CLOSE WINDOW

N4406: lung phran tshegs kyi rnam par bshad pa
Wyliee-texts based on the ACIP/ALL Input

རྒྱ་གར་སྐད་དུ། ཨཱ་ག་མ་ཀྵུ་དྲ་ཀ་བྱཱ་ཁྱཱ་ན། བོད་སྐད་དུ། ལུང་ཕྲན་ཚེགས་ཀྱི་རྣམ་པར་བཤད་པ། ་བྱང་ཆུབ་སེམས་དཔའ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །དཔལ་ལྡན་གང་གི་ཡོན་ཏན་དག ་གིས་ཉོན་མོངས་དགྲ་ཡི་ཚོགས་རྣམས་མ་ལུས་འདུལ་མཛད་ཅིང། །དོན་རྣམས་མ་ལུས་རིག་པའི་དྲི་མེད་མཁྱེན་ལྡན ་བདག་ཉིད་ཐུགས་རྗེས་འདུལ་གསུང་བའི། །སངས་རྒྱས་ཞབས་ཀྱི་པདྨ་ལྷ་ཡི་རིན་ཆེན་ཅོད་པན་ཟེར་གྱིས་རེག་པར་གྱུར་དེ་ལ ་ཕྱག་བྱས་ནས་ནི་ཕྲ་མོའི་རྟོགས་དཀའ་ཨི་དེ་ཉིད་ཚིག་གི་རྣམ་བཤད་འདི་བརྩམ་བྱ། །ཕྲན་ཚེགས་ཀྱི་གཞིའི་སྡོམ་ཞེས ་བྱ་བ་ལ། ཕལ་ཆེར་བསླབ་པའི་གཞི་ཕྲ་ཞིང་ཁ་ན་མ་ཐོ་བ་ཆུང་བ་སྟོན་པར་བྱེད་པའི་ལུང་གང་ཡིན་པ་དེ་ནི་ཕྲན་ཚེགས་ཞེས་བྱའོ། །གཞི ་ཞེས་བྱ་བ་ནི་འདི་ལ་བསླབ་པའི་གཞི་བརྗོད་པར་བྱ་བའི་དངོས་པོའི་སྒོ་ནས་གནས་པར་བྱེད་པའི་ཕྱིར་གཞི་ཡིན་ཏེ། དོན་དང་ལྡན་པའི་སྒྲ་བཀོད ་པ་ཞེས་བྱ་བའི་དོན་ཏོ། །སྡོམ་ཞེས་བྱ་བ་ནི་སྒྲོ་འདོགས་པ་བསལ་བ་དང། རྣམ་པར་བརྗེད་པ་སྤང་བའི་དོན་ཏོ། །གནོད་པ་ཅན་གྱི་ཡུལ ་སྨོས་པ་ལས་བཏུས་ནས་ངག་གང་ལ་བསླབ་པའི་གཞི་བརྗོད་ཅིང་དཔྱོད་པ་ནི་སྡོམ་ཡིན་ཏེ། མདོར་བསྡུ་བ་བྱས་པའི་དོན་སྨོས་པ་ཞེས་བྱ་བའི་བར་དུའོ། །བསྡུས་པའི ་སྡོམ་ཞེས་བྱ་བ་ནི་བསྡུས་པར་གྱུར་པའི་སྡོམ་གྱི་ཚིགས་སུ་བཅད་པ་ལས་བཏུས་ཤིང་ངག་གང་ལ་ཁས་བླང་བ་འམ། དུམ་བུར་བྱེད་པ་དེ་ནི་བསྡུས་པའི་སྡོམ་ཞེས་བྱའོ།། ་ཐམས་ཅད་དུ་བསྟན་བཅོས་རྩོམ་པ་ལ་བརྗོད་པར་བྱ་བ་དང། དགོས་པ་དང་འབྲེལ་པ་དང་དགོས་པའི་དགོས་པ་དག་གདོན་མི་ཟ་བར་བརྗོད་པར་བྱ་བ་ཡིན་ཏེ། གང་གི ་ཕྱིར་བརྗོད་པར་བྱ་བ་ལ་སོགས་པ་བཞི་པོ་དག་དང་བྲལ་བའི་སྒྲ་ལ་ཡང་རྟོགས་པ་དང་ལྡན་པ་ཡིད་དགའ་བ་བསྐྱེད་པས་བསྐྱེད་པར་མི་བྱེད་ན་བསྟན་བཅོས་དག་ལ་ཡང་སྨོས ་ཀྱང་ཅི་དགོས། དེ་ཕྲན་ཚེགས་ཀྱི་མིང་ཅན་གྱི་ལུང་འདི་ལ་དགེ་སློང་དག་གི་བྱ་བ་ནི་བརྗོད་པར་བྱ་བ་ཡིན་ལ། དེ་ཡང་རྣམ་པ་གཉིས་ཏེ། ཅུང་ཞིག་ནི་དོར་བར་བྱ་བ ་ཡིན་ཏེ། དཔེར་ན་སོ་ཕག་གིས་ལུས་ལ་བདར་བར་མི་བྱའོ་ཞེས་བྱ་བ་ལྟ་བུའོ། །བསམ་གཏན་དང་འདོན་པ་ལ་སོགས་པ་ཅུང་ཞིག་ནི་བླང་བར་བྱ་བ་ཡིན་ཏེ། དཔེར ་ན་དགེ་སློང་དག་རྒྱགས་པ་མེད་པར་བསམ་གཏན་གྱིས་ཤིག་ཅེས་བྱ་བ་ལྟ་བུའོ། །བརྗོད་པར་བྱ་བ་གཉིས་པོ་དེ་བསྟན་ཅིང་ཁོང་དུ་ཆུད་པ་ནི་བཅོམ་ལྡན་འདས་དང་སྡུད་པ་པོ ་དག་གི་དགོས་པ་ཡིན་ནོ། །བསྟན་པ་དེ་ཡང་ཕྲན་ཚེགས་ཀྱི་མིང་ཅན་གྱི་སྒྲའི་བཀོད་པ་འདིས་བསྒྲུབ་པར་ནུས་པ་དེའི་ཕྱིར་སྒྲའི་ཚོགས་འདི་བརྗོད་པར་བྱ་བ་ཁོང་དུ་ཆུད་པའི་ཐབས ་སུ་གྱུར་བ་ཡིན་ཏེ། འདི་གཉིས་ནི་ཐབས་ལས་བྱུང་བའི་མཚན་ཉིད་ཀྱིས་འབྲེལ་བ་ཡིན་ནོ། །རབ་ཏུ་ཡང་དག་པར་འཇུག་པའི་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་ནས་ཕུང ་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པ་ཐོབ་པ་ཞེས་བྱ་བ་ནི་དགོས་པའི་དགོས་པ་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་ཞེས་བྱ་བ་ལ། ཆོས་ཐམས་ཅད་ཐུགས་སུ་ཆུད ་པའི་ཕྱིར་སངས་རྒྱས་ཡིན་ལ། དབང་ཕྱུག་ལ་སོགས་པ་ཡོན་ཏན་དྲུག་དང་ལྡན་པའི་ཕྱིར་བཅོམ་ལྡན་འདས་སམ། འདོད་ཆགས་དང། ཞེ་སྡང་དང། གཏི་མུག་བཅོམ་པ་ཉིད་ཀྱི་ཕྱིར་བཅོམ ་ལྡན་འདས་ཏེ། འདོད་ཆགས་བཅོམ་ཞིང་ཞེ་སྡང་བཅོམ། །གཏི་མུག་བཅོམ་ཞིང་ཟག་པ་མེད། །སྡིག་པའི་ཆོས་རྣམས་རྣམ་བཅོམ་པ། །དེ་ཕྱིར་དེ་ནི་བཅོམ་ལྡན་འདས་ཞེས་གསུངས་པའི་ཕྱིར་རོ།། ་སངས་རྒྱས་ཀྱི་སྒྲའི་ཉེ་བའི་ཚིག་བཅོམ་ལྡན་འདས་ཞེས་བྱ་བ་ཡིན་ན་ནི་བཅོམ་ལྡན་འདས་ཉིད་བརྗོད་པར་བྱ་བ་མ་ཡིན་ནམ། འདི་ལྟར་མདོ་སྡེ་ལས་དུས་གཅིག་ན་བཅོམ་ལྡན་ཞེས་འབྱུང་བའི་ཕྱིར ་རོ་ཞེ་ན། དེ་སྐད་དུ་བརྗོད་པར་ནི་མི་ནུས་ཀྱི་གཞན་དག་ལ་ཡང་བཅོམ་ལྡན་འདས་ཞེས་བརྗོད་དེ། འདི་ལྟར་བཅོམ་ལྡན་འདས་ནོར་ལྷ་ཞེས་བྱ་བ་ལ་སོགས་པའི་ཁྱད་པར་རྣམ་པར ་བཅད་པར་བྱ་བའི་ཕྱིར་སངས་རྒྱས་སྨོས་པ་ཡིན་ནོ། །དེ་ལྟ་ན་ནི་མདོ་སྡེ་དག་ལ་ཡང་སངས་རྒྱས་སྨོས་དགོས་སོ་ཞེ་ན། མི་བྱ་སྟེ། ཉན་ཐོས་ཀྱིས་བཤད་པའི་མདོ་སྡེ་ཡང་སྲིད་པའི་ཕྱིར་ཏེ། དེ་ལྟར ་བསླབ་པའི་གཞི་བཅའ་བདག་ནི་ཉན་ཐོས་འཕགས་པ་ཤཱ་རིའི་བུ་ལ་ཡང་དབང་ཡོད་པ་མ་ཡིན་པ་དེའི་ཕྱིར་འདུལ་བ་ལས་བསླབ་པའི་གཞི་བཅས་པ་མཛད་པ་ལ་སྟོན་པ་གཅིག་ཏུ་གཙོ་བོར་གྱུར་པ ་ཡིན་གྱི། གཞན་འགའ་ཞིག་ཀྱང་མ་ཡིན་ནོ་ཞེས་བྱ་བ་ཉིད་ཀྱི་ཕྱིར་སངས་རྒྱས་སྨོས་སོ། །ཡངས་པ་ཅན་ཞེས་བྱ་བ་ནི་ཁྱིམ་དང་འབྱོར་པ་ཡངས་ཤིང་རྒྱ་ཆེ་བར་གྱུར་པའི་གྲོང ་ཁྱེར་ནི་ཡངས་པ་ཅན་ནམ། མི་རྣམས་བསོད་ནམས་རྒྱ་ཆེ་ཞིང་ལྷའི་ཕུན་སུམ་ཚོགས་པ་དང་ལྡན་པའི་གྲོང་ཁྱེར་འདི་ལ་ཡངས་པ་ཅན་ཞེས་བྱའོ། །ཡངས་པ་ཅན་དེ་ན་ཞེས་བྱ་བ་ནི་ཉེ་བར་གྱུར་པ་དབང་དུ་བྱེད ་པའོ། །བཞུགས་ཏེ་ཞེས་བྱ་བ་ལ་དེའི་སྒྲ་ནི་འདས་པའི་དུས་སྟོན་པར་བྱེད་པའོ། །འདི་ལྟར་བཞུགས་པ་ཡང་བཞེངས་པ་དང། བཞུགས་པ་དང། གཟིམས་པ་དང། འཆག་པ་ཐ་དད་པའི་སྒོ་ནས་རྣམ་པ་བཞི ་སྲིད་པ་དེ་ལྟ་ན་ཡང་འདིར་བཞུགས་པ་ཙམ་ཞིག་ཉེ་བར་སྦྱར་བ་ཡིན་ནོ། །སྤྲེའུ་རྫིང་གི་འགྲམ་ཞེས་བྱ་བ་ནི་སྤྲེའུས་བསྐོས་པའི་ཆུའི་རྫིང་གི་འགྲམ་ནའོ། །ཁང་པ་བརྩེགས་པའི་གནས་ཞེས་བྱ་བ་ནི་གཙུག་ལག་ཁང ་གི་མིང་ངོ། །དྲུག་སྡེ་ཉིད་ཀྱིས་བྱ་བ་ནི་དྲུག་པོ་ཕན་ཚུན་སྡེ་ཚན་དུ་མཐུན་པ་དག་ནི་དྲུག་སྡེ་ཡིན་ལ། དྲུག་སྡེའི་དངོས་པོ་ནི་དྲུག་སྡེ་ཉིད་དམ་གང་རྣམ་པ་དྲུག་པོ་ལ་ཕན་པས་ན་དྲུག་སྡེ་ཉིད་དེ། དེ་དག་རེ་རེ་ལ་ཡང ་དྲུག་སྡེ་ཁོ་ན་ཉིད་ཅེས་བྱ་སྟེ། དཔེར་ན་བྱ་ལྔ་པ་དང་དགེ་སློང་ལྔ་པ་ཞེས་བྱ་བ་ལྟ་བུའོ། །དྲུག་སྡེ་ཉིད་ནི་ཚོགས་ལ་བྱའོ། །སྔ་དྲོ་ནི་ཉི་མའི་ཐུན་དང་པོ་ཡིན་ལ་དེར་བགོས་ནས་ཞེས་བྱ་བ་ནི་ཤམ་ཐབས ་བགོས་སུ་ཟིན་ཀྱང་སྤྱོད་ལམ་སྤ་བའི་ཕྱིར་དང། ཡང་མཛེས་པར་བྱ་བ་ནི་ཉིད་ཀྱི་ཕྱིར་ཞེས་བྱ་བའི་དོན་ཏོ། །བསོད་སྙོམས་ཀྱི་ཕྱིར་ཞེས་བྱ་བ་ནི་བསོད་སྙོམས་བླང་པའི་དོན་དུའོ། །བར་ནི་དབུས་སོ། །ཡངས་པ་ཅན་ཞེས་བྱ་བ་ལ། ཡངས་པ་ཅན་གྱི་གྲོང་ཁྱེར་ན་གནས་པ་གང་ཡིན་པ ་དེ་དག་ནི་ཡངས་པ་ཅན་གྱིའོ། །ལི་ཙ་བའི་ཞེས་བྱ་བ་ནི་ལི་ཙ་བཱའི་མི་ཅན་གྱི་རྒྱལ་རིགས་དག་གིའོ། །སྐྱེད་མོས་ཚལ་ནི་རྩེད་འཇུའི་གནས་ལ་བྱའོ། །བྱ་སྣ་ཚོགས་སྐད་འབྱིན་པ་ཞེས་བྱ་བ་ནི་འདབ་ཆགས་རྣམ་པ་སྣ་ཚོགས་སྒྲ་སྒྲོགས་པའོ། །དགའ་བའི་ཚལ་ཞེས་བྱ་བ་ནི་སུམ་ཅུ་རྩ ་གསུམ་པ་དག་སྐྱེད་མོས་ཚལ་གང་ལ་རབ་ཏུ་འཇུག་ན་ལྷ་དག་གི་འབྱོར་བའི་ཚོགས་ཉམས་སུ་མྱོང་བར་གྱུར་པའོ། །དེ་དང་འདྲ་བ་ནི་དེ་དང་ཆ་འདྲ་བ་དག་ཡིན་ནོ། །རྩོལ་བ་ནི་ལུས་ཀྱི་སྒོ་ནས་དུབ་པར་བྱེད་པ་ཡན་ལག་རྩོལ་བ་གང་གིས་སྒྲུབ་པར་བྱེད་པ་དེ་ནི་བརྩལ་བའི ་ཆ་སྤྱད་ཡིན་ཏེ། མདའ་བོ་ཆེ་ལ་སོགས་པའོ། །གར་དང་གླུ་དང་སིལ་སྙན་གྱི་ཆ་སྤྱད་ནི་པི་ཝང་ལ་སོགས་པ་དག་གོ་།ཁྲུས་ཀྱི་ཡོ་བྱད་ནི་སོ་ཕག་ལ་སོགས་པ་དག་གོ་།སུམ་ཅུ་རྩ་གསུམ་གྱི་ལྷ་ཞེས་བྱ་བ་ནི་རྩེ་བའི་ཕྱིར་ལྷ་སྡེ་རྩེ་འཇོ་བྱེད་པའི་ཕྱིར་ལྷ་སྟེ་ཞེས་བྱ་བའི་དོན་ཏོ།། ་དབང་པོ་གཅིག་དང་ཉེ་བའི་དབང་པོ་སུམ་ཅུ་རྩ་གཉིས་ཏེ། སུམ་ཅུ་རྩ་གསུམ་པ་དེ་དག་ནི་གསུམ་ཅུ་རྩ་གསུམ་ཞེས་བྱའོ། །དཔེར་མཛད་ན་ཞེས་བྱ་བ་ནི་དཔེར་གྱུར་པས་ན་དཔེར་མཛད་པ་སྟེ། ཇི་སྐད་དུ་དགེ་སློང་དག་ཁྱོད་ཅག་ལས་སུམ་ཅུ་རྩ་གསུམ་གྱི་ལྷ་མཐོང་བར་མ ་གྱུར་བ་གང་ཡིན་པ་དེས་ཡངས་པ་ཅན་གྱི་ལི་རྩ་བཱའི་སྐྱེད་མོས་ཚལ་གྱི་གནས་སུ་སོང་ལ་ལྟོས་ཤིག་ཅེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །གཏམ་དུ་བྱས་པ་ཞེས་བྱ་བ་ལ། གཏམ་ནི་ཚིག་གི་སྒོ་ནས་མངོན་པར་འདོད་པའི་འབྲས་བུ་དཔྱོད་པར་བྱེད་པ་ཡིན་ཏེ། ་གང་གིས་གཏམ་དུ་བྱས་པ་དེ་དག་ནི་གཏམ་དུ་བྱས་པ་སྟེ། མངོན་པར་འདོད་པའི་འབྲས་བུ་འབྱོར་བ་བསྒྲུབས་ནས་ཞེས་བྱ་བའི་བར་དུའོ། །མངའ་བོ་ཆེ་ནི་ལོགས་གཉིས་ནས་ལྕགས་ཀྱི་མདེའུ་ཚད་ཆེན་པོ་ཅན་དབུས་ལག་པས?་བཟུང་དུ་རུང་བ་མཚོན་ཆའི་ཁྱད་པར ་དག་ཡིན་ཏེ། དེ་ཡང་དང་ཡང་དུ་འཕགས་པ་ལས་བརྩལ་བ་འགྲུབ་པར་འགྱུར་རོ། །རྡོ་སྲིད་བུ་ལ་སོགས་པས་བཅིངས་པ་དག་ནི་དྲང་པའི་དོན་གྱི་རྡོ་སྟེ། དེ་འདྲན་པ་ལས་ཀྱང་བརྩལ་བ་འགྲུབ་པར་འགྱུར་རོ། །བསྣརོན་པའི་དོན་གྱི་རྡོ་ནི་སྐྱེས་བུ་སྟོབས་དང་ལྡན་པས་བཏེག་པའི ་རྡོ་ཡིན་ཏེ། དེ་བཏེག་ནས་དོར་བ་ལས་ཀྱང་བརྩལ་བ་འགྲུབ་པར་འགྱུར་བ་འམ། གང་གིས་དཔུང་མགོའི་ཕྱོགས་ལ་བསྣུན་པར་གྱུར་ནས་??་??་འགྱུར་བའི་ཕྱིར་བསྣུན་པའི་དོན་གྱི་རྡོ་ཞེས་བྱའོ། །པི་ཝང་ནི་སིལ་སྙན་གྱི་ཁྱད་པར་ལ་བྱ་སྟེ། ད་ལྟར་ནི་མི་སྣང་ངོ། །ཁ་ཅིག་ན་པི་ཝང་དུ་རབ་ཏུ་གྲགས་པ་ལ་ཡང ་པི་ཝང་ཞེས་ཟེར་རོ། །གླིང་བུ་ནི་འདི་མ་ཡིན་ལ། རྔ་ནི་རྫ་རྔ་ལ་བྱའོ། །འཕང?་རྔ་ནི་འཁར་རྡའི་སིལ་སྙན་ཡིན་ལ། སྒྲ་སྙན་པའི་མཆོག་ནི་སིལ་སྙན་ཡིན་ཏེ་ནུབ་པར་གྱུར་ཏོ་ཞེས་བརྗོད་དོ། །བཟོའི་གནས་དང། ལས་ཀྱི་གནས་ཞེས་བྱ་བ་ལ། བསླབ་པའི་གནས་ནི་བསླབ་པའི་དངོས ་པོ་ཁོང་དུ་ཆུད་པ་སྟེ། ཁལ་མ་བྱུང་བ་ལ་སོགས་པའོ། ལས་ཀྱི་གནས་ནི་བསླབ་པའི་རྩོལ་བས་བསྒྲུབ་པ་ཡིན་ཏེ། གླང་པོ་ཆེའི་གཉའ་བ་དང། རྟའི་རྒྱབ་དག་ལ་ཞོན་པ་ལ་སོགས་པའོ། །ཡན་ལག་ལྔ་དང་ལྡན་པ་ཞེས་བྱ་བ་ནི་བརྡུང་བར་བྱ་བ་སིལ་སྙན་གྱི་ཚོགས་ལ ་བྱ་ལ་བརྡུང་བར་བྱ་བ་ཡན་ལག་ལྔ་དག་གང་ལ་ཡོད་པ་དེ་ནི་ཡན་ལག་ལྔ་དང་ལྡན་པ་སྟེ། དཔེར་ན་དཔུང་གི་ཚོགས་ལན་ལག་བཞི་པ་ལྟ་བུའོ། །བརྡུང་བར་བྱ་བའི་ལན་ལག་དག་ཀྱང་སིལ་སྙན་ལྔའི་ཁྱད་པར་ཡིན་ཏེ། རྒྱུད་དང། རྣམ་པར་རྒྱས་པ་དང། མགོ་བཟང་དང། ་མ་ཐུག་པ་དང། འདྲེན་མའི་དབྱེ་བའི་ཕྱིར་རོ། །དེ་ལ་རྒྱུད་ནི་རྒྱུད་ཉིད་ཀྱིས་སྒྲོགས་པ་ཏེ། པི་ཝང་ལ་སོགས་པའོ། །རྣམ་པར་རྒྱས་པ་ནི་པགས་པས་གཡོགས་པ་སྟེ། རྔ་བོ་ཆེ་དང་རྫ་རྔ་ལ་སོགས་པའོ། །མགོ་བཟང་ནི་འོད་མའི་སིལ་སྙན་ནོ། །མཐུག་པ་ནི་གླུ་སྙན་པ ་ལ་སོགས་པ་དབྱངས་གྱི་ཁྱད་པར་རོ། །འདྲན་ནི་ཕན་ཚུན་རྗེས་སུ་མཐུན་པ་སྒྲ་འཇམ་པོ་ཡིད་དུ་འོང་བའི་སིལ་སྙན་དག་གི་ཚོགས་ཡིན་ནོ། །སྐྱེས་བུ་མཁས་པས་ཞེས་བྱ་བ་ལ་སོགས་པ་ལ། སྒྲ་སྣ་ཚོགས་ཀྱི་ཁྱད་པར་སྒྲོག་པར་བྱེད་པ་ལ་མཁས་པ་ཞེས ་བྱའོ། །ལེགས་པར་རབ་ཏུ་དཀྲོལ་བ་ཞེས་བྱ་བ་ནི་རབ་ཏུ་སྦྱོར་བ་པོ་དེས་ཡང་དག་པ་ཕྱིན་ཅི་མ་ལོག་པའི་རྣམ་པས་སོ། །ཁ་ཅིག་ནི་སྒྲ་ཡིད་དུ་འོང་བ་ཅན་བརྒྱུད་ལྔ་པ་བརྡུང་བར་བྱ་བའི་ཁྱད་པར་ནི་ཡན་ལག་ལྔ་དང་ལྡན་པ་ཞེས་བྱ་བ་དང། གཞན་དག་ཀྱང་ཕན་ཚུན་རྗེས་སུ ་མཐུན་པ་སྒྲ་ཡིད་དུ་འོང་བ་ཅན་བརྡུང་བར་བྱ་བའི་ཁྱད་པར་སྔ?་མ་ཡན་ལག་ལྔ་དང་ལྡན་པ་ཞེས་ཟེར་རོ། །ཡང་ན་སིལ་སྙན་གྱི་རྗེས་རྒྱུད་དང་ལྡན་པར་བྱ་བའི་པི་ཝང་ལ་སོགས་པ་དག་སེར་མོ་དག་གིས་བརྡུང་བར་བྱ་བ་གང་ཡིན་པ་དེ་དག་ཡན་ལག་གཅིག་ཡིན་ལ། རྒྱུད་ཀྱི་ཁྱད་པར་གྱི་སྒོ་ནས་གྲུབ་པ་ལག་པ་དང ་འབྲེལ་པའི་ཤིང་དུ་དྲུང་པ་དང། ཡོངས་སུ་དྲུང་བས་བརྡུང་པར་བྱ་བ་གང་ཡིན་པ་དེ་ནི་གཉིས་པའོ། །གླིང་བུ་ལ་སོགས་པ་ཁའི་དབུགས་ཀྱིས་བུད་པར་བྱ་བ་གང་ཡིན་པ་དེ་ནི་གསུམ་པའོ། །རྫ་རྔ་ལ་སོགས་པ་ལག་པས་བསྣུན་པའི་སྒོ་ནས་བརྡུང་བར ་བྱ་བ་གང་ཡིན་པ་དེ་ནི་བཞི་པའོ། །ཆ་ལང་ལ་སོགས་པ་ཕན་ཚུན་རྡབ་པའི་སྦྱོར་བས་དཀྲོལ་བར་བྱ་བ་གང་ཡིན་པ་དེ་ནི་ལྔ་པའོ། །རྣ་བ་བྱོལ་ཏེ་ཞེས་བྱ་བ་ནི་སྒྲ་དེ་མཉན་པ་ལ་རྣ་བ་དང་སེམས་དག་རྣམ་པར་གཏོད་པའོ། །གར་བྱེད་པས་ན་གར་མཁན་ནོ།། ་བརྟག་པས་མོས་པ་ནི་མངོན་པར་འདོད་པ་ཡིན་ལ། བརྟག་པའི་ཕྱིར་གཞོལ་ཞིང་འབབ་པའི་ཡིད་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། སྒྲ་དེ་མཉན་པའི་ཕྱིར་གནས་དེར་འགྲོ་བར་མངོན་པར་འདོད་པ་དང་བཅས་པས་ཞེས་བྱ་བའི་ཐ་ཚིག་གོ། ་མྱུར་ཞིང་ཞེས་བྱ་བ་ལ་སོགས་པ་ལ། རིངས་དྲག་ཏུ་དོང་ནས་སོ། །བཀྲེན་པ་ནི་དམན་པ་འམ་ཡོན་ཏན་གྱིས་དབུལ་བར་གྱུར་པ་ཡིན་ཏེ། དམན་པ་ཉིད་དང་ཡོན་ཏན་གྱིས་དབུལ་བར་གྱུར་པ་ཡིན་ཏེ། དམན་པ་ཉིད་དང་ཡོན་ཏན་གྱི་དབུལ་བར ་གྱུར་པས་འགའ་ཞིག་ལ་ཡོན་ཏན་ཡོད་པ་དག་ཏུ་སྐྱེས་པར་མི་བྱེད་དོ། །དེ་ཉིད་ཀྱི་ཕྱིར་ཁྱེད་ལ་བྱེ་བྲག་ཅི་ཡོད་ཅེས་སྨོས་ཏེ། ཁྱད་པར་ཡོངས་སུ་ཤེས་པའི་ནུས་པ་མེད་པ་ཡིན་ནོ་ཞེས་བྱ་བར་དགོངས་སོ། །དགེ་སྦྱོང་རྣམས་ཀྱང་འདོད་པའི་ཡོན ་ཏན་གྱིས་ཞེས་བྱ་བ་ལ་མཁས་པ་དཀའ་ཐུབ་ཅན་གྱི་འགྲོ་བ་དག་ནི་དགེ་སྦྱོང་ཡིན་ཏེ། དེ་དག་འདི་ཀུན་སྤྱོད་པར་བྱེད་པའི་ཕྱིར་དགེ་སྦྱོང་རྣམས་རྟོགས་པའི་གཡོས་འདོད་པ་ལ་ཡོངས་སུ་ལོངས་སྤྱོད་པ་ཡིན་ཏེ། དཔེར་ན་སོ་ཕག་བ་དར་བའི ་གཡོས་སྒྲ་ཡིད་དུ་འོང་བ་ཡོངས་སུ་ལོངས་སྤྱོད་པ་དང། རྒྱ་རྗེས་སུ་སྣང་བ་ལས་བྱས་པ་ལ་སོགས་པའི་སོར་གདུ་བ་ཡོངས་སུ་ལོངས་སྤྱོད་པར་བྱེད་དོ་ཞེས་བྱ་བ་ལ་སོགས་པ་ལྟ་བུའོ། །སྒྲའི་དོན་དཔྱད་པར་བྱ་སྟེ། འདོད་པར་བྱ་བ་ཡིན་པའི་ཕྱིར་འདོད་པ་སྟེ། ་མངོན་པར་འདོད་པར་བྱ་བ་ཡིན་པའི་ཕྱིར་ཞེས་བྱ་བའི་དོན་ཏོ། །གོམས་པར་བྱ་བ་ཡིན་པའི་ཕྱིར་ཡོན་ཏན་ཏེ། འདུན་པའི་འདོད་ཆགས་ཀྱི་སྒོ་ནས་གོམས་པར་བྱེད་ཅེས་བྱ་བའི་བར་དུའོ། །རྗེས་སུ་སྟོན་པར་མཛད་པས་ན་སྟོན་པའོ། །སྤ་བཀོད་པ་ནི་ལན ་སྦྱིན་པའི་ནུས་མ་མེད་པར་གྱུར་པ་ཡིན་ནོ། །སྲད་དང་ཞེས་བྱ་བ་ལ་སོགས་པ་ལ། ཤིང་རྟ་བཀྲི་བར་ནུས་པའི་ཁྲི་ལམ་གང་ཡིན་པ་དེ་ནི་སྲད་ཡིན་ནོ། །ཁྲི་ལམ་ནི་ཤིང་རྟ་བསྐྱོད་དུ་རུང་བའི་ཚོད་དུས་ཀྱི་ཁྲི་ལམ་མོ། །བཞི་མདོ་ནི་སྲད་གི་སྣའི་ལམ་གྱི་བཞི་མདོ ་དག་གོ་།སུམ་མངོན་སྲང་གི་སྣའི་ལམ་གྱི་སུམ་མདོའོ། །འདས་པ་དང་བཅས་པར་འགྱུར་རོ་ཞེས་བྱ་བ་ནི་ཤིན་ཏུ་འདས་པར་བྱེད་པ་ནི་འདས་སྟེ། བསླབ་པའི་མཚམས་ལས་ཤིན་ཏུ་རྒལ་བར་བྱེད་པའོ། །འདས་པ་དང་ལྷན་ཅིག་འཇུག་པ་ན་འདས ་པ་དང་བཅས་ཤིང་རྒལ་བ་དང་བཅས་པ་སྟེ། ཉེས་བྱས་ཀྱི་ཁ་ན་མ་ཐོ་བ་དང་བཅས་པར་གྱུར་ཞེས་བྱ་བའི་ཐ་ཚིག་གོ་།དྲི་མའི་འདམ་ནི་དྲི་མས་ཉེ་བར་གོས་པ་འམ་དྲི་མའི་ཚོགས་ལ་བྱའོ། །དག་པ་ནི་ཉོན་མོངས་པའི་དྲི་མ་དང་བྲལ་བར་གྱུར་པའོ། ་སྐབས་ནི་གནས་སྐབས་ལ་བྱའོ། །གང་སོ་ཕག་གིས་ལུས་སྤྱད་པར་མི་བྱའོ། །ཞེས་གསུངས་པ་ནི་བཅས་པ་ཡིན་ལ། གང་རྐང་པ་སོ་ཕག་གིས་སྤྱད་པར་བྱའོ་ཞེས་གསུངས་པ་དེའི་ཕྱིར་རྗེས་སུ་གནང་བ་ཡིན་པར་ཤེས་པར་བྱའོ། མཛུབ་རེས་གསུམ་ཞེས ་བྱ་བ་ནི་ས་ཞག་དཀར་པོས་འཕྲལ་བའི་ཕྱོགས་སུ་རི་མོ་གསུམ་བྱས་པ་ནི་མཛུབ་རིས་གསུམ་མོ། །འཕྱ་བར་བྱེད་པ་ནི་འཕྱར་ཁ་གཏོང་བར་བྱེད་པའོ། །གསོད་པོར་སྨྲ་བས་གསོད་པོར་སྨྲའོ་ཞེས་བྱ་བ་ནི་གུས་པའི་ཚིག་ཟློས་པ་ཡིན་ཏེ། གསོད་པོར་སྨྲ་བ་ནི་ལུས་ཀྱི་ཕྱག ་འཚལ་བ་མེད་པའི་སྒོ་ནས་མཆོད་པའི་ཚིག་ཡིན་ནོ། །མཉན་ཡོད་ཅེས་བྱ་བ་ལ་སོགས་པ་ལ། དྲང་སྲོང་མཉན་ཡོད་ཀྱིས་བསྒྲུབས་པའི་གྲོང་ཁྱེད་མཉན་ཡོད་ཅེས་བྱའོ། །བསླབ་པའི་ཚིག་འབྱུང་བས་ན་གཞི་ཞེས་བྱའོ། །གི་ཝང་གི་ཐིག་ལེར་བྱས་ཏེ་ཞེས་བྱ་བ་ནི་གི ་ཝང་གི་དབྲལ་བའི་ཕྱོགས་སུ་ཐིག་ལེར་བྱས་ནས་སོ། །ཆོས་སྟོན་བསྔགས་པར་བྱེད་ཅེས་བྱ་བ་ནི་དེར་བདག་གིས་བཟའ་བ་རྣམ་པ་སྣ་ཚོགས་ཞི་མ་ཞིང་བསོད་པ་མང་པོས་རྙེད་པར་གྱུར་ཞེས་པའོ། །བྲམ་ཟེ་དང་ཁྱིམ་བདག་ནི་ཁྱིམ་གྱི་ནི་སྐྱོ་བོ་དམ་པ་དག་ཡིན་ཏེ། ་དམ་པ་བཟུང་བས་དམ་པ་མ་ཡིན་པ་ཡང་སྨས་པ་ཡིན་ནོ། །གསོད་པོར་སྨྲ་བ་ནི་གསོད་པོར་སྨྲ་བར་འོས་པ་ཡིན་པའི་ཕྱིར་གསོད་པོར་སྨྲ་བར་བྱ་བ་དག་ཡིན་ལ། ཕྱག་བྱ་བར་འོས་པ་ཡིན་པའི་ཕྱིར་ཕྱག་བྱ་བ་དག་ཅེས་བྱའོ། །རྒན་པོ་ནི་ཆོད་ལས་ཤིན ་ཏུ་འདས་པ་ཡིན་ཏེ། བྲམ་ཟེ་ནི་གང་ཡིད་ཕྱིར་ཕྱོགས་པ་ཁྱིམ་དག་ཏུ་གནས་པ་བསམ་པ་མེད་པར་གྱུར་པའོ། །བརྒྱན་པ་ནི་སྤྲས་པར་གྱུར་པའོ། །བཞིན་བཟངས་ཞེས་བྱ་བ་ནི་སྙན་པའི་ཚིག་གིས་འབོད་པའོ། །རང་བཞིན་དུ་གནས་པའི་དངོས་པོ་ན་རང་བཞིན ་དུ་གནས་པར་གྱུར་པ་ཉིད་དེ། ནད་མེད་པར་འགྱུར་རོ་ཞེས་བྱ་བའི་བར་དུའོ། །ཐུགས་རྗེའི་སྤྱོད་པ་མངའ་བའི་ཕྱིར་ཐུགས་རྗེ་ཅན་ནོ། །དྲིས་བྱུགས་ཏེ་ཞེས་བྱ་བ་ནི་ཡང་དག་པར་བསྐུས་ཏེའོ། །གནས་བརྟན་ཞེས་བྱ་བ་ནི་དེ་དག་མཆོད་པའི་ཚིག་གོ་།དེ་དག ་འཕྱ་བར་བྱེད་ཅེས་བྱ་བ་ལ་སོགས་པ་ལ་འཕྱ་བ་ནི་མིང་སྨོས་པའི་སྒོ་ནས་ཚུལ་མ་ཡིན་པ་རྗོད་པར་བྱེད་པའོ། །སྨོས་པ་ནི་མིང་སྨོས་པ་མེད་པར་སྤྱིར་འགའ་ཞིག་འདི་ལྟར་བྱེད་དོ་ཅེས་ཉེས་པ་བརྗོད་པར་བྱེད་པའོ། །ངན་དུ་ཟེར་བ་ནི་དེའི་སྐྱོན་བརྗོད་པའི ་ཕྱིར་འདྲི་བ་ལ་སྦྱོར་བ་ཡིན་ནོ། །འདོད་པ་ལ་ལོངས་སྤྱོད་པ་ཞེས་བྱ་བ་ནི་འདོད་པ་ལ་ལོངས་སྤྱོད་པའི་དང་ཚུལ་ཅན་ནོ། །འོངས་ཤིང་ལྷགས་པར་གྱུར་པ་རྣམས་ལ་ཞེས་བྱ་བ་ལ། ཅུང་ཞིག་སྔར་འོངས་པར་གྱུར་པའི་ཕྱིས་ལྷགས་པར་གྱུར་པ ་གང་ཡིན་པ་དེ་དག་ནི་འོངས་ཤིང་ལྷགས་པར་གྱུར་པ་དེ་དག་ལའོ། །ཆོས་ནི་སངས་རྒྱས་ཀྱི་བཀའ་ཡིན་ལ། འཆད་པ་ནི་སྟོན་པར་བྱེད་པའོ། །ཀུན་ཏུ་སྤྱོད་པའི་ཆོས་རྣམས་ཞེས་བྱ་བ་ལ་ཁྱད་པར་དུ་བྱ་བ་དང་རྗེས་སུ་མཐུན་པའི་གདོན་མི་ཟ་བར་བྱ་བ་དག་ནི ་བཅོམ་ལྡན་འདས་ཀྱིས་དངོས་སམ་བརྒྱུད་པས་སྐབས་ཀྱི་བྱེ་བྲག་ལ་རག་ལུས་པར་བྱ་བར་རྗེས་སུ་གནང་བ་ཡིན་པའི་ཕྱིར་ཀུན་ཏུ་སྤྱོད་པའི་ཆོས་ཏེ། ཀུན་ནས་རྟག་ཏུ་ཁྱད་པར་དུ་བྱ་བའི་དོན་ཡིན་ནོ། །ཀུན་ཏུ་སྤྱད་པ་ནི་ཀུན་ཏུ་སྤྱོད་པ་ཏེ། དེ་དང་དེ་དག ་འདིར་ཀུན་ཏུ་སྤྱོད་པ་ཞེས་བྱ་བ་ཡིན་ཏེ། དཔེར་ན་དགོན་པ་ལས་ཁྱི་གསོ་བར་བྱེད་པ་ཁྱད་པར་དུ་བྱ་བ་ཡིན་ལ། དེ་དང་རྗེས་སུ་མཐུན་པ་ཡིན་པའི་ཕྱིར་བཅོམ་ལྡན་འདས་ཀྱིས་བྱ་བ་དག་ཏུ་རྗེས་སུ་གནང་བ་ཡིན་ནོ། །ལག་མཐིལ་དྲི་དང་ལྡན་པས་བྱུགས་ཤིང ་ཅེས་བྱ་བ་ནི་ལག་པ་དྲིས་ཉེ་བར་བསྒོས་པས་བཅོམ་ལྡན་འདས་ཀྱིས་མཆོད་རྟེན་ལའོ། །ལག་པའི་སོར་མོས་རྣམ་པར་ཕྱེ་བ་གཟུགས་བརྙན?་འབྲུང་བ་ཅན་ནི་ལག་པའི་མཐིལ་དྲི་དང་ལྡན་པའོ། །བཅོམ་ལྡན་འདས་ཀྱི་དབུ་སྐྲ་དང་སེན་མོ་དག་སྙིང་པོར་བྱས ་བའི་མཆོད་རྟེན་ནི་དབུ་སྐྲ་དང་སེན་མོའི་མཆོད་རྟེན་ནོ། །དུས་དུས་སུ་ཞེས་བྱ་བ་ནི་དུས་སྔ་མ་དང་ཀུན་ཏུ་འབྲེལ་བའི་དུས་ཅིག་ཤེས་ལ་དུས་དུས་ཞེས་བྱའོ། །མིག་ལ་ཕན་འདོགས་པར་བྱེད་པ་ནི་མིག་ལ་ཕན་པའོ། །འདི་ལ་འགྱོད་པ་ཉིད་དུ་མི་བྱ་བའོ་ཞེས ་བྱ་བ་ནི་ངན་པར་བྱས་པས་ན་འགྱོད་པ་ཡིན་ལ། འགྱོད་པའི་དངོས་པོ་ནི་འགྱོད་པ་ཉིད་དོ། །འདིར་ནི་དེ་ལ་དམིགས་པའི་སེམས་ལས་བྱུང་བའི་འགྱོད་པ་ཞེས་བྱ་བའི་ཆོས་ལ་འགྱོད་པ་ཉིད་དུ་བཤད་ལ། དེ་མི་བྱ་བ་ནི་བསྐྱེད་པར་མི་བྱའོ། །སྲོག་ཆགས ་བྱིས་པ་གསོད་ཀྱི་རྣམ་པས་ཉེ་བར་མཚོན་པའི་རི་ནི་བྱིས་པ་གསོད་ཀྱི་རིའོ། །སྲིན་པོ་འཇིགས་པར་བྱེད་པ་རྣམ་པར་གནས་པའི་ནགས་ནི་འཇིགས་པར་བྱེད་པའི་ནགས་སོ། །རི་དྭགས་མང་པོ་རྒྱུ་བའི་ཕྱིར་རི་དྭགས་རྒྱུ་བ་སྟེ། ཤིང་མང་པོ་ཅན་ཆད་ཤིན་ཏུ་མི་ཆེ་བའི། ཤིང ་གཞན་དང་གཞན་དག་གིས་ཁྱབ་པའི་ས་ཕྱོགས་ནི་རྒྱུ་བ་ཅན་ནོ། །ཡང་དག་པ་འབྲས་བུ་གདམས་པ་སྒྲོགས་པར་བྱེད་པའི་ཕྱིར་ཉན་ཐོས་ཏེ། དེ་དག་གི་དགེ་འདུན་ནི་ཚོགས་ཡིན་པས་ཉན་ཐོས་ཀྱི་དགེ་འདུན་ནོ། །ཚེ་ན་རྩི་བརྒྱ་ནི་ཁམས་བརྒྱ་ལ་བྱའོ། །ཆགས ་བ་ནི་ཞེན་པར་གྱུར་པའོ། །དུས་ལས་ཞེས་བྱ་བ་ལ། དུས་ནི་ཐ་མའི་དུས་ཏེ། དེས་ལས་འདས་པ་ནི་ཉམས་སུ་མྱོང་བར་གྱུར་པའོ། །གང་ལ་སྐེ་ལ་ལྦ་བ་ཡོད་པ་དེ་ནི་ལྦ་བ་ཅན་ཏེ་ཡི་དྭགས་ཀྱི་རིགས་ཅན་དག་ཏུའོ། །ཚངས་པའི་སྐུད་པ་ནི་མཆོད་སྦྱིན་གྱི་དག་བྱེད་དོ།། ་བཅའ་བ་དང་བཟའ་བ་ཞེས་བྱ་བ་ལ། བཅའ་བ་ནི་ལྔ་སྟེ། འདི་ལྟད་རྩ་བའི་བཅའ་བ་དང། སྡོང་བུའི་བཅའ་བ་དང། ལོ་མའི་བཅའ་བ་དང། མེ་ཏོག་གི་བཅའ་བ་དང། འབྲས་བུའི་བཅའ་བ་ཞེས་བྱ་བའོ། །བཟའ་བ་ནི་ལྔ་སྟེ། འདི་ལྟར་འབྲས་ཆན་དང། ནས་ཆན་དང། ་སྣུམ་ཁུང་དང། ཉ་དང། ཤ་ཞེས་བྱ་བའོ། །སྐུད་པ་གང་ལ་སྔོན་པོ་ལ་སོགས་པ་ཚོན་སྣ་ལྔ་ཡོད་པ་དེ་ནི་ཚོན་སྣ་ལྔ་པའི་སྐུད་པའོ། །འདུས་པར་ཟན་ཟོས་ནས་ཞེས་བྱ་བ་ནི་གང་གི་ཚེ་ཁྱིམ་པའི་བྱིས་པ་བཅས་པ་འམ། མེ་སྐོར་བྱེད་པ་དེའི་ཚེ་སྐྱེ་བའི་རྩ་ལག ་འདུས་པར་གྱུར་པ་གང་ཡིན་པ་དེ་ལ་འདུས་པ་ཞེས་བྱ་བ་འམ། འདུས་པའི་རྒྱུ་མཚན་ལས་བྱུང་བའི་ཟས་གསོད་པ་ལ་ཡང་འདུས་པ་ཁོ་ན་ཞེས་བྱ་བ་སྟེ། དེ་ལ་བརྟེན་ནས་འབྱུང་བ་ཉིད་ཀྱི་ཕྱིར་རོ། །གཞུང་གཞན་ལས་ནི་གནོད་སྦྱིན་གྱི་གཏོར་མ་ཟོས ་ནས་ཞེས་འབྱུང་སྟེ། འདིར་དེའི་དོན་ནི་ཁྱིམ་དུ་གནོད་སྦྱིན་གྱི་ཆེད་ཀྱི་གཏོར་མ་བྱས་པ་གང་ཡིན་པ་དེ་ཟོས་ཤིང་དབང་པོ་ཚིམ་པར་བྱས་པ་ཡིན་ནོ། །སྐ་རགས་ནི་ལུས་བཅིང་བའོ། །སྦྲོག་མ་ནི་ལྕག་མ་ལས་བྱས་པ་སྟེ། མེ་ཏོག་ལ་སོགས་པ་རྫས་གཙང ་མའི་གཞིར་གྱུར་པའི་དངོས་པོའོ། །ཤཱ་ཀྱའི་བུ་ནི་དཀའ་ཐུབ་ལ་གནས་པའི་ཕྱིར་ཤཱཀྱའི་བུའོ། །དགེ་སྦྱོང་ནི་ཐར་པའི་ཕྱིར་འཇུག་པའོ། །རབ་ཏུ་ཚིག་པ་ནི་རྣམ་པར་ཉམས་པར་གྱུར་པའོ། །དགེ་སྦྱོང་ཞེས་བྱ་བ་ནི་ཐར་པའི་དོན་དུ་ཡོངས་སུ ་སྦྱོང་བའོ། །བྲམ་ཟེ་ན་ལུས་དང་ཡིད་ཀྱི་ཉེས་བར་སྤྱོད་པ་ལས་ལྡོག་པ་ཡིན་གྱི། དེ་དག་ཐར་པའི་དོན་དུ་ལྡོག་ཅིང་ཡོངས་སུ་སྤྱོད་པ་ནི་མ་ཡིན་ཏེ། གོང་ཉེས་པར་སྤྱོད་པ་ལས་ལྡོག་པ་མ་ཡིན་པ་རྒྱའི་ཐ་སྙད་ཀྱི་སྒོ་ནས་རྒྱན་ཡོངས་སུ་ལོངས་སྤྱོད་པ་ཡིན་ནོ། །འདྲེག་མཁན་ཞེས་བྱ་བ་ལ། འདྲེག ་མཁན་ན་སྐྲ་འདྲེག་པར་བྱེད་པ་ཡིན་པའི་ཕྱིར་འདྲེག་མཁན་ཏེ་རུང་བར་བྱེད་པ་ལ་བྱའོ། །ཀུན་ཏུ་སྤྱོད་པ་ཞེས་བྱ་བ་ནི་གདོན་མི་ཟ་བར་བྱ་བ་ནི་ཡིན་པས་ན་ངེས་པར་ཡང་དང་ཡང་དུ་ནན་ཏན་དུ་བྱེད་པ་གང་ཡིན་པ་དེ་ནི་ཀུན་ཏུ་སྤྱོད་པ་སྟེ། དཔེར་ན ་དྲུག་སྡེ་དག་གིས་རྒྱལ་བྱེད་ཀྱི་ཚལ་གྱི་སྒོར་སྡོད་པ་ལྟ་བུ་འམ། གཞན་དག་ཀྱང་རྟག་ཏུ་གོམས་པར་བྱ་བའི་བྱ་བ་སྒྲུབ་པར་བྱེད་པ་ལྟ་བུའོ། །ཟླ་བ་ལྟར་ཡུན་རིང་པོ་ཞིག་ལོན་ན་ཞེས་བྱ་བ་ནི་ཇི་ལྟར་ཡར་ངོའི་ཚེས་གཅིག་གམ་ཚེས་གཉིས་པ་ཟླ ་བ་མཐོང་བར་སྐྱེ་བོ་ཐམས་ཅད་ཀྱིས་མངོན་པར་འདོད་པར་བྱ་བ་ཡིན་པ་དེ་བཞིན་དུ་ཁྱོད་ཀྱང་ཡིན་ནོ། །འབྲུའི་སྣ་ཞེས་བྱ་བ་ནི་ལོགས་གཉིས་ནས་རིམས་པ་བཞིན་དུ་བཅད་ཅིང་ལྷག?་མ་སེན་མོའི་དབུས་འབྲུའི་སྣ་ལྟར་བྱས་པའོ། །དང་རའི་བང ་རིམ་ཞེས་བྱ་བ་ནི་དང་རིའི་བང་རིམ་བཞིན་དུ་མཐོ་དམན་དུ་གྱུར་པ་ཞེས་བྱ་བའི་ཐ་ཚིག་གོ་།སྤུ་གྲིའི་སོ་དང་ཞེས་བྱ་བ་ནི་སེན་མོ་ཐམས་ཅད་རིམ་པ་བཞིན་དུ་བཅད་པ་ནི་སྤུ་གྲིའི་སོ་ལྟ་བུའོ། །མཉམ་པོར་བཅད་པ་ནི་སྟེའུ་སོ་ལྟ་བུ་ཡིན་ཏེ། ལོགས ་གཉིས་ནས་མ་བཅད་པའི་ཕྱིར་རོ། །ནན་ཁུགས་ཅན་གྱི་དགེ་སྦྱོང་ཞེས་བྱ་བ་ལ། ང་རྒྱལ་གྱི་ཚུལ་མ་ཡིན་པའི་བྱ་བ་དག་ཀུན་ཏུ་སྤྱོད་པར་བྱེད་པ་གང་ཡིན་པ་དེ་ནི་ན?་ཁུགས?་ཅན་གྱི་དགེ་སྦྱོང་ཞེས་བྱའོ། །འཕྱ་བ་ལ་ཞུགས་པ་ནི་ཅོ་འདྲི་བའི ་བསམ་པས་ཞུག་པའོ། །ཉེ་བར་ཞི་བ་མེད་དོ་ཞེས་བྱ་བ་ནི་རྒོད་པ་མངོན་དུ་སང་བ་ཅན་གྱི་ལུས་དང་ངག་གི་འཇུག་པ་རྣམ་པར་ལྡོག་པ་མེད་དོ་ཞེས་བྱ་བའི་དོན་ཏོ། །བཅོམ་ལྡན་འདས་ཀྱིས་དགོངས་པ་ཞེས་བྱ་བ་ནི་འབྲེལ་བ་རྣམ་པར་བསྟན་པའི་ཕྱིར་འདི་དྲུག ་པ་ཡིན་ཏེ། འདི་ལྟར་བཅོམ་ལྡན་འདས་ཀྱིས་ཞེས་བཅོམ་འདས་ཀྱིས་གསན་པ་དང་འབྲེལ་པའི་གཏམ་དགོངས་པ་མཛད་པ་ཡིན་ནོ་ཞེས་བྱ་བར་དགོངས་སོ། །གཅོད་པ་སྤངས་ཤིང་གཞན་སེན་མོ་མཛེས་པར་བྱེད་པའི་རྣམ་པ་ནི་སེན་མོའི་སྤྱིལ་བ་ཡིན་ཏེ། སེན་མོའི་དྲི ་མ་དག་པར་བྱེད་པ་ཉིད་ནི་བྲིས་ཤིང་ཚོན་ལ་སོགས་པས་དྲི་མ་བསལ་བའོ། །རྒྱལ་པོའི་ཁབ་ཅེས་བྱ་བ་ནི་ཁང་པ་བྱས་ཤིང་མི་མ་ཡིན་པ་དེ་དག་གིས་བཤིག་པར་གྱུར་པས་ཕྱིས་གང་དང་གང་གིས་ཁང་པ་དེ་ཐམས་ཅད་ཀྱིས་དེ་དག་ལ་རྒྱལ་པོའི་ཁབ་ཅེས ་རྒྱལ་པོའི་མིང་དུ་བྱས་པས་སྲིན་པོ་མི་སྲུན་པས་བཤིག་པར་མ་གྱུར་པའི་གྲོང་ཁྱེར་ལ་རྒྱལ་པོའི་ཁབ་ཅེས་བྱ་བའི་མིང་དུ་གྱུར་ཏོ། །གཟུགས་ཅན་ཞེས་བྱ་བ་ནི་གཟུགས་ཀྱི་དཔེ་འདི་ལ་ཡོད་པའི་ཕྱིར་གཟུགས་ཅན་ནོ། །སྙིང་པོ་ནི་རྒྱལ་སྲིད་ལ ་བརྟན་པ་བརྟན་པར་གྱུར་པ་ཉིད་ཀྱི་ཕྱིར་རོ། །གཟུགས་ཅན་ཡང་དེ་ཡིན་ལ་སྙིང་པོ་ཡང་ཡིན་པའི་ཕྱིར་གཟུགས་ཅན་སྙིང་པོ་ཞེས་བྱའོ། །དུས་ཀྱི་གསར་ཐོག་ཅེས་བྱ་བ་ནི་འབྲས་བུ་གང་དག་དུས་དང་དུས་སུ་ངེས་པར་གྱུར་བ་དག་ནི་ངེས་པར་གྱུར ་པ་དག་སྟེ། ཐོག་མར་སྨིན་པར་གྱུར་པའི་འབྲས་བུ་གང་ཡིན་པ་དེ་ནི་དུས་ཀྱི་གསར་ཐོག་གོ་།འབྲུ་སར་པ་དག་ནི་འབྲས་སཱ་ལུ་ལ་སོགས་པ་གང་ཡིན་པ་དེ་དག་ལས་བསྒྲུབས་པའི་བཟའ་བ་དག་གོ་།འབྲས་བུ་སར་པ་ཞེས་བྱ་བ་ནི ་གསར་དུ་རྙེད་པ་འམ། སྔར་སྨིན་པའི་འབྲས་བུ་སྟེ་ཨ་མྲ་ལ་སོགས་པ་དག་གོ་།བློན་པོ་ནི་བློའི་གྲོགས་སུ་གྱུར་པའོ། །ཅུང་ཟད་དགོས་པ་ནི་རྣམ་པར་འཛུམ་པའོ། ། མྲའི་ཤིང་སྟོང་གིས་ཉེ་བར་མཚན་པའི་སྐྱེད་མོས་ཚལ་སྟོང་གི་སྐྱེད་མོས་ཚལ་ཞེས་ཤེས་པར་བྱའོ། །དུས ་སྟོན་ཞེས་བྱ་བ། ནི་མངོན་པར་འདོད་པའི་ལྷ་ལ་མཆོད་པས་ཉེ་བར་མཚོན་པའི་དགའ་སྟོན་ནོ། །མཚམས་སོ་སོ་ན་གནས་པར་གྱུར་པས་ན་མཚམས་ཀྱི་རྒྱལ་པོའོ། །འདི་ལ་འབྲས་བུ་ཀུན་ནས་ཆགས་པར་གྱུར་པ་དེ་ནི་འབྲས་བུ་ཆགས་པའོ ་ཅི་འོ་ན་ཞེས་བྱ་བ་ལ་འོ་ནའི་སྒྲ་ནི་ངེས་པ་འམ་སྲིད་པའི་དོན་ནོ། །ལྷགས་པར་གྱུར་པ་ཞེས་བྱ་བ་ལ་ལྷགས་པ་ནི་འདིར་འབྲས་བུ་ཡོངས་སུ་ཉམས་པར་གྱུར་པའོ། །ཚིག་གུ་ནི་རུས་པ་ལ་བྱའོ། །མཚན་མ་རྣམ་པར་ཕྱེད་པ་ནི་ཨ་མྲ་སྨིན་པར་གྱུར་པའོ། །འོད ་མའི་མཚལ་ནི་འོད་མ་རབ་ཏུ་མང་པོ་ཡོད་པའི་ས་ཕྱོགས་དེ་ཉིད་འོད་མའི་ཚལ་ལོ། །བྱ་ཀ་ལནད་ཀ་རྩ་ཞིང་འབབ་པའི་གནས་ནི་ཀ་ལནད་ཀའི་གནས་སོ། །རྟག་ཏུ་སྟེར་བ་དེས་ན་ཁྱིམས་བདག་ཅེས་བྱའི་སྤྱིར་ནི་མ་ཡིན་ནོ། །ཕྱུག་པ་ཞེས་བྱ་བ་ལ་ཕྱུག་པ་ནི ་གསེར་ལ་སོགས་པ་ནང་གི་གཏེར་གྱིས་སོ། །ནོར་ཆེ་བ་ནི་མ་ཧེ་ལ་སོགས་པའོ། །ལོངས་སྤྱོད་ཆེ་བ་ནི་གྲོ་ལ་སོགས་པའོ། །ཆུང་མ་ཞེས་བྱ་བ་ནི་བུད་མེད་དོ། །རྩེ་བ་ནི་རྔོ་འཕེན་པ་དང། འཁྱུད་པ་དང་འོ་བྱེད་པ་ལ་སོགས་པས་སོ། །དགའ་བ་ནི་ཆུང་མའི་ཡུལ་ལ ་མགུ་པའི་སེམས་ཀྱིས་སོ། །དགའ་མགུར་སྤྱོད་པ་ནི་འཁྲིག་པ་ལྷག་པར་སྤྱོད་པའི་སྒོ་ནས་སོ། །སེམས་ཅན་དང་ལྡན་པར་གྱུར་པ་ནི་མངལ་དང་ལྡན་པར་གྱུར་པའོ། །བཅོམ་ལྡན་འདས་གལ་པ་ཞེས་བྱ་བ་ནི་བཅོམ་ལྡན་འདས་གཤགས་པའི་གལ ་བདེར་སོང་བ་འམ། བཅོམ་ལྡན་འདས་གང་ན་བཞུགས་པ་དེར་སོད་པའོ། །རིགས་སྒྲོགས་པར་འགྱུར་ལ་ཞེས་བྱ་བ་ནི་ཕུན་སུམ་ཚོགས་པ་ལ་སྒྲོགས་པར་བྱེད་པའོ། །དགྲ་བཅོམ་པ་ཉིད་ནི་ཟད་ལ་མི་སྐྱེ་བའི་ཡེ་ཤེས་ཡིན་ལ་དེ་མངོན་དུ་བྱེད་པ་ནི་སྐྱེད་པར ་བྱེད་ཅིང་མངོན་གསུམ་དུ་བྱེད་པའོ། །གཅེར་བུ་ནི་ནམ་མཁའ་ཨི་གོས་ཅན་ནོ། །བསླངས་ན་སྟེར་བའི་ཁྱིམ་ཞེས་བྱ་བ་ནི་སློངས་མོ་རྙེད་པའི་གཞིར་གྱུར་པའོ། །དགེ་སྦྱོང་གི་ངང་ཚུལ་དང་ལྡན་པའི་ཕྱིར་དགེ་སྦྱོང་ངོ། །གཽ་ཏ་མའི་རིགས་འཁྲུངས་པ་ཉིད་ཀྱི ་(གཽ་ཏ་མ་ཞེས་བྱ་བ་ནི་དྲང་སྲོང) ་བྱེད་གཽ་ཏ་མའོ། །རྩིས་ནི་སྐར་མ་ཤེས་པ་ཡིན་ལ། མཁས་པ་ནི་བླངས་པ་འམ། །ཁོང་དུ་ཆུད་པ་དེ་བསྲུང་?་པའམ། །སྲིད་པ་འམ་དྲན་པའི་ངང་ཚུལ་འདི་ལ་ཡོད་པའི་ཕྱིར་མཁས་པ་དང་ལྡན་པ་སྟེ་ཤེས་པར་གྱུར་པའོ། །རྗེས་སུ་བསྔགས་པ་ནི་བཅོམ་ལྡན་འདས་ཀྱིས ་ལུང་བསྟན་པ་དང་རྗེས་སུ་མཐུན་པར་བརྗོད་པར་བྱེད་པའོ། གུས་པ་མེད་པའི་སྒོ་ནས་བཞན་སྒྱུར་བར་བྱེད་པ་ནི་སྨོས་པར་བྱེད་པའོ། །སྐལ་པ་ཆུང་བ་ནི་བསོད་ནམས་ཆུང་བའོ། །མི་དགའ་བ་ནི་ནང་ན་འགྱོད་པའོ། །བསླབ་པ་ཡང་དག་པར་བླངས་པ་ནི་བསླབས ་པའི་བཞི་ཡང་དག་པར་བཟུང་པའོ། །ཐམ་སྟེ་ཕྱི་མ་འབྱུང་བར་འགྱུར་བའི་སྲིད་པ་རབ་ཏུ་མི་འབྱུང་བ་འདི་ལ་ཡོད་པའི་ཕྱིར་སྲིད་པ་ཐ་མ་པའོ། །བར་མདོ་ནི་དབུས་སུའོ། །འཆི་བ་ནི་སྐད་ཅིག་མས་འཇིག་པ་ཐོབ་པར་འགྱུར་བ་སྐད་ཅིག་མ་གཞན་ལ་དུས ་བྱེད་པར་འགྱུར་བའོ། །ཁྱིམ་ཚེས་ནི་ཉེ་བའི་ཁྱིམ་ལ་དབང་བྱེད་ཅིང་གནས་པའི་གཉེན་བཤེས་དག་གོ་།གྲོང་ལ་རྒྱང་གྲགས་སུ་གྱུར་པ་ནི་དགོན་པ་སྟེ། སྐྱེ་བོ་རབ་ཏུ་རྒྱུ་བ་དང་བྲལ་བ་ཉིད་ཀྱི་ཕྱིར་དེར་གསང་པའི་ལས་བསྒྲུབ་ནུས་པར་འགྱུར་བའོ། །གྲོགས་པོ་ནི་མཛའ་ ་བོ་དང་ནེའུ་ལྡངས་དག་གོ་།ཀུན་ཏུ་སྤྱོད་པ་དང་མེ་སྐོར་བྱིར་རུང་བ་ཉིད་ཀྱི་ཕྱིར་གཉེན་ནོ། །བདུན་བརྒྱད་ཀྱི་ནང་དུ་ཆུད་པར་གྱུར་པ་ནི་ཕོ་ནུའོ། །དགའ་བ་ཞེས་བྱ་བ་ལ་སོགས་པ་ལ་བཞིན་དང་བར་འགྱུར་བའི་ཕྱིར་དགའ་བའོ། །ཡིད་དང་པར་འགྱུར་པ་ནི་མགུ ་བའོ། དག་དང་བར་བྱེད་པའི་ཕྱིར་རངས་པའོ། །རྒྱལ་མཚན་ནི་སིངྒའི་རྒྱལ་མཚན་ལ་སོགས་པ་འམ་གོས་ཀྱིས་དཀྲིས་པ་འམ། ལྕུག་མ་རིང་པོ་ལ་བཏགས་པའི་འབྱུང་པོའི་གདོང་ཅན་ལ་རྒྱལ་མཚན་ཞེས་བྱའོ། །གོས་ཁ་དོག་སྣ་ཚོགས་ཅན་ལྕུག ་མ་རིང་པོ་ལ་བཏགས་པ་ནི་བ་དན་ནོ། །ལོ་མ་ནི་ཤིང་སྐར་གྱི་ཤུན་པ་འམ། ལོ་མ་སྔོན་པོའོ། །མི་མཁྱེན་པ་ནི་ཡེ་ཤེས་ཀྱིས་སོ། །མི་གཟིགས་པ་ནི་སྤྱན་གྱིས་སོ། །མ་རིགས་པ་ནི་སྙན་གྱིའོ། །རྣམ་པར་མི་མཁྱེན་པ་ནི་ཡིད་ཀྱི་རྣམ་པར་ཤེས་པས་སོ ་ཆོས་ཉིད་ཅེས་བྱ་བ་ནི་སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་གང་བརྗོད་པར་འགྱུར་བར་གདོན་མི་ཟ་བ་མངའ་བར་གྱུར་པའོ། །ཐུགས་རྗེ་ཆེན་པོ་དང་ལྡན་པ་ནི་ཐུགས་རྗེ་ཆེན་པོའི་དབང་གིས་གཞན་གྱི་དབང་དུ་གྱུར་པའོ། །འཇིག་རྟེན་ལ ་ཕན་འདོགས་པར་ཞུགས་པ་ཞེས་བྱ་བ་ནི་འཇིག་རྟེན་ལ་ཕན་པ་མཛད་པ་ལ་ཕན་པ་ལ་གཞོལ་བར་གྱུར་པའོ། །བསྲུང་བ་གཅིག་པ་ནི་ཉོན་མོངས་པའི་དགྲ་ལས་ཡོངས་སུ་སྐྱོབ་པར་མཛད་པའོ། །དཔའ་བོ་གཅིག་པུ་ནི་ཉོན་མོངས་པ་ལས་རྣམ་པར་རྒྱལ་བའི་ཕྱིར ་ཐེག་པ་ཆེན་པོ་ལ་བལྟོས་པ་མེད་པར་དཔའ་བར་གྱུར་པའོ། །ཞི་གནས་དང་ཞེས་བྱ་བ་ལ་ཞིག་ནས་ནི་ཏིང་ངེ་འཛིན་ནོ། །ལྷག་མཐོང་ལ་ཞེས་བྱ་བ་ལ་ལྷག་མཐོང་ནི་ཤེས་རབ་ཡིན་ཏེ། དེ་དག་ལ་རྟག་ཏུ་སྤྱོད་པའོ། །བསླབ་པ་གསུམ་ནི་ལྷག་པའི་ཚུལ་ཁྲིམས་ཀྱིས ་བསླབ་པ་དང། ལྷག་པའི་སེམས་དང། ལྷག་པའི་ཤེས་རབ་ཀྱིས་བསླབ་པ་སྟེ། དེ་དག་ལ་ལེགས་པར་བསླབས་པར་གྱུར་པའོ། །དུལ་བའི་དངོས་པོ་གསུམ་ནི་གཅིག་ཏུ་འཇམ་པ་དང། །གཅིག་ཏུ་རྩུབ་པ་དང། འཇམ་པ་དང་རྩུབ་པའོ། །དེ་ལ་མཁས་པ་ནི་མཁྱེན་པར་གྱུར་པའོ། །ཆུ་བོ ་བཞི་ནི་འདོད་པའི་ཆུ་བོ་དང། སྲིད་པའི་ཆུ་བོ་དང། ལྟ་བའི་ཆུ་བོ་དང། མ་རིག་པའི་ཆུ་བོ་དང། དེ་དག་ལས་བརྒལ་བ་ནི་ཕ་རོལ་ཏུ་བྱོན་པར་གྱུར་པའོ། །རྫུ་འཕྲུལ་གྱི་རྐང་པ་བཞི་ནི་འདུན་པ་གཙོ་བོར་གྱུར་པའི་འདུ་བྱེད་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་པ་དང། ་སེམས་དང། བརྩོན་འགྲུས་དང། དཔྱོད་པ་གཙོ་བོར་གྱུར་པའི་འདུ་བྱེད་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་པ་བཞི་པོ་ཁོ་ནའི་ཞབས་ཀྱི་མཐིལ་དེ་ལེགས་པར་རབ་ཏུ་གནས་པར་གྱུར་པའོ། །བསྡུ་བའི་དངོས་པོ་བཞི་ནི་སྦྱིན་པ་དང། སྙན་པར་སྨྲ་བ་དང། དོན་སྤྱོད ་པ་དང། དོན་མཐུན་པ་སྟེ། དེ་དག་ལ་ཡུན་རིང་པོ་ནས་གོམས་པར་མཛད་པའོ། །མི་འཇིགས་པ་བཞི་ནི་ཀྱེ་མའོ་བདག་ཡང་དག་པར་རྫོགས་པར་སངས་རྒྱས་པ་ན་ཞེས་བྱ་བ་ནས་འཁོར་རྣམས་ལ་ཡང་དག་པར་སེངྒེའི་སྒྲ་སྒྲོགས་པར་བགྱི་བ་འམ། ་ཀྱེ་མའོ་བདག་ཟག་པ་ཟད་པར་གྱུར་པ་ན་དང། གང་བདག་གིས་ངེས་པར་འབྱུང་བའི་ལམ་བསྟན་པར་བགྱི་བ་འམ། གང་བདག་གིས་བར་ཏུ་གཅོད་པའི་ཆོས་དག་བསྟན་པ་ཞེས་བྱ་བའི་བར་དང། དེར་བདག་ལ་འགའ་ཞིག་རྩོད་པར་བྱེད་པའི་རྒྱུ་མཚན་ཡང་དག་དག ་པར་མ་མཐོང་ཞིང་རྙོག་པ་མེད་པར་གྱུར་པ་དང། འཇིགས་པ་མེད་པར་གྱུར་པས་གནས་པ་ནས་འཁོར་རྣམས་ལ་སེངྒེའི་སྒྲ་བསྒྲག་པར་བགྱིའོ་ཞེས་བྱ་བའི་བར་དུའོ། །ཡན་ལག་ལྔ་ནི་འདོད་པ་ལ་འདུན་པ་དང། གནོད་སེམས་དང། གཉིད་དང་རྨུགས་པ ་དང། རྒོད་པ་དང་འགྱོད་པ་དང། ཐེ་ཚོམ་དག་སྟེ། སྲིད་པའི་རྒྱུ་ཡན་ལག་ལྔ་པོ་དེ་དག་རྣམ་པར་སྤངས་པ་ནི་རྣམ་པར་དོར་བའོ། །རྒྱུད་ལྔ་ནི་དམྱལ་བ་དང། དུད་འགྲོ་དང། ཡི་དྭགས་དང། ལྷ་དང། མི་ཞེས་བྱ་བ་སྟེ། དེ་དག་ཏུ་ཕྱིར་ཡང་དག་པར་འཇུག་པ ་མེད་པ་ནི་ཤིན་ཏུ་འདས་པའོ། །ཡན་ལག་དྲུག་དང་ལྡན་པ་ནི་རྫུ་འཕྲུལ་གྱི་ཡུལ་དང། ལྷའི་རྣ་བ་དང། སེམས་ཀྱི་རྣམ་གྲངས་དང། སྔོན་གྱི་སྐྱེ་གནས་དང། འཆི་འཕོ་བ་དང། སྐྱེ་བ་དང། ཟག་པ་ཟད་པར་གྲགས་པ་དག་ཡིན་ནོ་ཞེས་གསུངས་པ ་ཡིན་ནོ། །ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པ་ནི་སྦྱིན་པ་དང། ཚུལ་ཁྲིམས་དང། བཟོད་པ་དང། བརྩོན་འགྲུས་དང། བསམ་གཏན་དང། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དག་ཡོངས་སུ་རྫོགས་པར་བརྙེས་པར་གྱུར་ཅེས་བྱ་བའི་ཐ་ཚིག་གོ་། ་དྲུག་ལ་རྟག་ཏུ་སྤྱོད་པ་ཞེས་བྱ་བ་ནི་གཟུགས་དང། སྒྲ་དང། དྲི་དང། རོ་དང། རེག་བྱ་དང། ཆོས་ཞེས་བྱ་བའི་ཡུལ་དག་ལ་རྟག་ཏུ་དྲན་པ་དང། ཤེས་བཞིན་དང་ལྡན་པ་ནི་དྲུག་པོ་ལ་རྟག་ཏུ་སྤྱོད་པ་སྟེ། མདོ་སྡེ་ལས་མིག་གིས་གཟུགས་ཐོང་བ་ན ་ཡིད་བདེ་བར་ཡང་མི་བྱེད། ཡིད་མི་བདེ་བར་ཡང་མི་བྱེད་པར་དྲན་པ་དང་ཤེས་བཞིན་གྱིས་རྟག་ཏུ་བཏང་སྙོམས་སུ་སྤྱོད་པར་བྱེད་དོ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་དེས་རྟག་ཏུ་སྤྱོད་པར་བྱེད་དོ་ཅེས་འབྱུང་ངོ། །བྱང་ཆུབ་ཀྱི་ཡན་ལག ་བདུན་ནི་དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང། ཆོས་རྣམ་པར་འབྱེད་པ་དང། བརྩོན་འགྲུས་དང། དགའ་བ་དང། ཤིན་ཏུ་སྦྱངས་པ་དང། ཏིང་ངེ་འཛིན་དང། བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་སྟེ། དེ་དག་ཁོ་ནའི ་མེ་ཏོག་དེས་རྒྱས་པ་ནི་འབྱོར་བར་གྱུར་པའོ། །ཟག་པ་མེད་པ་འཕགས་པའི་ལམ་ཡན་ལག་བརྒྱད་པ་ནི་ཡང་དག་པའི་ལྟ་བ་ལ་སོགས་པ་ལམ་གང་ལ་ཡོད་པ་དེ་ནི་འཕགས་པའི་ལམ་ཡན་ལག་བརྒྱད་པ་སྟེ། དེ་སྟོན་པར་མཛད་པའོ། །མཐར ་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ནི་བསམ་གཏན་བཞི་དང། གཟུགས་མེད་པ་བཞི་དང། འགོག་པའི་སྙོམས་པར་འཇུག་པ་ལ་གནས་པར་མཛད་པའི་ཕྱིར་དེ་དག་ལ་མཁས་པ་ཞེས་བྱའོ། སྟོབས་བཅུ་པོའི་སྟོབས་དང་ལྡན་པ ་ནི་གནས་དང་གནས་མ་ཡིན་པ་མཁྱེན་པ་དང། བསམ་གཏན་དང། རྣམ་པར་ཐར་པ་དང། ཏིང་ངེ་འཛིན་དང། སྙོམས་པར་འཇུག་པ་མཁྱེན་པ་དང། ལས་ཀྱི་རྣམ་པར་སྨིན་པ་མཁྱེན་པ་དང། དབང་པོ་མཆོག་དང་མཆོག་མ་ཡིན་པ་མཁྱེན་པ་དང ་མོས་པ་སྣ་ཚོགས་མཁྱེན་པ་དང། ཁམས་སྣ་ཚོགས་མཁྱེན་པ་དང། ཀུན་ཏུ་འགྲོ་བའི་ལམ་མཁྱེན་པ་དང། སྔོན་གྱིས་གནས་རྗེས་སུ་དྲན་པ་མཁྱེན་པ་དང། འཆི་འཕོ་དང་སྐྱེ་བ་མཁྱེན་པ་དང། ཟག་པ་ཟད་པ་མཁྱེན་པ་དང། སྟོབས་བཅུ་པོ་དག ་ཡིན་ཏེ་མདའ་བའ་ཨོ། །གྲགས་པས་ཕྱོགས་བཅུར་སྙོམས་པར་གྲགས་པ་གང་ལ་ཡོད་པ་དེ་དག་ལ་དེ་སྐད་ཅེས་བྱའོ། །བརྒྱ་ཕྲག་བཅུ་ནི་འཛམ་བུའི་གླིང་སྟོང་དག་སྟེ། སྤྱིར་ཕུང་ཀྱི་འཇིག་རྟེན་གྱི་ཁམས་སོ། །དེ་ལ་དབང་སྒྱུར་བ་སྟེ། རང་དབང ་དུ་མཛད་པའི་ངང་ཚུལ་གང་ལ་ཡོད་པ་དེ་ནི་བརྒྱ་ཕྲག་བཅུ་ལ་དབང་སྒྱུར་བ་ཅན་ནོ། །འཁོར་གྱི་བདག་པོ་ཚངས་པ་ཆེན་པོ་དེ་ལས་ཀྱང་ཁྱད་པར་དུ་འཕགས་པར་གྱུར་པའོ། ཡང་ན་བརྒྱ་ཕྲག་བཅུ་ལ་དབང་སྒྱུར་བ་གང་ཡིན་པ་དེ་ནི་བརྒྱ་ཕྲག་བཅུ་སྟེ། ་སྟོང་གི་གྲངས?་ལ་དབང་སྒྱུར་བ་མཛད་པའོ། །སྟོང་སྨོས་པ་ཡང་མཐར་ཐུག་པ་མེད་པ་ཉེ་བར་མཚོན་པར་བྱེད་པ་ཡིན་ཏེ། མཐར་ཐུག་པ་མེད་པའི་ཚངས་པ་ཆེན་པོ་དག་ལས་སངས་རྒྱས་བཅོམ་ལྡན་འདས་ཤིན་ཏུ་ཁྱད་པར་དུ་འཕགས་པ་ཡིན་ནོ་ཞེས ་བྱ་བའི་ཐ་ཚིག་གོ་།ཉིན་ལན་གསུམ་མཚན་ལན་གསུམ་ཞེས་བྱ་བ་ནི་མཚན་མོའི་ཐུན་དང་པོ་དང། ཐུན་པར་དང། ཐ་མ་དག་ལ་མཚན་ལན་གསུམ་དུ་གཟིགས་པར་མཛད་པ་ཡིན་ལ། ཉིན་བར་ཡང་སྔ་དྲོ་དང། ཉི་མ་གུང་དང། ཕྱི ་དྲོ་དག་ལ་ཉིན་ལན་གསུམ་དུ་གཟིགས་པ་མཛད་དོ། །སངས་རྒྱས་ཀྱི་སྤྱན་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་སོ། །འཇིག་རྟེན་གསུམ་ལ་གཟིགས་པ་ནི་རྣམ་པར་དཔྱོད་པའོ། །ཡེ་ཤེས་ནི་ཤེས་པར་བྱ་བ་ཡོད་པ་ཡིན་ལ། གཟིགས ་པ་ནི་བལྟ་བར་བྱ་བའི་དངོས་པོ་ཡོད་པ་སྟེ། དེའི་ཕྱིར་ཡང་མཚུངས་པ་མེད་པ་ཡོད་པ་ཞེས་བྱའོ། །ཡོད་པ་ལ་ཡང་ཡོད་དོ་ཞེས་སངས་རྒྱས་བཅོམ་ལྡན་འདས་ཀྱིས་གཟིགས་པར་འགྱུར་རོ་ཞེས་བྱ་བའི་དོན་འདིར་བསྟན་པར་འགྱུར་རོ། །བྲི་བ་ནི ་དགེ་བའི་ཆོས་རྣམས་ལས་སོ། །འཕེལ་བ་ནི་དགེ་བའི་ཆོས་རྣམས་ཀྱིས་སོ། །དཀའ་བ་རྙེད་པ་ནི་ལུས་ཀྱི་སྡུག་བསྔལ་ལོ། །ཉམ་ང་བ་ནི་གཉེན་པོས་གསོ་མི་ནུས་པའི་རྒྱུད་པའི་འགྱུར་བའོ། །གནོད་པར་གྱུར་པ་ནི་གཉེན་པོས་གསོ ་ནུས་པའི་ནད་དོ། །དཀའ་བ་དང། ཉམ་ང་བ་དང། གནོད་པར་གྱུར་པ་ནི་སྔར་སྨོས་པ་ཁོ་ནར་ནི་བཤད་པ་དག་བལྟ་བར་བྱའོ། །གཞོལ་བ་ནི་ངན་སོང་གི་ལས་ལ་སྦྱོར་བའི་དུས་སོ། །འབབ་པ་ནི་དངོས་གཞིའི་ལམ་ཡོངས་སུ་རྫོགས་པའོ། ་།རབ་ཏུ་འབབ་པ་ནི་འཇུག་ཡོངས་སུ་རྫོགས་པའོ། །མཐོ་རིས་དང་ཐར་པ་ཞེས་བྱ་བ་ནི་མཐོས་རིས་ལ་འགོས་པར་བྱེད་པ་ནི་ཐར་པ་ཁོ་ནའི་དོན་དུ་ཁོང་དུ་ཆུད་པར་བྱ་སྟེ། གང་གི་ཚེ་སྔོན་སེར་སྐྱ་ཉར་གྱུར་པ་ངན་སོང་ནས ་བཏོན་ནས་མཐོ་རིས་ལ་བཀོད་པ་ཁོ་ནའི་ཕྱིར་ཡིན་པ་ལྟ་བུའོ། །འབྲས་བུ་ནི་དགེ་སྦྱོང་གི་འབྲས་བུའོ། །དགེ་བའི་རྩ་བ་མ་བསྐྲུན་པ་ནི་ཐར་པའི་ཆ་དང་མཐུན་པ་བསྐྲུན་པར་མ་གྱུར་པའོ། །ཡོངས་སུ་སྨིན་པར་བྱ་བ་ནི་སྤེལ ་བར་བྱའོ། །རྣམ་པར་གྲོལ་བར་བྱ་བ་ནི་འབྲས་བུ་ལ་སྦྱོར་བྱེད་པའོ། །ཆུ་སྲིན་གནས་ཀྱི་ཞེས་བྱ་བ་ལ་སོག་པ་ལ་སངས་རྒྱས་ཐམས་ཅད་ཀྱི་གདུལ་བྱ་ལ་སོ་སོར་རྟོགས་པ་གདོན་མི་ཟ་བར་བྱ་བ་ཡིན་པས་ན་འདའ་བར་མི་འགྱུར་བ་ཞེས་བསྟན ་པ་ཡིན་ནོ། །རྟོག་ཅིང་ཞེས་བྱ་བ་ནི་རྟག་ཏུ་གཉེན་པ་ས་སྲོག་འཇིག་པའི་རྐྱེན་དག་ལས་ཀྱང་སྲོག་སྲུང་བར་བྱེད་པ་དེ་བཞིན་དུ། བཅོམ་ལྡན་འདས་ཀྱང་བུ་ཅིག་པ་སྡུག་པ་བཞིན་ཏུ་རྟག་ཏུ་གཉེན་པར་མཛད་པས་སེམས་ཅན་གྱི་རྒྱུད་འཕགས ་པའི་ལམ་དང་འགལ་བའི་གཉེན་ལས་ཀྱང་བསྲུང་བ་མཛད་པར་འགྱུར་རོ། །འདིས་ནི་སྐལ་བ་དང་ལྡན་པའི་སེམས་ཀྱི་རྒྱུད་བསྲུང་བ་དང། འབྲས་བུ་ལ་སྦྱོར་བ་རྟོག་པའི་ཕན་འདོགས་པ་ནི་མངོན་སུམ་གྱི་འབྲས་བུ་བསྟན་པ་ཡིན་ནོ། །སོ ་སོར་རྟག་པས་ཕན་པ་སྒྲུབ་པར་བྱེད་པ་འདི་གཉིས་ནི་སྙིང་རྗེ་ཆེན་པོའི་རྒྱུ་ཅན་ཡིན་གྱི། གཞན་དག་ནི་མ་ཡིན་ནོ་ཞེས་བྱ་བ་བསྟན་པར་བྱ་བའི་ཕྱིར་ཚིགས་སུ་བཅད་པ་གསུམ་གསུངས་པ་ཡིན་ཏེ། དངོས་པོ་ཐམས་ཅད་རྣམ་པ་ཐམས ་ཅད་དུ་མཁྱེན་པའི་ཕྱིར་ཐམས་ཅད་དུ་མཁྱེན་པའི་ཐམས་ཅད་མཁྱེན་པའོ། །ཐམས་ཅད་མཁྱེན་པའི་རྒྱུད་ལ་གནས་པའི་སྙིང་རྗེའི་བ་དྲུས་མ་གང་ཡིན་པ་དེ་གདུལ་བྱའི་བེའུ་ཚོལ་བ་ལ་སྐྱོ་བར་མི་འགྱུར་བ་སྟེ། བ་བེའུ་གསར་བུ ་གཙས་པ་ལ་འབད་པ་ཆེན་པོས་ཚོལ་བར་བྱེད་པ་དེ་བཞིན་དུ་གདུལ་བྱ་དག་ལ་སྙིང་རྗེ་ཆེན་པོ་ཡང་ཡིན་པ་དེ་བས་ན་སྙིང་རྗེ་ཆེན་པོའི་བ་དྲུས་མ་ཞེས་བྱ་བ་དང། གདུལ་བྱའི་སྐྱེ་བོའི་བེའུ་ཞེས་བརྡར་བརྟགས་པ་ཡིན་ནོ།། ་འཛུམ་པ་ནི་ཅུང་ཞིག་བཞད་པའོ། །སེམས་ཅན་དམྱལ་བའི་རྒྱུད་གང་ལ་སེམས་ཅན་ཁྱོད་ནི་ཡང་འཚོ་བར་འགྱུར་རོ་ཞེས་བྱ་བའི་སྒྲ་སྒྲོགས་པར་འགྱུར་བ་དེ་བས་ན་ཡང་སོས་སོ། །ཐིག་ནག་པོས་འདེབས་ཤིང་འགོག་པར་བྱེད་པས་ན་ཐིག་ནགས ་གོ་གང་དུ་རི་བོ་དག་གིས་བསྡུས་ཤིང་འཇོམས་པར་བྱེད་པ་དེ་བས་ན་བསྡུས་འཇོམས་སོ། །གང་དུ་བྱ་བ་བྱས་ན་སེམས་ཅན་འཇིགས་པས་དུ་བར་བྱེད་པ་དེ་བས་ན་ངུ་འབོད་དོ། །ཀུན་ནས་ལྷགས་པར་གྱུར་པའི་ཕྱིར་དུ་འབོད་ཆེན ་པོའོ། །གང་དུ་ལས་ཀྱི་མེས་གདུང་བར་བྱེད་པ་དེས་ན་ཚ་བའོ། གང་གི་ལ་སྡུག་བསྔལ་གྱི་མཚམས་པར་སྐབས་མེད་པར་གྱུར་པ་དེས་ན་མནར་མེད་པའོ། །གྲང་བས་ན་ཆུ་བུར་རྡོལ་བ་དང་འདྲ་བར་ཡན་ལག་རྡོལ་པས་ན་ཆུ་བུར་ཅན་ནོ། ་ཆུ་བུར་རྡོལ་བའི་ནགས་དང་འདྲ་བར་བར་མེད་པར་ཆུ་བུར་རྡོལ་བའོ། །གྲང་བས་གནོད་པར་གྱུར་པ་ལ་ཇི་ལྟ་བུའི་སྒྲ་རྒྱུན་མི་འཆད་པར་སྒྲོགས་པར་བྱེད་པའི་སྒྲ་དེས་ཉ་བར་མཚོན་པར་བྱ་བ་དག་ནི་སོ་ཐམས་ཐམས་དང། ཀྱི་ཧུད་ཟེར་བ ་དང། ཨ་ཆུ་ཟེར་བ་དག་གོ་།གྲང་བས་ཨུཏཔ་ལ་དང། པདྨ་ཆུང་ངུ་དང། པདྨ་ཆེན་པོ་དང་འདྲ་བར་ཡན་ལག་གས་པར་གྱུར་པ་གང་ཡིན་པ་དེ་དག་གི་མིང་ནི་དེ་དག་ཡིན་ནོ། །བསིལ་བར་གྱུར་པ་དང་དྲོ་བར་གྱུར་པ་ཞེས་བྱ་བ་ལ ་ཚ་བའི་དམྱལ་བ་དག་གིས་མེས་གདུངས་པར་གྱུར་པ་བཟློག་པའི་ཕྱིར་འོད་ཟེར་བསིལ་བར་གྱུར་པ་འབབ་པར་འགྱུར་ཞིང་གྲང་བའི་དམྱལ་བ་དག་གི་ནི་གོ་བཟློག་པ་ཡིན་ནོ། །བྱེད་པའི་ཁྱད་པར་ནི་སྡུག་བསྔལ་བ་ཡིན་ལ། སོ་སོར ་ཐར་པར་གྱུར་ཏོ་ཞེས་བྱ་བ་ནི་འཇུག་པ་མེད་པར་གྱུར་པའོ། །གལ་ཏེ་སངས་རྒྱས་ཀྱི་སྤྲུལ་པ་མཐོང་བ་ལས་དེ་དག་བྱེད་པའི་ཁྱད་པར་ལས་སོ་སོར་ཐར་པ་ཡིན་ན། ཅིའི་ཕྱིར་བཅོམ་ལྡན་འདས་རྟག་ཏུ་སྤྲུལ་པ་དེ་འགྱེད་པར་མི ་མཛད། བཅོམ་ལྡན་འདས་ནི་ཐུགས་རྗེ་ཆེན་པོ་དང་ལྡན་པར་གྱུར་པ་ཉིད་ཀྱི་ཕྱིར་དང། གཞན་གྱིས་བྱས་པའི་ལས་ཀྱིས་ཀྱང་གཞན་གྱིས་འབྲས་བུ་ཉེ་བར་ལོངས་སྤྱོད་པ་ཐོབ་པར་འགྱུར་བ་ཡིན་ནོ་ཞེ་ན། འདིར ་སྨྲས་པ། །དམྱལ་པར་སྐྱེས་པ་དག་ལ་ཚོགས་པ་ཕྲད་ན་རྣམ་པར་སྨིན་པ་འབྱིན་ནུས་པ་དང་ལྡན་པ་ལན་གྲངས་གཞན་དུ་ཉམས་སུ་མྱོང་བར་འགྱུར་བའི་ལས་དེ་ནི་ཡོད་ལ། །གང་གི་ཚེ་དེ་དག་གིས་སངས་རྒྱས་ཀྱི་སྤྲུལ ་པ་མཐོང་བར་གྱུར་པ་ན་སེམས་ཅན་མངོན་པར་དད་པར་ཡང་བྱེད་པ་དེའི་ཚེ་དེ་དག་ལ་ལས་དེ་དང་ལྷན་ཅིག་བྱེད་པའི་རྐྱེན་རྙེད་པ་ལས་རྣམ་པར་སྨིན་པ་འབྱིན་པར་བྱེད་དེ། དེའི་ཚེ་དེ་དག་གི་རྒྱུ་མཐུན་པ་ཅན་ལུས་ཀྱི་བདེ་བ་སྐྱེ་བར ་འགྱུར་བ་དེ་བས་ན་འདི་ལ་ཉེས་པ་མེད་དོ། །དམྱལ་བ་དེ་མྱོང་བར་ལས་དེ་ཟད་ནས་ཞེས་བྱ་བ་ནི་དམྱལ་བའི་འབྲས་བུའི་ལས་བྱས་ཤིང་ངེས་པར་བསགས་པ་གང་ཡིན་པ་དེ་ནི་རྣམ་པར་སྨིན་པ་ཉམས་སུ་མྱོང་བས་ཟད་པར་འགྱུར ་གྱིས་སེམས་མངོན་པར་དད་པས་བྱས་ཤིང་བསགས་པའི་ལས་ཉམས་པར་གྱུར་པ་ནི་མ་ཡིན་ལ། ལྷ་དང་མིར་སྐྱེས་པ་ནི་སངས་རྒྱས་ཀྱི་སྤྲུལ་པའི་ཡུལ་ལ་མངོན་པར་དད་པ་ལས་འབྱོར་པར་འགྱུར་རོ། །རྒྱལ་པོ་ཆེན་པོ ་བཞི་པོ་དག་གིས་ཡིན་པས་ན་རྒྱལ་ཆེན་རེགས་བཞིའོ། །དབང་པོ་གཅིག་དང་ཉེ་བའི་དབང་པོ་སུམ་ཅུ་རྩ་གཉིས་ཏེ། སུམ་ཅུ་རྩ་གསུམ་པོ་དེ་དག་ནི་སུམ་ཅུ་རྩ་གསུམ་མོ། །ལེགས་པར་འཐབ་བྲལ་གྱི་ལྷའི་བུ་གཙོ་བོར ་གྱུར་པས་ན་འཐབ་བྲལ་ལོ། །ཡོངས་སུ་དགའ་ལྡན་གྱི་ལྷའི་བུ་གཙོ་བོར་གྱུར་བས་ན་དགའ་ལྡན་ནོ། །སྤྲུལ་པས་དགའ་བ་གང་ལ་ཡོད་པ་དེ་དག་ནི་འཕྲུལ་དགའ་ཨོ། །གཞན་གྱིས་སྤྲུལ་པའི་འདོད་པ་དག་ལ་དབང་སྒྱུར་བར ་བྱེད་པའི་ཕྱིར་གཞན་འཕྲུལ་དབང་བྱེད་དོ། །ཚངས་པའི་ཚོགས་ཀྱིས་གནས་པ་གང་ལ་ཡོད་པ་དེ་དག་ནི་ཚངས་འཁོར་རོ། །ཚངས་པའི་མདུན་ན་འཇོག་ཅིང་འཛིན་པའི་ཕྱིར། ཚངས་པའི་མདུན་ན་འདོན་ནོ། །ཚངས་པ་ཆེན་པོའི་ཚེའི ་ཁྱད་པར་ལ་སོགས་པ་ཡོད་པའི་ཕྱིར་ཚངས་ཆེན་ནོ། །ས་གོང་མ་ལ་བལྟོས་ནས་ལུས་ཀྱི་འོད་ཆུང་བའི་ཕྱིར་འོད་ཆུང་ངོ། །འོད་ཤིན་ཏུ་ཆེ་བའི་ཕྱིར་ཚད་མེད་འོད་དོ། །གསལ་བར་བྱེད་པའི་ནང་ཚུལ་ཡིན་པས་ན་འོད་གསལ་ལོ། །རང ་གི་ས་ལ་བལྟོས་ནས་དགེ་བ་ཆུང་ཅད?་པ?་ཡོད་པ་དེ་ནི་དགེ་ཆུང་ངོ། །དགེ་བ་ཚད་མེད་པ་དེ་དག་ནི་ཚད་མེད་དགེའོ། །དགེ་བ་རྒྱས་ཤིང་ཁྱབ་པས་ན་དགེ་རྒྱས་སོ། །སྦྱིན་དང་འདྲ་བས་གོང་ནས་གོང་དུ་རྣམ་པར་འཕྲུལ་བས་གནས་པ་མེད་པ་གང ་ཡིན་པ་དེ་དག་ནི་སྤྲིན་མེད་དོ། །བསོད་ནམས་རབ་ཏུ་འཕེལ་བ་གང་ལ་ཡོད་པ་དེ་ནི་བསོད་ནམས་འཕེལ་ལོ། །འབྲས་བུ་ཆེ་ནི་གཟུགས་ཁམས་ཀྱི་སོ་སོའི་སྐྱེ་བོའི་གནས་གཞན་ལས་ཁྱད་པར་དུ་འཕགས་པའི་འབྲས་བུ་གང་ལ་ཡོད ་པ་དེ་ནི་འབྲས་བུ་ཆེའོ། །ཆེན་པོ་མ་ཡིན་པའི་ཕྱིར་མི་ཆེ་བ་ཡིན་ཏེ། གཙང་མའི་རིས་ལ་བལྟོས་ན་འབང་རྩོལ་ཞན་པ་ཉིད་ཀྱི་ཕྱིར་རོ། །གདུང་བ་མེད་ཅིང་གཞན་གྱིས་ཟིལ་གྱིས་གནན་པར་མི་འགྱུར་པས་ན་མི་གདུང་བའོ། །ཤ་ས་པར ་བྱ་བ་བདེ་བར་མཐོང་བ་གང་ཡིན་པ་དེ་ནི་གྱ་ནོམ་སྣང་བའོ། །རྣམ་པར་མི་གཡེང་བར་སྒོམ་པའི་རྒྱུ་མཚན་དགེ་བ་གང་ལ་ཡོད་པ་དེ་དག་ནི་ཤིན་ཏུ་མཐོང་ངོ། །གང་ལས་འདི་འོག་མར་འགྱུར་པ་དེ་དག་ལས་གཟུགས་ཅན་གྱི་གནས ་ཆེན་པོར་གྱུར་པ་གཞན་ཡོད་པ་མ་ཡིན་པའི་ཕྱིར་འོག་མིན་ནོ།། །།ཁམ་པོ་གཉིས་པ། །མི་རྟག་པ་ནི་སྐད་ཅིག་མས་འཇིག་པའོ། །སྡུག་བསྔལ་བ་ནི་མི་མཐུན་པར་གྱུར་པའོ། །སྟོང་པ་ནི་བདག་གིས་བྱིན་གྱིས་བརླབས ་པའོ། བདག་མེད་པ་ནི་བདག་གི་རང་བཞིན་མེད་པ་ཞེས་འགྲོ་བ་མ་ལུས་པ་ལ་འོད་ཟེར་སྒྲོགས་པར་བྱེད་པའོ། །བརྩམ་པར་བྱ་ཞིང་ཞེས་བྱ་བ་ནི་ཡིད་ཀྱི་བྱ་བ་སྤྲོ་བའི་འདུ་ཤེས་ཅན་གྱིས་འབྱུང་བའི་ཕྱིར་བརྩམ་པར་བྱའོ། ་འབྱུང་བར་བྱ་ཞེས་བྱ་བ་ནི་སྲེད་པའི་བཟོས་སྦྱར་བ་སྡུག་བསྔལ་གྱི་གཟེ་བ་ལས་འབྱུང་བར་བྱ་བའོ། །འབྱུང་བས་ཅི་ཞིག་བྱ་བ་ཞེ་ན། སྨྲས་པ། སངས་རྒྱས་བཅོམ་ལྡན་འདས་ཀྱིས་བསྟན་པ་འཕགས་པའི་ལམ་ཡན་ལག་བརྒྱད ་ཀྱི་མཚན་ཉིད་ཅན་ལ་འཇུག་པར་བྱ་སྟེ། མངོན་པར་སྦྱོར་བར་བྱ་བའོ། །གཞོམ?་པར་བྱ་བ་ནི་ཚར་བཅད་པར་བྱ་བའོ། །བདག་ནི་བདག་ཉིད་ཀྱིའོ། །འཆི་བདག་ནི་དགྲ་བོའོ། །དེ་ནི་ཉོན་མོངས་པའི་མིང་ཅན་ཡིན་ཏེ། གང་གི་ཕྱིར ་ཉོན་མོངས་པའི་སྡེ་ཅན་གྱི་དབང་གིས་ཡང་དང་ཡང་དུ་འཆི་བར་འགྱུར་ཞིང་ཕམ་པར་འགྱུར་པའི་ཕྱིར་རོ། །དེ་བས་ན་འཆི་བ་དག་གི་སྡེ། ཕམ་པར་བྱ་བའི་ཕྱིར་སངས་རྒྱས་ཀྱི་བསྟན་པ་ལ་འཇུག་པར་བྱའོ་ཞེས་གསུངས་པ་ཡིན་ནོ།། ་ཅིའི་ཕྱིར་འཆི་བདག་གི་སྡེ་ཕམ་པར་བྱ་བའི་ཕྱིར་སངས་རྒྱས་ཀྱི་བསྟན་པ་ལ་འཇུག་པར་བྱ་ཞེ་ན་སྨྲས་པ། གང་གི་ཕྱིར་གང་ཞིག་རབ་ཏུ་བག་ཡོད་པ་སྟེ། བག་མེད་པ་སྤངས་ནས། ཆོས་འདུལ་བ་འདི་ལ་སྤྱོད་པར་འགྱུར་རོ།། ་ཆོས་ནི་ཡང་དག་པའི་ལྟ་བ་དང། ཡང་དག་པའི་རྟོག་པ་དང། ཡང་དག་པའི་རྩོལ་བ་དང། ཡང་དག་པའི་དྲན་པ་དང། ཡང་དག་པའི་ཏིང་ངེ་འཛིན་ཏོ། །འདུལ་བ་ནི་ཡང་དག་པའི་ལས་དག་དང། ཡང་དག་པའི་ལས་ཀྱི་མཛའ་དང། ཡང་དག་པའི ་འཚོལ་བའོ། །སྐྱེ་བའི་འཁོར་བ་སྟེ་རྒྱུན་སྤངས་ཤིང་ཉེ་བར་ལེན་པའི་ཕུང་པོ་ལྔའི་མཚན་ཉིད་ཅན་གྱི་སྡུག་བསྔལ་ཐ་མར་གྱུར་པར་འགྱུར་བ་དེའི་ཕྱིར་སངས་རྒྱས་ཀྱི་བསྟན་པ་ལ་འཇུག་པར་བྱ་བ་ཡིན་ནོ། །སྟོང་གསུམ་གྱི ་ཞེས་བྱ་བ་ལ་སོགས་པ་ལ། རེ་རེ་དག་གི་སྟོང་དང། སྟོང་དག་གི་སྟོང་དང། སྟོང་སྟོང་དག་གི་སྟོང་ཞེས་བྱ་བ་གསུམ་པོ་དེ་དག་ནི་གླིང་བཞི་པོའི་འདོད་པའི་སྤྱོད་པའི་ལྷའི་འཁོར་ཅན་ཚངས་པའི་འཇིག་རྟེན་སྟོང་དག་གི་ཆེད་གང་ལ་ཡོད་པ་དེ་ནི་སྟོང ་གསུམ་ཡིན་ལ། སྟོང་གི་ཚད་འདི་ལ་ཡོད་པའི་ཕྱིར་སྟོང་གསུམ་པའོ། །ཆེན་པོ་ཡང་དེ་ཡིན་ལ་སྟོང་ཡང་དེ་ཡིན་པའི་ཕྱིར་སྟོང་ཆེན་པོ་ཡིན་ལ། སྟོང་གསུམ་ཡང་དེ་ཡིན་ལ་སྟེང་ཆེན་པོ་པ་ཡིན་པའི་ཕྱིར་སྟོང་གསུམ་གྱི་སྟོང་ཆེན་པོ ་ཡིན་ཏེ། གླིང་བཞི་པ་བྱེ་བ་ཕྲག་བརྒྱའི་ཚད་ཅེས་བྱ་བའི་ཐ་ཚིག་གོ་།འཇིག་རྟེན་གྱི་ཁམས་ནི་གནས་པའི་གནས་སོ། །འདས་པ་ལུང་སྟོན་པར་བཞེད་ན་ཞེས་བྱ་བ་ནི་གང་དུ་འདས་པར་གྱུར་པའི་འབྲས་བུ་ཐམས་ཅད་ཁོ་ནའོ། །མ་འོངས ་བ་ལུང་སྟོན་པར་བཞེད་ན་ཞེས་བྱ་བ་ནི་གང་དུ་མ་འོངས་པའི་འབྲས་བུ་ཁོ་ནའོ། །ལག་མཐིལ་ཁ་སྦྱར་དུ་བྱས་པས་ནི་ཐལ་མོ་སྦྱར་བའོ། །ཞལ་གྱི་ནང་ནས་ཞེས་བྱ་བ་ནི་ཞལ་གྱི་སྒོ་ནས་སོ། །ཚོགས་ནི་འོད་ཟེར་གྱི་ཚོགས་སོ།། ་རྒོད་པ་དང་བྲལ་ཞིང་ཞེས་བྱ་བ་ནི་རྒོད་བ་སྤངས་པར་གྱུར་པའོ། །སེམས་ཡུལ་ཡུལ་པོར་གྱུར་པ་ནི་ཞུམ་པ་ཡིན་ལ། རང་དང་གཞན་གྱི་ཡོན་ཏན་ལ་བལྟོས་པ་ནི་རྒྱགས་པ་ཡིན་ཏེ། དེ་དག་དང་བྲལ་བ་ནི་ཞུམ་པ་དང་རྒྱགས་པ་སྤངས་པར ་གྱུར་པའོ། །མཆོག་གི་རྒྱུར་གྱུར་པ་ཞེས་བྱ་བ་ནི་མྱ་ངན་ལས་འདས་པ་མཆོག་གི་རྒྱུར་གྱུར་པའོ། །དུང?་དང་པདྨའི་རྩ་ལྟར་དཀའ་གྱུར་པ་ཞེས་བྱ་བ་ནི་དུང་དང་པདྨའི་རྩ་སྟེ་པདྨའི་སྐུད་པ་ལྟར་ཤིན་ཏུ་དྲི་མ་མེད་པར་གྱུར་པའོ། །དགྲ ་ཐུལ་ནི་བདུད་བཞིའི་དགྲ་ཐུལ་བའོ། །རྒྱལ་པ་ནི་དགྲ་ལས་རྒྱལ་བའོ། །རྒྱུ་མེད་པ་ནི་རྒྱུ་མཚན་མེད་པར་ཏེ། འདིའི་རྒྱུ་གང་ཡིན་ཞེས་བྱ་བའི་ཐ་ཚིག་གོ་།འཛུམ་པ་ནི་བཞད་པའོ། །དེ་ནི་ཞེས་བྱ་བ་ནི་དེའི་ཕྱིར་ཞེས ་བྱ་བའི་ཐ་ཚིག་གོ་།ཉིད་ཀྱི་ཐུགས་སུ་ཆུད་ནས་ཏེ། དུས་མཁྱེན་ནས་ཐོས་པར་འཆལ་བའི་འདོད་པ་དང་ལྡན་པའི་ཉན་ཐོས་ཐེ་ཚོམ་བསྐྱེད་པ་དག་གི་ཐེ་ཚོམ་བསལ་བར་མཛད་དུ་གསོལ་བའོ། །དཀའ་ཅི་འདྲ་བས་ཤེ་ན། བསྟན ་པ་ཞེས་བྱ་བ་སྨོས་ཏེ། བསྟན་པ་དང་མཆོག་དང་དགེ་བ་དག་གིས་ཏེ། གཡོ་བ་མེད་པའི་ཕྱིར་བསྟན་པ་ཡིན་ལ། ཟབ་པ་ལ་སོགས་པ་དམ་པའི་དོན་ཉིད་ཡིན་པའི་ཕྱིར་མཆོག་ཡིན་ཞིང་མཛེས་པར་གྱུར་པ་ཉིད་ཀྱི་ཕྱིར་དང། ཁ་ན་མ ་ཐོ་བ་མེད་པའི་ཕྱིར་དགེ་བའོ། །བསྟན་པའི་ཞེས་བྱ་བ་ནི་འབོད་པ་སྟེ། བསྟན་པ་མཆོག་དང་ལྡན་པའི་ཕྱིར་རོ། །དགེ་སྦྱོང་རྒྱལ་དབང་ཞེས་བྱ་བ་ནི་འབོད་པ་ཡིན་ལ་དེ་ལ་ཞུགས་པ་བཞི་དང་འབྲས་བུ་ལ་གནས་པ་བཞི་ཞེས་བྱ་བ་བརྒྱད་པོ་དག ་ནི་དགེ་སྦྱོང་རྒྱལ་བ་དག་ཡིན་ཏེ། དེ་དག་གི་དབང་པོ་ནི་གཙོ་བོར་གྱུར་པ་ཡིན་པས་ན་དགེ་སྦྱོང་རྒྱལ་དབང་པོའོ། །ཐུབ་པའི་ཁྱུ་མཆོག་ཅེས་བྱ་བ་ནི་འབོད་པ་ཉིད་ཡིན་ཏེ། དེ་ལ་ཐུབ་པ་ནི་སློབ་དང་མི་སློབ་པ་ཡིན་ལ། དེ་དག་གི་ཁྱུ་མཆོག ་ནི་གཙོ་བོ་ཡིན་པས་ན་ཐུབ་པའི་ཁྱུ་མཆོག་གོ་།ཅིའི་ཕྱིར་ཐོས་པ་འཚལ་བར་འགྱུར་ཞེ་ན། རྒྱུ་མེད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། རྒྱུ་མེད་པ་ནི་རྒྱུ་མེད་པ་ཉིད་དུའོ། །ལན་ཚྭའི་ཆུ་ནི་རྒྱ་མཚོའོ། །རི་རྒྱལ་ནི་རིའི་རྒྱལ་པོ་རི་རབ་སྟེ། ་དེ་དག་དང་འདྲ་བར་བསྟན་པ་གང་ལ་ཡོད་པ་དེ་ནི་ལན་ཚྭའི་ཆུ་དང་རི་རྒྱལ་བཞིན་དུ་བརྟན་པའོ། །དེ་དེ་བཞིན་ཏེ་ཞེས་བྱ་བ་ནི་རྗེས་སུ་བརྗོད་པ་སྟེ་གུས་པའི་དོན་གྱི་ཟློས་པའི་ཚིག་གོ་།རྒྱུ་མེད་པ་ནི་རྒྱུ་མེད་པ་ཉིད་དོ། །རྐྱེན་མེད་པ་ནི ་རྐྱེན་དང་བྲལ་བའོ། །དུལ་བ་ནི་ཡིད་ཀྱི་སྒོ་ནས་སོ། །རྩེ་གཅིག་པ་ནི་ཉོན་མོངས་པའི་ཀུན་ཏུ་སྤྱོད་པ་ཉེ་བར་ཞི་བའོ། །ཞི་བ་ནི་ལུས་དང་ངག་གི་སྒོ་ནས་སོ། །གྲོལ་བ་ནི་སྲིད་པ་གཞན་སྤངས་པར་གྱུར་པའོ། །དབུགས་འབྱིན་པ་ནི ་སྡུག་བསྔལ་མེད་པར་གྱུར་པ་ཉིད་ཀྱི་ཕྱིར་ཤིན་ཏུ་སྦྱངས་པའོ། །ཐུལ་བ་ནི་ཚུལ་མ་ཡིན་པའི་སྤྱོད་པ་མེད་པའི་ཕྱིར་རོ། །འདོད་ཆགས་དང་བྲལ་བ་ནི་འདོད་པའི་འདོད་ཆགས་མེད་པར་འགྱུར་བའི་ཕྱིར་རོ། །མཛེས་པ་ནི་རྣམ་པར་སྨིན་པའི་གཟུགས ་ཀྱིས་མཛེས་པར་གྱུར་པའོ། །ཁྱིམ་ན་གནས་པ་རྣམས་ཀྱི་ཁྱུ་མཆོག་དང། དགོན་པ་ན་གནས་པ་དག་གི་གླང་པོ་དང། ནགས་ན་གནས་པ་རྣམས་ཀྱི་སེང་གེ་དང། ཆུ་བོའི་ངོགས་ན་གནས་པ་རྣམས་ཀྱི་ངང་པ་དང། རྒྱ་མཚོའི་ཏོགས་ན ་གནས་པ་རྣམས་ཀྱི་ནམ་མཁའ་ལྡིང་དང། འདོན་པར་བྱེད་པ་དག་གི་བྲམ་ཟེ་དང། ནད་པ་རྣམས་ཀྱི་སྨན་པ་མཁས་པ་དང། སྔར་མ་རྣམས་ཀྱི་དཔའ་བོ་དང། ལམ་དུ་ཞུགས་པ་རྣམས་ཀྱི་ས་མཁན་དང། དོན་མཐུན་རྣམས་ཀྱི་དེད་དཔོན་དང། ་ཚོང་པ་རྣམས་ཀྱི་ཚོང་དཔོན་དང། མཛའ་འཁོབ་ན་གནས་པ་རྣམས་ཀྱི་མཁར་གྱི་རྒྱལ་པོ་དང། འཛམ་བུ་གླིང་པའི་འཁོར་ལོས་སྒྱུར་བ་དང། བླ་ག་བ་མེད་པ་དག་གི་ཟླ་བ་དང། ཉི་མ་ལ་དད་པ་རྣམས་ཀྱི་ཉི་མ་དང། རི་རབ་ཀྱི་བང་རིམ་ལ ་གནས་པ་དག་གི་རྒྱལ་པོ་ཆེན་པོ་བཞི་དང། རི་གཉའ་ཤིང་འཛིན་ལ་གནས་པ་དག་གི་ཐགས་བཟང་རིས་དང། རི་རབ་ཀྱི་སྟེང་ན་གནས་པའི་བརྒྱ་བྱིན་དང། ཚངས་པའི་འཇིག་རྟེན་ན་གནས་པ་དག་གི་ཚངས་པ་ལྟ་བུ་སྟེ། གཙོ ་བོར་གྱུར་པའི་ཕྱིར་དང། འཁོར་རྣམས་གུས་པར་ཉན་པ་ཉིད་ཀྱི་ཕྱིར་དང། དེ་དག་དང་འདིར་མཚུངས་པར་ཤེས་པར་བྱའོ། །མིག་ལ་སོགས་པའི་དབང་པོ་རྒྱུར་གྱུར་པས་ཤིན་ཏུ་དུལ་བ་ནི་ལེགས་པར་དབང་ཏུ་གྱུར་པའོ། །སྤྱོད ་ལམ་དང་སྤྱོད་པ་མ་འཁྲུལ་པ་ནི་འཁྲུལ་པ་མེད་པར་གཤེགས་པ་ལ་སོགས་པ་ལ་སོགས་པའོ། །ཇི་ལྟ་བུར་ཞེ་ན། ཆུ་གཏེར་ལྟར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཏིང་ངེ་བ་ནི་བརྟན་ཞིང་མི་འགྱུར་བ་སྟེ། ཆུ་བོ་རྣམས་ཀྱི་ཆུ ་གཏེར་དང། ཞིང་པ་རྣམས་ཀྱི་སྤྲིན་དང། དགོན་པ་པ་རྣམས་ཀྱི་གླང་པོ་ཆེའི་གཙོ་བོ་ལྟ་བུའོ། །མ་འདྲེས་པ་ནི་ཐུན་མོང་མ་ཡིན་པའི་དྲན་པ་ཉེ་བར་གཞག་པ་སྟེ། ཡེ་ཤེས་ཀྱིས་གུས་པར་ཉན་པ་དང། གུས་པར་མི་ཉན ་པ་དང། གཉི་ག་མ་ཡིན་པ་དག་ལ་ཀུན་ཏུ་སྤྱོད་པ་རྣམ་པ་གསུམ་མོ། །སྙིང་རྗེ་ཆེན་པོ་ནི་ཁམས་གསུམ་གྱི་སེམས་ཅན་ལ་དམིགས་ཤིང་སྡུག་བསྔལ་གྱི་རྣམ་པ་ལ་སྙམས་པར་འཇུག་པའི་དེ་བཞིན་གཤེགས་པའི་ཐུགས་ཀྱི ་རྒྱུད་ལ་གནས་པ་ཐབས་ཀྱིས་འཇུག་པའི་འཕགས་པའི་ལམ་བསྐྱེད་བ་མྱ་ངན་ལས་འདས་པ་ཐོབ་པར་བྱེད་པ་སྟེ། ཟག་པ་དང་བཅས་པའི་བློ་དང་ལྡན་ཞིང་འབྱོར་པའོ། །ཉན་ཐོས་ཆེན་པོ་ནི་མངོན་པར་ཤེས་པ་ལ་སོགས་པའི་ཡོན ་ཏན་གྱིས་སློབ་མའི་གཙོ་བོར་གྱུར་པའོ། །གང་གི་འོད་འདོམ་གང་བ་ཉི་མ་སྟོང་བས་ལྷག་པར་འཕྲོ་བ་དེ་ནི་ཉི་མ་སྟོང་ལས་ལྷག་པའི་འང?་མངའ་བ་སྟེ། བཅོམ་ལྡན་འདས་བཞེད?་པར་གྱུར་པ་ནི་འོད་རབ་ཏུ་འབར་བ་དང་བྲི་བར ་འགྱུར་བའོ། །འགྲོ་བ་ཞེས་བྱ་བ་ནི་འགྲོ་ཞིང་རྒྱུ་བའི་ནུས་པ་དང་ལྡན་པའོ། །བཅོམ་ལྡན་འདས་མ་འདྲེས་པའི་དྲན་པ་ཉེ་བར་གཞག་པ་དག་གི་ས་འཁོར་རྣམས་ལ་ཆོས་སྟེན་པ་ན། གུས་པ་ཉན་པ་ཐམས་ཅད་དང། གུས ་བར་མི་ཉན་པ་ཐམས་ཅད་ལ་གཅིག་ཏུ་གུས་པར་ཉན་པ་དང། གཅིག་ཏུ་གུས་པར་མི་ཉན་པ་དེས་བཅོམ་ལྡན་འདས་ཀྱི་ཐུགས་རྣམ་པ་གཞན་དུ་མི་འགྱུར་བའོ། །ཕ་རོལ་གྱི་དཔུང་གི་ཚོགས་འོང་བ་རིགས་པར་བྱ་བའི་ཕྱིར ་དང། ལམ་ཉམ་ང་བ་ཡོངས་སུ་བསྲུང་བའི་ཕྱིར་བཞག་པའི་སྐྱེས་བུ་ནི་ལག་ཅན་ནོ། །ཆུ་བོ་ཆེན་པོའི་ཕ་རོལ་ཏུ་འགྲོ་བར་བྱ་བའི་ཕྱིར་རྔན?་པ་སྟེར་བ་ནི་གྲུ་བཅས་སོ། །བཀའ་ལུང་བསྟན་པ་ནི་དགྲ་བཅོམ་པའི་འབྲས་བུ་ལུང ་བསྟན་པའོ། །ལོང་སྤྱོད་ནི་ཡོངས་སུ་བགོ་བར་བྱའོ། །ན་ཚོད?་མཉམ་པོར་གྱུར་བས་ན་ནེའུ་ལྡངས་སམ་གྲོགས་པའོ། །ཤི་ཞིང་ཞེས་བྱ་བ་ལ་ཇི་ལྟར་ཤི་བ་ཡིན་ཞེ་ན། འདུས་ལས་འདས་པ་ཞེས་སྨོས་ཏེ། སྐལ་བ་ཉམས་པའི་མཛའ་ཨི ་སྐད་ཅིག་མའི་དུས་ཞེས་བྱ་བའི་བར་དུ་བྱས་ན་ཐ་མའི་དུས་ཐོབ་པར་གྱུར་ཅེས་བྱ་བའི་ཐ་ཚིག་གོ་།ནམ་མཁའ་ཨི་ནི་མཁའ་དང་བར་སྣང་ངོ། །རྒྱ་མཚོ་ཆེན་པོ་ནི་ཆུ་འཛིན་ཆེན་པོའོ། །དྲང་སྲོང་ཆེན་པོ་ནི་སངས་རྒྱས་བཅོམ ་ལྡན་འདས་ཏེ། དེ་དག་ནི་རྫུན་གསུང་བའི་ནང་ཚུལ་ཅན་དུ་མི་འགྱུར་བའོ། །བཅོམ་ལྡན་འདས་མཆོག་ཏུ་ཞི་བ་དང་ལྡན་པ་ཉིད་ཀྱི་ཕྱིར་རྒོད་པ་མི་མངའ་བ་དང་ལྟད?་མོ་སྤངས་པའོ། །སྐྱེ་བོ་མང་པོ་ནི་སྐྱེ་བོ་མང་པོ་སྟེ་སྐྱེ ་པོའི་ཚོགས་ཀྱིས་བསྐོར་བའོ། །ཚོགས་འདི་ལ་ཡོད་པས་ན་ཚོགས་ཅན་ནོ། །ཕ་རོལ་ཡང་དེ་ཡིན་ལ་ཚོགས་ཅན་ཡང་དེ་ཡིན་པས་ན་ཕ་རོལ་ཚོགས་ཅན་ཏེ། དེའི་རྒོལ་བ་ནི་ཕས་ཀྱི་རྒོལ་བའི་ཚོགས་ཅན་ནོ། །དེ ་འཇོམས་པར་མཛད་པའི་ཕྱིར་ཕས་ཀྱི་རྒོལ་བའི་ཚོགས་ཅན་འཇོམས་པར་རོ། །རི་དགས་ཀྱི་རྒྱལ་པོ་ནི་སེང་གེའོ། །མངོན་སུམ་དུ་ཕྱོགས་པ་ནི་དེར་གཞོལ་བ་འམ་བརྩོན་པ་བཅས་པའོ། །འདམ?་ནི་ཉེ་བ་གོས་པ ་འམ། ཚོགས་ལ་བྱའོ། །མཐོ་རིས་ཀྱི་གནས་གང་དག་ལ་??་པ་དེ་དག་ནི་ལྷ་རྣམས་སོ། །ངེས་པ་ནི་གསལ་པོར་རོ། །རྣམ་པར་འཕྲུལ་གྱི་རྣམ་པར་འཕྲུལ་པའོ། །གཞོན་ནུ་ནི་གཞོན་ནུ་རྒྱལ་ཚབ་ཏུ་དབང་བསྐུར་བའོ།། ་བློན་པོ་ནི་རྟག་ཏུ་ཐག་ཉེ་བར་གནས་པ་ཅན་བློའི་གྲོགས་སུ་གྱུར་པའོ། །གྲོང་ཁྱེར་ན་གནས་པས་མ་གྲོང་ཁྱེར་གྱི་མིའོ། །ལྗོངས་ནི་གནས་པས་ན་ལྗོངས་ཀྱི་མི་སྟེ། ལྗོངས་ན་གནས་པའི་ཚུལ་གྱི་རྒྱལ་པོའི་ཕོ་བྲང ་ན་གནས་པ་གང་ལ་ཡོད་པ་དེ་ནི་ལྗོངས་ཀྱི་མིའོ། །འབྱུང་བར་བརྩམས་པ་ནི་འབྱུང་བ་དང་ལྡན་པར་རོ། །ཞལ་འཛུམ་པ་ནི་ཞལ་གྱི་མདོག?་དྲི་མ་མེད་པ་འམ། ཞལ་རབ་ཏུ་བཞད་པར་གྱུར་པའོ། །གཟུགས་མཛེས་པ ་ནི་ཁ་དོག་གི་སྒོ་ནས་སོ། །བལྟ་ན་སྡུག་པ་ནི་དབྱིབས་ཀྱི་སྒོ་ནས་སོ། །སྐྱེ་མཆེད་དང་བར་གྱུར་པ་ནི་བཟད་པའོ། །གནས་མེད་པ་ནི་མི་སྲིད་པའོ། །སྐབས་མེད་པ་ནི་ངེས་པར་སྤྱོད་མེད་པའོ། །ཉོན་མོངས་པར་མ་གྱུར་པ་ནི་པགས ་པ་ཚིག་པའི་སྒོ་ནས་སོ། །གནོད་པར་མ་གྱུར་པ་ནི་ཤ་ཚིག་པའི་སྒོ་ནས་སོ། །སྐལ་པ་ནི་ཁྱིམས་གྱི་བགོ་སྐལ་ཡིན་ལ། དེ་ལ་སྤྱོད་པའི་ཕྱིར་བགོ་སྐལ་ལ་སྤྱོད་པའི་ཕྱིར་བགོ་སྐལ་ལ་སྤྱོད་པ་ཡིན་ཏེ། བགོ་སྐལ་ལས་ཉམས ་པ་འམ། བགོ་སྐལ་དང་བྲལ་བར་གྱུར་པ་ནི་སྐལ་བ་ཆུང་བའོ། །བསམ་པ་ཞེས་བྱ་བ་ལ་སོགས་པ་ལ། བསམ་པ་ནི་རྒྱ་ཆེ་བའི་ཆོས་བཤད་པའི་རྒྱ་ཆེན་པོ་ཉིད་ལ་མོས་ཤིང་མངོན་པར་འདོད་པར་རོ། །བག་ལ་ཉལ་ནི་ཉོན ་མོངས་པ་དྲག་ཅིང?་དྲག་པའི་ཀུན་ཏུ་སྤྱོད་པ་སྟེ། ཉོན་མོངས་པ་གང་དང་གང་གིས་གནོད་པར་གྱུར་པ་དེ་དང་དེ?་ལ་རྗེས་སུ་མཐུན་པའི་ཆོས་སྟོན་པའོ། །ཁམས་ནི་རིགས་ཡིན་ཏེ། ཁ་ཅིག་ནི་རྩུབ་པ་མ་ཡིན་པའི་ཆོས་དང། ་ཁ་ཅིག་ནི་རྩུབ་པའི་ཆོས་བསྟན་པ་འདུལ་བའོ། །དམྱལ་བའི་གཏམ་རྒྱུད་ནི་རྩུབ་པ་ཡིན་ལ། མཐོ་རིས་?་གཏམ་རྒྱུད་ནི་འཇམ་པའོ། །རང་བཞིན་ནི་དད?་པའི་དབང་པོ་ལ་སོགས་པའི་རང་བཞིན་ཏེ། ཨོདབང་པོ་རྣོན་པོ་དང་རྟུལ ་པོ་དབྱེ་བའི་ཕྱིར་རོ། །ལམ་ལ་རྗེས་སུ་ཤེས་པ་ནི་རྒྱུན་དུ་ཞུགས་པའི་འབྲས་བུའོ། །བསྒོམ་པས་སྤངས?་པར?་བྱ་བའི་ཀུན་ནས་ཉོན་མོངས་པའི་རྣམ་པ་དྲུག་པ་སྤངས་པ་ནི་ལན་ཅིག་ཕྱིར་འོང་བའི་འབྲས་བུའོ། །ཐ ་མའི་ཆ་དང་མཐུན་པའི་ཀུན་ཏུ་སྤྱོང་བ་ལྔ་ཟག་པ་མེད་པའི་ལམ་གྱིས་སྤངས་པ་ནི་ཕྱིར་མི་འོང་པའི་འབྲས་བུའོ། །སྲིད་པའི་རྩེ་མོ་ཉོན་མོངས་པ་མ་ལུས་བར་སྤངས་པ་ནི་དགྲ་བཅོམ་པ་ཉིད་དོ། །དྲོང་དུ་གཏོགས་པའི་དགེ་བའི་རྩ ་བ་ཞེས་བྱ་བ་ནི་འཕགས་པའི་ལམ་གྱི་མེའི་སྔ?་ལྟས་ཡིན་ཏེ། དེས་བསྐྱེད་པ་ནི་ཡོངས་སུ་མྱ་ངན་ལས་འདས་པའི་ཆོས་སུ་འགྱུར་བའོ། །རྩེ་མོ་དང་བཟོད་པ་བསྐྱེད་པ་ཡང་དེ་དང་འདྲའོ། །ཉན་ཐོས་ཀྱི་བྱང་ཆུབ་ཏུ་སེམས་བསྐྱེད་དོ་ཞེས་བྱ་བ ་ནི་ཉན་ཐོས་ཀྱི་རིགས་ཅན་ལས་ཐར་པའི་ཆ་དང་མཐུན་པའི་དགེ་བ་བསྐྱེད་པའོ། །དེ་བཞིན་དུ་རང་སངས་རྒྱས་དང། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་རིགས་ལས?་ཞེས་བྱ་བར་སྦྱར་རོ། །སངས་རྒྱས་ལ་གཞོལ ་བ་ཞེས་བྱ་བ་ལ་སོགས་པ་ལ་འཁོར་དེའི་ནང་དུ་ཆུད་པར་གྱུར་པ་དག་དེ་ལྟ་བུར་གྱུར་པ་ཡིན་ཏེ། བདག་གིས་ཡོན་ཏན་གྱི་ཆོག་པ་འདི་ཁོང་དུ་ཆུད་པར་གྱུར་བ་གང་ཡིན་པ་དེ་ཐམས་ཅད་ནི་བཅོམ་ལྡན་འདས་ཀྱི་མཐུ་ཡིན ་པ་དེ་བས་ན། བཅོམ་ལྡན་འདས་འདི་ནི་ཡོན་ཏན་གྱི་ཚོགས་དཔག་ཏུ་མེད་པར་གྱུར་པའི་གཞི་དང་འདི་ཉིད་འཁོར་བའི་སྡུག་བསྔལ་མ་ལུས་པ་ལས་ཡོངས་སུ་སྐྱོབ་བར་མཛད་པར་སྤྱོད་པ་ཡིན་ལ། དེས་ན་བཅོམ་ལྡན་འདས ་ལ་ལྡོག་པ་མེད་པའི་དད་པ་བསྐྱེད་ནས་ཀྱང་བཅོམ་ལྡན་འདས་དེ་ཉིད་ལ་སྐྱབས་ཉིད་དུ་འཛིན་པ་དེའི་ཕྱིར། སངས་རྒྱས་ལ་གཞོལ་བ་ཞེས་བྱའོ། །དོན་དམ་པའི་ཆོས་མྱ་ངན་ལས་འདས་པ་ཐོབ་པ་ཡང་སྐྱེས་བུའི་དོན་བླ་ན་མེད་པ་ཡིན་ཏེ། ་གང་གི་ཕྱིར་མྱ་ངན་ལས་འདས་པ་དེ་ཡང་གཙོར་དེ་དག་གིས་ཐོབ་པ་ཡིན་ཏེ། རྒྱུན་དུ་ཞུགས་པའི་འབྲས་བུ་ལ་སོགས་པ་ཐོབ་པར་བྱེད་པ་ཡིན་པའི་ཕྱིར་ཆོས་ཤེས་ཤིང་དད་པ་རྙེད་པ་དེ་བས་ན་ཆོས་ལ་བརྟེན་པ་ཞེས་བྱའོ།། ་རྒྱུན་ཏུ་ཞུགས་པ་ལ་སོགས་པ་ཡང་དོན་དམ་པའི་དགེ་འདུན་གྱི་རང་བཞིན་ཡིན་པའི་ཕྱིར་དང། ཐར་པའི་ཆ་དང་མཐུན་པ་ལ་སོགས་པ་སྐྱེ་བ་ཡང་ཚོགས་དེ་ལ་བརྟེན་པ་ཉིད་ཀྱི་ཕྱིར་དགེ་འདུན་ལ་ཤེས་ཤིང་དད་པ ་རྙེད་བ་དེ་པས་ན?་དགེ་འདུན་ལ་རབ་ཏུ་འབེབས་པ་ཞེས་བྱའོ། །དེས་པ་དག་པས་གཞན་དེས་པ་ནི་ངེས་ཤིང་ངེས་པ་སྟེ། འཕྲེལ་དུ་སྐྱེད་པར་བྱེད་ཅེས་བྱ་བའི་ཐ་ཚིག་གོ་།མའི་མིང་པོ་ནི་ཞང་པོའོ། །ཐ་སྙད་དུ་བྱ་བའི་དངོས་པོ་ནི ་ཟད?་དོ?། །རྫུ་འཕྲུལ་ཆེ་བ་ཞེས་བྱ་བ་ལ་སོགས་པ་ལ། རྫུ་འཕྲུལ་ཆེ་བ་ནི་རང་བཞིན་ཉིད་ཀྱི་ཡོན་ཏན་བསྒྲུབས་པའི་སྒོ་ནས་སོ། །མཐུ་ཆེ་བ་ནི་གཞན་ལ་ཕན་པ་བྱེད་པས་སོ། །ཚུལ་ཤིང་བྲིམས་མོ་བྱ་བ་ནི་མིང་བྱང་ཕྱིས་པར་གྱུར་པ་སྟེ། ་གཉེན་གྱི་ཚོགས་ལས་ཕྱི་རོལ་ཏུ་བྱེད་ཅེས་བྱ་བའི་བར་དུའོ། །ཁྲག་དྲོན་མོ་ནི་སྙིང་གི་ཕྱོགས་ན་གནས་པ་སྲོག་འཛིན་པར་བྱེད་པ་ཡིན་ལ། གང་གི་ཕྱིར་འཇིག་རྟེན་པ་ནི་སྟོབས་ཞེས་བརྗོད་དོ། དགའ་བའི་རྒྱུར་གྱུར་པ་ཉིད ་ཀྱི་ཕྱིར་སྡུག་པའོ། །སྐད་གཅིག་མ་གཅིག་ཀྱང་ཡིད་ཡོངས་སུ་མི་གཏོང་བའི་ཕྱིར་ཡིད་དུ་འོང་བའོ། །སངས་རྒྱས་ལ་སྐབས་སུ་སོང་བ་ཞེས་བྱ་བ་ནི་མི་སློབ་པ་སངས་རྒྱས་སུ་བྱེད་པའི་ཆོས་ལའོ། །ཆོས་ལ་ཞེས་བྱ་བ་ནི་མྱ་ངན་ལས ་འདས་པ་ལའོ། །དགེ་འདུན་ལ་ཞེས་བྱ་བ་ནི་སློབ་པ་དང་མི་སློབ་པ་དགེ་འདུན་དུ་བྱེད་པ་ལའོ། །གནས་བརྟན་རྣམས་ཀྱིས་ཞེས་བྱ་བ་ནི་སྡུད་པ་པོ་རྣམས་ཀྱིས་སོ། །སྐྱེས་བུའི་བྱེད་པ་ལ་བརྟེན་ནས་འཚོ་བར་བྱེད་པའི ་སྐྱེས་པ་གང་ཡིན་པ་དེ་ནི་སྐྱེས་བུ་བཀུར་བའོ། །ཤིང་རིང་པོའི་རྩེ་མོར་བཞག་ནས་ཞེས་བྱ་བ་ལ་སོགས་བ་ལ། སྐས་ནི་ཤིང་དག་གིས་གོང་ནས་གོང་དུ་ཡང་དགེ་བར་སྦྱར་བའོ། །ཐག་སྐས་ནི་ཤིང་རིང་པོ་ལ་རྐང་པ་བཞག ་པའི་གནས་བྱས་ཤིང་ཐེ་གུས་བཅིངས་པའོ། །མཆིལ་པ་ནི་ལྕགས་ཀྱུ་སྟེ་སྲང་བུས་འཕང་བར་བྱ་བའོ། །འབབ་སྟེགས་སུ་ཉེ་རེག་བྱེད་པས་ཞེས་བྱ་བ་ནི་མངོན་པར་འདོད་པའི་འབབ་སྟེགས་སྟོན་པར་བྱེད་པས་སོ། །སྤངས་ཤིང་ཞེས་བྱ ་བ་ནི་འདས་པར་ཉོན་མོངས་པའི་དགྲ་སྤངས་པའོ། །དོར?་ལ་ཞེས་བྱ་བ་ནི་ད་ལྟར་གྱིའོ། །བསྐུགས?་ལ་ཞེས་བྱ་བ་ནི་མ་འོངས་པའོ། །མངོན་དུ་རྒྱུ་བ་སྤངས་པ་ནི་སོ་སོར་དོར?