ན་གཞན་པར་འབྱུང་བ་ཡང་དེ་དང་འདྲ་བ་ཁོ་ནར་ཤེས་པར་བྱའོ། །ཐ་སྙད་དུ་དུད་པའི་འགྲོ་བའི ་ལུས་ལ་རེག་པ་ལ་དགའ་བ་ཀུན་ཏུ་སྐྱེ་བ་ཇི་ལྟ་བར་ཐ་སྙད་དུ་མི་རུང་བའི་འགྲོ་བ་ལ་ནི་དེ་ལྟ་མ་ཡིན་པས་དེའི་ཕྱིར་འདི་ཡིན་ཏེ། སྨྱོན་པ་ལ་སོགས་པ་འབྱུང་བ་ཡང་དེ་དང་འདྲའོ། །བར་ཆད་དང་བཅས་པ་ལ་བར་ཆད་དང་བཅས་པར་འདུ ་ཤེས་པས་ཞེས་བྱ་བ་ལ་སོགས་པས་སྡོམ་པོར་གསུངས་པ་ནི་བར་དུ་ཆོད་པའི་ཕྱིར་དང། །རེག་པའི་བདེ་བ་རྫོགས་པ་མེད་པའི་ཕྱིར་རོ། །བར་ཆད་དང་བཅས་པ་ལ་བར་ཆད་མེད་པར་འདུ་ཤེས་པ་ལ་སྦོམ་པོར་གསུངས་པ་ལ་ནི་བར་དུ་ཆོད་པའི་ཕྱིར་དང། ་བསམས་པའི་དོན་མ་གྲུབ་པའི་ཕྱིར་རོ། །བར་ཆད་མེད་པ་ལ་བར་ཆད་དང་བཅས་པར་འདུ་ཤེས་པ་ལ་སྦོམ་པོར་གསུངས་པ་ནི་བསམ་པའི་དོན་མ་གྲུབ་པའི་ཕྱིར་རོ། །བར་ཆད་མེད་པ་ལ་བར་ཆད་མེད་པར་འདུ་ཤེས་པ་ལ་དགེ་འདུན་ལྷག་མར་གསུངས་པའི་བར་དུ ་ཆོད་པ་མེད་པའི་ཕྱིར་དང། རེག་པའི་བདེ་བ་ཡོངས་སུ་རྫོགས་པ་ཡོད་པའི་ཕྱིར་རོ། །བུད་མེད་གཞན་ཞིག་དང་ཞེས་བྱ་བ་ལ་སོགས་པས་ཉེས་པ་སྦོམ་པོར་གསུངས་པ་ནི་བསམས་པ་མ་ཡིན་པའི་ཕྱིར་རོ། །བུད་མེད་ཀྱི་རོ་དང་ཞེས་བྱ་བ་ལ་སོགས་པས་དགེ་འདུན ་ལྷག་མར་གསུངས་པ་འདི་ནི་ལུས་ཚ་བ་ལ་རེག་པའི་བདེ་བ་ཉམས་སུ་མྱོང་བ་ཡོད་པའི་ཕྱིར་ཏེ། སྙོམས་པར་ཞུགས་པ་དང་གཉིད་ལོག་པ་ཞེས་འབྱུང་བ་ལ་ཡང་དེ་དང་འདྲ་བ་ཉིད་དུ་ཤེས་པར་བྱའོ། །ཤ་མ་མཆིས་པ་ནི་ཤ་དང་བྲལ་བའོ། །རྣམ་པ་ཇི་ལྟ་བུ་ཞེ་ན ་རུས་པའི་རུས་གོང་ཞེས་བྱ་བ་གསུངས་ཏེ། རུས་པའི་ཁོག་པའོ། །ལ་ལ་བར་བར་ན་ཤ་མེད་ཀྱི་ཐམས་ཅད་དུ་མ་ཡིན་པ་ཡང་ཡོད་པས་དེའི་ཕྱིར་རུས་པའི་རུང་གོང་ཞེས་ཁྱད་པར་དུ་མཛད་དོ། །བུད་མེད་དང་ལྷན་ཅིག་ཅེས་བྱ་བ་ལ་སོགས་པས ་ཉེས་པ་སྦོམ?་པོར་གསུངས་པ་ནི་རེག་པའི་ཕམ་པར་གཏོགས་པ་ཡིན་ཏེ། འདི་ལྟར་དགེ་སློང་མ་རྣམས་ལ་ཕམ་པར་གཏོགས་པའི་སྦོམ་པོར་བཤད་དོ། །དགེ་འདུན་ལྷག་མར་གཏོགས་པའི་ནི་མ་ཡིན་ཏེ། དགེ་སློང་མ་རྣམས་ལ་དེ་མེད་པའི་ཕྱིར་རོ།། ་གཞན་དག་ནི་གཞན་དུ་བརྗོད་དོ། །ལྟུང་བའི་རྒྱུ་མཚན་ཆུང་ངུ་ལས་ལྟུང་བ་ཆུང་ངུ་ཁོ་ནར་འགྱུར་གྱི། ཆེན་པོར་ནི་མ་ཡིན་ནོ་ཞེའོ། །འདིར་དཔེ་བརྗོད་པ་ཡང་བྱེད་དེ། ཁྲི་གཅིག་ལ་རེག་པ་དང་བཅས་པར་ཉལ་བའི་དགེ་སློང་དག་གི་ཉེས་བྱས་ནི། དགེ ་སློང་མ་ཉིད་དག་ཏུ་གྱུར་ན་ཉེས་བྱས་ཁོ་ན་ཡིན་གྱི་ལྟུང་བྱེད་ནི་མ་ཡིན་ནོ་ཞེས་ཟེར་རོ། །འདི་ནི་འདུལ་བ་འཛིན་པ་གཞན་དག་གཞུང་འདི་ཁོ་ན་ཚད་མར་བྱས་ནས་མི་འདོད་དེ། ལྟུང་བའི་རྒྱུ་མཚན་ཆུང་ངུ་ལས་ཀྱང་ལྟུང་བ་ཆེན་པོར་ཀུན་ནས་ལྡང་ངོ། ་གལ་ཏེ་སྦྱོར་བ་ཆུང་ངུ་ལས་ལྟུང་བ་ཆེན་པོར་ཀུན་ནས་ལྟུང་བར་མི་འགྱུར་ན་དེ་ལྟ་ན་ནི་དགེ་འདུན་གྱིས་ལྷག་མར་གཏོགས་པའི་སྦྱོར་བ་ལས་ཕམ་པའི་སྦོམ་པོ་ཀུན་ནས་སློང་བ་འདིར་ཡང་མི་འགྱུར་ཏེ། འདི་ལྟར་དགེ་འདུན་ལྷག་མའི ་རིས་པས་ནི་ཕམ་པའི་རིས་ཆེ་བའི་ཕྱིར་རོ། །གཞན་ཡང་གནས་གྱུར་པར་འདྲ་བའི་ཕྱིར་ཇི་ལྟར་གནས་གྱུར་པའི་དབང་གིས་སྦྱོར་བའི་དོན་ཆེན་པོ་ལས་ལྟུང་བའི་ཆུང་ངུ་ཀུན་ནས་ལྡང་བར་འགྱུར་ན་དེ་བཞིན་དུ་སྦྱོར་བའི་དོན་ཆུང་ངུ་ལས་ཀྱང་ལྟུང ་བ་ཆེན་པོ་ཀུན་ནས་ལྡང་བར་འགྱུར་དགོས་ན། དེ་ལ་སྦྱོར་བ་དོན་ཆེན་པོ་ལས་ལྟུང་བ་ཆུང་ངུ་ཀུན་ནས་ལྡང་བར་འདོད་ཀྱི། དོན་ཆུང་ངུ་ལས་ཆེན་པོ་ནི་མ་ཡིན་ནོ་ཞེས་བྱ་བའི་ཁྱད་པར་གང་ཡིན་པའི་འདིས་ག་ལ་རྙེད། འདི་ལ་ནི་ལུང་ཡང་གང་ལས་ཀྱང་དེ་སྐད་དུ་འབྱུང ་བ་མེད་དོ། །ཁ་ཅིག་འདི་སྐད་དུ་བཙུན་པ་རེ་ཞིག་དགེ་སློང་སྐྱེས་པ་དང་ལྷན་ཅིག་ལུས་ཀྱི་རེག་ལ་དེ་ལ་ཡང་མཚན་གྱུར་ནས་དགེ་སློང་མར་རེག་ན་ཅིང་འགྱུར་ལགས། མཐར་འགྱུར་རོ་ཞེས་གསལ་བར་དུ་ནི་འདོན་ཏོ། །འདིས་ནི་སྦྱོར་བ་དོན་ཆུང་ངུ་ལས་ལྟུང་བ་ཆེན ་པོར་ཀུན་ནས་ལྡང་བར་འགྱུར་བ་གང་ཡིན་པ་བསྒྲུབས་པར་འགྱུར་རོ། །དེའི་ཕྱིར་ཁྲི་གཅིག་ལ་རེག་པ་ཨང་བཅས་པར་ཉལ་བའི་དགེ་སློང་དང?་དགེ་སློང་མ་ཉིད་དུ་ལྟུང་བྱེད་ཁོ་ནར་འགྲུབ་པར་ཤེས་པར་བྱ་སྟེ། ཁ་ན་མ་ཐོ་བ་བྱས་ནས་མཚན་གྱུར ་པ་ལ་ཡང་ལུགས་ནི་འདི་ཁོ་ན་ཡིན་ནོ། །འདི་ནི་དེ་ཁོ་ན་ལྟར་ཡིན་ནོ། །དེ་ལྟ་མ་ཡིན་ན་དགེ་སློང་མ་ཁུ་བ་འབྱིན་པའི་ལྟུང་བྱེད་ཡོད་པ་ལས་དགེ་སློང་ཉིད་དུ་གྱུར་ན་ལྟུང་བྱེད་ཁོ་ནར་འགྱུར་གྱི། དགེ་འདུན་ལྷག་མ་ཡིན་ནོ། །དེ་ཡང་མི་འདོད་དེ་འདི ་ལྟར་དགེ་སློང་ལ་ནི་ཁུ་བ་འབྱིན་པའི་ལྟུང་བྱེད་མ་བཤད་པ་ཉིད་དོ། །དེར་འདོད་ན་ཡང་ལྟུང་བྱེད་དགུ་བཅུ་རྩ་གཅིག་ཉིད་དུ་འགྱུར་རོ། །དགེ་སློང་མ་སྐྱེས་པ་དང་ལྷན་ཅིག་ལུས་ཀྱི་རེག་པ་ལས་མཚན་གྱུར་ན་སྦོམ་པོར་གསུངས་པ་འདི་ནི་སྐྱེས ་པ་དང་ལུས་ཀྱི་ཀུན་ཏུ་རེག་པར་གཏོགས་པ་ཡིན་ནོ། །དགེ་སློང་སྐྱེས་པ་དང་ཞེས་བྱ་བ་ལ་སོགས་པས་ཉེས་པ་སྦོམ་པོར་གསུངས་པ་ནི་བུད་མེད་ཉིད་མེད་པའི་ཕྱིར་རོ། །འཇམ་པ་ནི་ཤིན་ཏུ་བྱིལ་བའི་གོས་སོ། །རྣམ་གྲངས་གཞན་དུ་ནི་བྱིལ་བྱིལ་པོ་ཞེས་བྱ་བ ་ཡིན་ཏེ། དེ་ནི་ཤིན་ཏུ་འཇམ་པས་སོ། །གཉེན་པ་ནི་ཤིང་བལ་ལ། །ཡང་ན་འཇམ་པ་ནི་མི་རྩུབ་པའོ། །མཉེན་པ་ནི་མི་ཁྲོ་བའོ། །དྲོ་བ་ནི་པགས་པའི་གོས་ཀྱི་ཁྱད་པར་ཏེ། དེ་ནི་ཤིན་ཏུ་དྲ་བས་སོ། །ཉེས་པ་སྦམ་པོར་འགྱུར་རོ་ཞེས་འདིར་སྦོམ་པོ་གསུངས ་པ་ནི་ཡུལ་དུ་གྱུར་པ་འཇམ་པ་དང་མཉེན་པ་དང་དྲོ་བ་ཤིན་ཏུ་བྱིལ་བའི་གོས་དང། ཤིང་བལ་དང། མི་རྩུབ་པ་དང། མི་ཁྲོ་བ་དང་པགས་པ་དག་ལ་གོ་རིམ་བཞིན་དུ་འཇམ་པ་དང། སྙི་བ་དང་དྲོ་བའི་རྣམ་པ་ཉམས་སུ་མྱོང་བ་ཅི་འདྲ་བ་འབྱུང་བ། དེ་འདྲ ་བའི་ཉམས་སུ་མྱོང་བ་ལྟུང་བྱེད་ཡིན་གྱི། ཉོན་མོངས་པ་ཅན་གྱི་རེག་པའི་བདེ་བ་ཉམས་སུ་མྱོང་བར་འདོད་པ་ཉིད་ནི་མ་ཡིན་ནོ། །མ་ནིང་ཆུང་མ་ལ་ཞེས་བྱ་བ་ནི་ཀུན་ཏུ་ཆགས་པའི་སེམས་མེད་པར་མཛའ་བ། ཀུན་ཏུ་སྤྱོད་པ་ནི་བཅུགས་པར་བྱ་བ་ཡིན ་ཏེ། དེའི་ཆེད་དུ་རེག་པ་ནི་ཉེས་པ་མེད་དོ། །དེ་བས་ན་མ་ལ་སོགས་པ་ལ་འདུ་ཤེས་པ་ལ་ཀུན་ཏུ་ཆགས་པ་དང། མཚུངས་པར་ལྡན་པའི་བདེ་བ་ཉམས་སུ་མྱོང་བར་འདུན་པ་མེད་པའི་ཕྱིར་དང། བཅུགས་པར་བྱ་བའི་ཆེད་ཡིན་པའི་ཕྱིར་ལྟུང ་བ་མེད་དོ་ཞེས་བྱ་བ་ད་ལྟར་ཤེས་པར་བྱའོ། །གཏུམ་པོ་ནི་སེང་གེ་ལ་སོགས་པ་ནི་མི་བཟང་བ་རྣམས་སོ། །གནོད་སྦྱིན་ནི་ཤ་ཟ་རྣམས་སོ། །མི་མ་ཡིན་པ་ནི་ཡི་དྭགས་རྣམས་སོ། །གཞན་ཡང་ཉམ་ཐག་པར་དེ་ལྟ་བུ་དག་ལས་ཞེས་བྱ་བ་ནི་བཤད ་པ་ལ་མ་གཏོགས་པའི་ཕོངས་པ་གཡངས་ས་དང། དུག་ཟ་བ་དང། མཚོན་དང། འགེག་པ་ལ་སོགས་པའི་སྡུག་བསྔལ་དག་ལས་ཏེ། འདི་ལུས་ཀྱི་རེག་པའི་བདེ་བ་ཀུན་ཏུ་ཆགས་པ་དང་མཚུངས་པར་ལྡན་པ་ཉམས་སུ་མྱོང་བའི་འདུན་པ ་མེད་པའི་ཕྱིར་དང། སྡུག་བསྔལ་ལས་ཐར་པར་བྱ་བའི་ཕྱིར་ཤེས་པར་བྱའོ། །དགེ་སློང་མ་སྐྱེས་པ་དང་ཞེས་བྱ་བ་ལ་སོགས་པས་སྐྱེས་པ་མཚན་གྱུར་ན་ཉེས་པ་སྦོམ་པོར་གསུངས་པ་ནི་རེག་པའི་ཕམ་པར་གཏོགས ་པར་ཤེས་པར་བྱ་སྟེ། འདི་ལྟར་དགེ་སློང་མ་རྣམས་ལ་རེག་པའི་ཕམ་པར་གཏོགས་པའི་ཉེས་པ་སྦོམ་པོར་བཤད་དོ། །དགེ་འདུན་ལྷག་མར་གཏོགས་པ་ནི་མ་ཡིན་ཏེ། དགེ་སློང་མ་རྣམས་ལ་དེ་མེད་པའི་ཕྱིར་རོ། །ལྷག་མ་ནི་རྟོག ་པར་བླ་བས་རྣམ་པར་མ་ཕྱེའོ། །ལུས་ཀྱི་རེག་པའི་དགེ་འདུན་ལྷག་མ་གཏན་ལ་དབབ་པའོ། །གནས་ངན་ལེན་པའི་ངན་པའོ། །དེ་ལ་གནས་ངན་ལེན་ཅེས་བྱ་བ་ནི་ཉེས་པོར་དེ་ལེན་ཅིང་ཀུན་ཏུ་ལེན་པས་ན་གནས་ངན་ལེན་ཏོ། །ཉེས་པ་སྐྱེད་པར་བྱེད་པ་སྟེ། ཀུན ་ནས་སློང་བ་དང་རང་གི་ངོ་བའི་སྒོ་ནས་སྨད་པའོ་ཞེས་བྱ་བའི་དོན་ཏོ། །སྡིག་པ་ཅན་ནི་ངན་སོང་དུ་ལྟུང་བའི་ཕྱིར་ཏེ། འདིས་ནི་འབྲས་བུའི་སྒོ་ནས་སྨེད་པར་མཛད་པ་ཡིན་ནོ། །ཚོགས་པར་མི་འབྱུང་བ་ནི་འཁོར་གྱི་ནང་དུ་བརྗོད་དུ་མི ་རུང་བ་སྟེ། འདི་ནི་འཇིག་རྟེན་གྱི་སྨད་པ་བརྗོད་དོ། །དེ་ལྟ་ན་འོ་ན་ནི་རྫུན་གྱི་ཚིག་ཀྱང་དེ་དང་འདྲ་བར་འགྱུར་རོ་ཞེ་ན། དེའི་ཕྱིར་འཁྲིག་པ་དང་ལྡན་པ་ཞེས་བྱ་བ་གསུངས་ཏེ། མི་ཚངས་པར་སྤྱོད་པ་དང་ལྡན་པ་རྒྱ་ཞེས་བྱ་བ་དང། རྣ་རུ་ཞེས ་བྱ་བའི་སྒྲ་སྟེན་པར་བྱེད་པའོ། །དེ་ཉིད་བསྟན་པའི་ཕྱིར་འདི་ལྟར་ཞེས་བྱ་བ་གསུངས་ཏེ་དཔེར་ནའོ། །སྐྱེས་བུ་ནི་སྐྱེས་བུ་ལང་ཚོ་ལ་བབ་པ་སྟེ། ཁྱིམ་པ་འབྱིན་མ་པ་ཞེས་བྱ་བའི་ཐ་ཚིག་གོ། ན་ཆུང་ནི་ཆུང་མ་ལ་སོགས་པའོ། །དེས་ན་ཇི་ལྟར་སྐྱེས ་བུ་ལང་ཚེ་ན་ཆུང་ལ་རྒྱ་ལ་སོགས་པའི་དོན་དུ་སྨྲ་བ་དེ་བཞིན་དུ་ཞེས་བྱ་བའི་ཐ་ཚིག་གོ། ཡང་ན་ཞེས་བྱ་བའི་སྒྲ་ནི། དང་ཞེས་བྱ་བའི་སྒྲའི་དོན་ཏེ། དེས་ན་དྲལ་ཅིང་གྱུར་པ་དང། རྒྱ་ལ་སོགས་པའི་དོན་གྱིས་ལྟུང་བ་འདིར་འགྱུར་གྱི། གང ་ཡང་རུང་བ་ཞིག་མ་ཚང་བ་ནི་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ་།ཡང་ན་ངེས་པར་བཟུང་བ་ཡིན་ཏེ། དེས་རྒྱ་ལ་སོགས་པའི་དོན་ཁོ་ནས་ལྟུང་བ་འདིར་འགྱུར་གྱི། སྐྱེས་བུ་འཕྱོན་མ་པ་མཛེས་སོ་ཞེས་བྱ་བ་ལ་སོགས་པས་སྨྲས་པ་ནི་མ་ཡིན་ཞེས་བྱ་བའི་དོན་ཏོ། ། ་སྨྲས་ན་ཞེས་པ་ནི་བརྗོད་ནའོ། །དབེན་པ་ལ་དབེན་པར་འདུ་ཤེས་པས་ཞེས་བྱ་བ་ལ་སོགས་པས་ཉེས་པ་སྦོམ་པོར་གསུངས་པ་ནི་སྦྱོར་བར་གཏོགས་པ་ཡིན་ཏེ། དེ་དང་འདྲ་བ་གཞན་དག་ལ་ཡང་དེ་དང་བ་ཁོ་ནར་ཤེས་བྱའོ། །སྤྲུལ་བ་ནི་སེམས་ཅན་དུ་བགྲང་བ ་མ་ཡིན་པ་ཤིང་ལ་སོགས་པའི་རྒྱུ་ལ་གསང་སྔགས་དང། སྨན་ལ་སོགས་པས་བསྒྲུབས་པའོ། །ཉེས་པ་སྦོམ་པོར་འགྱུར་རོ་ཞེས་བྱ་བ་འདི་ཁ་ན་བུད་མེད་དང་འདྲ་བའི་ཕྱིར་བུད་མེད་དོ་སྙམ་པའི་བློས་ཞུགས་པའི་ཕྱིར་འདི་སྦྱོར་བར་གཏོགས་པ་ཡིན་པར་ཤེས ་པར་བྱའོ། །དངོས་གཞི་ལ་ནི་བསམས་པ་མ་ཡིན་པའི་ཕྱིར་ལྟུང་བ་མེད་དོ། །དེ་ལྟ་བས་མ་ཡིན་ན་སེམས་ཅན་དུ་བགྲང་བ་མ་ཡིན་པའི་དོན་དག་ལ་ཡོངས་སུ་ཤེས་པ་མེད་པའི་ཕྱིར་འཁྲིག་པ་དང་ལྡན་(པ་སྨྲས་ན་ནི་ཉེས་པར་སྨྲས་པ་དང་ལེགས་པར)་སྨྲས་པ་དོན་ཡོངས་སུ་ཤེས ་པར་འདོད་པ་ཉིད་ཀྱང་མེད་ལ་བུད་མེད་ཉིད་ཀྱང་མ་ཡིན་པས་ཡན་ལག་གཉིས་མ་ཚང་བའི་ཕྱིར་འདིར་ཉེས་བྱས་སུ་འགྱུར་གྱི་སྐབས་ཉིད་ནི་ཐག་བསྲིངས་པ་ཡིན་ནོ། །ཁ་ཅིག་འདིར་བདུན་ཚན་འདོན་ཏེ། དེ་ནི་འདི་ལ་དོན་འབྲེལ་བ་མེད་པ་ཡིན་ནོ། །འདི་ལྟར ་ལྟུང་བ་འདི་ནི་བླ་མར་གྱུར་པའི་ཆོས་སྨྲ་བ་ལ་སོགས་པ་བཞིན་དུ་རང་གི་ཚིག་ལ་རག་ལུས་པ་ཡིན་ནོ་ཞེས་དེ་ལྟར་ཁོང་དུ་ཆུད་པར་བྱ་སྟེ། ཚིག་ལ་རག་ལས་པའི་བརླབ་པའི་གཞི་འོག་མ་དག་ལ་ཡང་དེ་དང་འདྲ་བར་ཤེས་པར་བྱའོ། །མཛེས་པ་ནི་བཟང་པོའོ ་སྦོམ་པོར་གསུངས་པ་ནི་འདི་དང་འོག་མ་ལ་ཡང་དེ་ལས་བདེ་བ་ཉམས་སུ་མྱོང་བའི་བདུན་པ་ལ་སོགས་པ་ཡོད་ལ་རྒྱ་ལ་སོགས་པའི་དོན་ནི་མེད་ན་ཡིན་པར་ཤེས་པར་བྱའོ། །སྡིག་པ་ཅན་ནི་མི་བཟང་བའོ། །ཞུས་པ་ལ་ལ་ལས་འདི་སྐད་དུ། དགེ་སློང་གིས ་བུད་མེད་ལ་འདི་སྐད་དུ་ཚུར་ང་དང་ལྷན་ཅིག་ཏུ་འདུག་པར་གྱིས་ཤིག་།ཚུར་ང་དང་ལྷན་ཅིག་ཉོལ་ཅིག་།ཚུར་ང་ལ་བགོ་ཤ་ཀྱིས་ཤིག་ཅེས་སྨྲས་ན་ཅིར་འགྱུར་ལགས། ཉེས་པ་སྦོམ་པོར་འགྱུར་རོ་ཞེས་ཀྱང་འབྱུང་སྟེ། འདིར་ཡང་ཉེས ་པ་སྦོམ་པོར་གསུངས་པ་ནི་རྒྱ་ལ་སོགས་པའི་དོན་མེད་པའི་ཕྱིར་དེ་ལས་བདེ་བ་ཉམས་སུ་མྱོང་བའི་བདུན་པ་ལ་སོགས་པ་ཡོད་ན་ཤེས་པར་བྱའོ། །གཞན་དག་ནི་གནས་ངན་ལེན་གྱི་སེམས་ཀྱིས་གནས་ངན་ལེན་གྱི་ཚིག་སྨྲས་པ་ན་ཐ་ན་རྒོད་བག ་ཙམ་གྱིས་ཀྱང་རུང། ཐམས་ཅད་དུ་སྦོམ་པོར་འདོད་དོ། །འདི་ནི་འདུལ་བ་འཛིན་པ་གཞན་དག་ནི་མི་འདོད་དོ། འདིར་ནི་འདི་ལྟར་ཀུན་ཏུ་ཆགས་པ་ཡན་ལག་ཉིད་དུ་བཤད་ཀྱི་གནས་ངན་ལེན་ཙམ་ན་མ་ཡིན་ནོ། །རྒོད་བག་ཙམ་གྱིས་སྨྲས་ན་ཡང ་སྡོམ་པོར་རིགས་མ་ཡིན་ཏེ། རྒོད་བག་གི་བསམ་པས་ལུས་དང་ངག་འགྱུར་བར་མི་བྱའོ། །ཞེས་བྱ་བ་འདིར་ཁྱད་པར་མེད་པར་ཉེས་བྱས་སུ་གསུངས་པའི་ཕྱིར་རོ། །དེ་ལྟ་བས་ན་རྣམ་པར་བཤས་པ་སྔ་མ་ཉིད་བཟང་ངོ། །བཙུན་པ་རེ་ཞིག་དགེ ་སློང་ཞེས་བྱ་བ་ལ་སོགས་པས་མཚན་གྱུར་ན་ཉེས་བྱས་སུ་གསུངས་པ་ནི་ཕམ་པར་གཏོགས་པ་སྟེ། འདི་ལྟར་དགེ་སློང་མ་ལ་སྨྲ་བའི་དགེ་འདུན་ལྷག་མ་ནི་མེད་ཀྱི་འོན་ཀྱང་ཆགས་པས་ཆགས་པ་དང་ལྷན་ཅིག་རྒོད་བག་མེད་ན་སྦོམ་པོའོ་ཞེས ་བྱ་བ་ལ་སོགས་པའི་ཚུལ་གྱིས་སྐྱེས་པ་ལ་སྨྲ་ན་ནི་ཕམ་པར་གཏོགས་པའི་སྦོམ་པོར་རྣམ་པར་བཞག་གོ་།མཚན་འཐུན་པ་ལ་སྨྲས་ན་ནི་སྦོམ་པོ་སྦྱོར་བ་ཡིན་པའི་ཕྱིར་ཉེས་བྱས་སོ། །དགེ་སློང་མ་ཞིག་ཅེས་བྱ་བ་ལ་སོགས་པས་མཚན་གྱུར་ན་བོམ ་པོར་གསུངས་པ་ནི་སྐྱེས་པ་ལ་སྨྲ་བར་གཏེགས་པའོ། །དགེ་སློང་མ་ལ་ནི་ཉེས་པ་སྦོམ་པོར་འགྱུར་རོ་ཞེས་བྱ་བ་འདིར་ནི་ཕམ་པར་གཏེགས་པ་སྟེ། སྔ་མ་བཞིན་ནོ། །འཁྲིག་པ་དང་ལྡན་པ་སྨྲ་བའི་དགེ་འདུན་ལྷག་མ་གཏན་ལ་དབབ་པའོ།། །། ་ཆེ་ཞེས་བྱ་བ་ནི་སྲིད་མོ་ལ་བོད་པའི་ཚིག་གོ་།གལ་ཏེ་ཆེ་ཞེས་སྨྲས་ནས་ཇི་ལྟར་དེ་དང་ལྷན་ཅིག་འདུར་རུང་ཞེ་ན། ཚིག་འབའ་ཞིག་གིས་འཁྲིག་པ་ལས་བྱུང་བའི་དངོས་པོ་བདག་གིར་བྱེད་པར་སེམས་པའི་ཕྱིར་ཉེས་པ་མེད་དོ། །ཡང་ན་འདི་ལ་མོ་མཚན་ཡོད་པ་ན་སྲུ ་སྟེ། དེས་ན་འདི་མི་ཚངས་པར་སྤྱོད་པ་བྱ་བར་བཟོད་པ་ཡིན་གྱི། མཚན་མ་ཙམ་ཡོད་པ་ནི་མ་ཡིན་ཞེས་བྱ་བའི་ཐ་ཚིག་གོ་།བསྙེན་བཀུར་རྣམས་ཀྱི་ནང་ན་ཞེས་བྱ་བ་ནི་དམིགས་ཀྱིས་བསལ་བའི་དྲུག་པ་ཡིན་ནོ། །དེས་ན་བསྙེན་བཀུར་གཞན་དག་པས་འདི ་ཡོན་ཏན་གྱིས་མཆོག་ཉིད་དུ་ངེས་པར་འཛིན་ཏོ་ཞེས་བྱ་བའི་ཐ་ཚིག་གོ་།འདི་ལྟ་སྟེ་ཞེས་བྱ་བའི་ཚིག་འདི་ནི་བསྙེན་བཀུར་པ་སྨྲས་པ་རྣམས་ཀྱི་རང་གི་ངོ་བོ་བཤད་པ་ཉེ་བར་སྟོན་པའི་ཚིག་གོ་།ད་ལྟ་བུ་ཞེས་བྱ་བ་ནི་བདག་འདྲ་བ་སྟེ། འདིས་ནི་བདག་ཉིད་རིགས ་དང། གཟུགས་དང། འོ་བཟའ་བ་ལ་སོགས་པའི་ཡོན་ཏན་དང་ལྡན་པ་ཉིད་དུ་བསྟན་ཏོ། །དགེ་སློང་ཞེས་བྱ་བ་འདིས་ནི་གཞན་ཡོངས་སུ་བཟུང་བ་མེད་པར་བསྟན་ཏོ། །དགེ་སློང་དེ་ཇི་ལྟ་བུ་ཞིག་ཅེ་ན། ཚུལ་ཁྲིམས་དང་ལྡན་པ་ཞེས་བྱ་བ་ལ་སོགས ་པ་སྨོས་ཏེ། ཚུལ་ཁྲིམས་དང་ལྡན་པ་ནི་ཚུལ་ཁྲིམས་ཀྱི་ཕུང་པོ་དང་ལྡན་པའི་ཕྱིར་རོ། །བསིལ་བར་གྱུར་པའི་ཕྱིར་ཚུལ་ཁྲིམས་ཏེ། འདི་སྐད་དུ། ཚུལ་ཁྲིམས་ཡང་དག་བླངས་ན་བདེ། །ལུས་ལ་ཡོངས་སུ་གདུང་བ་མེད་ཅེས་གསུངས་པ་ལྟ་བུའོ།། ་དགེ་བའི་ཆོས་ཅན་ནི་ཏིང་ངེ་འཛིན་གྱི་ཕུང་པོ་དང་ལྡན་པའི་ཕྱིར་ཏེ། ཡོངས་སུ་དག་པ་ཉིད་ཀྱི་གསེར་བཟང་པོ་དང་འདྲའོ། །ཚངས་པར་སྤྱོད་པ་ནི་ཤེས་རབ་ཀྱི་ཕུང་པོ་དང་ལྡན་པའི་ཕྱིར་ཏེ། དེས་ནི་མྱ་ངན་ལས་འདས་པ་ཞེས་བྱ་བའི་ཚངས་པར་ ་སྤྱོད་ཅིང་འགྲོ་ཞེས་བྱ་བའི་དོན་ཏོ། །དེ་བས་ན་འདིས་ནི་བདག་ཉིད་ཞིང་ཉིད་དུ་རབ་ཏུ་བསྒྲགས་པས་འབྲས་བུ་ཆེ་བ་ཉིད་དུ་བརྗེད་པར་བྱེད་དོ། །ཆོས་འདིས་ཞེས་བྱ་བ་ནི་བསྙེར་བཀུར་ཞེས་བྱ་བའི་དངོས་པོས་སོ། །ཆོས་ཇི་ལྟ་བུ་ཞིག་གིས་ཤེས་ན ་འཁྲིག་པ་དང་ལྡན་པ་ཞེས་བྱ་བ་གསུངས་ཏེ། འཁྲིག་པ་ལས་བྱུང་བའི་དོན་བརྗོད་པ་རྒྱ་ཞེས་བྱ་བ་དང། རྣ་རུ་ཞེས་བྱ་བའི་སྒྲ་དང་ལྡན་པས་ཞེས་བྱ་བའི་ཐ་ཚིག་གོ་།བསྙེན་བཀུར་བྱེད་པ་ནི་བཀུར་སྟེ་བྱེད་པའོ། །བསྔགས་པ་བརྗོད་པ་ནི ་ཡོན་ཏན་སྨྲས་པའོ། །དེ་ཉིད་བསྟན་པའི་ཕྱིར་འདི་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ནི་མཆོག་ཡིན་ནོ་ཞེས་བྱ་བ་ནི་བསྙེར་བཀུར་འདི་ཁོ་ན་ཕུལ་དུ་བྱུང་བའོ་ཞེས་བྱ་བའི་སྒྲ་ནི་རྣམ་པའོ། །བདག་ཉིད་ནི་རང་གིའོ། །དེ་བདག་ནི་ཕུང་པོའི ་རྒྱུ་ངའོ་སྙམ་དུ་དམིགས་པ་རྒྱུ་ཐ་མི་དད་པ་ཡིན་ནོ། །དེ་སྨོས་པ་ཡང་གཞན་རྣམ་པར་བཅད་པའི་ཕྱིར་ཏེ། གཞན་གྱི་དོན་དུ་སྨྲས་པ་ལ་ན་སྨད་པར་འབྱུང་བའི་ཕྱིར་རོ། །ལུས་ཀྱི་བསྙེན་བཀུར་ཞེས་བྱ་བ་ལ་བསྙེན་བཀུར་ནི་སྐྱེས་པ་ལ་བུད ་མེད་ཀྱི་བྱ་བའི་རིམ་གྲོ་སྟེ། འཁྲིག་པ་ལས་བྱུང་བས་ལུས་ལས་རིམ་གྲོ་བྱེད་པ་ཞེས་བྱ་བའི་ཐ་ཚིག་གོ། གཞུང་བླ་མ་ནི། བཙུན་པར་རེ་ཞིག་དབུས་ཀྱི་དགེ་སློང་ཞིག་གིས་མཛའ་འཁོབ་པ་ལ་དབུས་ཀྱི་སྐད་ཀྱིས་ཞེས་བྱ་བ་ལ་སོགས ་པ་ཡིན་ནོ། །དགེ་སློང་མས་བསྙེན་བཀུར་བསྔགས་པ་ལ་ནི་ཉེས་བྱས་སུ་བརྗོད་དོ་ཞེས་བྱ་བ་ནི་འདུལ་བ་མདོར་བསྡུས་པ་ལས་མ་བརྟགས་པ་ཡང་ཡིན་པར་གསུངས་པའི་ཕྱིར་རོ། །འདི་ལྟ་བུད་མེད་ནི་འཁྲིག་པ་ལས་བྱུང་བ་ལ་བསྙེན ་བསྐུར་བྱེད་པ་ཡིན་གྱི། བསྙེན་བཀུར་བྱ་བ་ནི་མ་ཡིན་ཏེ། བསྙེན་བཀུར་བྱ་བ་ཡིན་པའི་བདག་ཉིད་ཀྱི་བསྙེན་བཀུར་བསྔགས་པ་བརྗོད་པ་ཡང་འཐད་པ་མ་ཡིན་ནོ། །འདི་ལྟར་ཡང་སྐྱེས་པ་ནི་འདིར་མཆོད་པར་བྱ་བའི་ཆ་ལ་རྣམ ་པར་གནས་ཏེ། དེའི་སེམས་བསྲུང་བའི་ཆེད་དུ་བྱ་བ་ལ་འཇུག་པའི་ཕྱིར་རོ། །བུད་མེད་ནི་བྲལ་གྱི་ཆ་ལ་རྣམ་པར་གནས་ཏེ། འདི་ལྟར་དེ་ནི་གཞན་གྱི་དོན་དུ་སྤྱད་པ་ཡིན་པའི་ཕྱིར་རོ། །བསྙེན་བཀུར་བསྔགས་པའི་དགེ་འདུན ་ལྷག་མ་གཏན་ལ་དབབ་པའོ། །འདས་པ་ཡང་མ་ལགས་ཞེས་བྱ་བ་ལ་སོགས་པ་ནི་འདུས་མ་བྱས་པ་ཉིད་ཀྱིས་དུས་སུ་མ་གཏོགས་པའི་ཕྱིར་རོ། །འགྲོ་བ་དང་ཕྱིར་འོང་བ་ཡང་མ་མཆིས་པའི་ནི་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པ་ལ་གནས་པ་ལ ་ཕྱིར་འོང་བ་མེད་པའི་ཕྱིར་རོ། །ལས་ཀྱི་མཛའ་འཇུག་གི་མཐར་ཕྱིན་པ་ནི་འཕགས་པའི་ལམ་བསྒོམས་པ་(ཉོན་མོངས་པ་དང་ཉེ་བའི)་ཉོན་མོངས་པ་ལ་སོགས་པ་ཐམས་ཅད་ཀྱི་མཐར་ཕྱིན་པའི་མཆོག་བསྙེས་པའི་ཕྱིར་ཏེ། ཚིགས་སུ་བཅད་པ་ལས། ཞི་བའི་གོ་འཕང་བླ་ན་མེད། །མཚན ་མ་ཐམས་ཅད་ཟད་པར་འགྱུར། །རྣམ་བྱེད་གོ་འཕང་མི་གཡོ་བ། །འདི་ནི་མཐར་ཐུག་ཆོ་ག་ཡིན་ནོ་ཞེས་བྱ་བའི་ཕྱིར་རོ། །མྱ་ངན་ལས་འདས་པ་ནི་ཉོན་མོངས་པ་ཞི་བའི་ཕྱིར་རོ། །གལ་ཏེ་ཞུ་བ་འདིའི་སྐབས་སུ་ཅི་ཞིག་འབབ་ཅེ་ན། ལས་ཀྱི་མཛའ་ཨི་འཇུག་གི་མཐར ་ཐུག་པ་འདྲ་བས་ཚིག་ཟུར་གྱིས་ཞུས་པ་འདི་ཡིན་ནོ། །འདུལ་བ་ལས་ནི་ཞུ་བ་ལས་དང་ལན་འདི་ལྟ་བུ་དག་འབྱུང་སྟེ། སྤྲུལ་པ་ཟད་པའི་ཞུས་པ་དང་ལན་ལྟ་བུའོ། །དེ་ལས་འདི་སྐད་དུ། གང་ཞིག་འགྲོ་བ་དག་ཏུ་མ་གཏོགས་པ་ལ་མྱ་ངན ་ལས་འདས་པ་ཡང་མ་ལགས། བསྟན་པ་ལ་ཡང་མི་འཇུག་པ་མྱ་ངན་ལས་འདས་པ་ཡང་མ་ལགས་པ་དེ་གང་ཞིག་ལགས། བཀའ་སྩལ་པ། སྤྲུལ་པའོ་ཞེས་བྱ་བ་ལ་སོགས་པ་འབྱུང་སྟེ། འདི་ནི་ཁོ་ནར་ལས་མ་གོ་ནས་འཆད་པར་འགྱུར་རོ།། ་འགྲོ་བ་དང་ཕྱིར་ཡོད་པ་མཆིས་པ་ནི་ལེན་པ་དང། མིར་སྐྱེ་བ་རྣམས་མེད་པའི་ཕྱིར་རོ། །ལས་ཀྱི་མཛའ་ཨི་འཇུག་པའི་མཐར་ཕྱིན་པའི་སྤྱོད་པར་བྱེད་པའི་འབྲས་བུ་ཡོངས་སུ་རྫོགས་པར་བྱེད་པའི་ཕྱིར་རོ། །འདིས་ནི་ལེན་པ་དང་སྐྱེ་བ་རྣམས་ཀྱང ་བྱས་ལ་སྤྲད་པར་ཡང་འགྱུར་ན། དགེ་འདུན་ལྷག་མར་འགྱུར་གྱི་གཞན་ནི་ཞེས་བྱ་བར་བསྟན་ཏོ། །སྨྱན་བྱེད་པ་ནི་ཕོ་ཉའི་ངོ་བོ་སྟེ། སྨྱན་ཕོ་ཉའི་ངོ་བོ་འམ། ལས་ཡིན་པའི་ཕྱིར་རོ། །བུད་མེད་ལ་སྐྱེས་པའི་ཚིག་ནི་བུད་མེད་ཀྱི་ཡུལ་ལ ་སྐྱེས་པའི་ཚིག་གིས་སོ། །སྐྱེས་པ་ལ་བུད་མེད་ཀྱི་ཚིག་གིས་སྐྱེས་པའི་ཡུལ་ལ་བུད་མེད་ཀྱི་ཚིགས་སོ། །དེས་ན་སྐྱེས་པས་བཅོལ་བས་དགེ་སློང་བུད་མེད་ཀྱི་ཡུལ་ལ་ཕྲིན་རྩོམ་ན་ཞེས་བྱ་བའི་ཐ་ཚིག་གོ། ཀྱང་རུང་ཞེས་བྱ་བའི་སྒྲ་གཉིས ་སྨོས་པ་ནི་སོ་སོར་ལྟུང་བ་ཉིད་ཡིན་པར་བསྟན་པའི་ཕྱིར་རོ། །ཇི་ལྟར་བུད་མེད་ལ་སྐྱེས་པའི་ཚིག་གིས་ཤེ་ན། ཆུང་བ་ཉིད་དམ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཆུང་བ་ཉིད་ནི་ངོ་བོ་མ་ཐོན་གྱི་ཆུང་མ་ཉིད་དོ། །མཛའ་ན་མོ་ཉིད་ནི་འཁྱུད་པའི ་(བུད་མེད་དོ། །དེས་ན་སྐྱེས་པས་བུད་མེད་དོ། །དེས་ན་སྐྱེས་པས)་བུད་མེད་ལ་ཁྱོད་ཀྱིས་ང་ཁྱེར་རོ་གཟུང་ཞིག་ཅེ་འམ། །ངའི་མཛའ་ན་མོ་གྱིས་ཤིག་ཅེས་སྤྲིད་བ་དེ་ལྟ་བུའི་ངོ་བོའི་ཕྲིན་ལེན་ན་ལྟུང་བ་འདིར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ་།གཞན་དག་ན་རེ་མཛའ་ན་མོ་ཞེས ་སྨོས་པ་ནི་སྐྱེས་པ་དང་བུད་མེད་གཉི་ག་ལ་ཡང་སྦྱར་བར་བྱ་སྟེ། དེས་ན་བུད་མེད་ལ་སྐྱེས་པའི་ཚིག་གིས་ནི་བུད་མེད་ཀྱི་ཡུལ་ལ་སྐྱེས་པ་ཚིག་གིས་ང་ཁོ་ན་ཁྱོར་ཟུང་ཞེས་བྱ་བ་དང། དེ་བཞིན་དུ་སྐྱེས་པ་ལ་བུད་མེད་ཀྱི་ཚིག་གིས་ནི ་སྐྱེས་པའི་ཡུལ་ལ་བུད་མེད་ཀྱི་ཚིག་གིས་ང་ཁྱོད་ཀྱི་མཛའ་ན་མོར་གྱིས་ཤིག་ཅེས་བྱ་བའི་དོན་འདིར་འགྱུར་རོ། །དེ་ལ་མཛའ་ན་ནི་འཁྱུད་དེ་འཁྲིག་པ་ལས་བྱུང་བ་ལྷག་མར་སྤྱོད་པའི་ཕྱིར་གྲགས་པར་ཟད་དོ། །དེའི་སྐད་ཅིག་ནི་བྱེད ་པའི་སྐད་ཅིག་དེ་ཉིད་བསྡུས་པ་དེ་དུས་རེ་ཞིག་པ་ཞེས་བྱ་བའི་ཐ་ཚིག་གོ། ཀྱང་ཞེས་བྱ་བའི་སྲིད་པ་སྟེ། དེས་ན་རེ་ཞིག་དུས་ཐུང་ངུ་ཞིག་བུད་མེད་ལ་སྐྱེས་པའི་ཚིག་གིས་སྨྱན་བྱས་ན་ཡང་ལྟུང་བ་འདིར་འགྱུར་ན་དུས་རིང་པོར་ལྟ ་མོས་ཀྱང་ཅི་དགོས་ཞེས་བྱ་བའི་ཐ་ཚིག་གོ་།ཕྲིན་ནི་ཕྲིན་པའི་ལས་སོ། །སྐྱེལ་བ་ནི་ཕྲིན་སྐྱེལ་བའོ། །ཕྱིར་སྐྱེལ་བ་ནི་ཕྲིན་སླར་གོ་བར་བྱེད་པའོ། །ཉེས་པ་སྦོམ་པོར་འགྱུར་རོ་ཞེས་བྱ་བ་ནི་འདི་ལ་གསུམ་པར་རང་བཞིན་དུ་གནས ་པའི་ལེན་པ་དང། ཕྱིར་སྐྱེལ་བ་དག་ན་བྱེད་ན་དགེ་འདུན་ལྷག་མར་འགྱུར་རོ། །གསུམ་ཆར་བསྙོམ་པའི་བྱེད་ན་ནི་སྤོམ་པོ་སྟེ། འདི་ལྟར་དྲན་པ་ཉམས་པའི་ཡུལ་ལ་ཞུགས་པའི་ཉམས་པ་ཤིན་ཏུ་ཚབས་ཆེ་བས་འགྱུར་གྱི། སྤྱིར་སྨྲས་པའི་ཕྱིར་ཁྱད་པར ་ལ་མི་བསྟེན་པར་བུད་མེད་ཉོས་ཤིག་ཅེས་སྨྲས་པ་ལ་ནི་མ་ཡིན་ནོ། །གཞན་དག་ན་རེ་འདི་ལ་བསམ་པ་ཉམས་པ་ཤིན་ཏུ་ཚབས་ཆེན་པོར་ནི་ཡན་ལག་ཉིད་མ་ཡིན་ཏེ། བསམ་པ་ཆུང་ངུས་དབྱེན་བྱེད་པ་ཡོངས་སུ་རྫོགས་ན་ཡང་དགེ་འདུན་ལྷག ་མ་སློང་བའི་ཕྱིར་རོ། །དེ་ལྟ་བས་ནི་ཉེས་བྱས་སུ་གསུངས་པ་འདི་ནི་སྤྲད་པར་བྱ་བའི་ཆེད་དུ་མ་ཡིན་པར་རྣམ་པར་བཤད་པར་བྱའོ། །དེའི་ཕྱིར་བུད་མེད་ཉོས་ཤིག་ཅེས་བྱ་བ་ལ་སོགས་པ་ལ་ཉེས་བྱས་སུ་གསུངས་པ་ནི་སྤྲད་པའི་བསམས་པ་མེད་ན་ཡིན་པར་ཤེས་པར ་བྱ་སྟེ། འདི་ལྟར་འདི་ལ་མ་གྲུབ་པ་བསྒྲུབ་པར་བྱ་བའི་དོན་ཉིད་ལ་སོགས་པ་སྤྱོད་པའི་ཡན་ལག་ཐམས་ཅད་ཡོད་པར་སྤྲད་པར་བྱ་བའི་ཆེད་དུ་ཡིན་ན་སྤོམ་པར་འགྱུར་དགོས་པས་ཇི་ལྟར་ཉེས་བྱས་ཞེས་བརྗོད་དོ། །བུད་མེད་ཆེ་གེ་མོ་ཞིག་ཡོས་ཤིག ་ཅེས་བྱ་བ་ལ་སོགས་པ་ལ་ཉེས་པ་སྦོམ་པོར་གསུངས་པ་ནི་སྤྲད་པར་བྱ་བའི་ཆེད་དུ་མ་གྲུབ་པ་བསྒྲུབ་པའི་ཕྱིར་བུད་མེད་ཆེ་གེ་མོ་ཞིག་ཉོས་ཤིག་ཅེས་བྱ་བ་ཕྲིན་སྐྱེལ་བའི་མཚན་ཉིད་སྤྲོད་པའི་ངོ་བོ་འདི་སྨྲས་ན་དེ་ཡིན་ནོ། །ཞུས་པ་ལ་ལས་འདི་སྐད་དུ། ་ཆུང་མ་འདི་ཉོས་ཤིག་ཅེས་འཆི་ན་ཅིར་འགྱུར་ལགས། ཉེས་པ་སྦོམ་པོར་འགྱུར་རོ་ཞེས་འབྱུང་ངོ། །འདི་ལ་ཡང་དོན་ནི་དེ་ཁོ་ནར་ཟད་ཀྱི་འོན་ཀྱང་ཚིག་ཙམ་ཐ་དད་དེ་འདི་ལྟར་འདི་ལ་ཡང་སྤྲད་པར་བྱ་བའི་ཆེད་ཉིད་དང་མ་གྲུབ་པར་བསྒྲུབ་པའི་དོན ་ཉིད་དང། ཕྲིན་སྐྱེལ་བ་ལ་སོགས་པ་ཡོད་པས། སྦྱོར་བར་འགྱུར་བའི་ཕྱིར་ཉེས་པ་སྦོམ་པོར་གསུངས་པ་འདི་ཉིད་ཡིན། །བསྙེན་པར་མ་རྫོགས་པར་སྨྱན་བགྱིད་པར་སྦྱོར་བ་བགྱིད་པ་ལ་ཞེས་བྱ་བ་ལ་སོགས་པ་ནི་འདིར་ཕོ་ཉ་ནི་རང་ཉིད་ཡིན་ནོ་ཞེས་ ་འབྱུང་བའི་བསྙེན་པར་མ་རྫོགས་པའི་སྨྱན་བགྱིད་པར་སྦྱོར་བར་བགྱིད་ལ་ཞེས་བྱ་བ་ལ་སོགས་པས་བསྙེན་པར་རྫོགས་ཏེ་ཕྱིར་སྐྱེལ་བ་ལ་ཉེས་པ་སྦོམ་པོར་གསུངས་པ་འདི་ནི་ཕྱིར་སྐྱེལ་བ་ཙམ་ལ་ཡང་ཉེས་པ་སྦོམ་པོར་འགྱུར ་བ་ཁོ་ནའོ་ཞེས་བྱ་བ་འདིས་བསྟན་པ་ཡིན་ཏེ་།འདི་དག་བྱེད་ན་ཐ་དད་པ་ཉིད་ཡིན་ནོ་ཞེས་འབྱུང་བའི་ཕྱིར་རོ། །དེ་བཞིན་དུ་འོག་མ་དག་ལ་ཡང་ཤེས་པར་བྱའོ། །སྤོ་བ་ནི་དགེ་འདུན་ལྷག་མ་བྱུང་བ་བཅབས་པའི་རྒྱུ་མཚན་ཅན་གྱི་ཆད་པའི་ལས་བྱེད ་པའི་ཕྱིར་རོ། །སྤོ་བ་བགྱིད་པ་ནི་སྤོབ་སྤྱད་ནད་རུང་འདི་ལ་མགུ་བར་བྱ་བ་མ་ཡིན་པའི་ཕྱིར་རོ། །མགུ་བར་བགྱིད་པ་སྤྱོད་པ་ནི་སྤོ་བ་སྤྱད་ནས་དགེ་འདུན་མགུ་བར་བྱ་བའི་ཕྱིར་ཞག་དྲུག་ཏུ་ཆད་པའི་ལ་སྤྱོད་པའི་ཕྱིར་རོ། །མགུ་བར་བགྱིད་པ་སྤྱད་པ་ནི ་ཞག་དྲུག་ཏུ་མགུ་བར་བྱ་བ་སྤྱད་ནས་ད་རུང་འདི་ལ་དབྱུང་བ་མ་བྱས་པའི་ཕྱིར་རོ། །མགུ་བར་བྱ་བ་གསོལ་བ་ལས་ཞེས་བྱ་བ་ལ་སོགས་པ་ནི་བཅབས་པ་མེད་པའི་ཕྱིར་རོ། །བཅབས་པའི་ཉེས་པ་སྦོམ་པོ་གཞོམ་པའི་ཕྱིར་སྤོ་བ་བྱིན་ན་དེ་ལ་ཡང་བཅབས ་པ་མེད་དོ། །དེས་ན་འདི་ལ་སྤོ་བ་མ་བསྟན་ཏོ། །མགུ་བར་བྱ་བ་ཕལ་ཆེར་སྤྱོད་པ་ནི་མགུ་བར་བྱ་བ་མང་དུ་སྤྱད་པའི་ཕྱིར་རོ། །ལྟུང་བ་གཅིག་གིས་ནི་སྤོ་བ་བྱས་པ་ཡིན་ནོ་ཞེས་བྱ་བ་ནི་འདི་ཞག་གཅིག་བཅབས་པ་གང་ཡིན་པ་སྟེ། དགེ་འདུན་གྱིས་འདི་ནི ་དེའི་ཞག་གཅིག་སྤོ་བ་སྦྱིན་པའི་ཕྱིར་རོ། །གཉིས་པས་ནི་སྤོ་བ་ཡིན་ནོ་ཞེས་བྱ་བ་ནི་འདིའི་ཞག་གཉིས་བཅབས་པ་གང་ཡིན་པ་སྟེ། དགེ་འདུན་གྱིས་འདི་ལ་དེའི་ཞག་གཉིས་སྤོ་བ་སྦྱིན་པའི་ཕྱིར་རོ། །གསུམ་པས་ནི་མགུ་བར་བྱ་བ་སྤྱད་པ་ཡིན་ནོ་ཞེས་བྱ་བ་ནི ་འདིས་མ་བཅབས་པ་གང་ཡིན་པ་སྟེ། དགེ་འདུན་གྱིས་འདི་ལ་མགུ་བར་བྱ་བ་ཁོ་ན་སྦྱིན་པའི་ཕྱིར་རོ། །གཞི་པས་ནི་མགུ་བར་བྱ་བ་སྤྱད་པ་ཡིན་ནོ་ཞེས་བྱ་བ་ནི་མགུ་བར་བྱ་བ་སྤྱད་པ་འདིས་ལྟུང་བའི་ཕྱིར་རོ། །དེའི་ཕྱིར་འོག་མ་དག་ལ་ཡང་གང་ཡང་རུང་བ ་ཞིག་མ་ཚང་ན་ཡང་ཅི་རིགས་པ་ཉིད་དུ་སྦོམ་པོ་ཉིད་དུ་ཤེས་པར་བྱའོ། །རང་བཞིན་དུ་གནས་པ་ནི་དྲན་པ་མ་ཉམས་པ་སྟེ། སེམས་རྣམ་པར་གནས་པ་ཞེས་བྱ་བའི་ཐ་ཚིག་གོ་།གལ་ཏེ་ཇི་ལྟར་ན་སྨྱོན་པ་ལས་ཕྲིན་བླངས་ནས་རང་བཞིན་དུ་གནས་པ་ལ་ཕྱིར ་སྐྱེལ་བར་རུང་ཞེ་ན། སྨྱོན་པའི་གནས་སྐབས་པ་ལས་བླངས་ནས་ཡང་དེ་ཉིད་རང་བཞིན་དུ་གནས་པ་ལ་སྐྱེལ་བའི་ཕྱིར་ཉེས་པའི་སྐབས་མེད་དེ། དེ་བཞིན་དུ་འོག་མ་དག་ལ་ཡང་ཅི་རིགས་པར་ཤེས་པར་བྱའོ། །དེ་ལ་ཚར་དང་པོ་ལ་ནི་ཐམས་ཅད ་སྨྱོན་པ་ཁོ་ན་ཡིན་ནོ། །གཉིས་པ་ལ་ནི་དང་པོ་དང་བར་མ་དག་སྨྱོན་པ་ཡིན་མཛའ་མ་ནི་རང་བཞིན་དུ་གནས་པ་ཡིན་ནོ། །གསུམ་པ་ལ་ནི་དང་པོ་དང་ཐ་མ་དག་སྨྱོན་པ་ཡིན་ལ་བར་མ་རང་བཞིན་དུ་གནས་པ་ཡིན་ནོ། །བཞི་པ་ལ་ནི་དང་པོ་སྨྱོན་པ་ཡིན་ལ ་བར་མ་དང་ཐ་མ་དག་རང་བཞིན་དུ་གནས་པ་ཡིན་ནོ། །ལྔ་པ་ལ་ནི་ཐམས་ཅད་རང་བཞིན་དུ་གནས་པ་ཁོ་ན་ཡིན་ནོ། །དྲུག་པ་ལ་ནི་དང་པོ་དང་བར་མ་དག་རང་བཞིན་དུ་གནས་པ་ཡིན་ལ་ཐ་མ་སྨྱོན་པ་ཡིན་ནོ། །བདུན་པ་ལ་ནི་དང་པོ་དང་ཐ་མ་དག་རང ་བཞིན་དུ་གནས་པ་ཡིན་ལ་བར་མ་སྨྱོན་པ་ཡིན་ནོ། །བརྒྱད་པ་ལ་ནི་དང་པོར་རང་བཞིན་དུ་གནས་པ་ཡིན་བར་མ་ཐ་མ་དག་སྨྱོན་པ་དག་ཡིན་ནོ། །དབང་བ་ནི་ཁྱེའུ་ལ་འཇུག་པ་དང། བཟློག་པ་དག་དང། བུ་མོ་ལ་སྦྱིན་པ་དང། འཕྲོག་པ་དག་ཏུ་ནུས ་པའི་དབང་པོ་སྟེ། མ་ལ་སོགས་པའོ་ཞེས་བྱ་བའི་ཐ་ཚིག་གོ་།བཟློག་པ་ནི་མི་དབང་པའོ། །དེ་ལ་ཚར་དང་པོ་ལ་ནི་ཐམས་ཅད་དབང་བ་ཁོ་ན་ཉིན་ནོ། །གཉིས་པ་ལ་ནི་དང་པོ་དང་བར་མ་དབང་བ་ཡིན་ལ་ཐ་མ་མི་དབང་བ་ཡིན་ནོ། །གསུམ་པ་ལ་ནི་དང ་པོ་དང་བར་མ་དང་ནི་མི་དབང་བ་ཡིན་ལ་ཐ་མ་དབང་བ་ཡིན་ནོ། །བཞི་པ་ལ་ནི་དང་པོ་དབང་བ་ཡིན་ལ། བར་མ་དང་ཐ་མ་དག་མི་དབང་བ་ཡིན་ནོ། །ལྔ་པ་ལ་ནི་ཐམས་ཅད་མི་དབང་བ་ཁོ་ན་ཡིན་ནོ། །དྲུག་པ་ལ་ནི་དང་པོ་དང་བར་མ་དག་མི་དབང་བ་ཡིན་ནོ། ་བདུན་པ་ལ་ནི་དང་པོ་དང་ཐ་མ་དག་དབང་པ་ཡིན་ནོ། །བར་མ་མི་དབང་བ་ཡིན། །བརྒྱད་པ་ལ་ནི་དང་པོ་མི་དབང་བ་ཡིན་ལ་བར་མ་དང་ཐ་མ་དག་དབང་བ་ཡིན་ནོ། །དེའི་ཕྱིར་ཕྲད་པར་བྱ་བ་ཁྱེའུ་དང་བུ་མོ་དག་གིས་དབང་པོ་ལ་སོགས་པ ་ལས་ཕྲིན་ལེན་པར་བྱེད་ན་ཕྲད་པར་བྱ་བ་ཁོ་ན་ལས་དེ་བླངས་པ་དང། བསྟན་པར་ཤེས་པར་བྱ་སྟེ། ཕྲིན་པ་བྱེ་བྲག་མེད་པའི་ཕྱིར་རོ། །འདི་ལྟར་འདི་ནི་སྤྲད་པ་འབྲས་བུ་ཉིད་ཡིན་པ་དེ་གང་ལས་འགྲུབ་པ་དེ་ནི་འདིར་ཡན་ལག་ཉིད་ཡིན་ན་དེ་ཡང ་དབང་བ་ལས་འགྲུབ་པར་འགྱུར་རོ། །དབང་བ་ཉིད་ཀྱང་རེས་འགའ་ནི་སྤྲད་པར་བྱ་བའི་བསྟེན་ཅན་ཡིན་ལ་རེས་འགའ་ནི་གཞན་གྱི་རྟེན་ཅན་ཡིན་པས། དེའི་ཕྱིར་འདི་ཁ་ན་མ་ཐོ་བ་ཡོངས་སུ་རྫོགས་པར་བྱེད་པ་ཉིད་ཡིན་ནོ། །འབྲེལ་ཀྱང་རུང་མ་འབྲེལ ་ཀྱང་རུང་སྤྲད་པར་བྱ་བ་ལས་མི་དབང་བ་གང་གང་ཡིན་པ་དེ་ལས་ཕྲིན་ལན་པ་ལ་ནི་སྦྱོར་བར་གཏོགས་པའི་ཉེས་བྱས་སུ་འགྱུར་ཏེ། འདི་ལ་ནི་སྤྲད་པ་མེད་དེ། མི་དབང་བས་དེ་འགྲུབ་པ་མེད་པའི་ཕྱིར་རོ། །སྤྲད་པར་བྱ་བ་ལས་ཕྲིན་ཡང་མ་བླངས་པ ་གོ་བར་ཡང་མ་བྱས་པས་ཡན་ལག་དུ་མ་ཚང་བའི་ཕྱིར་སྦྱོར་བ་ལས་བྱུང་བའི་ཉེས་བྱས་ཁོ་ན་གསུངས་པ་བཟང་ངོ། །བུད་མེད་ཉོས་ཤིག་ཅེས་སྨྲས་པ་ལས་ཉེས་བྱས་སུ་གསུངས་པ་འདི་ལ་ཁ་ཅིག་ནི་སྤྱིར་སྨྲས་པའི་ཕྱིར་ཁྱད་པར་ལ་ནི་མི་བརྟན ་པས་འདིར་ཉམས་པའི་ཤིན་ཏུ་ཚབས་ཆེ་བ་ཉིད་མ་ཡིན་ཏེ། དེའི་ཕྱིར་ཉེས་བྱས་སུ་འདིར་གསུངས་ཏེ། འདི་ལྟར་འོག་ནས་བུད་མེད་ཆེ་གེ་མོ་ཞིག་ཉོས་ཤིག་ཅེས་སྨྲས་ནས་སྦོམ་པོར་འཆད་པར་འགྱུར་བ་གང་ཡིན་པ་དེ་ལ་ནི་ཆེ་གེ་མོ་ཞིག་ཅེས་དེ་ལྟར ་ཁྱད་པར་ལ་བརྟེན་པས་བསམ་པ་བྱས་པའི་ཕྱིར་རོ། །འདི་ལྟར་གལ་ཏེ་འདི་མགུ་བར་བྱ་བའི་སྤྱོད་པ་མ་ཡིན་པ་ཞིག་ཏུ་གྱུར་ན། དེ་སྤྱོད་པ་བར་སྐབས་སུ་ལྟུང་བ་ཡོད་ལ། ལྟུང་བ་མཐུན་པ་ཡང་སྤྱོད་ན་གཞི་ནས་སྤོ་བ་ཁོ་ནར་གསུངས་པར་འགྱུར་ཏེ། ་འདི་དག་བྱེད་པ་ལས་དེ་གེ་འདུན་ལྷག་མ་འབྱིན་ན་དེ་དག་ཉམས་པར་བྱས་པ་ཡིན་ནོ་ཞེས་བྱ་བ་ལ་སོགས་པས་སྦོམ་པོར་གསུངས་པ་ནི་མི་ཡིན་ལ་གཅིག་ནི་མི་མ་ཡིན་ནོ་སྙམ་དུ་དགོངས་པ་ཡིན། །འདིས་ནི་གཉི་ག་མི་ཡིན་ན་ལྟུང་བ་འདིར་འགྱུར་རོ་ཞེས ་བསྟན་ཏོ། །དེའི་ཕྱིར་གང་ཡང་རུང་བ་ཞིག་མ་ཚང་ན་སྦོམ་པོར་འགྱུར་རོ། །དེ་བཞིན་དུ་འོག་མ་དག་ལ་ཡང་ཅི་རིགས་པར་ཤེས་པར་བྱའོ། །གཞོན་ནུ་མ་ལ་ཞེས་བྱ་བ་སོགས་པས་སྦོམ་པོར་གསུངས་པ་ནི་གྲུབ་པ་ལ་རིགས་པར་བྱའོ། །འདི་ལྟར ་འདི་ནི་སྔར་པ་ལ་སོགས་པས་བདག་པོ་ལ་བྱིན་པ་ཁོ་ན་ཡིན་ཏེ། དེའི་ཕྱིར་སྔར་བྱིན་པ་ལེན་པ་དང། སྐྱེལ་བ་དང། ཕྱིར་སྐྱེལ་བ་དག་བྱེད་ན་ལྟུང་བ་འདིར་འགྱུར་རོ། །གལ་ཏེ་ཁྱད་པར་འདི་ལ་མི་བརྟེན་ན་དེའི་ཚེ་ཡན་ལག་ཐམས་ཅད་ཡོད་ན། ཇི ་ལྟར་སྦོམ་པོར་བརྗོད་ན་འདིར་ཡན་ལག་ཐམས་ཅད་ཡོད་ན་དགེ་འདུན་ལྷག་མར་བསྟན་པའི་ཕྱིར་རོ། །གཞན་དག་ན་རེ་ཉེས་པ་སྦོམ་པོ་འདིར་སྤྲད་པར་བྱ་བའི་ཆད་དུ་མ་ཡིན་ཏེ། འདི་ལྟར་སྤྲད་པའི་ཆེད་དུ་ཡན་ལག་ཐམས་ཅད་ཡོད་ན་དགེ་འདུན ་ལྷག་མར་འགྱུར་དགོས་ན་ཇི་ལྟར་སྦོམ་པོ་ཞེས་བྱ། དེའི་ཕྱིར་འདི་ནི་སྤྲད་པར་བྱ་བའི་ཆེད་མ་ཡིན་པར་ཤེས་པར་བྱའོ་ཞེས་ཟེར་རོ། །གཞན་དག་ན་རེ་འདི་ནི་གླེགས་བམ་ཐམས་ཅད་ལས་མི་འབྱུང་བས་ཚིག་འདི་འགའ་ཞིག་གིས་སྒྲོ་བཏགས ་པ་ཡིན་ཏེ། བརྩད་དུ་ཡང་མེད་ལས་ལན་དུ་གདབ་ཀྱང་མི་དགོས་སོ་ཞེས་ཟེར་རོ། །བུ་མ་མཆིས་པ་ཞེས་བྱ་བ་ལ་སོགས་པ་ལ་བུ་མེད་པ་མེད་པ་ནི་གང་དག་ལ་ད་རུང་དེ་དག་གི་ཆུང་མ་རྣམས་ཀྱི་ལྟར་འགའ་ཡང་མ་ཆགས་པ་ཡིན་མོད་ཀྱི། འོན་ཀྱང ་མ་འོངས་པ་ན་འབྱུང་བར་འགྱུར་བ་དེ་དག་གི་བདག་པོ་མ་ལ་སོགས་པ་ཁོ་ན་ལ་མ་སྐྱེས་པ་དང། འབྲེལ་པའི་ཚུལ་གྱིས་སྨྱན་བྱེད་པའི་ཕྱིར་རོ། །ཉེས་པ་སྦོམ་པོར་འགྱུར་རོ་ཞེས་བྱ་བ་འདི་ལ་འདུལ་བ་འཛིན་པ་ཁ་ཅིག་ན་རེ་ཐོབ་པ་གྲུབ་མོད ་ཀྱི་སྨན་པ་གཞན་གྱི་དབང་གིས་ནམ་མཁའ་ལ་ཞགས་པ་འདེབས་པ་བཞིན་དུ་མ་གྲུབ་པ་ཉིད་དུ་སེམས་ལ་སྣང་སྟེ། ངེས་པར་སྐྱེ་ན་ཡང་འདི་ལ་བུ་མོ་འདི་ཁྱོད་ཀྱིས་ང་ལ་བྱིན་ཟིན་ཀྱིས། གཞན་ལ་མ་བྱིན་ཅིག་ཅེས་སྒྲན་དགོས་པས ་དེའི་ཕྱིར་འདི་ཤེས་པར་བྱའོ་ཞེས་ཟེར་རོ། །འདི་ནི་འདུལ་པ་འཛིན་པ་གཞན་དག་མི་འདོད་ཏེ། འདི་སྟར་ལྟུང་བ་བྱིན་པ་པོའི་ཡིད་ལ་མ་གྲུབ་པ་ཉིད་དུ་སྡུད?་པ་ནི་ཡན་ལག་གང་ཡང་མ་ཚང་པ་ཉིད་དུ་མ་བཤད་དོ། །འདི་ལྟར་འདི་ལ་ནི་གྲུབ་པའི ་བློ་ཡང་ཡན་ལག་ཉིད་མ་ཡིན་ལ། ཡན་ལག་མ་ཚང་བ་མེད་པར་ཡང་སྦོམ་པོར་མི་འཐད་དེ། ཡན་ལག་ཚང་ན་དངོས་གཞིར་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་ལྟ་བས་ན་མདལ་ན་གནས་པའི་ལ་ནི་སྦྲན་པ་ལ་གཞན་གྱི་དབང་ཉིད་ཀྱིས་དེ་ལས ་སྦྱོར་བ་ལས་བྱུང་བའི་སྤྲད་པ་མེད་པའི་ཕྱིར་ངེས་པར་སྐྱེས་ནས་ཡང་དེ་ལ་འདི་ཁྱོད་ཀྱིས་ང་ལ་བྱིན་ཟིན་གྱིས་གཞན་ལ་མ་སྦྱིན་ཅིག་ཅེས་སྦྲན་དགོས་པས་སོ་ཞེས་བྱ་བ་དེ་ལྟར་བརྗོད་པར་བྱའོ། །དེ་ལྟར་བྱས་ན་འདི་ལ་དངོས་གཞི་མི་སློང་བའི་རྒྱུ ་ནི་སྤྲད་པ་མེད་པ་ཡིན་ནོ་ཞེས་བྱ་བར་བཤད་པར་འགྱུར་རོ། །གང་གི་ཚེ་འབྲེལ་པའི་ཁྱད་པར་གྱི་དབང་གིས་སྔོན་གྱི་སྦྱོར་བ་དེ་ཁོ་ནས་ཕྲད་པར་འགྲུབ་ཀྱི་ཡང་སྒྲན?