་བ་ནའོ། །ཡང་ན་དེ་དག་ཐམས་ཅད་སྤངས་པའི་རྣམ ་གྲངས་ཁོ་ན་ཡིན་ནོ། །གསོལ་བ་ནི་གཞན་གཡོའི་སྒོ་ནས་གསོལ་བ་འདེབས་པར་བྱེད་པའོ། གང་གི་ཚེ་ཟངས་མ་ལ་སོགས་པའི་རྒྱུ་ལས་བྱས་པའི་ལྷུང་བཟེད་དག་རྙེད་པར་གྱུར་པ་དེའི་ཚེ། །དེ་དག་སྨན་ཕོར་གྱི་ཚུལ་དུ་ཡོངས་སུ ་ལོངས་སྤྱོད་པར་བྱ་ཡི། དེ་ལ་ཆགས་པ་བསྐྱེད་པར་ནི་མི་བྱ་སྟེ། བཅོམ་ལྡན་འདས་ཀྱིས་རྡི?་སྨན?་སོར་དུ་བཅང་བར་བྱའོ་ཞེས་རྗེས་སུ་གནང་བ་ཡིན་ནོ། །གཏུམ་པོ་ནི་དྲག་པོའོ། །གནོད་སྦྱིན་གྱི་གནས་ནི་ལྷ་རྟེན་ནོ། །ཉིན ་ཞག་ནི་ཚེས་གཅིག་ལ་སོགས་པའོ། །ཚེས་གྲངས་ནི་གཟའ་ལྷག་ལ་སོགས་པའོ། །ཉི་ཚད?་དུ་སྦྱར་བ་ནི་དགེ་བའི་སྦྱོར་བའོ། །བཙོང་པར་བྱ་བའི་དངོས་པོ་ཐམས་ཅད་ཀྱིས་ཇི་ལྟར་རྗེས་སུ་མཐུན་པའི་རིན་རྙེད་པའི་གནས ་ནི་ཚང་དུས་སོ། །རང་ཟུང་གིས་རྗེས་སུ་མཐུན་པའི་རིན་མི་ཁུགས་པའི་ཕྱིར་ཚོང་དུས་མ་ཡིན་པར་བསྒྲགས་ཏུ་རུང་བར་འགྱུར་བའོ། །མགྲོན་པོ་ནི་གསར་དུ་འོངས་པའི་ཕྱིར་བསྙེན་བཀུར་བར་བྱ་བའོ། །ལྷན་ཅིག་ནི་རྟག་ཏུ་ལྷན ་ཅིག་འདུག་པ་ཉིད་དོ། །དབང་པོ་རྣམས་བསྡུས་པ་ཞེས་བྱ་བ་ནི་ཡུལ་ལས་ཏེ། དབང་པོ་རྣམས་བསྡུས་པ་འམ། བཙུམས་པ་འམ་བཟློག་པར་བྱེད་པའོ། །མནའ་མ་རྣམ་ཤེས་བྱ་བ་ནི་མེ་ལས་སྐྱེས་ཀྱི་ཡུལ་ལ་རྒྱལ་པོ ་སྲས་ཀྱི་མིང་དུ་བྱས་དབང་དུ་བྱས་ནས་མནའ་མ་ཞེས་བྱའོ། །ངོ་མཚར་བ་ནི་ཡ་མཚན་དུ་གྱུར་པའོ། །ཆོས་གྱུར་པ་ནི་ལྷག་པར་གྱུར་པའོ། །བསོད་ནམས་ཀྱི་སྟོབས་ལས་བྱུང་བའི་རིན་པོ་ཆེའི་རིང་བཞིན ་གྱིས་གཞི་དེ་ལ་འཁྲུལ་འཁོར་གྱི་སྦྱོར་བས་ཉ་ལ་སོགས་པ་ཆུའི་སྲོག་ཆགས་སྟེང་ན་རྒྱུ་བ་ལྟར་མཐོང་བའི་ཕྱིར་རོ། །བྱེད་བ་ནི་གཙོ་བོར་བྱ་བ་ཡིན་ལ། བྱ་བ་ནི་གཙོ་བོར་མ་ཡིན་པ་འམ། ཉེ་བ་ན་གནས་པ་ནི་བྱེད་པ་ཡིན ་ལ་ཕྱིས་བྱ་བ་ནི་བྱ་བ་ཡིན་ནོ། །སྐྱེངས་པ་ནི་རྣམ་པར་ཞུན་པ་ཡིན་ཏེ། བྱ་བ་ལ་སྨོས་པར་གྱུར་ཅེས་བྱ་བའི་ཐ་ཚིག་གོ་།སེམས་པ་ནི་ཚུལ་མ་ཡིན་པའི་བྱ་བ་བྱེད་པའི་སེམས་སྐྱེས་པར་གྱུར་པའོ། །བདག་ཉིད་ཆོས ་སྤྱོད་པའི་ཕྱིར་ཆོས་དང་ལྡན་པའོ། །ཆོས་ཀྱི་རྒྱལ་སྲིད་ཡོངས་སུ་སྐྱོང་བར་བྱེད་པའི་ཕྱིར་ཆོས་སྐྱོང་བའི་རྒྱལ་པོའོ། །གཡོན་ཅན་ནི་ངོ་སྦེད་པའི་རྐུན་མའོ་བསམས་ནས་ཞེས་བྱ་བ་ནི་དོན་དུ་གཉེར་བའི་སེམས་ཀྱིས་སོ།། ་མཚན་མོ་ནི་ནུབ་མོའོ། །རྒྱལ་པོ་སྡིག་ཅན་ཞེས་བྱ་བ་ནི་སྡིག་པ་འམ་ཚུལ་མ་ཡིན་པ་བྱེད་པ་ཅན་ནོ། །དམན་པ་ནི་སྟོབས་ཀྱིས་དམན་པར་གྱུར་པའོ། །མགོན་མེད་པ་ནི་སྐྱབས་མེད་པའོ། །ཕོངས་ནི་དབུལ་བའོ།། ་རྒུད་བ་ནི་ནང་ཀྱིས་གཟིར་བར་གྱུར་པའོ། །མཛེས་པར་བཤད་པ་ནི་ལེགས་པར་གསུངས་པ་སྟེ། འབྲེལ་པ་ནི་བརྗོད་པའོ། །ཆོས་འདུལ་བ་གང་ལ་ཡང་དག་པར་སྒྲུབ་པ་འམ། འབྲས་བུ་ངེས་པར་མི་འཁྲུལ ་པ་ཡོད་པ་དེ་ནི་ལེགས་པར་གསུངས་པའོ། །རབ་ཏུ་བྱུང་ཞིང་བསྟན་པར་རྫོགས་པའི་མཚན་ཉིད་ནི་དགེ་སློང་གི་དངོས་པོའོ། །ཐོབ་ནས་ཞེས་བྱ་བ་ནི་ཐོབ་པའི་ཕྱིར་རོ། །ཚངས་པ་ནི་མྱ་ངན་ལས ་འདས་པ་ཡིན་ལ་དེའི་རྒྱུ་མཚན་ཚུལ་ཁྲིམས་ཡོངས་སུ་བསྲུང་བ་ལ་སོགས་པའི་བྱ་བ་ནི་སྤྱད་པའོ། །དེ་སྤྱོད་པ་ནི་སྒྲུབ་པའོ། །ལྷུང་ཟེད་དང་བུམ་པ་ཐོགས་པའི་ལག་པ་གང་ལ་ཡོད་པ་དེ་ནི་ལག་ན་ལྷུང་ཟེད་དང་བུམ་པ་ཐོགས་པ་ཅན་ནོ།། ་སྐྲ་དང་ཁ་སྤུ་བྲེགས་ནས་ཞག་བདུན་ལོན་པ་ནི་སྐྲ་དང་ཁ་སྤུ་བྲེགས་ནས་ཞག་བདུན་ལོན་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །བསྙེན་པར་རྫོགས་ནས་ལོ་བརྒྱ་ལོན་པའི་དགེ་སློང་གང་ཡིན་པ་དེའི་སྤྱོད་ལམ་ནི་རབ་ཏུ་ཞི་བར་འགྲོ་བ ་ལ་སོགས་པའོ། །གནས་པ་ནི་ལྡན་པའོ། །ཚུར་ཤོག་ཅེས་བྱ་བ་ནི་འདིར་ཤོག་ཅིག་པའོ། །ལུས་ལ་སྦྱར་མས་གཡོགས་པ་ནི་སྦྱར་མ་བགོས་པའི་ལུས་ཅན་ནོ། །དབང་པོ་རབ་ཏུ་ཞི་བ་ཞེས་བྱ་བ་ནི་རྒོད་པའི་ཡུལ་ལས ་དབང་པོ་ལྡོག་པའོ། །ཆ་ལུགས་ནི་ཆེ?་བྱད་དོ། །སངས་རྒྱས་དགོངས་བཞིན་ཞེས་བྱ་བ་ནི། སངས་རྒྱས་བཅོམ་ལྡན་འདས་བ་ཞེད་པ་བཞིན་དུ་སྟེ། སྦྱར་མགོན་པའི་ལུས་ཞེས་བྱ་བ་ལ་སོགས་པ་སྐབས་གསུམ་པོ་ཐམས་ཅད ་ལ་སངས་རྒྱས་དགོངས་བཞིན་དུ་ཞེས་བྱ་བ་སྦྱར་བར་བྱའོ། །གདམས་ངག་ནི་ལམ་བསྒོམ་པའི་མན་ངག་གོ་།བརྩོན་བ་ནི་སྤྲོ་བར་བྱེད་པའོ། །འབད་པ་ནི་ལས་སུ་བྱ་བ་བྱེད་པའོ། །རྩོལ་བ་ནི་བྱ་བ་དེ་ལ་ནན་ཏན་དུ་བྱེད་པའོ། ་གཡོ་བ་དང་མི་གཡོ་བར་རིག་ནས་ཞེས་བྱ་བ་ལ་གཡོ་བ་ནི་སྐད་ཅིག་མའི་རྒྱུན་མི་རྟག་པ་ཉིད་ཀྱི་ཕྱིར་རོ། །མི་གཡོ་བ་ནི་འཕགས་པའི་ལམ་མེད་པར་འཁོར་བ་ལ་ལྡོག་པ་མེད་པའི་ཕྱིར་རོ། །འདུས་བྱས་སུ་གཏོགས་པ ་ཐམས་ཅད་ནི་དུས་ཀྱི་རྣམ་པ་སྟེ། འདུས་བྱས་སུ་གཏོགས་པ་དེ་དག་ཟིལ་གྱིས་མནན་པ་ནི་ཚར་བཅད་པའོ། །ཇི་ལྟར་ཟིལ་གྱིས་མནན་ནས་ཤེ་ན། ཉམས་པ་ཞེས་སྨོས་ཏེ། ཉམས་པ་ནི་གཞན་གྱི་སྟོབས་གྱིས་?? ་ཉམས་པའོ། །ལྟུང་བ་ནི་རང་གི་སྟོབས་ཀྱིས་སོ། །རྣམ་པར་འཐོར་བ་ནི་འགྱུར་བ་དང་བཅས་པར་འཇིག་པར་གྱུར་པའོ། །རྣམ་པར་འཇིག་པ་ནི་འགྱུར་བ་མེད་པར་འཇིག་པའོ། །ཉམས་པ་ནི་མི་དང་ལྷ་ཁ ་ཅིག་གི་དཔེ་ཡིན་ནོ། །ལྟུང་བ་ནི་གཟུགས་དང། གཟུགས་མེད་པ་ན་སྤྱོད་པའི་ལྷ་དག་གི་དཔེ་ཡིན་ནོ། །རྣམ་པར་འཐོར་བ་ནི་ཤིང་ལ་སོགས་པའི་དཔེ་ཡིན་ཏེ། ཞི་བ་གནས་ཐམས་ཅད་ཐལ་བར་འགྱུར་བ་དེའི་ཕྱིར་འགྱུར ་པ་དང་བཅས་པས་འཇིག་པ་ཡིན་ནོ། །རྣམ་པར་འཇིག་པ་ནི་སེམས་དང་སེམས་ལས་བྱུང་བ་དང། མེ་མར་གྱི་མེ་ལྕེ་ལ་སོགས་པ་འགྱུར་བ་མེད་པར་འཇིག་པའི་དཔེ་ཡིན་ནོ། །འདུས་བྱས་སུ་གཏོགས་པའི་ཆོས་གང ་ཡིན་པ་དེ་དག་ནི་ཉམས་པ་དང། ལྟུང་བ་དང། རྣམ་པར་འཐོར་བ་དང། རྣམ་པར་འཇིག་པ་དག་གི་ཆོས་སུ་གདོན་མི་ཟ་བར་འགྱུར་བས་ཡིན་ནོ། །དགྲ་བཅོམ་པ་ནི་མཆོད་པར་བྱ་བ་ཡིན་ཏེ། དེ་རྒྱུ་མཚན་གཞན་ལས ་ནི་མ་ཡིན་གྱི། ཉོན་མོངས་པ་ཐམས་ཅད་སྤངས་པའི་ཕྱིར་རོ། །ཁམས་གསུམ་པའི་ཁམས་གསུམ་གྱི་སྲེད་པ་དང་བྲལ་བར་གྱུར་པ་ནི་འདོད་ཆགས་དང་བྲལ་བའོ། །བོང་བ་དང་གསེར་དུ་མཉམ་པ་ནི་དེ་ལས་དང ་གསེར་དུ་མཚུངས་པ་སྟེ། ཅི་ལྟར་ནམ་མཁའ་ལ་ལག་ཐགས་པ་མེད་པ་བཞིན་དུ་དེ་དང་མཚུངས་པ་ནི་དེའི་སེམས་སོ། །སྟེའུ་ནི་ལག་ན་སྟེའུ་ཐོགས་པའི་སྐྱེས་བུ་ཡིན་ལ། ཙན་དན་ནི་ལག་ན་ཙན་དན་ཐོགས་པའི ་སྐྱེས་བུ་སྟེ། །འདི་ལ་སྟེའུ་ཐོགས་པའི་སྐྱེས་བུ་དང། ཙན་དན་ཐོགས་པའི་སྐྱེས་བུ་མཚུངས་པ་ནི་ཕན་འདོགས་པ་དང་གནོད་པ་བྱེད་པ་ལ་རྗེས་སུ་ཆགས་པ་དང་ཁོང་ཁྲོ་བ་མེད་པའི་ཕྱིར་རོ། །རིགས་པ་སྟེ་ཡང ་དག་པའི་ལྟ་བས་སོ། །དྲལ་བར་གྱུར་པ་ནི་ཕྱེ་བ་སྟེ། གང་གིས་མ་རིག་པའི་བདག་ཉིད་ཀྱི་སྒོ་ངའི་སྤུབས་དང་དྲལ་བར་གྱུར་པ་དེ་ལ་དེ་སྐད་ཅེས་བྱའོ། །རིག་པ་ནི་གསུམ་སྟེ། སྔོན་གྱི་གནས་དང། འཆི་འཕོ་དང་སྐྱེ་བ་དང། ་ཟག་པ་ཟད་པ་ཤེས་པ་མངོན་སུམ་དུ་བྱེད་པའི་མིང་ཅན་ནོ། །མངོན་པར་ཤེས་པ་ནི་རྫུ་འཕྲུལ་གྱི་ཡུལ་དང། ལྷའི་རྣ་བ་དང། སེམས་ཀྱི་རྣམ་གྲངས་ཀྱི་རང་བཞིན་ཅན་ནོ། །སོ་སོ་ཡང་དག་པར་རིག་པ་ནི་བཞི་སྟེ། ཆོས་དང ་དོན་དང་ངེས་པའི་ཚིག་དང་སྤོབས་པ་སོ་སོ་ཡང་དག་པ་རིག་པ་ཐོབ། སོ་སོ་ཡང་དག་པར་རིག་པ་ནི་ཆོས་དང་དོན་དང་དེས་བའི་ཚིག་དང་སྤོབས་པ་ཡོངས་སུ་ཤེས་པ་ལ་གཟུང་བར་བྱའོ། །འདོད་པ་ནི་ཆགས་པའོ། །རྙེད་པ་ནི་ནོར་རྙེད་བར་བཀུར་སྟི་ནི་བསྙེན ་བཀུར་རོ། །རྒྱབ་ཀྱིས་ཕྱོགས་པ་ནི་ཡིད་ཕྱིར་ཕྱོགས་པའོ། །དབང་པོ་དང་ཉེ་དབང་དུ་བཅས་པས། འཇུག་པའི་ལྷ་རྣམས་ཀྱིས་མཆོད་པ་ནི་འདུད་པ་སྙན་པའི་ཚིག་ལ་སོགས་པ་དག་གིས་གུས་པར་བྱེད་པའོ། །བརྗེད? ་པ་ནི་གོས་དང་བསོད་སྙོམས་ལ་སོགས་པ་དག་གིས་བསྙེན་བཀུར་བྱེད་པའོ། །སྔོན་དུ་སྨྲ་བར་གྱུར་པ་ནི་ཕྱག་བྱ་བར་གྱུར་པའོ། །ཐེ་ཚོམ་སྐྱེས་པ་ནི་སོམ་ཉི་སྐྱེས་པར་གྱུར་པའོ། །ཐམས་ཅད་མཁྱེན་པ་ཉིད་ཡིན་པའི ་ཕྱིར་ཐེ་ཚོམ་ཐམས་ཅད་གཅོད་པར་མཛད་པ་སྟེ་བཅོམ་ལྡན་འདས་ལའོ། །བྱས་ཤིང་བསགས་པ་ནི་བསམས་བཞིན་དུ་བྱས་པ་དང། རྫོགས་པ་དང། འགྱོད་པ་མེད་པར་བྱས་པ་དང། གཉེན་པོ་མ་བསྟེན་པ་དང། སྦྱོར་བ ་དང། མཇུག་དང་ལྡན་པ་དེ་འདྲ་བ་ལས་ཀྱི་རྣམ་པར་སྨིན་པ་སོ་སོར་ངེས་པ་གང་ཡིན་པ་དེ་ནི་བསགས་པ་ཞེས་བྱའོ། །ཚོགས་པ་རྙེད་པ་ནི་གཞན་རྙེད་པའོ། །རྐྱེན་ཡོངས་སུ་བསྒྱུར་བ་ནི་རྐྱེན་དག་གིས་ནུས་པ་རྙེད་པར་གྱུར ་པའོ། །ཆུ་བོ་ལྟར་ཞེས་བྱ་བ་ནི་ལྡོག་པ་མེད་པའོ། །ཉེ་བར་གནས་པ་ནི་ཐག་ཉེ་བ་ན་གནས་པར་གྱུར་པའོ། །དེ་ལྟར་གྱུར་པ་གདོན་མི་ཟ་བར་འབྲས་བུ་འབྱིན་པར་བྱེད་པ་ནི་འགའ་ཞིག་ཏུ་ཡང་ལྡོག་པར་མི་འགྱུར་བའོ།། ་གཞན་སུ་ཞིག་གིས་སོ་སོར་མྱོང་བར་འགྱུར་ཞེས་བྱ་བ་ནི་གཞན་གྱིས་བྱས་པའི་ལས་ཀྱིས་གཞན་གྱིས་རྣམ་པར་སྨིན་པ་མྱོང་བར་འགྱུར་བ་མ་ཡིན་ཏེ། འདིས་ནི་ཕན་ཚུན་རྒྱུ་ཉིད་མ་ཡིན་པར་བསྟན་ཏོ། །ལས་ཀྱི་རྣམ་པར་སྨིན་པ ་ཡང་ཕྱི་རོལ་ལ་མ་ཡིན་གྱི་ནང་གི་བདག་ཉིད་ཁོ་ན་ཡིན་ནོ་ཞེས་བསྟན་པར་བྱ་བའི་ཕྱིར། དགེ་སློང་དག་ལས་བྱས་ཤིང་བསགས་པ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ནོ། །ཆུད་མི་ཟ་བ་ཞེས་བྱ་བ་ནི་ལས་བྱས་ཤིང་བསགས ་པ་གང་ཡིན་པ་དེ་ཆུད་ཟ་བར་མི་འགྱུར་བའོ། །གང་བྱས་ནས་འགྱོད་པ་དང། གཉེན་པོ་བསྟེན་པས་ཉམས་པ་གང་ཡིན་པ་དེ་ནི་ཚང་བར་བསགས་པར་མ་ཡིན་པ་དེ་ནི་ཕྱིར་མ་བསགས་པའི་ལས་ཁོ་ན་ཟད་པ་ཞེས་བྱའི། ། ་བསགས་པ་ངེས་པར་མྱོང་བར་འགྱུར་པ་ཡོངས་སུ་ཟད་པ་ནི་མ་ཡིན་ལ། རྒྱལ་པོ་མ་སྐྱེས་དགྲ་ས་སྐྱེ་བ་གང་ཁོ་ན་ལ་བྱས་པའི་ལས་ལ་འགྱོད་པ་དང་མཐོལ་བ་དང་བཤགས་པ་དང་གཉེན་པོ་བསྟེན་པ་དག་གིས་ཉམས་པར་གྱུར ་པ་ནི་སྐྱེ་བ་དེ་ཉིད་ཀྱི་ཡིན་པ་དེའི་ཕྱིར་དེ་ནི་ཡོངས་སུ་རྫོགས་པའི་རྣམ་པར་སྨིན་པ་འབྱིན་ནུས་པར་མི་འགྱུར་རོ་ཞེས་བྱ་བ་མ་བསགས་པ་ཉིད་ཡིན་པའི་ཕྱིར་ཟད་པ་ཞེས་གསུངས་པ་ཡིན་ནོ། །སྔོན་བྱུང་བར་གྱུར་པ་ནི་སྔོན་བྱུང་བ ་འདས་པའོ། །དེ་བཞིན་གཤེགས་པ་དེ་ཁོ་ན་བཞིན་མ་ཡིན་པ་མི་གསུངས་པ་སྟེ། དངོས་པོ་ཇི་ལྟ་བ་དེ་བཞིན་དུ་གསུང་བ་ཉིད་ཀྱི་ཕྱིར་དེ་ནི་འདིར་སྟོན་པ་ཉིད་དེས་སངས་རྒྱས་བཅོམ་ལྡན་འདས་སོ། །གང་དེ་ཁོ ་ན་བཞིན་མ་ཡིན་པ་སྟོན་པར་མི་མཛད་པ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་ཉིད་དོ། །དེ་བཞིན་གཤེགས་པ་ཉིད་གང་ལས་ཤེ་ན། དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཞེས་སྨོས་ཏེ། ལྷ་དང་བཅས་པའི་འཇིག་རྟེན ་གྱིས་མཆོད་པར་འོས་པ་དང། ཉོན་མོངས་པ་སྤངས་པ་ཉིད་ཀྱི་ཕྱིར་དགྲ་བཅོམ་པའོ། །ཡང་དག་པར་རྫོགས་པའི་སངས་རྒྱས་ནི་འགྲོ་བ་མ་ལུས་པ་མཁྱེན་པར་གྱུར་པའི་ཕྱིར་ཡང་དག་པར་རྫོགས་པའི་སངས་རྒྱས་སོ།། ་འདིས་ནི་བདེན་པ་སྟོན་པའི་རྒྱུ་བསྟན་པ་ཡིན་ཏེ། གང་གི་ཕྱིར་ཉོན་མོངས་པས་ཟིལ་གྱིས་ནོན་པ་དང། མི་ཤེས་པས་ཟིལ་གྱིས་ནོན་པ་དག་རྫུན་དུ་སྨྲ་བར་འགྱུར་ལ། ཉོན་མོངས་པ་སྤངས་ཤིང་ཡང་དག་པར་རྫོགས ་པའི་བྱང་ཆུབ་ཐུགས་སུ་ཆུད་པ་དེའི་ཕྱིར་འདིས་ནི་བདེན་པ་མ་ཡིན་པ་སྟོན་པར་མི་མཛད་དོ། །ཉོན་མོངས་པ་སྤང་བ་དང། ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱང་གང་ལས་ཤེ་ན། རིག་པ་དང་ཞབས་སུ་ལྡན་པ་ཞེས་བྱ་བ ་སྨོས་ཏེ། རིག་པ་ནི་ཡང་དག་པར་ལྟ་བ་ཡིན་ལ། ཞབས་ནི་ལམ་གྱི་ཡན་ལག་བདུན་ཡིན་ནོ། །དེ་བས་ན་འདིས་ནི་འཕགས་པའི་ལམ་ཡན་ལག་བརྒྱད་པ་ནི་ཉོན་མོངས་པ་སྤངས་པ་དང་ཡང་དག་པར་རྫོགས་པའི་བྱང ་ཆུབ་ཀྱི་རྒྱུ་ཉིད་དུ་བསྟན་པ་ཡིན་ནོ། །བདེ་བར་གཤེགས་པ་ནི་མཛེས་པར་གཤེགས་པས་ན་བདེ་བར་གཤེགས་པ་སྟེ། ཡང་ཕྱིར་མི་ལྡོག་པའི་ཕྱིར་རོ། །འདིས་ནི་ཕྱིར་མི་ལྡོག་པའི་སྟོན་པ་ཉིད་བརྙེས་པར ་སྟོན་ཏོ། །སྐལ་བ་དང་ལྡན་པ་དང་མི་ལྡན་པའི་འཇིག་རྟེན་མཁྱེན་པའི་ཕྱིར་འཇིག་རྟེན་མཁྱེན་པའོ། །འདིས་ནི་སྟོན་པའི་མཛད་པ་དང་པོ་བསྟན་པ་ཡིན་ནོ། །སྟོན་པའི་མཛད་པ་ནི་རྣམ་པ་གཉིས་ཏེ། སྐལ ་བ་དང་ལྡན་པ་དང་སྐལ་བ་དང་མི་ལྡན་པ་སོ་སོར་རྟོག་པ་ནི་དང་པོ་ཡིན་ལ་སྐལ་བ་ཇི་ལྟ་བ་བཞིན་དུ་འདོན་པ་ནི་གཉིས་པ་ཡིན་པ་དེའི་ཕྱིར་འཇིག་རྟེན་རིག་པ་ཞེས་བྱ་བ་འདིས་དང་པོ་བསྟན་པའོ། །གཉིས་པ་བསྟན་པའི ་ཕྱིར་སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་ཞེས་བྱ་བ་སྨོས་ཏེ། སྐྱེས་བུ་ཁོ་ན་གདུལ་བྱ་ཡིན་ཏེ། གདུལ་བར་འོས་པ་ཉིད་ཡིན་པའི་ཕྱིར་སྐྱེས་བུ་འདུལ་བའོ། །དེ་དག་གི་ཁ་ལོ་སྒྱུར་བ་ནི་འདུལ་བར་མཛད་པའོ། །ཁ་ལོ ་སྒྱུར་བའི་ཁྱད་པར་ནི་བླ་ན་མེད་པ་ཞེས་བྱ་བ་ཡིན་ཏེ། སོར་ཕྲེང་ཅན་ལ་སོགས་པ་གདུལ་དཀའ་བ་འདུལ་བར་མཛད་པའི་ཕྱིར་དང། འདོད་པས་བསོད་ཉམས་ལ་རྗེས་སུ་སྦྱོར་བ་དང། བདག་ཉིད་ལ་བའི་རྗེས་སུ་སྦྱོར་བ་ཡོངས ་སུ་སྤངས་ནས་བདེ་བར་འདུལ་བར་མཛད་པའི་ཕྱིར་དང། ཡང་ཕྱིར་ཟློག་པ་མེད་པར་འདུལ་བའི་ཕྱིར་ཁ་ལོ་སྒྱུར་བ་བླ་ན་མེད་པའོ། །འདིས་ནི་སྐལ་བ་ཇི་ལྟ་བ་བཞིན་དུ་འདོན་པར་མཛད་པ་སྟོན་པའི་ཕྲིན་ལས ་གཉིས་པ་བསྟན་ཏོ། །ལྷ་དང་མི་རྣམས་ཀྱི་སྟོན་པ་ཞེས་བྱ་བ་འདིས་ནི་ལྷ་དང་མི་རྣམས་ནི་སྟོན་པའི་གང་ཟག་མཛད་པའི་སྣོད་ཡིན་གྱི་གཞན་འགའ་ཞིག་ཀྱང་མ་ཡིན་ནོ་ཞེས་སྟོན་པའི་ཕྲིན་ལས་ཀྱི་སྣོད་བསྟན་ཏོ། །སངས ་རྒྱས་བཅོམ་ལྡན་འདས་ཞེས་བྱ་བ་ལ་སངས་རྒྱས་ནི་རབ་ཏུ་གྲགས་པའི་སངས་རྒྱས་ཏེ་བཅོམ་ལྡན་འདས་སོ། །དེ་བས་ན་དོན་འདིས་ནི་སངས་རྒྱས་ཞེས་རབ་ཏུ་གྲགས་པ་གང་ཡིན་པ་འདི་ནི་སྟོན་པ་ཡིན་ཏེ། སྔར ་སྨོས་པའི་ཡོན་ཏན་དང་ལྡན་པ་ཉིད་ཀྱི་ཕྱིར་རོ། །རྒྱལ་སྲིད་ནི་བདག་པོའོ། །དེ་བྱེད་དུ་བཅུག་པ་ནི་གཞན་བློན་པོ་ལ་སོགས་པའི་སྒོ་ནས་སོ། །འབྱོར་པ་ཞེས་བྱ་བ་ལ་ནི་ཞིང་པ་དང་ཕྱུགས་སྐྱོང་བ་ཡུལ་གྱི་ཡོན་ཏན་དང ་ཚོང་བ་དང་རྒྱལ་པོ་བསྟེན་པ་བདག་པོའི་ཡོན་ཏན་ལས་གྲུབ་པའི་རྒྱལ་སྲིད་གང་ལ་ཡོད་པ་དེ་ནི་འབྱོར་བའོ། །རྒྱས་པ་ཞེས་བྱ་བ་ནི་ཚད་མེད་པ་དང། ལེགས་པར་བསྐྱངས་པའི་སྒོ་ནས་གང་དུ་ནང་གི་གཏེར་མངོན་པར་འཕེལ་བར་གྱུར ་པ་དེ་ནི་རྒྱས་པའོ། །བདག་པོས་ཕ་རོལ་གྱི་དཔུང་གི་ཚོགས་ཀྱི་རྣམ་པར་འཚོ་བ་ལས་བསྲུངས་པ་ནི་བདེ་བའོ། །ལོ་ལེགས་པ་ཞེས་བྱ་བ་ནི་བདག་པོ་དང་ལྗོངས་ཀྱི་མི་དག་ལྷ་དང་ལྡན་པ་ཉིད་ཀྱིས་དུས་ཇི་ལྟ་བ་བཞིན་དུ་ལྷས་ཆར ་འབེབས་ཤིང་འབྲུ་རྒྱས་པས་སློངས་མོས་ལེགས་པར་རྙེད་པའི་ཕྱིར་རྒྱལ་སྲིད་ལོ་ལེགས་པའོ། །མི་ནི་གཉེན་དང་རྒྱལ་པོས་ཉེ་བར་འཚོ་བའི་སྐྱེ་བོ་དང་འཁོར་དང་མགྲོན་པོ་ཡངས་ཤིང་རྒྱ་ཆེ་བ་མང་པོར་གྱུར་པ་གང་ཡིན ་པ་དེ་ནི་སྐྱེ་བོ་མང་པོའོ། །གང་པ་ནི་མང་པོ་དང་ལྡན་པར་གྱུར་སྟེ། གྲོང་ལ་སོགས་པས་མ་ཆད་པའི་རྒྱལ་སྲིད་གང་ལ་ཡོད་པ་དེ་ནི་མི་དང་སྐྱེ་བོ་མང་པོས་གང་བའོ། །འཐབ་མོ་ཞེས་བྱ་བ་ལ་སོགས་པ་ལ་འཐབ་མོ་ནི་བྱ ་བ་མ་ཡིན་པ་ལ་ཆགས་པ་འམ། གཏོང་བར་དཀའ་བའོ། །འཐབ་པ་ནི་སྐྱེ་བོ་དག་ཁྲོ་བ་ལ་ཕྱིར་ཁྲོ་བའོ། །ནང་འཁྲུག་ནི་འགའ་ཞིག་གིས་རང་རང་གི་ཚོགས་འཁྲུག་པ་སློང་བ་གང་ཡིན་པ་དེ་ལ་བྱའོ། །ཕྱིའི་དགྲ་ནི་ཕ ་རོལ་གྱི་དཔུང་གི་ཚོགས་ཀྱིས་དཀྲུགས་པའོ། །ཆོམ་རྐུན་ནི་རྐུན་པོའོ། །ཕྱུག་པ་ནི་གསེར་ལ་སོགས་པས་སོ། །ནོར་ཆེ་བ་ནི་མ་ཧེ་ལ་སོགས་པས་སོ། །ལོངས་སྤྱོད་ཆེ་བ་ནི་གྲོང་ལ་སོགས་པས་སོ། །ཡོངས་སུ ་བཟུང་བ་ཡངས་ཤིང་རྒྱ་ཆེ་བ་ཞེས་བྱ་བ་ལ་སོགས་པ་ལ། འདིའི་ཡོངས་སུ་བཟུང་བ་ཡངས་ཤིང་རྒྱ་ཆེ་བ་སྟེ། འདིའི་འཁོར་མང་ཞིང་རྒྱས་པ་ཞེས་བྱ་བའི་ཐ་ཚིག་གོ་།ནར་ལ་གྲངས་མེད་པ་ཉིད་ཀྱི་ཕྱིར་རྣམ་ཐོས ་ཀྱི་བུའི་ནོར་དང་ལྡན་པའོ། །རྟག་ཏུ་གཏོང་བའི་ངང་ཚུལ་ཅན་ཉིད་ཡིན་པའི་ཕྱིར་རྣམ་ཐོས་ཀྱི་བུ་ལ་ནོར་གྱིས་འགྲན་པ་སྟེ། རྣམ་ཐོས་ཀྱི་བུའི་ནོར་བཏང་བས་ཡོངས་སུ་ཟད་པར་མི་འགྱུར་བ་བཞིན་དུ་འདིའི ་ཡང་བཏང་བས་ཟད་པར་མི་འགྱུར་བའི་ཕྱིར་འགྲན་པའོ། །ཆོས་དང་ལྡན་པ་ཞེས་བྱ་བ་ལ་སོགས་པ་ལ་ཆོས་དང་མ་བྲལ་བ་ནི་ཆོས་དང་ལྡན་པའོ། །བཀའ་མཆིད་ཀྱིས་ཡང་དག་པར་བསྟན་པ་ནི་བྱ་བ་ལ་བསྟན་པའོ།། ་ཡང་དག་པར་འཛིན་དུ་བཅུག་པ་ནི་སྦྱིན་པ་ལ་རྣམ་པར་བཀོད་པའོ། །ཡང་དག་པར་གཟེངས་བསྟོད་པ་ནི་ཚེ་འདི་ཉིད་ཀྱི་སྦྱིན་པ་ལ་སོགས་པའི་ཕན་ཡོན་བརྗོད་པའོ། །ཡང་དག་པར་རབ་ཏུ་དགའ་བར་མཛད་པ་ནི ་འཇིག་རྟེན་ཕ་རོལ་གྱི་ཕན་ཡོན་སྟོན་པར་མཛད་པའོ། །ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་གཟིགས་གལ་བ་ཞེས་བྱ་བ་ལ་སོགས་པ་ལ་སངས་རྒྱས་རྣམ་པར་གཟིགས་བཞུགས་པ་གལ་བ་སྟེ། ཕྱོགས ་དེ་ལོགས་སུ་ཐལ་མོ་སྦྱར་བ་དང་ལུས་ཀྱིས་ཕྱག་འཚལ་ཏེ་ཞེས་བྱ་བའི་བར་དུའོ། །ན་བཟའ་ནི་སྣམ་སྦྱར་ལ་སོགས་པའོ། །གནས་མལ་ནི་ཁྲི་དང་ཁྲིའུ་ལ་སོགས་པ་སྟེ། གང་ལ་དགེ་སྟོང་དག་ཉལ་ཞིང་འདུག་པའོ།། ་བསྙུན་བ་དག་གི་རྐྱེན་ཏེ་བསྙུན་ཟློག་པར་བྱེད་པའི་རྒྱུ་མཚན་གྱི་སྨན་ནོ། །དེ་བས་ན་བསྙུང་བའི་རྐྱེན་ཡང་དེ་ཉིད་ཡིན་ལ་སྨན་ཡང་དེ་དག་ཡིན་པ་འམ་བསྙུང་བའི་རྐྱེན་ཏེ་ཚད་མ་དང་སྐྱབས་དང་བསྟན་པར་བྱ་བ་ནི་བསྙུང ་བའི་རྐྱེན་སྨན་དག་ཉིད་དོ། །འཚོ་བ་ལ་མཁོ་བོ་དེ་དག་ཐམས་ཅད་ཀྱང་དེ་དག་གིས་སྲོག་སྐྱོང་བར་བྱེད་ཡོངས་སུ་བསྲུང་བར་བྱེད་ཅེས་བྱ་བའི་དབང་དུ་བྱས་ནས་ཡོ་བྱད་ཅེས་བྱའོ་ཞེས་པར་ཅི་གནང་ཞེས་བྱ་བ་ནི་ཞལ ་གྱིས་བཞེས་པར་རོ། །ཅང?་མི་གསུང་བ་ཞེས་བྱ་བ་ནི་ཚིག་གིས་གནང་བ་ནི་ཐ་མལ་པའི་རྟགས་ཡིན་པ་དེ་བས་ན་ཡང་དག་པར་རྫོགས་པའི་སངས་རྒྱས་དང་དེའི་ཉན་ཐོས་རྣམས་ནི་ཅང་མི་གསུང་བར་གནང་བར་མཛད་པའོ། །ལན་དུ་མ ་ནི་ལན་མང་དུའོ། །འདོད་རྒྱལ་དུ་མི་གཏོང་བ་ནི་རང་དགའ་མི་གཏོང་བའོ། །བཟང་པོ་ནི་མཆོག་ཡིན་ཏེ། བཟང་པོ་ཁོ་ན་བཟང་པོ་ཉིད་དོ། །བཤོས་དག་གིས་བཟང་པོ་ཉིད་ནི་བཤོས་བཟང་པོ་ཉིད་དོ། །གང་དུ་ཤིན་ཏུ་ཁྱད་པར་དུ་འཕགས ་ཤིང་བསོད་པའི་ཟས་བསྒྲུབ་པར་ནུས་པ་གང་ཡིན་པ་དེར་གཤོས་གསོལ་བར་བྱ་བའི་དོན་ཏོ། །ཆུ་ར་ནི་ཆུས་ཡོངས་སུ་བཀང་བའི་སྣོད་གཙང་མའི་བྱེ་བྲག་གོ་།གང་ལ་ད་དེའི་དུས་ལ་བབ་པར་དགོངས་སུ་གསོལ་ཞེས་བྱ་བ་ལ། ཁྱིམ ་གྱི་ནང་དུ་ཡང་དག་པར་གཤེགས་པའི་མཛད་པ་གང་ལ་ང་ནི་ཚོགས་པའི་དུས་ལ་བབ་པར་མཁྱེན་ནས་དེ་མཛད་པའི་རིགས་སོ། །ཞེས་བྱ་བ་ལ་བལྟོས་པའོ། །དགེ་སློང་གི་ཚོགས་ཀྱིས་ཡོངས་སུ་བསྐོར་ཅིང་ཞེས་བྱ་བ་ནི་འཁོར་དུ་གྱུར ་པའི་དགེ་སློང་དག་གིས་ཁྱབ་པའོ། །འཁོར་འགའ་ཞིག་ནི་སྔོན་ནས་ཀྱང་འགྲོ་བར་བྱེད་ཅིང་ཕྱི་བཞིན་དུ་ཡང་འབྲང་བར་བྱེད་པས་བྱེ་བྲག་ཏུ་བྱེད་པ་ནི་མདུན་དུ་བདར་ནས་ཞེས་བྱ་བ་སྨོས་ཏོ། །མདུན་དུ་བདར་བ་ནི་མངོན་དུ་གཤེགས་པའོ། ་བཀང་ས་ནི་དེར་ཟས་ཐམས་ཅད་འདོག?་པར་བྱེད་པར་ཞེས་བྱ་བའི་དབང་དུ་བྱས་ནས་བཤོས་གསོལ་བའི་གནས་སོ། །ཚིམ་པར་བྱེད་པ་ནི་དབང་པོའི་འབྱུང་བ་ཆེན་པོ་ཚིམ་པར་བྱེད་པ་འདོད་པའི་ཟས་སྟོབ་པར་བྱེད་པའོ།། ་སྟོབས་པར་བྱེད་པ་ནི་ལྷག་པར་འདོད་པ་སྟོབས་པར་བྱེད་པའོ། །ཕྱག་བཅབས་པ་ནི་ཕྱག་བསིལ་བར་གྱུར་པའོ། །སྟན་ཆེས་དམའ་བ་ནི་ཤིན་ཏུ་དམའ་བའ་ཨོ། །རྒྱལ་པོའི་བཀས་དྲིལ་དཀྲོལ་ཞིང་དམ་བཅས ་པ་གསལ་པོར་བྱེད་པ་གང་ཡིན་པ་དེ་ནི་དྲིལ་བསྒྲགས་པ་སྟེ། དབང་ཕྱུག་གི་མཆོག་ཁོ་ན་ལ་འོས་པ་ཡིན་ནོ། །འཚེད་པ་ནི་འཕེལ་བ་ཁོ་ནར་བྱེད་པ་སྟེ། བཅའ་བ་ལ་སོགས་པ་མར་ལ་སོགས་པའི་ནང་དུ་འཚེད་པར་བྱེད ་པ་ན་ཆོས་པ་ཉིད་དུ་བསྒྲུབ་པར་བྱེད་པ་གང་ཡིན་པ་དེ་ནི་འཚེད་པར་བྱེད་པའོ། །དེ་རང་གི་འབྱོར་པ་ལེགས་པའི་མཛའ་ཅན་ནི་ཞེས་བྱ་བ་ལ། རང་གི་འབྱོར་པ་ནི་ནོར་ཡིན་ལ། དེའི་ཁྱད་པར་ནི་ལེགས་པའི་མཛའ་ཅན་ཞེས་སྨོས་ཏེ། འཐབ ་རྩོད་ཉེ་བར་ཞི་བའི་ནོར་ལ་ལེགས་པའི་མཛའ་ཅན་ཞེས་བྱའོ། །ནོར་ལ་གནས་སྐབས་གསུམ་སྟེ། བསྒྲུབ་པ་དང། བསྲུངས་པ་དང། ཡོངས་སུ་ལོངས་སྤྱོད་པའི་གནས་སྐབས་སོ། །དེ་ལ་ནོར་གྱི་ཐ་མ་ཡོངས་སུ་ལོངས་སྤྱོད་པ་འདི་ལ ་མཛེས་པའི་མཛའ་ཡོད་པ་ནི་ཟློག་པར་མེད་པར་ཡོངས་སུ་ལོངས་སྤྱོད་པ་སྟེ། དེ་འདྲ་བའི་ནོར་ནི་བདེ་བ་ཐོབ་པར་བྱེད་པ་ཡིན་ནོ་ཞེས་འབྱུང་ངོ། །སེམས་འཁྲུགས་པ་ལ་ཤིན་ཏུ་སྡིག་པའི་འབྲས་བུ་དང་ལྡན་པ་ནི་རྩུབ་པའོ། །རྡོ་ནི་སོ་ཕག ་གི་དུམ་བུ་འམ། རྡོ་ཡི་དུམ་བུའོ། །བོང་བ་ནི་ས་ལས་བྱས་པའི་རྐད?་རྟེན་གྱི་དུམ་བུ་འམ་བོང་བ་ཉིད་དོ། །གྱོ་མོ་ནི་རྫས་དུམ་སོ་བཏང་བ་འམ། །བམ་པོར་གྱི་དུམ་བུའོ། །དྲི་ཞིམ་པོའི་བདུག་པས་བཀང་བའི་སྣོད་ནི་དྲི་ཞིམ་པོག?་ཕོར ་རོ། །བཞག་པ་ནི་སྤྱངས་ནང་བཞག་པའོ། །དར་གྱི་ཆུན་པོ་སྟེ་ཕན་ཚུན་ཡོངས་སུ་འབྲེལ་པའི་དར་གྱི་ཆུན་པོའི་ཚོགས་ནི། དར་གྱི་ཆུན་པོ་མང་པོའོ། །སྦྱངས་པ་ནི་ཡོངས་སུ་བསྐོར་ཅིང་གཡོགས་པ་ལ་བྱ་སྟེ། དར་གྱི་ཆུན་པོའི་ཚོགས ་སྦྱངས་ཤིང་ཡོངས་སུ་བསྐོར་བ་རྒྱལ་པོའི་ཕོ་བྲང་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །རྒྱལ་མཚན་ནི་སེང་གེའི་རྒྱལ་མཚན་ལ་སོགས་པའོ། །བ་དན་ནི་ཤིང་ལ་བཏགས་པའི་གོས་ཀྱི་བྱེ་བྲག་གོ་།བསྒྲེང་བ་ནི་བསླད་བར་གྱུར ་པའོ། རིན་པོ་ཆེའི་ཁྲི་ནི་གསེར་ལ་སོགས་པ་ལས་བྱས་པའོ། །བེའུ་རས་ཁྲ་བོ་ལ་སོགས་པའོ་གེས་དེ་དག་གིས་མཛེས་པར་བསྒྲུབ་པ་ནི་གདན་བཤམ་པའོ། །འཇམ་པ་ནི་གཉེན་པའོ། །རྒྱ་ཆེ་བ་ནི་གཏོས་ཆེ་བའོ། ཤིན་ཏུ་དྲི་ཞིམ་པ་ན་དྲི ་བཟོད་པའི་དྲི་དང་ལྡན་ཞིང་འབྱོར་པའི་ཟས་སོ། །ཡིད་དུ་འོང་བ་དང་འདྲ་བ་ནི་ཡིད་དང་རྗེས་སུ་མཐུན་པ་སྟོན་པའོ། །རྒྱལ་པོ་ལ་འོས་པའི་གདུགས་རྒྱ་ཆེ་བ་གང་ལ་འོད་མའི་རྩིབས་བརྒྱ་ཡོད་པ་དེ་ནི་གདུགས་རྩིབས་བརྒྱ་པའོ། །གསེར་དང་ནོར་བུས ་སྤྲས་པའི་ཡུ་པ་ཅན་གཡག་རྔ་ལས་བྱས་པའི་རྔ་ཡབ་ནི་གསེར་དང་ནོར་བུས་སྤྲས་པའི་རྔ་ཡབ་བོ། །སྒོར་ངེས་པར་སྦྱོར་བས་ན་སྒོའོ། །ཤེས་པ་ཞེས་བྱ་བ་ལ་སོགས་པ་ལ་ཡིད་ཀྱིས་ཤེས་པར་བྱ་བ་མཐོང་བ་ནི་ཤེས ་པའོ། མིག་གིས་བལྟ་བར་བྱ་བ་མཐོང་བ་ནི་བལྟ་བའོ། །རིགས་དང་བཅས་པར་འཇུག་པས་ན་རིགས་དང་ལྡན་པ་ཡིན་ལ། ཀཽ་ཤི་ཀའི་རིགས་དང་བཅས་པ་ནི་ཀཽ་ཤི་ཀའི་རིགས་དང་ལྡན་སྟེ། དྲང་སོང་ཀཽ་ཤི་ཀའི་རིགས་ལས ་བརྒྱུད་ནས་གང་སྐྱེས་པའོ། །གང་གིས་ཟག་པ་མེད་པའི་ཡེ་ཤེས་ཀྱིས་སྡུག་བསྔལ་ལ་སོགས་པའི་བདེན་པ་མཐོང་བ་དག་ནི་བདེན་པ་མཐོང་བ་སྟེ། རྒྱུན་ཏུ་ཞུགས་པ་ཞེས་བྱ་བའི་དོན་ཏོ། །རྣམ་པ་ནི་མཆོད་པའོ། །ཚེའི ་སྒྲ་ནི་ཐམས་ཅད་དུ་འདས་པའི་དུས་བརྗོད་པའོ། །དུས་ནི་ཁྱིམ་བདག་ཉེས་མེད་ཀྱི་གནས་སྐབས་ཉེ་བར་མཚོན་པར་བྱེད་པའི་དུས་ཡིན་ཏེ། དེའི་ཚེ་འདིའི་དུས་ཞེས་བྱ་བའི་བར་དུའོ། །ཤུགས་མཉམས་པ་ཞེས་བྱ་བ་ལ་སོགས ་པ་ལ་ཤུགས་ནི་མགྱོགས་པ་སྟེ། སངས་རྒྱས་ཉིད་ཀྱི་ལམ་རྒྱུའི་ཚོགས་ལ་སྙིང་རྗེ་སྔོན་དུ་སོང་བ་ཅན་གྱི་འཇུག་པ་ནི་འདིར་ལ་ཤུགས་ཡིན་ཏེ། བདག་རྒྱུའི་ཚོགས་ལ་རབ་ཏུ་འཇུག་གོ་ཞེས་བྱ་བའི་ཐ་ཚིག་གོ་།སྟོབས་མཉམ་པ་ཞེས་བྱ་བ་ལ། སྟོབས ་ནི་འབྲས་བུ་ཕུན་སུམ་ཚོགས་པ་སྟེ། བདག་སྟོབས་ལ་སོགས་པའི་རང་བཞིན་གྱི་འབྲས་བུ་ཕུན་སུམ་ཚོགས་པ་ཡང་མཚུངས་སོ་ཞེས་བྱ་བའི་ཐ་ཚིག་གོ་།བརྩོན་འགྲུས་མཉམ་པ་ཞེས་བྱ་བ་ནི་གཞན་ལ་ཕན་འདོགས ་པའི་འབྱོར་བ་ལ་འབད་རྩོལ་གྱི་བརྩོན་འགྲུས་ཏེ། གཞན་ལ་ཕན་པ་བསྐྱེད་པ་མཚུངས་སོ་ཞེས་བྱ་བའི་དོན་ཏོ། །རྒྱུ་རྣམ་པ་དེ་གསུམ་གྱིས་མཉམ་ཞིང་མཚུངས་པ་ཐོབ་པར་གྱུར་པའོ། །ཡི་རངས་པ་ནི་སེམས་དགའ་བའོ།། ་མངོན་པར་བསྟོད་པ་ནི་མངོན་པར་གྱུར་པའོ། །མགར་བ་ནི་ལྕགས་མགར་རོ། །བཞིར་བཟང་ཁྱོད་ཅེས་བྱ་བ་ལ། བཞིན་བཟང་ཀྱི་སྒྲས་ནི་ཁ་གདོང་མཚོན་པར་བྱེད་པ་ཡིན་ལ། ཁྱོད་ཅེས་བྱ་བ་ནི་ལས་བྱེད་པའོ། །རིན་མེད་པ་ནི་ཚིག ་ཙམ་གྱིས་ལས་བྱེད་དུ་འཇུག་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བརྗོད་དོ། །རྔམ་པ་ནི་དགའ་བཞིན་དུ་སྟེར་བའོ། །བསྐྱངས་པ་ནི་དུས་ཟད་པར་བྱེད་པའོ། །མཛའ་བོ་ནི་བརྩེ་བ་དང་ལྡན་པའོ། །འགྲོ་བར་བྱེད་པས་ན་འགྲོ་བ་སྟེ་དགེ ་སློང་ངོ། །གཉེན་གྱི་ཁྱིམ་ནི་རིགས་རྒྱུད་ཀྱི་ཚོགས་དག་གི་ཁྱིམ་མོ་ཉེ་བར་འགྲོ་བའི་དགེ་སློང་དང་འདྲིས་པ་དེའི་ཁང་པ་ནི་འདྲིས་པའི་ཁྱིམ་མོ། །ཤེས་པ་ནི་མཁས་པའོ། །དབེན་པ་སྨོས་པ་ནི་འཇིག་རྟེན་མ་དད་པ ་སྤང་བའི་ཕྱིར་རོ། །མེ་ཏོག་པདྨ་ལྟར་དམར་བའི་ཡུ་བ་ཅན་ཞེས་བྱ་བ་ནི་ཀུན་ནས་བསྐོར་བ་ལས་གྲུབ་པའི་ཤིན་ཏུ་དང་བ་སྟེ། བཀྲ་བ་དང་ཉེ་བར་བཀྲ་བའི་ཡུ་བ་ཅན་ཞེས་བྱ་བའི་བར་དུའོ། །དགེ་སློང་ཞེས་བྱ་བ་ལ ་སོགས་པ་ལ། དགེ་སྦྱོང་གི་ཀུན་ཏུ་སྤྱོད་པ་གང་ལ་ཡོད་པ་དེ་ནི་དགེ་སྦྱོང་དག་གོ་།འདོད་པའི་ཡོན་ཏན་ནི་འདོད་པར་བྱ་བ་ཡིན་ལ། གོམས་པར་བྱ་བ་ཡིན་པའི་ཕྱིར་ཡོན་ཏན་ཏེ། འདོད་པ་འམ་འདུན་པའི་འདོད ་ཆགས་ཀྱིས་གོམས་པར་བྱ་བ་ཡིན་པའི་ཕྱིར་འདོད་པའི་ཡོན་ཏན་ནོ། །གཟིར་བ་ནི་གནོད་པར་གྱུར་བ་སྟེ། ཁྱེད་ཅག་གཞན་གཡོས་འདོད་པ་ལ་ལོངས་སྤྱོད་པར་གྱུར་ཅེས་བྱ་བའི་བར་དུའོ། །ལྕགས་ལས་རྣམ་པར་བསྒྱུར་བ་ནི་ལྕགས ་ལས་བྱས་པའོ། །རྨོངས་པ་མེད་པར་ལན་ལྡོན་པར་ནུས་པ་ནི་སྤོབས་པ་ཡིན་ལ་དེ་མེད་པར་གྱུར་པ་ནི་ཉམས་པར་གྱུར་པའོ། །མཚོན་ཆའི་རྣམ་པ་ལྟ་བུ་མ་གནང་བ་ནི་རྩེ་མོ་རྣོ་བ་ཉིད་ཡོངས་སུ་སྤངས་པར་བྱ་བའི་ཕྱིར་རོ།། ་བསྒྲུབ་པར་བྱ་བ་གདགས་པའི་དོན་དང་སྲད་བུ་དབང་དུ་བྱ་བའི་དོན་དུ་བུག་པ་གྲུ་བཞི་ནི་སྲ་བརྐྱང་ཞེས་བྱ་བ་ཡིན་ཏེ། དེ་ལ་གོས་བཏིང་བའི་ཚད་ཀྱི་རྣམ་པ་སྤང་ལེབ་ཀྱི་འཁོར་གྱི་ཚད་ཡིན་ཏེ། མཚན་མའི་རྣམ་པ་ནས ་བཟུང་སྟེ་འདྲ་བའོ། །མེ་ལོངས་ལ་སོགས་པ་ནི་གདོང་མཛེས་པར་བྱེད་པའི་ཐབས་སུ་གྱུར་པའི་དངོས་པོ་བསྒྲུབ་པའི་རྫས་སོ། །ཆུའི་སྣང་ལོངས་ལ་རྨ་ལ་སོགས་པ་ལྟ་བ་ལ་ཉེས་པ་མེད་པར་གསུངས་པ་ནི་སྐྱོ ་བ་བསྐྱེད་པར་རབ་ཏུ་བསྟན་པའི་ཕྱིར་རོ། །སྐྲ་ཤད་པར་བྱེད་པའི་རྫས་ནི་སོ་མངས་སོ། །རྩ་པུ་ཤེལ་རྩི་ལ་སོགས་པ་ལས་བྱས་པའི་ཁྲེས་པོ་ནི་བཤད་སྤྱད་དོ། །ཀཽ་ཤཱམྦཱི་ནི་གྲོང་ཁྱེར་རོ། །ཕག་མོའི་མཚན་མའོ ་ཕུག་ནི་ཕག་མོའི་ཕུག་གོ་།སྐྱེད་མོས་ཚལ་ནི་རྩེད་མོའི་གནས་སོ། །བར་མེད་ཅིང་བར་ཆད་མེད་པར་མེ་ཏོག་རྒྱས་པ་ནི་ཀུན་ནས་རྒྱས་པར་གྱུར་བ་སྟེ། གང་དུ་མེ་ཏོག་དག་སྐྱེས་པར་གྱུར་པ་ཞེས་བྱ་བའི་དབང་དུ ་བྱས་པ་ཡིན་ནོ། །ནགས་ཀྱི་འཁོར་ནི་ནགས་ཀྱི་ཚོགས་སོ། །ནགས་ཉུལ་བ་ནི་ཐིལ་པོའི་ཕྱོགས་སོ་སོར་རྟོག་པའོ། །གནོད་པར་བྱེད་པ་ལ་སོགས་པ་འོང་བ་ཡོངས་སུ་སྤང་བའི་ཕྱིར་ལ་གཅན་དག་ལ་བཀོད་པའོ།། ་གང་ལ་ཞེས་བྱ་བ་ལ་སོགས་པ་ལ། ལས་སུ་བྱ་བ་གང་ལ་སྒྲུབ་པར་བྱེད་པའི་འདུ་ཤེས་པ་ཞེས་བྱ་བའི་ཐ་ཚིག་གོ་།ཅི་ལྟར་འདོད་པ་བཞིན་དུ་རབ་ཏུ་རྒྱུ་ཞིང་འཁོད་དོ་ཞེས་བྱ་བ་ལ་རབ་ཏུ་རྒྱུ་བ་ནི་འགྲོ་བ་རྣམ་པ་སྣ་ཚོགས་ཀྱི་རྣམ ་པའོ། གནས་པར་བྱེད་པས་ན་འཁོད་པ་སྟེ། གནས་པར་བྱེད་པ་ནི་བདག་ཉིད་ཀྱི་འདོད་པས་རྒྱུག་པ་དང་མཆོད་པ་ལ་སོགས་པའི་བྱ་བ་དང། གཉིས་ཀྱིས་ལོག་པ་ལ་སོགས་པའི་བྱ་བ་དང་བྱེད་པར་བཙོམ་པའོ། །བར་བར་དུ་གོས་ཀྱི ་དུམ་བུ་གླན?་པ་ནི་ཚེམ་བུའོ། །ཆོས་གོས་དང་ཤམ་ཐབས་རལ་བ་ནི་རྙིངས་པར་གྱུར་པའོ། །གསོད་པའི་བསམ་པས་མཚོན་ཆ་འདེབས་པར་བྱེད་པ་ནི་མཚོན་འཕྱར་བའོ། །སྲིད་པའི་རྩེ་མོའི་བསྒོམ་པས་སྤང་བར་བྱ་བ་རྣམ ་པ་དགུ་སྤངས་པས་ཐོབ་པ་འདུས་བྱས་དང་འདུས་མ་བྱས་ཀྱི་འབྲས་བུ་གང་ཡིན་པ་དེ་ནི་དགྲ་བཅོམ་པའི་འབྲས་བུའོ། །འདོད་པ་ན་སྤྱོད་པའི་བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་རྣམ་པ་དགུ་ཟག་པ་མེད་པའི་ལམ་གྱིས ་སྤངས་པས་ཐོབ་པ་གང་ཡིན་པ་དེ་ནི་ཕྱིར་མི་འོང་བའི་འབྲས་བུའོ། །བསྒོམ་པས་སྤང་བར་བྱ་བ་རྣམ་པ་དྲུག་ཟག་པ་མེད་པའི་ལམ་གྱིས་སྤངས་པས་ཐོབ་པ་འདུས་བྱས་དང་འདུས་མ་བྱས་ཀྱི་འབྲས་བུ་གང་ཡིན་པ་དེ་ནི་ལན ་ཅིག་ཕྱིར་འོང་བའི་འབྲས་བུའོ། །མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་ཟག་པ་མེད་པའི་ལམ་གྱིས་སྤངས་ནས། ཤེས་པ་སྐད་ཅིག་མ་བཅུ་དྲུག་འདུས་བྱས་དང་འདུས་མ་བྱས་ཀྱི་དབྱེ་བས་ཐ་དད་པ་ཐོབ་པ་གང ་ཡིན་པ་དེ་ནི་རྒྱུན་དུ་ཞུགས་པའི་འབྲས་བུའོ། །རྣམ་པར་རྟོག་པ་དང་རྣམ་པར་དཔྱོད་པའི་དགའ་བའི་བདེ་བ་དང་ཡང་དག་པར་ལྡན་པ་སེམས་རྩེ་གཅིག་པའི་དགེ་བ་ནི་བསམ་གཏན་དང་པོའོ། ། ་རྟོག་པ་དང་དཔྱོད་པ་དང་བྲལ་བའི་དགའ་བའི་བདེ་བ་དང་ཡང་དག་པར་ལྡན་པ་སེམས་རྩེ་གཅིག་པའི་དགེ་བ་ནི་གཉིས་པའོ། །དགའ་བའི་འདོད་ཆགས་དང་བྲལ་བས་དགའ་བ་མེད་པའི་བདེ་བ་དང་ཡང་དག་པར་ལྡན་པ་ནི་གསུམ ་པའོ། བཏང་སྙོམས་དང་གསུམ་པའི་ཡང་དག་པར་ལྡན་པ་ནི་བཞི་པའོ། །ཐོབ་པ་ནི་མཐོང་བའི་སྒོ་ནས་ཐོབ་པའོ། །བོང་ཚོད་ཆེ་བ་དང། རྐང་ལག་རིང་བའི་སྲིན་བུ་ནི་རྔ་མོ་ལྟ་བུའི་སྲིན་བུ་སྟེ། རྔ་མོ་ལྟ་བུའི་སྲིན་བུས་གསོན་པོ་ཉིད་དུ་ཟར ་བཅུག་པའི་བསམ་པ་དེའི་ལྷག་པའི་ཚིག་གོ་།རྒྱལ་པོ་ལ་ཡང་དེའི་རིགས་ཅན་གྱི་སྲོག་ཆགས་བསྡུས་པ་ཡོད་པ་ལོན?་ཡིན་པ་དེའི་ཕྱིར་འོ་ན་ཏེ་ཅིག་ཅེས་སྨྲ་བ་ཡིན་ནོ། །ཉེས་པ་ཡོད་པ་ཡིན་པའི་ཕྱིར་ཉེས་པ་མེད་པའོ། །དེ་གཞན་ལ ་གནོད་པ་བྱེད་པར་མ་བརྩམས་པ་ཉིད་ཀྱི་ཕྱིར་གནོད་པ་མ་བྱས་པ་འམ། གནོད་པ་བྱེད་པ་མ་ཡིན་པའོ། །གཞན་དང་འབྲེལ་པའི་ཕྱིར་བདག་ཉིད་མངོན་སུམ་དུ་གནོད་པ་བྱེད་པ་མ་ཡིན་པས་ན་གནོད་པ་བྱེད་པ་མ་ཡིན་པ་ཅན་ཐར་པར་བྱའོ་སྙམ་པའོ།། ་རི་དྭགས་གསོད་པའི་ཕྱིར་དགའ་བ་ནི་ཀུན་ནས་འཚེ་བར་བྱེད་པ་ལའོ། །ལྷག་པར་རྨོངས་པས་ཀུན་ཏུ་དཔྱོད་པའི་སྐྱེས་བུ་ནི་བླུན་པའོ། །སྡུག་བསྔལ་བ་ནི་ལུས་ཀྱིའོ། །ཉམ་ང་བ་ནི་སེམས་ཀྱིའོ། །སོར་གཉིས་ནི་སོར་གཉིས་སོ།། ་སོར་གཉིས་སུ་འཇུག་པའི་ཕྱིར་སོར་གཉིས་ཀྱི་ཚད་དེ་སོར་གཉིས་སླེབ་པ་ཞེས་བྱ་བའི་ཐ་ཚིག་གོ་།བམ་པོ་གསུམ་པ།། །།འདོད་པ་སྟེ་གཟུགས་ལ་སོགས་པ་ལ་ལོངས་སྤྱོད་པར་བྱེད་པའི་ཕྱིར་འདོད་པ་ལ་ལོངས་སྤྱོད་པའོ།། ་བསྟེན་པར་བྱ་བ་ནི་ཉམས་སུ་མྱང་བར་བྱའོ། །བྱི་རུ་བ་ལ་ཞེས་བྱ་བ་ལ་སོགས་པ་ལ་གློ་སྐར་གྱི་རྣམ་པ་ནི་འདི་ཡིན་ཏེ། དེའི་ཕྱི་རོལ་གྱི་ངོས་སུ་རུབ་པ་ནང་གིས་ངོས་ཡངས་པ་རྒྱ་མཚོ་ལྟ་བུར་བྱས་པའི་དབྱིབས་གང་ལ་ཡོད་པ་དེ་ལ ་དེ་སྐད་ཅེས་བྱ་སྟེ། རིམ་བཞིན་ཡངས་པ་ཞེས་བྱ་བའི་བར་དུའོ། །གློ་སྐར་ནི་སྐར་ཁུང་དྲ་བ་ཅན་ནོ། །སྒོ་གླེགས་ནི་སྒོ་གླེགས་ཀྱི་མིང་ཅན་གྱི་ཤིང་ལེབ་སྟེ། གང་གིས་གློ་སྐར་གྱི་སྒོ་གཅོད་པར་བྱེད་པའོ། །འཁོར་གཏན ་ནི་སྒོ་གླེགས་ཕྱིར་མི་ཕྱེད་པའི་ཐབས་སུ་གྱུར་པ་སྟེ། སྒོའི་སྒོ་གླེགས་ཀྱི་དབུས་ཀྱི་ཕྱོགས་སུ་ཁྲུ་གང་གི་ཚད་ཀྱི་ཤིང་གཟེད་བུས་སྦྱར་བ་དེ་འཛིན་པའི་ཤིང་དེ་འཁོར་ལོ་བཞིན་ཡོངས་སུ་བསྐོར་ནས་གཟུང་བར་བྱ་བ་དེ་ལ་འཇོག་པར ་བྱེད་པའི་ཕྱིར་འཁོར་གཏན་ཞེས་བྱའོ། །སྒོའི་ཡ་ཕུབས་ལ་ཉེ་བར་བཏགས་པའི་ཕུར་པ་ལ་སོགས་པ་ནི་གནམ་གཟེར་རོ། །རྩིག་པའི་བུ་གའི་ནང་དུ་ཆུད་པའི་ཤིན་བུ་ནི་རེ་ནི་ཕྲེང་གཏན་ཞེས་བྱའོ། རའི་རྐང་པའི ་རྣམ་པ་ཅན་གྱི་ཤིང་བུ་ནི་དབྱུག་གུ་སྐམ་ཁ་སྟེ། གང་གི་ཕྱིར་དེས་གློ་སྐར་གྱི་འཕྲེང་གཏན་འཇུད་པ་དང་འབྱིན་པར་བྱེད་པའོ། །སྒོ་ལ་སྒོ་གླེགས་ཆུག་ཅིག་ཅེས་བྱ་བ་ནི་སྒོ་གླེགས་གདགས་པའོ། །ལྡེ་མིག་ཀྱོག་པོ་ཞེས ་བྱ་བ་ནི་སྒོ་གླེགས་འབྱེད་པའི་ཐབས་སུ་གྱུར་པའོ། །ལག་ཟུངས་ཞེས་བྱ་བ་ནི་ལྕགས་ལས་བྱས་པ་སྒོ་ནང་དུ་འདྲེན་པའི་ཐབས་སུ་གྱུར་པའོ། །སོ་ཕག་གི་སྟེགས་བུ་ནི་ཕུག་རོན་གྱི་ཕྲེང་བ་ཅན་ནོ། །ཞལ་ཞལ་ནི་རྡོ་ཐལ་གྱི་ཞལ ་ཞལ་དུ་རིག་པར་བྱའོ། །ལྕགས་ཀྱི་ཐལ་ཕྱགས་ནི་ལྕགས་ལས་བྱས་པའོ། །མཁྲིས་པ་ལ་སོགས་པའི་ཉེས་པས་འཁྲུགས་པ་ནི་རྨྱ་བ་སྟེ། ནང་ན་ཡོད་པའི་མེ་ཉམས་སུ་གྱུར་པའོ། །འབྲུ་མར་ཞེས་བྱ་བ་ནི་ཉུངས་དཀར ་གྱི་མར་རོ། །སོ་བ་བཏགས་པ་ནི་ཕྱེའོ། །སྤྲུས་པ་ནི་གཉེན་པོར་གྱུར་པའོ། །རྩ་བསྟན་ནི་རྩ་མུན་ཛ་ལ་སོགས་པའི་སྙིང་པོའོ། །གྱོ་མོ་ནི་ཁ་མ་ཕོར་ལ་སོགས་པའི་དུམ་བུའོ། །ཁྲུས་ཀྱི་དོན་གྱི་ཁང་པ་ནི་ཁྲུས་ཁང་ངོ།། ་ལྕི་བ་ནི་ལྕི་རློན་ནོ། །ཚ་ཁུག་ནི་ཚའི་སྣོད་དོ། །གཡོ་མད་པ་ཞེས་བྱ་བ་ལ་སོགས་པ་ལ་སེམས་རྟོགས་པ་མེད་པས་ཀུན་ཏུ་སྤྱོད་པ་ནི་གཡོ་མེད་པའོ། །གཞན་སླུ་བར་བྱེད་པ་ནི་སྒྱུ་སྟེ་དེ་མེད་པའོ། །ཚིག་ཀུན་ལ་ཡིད་ཆེས་པ་ནི་དྲང་བ་སྟེ། དེ་ཉིད ་ཀྱིས་རྣམ་པ་ཐམས་ཅད་དུ་དྲང་བའི་རང་བཞིན་ཅན་ལ་རང་བཞིན་གྱིས་དྲངས་པ་ཞེས་གསུངས་པའི་ཕྱིར་རོ། །ཉིན་རེ་ཞིང་ཞེས་བྱ་བ་ནི་ཉིན་རེ་ལ་འམ་ཉིན་རེའི་ཐོ་རངས་ཞིང་ངོ། །མི་མཛེས་པ་ནི་མཛེས་པ་མ་ཡིན་པའོ། །མི་རིགས་པ་ནི ་དགེ་སློང་གི་ཚུལ་མ་ཡིན་པའོ། །ཚངས་པ་ནི་མྱ་ངན་ལས་འདས་པ་ཡིན་ལ། དེའི་རྒྱུ་མཚན་ནི་སྤྱོད་པ་ཡིན་པའི་ཕྱིར་ཚངས་པར་སྤྱོད་པའོ། །ཚངས་པར་སྤྱོད་པ་མ་ཡིན་པ་ནི་མི་ཚངས་པར་སྤྱོད་པ་སྟེ། མྱ་ངན་ལས་འདས ་པ་དང་འགལ་བའི་ལས་སུ་བྱ་བ་བྱེད་ཅེས་བྱ་བའི་ཐ་ཚིག་གོ་།ཕས་ཕམ་པ་ཞེས་བྱ་བ་ལྟུང་བའི་རྗེས་སུ་འགྲོ་བའི་མིང་ཡིན་ཏེ། དེ་དང་ལྡན་པའི་ཕྱིར་གང་ཟག་ལ་ཡང་ཕས་ཕམ་པ་ཞེས་བྱའོ། །གསོལ་བ་དང་གཉིས་ཀྱི་ལས་རྣམ ་པར་བྱེད་པའི་སྒོ་ནས་དགེ་སློང་དག་གང་གིས་ཁྱིམ་ནས་བསོད་སྙོམས་ལེན་པར་བྱེད་པ་དེ་ལ་བརྟེན་ནས། དགེ་སློང་དག་གི་ལྷུང་བཟེད་ཁ་སྤུག་པ་ནི་ངེས་པར་ཁ་སྤུག་པ་ཡིན་པར་བལྟ་བར་བྱའོ། །དྲིས་པའི་ཚིག་གི་ཞེས ་བྱ་བ་ནི་གཎྜི་བརྡུངས་པ་ན་ལམ་གྱི་ཕྱོགས་སམ། ལམ་གྱི་ཕྱོགས་ན་གནས་པའི་དགེ་སློང་གིས་ཅིའི་ཕྱིར་གཎྜི་བརྡུངས་པ་སྔོན་དུ་སོང་བ་ཅན་གྱི་འདུས་པ་མཛད་ཅེས་དྲིས་པ་གང་ཡིན་པ་དེ་ལ། དྲིས་ནས་ལན་དུ་བརྗོད་པ ་དེ་ནི་དྲིས་པའི་ཚིག་ཡིན་ནོ། །དེས་དགེ་སློང་རྣམས་ལ་ཡང་དག་པར་བསྒོ་བ་སྟེ། རྒྱུ་བརྗོད་པ་སྔོན་དུ་སོང་བ་ཅན་གྱི་དགེ་འདུན་རྣམས་འདུག་ཅིང་མཐུན་པར་གྱུར་པ་ཞེས་བྱ་བའི་ཐ་ཚིག་གོ་།མཐུན་པ་ནི་འདུས་པ་ཡིན ་ལ། འདུས་པ་སྔོན་དུ་སོང་བ་ཅན་གྱི་སྟན་སོ་སོར་སྟོང་པར་བྱེད་པ་ནི་འདུག་པར་གྱུར་པའོ། །གསོལ་བ་ནི་དགེ་འདུན་ལ་གོ་བར་བྱེད་པའོ། །གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་ཞེས་བྱ་བ་དེ་ལ་ནི་འདྲི་བ་ཡིན་ཏེ། ་གལ་ཏེ་དགེ་འདུན་གྱི་སྐབས་ལ་བབ་ཅིང་ལྷུང་བཟེད་ཁ་སྤུབ་པ་ལ་རིགས་པར་སྤོབས་པ་ནི་བཟོད་པ་སྟེ། རིགས་པས་དགོངས་སམ་ཞེས་དྲིས་པའོ། །གནང་བར་མཛོད་ཅིག་ཅེས་བྱ་བ་ནི་དོན་དུ་གཉེར་བ་སྟེ། ལས་བྱེད་པས་དགེ་འདུན་ལས ་གནད་བ་གསོལ་བ་ནི་གལ་ཏེ་དགེ་འདུན་གྱིས་རིགས་པར་སྤོབས་པ་མཛད་ན་ལྷུང་བཟེད་ཁ་སྤུག་པའི་ཕྱིར། དེ་དགེ་འདུན་གྱིས་གནང་བར་མཛོད་ཅིག་པའོ། །གང་དག་བཟོད་པ་ཞེས་བྱ་བ་ནི་གང་དག་ལི་ཙ་བཱི་ཆེན་པོ་ལ་ལྷུང་བཟེད་ཁ ་སྤུབ་པར་རིགས་པས་སྤོངས་པ་དེ་དག་ནི་ཅང་མི་སྨྲ་བར་འདུག་པར་བྱ་བ་ཡིན་ལ། གཞན་དག་ནི་སྨྲ་བར་བྱ་བ་ཡིན་ཏེ། གང་གི་ཕྱིར་དགེ་འདུན་མི་གསུང་བར་བཞུགས་པ་དེའི་ཕྱིར། དགེ་འདུན་གྱི་ལྷུང་བཟེད་ཁ་སྤུབ་པ་ལ་བཟོད ་པ་དང་ལས་བྱེད་པ་ལ་དགེ་འདུན་གྱིས་གནང་བ་རྩལ་བ་ཡིན་ནོ། །ཚུལ་ཤིང་བོར་བ་ནི་མི་བྱ་ལས་མིང་ཕྱིས་པར་གྱུར་པ་སྟེ། དད་བ?་ཅན་གྱི་ནང་ནས་བསལ་བར་གྱུར་ཅེས་བྱ་བའི་ཐ་ཚིག་གོ་།མི་ཤེས་པ་ནི་ཅི་ཞིག་བྱ་བ་ལ་སོགས ་རྨོངས་པའོ། །སྟན་ལ་སྤྱོད་པ་ནི་འཐད་པ་འམ་རབ་ཏུ་གྲགས་པ་བཞིན་དུའོ། །གསོལ་བ་འགའ་ཞིག་ཕྱོགས་གང་དུ་བཞག་ན་བྱས་པར་གྱུར་པ་ལས་ཐོབ་པ་ལ་སོགས་པའི་སྒྲ་ཐོས་པར་གྱུར་པ་དེ་ནི་ཐོས་པའི་ཉེན་འཁོར་དེ ་ལས་བཀར་བ་ནི་བསྐྲད་པའོ། །མཐོང་བའི་ཉེན་འཁོར་ནི་གང་དུ་འདུག་ན་དགེ་འདུན་མཐོང་བར་གྱུར་བའོ། །གསོལ་བ་འབའ་ཞིག་ཅེས་བྱ་བ་ནི་ལས་ཀྱི་ཚིག་གིས་གཏོང་བར་གོ་བར་བྱེད་པའོ། །གསོལ་བས་བཀག་པ་ལ་ཡང ་ཀུན་ཏུ་སྤྱོད་པར་གནང་བ་ནི་སླར་བཟློག་པའོ། །ལས་ལ་ཕན་པ་ནི་ལས་སུ་རུང་བ་སྟེ། རུང་བ་ཞེས་བྱ་བའི་བར་དུའོ། །ཟས་ཀྱི་བྱ་བ་བྱས་ནས་ཞེས་བྱ་བ་ལ། ཟས་ཀྱི་བྱ་བ་བྱས་པ་སྟེ་ཡོངས་སུ་ལོངས་སྤྱད་ནས་སོ། །ཕྱི་མའི་ཟས་ནི་ཟས ་ཀྱི་དུས་ལས་འོག་ཏུའོ། །བསོད་སྙོམས་ལས་སླར་ལོག་པ་ནི་ཕྱིར་ལོག་པ་སྟེ། །ཟས་ཀྱི་ལྷག་མ་སྤང་བའི་ཕྱིར་རོ། །ལྷུང་བཟེད་དང་ཆོས་གོས་མཁོས་སུ་བབ་པ་ནི་བཞག་པའོ། །ཡིད་ལ་བྱེད་པ་ནི་ཏིང་ངེ་འཛིན་གྱི ་རྣམ་པའོ། །སྡུག་བསྔལ་ནི་ལུས་ཀྱིའོ། །ཉམ་ང་བ་ནི་སེམས་ལས་བྱུང་བའོ། །ཀུན་ནས་བཟིར་བ་ནི་མངོན་པར་འདོད་པ་མ་ཡིན་པའི་གནས་སྐབས་སོ། །འདོད་ཆགས་ཀྱི་རང་བཞིན་པ་ནི་མི་གཙང་བ་སྟེ། རྣམ་པར་སྔོས་པ ་ལ་སོགས་པ་མི་གཙང་བའི་དངོས་པོ་ལ་དམིགས་པ་ཉིད་ཀྱི་ཕྱིར་མི་གཙང་བ་ཞེས་བྱའོ། །བསྒོམ་པར་བྱའོ་ཞེས་བྱ་བའི་ནི་ཡང་དང་ཡང་མངོན་དུ་བྱ་བའོ། །བརྡེག་པར་བྱ་བ་ཞེས་བྱ་བ་ནི་ཚུལ་བཞིན་ཡིད་ལ་བྱེད་པའི ་མངས་སེམས་ལ་བརྡེག་པར་བྱ་བའོ། །ལུས་ལ་དམིགས་པའི་དྲན་པ་ནི་ལུས་སུ་གཏོགས་པ་སྟེ། གང་གི་ཚེ་ལུས་དྲན་པ་ཉེ་བར་གཞག་པ་ཐོབ་པར་གྱུར་པ་དེའི་ཚེ་དེ་བསྒོམས་པར་འགྱུར་རོ། །རྩེ་བར་བྱེད་པ་ནི་འོ་དང་འབྱུང ་པ་ལ་སོགས་པས་སོ། །དགའ་བར་བྱེད་པ་ནི་ཆུང་མའི་ཡུལ་ལ་དགའ་བའི་སེམས་ཀྱིས་སོ། །དགའ་མགུར་སྤྱོད་པ་ནི་འཁྲིག་པ་ཀུན་ཏུ་སྤྱོད་པའི་སྒོ་ནས་སོ། །གཟུགས་མཛེས་པ་ནི་ཁ་དོག་གིས་སོ། །བལྟ་ན་སྡུག་པ ་ནི་དབྱིབས་ཀྱི་སྒོ་ནས་སོ། །མཛེས་པ་ནི་དང་བ་དང་དགའ་བའི་རྒྱུ་ཅན་གྱི་ཡིད་དུ་འོང་བའོ། །སྔོན་དང་མི་འདྲ་བར་རྣམ་པར་གྱུར་པས་གཟུགས་མི་སྡུག་པའོ། །གནས་ནི་གནས་ཁང་དུ་འཇུག་པར་བྱ་བའོ། །མདངས་རྒྱས ་པ་ཞེས་བྱ་བ་ནི་ཡོངས་སུ་རྒྱས་པར་གྱུར་པ་ཉིད་དོ། །མེ་ལོང་ལྟར་ཞེས་བྱ་བ་ནི་ཇི་ལྟར་མེ་ལོང་ལ་ཅུང་ཟད་ཙམ་གྱིས་མི་སྡུག་པར་འགྱུར་བ་དེ་བཞིན་དུ་ཁ་གདོང་དག་ཀྱང་ངོ། །ཤོར་བ་ནི་གང་དཔའ་བོར་གྱུར་པ་འདིར་བཟང ་པོར་རིགས་པར་བྱ་སྟེ། དེ་དག་གི་ཤོར་བའོ། །བཅའ་བའི་རིན་ནི་གསེར་ལ་སོགས་པའོ། །བདག་ཅག་རྗེས་སུ་བཟུང་ན་ཞེས་བྱ་བ་ནི་ཁོ་བོ་ཅག་ལ་རྗེས་སུ་རྩེ་ནའོ། །འཕྱ་བར་བྱེད་པ་ནི་མིང་སྨོས་པའི་སྒོ་ནས་འགའ་ཞིག་ལ་ཚུལ་མ་ཡིན ་པ་བརྗོད་པར་བྱེད་པའོ། །སྨོད་པར་བྱེད་པ་ནི་མིང་སྨོས་པ་མེད་པར་སྤྱིར་འགའ་ཞིག་འདི་ལྟ་བུ་བྱེད་དེ་ཅེས་ཉེས་པ་བརྗོད་པར་བྱེད་པའོ། །ངན་དུ་ཟེར་བ་ནི་ཉེས་པ་བརྗོད་པའི་སྒོ་ནས་འདྲི་བ་ལ་སྦྱོར་བའོ། །ཤཱཀྱའི་བུའི་སྡོམ་པ་ལ ་གནས་པ་ནི་ཤཱཀྱའི་བུའོ། །དགེ་སློང་ནི་ཐར་པའི་དོན་དུ་འཇུག་པའོ། །ཚིག་པ་ནི་རྣམ་པར་ཉམས་པའོ། །དགེ་སྦྱོང་ཞེས་བྱ་བ་ནི་ཐར་པའི་དོན་དུ་ཡོངས་སུ་སྦྱོང་བའོ། །བྲམ་ཟེ་ནི་ལུས་དང་ངག་གི་ཉེས་པར་སྤྱོད་པ་ལས་ལྡོག་པ ་ཡིན་གྱི། བྱ་བ་མ་ཡིན་པར་བྱེད་པར་སྣང་བ་གང་ཡིན་པ་དེ་དག་ནི། ཐར་པའི་དོན་དུ་ཡོངས་སུ་སྦྱོང་ཞིང་བྱེད་པ་མ་ཡིན་ནོ། །རྣམ་པར་བརྗོད་པ་དྲན་པར་བྱེད་པ་ནི་སྦྱང་པའོ། །སྤ་བཀོང་པར་གྱུར་པ་ཞེས་བྱ་བ་ནི་སྐྱོ་བས་གདོང་ཐུར ་དུ་བལྟས་པའོ། །དེའི་ཚེ་ཞེས་བྱ་བ་ལ་ཁ་ལུའི་སྒྲ་ནི་ངེས་པར་བཟུང་བ་འམ། དག་མཛེས་པར་བྱ་བའི་དོན་ཏོ། །ཚེ་ནི་དུས་ཡིན་ཏེ། བདུན་པའི་དོན་གྱི་རྒྱུའི་གསུམ་པ་ཡིན་པ་དེ་བས་ན་དུས་དེ་ན་ཞེས་བྱ་བའི་དོན་དུ་འགྱུར ་རོ། །དད་པ་ཅན་ཞེས་བྱ་བ་ལ་སོགས་པ་ལ་རྟེན་ཅིང་འབྲེལ་པ་འབྱུང་བ་ལ་སོགས་པ་ལས་དང་འབྲེལ་པ་དང། གཞན་ལས་བསྐྱེད་པར་བྱ་བ་དང་སྐྱེད་པར་བྱེད་པའི་དངོས་པོ་སྐྱེས་པར་ཡིད་ཆེས་པ་བ་ནི་དད་པའོ། །སྡིག་པ་ལས་རྣམ་པར ་བཟློག་པའི་ཕྱིར་བཟང་པོའོ། །སེམས་དགེ་བའི་ལས་ལ་བརྟེན་པ་ནི་དགེ་བའི་བསམ་པ་ཅན་ནོ། །དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་སྔོན་དུ་སོང་བ་ཅན་གྱིས་དགེ་བསྙེན་གྱི་བསླབ་པའི་གཞི་ལྔ་ལ་རྣམ་པར་བཀོད་པ་ནི་ངེས་པར་འཇོག་པའོ། །དེ ་དག་ཀྱང་སྲོག་གཅོད་པ་ལས་ལྡོག་པ་ལ་སོགས་པ་ནས་འབྲུའི་ཆང་དང་བཅོས་པའི་ཆང་མྱོས་པར་འགྱུར་པ་བག་མེད་པའི་གནས་ལས་ལྡོག་པའི་བར་དུའོ། །ལུས་ཀྱི་དང་མདངས་སྨད་པར་བྱ་བ་ནི་ཁ་དོག་ངན་པའོ། །ལུས་ཀྱི་ཆུང་བ་ནི་ལུས ་ཀྱི་ཚད་ཆུང་བའོ། །འདུས་པ་ནི་ཐག་ཉེ་བ་ན་གནས་པའི་ཉེ་དུ་དག་འདུས་པའོ། །ལྷགས་པ་ནི་ཐག་རིང་པོ་ན་གནས་པ་དག་འོངས་པར་གྱུར་པའོ། །ཉི་མ་བདུན་པོའི་ཚོགས་ནི་ཉིན་ཞག་བདུན་པའོ། །གལ་ཏེ་ཡང་ཉི་ཤུ་རྩ་གཅིག་པོ་བདུན ་པ་གསུམ་དག་ཡིན་པ་དེ་ལྟ་ན་ཡང་བདུན་པ་རེ་རེ་ཡོངས་སུ་རྫོགས་པ་ལ་སྐྱེ་པའི་ཚིག་ཡོད་པ་དེ་མ་བརྗོད་པར་འགྱུར་ལ་བདུན་པ་གསུམ་འབའ་ཞིག་བརྗོད་ན་ཡང་བར་མེད་པའི་ཐེ་ཚོམ་གྱིས་ཉི་མ་ལྷག་པ་སྲིད་པར་འགྱུར་བས་གཉི་ག་སྨོས ་པ་ཡིན་ནོ། །གསོས་པ་ནི་ཁྲུས་དང་བསྐུ་མཉེ་ལ་སོགས་པ་ཕྱི་རོལ་གྱི་མཁོ་བའི་ཡོ་བྱེད་ཀྱི་སྒོ་ནས་སོ། །བསྐྱེད་པ་ནི་ནང་དུ་གཏོགས་པའི་བཟའ་བའི་ཁྱད་པར་དག་གིས་སོ། །བསོད་པ་ནི་ཡིད་དང་འཐད་པའོ། །བཅའ་བ་ནི་རྩ་བ་ལ་སོགས ་པའོ། །བཟའ་བ་ནི་སྣུམ་ཁུར་ལ་སོགས་པའོ། །མཚན་མ་ནི་སྔོན་སྦྱིན་པ་དྲན་པར་བྱེད་པའི་ཐབས་སོ། །སྒྲ་སྙན་པ་ནི་སྒྲ་མཛེས་པའོ། །ཤེས་པར་བྱས་ནས་ཞེས་བྱ་བ་ནི་དབྱངས་ཀྱི་ཡུལ་ལ་ཕ་རོལ་པོའི་རྣམ་པར་ཤེས་པ་སྐྱེད་པར་བྱེད་པའོ། ་ཐར་པའི་ཆ་དང་མཐུན་པ་ནི་ཐར་པ་དང་རྗེས་སུ་མཐུན་པ་སྟེ། གང་ཟག་གང་ལ་སྐྱེས་ན་ངེས་པར་ཡོངས་སུ་མྱ་ངན་ལས་འདའ་བའ་ཨི་ཆོས་སུ་འགྱུར་བའོ། །པོས་པ་ནི་ཉེ་བར་བསྟན་པ་འམ་གོ་བར་བྱེད་པ་ཡིན་ཏེ། གང་གི་ཕྱིར་གོ་བར་བྱེད་པ་ནི ་འབོད་དོན་ཡིན་པའི་ཕྱིར་རོ། །རི་བྲག་ནི་མཛའ་འཁོབ་ཀྱི་གྲོང་ངོ། །བསྐྱོད་པ་ནི་རབ་ཏུ་བསྒུལ་བའོ། །འབྱུང་པོ་གང་དག་འདིར་ནི་ལྷགས་གྱུར་པ་ཞེས་བྱ་བ་ལ་སོགས་པ་ལ། འབྱུང་པོ་གང་དག་ཅེས་བྱ་བ་ནི་ཉན་པ་པོའི་སྐྱེ་བོ་དག ་ལ་ངེས་པར་སྦྱོར་བའོ། །འབྱུང་པོས་ནི་སྣང་བ་དང་མི་སྣང་བའི་སེམས་ཅན་ནོ། །འདིར་ཞེས་བྱ་བ་ནི་ཆོས་ཉན་པའི་ས་ཕྱོགས་སུའོ། །ལྷགས་པར་གྱུར་པ་ནི་འཁོད་པ་སྟེ། ཆོས་ཉན་པའི་ཕྱིར་གནས་པར་གྱུར་པའོ། །ས་འམ་ཞེས་བྱ་བ ་ནི་ས་ལ་གནས་པར་གྱུར་པའོ། །འོན་ཏེ་བར་སྣང་འཁོད་པ་རྣམས་ཞེས་བྱ་བ་ནི་ནམ་མཁའ་བར་སྣང་ལ་གནས་པ་རྣམས་བྱམས་པ་ནི་སྐྱེ་དགུ་རྣམས་ལ་ཕན་པའི་སེམས་སོ། །བྱེད་པ་ནི་སྒྲུབ་པར་བྱེད་པ་འམ། སྒོམ་པར་བྱེད་པའོ། །བསམ་པ ་ཕུན་སུམ་ཚོགས་པ་བསྟན་ནས། སྦྱོར་བ་ཕུན་སུམ་ཚོགས་པ་ནི་ཉིན་དང་མཚན་དུ་ཞེས་བྱ་བ་སྨོས་ཏེ། ཉིན་མོ་དང་མཚན་མོ་རྟག་ཏུ་ཆོས་དེ་ལེགས་པར་སྤྱད་པ་སྤྱོད་པར་གྱུར་ཅིག་པའོ། །ཆེ་བ་ནི་དངོས་པོ་རྒྱ་ཆེ་བའོ། །མོས་པ་ཅན ་ནི་མངོན་པར་འདོད་པ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །མདད་པར་རིག་པར་འགྱུར་བ་ནི་ཉམས་སུ་མྱོང་བ་འམ། གསལ་པོར་གྱུར་པའོ། །རིན་ཐང་ཆེ་བར་གྱུར་པའི་ཕྱིར་རིན་ཐང་ཆེ་བ་འམ། མི་ཆེན་པོ་ལ་འོས་པའི་ཕྱིར་ཆེན་པོ་ལ ་འོས་པའོ། །སྙན་པ་དང་ཡིད་དུ་འོང་བ་ལས་ཤིན་ཏུ་སྙན་པས་ན་སྙན་ཅིང་མཉེན་པའོ། །འཇིགས་སུ་རུང་བ་ནི་བྱང་ངན་པས་སྐྱེ་བའི་གནས་སུ་གྱུར་པའོ། །དད་པ་འབྲི་བ་ནི་དེ་ལ་མི་ཕྱོགས་པ་སྟེ། ཡིད་དང་མི་འཐད་པ་གང་ལ་ཡོད་པ་དེ་ལ ་དེ་སྐད་ཅེས་བྱའོ། །ཚིགས་སུ་བཅད་པ་ནི་སྡེབ་སྦྱོར་གྱི་རང་བཞིན་གྱི་བྱེ་བྲག་སྟེ་ཚིག་གི་བཀོད་པའོ། །གང་དག་གཟུགས་ལ་ཞེས་བྱ་བ་ལ་སོགས་པ་ལ། གསལ་རྒྱལ་ལ་སོགས་པའི་སེམས་ཅན་གང་དག་ལེགས་པར་བཤད་པའི ་སེམས་དང་ལྡན་པ་ཡིན་པ་ཉིད་ཀྱི་ཕྱིར་གཟུགས་ལ་ཚོད་འཛིན་པ་ནི་ཕ་རོལ་པོ་མཐང་ནས་ཁ་དོག་དང་དབྱིབས་ཙམ་གྱི་སྒོ་ནས་དེ་མཛེས་པ་དང་མི་མཛེས་པ་དག་ལ་ཚོད་འཛིན་པར་བྱེད་པ་སྟེ། ཡོན་ཏན་དང་སྐྱོན་དང་ལྡན་པ་ཉིད་དུ་ཁོང་དུ་མཆུད་པའི་ཕྱིར་རོ། ། ་ངའི་ཞེས་བྱ་བ་ནི་འཕགས་པ་བཟང་སྙན་བདག་ཉིད་སྨྲ་བ་སྟེ། གང་དག་གིས་ང་ལ་གཟུགས་སུ་ཤེས་པ་ཡོན་ཏན་གྱི་སྒོ་ནས་མ་ཡིན་ནོ། །ཞེས་བྱ་བའི་ཐ་ཚིག་གོ་།སྒྲའི་རྗེས་སུ་འབྲེང་བ་ནི་དབྱངས་སྙན་པའི་རྗེས་སུ་འཇུག་པའོ། །འདུན་པའི་འདོད་ཆགས་དབང་དུ ་ལྡན་པ་ནི་འདོད་པའི་འདོད་ཆགས་ཀྱི་འདོད་པས་བྱེད་པ་ཐོབ་པར་གྱུར་ཏེ། གང་གི་ཕྱིར་དེ་གཞན་གྱི་དབང་དུ་གྱུར་པས་གཟུགས་ལ་སོགས་པ་མཛེས་པ་ཚོལ་བར་བྱེད་དེ། །སྐྱེ་བོ་དེ་ཡིས་ང་མི་མཐོང་ཞེས་བྱ་བ་ནི་འདོད་པའི་དབང་དུ་གྱུར་པ་དག་ལ ་ཡོན་ཏན་གཞན་ཤིན་ཏུ་རྟོག་པའི་ནུས་པ་མེད་པའི་ཕྱིར་ཇི་ལྟར་ན་དེ་དག་གིས་མི་ཤེས་པར་འགྱུར་བའོ། །ཇི་སྟེ་ནང་ལ་རྣམ་ཤེས་ཀྱང་ཞེས་བྱ་བ་ལ་སོགས་པ་ལ་གལ་ཏེ་ནང་གི་བྱེད་པས་དེ་ཚོད་འཛིན་པར་བྱེད་ན་ཕྱི་རོལ་དག་ཀྱང་མ་མཐོང་བའི ་ཕྱིར་མིག་གིས་ཀྱང་མི་མཐོང་ངོ། །ནང་གི་མཉམ་པར་བཞག་པའི་འབྲས་བུ་ནི་ནང་གི་འབྲས་བུ་སྟེ། དེ་ལྟ་བུའི་ངང་ཚུལ་འདི་ལ་ཡོད་པའི་ཕྱིར་དེ?་འདིར་ནང་གི་འབྲས་བུ་མཐོང་བའོ། །དེ་ཡང་སྒྲས་ནི་ཁྲིད་པ་ཡིན་ཞེས་བྱ་བ་ནི་དག་གི་སྒྲའི་སྒོ་ནས ་ལམ་ལ་བཞག་པར་གྱུར་པའོ། །ཕྱི་རོལ་འབྲས་བུ་མཐོང་བར་བྱེད་པ་ནི་གཟུགས་ཅན་སྙིང་པོར་འཛིན་པའི་ངང་ཚུལ་ཅན་ནོ། །ཀུན་ཏུ་སྒྲིབ་པ་ཞེས་བྱ་བ་ནི་ཀུན་ནས་བསྒྲིབ་པ་འདིས་ནང་དང་ཕྱི་རོལ་ཏུ་བཅས་པ་ཁོང་དུ་མ་ཆུད་པའི་ཕྱིར་རོ། ་ཅི་སྟེ་ནང་ལའང་ཞེས་བྱ་བ་ནི་གལ་ཏེ་ཡང་ཟག་པ་མེད་པའི་སྟོབས་སམ། ཤའི་མིག་གིས་ནང་དང་ཕྱི་རོལ་དུ་བཅས་པའི་རྣམ་པར་མཐོང་བའོ། །བསྟོན་པ་དེ་ནི་གཞན་དུ་དཀྲིར་མི་འདོད་པ་སྟེ། ཇི་ལྟ་བ་བཞིན་དུ་ཁོང་དུ་ཆུད་པ་ལས ་བསྐྱོད་པར་མི་ནུས་པའི་ཕྱིར་རོ། །དེ་ཉིད་ལས་འབྱུང་བའི་ཤེས་རབ་ཅན་ཞེས་བྱ་སྟེ། མྱ་ངན་ལས་འདས་པའི་འབྲས་དུ་ཁོང་དུ་ཆུད་པའི་བློ་དང་ལྡན་པ་ཞེས་བྱ་བའི་ཐ་ཚིག་གོ་།འཕགས་པའི་ལམ་གྱི་སྟོབས་ཀྱིས་ཤེས་ཤིང་དད ་བ་རྙེད་པ་ལས་ནང་དུ་མི་འདོད་པ་བཤད་པ་ཡིན་ནོ། །བལྟ་བས་ཆོག་མི་ཤེས་པ་ཞེས་བྱ་བ་ནི་བལྟ་བས་ངོམས་པར་མི་འགྱུར་བའོ། །ཡིད་ཚིམ་པར་བྱེད་པ་ཞེས་བྱ་བ་ནི་དད་པས་སེམས་རྒྱས་པར་བྱེད་པའོ། །ཀུ་ཀུ་ཏ་ཡ་ཞེས་བྱ་བ་ནི་ཀུ ་ཀུ་ཞེས་སྒྲ་འབྱིན་པར་བྱེད་པ་སྟེ། ཁུ་བྱུག་རབ་ཏུ་དགའ་བ་སྐྱེས་པ་ན་སྒྲའི་བྱེ་བྲག་མི་གསལ་བར་ཀུ་ཀུ་ཞེས་སྒྲོག་པར་བྱེད་དོ། །ལས་དྲུག་ལ་དགའ་བ་ཞེས་བྱ་བ་ལ། མཆོད་སྦྱིན་བྱེད་པ་ནི་བདག་ཉིད་མཆོད་སྦྱིན་བྱེད་པའོ། །མཆོད ་སྦྱིན་བྱེད་དུ་བཅུག་པ་ནི་མཁན་པོར་གྱུར་པའི་སྒོ་ནས་གཞན་མཆོད་སྦྱིན་བྱེད་དུ་བཅུག་པའོ། །འདོན་པ་ནི་བདག་ཉིད་འདོན་པའི། འདོན་དུ་བཅུག་པ་གཞན་འདོན་དུ་བཅུག་པའོ། །སྦྱིན་པ་ནི་བྲམ་ཟེས་བྲམ་ཟེ་ལའོ། །ལེན་པ་ནི་རིགས ་གསུམ་པོ་ལས་བྲམ་ཟེ་མི་ལེན་པས་ན་དེ་དག་ནི་ལས་དྲུག་ཡིན་ནོ། །དེ་ལ་དགའ་བ་ནི་མངོན་པར་སྦྱོང་བའོ། །དགེ་བའི་ལས་ཀྱི་འབྲས་བུ་བསྔོ་བ་བྱེད་པ་ནི་སྨོན་ལམ་མོ། །གཅིག་ཏུ་གནག་པ་སྟེ་གཅིག་ཏུ་མི་དགེ་བ་དང། གཅིག ་ཏུ་དཀར་པ་སྟེ་གཅིག་ཏུ་དགེ་བ་དང། འདྲེ་ན་མ་སྟེ་དགེ་བ་དང་མི་དགེ་བའི་ལས་འབྲས་པར་གྱུར་པའོ། །བསླབ་པར་བྱའོ་ཞེས་བྱ་བ་ནི་སྒྲུབ་པར་བྱ་བའོ། །སྐོན་པ་ནས་རྒྱ་ཤུག་བྱོག་ལྟར་ཞེས་པ་ནི་ཅི་ལྟར་རྒྱ་ཤུག་གི་འབྲས ་བུ་དག་སྐོན་བར་གྱུར་པ་ན་སྒྲ་མི་བསལ་བ་དང་རྣམ་པ་འཁྲུགས་པ་སྙན་པ་དང་བྲལ་བ་འབྱིན་པ་འགྱུར་བ་དེ་བཞིན་དུ་ཚིག་གི་རིམ་པ་སྙན་པ་དང་བྲལ་བའི་ཡི་གེ་འདོན་པར་བྱེད་པའོ། །དབྱངས་སྙན་པ་ཞེས་བྱ་བ་ནི་དབྱངས ་མཛེས་པར་གྱུར་པ་སྟེ། དེ་གོམས་པར་བྱ་བ་ཡིན་པའི་ཕྱིར་རོ། །དོན་དང་མི་ལྡན་པ་དང་འབྲེལ་པ་མེད་པའི་བརྗོད་པ་ནི་ངན?་དུ་སྨྲ་བའོ། །སྟོན་པར་བྱེད་པ་ཞེས་བྱ་བ་ནི་སློབ་པ་འཛིན་དུ་བཅུག་པའོ། །བརྗོད་པའི་དོན་རབ་ཏུ་འདྲི་བར་བྱེད་པ་ནི་ཀུན་ཏུ ་འདྲི་བར་བྱེད་པའོ། །གླུ་དང་རོལ་མོའི་སྒྲ་སློབ་པར་བྱེད་པའི་ཁང་པ་ནི་རོལ་མོའི་གནས་སོ། །ཡོན་ཏན་བརྗོད་པ་ནི་ཡོན་ཏན་སྒྲོགས་པར་བྱེད་པའོ། །རྒྱུད་གསུམ་པ་ཞེས་བྱ་བ་ལ་རྒྱུ་གསུམ་པོ་དག་གི་ཚོགས་པ་ནི་རྒྱུད་གསུམ་པ་སྟེ། གྲངས ་སྔོན་དུ་འགྲོ་བ་གཉིས་པ་ཡིན་ཏེ་དེ་ཡང་མ་ནིང་གི་རྟགས་ཞེས་བྱ་བའི་དབང་དུ་བྱས་ནས་རྒྱུད་གསུམ་པ་ཞེས་བྱ་བ་སྟེ། རྟ་ལ་སོགས་པ་ལྟ་བུའོ། །སངས་རྒྱས་ལ་བསྟོད་པ་སྟེ་རྒྱུད་དང་པོ་དང། མདོའི་དོན་འཛིན་པར་བྱེད་པའི་གཏམ་སྟེ ་རྒྱུད་གཉིས་པ་དང། ཡོངས་སུ་བསྔོ་བའི་རྒྱུད་ཡིན་ནོ། །རིགས་པ་ཞེས་བྱ་བ་ནི་དུས་གཞན་དག་ཏུ་ཡོད་དོ། །གཞོན་ནུ་ཞེས་བྱ་བ་ནི་དེ་ལ་གསར་དུ་ཞུགས་པར་གྱུར་པའོ། །ཆོས་ཐམས་ཅད་མི་རྟག་པ་ཞེས་བྱ་བ་ནི་ཡིད་ལ་བྱེད་པ་འདིས ་བཅོམ་ཞིང་ཟིལ་གྱིས་གནོན་པའོ། །ལྷུང་ཟེད་ཀྱི་སྣོད་ནི་ལྷུང་བཟེད་གཞུག་པའི་སྣོད་དོ། །ལུང་ཐག་ནི་མཚན་ཁུང་གི་ཕྱོགས་སུ་དཔྱང་བའི་ཐབས་སུ་གྱུར་པའོ། །རྒྱུན་ནི་པགས་པའི་འབྲེལ་བུའོ། །རྔ་ནི་རྫ་རྔའོ། །ལྟེབས་པར་མི་འགྱུར་བར ་བྱ་བའི་ཕྱིར་བྱ་རོག་གི་རྐང་བའི་རྣམ་པ་ལྟར་སྐུད་པས་གནན་པ་ནི་བྱ་རོག་གི་རྐང་པའོ། །བསླབ་པ་འདོད་པའི་ཕྱིར་བསླབ་པ་འདོད་པ་སྟེ། དེའི་དངོས་པོ་ནི་དེ་ཉིད་དོ་བསླབ་པ་ལ་གུས་པར་བྱེད?་ཅེས་པའི་བར་དུའོ། །དྲ་བར་འོས་པ་ཡིན ་པའི་ཕྱིར་དྲ་བར་བྱ་བ་སྟེ་དེ་མ་ཡིན་པའོ། །གོས་སྤུ་ཅན་ནི་བེའུ་ཕྲུག་གོ་།ཕྱིད་པ་ནི་རབ་ཏུ་གྲགས་པའོ། །ལ་བ་འཐུག་པོ་ནི་ཀླམ་མོ། །རས་སེང་བ་ནི་གོས་ཕྲ་མོ་སྟེ། དེ་དག་ནི་དྲ་བར་བྱ་བ་མ་ཡིན་ལ། དགོས་པ་ཡོད་པ་ནི་བྱིན ་གྱིས་བསླབ་པར་བྱའོ། །རྒས་པ་ནི་རྒས་པས་གནས་སྐབས་གཞན་ཐོབ་པའོ། །གླགས་བལྟས་པ་ནི་ཟིལ་གྱིས་མནན་པར་བྱ་བར་རོ། །རྐུན་པོ་ནི་མཐུས་འཕྲོག་པར་བྱེད་པའོ། །གཡོན་ཅན་ནི་འཇབ?་བུས་རྐུ་བར་བྱེད་པའོ ་སྔ་མ་ནི་རང་གི་སེམས་ཀྱིས་ཕྱུང་ལ་ཞེས་བྱ་བ་ནི་ཆོས་གོས་དེ་ལ་བལྟོས་པ་མེད་པར་བྱ་བའོ། །ངས་སྔར་བཤད་པ་ཞེས་བྱ་བ་ནི་གསོ་སྦྱོང་གི་གཞི་ལས་དགེ་སློང་གིས་གསོ་སྦྱོང་གི་ཉི་མ་ལ་གནས་མལ་བཤམས་ཏེ་ཞེས་བྱ་བ ་ལ་སོགས་པ་ཐམས་ཅད་བསྒྲུབས་ནས་གལ་ཏེ་གསོ་སྦྱོང་བྱིན་གྱིས་བརླབ་ཏུ་རུང་བའི་དགེ་སློང་རྙེད་པར་མ་གྱུར་པ་དེའི་ཚེ། སེམས་ཀྱིས་གསོ་སྦྱོང་བྱིན་གྱིས་བརླབ་པར་བྱའོ། །དེ་བཞིན་དུ་དགག་དབྱེ་བྱ་བ་དང། གཅིག ་པུས་གོས་བྱིན་གྱིས་བརླབ་པ་དང། མེད་པའི་དུས་སུ་ཆོས་གོས་དབྱུང་བ་དང། གང་ཟག་གིས་མགྲོན་དུ་བོས་པ་ལ་གཉིས་པ་ཡོད་ན་སེམས་ཀྱིས་དང་དུ་བླང་བར་བྱའོ། །གདུངས་པ་ནི་གཟེར་བར་གྱུར་བའོ། །བསྐལ་བ ་སྟེ་བསྐལ་པ་ཆེན་པོའི་བྱ་བ་ཡིན་ལ་དེ་དག་གི་སྟོང་དེ་ལའོ། །དཀའ་བས་རྙེད་པར་ནུས་པའི་ཕྱིར་རྙེད་དཀའ་བའོ། །འདྲེན་པ་ནི་མདུན་དུ་གཤེགས་པར་མཛད་པ་ཞེས་བྱ་བ་དེའི་ཕྱིར་འདྲེན་པ་དེ་ལའོ། །སྙིང་རྗེའི་བདག ་ཉིད་ཅན་སྙིང་རྗེས་དབང་དུ་བྱས་པའི་ཐུགས་གང་གིས་གཡོ་མེད་པའི་དགོངས་པས་སེམས་ཅན་ལ་ཐུགས་རྗེ་བ་སྟེ། སྡུག་བསྔལ་དང་བྲལ་བར་བཞེད་པའོ། །སྲིད་པར་ཆགས་པ་ཞེས་བྱ་བ་ལ་སྲིད་པར་ཆགས་པ ་ནི་སྲེད་པ་སྟེ། དེ་རྣམ་པར་སྤངས་པའོ། །འདིས་ནི་སྲེད་པ་བག་ཆགས་དང་བཅས་པར་སྤངས་པར་བསྟན་པ་ཡིན་ནོ། །དེའི་བསྟན་པ་མཆོག་ལ་སྲོག་གཅོད་པ་ལས་སླར་ཟློག་པ་ལ་སོགས་པ་བསླབ་པ་བཟུང་ཞིང ་བླངས་ནས་སྲོག་འཚོ་བ་ནི་ཡོངས་སུ་བཏང་བར་བྱའི། འོན་ཀྱང་སྲོག་བཅད་པར་མི་བྱའོ། །མཐུ་ནི་འདིར་ལུས་ཀྱི་ནུས་པ་ལ་བྱའོ། །རྒྱལ་པོ་ཆེན་པོ་བཞི་དག་གི་ཡིན་པ་དེ་དག་ནི་རྒྱལ་ཆེན་བཞིའི་རིས་ཏེ། དེ་དག་ཏུ་སྐྱེ་བ་ནི་འབྱུང་བར ་འགྱུར་བའོ། །ཆོས་ཉིད་ཀྱིས་ཞེས་བྱ་བ་ནི་གདོན་མི་ཟ་བར་འགྱུར་བའོ། །ཡོངས་སུ་གནས་པ་ནི་ཡོངས་སུ་གནས་པའི་གནས་སྐབས་ཏེ། དེས་གང་གི་ཚེ་མཐོ་རིས་དེ་ན་སྤྱོད་ལམ་བཞི་པོ་གང་ཡང་རུང་བ་གཅིག་གིས་ཡོངས་སུ་གནས་པ ་དེའི་ཚེ་ཡོངས་སུ་གནས་པ་བསྟན་པར་འགྱུར་བ་དེ་སྐབས་སྒྲུབ་པར་མི་བྱེད་པའི་བློ་ཅན་གྱི་ལྷའི་བུ་སྐྱེས་ནས་ཡུན་རིང་དུ་མ་ལོན་པ་བཅོམ་ལྡན་འདས་ལ་བལྟ་བའི་ཕྱིར་ཉེ་བར་འགྲོ་བར་བྱེད་དོ། །ལུས་རབ་ཏུ་གཡོ་བར་བྱེད་པའི་ཕྱིར་རྣ་ཆ་གདུབ་ཀོར་གཡོ་བའོ། །དྲི་མ་མེད་པ་ནི ་ཤིན་ཏུ་འཚེར་བའོ། །ལྟོ་བའི་ཕྱོགས་ཁྱབ་པ་ནི་ངོ་ཤལ་ལོ། །ནུ་མའི་ཕྱོགས་ཁྱབ་པ་ནི་སེ་མོ་དོའི་འོ། །བརྒྱན་ནི་སྤུང་པའོ། །ལྷའི་འབྱོར་བ་ཡིན་པའི་ཕྱིར་ལྷའི་འོ། །སྣང་བ་ནི་འོད་ཀྱིས་སོ། །བསམ་པ་ནི་རྒྱ་ཆེ་བ་དང། རྒྱ་ཆེ་བ་མ ་ཡིན་པའི་ཆོས་བསྟན་པ་ལ་མོས་པ་དང་མངོན་པར་འདོད་པའོ་བག་ལ་ཉལ་བ་ནི་ཉོན་མོངས་པ་དྲག་ཅིང་དྲག་པའི་ཀུན་ཏུ་སྤྱོད་པ་སྟེ། གང་ལ་ཉོན་མོངས་པ་གང་གིས་གནོད་པར་གྱུར་པ་དེ་ལ་དེ་དང་རྗེས་སུ་མཐུན་པར་སྟོན་པའོ། །ཁམས་ནི ་རིགས་ཡིན་ཏེ། འགའ་ཞིག་ནི་འཇམ་པོ་དང། འགའ་ཞིག་ནི་རྩུབ་པའི་ཆོས་བསྟན་པས་འདུལ་བར་འགྱུར་བའོ། །དམྱལ་བའི་གཏམ་ནི་རྩུབ་པ་ཡིན་ལ། མཐོའི་ས་ཀྱི་གཏམ་ནི་གོ་བཟློག་པའོ། །རང་བཞིན་ནི་དད་པ་ལ་སོགས ་པའི་དབང་པོའི་རང་བཞིན་ཏེ། དབང་པོ་རྣོ་རྟུལ་ཐ་དད་པའི་ཕྱིར་རོ། །འཕགས་པའི་བདེན་པ་བཞི་སོ་སོར་རྟོགས་པར་བྱེད་པ་དེ་ལྟར་ཞེས་བྱ་བ་ནི་འཕགས་པའི་བདེན་པ་བཞི་ཁོང་དུ་ཆུད་པ་དང་རྗེས་སུ་མཐུན་པར་རོ། །འཇིགས་ཚོགས་སུ ་ལྟ་བ་ཞེས་བྱ་བ་ལ་སོགས་པ་ལ་འཇིག་ཚོགས་སུ་ལྟ་བའི་རིའི་རྩེ་མོ་ཉི་ཤུ་དག་གིས་མཐོ་བར་གྱུར་པ་སྟེ། གཟུགས་ལ་སོགས་པའི་ཕུང་པོ་ལྔ་ལ་བདག་ཏུ་འཛིན་པ་དང། འཇིགས་ཚོགས་སུ་ལྟ་བའི་རྩེ་མོ་ལྔ་ལ་བདག་མ་རྟོགས་པ ་ཕུང་པོ་ལྔར་ཡོངས་སུ་བརྟགས་ཏེ། དེ་ལ་རྒྱན་དང་འདྲ་བར་འཛིན་ལ་ཅིག་ཤོས་ལྔ་ལ་བྲན་དང་འདྲ་བར་འཛིན་ཅིང་གཞན་ལྔ་ལ་སྣོད་དང་འདྲ་བར་ལྟ་བར་བྱེད་དོ། །ཡང་ལྔ་ནི་ཇི་སྐད་དུ་གཟུགས་ལ་བདག་དང་བདག་གཟུགས་དང་ལྡན་པ་དང། གཟུགས ་བདག་གི་ཡིན་པ་དང་གཟུགས་ལ་བདག་གནས་སོ་ཤེས་ཡང་དག་པར་རྗེས་སུ་མཐོང་ངོ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་དག་འབྱུང་བ་ཡིན་ནོ། །འཇིག་ཚོགས་སུ་ལྟ་བ་ཡང་ཉོན་མོངས་པ་ཐམས་ཅད་སྐྱེ་བའི་རྒྱུའི་གཙོ་བོ་ཉིད་ཡིན་པའི་ཕྱིར ་མཐོང་བས་སྤང་བར་བྱ་བ་དག་གི་གཙོ་བོ་ཡིན་པ་དེ་བས་ན་ཉོན་མོངས་པའི་གཙོ་བོ་བཅོམ་པར་བསྟན་པ་ལས་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་ཐམས་ཅད་བཅོམ་ཞིང་སྤངས་པར་བསྟན་པ་ཡིན་ནོ། །ཁྱོད་མཐུས་ཏེ་ཁྱོད་ཀྱིས ་ཕན་འདོགས་པར་མཛད་པའི་ནུས་པས་བཀག་པར་གྱུར་པའོ། །རབ་དྲགས་ཅེས་བྱ་བ་ནི་ཤིན་ཏུ་དྲག་པར་གྱུར་པའོ། །ངན་སོང་ཤུལ་ཞེས་བྱ་བ་ནི་ངན་སོང་བའི་ལས་དང་ཉོན་མོངས་པ་ནི་ངན་སོང་གི་རྒྱུ་ཡིན་པའི་ཕྱིར་ངན་སོང་ཤུལ ་དང། སྲིད་པ་བར་མདོའི་ངན་སོང་དེ་གཉི་ག་བཀག་པ་ཡིན་ཏེ། ངན་སོང་བའི་ལས་དང་རྗེས་སུ་མཐུན་པའི་ཉོན་མོངས་པའི་ཀུན་ཏུ་སྤྱོད་པ་མེད་པའི་ཕྱིར་དང། ངན་སོང་བའི་སྔ་ན་མེད་པའི་ལས་མ་བྱས་པའི་ཕྱིར་དང། བྱས་པའི་ལྷན ་ཅིག་བྱེད་པའི་ཕྱོགས་ཟང་པར་གྱུར་པའི་ཕྱིར་ལས་དང་ཉོན་མོངས་པ་བཀག་པ་ཡིན་ལ། སོ་སོར་བརྟགས་པ་མ་ཡིན་པའི་འགོག་པ་ཐོབ་པའི་ཕྱིར་ངན་སོང་བའི་ཕུང་པོའི་སྲིད་པ་བར་མདོའི་ལམ་བཀག་པ་ཡིན་ནོ། །མཐོ་རིས ་འགྲོ་བ་ཞེས་བྱ་བ་ནི་མཐོ་རིས་སུ་སྐྱེས་པར་གྱུར་པའོ། །བསོད་ནམས་བཟང་པོ་བྱེད་པའི་རྒྱུ་མཚན་གང་དག་ལ་ཡོད་པ་དེ་ནི། བསོད་ནམས་བཟང་པོ་བྱེད་བའོ། །མྱ་ངན་ལས་འདས་པའི་ཤུལ་ནི་འཕགས་པའི་ལམ་ཡན་ལག་བརྒྱད་པའོ་ཤིན་ཏུ་རྣམ་དག་ཁྱོད ་རྟེན་བདག་གིས་ནི་ཞེས་བྱ་བ་ལ་སོགས་པ་ལ་ཁྱོད་ཀྱི་བཀའ་འདི་ལས་བདག་གིས་དེ་རིང་དག་པའི་མིག་སྟེ། ཟག་པ་མེད་པའི་ཤེས་རབ་ཀྱི་མཚན་ཉིད་ཐོབ་པར་གྱུར་པའོ། །དག་པའི་རྒྱུ་མཚན་ནི་སྐྱོན་བྲལ་ཞེས་བྱ་བ་སྨོས་ཏེ། རང་གི་ཕྱིར་ཉོན་མོངས ་པའི་ཉེས་པ་དང་བྲལ་བར་གྱུར་པའི་ཕྱིར་རོ། །ཤིན་ཏུ་རྣམ་དག་ཅེས་བྱ་བ་ནི་བཅོམ་ལྡན་འདས་ལ་འབོད་པའོ། །གོ་འཕང་ཞི་བའི་མྱ་ངན་ལས་འདས་པ་སྟེ། ཉོན་མོངས་པའི་རྒོད་པ་ཞི་བའི་ཕྱིར་དང། འདུས་བྱས་མི་རྟག་པའི་རྒོད་པ་ཞི་པའི་ཕྱིར་རོ ་འཕགས་པ་དགྱེས་བ་ནི་བཞེད་ཅིང་བརྟེན་པར་བྱ་བ་ཡིན་ཏེ། ཡིད་ལ་རང་ཡོངས་སུ་རྫོགས་པ་ནི་འཕགས་པ་དགྱེས་པ་ཐོབ་པའོ། །སྡུག་བསྔལ་རྒྱ་མཚོའི་ཕ་རོལ་བརྒལ་བར་གྱུར་ཞེས་བྱ་བ་ནི་སྐྱེ་བ་གཅིག་ན་སྲིད་པ་ལན་བདུན་པ་ལས་སྲིད་པ་གཞན ་མེད་པའི་ཕྱིར་བརྒལ་བར་གྱུར་བའོ། །འགྲོ་བ་ལྷ་མིན་མི་དང་ལྷས་མཆོད་པ། སྐྱེ་དང་རྒ་དང་ན་འཆི་བྲལ་བའོ། །ཞེས་བྱ་བ་དང། སྲིད་པ་སྟོང་དུ་མཐོང་བར་རབ་ཏུ་དཀོན་པ་ཞེས་བྱ་བ་དང། ཐུབ་པ་ཞེས་བྱ་བ་བཞི་དག་ནི་འབོད་པའི་ཚིག་ཡིན་ནོ།། ་དེ་རིང་ཁྱོད་མཐོང་བའི་བདག་གི་འབྱོར་བ་གང་ཡིན་པ་དེ་ནི་འབྲས་བུ་དང་བཅས་པའི་སྐྱེ་བ་ཡིན་ཏེ། བཅོམ་ལྡན་འདས་ཀྱི་ཞལ་མཐོང་བ་ནི་ཐར་པ་ཐོབ་པར་བྱེད་པའི་འབྲས་བུ་ཅན་ཡིན་པའི་ཕྱིར་རོ། །དེ་ཤལ་རབ་འཆང་བ་ཞེས་བྱ་བ་འདིས ་ནི་ལུས་རྒྱན་གྱིས་བརྒྱན་པའི་མཛེས་པ་བསྟན་པ་ཡིན་ནོ། །དགའ་བ་སྐྱེས་གྱུར་ཅེས་བྱ་བ་འདིས་ནི་རངས་པར་གྱུར་པའི་ཡིད་ཀྱིས་མཛེས་པ་སྟོན་པ་ཡིན་ནོ། །བཏུང?་དེ་ཕྱག་འཚལ་བ་ཞེས་བྱ་བ་ནི་མགོ་བོ་བཏུད་པར་གྱུར་པས་ཞབས ་ལ་མངོན་པར་ཕྱག་བྱས་པ་ཞེས་བྱ་བའི་དོན་ཏོ། །དགྲ་ཐུལ་གཡས་ནས་ཡོངས་སུ་བསྐོར་བྱས་ཏེ། ཞེས་བྱ་བ་ནི་ཁྱད་པར་དུ་བྱེད་པ་ཡིན་ཏེ། གཡས་ཕྱོགས་ལ་བརྟེན་ནས་སོང་བའོ། །སྐྱབས་གསུམ་རྙེད་པའི་ཕྱིར་ཚོང་བ་ལྟ་བུ་སྟེ། ་གང་གི་ཕྱིར། གང་དག་སངས་རྒྱས་སྐྱབས་འགྲོ་བ། དེ་དག་མི་ཡི་རྙེད་པ་ཡིན་ཞེས་བྱ་བ་ལ་སོགས་པ་འབྱུང་བ་ཡིན་ནོ། །ཡང་དག་པའི་འཚོ་བའི་འབྲུ་འབྱོར་བའི་ཕྱིར་ཞིང་པ་ལྟ་བུའོ། །མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་ལས་རྣམ་པར ་རྒྱལ་བར་བྱ་བའི་ཕྱིར་དཔའ་ཨོ་ལྟ་བུའོ། །ཤིན་ཏུ་སྡུག་བསྔལ་གྱི་ནང་དང་ལྡན་པའི་ངན་སོང་གི་ཕུང་པོ་སྤངས་པར་གྱུར་པའི་ཕྱིར་ནད་ཐམས་ཅད་ལས་ཡོངས་སུ་ཐར་པ་ལྟ་བུའོ། །ཆ་ལུགས་གང་གིས་ཞེས་བྱ་བ་ནི་སྔར་འོངས་པའི་ཆ་ལུགས་དང ་མཐུན་པ་ཡིན་མོད་ཀྱི། འདོད་ཆགས་པ་དང་བྲལ་བར་གྱུར་པས། ལྷག་པ་འདི་ལ་ཡོད་པའི་ཕྱིར། ཞེས་བསྟན་པར་བྱ་བའི་ཕྱིར་ཆ་ལུགས་གང་གིས་ཞེས་སྨོས་པ་ཡིན་ནོ། །སོ་སོར་ཀུན་དགའ་བར་མཛད་པ་ནི་སྙན་པའི་ཚིགས་གིས་སོ། །དགེ ་སློང་ཁྱོད་གང་ནས་འདིར་འོངས་ཞེས་བྱ་བ་ནི་མདོར་བསྡུས་ཤིང། རང་བཞིན་དང་བྲལ་བའི་སྒྲས་གསུངས་པ་ཡིན་གྱི་རྣམ་པ་གཞན་དུ་ན་འདི་སྐད་དུ་གང་ན་གནས་པ་ནས་འོངས་པར་གྱུར་ཞེས་བརྗོད་པར་བྱ་བ་ཡིན་ནོ། །ཟག་པ་མེད་པའི་ཡེ ་ཤེས་ཀྱིས་དངོས་པོའི་རང་བཞིན་ཡོངས་སུ་ཤེས་པ་ནི་ཆོས་ཉིད་མཐོང་བའོ། །བདག་ཉིད་ཆེན་པོ་ཞེས་བྱ་བ་ནི་བསོད་ནམས་དང་ཡེ་ཤེས་ཀྱིས་ཚོགས་དང་ལྡན་པའོ། །བསླབ་པ་སྟེ་གདོན་མི་ཟ་བར་བསྲུང་བར་བྱ་བ་སྲོག་གཅོད་པ ་ལས་ལྡོག་པ་ལ་སོགས་པ་གང་ཡིན་པ་དེ་ལས་འདས་པ་ནི་རྣམ་པར་བརྒལ་བའོ། །རིལ?་བ་ཞབས་ཚགས་ནི། རིལ་ཚགས་ཀྱི་ཁ་གོས་ཀྱིས་གཡོགས་པ་ལ་ཆུ་བཙག་པར་བྱ་བའོ། །གྲོལ་བར་བྱེད་པའི་རས་ནི་ཟང་ཟིང་མེད་པའི་གོས ་ཀྱི་དུམ་བུའོ། །ནང་དང་བཅས་པ་ནི་ཁོ་ན་ཅན་ནོ། །བླ་མའི་ཡུལ་ལ་ངོ་ཚ་བ་ནི་གུས་པའོ། །མངོན་དུ་ཕྱོགས་ནས་འོངས་པའི་ལམ་གྲོགས་གཉིས་པ་ནི་དོན་མཐུན་ནོ། །བྲེལ་བར་མི་འགྱུར་ན་ཞེས་བྱ་བ་ནི་རུང་བའི་ཆུས་སོ། །དྲག་ཏུ་འབབ་ཞེས་བྱ་བ་ནི་མྱུར ་དུ་འབབ་པའོ། །རྒྱང་གྲགས་རྒྱང་གྲགས་སུ། ཞེས་བྱ་བ་ནི་རྒྱང་གྲགས་ཀྱི་མཛའ་དང་རྒྱང་གྲགས་ཀྱི་མཐར་རོ། །བར་དུ་ཞེས་བྱ་བ་ནི་རྒྱང་གྲགས་ཀྱི་བར་དུའོ། །ཀུན་ནས་འཁྲུགས་པ་ནི་འདྲེས་པར་གྱུར་པའོ། །ཆུ་ལེན་པའི་མཇུག་ཕྱོགས་ནི་ཆུ ་འགྲམ་མོ། །ཚུལ་ཁྲིམས་ཀྱིས་རྒུད་པ་ནི་རང་བཞིན་གྱི་ཁ་ན་མ་ཐོ་བ་དང་བཅས་པ་ལས་ལྡོག་པའི་མཚན་ཉིད་ཀྱི་ཚུལ་ཁྲིམས་ཉམས་པར་གྱུར་པའོ། །ལྟ་བས་རྒྱུད་པ་ནི་ལྟ་བ་ཀུན་ཏུ་སྤྱོད་པའོ། །སྤྱོད་པས་རྒུད་པ་ནི་བཅས་པའི་ཁ་ན་མ་ཐོ་བ་དང ་བཅས་པ་ལས་ལྡོག་པའི་མཚན་ཉིད་ཀྱི་ཚུལ་ཁྲིམས་ཉམས་པར་གྱུར་པ་འམ། འགྲོ་བ་དང་འོང་བ་ལ་སོགས་པའི་སྤྱོད་ལམ་གྱིས་རྒྱུ་བའི་སྤྱོད་པ་དེས་རྒུད་པ་སྟེ། ཕྱིན་ཅི་ལོགས་ཀུན་ཏུ་སྤྱོད་པའོ། །འཚོ་བས་རྒུད་པ་ནི་ལོག་པའི་འཚོ་བས ་འཚོ་བའོ། །ཁྲོད་པ་ནི་ཆུ་དོང་ངོ། །དུས་ཇི་སྲིད་དུ་བ་ལང་དྲུག་དང་ལྡན་པའི་ཤིང་རྟ་སྨྱུག་མ་ཅན་གྱི་ལོགས་ནས་བསྐར་ཏེ། མཇུག་མའི་གནས་སུ་བྱིན་པར་གྱུར་པའི་དུས་དེ་སྲིད་དུ་བརྟག་པར་བྱའོ། །ཡོངས་སུ་ལོངས་སྤྱོད་པའི་རྗེས་སུ་འགྲོ་བས་ན ་ཡོངས་སུ་ལོངས་སྤྱོད་པ་ལས་བྱུང་བའོ། །སྣོད་སྤྱད་སྦེད་པར་བྱད་པ་ལ་སོགས་པའི་ལས་དག་ལ་ངེས་པར་སྦྱོར་བ་ན་སྣོད་སྤྱད་འགྲུབ་པའོ། །གསོལ་བ་དང་གཉིས་ཀྱི་ལས་རྗེས་སུ་བསྒྲུབ་པ་ནི་སྤྲོ་བའོ། །སྐབས་དབྱེ་བར་བྱའོ་ཞེས་བྱ་བ་ནི ་དེ་ནས་ལས་ལ་ངེས་པར་སྦྱར་བར་བྱའོ། །འཁོར་མེད་པ་ནི་གང་ཞིག་ལྷན་ཅིག་གནས་པ་དང་ཉེ་གནས་མེད་པའོ། །ལག་པ་ལ་ཐོགས་པ་ཞེས་བྱ་བ་ནི་སྐད་གསངས་མཐོན་པོས་དགོས་པ་ནི་གང་བརྒྱངས་སོ། །ལམ་དུ་འགྲོ་བའི་ཚེ། ཞེས ་བྱ་བ་ལ་འདས་པ་ལ་སོགས་པའི་དུས་བསལ་བའི་ཕྱིར་དང། འཕགས་པའི་ལམ་གསལ་བར་བྱ་བའི་ཕྱིར་ལམ་དུ་འགྲོ་བའི་ཚེ། ཞེས་སྨོས་པ་ཡིན་ནོ། །ལྷུང་བཟེད་པ་བཟུང་བ་ནི་བྱིན་ལེན་འཇིག་པར་འགྱུར་བ་ཡོངས་སུ་སྤང་བའི་ཕྱིར་རོ།། ་གོང་དུ་ཞེས་བྱ་བ་ནི་བཟའ་བར་བྱ་བའི་གོང་བུར་བྱས་པ་དེའི་མིང་ཡིན་ནོ། །མཆི་མ་དང་བཅས་ཤིང་མྱ་ངན་གྱི་མཆི་མ་དང་ལྡན་པར་གྱུར་པའི་ཕྱིར། མཆི་མས་བརྣངས?་བཞིན་དུའོ། །ངོ་ཚ་ནི་ངོ་ཚ་བ་སྟེ་ངོ་ཚ་བ་གང་ལ་ཡོད་པ་དེ་ནི་ངོ་ཚ་བ་དང་ལྡན ་པ་སྟེ་དེ་ལའོ། །སྟོན་པར་མཛད་ཅིང་ཕྱིན་ཅི་མ་ལོག་པར་རྗེས་སུ་སྟོན་པར་མཛད་པའི་ཕྱིར་སྟོན་པ་སྟེ་སྟོན་པ་དེ་ལའོ། །ངོ་ཚ་དང་ཁྲེལ་མེད་པ་ཞེས་བྱ་བ་ནི་ཁྲུས?་རས?་བགོལ?་བ་སྒོ་ནས་སོ། །སྒྲེན་མོ་ནི་འདིང་ཆུའི་ནང་དུ་ཁྲུས་བྱེད་པ་ལའོ། །ཐམས་ཅད ་དུ་ཐེ་ཚོམ་སྐྱེས་པར་གྱུར་པའི་ཕྱིར་གང་ཅི་ལ་ཡང་དོགས་པར་གྱུར་པའོ། །དེར་སོང་བ་ནི་དེ་རྒྱུར་བྱས་ནས་སོ། །ཆོས?་དཀའ་བ་ནི་གང་མས་ཀྱང་ཚེས?་པར་མ་གྲུབ་པའོ?། །?་བ་མ་ཡིན་པའི་ས་ནི་མཚམས་ནང་ངོ། །དགེ་བའི་རྩ་བ་ནི་ཐར་པའི ་ཆད?་པ་མཐུན་པའོ། །རྒྱུ་དང་རྐྱེན་གྱི་ཚོགས་པ་ལས་སྐྱེས་པ་ཉིད་ཀྱི་ཕྱིར་གཟུགས་ལ་སོགས་པའི་ཕུང་པོ་ནི་འདུས་བྱས་སོ། །སྐད་ཅིག་མས་འཇིགས་ལ་སྦྱོར་བའི་ཕྱིར་མི་དགེ་བའོ། །ནང?