་པ་ནི་མི་བལྟོས་པ་དེའི་ཚེ་ནི་ཡན་ལག་རྣམས་ཚང་བའི་ཕྱིར་དངོས་གཞིར ་འགྱུར་བ་ཁོ་ནའོ། །ཡན་ལག་ཚང་ཡང་སྦོམ་པོར་གསུངས་པའི་ཕྱིར་མཚན་ཉིད་དང། འགལ་བར་འགྱུར་དུ་འོང་བས་སྦོམ་པོར་གསུངས་པ་འདི་ནི་ཕལ་ཆེར་འཇིག་རྟེན་གྲགས་པའི་དབང་གིས་ཡང་སྒྲན?་དགོས་པ་བཤད་པ་ཡིན་བར་ལྟ ་བར་བྱ་སྟེ། མངལ་ན་གནས་པ་རྣམས་ཀྱི་སྨྱན་བྱེད་པ་ལ་ཡང་ཚུལ་ནི་འདི་ཉིད་ཡིན་ནོ། །ཁ་ཅིག་གིས་ཞུས་པ་ལས་དེ་སྐད་དུ། གཅིག་གིས་མངལ་ན་ནི་ཁྱེད་བུ་མཆིས་ལ། ཅིག་ཤོས་ལ་ནི་བུ་མོ་མཆིས་ལ། དེ་ཉིད་སྨྱན་བགྱིད་ན་ཅིར་འགྱུར ་ལགས། ཉེས་པ་སྦོམ་པོར་འགྱུར་རོ་ཞེས་འབྱུང་སྟེ། འདི་ལ་ཡང་དོན་ནི་འདི་ཁོ་ནར་ཟད་དེ་འོན་ཀྱང་ཚིག་ཐ་དད་དོ། །ཟ་མ་ཞེས་བྱ་བ་ལ་སོགས་པ་ལ། འདིར་བ་མ་ནི་ཕོའི་དབང་པོ་མེད་པའི་ཕྱིར་རོ། །འདི་ནི་ལེན་པ་དང་སྐྱེལ་བ་དང། ཕྱིར་སྐྱེལ་བ་དག་བྱེད་ན ་སྦོམ་པོར་ཤེས་པར་བྱའོ། །འདི་ལྟར་ཟ་མ་ལ་སྤྲོད་པར་འགྱུར་བ་མི་སྲིད་པ་ཁོ་ན་ཏེ། དེའི་ཕྱིར་འདི་ཤེས་པར་བྱའོ། །མ་ནིང་མོ་ཞེས་བྱ་བ་ལ་སོགས་པ་ལ། མ་ནིང་མོ་ནི་འདིར་མོའི་དབང་པོ་མེད་པའི་ཕྱིར་རོ། །འདི་ལ་ཡང་སྤྲོད་པར་འགྱུར་བ་མེད་པའི ་ཕྱིར་ལེན་པ་ལ་སོགས་པ་གསུམ་པོ་འབའ་ཞིག་ལ་སྦོམ་པོར་ཤེས་པར་བྱའོ། །ཞུས་པ་ལ་ལ་ལས་ནི་མི་གཞན་རྣམ་པར་མ་ནིང་ལ་སྨྱན་བགྱིད་ན་ཅིར་འགྱུར་ལགས། ཉེས་པ་སྦོམ་པོར་འགྱུར། །དེས་རྣམ་པར་མ་ནིང་ཞེས་བྱ་འབྱུང་སྟེ། དེ་ལས ་ན་མཚན་གཉི་ག་མེད་པ་ལ་འདིར་རྣམ་པར་མ་ནིང་ཞེས་བྱ་སྟེ། འདི་ཡང་མ་ནིང་བཞིན་དུ་སྦོམ་པོ་ཁོ་ནར་ཤེས་པར་བྱའོ། །ཟ་མ་དང་མ་ནིང་མ་དང། རྣམ་པར་མ་ནིང་ལ་སོགས་པ་འདི་དག་ནི་དབང་དུ་མ་བྱས་པར་ཁ་དང་བཤད་པའི་ལམ ་དག་ལ་སྦོམ་པོ་འདི་གསུངས་ཏེ། འདི་དག་ལ་སྨྱན་བྱེད་ན་ནི་ཤིན་ཏུ་སྡིག་པའི་ཕྱིར་དང། མ་གྲགས་པའི་ཕྱིར་དངོས་གཞི་ཁོ་ནར་འགྱུར་རོ་ཞེས་བྱ་བ་དེ་ལྟར་ཤེས་པར་བྱའོ། །ཆེ?་མོ་ནི་བུ་མོའི་བུ་མོའོ། །ཡང་ན་ཚ་མོ་ནི་ཚ་མོའི་བུ་མོའོ། །གཞན ་དག་ན་རེ་ཚ་མོའི་བུ་མོའི་བུ་མོའོ། །ཡང་ཚ་མོ་ནི་ཚ་མོའོ་ཞེས་ཟེར་རོ། །གལ་ཏེ་དགེ་འདུན་ཐམས་ཅད་ཀྱིས་ཤེས་པར་བྱ་བ་ལ་སོགས་པས་དགེ་འདུན་ལྷག་མར་གསུངས་པ་ནི་ཐམས་ཅད་ཀྱིས་རེ་རེ་ཞིང་སྦྱོར་བ་བྱས་པའི་ཕྱིར་ཏེ། ་འདི་ལྟར་ལྟུང་བ་འབྱིན་པ་མང་པོ་ལྷན་ཅིག་ཏུ་ལན་པ་ལ་སོགས་པ་སྒྲུབ་པ་ཐམས་ཅད་ཀྱིས་འབྲས་བུ་ཕྲད་པའི་མཚན་ཉིད་ཅེས་བྱ་བ་ཁོ་ནར་འགྱུར་རོ། །འདི་ནི་འབྲས་བུ་གཅིག་པའི་ཕྱིར་འདི་ལ་ལྟུང་བ་འདི་དག་སོ་སོར་སློང་བ་མི་སྲིད་དོ་སྙམ ་དུ་ཡིད་ལ་སེམས་པར་འགྱུར་བར་ཤེས་པར་བྱའོ། །འོན་ཏེ་དགེ་འདུན་ཐམས་ཅད་ཀྱི་ཞེས་བྱ་བ་ལ་སོགས་པ་ནི་འདིར་ཡང་དེ་དག་གིས་གྲུབ་པའི་ཕྱིར། དགེ་འདུན་ལྷག་མར་འགྱུར་བ་ཁོ་ན་སྟེ། དགེ་འདུན་གྱི་ཚིག་གིས་དེ་ཞུགས ་པའི་ཕྱིར་རོ། །དགེ་སློང་མ་དང་ཞེས་བྱ་བ་ལ་སོགས་པ་ནི་ཚངས་པར་སྤྱོད་པ་རྣམས་ལ་སྤྱོད་པ་མེད་པ་ཁོ་ན་ཏེ། དེའི་ཕྱིར་ལེན་པ་ལ་སོགས་པ་གསུམ་སྒྲུབ་ན་སྦོམ་པོར་གསུངས་སོ། །བཙུན་པ་རེ་ཞིག་དགེ་སློང་ཞེས་བྱ་བ་ལ་སོགས་པས་དགེ་འདུན ་ལྷག་མར་གསུངས་པ་ནི་མཚན་གྱུར་ཀྱང་འབྲས་བུ་སྤྲད་པའི་མཚན་ཉིད་ཡོད་ན་ཁྱད་པར་མེད་པའི་ཕྱིར་དངོས་གཞིར་གསུངས་པར་ཤེས་པར་བྱ་སྟེ། མཚན་གྱུར་པའི་གསོད་པ་བཞིན་ནོ། །ཁ་ཅིག་ནི་འདི་ལ་ཉེས་པ་སྦོམ་པོར་འཆད་དེ། དེ ་དག་གི་བསམ་པ་ནི་མི་ཤེས་སོ། །བརྡ་ནི་འཐམ་པ་སྟེ་མི་ཚངས་པར་སྤྱོད་པར་བྱ་བའི་ཕྱིར་སློད་པ་ཞེས་བྱ་བའི་ཐ་ཚིག་གོ་།ལྟ་ཞེས་བྱ་བ་ནི་ཅི་ཞེས་བྱའོ། །གཟིགས་སམ་ཞེས་བྱ་བ་ནི་མཐོང་བར་གྱུར་ཏམ་ཞེས་བྱ་བའི་ཐ་ཚིག་གོ་།ར་བའི ་དྲུང་ནི་ང་བའི་བགབ་བོ། །ཉེས་པ་སྦོམ་པོར་འགྱུར་རོ་ཞེས་བྱ་བ་འདིར་ཁ་ན་མ་ཐོ་བ་འདི་ནི་གྲུབ་པ་ལས་ཕྲད་པར་བྱའི་ཆེད་དུ་སྨྲ་བ་ཡིན་ནོ། །གཞན་དག་ན་རེ་གྲུབ་པ་ལས་ཞེས་བྱ་བ་ནི་མ་གྲུབ་པ་མེད་པའི་ཕྱིར། སྦྱོར་བར་གྱུར་པའི་སྨྲ་བ ་ལ་སྦོམ་པོར་མི་འགྱུར་ཏེ། སྦྱོར་བར་གཏོགས་པའི་ཡན་ལག་གཅིག་མེད་པའི་ཕྱིར་རོ། །དེ་སྐད་དུ་ཡང། དགེ་སློང་གིས་ཕྲིན་བླངས་ནས་ལན་མང་དུ་བརྙོགས་པ་ལ་ཕྱིས་ཕྱིར་སྐྱེལ་བར་བགྱིད་ན་ཅིར་འགྱུར་ལགས། ཉེས་པ་སྦོམ་པོར་འགྱུར་རོ ་ཞེས་བྱ་བ་འདི་ལ་ཡན་ལག་ཐམས་ཅད་ཡོད་ཀྱང་མ་གྲུབ་པ་བསྒྲུབས་པ་མེད་པའི་ཕྱིར་དངོས་གཞི་ལ་སྦོམ་པོར་གསུངས་པ་གྲུབ་པ་སྒྲུབ་པ་མེད་པ་ན་ནི་སྨད་པར་བྱེད་པ་ཉིད་དོ། །དེ་ལྟ་བས་ན་སྨྲ་བ་འདི་ལ་མ་གྲུབ་པ་ལ་སྦོམ་པོར་བརྗོད་པར་བྱའོ་ཞེས ་ཟེར་རོ། །གལ་ཏེ་དེ་ལྟ་ན་འོ་ན་སྐྱེལ་བས་བུད་མེད་དང་ལྷན་ཅིག་བརྡ་བགྱིས་པར་གྱུར་ལ་ཞེས་གསུངས་པ་གང་ཡིན་པ་འདི་དང་འགལ་བར་འགྱུར་ཏེ། བརྡ་བྱས་པས་གྲུབ་པའི་ཕྱིར་རོ་ཞེ་ན། དེ་ནི་མ་ཡིན་ཏེ། གྲུབ་པ་ཉིད་མེད་པར་ཡང་བུད་མེད་དག་གིས་མཐོ་འཚམ་པ་ལ ་སོགས་པའི་དོན་དུ་དེ་བྱེད་པ་ཁོ་ནའོ། །དེའི་ཕྱིར་སྨྲ་བ་ནི་འདིར་སྐྱེལ་བ་ཉིད་ཡིན་པས་སྦྱོར་བ་ལས་བྱུང་བའི་ཡན་ལག་ཡོད་པའི་ཕྱིར་འདི་ཤེས་པར་བྱའོ། །འདི་ལ་ནི་དངོས་གཞི་ལ་ཡང་སྦོམ་པོ་ཁོ་ནར་ཤེས་པར་བྱ་སྟེ། ལེན་པ་དང་ཕྱིར་སྐྱེལ་བ་མེད་ན་སྨྱན་ཡོངས་སུ ་རྫོགས་པ་མེད་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །ཞུས་པ་ལ་ལ་ལས་རྣམ་པ་གཞན་བུད་མེད་འཇལ་བའི་སྨྱན་བགྱིད་ན་ཅིར་འགྱུར་ལགས། ཉེས་པ་སྦོམ་པོར་འགྱུར་རོ། །བདག་ཉིད་ཀྱི་སྨྱན་བགྱིད་ན་ཅིར་འགྱུར་ལགས། ཉེས་པ་སྦོམ་པོར་འགྱུར་རོ། ། ་འཐབ་གོས་འཕྲོག་ཏུ་འཇུག་ན་ཅིར་འགྱུར་ལགས། ཉེས་པ་སྦོམ་པོར་འགྱུར་རོ། །དགེ་སློང་གིས་ཕྲིན་བླངས་ནས་ལན་གཉིས་བརྙོགས་པ་ལ་ཕྱིར་སྐྱེལ་ཞིང་ཕྱིས་སྐྱེལ་བར་བགྱིད་ན་ཅིར་འགྱུར་ལགས། དགེ་འདུན་ལྷག་མར་འགྱུར་རོ། །དགེ་སློང་གིས ་ཕྲིན་བླངས་ནས་ལན་གསུམ་བརྙོགས་པ་ལ་ཕྱིས་སྐྱེལ་ཞིང་ཕྱིར་སྐྱེལ་བར་བགྱིད་ན་ཅིར་འགྱུར་ལགས། ཉེས་པ་སྦོམ་པོར་འགྱུར་རོ། །བཙུན་པ་རེ་ཞིག་སྐྱེས་པས་བུད་མེད་དང། ལྷན་ཅིག་བརྡ་བགྱིས་པ་ལས་དེའི་དྲུང་དུ་དགེ་སློང་མཆིས་ནས་འདི་སྐད ་ཅེས་འགའ་ཞིག་སྙེད་དམ་ཞེས་སྨྲས་ན་ཅིར་འགྱུར་ལགས། ཉེས་བྱས་སོ། །འདིར་བསྡུ་བའི་ཚིགས་སུ་བཅད་པ་ནི། ཉོས་དང་བདག་ཉིད་འཐབ་དང་བརྙོགས། །ཁྱོད་ཀྱིས་བུད་མེད་འགའ་རྙེད་པ། ཞུས་པ་འགའ་ལས་སྨྱན་བྱེད་པ། །གཞུང་གཞན ་འབྱུང་བར་བཤད་པ་ཡིན། །དེ་ལ་དོན་ནི་འདི་ཡིན་ཏེ། ཉོས་པ་ཞེས་བྱ་བ་ལ་སོགས་པ་ལ། ཉོས་པ་ནི་རྫས་ཀྱིས་ཉོས་པའོ། །ཉེས་པ་སྦོམ་པོར་འགྱུར་རོ་ཞེས་བྱ་བ་ནི་འདི་ལ་ལེན་པ་ལ་པའི་ཚིགས་གསུམ་ཡོད་ལ། ཕྲད་པར་ཡང་གྱུར་ན་སྦོམ་པོ ་ཡིན་ནོ། །འདི་ལྟར་འདི་ནི་འགྲུབ་པ་ཡིན་པས་སོ། །ཉོས་པའི་སྐྱེ་བོ་ནི་དེའི་དབང་དུ་གྱུར་པའི་ཕྱིར་ཐམས་ཅད་དུ་གྲུབ་པ་ཡིན་པས་དེའི་འདི་ཤེས་པར་བྱའོ། །བདག་ཉིད་ཀྱི་སྨྱན་བྱེད་པ་ཞེས་བྱ་བ་ལགས་པས་སྤོམ་པོར་གསུངས་པ་ནི་སྐྱེལ ་བ་ཙམ་ཁོ་ནའི་ཕྱིར་ཏེ། འདི་ལ་ལེན་པ་དང་ཕྱིར་སྐྱེལ་བ་དག་ནི་མེད་པ་ཉིད་དོ། །འདི་ལྟར་བདག་ཉིད་ཕྲད་པར་བྱ་བ་ཡིན་པ་ནི་གཞན་གང་ལས་ཀྱང་འཕྲིན་བླ་མར་བྱ་བ་ཡང་མེད། །གཞན་ལ་ཕྱིར་གོ་བར་བྱ་བ་ཡང་མེད་ཀྱི། སྤྲད་པར་བྱ་བའི་ཟླ་བོ་ལ་བདག ་ཉིད་ཀྱིས་བསམ་པས་རབ་ཏུ་བསྟན་པའི་ཕྱིར་རང་གི་ཕྲིན་བསྐྱལ་བར་བྱ་བ་འགའ་ཞིག་ཏུ་ཟད་དོ། །འདི་ལ་ནི་ཕྲད་པར་ཡང་མེད་དོ། །འདི་ལྟར་ཕྲད་ན་འདི་ལ་ཕམ་པར་འགྱུར་རོ། །ཕམ་པའི་དུས་ན་ཡང་སྨྱན་བྱེད་པའོ། །དགེ་འདུན་ལྷག་མའི་གོ་སྐབས ་མེད་པས་དེའི་ཕྱིར་འདིར་གསུངས་སོ། །འཐབ་མོས་ཞེས་བྱ་བ་ལ་སོགས་པས་སྦོམ་པོར་གསུངས་པ་འདི་ནི་སྨྱན་བྱེད་པ་ཡོངས་སུ་རྫོགས་པ་མེད་པའི་ཕྱིར་རོ། །དངོས་གཞི་མ་ཡིན་ཏེ། འདི་ལྟར་ཁྱོད་ཀྱིས་དེར་འཐབ་མོས་ཐུལ་ཁུག་ཕྱུང་ཞིག་དང། བདག ་གིས་དེ་འཕྲོག་གོ་ཞེས་བྱ་བ་དེ་ལྟ་བུའི་ཕྲིན་བླངས་ནས་འཐབ་མོའི་ཐབས་ཀྱིས་འཕྲོག་ཏུ་འཇུག་པས་འདིར་ལེན་པ་ཙམ་ཞིག་སྨྱན་བྱེད་པར་འགྱུར་གྱི། གཞན་ནི་མ་ཡིན་པས་འདི་ཡོངས་སུ་རྫོགས་པའི་ངོ་བོ་ཉིད་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ་།ལན ་གཉིས་བརྙོགས་པ་ཞེས་བྱ་བ་ལ། ལན་ནི་རེས་སོ། །དེས་དེ་ཡང་ཡང་དུ་གོམས་པ་ནི་ལན་ལ་བརྙོགས་པའོ། །བུད་མེད་གང་ལ་ལན་གཉིས་བརྙོགས་པ་སྟེ། རེས་གཉིས་ཕྲད་པར་གྱུར་པ་ཡོད་པ་འདི?་སྐད་ཅེས་བྱའོ། །ལན་མང་དུ་བརྙོགས་པ་ནི་གང ་ལ་ལན་མང་པོ་བརྙོགས་པར་གྱུར་པ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །དེའི་ཕྱིར་འདིར་ལན་གཉིས་བརྙོགས་པའི་འོག་ཏུ་སྨྱན་བྱས་ན་དངོས་གཞིར་བཤད་དེ་མ་གྲུབ་པ་ཡིན་པའི་ཕྱིར་རོ། །ལན་མང་དུ་བརྙོགས་པ་ལ་ནི་སྦོམ་པོར་བྱེད་པ་ཉིད་དུ་བཤེད ་གྲུབ་པ་ཡིན་པའི་ཕྱིར་རོ། །འདིས་ནི་མ་གྲུབ་པ་སྨྱན་བྱས་ན་དངོས་གཞིའོ། །གྲུབ་པ་ལ་ནི་སྦོམ་པོ་ཞེས་བསྟན་པ་ཡིན་ནོ། །འདི་ལྟར་ལན་གཉིས་བརྙོགས་པ་གང་ཡིན་པ་དེ་ལ་ནི། དེ་ཙམ་གྱིས་མ་གྲུབ་པ་ཡིན་ཏེ། འདི་ལྟར་ཡང་མགུ་བ་ཙམ་གྱི་དབང་གིས་རིན་མེད་པར ་ཡང་དེ་དང་ཕྲད་པའི་དོན་གྲུབ་པའི་འབྱུང་བ་ཡོད་པའི་ཕྱིར་རོ། །ལན་མང་དུ་བརྙོགས་པ་ལ་ནི་ཡང་དང་ཡང་དུ་གོམས་པའི་ཕྱིར་ངེས་པར་གྱུར་པའི་དངོས་པོ་གྲུབ་པ་ཡིན་པས་དེའི་ཕྱིར་འདི་ཤེས་པར་བྱའོ། །ལན་མང་དུ་བརྙོགས་པ་ཞེས་འདིར་མང་པོའི་སྒྲ་ཕྱིར ་གྲགས་པ་མ་ཡིན་ནམ། མང་པོ་ཉིད་ཀྱི་མཚམས་གང་ནས་ཤེས་པར་བྱ་ཞེ་ན། སྨྲས་པ། གསུམ་པ་ལ་སོགས་པ་ལ་འདིར་ལན་མང་བ་ཉིད་དུ་གསུངས་པར་ཤེས་པར་བྱའོ། །འདི་ལྟར་ལན་དུ་བརྙོགས་པ་ཞེས་བྱ་བ་འདིར་ནི་ལན་གསུམ་པ་ལ་མང་པོ་ཉིད་དུ ་གསུངས་པ་ཉིད་ཡིན་ཏེ། དེ་ནི་ལན་གཉིས་པའི་འཇུག་ཐོགས་ཡིན་པའི་ཕྱིར་རོ། །ལན་གཉིས་བརྙོགས་པ་ཞེས་བྱ་བ་འདི་ལ་ཡང། ཕྱིས་ཞེས་བྱ་བ་ནི་ལན་གསུམ་པ་ཁོ་ན་ཡིན་པར་གསུངས་པར་རྣམ་པར་གནས་ཏེ། དེ་ཁོ་ན་འཇུག་ཐོགས་ལ་ཉིད་ཀྱི་ལན། ་གཉིས་པ་དང་ཉེ་བའི་ཕྱིར་རོ། །འགའ་ཞིག་རྙེད་དམ་ཞེས་བྱ་བ་ལ་ཉེས་བྱས་སུ་གསུངས་པ་ནི་ཡན་ལག་དུ་མ་ཉིད་མ་ཚང་བའི་ཕྱིར་ཏེ། འདི་ལྟར་འགའ་ཞིག་རྙེད་དམ་ཞེས་བྱ་བའི་སྦྱོར་བ་འདིས་ནི་གཏོད་པ་ཡང་མ་ཡིན་ཏེ། མ་གྲུབ་པ་གྲུབ་པར་བསྒྲུབ་པའི་དོན ་གྱི། སྤྲོད་པའི་ཆེད་སྟོན་པ་ཡང་མ་ཡིན་ལ། ལེན་པ་དང་སྐྱེལ་བ་དང་ཕྱིར་སྐྱེལ་བ་རྣམས་ཀྱང་མེད་པས་དེའི་ཕྱིར་གསུངས་སོ། །ཞུས་པ་གཞན་ལས་འདི་སྦོམ་པོ་བྱེད་པ་ཉིད་དུ་བཤད་པ་མ་ཡིན་ནམ། འདི་ལྟར་བཙུན་པ་རེ་ཞིག་སྐྱེས་པས་བུད་མེད་དང་ལྷན ་ཅིག་བརྡ་བགྱིས་པ་ལས་དེའི་དྲུང་དུ་དགེ་སློང་མཆིས་ནས་འདི་སྐད་ཅེས་འགའ་རྙེད་དམ་ཞེས་མཆིས་ན་ཅིར་འགྱུར་ལགས། ཉེས་པ་སྦོམ་པོར་འགྱུར་རོ་ཞེས་འབྱུང་ན། དེ་ལ་སྦོམ་པོ་འདི་གང་གིས་བསླང་བར་ཤེས་པར་བྱ་ཞེ་ན། འདུལ་བ་འཛིན་པ་རྣམས་ན་? ་འདི་ནི་ཉེས་བྱས་ལས་ནོར་བར་ཡིན་པར་རིག་པར་བྱའོ། །ཡན་ལག་གཅིག་མ་ཚང་ན་སྦོམ་པོར་བརྗོད་ན། འདི་ལ་ནི་ཡན་ལག་དུ་མ་ཚང་ངོ། །ཡན་ལག་དུ་མ་མཚང་ན་ཡང་ཉེས་བྱས་སུ་བཤད་པའི་ཕྱིར་ཏེ། འདི་ལྟར་འགའ་རྙེད་དམ་ཞེས་སྨྲས་བ ་ནི་འདི་འདྲ་བའི་ངོ་བོ་ཡིན་པས་འདི་མ་གྲུབ་པར་བསྒྲུབ་པའི་དོན་ཉིད་ཀྱང་མེད་ལ། སྤྲད་པར་བྱ་བ་ཚད་ཉིད་ཀྱང་མེད། ལེན་པ་ལ་སོགས་པ་ཡང་མེད་པས་སྤོམ་པོའི་གོ་སྐབས་ལྟ་ཡོད་རེ་སྐན་ཞེས་ཟེར་རོ། །སྨྱན་བྱེད་པའི་དགེ་འདུན་ལྷག་མ་གཏན་ལ་དབབ ་པའོ། །བདག་ནི་བདག་ཉིད་དེ་བདག་ཅེས་སྨོས་པས་ནི་དེ་ལ་སྦྱར་བ་གཞན་གྱིས་བླངས་ན་ཡང་རང་གིས་བླངས་པ་ཉིད་ཡིན་ནོ། །བསླངས་པ་ནི་བསླང་བའི་གཞིས་བྱ་བར་འདོད་པ་སྟེ། མ་བསླངས་པ་ལ་ནི་ན་སྨད་པ་ཡོད་པའི་ཕྱིར་རོ། །བདག་པོ་མེད་པ་ནི་གང ་གིས་བདག་པོ་མི་སྣང་བའོ། །གཞན་དག་ན་རེ་བདག་པོ་མེད་པ་ནི་བདག་པོ་གཞན་མེད་པའོ་ཞེས་ཟེར་རོ། །བདག་གི་ཕྱིར་ཞེས་བྱ་བ་ནི་བདག་ཉིད་ཀྱི་ཆེད་དུ་ཅིག་ཏུ་བཅུག་པ་ཡིན་གྱི་གཉིས་དང་གསུམ་དང་བཞི་ལ་སོགས་པའི་ཕྱིར་ནི་མ་ཡིན་ཏེ། གཉིས ་ཀྱི་སྤྱི་ལ་ནི་སྦོམ་པོར་གསུངས་པའི་ཕྱིར་ལ། དགེ་འདུན་གྱི་ཆེད་ལ་ཡང་གཙུག་ལག་ཁང་གི་དགེ་འདུན་ལྷག་མར་གསུངས་པའི་ཕྱིར་རོ། །བདག་ཅེས་སྨོས་པ་ནི་དཔེ་སྟེ། སྤྱིར་བསྟན་པའི་ཕྱིར་དགེ་སློང་མ་ཁྱིམ་པ་མིའི་འགྲོ་བ་གང་ཡང་རུང་བ་གཞན ་གཅིག་ཅིག་གི་དོན་དུ་ཁང་པ་བརྩིག་ན་ཡང་ལྟུང་བ་འདི་ཉིད་དུ་འགྱུར་བར་ཤེས་པར་བྱའོ། །ཅིག་ཏུ་འཇུག་པ་ནི་གཞན་འབའ་ཞིག་ཏུ་མ་ཟད་ཀྱི་བདག་ཉིད་ཀྱིས་བྱས་ན་ལྕི་བའི་ཕྱིར་རང་གིས་ཀྱང་ཞེས་བྱ་བའི་ཐ་ཚིག་གོ་།ཚད་བཞིན་ཞེས་བྱ་བའི་འཆད ་པར་འགྱུར་བའི་ཚད་དང་ལྡན་པའོ་ཚད་གང་ཞེ་ན། དེ་ལ་ཁང་པའི་ཚད་ནི་འདི་ཡིན་ཏེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མཐར་ན་ཞེས་བྱ་བ་ནི་ཐ་མར་ནའོ། །གཞན་དག་ནི་ནང་གི་ཞེས་འདོན་ཏེ། དེ་ལ་དོན་ནི་འདི་ཡིན་ཏེ། ཁང་པའི་ནང་རྒྱའི་ཚད་འདི ་ཡིན་གྱི། ཕྱི་རོལ་གྱི་ནི་མ་ཡིན་ནོ། །སྲིད་དུ་ཞེས་པ་ནི་ཆུར་རོ། །བདེ་བར་གཤེགས་པའི་མཐོ་བཅུ་གཉིས་ཞེས་བྱ་བ་ལ། བདེ་བར་གཤེགས་པ་ནི་སྔོན་གྱི་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ལམ་ནས་རྗེས་སུ་གཤེགས་པའི་ཕྱིར་རོ། །མཐོ་ནི་མཐེའུ་ཆུང་གིའོ། །དེས་ན་བཅོམ ་ལྡན་འདས་ཀྱིས་གཟུགས་ཀྱི་སྐུའི་ཡན་ལག་ནི་སྐྱེས་བུ་གསུམ་གྱི་ཚད་ཡིན་པའི་ཕྱིར་རོ། །བཅོམ་ལྡན་འདས་ཀྱི་མཐོ་བཅུ་གཉིས་པོ་གང་དག་ཡིན་པ་དེ་དག་ནི་སྐྱེས་བུ་ཚད་དང་ལྡན་པའི་མཐོ་སུམ་ཅུ་རྩ་དྲུག་ཡིན་ལ་དེ་དག་ཀྱང་མི་ཕལ་པའི་ཁྲུ་བཅོ་བརྒྱད་དུ་འགྱུར་རོ། ་ཞེང་དུ་མཐོ་བདུན་ཞེས་བྱ་བ་ནི་ཞེང་དུ་མི་ཕལ་པའི་ཁྲུ་ཕྱེད་དང་བཅུ་གཅིག་གོ་།བདེ་བར་གཤེགས་པའི་ཚད་ལ་བསྟན་པ་འདི་ནི་སོར་ཉི་ཤུ་རྩ་བཞིའི་ཚད་ཀྱི་ཁྲུ་རྟོག་པར་བྱ་བའི་ཕྱིར་གསུངས་པ་ཡིན་པར་ཤེས་པར་བྱའོ། །དེ་ལྟ་མ་ཡིན་ན་ཡང་རང་རང་གི་ཁྲུས ་ནི་དེས་པ་མེད་པར་ཡང་ཐལ་བར་འགྱུར་རོ། །དེ་བཞིན་དུ་དེ་དང་འདྲ་བའི་བསྟན་པའི་འོག་མ་དག་ལ་ཡང་རྟོགས་པར་བྱའོ། །ཁང་པ་ཚད་དང་ལྡན་པ་ཡང་བབ་བབ་ཏུ་མི་བྱའོ། འོན་ཀྱང་དགེ་འདུན་ལས་སྣང་བ་གསོལ་བར་བྱའོ། །དགེ་འདུན་གྱིས་ཀྱང་བབ་ཅོལ་དུ ་གནང་བ་མི་སྦྱིན་གྱི། འོན་ཀྱང་གནས་དེ་རང་གི་མིག་བལྟས་ན་སྐྱོན་མེད་ན་སྣང་བ་སྦྱིན་པར་བྱའོ། །དེའི་ཕྱིར་གཞི་བླངས་པའི་ཕྱིར་དགེ་སློང་དེས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཞི་བལྟ་བར་བྱ་བ་ནི་ས་བརྟགས་པར་བྱའོ། །གཞི་ཇི་ལྟ་བུ་ཞིག་བལྟ ་བུར་བྱ་ཞེ་ན། རུང་བ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རུང་བ་ནི་སྐྱེ་བོ་ཕྲ་མོ་མི་གནས་པའོ། །རྩོད་པ་མེད་པ་ནི་འཇིག་རྟེན་གྱི་གནས་ཀྱི་ཤིང་དང། རྒྱལ་པོའི་ཕོ་བྲང་དང། མུ་སྟེགས་ཅན་གྱི་གནས་དང། འཐབ་དང། རྩོད་པའི་སྐྱོན་དང་བྲལ་པའོ། །བརྩམ་དུ་རུང ་པ་ནི་ཉེ་འཁོར་འདོམ་གང་ཙམ་གྱི་ཚད་ཆུ་ལ་སོགས་པས་ནོན་པ་མེད་པའི་ཕྱིར་རོ། །མི་རུང་བ་ཞེས་བྱ་བ་ལ་སོགས་པ་ནི་དེ་ལས་བཟློག་པ་ནི་མི་རུང་བ་ཉིད་ལ་སོགས་པ་ཡིན་པར་ཤེས་པར་བྱའོ། །ཚད་ལས་འདས་ན་ཞེས་བྱ་བ་ནི་ཇི་སྐད་བཤད་པའི་ཚད་ལས ་འདས་པའོ། །མ་གནང་བར་ཞེས་བྱ་བ་ནི་དགེ་འདུན་ལས་གནང་བ་མ་ཐོབ་པས་སོ། །ཉེས་པ་སྦོམ་པོར་འགྱུར་རོ་ཞེས་བྱ་བ་འདིར་མི་རུང་བ་ཉིད་ལ་སོགས་པའི་ཡན་ལག་གང་ཡང་རུང་བ་ཞིག་ནི་ཡོད་ལ། ཡན་ལག་ལྷག་མ་ནི་མེད་ན་སྦོམ་པོར ་གསུངས་པ་ཡིན་ཏེ། དེ་སྐད་དུ་ཡང་བཅོམ་ལྡན་འདས་ཀྱིས། དགེ་སློང་ཁང་པ་རྩིག་ཏུ་འཇུག་པ་ནི་རུང་བར་རྩིག་ཏུ་འཇུག་ན་ཉེས་པ་སྦོམ་པོར་འགྱུར་རོ། །རྩོད་པ་དང་བཅས་པར་རྩིག་ཏུ་འཇུག་ན་ཉེས་པ་སྦོམ་པོར་འགྱུར་རོ། །བརྩམ་དུ་མི་རུང་བར་རྩིག་ཏུ ་འཇུག་ན་ཉེས་པ་སྤོམ་པོར་འགྱུར་རོ། །མ་གནང་བར་རྩིག་ཏུ་འཇུག་ན་ཉེས་པ་སྤོམ་པོར་འགྱུར་རོ། །ཚད་ལས་འདས་པ་རྩིག་ཏུ་འཇུག་ན་ཉེས་པ་སྤོམ་པོར་འགྱུར་རོ། །ཐམས་ཅད་ལས་འདས་པ་རྩིག་ཏུ་འཇུག་ན་དགེ་འདུན་ལྷག་མར་འགྱུར་རོ་ཞེས་གསུངས་ཏེ་འདིས་ནི་འདི ་ལྟ་སྟེ། མི་རུང་བ་ཉིད་ལ་སོགས་པ་ནི་ཡན་ལག་ཉིད་ཡིན་པས་ཡན་ལག་གཅིག་ཡོད་པ་ཙམ་གྱིས་ཀྱང་སྤོམ་པོར་འགྱུར་རོ་ཞེས་བྱ་བའི་དོན་རབ་ཏུ་བསྟན་པའི་ཕྱིར་རོ། །གཞི་བསླངས་ནས་ཞེས་བྱ་བ་ལ་སོགས་པ་འདི་གཉིས་ལ་ནི་དོན་དུ་?་མི་བསམ་པ ་འདི་རྣམ་པར་བཞག་གོ་།བར་ཆད་ཀྱི་དབང་གི་ནི་མ་ཡིན་ནོ། །བདག་གིས་བསམས་ཏེ་ཞེས་བྱ་བ་ལ་སོགས་པ་ནི་བརྩམས་པ་མ་རྫོགས་ན་བྱས་པ་ཡོངས་སུ་རྫོགས་པ་མ་ཡིན་པས་དེའི་ཕྱིར་འདི་ཤེས་པས་བྱའོ། །གཞན་གྱིས་འཕྲོ་བོར་བ་ལ་ཞེས་བྱ་བ ་སོགས་པ་ནི་འཕྲོ་ཟིན་པ་མེད་པ་ནི་བྱས་པ་ཡོངས་སུ་རྫོགས་པ་མ་ཡིན་པས་དེའི་ཕྱིར་འདི་ཡིན་ནོ། །མ་གཡོགས་པ་ཞེས་བྱ་བ་ལ་སོགས་པ་ནི་ཁང་པ་མ་གཡོགས་པ་ཞིག་རྩིག་ཏུ་འཇུག་གོ་སྙམ་པའི་བསམས་པ་འདིས་ཁང ་པ་ཟིན་པར་བྱེད་ན་ཁ་ན་མ་ཐོ་བ་འདི་ཡིན་ཏེ། སྔོན་རོལ་ཏུ་ཉེས་བྱས་ཏེ། སྦྱོར་བ་ལ་ནི་ཐམས་ཅད་དུ་ཉེས་པས་སོ། །ཞེས་བྱ་བ་འབྱུང་བའི་ཕྱིར་རོ། །བརྩམས་ནས་ཞེས་བྱ་བ་ལ་སོགས་པ་ལ་བབས་པ་ནི་རབ་ཏུ་འབྱུང་བ་ལས་བབས་པའོ། །ཉེས ་པ་སྤོམ་པོར་འགྱུར་ཞེས་བྱ་བ་འདི་ལ་ཁ་ན་མ་ཐོ་བ་འདི་ནི་ཁང་པ་རྩོམ་པ་སྒྱུར་བ་ལས་བྱུང་བ་ཡིན་ནོ། འདིར་ཉེས་པ་སྤོམ་པོར་སྟེན་པའི་ཚིག་འདི་དག་ནི་ཟིན་ན་དངོས་གཞིར་འགྱུར་བ་སྟེ། ཚད་ལས་འདས་པ་ཉིད་དང་མི་རུང་བ་ཉིད་ལ་སོགས་པ་ཡན་ལག ་ལྷག་མ་རྣམས་འདས་པ་དང། བསླངས་པ་ཉིད་གང་ཡིན་པ་དེའི་སྦྱོར་བ་ལ་རྟོགས་པར་བྱ་བའི་མི་རུང་བ་ཉིད་ལ་སོགས་པ་ཡན་ལག་འགའ་ཞིག་མེད་པའི་ཕྱིར་ཟིན་ན་སྦོམ་པོར་འགྱུར་བ་གང་ཡིན་པ་དེ་ལ་ནི་སྦོམ་པོ་ཉིད་དུ་རུང་བ་མ་ཡིན་ཏེ། འདི ་ལྟར་སྦྱོར་བའི་སྦྱོར་བ་ཉིད་ལ་ནི་ཉེས་བྱས་སུ་བསྟན་པའི་ཕྱིར་རོ། །དབྱར་གྱིས་འཆེ་བ་ཁས་འཆེ་བ་སྟེ། ཁས་ལེན་པ་ཞེས་བྱ་བའི་ཐ་ཚིག་གོ་།དགེ་སྦྱོང་གི་ཆེད་ཉིད་ནི་དགེ་ཚུལ་ཉིད་དེ། བསླབ་པའི་གཞིའི་ཕྱོགས་གཅིག་བསྲུང་བས་སྡིག་པ་ཐམས ་ཅད་སྤོང་བའི་མཚན་ཉིད་དགེ་སློང་གི་དངོས་པོའི་རྒྱུ་མཚན་དུ་གྱུར་པའི་ཕྱིར་རོ། །འདིར་ཉིད་ཅེས་བྱ་བའི་སྒྲ་སྨོས་པ་ནི་རྫས་ལ་གཞན་མ་ཡིན་པ་ཉིད་དུ་བསྟན་པའི་ཕྱིར་རོ། །དེ་བཞིན་དུ་འོག་མ་དག་ལ་ཡང་དཔག་པར་བྱའོ། །མ་གསོད་པ་ནི ་མིའི་འགྲོ་བར་སྐྱེས་པའི་མ་གསོད་པའི་ཕྱིར་ཏེ། ཕ་གསོད་པ་ཡང་དེ་དང་འདྲའོ། །དགེ་འདུན་གྱི་དབྱེན་བྱེད་པ་ནི་སྟོན་པ་དང་ལམ་གཞན་ལ་འགའ་བ་སྐྱེད་པས་དགེ་སློང་བརྒྱད་གཉིས་སུ་འབྱེད་པའི་ཕྱིར་རོ། །ངན་སེམས་ཀྱིས་ཁྲག་འབྱིན་པའི་ཞེས་བྱ་བ ་ལ་ངན་སེམས་ནི་གྲོངས་པའི་ཆེད་ཀྱི་སེམས་དེ། དེས་ཁྲག་འབྱིན་པའི་ཕྱིར་རོ། །མུ་སྟེགས་ཅན་ནི་ལྟ་བ་གཞན་ཅན། །མུ་སྟེགས་ཅན་ཞུགས་པ་ནི་མུ་སྟེགས་པའི་ལྟ་བ་ཅན་བསྟན་པ་འདི་ལ་ཞུགས་ཏེ། དགེ་འདུན་དང་ལྷན་ཅིག་གསོལ་བ་ལ ་སོགས་པའི་ལས་ལན་གཉིས་ཉམས་སུ་མྱོང་བ་གང་ཡིན་པའོ། །ཡང་ན་དགེ་སློང་གི་རྟགས་པོར་ནས་མུ་སྟེགས་ཅན་གྱི་རྟགས་ལེན་ཅིང་མུ་སྟེགས་ཅན་གྱིས་གནས་སུ་མུ་སྟེགས་ཅན་གྱི་ལྟ་བས་གཞན་འདའ་བར་བྱེད་པ་སྟེ། མུ་སྟེགས་ཅན་ཁོ་ན ་དགེ་སློང་གིས་ནང་དུ་ཞུགས་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ་།ཐ་དད་དུ་གནས་པ་ནི་བསྐྲད་པའོ། །ཁས་བླངས་པ་ནི་འདིར་ལྷས་སྦྱིན་བཞིན་དུ་ཆོས་མ་ཡིན་པའི་གཞུང་ལུགས་ལ་འཚལ་བས་ཕྱོགས་གཞན་ལ་བརྟེན་པའི་ཕྱིར་ཏེ། ཕྱོགས་གཞན་དུ ་སོང་བ་ཞེས་བྱ་བའི་ཐ་ཚིག་གོ་།ཁ་ཅིག་ན་རེ་ལས་ཀྱི་དབྱེན་གྱི་ཆེད་དུ་ཆོས་མ་ཡིན་པའི་གཞུང་ལུགས་ཁས་བླངས་པ་ཡིན་ནོ་ཞེས་ཟེར་རོ། །དེ་ཇི་ལྟར་ཁྱིམ་པ་ལ་སྡོམ་པ་མེད་པ་དེ་བཞིན་དུ་བདག་ལ་ཡང་སྡོམ་པ་མེད་པར་ཁོང་དུ་ཆུད་པར་གྱིས་ཤིག་ཅེས་བྱ་བ་དེ ་ལྟར་ཁས་ལེན་པའི་ཕྱིར་དང། ཇི་ལྟར་དགེ་སྦྱོང་ལ་ལས་དག་ལ་འཇུག་པ་མེད་པ་དེ་བཞིན་དུ་བདག་ལ་ཡང་མེད་དོ། །ཞེས་བྱ་བ་དེ་ལྟར་ཁས་ལེན་པའི་ཕྱིར་དང། ཇི་ལྟར་ཟ་མ་ལ་སོགས་པ་དང་པོ་མི་མཐུན་པ་ལ་ཐུག་པའི་བར་སྡོམ་པའི་ཞིང་མ་ཡིན་པ ་ལྟར་བདག་ཀྱང་དེ་དང་འདྲའོ་ཞེས་དེ་ལྟར་ཁས་ལེན་པའི་ཕྱིར་དང། ཇི་ལྟར་ཐ་དད་དུ་གནས་པ་བཞིན་དུ་རབ་ཏུ་བྱུང་བ་ཐམས་ཅད་ལས་གར་བར་གྱུར་པ་དེ་བཞིན་དུ་བདག་ཀྱང་གར་བར་གྱུར་པ་ཡིན་པར་ཤེས་པར་གྱིས་ཤིག་ཅེས་དེ་ལྟར་ཁས་ལེན་པའི་ཕྱིར་རོ། ་ཁས་ལེན་པ་ཡང་དེ་དང་འདྲ་བར་ཤེས་པར་བྱའོ། ཇི་ལྟར་བསླབ་བ་བྱིན་པ་བསྙེན་པར་རྫོགས་པ་ཉམས་ཤིང་ཉེ་བར་ཉམས་པ་ལྟར་བདག་ཀྱང་དེ་དང་འདྲ་བར་ཤེས་པར་གྱིས་ཤིག་ཅེས་དེ་ལྟར་ཁས་ལེན་པའི་ཕྱིར་རོ། །བསྙེན་པར་མ་རྫོགས་པར་སྦྱོར་བ་བགྱིས་ལ ་ཞེས་བྱ་བ་ལ་སོགས་པའི་བདུན་ཚན་ནི་(མངགས་པ་ནི)?་བདག་ཉིད་ཡིན་ནོ་ཞེས་འབྱུང་བའི་ཕྱིར་སྦྱོར་བའི་དབང་གིས་ཀྱང་ལྟུང་བར་འགྱུར་བཁོ་ནའོ་ཞེས་བྱ་བ་དེ་ལྟར་ཤེས་པར་བྱའོ། །བཙུན་པ་རེ་ཞིག་དགེ་སློང་ཞེས་བྱ་བ་ལ་སོགས་པ་མཚན་གྱུར་ན་ཉེས་བྱས་སུ་གསུངས་པ ་ནི་དགེ་སློང་མ་རྣམས་ལ་ཁང་དགེ་འདུན་ལྷག་མ་མེད་པའི་ཕྱིར་ཏེ། འདི་ལྟར་བུད་མེད་རྣམས་ལ་ནི་ཁང་པར་གཏོགས་པའི་སྤྱོད་པ་ཡང་མཚར་གཅིག་མི་སྲིད་ལ། བུད་མེད་རྣམས་ནི་ཁྱིམ་བྱེད་པའི་སྲེད་པའི་ཞིང་ཉིད་ཀྱང་ཆེན་པོ་མེད་དེ། འདི་ལྟར་རང་དབང ་གི་བློ་ཀུན་ཏུ་མི་འབྱུང་བའི་ཕྱིར་དང། ཁྱིམ་བྱེད་པའི་འདོད་པ་ལ་ཡང་རང་དབང་ཅན་ལ་ཀུན་ཏུ་འབྱུང་བའི་ཕྱིར་རོ། །ཁ་ཅིག་ལ་སྣང་བ་གང་ཡིན་པ་དེ་ནི་རེས་འགའ་ཡིན་པས་མི་བསམ་མོ། །དེའི་ཕྱིར་འདི་དག་གི་ནི་མ་བརྟགས་པའི་ཕྱོགས་ལ་བརྟེན་པའི་ཕྱིར་ཉེས་བྱས་སུ ་ཤེས་པར་བྱའོ། །དགེ་སློང་མ་མཚན་གྱུར་ན་སྤོམ་པོར་གསུངས་པ་ནི་འཕྲོ་ཟིན་པར་བྱེད་པའི་ཕྱིར་ཏེ། གལ་ཏེ་འདི་ལུས་པ་མ་ཡིན་ན་ནི་དེའི་ཚེ་དགེ་འདུན་ལྷག་མ་ཁོ་ནར་འགྱུར་རོ་ཞེས་བྱ་བ་དེ་ལྟར་ཤེས་པར་བྱའོ། །དགེ་སློང་གང་ཞིག་གིས་རྩིག་ཏུ་རྩལ་ན་ཞེས ་བྱ་བ་ལ་སོགས་པས་ཉེས་བྱས་སུ་གསུངས་པ་ནི་བཤད་མ་ཐག་པའི་གཏན་ཚིགས་ཁོ་ནའི་ཕྱིར་རོ། །ཁ་ཅིག་ནི་ཞུས་པ་ལ་ལ་ལས་འབྱུང་བའི་རྣམ་པ་གཞན། ཇི་ཙམ་གྱིས་ན་རང་གིས་བླངས་པའི་ཁང་པ་ཞེས་བརྗོད་པར་བགྱི། གྲང་ན་བྱེད་པ་དང་གཞིག་དང ་གཉིས་ཡོངས་སུ་གྲུབ་པར་གྱུར་ནའོ། །གཉིས་ཀྱི་སྤྱི་ལ་ཁང་པ་རྩིག་ཏུ་གཞུག་ན་ཉེས་པ་སྤོམ་པོར་འགྱུར་རོ། །མ་བྱིན་པ་རྩིག་ཏུ་འཇུག་ན་ཉེས་པ་སྤོམ་པོར་འགྱུར་རོ། །གང་ཟག་གི་གཞིར་རྩིག་ཏུ་འགྱུར་ན་ཉེས་པ་སྤོམ་པོར་འགྱུར་རོ། །འཕྲོ་ཟིན་པར་བྱེད་ན་ཉེས་པ ་སྤོམ་པོར་འགྱུར་རོ་ཞེས་བྱ་བ་དེ་དག་འདོན་ཏེ། རྫས་དང་གཉིས་ཀྱི་སྤྱི་དང་ནི། །ཞུས་པའི་གཞུང་ནི་ལ་ལ་ལས། །ཁང་པའི་བསྡུས་པ་འདི་བཤད་དོ། །དེ་ལ་དོན་ནི་འདི་ཡིན་ཏེ་བྱེད་པ་ནི་ལས་བྱེད་པའི་སྐྱེ་བོ་རྣམས་དང། ཁང་པ་ལ་དགོས་པའི་ཤིང་དང། སོ་ཕག ་ལ་སོགས་པའི་རྫས་རྣམས་དང་གཉི་གའི་གླ་རྔན་ནོ། །གཉིས་ཀྱི་སྤྱི་ལ་ཞེས་བྱ་བ་ལ་ནི་གཉི་གའི་ཕྱེད་དུ་བྱེད་པའི་ཕྱིར་རོ། །ཉེས་པ་སྤོམ་པོར་འགྱུར་རོ། །ཞེས་བྱ་བ་ལ་འདི་ལ་འདི་ལ་ནི་མི་རུང་བ་ཉིད་ལ་སོགས་པའི་ཡན་ལག་ཐམས་ཅད་ཀྱང་འདས་པ་དུ་མའི ་དོན་དུ་ཁང་པ་བརྩིགས་ན་ཁ་ན་མ་ཐོ་འདི་ཡིན་ནོ། །འདི་ལྟར་མང་པོའི་དོན་གྱི་ཁང་པ་ཡིན་ན་རེ་ཞིག་འདི་ལ་ཡང་ཉེས་པ་མེད་པ་ཉིད་དུ་བརྗོད་པར་མི་ནུས་ཏེ། གང་གི་ཕྱིར་དགེ་འདུན་གྱི་དོན་ཉིད་དུ་གཙུག་ལག་ཁང་བྱེད་པ་ལ་གཙུག་ལག་ཁང་གིས་དགེ ་འདུན་ལྷག་མར་གསུངས་པའི་ཕྱིར་རོ། །དངོས་གཞི་ཡང་མ་ཡིན་ཏེ། དུ་མའི་ཐུན་མོ་ཉིད་ཀྱིས་འདི་ལ་འདོད་པའི་རྣམ་པ་ཤིན་ཏུ་ཆུ་ངུར་རྣམ་པར་གནས་པའི་ཕྱིར་རོ། །ཉེས་བྱས་ཀྱང་མ་ཡིན་ཏེ། ལྟུང་བ་མེད་པའི་མི་རུང་བ་ཉིད་ལ་སོགས་པ་ཡན་ལག་ཐམས ་ཅད་ཀྱང་འདས་ལ་སྤྱོད་ལམ་གཞི་ཤོང་བ་ཡང་ཡོད་པའི་ཕྱིར་རོ། །མ་བྱིན་པ་ནི་མ་བྱིན་པའི་ཁང་པ་རྩིག་ཏུ་འཇུག་ན་ཞེས་དེ་སྐད་དུ། གཉིས་པར་བསྟན་པའི་ཕྱིར་ས་དང་ཤིང་དང། སོ་ཕག་ལ་སོགས་པའི་ངོ་བོའི་ཁང་པ་ཐམས་ཅད་ཁྱད་པར་དུ་བྱེད་པ་ཡིན་གྱི། ས་ཙམ? ་གྱི་མ་ཡིན་ནོ། །ཉེས་པ་སྤོམ་པོར་འགྱུར་རོ་ཞེས་བྱ་བ་འདི་ལ་ནི་བསླངས་པ་ཉིད་ཀྱི་ཡན་ལག་གཅིག་མེད་པའི་ཕྱིར་ཏེ། འདི་ལྟར་བདག་པོས་བྱིན་པའི་དངོས་པོ་ནི་བྱིན་པ་ཡིན་ན་འདི་ནི་མ་ཡིན་པས་དེའི་ཕྱིར་འདི་ཤེས་པར་བྱའོ། །དེ་ལྟ་བས་གནང་བ་ལ་ནི་ཡན་ལག ་ཐམས་ཅད་ཚང་ན་དངོས་གཞིར་འགྱུར་ལ། མ་གནང་བ་ལ་ནི་སྤོམ་པོའོ། །གལ་ཏེ་ས་གཞི་མ་བྱིན་པ་ལ་དངོས་པོ་ཚང་ན་ཕམ་པར་འགྱུར་བ་མ་ཡིན་ནམ། དེ་ཇི་ལྟར་སྤོམ་པོ་ཞེས་བྱ་ཞེ་ན། འདི་ལ་ཕམ་པའི་ལྟུང་བའི་གོ་སྐབས་ནི་མེད་པ་ཁོ་ན་ཏེ། འདི་ལྟར་གཞི་དེ ་གང་ཟག་གང་གི་ཡིན་པ་དེའི་ཆེད་དུ་ཁང་པ་རྩིག་ན་བསྐུས་པ་མེད་པའི་ཕྱིར་ཕམ་པར་ཐལ་བར་མི་འགྱུར་རོ། །གང་ཟག་གི་ནི་བདག་ཉིད་ཀྱི་ཤིང་དང་སོ་ཕག་གི་སྒྲུབས་པས་སོ། །ཉེས་པ་སྤོམ་པོར་འགྱུར་རོ་ཞེས་བྱ་བ་འདི་ལ་ནི་བསླངས་པའི་ཡན་ལག་གཅིག་མེད ་པའི་ཕྱིར་རོ། །འཕྲོ་ནི་ཕྱེད་བྱས་པའོ། །ཟིན་པ་བྱེད་པར་ནི་རྩིག་པར་བྱེད་པའོ། །ཉེས་པ་སྤོམ་པོར་འགྱུར་རོ་ཞེས་བྱ་བ་འདི་ལ་ནི་བྱེད་པ་རྫོགས་པ་མེད་པའི་ཕྱིར་རོ། །བརྩམས་པ་ཟིན་པར་བྱེད་པ་ལ་ནི་བྱེད་པ་ཡོངས་སུ་རྫོགས་པ་མེད་པས་དེའི་ཕྱིར་འདི་ཤེས་པར ་བྱའོ། །ཁང་པའི་དགེ་འདུན་ལྷག་མ་གཏན་ལ་དབབ་པའོ།། །།བདག་པོ་ཡོད་པ་ཞེས་བྱ་བ་ལ་བདག་པོ་ཡོད་པ་ནི་བདག་པོ་གཞན་ཞིག་དང་བཅས་པ་སྟེ། བདག་པོ་བདོག་པ་ཞེས་བྱ་བའི་ཐ་ཚིག་གོ་།དགེ་འདུན་གྱི་ཆེད་དུ་ཞེས་བྱ་བ་ལ ་ཚད་དུ་ཞེས་བྱ་བའི་སྒྲ་ནི་དགོས་པར་སྟོན་པ་ཡིན་ནོ། །དགེ་འདུན་ཞེས་བྱ་བའི་སྒྲ་ནི་དེ་བཞིན་གཤེགས་པའི་ཉན་ཐོས་ཀྱི་དགེ་འདུན་ལ་བྱ་སྟེ། དེས་ན་འདི་ལ་ནི་དེ་བཞིན་གཤེགས་པའི་ཉན་ཐོས་ཀྱི་དགེ་འདུན་གྱི་ཆེད་ཡོད་པས་ན་དགེ་འདུན་གྱི་ཆེད་དེ་དེ་པའོ། །འདི་ལ ་ནི་ཡན་ལག་འདི་ཁོ་ན་ལྷག་གི་བདག་པོ་ཡོད་པ་ཉིད་ནི་མ་ཡིན་ཏེ། བྱུང་བའི་དབང་གིས་དེ་སྐད་གསུངས་པའི་ཕྱིར་རོ། །ཆེན་པོ་ནི་ཁ་ཅིག་ན་རེ་ཚད་ཀྱི་སྒོ་ནས་སོ་ཞེས་ཟེར་རོ། །གཞན་དག་ན་རེ་འགོད་སྒོའི་སྒོ་ནས་ཀྱང་རོ་ཞེས་ཟེར་རོ། །དགེ་འདུན་གྱི་ཆེད་ཀྱི་ཁང་པ་ལ་ཚད ་མ་སྨོས་པ་ནི་བསོད་ནམས་ཀྱི་ཚད་ཆེན་པོ་ལ་སོགས་པ་གྲུབ་པའི་ཕྱིར་རོ། །ཚད་ལས་འདས་པ་དང་བསླངས་པ་ཉིད་མ་གཏོགས་པ་ནི་དགེ་འདུན་གྱི་གཙུག་ལག་ཁང་གི་བདག་པོ་ནི་དུ་མ་ཡིན་པའི་ཕྱིར་ཚད་ལས་ལྷག་པ་ཉིད་ཉེས་པར་མི་འགྱུར་བས་དོན་མེད ་པ་མ་ཡིན་པའི་ཕྱིར་རོ། ཚད་ལས་ལྷག་པ་གཙུག་ལག་ཁང་མ་དག་པ་ཉིད་ཀྱི་ཡན་ལག་ཏུ་མ་གསུངས་སོ། །རྒྱལ་གལ་ཏེ་བསླངས་པ་ཉིད་ཀྱི་ཡན་ལག་ཀྱང་མ་གཏོགས་ན་བདག་པོ་ཡོད་པ་ཞེས་བྱ་བ་འདིར་བདག་པོ་ཉིད་ཀྱང་བདག་པོ་གཞན་ལས་བསླངས་པ་ཉིད ་ལས་གྱུར་ཏོ་ཞེས་བཤད་པ་ཡིན་ཞེ་ན། མ་ཡིན་ཏེ། དེར་བདག་པོ་ཡོད་པ་སྨོས་པ་མཛད་པ་གང་ཡིན་པ་དེ་ནི་ཡན་ལག་ཉིད་དུ་སྨོས་པ་མ་ཡིན་ནོ། །འོ་ན་ཅི་སྟེ་ཞེ་ན། བྱུང་བའི་དབང་གིས་ཆོས་ཕལ་ཆེ་བ་བསྒྲགས་པ་མཛད་པ་ཡིན་ཏེ། འདི་ལྟར་ལྟུང་བ་བསྟན་པ་གང ་ལས་ཀྱང་བདག་པོ་ཡོད་པ་ཉིད་མ་སྨོས་སོ། །གལ་ཏེ་བདག་པོ་མེད་པ་ཉིད་ཡིན་ན་དགེ་སློང་ལས་གཞི་ཇི་ལྟར་སྲིད་དེ། འདི་ལྟར་དེས་ནི་གདོན་མི་ཟ་བར་གཞན་ལས་བསླང་དགོས་སོ་ཞེ་ན། དེ་ནི་མ་ཡིན་ཏེ། ཁྱིམ་དང་གཞི་བཟུང་བཀག་པ་ལས་འདས་ནས ་བདག་གང་ཟག་གཞན་གྱི་དོན་དུ་འཛིན་པའི་ཕྱིར་དང། དགེ་འདུན་གྱི་ཆེད་དུ་ཉོ་བའི་སྒོ་ནས་འཛིན་པའི་ཕྱིར་རོ། །ཡང་ན་དགེ་འདུན་གྱི་གཞི་དགེ་འདུན་གྱིས་སྣང་བས་འཛིན་པའི་ཕྱིར་ཏེ། དེ་ལྟར་ན་བདག་པོ་ཉིད་མེད་པར་དགེ་སློང་ལས་གཞི་སྲིད་པས་དེ ་ལ་བསླངས་པ་ཉིད་ཀྱི་ཡན་ལག་མེད་པ་ཁོ་ནའོ་ཞེས་བྱ་བར་རྣམ་པར་གནས་སོ། །དགེ་འདུན་སྨོས་པས་ནི་འདིར་ཁྱིམ་པ་ལས་གང་ཟག་བཞི་ལ་སོགས་པའི་ཕྱོགས་ལ་བསྔོས་པ་ཡིན་ཏེ། འདི་ལྟར་ཁྱིམ་པའི་ཆེས་སྡིག་པ་ཡིན་པའི་ཕྱིར་ཏེ། ་འཕགས་པའི་དགེ་འདུན་ལ་ཕན་གདགས་པའི་བསམ་པ་ཤིན་ཏུ་དགེ་ཡང་ཁ་ན་མ་ཐོ་བ་རྣམ་པར་བཞག་པའི་ཕྱིར་རོ། །དགེ་འདུན་གྱི་ཆེད་ཅེས་བྱ་བ་ནི་དེ་བཞིན་གཤེགས་པའི་ཉན་ཐོས་ཀྱི་དགེ་འདུན་གྱིའོ་ཞེས་གསུངས་པ་དེ་ནི་གླེང་གཞིའི་དབང ་གིས་དཔེ་ཡིན་པར་རིག་པར་བྱའོ། །འདུལ་བ་འཛིན་པ་རྣམས་ནི་འདི་གཙུག་ལག་ཁང་ཡིན་པའི་ཕྱིར་དང། གཙོ་བོས་མ་ཡིན་པའི་ཕྱིར་དང། རང་གི་དོན་ཉིད་མེད་པའི་ཕྱིར་ན་མི་འདོད་དོ། །འདུལ་བ་འཛིན་པ་རྣམས་ན་རེ་ཚད་ལས་འདས་པ་དང། བསླངས ་པ་ཉིད་ཀྱི་ཡན་ལག་གཉིས་མ་གཏོགས་ན་ཞུས་པ་གཞན་གྱི་གཞུང་ལས་འབྱུང་བ་གང་ཟག་གི་ཡིན་པ་དང། མ་བྱིན་པ་ཉིད་ཀྱི་རྒྱུས་ཁ་ན་མ་ཐོ་བ་སྤོམ་པོར་རིག་པར་བྱ་སྟེ། འདིར་གཙུག་ལག་ཁང་གི་དགེ་འདུན་ལྷག་མ་བསླངས་པ་ཉིད་ཡན་ལག ་ཏུ་རྣམ་པར་མ་བཞག་གོ་།བསླངས་པ་ཉིད་མ་ཡིན་པའི་ཕྱིར་གང་ཟག་གི་ས་གཞི་མ་ཡིན་པ་ལ་རྩིག་ཏུ་སློན་པོ་ཁོ་ནར་རྣམ་པར་གནས་ཏེ། འདི་ལྟར་ཡིན་པར་ཡང་ཁང་པའི་དགེ་འདུན་ལྷག་མའི་རྗེས་སུ་འབྲེངས་ཏེ། ཤེས་པར་བྱའོ་ཞེས་ཟེར་རོ། ། ་གཞུང་ལྷག་མ་ཞེས་བྱ་བ་ལ་སོགས་པ་ལ་ནི་བཙུན་པ་རེ་ཞིག་དགེ་སློང་གིས་གཞི་མ་གནང་བར་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །ཆེན་པོ་ནི་ཆེ་བའོ། །གཙུག་ལག་ཁང་གི་དགེ་འདུན་ལྷག་མ་གཏན་ལ་དབབ་པའོ།། །།ཁྲོས་པ་ནི་ཞེ་སྡང་དང་ལྡན ་པའི་ཕྱིར་རོ། །འདིས་ནི་རྒྱུའི་སྟོབས་བསྟན་ཏེ། ཁོང་ཁྲོ་བ་སྤངས་པའི་ཕྱིར་རོ། །ཞེ་སྡང་བས་ཞེས་བྱ་བ་ནི་རྒྱུའི་ལྔ་པ་ཡིན་ཏེ། སྔ་མས་ཕྲ་རྒྱས་ཀྱི?་གནས་སྐབས་བསྟན་ནས། འདིས་ནི་ཀུན་ནས་དཀྲིས་པའི་གནས་སྐབས་བརྗོད་དོ། །མ་མགུ་བ་ནི་དེས ་སྤྱས་པའི་གནོད་པ་རྗེས་སུ་དྲན་པའི་ཕྱིར་མ་རངས་པ་སྟེ། འདིས་ནི་རྐྱེན་གྱི་སྟོབས་བཤད་དོ། །འདིར་ནི་ཞེ་སྡང་སྨོས་པའི་ན་གླེང་གཞིའི་དབང་གིས་གསུངས་ཀྱི་འདིའི་ཡན་ལག་ནི་མ་ཡིན་ནོ། །འདི་ལྟར་བུ་ལ་ཡང་རུང་ཉམས་པར་བྱ་བའི་འདུན་པ་ཅན་གྱིས་རྫུན་དུ་སྨྲ་བས་རྣམ ་པར་རིག་པར་བྱེད་ན་ལྟུང་བ་འདིར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དགེ་སློང་ནི་གཉེན་པར་རྫོགས་པའོ། །འདིར་དགེ་སློང་སྨོས་པ་ནི་ཉེ་བར་མཚོན་པ་སྟེ། དགེ་སློང་མ་ལ་སྐུར་པ་བཏབ་ན་ཡང་ལྟུང་བ་དེ་ཉིད་དུ་འགྱུར་རོ། །དག་པ་ནི་དྲི་མ་མེད་པ་སྟེ། སྨད་པ་མི་སྤྱོད་པའི ་ཕྱིར་རོ། །འདིར་དག་པ་སྨོས་པ་ནི་བྱུང་བའི་དབང་གིས་བཤད་པར་ཟད་དེ། མ་དག་པར་གནས་པར་མི་བྱ་བ་ལ་སྐུར་བ་བཏབ་ན་ཡང་ལྟུང་བར་ཆད་པར་འགྱུར་ཏེ། ཚུལ་འདི་ནི་དགེ་སྦྱོང་གི་རིགས་སུན་འབྱིན་པའི་ཕྱིར་རོ། །ལྟུང་བ་མེད་པ་ལ་ཞེས་ཡང་དག་ཞེས ་བྱ་བའི་སྒྲ་མི་མངོན་པར་བསྟན་པར་ཤེས་པར་བྱའོ། །ལྟུང་བ་མེད་པ་ནི་མཛའ་ཨི་ལྟུང་བ་དང་མི་ལྡན་པའོ། །དེས་ན་འདི་ལྟར་དག་ཅེ་ན། འདི་ལྟུང་བ་མེད་པས་སོ། །ཞེས་བྱ་བའི་ཐ་ཚིག་གོ་།གཞི་མེད་པར་ཞེས་བྱ་བ་ནི་མཐོང་བ་དང། ཐོས་པ་དང། དོགས་པ ་མེད་ཅིང་གཞི་མེད་པར་ཏེ། རྒྱུ་མེད་པར་བྱ་བའི་ཐ་ཚིག་གོ་།མཐོང་བ་དང། ཐོས་པ་དང། དོགས་པ་གསུམ་ནི་གཞི་སྟེ། ཡང་དག་པར་སྨྲ་བ་ལ་འཇུག་པའི་གཞིར་གྱུར་པའི་ཕྱིར་རོ། །སྐུར་པ་བཏབ་པ་ནི་ཁ?