་ན་བྱེད་པའི་སྐྱེས་བུས་སྟོང་པའི་ཕྱིར་བདག་མེད་པའོ ་སྡུག་བསྔལ་མ་ལུས་པ་ཉེ་བར་ཞི་བའི་ཕྱིར་མྱ་ངན་ལས་འདས་པ་ཞི་བའོ། །ཀ་ཤའི་གནས་ནི་ཀ་ཤའི་འབྱུང་གནས་ཏེ། དེ་བཞིན་དུ་ཀུ་ཤའི་གནས་ཀྱང་དེ་བཞིན་ནོ། །ཟླ་བ་བརྒྱད་དམ་དགུ་ཞེས་བྱ་བ་ལ་མངལ་ཡང་དག་པར་སྨིན་པ་ཅན ་ཟླ་བ་དགུ་འམ་བཅུ་ནས་བཙས་པར་འགྱུར་ཏེ། འདིར་ཡང་མངལ་ཡོངས་སུ་སྨིན་པ་དེའི་ཕྱིར་འགའ་ཞིག་ཏུ་ན་ཟླ་བ་དགུ་དང་འགའ་ཤིག་ཏུ་ནི་ཟླ་བ་བཅུ་ནས་སྐྱེ་བར་འགྱུར་བ་དེ་བས་ན་སྡུག་པ་པོས་ཟླ་བ་བརྒྱད་དམ་དགུ་འདས་ནས་ཤེས་པ ་དེས?་པའི་ཚིག་ཏུ་མཛད་ནས། རིང?་བ་ཞེས་བྱ་བ་ལ་སོགས་པ་ལ་རིང་པ་ནི་ཤ་ཡོངས་སུ་ཟད་པའོ། །ཉམ་ཆུང་བ་ནི་བྱ་བ་བྱེད་པའི་ནུས་པ་ཆུང་བའོ། །སྐབས་པ་ནི་གཟི་མེད་པར་གྱུར་པའོ། །ལུས་མ་ཐོབ་པ་ནི་ལུས་ཀུན་ཏུ་བསྐྱོད་པའི་ནུས་པ་ཡང་མེད་པའོ། །རི་རབ? ་དང་འདྲ་བ་ནི་གང་ཡོན་ཏན་ཆེན་པོས་སོ། །ཟ་བ་ལ་རིང་དུ་ཐོགས་པ་ནི་བདག་ཉིད་འདོད་པས་དལ?་གྱིས་ཟ་བའོ། །བ་ལང་རྒན་པོ་བཞིན་དུ་ལྡད?་པ་སྐྱུག་ཅིང་དལ?་གྱི་ལྡད?་པའོ། །བྱ་བ་བྱས་པ་ནི་འདིར་ཉོན་མོངས་པ་སྤངས་པར་གྱུར་པའོ། །བྱེད་པ་བྱས་པ་ནི ་བྲལ་བར་གྱུར?་པ་བསྐྱེད་པའོ། །རྩུབ་པ་ནི་ཤིན་ཏུ་དྲག་པའོ། །འཇིག་པ་ཞེས་བྱ་བ་ནི་ཤིན་ཏུ་བརྒལ་བ་དང་གནོད་པ་བྱས་ཞེས་བྱ་བའི་བར་དུའོ། །བསྲབས་པ་ནི་དེའི་སྡུག་བསྔལ་གྱི་འབྲས་བུ་བསྲགས?་པའི་ཕྱིར་རོ། །ཡོངས་སུ་ཟད་པ་ནི་འགའ་ ་ཞིགས?་སྡུག་བསྔལ་གྱི་མཛའ་ལྡོག་པའོ།། བྱེད་བ་ནི་རྣམ་པར་སྨིན་པའི་སྡུག་བསྔལ་མ་ལུས་པ་བཟློག་པར་གྱུར་པའོ། །ཤིན་ཏུ་མཐར་གྱུར་པས་མཛའ་སྟེ། གནས་པ་ལ་ཐག་རིང་པོར་གྱུར་པའོ། །དེ་ན་གནས་པ་ནི་དེ་ལ་དད?་པའོ། །ལྷག་པར ་གྱུར་པའི་རྒྱལ་པོ་ནི་རྒྱལ་པོའི་རྒྱལ་པོ་ཡིན་?་ཤཱཀྱའི་རྒྱལ་པོའི་རྒྱལ་པོ་ནི་ཤཱཀྱའི་རྒྱལ་པོའོ། །ཤིན་ཏུ་སྤྱད་པ་ནི་ལས་སུ་བྱ་བའོ། །བྱས་ཏེ་ཞེས་བྱ་བ་ནི་སེམས་ཀྱིས་དམིགས་ནས་སོ། །ལྷུང་བཟེད་ཀྱི་གཞི་ནི་གཞི་འམ་རྟེན་ན། །འདི་ནི་སྦྱིན་པར་བྱེད ་པ་ཡིན་ལ་བདག་ནི་ལེན་པར་བྱེད་པ་ཡིན་ནོ་སྙམ་པ་ནི་བྱིན་ལེན་བྱེད་པའི་སེམས་སོ། །དྲ་བ་ནི་ལྷུང་བཟེད་གཞུག་པའི་སྣོད་དོ། །ཚོང་འདུས་ནི་གཅོད་པར་བྱ་བའི་རྗེས་བགྲམ་པར་བྱ་བའི་གནས་སོ། །འདིར་བཀྲན?་པའི་སྒྲས?་ནི་བརྣག་མི་ནུས་པ ་བརྗོད་པ་འམ། ཡོན་ཏན་གྱིས་དབུལ་བར་གྱུར་པའོ། །ལན་ལྡོག་པའི་ནུས་པ་མེད་པ་ནི་སྤོབས་པ་མེད་པའོ། །འདིར་འཁར་བའི་སྣོད་བདག་གིར་བྱེད་པ་བཀག་པ་ཡིན་ནོ། །ཞེས་བྱ་བར་རིག་པར་བྱ་ཞིང་ནད?་བཟློག་པའི་ཕྱིར་དང། ཕུལ་བུའི ་བཏུང་པོར?་རྗེས་སུ་གནང་བ་ཡིན་པར་རིག་པར་བྱའོ། །ཟི་ཟི་ཞེས་ཟེར་བར་གྱུར་པ་ན་ཞེས་བྱ་བ་ནི། སྦྲང་མའི་ཚོགས་ཀྱི་སྒྲ་སྟེ། ཟི་ཟིའི་སྒྲ་དེ་དང་འདྲ་བར་སྒྲོགས་པར་བྱེད་པའི་ཕྱིར་ས་ཕྱོགས་སུ་ཟི་ཟི་ཞེས་ཟེར་བར་གྱུར་པའོ། །རྐང་པ ་བཀྲུ་བའི་གནས་གང་ཡིན་པ་དེ་ནི་རྐང་པ་བཀྲུ་བའི་གནས་སོ། །དབུས་སུ་མཐོ་བ་ནི་རུས་སྦལ་གྱི་རྣམ་པ་ལྟ་བུར་རོ། །རྩུབ་པོ་ཞེས་བྱ་བ་ནི་བྷུད?་བྷུད?་པོ་སྟེ། དྲི་མ་བསལ་བར་བྱ་བའི་ཕྱིར་དེ་བཤམས་པ་ཡིན་ནོ། །རྐང་པ་བཀྲུ་བའི་སྣོད་ཅེས ་བྱ་བ་དེ་ནི་ཆོལ་ཟངས་ཀྱི་མིང་ངོ། །རྔ་མོའི་རྣམ་པ་ལྟ་བུ་ཞེས་བྱ་བ་ནི་འོག་གི་ཆ་རྔ་མོའི་རྒྱབ་ལྟ་བུའོ། །མི་ལྡེག་ཅིང་གནས་པར་བྱ་བའི་ཕྱིར་གླང་བ་ཆོའི་རྨིག་མཐིལ་ལྟ་བུ་རྗེས་གནང་བ་ཡིན་ཏེ། འོག་གི་ཆའི་མཐིལ་གླང་པོ་ཆེའི་རྨིག་མཐིལ་ལྟ་བུར ་བྱའོ། ཀ་དམ་པའི་མེ་ཏོག་འདྲ་བ་ནི་ཆོལ་ཟངས་ཀྱི་དབུས་སུ་ལྟེ་བ་མཐོན་པོར་བྱ་བའོ། །རྩུབ་པ་ཡང་ཧུད?་ཧུད?་པོ་ཡིན་ཏེ། རྐང་པ་གཡས་གནས་པ་གྲུབ་པར་བྱ་བའི་དོན་དུ་ལྟེ་བ་རྗེས་སུ་གནང་བ་ཡིན་ནོ། །ཁང?་ཐོག་ནི་ཁང་སྟེང་ངོ། །སྒོ་ཕག་ཏུ་ཞེས་བྱ་བ་ནི་སྒོ་དང ་རྩིག་པའི་བར་དུའོ། །རླུང་སྐྱེད་པར་བྱེད་པའི་ཐབས་སུ་གྱུར་པ་ནི་བསིལ་ཡབ་བོ། །ཡུ་བ་གསེར་ལ་སོགས་པས་རྣམ་པར་སྤྲས་པ་ནི་གསེར་ལ་སོགས་པ་ལས་རྣམ་པར་བྱས་པའོ། །ཤིང་ལས་བྱས་པ་ཡང་ངོ། །མེ་ཏོག་པདྨ་ལྟར་མཚེར་བ་ནི ་འཁོར་ལོས་བསྲུབས་པའོ། །རི་མོ་རབ་ཏུ་བྲིས་པ་ནི་བཀྲ་བ་དང་ཉེ་བར་བཀྲ་བ་སྟེ། བཀྲ་བ་ནི་རི་མོ་རགས་པ་གཙོ་བོར་གྱུར་པའོ། །ཉེ་བར་བཀྲ་བ་ནི་རི་མོ་ཕྲ་བ་གཙོ་བོར་གྱུར་པའོ། །རིན་པོ་ཆེས་སྤྲས་པ་ནི་རིན་པོ་ཆེས་བརྒྱན་པའོ། །རྩ་བལ་བ ་ཛ?་ལས་བྱས་པ་ནི་རྩ་གྲེས་མའི་རིགས་ལས་བསྒྲུབས་པའོ། །འབྲུམ་བུས་གང་བ་ནི་ཁྱབ་པར་གྱུར་པའོ། །ལྡུམ?་བུ་ཤ་ནའི་རིགས་བརྡུངས་ནས་སྐད?་པའི་ཚོགས་དང་འདྲ་བའི་སྤང?་ཡབ?་བྱའོ། །འདབ་མ་བསྡུས་ཞེས་བྱ་བ་ནི་འདག་མའི་ཚོགས་སོ།། ་འཛེགས་མ་ནི་ལས་ལ་སྒྲུབ?་དག་གི་བྱ་བ་ལ་འཇུག་པའོ། །ཤ་མ་ཐབས་ཀྱི་འོག་གི་མདུན་རྒྱབ་གྱི་མཛའ་ཕན་ཚུན་བཅིངས་པ་ནི་མདུད་པ་དོར་པའོ། །འཁར་བ་ཚོངས་ཤིག་ཅེས་བྱ་བ་ནི་འཁར་བ་བཅངས་པ་ལ་ཉེས་པ་མེད་པའི་ངེས་པའོ། །སྡུག་བསྔལ་ལས ་འདོན་པར་བྱེད་པ་ནི་བརྩེ་བ་སྟེ། བྱ་བ་འདི་ཡང་རྗེས་སུ་བརྩེ་བས་མཛད་པ་ཉིད་ཡིན་པའི་ཕྱིར་རྗེས་སུ་བརྩ་བ་ལ་བརྟེན་ནས་དགེ་འདུན་གྱིས་བྱའི་ཕྱིར་ཕན་འདོགས་པ་ལ་བལྟོས་པས་བྱ་བ་མ་ཡིན་པའི་ཕྱིར་ཐུགས་བརྩེ་བ་ཅན་ཐུགས་བརྩེ་བའི་སླད་དུ་ཞེས་སྨོས ་པ་ཡིན་ནོ། །རྒན་པོ་དག་ལས་ཤིན་ཏུ་རྒས་པས་ན་རྒན་པོ་རྒས་པ་སྟེ། གང་ཅུང་ཟད་རྒས་ཤིང་ཉམས་ཆུང་བས་སྐྲ་དཀར་གཅིག་ཙམ་གྱིས་ཀྱང་བདག་རིང་པར་གྱུར་ཏོ་སྙམ་དུ་སེམས་པའོ། །གང་དག་རླུང་ཉུང་ཟད་ཅིག་གིས་གནོད་པར་གྱུར ་པ་ནི་རླུང་ཉུང་ཟད་ཙམ་གྱིས་གནོད་པར་གྱུར་པ་ན་བདག་ནད་པའོ་སྙམ་དུ་སེམས་པའོ། །ཅིག་ཅར་འཁར་བ་དང་འདྲ་བའི་གནང་བའི་གནང་བ་སྦྱིན་པར་བྱའོ་ཞེས་བྱ་བ་ནི་འཁར་བ་དང་འདྲ་བའི་སྔགས་བརྗོད་པའི་དུས་སུ་ཅིག་ཅར་མིང་སྨོས་པར ་བྱའོ། ཆེན་པོའི་ཆེན་པོ་ནི་བསམ་གཏན་བཞི་པ་ཡིན་ལ། མཛའ་དང་བྲལ་བའི་མཛའ་ཨི་རྣམ་པ་འདི་ལ་ཡོད་པས་ན་ཞེས་བྱ་བའི་དབང་དུ་བྱས་ནས་མཐར་ཕྱིན་པའོ། །ཁོམ་པར་གྱུར་པ་མཆོག་ཅེས་བྱ་བ་ནི་མི་ཁོམ་པ་བརྒྱད་སྤངས་པ་སྟེ། དུས ་ཀྱི་བྱེ་བྲག་སངས་རྒྱས་འབྱུང་བ་ལ་སོགས་པའི་ཁོམ་པ་ཡང་དག་པར་འབྱུང་བའོ། །དྲིང་བ་མེད་པ་ཞེས་བྱ་བ་ནི་ཡོངས་སུ་བྲལ་བའོ། །འདུས་པ་ནི་གང་དུ་སྐྱེ་བོ་དམ་པ་འདུས་པར་གྱུར་ཏེ། ཇི་ལྟར་གཙུག་ལག་ཁང་ལ་སོགས་པ་ཡོངས་སུ་ལོངས་སྤྱོད་པ ་དང། ཁྱིམ་དུ་ཉེ་བར་རྒྱུ་བ་ལ་སོགས་པ་མ་གནང་བ་དག་ཀྱང་གནང་བ་སྟེ། ལྷག་པར་སྤྱད་པར་བྱ་བ་ཡང་ཡིན་ནོ། །སློབ་དཔོན་ཚུལ་ཁྲིམས་བསྐྱོངས་ཀྱིས་ཉེ་བར་སྦྱར་བ་ཕྲན་ཚེགས་ཀྱི་ཚིག་གི་རྣམ་པར་བཤད་པ་ལས་སྒོ་དང་པོ ་རྫོགས་སོ།། །།ཕྱོགས་བཞི་ནི་ཕྱོགས་བཞིའོ། །དེ་ལ་གནས་པས་ཕྱོགས་བཞིའི་དགེ་སློང་གི་དགེ་འདུན་ཏེ་དེ་ལ་ཕུལ་བར་གྱུར་པའོ། །བ་ལང་གི་སྤུ་དག་དང་བ་ལང་གི་སྤུ་དང་འདྲ་བ་ནི་བ་ལང་གི་སྤུ་འདྲ་སྟེ། དེ་དང་འདྲ་བར ་རོ། ཇི་ལྟར་བ་ལང་གི་སྤུ་འདྲ་བར་སྒྲ་འདྲེག་པར་བྱེད་པ་དེ་བཞིན་དུ་བྲེག་པར་མི་བྱའོ། །གསང་བའི་ནི་ཆ?་དོམས?་སོ། །དགེ?་བའི་སྒོ?་ཞེས་བྱ་བ་ལ་དགེ་བ་ནི་མྱ་ངན་ལས་འདས་པ་སྟེ། ཐར་པ་ནི་དོན་དམ་པར་དགེ་བའོ། །ཞེས་གསུངས་པའི་ཕྱིར་རོ། །དེའི་ཕྱོགས་ནི་མི་གཙང་བ་ནས ་བརྩམས་ཏེ། ཟད་པ་ཤེས་པའི་བར་དུའོ། །དེའི་བྱེད་པ་ནི?་བསྒྲུབ་པར་བྱེད་པ་འམ། དེའི་མངོན་པར་སྦྱོར་བའོ། །བྱིན་པ་དང་ཡན་ལག་བརླའི་སྦུ་བྲག་ནུས་སམ་ཞེས་བྱ་བ་ལ་སོགས་པ་ལ། བྲེག་ནུས་སམ་ཞེས་བྱ་བ་ནི་ཀུ་རེ་བྱེད་པ་ནི་ཕན་ཚུན་རྣམ་པར ་རྩེ་བའོ། །ཡང་དག་པར་རྩེ་བར་བྱད་པ་ནི་ལག་པ་འདྲེན་པར་བྱེད་པ་ལ་སོགས་པས་དགའ་བར་བྱེད་པའོ། །ཀུན་ནས་ཅ་ཅོ་འདོན་པར་བྱེད་པ་ནི་སྒྲ་མཐོ་ལ་མི་གསལ་བ་འདོན་པའོ། །ལུས་དང་ངག་གིས་འཕྱར་གཡེང་ལས་བྱེད་པ་ནི་འཕྱར་བ་ཡིན་ལ ་དེ་ཉིད་རྒྱུན་མི་ཆད་པར་བྱེད་པ་ནི་གཡེང་བའོ། །ལུས་ལ་བརྡེག་པ་ནི་ཀུན་ནས་ཆགས་པའི་སེམས་ཀྱིས་ལུས་ལ་བསྣུན་པའོ། །ཉེས་པ་ལྷག་པར་སྤྱོད་པ་ལ་ངོ་ཚ་བ་གང་ལ་ཡོད་པ་དེ་ནི་འདིར་ངོ་ཚ་བ་དང་ལྡན་པར་རིག་པར་བྱའོ། །བག་མེད་པ ་ལྷག་པར་སྤྱོད་པའི་ཉེས་པ་ལ་ཕྱིར་གདུང་ཞིང་གཉེན་པོ་བྱེད་པའི་ངང་ཚུལ་ཅན་ནི་འགྱོད་པ་དང་ལྡན་པའོ། །བསླབ་པ་ཡོངས་སུ་བསྐྱོང་བ་ལ་མངོན་པར་དགའ་བ་དང་བཅས་པ་གང་ཡིན་པ་དེ་ནི་བསླབ་པ་འདོད་པའོ། །དྲན་པ་ཉེ་བར་གཞག་པ་ནི་ཕན ་ཚུན་ལུས་ལ་རེག་པ་ཡོངས་སུ་སྤང་བའི་ཕྱིར་རོ། །གཏུར་བུ་ནི་ཆོས་གོས་ཀྱི་སྣོད་དོ། །བཏིང་བ་ཞེས་བྱ་བ་ནི་རྩ་ལ་སོགས་པའི་གཞི་ལའོ། །གནས་ནི་འདུག་པར་བྱ་བའི་དོན་གྱི་གཞིའོ། །གྲང་བས་ཉེན་པར་གྱུར་ཏོ་ཞེས་བྱ་བ་ནི་གནོད་པར་གྱུར ་པའོ། ཇི་སྲིད་ཕྱིན་པའི་བར་དུ་ཞེས་བྱ་བ་ནི་ཇི་སྲིད་དུ་དགེ་སློང་དག་གི་ལུས་ལ་ཁྱབ་པར་གྱུར་པའི་བར་དུའོ། །བཀབ་པ་ནི་ལེགས་པར་བཀབ་པའོ། །གཅིག་ཏུ་བརྩོན་པ་ཞེས་བྱ་བ་ནི་བསྟན་པ་ལ་གཅིག་ཏུ་ངེས་པར་བརྩོན་པ་སྟེ། འབད་པ་དང་ལྡན་པའི་སྐྱེས་བུ་གང ་ཡིན་པ་དེ་ནི་གཅིག་ཏུ་བརྩོན་པ་འམ། ཡང་ན་གཅིག་ཏུ་བརྩོན་པར་བྱེད་པས་ན་གཅིག་ཏུ་བརྩོན་པར་བྱེད་པ་སྟེ། གང་ཟག་གི་ཡིད་ལ་གནས་པའི་བསྟན་པ་དེ་ལ་ཡང་གཅིག་ཏུ་བརྩོན་པ་ཞེས་བའོ། །བདེ་བ་ཡང་དག་པར་སྐྱེས་པ་འདི་ལ་ཡོད་པས་ན་བདེ་བ ་དང་ལྡན་པའོ། །ཆོས་མངོན་པར་བརྗོད་པར་བྱེད་པའི་ཕྱིར་ཆོས་སྨྲ་བ་སྟེ། དེ་དྲན་པའི་ཡུལ་དུ་འོངས་པར་འགྱུར། ཞེས་བྱ་བའི་ཐ་ཚིག་གོ་འཕྱ་བ?་ནི་ཉེ་བར་རྗོད་པའི་ཚུལ་གྱིས་སོ། །རབ་ཏུ་བྱུང་བ་ལས་བབས་སམ་ཞེས་བྱ་བ་ནི་དགེ་སློང་གི་དངོས་པོ་ཡང ་དག་པར་ཐོབ་པ་ཡོངས་སུ་བཏང་བར་གྱུར་པའོ། །རབ་ཏུ་ཞེས་བྱ་བའི་ཚིག་ནི་ལུས་ཀྱིས་རེག་པ་ཡོངས་སུ་སྤང་བར་བྱ་བའི་ཕྱིར་རོ། །གསོ་?་པ་ཞེས་བྱ་བ་ནི་གོས་འཚོང་བ་སྟེ། རང་གི་ཁྱིམ་དུ་སྣ་ལམ་བཀལ་བ་འམ་ཚོང་འདུས་སུ་བྱས་པ་འམ། འཐག ་པའི་ལག་གིས་གོས་དག་བྱེད་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །ནོར་རྫས་ཀྱིས་བསྒྲུབས་པའི་གཙུག་ལག་ཁང་ནི་རྫས་ལས་བྱུང་བ་དེ་ཉིད་དེ། དེ་བསྲུང་བར་བྱ་བའི་ཕྱིར་བཅོམ་ལྡན་འདས་བཞུགས་པའོ། །ནང་དུ་ཡང་དག་པར་འཇོག་པར་བཞེད ་པ་ཞེས་བྱ་བ་ནི་དབེན་པར་སྙོམས་པར་འཇུག་པའི་བདེ་བས་བཞུགས་པར་བཞེད་པའོ། །གཙུག་ལག་ཁང་དེ་ཉིད་དུ་མངོན་དུ་ཕྱོགས་ནས་བསོད་སྙོམས་བླངས་པ་གང་ཡིན་པ་དེ་ནི་བཅོམ་ལྡན་འདས་ཀྱིས་བསོད་སྙོམས་མངོན་པར་བླངས ་པའོ། །ཁྲོས་པ་ནི་ཞེ་སྡང་གི་ཀུན་ནས་དཀྲིས་པས་ཁྱབ་པའོ། །ཟོད་ནི་བཙོང་པར་བྱ་བའི་དངོས་པོའོ། །གདུགས་ནི་རབ་ཏུ་གྲགས་པའོ། །ཡུ་བ་རིང་བ་ཞེས་བྱ་བ་ནི་ཤིན་ཏུ་གདུགས་ཀྱི་ཡུ་བ་རིང་པོར་གྱུར་བའོ། །ནོར་??་ནི་མཁར་གྱི་དབང ་ཕྱུག་ཡིན་ལ། ཚོང་དཔོན་ནི་ཚོང་བའི་གཙོ་བོ་ཉིད་དུ་དབང་བསྐུར་བར་གྱུར་པའོ། །ཡུལ་ནས་ཡུལ་གཞན་དུ་དོན་མཐུན་དག་གང་གིས་ཁྲིད་པར་བྱེད་པ་དེ་ནི་དེད་དཔོན་ནོ། །ཁ་ཅིག་ནི་ལུས་ལ་བརྩིབས་ཞེས་བྱ་བ་དེ་བས་ན་རང་གི་ལུས་ཀྱི་ཚང་དུ ་གདུགས་ཀྱི་ཡུ་བ་བྱའོ་ཞེས་བྱ་བ་དང། ཁ་ཅིག་ནི་གདུགས་ཀྱི་རྩིབས་ཀྱི་ཆོད?་དུ་ཞེས་ཟེར་རོ། །རུང་བ་བྱེད་དུ་གནང་བ་ནི་ཐག་ཉེ་བའི་ཟང་ཟིང་དང། རེག་པར་འགྱུར་བ་ཡོངས་སུ་སྤང་བའི་ཕྱིར་རོ། །འཇིག་རྟེན་རྒྱང་ཕན་ནི་མེད་པ་པའི་གཞུང་ལུགས་ཡིན་ལ། ་དེ་འདོན་པའི་ཕྱིར་འཇིག་རྟེན་རྒྱང་ཕན་པའོ། །རྩོད་པ་ནི་ཚིག་རྣམ་པར་དཔྱོད་པའོ། །རྩོད་པའི་གནས་ཞེས་བྱ་བ་ནི་འདྲི་བ་པོ་ཀུན་ནས་ཚོགས་པར་བྱེད་པའོ། །ཕྱོགས་དང་ཕྱོགས་ཅིག་ཤོས་ནི་ཕྱོགས་སྔ་མ་དང་ཕྱི་མའོ། །གསར་དུ་ལྷག་པ་ཉིད་ཀྱི ་མཆོད་པར་བྱས་པ་ནི་གསར་དུ་འོངས་པའོ། །མི་རིགས་པ་ནི་རྗེས་སུ་དཔག་པ་དང་འགལ་བའོ། །མི་འདྲ་བ་ནི་སྔ་ཕྱི་འགལ་བའོ། །མི་འཐད་པ་ནི་མངོན་སུམ་དང། གྲགས་པ་དང། རང་གི་ཚིག་དང་འགལ་བའོ། །བྱིས་པ་ཞེས་བྱ་བ་ལ་སོགས་པ་ལ ་མདོ་སྡེ་ལ་སོགས་པ་བྱ་བར་མ་གྱུར་ཅིང་མི་ཁས་པས་ན་བྱིས་པའོ། །བསླབས་པར་གྱུར་ན་ཡང་བརྟེན་པར་མི་ནུས་པ་ནི་གླེན་པའོ། །གཞན་ལ་སྟོན་པར་བྱེད་པའི་ནུས་པ་མེད་པ་ནི་མི་གསལ་བའོ། །དངོས་པོ་དེ་ཁོ་ན་ཉིད་རྣམ་པར་འབྱེད་པའི་སྒོ ་ནས་རྣམ་པར་བཞག་པའི་ཕྱིར་ནུས་པ་མེད་པ་ནི་མི་ཤེས་པའོ། །མི་འདོད་པ་ཞེས་བྱ་བ་ནི་ཤིན་ཏུ་མྱུར་བར་འགྲོ་བའི་ངང་ཚུལ་ཅན་ནོ། །བདེ་བའི་དུས་ནི་སྔ་དྲོའོ། །བདེ་བ་སྦྱོར་དང་གོ་རིམ་སྒྲོ་བཏགས་ནས་འདོན་པའི་ཕྱིར་བརྩམས་སོ་ཞེས་བྱ་བ་ནི་ཇི ་ལྟར་བྲམ་ཟེའི་རིག་བྱེད་ཀྱི་ཚིག་དང་གོ་རིམ་གྱི་རིམ་པའི་ཚིག་དེ་དང་གོ་རིམ་དེ་ལ་སྒྲོ་བཏགས་ནས་རིག་བྱེད་དང་འདྲ་བར་འདོན་པའི་ཕྱིར་བརྩམ་པའོ། །བར་བར་དུ་གཞུང་བརྗེད་པ་ནི་གཞུང་ཁྲལ་ཁྲུལ་དུ་གྱུར་པའོ། །ཉམས་པ་ནི་དག?་ཉམས་ ་པའི་སྒོ་ནས་ཉམས་པར་གྱུར་པའོ། །ངེས་པའི་ཚིག་ནི་དཔེར་ན་འགྲོ་བའི་ཕྱིར་བ་ལ?་དག?་སའི?་སྟེང་དུ་སྒྲ་སྒྲོག་པའི་ཕྱིར་རྨ་བ?་དང། གཟུགས་སུ་རུང་བས་ན་གཟུགས་དང། རྣམ་པར་ཤེས་པར་བྱེད་པས་རྣམ་པར་ཤེས་པ་ཞེས་བྱ་བ་ལ་སོགས་པ་ལྟ་བུའོ།། ་ཡུལ་དང་ཡུལ་གྱི་ངེས་པའི་ཚིག་གཞན་ཏེ། རྣམ་པ་གཞན་དུ་ན་ཡུལ་དེ་ན་གནས་པ་དག་གིས་སངས་རྒྱས་ཀྱི་ཚིག་བསྟན་པ་ཉིད་དུ་ནུས་པར་མི་འགྱུར་བ་དེའི་ཕྱིར་ཡུལ་དེ་ན་རབ་ཏུ་གྲགས་པའི་ངེས་པའི་ཚིག་གིས་སངས་རྒྱས་ཀྱི་ཚིག ་བརྗོད་ཅིང་བསྟན་པར་འགྱུར་གྱི། སྐད་དེ་དག་ལ་ཚིག་དང་གོ་རིམ་ལ་སོགས་པ་རྣམ་པར་འགྱུར་བ་དེ་མེད་པ་ནི་དེ་དག་ལ་སངས་རྒྱས་ཀྱི་ཚིག་བསྟན་པར་མི་ནུས་པ་དེ་བས་ན་སྐད་དེ་དང་རྗེས་སུ་མཐུན་པའི་ཚིག་དང་གོ་རིམ་གྱིས་སངས་རྒྱས་ཀྱི ་ཚིག་བརྗོད་ཅིང་བསྟན་པར་འགྱུར་རོ། །བགྲོད་པར་བྱ་བ་མ་ཡིན་པར་སོང་བ་ནི་གནས་མ་ཡིན་པར་འཇུག་པ་སྟེ། གང་གི་ཕྱིར་ཁོ་བོ་ཅག་དེ་དག་གིས་ཟིལ་གྱིས་གནོན་པར་མི་འགྱུར་བའོ། །མི་དགའ་བར་བྱའོ་ཞེས་བྱ་བ་མ་ཡིན་པ་ལ ་འཇུག་པར་བྱའོ། །སྣོད་སྤྱད་མང་བ་ཞེས་བྱ་བ་ལ་སོགས་པ་ལ་གང་ལ་འཇོག་བྱེད་པ་སྤྲོག?་མ་ལ་སོགས་པ་དེ་དག་ནི་སྣོད་སྤྱད་དོ། །ཡོ་བྱད་ནི་བཞག་པར་བྱ་བའི་རྫས་སོ། །སེང་གེ་ལྟར་བརྩེ་བ་མེད་པ་ཞེས་བྱ་བ་ནི་ཇི་ལྟར་སེང་གེས་ཟོས་པའི་ལྷག ་མ་སྤངས་པར་གྱུར་ནས་འགའ་ཞིག་ཏུ་ཡང་ཟ་བར་མི་བྱེད་པ་དེ་བཞིན་དུ་དགེ་སློང་གིས་བརྩེ་བ་མེད་པར་མི་བྱ་སྟེ། འོན་ཀྱང་བཟོད་པར་འོས་པ་ཡིན་པའི་ཕྱིར་བཟོད་པར་བྱ་བ་ཡིན་ནོ། །མུན་པ་རབ་ཏུ་གནག་པ་ཞེས་བྱ་བ་ནི་མུན་པ་འཐུག ་པོ་དང་ལྡན་པར་གྱུར་པ་ན་ཞེས་བྱ་བའི་ཐ་ཚིག་གོ་།ངལ་གྱིས་ཞེས་བྱ་བ་ནི་ཤིན་ཏུ་དྲག་པོར་མི་འབབ་པའི་ཕྱིར་རོ། །ཅུང་ཟད་ཅུང་ཟད་ཅེས་བྱ་བ་ནི་དུས་ཀྱིས་ཆོད་ཅིང་འབབ་པའི་ཕྱིར་རོ། །འབབ་པར་གྱུར་པ་ན་ཞེས་བྱ་བ་ནི་བརླན་པར ་གྱུར་པ་ནའོ། །ཆོས་ཉིད་ཅེས་བྱ་བ་ནི་དེ་གནོད་མི་ཟ་བར་འགྱུར་བའོ། །དངོས་པོ་ཐམས་ཅད་ཐུགས་སུ་ཆུད་པའི་ཕྱིར་སངས་རྒྱས་ཡིན་ལ་འདོད་ཆགས་ལ་སོགས་པ་ཉོན་མོངས་པ་བཅོམ་པ་ཉིད་ཀྱི་ཕྱིར་བཅོམ་ལྡན་འདས་སོ། །ནང་དུ་ཡང་དག ་བཞག་པ་ནི་དབེན་པར་བཞུགས་པའོ། །འཇིགས་པ་ནི་སྡངས་པའོ། །འཇིགས་སུ་རུང་བ་ནི་འཇིགས་པའི་རྒྱུ་མཚན་ནོ། །སྤང་བ་ནི་སྤོབས་པ་ཉམས་པའོ། །བ་སྤུ་ལྡང་བ་ནི་འཇིགས་པའི་རྒྱུ་སྔོན་དུ་སོང་བ་ཅན་གྱི་བ་སྤུ་ལྡང་བའོ། །རྣམ་པར་དག་པའི་ཆོས ་སུ་འགྱུར་རོ། །ཞེས་བྱ་བ་ནི་ཉོན་མོངས་པའི་དྲི་མ་དང་བྲལ་བར་འགྱུར་བའོ། །གོས་སྤུ་ཅན་ནི་རས་སྤུ་ཅན་ལ་སོགས་པའོ། །ལ་བའི་མཆོག་ཅེས་བྱ་བ་ནི་ཡུལ་པར་རིག་ལས་བྱུང་བ་ཤིན་ཏུ་རིན་ཆེ་བ་དང་མཐུག་པ་འཛུབ་ཀྱི་ཚད་པས་ལྷག ་པའི་སྤུ་ཅན་ལ་ལ་བའི་མཆོག་ཅེས་ཐ་སྙད་དུ་བཏགས་པ་ཡིན་ཏེ། ཤིན་ཏུ་ཆེ་བ་ཉིད་དང། ཉུང་བ་མ་ཡིན་པ་ཉིད་ཀྱིས་གང་ཟག་ལ་བཀག་པ་མཚོན་པར་བྱ་བ་ཡིན་ཏེ། གང་གི་ཕྱིར་རུང་བ་མ་ཡིན་པ་ནི་རང་ཉིད་ལ་བཀག་པ་ཡོད་པའི་ཕྱིར་རོ ་འཛིན་པར་བྱེད་པའི་ཐབས་སུ་གྱུར་པ་དེ་ནི་སྒྲོག་གུའོ། །གང་གིས་འཛིན་པ་དེ་ནི་སྒྲོག་མདུད་དོ། །སྐ་རགས་ནི་ཤུར་བུར་རབ་ཏུ་གྲགས་པའོ། །དྲ་བའི་རྣམ་པ་ལྟ་བུ་མིག་ཕྲ་མོ་ཅན་ནི་ཤུར་བུར་ཕྲེའུའོ། །སྲད་བུ་ཟུར་བཞི་པ་ནི་ལྕག་བོད་དོ།། །། ་བམ་པོ་བཞི་པ། ཞལ་ཏ་པ་ནི་བྱ་བ་བྱེད་པ་སྟེ། གྲོང་ལ་སོགས་པའི་ལས་སེམས་པར་བྱེད་པའི་ཕྱིར་རོ། །བྲམ་ཟེའི་བུ་ཞེས་བྱ་བ་ནི་བྲམ་ཟེ་ལོ་བཞི་བཅུ་མ་ལོན་པ་ལ་འདིར་བྲམ་ཟེའི་བུའི་སྒྲས་བསྟན་པ་ཡིན་ནོ། །དཔྱ?་རྣར?་མ་ཞེས་བྱ་བ་ནི་ཡུལ་ལས ་བྱུང་བར་རབ་ཏུ་གྲགས་པའོ། །གླ་སྐྱེད་ན་ཤོ་གམ་དང་གྲུ་བཅས་ལ་སོགས་པ་ལས་བྱུང་བའོ། །ཉི་མ་ནི་ཚེས་གཅིག་ལ་སོགས་པའོ། །ཚེས་གངས་ནི་ཟླ་ལྷག་ལ་སོགས་པའོ། །མྱུར་བར་ཡོངས་སུ་གཅོད་པར་བྱེད་པ་ནི་སྒྲིན་ཞིང་མྱུར་བའོ། །སྤྱིར་བྱ་བ ་དང་བྱ་བ་མ་ཡིན་པ་ཡོངས་སུ་གཅོད་པས་ནམ་མཁས་པ་ཞེས་བྱ་བའོ། །རྩ་བ་ནི་གླ་སྒང་ལ་སོགས་པའོ། །སྡོང་བུ་ནི་སླེ་ཏྲེས་ལ་སོགས་པའོ། །ལོ་མ་ནི་བལ་བུའི་ལོ་མ་ལ་སོགས་པའོ། །མེ་ཏོག་ནི་ཀླུ་ཤིང་གི་མེ་ཏོག་ལ་སོགས་པའོ། །འབྲས་བུ་ནི་སྨན་ཨ་རུ་ར་ལ་སོགས་པའོ། །མེད ་དུ་བཏུས?་ཏེ་ཞེས་བྱ་བ་ནི་གཞོན་པའི་ཕྱིར་དང། བློ་དང་ལྡན་པས་མ་ལུས་པར་བཏུང་ནས་སོ། །དགའ་བ་ནི་ཡིད་དགའ་བའོ། །མགུ་བ་ནི་དགའ་བའི་བྱེ་བྲག་གོ་།སྐལ་ཆུང་བ་ནི་བསོད་ནམས་ཆུང་བར་གྱུར་པའོ། །ལག་པའི་མཐིལ་ཏེ་ལག་པའི་དཀྱིལ་ན་ལྕགས་ཀྱུའི་རྣམ་པ ་དང། འཁོར་ལོའི་རྣམ་པ་དང། ཕྲེང་བའི་རྣམ་པ་ལྟ་བུའི་རི་མོ་གང་ལ་ཡོད་པ་དེའི་ཕྱིར་ན་རྒྱལ་པོར་འགྱུར་ཏེ། བདག་པོ་ཉིད་དུ་འཛིན་པར་བྱེད་དོ། །ཤས་རྒྱས་པའི་བཞིན་མཚན་ཐམས་ཅད་དང་ལྡན་པ་ལ་ཞིང་དང་འདྲ་བ་ཞེས་བྱའོ། །གང་གི་རྐང་མཐིལ་ལ་གྲོང་ཁྱེར་དག ་རྩིག་པའི་རྣམ་པ་ལྟ་བུའི་རི་མོ་ཡོད་པའོ། །རྟ་བབས་ནི་རྩ་བའི་སྒོ་ལས་ཕྱི་རོལ་གྱི་རྩིག་པ་མ་གཏོགས་པར་ཤིང་གཉིས་བསྒྲེངས་པ་ལ་ཤིང་གཅིག་གིས་སྟེང་ནས་བཀབ་པ་སྒོའི་རྣམ་པ་ལྟ་བུ་ཡིན་ཏེ། འདིའི་མིང་གཞན་ནི་སྒོ་དང་པོ་ཞེས་བྱ་བ་ཡིན་ནོ། །དོགས?་པ་མེད ་པས་སོང་ཞིག་ཅེས་བྱ་བ་ནི་བྱ་བ་མེད་པར་གྱུར་པས་སོ། །རེག་བྱ་དང་ལྡན་པ་ཞེས་བྱ་བ་ནི་སྐྱེ་བོ་གཞན་དང་ཐུན་མོང་མ་ཡིན་པ་ཁྱད་པར་དུ་འཕགས་པ་ལ་འདིར་རེག་བྱར་བསམས་པའོ། །རྗེ་བོ་ནི་བདག་པོའོ། །མི་སྙན་པ་སྒྲགས་པར་འགྱུར་གྱིས་ཞེས་བྱ་བ་ནི་གྲགས ་པ་མ་ཡིན་པ་དང་ལྡན་པ་ཉིད་ཀྱིས་སོ། །གཅིག་ནས་གཅིག་ཏུ་ཐོས་ཏེ་ཞེས་བྱ་བ་ནི་མཐར་གྱིས་གཏམ་ཐོས་པར་གྱུར་ཏེའོ། །དཔུང་གི་ཚོགས་ནི་དཔུང་གི་འདུས་པའོ། །ཡན་ལག་བཞི་སྟེ། གླང་པོ་དང། རྟ་དང། ཤིང་རྟ་དང། རྐང་ཐང་གི་མིང་ཅན་གང་ལ་ཡོད་པ་དེ ་ནི་ཡན་ལག་བཞི་དང་ལྡན་པའོ། །སྐྱེ་བོ་མང་པོའི་སྒྲ་མི་བསལ་བ་ནི་ཅ་ཅོའི་སྒྲའོ། །ཁྲི་ལམ་ཞེས་བྱ་བ་ལ་སོགས་པ་ལ་ལམ་པོ་ཆེ་གང་ལ་ཤིང་རྟ་བསྐྱོད་པར་ནུས་པ་དེ་ནི་ཁྲི་ལམ་མོ། །ཤིང་རྟ་སྣུར་དུ་རུང་བའི་ལམ་པོ་ཆེ་ནི་ཚོང་དུས་ཀྱི་སྲང་ངོ། །བཞི་མདོ་ནི ་ཁྲི་ལམ་གྱི་སྣའི་ལམ་ཁ་བྲག་བཞི་པའོ། །སུམ་མདོ་ནི་ཁྲི་ལམ་གྱི་སྣའི་ལམ་ཁ་བྲག་གསུམ་པའོ། །དྲིལ?་བསྒྲགས་ཏེ་ཞེས་བྱ་བ་རྒྱལ་པོའི?་བཀས་དམ་བཅས་པ་དྲིལ་དཀྲོལ་ཞིང་བཀྲོལ་ཞིང་སྒྲོགས་པར་བྱེད་པ་གང་ཡིན་པ་དེ་ནི་དྲིལ་བསྒྲུབས་པའོ ་གྲོང་ན་གནས་པས་ན་གྲོང་མི་རྣམས་སོ། །དཔལ་ཡང་དག་པར་སྐྱེས་ནས་ཞེས་བྱ་བ་ནི་དཔལ་ཆེ་བ་ཉིད་དམ་སྔ་ན་མེད་པའི་དཔལ་བྱུང་ནས་སོ། །ཆུང་ཉིད་དུ་བྱས་ནས་བདག་ཉིད་ཀྱི་ཁྱིམ་དུ་ཕྱིན་པར་བྱེད་པ་ནི་ཁྲིད་བར་བྱེད་པའོ། །སྨད་བར་བྱ་བའི་བདག་པོ་ཡིན་པས ་ན་ཁྱིམ་ཐབ་སྟེ་བྲན་མོའི་ཁྱིམ་ཐབ་བོ། །བུ་ཟ་བར་བྱེད་པས་ན་བུ་ཟན་མོ་སྟེ་སྲིན་མོའོ། །ཁ་ཅིག་ནི་དེའི་བུ་མོ་མཁའ་འགྲོ་མ་ལ་བུ་ཟིན་མོ་ཞེས་ཟེར་རོ། །དེ་བལྟ་བར་བགྱི་ཞེས་བྱ་བ་ནི་དེ་ལྟ་བར་འདོད་པ་དང་བཅས་པའོ། །ཕན་ཚུན་མཐོང་བར་མོས་ནི་ཕྲད་པའི ་བརྩོན་བ་དང་ལྡན་པའོ། །དགའ་བ་ནི་སྲེད་པར་གྱུར་པའོ། །དུབ་པར་གྱུར་བ་ལས་ངལ་བ་གང་ཡིན་པ་དེས་བསྐྱེད་པའི་ལེ་ལོ་ནི་ཀུན་ནས་བསྐྱེད་པའི་ལེ་ལོའོ། །ཉེས་དམིགས་ཞེས་བྱ་བ་ནི་ཉེས་པར་གྱུར་པའོ། །ཁྲོ་བ་ཞེས་བྱ་བ་ནི་འཁྲུགས་པའི་ངང་ཚུལ་ཅན་ཏེ ་རྩའི་མེ་དང་འདྲ་བས་སྐད་ཅིག་གིས་འབར་བར་བྱེད་པའི་ཕྱིར་རོ། །ཁོན་དུ་འཛིན་པ་ཞེས་བྱ་བ་ནི་མདུད་པར་འཛིན་པའོ། །སྙིང་རིངས་བ་ཞེས་བྱ་བ་ནི་ཡིད་བརྟན་པ་འཇོམས་པར་བྱེད་པ་ཉིད་ཀྱི་ཕྱིར་རོ། །ཕན་བཏགས་པ་བརྗེད་པའི་ཕྱིར་བྱས་པ་མི་བཟོ་བའོ། །དུག་རྣོ ་བ་ཞེས་བྱ་བ་ནི་དུག་ཕྱིར་གསོ་བར་མི་ནུས་པ་ཉིད་ཀྱི་ཕྱིར་རོ། །བུད་མེད་ཀྱི་ཡུལ་གྱི་འདོད་ཆགས་དྲག་པ་ནི་དུག་རྣོ་བ་ཞེས་བྱའོ། །དགེ་བའི་རྩ་བ་བསགས་བ་ཞེས་བྱ་བ་ནི་ཐར་པའི་ཆ་དང་མཐུན་པ་བསྐྱེད་པའོ། །སློབ་པའི་སློབ་དཔོན་ནི་སློབ་དཔོན་དང་མཁན ་པོ་ལ་བྱ་སྟེ། དེ་གཉིས་མེད་པར་རང་གི་བློ་དང་ནུས་པས་ཞེས་བྱ་བའི་བར་དུའོ། །བྱང་ཆུབ་ཀྱི་ཕྱོགས་སུམ་ཅུ་རྩ་བདུན་ཞེས་བྱ་བ་ལ། ཟད་པ་དང་མི་སྐྱེ་བ་ཤེས་པ་ཞེས་ནི་བྱང་ཆུབ་ཡིན་ལ་དེའི་ཕྱོགས་ནི་དེ་དག་གི་ཕྱོགས་སུ་གྱུར་པས་ན་ཕྱོགས་ཏེ་ཡང ་སུམ་ཅུ་རྩ་བདུན་ནོ། །འདི་ལྟ་སྟེ་དྲན་པ་ཉེ་བར་གཞག་པ་བཞི་དང། ཡང་དག་བར་སྤོང་པ་བཞི་དང། རྫུ་འཕྲུལ་གྱི་རྐང་བ་བཞི་དང། དབང་པོ་ལྔ་དང། སྟོབས་ལྔ་དང། བྱང་ཆུབ་ཀྱི་ཡན་ལག་བདུན་དང། །འཕགས་པའི་ལམ་ཡན་ལག་བརྒྱད་པ་ཞེས་བྱའོ།། ་དེ་མངོན་དུ་བྱས་པ་ནི་བསྐྱེད་པའོ། །མངོན་སུམ་དུ་བྱས་སོ་ཞེས་བྱ་བ་ནི་ཡེ་ཤེས་དང་ཐོབ་བ་མངོན་སུམ་དུ་བྱས་པའོ། །འབར་བ་ནི་ལུས་ལས་མི་སྦྱར?་བའོ། །གསལ་བ་ནི་འོད?་འགྲོ་བའོ། །ཆར་འབབ་པ་ནི་ཆུ་འབབ་པའོ། །གློག་འགྱུར་བ་ནི་གློག་འཕྲོ་བ ་སྟེ། རེ་རེས་ཀྱང་སོ་སོའི་སྐྱེ་བོའི་སེམས་འཕྲོག་པར་བྱེད་ཅིང་འདྲེན་པར་བྱེད་པའི་ཕྱིར་ཆོ་འཕྲུལ་ལོ། །ཉོན་མོངས་པའི་འཆིད?་བས་བཅིངས་པ་དག་ནི་འཕགས་པ་དག་ལས་ཐ་དད་པར་གྱུར་པའི་ཕྱིར་སོ་སོ་སྐྱེ་བོ་དག་གོ་།བསོད་སྙོམས་ནི་ལུས་གནས་བ ་བསྒྲུབ་པར་བྱེད་པའོ། །རྗེའི་སྲས་ཞེས་བྱ་བ་ལ། ཁྱིམ་བདག་གི་ཕལ་འདིར་རྗེ་པོ་ཡིན་པར་རིག་པར་བྱ་བ་ཡིན་ལ་དེའི་བུ་ནི་རྗེའི་སྲས་སོ། །ཡེ་ཤེས་དང་སྤངས་པ་ཕུན་སུམ་ཚོགས་པ་ནི་བདག་ཉིད་ཆེན་པོའོ། །བརྟུལ་ཞུགས་ཀྱི་འབྲས་བུ་ཐོབ་པའི་ཕྱིར ་བརྟུལ་ཞུགས་གྲུབ་པའོ། །གསོ་བ་ནི་བསྐྱེད་པའོ། །གཟུགས་བཟང་བ་ནི་ཁ་དོག་གི་སྒོ་ནས་སོ། །བལྟ་ན་སྡུག་པ་ནི་དབྱིབས་ཀྱི་སྒོ་ནས་སོ། །མཛེས་པ་ནི་སེམས་དེད?་བ་བསྐྱེད་པའོ། །གཞི་བརྟག་བ་ནི་ཞིང་དང་ཁྱིམ་དང་ས་གཞི་བརྟག་པ་དག?་ཡིན་ཏེ། ས་གཞི་བཀྲ ་ཤེས་པར་སྤྲོ་བར་བྱ་བ་དང། བཀྲ་ཤིས་པ་མ་ཡིན་པར་སྤྲོ་བར་བྱ་བ་དེ་བས་ན་བརྟགས་པར་བྱ་བ་ཡིན་ནོ། །གོས་དག་ཡོན་ཏན་དང་ལྡན་པ་དང། ཡོན་ཏན་མེད་པར་འགྱུར་བ་དེའི་ཕྱིར་བརྟག་པར་བྱ་བ་ཡིན་ནོ། །ཤིང་ཡང་བྱ་བ་དུ་མ་ལ་མཁོ་བའི་ཕྱིར། ་ནང་དུ་མ་ཞི་བར་བྱེད་པ་དང། གསེར་ལ་སོགས་པའི་རིགས་ལས་ཡོད་བས་ན་བརྟག་པར་བྱ་བ་ཡིན་ནོ། །གླང་པོ་དང། རྟ་དང། རིན་པོ་ཆེ་དང། སྐྱེས་པ་དང། བུད་མེད་བརྟག་པར་བྱ་བ་ཡིན?་ཏེ། དགོས་པ་ནི་རབ་ཏུ་གྲགས་པ་ཡིན་ནོ། །འབྱེད་པ་ཞེས ་བྱ་བ་ནི་མཚན་ཉིད་མཐོང་ནས་བསྟན་བཅོས་ཀྱི་སྒོར་སྦྱོར་བ་ཉིད་དུ་ནུས་པའི་ཕྱིར་འབྱེད་པའོ། །གཞན་དག་ཀྱང་མ་ལུས་པ་ཁོ་འདུ་ཆུད་བས་ན་ཀློག་པའོ། །བརྟག་པ་དེ་དག་ཉིད་མངོན་པར་ཤེས་པས་ན་མཁས་པའོ། །ལས་སུ་བྱ་བ་ཐམས ་ཅད་ལ་སྒྲིན་བས་ན་སྤྱོད་པ་གསལ་བའོ། །རྒྱུད་ཐམས་ཅད་ཀྱི་རྒྱུད་ལ་མཁས་པ་ཞེས་བྱ་བ་ནི་བཟོ་ལ་སོགས་པ་ཤེས་པའི་ཡུལ་ཐམས་ཅད་ལ་མཁས་པའོ། །རྒྱལ་པོ་ཞེས་བྱ་བ་ནི་རྒྱལ་རིགས་སྤྱི་བོར་དབང་བསྐུར་ཞིང་རྒྱལ་ཕྲན?་རྣམས་ཀྱི་སྤྱི་བོས་ཕྱག ་བྱས་པར་གྱུར་པ་སྟེ། དིས་ནི་གོ་རིམ་བཞིན་དུ་ཐོབ་པ་ཉིད་བསྟན་པ་ཡིན་ནོ། །ལྗོངས་ཀྱི་དབང་ཕྱུག་ནི་གཙོ་བོ་ཉིད་ཡིན་ལ་དེའི་མཐུན་ནི་ནུས་པའོ། །བརྩོན་འགྲུས་ནི་སྤྲོ་བ་ཕུན་སུམ་ཚོགས་པའོ། །ཡན་ལག་ཐམས་ཅད་ལས་ཀྱང་ལྗོངས་ཀྱི་ཡན་ལག ་ཤེས་རབ་ཀྱི་ནུས་པ་དང། སྤྲོ་བས་བསྲུ་བ་དང། སྤེལ་བ་དང། བསྐྱང་བ་ནི་གཙོ་བོའི་ནུས་པ་ཡིན་ཏེ། གང་གི་ཕྱིར་ལྗོངས་ཀྱི་རང་བཞིན་ཡང་དག་པར་བསྐྱངས་པར་གྱུར་པ་ན། བདག་པོ་བློན་པོ་དང། ཆད་པ་དང། བང་མཛོད་དང། མཁར་དང། ་གྲོགས་ཤེས་ཀྱི་རང་བཞིན་དུ་འགྱུར་བ་དེའི་ཕྱིར་ལྗོངས་ཀྱི་རང་བཞིན་གྱི་དབང་ཕྱུག་ཁོ་ན་ཤེས་རབ་ཀྱི་བདག་ཉིད་དང་ནུས་པ་དང། བརྩོན་པས་ལྷག་པར་སྤྱོད་པར་བྱའོ། །ས་ཆེན་པོའི་དཀྱིལ་འཁོར་ཞེས་བྱ་བ་ནི་ཀློག་པ་དང། ལྗོངས་གྱི་དབང ་ཕྱུག་ལ་གནས་པའི་གཙོ་བོ་ཉིད་དང་མཁས་པ་ཉིད་དུ་བསྟན་པ་ཡིན་ཏེ། དོན་དེ་ཉིད་འདིར་ཡང་ཤེས་པར་བྱ་སྟེ། དེ་ནི་འདི་སྐད་དུ་ལྗོངས་ཀྱི་དབང་ཕྱུག་མིའི་བདག་པོ་དང། རྒྱལ་ཕྲན་ལ་སོགས་པ་གང་ཡིན་པ་དེ་དག་གི་ས་ཆེན་པོའི་དཀྱིལ ་འཁོར་ཉིད་གཙོ་བོ་ཁོ་ན་ཡིན་ཏེ། རྒྱལ་པོའི་རྒྱལ་པོ་ཞེས་བྱ་བའི་ཐ་ཚིག་གོ་།མངོན་པར་རྒྱལ་པར་བྱས་པ་ནི་རྒྱལ་བར་གྱུར་བའོ། །གནས་བ་རྣམས་ཀྱི་ཞེས་བྱ་བ་ནི་དབང་བྱེད་པ་དང། སྲུང་བར་བྱེད་པ་དག་གི་ཞེས་བྱ་བར་དགོངས་སོ། །གཟོའི ་གནས་ཞེས་བྱ་བ་ནི་སློབ་པ་པོ་ཁོང་དུ་ཆུད་པའི་གཞི་ནི་གཟོའི་གནས་སོ། །ལས་ཀྱི་གནས་ནི་སློབ་པ་དང་རྩོམ་པ་སྒྲུབ་པ་དག་ཡིན་ཏེ། གནད་ལ་སོགས་པ་ལྟ?་ཕོག་པ་ནི་བསླབ་པའི་སྒོ་ནས་བསྒྲུབ་པར་བྱ་བ་ཡིན་ལ། གླང་པོ་ཆེ་ལ་སོགས་པ་ལ་ཞོན་པའི ་བསླབ་པ་དང། བརྩལ་བའི་སྒོ་ནས་བསྒྲུབ་པར་བྱ་བ་ཡིན་ནོ། །ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པའི་ཐ་དད་པ་ཞེས་བྱ་བ་ནི་ཚུལ་སྣ་ཚོགས་པའོ། །གླང་པོ་ཆེ་དང། རྟ་དང། ཤིང་རྟ་ལ་ཞོན་པ་ཞེས་བྱ་བ་ནི་གནས་གཅིག་ཡིན་ནོ། །རལ་གྲིའི་ཐབས་ནི་རལ་གྲི ་ལ་སོགས་པའི་འཛིན་སྟངས་ཏེ། དེ་ལ་མཁས་པ་ཉིད་ནི་འཛིན་སྟངས་ཤེས་པའོ། །གཞུ་ལ་མཁས་པ་ཉིད་ནི་རིག་པ་ཤེས་པ་སྟེ། འདིས་ནི་མདའ?་དང་གཞུ་མཚོན་ཆ་ཤེས་པ་སྟེ། གནས་གཉིས་པ་བསྟན་པ་ཡིན་ནོ། །ཕྱིར་བསྣུར་བ་ནི ་གཡུལ་ལས་ཕྱིར་ལོག་པའོ། །མདུན་དུ་བསྣུར་བ་ནི་རབ་ཏུ་འཇུག་པ་སྟེ། འདི་ལ་མཁས་པ་ཉིད་ནི་གནས་གསུམ་ཡིན་ནོ། །ལྕགས་ཀྱུ་དང་ཞགས་པ་དང། མདའ་བོ་ཆེ་འཛིན་པ་ལ་མཁས་པ་ཉིད་ནི། མདའ་དང་མཚོན་ཆ་ཤེས་པ་ཁོ་ནའི་ནང ་དུ་འདུལ?། །བཅད་པ་ནི་གོ་ཆའི་མདུད་པ་ལ་སོགས་པའོ། །དྲལ་བ་ནི་ཡ་ལང་ལ་སོགས་པའོ། །དབུག་པ་ནི་གནད་ལ་སོགས་པ་སྟེ། དེ་དག་ལ་མཁས་པ་ཡང་མདའ?་དང་མཚོན་ཆ་ཤེས་པའི་ནང་དུ་འདུའོ། །གོམ་སྟབས་ཀྱིས་གཡུལ་ཤེས ་པ་ནི་བཞི་པའོ། །དེ་ཉིད་ཀྱང་འཛིན་སྟེངས་དང། གོམ་སྟངས་དང། ཐོར་ཚུགས་ཀྱི་འཛིན་སྟངས་ལ་མཁས་པ་ཡིན་ཏོ། ཕ་རོལ་པོའི་རལ་གྲི་འམ་ཤང་ལང་གིས་རབ་ཏུ་བསྣུན་པར་འདོད་པའི་ཁུ་ཚུར་ཇི་ལྟར་གཞན་གྱིས་བརྡེག་སྤྱད་པར་འགྱུར་བ ་དེ་ལྟར་འཛིན་པ་ཡིན་ལ་དཔུང་པའི་གཡུལ་ལ་གོམ་སྟངས་ཉེ་བར་མཁོ་བ་ཡིན་ནོ། །ཐོར་ཚུགས་ཀྱི་འཛིན་སྟངས་ནི་སྐུའི་འཛིན་ཐབས་ཡིན་ཏེ་གཡུལ་མང་པོ་ཁོ་ན་ཡོད་དོ། །སྒྲའི་རྗེས་སུ་འབྲངས?་ནས་དག?་པར་བྱེད་པ་ནི་སྒྲ་གྲག་པར་ཕོག ་པའོ། གནད་ལ་རྡེག་པར་བྱེད་པ་ནི་གནད་དུ་ཕོག་པའོ། །འཁྲུལ་པ་མེད་པར་བསྣུན་པ་ནི་མི་འཚོར?་བར་ཕོག་པའོ། །གཏིང་དུ་བསྣུན་པ་ནི་ཚབས་ཆེ་བའོ། །བཅང་པ་ལ་སོགས་པས་མཚོན་ཆ་ལྟུང་བར་བྱེད་པ་ཤེས་པ་ནི་གནས་ལྔ་ཡིན་ནོ ་གཞན་དག་ནི་བཅད་པ་ལ་སོགས་པ་གནས་གསུམ་དག་ཡིན་ལ། འཛིན་སྟངས་ལ་སོགས་པ་གནས་བཞི་པ་ཡིན་ཞིང། །དགྲ་ལ་ཕོག་པ་ལ་སོགས་པ་གནས་ལྔ་པ་ཡིན་པར་བརྗོད་དོ། །བྲམ་ཟེའི་སྤྱོད་པ་ཞེས་བྱ་བ་ནི་བྲམ་ཟེ་ལ་རིགས་པའི་སྤྱོད་ལམ་དང ་ཆ་ལུགས་ལ་བྱའོ། །ཆོ་ག་ཞེས་བྱ་བ་ནི་བྲམ་ཟེ་ལ་རིགས་པའི་སྤྱོད་པ་དང་ཚུལ་སྤྱོད་ཉིད་ཡིན་ཏེ། རྟག་པ་དང། འདོད་པ་པ་ཉིད་དང། རྒྱུ་མཚན་གྱི་ལས་དག་ལ་ནན་ཏན་དུ་བྱེད་པ་ལ་བྱ་བར་མན་དག་བརྒྱུད་པ་ལས་བྱུང་བ་ཡིན་ནོ། །གཙང་སྒྲ་ཞེས ་བྱ་བ་ནི་གནས་སྐབས་དང་ཚུལ་མཐུན་པའི་ཡན་ལག་གི་གཙང་སྒྲ?་ལ་བྱའོ། །མཚུངས་པར་སྤྱོད་པ་ཞེས་བྱ་བ་ནི་བྲམ་ཟེ་ལ་རིགས་པ་སྔོན་དུ་ལྡང་བ་དང། གསོང་པོར་སྨྲ་བ་ལ་སོགས་པ་ཕན་ཚུན་ཀུན་ཏུ་ཐ་སྙད་དུ་བྱེད་པ་ཁོ་ན་ལ་བྱའོ།། ་རིལ་བའི་སྒྲས་ནི་བྲམ་ཟེ་དག་གིས་གཙང་སྒྲ་བྱེད་པའི་སྣོད་ཡིན་ཏེ། སྤྱི་བླུགས་ཞེས་ཀྱང་བརྗོད་པ་གང་ཡིན་པ་དེ་གནས་སྐབས་དང་རྗེས་སུ་མཐུན་པར་འཛིན་པ་བསླབ་པར་བྱ་བ་ཡིན་ནོ། །ཐལ་བ་ལེན་ཞེས་བྱ་བ་ནི་ཐལ་བའི་བྱ་བ་གང་ཡིན་པ་དེའི ་དོན་དུ་ལེན་བར་བྱང་པ་ནི་བྲམ་ཟེ་ལ་རིགས་པ་ཉིད་ཡིན་ནོ། །སྲས?་ཀྱང་གང་གི་ཕྱིར་ཇི་སྲིད་དུ་ཇི་ལྟར་གཙང་སྒྲའི་དོན་དུ་ལན་པར་བྱེད་པ་ཡིན་པ་དེ་བས་ན་བསྟན་པ་ཡིན་ནོ། །ཡི་གེ་ཨོཾ་དེ་ནི་བྲམ་ཟེས་བསྒོམ་པར་བྱ་བ་ཡིན་པ་དེ་བས་ན་དེ ་བསྒོམ་པ་དང། རྗེས་སུ་མཐུན་བས་ན་ཚིག་བཟུང་བར་བྱ་བ་དང། ཡི་གེ་བྷོ་ཞེས་བྱ་བ་ནི་རྣལ་འབྱོར་གྱི་དུས་སུ་ལེགས་པར་སྦྱར་བས་འབོད་པ་ཡིན་པས་ན་བྲམ་ཟེ་ཇི་ལྟ་བ་བཞིན་དུ་རབ་ཏུ་སྦྱར་བར་བྱ་བ་ཡིན་ནོ། །དེས་བརྗོད་ཀྱི་རིག་བྱེད ་ནི་ངེས?་བརྗོད་ཤེས་པའི་དག་གི་ཚིག་ཚད་ངེས་པ་དག་གོ་།མཆོད་སྦྱིན་གྱི་རིག་བྱེད་ནི་ཚད་མ་ངེས་པའོ། །སྙན་ཚིག་གི་རིག་བྱེད་ནི་བརྒྱ་བྱིན་དང་ཚངས་པ་ལ་སོགས་པའི་བསྟོང་པའི་དག་གོ་།སྲིད་སྲུང་གི་རིག་བྱེད་ན་སྐྱེ་དགུ་བསྲུང་བའི་ཐབས་སུ་གྱུར ་པའི་ཆོད་དུ་བསྟན་པ་སྟེ། བྲམ་ཟེས་རིག་བྱེད་བཞིའི་སྒྲའི་དོན་ཡོངས་སུ་ཤེས་བར་བྱེད་པ་ཡིན་པ་དང། ལས་དང་ཤེས་པ་ལ་ངེས་པར་སྦྱར་བར་བྱ་བ་ཡིན་པར་ཤེས་པར་བྱའོ་ཞེས་བསྟན་པ་ཡིན་ནོ། །དྲང་སྲོང་གརྒ?་དང། མཐ?་རའི?་གཞུང་ཞེས་བྱ་བ་ནི་སྐར? ་པའི་བསྟན་བཅོས་ཡིན་ལ། ས་གཡོ་བ་དང་འབྲས་བུའི་རྣམ་པར་བཤད་པ་ནི་སྐར་མའི་གཞུང་ཉིད་ཡིན་ཏེ། དེ་དག་ལ་མཁས་པའོ། །ནང་ཞེས་བྱ་བ་ནི་བྲམ་ཟེ་དག་གིས་བསྒྲག་པར་བྱ་བ་མ་ཡིན་པའི་གཞུང་ཡིན། དེས་བརྗོད་ཀྱང་གཞུང་དེ་དག་ཉིད་ཀྱི ་བྱེ་བྲག་ཡིན་ཏེ། དེ་ལ་ཡང་མཁས་པའོ། །མཆོད་སྦྱིན་བྱེད་པ་ནི་བདག་ཉིད་མཆོད་སྦྱིན་བྱེད་པའོ། །མཆོད་སྦྱིན་བྱེད་དུ་འཇུག་པ་ནི་ངེས་བརྗོད་མཁན་དུ་གྱུར་པའི་སྒོ་ནས་གཞན་བྱེད་དུ་འཇུག་པའོ། །འདོན་པ་ནི་བདག་ཉིད་ཀློག་པའོ། །འདོན་དུ་བཅུག་པ་ནི ་གཞན་འདོན་དུ་བཅུག་པའོ། །སྦྱིན་པ་ནི་བྲམ་ཟེས་བྲམ་ཟེ་རྣམས་ལའོ། །ལེན་པ་ནི་བྲམ་ཟེས་རིགས་གསུམ་པོ་དག་ལ་ཏེ། དྲུག་པོ་དེ་དག་ནི་བྲམ་ཟེའི་ལས་ཡིན་ནོ། །བརྩོན་པ་ནི་མངོན་པར་སྦྱོར་བའོ། །ཁྲོ་བ་ཆེར་སྐྱེས་ནས་ཞེས་བྱ་བ་ལ་བརྣག་མི་བཟོད ་པའི་རང་བཞིན་ནི་འདིར་ཁྲོ་བ་ཡིན་པར་རིག་པར་བྱའོ། །སྐྱེས་བུ་གླ་བ་ཞེས་བྱ་བ་ལ་གླས་པས་བྱེད་པ་གང་ཡིན་པ་དེ་ནི་གླ་བའོ། །ནམ་ངའི་ཡབ་ལྷ་ཉིད་དུ་བཞུད་པར་གྱུར་པ་ན་ཞེས་བྱ་བ་ནི་རིས་མཐུན་པ་སྤངས་ནས་མཐོ་རིས་ཐོབ་པར་གྱུར་ནའོ། །ཕ་རོལ་གནོད ་པའི་སྦྱོར་བས་ཞེས་བྱ་བ་ནི་གསོད་པར་བྱེད་པའི་སྦྱོར་བས་སོ། །དགོན་པའི་ནགས་ཀྱི་གནས་ཞེས་བྱ་བ་ལ་སོགས་པ་ལ། གྲོང་ལས་རྒྱང་གྲགས་ཀྱི་མཛའ་ཕན་ཆད་ནི་བཤོན?་པ་ཡིན་ལ། ནགས་ཀྱི་གནས་ནི་ནགས་ཀྱི་ཕྱོགས་གཅིག་ཡིན་ནོ། །ཁྱད་པར ་དུ་མཐར་གྱུར་བ་ནི་བས་མཛའ་ཨོ། །རྣལ་འབྱོར་པ་འདི་ལ་ཉལ་བའི་ཕྱིར་མལ་ཡིན་ལ། འདི་ལ་འདུག་པའི་ཕྱིར་སྟན?་ཡིན་ནོ། །གཙང་བ་ཞེས་བྱ་བ་ནི་རྣམ་པར་དབེན་པའམ། དག་པར་དམ་དགའ་བར་བྱེད་པའོ། །སྡིག་པའི་སྐྱེ་བོ་སྟེ་བརྒལ་དཀའ་ ་བ་འམ། སྨད་པའི་ལས་ནི་སྡིག་པའི་སྐྱེ་བོ་ཡིན་ལ། བྲལ་བ་ནི་མེད?་པར་གྱུར་པ་སྟེ། སྡིག་པའི་སྐྱེ་བོ་གང་ལ་ཡོད་པ་མ་ཡིན་པ་དེ་ནི་སྡིག་པའི་སྐྱེ་བོ་དང་བྲལ་བའོ། །སེམས་ཅན་རྒྱུ་བ་མེད་པ་ནི་དབེན་པ་ཡིན་ལ། མི་རྣམས་ཀྱིས་དབེན་པ་ནི་མིས་དབེན་པར་གྱུར་པ ་སྟེ། དེའི་ཕྱིར་བསྟེན་པར་བྱ་བ་འམ། ངེས་པར་སྦྱར་བར་བྱ་བ་འམ། གནས་པར་བྱ་བའོ། །ནང་དུ་ཡང་དག་འཇོག་ནི་རྣམ་པར་དབེན་པའི་ས་ཕྱོགས་སུ་གནས་པའི་སེམས་རྩེ་གཅིག་པ་ཉིད་དོ། །ནང་དུ་ཡང་དག་འཇོག་དང་རྗེས་སུ་མཐུན་པ་ནི་ནང་དུ་ཡང་དག་འཇོག ་དང་ཚུལ་མཐུན་པ་ཅན་ནོ། །གནས་མལ་ཞེས་བྱ་བ་ནི་ཐམས་ཅད་དུ་སྦྱར་བར་བྱ་བ་ཡིན་ནོ། །གུས་པ་སྔོན་དུ་སོང་བ་ཅན་གྱི་ལུས་དང་དག་གི་འཇུག་པ་ནི་བསྙེན་བཀུར་རོ། །ཅོད་པན་ནི་རྒྱལ་པོའི་རྟགས་ཡིན་ལ་གཙུག་ཏོར་ནི་སྐྲ་བཅིངས་པ་སྟེ། སྤྱི་བོའི་སྟེང ་དུ་བཙུག་ཏོར་གྱི་རྣམ་པ་ལྟ་བུར་བྱས་པའི་ཅོད་པན་ནམ། གཙུག་ཏོར་དེ་བླ་མ་ལ་ཉེ་བར་གཞོལ་བའི་དུས་སུ་འགྲོལ་བར་བྱ་བ་ཉིད་དོ། །གདུགས་ནི་རྒྱལ་བ་ལ་འོས་པའོ། །རིན་པོ་ཆེས་སྤྲས་པ་གཡག་རྔ་ལས་བྱས་པའི་རྔ་ཡབ་ནི་ནོར་བུའི་རྔ་ཡབ་བོ། །ལྷམ ་རི་མོ་ཅན་ཞེས་བྱ་བ་ནི་རིན་པོ་ཆེས་སྤྲས་པ་ཉིད་ཀྱིས་རི་མོ་ཅན་ཡིན་གྱི་ཚོན་གྱིས་ནི་མ་ཡིན་ནོ། །གདོང་རྒྱབ་ཕྱོགས་སུ་བལྟས་པ་ནི་གཅིག་པུས་འཇུག་པར་འདོད་པ་སྟོན་པའོ། །གསང་བའི་ལས་ནི་གཅིག་པུས་བསྒྲུབ་པར་བྱའོ། །སྒོ་དོག་པ་ནི་སྒོའུ་ཆུང? ་ངལ་གྱིས་ཞེས་བྱ་བ་ནི་ཤིན་ཏུ་དྲག་པར་མ་ཡིན་པའོ། །ཅུང་ཟད་ཅུང་ཟད་ཅེས་བྱ་བ་ནི་ཡང་དང་ཡང་དུ་མ་ཡིན་པའོ། །བཅོམ་ལྡན་འདས་ནི་བདག་གིས་ཡུན་རིང་པོ་ཞིག་ནས་མཐོང་ངོ། །བདེ་བར་གཤེགས་པ་ནི་བདག་གིས་ཡུན་རིང་པོ་ཞིག་ནས་མཐོང ་ངོ་ཞེས་བྱ་བ་ནི་གུས་པའི་ཕྱིར་ལན་གཉིས་བརྗོད་པ་ཡིན་ནོ། །རྒྱགས་པ་དང་ང་རྒྱལ་ཤིན་ཏུ་བཅོམ་པ་ནི་འདིར་དམན་པ་ཡིན་པར་རིག་པར་བྱའོ། །ཆོས་ཀྱི་རྗེས་སུ་འགྲོ་བ་ཅན་ནི་ཆོས་ཀྱི་རྒྱུ་ཅན་ནོ། །དེ་བཞིན་གཤེགས་པ་ཞེས་བྱ་བ་ནི་དེ?་བ་ན་བཞིན་མ་ཡིན་པ་མི་གསུང་བ་སྟེ། དངོས ་པོ་ཇི་ལྟ་བ་དེ་བཞིན་དུ་གསུང་བ་ཉིད་ཀྱི་ཕྱིར་དང། ཐུགས་སུ་ཆུད་པ་ཉིད་ཀྱི་ཕྱིར་རོ། །ལྷ་དང་བཅས་པའི་འཇིག་རྟེན་གྱི་མཆོད་བར་འོས་པ་དང། ཉོན་མོངས་པ་སྤངས་པ་ཉིད་ཀྱི་ཕྱིར་དགྲ་བཅོམ་པའོ། །ཡང་དག་པར་འགྲོ་བ་མ་ལུས་མ་ཐུགས་སུ་ཆུད་པའི་ཕྱིར ་ཡང་དག་པར་རྫོགས་པའི་སངས་རྒྱས་སོ། །ཁྱོད་ཀྱི་ཆོས་འདུལ་བ་ལེགས་པར་གསུངས་པ་ཞེས་བྱ་བ་ནི་འབྲས་བུ་དང་བཅས་པ་སྟོན་པའི་ཆོས་ནི་འདིར་ཆོས་འདུལ་བ་ཡིན་པར་འདོད་ལ། དེ་ཁྱོད་ཀྱིས་ལེགས་པར་གསུངས་པ་ནི་ཇི་ལྟ་བ་བཞིན་དུ་ཕྱིན་ཅི་མ ་ལོག་པ་བསྟན་པ་སྟེ། གང་ཡང་བཅོམ་ལྡན་འདས་ཀྱི་རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་སོགས་པ་བསྒྲུབ་པའི་ཕྱིར་བྱ་བར་གསུངས་པའི་བྱ་བ་དེ་ཇི་ལྟ་བ་བཞིན་དུ་ཁོང་དུ་ཆུད་པར་གྱུར་པ་ན་འབྲས་བུའི་དེས་པ་ལ་འཁྲུལ་པ་མེད་པའི་ཕྱིར་ལེགས་པར་གསུངས ་པའི་ཆོས་ཞེས་བྱ་བ་འམ། ཡང་ན་ཆོས་ནི་ལམ་ཡན་ལག་ལྔ་པ་དག་སྟེ། ཡང་དག་པའི་ལྟ་བ་དང། ཡང་དག་པའི་རྟོག་པ་དང། ཡང་དག་པའི་རྩོལ་བ་དང། ཡང་དག་པའི་དྲན་པ་དང། ཡང་དག་པའི་ཏིང་ངེ་འཛིན་ཞེས་བྱ་བའོ། །འདུལ་བ་ནི་ལ?་ཡན་ལག་གསུམ་སྟེ་ཡང་དག ་པའི་ངག་དང། །ཡང་དག་པའི་ལས་ཀྱི་མཛའ་དང། ཡང་དག་པའི་འཚོ་བ་ཞེས་བྱ་བའོ། །བཅོམ་ལྡན་འདས་ཀྱིས་ཉན་ཐོས་ཀྱི་དགེ་འདུན་དག་ནི་ལེགས་པར་ཞུགས་པ་ཞེས་བྱ་བ་ལ་སྡུག་བསྔལ་ལ་ཆོས་ཤེས་པ་དང། སྡུག་བསྔལ་མྱུར་དུ་ཤེས་པ་དང། བདེ ་བ་ལ་ཆོས་ཤེས་པ་དང། བདེ་བ་མྱུར་དུ་ཤེས་པའོ། །ཞུགས་པ་ནི་ལམ་ཡིན་ཏེ། བཅོམ་ལྡན་འདས་ཀྱིས་རབ་ཏུ་ཕྱུང་བའི་སླབ་མ་དགེ་འདུན་དག་ནི་ལམ་ལ་ཡང་དག་པར་བརྟེན་པར་བྱེད་པ་ཞེས་བྱ་བའི་དོན་དོ། །ཁ་ཅིག་ཅེས་བྱ་བ་ནི་འབའ་ཞིག་གོ་།དཀའ་ཐུབ་པའི ་མཁས་པ་ནི་དགེ་སྐྱེད་དོ། ཁྱིམ་ན་གནས་པའི་མཁས་པ་ནི་བྲམ་ཟེའོ། །མཁས་པ་ཞེས་བྱ་བ་ནི་བྱ་བའི་ཕྱིར་མཁས་པའོ། །ཅི་དེ་ཡང་དག་པར་གྱུར་པའི་མཁས་པ་ཡིན་ནམ་ཞེས་ན། སྨྲས་པ། མཁས་པར་སྙེམས་པ་ནི་བདག་ཉིད་མཁས་པས ་སེམས་ཤིང་ཤེས་པའི་ཕྱིར་མཁས་པར་སྙེམས་པ་ཡིན་གྱི་དོན་དམ་པར་ནི་མཁས་པ་མ་ཡིན་ནོ། །རབ་ཏུ་བྱ་བ་བྱས་པས་ཞེས་བྱ་བ་ནི་ཁྱད་པར་དུ་བྱས་པ་ནི་རབ་ཏུ་བྱ་བ་སྟེ། བྱ་བ་ཡང་བསྟན་བཅོས་ཉན་པ་དང། སེམས་དང། གོམས?་པར་བྱེད་པའོ། །རབ?་ཏུ་བྱ ་བ་གང་གིས་གོམས་པར་བྱས་པ་དེ་ནི་རབ་ཏུ་བྱ་བ་བྱས་པའོ། །གང་དུ་ཞེ་ནི། སྨྲས་པ། བཤད་པ་དང་གཞན་རབ་ཏུ་སྨྲ་བ་དག་ཏུ་སྟེ། རང་གི་གྲུབ་པའི་མཛའ་རྣམ་པར་འཆད་པར་བྱེད་པ་ནི་བཤད་པ་ཡིན་ལ། གཞན་རབ་ཏུ་སྨྲ་བ་ནི་གཞན་གྱི་གྲུབ་པའི་མཛའ་སྨྲ ་བའི་བསྟན་བཅོས་ཏེ། བཤད་པ་དང་གཞན་རབ་ཏུ་སྨྲ་བ་ནི་བཤད་པ་དང་གཞན་རབ་ཏུ་སྨྲ་བ་སྟེ། དེ་དག་ལ་མཁས་པར་གྱུར་ཅེས་བྱ་བའི་བར་དུའོ། །བྱིས་པས་གསལ་བར་ཕོག?་པའི་ཚུལ?་དུ་སྐྱེ་བོ་མང་པོས་བཀུར་བ་ཅན་ཞེས་བྱ་བ་ལ། ཕོག་པ་ནི་བཅང ་བའོ། གསལ་བོ་རྣམ་པར་གསལ་བར་ཕོག?་བ་སྟེ་གསལ་པོར་ཕོག་པའོ། །བྱིས་པའི་གསལ་བར་ཕོག་པ་ནི་བྱིས་པས་གསལ་བར་ཕོག་པ་སྟེ། བྱིས་པས་གསལ་བར་ཕོག་པའི་ཚུལ་དུ་ཁྲོས་དོན་ཕྲ་བར་ཡོངས་སུ་གཅོད་པར་བྱེད་པ་སྐྱེ་བོ་མང་པོས་བཀུར་བ་སྟེ། འདོད་ཅིང་མངོན་པར་འདོད ་པར་བྱ་བ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །ཡང་ན་བྱིས་པ་ཞེས་བྱ་བ་ནི་སྤུའི་མིང་གི་བྱེ་བྲག་ཡིན་ལ། དེ་གསལ་བ་ནི་སྒྲངས?་པ་ཡིན་ཏེ། དེ་ལ་ཕོག་པ་ནི་རིང་པོར་བཀས་པ་ཡིན་ནོ། །དེ་ཉིད་ཚུལ?་དེ་དཔེར་བྱེད་པ་ཡིན་པ་དེའི་ཕྱིར་སྐྱེ་བོ་མང་པོས་བཀུར་བ་ཏེ་བསྔགས ་པའོ། །བདག་ཉིད་ཀྱི་ཤེས་རབ་ཀྱི་སྤོབས་པས་ཞེས་བྱ་བ་ལ། ཤེས་རབ་ནི་ཆོས་རབ་ཏུ་དཔྱོད་པ་ཡིན་ཏེ། དངོས་པོའི་དེ་ཁོ་ན་ཉིད་རྣམ་པར་འབྱེད་པ་ཞེས་བྱ་བའི་བར་དུའོ། །གཞན་གྱིས་ལྟ་བར་གྱུར་པ་ཞེས་བྱ་བ་ནི་ལྟ་བའི་རྣམ་པའོ། །རྣམ་པར་བཅོས?་པ ་པ་ནི་རྣམ་པར་བཤིག་པར་གྱུར་པའོ། །སྤྱོད་པ་ཞེས་བྱ་བ་ནི་གནས་པར་གྱུར་པའོ། །འདྲི་བ་མངོན་དུ་བྱེད་པ་ཞེས་བྱ་བ་ནི་ཡང་དག་པར་སྦྱོར་བར་བྱེད་པའོ། །རྩོད་པའི་གཞུང་གཟུགས་པར་བྱའོ་ཞེས་བྱ་བ་ནི་རྩོད་པའི་སྒོ་ནས་འབོད་པའོ། །མི་རིགས་པ་ནི་རྗེས་སུ་པག?་པ ་དང་འགལ་པའོ། །མི་འདྲ་བ་ནི་སྔ་ཕྱི་འགལ་པའོ། །མི་འཐད་པ་ཞེས་བྱ་བ་ནི་མངོན་སུམ་དང། རང་གི་ཚིག་དང། གྲགས་པ་དང་འགལ་བའོ། །ཐོག་མར་མངོན་དུ་གྱུར་པ་ནི་གཟིགས་པའོ། །རྒྱུན་གྱི་རྟོག་པ་ནི་རྣམ་པར་གཟིགས་པའོ། །ཡིད་དགའ་བ་ནི་སེམས ་ཡོངས་སུ་ཚིམ་པའོ། །མངོན་པར་རངས་པ་ནི་མགུ་བར་གྱུར་པའོ། །སྐྱབས་སུ་སོང་བ་ནི་སངས་རྒྱས་བཅོམ་ལྡན་འདས་ལ་སྐྱོབ་པ་ཉིད་དུ་འཛིན་པ་སྟེ། དེ་བཞིན་དུ་ཆོས་དང་དགེ་འདུན་ལའོ། །བསླབ་པའི་གཞི་ནི་སྲོག་གཅོད་པ་ལ་སོགས་པ་ལས་ལྡོག ་པའོ། ཟད་པ་དང་མི་སྐྱེ་བ་ཤེས་པ་ནི་དགྲ་བཅོམ་པའོ། །ཉོན་མོངས་པའི་སྒྲིབ་པ་དང་བྲལ་བར་གྱུར་པས་ན་རྣམ་པར་གྲོལ་བའོ། །དགའ་བ་ནི་ཡིད་བདེ་བའོ། །བདེ་བ་ནི་རྣམ་པར་ཤེས་པའི་ཚོགས་ལྟའོ?། །རྣམ་པར་གྲོལ་བའི་དགའ་བ་དང་བདེ་བ་སོ ་སོར་མྱོང་ཞིང་ཉམས་སུ་མྱོང་བ་ལ་དེ་སྐད་ཅེས་བྱའོ། །ཅུང་ཟད་ནི་ཅུང་ཟད་དོ། །ཉམས་པ་ནི་གཞན་གྱི་དོན་བསྒྲུབ་པར་མི་ནུས་པའི་ཕྱིར་རོ། །རབ་ཏུ་ཉམས་པ་ནི་རང་གི་དོན་བསྒྲུབ་པར་མི་ནུས་པའི་ཕྱིར་རོ། །སྐྱེ་བོས་དེ་བསེང?་པོ་ཞེས་བྱ་བ་ནི་ནད་ལས་གྱུར ་པའི་སྐམས་པ་ཞེས་བྱ་བ་ནི་ཤ་ཡོངས་སུ་ཟད་པའོ། །རྫུད་པ་ཞེས་བྱ་བ་ནི་བྱ་བ་བྱེད་པའི་ནུས་པ་མེད་པའོ། །མདངས་མེད་པ་ནི་ལུས་མདངས་གྱ་ནོམ་པ་མ་ཡིན་པའོ། །དབང་པོ་ཉམས་པ་ནི་མདབང་པོ་ཞོམ་པའོ། །སྐྱེ་བོ་མང་པོས་ཞེས་བྱ་བ་ལ ་སོགས་པ་ལ། གཟུགས་ཡིད་དུ་འོང་བ་ཉིད་ཡོད་པའི་ཕྱིར་སྐྱེ་བོ་མང་པོའི་མིག་གིས་ཆགས་པའི་གནས་མ་ཡིན་ནོ། །ཞེས་བྱ་བའི་ཐ་ཚིག་གོ་།མངོན་པར་མི་དགའ་བ་ཞེས་བྱ་བ་ནི་ཁྱིམ་གྱི་གནས་ལ་འདོད་པ་དང་བཅས་པའོ། །སྨད་པར་བྱ་བ་ཡིན ་པས་ན་སྡིག་པ་ཡིན་ལ་འགྲོ་བ་འདོད་པར་བྱ་བ་མ་ཡིན་པར། ཐོབ་པར་འདོད་པས་ན་མི་དགེ་བའོ། །འདོད་ཆགས་ཀྱིས་གཟིར་བ་ཞེས་བྱ་བ་ནི་གཟིར་བལ་འཆི་བར་བྱེད་པ་ཡིན་ལ། འཆི་བར་བྱེད་པ་འམ་གཟིར་བ་ནི་འདོད་ཆགས་ཡིན་པ ་དེའི་ཕྱིར་འདོད་ཆགས་ཀྱི་འཆིང་བས་བཅིངས་པས། འདོད་ཆགས་དང་འཆིང་བས་བདག་གཟིར་བར་གྱུར་པ་དེ་བས་ན་ཁོ་བོའི་གནས་སྐབས་འདི་འདྲ་པ་འམ། གཞུང་གཞན་ལས་ནི་འདོད་ཆགས་ཀྱི་འཆིང་བ་ཞེས་འབྱུང་བ་སྟེ། འདིར་དོན་དེ་ནི ་ཡུལ་གྱིས་དབང་པོ་ཀུན་ནས་བསྐྱོད་པའི་མཚན་ཉིད་འཆི་བ་ཡིན་ལ། དེ་ཉིད་འདོད་ཆགས་ཡིན་ཏེ། ན་ཚོད་ལ་སོགས་པ་འཇོམས་པའི་རྒྱུ་ཉིད་ཡིན་པའི་ཕྱིར་རོ། །བསགས་པ་ནི་སྔ་ན་མེད་པ་བདག་གིར་བྱས་པའོ། །མང་དུ་ཐོབ་པ་ནི་རབ་ཏུ་མང ་བ་དང། རབ་ཏུ་རྒྱ་ཆེ་བ་ཞེས་བྱ་བའི་ཐ་ཚིག་གོ་།མང་དུ་ཐོབ་པ་དེ་ཡང་འགའ་ཞིག་ཏུ་གྱུར་པ་དེ་དགག་པའི་ཕྱིར་སྨྲ་བ་བཀག་པ་མེད་པར་རྙེད་པ་སྟེ། སྡུག་བསྔལ་མེད་པས་རྙེད་པ་ཡིན་ཏེ། རྟག་ཏུ་བདག་ཉིད་ཀྱི་འདོད་པ་དང། བདེ་བས་སོ། །ཤིན་ཏུ་མངོན་པར ་དགའ་བ་ནི་རབ་ཏུ་དགའ་བའི་ཚུལ་གྱིས་སོ། །དབང་པོ་ཚིམ་པར་གྱུར་པ་ནི་དབང་པོ་རྒྱས་པའོ། །ཚུལ་ཁྲིམས་ཀྱི་གཟི་དང་ཡང་དག་པར་ལྡན་པ་ཉིད་ཀྱི་ཕྱིར་བཞིན་གྱི་མདོག་གསལ་བའོ། །པགས་པའི་སྐྱོན་ཐིག་ལེ་ནག་པོ་དང། གཉིར་མ ་ལ་སོགས་པ་དང་བྲལ་བ་ཉིད་ཀྱི་ཕྱིར་པགས་པའི་མདོག་ཡོངས་སུ་དང་བའོ། །འབད་པ་ཉུང་བ་ནི་བྱ་བ་ཉུང་བའོ། །གཞན་ལ་རག་ལུས་པས་འཚོ་བའི་ཐབས་ནི་གཞན་ལ་རག་ལུས་པ་སྟེ་དེ་མེད་པའོ། །ཇི་སྲིད་འཚོའི་བར་དུ་ཞེས་བྱ་བ་ནི་ཇི་སྲིད་འཚོའི ་མཐར་ཐུག་པའོ། །ཚངས་པ་ནི་མྱ་ངན་ལས་འདས་པ་ཡིན་ལ། དེའི་རྒྱུ་མཚན་སོ་སོར་ཐར་པའི་སྡོམ་པའི་ཚུལ་ཁྲིམས་ལ་སོགས་པ་ནི་སྤྱོད་པ་ཡིན་ཏེ། ཚངས་པར་སྤྱོད་པ་དང་འགྲོ་བར་བྱེད་པ་ཡིན་པའི་ཕྱིར་རོ། །དེ་སྤྱོད་པར་ནུས་པ་ནི་བསྒྲུབ་པར་ནུས ་པའོ། །ཚངས་པར་སྤྱོད་པ་ཁྱད་པར་ཇི་ལྟ་བུ་ཞིག་ཅེ་ན། སྨྲས་པ། རལ་བ་མེད་པ་ཉིད་ཀྱི་ཕྱིར་ཡོངས་སུ་རྫོགས་པའོ། །འབྲས་བུ་བསྒྲུབ་པའི་ཕྱིར་དང། ཉེས་པ་མ་ལུས་པ་དང་ཡོངས་སུ་སྤོང་བར་བྱེད་པའི་རྒྱུ་ཉིད་ཡིན་པའི་ཕྱིར་ཡོངས་སུ་དག་པའོ། །ཡོན་ཏན་སྒྲུབ་པར་བྱེད་པའི་ཐབས ་ཉིད་ཡིན་པའི་ཕྱིར་ཡོངས་སུ་བྱེད་པའོ། །འབའ་ཞིག་ཅེས་བྱ་བ་ནི་ཐར་པ་ཐོབ་པར་བྱ་བའི་ཕྱིར་གྲོགས་གཞན་ལ་རག་ལུས་པ་མེད་པའི་ཕྱིར་འབའ་ཞིག་གོ་།དོན་གྱི་གནས་ཞེས་བྱ་བ་ནི་གང་ལ་གནས་ན་རྒྱལ་པོའི་ནོར་སྐྱེ་བར་བྱེད་པ་དེ་ནི་དོན་གྱི་གནས་སོ། །འདོད ་པའི་རྒྱུ་ནི་བག་ལ་ཉལ་མ་སྤངས་པའོ། །གཞི་ནི་ཡུལ་ལོ། །དབང་ནི་རྟེན་ལ་བྱའོ། །རྣམ་པར་རྩོད་པ་ཞེས་བྱ་བ་ནི་སྐྱེས་བུ་ཁྲོ་བ་སྐྱེས་ནས་སྨྲ་བའོ། །ལོག་པར་བཟུང་ནས་ནི་སེམས་རབ་ཏུ་འཁྲུགས་པའོ། །རྩོད་པ་འབྱུང་སྟེ་ཞེས་བྱ་བ་ནི་སྣ་ཚོགས་སུ་སྨྲ་བ་ནི་རྩོད་པ ་སྟེ། སྨྲ་བ་དང་ཕྱིར་སྨྲ་བ་ཡིན་ལ། དེ་འབྱུང་བ་ནི་ཐོབ་པར་གྱུར་པའོ། །ཉེས་པ་ནི་བསྔགས་པ་མ་ཡིན་པ་སྟེ། འགའ་ཞིག་ཁོ་ན་གནས་ཏེ་སྐབས་སུའོ། །ཀུན་ཏུ་སྦྱོར་བར་བྱེད་ཅེས་བྱ་བ་ནི་དགེ་སློང་དག་རྩོད་པར་གྱུར་པའོ། །བསླབ་པ་བཏང་སྟེ། ཞེས་བྱ་བ་ནི་དགེ ་སློང་གི་དངོས་པོ་ལས་ཉམས་པ་རྗེས་སུ་ཐོབ་པའོ། །འཕྱ་ཞིང་སྨོད་པ་ནི་འཕྱ་ཞིང་སྨོད་པར་བྱེད་པའོ། །ངན་པ་ཞེས་བྱ་བ་ནི་ཡོན་ཏན་དང་བྲལ་བ་ཉིད་ཀྱི་ཕྱིར་རོ། །གྲོང་མི་ཞེས་བྱ་བ་ནི་མི་བཤེས་པའི་སྒོ་ནས་སྨད་པའོ། །དཔལ་མེད་པ་ཞེས་བྱ་བ་ནི་འཕགས་པའི ་ལམ་གྱི་དཔལ་ལས་ཡོངས་སུ་ཉམས་པའི་ཕྱིར་རོ། །བསང་པར་བྱ་བ་ནི་སྲོག་དང་བྲལ་བར་བྱའོ། །རྒྱ་ཆེ་བ་ནི་འཇིག་རྟེན་ཐམས་ཅད་ལ་རབ་ཏུ་གྲགས་པའོ། །རྒྱལ་རིགས་ཤིང་སལ?་ཆེན་པོ་ནི་རྒྱལ་རིགས་ཀྱི་མཆོག་ཏུ་གྱུར་པའོ། །བྲམ་ཟེའི་རིགས་ཤིང ་སལ་ཆེན་པོ་སྟེ་མཆོག་ཏུ་གྱུར་པ་དག་མི་འོང་ཞིང་མི་སྡོད་དོ། །གུས་པ་མེད་པ་ནི་བླ་མའི་ཡུལ་ལ་གུས་པ་དང་བྲལ་བའོ། །བསྟི་སྟང་མེད་པ་ཞེས་བྱ་བ་ནི་བླ་མའི་ཡུལ་ལ་གཙོ་བོའི་བློ་དང་བྲལ་བའོ། །སྨྲ་བ་ནི་བརྗོད་པ་ཡིན་ལ་སེམས་པ་ནི་ཤེས་པར་བྱེད་པའོ། ། ་གདུལ་བྱའི་སྐྱེ་བོ་འཁོར་བརྒྱ་ཕྲག་མང་པོ་གང་ཡིན་པ་དེ་ནི་འདིར་བརྒྱ་ཕྲག་དུ་མ་སྟེ་དེའིའོ། །སྙན་པ་དང་གྱ་ནོམ་པ་དག་ལས་ཤིན་ཏུ་སྙན་པ་ནི་སྙན་ལ་འཛམ་པའོ། །སྦྲང་བུས་རྣམ་པར་བསྒྱུར་བ་ནི་སྦྲང་རྩི་སྟེ། ཚིགས་མ་མེད་པ་དེས་ཁ་ཚིམ ་པར་བྱེད་པ་ལྟ་བུར་རོ། །རྫུ་འཕྲུལ་ཆེན་པོ་འདི་ལ་མངའ་བའི་ཕྱིར་རྫུ་འཕྲུལ་ཆེན་པོའོ། །ཤིན་ཏུ་ངོ་མཚར་ཆེ་བར་ཉེ་བར་སྟོན་པར་སྤྱོད་པས་ན་མཐུ་ཆེ་བའོ། །ཏིང་ངེ་འཛིན་ཁྱད་པར་ཅན་རྙེད་པས་ན་སྟོབས་ཆེ་བའོ། །ཆད་པས་མ་ཡིན་ཞེས་བྱ་བ་ནི་རྫས ་དང་ངག་གི་ཆད་པ་སྤངས་པས་སོ། །མཚོན་ཆས་མ་ཡིན་ཞེས་བྱ་བ་ནི་མཚོན་ཆས་ཚར་གཅོད་པ་སྤངས་པས་སོ། །ཆོས་ཀྱིས་ཞེས་བྱ་བ་ནི་རིགས་པས་སོ། །སྙོམས་པས་ཞེས་བྱ་བ་ནི་འདུལ་བར་བྱེད་པའི་ངན་པ་སྤངས་པའི་ཕྱིར་རམ། ཡང་ན་གཞན ་གྱི་སེམས་བསྲུང་བའི་སྒོ་ནས་སོ། །ནོར་གྱི་དབང་དུ་བྱས་པ་ཞེས་བྱ་བ་ནི་རྫས་གཙོ་བོར་བྱེད་པ་སྟེ། ཇི་སྲིད་ལོ་འམ། ཇི་སྲིད་ཟླ་བ་བཅུའི་བར་དུ་ཚངས་པར་སྤྱོད་པ་སྤྱད་པར་བྱའོ་ཞེས་བྱ་བ་དེ་ལྟ་བུའི་རང་བཞིན་གྱི་སེམས་ཀྱིས་ཚངས་པར་སྤྱོད་པ་སྤྱད ་པའི་ཕྱིར་དེ་ནོར་གྱི་དབང་དུ་བྱས་པ་འམ། མཐོ་རིས་ཀྱི་བདེ་བའི་ཕྱིར་ཚངས་པར་སྤྱོད་པ་སྤྱད་པ་གང་ཡིན་པ་དེ་དག་?་ནོར་གྱི་དབང་དུ་བྱས་ནས་ཚངས་པར་སྤྱོད་པའོ། །དའི་རྣམ་པ་ཞེས་བྱ་བ་ལ་སོགས་པ་ལ། རྣམ་པ་ནི་རབ་ཏུ་བྱུང་བ་དང་རྗེས་སུ ་མཐུན་པའི་བྱ་བ་སྟེ། ཀུན་ཏུ་སྤྱོད་པར་གྲགས་པའོ། །རྟགས་ནི་རབ་ཏུ་བྱུང་བའི་ཆ་ལུགས་སོ། །མཚན་མ་ནི་ཉེས་པར་སྤྱོད་པ་ལས་ཟློག་པའོ། །བསྙེན་པ་ཞེས་བྱ་བ་ནི་འདོད་པའི་ཡོན་ཏན་ལྔའི་རྗེས་སུ་ཞུགས་པའོ། །ལྡན་པར་གྱུར་པ་ཞེས ་བྱ་བ་ནི་དེ་དག་དང་ཤིན་ཏུ་འབྱོར་པར་གྱུར་པ་འམ། དེ་དག་ལ་ཤིན་ཏུ་ཆགས་པར་གྱུར་པའོ། །སྲོག་གི་མཛའ་ནི་སྲོག་གི་མཐར་གཏུགས་པའོ། །ཞལ་ཏ་བ་དྲང་སྲོང་བྱིན་དང། སྙིང་པོ?་ཞེས་བྱ་བ་ལ་ཁྱིམ་འམ་རྒྱལ་པོའི་ཕོ་བྲང་ན་མཆོག་ཏུ་ཡིད ་བསྟན་པར་བྱ་གང་ཡིན་པ་དེ་ནི་ཞལ་ཏ་བ་ཞེས་བྱའོ། །འདི་གཉིས་འཚོ་བ་དང་ལོང་སྤྱོད་ཀྱང་ཚོལ་བ་ཞེས་བྱ་བ་ལ། ཚོལ་བ་ནི་ཡོངས་སུ་ཚོལ་བ་ཡིན་ཏེ། འདི་གཉིས་ཀྱི་སྲོག་འཇིག་པའི་རྒྱུ་ལས་ཡོངས་སུ་བསྲུང་བར་བགྱིའོ་ཞེས་བྱ་བའི་ཐ་ཚིག་གོ་།སྐྲ་དཀར་སྐྱེས་པ་ནི་རྒས་པའོ ་རྒས་བས་འདི་བ་ནི་འཁོགས་པའོ། །རྒས་པས་ཡན་ལག་གི་ཚོགས་ཤིན་ཏུ་ལྷོད་བར་གྱུར་པ་ནི་རྒོག་ཏུ་གྱུར་པའོ། །ཟུང་ཞིག་ཅེས་བྱ་བ་ཀླག་པ་དང། བཅད་བ་ཞེས་བྱ་བ་ནི་མི་བརྗོད་པའི་སྒོ་ནས་སོ། །གཞན་འཛིན་དུ་བཅུག་པ་ཡང་དོན་གྱི་སྒོ་དང། ཀློག་ཏུ་བཅུག ་པ་ཡང་ཡི་གེའི་སྒོ་ནས་སོ། །དོན་དང་ལྡན་པ་ལ་ཞེས་བྱ་བ་ལ། དོན་དང་འབྱོར་པ་དང་ཆོས་དང་ཡང་འབྱོར་བའོ། །ཚངས་པར་སྤྱོད་པ་དང་རྗེས་སུ་མཐུན་པའི་ཕྱིར། ཚངས་པར་སྤྱོད་པ་དང་ལྡན་པའོ། །མངོན་པར་ཤེས་པའི་ཕྱིར་ཏེ། ཟག་པ་མེད་པའི་ཡེ་ཤེས་བསྐྱེད ་པའི་ཕྱིར་རོ། །ཡང་དག་པར་བྱང་ཆུབ་པའི་ཕྱིར་ཏེ། ཕུང་པོ་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པའི་ཕྱིར་རོ། །མྱ་ངན་ལས་འདས་པའི་ཕྱིར། ཞེས་བྱ་བ་ནི་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་ཕྱིར་རོ། །སྙིང་རྗེ་སྐྱེ་བའི་རྒྱུ་མཚན་ཉིད ་ཡིན་པའི་ཕྱིར་སྙིང་རྗེ་ཡི་རྒྱུ་ཅན་གྱི་ཡི་གེའི་རྣམ་པ་དེས་འདུ་བ་དང་སོང་བ་ནི་རྒྱུ་བའོ། །རྒྱལ་པོའི་རིགས་ལས་སྐྱེས་པའི་ཕྱིར་རྒྱལ་རིགས་སོ། །རྒྱལ་ཕྲན་གྱིས་སྤྱི་བོས་ཕྱག་བྱས་པ་ཉིད་ཀྱི་ཕྱིར་སྤྱི་བོར་དབང་བསྐུར་བའོ། །དེ་བས་ལས་ཁྱད་པར་དུ་འཕགས ་པ་ཞེས་བྱ་བ་ནི་གྲོང་ཁྱེར་མཛེས་པར་བྱས་པ་བས་ལམ་ཤིན་ཏུ་ཁྱད་པར་འཕགས་པར་མ་ངེས་པར་བྱས་པའོ། །ཕྱིར་བཅོས་མི་ནུས་པ་ནི་མ་ཞུ་བ་སྟེ་ཡན་ལག་འཁུམས་པའོ། །འཁོར་ལོས་རྣམ་པར་བཅོམ་པས་འཁོར་ལོས་བརྐོས་པའི་སའོ། །རོ་ནི་ཤི་བའི་ལུས་སོ། ་ཤིན་ཏུ་རྣམ་པར་འགྱུར་བ་ནི་གཟུགས་མི་སྡུག་པར་གྱུར་པའོ། །ནུས་པ་ཇི་ལྟ་བ་ཞེས་བྱ་བ་ལ་སོགས་པ་ལ་ནུས་པ་ནི་ནང་གི་སྤྲོ་བའོ། །སྟོབས་ནི་ཕན་པར་བྱེད་པ་ཕུན་སུམ་ཚོགས་པས་སོ། །ངན་པ་ནི་རིགས་དམའ་མོར་སྐྱེས་པའོ། །དམན་པ་ནི་སྡུག་བསྔལ ་བར་གྱུར་པའོ། །སྙིང་བརྩེ་བར་བྱ་བས་ནི་བཀྲེན་པ་ནོར་འདོད་པའོ། །བདག་ཉིད་གཅིག་ཏུ་སོ་སོར་སངས་རྒྱས་པས་ན་རང་སངས་རྒྱས་སོ། །ཟས?་མཛའ་ཨི་གནས་མལ་ལ་ཐ་དད་པ་ཞེས་བྱ་བ་ནི་དབེན་པའི་གནས་བརྟེན་པར་རོ། །སྦྱིན་གནས ་གཅིག་པུ་ཞེས་བྱ་བ་ནི་འཇིག་རྟེན་དུ་སངས་རྒྱས་གཉིས་ཅིག་ཅར་མི་འབྱུང་བ་བཞིན་དུ་བསེ་རུ་དང་འདྲ་བར་རང་སངས་རྒྱས་གཅིག་པུ་ཁོ་ན་འབྱུང་བའོ། །གཟུགས་མཛེས་པ་ཞེས་བྱ་བ་ནི་ལུས་ཀྱི་སྒོ་ནས་རབ་ཏུ་དད་བ་སྐྱེད་པར་བྱེད་པ་སྟེ། ལུས་ལ ་སོགས་པའི་བྱ་བ་ཤིན་ཏུ་ཞི་བ་ཉིད་ཀྱི་སྒོ་ནས་སེམས་རབ་ཏུ་དང་བ་སྐྱེད་ཉིད་དུ་ཡང་དག་པར་རྗེས་སུ་དཔག་པའོ། །རྩ་བ་ནས་བཅད་པ་ཞེས་བྱ་བ་ནི་རྩ་བ་ངེས་པར་བཅད་པའོ། །རྩུབ་པ་ནི་ཤིན་ཏུ་དྲག་པའོ། །ཁྱུ་མཆོག་གི་ཚིག་ཅེས་བྱ་བ་ལ་སོགས་པ་ལ ་འདི་ལ་ཁྱུ་ཆོག་གི་ཡིན་པས་ན་ཁྱུ་མཆོག་གི་སྟེ། འཇིགས་པ་མེད་པའི་ངག་གོ་།གཅིག་ཏུ་ཆད་པར་བྱས་ཏ་ཞེས་བྱ་བ་ནི་གདོན་མི་ཟ་བར་དམ་བཅས་པའོ། །འཁོར་ཏེ་སྐྱེ་བོ་མང་པོ་ཚོགས་པ་ལའོ། །སེང་གེའི་སྒྲ་སྒྲགས་པ་ནི་སེང་གེ་ལྟར་སྒྲོགས ་པའོ། །བསད་པར་བྱ་བ་ནི་སྲོག་དང་བྲལ་བར་བྱའོ། །བྱ་བ་ནི་ཐག་ཉེ་བར་གྱུར་པའོ། །བྱེད་པ་ནི་དུས་ཀྱིས་ཆོས་པར་གྱུར་པའོ། །གོ་ཆ་བསྐོན་པ་ནི་གོ་བགོས་པའོ། །ཤིང་ཤ་གོ་ཏ་ཀ་ཤུན་པ་བཤུས་པར་རི་ཅན་ཞེས་བྱ་བ་ལ། ཕྱོགས་དང་ཕྱོགས་ལས ་ཤུན་པ་གོགས་པར་གྱུར་པའི་ཕྱིར་ཤུན་པ་བཤུས་པའོ། །གནས་དང་གནས་སུ་ཤུན་པ་སྐམས་ཤིང་རྙིང་པ་ནི་ཕྲ་བར་གྱུར་པ་ཉིད་ཀྱི་ཕྱིར་ར་རི་ཅན་ཏེ། ཤུན་པ་གཟུགས་མི་སྡུག་པར་གྱུར་པ་ནི་ར་རི་ཅན་ཡིན་ནོ། ཞེས་བྱ་བའི་དབང་དུ་བྱས་པའི ་ཕྱིར་རོ། །ལྷག་མ་ཙམ་ཆུང་ལ་སྲབ་པ་ནི་ལོ་མ་ཉུང་ལ་སྲབ་པའོ། །ལོ་མ་སྲབ་པ་ཉིད་ཀྱི་ཕྱིར་གྲིབ་མ་ཆུང་པའོ། །བྱམས་པ་ནི་དགྱེས་པའོ། །ཐུགས་བརྩེ་བ་ནི་རྗེས་སུ་བརྩེ་བར་མཛད་པའོ། །ཕྲུ་མ་བཏབ་པ་ནི་དམག་གི་བཀོད་པ་བྱས་ནས་སོ།། ་བསྐོར་བ་ནི་སྟེང་ནས་གཡོག་པར་འདོད་པའོ། །འཇིག་རྟེན་ནི་ལས་བདག་གིར་བྱེད་པ་ཞེས་བྱ་བ་ལ་སོགས་པ་ལ་འཇིག་རྟེན་གྱི་ལས་བདག་པོ་ཡིན་པ་དེའི་ཕྱིར་ལས་བདག་གིར་བྱེད་པའོ། །འཇིག་རྟེན་གྱི་ལས་སྐྱེད་པར་བྱེད་པའི་གནས་ཡིན་པ་དེ་བས་ན་ལས ་སྐྱེས་པའོ། །རང་ཉིད་ཀྱིས་བྱས་པའི་ལས་ཀྱི་འབྲས་བུ་ལ་ཉེ་བར་སྤྱོད་པའི་ཕྱིར། ལས་ཀྱི་བགོ་སྐལ་ལ་སྤྱོད་པའོ། །རང་གིས་བྱས་པའི་ལས་ལ་ཉེ་བར་བརྟེན་ནས་འཇུག་པའི་ཕྱིར་ལས་ལ་བརྟེན་པའོ། །ལས་དེ་མྱོང་བར་འགྱུར་རོ། །ཞེས་བྱ་བ་ནི་ལས ་བྱས་ཤིང་བསགས་པའི་འབྲས་བུ་ལ་གཅིག་ཏུ་ཉེ་བར་སྤྱོད་པའི་ཕྱིར་རོ། །གཞུ་རྒྱུད་ནི་འདྲེན་པའི་ཐབས་སུ་གྱུར་པའོ། །ནན་ཐག་ཅེས་བྱ་བ་ནི་རྟ་ལ་སོགས་པའི་གོ་ཆ་འཆིང་བར་བྱེད་པའོ། །འབྲེང་བ་ཞེས་བྱ་བ་ནི་གླང་པོ་དག་གི་འབྲེང་ཐག་གོ་།རྣ་བའི ་གཡོགས་མ་ནི་རྣ་བའི་བུག་པ་རྒྱན་དང་བཅས་པའོ། །ཆོ་ག་བཤིག་ནས་ཞེས་བྱ་བ་ནི་གོ་ཆ་དུམ་བུར་བྱས་ནས་སོ། །ལས་ཀྱི་མཐར་ཞེས་བྱ་བ་ནི་འབྲས་ས་ལུ?་ལ་སོགས་པའི་ལས་ཀྱི་མཛའ་ཨོ། །བརྩོན་འགྲུས་ཆེན་པོ་ཞེས་བྱ་བ་ལ་སོགས་པ་ལ་བརྩོན་འགྲུས ་ནི་ཡིད་ཀྱི་སྤྲོ་བའོ། །སྟོབས་ནི་ལུས་ཀྱིའོ། །ཕ་རོལ་གནོན་པ་ནི་བྱ་བ་བྱེད་ནུས་པའོ། །འོངས་པ་ནི་ཉེ་བར་ཕྱིན་པའོ། །ཡ་མཚན་དུ་གྱུར་པ་ནི་ངོ་མཚར་དུ་གྱུར་པའོ། །ངོ་མཚར་དུ་གྱིས་པ་དེ་དག་གི་མིག་བགྲང་བས་ན་མིག་གདངས་པའོ། །ཁོ་བོ་ནི ་དེའི་བང?་ཆེན་ཏེ། ཞེས་བྱ་བ་ན་ཁོ་བོའི་རྗེས་སུ་ཕན་འདོགས་པའི་མཆོག་གིས་སྦྱོར་བར་གྱུར་པའོ། །དགོན་པ་བསྲུང་བར་བྱོས་ཤིག་ཅེས་བྱ་བ་ནི་རི་དྭགས་གསོད་པའི་གནས་ཤིང་གིས་རིབ་མས་ཀུན་ནས་བསྐོར་བའི་རི་དྭགས་འཇུག་པའི་ས་ཕྱོགས ་ཤིག་ནས་བྱས་པའོ། །དག་འཇམ་པ་ཞེས་བྱ་བ་ལ་སོགས་པ་ལ་ངག་འཇམ་པ་སྟེ། ངག་འཇིག་རྟེན་གྱི་འཇམ་པ་ཞེས་བརྗོད་པའོ། །སྦྱིན་པ་ནི་རྗེས་སུ་སྦྱིན་པའོ། །ཚིག་གི་དོར་སྔོན་དུ་སོང་བ་ཅན་ནི་འབྱེད་པའོ། །ཀུན་ཏུ་སྤྱོད་པ་ནི་རིགས་པའོ། །གལ་ཏེ ་བསྟན་མ་ཐག་པས་དོན་སྒྲུབ་པ་མ་གྲུབ་པར་གྱུར་པ་དེའི་ཚེ་གསེར་ལ་སོགས་པའི་ཆད་པ་འདིར་རིགས་ཡིན་ཏེ། ཆད་པ་དབབ་པའི་སྒོ་ནས་དོན་བསྒྲུབ་པར་བྱ་བའོ། །སྟོབས་ནི་གླང་པོ་ཆེ་ལ་སོགས་པར་བསྒྲུབ་པར་བྱེད་པའི་བྱེ་བྲག་གོ་། ་བྱས་ཏེ་ཞེས་བྱ་བ་ནི་བསྒྲུབས་ཏེའོ། །ཐོབ་ནས་བྱ་བ་ནི་རྣམ་པ་ཐམས་ཅད་ཀྱིས་ཡོངས་སུ་མཐར་ཕྱིན་ནས་སོ། །དགའ་ན་ཞེས་བྱ་བ་ནི་འདོད་ནའོ། །ལྟ་བ་ནི་ཐོག་མར་སྤྱོད་པའོ། །བཙལ་བ་ནི་རྒྱུན་གྱིས་གཅོད་པའོ། །བརྩོན་པའི་མཚོན་ཆ་ཞེས་བྱ་བ་ནི ་ཤཱཀྱ་གསོང་པ་ལ་བརྩོན་པས་མཚོན་ཆ་འཕྱར་བར་བྱེད་པའོ། །མའི་ཕ་ནི་འདིར་མེས་པོའོ། །ཚོགས་ནི་འདུས་བ་ཡིན་ལ། ཚོགས་ཀྱི་ཕྱིར་རབ་ཏུ་སྨིན་པ་ནི་ལས་མཐུན་པར་བྱས་པ་སྟེ། ཚོགས་ཀྱི་འབྲས་བུ་ཉམས་སུ་མྱོང་བར་གྱུར་པའི་ལས ་ཞེས་བྱ་བའི་ཐ་ཚིག་གོ་།མལ་ལ་བ་ཧི་ནི་རི་བྲག་གི་བྱེ་བྲག་གོ་།གྲོང་ནི་རྩིག་པ་དང་རིབ་མས་ཡོངས་སུ་བསྐོར་བའི་ཁྱིམས་གྱི་ཚོགས་སོ། །གྲོང་བརྡལ་ནི་ཡུལ་འཁོར་ཏེ་རྒྱལ་ཁམས་ཀྱི་ཁྱད་པར་རོ། །རྒྱལ་པོའི་ཕོ་བྲང་ནི་རྒྱལ་པོ་ཁབ་ཀྱིས་ཉེ་བར ་མཚོན་པའི་གྲོང་ཁྱེར་རོ། །ེ་མའོ་ཤཱཀྱ་ནི་བསྲེགས་སོ། །ཞེས་བྱ་བ་ལ་སོགས་པ་ནི་རྗེས་སུ་རྩེ་བས་ལན་གཉིས་བརྗོད་པའོ། །དོང་བསྐོས་ལ་ཞེས་བྱ་བ་ལ་སོགས་པ་ལ། ཤཱཀྱའི་གཞོན་ནུ་ཇི་སྙེད་པ་དོང་དེ་རྙེད་པ་ཁོ་ན་བརྐོས་ནས ་ཤཱཀྱའི་གཞོན་ནུ་དོང་རེ་རེར་བཏུག་པ་རེ་རེའི་སྟེང་དུ་ལྕགས་ལས་བྱས་པའི་གླང་པོ་ཆེའི་རྐང་པའི་རྣམ་པ་ལྟ་བུས་གཡོག་པར་བྱས་ཞིང་དེའི་འོག་ཏུ་གླང་པོ་ཆེས་བརྫིས་ན་གླང་པོ་ཆེའི་རྐང་པ་ལྟ་བུས་།བརྡིགས་པ་ལས་དེ་དག་ཕྱེ་མར་བརླག་པར་འགྱུར་རོ།། ་ཡང་ན་ལྕགས་ལས་བྱས་པའི་བཤལ་སྤྱད་ལྕགས་ཀྱི་རྐང་པ་ལྟ་བུ་ཞེས་བྱའོ། །དུ་བ་འཐུལ་བར་བྱེད་ཅིང། ཞེས་བྱ་བ་ནི་དུ་བ་འབྱིན་པར་བྱེད་པའོ། །རྩི་རི་རི་ཟེར་ནས་བྱ་བ་ནི་རྩི་རི་རི་སྐྲ་ཅུང་ཟད་ཅུང་ཟད་སྒྲོག་པའོ། །སྒྲ་ཡང་འབྱིན་ཏོ། ཞེས ་བྱ་བ་ནི་སྒ་ཤིན་ཏུ་ཆེ་བ་སྒྲོག་པའོ། །ཕྲིན་ལས་རྣམ་པར་སྨིན་པ་ནི་ཕྲིན་ལས་གྱུར་པ་སྟེ། ཕྲིན་ལས་ཀྱི་རྣམ་པ་ཞེས་བྱ་བའི་ཐ་ཚིག་གོ་།རུས་མ་ཚུངས་པ་ནི་རུས་དང་བཅས་པ་ཡིན་ལ། དྲང་སྲོང་དྲོ་ནིའི་རིགས་དང་བཅས་པ་ནི་རུས་དྲོ་ནར་བཅས་པའོ།། ་རང་བཞིན་གྱི་ཉེས་པ་མ་གོས་པ་ཉིད་ཀྱི་ཕྱིར་ཉེས་པ་མེད་པའོ། །གནོད་པ་མེད་པ་ནི་ཞེས་བྱ་བ་ནི་གནོད་པ་བྱས་པ་མེད་པར་རོ། །ཉམ་ཐག་པའི་སྐད་ནི་སྡུག་བསྔལ་གྱིས་གཟིར་བ་རྣམས་ཀྱི་ཧ་ཧའི་སྒྲ་མཐོན་པའོ། །ཁྱད་པར་རམ་ཞེས་བྱ་བ་ལ ་སོགས་པ་ལ་མངོན་སུམ་གྱིས་ཡོངས་སུ་བཅད་པར་བྱ་བའི་བྱེ་བྲག་ནི་ཁྱད་པར་རོ། །རྗེས་སུ་དཔག་པའི་ཤེས་པས་ཡོངས་སུ་བཅད་པར་བྱ་བ་ནི་བསམ་པའོ། །བྱེད་པ་སྣ་ཚོགས་གསལ་བའི་ཚུལ་གྱིས་རྣམ་པ་གཞན་ཉིད་དོ། །ཤན་པ་ནི་ཕྱུགས་གསོང་པའོ་མངོན་པར་བསྒྲུབས་ཏེ། ཞེས་བྱ་བ་ནི་གྲུབ་པར་གྱུར ་ནའོ། སྤྱོད་པར་གྱུར་པ་ཞེས་བྱ་བ་ནི་སྐྱོང་བར་གྱུར་པའོ། །ཁྱིམ་བྱ་གསོང་པར་བྱེད་པས་ན་ཁྱིམ་བྱ་གསོང་བའོ། །དེ་བཞིན་དུ་ཕག་གསོད་པ་ཡང་ངོ། །བྱ་བ་ཞེས་བྱ་བ་ནི་བྱ་འཛིན་པས་འཚོ་བར་བྱེད་པའི་ཐབས་ཅན་ནོ། །རྒྱ་ནི་རི་བོང་འཛིན་པར་བྱེད་པའི་ཐབས་ཏེ། ་དེས་བྱ་བ་བྱེད་པའི་ཕྱིར་རི་བོང་ལ་རྒྱ་འདེབས་པའོ། །སློབ་པ་རྣམས་ཀྱི་གཟི་བརྗིད་ཀྱིས་ཕོག་པར་གྱུར་པ། ཞེས་བྱ་བ་ནི་སློབ་པའི་གང་ཟག་རྣམས་ལ་མངོན་པར་དད་པའི་ལྷས་ཚིག་རྩུབ་པོས་བརྡེགས་པ་འམ། བསྒོམ་པས་སྤང་བར་བྱ་བའི་ཁོང་ཁྲོ་བ་མ ་སྤངས་པའི་ཕྱིར། སློབ་པ་རྣམས་ཀྱི་གཟི་བརྗིད་ཀྱིས་ཕོག་པར་གྱུར་པ་ནི་ཚིག་རྩུབ་པོ་ཡོངས་སུ་བརྗོད་པ་འམ། སློབ་པ་དུ་མ་བསད་པར་གྱུར་པ་ལས་སྡིག་པ་དཔག་ཏུ་མེད་པ་དང་ལྡན་པས་སློབ་པ་རྣམས་ཀྱི་གཟི་བརྗིད་ཀྱིས་ཕོག་པར་གྱུར་པའོ། །སྤྲུལ ་གྱིས་བལྟས་བ་བཞིན་དུ་ཞེས་བྱ་བ་ནི་ཇི་ལྟར་སྤྲུལ་མཐོང་བའི་དུག་ཅན་གྱིས་བལྟས་པ་སྟེ། མཐོང་བས་རིགས་ཐལ་བར་འགྱུར་བ་དེ་བཞིན་དུ་ཀོ་ས་ལའི་རིགས་རྒྱུད་མེད་པར་འགྱུར་རོ། །ཉ་བ་ནི་ཉ་གསོད་པར་བྱེད་པའོ། །བཅད་ཅིང་བཅད་ཅིང་ཞེས་བྱ་བ ་ནི་བཟློས་པའི་ཚིག་གཉིས་ཡིན་ལ་བཅད་ནི་གཏུབས་པའོ། །དགྲ་བོ་ཕྱིར་ཟློག་པའི་དོན་དུ་གདུ་བུའི་རྣམ་པའི་ཁང་པ་སུམ་རྩེག་གམ་ལྔ་རྩེག་གི་ཁང་བཟངས་སོ། །སྐྱེས་པ་མེད་པར་ཞེས་བྱ་བ་ནི་སྐྱེས་བུ་དང་ཤིན་ཏུ་བྲལ་བའོ། །རོལ་མོའི་ཚོགས་ཀྱིས ་ཞེས་བྱ་བ་ལ། རོལ་མོ་ནི་འདིར་གར་ལ་བྱའོ། །འདི་ན་དགར་འགྱུར་ཞེས་བྱ་བ་ནི་འཇིག་རྟེན་འདིར་དགའ་བ་ཉམས་སུ་མྱོང་བར་གྱུར་པའོ། །གཞན་དུ་འང་དགའ་བར་འགྱུར་ཞེས་བྱ་བ་ནི་འཇིག་རྟེན་ཕ་རོལ་དུའོ། །དེ་ནི་དགར་འགྱུར་ཞེས་བྱ་བའི་སྒྲ་ནི་ངེས་པར་གཟུང་བ ་ལ་ཏེ། དེ་ཉིད་དགའ་བར་འགྱུར་བ་དང་དེ་ཉིད་རབ་ཏུ་དགའ་བར་འགྱུར་བའོ། །དག་གི་ཚེ་ཞེ་ན། སྨྲས་པ། བདག་ཉིད་ལས་ཀྱི་རྣམ་པར་སྨིན་པ་མཐོང་ནས་ཞེས་སྨོས་སོ། །མགུ་གྱུར་ཅེས་བྱ་བ་ནི་མགུ་བ་སྐྱེས་པར་གྱུར་པའོ། །བསྔགས་པར་འགྱུར་པས་ན་བདེ་འགྲོ ་སྟེ། གང་གི་ཚེ་དེར་འགྲོ་བར་འགྱུར་བ་དེའི་ཚེ་ཕྱིར་འགྲོ་བར་འགྱུར་རོ། །ངོམ་པ་ནི་སྤྱིར་བདག་ཉིད་བསྟོད་པར་བྱེད་པ་སྟེ། འདི་ལྟར་བདག་ནི་སྟོབས་དང། བརྩོན་པ་དང། ཕ་རོལ་གནོན་པ་ཕུན་སུམ་ཚོགས་པ་ཞེས་དོམ་པའོ། །རྣམ་པར་དོམ་པ་ནི་ཁྱད་པར་དུ་བདག ་དང་འདྲ་བར་འགའ་ཞིག་ཀྱང་མེད་དེ། གང་གི་ཕྱིར་ཁོ་བོ་འཛམ་བུའི་གླིང་གི་གཙོ་བོར་གྱུར་པའི་ཤཱཀྱ་རྣམས་བརླག་པར་གྱུར་ཞེས་བྱ་བ་ལྟ་བུའོ། །བསླབ་པའི་འཆིང་བསྡམས་གྱུར་ཅེས་བྱ་བ་ནི་སྲོག་གཅོད་པ་ལ་སོགས་ལས་ལྡོག་པའི་བསླབ་པའི་གཞིས ་བསྡམས་པར་གྱུར་པའོ། །ཀླུ་རྣམས་བསད་བཞིན་ཞེས་བྱ་བ་ལ་སོགས་པ་ལ། ཀླུ་རྣམས་བསད་པ་སྟེ། སྲོག་དང་བྲལ་བར་གྱུར་ན་ཀླུའི་བུ་མོ་དག་ཀྱང་བསད་པར་བྱ་བ་ཡིན་ཏེ། ཁུང་དུ་ཞུགས་ནས་གནོད་པར་གྱུར་ན་མི་རུང་བའོ། །དེའི་ཁྱད་པར་ཇི་ལྟ་བུ་ཞེ་ན། སྦྱིན ་གྱིས་གཡོགས་བཞིན་དུག་གིས་རབ་གང་བ་ཞེས་བྱ་བ་སྨོས་ཏེ། སྤྲིན་ཏེ། ཆུ་འཛིན་གྱིས་གཡོགས་ཤིང་ཁྱབ་པ་དེ་བཞིན་དུ་དུག་གིས་ཀྱང། ཀུན་ནས་གང་བར་གྱུར་པ་དེའི་ཕྱིར་བསད་པར་བྱ་བ་ཡིན་ན། ཇི་ལྟར་དེ་དག་བསད་པར་བྱ་བ་ཡིན་པ་དེ་བཞིན་དུ ་ཤཱཀྱའི་བུ་མོ་དེ་དག་གི་ཡན་ལག་དང། རྐང་པ་ཚོད་ཅིག་པའོ། །གང་གི་ཕྱིར་ལག་པ་དང་རྐང་པ་བཅད་པ་ལས་ཤི་བར་གྱུར་པ་དེ་དག་ཉིད་ཀྱི་གཉེན་རྣམས་ཀྱི་ནི་ཕྱི་བཞིན་ཏེ། སླད་བཞིན་འགྲོ་བར་འགྱུར་རོ། །སྡུག་བསྔལ་ནི་མི་མཐུན་པར་གྱུར་པའོ། །དྲག་པ་ཞེས་བྱ་བ་ནི་ཆེན ་པོའོ་རྩབ་པ་ཞེས་བྱ་བ་ནི་ཐོག་མ་ཉིད་ནས་བརྣག་པར་དཀའ་བའོ། །ཆ་བ་ཞེས་བྱ་བ་ནི་མཛའ་མར་བརྣག་པར་དཀའ་བའོ། །ཡིད་དུ་མི་འོང་བ་ཞེས་བྱ་བ་ནི་དྲན་པའི་ཤེས་པས་ཡུལ་དུ་བྱས་པ་ན་ཡང་ཡིད་མི་བདེ་བ་བསྐྱེད་པར་བྱེད་པའོ། །བསམ་པ་ནི་ཡང་དག་པར ་བསྐུལ་བའོ། །འཇིག་རྟེན་པའི་ཐུགས་ཞེས་བྱ་བ་ལ་འཇིག་རྟེན་ལ་ཕན་པས་ན་འཇིག་རྟེན་པ་སྟེ། འཇིག་རྟེན་ཐམས་ཅད་ཀྱིས་ཐུགས་ཤེས་པར་གྱུར་ཅིག་ཅེས་དགོངས་པ་འདིར་བསྐྱེད་པ་ནི་འཇིག་རྟེན་པའི་ཐུགས་སོ། །དེ་ཟག་པ་དང་བཅས་པ་འམ། ཟག་མེད ་ཡིན་ཞེ་ན། །དུས་དེའི་ཚེ་བཅོམ་ལྡན་འདས་ཀྱི་མཐུས་སེམས་ཅན་ཐམས་ཅད་ཀྱིས་བདེ་འགྲོ་གཞན་གྱི་སེམས་ཤེས་པ་ཐོབ་པར་འགྱུར་ཏེ། འཇིག་རྟེན་ཐམས་ཅད་ཀྱི་ཐུན་མོང་དུ་གྱུར་པ་འམ། ཟག་པ་དང་བཅས་པའི་ཐུགས་ལ་འཇིག་རྟེན་པའི་ཐུགས་སོ་ཞེས ་ཞེས་བྱ་བའོ། །དབུགས་ཕྱུང་ཤིང་ཅེས་བྱ་བ་ནི་དགའ་བ་བསྐྱེད་ཅིག་པའོ། །ལས་བདག་གིར་གྱིས་ཤིག་ཅེས་བྱ་བ་ནི་ལས་ལ་བརྟེན་ཅིག་པའོ། །ལུང་ནོད་པ་ཞེས་བྱ་བ་ནི་གདམས་པར་ལེན་པའོ། །ཀློག་པ་ཞེས་བྱ་བ་ནི་ཇི་ལྟར་བཟུང་བ་ལྟར་ཀློག་པའོ། །འདོན ་པ་ནི་ཀླགས་པ་མི་བརྗེད་པར་བྱ་བའི་འདོན་པའོ། །ནམ་རྨུས་པར་གྱུར་པ་ནི་ཉི་མ་སྤྲིན་དང་བཅས་པར་གྱུར་པའོ། །རྒྱལ་ལ་ཉེ་བར་སྤྱོད་པ་ཞེས་བྱ་བ་ནི་རྩ་བའི་གནས་ལས་ཕྱི་རོལ་གྱི་ཉེ་འཁོར་དུ་གྱུར་པའི་ས་ནི་ཉེ་བར་སྤྱོད་པ་ཡིན་ཏེ། འཆག་པ་དོན་དུ ་གཉེར་བ་རྣམས་ཉེ་བར་སྤྱོད་པར་བྱེད་པའི་ཕྱིར་རོ། །བུད་མེད་ཀྱི་ཡང་རྒྱན་ཉེ་བར་སྤྱོད་པ་ཡིན་ཏེ། སྐྱེས་བུའི་སེམས་དགའ་བར་བྱེད་པ་དོན་དུ་གཉེར་བའི་བུད་མེད་དག་རྒྱན་ལ་ཉེ་བར་སྤྱོད་ཅིང་བསྟེན་པར་ཉེ་བར་སྤྱོད་པའི་ཕྱིར་རོ། །ཉི་མ་དང་མཐུན་ཞིང ་མཐུན་ཞིང་འཕྲོད་པས་ན་ནོར་བུ་མེ་ཤེལ་ཏེ་ཉི་མའི་འོད་དང་ཡང་དག་པར་འབྱོར་པ་ན་མེ་འབྱིན་པར་བྱེད་པའི་ཕྱིར་རོ།། །།བམ་པོ་ལྔ་པ། །འདི་ན་ཚིག་འགྱུར་ཞེས་བྱ་བ་ནི་ཚེ་འདིར་རོ། །གཞན་དུ་འང་ཚིག་པར་འགྱུར་ཞེས་བྱ་བ་ནི་ཚེ་ཕྱི ་མར་རོ། །གཉིས་ཀར་ཚིག་པར་འགྱུར་ཞེས་བྱ་བ་ནི་གང་གི་ཕྱིར་འཇིག་རྟེན་འདི་དང་གཞན་དུ་ཅིག་ཅར་དེ་ཚིག་པར་འགྱུར་བས་ན་སྡིག་པ་བྱེད་པ་དེ་དང་དེ་དག་ཚིག་པར་འགྱུར་བའོ། །གང་གི་ཚེ་ཞེ་ན་བདག་ཉིད་ལས་ཀྱི་རྣམ་པར་སྨིན་པ་མཐོང་ནས་ཞེས ་བྱ་བ་སྨོས་སོ། །སྨད་པ་འམ་དམན་པའི་འགྲོ་བ་ནི་ངན་འགྲོའོ། །གདུང་འགྱུར་ཞེས་བྱ་བ་ནི་ཡིད་ཀྱི་གདུང་བར་འགྱུར་པའོ། །རྒྱན་སྤེལ་མ་ཞེས་བྱ་བ་ལ་སོགས་པ་ལ། གསེར་སྐུད་ཀྱི་ལྕུ་གུ་གསུམ་པ་འམ། བཞི་པའི་ཚོགས་ཀྱི་བར་བར་དུ་རིན་པོ་ཆེ་སྣ་ཚོགས ་ཀྱི་ཕྲ་མདུད་ཀྱིས་སྤྲས་པ་ལ་གདུ་བུ་སྤེལ་མ་ཞེས་བྱ་བའོ། །གསེར་གྱི་ཕག་བུའི་དབུས་གྲོགས་མོ་ལྟ་བུ་ཅན་གསེར་སྐུད་ཀྱིས་བརྒྱུད་པ་མཛའ་ནས་གཡེར་ཀ་བཏགས་པ་ཅན་དག་ལས་བྱས་པ་གསེར་གྱི་འོག་བག?་གང་ཡིན་པ་དེ་ནི་ཕྱང་ཕྲུལ་ཅན་ནོ།། ་གསེར་ལས་བྱས་པའི་རྒྱན་ཟླ་གམ་ཐུར་གསུམ་པ་དག་ལས་བྱས་པའི་འོག་བག?