་ཕྱིས་པའོ། །ཅིའི་ཕྱིར་ཞེ་ན། ཅི་ནས་ཀྱང་ཞེས་བྱ་བ་ལ་སོགས ་པ་གསུངས་ཏེ། ཅི་ནས་ཞེས་བྱ་བ་ནི་ཅི་མ་རུང་སྙམ་པ་སྟེ། འདི་ནི་སྨོན་པ་ཡིན་ནོ་འདི་འགྲན་ཟླའི་དགེ་སློང་ངོ། །ཚངས་པར་སྤྱོད་པ་དང་ཞེས་བྱ་བ་ནི་དགེ་སློང་གི་དངོས་པོ་དང་སྟེ། ཕམ་པ་མི་སྤྱོད་པ་ནི་དོན་དམ་པའི་དགེ་སློང་གི་དངོས་པོ་ཡིན་ནོ།། ་དཔྲལ་ལོ་ཞེས་བྱ་བ་ནི་ཉམས་པར་བྱའོ། །དེ་ལྟ་བས་ན་འདི་ནི་དཔྲལ་བའི་མདུན་པ་འདི་ཁོ་ནས་ལྟུང་བ་འདིར་འགྱུར་གྱི། གྱི་ནས་ནི་མ་ཡིན་ནོ་ཞེས་པ་སྟན་པ་ཡིན་ནོ། །རུང་ཞེས་བྱ་བའི་སྒྲ་ནི་ཚིགས་མི་ཆེ་བ་སྟེ། ཞེ་སྡང་གི་དུས་དང་བྲལ་བ་འབའ་ཞིག་ན ་ནི་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ་།རྩོད་པ་ཞེས་བྱ་བ་ནི་ལྟུང་བའི་རྩོད་པ་སྟེ། འཁྲུག་པ་འདིའི་རྒྱུ་ནི་ལྟུང་བ་གླེང་བ་ཡིན་པའི་ཕྱིར་རོ། །ཞེ་སྡང་ལ་གནས་པས་ཞེས་བྱ་བ་ནི་ཁོ་བོ་ས་ཞེ་སྡང་གི་དབང་གིས་སྨྲས་སོ་ཞེས་དེ་སྐད་དུ་སྨྲ་བ་ཡིན་ནོ།། ་འདི་ཉིད་ཀྱི་ངོ་བོ་བསྟན་པའི་ཕྱིར། ཞེ་སྡང་གིས་སྨྲས་སོ་ཞེས་བྱ་བ་གསུང་ཏེ། སྨྲས་པར་གྱུར་པའོ་ཞེས་བྱ་བའི་སྒྲ་ནི་ཚིག་ཡོངས་སུ་རྫོགས་པའོ། །སེམས་གཡེངས་པ་ཞེས་བྱ་བ་ལ་སོགས་པ་ལ་ཁ་ཅིག་ནི་ལྐུག་པར་སྨོས་པར་འདོན་ཏོ། །འདི་ནི་འདུལ་བ་འཛིན་པ་གཞན་དག་མི་འདོད་དེ། འདི ་ལྟར་གལ་ཏེ་ལྐུགས་པ་ལ་ནི་སྐུར་པ་བཏབ་ན་སྤོམ་པོར་འདོད་ན་ལོང་བ་དང་རྒས་པ་དང། ཐེང་པ་ལ་སོགས་པ་ལ་ཡང་དེ་དང་འདྲ་བར་ཐལ་བར་འགྱུར་བས་དེ་དག་ལ་བསྐུར་བ་བཏབ་ན་ཡང་སྤོམ་པོར་འགྱུར་བ་ཞིག་ན། དེ་ཡང་མི་འདོད་དེ། ་དེ་ནི་དོན་རྟོགས་པའི་སྣོད་དུ་གྱུར་པའི་ཕྱིར་རོ། །དེ་ལྟ་བས་ན་འདི་ནི། གདོན་པར་མི་བྱའོ། །དེས་བས་ན་འདི་ལ་སྐུར་པ་བཏབ་ན་ཡང་ཁ་ན་མ་ཐོ་བ་ཡོངས་སུ་རྫོགས་པར་ཤེས་པར་བྱའོ། །འདི་ལས་ཕྱི་རོལ་པ་དེ་ནི་དེ་བཞིན་གཤེགས་པའི་བསྟན་པ་ལས་ཕྱིར ་རོལ་ཏུ་གྱུར་པའི་ཕྱིར་རོ། །དེ་ཉིད་བསྟན་པའི་ཕྱིར། གཞན་མུ་སྟེགས་ཅན་ཞེས་བྱ་བའི་ལ་སོགས་པ་སྨོས་ཏེ། མུ་སྟེགས་ཅན་ནི་གཅེར་བུ་ཟད་བྱེད་དེ་སྒྲོན་མོའོ་ཞེས་བྱ་བའི་ཐ་ཚིག་གོ་།མུ་སྟེགས་ནི་ཐར་པའི་ཆུ་བོར་འཇུག་པའི་ལམ་སྟེ། འདི ་དག་ལ་དེ་ཡོད་པས་སོ། །དགེ་སྦྱོང་ནི་སྡོམ་ཅན་ཏེ། ཀུན་ཏུ་འཚོ་བྱེད་ཅེས་བྱ་བའི་ཐ་ཚིག་གོ་།སྤྱོད་བ་པ་ནི་མུ་སྟེགས་ཅན་གྱི་རྣམ་པ་རབ་ཏུ་འབྱུང་བ་དག་གོ་།ཀུན་ཏུ་རྒྱུ་བ་ནི་རབ་ཏུ་བྱུང་བ་གོས་ཁ་དོག་སྒྱུར་བ་ཅན་དང་ཁོ་ནའོ། །འདི་ལས་ཕྱི་རོལ ་པ་རྣམས་ལ་ཕམ་པའི་ཐ་སྙད་མེད་མོད་ཀྱི་འོན་ཀྱང་ཆོས་འདི་ལ་བལྟོས་ནས་ཕམ་པའི་སྙད་གདགས་ཏེ། འོག་མ་ཁྱིམ་པ་ལ་སྐུར་པ་བཏབ་པ་ལ་སོགས་པ་ལ་ཡང་དེ་དང་འདྲ་བར་ཤེས་པར་བྱའོ། །འདི་ལ་ནི་མ་བརྟགས་པ་ཡིན་པའི ་ཕྱིར་ཉེས་བྱས་སོ། །ཟ་མ་ལ་སོགས་པ་ལ་སྐུར་པ་བཏབ་ན་སྤོམ་པོར་གསུངས་པ་ནི། དགེ་སློང་ཉིད་མེད་པའི་ཕྱིར་ཏེ། འདི་ལྟར་ཇི་ལྟར་མ་ནིང་སྡོམ་པའི་ཞིང་མ་ཡིན་པའི་ཕྱིར་དང། བར་མ་དོ་ཡིན་པའི་ཕྱིར་ཐ་སྙད་དུ་ནི་མི་རུང་བ་དེ་དང་འདྲ་བར་ཟ་མ་རྟོགས་ཡང་བཅོམ ་ལྡན་འདས་ཀྱིས་དེ་དང་དེ་ལས་ཐ་སྙད་དུ་མི་རུང་བ་ཉིད་དུ་གསུངས་སོ། །གང་གི་ཕྱིར་དེ་ལྟ་ཡིན་ཡིན་པ་དེའི་ཕྱིར་དགེ་སློང་གིར་གཏོགས་པའི་ཁ་ན་མ་ཐོ་བ་རྣམས་ཀྱི་ནང་དུ་ཡང་འདིའི་ཚུལ་ནི་དེ་ཁོ་ན་ཡིན་ནོ། །གཞན་དག་ན་རེ་ཇི་ལྟར་མ་ནིང་འཇིག་རྟེན་གྱི་ཐ་སྙད ་ལས་འདས་པའི་ཕྱིར་ཐ་སྙད་དུ་མི་རུང་ལྟར་ཟ་མ་ནི་ལྟ་མ་ཡིན་ཏེ། དེ་ལྟ་བས་ན་འདི་ལ་ནི་ཐ་སྙད་དུ་མི་རུང་བ་ཉིད་ཀྱི་ཚུལ་མེད་དོ། །གང་གི་ཕྱིར་དེ་ལྟ་ཡིན་པ་དེའི་ཕྱིར་དགེ་སློང་གིར་གཏོགས་པའི་ཁ་ན་མ་ཐོ་བ་རྣམས་ཀྱི་ནང་དུ་ཡང་དེ་ལས་བཞིན་དུ་དགེ་སློང ་བཞིན་དུ་འདིའི་ཁ་ན་མ་ཐོ་བ་ཡོངས་སུ་རྫོགས་པ་ཉིད་དུ་རྣམ་པར་བཞག་པ་དེ་བཞིན་དུ་ཁྱིམ་པ་འདིར་གཏོགས་པའི་ཁ་ན་མ་ཐོ་བ་རྣམས་ཀྱི་ནང་དུ་ཡང་ཁྱིམ་པ་ཡོངས་སུ་རྫོགས་པ་དང་འདྲའོ་ཞེས་ཟེར་རོ། །དེ་ལྟ་བས་ན་བཤད་མ་དག་པའི་ཚུལ་གྱིས་ན་འདི ་འདུལ་བ་འཛིན་པ་རིལ་གྱི་གཞུང་ལུགས་ནི་མ་ཡིན་པར་ཤེས་པར་བྱའོ། །ཁ་ཅིག་ནི་དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱི་ཁྲག་ཕྱུང་བ་ལ་སྐུར་པ་བཏབ་པ་ཡང་སྤོམ་པོར་འདོང་དེ། དེ་ནི་རིགས་པ་མ་ཡིན་ནོ། །འདི་ལྟར་དེ་ཙམ་གྱིས་ནི་འདིའི་དགེ་སློང ་ཉིད་མེད་པ་མ་ཡིན་གྱི། དགེ་འདུན་གྱི་དབྱེན་བྱེད་པའི་དགེ་སློང་བཞིན་ནོ། །དེ་ཉིད་ཀྱི་ཕྱིར་ཉེ་བར་འཁོར་གང་གིས་ཕ་དང་མ་དང། དགྲ་བཅོམ་པ་གསོད་པས་སྐུར་པ་བཏབ་པ་དེས་ནི་ཕམ་པའི་ཆོས་ཀྱིས་སྐུར་བ་བཏབ་པ་ཡིན་ནོ། །གང་གིས་དགེ་འདུན ་གྱི་དབྱེན་བྱེད་པ་དང། ངན་སེམས་ཀྱི་ཁྲག་འབྱིན་པས་སྐུར་བ་བཏབ་པ་དེས་ནི་ཉེས་པ་སྤོམ་པོར་སྐུར་པ་བཏབ་པ་ཡིན་ཏེ། ཉེས་པ་སྤོམ་པོར་ནི་དགེ་སློང་མ་ཡིན་པར་མི་འགྱུར་གྱི། དེ་ནི་བཤགས་པར་འོས་པ་ཡིན་ནོ་ཞེས་འཆད་པར་འགྱུར་ཏེ། ་འདིས་ནི་དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་འབྱིན་པ་དང། དགེ་འདུན་གྱི་དབྱེན་བྱེད་པ་ནི་དགེ་སློང་དག་ཡིན་ཏེ། དེ་ལས་གཞན་པའི་དགེ་སློང་བཞིན་ནོ་ཞེས་བསྟན་པ་ཡིན་ནོ། །དེའི་ཕྱིར་ཟ་མ་ལ་སོགས་པའི་ཚན་ལས་བཀར ་ཏེ། དགེ་འདུན་གྱི་དབྱེན་བྱེད་པ་ལ་སོགས་པའི་ཚན་ལ་སྐུར་བ་བཏབ་ན་དགེ་འདུན་ལྷག་མ་ཁོ་ནར་འགྱུར་བར་གདོན་པར་བྱའོ། །འདི་མན་ཆད་ཀྱི་ཕྱོགས་དག་ཏུ་ཡང་འདི་དགེ་སློང་ཉིད་ཡིན་པར་སེམས་ལ་བཞག་ནས་ལྟུང་བ་དག་ཅི་རིགས་པར ་ཤེས་པར་བྱའོ། །གཞན་དག་ན་རེ་གང་གིས་བསྙེན་པར་རྫོགས་པའི་མངོན་རོལ་ཏུ་ཁྲག་ཕྱུང་བ་དེ་འདིར་གཟུང་བར་རིག་པར་བྱའོ། །མཚམས་མེད་པ་བྱས་པས་བསྙེན་པར་རྫོགས་པ་ཆགས་པ་མེད་པའི་ཕྱིར་མ་གསོད་པ་ལ་སོགས་པ་ལྟ་བུ ་ཡིན་ནོ། །བསྙེན་པར་རྫོགས་པའི་གནས་སྐབས་ནི་མ་ཡིན་ནོ། །དེ་ནི་དེའི་ཚེ་དགེ་སློང་ཉིད་མེད་པར་མ་གྱུར་པའི་ཕྱིར་དགེ་འདུན་གྱི་དབྱེན་བྱེད་པ་ཡིན་ནོ། །དགེ་འདུན་གྱི་དབྱེན་བྱེད་པར་ཡང་གང་གིས་བསྙེན་པར་རྫོགས་པའི་གནས་སྐབས་ན་དགེ ་འདུན་གྱི་དབྱེན་བྱས་ལ་ཕྱིས་བསླབ་པ་ཕུལ་ནས་བསྙེན་པར་རྫོགས་པ་དེ་ལ་ཡང་སྡོམ་པ་མ་ཆགས་པ་ཁོ་ན་ཡིན་གྱི། བསྙེན་པར་རྫོགས་པའི་གནས་སྐབས་ཀྱི་ནི་མ་ཡིན་ཏེ། དེ་ནི་དེའི་ཚེ་དགེ་སློང་ཉིད་ཡིན་པར། །བཤད་མི་དགོས་པར་གྲུབ་པོ། ་དེའི་ཕྱིར་འདི་གཉིས་ནི་ཟ་མ་ལ་སོགས་པ་བཞིན་དུ་སྡོམ་པ་སྐྱེས་པས་དགེ་སློང་ཉིད་མ་ཡིན་པར་ཤེས་པར་བྱ་ལ། དགེ་སློང་ཉིད་མ་ཡིན་པ་ལ་ནི་སྤོམ་པོ་ཁོ་ནར་འགྱུར་རོ་ཞེས་ཟེར་རོ། །གལ་ཏེ་ཅིའི་ཕྱིར་གནས་པར་མི་བྱ་བ་དང། ཐ་དད་དུ་གནས་པ ་ཁས་བླངས་པ་དང། བསླབ་པ་བྱིན་པའི་དགེ་སློང་རྣམས་ལ་སྐུར་པ་བཏབ་ན་ལྟུང་བ་ཡོངས་སུ་རྫོགས་པ་རྣམ་པར་བཞག་འདི་ལྟར་འདི་དག་ལ་སྐུར་པ་བཏབ་པ་ན་ལྟུང་བ་ན་སྨད་དགོས་ཏེ། དེ་ལས་གཞན་པའི་ལྟུང་བ་བཞིན་ནོ་ཞེ་ན་འདུལ་བ་འཛིན་པ ་རྣམས་ན་རེ་དེ་ནི་མ་ཡིན་ཏེ། འདི་ནི་ཆེ་ཐང་དུ་དགེ་སྦྱོང་གི་རིགས་སུན་འབྱིན་པའི་སྒོར་འགྱུར་བ་དང། ཤིན་ཏུ་ཐ་ཆད་ཡིན་པས་འདི་དག་ལ་སྐུར་པ་བཏབ་ན་ཡང་ལྟུང་བ་འདྲ་བ་ཉིད་དུ་ཡང་རྣམ་པར་བཞག་གོ་ཞེས་ཟེར་རོ། །ཉེས་བྱས་སོ་ཞེས་བྱ་བ་འདི་ལ་ནི་ཕས་ཕམ་པས ་སྐུར་བ་མེད་པའི་ཕྱིར་ཏེ། ཁ་ན་ཐོ་བ་ཆུང་ངུ་དག་ལ་ནི་ཆུང་ངུའི་ཆ་ཉིད་ཡིན་ནོ་ཞེས་བྱ་བའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་འདི་ནི་གཞི་དེ་གང་གི་ཕྱིར་ཡིན་པའོ། །གཞན་དག་ན་རེ་རྒྱུ་གང་གི་ཕྱིར་ཞེས་བྱ་བ་ཡིན་ནོ་ཞེས་ཟེར་རོ། །དགེ་འདུན་གྱི་དབྱེན་བྱེད་པ་དང ་ཞེས་བྱ་བ་ལ་སོགས་པ་ལ་སྤོམ་པོ་འདི་གཉིས་ནི་གོ་རིམ་བཞིན་དུ་དགེ་འདུན་གྱི་དབྱེན་ལ་ཞུགས་པ་མི་གཏོང་བ་དང། མི་གསོད་པའི་ཕྱོགས་དང་མཐུན་པ་ཡིན་པར་ཤེས་པར་བྱའོ། །བདག་ཉིད་ཁས་ལེན་པས་ཞེས་བྱ་བ་ལ་སོགས་པས་དགེ་འདུན་ལྷག ་མར་གསུངས་པ་འདིས་ནི་ཕམ་པ་བྱུང་བ་ལ་སྐུར་ན་ཡང་དགེ་འདུན་ལྷག་མར་འགྱུར་བ་ཁོ་ནའོ་ཞེས་དེ་སྐད་དུ་བསྟན་པ་ཡིན་ནོ། །བཤགས་པར་འོས་པ་ནི་དགེ་འདུན་གྱི་མདུན་དུ་བཤགས་པས་ལྟུང་བ་ལྡོག་པའི་ཕྱིར་རོ། །སོ་སོར་བཤགས་པར་བགྱི་བ་ནི ་གནས་ཀྱི་ནང་ན་འདུག་པའི་དགེ་སློང་གི་མདུན་དུ་བསྒྲགས་པ་ཉིད་ཀྱི་ལྟུང་བ་ལྡོག་པའི་ཕྱིར་རོ། །ཞུས་པ་ལ་ལ་ལས་གཞན་ཡང་འདི་སྐད་དུ། དགེ་འདུན་གྱི་དབུ་སུ་མི་ཚངས་པར་སྤྱད་པ་བྱས་སོ། །མ་ཤ་ཀ་ལྔ་ལས་ལྷག་པར་བརྐུས་སོ། །མིའི་སྲོག་དང་ཕྲལ་ལོ། ་མི་ཆོས་བླ་མར་གྱུར་པ་ཡང་དག་པར་མ་ཡིན་པར་སྨྲས་སོ་ཞེས་མ་ངེས་པར་སྨྲས་ཀྱི་ཆེ་གེ་མོ་ཞིག་གིས་ཞེས་མ་སྨྲས་ན་ཉེས་པ་སྤོམ་པོར་འགྱུར་རོ། །དགེ་སློང་སྟན་ལས་ལངས་ནས་ཁོ་བོ་ལ་བསམས་ཏེ། སྨྲས་པ་ཡོད་དོ་ཞེས་ཟེར་ན་སྐྱེ་བོ་ཐམས་ཅད་པའི་ཉེས ་བྱས་སོ། །མ་ནིང་དང་ལྷན་ཅིག་སྐུར་པ་འདེབས་ན་ཉེས་པ་སྤོམ་པོར་འགྱུར་རོ། །མ་ནིང་མ་དང་ལྷན་ཅིག་སྐུར་པ་འདེབས་ན་ཉེས་པ་སྤོམ་པོར་འགྱུར་རོ། །རྣམ་པར་མ་ནིང་དང་ལྷན་ཅིག་སྐུར་པ་འདེབས་ན་ཉེས་པ་སྤོམ་པོར་འགྱུར་རོ་ཞེས་འབྱུང་ངོ། །མ་ངེས ་ལངས་དང་མ་ནིང་དང། །མ་ནིང་མོ་རྣམས་མ་ནིང་སྟེ། །ཞུ་བ་འགའ་ལས་སྐུར་བ་ཡིན། །བསྡུ་བ་གཞན་འདི་འབྱུང་བ་ཡིན་ཞེས་བྱ་བ་ཞིག་བསྡུ་བ་ཡིན་ནོ། །དེ་ལ་དོན་ནི་འདི་ཡིན་ཏེ། མ་ངེས་པ་ནི་མིང་སྨོས་པ་མེད་པར་རོ། །ཉེས་པ་སྦོམ་པོར་འགྱུར་རོ ་ཞེས་བྱ་བ་འདི་ལ་ནི་མིང་མ་སྨོས་པའི་ཕྱིར་སྐུར་བ་ཡོངས་སུ་རྫོགས་པ་མ་ཡིན་པ་ཉིད་པས་དངོས་གཞི་མེད་པའི་ཕྱིར་འདི་ཡིན་ནོ། །བསམས་ཏེ་སྨྲས་པ་ནི་དོན་གཞན་ལས་བསམས་ཏེ་སྨྲས་པའོ། །སྐྱེའོ་ཐམས་ཅད་པ་ནི་སྐྱེ་བ་ཐམས་ཅད་ནི་སྐྱེའོ་མང་པོའི་དབང ་དུ་བྱས་ནས་ཞུགས་པའི་ཕྱིར་རོ། །ཉེས་བྱས་སོ་ཞེས་བྱ་བ་འདི་ལ་ནི་འདིར་སུ་ལ་ཡང་སྐུར་པ་འདེབས་པ་མེད་ཀྱི། འདི་ནི་སྐུར་པ་བཏབ་པའི་དོན་དུ་ཞུགས་པ་འབའ་ཞིག་ཏུ་ཟད་པས་སྦྱོར་བའི་སྦྱོར་བར་གྱུར་པའི་ཕྱིར་འདི་ཡིན་ནོ། །མ་ནིང་དང་ཞེས་བྱ་བ་ལ་སོགས་པ་ལ ་ནི་མ་ནིང་སྐུར་པ་བཏབ་པའི་དགེ་སློང་མ་ལ་སྲིད་དེ། དེ་བས་ན་དགེ་སློང་མ་ལ་ཕམ་པ་སྤྱོད་པའི་ཟླ་པོ་ཕའི་དབང་པོ་དང་བྲལ་བ་བསྟེན་དུ་མི་རུང་བ་དང་སྐུར་པ་འདེབས་པ་ན་ཁ་ན་མ་ཐོ་བ་འདི་ཡིན་ནོ། །དགེ་སློང་ལ་ནི་མ་ནིང་མོ་དང། རྣམ་པར་མ་ནིང ་དག་དང་སྐུར་པ་འདེབས་སྲིད་དོ། །དགེ་སློང་དང་མ་ནིང་དང་རྣམ་པར་མ་ནིང་དང་སྐུར་པ་འདེབས་པ་ལ་སྦོམ་པོར་གསུངས་པ་ཡང་ཁ་དང་བཤད་པའི་ལམ་གྱི་དབང་དུ་མ་བྱས་པར་ཤེས་པར་བྱ་སྟེ། འདི་ལྟར་དེ་དག་དང་སྐུར་པ་འདེབས་ན་ཕམ་པ་ཁོ་ནས ་སྐུར་བ་བཏབ་པར་འགྱུར་ལ། དེས་སྐུར་པ་བཏབ་ན་ཡང་དངོས་གཞིར་འགྱུར་བའི་ཕྱིར་རོ། །གཞན་ན་རེ་ཕོ་དང་མོའི་དབང་པོ་དང་བྲལ་བ་དང་སྐུར་པ་འདེབས་པ་གང་ཡིན་པ་དེ་ནི་ཕམ་པར་གཏོགས་པའི་སྦོམ་པོས་སྐུར་པ་འདེབས་པ་ཡིན་ཏེ། བསྟེན་དུ ་རུང་བ་མེད་ན་ཕམ་པ་མི་སློང་བའི་ཕྱིར་རོ། །སྦོམ་པོས་སྐུར་པ་བཏབ་པ་ལ་སྦོམ་པོར་འགྱུར་བ་ཡང་བརྗོད་པར་ཡང་མི་ནུས་ཏེ། དགེ་འདུན་ལྷག་མས་སྐུར་པ་བཏབ་པ་ལ་ཡང་ལྟུང་བྱེད་དུ་གསུངས་པའི་ཕྱིར་རོ། །དེ་སྐད་དུ་ཡང་གཞི་མེད་པར་ཉེས་པ་སྦོམ ་བོར་སྐུར་པ་བཏབ་ན་ཉེས་བྱས་སོ་ཞེས་གསུངས་སོ། །དགེ་འདུན་ལྷག་མར་གཏོགས་པའི་སྦོམ་པོ་འདིར་གསུངས་སོ་ཞེས་བརྗོད་པར་ཡང་མི་ནུས་ཏེ། སྤྱིར་གསུངས་པའི་ཕྱིར་དང་གཞན་གང་ལས་ཀྱང་ཕམ་པར་གཏོགས་པའི་ཉེས་པ་སྦོམ་པོར་སྐུར་པ་བཏབ་པ་ལ་ལྟུང་བ་གཞན ་མ་གསུངས་པའི་ཕྱིར་རོ། །དེ་ལྟ་བས་ན་ཉེས་པ་སྦོམ་པོར་སྨོས་པ་ནི་འགའ་ཞིག་གིས་བཤད་པའི་དབང་གིས་སྒྲོ་བཏགས་པ་ཡིན་པས་འདིར་ཉེས་བྱས་སུ་གསུངས་པ་ཉིད་བཟང་ངོ་ཞེས་ཟེར་རོ། །གཞི་མེད་པར་སྐུར་བ་འདེབས་པའི་དགེ་འདུན་ལྷག་མ་གཏན་ལ ་དབབ་པའོ།། །།གཞན་གྱི་ཆ་དང་འཐུན་པ་མ་ཡིན་པ་ཞེས་བྱ་བ་ལ། གཞན་ཞེས་བྱ་བ་ནི་མྱ་ངན་ལས་འདས་པ་སྟེ། འཁོར་བ་ལས་བཟློག་པ་ཡིན་པའི་ཕྱིར་རོ། །དེའི་ཆ་དང་འཐུན་པ་མ་ཡིན་པ་ནི་མི་མཐུན་པའི་ཕྱོགས་ཉོན་མོངས་པ་ཅན་གྱི་ཕྱོགས་རྣམས་སོ། ་དེ་ལ་ཡོད་པ་ནི་གཞན་གྱི་ཆ་དང་མཐུན་པ་མ་ཡིན་ཏེ། ཕམ་པ་རྣམ་པ་བཞིའོ། །ཡང་ན་གཞན་ཏུ་བསྟེན་པ་ནི་གཞན་གྱི་ཆའོ། །དེ་དང་མཐུན་པ་ནི་གཞན་གྱི་ཆ་དང་མཐུན་པ་སྟེ། གཟུགས་པོར་སྐུར་པ་འདེབས་པའི་རྣམ་པ་ལས་གཞན་པ་གཟུགས་པོ ་མ་ཡིན་པར་སྐུར་པ་འདེབས་པ་ཞེས་བྱ་བའི་ཐ་ཚིག་གོ་།གཞན་དག་ན་རེ་གཞན་གྱི་ཆ་དང་མཐུན་པ་མ་ཡིན་པ་ཞེས་བྱ་བ་ལ་གཞན་ཞེས་བྱ་བ་ནི་མྱ་ངན་ལས་འདས་པའོ་དེའི་ཆ་དང་མཐུན་པ་མ་ཡིན་ནི་ཕམ་པའི་ཆོས་གཞིའོ་ཞེས་བཅོམ་ལྡན་འདས་ཉིད ་ཀྱིས་རྣམ་པར་འབྱེད་པ་ལས་བཤད་པའི་ཕྱིར་གཞུང་འདི་ལ་མ་ཡིན་པ་ཞེས་བྱ་བ་ཞིག་ཁོ་ན་ཡོད་པར་ཤེས་པར་བྱའོ་ཞེས་ཟེར་རོ། །འདིར་ཕམ་པ་སྨོས་པ་ཡོད་བཞིན་དུ་གཞན་གྱི་ཆ་དང་མཐུན་པ་མ་ཡིན་པ་ཞེས་སྨོས་པ་གང་ཡིན་པ་དེ་ནི་ཕམ་པའི་སྐྱོན ་བརྗོད་པའི་ཕྱིར་ཏེ། ཕམ་པའི་ཆོས་ནི་མྱ་ངན་ལས་འདས་པ་དང། འགལ་བ་ཡིན་པའི་ཕྱིར་རོ། །རྩོད་པ་གཞན་གྱི་ཆ་དང་མཐུན་པ་མ་ཡིན་པས་ཞེས་བྱ་བ་ནི་ཕམ་པའི་ལྟུང་བའི་རྒྱུ་ཅན་ལས་སོ། །བག་ཙམ་ཞེས་བྱ་བ་ལ་སོགས་པ་ལ། བག་ཙམ་ནི་ཤན ་ཙམ་མོ། །དེ་ལས་བསམས་པ་ནི་མནོས་པ་སྟེ། བག་ཙམ་ལས་བསམས་པའི་ཐབས་ཀྱི་སྨྲས་པ་ཞེས་བྱ་བའི་ཐ་ཚིག་གོ་།འདི་ལ་དེ་ཁོ་ན་ཙམ་གྱི་ཚད་ཅིག་ཡོད་པས་ན་བག་ཙམ་ལས་བསམས་པ་ཙམ་སྟེ། དཔེར་ན་དགེ་སློང་བཙུན་པ་བཤེས ་གཉེན་དང། ས་པ་དག་གིས་རི་དྭགས་དག་འཇུག་པ་མཐོང་ནས་ཚེ་དང་ལྡན་པ་གྱང་དུ་ནོར་ཡང་མཐོང་ངོ། །དགེ་སློང་མ་ཨུཏཔ་ལའི་མདོག་ཀྱང་མཐོང་ངོ། །མི་ཚངས་པར་སྤྱོད་པ་འཁྲིག་པ་ལས་བྱུང་བའི་ཆོས་བརྟེན་པ་ཡང་མཐོང་ངོ། །ཞེས་སྨྲས ་པ་ལྟ་བུ་སྟེ། བརྗོད་པར་འདོད་པའི་དོན་གོ་བར་བྱེད་པ་བྱེད་པ་པོ་དང་བྱ་བ་འབྲེལ་པ་བཀར་ཏེ། མ་སྨོས་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ་།བླངས་པར་གྱུར་པ་ནི་ཡོངས་སུ་བཟུང་བར་གྱུར་པ་སྟེ། དེ་ཡིད་ལ་བཞག་པར་གྱུར་པ་ཞེས་བྱ་བའི་ཐ་ཚིག་གོ་།གཞུང ་ལྷག་མ་ནི་བཙུན་པ་རེ་ཞིག་དགེ་སློང་གིས་ཕོ་ཉ་ལས་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །གཞན་གྱི་ཆ་དང་མཐུན་པ་མ་ཡིན་པས་སྐུར་པ་འདེབས་པའི་དགེ་འདུན་ལྷག་མ་གཏན་ལ་དབབ་པའོ། །དགེ་འདུན་ནི་དེ་བཞིན་གཤེགས་པའི་ཉན་ཐོས ་ཀྱི་དགེ་འདུན་ཏེ། གཞན་གྱི་ཚོགས་ཕྱེ་ན་ལྟུང་བ་གཞན་ཡོད་པའི་ཕྱིར་རོ། །མཐུན་པ་ནི་རྟགས་དང་ལས་དང་ཚུལ་ཁྲིམས་དང་ལྟ་བ་དང། སྤྱོད་པ་དང་འཚོ་བ་དག་གི་རོ་གཅིག་པ་སྟེ་མི་མཐུན་པ་ཕྱེ་བ་ལ་ནི་ལྟུང་བ་འདི་མེད་དོ། །དབྱེ་བའི་ཕྱིར་ཞེས ་བྱ་བ་ལ། འབྱེད་པ་ནི་སྟོན་པ་དང་ལམ་གཞན་ལ་བཟོད་ན་གཉིས་སུ་འབྱེད་པ་སྟེ། དེའི་ཆེད་དུའོ། །རྟུལ་བར་བྱེད་པ་ནི་རྩོལ་བར་བྱེད་དེ། ཚུལ་ཤིང་འདྲིམ་པ་འམ་གསོལ་བ་བྱེད་པས་བརྩོན་པར་བྱེད་པ་ཞེས་བྱ་བའི་ཐ་ཚིག་སྟེ། ཡིད་ཀྱི་ནི་ལྟུང་བ་འདིར ་མི་འགྱུར་བའི་ཕྱིར་རོ། །ཅིང་ཞེས་བྱ་བའི་སྒྲ་ནི་འམ་ཞེས་བྱ་བའི་སྒྲའི་དོན་ཏོ། །དབྱེན་བྱེད་པར་འགྱུར་བ་ནི་དབྱེན་བྱེད་པའི་རྒྱུ་མཚན་ཟས་སྐོམ་ལ་སོགས་པ་སྦྱིན་པ་དང་གྲོགས་ཚོལ་བ་ལ་སོགས་པ་ཡིན་ནོ། །རྩོད་པ་ནི་འགྱེད་པའི་རྩོད་པའོ། ། ་ཡང་དག་པར་བླངས་ནས་ཞེས་བྱ་བ་ནི་ཡང་དག་པ་ཉིད་དུ་འཚལ་ནས་སོ། །རབ་ཏུ་བཟུང་སྟེ་ཞེས་བྱ་བ་ནི་མངོན་པར་ཞེན་པར་བྱས་པ་སྟེ། དམ་དུ་འཛིན་པས་བཟུང་སྟེ་ཞེས་བྱ་བའི་ཐ་ཚིག་གོ་།འདུག་ན་ཞེས་བྱ་བ་ནི་རྩོལ་བའི་ངོ་བོར་འདུག་པར་བྱེད་ནའོ། །དགེ་སློང ་རྣམས་ཀྱིས་ཞེས་བྱ་བ་ནི་གཙུགས་པ་རྣམས་སོ། །མཐུན་པར་གྱིས་ཤིག་ཅེས་བྱ་བ་ནི་གཅིག་ཏུ་གྱིས་ཤིག་པའོ། །ཅིའི་ཕྱིར་ཞེ་ན། དགེ་འདུན་མཐུན་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་གི་ཕྱིར་དགེ་འདུན་མ་ཕྱེ་ན་འཐབ་པ་དང་རྩོད་པ་དྲི་མ་མི་བདེ་བའི ་འདམ་དང་བྲལ་བས་བདེ་བར་གནས་པ་དེའི་ཕྱིར་ཁྱོད་དགེ་འདུན་དང་ལྷན་ཅིག་མཐུན་པར་གྱིས་ཤིག་ཅེས་བྱ་བའི་ཐ་ཚིག་གོ་།མི་ཕྱེད་པ་ནི་ཆོས་དང་ཟང་ཟིང་གི་ལོངས་སྤྱོད་ཀྱིས་འབྲེལ་པའོ། །ཀུན་ཏུ་དགའ་བ་ནི་གཅིག་ལ་གཅིག་ཡོན་ཏན་བརྗོད་པ་འམ། དགེ ་བའི་ཕྱོགས་འཕེལ་བའི་རབ་ཏུ་དགའ་བས་མགུ་བར་བྱེད་པའོ། །མི་རྩོད་པ་ནི་ཕན་ཚུན་བལྟ་བ་དང་འདོད་པ་མི་མཐུན་པའི་རྩོད་པ་ཡོངས་སུ་སྤངས་པས་མི་རྩོད་པར་གྱུར་པའོ། །མཆོག་གཅིག་ནི་འབྲས་བུ་མྱ་ངན་ལས་འདས་པ་གཅིག་པའི་ཕྱིར་རོ། །འདོན་པ ་གཅིག་པ་ནི་སོ་སོར་ཐར་པའི་མདོ་འདོན་པ་འདྲ་བའི་ཕྱིར་རོ། །ཆུ་དང་འོ་མ་གཅིག་ཏུ་འདྲེས་པར་གྱུར་པ་ལྟ་བུ་ནི་དགག་དབྱེ་ལ་སོགས་པའི་ལས་འདྲ་བའི་ཕྱིར་རོ། །ཡང་ན་གཞན་གྱིས་བཀྲིར་མི་བཏུབ་པའི་ཕྱིར་རོ། །སྟོན་པའི་བསྟན་པ་ནི་བཅོམ་ལྡན་འདས ་ཀྱི་བཀའ་ཨོ། །གསལ་བར་བྱེད་པ་ནི་རབ་ཏུ་སྟོན་པའོ། །བདེ་བ་དང་རེག་པ་ཞེས་བྱ་བ་ལ་བདེ་བ་ནི་ལུས་ཀྱིའོ། །རེག་པ་ནི་སེམས་ཀྱི་སྟེ། མཐོང་བའི་ཆོས་ལ་ལུས་དང་སེམས་ཀྱི་བདེ་བ་དང་ལྡན་ཞིང་བདེ་བར་གནས་སོ་ཞེས་བྱ་བའི་ཐ་ཚིག་གོ་།འབྱེད་པར ་བྱེད་པའི་གཞི་ནི་སྤྱོད་པ་དང་གྲོགས་ཚོལ་བའི་ངོ་བོ་ཐོང་ཞིག་ཅེས་བྱ་བ་ནི་འོར?་ཅིག་པའོ། །བསྒོ་བར་བྱ་བ་ནི་ཟློག་པར་བྱ་བའོ། །བསྒོ་བ་ན་ཞེས་བྱ་བ་ནི་གཅུགས་པས་བཟློག་པ་ནའོ། །ལེགས་པ་ནི་བཟང་པོའོ། །གཏོང་བར་བྱ་བའི་ཕྱིར་ཞེས་བྱ ་བ་ནི་འདོར་དུ་གཞུག་པའི་ཕྱིར་རོ། །ལན་གཉིས་ནི་རེས་གཉིས་སོ། །ལན་གསུམ་ནི་རེས་གསུམ་སྟེ། དེས་ན་བཤེས་པའི་ཚིག་གིས་མ་ལོག་ན་ལན་གསུམ་གྱི་བར་དུ་འདི་ལ་གསོལ་བ་དང་བཞིའི་ལས་བྱའོ་ཞེས་བྱ་བའི་དོན་ཏོ། །ཡང་དག ་པར་བསྒོ་བར་བྱ་བ་ནི་དགེ་འདུན་གྱི་དབྱེན་བྱེད་པའི་ངོ་བོའི་སྡིག་པ་ཟློག་པའི་ཕྱིར་རོ། །ཡང་དག་པར་བསྟན་པར་བྱ་བ་ནི་མཐུན་པའི་ངོ་བོའི་དགེ་བའི་ཆོས་ལ་སྦྱོར་བའི་ཕྱིར་རོ། །བཤེས་པའི་ཚིག་གིས་ཞེས་བྱ་བ་ནི་མཛའ་བའི་ཚིག་གིས་སོ། །མ་བསྒོ་བར་ཞེས་བྱ ་བ་ནི་བརྡ་མ་སྤྲད་པར་ཏེ། མ་ཟློག་པར་ཞེས་བྱ་བའི་ཐ་ཚིག་གོ་།གསོལ་བ་དང་བཞིའི་ལས་ཞེས་བྱ་བ་ལ་སོགས་པ་ནི་གོ་བར་བྱེད་པ་སྟེ། ལས་བྱེད་པ་སྒྲོགས་པ་ཞེས་བྱ་བ་ནི་དོན་ཏོ། །ལས་ནི་བརྗོད་པའོ། །དེས་ན་ལས་གང་ལ་བཞི་པ་གསོལ་བ་ཡོད་པ་དེ་ལ་དེ་སྐད ་ཅེས་བྱ་སྟེ། དེས་སོ། །བཀའ་སྩལ་པ་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱིས་སོ། །ཉེ་བར་འཁར་མི་འཆགས་ཞེས་བྱ་བ་ནི་བཤེས་པའི་ཚིག་གིས་བསྒོ་བ་ནི་ཆོ་ག་ཉིད་ཡིན་པས་དེ་མ་བྱས་ན་ལས་འཆགས་པ་མེད་དེ། བཤེས་པའི་ཚིག་གིས་བསྒོ་བ་ཉིད་ཡན ་ལག་ཉིད་ཡིན་ཏེ། ཆོ་ག་ལས་འདས་ན་ལས་མི་འཆགས་སོ་ཞེས་འབྱུང་བའི་ཕྱིར་རོ། །དགེ་འདུན་ལ་ཡང་དེས་འགལ་ཚབས་ཅན་དུ་འགྱུར་རོ་ཞེས་བྱ་བ་ནི་ཆོ་ག་ལས་འགལ་བའི་ལས་བྱེད་པ་དེས་ཉེས་བྱས་ཀྱི་ལྟུང་བ་དང་ལྡན་པར་འགྱུར་ཏེ། ཆོས་མ་ཡིན ་བར་མི་བྱའོ་ཞེས་འབྱུང་བའི་ཕྱིར་རོ། །ཅི་བསྒོ་བ་བཤེས་པའི་ཚིག་ཁོ་ནས་བྱ་འམ། འོན་ཏེ་ལས་ཀྱིས་ཀྱང་བྱ་ཞེ་ན། འདུལ་བ་འཛིན་པ་རྣམས་ན་རེ་ཁྱད་པར་དུ་མ་སྨོས་པའི་ཕྱིར། བཤེས་པའི་ཚིག་གིས་བྱ་བ་འབའ་ཞིག་ཏུ་མ་ཟད་ཀྱི་ལས་ཀྱིས་ཀྱང ་བྱའོ་ཞེས་ཟེར་རོ། །དེ་ལྟ་བས་ན་འདིས་ནི་དགེ་འདུན་གྱི་དབྱེན་དང། དེའི་རྗེས་སུ་ཕྱོགས་པའི་དགེ་འདུན་ལྷག་མར་གཏོགས་པའི་ཞུས་པ་དང་ལན་གདབ་པ་མཛད་པ་ཤེས་པར་བྱའོ། །བཙུན་པ་བསྐྲད་པའི་ལས་མ་བགྱིས་པས་ཞེས་བྱ་བ་ལ་སོགས་པ ་ལ་བསྐྲད་པའི་ལས་ནི་བསྐྲད་པ་དང་མཐུན་པ་གསོལ་བ་དང་བཞིའི་ལས་ཏེ། ཁྱིམ་སུན་འབྱིན་པར་བྱེད་པ་སྤྱོད་པ་ལ་དེ་དང་མཐུན་པའི་ལས་བྱས་པས་གནས་དེ་ནས་སྐྲོད་པ་ཡིན་ནོ། །བཤེས་པའི་ཚིག་གིས་བསྒོ་བར་བགྱིད་ན་ཞེས་བྱ་བ་ལ་སོགས་པས་དགེ་འདུན ་ལ་འགལ་ཚབས་ཅན་དུ་འགྱུར་བར་གསུངས་པ་འདིས་ནི་བསྐྲད་པའི་ལས་མ་བྱས་པར་བཤེས་པའི་ཚིག་གིས་བསྒོམ་པ་ནི་ཅི་ཡང་མི་ཕན་ནོ་ཞེས་བསྟན་པར་ཤེས་པར་བྱའོ། །ཚར་གཉིས་པ་ལ་བསྐྲད་པའི་ལས་བགྱིས་ཏེ་ཞེས་བྱ་བ་ལ་སོགས་པས་ནི ་བཤེས་པའི་ཚིག་གིས་བསྒོ་བའི་དགོས་པ་དང་བཅས་པ་ཡིན་ཏེ། དེས་ན་དགེ་འདུན་ལ་ཡང་འགལ་ཚབས་ཅན་དུ་མི་འགྱུར་བར་གསུངས་སོ། །འདུན་པས་འགྲོ་བ་ཞེས་བྱ་བ་ལ། འདུན་པ་ནི་རྗེས་སུ་ཆགས་པའོ། །དེས་འགྲོ་བ་ནི་འཇུག་པ་སྟེ། དཔེར་ན་ཉེས ་པ་འདྲ་བ་དམར་སེར་བ་རྣམས་ལ་སྐྲོད་པར་མི་བྱེད་པའི་རྗེས་སུ་ཆགས་པས་འཇུག་པ་ཞེས་བྱ་བ་ལྟ་བུའོ། །ཞེ་སྡང་གིས་འགྲོ་བ་ནི་དཔེར་ན་རྟ་ཅན་དང་ནབས?་སོ་དག་ལ་ཞེ་སྡང་གིས་ཀུན་ནས་དཀྲིས་པའི་དབང་གིས་འཇུག་པ་ཞེས་བྱ་བ་ལྟ་བུའོ། །གཏི ་མུག་གིས་འགྲོ་བ་ནི་བསྐྲད་པར་འོས་པ་རྣམས་ཀྱིས་དེ་ཁོ་ན་ཉིད་ཁོང་དུ་མ་ཆུད་པའི་ཕྱིར་རོ། །འཇིགས་པས་འགྲོ་བ་ནི་ལྷགས་པ་རྣམས་ཀྱིས་བྱེད་པར་སེམས་པའི་ཕྱིར། །ཉེས་བྱས་སོ་ཞེས་བྱ་བ་འདི་ལ་ནི་འདུས་པས་འགྲོ་བ་ལ་སོགས་པས་རྣམ་པར ་རིག་པར་བྱེད་པའི་གནས་སྐབས་འདི་ན་རྒྱུ་མཚན་དུ་གྱུར་པ་ལ་བསྐྲད་པའི་ལས་མེད་པའི་ཕྱིར་མངོན་པར་ཞེན་པས་ཆེས་ཆུང་བར་གནས་ཏེ། དེའི་ཕྱིར་འདི་ཤེས་པར་བྱའོ། །བསྒོ་བར་མི་བྱ་ཞེས་བྱ་བ་ལ་སོགས་པ་ནི་དོན་གང་ཞིག་གཞོམ་པའི་ཕྱིར་འདི་ལ་བསྒོ་བར་བྱ་བ་དེའི ་ཚེ་འདི་ལ་བསྒོ་བས་མི་འགྲུབ་སྟེ། འདི་ལྟར་འཇུག་པ་འདི་ནི་གནས་སྐབས་དེ་ན་ཆལ་ཆོས་ཀྱི་སྤྱོད་པ་ཙམ་དུ་ཟད་པས། དེའི་ཕྱིར་འདི་ཡིན་ནོ། །འདི་ནི་བཀའ་བློ་མི་བདེ་བ་ལ་ཡང་ཅི་རིགས་པར་བྱའོ། །དེ་ལྟ་བས་ན་འདིར་ནི་ཁྱིམ་སུན་འབྱིན་པའི ་དགེ་འདུན་ལྷག་མ་ཞུས་པ་དང་ལན་བཏབ་པ་མཛད་པར་ཤེས་པར་བྱའོ། །ཉེས་བྱས་སོ་ཞེས་བྱ་བ་འདིར་ནི་སྦོམ་པོའི་སྦྱོར་བ་ཡིན་པའི་ཕྱིར་རོ། །འདི་ནི་བཀའ་བློ་མི་བདེ་བ་ལ་ཡང་ཤེས་པར་བྱའོ། །མ་གླེངས་པ་ལ་ནི་ཉེས་པ་མ་བསྒྲགས་ངའི ་ཕྱིར་རོ། །དྲན་པར་མ་བགྱིས་པ་ནི་ཡུལ་དང་དུས་དང་གྲོགས་མ་བསྒྲགས་པའི་ཕྱིར་ཏེ། གླེངས་བ་ནི་ཕྱོགས་གཅིག་པར་གྱུར་པའོ། །དྲན་པར་བྱས་པ་ནི་རྫོགས་པར་གྱུར་པའོ་ཞེས་བྱ་བའི་ཐ་ཚིག་གོ་།བཀའ་བློ་མི་བདེ་བ་ནི་ཚིག་མ་བཟོད་པ་ཉིད་དེ་བདག ་ཉིད་ཀྱི་ཡུལ་ལ་ཕན་པ་དང་མི་ཕན་པའི་ཚིག་ཟློག་པའོ་ཞེས་བྱ་བའི་ཐ་ཚིག་གོ་།གཞན་ལས་ནི་བཀའ་བློ་མི་བདེ་བ་ཅན་ཉིད་ཅེས་འབྱུང་སྟེ། དེར་ནི་གང་ལ་བཀའ་བློ་མི་བདེ་བ་ཡོད་པ་དེ་ནི་བཀའ་བློ་མི་བདེ་བ་ཅན་ནོ། །དེའི་ངོ་བོ་ནི་བཀའ་བློ་མི་བདེ་བ ་ཅན་ཉིད་དེ། བཀའ་བློ་མི་བདེ་བ་ཞེས་བྱ་བའི་ཐ་ཚིག་གོ་།གལ་ཏེ་རེ་ཞིག་གླེངས་པ་མིང་ན་རྒྱུ་མཚན་མེད་པའི་ཕྱིར་སྡིག་པའི་བསམ་པ་ཆེས་ཆུང་བ་ཡོད་པར་ནི་འགྱུར་གྲང་ན་དྲན་པར་བྱས་པ་མེད་པ་ལ་གོ་ཇི་ལྟར་འདི་ལ་སྡིག་པའི་བསམ་པ་ཆེས ་ཆུང་བ་ཡོད་ཅེ་ན་སྨྲས་པ། གླུད་པར་བྱ་བའི་གང་ཟག་གིས་དྲན་པ་མ་རྙེད་ན་ཡིན་ལ་བདག་ཉིད་ལ་ཁ་ན་མ་ཐོ་བ་མེད་པ་ཉིད་དང། གླེང་བ་ཡང་ཉེས་པར་གླང་བ་ཉིད་དུ་སེམས་ཏེ། དེས་ན་དྲན་པ་མེད་ན་འདིའི་བཀའ་བློ་མི་བདེ་བ་ལ་སྡིག་པའི་བསམ ་པ་ཆེས་ཆུང་བ་ཡོད་དོ་ཞེས་བྱ་བར་ཤེས་པར་བྱའོ། །ཁ་ཅིག་ནི་འདི་གཉིས་ལ་ཉེས་པ་སྦོམ་པོར་འགྱུར་བར་བརྗོད་དེ། བཙུན་པ་བསྐྲད་པའི་ལས་བགྱིས་ནས་འདུན་པས་འགྲོ་བའོ་ཞེས་མཆི་ཞིང། ཞེ་སྡང་གིས་འགྲོ་བ་དང། གཏི་མུག་གི་འགྲོ་བ་དང། ་འཇིགས་པས་འགྲོ་བའོ་ཞེས་མཆིན་ཅིར་འགྱུར་ལགས། ཉེས་པ་སྦོམ་པོར་འགྱུར་རོ། །བསྒོ་བར་བགྱི་འམ་འོན་ཏེ་བསྒོ་བར་མི་བགྱིད་ལགས། བསྒོ་བར་བྱའོ། །བསྒོ་བར་འཆགས་སམ་འོན་ཏེ། མི་འཆགས་ལེགས། ཉེ་བ་འཁོར་འཆགས ་སོགས་གླེངས་ཤིང་དྲན་པར་བགྱིས་པ་ལས་བདག་ཉིད་བཀའ་བློ་མི་བདེ་བ་ལས་གནས་པར་བགྱིད་ན་ཅིར་འགྱུར་ལགས། ཉེས་པ་སྦམ་པོར་འགྱུར་རོ། །བསྒོ་བ་འཆགས་འམ་འོན་ཏེ་བསྒོ་བར་མི་བགྱི་ལགས། བསྒོ་བར་བྱའོ། །བསྒོ་བ་འཆགས་ལགས་སམ། ་ཉེ་བར་འཁོར་འཆགས་སོ་ཞེས་སོ། །འདིས་ནི་བསྐྲད་པའི་ལས་བྱས་ནས་འདུན་པས་འགྲོའོ། །ཞེས་བྱ་བ་ལ་སོགས་པ་ཟེར་ན་ཉེས་པ་སྦོམ་པོར་བྱེད་པ་ཉིད་ཡིན་ལ། དེ་བཞིན་དུ་སླངས་ཤིང་དྲན་པར་བྱས་པ་ལས་བརྗོད་པར་བྱ་བ་མ་ཡིན་པར་བྱེད་ན་ཡང་སྦོམ་པོར ་བྱེད་པ་ཁོ་ན་ཏེ། ཁྱིས་སུན་འབྱིན་པ་དང། བཀའ་བློ་མི་བདེ་བའི་དགེ་འདུན་ལྷག་མ་དག་གི་སྦྱོར་བར་གྱུར་པའི་ཕྱིར་རོ། ཞེས་བསྟན་པ་ཡིན་ནོ། །འདི་ནི་འདུལ་བ་འཛིན་པ་གཞན་དག་མི་འདོད་དེ། འདི་ལས་འགྲོའོ་ཞེས་བྱ་བ་ལ་སོགས་པ་སྨྲས་པ་དང། ་བརྗོད་པར་བྱ་བ་མ་ཡིན་པར་བྱེད་པ་ནི་ཚིག་བཀྱལ་བ་ཉིད་ཀྱིས་ཉེས་བྱས་སློང་བའི་ཕྱིར་འདུན་པས་འགྲོ་བའོ་ཞེས་བྱ་བ་ལ་སོགས་པ་སྨྲས་པ་དང། བརྗོད་པར་བྱ་བ་མ་ཡིན་པར་བྱེད་པ་ལ་ནི་ཉེས་བྱས་པའི་སྦྱོར་བ་ཉིད་ཡིན་ནོ། །སྦོམ་པོར་ལ་ནི་ཉེས་བྱས་པའི ་སྦྱོར་བ་ལ་སྦོམ་པོ་ཉིད་དུ་རུང་བ་མ་ཡིན་ཏེ། སྦྱོར་བ་ནི་ཆུང་བའི་ཕྱིར་རོ། །དེ་ལྟ་བས་ན་འདིར་ཉེས་བྱས་ཁོ་ན་བཟང་གིས་སྦོམ་པོ་ནི་མ་ཡིན་ནོ། །མཚམས་ཀྱི་ནང་ན་མཆིས་པ་དག་གིས་ཞེས་བྱ་བ་ལ་སོགས་པས་བསྒོ་བ་མ་ཡིན་པར་གསུངས་པ་ནི། མཚམས ་གཞན་ན་གནས་པའི་ཕྱིར་ཏེ། མཚམས་གཞན་གནས་པ་ནི་གང་གིས་ཡང་ཡན་ལག་ཉིད་མ་ཡིན་ནོ་ཞེས་འབྱུང་བའི་ཕྱིར་རོ། །ལས་བགྱིད་པ་ནི་གསོལ་བ་དང། བཞིའི་ལས་ལ་སོགས་པ་བྱེད་པའོ། །མཚམས་མནན་པ་ནི་མཚམས་ཀྱི་བར་ཤིང་ལ ་སོགས་པས་གཅིག་ཏུ་བྱས་པའོ། །ནོན་པར་བགྱིས་པ་ནི་གསོལ་པ་དང། གཉིས་ཀྱི་ལས་ཀྱིས་མཚམས་བཅད་པ་སྟེ། མནན་པ་ཀུན་ལ་འདུག་པ་ནི་ནོན་པ་ལ་ཡིན་ནོ་ཞེས་འབྱུང་བའི་ཕྱིར་རོ། །ཡང་ན་གཞན་དག་ན་རེ་མཚམས་མནན་པ་ནི་རྐང་པ ་གཉིས་ཀྱིས་ཏེ། ལུགས་ལས་གཅིག་ལ་རྐང་པ་དང། གཞན་ལ་ཅིག་ཤོས་བཞག་པ་ནི་གཉི་ག་ན་འདུག་པ་ཉིད་ཡིན་ནོ་ཞེས་འབྱུང་བའི་ཕྱིར་རོ། །ནོན་པར་བྱས་པ་ནི་ཤིང་ལ་སོགས་པས་གཅིག་ཏུ་བྱས་པའོ་ཞེས་ཟེར་རོ། །མ་བསྐོས ་པ་ནི་བྱེད་དུ་མ་བཅུག་པའོ། །བསྐྲད་པ་ནི་ལྟུང་བ་ནི་ལྟུང་བ་མ་མཐོང་བ་ལ་སོགས་པ་བསྐྲད་པའི་ལས་བྱེད་པ་སྟེ། དགེ་སློང་གི་ཚོགས་ལས་འབྱིན་པ་ཞེས་བྱ་བའི་ཐ་ཚིག་གོ་།ཉེ་བར་འཁོར་མ་ཡིན་ནོ་ཞེས་བྱ་བ་འདིས་ནི་ལས་ནི་དགེ་འདུན་ལ་རག་ལས ་པའི་ཕྱིར། མ་བསྐོས་པ་ལས་བྱེད་པ་ནི་ཆ་མ་ཡིན་པ་ཉིད་དོ། །ཞེས་བསྟན་པར་ཤེས་བྱའོ། །གལ་ཏེ་དེས་རེ་རེ་དང་ཞེས་བྱ་བ་ལ་སོགས་པ་ནི་གཅིག་དང་གཉིས་དང། གསུམ་པོ་དག་ལ་ཅིག་ཅར་ལས་བྱེད་པ་ནི། ཚོགས་མེད་པའི་ཕྱིར་ཉེས་པར ་མི་འགྱུར་རོ། །ཚོགས་ལ་ལས་བྱེད་པ་ནི་དགག་པ་ཉིད་ཀྱི་འོག་ནས་འབྱུང་བའི་གཞུང་ལས། ཚོགས་ཀྱིས་ཚོགས་ཀྱི་ལས་དག་བྱར་མི་རུང་བས་སོ་ཞེས་བྱ་བ་འཆད་པར་འགྱུར་རོ། །མཚུངས་པར་གནས་པ་ནི་ཚུལ་ཁྲིམས་དང་ལྟ་བ་མཚུངས་པ ་དག་གོ་།མཆི་པ་དག་གིས་ཞེས་བྱ་བ་ནི་འཁོད་པ་དག་གིས་སོ། །འོག་མ་དག་ལ་ཡང་དེ་དང་འདྲ་བར་ཤེས་པར་བྱ་སྟེ། འཁོད་ནས་ལས་བྱའོ་ཞེས་འབྱུང་བའི་ཕྱིར་རོ། །ལྟུང་བ་ཡང་གང་དུ་ཡང་མི་འགྱུར་བ་ནི་མཐུན་པའི་ལས་བྱེད་པ་ལས་བྱུང ་བའོ། །མཚམས་ཀྱི་ནང་ན་གནས་པ་འདུས་པ་མ་ཞུགས་པ་དག་གིས་དེ་ལས་གཞན་པ་དག་གིས་མི་མཐུན་པ་ཉིད་དུ་འགྱུར་བས་དེའི་ཕྱིར་འདི་ཡིན་ཏེ། མཚམས་དེའི་ནང་ན་འདུག་པ་ཁ་སྐོད་པར་འོས་པའི་ལུས་མ་འདུན་པར་འདུས་པར་མ ་ཞུགས་པ་ཉིད་ནི་ཞེས་བྱ་བ་ལ་སོགས་པས་མི་མཐུན་པ་ཉིད་དུ་བཤད་པའི་ཕྱིར་རོ། །ཕན་ཚུན་འདུན་པ་བྱིན་པས་ཞེས་བྱ་བ་ནི་དགེ་འདུན་གྱི་ཕྲིན་ལས་ཆོས་དང་མཐུན་པ་ལ་འདུན་པ་དབུལ་ལོ་ཞེས་ཕན་ཚུན་དད་པ་སྦྱིན་པ་སྟེ། འདུན་པ་བྱིན ་ན་དེས་མཐུན་པ་ཉིད་དུ་འགྱུར་རོ་ཞེས་འབྱུང་བའི་ཕྱིར་རོ། །ཚོགས་ཀྱིས་ཞེས་བྱ་བ་ལ་སོགས་པ་ལ། ཚོགས་ནི་དགེ་འདུན་དེ་ལས་རྣམས་ལ་ནི་དགེ་འདུན་དབང་བའི་ཕྱིར་འདི་གསུངས་སོ། །ལས་ཐམས་ཅད་ནི་གསོལ་བ་དང་བརྗོད་པ་དང་སོ་སོར་ཐར་པའི ་མདོ་འདོན་པ་དང། དགག་དབྱེ་ཞེས་བྱ་བ་རྣམས་སོ། །ཁྲི་ནི་ཁྲི་ཆེན་པོའོ། །རེ་ལྔ་ནི་སྨྱུག་མ་ལ་སོགས་པ་ལས་ལྷས་པ་གྲུབ་བཞིའོ། །འམ་ཞེས་བྱ་བའི་སྒྲ་ནི་སོ་སོར་ཚིག་རྐྱ་ཐུབ་པར་བསྟན་པའི་ཕྱིར་རོ། །རེ་ལྔ་ལྗོངས་རིངས་ནི་དེ་ཉིད་དུ་ཆུ་རིངས་སུ་འདུག་པའི ་ངོ་བོའོ། །འདི་ལྟ་སྟེ་ཞེས་བྱ་བ་ནི་ཉེ་བར་སྟོན་པའི་ཚིག་ཡིན་ནོ། །བཞིའི་ཚོགས་ཀྱིས་བྱ་བ་ནི་ཕམ་པར་གྱུར་པའི་ཉེས་པ་སྤོམ་པོ་ཡང་བཤགས་པ་འམ། གསོ་སྦྱོང་བྱེད་པའོ། །ལྔའི་ཚོགས་ཀྱིས་བྱ་བ་ནི་དགེ་འདུན་ལྷག་མར་འགྱུར་ཉེས་པ་སྤོམ་པོ ་ལྕི་བ་བཤགས་པ་འམ། དགག་དབྱེ་བྱེད་པའོ། །བཅུའི་ཚོགས་ཀྱིས་བྱ་བ་ནི་བསྙེན་པར་རྫོགས་པའི་ལས་སོ། །ཉི་ཤུ་ཚོགས་ཀྱིས་བྱ་བ་ནི་དབྱུང་བའོ། །དེ་དེ་དག་ཁ་ཅིག་གི་ཞེས་བྱ་བ་ལ་སོགས་པ་ནི་བདག་ཉིད་ལས་བྱེད་པའི་ཕྱིར་ལས་བྱེད་པ ་ཡིན་ནོ། །གཞན་དག་གི་ཉམས་སུ་མྱོང་བའི་ཕྱིར་ཚོགས་སྐོད་པ་ཡིན་ནོ། །ནམ་མཁའ་ལ་མཆིས་པ་ནི་ནམ་མཁའ་ལ་འདུག་པའོ། །ཉེ་བར་འཁོར་མ་ཡིན་ནོ་ཞེས་བྱ་བ་ནི་ནམ་མཁའ་མཚམས་གཞན་ཡིན་པའི་ཕྱིར་རོ། །དེ་ལྟ་བས་ན་འདིས་ནི་ལས་ཐམས ་ཅད་ཀྱི་སྤྱིའི་ཆོག?་བཤད་དོ་ཞེས་བསྟན་པར་ཤེས་པར་བྱའོ། །བསླབ་པ་བྱིན་པ་དང་དགེ་སློང་མ་ཡང་དགེ་འདུན་ལྷག་མར་འགྱུར་རོ་ཞེས་གསུངས་པ་ནི་དགེ་འདུན་གྱི་དབྱེན་བྱེད་པའི་རྗེས་སུ་ཕྱོགས་པ་མ་ལོག་ན་ལས་ཀྱི་མཛའ་ལ་འདི་ཡིན་ནོ།། ་དགེ་སློང་མ་ལ་སོགས་པ་ལ་ཡང་ལས་ཀྱི་མཛའ་ཁོ་ན་ཡིན་མོད་ཀྱི། འོན་ཀྱང་འདི་དག་གིས་ཐོས་པ་དང་བཅས་པར་ལས་མི་བྱའོ་ཞེས་འབྱུང་བའི་ཕྱིར་འདི་དག་ལས་ཆུང་བ་མེད་དོ། །སྔར་ལྟུང་བ་འབྱུང་བ་ལ་སོགས་པ་ལ་ཡང་ཚུལ་འདི་ཉིད ་ཡིན་ཏེ། སོགས་པ་ཞེས་སྨོས་པ་ནི་རྐུ་ཐབས་སུ་གནས་པ་ལ་སོགས་པ་འཕངས་སོ། །སྔ་མ་བཞིན་ནོ་ཞེས་བྱ་བ་ནི་མདོར་སྡུད་པ་བྱེད་པ་རྣམས་ཀྱིས་བསྒྲ?་བར་བཤད་པ་ཡིན་ནོ། །དེ་ལྟར་ན་གཞུང་འདི་ནི་དགེ་འདུན་ལྷག་མ་གསུམ་ལ་ཡང ་ཞེས་བྱ་བ་ནི་དགེ་འདུན་གྱི་དབྱེན་གྱི་གྲོགས་བསྒྲུབ་པ་ཉིད་དང། ཁྱིམ་སུན་འབྱིན་པ་དང། བཀའ་བློ་མི་བདེ་བ་ཞེས་བྱ་བ་དག་ལ་ཡང་བཙུན་པ་རེ་ཞིག་དགེ་སློང་གིས་བཤེས་པའི་ཚིག་གིས་མ་བསྒོ་བ་ཞེས་བྱ་བ་ལ་སོགས་པ་ཐམས་ཅད་བརྗོད ་པར་བྱ་བ་ཉིད་ཡིན་ནོ། །ཅི་རིགས་པ་ནི་གང་ལ་གང་རིགས་པ་སྟེ། འདི་ལྟ་སྟེ་རྗེས་སུ་ཕྱོགས་པ་ལ་ནི་བཙུན་པ་རེ་ཞིག་དགེ་སློང་གིས་བཤེས་པའི་ཚིག་གིས་མ་བསྒོ་བར་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །ཁྱིམ་སུན་འབྱིན་པ་ལ་ནི་བཙུན་པ ་བསྐྲད་པའི་ལས་མ་བགྱིས་པར་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །བཀའ་བློ་མི་བདེ་བ་ལ་ནི་བཙུན་པ་རེ་ཞིག་མ་གླངས་དྲན་པ་མ་བགྱིས་པར་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །མདོར་སྡུད་པར་བྱེད་པ་རྣམས་ཀྱིས་དགེ་འདུན་ལྷག་མ་བཞི་པོ ་ཁྱད་པར་མེད་པར་བསྡུ་པར་བརྗོད་པ་སྨོས་མོད་ཀྱི་།འོན་ཀྱང་དེ་དག་གི་རང་གིས་ངོ་བོ་གདོན་མི་ཟ་བར་བརྗོད་དགོས་ཏེ། རང་གི་ངོ་བོ་ཡོངས་སུ་ཤེས་ན་ལྟུང་བ་རྣམ་པར་དབྱེ་བ་གཏན་ལ་དབབ་པར་ནུས་སོ། །བདག་གིས་ཀྱང་དགེ་འདུན་འབྱེད ་པའི་རྗེས་སུ་ཕྱོགས་པ་དང། ཁྱིམ་སུན་འབྱིན་པ་དང། བཀའ་བློ་མི་བདེ་བ་སོ་སོར་ཐར་པའི་མདོ་ལས་སྨོས་པ་གསུམ་པོ་འདི་དག་གི་གཞུང་བློ་ལ་བཞག་ནས་ཚིག་རྣམ་པར་དབྱེ་བ་ཉེ་བར་བསྟན་པར་བྱ་སྟེ། དེ་བས་ན་འདི་ལ་སྐབས་སུ ་མ་བབ་པར་སྨྲས་པ་ཉིད་དུ་མངོན་པར་ཞེན་པར་བྱའོ། །དེ་ཡང་དགེ་སློང་དེའི་གྲོགས་བྱེད་པའི་དགེ་སློང་ཞེས་བྱ་བ་ལ་སོགས་པ་ལ་ཡང་ཞེས་བྱ་བའི་སྒྲ་ནི་ཚིག་གིས་རྒྱན་གྱི་དོན་ནམ་གལ་ཏེ་ཞེས་བྱ་བའི་དོན་ཏོ། །དེའི་ཞེས་བྱ་བ ་ནི་དགེ་འདུན་གྱི་དབྱེན་ལ་ཞུགས་པའི་ནོ?། །གྲོགས་བྱེད་པ་ནི་འཁོར་ངན་པ་རྣམས་སོ། །དེ་དག་ཇི་ལྟ་བ་ཞིག་ཅེ་ན། རྗེས་སུ་ཕྱོགས་པ་ཞེས་བྱ་བ་གསུང་ཏེ། མཐུན་པར་བྱ་བ་བྱེད་པ་སྟེ། བསམས་པའི་དོན་ཡོངས་སུ་རྫོགས་ཀྱི་བར་དུ་རྗེས་སུ་འཇུག་པའི་ཞེས ་བྱ་བའི་ཐ་ཚིག་གོ་།ཅིའི་ཆེད་དུ་ཞེ་ན། མི་མཐུན་པར་སྨྲ་བ་ཉིད་ཀྱི་ཞེས་བྱ་བ་གསུངས་ཏེ། སྟོན་པ་དང་ལམ་གཞན་ལ་བཞག་པའི་འོ། །འདི་ནི་རྒྱུ་མཚན་གྱི་བདུན་པ་སྟེ། མི་མཐུན་པར་སྨྲ་བ་ཆེད་དུ་ཞེས་བྱ་བའི་ཐ་ཚིག་གོ་།གཅིག་ཉིད་ལ ་སོགས་པས་བྱས་པའི་ཁྱད་པར་མེད་པར་བསྟན་པའི་ཕྱིར། གཅིག་གམ་ཞེས་བྱ་བ་ལ་སོགས་པས་གསུངས་ཏེ། མང་པོ་ནི་གཉིས་ཀྱི་གོང་མ་གསུམ་ལ་སོགས་པའོ་ཞེས་བྱ་བའི་ཐ་ཚིག་གོ་།དགེ་བ་ནི་ཕན་པའོ། །སྡིག་པ་ནི་མི་ཕན་པའོ།། ་མ་སྨྲ་ཞིག་ཅེས་བྱ་བ་ནི་མ་བརྗོད་ཅིག་པའོ། །སྨྲར་མི་སྟེར་བའི་རྒྱུ་ཆོས་སྨྲ་བ་ཞེས་བྱ་བ་ལ་སོགས་ཏེ། ཆོས་ནི་ལམ་གྱི་ཡན་ལག་ལྔའོ། །འདུལ་བ་ནི་ཡང་དག་པའི་དག་ལ་སོགས་པ་གསུམ་མོ། །ཡང་ན་གཞན་དག་ན་རེ་ཚིག་འབྲུ་བཟང་པོ་དང་དོན་??