་གང་ཡིན་པ་དེ་ནི་ལུ་གུ་བརྒྱུད་གསེར་ལས་བྱས་པའི་སྐུད་པ་ནི་བརྒྱན་གསེར་སྐུད་ཅན་ནོ། །ལོངས་སྤྱོད་དེ་འདོད་པའི་ལོངས་སྤྱོད་དག་གོ་།བདག་ཀྱང་ཡུན་རིང་དུ་ལོན་པ ་ནི་རྒས་པའི་གནས་སྐབས་ཐོབ་པ་ཉིད་ཀྱི་ཕྱིར་རོ། །དྲང་བ་ནི་ཐ་སྙད་དུ་བྱ་བ་ལ་གསལ་པོར་བྱེད་པའོ། །གཡོ་ཀུན་ཏུ་སྤྱོད་པ་ནི་ལས་ལ་སོགས་པས་གྱ་གྱུ་སྤྱོད་པའོ། །ཤིན་ཏུ་གྲགས་པའི་མི་འཇིགས་པ་ནི་འཇིགས་པ་མེད་པ་ཡིན་མེད་ཀྱི་འདིར ་བྱ་བ་མ་ཡིན་པ་ལས་ལོག་པ་ལ་རག་ལུས་པའི་རབ་ཏུ་བྱུང་བའི་མི་འཇིགས་པ་རྒྱ་ཆེ་བ་དང། མཆོག་ཏུ་གྱུར་པ་ཡིན་ནོ། །སྤོབས་པ་དགེའོ་ཞེས་བྱ་བའི་བདག་ཉིད་ཀྱི་ཤེས་རབ་སྐྱེས་པ་ནི་སྤོབས་པ་ཡིན་ལ། དེ་དགེ་བ་ནི་ཡོངས་སུ་དག་པ་ཡིན་ཏེ། རབ་ཏུ ་བྱུང་བའི་ཡུལ་ཉིད་ཡིན་པའི་ཕྱིར་རོ། །ཕན་ཡོན་རྣམ་པ་ལྔ་ཞེས་བྱ་བ་ནི་ཡོན་ཏན་རྣམ་པ་ལྔའོ། །རང་གི་དོན་མ་འདྲེས་པ་ཞེས་བྱ་བ་ལ་སོགས་པ་ལ། རབ་ཏུ་བྱུང་བ་མོས་པ་ནི་རབ་ཏུ་བྱུང་བར་འདོད་པའོ། །རང་གི་དོན་མ་འདྲེས་པ་ནི་སྐྱེས་བུའི་དོན་ཐུན་མོང་མ་ཡིན་པ་ཡིན་ཏེ ་དོན་འདི་ནི་སྐྱེས་བུའི་དོན་ཁ་ཅིག་མང་པོ་དང་ལྷན་ཅིག་བསྒྲུབ་པར་བྱ་བ་ཐུན་མོང་ལ། མྱ་ངན་ལས་འདས་པའི་མཚན་ཉིད་འདི་ནི་རང་གི་དོན་ཐུན་མོང་མ་ཡིན་པས་ན་གཞན་འགའ་ཞིག་གིས་ཀྱང་བསྒྲུབ་པར་བྱ་བ་མ་ཡིན་གྱི་འོན་ཀྱང་གཅིག་པུ་ཁོ་ནས་ཡིན་ནོ། །དེའི ་དོན་འདི་ནི་མང་པོ་དང་ལྷན་ཅིག་བསྒྲུབས་པ་གང་ཡིན་པ་འདི་ནི་དོན་དམ་པར་སྐྱེས་བུའི་དོན་མ་ཡིན་གྱི་འོན་ཀྱང་རབ་ཏུ་བྱུང་བ་ཐོབ་པའི་སྒོ་ནས་གཅིག་པུས་བསྒྲུབས་པ་གང་ཡིན་པ་དེ་ནི་ཐུན་མོང་མ་ཡིན་པ་དང། དོན་དམ་པ་དང། སྐྱེས་བུའི་དོན་ཡིན་ནོ། ་རྗེས་སུ་ཐོབ་པར་འགྱུར་བ་ནི་སྙེད་པར་འགྱུར་བའོ། །བྲན་ཞེས་བྱ་བ་ནི་ཁྱིམ་དུ་སྐྱེས་པ་དང། རྙེད་པ་དང། ཉེས་པ་དང། ཕྲོག་པ་དང། ཁས་བླངས་པ་ཞེས་བྱ་བ་རྣམ་པ་ལྔའོ། །མདག་གཞུག་པ་ཞེས་བྱ་བ་ནི་ནོར་གྱིས་གསོས་ནས་མདག་གཞུག་བྱེད་པའོ།། ་བསྒོ་བ་ཞེས་བྱ་བ་ནི་ནང་འཁོར་དང་ཆོས་གྲོགས་ལ་སོགས་པ་ལ་བྱའོ། །གཞན་ལ་རག་ལུས་པ་ཞེས་བྱ་བ་ནི་རང་དབང་མེད་པ་ཞད་ལོན་ལ་སོགས་པའོ། །འདོད་དགུར་འགྲོར་མེད་པ་ནི་སྣ་ཆེན་པོ་ལ་གཏོགས་པ་སྟེ། གང་གི་ཕྱིར་དེ་ནི་དབང་ཕྱུག་གི་མཆོག་གི ་ས་ལས་གཞན་དུ་འགྲོ་བའི་ནུས་པ་མེད་ཅིང་རྟག་ཏུ་རྟེན་པར་ཡང་མི་བྱེད་པ་དེའི་ཕྱིར་མདག་གཞུག་པ་ལ་སོགས་པ་བཞི་པོ་དེ་དག་ནི་ཕྱི་མ་ཕྱི་མ་ཞིང་ཁྱད་པར་དུ་འཕགས་པར་རིག་པར་བྱའོ། །མཆོད་པ་ནི་སྦྱིན་པ་དང་བསྙེན་བཀུར་དང་ཕྱག་ལ་སོགས ་པའོ། །བ་སྟོང་པ་ནི་ཡོན་ཏན་སྨོས་པའི་སྒོ་ནས་སོ། །བླ་ན་མེད་པ་ནི་གོང་ན་གཞན་མེད་པ་ཉིད་ཀྱི་ཕྱིར་རོ། །རྣལ་འབྱོར་གྱི་བདེ་བ་ནི་མ་ཐོབ་པ་ཐོབ་པ་དང་ཐོབ་པ་སོ་སོར་སྐྱོ་བའོ། །མྱ་ངན་ལས་འདས་པ་འཁོར་བ་སྲིད་དུ་མཐོང་བ་ཕྱིར་མི་གཏོང་བའི་ཕྱིར ་ཁྱད་པར་དུ་འཕགས་པའི་རྣལ་འབྱོར་བདེ་བར་བྱེད་པའོ། །མ་ཐོབ་པར་ཞེས་བྱ་བ་ནི་མྱ་ངན་ལས་འདས་པ་མ་རྙེད་པར་རོ། །བདག་ཅེས་བྱ་བ་ནི་ཚུལ་ཁྲིམས་ཀྱི་ཡོན་ཏན་རྙེད་པ་ལས་ཉམས་པར་མ་གྱུར་པའོ། །ཉན་ཐོས་ཞེས ་བྱ་བ་ནི་འཕགས་པའི་གང་ཟག?་བརྒྱད་དོ། །མཆོག་ནི་དྲང་སྲོང་དག་གོ་།ཡང་དག་པར་སོང་བ་ནི་བྱང་ཆུབ་སེམས་དཔའ་ཨོ། །སྐྱེས་བུ་དམ་པ་རྣམས་ཀྱིས་ཞེས་བྱ་བ་ནི་སོ་སོའི་སྐྱེ་བོ་མཁས་པ་རྣམས་ཀྱིས་སོ། །འདིར་མྱ་ངན་ལས་འདས་པ་ཁོ་ན་རང་གི་དོན་མ་འདྲེས་པ་མ་ཡིན་ནམ། ་དེ་བས་ན་ཅིའི་ཕྱིར་ཕན་ཡོན་ཏན་དེ་གཉིས་སུ་བྱས་ཤེ་ན། བདེན་ཏེ། མྱ་ངན་ལས་འདས་པ་དེ་ཉིད་ནི་གཅིག་ཏུ་ཁྱིམ་པ་དད་འབྲལ་པའི་སྒོ་ནས་ཐོབ་པ་ནུས་པ་ནི་མ་ཡིན་གྱི། འོན་ཀྱང་གཅིག་པུ་ཁོ་ནས་ཞེས་བསྟན་པའི་ཕྱིར་ཐ་དད་པར་བྱ་བ་ཡིན་ནོ།། ་རྣམ་པ་གཞན་དུ་ན་རང་གི་དོན་མ་འདྲེས་པ་ཁོ་ནར་ཐམས་ཅད་འདུས་པའི་ཕྱིར་ལྔ་ཉིད་དུ་མི་འཐད་པར་འགྱུར་བ་དེ་བས་ན་མྱ་ངན་ལས་འདས་པ་ཐོབ་པ་ནི་ཕན་ཡོན་གཅིག་ཡིན་ལ། དེ་ཐོབ་པའི་རྒྱུ་མཚན་གཅིག་པུ་ཉིད་རབ་ཏུ་བྱུང་བས་རྙེད་པ ་ཞེས་བྱ་བ་ནི་ཕན་ཡོན་གཉིས་པ་ཡིན་ནོ། །གང་ཞིག་བདག་ལ་མཆོད་པ་བྱེད་པ་དེ་དག་ལ་བདག་གིས་མཆོད་པ་ཞེས་བྱ་བ་ནི་གསུམ་པ་ཡིན་ལ། མངོན་པར་འདོད་པའི་མྱ་ངན་ལས་འདས་པ་མ་ཐོབ་ཀྱི་བར་དུ་མཐོ་རིས་ཐོབ་པ་ནི་བཞི་པ་ཡིན་ཞིང། སྐྱེས ་བུ་དམ་པས་རབ་ཏུ་བསྔགས་པའི་ལམ་བརྟེན་པ་ནི་འདིར་ཕན་ཡོན་ལྔ་པ་ཡིན་ནོ། །བདག་ཉིད་ཀྱི་སྤྱོད་ཡུལ་ཞེས་བྱ་བ་ནི་རང་གི་སྤྱོད་ཡུལ་གྱིའོ། །ཡབ་བྱོན་པའི་ཡུལ་ཞེས་བྱ་བ་ནི་དགེ་སློང་གི་དངོས་པོ། རབ་ཏུ་སྐྱེ་བའི་གནས་ཡིན་པའི ་ཕྱིར་ཏེ། བསོད་སྙོམས་ལེན་པས་དགེ་སློང་གི་དངོས་པོར་འགྱུར་བ་ཡིན་གྱི་ཟས་མང་པོ་ཡོངས་སུ་ཚོལ་བ་ལས་ནི་མ་ཡིན་ནོ། །ཆུང་མ་རྙིང་པ་ཞེས་བྱ་བ་ནི་ཁྱིམ་པའི་གནས་སྐབས་ན་ལོག་པར་གཡེམ་པའི་ལས་ལྷན་ཅིག་བྱེད་པ་ཅན ་བྱ་བ་མ་ཡིན་པ་ཐམས་ཅད་ལ་སེམས་འཇུག་པ་དེའི་ཕྱིར། ཁྱོད་ཀྱི་སེམས་བསྲུངས་ཤིག་ཅེས་སྨོས་པ་ཡིན་ནོ། །རེག་པའི་དུག་ཅེས་བྱ་བ་ནི་རེག་བ་ཙམ?་གྱིས་འདོད་ཆགས་ཀྱི་དུག་ལྡང་བར་བྱེད་པའི་ཕྱིར་རོ། །རྒྱགས་པའི་མུན་པ་ཞེས་བྱ་བ་ནི་རྒྱགས་པས་རྣམ་པར ་རྨོངས་པར་གྱུར་པའོ། །སྲེད་པའི་མུན་པ་ཞེས་བྱ་བ་ནི་སྲེད་པ་པ་རྨོངས་པར་གྱུར་པའོ། །མགོ་མེ་ཏོག་གི་རྣམ་པ་ལྟ་བུ་ཞེས་བྱ་བ་ནི་སྤྲ་བའི་མེ་ཏོག་བཞིན་དུ་མགོ་དཀར་པོར་གྱུར་པའོ། །རྒན་ཞུགས་བྱ་བ་ནི་ན་ཚོད་རྒས་ནས་རབ་ཏུ་བྱུང་བའོ། །ཕན་པ་བྱས ་པ་ཤེས་པར་གྱུར་པ་གང་ཡིན་པ་དེ་ནི་བྱས་པ་བཟོ་བའོ། །བྱས་པ་ཤེས་པ་ཞེས་བྱ་བ་ནི་འདིས་བདག་ལ་ཕན་ཆེན་པོ་ཞེས་གཞན་ལ་སྒྲོག་པར་བྱེད་པའོ། །སྦྱོར་བ་ནི་རབ་ཏུ་སྦྱོར་བ་དང་བྱ་བ་སྟེ། དས་ཉམས་པ་ནི་རྒུད་པར་གྱུར་པའོ། །དེ་བས་ན ་འདི་ལྟར་དགེ་སློང་དག་གིས་མི་ཚངས་པར་སྤྱོད་པ་བརྟེན་པར་བྱ་བ་མ་ཡིན་ནོ། །ཞེས་མི་ཤེས་པ་དེའི་ཕྱིར་བསམ་པ་ནི་མ་ཉམས་པའོ། །ཕས་ཕམ་པ་བཞི་ནི་མི་ཚངས་པར་སྤྱོད་པ་ལ་ལྡོག་པ་ལ་སོགས་པ་དག་ལས་སོ། །བདུད་རིས་ནི་བདུད་ཀྱི ་སྡེ་ཡིན་ལ་གཅེས་པ་ནི་གནོད་པ་བྱས་པས་སོ། །ཚངས་པ་ནི་མྱ་ངན་ལས་འདས་པ་ཡིན་ལ། དེའི་རྒྱུ་མཚན་དུ་སྤྱོད་པ་ནི་ཚངས་པར་སྤྱོད་པ་སྟེ། དེ་དང་འགལ་བ་ནི་མི་ཚངས་པར་སྤྱོད་པའོ། བྱ་བ་མ་ཡིན་པ་ཐམས་ཅད་ཚངས་པར་སྤྱོད་པ་མ་ཡིན ་པ་དེའི་ཕྱིར་རྒྱ་རྣ་རུ་ཞེས་བྱ་བ་སྨོས་ཏེ། སྐྱེས་པ་དང་བུད་མེད་ཀྱི་ཀུན་ཏུ་སྦྱོར་བ་ནི་འཁྲིག་པ་ཡིན་ལ། དེ་འབྱུང་བའི་ལས་ནི་རྒྱ་རྣ་རུའོ། །སྐལ་པ་ཡོད་ན་ཞེས་བྱ་བ་ནི་འཕགས་པའི་ལམ་སྐྱེར་རུང་བའོ། །ངོ་བཞིན་གནག་ཅིང་མཆི་མ་དང་བཅས་བཞིན ་དུ་ཞེས་བྱ་བ་ནི་ཁ་གདོང་ངན་ཅིང་མཆི་མས་ཁྱད་བཞིན་དུའོ། །བྱ་བ་མ་ཡིན་པ་བྱེད་པ་ནི་བྱ་བ་མ་ཡིན་པ་སྤྱོད་པའོ། །རང་བཞིན་ཏེ་དགེ་སློང་གི་བྱ་བ་ལ་གནས་པས་ན་རང་བཞིན་དུ་གནས་པའོ། །གསོད་པོར་སྨྲ་བ་ནི་ལུས་ཀྱིས་ཕྱག་བྱ་བ་མ་གཏོགས ་བ་ཚིག་གིས་ཕྱག་བྱེད་པའོ། །ཕྱག་བྱེད་པ་ནི་ཡན་ལག་ལྔས་གཏུགས་པ་འམ། བྱིན་པ་བཅད་པའོ། །ཐལ་མོ་སྦྱར་བ་ཞེས་བྱ་བ་ནི་ལག་པ་གཉིས་ཐལ་མོ་སྦྱར་བ་སྔོན་དུ་སོང་བ་ཅན་གུས་པའོ། །འདུས་པའི་ལས་ནི་ལུས་ཀྱིས་ཕྱག་བྱས་པ་སྔོན་དུ ་སོང་བ་ཅན་ནོ། །བསུ་བ་ཞེས་བྱ་བ་ནི་གོམ་པའི་རིམ་པ་གཅིག་བསྣུར་བའི་སྒོ་ནས་སོ། །མཉན་པ་དང་ལུང་ནོད་པ་ཉེ་བར་གཞག་པར་མི་བྱའོ། །གཞན་རབ་ཏུ་འབྱིན་པ་དང་དགེ་ཚུལ་ལ་གནས་སྦྱིན་པའི་སྒོ་ནས་ཀྱང་བསྡུ་བར་མི་བྱའོ། །ཚུལ་ཁྲིམས་ཀྱི་རྒུད་པ་ནི། ་ཚུལ་ཁྲིམས་ཉམས་པའོ། །ལྟ་བས་རྒུད་པ་ནི་ལྟ་བ་ཕྱིན་ཅི་ལོག་པ་དང་སྨད་པ་ཅན་ནོ། །ཆོ་གས་རྒུད་པ་ནི་སྤྱོད་ཡུལ་མ་ཡིན་པར་འགྲོ་བ་དང་འོང་བ་ལ་སོགས་པའོ། །འཚོ་བས་རྒུད་པ་ནི་ཁ་གསག་དང། ཐོབ་ཀྱིས་འཇལ་བ་ལ་སོགས་པ་ལོག་པའི་འཚོ་བས་སོ། །ལྕི་བ་ཤིན ་ཏུ་འཇམ་པོས་བྱུགས་ཤིག་ཅེས་བྱ་བ་ནི་ལྕི་བ་སར་པ་བཟང་པོ་དང་ལྡན་པས་བསྒྲུབ་པའོ། །དུས་ཤེས་པ་ཞེས་བྱ་བ་ནི་ཟས་ཀྱི་དུས་སོ། །མཐུ་ནི་ནུས་པའོ། །ཟས་བཤམ་པ་འཇོག་པར་བྱེད་པའི་གནས་ལ་ཟས་ཀྱི་གནས་ཤེས་བྱའོ། །དུས་ཤེས་པར་བྱས་ལ་ཞེས་བྱ་བ ་ནི་ཉི་མ་ནུབ་པའི་དུས་ལ་ཚོགས་པའི་དུས་སོ། །འདུག་ཅིང་ཞེས་བྱ་བ་ནི་བྱེད་བཞིན་དུ་ཞེས་བྱ་བའི་ཐ་ཚིག་གོ་།རྒན་རིམས་ཇི་ལྟ་བ་བཞིན་དུ་ཞེས་བྱ་བ་ནི་བསྙེན་པར་རྫོགས་པའི་རིམས་པ་བཞིན་དུའོ། །སོས་སམ་ཞེས་བྱ་བ་ནི་ཁྱེད་ཀྱི་ཁམས་སྙོམས་སམ ་ཞེས་བྱ་བའོ། །དུ་བའི་རེང་དུས་ཞེས་བྱ་བ་ནི་དུ་བ་སྐྱེད་པར་བྱེད་པའི་ཐབས་ཡང་དག་པར་སྦྱར་བའོ། །རྗེས་སུ་ཁ་སྦྱར་ཞེས་བྱ་བ་ནི་རྗེའུ་ཁ་སྦྱར་དུ་བྱས་པས་སོ། །གཅེའུ་ཞེས་བྱ་བ་ནི་ལྕགས་ལས་བྱས་པ་ཅན་དུ་བརྡུབ་པའི་ཐབས་སུ་འགྱུར་བའོ། །རྣོ་བ་ནི་མཚོན ་ལྟར་རོ། །སྣོད་ཅེས་བྱ་བ་ནི་དེ་འཇོག་པར་བྱེད་པའི་རྫས་སོ། །རྒྱལ་སྲིད་ལ་འཁོར་ལོས་འཇུག་པའི་ངང་ཚུལ་ཅན་གྱི་རང་བཞིན་གང་ཡིན་པ་ནི་འཁོར་ལོས་སྒྱུར་བ་ཡིན་ལ། དེའི་གསོ་བ་ནི་ནད་ཞི་བར་བྱེད་པའི་ཐབས་སུ་གྱུར་པའོ། །གང་གིས་སྣ་སྨན་གྱི་ལས ་བྱེད་པ་དེ་ནི་ཀླུགས་སྤྱོད་དོ། །བརྣངས་པ་ནི་ཟོས་པའི་ཁམས་མགྲིན་པའི་ཕྱོགས་སུ་ཐོབས་པའོ། །གང་གིས་ཁམ་ཐོགས་པ་གལ་ཏེ་བསལ་བར་བྱ་བའི་འཕུལ་བའི་སྤྱད་ཀྱིས་བཏུང་བར་བྱེད་པའི་འཕུལ་བའི་བཏུང་ཕོར་རོ། །ཁྱོགས་ཞེས་བྱ་བ་ནི་རྟག་ཡག་རྔའི་ཚོམ་བུས་སྦྱངས ་པ་དང། དྲིལ་བུ་བཏགས་པའི་ཁྱོགས་བྱས་ནས་སོ། །འཇིག་རྟེན་ལ་བུ་བཞིན་དུ་སེམས་ཤིང་ཞེས་བྱ་བ་ནི་ཇི་ལྟར་འགའ་ཞིག་བུའི་ནང་དུ་འགྲོ་བར་གྱུར་པ་ན་གུས་པར་མི་འགྱུར་བ་དེ་བཞིན་དུ་དེས་གུས་པར་འགྱུར་ཞིང། དེ་བཞིན་དུ་དེ་དག་ཀྱང་གུས་པར་མི་འགྱུར ་བ་ལྟ་བུའོ། །ནགས་དང་ཐག་ཉེ་བའི་ས་ཕྱོགས་ནི་ཤིང་རྩའོ། །བཤད་པ་ཀུན་ཏུ་སྐྱེས་པས་ན་བཤང་པ་བྲོ་བར་གྱུར་པའོ། །གཅི་བ་ཀུན་ཏུ་སྐྱེས་པས་ན་གཅི་བ་བྲོ་བར་གྱུར་པ་སྟེ། གཅི་བའི་དབང་དུ་གྱུར་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །ཚེར་མས་ཉེ་བར ་མཚོན་པ་ཚེར་མ་དང་ལྡན་པས་ན་ཚེར་མ་ཅན་ནོ། །བཤད་བ་དང་གཅི་བའི་སྐྱབས་ཀྱིས་ཞེས་བྱ་བ་ནི་ཁང་པའི་རྣམ་པ་ལྟ་བུར་བྱས་པའོ། །གདུང་རིངས་ནི་ཤིང་གི་གདུང་མ་ཆེན་པོའོ། །བུ་གུ་གཏོད་པ་ནི་ཕྱིར་ཕྱོགས་པར་རོ། །གཙང་སྦྲ་ཐ་དད་པ་ཞེས་བྱ་བ་ནི་ཕན ་ཚུན་གཙང་སྦྲ་ཐ་དད་པ་དེའི་ཕྱིར་ཁོ་བོ་རིལ་བས་ཆུ་བཏུར་བར་མི་བྱ་བའོ། །སྣོད་དབེན་བར་བྲུག་པ་ལ་སོགས་པའི་བྱ་བ་ལ་ལྷག་པར་སྦྱར་བས་ན་སྣོད་སྦྱང་འབྲུག་པའོ། །ཆུ་ཁང་ཞེས་བྱ་བ་ནི་ཆུ་བཞག་པར་བྱ་བའི་དོན་གྱི་གནས་སོ། །སོ་ཕག་ནི་ཕག ་གུ་སོ་བཏང་བ་ཡིན་པར་རིག་པར་བྱའོ། །གཞི་ཞེས་བྱ་བ་ནི་བུམ་པ་མི་གཡོ་ཞིང་བརྟན་པར་གནས་པས་སྒྲུབ་པར་བྱེད་པའོ། །ས་བླའི་གནོད་སྦྱིན་རྣམས་ཀྱིས་ཞེས་བྱ་བ་ནི་ས་ལ་གནས་པར་གྱུར་པའོ། །སྒྲ་འབྱིན་ཅིང་ཞེས་བྱ་བ་ནི་སྒྲ་ཅུང་ཟད ་འདོན་པར་བྱེད་པའོ། །དབྱངས་རྗེས་སུ་སྒྲོགས་པ་ཞེས་བྱ་བ་ནི་ཕ་རོལ་པོའི་རྣ་བའི་རྣམ་པར་ཤེས་པ་སྐྱེད་པར་བྱེད་པའི་སྒྲ་མཐོན་པོ་སྒྲོགས་པའོ། །བསྐལ་པར་བཞུགས་ཞེས་བྱ་བ་ནི་བསྐལ་པ་ཆེན་པོའོ། །བར་སྣང་ལ་རྒྱུ་བ་རྣམས་ནི་ནམ་མཁའ་ལ་གནས ་པར་རོ། །དེ་ནས་སྐད་ཅིག་ཅེས་བྱ་བ་ནི་བུད་མེད་རལ་བལ་གྱི་འདབ་མ་ལས་མྱུར་དུ་འཁལ་བའི་དཔུང་པ་རྒྱང་པའི་མཐར་ཐུག་པའི་དུས་དེ་ཙམ་ལ་འདིར་སྐད་ཅིག་མར་འདོད་དེ་སྐད་ཅིག་མ་དེས་མྱུར་དུ་སོང་ནས་སོ། །ཐང་གཅིག་ཅེས་བྱ་བ་ནི་ཙ་ཤ་ག ་གཉིས་ལ་གྲགས་པ་ཡིན་ཏེ་དེའི་ནང་དུ་སོང་ནས་སོ། །ཡུད་ཙམ་ཞེས་བྱ་བ་ནི་ཆུ་ཚོད་གཉིས་ལ་གྲགས་པ་ཡིན་ཏེ་དེས་དལ་གྱི་སོང་ནས་སོ། །དེ་ནས་སྐད་ཅིག་ཐང་གཅིག་ཡུད་ཙམ་གྱི་ཞེས་བྱ་བ་ནི་འདིར་སྐད་ཅིག་མ་ལ་སོགས་པ་འདུས་པའི་དུས་གང་ཡིན་པ་དེ་ལ་དལ ་གྱིས་སོ་ནས་ཚངས་པའི་འཇིག་རྟེན་གྱི་བར་དུ་སྒྲ་བྱུང་བར་གྱུར་པའོ་མང་པོ་རྣམས་ལ་བར་ཆད་བྱས་ཤིང་བྱ་བ་ནི་སྒྲང་ཐོས་པར་གྱུར་པས་ཡིད་རྣམ་པར་འཁྲུགས་ཏེ་དམ་པའི་ཆོས་ཉན་པའི་བར་ཆད་སྐྱེས་པར་གྱུར་པ་འམ། ཡང་ན་བསྐལ་བར་བཞུགས་ཤིང ་ཅེས་ཐོས་པ་ལས་དེ་དག་བལྟོས་པ་དང་བཅས་པ་སྐྱེ་བར་འགྱུར་ཏེ། ཡུལ་འདི་ལ་བཅོམ་ལྡན་འདས་བསྐལ་པར་བཞུགས་པ་དེའི་ཕྱིར་ཐར་པ་དང། རྗེས་སུ་མཐུན་པའི་བྱ་བ་བྱེད་པའི་སྤྲོ་བ་ཆུང་བ་སྐྱེ་བར་འགྱུར་ཞིང་ཕྱིས་བྱའོ་སྙམ་པས་དེ་དག་གི་བསོད་ནམས ་ཆེན་པོའི་བར་ཆད་དུ་འགྱུར་རོ། །མཐུན་མི་ཕྱེད་ཅེས་བྱ་བ་ལ་སོགས་པ་ཆོས་དང་ཟང་ཟིང་ལོངས་སྤྱོད་དམ་ཕན་ཚུན་མཐུན་པ་རྗེས་སུ་སྦྱིན་པས་ན་མཐུན་མི་ཕྱེད་པའོ། །དགེ་བའི་ཕྱོགས་འཕེལ་བ་ལ་རབ་ཏུ་དགའ་བས་ན་ཀུན་ཏུ་དགའ་བའོ། །ཕན་ཚུན་ལྟ་བར ་འདོད་པས་ལོག་པའི་རྩོད་པའི་ཚོགས་སྤངས་པས་ན་མི་རྩོད་པའོ། །སེམས་མཉམ་པར་མ་བཞག་པ་ལས་རྩེ་གཅིག་པའི་མཉམ་པར་བཞག་པ་ཡོངས་སུ་སྐྱོང་བར་བྱེད་པས་ན་མཆོག་གཅིག་པའོ། །སོ་སོར་ཐར་པ་ཐ་མི་དད་པར་འདོན་པས་དང། ཕན་ཚུན ་ཀློག་པར་བྱ་བ་ཉིད་ཡན་པས་ན་འདོན་པ་གཅིག་པའོ། །གཞན་གྱི་དྲིང་མི་འཇོག་པ་ཉིད་ཀྱིས་ན་ཆུ་དང་འོ་མ་གཅིག་ཏུ་འདྲེས་པའོ། །སྟོན་པ་ནི་བཅོམ་ལྡན་འདས་ཡིན་ལ། བསྟན་པ་ནི་བཀའ་ཡིན་ནོ། །གསལ་བར་གྱུར་པ་ནི་རབ་ཏུ་གསལ་བར་གྱུར་པའོ། ་དེ་ལ་བལྟས་པ་ཁོ་ནས་དེ་བཞིན་གཤེགས་པ་ལ་ཕྱག་བྱས་ནས་ལེག་པར་ཕྱག་བྱས་པ་ཡིན་ནོ། སྲུ་ནི་ཡུམ་གྱི་མཆེད་ཟླ་བའོ། །བརྩོན་འགྲུས་བརྩམས་ཤིང་ཞེས་བྱ་བ་ནི་བརྩོན་འགྲུས་དེ་ལ་གཞོལ་བར་གྱུར་པའོ། །བདག་རབ་འཇོག་ཅེས་བྱ་བ་ནི་སེམས་དགེ་བའི་ཆོས ་བསྒོམ་པ་ལ་སོ་སོར་འཇོག་པའོ། །བརྟན་པ་ཕ་རོལ་གནོན་པ་ནི་ཐམས་ཅད་དུ་དགེ་བའི་བྱ་བ་ལ་བརྟན་པའོ། །ལུས་འཇིག་པའི་ནུས་པ་དང་ལྡན་པའི་ཡོངས་སུ་མྱ་ངན་ལས་འདས་པ་བདག་ཉིད་འདོད་པས་ན་བརྟུལ་ཏེ་མྱ་ངན་ལས་འདས་པ་འཚལ་བ་འམ། གནས་པ ་ཉིད་མི་ནུས་པས་ཡོངས་སུ་མྱ་ངན་ལས་འདས་པར་འཚལ་བའོ། །ཞེས་བྱ་བའི་བར་དུའོ། །ལུས་འཛིན་པར་ནུས་པ་དེ་དག་གིས་ཀྱང་མྱ་ངན་ལས་འདས་པའི་ཡོན་ཏན་འཁོར་བའི་ཉེས་དམིགས་མཐོང་བའི་ཕྱིར་མྱ་ངན་ལས་འདས་པར་འཚལ་ལོ། །བཅོམ་ལྡན་འདས ་དགྱེས་བཞིན་དུ་མྱ་ངན་ལས་འདས་པའི་ཕྱི་སྨྲ་འམ། ཞེས་བྱ་བ་ལ་སོགས་པ་ནི་ལན་གཉིས་བརྗོད་པའོ། །དེ་ལྟ་བུའི་ཆོས་ཅན་ཡིན་ན། ཞེས་བྱ་བ་ནི་རྣམ་པར་མཐོང་བའི་ཆོས་ཅན་ནོ། །མངོན་པར་བསྟོད་པ་ནི་སེམས་ཀྱིས་སོ། །རྗེས་སུ་ཡི་རང་བ་ནི་དག་གིས་སོ།། ་རྣམ་པར་མ་འཁྲུལ་བ་ཞེས་བྱ་བ་ན་བསམ་པ་དང་བག་ལ་ཉལ་དང་ཁམས་དང་རང་བཞིན་མ་འཁྲུལ་བའི་སྒོ་ནས་སོ། །ལུས་ལས་འོད་ཟེར་ངེས་པར་འཕྱུང་བའི་རྒྱུ་ཅན་གྱི་ཏིང་ངེ་འཛིན་ཏེ། གཟི་བརྗིད་ཀྱི་རྒྱུར་གྱུར་པ་ལའོ། །བཅོད་ཀྱི་མདོག་ཅེས་བྱ་བ་ནི་འོད་ཟེར ་གྱི་ཁ་དོག་བཅོད་ཀྱི་རྣམ་པ་ལྟ་བུའོ། །ཟུང་ནི་ཕྲུགས་ལ་བྱའོ། །བསམ་གཏན་དང་པོ་ལ་བརྟེན་ནས་ཞེས་བྱ་བ་ནི་བསམ་གཏན་དང་པོའི་སེམས་ཀྱིས་དེ་མ་ཐག་སོ་སོར་ཡོངས་སུ་མྱ་ངན་ལས་འདས་པའོ། །ལུས་ལ་མཆོད་པ་ལྷག་པར་བྱ་བ་ཞེས་བྱ་བ་ཞེས ་བྱ་བ་ནི་ལུས་ལ་མཆོད་པའི་རྒྱུ་ཅན་ནོ། །ཡིད་བརྟན་པ་དང་སྲོག་བྱིན་དང་རྙིང་པ་ཞེས་བྱ་བ་ནི་གྲོང་དང་རྒྱལ་པོའི་ཕོ་བྲང་དུ་མཆོག་ཏུ་ཡིད་ཆེས་པ་གང་ཡིན་པ་དེ་ལ་ཡིད་བརྟན་པ་ཞེས་བྱའོ། །དགེ་སློང་དག་ལྟོས་ཤིག་ཅེས་བྱ་བ་ནི་སྐྱེ་དགུའི་བདག་མོ་ཆེན ་མོའི་ལུས་ལ་སོགས་པ་ལའོ། །ཅིའི་ཕྱིར་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་ཡང་དག་གི་ལུས་སྟོན་པར་མཛད་ཅེ་ན། འདིར་སྨྲས་པ། འཁོར་བའི་ཉེས་པ་རབ་ཏུ་བསྟན་པའི་ཕྱིར་དང། མྱ་ངན་ལས་འདས་པའི་ཡོན་ཏན་ཐུན་མོང་མ ་ཡིན་པ་བསྟན་པའི་ཕྱིར་དང། བཅོམ་ལྡན་འདས་ཀྱིས་དེ་དག་ཐམས་ཅད་ནི་དབང་དུ་གྱུར་པ་བཞིན་དུ་ལུས་འཛིན་པའི་ནུས་པ་དང་ལྡན་ཞིང་ལུས་རྒས་པས་ཉམས་པ་མེད་དོ། གང་གི་ཕྱིར་འདི་དག་གི་ལུས་ནི་གཞོན་ནུ་མ་ལོ་བཅུ་དྲུག་ལོན་པའི་ལུས་ཀྱི ་གནས་སྐབས་དང་མཚུངས་པ་དེའི་ཕྱིར་འཁོར་བ་ལ་ཚེར་སྐྱོ་བར་བྱ་བ་དང། མྱ་ངན་ལས་འདས་པའི་ཕན་ཡིན་ཆེན་པོ་མཐོང་བ་ལས་མངོན་པར་འདོད་པ་སྤེལ་བར་བྱ་བའི་ཕྱིར་བསྟན་པ་ཡིན་ནོ། །མི་རྟག་པ་དང་ལྡན་པ་ཞེས་བྱ་བ་ནི་འདུ་བྱེད་ཐམས་ཅད་མི ་རྟག་པ་ཉིད་དང། ཡིད་བརྟན་དུ་མེད་པ་ཉིད་དང། ཆོས་ཐམས་ཅད་ནི་རྣམ་པར་འགྱུར་བའོ། །ཞེས་བྱ་བ་ལ་སོགས་པའོ། །ས་གླངས?་པ?་ནི་ཡོངས་སུ་བསྲུང་བར་བྱ་བའི་དོན་དུ་མགོ་བོའི་ཕྱོགས་སུ་སའི་ཚང་པས་བསྐར་བའོ། །གོས་སྔོན་པོ་ཅན་ཞེས་བྱ་བ་ནི་ཡོངས་སུ ་བགོ་བར་བྱ་བ་སྔོ་བ་སྟེ་ཕྱག་ན་རྡོ་རྗེའི་འཁོར་ཉེ་གནས་རྟག་ཏུ་ཐག་ཉེ་བ་ན་གནས་པ་ལྔ་བརྒྱ་དག་གིས་སོ། །མདངས་ཞེས་བྱ་བ་ནི་སྙིང་གི་ཕྱོགས་ན་གནས་པ་སྲོག་འཛིན་པར་བྱེད་པའི་རྫས་ཀྱི་བྱེ་བྲག་ཡིན་ལ། དེ་ཕྲོགས་པ་ནི་གནས་ནས་བསྐྱོད་པ་ཡིན ་ཏེ། དེ་བསྐྱོད་པ་ན་སྐྱེ་བོ་ཡུན་རིང་དུ་གནས་པར་མི་འགྱུར་རོ། །འཚོ་བ་ལ་ཆགས་པ་ནི་འཚོ་བའི་བསམ་པ་ཅན་ཞེས་བྱ་བའི་ཐ་ཚིག་གོ་།ངེས་པར་ཞེས་བྱ་བ་ནི་ངེས་པར་བྱེད་པས་ན་ངེས་པ་སྟེ། མཐོང་བའི་ལམ་ཡིན་ཏེ། ཡང་དག་པར་ངེས་པའི་ཕུང ་པོ་ངེས་པར་བྱེད་པའི་ཕྱིར་རོ། །དེ་རྩོམ་པ་ནི་སྐྱེད་པར་བྱེད་པ་ཡིན་ཏེ། རྩོམ་པ་དེ་དང་ལྡན་པའོ། །ཁུ་བ་ཐམས་ཅད་ནི་ཉམ་ལ་ཕན་པར་འགྱུར་རོ་ཞེས་བྱ་བ་ལ། ཉམ་ནི་འདིར་སྟོབས་ཀྱི་རྣམ་གྲངས་སོ། །བསྐོར་ཏེ་ཞེས་བྱ་བ་ནི་ཕུར?་བ་འདེབས་པ་ལྟར ་རྐོ་བར་བྱེད་པ་ནའོ། །ལག་ཟུངས་བཅུག་ན་འཁྲུལ་ཞིང་ཞེས་བྱ་བ་ནི་ལག་ཟུངས་འཛིན་པར་བྱེད་པའི་གཟེར་བུས་སྒོའི་སྒོ་གླིངས་ལ་ཀླན་པ་ལག་པས་བསྐྱོད་པའོ་སྒོ་ནས་ཏེ་དེ་ཀླན་པ་ཉིང་དུ་འདོད་པའོ། །གསོར་བུ་ཞེས་བྱ་བ་ནི་གསོར་དང་འདྲ་བའི་ཤིང་གི་ཡུ་བ་ཅན ་ཏེ་སྲུང་བའི་ཐབས་ཡིན་ཏེ། དེས་བུག་པ་གཏོད་ནས་ལ་གཟུངས་དང་འབྲེལ་བའི་ལྕགས་ཀྱི་གཟེར་བུའི་མེ་ལ་བསྲེས་ནས་བུག་པར་གཞུག་པར་བྱའོ། །རླུང་གིས་གནོད་པར་གྱུར་ཏེ། ཞེས་བྱ་བ་ནི་རླུང་གི་ནད་ཀྱིས་སོ། །འདིར་ཚད་ཆེན་པོའི་ནལ་ཟེ་ལ་སྨན་གྱི་ནལ ་ཟེར་ཤེས་པར་བྱ་སྟེ། ཆུ་བསྲོར་ཡང་གཏུབ་པའོ། །ལྕག་ཀྱི་གཟེར་བུ་ནི་ལྕགས་ཀྱི་གཟེར་བུ་ཚེན་པོའོ། །ཤིང་གི་ཐལ་ཕྱགས་ཞེས་བྱ་བ་ནི་གཎྜིའི་ཐེའུའི་རྣམ་པ་ལྟ་བུར་ཡུན་རིན་པོ་ཅན་དུ་བྱེས་པ་ཡིན་ནོ། །ཁྲི་ནི་འདིར་ཁྲིའུ་ཆུང་ངུ་ལ་བྱའོ། །སྔས ་ནང་ཚངས་ཅན་ནི་འདིར་ནང་ཚངས་ཀྱི་དབྱིབས་ཆེ་བ་ཡིན་ཏེ། གང་གི་ཆེ་ཉལ་བའི་དུས་ན་རྒྱབ་ཕྱོགས་སུ་བཞག་པ་དེ་ལ་བྱའོ། །གཟོང་བུ་ནི་ཤིང་མཁན་གྱི་རྫས་ཡིན་ཏེ། གང་གིས་ཤིང་གཅོད་པ་དང། འབིགས་པར་བྱེད་པའོ། །སྟེའུ་ནི་ཤིང་མཁན་གྱི ་འཇོག་པའི་ཐབས་སུ་གྱུར་པའོ། །སྐས་ནི་གཙུག་ལག་ཁང་ལ་སོགས་པ་བརྩམས་པའི་ལས་སར་གྱི་གྲོགས་སུ་གྱུར་པའོ། །སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་དང་ལྡན་པ་ཞེས་བྱ་བ་ནི་མདོམས་ཀྱི་སྤ་བ་སྤུབས་སུ་ནུབ་པ་དང། ལྗགས་རིང་ལ་སྲབ་གཉིས?་པ་དག་མ ་གཏོགས་པའོ། །ཤིན་ཏུ་ཆགས་ཞེས་བྱ་བ་ལ་སོགས་པ་ལ་འདོད་པས་འདོད་ཆགས་དགའ་མགུར་སྤྱོད་པས་ན་ཆགས་པ་ཉིད་དོ། །ཉེ་བར་འགྲོ་བར་འདུན་པས་ན་ཞན་པ་ཉིད་དོ། །ཡན་ལག་འཛིན་པར་དུན་པས་ན་འཆུམས་པའོ། །གཉིས་ཀྱིས་སྦྱོར་བར ་འདུན་པས་ན་མདུད་པའོ། །སེམས་རྣམ་པར་རྨོངས་པ་འམ། ལུས་རྣམ་པར་འགྱུར་བས་ན་བརྒྱལ་བ་ཉིད་དོ། །འཁྲིག་པའི་བྱ་བ་ཡོངས་སུ་རྫོགས་ནས་ཀྱང་དེ་ལ་ཞེན་པས་ན་ལྷག་པར་ཆགས་པ་ཉིད་དོ། །ལྷག་པར་ཆགས་པར་གྱུར་པ་ནི་གཞན་དག ་དེ་ལ་ཉེ་བར་སྤྱོད་པ་བཟློག་པར་འདོད་པའོ། །འོད་ཟེར་ནི་འོད་ལ་བྱའོ། །མཚན་མ་ནི་བདེ་བ་དང། །མཛེས་པ་ཕུན་སུམ་ཚོགས་པའི་དོན་དུ་དཔྲལ་བའི་ཕྱོགས་སུ་ཐིག་ལེ་བྱས་པའོ། །གསོལ་བར་མ་ནུས་པ་ཞེས་བྱ་བ་ནི་དཀའ་བར་དེའི་ཞབས ་དྲུང་དུ་ཕྱིན་པར་འགྱུར་བའི་ཕྱིར་རོ། །མ་སྤོབས་པ་ཞེས་བྱ་བ་ནི་ཉེ་བར་ཕྱིན་ནས་ཞུ་བའི་སྐབས་དཀའ་བའི་ཉིད་ཀྱི་ཕྱིར་རོ། །སྟོབས་ཀྱིས་འཁོར་ལོས་སྒྱུར་བ་དང་འདྲ་བར་ཡན་ལག་བཞི་པོ་དེ་ཉིད་ཀྱིས་རྒྱལ་སྲིད་ལ་དབང་སྒྱུར་བའི་སྟོབས་ཀྱིས་འཁོར ་ལོས་སྒྱུར་བའོ། །འཁྲིག་མ་ཞེས་བྱ་བ་ནི་གདུ་བུ་འདོགས་པའི་ཕྱོགས་སོ། །འདིར་ཁ་ཅིག་ན་རེ་གལ་ཏེ་དགའ་བོ་དུས་ཐམས་ཅད་དུ་འབྲོས་པའི་བསམ་པ་དང་ལྡན་པར་གྱུར་པ་ཡིན་ན་དེ་ལ་ཇི་ལྟར་སྡོམ་པ་སྐྱེ་བར་འགྱུར། སྡོམ་པ་སྐྱེ་བ་བསྟན་པ ་དང་དགེ་བའི་སེམས་ལ་རབ་ཏུ་རག་ལུས་པ་ཉིད་ཀྱི་ཕྱིར་རོ་ཞེས་བརྗོད་པར་བྱེད་དེ། དེ་ནི་འདིར་བླ་མའི་ལུང་ལས་དགའ་པོ་ནི་ཤིན་ཏུ་འདོད་ཆགས་དྲག་པས་སེམས་བསྟན་པ་དང། སེམས་ཉོན་མོངས་པ་ཅན་ཡིན་ཏེ། བཅོམ་ལྡན་འདས་ཀྱི ་ཞབས་དྲུང་དང་དགེ་འདུན་དང་ཐག་ཉེ་བར་འདུག་པ་ན་དེའི་སེམས་འདོད་ཆགས་དང། ཀུན་ནས་ལྡན་པ་ལྡོག་པ་དང་དགེ་བའི་སེམས་མངོན་སུམ་དུ་གྱུར་པ་ཡིན་པས། དགེ་བའི་སེམས་དང་སྡོམ་པ་སྐྱེ་བ་ཞེས་བྱ་བ་འདི་ལ་འགལ་བ་ཡོད་པ ་མ་ཡིན་ནོ། །གཙུག་ལག་ཁང་ཡོངས་སུ་ཉམས་པ་གང་ཡིན་པ་དེ་ཡང། ཞེས་བྱ་བ་ནི་དགེ་སློང་འགའ་ཞིག་གིས་ཀྱང་གཙུག་ལག་ཁང་གི་ཀུན་ཏུ་སྤྱོད་པའི་ལས། མ་བྱས་པ་གང་ཡིན་པ་དེ་དག་ཐམས་ཅད་ཁྱོད་ཀྱིས་གྱིས་ཤིག་པའོ། །སྐྱོ་བ ་ནི་དུས་པས་སྐྱེ་བའོ། །ལན་ཕྲིན་གསེབ་ལ་མོ། །ཁ་དོག་དང་ལྡན་པ་ཞེས་བྱ་བ་ནི་ཁ་དོག་ཕུན་སུམ་ཚོགས་པ་ཡོངས་སུ་རྫོགས་པར་གྱུར་པའོ། །དུ་རུ་ཀའི་འབྲུ་མར་ནི་དུ་རུ་ཀའི་དྲིའི་རྫས་ཀྱིས་བསྒོས་པའི་འབྲུ་མར་རོ། །ཡིད་དགའ་བ་ཞེས་བྱ་བ་ནི་སེམས ་རབ་ཏུ་དགའ་བའོ། །ཤིན་ཏུ་ཡིད་མགོ་བ་ནི་ཡིད་མགུ་བས་སོ། །ཆེད་དུ་བརྗོད་པ་ཆེད་དུ་བརྗོད་དེ། ཞེས་བྱ་བ་ནི་མངོན་པར་འདོད་པའི་དངོས་པོ་མངོན་པར་འདོད་པའི་སྒོ་ནས་གསལ་བར་བྱེད་པའོ། །ེ་མའོ་ངོ་མཚར་ཆེའོ། །སངས་རྒྱས་བཅོམ་ལྡན་འདས ་ཡོན་ཏན་དང་ལྡན་པ་ངོ་མཚར་ཆེའོ། །དེ་བཞིན་དུ་ཆེས་དང་དགེ་འདུན་ཡང་ངོ། །ལེགས་པར་གསུངས་པའི་ཆོས་ནི་འབྲས་བུ་ངེས་པ་ལ་འཁྲུལ་བ་མེད་པ་ཉིད་དོ། །འཇོག་སྣོད་ཅེས་བྱ་བ་ནི་དབང་པོ་རབ་ཏུ་གཞུག་པའི་ཕྱིར་བརྟེན་པའོ། །དེ་བཞིན་དུ་བཅས་པ་དང། ཞེས་བྱ ་བ་ནི་ཡོངས་སུ་སྦྱོང་བའི་ལས་མ་བྱས་པར་རོ། །སུན་ད་རི་ཀ་ལ་རྟོག་བཞིན་དུ། ཞེས་བྱ་བ་ནི་འདོད་ཆགས་ཀྱིས་ཀུན་ཏུ་སྦྱོར་བ་དང། ཡང་དག་པར་ལྡན་པས་སོ། །སེམས་ཆགས་ཤིང་ཞེས་བྱ་བ་ནི་སྐད་ཅིག་ཙམ་ཡང་དེ་དང་འབྲལ་བར་གནས་པ་ཉིད་དུ་མི་ནུས་པའོ། །བརྒྱའི ་ཆར་ཡང་ཉེ་བར་མི་འགྲོ་།ཞེས་བྱ་བ་ལ་སོགས་པ་ལ་བརྒྱའི་ཆར་ཏེ་གྲངས་སུ་མི་འགྲོའོ། །བརྒྱའི་སྒྲ་ནི་འདིར་མང་པོ་ཉིད་ཉེ་བར་མཚོན་པར་བྱ་བའི་དོན་ཏོ། །སྟོང་གི་ཆར་ཡང། ཞེས་བྱ་བ་ནི་ཤིན་ཏུ་མང་པ་ཉིད་ཉེ་བར་མཚོན་པར་བྱ་བའི་ཕྱིར་རོ། །འབུམ་གྱི ་ཆར་ཡང། ཞེས་བྱ་བ་ནི་རབ་ཏུ་མང་པོ་ཉིད་ཉེ་བར་མཚོན་པར་བྱ་བའི་ཕྱིར་རོ། །གྲངས་སུ་ཡང་ཞེས་བྱ་བ་ནི་དྲུག་ཅུ་གནས་གཞན་ལྷག་པར་གྱུར་པ་ལ་ཡང་གྲངས་སུ་ཉེ་བར་མི་འགྲོ་བའོ། །ཆར་ཡང། ཞེས་བྱ་བ་ནི་གྲངས་ཀྱི་ཆ་ཤས་སུ་སྟེ། འདིར་ཆའི་སྒྲ་ནི་ཆ ་ཤས་ཀྱི་རྣམ་གྲངས་ཡིན་ནོ། །བགྲང་བར་ཡང་ཞེས་བྱ་བ་ནི་དོན་དམ་པ་ཉིད་དུ་བསྡུས་པ་ནི་བགྲང་བ་སྟེ། སྤྲེའུ་མོ་འདི་ནི་ཡང་དག་པ་ཉིད་དུ་གྱུར་པ་མ་ཡིན་ཏེ། སུན་ད་རི་ཀ་ལས་བལྟོས་ན། ཞེས་བྱ་བའི་བར་དུའོ། །དཔེར་ཡང། ཞེས་བྱ་བ་ནི་དཔེ་ཉིད་དུ་འགྱུར ་བའོ། རྒྱུར་ཡང་སྟེ། དཔེའི་རྒྱུ་ཙམ་དུ་ཡང་མི་འགྱུར་བའོ། །རྩེ་བ་ནི་པི་བང་ལ་སོགས་པ་རོལ་མོའི་ཁྱད་པར་རོ། །བཞིན་རབ་ཏུ་དང་བའི་ཕྱིར་དགའ་བའོ། །ཡིད་ཀྱི་བདེ་བ་ནི་ཉམས་སུ་མྱོང་བའི་ཕྱིར་མགུ་བའོ། །སྐད་རབ་ཏུ་དང་བའི་ཕྱིར་རངས་པའོ། ། ་ཤིན་ཏུ་ཁྲེལ་བ་ནི་ངོ་ཚ་བའི་རྒྱུ་མཚན་ཡིན་པའི་ཕྱིར་སེམས་ཀྱིས་ཡོངས་སུ་སྤོང་བ་ཉིད་དུ་འདོད་པའོ། །ངོ་ཚ་ནི་ངོ་ཚ་བར་གྱུར་པས་གཞན་གྱིས་བཞིན་ལ་ཡང་བལྟ་བ་ཉིད་ཀྱི་ནུས་པ་མེད་པའོ། །རྣམ་པར་འདོར་ཞིང་ཞེས་བྱ་བ་ནི་སེམས ་ཀྱིས་ངོ་ཚ་བའི་དངོས་པོ་ཡོངས་སུ་སྤོབ་པར་བྱེད་པའོ། །སྨོད་པར་བྱེད་ཅེས་བྱ་བ་ནི་ཡོངས་སུ་སྤངས་པའི་འོག་ཏུ་བདག་ཉིད་ལ་སྨོད་པར་བྱེད་པའོ། །དམྱལ་བས་ཁྱབ་པའི་ས་ཕྱོགས་མ་ཡིན་པ་ནི་གནས་མཐོན་པའོ། །ཕྱུང་བ་ནི་མིག་གོ་།བཅད་པ་ནི་ཤའོ། །ཕུག ་པ་ནི་རུས་པའོ། །མཚོན་མདུང་ཐུང་ལ་སོགས་པ་ནི་མཚོན་ཆའི་བྱེ་བྲག་གོ་།འགའ་ཞིག་ན་ཅུང་ཟད་འབར་གྱུར་པས་ན་ཅུང་ཟད་འབར་བའོ། །ཅུང་ཟད་འབར་བ་དེ་ཉིད་འཕེལ་བར་གྱུར་པས་ན་རབ་ཏུ་འབར་བའོ། །རྒྱུན་མི་འཆད་པར་འབར་བ་ཉིད་ཀྱིས་ན་ཀུན ་ནས་རབ་ཏུ་འབར་བ་ཉིད་དོ། །འབར་བ་དེ་དག་ཐམས་ཅད་གཅིག་ཏུ་འདུས་པར་གྱུར་པས་ན་གཅིག་ཏུ་འབར་བར་གྱུར་པའོ། །སྐྲག་པ་ཞེས་བྱ་བ་ནི་མངོན་པར་འདོད་པའི་དངོས་པོ་མ་ཡིན་པ་ཐོས་པའི་ཕྱིར་རོ། །སྐྱོ་བ་ཞེས་བྱ་བ་ནི་སེམས་སྐྱོ་བ་དང། ་ལྡན་པ་སྐྱེ་བར་གྱུར་པའོ། །བ་སྤུ་ལྡང་བ་ཞེས་བྱ་བ་ནི་ལུས་ཀྱི་སྤུ་ལྡང་བར་གྱུར་པའོ། །དམན་པ་ནི་ཞུམ་པའོ། །ཞན་པ་ནི་སྐྱོ་བར་གྱུར་པས་བག་འཁུམས་པ་སྟེ་དུ་བ་ཉིད་དུ་འདོད་པ་ལྟ་བུའོ། །སྨོན་པས་ཞེས་བྱ་བ་ནི་མཐོ་རིས་ལ་སོགས་པའི་འབྲས་བུའི ་དོན་དུ་ངེས་པའོ། །ཚེ་དང་ལྡན་པ་མཛེས་དགའ་ཞེས་བྱ་བའི་སྒྲ་འདི་ནི་དེ་བཞིན་གཤེགས་པའི་བསྟན་པ་ལ་ཞུགས་པ་དག་ལ་མཆོད་པ་ཡིན་ཏེ། མངོན་པར་འདོད་པའི་ཚེ་དང་ལྡན་པ་ཉིད་ཡིན་པའི་ཕྱིར་རོ། །ཐོག་མར་ཞེས་བྱ་བ་ནི་འཛིན་པའི་དུས་ཡིན ་ལ་དགེ་བ་ཞེས་བྱ་བ་ནི་བཟང་པོ་སྟེ། ཁ་ན་མ་ཐོ་མེད་པ་ཉིད་ཀྱི་ཕྱིར་རོ། །བར་དུ་ཞེས་བྱ་བ་ནི་སེམས་པའི་གནས་སྐབས་སུའོ། །ཐ་མར་ཞེས་བྱ་བ་ནི་བསྒོམ་པའི་གནས་སྐབས་སུའོ། །དོན་བཟང་པོ་ཞེས་བྱ་བ་ནི་དོན་ཕྱིན་ཅི་མ་ལོག་པ་དང་ལྡན་པའི་ཕྱིར་རོ།། ་ཚིག་འབྲུ་བཟང་པོ་ཞེས་བྱ་བ་ནི་སྒྲུབ་པར་བྱེད་པའི་སྒྲ་དང་ལྡན་པའི་ཕྱིར་རོ། །འདི་ཁྱད་པར་དུ་འཕགས་པའི་དགོས་པ་དང་ལྡན་པ་ཉིད་དུ་གསུངས་པ་ནི་མ་འདྲེས་པ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། མ་འདྲེས་པ་ཞེས་བྱ་བ་ནི་སྡུག་བསྔལ་ཐམས་ཅད་ཟློག་པར་བྱེད་པ ་ལ་ཐེག་པ་ཆེན་པོ་ལ་བལྟོས་པ་མེད་པའི་ཕྱིར་མ་འདྲེས་པ་སྟེ། ཚངས་པར་སྤྱོད་པའོ། །ཡོངས་སུ་རྫོགས་པ་ནི་རལ་པ་མེད་པ་སྟེ། འབྲས་བུ་མ་ལུས་པ་སྒྲུབ་པར་བྱེད་པ་ཡིན་པའི་ཕྱིར་རོ། །ཡོངས་སུ་དག་པ་ནི་ཉོན་མོངས་པའི་དྲི་མ་དང་བྲལ་བའི་ཕྱིར་རོ། །ཡོངས་སུ་བྱར་བ་ནི ་ཡང་སྲིད་པར་འབྱུང་བའི་ལས་སྤངས་པའི་ཕྱིར་རོ། །འདིའི་མིང་གང་ཞེ་ན། འདི་ལྟ་སྟེ། མངལ་དུ་འཇུག་པ་ཞེས་བྱ་བ་སྨོས་པ་ཡིན་ནོ། །ཤིན་ཏུ་ལེགས་པར་ཉོན་ལ་ཟུང་ཞིག་ཅེས་བྱ་བའི་ཚིག་གསུམ་པོ་དེ་དག་ནི་ཉན་པ་པོའི་སེམས་བསྐྱེད་པའི་བྱེ་བྲག་ལ་རྣམ་པར ་སྦྱར་བའི་ཕྱིར་ཏེ། ཉན་པ་པོ་ཁ་ཅིག་ནི་སྣོད་ཁ་སྤུབ་པ་ལྟ་བུ་ཡོད་ལ། ཁ་ཅིག་ནི་སྣོད་ཞབས་རྡོལ་ལྟ་བུ་ཡོད་ཅིང། ཁ་ཅིག་ནི་སྣོད་མི་གཙང་བ་ལྟ་བུ་ཡོད་དོ། །ཁ་སྤུབ་པ་ལ་ཆུ་མི་འཇུག་ལ་རྡོལ་བ་ལ་འཇུག་ཀྱང་གནས་པར་མི་འགྱུར་ཞིང། མི་གཙང་བ་ལ་འཇུག་ཅིང་གནས ་ཀྱང་བཏུང་བར་བྱ་བ་མ་ཡིན་པར་འགྱུར་བ་དེ་བཞིན་དུ་འགའ་ཞིག་གི་ཡིད་ལ་ཆོས་བཤད་པར་གྱུར་པ་འཇུག་པར་མི་འགྱུར་ཏེ། རྩེ་ཅིག་ཏུ་ཉན་པ་མེད་པའི་ཕྱིར་རོ། །འགའ་ཞིག་ལ་རབ་ཏུ་འཇུག་ཀྱང་གནས་པར་མི་འགྱུར་ཏེ། བརྗེད་ངས་པའི་ཕྱིར་རོ། །འགའ་ ་ཞིག་ལ་རབ་ཏུ་འཇུག་ཅིང་གནས་སུ་ཟིན་ཀྱང་ལོག་པ་ཉིད་དུ་འཛིན་པར་འགྱུར་ཏེ། ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པའི་དབང་གི་ཕྱིར་རོ། །དེ་ནི་འདིར་བཅོམ་ལྡན་འདས་ཀྱིས་སྣོད་ཁ་སྤུབ་པ་ལ་སོགས་པའི་དཔེས་སེམས་གསུམ་པ་དག་ལས་དགེ་སློང ་དག་པ་རྣམ་པར་བཟློག་ཅིང་ཁ་ཡར་ལྟ་བ་དང་སྲ་བ་དང། གཙང་བའི་སྣོད་ཀྱི་དཔེ་ཅན་གྱི་སེམས་ལ་ངེས་པར་སྦྱར་བ་ཡིན་ཏེ། ལེགས་པར་ཟུང་ཞིང་ཤིན་ཏུ་ཟུང་ཞིག་ཅེས་བྱ་བའོ། །ལེགས་པར་ཉན་པ་ནི་རྩེ་གཅིག་པའི་ཕྱིར་རོ། །ཤིན་ཏུ་ཉན་པ་ནི་བརྗེད་ངེས་པ ་མེད་པའི་ཕྱིར་རོ། །ཡིད་ལ་བཟུང་ཞིག་པ་ནི་ཚུལ་བཞིན་ཡིད་ལ་བྱེད་ཡང་དག་པར་འབྱུང་བའི་ཕྱིར་རོ། །ཆགས་པ་ཞེས་བྱ་བ་ནི་འདོད་ཆགས་ཀྱི་ཀུན་ནས་སྤྱོད་པ་མངོན་སུམ་དུ་གྱུར་པའོ། །འདུས་པར་གྱུར་པ་ན་ཞེས་བྱ་བ་ནི་འཁྲིག་པ་སྤྱོད་དུ ་རུང་བའི་གནས་སྐབས་རྙེད་པའོ། །དགེ་བ་ཉིད་ནི་ནད་མེད་པའོ། །ཟླ་མཚན་དང་ལྡན་པ་ཞེས་བྱ་བ་ནི་མངལ་འཛིན་པར་རུང་བའོ། །འཇུག་པར་འདོད་པ་ནི་མངལ་དུ་འཇུག་པར་འདོད་པའོ། །ཞག་གསུམ་ནི་ཉི་མ་གསུམ་གྱི་མཐར་ཐུག་པ་སྟེ། ་ཞག་ལྔ་དང། ཞག་བདུན་ཡང་དེ་བཞིན་ནོ། །རྒྱུ་ནི་ནང་གི་ཡན་ལག་དང་གཙོ་བོའི་བྱེད་རྒྱུའོ། །རྐྱེན་ནི་ཕྱིའི་ཡན་ལག་དང་གཙོ་བོ་མ་ཡིན་པའོ། ཟླ་མཚན་དང་ཟླ་མཚན་དུ་ཡང་ལྡན་པར་འགྱུར་རོ། །ཞེས་བྱ་བ་ནི་གཅིག་མ་རྫོགས་པར་ཟླ་མཚན་གཞན་འབྱུང་བར ་གྱུར་པའོ། །ཉེས་པས་བཅོམ་པ་མི་མདངས་དང། བྲལ་བ་ཉིད་ཀྱི་ཕྱིར་སྐྱེས་བུ་མི་འདོད་པ་དེ་བས་ན་རྟོག་ཏུ་དེའི་སེམས་སྐྱོ་བས་གནས་པར་འགྱུར་ཞིང་སེམས་འཁྲུགས་པའི་ཕྱིར་མངལ་འཛིན་པར་མི་འགྱུར་རོ། ཉེ་བར་གདུངས་པ་ཞེས་བྱ་བ་ནི་བདག ་པོ་མཚུངས་པའི་ཕྲག་དོག་འགོགས?་པས་སོ། །མྱུར་དུ་ཟད་ཅིང་ཞེས་བྱ་བ་ནི་ཁྲག་གི་ལྷག་མ་དང་བཤད་བ་དང་གཅི་བ་འགྲིབས་པ་ཉིད་ཀྱི་ཕྱིར་རོ། །ཡོངས་སུ་དེངས་པར་འགྱུར་རོ། །ཞེས་བྱ་བ་ནི་ཐམས་ཅད་དུ་ཡོངས་སུ་ཟད་པར་གྱུར་པའོ། །བདེ་བ་མང་པོས ་ཞེས་བྱ་བ་ནི་རྟག་ཏུ་བདེ་བ་ཉིད་དེ། ཕྲག་དོག་ལ་སོགས་པས་ཉེ་བར་མ་གདུངས་པའོ། །ཕམ་དག་པར་གྱུར་པ་ཞེས་བྱ་བ་ནི་ས་བོན་གྱི་ཉེས་པས་སོ། །སྐྱེ་གནས་ཞེས་བྱ་བ་མངལ་གྱིས་གནས་སོ་རླུང་ལ་སོགས་པ་ཉེ་བར་གནོད་པར་གྱུར་པ་ནི་རླུང? ་ལ་སོགས་པ་གང་གིས་དེ་བཞིན་དུ་རུང་བ་མ་ཡིན་པ་འདི་ལ་མངལ་གནས་པར་མི་འགྱུར་རོ། ཁྲག་གི་ཉེ་བར་གནོད་པ་ནི་ཁྲག་གིས་ཁྱབ་པར་གྱུར་པ་འམ། ཚིལ་གྱིས་ཁྱབ་པར་གྱུར་པའོ། །མཚམས་ནི་ས་བོན་འཇུག་པའི་གནས་ཡིན་ཏེ། ་གལ་ཏེ་ཤས་ཁེངས་པར་གྱུར་ན་དེ་ལ་ས་བོན་ཞུགས་པར་མི་འགྱུར། །ཚངས་པར་གནས་པ་ཞེས་བྱ་བ་ནི་སྐྱེ་གནས་གང་ལ་ཚ་བ་སྟེ། འཚིག་པར་བྱེད་པའི་ནུས་པ་དང་ལྡན་པ་སྟེ། ས་བོན་ཞུགས་མཐག་ཏུ་སྐམ་པའི་ཕྱིར་རམ། ཡང་ན་སྨན་གྱིས་ཏེ་རྫས་ཀྱི་བྱེ་བྲག་གིས་ནི་རུང ་བ་ཉིད་དུ་བསྒྲུབས་པའོ། །དབུས་ནས་འདྲ་བ་ཞེས་བྱ་བ་ནི་དེ་ལྟར་ནས་འབྲུའི་མཛའ་གཉིས་ཞུམ་ལ་དབུས་རྒྱས་པ་ལྟ་བུའོ། །དབུས་གྲོག་མ་འདྲ་བ་ཞེས་བྱ་བ་ནི་ཇི་ལྟར་གྲོག་མའི་སྐེད་པ་ཕྲ་ལ་མགོ་དང་མཇུག་མ་རྒྱ་ཆེ་བ་ལྟ་བུའོ། །རྔ་མོའི་མཆུ་ལྟ་བུ་ཞེས་བྱ་བ་ནི་རྔ ་མོའི་མཆུ་དང་འདྲ་བར་གལ་ཏེ་མཛའ་ལྟོད་པར་གྱུར་ནའོ། །ཤིང་ནྱ་གྲོ་དྷའི་མྱུ་གུ་ལ་འདུས?་པ་ལྟ་བུ་ཞེས་བྱ་བ་ལ། ཤིང་ནྱ་གྲོ་དྷའི་ལོ་མ་སར་པ་འབྱུང་བའི་ཚེ་རས་བལ་གྱི་ས་བོན་གྱི་རྣམ་པ་ལྟ་བུར་རྣམ་པར་གྱུར་པ་ལ་མྱུ་གུ་ཞེས་ཐ་སྙད་དུ་བཏགས་པ ་ཡིན་ཏེ། གལ་ཏེ་དེའི་རྣམ་པ་ལྟ་བུའི་ཤའི་དུམ་དུ་སྐྱེ་གནས་ཀྱི་སྒོར་སྐྱེས་པར་ནའོ། །གཤོལ་མདའི་ལྟ་བུ་ཞེས་བྱ་བ་ལ། གཤོལ་མདའ་ནི་གཤོལ་ལ་བཏགས་པའི་ཤིང་སྟེ། གལ་ཏེ་གཤོལ་མདའ་དང་འདྲ་བའི་ཤ་དབྱིབས་རིང་པོ་ཅན་སྐྱེ་གནས་ཀྱི་སྒོའི ་ནང་དུ་སྐྱེས་ཤིང་བྱུང་བར་གྱུར་ནའོ། ཤིང་རྟའི་རྩིབས་ལྟ་བུ་ཞེས་བྱ་བ་ནི་ཇི་ལྟར་ཤིང་རྟའི་ལོགས་གསུམ་ཡངས་ལ་གཅིག་དོག་པ་ལྟ་བུའོ། །སྦ་ལྟ་བུ་ཞེས་བྱ་བ་ནི་ཇི་ལྟར་སྤའི་ལྕུག་མ་འོག་གི་ཆ་སྦོམ་ལ་དེ་ནས་རིམ་གྱི་ཕྲལ་ཇི་སྲིད་རྩེ་མའི་ཆ་ཤིན་ཏུ་ཕྲ ་བ་ལྟར་གལ་ཏ་སྐྱེ་གནས་དེའི་རྣམ་པ་ཏེ་ལྟ་བུར་གྱུར་ནའོ། །ལོ་མ་ལྟ་བུ་ཞེས་བྱ་བ་ནི་གལ་ཏེ་པི་པི་ལིང་གི་ཤིང་ལ་སོགས་པའི་ལོ་མའི་རྣམ་པ་ལྟ་བུར་གྱུར་ནའོ། །ནང་དུ་མཛེར་པ་སྐྱེས་པ་ཞེས་བྱ་བ་ནི་གལ་ཏེ་ནང་གི་ལོགས་སུ་ཤའི་མཛེར་པ་སྐྱེས་པར་གྱུར་ནའོ ་འོག་ཏུ་ཟབ་པ་ཞེས་བྱ་བ་ནི་ཆ་ཤིན་ཏུ་ཟབ་པའོ། །སྟེང་ཟབ་པ་ཞེས་བྱ་བ་ནི་སྟེང་གི་ཆ་ཤིན་ཏུ་ཡངས་པའོ། །ས་བོན་གྱི་སྣོད་དུ་མི་རུང་བ་ཞེས་བྱ་བ་ནི་རང་བཞིན་གྱི་ས་བོན་འཛིན་པའི་ནུས་པ་མེད་པའོ། །ཁྲག་འཛམ་པ་ཞེས་བྱ་བ་ནི་རྟག་ཏུ་འཛག་སྙིང་གྱུར་པའོ ་ཆུང་ངུ་ཞེས་བྱ་བ་ནི་དོག་པའོ། །བྱ་རོག་གི་མཆུ་ལྟ་བུ་ཞེས་བྱ་བ་ནི་སྒོ་བྱ་རོག་གི་མཆུའི་རྣམ་པ་ལྟ་བུའོ། །གཡོན་དུ་ཡངས་པ་ནི་གཡས་སུ་དོག་པའོ། གཡས་སུ་ཡངས་པ་ནི་གཡོན་དུ་དོག་པའོ། །སྟེང་ཡངས་པ་ནི་འོག་ཏུ་དོག་པའོ། འོག་ཏུ་ཡངས་པ་ཞེས་བྱ་བ་ནི་སྟེང་དུ ་དོག་པའོ། །མཐོ་བ་ཞེས་བྱ་བ་ནི་ནང་གི་སྐབས་སུ་ཤའི་ལྷག་ཆགས་པར་གྱུར་པའོ། །དམའ་བ་ཞེས་བྱ་བ་ནི་ནང་ཉེ་བར་མཚོན་པར་བྱེད་པའོ། །འོག་ཏུ་སྒུར་བ་ཞེས་བྱ་བ་ནི་ཁ་དོག་འོག་ཏུ་བལྟས་པའོ། །མཚན་མ་ཙམ་ཞེས་བྱ་བ་ནི་ཆད་ཚུར་བའོ། །ཡོ་བ ་ཞེས་བྱ་བ་ནི་ས་བོན་འཇུག་པའི་ཕྱོགས་འཁྱོག་པའོ། །ཉེས་པ་དང་བཅས་པ་ཞེས་བྱ་བ་ནི་བཤད་མ་ཐག་པའི་ཉེས་པ་མ་གཏོགས་པའི་ཉེས་པ་དང་ངོ། །སྐ་བ་དང་བཅས་པ་ཞེས་བྱ་བ་ནི་སྐ་བའི་རྫས་ཀྱི་བཏུང་བས་རུང་བ་མ་ཡིན་པ་ཉིད་དུ་གྱུར་བའོ ་སྲིན་བུ་བེ་སར་ཀའི་རིགས་ཞེས་བྱ་བ་ལ། གལ་ཏེ་དེས་སྐྱེ་གནས་ཟོས་པར་གྱུར་པ་ན་ཏེ། བཤད་མ་ཐག་པའི་ཉེས་པ་དེ་དག་གིས་གལ་ཏེ་སྐྱེ་གནས་ཉམས་པར་མ་གྱུར་པ་དེའི་ཚེ་མངལ་དུ་འཇུག་པར་འགྱུར་རོ། །བསོད་ནམས་ཆེན་པོ་ཞེས་བྱ་བ ་ལ། ཁྱེད་ལ་བདག་པོ་ཞེས་བརྗོད་པའི་རྣམ་པ་དེ་དང་ལྡན་པ་དང། ཁྱད་པར་དུ་འཕགས་པའི་རྣམ་པ་དང་རྒྱ་ཆེ་བ་ལ་མོས་པའི་ཕྱིར་བདག་པོ་ཆེན་པོ་ཞེས་བྱ་སྟེ། བདག་ཉིད་ཆེན་པོར་གྲགས་པ་ཡིན་ལ། གཙོ་བོ་ཆེན་པོའི་བློ་ཅི་འདྲ་བར་གྲགས ་པ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། དེ་ལ་བསོད་ནམས་ཆེན་པོ་ཞེས་བྱ་བའོ། །དེ་བཞིན་དུ་བདག་པོ་ཆུང་བ་ཞེས་གྲགས་པ་ཡང་རྣམ་པར་བཤད་པར་བྱ་སྟེ། བསོད་ནམས་ཆུང་བའོ། །བུ་རྙེད་པ་སྟེ་སོ་སོར་དམིགས་ཤིང་དེ་བསགས ་པ་ནི་སྐྱེད་པར་བྱེད་པ་ཡིན་པའི་ཕྱིར་བུ་ཐོབ་པའི་ལས་བྱས་ཞིང་བསགས་པའོ། །སྐྱེས་པ་ལ་སེམས་པ་ཞེས་བྱ་བ་ནི་བདག་སྐྱེས་པའོ་ཞེས་བྱ་བ་ནི་དེ་ལྟ་བུའི་རྣམ་པ་དེའི་སེམས་བསྐྱེད་པ་དེའི་ཚེ་ཕ་ཁོང་ཁྲོ་བ་སྐྱེ་བར་འགྱུར་ལ་མངོན་རྗེས་སུ ་ཆགས་པར་འགྱུར་རོ། །བུད་མེད་ལ་སེམས་པ་ཞེས་བྱ་བ་ནི་བདག་ནི་བུད་མེད་དོ། །ཞེས་བྱ་བ་དེ་ལྟར་དུ་དའི་ཚེ་མ་ཞེ་སྡང་སྐྱེ་བར་འགྱུར་ལ་ཕ་ནི་རྗེས་སུ་ཆགས་པར་འགྱུར་རོ། །ལོག་པ་སྟེ་ཕྱིན་ཅི་ལོག་གི་མངོན་པའི་ང་རྒྱལ་གང་ལ་ཡོད་པ་དེ་ནི་ཕྱིན་ཅི་ལོག་གི་མངོན་པའི་ང་རྒྱལ ་ཏེ་དྲི་ཟའོ། །ཡང་དག་པ་མ་ཡིན་པ་དེ་ཕྱིན་ཅི་ལོག་གི་འདུ་ཤེས་བཅུ་ཐོབ་པར་འགྱུར་རོ། །ཆར་བབས་པས་ཉིན་མོ་ཀུན་ཏུ་སྤྱོད་པར་དགའ་བས་ན་ཡུལ་རྨུགས་པའོ། །བྱུང་བ་དང། སྐྱེས་པ་དང། ཐོབ་པ་ཞེས་བྱ་བ་ན་རྣམ་གྲངས་ཡིན་ལ། ཡང་ན་སྔ་ན་མེད་པ་སྐད་ཅིག ་མ་དང་པོ་ལ་ཐོབ་པ་ནི་སྐྱེས་པ་ཡིན་ཏེ། སོ་སོར་ཐོབ་པ་ཡིན་ལ། སྐད་ཅིག་མ་གཉིས་པ་ལ་ཐོབ་པ་ཞེས་བྱའོ། །ནང་ནས་སྐྱེས་པར་གྱུར་ན་སྐྱེ་བ་ནི་ཞེས་བྱ་བ་ལ། རང་གི་སེམས་ལ་རག་ལུས་པའི་སྒོ་ནས་སྐྱེས་པ་ནའོ། །རྩིག་པའི་བུ་གུ་ནི་རྩིག་པའི་སེར་གའོ། །རྩིག ་བའི་དྲུང་ནི་རྩིག་པའི་རྩ་བའོ། །རབ་ཏུ་འཇུག་པ་ཙམ་གྱི་སྒོ་ནས་དམིགས?་བ་ཙམ་མོ། །རྗེས་སུ་འཇུག་པ་ཡིན་པས་ན་བརྟན་པ་ཙམ་མོ། །རྩ་སྔོན་པོ་ལས་སྲིན་བུ་གཞན་དུ་ཡང་ཞེས་བྱ་བ་ནི་རྩ་སྔོན་པོའི་རྒྱན་མ་གཏོགས་པར་སྲིན་བུ་མི་སྐྱེའོ་ཞེས་བྱ་བའི་ཐ་ཚིག་གོ་། ་ཕྲ་བ་ནི་ཕྱིར་མངོན་པར་ཉམས་པར་འགྱུར། ཞེས་བྱ་བ་ནི་ཟད་པར་འགྱུར་བའོ། །རྣམ་པར་བརྟན་པ་ནི་བརྟན་པ་ཉིད་དུ་སྐྱེས་པར་གྱུར་བའོ། །འཕན་པ་ནི་རིང་པོ་ཉིད་དུ་འཕེལ་བར་གྱུར་པའོ། །སྐྱེ་བ་ནི་ཞེང་ཉིད་དུ་རྒྱས་པར་གྱུར་པའོ། །ཉེ་བར་འགྲོ་བ་ཞེས་བྱ ་བ་ནི་རྣམ་པར་ཤེས་པ་ཐག་ཉེ་བར་གྱུར་བའོ། །ཉེ་བར་བཟུང་བ་ཞེས་བྱ་བ་ནི་སེམས་དང་སེམས་ལས་བྱུང་བ་དག་གིས་བྱིན་གྱིས་བརླབས་པ་ཉིད་ཀྱིས་ཉེ་བར་བཟུང་བའོ། །ཁུར་བ་མཁན་མཁས་པ་ཞེས་བྱ་བ་ནི་ཁུར་བ་རྣམ་པ་སྣ་ཚོགས་པ་མཁས་པའོ།། ་ཁུར་བ་མཁན་གྱི་སློབ་མ་ཞེས་བྱ་བ་ནི་གཟོའི་སློབ་དཔོན་དང་མཚུངས་པར་གྱུར་པའོ། །ལས་ངེས་མ་ཡིན་ཞེས་བྱ་བ་ནི་ལས་གང་གི་ཁུ་བ་དང་ཁྲག་སྐྱེད་པར་བྱེད་པ་དེ་ཉིད་ཀྱིས་མེར་མེར་བོར་སྐྱེད་པར་བྱེད་པ་མ་ཡིན་པའོ། །རྒྱུ་དེས་མ་ཡིན་ཞེས་བྱ་བ་ནི་ཁུ་བ་དང ་ཁྲག་སྐྱེད་པར་བྱེད་པའི་རྒྱུ་དག་གིས་སོ། །རྒྱུ་འདུས་ཤིང་ཞེས་བྱ་བ་ནི་རྒྱུ་གཅིག་ཏུ་གྱུར་བའོ། །ཚོགས་པ་ནི་འབྲས་བུ་བསྐྱེད་པར་རྗེས་སུ་མཐུན་པ་ཉིད་དུའོ། འདུ་བས་ན་ཞེས་བྱ་བ་ནི་འབྲས་བུ་ཐམས་ཅད་བསྐྱེད་པའི་བྱ་བ་བྱེད་པར ་མཚུངས་པ་སྟེ། རྒྱུ་རྣམ་པ་གསུམ་པོ་དེ་དག་མངོན་སུམ་དུ་གྱུར་བ་ལས་མངལ་རབ་ཏུ་འཆགས་པར་འགྱུར། །ཕྱོགས་གཅིག་མ་གྲུབ་པའི་ཕྱིར་མ་ཆགས་པའོ། །དུད་འགྲོ་དང་སྲོག་ཆགས་ཀྱིས་མ་ཟོས་པའི་ཕྱིར་དུམ་བུར་མ་གྱུར་པའོ། །བུག་པ་རིང ་པོ་མེད་པའི་ཕྱིར་བུ་གུ་མ་བྱུང་བའོ། །ཆུ་ལ་སོགས་པས་ཉམས་པར་འགྱུར་པ་ནི་མ་རུལ་བའོ། །རླུང་དང་ཉི་མ་དག་གིས་ནུས་པ་ཆུང་བ་ཉིད་དུ་མ་བསྐྱེད་པའི་ཕྱིར། རླུང་དང་ཉི་མས་ཉམས་པར་བྱས་པའོ། །ལོ་གཅིག་པ་ཉིད་ཡིན་པའི་ཕྱིར་སར་བའོ། །ནང ་གི་སྟེང་པོ་དང་ལྡན་པ་ཉིད་ཀྱི་ཕྱིར་མཁྲགས་པའོ། །དུས་མི་བཟད་པས་རྗེས་སུ་གནོད་པར་མ་གྱུར་པ་ཉིད་ཀྱི་ཕྱིར་བདེ་བའི་གནས་སོ། །མེ་ཡོངས་སུ་དབྱུང་བར་འདོད་པ་ཞེས་བྱ་བ་ནི་བྱེད་པ་འདོད་པ་འམ་བསྐྱེད་པ་ཉིད་དུ་འདོད་པའོ། །ཀུན་ཏུ་བསྟན་ཞེས་བྱ་བ་ནི ་གཏད་པའོ། །དེ་ལས་སྐྱེས་པ་ཞེས་བྱ་བ་ལ་གཟུགས་དེ་ལ་བརྟན་ནས་སྐྱེས་པ་ནི་དེ་ལས་སྐྱེས་པ་སྟེ། མིང་ལ་བརྟེན་པའི་གཟུགས་དང། གཟུགས་ལ་བརྟེན་པའི་མིང་ཞེས་བྱའོ། །གཟུགས་འབྱུང་བ་དང། ཞེས་བྱ་བ་ལ་སོགས་པ་ལ་འབྱུང་བ་ནི་སྐྱེ་བ ་ཡིན་ལ། གནས་པ་ནི་སྐད་ཅིག་མ་ཙམ་གྱི་གནས་སྐབས་ཡིན་ནོ། །མངོན་པར་འཕེལ་བ་ནི་བར་མདོ་ཉིད་དུ་འབྱུང་བ་ཡིན་ལ། སྐྱེ་བ་ནི་སྔོན་གྱི་དུས་ཀྱི་དངོས་པོའི་སྒོ་ནས་སོ། །ཟུག་རྔུ་དང་འདྲ་བར་གདུང་བར་བྱེད་པ་ཉིད་ཀྱི་ཕྱིར་མངལ་ཁོ་ན ་ཟུག་རྔུ་ཡིན་ལ་འབར་འབུར་དང་སྣོད་མི་གཙང་བས་གང་བའི་ནང་དུ་སོང་བས་ལུས་ཀྱི་དབང་པོ་མ་ཉམས་པ་དེ་གདུངས་ཤིང་བསྲེགས་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །རྒལ་དཀའ་བ་ཉིད་ཀྱི་ཕྱིར་ཉམ་ང་པའོ། །འཇུག་པར་དཀའ་བ་ཉིད ་ཀྱི་ཕྱིར་དག་པའོ། །གནོད་པ་བྱེད་པ་ཉིད་ཀྱི་ཕྱིར་སྡུག་བསྔལ་བའོ། སྡུག་བསྔལ་གྱི་རོ་འབའ་ཞིག་པའི་རྣམ་པར་ཤེས་པ་ཞེས་བྱ་བ་ནི་གཅིག་ཏུ་སྡུག་བསྔལ་ཉམས་སུ་མྱང་བ་དེར་ཕྱོགས་པའི་རྣམ་པར་ཤེས་པའོ། །འབྲས་ཀྱི་རང་བཞིན་ཞེས་བྱ་བ་ནི་ཆུ་ལ་འབྲས་གཙོས་པ་ལྟ ་བུར་རོ། །བཙོས་པ་ནི་རླན་པའི་སྡུག་བསྔལ་ཉམས་སུ་མོངས་པར་འགྱུར་བའོ། །རབ་ཏུ་བཙོས་པ་ནི་རྒྱུན་གྱི་སྒོ་ནས་སོ། །སྨིན་པ་ནི་བསྲེགས་པའི་སྡུག་བསྔལ་ཉམས་སུ་མོང་བར་འགྱུར་བ་ཡིན་ལ། ཀུན་ཏུ་སྨིན་པ་ནི་རྒྱུན་གྱི་སྒོ་ནས་ཡིན་ཞིང། ཡོངས་སུ་སྨིན་པ་ནི ་ཁྱད་པར་དུ་གྱུར་བའི་སྒོ་ནས་སོ། །རི་དྭགས་ཤར་བྷའི་རྐང་བ་ལྟ་བུ་ཅན་གྱི་སྲིན་བུ་དམར་པོ་ཅན་ཕྲ་མོ་ཅན་ལ་ཟངས་ཀྱི་ཐུར་མ་ཕྲ་མོ་ཞེས་བྱའོ། །ཐོ་བ་ལྟ་བུ་ནི་མཇུབ་གང་པའི་ཚད་དེ། རྡོའི་བྱེ་བྲག་ཡིན་ཏེ། གཟོང་བུ་བསྣུན་པའི་རྔོ་ཞེས་ཀྱང་བྱའོ། །བདར་ལྟ ་བུ་ཞེས་བྱ་བ་ནི་གང་དུ་མཚོན་ཆ་བདར་བྱེད་པའོ། །ཤིང་གི་སྡོང་བུ་ཞེས་བྱ་བ་ནི་མྱུ་གུ་འབྱུང་བའི་ཕྱོགས་ཡིན་ལ། མྱུ་གུ་ནི་ཁ་འབུས་པའོ། །ལག་པའི་དྲ་བ་ནས་དཔུང་པའི་རྩ་བའི་འོག་ལ་དཔུང་བ་ཞེས་བྱའོ། །རྩ་དུརྦའི་མྱུ་གུ་ནི་རྩ་དུརྦའི་ལྗང་བུའོ།། ་ལག་ངར་ནི་ལག་པའི་མཐིལ་ལ་བྱའོ། འོག་མ་ཞེས་བྱ་བ་ནི་འོག་ཏུ་འགྲོ་བའི་ཕྱིར་མཚན་མ་ཕྲ་མོ་འདོད་པའོ། །རྒྱས་པ་ཞེས་བྱ་བ་ནི་འཕེལ་བར་བྱེད་པའོ། །ཀུན་ཏུ་རྒྱས་པར་ཞེས་བྱ་བ་ནི་བྱེ་བྲག་ཏུའོ། །ཡོངས་སུ་རྒྱས་པ་ཞེས་བྱ་བ་ནི་ཤིན་ཏུ་ཁྱད་པར ་ཅན་དུའོ། །རྒྱལ་བ་ནི་རྭ་ལྤགས་ལས་བསྒྲུབས་པའི་ཆུ་བརྒལ་བའི་ཐབས་སུ་གྱུར་པའོ། །སྣོད་གང་བ་ཞེས་བྱ་བ་ནི་གོས་ལ་སོགས་པའི་རྫས་ཀྱིས་ཡོངས་སུ་བཀང་བ་སྟེ། རྐྱལ་བུ་ལ་སོགས་པའི་སྣོད་དོ། །བསྐྱོད་པ་དང། ཀུན་ཏུ་བསྐྱོད་པ་དང། ཀུན་ཏུ ་ཡོངས་སུ་བསྐྱོད་པ་ནི་ལས་སུ་བྱ་བ་ཆུང་ངུ་དང། འབྲིང་དང། ཆེན་པོའོ། །རྩོལ་བ་ཆེན་པོ་དང་ལྡན་པ་ནི་དཀའ་བ་ཆེན་པོ་དང་ལྡན་པའོ། །འགར་བའི་སྤུད་བ་ནི་གང་གིས་འབུང་པར་བྱེད་པའོ། །གཡོའོ། ཞེས་བྱ་བ་ནི་འབྱུང་བར་གྱུར་པའོ། །ནད་རོལ་ནི་ཚད ་ཆེ་བ་ཡིན་ལ། རྒྱ་མ་ནི་ཕྲ་བའོ། །ཁུ་བ་འདྲེན་པར་བྱེད་པས་ན་རྩའོ། །མིང་དུ་མ་ཞེས་བྱ་བ་ནི་མིང་མང་པོ་ཅན་དང། མིང་གི་རྣམ་པ་དུ་མ་ཅན་ནོ། །ག་དྲུ་ནི་ཚོན་གྱི་བྱེ་བྲག་གོ་།ཁྲ་བོ་ནི་བཀྲ་བ་དང་ཉེ་བར་བཀྲ་བའི་བྱེ་བྲག་གོ་།བ་སྤུའི་བུ་ག་ནི་པ ་སྤུ་འབྱུང་བའི་ཕྱོགས་སོ། །འཕེལ་ལོ་ཞེས་བྱ་བ་ནི་མིག་གི་རྡུལ་ཕྲ་རབ་གནས་གཅིག་ཏུ་སྡུད་པར་བྱེད་པའོ། །རྣམ་པར་འཕེལ་བར་བྱེད་པ་ནི་ཁྱད་པར་དུ་ཐམས་ཅད་སྡུད་པར་བྱེད་པའོ། །རབ་ཏུ་འཇོག་པར་བྱེད་ཅེས་བྱ་བ་ནི་རང་གི་གནས་སུ་འཇོག་པར ་བྱེད་པའོ། །ཀུན་ཏུ་འཇོག་པར་བྱེད་ཅེས་བྱ་བ་ནི་མིག་གི་འབྲས་བུ་ལ་སོགས་པའི་དབྱིབས་ཀྱི་ཚུལ་དུ་རྣམ་པར་འཇོག་པར་བྱེད་པའོ། །སོ་སོར་འཇོག་པར་བྱེད་ཅེས་བྱ་བ་ནི་བསྟན་པར་བྱེད་པའོ། །ཟས་ནི་བཟའ་བར་བྱ་བའོ། །བཏུང་བ་ནི་བཏུང་བར་བྱའོ།། ་བཅའ་བ་ནི་བཅའ་བར་བྱ་བའོ། །མྱང་བར་བྱ་བ་ནི་བཞིབ?་པར་བྱ་བའོ། །ཀུན་ཏུ་དང་བར་བྱེད་པ་ནི་དྲི་མ་མེད་པར་བྱེད་པའོ། །སོ་སོར་འཇོག་པར་བྱེད་པ་ནི་དབྱིབས་དྲི་མ་མེད་པ་བསྐྱེད་པར་བྱེད་པའོ། །ཀུན་ནས་འཇོག་པར་བྱེད་ཅེས་བྱ་བ་ནི་རྙོག་པ་མེད ་པ་བརྟན་པ་ཉིད་དུ་བྱེད་པའོ། །སྒྲིབ་པར་བྱེད་པས་ན་ཐལ་བའོ། །གོས་ཀྱི་དུམ་བུ་བསྒྲིལ་བ་དང་ལྡན་པས་ན་ཕྱི་རས་སོ། །འཇིམ་པའི་རང་བཞིན་གྱི་གཟུགས་ཅན་སྒྲུབ་པ་ལ་མཁས་པས་ན་འདྲ་གཟུགས་མཁན་ནོ། །དངོས་པོ་འདི་བདག་གིར་གྱུར ་ཅིག་།གཞན་གྱིར་མ་གྱུར་ཅེས་བྱ་བ་ནི་སེར་སྣ་ཡིན་ལ། དེའི་དངོས་པོ་ནི་སེར་སྣ་ཉིད་དེ། དེ་ཉིད་དྲི་མ་ཡིན་ལ་ཀུན་ནས་དཀྲིས་པ་དེས་ཁྱབ་པས་སོ། །སྦྱིན་པའི་གནས་སྡུད་པར་བྱེད་ཅིང་གཏོང་བ་ཉིད་དུ་མི་འདོད་པ་གང་ཡིན་པ་དེ་ལ་གྱ་གྱུས་སྡུས ་པ་ཞེས་བྱ་བར་ཐ་སྙད་དུ་གཏགས་པ་ཡིན་ནོ། །དེ་མངོན་སུམ་དུ་གྱུར་པ་ཞེས་བྱ་བ་ནི་རྣམ་པར་སྨིན་པ་འབྱིན་པའི་ཕྱིར་རུང་བ་ཉིད་དུ་གྱུར་པའོ། །ལྷན་ཅིག་ཅེས་བྱ་བ་ནི་འབྲེལ་བའོ། །མིང་དུ་ཞེས་བྱ་བ་ནི་རྒྱས་པའོ། །སྤྲིན་པ་ནི་གསལ་བའོ།། ་རྣ་བ་ཉམས་པ་ཞེས་བྱ་བ་ནི་ཐོས་པའི་ནུས་པ་ཉམས་པར་གྱུར་པའོ། །སོར་མོ་ཡོངས་སུ་བཅད་པས་སྟོང་བས་ན་ལག་པ་འབྱར་བའོ། །དོར་བའི་ཆོས་ཅན་ཞེས་བྱ་བ་ནི་སྐྱེ་བོ་ཐམས་ཅད་ལ་ཡོངས་སུ་སྤང་བའི་བློ་སྐྱེད་པར་བྱེད་པ་ཅན་ནོ། །ཤེས་པར་མ་གྱུར་པ་ཞེས་བྱ་བ ་ནི་ཁོང་དུ་ཆུད་པར་མ་གྱུར་བའོ། །གཟུགས་བཟང་པོ་ཞེས་བྱ་བ་ནི་ཁ་དོག་གི་སྒོ་ནས་སོ། །བསྟན་སྡུག་པ་ཞེས་བྱ་བ་ནི་དབྱིབས་ཀྱི་སྒོ་ནས་སོ། །མཛེས་པ་ཞེས་བྱ་བ་ནི་མདངས་དང་ལྡན་པ་ཉིད་ཀྱི་ཕྱིར་མཛེས་པར་གྱུར་པའོ། །རྒྱབ་ཀྱི་ཚིགས་པར་མདུན ་གྱིས་བལྟས་པ་ཞེས་བྱ་བ་ནི་མངོན་སུམ་དུ་ཕྱོགས་པར་གྱུར་པའོ། །མ་ཞུ་བའི་གནས་ཀྱི་ཁྱབ་པར་གྱུར་པ་ཞེས་བྱ་བ་ནི་རབ་ཏུ་གནོན་པར་གྱུར་པའོ། །ཆུ་བའི་གནས་ཀྱིས་ཕུག་པར་གྱུར་པ་ན། ཞེས་བྱ་བ་ནི་སྟེང་དུ་འཇོག་པའོ། །བཅིངས་པ་ལྔས་བཅིངས་པ ་ཞེས་བྱ་བ་ནི་ཕུར་པ་ལྔས་རྣམ་པར་རྐོ་བའི་ཚུལ་དུ་བརྐོས་ཤིང་ལག་པ་དང་རྐང་པ་དང་མགོ་བོ་དེ་དག་སོ་སོར་ཐ་དད་པ་བཅོམ་པ་གང་ཡིན་པ་དེ་ནི་བཅིངས་པ་ལྔ་པོ་ངེས་བཅིངས་པ་བཞིན་དང། གསལ་ཤིང་ལ་བསྐྱོན་པ་ཉིད་དུ་གནས་པར་གྱུར་པའོ།། ་མངལ་རྣམ་པར་གནོད་པར་འགྱུར་ཞེས་བྱ་བ་ནི་གདུང་བར་བྱེད་པའོ། །རྒྱུག་པ་ནི་མྱུར་དུ་འགྲོ་བར་བྱེད་པའོ། །མགྱོགས་པ་ནི་ཤིན་ཏུ་ཤུགས་ཀྱིས་འགྲོ་བར་བྱེད་པའོ། །རྒལ་བ་ནི་ཡུར་བ་ལ་སོགས་པའོ། །མཆོད་པ་ནི་སྟེང་དུ་མཆོད་པར་བྱེད་པའོ།། ་མི་མཐུན་པ་ཉིད་ཡིན་པའི་ཕྱིར་སྡུག་བསྔལ་ལོ། །ཤིན་ཏུ་ཆེ་བ་ཉིད་ཡིན་པའི་ཕྱིར་མི་བཟད་པའོ། །ཐོག་མར་བརྣག་པར་དཀའ་བ་ཉིད་ཡིན་པའི་ཕྱིར་རྩུབ་པའོ། །ཐ་མར་བཟོད་པར་དཀའ་བ་ཉིད་ཀྱི་ཕྱིར་ཚ་བའོ། །ཕྲན་པའི་ཤེས་པས་ཡུལ་དུ ་བྱས་པ་ན་ཡང་ཡིད་མི་བདེ་བ་ཉིད་ཀྱི་ཕྱིར་ཡིད་དུ་མི་འོང་བའོ། །འདུ་ཤེས་བརྒྱད་ཐོབ་པར་འགྱུར་ཏེ། ཞེས་བྱ་བ་ནི་མངལ་ལ་ཁྱིམ་ལ་སོགས་པའི་འདུ་ཤེས་སོ། །ནག་པོ་ཞེས་བྱ་བ་ནི་སྤྱི་ཙམ་ཡིན་ལ། ཕྱོགས་གཅིག་གནག་པ་གསལ་བར་བྱ ་པའི་ཕྱིར་ཁ་དོག་ནག་པོ་ཞེས་བྱ་བ་སྨོས་པ་ཡིན་ནོ། །ནག་པོ་ལྟ་བུ་ཞེས་བྱ་བ་ནི་དངོས་པོ་ནག་པོ་དཔེར་རམ་དངོས་པོ་ནག་པོ་ཐམས་ཅད་དཔེ་ཉིད་དུ་རུང་བའོ། །ནག་པོར་སྣང་བ་ཞེས་བྱ་བ་ནི་འོད་ནག་པོའོ། །རྩཝ་དུརྦའི་མྱུ་གུའི་མདངས་ཀྱི་མདོག་ལྟ ་བུ་ཞེས་བྱ་བ་ནི་དམར་པོ་སྣང་ཞིང་དཀར་པོའི་མདངས་ཀྱི་མདོག་ཅན་ནོ། །འདོད་པ་ཞེས་བྱ་བའི་འབྱུང་བའི་ཕྱིར་སྤྲོ་བ་དང་བཅས་པའོ། །ཕྱིན་ཅི་མ་ལོག་པ་ཞེས་བྱ་བ་ནི་བདེན་པའི་དོན་ནོ། །རྐང་པ་ལོག་པ་ཞེས་བྱ་བ་ནི་རྐང་པ་ཕྱིན་ཅི་ལོག་ཏུ་གྱུར་པ་འམ ་རྐང་པ་ཡོ་བར་གྱུར་པའོ།། །།བམ་པོ་དྲུག་པ། །དེ་ཤེས་པའི་བུད་མེད་ཅེས་བྱ་བ་ནི་ལས་དེ་ལ་བཟོ་བའོ། །གཞོན་ནུའི་གསོ་བ་ཤེས་པ་ཞེས་བྱ་བ་ནི་གཞོན་ནུའི་གསོ་བའི་རྒྱུད་ལ་མཁས་པར་གྱུར་པའོ། །དེ་བཤད་ཁོང་དང་འདྲ་བ་ཞེས་བྱ་བ་ལ་སོགས ་པ་ལ། དྲི་མི་ཞིམ་པ་དང། མུན་པ་གནག་པ་དང། འཛིངས་པའི་འདམ་ནི་དྲི་མི་གཞིམ་པ་མུན་པ་གནག་པ་འཛིངས་པའི་འདམ་མོ། །སྲིན་བུ་མང་པོའི་རིགས་སྟོང་ཕྲག་མང་པོ་དག་ནི་སྲིན་བུའི་རིགས་སྟོང་སྟེ། དེ་དག་གི་གནས་དེ་ལའོ། །ས་བོན་དང་ཁྲག ་དང་དྲི་མ་དང་ཁྲག་རླང་ནི་ས་བོན་དང་ཁྲག་རླང་རྣམས་ཏེ། ས་བོན་དང་ཁྲག་དང་དྲི་མ་དང་ཁྲག་རླང་དེ་དག་གིས་ཀུན་ནས་ཏེ་ཤིན་ཏུ་རྣམ་པར་རུལ་ཅིང་ཀུན་ནས་རུལ་བ་སྟེ་རྣག་ཏུ་གྱུར་ཅིང་ཟགས་པར་གྱུར་པའོ། །ལུས་ཀྱི་བུ་གུའི་རྨ་ཞེས་བྱ་བ་ནི་ཕྱིས ་བཤད་པར་བྱའོ། །བདག་ཉིད་རྨ་སར་པ་ལྟ་བུ་ཞེས་བྱ་བ་ནི་རྨ་སར་པ་དང་འདྲ་བར་བདག་ཉིད་སྤྱོད་པས་རྨ་སར་པ་ལྟ་བུ་སྟེ། བདག་ཉིད་མ་སར་པ་ལྟ་བུར་སྤྱད་པ་གང་ལ་སྤྱོད་པ་དེ་ནི་འདིར་བདག་ཉིད་རྨ་སར་པ་ལྟ་བུའི་རྣམ་པར་གྱུར་པའོ། །བདག ་ཉིད་མཚོན་མ་ཡིན་པ་ལན་ཚོན་ལྟར་སྤྱོད་པ་ནི་མཚོན་ལྟ་བུ་དང། དེ་བཞིན་དུ་འགྱུར་བྱེད་ལྟ་བུ་ནི་མཚོན་ལྟ་བུ་དང། འགྱུར་བྱེད་ལྟ་བུ་སྟེ་ལག་པའི་རེག་པ་ཉིད་ནི་དེ་ལ་འདིར་མཚོན་ཆ་དང་འགྱུར་བྱེད་ལྟ་བུའི་རེག་པ་ནི་ལག་པ་དག་གིས་བཟུང ་པ་ནའོ། །སྐྱེས་མ་ཐག་ཏུ་དེ་ལ་མིང་གཉིས་སུ་འགྱུར་ཏེ། ཞེས་བྱ་བ་ནི་བདག་ཁྱེའུ་འམ་བུ་མོར་ཤེས་པར་འགྱུར་བའོ། །ཤིང་ལེབ་ནི་སྤང་ལེབ་ཀྱི་རྣམ་པའོ། །རྩ་གཏིང་བ་ནི་རྩའི་ཚོགས་སོ། །ལུས་ཆོས་པ་ནི་ཀུན་ནས་རྣག་འཛག་པར་གྱུར་པའོ། །དེ་ལྟར་སྐྱེས་པ ་ཞེས་བྱ་བ་ནི་ནུར་ནུར་པོའི་གནས་སྐབས་ཐོབ་པ་འདི་ཉིད་ཀྱིས་བསྟན་པ་ཡིན་ནོ། །འབྱུང་བ་ཞེས་བྱ་བ་ནི་མེར་མེར་པོ་དང། ནར་ནར་པོ་དང། གོར་གོར་པོ་དང། རྐང་ལག་འགྱུས་པའི་གནས་སྐབས་ཐོབ་པར་གྱུར་པའོ། །མངོན་པར་སྒྲུབས་པ་ཞེས་བྱ་འདིས ་ནི་སྲིད་པ་སྔ་མའི་དུས་ཀྱི་གནས་སྐབས་ཐོབ་པར་གྱུར་པའོ། །བསྐྱེད་པ་ནི་འོ་མ་བསྣུན་པས་སོ། །གསོ་བ་ནི་བཟའ་བ་དང་བཏུང་བ་ལ་སོགས་པས། །བསྲིངས་པ་ནི་ཕྱིར་རོལ་གྱི་གནོད་པ་བཟློག་པའི་སྒོ་ནས་སོ། །སྙིང་གི་ཕྱོགས་ན་གནས་པ་མཆིན ་པ་ལྟ་བུའི་ཤའི་བྱེ་བྲག་ལ་ཤ་ཞེས་བྱའོ། །གདུངས་པ་ཞེས་བྱ་བ་ལ་སོགས་པ་ནི་ཀུན་ནས་གདུངས་པ་ཆུང་ངུ་ལ་སོགས་པ་ཉམས་སུ་མྱོང་བའོ། །སོ་སོར་མྱོང་ངོ་ཞེས་བྱ་བ་ནི་ཁྱད་པར་དུ་མྱོང་བར་འགྱུར་བའོ། །སྙོམ་པ་ནི་ལུས་ཀྱི་ཟུག་ཟེར་རོ། །ལྷའི ་གདོན་ལ་སོགས་པ་ནི་གདོན་གྱི་རྣམ་པ་ཀུན་ནས་ལྷའི་གདོན་ཁོ་ན་ཏེ། ས་བླ་ལ་སྤྱོད་པའི་ལྷ་རྒྱལ་པོ་ཆེན་པོ་བཞི་ལ་སོགས་པའོ། །འཆི་མེད་ཀྱི་གདོན་ནི་རྫུ་འཕྲུལ་ཅན་གྱི་ལྷའོ། །དྲི་ཟ་ལ་སོགས་པ་ནི་ཡི་དྭགས་མཐུ་ཆེ་བའོ། །མི་འམ་ཅིའི ་གདོན་ནི་དུད་འགྲོའོ། །ལྟོ་འཕྱེ་ཆེན་པོའི་གདོན་ནི་འཇོག་པོ་ལ་སོགས་པའོ། །གནོད་སྦྱིན་གྱི་གདོན་ནི་ལྷ་རྟེན་གྱི་མཆོད་པའི་གཏོར་མ་ལེན་པའོ། །སྲིན་པོ་ནི་གནོད་སྦྱིན་གྱི་རིགས་ཅན་ཤིན་ཏུ་དམན་པའོ། །ཡི་དྭགས་ནི་ཡི་དྭགས་སུ་སྐྱེས་པའི ་ཤིན་ཏུ་ལྟོགས་པའོ། །འདྲེ་ནི་ཡི་དགས་ཤ་ཟ་བའོ། །འབྱུང་པོ་ནི་གཟུགས་སུ་སྣང་བ་མདངས་འཕྲོག་པར་བྱེད་པའོ། །གྲུལ་བུམ་དང་སྲུལ་པོ་ལ་སོགས་པ་ནི་ཚད་ཆུང་བ་དྲི་ཟ་ལ་སོགས་པ་ལས་ཁྱད་པར་དུ་གྱུར་པ་ཅན་ཡི་དྭགས་ཁོ་ནའོ། །སྐྱེན? ་བྱེད་ནི་ལུས་སྐེམས་པར་བྱེད་པའོ། །སྨྱོ་བྱེད་ཀྱི་གདོན་ནི་ཟིན་པའི་དུས་སུ་གང་གིས་སྨྱོ་བར་འགྱུར་བའོ། །བྱའི་གདོན་ནི་བྱའི་གཟུགས་ཅན་ཏེ་དུད་འགྲོའི་རིགས་སོ། །ཡང་དག་པར་བདེ་བ་ལ་གནས་ན་ཞེས་བྱ་བ་ནི་ཡོངས་སུ་སྐྱོ ་བར་གྱུར་བ་ནའོ། །མྱ་ངན་ནི་སྡུག་པ་དང་བྲལ་བ་ལས་སྐྱེས་པའི་ཡིད་ཀྱི་གདུང་བའོ། །སྨྲེ་སྔགས་འདོན་པ་ནི་བྱས་པ་དེ་ཉིད་དག་ཏུ་བརྗོད་པའོ། །སྡུག་བསྔལ་ནི་ལུས་ཀྱིའོ། །ཡིད་མི་བདེ་བ་ནི་ཡིད་ཀྱི་སྡུག་བསྔལ་ལོ། །འཁྲུགས་པ་ནི་བསྡུག་བསྔལ ་བ་དང་བྲལ་བའི་རྒྱུ་ཅན་གྱི་ལུས་གདུང་བའོ། །སྡུག་བསྔལ་དག་ལས་ཐ་དད་པར་བྱ་བ་དཀའ་བ་ཉིད་ཀྱི་ཕྱིར་གནོད་པའོ། །དུས་ཉུང་ངུ་རེ་གནས་པ་ཉིད་ཡིན་པའི་ཕྱིར་ཉུང་བའོ། །རྣམ་པར་འཆི་བ་དུ་མ་བླངས་པ་ཉིད་ཀྱི་ཕྱིར་སྡུག་བསྔལ་བ་ཡིན་ལ། ལྡན་པ་ནི ་སྐྱེ་བའི་སྡུག་བསྔལ་ལ་སོགས་པ་དང་ངོ། །འགྲོ་བ་འཕོ་བ་ནི་འཇིག་རྟེན་ཕ་རོལ་དུའོ། །བྱོས་ཤིག་པ་ནི་ཡང་དག་པར་བསྒྲུབ་པར་གྱིས་ཤིག་པའོ། །སྤྲོ་བ་ཆུང་བ་ནི་འབད་རྩོལ་ཆུང་བའོ། །དོན་སྤྱོད་པ་ཞེས་བྱ་བ་ནི་བདག་དང་གཞན་གྱི་དོན་སྒྲུབ་པར་བྱེད ་པའོ། །དགེ་བ་སྤྱོད་པ་ནི་ལུས་ལ་སོགས་པ་དགེ་བ་ལ་འཇུག་པའོ། །སྡུག་བ་ཞེས་བྱ་བ་ལ་སོགས་པ་ལ་འདོད་པར་བྱ་བའི་ཡུལ་ཡིན་པའི་ཕྱིར་སྡུག་པའོ། །འདོད་པར་བྱ་བའི་རང་བཞིན་ཉིད་ཡིན་པའི་ཕྱིར་འདོད་པའོ། །དགའ་བར་བྱེད་པའི་རྒྱུ་ཉིད་ཡིན ་པའི་ཕྱིར་མཛའ་བའོ། །སྐད་ཅིག་ཀྱང་ཡིད་ཀྱིས་ཡོངས་སུ་དོར་བ་མེད་པའི་ཕྱིར་ཡིད་དུ་འོང་བའོ། །དེ་དག་དང་ལྷན་ཅིག་ཡུལ་གཞན་དུ་འགྲོ་བར་བྱེད་པའི་ཕྱིར་བྲལ་བ་ནི་སྣ་ཚོགས་སུ་འགྱུར་རོ། །འཆི་བའི་ཕྱིར་བྲལ་བ་ནི་རྣམ་པར་མེད་པར་གྱུར་པའོ། །ཤིན་ཏུ ་བསྐལ་པའི་རྒྱུ་ཅན་གྱི་ཁམས་གཞན་དུ་སྐྱེས་པའི་ཕྱིར་བྲལ་བའོ། །ཡོངས་སུ་མྱ་ངན་ལས་འདའ་བའ་ཨི་ཕྱིར་བྲལ་བ་ནི་རྣམ་པར་བྲལ་བའོ། །བྱ་བ་ཐམས་ཅད་ལ་ནུས་པ་མེད་པའི་ཕྱིར་ཉམ་ཆུང་པའོ། །དཔྱོད་པའི་རང་བཞིན་ཅན་ཡིན་པའི་ཕྱིར་དཔྱོད ་པའི་རང་བཞིན་ཅན་ནོ། །བསྟན་པ་ཉིད་ཀྱིས་མཚམས་ལས་མ་རྒལ་བ་ཡིན་ཏེ། བྱ་བ་མ་ཡིན་པ་མི་བྱེད་པའི་ཕྱིར་གཞུང་ལ་ཚུལ་བཞིན་ཐོབ་པའོ། །དགུ་བཅུ་པ་ཉིད་ཡིན་པའི་ཕྱིར་རྒྱལ་ཚབ་ལྟ་བུའོ། །གས་བུག་པ་ཞེས་བྱ་བ་ནི་མྱུར་དུ་འགྲོ་བའི་ངང་ཚུལ་ཅན་ནོ།། ་འཆི་བའི་ཆོས་ནི་གྱེས་པའི་ཆོས་ཅན་ནོ། །སོ་སོར་ཡིད་བརྟན་དུ་མེད་པའི་ཕྱིར་ཡིད་མི་བརྟན་པའོ། །གདོས་ནི་རབ་ཏུ་གྲགས་པ་སྟེ་བཅིང་བའི་ཐབས་སུ་གྱུར་པའོ། །ལྕགས་ནི་རྟ་ལྕགས་སོ། །ལྟོང་ནི་སྐེ་བ་ནས་བཅིང་བའི་ཐབས་སུ་གྱུར་པའོ། །ལག་ལྕགས ་ནི་ཤིང་ལས་བྱས་པ་ལག་པ་གཉིས་བཅིང་བའི་ཐབས་སུ་གྱུར་པའོ། །འཆིང་བ་ལྔ་ནི་ལག་པ་ལ་སོགས་པ་སོ་སོར་ཕུར་པ་དག་ལ་བཏགས་པའོ། །རེ་ལྡེ་ལ་སོགས་པ་རེག་བྱ་རྩུབ་པ་ཅན་གྱིས་དཀྲིས་ཤིང་མཉེས་པ་ནི་རེ་ལྡེའི་ནང་དུ་བསྒྲིལ་བའི་འོ།། ་གསལ་ཤིང་ལ་སྐྱོན་པ་ནི་གསལ་ཤིང་གི་ཕུག་པའོ། །ཤིང་གི་རྩང་གཅུགས་པ་ནི་གཞན་གདུང་བར་བྱེད་པའི་བྱེ་བྲག་གོ་།བརྡེག་པ་ནི་ཉེ་འཆི་བའོ། །ཤ་སྦྲང་ནི་སྦྲང་བུ་གདུག་པ་ཅན་ཏེ། གང་བ་ལང་ལ་སོགས་པ་དག་ལ་འཛིན་པར་བྱེད་པའོ། །སྦྲུལ ་ནི་སྡིག་སྤྲུལ་ལ་སོགས་པའོ། །ཡོངས་སུ་ཚོལ་བའི་རྩ་བས་ཞེས་བྱ་བ་ནི་ཕན་པར་བྱེད་པའི་ཡོངས་སུ་ཚོལ་བའི་བྱེད་རྒྱུ་དག་གིས་སོ། །འདུ་བྱེད་ཀྱི་རྒྱུན་ནི་འདུར་བྱེད་ཀྱི་རྒྱུད་ཡིན་ལ། དེའི་མཚམས་སྦྱོར་བ་མཚམས་སྦྱོར་བར་བྱེད་པ་སྟེ། ཀུན་ཏུ ་འབྲེལ་པའོ། །སྐད་ཅིག་མ་ཉིད་ཡིན་པའི་ཕྱིར་མི་རྟག་པའོ། །རྒྱུན་རྒྱུད་ཆད་པའི་ཕྱིར་མི་བརྟན་པའོ། །ཟླ་བའི་དང་ལོའི་བར་དུ་གནས་པའི་དེས་པའི་ཡིད་བརྟན་དུ་མེད་པའི་ཕྱིར་བརྟན་དུ་མི་རུང་བའོ། །སྐད་ཅིག་སྐད་ཅིག་ལ་རྣམ་པ་གཞན་དང་གཞན ་དུ་འགྱུར་བའི་ཆོས་ཅན་ནོ། །འདུས་བྱས་ཐམས་ཅད་ལ་སྐྱོ་བར་བྱ་བ་ཤིན་ཏུ་ལེགས་པར་རིག་པའོ། །མི་འཆགས་པར་བྱ་བ་ཞེས་བྱ་བ་ནི་ཉོན་མོངས་པར་གྱུར་པ་རྒྱུན་གཅོད་པའི་སྒོ་ནས་སོ། །རྣམ་པར་གྲོལ་བར་ཞེས་བྱ་བ་ནི་རྣམ་པར་བྲོལ་བ་ཐོབ ་བ་བསྐྱེད་པའི་སྒོ་ནས་སོ། །རྣམ་པར་བསླུ་བ་ཞེས་བྱ་བ་ནི་བླུ་སླུ་བར་བྱེད་པ་སྟེ། བདེ་བ་ཉམས་སུ་མྱོང་བ་མངོན་པར་འདོད་པ་སྔོན་དུ་སོང་བ་ཅན་གྱི་སྡུག་བསྔལ་མོ་སོར་ཐོབ་པ་ཞེས་བྱ་བ་ནི་བར་དུའོ། །སོ་སོའི་སྐྱེ་བོ་ཁོ་ན་མཚུངས ་པའི་ཕྱིར་སོ་སོའི་སྐྱེ་བོར་གྱུར་པའོ། །རང་བཞིན་ཏེ་ངོ་བོ་ཉིད་ཀྱིས་ཚུལ་ཁྲིམས་དང་ལྡན་པ་གཞན་གྱི་རྗེས་སུ་མི་འབྲེང་བའི་ཕྱིར་རང་བཞིན་གྱིས་ཚུལ་ཁྲིམས་དང་ལྡན་པར་གྱུར་པའོ། །དགེ་བ་སྟེ་ཁ་ན་མ་ཐོ་བ་མེད་པའི་ཆོས་མངལ་ཡོད་པ ་དེ་ནི་དགེ་བའི་ཆོས་ཅན་ཏེ། ཉི་མ་རེ་རེ་ཞིང་བསམ་གཏན་མངོན་པར་འཕེལ་ཞིང་རབ་ཏུ་སྐྱེ་བར་འགྱུར་རོ། །ཞེས་བྱ་བའི་ཐ་ཚིག་གོ་།དགེ་བའི་དངོས་པོ་ལ་འདུན་ཅིང་མངོན་པར་འདོད་པ་གང་ཡིན་པ་དེ་ནི་དགེ་བ་ལ་འདུན་པའོ། །མཚུངས་པར ་སྤྱོད་པར་བྱེད་པས་ན་མཚུངས་པར་སྤྱོད་པ་སྟེ། ཚུལ་ཁྲིམས་རྣམ་པར་དག་པའི་རྒྱུ་མཚན་གྱི་ལུས་ཀྱི་བྱ་བའོ། །སྡོམ་པ་མང་པོ་ཅན་ཞེས་བྱ་བ་ནི་ཁ་ན་ཐོ་བ་བྱས་པ་ལ་བཤགས་པ་ལ་སོགས་པས་ཕྱིར་བྱེད་པ་མང་བའོ། །སོ་སོའི་རྟོག ་བ་མང་པོ་ཅན་ཞེས་བྱ་བ་ནི་ཚུལ་ཁྲིམས་ཀྱིས་མི་མཐུན་པའི་ཕྱོགས་འཚལ་པའི་ཚུལ་ཁྲིམས་སེལ་བར་བྱེད་པ་མང་པོའོ། །སྐྱེ་བ་གཉིས་དང་གསུམ་ཐོགས་པ་ནི་རིགས་ནས་རིགས་སུ་སྐྱེ་བར་རིག་པར་བྱའོ། །སྐྱེ་བ་གཅིག་གི་ལྷག ་མ་ཡོད་པས་ན། སྐྱེ་བ་གཅིག་གིས་ཐོགས་པ་སྟེ། ལན་ཅིག་ཕྱིར་འོད་བའོ། །ལས་བདག་གིར་བྱེད་པ་ཞེས་བྱ་བ་ནི་ལས་ཀྱི་བྲན་དུ་གྱུར་པའོ། །ལས་ལས་སྐྱེས་པ་ཞེས་བྱ་བ་ནི་ལས་ལས་བྱུང་བར་གྱུར་པའོ། །ལས་ཀྱི་བགྲོ?་སྐལ ་ལ་སྤྱོད་པ་ཞེས་བྱ་བ་ནི་ལས་ལས་ཐོབ་པའི་འབྲས་བུ་ལ་ཉེ་བར་ལོངས་སྤྱོད་པའོ། །ལས་ལ་བརྟེན་པ་ཞེས་བྱ་བ་ནི་ལས་ལས་ཡོངས་སུ་ཐོབ་པའོ། །ཤེས་ཏེ་ཞེས་བྱ་བ་ནི་བྱ་བ་ཐམས་ཅད་སེམས་ལ་བལྟོས་པར་གྱུར་པའོ། །རྟེན་ཅིང་འདྲེལ? ་པར་འབྱུང་བ་ཞེས་བྱ་བ་ནི་རྐྱེན་གྱི་སྐད་ཅིག་རེ་རེ་ལ་རྟེན་ཅིང་བལྟོས་ནས་བྱུང་བ་སྟེ། དེ་ལྟ་བུར་གྱུར་པའི་མངལ་གྱི་གནས་སུ་འཇུག་ཅིང་གནས་པར་གྱུར་པའོ། །གནས་ཀྱི་རང་བཞིན་ཇི་ལྟ་བུ་ཞེ་ན། ལས་བདག་གིར་བྱེད་པ་དང། ལས་ལས་སྐྱེས་པ་ཞེས་བྱ་བ་ནས་ཁྲག ་དང་ཚིལ་གྱིས་བཀའ་བ་ཞེས་བྱ་བའི་བར་དུ་སྨོས་པ་ཡིན་ཏེ། བདུད་ཀྱི་དབང་ཞེས་བྱ་བ་ནི་བདུད་ཀྱི་དབང་དུ་གྱུར་པའོ། །བདུད་ཇི་ལྟར་འདོད་པ་བཞིན་དུ་བདག་པའི་ཡུལ་དུ་གྱུར་པ་ཡིན་པ་དེའི་ཕྱིར་ལུས་ལ་བདུད་ཀྱི་སྣོད་ཅེས་བྱའོ། །ཁྱིམ་ནི་གནས་ཀྱི་བྱེ་བྲག་གོ ་གནས་སྐབས་འགྱུར་བའི་ཕྱིར་མི་བརྟན་པའོ། །འཇིག་པའི་ཆོས་ཅན་ཞེས་བྱ་བ་ནི་ཕྱིན་ཅི་ལོག་ཏུ་སེམས་པ་དག་གི་སེམས་འཕྲོག་པར་བྱེད་པའི་རང་བཞིན་ཅན་ནོ། །བྱིས་པ་སྨྲ་བར་བྱེད་པ་ཞེས་བྱ་བ་ནི་བྱིས་པ་སྤུ་བར་བྱེད་པའོ། །རྩཝའི་རྒྱུད་ཅན་ནི་རྩཝའི་དྲ་བ ་ཡིན་ལ་དེ་གཉིས་ཀྱི་རྒྱུད་རུས་པའི་འཁྲུལ་འཁོར་གང་ལ་ཡོད་པ་དེ་ལ་རུས་པའི་འཁྲུལ་འཁོར་རྩཝའི་དྲ་བ་ཅན་ཞེས་བྱ་བའོ། །སྤུབས་དང་དྲ་བས་དཀྲིས་པ་ཞེས་བྱ་བ་ནི་ཤིན་ཏུ་ལྷོད་པར་གཡོག་པ་ལ་དཀྲིས་པ་ཞེས་བྱ་སྟེ། སྤུབས་ཀྱི་དྲ་བ་དང་རྩཝའི་དྲ་བས ་དཀྲིས་པར་གྱུར་པའི་གནས་ཏེ། ཤེ་ལ་སོགས་པས་བཀབ་པར་གྱུར་པའོ། །རབ་ཏུ་གདུངས་པའི་བུ་སྣོད་དེ། མངལ་མི་གཙང་པས་བསྡུས་ཤིང་བསགས་པའི་གནས་ཏེ་ལའོ། །སྐྲ་དང་སོ་དང་བ་སྤུ་ལངས་པ་སྟེ། འབྱུང་བར་གྱུར་པ་དེས་རྣམ་པར་གོམས་ཤིང་རྣམ་པར ་འགྱུར་བ་སྟེ། གསལ་པོར་གྱུར་པའོ། །ངར་འཛིན་གསལ་པོ་ལ་སོགས་པ་ནི་ཉོན་མོངས་པས་རང་དབང་མེད་པའོ། །རྣག་དང་མཆིལ་སྣབས་ལ་སོགས་པ་ནི་དྲི་ང་བ་རུང་བར་གྱུར་པའོ། །ཞག་ལ་སོགས་པ་ནི་མི་གཙང་བས་གང་བར་གྱུར་པའོ། །ཆུ་སེར་ནི་ཆུ ་སྨིན་པར་གྱུར་པ་སྟེ། དེ་ལྟར་གྱུར་པའི་གནས་དེ་ལ་མངལ་གནས་པར་གྱུར་པའོ། །ཕྱོགས་གང་དུ་གནས་པར་གྱུར་ཞེ་ན། མ་ཞུ་བའི་གནས་ཀྱི་ནི་འོག་ཅེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ནོ། །གསོས་ཤིང་ཞེས་བྱ་བ་ནི་རྒྱས་པར་གྱུར་པའོ། །གང་གིས ་ཤེ་ན་ཟླ་བ་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཟླ་བ་ནས་ཟླ་བར་དང། ཟླ་བ་ཕྱེད་ནས་ཟླ་བ་ཕྱེད་དང། དུས་དང་དུས་སུ་མངལ་གྱི་དྲི་མི་འབྱུང་བ་ངེས་སོ། །ཀུན་ནས་གསོས་པ་ཞེས་བྱ་བ་འཕེལ་བར་གྱུར་པའོ། །གང་གིས་ཤེ་ན། ་ཁ་ཟས་ཀྱི་རོས་ཞེས་བྱ་བ་སྨོས་པ་ཡིན་ནོ། །ཁ་ཟས་ཀྱི་རོ་ཁྱད་པར་ཇི་ལྟ་བུས་ཤེ་ན། སྟེང་ལོག་གི་སོའི་རིམ་པས་བཅད་ན་ལྐོག་མའི་མིང་པར་མིང་པ་དང། འོག་གི་ཁ་ཆུ་མངོན་པར་འཛག་པ་དང། སྟེང་སླད་པའི་ཀླང་རྒྱས་ཀྱིས་སྤགས་ཤིང་ཁྱབ ་པའི་སྒོ་ནས་སོ། །སྐྱུག་བྲོ་བ་དང་འདྲ་བ་ཞེས་བྱ་བ་ཟས་སྐྱུག་པ་དང་འདྲ་བས་སོ། །ཟས་དེ་གང་ཡིན་ཞེ་ན། མའི་ཞེས་སྨོས་པ་ཡིན་ནོ། །གང་མངལ་རྒྱུས་པར་བྱེད་པའི་ཟས་དེ་རབ་ཏུ་འཇུག་པའི་ལམ་གང་ཡིན་ཞེ་ན། ལྟེ་བའི་བུ་གུར་ཞུགས་ནས ་ཞེས་བྱ་བ་སྨོས་པ་ཡིན་ཏེ། ནུར་ནུར་པོ་ལ་སོགས་པའི་དངོས་པོར་ཡོངས་སུ་འགྱུར་བ་ནི་སྡུག་བསྔལ་ཆེན་པོའི་ཚོར་བ་མྱོང་བར་འགྱུར་རོ། །ཞེས་བྱ་བར་སྦྱར་བར་བྱའོ། །མངལ་དེ་ཁྱད་པར་ཇི་ལྟ་བུ་ཞེ་ན། སྨྲས་པ། ལག་པ་དང། རྐང་པ་དང། ་འགྲམ་བ་མངལ་དུ་སྐྱེ་པའི་ཤ་མས་བཅིངས་པར་གྱུར་པ་སྟེ། མངལ་ཁོ་ན་ཤ་མ་ཡིན་ཞིང་པགས་པའི་སྣོད་དེས་བཅིངས་པར་གྱུར་པའོ། །སྟོང་འོག་ཏུ་རྒྱུ་བ་ཞེས་བྱ་བ་ནི་གང་འོག་ཏུ་འགྲོ་བར་བྱེད་པའོ། །གང་དུ་ཞེ་ན། བཤད་ཁང་འདྲ་བར ་ཞེས་བྱ་བ་དྲི་ཤིན་ཏུ་མི་ཞིམ་པ། མུན་པ་གནག་པ། འགྲེང་པའི་མངལ་དུའོ། །ཟས་ཀྱི་རོ་མའི་དུ་མ་བུ་བཞིན་དུ་གདུང་བ་ནི་རྣམ་པར་མངོན་པར་བརླན་པར་འགྱུར་བའོ། །མེ་མ་མུད་ནི་མེའི་འོབས་སོ། །ཕྱི་རོལ་གྱི་རྐྱེན་མེད་པར་མངལ་ཉེ་བར་གདུངས ་བར་གྱུར་པ་ཡིན་པ་དེ་ནི་མངལ་མ་བརྗེད་པའོ། །གདུང་བས་གཡེང་བར་གྱུར་པ་ཞེས་བྱ་བ་ནི་བཏུང་བ་ཤིན་ཏུ་བརྟེན་པའི་ཕྱིར་བཏུང་བས་ཟིལ་གྱིས་གནོན་པར་གྱུར་པ་འམ། སྤངས་པར་གྱུར་པའོ། །འདོད་པ་འམ་ཞེས་བྱ་བ་ནི་བདག་པོ་འམ ་གཞན་ཤིན་ཏུ་འདོད་པར་གྱུར་པའོ། །རུས་པའི་འཁྲུལ་འཁོར་གཉིས་ཀྱི་སྒོ་ནས་ཏེ། གཅི་བའི་ལམ་གྱི་མིང་ཅན་ལས་གཟིར་བར་གྱུར་པ་ན་ཞེས་བྱ་བ་ལ་སོགས་པ་ལ། གནོད་པའི་རྣམ་པ་ཆུང་ངུ་དང། འབྲིང་དང་ཆེན་པོ་ཉེ?་མས་སུ་མྱོང་བར་འགྱུར ་བའོ། གནོད་པ་དག་པ་ཞེས་བྱ་བ་ནི་གནོད་པ་གཞན་ལས་ཤིན་ཏུ་གནོད་པར་གྱུར་པས་ན་གདོད་པ་དོག་པ་དེས་སོ། །བཅད་པ་ལ་འགྱུར་བྱེད་ཀྱིས་རེག་པ་ལྟར་ཞེས་བྱ་བ་སྡུག་བསྔལ་སྐྱེད་པར་བྱེད་པ་དེ་ལ་རེག་པ་མཚུངས་པས་སོ། །ཅི་ཞིག ་ཅེས་བྱ་བ་ནི་རང་གི་ངོ་བོ་ལ་རྟོག་པའོ། །ཇི་ལྟར་འདིའི་ཞེས་བྱ་བ་ནི་ཁྱད་པར་ལ་རྟོག་པའོ། །ཁོམ་པ་དང་ལྡན་པ་ཞེས་བྱ་བ་ནི་ཁོམ་པ་ཕུན་སུམ་ཚོགས་པ་སྟེ། སངས་རྒྱས་འབྱུང་བ་ལ་སོགས་པ་ཡོན་ཏན་གྱིས་རྣམ་པར་བརྒྱན་པའི ་སྐྱེ་བ་ཡོངས་སུ་ལེན་པར་བྱེད་ཅེས་བྱ་བའི་ཐ་ཚིག་གོ་།གཡོ་ཞེས་བྱ་བས་བྱ་བ་ནི་སེམས་ཀྱི་གྱ་གྱུའོ། །གཡོ་སྒྱུ་ཅན་ཞེས་བྱ་བ་ནི་གཞན་སླུ་བར་བྱེད་པའི་ངང་ཚུལ་ཅན་ནོ། །དོན་སྤྱོད་པ་ནི་རང་དང་གཞན་གྱི་དོན་བྱེད་པའོ། །བསོད་ནམས་སྤྱོད ་པའི་སྦྱིན་པའི་རང་བཞིན་གྱིས་བསོད་ནམས་སོ། །དགེ་བའི་སྤྱོད་པ་ནི་ཚུལ་ཁྲིམས་ཀྱི་རང་བཞིན་ནོ། །ལེགས་པར་སྤྱོད་པ་ནི་ལུས་དང་ངག་གི་ཀུན་ཏུ་སྤྱོད་པ་ཁ་ན་མ་ཐོ་བ་མེད་པའོ། །སྦྲང་བུ་ནི་རྨ་ལ་སོགས་ཟ་བའི་སྦྲང་བུའོ། །སེམས ་ངན་པར་སེམས་པ་དང། ཚིག་ངན་པར་སྨྲ་བ་དང། ལས་སུ་བྱ་བ་ཉེས་པར་བྱེད་པ་ཅན་ནི་བྱིས་པའོ། །ཐོས་པ་མེད་པ་ནི་ལུང་གི་ཐོས་པ་དང་བྲལ་བའོ། །སོ་སོའི་སྐྱེ་བོ་ཞེས་བྱ་བ་ནི་རྟོགས་པ་དང་བྲལ་བའོ། །དཀའ་བ་ཞེས་བྱ་བ་ནི་སྡུག་བསྔལ ་བའོ། །འཁྲུག་པ་ཞེས་བྱ་བ་ནི་རྣ་བ་བཅད་པ་ལ་སོགས་པ་སྒོ་ནས་ལུས་ཀྱི་གདུང་བའོ། །དགེ་བའི་ཆོས་སྒྲུབ་པའི་བྱ་བ་དང་བྲལ་བས་ན་ལེ་ལོའོ?་གནས་པ་ནི་ཁྱབ་པར་གྱུར་པའོ། །སྡིག་པ་ནི་སྨད་པར་བྱ་བའོ། །མི་དགེ་བ་ནི་འདོད་པ་མ་ཡིན ་པའོ་འབྲས་བུ་འབྱིན་པའོ། །འདྲེས་པ་ནི་ལྟ་བ་དང་ལྟ་བ་མ་ཡིན་པའི་ཀུན་ནས་ཉོན་མོངས་པ་བསྐྱེད་པར་གྱུར་པའོ། །ཡང་སྲིད་པའི་ཞེས་བྱ་བ་ནི་ཡང་སྲིད་དང་རྗེས་སུ་མཐུན་པའོ། །ནང་དང་བཅས་ཞེས་བྱ་བ་ནི་ཀུན་ནས་གདུང་བར་བྱེད་པ་ཉིད་ཀྱི ་ཕྱིར་རོ། །སྡུག་བསྔལ་གྱི་རྣམ་པར་སྨིན་པ་ཞེས་བྱ་བ་ནི་དམྱལ་བ་ལ་སོགས་པའི་རྒྱུད་ཀྱི་སྡུག་བསྔལ་གྱི་འབྲས་བུ་འབྱིན་པར་བྱེད་པའི་ཕྱིར་རོ། །འཇིག་རྟེན་ཕ་རོལ་ཏུ་ཞེས་བྱ་བ་ནི་མ་འོངས་པའི་འཇིག་རྟེན་དུའོ། །སྐྱེ་བ་ཞེས་བྱ་བ་ལ་སོགས་པ་ནི་ཐོབ་པར་བྱེད ་པ་ཉིད་དུ་རྗེས་སུ་མཐུན་པ་ཉིད་ཀྱི་ཕྱིར་རོ། །བརྩོན་འགྲུས་བརྩམས་པ་ཞེས་བྱ་བ་ནི་གང་ཤིན་ཏུ་བརྩོན་འགྲུས་དང་ལྡན་པར་གྱུར་བའོ། །མཐུན་སྟོན་པ་དང་བཟོད་པ་སྟེ། གྲང་བ་དང་ཚ་བ་དང་ཁྲོ་བ་ལ་སོགས་པས་ཀྱང་གནས་ཉམས་པར་མི་འགྱུར ་པའི་ཕྱིར་རོ། །བརྩོན་འགྲུས་དང་ལྡན་པ་ཞེས་བྱ་བ་ནི་རྟག་ཏུ་དགེ་བའི་བྱ་བ་ལ་བརྩོན་པ་དང་ལྡན་པའོ། །གོང་ནས་གོང་དུ་མཐར་འབྱུང་བའི་བརྩོན་པ་དང་ལྡན་པ་ཉིད་ཀྱི་ཕྱིར་སྤྲོ་བའོ། །ཐམས་ཅད་བསྙེན་བཀུར་བྱ་??་རབ་དུ་སྦྱོར་བའི་ཕྱིར་མཐུ་བརྟན་པའོ།། ་རྟག་ཏུ་སྤྱད་པའི་ཕྱིར་གཅེས་པ་མི་གཏོང་བའོ། །འདོད་པ་ཞེས་བྱ་བ་ཁས་བླངས་པ་སྟེ། ལུས་ངེས་པར་གྱུར་ཀྱང་ཞེས་བྱ་བའི་ཐ་ཚིག་གོ་།པགས་པ་ཞེས་བྱ་བ་ནི་པགས་པ་དེ་ཙམ་ལ་ཐོགས་པ་སྟེ། ལྷག་མར་གྱུར་པའོ། །གང་གི་ཕྱིར་གཞི་མེད་པར ་ནི་མ་ཡིན་ནོ་ཞེ་ན། རྒྱུས་པ་དང། རུས་པ་ཞེས་བྱ་བ་སྨོས་པ་ཡིན་ནོ། །ཡོངས་སུ་སྐམས་ནས་ཞེས་བྱ་བ་ནི་ཡོངས་སུ་སྐམས་པར་གྱུར་པ་སྟེ། གང་གི་ལུས་ཀྱི་ཤ་དང་ཁྲག་ལ་སོགས་པ་ཞེས་བྱ་བའི་ཐ་ཚིག་གོ་།འོན་ཀྱང་སྟེ་གང་ཡང་ཞེས་བྱ་བའི་བར་དུའོ ་སྐྱེས་བུས་བརྩོན་འགྲུས་བརྩམས་པའི་སྒོ་ནས་ཐོབ་པར་བྱ་བ་གང་ཡིན་པ་དེ་ནི། ཐོབ་པ་ཉིད་དུ་མངོན་པར་འདོད་པ་སྟེ། ཐར་པ་དང་དེའི་ལམ་གྱི་བདག་ཉིད་ཅན་དེ་མ་ཐོབ་པར་ཞེས་བྱ་བ་ལ་སོགས་པ་ནས། བར་མ་དོར་བརྩོན་འགྲུས་ཉམས་པར་མི ་བྱ་བ་སྟེ། ཡོངས་སུ་གཏང་བར་མི་བྱའོ། །དགའ་བོ་ང་ནི་འཇིག་རྟེན་པ་དང་ལྷན་ཅིག་ཏུ་མི་རྩོད་དོ། །ཞེས་བྱ་བ་ལ་སོགས་པ་ལ། བརྗོད་པ་སྣ་ཚོགས་ནི་རྩོད་པ་ཡིན་པ་དེའི་ཕྱིར་ཆོས་སྨྲ་བ་ཁོ་བོ་ནི་རྩོད་པ་དོན་དང་ལྡན་པ་མ་ཡིན་པ་དེའི་ཕྱིར་མི་རྩོད་ཀྱི་འཇིག་རྟེན་པ ་ཉིད་ནི་ཆོས་མ་ཡིན་པ་སྨྲ་བ་ཉིད་ཀྱི་ཕྱིར་ང་དང་ལྷན་ཅིག་རྩོད་བར་བྱེད་དོ། །ང་ནི་དེ་ལྟ་བུ་དེ་མི་རྩོད་དོ་ཞེས་བྱ་བ་ལ་སོགས་པ་ལ། རྩོད་པ་དེ་ལ་དེ་ལྟ་བུ་ཞེས་བྱ་བའི་སྒྲ་ཡང་དང་ཡང་དུ་འཇུག་པ་གང་ཡིན་པ་དེ་ནི་དེ་ལྟ་བུ་ཞེས་བྱ་སྟེ། དཔེར་ན་ཁོ་བོའི་གཞུང ་ནི་འདི་ལྟར་མཛེས་པའོ། །ཁྱོད་ཀྱི་ནི་འདི་ལྟར་མི་མཛེས་པའོ་ཞེས་བྱ་བ་དང། གཞན་དག་ཀྱང་དེ་ལ་དེ་ལྟར་བརྗོད་པར་བྱེད་དོ། །ཞེས་བྱ་བ་ལ་སོགས་པ་སྨྲ་བ་དང་ཕྱིས་སྨྲ་བ་བརྗོད་པ་དེ་འདིས་པ་མི་འདོད་པ་དེའི་ཕྱིར་དེ་ལྟ་བུ་ཞེས་རྩོད་པར་མི་བྱའོ།། ་ཡང་ན་དེ་ལྟ་བུ་ཞེས་བྱ་བ་ནི་ལྟར་འཇིག་རྟེན་པར་རབ་ཏུ་སྨྲ་བ་དང། དེ་ལྟར་ནམ་མཁའ་ཨི་གོས་ཅན་དང། དེ་ལྟར་གྲངས་ཅན་དང། དེ་ལྟར་བྱེ་བྲག་པ་དང། དེ་ལྟར་རིག་བྱེད་སྨྲ་བ་དང། ཞེས་བྱ་བ་དེ་དག་ནི་འདི་ལྟར་ཞེས་བྱ་བ་ཡིན་ཏེ་ངེས་སོ། །ལྟ་བ་སྟེ་ལྟ་བར་གྱུར ་བ་དེ་ལ་རྟོགས་པ་ནི་དཔྱོད་པར་གྱུར་པའོ། །དཔྱོད་པ་དེ་ཡ་བཟོད་པར་བྱེད་པ་ནི་བཟོད་པར་གྱུར་པ་སྟེ། འདི་ལྟར་ཁོ་བོའི་ལྟ་བར་གྱུར་པ་ནི་མཛེས་པ་ཡིན་ནོ་ཞེས་བྱ་བའི་རྣམ་པ་འདིས་ཀྱང་ང་མི་རྩོད་པའོ། །སྐལ་བའི་རང་བཞིན་མེད་པ་ཉིད་ཅེས་བྱ་བ ་ནི་ཤིན་ཏུ་བདག་ཉིད་ཀྱི་ཕྱོགས་སུ་གྱུར་པ་ནི་སྐལ་པ་སྟེ། རུང་བ་ཡིན་པའི་ཕྱིར་སྐལ་བའི་རང་བཞིན་ཡིན་ལ། དེའི་དངོས་པོ་ནི་སྐལ་བའི་རང་བཞིན་ཉིད་དེ། དེས་ཀྱང་མི་རྩོད་ཀྱི་ཇི་ཙམ་ངས་མཐོང་བ་ཞེས་བྱ་བ་ལ་སོགས་པ་དེ་ཁོ་ན་སྨྲ་བར་བྱ ་བ་ཡིན་ལ། མཐོང་བ་ནི་མིག་གིས་སོ། །ཤེས་པ་ནི་རྣ་བས་སོ། །མངོན་པར་རྫོགས་པར་འཆང་རྒྱ་བ་ནི་ཡིད་ཀྱི་རྣམ་པར་ཤེས་པས་སོ། །མངོན་དུ་བྱས་པ་ནི་ཡེ་ཤེས་ཀྱིས་སོ། །རྣམ་པར་སྨིན་པ་ནི་གཉིས་ཏེ་ཞེས་བྱ་བ་ནི་བདེན་པའི་དོན་དང། བདེན་པའི་དོན་མ ་ཡིན་པའོ། །གནས་མེད་པ་ནི་མི་སྲིད་པ་དང་སྲེད་པར་མི་འགྱུར་བ་ཞེས་བྱ་བའི་བར་དུའོ། །ཅིའི་ཕྱིར་མི་སྲིད་བ་ཞེ་ན། སྐབས་མེད་དོ་ཞེས་བྱ་བ་སྨོས་པ་ཡིན་ཏེ། རྣམ་པར་སྨིན་པ་གཉིས་པའི་དཔེའི་ཚིག་སྲིད་པ་འདི་ལ་སྐབས་ཉིད་མེད་པ་ཡིན་ཏེ། ་བཅོམ་ལྡན་འདས་ནི་བག་ཆགས་དང་བཅས་པའི་ཉོན་མོངས་པ་སྤངས་པ་ཉིད་ཀྱི་ཕྱིར་རོ། །ཡང་དག་པ་གསུང་པ་ཞེས་བྱ་བ་ལ་སོགས་པ་ཡང་དག་པ་གསུང་བ་ཞེས་བྱ་བ་ནི་ཡོད་པའི་དངོས་པོ་གནས་པ་བཞིན་གསུང་བའོ། །སྡུག་བསྔལ་ལ་སོགས་པའི་བདེན་པ ་ཐོག་མར་སྟོན་པར་མཛད་པ་ཉིད་ཀྱི་ཕྱིར་བཅོམ་ལྡན་འདས་ནི་བདེན་པ་གསུང་བའོ། །དོན་དམ་པའི་ཆོས་མྱ་ངན་ལས་འདས་པ་སྟོན་པར་མཛད་པའི་ཕྱིར་ཆོས་གསུང་བའོ། །ཀུན་རྫོབ་ཀྱི་བདེན་པ་ལ་ཀུན་རྫོབ་ཀྱི་བདེན་པ་ཉིད་དང། དོན་དམ་པའི་བདེན་པ་ལ་དོན ་དམ་པའི་བདེན་པ་ཉིད་དུ་འདོམས་པར་མཛད་པའི་ཕྱིར་དེ་ཁོ་ན་ཉིད་གསུང་བའོ། །ཇི་སྐད་དུ་ལུང་བསྟན་པ་དེ་བཞིན་དུ་འགྱུར་བའི་ཕྱིར་ཕྱིན་ཅི་མ་ལོག་པར་གསུང་བའོ། །མངོན་པར་འདོད་པའི་དོན་བསྒྲུབ་པར་མཛད་པ་ཉིད་ཀྱི་ཕྱིར་དོན་བཞེད་པའོ། །སྡུག ་བསྔལ་ལས་གྲོལ་བར་མཛད་པ་ཉིད་ཀྱི་ཕྱིར་ཕན་པར་བཞེད་པའོ། །ཐར་པའི་བདེ་བ་རྩོལ་བར་མཛད་པ་ཉིད་ཀྱི་ཕྱིར་བདེ་བར་བཞེད་པའོ། །ཏིང་ངེ་འཛིན་གྱི་བདེ་བའི་རྒྱུ་ཉིད་ཡིན་པའི་ཕྱིར་རེག་པར་བཞེད་པའོ། །ཡོན་ཏན་མ་རྙེད་པ་རྙེད་པ་ནི་གྲུབ་པ་ཡིན་ལ། ་རྙེད་བ་སྐྱོད་པར་བྱེད་པ་ནི་བདེ་བ་ཡིན་ཏེ་དེ་བཞེད་པ་ཉིད་ཀྱི་ཕྱིར་གྲུབ་པ་དང་བདེ་བར་བཞེད་པའོ། །ལམ་མཁྱེན་པ་ཞེས་བྱ་བ་ལ་སོགས་པ་ལ། གཞན་ལ་མཁོ་བའི་ལམ་ཡོངས་སུ་མཁྱེན་པ་ཉིད་ཀྱི་ཕྱིར་ལམ་མཁྱེན་པའོ། །རང་རིག་པ་ཉིད་ཀྱི་རྒྱུད་ལ་མངའ་བའི ་ལམ་ཡོངས་སུ་མཁྱེན་པའི་ཕྱིར་ལམ་རིག་པའོ། །ཐམས་ཅད་ཀྱི་ཐོག་མར་ལམ་སྟོན་པ་ཉིད་ཀྱི་ཕྱིར་ལམ་སྟོན་པར་མཛད་པའོ། །རྒྱུད་གཞན་ལམ་ལ་རབ་ཏུ་འཛུད་པར་མཛད་པ་ཉིད་ཀྱི་ཕྱིར་ལམ་འཆད་པའོ། །ཡོངས་སུ་འདྲེན་པར་བྱེད་ཅིང་རབ་ཏུ་འདྲེན་པར ་བྱེད་པའི་ཕྱི་ཡོངས་སུ་འདྲེན་པ་ཡིན་ལ། ལམ་གྱིས་ཡོངས་སུ་འདྲེན་པ་གང་ལ་མངའ་བ་དེ་ནི་ལམ་ཀུན་ཏུ་འདྲེན་པ་སྟེ། ལམ་བཤད་པའི་འདྲེན་པའི་སྒོ་ནས་འདུལ་བྱའི་སྐྱེ་བོ་མྱ་ངན་ལས་འདས་པའི་གྲོང་ཁྱེར་དུ་ཕྱིན་པར་མཛད་པའི་ཕྱིར་བཅོམ་ལྡན་འདས་ནི་ལམ་གྱི ་འདྲེན་པའོ། །འཇིག་རྟེན་པ་ནི་མ་དད་པ་ཞེས་བྱ་བ་ནི་དད་པའི་ནོར་མེད་པའོ། །དབང་པོ་རྣམས་ཀྱི་བྲན་ཞེས་བྱ་བ་ནི་དབང་པོ་རྣམས་ཀྱི་དབང་དུ་འགྲོ་བ་སྟེ། དབང་པོའི་དབང་གིས་ཡུལ་རྣམས་ལ་རབ་ཏུ་འཇུག་པའི་ཕྱིར་རོ། །མངོན་སུམ་གྱི་དུས་སུ་འགྱུར་པའི ་དངོས་པོ་ནི་དེའི་ཚེ་ཉིད་ཡིན་ལ། དེའི་ཚེ་ཉིད་དུ་ཐ་སྙད་འདོག་པར་བྱེད་པའི་ཕྱིར་མ་རིག་པ་སྟེ། འཇིག་རྟེན་ཕ་རོལ་གྱི་འབྲས་བུ་ལ་བལྟོས་པར་མི་བྱེད་ཅེས་བྱ་བའི་ཐ་ཚིག་གོ་།ལག་ཏུ་ཆུད་པ་ནི་ལག་པར་འོངས་པ་ཡིན་ལ། ལག་པར་འོངས་པ་ལ་ལྟ་བའི ་ངང་ཚུལ་གྱི་རང་བཞིན་གང་ཡོད་པ་དེ་ནི་ལག་པར་འོངས་པ་ལྟ་བ་ཅན་ཏེ། ལག་ཏུ་འོངས་པའི་དངོས་པོ་གང་ཡིན་པ་དེ་བརྟེན་པོར་འཛིན་པར་བྱེད་ཀྱི། མ་འོངས་པའི་ངན་སོང་ལ་བལྟོས་པར་མི་བྱེད་དོ། །ཞེས་བྱ་བའི་བར་དུའོ། །ཟད་པ་མང་ཞིང་ཞེས་བྱ་བ་ནི་དོན ་དུ་མི་འགྱུར་བ་མད་བའོ། །བསགས་པ་ཆུང་བ་ཞེས་བྱ་བ་ནི་དོན་ཆུང་བ་སྟེ། གང་གི་ཕྱིར་སྲོག་གཅོད་པ་ལ་སོགས་པ་བྱས་ན་དམྱལ་བ་ལ་སོགས་པར་འགྲོ་བར་བྱེད་པ་སྟེ། སྡུག་བསྔལ་གྱི་རྣམ་པ་མང་པོ་ཉམས་སུ་མྱོང་བར་འགྱུར་ལ་ཤ་ལ་སོགས་པ་ཡོངས་སུ་ལོངས ་སྤྱོད་པའི་བདེ་བ་ནི་ཆུང་བ་ཉིད་ཡིན་པའི་ཕྱིར་རོ། །སླ་བ་ནི་བདེ་བས་བསྒྲུབ་པར་བྱ་བ་སྟེ། ལུས་ལ་སོགས་པའི་ལེགས་པར་སྤྱོད་པ་ཡིན་ལ། དེ་མི་བྱེད་པའོ། །དཀའ་བ་སྟེ་ལུས་ལ་སོགས་པ་ཉེས་པར་སྤྱོད་པས་བདག་སྤྱོད་པར་ཞེས་བྱ་བ་ནི་གནོད་པར་བྱེད ་བའོ། །དགའ་བོ་འོང་བས་ནི་ཆོག་གོ་།ཅེས་བྱ་བ་ལ་སོགས་པ་ལ། དགའ་ཞིག་ཏུ་དགའ་བོ་ལ་འདི་ལྟ་བུའི་སེམས་སྐྱེ་བར་འགྱུར་ཏེ། འདི་ལྟར་ལུང་གི་གཞུང་གི་ཚད་མང་བ་དེའི་ཕྱིར་དེ་ལ་ཤེས་རབ་ཀྱིས་ཉན་པ་དང། སེམས་པ་ལ་སོགས་པའི་བྱ་བ ་བྱེད་པར་མི་ནུས་སོ་སྙམ་པ་དེ་ལྟ་བུའི་བློ་སྐྱེ་བའི་ཕྱིར་ཆོག་གོ་ཅེས་པ་ཡིན་ཏེ། ལུང་གི་ལུས་ལ་མངོན་པར་སྦྱོར་བར་བྱའོ། །ཤེས་རབ་ཀྱིས་ཆོག་གོ་།ཅེས་བྱ་བ་ནི་ཐོས་པ་དང་བསམས་པ་ལས་བྱུང་བའོ། །དངོས་པོ་གང་ཁོ་ན་ཤའི་མིག་གིས་མཐོང ་བར་གྱུར་པ་དེ་ཁོ་ན་ཙམ་ལ་བརྟག་པར་བྱའི། དེ་ལ་ཕྱིན་ཅི་ལོག་གི་བློས་བདེ་བ་དང། གཙང་བ་ལ་སོགས་པར་འགྱུར་བ་ནི་ཡོངས་སུ་བརྟག་པར་མི་བྱའོ། །དེ་ལས་ཀྱང་ཕན་ཡོན་དུ་འགྱུར་བ་གང་ཡིན་ཞེ་ན། དེའི་ཕྱིར་ཇི་ལྟར་མཐོང་བ་བརྟགས་པ་ཁོ་ན་ལས་ཐར་པར་འགྱུར ་རོ་ཞེས་བྱ་བ་སྨོས་ཏེ། འདི་ལྟར་གལ་ཏེ་དངོས་པོ་དེ་མཐོང་བའི་རྣམ་པ་དེ་ཁོ་ན་ཉིད་ཀྱིས་དཔྱོད་པ་ཉིད་དུ་ནུས་པར་འགྱུར་བ་དེའི་ཚེ་དེ་ཁོ་ན་ཡིད་ལ་བྱེད་པ་སྐྱེས་པའི་ཕྱིར་འཁོར་བ་ལས་ཐར་བར་འགྱུར་རོ། །དགའ་བ་ཁྱོད་ང་ལ་དད་པའི་ཕྱིར་མ་འགྲོ་ཤིག་ཅེས་བྱ་བ་ལ ་སོགས་པ་ལ། བདག་ལ་དེས་བརྗོད་པ་གང་ཡིན་པ་དེ་བདག་གིས་དད་པས་གཟུང་བར་བྱའོ་ཞེས་བྱ་བ་འདི་ནི་དད་པ་སྐྱེས་པ་ཡིན་ཏེ། དད་པའི་ཕྱིར་འགྲོ་བར་བྱེད་པའོ། །དཀའ་འདི་ལ་ཁོ་བོ་ཤིན་ཏུ་འདོད་དོ། །ཅེས་བྱ་བའི་རྣམ་པ་འདིས་ཐ་སྙད་དུ་བྱེད་པ་ནི་མོས ་པའི་ཕྱིར་འགྲོ་བའོ། །འདི་ལུང་གིས་ཆེན་པོར་གྱུར་པ་དེའི་ཕྱིར་འདིའི་ལུང་གཞུང་བཞིན་དུ་འཇུག་པར་བྱའོ་ཞེས་བྱ་བ་དེ་ལྟ་བུའི་ཐ་སྙད་དུ་བྱེད་པ་ནི་ཐོས་པའི་ཕྱིར་འགྲོ་བའོ། །སངས་རྒྱས་ཀྱི་ཡོན་ཏན་རྗེས་སུ་དྲན་པ་འདི་ལྟར་སངས་རྒྱས་བཅོམ་ལྡན་འདས་ནི ་ཞེས་བྱ་བ་ལ་སོགས་པས་གཟུགས་ལ་ཡོངས་སུ་རྟོག་པའི་སྒོ་ནས། དེའི་གཞུང་ལ་རྗེས་སུ་ཐ་སྙད་བྱེད་པ་ནི་གཟུགས་ཡོངས་སུ་རྟོག་པའི་ཕྱིར་འགྲོ་བའོ། །འདིར་བཅོམ་ལྡན་འདས་དེ་མཐོང་བ་ཤིན་ཏུ་མོས་པ་ཞེས་བྱ་བའི་རྣམ་པ་འདིས་དཔྱོད་ཅིང་རྟོག་པ་ཡིན ་ལ། །རྟོག་པ་དེ་ལ་བཟོད་པར་བྱེད་པ་ནི་བཟོད་པ་ཡིན་ཏེ། དེ་ཐ་སྙད་དུ་བྱེད་པ་ནི་མཐོང་བ་ལ་རྟོག་པའི་བཟེད་པའི་ཕྱིར་འགྲོ་བའོ། །དགེ་སྦྱོང་ཐམས་ཅད་ལ་འདི་བསྙེན་བཀུར་བྱ་བ་ཡིན་པའི་ཕྱིར་བཀའ་འདི་ནི་གཟུང་བར་བྱ་བ་ཡིན་ནོ་ཞེས་བྱ་བའི་རྣམ་པ་འདིས་ཐ ་སྙད་དུ་བྱེད་པ་ནི་དགེ་སྦྱོང་ལ་གུས་པའི་ཕྱིར་འགྲོ་བའོ། །ཐམས་ཅད་ཀྱི་སྔོན་དུ་འདི་བདག་ཅག་གིས་སྟོན་པ་ཉིད་དུ་ཁས་བླངས་པ་ཡིན་པའི་ཕྱིར་བཀའ་འདི་ནི་བརྗོད་པར་བྱ་བ་མ་ཡིན་ནོ། །ཞེས་བྱ་བའི་རྣམ་པ་འདིས་ཐ་སྙད་དུ་བྱེད་པ་ན་བླ་མ་ལ་གུས་པའི་ཕྱིར་འགྲོ ་བའོ། །གཅིག་པུ་ཞེས་བྱ་བ་འདིས་ནི་ལུས་ཀྱི་དབེན་པ་བསྟན་པ་ཡིན་ལ་དབེན་པར་སོང་ལ་ཞེས་བྱ་བ་སེམས་དབེན་པའོ། །དོན་གྱི་ཡིད་ཅི་སྤྱིད་དཔྱོད་པ་ནི་སེམས་པའོ། །ཡོན་ཏན་དང་ཉེས་པའི་སྒོ་ནས་དཔྱོད་པར་བྱེད་པ་ནི་འཇལ་བའོ། །ཕྱོགས་གཅིག་ཁོང་དུ ་ཆུད་པ་ནི་ཉེ་བར་རྟོག་པའོ། །ཡང་ནས་ཡང་སོ་སོར་རྟོག་པ་ནི་མེད་དུ་བྱོས་ཤིག་པའོ། །མངོན་སུམ་དུ་གྱུར་པ་ཞེས་བྱ་བ་ནི་ཐེ་ཚོམ་མེད་པར་གྱུར་པའོ། །ཉེ་བར་བསྒྲུབ་པ་ཞེས་བྱ་བ་ནི་ཤེས་པས་ཡོངས་སུ་རྫོགས་པ་ཆེན་པོ་ཤེས་ནས་བྱ་བའི་ཐ་ཚིག་གོ་། ་བདག་གི་གླིང་ཞེས་བྱ་བ་ལ་སོགས་པ་ལ་སྡུག་བསྔལ་གྱི་རྒྱུ་ལས་ཡོངས་སུ་སྐྱོབ་པར་བྱེད་པའི་གླིང་ཡིན་ལ། སྡུག་བསྔལ་དངོས་ལས་ཡོངས་སུ་བསྲུང་བར་བྱེད་པའི་ཕྱིར་སྐྱབས་ཡིན་ནོ། །བདག་ཉིད་གླིང་དང་བདག་ཉིད་སྐྱབས་གང་ཡིན་པ་དེ་ནི་བདག་ཉིད་གླིང་དང? ་བདག་ཉིད་སྐྱབས་སོ། །ཆོས་ནི་དོན་དམ་པའི་ཆོས་སམ་བསྟན་པའི?་ཆོས་ཡིན་ཏེ། དེའི་གླིང་དང་སྐྱོབས་གང་ཡིན་པ་དེ་ནི་ཆོས་ཀྱི་གླིང་དང་ཆོས་ཀྱི་སྐྱབས་སོ། །གླིང་ཡང་གཞན་མ་ཡིན་ལ་སྐྱབས་ཀྱང་གཞན་མ་ཡིན་ནོ། །ཞེས་བྱ་བ་འདིས་ནི་གཞན་ལ་རག་ལས ་པའི་གནས་སྐབས་ལས་ལྡོག་པར་སྟོན་པར་བྱེད་པ་སྟེ། གཞན་ལ་རག་ལས་བས་གནས་པར་མི་བྱའི་འོན་ཀྱང་བདག་ཉིད་ཀྱི་ལས་སུ་བྱ་བ་ཡིན་ནོ། །དེ་སྐད་དུ་ཡང་དགེ་སློང་དག་དགོན་པའི་ཤིང་དྲུང་འདི་ན་ཞེས་བྱ་བ་ནས་དགེ་སློང་དག་བག་མེད་པར ་མ་གྱུར་པར་བསམ་གཏན་གྱིས་ཤིག། ཕྱིས་འགྱོད་པར་གྱུར་ཏ་རེ་ཞེས་འདོམས་པར་བྱེད་དོ། །ཞེས་བྱ་བའི་བར་དུ་འབྱུང་བ་ཡིན་ནོ། །ནང་ཞེས་བྱ་བ་ནི་བདག་གི་དབང་དུ་བྱས་ནས་ནང་ཞེས་བྱ་སྟེ། རང་གི་ལུས་ཞེས་བྱ་བའི་ཐ་ཚིག་གོ་།དེ་ལ་ལུས་ཀྱི་རྗེས་སུ་ལྟ་བ ་ཞེས་བྱ་བ་ནི་མི་གཙང་བའི་ཚོགས་ཀྱི་རྗེས་སུ་ལྟ་བ་ཡིན་ཏེ། དེ་ལྟར་ཡང་ལུས་འདི་ལ་སྐྲ་དང་ཁ་སྤུ་དང་ཞེས་བྱ་བ་ནས་ཀླད?་པ་དང་ཀླད?་པའི་ཀླད་རྒྱས་འཛག་པ་ཞེས་བྱ་བའི་བར་དུ་འབྱུང་བ་ཡིན་ནོ། །སོ་སོར་རྟོག་པ་ནི་རང་གི་ཕྱིའི་མཚན་ཉིད་ཀྱི་སྒོ་ནས་རྟོག ་པའོ། །བརྩོན་འགྲུས་དང་ལྡན་པ་ཞེས་བྱ་བ་ནི་ཀུན་ནས་གདུང་བར་བྱེད་པས་ན། གདུང་བ་སྟེ་བརྩོན་འགྲུས་དེ་རྩམ་པ་དང་ལྡན་པ་ཞེས་བྱ་བའི་ཐ་ཚིག་གོ་།དྲན་པ་དང་ལྡན་པ་ཞེས་བྱ་བ་ནི་ཤིན་ཏུ་དྲན་པ་དང་འབྱོར་པར་གྱུར་པའོ། །ཤེས་བཞིན་དང་ལྡན་པ ་ཞེས་བྱ་བ་ནི་ཤེས་རབ་དང་ལྡན་པར་གྱུར་པའོ། །ཟིལ་གྱིས་གནོན་པ་ཞེས་བྱ་བ་ནི་རེངས་པར་བྱས་པ་སྟེ། དུས་གཞན་གྱི་ཚེ་ཀུན་ཏུ་རྒྱུ་བར་འགྱུར་བའི་ཕྱིར་རོ། །བརྣབ་སེམས་ཞེས་བྱ་བ་ནི་གཞན་གྱི་རྫས་ཀྱི་ཡུལ་ལ་སྨོན་པའི་མཚན་ཉིད་ཅན་ཡིན་ལ། ་དོན་མ་ཐོབ་པའི་སྔ་རོལ་གྱི་སེམས་ཡོངས་སུ་གདུང་བ་ནི་ཡིད་མི་བདེ་བ་ཡིན་ཏེ། བརྣབ་སེམས་དང་ཡིད་མི་བདེ་བ་ཞེས་བྱ་བ་ཟིལ་གྱིས་གནོན་པའོ། །ཡུལ་གང་ལ་ཞེ་ན། སྨྲས་པ། འཇིག་རྟེན་ཏེ་ཉེ་བར་ལེན་པའི་ཕུང་པོ་ལྔའི་རང་བཞིན་ལའོ། །ཕྱིའི་ལུས ་ལ་ཞེས་བྱ་བ་ནི་ཕ་རོལ་བོའི?་རྒྱུད་དུ་གྱུར་པའོ། །ཕྱི་ནང་གི་ལུས་ལ་ཞེས་བྱ་བ་ནི་རང་གཞན་གྱི་རྒྱུད་དང་གཅིག་པ་འབྲེལ་པར་འགྱུར་བའོ། །ཀུན་འབྱུང་གི་ཆོས་ལ་རྗེས་སུ་བལྟ་ཞིང་ཞེས་བྱ་བ་ནི་བདག་ཉིས་ཀྱི་ལུས་འདི་ལ་ཀུན་འབྱུང་ཞེས་བྱ་སྟེ། འདི་ལས ་སྡུག་བསྔལ་ཀུན་འབྱུང་བའི་ཕྱིར་རོ། །ཞེས་བྱ་བའི་དབང་དུ་བྱས་ནས་སོ། །ཟད་པའི་ཆོས་ལ་རྗེས་སུ་བལྟ་ཞིང་ཞེས་བྱ་བ་ནི་ལུས་འདི་གདོན་མི་ཟ་བར་འཇིག་པར་འགྱུར་བའོ་ཞེས་དཔྱོད་གང་བྱེད་པའོ། །ལུས་མི་གཙང་བའི་ཚོགས་ཀྱི་བདག་ཉིད་ཅན? ་ཡིན་ཞིང་ནང་ན་བྱེད་པའི་སྐྱེས་བུས་སྟོང་བ་ཡིན་ནོ། །ཞེས་བྱ་བ་དེ་ལྟ་བུའི་དྲན་པ་སྐྱེད་པར་འཇོག་པ་ཅན་ནི་ལེགས་པར་སོ་སོར་འཇོག་པར་གྱུར་པའོ། །ཇི་ལྟར་ཉེ་བར་འཇོག་པར་གྱུར་ཞེ་ན། གང་ཁོ་ན་ལ་ཤེས་བ་ཙམ་དང་ཞེས་བྱ་བ་ལ་སོགས་པ་སྨོས་བ? ་ཡིན་ཏེ། རྣམ་པ་དེས་པ་འཛིན་པའི་ཕྱིར་ཤེས་པ་ཡིན་ལ། མངོན་སུམ་དུ་འཛིན་པའི་ཕྱིར་མཐོང་བ་ཙམ་ཡིན་ཞིང་སོ་སོར་ཐ་དད་པར་རམ་ཁྱད་པར་དུ་དྲན་པའི་ཕྱིར་སོ་སོར་དྲན་པ་ཙམ་མོ། །མི་གནས་པ་ཞེས་བྱ་བ་ནི་ཆགས་པ་མེད་པར་རོ། །འཇིག་རྟེན་ཅུང་ཞིག ་ཀྱང་མི་ལེན་ཏོ། །ཞེས་བྱ་བ་ནི་དངོས་པོའི་རིགས་ཅུང་ཟད་ཙམ་ལ་ཡང་བདག་ཉིད་དུ་འཛིན་པར་མི་བྱེད་པའོ། །ཚོར་བ་ལ་སོགས་པ་དག་ལ་རང་དང་སྤྱིའི་མཚན་ཉིད་དུ་ཡོངས་སུ་རྟོག་པ་ཡང་དེ་བཞིན་ནོ། །ཆོས་རྣམས་ལ་རྗེས་སུ་བལྟ་ཞིང་ཞེས་བྱ་བ་ནི་འདི ་ནི་ཆོས་ཙམ་ཁོ་ན་ཡིན་གྱི་འདི་ལ་བདག་དང་བདག་གི་ཡོད་པ་ནི་མ་ཡིན་ནོ། །གཡོ་མེད་པ་ནི་སེམས་ཀྱི་ཀུན་ཏུ་སྤྱོད་པ་གསལ་བའོ། །རྒྱུ་མེད་པ་ནི་གཞན་སླུ་བར་མི་བྱེད་པའོ། །ཚིག་ཐམས་ཅད་ལ་ཡིད་ཆེས་བ་དྲང་པོ་དང་རང་བཞིན་ཅན་ཞེས་བྱ་སྟེ། རྣམ ་བ་ཐམས་ཅད་དུ་དྲང་བ་ལ་བྱའི་ཕྱོགས་གཅིག་གིས་ནི་མ་ཡིན་ནོ། །ཤེས་པར་བརྡ་སྤྲོད་པར་འགྱུར་རོ། །ཞེས་བྱ་བ་ནི་དགྲ་བཅོམ་པ་ཉིད་དུ་ལུང་བསྟན་པའོ། །ངའི་ལེགས་པར་གསུངས་པའི་ཆོས་ནི་ཞེས་བྱ་བ་ལ་འཕགས་པའི་བདེན་པ་བཞི་ནི་སངས ་རྒྱས་བཅོམ་ལྡན་འདས་ཀྱི་ཆོས་ཡིན་ལ། དེ་ནི་དེའི་ལེགས་པར་གསུངས་པ་ཡིན་ཏེ། ཇི་ལྟ་བ་བཞིན་དུ་ཕྱིན་ཅི་མ་ལོག་པར་ཡང་དག་པར་མཐོང་བ་ལ་ཕན་པ་ཞེས་བྱ་བ་ཡང་དག་པར་མཐོང་བར་བྱེད་པས་ན་ཡང་དག་པར་མཐོང་བ་སྟེ། ཟག་པ་མེད་པའི ་བློ་དེས་དཔྱོད་པ་ཡིན་ལ། ཇི་ལྟ་བ་བཞིན་དུ་རབ་ཏུ་རྣམ་པར་འབྱེད་པའི་སྒོ་ནས་མཐོང་བའི་ལམ་གྱི་ཚེ་བཅོམ་ལྡན་འདས་ཀྱི་བདེན་པ་བཞིའི་རང་བཞིན་ཅན་གྱི་ཆོས་མཐོང་བར་བྱེད་པ་ཡིན་པའི་ཕྱིར་ཡང་དག་པ་མཐོང་བ་ལ་ཕན་པ་སྟེ་སླུ་བར་བྱེད ་བ་སྤངས་པ་ཞེས་བྱ་བའི་ཐ་ཚིག་གོ་།ནད་མེད་པ་ཞེས་བྱ་བ་ནི་འདོད་ཆགས་ལ་སོགས་པ་ཉོན་མོངས་པའི་ནད་གདུང་བར་བྱེད་པའི་རང་བཞིན་ཅན་ལས་རྣམ་པར་གྲོལ་བ་སྟེ། བཅོམ་ལྡན་འདས་ཀྱི་ཆོས་ལམ་གྱི་མཚན་ཉིད་ཅན་ནོ། །དུས་ཀུན་ཏུ་ཞེས ་བྱ་བ་ནི་འདིའི་རྩོམ་པ་དང་མཐར་ཕྱིན་པའི་དུས་མཚུངས་པའོ། །དེ་ལྟར་ཡང་གང་ཞིག་ཁོ་ན་ལ་སྡུག་བསྔལ་ལ་དམིགས་པའི་ལམ་སྐྱེས་པར་གྱུར་པ་དེ་ཉིད་དུ་སྡུག་བསྔལ་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་སྤངས་པར་གྱུར་ལ། གང་ཁོ་ན ་ཀུན་འབྱུང་དང། འགོག་པ་དང། ལམ་ལ་དམིགས་པའི་ལམ་སྐྱེས་པར་གྱུར་པ་དེ་ཉིད་དུ་ཀུན་འབྱུང་དང། འགོག་པ་དང། ལམ་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་སྤངས་པ་ཡིན་པའི་ཕྱིར་ལམ་ལ་རྩོམ་པ་དང་འབྲས་བུ་མཐར་ཕྱིན་པའི་དུས་མཚུངས་པ་ཡིན་ནོ ་གོ་བར་སླ་བ་ཞེས་བྱ་བ་ནི་ཐོབ་པར་བྱེད་པ་ཡིན་པའི་ཕྱིར་ཐོབ་པར་བྱེད་པ་སྟེ། འཕགས་པའི་བདེན་པ་བཞི་དག་སྟན་པར་མཛད་པ་ན་བཅོམ་ལྡན་འདས་ཡིན་ལ། ད་ལས་བྱུང་བ་ནི་གོ་བར་སླ་བ་སྟེ། བཅོམ་ལྡན་འདས་ཀྱི་ཆོས་ལམ་གྱི་རང་བཞིན་ཡིན་ཏེ། དེ་ལྟར ་ཡང་གང་གི་ཚེ་ལམ་སྐྱེས་པར་གྱུར་བ་དེའི་ཚེ་འཕགས་པའི་བདེན་པ་བཞི་ལ་ཐེ་ཚོམ་མེད་པར་གྱུར་ཏོ། །ལྟོས་ཤིག་ཅེས་བྱ་བ་ནི་ཚུར་ཤོག་འཕགས་པའི་བདེན་པ་བཞིའི་དེ་ཁོ་ན་ཉིད་ལྟོས་ཤིག་ཅེས་འཕགས་པའི་ལམ་གྱི་སྐལ་བ་དང་ལྡན་པའི་ཕྱིར ་འགྲོ་བ་ལ་ཚུར་ཤོག་ལྟོས་ཤིག་ཅེས་སྟོན་པ་འཕགས་པའི་ལམ་ལས་སྐྱེས་པ་དེ་ཁོ་ན་ཉིད་ལ་བར་ཆད་མེད་ཅེས་བྱ་བའི་ཐ་ཚིག་གོ་།མཁས་པས་སོ་སོར་རང་གིས་རིག་པ་ཞེས་བྱ་བ་ལ་མཁས་པ་སྟེ། འཇིག་རྟེན་ལས་འདས་པའི་ཡེ་ཤེས་སོ་སོར་ཐོབ་པའི ་མཁས་པས་སོ་སོར་ཐ་དད་པའི་རང་གི་སེམས་ཀྱི་རྣམ་པར་ཤེས་པ་ཡིན་ཞིང་གཞན་གྱིས་ནི་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ་།བཏུང་བའི་སྙིང་པོ་ཞེས་བྱ་བ་ལ་སྙིང་པོ་ནི་མཆོག་སྟེ་དྲི་མ་དང་བྲལ་བ་ཡིན་ལ། སྙིང་པོ་ཡང་དེ་ཡིན་ལ་བཏུང་བ་ཡང་ཡིན་པས་ན ་བཏུང་བའི་སྙིང་པོ་སྟེ། སྙིང་པོ་ཉིད་ཡིན་པའི་ཕྱིར་བཏུང་བར་བྱ་བ་ཡིན་པ་འམ། སྙིང་པོ་འམ་བཅུད་ཀྱིས་ལེན་ནམ་བདུད་རྩི་དང་འདྲ་བར་བཏུང་བར་བྱ་བ་ཞེས་བྱ་བ་ལ་སོགས་པའོ། །གསུང་རབ་ཅེས་བྱ་བ་ནི་བཀར་རྟོགས་པ་ཡན་ལག་བཅུ་གཉིས་པའོ། །ཇི ་ལྟར་བཏུང་བའི་སྙིང་པོ་ཡིན་ཞེ་ན། འདི་ལྟ་སྟེ་སྟོན་པ་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། ཐམས་ཅད་མཁྱེན་པ་ནི་མངོན་སུམ་དུ་གྱུར་པ་སྟེ། མཐོང་བའི་ཡུལ་དུ་གྱུར་ཅིང་གནས་པ་ཞེས་བྱ་བའི་དོན་ཏོ། །ཆོས་ཞེས་བྱ་བ་ནི་བསྟན་པའི་ཆོས་སོ། །ཅི་འདྲ་བ་ཞེས ་བྱ་བ་ནི་ཉེ་བར་ཞི་བར་བྱེད་པ་ཞེས་བྱ་བ་སྨོས་པ་ཡིན་ཏེ། ཕུང་པོ་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པ་ཐོབ་པར་བྱེད་པའོ། །ཡོངས་སུ་མྱ་ངན?་ལས་འདས་པར་བྱེད་པ་ནི་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པ་ཐོབ་པར་བྱེད་པའི་ཕྱིར་རོ། །རྫོགས་པའི་བྱང་ཆུབ་ཏུ ་འགྲོ་བར་བྱེད་པ་ཞེས་བྱ་བ་ནི་ཡང་དག་པར་རྫོགས་པའི་ཡེ་ཤེས་ཐོབ་པར་བྱེད་པའི་འཕགས་པའི་ལམ་ཐོབ་པར་བྱེད་པ་ཡིན་པའི་ཕྱིར་རོ། །བདེ་བར་གཤེགས་པས་གསུངས་པ་ན་སངས་རྒྱས་ཀྱི་བསྟན་པའོ། །དེ་ལྟ་བས་ན་ཞེས་བྱ་བ་ནི་རྒྱུ་དེ་ཁོ་ན་ཉིད་ཀྱི་ཕྱིར ་དེའི་ཆེད་དུ་བསླབས་པར་བྱའོ་ཞེས་བྱ་བར་རྗེས་སུ་སྦྱར་བར་བྱའོ། །རང་གི་དོན་གྱི་རྗེས་སུ་བལྟོས་ལ་ཞེས་བྱ་བ་ལ་བདག་གི་དོན་འདི་ནི་ནམ་ཞིག་བདག་རབ་ཏུ་འབྱུང་བར་འགྱུར་ཞེས་བྱ་བ་ལ་སོགས་པ་གང་བརྗོད་པར་བྱེད་པའོ། །གདོན་མི་ཟ་བར་འགྱུར། ཞེས་བྱ་བ ་ནི་འབྲས་བུ་མེད་པ་མ་ཡིན་པ་སྟེ། ཇི་ལྟར་ཁས་བླངས་པ་བཞིན་དུ་རྗེས་སུ་སྒྲུབ་པའི་ཕྱིར་རོ། །འབྲས་བུ་དང་བཅས་པ་ཞེས་བྱ་བ་ནི་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་སོགས་པ་ཐོབ་པའི་ཕྱིར་རོ། །བདེ་བར་འབྱུང་བ་ཞེས་བྱ་བ་ནི་གཟུགས་ན་སྤྱོད་པའི་བསམ་གཏན ་གྱི་འབྲས་བུ་ཐོབ་པའི་ཕྱིར་རོ། །བདེ་བའི་རྣམ་པར་སྨིན་པ་ཞེས་བྱ་བ་ནི་འདོད་པ་ན་སྤྱོད་པའི་རྣམ་པར་སྨིན་པའི་བདེ་བ་ཐོབ་པའི་ཕྱིར་རོ། །ཇི་ལྟར་ན་གཞན་གྱི་དོན་དུ་འགྱུར་བ་ཡིན་ཞེ་ན། གང་དག་གི་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། གཏོང་བ་པོ ་དང་སྦྱིན་བདག་དག་གིའོ། །ཀུན་ཏུ་ལོངས་སྤྱོད་པར་བྱ་བ་ནི་ཉེ་བར་ལོངས་སྤྱོད་པར་བྱ་བའོ། །གང་ཡོངས་སུ་ལོངས་སྤྱོད་པར་བྱ་བ་དག་གང་ཡིན་ཞེ་ན། ཆོས་གོས་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ནོ། །དེ་ལ་མཆོད་པ་བྱས་ན་ཞེས་བྱ་བ་མཆོད་པའི་རྣམ ་པ་འམ། གཏོང་བའི་ཆོས་ཀྱིས་སོ། །ཚོ་བ་ཕུན་སུམ་ཚོགས་པ་འཛིན་པའི་ཕྱིར་འབྲས་བུ་ཆེན་པོར་འགྱུར་པའོ། །ནོར་ལ་སོགས་པ་ཡོ་བྱད་ཕུན་སུམ་ཚོགས་པ་འབྱིན་པའི་ཕྱིར་ཕན་ཡོན་ཆེན་པོའོ། །ནད?་པ་ཕུན་སུམ་ཚོགས་པ་འབྱིན་པའི ་ཕྱིར་སྣང་བ་ཆེན་པོའོ། །སྡུག་པ་དང་ཕྲད་པ་ཕུན་སུམ་ཚོགས་པ་འབྱིན་པའི་ཕྱིར་རྒྱ་ཆེན་པོའོ། །དེ་ལྟར་དགའ་བོ་ཁྱོད་ཀྱི་སློབས་ཤིག་ཅེས་བྱ་བ་ནི་ཤེས་ནས་སྒྲུབ་པར་བྱའོ། །ཐོག་མར་ཆགས་པ་ནི་དགའ་བའོ། །རྒྱུན་གྱིས་ཆགས་པ་ནི་མངོན་པར་དགའ་ ་བའོ། །མྱ་ངན་ནི་ནང་གི་གདུང་བའོ། །སྨྲེ་སྔགས་འདོན་པ་ནི་ངག་གི་བརྗོད་པའོ། །སྡུག་བསྔལ་ནི་ལུས་ཀྱིའོ། །ཡིད་མི་བདེ་བ་ནི་ཡིད་ཀྱི་སྡུག་བསྔལ་བའོ། །འཁྲུག་པ་ནི་རྣམ་པ་བཅད་པ་ལ་སོགས་པ་ལས་སྐྱེས་པའི་ལུས་ཅན་གྱི་གདུང་བའོ། །སྐད ་ཅིག་མས་འཇིག་པའི་སྒོ་ནས་ཡོངས་སུ་འགྱུར་བའོ། །རྒྱུན་ཆད་པའི་སྒོ་ནས་རྣམ་པ་གཞན་དུ་འགྱུར་བའི་ཕྱིར་བདག་གིའོ། །ཞེས་ཁས་ལེན་པ་ཞེས་བྱ་བ་ནི་བདག་གི་ཉིད་དུ་འཛིན་པར་འགྱུར་བའོ། །རྣམ་པ་གང་གི་ཞེ་ན། དེའི་ནི་ངའི་ཞེས་བྱ་བ་སྨོས་པ་ཡིན ་ཏེ། འདི་ནི་གཟུགས་ལ་སོགས་པའི་དངོས་པོ་ཡིན་ལ། ངའི་ཞེས་བྱ་བན་བདག་གིས་སྟན་པར་བྱེད་པའོ། །དེ་ལྟར་ན་བདག་གང་ཡིན་ཞེ་ན། དེའི་ཕྱིར་འདི་ནི་བདག་གོ་།ཞེས་སྨོས་པ་ཡིན་ཏེ། འདི་ནི་བདག་ཡིན་ལ། བདག་ཅེས་བྱ་བ་དེ་ནི་བདག་ཉིད་སྟོན ་པར་བྱེད་པའོ། །འདི་ནི་ངའི་བདག་གོ་ཞེས་བྱ་བ་ནི་གཟུགས་ལ་སོགས་པ་ཆོས་གཞན་ལ་བདག་ཉིད་དུ་འཛིན་པར་བྱེད་པ་སྟེ། འདི་ཡང་བདག་སྟོན་པར་བྱེད་པའོ། །ཡང་དག་པའི་ཤེས་རབ་ཀྱིས་ཞེས་བྱ་བ་ནི་ཟག་པ་མེད་པའི་ཤེས་རབ་ཀྱིས་སོ།། ་ཐོས་པ་དང་ལྡན་པ་ཞེས་བྱ་བ་ནི་ལུང་དང་ལྡན་པའོ། །འཕགས་པའི་ཉན་ཐོས་ཞེས་བྱ་བ་ནི་ཁོང་དུ་ཆུད་པ་དང་ལྡན་པའོ། །སྐྱོ་བ་ཞེས་བྱ་བ་ནི་རྒྱབ་ཀྱིས་ཕྱོགས་པར་འགྱུར་བའོ། །ཉོན་མོངས་པར་གྱུར་པ་སྤྱད་པའི་ཕྱིར་མི་ཆགས་པའོ། །བྲལ་བར་གྱུར་པ ་བསྐྱེད་པའི་ཕྱིར་རྣམ་པར་གྲོལ་བའོ། །ཡེ་ཤེས་ནི་ཟད་པ་དང་མི་སྐྱེ་བའི་ཡེ་ཤེས་སོ། །མཐོང་བ་ནི་མི་སློབ་པའི་ཡང་དག་པའི་ལྟ་བའོ། །བདག་གི་སྐྱེ་བ་ཟད་དོ་ཞེས་བྱ་བ་འདིས་ནི་སྲིད་པར་སྐྱེ་བ་ཟད་པ་བསྟན་ཏོ། །ཚངས་པར་སྤྱོད་པ་སྤྱད་དོ་ཞེས་བྱ་བ་ནི་རྒྱུད་ལ་འཇོག ་པ་ནི་སྤྱད་པ་སྟེ། གང་གི་ཚེ་ཉོན་མོངས་པ་ཡང་འབྱུང་བར་འགྱུར་པ་སྤངས་པ་དེའི་ཚེ་ཚངས་པ་སྟེ། ལམ་གྱི་མིང་ཅན་རྒྱུད་ལ་གནས་པར་འགྱུར་བའོ། །དེའི་ཕྱིར་འདིས་ནི་ཉོན་མོངས་པ་རྣམས་ཡང་མི་འབྱུང་བར་སྤངས་པར་བསྟན་པ་ཡིན་ནོ། །བྱ་བ་བྱས ་པ་ཞེས་བྱ་བ་ནི་ཉོན་མོངས་པ་ཟད་པ་དང་སྐྱེ་བ་སྤངས་པ་ནི་བྱ་བ་ཡིན་ལ་དེ་བྱས་པའོ། །འདི་ལས་སྲིད་པ་གཞན་མེད་དོ་ཞེས་བྱ་བ་འདི་ནི་གང་གིས་སྲིད་པར་སྐྱེ་བར་འགྱུར་བའི་ལས་ཀྱི་སྲིད་པ་དེ་ནི་བདག་གིས་མི་ཤེས་སོ་ཞེས་ལས་ཀྱི་སྲིད་པ་བཀག་པ་ཡིན་ནོ།། ་ཆོས་ཀྱི་རྣམ་གྲངས་ཞེས་བྱ་བ་ནི་དོན་གཅིག་ལ་བརྗོད་པར་བྱེད་པའི་སྒྲ་ཕན་ཚུན་བལྟོས་པ་དུ་མ་ནི་རྣམ་གྲངས་ཞེས་བྱ་སྟེ། གཅིག་ལ་ནི་གོ་རིམ་བཞིན་དུ་དུ་མའི་སྒོ་ནས་བརྗོད་པར་བྱེད་པའི་ཕྱིར་རོ། །རྡུལ་མེད་པ་ནི་གསལ་པོར་སྣང་བ་ཉིད་ཀྱི་ཕྱིར་རོ། །དྲི་མ་དང་བྲལ ་བ་ནི་ཟག་པ་མེད་པ་ཉིད་ཀྱི་ཕྱིར་རོ། །ཆོས་རྣམས་ཏེ་འཕགས་པའི་བདེན་པ་བཞི་པོ་དག་ལའོ། །ཆོས་ཀྱི་མིག་གིས་ཞེས་བྱ་བ་ནི་ཟག་པ་མེད་པའི་ཤེས་རབ་ཀྱི་མིག་གིས་སོ། །ཉེ་བར་ལེན་པ་མེད་ཅིང་ཞེས་བྱ་བ་འདིས་ནི་ལྷག་མ་མེད་པར་སྤངས་པ་བསྟན ་ཏོ། གཞན་ཡང་འདི་སྐད་བཀའ་སྩལ་ཏོ། །ཞེས་བྱ་བ་ནི་མདོར་གསུངས་པའི་དོན་དང་རྗེས་སུ་མཐུན་པའི་དོན་ཚིགས་སུ་བཅད་པར་སྦྱར་བའི་སྒོ་ནས་བཀའ་སྩལ་བའོ། །ཕུང་པོ་ནི་ཉོན་མོངས་པའི་ཕུང་པོ་ལ་སོགས་པའོ། །དག་པ་ནི་ཟག་པ་མེད་པའོ། །རྣལ ་འབྱོར་ནི་སེམས་མཉམ་པར་བཞག་པའོ། །སྐྱེ་བ་ནི་རབ་ཏུ་འབྱུང་བར་འགྱུར་བའོ། །འཇིག་པ་ནི་སྙོམས་པར་འགྱུར་བའོ། །དག་པ་རྙེད་པར་གྱུར་པ་ཞེས་བྱ་བ་ནི་ཕུང་པོ་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པའི་མིང་ཅན་གྱི་དག་པ་གང་གི་ཚེ་ཐོབ་པར ་གྱུར་པའོ། །ཡོངས་སུ་སྤོངས་ཤིག་ཅེས་བྱ་བ་ནི་སྐྱེ་བོ་སྡུག་པ་དང་འགྲོགས་པ་དང་རྙེད་པ་ལ་སོགས་པའོ། །ཚོགས་ནི་མཚམས་སོ། །ལྕུགས་མ་ལས་བྱས་པའི་ཕྱི་རོལ་དང་སས་ཞལ་ཞལ་བྱས་པའི་རིམ་པ་གཅིག་དང། གཉིས་རྩེག་གམ ་གསུམ་རྩེག་ཅན་འབྲས་ལ་སོགས་པ་གཞུག་པའི་གནས་ནི་སྐོན་པའོ། །མྱ་ངན་ལས་འདས་པ་ཐོབ་པའི་ཆེད་ཀྱི་བྱ་བ་ཕྱིར་དེ་དག་ཐམས་ཅད་ལ་ཤིན་ཏུ་མཐར་ཐུག་པ་གྱུར་པ་ཡིན་པའི་ཕྱིར་ཤིན་ཏུ་མཐར་ཐུག་པའི་མྱ་ངན་ལས་འདས་པའོ། །ཡོན ་ཏན་མ་རྙེད་པ་ཐོབ་པ་ནི་གྲུབ་པ་ཡིན་ལ། རྙེད་པ་ཡོངས་སུ་སྐྱོང་བར་བྱེད་པ་ནི་བདེ་བ་སྟེ། འཁོར་བ་ཇི་སྲིད་དུ་མ་རྙེད་པའི་མྱ་ངན་ལས་འདས་པ་རྙེད་ནས་རྙེད་པ་ཡང་མི་འདོར་བའི་ཕྱིར་ཁྱད་པར་དུ་འཕགས་པ་སྟེ། བྲུབ?་པ་དང་བདེ་བ་གཅིག་པའོ། ་སྤས་ཤིང་བསྲུངས་པའི་སྒོ་གང་ཡིན་པ་དེ་ནི་སྒོ་སྤས་པ་ཡིན་ལ། དབང་པོ་དག་གི་སྒོ་སྤས་པ་ནི་དབང་པོའི་སྒོ་སྤས་པ་སྟེ། མིག་ལ་སོགས་པའི་དབང་པོའི་སྒོ་ནས་ཁ་ན་མ་ཐོ་བ་ཅུང་ཟད་ཙམ་ཡང་མི་བྱེད་པ་གང་ཡིན་པ་དེ་ནི་འདིར་དབང་པོའི ་སྒོ་སྤས་པ་ཡིན་ནོ། །ཉོན་མོངས་པའི་འཆིང་བ་རྣམ་པར་གྲོལ་བའི་དགའ་བ་གང་ཡིན་པ་དང། ཟག་པ་མེད་པའི་བདེ་བ་གང་ཡིན་པ་དེ་སོ་སོར་མྱོང་བར་བྱེད་པའི་ངང་ཚུལ་ཅན་དེ་ནི་རྣམ་པར་གྲོལ་བའི་དགའ་བ་དང་བདེ་བ་སོ་སོར་མྱོང་བའོ། །ལྡོང ་རོས་ཞེས་བྱ་བ་ནི་འདིར་གུར་གུམ་ཀྱི་མིང་གི་རྣམ་གྲངས་ཡིན་པ་འམ། དྲི་བཟང་པོའི་རྫས་སྣ་ཚོགས་སྦྱར་བ་ཡིན་གྱི། ལྡོང་རོས་ནི་མ་ཡིན་ཏེ། དྲི་ཡིད་དུ་འོང་བ་མ་ཡིན་པ་ཉིད་ཀྱི་ཕྱིར་རོ། །སྡོང་བུ་ནི་འབྲས་བུའི་རྣམ་པའོ། །བསམ་གཏན ་ཞེས་བྱ་བ་ལ་སོགས་པ་ལ། བསམ་གཏན་ནི་དང་པོ་ལ་སོགས་པ་བཞིའོ། །རྣམ་པར་ཐར་པ་བརྒྱད་དེ། གཟུགས་ཅན་གཟུགས་རྣམས་ལ་ལྟ་བ་ཞེས་བྱ་བ་ནི་རྣམ་པར་ཐར་པ་དང་པོའོ། །ནང་གཞན་གཟུགས་མ་ཡིན་པར་འདུ་ཤེས་པས་ཕྱི ་རོལ་གྱི་གཟུགས་ལ་ལྟ་བ་ཞེས་བྱ་བ་ནི་རྣམ་པ་ཐར་པ་གཉིས་པའོ། །སྡུག་པའི་རྣམ་པར་ཐར་པ་ལུས་ཀྱི་མངོན་སུམ་དུ་བྱས་ཏེ་རྫོགས་པར་བྱས་ནས་གནས་པ་ཞེས་བྱ་བ་ནི་གསུམ་པའོ། །གཟུགས་མེད་པ་བཞི་དང་འདུ་ཤེས་དང་ཚོར་བ་འགོག་པ་སྟེ་བརྒྱད་དོ།། ་ཏིང་ངེ་འཛིན་ནི་གསུམ་སྟེ། རྟོག་པ་དང་བཅས་ཤིང་དཔྱོད་པ་དང་བཅས་པའི་ཏིང་ངེ་འཛིན་དང། རྟོག་པ་མེད་ལ་དཔྱོད་པ་ཙམ་གྱི་ཏིང་ངེ་འཛིན་དང། རྟོག་པ་མེད་ཅིང་དཔྱོད་པའང་མེད་པའི་ཏིང་ངེ་འཛིན་ཏོ། །སྙོམ་པར་འཇུག་པ་ནི་མཐར་གྱིས་གནས་པའི ་སྙོམས་པར་འཇུག་པ་དགུ་སྟེ། བསམ་གཏན་དང་པོ་ནས་འགོག་པའི་སྙོམས་པར་འཇུག་པའི་བར་དུའོ། །དྲིའི་ལག་རིས་ནི་དཔུང་རྒྱན་གྱི་རྣམ་པ་ལྟ་བུས་བྲིས་པའོ། །འཇམ་རྩི་བྱོས་ཤིག་ཅེས་བྱ་བ་ནི་མས་བཏང་བ་དང། འཇམ་རྩི་གྱིས་ཤིག་པའོ།། ་སྒོ་སྟེང་གི་ཁང་པ་ལས་ཁང་པ་གཅིག་པ་འམ་གཉིས་རྩེག་གཅིག་གིས་ཤིན་ཏུ་མཐེ་བ་རླུང་འཇུག་པ་དང་འབྱུང་བ་དང་ལྡན་པའི་ཁང་པ་ལ་སྒོ་ཁ་ཞེས་བྱའོ། །སློབ་དཔོན་ཚུལ་ཁྲིམས་བསྐྱངས་ཀྱིས་ཉེ་བར་སྦྱར་བ་ལས་ཕྲན་ཚེགས་ཀྱི་ཚིག ་གི་རྣམ་པར་བཤད་པ་སྟེ་སྒོ་གཉིས་པའོ། །།བམ་པོ་བདུན་པ། །ཚལ་བུའི་སྣས་ནོན་པར་མ་གྱུར་པའི་ཕྱོགས་ནི་གླེགས་བུ་ཡིན་ཏེ། གླེགས་བུ་གླེགས་བུ་དང། གླེགས་བུ་ཕྱེད་པ་གླེགས་བུ་ཕྱེད་པ་དང་མཉམ་པོར་བྱའོ། །མཐེ་བོང་དང ་ཉེ་བར་གྱུར་པ་མཛུབ་མོ་གང་ཡིན་པ་དེའི་དབུས?་མའི་ཚིགས་གང་ཡིན་པ་དེའི་ཚིགས་ཀྱིས་ལོགས་གང་ཡིན་པ་དེའི་སྟེང་དུ་མཐེ་བོའི་ཚིགས་བཞག་པར་གྱུར་པ་ལ་མཐོར་གྲུབ་པ་གང་ཡིན་པ་དེ་ལ་འདིར་བྱ་རོག་གི་མཐོ་ཉིད་དུ་བརྗོད་པ་ཡིན་ལ། བྱ་རོག་གི་རྐང ་པ་དང་འདྲ་བའི་སྒོ་ནས་འདི་ལ་ཡང་སོར་བཞི་ཁོ་ནའི་ཚད་དུ་རྣམ་པ་གཞན་གྱི་སྒོ་ནས་བསྒྲུབས་པ་ཡིན་ནོ། །རྩེ་མོ་རྣོན་པོ་ཞེས་བྱ་བ་ནི་བསེགས་ཁར་བཅད་པས་རྣོན་པར་གྱུར་པའོ། །དྲི་མ་ཅན་དུ་གྱུར་པ་ཞེས་བྱ་བ་ནི་རྡུལ་གྱིས་ཁྱབ་པར་གྱུར་པའོ། །རྙིངས་པ ་ན་དུས་མང་པོ་ཅན་ནོ། །སབས་པ་ནི་ཤིན་ཏུ་དེངས་པར་གྱུར་པའོ། །གསོར་མི་རུང་བ་ནི་བཙོམས་པ་སོགས་པའི་སྒོ་ནས་བཅོས་པར་མི་ནུས་པའི་ཕྱིར་རོ། །ཚལ་བུ་ཚལ་བུ་ཞེས་བྱ་བ་ནི་དུམ་བུ་དུམ་བུར་ཉེ་སྲོག་ཤིང་ལ་གདགས་སུ་རུང་བའོ། །སྤུ་ཅན ་ནི་གོས་གཅིག་པུ་སྡུས་ཁེབས་པ་སྟེ་བར་བཏང་ངོ། །རལ་བ་བརྩེམ་པ་ནི་གོས་ཀྱི་དབུས་ཟད་པར་གྱུར་པ་མཛའ་གཉིས་དཀྱིལ་ཉིད་དུ་བྱེད་པའོ། །རྟུན་ནི་རྫས་བཏག་ཏུ་རུང་པའི་རྡོལ་ཁྱད་པར་རོ། །རྩ་བ་ཁང་པ་ལས་ཕྱི་རོལ་ཏུ་རིམ་པ་གཉིས་པ་འམ་རིམ་པ ་གསུམ་པའི་བྲང་ཁང་གི་ཚོགས་ལ་ཁང་པ་འཁོར་དང་བཅས་པ་ཞེས་བྱའོ། །རྒྱབ་རིངས་ཞེས་བྱ་བ་ནི་འདིར་སྤྲུལ་གྱི་དོན་དང་རྗེས་སུ་མཐུན་པའི་མིང་ངོ། །མེ་མར་གྱི་བྱ་བ་གང་གིས་གྲུབ་པར་འགྱུར་བ་དེ་ནི་མེ་མར་གྱི་འོད་ཁང་ངོ། །སྔ་ཁང་ནི་ཕྱོགས་གཅིག ་མ་གཏོགས་པར་ལག་མ་ཡོངས་སུ་བསྐོར་བའོ། །སྟན་དང་མཉམ་པ་ཞེས་བྱ་བ་ནི་ཁྲིའུ་ལ་སོགས་བསྟན་གྱི་སྟེང་གི་ཆ་མཉམ་པར་རོ། །མཚན་མ་ཐོབ་ཞིག་ཅེས་བྱ་བ་ནི་དེའི་རིགས་ཅན་ཁོ་ནའི་ཚོན་གྱིས་ཆོས་གོས་ལ་བྲིས་ཤིང་མཚན་མར་བྱས་པ་འམ ་རིལ་ཆུང་ཞེས་བྱ་བ་ནི་རིལ་བ་ཆུང་ངུ་ཆུས་ཡོངས་སུ་བཀང་བ་རྐེ་བ་ལ་སྐུད་པས་བཏགས་བརྣབ་ལ་སྦྱངས་པ་ན། གང་གི་ཚེ་གཉིད་ལོག་པར་གྱུར་པ་རབ་ཏུ་གཡོ་བར་གྱུར་པ་དེའི་ཚེ་ཡོངས་སུ་བོ་བ་གདོང་ལ་བབས་པ་དེས་གཉིད་སད་པར་འགྱུར་རོ། །བྱང ་བུའི་རྣམ་པ་ཅན་དུ་ཤིང་བཞོགས་པ་མཐོ་གང་གི་ཚད་དང་བྱས་པ་དེ་ཡང་རྣལ་འབྱོར་གྱི་དུས་སུ་སྐུད་པས་རྣབ་ལ་སྦྱངས་པའོ། །མགོ་བོ་ལ་བཞག་ན་རབ་ཏུ་གཡོ་བའི་ཚེ་དེས་ཀྱང་ཡན་ལག་གི་ཚོགས་ལ་ཕོགས་པ་ལས་གཉིད་སངས་པའི་ཐབས ་ཡིན་ནོ། །ཕོ་ལོང་གི་སྐུད་པའི་ཚོགས་ཟླུམ་པོར་བྱས་པ་དེས་གཉིད་བསལ་བའི་ཕན་ཚུན་འཕེན་པར་བྱེད་པའོ། །བརྩོན་པ་ནི་སེམས་ཀྱི་འབད་རྩོལ་ལོ། །སྒྲུབ་པ་ནི་ལུས་ཀྱི་སྒོ་ནས་བྱ་བ་བྱེད་པའོ། །རྩོལ་པོ་བས་ཞེས་བྱ་བ་ནི་བྱ་བ་ཐམས་ཅད་མཐར་ཕྱིར ་པར་བྱེད་པས་སོ། །སྤྱོད་ལམ་ནི་སྐྱིལ་མོ་ཀྲུང་གིས་འདུག་པ་ལ་སོགས་པའོ། །སྤྱོད་པ་ནི་སྤྱོད་ཡུལ་དུ་འགྲོ་བ་ལ་སོགས་པའོ། །གང་ལ་ནན་ཏན་དུ་བྱེད་པ་ཞེ་ན། བསླབ་པ་རྣམས་ལ་གུས་པར་བྱེད་པ་ཉིད་དོ། །གྲོང་གི་སྐྱེ་བོ་མང་པོ་རྣམས་ཀྱིས་ཞེས་བྱ་བ་ནི་གྲོང་གི་དབང་བྱེད ་རྣམས་ཀྱིས་སོ། །གཏམ་ནི་ངག་གི་རྣམ་པར་གྱུར་པའོ། །མཚན་མ་ཞེས་བྱ་བ་ནི་ལུས་རྣམ་པར་འགྱུར་བའི་ཆོས་ཅན་ནོ། །ཀུན་དགའ་ར་བའི་ནང་ན་ཞེས་བྱ་བ་ལ་ནང་གི་སྒྲ་འདི་ནི་འདིར་དབུས་བརྗོད་པར་ཕྱེད་པ་ཡིན་ནོ། །སྤོངས་ཤིག་ཅེས་བྱ་བ་ནི་རང་གི་དོར་ཞིང་བསལ་བ་འམ ་མདག་པར་བྱེད་པའོ། །རྣམ་པ་ཞེས་བྱ་བ་ལ་སོགས་རྣམ་པ་ནི་འདིར་རང་གི་ངོ་བོ་ཡིན་པར་རིག་པར་བྱ་བ་ཡིན་ལ། རྟགས་ནི་རང་གི་ངོ་བོ་ལ་མི་འཁྲུལ་བའི་མཚོན་པར་བྱེད་པ་ཡིན་ཞིང། མཚན་མ་ནི་རང་གི་ངོ་བོ་ཁོང་དུ་ཆུད་པར་བྱེད་པའི་རྒྱུ་ཡིན་པར་བསྟན་ཏོ། །ཡུལ ་མ་ཡིན་པ་ནི་ཁོང་དུ་ཆུད་པར་མི་འགྱུར་བའོ། །སྐྱིལ་མོ་ཀྲུང་བཅས་པ་ནི་སྐྱིལ་མོ་ཀྲུང་གིས་འདུག་ནས། །ལུས་དྲང་པོ་ཞེས་བྱ་བ་ནི་དྲང་པོར་བྱས་ནས་སོ། །བ?་སྤང་བ་ནི་ལུས་ཀྱི་རྐེད་པའི་ཕྱོགས་ནས་བརྩམས་ནས་ལུས་དྲང་པོར་བྱེད་པའོ། །དྲང་བ་མངོན་དུ་ཞེས་བྱ་བ་ནི་བཞིན ་ལ་སོ་སོར་གཏད་པས་ན་དྲན་པ་མངོན་དུའོ། །རྣལ་འབྱོར་ཞེས་བྱ་བ་ནི་མིག་དྲང་པོར་བལྟ་བས་ཞུགས་པ་ནི་བསམ་གཏན་བྱེད་པ་ཡིན་ནོ་ཞེས་འཇིག་རྟེན་ལ་རབ་ཏུ་གྲགས་པ་ཡོད་དེ། མིག་སྣའི་རྩེམ་ལ་གཏད་པ་ན་དྲན་པ་ཡང་བསྒོམ་པར་བྱ་བ་དོན་དེ་ཁོ་ན་ཉིད་ལ ་བཞག་པ་ཉིད་ཡིན་པ་དེའི་ཕྱིར་འདིས་ནི་བརྩོན་འགྲུས་བརྩམས་པའི་རྒྱུ་མཚན་ལུས་ཀྱི་གནས་སྐབས་ཀྱི་བྱེ་བྲག་ལ་ཏིང་ངེ་འཛིན་གྱི་ཡན་ལག་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །ཁའི་དྲི་མ་དག་པར་བྱ་བའི་ཕྱིར་སོ་ཤིང་དོར་བར་བྱའོ་ཞེས་གསུངས་པ་ལ། དོར ་བ་ཡང་ཁའི་དྲི་མ་སྦྱངས་ནས་ཤིང་གི་དུམ་བུ་ཡོངས་སུ་དོར་བར་བྱའོ། །མིག་ལ་ཕན་པ་ནི་མིག་ལ་ཕན་འདོགས་པར་བྱེད་པའོ། །སྐྱེ་བོ་མང་པོ་འདུས་པའི་གནས་ནི་འདིར་མི་དབེན་པའོ། །འཁམས་པར་གྱུར་བ་ནི་རྣམ་པར་ཞུམ་པ་སྟེ། ཇི་ལྟར་བྱ་བ་ལ་རྨོངས ་པར་གྱུར་ཅེས་བྱ་བའི་ཐ་ཚིག་གོ་།བསོད་ནམས་བརྒྱ་ཕྲག་དུ་མས་བསྐྱེད་པ་ཞེས་བྱ་བ་ནི་མང་པོས་སོ། །བསོད་ནམས་བརྒྱའི་ཚད་ཀྱང་གང་ཞེ་ན། སྨྲས་པ། འདིར་ཁ་ཅིག་སེམས་བརྒྱ་ལ་བསོད་ནམས་བརྒྱ་ཞེས་བྱ་བར་འཐོབ་སྟེ། སྔོན་དུ ་སོང་བ་ཅན་གྱི་སེམས་ལྔ་བཅུ་མངོན་སུམ་དུ་བྱེད་ཅིང་འཕེན་པར་བྱེད་ལ། དེའི་མཇུག་གི་སྒོ་ནས་ཀྱང་ཡོངས་སུ་རྫོགས་པར་བྱེད་པ་ལྔ་བཅུ་མངོན་སུམ་དུ་བྱེད་པར་འགྱུར་རོ། །དེ་དག་ཀྱང་གང་ཞེ་ན། ལས་ཀྱི་ལམ་བཅུ་ལ་རྟེན་པའི་ཕྱིར་ལས་ཀྱི་ལམ་རེ ་རེ་ལ་ཡང་ལྔར་འགྱུར་ཏེ། འདི་ལྟར་སྲོག་གཅོད་པ་ལས་ལྡོག་པའི་སེམས་དང། དེ་ལ་འགོད་པར་བྱེད་པའི་སེམས་དང། དེའི་བསྔགས་པ་བརྗོད་པའི་སེམས་དང། དེ་ལ་རྗེས་སུ་ཡི་རང་བའི་སེམས་དང། དེའི་འབྲས་བུ་ཡོངས་སུ་བསྔོ་བར་བྱེད་པའི་སེམས་ཏེ ་སངས་རྒྱས་ཉིད་དུ་ཡོངས་སུ་བསྔོ་བར་བྱེད་པའི་ཕྱིར་རོ། །དེ་བཞིན་དུ་ལོག་པར་ལྟ་བ་ལས་སླར་ཟློག་པའི་བར་དུ་བརྗོད་པར་བྱ་སྟེ། ལན་གཉིས་མངོན་ཏུ་བྱས་པ་ལས་སེམས་བརྒྱར་འགྱུར་རོ་ཞེས་བྱ་བ་དང། གཞན་དག་ནི་སངས་རྒྱས་བཅོམ་ལྡན ་འདས་ཀྱི་སྲོག་གཅོད་པ་ལས་ལྡོག་པ་ནི་རྒྱུན་རྣམ་པ་ལྔ་དང་ལྡན་པ་ཉིད་ཡིན་ཏེ། དངོས་གཞིའི་ལས་ཀྱི་ལམ་ཡོངས་སུ་དག་པ་དང། དབང་དུ་བྱེད་པ་ཡོངས་སུ་དག་པ་དང། རྣམ་པར་རྟོག་པ་བཞིན་དུ་བསོད་པ་མེད་པ་དང། དྲན་པས་བསམ་པ་ཉིད་དུ ་མ་ཡིན་པ་དང། མྱ་ངན་ལས་འདས་པ་ལ་ཡོངས་སུ་བསྔོ་བ་ཉིད་ཅེས་བྱ་བ་དེ་ལ་དམིགས་པར་བྱེད་པའི་སེམས་ལྔར་འགྱུར་ལ། དེ་བཞིན་དུ་ལས་ཀྱི་ལམ་བཅུ་ལ་དམིགས་པའི་སེམས་ལྔ་བཅུར་འགྱུར་ཏེ། དེ་ལན་གཉིས་མངོན་སུམ་དུ་བྱས་པ ་ལས་སེམས་བརྒྱར་འགྱུར་རོ་ཞེས་བྱ་བ་དང། ཁ་ཅིག་ནི་སངས་རྒྱས་ཀྱི་སྐུ་ནི་རྣམ་པ་གཉིས་ཏེ། བསྐྲུན་པའི་སྐུ་དང་ཆོས་ཀྱི་སྐུའོ། །དེ་ལ་སྐྲུན་པའི་སྐུ་ནི་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཡིན་ལ། ཆོས་ཀྱི་སྐུ་ཡང་སངས་རྒྱས་ཀྱི་ཆོས ་མ་འདྲེས་པ་བཅོ་བརྒྱད་ཡིན་ནོ། །དེ་ལ་སངས་རྒྱས་ལ་དམིགས་པའི་ཡིད་ལ་བྱེད་པ་མངོན་སུམ་དུ་བྱས་པ་ལས་སེམས་ལྔ་བཅུར་འགྱུར་ལ་བདག་ཀྱང་འདི་ལྟ་བུར་གྱུར་ཅིག་ཅེས་བྱ་བ་གཞན་ལྔ་བཅུ་སྟེ། དེ་ལྟར་ན་བསོད་ནམས་བརྒྱར་འགྱུར་རོ་ཞེས་སྨྲའོ། །གཞན་དག་ནི ་འདོད་པའི་ཁམས་གནས་རིས་ཉི་ཤུ་དང། གཟུགས་ཁམས་བཅུ་དྲུག་དང། གཟུགས་མེད་པའི་ཁམས་བཞི་དང། གྲང་བའི་དམྱལ་བ་བརྒྱད་ཅེས་བྱ་བ་ཞི་བཅུ་རྩ་བརྒྱད་པོ་སྟེ། ཁམས་གསུམ་པོ་མ་ལུས་པ་དེ་ལ་དམིགས་པའི་བྱང་ཆུབ་སེམས་དཔའ་ཨི་སྙིང་རྗེའི ་ཐུགས་སྐྱེ་བ་དེ་དང་ཡང་དག་པར་ལྡན་པའི་སེམས་བཞི་བཅུ་རྩ་བརྒྱད་པོ་དང། དེའི་རྗེས་ཐོགས་སུ་སངས་རྒྱས་ལ་དམིགས་པའི་སེམས་སྐྱེ་བར་འགྱུར་ཏེ། ཇི་ལྟར་འདིས་ཁམས་གསུམ་པོ་འདི་ལས་སེམས་ཅན་ཐར་པར་མཛད་དོ་ཞེས་བྱ་བའི་སེམས་འདི་དང། དེའི་འོག ་ཏུ་སེམས་གཉིས་པ་སྐྱེ་བར་འགྱུར་ཏེ། བདག་གིས་ཀྱང་དེ་བཞིན་དུ་ཐར་པར་བགྱིའོ། །ཞེས་བདག་ལ་དམིགས་པའི་ཕྱིར་དེ་ལྟར་སེམས་ལྔ་བཅུར་འགྱུར་ཞིང། དེ་ཡང་ལན་གཉིས་མངོན་སུམ་དུ་བྱས་པ་ལས་སེམས་བརྒྱར་འགྱུར་བ་དེ་ལྟར་ན་བསོད་ནམས ་བརྒྱ་ཞེས་སྨྲའོ། །ོ་ར་ཊི་ཀ་ནི་ལུས་སོགས་པའི་བྱ་བ་མ་དད་པ་སྐྱེད་པར་བྱེད་པའོ། །ཆོལ་ཟངས་ནི་འདིར་རྐང་ཁྲུས་ཀྱི་མིང་ངོ། །གཙུག་ལག་ཁང་ན་གཉུག་མར་གནས་པ་ནི་གནོད་སྦྱིན་ལ་སོགས་པའོ། །འཁྲུ་བ་ནི་ཨ་རུ་ར་ལ་སོགས་པའི་རྫས་སྔོན་དུ་སོང་བ ་ཅན་གྱི་འཆུག་པའོ། །ཤིང་ཞེས་བྱ་བ་ནི་ལྕུག་མའི་ཚོགས་དང་ལྡན་པའོ། །གཅི་ཕྱེ་ནི་གཅིག་སྐམས་པའི་ཕྱེ་མའོ། །དཀའ་བས་བསླང་བ་ཉིད་ཡིན་པའི་ཕྱིར་གནས་ངན་ཏེ་སྡུག་བསྔལ་གྱི་རྒྱུ་ཞེས་བྱ་བའི་ཐ་ཚིག་གོ་།དེ་ཁས་ལེན་པའི་ཕྱིར་གནས་ངན་ལེན་ཡིན་ལ། ་གནས་ངན་ལེན་ཀུན་ཏུ་སྤྱོད་པ་སྟེ། ལུས་དང་ངག་གི་སྤྱོད་པ་གང་ལ་ཡོད་པ་དེ་ནི་གནས་ངན་ལེན་ཀུན་ཏུ་སྤྱོད་པའོ། །དོན་མེད་པར་བྱས་པ་ནི་དབང་དུ་གྱུར་པའོ། །དད་པ་ཡོད་པ་མ་ཡིན་པ་གང་ཡིན་པ་དེ་ནི་དད་པ་མེད་པར་གྱུར་པའོ། །སྨད་པའི་དངོས་པོ་ལ་འཆོལ ་བའི་ཕྱིར་ལེ་ལོ་ཅན་ནོ། །ཚིག་ངན་ནི་ཚིག་བརྣག་པར་མི་ནུས་པའོ། །མ་གུས་པ་ནི་གུས་པད་མི་བྱེད་པའོ། །སྡིག་པ་སྨད་པའི་གྲོགས་སུ་གྱུར་པ་གང་ཡིན་པ་དེ་ནི་སྡིག་པའི་གྲོགས་པོར་གྱུར་པའོ། །དབེན་དུ་གཏོགས་པ་ཞེས་བྱ་བ་ནི། དགེ་འདུན ་གྱི་དབྱེན་པ་དང་འབྲེལ་བའོ། །གཟུ་བོ་སྐོས་ཤིག་ཅེས་བྱ་བ་ནི་དྲང་པོར་བྱེད་པ་བསྐོ་བའོ། །ཡོ་བྱད་དྲུག་པོ་ཞེས་བྱ་བ་ནི་ཆོས་གོས་གསུམ་དང་གདིང་བ་དང། ལྷུང་བཟེད་དང་ཆུ་ཚགས་སོ། །སོ་ཕག་གི་ཕྱེ་མ་ནི་ཕ་གུ་སོ་བཏང་བའི་ཕྱེ་མ་ཤིན་ཏུ་ཞིབ་པ་མ་ཡིན ་པའོ། །ཀུན་ཏུ་ཆགས་པར་བྱ་བ་ནི་གཡོ་བ་བརྟན་པོར་བྱ་བའི་ཕྱིར་ཤིང་ལ་སོགས་པས་ཀུན་ནས་བཅིང་བའི་ཐབས་སུ་གྱུར་པའོ། །ཀ་བའི་བར་དུ་སྤང་ལེབ་ཀྱིས་ཆོད་ཅིག་ཅེས་བྱ་བ་ནི་འདིར་ཤིང་ལེབ་ལ་སྤང་ལེབ་ཀྱི་སྒྲས་བསྟན་པ་ཡིན་ནོ། །བསོད་ནམས ་ཀྱི་ཐབས་ནི་བསོད་ནམས་ཀྱི་འབབ་སྟེགས་སོ། །ཁྲེལ་བར་གྱུར་པའི་ངང་ཚུལ་གྱིས་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱིས་ས་གཞི་སྦྱངས་ཞིང་བྱི་དོར་བྱས་པའི་སྡིག་པ་བསྔགས་པར་གྱུར་པས་སོ། །ཚིགས་སུ་བཅད་པ་འདོན་པས་ཞེས་བྱ་བ་ནི་སངས ་རྒྱས་ཀྱིས་གསུངས་པའི་ཚིགས་སུ་བཅད་པ་བཀླག་པས་སོ། །མི་ཤེས་པ་རྣམ་པ་ཐམས་ཅད་དུ་སྤངས་པའི་ཕྱིར་རྣམ་པ་ཐམས་ཅད་མཁྱེན་པའོ། །ཡུལ་ཐམས་ཅད་མཁྱེན་པ་དེའི་ཕྱིར་ཤེས་བྱ་སྟེ། ཤེས་པར་བྱ་བའི་དངོས་པོ་དག་ལ་དབང་ཐོབ ་པའོ། རྣམ་པ་ཐམས་ཅད་ཁོང་དུ་ཆུད་པའི་ཕྱིར་བདག་པོ་ཐོབ་པར་གྱུར་པའོ། །དད་པ་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་སོགས་པ་ལས་དང་འབྲས་བུའི་འབྲེལ་པ་དང། གཞན་ཡང་བསྐྱེད་པར་བྱ་བ་དང་སྐྱེད་པར་བྱེད་པའི་དངོས་པོས་སྐྱེས་པ ་ཡིད་ཆེས་པའོ། །སྡིག་པ་ལས་རྣམ་པར་ལྡོག་པའི་ཕྱིར་བཟང་པོའོ། །བསམ་པ་དགེ་བ་ནི་དགེ་བའི་ཆོས་ལ་འཇུག་པའི་སེམས་ཏེ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་སྦྱིན་པ་གཏོང་བར་བྱེད་པ་གང་ཡིན་པ་དེ་ནི་ཐམས་ཅད་ཡོངས་སུ་གཏོང་བ་ཞེས ་བྱ་སྟེ། བདག་ཉིད་ཀྱི་བདེ་བ་ལ་བལྟོས་པ་མེད་པའི་ཕྱིར་རོ། །འདོད་པ་ནི་དད་པའོ། །གསེར་ཕུར་དང་ཞེས་བྱ་བ་ནི་འདིར་གསེར་ཕུར་གྱི་སྒྲས་གསེར་ཏོ་ལོ་འབུམ་སྟོན་ཏོ། །རྒྱལ་པོ་ཞེས་བྱ་བ་ནི་གྲོང་ཁྱེར་གྱི་བདག་པོའི་རྒྱལ་པོ་ལ་འབོད་པའོ། །འདོད་པའི་ཕྱིར་ཞེས ་བྱ་བ་ནི་ཇི་ལྟར་ན་ཐོས་པར་འགྱུར་བ་ཀུན་ཏུ་གདུངས་པར་གྱུར་བ་ཞེས་བྱ་བ་ནི་མ་རྙེད་པས་གདུངས་པ་ཉམས་སུ་མྱོང་བར་གྱུར་བའོ། །གསང་བ་པ་ཞེས་བྱ་བ་ནི་གནོད་སྦྱིན་གྱི་མིང་གི་རྣམ་གྲངས་ཡིན་ལ། གཟུགས་བསྒྱུར་ནས་ཞེས་བྱ་བ་ནི་མིག་ལ་སོགས ་པ་སྐྱེད་པར་བྱེད་པར་བསྒྱུར་བ་དང་ལྡན་པའོ། །ཆོས་སྤྱོད་ཅེས་བྱ་བ་ནི་གྱིས་ཤིག་པའོ། །ཆོས་ལ་རྣམ་པ་མང་བ་ཉིད་ཀྱི་ཕྱིར་མངོན་པར་འདོད་པས་བྱ་བ་ལེགས་པར་སྤྱད་པ་སྨྲོས་པ་ཡིན་ཏེ། སྲོག་གཅོད་པ་ལ་སོགས་པ་ལྡོག་པའི་ངོ་བོ་དང། ་སྦྱིན་པ་ལ་སོགས་པ་འཇུག་པའི་ངོ་བོ་ཞེས་བྱ་བའི་ཐ་ཚིག་གོ་།ཉེས་པར་བྱ་བ་སྤྱོད་ཅིག་ཅེས་བྱ་བ་ནི་ཉེས་པར་སྤྱོད་པའི་ཕྱིར་ཚུལ་ཅན་གྱི་ཆོས་ལྷག་པར་སྤྱད་པར་མི་བྱའོ། །ཅིའི་ཕྱིར་ཞེ་ན། ཆོས་སྤྱོད་བདེ་བར་གནས་པ་ནི། ཞེས་བྱ་བ་སྨོས ་ཏེ། གང་གི་ཕྱིར་ལེགས་པར་སྤྱད་པའི་རབ་བཞིན་ཅན་གྱི་ཆོས་སྤྱོད་པ་གང་ཡིན་པ་དེ་ནི་འདིར་གྲགས་པ་ལ་སོགས་པའི་སྒོ་ནས་བང་བར་གནས་པ་དང། ཕ་རོལ་ཏུ་མངོན་པར་འདོད་པའི་འབྲས་བུ་ཐོབ་པར་གྱུར་པ་དེའི་ཕྱིར་འཇིག་རྟེན ་འདི་དང་ཕ་རོལ་ཏུ་ཞེས་སྨོས་པ་ཡིན་ནོ། །མེ་མུར་དོང་ནི་སང་ལྡེང་གི་མེ་མངག་གིས་ཡོངས་སུ་གང་བར་གྱུར་པའི་མེ་མ་མུར་གྱི་དོང་ངོ། །ཆེར་འཇིགས་བྱེད་ཅེས་བྱ་བ་ནི་ཆེར་སྐྲག་པར་བྱེད་པའོ། །ཉི་མ་འཆར་གའི་དམར་པོ་བཞིན་ཞེས་བྱ་བ་ནི ་ཉི་མའི་དཀྱིལ་འཁོར་ཤར་མ་ཐག་པའི་འོད་དང་འདྲ་བ་འམ། མེ་དང་འདྲ་བར་རོ། །ཆོས་ཀྱི་ཕྱིར་ཏེ་ཆོས་ཀྱི་རྒྱུ་མཚན་གྱིས་བོར་བའོ། །ངེས་པ་ཡིད་ཀྱིས་ཞེས་བྱ་བ་ནི་རང་བཞིན་གྱིས་ཡིན་གྱི། བཅོས་མའི་སེམས་ཀྱིས་ནི་མ་ཡིན་ནོ། །འཇིགས ་བ་མེད་ཅེས་བྱ་བ་ནི་སྐྲག་པ་མེད་པའོ། །བདག་ཆོས་ཉན་པའི་རྒྱུ་མ་ཆེན་གྱིས་ལུས་བོར་བ་གང་ཡིན་བ་དེ་ནི་བདག་གི་བསོད་ནམས་ཀྱི་མེ་མ་མུད་གྱི་དོང་འདི་དགེ་བར་འགྱུར་བ་ནི་མེའི་གདུང་བ་དང་ལོངས་སུ་བྲལ་བའོ། ཙན་དན་འདམ་སྟེ ་ཙན་དན་གྱི་འདི་གུ་དེས་བསྒོས་བ་དང། པད་མས་ཆུ་ཁེབས་པར་གྱུར་པ་ནི་པད་མ་ཅན་ནོ། །བཀུར་སྟི་བྱའོ་ཞེས་བྱ་བ་ལ་སོགས་པ་ལ་བསྙེན་བཀུར་ནི་སེམས་ཀྱིས་ཆེན་པོ་ཉིད་དུ་འཛིན་པའོ། །སླ་མར་བྱ་བ་ནི་སྟོན་པ་ཉིད་དུ་འཛིན་པའོ། །རིམ་གྲོར་བྱ་བ ་ནི་ཆོས་མང་པོ་དག་ལས་ཆེན་པོར་འཛིན་པའོ། །མཆོད་པ་ནི་ཕྱག་ལ་སོགས་པས་སོ། །མི་རིགས་པའི་གཏམ་ནི་ཡང་དག་པ་མ་ཡིན་པའི་གཏམ་ཏེ། བུད་མེད་དང། རྐུན་པོ་དང། རྒྱལ་པོ་མ་སོགས་པའི་གཏམ་དག་གོ་།དགེ་བའི་རྣམ་པར་རྟོག་པ་ཡིད ་ལ་བྱེད་པ་ནི་འཕགས་པའི་མི་སྨྲ་བར་གྱུར་པའོ། །མི་བརྟན་པ་ནི་གཡོ་བའོ། །བཟའ་བ་དང་བཏུང་བའི་ཆོ་ག་ལ་ཞེས་བྱ་བ་ནི་བཟའ་བ་དང་བཏུང་བའི་སྒྲུབ་པ་ལའོ། །གནས་མལ་གྱི་ཆོ་ག་ལ་ཞེས་བྱ་བ་ནི་གནས་མལ་བཤམ་པའི་བྱ་བ་ལའོ།། ་ཁ་ཟས་ལ་ཆགས་པའི་རང་བཞིན་ཅན་ནི་སྐམ་ཆགས་ཅན་ནོ། །རྒྱགས་ནས་ཞེས་བྱ་བ་ནི་གནོད་སེམས་ཀྱིས་སོ། །སྲོག་ལ་འབབ་པ་ནི་འཆི་བ་དང་ཉེ་བར་གྱུར་པའོ། །གཟིམས་པ་ཞེས་བྱ་བ་ནི་གཉིད་ལོག་པར་གྱུར་པའོ། །གཅིག་ནི། ཞེས་བྱ ་བ་ལ་སོགས་པ་ལ་དགྲ་བཅོམ་པ་ལ་སྐུར་པ་འདེབས་པའི་ལྟ་བ་ཅན་གང་ཡིན་པ་དེ་ནི་རྟག་པར་ལྟ་བ་ཡིན་ཏེ། དགྲ་བཅོམ་པ་ཐོབ་པར་བྱེད་པའི་ལམ་ལ་སྐུར་བ་འདེབས་པ་ལས་འཇིག་རྟེན་འདི་རྟག་པ་ཡིན་ནོ་ཞེས་རྟག་པར་ལྟ་བ་དང། འཇིག ་རྟེན་ཕ་རོལ་ལ་སྐུར་པ་འདེབས་པ་གང་ལེན?་པ་དེ་ནི་འཆི་བ་ལས་ཕ་རོལ་ཅུང་ཞིག་ཀྱང་ཡོད་པ་མ་ཡིན་ནོ། །ཞེས་མཐོང་བའི་ཕྱིར་ཆད་པར་ལྟ་བའོ། །རྒྱ་ཆེ་བ་ཞེས་བྱ་བ་ལ་སོགས་པ་ལ་སེམས་ཅན་རྒྱ་ཆེ་བས་བསྟེན་པ་ཉིད་ཀྱི་ཕྱིར་རྒྱ་ཆེ་བ་ཡིན ་ལ། འཇིགས་པ་མེད་པ་ཉིད་ཀྱི་ཕྱིར་ཁྱུ་མཆོག་ཡིན་པ། ཁྱུ་མཆོག་དང་འདྲ་བ་ཡིན་པས་ན་ཁྱུ་མཆོག་ལྟ་བུའོ། །ཆ་གཅིག་གཟུང་སྟེ། ཞེས་བྱ་བ་མི་གདོན་མི་ཟ་བར་འགྱུར་བ་ཉིད་དུ་ཁས་བླངས་ནས་སོ། །ཚིག་གཞན་ཐམས་ཅད་དེ་ཟིལ་གྱིས་གནོན་པའི ་ཕྱིར་སེང་གེའི་སྒྲའོ། །ཕ་མ་དང་འདྲ་བར་ཞེས་བྱ་བ་ནི་ཕ་མ་དང་མཚུངས་པར་རོ། །ཡོངས་སུ་སྐྱོ་བ་ཞེས་བྱ་བ་ནི་དུ་བ་པའི་གདུང་བ་ཉམས་སུ་མད་བར་འགྱུར་བའོ། །དགེ་བ་འཆབ་པ་ནི་ཡོན་ཏན་སྦེད་པའོ། །ཉེས་པ་སྤྲོ་ག་པ་ཞེས་བྱ་བ་ནི་ཉེས་པ་རབ་ཏུ ་གསལ་བར་བྱེད་པའོ། །གནས་གང་ལ་སྙོམས་པར་འཇུག་པ་ཞེས་བྱ་བ་ལ་གནས་གང་གི་ཕྱིར་སྙོམས་པར་ཞུགས་པ་ནི་གནས་གང་ལ་སྙོམས་པར་བཞུགས་པའོ། །འཇིག་རྟེན་ལས་འདས་པ་ཞེས་བྱ་བ་དགྲ་བཅོམ་པ་ཐོབ་པར་བྱེད་པའི་ལམ ་དང་བཅམ?་པ་ཉིད་ལའོ། །བསིལ་ཁང་ནི་ཁང་པ་ཉིས་རྩེག་གམ་སུམ་རྩེག་ཅན་སྟེང་ཁང་བཟངས་དང་ལྡན་པའོ། །ཚྭ་ཁུག་ནི་ལན་ཚ་འཇོགས་པར་བྱེད་པའི་སྣོད་དོ། །བ་གཅའི་ནང་དུ་བསྐོལ་ལ་ཞེས་བྱ་བ་ནི་གཅི་དང་བའི་ཆུའི་ནང་དུ་བསྐོལ་བར་བྱས་ཏེའོ། །སྨན་ཕོར ་ཞེས་བྱ་བ་ལ་སྨན་སྦྱིན་པའི་ཕྱིར་འཁར་བ་ལས་བྱས་པའི་སྟོད?་ནད་པས་བདག་གིར་བྱས་པ་ལ་ཉེས་པ་མེད་པའོ། །དྲི་དག་གིས་བྱུགས་པ་ནི་འདིར་བསྒོས་པ་ཡིན་ནོ། །སེང་རས་ཞེས་བྱ་བ་ནི་གོས་སེང་བའོ། །སྣབས་ནི་སྣ་ནས་འཛག་པའོ། །མཆིལ་མ་ནི་ཁ་ནས ་འཛག་པའོ། །གླང་པོ་ཆེའི་རྨིག་མཐིལ་ལྟ་བུ་ཞེས་བྱ་བ་ནི་འོག་གི་ཆ་གང་པོ་ཚའི་རྨིག་མཐིལ་ལྟ་བུའོ། །ཟེར་མས་ཕོག་ནས་ཞེས་བྱ་བ་ནི་གོས་ལ་སོགས་པ་ལ་མཆིལ་མའི་དུམ་བུ་དག་བབས་པར་གྱུར་པའོ། །རྩེ་བ་ནི་བུད་མེད་རྣམས་དང་རྔོ་འཕེན་ལ་སོགས ་པས་བསྒྲུབ་པའོ། །དགའ་བ་ནི་མཁྱུང་པ་དང་པོ་བྱེད་པ་ལ་སོགས་པས་སོ། །མགུ་བ་ནི་འཁྲིག་པའི་སྒོ་ནས་སོ། །རྒྱན་ནི་ལུས་མཛེས་པ་སྒྲུབ་པ་ན་བྱེད་པའོ། །ཁྲ་བོར་གྱུར་ཏེ་ཞེས་བྱ་བ་ནི་བཀྲ་བ་དང་ཉེ་བར་གྱུར་པའོ། །འཇུག་པ་ནི་ཁྲུས་ཀྱི་དོན་དུའོ། །ལྕགས་ཀྱི་གཞོང ་རིངས་ནི་ལྕགས་ལས་བྱས་པའི་གཞོང་པའོ། །མེ་ཕྱུང་ལ་ཞེས་བྱ་བ་ནི་བསྐྱེད་ནས་སོ། །དུས་སྟོན་ནི་དུས་ཚིགས་ཀྱིའོ། །སྡིགས་པར་བྱེད་པ་ནི་གཤེ་བ་དང་བཅས་པའི་ཚིག་གིས་ཟིལ་གྱིས་གནོན་པར་བྱེད་པའོ། །མཛའ་ཟེགས་པ་ཞེས་བྱ་བ་ནི ་མཛའ་ཨི་ཕྱོགས་ནས་ཟད་པར་གྱུར་པའོ། །ཞལ་ལྟ་བྱོས་ལ་དཀྲུ་བར་བྱའོ་ཞེས་བྱ་བ་ནི་ཆོས་གོས་ཉམས་པ་ཡོངས་སུ་སྤང་བར་བྱ་བའི་ཕྱིར་རྗེས་སུ་གནད་བར་བྱའོ། །བརྡབས་ཏེ་ཞེས་བྱ་བ་ནི་ཕན་ཚུན་བརྡེག་སྤྱད་ཀྱིས་བརྡབས་པའོ། །རྒྱུན་ནི་མཆི་ལ་ལྷམ་གྱི་སྒྲོ ་གུའོ། དུལ་བར་མི་བྱེད་པ་ཞེས་བྱ་བ་ནི་ལུགས་མ་ཡིན་པ་དང། ཚུལ་མ་ཡིན་པ་བྱེད་པའོ། །རྔ་མའི་སྲད་བུ་ནི་རྟའི་གདུབ་མལ་སོགས་པའི་རྔ་མ་ལ་སོགས་པ་ལས་བྱས་པའོ། །སྤྲུལ་པ་ནི་སྤྲུལ་པའི་ཆ་ལུགས་སོ། །གནས་ནི་ཚང་ངོ། །ཁ་དོག་ཤིན་ཏུ་བཟང་བས་ཞེས་བྱ་བ་ནི་མིའི ་ཁ་དོག་ལས་ཤིན་ཏུ་འདས་པ་སྟེ། ལྷའི་གཟུགས་སུ་སྤྲུལ་པའི་ཕྱིར་རོ། །སོང་བ་ནི་རབ་ཏུ་ཞུགས་པའོ། །གང་གིས་དྲན་པར་བགྱི་བར་གསོལ་བ་སྟེ། བདག་གིས་བྱས་པ་མ་ཡིན་པ་འདི་མི་བྱའོ་ཞེས་དྲན་པའི་ཕྱིར་རོ། །མི་མཛེས་ཤིང་ཞེས་བྱ་བ་བཟང་པོ་མ་ཡིན་པའོ།། ་མི་རིགས་པ་ནི་དགེ་སློང་གི་ཚུལ་མ་ཡིན་པའོ། །ཤུར་བུ་ཞེས་བྱ་བ་ལ་སོགས་པ་ལ་སྐུད་པ་མང་པོ་ལས་ལྷས་པ་སྲབ་པ་ཞེང་ཆེ་བར་གྱུར་པ་ནི་ཤུར་བུའོ། །ལྕགས་ཕོང་ནི་ཟུར་བཞི་པའི་རྣམ་པའོ། །རྒྱ་ཆེ་ནི་སྟེང་འོག་ནས་སྐུད་པ་མང་ལྷས་པ་ཉིད་དོ། །ཤུར་བུ ་ཕྲེའུ་ནི་སྐུད་པ་ཕྲ་མོ་དང་ལྟོས་པ་རིམ་པ?་ལྔ་འམ་དྲུག་ཏུ་བྱས་པས་དྲ་བ་ལྟར་བར་བར་དུ་འབྲེལ་བ་ཅན་ནོ། །ནགས་ནི་ཐིབས་པོའི་ཕྱོགས་སོ། །རྡོའི་ཡོལ་གོ་ནི་རྡོ་ལས་བསྒྲུབས་པའི་བཟའ་བའི་སྣོད་དོ། །འགྱོད་པ་སྐྱེས་ནས་མོ་བླངས་པ་ན་ཞེས་བྱ་བ་ལ། གང་གས?་དེ ་དག་འདིར་འགྱོད་པ་སྐྱེས་པར་གྱུར་པ་ཡིན་ཞེ་ན། འདིར་སྨས་པ། དགེ་སློང་དག་ལ་བློ་འདི་སྐྱེ་སྟེ། འདི་ལྟར་བདག་ཅག་གིས་སྔར་རྡོའི་སྣོད་དེ་དག་ལ་ཟོས་ཤིང་ཁོ་བོ་ཅག་ལ་རང་གི་ལག་པས་ཀྱང་མ་སྦྱངས་པ་ཉི་མ་ཕྱེད་ལས་བཞན་དུ་ཁྱིམ་པས་བཀྲུས ་ནས་ཡང་འགའ་ཞིག་ཏུ་དེས་ཟང་ཟིང་མེད་པར་མ་བྱས་པ་སྲིད་པ་དེའི་ཕྱིར་དེ་ལ་འབགས་པའི་ཟང་ཟིང་ཉེ་བར་གྱུར་པའི་འཇིགས་པས་དེ་དག་འགྱོད་པ་སྐྱེས་པར་གྱུར་པ་ཡིན་ནོ། །ཁྱིམ་པ་ནི་ཡོངས་སུ་དག་པའོ། །ཞེས་བྱ་བ་ལ་ཁྱིམ་པའི་སྣོད་དེ་དག་ལ་འདིར་སྤགས་པའི། ལོངས ་སྤྱོད་པའི་ཁ་ན་མ་ཐོ་བ་འབྱུང་བ་མེད་པ་དེའི་ཕྱིར་རོ། །འོ་མ་ཅན་ཞེས་བྱ་བ་ལ་སོགས་པ་ལ། ཕིབ?་པ་ལ་སོགས་པ་འོ་མ་ཅན་གྱི་ཤིང་གི་ཤུན་བ་ཆོས་ཉིད་དུ་ཉེ་བར་མཁོ་བ་ཡིན་པ་དེའི་ཕྱིར་ཇི་སྲིད་སྐམས་པར་མ་གྱུར་པ་དེ་སྲིད་དུ་ཚོན་ཕྱིན་པར་ནུས་པ་མ་ཡིན་ནོ། །རམས? ་པ་ནི་ཉམ་སྤར་གྱུར་པའོ། །ཉི་གྲིབ་ཕྱེད་པ་ནི་ཉི་མ་གོས་སེང་བས་བར་དུ་བཅད་པའོ། །གྲཝ་ནས་སྐུད་པས་ཐོགས་ལ་ཞེས་བྱ་བ་ནི་མཛའ་མེའི་ཕྱོགས་ལ་སྐུད་པས་བཏགས་ཤིང་སྐུད་པ་དེ་ཤིང་བུ་ལ་སྐྱོན་ཏེ་གཟར་ཐག་ལ་བཞག་པར་བྱའོ། །ཉི་མ་གཞན་ལ་ཆུ ་བླུགས་པར་བྱའོ་ཞེས་བྱ་བ་དེ་ནི་ཚོས་འཛག་པར་བྱ་བའི་ཕྱིར་རོ། །སྐུ་ཞིང་བྱུག་པར་བྱའོ་ཞེས་བྱ་བ་ལ་ཕྱོགས་གཅིག་ཞལ་ཞལ་བྱས་པ་ནི་བསྐུས་པའོ། །ཕྱོགས་ཀུན་ཞལ་ཞལ་བྱས་པ་ནི་བྱུགས་པའོ། །ལེགས་སོ་ལེགས་སོ་ཞེས་བྱ་བ་དེ་ནི་རིགས་སོ་རིགས་སོ་ཞེས་བཟློག ་པའི་ཚིག་གཉིས་ཡིན་ནོ། །བྲམ་ཟེ་དང་ཁྱིམ་བདག་གིས་ཁྱིམ་གྱི་བཟའ་བ་སྟོབས་པར་བྱེད་པས་ན་སྟོབས་པ་སྟེ། དེ་གང་ལ་ལོང་པ་དེ་ནི་བསོད་སྙོམས་པའོ། །རྫས་ལས་བྱུང་བའི་བསོད་ནམས་བྱ་བའི་གཞི་བདུན་ཞེས་བྱ་བ་ལ། རྫས་ནི་སྐྱེད་མོས་ཚལ་དང ་གཙུག་ལག་ཁང་ལ་སོགས་པའི་དོན་གྱི་ནོར་ཡིན་ལ། རྫས་ལས་བྱུང་བ་ནི་རྒྱུ་མཚན་གྱི་འདུན་པའི་དབང་དུ་བྱས་ནས་རྫས་ལས་བྱུང་བའོ། །དགེ་བ་ཉིད་ཡིན་པའི་ཕྱིར་བསོད་ནམས་ཡིན་ལ། ལུས་དང་ངག་གིས་ལས་ཀྱི་རང་བཞིན་ཉིད་ཡིན་པའི་ཕྱིར་བྱ་བ། ་ཡིན་ཞིང་སེམས་ཀྱི་རྟེན་གྱི་དངོས་པོ་ཡིན་པའི་ཕྱིར་གཞི་ཡིན་ནོ། །བདུན་པོ་གང་ཞེ་ན། ཀུན་དགའ་རྭ་བ་འབུལ་བ་དང། འདིར་གཙུག་ལག་ཁང་བསྟབས་པ་དང། དེ་ཉིད་དུ་མལ་སྟན་གྱི་ཕྱིར་བྱིན་པ་དང། སྟན་གྱི་རྐྱེན་རིས་བསྟབས་པ་དང། གློ་བུར་དུ་འོངས། ་པ་དང། འགྲོ་བར་ཆོས་པ་ལ་བྱིན་པ་དང། ནད་པ་དང་གཡོག་ལ་བྱིན་པ་དང། རླུང་ལངས་པ་དང། ལྷགས་པ་བྱུང་བ་ལ་སོགས་པའི་ཕྱིར་བྱིན་པའོ། །གཙུག་ལག་ཁང་གཞན་གྱི་ཐང་བཞིན་དུ་ཞེས་བྱ་བ་ནི་གང་གཙུག་ལག་ཁང་གཞན་གྱི་དགེ་སློང་དག་གི་ཐང ་བཞིན་དུའོ། །སྦའི་ལྕུག་མ་དང་ཀོ་རྒྱུན་དང་ལྷས་པ་ནི་མཁྲེགས་པ་ཉིད་ཀྱི་ཕྱིར་བཅད་པར་བྱའོ་ཞེས་གསུངས་པ་ཡིན་ནོ། །ནད་པ་ལ་ཡང་པགས་པའི་སྟན་ཉེས་པ་མེད་པ་ཡིན་ནོ། །ཡོ་མ་ལྟབ་པ་ན་ལོ་མའི་ཚོགས་ཕན་ཚུན་བརྩེགས་པའོ། །འབྲུ་མར་ཆེ་བ་ནི་ཡུངས་དཀར ་རོ། །སྤགས་པ་ནི་ཟིང་ཟིང་ལ་སོགས་པས་ཉེ་བར་གོས་པ་སྟེ་དགེ་སློང་སྤགས་པ་ལ་ཕྱག་མི་བྱ། སྤགས་པས་ཀྱང་ཕྱག་མི་བྱ། སྤགས་པས་ཕྱག་བདག་གིར་མི་བྱ། གཙུག་ཏོར་ཞེས་བྱ་བ་ནི་སྐྲའི་ཚོགས་བཅིངས་པའི་གཙུག་ཏོར་རོ། །ཡན་ལག་ལྔ་བཀྲུ་བར་བྱའོ ་ཞེས་བྱ་བ་ནི་ཆུ་མད་པར་གྱུར་པ་དང་ནད་པ་ཆོ་ག་འདི་ལ་ཡང་དག་པར་བརྟན་པར་བྱ་བ་ཉིད་ཡིན་གྱི། འོན་ཀྱང་འདིར་འདོད་པས་འཇུག་པས་ནི་མ་ཡིན་ནོ། །སྔས་སུ་ཞེས་བྱ་བ་སྔས་དྲུང་གི་རྩིག་པ་ལ་ཁབ་བམ་ཕུར་པ་བཙུགས་དེ་ལ་གདགས་པར་བྱའོ། །སྟན ་བཟངས་པོ་ཞེས་བྱ་བ་ནི་སྟན་གྲུ་བཞི་པ་ཆེན་པོ་གོས་གྱ་ནོམ་པ་དང་བཅས་པའོ། །ཤིང་ཟུར་བཞི་པ་རྒྱབ་ཕྱོགས་སུ་བསྒྲེང་བ་དང་ལྡན་པའི་སྟན་ནི་རྒྱབ་རྟེན་དང་ཅེས་པའི་སྟན་ནོ། །ངོས་ཁུང་ནི་ལྷུང་བཟེད་བཞག་པའི་ཕྱིར་རྩིག་ངོས་ལ་གློ་དཀར་གྱི་རྣམ་པ་ཅན་གྱི ་བུག་པ་གཏོད་པའོ། །སྐོམ་བུ་ཁ་སྦྱར་ནི་ལྕུག་མ་ལས་བྱས་པ་ལྷུང་བཟེད་བཞག་པའི་གནས་སོ། །འབྲུ་མར་སྣོད་ཀྱི་གོ་སྐུའི་བར་དུ་ཤིང་བཅུག་ནོས་དགེ་ཚུལ་དག་གི་ཕྲག་པ་ལ་བསྐྱོན་ནས་བསོད་སྙོམས་ལ་ཞུགས་པར་གྱུར་པ་ནའོ། །དྲུག་ཕུལ་ནི་སྲད་བརྒྱད ་ཤོང་བ་ཡིན་ལ། བཞི་པ་ནི་དྲུག་ཕུལ་ཕྱེད་ཡིན་ཏེ། དྲུག་ཕུལ་ཤོལ་བའི་ཕྱིར་དྲུག་ཕུལ་ལོ། །འདི་གཉིས་གདོན་མི་ཟ་བར་མི་གཏད་གིས་ཞེས་བྱ་བ་ནི་བདག་ངེས་པར་འདི་གཉིས་ཕྱི་བཞིན་འབྲེང་བར་བྱའོ་ཞེས་པའོ། །འཇིབས་པར་བྱེད་པའི་གཟུགས་སུ་སྤྲུལ ་པའི་ཕྱིར་སྐྲ་གྱེན་དུ་བརྫེས་པ་དང་ཐད་ཀར་བརྫེས་པའོ། །བག་ཡོད་འཆི་མེད་གནས་ཡིན་ཏེ། ཞེས་བྱ་བ་ལ་སོགས་པ་ལ། བག་ཡོད་པ་ནི་དགེ་བའི་ཆོས་སྒོམ་པའོ། །འཆི་མེད་གནས་ཡིན་ཏེ། ཞེས་བྱ་བ་འཆི་མེད་དེ་སྲོག་དང་ཐལ་བ་མེད་པ་གང་ཡིན་པ་ད་ནི་འཆི་མེད་དེ། མྱ་ངན ་ལས་འདས་པ་ཞེས་བྱ་བའི་དོན་ཏོ། །དེའི་གནས་ནི་གོ་འཕང་ཡིན་ཏེ། གང་གི་ཕྱིར་བག་ཡོད་པ་ལ་གནས་ན། མྱ་ངན་ལས་འདས་པ་རྗེས་སུ་ཐོབ་པར་འགྱུར་བའི་ཕྱིར་རོ། །བག་མེད་པ་ནི་ཞེས་བྱ་བ་ནི་བག་ཡོད་པ་ལས་བཟློགས་པའི་མཚན་ཉིད་ཅན་གྱི་ཆོས་ཡིན་ནོ། །འཆི ་བའི་གནས་ཞེས་བྱ་བ་ནི་འཆི་བའི་གོ་འཕང་ཡིན་ནོ། །གང་གི་ཕྱིར་བག་ཡོད་པ་ལ་གནས་ན་འཁོར་བར་ཡང་དང་ཡང་དུ་འཁོར་བར་མི་འགྱུར་རོ། །བག་ཡོད་འཆི་བར་མི་འགྱུར་ཏེ། ཞེས་བྱ་བ་ནི་འཕགས་པ་ཤ་རིའི་བུ་དང་མཽངྒལ་གྱི་བུ་ཆེན་པོ་ལ་སོགས་པ་བག་ཡོད ་པ་དག་འཆི་བ་མེད་པའི་གོ་འཕང་རྗེས་སུ་ཐོབ་པ་དག་ནི་ནམ་ཡང་འཆི་བར་མི་འགྱུར་ལ། སེར་སྐྱ་ལ་སོགས་པ་བག་མེད་པ་དག་ནི་རྟག་ཏུ་འཆི་བ་ཉིད་དུ་འགྱུར་ཏེ། འཁོར་བར་ཡང་དང་ཡང་དུ་འཁོར་བའི་ཕྱིར་རོ། །གཏུམ་པ་ནི་དྲག་པ་འམ་རྩུབ་པར་གྱུར་བའོ།། ་གནོད་སྦྱིན་གཏུམ་པོ་ནི་ལྷའི་ཕྱོགས་སུ་གཏོགས་པའོ། །གཏུམ་པོ་མི་མ་ཡིན་པ་ཤ་ཟ་དང། གྲུལ་བུམ་ལ་སོགས་པ་གཏུམ་པོ་གཉུག་མར་གནས་པ་ནི་དེས་བ་ཅན་དུ་གནས་པ་འབྱུང་པོའི་བྱེ་བྲག་གོ་།ཐོག་མར་གླགས་ཚོལ་བ་ནི་གླགས་?་པའོ། །རྒྱུན ་གྱིས་ནི་སྐབས་ཚོལ་བའོ། །ཆོས་གོས་བྱས་ཤིང་ཟིན་བ་ཞེས་བྱ་བ་ནི་ཆོས་གོས་བརྩེམས་པ་དང་ཁ་བསྒྱུར་བ་ལ་བྱས་པ་དང་ཟིན་པ་ཞེས་བྱའོ། །གླང་པོ་ཆེའི་སྣ་ལྟ་བུར་གྱུར་ནས་ཞེས་བྱ་བ་ནི་གླང་པོ་ཆེའི་སྣ་བཞིན་དུ་མི་མཛེས་པར་གྱུར་པའོ། །ཁྱིམ་ནས ་ཞེས་བྱ་བ་ནི་གྲོང་ཐ་དད་པའི་གཞན་རྣམས་ལྷགས་པའོ། །ཟོ་བ་ནི་ཁྲོན་པའི་ནང་ནས་ཆུ་བླབས་པའི་ཐབས་སུ་གྱུར་པའོ། །ནན་གྱིས་ཞེས་བྱ་བ་ནི་སྟོབས་སམ་ནན་གྱིས་རྣམ་པས་ཐ་སྙད་དུ་བྱེད་པའི་ཕྱིར་རོ། །སེན་མོ་གཅོད་པ་ནི་སེན་མོ་གཅོད་པའི་ལག ་ཆའོ། །སྨད་ཚེར་ནི་སྣ་ལ་སོགས་པའི་སྤུ་བཏོགས་པའི་ཐབས་སུ་གྱུར་པའོ། །རབ་ཏུ་གཞོན་པའི་རང་བཞིན་ཅན་ནོ། །ངོ་བོ་ཉིད་ཀྱིས་ཡིན་གྱི་བཅོས་མས་མ་ཡིན་ནོ། །ཞེས་བྱ་བའི་ཐ་ཚིག་གོ་།དྲིས་ཡོངས་སུ་བསྒོས་པའི་འཇིམ་པ་ནི་དྲི་དང ་ལྡན་པ་ནད་ཞི་བར་བྱེད་པ་ཅན་ནོ། །སློབ་དཔོན་ཚུལ་ཁྲིམས་བསྐྱངས་ཀྱིས་ཉེ་བར་སྦྱར་བ། ཕྲན་ཚེགས་ཀྱི་ཚིག་གི་རྣམ་པར་བཤད་པ་སྟེ་སྒོ་གསུམ་པའོ།། །།ཟླ་བ་ཕྱེད་ཕྱེད་ཅིང་ཞེས་བྱ་བ་ནི་ཕྱེད་ཕྱེད་དུའོ། །མི་ནུས་པ་ནི་ནུས་པ་མེད་པར་གྱུར ་པའོ། གསོ་སྦྱོང་མ་བཏང་བར་ཞེས་བྱ་བ་ནི་གསོ་སྦྱོང་གི་དུས་མ་བོར་བར་རོ། །སློབ་དཔོན་ལ་སོགས་པ་བརྒྱུད་པས་གནས་པའི་གནས་རྙིང་པ་འདི་ནི་སློབ་དཔོན་ལ་སོགས་པ་ལ་བརྟགས་པ་ཡིན་པའི་ཕྱིར་དུས་རྟག་པའི་ཕྱིར་ཏེ། འཇིག་རྟེན་ན་དངོས་པོ ་རྙིངས་པར་གྱུར་པ་ལ་དུ་བ་ཆགས་པ་ཞེས་ཐ་སྙད་དུ་བྱེད་པ་དེའི་ཕྱིར་ཁོ་བོ་ཅག་གི་གནས་ཁང་རྙིང་པ་འདི་ཡང་ཞེས་བྱ་བའི་བློ་འདིས་ཐ་སྙད་དུ་འདོགས་པ་ནི་དུས་རྟག་དུ་བའི་ཕྱིར་རོ། །རྒྱལ་བྱེད་ཀྱི་ཚལ་དུ་ཅི་དགར་འགྲོ་ཞིང་ཞེས་བྱ་བ་ནི་རྩ་བའི ་དང་ར་མེད་པའི་ཕྱིར་དང། ཡོངས་སུ་བགྲང་བར་བྱ་བ་དག་སོ་སོ་ཐ་དད་པར་གནས་པ་དེའི་ཕྱིར་དེའི་ནང་དུ་སྐྱེ་བོའི་ཚོགས་འགྲོ་བར་བྱེད་པའོ། །ཤིང་གི་རིབ་མ་ནི་ཤིང་གི་ར་བའོ། །ཕྱོགས་གཅིག་བརྡུངས་པའི་ཕྱིར་བཅགས་པ་ཡིན་ལ། ཕྱོགས ་བཅུ་གཉིས་གནས་བཅགས་པའི་ཕྱིར་བརྡུངས་པ་འམ། སྐྱེས་བུས་བཅགས་པའི་ཕྱིར་བརྡུངས་པའོ། །བ་སོས་བདར་བ་ཞེས་བྱ་བ་ནི་བླང་པོ་ཆེའི་སོས་ཇི་སྲིད་དུ་གཟུགས་བསྙན་སྣང་བར་གྱུར་པ་དེ་སྲིད་དུ་བདར་ཞིང་བསྒྲུབས་པའོ། །འཚེར ་བར་གྱུར་པ་ཞེས་བྱ་བ་ནི་ཤིན་ཏུ་མཛེས་པར་སྟོན་པ་ལྟ་བུའོ། །འདི་ཁ་ཅིག་ནི་བཅགས་ཤིང་བརྡུངས་པའི་ཆོས་གོས་ཡོངས་སུ་ལོངས་སྤྱོད་པ་མི་རུང་བར་བརྗོད་ལ་འགའ་ཞིག་ནི་བཅགས་པ་ནི་རུང་ལ། བརྡུངས་པ་ནི་མི་རུང་བར་བརྗོད་ཅིང་འགའ་ ་ཞིག་ནི་བསོས་དུ་ཕྱིས་བསྒྲུབས་པའི་ཆོས་གོས་གང་བ་ནི་བཀག་པ་ཡིན་པར་བརྗོད་དོ། །གཞན་དག་ནི་བརྡུངས་པ་དང། བཅགས་པ་ལ་དགག་པ་ཡོད་པ་མ་ཡིན་ནོ་ཞེས་སྨྲའོ། །ངོ་མཚར་གསལ་པོར་བྱེད་པ་སྟོན་པར་བྱེད་པའི་ཚིག་གསང་དུ་ཐོས་པར་ཕྱེད་པའི་གནས ་གང་ཡིན་པ་དེ་ནི་འདུན་ཁང་ཡིན་ཏེ། སྐྱེ་བོ་མང་པོ་འདུས་པའི་གནས་ཉིད་ཡིན་པའི་ཕྱིར་རོ། །སྦྱིན་པ་འདིས་ཞེས་བྱ་བ་ལ་སོགས་པ་ལ་སེམས་ཀྱི་རྒྱན་ནི་གཏོང་བ་ལ་གོམས་པ་ཡིན་ཏེ། གང་གི་ཕྱིར་དེས་རྒྱན་གྱིས་བརྒྱན་པའི་བཞིན་དང་འདྲ་བར་སེམས ་མཛེས་པར་བྱེད་པའོ། །ཡོ་བྱད་ནི་ཕྱིར་རོལ་གྱི་རྣམ་པར་འཚེ་བ་ཡོངས་སུ་སྲུང་བ་ལ་ཉེ་བར་མཁོ་བ་ཡིན་ལ། འདིར་སེམས་ཀྱི་ཡོ་བྱད་ནི་སེར་སྣ་དང་བྲལ་བ་ཡིན་ཏེ། གང་གི་ཕྱིར་སེར་སྣ་དང་བྲལ་བས་ནི་རྣམ་པར་འཚེ་བ་བྱེད་པ་མི་དགེ་བ་མང་པོ་ལས ་སེམས་སྲུང་བར་བྱེད་པའོ། །རྣལ་འབྱོར་ནི་ཞི་གནས་ལྷག་མཐོང་སྟོབས་མཚུངས་པ་དེའི་དོན་དུ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གི་ནང་དུ་འདུས་པར་གཟུང་སྟེ། གང་གི་ཕྱིར་ཕ་རོལ་ཏུ་ཕྱིན་པའི་ནང་དུ་འདུས་པའི་སྦྱིན་པས་ཟག་པ་མེད་པའི་ལམ ་ཞི་གནས་དང་ལྷག་མཐོང་སྐྱེད་པར་བྱེད་པ་བསྡུས་པ་ཡིན་ནོ། །དོན་གྱི་མཆོག་ནི་མྱ་ངན་ལས་འདས་པ་ཡིན་པ་དེའི་ཕྱིར། ཚིག་བཞི་པོ་འདིས་ནི་གཏོང་བ་ལ་གོམས་པ་དང། སེར་སྣ་ལྡོག་པ་དང། འཕགས་པའི་ལམ་ཐོབ་པ་དང། མྱ་ངན་ལས ་འདས་པ་ཁོང་དུ་ཆུད་པ་སྟེ། སྦྱིན་པའི་འབྲས་བུ་བསྟན་པ་ཡིན་ནོ། །དེའི་རྣམ་པར་སྨིན་པའི་འབྲས་བུ་གཞན་ཁོ་ན་ཡོད་པ་ཡིན་ནོ། །མ་གུས་པ་ནི་གུས་པ་མེད་པ་ཉིད་ཀྱིས་སོ། །སྒྲོག་རྟེན་ནི་ཀུན་དགའ་གླིང་དེ་ལ་ལྷན་ཐབས་སུ་བཏབས་པའོ། །མདུད་པ་ནི་ཟླུམ ་པོར་རྩེགས་པ་འཛིན་པར་བྱེད་པའི་ཐབས་སུ་གྱུར་པའོ། །ཡོངས་སུ་རྫོགས་པ་ཐོབ་པ་ནི་དེའི་བྱ་བ་ཡོངས་སུ་རྫོགས་པར་གྱུར་པའོ། །གཞན་གྱི་ནོར་འཕྲོག་པའི་ངང་ཚུལ་ཅན་ནི་གཞན་གྱི་ནོར་ལ་ཕྲོག་པ་ཡིན་ནོ། །གཞན་གྱི་ནོར་ཞེས་བྱ་བ་ལ་སོགས་པ་ལ ་གཞན་གྱི་ནོར་འཕྲོག་པའི་ཕྱིར་སྐྱེས་པ་ནི་ཆགས་པའོ། དུས་དྲུག་པོ་དག་ལས་དུས་གཞན་ཞིག་དུ་ཕྱིན་པས་ན་དུས་ཟད་པར་གྱུར་པའོ། །གོས་ཟེགས་པའི་མཛའ་ལ་སོར་གཉིས་ཀྱི་རས་མས་གླན་པའི་ཕྱིར་ཆ་ག་བཏབ་པའོ། །བསྟན་པོར་རིང་དུ ་བརྩེམས་པ་འམ། གནས་གནས་སུ་གནས་པའི་དོན་དུ་བརྩེམས་པས་ན་ཟུངས་བཏབ་པའོ། །ཚུལ་ཁྲིམས་ལ་བརྟེན་པ་ཞེས་བྱ་བ་ནི་འཇུག་པར་བྱེད་པ་ཉིད་ཀྱི་ཕྱིར་རོ། །ཤེས་རབ་ཀྱི་ཡུལ་ཆེན་པོ་གང་ཡིན་པ་དེ་ནི་འདིར་ཤེས་རབ་ཆེན་པོའོ། །སྤོབས་པ་ཆེན་པོ་ནི ་ལན་ཐམས་ཅད་སྦྱིན་པར་ནུས་པ་དང་ལྡན་པའོ། །དགེ་བའི་རྩ་བ་ཞེས་བྱ་བ་ནི་འདོད་ཆགས་མེད་པའི་དགེ་བའི་རྩ་བ་ཞེས་བྱ་བ་ལ་འདོད་དོ། །བཏོང་བའི་ཆོས་ཡོངས་སུ་བཏོང་བ་ནི་སྦྱིན་པའི་དངོས་པོ་གཏོང་བ་ཡིན་ཏེ་ཆོས་ནི་བསོད་ནམས་ཡིན་པ་གཏོང་བའང་དེ ་ཡིན་ལ་ཆོས་ཀྱང་རྒྱུ་ཉིད་ཡིན་པའི་ཕྱིར་གཏོང་བའི་ཆོས་དེ་དེའི་ཡོངས་སུ་གཏོང་བའི་སྒོ་ནས་སོ། །བཤན་པ་བྱེད་ཀྱང་ཞེས་བྱ་བ་ལ་ལུག་གསོད་པའི་ལས་ནི་བཤན་པ་ཡིན་ལ་བྱེད་པ་ནི་སྒྲུབ་པའོ། །བསྡུ་བའི་དངོས་པོ་ཞེས་བྱ་བ་ལ་བསྡུ་བའི་ཕྱིར་དངོས་པོ་སྟེ། ་རྟེན་ནི་བསྡུ་བའི་དངོས་པོའོ། །དོན་སྤྱོད་པ་ནི་ཕན་པ་ལ་འཇུག་པའོ། །དོན་མཐུན་པ་ནི་དངོས་པོ་མཚུངས་པ་ཡིན་ཏེ། གང་དེའི་བྱ་བ་དེ་བདག་གི་བྱ་བ་དང་མཚུངས་པར་ཡོངས་སུ་སྒྲུབ་པར་བྱེད་པའི་ཕྱིར་རོ། །བྱེད་པར་འདོད་པ་ནི་ལན་དུ་ཕན་འདོགས་པ་འདོད་པའོ། །ལམ་དུ ་ཞུགས་པ་ནི་ལམ་གྱི་རྗེས་སུ་ཞུགས་པ་གང་ཡིན་པ་དེ་ནི་ལམ་དུ་ཞུགས་པ་སྟེ། གང་གནས་པ་ཉིད་དུ་མི་འདོད་པའོ། །སྔོན་གྱི་གནས་ལ་གུས་པ་མེད་པ་ཞེས་བྱ་བ་ནི་སྔོན་གྱི་སློབ་དཔོན་ལ་མཉེས་པར་མི་བྱེད་པའོ། །དེ་སྟེ་སློབ་དཔོན་བལྟོས་པ་དང་བཅས་ལ ་ཞེས་བྱ་བ་ལ་སོགས་པ་ལ་སློབ་དཔོན་འདི་སྙམ་དུ་འདི་ལྟར་འདི་ནི་ཁོ་བོ་ཁོ་ན་ལ་གནས་ཤིང་བརྟེན་པ་ཡིན་ནོ། །ཞེས་སེམས་པ་དེའི་ཕྱིར་སློབ་དཔོན་བལྟོས་པ་དང་བཅས་པའོ། །ཉེ་གནས་བལྟོས་པ་མེད་ན་ཞེས་བྱ་བ་ནི་ཉེ་གནས་འདི་སྙམ་དུ་བདག་ནི ་ལྗོང་རྒྱུར་འགྲོ་བར་བྱ་ཞིང་དེར་སོང་ནས་ཁོ་བོ་གདོན་མི་ཟ་བར་སློབ་དཔོན་གཞན་ལ་གནས་དགོས་པ་ཡིན་ནོ། །ཞེས་བྱ་བའི་བསམ་པ་འདིས་གང་གི་ཚེ་ཉེ་གནས་བལྟོས་པ་མེད་པར་གྱུར་པ་དེ་ལ་བལྟོས་པ་མེད་པ་ཡིན་ཏེ། འོ་ན་ཡང་འཇིག་པར་གྱུར་པ་ནི་མ་ཡིན་ཏེ། ་སློབ་དཔོན་བལྟོས་པ་དང་བཅས་པ་ཉིད་ཀྱི་ཕྱིར་རོ། །སློབ་དཔོན་བལྟོས་པ་མེད་པ་ལ་ཞེས་བྱ་བ་ལ་སློབ་དཔོན་འདི་ལྟར་ཁོ་བོ་གཙུག་ལག་ཁང་གཞན་དུ་གནས་པའི་ཕྱིར་འགྲོ་བར་བྱའོ་སྙམ་པ་དེའི་ཕྱིར་སློབ་དཔོན་བལྟོས་པ་མེད་པ་ཡིན་ལ། ཉེ་གནས་ཀྱིས་ནི་འདི་ལྟར ་ཁོ་བོའི་སློབ་དཔོན་འགྲོ་བར་འདོད་པར་མི་ཤེས་པ་དེའི་ཕྱིར་འདི་བལྟོས་པ་དང་བཅས་པ་ཡིན་པས་དའི་ཚ་ཡང་གནས་མི་འཇིགས་པར་བརྗོད་པར་བྱ་བ་ཡིན་ལ། སློབ་དཔོན་བལྟོས་པ་དང་བཅས་ཤིང་ཉེ་གནས་ཀྱང་བལྟོས་པ་དང་བཅས་པ་ཡིན་ན་གནས་མི་འཇིག ་པ་བརྗོད་པར་བྱའོ། །གང་གི་ཆེ་སློབ་དཔོན་བལྟོས་པ་མེད་པར་གྱུར་ཏེ། འདི་ལྟར་ཁོ་བོ་གཙུག་ལག་ཁང་གཞན་དུ་འགྲོ་བར་བྱའོ་སྙམ་པ་ལ་ཉེ་གནས་ཀྱིས་ཀྱང་ཤེས་ཏེ། འདི་ལྟར་ཁོ་བོའི་སློབ་དཔོན་ངེས་པར་གཙུག་ལག་ཁང་གཞན་དུ་འགྲོ་འདོད་པས་བདག ་ཀྱང་གནས་གཞན་ལ་གནས་པར་བྱའོ་སྙམ་པ་དེའི་ཚེ་གཉི་ག་བལྟོས་པ་མེད་པར་གྱུར་པ་ཡིན་པས་སློབ་དཔོན་དང་ཉེ་གནས་མཚམས་གཅིག་གི་ནང་ན་གནས་སུ་ཟིན་ཀྱང་དེ་ལྟ་ན་ཡང་འཇིག་པར་རིག་པར་བྱའོ། །གལ་ཏེ་སློབ་དཔོན་ཡང་རྐྱེན་གཞན་འགའ་ཞིག ་གིས་གཙུག་ལག་ཁང་གཞན་དུ་འགྲོ་བ་མ་གྲུབ་ན་ཉེ་གནས་དེས་ཀྱང་སློབ་དཔོན་གྱི་ཐད་དམ་གཞན་དག་ལས་གནས་བླང་བར་བྱ་སྟེ། རྣམ་པ་གཞན་དུ་ན་གནས་མེད་པར་གནས་པར་འགྱུར་རོ། །གལ་ཏེ་ཉེ་གནས་མྱུར་དུ་ལྡོག་པའི་བསམ་པ་མེད་པར་གཙུག་ལག ་ཁང་གཞན་དུ་འགྲོ་བར་སྤྲོ་བས། སློབ་དཔོན་ལ་འདི་སྐད་དུ་གཙུག་ལག་ཁང་གཞན་དུ་གནས་པའི་ཕྱིར་མཆིའོ་ཞེས་སྨྲས་པ་ན། སློབ་དཔོན་གྱིས་ཀྱང་སོང་ཞིག་ཅེས་ཀྱང་སྨྲས་པར་གྱུར་པ་དེའི་ཚིག་ནས་འཇིག་པ་ཡིན་ལ། ཅི་སྟེ་སོང་ནས་ཀྱང་དུས་གཞན ་དུ་ཡང་འོངས་ན་ཉེ་གནས་དེས་ཡང་གནས་བཅའ་བར་བྱའོ། །གལ་ཏེ་རྣམ་པ་ཐམས་ཅད་དུ་ཉེ་གནས་སློབ་དཔོན་མེད་པར་ཉི་མ་ལྔ་ལས་ལྷག་པར་གནས་པས་ཀྱང་གལ་ཏེ་སློབ་དཔོན་དེ་ཉིད་རྙེད་པར་གྱུར་ན་ཡང་དེས་ཀྱང་གནས་བླང་བར་བྱའོ། །དེ་སྟེ ་ལེན་པར་མི་བྱེད་ན་དེའི་ཕྱིར་དེ་མི་གནས་པ་ཡིན་ནོ། །གལ་ཏེ་ཡང་གནས་གཞན་ན?