་ངོ་བོ་བརྗོད་པའི་ཕྱིར ་གོ་རིམ་བཞིན་ནོ་ཞེས་ཟེར་རོ། །ལ་ལ་གཞན་དག་ལ་སྨྲ་བའི་བདག་ཉིད་མི་དཔྱོད་པ་ལ་ཡང་ཡོད་པས་དེའི་ཕྱིར་འདི་ནི་ཆོས་དང་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཤེས་བཞིན་དུ་ཞེས་བྱ་བ་ནི་དངོས་པོའི་དེ་ཁོ་ན་ཉིད་ཁོང་དུ་ཆུད་པ་བཞིན་དུའོ། །འདོད་པ་ནི ་རྩོལ་བའི་དུས་ནའོ། །བཟོད་པ་ནི་ཡོངས་སུ་གྱུར་པ་ན་བདེ་བ་འདྲེན་པའི་ཕྱིར་རོ། །ཡང་ན་འདོད་པ་ནི་ཡིད་དང་འཐད་པས་སོ། །བཟོད་པ་ནི་རིགས་པས་ངེས་པར་བརྟགས་པས་སོ། །འདི་ནི་ཆོས་སྨྲ་བ་ཡིན་པ་ཞེས་བྱ་བ་ནི་འདི་ནི་མ་ཡིན་པ་ཁོ་ནའོ། །དགེ་སློང་རབ ་ཏུ་མང་པོ་དག་ཅེས་བྱ་བ་ལ་སོགས་པ་ལ་དགེ་སློང་རབ་ཏུ་མང་པོ་ཞེས་བྱ་བ་འདིར་ནི་མང་པོའི་ཚིག་སྨྲས་པ་ནི་ཚིགས་མི་ཆེ་སྟེ། བྱུང་བའི་དབང་གིས་རེ་ལྡེར?་རི་པའི་དགེ་སློང་རྣམས་ཀྱི་དབང་དུ་མཛད་ནས་གསུངས་པའི་ཕྱིར་རོ། །གྲེང་ནི་སྐྱེ་བའི་ཚོགས་ཀྱི ་གནས་ཕྱིར་དང། ཉོ་ཚོང་ལ་སོགས་པ་དང་གྲོལ་བའོ། །གྲོང་རྡལ་ནི་ཉོ་ཚོང་ལ་སོགས་པ་ཡོད་པའོ། །གཅིག་ནས་ཞེས་བྱ་བ་ནི་གཞན་དག་ལས་ཆེད་ཁྱད་པར་དུ་འཕགས་པ་འམ། མིང་མ་བསྟན་པ་ཡིན་ནོ། །ཉེ་བར་བསྟེན་པ་ནི་དེ་ལས་བརྟེན ་ནས་ཆོས་དང་བསོད་སྙོམས་ལ་སོགས་པ་འགྲུབ་པའི་ཕྱིར་རོ། །གནས་པར་གྱུར་པའི་ནི་མངོན་པར་དགའ་བས་གནས་པར་བྱེད་པའོ། །ཁྱིམ་སུན་འབྱིན་པ་ནི་བྲམ་ཟེ་དང། ཁྱིམ་བདག་གི་ཁྱིམ་བུད་མེད་དང་བཅས་པ་རྣམས་མ་དད་པར་བྱེད་པ་དག་གོ་། ་དེ་དག་དུ་ནི་རྣམ་པ་གཉིས་ཀྱི་སུན་འབྱིན་པར་འགྱུར་ཏེ། བུད་མེད་དང་ལྷན་ཅིག་ཁྱིམ་གཅིག་དང་མལ་ཆ་དང་སྟན་གཅིག་ལ་འདུག་པའི་ཕྱིར་དང། སྣོད་གཅིག་ཏུ་ཚད་མཐུང་བ་དང་ཟན་ཟ་བ་ལ་སོགས་པས་ལོངས་སྤྱོད་པར་བྱེད་པ་ལས་སོ། ། ་འབྲས་བུའི་སྒོ་ནས་བསྟན་ནས་རྒྱུའི་སྒོ་ནས་བསྟན་པའི་ཕྱིར་རོ། སྡིག་པའི་ཆོས་ཀུན་ཏུ་སྤྱོད་པ་ཞེས་བྱ་བ་གསུངས་སོ། །སྡིག་པའི་ཆོས་ནི་ཉེ་བར་སྤྱོད་པ་སྨད་པའི་ཆོས་ཏེ། སྡིག་པ་ཅན་གྱི་ལས་ཞེས་བྱ་བའི་དོན་ཏོ། །གང་དག་དེ་ཀུན་ཏུ་སྤྱོད ་ཅིང་བྱེད་པ་དེ་དག་ལ་དེ་སྐད་ཅེས་བྱའོ། །གཞན་དག་ན་རེ་ཁྱིམ་སུན་འབྱིན་པའི་གཞིས་ཉིན་རེ་བཞིན་ཁ་ན་མ་ཐོ་བ་འཕེལ་བའི་ཕྱིར་རོ་ཞེས་ཟེར། །དེ་དག་གིས་ནི་བདག་ཉིད་ཀྱང་སྡིག་པ་སྤྱོད་པས་ཁྱིམ་བདག་སུན་ཕྱུང་ལ་གཞན་དག་ལ ་ཡང་མི་སྙན་པ་སྨྲས་པའི་ཕྱིར་སྤྱོད་པ་ངན་པས་ཁྱིམ་བདག་སུན་འབྱིན་པའི་ཕྱིར་རོ། །མཐོང་བ་ནི་མིག་གི་རྣམ་པར་ཤེས་པས་སོ། །ཐོས་པ་ནི་རྣ་བའི་རྣམ་པར་ཤེས་པས་སོ། །རབ་ཏུ་ཤེས་པ་ནི་ཡིད་ཀྱི་རྣམ་པར་ཤེས་པས་སོ། །འམ་ཞེས་བྱ་བའི་སྒྲ ་ནི་ཚིག་བཀྱལ་བའི་ཕྱིར་རོ། །ལན་ཅིག་མ་ཡིན་པར་བྱེད་པ་བརྗོད་པ་ཡིན་ནོ། །དེ་ལྟ་བས་ན་འདིས་ནི་མཐོང་བ་དང། ཐོས་པ་དང། དོགས་པ་ཉིད་བསྟན་པ་ཡིན་ནོ། །དགེ་སློང་རྣམས་ཀྱིས་ཞེས་བྱ་བ་ནི་སྤྲོད་པར་བསྐོས་པ་རྣམས་ཀྱིས་སོ། །དེ་སྐད ་ཅེས་བྱ་བ་ནི་བློ་ལ་གནས་པའོ། །དེ་ཉིད་བསྟན་པའི་ཕྱིར། ཚེ་དང་ལྡན་པ་དག་ཅེས་བྱ་བ་ལ་སོགས་པ་གསུངས་སོ། །ཁྱེད་ཀྱིས་ཞེས་བྱ་བ་ནི་དེ་ལྟ་བུ་ཁྱད་ཀྱིས་སོ། །ཁྱེད་ཀྱིས་ཞེས་བྱ་བ་ནི་ཁྱེད་ཅག་གི་སྟེ། ཁྱིམ་གང་དག་ངན་པར་སྤྱད་པ་མ་ཡིན་པའི་གནས་དེ ་དག་ཁྱེད་ཀྱིས་སུན་ཕྱུང་བས་དེའི་ཕྱིར་དེང་ཞིག་ཅེས་བྱ་བའི་ཐ་ཚིག་གོ་།གནས་པར་ཞེས་བྱ་བ་ནི་འདུག་པའོ། །གནས་འདི་གནས་ཞེས་བྱ་བ་ནི་གྲོང་ངམ་གྲོང་རྡལ་ནས་སོ། །དེང་ཞིག་ཅེས་བྱ་བ་ནི་སོང་ཞིག་པ་སྟེ། དེ་ལྟ་བས་ན་འདིས་ནི་བསྐྲད་པར་བྱ ་བའི་ལས་བསྙད་དོ། །འདི་ལྟར་ཞེས་བྱ་བ་ནི་གང་གི་ཕྱིར་རོ། །འདྲ་བ་ཁོ་ནས་ལས་ཞེས་བྱ་བ་ནི་དེ་དང་འདྲ་བ་ལས་སོ། །ཚིག་གི་ལམ་ནི་ཚིག་ཉིད་ལམ་ཡིན་ཏེ། དེ་ཀུན་ནས་སློང་བར་བྱེད་པའི་སེམས་པ་དེའི་སྒོ་ནས་འཇུག་པའི་ཕྱིར་རོ། །ཡང་ན་གཞན ་དག་ན་རེ་ཚིག་གི་ལམ་ཡིན་ཏེ། འདུན་པས་འགྲོ་བ་ཉིད་ལ་སོགས་པའི་བསམ་པ་དེའི་སྒོ་ནས་ཚིག་འཇུག་པའི་ཕྱིར་རོ་ཞེས་ཟེར་རོ། །ཡང་འདི་ན་དགེ་སློང་ཞེས་བྱ་བ་ལ་སོགས་པ་ལ་འདི་ལ་ཞེས་བྱ་བ་ནི་བསྟན་པ་པོའོ། །འགའ་ཞེས་བྱ་བའི་སྒྲ་ནི ་གྲོགས་མེད་བརྗོད་པར་བྱེད་པ་ཡིན་ནོ། །བཀའ་བློ་མི་བདེ་བ་ཉིད་ཀྱི་རང་བཞིན་ཅན་ནི་འདི་ལ་ཚིག་ངན་པ་འབྲས་བུ་མེད་པ་ཡོད་པས་ན་བཀའ་བློ་མི་བདེ་བ་སྟེ། ཉན་ཏུ་མི་བཏུབ་པའོ། །དེའི་ངོ་བོ་ཉིད་བཀའ་བློ་མི་བདེ་བ་ཉིད་དོ། །དེ་ལྟ་བུ་ནི་བཀའ་ ་བློ་མི་བདེ་བ་ཉིད་ཀྱི་རང་བཞིན་ཅན་ཏེ། ཚིག་མི་བཟོད་པ་ཞེས་བྱ་བའི་དོན་ཏོ། །གདོན་པར་གཏོགས་པ་ནི་སོ་སོར་ཐར་པའི་མདོ་འདོན་པ་རྣམ་པ་བཞིར་གཏོགས་པ་དག་གོ་།བདེ་བར་གཤེགས་པའི་མདོར་གཏོགས་པ་རྣམས་ཀྱིས ་ཞེས་བྱ་བ་ནི་སོ་སོར་ཐར་པའི་མདོ་རིལ་དུ་གཏོགས་པ་རྣམས་ཀྱིས་སོ། །ཚིག་གཉིས་སྨོས?་པ་ནི་འདོན་པའི་དུས་ན་བཀའ་བློ་མི་བདེ་བ་བྱེད་པ་ན་ཡང་ཉེས་པར་འགྱུར་ལ། གཞན་ན་བྱེད་ན་ཡང་འགྱུར་རོ་ཞེས་བསྟན་པའི་ཕྱིར་རོ། །གཞན་དག ་ན་རེ་འདོན་པར་གཏོགས་པ་ནི་སོ་སོར་ཐར་པའི་མདོ་འདོན་པ་རྣམ་པ་ལྔར་གཏོགས་པ་དག་ཡིན་ནོ། །བདེ་བར་གཤེགས་པའི་མདོར་གཏོགས་པ་རྣམས་ཀྱིས་ཞེས་བྱ་བ་ནི་བདེ་བར་གཤེགས་པ་སངས་རྒྱས་བཅོམ ་ལྡན་འདས་རྣམས་ཀྱིས་མདོར་གསུངས་པ་མདོ་སྡེའི་སྡེ་སྣོད་གང་ཡིན་པ་དེར་གཏོགས་པ་རྣམས་ཀྱིས་སོ་ཞེས་ཟེར་རོ། །ཆོས་དང་མཐུན་པ་ནི་མཐོང་བ་དང། ཐོས་པ་དང། དོགས་པས་སོ། །འདུལ་བ་དང་མཐུན་པ་ཞེས་བྱ་བ་ནི་དུས་སུ་དང ་ཡང་དག་པར་དང། དོན་དང་ལྡན་པར་དང། བཤེས་པ་ཉིད་དུ་སྟེ། ཞེ་སྡང་གི་ཁྱད་པར་གྱིས་མ་ཡིན་ནོ། །བརྗོད་པར་བྱ་བ་མ་ཡིན་པར་ཞེས་བྱ་བ་ནི་གདམ་ངག་ལ་སོགས་པའི་སྣོད་མ་ཡིན་པར་ཏེ། སྨྲ་བར་བྱ་བ་མ་ཡིན་པ་ཉིད་དུ་ཞེས་བྱ་བའི་ཐ ་ཚིག་གོ་།ཇི་ལྟར་བདག་ཉིད་བརྗོད་པར་བྱ་བ་མ་ཡིན་པ་ཉིད་དུ་བྱེད་ཅེས་ན། ཚེ་དང་ལྡན་པ་དག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། ཅང་མ་སྨྲ་ཞིག་ཅེས་བྱ་བ་ལ་སོགས་པས་ནི་ད་ལྟར་འདོམ?་པ་འགོག་པར་སྨྲས་པ་ཡིན་ནོ། །ཆོག་གིས་ཞེས ་བྱ་བ་ནི་ཁོ་བོ་ལ་སྨྲས་པ་གང་ཡིན་པ་དེས་ཆོག་གིས་ཁོ་བོ་ལ་ལྷག་པ་ཅུང་ཟད་ཀྱང་མ་སྨྲ་ཅིག་པའོ། །ཐོང་ཞིག་ཅེས་བྱ་བ་འདིས་ནི་མ་འོངས་ན་འགོག་པར་སྨྲས་པ་ཡིན་ནོ། །ཞེས་བྱ་བ་ནི་སྒྲས་ནི་བཀའ་བློ་མི་བདེ་བ་ཡོངས་སུ་རྫོགས་པར་སྟོན ་ཏོ། །དེ་ལ་དགེ་སློང་རྣམས་ཀྱི་ཞེས་བྱ་བ་ལ་སོགས་པ་ལ་བརྗོད་པར་བྱ་བ་ཉིད་ལ་ཕན་ཡོན་ཅི་ཞིག་ཡོད་ཅེ་ན། འདི་ལྟ་སྟེ་གཅིག་ལ་གཅིག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་ལྟ་སྟེ་ཞེས་བྱ་བ་འདི་ནི་འདི་ལྟར་ཞེས་བྱ་བ་འམ་ཉེ ་བར་སྟོན་པའི་ཚིག་ཡིན་ནོ། །གཅིག་ལ་གཅིག་བརྗོད་པ་ཉིད་དུ་བྱེད་པ་ནི་ཕན་ཚུན་གླེང་བའི་ཕྱིར་རོ། །གཅིག་ལ་གཅིག་འདོམས་ཤིང་རྗེས་སུ་སྟོན་པ་ནི་ཕན་ཚུན་སློབ་པའི་ཕྱིར་རོ། །གཅིག་ལ་གཅིག་ལྟུང་བ་ལས་སློང་བ་ཉིད་ནི་ཕན་ཚུན་ལྟུང ་བ་སྦྱོར་བའི་ཕྱིར་རོ། །འཕེལ་བར་གྱུར་གྱིས་ཞེས་བྱ་བ་ནི་དར་བ་འམ་ཡང་དག་པའི་འཕེལ་བས་རྒྱས་པར་གྱུར་པའོ། །བརྗོད་པར་བྱ་བ་མ་ཡིན་པར་བྱེད་པའི་ལས་ཀྱི་མཛའ་ནི་གླེང་བར་བྱ་བ་མ་ཡིན་པར་བྱེད་པའོ། །ལྟུང་བ་རྣམ་པར་དབྱེ་བ་ནི་བསླབ་པའི ་གཞི་སྔ་མའི་རྗེས་སུ་འབྲེང་བ་སྟེ་ཅི་རིགས་པར་རྣམ་པར་བཤད་པར་བྱའོ། །དགེ་འདུན་གྱི་དབྱེན་དང་རྗེས་སུ་ཕྱོགས་པ་དང། བཀའ་བློ་མི་བདེ་བའི་དགེ་འདུན་ལྷག་མ་གཏན་ལ་དབབ་པའོ། །གཞུང་བླ་མའི་ཚིག་དཀའ་བ་རྣམ་པར་བཤད་པ་རིགས་པ ་དང་ལྡན་པ་སློབ་དཔོན་མདོ་སྡེ་འཛིན་པ་དགེ་བའི་བཤེས་གཉེན་གྱིས་བཀོད་པ་ལས་ལྷག་མ་རྣམས་རྫོགས་སོ།། །།གཅིག་པུ་གཅིག་དང་ཞེས་བྱ་བ་ལ་སོགས་པ་ལ། གཅིག་དང་གཅིག་ནི་གཅིག་པུ་གཅིག་དང་ངོ། །བྱ་བ་གང་ལ་དེ་དག ་ཡོད་པ་དེ་ལ་དེ་སྐད་ཅེས་བྱ་བ་དེ་དང་སྟེ། གཞན་མེད་པ་ཉིད་དུ་ཞེས་བྱ་བའི་ཐ་ཚིག་གོ་།དབེན་པ་ནི་སྐྱེ་བོ་འདུ་བ་དང་བྲལ་བའི་ཕྱོགས་སོ། །སྐྱབས་ཡོད་པ་ན་ཞེས་བྱ་བ་ནི་རྩིག་པ་ལ་སོགས་པས་བསྐོར་བ་ནའོ། །མངོན་པར་བྱར་ཞེས་བྱ་བ་ནི་མི་ཚངས ་པར་སྤྱོད་དུའོ། །རུང་བར་ཞེས་བྱ་བ་ནི་བཏུབ་པར་རོ། །སྟན་ལས་ཞེས་བྱ་བ་ནི་ཁྲི་ལ་སོགས་པ་འདོམ་གང་ཁོར་ཡུག་གི་ནང་ནའོ། །འདུག་པར་ནི་འཁོད་པར་རོ། །བྱེད་ཅིང་ཞེས་བྱ་བ་ནི་བྱེད་པ་ལའོ། །དགེ་བསྙེན་མ་ནི་ཐར་པ་དང་ཉེ་བར་བདེ་འགྲོ ་འཐོབ་པ་དང་ཉེ་བར་གནས་ཤིང་འདུག་པའི་ཕྱིར་རོ། །ཡིད་ཆེས་པའི་ཚིག་དང་ལྡན་པས་ཞེས་བྱ་བ་ནི་བདེན་པ་མཐོང་བ་ཉིད་ཀྱིས་མ་འཁྲུལ་བའོ་ཞེས་རབ་ཏུ་གྲགས་པས་ཤེས་པའི་ཐ་ཚིག་གོ་།དོན་ནི་འདི་ཡིན་ཏེ། ལྟུང་བ་ཁས་ལེན་པས ་ལྟུང་བ་རྣམ་པར་བཞག་པ་ནི་མེད་དོ། །འོ་ན་ཅི་ཡིན་ཞེ་ན། དགེ་བསྙེན་མའི་ཚིག་ལས་ཏེ། དགེ་བསྙེན་མའི་ཚིག་ལས་ཏེ། དགེ་བསྙེན་མའི་ཡང་བདེན་པ་མཐོང་བའི་ཕྱིར་རྫུན་མི་སྨྲའོ། །གང་དང་གང་གིས་ཞེས་བྱ་བ་ནི་ཉེས་པ་སྤོམ་པོ་ལ་སོགས་པ་གཞན་གྱིས་སོ། །བྱེད་དུ་གཞུག ་པ་ནི་སྒྲུབ་ཏུ་གཞུག་པ་སྟེ། བཤགས་པ་སོགས་པ་བྱེད་དུ་གཞུག་ཅེས་བྱ་བའི་ཐ་ཚིག་སྟེ། ལུང་ལས་ཁས་ལེན་པ་བཞིན་འདི་ལས་ངེས་པར་འགྱུར་རོ་ཞེས་བྱ་བ་འབྱུང་བའི་ཕྱིར་རོ། །མ་ངེས་པ་ནི་ལྟུང་བ་ངེས་པ་མེད་པས་ཆེ་བཞིས་ཕྱེ་བའི ་སྒོ་ནས་ཕས་ཕམ་པ་ལ་སོགས་པ་རྣམ་པར་བཞག་པའི་ཕྱིར་མ་ངེས་པའི་ངོ་བོ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ་།འདོད་པ་བྱར་མི་རུང་ངོ་ཞེས་བྱ་བ་ནི་མི་ཚངས་པར་སྤྱད་པ་བྱར་མི་རུང་བ་སྟེ། ཡུལ་ཐག་རིང་པོ་ན་གནས་པའི་ཕྱིར་རོ། །དེའི་ཕྱིར་འདི ་ལ་མི་ཚངས་པར་སྤྱོད་པའི་ཕམ་པའི་དོགས་པ་མེད་པས་དགེ་འདུན་ལྷག་མ་དང་ལྟུང་བྱེད་ཅེས་བྱ་བའི་ཆོས་གཉིས་ཀྱིས་གླེང་པར་བཤད་དོ། །དེ་སྐད་དུ་ཡང་ཆོས་གཉིས་པོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །བཙུན་པ་དག་ཅེས་བྱ་བ ་མང་པོའི་ཚིག་འདི་ནི་བོད་པ་ཡིན་ནོ། །མཛའ་དང་པོ་ནི་མི་ཚངས་པར་སྤྱོད་པའི་ཕམ་པ་སྟེ། དེ་ནི་བཙུན་པ་བཟང་སྦྱིན་གྱིས་བསྟན་པ་ལ་ཕམ་པ་འབྱུང་བའི་ཚེ་དང་པོར་གྱུར་པས་སོ། །བགྱིད་དུ་སྩལ་ཏམ་ཞེས་བྱ་བ་ནི་ཞུ་བའོ། །བྱེད་དུ་མི་གཞུག་གོ ་ཞེས་བྱ་བ་ནི་ལན་ཏོ། །དེ་ལ་བྱེད་དུ་གཞུག་པ་ནི་ཅི་རིགས་པར་བཅོས་པ་སྒྲུབ་ཏུ་གཞུག་པ་སྟེ། །དེ་བཞིན་དུ་འོག་མ་དག་ལ་ཡང་ཤེས་པར་བྱའོ། །དེ་ལ་བྱེད་དུ་མི་གཞུག་གོ་ཞེས་བྱ་བ་ནི་ཟླ་ལ་རྨ་བའི་ཕྱིར་རོ། །དེའི་ངོ་བོ་ཉིད་ཚོལ་དུ ་སྩལ་བ་ནི་དྲན་པ་རྗེད་པ་རྣམ་པར་བཞག་པའི་ཕྱིར་ལྟུང་བ་འདིའི་རིགས་ནི་ཅི་ཡིན་པ་ལྟར་པ་འདི་གང་ཡིན་པ་ལྟུང་བ་འདི་གང་ཡིན་པ་ཞེས་བྱ་བ་ལ་སོགས་པས་ངོ་བོ་ཉིད་ཚོལ་དུ་གཞུག་པའི་ཕྱིར་སྤོང་བ་ལས་རྫོགས་པར་རྟོགས་པའི ་ཆད་པའི་ལས་བྱེད་དུ་གཞུག་པ་གང་ཡིན་པའོ། །མི་གཞུག་སྟེ་ཞེས་བྱ་བ་ནི་ད་དུང་ཆེ་བཞི་རྨ་ལ་སོགས་པའི་ཆོ་ག་མ་བྱས་པའི་ཕྱིར་རོ། །འདི་ལ་ནི་གང་ཚེ་ཆེ་བཞི་རྨ་བ་ལ་སོགས་པས་ནི་ངེས་པ་ཉིད་ཡིན་ལ་གླེང་བར་བྱ་བ་དེ་ནི་ཕྱིར ་ཉེས་པ་ནི་ཁས་མི་ལེན་གྱི། བུད་མེད་དང་ལྷན་ཅིག་འདུག་པ་ལ་སོགས་པ་ནི་ཁས་ལེན་ན་དེའི་ཚེ་འདི་གསུངས་ཏེ། ཁས་མི་ལེན་ན་འདི་ལ་དེའི་ངོ་བོ་ཉིད་ཚོལ་དུ་གཞུག་པ་སྦྱིན་པར་བྱའོ་ཞེས་བྱུང་བའི་ཕྱིར་རོ། །ཡོད་དམ་ཞེས་བྱ་བ་ནི་ཡོད་པར་གྱུར་ཏམ ་ཞེས་པའོ། །མཐུན་ན་ཞེས་བྱ་བ་ནི་མཐུན་པར་གྱུར་ན་སྟེ། ཁ་མཐུན་ན་ཞེས་གལ་ཏེ་ཅིའི་ཕྱིར་འདིར་ཅིག་ཤོས་ལ་དྲི་བར་བྱ་བ་ནི་ཞེས་ཟེར་ན། འདུལ་བ་འཛིན་པ་རྣམས་ན་རེ་རྨ་བ་འདི་ངེས་པ་མི་གཡོ་རྙེད་ན་འཁྲུལ་པ་མེད་པར་ཤེས་པར་བྱ་བའི ་ཕྱིར་དང། མི་གཡོ་བའི་ཆོས་མ་སྙེད་ན་གཡོ་བ་སྲིད་པ་ཤེས་པར་བྱ་བའི་ཕྱིར་ཏེ། སྔར་སྡིག་པ་ལ་མ་ཞུགས་པ་མི་འཇུག་པ་སོ་ཞེས་ཟེར་རོ། །གླེང་བར་བྱེད་པ་དགེ་བསྙེན་མ་ཡིད་ཆེས་པའི་ཚིག་དང་ལྡན་པ་དང། བུད་མེད་ཆེ་བཞིར་གྱུར་པ་ནི ་ཡོན་ཏན་ཕུལ་དུ་བྱུང་བའི་དཔེའོ། །དེ་ཉིད་ཀྱི་ཕྱིར་བདེན་པ་མཐོང་བ་ཉིད་ཀྱང་ཡིན་ལ། ཕུལ་དུ་བྱུང་བ་ཉིད་ཀྱང་ཡིན་ན་སྨྲ་བ་པོ་འདི་ཁྱིམ་པའང་རུང་ཡོན་ཏན་གྱི་སྒོ་ནས་ཚད་མར་བྱའོ་ཞེས་པ་བཤད་དོ། །དེའི་ཕྱིར་འདུལ་བ་འཛིན་པ་རྣམས ་ན་རེ་འདིར་ལུགས་ནི་བདེན་པ་མ་མཐོང་བ་རྣམས་པས་བདེན་པ་མཐོང་བ་དང། ཡོན་ཏན་ཕུལ་དུ་བྱུང་བ་མ་ཡིན་པས་ཡོན་ཏན་ཕུལ་དུ་བྱུང་བ་དང། གཉི་ག་བདེན་པ་མཐོང་བ་ཉིད་ཡིན་ན་བདེན་པ་མཐོང་བའི་ཡོན་ཏན་ཕུལ་དུ་བྱུང་བ་ཚད ་མར་བྱའོ་ཞེས་བྱ་བ་འདི་ཡིན་པར་ཤེས་པར་བྱའོ་ཟེར་རོ། །འོན་ཏེ་ཞེས་བྱ་བ་ལ་སོགས་པ་ལ། དེ་ཞེས་བྱ་བ་ནི་དགེ་བསྙེན་པའོ། །ཐེ་ཚོམ་ཟ་བར་གྱུར་ན་དོན་དེ་ཤེས་པ་མ་ཡིན་ཏེ། འདི་ལྟར་ངེས་པའི་ཤེས་པར་སྐྱེས་པའི་ཕྱིར་རོ། །དེ་བས་ན་འདི་དོན ་འདྲ་བ་སྨྲ་བའི་སྒོ་ནས་གླེང་བར་བྱེད་པ་འམ་ཆེ་བཞི་གང་ལ་ཡང་རུང་བ་ལ་དགེ་འདུན་ཐེ་ཚོམ་དུ་གྱུར་པ་ཡིན་ནོ། །དེ་ནས་དགེ་འདུན་ལ་ཤེས་པར་བརྗོད་པས་གང་ཡིན་པ་དེ་མེད་པ་ཉིད་དུ་ཤེས་པར་བྱ་སྟེ། དེས་ཤེས་པ་དེ་ལ་རྩོད་པ་རྣམ་པར ་བཞག་པར་མི་འགྱུར་ཞེས་བྱ་བ་དེ་བསྟན་པར་ཤེས་པར་བྱའོ། །འདི་ལྟར་གང་གི་ཚེ་གླེང་བར་བྱེད་པ་འམ་ཆེ་བཞིར་དང་པོར་འདི་སྐད་ཅེས་བདག་གི་མཛའ་དང་པོ་འབྱིན་པ་མཐོང་ངོ་ཞེས་སྨྲས་ལ། དེས་ཀྱང་དགེ་འདུན་དེའི ་ཡུལ་ལ་འདི་ནི་ཕམ་པར་གྱུར་ཏོ་ཞེས་སྙམ་པའི་ངེས་པའི་ཤིས་པ་ལས་གང་གི་ཚེ་ཕྱིས་བདག་གིས་མཛའ་གཉིས་པ་ལ་སོགས་པར་བྱིན་པར་མཐོང་ངོ་ཞེས་སྨྲ་ན་དེའི་ཚེ་འདིས་དྲན་པ་སྨྲ་བའི་སྒོ་ནས་གནས་གཞན་དུ་སྤེད་པས་དགེ་འདུན ་ལ་ཐེ་ཚོམ་སྐུལ་བར་བྱེད་དེ། དེས་ནི་རྩོད་པ་ལ་རྣམ་པར་བཞག་པ་ནི་འགྲུབ་པོ་ཞེས་བྱ་བའི་ཐ་ཚིག་སྟེ། ལུགས་ལ་ཐེ་ཚོམ་ཟད་པར་འགྱུར་ན་ཤེས་པ་ཉིད་མ་ཡིན་ནོ་ཞེས་འབྱུང་བའི་ཕྱིར་རོ། །རྨེད་དུ་གཞུག་པ་ནི་བདག་ལྟུང་བ་འབྱུང་ངོ་ཞེས་སམ ་འོན་ཏེ་མ་ཡིན་ནོ་ཞེས་དེ་ལྟར་ཁས་ལེན་ཏུ་གཞུག་པའི་ལྟུང་བ་བཅོས་བྱེད་དུ་གཞུག་པ་ནི་མ་ཡིན་ཏོ། །འདི་ལྟར་གནས་གཞན་དུ་སྤེད་པ་དང་འཁྲུགས་པར་གྱུར་པ་ལ་ནི་གླེང་བ་མི་འཆགས་སོ་ཞེས་འབྱུང་བའི་ཕྱིར་འདྲ་བ་སྨྲ་བ་ཉིད ་ཀྱིས་གནས་གཞན་དུ་སྤེད་པས་གླེང་བམ་ཆགས་པའི་ཕྱིར་རོ། །དེ་བས་ན་གླེང་བར་བྱེད་པ་འམ་ཚེ་བཞི་ལ་ཐེ་ཚོམ་ཟ་ན་གླེང་བར་བྱ་བ་དེ་ཉིད་ན། ཅི་འདི་ཁྱོད་ཀྱིས་བྱས་སམ་འོན་ཏེ་མ་ཡིན་ཞེས་དྲི་བར་བྱའོ། །བདག་ལྟུང་བ་འབྱུང་ངོ ་ཞེ་འམ། མ་ཡིན་ནོ་ཞེས་ཟེར་ན་ཐོས་པ་དང་ཚུལ་ཁྲིམས་དང་ཏིང་ངེ་འཛིན་ལ་སོགས་པའི་ཡོན་ཏན་ཕུལ་དུ་བྱུང་བས་ཚད་མ་ཉིད་ཡོད་དུ་ཟིན་ཀྱང་རྩོད་པ་དེ་ཉེ་བར་ཞི་བར་བྱ་སྟེ། འདི་ལྟར་རྩོད་པ་དེའི་རྒྱུ་མཚན་ཅན་གྱི་ཐེ་ཚོམ ་དང་བྲལ་བའི་ཕྱིར་རོ། །ཞེས་བྱ་བའི་ཐ་ཚིག་སྟེ། གླེངས་པས་ཁས་བླངས་པ་ནི་མཐར་ཐུག་པའོ་ཞེས་འབྱུང་བའི་ཕྱིར་རོ། །གཞན་ལས་ནི་ཁས་ལེན་པས་བྱེད་དུ་གཞུག་གོ་ཞེས་འབྱུང་ངོ། །དེ་ལ་དོན་ནི་འདི་ཡིན་ཏེ། བདག་ཉིད་ཀྱིས ་ཁས་ལེན་པས་ལྟུང་བ་བཅོས་པ་བྱེད་དུ་གཞུག་གོ་།གླེངས་བར་བྱེད་པར་གཏོགས་པ་འམ་ཆེ་བཞིར་གཏོགས་པའི་ཚིག་གིས་མ་ཡིན་ཏེ། འདི་ལྟར་ཐེ་ཚོམ་ཟ་བར་གྱུར་ན་དེས་པ་མ་གྲུབ་པའི་ཕྱིར་རོ། །ཚུལ་འདི་ཉིད་ནི་འཆད་པར་འགྱུར་བའི ་གཞུང་འོག་མི་དགའ་ནི་ཅི་རིགས་པར་ཤེས་པར་བྱའོ། །གཉིས་པ་ནི་མ་བྱིན་པར་ལེན་པའི་ཕམ་པའོ། །གསུམ་པ་ནི་གསོད་པའི་ཕམ་པའོ། །གཞི་པ་ནི་སྨྲ་བའི་ཕམ་པའོ། །སྔོ་བསངས་མོ་ནི་བྲི་ཡང་ཀུའི་མདོག་ལྟར་སྔོ་བསངས་སུ ་འདུག་པའོ། །སྡུ་གུ་མ་ནི་ལུས་མཛེས་པའོ། །ཚོན་མོ་ནི་ལུས་སྒོམ་པོའོ། །རྒྱས་པར་བརྗོད་པར་བྱའོ་ཞེས་བྱ་བ་འདི་ནི་མདོར་སྡུད་པའི་ཚིག་གོ་།མཛའ་དང་པོའི་ཕུང་པོ་ནི་ཕམ་པའི་རིས་སོ། །མཐུན་ན་ཞེས་བྱ་བ་ནི་ཁ་མཐུན་ན་སྟེ། འདི་ལྟར་གཞི ་བདེན་པའི་ཕྱིར་རོ། །གཉིས་པ་ནི་དགེ་འདུན་ལྷག་མའི་རིས་སོ། །གསུམ་པ་ནི་ལྟུང་བྱེད་ཀྱི་རིས་སོ། །བཞི་པ་ནི་སོ་སོར་བཤགས་པའི་རིས་སོ། །ལྔ་པ་ནི་ཉེས་བྱས་ཀྱི་རིས་སོ། །དགེ་འདུན་ལྷག་མ་དང་པོ་ནི་ཁུ་བ་འབྱིན་པ་ལས་བྱུང་བའོ། །གཉིས་པ་ནི ་རེག་པ་ལས་བྱུང་བའོ། །གསུམ་པ་ནི་འཁྲིག་པ་དང་ལྡན་པ་སྨ་བ་ལས་བྱུང་བའོ། །བཞི་པ་ནི་བསྙེན་བཀུར་བསྔགས་པ་ལས་བྱུང་བའོ། །ལྔ་པ་ནི་སྨྱན་བྱེད་པ་ལས་བྱུང་བའོ། །དྲུག་པ་ནི་ཁང་པ་ལས་བྱུང་བའོ། །བདུན་པ་ནི་གཙུག་ལག་ཁང་ལས ་བྱུང་བའོ། །བརྒྱད་པ་ནི་གཞི་མེད་པ་ལས་བྱུང་བའོ། །དགུ་པ་ནི་བག་ཙམ་ལས་བྱུང་བའོ། །བཅུ་པ་ནི་དགེ་འདུན་གྱི་དབྱེན་ལས་འབྱུང་བའོ། །བཅུ་གཅིག་པ་ནི་དེའི་རྗེས་སུ་ཕྱོགས་པ་ལས་བྱུང་བའོ། །བཅུ་གཉིས་པ་ནི་ཁྱིམ་སུན་འབྱིན་པ ་ལས་བྱུང་བའོ། །བཅུ་གསུམ་པ་ནི་བཀའ་བློ་མི་བདེ་བ་ལས་བྱུང་བའོ། །བར་ལ་ཞེས་བྱ་བ་ནི་མདོར་སྡུད་པར་བྱེད་པ་རྣམས་ཀྱིས་གཞུང་བར་ན་ཡོད་པ་འཕེན་པ་བསྟན་པ་ཡིན་ནོ། །བརླ་ཕྲག་ནི་བརླ་དག་གི་བར་རོ། །རྐུབ་བཙོས་ནི་མཇུག་གི་ཕྱོགས་སོ།། ་སྐྱོ་མ་ནི་ཕྱེ་དང་མར་དང། སེའུ་དང་ཤ་གར་ལ་སོགས་པ་ལས་བྱས་པའི་བཏུང་བའོ། །བུ་རམ་ཆང་ནི་ཆང་གི་རིགས་སོ། །ཧྭགས་ནི་བུ་རམ་གྱི་སྤུ་བར་གྱུར་པའོ། །ཤ་ནི་ཤ་ཉིད་དོ། །ཁ་ཟས་ནི་འབྲས་ཆན་ལ་སོགས་པའོ། །མར་ནི་ཞུན ་མར་རོ། །དེ་ལྟ་བུ་ཞེས་བྱ་བ་ལ་སོགས་པ་དེ་ལྟ་བུ་ཞེས་བྱ་བའི་སྒྲ་ནི་རྣམ་པའོ། །མ་ངེས་པ་ནི་གཏན་ལ་མ་ཕབ་པ་སྟེ་ཐེ་ཚོམ་ཟ་བའི་ངོ་བོ་ཞེས་བྱ་བའི་ཐ་ཚིག་གོ་།བདེན་པ་མཐོང་བས་ནི་ཟག་པ་མེད་པའི་ཤེས་པས་སྡུག་བསྔལ་དང་ཀུན་འབྱུང་དང། ་འགོག་པ་དང། ལམ་རྣམས་ཤེས་པའི་ཕྱིར་རོ། །གལ་ཏེ་ངེས་པར་གྱུར་ན་དེའི་ཚིག་གིས་བྱེད་དུ་གཞུག་གོ་ཞེས་བྱ་བ་འཕངས་པར་ནི་ཤུགས་ཀྱིས་ཤེས་པར་བྱའོ། །མ་ངེས་པ་གཏན་ལ་དབབ་པའོ། །གཞུང་བླ་མའི་ཚིག་དཀའ་བ་རྣམ་པར ་བཤད་པ་རིགས་པ་དང་ལྡན་པའི་སློབ་དཔོན་མདོ་སྡེ་འཛིན་པ་དགེ་བའི་བཤེས་གཉེན་གྱིས་བཀོད་པ་ལས་མ་ངེས་པ་དག་པ་རྫོགས་སོ།། །།དགེ་སློང་ཆོས་གོས་ཟིན་པས་ཞེས་བྱ་བ་ལ་སོགས་པ་ནི་གང་ལ་ཆོས་གོས་རྣམས་འཐག ་པ་དང། བཀྲུ་བ་དང། ཁ་བསྒྱུར་བ་དང། དྲུབ་པ་ལ་སོགས་པས་རང་གིར་བསྒྲུབ་པའི་སྒོ་ནས་ཟིན་ཅིང་གྲུབ་པ་ཡོད་པ་ལ་དེ་ལ་དེ་སྐད་ཅེས་བྱ་སྟེ། ཆོས་གོས་མ་ཟིན་པ་ལ་ནི་ཟླ་བར་བརྗོད་པར་ཆད་པར་འགྱུར་བས་ཁྱད་པར་འདི་དཔྱད་དོ། །སྲ ་བརྐྱང་ཕྱུང་ནས་ཞེས་བྱ་བ་ལ། སྲ་བརྐྱང་ནི་རེ་ཞིག་བག་འཁུམས་པ་མེད་པར་བྱེད་པ་ཉིད་ཀྱིས་དགེ་སློང་རྣམས་ཉམས་བག་ཏུ་བྱ་བའི་ཕྱིར་བཤད་པ་ཡིན་ནོ། །སྲ་བརྐྱང་དང་འདྲ་བས་ན་སྲ་བརྐྱང་སྟེ་མཚུངས་པའི་ཕྱིར་རོ། །འདི་ལྟར་ཆོས་གོས་འགྲུབ ་པ་ལས་ཁ་བཀུམ་མེད་པར་བྱ་བའི་ཕྱིར་ཤིང་ལས་བྱས་པ་འམ། སྨྱུག་མ་ལས་བྱས་པའི་སྲ་བརྐྱང་གྲུ་བཞི་པ་ལ་ལཻབ་པོ་ཞིག་དགོས་སོ། །དེ་དང་འདྲ་བར་གསོལ་བ་དང་གཉིས་ཀྱིས་སྲ་བརྐྱང་ཞེས་བྱ་བའི་ཆོས་གོས་བཏིང་བ་ནི་དགེ་འདུན་བྱ་བ་གཅིག ་པ་དང། རོ་གཅིག་གཅིག་པ་དང་རྙེད་པ་མཚུངས་པ་ལ་སོགས་པ་གྲུབ་པའི་སྒོ་ནས་ཉམས་པ་ཐག་པའི་རྒྱུ་མཚན་ཡིན་ནོ་ཞེས་བཤད་དོ། །འདི་ལྟར་སྲ་བརྐྱང་བཏིང་བ་ལ་བཅོམ་ལྡན་འདས་ཀྱི་ཕན་ཡོན་བཅུ་པོ་ཞག་བཅུ་པོའི་བར་མེད་པ་དང། མཚན་མོ་འབྲལ་བ་མེད ་པ་དང། ཟླ་བའི་བར་མེད་པ་དང། བླ་གོས་དང་ཐང་གོས་དང་བཅས་ཏེ་ལྗོངས་རྒྱུ་ཞིང་འགྲོ་བ་དང། ཚོགས་ཤིང་ཟ་བ་མེད་པ་དང། ཡང་ཟ་བ་མེད་པ་དང། ཁྱིམ་བདག་ཏུ་མ་སྦྲན་པར་རྒྱུ་བ་དང། ཇི་ཙམ་འདོད་པས་ཆོས་གོས་རྣམས་ཚོལ་བ་དང། ཇི་ཙམ་འདོད ་པས་མ་རུང་བར་བྱས་པའི་ཆོས་གོས་འཆད་པ་དང། དབྱར་ཟླའི་བ་ནས་སྟོན་ཟླའི་བར་འདི་རྙེད་པས་སྲ་བརྐྱང་བཏིང་བ་རྣམས་ཀྱི་ཡིན་ནོ་ཞེས་བྱ་བ་གསུངས་སོ། །དེ་འབྱིན་པ་ནི་བདག་ཉིད་དམ་ལས་ཀྱིས་འགྱུར་ཏེ། དེ་ཕྱུང་བྱས་པ་ནི་ཕན་ཡོན་རྣམས་ཀྱང ་ལྡོག་གོ་།དེ་བས་ན་འདི་ནི་གོས་ཀྱང་བདོག་ལ་སྲ་བརྐྱང་ཡང་མ་ཕྱུང་སྟོན་ཟླ་འབྲིང་བོ་ནས་དཔྱིད་ཟླ་ར་བའི་བར་ཏུ་ཟླ་བ་སྔ་མ་བྱས་པའི་ཆོས་གོས་རྣམས་འཆང་བ་ལ་ལྟུང་བ་མེད་དོ། །སྲ་བརྐྱང་ཡང་ཕྱུང་ལ་ཆོས་གོས་རྣམས་ཀྱང་བདོག་ན་ནི་ཞག་བཅུ་འདས ་ན་ལྟུང་བ་འདིར་འགྱུར་རོ་ཞེས་བསྟན་པར་ཤེས་པར་བྱའོ། །ཞག་བཅུའི་བར་དུ་ཞེས་བྱ་བ་ལ། ཞག་བཅུ་ནི་ཞག་བཅུའི་ཚོགས་སོ། །ཆོས་གོས་གང་ལ་འཆང་བའི་དུས་དེའི་བར་དེ་མཐར་ཐུག་པ་ཡོད་པར་དེ་སྐད་ཅེས་བྱ་སྟེ། ཞག་བཅུ་ན་ཞེས་བྱ་བའི་ཐ་ཚིག་གོ་། ་གོས་ལྷག་པ་ནི་བྱིན་གྱིས་བརླབས་པའི་ཆོས་གོས་ལས་ལྷག་པའི་གོས་གང་ཡང་མེད་དོ། །རུང་བར་མ་བྱས་པའི་ཞེས་བྱ་བ་ལ་རུང་བའི་མཁན་པོ་ལ་སོགས་པའི་ཡིད་གཅུགས་པས་སྔགས་སྔོན་དུ་འགྲོ་བ་ཅན་གྱི་ངེས་པར་བྱས་པ་སྟེ། གཞན་དབང་པ ་ཉིད་དུ་རྣམ་པར་བསམས་པ་ཞེས་བྱ་བའི་ཐ་ཚིག་གོ་།གང་ལ་དེ་མ་བྱས་པ་དེ་ནི་རུང་བར་མ་བྱས་པ་ཞེས། །འདས་པར་ཞེས་བྱ་བ་ནི་འོག་རོལ་ཞག་བཅུ་གཅིག་ལ་སོགས་པར་ཞེས་བྱ་བའི་ཐ་ཚིག་གོ་།སྤང་པའི་ལྟུང་བྱེད་དོ་ཞེས་བྱ་བ་སོགས་པ་ལ། སྤང་བ་ནི་ནོར ་གཏང་བ་སྟེ། རང་གིར་བྱེད་པ་ཡོད་པ་བསམ་པ་ཐག་པ་ནས་འདོར་བའོ། །དེས་དག་པར་འགྱུར་བས་ན་སྤང་པ་སྟེ། དེས་ན་འདི་ནི་སྤང་བ་ཡང་ཡིན་ལ་ལྟུང་བྱེད་ཀྱང་ཡིན་པས་སྤང་བའི་ལྟུང་བྱེད་དེ། སྤང་བས་སྤྱད་པར་བྱ་བའི་བ་ལྟུང་བྱེད ་ཞེས་བྱ་བའི་ཐ་ཚིག་གོ་།གཞན་དག་ན་རེ་སྤང་དགོས་པ་ནི་སྤང་པ་སྟེ། ཆོས་གོས་ལ་སོགས་པ་སྤང་བར་འོས་པའི་དངོས་པོའོ། །དེ་ལས་བྱུང་བའི་ལྟུང་བྱེད་ནི་ལྟུང་བྱེད་དེ་དངོས་པོ་བཏང་བས་སྦྱང་བར་བྱ་བ་ལྟུང་བ་གང་ཡིན་པའོ་ཞེས་བྱ་བའི་ཐ་ཚིག་གོ་། ་དགུ་བཅུ་འདས་པ་ཞེས་བྱ་བ་འདིས་ནི་ཞག་བཅུའི་སྤང་བ་བཤད་དོ། །དགུང་གཅིག་བྲལ་བ་ཞེས་བྱ་བ་འདིས་ནི་བྲལ་བའི་སྤང་བ་བཤད་དོ། །འདི་ལྟར་ཞེས་བྱ་བ་ནི་འདི་ལྟ་སྟེ་ཞེས་བྱ་བ་སྟེ། བྱུང་བ་མེད་པ་འདི་ཡང་སྲིད་དོ་ཞེས་བྱ་བའི་ཐ་ཚིག་གོ་།སྐྱ་རེང་འཆར ་བར་བྱེད་ཅེས་བྱ་བ་ལ། གཙོ་བོ་ཡིན་པའི་ཕྱིར་ཤར་ཕྱོགས་ནས་ཉི་མའི་མགོ་རྩོམ་པར་གྱུར་པ་སྐྱ་རེང་དང་པོ་གསལ་བའི་ངོ་བོ་འཆར་ཞིང་བྱུང་གི་བར་དུ་སྡོག་པ་དེ། དུས་དེ་སྲིད་འདའ་བར་བྱེད་ན་ཞེས་བྱ་བའི་དོན་ཏོ། །དེ་ལྟ་བས་ན་འདིས་ནི་ཞག ་བཅུ་འདས་པའི་ཆོས་གོས་ཀྱིས་འབྲལ་བའི་སྤང་བ་སློང་བར་བཤད་དོ། །འདི་ལྟར་བྱིན་གྱིས་མ་བརླབས་པའི་ཆོས་གོས་ནི་འབྲལ་བའི་ལྟུང་བ་མི་སློང་ངོ། །བྱིན་གྱིས་བརླབས་པ་ནི་དགོས་པ་ལ་རྣམ་པར་ངེས་པར་སྦྱོར་བ་ཡིན་ན་སྤང་བ་ལ་དགོས་པ་རྣམ ་པར་ངེས་པའི་སྦྱར་དུ་མི་རུང་བ་ནི་མེད་དོ། །ཉམས་པར་གྱུར་པ་ནི་བརྗོད་པ་དང་ལྟུང་བ་དང། མི་སྣང་བ་ལ་སོགས་པས་མཐོང་བའི་ལམ་ལས་འདས་པའོ། །འབའ་ཞིག་པ་ནི་སྤང་བར་བྱ་བའི་ནོར་མེད་པའི་ཕྱིར་ཏེ། འདི་ལྟར་སྤང་བའི་ནོར་དང་བྲལ་བར་བྱ ་བའི་ཕྱིར་སྤང་བར་བྱེད་ན་ནོར་མེད་པ་ཁོ་ནས་ཀྱང་སྤང་པའི་ནོར་དང་བྲལ་བ་གྲུབ་པའི་ཕྱིར་རོ། །འདིར་འབའ་ཞིག་པའི་ལྟུང་བ་བཤགས་པར་བྱ་བ་ཞེས་གསུངས་པས་ནི་སྤང་བའི་ནོར་མེད་པ་ཉིད་དུ་བཤད་པ་ཡིན་ནོ། །དེ་ལྟར་མ་ཡིན་ན་སྤང་བར་མ་བྱས ་པའི་ཕྱིར་ཇི་ལྟར་ལྟུང་བ་བཤགས་པ་ལེགས་པར་བྱས་པར་འགྱུར་རོ། །གལ་ཏེ་ལྟུང་བ་བཤགས་ལགས་ནས་སླར་རྙེད་ན་སྤང་བར་བགྱི་འམ། ཉེ་བར་འཁོར་མ་ཡིན་ནོ་ཞེས་བྱ་བ་འདིས་ནི་ཉམས་པའི་དུས་ཉིད་ན་རང་ཉིད་ཡིན་པ་དང་བྲལ་བར་འགྱུར་བ་ལས་ཀྱང་ཕྱིར ་རྙེད་པ་ནི་སྔོན་མེད་པའི་གོས་ཤིག་རྙེད་པ་དང་འདྲ་བས་སྤངས་པར་འོས་པ་ཉིད་དོ་མེད་དོ་སྙམ་དུ་དགོངས་པ་ཡིན་ནོ། །ཞུས་པ་ལ་ལ་ལས་ནི། འདི་བཙུན་པ་དགེ་སློང་གི་ཆོས་གོས་སྤང་བ་ཉམས་པར་གྱུར་ན་ལྟུང་བ་བཤགས་པར་བགྱི་འམ། འབའ་ཞིག་པའི ་བཤགས་པར་བྱའོ་ཞེས་གཞན་དུ་འབྱུང་སྟེ། དེར་དོན་ནི་འདི་ཁོ་ནར་ཟད་དེ་འོན་ཀྱང་ཚིག་འབྲུ་ཐ་དད་པ་ཉིད་ཡིན་ནོ། །ལྷག་མ་ནི་གལ་ཏེ་ལྟུང་བ་བཤགས་ནས་སླར་རྙེད་ན་ཞེས་བྱ་བ་ལ་སོགས་པ་འབྱུང་བ་ཡོད་དོ། །དུམ་བུ་ནི་དམ་དུམ་དག་གོ་།འབའ་ཞིག་པའི ་ལྟུང་བ་བཤགས་པར་བྱ་བ་ནི་གོས་ཡོངས་སུ་རྫོགས་པ་མེད་པའི་ཕྱིར་ཏེ། འདི་ལྟར་གོས་ལ་སྤང་བའི་ལྟུང་བ་བཅས་ན་ཆོས་གོས་ཀྱི་ཚད་མེད་པའི་ཕྱིར་དུམ་བུ་རྣམས་ལ་ནི་གོས་ཉིད་མེད་དོ། །སྤང་བ་རྣམས་ཀྱི་ནང་ན་ཀུན་ནས་མཐོ་གང་བའི་གོས་གང་ཡིན ་པ་ནི་ཕྱི་མ་མེད་པ་ཡིན་ནོ་ཞེས་འབྱུང་བའི་ཕྱིར་རོ། །འོན་ཏེ་ཞེས་བྱ་བ་ནི་རྣམ་པར་རྟོག་པའོ། །ཀུན་ནས་ཁྲུ་གང་བ་ཞེས་བྱ་བ་ལ་ཁྲུ་ནི་ལག་པའོ། །དེས་ན་གལ་ཏེ་གོས་ཀུན་ནས་ཁྲུ་གང་པའི་ཚད་ཅིག་ཡིན་ན་དེ་ནི་སྤང་བར་འོས་པ་ཡིན་པའི་ཕྱིར་ཏེ་སྤང་བར ་བྱའོ། །ཞུས་པའི་གཞུང་ལ་ལས་ནི། བཙུན་པ་དགེ་སློང་གིས་ཆོས་གོས་སྤང་བ་ཚིག་གམ་སྲོག་ཆགས་དག་གམ་སྲིལ་དག་གིས་འཚལ་བར་གྱུར་ན་དེ་ལ་ལྷག་རོལ་དམ་དུམ་གང་དག་མཆིས་པ་དེ་དག་སྤང་བར་བགྱིའམ། ཉེ་བར་འཁོར་མ་ཡིན་ཏེ ་འབའ་ཞིག་པའི་ལྟུང་བ་བཤགས་པར་བྱའོ། །བྱིན་གྱིས་བརླབ་པར་བགྱི་འམ། ཉེ་བར་འཁོར་མ་ཡིན་ཏེ་དེ་ཉིད་དེ་དག་བྱིན་གྱིས་བརླབ་པ་ཡིན་ནོ་ཞེས་གཞན་དུ་འབྱུང་ངོ། །དེ་ལ་དོན་ནི་འདི་ཡིན་ཏེ་འཚལ་བ་ཞེས་བྱ་བ་ནི་ཟོས་པའོ། །གང་གིས་ཟོས་ཤེ་ན། ་སྲོག་ཆགས་ངག་གམ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྲོག་ཆགས་ནི་གོས་ཟ་བར་བྱེད་པ་བ་དང་བེའུ་རྣམས་སོ། །སྲིལ་ནི་སྲིན་བུ་དག་གོ་།དམ་དུམ་ནི་ཆུང་ངུ་དག་པས་ཀྱང་ཆུང་བ་སྟེ། ཀུན་ནས་མཐོ་གང་དུ་མི་ཆོག་པ་རྣམས་ཞེས ་བྱ་བའི་ཐ་ཚིག་གོ་།དེ་ཉིད་དེ་བྱིན་གྱིས་རློབ་པ་ཡིན་པ་ནི་རང་གི་ཡིན་པ་དང་མ་བྲལ་བའི་ཕྱིར་ཏེ། འདི་ལྟར་དམ་དུམ་དུ་གྱུར་པས་རང་གི་ཡིན་པར་མི་འགྱུར་ལ། བྱིན་གྱིས་རློབ་པ་ཡང་རང་གི་ཡིན་པ་ལ་བརྟེན་པས་འདི་ཤེས་པར་བྱའོ། །རྙེད་ནས་དགུང་ལྔ ་ལོན་པ་དང་ཞེས་བྱ་བ་ནི་རྙེད་ནས་ཞག་ལྔ་ལོན་པ་དང། །སེམས་འཁྲུགས་པ་ནི་ལས་དང། སྐྲག་པ་དང། གནོད་པ་དང། མ་སྙེམས་པ་དང། མྱ་ངན་དག་གིས་སོ། །གང་ནས་བཟུང་སྟེ་ཞེས་བྱ་བ་ལ་སོགས་པ་ནི་རང་བཞིན་ལས་ཉམས་ན་སྔོན་གྱི་ངོ་བོ་དང ་ཁྱད་པར་ཡོད་པའི་ངོ་བོ་གཞན་ལྟ་ཞིག་འབྱུང་བས་འདི་ཤེས་པར་བྱའོ། །བྱིན་གྱིས་མ་བརླབས་པ་ནི་རང་གི་ཉིད་ཡིན་པར་རྣམ་པར་ངེས་པར་མ་བྱས་པའོ། །ཉིན་རེ་བཞིན་ཞེས་བྱ་བ་ལ་སོགས་པ་ལ་ཕྱུང་སྟེ། ཞེས་བྱ་བ་ནི་རང་གི་ཡིན་པར་བྱིན ་གྱིས་བརླབ་པར་བྱས་པ་སྤངས་ཏེའོ། །འདི་ལ་ཆོས་གོས་བརྒྱད་དམ་དགུའི་ནང་ནས་རེ་ཞིག་ཉི་མ་གཅིག་ལ་གོས་གསུམ་ཞིག་བྱིན་གྱིས་བརླབས་ནས་མཚན་མོ་འདས་པར་བྱས་ཏེ་ཡང་ཉི་མ་གཉིས་པ་ལ་ཆོས་གོས་དེ་གསུམ་ལས་ཕྱུང་ནས་དེའི ་ཆོས་གོས་ལྷག་མ་རྣམས་རུང་བ་མ་བྱས་པར་འདུག་པ་ཉིད་དོ། །འོན་ཀྱང་ཉི་མ་གཉིས་པ་ལ་རུང་བར་མ་བྱས་པའི་ཆོས་གོས་དེ་དག་གིས་ནང་ནས་ཆོས་གོས་གསུམ་ཞིག་བྱིན་གྱིས་བརླབ་ན་སྔར་བྱིན་གྱིས་བརླབས་ཏེ། ཕྱུང་བའི་ཆོས་གོས་གང ་དག་ཡིན་པ་དང། རུང་བར་མ་བྱས་པ་གང་དག་ཡིན་པ་དེ་དག་ཐམས་ཅད་རུང་བར་མ་བྱས་པ་ཉིད་ཡིན་ནོ། །དེ་ལྟར་ན་ཚུལ་འདིས་འདིའི་ཆོས་གོས་བྱིན་གྱིས་བརླབས་པའི་ཆོས་གོས་དག་གིས་ལྷག་མ་རྣམས་ནི་རུང་བར་མ་བྱས་པ་ཡང་ཡིན་ལ་རྣམ ་གྲངས་ཀྱིས་མ་བརླབས་པ་ཡང་ཡིན་ནོ། །སྤུན་ནི་གང་གིས་ན་གོས་འཐག་པར་བྱེད་པའོ། །རྒྱུ་ནི་སྐུད་པ་ཆུར་བྲེས་པའི་ངོ་བོ་ཞེས་བྱ་བའི་ཐ་ཚིག་གོ་།ཐགས་སུ་མ་བཏགས་པའི་རྒྱུ་སྤུན་གྱིས་མ་བཏགས་པ་གང་ཡིན་པ་སྟེ། དཔག་བསམ་གྱི་གོས་ཞེས་བྱ་བའི་ཐ་ཚིག་གོ་། ་རིན་པོ་ཆེ་ནི་ཀརཥ་པ་ཎི་ཉི་ཤུ་ལ་སོགས་པ་རི་བའོ། །ལྟུང་བ་མེད་ཅེས་བྱ་བའི་ཆོས་གོས་རིན་པོ་ཆེ་འཆང་བའི་ལྟུང་བ་མ་བསྟན་པའི་ཕྱིར་ཏེ་མྱ་ངན་ལས་འདས་པའི་བསམ་པས་རབ་ཏུ་བྱུང་ཞིང་ཚུལ་ཁྲིམས་དང་ལྡན་པ་ལ་ནི་གོས་བརྒྱ་སྟོང་རི་བ་ཡང་འོས? ་ཞེས་འབྱུང་བས་ཁྱད་པར་དུ་གནང་བའི་ཕྱིར་རོ། །ལྟུང་བར་འགྱུར་རོ་ཞེས་བྱ་བ་ནི་སྤང་བའི་ལྟུང་བྱེད་དུ་སྟེ། འདི་ལྟར་དགེ་སློང་མ་རྣམས་ལ་གོས་རིན་པོ་ཆེ་འཆང་ན་སྤང་པའི་ལྟུང་བྱེད་དུ་བསྟན་པའི་ཕྱིར་རོ། །ཞག་བཅུ་ལ་ཞག་བཅུར་འདུ་ཤེས་པ་ལ་སྤང ་བའི་ལྟུང་བྱེད་དུ་གསུངས་པ་ནི་སྦྱོར་བ་ཡོད་པའི་ཕྱིར་དང། བསམས་པའི་དོན་གྲུབ་པའི་ཕྱིར་རོ། །ཞག་བཅུ་ལ་ཞག་བཅུ་མ་ཡིན་པར་འདུ་ཤེས་པ་ལ་ལྟུང་བ་མེད་པར་གསུངས་པ་ནི་སྦྱོར་བ་མེད་པའི་ཕྱིར་ཏེ། ཞག་བཅུར་འདུ་ཤེས་ཏེ་འཇུག་པ་ནི ་སྦྱོར་བ་ཡིན་ལ། ཞག་བཅུ་མ་ཡིན་པ་ལ་ཤེས་པས་ནི་མ་ཡིན་ཏེ། སྦྱོར་བ་ལ་ནི་འདུ་ཤེས་ཡན་ལག་ཡིན་ན་དེ་ཡང་དེ་ལ་མེད་པའི་ཕྱིར་རོ། །དངོས་གཞི་ལ་ནི་ལྟུང་བ་མེད་དེ་བསམས་པའི་དོན་མ་གྲུབ་པའི་ཕྱིར་རོ། །ཞག་བཅུ་མ་ཡིན་པ་ལ་ཞག་བཅུར ་འདུ་ཤེས་པ་ལ་ཉེས་བྱས་སུ་གསུངས་པ་ནི་སྦྱོར་བ་ཡོད་པའི་ཕྱིར་ཏེ། ཞག་བཅུ་མ་ཡིན་པ་ལ་ཞག་བཅུར་འདུ་ཤེས་པས་འཇུག་པ་ནི་སྦྱོར་བ་ཡིན་ལ་དེ་ཡང་དེ་ལ་ཡོད་པས་སོ། །དགུང་བཅུ་མ་ལགས་པ་ལ་དགུང་བཅུར་ལེགས་པར་འདུ་ཤེས་ན་ཞེས་བྱ ་བ་ལ་སོགས་པས་ལྟུང་བ་མེད་པར་གསུངས་པ་ནི་བསམས་པའི་དོན་མ་གྲུབ་པའི་ཕྱིར་དང། སྦྱོར་བ་མེད་པའི་ཕྱིར་ཏེ། དེ་བཞིན་ཚན་འོག་མ་དག་ལའང་ཅི་རིགས་པར་ཤེས་པར་བྱའོ། །འདི་ལ་ལྟུང་བ་མེད་པར་འགྱུར་རོ་ཞེས་བྱ་བ་ཚིག་ལྷག་མ་ཡིན་ནོ ་སྤང་བ་ནི་ལྟུང་བ་བཤགས་པའི་དུས་མི་ལྟ་བར་བསམ་པ་ཐག་པ་ནས་རང་བཞིན་དུ་གནས་པའི་དགེ་སློང་ལ་ཡོངས་སུ་གཏོང་བའོ། །བྲལ་བ་ལ་ནི་བར་དུ་ཆད་པར་བྱེད་པ་སྟེ། ཆོས་གོས་དེ་མེད་པར་ནུབ་གཅིག་འདའ་བ་ཞེས་བྱ་བའི ་ཐ་ཚིག་གོ་།ཆོས་གོས་གཞན་ཞིག་རྙེད་ནའོ་ཞེས་བྱ་བའི་ཆོས་གོས་སྔ་མ་སྤང་བས་བསྔགས་པའི་དབང་གིས་ཆོས་གོས་ཕྱི་མ་གཞན་ཡང་སྤང་བར་འགྱུར་རོ་སྙམ་དུ་དགོངས་པ་ཡིན་ནོ། །དགེ་སློང་མ་ཞེས་བྱ་བ་ལ་སོགས་པས་ལྟུང་བ་མེད་པར ་གསུངས་པ་ནི་དགེ་སློང་མ་ལ་སོགས་པ་ལ་འཆང་བའི་བསླབ་པའི་གཞི་རྣམ་པར་མ་བཞག་པའི་ཕྱིར་རོ། །མདོར་བསྡུས་པ་ནི་འདི་ཡིན་ཏེ། ཆོས་གོས་དང་ལྷུང་བཟེད་ལྷག་པ་འཆང་བ་དང། འབྲལ་བ་དང། མེ་ལ་རེག་པ་དང། བཟློག་པ་ཟ་བ་དང། ་ས་བོན་འཇོམས་པ་དང། རྩ་སྔོན་དང་བཅས་པའི་ཕྱོགས་སུ་མི་གཙང་བ་དོར་བ་དང། ཤིང་ལ་འཛེགས་པ་ཞེས་བྱ་བ་བསླབ་པའི་གཞི་འདི་བརྒྱད་ནི་དགེ་སློང་མ་ལ་མ་གསུངས་སོ། །དགེ་ཚུལ་དང་དགེ་ཚུལ་མ་དག་ལ་ནི་དེ་རྣམས་ཀྱང་མ་གསུངས ་ལ། དེ་བཞིན་དུ་རིན་པོ་ཆེ་ལ་རེག་པ་དང། འདུས་ཤིང་ཟ་བ་དང། བྱིན་ལེན་མ་བྱས་པར་ཟ་བ་དང། ས་རྐོ་བ་དང། ཤིང་ལ་འཛེག་པ་ཞེས་བྱ་བ་ཡང་མ་གསུངས་ཏེ། དེ་ལྟར་ན་འདི་ལྟར་བརླབ་པའི་གཞི་བཅུ་གསུམ་པོ་འདི་རྣམས་མ་སྨོས་སོ། ། ་ལྷག་མ་རྣམས་ནི་ཅི་རིགས་པར་ཤེས་པར་བྱ་སྟེ། ཚིག་མངས་པས་ཡང་བཤད་པར་མི་བྱའོ། །ཞུས་པ་ལ་ལ་ལས་འདི་སྐད་དུ། དགེ་སློང་གི་ཆོས་གོས་འདི་ཉིད་དགུང་བཅུ་འདས་པ་ཡང་ལགས་ལ། དེ་ཉིད་དགུང་གཅིག་བྲལ་བ་ཡང ་ལགས་པ་ལྟ་མཆིས་སམ། ཡོད་དེ་འདི་ལྟར་ཆོས་གོས་བདོག་པའི་རྒྱུན་མ་ཆད་པས་ཞག་བཅུ་པ་ལ་ཆོས་གོས་ཤིག་རྙེད་ལ། དེ་ཆོས་གོས་བྱིན་གྱིས་བརླབས་ནས་ཆོས་གོས་དེ་མེད་པར་མཚམས་ཀྱི་ཕྱི་རོལ་ཏུ་སྐྱ་རེང་འདའ་བར ་བྱེད་ན་ཆོས་གོས་འདི་ཉིད་ཞག་བཅུ་འདས་པ་ཡང་ཡིན་ལ། དེ་ཉིད་ཞག་བཅུ་བྲལ་བ་ཡང་ཡིན་ནོ་ཞེས་འབྱུང་ངོ། །དེ་ལ་དོན་ནི་འདི་ཡིན་ཏེ། ཆོས་གོས་བདོག་པ་རྒྱུན་མ་ཆད་པར་ཞེས་བྱ་བ་ནི། ཆོས་གོས་ལ་རང་གིར་བྱེད་པ་རྗེས་སུ་འཇུག་པ་གང་ཡིན་པ་སྟེ། ་རང་གི་ཡིན་པའི་རྒྱུན་དང་མ་བྲལ་བ་ཞེས་བྱ་བའི་ཐ་ཚིག་གོ་།དེ་རྒྱུན་མ་ཆད་ཅིང་མ་བྲལ་བར་ཆོས་གོས་ཞིག་རྙེད་ན་སྟེ། གཞན་ཞིག་ཞེས་བྱ་བའི་ཐ་ཚིག་ཁོ་ནར་དྲང་ངོ། །དེས་བྱིན་གྱིས་བརླབས་ནས་ཞེས་བྱ་བ་ནི་དེའི་ཆོས་གོས་ཕྱིས་རྙེད་པ ་གང་ཡིན་པ་སྟེ། སྟོད་གཡོགས་ལ་སོགས་པ་ཉིད་དུ་ཡིད་ཀྱིས་སྦྱོར་བའི་མཚན་ཉིད་ཀྱིས་སློབ་པས་བྱིན་གྱིས་བརླབས་ནས་སོ། །ཆོས་གོས་འདི་ནི་ཞག་བཅུ་འདས་པ་ཡིན་ལ་ཞེས་བྱ་བ་ལ་སོགས་པ་ནི། འདིའི་ཆོས་གོས་བྱིན་གྱིས་མ་བརླབས་པའི ་གཞན་བྱིན་གྱིས་བརླབས་པའི་སྔོན་རོལ་དུ་རང་གིས་བྱས་པའི་ཁྲི་ནི་བྱས་པའི་གང་ཡིན་པ་དེ་ནས་བཟུང་སྟེ། ཞག་བཅུ་རྗེས་སུ་འཇུག་པའི་རང་གི་ཡིན་པ་བྱིན་གྱིས་བརླབས་པའི་ཆོས་གོས་ཀྱི་ཡུལ་ཅན་ཡོད་ན། ཞག་བཅུ་ཉིད་འདས?