་གནས་པའི་ཉེ་གནས་ཀྱིས་ཕྱིར་ཡང་སྔོན་སློབ་དཔོན་འདུག་པའི་གནས་སུ་བྱིན་པར་གྱུར་པས་ཡང་གནས་བཟུང་མི་དགོས་སོ་སྙམ་པ་དེ་ཉིད་དམ་འོན་ཏེ། གཞན་དག་གིས ་སྦྱིན་པར་བྱའོ་ཞེས་གསུང་བ་གང་ཡིན་པ་དེ་དོན་མེད་པར་འགྱུར་བའི་ཕྱིར་འགྱོད་པ་སྐྱེས་པ་འདི་ཉིད་ལ་འབྲེལ་པ་ཡོད་པ་མ་ཡིན་ནོ། །གལ་ཏེ་སྔར་བཟུང་བའི་གནས་ཁོ་ནས་གནས་པར་འགྱུར་རོ་ཞེས་ན། སྐབས་དེ་ཉིད་ཀྱང་བཅོམ་ལྡན་འདས་ཀྱིས་འདི་ལྟར་དུས ་དེ་སྲིད་དུ་དེས་གནས་དེ་ཉིད་ཅེས་བཟུང་བ་དེའི་ཕྱིར་དེ་ལ་གནས་དེ་ཉིད་ཅེས་གསུངས་པ་ཡིན་ནོ། །དུས་དེ་སྲིད་སྨོས་པས་ནི་འདི་སྐད་དུ་གལ་ཏེ་བརྟན་པོར་གནས་པའི་སེམས་དེས་གནས་འཛིན་པས་བཟུང་བར་བྱ་བ་དེའི་ཕྱིར་རྣམ་པ་གཞན་དུ་མི་གནས་པ་ཡིན་ནོ ་ཞེས་བསྟན་པར་འགྱུར་རོ། །འདི་ཡང་བདག་གི་རང་དགས་སྨྲས་པ་མ་ཡིན་གྱི་འོན་ཀྱང་བླ་མ་མཁས་པའི་ཞལ་ནས་ཐོས་པ་ཡིན་པ་དེའི་ཕྱིར་འདི་ལ་ཐེ་ཙོམ་མི་བྱའོ། །གལ་ཏེ་ཡང་གནས་གཟུང་བར་བྱ་བ་ངེས་པ་ཡིན་པ་དེའི་ཕྱིར་སྔར་སློབ་དཔོན་ཉིད་དུ ་གྱུར་པ་ཡང་ལྡོག་པར་འགྱུར་བ་དེའི་ཕྱིར་ཇི་སྲིད་དུ་དེས་ཀྱང་གནས་མ་གཟུང་བ་དེ་སྲིད་དུ་དེ་ལ་དེས་ཀྱང་སློབ་དཔོན་ཞེས་བརྗོད་པར་མི་བྱའོ་ཞེ་ན། མ་ཡིན་ཏེ། བཅོམ་ལྡན་འདས་ཀྱིས་མ་གསུངས་པའི་ཕྱིར་རོ།། ་གང་གི་ཕྱིར་གཉི་ག་བལྟོས་པ་མེད་པར་གྱུར་པ་ལས་གནས་འཇིག་པར་འགྱུར་བ་བཞིན་དུ་སློབ་དཔོན་ཉིད་ཀྱང་བཟློག་པར་ནི་བཅོམ་ལྡན་འདས་ཀྱིས་མ་གསུངས་ལ། འདི་ལ་རིགས་པ་ཅུང་ཟད་ཀྱང་མེད་པ་དེ་པས་ན་འདི་ལ་ཉེས་པ་ཡོད་པ་མ་ཡིན་ནོ།། ་བློ་ངན་པ་དག་ལ་གནོད་པར་གྱུར་ནས་ཞེས་བྱ་བ་ནི་ཡིད་གཞུང་བ་ལུང་ནོད་པ་མང་བ་ཉིད་ཀྱི་ཕྱིར་རོ། །སྐབས་སྐབས་སུ་ཞེས་བྱ་བ་ནི་བར་བར་དུའོ། །ཤིང་ཁྲི་ནི་ཤིང་གི་ཁྲིའུ་ཡིན་ལ་གནོན་པའི་རྣམ་པས་ཐམས་ཅད་སྟན་ལེན་པར་བྱེད་པས་ན་ཅིག་ཅར་འཁོད་པའོ། །རང ་བཞིན་ཏེ་ངོ་བོ་ཉིད་ཀྱི་ཁ་ན་མ་ཐོ་བ་དང་བཅས་ཤིང་ཉེས་པ་དང་བཅས་པ་ཡིན་པས་ན་རང་བཞིན་གྱིས་ཁ་ན་མ་ཐོ་བ་དང་བཅས་པ་སྟེ། སྲོག་གཅོད་པ་ལ་སོགས་པ་དང། ཚང?་མ་གཏོགས་དེ་ལས་གཞན་པས་ནད་པ་བསྐྱེད་པར་བྱའོ། །ཤིང་འདི་ལས་མེ་ཏོག ་ཡང་དག་སྐྱེས་ན་མེ་ཏོག་གི་ཤིང་ངོ། །དབང་བསྐུར་བར་འོས་པ་ཡིན་པའི་ཕྱིར་དབང་བསྐུར་བར་རིག་པ་སྟེ། རྒྱལ་ཚ་བ་དབང་བསྐུར་པར་རིགས་པ་ཡིན་པ་དབང་བསྐུར་བ་ནི་རྒྱལ་པོ་ཆེན་པོའོ། །དབང་བསྐུར་བ་ཐོབ་པ་ཞེས་བྱ་བ་ནི་མཚམས་སུ་ཕྱིན་པར་གྱུར་པའོ།། ་བསྲུང་བ་ནི་ནང་གི་རྣམ་པར་འཚེ་བ་ལས་སོ། །བསྐྱེད་པ་ནི་ནང་གི་མཁོ་བའི་ཡོ་བྱད་ཀྱི་བྱེ་བྲག་གིས་སོ། །ལྟོ་དགེའོ་ཞེས་བྱ་བ་ནི་ཤིན་ཏུ་ཟ་བའི་ངང་ཚུལ་ཅན་ནོ། །བསླུས་ཏེ་ཞེས་བྱ་བ་ནི་གཡོ་བྱས་ནས། །རྒྱལ་པོས་བཀྲབས་པ་ཞེས་བྱ་བ་ནི་རྒྱལ་པོའི་ནང་གི ་འཁོར་རོ། །ཤིན་ཏུ་མྱུར་བར་ཁྲོ་བ་སྐྱེ་བའི་ཕྱིར་མ་རུངས་པའོ། །དཔྱོད་པ་མེད་པར་ཁྲོ་བའི་འབྲས་བུ་སྒྲུབ་པར་བྱེད་པའི་ཕྱིར་མི་རྟོག་པའོ། །རྟག་ཏུ་ཁྲོ་བ་ཐག་ཉེ་བ་ཉིད་ཀྱི་ཕྱིར་མི་སྲུན་པའོ། །ལག་པ་གཉིས་སམ་ལག་པ་གཅིག་གི་སྦྱོར་བས་མཚོན་ཆ ་བརྡེག་པའི་ཕྱིར་རྩུབ་པའོ། །ཚན་པོ་ཆེའི་སྟོབས་ཞེས་བྱ་བ་ལ། ཚན་པོ་ཆེའི་སྟོབས་ཀྱི་ཚད་གང་ཞེ་ན། ཐ་མལ་བའི་གླང་པོ་ཆེ་བཅུའི་སྟོབས་གང་ཡིན་པ་དེ་ནི་སྤོས་ཀྱི་གླང་པོ་ཆེ་གཅིག་གི་སྟོབས་ཡིན་ལ། སྤོས་ཀྱི་གླང་པོ་ཆེ་བཅུའི་སྟོབས་གང ་ཡིན་པ་དེ་ནི་ཚན་པོ་ཆེའི་སྟོབས་ཀྱི་ཚད་ཡིན་ནོ། །ཡང་ཅིའི་ཕྱིར་དྲུག་སྡེ་ཁྲོས་པས་རྒྱལ་པོ་གསལ་རྒྱལ་གྱི་ཁང་བཟངས་གཡོ་བར་རིགས་ཤེ་ན། འདིར་དྲུག་སྡེ་ལ་མངོན་པར་དད་པའི་ལྷའི་མཐུས་མགུལ་པ་ལ་དྲུག་སྡེ་སྟོབས་དང་ལྡན་པའི་རྐང་པ་ལ ་སོགས་པས་བསྣུན་ཅིང་བརྒྱབ་པས་གཡོ་བར་འགྱུར་ཞེས་ཐ་སྙད་དུ་གདགས་པ་ཡིན་ནོ། །ཕྱི་བཞིན་འབྲང་བར་འགྱུར་རོ། །ཞེས་བྱ་བ་ནི་འཁོར་དུ་གྱུར་པའོ། །གཞོན་ནུའི་སྤོང་བ་ཞེས་བྱ་བ་ནི་གཞོན་ནུ་དང་འདྲ་བར་ཟིལ་གྱིས་མི་ནོན་པར ་གནས་པའོ། །བཙུན་མོའི་སྤོང་བ་ནི་བཙུན་མོ་དག་དང་འདྲ་བར་ཟིལ་གྱིས་མི་ནོན་པར་གནས་པའོ། །ལྷ་ཁྱོད་ཀྱི་བཀའ་བཅག་ནས་ཞེས་བྱ་བ་ནི་བགྲང་བ་མེད་པ་ཉིད་དུ་ཁྱད་དུ་བསད་པར་གྱུར་ནས་སོ། །བྱ་བ་མ་ཡིན་པ་མ་བྱེད་ཅིག་ཅེས་བྱ་བ་ནི་ཚུལ ་མ་ཡིན་པའོ། །གཡང་གཞི་ནི་རི་དགས་ཀྱི་པགས་པའོ། །ཤུན་ལྤགས་ན་ཤིང་ཤུན་ནོ། །བདག་གི་དོན་སེམས་པ་ཞེས་བྱ་བ་ནི་རང་ཉིད་ལ་ཕན་པའི་རྒྱུ་མཚན་གྱི་ཡིད་ལ་བྱེད་པ་སྐྱེད་པར་བྱེད་པ་ནའོ། །དུས་ལས་འདས་པ་ནི་ཤི་བར་གྱུར་པའོ། །དགོས ་པ་མེད་པ་ཉིད་ཀྱི་ཕྱིར་དོར་བའི་ཆོས་ཅན་ཞེས་བྱའོ། །ན་བར་གྱུར་པ་ཞེས་བྱ་བ་ནི་ནད་ཀྱི་རིགས་དམར་བྱེད་ཀྱིས་ཁྱབ་པ་འམ། སྲོག་ཆགས་ཀྱིས་ཟོས་པར་གྱུར་པའོ། །སྐེ་བ་ལ་ལྦ་བ་ཡོད་པ་གང་ཡིན་པ་དེ་ནི་ལྦ་བ་ཅན་ཏེ། ཡི་དྭགས་ཀྱི་རིགས ་དེ་དག་ཏུའོ། །མི་མ་ཡིན་པས་དེ་རྡོག་པས་བསྣུན་ནས་ཞེས་བྱ་བ་ལ་ཅིའི་ཕྱིར་ལ་བ་ལེན་པར་བྱེད་པའི་དུས་སུ་དེས་རྡོག་པས་མ་བསྣུན་ཞེ་ན། འདིར་སྨྲས་པ། ལན་པའི་ཚེ་དགའ་བྱེད་ནག་པོ་ལ་བསྙད་པའི་བསམ་པས་བལྟོས་པ་དང་བཅས་པར ་གྱུར་པ་དེའི་ཕྱིར་དེས་རྡོག་པས་བསྣུན་མ་ནུས་པ་ཡིན་ཏེ། དེས་པའི་ཚུལ་ལས་ཀྱང་གཏུམ་པོ་དང་མི་མ་ཡིན་པས་ཟིལ་གྱིས་གནོན་པར་འགྱུར་ཏེ། གང་གི་ཚེ་དགའ་བྱེད་ནག་པོས་བཅོམ་ལྡན་འདས་ཀྱི་བཀའ་ལ་སླར་ཟློ་བར་གྱུར་པ་དེའི་ཚེ་བག ་འཁུམས་པར་གྱུར་པ་དེའི་ཕྱིར་མི་མ་ཡིན་པས་ཟིལ་གྱིས་ནོན་པ་ཡིན་ནོ། །གནོད་སྦྱིན་གཏུམ་པོ་མང་པོ་ཞེས་བྱ་བ་ནི་རོ་དང་དྲི་ལ་ཆགས་པ་ལས་གཏུམ་པོ་རྗེས་སུ་འཇུག་པར་འགྱུར་བའོ། །ལན་གཞན་དུ་གླན་ནོ་ཞེས་བྱ་བ་ནི་འབྲེལ་པ་མེད་པའི་ལན ་འདེབས་པར་བྱེད་པའོ། །ཤིན་ཏུ་རྙོག་པ་མེད་པའི་ཡོན་ཏན་ནི་སྦྱངས་པའི་ཡོན་ཏན་ནོ། །ལྷག་མ་ནི་ཟས་ཀྱི་ལྟག་མའོ། །ལྷ་མ་མ་ཕུང་པར་ཟན་བཟའ་བར་མི་བྱའོ། །ཞེས་བྱ་བ་ནི་ལྷམ་དང་བཅས་པས་ཟན་བཟའ་བར་མི་བྱའོ། །ལྷམ་མ་བཀག་པའི་ཕྱིར་རྩ་བ ་ལས་བྱས་པའི་ལྷམ་ལ་སོགས་པ་ཤིན་ཏུ་ཁྱད་པར་དུ་བཀག་པ་སྟེ། གང་ལས་འདི་སྐད་དུ་ཤཱཀྱའི་སྲས་ཀྱི་དགེ་སྦྱོང་དེ་དག་ནི་མི་གཙང་བ་སྟེ། གང་གི་ཕྱིར་ལྷམ་དང་བཅས་པར་ཟན་ཟའོ་ཞེས་སྨོས་པ་ཡིན་ནོ། །གལ་ཏེ་ལྷམ་ཙམ་གྱིས་མི་གཙང་བ་ཉིད་ཡིན ་ན་རྩའི་ལྷམ་ལ་སོགས་པས་ཤིན་ཏུ་མི་གཙང་བ་ཉིད་མ་ཡིན་ནམ། དེ་བས་ན་ཐམས་ཅད་དུ་ལྷམ་མེད་པས་ཟས་བཟའ་བར་བྱ་བ་ཡིན་ནོ་ཞེས་བྱ་བར་ངེས་པ་ཡིན་ནོ། །དེ་དག་ཆེར་ན་བར་གྱུར་ཏེ། ཞེས་བྱ་བ་ནི་ས་རླན་དང་བཅས་པ་རེག་པར་གྱུར་པའི་ཕྱིར་རོ།། ་ལྷུང་བཟེད་ཀྱི་གནས་ནི་སྐར་ཁུང་གི་རྣམ་པ་ཅན་ལྷུང་བཟེད་འཇོག་པར་བྱེད་པའི་བུ་གུའོ། །བཀའ་བས་ལྡང་བ་ཉིད་ཀྱི་ཕྱིར་གནས་ངན་ཡིན་ལ། དེ་ལེན་པར་བྱེད་པས་ན་གནས་ངན་ལེན་ཏེ། དེ་སྡིག་པ་ལ་འཇུག་པར་བྱེད་ཅེས་བྱ་བའི་བར་དུའོ། །ལུས ་དང་ངག་གི་བྱ་བ་གནས་ངན་ལེན་ཀུན་ཏུ་སྤྱོད་པ་གང་ཡོད་པ་དེ་ནི་གནས་ལེན་ཀུན་ཏུ་སྤྱོད་པའོ། །ཡོ་བྱད་རྣམ་པ་དྲུག་ཅེས་བྱ་བ་ནི་ཆོས་གོས་གསུམ་དང། ལྷུང་བཟེད་དང། གདིང་བ་དང། ཆུ་ཚགས་སོ། །ཏོ་ལོ་བརྒྱད་ཀྱི་ཚད་ཀྱི་སྲད་ནི་འབྲས ་སྲད་བཅུ་དྲུག་བརྩོས་བསྲན་ཚོང་དང་ཚོབ་མ་དང་བཅས་པ་ཤོང་བའི་ལྷུང་བཟེད་དེ་ནི་དགེ་སློང་དག་གི་ལྷུང་བཟེད་ཆུང་བ་ཡིན་ལ་བྲེའུ་ཆུང་ངོ་ལས་ལྷག་པར་ཤོང་བ་གང་ཡིན་པ་དེ་ནི་ལྷུང་བཟེད་ཆེན་པོའོ། །སྐྱ་བ་ནི་ལྷུང་བཟེད་མ་བཙོས་པའོ། །རྒྱལ ་མཚན་ཅན་ཞེས་བྱ་བ་ནི་སྐྱེ་བོ་ཐམས་ཅད་ཀྱིས་རབ་ཏུ་ཤེས་པར་གྱུར་པའོ། །རྐུན་པོས་དངོས་པོ་བླངས་པ་གང་ཡིན་པ་དེ་ནི་བརྐུས་པའོ། །ཚོར་བ་ནི་ཤེས་པར་གྱུར་པའོ། །རི་དྭགས་ཀྱིས་རི་དྭགས་མི་སོས་ཀྱིས་ཞེས་བྱ་བ་ནི་རབ་ཏུ་བྱུང་བ་རི་དྭགས ་སུ་གྱུར་པ་བདག་ཉིད་ཀྱི་བྱ་བས་འཚོ་བར་གྱུར་པས་སོ། །ཡབ་བྱོན་པའི་ཡུལ་ནི་ཡབ་ཀྱི་ཡུལ་ཏེ། དགེ་སློང་གི་དངོས་པོ་སྐྱེད་པར་བྱེད་པའི་གནས་ཡིན་ཏེ། གང་གི་ཕྱིར་བསོད་སྙོམས་ལས་དགེ་སློང་གི་དངོས་པོར་འགྱུར་གྱི་བཟའ་ ་བ་མང་པོ་ཚོལ་བར་བྱེད་པའི་ཕྱིར་ནི་མ་ཡིན་ནོ། །གླགས་ལྟ་བ་ནི་ལེགས་པར་རྟོག་པར་བྱེད་པའོ། །བྱ་བ་རྣམས་ཉི་མ་རེ་རེ་ཞིང་བྱ་བ་གང་ཡིན་པ་དེ་ནི་ཉི་མ་རེ་རེ་ཞིང་བྱ་བ་སྟེ། བཅོམ་ལྡན་འདས་ཀྱི་དཀྱིལ་འཁོར་ལ་སོགས་པའོ། །དགེ་སློང་བཅལ ་བར་བྱའོ་ཞེས་བྱ་བ་ནི་གང་གནས་སྦྱིན་པར་བྱེད་པའོ། །ལས་རེས་སྤངས་ནས་ཞེས་བྱ་བ་ནི་ཡོངས་སུ་སྤོང་བར་བྱེད་པས་ན་སྤངས་པ་སྟེ་བོར?་བའོ། དེའི་ཕྱིར་ལས་རེ་བསྐོ་བའི་དུས་སུ་ངོ་བོར་ཞིང་གཞན་ལ་ལས་རེ་བསྐོར་བར་བྱའོ། །གནས་ཁང་བསྐོ་བ་ཞེས་བྱ་བ་ནི་སྔར་དེ ་ལ་གནས་ཁང་བསྐོ་བར་བྱའོ། །མལ་སྟན་ཡང་དེ་བཞིན་དུ་བྱའོ། །ནད་གཡོག་བྱེད་པ་སྤོང་བ་ཞེས་བྱ་བ་ནི་དེ་ལ་དགེ་སློང་གཅིག་གི་བསྙེན་བཀུར་བྱིན་པར་བྱའོ། །རྙེད་པ་སྤངས་ཏེ་ཞེས་བྱ་བ་ནི་དེ་ལ་རྙེད་པ་དང་བཅས་པའི་གནས་ཁང་བསྐོ་བར་བྱའོ།། ་གསོ་སྦྱོང་གཅིག་ལ་སྡོང་པ་ནི་བཞེས་པར་བྱའོ། །དཔྱད་ཉེ་བར་གྱུར་ཅིང་སྟོབ་པར་བྱེད་པའི་ཕྱིར་དབྱར་ཚུལ་དུ་ཞུགས་པའོ། །གཅིག་ལ་གཅིག་དྲི་ཞིང་ཞེས་བྱ་བ་ནི་ཕན་ཚུན་དྲིས་ནས་བྱ་བ་དག་བྱའོ། །སོ་སོར་བརྟགས་ནས་གནས་པར་བྱའོ། ་ཞེས་བྱ་བ་ནི་རབ་ཏུ་ཤེས་པས་དེར་གནས་པར་བྱ་བ་ཡིན་གྱི། མི་ཤེས་པའི་རྒྱུ་ཅན་ཚུལ་མ་ཡིན་པའི་བྱ་བ་སྒྲུབ་པར་བྱེད་པས་ནི་མ་ཡིན་ནོ། །ཡོ་བྱད་ནི་དགེ་སློང་རྣམས་ཀྱི་འཚོ་བའི་ཐབས་སུ་གྱུར་པའོ། །མ་བྱིན་པར་ལེན་པར་བྱེད་པ་གང་ཡིན ་པ་དེ་ནི་མ་བྱིན་པར་ལེན་པའོ། །མ་གུས་ནས་ཞེས་བྱ་བ་ནི་ནོངས་པ་ལ་བལྟོས་ནས་བསྐུལ་བའོ། །ཡོ་བྱད་སྦྱོར་བ་ནི་ལུས་གནས་བསྒྲུབ་པར་བྱེད་པའོ། །གསོ་སྐྱོང་སོ་སོར་ཞེས་བྱ་བ་ནི་གསོ་སྦྱོང་ཐ་དད་པའོ། །རྙེད་པ་གཅིག་ཏུ་ཞེས་བྱ ་ནི་སྤྱིར་འཚོ་བ་ལ་སོགས་པའི་རྙེད་པར་དགོངས་སོ། །ཉེར་ཁོར་གྱི་གཙུག་ལག་ཁང་དག་དུ་མལ་སྟན་བཤམ་པར་བྱ་བ་ཞིག་གཙུག་ལག་ཁང་ཐ་དད་པར་གསོལ་བ་དང་གཉིས་ཀྱི་ལས་བྱའོ། །མལ་སྟན་ནི་ཁྲི་ལ་སོགས་པ་ཡིན་ལ། སྣོད་ནི་ཟངས་མ་ལ ་སོགས་པའི་སྣོད་ཡིན་ནོ། །ཉེ་བར་མཁོ་བ་དེ་དག་ལས་གཞན་ལ་དག་ནི་ཡོ་བྱད་ཡིན་ཏེ། གོས་དང་རྒྱན་ལ་སོགས་པའོ། །འགལ་ཚབས་ཅན་དུ་འགྱུར་རོ། །ཞེས་བྱ་བ་ནི་གལ་ཏེ་དག་ལ་རྐུ་སེམས་བསྐྱེད་པར་གྱུར་པ་དེའི་ཚེ་སྦོམ་པོར་འགྱུར་ལ། འོན ་ཏེ་མ་ཡིན་ན་ཉེས་བྱས་སུ་འགྱུར་རོ། །ཕྲག་ཁྲུར་ནི་ལུས་ཀྱི་ཁུར་བུ་ཡིན་ཏེ། མཛའ་གཉིས་སུ་སྒྲོམ་ལ་སོགས་པའི་རྫས་འཇོག་པར་བྱེད་པའི་ཐབས་སུ་གྱུར་པ་དབྱངས་པའི་ཤིང་གི་ཁུར་བ་ལ་ཕྲག་ཁུར་ཞེས་བྱ་བའོ། །བུ་མོ་ནི་ཆུང་མའོ། །བྲན་ནི་རྣམ་པ ་ལྔ་སྟེ། ཉོས་པ་དང། རྙེད་པ་དང། ཕྲོག་པ་དང། ཁྱིམ་དུ་སྐྱེས་པ་དང། ཁས་བླངས་པ་དག་ཐ་དད་པའི་ཕྱིར་རོ། །ཁྲན་མོ་ཡང་དེ་དག་དང་འདྲའོ། །ལས་བྱེད་པ་ནི་སྐྱེས་བུ་གླ་པའོ། །སྐྱེས་བུ་བྱེད་པ་ལ་བརྟེན་ནས་འཚོ་བ་གང་ཡིན་པ་དེ་ནི་ཞོ་ཤས་འཚོ ་བའོ། །ཚོང་གི་སྐྱེས་ཀྱིས་འཚོ་བར་བྱེད་པས་ཚོང་པའོ། །དར་གྱི་ཐོད་བཅིངས་པས་ན་རྒྱལ་པོའོ། །ལྷ་ནི་གཉུག་མར་གནས་བ་སྟེ། དེ་དག་གི་གཏོར་མའི་ཕྱིར་རོ། །མཚུན་ནི་སྔོན་ཤི་བ་སྟེ། དེ་དག་ལ་དད་པས་སྦྱིན་པའི་ཕྱིར་རོ། །དགེ་སྦྱོང་ནི ་ཁྱིམས་ན་གནས་པ་སྤོང་བ་དང། མྱ་ངན་ལས་འདས་པའི་ལས་མ་མངོན་པར་སྦྱོར་བ་སྟེ། དེ་དག་ལ་སྙོམས་པར་རྗེས་སུ་བསྟབ་པའི་ཕྱིར་རོ། །བྲམ་ཟེ་ནི་དེ་དག་འཇིག་རྟེན་ན་རིགས་ཀྱི་མཆོག་ཏུ་འདོད་པར་རབ་ཏུ་གྲགས་པ་སྟེ། དེ་དག་ལ་ཡང ་སྦྱིན་པའི་ཕྱིར་རོ།། །།ཁམ་པོ་བརྒྱད་པ། །ཁྱིམ་ཡོངས་སུ་སྤངས་ནས་རབ་ཏུ་བྱུང་བ་དོན་དུ་གཉེར་ཞིང་མངོན་པར་འདོད་པའི་ཕྱིར་རབ་ཏུ་འགྱུར་པར་འདོད་པའོ། །ལྷུང་བཟེད་ཀྱི་འབྲེལ་པས་བྱ་བ་གཞན་བྱེད་པའི་ནུས་པ་མེད་པ་གང་ཡིན་པ་དེ་ནི ་ལྷུང་བཟེད་ལག་ན་ཐོགས་པ་སྟེ། ཁྱིམ་ཡོངས་སུ་སྤངས་ནས་ལྷུང་བཟེད་འཛིན་པ་ཞེས་བྱ་བའི་བར་དུའོ། །ཡུ་བ་སྒྲ་དང་བཅས་པས་ན་འཁར་གསིལ་དཀྲོལ་བའོ། །ཡོན་ཏན་གྱི་སྒོ་ནས་སྐྱེ་བོ་ཐམས་ཅད་ལ་རབ་ཏུ་གྲགས་པར་གྱུར་པ ་གང་ཡིན་པ་དེ་དག་ནི་རབ་ཏུ་གྲགས་པའི་དགེ་སློང་ངོ། །བསམས་པ་ནི་ཤེས་པར་འདོད་པའོ། །གནས་ཞེས་བྱ་བ་ལ་ཆོས་བཞི་ལ་བརྟེན་ནས་ནད་པ་འཚོ་བར་འགྱུར་ཞིང། ཆོས་གསུམ་ལ་བརྟེན་རང་བཞིན་དུ་གནས་པ་ཡིན་ཏེ། བསོད་སྙོམས་དང། མལ་སྟན་དང ་གོས་དག་གིས་ནི་རང་བཞིན་དུ་གནས་པར་འགྱུར་ལ། སྨན་དང་བཅས་པ་དག་གིས་ནི་ནད་པ་འཚོ་བ་ཡིན་པས་དོན་དུ་གཉེར་བ་རྣམས་འཚོ་བའི་དོན་དུ་བརྟེན་པར་བྱེད་པའི་ཕྱིར་གནས་ཡིན་ནོ། །ཕྱག་དར་ཁྲོད་ཅེས་བྱ་བ་ལ་སོགས་པ་ལ། འདིར་ཆུ་བོའི་མཛའ་ ་ནི་དོགས་ཡིན་ཏེ། དེ་མཐར་ཐུག་པའི་ཕྱིར་ལ། གོས་ཀྱི་མཛའ་ནི་ཕྱག་དར་ཡིན་ཏེ། དེའི་མཐར་ཐུག་པ་ཡིན་པ་ཁོ་ནའི་ཕྱིར་རོ། །དེ་བས་ན་ཕྱག་དར་དང་འདྲ་བ་དང། དོགས་དང་འདྲ་བའི་གོས་གང་ཡིན་པ་དེ་ལ་ཕྱག་དར་ཁྲོད་ཅེས་བྱ་སྟེ། ཤིན་ཏུ་རྙིངས་པ ་ཉིད་ཀྱི་ཕྱིར་ཉེ་བར་མཁོ་བ་མ་ཡིན་པས་དོན་དུ་མི་འགྱུར་བ་ཉིད་ཀྱིས་ཕྱག་དར་དུ་བོར་བ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །རྙེད་བླ་བ་ཞེས་བྱ་བ་ནི་འབད་རྩོལ་ཉུང་དུས་རྙེད་པར་འགྱུར་བའོ། །རུང་བ་ཞེས་བྱ་བ་ནི་ཁ་ན་མ་ཐོ་བ་མེད་པ་སྒྲུབ་པར་བྱེད ་པའོ། ཁྱིམ་བདག་ལས་ཟས་ལེན་པར་བྱེད་པས་ན་བསོད་སྙོམས་སོ། །འདི་ལ་ཉལ་བར་བྱེད་པའི་ཕྱིར་མལ་ཏེ་ཁྲི་ལ་སོགས་པའོ། །འདི་ལ་གནས་པར་བྱེད་པས་ན་སྟན་ཏེ་ཁྲེའུ་ལ་སོགས་པའོ། །བཀུས་ཏེ་བོར་བ་ཞེས་བྱ་བ་ལ་བཀུས་ནི་བཀུས་ཤིང ་ཁུ་བ་བཙེར་བ་ཡིན་ལ། བོར་པ་ནི་ཕྱི་རོལ་ཏུ་བོར་བ་གང་ཡིན་པ་དེ་ནི་བཀུས་ཏེ་བོར་པའོ། །ཕ་ཞེས་བྱ་བ་ནི་མངལ་འཛིན་པའི་ཚེ་ཕའི་ཁུ་བ་དང་མའི་ཁྲག་ཕན་ཚུན་འདྲེས་པ་དེ་ལས་ཀྱང་དེའི་ལུས་འགྲུབ་པ་ཡིན་པ་དེའི་ཕྱིར་ཕ་ཞེས་བྱ་བར་རིག་པར་བྱའོ།། ་སྐྱོ་བར་འགྱུར་ཏེ་ཞེས་བྱ་བ་ནི་མདངས་ཞན་ཅིང་ཆུང་བར་འགྱུར་བའོ། །འདི་ལ་གནས་པར་ཤེས་ནས་སོང་ངོ་ཞེས་བྱ་བ་ལ་སོང་བ་ནི་ཁྱིམ་པར་རོ། །ཆུང་མ་བླངས་པ་ནི་མེ་སྐོར་བྱས་པའི་ཕྱིར་དེ་ཡོངས་སུ་རྫོགས་པ་ཉིད་དོ། །བདག་གིས་ནི་ཡོ་བྱད་དྲུག་པོ་རྙེད་དོ། །ཞེས་བྱ་བ་ནི་མིག་ལ ་སོགས་པའི་སྐྱེ་མཆེད་དྲུག་པོ་དག་གི་ཡུལ་བདག་གིར་བརྩལ་བར་བྱའོ། །བླངས་སོ་བླངས་སོ་ཞེས་བྱ་བ་ནི་འཁྲུལ་པའི་ཚིག་གཉིས་སོ། །སྦྱོར་བ་ཡོངས་སུ་རྫོགས་པ་ཞེས་བྱ་བ་ནི་རྐུ་བའི་བྱ་བ་ཡོངས་སུ་རྫོགས་པར་གྱུར་པའོ། །བརྡེག་པ་ནི་སྲོག་འགོག་པར་བྱེད་པའོ། །བཅིངས ་པ་ནི་ལྕགས་ལ་སོགས་པས་བཅིངས་པའོ། །བཅད་པ་ནི་ལག་པ་ལ་སོགས་པའོ། །ཕུག་པ་ནི་རུས་བའོ། །སྡུག་བསྔལ་བ་ནི་ཡིད་ཀྱི་གདུང་བའོ། །རྣམ་པ་ཐམས་ཅད་རྫོགས་པར་བྱས་པ་ནི་རྣམ་པ་མང་བ་བྱས་པས་སོ། །གཅི་ཕྱེ་ནི་གཅི་བ་སྐམ་པོའི་ཕྱེ་མའོ། །ཡིད་བརྟན ་པ་ལྔས་བླང་བར་བྱའོ། །ཞེས་བྱ་བ་ནི་ཡིད་བརྟེན་པའི་སྒོ་ནས་ལེན་པའོ། །མཛའ་བར་གྱུར་པ་ནི་དགའ་ཨི་རྒྱུ་ཉིད་དུ་གྱུར་པ་སྟེ། རྫས་ཀྱི་བདག་པོར་འཛིན་པའོ། །ཡིད་དུ་འོང་བ་ནི་ཡིད་དང་རྗེས་སུ་མཐུན་པ་སྟེ། ཐག་རིང་པོ་ན་གནས་སུ་ཟིན་ཀྱང་སེམས་ཀྱིས་རྟག་ཏུ ་དྲན་པའི་ཕྱིར་རོ། །བླ་མ་ནི་སློབ་དཔོན་ལ་སོགས་པའོ། །མཆོད་པར་བྱ་བ་ཉིད་དུ་འགྱུར་བ་ནི་རྫས་ཀྱི་བདག་པོར་འཛིན་པ་ཡིན་ཏེ། ཞེས་བྱ་བ་ཐམས་ཅད་དུ་སྦྱར་བར་བྱ་བ་ཡིན་ཏེ། ཡོན་ཏན་ཁྱད་པར་ཅན་དང་ལྡན་པ་ཉིད་ཀྱི་ཕྱིར་རྟག་ཏུ་ཡིད་ཀྱིས་ཡོན་ཏན་འདྲན་པར་བྱ་བ ་ཡིན་པས་ན་མཆོད་པར་བྱ་བ་ཉིད་དུ་འགྱུར་བའོ། །ཐོས་ན་དགའ་བར་གྱུར་པ་ཞེས་བྱ་བ་ནི་འདི་ལྟར་བདག་གི་རྫས་ཆེ་གེ་མོ་ཞིག་གིས་ཁྱེར་བརྫས་ཀྱི་བདག་པོར་ཐོས་པར་གྱུར་པ་དེའི་ཚེ་ཡོངས་སུ་མགུ་བར་གྱུར་པ་སྟེ། མཆོག་ཏུ་དགའ་བ་བསྐྱེད་པར་བྱེད་པའི་ཕྱིར་ལེན ་པར་བྱེད་པའི་རྒྱུ་ཡིད་བསྟན་པ་ལྔ་པོ་དེ་དག་ལས་གཅིག་གིས་ཀྱང་ཡོངས་སུ་ལེན་པ་ལམ་བྱིན་པར་ལེན་པའི་ཉེས་པ་ཡོད་པ་མ་ཡིན་ནོ། །གཙུག་ལག་ཁང་ལ་ཕྱི་རོལ་གྱི་སྟེགས་སུ་གྱུར་པ་ནི་བང་རིམ་མོ། །རྡུལ་གྱི་ཕོག་སྟེ། ཞེས་བྱ་བ་ནི་རྡུལ་གྱིས་ཁྱབ་པར་གྱུར ་བའོ། །སས་གཡོགས་པ་ནི་བཀབ་པའོ། །ཡོངས་སུ་སྦྱངས་པ་ཞེས་བྱ་བ་ནི་མཚོན་མེད་པར་ཡོངས་སུ་སྤྱད་པ་བྱས་སོ། །བྱུགས་པ་ནི་བའི་ལྕི་བས་བྱུགས་པའོ། །རྡོ་ཐལ་ནི་རྡོའི་ཞལ་ཞལ་གྱི་རྣམ་པར་རབ་ཏུ་བྱུགས་པའོ། །ལུས་འཕགས་ཀྱི་རི་བོ ་ཞེས་བྱ་བ་ནི་རི་བོ་ནི་རྡོའི་བྱེ་བྲག་ཅན་ནོ། །གདུངས་པ་ནི་གཟིར་བར་གྱུར་པའོ། །སྐམས་པ་ནི་ཤི་བར་གྱུར་པའོ། །དེ་ལ་བརྩོན་པར་བྱས་པ་ཞེས་བྱ་བ་ནི་དེ་དང་འབྲེལ་བའི་བྱ་བའོ། །དགུན་ཟླ་ཐ་ཆུང་དང། དཔྱིད་ཟླ་ར་བ་དག་ནི་དགུན་ཟླ་སྨད་ཀྱི་དུས་སོ། །རྩཝས་གཡོགས ་ཤིག་ཅེས་བྱ་བ་ནི་རྩའི་སྤྱིལ་པོས་སོ། །རབས་བསྐོར་བ་ནི་རྩིག་པས་བསྐོར་བའོ། །རླུང་མི་འཇུག་པ་ནི་རླུང་རབ་ཏུ་རྒྱུ་བ་དང་བྲལ་བར་གྱུར་པས་སོ། །སློ་སྐར་ནི་ནང་གི་རྩིག་པ་ཀུན་ནས་བུག་པས་གཏོད་པའོ། །མ་རུངས་པར་གྱུར་པ་ནི་ཤིན་ཏུ་འདས་པར་གྱུར་པ་ཡིན ་ལ། མ་རུངས་པར་གྱུར་པས་ན་མ་རུང་བར་གྱུར་པ་སྟེ། གལ་ཏེ་དུས་དེའི་ཚེ་མ་བྱས་ན་དུས་གཞན་གྱི་ཚེ་བྱ་བར་མི་ནུས་པའི་ཕྱིར་ལས་དེ་མ་རུང་བར་གྱུར་པ་དེ་ལྟ་བུའི་རྣམ་པས་གདོན་མི་ཟ་བར་ལས་སུ་བྱ་བ་བྱུང་ན་གུས་པ་དང་བཅས་པས་བསྒོས་ཏེ་འགྲོ་བར ་བྱའོ། །ཤིང་སྐྱེས་པར་བྱེད་པ་ནི་རུང་བ་བྱེད་པའོ། །རིན་པོ་ཆེ་དང་འདྲ་བར་ཤིན་ཏུ་རིན་ཆེ་བ་ཉིད་ཀྱི་ཕྱིར་དང། འོད་གསལ་བ་ཉིད་ཀྱི་ཕྱིར་རྙེད་དཀའ་བའི་ལ་བ་ནི་ཟླ་བ་རིན་པོ་ཆེའོ། །ངལ་གྱིས་ཞེས་བྱ་བ་ནི་ཤིན་ཏུ་དྲག་པར་མ་ཡིན་པར་རོ། །བཅས་པ་ནི་ལུས ་དང་ངག་གི་སྤྱོད་པར་ཚུལ་མཐུན་པའོ། །སྟོབས་ནི་ལུས་ཀྱིའོ། །བརྩོན་འགྲུས་ནི་ཡིད་ཀྱི་སྤྲོ་བའོ། །མཐུ་ནི་བྱ་བ་བྱེད་པར་ནུས་པའོ། །རྫུ་འཕྲུལ་ཆེན་པོ་གང་ལ་ཡོད་པ་དེ་ནི་རྫུ་འཕྲུལ་ཆེན་པོ་སྟེ། རྫུ་འཕྲུལ་ནི་རྣལ་འབྱོར་གྲུབ་པ་ཡིན་ནོ། །མཐུ་ཆེ་བ་ནི་ངོ་མཚར ་རབ་ཏུ་སྟོན་པར་ནུས་པའོ། །རིན་ཆེ་བ་འམ་སྐྱེས་བུ་ཆེན་པོ་ལ་འོས་པས་རིན་ཐང་ཆེ་བའོ། །ཟོས་བས་མི་མཁོ་བར་བྱེད་པས་ན་འདི་ལ་སེང་སེང་པོར་གྱུར་པ་ཞེས་བྱའོ། །ཤིང་ན་མེ་རུ་ཀ་ཞེས་བྱ་བ་ནི་ལྕུག་མ་དེའི་ལོ་མ་སྐམས?་ལ་ཕྱེ་མར་བྱས་པ་ལ ་བའི་བལྟབ་ཚིགས་སུ་གཞུག་པར་བྱ་སྟེ། དེས་སྲོག་ཆགས་སྐྱེ་བར་མི་འགྱུར་རོ། །ཤིང་ཀུན་གྱི་ཤིང་གི་ལོ་མ་དང། བ་ཤ་ཀའི་ལོ་མ་ནི་རབ་ཏུ་གྲགས་པ་ཡིན་ནོ། །ནིམ་པ་ནི་ཤིང་འཆི་བ་བསླུ་བའི་ལོ་མའོ། །བལྟབ་ཚིགས་སུ་བལྟབ་མི་ཆོག་པ་དེའི་ཚེ་གོས་ཀྱི་སྟེང་དུ་ཤིང་ན་མེ ་རུ་ཀའི་ལེ་མལ་སོགས་པ་བཅུག་ན་དེའི་དྲིས་སྲོག་ཆགས་སྐྱེ་བར་མི་འགྱུར་རོ། །ཡང་ན་སྟེང་སྟེངས་སུ་མི་རེག་པར་བཏགས་ནས་དུས་དུས་སུ་སྤྲུག་པ་དང། སྐམ་པར་བྱེད་པའོ། །བསྐུམ་པས་ཉལ་བ་ནི་ལྷགས་པས་ཡན་ལག་བསྐུམ་པར་གྱུར་པས་སོ། ཤིན་ཏུ་བརྩོན ་པ་ཞེས་བྱ་བ་ནི་གཅིག་ཏུ་བརྩོན་པས་བསྒྲུབ་པར་བྱ་བའི་འབྲས་བུ་ཁོང་དུ་ཆུད་པ་དང་བཅས་པས་སོ། །སློབ་དཔོན་ཚུལ་ཁྲིམས་བསྐྱངས་ཀྱིས་སྦྱར་བ་ཕྲན་ཚེགས་ཀྱི་ཚིག་གི་རྣམ་པར་བཤད་པ་ལས་བསྒོ་བཞི་པ་རྫོགས་སོ།། །།རིམ་གྲོ་གྱིས་ཤིག་ཅེས་བྱ ་བ་ནི་མཆོད་པ་གྱིས་ཤིག་པའོ། །རྨ་དང་རྨའི་ཁ་འཁོར་ནི་སྣའི་སྤུབས་ལ་སོགས་པའོ། །ས་རྐོས་ལ་ཞེས་བྱ་བ་ལས་ནི་འདིར་མ་འཐས་པའི་ས་ཡིན་པར་རིག་པར་བྱ་སྟེ། དབྱར་རྣམས་སུ་རྒྱུན་མི་འཆད་པར་འབབ་པའི་ཕྱིར་ས་མ་འཐས་པ་འཐས་པར་འགྱུར་རོ།། ་ས་འཐས་པ་ཡང་འཁྲང་བར་གྱུར་པ་སྟེ། འཇིམ་པའི་གོང་བུ་འཐས་པར་གྱུར་པའོ། །རྩའི་བམ་པོ་ནི་རྩ་ཆུན་གྱི་ཚོགས་སོ། །ལོ་མ་དང་འདབ་མས་གཡོགས་པ་ནི་ལོ་མའི་ཚོགས་སོ། །རྒྱུད་གསུམ་པ་ཞེས་བྱ་བ་ནི་སངས་རྒྱས་སམ་དཀོན་མཆོག་གི ་བསྟོད་པ་ནི་རྒྱུད་གཅིག་ལ། གཞུང་གི་ཆོས་བཤད་པ་ནི་རྒྱུད་གཉིས་པ་ཡིན་ཞིང། མདོའི་དོན་རྣམ་པར་བཤད་པའི་གཏམ་རྒྱུད་ནི་རྒྱུད་གསུམ་པ་ཡིན་ནོ། །ཡོན་བསྔོ་བ་ནི་ཆོས་ཀྱི་སྦྱིན་པ་ལ་སོགས་པ་ལས་ཡང་དག་པར་བྱུང་བའི་བསོད་ནམས་ཀྱི་འབྲས ་བུ་ཀུན་ཏུ་བགོ་བཤའ་བྱེད་པའོ། །དེ་ལྟར་གྱུར་པ་ནི་དེ་སྐད་སྨྲས་པར་གྱུར་པའོ། །ཀུན་ནས་སྐྱོ་བ་དག་གི་སེམས་དང་བསྐྱེད་པའི་ཕྱིར་བཅོམ་ལྡན་འདས་ཀྱིས་མཆོད་རྟེན་ལ་ཕྱག་བྱ་བ་ནི་རྗེས་སུ་གནང་བའོ། །ཀུན་ཏུ་སྤྱོད་པ་ནི་གདོན་མི་ཟ་བར་བྱ་བ་ཉིད ་ཀྱིས་གོམས་པར་བྱ་བའོ། །དམྱལ་པར་རྒྱུ་བ་ནི་དམྱལ་བར་རྒྱུ་བ་སྟེ། སེམས་ཅན་ལ་ཕན་གདགས་པའི་ཕྱིར་འགྲོ་བར་བྱེད་པའོ། །ཡི་དྭགས་སུ་རྒྱུ་བ་ལ་སོགས་པ་ཡང་དེ་བཞིན་ནོ། །མཚམས་ནི་སྐབས་ཡིན་ཏེ། ཤིན་ཏུ་སྐབས་མེད་པའི ་ཕྱིར་མཚམས་མེད་པ་ཡིན་ལ། དམྱལ་བ་གཞན་དག་པས་སྡུག་བསྔལ་ཆེ་བ་ཉིད་ཀྱི་ཕྱིར་དང། ཤིན་ཏུ་ཚེ་རིང་བའི་ཕྱིར་དམྱལ་བ་ཆེན་པའོ། །ངལ་བསོ་བར་གྱིས་ཤིག་ཅེས་བྱ་བ་ནི་དམྱལ་བའི་སྡུག་བསྔལ་ལས་དུས་དེས་སྲིད་ཅིག་གྲོལ་བར་གྱུར་པའོ།། ་མིག་ཙམ་ཞེས་བྱ་བ་ནི་ཤིང་རྟའི་འཁོར་ལོའི་བུག་པའི་ཚད་དོ། །བར་དུ་སྐམས་པ་ནི་མཚམས་མེས་ཡོངས?་སུ་ཟད་པར་བྱས་པའོ། །མོས་པ་ལས་བྱུང་བའི་ཞེས་བྱ་བ་ལ། ལྷག་པར་མོས་པ་ནི་མོས་པ་སྟེ། ཡང་དག་པ་འདི་ཉིད་དུ་མ་ཡིན་པ་ལ་སེམས་ཀྱིས ་ཡང་དག་པར་ཉིད་དུ་སྒྲུབ་པར་བྱེད་པ་ཡིན་ལ། ལྷག་པར་མོས་པའི་ཕྱིར་འབྱུང་བས་མོས་པ་ལས་བྱུང་བ་སྟེ། མོས་པ་དང་རྗེས་སུ་མཐུན་པ་ཞེས་བྱ་བའི་བར་དུའོ། །འདམ་དུ་གྱུར་པ་ནི་དབྱར་གྱི་ཆུས་བྱས་པའི་འདམ་དུ་གྱུར་པའོ། །གནོད་པ་མེད་ཅེས་བྱ་བ་ནི ་སྡུག་བསྔལ་ཆུང་ངུར་གྱུར་ཅིང་རྒྱུ་མཐུན་པའི་བདེ་བ་མྱོང་བར་གདོད་འགྱུར་བའི་ལས་བསགས་པ་ཡོད་བ་འཕགས་པ་ཤ་རིའི་བུའི་ཏིང་ངེ་འཛིན་གྱི་མཐུའི་ལྷན་ཅིག་བྱེད་པའི་རྒྱུ་ལ་རག་ལས་པ་དེ་ཉིད་ནི་དུས་དེར་འབྲས་བུ་འབྱིན་པ་དེའི་ཕྱིར་རང་གིས ་བྱས་པའི་ལས་ཀྱིས་དེ་དག་ལ་དབང་གི་འབྲས་བུ་སྐྱེ་བར་འགྱུར་རོ། །དེ་སྐད་དུ་ཡང། ལས་རྣམས་བསྐལ་པ་བརྒྱར་ཡང་ནི། ཆུད་མི་ཟ་བ་ཚོགས་དང་དུས། རྙེད་ན་ལུས་ཅན་རྣམས་ལ་ནི། འབྲས་བུ་དག་ཏུ་འགྱུར་བ་ཉིད། ཅེས་འབྱུང་བ་ཡིན་ནོ། །ཀུན ་ནས་ཆོས་ལོག་པར་བསྟན་པ་ནི་ཕྱིན་ཅི་ལོག་གི་ཆོས་བསྟན་པ་སྟེ། ཆོས་མ་ཡིན་པ་ལ་ཆོས་ཉིད་དུ་བསྟན་པའི་ཕྱིར་རོ། །ཀུན་ནས་ཞེས་བྱ་བ་ནི་འདི་ལྟར་འདི་ཁོ་ན་བདེན་པ་ཡིན་གྱི་གཞན་ནི་མ་ཡིན་ནོ་ཞེས་བསྟན་པར་བཟུང་ནས་སོ། །མཐུན་པར ་སྤྱོད་པས་ཞེས་བྱ་བ་ནི་ལས་དེ་དང་རྗེས་སུ་མཐུན་པར་ནན་ཏན་བྱས་པས་སོ། །བསླུས་ཏེ་ཞེས་བྱ་བ་ནི་རྣམ་པར་སྐྲོད་པའོ། །མཆོད་རྟེན་དེ་ལ་མཆོད་པ་བྱས་དེ་ལ་རབ་ཏུ་གནོད་པ་སྟེ། དྲག་པོའི་ཚོར་བ་མྱོང་བར་ཇི་ལྟར་རིགས་ཏེ། མཆོད་པའི་ལས་གཞན་གྱིས་བྱས་པ ་ཉིད་ཀྱི་ཕྱིར་རོ་ཞེ་ན། འདི་ལ་ཡང་དེ་ཉིད་ཀྱིས་ལན་གདབ་པར་བྱ་སྟེ། གང་པོས་སྡུག་བསྔལ་ཆེན་པོ་ཉམས་སུ་མྱོང་བར་འགྱུར་བའི་ལས་དེ་ཉིད་སྔོན་བྱས་ཤིང་བསགས་པ་ལོང་པ་མཆོད་རྟེན་དེ་ལ་བྱས་མཆོད་པ་བྱས་པའི་ལྷན་ཅིག་བྱེད་པའི་རྒྱུ་ལ་རག ་ལས་པ་དེའི་ཕྱིར་མཆོད་རྟེན་ལ་མཆོད་པ་བྱས་པ་ལས་གང་པོ་ལ་རབ་ཏུ་གནོད་བའི་ཚོར་བ་སྐྱེ་བར་འགྱུར་བ་ཡིན་གྱི། གཞན་གྱིས་བྱས་པའི་ལས་ལས་གཞན་གྱིས་རྣམ་པར་སྨིན་པ་སོ་སོར་མྱོང་བར་གྱུར་པ་ཞེས་སྨྲས་པ་ནི་རིགས་པ་མ་ཡིན་ཏེ། དེ་ཡང ་གལ་ཏེ་ལས་རྣམས་འཕོ་འགྱུར་ན། དེ་ནི་ངེས་པར་ཁྱེད་ཉིད་ཀྱི། ལྷས་བྱིན་གྱི་ནི་རྒྱུ་ཉིད་ཀྱིས། ཐམས་ཅད་ལ་ནི་ངེས་འཇུག་འགྱུར། ཞེས་གསུངས་པ་ཡིན་ནོ། །ཀུན་ཏུ་རྒྱུ་ནི་བརྟུལ་ཞུགས་ལ་གནས་པའོ། །དབྱིག་པ་དང་གཙུག་ཕུང་དང་ལྡན་པ་ཞེས ་བྱ་བ་ལ་དབྱིག་པ་ནི་འཁོར་བ་ཡིན་ལ། གཙུག་ཕུང་ནི་སྤྱི་གཙུག་སྟེ། དབྱིག་པ་ནི་གཙུག་ཕུང་དག་གིས་ལེགས་པར་གྱུར་བ་ནི་དབྱིག་པ་དང། གཙུག་ཕུང་དག་གིས་ལེགས་པར་གྱུར་པ་ནི་དབྱིག་པ་དང། གཙུག་ཕུང་ཁོ་ན་ཅན་ཡིན་ལ། དབྱིག་པ ་དང་གཙུག་ཕུང་ཁོ་ན་དང་ལྡན་པས་ན་དབྱིག་པ་དང་གཙུག་ཕུད་ཅན་ཉིད་དོ། །དགེ་སྦྱོང་གི་རང་གི་གྲུབ་པའི་མཛའ་ཨི་འབྲས་བུ་ཐོབ་པའོ། །འཚོ་བ་དག་ལ་དགེ་སྦྱོང་མེད་པ་སྟེ། ཡོད་པ་མ་ཡིན་ཞིང། ཤཱཀྱ་ལ་ནི་དེ་ཡོད་དོ། །དགྲ་བཅོམ་པའང། ཆགས་ལྡན ་མེད། སོ་སོའི་སྐྱེ་བོ་བྱིས་མིན་མེད། འོན་ཀྱང་སོ་སོའི་སྐྱེ་བོ་ཐམས་ཅད་ལ་བྱིས་པ་ཁོ་ན་ཞེས་བྱའོ། །འཚོ་བ་དག་ལ་དགེ་སྦྱོང་ཡོར་ཞེས་བྱ་བ་དེ་ལྟར་ཚིགས་སུ་བཅད་པའི་དོན་དེ་དག་གིས་རྟོགས་པར་གྱུར་པའོ། །སྔོན་གྱི་ལས་ཀྱིས་ཞེས་བྱ་བ་ལ་སོགས ་པ་ལ། སྔོན་གྱི་སྐྱེ་བར་དེས་ལས་བྱས་ཤིང་བགས་པ་གང་ཡིན་པ་དེ་ནི་ལས་ཀྱི་རྣམ་པར་སྨིན་པ་ཉེ་བར་གནས་པ་སྟེ། རྣམ་པར་སྨིན་པ་འབྱིན་པའི་ཕྱིར་གསལ་པོར་གྱུར་པའོ། །འདི་ལ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི ་བསྟན་པ་ལའོ། །དགེ་སྦྱོང་དང་པོ་ཞེས་བྱ་བ་ནི་ལམ་སྟོན་པར་མཛད་པའོ། །དགེ་སྦྱོང་གཉིས་པ་ཞེས་བྱས་ནི་ལམ་གྱི་རྒྱལ་བའོ། །དགེ་སྦྱོང་གསུམ་ཞེས་བྱ་བ་ནི་ལམ་གྱིས་འཚོ་བའོ། །དགེ་སྦྱོང་བཞི་པ་ཞེས་བྱ་བ་ནི་ལམ་སུན་འབྱིན་པའོ། །དེ་ལ ་ལམ་སྟོན་པར་མཛད་པ་ནི་བཅོམ་ལྡན་འདས་ཡིན་ལ། ལམ་གྱིས་རྒྱལ་བ་ནི་རང་སངས་རྒྱས་དང་དགྲ་བཅོམ་པ་ཡིན་ཞིང། །ལམ་གྱིས་འཚོ་བ་ནི་འཕགས་པའི་གང་ཟག་བདུན་ཡིན་ནོ། །ལམ་སུན་འབྱིན་པ་ནི་ཚུལ་ཁྲིམས་འཆལ་བའོ། །ཁ་ཅིག ་ནི་དགེ་སྦྱོང་དང་པོ་ལ་སོགས་པ་ནི་རྒྱུན་དུ་ཞུགས་པ་ལ་སོགས་པ་ནས་དགྲ་བཅོམ་པའི་མཐར་ཐུག་པ་ཡིན་ནོ་ཞེས་ཟེར་རོ། །དགེ་སྦྱོང་ཉིད་དང་ལྡན་པའི་ཕྱིར་དགེ་སློང་ཡིན་ལ། སྡིག་པ་གསལ་བ་ཉིད་ཀྱི་ཕྱིར་བྲམ་ཟེ་ཡིན་ཏེ། ཕས་ཀྱི་སྒོལ་བ ་དག་དེ་དག་གིས་གཏོང་བ་ཡིན་ཏེ། དགེ་སྦྱོང་ལ་སོགས་པ་ཁོང་དུ་ཆུད་པའི་བྱ་བ་དང་བྲལ་བར་གྱུར་ཅེས་བྱ་བའི་ཐ་ཚིག་གོ་།མགོ་རེག་བྱ་བ་ནི་མགོ་སྨད་པ་དང། ངན་པ་ཡོད་པའོ། །ངན་པ་ཞེས་བྱ་བ་ནི་འདིར་གནད་ལ་བསྐུལ་བའོ། །ངན ་དུ་ཟེར་བ་ནི་ཡང་དག་པ་མ་ཡིན་པའི་སྐྱོན་བརྗོད་པའོ། །ལན་ལག་ནི་ལག་པ་ལ་སོགས་པའོ། །ཉིད་ལག་ནི་སོར་མོའི་ཚིགས་བཅད་ལ་སོགས་པའོ། །རིང་ཞིང་ཐོགས་སོ་ཞེས་བྱ་བ་ནི་རིང་པོར་འགོར་བའོ། །གཡོས་པ་ནི་ལན་ཅིག་སྟེ་ཆུང་ངུའོ།། ་རབ་ཏུ་གཡོས་པ་ནི་རྒྱུན་གྱིས་འབྲིང་དུ་ཡིན་ལ། ཀུན་ཏུ་རབ་ཏུ། གཡོས་པ་ནི་རྒྱུན་གྱིས་ཆེན་པོར་རོ། །རྫུ་འཕྲུལ་ཆེ་བ་སྟེ། རྫུ་འཕྲུལ་གྱིས་བསྒྲུབ་པར་བྱེད་པ་ལ་མཁས་པ་དག་གིའོ། །མཐུ་ཆེ་བ་པ་དག་གི་ནང་ཞེས་བྱ་བ་ནི་ངོ་མཚར་རབ ་ཏུ་སྟོན་པར་ནུས་པ་དང་ལྡན་པ་དང། གི་ནང་ནའོ། །མི་དགའ་བ་ནི་སྐྱོ་བའོ། །གྲོང་ལས་རྒྱང་གྲགས་ཀྱི་མཛའ་ནི་དགོན་པའོ། །ནགས་འདབ་ནི་དགོན་པའི་ནགས་ཀྱི་ཕྱོགས་གཅིག་གོ་།བསམ་ཐར་གནས་བཅས་ཏེ་ཡིད་ལ་བྱེད་པ་ཞེས་བྱ་བ་ནི་མི་རྟག་པ་ལ་སོགས་པའི་རྣམ་པ ་དང་ཡང་དག་པར་ལྡན་པའི་ཏིང་ངེ་འཛིན་ཏོ། །རབ་ཏུ་ཁྲོས་པ་ནི་ཀུན་ནས་དཀྲིས་པའོ། །བཙུན་མོ་ནི་སྤྱད་པར་བྱ་བའི་བུད་མེད་དོ། །གཞོན་ནུ་ནི་རྒྱལ་ཚབ་ཏུ་དབང་བསྐུར་བའོ། །བློན་པོ་ནི་བློའི་གྲོགས་སུ་གྱུར་པའོ། །གྲོང་ན་གནས་པས་ན་གྲོང་མིའོ། །ལྡོངས་ན ་གནས་པས་ན་ལྗོངས་ཀྱི་མིའོ། །མིག་མཆི་མས་ཡོངས་སུ་དཀྲུགས་ནས་ཞེས་བྱ་བ་ནི་མིག་མཆི་མས་ཁྱབ་པར་གྱུར་པའོ། །སྙིང་རྗེའི་ཚིག་ནི་སྙིང་རྗེ་བསྐྱེད་བ་དང་རྗེས་སུ་མཐུན་པའི་ཚིག་ཡིན་ལ། ཡིད་གདུང་པའི་ཚིག་ནི་སྡུག་བསྔལ་སྟོན་བར་བྱེ་པའི་ཚིག ་ཡིན་ཞིང། མི་གསལ་བའི་ཚིག་ནི་མི་གསལ་བ་ཉིད་ཡིན་ཏེ། ཚིག་གསུམ་པོ་དེ་དག་ནི་བྱ་བའི་ཁྱད་པར་ཡིན་ཏེ། བྱ་བ་མི་གསལ་བ་ཁྱད་པར་དུ་བྱེད་པའོ། །ལས་རྣམས་བསྐལ་པ་བརྒྱར་ཡང་ནི་ཆུད་མི་ཟབ་ཞེས་བྱ་བ་ནི་བསམས་བཞིན་དུ་བྱས་པ་དང། ་བསགས་པར་གྱུར་བའོ། །བསྐལ་བ་བརྒྱར་སྨོས་པ་ནི་ཉེ་བར་མཚོན་པ་ཡིན་པའི་ཕྱིར། བསྐལ་བ་བྱེ་བར་ཡང་ལས་བྱས་ཤིང་བསགས་པ་དག་ཆུད་ཟ་བར་མི་འགྱུར་རོ། །ཚོགས་ནི་ལྷན་ཅིག་བྱེད་པའི་རྒྱུ་ཡིན་ལ། དུས་ནི་འདིར་འབྲས་བུ་དེ་ལོངས་སྤྱད་དུ་ ་རུང་བ་ལ་འདོད་དེ། ཇི་ལྟར་འཁོར་ལོས་སྒྱུར་བ་སྒྲུབ་པར་བྱེད་པའི་ལས་ཚེ་ལོ་སྟོང་ཕྲག་བརྒྱད་ཅུའི་འོག་དང། ཡང་དག་པར་རྫོགས་པའི་སངས་རྒྱས་སྒྲུབ་པར་བྱེད་པའི་ལས་ཚེ་ལོ་བརྒྱ་པའི་འོག་ཏུ་རྣམ་པར་སྨིན་པ་འབྱིན་པའི་ནུས་པ་མེད་པ་ལྟ་བུའོ། །མཆི ་མ་ཕྱིས་ཏེ་ཞེས་བྱ་བ་ནི་བསལ་ཏེའོ། །འཚོ་བ་ནི་འཚོ་བའི་ཐབས་སུ་གྱུར་པའོ། །རྫུ་འཕྲུལ་གྱིས་ན་བསོ་སོར་བསལ་ཏེ། ཞེས་བྱ་བ་ནི་ཆུང་བ་ཉིད་དུ་བྱས་ནས་སོ། །མཛའ་བའི་བག་ཆགས་ནི་སྲིད་པའི་བག་ཆགས་ཡིན་ཏེ། ཇི་ལྟར་མེ་ཏོག་གིས་བསྒོས ་པའི་ཏིལ་དག་ལས་མེ་ཏོག་བསལ་དུ་ཟིན་ཀྱང་མེ་ཏོག་དྲི་འབྱུང་བ་དེ་བཞིན་དུ། འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་སྤངས་སུ་ཟིན་ཀྱང་དགྲ་བཅོམ་པ་ལ་ཉོན་མོངས་པའི་བག་ཆགས་ཡོད་པ་ལྟ་བུའོ། །ཤིན་ཏུ་ན་བས་ཞེས་བྱ་བ་ནི་ཕྱིར ་གསོ་བར་མི་ནུས་པའི་ནད་དོ། །གནོད་པ་དང་ལྡན་ཡང་ཕྱིར་གནོད་པ་ཡིན་ཡང་སྡུག་བསྔལ་སྐྱེད་པར་བྱེད་པ་ནི་མ་ཡིན་ནོ་ཞེས་བསྟན་ཏོ། །སྡུག་བསྔལ་ནི་སྡུག་བསྔལ་དུ་འབྱིང་བའོ། །དགེ་སྦྱོང་དུ་སྟོན་པ་ཞེས་བྱ་བ་ལ་དགེ་སྦྱོང་གི་ཕྱོགས་གཅིག་ཉིད་ཡིན ་པའི་ཕྱིར་དང། དགེ་སྦྱོང་ཡོངས་སུ་མ་རྫོགས་པ་ཉིད་ཀྱི་ཕྱིར་དགེ་སྦྱོང་དུ་སྟོན་པའོ། །ཡོངས་སུ་མྱ་ངན་ལས་འདས་པ་ཞེས་བྱ་བ་ནི་ཉེ་བར་ཞི་བར་གྱུར་པའོ། །དབང་དང་ལྡན་པ་ནི་འདིར་གཉི་གའི་ཆ་ལས་རྣམ་པར་གྲེལ་བ་ལ་འདོད་པ་དེ་ཉིད་ཀྱི་ཕྱིར་གང་ཕལ་ཆེར་ཞེས ་སྨོས་པ་བྱས་པ་ཡིན་ལ། འགའ་ཞིག་ཤེས་རབ་ཀྱིས་རྣམ་པར་གྲོལ་བ་ཡོད་པ་ཡིན་ནོ། །སོ་སོར་བཞག་ནས་ཞེས་བྱ་བ་ནི་གནས་ཇི་ལྟ་བ་བཞིན་དུ་བཞག་ནས་སོ། །བཙུན་པ་ནི་མཁན་པོའི་མིང་ནས་སྨོས་པའི་ཉེ་བའི་ཚིག་ཡིན་ཏེ། འདི་ལ་བསླབ་པའི་གཞི་ལ་རགས ་པ་ཉིད་ཀྱི་ཕྱིར་བྱས་པ་ཡིན་ནོ། །ཞེས་ཤེས་པར་བྱའི། རྣམ་པ་གཞན་དུ་ཇི་ལྟར་རིགས་ཏེ། སྐུལ་བྱེད་ཀྱིས་བསམས་བཞིན་དུ་བསླབ་པ་ལས་འདས་པ་བྱས་པའི་ཕྱིར་རོ། །རིང་བསྲེལ་ནི་བསྲེགས་པའི་རུས་པའོ། །དུག་སྐྱེས་ཏེ་ཞེས་བྱ་བ་ལ་སོགས་པ་ལ། ་དུག་སྐྱེས་ཤིང་འབྱུང་བར་གྱུར་བའི་ལུས་གང་ཡིན་པ་དེ་ནི་དུག་སྐྱེས་པ་སྟེ། དུག་གི་ཁྱབ་པར་གྱུར་པའི་ཆོས་ལུས་ལས་སྐྱེས་བས་བྱ་བའི་ཐ་ཚིག་གོ་།བདག་གིས་ཕྱོགས་མ་འཚལ་ཏོ་ཞེས་བྱ་བ་ནི་སེམས་རྣམ་པར་འཁྲུགས་པ་ཉིད་ཀྱི་ཕྱིར་རོ། །དེ་བས་ན ་བདག་གིས་ཤར་ལ་སོགས་པའི་ཕྱོགས་འདི་ལྟར་འདི་ནི་ཤར་ཡིན་ལ། འདི་ནི་ནུབ་ཀྱི་ཕྱོགས་ཡིན་ནོ་ཞེས་བྱ་བའི་སྣང་བ་མ་འཚལ་བའོ། །ད་ལྟར་མི་དྲན་ནོ་ཞེས་བྱ་བ་ནི་དྲན་པའི་ཡུལ་ཉིད་གྱུར་བ་མེད་པའོ། །ཅི་ཀུན་དགའ་བོ་ཞེས་བྱ་བ་ལ་སོགས་པའི་དོན་ནི་འདི ་ཡིན་ཏེ། ཁྱོད་ཤཱ་རིའི་བུ་རབ་ཏུ་བྱུང་བ་ལ་ནན་ཏན་བྱེད་པ་ནི་མ་ཡིན་གྱི། འོན་ཀྱང་ཚུལ་ཁྲིམས་ལ་སོགས་པ་ལ་མངོན་པར་སྦྱོར་བའི་སྒོ་ནས་མྱ་ངན་ལས་འདས་པ་ལ་ནན་ཏན་བྱེད་པ་དེའི་ཕྱིར་མ་ལ་གསོ་ཞེས་སྨྲས་པ་ཡིན་ནོ། །ཚུལ་ཁྲིམས་ཀྱི་ཕུང་པོ་བཟུང་སྟེ། ཞེས་བྱ ་བ་ལ་སོགས་པ་ལ། ཚུལ་ཁྲིམས་ཀྱི་ཕུང་པོ་ནི་ཚུལ་ཁྲིམས་ཀྱི་ཚོགས་ཡིན་དེ། དེ་ཡང་སོ་སོར་ཐར་པ་དང། བསམ་གཏན་དང། ཟག་པ་མེད་པའི་སྡོམ་པའི་རང་བཞིན་ནོ། །ཏིང་ངེ་འཛིན་གྱི་ཕུང་པོ་ནི་ཏིང་ངེ་འཛིན་གྱི་ཚོགས་ཡིན་ཏེ། དེ་ལས་རྟོག་པ་དང་བཅས་པ་དང། ་དཔྱོད་པ་དང་བཅས་པ་ལ་སོགས་པའི་ཏིང་ངེ་འཛིན་གྱི་རང་བཞིན་ནོ། །ཤེས་རབ་ཀྱི་ཕུང་པོ་ནི་ཤེས་རབ་ཀྱི་ཚོགས་ཡིན་ཏེ། དེ་ཡང་ཟག་པ་དང་བཅས་པ་དང་ཟག་པ་མེད་པ་ལ་སོགས་པ་དམིགས་པའི་བྱེ་བྲག་གིས་རྣམ་པ་དུ་མ་ཡོད་དོ། །རྣམ་པར་གྲོལ་བ་ནི་སེམས ་རྣམ་པར་གྲོལ་བ་སྟེ། དེ་ཡང་འདུས་བྱས་དང་འདུས་མ་བྱས་ཀྱི་བྱེ་བྲག་གིས་རྣམ་པ་གཉིས་ཡིན་ཏེ། ཉོན་མོངས་པ་སྤངས་པ་ནི་འདུས་མ་བྱས་ཡིན་ལ། ལྷག་པར་མོས་པ་ནི་འདུས་བྱས་ཡིན་ཞིང་དེ་ཡང་འདས་པ་ལ་སོགས་པའི་དབྱེ་བས་ཚོགས་ཉིད་ཡིན་ནོ།། ་རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོ་ཞེས་བྱ་བ་ནི་རྣམ་པར་གྲོལ་བ་འདུས་མ་བྱས་ལ་དམིགས་པའི་ཡེ་ཤེས་དང་མཐོང་བ་ཡིན་ཏེ། དེ་ཡང་ཟད་པ་དང་མི་སྐྱེ་བའི་ཡེ་ཤེས་དང། མི་སློབ་པའི་ཡང་དག་པའི་ལྟ་བ་ལ་རྣམ་པར་གྲོལ་བ་ལས་ཡེ་ཤེས ་མཐོང་བ། ཞེས་བྱ་བའི་དབང་དུ་བྱས་ནས་རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོ་ཞེས་བྱའོ། །ངས་ཞེས་བྱ་བ་འདིས་ནི་གཞན་གྱི་མན་ངག་ལ་བལྟེས་པ་མེད་པ་ཉིད་སྟོན་པའོ། །མངོན་པར་མཁྱེན་པ་ཞེས་བྱ་བ་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱིས་སོ ་མངོན་པར་རྫོགས་པར་སངས་རྒྱས་ནས་ཞེས་བྱ་བ་ནི་དེ་ཁོ་ན་ཡིད་ཇི་ལྟ་བ་བཞིན་དུ་མཁྱེན་ནས་སོ། །བཤད་པ་ཞེས་བྱ་བ་ནི་བསྟན་པའོ། །དྲན་པ་ཉེ་བར་གཞག་པ་བཞི་ནི། ལུས་དྲན་པ་ཉེ་བར་གཞག་པ་དང། ཚོར་བ་དང། སེམས་དང། ཆོས་དྲན་པ་ཉེ་བར ་གཞག་པ་སྟེ། འདིས། ཡུལ་དག་ལ་དྲན་པ་ཉེ་བར་འཇོག་པ་དང། རབ་ཏུ་འཇུག་པར་བྱེད་པའི་དབང་དུ་བྱས་ནས་འདིར་ཤེས་རབ་ལ་དྲན་པ་ཉེ་བར་གཞག་པ་ཞེས་བྱའོ། །ཡང་དག་པར་སྤོང་བ་བཞི་ནི། སྡིག་པ་མི་དགེ་བའི་ཆོས་རྣམས་མ་སྐྱེས་པ ་རྣམས་མི་བསྐྱེད་པའི་ཕྱིར་དང། སྐྱེས་པ་རྣམས་སྤང་བའི་ཕྱིར་དང། དག་པའི་ཆོས་མ་སྐྱེས་པ་རྣམས་བསྐྱེད་པའི་ཕྱིར་དང། སྐྱེས་པ་རྣམས་ཀྱིས་ཕྱིར་དབྱུང་བའི་ཕྱིར་འདུན་པ་སྐྱེད་པར་བྱེད་འབད་པར་བྱེད། བརྩོན་འགྲུས་རྩོམ་པར་བྱེད། ་སེམས་རབ་ཏུ་འཛིན་པར་བྱེད། ཡང་དག་པར་རབ་ཏུ་འཇོག་པར་བྱེད་པའི་ཕྱིར་བཞིའོ། །རྫུ་འཕྲུལ་གྱི་རྐང་པ་བཞི་ནི་འདུན་པའི་ཏིང་ངེ་འཛིན་སྤོང་བའི་འདུ་བྱེད་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་བ་དང། བརྩོན་འགྲུས་ཀྱི་ཏིང་ངེ་འཛིན་དང། སེམས་ཀྱི་ཏིང་ངེ་འཛིན ་དང། དཔྱོད་པའི་ཏིང་ངེ་འཛིན་སྤོང་བའི་འདུ་བྱེད་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་པའོ། །རྫུ་འཕྲུལ་ནི་ཏིང་ངེ་འཛིན་ཡིན་ལ། རྐང་པ་ནི་རྟེན་ཡིན་ནོ། །དབང་པོ་ལྔ་ནི། དྲད་པ་དང། བརྩོན་འགྲུས་དང། དྲན་པ་དང། ཏིང་ངེ་འཛིན་དང། ཤེས་རབ་ཅེས་བྱ་བ་ཡིན ་ཏེ། དབང་བྱེད་པ་ཐོབ་པ་ཉིད་ཀྱི་ཕྱིར་དེ་དག་ལ་དབང་པོ་ཞེས་བྱའོ། །སྟོབས་ལྔ་ནི། དེ་དག་ཉིད་མི་རྫི་བ་ཉིད་ཀྱི་གནས་སྐབས་གཞན་ཐོབ་པར་གྱུར་པ་ལ་བསྟན་ཏོ། །བྱང་ཆུབ་ནི་ཟད་ལ་མི་སྐྱེ་བའི་ཡེ་ཤེས་ཡིན་ལ། དེའི་རྗེས་སུ་མཐུན་པ་ཉིད་ཡིན་པའི ་ཕྱིར་ཡན་ལག་བདུན་ཡིན་ཏེ། དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང། ཆོས་རྣམ་པར་འབྱེད་པ་དང། བརྩོན་འགྲུས་དང། དགའ་བ་དང། ཤིན་ཏུ་སྦྱངས་པ་དང། ཏིང་ངེ་འཛིན་དང། བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གོ་།ལམ་གང་ཡིན ་པ་དེ་ནི་ཡན་ལག་བརྒྱད་པ་ཡིན་ལ། འཕགས་པ་ཡང་དེ་ཉིད་ལ་ཡན་ལག་བརྒྱད་པ་ཡང་དེ་ཉིད་ཡིན་པས་འཕགས་པའི་ལམ་ཡན་ལག་བརྒྱད་པ་སྟེ། ཟག་པ་མེད་པའི་ལམ་ཞེས་བྱ་བའི་ཐ་ཚིག་གོ་།ཡན་ལག་བརྒྱད་ནི་ཡང་དག་པའི་ལྟ་བ་དང་ཡང་དག་པའི ་རྟོག་པ་དང་ཡང་དག་པའི་དག?་དང། ཡང་དག་པའི་ལས་ཀྱི་མཛའ་ཨི་དང། ཡང་དག་པའི་འཚོ་བ་དང། ཡང་དག་པའི་རྩོལ་བ་དང། ཡང་དག་པའི་དྲན་པ་དང། ཡང་དག་པའི་ཏིང་ངེ་འཛིན་ཏོ། །ཚུལ་ཁྲིམས་དང་ལྡན་པ་ནི་སོ་སོར་ཐར་བའི་སྡོམ་པ་ལ་སོགས་པའི་ཚུལ་ཁྲིམས་དང་འབྱོན་པའོ། །མང ་དུ་ཐོས་པ་ཞེས་བྱ་བ་ནི་ཐོས་པར་ལྡན་པར?་གྱུར་པའོ། །དངོས་པོ་ཆུང་ངུས་སྲོག་འཛིན་པར་འདོད་པ་གང་ལ་ཡོད་པ་དེ་ནི་འདོད་པ་ཆུང་བའོ། །སྲོག་འཛིན་པའི་བསོད་སྙོམས་ལ་སོགས་པ་རྙེད་པ་ན་ཤིན་ཏུ་བསད་པ་དང་ལྷག་པ་མི་འདོད་པ་ཉིད་ཀྱི་ཕྱིར་མགུ་བླ་བའོ། །རབ་ཏུ ་དབེན་པ་ནི་ལུས་དང་སེམས་དབེན་པ་ཉིད་དང་ལྡན་པའི་ཕྱིར་ཏེ། ལུས་ཀྱི་སྒོ་ནས་སྐྱེ་བོ་གཞན་དང་འདྲེ་བ་སྤོང་བ་དང། སེམས་ཀྱི་སྒོ་ནས་སྡིག་པ་ཅན་གྱི་རྣམ་པར་རྟོག་པ་སྤངས་ནས་ཞེས་བྱ་བ་ནི་དབང་དུ་བྱས་པ་ཡིན་ནོ། །རྟག་ཏུ་ལྷག་པའི་ཚུལ་ཁྲིམས་ལ ་སོགས་པའི་བརྩོན་འགྲུས་བརྩམས་པའོ། །ཉེ་བར་འཇོག་པ་སྟེ། རྟག་ཏུ་དྲན་པ་མངོན་དུ་བྱེད་པ་གང་ལ་ཡིད་པ་དེ་ནི་དྲན་པ་ཉེ་བར་འཇོག་པ་སྟེ། སེམས་བྲན་པ་ཉེ་བར་གཞག་པ་དག་ལ་ཉེ་བར་འཇོག་པར་བྱེད་ཅེས་བྱ་བའི་ཐ་ཚིག་གོ་།ཤིན་ཏུ་ཐུལ་བ་ཞེས་བྱ ་བ་ནི་ཏིང་ངེ་འཛིན་རྩེ་གཅིག་པ་ལ་བྱའོ། །ཤེས་རབ་དང་ལྡན་པ་ཞེས་བྱ་བ་ནི་ཤེས་རབ་འཚལ་བར་མི་འགྱུར་བའི་ཡོན་ཏན་དང་འབྱོར་ཅིང་ལྡན་པར་གྱུར་པའོ། །ཤེས་རབ་མྱུར་བ་དང། མགྱོགས་པ་དང། རྣོ་བ་དང། ངེས་པར་བྱུང་བ་ཞེས་བྱ་བའི་ཐ་ཚིག་བཞི ་པོ་དག་གིས་ཤེས་རབ་ཀྱི་རང་བཞིན་བསྟན་པ་ཡིན་ཏེ། མྱུར་ཞིང་ཆོས་མྱུར་བར་རབ་ཏུ་ཤེས་པར་བྱེད་པའི་ཕྱིར་ཤེས་རབ་མྱུར་བ་སྟེ། ཤེས་བྱའི་དངོས་པོ་ཐག་ཉེ་བ་ན་ཡོད་པ་འགོར་བ་མེད་པར་ཤེས་པར་བྱེད་ཅེས་བྱ་བའི་ཐ་ཚིག་གོ་།ཡུལ་ལས་ཡུལ ་གཞན་སུ་མྱུར་བར་འཕོ་བར་བྱེད་པའི་ཕྱིར་ཤེས་རབ་མགྱོགས་པའོ། །དམིགས་པར་བྱ་བ་མ་ལུས་པར་ཡོངས་སུ་དག་པར་བྱེད་པའི་ཤེས་རབ་རྣོ་བའོ། །དམིགས་པར་བྱ་བའི་མཐར་ཐུག་པར་འགྲོ་བར་བྱེད་པའི་ཕྱིར་ཤེས་རབ་ཀྱིས་ངེས་པར་བྱུང་བའོ། །ངེས ་པར་འབྱེད་པའི་ཤེས་རབ་ཅན། ཤེས་རབ་ཆེ་བ། ཤེས་རབ་ཡངས་པ། ཤེས་རབ་ཟབ་པ། ཤེས་རབ་མཚུངས་པ་མེད་པ། ཤེས་རབ་རིན་པོ་ཆེ་དང་ལྡན་པ་ཞེས་བྱ་བའི་ཚིག་དྲུག་པོ་དག་གིས་ཡུལ་གྱིས་བྱས་པའི་ཤེས་རབ་ཀྱི་དབྱེ་བ་བསྟན་པ ་ཡིན་ཏེ། དེས་པ་ལ་ངེས་པ་ཉིད་དུ་འབྱེད་པ་ནི་ངེས་པར་འབྱེད་པ་ཡིན་ལ་ངེས་པར་འབྱེད་པའི་ཕྱིར་རབ་ཏུ་བྱུང་བས་ན་ངེས་པར་འབྱེད་པ་ཉིད་དེ་གང་ལ་ཡོད་པ་དེ་ནི་ངེས་པར་འབྱེད་པའི་ཤེས་རབ་ཅན་ཏེ། ངེས་པའི་ཡུལ་ལ་ཁོང་དུ་ཆུད་པར་ནུས་པའི་ཤེས་རབ་དང ་ལྡན་པ་ཞེས་བྱ་བའི་བར་དུའོ། །ཡུལ་ཆེན་པ་ཡོངས་སུ་གཅོད་པར་བྱེད་པའི་ཤེས་རབ་གང་ལ་ཡོད་པ་དེ་ནི་ཤེས་རབ་ཆེ་བའོ། །སྦྱོར་བ་ལ་བལྟོས་པ་མེད་པར་ཡུལ་ཡངས་པ་ཡོངས་སུ་གཅོད་པར་བྱེད་པའི་ཤེས་རབ་གང་ལ་ཡོད་པ་དེ་ནི་ཤེས་རབ་ཡངས་པའོ།། ་ཤིན་ཏུ་ཟབ་པའི་དངོས་པོ་ཡོངས་སུ་ཤེས་པའི་ཕྱིར་ཤེས་རབ་ཟབ་པ་ཡིན་ལ། ཟབ་པ་ནི་གཏིང་དཔག་དཀའ་བའོ། །དེ་བཞིན་གཤེགས་པ་མ་གཏོགས་པ་གཞན་འགའ་ཞིག་ལ་ཡང་དེ་འདྲ་བའི་ཤེས་རབ་མེད་པའི་ཕྱིར་ཤེས་རབ་མཚུངས་པ་མེད་པའོ།། ་དེ་སྐད་དུ་ཡང། དེ་བཞིན་གཤེགས་པ་མ་གཏོགས་པ། འཇིག་རྟེན་ཀུན་གྱི་ཤེས་རབ་གང། ཤཱ་རིའི་བུ་ཡི་ཤེས་རབ་ཀྱི། བཅུ་དྲུག་ཆར་ཡང་མི་ཕད?་དོ། །ཞེས་འབྱུང་བ་ཡིན་ནོ། །མྱུར་བར་རྟོགས་པ་ལས་བརྩམས་པའི་ཡོན་ཏན་དང་ལྡན་པ་ཉིད་ཀྱི ་ཕྱིར་ཤེས་རབ་དེ་ཉིད་རིན་པོ་ཆེ་ཡིན་པ་དང་ལྡན་ཞིང་འབྱོར་པ་ཡིན་ཏེ། རྙེད་པར་དཀའ་བ་དང། ནུས་པ་ངོ་མཚར་ཆེ་བས་ན་རིན་པོ་ཆེའོ་ཞེས་བྱ་བའི་དབང་དུ་བྱས་ནས་སོ། །མི་ཤེས་པ་དགག?་བར་བྱེད་པའི་ཕྱིར་ཡང་དག་པར་སྟོན་པ་ཡིན་ཏེ། བྱ་བ་ཡང ་དག་པར་སྟོན་པར་བྱེད་པའི་ཕྱིར་རོ། །ཡོངས་སུ་ཤེས་པ་དང་ལྡན་པའི་སེམས་ལེ་ལོས་གནོད་པར་གྱུར་པ་ཡང་དག་པར་འགོད་པ་སྟེ། དགེ་བའི་བྱ་བ་ལ་འགོད་པར་བྱེད་པའི་ཕྱིར་རོ། །མོས་པ་དམན་པ་དག་དངོས་པོ་ཁྱད་པར་དུ་འཕགས་པ་ལ་མངོན་པར ་སྦྱོར་བའི་སྤྲོ་བ་སྐྱེད་པར་བྱེད་པའི་ཕྱིར་ཡང་དག་པར་གཟེངས་བསྟོད་པའོ། །མོས་པ་རྒྱ་ཆེ་བ་དག་དང། འབྲས་བུ་ཆེན་པོ་བྱེད་པ་ལ་སྤྲོ་བ་སྐྱེས་པ་དག་ལ་འབྲས་བུ་དེའི་ཡོན་ཏན་བརྗོད་པའི་སྒོ་ནས་རབ་ཏུ་དགའ་བ་སྐྱེད་པའི་ཕྱིར་ཡང་དག་པར་རབ་ཏུ་དགའ་བར་བྱེད་པའོ། ་གཞན་གྱིས་བྱས་པ་དེ་དག་ལ་ཡང་རྟོག་ཏུ་ཡོན་ཏན་བརྗོད་པར་བྱེད་པའི་ཕྱིར་བསྔགས་པ་སྨྲ་བའོ། །འཁོར་རྣམ་བཞི་ནི་དགེ་སློང་དང། དགེ་སློང་མ་དང། དགེ་བསྙེན་དང། དགེ་བསྙེན་མ་དག་གོ་།མི་ནུས་པ་མེད་དོ། །ཞེས་བྱ་བ་ལ་མི་ནུས་པ་ནི་དུབ་པ་ཡིན་ལ། ་ཆོས་བཤད་པའི་ཕྱིར་དག་གི་རབ་ཏུ་འཇུག་པ་དུབ་པ་མེད་པས་ན་མི་ནུས་པ་མེད་པའོ། །ཆོས་དང་ཆོས་ཀྱི་ལོངས་སྤྱོད་དག་ཅེས་བྱ་བ་ལ། ཆོས་ནི་ཚུལ་ཁྲིམས་དང། ཏིང་ངེ་འཛིན་དང། ཤེས་རབ་ལ་སོགས་པའི་ཡོན་ཏན་ཡིན་ལ། ཆོས་ཀྱི་ལོངས་སྤྱོད ་ནི་ཆོས་ཀྱིས་ཡང་དག་པར་རྣམ་པར་འགོད་པའོ། །མྱ་ངན་དང་ཞེས་བྱ་བ་ལ་སོགས་པ་ལ། མྱ་ངན་ནི་སྡུག་པ་དང་བྲལ་བ་ལས་སྐྱེས་པའི་ནང་གི་གདུང་བའོ། །སྡུག་བསྔལ་བ་ནི་དེ་ཉིད་ཀྱི་རྒྱུ་ཅན་གྱི་ལུས་ཀྱི་གདུང་བའོ། །སྨྲེ་སྔགས་འདོན་པ་ནི་རྒྱུ་ཅན་ཁོ་ནས ་ཚིག་ཏུ་སྨྲ་བའོ། །འདིར་དེ་དག་གང་ལས་ཐོབ་པ་ཡིན་ཞེས་བྱ་བ་ནི་རྒྱུའི་ཁྱད་པར་གང་ལས་འདི་ཐོབ་པར་གྱུར་བའོ། །འདི་ལྟར་ཞེས་བྱ་བ་ལ་སོགས་པ་ལ། རྒྱུ་བ་དག་གི་སྐྱེ་བ་ལ་སྐྱེས་པ་ཞེས་བྱ་ལ། རི་ལ་སོགས་པ་གནས་པའི་དངོས་པོ་སྐྱེས་པར་གྱུར ་པ་ལ་འབྱུང་བའི་སྒྲས་བསྟན་པ་ཡིན་ནོ། །གཙུག་ལག་ཁང་དང། ཁང་ཁྱིམ་དང། རྭ་བ་ལ་སོགས་པའི་དངོས་པོ་སྐྱེས་བུའི་འབད་རྩོལ་ལས་གྲུབ་པ་ལ་བྱས་པའི་སྒྲས་གསུངས་ལ། རང་གི་རྒྱུ་དང་རྐྱེན་ལས་གྲུབ་པ་བཻ་ཌཱུརྱ་དང་ཤེལ་ལ་སོགས་པའི ་རིན་པོ་ཆེ་མཛེས་པར་བསྒྲུབས་པའི་ཕྱིར་བྱི་དོར་བྱས་པ་ལ་འདུས་བྱས་ཀྱི་སྒྲས་གསུངས་པ་ཡིན་ནོ། །མངོན་སུམ་དུ་སེམས་ཀྱིས་སྒྲུབ་པ་གང་ཡིན་པ་དེ་ལ་སེམས་པ་ཞེས་བྱ་སྟེ། ཇི་ལྟར་ལུས་དང་ངག་གི་ལས་ལྟ་བུའོ། །རྐྱེན་དེ་དང་དེའི་ཚོགས་པ་རྙེད་ནས། འདུ ་བའི་རྒྱུ་ལས་དངོས་པོ་སྐྱེས་པ་གང་ཡིན་པ་དེ་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་སྟེ། དངོས་པོ་དེ་ཉིད་ལ་སོགས་པའི་བྱེ་བྲག་དང་ལྡན་པར་གྱུར་པ་རྟེན་ཅིང་འབྲེལ་བ་འབྱུང་བ་ཡིན་ནོ། །འཇིག་པ་ནི་ཉམས་པ་ཡིན་ལ། དེའི་ཆོས་གདོན་མི་ཟ་བར་འགྱུར ་བ་གང་ལ་ཡོད་པ་དེ་ནི་འཇིག་པའི་ཆོས་ཅན་ནོ། །ཀྱེ་མའོ་དེ་ལ་མི་འཇིགས་པའི་ཞེས་བྱ་བ་ལ། ཀྱེ་མའི་སྒྲ་ནི་སྨོན་པ་ཡིན་ཏེ། འཇིག་པར་མ་གྱུར་ཅིག་ཅེས་སྨོན་པའོ། །འདི་ལ་གནས་མེད་དོ་ཞེས་བྱ་བ་ནི་འདི་ལ་སྲིད་པ་ཡོད་པ་ཡོད་པ་མ་ཡིན་པའོ། །སྔོན་ཆད་ཀྱང ་ཞེས་བྱ་བ་ནི་སྔར་རམ། ཡང་ན་འབད་པ་སྟེ། རབ་ཏུ་འབད་པས་གནས་པ་ལ་གུས་པར་བྱེད་ཅེས་བྱ་བའི་ཐ་ཚིག་གོ་།བཤད་པ་ནི་གསུངས་པའོ། །ཐམས་ཅད་ལ་སྡུག་པ་ཞེས་བྱ་བ་ལ་སོགས་པ་ལ། སྡུག་པའི་སྒྲ་ནི་མ་འོངས་པའི་གཟུགས་ལ་སོགས་པའི ་ཡུལ་འདོད་པ་ལ་བྱའོ། །མཛའ་བའི་སྒྲ་ནི་དེ་ལྟར་གྱི་ཡུལ་ལ་དགའ་བའོ། །དགའ་བའི་སྒྲ་ནི་འདས་པའི་ཡུལ་ལ་དགའ་བ་ཉིད་ལ་བྱའོ། །ཡིད་དུ་འོང་བའི་སྒྲ་ནི་དུས་ཐམས་ཅད་དུ་ཡིད་དང་རྗེས་སུ་མཐུན་པར་གྱུར་པ་ལ་བྱའོ། །དེ་དག་གིས་སྣ་ཚོགས་སུ་བྱུང ་བར་གྱུར་ཏོ། །ཞེས་བྱ་བ་ནི་ཚོགས་པ་སྔོན་དུ་སོང་བ་ཉིད་ཀྱི་བྲལ་བ་ནི་སྣ་ཚོགས་སུ་བྱུང་བའོ། །མེད་པར་འགྱུར་བ་ཞེས་བྱ་བ་ནི་དེ་དག་མེད་པར་བྱུང་བ་སྟེ། ཐམས་ཅད་ཀྱིས་ཐམས་ཅད་དུ་འཇིག་པར་མི་འགྱུར་རོ། །ཞེས་བྱ་བའི་ཐ་ཚིག་གོ་།ཤིན ་ཏུ་བྲལ་བ་ཞེས་བྱ་བ་ནི་ཤིན་ཏུ་བྱེ་བར་གྱུར་པ་གང་ཡིན་པ་དེ་ལ་བྱའོ། །དུས་དེ་སྲིད་ཙམ་དུ་བྱེད་པར་གྱུར་པ་རབ་ཏུ་བྲལ་བ་ཞེས་བྱ་བ་འམ་ཡང་ན་འདོད་པའི་ཡུལ་ཉིད་ཡིན་པའི་ཕྱིར་འདོད་པ་ཡིན་ལ། འདོད་པར་བྱ་བའི་གཟུགས་ཉིད་ཡོད་པའི ་ཕྱིར་མཛའ་བ་ཡིན་ཞིང། སྡུག་པའི་རྒྱུ་ཉིད་ཡིན་པའི་ཕྱིར་དགའ་བའོ། །ཡིད་ཀྱིས་སྐད་ཅིག་ཙམ་ཡང་མི་གཏོང་བའི་ཕྱིར་ཡིད་དུ་འོང་བའོ། །དེ་དང་ལྷན་ཅིག་ཡུལ་གཞན་དུ་སོང་བ་ལས་བྲལ་བ་ནི་སྣ་ཚོགས་སུ་འབྱུང་བ་ཡིན་ལ། གཞན་དང ་བྲལ་བ་ནི་མེད་པར་འབྱུང་བའོ། །ཤིན་ཏུ་བསྐལ་པའི་རྒྱུད་ཁམས་གཞན་དུ་སྐྱེས་པ་ལས་བྲལ་བ་ནི་ཤིན་ཏུ་བྲལ་བ་ཡིན་ལ། ཡོངས་སུ་མྱ་ངན་ལས་འདས་པ་ལས་བྲལ་བ་ནི་རབ་ཏུ་བྲལ་བའོ། །ཡང་ན་ལྐོག་ཏུ་ཡང་འདོད་པ་ཉིད་ཀྱི་ཕྱིར་སྡུག་པ་ཡིན་ལ། དབང་པོ་ཐམས་ཅད་མངོན ་པར་དགའ་བ་ཉིད་ཀྱི་ཕྱིར་མཛའ་བ་ཡིན་ཞིང། སྐད་ཅིག་མ་ཙམ་ཡང་ཐ་དད་པར་གནས་པས་སྐྱོ་བར་བྱེད་པའི་ཕྱིར་དགའ་བའོ། །ཡིད་ཀྱི་ཀུན་ནས་མཁྱུང་ཅིང་གནས་པའི་ཕྱིར་ཡིད་དུ་འོང་བ་སྟེ། དེ་དག་དང་ལྷན་ཅིག་མཐོང་བའི་སྤྱོད་ཡུལ་ལས་ཤིན་ཏུ་འདས་པ་ཙམ་གྱིས་བྲལ ་བ་ནི་སྣ་ཚོགས་སུ་འབྱུང་བ་ཡིན་ལ། ལྡོག་པར་ནུས་པའི་ཡུལ་གཞན་དུ་སོང་ནས་བྲལ་བ་ནི་མེད་པར་བྱུང་བའོ། །ཡུལ་གཞན་དུ་སོང་བའི་སྒོ་ནས་ལྡོག་པར་མི་ནུས་པའི་འབྲལ་བ་ནི་ཤིན་ཏུ་བྲལ་བ་ཡིན་ལ། འཆི་བ་ལས་བྲལ་བ་ནི་རབ་ཏུ་བྲལ་བའོ། །ཤིང་ཆེན་པོ་ཞེས་བྱ་བ་ལ ་སོགས་པ་ལ། ཆེན?་པོ་ནི་ཤིན་ཏུ་ཚད་ཆེན་པོར་གྱུར་པ་ཡིན་ལ། དེའི་རྩ་བ་ཤིན་ཏུ་བརྟན་པ་ཉིད་ཀྱི་ཕྱིར་རྩ་བ་དང་ལྡན་པའོ། །ཡལ་ག་སྐྱེ་བའི་ཕྱོགས་ལས་འོག་ཏུ་གྱུར་བ་དང། རྩ་བའི་ཆ་ལས་སྟེང་དུ་གྱུར་པ་ནི་སྡོང་པོའི་སྒྲས་བསྟན་པ་ཡིན་ཏེ། དེ་དང་ལྡན་པ་ཉིད་ཀྱི་ཕྱིར ་སྡོང་པོ་དང་ལྡན་པའོ། །ཤིན་ཏུ་བཅད་པར་དཀའ་བ་ཉིད་ཀྱི་ཕྱིར་སྙིང་པོ་དང་ལྡན་པའོ། །གསེར་ལ་སོགས་པའི་རི་ནི་རིན་པོ་ཆེའི་རེ་ཡིན་ལ་རྩེ་མོ་ནི་ཕུང་པོར་གྱུར་པའོ། །ཤིན་ཏུ་མཐོ་བའི་འདབ་མ་ལྷགས་པའི་ཕྱིར་དང། རིའི་རྩེ་མོ་སྙིང་པའི་ཕྱིར་ཤིང་དང། རི་དེ་བཞིན ་དུ་ཡུན་རིང་པོ་གནས་པར་མི་འགྱུར་རོ། །དེ་བཞིན་དུ་ཤིན་ཏུ་མཐོ་བའི་འདབ་མའི་དཔེ་དང། རི་ཆེན་པོའི་རྩེ་མོའི་དཔེས་ཤཱ་རིའི་བུ་ཡོངས་སུ་མྱ་ངན་ལས་འདས་པ་ཡིན་ལ། དཔག་བསམ་གྱི་ཤིང་གི་དཔེ་དང་རིན་པོ་ཆེའི་རིའི་དཔེས་ནི་བཅོམ་ལྡན་འདས་ཀྱང་རིང་པོ་མེ ་ཐོགས་པར་ཡོངས་སུ་མྱ་ངན་ལས་འདས་པར་འགྱུར་རོ། །ཞེས་བསྟན་པར་བྱ་བའི་ཕྱིར་ཤིང་ལ་སོགས་པ་དཔེར་མཛད་པ་ཡིན་ནོ། །ཕྱོགས་གང་དུ་ཞེས་བྱ་བ་ནི་ཤར་ལ་སོགས་པར་རོ། །ཐུགས་ལས་ཆུང་ངུར་ཞེས་བྱ་བ་ནི་ཕྲིན་ལས་ཚུད་བར་ཏེ། གང་གི་ཕྱིར་སེམས་ཅན ་ལ་ཕན་གདགས་པའི་མཛད་པ་ནི། བཅོམ་ལྡན་འདས་ཀྱི་ཕྲིན་ལས་ཡིན་ལ། སེམས་ཅན་ལ་ཕན་གདགས་པ་ཡང་དགེ་སློང་ཤཱ་རིའི་བུས་བསྒྲུབས་པ་དེའི་ཕྱིར་བཅོམ་ལྡན་འདས་ཐུགས་ལས་ཆུང་བ་ཡིན་ནོ། །ངས?་སྟོང་བར་མ་གྱུར་པར ་མ་ཐོག་པ་ནི་གལ་ཏེ་དགེ་སློང་ཤཱ་རིའི་བུས་སྟོང་པར་མ་གྱུར་མའི་ཕྱོགས་དེ་ངས་ཀྱང་སེམས་ཅན་ལ་ཕན་གདགས་པར་མཛད་པའི་ཕྱིར་སྟོང་པར་མ་གྱུར་པ་ཡིན་ནོ། །བདག་ཉིད་ལ་གླིང་དང་ཞེས་བྱ་བ་ལ་སོགས་པ་ལ་གླིང་ནི་སྡུག་བསྔལ་གྱི་རྒྱུ་ལས་ཡོངས་སུ་བསྲུང ་བའི་ནུས་པ་དང་ལྡན་པའོ། །སྐྱབས་ནི་སྡུག་བསྔལ་ལས་ཡོངས་སུ་སྐྱོབ་པ་ཉིད་དེ། བདག་ཉིད་གླིང་དང་སྐྱབས་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །ཆོས་ནི་བསྟན་པའི་ཆོས་དང། དོན་དམ་པའི་ཆོས་ཡིན་ཏེ། ཆོས་ཀྱི་གླིང་དང་སྐྱབས་གང་ཡིན་པ་དེ་ལ་དེ་སྐད་ཅེས ་བྱའོ། །བདག་ཉིད་དང་ཆོས་མ་གཏོགས་པ་སྡུག་བསྔལ་ལས་སྐྱོབ་པར་བྱེད་པ་མེད་པའི་ཕྱིར་གླིང་གཞན་དང་སྐབས་གཞན་ཞེས་གསུངས་ཏེ། དོན་འདི་ནི་གཞན་ལ་རག་ལས་པས་གནས་པར་མི་བྱའི། འོན་ཀྱང་བདག་ཉིད་ཀྱི་རྩོལ་བས་ཆོས་ལ་མངོན་པར་སྦྱོར ་ངར་བྱ་བ་ཉིད་ཡིན་ནོ། །དེ་སྐད་དུ་ཡང་དགོན་པ་པ་དེ་དག་ལ་ཞེས་བྱ་བ་ནས་དགེ་སློང་དག་བག་མེད་པར་མ་གྱུར་པས་བསམ་གཏན་གྱིས་ཤིག་།ཕྱིས་འགྱོད་པར་གྱུར་ཏ་རེ་ཞེས་ཁོ་བོ་འདོམས་པར་བྱེད་དོ། །ཞེས་བྱ་བའི་བར་དུ་འབྱུང་བ་ཡིན་ནོ། །འོན་ཏེ་ཞེས་བྱ་བ་ནི ་ང?་བཞུགས་པའོ། །ང་ཡོངས་སུ་མྱ་ངན་འདས་པའི་ཞེས་བྱ་བ་ནི་འགོག་པར་གྱུར་པའོ། །བསླབ་པ་འདོད་པ་ཞེས་བྱ་བ་ནི་འདིར་བསླབ་པ་དག་ལ་གུས་པར་བྱེད་པའོ། །ནང་གི་ཞེས་བྱ་བ་ནི་བདག་གི་དབང་དུ་བྱས་ནས་ནང་ཡིན་ཏེ། རང་གི་ལུས་ཞེས་བྱ་བའི་བར་དུ་ལུས་ཀྱི་རྗེས་སུ ་ལྟ་བ་ཞེས་བྱ་བ་ནི་མི་གཙང་བའི་ཚོགས་སུ་རྗེས་སུ་བལྟ་བ་ཡིན་ཏེ། དེ་སྐད་དུ་ཡང། ལུས་འདི་ལ་སྐྲ་དང་བ་སྤུ་དང་སེན་མོ་ནས་ཀླང་རྒྱས་འཛགས་པ་ཡོད་དོ། །ཞེས་བྱ་བའི་བར་བར་ཏུ་སོ་སོར་རྟོས་པ་འམ། སྤྱི་དང་རང་གི་མཚན་ཉིད་ཀྱི་སྒོ་ནས་ཡོངས་སུ་བརྟག་པར་བྱའོ། ་ཞེས་འབྱུང་བ་ཡིན་ནོ། །བརྩོན་པ་དང་ལྡན་པ་ཞེས་བྱ་བ་ནི་གདུང་བར་བྱེད་པས་ན་གདུང་བ་སྟེ། བརྩོན་འགྲུས་ཡིན་ཏེ། བརྩོན་པ་དང་ལྡན་པ་ཞེས་བྱ་བའི་ཐ་ཚིག་གོ་།ཤེས་བཞིན་དང་ལྡན་པ་ཞེས་བྱ་བ་ནི་ཤེས་རབ་དང་ལྡན་པའོ། །དྲན་པ་དང་ལྡན་པ་ཞེས་བྱ་བ་ནི་ཤིན་ཏུ་དྲན་པ ་དང་འབྱོར་པར་གྱུར་པའོ། །ཟིལ་གྱིས་གནན་པ་ནི་རངས་པར་བྱས་པ་སྟེ། དུས་ཕྱིས་ཀུན་ཏུ་སྤྱོད་པའི་ཕྱིར་རོ། །བརྣབ་སེམས་ནི་རང་གཞན་གྱིས་ཡུལ་ལ་ཆགས་པའི་མཚན་ཉིད་ཡིད་མི་བདེ་བ་ནི་ནོར་མ་རྙེད་པ་སྔོན་དུ་སོང་བ་ཅན་གྱི་ཡོངས་སུ་གདུང་བ་སྟེ། བརྣབ ་སེམས་དང་ཡིད་མི་བདེ་བ་དག་ནི་བརྣབ་སེམས་དང་ཡིད་མི་བདེ་བ་སྟེ། དེ་དག་ཟིལ་གྱིས་མནོན་པའོ། །ཡུལ་གང་ལ་ཞེ་ན། འཇིག་རྟེན་ཞེས་སྨྲོས་ཏེ། འཇིག་རྟེན་ནི་ཉེ་བར་ལེན་པའི་ཕུང་པོ་ལྔ་པོའི་རང་བཞིན་ཅན་ནོ། །ཕྱིའི་ལུས་ལ་ཞེས་བྱ་བ་ནི་གཞན་གྱི་རྒྱུད་ཀྱིས ་བསྡུས་པ་ལའོ། །ཕྱི་དང་ནང་གི་ལུས་ལ་ཞེས་བྱ་བ་ནི་རང་དང་གཞན་གྱི་རྒྱུད་དང་ཅིག་ཅར་འབྲེལ་པར་གྱུར་པ་ལའོ། །དེ་བཞིན་དུ་ཚོར་བ་ལ་སོགས་པ་དག་ལ་རང་དང་སྤྱིའི་མཚན་ཉིད་ཀྱིས་ཡོངས་སུ་བརྟག་པར་བྱའོ། །ཆོས་ཀྱི་རྗེས་སུ་ལྟ་བ་ཞེས་བྱ་བ་ནི་འདི་ནི་ཆོས་ཅན ་ཁོ་ན་ཡིན་གྱི་འདི་ལ་བདག་ལ་སོགས་པ་ཡོད་པ་མ་ཡིན་ནོ་སྙམ་དུའོ། །མངོན་པར་བསྟོད་པ་ནི་སེམས་ཀྱིའོ། །རྗེས་སུ་ཡི་རང་བ་ནི་ཡིད་ཀྱིས་སོ། །རབ་ཏུ་ཆགས་པ་ནི་ལྷག་པར་ཆགས་པར་གྱུར་པའོ། །མངོན་པར་འདོད་པར་བྱ་བ་མ་ཡིན་པའི་ཕྱིར་མི་སྡུག་པའོ། །སྨད་པར ་བྱ་བ་ཡིན་པའི་ཕྱིར་ངན་པ་བརྗོད་པའོ། །བརྩེ་བ་མེད་པའི་ཚིག་གིས་བསྡིགས་པའི་ཕྱིར་སྤྱོད་པའོ། །སྨད་པའི་ངག་གིས་སྤྱོད་པའི་ཕྱིར་སྤྱོད་པ་ངན་པའོ། །ཡལ་བར་དོར་བ་ནི་གུས་པ་མེད་པར་བྱེད་པའོ། །སྐར་མ་བསྟུན་ཏེ་ཁྲུས་བྱས་པ་ནི་སྐར་མ་བཟང་པོ་ལའོ། །སྒྱུ ་བྱས་པ་ནི་གཡོ་བྱས་པའོ། །སྲིད་པ་ཐ་མ་ཞེས་བྱ་བ་ལ་སོགས་པ་ལ། སྲིད་པ་ནི་སྔོན་གྱི་དུས་ཀྱི་སྲིད་པ་ལ་བཞེད་ལ། ཕུང་པོ་ལྔ་འདུས་པའི་ལུས་ལ་ལུས་ཞེས་བྱ་སྟེ། ནད་ལ་སོགས་པ་རྣམ་པར་འཚེ་བའི་བྱེ་བྲག་དུ་མའི་གནས་སུ་གྱུར་པ་ཉིད་ཀྱི་ཕྱིར་གནས་དང་ལུས ་ཞེས་བྱའོ། །ལུས་ནི་འབྱུང་བ་དང་འབྱུང་བ་ལས་གྱུར་པའི་ཚོགས་པ་གཟུགས་ཀྱི་ཕུང་པོ་ཡིན་ཏེ། འདི་བཟའ་བ་ལ་རྟེན་ཅིང་འབྲེལ་བ་ཡིན་ནོ། །ཞེས་གསུངས་པའི་ཕྱིར་རོ། །བདག་གི་དངོས་པོ་རྙེད་པ་ཞེས་བྱ་བ་ནི་རང་དང་གཞན་གྱི་བསམ་པ་ཉེ་བར ་གནན་པ་དང་ལྡན་པའི་བདག་ཉིད་ཀྱི་དངོས་པོ་འཛིན་པའོ། །གྲང་བ་ནི་ལྷགས་པའི་དུས་ཡིན་ལ། དྲོ་བ་ནི་དྲོ་བའི་དུས་ལ་གང་གི་ཆེ་ན་རླུང་ལྡང་བ་སྟེ། རླུང་རྒྱུ་བ་དང་རླུང་གིས་བསྐྱོད་ན་ཞེས་བྱ་བ་ནི་རླུང་གིས་གྲངས་པར་གྱུར་བ་ནའོ། །རླུང་སྐམ་པོ་ཞེས་བྱ་བ་ལ་རླུང་གིས་ཆུ ་སྐམས་པར་གྱུར་པ་ནི་ཆུ་རླུང་སྐམས་པའོ། །ཇི་ལྟར་བརྩེ་བ་ན་ཞེས་བྱ་བ་ནི་བྱ་བ་ཁྱད་པར་བྱེད་པ་ཡིན་པས་ན་གནས་པའི་བྱ་བ་ཁྱད་པར་དུ་བྱེད་པ་ཡིན་ཏེ། ཇི་སྲིད་འདོད་པ་དེ་སྲིད་དུ་གནས་ཞེས་བྱ་བའི་ཐ་ཚིག་གོ་།ཤལ་མ་ལི་ཞེས་བསམ་མི་བྱ་ཞེས་བྱ་བ་ལ་ཤལ་མ་ལམ་སྟེ། ་མེ་ཏོག་འདི་ཤིང་ཤལ་མ་ལ་ལ་སྐྱེས་པ་ཡིན་ནོ་ཞེས་བསམ་པར་མི་བྱའོ། །འོན་ཀྱང་སྐམས་ར་པད་མ་ལྡན་པར་རླུང་འདི་ཤེས་པར་བྱའོ། །ཅིའི་ཕྱིར་ཞེ་ན། སྟོབས་ལྡན་གྱིས་ནི་ངེས་བཟུང་བས་ཞེས་བྱ་བ་སྟེ། སྟོབས་དང་ལྡན་པས་ཟིལ་གྱིས་མནན་ཅིང་ཁྱབ་པར་གྱུར་པས་སོ།། ་དེའི་ཕྱིར་ནི་ངེས་འབྱུང་རྩོལ་བ་སྟེ་འབྱུང་བར་འདོད་པའོ། །དགའ་བའི་རྒྱུ་ཉིད་ཡིན་པའི་ཕྱིར་མཛའ་བོ་ཡིན་ལ། ཡིད་དང་རྗེས་སུ་མཐུན་པ་ཉིད་ཀྱི་ཕྱིར་ཡིད་དུ་འོང་བའོ། །བསྙེན་བཀུར་གྱི་གནས་ཉིད་ཡིན་པའི་ཕྱིར་བླ་མ་ཡིན་ལ། རྟག་ཏུ་ཡོན་ཏན་དྲན་པའི་བྱ་བ་ཉིད ་ཡིན་པའི་ཕྱིར་མཆོད་པར་འོས་པའོ། །བྲམ་ཟེ་དང་ཁྱིམ་བདག་དང་པ་དག་དོན་འདིས་ཞེས་བྱ་བ་ནི་བྲམ་ཟེ་དང་ཁྱིམ་བདག་དང་པ་དག་རིང་བསྲེལ་མཆོད་པ་ལ་སོགས་པའི་དོན་འདི་དང་ལྡན་པས་མཛེས་པར་འགྱུར་བ་ཡིན་ཏེ། གང་གི་ཕྱིར་དེ་དག་ས་དགེ་སློང་གི ་སྡོམ་པ་དང། བསམ་གཏན་དང། ཟློས་པ་ལ་སོགས་པའི་བསོད་ནམས་ལ་རབ་ཏུ་འཇུག་པ་ནི་ཡོད་པ་མ་ཡིན་གྱི། རབ་ཏུ་བྱུང་བ་དག་ནི་བསོད་ནམས་ཀྱི་རྣམ་པ་དུ་མ་ལ་རབ་ཏུ་འཇུག་པའི་ཕྱིར་འདི་ལ་འཛིན་པར་མི་བྱའོ། །བྱས་པ་ནི་འབྲས་བུ་ཆེན་པོ་བྱེད་པའོ། །རབ ་ཏུ་བྱས་པ་ནི་ཕན་འདོགས་པ་ཡིན་ལ། ཤིན་ཏུ་བྱས་པ་ནི་ལན་དུ་ཕན་འདོགས་པའོ། །དགེ་ཚུལ་གྱི་ཕྱིར་ཉེ་བར་བཞག་པ་ནི་རབ་ཏུ་བྱུང་བ་གཞན་ལ་ཀློག་པ་དང། འདོན་པ་ལ་སོགས་པས་ཕན་པ་ལ་ཉེ་བར་འགོད་པའོ། །ཇི་ལྟར་འདོན་པ་ཞེས་བྱ་བ་ནི་ཁྱོད་ཇི་ལྟར་གཞུང ་འདོན་པ་དེ་གཞན་ལ་གཞུང་གི་སྒོ་ནས་ཀློག་ཏུ་གཞུག་གོ་།འཛིན་དུ་འཇུག་པ་ནི་དོན་གྱི་སྒོ་ནས་སོ། །སློབ་ཏུ་གཞུག་པ་ནི་བྱ་བ་མ་ཡིན་པ་ལས་ཟློག་པ་དང། བྱ་བ་ལ་ཡང་དག་པར་སྦྱོར་བའོ། །བླ་མའི་གནས་ནི་ཁྱིམ་ན་གནས་པའི་ཕུ་བོ་ཡིན་ལ། རབ་ཏུ་བྱུང་བ་དག་གི ་??་བསླབ་པས་རྒན་པ་དང་མཁན་པོ་གཅིག་ལ་ཕན་འདོགས་པར་བྱེད་པའོ། །མ་བཅགས་པ་ཞེས་བྱ་བ་ནི་སུན་ཕྱུང་བ་དང། མ་བསལ་བའོ། །ཁང་བཟངས་ཞེས་བྱ་བ་ནི་ཁྱིམ་བཟང་པོ་སྟེ། དེ་རབ་ཏུ་མཐོ་བའི་གནས་དེར་རོ། །དྲིན་ནི་གོས་ལ་བགོས་པའོ། །ཕྲེང་བ་ནི ་མེ?་རྟོག?་གི་ཕྲེང་བའོ། །མཆད་པ་དང་བརྙེན་བཀུར་བླངས་ཞེས་བྱ་བ་མི་མཆོད་པའི་རྒྱུ་ཅན་དྲི་ལ་སོགས་པ་དེ་བླངས་ཤིང་བཟུང་ནས་དུལ་བར་གནས་ཤིང་དེས་འདི་ལ་བསྙེན་བཀུར་བྱའོ། །ཞེས་སེམས་ཀྱིས་བསམས་ནས་བསྙེན་བཀུར་བྱ་བ་བསྟན་ཏོ། །གོ་རིམ ་བཞིན་དུ་སྲོག་ཤིང་ལ་འཕང་ལོ་ཞེས་བྱ་བ་ལ་སོགས་པ་ལ་དང་པོ་ནི་ཚོང?་ཆེན་པོར་བྱ་ཞིང་གཉིས་བ་ནི་དེ་ལས་ཅུང་ཞིག་གིས་ཆུང་བ་ཡིན་ལ་གསུམ་པ་དང་བཞི་པ་ཡང་དེ་བཞིན་ཏེ་རིམ་པ་ལྟར་འཕང་ལོ་ཟླུམ་པོར་བྱའོ། །ཆར་ལས་སྐྱོབ་པའི་ཐབས་ཉིད་ཡིན ་པའི་ཕྱིར་གདུགས་ཡིན་ཏེ། ཐམས་ཅད་ཀྱི་སྟེང་དུ་བཞག་པར་བྱ་བ་རྫས་ཀྱི་བྱེ་བྲག་གི་རྣམ་པ་ཀུན་ནས་ཟླུམ་པའོ། །སོ་སོའི་སྐྱེ་བོ་དག་ཉེས་པ་མེད་པ་ཉིད་ཀྱིས་དགེ་བ་དེ་ཉིད་ཀྱིས་དགེ་བ་ཅན་ཏེ། ཉེས་བྱས་ཅན་གྱི་ཁ་ན་མ་ཐོ་བ་ཡང་མི་བྱེད་པ་གང་ཡིན་པ ་དེ་ལ་སོ་སོའི་སྐྱེ་བོ་དགེ་བ་ཅན་ཞེས་བྱའོ། །བྱི་བོ་ཞེས་བྱ་བ་ནི་རྒྱན་དང་ཟལ་བའོ། །ཇི་ལྟར་བཞུགས་པ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་ཡིན་ལ་དེ་དག་གི་ཡང་ཇི་ལྟར་དེ་གཉིས་གྲལ་རིམས་ཀྱིས་འདུག་པར་གྱུར་པ་དེ་བཞིན་དུ་ཡོངས་སུ་མྱ་ངན་ལས་འདས ་པའི་རྟེན་ཡང་བྱའོ། །བཅོམ་ལྡན་འདས་ཀྱི་གཡས་ཕྱོགས་སུ་ཤཱ་རིའི་བུ་འདུག་པར་གྱུར་ལ། གཡོན་ཕྱོགས་སུ་ནི་མཽངྒལ་གྱི་བུ་ཞེས་བརྗོད་པར་བྱེད་པའོ། །ཤིན་ཏུ་ཡིད་ཆེས་པར་གྱིས་ཤིག་ཅེས་བྱ་བ་ནི་ཡིད་བརྟན་པས་སོ། །གྲུ་བོ་ཆེ་ལེགས་ཏེ་ཞེས ་བྱ་བ་ནི་རྙེད་པ་དང་ལྡན་པར་གྱུར་པའོ། །འགྲོ་བར་བྱེད་པའི་དོན་གྱིས་ན་ཐེག་པ་ཡིན་ལ། རྫས་འཛིན་པར་བྱེད་པའི་ཕྱིར་སྣོད་ཡིན་པ་དེ་བས་ན་གྲུ་ཞེས་བྱའོ། །སྦྱིན་པ་ནི་རྗེས་སུ་གཟུང་བའི་དོན་ལ། བསོད་ནམས་ནི་མཆོད་པའི་དོན་ཡིན་པ་འམ། སྦྱིན་པ་ནི་སྦྱིན་པའི་རང ་བཞིན་ཡིན་ལ། བསོད་ནམས་ནི་ཚུལ་ཁྲིམས་ཀྱི་རང་བཞིན་ཡིན་ནོ། །བརྡུང་བར་བྱ་བ་ནི་བརྡུང་དུ་རུང་བའོ། །ཤིང་འཛམ་བུའི་གྲིབ་མ་ནི་ཤིང་འཛམ་བུའི་གྲིབ་མ་ལ་བྱང་ཆུབ་སེམས་དཔའ་ཟག་པ་མེད་པ་དང་འདྲ་བའི་བསམ་གཏན་དང་པོ་ལ་སྙོམས་པར་ཞུགས་ནས ་ཞུགས་པ་དེའི་ཚེ་བྱང་ཆུབ་སེམས་དཔའ་ཨི་ལུས་ཅི་འདྲ་བ་དེའི་རྣམ་པ་དང་རྗེས་སུ་མཐུན་པར་བྱས་པའི་སྐུ་གཟུགས་སོ། །སྨད་པར་བལྟ་བས་ན་ཞེས་བྱ་བར་བལྟ་བ་སྟེ། རྣམ་པ་གཞན་དུ་གནས་པའི་དངོས་པོ་དེ་ལ་རྣམ་པ་གཞན་དུ་ཡོངས་སུ་བཅད་པའི་ཕྱིར་རོ། །ཉེས ་པར་ཐོས་པ་དང། ཉེས་པར་དོགས་པ་ཡང་དེ་དང་འདྲའོ། །མགོ་འོག་ཏུ་བལྟས་པ་ནི་བག་ཚ་བའོ། །སྐེམས་པ་ནི་ཤ་ཡོངས་སུ་ཟད་པར་གྱུར་པའོ། །རིང་བ་ནི་བྱ་བ་བྱེད་པའི་ནུས་པ་ཆུང་བའོ། །རིང་བ་ཞེས་བྱ་བ་ནི་གཟི་དང་བྲལ་བར་གྱུར་པའོ། །ལུས་མ ་རྙེད་པ་ཞེས་བྱ་བ་ནི་ལུས་འཛིན་པའི་ནུས་པ་ཡང་མེད་པར་གྱུར་པའོ། །རྣལ་འབྱོར་ནི་ཏིང་ངེ་འཛིན་གྲུབ་པ་ཡིན་ལ། ཡིད་ལ་བྱེད་པ་ནི་མ་གྲུབ་པ་ཡིན་ཞིང་མི་བྱེད་པ་ནི་ཡོངས་སུ་དོར་བར་གྱུར་པའོ། །མ་བརྗེད་པ་ལ་དྲན་པར་བྱེད་པ་ཞེས་བསྟན་ཏོ། །སྐབས ་འབྱེད་པ་ནི་ལྟུང་བ་གླེང་བའི་སྐབས་འབྱེད་པར་བྱེད་པས། དམ་བཅའ་བར་བྱེད་པ་ནི་ཉེས་པར་བལྟ་བ་ལ་སོགས་པས་སྒྲོ་འདོགས་པ་བཟློག་པར་རོ། །གདམ་ངག་ནི་ལམ་སྒོམ་པའི་ལུང་ཕོག་པའོ། །སངས་རྒྱས་བཅོམ་ལྡན་འདས་པ་ར་ཎཱ་སེ་ན་ཞེས་བྱ་བ་ལ ་སོགས་པ་ལ་བཅོམ་ལྡན་འདས་མངོན་པར་རྫོགས་པར་སངས་རྒྱས་ནས་རིང་པོ་མ་ལོན་པར་ཚངས་པ་ཆེན་པོས་གསོལ་བ་བཏབ་སྟེ། ཆོས་བསྟན་པར་ཞལ་གྱིས་བཞེས་པར་མཁྱེན་ནས་ཀུན་ནས་འཚོ་བྱེད་ཀྱི་མདུན་དུ་བ་ར་ཎཱ་སེར་གཤེགས་ནས་ཞེས་བྱ་བ་ལ་སོགས་པ ་གསུངས་པ་གང་ཡིན་པ་དེ་ནི་འདིར་ཆོས་ཀྱི་འཁོར་ལོ་བསྐོར་བ་སྟེ། སྔོན་གྱི་སྨོན་ལམ་གྱི་དབང་གིས་ལྔ་སྡེ་ལས་བཙམས་ཏེ། ཐོག་མ་མེད་པའི་དུས་ནས་རྟས་པའི་འཇིག་ཚོགས་ལྟ་བ་སྔོན་དུ་སོང་བ་ཅན་གྱི་ཉོན་མོངས་པའི་ཚོགས་འཇོམས་པར་བྱེད་པའི་མདོ ་སྡེ་འདི་གསུངས་པ་ཡིན་ལ། དེ་ལ་བསྐལ་པ་གྲངས་མེད་པ་གསུམ་དང་བགྲང་བར་ཤིན་ཏུ་དཀའ་བ་བརྒྱས་བསྒྲུབས་པའི་ཆོས་ཀྱི་གཏེར་ཆེན་པོ་ཡིན་ཏེ། གང་གི་ཕྱིར་འདི་ནི་ཀུན་ཤེས་ཀཽཎྜི་ནྱ་ལ་སོགས་པས་ཡང་དག་པར་བགོས་པའི་ཕྱིར་རོ། །དེ་བས ་ནི་མདོ་སྡེ་བསྡུས་པའི་དོན་བརྗོད་པ་འདིས་ནི་བཅོམ་ལྡན་འདས་ཀྱིས་མདོ་བརྗོད་པའི་དགོས་པ་ཡང་གསལ་པོ་ཁོ་ནར་མཛད་པ་ཡིན་ཏེ། གང་གི་ཕྱིར་བཅོམ་ལྡན་འདས་ཀྱིས་བསྟན་པ་ཐམས་ཅད་ནི་སྐྱེ་བོ་གདུལ་བྱ་དག་ཉོན་མོངས་པའི་ཉེས་པ་མ་ལུས ་པ་ལས་གྲོལ་བར་མཛད་པ་ཡིན་ཏེ། གདུལ་བྱ་རྣམས་ཀྱིས་འཇིག་ཚོགས་སུ་བལྟ་བ་ལ་སོགས་པའི་ཉོན་མོངས་པའི་ཚོགས་དྲུངས་མ་ཕྱུང་པར་ཀུན་ཏུ་སྦྱོར་བ་ཐམས་ཅད་ཡོངས་སུ་ཟད་ཅིང་སྤངས་པའི་ཤེས་པ་ཐོབ་པར་མི་འགྱུར་རོ། །དེའི་ཕྱིར་བཅོམ ་ལྡན་འདས་ཀྱིས་ལྔ་སྡེ་སྔོན་གྱི་སྐྱེ་བར་གོམས་པའི་ཐར་པའི་ཆ་དང་མཐུན་པའི་དགེ་བའི་རྩ་བ་ཡོངས་སུ་སྨིན་པའི་ཕྱིར་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པའི་ཚོགས་མ་ལུས་པར་ཟད་པར་བྱ་བའི་ཕྱིར་དང་པ་མཆོག་ལ་སོགས་པ་སྐྱེས་པ ་དག་ལ་བརྩམས་ནས་མདོ་སྡེ་འདི་གསུངས་པ་ཡིན་ནོ། །མདོ་སྡེའི་བརྗོད་པར་བྱེད་པའི་དགོས་པ་ཡང་དག་པར་བསྟན་ནས་ཚིག་གི་དོན་གྱི་རྣམ་པར་དབྱེ་བ་ཡང་བྱ་བ་ཡིན་ཏེ། སངས་རྒྱས་བཅོམ་ལྡན་འདས་ཞེས་བྱ་བ་ནི་དགོས་པ་སྟོན་པའོ།། ་བ་ར་ཎཱ་སེ་ཞེས་བྱ་བ་ནི་ཆུ་བོ་ལ་བ་ར་ཎཱ་སེ་ཞེས་བྱ་སྟེ། གང་དེ་ལྟར་ནི་འཇིག་རྟེན་དག་གིས་བ་ར་ཎཱ་སེ་ཞེས་ཡང་དག་པར་ཤེས་ལ། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་འཁྲུངས་པའི་ཚེ་ན་ནི་བར་ཀ་ཞེས་མིང་འདོགས་སོ། །བ་ར་ཎཱ་སེ་དེ་དང ་ཐག་མི་རིང་བ་ན་ཡོད་པའི་ཁང་ཁྱེར་དེ་ལ་བ་ར་ཎཱ་སེ་ན་ཞེས་བྱ་སྟེ། ཐག་ཉེ་བ་དབང་དུ་བྱེད་པའོ། །བཞུགས་ཏེ་ཞེས་བྱ་བ་ལ་ཏེའི་སྒྲ་ནི་འདས་པའི་དུས་ཉིད་སྟོན་པར་བྱེད་པའོ། །འདི་ལྟར་བཞུགས་པ་དང་གཟིམས་པའི་དབྱེ་བས་རྣམ་པ་ཡང་པ་དེ་ལྟ་ན་ཡང ་འདིར་བཞུགས་པ་ཙམ་ལ་བྱ་སྟེ། དེ་ལ་བཞུགས་ནས་མདོ་སྡེ་འདི་གསུངས་པ་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །བཅོམ་ལྡན་འདས་བཞུགས་ནས་ཆོས་སྟོན་པར་མཛད་པ་ཉིད་ཀྱིས་ཀྱང་བཞུགས་གདན་ཤུགས་ཀྱིས་ཐོབ་པར་འགྱུར་རོ། །དྲང་སྲོང་སྨྲ ་བ་ཞེས་བྱ་བ་ལ་དྲང་སྲོང་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ཡིན་ཏེ། དེ་དག་གང་དུ་ཆོས་གསུང་བར་མཛད་པ་དེ་ནི་དྲང་སྲོང་སྨྲ་བའི་གནས་ཡིན་ཏེ། ཡང་དག་པར་རྫོགས་པའི་སངས་རྒྱས་ཐམས་ཅད་ཀྱིས་ཀྱང་ཇི་ལྟར་སོ་སོར་ངེས་པའི་རྡོ་རྗེའི་གདན ་ཁོ་ན་ལ་ཡང་དག་པར་རྫོགས་པའི་བྱང་ཆུབ་བརྙེས་པར་མཛད་པ་དེ་བཞིན་དུ་སོ་སོར་ངེས་པའི་ཡུལ་དེ་ཉིད་ལ། མཐོང་བར་སྤང་བར་བྱ་བའི་ཉོན་མོངས་པའི་རྒྱུན་རྣམ་པར་གཅོད་པར་བྱེད་པའི་ཆོས་ཀྱི་འཁོར་ལོ་བསྐོར་བར་མཛད་པའོ། །མངོན་དྲང ་སྲོང་དག་གི་སྤྱོད་པ་དང། སྤྱོད་ཡུལ་དང་ལྡན་པ་ཉིད་ཀྱི་ཕྱིར་གནས་ཀྱི་མཆོག་དེ་ལ་དྲང་སྲོང་སྨྲ་བ་ཞེས་བསྟན་ཏོ། །རི་དྭགས་རྒྱུ་བ་ཞེས་བྱ་བ་ནི་རི་དྭགས་དག་ཡིད་བརྟན་པས་སྤྱོད་ཅིང་གནས་པའི་དོན་དུ་རྒྱལ་པོས་ས་ཕྱོགས་དེ་བཏང་བའི་ཕྱིར ་རི་དྭགས་རྒྱུ་བ་ཞེས་བྱའོ། །དེའི་ཚེ་ཞེས་བྱ་བ་ནི་འཆད་པའི་གནས་སྟོན་པ་སྟེ། གནས་དེ་ཉིད་དུ་བཅོམ་ལྡན་འདས་ཀྱིས་མདོ་སྡེ་འདི་གསུངས་པ་ཡིན་གྱི་གཞན་དག་ཏུ་ནི་མ་ཡིན་ནོ་ཞེས་བསྟན་པར་འགྱུར་རོ། །བཅོམ་ལྡན་འདས་ཞེས་བྱ་བའི ་དོན་དེ་ནི་བཤད་པ་ཡིན་ནོ། །དགེ་སློང་ལྔ་སྟེ་དག་ལ་ཞེས་བྱ་བ་ལ་འདི་ལྟར་ལྔ་སྡེ་ཞེས་བྱ་བ་ཡང་ལྔ་པོ་དེ་དག་གི་གྲངས་བརྗོད་པ་ཡིན་ལ་དེ་ལྟ་ན་ཡང་ཡིད་དེ་དག་རེ་རེ་ལ་ཡང་གནས་པ་ཡིན་ཏེ། ཇི་ལྟར་དྲུག་སྡེ་ཞེས་བྱ་བ་ལྟ་བུའོ། །དེའི་ཕྱིར་འདི་སྐད་དུ། དེའི་ཚེ་བཅོམ་ལྡན་འདས ་ཀྱིས་དགེ་སློང་ལྔ་སྡེ་ལ་བོས་ཏེ་ཞེས་ལྷག་མ་དང་བཅས་པ་འདི་གསུངས་པ་ཡིན་ནོ། །བོས་ཏེ་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱིས་སེམས་གཏོད་པ་ལ་རྣམ་པར་སྦྱོར་བར་མཛད་པའོ། །འདི་ནི་སྡུག་བསྔལ་འཕགས་པའི་བདེན་པའོ་ཞེས་བྱ་བ་ལ་སོགས་པ་ལ་སྐྱེ་བ་ལ་སོགས ་པའི་འཚེ་བས་གཙེས་པའི་ཉེ་བར་ལེན་པའི་ཕུང་པོ་ལྔ་ནི་སྡུག་བསྔལ་ཡིན་པའི་ཕྱིར་ན་དོ?