་པར་ཡིན་པར་ཤེས་པར་བྱའི ་ཆོས་གོས་ཀྱི་བྱིན་གྱིས་བརླབས་པའི་ཁྲི་ནས་བཟུང་སྟེ་མ་ཡིན་ནོ། །འདི་ལྟར་འདིར་ནི་དེའི་ཚེ་རང་གིར་བྱེད་པ་ཉེས་པ་བྱེད་པ་ཡིན་གྱི་འདི་ནི་མ་ཡིན་གྱི། དེ་ནི་བྱིན་གྱིས་བརླབས་པ་མེད་པའི་ཕྱིར་རོ། །དེ་ལྟ་བས་ན་དེའི་ཚེ་རང་གིར་བྱེད་པའི་དུས་ཉིད་ཀྱིས་འདིར་ལྟུང་བ ་སློང་གི་འདིའི་ཚེ་བས་ནི་མ་ཡིན་ནོ་ཞེས་བྱ་བ་འདིའི་དོན་ཏོ། །དེ་ཉིད་ཞག་གཅིག་བྲལ་བ་ཡང་ཡིན་པ་ནི་བླ་གོས་ལ་སོགས་པ་ཉིད་དུ་བྱིན་གྱིས་བརླབས་ནས་དེའི་མཚམས་ཀྱི་ནང་དུ་བཞག་སྟེ། མཚམས་ཀྱི་ཕྱི་རོལ་ཏུ་སྐྱ་རེང་འདའ་བའ་ཨི་ཕྱིར་རོ།། ་ཞུས་པ་ལ་ལ་ལས་ནི་གཞན་ཡང། དགེ་སློང་གི་ཆོས་གོས་གང་གིས་གདུགས་ཁོ་ན་རྙེད་པ་དེའི་གདུགས་ཁོ་ན་ལ་སྤོང་བར་འགྱུར་བ་ལྟ་མཆིས་ལགས་སམ། དེ་ལྟ་ཡིན་ཏེ་རྒྱུན་ཆགས་པར་གྱུར་ཅིང་སྤང་པ་གཞན་ཡོད་བཞིན་དུ་རྙེད་པ་དང། ་ལྟུང་བ་མ་བཤགས་པ་འམ། ཆོས་གོས་བྱིན་གྱིས་བརླབས་པ་གསུམ་དང་ཞག་གཅིག་བྲལ་བ་ན། རྙེད་པ་ནི་སྤང་བར་འགྱུར་རོ། །དེ་ལ་དོན་ནི་འདི་ནི་འདི་ཡིན་ཏེ། དེ་ལྟར་ཞེས་བྱ་བ་འདིས་ནི་ཞུས་པའི་ལན་ཡིན་ནོ། །རྒྱུན་ཆགས་པ་ནི་གྱུར ་ཅིང་སྤང་བ་གཞན་གང་ཡིན་པ་སྟེ། དེ་ལྟར་མ་ཡིན་ནོ། །སྤང་བ་གཞན་པ་ཡོད་བཞིན་དུ་རྙེད་པ་ནི་སྔ་མའི་བསྔགས་པའི་དབང་གིས་འདིར་སྤང་བར་བྱ་བ་ཉིད་ཡིན་ནོ། །ལྟུང་བ་མ་བཤགས་པར་ཞེས་བྱ་བ་ནི་སྤང་བའི་ལྟུང་བ་བཅོས་པར་མ་བྱས་པའོ། ། ་ཆོས་གོས་བྱིན་གྱིས་བརླབས་གསུམ་དང་བྲལ་བ་ན་རྙེད་པ་ནི་སྣམ་སྦྱར་དང། བླ་གོས་དང་འཐད་གོས་གསུམ་དང། བྲལ་བའི་སྤང་བ་བྱུང་ནའོ། །འཆད་པའི་སྤང་བ་གཏན་ལ་དབབ་པའོ། །ནུབ་གཅིག་ནི་ཉིན་ཞག་གཅིག་གོ་།ཀྱང་ཞེས་བྱ་བ་ནི་གཉིས ་པ་ལ་སོགས་པ་ཡང་ངོ། །གསུམ་ལས་ཞེས་བྱ་བ་ནི་སྣམ་སྦྱར་དང་བླ་གོས་དང་མཐང་གོས་བྱིན་གྱིས་བརླབ་པ་རྣམས་སོ། །གང་ཡང་རུང་བ་དང་ཞེས་གང་ཡང་རུང་བ་སྨོས་པ་ནི་སྤྱིའི་ངོ་བོ་དགག་པའི་ཕྱིར་རོ། །མཚམས་ཀྱི་ཕྱི་རོལ་དུ་འབྲལ་བར་བྱེད་ན་ཞེས་བྱ ་བ་གནས་གང་ལ་ཆོས་གོས་འདུག་པ་དེ་ནས་ཆོས་གོས་བོར་ཏེ་གཞན་དུ་སྐྱ་རེང་འཆར་བར་བྱེད་པའི་ཕྱིར་རོ། །དགེ་འདུན་གྱི་གནང་བ་མ་གཏོགས་པར་ནི་དགེ་འདུན་གྱི་ཁྲིམས་པ་མ་གཏོགས་པ་གཞན་ལ་ལྟུང་བ་འདིར་འགྱུར་རོ་ཞེས་བྱ་བའི ་ཐ་ཚིག་གོ་།དཔེར་ན་འཕགས་པ་འོད་སྲུངས་ཆེན་པོ་དང། ཤཱ་རིའི་བུ་རྒས་ཤིང་ནད་བུ་ཅན་དུ་གྱུར་པ་དག་གིས་ཕྱིར་དགེ་འདུན་གྱི་སྣམ་སྦྱར་ལྕི་བ་ཉིད་དང་མི་འབྲལ་བའི་སྦྱོར་བ་འབྱིན་པ་ལྟ་བུའོ། །དེ་ལྟ་བུའི་རྐྱེན་ནི་ཆོམ་རྐུན་པས་ཕྲོགས ་པ་ལ་སོགས་པའི་རྐྱེན་ཡོད་ན་བྱིན་གྱིས་བརླབས་པའི་ཆོས་གོས་དང་བྲལ་བའི་སྐྱ་རེང་འཆར་བའི་ཉེས་པ་ཡོངས་སུ་སྤོང་བའི་བདག་ཉིད་ཀྱི་རྒྱུའོ། །བཙུན་པ་རེ་ཞིག་དགེ་སློང་གིས་ཞེས་བྱ་བ་ལ་སོགས་པ་འདིའི་དོན་ནི་འདི་ཡིན་ཏེ། དགེ་འདུན་ནི ་གང་ཟག་རྣམ་པར་ཆད་པའི་བདག་ཉིད་དང་གང་ཟག་རྣམ་པར་མ་ཆད་པའི་བདག་ཉིད་དང་རྣམ་པ་གཉིས་སོ། །དེ་ལ་རེ་ཞིག་གང་ཟག་རྣམ་པར་ཆད་པའི་བདག་ཉིད་ཀྱི་དགེ་འདུན་གྱི་ནོར་ལ་ནི་འཆད་པ་དང། འབྲལ་བ་དང། འཇོག་པའི་རྒྱུ་ཅན་གྱི་སྤྱད་པའི་ལྟུང་བ་རྣམས་ཀྱང ་སློང་བར་འགྱུར་ལ། ལྟུང་བྱེད་འབའ་ཞིག་པ་རྣམས་ཀྱང་སློང་བར་འགྱུར་རོ། །འདི་ལྟར་གང་ཟག་རྣམ་པར་ཆད་པའི་བདག་ཉིད་ཀྱི་དགེ་འདུན་དུ་གཏོགས་པའི་གང་ཟག་དེ་དག་ཐམས་ཅད་ནོར་དེ་ལ་གང་ཟག་རེ་རེ་ཞིག་བདག་གིར་བྱེད་པའི་གནས་སོ། །གང་ཟག་རྣམ ་པར་མ་ཆད་པའི་དགེ་འདུན་གྱི་ལ་ནི་འགའ་ཡང་རང་གིར་བྱེད་པ་མེད་པ་ཉིད་དེ་དེའི་ཕྱིར་འཆད་པ་དང། འཇོག་པའི་རྒྱུ་མཚན་ཅན་གྱི་སྤང་པའི་ལྟུང་བྱེད་དག་དང་འབྲལ་བའི་རྒྱུ་མཚན་ཅན་ཡང་སྲིད་དོ། །གལ་ཏེ་འབྲལ་བའི་རྒྱུ་མཚན་ཅན་ཅི་ལྟར་མི་སྲིད་ཅེ་ན། ་གང་ཟག་རྣམ་པར་མ་ཆད་པའི་བདག་ཉིད་ཀྱི་དགེ་འདུན་གྱི་དེ་ལ་བྱིན་གྱིས་རློབ་པ་མི་སྲིད་ལ་བྱིན་གྱིས་བརླབས་པ་དང། འབྲལ་བའི་ཉེས་པ་དང་མི་ལྡན་ཏེ། གང་ཟག་རྣམ་པར་མ་ཆད་པའི་བདག་ཉིད་ཀྱི་དགེ་འདུན་གྱི་ཆོས་གོས་ལ་གང་ཟག་གཅིག ་གཅིག་གིས་བྱིན་གྱིས་བརླབས་པ་ཉིད་ཡིན་ན་འབྲལ་བར་གྱུར་ན་འབའ་ཞིག་ཏུ་ཟད་ཀྱི་སྤང་བ་ནི་མ་ཡིན་ནོ། །གལ་ཏེ་ཡང་ཇི་ལྟར་འདི་སྤང་བ་ཉིད་སྤང་བ་ཉིད་དུ་མི་འགྱུར་ཞེ་ན། འབྲལ་བ་ནི་རང་གིར་བྱེད་པ་འདོད་པ་ལ་བྱ་ལ། དེ་ཡང་རང་གི་ཡིན་པ་དམ་པ་ཉིད ་དུ་མངོན་པར། ཞེན་པ་ལས་བསྐྱོད་པའི་དོན་ཏུ་བྱེད་ཀྱང་གང་ལ་རང་གི་ཡིན་པ་དམ་པོ་ཉིད་དུ་མངོན་པར་ཞེན་པ་མེད་པ་དེ་ལ་ནི་སྤང་བའི་ངོ་བོ་ཉིད་ཀྱི་བྲལ་བ་མི་དགོས་པ་ཉིད་པས་འདི་ལ་སྤང་བ་ཉིད་མེད་དོ། །འདི་ནི་འདུལ་བ་འཛིན་པ་གཞན་དག་མི་འདོད་དོ། །འདི་ལྟར ་རྣམ་པར་ཆད་པའི་དགེ་འདུན་གྱི་ཡང་རུང། རྣམ་པར་མ་ཆད་པའི་དགེ་འདུན་གྱི་ཡང་རུང་སྟེ། ཤས་ཙམ་ཞིག་དབང་པའི་ཕྱིར་ལ། ཤས་ཙམ་ལ་ནི་རང་གིར་བྱེད་པ་འབྱུང་གི་ཐམས་ཅད་ལ་ནི་མ་ཡིན་ནོ། །ཤས་ཙམ་ལ་རང་གིར་བྱེད་པ་ལ་ལྷག་མ་རྣམས་ཀྱང ་ལྟུང་བ་སློང་བར་རུང་བ་མ་ཡིན་ནོ། །དེ་ལ་རང་གིར་བྱེད་པའི་ཕྱིར་རོ། དེ་ཙམ་ཁོ་ནས་ཀྱང་མ་ཡིན་ཏེ། རྣམ་པར་མ་ཆད་པ་ཉིད་ཀྱིས་རང་གིར་བྱེད་པ་ཁྱད་པར་མེད་པར་འབྱུང་བས་དགེ་འདུན་གྱི་ནི་གཉི་ག་ལས་ཀྱང་སྤང་བ་ཉིད་དུ་མི་འགྱུར་རོ། །དགེ ་འདུན་གྱི་སྐྱེས་པ་འམ་གཞན་དུ་འང་རུང་ཅི་ཞིག་ལྟར་དུས་རེ་ཞིག་པ་ཉིད་དུ་བདག་གིར་བྱས་ནས་འཆད་དམ་འཇོག་པ་འམ། བྱིན་གྱིས་རློབ་པ་གང་ཡིན་པ་དེ་ལ་ནི་ཐམས་ཅད་དུ་དུས་རེ་ཞིག་པའི་རང་གིར་བྱེད་པའི་ཕྱིར་དེ་ལས་ནི་ལྟུང་བ་ནི་ལྟུང་བར་འགྱུར་རོ།། ་དེ་ལྟ་བས་ན་རྣམ་པར་ཆད་པའི་དགེ་འདུན་གྱི་འང་རུང། རྣམ་པར་མ་ཆད་པའི་དགེ་འདུན་གྱི་འང་རུང། གཅིག་གིས་རང་གིར་བྱས་ནས་འཆད་པ་སྤང་བར་གྱུར་ན་ཡང་ངོ། །འདིར་ནི་དགེ་འདུན་གྱི་ཆོས་གོས་བྱིན་གྱིས་བརླབས་ནས་མཚམས་ཀྱི་ཕྱི་རོལ་དུ་འགྲོ ་ན་ཞེས་འཕགས་པ་ཉེ་བར་འཁོར་གྱི་དགེ་འདུན་གྱི་ཆོས་གོས་སྤྱིར་བརྟེན་པ་ཡིན་ལ། བཅོམ་ལྡན་འདས་ཀྱིས་ཀྱང་ཆོས་གོས་དང་འབྲལ་བ་ཞེས་བྱའོ་ཞེས་སྤྱིར་ལན་གདབ་པ་མཛད་པ་ཡིན་ནོ། དགེ་འདུན་གྱིས་ཞེས་སྨོས་པ་ནི་ཇི་ལྟར་ཆོས་གོས་དང་བྲལ་བ་ཞེས་པའོ།། ་ཞེས་ཆོས་གོས་དང་བྲལ་བ་སྨོས་པ་འཆད་པ་ལ་སོགས་པའི་དཔེ་ཡིན་པ་ལྟར་གཞན་གྱི་གོས་གཞན་དག་གིས་ཡང་དཔེ་ཡང་ཡིན་ནོ། །དེ་ལྟར་གྱི་ནི་གཞན་གྱི་ཡིན་པའི་ཕྱིར་ཏེ། དུས་རེ་ཞིག་པ་ཉིད་ཀྱིས་རང་གིར་བྱེད་པ་མི་དམའ་བའ་ཨི་ཕྱིར་དང། སྤང ་བ་ཡང་རང་གིར་བྱེད་པ་དམ་པོ་བཅད་པའི་དོན་དུ་བྱེད་པའི་ཕྱིར་རོ། །འདི་ནི་ཐམས་ཅད་དུ་འདྲ་བས་དགེ་འདུན་གྱི་ཞེས་སྨོས་པ་འདི་ནི་གཞན་གྱི་ཐམས་ཅད་སྨོས་པ་ཉིད་དུ་ཤེས་པར་བྱའོ། །མནན་པ་ནི་རྐང་པ་གཉིས། །བཟུང་བ་ནི་ཤིང་ལ་སོགས ་པའོ། །འགྲེང་བ་ནི་ལངས་པའོ། །མཆིས་པ་ནི་འགྲོ་བ་ལ་སོགས་པའོ། །མཚམས་ཀྱི་བར་གྱིས་བར་ནི་མཚམས་དག་གི་བར་རོ། །མཚམས་ཀྱི་ནང་ན་མཆིས་ལ་ཞེས་བྱ་བ་ལ་སོགས་པ་ལ། མཚམས་བཅད་བར་བྱས་ལ་ཞེས་བྱ་བ་ནི་དཔག་ཚད ་ཕྱེད་དང་གསུམ་པ་ལ་ཐུག་པའི་མཚམས་གསོལ་བ་དང་གཉིས་ཀྱི་ལས་ཀྱི་རང་གིར་བྱས་པའོ། །ཆོས་གོས་དང་མི་མཐུན་པའི་སྡོམ་པ་མ་བྱིན་ནའོ་ཞེས་བྱས་པ་ནི་ལོགས་ཤིག་ན་གནས་པ་དང་ཆོས་གོས་རྣམས་དང་འབྲལ་བར་སྤང་བར་བྱེད་པའི་ཕྱིར་དེ་ལ་དགེ་འདུན ་གྱི་ངེས་པ་མ་བྱིན་ནའོ། །དེ་ལ་མཚམས་བཅད་པ་བྱས་པ་ལ་ནི་དཔག་ཚད་ཕྱེད་དང་གསུམ་པའི་མཐར་ཐུག་པའི་མཚམས་ཀྱི་ནང་དང་ལྡན་པ་ཉིད་དུ་འགྱུར་རོ། །མཚམས་ཀྱི་ནང་དང་ལྡན་པ་ཉིད་ལ་ནི་ཆོས་གོས་རྣམས་དང་མི་འབྲལ་བའི་སྡོམ་པ་སྦྱིན་ཏེ། ་འདིར་སྡོམ་པ་བྱིན་ན་ཆོས་གོས་རྣམས་དང་མི་འབྲལ་ལོ་ཞེས་འབྱུང་བའི་ཕྱིར་རོ། །མི་འབྲལ་བའི་སྡོམ་པ་འདི་ནི་རྐས་པ་དང་ནད་བུ་ཅན་གྱི་ཆེད་དུ་སྦྱིན་པ་མ་ཡིན་གྱི། འོན་ཀྱང་སྤྱིར་ཏེ། འདི་ལྟར་དགེ་སློང་དར་ཁྱད་པས་སྐྱོ་བར་གྱུར་པ་དང་ཞེས་བྱ་བ་ནས། ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་དགེ་སློང་རྣམས་ལ་ཆོས་གོས་དག་དང་མི་འབྲལ་བའི་སྡོམ་པ་སྦྱིན་པས་རྗེས་སུ་གནང་ངོ། །ཞེས་བྱ་བའི་བར་དུ་འབྱུང་བའི་ཕྱིར་རོ། །དེས་ན་མཚམས་བཅད་པ་བྱས་ནས་དཔག་ཚད་ཕྱེད་དང་གསུམ་པའི་མཐར ་ཐུག་པའི་མཚམས་ན་དགེ་སློང་དེ་ཡང་མཚམས་ཀྱི་ནང་ན་འདུག་པ་ཡིན་ལ། ཆོས་གོས་ཀྱང་མཚམས་ཀྱི་ནང་ན་འདུག་པ་ཡིན་ནོ། །མཚམས་བཅད་པ་བྱས་སུ་ཟིན་ཀྱང་ཆོས་གོས་རྣམས་དང་མི་འབྲལ་བའི་སྡོམ་པ་མ་བྱིན་པ་གང་ཡིན་པ་དེའི་འདི་དང ་འབྲལ་བར་འགྱུར་ཏེ། འདི་ལྟར་མཚམས་བཅད་པ་ནི་མི་འབྲལ་བའི་སྡོམ་པ་བརྟེན་དུ་གྱུར་པ་ཡིན་ཏེ། མི་འབྲལ་བའི་སྡོམ་པ་ནི་རྟེན་པར་གྱུར་པ་ཡིན་ནོ། །དེའི་ཕྱིར་མཚམས་བཅད་པ་མ་བྱས་པ་གལ་ཏེ་མི་འབྲལ་བའི་སྡོམ་པ་བྱིན་ན་དེའི་ཚེ་མི ་འཆགས?་ཏེ། ས་གཞི་མཚམས་མ་བཅད་པར་མི་འབྲལ་བའི་སྡོམ་པ་བྱིན་ན་མི་འཆགས་ཏེ་ཞེས་འབྱུང་བའི་ཕྱིར་རོ། །ཉེ་འཁོར་ནི་འཁོར་ཏེ། མཚམས་བཅད་པའི་གཙུག་ལག་ཁང་དུ་ནི་ཆོས་བཞག་པའི་མཛའ་ཉེ་འཁོར་དང་བཅད་པའི ་མཚམས་ཁོ་ན་ཡིན་ཏེ། མཚམས་བྱས་པ་ནི་བཞག་པའོ། །མཛའ་མཚམས་ཡིན་ནོ་ཞེས་འབྱུང་བའི་ཕྱིར་རོ། །སྒོ་ཁྱམས་ནི་སྒོའི་བང་རིམ་མོ། །ཁང་ཕྲན་ནི་ཁང་པ་ཆུང་ངུའོ། །དགེ་སློང་གིས་ཀུན་ཏུ་སྤྱད་པས་ནི་དགེ་སློང་ལ་མཁོ་བའོ།། ་ར་བ་ནི་ཅིག་པའོ། །འགྲོང་རི་བ་ནི་ཡལ་ག་ལ་སོགས་པ་ལས་གཟུགས་པ་བྱས་པའོ། །འོབས་ནི་བརྐོས་པའོ། །སྟེང་གཡོགས་ནི་ཤིང་གླེགས་ལ་སོགས་པའི་གཡོགས་ཏེ། ཤིང་ལེབ་ལ་སོགས་པས་ཐོག་པོར་བའི་ཞེས་བྱ་བའི་ཐ་ཚིག་གོ། ་མུ་སྟེགས་ཅན་སྣ་ཚོགས་ཞེས་བྱ་བ་ལ་སོགས་པ་ནི་ལྟ་བ་ཐ་དད་པས་དེ་དག་ཐ་དད་པའི་ཕྱིར་གནས་ཐ་དད་པ་ཉིད་དོ། །སྤུན་ནོར་བརྐོས་པ་རྣམས་ཀྱི་ཞེས་བྱ་བ་ནི་སྒོ་བྱེ་བ་རྣམས་ཏེ། ནོར་ཐ་དད་པ་ཉིད་ཀྱིས་དེ་དག་གི་གནས་ཐ་དད་པ་ཉིད་དོ། །དགེ་སློང ་མ་ལ་ནི་ཆོས་གོས་ལྔས་ཞེས་བྱ་བ་ནི་སྣམ་སྦྱར་དང། བླ་གོས་དང། མཐང་གོས་དང། ཤིང་དཔུང་ཆད་དང། རྡུལ་ཟན་རྣམས་ཞེས་བྱའོ། །ཞུས་པའི་གཞུང་ལ་ལས་ནི་འདི་སྐད་དུ། དགེ་སློང་མུ་སྟེགས་ཅན་གྱི་གཞིར་ཆོས་གོས་བཞག་ལ། ་དགེ་འདུན་གྱི་གཞི་ཉེ་འཁོར་གཅིག་པར་གནས་བགྱིད་ལ་ལྟུང་བར་མི་འགྱུར་བ་ལྟ་འགའ་མཆིས་ལགས་སམ། དེ་ལྟ་ཡིན་ཏེ་འདི་ལྟར་མུ་སྟེགས་ཅན་དང་ལྷན་ཅིག་དབང་བ་ཡིན་ནའོ། །དེ་བཞིན་དུ་ཤིང་ལ་ཡང་བརྗོད་པར་བྱའོ་ཞེས་འབྱུང་ངོ། ་དེ་ལ་དོན་ནི་འདི་ཡིན་ཏེ། མུ་སྟེགས་ཅན་གྱི་གཞི་ནི་མུ་སྟེགས་ཅན་གྱི་གནས་སོ། །དགེ་འདུན་གྱི་གཞི་ནི་དགེ་འདུན་གྱི་གཙུག་ལག་ཁང་ངོ། །ཉེ་འཁོར་གཅིག་པ་ནི་ཉེ་འཁོར་འབྲེལ་མ་སྟེ། ཉེ་འཁོར་ཐ་མི་དད་པ་ཞེས་བྱ་བའི་ཐ་ཚིག་གོ ་དབང་བར་གྱུར་ན་ཞེས་བྱ་བ་འདིར་དབང་བ་ནི་དགེ་སློང་རྣམས་དང། མུ་སྟེགས་ཅན་རྣམས་ཐུན་མོང་བ་ཉིད་དུ་སེམས་པ་ཙམ་གང་ཡིན་པར་ཤེས་པར་བྱའི། ལས་ཀྱི་ངོ་བོ་ནི་མ་ཡིན་ཏེ། དེ་ན་དེ་ངག་དབང་བ་ལྷན་ཅིག་ཐ་དད་པ་ཉིད་ཀྱིས ་མི་རུང་བའི་ཕྱིར་རོ། །དེ་བཞིན་དུ་ཤིང་ལ་ཡང་བརྗོད་པར་བྱའོ་ཞེས་བྱ་བ་ནི་ཇི་ལྟར་གཞི་མུ་སྟེགས་ཅན་དང་ལྷན་ཅིག་དབང་བ་ལྟར་ཤིང་དབང་བ་དང་དེ་དང་འདྲའོ་ཞེས་བྱ་བའི་ཐ་ཚིག་གོ་།འདི་ལྟར་ལྟུང་བ་མེད་པར་སྨོས་པའི་གཞི་དེ་མུ་སྟེགས་ཅན་གཞན་དག་གིས ་གཟུང་མོད་ཀྱི། འོན་ཀྱང་དགེ་སློང་རྣམས་ཀྱི་རང་གི་ཡིན་པ་སྐྱེས་པ་གང་ཡིན་པ་དེ་མེད་པར་མི་འགྱུར་རོ་ཞེས་བྱ་བའི་དོན་འདི་སྤྱད་པ་ཡིན་ནོ། །གལ་ཏེ་དེ་ལ་གཅིག་ཁོ་ན་ཞིག་དབང་གིས་གཉིས་མ་ཡིན་ན་ནི་དེའི་ཚེ་ཐ་དད་པ་ཉིད་དུ་འགྱུར་རོ་ཞེས་ཇི་ལྟར་ཤེས ་པར་བྱའོ། །ཞུས་པའི་གཞུང་ལ་ལ་ལས་ནི་གཞན་ཡང་བཙུན་པར་རེ་ཞིག་དང་གཙུག་ལག་ཁང་ཉེ་འཁོར་ཉེ་བར་འབྲེལ་བར་གྱུར་ན་ཇི་ལྟར་དེས་ཆོས་གོས་དང་མི་འབྲལ་བར་འཚལ་བར་བགྱི། ཉེ་བར་འཁོར་གྲོང་གི་ཉེ་འཁོར་མ་གཏོགས་ལྷག་མ ་ལས་ཆོས་གོས་མི་འབྲལ་བར་ཤེས་པར་བྱའོ་ཞེས་འབྱུང་ངོ། །དེ་ལ་དོན་ནི་འདི་ཡིན་ཏེ། ཉེ་འཁོར་འབྲེལ་བ་ནི་ཉེ་འཁོར་འབྲེལ་མར་འདུག་པའོ། །འཚལ་བར་བགྱི་ཞེས་ཤེས་པར་བྱའོ། །ཉེ་བར་འཁོར་གྲོང་གི་ཉེ་འཁོར་མ་རྟོགས་པ་ཞེས་བྱ་བ་ནི ་ཁྱིམ་པ་མི་སྲུན་བ་རྣམས་གནས་པ་ཉིད་ཀྱིས་ཐ་དད་པ་ཉིད་དུ་གྱུར་པའི་ཕྱིར་རོ། །གཞན་དགེ་སློང་གི་གནས་ནི་རང་གིར་བྱེད་པ་ལ་བརྟེན་པའི་ཕྱིར་གྲོང་གི་ཉེ་འཁོར་ལ་ཇི་ཙམ་རང་གིར་བྱེད་པ་དེ་ཙམ་གནས་ཅིག་པ་ཡིན་ཏེ། འཛིན་པར་བྱེད་པ ་གཅིག་པའི་ཕྱིར་རོ། །རང་གིར་བྱེད་པ་མེད་ན་ནི་གནས་ཐ་དད་པ་ཉིད་ཡིན་ནོ་ཞེས་བྱ་བ་དེ་ལྟར་ཤེས་པར་བྱའོ། །འབྲལ་བའི་སྤང་བའི་ལྟུང་བ་གཏན་ལ་དབབ་པའོ། །དུས་མ་ཡིན་པའི་གོས་ནི་ཉེས་པར་འགྱུར་བའི་དུས་སུ་རྙེད་པའི་ཕྱིར། དེ་བས་ནས་སྲ ་བརྐྱང་བཏིང་བའི་གནས་སུ་སྟོན་ཟླ་འབྲིང་པོ་ནས་བཟུང་སྟེ། དགུང་ཟླ་ཐ་ཆུང་གི་བར་འདི་ནི་ཆོས་གོས་བཅད་པའི་དུས་ཡིན་ཏེ། དེ་འཆའ་བ་ལ་སོགས་པའི་ཉེས་མེད་པའི་ཕྱིར་རོ། །དེ་ཕན་ཆད་ནི་དུས་མ་ཡིན་པའོ། །སྲ་བརྐྱང་མ་བ་ཏིང་བའི་གནས ་སུ་ཐམས་ཅད་དུས་མ་ཡིན་པ་ཡིན་པ་ཁོ་ན་སྟེ། དེས་ཆོས་གོས་ལྷག་པ་རྙེད་པའོ། །རྙེད་ལ་ཞེས་བྱ་བ་ནི་གྲུབ་པའོ། །འདོད་ན་ཞེས་བྱ་བའི་ཆོས་གོས་དོན་དུ་གཉེར་ན་སྟེ། དུས་མ་ཡིན་པར་རྙེད་པའི་ཆོས་གོས་དེ་བླང་བར་བྱའོ་ཞེས ་བྱ་བའི་ཐ་ཚིག་གོ་།ཅི་སྟེ་གལ་ཏེ་འདི་ཆོས་གྲུབ་པ་ཡིན་ན་ཇི་ལྟར་ཆོས་གོས་དོན་དུ་གཉེར་བ་ཡིན་སྙམ་ན་དེ་ནི་མ་ཡིན་ཏེ། འདི་ལྟར་འགའ་འམ་གཉིས་ཟིན་པ་ཉིད་ལ་དེ་སྐད་ཅེས་བཤད་ཀྱིས་ཐམས་ཅད་ནི་མ་ཡིན་པས་འདི་ལ་ཉེས་པ་མེད་དོ།། ་གལ་ཏེ་ལངས་ན་ཞེས་བྱ་བ་ནི་གལ་ཏེ་དེས་ཆོས་གོས་ཀྱི་བྱ་བ་བྱེད་ན་སྟེ། གལ་ཏེ་དེས་ཆོས་གོས་གསུམ་ཚང་བར་གྲུབ་ན་ཞེས་བྱ་བའི་ཐ་ཚིག་གོ་།མྱུར་བ་ཁོ་ནར་ཆོས་གོས་སུ་བྱས་ཏེ་བཅང་བར་བྱའོ་ཞེས་བྱ་བ་ནི་ཕྱི་མ་བཤོལ་བར་བྱིན་གྱིས་བརླབ ་པ་ཅན་དུ་བྱའོ། །ཟླ་བ་གཅིག་གི་བར་ནི་གཅིག་ཁོ་ནར་རོ། །བཞག་པར་བྱའོ་ཞེས་བྱ་བ་ནི་བཞག་པར་བྱ་བ་ཡིན་ནོ། །དེའི་ཕྱིར་གང་གིས་བྱིན་གྱིས་བརླབས་པའི་ཆོས་གོས་གསུམ་མེད་པ་དེས་དུས་མ་ཡིན་པའི་ཆོས་གོས་རྙེད་པ་ད་ཟླ་བ་གཅིག ་ཁོ་ནར་འཆར་བར་བྱའི་གཞན་གྱི་ནི་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ་།ཅི་ང་ཡང་གྱི་ན་འཆད་པར་བྱ་བའམ་ཞེ་ན། གལ་ཏེ་མི་ལངས་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བདག་གིས་སློབ་དཔོན་དང་མཁན་པོ་ལ་སོགས་པ་ལས་གདོན་མི་ཟ ་བར་ཆོས་གོས་སུ་ལོངས་པ་རྙེད་པར་འགྱུར་རོ་སྙམ་པའི་བསམས་པ་འདི་ཡོད་ན་གཞན་གྱི་ན་ནི་མ་ཡིན་ཏེ། གཞན་དུ་ཞག་བཅུ་ཉིད་དུ་འགྱུར་བའི་ཕྱིར་རོ། །ཁ་མ་ལངས་པའི་ཁ་སྐོང་བ་ཞེས་བྱ་བའི་སྣམ་སྦྱར་དང། ཟླ་གོས་དང། མཐང་གོས ་རྣམས་ཀྱི་ཁམ་ལངས་པ་ཁ་སྐོང་བའི་ཆེད་དུའོ། །ཡང་ཞེས་བྱ་བའི་སྒྲ་ནི་འདིར་འདུལ་བ་འཛིན་པ་ཁ་ཅིག་ན་རེ་སྟོན་པ་ཉིད་དུ་ཤེས་པར་བྱ་སྟེ། འདི་ལྟར་རྣམ་པར་རྟོག་པ་མེད་པའི་ཕྱིར་འདི་ལ་དོན་ནི་འགའ་ཡང་མི་རྨོངས་སོ། །ཞེས་ཟེར་རོ། ་གཞན་དག་ནི་འམ་ཞེས་བྱ་བའི་སྒྲ་ངེས་པར་གཟུང་བའི་དོན་ཉིད་དུ་བརྗོད་དེ། ཚིག་གི་ཕྲད་ནི་དུ་མ་ཡིན་པས་སོ། །དེ་བས་ན་ཚིག་གི་དོན་ནི་ཆོས་གོས་གསུམ་ཁ་སྐོང་བ་ཁོ་ནའི་ཕྱིར་གོས་རེ་བ་དེ་གོས་དེ་ཚད་དུ་མི་ལྡང་བ་ཟླ་བ་ཐལ་བར་འཆང་བ་ཉེས་བྱས་སོ་ཞེས་བགྱི ་བ་ཆོས་གོས་ཇི་ལྟ་བུ་ཞིག་བཞག་པར་བགྱི་བ་ལགས། འཁོར་ཕྱེད་ཁེབས་པ་གང་ཡིན་པ་སྟེ། འདི་ནི་ཆོས་གོས་བཞག་པར་བྱ་བའི་ཕྱི་མ་མེད་པ་ཡིན་ནོ་ཞེས་བྱ་བ་དག་འབྱུང་ངོ། །དེ་ལ་དོན་ནི་འདི་ཡིན་ཏེ་འདུལ་བ་འཛིན་པ་ཁ་ཅིག་ན་རེ་གོས་གྱི་ཚད་དུ་མི་ལྡང ་བ་ནི་ཀུན་ནས་ཁྲུ་གདབས?་ཆུང་བའོ། །ཉེས་བྱས་སོ་ཞེས་བྱ་བ་འདིར་ཉེས་བྱས་འདི་ཞག་བཅུ་འདས་པ་ཉིད་ཀྱི་ཡིན་པར་ཤེས་པར་བྱའི། ཟླ་བ་འདས་པ་ནི་མ་ཡིན་ནོ། །འདི་ལྟར་ཆོས་གོས་ཀྱི་ཚད་དུ་མི་ལྡང་བ་ལ་ནི་མཚར་གཅིག་ཁ་སྐོང་བའི་རེ་བ་རྫོགས་པ་ཉིད་དུ ་མི་གནས་ཏེ། མཆོད་སྦྱིན་གྱི་དོན་དུ་དལ་གྱིས་འགྲོ་བའི་ཡུལ་གཞན་དུ་ཕྱིན་པ་དང་འདྲ་བས་དེའི་ཕྱིར་དེ་ལྟ་བུར་ཤེས་པར་བྱའོ། །འཁོར་ཕྱེད་ཁེབས་པ་ནི་ལྟེ་བའི་མཚམས་ནས་བཟུང་སྟེ། པུས་མོའི་ལྷ་ང་གཉིས་ཀྱི་བར་དུ་ལས་ཀྱི་ཆ་ནི་འདིར་འཁོར་ཞེས་བྱ ་སྟེ། འཁོར་དེ་ལྟ་བུའི་དེ་ཞེང་དུ་བརྐྱང་བ་དང་ཆུར་བརྐྱང་བས་མི་ཁེབས་པའི་ཆོས་གོས་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །འདི་ནི་འཁོར་ཕྱེད་ཁེབས་པ་གང་ཡིན་པ་དེ་ཟླ་བ་གཅིག་གི་བར་དུ་བཞག་པར་བྱའོ། །མི་ཁེབས་པ་གང་ཡིན་པ་དེ་ནི་གཅིག་ཏུ་ཞག ་བཅུ་པ་ཉིད་ཡིན་པ་དེ་ལྟར་ཤེས་པར་བྱའི། ཟླ་བ་བ་ཉིད་ནི་མ་ཡིན་ནོ་ཞེས་བྱ་བར་རབ་ཏུ་བསྟན་པ་ཡིན་ཏེ། ཁ་སྐོངས་སུ་རེ་བ་མེད་པའི་ཕྱིར་རོ་ཞེས་ཟེར་རོ། །འདི་ནི་འདུལ་བ་འཛིན་པ་གཞན་དག་མི་འདོད་དོ། །ཀུན་ནས་ཁྲུ་གང་དུ་མི་ཆོག་པའི་གོས་ཐམས་ཅད་ནི ་ལྟུང་བ་མེད་པ་ཉིད་མ་ཡིན་ཏེ། སྤང་བ་རྣམས་ཀྱི་ནང་དུ་ཀུན་ནས་ཁྲུ་གང་བའི་གོས་ནི་ཕྱི་མ་མེད་པའོ། །ཞེས་འབྱུང་བའི་ཕྱིར་རོ། །འདི་ནི་ཕྱི་མ་མེད་པས་ཞེས་སྨོས་པས་ནི་ཀུན་ནས་ཁྲུ་གང་བའི་མན་ཆད་ཀྱི་གོས་གང་ཡིན་པ་དེ་ནི་སྤང་བ་རྣམས ་ཀྱི་ནང་དུ་མ་གཏོགས་པ་ཉིད་དུ་བསམ་པར་བྱའོ་ཞེས་བསྟན་པ་ཡིན་ནོ། །གཞན་ཡང་གྲུབ་ནས་ཁྲུ་གང་དུ་མི་ཆོག་པ་ལ་གོས་ཀྱི་བློ་མི་གནས་པ་སྟེ། རས་རོས་ཉིད་དུ་སྣང་བའི་ཕྱིར་རོ། །ལྟུང་བ་མེད་པ་ཉིད་ནི་གོས་འཆད་བ་དང་འཇོག་པ ་ཡིན་ཏེ། དེ་ལྟ་བས་ན་ཉེས་བྱས་སུ་བརྗོད་པ་གང་ཡིན་པ་འདི་ནི་རིགས་པ་དང་ལུང་གིས་གནོད་པའི་ཕྱིར་འདོད་པར་མི་བྱའོ། །ཞུས་པ་ལ་ལ་ལས་གཞན་ཡང་ཡོ་བྱད་གྱི་གོས་བྱིན་གྱིས་མ་བརླབས་པ་ཞག་བཅུ་འདས་པ་ནི་སྤང་བའོ། །གདོང་ཕྱིས་དང ་ཆུ་ཚགས་དང། གདིང་བ་དང། བར་ཅད་བྱིན་གྱིས་མི་རློབ་ན་ལྟུང་བ་མེད་དོ་ཞེས་འབྱུང་ངོ། །འདི་ལ་དོན་ནི་འདི་ཡིན་ཏེ། ཡོ་བྱད་ཀྱི་གོས་ནི་ཕོངས་པའི་དུས་སུ་མཁོ་བའི་གོས་རིན་པོ་ཆེ་བྱིན་གྱིས་བརླབས་པ་ནི་ཇི་ལྟར་གོས་གསུམ་བྱིན་གྱིས་རློབ་པ ་ལྟར་འདི་འང་དེ་དང་འདྲ་སྟེ། རང་རང་གི་མིང་གིས་བྱིན་གྱིས་བརླབ་པར་བྱའོ་ཞེས་འབྱུང་བའི་ཕྱིར་རོ། །གང་ལ་དེ་མ་བྱས་པ་དེ་ལ་དེ་སྐད་ཅེས་བྱའོ། །ཆུ་ཚགས་ནི་ཆུ་བཙག་པའོ། །གདིང་བ་ནི་གདིང་བར་བྱ་བའོ། །བར་ཅད་གི་གོས་ནི་རིགས་ལྔ་ཁྲ་བོར ་འདུག་པ་ཞིག་གོ་།བྱིན་གྱིས་བརླབ་པ་ནི་བཤད་མ་ཐག་པའི་གཞུང་ལྟ་བུར་རང་རང་གི་མིང་གིས་སོ། །ལྟུང་བ་མེད་པ་ནི་ཞག་བཅུ་འདས་པའི་སྤང་བའི་ལྟུང་བྱེད་མེད་པའི་ཕྱིར་རོ། །གདོང་ཕྱིས་དང་ཆུ་ཚགས་ཀུན་ནས་ཁྲུ་གང་གི་ཚད་དུ་ཤེས་པར ་བྱའོ། བར་ཅད་ཡང་བྱ་བར་འདོད་པའི་ཆོས་གོས་དང། མཐུན་པའི་ངོ་བོ་ཉིད་ཡིན་གྱི་རིགས་མི་མཐུན་པ་མ་ཡིན་ཏེ། ཁ་དོག་ལ་སོགས་པའི་རིགས་མི་མཐུན་པ་ནི་ཟླ་བ་གཅིག་གི་བར་དུ་བཞག་པར་བྱའོ། །དེ་སེང་བ་ལ་སོགས་པའི་ཁ་སྐོང ་བའི་ཕྱིར་མ་ཡིན་ལ། གཞན་གྱི་ཆེད་དུ་ཡང་མ་ཡིན་ནོ། །དེ་ལས་འདས་པར་ཞེས་བྱ་བ་ནི་སུམ་ཅུ་རྩ་གཅིག་ལ་སོགས་པར་རོ། །དེ་ལྟ་བས་ན་འདིས་ཚིག་གི་དོན་དུ་འདི་འབྱུང་སྟེ། དགེ་སློང་གང་ཞིག་དུས་མ་ཡིན་པར་ཆོས་གོས་ཀྱི་བྱ་བ་བྱེད་ནུས ་པ་རྙེད་ལ་བྱིན་གྱིས་བརླབས་པའི་ཆོས་གོས་ཀྱང་མེད་ན། ཆོས་གོས་ཁ་བསྐང་བའི་རེ་བ་ཡང་མེད་པ་དེ་ནི་ཆོས་གོས་དེའི་མོད?་ཁོ་ན་ལ་བྱིན་གྱིས་བརླབས་པ་ཅན་དུ་བྱས་ནས་བཅད་བར་བྱའི། །ཟླ་བ་གཅིག་གི་བར་དུ་བཅད་བར་མི་བྱ་སྟེ། གལ་ཏེ་འཆང་ན་དེའི་ཚེ་སྤང ་བའི་ལྟུང་བྱེད་དུ་འགྱུར་རོ། །འོན་ཏེ་དེས་ཆོས་གོས་མི་ལྡང་ལ་ཆོས་གོས་ཀྱི་ཁ་སྐོང་བ་རྙེད་པའི་བསམ་པའང་ཡོད་དོ། །ཆོས་གོས་གསུམ་པ་ཡང་མ་ཚང་ན་དེའི་ཆོས་གོས་གསུམ་གྱི་ཆེད་དུ་དེ་ཟླ་བ་གཅིག་གི་བར་དུ་བཅད་བར་བྱའོ། །ཟླ་བ་ལས་ཐལ་བར་འཆད ་ན་ནི་ཟླ་བའི་སྤང་པ་ཉེ་བར་གནས་སོ། །དེ་ཉིད་ཀྱི་ཕྱིར་ཞུས་པ་ལས། གང་ལ་ཆོས་གོས་གསུམ་ཚང་བར་གྱུར་པ་དེས་ནི་ཆོས་གོས་ཟླ་བ་གཅིག་གི་བར་དུ་བཞག་པར་མི་བྱའོ། །ཅི་སྟེ་འཇོག་ན་སྤང་བའི་ལྟུང་བྱེད་དུ་འགྱུར་རོ་ཞེས་འབྱུང་ངོ། །བདུན་པོ་དག་ལས་བརྟགས ་བ་གང་ཡང་རུང་བར་ནི་བལ་གོས་དང། ཤ་ནའི་རས་དང། ཟར་མའི་རས་དང། དུ་གུ་ལའི་རས་དང། རས་གོས་དང། ཀོ་ཏམ་པའི་རས་དང། ཉི་འོག་པའི་གོས་ཞེས་བྱ་བ་རྣམས་ཀྱི་ནང་ནས་སོ། །ཆོས་གོས་གསུམ་དུ་མ་ཚང་ན་ཞེས་བྱ་བ་ནི་སྣམ་སྦྱར་དང། བླ ་གོས་དང། མཐང་གོས་རྣམས་ལས་གང་ཡང་རུང་བ་ཞིག་མ་ཚང་ནའོ། །ཆོས་གོས་མི་ལངས་ཞིག་རྙེད་ན་ཞེས་བྱ་བ་ནི་འཁོར་གསུམ་ཁེབས་པའི་མཐར་ཕྱིན་པའི་ཚད་དུ་མི་ཆོག་པ་སྟེ། ཀུན་ནས་ཁྲུ་གང་བའི་ཚད་དང་ལྡན་པ་ཞེས་བྱ་བའི་ཐ་ཚིག་གོ་།དེ་ཉིད ་ཀྱི་ཕྱིར་ཞུས་པ་ལ་ལ་ལས་ནི་བཅོམ་ལྡན་འདས་ཀྱིས་དགེ་སློང་གི་ཆོས་གོས་ཟླ་བ་གཅིག་གི་བར་དུ་བཞག་པར་བྱའོ་ཞེས་གསུངས་པ་གང་ལགས་པ་ཆོས་གོས་ཇི་ལྟ་བུ་ཞིག་ལགས། འཁོར་གསུམ་མི་ཁེབས་པ་གང་ཡིན་པའོ་ཞེས་གསུངས་ཏེ་འཁོར ་སུམ་ཁེབས་པ་ཆོས་ཀྱི་བྱ་བ་བྱེད་པ་ཉིད་པས་ཆོས་གོས་ནི་དེ་ཅི་སྟེ་བཞག་ཅིང་དེ་ཉིད་ཆོས་གོས་སུ་བྱ་བར་མི་སྦྱར། གལ་ཏེ་བྱིན་པས་དེ་འཇོག་པར་བྱེད་ན་ཡང་དེའི་ཚེ་ཞག་བཅུ་པ་ཉིད་དུ་འགྱུར་རོ། །དེ་ཉིད་ཀྱི་གལ་ཏེ་ཆོས་གོས་སུ་ལངས་པ་ཞིག་རྙེད་ན་དེ་ཡང ་ཞག་བཅུ་པ་ཉིད་ཡིན་ནོ། །ཞེས་འཆད་པར་འགྱུར་རོ། །ཀུན་ནས་ཁྲུ་གང་ཙམ་གྱི་ཚད་དང་ལྡན་པ་གང་ཡིན་པ་དེ་ནི་བཞག་པ་དང་རིགས་པ་དང་ལྡན་པ་ཡིན་ཏེ། དེ་ཙམ་གྱིས་ཆོས་གོས་ཀྱི་བྱ་བ་མི་འགྲུབ་པའི་ཕྱིར་རོ། །ཉེ་བ་འཁོར་ཆོས ་གོས་གསུམ་ཚང་ན་ཞེས་བྱ་བ་ལ་སོགས་པ་ནི་ཆོས་མ་ཚང་བར་ཚང་བར་བྱ་བའི་ཕྱིར་བཞག་པར་གསུངས་ན་དེ་ཡང་ཚང་བས་དེའི་ཕྱིར་ཞག་བཅུར་གསུངས་ཏེ། ཁ་མ་ལོངས་པ་ཁ་སྐོང་བའི་ཆོས་གོས་ལ་རེ་བ་ཞེས་བྱ་བ་ལ་སོགས་པ་འབྱུང ་བའི་ཕྱིར་རོ། །ལངས་པ་ནི་འཁོར་གསུམ་ཁེབས་པའི་མཐར་ཐུག་པའི་ཚད་དེ་ཙམ་གྱིས་ཆོས་གོས་ཀྱི་བྱ་བ་འགྲུབ་པའི་ཕྱིར་ཏེ། གལ་ཏེ་ལངས་ན་མྱུར་བ་ཁོ་ནར་ཆོས་གོས་སུ་བྱས་ཉེ་བཅད་བར་བྱའོ་ཞེས་འབྱུང་བའི་ཕྱིར་རོ། །འོན་ཏེ་མ་ལངས་པ་ཞིག་ཅེས ་བྱ་བ་ནི་ཀུན་ནས་ཁྲུ་གང་བའོ། །དེ་ཙམ་འདིའི་ཆོས་གོས་ཀྱི་བྱ་བ་མི་འགྲུབ་པའི་ཕྱིར་ཏེ། གལ་ཏེ་དེ་ལ་མི་ལངས་ན་ཟླ་བ་གཅིག་གི་བར་དུ་བཞག་པར་བྱའོ་ཞེས་འབྱུང་བའི་ཕྱིར་རོ། །ཞུས་པ་ལ་ལའི་གཞུང་གིས་ནི་རྣམ་པ་གཞན་ཁ་སྐོང་བ་ཉིད ་མ་ཡིན་ནོ་ཞེས་འབྱུང་བའི་ཕྱིར་རོ། །འདི་རྣམས་བྱིན་གྱིས་རློབ་པ་ནི་དཔེ་སྟེ། རུང་བར་བྱ་བ་ལ་ཡང་ཚུལ་འདི་རྣམ་པར་བཞག་པའི་ཕྱིར་རོ། །དེ་བས་ན་ཡོ་བྱད་ཀྱི་གོས་ལ་སོགས་པ་ལ་ཞག་བཅུ་པ་ཉིད་དང་ཟླ་བ་ཉིད་ཡིན་པར་ཤེས་པར་བྱ་སྟེ། དེ་ལ་རེ ་བ་ནི་མེད་ལ་བྱིན་གྱིས་བརླབས་པ་ཅན་ནི་ཡོད་ན་ཞག་བཅུ་པ་ཉིད་ཡིན་ལ། རེ་བ་ནི་ཡོད་ན་བྱིན་གྱིས་བརླབས་ཅན་མེད་ན་ཟླ་བ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ་།ཟླ་བ་སྤང་བ་གཏན་ལ་དབབ་པའོ།། །།ཉེ་དུ་མ་ལགས་པ་ལ་ཞེས་བྱ་བ་ནི་གང་ལ ་ཕ་དང་མའི་རིགས་བདུན་རྒྱུད་ཚུན་ཆད་ལས་དེ་དག་ཁོ་ན་ལས་མ་ཡིན་གྱི། དེ་དག་གང་ཡང་རུང་བ་སྔ་མ་འགའ་ཞིག་སྐྱེས་པ་ལས། མ་ལས་སྐྱེས་པ་ཉིད་དང་ཕ་ལས་སྐྱེས་པ་ཉིད་གང་ལ་ཡོད་པ་དེ་ནི་ཉེ་དུའོ། །དེ་ལས་གཞན་པ་ནི་ཉེ་དུ་མ་ཡིན་པའོ།། ་ཉེ་དུ་མ་ཡིན་པ་ཉིད་ཉེ་དུ་མ་ཡིན་པ་སྟེ། དེ་ལའོ། །ཡང་དང་ཡང་རེག་པའི་རྐྱེན་གྱིས་འདོད་ཆགས་སྐྱེ་བར་གྱུར་ན་མི་རུང་བས་ཉེ་དུ་མ་ཡིན་པ་སྨོས་པའོ། །དེ་བས་ན་ཁྱོ་ཤུགས་དག་ནི་ཉེ་དུ་མ་ཡིན་ཏེ། ཉེ་དུའི་མཚན་ཉིད་མེད་པའི་ཕྱིར་རོ། །ཆོས་གོས་ནི་བལ་གོས ་ལ་སོགས་པ་རུང་བའོ། །རྙིང་པ་ནི་དུས་ཚིགས་སུ་གསུམ་ལས་དུས་ཚིག་གང་ཡང་རུང་བ་ཞིག་ཏུ་སྤྱད་པའོ། །འཁྲུར་འཇུག་པ་ནི་ཆུའི་ནང་དུ་རྩོབ་པར་བྱེད་པའོ། །འཚེད་དུ་འཇུག་པ་ནི་ཚོན་གྱི་ནང་དུ་བསྒྲེ་བའོ། །འཆགས་ཏུ་འཇུག་པ་ནི་ཆུང་ངུ་ན་ཐབ་མོས ་ཀྱང་ངོ། །དེ་བཞིན་དུ་དགེ་སློང་མ་ཉེ་དུ་མ་ཡིན་པ་སེམས་འཁྲུགས་པ་ཞེས་བྱ་བ་ལ་སོགས་པར་ཁ་ཅིག་ལྐུགས་མར་སྨོས་པར་འདོན་ཏོ། །དེ་ནི་གཞན་དག་མི་འདོད་དེ། གལ་ཏེ་ལྐུགས་མ་ལ་འཁྲུར་འཇུག་པ་ལ་ཡང་ཉེས་བྱས་སུ་འདོད་ན་རྒས་པ་དང་འཐེད ་བ་ལ་སོགས་པའང་དེ་དང་འདྲ་བར་ཐལ་བར་འགྱུར་བས་དེ་དག་ལ་འཁྲུར་བཅུག་ན་ཡང་ཉེས་བྱས་སུ་ཐལ་བར་འགྱུར་རོ། །དེ་འང་མི་འདོད་དེ་རྣམ་པར་རིག་པར་བྱ་ལ་རྟོགས་པ་ཙམ་ཡན་ལག་ཡིན་པའི་ཕྱིར་རོ། །དེ་ལྟ་བས་ན་འདི་ནི་གདོན་པར་མི་བྱའོ། །ཁས ་ལེན་པ་ལ་འཁྲུར་འཇུག་ན་ཉེས་བྱས་སུ་བསྟན་པ་ནི་མི་མཐུན་པའི་ཕྱོགས་ཡིན་པའི་ཕྱིར་ཏེ། འདི་ལྟར་གཞན་གྱི་ཕྱོགས་ལ་ལོག་པར་གྲུབ་པ་ནི་རང་གི་ཕྱོགས་ལ་ཇི་ལྟ་བ་དེ་བཞིན་དུ་སྨད་པ་མ་ཡིན་པས་དེའི་ཕྱིར་འདི་གསུངས་སོ། །སྒྲུབ་པར་གྱི་བ་ནི ་ཐུན་མོང་གིའོ། །བགྲུས་པ་ནི་ཅུང་ཟད་བཀྲུས་པའོ། །ཡོངས་སུ་སྤྱད་དེ་དྲི་མ་ཅན་དུ་གྱུར་པ་ཞེས་བྱ་བ་ནི་གལ་ཏེ་ན་དེ་ཙམ་དུ་ཟད་པས་དེའི་ཕྱིར་དྲི་མ་ཅན་དུ་གྱུར་པས་ཁྱད་པར་ཅན་དུ་སྨོས་སོ། །གནས་མལ་གྱི་དངོས་པོ་ཞེས་བྱ་བ་ནི་དགེ་འདུན་གྱི ་གནས་མལ་དྲི་མ་ཅན་དུ་གྱུར་པ་འདི་བཀྲུའོ་སྙམ་པའི་བསམ་པས་སོ། །བཙུན་པ་རེ་ཞིག་དགེ་སློང་གིས་ཞེས་བྱ་བ་ལ་སོགས་པ་མཚན་གྱུར་ན་ཉེས་བྱས་སུ་གསུངས་པ་ནི་འཁྲུར་འཇུག་པར་གཏོགས་པར་འགྱུར་བའི་ཕྱིར་རོ། །འདི་ལྟར་ལྟུང་བ་འདི་ནི ་འཕགས་པ་འཆར་ཀས་སྤེད་མ་ལ་སྨད་ཡོགས་སུ་བུ་བསགས་གོས?་པ་འཁྲུར་བཅུག་ལ་དེ་ལས་རྣམ་པར་བཞག་སྟེ། ཀུན་ཏུ་འདོད་ཆགས་པའི་རྒྱུ་ཡིན་པའི་ཕྱིར་རོ། །དགེ་སློང་མ་དེ་ཡང་ཉེ་དུ་མ་ཡིན་པ་མཚན་མཐུན་པ་ལ་འཁྲུར་འཇུག་ན ་མ་རྟགས་པའི་ཕྱོགས་ལ་བརྟེན་པའི་ཉེས་བྱས་སུ་གསུངས་སོ། །བཙུན་པར་རེ་ཞིག་དགེ་སློང་མས་ཞེས་བྱ་བ་ལ་སོགས་པས་མཚན་གྱུར་ན་དེ་ཁོ་ན་བཞིན་ཉེས་པ་བྱས་སུ་གསུངས་པ་ནི་མ་བརྟགས་པའི་ཕྱོགས་ལ་བརྟེན་པའི་ཕྱིར་རོ། །སྤང་བ་ཞིག་དགེ་སློང་མས ་ཉེ་དུ་མ་ལགས་པ་འཁྲུར་རྩོལ་ན་ཞེས་བྱ་བ་ལ་སོགས་པས་སྤང་བའི་ལྟུང་བྱེད་དུ་འགྱུར་བར་གསུངས་པ་ནི་རང་གི་ཡོད་པ་ཡིན་པའི་ཕྱིར་རོ། །འོན་ཏེ་སྤངས་པ་ནི?་གི་འཁྲུར་འཇུག་ན་ཞེས་བྱ་བ་ལ་ཉེས་བྱས་སུ་གསུངས་པ་ནི་སྤར་རང་གི་ཡིན་པ་སྐྱེས་པ ་ཉམས་པའི་ཕྱིར་དང། བྱིན་གྱིས་བརླབས་པ་ཉིད་མེད་པའི་ཕྱིར་རོ། །བཤད་པ་ནི་ཕྱི་སའོ། །གཅི་བ་ནི་གཅིན་ནོ། །འདམ?་རྫབ་ནི་རྫབ་སོ?། །ལྗན་ལྗིན་ནི་ལྟར་ཁུང་དུ་གཏོགས་པ་མི་གཙང་བའོ། །གཞན་གྱིས་ཞེས་བྱ་བ་ནི་ཁྲག་ལ་སོགས་པས་སོ།། ་བསྙེན་པར་མ་རྫོགས་པ་འཁྲུར་རྩོལ་བའི་སྦྱོར་བ་བགྱིས་ལ་ཞེས་བྱ་བ་ལ་སོགས་པའི་བསྙེན་པར་མི་རྫོགས་པའི་གནས་སྐབས་པ་བདག་ཉིད་ཀྱིས་འཇུག་པའི་སྦྱོར་བ་བྱས་ནས་དུས་ཕྱིས་དེའི་སྦྱོར་བའི་དབང་ཁོ་ནས་ཆུང་བ་ཡིན་གྱི། ཕོ ་ཉེ་ལ་སོགས་པ་ལ་འཚོལ་བའི་དབང་གིས་ནི་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ་།བསྙེན་པར་མ་རྫོགས་པར་འདུ་ཤེས་ན་ཞེས་བྱ་བ་ལ་སོགས་པས་ཉེས་བྱས་སུ་གསུངས་པ་ནི་བསྙེན་པར་མ་རྫོགས་པ་ནི་འཁྲུར་འཇུག་པ་ན་ཡང་ཉེས་བྱས་སུ་གསུངས ་པའི་ཕྱིར་རོ། །ཉེ་དུར་འདུ་ཤེས་ན་ཞེས་བྱ་བ་ལ་སོགས་པས་ལྟུང་བ་མེད་པར་གསུངས་པ་ནི་ཉེ་དུ་ལ་ལྟུང་བ་མེད་པར་བསྟན་པའི་ཕྱིར་རོ། །ཉེ་དུ་མ་ཡིན་པ་ལ་ནི་སྤེལ་བ་དང་ལྷུང་བཟེད་དག་མ་ཡིན་པ་ཉེ་དུ་ལ་ཉེས་པ་མེད་དོ་ཞེས་འབྱུང་བའི་ཕྱིར་རོ། །དེ ་ལྟ་བས་ན་འདིར་ཉེ་དུ་མ་ཡིན་པ་ལ་འདུ་ཤེས་པ་ལ་སྤང་བར་གསུངས་པ་ནི་སྦྱོར་བ་ཡོད་པའི་ཕྱིར་དང། བསམས་པའི་དོན་འགྲུབ་པའི་ཕྱིར་ཏེ། ལུགས་ལས་སྦྱོར་བ་ལ་ནི་འདུ་ཤེས་ཡན་ལག་ཉིད་དོ་ཞེས་འབྱུང་བའི་ཕྱིར་རོ། །ཉེ་དུ་མ་ཡིན་པ་ལ་ཉེ་དུར་ཤེས་པ ་ལ་ལྟུང་བ་མེད་པར་གསུངས་པ་ནི་སྦྱོར་བ་མེད་པའི་ཕྱིར་རོ། །དངོས་གཞི་ལ་ཡང་ལྟུང་བ་མེད་དོ། བསམས་པའི་དོན་མ་གྲུབ་པའི་ཕྱིར་རོ། །འདི་ལྟར་ཉེ་དུ་མ་ཡིན་པའི་འདུ་ཤེས་ཀྱིས་འཇུག་པ་ནི་སྦྱོར་བ་ཡིན་གྱི། ཉེ་དུའི་འདུ་ཤེས་ཀྱིས་ནི་མ་ཡིན་ནོ། །དེ་ལྟ་དགེ་བ ་ཉེ་དུ་མ་ཡིན་པ་ལ་ཉེ་དུར་འདུ་ཤེས་པས་འཁྲུར་འཇུག་པ་ལ་ལྟུང་བ་མེད་པར་གསུངས་པ་ནི་སྦྱོར་བ་ལ་འདུ་ཤེས་པ་ཡན་ལག་རྣམ་པར་བཞག་ན་དེ་ཡང་དེ་ལ་མེད་པས་སོ། །ཉེ་དུ་ལ་ཉེ་དུ་མ་ཡིན་པར་འདུ་ཤེས་པ་ལ་ཉེས་བྱས་སུ་གསུངས་པ་ནི་སྦྱོར་བ ་ཡོད་པའི་ཕྱིར་ཏེ། ཉེ་དུ་ལ་ཉེ་དུ་མ་ཡིན་པར་འདུ་ཤེས་པས་འཇུག་པ་སྦྱོར་བ་ཡིན་གྱི་ཉེ་དུའི་འདུ་ཤེས་ཀྱིས་ནི་མ་ཡིན་ནོ། །དེ་ཡང་དེ་ལ་ཡོད་པས་ལུང་ལས་སྦྱར་བ་ལ་ནི་འདུ་ཤེས་ཡན་ལག་ཉིད་དོ་ཞེས་འབྱུང་བའི་ཕྱིར་རོ། །ཉེ་དུ་ལ་ཉེ་དུར་འདུ་ཤེས ་པ་ལ་ལྟུང་བ་མེད་པར་གསུངས་པ་ནི་མ་བསམས་པའི་ཕྱིར་དང་སྦྱོར་བ་འམ་མེད་པའི་ཕྱིར་ཏེ། དེ་བཞིན་དུ་འོག་མ་དག་ལ་ཡང་ཅི་རིགས་པར་ཤེས་པར་བྱའོ། །རྣམ་པར་འབྱེད་པ་ལས་དགེ་སློང་གིས་དགེ་སློང་མ་ཉེ་དུ་ལ་ཉེ་དུ་མ་ཡིན་པར་འདུ་ཤེས ་པས་ཆོས་གོས་རྙིང་པ་འཁྲུར་འཇུག་ན་ཉེས་བྱས་སུ་འགྱུར་རོ་ཞེས་གསུངས་པ་མ་ཡིན་ནམ། དེ་ཇི་ལྟ་བུ་ཞེ་ན། འདུལ་བ་འཛིན་པ་རྣམས་ན་རེ་དེར་ཡང་སྦྱོར་པ་ལས་བྱུང་བའི་ཉེས་བྱས་ཡིན་པར་སྟོན་པར་ཤེས་པར་བྱའོ་གཞན་ནི་མ་ཡིན་ཏེ། ་འདི་བའི་དོན་གྲུབ་པས་དངོས་གཞི་སློང་བའི་ཕྱིར་རོ། །འདི་ལྟར་ཉེ་དུ་མ་ཡིན་པར་འདུ་ཤེས་འཇུག་པ་ནི་སྦྱོར་བ་ཡིན་གྱི་ཉེ་དུའི་འདུ་ཤེས་ཀྱི་ནི་མ་ཡིན་ནོ། །འདི་ནི་མི་ཤེས་པར་བྱས་པ་ལས་ལྟུང་བ་གང་ཡང་མི་འགྱུར་ཏེ། འདི་ལྟར་ཆེད་དུ ་མ་བསམས་པའི་ཕྱིར་རོ་ཞེས་བྱ་བའི་དོན་འདི་བསྟན་པའི་ཕྱིར་འདུ་ཤེས་སྨོས་ཀྱི་ལྟུང་བ་མེད་པ་ལ་གཙོ་བོ་ཉིད་དུ་ཤེས་པར་བྱ་བའི་ཕྱིར་ནི་མ་ཡིན་ནོ་ཞེས་བྱས་པར་ཤེས་པར་བྱའོ། །དེ་ཉིད་ཀྱི་ཕྱིར་དོན་ཏུ་འདུ་ཤེས ་དང་ལྡན་པ་ལ་ནི་དངོས་གཞིའོ། །གཞན་ཉིད་ལ་ནི་སྦྱོར་བའོ་ཞེས་བཤད་དོ་ཞེས་ཟེར་རོ། །དོན་འདི་ནི་བཤད་ཟིན་པ་ཡིན་མོད་ཀྱིས་ཡང་ཆེས་གསལ་བར་བྱ་བའི་ཕྱིར་བཤད་དོ། །གཞན་མུ་སྟེགས་ཅན་ཞེས་བྱ་བ་ལ་སོགས་པ་བྲམ ་ཟེ་ནི་སྡོམ་རྩོམ་ཅན་དུ་གྱུར་པ་ཡིན་པར་ཤེས་པར་བྱའོ། །དེ་ལྟ་མ་ཡིན་ཏེ་སྡོམ་པ་མེད་པ་ཡིན་ན་ཁྱིམ་པ་མོ་དང་ཞེས་འབྱུང་བ་དང་ཟློས་པས་ཁྱབ་པར་ཡོད་པར་མི་འགྱུར་རོ། །ཁ་ཅིག་ནི་གཞན་མུ་སྟེགས་ཅན་དང། དགེ་སྦྱོང་དང། ་སྦྱོར་པ་དང་ཀུན་ཏུ་རྒྱུ་རྣམས་ལ་ཞེས་དེ་སྐད་དུ་འདོན་པར་བྱེད་དོ། །དེ་ལ་ནི་ལན་གང་ཡང་མེད་ལ་ལན་གདབ་ཀྱང་མི་དགོས་ཏེ། དེ་བཞིན་དུ་གཞན་དག་ལ་ཡང་ཅི་རིགས་པར་ཤེས་པར་བྱའོ། །དགེ་སློང་མས་དགེ་སློང་དང་ཞེས ་བྱ་བའི་ལ་སོགས་པས་ཉེས་བྱས་གསུངས་པ་ནི་དེར་གཏོགས་པར་གྱུར་པ་ཡིན་པའི་ཕྱིར་རོ། །འོ་ན་ཁ་ཅིག་དགེ་སློང་གིས་ཆོས་གོས་འཁྲུར་འཇུག་ན་དགེ་སློང་མ་རྣམས་ལ་སྤངས་པར་འགྱུར་བར་འདོད་པ་དེ་ཇི་ལྟ་བུ་ཞེ་ན། དེ ་ནི་རིགས་པ་མ་ཡིན་ཏེ། དགེ་སློང་གིས་ཆོས་གོས་ཀྱི་དགེ་སློང་མ་ལ་སྤང་བར་འབྱུང་བར་ནི་རུང་བ་མ་ཡིན་ནོ། །འདི་ལྟར་སྤང་བར་བྱ་བའི་ནོར་ལས་སྤང་བ་བྱུང་ན་གཞན་གྱི་ཡང་རང་གིར་མ་བྱས་པ་ཁོ་ནས་སྤངས་པའི་ཕྱིར་རོ། །གཞན ་ཡང་དགེ་སློང་མ་རྣམས་ལ་ནི་གང་ལས་ཀྱང་འཁྲུ་བ་བསྟན་པ་མེད་པས་འདི་ནི་གྱི་ནའོ། །ཁྱིམ་པ་མོའི་ཁྱིམ་པའི་ཐད་དུ་འགྲོ་ཞིང་ཉན་པ་སྟེ། གུས་པར་ཉན་པ་མེད་དེ་ཞེས་བྱ་བའི་ཐ་ཚིག་གོ་།ཞུས་པ་གཞུང་ལ་ལས་ནི་འདི་སྐད་དུ། ་དགེ་འདུན་གྱིས་འཁྲུར་འཇུག་པ་དང། ལྟང་ལྟོང་དུ་འདུག་པ་འཁྲུར་འཇུག་ན་ཐམས་ཅད་དུ་ཉེས་བྱས་སུ་འགྱུར་རོ་ཞེས་འབྱུང་ངོ། །དེ་ལ་དོན་ནི་འདི་ཡིན་ཏེ། དགེ་འདུན་གྱི་ཆོས་གོས་འཁྲུར་འཇུག་ན་ཉེས་བྱས་སུ་འགྱུར་བ་ནི་རང་གི་ཡིན་པ་མེད་པའི ་ཕྱིར་རོ། །གཞན་དག་ན་རེ་དགེ་འདུན་གྱི་ལ་ནི་མཐུན་མོང་བ་ཉིད་ཀྱིས་གཞན་གྱིས་ཡིན་པའི་ཕྱིར་གྱི་རང་གི་ཡིན་པ་མེད་པའི་ཕྱིར་ཏེ། མ་ཡིན་ཏོ། འདི་ལྟར་རེས་འགའ་གང་གི་ཆེ་བརྙས་ནས་བྱིན་གྱིས་བརླབ་པ་ཅན་དུ་བྱེད་ན་དགེ་འདུན་གྱི་ལ་ཡང་རང་གི་ཡིན ་པ་ཉིད་དུ་ནི་འགྱུར་གྱི། དེའི་ཚེ་ཡང་གཞན་གྱི་ཡིན་པ་ཉིད་མེད་ན་ནི་མ་ཡིན་ནོ་ཟེར་རོ། །རུང་བའི་ཁྲུར་འཇུག་པ་ནི་སྔ་ནས་རང་གི་ཡིན་པ་ལ་མི་རྟེན་པའི་ཕྱིར་རོ། །སྔར་སྟོང་དུ་འདུག་པ་ནི་བར་བར་ན་ཤག་ཤིག་ཏུ་འདུག་པ་བརྟགས་པའི་ཕྱིར་རོ། །འཚེད་པ ་དང་འཆགས་པ་དག་གི་གཞུང་གཞན་ཆོས་གོས་བག་ཙམ་ཁ་སྒྱུར་བ་འཚེད་དུ་འཇུག་།ཆོས་གོས་བག་ཙམ་འཆགས་པ་འཆགས་ཏུ་འཇུག་ན་ཐམས་ཅད་དུ་ཉེས་བྱས་སུ་འགྱུར་རོ་ཞེས་འབྱུང་ངོ། །དེ་ལ་དོན་ནི་འདི་ཡིན་ཏེ། བག་ཙམ་ཁ་སྒྱུར་བ་ནི་ཅུང ་ཟད་ཁ་བསྒྱུར་བའོ། །བག་ཙམ་བཅགས་པ་ནི་ཅུང་ཟད་བཅགས་པ་སྟེ། ཕྱེད་བྱས་པ་བྱེད་པ་ལ་ཕྱེད་ཉིད་ཡིན་ནོ་ཞེས་འབྱུང་བའི་ཕྱིར་ཉེས་བྱས་སུ་གསུངས་སོ། །དུས་མ་གཏོགས་པ་ནི་ཕོངས་པའི་དུས་མ་གཏོགས་པའོ། །དེ་ལ་ཞེས་བྱ་བ་ནི་ཉེ་དུ་མ ་ཡིན་པ་ལ་སློང་བ་ལའོ། །དུས་ནི་བསླང་དུ་རུང་བའི་དུས་སོ། །ཡང་དུས་ནི་ཚུལ་ཏེ་ཉེས་པ་མི་འབྱུང་བར་གྱུར་པའི་གནས་སྐབས་ནི་འདི་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ་།ཡང་ན་གཞན་དག་ན་རེ་འདུ་ཤེས་འབྱུང་བའི་ཕྱིར་ཉེས་པ་མི་སློང་བ་རྒྱུ་མཚན་དུ་གྱུར་པའི ་དུས་དང་གནས་སྐབས་གཞན་གང་ཡིན་པའོ་ཞེས་ཟེར་རོ། །ཆོས་གོས་ཕྲོགས་པ་ནི་ཆོམ་རྐུན་ལ་སོགས་པས་སོ། །ཆོས་གོས་ཉམས་པ་ནི་བརྗེད་པ་ལ་སོགས་པས་སོ། །ཆོས་གོས་ཚིག་པ་ནི་མེས་སོ། །ཆོས་གོས་རེད་པ་ནི་རླུང་གིས་སོ། །ཆོས་གོས་ཁྱོར་བ་ནི ་ཆུས་སོ། །དེ་ལ་འདི་ནི་དུས་ཡིན་ནོ་ཞེས་སྨོས་པ་ནི་ངེས་པར་བཟུང་བ་སྟེ། འདི་ནི་དུས་ཡིན་གྱི་གཞན་ནི་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ་།གཞན་དག་ན་རེ་འཇུག་བསྡུ་བའི་ངོ་བོས་བརྩལ་བར་བྱ་བའི་ཕྱིར་རོ་ཞེས་ཟེར་རོ། །བསྙེན་པར་མ་རྫོགས ་པར་ཞེས་བྱ་བ་ལ་སོགས་པ་ནི་བདག་ཉིད་ཀྱིས་བསླངས་པའི་རྒྱུ་དུས་ཕྱིས་སྔོན་གྱི་སྦྱོར་བ་ཁོ་ནས་གྲུབ་ན་ཞེས་བྱ་བའི་དོན་ཏོ། །དེ་བཞིན་དུ་འོག་མ་དག་ལ་ཡང་ཅི་རིགས་པར་བྱའོ། །ཟ་མ་ཞེས་བྱ་བ་ལ་སོགས་པས་ཉེས་བྱས་སུ་གསུངས་པ ་ནི་འཇིག་རྟེན་གྱི་ཐ་སྙད་ལས་འདས་པའི་ཕྱིར་རོ། །འདི་ལྟར་འདིའི་ལུས་ནི་སེམས་ཅན་གྱི་བློ་ཉམས་པ་ལྟ་བུར་འདུག་གོ་།དེའི་ཕྱིར་གདོན་གྱིས་ཟིན་པ་དང་འདྲ་བར་མི་མ་ཡིན་པ་ཉིད་དུ་སྣང་སྟེ། མ་ནིང་དང་མ་ནིང་མོ་དང་མཚན་གཉིས་པ་རྣམས་ལ ་ཡང་ཚུལ་འདི་ཉིད་ཡིན་ལ། ཁྱིམ་པར་གཏོགས་པའི་ཁ་ན་མ་ཐོ་བ་འོག་མ་དག་ལ་ཡང་དེ་ཁོ་ན་བཞིན་དུ་ཤེས་པར་བྱའོ། །དེ་བཞིན་དུ་མ་ནིང་དང་མ་ནིང་མོ་དང་དགེ་སློང་ཞེས་བྱ་བ་འདིས་དགེ་སློང་ལ་སོགས་པ་ལ་ཉེས་བྱས་སུ་གསུངས་པ་ནི་སློང ་བར་གཏོགས་པར་གྱུར་པ་སྟེ། འདི་ལྟར་ཆོས་གོས་ཀྱི་བགོས་པ་མ་གཏོགས་པར་ཚངས་པ་མཚུངས་པར་སྤྱོད་པ་རྣམས་ལ་སློང་ན་ཡང་མི་མཛེས་སོ། །སློང་བའི་སྤང་བ་གཏན་ལ་དབབ་པའོ།། །།དུས་ཀྱིས་ཞེས་བྱ་བ་ནི་མངོན་པར་ཞེ་ན ་པ་བསྟན་པས་སོ། །སྟོབས་པ་ནི་མགྲོན་དུ་བྱེད་པའོ། །སྟོད་གཡོགས་སྨད་གཡོགས་བཅས་པ་ཞེས་བྱ་བ་ལ་སྟོད་གཡོགས་ནི་སྟོང་དུ་བགོ་བའོ། །སྨད་གཡོགས་ནི་ཤམ་ཐབས་སོ། །མཛའ་ཐུག་པ་ཞེས་བྱ་བའི་སྒྲ་ནི་མཆོག་ཏུ་བརྗོད་པ་ཡིན་ཏེ། དེས ་ན་དགེ་སློང་སློངས་མོ་པ་དེས་པོ་ཟོས་ན་སྟོད་གཡོགས་སྨད་གཡོགས་དང་བཅས་པ་དེ་ཁོ་ན་བསླབས་པར་བྱའི་ལྷག་པར་ནི་མ་ཡིན་ནོ་ཞེས་བྱའི་ཐ་ཚིག་གོ་།ཐ་དད་དུ་བྱ་བ་ཅི་ཡོད་ཅེས་བྱ་བ་ནི་ཁྱད་པར་ཅི་ཡོད་པའོ། །ཁྱིམ་པའི་སྟོད་གཡོགས་སྨད ་གཡོགས་དང་བཅས་པ་ནི་སྟོད་གཡོགས་ཁྲུ་བཅུ་གཉིས་པ་དང། སྨད་གཡོགས་ཁྲུ་བདུན་དང་གཉིས་པའོ། །དེ་ཙམ་གྱི་ཆ་ལུགས་འགྲུབ་པའི་ཕྱིར་ཏེ་འོག་མ་ལ་ཡང་དེ་དང་འདྲའོ། །དགེ་སློང་གི་སྟོད་གཡོགས་སྨད་གཡོགས་དང་བཅས་པ་ནི་དུས་དུ་མ་སྤྱད་པའི་གོས་ལ ་ནི་སྣམ་སྦྱར་ནི་ཉིས་རིམ་དུ་བྱའོ། །སྨད་གཡོགས་ནི་ཁྲུ་ལྔ་དང་གཉིས་པར་བྱའོ། །དུས་སུ་སྤྱད་པ་ལས་ནི་རྣམ་སྦྱར་དང་སྨད་གཡོགས་དག་དེའི་ཉིད་འགྱུར་དུ་བྱའོ། །དགེ་སློང་གིས་ཁྱིམ་པའི་སྟོད་གཡོགས་སྨད་གཡོགས་དང་བཅས་པ་ཞེས་བྱ་བ་ལ་སོགས ་པས་གལ་ཏེ་མི་ལྡང་བར་གྱུར་ན་ཡང་བསླང་བར་མི་བྱ་བ་ནི་སྦྱིན་པ་པོས་ཁས་བླངས་ལ་ཐོབ་པས་མི་ཆོ་ག་ན་ལྷག་པར་བླང་བར་མི་བྱ་སྟེ། ཁྱིམ་པའི་སྟོད་གཡོགས་སྨད་གཡོགས་དང་བཅས་པ་ནི་བྱིན་ཟིན་པའི་ཕྱིར་རོ། །གལ་ཏེ་ལྷག་ན་ཡང་སྦྱིན་པར་མི་བྱ་སྟེ། ་སྔར་ལས་བླངས་པ་ཁྱིམ་པའི་སྟོད་གཡོགས་སྨད་གཡོགས་དང་བཅས་པ་ཙམ་ཉིད་བྱིན་པའི་ཕྱིར་རོ། །དགེ་སློང་གིས་དགེ་སློང་གི་སྟོད་གཡོགས་དང་སྨད་གཡོགས་དང་བཅས་པ་ཞེས་བྱ་བ་ལ་སོགས་པས་གལ་ཏེ་མི་ལྡང་བར་གྱུར་ན་བསླང་བར་བྱ ་བ་ནི་དགེ་སློང་གི་སྟོད་གཡོགས་སྨད་གཡོགས་དང་བཅས་པ་ལ་ཆད་ངེས་པ་ཡོད་དེ། དེ་བས་ན་དགེ་སློང་གི་སྟོད་གཡོགས་དང་སྨད་གཡོགས་བཅས་པ་ཁས་བླངས་པ་ཐོབ་པས་ནི་མི་ལྡང་ན་བླང་བར་བྱ་སྟེ། དགེ་སློང་གི་སྟོད་གཡོགས་སྨད་གཡོགས ་དང་བཅས་པ་མ་བྱིན་པའི་ཕྱིར་རོ། །གལ་ཏེ་ལྷག་པར་གྱུར་ན་སྦྱིན་པར་བྱ་བ་ནི་ལྷག་པར་ཐོབ་ན་སྦྱིན་པར་བྱ་བ་སྟེ། ཁས་བླངས་པ་ལས་ལྷག་པའི་ཕྱིར་རོ། །འདུལ་བ་འཛིན་པ་ཁ་ཅིག་ནི་འདི་གཉིས་ལ་སྤང་བའི་ལྟུང་བྱེད་དུ་འདོད་དེ། དགེ་སློང་ཁྱིམ་པའི ་སྟོད་གཡོགས་སྨད་གཡོགས་དང་བཅས་པ་ལ་ལྷག་པར་སློང་བ་དང། དགེ་སློང་གི་སྟོད་གཡོགས་སྨད་གཡོགས་དང་བཅས་པ་ལས་ལྷག་པའི་སྦྱིན་པ་མི་བྱེད་ན་ཐམས་ཅད་དུ་སྤང་བའི་ལྟུང་བྱེད་དུ་འགྱུར་རོ་ཞེས་པའོ། །འདི་ནི་འདུལ་བ་འཛིན་པ་གཞན་དག ་མི་འདོད་དེ། དགེ་སློང་གི་སྟོད་གཡོགས་སྨད་གཡོགས་དང་བཅས་པ་ལ་ལྷག་པར་སློང་ན་ཞེས་བྱ་བ་འདི་ལའང་ཐལ་བར་འགྱུར་བའི་ཕྱིར་རོ། །འདི་ལྟར་ཁྱིམ་པའི་སྟོད་གཡོགས་སྨད་གཡོགས་དང་བཅས་པ་ལས་ལྷག་པར་སློང་བ ་ནི་སྤང་བའི་སྦྱོར་བ་ཡིན་ན་སྤང་བའི་སྦྱོར་བ་ལ་སྤང་བར་འགྱུར་བ་མི་འཐད་སྟེ། འདི་ལྟར་དེའི་སྦྱོར་བ་ལ་ནི་ཉེས་བྱས་སུ་བསྟན་པའི་ཕྱིར་རོ། །དེ་ལྟ་བས་ན་གཉི་ག་ལ་ཉེས་བྱས་སུ་འདོན་པ་བཟང་སྟེ་ལྷག་པར་སློང་བའི་ཕྱིར་དང་ལྷག་པར་འཆད་པའི ་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ་།ལྷག་མ་ནི་ཕོ་ཉའི་ཡི་གེ་ལག་བརྡ་དང་ཞེས་བྱ་བ་ལ་སོགས་པའོ། །བསླབ་པའི་གཞི་སྔ་མ་ཞེས་བྱ་བའི་བསླབ་པའི་གཞིའོ། །འདི་ལ་ཞེས་བྱ་བ་ནི་སྟོད་གཡོགས་སྨད་གཡོགས་དང་བཅས་པ་ལའོ། །སྟོད་གཡོགས་སྨད ་གཡོགས་དང་བཅས་པ་སློང་བའི་སྤང་བ་གཏན་ལ་དབབ་པའོ།། །།ཡང་ཞེས་བྱ་བའི་སྒྲ་ནི་ངེས་པར་བཟུང་བ་སྟེ། གང་ཁ་ན་དེ་ལས་གྲུབ་པར་བྱ་བའི་དགེ་སློང་དེ་ཁོ་ནའི་ཞེས་བྱ་བའི་དོན་ཏོ། །ཡང་ན་གལ་ཏེ་ཞེས་བྱ་བའི་དོན་ཏོ། །ཕྱིར་ཞེས་བྱ ་བས་ནི་ཆེད་དུ་བྱས་ནས་སོ། །ཆོས་གོས་ཀྱི་རིན་དག་ནི་ཆོས་གོས་ཀྱི་ཟོད་དབྱིག་དང་གསེར་ལ་སོགས་པ་སྟེ། འདི་དག་གིས་ཆོས་གོས་གྲུབ་ཅིང་ཉོ་བར་བྱེད་པའི་ཕྱིར་རོ། །སྤགས་པ་ནི་སོ་སོར་ངེས་པའི་ངོ་བོར་བཞག་པ་ཞེས་བྱ་བའི་ཐ་ཚིག་གོ་།འདི ་དང་འདི་ལྟ་བུ་ནི་རྣམ་པ་འདི་ལྟ་བུ་སྟེ། ཚང་དང་ཁ་དོག་ཞེས་བྱ་བའི་ཐ་ཚིག་གོ་།དང་ཞེས་བྱ་བའི་སྒྲ་ནི་གཉི་གའི་ཆོས་གོས་ཤིག་དང་སྦྱར་བར་བསྟན་པའི་ཕྱིར་རོ། །ཉོས་ལ་ཞེས་བྱ་བ་ནི་ཉོས་ནས་སོ། །རུང་བ་ནི་དགེ་སློང་དང་མཐུན་པ་རྡ་བལ་གྱི་སྣམ ་བུ་ལ་སོགས་པ་མ་ཡིན་པའོ། །དུས་སུ་ཞེས་བྱ་བ་ནི་མཁོ་བའི་དུས་སོ། །སྔར་མ་བསྟབས་པར་ཞེས་བྱ་བ་ནི་སྔར་མགྲོན་དུ་མ་བྱས་པས་སོ། །རྣམ་པར་རྟོག་པ་འགའ་ཞིག་རིག་སྟེ་ཞེས་བྱ་བའི་རྒྱུ་མཚན་འགའ་ཞིག་རིག་ནས་སྟེ། མཐོང་བ་དང་ཐོས ་པ་དང། དོགས་པ་ཉིད་ཀྱིས་བསམ་པ་ཁོང་དུ་ཆུད་ནས་ཞེས་བྱ་བའི་དོན་ཏོ། །བཟང་པོ་འདོད་པའི་ཕྱིར་ཞེས་བྱ་བའི་ཆེས་ཁྱད་པར་དུ་འཕགས་པ་འདོད་པ་རྒྱུར་བྱས་ནས་སོ། །ཐག་པ་ནི་བཟང་པོའོ། །གྲུབ་ན་ཞེས་བྱ་བ་ནི་ལག་ཏུ་ཐོབ་ནའོ། །དེ་ལས་གཞན་པའི ་ཡོ་བྱད་རྣམས་ནི་ལྟུང་བཟེད་ལ་སོགས་པའོ། །ཉེས་བྱས་འདི་ནི་སྤགས་པ་ལས་ལྷག་པར་སློང་བའི་བསླང་བར་གཏོགས་པར་གྱུར་པ་ཡིན་ནོ། །དགེ་སློང་གི་སླང་ཅེས་བྱ་བ་ལ་སོགས་པ་ལ་ཉེས་བྱས་སུ་གསུངས་པ་འདི་ནི་གཞན་གྱི་ཆེད་ཡིན་པའི་ཕྱིར་རོ། །སྤགས ་པ་ལས་ལྷག་པར་སློང་བའི་སྤང་བ་གཏན་ལ་དབབ་པའོ། །གཉི་ག་འདུས་ཏེ་བྱ་བ་ནི་ཆོས་གོས་ཁྱད་པར་དུ་འཕགས་པ་བྱ་བར་སེམས་ཏེའོ། །ལྷག་མ་ནི་ཕོ་ཉ་ལ་སོགས་པའོ། །འདས་མ་ཐག་པ་ལ་ཞེས་བྱ་བ་ནི་སྤགས་པ་ལས་ལྷགས་པར་སློང་བ ་ལའོ། །འདི་ལ་ཞེས་བྱ་བ་ནི་སོ་སོར་ནས་སྤགས་པ་ལས་ལྷག་པར་སློང་པའོ། །དེ་ལྟ་བས་ན་ཡང་འདིར་སྨོས་པ་ནི་སྦྱིན་པར་བྱེད་པའི་དུས་མ་ཡིན་པའི་ཕྱིར་ཏེ། འདི་གཉིས་ཀྱི་ཐ་དད་པ་ཉིད་ནི་དེ་ལྟ་བུ་ཡིན་ནོ། །སོ་སོ་ནས་སྤགས་པ་ལས་ལྷག་པར ་སློང་བའི་སྤང་བ་གཏན་ལ་དབབ་པའོ།། །།ཡང་ཞེས་བྱ་བའི་སྒྲ་ནི་གལ་ཏེ་ཞེས་བྱ་བའི་དོན་ཏོ། །བྲམ་ཟེ་ནི་ཡོན་གནས་སུ་བཀུར་བར་སྟོན་པ་ཡིན་ནོ། །ཁྱིམ་བདག་ནི་རྗེ་རིགས་དང་དམང་རིགས་ཀྱིས་མཚོན་པའི་སྦྱིན་པ་བརྟེན་པའོ། །རིགས་དང ་མཐུན་པའི་ཁྱད་པར་བསྟན་ནས་བསམ་པའི་ཁྱད་པར་བརྟན་པ་གྲོང་རྡལ་གྱི་མི་ནི་གྲོང་སྣའོ། །ཡུལ་མི་ནི་ཡུལ་དཔོན་ནོ། །རྫས་དང་མཆོད་པའི་ཁྱད་བསྟན་པ། ནོར་ཅན་ནི་བྱེད་པའི་བདག་པོ་ཏེ། རྫས་བསགས་པ་དང་ལྡན་པའི་ཕྱིར་རོ། ་ཚོང་དཔོན་ནི་མགོ་རྒྱན་ཐོབ་པ་སྟེ། རྒྱལ་པོས་བཀུར་བའི་ཕྱིར་རོ། །ཞོ་ཤ་བསྟན་པའི་དེད་དཔོན་ནི་ལན་གཉིས་གསུམ་འགྲོན་པའི་འདས་པའི་ཕྱིར་ཏེ། འདྲོན་པོའི་ཁང་དཔོན་ཞེས་བྱ་བའི་ཐ་ཚིག་གོ་།སྤང་འཕགས་པ་མཁྱེན་པར་མཛོད་ཅིག ་ཅེས་བྱ་བ་ཡང་ཞེས་བྱ་བའི་སྒྲ་ནི་ཚིག་གི་རྒྱན་གྱི་དོན་ཏོ། །མཁྱེན་པར་མཛོད་ཅིག་ཅེས་བྱ་བ་ནི་ཁོང་དུ་ཆུད་པར་གྱིས་ཤིག་པའོ། །ཐུགས་བརྩེ་བའི་སླང་དུ་ཞེས་བྱ་བ་ནི་སྙིང་བརྩེ་བརྒྱུར་བྱས་ནས་ཏེ། ལན་སྦྱིན་པའི་བློས་མ་སྦྱིན་པར་ཞེས་བྱ ་བའི་དོན་ཏོ། །མི་རུང་བ་ནི་བཅོམ་ལྡན་འདས་ཀྱི་རང་གིར་བྱེད་པ་བཀག་པའི་ཕྱིར་རོ། །ནི་ཞེས་བྱ་བ་ནི་ཡང་ཞེས་བྱ་བའི་སྒྲའི་དོན་ཏོ། །ཞལ་ཏ་བགྱིད་པ་ནི་ཞལ་ཏ་པའོ། །ཞལ་ཏ་ནི་ལས་སོ། །ཉམས་སུ་ལེན་པ་ནི་བྱེད་པའོ། །ཆོས་གོས་འདོད་པ་ནི་ཆོས ་གོས་རེ་བའོ། །ཀུན་དགའ་ར་བ་པ་ནི་གསུམ་ལ་སྐྱབས་སུ་སོང་ཞིང་རུང་བ་བྱེད་པའོ། །དགེ་བསྙེན་ནི་བསླབ་པའི་གཞི་ལྔ་པ་ཅན་ནོ། །བསྟན་པར་བྱ་བ་ནི་ངོ་བསྟན་པར་བྱ་བའོ། །ལེགས་པར་ཞེས་བྱ་བ་ལ་སོགས་པ་ལ། ཇི་ལྟར་ཡང་དག་པར་བསྒོ ་ན་ལེགས་པར་ཞེས་བྱ་བ་གསུངས་སོ། །ཇི་སྐད་བསྟན་པ་བཞིན་བྱེད་དུ་འཇུག་པའི་ཕྱིར་ཏེ། ཁྱོད་ཀྱིས་འདིའི་ཚད་འདི་ཙམ་དུ་གྱིས་ཤིག་ཅེས་བྱ་བའི་ཐ་ཚིག་གོ་།ཇི་ལྟར་ཡང་དག་པར་བསྟན་ཅེ་ན། ཤིན་ཏུ་ཞེས་བྱ་བ་གསུངས་སོ། །འདི་སྐད་སྨྲས་པ ་བཞིན་བརྗོད་པའི་ཕྱིར་ཏེ་འདིར་རུང་བར་གྱིས་ཤིག་།ཉོ་ཚོང་དག་ལ་ཏེ་བོར་(མཁས་པར)?་གྱིས་ཤིག་ཅེས་བྱ་བའི་ཐ་ཚིག་གོ་།བསྟན་པ་ནི་ངོ་བསྟན་པའོ། །ཡང་དག་པར་བསྟན་པ་ནི་ཕན་པ་ལ་སྦྱར་བ་དང་མི་ཕན་པ་བཟློག་པས་སོ། །ལན་གསུམ་དུ་ཞེས་བྱ་བ་ནི ་ལན་གཉིས་ལན་གསུམ་དུ་ཞེས་བྱ་བའི་ཐ་ཚིག་གོ་།བསྐུལ་བར་བྱ་བ་ནི་ཆོས་གོས་ཀྱི་ཆེད་དུ་གཞན་གདབ་པར་བྱའོ། །དྲན་པར་བྱའོ་ཞེས་བྱ་བ་ལ། དྲན་པ་ནི་བསྐུལ་བའི་འཁོར་དུ་གྱུར་པ་ཁོ་ན་སྟེ། དེས་ན་ལན་གཉིས་ལན་གསུམ་དུ་བསྐུལ་བར ་བྱ། ལན་གཉིས་ལན་གསུམ་དུ་དྲན་པར་བྱའོ། །ཞེས་བྱ་བའི་ཐ་ཚིག་གོ་།དེ་ཉིད་བསྟན་པའི་ཕྱིར་བདག་ཆོས་གོས་འདོད་དོ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བཟླས་པའི་དོན་དུ་གཉེར་བ་ཉིད་དུ་བསྟན་པའི་ཕྱིར་རོ། །གལ་ཏེ་ཞེས་བྱ་བ་ནི་ཅི་སྟེའོ ་གྲུབ་ན་ཞེས་བྱ་བ་ནི་གྲུབ་པར་གྱུར་ནའོ། །ལན་བཞི་ལན་ལྔ་ལན་དྲུག་གི་བར་དུ་ཞེས་བྱ་བ་ནི་སྔར་བསྐུལ་བ་གཏོགས་པར་ལན་བཞི་དང་ལན་ལྔ་དང་ལན་དྲུག་གི་བར་དུ་སྟེ། དེས་ན་རེ་ཞིག་ལན་གསུམ་གྱི་བར་དུ་བསྐུལ་བར་བྱའོ། །དེས་མ་གྲུབ་ན་ལན་གསུམ ་གྱི་བར་དུ་ཕྱོགས་སུ་བསྡད་པར་བྱའོ། །དེ་ལས་ཐལ་ན་ལྟུང་བར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ་།གནས་ནི་གནས་སོ། །དེའི་དུས་དང། ཁང་པ་དང། ལས་ཀྱི་མཛའ་པ་དང། ལས་ལ་དག་གི་བྱེ་བྲག་གིས་རྣམ་པ་བཞི་སྟེ། འཇིག་རྟེན་ནི་ཕལ་ཆེར་འདི་དག་ཏུ་གནས ་པར་འགྱུར་རོ་སྙམ་དུ་དགོངས་པ་ཡིན་ནོ། །དེའི་འོག་ཏུ་ཞེས་བྱ་བ་ནི་བསྐུལ་བ་དང་བཅས་པའི་ཕྱོགས་སུ་བསྡད?་པ་སྟེ། བསླང་བ་ལན་དྲུག་པའི་འོག་རོལ་ཏུ་ཞེས་བྱ་བའི་དོན་ཏོ། །འདི་ལ་འདུལ་པ་འཛིན་པ་རྣམས་ཀྱི་བློ་ཐ་དད་པར་འགྱུར་ཏེ། འདུལ་བ ་འཛིན་པ་ཁ་ཅིག་ན་རེ་བསྐུལ་བ་ལན་གསུམ་པའི་བསྐུལ་བ་བཞི་པའི་དངོས་གཞི་བྱེད་པ་ཉིད་དོ་ཞེས་ཟེར་རོ། །འདི་ནི་འདུལ་བ་འཛིན་པ་གཞན་དག་མི་འདོད་དེ། འདི་ལྟར་མཇུག་ཐོགས་ཁོ་ནར། བཙུན་པ་རེ་ཞིག་དགེ་སློང་གིས་ཆོས་གོས ་བསྒྲུབས་པའི་སླད་དུ་ལན་བཞི་ལན་ལྔ་ལན་དྲུག་གི་བར་དུ་སློང་བར་བགྱིད་ཅིང་ཞེས་སློང་བ་ལན་དྲུག་པའི་འོག་མ་ལྟུང་བ་བྱེད་པ་ཉིད་དུ་གསུངས་སོ། །གལ་ཏེ་བཞི་པ་ཡང་དངོས་གཞི་བྱེད་པ་ཉིད་ཡིན་ན་དེ་ལྟ་ན་བཙུན་པ་རེ་ཞིག་དགེ་སློང་གི་ཆོས་གོས ་བསྒྲུབ་པའི་སླད་དུ་ལན་གཉིས་ལན་གསུམ་བསྐུལ་བའི་འོག་ཏུ་སློང་བར་བགྱིད་ཅིང་ཞེས་དེ་ནི་འདི་སྐད་དུ་བརྗོད་དགོས་པར་འགྱུར་ཏེ། གཉི་ག་ཡང་རང་གི་ངོ་བོ་ཡིན་པའི་ཕྱིར་རོ། །གང་ཡང་ལན་གཉིས་ལན་གསུམ་དུ་བསྐུལ་ཞིང་དྲན་པར་བྱས ་པ་ན་གལ་ཏེ་ཆོས་གོས་དེ་ལྟར་ན་ལེགས། གལ་ཏེ་མ་གྲུབ་ན་ལན་བཞི་ལན་ལྔ་ལན་དྲུག་གི་བར?་དུ་ཕྱོགས་སུ་ཅང་མི་སྨྲ་བར་བསྡད་བར་བྱའོ་ཞེས་བསྐུལ་བ་གསུམ་པའི་འོག་ཏུ་ཅང་མི་སྨྲ་བར་སྡོད་དུ་གནང་གི་སྐུལ་བར་ལྷག་པོར་མ་གསུངས་པ ་ནི་ཡང་དང་ཡང་དུ་སྐུལ་བར་སྨྲས་ན་སྐྱོ་བ་སྐྱེས་ནས་མི་རུང་བ་ཡིན་གྱི། བསྐུལ་བ་བཞི་པ་སྤང་བར་བྱེད་པ་ཉིད་ཀྱིས་ལན?་ནི་མ་ཡིན་ནོ། །དེ་ལྟ་བས་ན་འདི་ནི་བསྐུལ་བ་ལན་གསུམ་ལས་ཐལ་བ་ནི་ཉེས་བྱས་བྱེད་པ་ཉིད་ཡིན་ལ། ་ཕྱོགས་སུ་བསྡད་པ་ལ་ལན་གསུམ་གྱི་འོག་ཏུ་ནི་སྤང་བར་བྱེད་པ་ཉིད་ཡིན་ནོ་ཞེས་བྱ་བ་དེ་ལྟར་ཤེས་པར་བྱའོ། །ཡིད་བརྟན་པས་ནི་ཡིད་ཆེས་པ་སྟེ། སློབ་མ་ལ་སོགས་པའོ། །དོན་ཅིང་ཀྱང་མ་གྲུབ་པ་ནི་དོགས་པ་ཅི་ཡང་མི་བྱེད་པའོ།། ་ཤེས་པར་གྱིས་ཤིག་ཅེས་བྱ་བ་ནི་ལྟོས་ཤིག་པའོ། །རང་གི་ནོར་ནི་བདག་ཉིད་ཀྱིས་རྫས་སོ། །བཙུན་པ་རེ་ཞིག་དགེ་སློང་ལ་ཆོས་གོས་ལ་མ་གཏོགས་པ་ཞེས་བྱ་བ་ལ་སོགས་པས་ཉེས་བྱས་སུ་གསུངས་པ་ནི་སྐུར་པའི་སྤང་བར་གཏོགས ་པར་གྱུར་པ་ཡིན་ནོ། །སྐུར་པའི་སྤང་བ་གཏན་ལ་དབབ་པའོ། །སྲིན་བལ་ནི་ངར་གྱི་སྲིན་བུ་ལས་བྱུང་བའོ། །སྟན་ནི་ནད་ཚངས་ཅན་དང་བླིངས་པའོ། །ཁ་ཅིག་ན་རེ་སྟན་རྣམ་པ་གཉིས་ཡིན་མོད་ཀྱི། འོན་ཀྱང་རེ་ཞིག་འདིར་ནི་ནད་ཚངས་ཅན ་དགོངས་པ་ཡིན་ནོ། །བླིངས་པ་ནི་མ་ཡིན་ཏེ། དེ་ནི་ཕྱིར་བའི་ངོ་བོ་ཡིན་པའི་ཕྱིར་ལ། སྲིན་བལ་ཀྱང་ཕྱིང་བའི་ངོ་བོ་ཉིད་དུ་བླིངས་དུ་མི་རུང་བའི་ཕྱིར་རོ་ཞེས་ཟེར་རོ། །འདུལ་བ་འཛིན་པ་རྣམས་ན་རེ་དེ་ནི་རིགས་པ་མ་ཡིན་ནོ། །འདི་ལྟར་བཅོམ ་ལྡན་འདས་ཉིད་ཀྱི་སྟན་ནི་གཉིས་ཏེ། ནད་ཚངས་དང། བླིངས་པའོ། །དོན་འདི་ལ་ནི་གཉི་ག་ཡིན་པར་དགོངས་སོ་ཞེས་གསུངས་པའི་ཕྱིར་རོ། །བྱེད་ན་ཞེས་བྱ་བ་ནི་རང་ངམ་གཞན་ལ་མངོན་སུམ་དུ་བྱའོ། །འདིར་ནད་ཚངས་ཅན་སྨོས་པས ་ནི་གཡོགས་མའི་གོས་དེ་ལྟ་བུ་ཉིད་དུ་འཆང་བ་ནི་སྤང་བར་མི་འགྱུར་ཏེ། གོས་ཉིད་ཡིན་པ་མེད་པའི་ཕྱིར་རོ། །སྟན་གང་ཞིག་འདིར་སྟན་ཉིད་ཡིན་དུ་ཟིན་ཀྱང་གོས་ཉིད་ཡིན་པ་ཡོད་པ་དེ་ནི་འཆང་ན་འཆང་བའི་སྤང་བར་འགྱུར ་བ་ཁོ་ན་སྟེ། གོས་སུ་གྱུར་པའི་ཕྱིར་གདིང་བ་བཞིན་ནོ་ཟེར་རོ། །བཙུན་པ་རེ་ཞིག་དགེ་སློང་གིས་གཞན་ལས་སྲིན་བལ་གྱི་སྟན་སར་པ་བགྱིད་དུ་སྩལ་ན་ཞེས་བྱ་བ་ལ་སོགས་པས་ཉེས་བྱས་སུ་གསུངས་པ་ནི་རང་གི་མིག་སྔར་མ་བྱས་པའི་ཕྱིར་ཏེ ་རང་གི་མིག་སྔར་མ་བྱས་པའི་ཕྱིར་ཏེ། རང་གི་མིག་སྔར་མ་བྱས་པས་ནི་རང་གི་མིག་སྔར་བྱས་དེ་དྲ་བའི་མངོན་པར་ཞེན་པ་དམ་པོའི་འདོད་པ་ཡང་མི་འབྱུང་ལ། དེ་འདྲ་བའི་ལུས་ནི་མི་འབྱུང་བས་དེའི་ཕྱིར་འདི་ཤེས་པར་བྱའོ། །ཁ་ཅིག་མངོན་དུ་ཁྱིམ ་པ་ལ་བགྱིད་དུ་སྩལ་ན་ཞེས་བྱ་བ་ལ་སོགས་པས་ཉེས་བྱས་སུ་བརྗོད་དོ། །འདི་ནི་རིགས་པ་མ་ཡིན་ཏེ། འདི་ལྟར་བྱེད་པ་དང་བྱེད་པ་ཉིད་ཡིན་གྱི་ཁྱིམ་པ་ཉིད་ལ་སོགས་པའི་ཁྱད་པར་ནི་མ་ཡིན་ཏེ། དེ་ནི་འདིར་འབྲེལ་པ་ཉིད་མེད་པའི་ཕྱིར་རོ། །དེ་ལྟ་བས་ན ་འདི་ལ་ལྷུང་བཟེད་ཁོ་ན་བཟང་སྟེ། ལོགས་ཤིག་ཏུ་སྨོས་པ་ནི་གསལ་བ་ཉིད་དུ་བསྟན་པའི་ཕྱིར་གཅོད་པ་ལ་སོགས་པ་ཡང་ཚུལ་ནི་འདི་ཡིན་ནོ། །སྤུན་ཞེས་བྱ་བ་ལ་སོགས་པས་སྤང་བའི་ལྟུང་བྱེད་དུ་སྨྲས་ཏེ། དཀོན་པའི་ཕྱིར་དང། རིན་ཆེ་བའི་ཕྱིར་ཏེ་དེ ་སྐད་དུ་གསུངས་སོ་ཞེས་ཟེར་རོ། །བལ་ལམ་ཞེས་བྱ་བ་ལ་སོགས་པས་འདྲེས་པ་ལས་བྱས་ན་ཉེས་བྱས་སུ་གསུངས་པ་ནི་རྫས་ཟུང་དང་འདྲེས་པ་ལ་འདི་ཤེས་པར་བྱའོ། །ཁ་ཅིག་ནི་སྲིན་བལ་ནི་དུལ་མ་དང་ཞེས་བྱ་བ་ལ་སོགས་པ་ལས་འདིར་ཁྱད་པར་རྣམས ་ནི་ཡན་ལག་དབྱེ་བ་ཉིད་ཀྱིས་རྒྱུ་དང་སྤུན་དག་ཏུ་རིག་པར་བྱའོ། །གཞན་དག་ནི་དེ་ལྟར་མི་འདོད་དོ། འདི་ལྟར་གལ་ཏེ་གང་དག་ཆོས་དཀོན་ཞིང་ཆེས་རིན་ཆེ་བ་དེ་སྤང་བར་བྱེད་པ་ཉིད་དུ་འགྱུར་ཏེ། འདོན་ན་དེ་ལྟ་ན་ནི་དཔག་བསམ་གྱི་གོས་ལ་སོགས་པའི་སྤང་བ་བྱེད ་པ་ཉིད་དུ་ཤིན་ཏུ་དཀོན་པ་དང། ཤིན་ཏུ་རིན་ཆེ་བའི་ཕྱིར་རོ། །དེ་བས་ན་མཇུག་ཐོགས་ཁོ་ནར་མ་བརྟགས་པ་ལས་བགྱིད་དུ་སྩལ་ན་ཅིར་འགྱུར་ལགས། ཉེས་བྱས་སོ་ཞེས་ཁྱད་མེད་པར་མ་བཏགས་པ་ཐམས་ཅད་ཉེས་བྱས་བྱེད་པ་ཉིད་དུ་འཆད་པར ་འགྱུར་རོ། །དེ་ལྟ་བས་ན་སྟོན་པས་བཅས་པའི་དབང་ཁོ་ནས་ལྟུང་བ་རྣམས་པར་བཞག་པ་ཡིན་ནོ། །འདི་ལ་སྤང་བའི་ལྟུང་བྱེད་དུ་རྣམ་པར་བཞག་པར་བརྗོད་པར་ཡང་རིགས་པ་མ་ཡིན་ཏེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་ལྟ ་བས་ན་འདྲེས་པ་འདི་ཐམས་ཅད་ལ་ནི་ཉེས་བྱས་ཁོ་ནར་རིག་པར་བྱའོ། །མ་བརྟགས་པ་ནི་དཔག་བསམ་གྱི་གོས་ལ་སོགས་པའོ། །ཁ་ཅིག་ནི་དགེ་སློང་མ་རྣམས་ལ་སྲིན་བལ་གྱི་སྤང་བ་མི་འདོད་དོ། །དེ་ནི་རིགས་པ་མ་ཡིན་ཏེ། ཡང་དགེ ་སློང་མ་གང་ཞིག་སྲིན་བལ་གྱི་སྟན་སར་པ་བྱེད་ན་སྤང་བའི་ལྟུང་བྱེད་དོ་ཞེས་འབྱུང་བས་དགེ་སློང་མའི་རྣམ་པར་འབྱེད་པ་དེ་དག་ལས་དེ་རྣམས་ལས་ནི་རྣམ་པར་བཞག་པའི་ཕྱིར་རོ། །བདེ་བར་གཤེགས་པའི་ཞེས་བྱ་བ་ལ་སོགས་པ་ནི་ཆོས་གོས ་གང་ལ་ཆུ་དང་ཞེང་དག་ཏུ་ཚད་དང་ལྡན་པའི་ཁྲུ་བཅོ་ལྔ་དང་དགུའི་ཚད་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །ཚད་དེ་ལ་ལྡན་པ་ཞེས་བྱ་བའི་དོན་ཏེ། བཅོམ་ལྡན་འདས་ཀྱི་ཡན་ལག་ནི་སྐྱེས་བུ་གསུམ་གྱི་ཚད་ཡིན་པའི་ཕྱིར་རོ། །འདི་ནི་ཚད་ལས ་ལྷག་ན་མ་བརྟགས་པ་ཡིན་པའི་ཕྱིར་རོ། །ཞུས་པ་ལ་ལ་ལས་ནི་གཞུང་འདི་སྐད་དུ། བདེ་བར་གཤེགས་པའི་ཚད་ཀྱི་བགྱིད་ན་ཅིར་འགྱུར་ལགས། སྤང་བའི་ལྟུང་བྱེད་དོ་ཞེས་འབྱུང་སྟེ། དེ་ལྟ་བས་ན་འདིས་ནི་ཆུང་བ་ནི་ན་སྨད་པར་བྱེད་པ ་ཉིད་ཡིན་གྱི། ལྷག་པ་ནི་མ་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །ཁ་ཅིག་ནི་སྤང་བར་སྨོས་པ་མི་འདོད་དེ། ཇི་ལྟར་ཇི་ལྟར་བཅོས་པས་ཚད་ཆུང་ངུ་རབ་ཏུ་བྱུང་བའི་རྫས་མ་ཡིན་པའི་ཕྱིར་ལྟུང་བ་ཆུང་ངུ་བྱེད་པ་ཉིད་ཡིན་པ་ལྟར་ཚད་ཆེན་པོ་ཡང་དེ ་དང་འདྲའོ། །དེ་ཉིད་ཀྱི་ཕྱིར་འོག་ནས་བཙུན་པ་དགེ་སློང་གིས་དགེ་འདུན་གྱི་ཁྲི་འམ་ཁྲིའུ་བཀྲམ་སྟེ་མ་བྱུང་བར་མཆིས་ལ། ལྟུང་བྱེད་དུ་འང་མི་འགྱུར་བ་ལྟ་མཆིས་ལགས་སམ། ཉེ་བར་འཁོར་ཡོད་དེ། བདེ་བར་གཤེགས་པའི་སོར་བརྒྱད ་ཆུང་བ་འམ་ཆེ་བར་འགྱུར་ན་ཉེས་བྱས་སུ་འགྱུར་རོ་ཞེས་འཆད་པར་འགྱུར་བས། ཚད་ལས་ལྷག་པ་ཡང་ཉེས་བྱས་སུ་གསུངས་སོ། །དེ་བཞིན་དུ་ཚད་ལས་ལྷག་པའི་ལྷུང་བཟེད་འཆང་བ་ལ་ཡང་ཉེས་བྱས་སུ་གསུངས་ཏེ། དེ་ལྟ་བས་ན་འདི་ལ་ནི་ཉེས་བྱས་ཁོ་ནར་བཟད་དོ། ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་ལ། དེའི་ཞེང་གི་ཚད་ནི་འདུལ་བ་འཛིན་པ་??་གདིང་བ་དང་འདྲ་བར་བརྗོད་དེ། དེ་ལ་གདིང་བའི་ཚད་ནི་འདི་ཡིན་ཏེ། སྲིད་དུ་བདེ་བར་གཤེགས་པའི་མཐོའི་མཐོ་དོའོ?། །ཞེང་དུ་ཕྱེད་དང་དོའོ་ཞེས་འབྱུང་བའི་ཕྱིར་རོ། །བསྙེན ་པར་མ་རྫོགས་པར་ཞེས་བྱ་བ་ལ་སོགས་པ་ལ། སྟན་བགྱི་བར་སྦྱོར་བ་བགྱིས་ལ་ཞེས་བྱ་བ་ནི་མངོན་སུམ་ཁོ་ནར་སྦྱོར་བ་བྱེད་ཀྱི་ཕོ་ཉ་ལ་སོགས་པའི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏེ། འདི་ལ་སྦྱོར་བའི་དབང་གི་ཀྱང་ལྟུང་བ་འདྲ་བ་ཉིད་དོ་སྙམ་དུ་དགོངས་པ ་ཡིན་ནོ། །ཞུས་པ་ལ་ལ་ལས་ནི་འདི་སྐད་དུ་བཙུན་པ་རེ་ཞིག་དགེ་སློང་སྲིན་བལ་ཉམས་པ་ལས་སྟན་བགྱིད་ན་ཅིར་འགྱུར་ལགས་ཉེས་བྱས་སོ་ཞེས་འབྱུང་ངོ། །དེ་ལ་དོན་ནི་འདི་ཡིན་ཏེ། ཉམས་པ་ནི་སྲོག་ཆགས་ཀྱིས་ཟོས་པ་ལ་སོགས་པ་མ་རུང་བར ་གྱུར་པའོ། །ཉམས་པ་ཉིད་ལ་ནི་རྫས་ཡོངས་སུ་རྫོགས་པར་མེད་པས་དེའི་ཕྱིར་ཚུལ་འདི་ཡིན་ནོ། །སྲིན་བལ་གྱི་སྤང་བ་གཏན་ལ་དབབ་པའོ། །ལུག་བལ་ནི་ལུག་གི་བལ་ལོ། །ནག་པོ་འབའ་ཞིག་ནི་ནག་པོ་ཉི་ཚེ་སྟེ། ལྷིང་ནག་ཅེས་བྱ་བའི་ཐ་ཚིག་གོ་། ་འདི་ནི་ཤིན་ཏུ་འཇམ་པའི་ཕྱིར་དང། དཀོན་པའི་ཕྱིར་རབ་ཏུ་བྱུང་བ་དང་འཐུན་པ་ཉིད་མ་ཡིན་ཏེ། དེའི་ཕྱིར་འདི་ཡིན་ནོ། །རྒྱས་པར་བརྗོད་པ་ཞེས་བྱ་བ་ནི་གཞན་ལ་བགྱིད་དུ་སྩལ་ན་ཞེས་བྱ་བ་ལ་སོགས་པའོ། །བཞི་ཚན་དུ་ཞེས་བྱ་བ་ནི་ལུག ་བལ་ནག་པོ་འབའ་ཞིག་ལ་ནག་པོ་འབའ་ཞིག་པར་འདུ་ཤེས་པས་སྟན་སར་པ་བགྱིད་དུ་སྩལ་ན་ཅིར་འགྱུར་ལགས། སྤང་བའི་ལྟུང་བྱེད་དོ། །ནག་པོ་འབའ་ཞིག་ལ་ནག་པོ་འབའ་ཞིག་མ་ལགས་པར་འདུ་ཤེས་ན་ཅིར་འགྱུར་ལགས། ལྟུང་བ་མེད་དོ།། ་ནག་པོ་འབའ་ཞིག་མ་ལགས་པ་ལ་ནག་པོ་འབའ་ཞིག་ཏུ་འདུ་ཤེས་ན་ཅིར་འགྱུར་ལགས་ཉེས་བྱས་སོ། །ནག་པོ་འབའ་ཞིག་ལགས་པ་ལ་ནག་པོ་འབའ་ཞིག་མ་ལགས་པར་འདུ་ཤེས་ན་ཅིར་འགྱུར་ལགས། ལྟུང་བ་མེད་དོ། །ནག་པོ ་འབའ་ཞིག་པའི་སྤང་བ་གཏན་ལ་དབབ་པའོ། །ཆ་ནི་ཤས་སོ། །གསུམ་པ་ནི་དཀར་པོ་ལས་ཞེས་བྱ་བ་ནི་གཉའ་བ་དང་སྒང་དང་གློ་ནས་སྐྱེས་པ་དཀར་པོ་དག་ལས་སོ། །བཞི་ནི་འཁོབ་བལ་ལས་ཞེས་བྱ་བ་ནི་མགོ་དང་རྐང་ལག་དང་ལྟོ་ལས་སྐྱེས ་པ་དག་ལས་ཏེ། ཕལ་ཆེར་ས་ལ་འདྲུད་པའི་ཕྱིར་རོ། །གཞུག་པར་བྱ་བ་ནི་གཏང་བར་བྱ་བའོ། །ཆ་གཉིས་ལས་ཞེས་བྱ་བ་ལ་སོགས་པའི་དོན་ནི་འདི་ཡིན་ཏེ། ལུག་བལ་ནག་པོ་དག་གི་ཆ་གཉིས་པོ་འདི་ལས་ལྷག་པ་ཉིད་ཡིན་ན་ལྟུང་བ ་འདིར་འགྱུར་རོ། །གང་གི་ཚེ་དཀར་པོ་དང་འཁོབ་བལ་དག་ལྷག་པར་བཅུག་པས་ནག་པོ་ཉུང་བ་འམ་མཉམ་པར་གྱུར་པ་དེའི་ཚེ་ནི་ལྟུང་བ་མེད་དོ་ཞེས་བྱ་བའི་ཐ་ཚིག་གོ་།མ་བཅུག་པར་ཞེས་བྱ་བ་ནི་མ་བཏབ་པར་ཏེ། གཞན་ལ་བགྱིད་དུ་སྩལ་ན ་ཞེས་བྱ་བ་ལ་སོགས་པ་ཐམས་ཅད་བརྗོད་པར་བྱའོ། །བཞི་ཚད་དུ་བརྗོད་པར་བྱའོ་ཞེས་བྱ་བ་ནི་ལུག་བལ་དཀར་པོ་དང་འཁོབ་བལ་ཉུང་ལ་ཉུང་བར་འདུ་ཤེས། ལུག་བལ་ནག་པོ་འབའ་ཞིག་མང་བ་ལ་ཡང་མང་བར་འདུ་ཤེས་པས་སྟན་སར ་བ་བགྱིད་དུ་སྩལ་ན་ཅིར་འགྱུར་ལགས། སྤང་བའི་ལྟུང་བྱེད་དོ། །དཀར་པོ་དང། འཁོབ་བ་ལ་(ཉུང་དཀར་པོ་འབའ་ཞིག)་ནི་མང་བ་ལ་མི་མང་བར་འདུ་ཤེས་ན་ཅིར་འགྱུར་ལགས། ལྟུང་བ་མེད་དོ། །དཀར་པོ་དང་འཁོབ་བལ་ནི་ཉུང། དཀར་པོ་འབའ་ཞིག་ནི་མང ་བ་ལ་མི་མང་བར་འགྱུར་ན་ཅིར་འགྱུར་ལགས། ལྟུང་བ་མེད་དོ། །གཉི་གར་ཡང་དགེ་སློང་མ་ལ་ནི་དཀར་པོ་དང་འཁོབ་བལ་ནི་ཉུང། དཀར་པོ་འབའ་ཞིག་ནི་མང་བ་ལ་མི་མང་བར་འདུ་ཤེས་ན་ཅིར་འགྱུར་ལགས་ཉེས་བྱས་སོ། །དཀར་པོ ་དང་འཁོབ་བལ་ནི་ཉུང། དཀར་པོ་འབའ་ཞིག་མི་ཉུང་བར་འདུ་ཤེས་ན་ཅིར་འགྱུར་ལགས། ལྟུང་བ་མེད་དོ། །གཉིས་དཀར་ཡང་དགེ་སློང་མ་ལ་ཡང་ཉེས་བྱས་སུ་བརྗོད་པར་བྱའོ་ཞེས་བྱ་བ་ནི་དགེ་སློང་མ་རྣམས་ལ་ནག་པོ་འབའ་ཞིག་དང་ཆ་གཉིས་ཀྱིས་སྤང ་བ་དག་མེད་ཀྱི། རང་གིར་ཤེས་པར་གྱུར་པ་ནི་ཉེས་བྱས་སུ་འགྱུར་བ་འབའ་ཞིག་ཏུ་ཟད་དོ་ཞེས་བྱ་བའི་དོན་ཏོ། །ཆ་གཉིས་ཀྱི་སྤང་བ་གཏན་ལ་དབབ་པའོ། །སྟན་ཞེས་བྱ་བ་ནི་འདིར་བླིངས་པ་ཡིན་པར་བཟུང་སྟེ། དེ་སྐད་དུ་བསྟན་ཞེས་བྱ་བ་ནི་སྟན ་གཉིས་ཏེ་ནང?་ཚངས་ཅན་དང་བླིངས་པའི་དོན་འདི་ལ་ནི་བླིངས་པ་ཡིན་པར་དགོངས་སོ། །མི་འདོད་བཞིན་དུ་ཞེས་བྱ་བ་ནི་འདོད་པ་མེད་བཞིན་དུའོ། །ལོ་དྲུག་ནི་ལོ་དྲུག་གི་བར་ཏེ། འདི་ནི་ལོ་ལྔ་པོ་དག་ལ་དགག་པ་ཡིན་གྱི་དྲུག་པ་ནི་མ་ཡིན་ནོ། །དེ ་ཉིད་ཀྱི་ཕྱིར་ཚུན་ཆད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། མཚམས་སུ་གྱུར་པ་དྲུག་པའི་སྔོན་རོལ་ལྔ་པོ་དག་ལ་ཞེས་བྱ་བའི་ཐ་ཚིག་གོ་།དེ་སྐད་དུ་རྣམ་པར་འབྱེད་པ་ལས་དགེ་སློང་གང་ལ་སྟན་བྱེད་པའི་བློ་དེ་ཁོ་ན་དག་ལ་ཡང་གཉིས་པ་མི་བྱེད་ཅིང ་གཉིས་པ་ལ་མ་ཡིན། གསུམ་པ་ལ་ཡང་མ་ཡིན། བཞི་པ་ལ་ཡང་མ་ཡིན། ལྔ་པ་ལ་ཡང་མ་ཡིན། འོན་ཀྱང་ལོ་དྲུག་པ་ལ་བྱེད་ན་ལྟུང་བ་མེད་དོ་ཞེས་དྲུག་པ་ལྟུང་བ་མེད་པ་ཉིད་ཡིན་པར་གསུངས་སོ། །འདི་ལ་ཚིག་གི་དོན་ནི་འདིར་འགྱུར་ཏེ། ་བརྒྱ་ལ་དགེ་སློང་གིས་དང་པོ་ཁོ་ནར་སྟན་བླིངས་པ་ཞིག་བྱས་པར་གྱུར་པ་ལ་དེ་ཡང་དེ་མི་འདོད་ན་དེའི་ཚེ་འདི་ལ་གལ་ཏེ་ལས་གསར་པ་འབའ་ཞིག་ཡོད་ན་དེས་དགེ་འདུན་ལ་སྟན་གཞན་བྱ་བའི་ཕྱིར་གནང་བ་ཐོབ་ནས་སྟན་བྱའོ། །ཅི་སྟེ ་ལས་གསར་བྱེད་མེད་ན་དེའི་ཚེ་སྟན་དེ་བོར་ཡང་རུང། ལོ་དྲུག་གི་སྔོན་རོལ་དུ་སྟན་གཞན་མི་བྱའོ། །ལོ་དྲུག་པ་ལ་ཉེས་པ་མེད་དོ། །དགེ་སློང་ཞེས་བྱ་བ་ལ་སོགས་པས་མཚན་གྱུར་ན་ཉེས་བྱས་སུ་གསུངས་པ་འདི་ནི་མ་བརྟགས་པའི་ཕྱོགས ་ལ་བརྟེན་པའི་ཕྱིར་རོ། །ལོན་པ་ལ་ཞེས་བྱ་བ་ལ་སོགས་པ་ནི་ལོ་དྲུག་ལ་སོགས་པར་ཡོན་པ་ལ་ལོ་དྲུག་ལ་སོགས་པར་འདུ་ཤེས་པ་སྟེ། དེ་ལ་ནི་ལྟུང་བ་མེད་པར་བཤད་དོ། །མ་ལན་པར་འདུ་ཤེས་པ་ནི་ལོ་ལྔ་དང་བཞི་ལ་སོགས ་པར་འདུ་ཤེས་པ་སྟེ། དེ་ནི་ལྟུང་བར་གསུངས། །ཞུས་པ་ལ་ལ་ལས་ནི་འདི་སྐད་དུ། དགེ་སློང་ལོ་དྲུག་ལོན་ཚུན་ཆད་དུ་སྟན་བགྱིད་ལ་ལྟུང་བར་ཡང་མི་འགྱུར་བ་འགའ་ལྟ་མཆིས་ལགས་སམ། ཡོད་དེ་ལོ་དྲུག་ཚུན་ཆད་དུ་བབས་ཏེ་ཡང་བསྙེན་པར་རྫོགས ་ནས་སྟན་ཞིག་བྱེད་ན་ལྟུང་བ་མེད་དོ། འཕྲོ་བར་ཏེ་བབས་ན་ཡང་དེ་དང་འདྲའོ་ཞེས་འབྱུང་སྟེ། བར་སྐབས་སུ་གནས་སྐབས་མི་འདྲ་བས་ཆོད་པའི་ཕྱིར་ལྟུང་བ་མེད་པར་གསུངས་སོ། །ལོ་དྲུག་པའི་སྤང་བ་གཏན་ལ་དབབ་པའོ། །གདིང་བ་ནི་འདི ་དང་ལྟུང་བྱེད་དག་ལ་ཡང་གདིང་བ་དྲས་པར་ཤེས་པར་བྱའོ། །སར་པ་ནི་རྫས་གསར་པའི་ཕྱིར་ཏེ། འདི་ལྟར་སར་པ་ཞེས་བྱ་བ་ནི་སར་པ་གཉིས་ཏེ། གསར་པས་གསད་པ་དང། ཐོས་པས་གསར་པའོ། །དོན་འདི་ལ་ནི་གསང་པས་གསང ་པ་ཡིན་པར་དགོངས་ཞེས་རང་གི་སྒྲས་བསྟན་པའི་ཕྱིར་རོ། །བྱེད་པའི་བདག་ཉིད་དམ་རང་གི་སྔར་གཞན་ལས་སོ། །གདིང་བ་རྙིང་པ་ཞེས་བྱ་བ་ལ་སོགས་པ་ནི་གལ་ཏེ་འདི་ལ་ནི་གདིང་བ་རྙིང་པ་བདོག་ན་དེ་ལས་ཀུན་ནས་ཁྲུ་ཕྱེད་དང་དོ་པའི ་ཚང་ཙམ་ཞིག་བླངས་ནས་དེ་ལ་གླན་པར་བྱའོ། །གལ་ཏེ་རྙིང་པར་དེངས་པར་གྱུར་ན་དེའི་ཚེམ་གླན་ཀྱང་ཉེས་པ་མེད་དོ། དེ་སྐད་དུ་ཡང་གདིང་བ་རྙིང་པ་ཐམས་ཅད་ཀྱི་ཐམས་ཅད་དུ་མི་རུང་བ་འམ། དེངས་པ་འམ། བཅོམ་ལེགས་དེར་བྱར་མེད་པ་ཞིག ་ཏུ་གྱུར་ན་ལྟུང་བ་མེད་དོ་ཞེས་གསུངས་སོ། །འོ་ན་ཅིའི་ཕྱིར་བདེ་བར་གཤེགས་པའི་མཐོ་གང་བས་གླན་པར་བྱ་ཞེ་ན། སར་པ་དག་ཅེས་བྱ་བ་ལ་སོགས་པས་སྨོས་ཏེ། འདུལ་བ་ཤེས་པ་རྣམས་ན་རེ་གདིང་བ་སར་པ་སྲ་བར་བྱ་བའི་ཕྱིར་རོ།། ་དེ་ནི་གདིང་བའི་དཀྱིལ་དུ་གླན་པར་བྱ་སྟེ། གླན་པས་དེ་ཡང་སྲ་བར་གྱུར་ན། གདིང་བ་རྙིང་པ་ལས་བརྙེས་པ་བྱས་པར་མི་འགྱུར་རོ་ཞེས་ཟེར་རོ། །སྤྱོད་ན་ཞེས་བྱ་བ་ནི་ལུས་ཀྱིས་ཉེ་བར་སྤྱོད་ན་ཞེས་བྱ་བའི་ཐ་ཚིག་གོ་།དགེ་སློང་ཞེས་བྱ་བ་ལ་སོགས་པས་མཚན་གྱུར ་ན་ཉེས་བྱས་སུ་གསུངས་པ་ནི་མ་བརྟགས་པའི་ཕྱོགས་སུ་གཏོགས་པ་ཡིན་ནོ། །ཆུང་བ་ཞེས་བྱ་བ་ལ་སོགས་པའི་མི་འཚལ་བ་ནི་བདེ་བར་གཤེགས་པའི་མཐོ་གང་དུ། །ལྷག་པ་ནི་བདེ་བར་གཤེགས་པའི་མཐོ་གང་གི་ཚད་ལས་ཏེ། དེས་ནི་མི ་ཆོག་པར་གླན་ན་ལྟུང་བར་གྱུར་ན། ལྷག་པར་གླན་ནི་ལྟུང་བ་མེད་དོ་ཞེས་བྱ་བའི་ཐ་ཚིག་གོ་།གདིང་བའི་གཏན་ལ་དབབ་པའོ། །བླང་བར་བྱ་བ་ནི་ཀུན་ཏུ་བླང་བར་བྱའོ། །ཁྱེར་བ་མེད་ན་ཞེས་བྱ་བ་ནི་ཁུར་ཚ་བ་མེད་ནའོ། །དཔག་ཚད་གསུམ་གྱི་མཛའ་ཨི ་བར་དུ་ཞེས་བྱ་བ་ལ་བར་ཞེས་བྱ་བ་ནི་ངེས་པར་གཟུང་བ་སྟེ། དེས་ན་དཔག་ཚད་གསུམ་གྱི་མཐར་ཁོ་ནར་ཞེས་བྱ་བའི་ཐ་ཚིག་གོ་།བཀུར་བར་བྱ་བ་ནི་ཁྱེར་བར་བྱ་བའོ། །དེ་ལས་འདས་པར་ཞེས་བྱ་བ་ནི་དཔག་ཚད་གསུམ་པོ་དེ་ལས་འདས ་པར་རོ། །དེ་ལ་དོན་ནི་འདི་ཡིན་ནོ། །ཁུར་ཆ་བ་ཡོད་ཀྱང་རུང་མེད་ཀྱང་རུང་དཔག་ཚད་གསུམ་ལས་འདས་པར་ལུག་བལ་ཁྱེར་ཏེ་རྒྱང་གྲགས་ལས་འདས་ན་སྤང་བར་འགྱུར་རོ། །ཁུར་ཚ་བ་ཡོད་ན་ནི་དང་པོ་ཉིད་ནས་བཟུང་སྟེ། བདག་ཉིད་ཁྱེར་བ ་ལས་ཉེས་བྱས་གཞན་དུ་འགྱུར་རོ། །རྫུ་འཕྲུལ་གྱིས་ཁྱེར་ན་ཞེས་བྱ་བ་ལ་རྫུ་འཕྲུལ་སྨོས་པ་ནི་འདིར་གཙོ་བོ་ཡིན་པའི་ཕྱིར་མངོན་པར་ཤེས་པའི་རང་བཞིན་ཡིན་པའི་ཕྱིར་རོ། །དས་ཁྱེར་བ་ནི་དགེ་བའི་སེམས་ཡིན་པའི་ཕྱིར་ལྟུང་བ་མེད་པས ་དེའི་ཕྱིར་འདི་གསུངས་སོ། །འོན་ཏེ་རྣམ་པ་གཞན་གྱི་ཞེས་བྱ་བ་ནི་གསང་སྔགས་ལ་སོགས་པའི་རྣམ་པས་ཏེ། ཁུར་ཁྱེར་བ་མེད་པའི་ཕྱིར་ཉེས་བྱས་ཡིན་ནོ། །རུང་བར་བགྱིད་པས་སྤྲུལ་པས་ཞེས་བྱ་བ་ལ་སོགས་པ་ལ་རུང་བ་བྱེད་ན་ནི་ཉེ ་གནས་ལ་སོགས་པའི་ཁུར་ཚའོ། །སྤྲུལ་པས་ཞེས་སྨོས་པས་འདི་ནི་རུང་བ་བྱེད་པའི་ཁྱད་པར་ཡིན་ནོ། །རྫུ་འཕྲུལ་གྱིས་ཁྱེར་ན་ལྟུང་བ་མེད་དོ་ཞེས་གསུངས་པས་འདིར་སྨོས་པ་དོན་མེད་པ་མ་ཡིན་ནམ་ཞེ་ན། དེ་ནི་མ་ཡིན ་ཏེ། མངོན་པར་ཤེས་པའི་རང་བཞིན་གྱི་སེམས་ཉམས་པར་བཞག་པ་དགེ་བ་ཁོ་ནས་དེ་ཁྱེར་བའི་ཕྱིར་དང། དགེ་བའི་སེམས་ཀྱིས་ཀྱང་ལྟུང་བ་མི་སློང་བའི་ཕྱིར་རོ། །འདི་ལ་ནི་འདོད་པ་ན་སྤྱོད་པའི་སེམས་མཉམ་པར་བཞག་པ་མ་ཡིན ་པ་ལ་ལུང་དུ་མ་བསྟན་པར་སྐབས་སུ་ལུས་ཀྱི་ལས་ཀུན་ནས་བསླང་པའི་ཕྱིར་མངོན་ཏུ་བྱེད་པས་ཀྱང་ཁྱེར་བ་བསྒྲུབ་པའི་ཕྱིར་དང། ལུང་དུ་མ་བསྟན་པའི་སེམས་ལ་ཡང་ལྟུང་བ་འབྱུང་བས་ཁྱད་པར་ཤིན་ཏུ་ཆེན་པོ་ཡོད་དེ། འདི་ལ ་ཡང་སྤྲུལ་པའི་ཕྱིར་སྤྲུལ་པ་པོའི་ལུས་ཀྱི་རྣམ་པར་རིག་བྱེད་ཀུན་ནས་སློང་བར་བྱེད་པའི་མངོན་པར་བརྩོན་པ་རྒྱུན་ཆགས་པ་ཡང་ཡོད་ན་སྐད་ཅིག་པ་ཡང་ཡོད་དོ། །དེས་ན་ཡིད་ཀྱིས་ཡིན་པའི་ཕྱིར། འདིར་བསྡམ་པར་བྱ་བའི་ཉེས ་བྱས་སུ་འགྱུར་རོ། །ཞེས་བྱ་བ་དེ་ལྟར་ཤེས་པར་བྱ་སྟེ། ཕོ་ཉ་ལ་སོགས་པ་ལས་བསྐུར་བ་ལ་སྤང་ཚུལ་འདི་ཁོ་ན་ཡིན་ནོ། །དེས་ཡང་ལུག་གཞན་ཅིག་ཞེས་བྱ་བ་ལ་སོགས་པ་ནི་རྩོམ་པ་ཐ་དད་པའི་ཕྱིར་སྤང་པའི་ལྟུང་བྱེད་མི ་སློང་གི་སྦྱོར་བར?་གཏོགས་པའི་ཉེས་བྱས་སུ་ནི་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ་།དགེ་སློང་མར་རེ་བ་ནས་ཞེས་བྱ་བ་ལ་སོགས་པ་ལ་མཚམས་ནི་དཔག་ཚད་གསུམ་གྱི་བར་རོ། །མཚན་གྱུར་པ་འདི་ལ་ཉེས་བྱས་སུ་གསུངས་པ་ནི་མ ་བརྟགས་པའི་ཕྱོགས་ལ་རྟེན་པའི་ཕྱིར་རོ། །རྒྱང་གྲགས་ཞེས་བྱ་བ་ལ་སོགས་པ་ནི་རྒྱང་གྲགས་ལས་སྤང་བར་གསུངས་པའི་ཕྱིར་རོ། །རྒྱང་གྲགས་མ་ལགས་པ་ནི་རྒྱང་གྲགས་ཕྱེད་ལ་སོགས་པ་སྟེ། དེ་ལ་ནི་ཉེས་བྱས་སུ ་གསུངས་པའི་ཕྱིར་རོ། །ལུག་བལ་ཁྱེར་བའི་སྤང་བ་གཏན་ལ་དབབ་པའོ།། །།རྨེལ་བུ་འཇུག་པ་ནི་བྱེད་དུ་འཇུག་པ་སྟེ། ལྕིགས་པར་བྱེད་དུ་འཇུག་པ་ཞེས་བྱའི་ཐ་ཚིག་གོ་།བལ་རྨེལ་བའི་སྤང་བ་གཏན་ལ་དབབ་པའོ། །རང་གི་ལག ་གིས་ཞེས་བྱ་བ་ནི་རང་གི་ལག་པ་སྟེ། འདི་ནི་ལན་བྱེད་ཅེས་བྱ་བ་འདི་དང་སྦྱར་བར་བྱའོ། །གསེར་ནི་གསེར་ཉིད་དོ། །དངུལ་ནི་དངུལ་ཉིད་དེ། འདི་གཉིས་ཀྱང་ནོར་བུ་ལ་སོགས་པ་རིན་པོ་ཆེ་གཞན་གྱི་དཔེ་ཡིན་ནོ། །ལེན་པ་ནི་རང་གིས་སོ། ་འམ?་ཞེས་བྱ་བ་ནི་རྣམ་པར་རྟོག་པའོ། །ཡང་ན་ཁྱད་པར་སྟོན་པ་ཡིན་ཏེ། དེས་ན་རང་གི་ལ་རེག་པ་དང་རེག་ཏུ་འཇུག་པ་དག་ལ་སྤང་བ་ཉིད་འདི་འདིར་གསུངས་ཀྱི་གཞན་གྱི་ལ་ནི་མ་ཡིན་ཏེ། དེ་ལ་ནི་ལྟུང་བྱེད་འབའ་ཞིག་ཏུ་འཆད་པར ་འགྱུར་རོ། །འདི་ལྟར་གཞན་གྱི་རིན་པོ་ཆེ་ནི་སྤང་བར་འོས་པ་ཉིད་དུ་འགྱུར་བའི་ཞིང་མ་ཡིན་ཏེ། གཞན་གྱི་ཡིན་པ་ཉིད་ཀྱིས་སྔོན་ཉིད་ནས་སྤང་བའི་ངོ་བོ་ཡིན་པའི་ཕྱིར་རོ། །དེའི་ཕྱིར་གཞན་གྱི་ལ་སྤང་བར་བྱེད་པ་ཉིད་མེད་པར ་ཤུགས་ཀྱིས་ན་འདི་ལྟུང་བ་འབའ་ཞིག་བྱེད་པར་རྣམ་པར་བཞག་གོ་ཞེས་བྱ་བའི་ཐ་ཚིག་གོ་།ལེན་དུ་འཇུག་པ་ནི་རང་གི་མིག་སྔར་གཞན་ལའོ། །ལྐོག་གི་ཕྱོགས་ནི་སྨྲ་བ་པོ་ལྐོག་ཏུ་གྱུར་པ་སྟེ། དེ་ལ་ནི་རང་གི་མིག་སྔར་བབ་པ ་ཉིད་མེད་པས་ཉེས་བྱས་ཁོ་ནར་རྣམ་པར་བཞག་པའོ། །འམ་ཞེས་བྱ་བའི་སྒྲ་ནི་རྣམ་པར་རྟོག་པའི་དོན་ཏེ། དེས་ན་ཡོ་བྱེད་གཞན་ཡིན་པར་འདུ་ཤེས་པ་ལ་ནི་ལྟུང་བ་མེད་པ་ལ། ལྐོག་གི་ཕྱོགས་ནས་ལེན་དུ་འཇུག་པ་ནི་ཉེས་བྱས་སོ་ཞེས ་བྱ་བའི་དོན་འདིར་འགྱུར་བར་ཤེས་པར་བྱའོ། །ཡོ་བྱད་གཞན་དུ་འདུ་ཤེས་ན་ལྟུང་བ་མེད་པ་ཁོ་ན་འདི་ལ་བསམ་པ་ཉམས་པ་མེད་པའི་ཕྱིར་རོ། །གསེར་གྱི་མ་ཤ་ནི་མངོན་མཚན་བཏབ་བ་ཉིད་ཀྱིས་ཉོ་བ་ལ་སོགས་པ་ལས་འཇིག ་རྟེན་གྱི་ཐ་སྙད་ཀྱི་རྒྱུ་མཚན་དུ་གྱུར་པའོ། །འཁར་བའི་མ་ཤ་ཡང་དེ་དང་འདྲ་མོད་ཀྱི་འོན་ཀྱང་རིན་པོ་ཆེ་བས་ངན་པའི་ཕྱིར་ཉེས་བྱས་སུ་གསུངས་སོ། །བསྙེན་པར་མ་རྫོགས་པར་ཞེས་བྱ་བ་ནི་འདི་ལ་བསྙེན་པར་མ་རྫོགས ་པ་དགེ་སྦྱོང་ལ་རེག་པ་དང་རེག་ཏུ་འཇུག་པ་དག་གི་ལྟུང་བ་འགའ་འམ་མེད་མོད་ཀྱི་འོན་ཀྱང་རང་གིར་བྱེད་པ་སྔོན་དུ་འགྲོ་བའི་རེག་པ་ལ་ཉེས་བྱས་སུ་འགྱུར་བ་ཁོ་ན་སྟེ། ཉེ་བར་འཁོར་ངས་ལེན་པ་ལས་དགོངས་ཏེ་གསུངས་གྱི། རང ་གིར་བྱེད་པ་ལས་ནི་མ་ཡིན་ནོ་ཞེས་གསུངས་པའི་ཕྱིར་རོ། །ཡང་ན་གཞན་དག་ན་རེ་འདི་ནི་དགེ་སློབ་མའི་དབང་དུ་མཛད་དེ་གསུངས་པ་ཡིན་ནོ་ཟེར་རོ། །དབེན་པ་ལ་དབེན་པར་འདུ་ཤེས་པས་ཞེས་བྱ་བ་ལ་སོགས་པས་ཉེས་བྱས་སུ་གསུངས་པ་ནི ་སྦྱོར་བར་གཏོགས་པ་སྟེ། དེ་བཞིན་དུ་འདི་དང་འདྲ་བ་གཞན་དག་ལའང་ཤེས་པར་བྱའོ། །ལུས་ཀྱིས་རྣམ་པར་རིག་བྱེད་ཀྱིས་ཞེས་བྱ་བ་ལ་སོགས་པ་ལ་འདི་དག་ལ་རག་ལུས་པའི་ཕྱིར་འདིར་ན་སྨད་པ་ཉིད་ཡིན་ནོ། །རང་གིར་བྱེད་པའི་སེམས ་ཀྱང་མི་བསྐྱེད་ཅིང་ཞེས་བྱ་བ་ལ་སོགས་པ་འདིས་ནི་བྱིན་གྱིས་བརླབས་པའི་དུས་ན་རང་གིར་བྱ་བ་བསྐྱེད་པར་མི་བྱའོ་ཞེས་བསྟན་པ་ཡིན་ནོ། །ཚིག་ཏུ་སྨྲ་ནའོ་ཞེས་བྱ་བ་ནི་བྱིན་གྱིས་བརླབ་པའི་དོན་དུའོ། །དེ་ཉིད་ཀྱི་ཕྱིར་མི་རུང་བའི་དངོས ་པོ་ལས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལྟར་ཡང་བྲམ་ཟེའི་བུ་པའི་གཞུང་ལས། བདག་དགེ་སློང་མིང་འདི་ཞེས་བྱ་བའི་དངོས་པོ་རུང་བ་མ་ཡིན་པ་འདི་གྲུབ་སྟེ། དངོས་པོ་རུང་བ་མ་ཡིན་པ་འདི་ལས་རུང་བ་གྲུབ་པ་གང་ཡིན་པ་དེ་རང་གིར ་བྱའོ་ཞེས་བྱིན་གྱིས་བརླབ་པར་གཏོགས་པའི་གཞུང་འགའ་གསལ་རབ་ཏུ་འབྱུང་ངོ། །རང་གིར་མ་བྱས་ན་ཡང་གཞན་གྱི་ཡིན་པའི་ཕྱིར་ཇི་ལྟར་བྱིན་གྱིས་བརླབ་དུ་རུང་འོན་ཏེ་རང་གིར་བྱས་ན་ཡང་རུང་བ་མ་བྱས་པའི་ཕྱིར་ཇི་ལྟར་བྱིན་གྱིས་བརླབ ་དུ་རུང་ཞེ་ན། འདི་ནི་འོག་ནས་བྲམ་ཟེའི་བུ་པ་ལས་རྒྱས་པར་བཤད་པར་བྱའོ། །ལྟུང་བྱེད་དོ་ཞེས་བྱ་བ་འདི་ལ་ནི་གཞན་གྱི་རིན་པོ་ཆེ་ལ་རེག་ན་ལྟུང་བྱེད་བསྟན་པའི་ཕྱིར་རོ། །དགེ་སློབ་མ་གསེར་དང་དངུལ་འཛིན་པ་ལ་ཉེས་བྱས་སུ་གསུངས་པ་ནི། གསེར ་དང་དངུལ་ལ་བཟུང་མི་བྱ་ཞེས་འབྱུང་བས་རེག་པུ་བཀག་པའི་ཕྱིར་རོ། །ཞུས་པ་ལ་ལས་འདི་སྐད་དུ་ནོར་གསེར་དང་དངུལ་རྐང་པའི་དྲུང་དུ་འཇོག་པ་ཉམས་སུ་མྱོང་བར་བྱེད་པ་དང། ལྐོག་གི་གནས་ན་ཡོད་པ་རང་གིར་བྱེད་ན་སྤང་པའི་ལྟུང་བྱེད་དུ ་འགྱུར་རོ་ཞེས་འབྱུང་ངོ། །དེ་ལ་དོན་ནི་འདི་ཡིན་ཏེ། རྐང་པའི་དྲུང་ནི་རྐང་པའི་ཕྱོགས་སོ། །འདིར་ནི་ལག་ཏུ་ཐོབ་པ་ཉིད་སྟོན་པར་བྱེད་དོ། །ཉམས་སུ་མྱོང་བར་བྱེད་པ་ནི་རང་གིར་བྱེད་པ་བསྐྱེད་པའི་ཕྱིར་རོ། །དེ་ཅི་ཞིག་ཅེ་ན་ནོར་ཅེས་བྱ་བ་གསུངས་སོ། །ནོར ་ཡང་རྣམ་པ་དུ་མ་ཡོད་པས་གསེར་དང་དངུལ་ཞེས་བྱ་བ་གསུངས་ཏེ། དེའི་ཕྱིར་གསེར་དང་དངུལ་གྱི་ངོ་བོ་ཉིད་ཀྱི་ནོར་གང་དེ་ཞེས་བྱ་བའི་ཐ་ཚིག་གོ་།རང་གིར་བྱེད་པ་ནི་འདུལ་བ་འཛིན་པ་རྣམས་ན་རེ་ལག་པ་ལ་སོགས་པས་རང་གིར་སྒྲུབ་པ་ཡིན་གྱི། ་ཡིད་ལ་རང་གིར་བྱེད་པས་སྦྱིན་པར་བྱེད་པ་ནི་མ་ཡིན་ཏེ། འགལ་བར་ཐལ་བར་འགྱུར་བའི་ཕྱིར་རོ། །འདི་ལྟར་གལ་ཏེ་རང་གིར་བྱེད་པ་ལས་ཀྱང་སྤང་བར་འགྱུར་ན་དེ་ལྟ་ནི་ལྷུང་བཟེད་འཆང་བ་དང། ལྷུང་བཟེད་ཚོལ་བར་བྱེད་པ་དག་ཡུལ་ལྷུང་བཟེད ་མཚུངས་པ་ཉིད་ཡིན་ཡང་སྤྱོད་པའི་བྱེ་བྲག་གིས་ལྟུང་བ་ཐ་དད་པ་བྱེད་པ་ཉིད་ཡིན་པ་དེ་བཞིན་དུ། རིན་པོ་ཆེ་རང་གིར་བྱེད་པ་དང། རིན་པོ་ཆེ་ལ་རེག་པར་བྱེད་པ་ཡང་ཡུལ་རིན་པོ་ཆེ་མཚུངས་པ་ཉིད་ཡིན་ཡང་སྤྱོད་པའི་བྱེ་བྲག་གིས་ལྟུང་བ་ཐ་དད ་པ་བྱེད་པ་ཉིད་དུ་འགྱུར་དགོས་སོ། །དེའི་ཕྱིར་སྤྱོད་པའི་ལྟུང་བྱེད་ཀྱི་ལྟུང་བ་སུམ་ཅུ་རྩ་གཉིས་ཏུ་ཐལ་བར་འགྱུར་ཏེ། སུམ་ཅུ་ཉིད་ནི་ཉམས་པ་ཁོ་ནར་འགྱུར་རོ། །ཐུབ་པས་ནི་སོ་སོར་ཐར་པ་དང། རྣམ་པར་འབྱེད་པ་དང། ཉེ་བར་འཁོར་གྱིས ་ཞུས་པ་ཐམས་ཅད་ལས་རེག་པ་དང། རེག་ཏུ་འཇུག་པ་དག་ཁོ་ན་སྤང་པའི་ལྟུང་བ་བྱེད་པ་ཉིད་དུ་གསུངས་གྱི། རང་གིར་བྱེད་པ་ལས་ཀྱང་འགྱུར་བར་ནི་མ་གསུངས་སོ། །དོན་འདི་ནི་ལྐོག་གི་ཕྱོགས་སྨོས་པས་དངོས་སུ་ཁོང ་དུ་ཆུད་པར་ཟད་དོ་ཞེས་ཟེར་རོ། །གལ་ཏེ་སྤོང་བའི་བསྐུལ་བ་དང། གསེར་དང་དངུལ་གྱི་སྤང་བ་དག་ལ་ནི་ཁྱད་པར་ཅི་ཡོད་ཅེ་ན། ཆོས་གོས་ཀྱི་ཆེད་དུ་གསེར་ལ་སོགས་པ་ཉེས་པ་ཡང་ཡིན་པ་དེ་ལེན་ན་དེར་གཏོགས་པའི་ཁ་ན་མ་ཐོ་བ་ཡིན་ནོ།། ་དེ་ལས་གཞན་པ་གང་ཡིན་པ་དེ་ནི་འདིར་གཏོགས་པ་ཡིན་ནོ། །དེ་ལ་ཡང་ཆོས་གོས་ཀྱི་རིན་གསེར་ལ་སོགས་པ་རུང་བར་བྱས་པ་ལ་མི་སྤོང་བར་ལེན་པ་ལ་ནི་ལྟུང་བ་འགར་ཡང་མི་འགྱུར་རོ་ཞེས་བྱ་བར་ཤེས་པར་བྱ་སྟེ། འདི་སྐད་དུ་ཡང། བཅོམ ་ལྡན་འདས་འདི་སྙམ་དུ་དགོངས་ཏེ། ཀྱེ་མ་བྲམ་ཟེ་དང་ཁྱིམ་བདག་དད་པ་ཅན་རྣམས་ཀྱང་ཆོས་གོས་ཀྱི་ཟོང་དག་ཀྱང་སྟེར་ལ། ངའི་ཉན་ཐོས་རྣམས་ཀྱང་ཆོས་གོས་ཀྱི་ཟོང་དག་འདོད་པས་མ་ལ་ངས་དགེ་སློང་རྣམས་ལ་རུང་བ་འགའ་ཞིག ་གནང་བར་བྱའོ་སྙམ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བླང་བར་བྱ་ཞིང་བླངས་ནས་ཀྱང་སྦྱིན་བདག་དེ་ཉིད་ལ་ཡིད་བསྟན་པས་བཅད་བར་བྱའོ་ཞེས་བྱ་བ་ཆོས་གོས་ཀྱི་ཟོང་གསེར་ལ་སོགས་པ་མི་རུང་བ་རུང་བ་བྱས་པ་རྣམས ་བླངས་པར་བཅོམ་ལྡན་འདས་ཀྱིས་གསུངས་པས་འདི་ཉིད་ཀྱི་ཁྱད་པར་ནི་འདི་ཡིན་ནོ། །གསེར་དང་དངུལ་གྱི་སྤང་བ་གཏན་ལ་དབབ་པའོ།། །།མངོན་མཚན་ཅན་ཞེས་བྱ་བ་ནི་འདི་མངོན་མཚན་ཅན་ཏེ། ་མཚན་ཉིད་རྟགས་ཡོད་པས་ན་མངོན་མཚན་ཅན་ཏེ། ཀརཥ་པ་ཎ་ལ་སོགས་པའོ། །འདི་ཡང་ནས་དང་འབྲས་ལ་སོགས་པའི་དཔེ་སྟེ། འདི་ལྟར་རྣམ་པར་འབྱེད་པ་ལས་དགེ་སློང་རྙེད་པ་འདོད་པ་ནས་འབྲས་བསྐྱེད་འགྱེད་ཅིང་དེ ་དེ་ན་བྲེ་བོ་ཆེ་ཚོལ་བར་བྱེད། བྲེའུ་ཆུང་དང། ཕུལ་དང། དབང་པོ་དང། ཤོག་ཤོག་དང། རམ་ཕྱིས་དང་སྨྱུ་གུ་ཚོལ་བར་བྱེད་ན། ཇི་སྲིད་དུ་རྙེད་པ་རང་གིར་མི་བྱེད་པ་དེ་སྲིད་དུ་ཉེས་བྱས་སོ། །རྙེད་པ་བདག་གིར་བྱེད་ན་སྤང་བའི་ལྟུང་བྱེད་དུ་འགྱུར་ཞེས་འབྱུང ་བས་འབྲུས་སྤྱོད་ན་ཡང་སྤང་བའི་ལྟུང་བྱེད་དུ་གསུངས་པའི་ཕྱིར་རོ། །སྤྱོད་པ་ནི་འཕེལ་བར་སྦྱོར་བ་སྟེ། བརྒྱད་དམ་ཕྱེད་ལ་སོགས་པའི་བདེ་ཀྱིས་རྙེད་པ་གྲུབ་པ་ཞེས་བྱ་བའི་ཐ་ཚིག་གོ་།རྣམ་པ་སྣ་ཚོགས་ནི་ཀུན་ཏུ་སྦྱོར་བ་དང། རབ་ཏུ ་སྦྱོར་བ་དང། སྤེལ་བ་བསྐྱེད་པའི་བྱེ་བྲག་གིས་རྣམ་པ་སྣ་ཚོགས་པའོ། །དེ་བྱེད་ན་ཞེས་བྱ་བ་ནི་ལྷག་པར་སྤྱོད་ན་ཏེ། བྱེད་པར་འགྱུར་ན་ཞེས་བྱ་བའི་ཐ་ཚིག་གོ་།དེ་བས་ན་རིན་པོ་ཆེ་ལ་སོགས་པའི་ཟོང་ཀུན་ཏུ་སྦྱོར་བ་ལ ་སོགས་པའི་བྱེ་བྲག་གིས་རབ་ཏུ་སྦྱར་ནས། རྙེད་པ་གྲུབ་ན་ནི་མངོན་མཚན་ཅན་གྱིས་སྤྱོད་པའི་སྤང་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །འདི་ལ་ནི་གང་གི་ཆེ་དྲུང་བས་སྔར་རམ་ཕྱིས་བདེ་ཐོབ་པ་དེའི་བདེ་དུ་གྱུར་པའི་ནོར་དེ་སྤང་བར་བྱ་བ་ཉིད ་ཡིན་ནོ། །གང་གི་ཚེ་བྱེད་དང་དྲུང་ཅིག་ཅར་དུ་ཐོབ་པ་དེའི་ཚེ་ནི་ནོར་དེ་ཐམས་ཅད་སྤང་བར་བྱ་བ་ཁོ་ན་ཡིན་ཏེ། འདི་ལྟར་རྣམ་པར་མ་ཕྱེ་བ་ཉིད་ཀྱིས་ངོ་བོ་གཅིག་པའི་ཕྱིར་རོ། །འདི་ནི་སྟོད་གཡོགས་སྨད་གཡོགས་དང ་བཅས་པ་ལས་ལྷག་པར་སློང་ན་ཆོས་གོས་དེ་ཐམས་ཅད་རྣམ་པར་མ་ཕྱེ་བ་ཉིད་ཀྱིས་ངོ་བོ་གཅིག་པའི་ཕྱིར་སྤང་བར་བྱ་བ་ཉིད་ཡིན་པ་དང་འདྲའོ་ཞེས་བྱ་བ་དེ་ལྟར་ཤེས་པར་བྱའོ། །མངོན་མཚན་ཅན་གྱི་སྤྱོད་པ་རྣམ་པ་སྣ་ཚོགས ་ཀྱི་སྦྱོར་བ་བགྱིད་ལ་ཞེས་བྱ་བ་ནི་ཀུན་ཏུ་སྦྱོར་བ་དང། རབ་ཏུ་སྦྱོར་བ་དང། སྤེལ་བ་ལ་སོགས་པའོ། །ཉེ་དུ་དང་ཞེས་བྱ་བ་ལ་སོགས་པ་འདིས་ནི་མངོན་མཚན་ཅན་གྱི་སྤྱོད་པ་ལ་གནས་པའི་ཕྱིར་གལ་ཏེ་ཟླ་བོ་ཉེ་དུ་མ་ཡིན ་སྦྱོར་བ་ཡིན་ནོ། །ལྷག་པ་ཐག་ཏུ་འཇུག་པ་ནི་ཆོས་གོས་འཐག་པ་ཕུལ་དུ་བྱུང་བར་སྒྲུབ་པའོ། །བརྗོད་པར་བྱ་བ་ནི་ཕོ་ཉ་དང་ཡི་གེ་ལ་སོགས་པའོ་ཁ་ཅིག་ནི་ཕོ་ཉ་ལ་སོགས་པ་ལས་འཐག་ཏུ་འཇུག་ན་དངོས་གཞིའི་ལྟུང་བར་བརྗོད་དེ་འདི་ནི ་གླེང་གཞི་ལས་ཤེས་པའི་ཕྱིར་རོ་ཞེས་ཟེར་རོ། །འདི་ནི་འདུལ་བ་འཛིན་པ་གཞན་དག་མི་འདོད་དེ། ཞུས་པའི་གཞུང་འདི་ཉིད་ནི་ཚད་མར་བྱས་པའི་ཕྱིར་རོ། །གང་ཡང་འདི་ནི་གླེང་གཞི་ལས་ཤེས་སོ་ཞེས་བརྗོད་པ་དེ་ཡང་འདིར་ཡན་ལག་མ་ཡིན་པ་ཉིད་དོ།། ་གླེང་གཞིའི་དབང་གི་རང་གིས་བླངས་པའི་དོག་པ་ཡང་ཡན་ལག་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་ཡན་ལག་ཉིད་ཡིན་པར་མི་འདོད་དོ། དེ་ལྟ་བས་ན་ཕོ་ཉ་ལ་སོགས་པའི་འཐག་ཏུ་འཇུག་པ་ལ་ཉེས་བྱས་ཁོ་ན་བཟང་ངོ་ཞེས་བྱ་བར་ཤེས་པར་བྱའོ། ་ཞུས་པ་ལ་ལ་ལས་ནི་གཞུང་འདི་སྐད་དུ། དགེ་སློང་གི་ཕྱིར་ཁྱིམ་པ་དག་གི་ཆོས་གོས་འཐག་ཏུ་བཅུག་པ་ལ་དགེ་སློང་དེའང་ཉེ་བར་འགྲོ་ཞིང་བྱེ་བྲག་ཏུ་འབྱེད་པར་བྱེད་ན་ཉེས་བྱས་སུ་འགྱུར་རོ་ཞེས་འབྱུང་ངོ། །དེ་ལ་དོན་ནི་འདི་ཡིན་ཏེ། ་བདག་ཉིད་ཀྱིར་སྒྲུབ་པའི་ཆེད་དུ་མ་ཡིན་པར་མཛའ་བ་ཙམ་གྱིས་ཉེ་བར་འགྲོ་བ་གང་ཡིན་པ་དེ་ལས་འདིར་ཉེས་བྱས་སུ་གསུངས་སོ་ཞེས་བྱ་བའི་ཐ་ཚིག་གོ་།གཞན་དག་ན་རེ་འདི་ནི་རིགས་པ་མ་ཡིན་ཏེ། འདི་ལྟར་ཡང་བསམས་པའི་ཕྱིར་རུ་ལ། ་མ་བསམས་པའི་ཕྱིར་ཡང་ལྟུང་བ་མི་སློང་བའི་ཕྱིར་རོ་ཞེས་ཟེར་རོ། །འདིར་ཡང་བྱེ་བྲག་ཏུ་འབྱེད་པ་ཞེས་བྱ་བའི་སྒྲས་ནི་ཁྱད་པར་སྟེ། ཆོས་གོས་ཀྱིས་ཐ་དད་པ་ཡིན་པར་ཤེས་པར་བྱ་བའི་བདག་གི་ཕྱིར་ཆོས་གོས་འཐག་གོ་།སྙམ་པའི་ཀུན ་ཏུ་རྟོག་པ་ནི་མ་ཡིན་ཏེ། དེ་མེད་ན་བསམས་པའི་ཕྱིར་ཉེས་བྱས་སུ་སྨོས་པ་མི་རུང་བའི་ཕྱིར། །དེ་བས་ན་བྱེ་བྲག་ཏུ་འབྱེད་པ་མི་བྱེད་པ་ཞེས་བྱ་བ་འདིར་བདག་གི་ཕྱིར་ཆོས་གོས་འཐག་གི་ཀྱེ་མ་བདག་དེར་སོ་ནི་དང་ཆོས་གོས་དེ་ཤིན་ཏུ་བཟང་པོར ་འགྲུབ་པར་འགྱུར་རོ་སྙམ་ནས་དེའི་དོན་ཏུ་སོང་ལ་བྱེ་བྲག་དུ་འབྱེད་པ་མི་བྱེད་དེ། ཆོས་གོས་ཁྱད་པར་དུ་བྱ་བའི་ཕྱིར་མི་འཇུག་ཅིང་ཆོས་གོས་ཐ་དད་པ་ཉིད་དུ་བྱ་བ་དང། ཆོས་གོས་ཕུལ་དུ་དབྱུང་བར་བྱ་བའི་ཕྱིར་མི་སློང་ངོ་ཞེས་བྱ་བའི་དོན་འདི་ནི་རྣམ ་པར་གནས་པས་ཉེས་བྱས་འདི་ནི་སྦྱོར་བ་ལས་བྱུང་བར་བཤད་པ་ཡིན་ནོ། །འདི་ནི་དེ་ཁོ་ན་ལྟར་ཡིན་ནོ། །དེ་ལྟ་མ་ཡིན་ན་ལེན་པ་ལྟུང་བ་སློང་བར་ཡང་ཐལ་བར་འགྱུར་ལ་བསོད་སྙོམས་ལ་རྒྱུ་བ་ལ་སོགས་པ་ལ་ལྟུང་བར་ཐལ་བར་འགྱུར་རོ། །ལྷག ་པར་སློང་བའི་སྤང་བ་གཏན་ལ་དབབ་པའོ། །ཆོས་གོས་བྱིན་ནས་བྱ་བ་ལ་སོགས་པ་འདི་ལ་རང་གིས་བྱིན་པ་ཉིད་ནི་ཡན་ལག་མ་ཡིན་ཏེ། འདིར་གལ་ཏེ་རང་གིས་བྱིན་པ་ཡན་ལག་ཉིད་ཡིན་པར་གྱུར་ན་དེའི་ཚེ་རང་གིས་མ་བྱིན་པ་འཕྲོག ་ན་ཤིན་ཏུ་ཡང་ཉེས་པ་འདིར་འགྱུར་དགོས་སོ། །དེ་ལྟ་བས་ན་འདི་ལ་རང་གིས་བྱིན་པ་ཉིད་ནི་ཡན་ལག་མ་ཡིན་ནོ། །འོན་ཀྱང་གླེང་གཞིའི་དབང་གིས་གསུངས་ཏེ། ཞག་བདུན་པ་འབྲེལ་བའི་སྤང་བ་ལ་དབྱར་གནས་པར་དམ་བཅས་པ་ཕྱི ་མ་ཉིད་ལྟ་བུའོ། །ཁྲོས་པ་ནི་འཁྲུགས་པ་ཆུང་ངུས་སོ། །འཁྲུགས་པ་ནི་འབྲིང་པོས་སོ། །རྡམ?་པར་གྱུར་པ་ནི་ཆེན་པོས་སོ། །ཡང་ན་གོ་རིམ་བཞིན་དུ་ཁྲོས་པ་ལས་བྱུང་བའི་ལུས་དང་ཡིད་དང་ངག་གི་འགྱུར་བ་ཡིན་པར་ཤེས་པར་བྱའོ ་ཡིད་མ་རངས་པ་ནི་གནོད་པ་བྱ་བར་ཞུགས་པའོ། །འཕྲོག་མ་ཞེས་བྱ་བ་ལ་སོགས་པ་འདིས་ནི་རང་གི་ཡིན་པའི་འདུ་ཤེས་ཀྱིས་འཕྲོག་ན་ལྟུང་བ་འདིར་གསུངས་སོ། །དེ་ལྟར་མ་ཡིན་ན་ཕམ་པར་ཐལ་བར་འགྱུར་རོ། །ཁྲོས་ཞེས་སྨོས་པ་ནི ་འདིར་བྱུང་བའི་དབང་གིས་གསུངས་པ་ཡིན་གྱི་ཡན་ལག་ནི་མ་ཡིན་ཏེ། གཞི་མེད་པར་སྐུར་པ་འདེབས་པ་དང་འདྲའོ། །འོན་ཀྱང་རྐུ་སེམས་མེད་པར་རང་གིར་བྱེད་པ་དང་འབྲལ་བར་བྱེད་པ་ལ་ལྟུང་བ་འདི་ཡིན་ནོ། །འམ་ཞེས་བྱ་བ་ནི་རྣམ་པར་རྟོག ་པའོ། ལུས་ཀྱི་ལས་བྱས་ནས། དག་གི་ལས་དགེ་སློང་ཁྱོད་ལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཕྱིར་བྱིན་ཅིག་ཅེས་བྱ་བ་ནི་ཁྱེར་ཏེ་ཤོག་?་པ་སྟེ། འོན་ཅིག་བྱ་བའི་ཐ་ཚིག་གོ་།རྒྱ་ཞིག་ལ་འཕྲོག་པར་བྱེད་པའི་དགེ་སློང་དེའི་ཆོས་གོས་དེ ་སྤྱད་དེ་ཟད་ན་སྤང་བའི་དུས་སུ་ཇི་ལྟར་སྤང་བར་བྱ་ཞེ་ན། ལྷག་མ་ཡོད་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཡོད་ཅེས་བྱ་བའི་སྒྲ་ནི་བདོག་པ་བརྗོད་པ་ཡིན་ནོ། །ངན་ཞེས་བྱ་བའི་སྒྲ་ནི་ཡང་ཞེས་བྱ་བ་བརྗོད་པ་ཡིན་ཏེ། དེ་ནི་སྲིན་ལ་སོགས་པས ་ཟོས་པ་དང་སྤྱད་དེ་རྙིང་པའི་ལྷག་རོ་ལ་དུམ་བུར་གྱུར་པ་ཡོད་པ་གང་ཡིན་པ་དེའང་སླར་སྦྱིན་པར་བྱ་སྟེ། མ་བྱིན་ན་ཉེས་བྱས་སོ། །དོན་ནི་འདི་ཡིན་ཏེ། དེ་ལ་ཆོས་གོས་སྤྱད་པའི་ལྷག་རོལ་ཡོད་པ་གང་ཡིན་པ་དེ་ཡང་དགེ་སློང་དེ་ལ་ཕྱིར་སྦྱིན་པར་བྱ་བ ་སྟེ། དེ་ལྟ་བུའི་ཚུལ་དུ་འདིར་སྤང་བར་བྱའི། སྤྱད་དེ་ཟད་པ་དང་འདྲ་བའང་སྦྱིན་པར་བྱ་བ་ཉིད་ནི་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ་།གང་གི་ཚེ་སྤང་བར་འགྱུར་ཞེ་ན། བཏང་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ཚེ་ཆོས་གོས་དེ་ལུས་ལས ་བཏང་ཞིང་བྲལ་བར་གྱུར་པ་དེའི་ཚེ་སྤང་བར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ་།འདིར་འབྲལ་བ་ནི་འདི་ལྟར་བྱ་སྟེ། གང་གི་ཚེ་འཕྲོག་པར་བྱེད་པའི་དགེ་སློང་གིས་ཆོས་གོས་དེ་དགེ་སློང་གིས་ལུས་ལས་ཕྲལ་བར་གྱུར་ཅིང་ལོགས ་ཤིག་ཏུ་བྱས་པ་དེའི་ཚེ་འདི་ལ་འཕྲོག་པའི་ལྟུང་བ་འབྱུང་ངོ། །སྤང་བ་བྱེད་པ་ནི་ཆོས་གོས་སྤྱད་པའི་ལྷག་རོལ་ཇི་ཙམ་ཞིག་ལུས་པ་དེ་ཁོ་ན་སླར་བྱིན་ནས་སྤང་བའི་ལྟུང་བ་སྦྱར་བར་བྱའི། སྤང་བ་གཞན་སྤྱད་བ་ལྟ་བུ་ནི་མ་ཡིན་ནོ། ་བཙུན་པ་རེ་ཞིག་དགེ་སློང་གིས་ཞེས་བྱ་བ་ལ་སོགས་པས་མཚན་གྱུར་ན་ཉེས་བྱས་གསུངས་པ་འདི་ནི་མཚན་ཐ་དད་པར་བྱས་པའི་ཕྱིར་ཏེ། དེ་བཞིན་དུ་དགེ་སློང་མ་མཚན་གྱུར་ན་ཡང་དེ་ཉིད་དུ་ཤེས་པར་བྱའོ། །འཕྲོག་པའི ་སྤང་པ་གཏན་ལ་དབབ་པའོ།། །།དགེ་སློང་གིས་ཞེས་བྱ་བ་ནི་ཆོས་གོས་སྤེད་པ་སྟེ། དགེ་འདུན་རྣམས་ཀྱིས་བརྟད་པ་ལས་བྱུང་བའི་ཆོས་གོས་གྲུབ་པ་ལ་ཆོས་གོས་སྤེད་པ་ལ་བསྐོས་ན་དེ་ཁོ་ན་ལྟུང་བར་བྱེད་པ་བསྟན་པའི་ཕྱིར་ཆོས་གོས་སྤེད་པའི ་དགེ་སློང་བསྐོས་ནས་ལྟུང་བ་མེད་པར་འགྱུར་རོ། །གང་ལ་ཆོས་གོས་སྤེད་པ་མ་བསྐོས་པ་དེ་ལ་ནི་དགེ་སློང་ཁོ་ན་ལ་ལྟུང་བར་བརྗོད་པའི་ཕྱིར་དེ་དག་གིས་ནང་ནས་དམིགས་ཀྱིས་གཅིག་ཁོ་ན་ལྟུང་བར་འགྱུར་བ་ནི་མ་ཡིན་ཏེ། རྙེད་པ་དགེ་འདུན་ཐམས་ཅད་ཀྱི ་ཐུན་མོང་ཡིན་པའི་ཕྱིར་རོ། །གཞན་དག་ན་རེ་བརྟད་པ་ལས་བྱུང་བའི་ཆོས་གོས་གྲུབ་པ་ལ་དགེ་སློང་གིས་ཞེས་སྨོས་པ་ནི་གནས་གཅིག་ན་དགེ་སློང་འགའ་ཞིག་གནས་པའི་དབང་དུ་མཛད་པ་ཡིན་ནོ་ཞེས་ཟེར་རོ། །སྟོན་ཟླ་ཐ་ཆུང་ཉར་ཞེས་བྱ་བ་ནི་སྟོན་ཟླ་འབྲིང་པོའི ་ཚེས་བཅུ་དྲུག་དང་ཉེ་བར་འདུག་པ་སྟོན་ཟླ་འབྲིང་པོའི་ཚེས་བཅོ་ལྔར་ཞེས་བྱ་བའི་ཐ་ཚིག་གོ་།ཞག་བཅུ་མ་ཚང་བ་ཞེས་བྱ་བ་ནི་ཞག་བཅུ་མ་ལོན་པ་དེ་ཞག་བཅུས་པར་དུ་ཆོད་པ་ཞེས་བྱ་བའི་དོན་ཏོ། །སྟོན་ཟླ་ཐ་ཆུང་ཉ་ནི་དབྱར་ཕྱི་མར་གནས་པར་དམ་བཅས ་པ་རྣམས་ཀྱི་དགུན་ཟླ་ར་བ་ཉའི་དཔེ་སྟེ། དེ་སྐད་དུ་ཡང་ཉེ་བར་འཁོར་ཇི་ལྟར་གནས་པར་དམ་བཅས་པ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་འཆད་པར་འགྱུར་རོ། །བསྟད་པ་ལས་བྱུང་བའི་གོས་ནི་ཕོངས་པའི་དུས་ཀྱི་གོས་ཏེ་ནད་པ་དང་དེའི་ཆེད་དང་འཆི་བ་དང། ་དེའི་ཆེད་དང། འགྲོ་བའི་སྦྱིན་པའི་བྱེ་བྲག་གིས་རྣམ་པ་ལྔའོ་ཞེས་བྱ་བའི་ཐ་ཚིག་གོ་།བླང་བར་བྱ་བ་ནི་བདག་གིར་བྱ་བ་ཡིན་གྱི་བགོ་བ་ནི་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་བླངས་ནས་ཆོས་གོས་སྦྱིན་པ་དུས་ཀྱི་ཚེའི་བར་དུ་འཆད་དོ་ཞེས་བྱ་བ་གསུངས་སོ། །གལ་ཏེ་དེ་བགོ་བ ་བྱ་བ་ཡིན་ན་ཅི་སྟེ་ཆོས་གོས་སྦྱིན་པའི་(དུས་ཀྱི་ཚེའི)་བར་དུ་བཅད་པར་གསུངས་ཏེ། བཅད་བཅུང་ཟད་ཀྱང་མི་དགོས་པའི་ཕྱིར་རོ། །དེ་ལ་ཆོས་གོས་སྦྱིན་པའི་དུས་ཀྱི་ཚེ་ནི་དབྱར་གྱི་དུས་ཟླ་བ་གསུམ་གྱི་ཆད་ཀྱི་དགག་དབྱེའི་རྗེས་སྟོན་ཟླ་འབྲིང་པོ་མར་གྱི་ཉི་མ་དང་པོ་ཚེས་སུ ་གྱུར་པ་འམ། སྟོན་ཟླ་ཐ་ཆུང་མར་གྱི་ཉི་མ་དང་པོའི་ཚེས་སུ་གྱུར་པའི་ཚེས་གཅིག་གི་བགོ་བའི་དུས་སོ། །དེ་རང་གི་ངོ་བོའི་ཚེའོ། །དེ་ནི་ཆོས་གོས་བྱིན་པའི་དུས་ཏེ་དེ་ཕྱིན་ཆད་ནི་དུས་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་དགེ་སློང་གིས་ཆོས་གོས ་བཙལ་བའི་དུས་གང་ལགས། སྲ་བརྐྱང་མ་བཏིང་བའི་གནས་སུ་སྟོན་ཟླ་འབྲིང་པོའི་བར་དང། སྲ་བརྐྱང་བཏིང་བའི་གནས་སུ་སྟོན་ཟླ་འབྲིང་པོ་ནས་བཟུང་སྟེ། དགུན་ཟླ་ཐ་ཆུང་གི་བར་འདི་ནི་དགེ་སློང་གི་ཆོས་གོས་སྦྱིན་པའི་དུས་མ་ཡིན་ནོ། །ལྷག ་མ་ནི་དུས་ཡིན་ནོ་ཞེས་གསུངས་སོ། །འདིར་ནི་གནས་པར་ཁས་ལེན་པ་ཕྱི་མ་ངེས་པར་མཛད་ནས་སྟོན་ཟླ་འབྲིང་པོའི་བར་དུས་མ་ཡིན་པར་གསུངས་སོ། །འདིར་གནས་པར་ཁས་ལེན་དང་པོ་རྣམས་ཀྱི་དུས་ནི་སྟོན་ཟླ་ར་བའི་བར་ཡིན་ནོ་ཞེས་བྱ་བ་དེ ་ལྟར་ཤེས་པར་བྱ་སྟེ། འདིར་ནི་རྣམ་པར་དབྱེ་བར་མཛད་པའི་ཕྱིར་རོ། །འདས་པར་འཆད་ན་ཞེས་བྱ་བ་ནི་ཐམས་ཅད་དུ་དུས་མ་ཡིན་པ་ཁོ་ནའོ་ཞེས་བྱ་བ་ནི་དགག་དབྱེ་མ་བྱས་པ་དང། དངོས་གཞིའི་དགག་དབྱེ་ཚུན་ཆད་དབྱར་གྱི་ནང་ལོགས་སུ ་བརྟད་པ་ལས་བྱུང་བའི་ཆོས་གོས་བགོ་བར་མི་བྱའོ་ཞེས་གསུངས་པའི་ཕྱིར། བརྟད་པ་ལས་བྱུང་བའི་ཆོས་གོས་ཀྱི་སྤང་བ་གཏན་ལ་དབབ་པའོ། །གནས་མལ་དགོན་པ་ནི་དགོན་པའི་གཙུག་ལག་ཁང་ངོ། །དོགས་པ་དང་བཅས་པར་གྲགས ་པ་ནི་གང་དག་ཏུ་ཆོམ་རྐུན་ལ་སོགས་པའི་འཇིགས་པ་ནི་མ་བྱུང་ལ་དོགས་ནི་དོགས་པ་སྟེ། དོགས་པ་ཡོད་པ་ནི་དོགས་པ་དང་བཅས་པའོ། །དེ་ལྟ་བུ་ཉིད་དུ་གྲགས་པ་ནི་དོགས་པ་དང་བཅས་པར་གྲགས་པའོ། །དེ་དག་དུས་ཏེ་དེ་བཞིན་དུ་འོག་མ་དག་ལ ་ཡང་ཤེས་པར་བྱའོ། །འཇིགས་པ་དང་བཅས་པར་གྲགས་པ་ནི་གང་དག་ཏུ་སེང་གེ་ལ་སོགས་པའི་འཇིགས་པ་ལན་ཅིག་བྱུང་པའོ། །འཇིགས་པ་ཐ་དད་པས་འཇིགས་རུང་བ་དང་བཅས་པར་གྲགས་པ་དག་ཏུ་ཞེས་བྱ་བ་ལ་འཇིགས་པ་ཐ་དད་པ་ནི ་གང་དག་ཏུ་འཆི་བའི་རྒྱུ་མཚན་སྤྲུལ་དང་སྡིག་པ་ལ་སོགས་པ་ལན་ཅིག་མ་ཡིན་པར་འབྱུང་བའོ། །འཇིགས་སུ་རུང་བ་ནི་ཀུན་ཏུ་འཁྲུགས་པའི་རྒྱུ་མཚན་ཤ་སྦྲང་དང་སྦྲང་བུ་མཆུ་རིངས་ལ་སོགས་པ་སྟེ། སྔར་མ་རྣམས་སྐྲག་པར་བྱེད་པའི་ཕྱིར་རོ། །གང་དག་ལ་འཇིགས ་པ་ཐ་དད་པ་དང། འཇིགས་སུ་རུང་བ་ཡོད་པ་དེ་དག་ལ་དེ་སྐད་ཅེས་བྱའོ། །དབྱར་ཕྱི་མར་གྱུར་ལ་ཞེས་བྱ་བ་ནི་དབྱར་གནས་པར་ཁས་ལེན་པའི་དབྱར་ཕྱི་མར་གྱུར་པ་ལ་གསུངས་མོད་ཀྱི། འོན་ཀྱང་ལྟུང་བ་བསྟན་པ་ལས་འདི་ཡན་ལག་ཉིད་དུ་རྟེན་པ་མེད་པའི་ཕྱིར་འདི་ཡན ་ལག་ཉིད་ནི་མ་ཡིན་ནོ། །དེ་སྐད་དུ་འང་ཇི་ཙམ་དུ་དགེ་སློང་དགོན་པ་པ་ཞག་དྲུག་ལས་འདས་པར་ཆོས་གོས་གསུམ་པོ་དག་ལས་ཆོས་གོས་གང་ཡང་རུང་བ་ཞིག་དང་མཚམས་ཀྱི་ཕྱི་རོལ་ཏུ་འབྲལ་བར་བྱེད་ན་ཐམས་ཅད་དུ་སྤང་བའི་ལྟུང་བྱེད་དུ་འགྱུར་རོ་ཞེས ་གསུངས་པའི་ཕྱིར་ཏེ། འདི་ནི་འདིའི་ཡན་ལག་ཉིད་ཡིན་པ་མེད་དོ་ཞེས་བསྟན་ཏོ། །ཅི་སྟེ་གལ་ཏེ་ལྟུང་བ་བསྟན་པ་ལས་འདི་ལ་བརྟེན་པ་མེད་ན་ཅིའི་ཕྱིར་མདོ་དང་རྣམ་པར་འབྱེད་པ་དག་ལས་ཤེ་ན་གླེང་གཞིའི་དབང་གི་ཕྱིར་རོ། །གླེང་གཞིའི་དབང་གིས་ནི་ཡན ་ལག་ཏུ་མ་གྱུར་པའི་དོན་རྣམས་སྨོས་པར་གྱུར་པ་ཡང་ཡོད་དེ། དཔེར་ན་བླ་མར་གྱུར་པ་སྨྲ་བ་ལ་དེ་དུས་གཞན་ཞིག་ན་དྲིས་ཀྱང་རུང་མ་དྲིས་ཀྱང་རུང་ཞེས་བྱ་བ་ལ་སོགས་པ་འབྱུང་བ་ལྟ་བུའོ། །དབྱར་ཕྱི་མར་གནས་པར་ཁས་བླངས་པ་རྣམས་གནས་བཞིན ་དུ་འགྲོར་མི་རུང་གི་གཞན་དག་ནི་ཡིན་པས་དེའི་ཕྱིར་འདི་དག་ཁོ་ན་ལ་ཞག་དྲུག་གི་འབྲལ་པར་རྗེས་སུ་གནང་གིས་གཞན་དག་དབྱར་ཕྱི་མར་གྱུར་པ་ཉིད་ཡན་ལག་ཁོ་ན་མ་ཡིན་ནམ་ཞེ་ན་མ་ཡིན་ཏེ། རྒྱུ་གཞན་པ་ཡོད་པའི་ཕྱིར་རོ། །འདི་ལྟར་འཇིགས་པ་དང ་བཅས་པའི་གནས་ཡོངས་སུ་མི་བཏང་བ་ལ་ནི་རྒྱུ་དབྱར་ཕྱི་མར་གྱུར་པ་ཉིད་འབའ་ཞིག་ཏུ་མ་ཟད་དོ། །འོ་ན་ཅི་ཞེ་ན། ལུས་ཤིན་ཏུ་སྦྱངས་པ་དང། སེམས་ཤིན་ཏུ་སྦྱངས་པ་དང། ལུས་གཟི་མདངས་ཉིད་དང། ཆོས་ཀྱི་ལོངས་སྤྱོད་དང་ཟང་ཟིང་གི་ལོངས་སྤྱོད ་དང་གཙུག་ལག་ཁང་བསྐྱངས་པ་དང། གཙུག་ལག་ཁང་སྟོང་པ་ཉིད་ཡོངས་སུ་སྤང་བ་དང། སྦྱིན་བདག་གི་དད་བ་ཉམས་པ་ཡོངས་སུ་སྤོང་བ་ཡིན་ནོ། །འདོད་ན་ཞེས་བྱ་བ་འདིས་ནི་ཅི་དགར་ཐད?་པ་སྟོན་པར་བྱེད་དོ། །ཆོས་གོས་གསུམ་ལས ་ཞེས་བྱ་བ་ནི་རྣམ་སྦྱར་དང། བླ་གོས་དང་མཐང་གོས་རྣམས་ལས་སོ། །ཁྱིམ་གྱི་ནང་དུ་བཞག་པར་བྱའོ། །ཞེས་བྱ་བ་ནི་དགོན་པའི་གཙུག་ལག་ཁང་གི་ཉེ་སྤྱད་དུ་གྱུར་པའི་གྲོང་ཉེ་བར་བཞག་པར་བྱ་བའི་ཐ་ཚིག་གོ་།དེ་དང་ཞེས་བྱ་བའི་ཁྱིམ་གྱི་ནང་དུ་བཞག ་པའི་ཆོས་གོས་དེ་དང་ངོ། །མཚམས་ཀྱི་ཕྱི་རོལ་ནི་དགོན་པའི་གནས་དང་ཆོས་གོས་ཀྱི་རྟེན་གྱི་གནས་དེའི་ཉེ་སྤྱོད་འདོམ་གང་ལ་སོགས་པ་གང་ཡིན་པ་དེའི་ཕྱི་རོལ་དུ་གྱུར་པའི་མཚམས་གང་ཡིན་པ་སྟེ། དེར་རོ། །དེ་ལྟ་བུའི་རྐྱེན་ནི་དགེ་འདུན་གྱི་འམ ་སངས་རྒྱས་ཀྱི་ཆེད་དོ། །ཞག་དྲུག་གི་མཛའ་ཚུན་ཆད་ནི་ཞག་དྲུག་ཁོ་ན་སྟེ། ཞག་བདུན་པར་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ་།བར་ཆད་བརྒྱད་ལས་ཞེས་བྱ་བ་ནི་བགེགས་བརྒྱད་ལས་ཏེ། དེ་དག་ཀྱང་རྒྱལ་པོ་དང། མེ་དང་ཆུ་དང། ཆོམ་རྐུན་དང། སེང ་གེ་དང། མི་མ་ཡིན་པ་དང། མི་དང། སྡིག་སྤྲུལ་ཞེས་བྱ་བའི་བར་ཆད་རྣམས་སོ། །འདི་དག་ཀྱང་སྲོག་དང། ཚངས་པར་སྤྱོད་པའི་བར་ཆད་དུ་གྱུར་པའི་ནང་ལ་སོགས་པ་གཞན་དག་གི་དཔེ་ཡིན་ནོ། །ཁ་ཅིག་ནི་བདུན་པ་རེ་ཞིག་བསྙེན་པར་མ་རྫོགས་པར ་བྱ་བ་ལ་སོགས་པས་བདུན་པ་འདོན་ཏོ། །དེ་ནི་རིགས་པ་མ་ཡིན་ཏེ། འདི་ལྟར་བསླབ་པའི་གཞི་འདི་ནི་བསྙེན་པར་རྫོགས་པ་ཁོ་ན་དང་འབྲེལ་པ་ཡིན་གྱི་བསྙེན་པར་མ་རྫོགས་པ་རྣམས་ནི་བག་ཙམ་ཡང་ཁོངས་སུ་གཏོགས་པ་མེད་དོ། །དེ་ལྟ་བས་ན་འདོན ་པ་འདི་ནི་ནོར་བ་བཤད་པས་འཕེན་པའི་དབང་གིས་སྒྲོ་བཏགས་པ་ཡིན་ཏེ། ཞག་བདུན་པའི་སྤང་བ་ལ་ཡང་དེ་ཁོ་ན་བཞིན་དུ་ཤེས་པར་བྱའོ། །རེ་ཞིག་དགེ་སློང་གིས་ཞེས་བྱ་བ་ལ་སོགས་པས་མཚན་གྱུར་ན་ཉེས་བྱས་སུ་གསུངས་པའི་འདུལ་བ་མདོར ་བསྡུས་པར་གཏོགས་པ་ཡིན་ནོ། །དངོས་ཀྱི་ཚུལ་དུ་ནི་དགེ་སློང་མ་རྣམས་ལ་ཞག་དྲུག་འབྲལ་བའི་སྤང་བ་ཉིད་རྣམ་པར་མ་བཞག་པའི་ཕྱིར་རོ། །འདི་ལྟར་དགེ་སློང་མ་རྣམས་ལ་ནི་དགོན་པར་གནས་པ་བཅོམ་ལྡན་འདས་ཀྱིས་བཀག་སྟེ། འདི་ལྟར་བུད་མེད་རྣམས་ཀྱི ་ལུས་ནི་ཟས་དང་སྐོམ་གྲུབ་པ་བཞིན་དུ་སྐྱེས་བུ་འཕྱོན་མ་རྣམས་ཀྱི་དོན་དུ་གཉེར་བར་བྱ་བ་ཡིན་པའི་ཕྱིར་དེད་ཉམ་ཆུང་བའི་ཕྱིར་དགོན་པར་གནས་པ་དང། མངོན་པར་འགྲོ་བ་ལ་སོགས་པ་ཉེས་དམིགས་ཡང་དང་ཡང་དུ་འབྱུང་བ་ཁོ་ནར་འགྱུར་བ་གང་ཡིན་པ ་དེ་འདྲ་བ་ཡིན་ནོ། །དེ་མེད་ན་ཡང་དེར་གཏོགས་པའི་སྤངས་པ་ཡང་རྣམ་པར་མི་བཞག་གོ་།གལ་ཏེ་ན་དགེ་སློང་མས་འདས་ཏེ་སྤྱོད་པ་ནི་མི་བྱེད་པས་དེའི་ཕྱིར་འདིར་གཏོགས་པའི་ཉེས་བྱས་སུ་གསུངས་ཏེ། མི་རུང་བའི་ཕྱོགས་ལ་བརྟེན་པའི་ཕྱིར་རོ། །ཞག་བདུན་དུ ་འབྲལ་བའི་སྤང་བ་གཏན་ལ་དབབ་པའོ།། །།སོ་ག་རྣམས་ཀྱི་ཟླ་བ་གཅིག་ལུས་པ་ན་ཞེས་བྱ་བ་ནི་དབྱར་ཟླ་ར་བའོ། །དབྱར་གྱི་གོས་རས་ཆེན་ནི་དབྱར་རྣམས་སུ་དགོས་པ་ནི་དབྱར་གྱི་རས་ཆེན་ཏེ། དབྱར་བགོ་བའི་གོས་སོ། །གོས་དེ་ཉིད་དུ་རུང་བ་དང། ཁ ་ཚར་བཅས་པ་དང། ཁ་དོག་ངན་པར་བྱས་པ་ནི་དབྱར་གྱི་གོས་ཞེས་བྱ་བའི་ཐ་ཚིག་གོ་།བཙལ་བར་བྱ་བ་ནི་ཁྱིམ་པ་དག་གམ་ཁྱིམ་བདག་གི་ཆུང་མ་དག་ལས་བསླང་བའམ་དེའི་རིན་སྦྱིན་དུ་འཇུག་པ་འམ་དབྱར་གྱི་རས་ཆེན་སྤེད་པ་ལ་བསླང་བ་ལ་སོགས་པས ་བཙལ་བར་བྱའོ། །དབྱར་དག་ཟླ་བ་ཕྱེད་ལུས་པར་བྱས་ནས་བཅད་པར་བྱའོ། །ཞེས་བྱ་བ་ནི་ཟླ་བ་བཞིའི་ཚད་གང་དག་ལ་ལྷག་མ་ཟླ་བ་ཕྱེད་དང་སྟོན་ཟླ་ཐ་ཆུང་ཡར་གྱི་ངོ་ཡོད་པ་དེ་དག་ནི་དབྱར་གྱི་ཟླ་བ་ཕྱེད་ལུས་པ་སྟེ། དེ་དག་བྱས་ན་བཅད་པར་བྱའོ། །དེ་ལ ་དོན་ནི་འདི་ཡིན་ཏེ། དབྱར་གྱི་གོས་རས་ཆེན?་ནི་བཙལ་ནས་དབྱར་ཟླ་བ་བཞིའི་ཚད་ལས་ཟླ་བ་ཕྱེད་ལུས་པར་བྱས་པར་གྱུར་པ་ཇི་སྲིད་དུ་བཅད་པར་བྱའོ། །གཞན་དག་ན་རེ་དབྱར་གྱི་གོས་རས་ཆེན་བཙལ་བའི་ཕྱིར་ཕྱི་མ་ཟླ་བ་བཞིའི་ཚད་དེ་དག་ཟླ་བ་ཕྱེད ་ལུས་ནས་བཅད་པར་བྱ་བ་ཡིན་པར་དབྱར་གྱི་ཟླ་བ་བཞིའི་ཚད་ཟླ་བ་ཕྱེད་ལུས་པར་བྱས་ཤིང་ཟླ་བ་ཕྱེད་མ་ཚང་བར་བྱས་པར་གྱུར་པ་ཇི་སྲིད་པ་དེ་སྲིད་དུ་བཅད་པར་བྱ་སྟེ། ཟླ་བ་ཕྱེད་འབའ་ཞིག་ལུས་པར་གྱུར་གྱི། གཞན་ནི་ཟད་པར ་འགྱུར་བ་ཞེས་བྱ་བའི་ཐ་ཚིག་གོ་།དེ་ཉིད་ཀྱི་ཕྱིར་རྣམ་པར་འབྱེད་པ་ལས་དགག་དབྱེ་བྱས་ནས་ཟླ་ཕྱེད་དོ་ཞེས་གསུངས་སོ། །གལ་ཏེ་དགེ་སློང་གིས་སོ་ག་རྣམས་ཀྱི་ཟླ་བ་གཅིག་ལུས་པ་དེའི་སྔོན་རོལ་ཏུ་ཞེས་བྱ་བ་ནི་དབྱར་ཟླ་ར་བའི་སྔོན་རོལ་དཔྱིད་ཟླ་ཐ་ཆུང་ལ་སོགས ་པ་ལའོ། །དབྱར་གྱི་ཟླ་བ་དག་ཟླ་བ་ཕྱེད་ལུས་པར་བྱ་བའི་འོག་ཏུ་འཆད་ན་ཞེས་བྱ་བ་ནི་འཇིག་རྟེན་ན་གྲགས་པའི་དབྱར་གྱི་ཟླ་བ་བཞི་པོའི་ཚད་དེ་དག་ལས་སྟོན་ཟླ་ཐ་ཆུང་ཡར་གྱི་ངོས་མ་ཚང་བ་ཕྱེད་དང་བཞི་པའི་ཚད་བཟླས་ཏེ། གལ་ཏེ་དུས་ཕྱི་མ་ཟླ་བ ་བཞི་པ་སྟོན་ཟླ་ཐ་ཆུང་ཡར་གྱི་ངོ་དང་བཅས་ཏེ་འདའ་བར་བྱེད་ན་དེའི་ཚེ་འདི་ལས་སྤང་བའི་ལྟུང་བྱེད་དུ་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ་།ཕོ་ཉ་ལས་ཞེས་བྱ་བ་ནི་བཙལ་ན་ཉེས་བྱས་ཆུང་ངུར་ཤེས་པར་བྱའོ། །ཚོལ་བ་སྔོན་དུ་འགྲོ་བའི་རྙེད་པ་འཆད་ན་ནི་སྤང་བ་ཁོ ་ན་སྟེ། འདིར་འཆད་པ་གཙོ་ཆེའི་ཚོལ་བ་ནི་མ་ཡིན་ནོ། །དེའི་འོག་ཏུ་འཆད་ན་སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །ཇི་ཙམ་དུ་དགེ་སློང་ཅུང་ཟད་ཤིན་ཏུ་རིངས་པར་ཚོལ་ཞིང་ཤིན་ཏུ་རིང་དུ་འཆད་ན་ཐམས་ཅད་དུ་སྤང་བའི་ལྟུང་བྱེད་དུ་འགྱུར་རོ་ཞེས་བྱ་བ་ནི་འདུལ་བ ་འཛིན་པ་རྣམས་ན་རེ་དེ་ཚོལ་བ་དང་བཅས་པའི་འཆད་པ་ལྟུང་བ་བྱེད་པ་ཉིད་ཡིན་པར་བཅོམ་ལྡན་འདས་ཀྱིས་གསུངས་སོ་ཞེས་ཟེར་རོ། །བཙུན་པ་རེ་ཞིག་དགེ་སློང་གིས་ཞེས་བྱ་བ་ལ་སོགས་པས་མཚན་གྱུར་ན་ཉེས་བྱས་སུ་གསུངས་པ་ནི་བག་ཙམ་འདྲ ་བ་ལ་བརྟེན་པའི་ཕྱིར་དེའི་ཁོངས་སུ་གཏོགས་པར་གྱུར་པ་སྟེ། འདུལ་བ་མདོར་བསྡུས་པ་ལས་གསུངས་པ་ཡིན་ནོ། །འདི་ལྟར་དགེ་སློང་མ་རྣམས་ལ་ནི་རྙེད་པ་ཆུད་བའི་ཕྱིར་དབྱར་གྱི་རས་ཆེན་གྱི་བསླབ་པ་མ་བཅས་པ་མ་ཚད་དུ་མི་ལྡང་བ་སྟེ། དབྱར་གྱི ་ངས?་ནི་སྲིད་དུ་ཕྲུ་དགུའོ། །ཞེད་དུ་ཁྲུ་གསུམ་དང་སོར་བརྒྱད་ཀྱི་ཚད་ཡིན་པས་དེའི་ཕྱིར་འདི་ཡིན་ནོ། །ཞུས་པ་ལ་ལ་ལས་ནི་འདི་སྐད་དུ་བཙུན་པ་རེ་ཞིག་དགེ་སློང་གིས་དབྱར་གྱིས་རས་ཆེན་རུང་བ་མ་ལགས་པ་ཞིག་ཟླ་བ་ཕྱེད་དང་ལྔའི་འོག་ཏུ་འཆད་ན་ནི་ཅིར་འགྱུར ་ལགས་ཉེས་བྱས་སོ་ཞེས་འབྱུང་ངོ། །དེ་ལ་དོན་ནི་འདི་ཡིན་ཏེ། རུང་བ་མ་ལགས་པ་ཞེས་བྱ་བ་འོ་མ་བཏགས་པ་ལ་སོགས་པའོ། །ཟླ་བ་ཕྱེད་དང་ལྔའི་འོག་ཅེས་བྱ་བ་ནི་ཟླ་བ་གང་དག་ལ་སྔ་མ་ཟླ་བ་ཕྱེད་ཡོད་པ་དེ་དག་ལ་དེ་སྐད་ཅེས་བྱ་སྟེ། ཟླ་བ་བཞི་པོ་ཕྱེད་དང ་བཅས་བ་ཞེས་བྱ་བའི་ཐ་ཚིག་གོ་།དེས་ཚོལ་བའི་དུས་དང་བཅས་པའི་ཟླ་བ་བཞི་པ་ཕྱེད་དང་བཅས་པའི་འོག་རོལ་གྱི་དུས་སུ་འཆད་ན་རུང་བ་མ་ཡིན་པའི་ཕྱིར་ཉེས་བྱས་སུ་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ་།གཞན་ལས་ཀྱང་འདི་སྐད་དུ་དབྱར་གྱི་རས་ཆེན་དེངས་པ ་ཞིག་ཟླ་བ་ཕྱེད་དང་ལྔའི་འོག་ཏུ་འཆད་ན་ཉེས་བྱས་སོ། །དེ་བཞིན་དུ་དབྱར་གྱི་རས་ཆེན་སེང་རས་ཤིག་ཤིན་ཏུ་རིངས་པར་ཚོལ་ན་ཉེས་བྱས་སོ་ཞེས་འབྱུང་ངོ། །དེ་ལ་དོན་ནི་འདི་ཡིན་ཏེ། དེངས་པ་ནི་མི་སྲ་བ་སྟེ་ཟད་ལ་ཐུག་པ་ཞེས་བྱ་བའི་ཐ་ཚིག་གོ་།སེང་ངེས ་ནི་སྲབ་མོར་བཏགས་པའོ། །དབྱར་གྱི་རས་ཆེན་གྱི་སང་བ་གཏན་ལ་དབབ་པའོ།། །།བསྔོས་པ་ནི་དགེ་འདུན་ལ་དབུལ་བའོ་ཞེས་དེ་ལྟ་ངེས་པར་བྱས་པས་སོ། །རྙེད་པ་ནི་གོས་ཀྱི་རྙེད་པའོ། །ཤེས་བཞིན་དུ་བྱ་བ་ནི་བདག་ཉིད་ཀྱི་རིག་པའམ་གཞོན་དག ་གིས་བསྟན་པའོ། །གང་ཟག་ལ་སྒྱུར་དུ་འཇུག་ན་ཞེས་བྱ་བ་ནི་སྒྲུབ་པར་བྱེད་ན་འོ། །གང་ལ་ཞེ་ན་བདག་ལ་ཞེས་བྱ་བ་གསུངས་ཏེ། བདག་ཉིད་ལ་སྒྱུར་དུ་འཇུག་པ་ཡིན་གྱི་གཞན་ལ་ནི་མ་ཡིན་ནོ། །དེ་ལ་ནི་ཉེས་བྱས་སུ་གསུངས་པའི་ཕྱིར་རོ། །སྒྱུར་དུ་འཇུག ་པ་ནི་ཉེས་བྱས་ཡིན་ལ་ཐོབ་ནས་ནི་སྤང་པའི་ལྟུང་བྱེད་དོ། །ཞེས་བྱ་བ་དེ་ལྟར་ཤེས་པར་བྱའོ། །བཙུན་པ་རེ་ཞིག་དགེ་སློང་གིས་ཞེས་བྱ་བ་ལ་སོགས་པས་མཚན་གྱུར་ན་ཉེས་བྱས་སུ་གསུངས་པ་ནི་མཚམས་ཐ་དད་པའི་དགེ་འདུན་གྱི ་རྙེད་པ་ཡིན་པའི་ཕྱིར་འདི་ཡིན་ཏེ། དེ་བཞིན་དུ་དགེ་སློང་མ་མཚན་གྱུར་པ་ལའང་དེ་དང་འདྲ་བ་ཁོ་ནར་ཤེས་པར་བྱའོ། །གཉི་གའི་དགེ་འདུན་ཞེས་བྱ་བ་ནི་དགེ་སློང་གི་དགེ་འདུན་དང་དགེ་སློང་མའི་དགེ་འདུན་ནོ། །དེ་ལ་འདིར་གཉིས་སུ་གསུངས་པ་ནི་མཚན ་ཐ་དད་པའི་ཕྱིར་དང། ཐུན་མོང་ཡིན་པའི་ཕྱིར་རོ། །གཞན་དག་ན་རེ་མདོ་དང་རྣམ་པར་འབྱེད་པ་དང་ཞུས་པ་དག་ལས་དགེ་འདུན་ཉིད་ཀྱི་ཁྱད་པར་མ་སྨོས་པའི་ཕྱིར་བདག་ཉིད་ལ་ཡོངས་སུ་སྒྱུར་ན་སྤང་བ་ཁོ་ནར་གསུངས་ཏེ། དེའི་ཕྱིར་འདི་དང་སྔ་མ་བཙུན་པ་རེ་ཞིག་དགེ་སློང་གིས ་ཞེས་བྱ་བ་ལ་སོགས་པས་མཚན་ཐ་དད་པ་ལ་ཡང་སྤང་བ་ཁོ་ནས་བརྗོད་པར་བྱའོ་ཞེས་ཟེར་རོ། །སྒྱུར་དུ་འཇུག་པའི་སྤང་བ་གཏན་ལ་དབབ་པའོ།། །།ཕན་པ་ནི་མཐུན་པ་དག་སྟེ། ནད་ཀྱི་གཉེན་པོར་གྱུར་པ་ཞེས་བྱ་བའི་ཐ་ཚིག་གོ་།དཔེར་ན་རླུང་གི་གཉེན་པོར་གྱུར་པ ་ནི་ཏིལ་མར་རོ། །མཁྲིས་པ་ནི་ཞུན་མར་རོ། །བད་ཀན་ནི་སྦྲང་ཅིའི་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པའོ། །གང་དག་ཞེས་བྱ་བ་ནི་འདིས་ནི་སྨན་རྣམས་ལས་གང་གི་ཁོངས་སུ་གཏོགས་པ་ཉིད་སྟོན་པར་བྱེད་དེ། དེས་ན་སྨན་གང་དག་བཅོམ་ལྡན་འདས་ཀྱིས་འདུལ་བ་ལས་གསུངས ་པ་དེ་དག་ཅེས་བྱ་བའི་ཐ་ཚིག་གོ་།བཀའ་སྩལ་པ་ནི་རབ་ཏུ་བསྟན་པའོ། །སྦྲང་ཙི་ནི་སྦྲང་མའི་སྦྲང་རྩིའོ། །བུ་རམ་གྱི་སྤུ་བ་ནི་བུ་རམ་དང། ཧྭགས་དང། ཤ་ཁ་ར་ལ་སོགས་པའོ། །རང་གིས་བྱིན་གྱིས་བརླབས་ཏེ་ཞེས་བྱ་བ་ནི་ལག་པ་བཀྲུས་ཏེ་བྱིན་ལེན་བྱས་ནས ་ལག་པ་ཡོན་པར་བཞག་ལ་ལག་པ་གཡས་པས་བཀས་སྟེ། དགེ་སློང་ཞིག་གི་མདུན་དུ་འདུག་ལ་ལྔ་དྲོ་བྱིན་གྱིས་བརླབ་པའི་སྔགས་ཀྱིས་སོ། །ཞག་བདུན་པར་ཞེས་བྱ་བ་ནི་ཞག་པ་ཁོ་ནར་རོ། །གསོག་འཇོག་གིས་ཡོངས་སུ་ལོངས་སྤྱད་པས་ཞེས་བྱ་བ་ལ་སོགས་པས ་སོག?