་གཞན་བཤད་པར་འགྱུར་བ་ལ་དགོངས་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་དག་ངས་འདི་ནི་སྡུག་བསྔལ་འཕགས་པའི་བདེན་པའོ་སྙམ་དུ་ཞེས་གསུངས་པ་ཡིན་ནོ། །སྔོན་ཞེས ་བྱ་བ་ནི་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐུགས་སུ་ཆུད་པའི་གོང་དུའོ། །ཆོས་མ་ཐོས་པ་ཞེས་བྱ་བ་འདིས་ནི་གཞན་གྱིས་ལུང་ཕོག་པ་མེད་པར་ཐུགས་སུ་ཆུད་པ་སྟོན་པ་ཡིན་ནོ། །དེ་ལའོ་སྙན་དུ་ཞེས་བྱ་བའི་སྒྲ་ནི་སྡུག་བསྔལ་འཕགས་པའི་བདེན་པ་ཡོངས་སུ་བཅད་པར་གྱུར་པ་ན་རང ་བཞིན་གྱི་རྣམ་པའི་བྱེ་བྲག་དེས་པའི་དོན་ཡིན་ཏེ། སྡུག་བསྔལ་སྡུག་བསྔལ་ཞེས་བྱ་བ་དང། འཕགས་པའི་བདེན་པ་ལ་འཕགས་པའི་བདེན་པ་ཞེས་ངའི་མིག་སྐྱེས་སོ་ཞེས་སྦྱར་བར་བྱ་བ་ཡིན་པའི་ཕྱིར་རོ། །ངས་ཞེས་བྱ་བ་ནི་བདག་ལ་སྦྱོར་བ་ཡིན་ཏེ། འདི་བདག ་སྟོན་པའི་ཆོས་བསྟན་པ་ཡིན་ནོ་ཞེས་བྱ་བར་རབ་ཏུ་བསྟན་པའི་ཕྱིར་རོ། །མངོན་པར་རྫོགས་པར་སངས་རྒྱས་ནས་རིང་པོ་མ་ལོན་པར་མདོ་སྡེ་འདི་གསུངས་པ་དེའི་ཚེ་ན་བདེན་པ་མཐོང་བ་འམ། དགྲ་བཅོམ་པར་གྱུར་པ་གཞན་འགའ་ཡང་མེད་པས་ལམ་འདིས་བཅོམ ་ལྡན་འདས་ཀྱིས་བདེན་པ་གཟིགས་ནས་དགྲ་བཅོམ་པར་གྱུར་ཏེ་ཞེས་དེ་ཉིད་ཁོ་ན་ལ་སྟོན་པར་མཛད་པ་ཡིན་ཏེ། གང་གི་ཚེ་ལམ་འདིས་ཉན་ཐོས་གཞན་དག་གིས་ཀྱང་དགྲ་བཅོམ་པ་ཐོབ་པར་གྱུར་པ་དེའི་ཚེ་གཉི་ག་ལ་སྟོན་པའི་ཚེ་འཕགས་པའི་བདེན་པ་སྟོན་པར ་མཛད་པར་འགྱུར་རོ། །དགེ་སློང་དག་ཅེས་བྱ་བ་ནི་འབོད་པའི་ཚིག་ཡིན་ཏེ། བོས་པ་ཡང་སེམས་མཉམ་པར་བཞག་པ་ལ་སྦྱར་བའི་ཕྱིར་རོ། །འདིར་འདི་སྐད་བརྗོད་པར་བྱ་སྟེ། དེ་ཁོ་ན་ཉིད་མ་མཐོང་བ་དང། གསོལ་བ་དང། བཞིའི་ལས་ཀྱིས ་བསྙེན་པར་མ་རྫོགས་པ་དག་ལ་ཅིའི་ཕྱིར་དགེ་སློང་དག་ཅེས་གསུངས་ཤེ་ན། འདི་ལ་ཉེས་པ་ཡོད་པ་མ་ཡིན་ཏེ། སློང་བའི་ཕྱིར་དགེ་སློང་ཞེས་གསུངས། ལྔ་སྡེ་དེ་དག་ཀྱང་ཆོས་བཞིན་གྱིས་སློང་པའི་སྤྱོད་པས་སྲོག་འཛིན་པར་བྱེད་པའི་ཕྱིར་བཅོམ་ལྡན་འདས ་གྱིས་དགེ་སློང་དག་ཅེས་བསྟན་པ་ཡིན་ནོ། །ཡང་ན་དགེ་སློང་གི་དངོས་པོར་གྱུར་པ་ལ་དགོངས་ནས། བཅོམ་ལྡན་འདས་ཀྱིས་དགེ་སློང་ལྔ་སྡེ་དག་ཅེས་བོས་པ་ཡིན་ནོ། །སྔོན་ཆོས་མ་ཐོས་པར་ཞེས་བྱ་བ་འདིས་ནི་སློབ་དཔོན་མེད་པར་ང་ལ་ཡང་དག་པའི་ཤེས་པ ་སྐྱེས་སོ། །ཤེས་སྟོན་པར་མཛད་པའོ། །ཚུལ་བཞིན་ཡིད་ལ་བྱས་པ་ན་ཞེས་བྱ་བ་དེ་ལ་ཚུལ་ནི་ཐབས་ཡིན་ཏེ། ཐབས་ལས་བྱུང་བའི་དོན་ཐོབ་པ་ལ་སྦྱོར་བའི་སྒོ་ནས་འདུ་ཞིང་འདྲེས་པར་འགྱུར་བའི་ཕྱིར་རམ། ཚུལ་ནི་རིགས་པ་ཡིན་ཏེ། སེམས་ཀྱིས་ཁོང་དུ ་མ་ཆུད་པའི་སྒོ་ནས་འདྲེས་པར་གྱུར་པའི་ཕྱིར་རོ། །དེ་བས་ན་ཐབས་སམ་རིགས་པས་བདེན?་བརྟག་པ་ཡིད་ལ་བྱེད་ཅེས་པ་འདི་ནི་དག་གི་དོན་ཡིན་ནོ། །མིག་སྐྱེས་ཞེས་བྱ་བ་ལ་སོགས་པ་ལ། དེ་ལ་མིག་ནི་དོན་མངོན་སུམ་དུ་བྱེད་པའི་ཕྱིར་ཟག་པ་མེད་པའི་ཤེས་རབ ་ཡིན་ལ། ཐེ་ཚོམ་མེད་པའི་ཕྱིར་ཡེ་ཤེས་ཡིན་ནོ། །ཡང་དག་པའི་དོན་ཉིད་ཡིན་པའི་ཕྱིར་རིག་པའོ། །རྣམ་པར་དག་པ་ཡིན་པའི་ཕྱིར་བློ་ཡིན་ནོ། །ཡང་ན་ལྟ་བ་ངན་པའི་གཉེན་པོ་ཉིད་ཡིན་པའི་ཕྱིར་མིག་ཡིན་ལ། ཐེ་ཚོམ་གྱི་གཉེན་པོ་ཉིད་ཡིན་པའི་ཕྱིར་ཡེ་ཤེས་ཡིན་ནོ། ་མ་རིག་པའི་གཉེན་པོ་ཡིན་པའི་ཕྱིར་རིག་པའོ། །ཟག་པ་མེད་པ་ཉིད་ཡིན་པའི་ཕྱིར་བློ་ཞེས་བྱའོ། །གཞན་དག་ནི་དེ་ལ་མིག་སྐྱེས་སོ། །ཡེ་ཤེས་དང། རིགས་པ་དང། བློ་དང་བྱང་ཆུབ་སྐྱེས་སོ་ཞེས་འདོན་པར་བྱེད་དོ། །དེ་ལ་འདོད་པ་ལ་འདུན་པའི་གཉེན་པོ་ཡིན་པའི ་ཕྱིར་མིག་ཡིན་ལ། གནོད་སེམས་ཀྱི་གཉེན་པོ་ཡིན་པའི་ཕྱིར་ཡེ་ཤེས་ཡིན་ནོ། །གཉིད་དང་རྨུགས་པའི་གཉེན་པོ་ཡིན་པའི་ཕྱིར་རིག་པ་ཡིན་ལ། རྒོད་པའི་གཉེན་པ་ཡིན་པའི་ཕྱིར་བློ་ཡིན་ཞིང། ཐེ་ཚོམ་གྱི་གཉེན་པོ་ཡིན་པའི་ཕྱིར་བྱང་ཆུབ་ཅེས་བྱའོ། །དགེ་སློང་དག་ངས ་ཞེས་བྱ་བ་དང། འདི་ནི་སྡུག་བསྔལ་ཀུན་འབྱུང་བའོ། །འདི་ནི་སྡུག་བསྔལ་འགོག་པའོ། །འདི་ནི་སྡུག་བསྔལ་འགོག་པར་འགྲོ་བའི་ལམ་འཕགས་པའི་བདེན་པའོ་སྙམ་དུ། ཅེས་མདོར་བསྡུས་ནས་བསྟན་པའི་ཚེགས་ཆུང་ངུས་ལེགས་པར་བཤད་པའོ། །འདི་ལྟར ་སྡུག་བསྔལ་ཀུན་འབྱུང་འདི་ལས་ཞེས་བྱ་བ་ཡང་གང་ཞེ་ན། དེ་སྨྲས་པ། སྡུག་བསྔལ་གྱི་ཀུན་འབྱུང་བ་ནི་སྡུག་བསྔལ་ཀུན་འབྱུང་བ་སྟེ། གང་གི་ཕྱིར་ཉེ་བར་ལེན་པའི་ཕུང་པོ་ལྔའི་རང་བཞིན་ཅན་གྱི་སྡུག་བསྔལ་མ་ལུས་པ་ལས་མ་ལུས་འབྱུང་པའི་ཕྱིར་ཏེ། ཀུན ་འབྱུང་འདི་ལས་ཞེས་བྱ་བའི་དབང་དུ་བྱས་སོ། །སྡུག་བསྔལ་གྱི་འགོག་པ་ལ་ཞེས་བྱ་བ་མ་འདིར་འགོག་པ་གང་ཡིན་ཞེ་ན། སྨྲས་པ། སྡུག་བསྔལ་ཐོབ་པ་འགོག་པ་དང། གཞན་གྱི་སྐྱེ་བ་ནི་བསྡུག་བསྔལ་འགོག་པའོ། །སྡུག་བསྔལ་འགོག་པར་འགྲོ་བའི་ལམ་འཕགས ་པའི་བདེན་པ་གང་ཡིན་ཞེ་ན། སྡུག་བསྔལ་གྱི་འགོག་པ་ནི་སྡུག་བསྔལ་འགོག་པ་སྟེ། དེར་འགྲོ་བའི་ལམ་ནི་ལམ་གྱི་བདེན་པ་སྒྲུབ་པར་བྱེད་པ་ཡིན་པའི་ཕྱིར་རོ། །ལན་གསུམ་དུ་བསྐོར་བ་རྣམ་པ་བཅུ་གཉིས་སུ་ཞེས་བྱ་བ་ལ་སོགས་པ་ལ། འཕགས་པའི་བདེན་པ ་བཞི་པོ་དག་ལན་གསུམ་དུ་བསྐོར་བ་རེ་རེ་ལ་རྣམ་པ་བཞི་བཞིར་འགྱུར་བའི་ཕྱིར་བཅུ་གཉིས་སུ་འགྱུར་ཏེ། བསྐོར་བ་དང་པོ་ལ་འདི་ནི་སྡུག་བསྔལ་ལོ། །འདི་ནི་ཀུན་འབྱུང་བའོ། །འདི་ནི་འགོག་པའོ། །འདི་ནི་འགོག་པར་འགྲོ་བའི་ལམ་འཕགས་པའི་བདེན་པའོ། །ཞེས ་དེ་རྣམ་པ་བཞི་ཡིན་ལ། བསྐོར་བ་གཉིས་པ་ལ་སྡུག་བསྔལ་ཡོངས་སུ་ཤེས་པར་བྱ། ཀུན་འབྱུང་སྤང་བར་བྱ། འགོག་པ་མངོན་སུམ་དུ་བྱ། ལམ་བསྒོམ་པར་བྱའོ་ཞེས་བྱ་བ་དེ་ཡང་རྣམ་པ་བཞི་ཡིན་ཞིང་བསྐོར་བ་གསུམ་པ་ལ་སྡུག་བསྔལ་ནི་ཤེས་ཀུན་འབྱུང་ནི ་སྤངས། འགོག་པ་ནི་མངོན་སུམ་དུ་བྱས། ལམ་ནི་བསྒོམས་སོ་ཞེས་པ་དེ་དག་ཀྱང་རྣམ་པ་བཞི་ཡིན་པའི་ཕྱིར་རྣམ་པ་བཅུ་གཉིས་སུ་འགྱུར་རོ། །ཡང་ན་སྡུག་བསྔལ་ཞེས་བྱ་བ་དེ་བསྐོར་བ་ལ་མིག་དང། ཡེ་ཤེས་དང། རིགས་པ་དང། བློ་སྐྱེས་བ་ཞེས་བྱ་བ་རྣམ ་པ་བཞི་དང། སྡུག་བསྔལ་ཤེས་པར་བྱའོ། །ཞེས་བྱ་བ་དེ་བསྐོར་བ་ལ་མིག་སྐྱེས་པ་ཞེས་བྱ་བ་ལ་སོགས་པ་གཞན་རྣམ་པ་བཞི་པ་དེ་ཉིད་དང། སྡུག་བསྔལ་ཤེས་སོ་ཞེས་བྱ་བ་བསྐོར་བ་གསུམ་པ་དེ་ལ་མིག་སྐྱེས་སོ། །ཞེས་བྱ་བ་ལ་སོགས་ད?་རྣམ་པ་བཞི་པོ ་དེ་ཉིད་དུ་འགྱུར་བའི་ཕྱིར་རོ། །དེ་ལྟར་ན་ལན་གསུམ་དུ་བསྐོར་བ་ཉིད་དང་རྣམ་པ་བཅུ་གཉིས་ཉིད་ཡིན་ནོ། །བཅུ་གཉིས་སུ་མཚུངས་པའི་ཕྱིར་རྣམ་པ་བཅུ་གཉིས་ཞེས་བསྟན་ཏེ། ཤིང་ལོ་མ་བདུན་པ་ཞེས་བྱ་བ་ལྟ་བུའོ། །ལན་གསུམ་བསྐོར་བ་རྣམ ་བ་བཅུ་གཉིས་སྨོས་པས་འདིར་མཐོང་བ་དང་སྒོམ་པ་དང་མི་སློབ་པའི་ལམ་དག་གཟུང་བ་ཡིན་ཞིང་རིག་པར་བྱ་སྟེ། གང་གི་ཕྱིར་མཐོང་བའི་ལམ་ལ་སྡུག་བསྔལ་དང། ཀུན་འབྱུང་དང། འགོག་པ་དང། ལམ་གྱི་རང་བཞིན་ཡོངས་སུ་ཤེས་པར་འགྱུར་པ ་འདི་ནི་སྡུག་བསྔལ་ཞེས་བྱ་བ་ནས་འདི་ནི་ལམ་ཞེས་བྱ་བའི་བར་དུ་བསྐོར་བ་ནི་མཐོང་བའི་ལམ་ཡིན་པར་ཤེས་པར་བྱའོ། །བསྒོམ་པའི་ལམ་ལ་སྡུག་བསྔལ་ཡོངས་སུ་ཤེས་པར་བྱ། ཀུན་འབྱུང་སྤང་བར་བྱ། འགོག་པ་མངོན་སུམ་དུ་བྱ། ལམ་བསྒོམ ་པར་བྱའོ་ཞེས་བསྐོར་བ་འདི་ཡིན་ཏེ། དེ་ལ་གང་གི་ཕྱིར་བསྒོམ་པས་སྤང་བར་བྱ་བའི་བག་ལ་ཉལ་སྤང་པའི་དོན་དུ་བདེན་པ་མཐོང་བ་ཡང་མངོན་སུམ་དུ་བྱ་བ་ཡིན་ནོ། །མི་སློབ་པའི་ལམ་ལ་སྡུག་བསྔལ་ནི་ཤེས་སོ། །ཀུན་འབྱུང་ནི་སྤངས་སོ། །འགོག ་པ་ནི་མངོན་སུམ་དུ་བྱས་སོ། །ལམ་ནི་བསྒོམས་སོ་ཞེས་བསྐོར་བ་འདི་ཡིན་པར་རིག་པར་བྱ་སྟེ། གང་གང་གི་ཕྱིར་བག་ལ་ཉལ་མ་ལུས་པར་སྤང་བའི་ཕྱིར་དེར་གནས་པ་དག་ལ་བདེན་པ་ཡང་མངོན་སུམ་དུ་བྱ་བ་དགོས་པ་ཡོད་པ་མ་ཡིན་ནོ། །ལས ་ཐམས་ཅད་ཀྱི་ཐོག་མར་རྩོལ་བར་ཡིན་པར་དགོངས་ནས་ནི་མཐོང་བའི་ལམ་ལ་ལན་གསུམ་བསྐོར་བ་རྣམ་པ་བཅུ་གཉིས་སྨོས་པ་བྱས་པ་ཡིན་ནོ། །དེ་ལངས་ཞེས་བྱ་བ་ལ་སོགས་པ་ལ་མི་ལས་ལྷ་གཙོ་བོར་གྱུར་པའི་ཕྱིར་ལྷ་དང་བཅས་པ་ཞེས་གསུངས་པ་ཡིན་ནོ། །འདོད་པ ་ན་སྤྱོད་པའི་ལྷ་དག་ལས་བདུད་ནི་དབང་བྱེད་པའི་སྒོ་ནས་གཙོ་བོར་གྱུར་པ་དེའི་ཕྱིར་བདུད་དང་བཅས་པ་ཞེས་བྱའོ། །ཚོགས་པ་དེ་དག་ལས་ཀྱང་ཚངས་པ་ཁྱད་པར་དུ་འཕགས་པ་ཡིན་པ་དེའི་ཕྱིར་ཚངས་པ་དང་བཅས་པ་ཞེས་བྱའོ། །མིའི་འཇིག་རྟེན་དུ་རྣམ་པར་བཞག ་པ་ལས་དགེ་སྦྱོང་དང། བྲམ་ཟེ་གཙོ་བོར་གྱུར་པ་ཡིན་པའི་ཕྱིར་དགེ་སྦྱོང་དང་བྲམ་ཟེར་བཅས་པ་ཞེས་བྱའོ། །གྲོལ་ལོ་ཞེས་བྱ་བ་ནི་སྦྱོར་པའི་ལམ་གྱིས་ཏེ། སྦྱོར་བའི་ལམ་ནི་ཉོན་མོངས་པ་སྤོང་བའི་ཐབས་ཉིད་ཡིན་པའི་ཕྱིར་རོ། །ངེས་པར་འབྱུང་ངོ་ཞེས་བྱ་བ་ནི་བར ་ཆད་མེད་པའི་ལམ་གྱིས་ཏེ། ཉོན་མོངས་པའི་ཐོབ་པ་གཅོད་པར་བྱེད་པ་ཉིད་ཡིན་པའི་ཕྱིར་རོ། །རྣམ་པར་གྲོལ་ལོ་ཞེས་བྱ་བ་ནི་རྣམ་པར་གྲོལ་བའི་ལམ་གྱིས་ཏེ། བྲལ་བར་གྱུར་པ་སྐྱེད་པར་བྱེད་པ་ཉིད་ཡིན་པའི་ཕྱིར་རོ། །རབ་ཏུ་བྲལ་ལོ་ཞེས་བྱ་བ་ནི་ཁྱད་པར ་གྱི་ལམ་གྱིས་ཏེ། ཉོན་མོངས་པ་སྤངས་པ་ཐག་རིང་དུ་བསྲིད་བའི་གཉེན་པོའི་ཕྱོགས་ཉིད་དོ་ཡིན་པའི་ཕྱིར་རོ། །ཉོན་མོངས་པ་སྤངས་པའི་ཕྱིར་ཕྱིན་ཅི་ལོག་གི་སེམས་དང་བྲལ་བས་མང་དུ་གནས་པ་ཞེས་གསུངས་པ་ཡིན་ཏེ། ཉོན་མོངས་པ་ཁོ་ན་ཕྱིན་ཅི་ལོག ་པ་འམ། ཉོན་མོངས་པས་བྱས་པ་ཕྱིན་ཅི་ལོག་ཡིན་པའི་ཕྱིར་ཕྱིན་ཅི་ལོག་ཏུ་འཛིན་པ་ཡིན་པ་དེ་དང་བྲལ་བའི་སེམས་ཀྱིས་མང་དུ་སྟེ་ཡང་དང་ཡང་དུ་འམ། རྒྱུན་གྱིས་གནས་པ་སྟེ་རྣམ་པར་དཔྱོད་པས་སོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ནི ་ཀུན་ལ་ཕན་པའི་ཡེ་ཤེས་ཡིན་ལ། ཐུགས་སུ་ཆུད་པ་ནི་མཁྱེན་པར་གྱུར་པའོ། །གསལ་པོར་སྣང་བ་ཉིད་ཡིན་པའི་ཕྱིར་རྡུལ་མེད་པ་ཡིན་ལ། ཟག་པ་མེད་པ་ཉིད་ཡིན་པའི་ཕྱིར་དྲི་མ་དང་བྲལ་བའོ། །ཆོས་རྣམས་ལ་ཞེས་བྱ་བ་ནི་འཕགས་པའི་བདེན་པ་བཞི་དག་ལའོ། ་ཆོས་ཀྱི་མིག་ཅེས་བྱ་བ་ནི་ཆོས་ཐམས་ཅད་བདག་མེད་པར་མཐོང་བའི་ཤེས་རབ་ཀྱི་མིག་གོ་།ཀཽཎྜི་ནྱ་ཁྱོད་ཀྱིས་ཆོས་འདི་ཀུན་ཤེས་སམ་ཞེས་བྱ་བ་ནི་འདིར་ལན་གཉིས་བརྗོད་པ་ནི་དགའ་བ་སྟོན་པར་མཛད་པ་ཡིན་ཏེ། གང་གི་ཕྱིར་བཅོམ ་ལྡན་འདས་ཀྱིས་བསྐལ་པ་གྲངས་མེད་པ་གསུམ་དུ་དཀའ་བ་མཛད་པ་ཐམས་ཅད་ཉིད་སེམས་ཅན་གྱི་དོན་བསྒྲུབ་པར་བྱ་བའི་ཕྱིར་ཡིན་ལ། སེམས་ཅན་གྱི་དོན་གྲུབ་པ་ཡང་དེའི་ཚེ་རྩོམ་པ་དེའི་ཕྱིར་བཅོམ་ལྡན་འདས་ཀྱིས་བསྐལ་པ་གྲངས་མེད་པ་གསུམ་དུ་བཀའ་བ་མཛད་པ ་འབྲས་བུ་དང་བཅས་པར་ཐུགས་སུ་ཆུད་པ་དང་འདྲ་བས་ན་དེའི་ཚེ་ཞེས་བྱ་བའི་ཚིག་ཏུ་བྱས་པ་ཡིན་ནོ། །ས་ལ་གནས་པས་ན་ས་བླ་སྟེ། ས་ལ་གནས་པ་ཞེས་བྱ་བའི་ཐ་ཚིག་གོ་།སྒྲ་བསྒྲགས་ཞེས་བྱ་བ་ནི་སྒྲ་དལ་གྱིས་སྒྲོགས་པར་བྱེད་པའོ། །སྐད་ཆེ་བ་ཞེས་བྱ་བ་ནི ་ཕ་རོལ་པོའི་རྣ་བའི་རྣམ་པར་ཤེས་པ་སྐྱེད་པར་བྱེད་པ་སྐད་གདངས་མཐོན་པོ་སྒྲོགས་པའོ། །ཚུལ་བཞིན་དུ་ཞེས་བྱ་བ་ནི་ཆོས་དང་མ་བྲལ་བས་ཚུལ་ཡིན་ལ། ཆོས་ནི་མཐོང་བའི་ལམ་ཡིན་ལ། དེ་ཡང་ཁམས་གསུམ་དུ་འཁོར་ལོ་བཞིན་དུ་ཡོངས་སུ་རྒྱུ ་བའི་ཚུལ་གྱིས་ན་འཁོར་ལོའོ། །དགེ་སྦྱོང་དང་བྲམ་ཟེ་ལ་སོགས་པ་གཞན་དག་གིས་བསྐོར་བར་མི་ནུས་པ་ཉིད་ཀྱི་ཕྱིར་མ་བཤད་པ་ཞེས་བྱའོ། །ཅི་ཙམ་ཞེས་བྱ་བ་ནི་ཚུལ་གྱིས་སོ། །འཇིག་རྟེན་འདི་དང་འཇིག་རྟེན་ཕ་རོལ་ཏུ་བདེ་བ་ཉིད་ཡིན་པའི་ ་ཕྱིར་ཕན་པ་ཞེས་བྱའོ། །ཐར་པའི་བདེ་བ་སྐྱེད་པར་བྱེད་པ་ཡིན་པའི་ཕྱིར་བདེ་བ་ཞེས་བྱའོ། །བཅོམ་ལྡན་འདས་ལན་དུ་ཕན་བཏགས་པ་ལ་རེ་བ་མི་མངའ་བའི་ཕྱིར་འཇིག་རྟེན་ལ་ཐུགས་བརྩེ་བའི་ཕྱིར་ཞེས་བྱའོ། །བདེ་བ་མཐོང་བའི་སྣོད་དུ་གྱུར་པ་ཉིད ་ཀྱི་ཕྱིར་ལྷ་དང་མི་རྣམས་ལ་ཞེས་སྨོས་པ་ཡིན་ནོ། །དོན་ཞེས་བྱ་བ་ནི་མངོན་པར་འདོད་པའི་དོན་སྒྲུབ་པར་བྱེད་པའི་ཕྱིར་ཡིན་ལ། ཕན་པ་དང་བདེ་བ་ནི་སྔ་མ་དང་འདྲའོ། །ལུས་ནི་ཚོགས་ཡིན་ནོ། །སྐད་ཅིག་ཅེས་བྱ་བ་ལ་སོགས་པ་ལ་བུད་མེད་འགལ ་སྐྱེན་པ་རས་བལ་གྱི་འདའ་བ་ལས་དཔུང་པ་བརྐྱང་བའི་མཐར་ཐུག་པའི་སྣལ་མ་དུས་མཉམ་པ་འདི་ལ་སྐད་ཅིག་མར་འདོད་དེ། སྐད་ཅིག་དེ་ལ་མྱུར་དུ་སོང་ནས་ཚངས་པའི་འཇིགས་རྟེན་གྱི་བར་དུ་སྒྲ་གྲག་པར་བྱས་པའོ། །ཐང་ཅིག་ནི་ཙ་ཤ་ཀ་གཉིས་ལ་རབ་ཏུ་གྲགས་པ ་ཡིན་པའི་ཕྱིར་འབྲིང་དུ་སོང་བར་གྱུར་པ་ཡིན་ལ། ཡུད་ཙམ་ནི་ཆུ་ཚོད་གཉིས་ལ་རབ་ཏུ་གྲག་པ་ཡིན་པའི་ཕྱིར་དལ་བུས་སོང་བ་ཡིན་པས་ན་སྐད་ཅིག་ཡུད་ཙམ་ཐང་གཅིག་དེ་ལ་ཞེས་བྱ་སྟེ། འདིར་སྐད་ཅིག་མའི་ཚོགས་པའི་དུས་གང་ཡིན་པ་དེས་ཤིན་ཏུ་དལ་གྱིས་སོང ་ནས་ཚངས་པའི་འཇིག་རྟེན་གྱི་བར་དུ་སྒྲ་གྲག་པར་གྱུར་པའོ། །མཚན་ནས་བོས་ཏེ་ཞེས་བྱ་བ་ལ་དོན་ཐམས་ཅད་གྲུབ་པ་ཞེས་བྱ་བ་འདིས་སོ། །གདུང་ནས་བོས་པ་ནི་གཽ་ཏ་མ་ཞེས་བྱ་བར་རོ། །དོན་མེད་པ་ཞེས་བྱ་བ་ནི་མངོན་པར་འདོད་པའི་དོན་མི་འཐོབ་པའོ། །མི་ཕན ་པ་ཞེས་བྱ་བ་ནི་འཇིག་རྟེན་འདི་དང་འཇིག་རྟེན་ཕ་རོལ་ཏུ་སྡུག་བསྔལ་སྐྱེད་པར་བྱེད་པ་ཉིད་ཡིན་པའི་ཕྱིར་རོ། །སྡུག་བསྔལ་བའོ་ཞེས་བྱ་བ་ནི་ཐར་པའི་བདེ་བ་ཐོབ་པར་མི་བྱེད་པའི་ཕྱིར་རོ། །གཞོན་ར་བས་དག་ལས་གཞོན་ནུར་གྱུར་པ་ནི་གཞོན་ནུ་ཕག་ཡིན ་ལོ། རྒན་རབས་དག་ལས་རྒན་པོར་གྱུར་བ་ནི་རྒན་པོ་དག་གོ་།མིང་ནས་འབོད་པ་ནི་ཉེ་བའི་ཚིག་མེད་པར་བརྗོད་པའོ། །རུས་ནས་བོས་པ་ནི་རུས་སྨོས་པ་སྔོན་དུ་སོང་བ་ཅན་དུ་བརྗོད་པ་ཡིན་ནོ། །ཇི་ལྟར་རྣམ་པར་འབྱེད་པ་ལས་དགེ་སློང་འཕྲལ་བ་དང། དགེ ་སློང་མ་གསལ་མའི་བྱུང་བའི་མཛའ་ཁྱིམ་རྣམས་ལ་སོ། སོ་སོར་གོ་བར་བྱེད་པའི་བློ་མཐུན་གྱི་སྐབས་སུ་བཅད་པར་བྱ་བ་ཡིན་ནོ། །ཀུ་ཤའི་གྲོང་ཁྱེར་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ཀུ་ཤ་ཞེས་མིང་དུ་གྲགས་པའི་རྒྱལ་པོ་འདི་ཉིད ་དུ་གྱུར་པ་དེའི་ཚེ་དེས་བཅལ་བའི་གྲོ་?་ནི་ཀུ་ཤའི་གྲོང་ཁྱེར་རོ། །གྱང་ཅེས་བྱ་བ་ནི་དེ་སྐད་དུ་མིང་དུ་གྲགས་པའི་རྒྱལ་རིགས་ཡིན་ལ། ཉེ་འཁོར་ཞེས་བྱ་བ་ནི་གྲོང་ཞེས་བྱ་བ་ནི་གྲོང་བརྡལ་དང་ཐག་ཉེ་བའི་གནས་པར་བྱེད་པའི་གནས་ཡིན་ཏེ། གང ་དུ་འོངས་ནས་གནས་པ་ཞེས་བྱ་བའི་དབང་དུ་བྱས་ནས་སོ། །དེ་དང་ཐག་ཉེ་བ་དབང་དུ་བྱེད་པ་དེ་ནི་དེ་དང་ཉེ་བའི་ཚལ་ཏེ། ཤིང་ས་ལ་གཉིས་ཀྱིས་ཉེ་བར་མཚན་པ་གང་ཡིན་པ་དེ་ལ་བཞུགས་སོ་ཞེས་བྱ་བར་སྦྱར་རོ། །གཉིས་ཀྱང་དེ་ཡིན ་ལས་ལ་ཡང་དེ་ཡིན་ཏེ། དེ་གཉིས་ཀྱིས་ཉེ་བར་མཚན་པ་སྟེ། དགའ་བར་བྱེད་པ་ནའོ། །རྣམ་པར་འབྱེད་པ་ལ་སོགས་པས་འདུལ་བ་རྒྱ་ཆེར་ནི་བཤད་ཀྱི་མདོར་བསྡུ་བ་ཉིད་ཀྱི་ནི་སྐབས་མ་ཡིན་པའི་ཕྱིར་རོ། །ལེགས་པར་ཞེས་བྱ་བ་ལ་སོགས་པ་ལ་ལེགས ་པ་ནི་སྐབས་སྦྱིན་པར་བྱེད་པ་ཡིན་པའི་ཕྱིར་རོ། །རབ་ཏུ་བཟུང་བ་ནི་ཐོས་པ་མི་བརྗེད་པ་ཡིན་པའི་ཕྱིར་རོ། །ཚུལ་བཞིན་ཡིད་ལ་བྱེད་པ་ཡང་དག་པར་འབྱུང་བའི་ཕྱིར་ཡིད་ལ་བྱེད་པའོ། །རུང་བ་མ་ཡིན་པ་བསྟེན་ལ་ཞེས་བྱ་བ་ནི། རུང་བ་མ་ཡིན ་པའི་ཕྱིར་ཕྱོགས་བསྟེན་པར་བྱེད་པའོ། །རུང་བ་སྤོང་ན་ཞེས་བྱ་བ་ནི་རུང་བ་དང་ལྷན་ཅིག་འགལ་བར་གྱུར་བ་སྟེ། དེ་ལྷག་པར་སྤྱོད་པར་མི་བྱའོ། །རུང་བ་བསྟེན་ལ་ཞེས་བྱ་བ་ནི་རུང་བའི་ཕྱོགས་བསྟེན་པ་དང། རུང་བ་མ་ཡིན་པ་དང་འགལ་བ་དེ་ནི ་ལྷག་པར་སྤྱད་པར་བྱའོ། །ཇི་ལྟར་ཁྲི་རྐང་པ་སྤྲས་པ་ཅན་གྱི་གཞི་ཉིད་དུ་གྱུར་པ་ལ་བཤད་པ་དང་གཅི་བ་མི་བྱ་བ་ཉིད་དང། ལོངས་སྤྱོད་པར་མི་བྱའོ་ཞེས་བྱ་བ་ལ་སོགས་པ་དེ་ལྟ་བུའི་དགག་པ་ཡོད་ཅིང། གང་ཚྭ་དང་འདྲེས་པའི་རྒྱུན་ཆུ ་གཏུང་བར་བྱ་བ་ཉིད་དང། ཁམ་པོར་ལ་བཟའ་བར་བྱའོ་ཞེས་བྱ་བ་ལ་སོགས་པ་དེ་ལྟ་བུའི་གནད་བ་ཡོད་པ་དེ་ཐམས་ཅད་ནི་འདིས་གྲུབ་པ་ཉིད་ཡིན་ཏེ། དེ་སྐད་དུ་གང་བཅོམ་ལྡན་འདས་ཀྱིས་མ་བཀག་ལ་མི་རུང་བ་བསྟེན་པ་དེ་ནི་འདིས ་བཀག་པར་བྱ་བ་ཡིན་ལ། གང་ཡང་རྗེས་སུ་གནང་བ་མེད་ལ་རུང་བ་བསྟེན་པ་ནི་འདིས་རྗེས་སུ་གནང་བ་ཡིན་པར་རིག་པར་བྱའོ་ཞེས་བསྟན་པ་ཡིན་ནོ། །སྤངས་པ་ཞེས་བྱ་བ་ནི་ངེས་པར་འདོར་བ་ནི་སྤངས་པ་ཡིན་ལ། སྤང་བའི་ཕྱིར་ནུས་པ་ཡིན ་པས་ན་སྤངས་པ་སྟེ། ཡོངས་སུ་དོར་བ་ཞེས་བྱ་བའི་བར་དུའོ། །རྫས་ལ་ངེས་པར་སྦྱོར་བས་དགེ་སྐོས་ཏེ། གང་གཙུག་ལག་ཁང་དུ་དགེ་འདུན་མངོན་པར་གྱིས་ནས་ལས་སུ་བྱ་བ་སྒྲུབ་པར་བྱེད་པའོ། །མི་ཤེས་པ་ཞེས་བྱ་བ་ནི་ཅུང་ཞིག་ཀྱང་ཡོངས་སུ་ཤེས་པའི་རྣམ་པར་རྟོག་པ ་མེད་པའོ། །ཡོངས་སུ་སྒོ་ཞིག་ཅེས་བྱ་བ་ནི། འདི་ལྟར་ཆོས་གོས་འདི་ཕྱིར་ཡང་དེ་ལ་བྱིན་ཅིག་ཅེས་ཤེས་པར་གྱིས་ཤིག་པའོ། །ཤུ་བ་ནི་རྨའི་ཐོན་ཁོར་གྱི་ཁྲག་སྐམས་ཀྱི་ཚོགས་ཡིན་ནོ། །སྦྲང་བུ་བསྐྱབ་པའི་ཕྱིར་གོས་ལ་བྱས་པ་ཅན་ནི་སྦྲང་སྐྱབས་སོ། །ལྷག་མ་མེད་པར་བྱས ་ནས་ཞེས་བྱ་བ་ནི་ཞིང་ཆུང་ངུས་བྱས་པའོ། །དྲང་པོར་བྱས་བ་ཞེས་བྱ་བ་ནི་རྣམ་པར་གསལ་བ་དང་མངོན་དུ་ཕྱོགས་པའོ། །རྣོལ་མ་ཞེས་བྱ་བ་ནི་རས་སྣོལ་མར་སྦྱར་བའོ། །ངལ་བར་གྱུར་ནས་ཞེས་བྱ་བ་ནི་ཆུ་ཚགས་འདེབས་པར་གྱུར་པས་སོ། །ཆུ་བླང་བར་བསམས་པ ་དང་ཞེས་བྱ་བ་ནི་ཆུ་ཚགས་ཀྱི་སྦྱོར་བའི་སྒོ་ནས་ལེན་པར་བསམས་པར་གྱུར་པ་དང། འཛིན་པའི་སྣོད་ནི་ཆུ་ཚགས་ལས་ཕྱི་རོལ་ཏུ་གདགས་པར་བྱའོ། །མི་ཆགས་པ་ནི་འཛིན་པར་མི་ནུས་པའོ། །ངལ་བར་གྱུར་པ་ཞེས་བྱ་བ་ནི་དེ་དག་དྲན་པ་རབ་ཏུ་ཉམས་པར་འགྱུར ་བ་དང། ལུས་གདུང་བར་གྱུར་པའོ། །གྲོལ་བར་བྱེད་པའི་སྣོད་ཅེས་བྱ་བ་ནི་གང་སྣོད་བཀད་པས་འཛུད་པར་བྱེད་པ་ལ་སྟོང་པ་ཡང་དག་པར་འབྱིན་བར་བྱེད་པའི་སྣོད་ལ་གྲོལ་བར་བྱེད་པའི་སྣོད་དུ་འདོད་དེ། དེ་ལྟར་གྱུར་པ་ལ་དང་ཞབས་སུ་སྲད་བུ་གཉིས་བཏགས་པས ་གཞུག་པར་བྱ་བ་ཡིན་ཏེ། ཆུས་ཁྱབ་པར་གྱུར་པ་ན་ཁ་ལ་བཏགས་པའི་སྲིད་བུ་ཀློད་པར་བྱ་ཞིང་ཞབས་ལ་བཏགས་པའི་སྲད་བུ་དལ་གྱིས་སྟེང་དུ་དྲངས་པ་གང་ཡིན་པ་དེས་ཁ་འོག་ཏུ་བལྟས་པར་འགྱུར་རོ། །གྲོལ་བར་བྱེད་པ་ཆུའི་ནང་དུ་ལན་གསུམ་མམ་ལན ་གཉིས་སུ་བཀྲུ་བར་བྱ་སྟེ། གྲོལ་བར་བྱེད་པའི་སྣོད་གསུངས་པ་ལས་དེ་དག་ཐམས་ཅད་ཐོབ་པར་འགྱུར་རོ། །འདིས་ཆུ་སྒྲོགས་པར་བྱེད་པའམ་འདི་ལ་ཆུ་སྒྲོགས་པར་བྱེད་ཅིང་འགྲོ་བ་དང་ལྟུང་བ་དང་འཇུག་པའི་ཕྱིར་སྒྲ་སྒྲོག་གོ་།བུམ་པའི་ཚུལ་དུ་བྱས་ལ་ཞེས ་བྱ་བ་ནི་བུམ་པ་དང་འདྲ་བའི་རང་བཞིན་གྱི་དབྱིབས་གང་ལ་ཡོད་པ་དེ་ནི་བུམ་པའི་ཚུལ་དུ་བྱས་པའོ། །པད་མའི་སྙིང་པོ་ནི་ལྟེ་བ་ཡིན་ཏེ། ལྟེ་བ་ཇི་ལྟ་བོ་དེ་བཞིན་དུ་སྒྲ་སྒོག་གི་དབུས་བུག་པ་མང་པོ་ཅན་ཟླུམ་ལ་མཐོང་བྱའོ། །དེའི་སྟེང་དུ་བུ་གུ ་ཆེན་པོ་ཞེས་བྱ་བ་ལ་བུ་གུ་ཆེན་པོ་ནི་འདིར་བུམ་པའི་ཁ་ལ་བལྟ་བར་བྱའོ། །བུག་བལ་ཞུགས་པའི་ཆུ་བསྡུ་བར་བྱ་བའི་དོན་དུ་ལྕའུ་གདགས་པར་བྱའོ། །འདི་ལྟར་བློ་མཐུན་པ་སྔོན་དུ་ཞེས་བྱ་བ་ནི་སྲ་བརྒྱད་གི་གཞི་ལས་གལ་ཏེ་ཆོས་གོས་གསུམ་པོ་མ་རྙེད་པར་གྱུར ་པ་དེའི་ཚེ་ཐམས་ཅད་གདིང་བར་བྱ་སྟེ། དགེ་འདུན་ནི་ཚོགས་དུ་མ་ཉིད་ཡིན་པའི་ཕྱིར་རོ། །ཞེས་བྱ་བ་ལ་ཆོས་གོས་གསུམ་ཇི་ཙམ་དེ་ཙམ་གོ་ནའི་གཏན་པ་བཏིང་བ་འདིར་ཤེས་པར་བྱ་བ་ཡིན་ནོ། །རྣམ་པར་གྲོལ་བའི་ཆོས་གོས་བགོ་བ་བྱ་བ་ཁོ་ན་ཡིན་པས་ན ་བགོ་བར་བྱ་བའོ། །འཆི་བའི་མཐར་གྱུར་པས་ན་འཆི་མཛའ་ཅན་ནོ། བསགས་པ་ཀུན་གྱི་མཛའ་ཟད་ཅིང་ཞེས་བྱ་བ་ལ་སོགས་པ་ལ་འཚོ་བ་ཡོ་བྱད་འཚེག་ཆས་དང་བཅས་པ་འཇིག་པའི་མཛའ་ཙམ་ཡིན་ནོ། །ཞེས་བྱ་བ་འདི་ནི་བསྡུས་པའི་དོན ་ཡིན་ནོ། །བསགས་པ་ཞེས་བྱ་བ་ནི་གསེར་ལ་སོགས་པའི་གཏེར་གྱི་ཚོགས་ཡིན་ལ། ཀུན་ཞེས་བྱ་བ་ནི་ལྷག་མ་མེད་པར་རོ། །ཟད་པའི་མཛའ་གང་ལ་ཡོད་པ་ད་ནི་མཛའ་ཟད་པ་སྟེ། ཉམས་པའི་མཛའ་དང་བྲལ་བའི་མཐར་ཕྱིན་པའི་མཛའ་ཞེས་བྱའོ། །མཛའ་ལྟུང ་མཛའ་འགྱུར་ཞེས་བྱ་བ་ནི་ལྟུང་བའི་མཐར་ཕྱིན་པའོ། །གང་ཡིན་ཞེ་ན། མཐོན་པོ་ཀུན་གྱི་ཞེས་བྱ་བ་སྨོས་ཏེ། ཡང་དག་པའི་གོ་རིམ་གྱིས་མཐོན་པོར་བརྩམས་པའི་ཁང་པ་གང་ཡིན་པ་ཞེས་བྱ་བའི་ཐ་ཚིག་གོ་།གཞན་དག་ནི་ལུས་ལ་མཐོན་པོ་ཀུན་ཞེས་ཟེར་རོ། །ལུས་ཡང ་དག་པར་བཏང་བ་ནི་ལྷའི་ཕྱིར་མ་ཡིན། ལོངས་སྤྱོད་ཀྱི་ཕྱིར་མ་ཡིན་ཞེས་སྨོན་ལམ་གྱི་ཚིགས་དམིགས་པའི་ཕྱིར་རོ། །འདུ་བ་ཞེས་བྱ་བ་ནི་བཟའ་བའི་སྐྱེ་བོ་ཡང་དག་པར་ཚོགས་པའི་ཕྱིར་རོ། །མཐར་ནི་འབྲལ་བར་འགྱུར་ཞེས་བྱ་བ་ནི་བྲལ་བའི་སྒོ་ནས་བརླག ་པར་འགྱུར་བའོ། །མཐར་འཆི་བ་ཡིན་ཞེས་བྱ་བ་ནི་མཛའ་མར་འཆི་བར་འགྱུར་བའོ། །ཡང་གི་སྒྲ་ནི་གང་འདིར་སྔར་སྨོས་པ་འབའ་ཞིག་ནི་མ་ཡིན་གྱི། འོན་ཀྱང་སྲོག་ཀྱང་ཞེས་བྱ་བ་ཡིན་མལ། ཡང་གི་སྒྲ་ནི་ངེས་པར་གཟུང་བ་ཡང་ཡིན་པས་འདི་ཐམས་ཅད་དུ་ཇི་ལྟར་རིགས་པར ་སྦྱར་བར་བྱ་སྟེ། མཛའ་ཟད་པ་ཉིད་ཅེས་བྱ་བ་ལ་སོགས་པ་སྦྱར་བར་བྱ་བ་ཉིད་ཡིན་པའི་ཕྱིར་རོ། །དེ་གང་ཞེ་ན། སྨྲས་པ། འཚོ་བ་སྟེ་སྲོག་གོ་།དེའི་ཕྱིར་གང་ལོངས་སྤྱོད་པར་བྱ་བ་གཏེར་བསགས་པ་དང། གང་དུ་ལོངས་སྤྱོད་པར་བྱ་བའི་ཁྱིམ་དང། གང་གིས་ལོངས་སྤྱོད་པར་བྱེད ་པ་ལུས་དང། གང་དང་ལྷན་ཅིག་ལོངས་སྤྱོད་པ་ཕ་དང། མ་དང་བུ་དང། ཆུང་མ་ལ་སོགས་པ་དང། གང་གི་དོན་དུ་ལོངས་སྤྱོད་པ་སྲོག་གི་ཕྱིར་ཡིན་པ་དེ་དག་ཐམས་ཅད་མཐར་འཇིག་པ་ཡིན་ནོ། །ཞེས་ཁོང་དུ་ཆུད་པར་བྱའོ། །ལོངས་སྤྱོད་བསགས་པ་དང་ཁྱིམ་དང་ལུས་དང ་ཆུང་མ་ལ་འཚོ་བས་རྒྱགས་པའི་དྲེགས་པ་དེ་སྤང་བར་བྱ་བའི་ཕྱིར་དེ་སྐད་དུ་བསྟན་པ་ཡིན་ནོ། །དུས་ནི་ཐ་མའི་དུས་ཡིན་ཏེ། ཆོས་ནི་གདོན་མི་ཟ་བར་འགྱུར་བ་གང་ཡིན་པ་དེ་དུས་ཀྱི་ཆོས་དེ་མཆི་བ་ཡིན་ཏེ། དེ་དང་ཡང་དག་པར་ལྡན་པར་གྱུར་པའོ། །ཤིང་ཀྱི་ཆོ་ག་ནི?་དད ་པས་རྗེས་སུ་སྦྱིན་པ་ལ་སོགས་པའོ། །ནང་གི་སྐྱེ་བོ་ཞེས་བྱ་བ་ནི་ངེས་པར་ཁྱིམ་ན་གནས་པའི་སྐྱེ་བོའོ། །དཀའ་བར་བྱ་བར་བྱ་བ་ནུས་པ་ཡིན་པའི་ཕྱིར་དཀའ་བ་བྱེད་པ་སྟེ། དེ་ནི་འདིར་བདག་ལ་མི་སླུ་བར་བྱེད་པའོ། །ལུས་འདི་དེ་གཉིས་ཀྱིས་བསྒྲུབས་པ་ཉིད་ཡིན་པའི ་ཕྱིར་བསྐྱེད་པའོ། །གསོལ་བ་ནི་ནང་གི་ཕན་འདོགས་པར་བྱེད་པ་བཟའ་བ་དང་བཏུང་བ་ལ་སོགས་པས་སོ། །བསོད་པ་ནི་ནང་གི་ཕན་བསྲིངས་པ་ནི་ཕྱི་རོལ་གྱི་རྣམ་པར་འཚེ་བ་ལས་བསྲུངས་པའི་ཕྱིར་རོ། །ཁྱེར་བ་ནི་བཏེགས་པའོ། །ས་ཆེན་པོ་ཞེས་བྱ་བ་ནི་གླིང་བཞི་པའོ ་ནོར་བུ་ནི་སྣང་བའི་བདག་ཉིད་དུག་འཇོམས་པར་བྱེད་པའོ། །མན་ཤེལ་ནི་རིན་པོ་ཆེའི་ཁྱད་པར་ཡིན་ཏེ། ཁྱིམ་གང་ན་ཡོད་པ་དེར་འབྱོར་པ་ཐམས་ཅད་རྒྱས་པར་འགྱུར་རོ། །རིན་པོ་ཆེ་དམར་པོ་ཞེས་བྱ་བ་ནི་པདྨ་རཱ་ག་ཡིན་ནོ། །གཡས་སུ་འཁྱིས་པ?་ནི་རིན་པོ་ཆེའི ་བྱེ་བྲག་ཡིན་ཏེ། གང་ན་ཡོད་པ་དེར་དཔལ་འབྱོར་བ་ལ་རྟག་ཏུ་གནས་པར་འགྱུར་རོ། །བྱས་པ་ཞེས་བྱ་བ་ནི་ཕན་འདོགས་པའོ། །རབ་ཏུ་བྱས་པ་ཞེས་བྱ་བ་ནི་རབ་ཏུ་ཕན་བཏགས་པའོ། །དད་པ་མེད་པ་ཞེས་བྱ་བ་ནི་གང་ལ་ལས་དང ་འབྲས་བུ་འབྲེལ་བ་དང། རྟེན་ཅིང་འབྲེལ་བར་འབྱུང་བ་དང། དཀོན་མཆོག་གསུམ་ལ་མཆོད་པར་ཡིད་ཅེས་པའི་དད་པ་མེད་པ་ཡིན་པར་རིག་པར་བྱའོ་།།ཚུལ་ཁྲིམས་འཆལ་བ་ནི་ཚུལ་ཁྲིམས་རྒྱུད་པར་གྱུར་པ་སྟེ། སྲོག་གཅོད་པ་ལ་སོགས་པ་ལྔ་པོ་དག ་ལས་ལྡོག་པ་མེད་པའོ། །དངོས་པོ་འདི་བདག་གི་ལས་གཞན་གྱིར་མ་གྱུར་ཅིག་ཅེས་བྱ་བ་ནི་སེར་སྣ་ཡིན་ལ། དེ་འདི་ལ་ཡོད་པའི་ཕྱི་སེར་སྣ་ཡིན་ནོ། །ཤེས་རབ་འཚལ་བ་ཞེས་བྱ་བ་ནི་བློ་དམན་པར་གྱུར་པའོ། །ཕ་དང་མ་དང་པ་མེད་པ་དད་པ་ཕུན་སུམ ་ཚོགས་པ་ལ་ཏེ། དད་པའི་འབྱོར་པ་དང། ཚུལ་ཁྲིམས་འཚལ་བ་ཚུལ་ཁྲིམས་ཀྱི་འབྱོར་བ་དང། སེར་སྣ་ཅན་གཏོང་བའི་འབྱོར་པ་སྟེ། གཏོང་བའི་འབྱོར་པ་ཡང་རྫས་སུ་གཏོང་བའི་མཚན་ཉིད་ཅན་དང། འཁོར་བ་ཡོངས་སུ་གཏོང་བའི་མཚན་ཉིད་ཅན་རྣམ ་པ་གཉིས་ཡིན་ནོ། །ཤེས་རབ་འཆལ་བ་ཤེས་རབ་ལ་འགོད་པ་ཤེས་རབ་ཕུན་སུམ་ཚོགས་པ་ལ་བྱ་སྟེ། ཁྱད་པར་དུ་འཕགས་པའི་ཤེས་རབ་ཀྱི་རྫས་སྐྱེད་པར་བྱེད་པ་ལའོ། །ཡང་དག་འགོད་པར་བྱེད་པ་དང་ཞེས་བྱ་བ་ནི་དད་པ་ཕུན་སུམ་ཚོགས་པ་ལ ་སོགས་པ་ལ་རབ་ཏུ་འཇུག་པར་བྱེད་འཕེན་པར་བྱེད་ཅེས་བྱ་བའི་བར་དུའོ། །འདུལ་བར་བྱེད་ཅེས་བྱ་བ་ནི་ཇི་ལྟར་དད་པ་ཕུན་སུམ་ཚོགས་པ་ལས་སུ་བྱ་བ་ཡིན་པ་དེ་བཞིན་དུ་སློབ་པར་བྱེད་པའོ། །དེས་པར་འཇུག་པར་བྱེད་ཅེས་བྱ་བ་ནི་བསྟན་པོར་རབ ་ཏུ་འཇུག་པར་བྱེད་པའོ། །སོ་སོར་འཇོག་པར་བྱེད་ཅེས་བྱ་བ་ནི་མཐར་ཕྱིན་འཐོབ་པར་བྱེད་པའོ། །བལྟོས་པ་དང་བཅས་པ་ཞེས་བྱ་བ་ནི་དོན་གྱི་ཡུལ་ལ་བལྟོས་པ་ཡོད་པ་ཡིན་པའི་ཕྱིར་དང། །རབ་ཏུ་བྱུང་བ་ནི་བལྟོས་པ་མེད་པ་ཞེས་བྱ་བ་ལ། ཤི་བའི་རྫས ་གྲོགས་ཚངས་པ་མཚུངས་པ་སྤྱོད་པ་བདག་པོ་ཉིད་དུ་འགྱུར་རོ། །ཞེས་བཅོམ་ལྡན་འདས་ཀྱིས་གསུངས་པ་དེའི་ཕྱིར་དགེ་སློང་དག་ནི་བལྟས་པ་མེད་པ་ཉིད་ཡིན་ལ་ཁྱིམ་པ་ནང་གི་ཤི་བའི་རྫས་ནི་ཕུང་པོ་ལ་སོགས་པ་དབང་བ་ཉིད་ཡིན་པའི་ཕྱིར་ཁྱིམ་པ་ནི་བལྟོས་པ་དང་བཅས ་པ་ཡིན་ནོ། །རུང་བར་བྱ་བའི་ཕྱིར་ཞེས་བྱ་བ་ནི་བྱིན་གྱིས་བརླབ་པ་མ་གཏོགས་པར་རུང་བ་དེས་གོས་བཅད་བར་བྱ་བ་དག་གོ་།ཁྱིམ་པར་བབས་ན་ཞེས་བྱ་བ་ནི་ཁྱིམ་གྱི་གནས་ཀུན་ནས་བརྟེན་ནས་སོ། །དེ་ཉིད་ཀྱི་མངོན་སུམ་དུ་རུང་བར་མི་བྱ་བ་ནི་ལྐོག་ཏུ་གྱུར་པ་ལའོ། །འཐབ ་ཀྲོལ་ཅན་ཞེས་བྱ་བ་ནི་ཡིད་ཀྱི་སྡུག་བསྔལ་སྐྱེད་པར་བྱེད་པའོ། །མིང་ལ་བཏགས་པའི་ཆོས་གང་ཡིན་པ་དེ་ནི་འདིར་ཡིད་བརྟན་པར་རིག་པར་བྱ་སྟེ། ཡིད་བརྟན་པ་གང་ལ་ཡོད་པ་དེ་ནི་ཡིད་བརྟན་པ་ཞེས་བྱའོ། །ཤིན་ཏུ་བསྐལ་པ་ཞེས་བྱ་བ་ནི་ཐག་རིང་པོར་གྱུར་པའོ། །འདུན ་པ་འབུལ་བར་བྱེད་པ་ཞེས་བྱ་བ་ནི་དགེ་འདུན་གྱི་བྱ་བ་ཆོས་དང་མཐུན་པའི་གནང་པ་གསོལ་བའོ། །གཅིག་ལ་གཅིག་ཅེས་བྱ་བ་ནི་གཅིག་ལ་གཅིག་གམ་ཕན་ཚུན་བརྗོད་པར་བྱེད་པའོ། །བཅོམ་ལྡན་འདས་ཀྱིས་ཟླ་བ་ཕྱེད་ཕྱེད་ཅེས་བྱ་བ་ལ་སོགས་པ་ལ་ཟླ ་བ་ཕྱེད་ཕྱེད་ཅེས་བྱ་བ་ནི། ཕྱེད་ཕྱེད་དེ་བཅོ་ལྔ་པ་དང་བཅུ་བཞི་པར་རོ། །ལས་དང་ཉོན་མོངས་པ་དང་སྐྱེ་བའི་ཀུན་ནས་ཉོན་མོངས་པ་དག་ལས་ན་དགའ་བ་མེད་པར་ཐར་པར་བྱེད་པའི་ཕྱིར་ཐར་པ་ཡིན་ལ། སོ་སོར་ཐར་པར་བྱེད་པའི་ཕྱིར་སོ་སོར་ཐར་པའོ། །དེ་ཉིད ་མདོ་ཡང་ཡིན་ཏེ། འདུལ་བ་མ་ལུས་པའི་དོན་ཡང་དག་པར་བསྟན་པ་ཡིན་པའི་ཕྱིར་རོ། །དེ་གདོན་པ་ནི་བརྗོད་པ་ཡིན་ལ། དེ་བྱ་བ་ནི་གདོན་པར་བྱ་བའོ། །ཡོངས་སུ་དག་པ་འབུལ་བ་ནི་བདག་ཉིད་བྱས་དེ་ལ་རུང་བ་ཉིད་དུ་སྒྲུབ་པའོ། །གནས་གསུམ་གྱི་སྐབས་དབྱེ ་བར་བྱའོ། །ཞེས་བྱ་བ་ནི་བདག་ལ་ཚེ་དང་ལྡན་པ་ཁྱོད་ཀྱིས་མཐོང་བ་འམ་ཐོས་པ་འམ། དོགས་པས་ཉེ་བ་གང་ཡིན་པ་དང་བརྗོད་པར་བྱའོ། །ཞེས་བྱ་བ་དེ་ལྟ་བུའི་སྐབས་འབྱེད་པ་འབའ་ཞིག་?་དེ་ནི་དགེ་འདུན་གྱི་ཕྱིར་སྐབས་འབྱེད་པའོ། །གསོ་སྦྱོང་དང་འདྲའོ།། ་ཞེས་བྱ་བ་ནི་གསོ་སྦྱོང་གི་ཆོ་གའི་འགྲེས་ཀྱི་སྦྱོར་བ་དེ་བཞིན་དུ་སྦྱར་བར་བྱའོ། །གཡུལ་ལ་དཔའ་བ་གང་ཡིན་པ་དེ་དག་ནི་འདིར་བཟང་པོ་ཡིན་པར་རིག་པར་བྱའོ། །སྟོབས་ནི་དཔུང་གི་ཚོགས་ཡན་ལག་བཞི་པ་ཡིན་ཏེ། བཟང་པོ་དང་སྟོབས་ཀྱི་མཆོག ་ནི་དེའི་གཙོ་བོར་གྱུར་པའོ། །གཅིག་ལ་སོགས་པ་ཞེས་བྱ་བ་ནི་གཅིག་དང་གཉིས་དང་གསུམ་ལ་སོགས་པར་རོ། །སོར་མོའི་ཚོགས་བགྲང་བར་བྱེད་པའི་ཕྱིར་རམ། སོར་མོས་རབ་ཏུ་སྟན་ཅིང་རབ་ཏུ་སྟོན་པས་བགྲང་བར་བྱེད་པའི་ཕྱིར་སོར་མོས་བགྲང་བར་བྱེད་པ་ནའོ། ་དབྱར་ཉེ་ཞིང་སྟོབས་པར་བྱེད་པའི་ཕྱིར་དབྱར་ཚུལ་དུ་འཇུག་པའི་ཚོ་སྟེ། དབྱར་ཟླ་འབྲིང་པོའི་བཅོ་ལྔ་འམ་དབྱར་ཟླ་ཐ་ཆུང་གི་བཅོ་ལྔའོ། །ཏིང་ངེ་འཛིན་རྫོགས་པའི་བསྒོམ་པ་ནི་འདིར་བསམ་གཏན་ཡིན་ལ་སངས་རྒྱས་ཀྱི་བཀའ་ཀློག་པ་ནི་འདོན་པ་ཡིན་ཞིང ་ཏིང་ངེ་འཛིན་མ་གྲུབ་པ་ཡིད་ལ་བྱེད་པ་ཡིན་ཏེ། དེ་དག་གི་སྦྱོར་བ་ལ་མངོན་པར་བརྩོན་པ་ནི་ལས་སུ་བྱ་བའོ། །སྤྱོད་ལམ་ཞེས་བྱ་བ་ནི་སྤྱོད་ལམ་བཞིས་འགྲོ་བ་དང། འཆག་པ་དང་འདུག་པ་དང། གནས་པའི་བདག་ཉིད་ཅན་གྱི་སྤྱོད་ལམ་གྱིས་སོ། །སྤྱོད་པས་ཞེས ་བྱ་བ་ནི་བསོད་སྙོམས་ལ་སོགས་པ་ལ་འཇུག་པའི་སྒོ་ནས་སོ། །ཡང་དག་པར་གྲུབ་པར་བྱེད་ཅེས་བྱ་བ་ནི་ཐམས་ཅད་དུ་བསླབ་པ་ཡོངས་སུ་བསྲུང་ཞིང་ཡང་དག་པར་ནན་ཏན་བྱེད་པར་རོ། །ཅུང་ཟད་ཙམ་ཟོས་པ་ཉིད་ཀྱི་ཕྱིར་ཟང་ཟིང་དང་བཅས་པའོ། །དགེ་འདུན ་གྱི་གནས་བརྟན་ཞེས་བྱ་བ་ནི་གང་དེར་སྤྱན་དྲངས་པའི་དགེ་འདུན་གྱི་གནས་བརྟན་དུ་གྱུར་པའོ། །ན་བའི་གོས་སྨན་ཞེས་བྱ་བ་ནི་ནད་པ་དག་དང་རྗེས་སུ་མཐུན་པའི་ཡོ་བྱད་རུང་བ་སྟེ་ཡང་ཨ་རུ་ར་ལ་སོགས་པ་དང། ཕན་པའི་ཟས་ལ་སོགས་པའོ། །སྐབས་འབྱེད་དོ།། ་ཅེས་བྱ་བ་ནི། མགྲོན་དུ་གཉེར་བར་བྱེད་པའོ། །གང་ནད་པའི་བསྙེན་བཀུར་ཏེ་གནོད་པ་མེད་པའི་གཡོག་བྱེད་པའོ། །དགོས་ན་ཞེས་བྱ་བ་ནི་དོན་དུ་གཉེར་བ་སྟེ། སྨན་དགོས་པར་གྱུར་ན་ཞེས་བྱ་བའི་ཐ་ཚིག་གོ་།རྒྱལ་པོའི་ཕོ་བྲང་དུ་འགྲོ་བ་ལ་ཉེས་དམིགས ་བཅུར་འགྱུར་རོ། །ཞེས་བྱ་བ་ལ། བཅུ་གང་ཞེ་ན། དགེ་སློང་དག་འདི་ལ་རྒྱལ་པོ་བཙུན་མོ་དང་ལྷན་ཅིག་ཏུ་འདུག་ཅིང?་དགེ་སློང་ཡང་རྒྱལ་པོ་ཕོ་བྲང་དུ་འགྲོ་བར་བྱེད་པ་དེའི་ཚེ་བཙུན་མོས་དགེ་སློང་མཐོང་ནས་འཛུམ་པ་འབྱིན་པར་བྱེད་པ་ན། དེ་ལ་རྒྱལ་པོ་འདི ་སྙམ་དུ་ཇི་ལྟར་བཙུན་མོས་དགེ་སློང་མཐོང་ནས་འཛུམ་པ་འབྱིན་པར་བྱེད་པ་ལས་ན། དགེ་སློང་གིས་དེར་ན་གང་སྡིག་པའི་ལས་བྱེད་པ་འམ། སྡིག་པའི་ལས་འགའ་ཞིག་བྱ་བར་སེམས་པར་མི་འགྱུར་རམ་སྙམ་དུ་སེམས་པར་འགྱུར་ཏེ། དེ་ནི་རྒྱལ་པོའི ་ཕོ་བྲང་དུ་འགྲོ་བའི་ཉེས་དམིགས་དང་པོ་ཡིན་ནོ། །གཞན་ཡང་རྒྱལ་པོ་བཙུན་མོའི་གན་དུ་སོང་བ་བརྗེད་དམ་སྦྲུམ་མ་བཙུན་མོའི་འཁོར་གྱི་ནང་དུ་ཞུགས་པར་གྱུར་པ་ན་དགེ་སློང་ཡང་རྒྱལ་པོའི་ཕོ་བྲང་དུ་འགྲོ་ན་དེ་ལ་རྒྱལ་པོ་འདི་སྙམ་དུ་དགེ་སློང ་རྒྱལ་པོའི་ཕོ་བྲང་འདིར་འགྲོ་བ་ལས་ན་དེའི་ལས་མ་ཡིན་ནམ་སྙམ་དུ་སེམས་པར་འགྱུར་ཏེ། དེ་ནི་རྒྱལ་པོའི་ཕོ་བྲང་དུ་འགྲོ་བའི་ཉེས་དམིགས་གཉིས་པ་ཡིན་ནོ། །གཞན་ཡང་རྒྱལ་པོའི་ཕོ་བྲང་ན་རིན་པོ་ཆེ་འམ་རིན་པོ་ཆེ་རམ་སྨོས་པ་སྟོང ་པར་གྱུར་ལ་དགེ་སློང་ཡང་རྒྱལ་པོའི་ཕོ་བྲང་དུ་འགྲོ་ན་དེ་ལ་རྒྱལ་པོ་འདི་སྙམ་དུ་དགེ་སློང་རྒྱལ་པོའི་ཕོ་བྲང་དུ་འགྲོ་བ་ལས་ན་དེའི་ལས་མ་ཡིན་ནམ་སྙམ་དུ་སེམས་པར་འགྱུར་ཏེ། དེ་ནི་རྒྱལ་པོའི་ཕོ་བྲང་དུ་འགྲོ་བའི་ཉེས་དམིགས་གསུམ ་པ་ཡིན་ནོ། །གཞན་ཡང་རྒྱལ་པོའི་ཕོ་བྲང་ལས་གསང་ཚིག་ཕྱི་རོལ་དུ་གྲགས་པར་གྱུར་ལ་དགེ་སློང་ཡང་རྒྱལ་པོའི་ཕོ་བྲང་དུ་འགྲོ་ན་དེ་ལ་རྒྱལ་པོ་འདི་སྙམ་དུ་དགེ་སློང་རྒྱལ་པོའི་ཕོ་བྲང་དུ་འགྲོ་བ་ལས་ན་དེའི་ལས་མ་ཡིན་ནམ་སྙམ་དུ་སེམས ་པར་འགྱུར་ཏེ། འདི་ནི་རྒྱལ་པོའི་ཕོ་བྲང་དུ་འགྲོ་བའི་ཉེས་དམིགས་བཞི་པ་ཡིན་ནོ། །གཞན་ཡང་རྒྱལ་བུ་གཞོན་ནུ་རྣམས་ལ་གསོད་པར་སེམས་ལ། དགེ་སློང་ཡང་རྒྱལ་པོའི་ཕོ་བྲང་དུ་འགྲོ་ན་དེ་ལ་གང་དག་ཡིད་མི་དགའ་བ་དེ་དག་ལ་འདི ་སྙམ་དུ་དགེ་སློང་རྒྱལ་པོའི་ཕོ་བྲང་འདིར་འགྲོ་བ་ལས་ན་དེའི་ལས་མ་ཡིན་ནམ་སྙམ་དུ་སེམས་པར་འགྱུར་ཏེ། འདི་ནི་རྒྱལ་པོའི་ཕོ་བྲང་དུ་འགྲོ་བའི་ཉེས་དམིགས་ལྔ་པ་ཡིན་ནོ། །གཞོན་ནུ་རྣམས་རྒྱལ་པོ་གསོད་པར་སེམས་པ་ཡང་དེ ་བཞིན་ནོ། །གཞན་ཡང་རྒྱལ་པོས་བློན་པོ་གནས་མཐོན་པོ་ཅན་དག་གནས་དམའ་མོར་འཇོག་པར་བྱེད་པ་དང། བློན་པོ་དམའ་མོ་དག་གནས་མཐོན་པོ་ལ་འཇོག་པར་བྱེད་ལ་ཞེས་བྱ་བ་ལ་སོགས་པ་ལ་དེ་ཉིད་ཀྱང་སྔ་མ་བཞིན་ནོ། །གཞན་ཡང་དཔུང་གི་ཚོགས ་ཡན་ལག་བཞི་གོ་བསྐོན་ཏེ་འགྲོ་བ་དང་ལྡོག་པར་བྱེད་ཅིང་ཞེས་བྱ་བ་ལ་སོགས་པ་ཡང་སྔ་མ་བཞིན་ནོ། །དེ་ནི་རྒྱལ་པོའི་ཕོ་བྲང་དུ་འགྲོ་བའི་ཉེས་དམིགས་དགུ་པ་ཡིན་ནོ། །གཞན་ཡང་མ་ཕེབས་པ་ཕེབས་པར་བྱེད་ཅིང་ཕེབས་པ་གནས་པར་བྱེད་ལ ་ཐོབ་རྒྱལ་དུ་བསྒྲགས་ནས། དེའི་འོག་ཏུ་ཆད་པ་ཆེན་པོས་རྗེས་སུ་སྟོན་པར་བྱེད་ཅིང་དགེ་སློང་ཡང་རྒྱལ་པོའི་ཕོ་བྲང་དུ་འགྲོ་ན། དེ་ལ་གང་དག་ཡིད་མི་དགའ་བ་དེ་དག་འདི་སྙམ་དུ་དགེ་སློང་རྒྱལ་པོའི་ཕོ་བྲང་འདིར་འགྲོ་བ་ལས་ན་དེའི་ལས་མ་ཡིན་ནམ ་སྙམ་དུ་སེམས་པར་འགྱུར་ཏེ། དེ་ནི་རྒྱལ་པོའི་ཕོ་བྲང་དུ་འགྲོ་བའི་ཉེས་དམིགས་བཅུ་པ་ཡིན་ནོ། །དགེ་སློང་དག་དེ་ལྟར་ན་རྒྱལ་པོའི་ཕོ་བྲང་དུ་འགྲོ་བ་ནི། གླང་པོ་ཆེའི་གནོད་པ་དང་རྟའི་གནོད་པ་དང། ཤིང་རྟའི་གནོད་པ་དང། དཔུང་བུ་ཆུང་གི ་གནོད་པ་འབྱུང་སྟེ། རུང་བ་མ་ཡིན་པ་ཚུལ་དང་མཐུན་པ་མ་ཡིན་པ་དགེ་སློང་གི་ཚུལ་དང་མཐུན་པ་མ་ཡིན་ཞེས་རྣམ་པར་སྨད་པ་མཛད་དོ། །དྲི་དང་ཐ་སྙད་དུ་བྱེད་པའི་ཕྱིར་སྤོས་འཚོང་གི་ཁྱེའུ་འོ། །ཁུར་སྐམ་ནི་ནད་པ་ལ་མཁོ་བའི་ཁུར་བསྐམ ་པོའོ། །ཤ་སྐམ་ནི་ཤའི་དུམ་བུ་འམ་ཤ་སྐམ་གྱི་ཁུ་བའོ། །ཤ་མཁན་ནི་ཤ་འཚེད་པ་ལ་གོམས་པའོ། །དེ་ནི་དགེ་སྦྱོང་གི་ཚུལ་དང་མཐུན་པ་མ་ཡིན། སྐྱེ་བོ་ཆེན་པོ་གནས་པ་ཉོ་ཚོང་གི་གནས་ནི་ཚོང་དུས་སོ། །འཚེ་བ་ནི་བསྐྱེད་ལ་བྱའོ། །སྦྱིན་བདག་ལ ་ཡིད་བརྟན་པས་ཞེས་བྱ་བ་ནི་ལེན་པ་ལ་སོགས་པའི་ཚེ་གང་གི་ཐད་ལས་བླངས་པ་དེ་ཁོ་ནའི་དེ་ཡིན་ནོ། །ཞེས་སེམས་ཉེ་བར་བཞག་པ་ཡིན་ནོ། །ཚངས་པར་སྤྱོད་པ་ཞེས་བྱ་བ་ནི་མྱ་ངན་ལས་འདས་པའི་དོན་དུ་སྤྱོད་པ་ལ་མཁས་པའོ། །ཇི་ལྟར་འདོད་པས་སྤྱོད་པ་ནི་ཇི་ལྟར ་འདོད་པས་ལོངས་སྤྱོད་པ་སྟེ། འདོད་དགར་ཟ་བ་དེ་དག་དང་ངོ། །དགེ་སློང་གི་འཁོར་གྱི་ནང་དུ་འདུས་པ་ཉིད་ཡིན་པའི་ཕྱིར་དགེ་ཚུལ་ཡང་འདིར་དགེ་སློང་དུ་བརྗོད་པ་ཡིན་ནོ། །ལོ་གསུམ་གྱིས་མཆོད་པ་ཞེས་བྱ་བ་ནི་ཡོངས་སུ་རྫོགས་པའི་ལོ་གསུམ་གྱི་མཆོད་པར་གྱུར་པ་དང་ངོ།། ་ཁྲི་རྐང་པ་མཐོན་པོ་ཅན་སྟེང་མལ་སྟན་གྱིས་ནོན་པ་ནི་ཁྲིའོ། །ཁྲི་རྩཝའི་ཐེག་པ་ཅན་ཞེས་བྱ་བ་ནི་མལ་སྟན་མེད་པ་རྩཝ་དང་ལྷས་པའི་ཁྲི་ཡིན་ཏེ། དེའི་ཚུལ་ཅན་གྱི་ཉེས་དམིགས་བྱེད་པ་འང་རིག?་ནས་པ་ཡིན་པར་རིག་པར་བྱའོ། །སྤྱོད་པ་ཞེས་བྱ་བ་ནི་མི་སྨྲ་བ་ལ་སོགས ་པས་སྤྱོ་བ་དག་གིས། ཕོར་བུ་ནི་ཁ་ཕོར་ཆུང་ངུའོ། །ཡལ་བར་མི་དོར་བ་ནི་འབྲེལ་བ་དང་བཅས་པར་རོ། །བསླུས་ནས་ཁྲིད་པ་ཞེས་བྱ་བ་ནི་བསླུས་ནས་ལམ་མ་ཡིན་པ་ལ་འཇོག་པའོ། །ཁ་དྲངས་པ་ནི་གོས་ལ་སོགས་པ་སྦྱིན་པའི་ཐབས་ཀྱིས་བདག་ཉིད་ཀྱིས་སྒྲུབ་པར ་བྱེད་པའོ། །མནའ་དོར་བ་ནི་བདག་གི་ཚིག་འདི་བདེན་པ་ཡིན་ནོ། །ཞེས་འདིར་སྒྲུབ་པར་བྱེད་པའི་ཚིག་ཡིན་ནོ། །བདེན་པའི་བསམ་པ་སྟེ། སེམས་རབ་ཏུ་འབྱུང་བ་གང་ཡོད་པ་དེ་ལ་འདིར་དེ་སྐད་ཅེས་བྱའོ། །རབ་ཏུ་བྱུང་བ་སྨོས་པ་ཁོ་ནས་རབ་ཏུ་བྱུང་བ་དག་ནི་བདེན ་པ་སྨྲ་བ་ཉིད་དུ་རྟོགས་པ་ཡིན་གྱི། མནའ་དོར་བར་བྱེད་པའི་སྒོ་ནས་མ་ཡིན་ནོ། །ཞེས་བྱ་བར་དགོངས་སོ། །ཡལ་འཛུགས་པ་ཞེས་བྱ་བ་ནི་རྟེའུ་འཛུགས་པ་ཡིན་ཏེ། གལ་ཏེ་བདག་གི་ཚིག་འདི་དེ་བཞིན་དུ་མི་འགྱུར་ན་བདག་གིས་གོས་དེ་སྦྱིན་པར་བྱའོ། །ཞེས་བྱ ་བ་ལ་སོགས་པ་ལྟ་བུའོ། །ཁྱད་པར་དུ་ཐོབ་པར་བྱེད་པས་ན་ཡལ་འཛུགས་པ་སྟེ། བལྟོས་པ་མེད་པར་སྦྱིན་པ་ཞེས་བྱ་བའི་ཐ་ཚིག་གོ་།དེ་འཛུགས་པ་ནི་གཏའ་མའི་ཚུལ་གྱིས་ཐ་སྙད་དུ་བྱེད་པའོ། །རུལ་པ་ནི་འདིར་སྟག་གི་གོད་ཀྱི་ཤ་གོད་ཀྱི་ཤ་གོད ་ཀྱི་ཤ་ཡིན་ནོ། །ཁེངས་པ་ཞེས་བྱ་བ་ནི་མི་འདོད་པའི་ངང་ཚུལ་ཅན་ནོ། །ང་རྒྱལ་ཅན་ནི་ལྷག་པའི་ང་རྒྱལ་གྱིས་ཁྱད་དུ་གྱུར་པའོ། །གཙེས་པ་ནི་གནས་ཁང་དུ་འདྲུག་པར་བྱེད་པས་སོ། །བཟློག་པར་བྱའོ་ཞེས་བྱ་བ་ནི་བྱ་བ་མ་ཡིན་པས་བཟློག་པར་བྱེད ་པའོ། །ཅི་ཁྱེད་ཀྱིས་དགོངས་སམ་ཞེས་བྱ་བ་ནི་ཁྱོད་ཀྱིས་དགོངས་པ་ལ་རིགས་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ནོ། །ཞེས་བྱ་བར་བསམས་པའོ། །ཡང་བགོ་བར་བྱ་བ་ཉིད་ཡིན་པའི་ཕྱིར་རྙེད་པ་འགོད་པའི་ཀུན་ཏུ་སྤྱོད་པ་གང་ཡིན་པ་དེ་མ་བྱས་པའི་ཕྱིར་ཉེ་བར ་བགོས་པའོ། །ང་སྦས་ཏེ་ཞེས་བྱ་བ་ནི་མི་སྣང་བར་རྣམ་པར་གནས་པའོ། །རྒན་པའི་མཛའ་ནས་གཞོན་པའི་མཛའ་ཨི་བར་དུ་ཁྱེར་བ་ནི་བྲིམས་པའོ། །གལ་ཏེ་འགའ་ཞིག་སྐལ་པ་ལེན་པར་བྱེད་ན་ཀུན་བལྟས་ཏེ། དེ་ལ་སྦྱིན་པར་བྱ་ཞིང་ཞེས་ཏེ། དགེ་འདུན་གྱིས ་བགོ་བར་བྱ་བ་ཡིན་ནོ། །མཆོག་ཏུ་འབྱོར་པ་ནི་ཁྱད་པར་དུ་འཕགས་པའི་ཕུན་སུམ་ཚོགས་པའོ། །གླང་པོ་ཆེའི་འདུལ་སྤྱོད་མཁན་ཞེས་བྱ་བ་ནི་གླང་པོ་ཆེ་སློབ་སྦྱོང་གི་དབང་དུ་བྱས་པ་འམ། གླང་པོ་ཆེའི་གཙོ་བོ་ལ་ཞོན་པའོ། །སྡོད་ཅིག་ཅེས་བྱ་བ་ནི་དོན ་མེད་པར་སྟོན་པར་བྱེད་པའི་ངག་གི་འགྱུར་བའོ། །ཕན་པ་ཆེར་བགྱིས་པར་འགྱུར་པའོ། །ཞེས་བྱ་བ་ནི་ལས་སུ་བྱ་བ་ཆེན་པོར་བྱས་པར་འགྱུར་བའོ། །གླང་པོ་ཆེ་མཆོག་དང་མཆོག་ཅེས་བྱ་བ་ནི་གཙོ་བོ་གཙོ་བོ་དག་གོ་།མེ་ཏོག་ཅན་གྱི་ནགས་ཞེས་བྱ་བ་ནི་ཅུང ་ཟད་ཁ་འབུས་པའོ། །གླང་པོ་ཆེ་དག་གི་ནང་ན་རིན་པོ་ཆེ་དང་འདྲ་བ་ནི་གླང་པོ་ཆེ་ཅང་ཤེས་ཏེ། གཟུགས་དང་ཡོན་ཏན་དང་ཡོངས་སུ་ཤེས་པ་དང་ལྡན་པའི་ཕྱིར་རོ། །རྟ་ཅང་ཤེས་བྱ་བ་ཡང་དེ་བཞིན་ནོ། །སྟག་གི་པགས་པའི་ལྷམ་ཞེས་བྱ་བ་ནི་རྐང་པ་སྐྱོབ་པ་ལ ་ལྷ་མ་གྱི་སྒྲས་བརྗོད་པ་ཡིན་ནོ། །སློབ་དཔོན་ཚུལ་ཁྲིམས་བསྐྱངས་ཀྱིས་སྦྱར་བ་ཕྲན་ཚེགས་ཀྱི་ཚིག་གི་རྣམ་པར་བཤད་པ་སྟེ་སྒོ་ལྔ་པ་རྫོགས་སོ།། །།པགས་པའི་འབྲེང་བུ་ནི་པགས་པའི་རྒྱུན་ནོ། །བྲང་ལྷན་ཞེས་བྱ་བ་ནི་སོར་མོའི་རྩེ་མོ་ཡོངས་སུ་བསྐྱབས ་པ་བྱ་བའི་ཕྱིར་ལྷམ་གྱི་མདུན་གྱི་ཆའི་སྟེང་དུ་པགས་པ་སོར་གཉིས་ཙམ་ལ་སྲིད་ཀྱི་ཚད་སོར་བཞི་པའི་པགས་པས་གླན་པ་གང་ཡིན་པ་དེ་ནི་ལྷམ་གྱི་སྣ་གཉིས་སྦྱར་བ་ཅན་ཡིན་ཏེ། བྲང་ལྷན་ཞེས་པ་བསྟན་ཏོ། །དེ་བཞིན་དུ་རྐང་པའི་རྟིང་པའི་ཕྱོགས་ཡོངས་སུ་བསྲུང་བར ་བྱ་བའི་ཕྱིར་དམངས་སོར་གཉིས་སྲིད་དུ་སོང་བཞི་པའི་པགས་པས་ནད་ལྷན་བྱས་པའི་ལྷམ་དེ་ནི་རྟིང་ལྷན་ཅན་ཞེས་གསུངས་སོ། །བོལ་ཅན་ཞེས་བྱ་བ་ནི་རྐང་པ་ནས་ལོང་མོའི་མཐར་ཐུག་པ་ཁྱབ་པའི་པགས་པའི་ལྷམ་རྣམ་པ་དུ་མ་ཡོད་དུ་ཟིན་ཀྱང་བོལ་ཅན་ཞེས་བསྟན ་པ་ཡིན་ནོ། །ལྷམ་ཡུ་ཐུང་ནི་རྗེ་ངར་གྱི་ཕྱེད་ཁྱབ་པའི་ལྷམ་ཡིན་ནོ། །ཡུ་རིངས་ནི་རྐང་པའི་མཐིལ་ནས་པུས་མོའི་མཐར་ཐུག་པར་ཁྱད་པའི་ལྷམ་ཡིན་ནོ། །འགྱོད་པ་ཞེས་བྱ་བ་ལ་སོགས་པ་ནི་སྔར་རྣམ་པར་ཕྱེ་བ་བྱས་པ་ཡིན་པའི་ཕྱིར་ཡང་མི?་བཤད་དོ། །བྱང་ཆུབ་སེམས ་དཔའ་སྟེ་མངོན་པར་སེམས་པ་གང་ལ་ཡོད་པ་དེ་ནི་སེམས་དཔའ་ཡིན་ལ། བྱང་ཆུབ་ནི་ཟད་ལ་མི་སྐྱེ་བའི་ཡེ་ཤེས་དང། ཐམས་ཅད་མཁྱེན་པའི་ཡེ་ཤེས་སོ། །བདུད་བཞི་བཅོམ་པས་ན་བཅོམ་ལྡན་འདས་ཡིན་ནོ། །ཇི་ལྟར་ཡང་བྱང་ཆུབ་སེམས་དཔས་བདུད་བཞི་པོ ་བཅོམ་པ་མེད་པ་དེ་ལྟ་ན་ཡང་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་འདི་ཉིད་བྱང་ཆུབ་སེམས་དཔར་གྱུར་པ་ཡིན་པའི་ཕྱིར་བྱང་ཆུབ་དང་ཐག་ཉེ་བའི་བྱང་ཆུབ་སེམས་དཔའ་ལ་བཅོམ་ལྡན་འདས་ཞེས་གཅིག་ཏུ་ཐ་སྙད་དུ་བྱས་པ་ཡིན་ནོ། །གཟིགས་པ་རྣམ་པ་ལྔས ་ཞེས་བྱ་བ་ནི་རུས་དང། རིགས་དང། ཡུལ་དང། རྒྱུད་དང། བུད་མེད་ལ་གཟིགས་པར་འཆད་པར་འགྱུར་བ་དག་གིས་སོ། །ལན་གསུམ་ཡོངས་སུ་སྤྱད་པ་བྱས་ནས་ཞེས་བྱ་བ་ནི་འདོད་པ་ན་སྤྱོད་པའི་ལྷ་དྲུག་པོ་དག་ལན་གསུམ་གྱི་བར་དུ་ཡོངས་སུ་སྤྱད་པར་བྱས་པ ་སྟེ། སྤྱད་བ་བྱས་པ་དང་རུང་བ་ཉིད་དུ་བྱས་པ་ཡིན་ནོ། །བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའ་ཨི་ནུས་པ་དེས་པ་དང་དེའི་རྗེས་སུ་འཇུག་པ་ཡོངས་སུ་བྱང་ཆུབ་པའི་སྣོད་དུ་རུང་བར་མཛད་པ་ཡིན་གྱི། གཟུགས་ན་སྤྱོད་པའི་ལྷ་དག་མི་བདེན་པའི་སྣོད་མ ་ཡིན་པ་དང། སངས་རྒྱས་འབྱུང་བ་མ་མཐོང་བའི་ཕྱིར་ཡོངས་སུ་སྤྱད་པར་བྱ་བ་མ་ཡིན་ནོ། །འགྲོ་བ་རྨི་ལམ་ལ་བཀྲ་ཤིས་པར་འདོད་པ་དེ་བས་ན་འགྲོ་བ་བདག་ཉིད་ལ་བསྟན་པར་བྱ་བའི་ཕྱིར་རྒྱ་ཆེ་བའི་སྣང་བའི་འོད་མཐུ་ཆེན་པོའི་སྣང་བས ་ཁྱབ་པར་གྱུར་ཏེ། ཉི་མའི་སྣང་བས་ལྷག་པ་ཉིད་ཀྱི་ཕྱིར་རོ། །འཇིག་རྟེན་ནི་སྣོད་ཀྱི་འཇིག་རྟེན་ཡིན་ལ། འཇིག་རྟེན་གྱི་བར་ནི་ཁོར་ཡུག་གིས་ཟླུམ་པོར་བྱས་པ་བཞི་པོ་དག་གི་ཡང་ཕྲག་ལ་བྱའོ། །མུན་པས་མ་མཐོང་བའི་ཕྱིར་འཇུག་པ་མེད་པར་འགྱུར ་པ་མུན་པའི་ཐད་ལས་མུན་ནག་ཏུ་བཅུད་པ་ཡིན་གྱི། མིག་དང་བྲལ་བའི་ཕྱིར་ནི་མ་ཡིན་ཏེ། མུན་པས་མུན་གནག་ཏུ་གྱུར་པ་ཡིན་གྱི། མུན་པ་གཞན་གྱིས་མུན་པ་དང་ལྡན་པ་མ་ཡིན་ཞིང་རྒྱལ་བ་ལ་སོགས་པས་བྱས་པ་ལས་མུན་ནག་ཏུ་འགྱུར ་བ་ཡང་མ་ཡིན་ནོ། །གང་གི་ཕྱིར་རྒྱལ་བ་ལ་སོགས་པས་བྱས་པས་ཀྱང་མུན་པར་མཐོང་བའི་འཁྲུལ་པ་དེའི་ཕྱིར་མུན་པ་མུན་ནག་བྱེ་བྲག་ཏུ་བྱས་པ་ཡིན་ནོ། །རྫུ་འཕྲུལ་ཆེན་པོ་ནི་རང་ཉིད་ཀྱི་ཡོན་ཏན་ཕུན་སུམ་ཚོགས་པ་ཁོ་ནས་སོ། །མཐུ་ཆེན་པོ ་ནི་གཞན་ལ་ཕན་འདོགས་པ་ཁོ་ནས་སོ། །འགའ་ཞིག་བདག་ཉིད་ཀྱིས་ཕུན་སུམ་ཚོགས་པ་དག་ནི་ཡོད་ཀྱི་གཞན་ལ་ཕན་འདོགས་པ་དག་ནི་མ་ཡིན་ནོ་ཞེ་ན། དེ་དག་ནི་བདག་ཉིད་རྫུ་འཕྲུལ་དང་ལྡན་པ་ཡང་དང་བཞན་ལ་ཕན་འདོགས་པར་དག་འགྱུར་རོ།། ་འོད་ཀྱིས་ཞེས་བྱ་བ་ནི་འོད་ཟེར་སྟོང་གི་གཟུགས་ཀྱིས་སོ། །སྣང་བ་ནི་གསལ་བ་ཡིན་ལ། བྱེད་མ་ནུས་པ་ནི་ཟིལ་གྱིས་གནོན་པར་མ་ནུས་པའོ། །གང་གི་ཕྱིར་འོད་སྣང་བར་གྱུར་པས་ཀྱང་དེ་དག་སྣང་བར་བྱ་བ་ཉིད་དུ་ནུས་པ་མེད་པའོ། །ཁྱབ་པ་དང་ནི་གསལ ་བར་གྱུར་པའོ། །རང་གི་དཔུང་པ་ནས་ཞེས་བྱ་བ་ནི་ཐག་ཉེ་བར་ནས་སོ། །ལུས་ཀྱིས་དབང་པོས་བཟུང་བ་དང་རེག་པ་ན་མཐོང་བར་ཡང་མི་ནུས་ན་འོན་ཀྱང་གཞན་དུ་ལྟ་ཅི་སྨྲོས། ཀྱེ་སེམས་ཅན་གཞན་ཡང་ཞེས་བྱ་བའི་ཚིག་གཉིས་ནི་དགའ་བ་ཡིན་ཏེ། གང་གི་ཕྱིར་དེ་དག་དགའ་བར་གྱུར་པ་དེའི ་ཚེ་འགྱུར་ཏེ། སེམས་ཅན་གཞན་མཐོང་བའི་ཕྱིར་རམ་སྐྱོ་བ་ཡིན་ཏེ། གཞན་དག་གིས་སྡུག་བསྔལ་མཐོང་བ་ལས་ཀྱང་སྐྱོ་བར་འགྱུར་བ་ཡིན་ནོ། ། ར་དའི་རྒྱུད་ཡིན་པས་ན་ཚངས་སྦྱིན་ནོ། །གཟུགས་ཅན་སྙིང་པོ་ཞེས་བྱ་བ་ནི་འདི་ལ་གཟུགས་དཔེར་བྱ་བ ་ཡོད་པས་ན་གཟུགས་ཅན་ཡིན་ལ། སྙིང་པོ་ནི་རྒྱལ་སྲིད་བརྟན་པོར་བཙུགས་པ་ཉིད་ཀྱི་ཕྱིར་རོ། །གསལ་བ་ལས་ཀྱང་གསལ་ཞིང་དྲི་མ་མེད་པ་ནི་གསལ་ཞིང་གསལ་བ་ཡིན་ཏེ། གང་གི་ཕྱིར་བྱང་ཆུབ་སེམས་དཔའ་སྐྱེས་པར་གྱུར་པའི་འོད་ཀྱིས་ལྗོངས་མུན་པ ་གསལ་བཞིན་དུ་མ་གྲགས་པ་དང་ལྡན་པས་ན་གསལ་རྒྱལ་ཏེ་གསལ་བར་བྱས་པ་ཞེས་བྱ་བའི་བར་དུའོ། །འཇིག་པ་ལ་མཁས་པ་ཞེས་བྱ་བ་ནི་འཇིག་རྟེན་འཇིག་པ་ལ་མཁས་པ་སྟེ། གང་གི་ཕྱིར་འཇིག་པའི་དུས་སུ་སེམས་ཅན་དག་བསམ་པ་ཅན་ཅིག ་ཏུ་འདུ་ཞིང་འཚོག་པའི་ཕྱིར་འཇིག་པའོ། །འཇིག་རྟེན་གྱི་ཡང་སྲིད་ལྡོག་པ་དེའི་རྣམ་པར་དཔྱད་པ་ཤེས་པ་ནི་མཁས་པའོ། །ཡང་ཡང་ཞེས་བྱ་བ་ནི་ཡང་དང་ཡང་དུའོ། །ཆེན་པོ་ནི་རྒྱ་ཆེན་པོས་སོ། །ཁྱབ་པ་གསལ་བར་གྱུར་པས་སོ། །ཅི་ཉི་མ་བདུན་ཅིག་ཅར ་ཤད་བར་གྱུར་ཏམ། །དེ་དག་གང་ཞེས་དོགས་པ་ལ་སྨྲས་པ། འདི་ལྟར་ཞེས་བྱ་བ་ལ་གང་གི་ཕྱིར་རི་དང། ཕུག་ཏུ་བཅས་པ་འོད་ཟེར་ཏེ་གྱིས་གསལ་བར་གྱུར་པ་ཡིན་ཏེ། ཉི་མ་སྟེ་སྣང་བྱེད་ཀྱི་འོད་ནི་རྣོ་ཞིང་བསྲེགས་པ་ཡིན་ལ་བསིལ་བ་ནི་འོད་འདི་ནི ་།དགའ་བ་སྐྱེད་པར་བྱེད་པ་ཡིན་ནོ། །ངེས་པ་ནི་དེ་དག་ཐུབ་པའི་འོད་ཡིན་པས་གསལ་བའོ། །དེ་དག་གང་ལས་ཤེ་ན། སྨྲས་པ། གང་གི་ཕྱིར་ལུས་དེ་གཟུགས་འདི་ལ་རབ་ཏུ་འཇུག་པ་བཞིན་དུ་ལུས་ཐམས་ཅད་ལ་དགའ་བ་བསྐྱེད་པ་ཉིད་ཡིན ་པའི་ཕྱིར་རོ། །གདོན་མི་ཟ་བ་ནི་བྱང་ཆུབ་སེམས་དཔའ་ཡུམ་གྱི་ལྷུམས་ནས་འབྱུང་བའི་དྲི་མ་མེད་པའི་འོད་ཡིན་པས་ཤིན་ཏུ་གསོལ་བའོ། །འོད་ཆེན་པོ་ཅན་ཞེས་བྱ་བ་ནི་འོད་གང་ལ་ཡོད་པ་དེ་ནི་བྱང་ཆུབ་སེམས་དཔའ་འོད་ཆེན་པོ་ཅན་ནོ། །གསེར་གྱི་ཁ་དོག ་ལྟ་བུ་ཞེས་བྱ་བ་ནི་གསེར་བཅོ་མའི་མདོག་ལྟ་བུས་སོ། །འཇིག་རྟེན་གསུམ་དུ་ཞེས་བྱ་བ་ལ་འཇིག་རྟེན་པའི་གཞུང་གིས་ནི་ལྷ་དང་ཀླུའི་འཇིག་རྟེན་དག་ཡིན་ལ། གྲུབ་པའི་མཛའ་ཨི་ཚུལ་གྱིས་ནི་མི་དང་འདོད་པ་ན་སྤྱོད་པའི་ལྷ་དང་གཟུགས་ན་སྤྱོད་པའི ་ལྷ་དག་གི་གནས་སྐབས་ནི་འཇིག་རྟེན་གསུམ་ཡིན་ནོ། །མཐུ་ཆེ་བ་མཐུ་ཆེ་བ་ཞེས་བྱ་བ་ནི་གཙོ་བོ་གཙོ་བོར་གྱུར་པའོ། །བལྟ་བར་དཀའ་བ་ནི་བལྟ་བ་ཉིད་དུ་ནུས་པ་མ་ཡིན་པའོ། །བྱང་ཆུབ་སེམས་དཔའ་ཨི་བསོད་ནམས་ཀྱི་དབང་གིས་སེར་སྐྱའི་གནས་བསྙེན་བཀུར ་བ་ལ་སོགས་པ་སྐྱེས་པ་དེ་དག་ནི་རྣམ་པར་སྨིན་པའི་རང་བཞིན་གྱི་དངོས་པོ་གང་ཡིན་པ་དེ་དག་ཐམས་ཅད་རང་གི་ལས་ཁོ་ན་ལས་གྲུབ་པ་ཡིན་གྱི་གཞན་གྱིས་བྱས་པའི་ལས་ཀྱི་རྣམ་པར་སྨིན་པ་གཞན་གྱིས་ཉམས་སུ་མྱོང་བར་ནུས་པ་མ་ཡིན་པའི་ཕྱིར་རོ།། ་དགའ་བ་སྐྱེས་པ་ཞེས་བྱ་བ་ནི་རྙེད་པ་འཕེལ་བར་གྱུར་པའོ། །དོན་ཐམས་ཅད་ཅེས་བྱ་བ་ལ་འབྱོར་བ་ཐམས་ཅད་མ་བསགས་པར་གྲུབ་པ་སྟེ་འབྱོར་བའོ། །ལས་ཀྱི་མཛའ་ཐམས་ཅད་ཅེས་བྱ་བ་འདིས་ནི་ཕུན་སུམ་ཚོགས་པ་རྩོམ་པ་དང་གྲུབ་པའི་རྒྱུ ་བ་སྟན་པ་ཡིན་ནོ། །ཁྱོགས་ནི་འདེགས་པའི་ཁྲིའོ། །ང་རྒྱལ་ཅན་ཞེས་བྱ་བ་ནི་རིགས་ལ་སོགས་པས་བདག་ཉིད་དང་འདྲ་བ་གཞན་མ་མཐོང་བའི་ཕྱིར་རོ། །ཁ་དྲག་པ་ཞེས་བྱ་བ་ནི་ཞུམ་པ་མེད་པར་སྨྲ་བའོ། །མི་འཇིགས་པ་ཞེས་བྱ་བའི་ཚིག་གི་འཇུག ་པ་ཐམས་ཅད་ལ་གུས་པ་མེད་པར་སྤོབས་པ་སྐྱེ་བའོ། །ཐུབ་པ་ཞེས་བྱ་བ་ནི་དག་གི་འཇུག་པ་ཉེ་བར་ཞི་བའོ། །གཉུག་མར་གནས་པ་ཞེས་བྱ་བ་ནི་རྟག་ཏུ་གནས་པའོ། །དེའི་དྲུང་དུ་ཞེས་བྱ་བ་ནི་ཤཱཀྱའི་སྐྱེད་བྱེད་ཀྱི་ལྷ་སྟེགས་ལ་མངོན་དུ་ཕྱོགས་པ ་དག་གིས་སོ། །མྱུར་བའི་འགྲོས་སུ་སོང་ནས་ཞེས་བྱ་བ་ནི་མགྱོགས་པར་སོང་ནས་སོ། །ལྷ་རྣམས་ཀྱིས་ཀྱང་མཆོད་པ་ཉིད་ཀྱི་ཕྱིར་ལྷའི་ལྷའོ། །རྒྱུ་མཚན་གྱིས་ཐ་སྙད་དུ་བྱེད་པའི་ཕྱིར་མཚན་མཁན་ནོ། །སྐར་མཁན་ནི་སྐར་མའི་བསྟན་བཅོས་ཀྱི་རྣམ་པར ་དབྱེ་བ་ལ་མཁས་པར་གྱུར་པའོ། །སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ནི་ཞབས་ལེགས་པར་གནས་པ་ལ་སོགས་པའོ། །རྣམ་པ་གཉིས་སུ་འགྱུར་རོ། །ཞེས་བྱ་བ་ནི་རྣམ་པ་གཉིས་ཀྱི་གནས་སྐབས་སུ་འགྱུར་བའོ། །ཁྱིམ་པ་ནི་ཁྱིམ་ན་གནས་སོ། །ཁྱིམ་གྱི ་ནང་དུ་གནས་ན་ཞེས་བྱ་བ་ནི་ཆུད་མ་ཡོངས་སུ་ལེན་པར་བྱེད་པའོ། །འཁོར་ལོས་རྒྱལ་སྲིད་སྒྱུར་ཞིང་སྒྲུབ་པར་བྱེད་པའི་ངང་ཚུལ་གང་ལ་ཡོད་པ་དེ་ནི་འཁོར་ལོས་སྒྱུར་བའོ། །ལྷུན་པོ་ལ་བལྟོས་ནས་གླིང་བཞི་པའི་མཛའ་གང་ལ་ཡོད་པ་དེ་ནི་གླིང་བཞི་པའི ་མཛའ་ལས་སོ། །རྒྱལ་བ་ནི་རྒྱལ་བའི་ངང་ཚུལ་ཅན་ནོ། །ཆོས་སྤྱོད་པར་བྱེད་པའི་ཕྱིར་ཆོས་དང་ལྡན་པའོ། །ཆོས་ཀྱི་རྒྱལ་པོ་ཞེས་བྱ་བ་ནི་ཆོས་ཀྱི་རྒྱལ་པོ་ཅན་ཡིན་ཏེ། ཆོས་ཀྱི་ཡུལ་སྒྲུབ་པར་བྱེད་པ་ཉིད་ཡིན་པའི ་ཕྱིར་རོ། །རིན་པོ་ཆེ་ནི་རྙེད་དཀའ་བ་དང། མངོན་པར་འདོད་པའི་དོན་གྲུབ་པར་བྱེད་པའོ། །ཁྱིམ་བདག་རིན་པོ་ཆེ་ནི་བང་མཛོད་ཀྱི་བདག་པོ་བྱེད་པའོ། །བློན་པོ་རིན་པོ་ཆེ་ནི་སྡེ་དཔོན་ནོ། །སྐྲ་དང་ཁ་སྤུ་བྲོགས་པ་ཞེས་བྱ་བ་ནི་ན་ཚོད་ལ་བབ་པའི་ནང་གི ་སྤྲས་པ་སྐྲ་དང་ཁ་སྤུ་རྒྱགས་པ་སྐྱེད་པར་བྱེད་པ་ཉིད་ཡིན་པའི་ཕྱིར་བྲེགས་ཏེའོ། །གོས་དཀར་པོ་དྲི་མ་མེད་པ་ཕྱི་རོལ་གྱིས་སྤྲས་པ་ཡོངས་སུ་སྤངས་ནས་གོས་ངུར་སྨྲིག་སྟེ། སེར་པོ་བགོས་ནས་སོ། །ཡང་དག་པར་དད་པ་ཁོ་ནས་ཞེས་བྱ་བ་ནི་ཡོན་ཏན ་ཡོངས་སུ་ཤེས་པ་སྔོན་དུ་སོང་བ་ཅན་གྱི་དད་པ་ནི་ཡང་དག་པའི་དད་པ་ཁོ་ན་ཡིན་ཏེ། དེས་རབ་ཏུ་བྱུང་བར་གྱུར་ནའོ། །འདིར་བྱུང་བ་ནི་ངེས་པར་བྱུང་བ་དང་འགྲོ་བ་ལ་འཇུག་པ་ཡིན་ཏེ། ཁྱིམ་ནས་ངེས་པར་འབྱུང་བར་འགྱུར་ཞིང་ཁྱིམ་མེད་པར་འགྲོ ་བར་འགྱུར་བ་ཡིན་ལ། ཁྱིམ་ཆུང་ངུ་ནི་ཁྱིམ་ཡིན་ཏེ། ཁྱིམ་ལས་ངེས་པར་བྱུང་བ་དེ་ལ་ཆུང་མ་དང་འདྲེ་བ་ཞེས་བྱ་བའི་ཁྱིམ་ཆུང་ངུ་ཡང་མེད་པའི་ཕྱིར་ཁྱིམ་མེད་པར་འགྲོ་བར་འགྱུར་པའོ། །དེ་བཞིན་གཤེགས་པ་ཞེས་བྱ་བ་ནི་དེ་ཁོ་ན་ཉིད ་གསུང་བའོ། །ཉོན་མོངས་པ་བག་ཆགས་དང་བཅས་པ་སྤང་བའི་ཕྱིར་དགྲ་བཅོམ་པའོ། །སྒྲ་གྲགས་པར་འགྱུར་རོ་ཞེས་བྱ་བ་ནི་ཐམས་ཅད་དུ་གྲགས་པ་གསལ་བར་འགྱུར་བའོ། །བྱང་ཆུབ་སེམས་དཔའ་ཨི་མཐུས་དྲང་སྲོང་ནག ་པོའི་རྫུ་འཕྲུལ་ཟིལ་གྱིས་མནན་ནས་ཞེས་བྱ་བ་ལ་ཡང་དག་པར་སངས་རྒྱས་པའི་གནས་སྐབས་སུ་བཅོམ་ལྡན་འདས་ཀྱི་ཐད་དུ་དྲང་སྲོང་བརྒྱ་ཕྲག་མང་པོ་འདོས་ཀྱང་གཅིག་གི་རྫུ་འཕྲུལ་ཡང་ཟིལ་གྱིས་མ་མནན་པ་མ་ཡིན་ནམ། བྱང་ཆུབ་སེམས ་དཔའ་ཨི་མཐུ་ལས་བཅོམ་ལྡན་འདས་ཀྱི་མཐུ་ཆེར་འཕགས་པ་ཡིན་པའི་ཕྱིར་དེ་དག་ཇི་ལྟར་རིགས་ཤེ་ན། འདི་ལ་བླ་མ་དག་གཙང་མ་རིས་ཀྱི་ལྷའི་བུ་དག་གིས་དེའི་རྫུ་འཕྲུལ་གྱི་བར་ཆད་བྱས་པ་ཡིན་ཏེ། གང་གི་ཕྱིར་དེ་དག་གིས་དྲང་སྲོང ་ནག་པོ་ལ་མངོན་པར་དད་པའི་ལྷ་དང་མིའི་གཙོ་བོར་གྱུར་པ་མང་པོ་དག་དེ་ལ་ཡང་སྟོན་པའི་བློ་ཉིད་སྐྱེད་པར་བྱེད་པ་མཐོང་ནས་དེའི་རྫུ་འཕྲུལ་ཟིལ་གྱིས་མནན་པ་ལས་ཀྱང་དེ་ལ་མངོན་པར་དད་པ་དག་འདི་ནི་ཤིན་ཏུ་ཆེན་པོ་ཡིན་ཏེ། ་གང་གི་ཕྱིར་འདི་སྐྱེས་པས་དྲང་སྲོང་ནག་པོའི་རྫུ་འཕྲུལ་ཟིལ་གྱིས་མནན་པ་ཡིན་ནོ། །ཞེས་གུས་པ་ཆེན་པོ་སྐྱེས་པར་གྱུར་པ་མང་པོ་དག་སངས་རྒྱས་ཀྱི་བསྟན་པ་ལ་འཇུག་པར་བྱ་བའི་ཕྱིར་ལྷ་དག་གིས་དེ་ལྟར་བྱིན་གྱིས་བརླབས ་པ་ཡིན་ནོ། །ཞེས་སྟོན་པར་བྱེད་དོ། །བྱང་ཆུབ་སེམས་དཔའ་ཨི་སྐྱེས་པའི་དུས་ཀྱི་མཚུངས་པ་དེ་མ་ཐག་པ་ཉིད་ཡིན་པའི་ཕྱིར་བྱང་ཆུབ་སེམས་དཔའ་ཨི་མཐུས་ཤེས་བཤད་པ་ཡིན་ནོ། །བཅོམ་ལྡན་འདས་ཞེས་བྱ་བ་ནི་མཆོད་པའི ་ཚིག་ཡིན་ནོ། །མཆོད་པ་ནི་འབྲས་ཡས་ལ་སོགས་པ་བཀྲ་ཤིས་པ་སྟོན་པར་བྱེད་པའོ། །རྐང་པ་ལ་མཁོ་བ་ནི་རྐང་པ་ལ་འོས་པའི་ཆུ་ལ་སོགས་པ་བསྟབས་པའོ། །ཐུབ་པ་ནི་ཉོན་མོངས་པས་སྨྲ་བ་ཉེ་བར་ཞི་བའི་ཕྱིར་རོ། །ལྟ་བར་འདོད ་པ་ནི་ལྟ་བར་འདུན་པའོ། །འཇིག་རྟེན་མ་ལུས་པས་མཆོད་པར་བྱ་བ་ཉིད་ཡིན་པའི་ཕྱིར་འཇིག་རྟེན་གཙོ་བོའོ། །སྐྱེ་བོ་གདུལ་བྱ་ཁྱད་པར་དུ་འདྲེན་པར་མཛད་པའི་ཕྱིར་འདྲེན་པའོ། །གང་གི་ཕྱིར་འདིར་འགྱུར་བ་ལ་ཐུབ་པ་ཞེས་བྱ་བ་ལ་སོགས་པའི ་མཚན་རབ་ཏུ་སྦྱར་བ་ཡིན་ནོ། །ཉལ་བ་ཞེས་བྱ་བ་ནི་གཉིད་ལག་པ་སྟེ་ཚིག་དེ་ནི་བཀྲ་ཤིས་སྟོན་པར་བྱེད་པ་ཡིན་ནོ། །མི་འཛུམ་པ་ཞེས་བྱ་བ་ནི་ཕྱེ་བ་དང་འཛུམ་པ་དང་བྲལ་བའོ། །རིགས་དང་ལྡན་པའི་ཞེས་བྱ་བ་ནི་རྟ་ཅང་ཤེས་ཀྱི་ཡོན་ཏན་དང་ལྡན་པའོ། །ནམ ་ཕྱེད་ཀྱི་ཕྱེད་ལྟར་ཞེས་བྱ་བ་ནི་ཐུན་གཅིག་ཙམ་ཉལ་བའོ། །དགོས་པའི་ཕྱིར་ཞེས་བྱ་བ་ནི་འབྲས་བུ་ཁྱད་པར་ཅན་བྱེད་པར་འདོད་པའོ། །བྱང་ཆུབ་པའི་མཚན་ཞེས་བྱ་བ་ནི་བླ་ན་མེད་པའི་ཡེ་ཤེས་ཐོབ་པར་འགྱུར་བའི་མཚན་ནོ། །ཅི་ཙམ་ན་འཆི་བ་མེད་པ་ཐུགས་སུ་ཆུད ་པར་འགྱུར་ཞེས་བྱ་བ་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་སམ། བྱང་ཆུབ་ཀྱི་ལམ་གྱིས་མྱ་ངན་ལས་འདས་པ་ཐོབ་པར་འགྱུར་རོ། ཞེས་བྱ་བའོ། །འདོད་པ་ན་སྤྱོད་པའི་སྲེད་པ་སྐྱེ་བར་འགྱུར་རོ། །ཞེས་བྱ་བ་ནི་སེམས་སྐྱོ་བས་ཡོངས་སུ་ཟིན་པ་སྟེ། འདོད་པ་ལ་ཡིད ་འབྱུང་བའི་ཕྱིར་རོ། །མིག་མཆི་མས་ཡོངས་སུ་ཁྱབ་པར་གྱུར་ཏེ། ཞེས་བྱ་བ་ནི་མིག་ཆུས་ཡོངས་སུ་ཁྱབ་པར་གྱུར་པའོ། །ཀྱེ་པའི་དབང་པོ་རྟོག་གེ་ཞེས་བྱ་བ་སོགས་པ་ལ་རྟོག་གེ་ནི་སྐར་མའི་རྩིས་ཤེས་པ་ཡིན་ལ། བློ་སྟེ་ཤེས་པ་འཁྲུལ་པ་ནི་ཡོངས་སུ་ཤེས་པ་ཉིད་དང ་བྲལ་བ་ཉིད་ཀྱི་ཕྱིར་གང་གིས་འདི་ལ་འཁོར་ལོས་སྒྱུར་བ་ཉིད་དུ་དེ་དག་གིས་ལུང་བསྟན་པ་འཁྲུལ་ཡིན་ནོ། །དེ་གང་ལས་ཤེ་ན། རྩོད་དུས་ན་ནི་འཁོར་ལོས་སྒྱུར་བ་ཞེས་སྨོས་ཏེ། ནིའི་སྒྲ་ནི་གང་གི་ཕྱིར་དོན་ཡིན་ཏེ། ཚེ་ལོ་བརྒྱ་པའི་དུས་ཡིན་ན་དེའི་ཚེ་ཇི་ལྟར ་འཁོར་ལོས་སྒྱུར་བ་འབྱུང་བར་འགྱུར། བསོད་ནམས་ནི་སྦྱིན་པ་དང་ཚུལ་ཁྲིམས་ལ་སོགས་པ་ཡིན་ལ། མཆོག་གི་དམ་པ་ཡིན་པས་ན་བསོད་ནམས་མཆོག་གིའོ། །ཆོས་ནི་བཀར་གཏོགས་པ་ཡན་ལག་བཅུ་གཉིས་པའོ། །འདི་ཆོས་ཀྱི་མཛོད་དང་སྣང ་ཡིན་པའི་ཕྱིར་དེའི་ཆོས་ཀྱི་མཛོད་དོ། །ཉེས་པ་ནི་འདོད་ཆགས་ལ་སོགས་པ་ཡིན་ལ། བཅོམ་པ་ནི་འདོད་ཆགས་ལ་སོགས་པ་བག་ཆགས་དང་བཅས་པ་སྤངས་པར་གྱུར་ནས་སངས་རྒྱས་དག་ཏུ་འགྱུར་རོ། །འདི་ལྟར་འདིར་འཁོར་ལོས ་སྒྱུར་བར་མི་འགྱུར་བ་དེ་ཅིའི་ཕྱིར་ཞེ་ན། མཚན་མི་གསལ་བ་དག་གིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མཚན་ཤིན་ཏུ་གསལ་བ་དག་གིས་མཚན་པ་ནི་འཁོར་ལོས་སྒྱུར་བར་མི་འགྱུར་ལ་ཐུབ་པའི་དབང་པོ་དག་ནི་མཚན་ཤིན་ཏུ་གསལ་བའི་མཚན་གྱིས་ཉེ་བར ་མཚོན་པ་ཡིན་ཏེ། འདིའི་མཚན་ནི་རབ་ཏུ་གསལ་བ་དེའི་ཕྱིར་དེ་ནི་ངེས་པར་སངས་རྒྱས་སུ་འགྱུར་རོ། །ཆོས་ཀྱི་འཁོར་ལོས་སྒྱུར་བ་ཞེས་བྱ་བ་ནི་ཆོས་ཀྱི་རང་བཞིན་གྱི་འཁོར་ལོ་སྐོར་བའི་ངང་ཚུལ་ཅན་ཉིད་ཡིན་པའི་ཕྱིར་རོ། །སེམས་དོགས་པར་འགྱུར་བ་ནི ་འདིའི་སེམས་དོགས་པ་དང་བཅས་པར་འགྱུར་བ་འམ། སྐྱོ་བ་ཐོབ་པར་འགྱུར་བའོ། །གང་དུ་ཕྱིན་ན་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་དང་ཐག་ཉེ་བའི་གནས་སུ་ཕྱིན་པར་གྱུར་པའོ། །དགེ་བ་སྟེ་ཁ་ན་མ་ཐོ་བ་མེད་པའི་ཡན་ལག་གང་ལ་ཡོད་པ་དེ ་ལ་དེ་སྐད་ཅེས་བྱའོ། །ཅིའི་ཕྱིར་ཕྱུང་ཞེས་བྱ་བ་ནི་མི?་ཡིན་པ་དག་གིས་སེམ?་ཞེའོ། །དེ་འདི་ང་ལ་མྱུར་སྨྲོས་དགེ་བར་འགྱུར། ཞེས་བྱ་བ་ནི་དེ་སྨྲས་ན་དགེ་བ་སྟེ་ལེགས་པར་འགྱུར་བའོ། །གལ་ཏེ་འདི་སྟེང་ཞེས་བྱ་བ་ལ་སོགས་པ་གལ་ཏེ་རྡོ་རྗེ་བྱང་ཆུབ ་སེམས་དཔའ་ཨི་སྟེང་དུ་རབ་ཏུ་གཏུམ་པ་སྟེ། ཤིན་ཏུ་དྲག་པོ་འབབ་པར་གྱུར་ཀྱང་ངོ། །བྱང་ཆུབ་སེམས་དཔའ་ཨི་ལུས་ཀྱི་བ་སྤུ་གཅིག་ཀྱང་གཡོ་བར་ནུས་པ་མ་ཡིན་ནོ། །རླུང་གི་སྟོབས་ཀྱིས་ཕུལ་བ་དང་ཞེས་བྱ་བ་ནི་འཕངས་པར་གྱུར་པའོ། །དྲག་པོ ་མི་བཟད་པའོ། །དུག་ཀྱང་རྣོ་ལ་སྤྲུལ་ཡང་གཏུམ་པས་ནི་ཞེས་བྱ་བ་ནི་རིག་པའི་དུག་གིས་སོ། །ཟད་པ་ནི་ཉམས་པ་ཡིན་ལ་བྱེད་ནུས་ཡིན་ཞེས་བྱ་བ་ནི་རུང་བ་ཉིད་མ་ཡིན་པའོ། །ཡང་ཁྱོད་ཅིའི་ཕྱིར་དུ་བར་བྱེད་ཅེས་དོགས་པ་ལ། མི་དབང་ཞེས ་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། བདག་གི་རྒུད་པ་སྟེ་ཉམས་པ་མཐོང་བས་གང་གི་ཕྱིར་ཞི་བ་སྟེ་མྱ་ངན་ལས་འདས་པ་ན་ཐོབ་པ་དེའི་ཕྱིར། བྱང་ཆུབ་སེམས་དཔའ་འདིའི་གནས་གན་དུ་ཕྱིན་ནས་དོན་མ་གྲུབ་པར་ཤི་བར་འགྱུར་རོ། །ཞེས་དུ་བ་ཡིན་ནོ། །སྐལ་ལྡན ་ཞེས་བྱ་བ་ནི་བསྟེན་པར་བྱའོ། །བསོད་ནམས་ལྡན་ཞེས་བྱ་བ་ནི་སྡིག་པ་བྲལ་ཞིང་དག་བྱེད་དུ་གྱུར་པའོ། །མཚུངས་པ་མེད་པའི་བཞིན་ཏེ་གདོད་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །དུས་སུ་ཞེས་བྱ་བ་ནི་རྫོགས་པར་སངས་རྒྱས་པའི་གནས་སྐབས་སུའོ། ། ་སྨྲ་མཆོག་ཅེས་བྱ་བ་ནི་སྨྲ་བ་པོ་མ་ལུས་པའི་གཙོ་བོར་གྱུར་པའོ། །མཆོག་ཏུ་ཞི་བར་ཞེས་བྱ་བ་ན་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུའོ། །ལོག་པའི་ལྟ་བས་བཅོམ་པ་ཞེས་བྱ་བ་ནི་ཕྱིན་ཅི་ལོག་གི་ལྟ་བས་གནོན་པར་གྱུར་པའི་རྒྱུ ་ཅན་དག་གོ་།གཡོ་སྒྱུའི་ཀུན་ཏུ་སྤྱོད་པ་ལས་འཇུག་ན་ཞེས་བྱ་བ་ནི་ལུས་དང་ངག་གི་གྱ་གྱུའི་འགྱུར་བའོ། །འདོད་ཀྱི་ཞེས་བྱ་བ་ནི་མངོན་པར་འདོད་པའོ། །མི་མཆི་བའི་ཕྱིར་ཞེས་བྱ་བ་ནི་ཡིད་ཀྱིས་སོ། །འཆི་བ་མེད་པ་རྩོལ་བ་ནི་ལུས་དང་ངག་གིས་སོ། །བྲམ་ཟེའི་རིགས ་ཀྱིས་བདག་ནི་བྲམ་ཟེ་ཡིན་ཞིང་བྲམ་ཟེ་དག་པ་ཡིན་པའི་ཕྱིར་ཅིའི་ཕྱིར་བདག་རིག་གཞན་གྱི་ཚངས་པར་སྤྱོད་པ་སྤྱོད་པར་བྱ་ཞེས་བྱ་བ་ནི་རུས་སྨྲས་པ་ཡིན་ལ། བདག་ནི་བྷ་ར་དྷཝ་ཛ་ལ་སོགས་པའི་རྒྱུད་ཡིན་ནོ། །ཞེས་བྱ་བ་ནི་རྒྱུད་སྨྲ་བ་ཡིན་ནོ། །ཡིད་ཀྱི ་འདོན་པ་དང་ལྡན་པ་སྤྱོད་པ་དང་རིག་བྱེད་ཀྱི་དོན་ལ་མཁས་པ་གང་ཡིན་པ་དེ་སྨྲ་བར་མི་བྱ?་ཞིང་ལྷག་པར་སྤྱོད་པར་མི་བྱའོ། །གོང་ནས་གོང་དུ་ཞེས་བྱ་བ་ལ་སོགས་པ་ལ་དྲང་སྲོང་འདོད་པའི་ཁམས་ཀྱི་འདོད་ཆགས་དང་བྲལ་བའི་ཐབས་རྙེད་ནས་བྱང ་ཆུབ་སེམས་དཔའ་འདོད་ཆགས་དང་བྲལ་བ་དང། དེ་བཞིན་དུ་གཟུགས་ཀྱི་འདོད་ཆགས་དང་བྲལ་བ་ནས་རངས་བྱེད་ཀྱི་བུ་ལྷག་སྤྱོད་ལ་ཅུང་ཟད་མེད་པའི་སྐྱེ་མཆེད་ཀྱི་འདོད་ཆགས་དང་བྲལ་པའི་ལུང་མནོས་ཏེ། ཅུང་ཟད་མེད་པའི་སྐྱེ་མཆེད་ལས ་འདོད་ཆགས་དང་བྲལ་བའི་བར་དུའོ། །དེ་ཡན་ཆད་ལུང་འབོག་པ་མེད་པའི་ཕྱིར་སྲིད་པའི་རྩེ་མོའི་འདོད་ཆགས་དང་བྲལ་བར་མ་ནུས་པ་དེ་བས་ན་འགའ་ཞིག་ཏུ་གཟུགས་མེད་པའི་འདོད་ཆགས་དང་བྲལ་བའི་དོན་གྱི་འདི་ལམ་དུ་འགྱུར་རོ།། ་ཞེས་ལོ་ཟུག་གི་བར་དུ་དཀའ་བ་སྤྱད་པ་བརྩམས་པའོ། །ཅུང་ཟད་ཀྱང་ཞེས་བྱ་བ་ལ་སོགས་པ་ལ་མངོན་པར་འདོད་པའི་འབྲས་བུ་སྒྲུབ་པར་བྱེད་པ་ཉིད་མ་ཡིན་པའི་ཕྱིར་རོ། །ཇི་ལྟར་བདེ་བར་དབུགས་ཕྱུང་སྟེ། ཞེས་བྱ་བ་ནི་དབུགས་འབྱུང་བ་དང་རྡུབ་པ་འགྲོ་བ ་པར་བྱེད་པའི་ནང་གི་བུམ་པའི་བསམ་གཏན་ལས་ལྡོག་པར་འགྱུར་བའོ། །ཞལ་ཟས་རྒྱ་ཆེན་པོ་ཞེས་བྱ་བ་ནི་ཏིལ་དང་འབྲས་གཅིག་ཙམ་བཞེས་པ་ལས་སོ་སོར་ལྡོག་པར་གྱུར་པའོ། །ཞུན་མར་དང་འབྲུ་མར་གྱིས་ཞེས་བྱ་བ་ནི་དྲ་མ་དང་འདམ་འཆད ་བར་མཛད་པའི་དཀའ་ཐུབ་ལས་ལྡག་པར་གྱུར་པའོ། །ཆབ་དྲོན་མོས་ཞེས་བྱ་བ་ནི་བདག་ཉིད་མེད་པར་གྱུར་པ་ལས་ལྡོག་པར་གྱུར་པ་ཡིན་ལ། ཆུ་དྲོན་པོ་ནི་ཅུང་ཟད་དྲོ་བའོ། །ལན་བཅུ་དྲུག་ཏུ་བཟླས་པ་ཞེས་བྱ་བ་ནི་ལན་བཅུ་དྲུག་ཏུ་བཟླས་ཤིང་གོམས ་པར་བྱས་པ་ལ་བཟླས་པ་ཞེས་བྱ་བ་སྟེ། སྟོང་ལ་སོགས་པ་བརྒྱད་པའི་མཐར་ཕྱིན་པའོ། །སྡེ་ཚན་བརྒྱད་ཀྱི་ཚོམས་རེ་རེ་ལ་བླུད་པ་དང་བཞོས་པ་བྱས་པར་གྱུར་པ་ན་ལེན་བཅུ་དྲུག་བཟླས་པ་ཉིད་དུ་འགྱུར་རོ་རྩཝ་བཀྲ་ཤིས་འཚོང་ཞིང་རྩཝས་སྤྱོད་པ་གང་ཡིན ་པ་དེའི་ཐད་ལས་རྩཝ་དག་བཞེས་ནས་སོ། །མ་འཁྲུགས་པ་ནི་རྩ་བ་དང་རྩེ་མོ་གཅིག་ཏུ་ལྷག་པ་ཡིན་པའི་ཕྱིར་རོ། །འཐུག་སྲབ་ཏུ་མ་གྱུར་པ་ཁྱབ་པར་གནས་པ་ཉིད་ཀྱི་ཕྱིར་རོ། །གདན་བཤམས་པ་ནི་རྩཝའི་མལ་བཏིང་ནས་སོ། །སྐྱིལ་མོ་ཀྲུང་བཅས་པ་ནི་སྐྱིལ ་ཀྲུང་བཅིངས་པའོ། །སྐུ་དྲང་པོར་བསྲངས་ནས་ཞེས་བྱ་བ་ནི་མཛད་ནས་སོ། །སྐུ་བསྲང་བ་ནི་རྐེད་པའི་ཕྱོགས་ནས་བརྩམས་ནས་ལྟོ་བའི་བར་རྒྱས་པར་བྱེད་པའོ། །དྲན་པ་མངོན་དུ་ཕྱོགས་པར་བཞག་སྟེ། སོ་སོར་མངོན་དུ་ཕྱོགས་པ་ནི་དྲན་པ་མངོན་དུ་ཕྱོགས ་པར་བཞད་པ་ཡིན་ཏེ། རྣལ་འབྱོར་པས་སྣའི་རྩོ་མོ་ལ་བལྟ་བའི་འཇུག་པ་ནི་བསམ་གཏན་བྱེད་པའོ། ཞེས་འཇིག་རྟེན་པ་སྨྲ་བ་ཡོད་པས་སྣའི་རྩེ་མོ་ལ་མིག་པ་གཏོད་ན་དྲན་པ་ཡང་བསྒོམ་པར་བྱ་བ་དོན་དེ་ཉིད་ལ་བཞག་པར་འགྱུར་ཏེ། དེ་བས་ན་འདིར ་ལུས་ཀྱི་གནས་སྐབས་ཀྱི་བྱེ་བྲག་ལ་ཡང་བརྩོན་འགྲུས་བརྩམས་པའི་རྒྱུ་མཚན་ཏིང་ངེ་འཛིན་གྱི་ཡན་ལག་ཡིན་ནོ། །ཞེས་བསྟན་པར་འགྱུར་རོ། །ཐུགས་བསྐྱེད་པ་ཞེས་བྱ་བས་ནི་ཐུགས་བརྟན་པོར་མཛད་པ་བསྟན་པ་ཡིན་ནོ། །གསུང་བརྗོད་པ་ཞེས་བྱ ་བ་ནི་ལྷ་དབང་པོར་བཞག་པའི་ཕྱིར་གསུང་བརྗོད་པའོ། །གཞན་གྱི་དོན་མཛད་པས་སངས་རྒྱས་བཅོམ་ལྡན་འདས་ནི་གཙོ་བོར་གྱུར་པ་ཡིན་ལ། གཞན་གྱི་ཡང་ཆོས་བསྟན་པ་མེད་པར་མཛད་མི་སྤྱོད་པ་དེ་བས་ན་ཇི་ལྟར་ན་བཅོམ་ལྡན་འདས་མངོན ་པར་རྫོགས་པས་སངས་རྒྱས་ནས་ཀྱང་ཆོས་བསྟན་པའི་ཕྱིར་ཚངས་པས་བསྐུལ་བ་ལ་གཞེས་པར་མཛད། འོན་ཀྱང་ཐོག་མ་ཉིད་དུ་ཆོས་སྟོན་པར་མི་མཛད་ཅེ་ན། འདིར་སྨྲས་པ། ཚངས་པས་བསྐུལ་པ་ལ་གཞེས་པ་ཡང་སེམས་ཅན་གྱི་དོན་ཁོ་ན ་ཡིན་ཏེ། གང་གི་ཕྱིར་གཟུགས་ན་སྤྱོད་པའི་ལྷ་གཅིག་པ་མ་ཡིན་པ་དག་འདི་ལྟར་ཚངས་པ་ལ་ཚངས་པ་དང། ཚངས་པ་ཆེན་པོ་ལྡང། བྱེད་པ་པོ་དང། སྤྲུལ་པ་པོ་ཞེས་བྱ་བ་ལ་སོགས་པ་ཆེན་པོ་ཉིད་ཀྱི་བློ་སྐྱེ་བར་འགྱུར་བ་དང། འདོད་པ་ན་སྤྱོད ་པའི་ལྷ་དང་མི་གཅིག་པ་མ་ཡིན་པ་དག་ཀྱང་ཚངས་པ་ལ་སྟན་པའི་བློ་སྐྱེ་བར་འགྱུར་རོ། །གང་གི་ཚེ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཚངས་པ་ཆེན་པོ་འོངས་ནས་བཅོམ་ལྡན་འདས་ལ་ཕྱག་འཚལ་ཏེ་ཆོས་སྟོན་པར་བསྐུལ་བར་གྱུར་པ་དེ ་ཚེ་ཚངས་པ་ཆེན་པོ་ཉིད་ཀྱི་བློ་སྐྱེ་བར་གྱུར་པ་དང། སྟོན་པའི་བློ་ཀྱེ་བ་གང་ཡིན་པ་དེ་དག་བློ་དེ་དང་བྲལ་བ་དང། དེ་དག་སངས་རྒྱས་བཅོམ་ལྡན་འདས་ལ་ཆེན་པོ་ཉིད་ཀྱི་བློ་དང། སྟོན་པའི་བློ་སྐྱེ་སྟེ། ཡོན་ཏན་གང་གིས་འདི་ཤིན་ཏུ་ཆེན་པོ་ཡིན ་ཏེ། དེ་ལ་ཚངས་པ་ཆེན་པོ་ཡང་ཕྱག་འཚལ་བར་བྱེད་པ་དང། ཆོས་བསྟན་པའི་ཕྱིར་བསྐུལ་ལོ། །ཞེས་བཅོམ་ལྡན་འདས་ལ་གུས་པ་སྐྱེ་བར་འགྱུར་ཞིང། བཅོམ་ལྡན་འདས་ལས་ཆོས་ཐོས་ནས་ཤིན་ཏུ་ཆི་བའི་བྱེ་བྲག་ཁོང་དུ་ཆུད ་པར་འགྱུར་རོ། །དེའི་ཕྱིར་བཅོམ་ལྡན་འདས་ཚངས་པས་བསྐུལ་བ་ལ་གཞེས་པར་མཛད་པ་ཡིན་ནོ། །རྟག་ཏུ་དུས་སྟོན་ཆེན་པོས་ཞེས་བྱ་བ་ནི་བདེ་བའི་རྒྱུ་དུས་ཚིགས་ཀྱིས་དགའ་སྟོན་ཆེན་པོའོ། །རབ་ཏུ་དགའ་བ་ནི་རབ་ཏུ་མགུ་བའོ། །དབང་པོ་ལྔ་ཞེས ་བྱ་བ་ནི་གཙོ་བོ་ལྔ་ཡིན་ལ། ཉེ་བའི་དབང་པོ་ལྔ་ཞེས་བྱ་བ་ནི་ཉེ་བའི་གཙོ་བོ་ལྔ་ཡིན་ཏེ། གྲོང་ཁྱེར་རྒྱ་ཆེ་བ་ཉིད་ནི་གཙོ་བོ་ཉུང་ངུ་དག་གི་གཟུང་བར་མི་ནུས་པའི་ཕྱིར་རོ། །ངོས་བཞི་བཞི་སོ་ཕག་གིས་བརྩིགས་པ་དང། བང་རིམ་ཅན་དུ་བསྒྲུབས་པའི ་རྫིང་བུ?་ནི་རྫིང་བུ?་ཡིན་ལ་རྫིང་དུབ་དེ་དག་ལས་ཀྱང་ཆུ་འཛིན་པའི་ཡུར་བ་རབ་ཏུ་གཡོགས་པ་གྲོང་ཁྱེར་དུ་འཇུག་པ་དེའི་ཕྱིར་ཡུར་བ་ལྔ་བརྒྱ་པོ་དེ་དག་དང་ལྡན་པ་ཡིན་ནོ། །ཡན་ལག་གི་མཆོག་ལྔ་ནི་ཞེས་བྱ་བ་ནི་རྒྱལ་པོའི་ཡན་ལག་གཙོ་བོར་གྱུར་པའོ།། ་འབྱོར་པ་ནི་རྫས་ལས་བྱས་པའི་ཕུན་སུམ་ཚོགས་པའོ། །ཁམས་མ་སྙོམས་པའི་ཕྱིར་ཞེས་བྱ་བ་ནི་སའི་ཁམས་ལ་སོགས་པ་མ་སྙོམས་པའི་གནས་སྐབས་ཡིན་པའི་ཕྱིར་རམ། རླུང་ལ་སོགས་པའི་འོ། །གཉིད་མེད་པའི་ནད་ཀྱིས་ཞེས་བྱ་བ་ནི ་གཉིད་མེད་པར་གྱུར་པའི་ནད་ཁོ་ནས་སོ། །རྫས་སྣ་ཚོགས་བསགས་པའི་བྱེ་བྲག་ཅེས་བྱ་བ་ནི་གཉིད་དང་རྗེས་སུ་མཐུན་པའི་རྫས་རྣམ་པ་དུ་མ་ལ་སོགས་པ་དང་ལྡན་པའི་མར་བླུད་པར་བྱས་ནའོ། །མགོ་བོའི་རྩ་ནས་བློན་པར་གྱུར་ནས་ཞེས་བྱ ་བ་ནི་ཐམས་ཅད་ཀྱི་ཐམས་ཅད་དུ་མགྲིན་པའི་ཕྱོགས་ནས་གཅོད་ཅིང་འདོར་བར་འགྱུར་བའོ། །དགྲ་བོས་འོངས་པར་དོགས་པ་ཉམས་པའི་གནས་ལ་སྐྱེས་བུ་ངེས་པར་སྦྱར་བ་ནི་གཅན་པའོ། །བཟོད་པ་ནི་མནགས་པར་གྱུར་པའོ། །ཐུགས ་གཟུང་དུ་ཞེས་བྱ་བ་ནི་ཐ་སྙད་དུ་བྱེད་པའི་སྒོ་ནས་སེམས་ཡོངས་སུ་མགུ་བར་བྱ་བར་རོ། །དགྲ་བོ་ནི་ཕྱིར་རྒོལ་བའོ། །དོགས་ཤིན་སྐྱོ་ནས་ཞེས་བྱ་བ་ནི་མི་འདོད་པའི་དོགས་པ་གང་ཡིན་པ་དེས་སེམས་སྐྱོ་བར་གྱུར་ནས་སོ། །གལ་ཏེ་ལྷ་ཡིས་ཞེས་བྱ་བ་ནི་འགའ་ ་ཞིག་ཏུ་རྒྱལ་པོའི་སྦྱོར་བ་ལས་སོ། །ལ་བས་དཀྲིས་ཏེ་ཞེས་བྱ་བ་ནི་པུས་མཁྱུད་དང་འདྲ་བར་རྒྱབ་དང་པུས་མོ་གཉིས་དཀྲིས་ཏེའོ། །བློ་ཀུན་ནས་ཉོན་མོངས་པས་ཞེས་བྱ་བ་ནི་སེམས་གདུག་པས་དགེ་བའི་དངོས་པོ་ཅུང་ཟད་ཙམ་ལ་ཡང་སེམས ་པར་མི་བྱེད་པའོ། །ཅི་ལྟར་འགྱུར་རམ་ཞེས་བྱ་བ་ལ་ཅིའི་སྒྲ་ནི་སྨོད་པ་འམ་མི་སྲིད་དོ་སྙམ་པ་ཡིན་ཏེ། རྒྱལ་པོས་དེ་ལྟ་བུའི་དངོས་པོ་ཡོད་པ་མ་ཡིན་ནོ་སྙམ་པའོ། །མགོ་བོ་ལ་བྱུགས་ནས་ཞེས་བྱ་བ་ནི་མགོ་བཅད་པར་མི་འགྱུར་ཏམ་སྙམ་དུས་མས་བར་གྱུར་ནས་སོ། སྦྱོར?