་འཇོག་ནི་གསོག་པར་བྱེད་པ་སྟེ། འདི་ལྟ་སྟེ། སྦྱིན་པ་དང། ལེན་པ་དང་སྤེད་པ་དང། ཟ་བ་དང་འཇོག་པ་དང་བྱི་དོར་བྱེད་པའོ། །འདིས་ཡོངས་སུ་སྤྱོད་པར་བྱེད་པའི་ཕྱིར་དེ་ཉིད་ཡོངས་སུ་སྤྱོད་པ་ཡིན་ནོ། །གསོག་འཇོག་གིས་ཡོངས་སུ་སྤྱོད་པ་སྟེ། རང་གིས་བྱས་པ ་ཞེས་བྱ་བའི་ཐ་ཚིག་གོ་།དེས་ན་ཡོངས་སུ་ལོངས་སྤྱོད་པར་བྱ་བ་ནི་རང་གིར་བྱས་ནས་བཅད་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ་།དེ་ལས་འདས་པར་ཡོངས་སུ་ལོངས་སྤྱོད་པར་བྱེད་ན་ཞེས་བྱ་བ་འདིའི་དོན་ནི་ཆད་ན་ཞེས་བྱ་བ་ནི་ཡིན་གྱི། ཟན་ཞེས་བྱ་བ་ནི་མ་ཡིན་ཏེ། སྤང་བ་མི་སྲིད་པར་ཐལ་བར ་འགྱུར་བའི་ཕྱིར་རོ། །བཙུན་པ་སྨན་དགུང་བདུན་ལས་ཞེས་བྱ་བ་ནི་སོགས་པ་ལ་སྨན་མི་རུང་བ་ནི་མི་ཚིལ་ལ་སོགས་པའོ། །མི་རུང་བ་དང་འདྲེས་པ་ནི་མི་ཚིལ་ལ་སོགས་པ་དང་འདྲེས་པའོ། །རུང་བ་ལ་ནི་བྱིན་གྱིས་བརླབ་པ་དང། སྤང་བ་ཉིད་ཡིན་ན་དེ་ལ་ཡང་རུང་བ་ཉིད ་མེད་པའི་ཕྱིར་སྤང་བ་མི་སློང་ངོ། །འོ་ན་ཇི་ལྟར་ཞག་བདུན་འདས་པ་ཞེས་བྱ་ཞེ་ན། ལ་ལ་མི་ཤེས་པ་འམ་འདས་ནས་ཀྱང་བྱིན་གྱིས་རློབ་པར་བྱེད་པས་དེའི་ཕྱིར་དེའི་དབང་དུ་མཛད་ནས་འདི་གསུངས་པར་གནས་སོ། །སྤང་བར་བགྱི་འམ། ཉེ་བར་འཁོར་མ་ཡིན་ནོ་ཞེས་བྱ ་བ་ནི་མ་ཤེས་པར་སྨྲས་པར་རིག་པར་བྱའོ། །འདི་ལྟར་མི་ལྟ་བར་སྤངས་པ་ཡང་ཕྱིར་ལེན་པའི་དུས་ན་ལྟ་བ་དང་བཅས་ནས་ཉེས་བྱས་སུ་བཤད་དེ། མི་ལྟ་བར་ལྟ་བ་དང་བཅས་ན་ཕྱེད་ཉིད་དོ། །ཤེས་བཞིན་དུ་མི་བླང་ངོ་ཞེས་འབྱུང་བའི་ཕྱིར་རོ། །གསོག་འཇོག་བགྱིས་པ་ནི ་གསོག་འཇོག་བྱས་པའི་ལྟུང་བྱེད་དུ་རྟོགས་སོ། །དུས་ལས་འདའ་བར་བྱེད་ན་ཞེས་བྱ་བ་ནི་ཉི་མའི་གུང་ལ་སོགས་པ་ལས་སོ། །དུས་སུ་རུང་བའི་འབྲས་ཅན་ལ་སོགས་པ་སྟེ། ཉི་མ་ཕྱེད་ཀྱི་རང་དུས་སུ་སྤྱད་པར་བྱ་བ་དག་གོ་།ཐུན་ཚོད་དུ་རུང་བ་ནི་རྒུན་ཆུ་ལ་སོགས་པ་སྟེ། ་ཐུན་ཚོད་ཀྱི་དུས་སུ་སྦྱར་བར་བྱ་བ་དག་གོ་།དགུང་བདུན་པ་ནི་ཞུན་མར་ལ་སོགས་པ་སྟེ། ཞག་བདུན་གྱི་བར་གྱི་དུས་སུ་སྤྱད་པར་བྱ་བ་དག་གོ་།ཇི་སྲིད་འཚོ་བའི་བར་དུ་བཅད་པ་ནི་ཨ་རུ་ར་ལ་སོགས་པ་སྟེ། ཇི་སྲིད་འཚོའི་བར་གྱི་དུས་སུ་སྤྱད་པར་བྱ་བ་དག་གོ་།བདག་གིར་བགྱིད ་བ་བྱིན་གྱིས་བརླབ་པའི་སྔགས་མེད་པར་རང་གི?་བྱེད་པའོ། །གསོག་འཇོག་གིས་ཡོངས་སུ་ལོངས་སྤྱད་པས་ཞེས་བྱ་བ་ལ་སོགས་པ་ནི་བྱིན་གྱིས་བརླབས་པ་མེད་པའི་ཕྱིར་གསོག་འཇོག་མེད་དེ། འདི་ལྟར་འདི་དག་བྱིན་གྱིས་བརླབས་པ་ལ་འཇོག་གི་ཡོངས་སུ ་ལོངས་སྤྱོད་པ་རྗེས་སུ་གནང་གི་གཞན་དག་ནི་མ་ཡིན་པས་དེའི་ཕྱིར་མི་རུང་ངོ་ཞེས་དེ་སྐད་དུ་གསུངས་སོ། །དེ་ལ་བྱིན་གྱིས་བརླབས་པ་འབྲས་བུ་མེད་པའི་ཕྱིར་དུས་སུ་རུང་བ་ལ་བྱིན་གྱིས་བརླབས་མེད་མོད་ཀྱི། འོན་ཀྱང་གསོག་འཇོག་གི་ཡོངས་སུ་ལོངས་སྤྱོད ་པའི་ཞར་ལ་འདི་དག་གི་ནང་དུ་འདུས་སོ། །རེ་ཞིག་དགེ་སློང་གིས་ཞེས་བྱ་བ་ལ་སོགས་པ་སྤངས་པའི་བྱིན་གྱིས་རློབ་ན་ཉེས་བྱས་སུ་གསུངས་པ་ནི་མི་རུང་བ་བྱིན་གྱིས་བརླབ་པའི་ཕྱིར་རོ། །བྱིན་གྱིས་བརླབས་ནས་འདས་པར་ཞེས་བྱ་བ་ནི་གང་དང་གང་གིར་རང་གི་དུས་སུ ་ཐུན་ཚོད་ཀྱི་བར་གང་ཡིན་པ་དེ་ལས་འདས་པར་རོ། །འདི་ཉིད་བསྟན་པའི་ཕྱིར་དུས་སུ་རུང་བའི་ཡང་ཞེས་བྱ་བ་ལ་སོགས་པ་གསུངས་སོ། གལ་ཏེ་ཡོངས་སུ་སྤྱད་ན་ཞེས་བྱ་བ་ལ་སོགས་པས་ལྟུང་བྱེད་དུ་གསུངས་པ་ནི་སྤྱད་པའི་དུས་ལས་འདས་པའི་ཕྱིར་རོ། །འདིར་ཡང ་བྱིན་གྱིས་བརླབས་པ་ལས་འདས་པར་ཞེས་གསུངས་པ་ནི་ཇི་སྲིད་འཚོའི་བར་དུ་བཅད་པ་མ་གཏོགས་པ་རྣམས་ལ་ཤེས་པར་བྱ་སྟེ། དེ་དག་ལ་བྱིན་གྱིས་བརླབས་པ་ལས་འདས་པ་མི་སྲིད་པའི་ཕྱིར་རོ། །གལ་ཏེ་ཡོངས་སུ་སྤྱད་ན་ཞེས་བྱ་བ་ནི་ཇི་སྲིད་འཚོའི་བར ་དུ་བཅད་བ་མ་གཏོགས་པ་རྣམས་ཁོ་ན་ལ་ཤེས་པར་བྱའོ། །གལ་ཏེ་བྱིན་གྱིས་རློབ་ན་ཞེས་བྱ་བ་ལ་སོགས་པས་ཉེས་བྱས་སུ་གསུངས་པ་ནི་མི་རུང་བར་བྱིན་གྱིས་རློབ་པར་རྟོགས་པ་ཡིན་ནོ། །དགེ་སློབ་མ་ལ་ཉེས་བྱས་སུ་གསུངས་པ་ནི་གསོག་འཇོག་བྱས་པ་སྤྱོད ་པར་གཏོགས་པ་ཡིན་ཏེ། བྱིན་ལེན་མ་བྱས་བཟའ་མི་བྱ། །དེ་བཞིན་གསོག་འཇོག་བཟའ་མི་བྱ་ཞེས་འབྱུང་བའི་ཕྱིར་རོ། །ཞག་བདུན་པའི་སྤང་བ་གཏན་ལ་དབབ་པའོ། །གཞུང་བླ་མིའི་ཚིག་དཀའ་བ་རྣམ་པར་བཤད་པ་རིགས་པ་དང་སློབ་དཔོན་མདོ་སྡེ་འཛིན ་པ་དགེ་བའི་བཤེས་གཉེན་གྱིས་བཀོད་པ་ལས་སྤང་བའི་ལྟུང་བྱེད་རྣམས་རྫོགས་སོ།། །།ཤེས་བཞིན་དུ་རྫུན་སྨྲ་ན་ཞེས་བྱ་བ་ལ་ཤེས་བཞིན་ནི་རིགས་པའི་འདུ་ཤེས་ཉམས་སུ་མྱོང་བ་ཡིན་ནོ། །རྫུན་ནི་དོན་ཕྱིན་ཅི་ལོག་ཉེ་བར་སྟོན་པའོ། །སྨྲ་བ་ནི་བརྗོད་པ ་སྟེ་ཤེས་བཞིན་དུ་དོན་གཞན་དུ་རྣམ་པར་གསང་བ་ལ་བསླུ་བ་ལ་སོགས་པའི་ཆེད་དུ་གཞན་དུ་བརྗོད་པ་ཞེས་བྱ་བའི་ཐ་ཚིག་གོ་།དེའི་ཕྱིར་རྫུན་གྱི་ངོ་བོ་སྨྲ་བ་ནི་རྫུན་སྨྲ་བའོ། །ཤེས་བཞིན་གྱི་རྫུན་སྨྲ་བ་ནི་ཤེས་བཞིན་དུ་རྫུན་སྨྲ་བ་སྟེ་དྲུག་པར་ཚིག་སྡུའོ། །དེའི་ཕྱིར་ཞེས་གཏན ་གྱི་ལྔ་བ་ཡིན་ནོ། །གཞན་ལ་ཡང་ལྟུང་བྱེད་དུ་གྱུར་པས་དེའི་ཕྱིར་རྫུན་སྨྲ་ན་ཞེས་ཁྱད་པར་དུ་བྱས་ཏེ་འོག་མ་དག་ལ་ཡང་ཅི་རིགས་པར་དེ་ཁོ་ན་བཞིན་དུ་ཤེས་པར་བྱའོ། །བསླབ་པ་ཕུལ་བ་ཞེས་བརྗོད་པར་བགྱི་འམ། ཉེ་བར་འཁོར་མ་ཡིན་ནོ་ཞེས་བྱ་བ་ནི་བསླབ་པ ་འབུལ་བའི་བསམ་པ་མེད་པའི་ཕྱིར་འདིར་གསུངས་ཏེ། འདི་ལ་ཉམས་པར་བརྗོད་པར་བྱེད་པ་དགོས་ཀྱི་ཚིག་གི་ཁྱད་པར་ནི་མ་ཡིན་ནོ་ཞེས་འབྱུང་བའི་ཕྱིར་རོ། །མི་སྨྲ་བ་ནི་ཅང་མི་སྨྲ་བའོ། །ཁས་ལེན་ན་ཞེས་བྱ་བ་ནི་ཁས་ལེན་པར་བྱེད་ནའོ། །རྫུན་སྨྲ་བའི་ལྟུང་བྱེད་གཏན་ལ་དབབ ་པའོ། །མིའི་སྐྱོན་ནས་སྨྲ་བ་ནི་མིའི་ཡོན་ཏན་རིགས་དང། གཟུགས་ལ་སོགས་པ་བརྗོད་པར་འདོད་པས་དམན་པ་ཉིད་བརྗོད་པར་བགྱིད་ན་ཞེས་བྱ་བ་ན་ཐ་སྙད་འདོགས་པའོ། །རེ་ཞིག་དགེ་སློང་ཞེས་བྱ་བ་ལ་སོགས་པས་མཚན་གྱུར་ན་ཉེས་བྱས་སུ་གསུངས ་པ་ནི་མཚན་ཐ་དད་པའི་མིའི་སྐྱོན་ནས་སྨྲ་བར་རྟོགས་པ་ཡིན་ནོ། །ཟ་མ་དང་ཞེས་བྱ་བ་ལ་སོགས་པ་ལ་ཁ་ཅིག་ནི་དགེ་སློང་མའི་མིའི་སྐྱོན་ནས་ལྟུང་བྱེད་དུ་འདོད་དོ། །དེ་དག་གི་བསམ་པ་འདི་ཡིན་ཏེ། ཟ་མ་དབང་པོ་མེད་པ་ཡིན་ལ། དེའི་ཡན ་ལག་སྐྱེས་ནི་བཅད་པ་ལ་སོགས་པས་ཉམས་པ་བཞིན་ནོ། །དེ་ཡང་བཅོམ་ལྡན་འདས་ཀྱི་འདི་ཇི་སྲིད་ཅིག་ཏུ་འགྱུར་བ་མི་བརྟེན་པ་འདི་སྲིད་དུ་བསྐྲད་པར་མི་བྱའོ། །ནམ་ཞིག་འགྱུར་བ་དེའི་ཚེ་ནི་བསྐྲད་པར་བྱའོ་ཞེས་གསུངས་སོ། །འདིས་ནི་འདི་སྲིད་དུ་འགྱུར་བའི་མི་བརྟེན ་པ་དེ་སྲིད་དུ་དགེ་སློང་ཡིན་ལ་དགེ་སློང་ཉིད་ཡིན་ན་ཡང་ང་འདི་ལ་དགེ་སློང་གཞན་བཞིན་དུ་རིགས་པར་ལྟུང་བ་རྣམས་འབྱུང་ངོ་ཞེས་བྱ་བ་ཡིན་ནོ། །གཞན་དག་ནི་ཁྱད་པར་ཁས་མ་བླངས་པར་སྤྱིར་ཇི་ལྟར་མ་ནིང་དང་མཚན་གཉིས་པ་དག་སྡོམ་པ་མ་ཡིན ་པའི་ཞིང་ཉིད་མ་ཡིན་པ་ལྟར་འདི་དང་འདྲ་བར་ཁྱིམ་པ་ལྟ་བུར་འདོད་དོ། །དེ་བས་ན་ཇི་ལྟར་འདི་དག་ཞིང་ཉིད་མ་ཡིན་ཞིང་ཐ་སྙད་དུ་རུང་བ་མ་ཡིན་པ་ལྟར་ཟ་མ་ཡང་དེ་དང་འདྲའོ། །དེའི་ཕྱིར་འདི་སྡོམ་པ་མ་སྐྱེད་པ་དང་འདྲ་བར་རྣམ ་པར་བཞག་པ་ཤེས་པར་བྱ་སྟེ། ཇི་ལྟར་དགེ་སློང་མ་སུན་འབྱིན་པ་ལ་སོགས་པའི་མིའི་སྐྱོན་ནས་སྨྲ་ན་ལྟུང་བ་ཆུང་ངུ་བྱེད་པ་ཉིད་ཡིན་པ་ལྟར་འདི་ཡང་དེ་དང་འདྲའོ་སྙམ་དུ་བསམས་པ་ཡིན་ནོ། །མིའི་སྐྱོན་ནས་སྨྲ་བའི་ལྟུང་བྱེད་གཏན་ལ་དབབ་པའོ། །དགེ ་སློང་ཕྲ་མ་མེད་པ་ནི་དབྱེ་བའི་བསམ་པས་དགེ་སློང་གི་ཡུལ་ལ་ཁྱོད་ལ་དགེ་སློང་ཆེ་གེ་མོ་འདི་ཞེས་བྱ་བས་འདི་དང་འདི་སྨྲས་སོ་ཞེས་ཟེར་རོ། །གཞུང་རྒྱས་པར་ནི་ཕོ་ཉ་ལས་ཞེས་བྱ་བ་ལ་སོགས་པའོ། །ཕྲ་མའི་ལྟུང་བྱེད་གཏན་ལ་དབབ་པའོ།། །།ཆོས ་བཞིན་དུ་ཞེས་བྱ་བ་ནི་ཆོས་དང་འཐུན་པར་རོ། །རྩོད་པར་ནི་འགྱེད་པ་དང། མི་གདམས་པ་དང། ལྟུང་བ་དང་བྱ་བའི་རྩོད་པ་ཞེས་བྱ་བ་བཞི་པོ་འཐབ་པའི་བྱེད་རྒྱུ་དག་གོ་།སྦྱངས་པ་ནི་ཉེ་བར་ཞི་བར་བྱས་སོ། །ཡང་ལས་ཀྱི་སྐྱོ་སྔོགས?་བྱེད་པ་ནི་ཡང་ལས་བྱེད་པས ་སྔར་བྱས་པའི་ལས་སྤོང་བར་བྱེད་པའོ་གཞན་དག་ན་རེ་ལེགས་པར་མ་བྱས་པར་བརྗོད་པའོ་ཟེར་རོ། །གཞན་དག་ན་རེ་འདི་ལྟར་ཡང་ལས་ཀྱི་སྐྱོ་སྔོགས་བྱེད་པ་ཞེས་བྱ་བ་ནི་ཡང་ལས་བྱེད་དུ་འཇུག་པའོ། །ཞེས་བཅོམ་ལྡན་འདས་ཀྱིས་མངོན་སུམ ་དུ་མདོའི་རྣམ་པར་བཤད་པའི་ཕྱིར་རང་གི་བློ་གྲོས་ཀྱི་དབུངས་ཀྱི་བཤད་པ་ནི་དོན་མེད་དོ་ཞེས་ཟེར་རོ། །རེ་ཞིག་དགེ་སློང་གིས་ཞེས་བྱ་བ་ལ་སོགས་པས་མཚན་གྱུར་ན་ཉེས་བྱས་སུ་གསུངས་པ་ནི་མཚན་གྱུར་པའི་རྩོད་པ་ལ་སྐྱོ་སྔོགས་བྱེད་པའི་ཕྱིར་རོ།། ་དགེ་སློང་མ་མཚན་གྱུར་པ་ལ་ཡང་དེ་དང་འདྲ་བར་ཤེས་པར་བྱའོ། །རྩོད་པ་ཆོས་བཞིན་དུ་སྦྱངས་པ་ནི་ལས་མཉམས་པ་དང། དགེ་སློང་དག་ལས་དེའི་ཚད་དུ་ཚད་པ་ཉིད་དང་ལས་བྱེད་པ་ཚུལ་ཁྲིམས་དང་ལྡན་པ་ཞེས་བྱ་བ་ལ་སོགས་པ་ཆོས ་བཞིན་ནོ། །བཟློག་པ་ནི་ཆོས་བཞིན་མ་ཡིན་པའོ། །རྩོད་པའི་ཆོས་བཞིན་དུ་མ་སྦྱངས་པ་ཡིན་ལ་ཉེས་བྱས་སུ་གསུངས་པ་ནི་ཆོས་བཞིན་མ་ཡིན་པས་ཉེ་བར་ཞི་བར་བྱས་པ་ཡང་ཉེ་བར་ཞི་བ་ཉིད་ཡིན་པས་ཡང་དེ་ལ་སྐྱོ་སྔོགས་བྱེད་པ་བཀག་པའི་ཕྱིར་ཏེ་ཆོས ་གོས་བཞིན་མ་ཡིན་པས་ཉེ་བར་ཞི་བ་ལ་ཡང་སྐྱོ་སྔོགས་མི་བྱའོ་ཞེས་འབྱུང་བའི་ཕྱིར་རོ། །ཁྱིམ་པ་རྣམས་ཀྱི་ཞེས་བྱ་བ་ལ་སོགས་པ་འདི་ལ་ནི་རྩོད་པ་ནི་སྤྱིར་འཐབ་པ་ཙམ་ཡིན་ནོ། །སྐྱོ་སྔོགས་བྱེད་པའི་ལྟུང་བྱེད་གཏན་ལ་དབབ་པའོ། །ཚིག་ལྔའམ ་དྲུག་ལས་ལྷག་པ་ནི་ཚིག་དྲུག་པའི་ཕྱེད་ཀྱི་ཚིག་དག་ཚིག་ལྔ་པའི་ཚད་ཀྱི་ཚིག་ལས་ལྷག་པ་སྟེ། ལ་ཚིག་དྲུག་པ་ནི་དཔེར་ན་མིག་མི་རྟག་པའོ། །རྣ་བ་དང་སྣ་དང། ལྕེ་དང་ལུས་དང། ཡིད་མི་རྟག་པའོ་ཞེས་བྱ་བ་ལྟ་བུའོ། །ཚིག་ལྔ་པ་ནི་གཟུགས་མི་རྟག ་པའོ། །ཚོར་བ་དང། འདུ་ཤེས་དང། འདུ་བྱེད་དང། རྣམ་པར་ཤེས་པ་མི་རྟག་པའོ་ཞེས་བྱ་བ་ལྟ་བུའོ། །རིག་པའི་སྐྱེས་པ་ནི་ཁོང་དུ་ཆུད་ཅིང་སྐད་བརྡ་ཕྲད་པའི་སྐྱེས་པ་སྟེ། དེ་དང་ཉེ་བས་བག་འཁུམས་པའི་ཉིད་ཀྱིས་གནས་ངན་ལེན་སྨྲ་བའི་གོ ་སྐབས་མེད་པའི་ཕྱིར་རོ། །ཕོ་ཉ་ལས་ཞེས་བྱ་བ་ནི་བློ་མ་བྱད་པའམ་རུང་བ་མ་ཡིན་པ་ལས་སོ། །གཞན་དག་ན་རེ་བུད་མེད་ལས་སོ་ཞེས་ཟེར་རོ། །དེ་ལྟ་ཡིན་ཏེ། ཕོ་ཉ་སྐྱེས་བུ་ཉིད་དུ་གྲུབ་ན་ཡང་རིག་པའི་སྐྱེས་བུ་ཞེས་སྨོས་པ་དོན་མེད་པར་འགྱུར་རོ། །གཞན ་དག་ན་རེ་ཕོ་ཉ་སྨོས་པ་ནི་བཤད་པ་འཕངས་པ་གསུངས་པར་ཟད་དེ། འདི་ཡན་ལག་མ་ཡིན་ནོ་ཞེས་ཟེར་རོ། །རུང་བགྱི་བ་ནི་རིག་པའི་སྐྱེས་པའོ། །དབེན་པ་ལ་དབེན་པར་འདུ་ཤེས་པ་ནི་རིག་པའི་སྐྱེས་པ་མེད་ན་བུད་མེད་ཡོད་དུ་ཟིན་ཀྱང་དབེན་པ་ཡིན་པར་ཤེས་པ ་བྱ་སྟེ། བུད་མེད་དང་ལྷན་ཅིག་ཏུ་དབེན་པའི་སྐྱབས་ཡོད་པ་ན་ཞེས་གསུངས་པའི་ཕྱིར་རོ། །རེ་ཞིག་དགེ་སློང་གིས་ཞེས་བྱ་བ་ལ་སོགས་པས་མཚན་གྱུར་ན་ལྟུང་པ་མེད་པར་གསུངས་པ་ནི་ཉེས་པ་མེད་པའི་ཕྱིར་རོ། །འདི་ལྟར་གལ་ཏེ་དགེ་སློང་མ་བུད་མེད་ལ་ཆོས ་སྟོན་པར་བྱེད་ན་མི་མཐུན་པ་མེད་པའི་ཕྱིར་རོ། །དགེ་སློང་མ་རྣམས་རིག་པའི་སྐྱེས་པ་མེད་པར་ཆོས་སྟོན་པར་བྱེད་པ་ནི་ལྟུང་བ་འགའ་ཡང་མ་མཆིས་ཀྱི། འདི་རྣམས་དགེ་སློང་མ་ཟླ་མེད་པར་སྐྱེས་པ་ལ་ཆོས ་སྟོན་ན་མི་ཆོས་བླ་མར་གྱུར་པ་བརྗོད་པ་དང། ལྷན་ཅིག་ཉལ་བ་ལ་སོགས་པའི་ལྟུང་བ་རྣམས་ཀྱང་བསྙེན་པར་མ་རྫོགས་པའི་གང་ཟག་བཞིན་དུ་འདི་ལ་ལྟ་བར་ཤེས་པར་བྱའོ། །འདི་གཉིས་ཀྱི་རྗེས་སུ་འབྲེངས་ཏེ་འདིའི ་གསོག་འཇོག་བྱས་པ་དང་བླངས་པ་དང། ཕྱིས་བླངས་པ་ལ་སོགས་པ་གང་ཡིན་པ་དེ་གཞན་རང་བཞིན་དུ་གནས་པ་ལ་མི་འབྱུང་ངོ་ཞེས་བྱ་བར་ཁོང་དུ་ཆུད་པར་བྱ་བའོ། །གང་ཟག་བསྙེན་པར་མ་རྫོགས་པ་ཟ་མ་ཞེས་བྱ་བ ་ལ་སོགས་པས་ཉེས་བྱས་སུ་གསུངས་པ་ནི་འཇིག་རྟེན་གྱི་ཐ་སྙད་ལས་པའི་ཕྱིར་ཏེ། མ་ནིང་ལ་སོགས་པ་ལ་ཡང་དེ་དང་འདྲ་བར་ཤེས་པར་བྱའོ། །དགེ་སློང་མ་སུན་ཕྱུང་བ་ཞེས་བྱ་བ་ལ་སོགས་པས་ལྟུང་བྱེད་དུ་གསུངས ་པ་ནི་བསྙེན་པར་མ་རྫོགས་པ་ཁོ་ནའི་ཕྱིར་རོ། །དགེ་འདུན་གྱི་དབྱེན་བགྱིད་བ་ཞེས་བགྱིབ?་ལ་སོགས་པས་ཉེས་བྱས་སུ་གསུངས་པས་ཆོས་ལ་མ་གུས་པ་ཡོངས་སུ་སྤོང་བའི་ཕྱིར་རོ། །དེ་ཉིད་དང་(དགེ་སློང)?་དགེ་སློང་མ་དང་འདོན་ན་ཉེས་བྱས་སུ་འཆང? ་པར་འགྱུར་རོ། །བཙུན་པ་རེ་ཞིག་དགེ་སློང་གིས་དགེ་སློང་མ་དང་མགྲིན་གཅིག་ཏུ་ཆོས་འདོན་པར་བགྱིད་ན་ཞེས་བྱ་བ་ལ་སོགས་མགྲིན་སྙམ་སྟེ། ཚིག་འདོན་པར་མགྲིན་སྙམ་སྟེ། ཚིག་འདོན་པར ་བྱེད་ན་ལྟུང་བྱེད་དེ། འདི་ལྟར་འདོན་དུ་གཞུག་པ་དང་འདོན་དུ་འབྱུང་བ་མ་གུས་པའི་ཕྱིར་རོ། །གུས་ཉམས་པ་ཡོངས་སུ་སྤངས་པའི་སྙམ་ན་བསྙེན་པར་མ་རྫོགས་པས་མ་གུས་པ་བྱས་པ་ཡང་མ་གུས་པ་ཁོ་ན་ཡིན་ནོ།། ་དེ་བཞིན་དུ་དགེ་སློང་མ་དགེ་སློང་དང་ཞེས་བྱ་བ་ལ་སོགས་པ་ལ་ཡང་ཚུལ་འདི་ཉིད་ཡིན་ནོ། །ཞུས་པ་ལས་འདི་སྐད་དུ་དགེ་སློང་ལས་ཚིག་རེ་ནས་ཆོས་འདོན་དུ་སྩལ་ན་ཅིར་འགྱུར་ལགས། ཉེས་བྱས་སོ་ཞེས་འབྱུང་སྟེ་འདིར ་ཡང་ཚུལ་ནི་བཤད་མ་ཐག་པ་འདི་ཉིད་ཡིན་པར་ཤེས་པར་བྱའོ། །དགེ་སློབ་མ་ལ་སོགས་པས་བསྙེན་པར་མ་རྫོགས་པ་དང་མགྲིན་པ་སྙམ་ཏེ་ཆོས་འདོན་པ་ཁྱིམ་པ་དང་ཡིན་པར་ཤེས་པར་བྱ་སྟེ། འོག་མ་གནས་ངན་ལེན ་བརྗོད་པ་ལ་ཡང་དེ་དང་འདྲ་བར་ཤེས་པར་བྱ་སྟེ། འདོན་པའི་ལྟུང་བྱེད་གཏན་ལ་དབབ་པའོ།། །།བསྙེན་པར་མ་རྫོགས་པ་ལ་ཞེས་བྱ་བ་ལ་སོགས་པ་ལ་གནས་ངན་ལེན་ནི་ངོ་བོ་ཉིད་དང་ཀུན་ནས་སློང་བ ་ངག་གི་ཉོན་མོངས་པ་ཅན་ཏེ། ཕམ་པ་དང་དགེ་འདུན་ལྷག་མའོ་ཞེས་བྱ་བའི་ཐ་ཚིག་གོ་།དགེ་འདུན་གྱི་སྣང་བ་ནི་དགེ་འདུན་གྱི་རྗེས་སུ་གནང་བ་སྟེ། དགེ་འདུན་གྱི་གནང་བ་ཐོབ་ནས་ཕམ་པ་དང་དགེ་འདུན་ལྷག་མ་དག་ཤེས་པའི་ཁྱིམ ་དུ་བརྗོད་པ་ལ་ལྟུང་བ་མེད་དོ་ཞེས་བྱ་བའི་ཐ་ཚིག་གོ་།འདིར་ནི་དགེ་སློང་གིས་བྱས་པའི་གནས་ངན་ལེན་གྱི་ལྟུང་བ་བརྗོད་ན་ལྟུང་བྱེད་དུ་འགྱུར་རོ་ཞེས་བྱ་བ་དེ་ལྟར་ཤེས་པར་བྱའོ། །དེ་ལྟ་མ་ཡིན་ན་ཡང་བསྟན་པ་ཁོ་ནར་ལྟུང་བར་འགྱུར ་ཏེ། དེ་ཡང་རིགས་པ་མ་ཡིན་ནོ། །འདི་སྐད་དཱུང་ལྟུང་བ་བསྟན་པ་ལས་ཤེས་པར་བྱེད་དུ་འགྱུར་རོ། །ཞེས་དགེ་སློང་ལ་བསྟེན་པ་མཛད་དོ། །མི་ལ་མི་མ་ཡིན་པར་འདུ་ཤེས་པ་ལ་ཉེས་བྱས་སུ་གསུངས་པ་ནི་མི་མ་ཡིན ་པ་ལ་བརྗོད་ན་ཡང་ཉེས་བྱས་སུ་བསྟན་པའི་ཕྱིར་རོ། །ལྟུང་བའི་མཛའ་ནི་ལྟུང་བའི་ཚད་དོ། །བསྒོ་བར་བྱ་བ་ནི་ཁྱོད་གྱིས་ལྟུང་བ་འདི་སྙེད་ཅིང་བརྗོད་པར་བྱའོ་ཞེས་དེ་ལྟར་ཁོང་དུ་ཆུད་པར་བྱའོ། །ཡང་ཞེས་བྱ་བའི་སྒྲས ་ནི་ཁྱིམ་གྱི་མཛའ་སྟེ། ཁྱིམ་འདི་སྙེད་ཅིག་ཏུ་བརྗོད་པར་བྱའོ་ཞེས་ཏེ་དེ་ལྟར་འདི་ལ་ཁྱིམ་གྱི་མཛའ་བསྒོ་བར་བྱ་བ་ཡིན་ནོ། །ཁྱིམ་གྱི་མཛའ་མ་ཡིན་པ་ནི་ཁྱིམ་འདི་སྙེད་དུ་བརྗོད་པར་མི་བྱའོ།། ་གང་ཞིག་ཅེས་བྱ་བ་ནི་ལྟུང་བ་འབྱིན་པར་བྱེད་པ་སྟེ། དེ་དང་ཞེས་བྱ་བར་ཚིག་ཁོང་ནས་དྲང་ངོ། །ལྟུང་བ་འབྱིན་པ་པོ་གང་ཞིག་རྔམས་མི་ཕྱེ་བ་དག་གིས་ཁྱིམ་ཚད་ཡོད་པ་དག་སུན་འབྱིན་པ་དེ་དང་འབྲེལ་པའི་ལྟུང་བ ་གང་དག་ཡིན་པ་དང། ཁྱིམ་གང་དག་ཡིན་པ་དེ་དག་གིས་བརྗོད་པར་བྱེད་པ་ལ་ལྟུང་བ་འདི་སྙེད་ཅིག་ཁྱིམ་འདི་སྙེད་ཅིག་ཏུ་བརྗོད་པར་བྱའོ་ཞེས་ཡོངས་སུ་ཆད་པར་བྱ་བ་ཡིན་ཏེ། དེ་བཞིན་དུ་འོག་མ་དག་ལ་ཡང་ཅི ་རིགས་པར་ཤེས་པར་བྱའོ། །རྔམས་མི་ཆེ་བ་ནི་ཚད་དང་ལྡན་པའོ། །ཚད་མེད་པའི་ཚད་ནི་ཡོངས་སུ་ཆད་པ་མེད་པའི་ཕྱིར་རོ། །སུན་འབྱིན་པ་ནི་གནས་པ་དང་ལོངས་སྤྱོད་པ་དག་གིས་མ་དད་པ་བསྐྱེད་པའི་ཕྱིར་རོ།། ་ཚད་ཡོད་པ་ནི་ཚད་ཡོངས་སུ་ཆད་པའི་ཕྱིར་རོ། །རྡམས?་པོ་ཆེ་ནི་ཚད་མེད་པ་དང་ལྡན་པའོ། །དེས་ནི་ཞེས་བྱ་བ་རྗོད་པར་བྱེད་པ་དགེ་སློང་གིས་སོ། །ལྟུང་བ་དེ་ཙམ་ཁོ་ན་ཞེས་བྱ་བ་ནི་འདུན་གྱི་ལྟུང་བ་རྣམས་ཀྱི་ཚད་ཅི་ཙམ ་ཞིག་བརྗོད་པར་བརྗོད་པར་བྱ་བའི་ཕྱིར་བསྟན་པའོ། །ཤེས་པའི་ཁྱིམ་དེ་ཙམ་ཁོ་ན་དག་ཏུ་ཞེས་བྱ་བ་ནི་ཁྱིམ་གང་དག་ཏུ་ངེས་བྱས་པའི་གནས་ངན་ལེན་གྱི་ལྟུང་བ་ཤེས་པ་དེ་དང་ལྡན་པ་དེ་དག་ཏུའོ། །དེ་ལས་ལྷག་པར ་བརྗོད་ན་ཞེས་བྱ་བ་ནི་ཁྱིམ་གང་དག་ཏུ་དེས་བྱས་པའི་གནས་ངན་ལེན་གྱི་ལྟུང་བ་མི་ཤེས་པར་རོ། །ལྟུང་བྱེད་དུ་འགྱུར་བ་ཞེས་བྱ་བ་ནི་མི་ཤེས་པའི་ཁྱིམ་དུ་བརྗོད་པའི་ཕྱིར་རོ། །ཤེས་པའི་ཁྱིམ་ཐམས་ཅད་དུ་ཞེས་བྱ་བ་ནི་དེས་བྱ་བའི ་ལྟུང་བ་ཤེས་པ་དང་ལྡན་པ་དག་ཏུའོ། །ཁ་ཅིག་ནི་ལྟུང་བ་འབྱིན་པར་བྱེད་པའི་དགེ་སློང་ཁོ་ན་ལ་ལྟུང་བའི་མཛའ་ཡང་བསྒོ་བར་བྱ་ལ་ཁྱིམ་གྱི་མཛའ་ཡང་བསྒོ་བར་བྱའོ་ཞེས་བྱ་བ་ལ་སོགས་པས་བརྗོད་ཅིང་འོག་མ་དག་ལ་ཡང་གང་ཟག་གང ་ལ་(ལྟུང་བའི་མཛའ་ཡང་བསྒོ་བར་བྱ་བ་དེ་ཡིན)་ལྟུང་བ་དེ་ཙམ་ཁོ་ན་ཙམ་ཞེས་བྱ་བ་ལ་སོགས་པས་དྲུག་པའི་མཛའ་ཅན་དུ་ལྟུང་བ་འབྱིན་པར་བྱེད་པ་ཁོ་ན་ཡིན་པར་འདོན་ཅིང་འཆད་པར་ཡང་བྱེད་དོ། །དོན་འདི་ནི་འབྲེལ་པ་མ་ཡིན་ཏེ་འདི་ལྟར་གནས་ངན་ལེན་བརྗོད་པར་གཏོགས ་པའི་ལས་ནི་གང་གིས་ན་མངོན་སུམ་དུ་བྱེད་པར་འགྱུར་བ་མངོན་སུམ་དུ་བྱ་བ་ནི་མ་ཡིན་ནོ། །འོན་ཀྱང་འདིར་གྲགས་པ་ཡན་ལག་ཡིན་ཏེ། གྲགས་པ་ཙམ་གྱིས་ནི་འདི་བརྗོད་པར་བྱའོ། །འདི་ལ་ནི་ལྟུང་བ་འབྱིན་པར་བྱེད་པར་སྤྲོ་བ་བཞིན ་དུ་དོན་དུ་གཉེར་བ་ཉིད་གྱིས་འཇུག་པར་ཡང་མ་ཡིན་གྱི། ཉེས་ན་འདི་ཕྱིར་གནོད་པར་བྱ་བའི་ཕྱིར་འཇུག་གོ་།དེ་ཉིད་ཀྱི་ཕྱིར་དགེ་སློང་འཕྲལ་བ་ཅན་གྱིས་རྗོད་པར་བྱེད་པ་ལ་གལ་ཏེ་འདི་ཁོ་བོ་ལ་རུང་ན་ཁྱོད་ཀྱི་མགོ་རྒྱལ་བྱེད་གྱི་ཚལ་གྱི ་སྒོར་འབྲུ་མར་གྱི་སྣོད་བཞིན་དུ་སྤྱད་པ་གང་ཡིན་པ་དེ་ཅིའི་ཕྱིར་མི་རུང་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ལྟ་བས་ན་འདོན་པ་དང་བཤད་པ་སྔ་མ་བཞིན་བཟང་སྟེ། བསྟན་པ་ལ་ཁ་ཟེར་བ་ཐམས་ཅད་དུ་ཡོངས་སུ་སྤང་བའི་ཕྱིར་ནི་ཁྱིམ་དག་ཏུ་ཤེས་པར ་བྱའོ། །བདག་ཉིད་ཀྱིས་ཞེས་བྱ་བ་ལ་སོགས་པས་ཉེས་བྱས་སུ་གསུངས་པ་ནི་གཞན་གྱི་ཡིན་པ་མེད་པའི་ཕྱིར་ཏེ། བདག་ཉིད་ཀྱི་གནས་ངན་ལེན་གྱི་ལྟུང་བ་འཆབ་པ་བཞིན་ནོ། །ལ་ལ་ལས་དགེ་སློང་གི་གནས་ངན་ལེན་གྱི་ལྟུང་བ་ནི་མ་ནིང་ལ་ཞེས་བྱ ་བ་ལ་སོགས་པས་དགེ་སློང་ལ་ཐུག་པའི་བར་ལ་ཉེས་བྱས་སུ་འདོན། ལ་ལས་ནི་ལྟུང་བྱེད་དུ་འདོན་ཏོ། །དེ་ནི་རིགས་པ་མ་ཡིན་ཏེ། འདི་ལ་ནི་བསྙེན་པར་མ་རྫོགས་པ་ཡན་ལག་ཉིད་དུ་རྣམ་པར་བཞག་པའི་ཕྱིར་དང་འདིར་ཡང་དགེ་སློང་གི་རྒྱུ་མཚན་ཅན་གྱི ་ལྟུང་བ་རྣམས་ཀྱི་སྐབས་ཡིན་པའི་ཕྱིར་རོ། །གཞན་ཡང་བསྙེན་པར་རྫོགས་པ་ལ་བརྗོད་པའི་ཕྱིར་ཁ་ན་མ་ཐོ་བ་འདིར་འགྱུར་ན་དགེ་སློབ་མ་ལ་སོགས་པ་བསྙེན་པར་མ་རྫོགས་པ་མ་ཡིན་ནམ་ཅི་ན་ཡང་བརྗོད། དེ་བས་ན་འདི ་ཐམས་ཅད་འོད?་ལ་འདི་ལྟར་འདོན་པར་བྱ་སྟེ། བཙུན་པ་རེ་ཞིག་དགེ་སློང་གིས་དགེ་སློང་ཟ་མའི་གནས་ངན་ལེན་གྱི་ལྟུང་བ་གང་ཟག་བསྙེན་པར་མ་རྫོགས་པ་ལ་བརྗོད་པར་བགྱིད་ན་ཅིར་འགྱུར་ལགས་ཉེས་བྱས་སོ། །དེ་བཞིན་དུ་དགེ་སློང་མ་མིང? ་དང་མཚན་གཉིས་པ་དང། ཁས་བླངས་པ་དང། བསླབ་པ་བྱིན་པ་དང། དགེ་སློང་མ་སུན་ཕྱུང་བ་དང། མ་འགུམ་པ་དང། ཕ?་འགུམ་པ་དང། དགྲ་བཅོམ་པ་འགུམ་པ་དང། མུ་སྟེགས་ཅན་ཞུགས་པ་དང། རྐུ་ཐབས་སུ་གནས་པ་དང། ་སྔར་ལྟུང་བ་བྱུང་བ་དང། དང་པོ་མི་མཐུན་པ་ཅན་གྱི་གནས་ངན་ལེན་གྱི་ལྟུང་བ་གང་ཟག་བསྙེན་པར་མ་རྫོགས་པ་ལ་བརྗོད་པར་བགྱིད་ན་ཅིར་འགྱུར་ལགས་ཉེས་བྱས་སོ། །བཙུན་པ་རེ་ཞིག་དགེ་སློང་གིས་དགེ་སློང་གི་དགེ་འདུན་གྱི་དབྱེན་བགྱིད ་པའི་གནས་ངན་ལེན་གྱི་ལྟུང་བ་གང་ཟག་བསྙེན་པར་མ་རྫོགས་པ་ལ་བརྗོད་པར་བགྱིད་ན་ཅིར་འགྱུར་ལེགས། ལྟུང་བྱེད་དོ། །དེ་བཞིན་དུ་དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་འབྱིན་པ་བ་དང། ཐ་དད་དུ་གནས ་པའི་གནས་ངན་ལེན་གྱི་ལྟུང་བ་གང་ཟག་བསྙེན་པར་མ་རྫོགས་པ་ལ་བརྗོད་པར་བགྱིད་ན་ཅིར་འགྱུར་ལགས་ལྟུང་བ་མེད་དོ། །དེ་ལ་དོན་ནི་འདི་ཡིན་ཏེ། དགེ་སློང་མ་ཟ་མའི་གནས་ངན་ལེན་གྱི་ལྟུང་བ་ཞེས་བྱ་བ་ནི་ཟ་མ་བྱས་པའི་ལྟུང་བ་ཟ་མ་དང་འབྲེལ་བ་སྟེ་དེ་ཞེས་བྱ ་བའི་ཐ་ཚིག་གོ་།དེའི་ལྟུང་བ་འདི་ཕམ་པ་དང། དགེ་འདུན་ལྷག་མ་ཞེས་བྱ་བ་མིང་དུ་རྣམ་པར་ཉོན་མོངས་པ་ཅན་ཡིན་པའི་ཕྱིར་གནས་ངན་ལེན་ཅེས་ཐ་སྙད་གདགས་སོ། །མ་ནིང་ལ་སོགས་པ་ཡང་དེ་དང་འདྲ་བར་ཤེས་པར་བྱ་བ་སྟེ། འདི་ནི་སྡོམ་པ་མ་སྐྱེས་པའི་ཕྱིར་ཤེས་པར་བྱའོ ་དགེ་འདུན་གྱི་དབྱེན་བྱེད་པ་ལ་སོགས་པ་དང་འབྲེལ་པའི་ལྟུང་བ་དགེ་བསྙེན་པར་མ་རྫོགས་པ་ལ་ཡང་ལྟུང་བྱེད་དུ་གསུངས་པ་འདི་དགེ་འདུན་གྱི་དབྱེན་བྱེད་པ་ལ་སོགས་པ། དགེ་འདུན་གྱི་དབྱེན་བྱེད་པ་ལ་སོགས་པ་ཉིད་ཀྱིས་དགེ་སློང་ཉིད་མེད་པ་མ་ཡིན་པའི་ཕྱིར ་ཤེས་པར་བྱའོ། །བཙུན་པ་རེ་ཞིག་དགེ་སློང་གིས་དགེ་སློང་མའི་གནས་ངན་ལེན་གྱི་ལྟུང་བ་ཞེས་བྱ་བ་ལ་སོགས་པས་ཉེས་བྱས་སོ་གསུངས་པ་ནི་མི་མཐུན་པའི་ཕྱོགས་ཡིན་པའི་ཕྱིར་རོ། །གནས་ངན་ལེན་བརྗོད་པའི་ལྟུང་བྱེད་གཏན་ལ་དབབ་པའོ། །མིའི་ཆོས་བླ་མར་གྱུར ་པའི་ཞེས་བྱ་བ་ལ་སོགས་པ་ལ་ཇི་ལྟར་དེར་ཕམ་པར་བརྗོད་ལ། དེ་ནི་ལྟུང་བྱེད་ཏུ་སྟོན་ཅེ་ན་བདེན་ན་ཞེས་བྱ་བ་སྨོས་ཏེ་བདེན་ནའོ། །དེས་ན་བདེན་པའི་རྒྱུད་ཕྱིན་ཅི་མ་ལོག་པའི་ཕྱིར་ཞེས་བྱ་བའི་ཐ་ཚིག་སྟེ། བདེན་དུ་ཟིན་ཀྱང་གདུལ་བ་མ་ཡིན་པའི་སེམས་ཅན་རྣམས་ལ་མི་སྲིད་པ་འཛིན ་པ་ལ་སོགས་པ་ཉེས་པ་འབྱུང་བས་བཀག་གོ་།བདེན་པ་ཞེས་བྱ་བ་ལ་སོགས་པ་ནི་ཕམ་པ་བསྟན་པར་ནི་མི་བདེན་པ་ཡིན་ལ་འདིར་ནི་བདེན་པ་ཡིན་པས་འདི་དག་གི་ཁྱད་པར་ནི་དེ་ཡིན་ནོ། །སངས་རྒྱས་དང་སྟོན་པ་ཞེས་བྱ་བ་མ་གཏོགས་པ་ཞེས་བྱ་བ་ནི་བདག་ནི་སངས་རྒྱས་སོ།། ་སྟོན་པ་ཞེས་བྱ་བ་དེ་མ་གཏོགས་པ་ལྷག་མ་བརྗོད་པར་བྱ་བ་ཡིན་ནོ། །དེ་དག་ཡིན་པ་སྨྲས་ནས་ནི་འདིས་མི་བདེན་པར་ནི་མི་བདེན་པ་ཁོ་ནར་སྨྲ་བར་གྱུར་ཏེ། འདི་ལྟར་འདི་ལ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་བརྒྱན་པའི་གཟུགས་ཀྱི་སྐུ་དང་སངས་རྒྱས་བྱེད་པ་དང། སྟོན་པ་བྱང ་པའི་ཆོས་རྣམས་ཀྱི་བདག་ཀྱང་མེད་པས་ཡང་དག་པའི་འདུ་ཤེས་ཉེ་བར་མི་གནས་པའི་ཕྱིར་རོ། །དེ་བས་ན་མིའི་ཆོས་བླ་མ་འགྱུར་བ་བརྗོད་པའི་ལྟུང་བྱེད་ལ་སངས་རྒྱས་དང་སྟོན་པ་ཞེས་བྱ་བ་བོར?་ནས་ལྷག་མ་སློབ་པ་དང་མི་སློབ་པ་དང། ཅི་ཡང་བ་ཞེས་བྱ་བ་ལ ་སོགས་པས་ཐམས་ཅད་བདེན་པ་ཁོ་ནར་བརྗོད་པར་བྱའོ། །ཞེས་བྱ་བའི་ཐ་ཚིག་གོ་།ཞུས་པ་ལ་ལས་འདི་སྐད་དུ། བདེན་པ་མཐོང་བ་དང་ལྟ་བ་ཕུན་སུམ་ཚོགས་པ་ལ་བརྗོད་ན་ལྟུང་བ་མེད་དོ་ཞེས་འབྱུང་ངོ། །དེ་ལ་དོན་ནི་འདི་ཡིན་ཏེ། བདེན་པ་མཐོང་བ་ནི་འཕགས་པའི་བདེན ་པ་བཞི་ཡང་དག་པ་ཇི་ལྟ་བ་བཞིན་མཐོང་བའི་ཕྱིར་རོ། །ལྟ་བ་ཕུན་སུམ་ཚོགས་པ་ནི་ཡང་དག་པའི་ལྟ་བ་ཕུན་སུམ་ཚོགས་པའི་ཕྱིར་རོ། །ལྟུང་བ་འདི་ནི་མ་གུས་པ་ཡོངས་སུ་སྤང་བའི་ཕྱིར་གསུངས་ཏེ། འདི་ལྟར་ནིའི་ཆོས་བླ་མར་གྱུར་པ ་དང་ལྡན་པ་ཉིད་དུ་ཡིད་མི་ཆེས་པའི་ཕྱིར་རོ། །གང་ཟག་བདེན་པ་མཐོང་བ་ལ་ནི་ཉེས་པ་འདིའི་གོ་སྐབས་སུ་ཡང་མི་འགྱུར་ཏེ། འདི་ལྟར་མིའི་ཆོས་བླ་མར་གྱུར་པའི་ཡུལ་ཅན་གྱི་ལོག་པར་ལྟ་བ་དང་ཐེ་ཚོམ་རྣམས་གཏན་དུ་སྤངས་པས་དེ་དང་ལྡན་པའི་གང ་ཟག་སྲིད་པར་འཛིན་པའི་ཕྱིར་རོ། །དེ་བས་ན་བཅོམ་ལྡན་འདས་ཀྱིས་དགོས་པ་ནི་བདེན་པ་མཐོང་བ་བསྟེན་པར་མ་རྫོགས་པའི་མི་ཆོས་བླ་མར་གྱུར་པ་བརྗོད་ན་ལྟུང་བ་མེད་དོ་ཞེས་བྱ་བར་སྣང་ངོ། །མི་ཆོས་བླ་མར་གྱུར་པ་རྗོད་པའི་ལྟུང་བྱེད་གཏན་ལ ་དབང་པའོ། །།ལེགས་པར་རུང་བར་བྱས་ནས་ཞེས་བྱ་བ་ནི་རྗེས་སུ་གནང་བ་བྱིན་པ་སྟེ་དད?་པ་ཕུལ་ནས་ཞེས་བྱ་བའི་ཐ་ཚིག་གོ་།བཤེས་དོར་བྱས་ཏེ་ཞེས་བྱ་བ་ནི་བཤེས་པ་ནི་བཤེས་པ་སྟེ། བཤེས་ཤིང་འདིས་པ་ཞེས་བྱ་བའི ་ཐ་ཚིག་གོ་།གང་དང་གང་དག་ལ་བཤེས་པ་ནི་བཤེས་དོའོ། །དེར་ཇི་ལྟར་བཤེས་བཞིན་ཞེས་བྱ་བའི་ཐ་ཚིག་གོ་།རྙེད་པ་ནི་གོས་ཀྱི་རྙེད་པའོ། །གང་ཟག་ལ་ཞེས་བྱ་བ་ནི་ཡུལ་གཅིག་པའོ། །དངོས་པོ་ཞེས་བྱ་བ་ནི་བསྒྲུབས་པ་ནི་དེས? ་ན་གང་རྣམས་གང་དག་དང་བཤེས་ཤིང་ངོ། །ཤེས་པ་དེ་རྣམས་ཀྱི་དེ་དག་གི་གང་ཟག་ལ་བསྒྲུབས་སོ་ཞེས་བྱ་བའི་ཐ་ཚིག་གོ་།འདི་ནི་བསླུ་བའི་ཕྱིར་རོ། །རེ་ཞིག་དགེ་སློང་གིས་ཞེས་བྱ་བ་ལ་སོགས་པས་མཚན་གྱུར་ན་ཉེས་བྱས་སུ་གསུངས་པ་ནི་རྙེད ་པའི་མཚན་ཐ་དད་པའི་དགེ་འདུན་གྱི་ཡིན་པའི་ཕྱིར་ཏེ། དགེ་སློང་མ་ལ་དེ་དང་འདྲ་བར་ཤེས་པར་བྱའོ། །དེ་ལས་གཞན་པ་ནི་ཟས་ཀྱི་རྙད་པ་ལ་སོགས་པའོ། །མངོན་སུམ་དུ་མ་བབ་པར་ཞེས་བྱ་བ་ལ་སོགས་པས་ཉེས་བྱས་སུ་གསུངས་པ་ནི་སྔར?་དད?་པ ་ཕུལ་བ་མེད་པའི་ཕྱིར་རོ། །སྐུར་པ་འདེབས་པའི་ལྟུང་བྱེད་གཏན་ལ་དབབ་པའོ། །ཟླ་བ་ཕྱེད་ཅིང་ཞེས་བྱ་བ་ལ་སོགས་པ་ལ། ཟླ་བ་ཕྱེད་ཕྱེད་ཅིང་ཞེས་བྱ་བ་ནི་ཟླ་བ་ཕྱེད་ཅིང་ངོ། །སོ་སོར་ཐར་པ་ནི་སྡིག?་པ་ལས་དང་པོར་ཐར་པའི་ཕྱིར་རོ། །དེ་ཉིད་མདོ?་ཡིན་ཏེ་དོན?་སྨོས་པའི་ཕྱིར་རོ། །དེ ་གདོན་པ་ནི་སྨྲ་བའོ། །དེ་གདོན་པ་ན་ཞེས་བྱ་བ་ནི་དགེ་འདུན་གྱི་ནང་དུ་སྨྲ?་བ་སྟེ་བརྗོད་པ་ན་ཞེས་བྱ་བའི་ཐ་ཚིག་གོ་།ཡང་ཞེས་བྱ་བ་ནི་རིགས་གཞན་བསྟན་པའི་ཕྱིར་རོ། །འགྱེད་པའི་ཕྱིར་གདུང་བ་སྟེ་འདི་ནི་འགྱོད་པའི་རྣམ་པ་ཆུད་དུ་བསྟན་པ་ཡིན་ནོ། །མ་དགའ་བ་ནི་མཚོན་ཆའི་སོ་བཞིན་དུ་སེམས་ལ ་གནོད་པར་བྱེད་པ་སྟེ། འདི་ནི་འགྱོད་པ་འབྲིང་བསྟན་པ་ཡིན་ནོ། །གནོད་པ་ནི་ཁྱད་པར་དུ་སེམས་ལ་གནོད་པ་བྱེད་པ་སྟེ། འདི་ནི་འགྱོད་པ་ཆེན་པོ་བསྟན་པའི་ཕྱིར་རོ། །རྣམ་པར་མཐོ་འཚམ་པ་ནི་རྣམ་པར་འཆེ་བ་ཆས་ཁྱད་པར་དུ་འཕགས་པ་སྐྱེད་པར་བྱེད་པ་སྟེ། འདི་ནི ་འགྱོད་པའི་རྣམ་པ་ཆོས་ཆེན་པོར་བརྙད་པ་ཡིན་ནོ། །ཡིད་ལ་གཅགས་པ་ནི་མཆོག་ཏུ་སེམས་ཞུམ་པར་བྱེད་པ་སྟེ། འདི་ནི་འགྱོད་པའི་རྣམ་པ་ཆེས་ཤིན་ཏུ་ཆེན་པོ་བསྟན་པ་ཡིན་ནོ། །དེ་ལྟར་འདི་དག་ནི་ཆུང་ངུ་དང་འབྲིང་དང་ཆེན་པོ་དང་ཆེས ་ཆེན་པོ་དང་ཆེས་ཤིན་ཏུ་ཆེན་པོའི་བྱེ་བྲག་གིས་སེམས་ཀྱིས་འགྱོད་པའི་རྒྱུ་དག་བཤད་པ་ཡིན་ནོ། །འགྱུར་པ་ནི་རྒྱུའི་དངོས་པོར་འགྱུར་པའོ། །བསླབ་པའི་གཞི་ཞེས་བྱ་བ་ལ་ནི་ཉོན་མོངས་པ་སྤོང་བའོ། །དེའི་གཞི་ནི ་རྟེན་ཏོ། །ཚུལ་ཁྲིམས་ལ་བརྟེན་ཏེ་ཉོན་མོངས་པ་སྤོང་བ་སྒྲུབ་ཏེ། འདུལ་བ་ལས་ཉེ་བར་བསྟན་པ་དག་ཅེས་བྱ་བའི་ཐ་ཚིག་གོ་ཕྲན་ཚེགས་ནི་སོ་སོར་བཤགས་པར་བྱ་བར་འགྱུར་བའི་ལྟུང་བྱེད་རྣམས་སོ།། ་རབ་ཏུ་ཕྲ་བ་ནི་ཉེས་བྱས་སུ་གྱུར་པ་དག་གོ་།ཡང་ན་ཕྲན་ཚེགས་ཞེས་བྱ་བའི་སྒྲ་ནི་ཕྲ་རྣམ་གྲངས་ཡིན་ཏེ། དེས་ན་ཇི་ཙམ་དུ་ཕྲན་ཚེགས་རབ་ཏུ་ཕྲ་བ་ཞེས་བཤད་པ་དེ་ཙམ་དུ་ཕྲ་བ་ཞེས་བཤད་པ་ཡིན་ནོ་ཞེས་ ་བཤད་པའི་ཐ་ཚིག་གོ་།འདོམ་པ་དག་གིས་ཞེས་བྱ་བ་ནི་བསྙད་པ་དག་གིས་སོ། །དེ་སྐད་ཅེས་བྱ་བའི་སྒྲ་ནི་མ་སྨོས་པ་བསྡུ་བའི་ཕྱིར་རོ། །བསླབ་པ་ཁྱད་དུ་གསོང་ན་ཞེས་བྱ་བ་ནི་བསླབ་པ་རྣམས་དང་མི་མཐུན་པར ་བྱེད་ན་ཏེ། འགལ་བར་བྱེད་ན་ཞེས་བྱ་བའི་ཐ་ཚིག་གོ་།དགེ་སློང་ཞེས་བྱ་བ་ལ་སོགས་པས་མཚན་གྱུར་ན་ཉེས་བྱས་སུ་གསུངས་པ་ནི་མཚན་ཐ་དད་པའི་ཕྱིར་ཏེ་དགེ་སློང་མ་ལ་ཡང་དེ་དང་འདྲ་བར་ཤེས་པར་བྱའོ། །སྤྲུལ་པ་ནི་ལྷ་ལ་སོགས་པ་སྟེ། འདི་ནི་ཐ ་སྙད་དུ་མི་རུང་བའི་ཕྱིར་རོ། །བསླབ་པའི་ཁྱད་དུ་གསོད་པའི་ལྟུང་བྱེད་གཏན་ལ་དབབ་པའོ། །ས་བོན་གྱི་ཚོགས་ནི་རྩ་བའི་ས་བོན་ལ་སོགས་པའི་ཡོ་བྱེད་དོ། །འབྱུང་པོའི་གནས་ནི་འགྱུར་པོ་སྤུང་བ་དང་ཕྱེ་མ་ལེབ་དང་བྱ་ལ་སོགས་པའི་གནས་ཤིང་ལ་སོགས ་པ་ལ་སྐྱེ་བ་སྟེ། སྐྱེ་བ་ཡང་ས་བོན་ཉིད་དང་ཐ་མི་དད་པས་ལྟུང་བ་གཅིག་ཏུ་བཅས་སོ། །འཇིག་གམ་འཇིག་ཏུ་འཇུག་པ་ནི་གོ་བཞིན་དུ་རང་གཞན་གྱིས་ལག་པ་དག་གིས་འབྱིན་པ་དང་སྒྱེལ་བ་དང། གཅོད་པ་དང། འཇོམས་པ་ལ་སོགས་པས་མ་རུང་བར ་བྱེད་པའོ། །རྫུ་འཕྲུལ་གྱི་ཤིང་ཞེས་བྱ་བ་ལ་སོགས་པ་ལ་མོས་ན་ཞེས་བྱ་བ་ནི་འདོད་ན་ཏེ། རྫུ་འཕྲུལ་ནི་དགེ་བའི་ཕྱིར་ལྟུང་བ་རྣམས་ཀྱི་ཞིང་མ་ཡིན་པ་དེའི་ཕྱིར་དེ་ཤེས་པར་བྱའོ། །ཁ་ཅིག་ནི་འདི་སྐད་དུ། བཙུན་པ་རེ་ཞིག་དགེ་སློང་གིས་རྫུ་འཕྲུལ་གྱིས ་ཤིང་འགུམས་ན་ཅིར་འགྱུར་ལགས། ཉེས་བྱས་ཞེས་འདོན་ཏོ། །འདུལ་བ་འཛིན་པ་རྣམས་ན་རེ་འདོན་པ་འདི་ནི་རུང་བ་མ་ཡིན་ཏེ། འདི་ལྟར་གནོད་སེམས་ཀྱི་རྣམ་པ་ཉིད་ཡོད་ན་ནི་དངོས་གཞི་ཁོ་ནར་རྣམ་པར་བཞག་གོ་།མེད་ན་ནི་ལྟུང་བ་ཡང་མེད་ན་ཇི ་ལྟར་འདི་ལ་ཉེས་བྱས་སུ་འགྱུར་རོ་ཞེས་ཟེར་རོ། །ལུས་ཀྱི་རྣམ་པར་རིག་བྱེད་ཀྱིས་ཞེས་བྱ་བ་འདི་ནི་དག་མེད་པའི་ཕྱིར་ཡིན་ནོ། །རྡོའི་དྲག་པ་ནི་འདི་རྡོ་དྲག་ཡིན་གྱི་རྡོ་གཅོག་པ་ནི་མ་ཡིན་ནོ། །ས་བོན་རྩ་བ་མ་ཟུག་པ་ནི་མྱུ་གུ་འཕངས་པ་ཙམ་སྟེ། འདི་ནི ་རྩ་བ་མ་ཟུག་པའི་ཕྱིར་ཡིན་ནོ། །འདི་མི་སྔོ་བ་ནི་ས་འདམ་སྔོན་པོར་འདུག་པ་སྟེ། ས་ཞག་སྔོན་པོ་ཞེས་བྱ་བའི་ཐ་ཚིག་གོ་།འདམ་སྐྱ་བ་ནི་བུམ་པ་དང། གོས་ལ་སོགས་པ་ལས་བྱུང་བའོ། །འདི་ནི་ཕྱེད་སྐྱེས་པའི་ཕྱིར་ཡིན་པར་རིག་པར་བྱ་སྟེ། ཕ་བ་དགོ་དགོ ་དང་ཤ་མོ་ལ་ཡང་དེ་དང་འདྲ་བར་རིག་པར་བྱའོ། །ཆུ་རྩ་ནི་རྩ་ཉ་ལྕིབས་དང་འདྲ་བ་ཞིག་སྟེ། ཉ་ལྕིབས་དང་ཆུ་རྩ་དག་གི་སྲོག་ནི་ཆུ་ཡིན་པས་ན་དེ་བས་ན་དེ་དག་ཕྱུང་བ་ཉིད་མ་རུང་བར་བྱས་པ་ཡིན་པས་དེའི་ཕྱིར་ལྟུང་བྱེད་འདིར་གསུངས་སོ། །སྲོག་ཆགས་རྣམས ་ནི་བྱ་མ་གཏོགས་པ་རྣམས་ཏེ། དེ་དག་མིང་གིས་འཆད་པར་འགྱུར་རོ། །གནས་ནི་འདུག་གནས་སོ། །འབྱིན་པ་ནི་དྲུངས་ནས་འབྱིན་པའོ། །མ་རུངས་བར་བགྱིད་པ་ནི་ཐམས་ཅད་དུ་འཇོམས་པའོ། །ཚད་ནི་གནས་སོ། །འཇུག་པ་ནི་ཕྱིར་གློག་པའོ། །མ་རུང་བར་བགྱིད་པ་ནི ་མེས་སྲེག་པའོ། །སྒོ་ང་དག་མ་ལྷག་ན་དེའི་ཚེ་གཞིག་པར་བྱའོ་ཞེས་གསུངས་པའི་སྒོ་ང་མེད་པ་རྣམས་གཞིག་པར་བཅོམ་ལྡན་འདས་ཀྱིས་གནང་བ་མ་ཡིན་ནམ་ཞེ་ན། འདི་ལ་འགལ་བ་མེད་དེ། འདི་ལྟར་དགེ་འདུན་གྱི་གནས་དགེ་ནི་དགེ་སློང་རྣམས་ལ ་རང་གི་ཡིན་པའི་བློ་ཡོད་པས་དེ་ནས་ཚང་འཇིག་པ་ལ་བཅོས་ལེགས་པའི་བློ་ཡོད་ན་རྗེས་སུ་གནང་ངོ། །གང་ལ་རང་གི་ཡིན་པའི་བློ་མེད་པ་དེ་ནས་འཇིག་པ་ལ་འདི་བཞག་གོ་།ཕ་བ་དགོ་དགོ་ནི་འབྲུག་གྲགས་པའི་ཚེ་འབྱུང་བ་འཕྲུམ་འདྲ་བའི་རྔད་ཅིག་གོ་།ཤ་མོ་ནི་ཤ་མོ་ཞེས་བྱ ་བའི་རྔད་ཅིག་སྟེ། ཤ་མོ་ཁུ་ལུ་ཞེས་བྱ་བའི་ཐ་ཚིག་གོ་།རྙིས་པ་ཞེས་བྱ་བའི་ལ་སོགས་པས་ཉེས་བྱས་སུ་གསུངས་པ་ནི་ཤུན་པ་མི་རྙིས་པ་འཆུ་ན་ལྟུང་བྱེད་དུ་འགྱུར་རོ་ཞེས་བྱ་བ་དེ་ལྟར་ཤེས་པར་བྱའོ། །འདི་སྐད་དུ་ཡང་ཤུན་པ་སྙིང་པོ་དང་བཅས་ཏེ་འཆུ་ན་ལྟུང་བྱེད་དུ ་འགྱུར་རོ་ཞེས་གསུངས་ཏེ། མེ་ཏོག་ལ་སོགས་པ་ཡང་དེ་དང་འདྲ་བར་ཤེས་པར་བྱའོ། །བསྙེན་པར་མ་རྫོགས་པར་ཞེས་བྱ་བ་ལ་སོགས་པས་ཉེས་བྱས་སུ་གསུངས་པ་ནི་དགེ་སློང?་མའི་ཡུལ་ཅན་དུ་རིག་པར་བྱའི། དགེ་སློང་གི་ཡུལ་ཅན་ནི་མ ་ཡིན་ཏེ། དེ་ལ་རྩ་གཅོད་པ་ནི་ཉེས་པ་རྣམ་པར་བཞག་པས་སོ། །དགེ་སློང་མ་ལ་ནི་རྣམ་པར་བཞག་པས་དེ་ནི་དེ་ལྟར་ཤེས་པར་བྱ་སྟེ། རྩ་སྔོན་བཅད་པར་མི་བྱའོ། །ཞེས ་འབྱུང་བའི་ཕྱིར་རོ། །ཤིང་ནི་ལྗོན་པའོ། །ལེགས་པ་ནི་བཟང་བའོ། །མ་ཉེས་པ་ནི་ཉེན་མེད་པའོ། །ཉེས་བྱས་སོ་ཞེས་བྱ་བ་ནི་འདིར་ལྡངས་པོར་མ་སྨྲས་པའི་ཕྱིར་ཤེས་པར་བྱའོ། །ཚིག ་གུ་ནི་རྒྱ་ཤུག་གི་ཚིག་གུའོ། །མ་བཅོམ་པར་བྱ་བ་ནི་མ་ལྡང་པར་རོ། །རིལ་མིང་བགྱིས་པ་ནི་ཁུར་མིང་དུ་བཏང་བའོ། །ཉེས་བྱས་སོ་ཞེས་བྱ་བ་ནི་འདིར་སྦྱོར་བ་ལས་བྱུང་བའོ། །རུང་བར་མ ་བགྱིས་པ་ནི་མེ་ལ་སོགས་པས་སོ། །ས་བོན་དུ་མ་རེད་པ་ནི་གང་དག་གིས་ཚིག་གུ་ས་བོན་དུ་མ་རེང་པ་སྟེ། ས་བོན་དུ་མ་གྱུར་པ་རྣམས་ཞེས་བྱ་བའི་ཐ་ཚིག་གོ་།འདིས་ནི་ཇི་ལྟར་མེ་དང། ་མཚོན་དང་སེན་མོ་དང། རྙིས་པ་དང། ནེ་ཙོ་དང། གནོད་པ་དང་གཤེག་པ་དང། བཅད་པ་དང་གཞིག་པའི་རུང་བར་བྱ་བ་དང། དེ་དག་གིས་རུང་བར་བྱས་པའི་འབྲས་བུ་རྣམས ་བཟར་རུང་བ་དེ་བཞིན་དུ་འབྲས་བུའི་ས་བོན་རྫོགས་སོ། །མངྒཱ་ལཾ།། ་