་བ ་སྔ་མའི་ཚུལ་དུ་ཞེས་བྱ་བ་ནི་ལན་གསུམ་གྱི་བར་དུའོ། །ཁྲུང་ཁྲུང་མ་ཡིན་པ་ཞེས་བྱ་བ་ནི་འདིར་རྨ་བྱ་ཡིན་པར་དགོངས་སོ། །གྲེས་མ་ནི་རྩཝའི་རིགས་ཡིན་ལ། དེ་བམ་ཐ་བས་བརྡུངས་པ་བླངས་ནས་ཞེས་བྱ་བ་ནི་ཐོ་བས་བརྡུངས་པ་ལས་མ་བརྡུངས་པའི་གནས ་སྐབས་སྔ་མ་དང་འདྲ་བ་དེའི་ཕྱིར་མཉམ་པར་འགྱུར་བ་ཡིན་གྱི་གཞན་དུ་ནི་མ་ཡིན་ཏེ། བརྡུངས་པའི་གནས་སྐབས་ཤིན་ཏུ་ཡང་བར་འགྱུར་རོ། །གང་གི་ཕྱིར་ཐོ་བས་བརྡུངས་པ་ལས་རྩཝའི་རིགས་སྙིང་པོར་མ་གྱུར་པ་མང་པོ་འབྱུང་བར་འགྱུར་བའི ་ཕྱིར་རོ། །ནག་མོ་ཞེས་བྱ་བ་ནི་མགོ་བོའི་ཕྱོགས་གནག་པ་ཡིན་པའི་ཕྱིར་དང། སྤྲེའུ་འི་རིགས་པ་ལའང་འཇུག་པ་ཡིན་པའི་ཕྱིར་ནག་མོ་ཞེས་བྱ་བ་ཡིན་ལ། ཕལ་ཆེར་ནི་ཤིང་ལ་གནས་པར་བྱེད་པ་དེའི་ཕྱིར་ཤིང་གི་སྤྲེའུ་ཞེས་བྱའོ། །འཇུག་པ་ནི་འཁྲིགས ་པ་སྒྲུབ་པར་བྱེད་པའི་བྱ་བ་ལའོ། །བྱེ་མས་ཡོངས་སུ་གང་བའི་བུམ་པ་ནི་བྱེ་མའི་བུམ་པའོ། །ཡང་བྱེ་མའི་བུམ་པ་ལ་ཆུ་དེ་དག་ཙམ་ཇི་ལྟར་ཤོང་བར་འགྱུར་ཞེ་ན། འདིར་སྨྲས་པ། བྱེ་མ་ཆུ་ལས་སྐྱེས་པ་ཡིན་པ་དེའི་ཕྱིར་ཆུ་དང་མཚུངས་པར་ལྡན་པ ་པན?་འཁུམ་པར་འགྱུར་ཞིང། སྐམ་པོའི་གནས་སྐབས་སུ་ནི་མི་འཁུམ་པར་ངེས་པ་དེའི་ཕྱིར་ཆུ་ཤོང་བར་འགྱུར་རོ། འདུ?་བའི་རྫས་སྲད་སུམ་ཅུ་སོ་གཉིས་ཤོང་བ་དང། སྐམ་སྲད་བཅུ་དྲུག་གི་ཚད་བྲེ་ཆུང་ཡིན་ནོ། །ཞེས་བྱ་བ་ནི་བསྟན ་བཅོས་ལས་གྲགས་པའི་ཚད་ཡིན་ལ། འཇིག་རྟེན་པའི་སྐམ་པོ་ཡང་སྲད་སུམ་ཅུ་རྩ་གཉིས་ཀྱི་ཚད་ཁོ་ན་ལ་བྲེའུ་ཆུང་ངུ་འདོད་དོ། །ཆུ་ལ་སྐྱེས་པའི་ཕྱིར་ཞེས་བྱ་བ་ནི་ལན་ཚྭ་ཆུའི་ལྦུ་བའི་རང་བཞིན་ཉིད་ཡིན་པའི་ཕྱིར་ཆུ་དང་འབྱོར་པར་གྱུར་ན་ཁུ་བ ་ཙམ་གྱི་ལྷག་མར་གྱུར་པའི་ཕྱིར་རོ། །མི་སྐ་བར་འགྱུར་རོ། །ཞེས་བྱ་བ་ནི་སླན་ཏེ་འགྱུར་བའོ། །དྲན་པ་ཁྱད་པ་ཅན་དང་ལྡན་པ་ལ་འདིར་དྲན་པ་དང་ལྡན་པ་ཞེས་བྱའོ། །མདངས་འཕྲོག་པའི་ཕྱིར་རོ། །ཞེས་བྱ་བ་ནི་རླུང་གི་མདངས་ནི་ལྷག་མའི་མདངས ་ཡིན་ནོ། །ཞེས་བྱ་བའི་དབང་དུ་བྱས་ནས་གཟི་ཕྲོགས་པའི་ཕྱིར་གཅི་བར་འགྱུར་རོ། །སའི་མདངས་ཕྲོགས་པ་ནི་སྙིང་པོ་ལེན་པའམ་ཟ་བར་བྱེད་པ་ནའོ། །ཅང་མི་ཟེར་བ་ནི་ཁས་ལེན་པ་ལ་རབ་ཏུ་སྦྱོར་བ་ཡིན་ནོ། །འདུག་པ་ཞེས་བྱ་བ་ནི་དགོས་པར་མེད ་པར་གྱུར་པར་རོ། །བ་གཅི་ཞིབ་མོ་ཞེས་བྱ་བ་ནི་བ་གཅིའི་ཕྱེ་མའོ། །བདག་ཉིད་ཀྱི་མངོན་སུམ་དུ་བྱས་པ་ནི་དེ་ལ་འཇུག་པའི་སེམས་ཀྱི་མོས་པས་མངོན་སུམ་དུ་ཉམས་སུ་མྱོང་བར་གྱུར་པའོ། །ཁྲག་གི་ཐིགས་པའི་ལྷག་མ་གཉིས་སམ་གསུམ་ལ ་ལུས་པ་ནི་ཟླ་མཚན་དང་ལྡན་པར་གྱུར་པའོ། །བྱིན་པ་ཞེས་བྱ་བ་ནི་བཀའ་དྲིན་བྱིན་ནས་སོ། །ནད་དང། དེ་ཉེ་བར་ཞི་བར་བྱེད་པའི་སྦྱོར་བའི་རིགས་པ་ལ་མཁས་པའི་ཕྱིར་སྨན་པའོ། །རྩཝ་ནི་རྟ་ལ་མཁོ་བའི་ཟས་ཡིན་ཏེ་རུང་བའི་ཟས་ནི་རྟའི་ཡོ་བྱད་དོ ་དབྱེ་བར་གྱུར་ན་ཞེས་བྱ་བ་ནི་ཆད་པ་འབུལ་བའི་ཞོ་ཤ་པའོ། །གང་དམ་དེའི་དོན་ཏུ་ཞེས་བྱ་བ་ནི་ཉེས་པ་ཆུང་ངུ་དག་གིས་ཀྱང་ངོ། །ཆང་གི་ཁ་དོག་ལ་སོགས་པ་དང་འདྲ་བའི་མར་སྦྱར་དེ་བསྒྲུབས་ནས་སོ། །དགེ་མཚན་ཞེས་བྱ་བ་ནི་བདག་པོ་དང ་བུ་དང་མིང་པོ་ཕོག་པ་ལ་སོགས་པ་དགེ་བའི་ཕྱིར་འོང་བ་ལ་སོགས་པའི་དོན་ཏུ་བུད་མེད་རྣམས་ཀྱིས་བསྲུང་བའི་སྐུད་པ་ལ་སོགས་པ་བཏགས་པ་དང། ལུས་ཀྱི་ཕྱོགས་གཅིག་ལ་གི་ཝང་ལ་སོགས་པས་སྐུད་པའོ། །བཀྲ་ཤིས་པ་ཞེས་བྱ་བ་ནི་ཤིས ་པར་བྱེད་པའི་ཞོའི་བུམ་པ་ལ་སོགས་པའོ། །དགེ་ལེགས་སུ་འགྱུར་བ་ནི་བྲམ་ཟེ་དག་ཞི་བར་བྱེད་པའོ། །མཛའ་བོ་དང། ནེའུ་ལྡང་ལ་གྲོགས་བཤེས་ཞེས་བྱའོ། །གཉེན་ནི་མེ་སྐོར་དང་ཐ་སྙད་འབྲལ་པ་ཅན་ནོ། །ཕུ་ནུ་ནི་བདུན་བརྒྱུད་ཀྱི་ནང་དུ་འདུས་པའོ། །སྙན་པའི ་ཚིག་བརྗོད་པར་བྱེད་པས་ན་ཀུན་ནས་དགའ་བར་བྱེད་པའོ། །གཟོ་གཟིགས་ལ་ཞུགས་པ་ཉིད་ཡིན་པའི་ཕྱིར་ཆོས་ཀྱི་སྤུན་ཞེས་བྱའོ། །ཇི་ལྟར་འདོད་པར་འདོད་དོ། །ཞེས་བྱ་བ་ནི་རང་གི་འདོད་པས་འཇུག་པའོ། །གོམས་པར་བྱེད་པ་ཞེས་བྱ་བ་ནི་ཡིད་བསྟན་པའི ་བྱ་བ་བྱེད་པར་འཇུག་པའོ། །ཡིད་ཆེས་སྐྱེད་པའི་རྒྱུ་མཚན་ཞེས་བྱ་བ་ནི་སྒྱུ་བྱས་ཏེ་ཞེས་བྱ་བ་ནི་བསླུས་པར་གྱུར་ཏེ། འཁྲུས་སོ། །ཞེས་བྱ་བ་འཁྲུས་པ་ནི་ནད་དོ། །སོས་པར་གྱིས་ཤིག་ཅེས་བྱ་བ་ནི་ཡོངས་སུ་རྒྱས་པར་གྱིས་ཤིག་པའོ། །གོས་ཆེན་པོ་ཞེས་བྱ་བ་ནི ་རས་ཚད་ཤིན་ཏུ་ཕྲ་བ་ཅན་ཕྱི་རོལ་ཏུ་བགོ་བར་བྱ་བའོ། །ཆོས་ཀྱི་ཡབ་ཏུ་གྱུར་ཏེ་ཞེས་བྱ་བ་ནི་འཕགས་པའི་ལམ་གྱི་ཆོས་ཀྱི་སྒོ་ནས་འདི་ནི་ངའི་ཡབ་ཡིན་ལ། ཁོ་བོ་ཡང་འཕགས་པའི་ལམ་གྱི་ཆོས་ནས་སྐྱེས་པས་དེའི་སྲས་སུ་འགྱུར་བ་ཡིན་ནོ་ཞེའོ། །ཆོས་གོས ་གསུམ་ནི་སྣམ་སྦྱར་དང། བླ་གོས་དང། མཐང་གོས་སོ། །དབང་བྱེད་རྒྱལ་པོ་གང་ཞིག་ལ་ཞེས་བྱ་བ་ལ་སོགས་པ་དྲི་བ་ལ་དྲུག་དང་དབང་བྱེད་རྒྱལ་པོ་ཞེས་བྱ་བའི་སྐབས་སུ་དེས་པར་སྤྱད་པར་བྱ་བ་ཡིན་པ་དེའི་ཕྱིར་འདིར་མ་བརྗོད་པ་ཡིན་ནོ། །ལྕང་ལོ་ཅན་ཞེས་བྱ་བ ་ནི་རྣམ་ཐོས་སྲས་ཀྱི་རྒྱལ་པོའི་ཕོ་བྲང་དུའོ། །འཛིན་པ་ཞེས་བྱ་བ་ནི་རབ་ཏུ་འཇུག་པ་བྱས་ནས་སོ། །ཀུན་ཆུབ་པར་བྱས་ནས་ཞེས་བྱ་བ་ནི་ཚིག་གི་དབྱེ་བའི་སྒོ་ནས་ངེས་པར་བྱས་ནས་སོ། །གསེར་ཏོ་ལོ་འབུམ་གྱི་ཚད་ནི་གསེར་ཕུར་རོ། །ཚོང་ཁང་དང་གཟོའི་གནས་མེད ་པ་སྐྱེ་བོའི་ཚོགས་གནས་པ་ནི་གྲོང་ཡིན་ལ། ཚོང་ཁང་དང་བཟོའི་གནས་དང་ལྡན་པའི་སྐྱེ་བོ་དམ་པ་མང་པོ་གནས་པ་ནི་གྲོང་བརྡལ་ཡིན་ཞིང། ཡུལ་གྱི་ཚོགས་ནི་ཡུལ་འཁོར་ཡིན་ནོ། །རྒྱལ་པོའི་གནས་དང་ལྡན་པའི་གྲོང་ཁྱེར་དང་ནི་རྒྱལ་པོའི ་ཕོ་བྲང་འཁོར་རོ། སྐྱེ་བོ་མཁས་པས་སྤངས་པའི་སྒོ་ནས་སྨད་པར་བྱ་བ་ཉིད་ཡིན་པའི་ཕྱིར་གྲོང་ཁྱེར་མ་ཡིན་པ་དང། ཚོང་བརྡལ་མ་ཡིན་པའོ། །བདག་ཉིད་མཁས་པ་སྙན་པ་ཉིད་ཅེས་བྱ་བ་ནི་མཁས་པའོ་སྙམ་དུ་སེམས་པ་དེའི་དངོས་པོ་ནི་མཁས་པའོ་སྙམ་དུ་སེམས ་པ་དེ་ཉིད་ཀྱིས་སོ། །ལེགས་པར་རུང་བ་ཉིད་དུ་འདོད་པ། ཞེས་བྱ་བ་ནི་ཤིན་ཏུ་ཡོན་ཏན་དང་ལྡན་པས་ན་ལེགས་པར་རུང་བ་ཡིན་ལ། ལེགས་པར་རུང་བ་ཉིད་དུ་འདོད་པ་ནི་སྐྱེ་བོ་མང་པོ་བློ་མཐུན་པ་དང་མངོན་པར་འདོད་པའོ། །དགའ་བ་ནི་ཡིད་བདེ་བའོ། །མགུ་བ ་ནི་རབ་ཏུ་དགའ་བའི་བྱེ་བྲག་གོ་།སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ནི་ཞབས་ལེགས་པར་གནས་པ་ལ་སོགས་པ་ཡིན་ལ། དབྱེ་བྱད་བཟང་པོ་བརྒྱད་ཅུ་ནི་སེན་མོ་ཟངས་ལྟར་དམར་བ་ལ་སོགས་པ་ཡིན་ནོ། །སྐུའི་འོད་ཟེར་གྱིས་སྤྲས་པ་ནི་སྐུའི་འོད ་ཀྱིས་སོ། །ཉི་མ་སྟོང་པས་ཤིན་ཏུ་ལྷག་པའི་འོད་འདོམ་གང་ལ་མངའ་བ་དེ་ནི་ཉི་མ་སྟོང་བས་ལྷག་པའི་འོད་ཅན་ནོ། །གཤེགས་པ་ཞེས་བྱ་བ་ནི་ཞབས་ཀྱིས་རྒྱུ་བའོ། །ཀུན་ནས་བཟང་པོ་ཞེས་བྱ་བ་ནི་ཀུན་ནས་མཛེས་པར་རོ། །ལེགས་པ་ནི་དགེ་བའི་ཆོས་བསྒོམ་དུ་རུང ་བ་ཉིད་དོ། །དགེ་བའི་རྩ་བའི་རྒྱུ་བསགས་པ་ཞེས་བྱ་བ་ལ། དགེ་བའི་རྩ་བ་ནི་འདིར་ཐར་པའི་ཆ་དང་མཐུན་པ་ལ་འདོད་ལ་དེ་བསགས་པ་ནི་ཡོངས་སུ་སྨིན་པ་ཐོབ་པའོ། །བསམ་པ་ལ་སོགས་པའི་རྣམ་པར་བཤད་པ་ནི་སྔར་བྱས་པ་ཉིད་ཡིན་ནོ། །འཕགས་པའི ་བདེན་པ་བཞི་ཡང་དག་པར་རབ་ཏུ་རྟོགས་པར་འགྱུར་བ་སྟེ། འཕགས་པའི་བདེན་པ་བཞི་ཁོང་དུ་ཆུད་པ་དང་རྗེས་སུ་མཐུན་པའོ། །འཇིག་ཚོགས་སུ་ལྟ་པའི་རིའི་རྩེ་མོ་ཉི་ཤུའི་བཤད་པ་ནི་སྔ་མ་བཞིན་དུ་རིག་པར་བྱའོ། །ལེགས་བཤད་རྣམ་ཤེས་སྙིང་པོ་སྟེ། ་ཞེས་བྱ་བ་ལ་སོགས་པ་ལ། ཤེས་ཤིང་ཁོང་དུ་ཆུད་པའི་སྙིང་པོ་སྟེ། དོན་ལེགས་པར་བཤད་པ་གང་ལ་ཡོད་པ་དེ་དག་ནི་རྣམ་ཤེས་སྙིང་པོ་འམ་རྣམ་ཤེས་དེ་ཁོ་ན་ཉིད་ཁོང་དུ་ཆུད་པའི་སྙིང་པོ་དེ་ལེགས་པ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། གང་གི་ཕྱིར་གང ་ལས་དེ་ཁོ་ནའི་བློ་སྐྱེ་བར་མི་འགྱུར་བའི་ལེགས་པར་བཤད་པ་དེ་ནི་སྙིང་པོ་དང་ལྡན་པར་མི་འགྱུར་རོ། །ཐོས་པའི་ཡང་རྣམ་པར་ཤེས་པ་དང་ཏིང་ངེ་འཛིན་སྙིང་པོ་ཡིན་རྣམ་པར་ཤེས་པའི་ཡེ་ཤེས་དང་ཏིང་ངེ་འཛིན་ཡིན་པས་སྙིང་པོ་སྟེ། འབྲས་བུ་དེ་གཉིས ་ཐོབ་པ་གང་ལ་ཡོད་པ་སྟེ། གང་གིས་ལུང་ཕོག་པ་མེད་པར་ལེགས་པར་བཤད་པའི་དོན་ཁོང་དུ་ཆུད་པར་གྱུར་པ་ནི་རང་གི་ཆེ་བའི་དབང་དུ་བྱས་ནས་ཚིགས་སྔ་མ་བཞིན་གྱིས་ལུང་ཐོག?་པའི་སྟོབས་ཀྱིས་ཐོས་པ་ཡིན་ལ། གལ་ཏེ་ལེགས་པར་བཤད་པ་དེ་ཐོས་པའི་སྟོབས་ཀྱིས་ཐོས ་པ་ལས་བྱུང་བའི་ཤེས་པ་དང་ཏིང་ངེ་འཛིན་སྐྱེ་བར་འགྱུར་བ། དེའི་ཚེ་འབྲས་བུ་དང་བཅས་པའི་ཐོས་པ་སྐྱེས་པ་ཡིན་གྱི། རྣམ་པ་གཞན་དུ་ནི་མ་ཡིན་ཏེ། དེ་ཉིད་དེ་དག་དོན་ཆེན་ཤེས་ཐོབ་མེད་ཅེས་སྨོས་པ་ཡིན་ནོ། །བརྟབས་པ་ནི་ཐོས་པ་མེད་པར་སྤྱད་པའོ ་བག་མེད་པ་ནི་དགེ་བ་ལ་མངོན་པར་སྦྱོར་བ་ལ་རབ་ཏུ་ལྷོད་པ་ཡིན་ཏེ། དེ་དག་གོ་རིམ་བཞིན་དུ་བདག་དང་གཞན་ལ། ལེགས་པར་བཤད་པས་ཡོངས་སུ་ཤེས་པའི་ཕན་ཡོན་ཆེན་པོར་མི་འགྱུར་ཏེ། དེ་བསྒྲུབས་པས་འབྲས་བུ་སྒྲུབ་པ་མེད་པའི་ཕྱིར་རོ། །སངས ་རྒྱས་གསུང་ནི་སྨྲ་ཡོད་ཀྱི་ཞེས་བྱ་བ་ལ་སོགས་པ་ལ། སངས་རྒྱས་ཀྱི་བཀའ་ཀློག་མོད་ཀྱི་ཁྱོད་ལ་སྐྱེས་བུ་ཆེན་པོའི་མཚན་མི་སྣང་བ་དེའི་ཕྱིར་དེས་དེ་ཁོ་བོའི་བློ་རྨོངས་ཤིང་ཀུན་ནས་རྨོངས་པར་འགྱུར་རོ། །དེ་བས་ན་བདག་གི་ཐེ་ཚོམ་མྱུར་དུ་བཅད་ཅིང ་བསལ་བར་གྱིས་ཤིག་ཅེས་བྱ་བའོ། །འདིར་རྩ་བཅད་པ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་བསྟན་པ་ལ་རབ་ཏུ་བྱུང་བ་ཨེ་ལའི་འདབ་མ་ཤིང་གི་ལོ་མ་བཅད་པའི་བསླབ་པའི་དུས་ལས་འདས་པ་སྟོན་པར་བྱེད་པ་དང། བཅོམ་ལྡན་འདས ་འབྱུང་བའི་འདྲི་བར་ཕྱེད་པ་ཡིན་པར་རིག་པར་བྱའོ། །དྲུག་པ་བདག་པོ་རྒྱལ་པོ་སྟེ། ཞེས་བྱ་བ་ལ་སོགས་པ་ལ། དྲུག་པ་ནི་ཡིད་ཀྱི་རྣམ་པར་ཤེས་པ་ཡིན་ཏེ། དྲུག་ཡོངས་སུ་རྫོགས་པ་ཉིད་ཡིན་པའི་ཕྱིར་དེ་ལ་དྲུག་པ་ནི་དྲུག་པ་ཁོ་ན་ཏེ། དྲུག ་པ་ཁོ་ན་དབང་བྱེད་པ་ཡིན་ཏེ། རྣམ་པར་རྟོག་པ་རྣམ་པ་གསུམ་དང་ལྡན་པའི་ཕྱིར་རོ། །བདག་པོ་ཞེས་བྱ་བ་ནི་སྟོབས་དང་ལྡན་པ་ཡིན་ཏེ། ཁམས་གསུམ་པ་ཁྱབ་པར་བྱེད་པ་ཡིན་པའི་ཕྱིར་རོ། །རྒྱལ་པོ་ནི་དབང་སྒྱུར་བ་ཡིན་ཏེ། དེ་ནི་རྣམ་པར་ཤེས་པ་ཅིག་ཤོས ་དག་འཕེན་པར་བྱེད་པ་ཡིན་པའི་ཕྱིར་རོ། །ཆགས་པར་གྱུར་ཏེ་འདོད་ཆགས་ལ་སོགས་པ་དང་འདི་མཚུངས་པར་ལྡན་པར་གྱུར་པ་ན་ཏེ། ཆགས་པ་དང་བཅས་པར་གྱུར་ན། ཞེས་བྱ་བ་ནི་ཚིག་གི་ལྷག་མའོ། །ཆགས་པ་ན་ཏེ་ཉོན་མོངས་པ་གང་ལ་ཡོད ་པ་དེ་ནི་དྲི་མ་ཅན་ཞེས་བྱ་བའི་ཐ་ཚིག་གོ་།མ་ཆགས་གྱུར་ན་ཏེ། འདོད་ཆགས་ལ་སོགས་པའི་མིང་ཅན་གྱི་རྡུལ་དྲུག་པ་གང་ལ་ཡོད་པ་མ་ཡིན་པ་དེ་འདི?་སྐད་ཅེས་བྱ་སྟེ། དེ་ལྟར་གྱུར་པའི་བདག་གི་དངོས་པོ་དེ་ནི་མ་ཆགས་གྱུར་ལ། ཞེས་བྱ་བ་ཡིན་ཏེ། ་འདོད་ཆགས་ལ་སོགས་པ་དང་བྲལ་བ་ཞེས་བྱ་བའི་ཐ་ཚིག་གོ་།རྒྱུད་ཆགས་པ་དང་བཅས་པར་གྱུར་པར་ཉེས་པ་ཅི་ཡོད་ཅེ་ན། འདིར་ནི་ཆགས་པ་བྱིས་པ་དག་ཏུ་བརྗོད་ཅེས་བྱ་བ་ནི་འདོད་ཆགས་ལ་སོགས་པས་རྒྱུད་དྲི་མ་ཅན་དུ་བྱས་པའི་དྲུག ་པ་བྱིས་པའི་སེམས་ཅན་ཡིན་པ་ནས་བྱིས་པ་ཞེས་བརྗོད་པ་ཡིན་ཏེ། ཉོན་མོངས་པའི་དབང་དུ་བྱས་པ་ཉིད་ཡིན་པའི་ཕྱིར་རོ། །ཆགས་བྲལ་མཁས་པ་ཞེས་བྱ་བ་ནི་བདག་ཉིད་ཀྱིས་ཁོང་དུ་ཆུད་པའི་ཕྱིར་མ་བསྟན་པ་དེ་བས་ན་སེམས་འདུལ ་བ་ཁོ་ན་ཞེས་བྱ་བ་ཡིན་ཏེ། དེ་ལྟར་གྱུར་ན་ཕྱོགས་མེད་པར་རྙེད་པ་ཐོབ་པར་འགྱུར་རོ། །ཞེས་བསྟན་པ་ཡིན་ནོ། །དེ་ལྟར་ཞེས་བྱ་བ་ལ་སོགས་པ་ལ་འཇིག་རྟེན་འདིའི་དོན་ཁོང་དུ་མ་ཆུད་པའི་ཕྱིར་བློ་དམན་པ་སྟེ། བློ་གྲོས་ངན་པ་མྱ་ངན་བྱེད་ལ ་དོན་ཁོང་དུ་ཆུད་པའི་ཕྱིར་མཁས་པ་དག་པ་ནི་དགའ་བར་འགྱུར་རོ། །འདི་ལ་ཞེས་བྱ་བ་ནི་དྲུག་པ་ཡིད་ཀྱི་རྣམ་པར་ཤེས་པ་འདོད་ཆགས་ལ་སོགས་པས་འབྱོར་ཅིང་འབྲེལ་པ་གང་ཡིན་པ་དེ་དང་བྱེད་པར་འགྱུར་བ་དེ་དང་བྱེད་པར་འགྱུར་བའི་ཕྱིར་གྲུབ་པ་དང་བདེ་བར་འགྱུར་ཏེ། ཡོན་ཏན་མ ་རྙེད་པ་རྙེད་པ་ནི་གྲུབ་པ་ཡིན་ལ། རྙེད་ནས་ཡོངས་སུ་སྐྱོང་བར་བྱེད་པ་ནི་བདེ་བ་ཞེས་བྱའོ། །གསུམ་རིག་པ་ཞེས་བྱ་བ་ནི་རིག་བྱེད་གསུམ་ཀློག་པ་ཡིན་ལ། རིག་བྱེད་གསུམ་ནི་ངེས་བརྗོད་དང། སྙན་དངགས་དང། མཆོད་སྦྱིན་གྱི་རིག་བྱེད་དོ། །རབ་ཏུ་རིག་བྱེད་པ་ནི ་གསལ་བར་བྱེད་པ་འམ། ཉམས་སུ་མྱོང་བར་བྱེད་པའོ། །རིན་པོ་ཆེ་སྣ་བདུན་སྔོན་དུ་སོང་བ་ཅན་གྱི་ཞེས་བྱ་བ་ནི་འཁོར་ལོ་རིན་པོ་ཆེ་ལ་སོགས་པ་རིན་པོ་ཆེ་སྣ་བདུན་གྱི་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པའི་བུ ་སྟོང་གིས་ཟླ་བ་ཚེས་པའི་རྣམ་པ་དང་འདྲ་བར་བསྐོར་བ་སྟེ། བུ་ལྔ་བརྒྱས་ནི་གཡས་ཕྱོགས་སུ། བུ་ལྔ་བརྒྱས་ནི་གཡོན་ཕྱོགས་ནས་ཀུན་ནས་བསྐོར་བར་གྱུར་ནས་སོ། །འདིར་གཏེར་དང་ལྡན་ལ་ཡོངས་སུ་སྤྱོད་པར་བྱེད་པ་དང་བྲལ་བ་ན་བཀྲེན་པའོ། །དམན ་པ་ནི་དབུལ་བ་ཡིན་ལ་འདིར་མིའི་མཆོག་ནི་མཁར་གྱི་རྒྱལ་པོ་ཡིན་པར་དགོངས་སོ། །རིན་པོ་ཆེའི་རྩིབས་བརྒྱ་གདུགས་གང་ལ་ཡོད་པ་དེ་ནི་རྩིབས་བརྒྱ་པ་སྟེ། སྐྱེ་དགུ་ཆེན་པོ་ལ་འོས་པའི་གདུགས་དཀར་པོའོ། །འོད་ཟེར་སྟོང་གི་སྣང་བས་ཞེས་བྱ་བ ་ནི་དེས་སྣང་བར་བྱས་པར་གྱུར་པའོ། །ཟླ་བ་དང་སྐར་མ་དང། གཟའི་གཞལ་ཡས་ཁང་བཟང་པོ་ཟིལ་གྱིས་གནོན་པའི་ངང་ཚུལ་གྱི་བདག་ཉིད་གང་ལ་ཡོད་པ་དེ་ནི་ཟླ་བ་དང་སྐར་མ་དང་གཟིའི་གཞལ་ཡས་ཁང་བཟང་པོ་རྣམས་ཟིལ་གྱིས་གནོན་པ་ཅན ་ཏེ་དེའི་མཛེས་པ་ཟིལ་གྱིས་གནོན་པར་བྱེད་པའོ། །ཉི་མའི་འོད་ཟེར་ཏེ་འོད་ཟིལ་གྱིས་གནོན་པ་སྟེ་གསལ་བར་གྱུར་པའོ། །རྣམ་པར་རྟོག་པ་སྣ་ཚོགས་སྐྱེས་ཏེ། ཞེས་བྱ་བ་ནི་རྣམ་པ་དུ་མ་སྐྱེས་ཤིང་བྱུང་བར་གྱུར་ཏེའོ། །བསླབ་པའི་དུས་ལས་ཞེས་བྱ ་བ་ནི་བསླབ་པའི་མཚམས་ལས་འདས་པ་ཡིན་ཏེ། བྱ་བ་མ་ཡིན་པ་བྱེད་པ་ཡིན་པའི་ཕྱིར་རོ། །བསླུ་བར་འདོད་པ་ནི་རྣམ་པར་བགྲོད་པར་འདོད་པ་སྟེ། ལམ་མ་ཡིན་པ་ལ་འཇུག་པར་འདོད་པའོ། །དེའི་རང་གི་རང་བཞིན་ནི་སྤྲུལ་གྱི ་ལུས་སུ་སྟེ། འདི་ལྟར་དེའི་ལུས་སྔོན་གྱི་ཉེས་པར་སྤྱད་པས་ཐོབ་པ་ཨེ་ལའི་ཤིང་སྐྱེས་པས་ཉེ་བར་མཚོན་པའི་མགོ་བོ་དེས་ཤོག་ཅིག་ལ་ནི་སྐྱེ་བོའི་ཚོགས་ཆེན་པོ་སྐྱོ་བ་སྐྱེད་པའི་དོན་དུ་བཅོམ་ལྡན་འདས་ཀྱིས་དེ་སྐད་དུ་གསུངས་པ་ཡིན་ནོ།། ་རྣག་དང་ཁྲག་འཛག་པ་ནི་ཀུན་ནས་འཛག་པར་གྱུར་བའོ། །རྣག་དང་ཁྲག་ཁྱད་པར་ཇི་ལྟ་བུ་ཞེ་ན། སྲིན་བུའི་རིགས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྲིན་བུའི་རིགས་བརྒྱ་ཕྲག་ཏུ་མས་གང་བ་དང། སྦྲང་བུའི་ཚེགས་དུ་མས་ཕུར་ཞིང་འབབ་པས ་ཁྱབ་པར་གྱུར་པ་སྟེ། འཕུར་བ་ནི་སྟེང་དུ་ལྡིང་བ་ཡིན་ལ། འབབ་པ་ནི་འོག་ཏུ་ལྟུང་བར་གྱུར་པའོ། །རབ་ཏུ་མནམ་པ་ནི་རྣག་དང་ཁྲག་ཤིན་ཏུ་དྲི་ང་བར་གྱུར་པའོ། །ལྟ་མི་འདོད་པ་ནི་ལྟ་བར་འདོད་པ་མ་ཡིན་པའོ། །བལྟས་ན་མི་སྡུག་པའོ། །ཞེས་བྱ་བ ་ནི་བལྟས་པའི་སྒོ་ནས་འདོད་པར་བྱ་བ་མ་ཡིན་པའོ། །ཤིན་ཏུ་འཇིགས་སུ་རུང་བ་ཞེས་བྱ་བ་ནི་འཇིག་པར་བྱེད་པ་དང་སྨད་པར་བྱ་བའི་གནས་ཡིན་ནོ། །འདོད་ཆགས་དང་བྲལ་བ་མ་ཡིན་པ་དེ་དག་ཅེས་བྱ་བ་ལ་སོགས་པ་ལ་ཉོན་མོངས་པ་མ་སྤངས་པ ་ལ་འཇིག་པར་བྱེད་པ་དང། མྱ་ངན་བྱེད་པ་དང། སྐྱོ་བར་བྱེད་པའོ། །གས་པ་ནི་པགས་པ་གས་པའི་ཕྱིར་རོ། །རྩུབ་པ་ནི་རེག་པར་བྱ་བ་མ་ཡིན་པ་ཉིད་ཀྱི་ཕྱིར་རོ། །ཤིན་ཏུ་རྩུབ་པ་ནི་མཐོང་ན་ཡིད་དུ་འོང་བ་མ་ཡིན་པའོ། །ཁ་དོག་དུམ་ནི་སྔོན ་པོ་ལ་སོགས་པའི་རྣམ་པ་དང་ལྡན་པ་ཡིན་ལ། དབྱིབས་སྣ་ཚོགས་ནི་ཁ་དོག་རིང་པོ་ལ་སོགས་པའི་འབྱོར་པ་དང་ལྡན་པའོ། །བདེ་བ་ནི་འདོད་པར་བྱེད་པའོ། །ལས་ངན་པ་ཉེས་པར་མངོན་པར་བསྒྲུབས་པ། ཞེས་བྱ་བ་ནི་མི་དགེ་བའི་ལས་ཀྱི ་ཉེས་པ་ལས་སྐྱེས་པར་གྱུར་པའོ། །ལུང་བསྟན་དུ་གསོལ་ཞེས་བྱ་བ་ལ་སོགས་པ་ལ་ཤིན་ཏུ་དམན་པ་ཡིན་པའི་ཕྱིར་ལན་གཉིས་བརྗོད་པའོ། །བདག་དུས་གང་གི་ཚ་ན་ཀླུའི་སྐྱེ་གནས་ནས་ཐར་བར་འགྱུར་ཞེས་བྱ་བ་ནི་དེ་ལུང་བསྟན་དུ་གསོལ་བའོ། །བཅོམ་ལྡན་འདས ་ལུང་སྟོན་པར་མི་མཛད་པ། ཞེས་བྱ་བ་ནི་འདར་རྒྱུད་བརྗོད་པར་བྱ་བ་ཡིན་ཏེ་བཅོམ་ལྡན་འདས་ཐམས་ཅད་མཁྱེན་པ་ཡིན་ན་ཅིའི་ཕྱིར་ལུང་སྟོན་པར་མི་མཛད་ཅེ་ན། འདིར་སྨྲས་པ། ལས་བྱས་ཤིང་བསགས་པ་ཆུང་མི་ཟ་བ་དང། ཞིང་དམ་པ་ལ་ཁྱད་དུ་བསད་པ ་ལས་སྡུག་བསྔལ་དྲག་པ་ཉམས་སུ་མྱོང་བ་བསྟན་པར་བྱ་བར་བཞེད་པ་དང། འཁོར་ལོས་སྒྱུར་བའི་འབྱོར་པ་མངོན་པར་འདུན་པ་དག་གི་འདོད་པ་དོར་བར་བྱ་བའི་ཕྱིར་དང། ལྷག་མ་འཁོར་བ་ལ་སྐྱོ་བ་བསྐྱེད་པར་བྱ་བའི་ཕྱིར་བཅོམ་ལྡན་འདས་ཀྱིས་ལུང ་མ་བསྟན་པ་ཡིན་ནོ། །སྡེ་སྣོད་གསུམ་པ་ནི་གཞུང་དོན་གྱི་སྒོ་ནས་འཛིན་པ་གང་ལ་ཡོད་པ་དེ་ནི་སྡེ་སྣོད་གསུམ་པའོ། །སྤོང་བའི་ཕྱིར་འཇུག་པ་ཡིན་པས་ན་སྤོང་བ་སྟེ། གང་ཞིག་སེམས་འདུལ་བར་བྱ་བའི་ཕྱིར་བརྩོན་པར་གྱུར་པའོ། །འདི་ལ་སྲོག་མེད ་པ་ཞེས་བྱ་བ་ལ་སྲོག་གི་ནི་འདིར་རྣམ་པར་ཤེས་པ་ལ་འདོད་དོ། །འཚོ་བ་ནི་དབུགས་འབྱུང་བ་དང་རྡུབ་པ་ཡིན་ནོ། །ཀཱ་ཏྱཱ་ཡ་ནའི་རྒྱུད་ཡིན་པས་ན་ཞེས་བྱ་བ་ནི་དྲང་སྲོང་ཀཱ་ཏྱཱ་ཡ་ན་དེའི་རྒྱུད་དུ་སྐྱེས་པས་ན་ཀཱ་ཏྱཱ་ཡ་ན་ཞེས་བྱ་ངོ?། །འཇིག་རྟེན་འདི་ནི་གཉིས ་ལ་བརྟེན་ཏོ། ཞེས་བྱ་བ་ལ་སོགས་པ་ལ་བརྟེན་པ་རྣམ་པ་གང་གིས་ཤེ་ན། ཡོད་པ་ཉིད་དང་མེད་པ་ཉིད་ཅེས་བྱ་བ་སྨོས་ཏེ། ཡོད་པ་ནི་རྟག་པར་ལྟ་བ་ཡིན་ལ། མེད་པ་ཉིད་ནི་ཆད་པར་ལྟ་བ་ཡིན་ཏེ། གཅིག་ནི་རྟག་པར་སྨྲ་བ་ཡིན་ཞིང། གཅིག ་ནི་ཆད་པར་སྨྲ་བ་ཡིན་ནོ། །ཞེས་བྱ་བའི་དོན་འདིར་འགྱུར་རོ། །ཕལ་ཆེར་ནི་མང་དུ་སྟེ། ཐམས་ཅད་དེ་ལྟ་བུའི་རྣམ་པས་ནི་མ་ཡིན་ནོ། །ཞེས་བྱ་བའི་ཐ་ཚིག་གོ་།ཅིའི་ཕྱིར་ཡང་དེ་ལྟར་རྟེན་པར་བྱེད་ཅེ་ན། དེ་ནི་ཕྱིར་ཕུང་པོ་དང་ཉེ་བར་ལེན་པ་ཞེས་བྱ ་བྱ་བ་ལ་སོགས་པ་ཡིན་ཏེ། གང་གི་ཕྱིར་འཇིག་རྟེན་འདི་དག་གི་ཕུང་པོ་དང་ཉེ་བར་ལེན་པས་ཟིན་པ་དེའི་ཕྱིར་གཉིས་ལ་བརྟེན་པ་ཞེས་བྱའོ། །ཕུང་པོ་ནི་ཉོན་མོངས་པ་མ་གཏོགས་པར་སྐྱེ་བའི་ཕུང་པོ་ལ་སོགས་པ་ཡིན་ལ། ཉེ་བར་ལེན་པ་ནི་ཉོན ་མོངས་པ་ཡིན་ཏེ། ཕུང་པོ་དང་ཉེ་བར་ལེན་པ་ནི་ཕུང་པོ་དང་ཉེ་བར་ལེན་པ་སྟེ། དེ་དག་གིས་ཟིན་པ་ནི་གཞན་གྱི་དབང་དུ་གྱུར་པ་འམ། ཁྱབ་པར་གྱུར་པའོ། །དེ་ལྟར་དེ་ནི་ཞེས་བྱ་བ་ནི་དེ་ལྟར་ནང་གི་གཉིས་པོ་དེ་དག་འགའ་ཞིག་ཏུ་ཡང་ཉེ་བར་མི་འགྲོའོ། ཞེས ་བྱ་བར་སྦྱར་རོ། །གང་ཞེ་ན། སྨྲས་པ། སེམས་ཀྱི་གནས་དང་མངོན་པར་ཞེན་པའི་བག་ལ་ཉལ་བ་ནི་འདི་ལྟར་ཡུལ་དག་ལ་འདིས་འདི་ནི་བདག་ཉིད་ཀྱིའོ། །ཞེས་ལྷག་པར་གནས་པས་ན་གནས་ཏེ་སྲིད་པ་ཡིན་ནོ། །མངོན་པར་ཞེན་པ་སྨོས་པས་ལྟ་བ་དག ་བཟུང་བ་ཡིན་ནོ། །ཉེ་བར་མི་འགྲོ་བ་ནི་འདི་ལྟར་དེ་དག་ལ་བདག་ཉིད་ཀྱིས་འགྲོ་བར་མི་བྱེད་པའོ། །ཉེ་བར་མི་ལེན་ཏོ། །ཞེས་བྱ་བ་ནི་འཛིན་པར་མི་བྱེད་པའོ། །མི་གནས་པ་ཞེས་བྱ་བ་ནི་གནས་བརྟན་པོར་མི་བྱེད་པའོ། །མངོན་པར་ཞེན་པ་མེད་དོ་ཅེས་བྱ་བ་ནི ་འཛིན་པར་མི་བྱེད་པའོ། །བདག་མེད་པ་ཉིད་དུ་བསྟན་པའི་ཕྱིར་སྡུག་བསྔལ་ཞེས་བྱ་བ་སྨོས་པ་ཡིན་ཏེ། འདི་ནི་སྡུག་བསྔལ་ཙམ་མོ་ཁོ་ན་ཡིན་གྱི། བདག་དང་བདག་གི་ནི་མ་ཡིན་ནོ། །འདི་ལ་ཡང་ཞེས་བྱ་བ་ནི་སྡུག་བསྔལ་གྱི་ཞེས་བྱ་བའི་ཡུལ་ལོ།། ་འདོད་པ་ཞེས་བྱ་བ་ནི་འདོད་པར་བྱེད་པས་སོ། །ཐེ་ཚོམ་དུ་གྱུར་པས་ཞེས་བྱ་བ་ནི་ཐེ་ཚོམ་བྱེད་པས་སོ། །ཕྱོགས་གཉིས་ཐོས་ནས་གང་ཞིག་ཡིད་ཅེས་པ་ནི་མངོན་པར་འདོད་པ་སྐྱེས་པར་གྱུར་པ། དེ་ནི་འདིར་འདོད་པ་ཡིན་ལ། ཇི་དེ་ལྟར་ཡིན་ནམ་འོན་ཏེ་ལྟར ་མ་ཡིན། ཞེས་དོན་དོགས་པ་ནི་ཐེ་ཚོམ་དུ་གྱུར་པ་ཡིན་ནོ། །གཞན་གྱི་རྐྱེན་གྱིས་ཤེས་པ་ཁོ་ན་མ་ཡིན་ནོ། །ཞེས་བྱ་བ་ནི་རིམ་གྱིས་ངེས་པའི་ཤེས་པ་སྐྱེ་བའི་ཕྱིར་གཞན་ལ་རག་ལས་པ་མ་ཡིན་པའི་ཤེས་པ་གྲུབ་པར་གྱུར་ཏེ། བདག་ཉིད་མངོན་སུམ ་དུ་བྱེད་པའི་སྒོ་ནས་མངོན་སུམ་དུ་བྱས་པ་ཉིད་ཀྱི་ཕྱིར་རོ། །ཡང་ན་འདི་ལ། ཀཱ་ཏྱཱ་ཡ་ན་ཁྱོད་འདོད་པ་དང་གཞན་གྱི་རྐྱེན་གྱིས་ཤེས་པ་མ་ཡིན་ནོ། །ཞེས་བྱ་བ་ནི། སྡུག་བསྔལ་ལ་སོགས་པ་འདོད་པ་དང་ཐེ་ཚོམ་དུ་འགྱུར་པ་ཡིན་ཏེ། ཡུལ་དེ་ལ་ཐེ་ཚོམ་དུ་གྱུར་པ་སྤངས ་པའི་ཕྱིར་རོ། །དེ་བས་ན་ཤེས་པ་ནི་དེ་ལ་དེས་པར་བྱེད་པ་ཉིད་ཡིན་པའི་ཕྱིར། གཞན་ལ་རག་ལུས་པར་འགྱུར་བ་ཉིད་མ་ཡིན་ནོ། །འདི་ཙམ་གྱིས་ཞེས་བྱ་བ་ལ་སོགས་པ་ལ་འདི་ཙམ་གྱིས་འདི་ལྟར་བདེན་པ་ཕྱིན་ཅི་མ་ལོག་པར་ཁོང་དུ་ཆུད་པའི་ཕྱིར་ཡང་དག ་པའི་ལྟ་བ་ཡིན་ནོ། །འདི་ཙམ་ལ་ཡང་དེ་བཞིན་གཤེགས་པས་ཡང་དག་པའི་ལྟ་བར་ཐ་སྙད་བཏགས་པ་སྟེ། ཐ་སྙད་དུ་མཛད་ཅིང་རྣམ་པར་བཞག་པ་མཛད་དོ། །དེ་ཅིའི་ཕྱིར་ཞེ་ན། ཞེས་བྱ་བ་ནི། གང་ལས་ཞེས་བྱ་བའི་དོན་ནོ། །འཇིག་རྟེན་གྱི་ཀུན་འབྱུང་བ། ཞེས ་བྱ་བ་ལ་སོགས་པ་ལ་འཇིག་རྟེན་ནི་ཉེ་བར་ལེན་པའི་ཕུང་པོ་ལྔ་ཡིན་ལ་འཇིག་རྟེན་དེའི་ཀུན་འབྱུང་བ་ནི་རབ་ཏུ་སྐྱེ་བའོ། །དེ་ཡང་དག་པ་ཇི་ལྟ་བ་སྟེ། དེ་ཁོ་ན་ཉིད་ཇི་ལྟ་བ་བཞིན་དུའོ། །ཡང་དག་པའི་ཤེས་རབ་ཀྱིས་ཞེས་བྱ་བ་ནི་ཟག་པ་མེད་པའི་ཤེས་རབ་ཀྱིས ་བལྟས་ཤིང་ཡོངས་སུ་བཅད་པར་བྱས་པར་གྱུར་ནའོ། །འཇིག་རྟེན་ནི་མེད་པ་ཉིད་དོ། །ཅེས་ཆད་པ་གང་ཡིན་པ་དེ་ནི་མ་ཡིན་ཏེ། གང་གི་ཕྱི་འདི་ནི་ཉེ་བར་ལེན་པའི་ཕུང་པོ་ལྔའི་བདག་ཉིད་ཅན་གྱི་ཆོས་ཀྱི་འབྲས་བུ་ཉིད་ཡིན་པའི་ཕྱིར་སྡུག་བསྔལ་ཡིན་ལ། འདི ་ལས་ཀུན་འབྱུང་བའི་ཕྱིར་ཞེས་བྱ་བའི་དབང་དུ་བྱས་ནས་མ་འོངས་པའི་རྒྱུ་ཉིད་ཡིན་པའི་ཕྱིར་ཀུན་འབྱུང་བ་ཡིན་ཏེ། ཕུང་པོ་ལྔ་པོ་འདི་ལས་གཞན་དང་དེ་ལས་གཞན་དུ་སྐྱེ་པར་འགྱུར་རོ། །ཞེས་བྱ་བ་དེའི་ཕྱིར་མེད་པ་སྤངས་པ་ཡིན་ནོ། །འགོག་པ་ཡང་ཡང་དག་པ ་ཇི་ལྟ་བ་བཞིན་དུ་བལྟས་ན་ཡོད་པ་ཉིད་མ་ཡིན་ཏེ། རྟག་པ་ཉིད་དུ་འཛིན་པ་ལྡོག་པ་ཡིན་ཏེ། གང་གི་ཕྱིར་དངོས་པོ་རྣམས་འགོག་པ་མཐོང་བ་དེའི་ཕྱིར་རོ། །དེ་ལྟར་ན་དེ་དག་ནི་ཞེས་བྱ་བ་ལ་སོགས་པ་ལ་དེ་དག་ཡོད་པ་ཉིད་ཀྱི་མཛའ་ཅན་དང། མེད་པ་ཉིད་ཀྱི་མཛའ་ཅན་པ་གཉིས་པོ་དག་གོ? ་སྤངས་ཏེ་ཞེས་བྱ་བ་ནི་ཡོངས་སུ་དོར་ནས་དེ་གཅིག་པུ་ཡོད་པར་བྱ་བ་མ་ཡིན་ཏེ། རྟག་པར་སྨྲ་བར་ཐལ་བར་འགྱུར་བའི་ཕྱིར་རོ། །གཅིག་པུ་མེད་པ་ཉིད་དུ་ཡང་མ་ཡིན་ཏེ། ཆད་པར་ཐལ་བར་འགྱུར་བའི་ཕྱིར་རོ། །འོན་ཀྱང་དབུ་མའི་ལམ་གྱི་ཆོས ་བཤང་དེ་ཞེས་བྱ་བ་ལ། དབུ་མའི་ལམ་ནི་ཤིན་ཏུ་ཡོད་པ་ཉིད་མ་ཡིན་ཞིང་ཤིན་ཏུ་མེད་པ་ཉིད་ཀྱང་མ་ཡིན་ཏེ། ཤིན་ཏུ་ཡོད་པ་ཉིད་མ་ཡིན་པ་ནི་སྐད་ཅིག་མ་ཉིད་ཡིན་པའི་ཕྱིར་དང། གཉེན་པོ་རྙེད་པར་གྱུར་པ་ན་རྒྱུན་གྱི་མཛའ་ཡང་ཆད་པར་འགྱུར་བའི་ཕྱིར་རོ།། ་ཤིན་ཏུ་མེད་པ་ཉིད་ཀྱང་མ་ཡིན་ལ་སྐད་ཅིག་སྐད་ཅིག་ལ་ཡོད་པའི་ཕྱིར་དང། གཉེན་པོ་རྙེད་པར་གྱུར་བ་ན་ཚུ་རོལ་གྱི་རྒྱུན་ཡོད་པ་ཉིད་ཀྱི་ཕྱིར་རོ། །འདི་ལྟ་སྟེ་ཞེས་བྱ་བ་དེ་ནི་ཉེ་བར་སྟོན་པར་བྱེད་པའོ། །འདི་ཡོད་ན་ཞེས་བྱ་བ་ནི་རྒྱུ་ཡིན་ལ། འདི་ཡོད་པར་འགྱུར་རོ ་ཞེས་བྱ་བ་ནི་འབྲས་བུར་འགྱུར་པ་སྟེ་འདིས་ནི་རྒྱུར་སྨྲ་བ་བསལ་བ་ཡིན་ནོ། །དེ་ལྟ་ན་ནི་རྒྱུ་རྟག་པ་ལས་འབྲས་བུ་སྐྱེ་བར་འགྱུར་རོ་ཞེ་ན། དེའི་ཕྱིར་འདི་སྐྱེས་པ་ལས་འདི་སྐྱེ་བ་སྟེ་ཞེས་བྱ་བ་སྨོས་པ་ཡིན་ཏེ། འདི་ཞེས་བྱ་བ་རྒྱུ་སྐྱེས་པ་ལས་འབྲས་བུ་སྐྱེ ་བར་འགྱུར་རོ། ཞེས་བྱ་བ་འདིས་ནི་རྒྱུ་རྟག་པར་སྨྲ་བ་བསལ་བ་ཡིན་ཏེ། རྒྱུ་སྐྱེ་བའི་ཆོས་ཅན་ཉིད་ཡིན་པའི་ཕྱིར་རོ། །འདི་ལྟ་སྟེ། མ་རིག་པ་ཞེས་བྱ་བ་ལ་སོགས་པ་ལ་སྔོན་གྱི་སྐྱེ་བའི་ཉོན་མོངས་པའི་གནས་སྐབས་གང་ཡིན་པ་འདིར་མ་རིག་པའི་སྒྲ་དང ་ལས་ཀྱི་གནས་སྐབས་ལ་འདུ་བྱེད་ཀྱི་སྒྲ་དང། ཕུང་པོ་ལྔ་ཉིང་མཚམས་སྦྱོར་བའི་སྐད་ཅིག་མ་རྣམ་པར་ཤེས་པའི་སྒྲས་བསྟན་ཏོ། །རྣམ་པར་ཤེས་པའི་ལས་འོག་ཇི་སྲིད་སྐྱེ་མཆེད་དྲུག་སྐྱེས་པར་མ་གྱུར་པའི་གནས་སྐབས་ལ་མིང་དང་གཟུགས ་ཞེས་བྱའོ། །ཡུལ་དང་དབང་པོ་དང་རྣམ་པར་ཤེས་པ་འདུས་པ་ལས་གོང་དུ་ནི་སྐྱེ་མཆེད་དྲུག་ཡིན་ལ། ཡུལ་ལ་སོགས་པ་འདུས་པར་གྱུར་པ་ནི་རེག་པ་ཡིན་ནོ། །བདེ་བ་ལ་སོགས་པའི་རྣམ་པ་ཡོངས་སུ་གཅོད་པར་ནུས་པ་ནི་ཚོར་བ་ཡིན་ལ། ལོངས་སྤྱོད་དང ་འཁྲིག་པའི་འདོད་ཆགས་ཀྱི་གནས་སྐབས་སྲེད་པ་ཡིན་ནོ། །གང་གི་ཚེ་ལོངས་སྤྱོད་ཀྱི་རྒྱུ་མཚན་ཚོལ་བར་རྩོམ་པར་བྱེད་པ་དང་ཀུན་ནས་རྒྱུག་པར་བྱེད་པ་དེའི་ཚེ་ལེན་པའི་གནས་སྐབས་ཡིན་ལ། ཡང་སྲིད་ཀྱི་ལས་ཀྱི་གནས་སྐབས་ནི་སྲིད་པ་ཡིན་ནོ། །མ་འོངས་པའི ་ཉིང་མཚམས་སྦྱོར་བ་ཡང་སྐྱེ་བ་ཡིན་ལ། མིང་དང་གཟུགས་དང་སྐྱེ་མཆེད་དྲུག་དང་རེག་པ་དང་ཚོར་བ་སྟེ་མ་འོངས་པའི་སྐྱེ་བའི་ཡན་ལག་བཞི་པོ་ལ་རྒ་ཤི་ཞེས་བྱའོ། །དེའི་ཕྱིར་འདུ་བྱེད་ཀྱི་རྒྱུ་ནི་མ་རིག་པ་ཡིན་ཏེ། མ་རིག་པ་འདི་ཡོད་ན་འདུ་བྱེད་འབྱུང་བར་འགྱུར་རོ།། ་དེ་བཞིན་དུ་ཇི་སྲིད་སྐྱེ་བ་དང་རྒ་ཤིའི་བར་གྱི་རྒྱུ་ཡིན་ཏེ། སྐྱེ་བ་ཡོད་ན་རྒ་ཤི་འབྱུང་བར་འགྱུར་རོ། །མ་རིག་པ་འགགས་པས་འདུ་བྱེད་འགག་ཅེས་བྱ་བ་ནས་སྐྱེ་བ་འགག་པར་འགྱུར་རོ། །དེ་ལྟར་ན་སྡུག་བསྔལ་གྱི་ཕུང་པོ་འབའ་ཞིག་པོ་འདི་ཞེས་བྱ་བ་ལ་འབའ་ཞིག་པོ ་ཞེས་བྱ་བ་ནི་བདག་གི་མ་གཏོགས་པ་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འགག་པར་འགྱུར་རོ། །ཞེས་བྱ་བའོ། །རིག་བྱེད་ལས་བསྟན་པའི་ཞི་བའི་ལས་བྱ་བ་ནི་ཞི་བ་བགྱི་བའོ། །དགེ་བའི་ཚུལ་དུ་བློ་མཐུན་པ་ཞེས་བྱ་བ་ནི་ཤིན་ཏུ་རིགས་པ་བྱེད་པ་ནི་དག་པ་ཡིན་པར ་རིག་པར་བྱ་བ། ཤིན་ཏུ་དགེ་བ་ནི་དགེ་བའི་ཚུལ་དེས་སྐྱེ་བོ་མང་པོ་བློ་མཐུན་པ་སྟེ་འདོད་པའོ། །དབེན་པའི་གནས་ཞེས་བྱ་བ་ནི་གསང་ལ་སྐྱེ་བོ་འདུ་བ་དང་བྲལ་བའི་ས་ཕྱོགས་ལས་སོ། །སྔོན་གྱི་སྐྱེས་པའི་རབས་ཀྱི་རྗེས་སུ་མཐུན་པའི་འདུ་ཤེས་ཞེས་བྱ་བ་ནི་སྐྱེ་བ ་གཞན་དུ་བྱས་པའི་ལས་དང་འདྲ་བའི་འདུ་ཤེས་ཀྱིས་སོ། །དང་པ་བསྐྱེད་དེ་ཞེས་བྱ་བ་ནི་དང་པ་སྐྱེས་པར་གྱུར་པའོ། །དགེ་བའི་བསམ་པས་ཞེས་བྱ་བ་ནི་སེམས་རྙོག་པ་མེད་པའམ། ཁ་ན་མ་ཐོ་བ་མེད་པའི་བསམ་པས་སོ། །སྡིག་པ་སྤངས་ན་ཞེས་བྱ་བ་ནི་མི ་ཚངས་པར་སྤྱོད་པར་བྱེད་པའི་སྡིག་པ་སྤངས་ནའོ། །གསར་བའི་རྒྱན་ནི་སྤ་བར་བྱ་བ་གང་ཡིན་པ་སྟེ། རྟག་ཏུ་བ་མ་ཡིན་པའོ། །ཕྱི་རོལ་གྱི་རྒྱན་ནི་གང་རྟག་ཏུ་བ་མ་ཡིན་པ་སྤ་བར་བྱ་བ་མ་ཡིན་པ་དག་ཡིན་ཏེ། གང་དག་གོ་རིམ་བཞིན་དུ་ཉི་མ་ཉི་མར་ལོངས ་སྤྱད་པར་བྱ་བ་ཡིན་པའི་ཕྱི་རོལ་གྱི་རྒྱན་ཡིན་ནོ། །བྲམ་ཟེ་དབུལ་བ་ཞེས་བྱ་བ་ནི་བྲམ་ཟེ་དག་ལས་ཤིན་ཏུ་དབུལ་བའོ། །བསོད་ནམས་ཆེན་པོ་ཞེས་བྱ་བ་ནི་བསོད་ནམས་ཀྱིས་ཆེན་པོར་གྱུར་པའོ། །སྔན་མེད་པའི་རྟགས་དང་ཆ་ལུགས་འཛིན་པ ་ཞེས་བྱ་བ་ནི་རྟགས་ནི་སྔོན་མཐོང་བར་མ་གྱུར་པས་ན་མེད་པའོ། །མཚན་མ་སྟེ་སྐྲ་དང་ཁ་སྤུ་བྲེགས་པ་ལ་སོགས་པའོ། །ཆ་ལུགས་ནི་གོས་རྣམ་པ་གཞན་དུ་འཛིན་པའོ། །མི་གསང་བའི་ཕྱོགས་ཞེས་བྱ་བ་ནི་མི་དབེན་པའི་ཕྱོགས་སུའོ། །འབྲས་དམར་པོའི་ཆེན ་ནི་དྲི་མ་ཅན་ལས་བསྒྲུབས་པའི་འབྲས་ཅན་ནོ། །གཞན་མོན་སྲན་སྡེའུ་ལ་སོགས་པ་དང། ཆུ་འབའ་ཞིག་གིས་བསྒྲུབས་པ་ལན་ཚྭ་ལ་སོགས་པ་དང། མངོན་པར་འདུས་བྱས་པ་དང་བྲལ་བའི་སྲན་ཚོད་ནི་སྲན་ཚོད་ཡན་ལག་གཉིས་པའོ། །རྒྱལ་པོ་ཐ་མ་ཞེས ་བྱ་བ་ལ་འདི་ནི་རྒྱལ་པོ་ཀུན་གྱི་ཐ་མར་གྱུར་ཅིང་སྙིང་པོ་མ་ཡིན་པར་གྱུར་པའོ། །ཆོས་མ་ཡིན་པ་ལ་བརྟེན་པ་ཞེས་བྱ་བ་ནི་ཚུལ་མ་ཡིན་པ་ལ་མངོན་པར་ཆགས་པ་ཅན་ནོ། །ཕྱོགས་གཙང་མར་ཞེས་བྱ་བ་ནི་དབེན་ལ་ཆུ་ལུང་དང་བྲལ་བར་རོ། །རྒྱལ་པོ ་ཞེས་བྱ་བ་ལ་སོགས་པ་ལ། སྐྱེ་དགུ་མགུ་བར་བྱེད། དགའ་བར་བྱེད་པའི་ཕྱིར་རྒྱལ་པོ་ཡིན་ལ། ཟད་ཅིང་གདུང་བར་བྱེད་པ་ལས་སྐྱོབ་པར་བྱེད་པ་ཡིན་པའི་ཕྱིར་རྒྱལ་རིགས་ཡིན་ཞིང། ཡ་རབས་ཀྱི་སྤྱི་བོས་ཕྱག་བྱས་པ་ཉིད་ཀྱི་ཕྱིར་སྤྱི་བོ་ནས ་དབང་བསྐུར་བ་ཡིན་ནོ། །ཇི་ལྟར་མངོན་པར་འདོད་པའི་ཟས་ནི་ཅི་འདོད་པའི་ཁ་ཟས་སོ། །ལས་བྱེད་ལ་རག་ལུས་པ་ཞེས་བྱ་བ་ལ། ལས་བྱེད་ནི་ཟས་ཀྱི་བྱ་བ་བྱེད་པའི་དབང་བྱེད་དག་གོ་།དགེ་སློང་དག་ནི་སྦྱིན་གནས་ཡིན་ཏེ། གང་གི་ཕྱིར་དེ་དག་ནི ་བསོད་པ་དང་ངན་པ་དག་ལས་སེམས་འགྱུར་བ་མེད་པ་ཡིན་ཏེ། སེམས་འདུལ་བ་ཉིད་ཡིན་པའི་ཕྱིར་རོ། །དབང་པོ་ཕབ་སྟེ་ཞེས་བྱ་བ་ནི་ཡུལ་དག་ལས་བསྡུས་ནས་སོ། །གང་གིས་མཐོང་བ་འམ། གང་གིས་ཐོས་པ་དེ་ལ་གར་དང་གླུ་བཟང་པ་ཡིན་ནོ།། ་བསད་པར་འོས་པ་ཡིན་པའི་ཕྱིར་བསད་པར་བྱ་བ་ཡིན་ཏེ། སྲོག་དང་བྲལ་བར་བྱ་བའོ། །མུ་དང་ཁ་ང་ཆད་དུ་གང་བ་ཞེས་བྱ་བ་ལ་མུ་ཞེས་བྱ་བ་ནི་ཁའི་ཕྱོགས་ཡིན་ལ་དེ་དང་མཉམ་པར་གྱུར་ཞེས་བྱ་བའི་ཐ་ཚིག་གོ་།ལྗོངས་ཐམས་ཅད་ཀྱི་གྲོང་ཁྱེར་བཟང་པོ་ཞེས་བྱ་བ ་ནི་ལྗོངས་ཐམས་ཅད་ལས་འབྱོར་པ་ཁྱད་པར་དུ་འཕགས་པ་ཉིད་ཡིན་པ་དེའི་ཕྱིར་ལྗོངས་ཐམས་ཅད་ཀྱི་གྲོང་ཁྱེར་བཟང་པོའོ། །བདག་ཅག་དགེ་སློང་གང་དང་ཞེས་བྱ་བ་ལ་སོགས་པ་ལ། གར་ལྟ་བ་ལས་ལྡོག་པ་འཛིན་པ་དང། རོལ་མོའི་སྒྲ་ཉན་པ་ལས་ལྡོག ་པའི་འཛིན་པས་བསླབ་པ་ཡོངས་སུ་བླངས་ནས་སོ། །འདྲི་བར་མ་སྤོབས་པ་ནི་ཚིག་གིས་དྲིས་པའི་སྒོ་ནས་སྤོབས་པར་དཀའ་བའོ། །བདེ་ལེགས་སུ་གྱུར་ཅིག་ཅེས་བྱ་བའི་བདེ་ལེགས་སུ་བྱེད་པ་ནི་འདིར་བུ་མོ་དོན་དུ་གཉེར་བར་བྱེད་པ་སྟོན་པ་ཡིན་པར་རིག་པར་བྱའོ། །བླངས ་པ་ཞེས་བྱ་བ་ནི་མེ་སྐོར་བྱས་པའོ། །ཞིམ་པོ་ཞེས་བྱ་བ་ལ་སོགས་པ་ལ། ཞིམ་པོ་ཞེས་ནི་བསོད་པ་འམ་དྲི་མ་མེད་པའོ། །སྟེང་གཡོགས་ནི་སྟེང་ནས་བགོ་བར་བྱ་བ་ཡིན། སྨད་གཡོགས་ནི་འོག་ཏུ་བགོ་བར་བྱ་བ་ཡིན་ནོ། །ཁ་ཅིག་བཟང་པོ་ནི་གོས་ཡིན་ལ། ་འདིས་གནས་པར་བྱེད། རྟེན་པར་བྱེད་ཅེས་བྱ་བའི་དབང་དུ་བྱས་ནས་ཟས་ཡིན་ནོ་ཞེས་ཟེར་རོ། །ཉོན་མོངས་པ་སྟེ་འདོད་པ་དེས་ཤིན་ཏུ་གཟིར་བའོ། །སྐྱེས་བུའི་སེམས་འཛིན་པར་བྱེད་པ་དེས་བལྟ་ཞིང་གཡོ་བའོ། །མ་འདྲེས་པའི་ཆོས་ལྔ་ཞེས་བྱ་བ་ལ་སོགས ་པ་ལ་མ་འདྲེས་པའི་ཆོས་ཞེས་བྱ་བ་ནི་ཐུན་མོང་མ་ཡིན་པ་ཡིན་ཏེ། བུད་མེད་དགའ་ཞིག་ཁོ་ནའི་ཡིན་གྱི་ཐམས་ཅད་ཀྱི་ནི་མ་ཡིན་ནོ། །མཁས་པའི་རང་བཞིན་ཅན་ཞེས་བྱ་བ་ནི་མཁས་པའི་རྣམ་པ་དང་འདྲ་བ་སྟེ། སྐྱེས་བུ་ཆགས་པར་གྱུར་པ་དང་ཆགས ་པ་དང་བྲལ་བར་གྱུར་པ་ཉིད་ཞེས་བྱ་བ་སྟེ། གནས་སྐབས་ཀྱི་བྱེ་བྲག་ཤེས་པ་ནི་དང་པོའོ། །ཟླ་མཚན་གྱི་དུས་ནི་མངལ་ཡོངས་སུ་འཛིན་པའི་དུས་ཡིན་ལ་ཟླ་མཚན་ཞེས་བྱ་བ་ནི་ཁྲག་གི་དྲི་མ་འཛག་པའི་ལྷག་མ་ལས་ཁྲག་གི་ཐིགས་པ་གཉིས་སམ ་གསུམ་ཡིན་ཏེ། བུད་མེད་ཀྱིས་དེའི་དུས་ཤེས་པ་ནི་གཉིས་པ་ཡིན་ནོ། །མངལ་ན་གནས་པ་ཞུགས་པ་ཞེས་བྱ་བ་ནི་མངལ་དུ་སེམས་ཅན་ཞུགས་པ་ཤེས་པ་སྟེ་གསུམ་པ་ཡིན་ནོ། །གང་གི་ཐང་ལས་ཞེས་བྱ་བ་ནི་སྐྱེས་བུ་མང་པོ་དག ་ཡོངས་སུ་སྤྱད་པར་གྱུར་བ་ན་མངལ་སྐྱེད་པའི་བྱེད་པའི་སྐྱེས་དུ་ཤེས་པ་ནི་བཞི་པ་ཡིན་ནོ། །མངལ་གྱི་བྱེ་བྲག་ཁྱེའུ་དང། བུ་མོར་ཤེས་པ་ནི་ལྔ་པ་ཡིན་ནོ། །འདོད་པ་དང་བྲལ་བ་ཞེས་བྱ་བ་ནི་འདོད་ཆགས་ཀྱི་གདུང་བ་དང་ཡོངས་སུ་བྲལ་བར་གྱུར་པའོ། །བརྟན་པོར ་གྱིས་ཤིག་ཅེས་བྱ་བ་ནི་སྐྱེ་བའི་སྒོ་ནས་སྔར་བར་མ་བྱེད་ཅིག་པའོ། །སྟོབས་དང་ལྡན་པར་ཞེས་བྱ་བ་ནི་སྟོབས་དང་བཅས་པར་རོ། །བཅོམ་པ་ཞེས་བྱ་བ་ནི་ཡོངས་སུ་ཕྲེགས་པ་དང་བཅོམ་པ་དང་ཡོངས་སུ་ཟད་བ་ཞེས་བྱ་བའོ། །རྒྱལ་བ་ཞེས་བྱ་བ་ནི་གཡུལ་གྱི ་སྟོབས་བ་ཤིག་པའི་ཕྱིར་རོ། །འཇིགས་པ་ཞེས་བྱ་བ་ནི་ནུས་པ་བཅོམ་པར་གྱུར་པས་སྐྲག་པའི་ཕྱིར་རོ། །བཅོམ་པ་ནི་ནུས་པ་བཅོམ་པ་དང་སྤངས་པ་ཡིན་ཏེ། མངོན་དུ་ཕྱོགས་པ་དང་འགྲོ་བ་དང་བསྣུན་པའི་ནུས་པ་མེད་པར་གྱུར་པའོ། །བདག་པོ་དམན་པར ་གྱུར་པས་སྡེ་དཔོན་ཡང་དམན་པར་གྱུར་པའི་ཕྱིར་ཕབ་པར་བྱས་པའོ། །དགྲ་བོ་ལ་རྒྱབ་ཀྱིས་ཕྱོགས་པར་གང་གིས་བྱས་པ་དེ་ཕ་རོལ་ལ་རྒྱབ་ཀྱིས་ཕྱོགས་པར་བྱས་པའོ། །རྩིག་པའི་ཁར་སྒྲིངས་ཏེ་འཁོད་དོ་ཅེས་བྱ་བ་ནི་རྩིག་པའི་ཁར་དཔུང་བུ ་ཆུང་གོས་ཕྲེང་བ་བཞིན་དུ་རྣམ་པར་བསྐོར་བས་ན་རྩིག་པའི་ཁར་སྦྲེངས་པའོ། །དཔའ་བོ་བཟང་པོ་ཞེས་བྱ་བ་ནི་གཡུལ་ལ་དཔའ་བའ་ཨོ། །བློན་པོ་ནི་བློའི་གྲོགས་སུ་གྱུར་པ་ཡིན་ལ། བློན་པོ་དག་ལས་ཤིན་ཏུ་ནང་གི་ཡན་ལག་ཏུ་གྱུར་པ་ནི་བློན་པོ་ཆེན ་པོའོ་ཕྱི་ཕྱིར་ཞེས་བྱ་བ་ནི་ཡང་དང་ཡང་དུའོ། །ས་བསྐོས་པའི་འདབ་མ་བཏིང་ནས་ཞེས་བྱ་བ་ནི་ས་སྣོད་ཀྱི་རྣམ་པ་ཙམ་ཏུ་བསྐོས་ནས་ཆུ་ཤིང་ལ་སོགས་པའི་ལོ་མའི་གཞི་བཏིང་བ་དེའི་ཕྱིར་འདབ་མ་བཏིང་བ་ཞེས་བྱ་སྟེ། དེ་ལ་ཡང་འབྲས་ཆན ་དང་ཆོད་མ་ལ་སོགས་པ་གཞན་དག་ནས་བཟའ་བར་བྱ་བའི་ཕྱིར་རོ། །སྐྱོ་བ་ནི་དུབ་པ་ཡིན་ལ་མི་བདེ་བ་ནི་གདུང་བར་གྱུར་པའོ། །སྐལ་པ་ངན་པ་ནི་དབུལ་བ་འམ། བསོད་ནམས་ཆུང་བའོ། །གཞུང་གཉིས་པ་ངན་སོང་བ་ཞེས་བྱ་བ་ནི་དོན་ཀྱང་མཚུངས་པ་ཡིན་ནོ། །གུས ་པ་སྔོན་དུ་སོང་བ་ཅན་གྱི་ཤེས་པར་བྱེད་པ་ནི་སྨྲས་པའོ། །ཁམ་ཕོར་ཆགས་པ་ནི་ཁམ་ཕོར་གྱི་ཕྱོགས་གཅིག་ཆགས་པའོ། །ཤེས་རབ་ཅན་ཞེས་བྱ་བ་ནི་རིགས་པས་འཇུག་པའི་ཕྱིར་ཤེས་རབ་དང་ལྡན་པའོ། །ཚུལ་དང་ལྡན་པ་ཞེས་བྱ་བ་ནི་འཐད་པས ་ཐ་སྙད་དུ་བྱེད་པའོ། །འདུས་པ་ཞེས་བྱ་བ་ནི་ཐ་སྙད་དུ་མཛའ་བོར་གྱུར་གྱིས་ཤེས་བྱ་བ་ལ། མཚན་དུ་ཉལ་བས་ན་ཤིན་ཏུ་མཛའ་བོར་གྱུར་པ་སྟེ། རྟག་ཏུ་སྙིང་དང་མི་འབྲལ་བ་ཞེས་བྱ་བ་དང། སྡུག་པ་ཞེས་བྱ་བའི་ཐ་ཚིག་གོ་།རྟ་ལ་ཡང་ལྗང་བ་སྟེ། ནས ་སོ་བ་ལ་སོགས་པ་ཚད་དུ་བྱས་པའི་རྟའི་ཟས་སུ་རུང་བར་བཟའ་བར་བྱ་བ་རྩཝ་དག་གོ་།བྲང་ཕྲད་པ་ནི་ལུས་ཀྱིས་འཁྱུད་པའོ། །བྱ་རོག་དོགས་པ་བཞིན་ཞེས་བྱ་བ་ནི་ཇི་ལྟར་བྱ་རོག་ཐམས་ཅད་ལ་དོགས་པར་འགྱུར་བ་དེ་བཞིན་དུ་ཁོ་བོ་ཡང་ངོ། །བཅོམ ་པ་ཞེས་བྱ་བ་ནི་ནོར་དང་ཕྲལ་བར་པའོ། །ཕམ་པ་ཞེས་བྱ་བ་ནི་གཡུལ་གྱི་གནས་ལས་བྲོས་པར་གྱུར་པའོ། །རྒྱལ་སྲིད་ཕྲོགས་པ་ཞེས་བྱ་བ་ནི་དབང་བྱེད་ཕྲོགས་པར་གྱུར་པའོ། །ཉལ་བའི་ཁྱིམ་ཞེས་བྱ་བ་ནི་རྒྱལ་པོའི་ཕོ་བྲང་འཁོར་ནའི་གནས ་པའི་དོན་གྱི་ཁང་པའོ། །ཕལ་ཆེ་བས་ཞེས་བྱ་བ་ནི་དེ་གསོལ་བའི་བྱིན་ནོ། །ཞེས་བྱ་བ་ནི་གསོ་བའི་དོན་དུ་གཏད་པའོ། །བསྟོད་པའི་ཕྱིར་ཞེས་བྱ་བ་རབ་ཏུ་གསལ་བར་བྱ་བའི་ཕྱིར་བསྟོད་པའོ། །བརྙས་པ་ནི་ང་རྒྱལ་གྱི་བརྙས་པས་བརྙས་པས་གྱུར་པའོ། ་རིགས་ངན་པ་ལས་སྐྱེས་པ་ནི་རིགས་མེད་པ་ལས་སྐྱེས་པར་གྱུར་པས་སོ། །འདས་པ་ནི་ཞེས་བྱ་བ་ནི་ཤིན་ཏུ་འདས་པར་གྱུར་པའོ། །ཅི་ཞིག་ལྟ་ཞིང་འདུག་ཅེས་བྱ་བ་ནི་གནས་སྐབས་ཅི་འདྲ་བར་གྱུར་པའོ། །དེ་ལྟར་མི་ནུས་མོད་ཀྱི་ཞེས་བྱ་བ་ནི་ངས་ཐམས་ཅད་དུ ་ཁྱོད་ཀྱི་བྱ་བ་བྱེད་པར་མི་ནུས་མོད་ཀྱི་ཞེས་བྱ་བའི་ཐ་ཚིག་གོ་།གྱོང་མ་གསོལ་ཅིག་ཅེས་བྱ་བ་ནི་ཉེས་པ་བྱས་པ་སྨྲ་བར་མི་བྱ་བའོ། །ཉིན་ཞག་གི་བཟའ་བ་བསྒྲུབས་ནས་ཞེས་བྱ་བ་ནི་ཉིན་ཞག་གནས་པའི་བཟའ་བ་ནི་ཉིན ་ཞག་གི་བཟའ་བ་སྟེ། གང་དེ་ལྟར་བསྒྲུབས་ནས་འཚེ་བར་བྱེད་པའོ། །ངན་ཀོང་གིས་ཞེས་བྱ་བ་ནི་འཇིམ་པ་ལ་བྱས་པའི་རི་ལུ་སྒམ་པོ་འཕེན་པར་རུང་བའི་ཕྱིར་ངན་ཀོང་ངོ། །གླན་པར་བྱ་བ་ནི་དགག་པར་བྱ་བའོ། །སྐྱེངས་པ་ནི་ངོ་ཚ་བར་གྱུར་ནས་སོ། །བུད་མེད་ལ ་ཆགས་པར་གྱུར་ནས་ཞེས་བྱ་བ་ནི་བུད་མེད་ལ་ཤིན་ཏུ་སྐམས་པ་འགྱུར་པས་སོ། །སུམ་ཅུ་རྩ་གསུམ་པས་མཆོད་པ་དང་ཞེས་བྱ་བ་ནི་སུམ་ཅུ་རྩ་གསུམ་པའི་ལྷའི་རིས་ཀྱིས་མཆོད་པའི་ལྷའི་བུ་མེའི་གཟུགས་ལ་སོགས་པའི་བྱེ་བྲག་དང་ལྡན་དུ་ཟིན་ཀྱང ་བཟང་མོའི?་ཕྱིར་སྣང་བར་ནུས་པ་མ་ཡིན་ནོ། །ཅི་དང་འདྲ་བར་ཞེ་ན། ཉི་མའི་འོད་ཟེར་གྱི་སྣང་བས་གཞན་སྐར་མའི་གཞལ་སེང་ཁང་གི་མཛེས་པ་ཟིལ་གྱིས་གནོན་པ་བཞིན་ནོ། །ཞེས་སྨོས་པ་ཡིན་ནོ། །ཐ་མལ་པའི་སྐྱེས་བུ་ནི་སྐྱེས་བུ་ཤེས་པར་མི་འགྱུར་བའོ། །དེའི་ཀུན ་ཏུ་སྤྱོད་པ་ནི་འཐད་པ་སྟེ། གདོན་མི་ཟ་བར་བྱའོ། །སྡིག་པའི་ཆོས་ཀུན་ཏུ་སྤྱོད་པ་ནི་ལུས་ལ་སོགས་པའི་བྱ་བ་སྨད་པ་དག་ཡིན་ནོ། །དལ་བུས་ཞེས་བྱ་བ་ནི་དོགས་པ་མེད་པར་རོ། །མི་གཙང་བ་ཞེས་བྱ་བ་ནི་མི་གཙང་བས་ཁྱབ་པར་གྱུར་པའོ། །ལྕགས་ཀྱི ་ཕུར་པས་བཏབ་པ་ནི་བཤད་པའི་ཁབ་པ་ནས་རྐུན་མ་འཇུག་པ་བཟློག་པའི་ཕྱིར་རོ། །དོག་པ་ནི་འཇུག་པར་དཀའ་བ་ཡིན་ལ། གདོན་པ་ནི་བརྒལ་དཀའ་བར་གྱུར་པའོ། །ཀུན་ནས་ཉོན་མོངས་པར་གྱུར་པ་ཞེས་བྱ་བ་ནི་གནོད་པ་སྐྱེད་པར་བྱེད་བྱེད་པའི་སྒོ ་ནས་སོ། །དེས་རྒྱལ་པོ་ཁྲོས་པར་འགྱུར་རོ་ཞེས་བྱ་བ་ནི་ཚིག་དེས་ཁྲོ་བ་སྐྱེད་པར་བྱེད་པའོ། །རྒྱལ་པོའི་མཐུལ་ཞེས་བྱ་བ་ནི་དེའི་མཐུས་ཏེ་སྟོབས་ཀྱི་ཡུལ་ཡོངས་སུ་བསྲུང་བར་གྱུར་པའོ། །རྒྱལ་བ་དང་ཚེ་རིང་བས་ཞེས་བྱ་བ་ནི་རྒྱལ་བ་དང་ཚེ་རིང་བ ་འཕེལ་བར་གྱུར་ཅིག་ཅེས་དུག་མེད་པར་བྱས་ནས་སོ། །རྡོ་ཐོག་གོ་ཞེས་བྱ་བ་ནི་རང་གི་ནུས་པས་རྙེད་པའི་མཆོག་དོན་དུ་གཉེར་བར་བྱེད་པའོ། །རྟག་ཏུ་ལ་བརྒྱད་དང་ལྡན་པའི་ཤིང་རྟ་ནི་ཅང་ཤེས་ཀྱི་ཤིང་རྟའོ། །རྡོ་ལེབ་བཟང་པོ་ནི་དྲི་བཟང་པོ་ལ་སོགས་པ་རྟག་ཏུ ་བཅད་པའི་དབྱངས་ཀྱིས་ཞེས་བྱ་བ་ནི་མངོན་པར་འདོད་པའི་དོན་དང་རྗེས་སུ་འབྲེལ་བའི་ཚིགས་སུ་བཅད་བ་ཀློག་པས་སོ། །གཅིག་ཏུ་ཞེས་བྱ་བ་ནི་ལྷན་ཅིག་ཏུའོ། །གཏེའུ་བཟུང་བར་གྱུར་ནས་ཞེས་བྱ་བ་ནི་ཁྱེའུ་དང་བུ་མོ་ལ་སོགས་པ་གཏེའུ་བྱས་པའི་རྒྱུ་ཅན་གྱི ་ཆད་པ་བྱས་ནས་སོ། །དབྱེ་ནར་མ་ནི་རིགས་པའི་??་ཡིན་ལ། གླ་སྐྱེས་ནི་ཤོ་གམ་གྱི་གནས་ལ་སོགས་པ་ལས་བྱུང་བའོ། །ཤུ་བའི་མིང་ཅན་གྱི་གཡན་པའི་ནད་ཀྱིས་དབང་དུ་བྱས་པ་ནི་དེས་བཏབ་པར་གྱུར་པའོ། །རྟ་སྐད་འབྱིན་པའི་རྟའི་སྐད་སྒྲོག་པོར ་ཡོ་བྱད་ཀྱི་ཁྱད་པར་དུ་འཕགས་པས་བསྒྲུབས་པར་བྱེད་པའི་རིན་པོ་ཆེ་ལ་སོགས་པས་སོ། །གཟུགས་དང་ལྡན་པར་གྱུར་པ་ཞེས་བྱ་བ་ནི་གཟུགས་ཁྱད་པར་ཅན་གྱིས་ཉེ་བར་མཚོན་པར་གྱུར་པའོ། །ཡོལ་བས་བསྐོར་བ་ཞེས་བྱ་བ་ནི་གོས་ཀྱིས་བར་དུ་བཅད ་པར་གྱུར་པའོ། །ཆགས་པ་དང་བཅས་པས་མཐོང་མ་ཐག་ཏུ་སེམས་འབྲེལ་པར་གྱུར་པས་ན་རབ་ཏུ་ཆགས་པའོ། །མ་བསླེབས་པར་མཁས་པ་ཞེས་བྱ་བ་ནི་རང་བཞིན་གྱིས་མཁས་པར་གྱུར་པའོ། །ཁྲི་དྲ་བ་ཅན་ནི་རྩཝའི་སྐུད?་པ་ལས་བྱས་པའི་ཁྲི་ཡིན་ཏེ། ་དྲ་བ་དང་འདྲ་བར་སྦྱངས་པར་གྱུར་པའོ། །ང་ཁོ་ནའི་ཕྱིར་གསོལ་བ་བྱས་ཏེ་ཞེས་བྱ་བ་ནི་གང་གི་ཕྱིར་བདག་གི་དོན་བསྒྲུབ་པར་བྱ་བའི་ཕྱིར་སར་བ་ཡིན་ནོ། །ཚིག་གུ་ནི་རྒྱ་ཤུག་གི་འབྲས་བུ་ཡིན་ལ། བྱས་པ་ནི་བཟླས་པ་ལ་བྱ་ལ། བྱས་པ་ཞེས་པ་ནི་བསྲུང་བ ་ཡིན་པའི་ཕྱིར་མཁས་པའོ། །རྒྱ་ཤུག་ཚིག་གུ་ཞེས་བྱ་བ་ལ་སོགས་པ་ལ། རྒྱ་ཤུག་ཚིག་གུའི་རུས་ལྟར་རྙེད་འགྱུར་ཏེ། ཞེས་བྱ་བ་ནི་ཚིག་གུའི་རུས་པས་བྱས་པའི་རྣམ་པར་གཅེས་པ་དང་འདྲ་བར་འདི་ལ་ཡང་རྣམ་པར་གཅེས་པ་རྙེད་པར་གྱུར་པའོ།། ་འདིའི་ཡང་ཀུན་ཏུ་སྤྱོད་མིན་ཏེ། བདག་གིས་བྱས་པའི་ཀུན་ཏུ་སྤྱོད་པ་ཤིན་ཏུ་ཡན་ལག་མང་པོའི་སྒོ་ནས་འདྲ་བར་གྱུར་པ་ཡིན་གྱི་ཉུང་ངུའི་སྒོ་ནས་ནི་མ་ཡིན་ནོ་ཞེས་དགོངས་སོ། །རིགས་དང་ལྡན་པ་ཞེས་བྱ་བ་ནི་རིགས་མཐོན་པོ་ལས་སྐྱེས་པར ་གྱུར་པ་ཡིན་ལ། རིགས་འཕེལ་མ་ཞེས་བྱ་བ་ནི་རིགས་འཕེལ་བར་བྱེད་པའོ། །ངོ་ཚ་བ་སྟེ་སྐྱོ་བར་གྱུར་པས་སོ། །གཡོ་བ་ནི་འགྱུར་བའོ། །དབང་པོ་འཕྲོག་པ་ཞེས་བྱ་བ་ནི་ཉེ་བར་འཕྲོག་པར་བྱེད་པའི་ངང་ཚུལ་ཅན་ནོ། །དབྱད་པར་བྱའོ་ཞེས་བྱ་བ་ནི་ཤེས་པར་བྱ ་བ་རོ། །རྒོལ་བ་ནི་ཕྱོགས་སྔ་མ་ཡིན་ལ། ཕྱི་རོལ་པ་ནི་ཕྱོགས་ཕྱི་མ་ཡིན་ནོ། །འདུ་བའི་སྒོ་ནི་སྐྱེ་བའི་གནས་ལ་བྱའོ། །སྡིག་པ་ཞི་བ་ཞེས་བྱ་བ་ནི། སྡིག་པའི་ལས་ལྷག་པར་མི་སྤྱོད་པའི་སྒོ་ནས་ཞི་བ་ཡིན་ཏེ། ཉམས་པ་ཞེས་བྱ་བའི་བར་དུའོ། །དྲི་དང་ལྡན་པ་ ་ལ་འདིར་སྣོད་ཀྱི་སྒྲས་བསྟན་པ་ཡིན་ཏེ། དྲིས་ཡོངས་སུ་བཀང་བ་འམ། སྐུད་པ་ལ་སོགས་པས་བཅིངས་པའི་གྲོ་བའི་སྣོད་དག་ཡིན་ནོ། །བཀྲེན་པ་ནི་འདིར་གནས་མ་ཡིན་པར་འདོད་པ་ལ་མངོན་པར་འཇུག་པའོ། །དེ་དག་དེའི་རྣམ་པ་ཅན་ཡིན་ཏེ་ཞེས་བྱ་བ ་ནི་འདི་ལྟར་བུད་མེད་དེ་དག་གི་རབ་ཏུ་འཇུག་པ་ནི་སྐྱེས་བུ་གཞན་དང་དགའ་མགུར་སྤྱོད་པའི་བདག་ཉིད་ཅན་ནོ། །རང་བཞིན་ཏེ་ངོ་བོ་ཉིད་ཀྱིས་སྐྱེ་བ་དྲན་པ་ཡིན་གྱི་སྨན་དང་སྔགས་ལ་སོགས་པས་ནི་མ་ཡིན་ནོ། །ཕ་རོལ་གྱི་སྲོག་གཅོད་པ་སྟེ། གཞན་གྱི ་འཚོ་བ་འཇིག་པར་བྱེད་པས་སོ། །དེ་རྟ་བཟང་པོས་ཤིན་ཏུ་ཁྱད་པར་དུ་འཕགས་པའི་ཕྱིར་རྟ་བཟང་པོ་སྟེ་ངེས་སོ། །སྦལ་པའི་པགས་པ་ལས་བསྒྲུབས་པའི་འཕོང་ཤུགས་མཐེ་བོང་སྲུང་བར་བྱེད་པ་ལ་འཕོང་ཤུགས་བཅུག་པ་སྟེ། སྦལ་པའི་པགས་པ ་སྲ་བ་ཉིད་ཡིན་པའི་ཕྱིར་འཕོང་ཤུགས་སུ་བྱས་པ་ངེས་སོ། །ཕྱིར་ཁྲོས་པ་ནི་སྨོད་པ་དང་ཀུན་ཏུ་གཤེ་བའི་ཞེས་བྱ་བའི་བར་དུའོ། །སྟོབས་མཆོག་ཅེས་བྱ་བ་ལ། འདིར་སྟོབས་ནི་སྐྱེས་བུའི་ཚོགས་ཡིན་ལ། མཆོག་ནི་གླང་པོ་ཆེ་ལ་སོགས་པའོ། །ཅི་བདེར ་སྤྱོད་པ་ནི་ལྷག་པའི་དགའ་བའི་གནས་ལའོ། །གསོད་པར་བྱེ་པ་ཞེས་བྱ་བ་ནི་སྲོག་དང་བྲལ་བར་བྱེད་པའོ། །མི་འཛའ་བར་བྱེ་པ་ཞེས་བྱ་བ་ནི་རྒྱལ་སྲིད་འཕྲོག་པར་བྱེད་པའི་བསམས་བ་ཅན་ནོ། །ཕས་ཀྱི་རྒོལ་བ་ནི་ནོར་འཕྲོག་པའི་བསམ་པས་དགྲ་བོར་གྱུར་པའོ། །དོན་མེད ་པར་བྱེད་པ་ནི་མ་དཔྱད་པར་བྱ་བ་བྱེད་པས་ན་དོན་མེད་པར་བྱེད་པའོ། །བག་ཡོད་པར་ཞེས་བྱ་བ་ནི་བྱ་བ་མ་ཡིན་པ་སྤངས་པས་སོ། །རང་བཞིན་ནི་གཙོ་བོར་གྱུར་པའོ། །མཚམས་ཆེན་པོ་ཀུན་ནས་བསྟན་པོར་བགྱིའོ་ཞེས་བྱ་བ་ལ་མཚམས་ནི་དེའི་མཚམས་ཡིན?་?། དེ ་ལྟར་ཀུན་ནས་བརྟན་པོར་བྱ་བ་ནི་གལ་ཏེ་བྱ་བ་མ་ཡིན་པ་ལ་འཇུག་པར་མི་འགྱུར་བར་རོ། །འཁྲུལ་འཁོར་གྱི་བཟོ་བྱེད་པ་ལ་མཁས་པས་ན་འཁྲུལ་འཁོར་གྱི་སྒྱུ་རྩལ་མཁན་གྱི་སློབ་དཔོན་ནོ། །དགའ་བསྐྱེད་པར་བྱེད་པའི་ཚིག་བརྗོད་པས་ན་གཏམ་སྙན་པའོ། །རབ ་ཏུ་དགའ་བ་སྟོན་པར་བྱེད་པའི་རོལ་མོའི་བྱེ་བྲག་སྒྲ་ཤིན་ཏུ་མཐོ་བ་ནི་རྔ་བོ་ཆེ་ཡིན་ཏེ། ཤིན་ཏུ་སྒྲ་དང་ལྡན་པའི་ཕྱིར་འདིར་རྔ་བོ་ཆེ་ཡིན་པར་འདོད་དོ། །བཅོམ་པ་ཞེས་བྱ་བ་ནི་ནོར་ཕྲོགས་པའི་སྒོ་ནས་བཤིག་པར་གྱུར་པའོ། །ལེ་ལོ་སྤངས་པའི་ཕྱིར་ལེ་ལོ་མེད ་པ་ཡིན་ནོ། །ལུས་ཀྱི་བྱ་བ་བྱེད་པར་དུད་པ་ཉིད་ཀྱི་ཕྱིར་བརྩོན་འགྲུས་དང་ལྡན་པའོ། །དངོས་པོ་ཡོངས་སུ་གཅོད་པའི་ནུས་པ་དང་ལྡན་པས་ནམ་མཁས་པ་ཡིན་ནོ། །མྱུར་བར་ཡོངས་སུ་གཅོད་པའི་ནུས་པ་དང་ལྡན་པས་ན་སྤྱོད་པ་གསལ་བའོ། །མཚན་ངན་པ་བཅོ་བརྒྱད་དང ་ལྡན་པ་ཞེས་བྱ་བ་ལ། མགོ་སྐྲ་བྱི་བ་ངན་པ་དང། དཔྲལ་བ་ཆུང་བ་དང། མདོག?་སེར་སྐྱ་དང། མིག་སེར་བ་དང། སྨིན་མཚམས་མ་འབྱོར་བ་དང། སྣ་ལེབ་པ་དང། སོ་སྔོ་པ་དང། དིག་པ་དང། མིག་ཟླུམ་པ་དང། མིག་ཆུང་བ་དང། ཕྱི་ནང་དུ་རྒུར་བ་དང། ལྟོའི་ཕྱེ་བ ་དང། དཔུང་བ་དང། རྗེ་ངར་ཐུང་བ་དང། སྤུ་ཅན་དང། ལག་པ་དང། རྐང་པ་མི་མཉམ་པ་དང། ཚིགས་སྦོམ་པ་དང། འདིའི་ཁ་དང་ལུས་ལས་དྲི་ངན་པ་འབྱུང་བའོ། །གཙང་མའི་རྒྱན་ནི་གནོད་པའི་དུས་སུ་རྔན་པར་སྦྱིན་པའི་ཕྱིར་སྦས་ནས་འཇོག་པ་གང་ཡིན་པའོ།། ་མཆོད་པ་ནི་སྟེང་དུ་མཆོད་པར་བྱེད། སྨྱོ་བའི་ཚིག་ཏུ་ཞེས་བྱ་བ་ནི་འདིར་བརྗོད་པ་ལ། ཚིག་ཅེས་བྱའོ། །བྲོས་པར་བྱ་བའི་ཐབས་བརྩམས་ནས་ཞེས་བྱ་བ་ནི་རིགས་པ་བརྩམས་ནས་སོ། །ཆགས་པས་ཞེས་བྱ་བ་ནི་ཀུན་ནས་འབྲེལ་པ་སྟེ། ཡུལ ་ཐག་ཉེ་བར་ཕྱིན་པ་ན་ཞེས་བྱ་བའི་ཐ་ཚིག་གོ་།དེ་ལྟར་ཁྱེད་ཉིད་ཀྱང་ཞེས་བྱ་བ་ནི་འདི་ལྟར་རིགས་མཐོན་པོ་ཅན་ཁྱོད་ཉིད་ངའི་ཐབས་ཀྱིས་བརྐུས་པ་ཡིན་ནོ། །ནོར་བརྩི་བའི་ཕྱིར་ཞེས་བྱ་བ་ནི་བསུ་བའི་ཕྱིར་རོ། །འདོད་ཆགས་ཀྱི་མུན་པས་ཞེས་བྱ་བ་ནི་འདོད ་ཆགས་ཀྱི་དབང་དུ། གྱུར་པས་སོ། །ཁྱོགས་ཞེས་བྱ་བ་ནི་ཁྲི་སྟེང་གཡོགས་དང་ལྡན་པ་སྐྱེས་བུ་བཞིས་བཏེག་པར་གྱུར་པའོ། །ཡུལ་འཕགས་རྒྱལ་དུ་རབ་ཏུ་ཞུགས་སོ་ཞེས་བྱ་བ་ནི་དེ་དག་གིས་འདི་ལྟར་སྦམས་ཏེ་གལ་ཏེ་ཁོ་བོ་ཅག་ལམ་གསལ་པོ་ནས ་འགྲོ་བར་འགྱུར་ན་ནི་དེའི་ཚེ་མྱུར་དུ་བཟུང་བར་འགྱུར་བ་དེའི་ཕྱིར་ཡུལ་འཕགས་རྒྱལ་དུ་ཞུགས་པས་ཇི་སྟེ་ཚོལ་བར་གྱུར་ན་དེ་དེ་ཉིད་དུ་ཚོལ་བར་འགྱུར་བའི་ཕྱིར་རོ། །ཐལ་མོའི་སྒྲ་ནི་ལག་པའི་ཐལ་མོ་གཉིས་བརྡབས་པའི་སྒྲ་ཡིན་ནོ། །ཇི་ལྟར་སྦྲང ་མ་དག་གིས་བླ་བ་ཟོས་པ་ཚུལ་མ་ཡིན་ཞིང་སྲིད་པ་མ་ཡིན་པ་དང། ནོར་ཐམས་ཅད་ཀྱི་བདག་པོ་ཉིད་ཡིན་པའི་ཕྱིར་གནམ་ཐོས་ཀྱི་སྲས་ནོར་ཅན་གྱིས་ཕྲོགས་པ་དང། འོག་ཏུ་འགྲོ་བར་བྱེད་པའི་ངང་ཚུལ་ཉིད་ཡིན་པའི་ཕྱིར་ས་ནམ་མཁའ་ལ་ལྡིང་བ ་ཚུལ་མཐུན་པ་མ་ཡིན་པ་དེ་བཞིན་དུ་རྒྱལ་པོ་བུད་མེད་ཀྱིས་བརྐུས་བ་ཡང་ཚུལ་དང་མཐུན་པ་མ་ཡིན་ཏེ། རྒྱལ་པོ་ལ་སྒྲུབ་པར་བྱེད་པ་དུ་མ་ཉིད་སྤྱོད་པའི་ཕྱིར་རོ། །གསར་དུ་ཞུགས་པའི་ཚོང་པ་ཏདགའ་སྟོན་ལ་ཚིག་ཏུ་བླངས་པའི་སྒྲས་བརྗོད་པ ་ཡིན་ནོ། །རྒྱུད་ནི་རྒྱུས་པའི་སྐུད་པ་ཡིན་ཏེ། དེས་མེ་ཏོག་ཕྲེང་བའི་རྣམ་པ་ལྟ་བུར་མེ་ཏོག་བརྒྱུ་བར་བྱ་བ་ཡིན་ནོ། །གནས་སུ་ཚུད་པར་བསྒོ་ནས་ཞེས་བྱ་བ་ནི་ལས་ཐ་དད་པ་ལ་རྣམ་པར་སྦྱར་བ་སྟེ། གང་གིས་འབྲེལ་པར་གྱུར་པ་ན་རྒྱལ་པོ་བསད ་པ་ཤེས་པར་མི་འགྱུར་བའོ། །རང་ཉིད་སྙན་དངགས་འདོན་ཅིང་གང་བྱེད་པ་གང་ཡིན་པ་དེ་དག་གི་སྙན་དངགས་མཁན་དུ་ཤེས་པར་བྱའོ། །གོས་ཀྱི་དུམ་བུ་ཕན་ཚུན་ཀུན་ནས་སྦྱར་བ་གོས་ལ་སོགས་པ་བརྩམས་པའི་གདུགས་བྱེད་ཅིང་ཤེས་པ་གང་ཡིན་པ་དེ་ནི་གདུགས ་མཁན་ཡིན་ནོ། །བསད་པར་རིགས་ནས་ཞེས་བྱ་བ་ནི་ཉེས་པ་མེད་པ་དེ་སྟོན་པར་བྱེད་པར་བྱེད་པའི་ཕྱོགས་རྙེད་པར་གྱུར་པའོ། །དབུལ་བ་ནི་འདིར་དགེ་བའི་རྩ་བ་ཆུང་བའོ། །དམན་པ་ནི་སྙིང་རྗེ་བར་བྱ་བའི་ཡུལ་ཡིན་ནོ། །ཉེས་པ་མེད་པ་ནི་སྐྱོན་མེད་པའོ། །གནོད་པ་མ ་བྱས་པ་ནི་གནོད་པ་མེད་པའོ། །སྒྱུ་རྩལ་དྲུག་ཅུ་རྩ་བཞི་ཞེས་བྱ་བ་ལ་སོགས་པ་ལ། སྒྱུ་རྩལ་རོལ་མོའི་མཚན་ཉིད་དང། །སྒྱུ་མའི་གཡུལ་དང་མེ་ཏོག་ལས། །སྡེ་དཔོན་བྱ་དང་བདག་ཉིད་ཅན། །གཡོས་ཀྱི་བྱ་བ་ཞེས་བྱའོ། །གང་ཞིག་ཚོང་དང་ཁམས་སྨྲ་དང། རྒྱན ་དང་ལག་རྩིས་བཅུད་ལེན་དང། །འཁྲུལ་འཁོར་སྦྱོར་དང་ཞལ་ཞལ་དང། །འཕོང་སྤྱད་དང་ནི་ལྕེ་སྤྱང་དང། །ཡི་གེ་དང་ནི་ཁ་སྐད་དང། །སྙན་དངགས་མཚོན་ཆའི་བརྟགས་པ་དང། །འཁྲིག་ཐབས་དང་ནི་སོག་ལེ་དང། །ས་གསོར་དང་ནི་རྐོ་བ་དང། །འགྲོ་དང་འོང་བ ་ཤེས་པ་དང། །ཁྱིམ་གྱི་མཚན་ཉིད་དག་ཀྱང་ངོ། །མདུང་ཐུང་རྡོ་རྗེ་བརྟག་པ་དང། །སྡེར་སོ་དག་གི་མཚན་ཉིད་དང། །གཟུགས་རྔུ་འབྱིན་དང་མིག་འཕྲུལ་གྱི། །བསྟན་བཅོས་བ་ཏ་ར་ཞེས་བྱ། །བཅིང་བ་བསྣུན་དང་སྡོམ་པ་དང། །དེ་བཞིན་རྡོ་རྗེ་འཕེན་པ་དང། །ཤ་མཚན ་དཔྱད་དང་དྲག་པ་དང། །ཆུ་ཡི་སྦྱོར་བ་ཉིད་དང་ནི། །དུང་སྐད་དེ་བཞིན་རིག་བྱེད་འོད་ན། །གྲོང་བརྡལ་དང་ནི་གླེགས་འདྲ་དང། །མཚན་མོ་ཆོམ་རྐུན་ཤེས་པ་དང། །བྱིས་པ་རྣམས་ནི་གསོ་བ་དང། །མི་རྣམས་གཉིད་ནི་ལོག་བྱེད་དང། །སྒོ་ལྕགས་འབྱེད་པར་བྱེད་པ་དང།། ་མཚོན་དང་གླིང་བུ་བུད་པ་དང། སྐྱེས་པ་བུད་མེད་གླང་པོ་སྟེ། མཚན་ཉིད་དང་ནི་གར་སློབ་དང། །འབྱུང་པོ་རྣམས་ཀྱིས་གསོ་བའོ། །ཟངས་མ་ཁར་བ་གསེར་དང་ནི། །ཤིང་དང་དུང་གི་མིང་ཤེས་དང། །རི་མོ་ཚོན་དང་སོ་དག་གི་།ལས་རྣམས་དེ་དག་གོ་རིམ ་བཞིན། །རྒྱུ་སྐར་གཏན་ཚིགས་རིག་པ་དང། །ལྟས་དང་གཞུང་གི་ངེས་ཚིག་ཉིད། །ཤེས་པ་ཤེས་བྱ་དེ་དག་ནི། །སྒྱུ་རྩལ་དྲུག་ཅུ་རྩ་བཞིར་ཤེས། །ནས་དང་འབྲས་ཀྱི་ལྗང་བ་ཐམས་ཅད་དུ་གཞོམ་ཞིང་མཐར་ཐུག་པ་ལ་ལྗང་པའི་སྒྲར་བརྗོད་དོ ་ལྷག་པ་ནི་ཟོས་པའི་ལྷག་མར་གྱུར་པའོ། །གོ་བསྐོན་པར་གྱུར་པ་ན། ཞེས་བྱ་བ་ནི་བསྟན་པར་གྱུར་པའོ། །སེམས་ཅན་དམ་པ་ཞེས་བྱ་བ་ནི་འཇིགས་པ་མེད་པར་རོ། །སུས་ཀྱང་རྩེ་མི་ནུས་སོ་ཞེས་བྱ་བ་ནི་སྐབས་ལ་བབ་པའི་ལས་བྱེད་པའི་སྒོ་ནས་སོ། །འཇིགས ་པ་ཆེན་པོ་སྐྱེས་པར་བྱེད་པ་ཡིན་པའི་ཕྱིར་རབ་ཏུ་འཇིགས་ཤིང་མི་བཟད་པའི་སྒྲས་བསྟན་པ་ཡིན་ནོ། །འདིར་འདི་བརྗོད་པར་བྱ་སྟེ། ཇི་སྟེ་རྟ་ཁོ་ན་ཡིན་ནམ། འོན་ཏེ་སྲིན་པོ་ཡིན་ཞེ་ན། དེ་སྲིན་པོ་ཡིན་ཏེ། སྦྱོར་བ་འགའ་ཞིག་གིས་དེ་ལ་རག་ལུས་པ ་ཡིན་ནོ། །ཞེས་གནས་པའི་སྦྱོར་བ་འདི་ཁོ་ནས་དེ་ཐར་པར་གྱུར་པའི་ཡིན་ནོ། །ཞེས་བླ་མ་དག་སྟོན་པར་མཛད་དོ། །བ་ལང་སྐྱོང་གི་མ་ཞི་བ་ཡང་ཇི་ལྟར་སྨྲ་བར་འགྱུར་ཞེ་ན། འདི་ལ་ཡང་ཞི་བ་ལ་ལྷས་རྨི་ལམ་དུ་བསྟན་པའི་དུས་དེ་ཤེས་པ་དེས་སྨྲས ་པ་ཡིན་ནོ་ཞེས་བསྟན་པར་འགྱུར་རོ། །དུས་ཤེས་པ་ཞེས་བྱ་བ་ནི་ཁྲོ་བོའི་དུས་ལ་མཁས་པའོ། །མཚན་ཉིད་དང་ལྡན་པའི་གླང་པོ་ཆེའི་མཆན་ཁུང་གི་ཕྱོགས་སུ་རྐང་པ་བཞག་པར་བྱ་བའི་ཕྱིར་པགས་པའི་རྒྱུན་གྱིས་བསྟད་པའི་ཚེའོ། །སྐད?་ཕྱུང་བ་ནི ་གླང་པོ་ཆེ་སྒྲ་སྒྲོགས་པའོ། །དཔག་ཚད་བརྒྱ་སོང་བའི་འོག་ཏུ་བྱང་ཕྱོགས་ཀྱི་རྒྱ་མཚོར་སོང་ནས་ཆུ་བཏུང་བར་བྱའོ་ཞེའོ། །སྨྲས་པ་ནི་གནད་དུ་བསྣུན་པས་བསྣུན་པར་བྱེད་པའོ། །བྱའི་རིགས་ཏི་ཏི་ར་དེ་རབ་ཏུ་སྐད་འབྱིན་པའི་ཕྱིར་སྤྱོད་ཡུལ་ནགས ་ཐིབས་པོ་ཡིན་པ་དེ་བས་ན་སྤྱོད་ཡུལ་ཞེས་བསྟན་ཏོ། །འདོད་པའི་ཕྱིར་ཞེས་བྱ་བ་ནི་བསད་པར་འདོད་པ་བདག་གིར་བྱེད་པའོ། །གཡོ་བར་བྱེད་ཅེས་བྱ་བ་ནི་ཕྱོགས་གང་གནས་པ་དེ་ཉིད་ལས་ཅུང་ཞིག་གཡོ་བར་བྱེད་པའོ། །རབ་ཏུ་གཡོ་བར་བྱེད་ཅེས་བྱ་བ ་ནི་ཕྱོགས་གཞན་དུ་འཕོས་པས་ཀུན་ཏུ་གཡོ་བར་བྱེད་པའོ། །སོང་བ་ནི་ཆུ་ངེས་པར་འབྱུང་བའི་ཐབས་ཀྱིས་སོ། །གོ་བར་བྱེད་པ་ཞེས་བྱ་བ་ནི་རིགས་པའི་དོན་ཁོང་དུ་ཆུད་པར་བྱས་པས་སོ། །མངོན་པར་གཅེས་པ་ནི་རྣམ་པར་ཚེ་བར་བྱེད་པའོ། །ནང་ནས ་གནས་པ་ཞེས་བྱ་བ་ལ་གནས་ནི་ཕྱི་རོལ་གྱི་སྐྱེ་བ་ཆེན་པོ་འདུག་པའི་གནས་ཡིན། ནང་ནི་ནང་དུ་གྱུར་པ་དག་ཡིན་ནོ། །རིག་པ་སྨྲ་བ་ཞེས་བྱ་བ་ནི་སྔགས་ཀྱི་ཚུལ་ལ་མཁས་པའོ། །མིའི་ལག་པ་རིག་པས་ཨུཏཔ་ལ་སྔོན་པོའི་ལག་པར་བྱས་ནས ་བྱིན་ཏོ། མི་རྟོག་པ་ནི་མིང་ཡོངས་སུ་སྒྲོགས་པའོ། །གྲོང་གི་སྲད་ནི་ཁང་བཟངས་ཆེན་པོའོ། །མ་མོའི་དཀྱིལ་འཁོར་ཞེས་བྱ་བ་ལ། སྲིད་མོ་བརྒྱད་ལམ་མོར་བརྗོད་ལ། དེའི་དམ་ཚིག་ནི་དཀྱིལ་འཁོར་ཡིན་ཏེ། དེ་ལ་བརྟེན་པའི་ཆོ་གས་དཀྱིལ་འཁོར ་དུ་འཇུག་པའོ། །མངོན་པར་འདོད་པའི་ཕུན་སུམ་ཚོགས་པ་སྐྱེད་པར་བྱེད་པའི་ཚིག་ནི་ཤིས་པ་བརྗོད་པའི་ཚིག་ཡིན་ནོ། །ཆོས་མ་ཡིན་པས་ཞེས་བྱ་བ་ནི་རིགས་པ་མ་ཡིན་པས་སོ། །འཚོ་བ་ངན་པ་ཞེས་བྱ་བ་ནི། བདག་ཉིད་ཀྱི་ཚོ་བ་ལ་སྨོད་པར ་འགྱུར་བའོ། །མ་རིག་པས་ནི་ཁྱེར་བའི་ཚེ་ཞེས་བྱ་བ་ནི་མི་ཤེས་པའི་ཆུ་བོས་བསླད་པར་གྱུར་པ་དང། གཉའ་ཁྱེད་པ་ནི་ཞེས་བྱ་བ་ནི་སེམས་ཅན་དམྱལ་བ་ལས་ཐར་པར་འགྱུར་བའི་གཉའ་བྱེད་པའོ། །དེ་དང་བདག་ཅག་བདེ་འགྲོར་འགྲོ་ཞེས་བྱ་བའི ་ཚིགས་སུ་བཅད་པ་འདིས་ནི་ལྷག་མ་རྣམས་ལ་དབུགས་འབྱིན་པར་བྱེད་པའོ། །ཤིས་པ་བྱས་པས་ཞེས་བྱ་བ་ནི་ཤིས་པ་བརྗོད་པ་རྙེད་ནས་སོ། །གདུང་མ་ཞེས་བྱ་བ་ནི་ཁྱིམ་གྱི་སྒོ་ནས་དབུས་སུ་གནས་པའི་གདུང་མའོ། །སྙིང་ཕོ་མ་ཡིན་པ་ནི་སྙིང་པོ་མ ་གཏོགས་པར་རོ། །རློན་པ་ནི་ཡོངས་སུ་སྤངས་པ་ཡིན་ལ། ཟབ་སྟེ་སྲིད་པ་གང་ཡིན་པའི་སྲིན་བུ་དེ་ནི་ཟ་ཞིང་སློན་པའི་སྲིན་བུ་སྟེ། སྙིང་པོ་ཙམ་གྱི་ལྷག་མ་ལུས་པའི་ཕྱིར་ཟ་ཞིང་མངོན་པར་འདོད་པ་ལྡོག་པར་གྱུར་པ་ཡིན་ནོ། །ཕྱུང་ལ་ཞེས་བྱ་བ་ནི་ཁྱིམ་དམ ་པ་ཉིད་ཡིན་པའི་ཕྱིར་རླུང་གིས་ཁྱེད་ལ་གནོད་པར་མ་གྱུར་ཅིག་ཅེས་བྱ་དིར?་འདིའི་བསམ་པ་ཡིན་ནོ། །ཚུལ་ཁྲིམས་ངན་པ་ནི་ཚུལ་ཁྲིམས་འཚལ་བ་སྟེ་བྱ་བ་མ་ཡིན་པ་བྱེད་པའོ། །སྐམས་པ་ནི་ཆུ་ཉུང་བར་འགྱུར་པའོ། །ཆུ་མེད་ཅིང་ཞེས ་བྱ་བ་ནི་ཆུ་ཐམས་ཅད་མེད་པར་གྱུར་པའོ། །སྦལ་བ་ནི་སྒྲ་ངན་ནོ། །གནས་འདི་གཏོང་ནི་མི་ཕོད་ཅེས་བྱ་བ་ལ། གནས་ནི་ཁང་པ་ཡིན་ནོ། །དམུས་ལོང་ཞེས་བྱ་བ་ནི་སྐྱེས་ན་ལོང་བར་གྱུར་པ་ཡིན་གྱི་བཅོས་མ་ཡིན་ནོ། །བུད་མེད་ཚུལ་གྱིས་ཞེས་བྱ་བ་ནི་གྲོང ་གི་ནང་ནས་བ་ལང་འབྲོག་ཏུ་སོང་བ་ན། གླང་པོ་ཆེ་གཞན་འདོད་ཆགས་ཀྱི་གཞན་གྱི་དབང་དུ་གྱུར་པ་གྲོང་གི་ནང་དུ་ཁྱེར་ཏེ་བཅིང་བའི་གནས་སུ་རབ་ཏུ་འཛུད་པར་བྱེད་པའི་ཐབས་དེས་དྲངས་པ་ནི། བུད་མེད་ཀྱི་ཚུལ་དུ་དྲངས་པ་ཞེས་བསྟན་ཏོ། །སྐྱབས ་མགོན་ཡང་ནི་མེད་པར་གྱུར་ཞེས་བྱ་བ་ནི་མགོན་སྐྱབས་ཡང་ནི་མེད་པར་གྱུར་པའོ། །རྐང་པས་རེག་པར་བྱེད་ཅེས་བྱ་བ་ལ་ནི་བཟའ་བ་སྟོབ་པའི་དུས་སུའོ། །དེ་དག་བདེ་བར་རྙེད་པ་ནི་སྤྱིའུ་བླུགས་མཚོའི་ཐད་དག་ལས། ཆུ་གང་དག་ནི་རོར་ལྡན་པའོ། །ཞེས ་བྱ་བ་ལ། སྤྱི་བླུགས་ཀྱི་མིང་ཅན་གྱི་མཚོ་ལས་ཞེས་བྱ་བར་དགོངས་སོ། །ཡུལ་སིན་དུའི་དབང་བྱེད་ལ་འདིར་ཡ་བ་ནའི་རྒྱལ་པོར་འདོད་དོ། །ཁྱོད་དང་བ་ལང་སྐྱོང་གི་མ་ཞི་བ་ཉིད་ཀྱིས་ཤེས་པར་འགྱུར་རོ། །ཞེས་བྱ་བ་ནི་ཞི་བའི་ལག་པས་འཕགས་པའི ་ཞོ་རྫེའུ་སྤྱི་བོ་ལ་འབབ་པའི་འབྲས་བུ་དེ་ཞེས་བྱ་བའི་བར་དུའོ། །དགའ་བ་ནི་འདིར་སྦྱོར་བ་དགའ་བ་ཉིད་ཡིན་པའི་ཕྱིར་རོ། །མགུ་བ་ཞེས་བྱ་བ་ནི་སྔོན་མེད་པའི་འཚོ་བ་རྙེད་པ་དང་འདྲ་བའི་ཕྱིར་རོ། །རངས་པ་ཞེས་བྱ་བ་ནི་སྔ་ན་མེད་པའི་འགྲོ་བ་དང་ནོར་རྙེད ་པའི་ཕྱིར་རོ། །སྐྱེས་ནས་ཞེས་བྱ་བ་ནི་སྟོབས་ཀྱིས་གནས་སྐབས་ཐོབ་པའི་ཕྱིར་རོ། །དགའ་བ་དང་ཡིད་བདེ་བ་སྐྱེས་ནས་ཞེས་བྱ་བ་ནི་ཡང་དག་མཆོག་ལྔའི་རྣམ་པར་འཚོ་བ་མི་སྣང་བའི་ཕྱིར་ཏེ། དགའ་བ་ནི་འདིར་སྲིད་པའི་རྣམ་གྲངས་ཡིན་གྱི་ཡོད་མགུ ་བའི་རྣམ་གྲངས་ནི་མ་ཡིན་པ་རེ་བས་ན་འདིར་སྲིད་པ་དང་མཚུངས་པར་ལྡན་པའི་ཡིད་བདེ་བ་སྨོས་པ་ཡིན་ནོ། །སྐལ་བ་བཟང་པོ་ནི་དགེ་བར་གྱུར་པ་ཉིད་ཡིན་ཏེ། དཔལ་གྱི་སྐལ་པ་བཟང་པོ་ནི་སྐལ་པ་བཟང་པོའི་དཔལ་ཡིན་ཏེ། དེ་དམ་པས་ཁྱད་པར་དུ་འཕགས་པས་འགྲོ་བར་བྱེད ་པས་སོ། །ཕན་པ་ནི་ཕན་འདོགས་པར་བྱེད་པའོ། །འདོད་པ་ཐམས་ཅད་ནི་འདོད་པའི་ཡོན་ཏན་ལྔ་པོ་དག་གིས་སོ། །རྣམ་པ་མང་པོས་ཕན་བཏགས་པ་བྱས་པའི་ཕྱིར་མང་དུ་མཛད་པའོ། །སྐྱེ་བོ་མང་པོ་ནི་སྐྱེ་བོའི་ཚོགས་ཡིན་ལ། རྗེས་སུ་བརྩེ་བ་ནི་ཐུགས་བརྩེ་བར་གྱུར་པའོ། །སེམས་སེམས་ཀྱིས ་ཤེས་ནས་ཞེས་བྱ་བ་ནི་ཡོངས་སུ་ཤེས་པའི་སྒོ་ནས་ཕན་ཚུན་ཞུགས་ཞུགས་པའི་ཕྱིར་མཉམ་པ་ཉིད་ཐོབ་པར་གྱུར་པའོ། །ལོངས་སྤྱོད་སྤེལ་བར་བྱ་བའི་ཕྱིར་ཞེས་བྱ་བ་ནི་འཇིག་རྟེན་ཕ་རོལ་ཏུ་གྱུར་པའི་ལོངས་སྤྱོད་འབྱོར་པར་བྱ་བའི་ཕྱིར་རོ། །གློག་འགྱུ་བ་ཞེས་བྱ་བ་ནི་ཡུད ་ཙམ་འབྱིན་པའོ། །རིགས་མེད་པ་ལས་སྐྱེས་པ་འདི་ནི་མཆོག་སྟེ་ཞེས་བྱ་བ་ནི་རིགས་དམའ་བ་ལས་སྐྱེས་པར་གྱུར་པའོ། །བསད་པ་ནི་སྲོག་དང་བྲལ་བར་གྱུར་པའོ། །འདི་ལ་ཆེར་སེམས་པ་ཡིན་ཏེ། ཞེས་བྱ་བ་ནི་དགའ་བའོ། །ཚང་ཞེས་བྱ་བ་ནི་གནས་ཡིན་ནོ། །ཡུལ ་རྨུགས་པར་གྱུར་པ་ན་ཞེས་བྱ་བ་ནི་སྤྲིན་གྱིས་ཁྱབ་པར་གྱུར་པ་ནའོ། །རླུང་དང་ཉི་མས་ཡོངས་སུ་སྐམས་པ་ནི་རླུང་དང་ཉི་མ་དང་ལྡན་པར་གྱུར་པས་སོ། །རི་མོ་ཅན་ཞེས་བྱ་བ་ནི་སྔོན་པོའོ་རྣམ་པའི་མདངས་ཉིད་ཡོད་པའི་ཕྱིར་རོ། །ས་བརྟགས་སྤྱོད་ཅེས་བྱ་བ་ནི་སྤྱོད་པ་མེད ་པར་བྱེད་པའོ། །བཟོད་པར་གྱིས་ཞེས་བྱ་བ་ནི་ཚིག་འཇམ་པོས་བཟོད་པར་བྱེད་པའོ། །ཚོགས་ཅན་ཞེས་བྱ་བ་ལ། ཚོགས་ནི་འདུས་པ་ཡིན་ལ། ཚོགས་འདི་ལ་ཡོད་པའི་ཕྱིར་ཚོགས་ཅན་ཏེ་སྡེ་དཔོན་ཆེན་པོ་ཞེས་བྱ་བའི་ཐ་ཚིག་གོ་།མི་མཁས་པ་ནི་བློ་དང་མི་ལྡན་པའོ ་ཚོལ་བར་བྱེད་པ་ན་རབ་ཏུ་དོན་ཏུ་གཉེར་བར་བྱེད་པའོ། །རེ་རེའི་ཚིག་ཏུ་སྨྲ་བ་ནི་ཞེས་བྱ་བ་ལ་སོགས་པ་ལ་གང་ཟག་གསུམ་པོ་ཆ་གཅིག་སྨྲ་བར་མངོན་པར་འདོད་པ་ཡིན་ཏེ། འདི་ལྟར་རྒྱལ་པོ་དང། ཡོན་ཏན་དང་ལྡན་པའི་བྲམ་ཟེ་དང། དྲང་སྲོང་གི་མཆོག་གོ་།གཅིག ་ཅེས་བྱ་བ་ནི་རྒྱལ་པོའི་ཚོ་གཅིག་སྨྲ་བར་འགྱུར་གྱི་གཉིས་པ་ནི་མ་ཡིན་ཏེ། ཚིག་གཅིག་གིས་རྒྱལ་པོའི་བཀའ་སྒྲུབ་པ་ཡིན་ནོ། །ཞེས་བྱ་བའི་དོན་འདིར་འགྱུར་རོ། །སྐྱེ་དགུ་འདུལ་བར་བྱེད་པ་དེའི་ཕྱིར་རྒྱལ་པོ་དེ་ཉིད་སྟོན་པ་ཡིན་ལ། རང་གི ་བདག་པོ་གཉིས་མེད་པ་ཉིད་ཡིན་པ་དེའི་ཕྱིར་དེ་ཉིད་གང་ཟག་གཉིས་མེད་པའོ། །ཆ་གཅིག་སྨྲ་བའི་བློ་གྲོས་གྱིས་ཞེས་བྱ་བ་ནི་རྒྱལ་པོ་ཉིད་དག་གི་ཆ་གཅིག་བརྗོད་ཅིང་སྨྲ་བ་གདོན་མི་ཟ་བར་བྱ་བའི་དོན་སྟོན་པར་བྱེད་པའོ། །གཞན་དག་ནི་ཅིག་ཉིད་ནི་བཅོམ་ལྡན ་འདས་ཡིན་ནོ། འོར་གཅིག་ཚིག་ཏུ་གསུང་གི་ལན་གཉིས་སུ་བསྐོར་བ་མ་ཡིན་པ་དང། དེ་ཉིད་སྟོན་པ་ཡིན་ལ་དེ་ཉིད་གང་ཟག་ཟླ་མེད་པ་ཡིན་ཏེ། དེ་ཉིད་ཀྱང་གང་གི་ཆ་གཅིག་གསུང་བར་འགྱུར་བ་ཡིན་ནོ་ཞེས་སེམས་སོ། །ཆོས་ཀྱི་ཚུལ་ལ་མི་གནས་པ་ཞེས་བྱ་བ་ནི ་གང་ཆོས་ལ་ངེས་པར་གནས་པར་མི་འགྱུར་པའོ། །གང་ཡང་སྡིག་པའི་ལྟ་བ་དང་ཞེས་བྱ་བ་ནི་སྡིག་པའི་ལྟ་བ་ངན་པ་དག་ལག་པའི་ལྟ་བ་ཅན་དང། གང་ཡང་ཚུལ་ཁྲིམས་གཡོ་འགྱུར་བའོ། །བུད་མེད་བདག་མེད་དེ་ཅེས་བྱ་བ་ནི་བདག་པའི་འགོ་བ་དང་བྲལ་བས་ཟིལ ་གྱིས་མནན་པར་གྱུར་པ་དེ་ལ་གལ་ཏེ་མིང་པོ་བཅུ་ཡོད་པར་གྱུར་པ་ནའོ། །ཅི་ཞིག་ཕན་ཞེས་བྱ་བ་ནི་རྫས་ཐམས་ཅད་དང་བྲལ་བར་གྱུར་པའོ། །འདི་གསུམ་ཅུང་ཟད་མི་དགོས་པའོ་ཞེས་བྱ་བ་ནི་སྙིང་པོ་མེད་པ་ཉིད་དང་དགོས་པ་ཡོད་པ་མ་ཡིན་པའོ། །ལོངས་མ་སྤྱད ་པར་ཞེས་བྱ་བ་ནི་འདོད་པའི་ཡོན་ཏན་ལྔ་པོ་ལྔ་ཕལ་ཆེར་ཡོངས་སུ་ལོངས་མ་སྤྱད་པ་དང། སོལ་བ་དང་ཐ་སྙད་དུ་བྱེད་པའི་ཕྱིར་སོལ་བ་པ་སྟེ། གང་སོལ་བ་བྱས་ནས་འཚོང་བར་བྱེད་པ་འམ། འདི་ལ་སོལ་བ་དགོས་པའི་ཕྱིར་སོལ་བ་སྟེ་ལྕགས་མགར་རོ། །དེ་གང ་ཉམས་པས་འཇིགས་པས་རྟག་ཏུ་གཅེར་བུ་ཁོ་ནས་ལས་བྱེད་པ་དེའི་ཕྱིར་དེའི་གོས་ལོངས་མ་སྤྱད་པར་ཟད་པར་འགྱུར་པ་དང། དེ་བཞིན་དུ་ལྷམ་དང་བཙུན་མོ་དག་ཀྱང་ངོ། །དཀའ་ཐུབ་ནི་མི་ཚངས་པར་སྤྱོད་པ་ལས་ལྡོག་པའོ། །ཤིང་རྟས་བསྙད་དུ ་བྱེད་པའི་ཕྱིར་ཤིང་རྟ་འདྲན་པའོ། །གཏུན་ཤིང་གིས་བརྡེག་པར་འོས་པ་ཡིན་པའི་ཕྱིར་གཏུན་ཤིང་གིས་བརྡེག་པའི་རིགས་སོ། །རྔམས་ཆེར་འཇོག་པ་ནི་གཞོགས་མཆེར་འབྱིན་པའི་ཤིང་རླག་པར་བྱེད་པའོ། །ཁ་ལོ་སྒྱུར་བ་ནི་ཉམ་ང་བ་ལ་སོགས་པ་སྤང་བའི་ཕྱིར་རྩེ་གཅིག ་ཏུ་བལྟ་བར་བསྔགས་པ་ཡིན་ན་གང་ཡང་ཡོན་པོར་ལྟ་བར་འགྱུར་བ་གཏུན་ཤིང་གིས་བརྡེག་པར་འོས་པ་ཡིན་ནོ། །ཕོ་ཉས་ཞེས་བྱ་བ་ལ་སོགས་པ་ལ་རྒྱལ་པོའི་ཐད་ལས་འཕྲིན་བླངས་པ་གང་ཡིན་པ་དེ་བྱ་བ་གཞན་གྱིས་བྲེལ་བས་གཞན་ཕོ་ཉར་གཏོང་བར་བྱེད་པ་དེ ་གཉི་ག་ཡང་གཏུན་ཤིང་གིས་བརྡེག་པར་འོས་པ་ཡིན་ནོ། །མདག་གཞུག་པ་ནི་ཞོ་ཤས་འཚོ་བ་ཡིན་ཏེ། དེ་བདག་པོས་ལས་ལ་ངེས་པར་སྦྱར་བ་ན་ཡང་དེས་ཀྱང་གཞན་སྦྱོར་བར་བྱེད་པ་དེ་ནི་མངགས་པས་མངགས་པ་ཡིན་ནོ། །རིགས་སུན་འབྱིན་པ་ནི་བདག ་པའི་ཁྱིམ་དང། ཕའི་ཁྱིམ་དུ་སྤྱོད་པ་མ་ཡིན་པ་ལྷག་པར་སྤྱོད་པར་བྱེད་པའོ། །བ་ལང་རྫི་ནི་ནགས་ན་སྤྱོད་པ་ཡིན་ལ། འདྲེག་མཁན་ནི་གྲོང་ན་སྤྱོད་པ་ཡིན་ན་ཕྱིན་ཅི་ལོག་ཏུ་འཇུག་པའི་ཕྱིར་གཏུན་ཤིང་གིས་བརྡེག་པར་རོགས་པ་ཡིན་ནོ། །རྒྱལ ་པོས་སྨྲས་པ་ལན་ཅིག་ཡིན་ཞེས་བྱ་བ་ནི་འོར་གཅིག་ཡིན་ནོ། །བུ་མོ་སྦྱིན་པ་འང་ལན་ཅིག་ཡིན་ཞེས་བྱ་བ་ནི་ཁྱོ་ཤི་ནས་ཡང་སྦྱིན་པར་བྱ་བ་མ་ཡིན་ནོ། །འཕགས་པས་གཟིགས་པ་ལན་ཅིག་ལས་བསོད་ནམས་ལ་སོགས་པའི་དོན་ཉེ་བར་བསགས་པར ་འགྱུར་རོ། །ཕྱོགས་ཆུང་དང་ཞེས་བྱ་བ་ནི་འཁོར་ཉུ་བར་གྱུར་པའོ། །དོགས་པར་གྱུར་ཏོ་ཞེས་བྱ་བ་ནི་བསད་པར་གྱུར་པ་ཞེ་འམ། འདི་ལྟར་རྒྱལ་སྲིད་དང་བྲལ་བར་དོགས་པར་གྱུར་པའོ། །བརྙས་པར་ནི་གླེན་པར་རོ། །ཁ་ཅིག་ནི་ཡན་ལག་རྒྱས་པར་གྱུར་པའོ ་གང་ཅུང་ཞིག་མ་དཔྱད་པར་སྨྲ་བས་ན་འཆལ་པའི་ཚིག་ཏུ་སྨྲ་བ་ཞེས་བྱའོ། །གོས་གྱོན་པ་ནི་འདིར་དབུལ་པོར་གྱུར་པའོ། །བཤེས་མ་ཡིན་པར་ཏེ་འདྲིས་པ་མ་ཡིན་པར་རོ། །ཤིན་ཏུ་སྣང་བས་ན་ཤིན་ཏུ་གཏུམ་པའོ། །ལྷག་པར་བསྟེན་པ་ནི་ལྷག་པར ་བསྟེན་པར་བྱེད་པའོ། །གཞན་གྱི་ནོར་ལ་སེམས་པ་ནི་གང་ཞིག་རྟག་ཏུ་གཞན་གྱི་ནོར་ལ་ཆེ་གེ་མོ་འདི་ལ་རྫས་འདི་ཡང་ཅེས་གཞན་གྱི་ནོར་ལ་སེམས་པར་བྱེད་ཅིང་བདག་ཉིད་ཀྱི་ནོར་སྒྲུབ་པའི་འབད་རྩོལ་བྱེད་པར་གྱུར་པ་ཡིན་ནོ། །རྟག་ཏུ་བདག ་ཉིད་ལ་སྡུག་དང་ཞེས་བྱ་བ་ལ། སེམས་པ་ཞེས་བྱ་བ་རྗེས་སུ་འཇུག་སྟེ། གང་ཞིག་འབད་རྩོལ་མེད་པར་བདག་ཉིད་ལ་རྟག་ཏུ་སྡུག་པའི་དངོས་པོར་འདོད་དོ། །ཤིང་རྟའི་འཁོར་ལོས་བསད་པར་བྱ་བ་ཞེས་བྱ་བ་ནི་ཤིང་རྟའི་འཁོར་ལོས་སྲོག་དང་དཔྲལ་བར་བྱ་བའོ།། ་མཚོན་གྱི་དབྱེ་བ་ལ་མཁས་པས་ན་མཚོན་གཏོང་ཤེས་པའོ། །མཚམས་ནི་ཤིང་དག་གི་མཚམས་རྗེས་སུ་མཐུན་པར་སྦྱོར་བའོ། །གྱང་དང་ལྷན་ཅིག་ཇི་ལྟར་བྱ་བའི་དོགས་ནི་རིགས་པའོ། །བདག་པ་ཉིད་ཀྱི་ཚུལ་དུ་སྐྱེས་བུ་གསུམ་བརྐྱང་པས་ཡོངས་སུ་ལོངས ་སྤྱོད་པས་ན་ལན་གསུམ་བརྒྱུད་པའི་གཅིག་དང་གནས་པ་ཞེས་བྱ་བ་ནི་སྐྱེས་བུ་གཅིག་ཡང་ཡང་དག་པར་མགུ་བར་བྱེད་པའོ། །དྲང་པོར་སྨྲ་བ་ནི་བདེན་པར་སྨྲ་བའོ། །གཞན་གྱི་རྒྱུས་ཞེས་བྱ་བ་ནི་འགའ་ཞིག་ཏུ་རྒྱལ་བ་བཙུན་མོ་ཏ་རའི་དོན་དུ་བསད་པར ་གྱུར་ཏོ་སྙམ་དུ་སེམས་པར་འགྱུར་བ་དེ་བས་ན་གཞན་གྱི་རྒྱུས་ཞེས་བསྟན་པ་ཡིན་ནོ། །རྒྱགས་ཞེས་བྱ་བ་ནི་དེས་བདེ་བ་སྤེལ་བར་བྱེད་པ་དང་སྒྲུབ་པར་བྱེད་པས་ན་རྒྱགས་སོ། །འཁོར་བར་འཁོར་ཞེས་བྱ་བ་ནི་འཁོར་བ་དག་ཏུ་ཡོངས་སུ་འཁོར་བར་གྱུར ་པའོ། །ཚོགས་བསགས་པ་ཞེས་བྱ་བ་ནི་བདེ་བའི་ལོངས་སྤྱོད་ལོང་སྤྱོད་པ་དང་ལྡན་པོའོ། །སྒོང་ཞེས་བྱ་བ་ལ་སོགས་པ་ནི་འབྲས་བུ་མ་སྐྱེས་པ་ཁོ་ནར་འཇིག་པར་གྱུར་པའོ། ཡོན་ཏན་མེད་པ་ནི་འགལ་བ་ཡིན་ཏེ། ཉིན་མོ་དང་མཚན་མ་ཕན་ཚུན་ལྷན་ཅིག་མི་གནས་པའི ་མཚན་ཉིད་ཀྱི་འགལ་བ་ཡིན་ནོ། །གོས་རྣམས་བརྡེག་པར་གྱུར་ན་ཞེས་བྱ་བ་ནི་བཅགས་པ་གྱུར་ནའོ། །ཆུད་གཟན་པར་བྱ་བའི་ཞེས་བྱ་བ་ནི་མཐོང་བའི་ལམ་ལ་ཡིན་པར་བྱ་བའོ། །སྐྱེས་བུ་སྨད་པར་བྱ་བ་ཡིན་པས་ན་སྐྱེས་བུ་འང་པའོ། །མི་འཕོད་པ་ནི ་ཡོན་ཏན་འཇིག་པར་བྱེད་པའོ། །རྒྱལ་པོ་རྫུན་དུ་སྨྲ་བ་ཚུལ་དང་མཐུན་པ་མ་ཡིན་ཏེ། འཇིགས་པ་ཡོད་པ་མ་ཡིན་པའི་ཕྱིར་རོ། །བློ་ལྡན་དོན་རྣམ་པར་དཔྱོད་པར་བྱེད་པའི་ཚེ་རྨོངས་པར་གྱུར་པ་ཚུལ་དང་མཐུན་པ་མ་ཡིན་ནོ། །དོན་མེད་པར་ཞེས་བྱ་བ་ནི་དགོས་པ་མེད་པར་རོ ་ཉིན་པར་ནི་ཉི་མའི་འོད་དང་ཉེ་བར་གྱུར་བར་རོ། །འདྲེངས་ལ་ཞེས་བྱ་བ་ནི་ཤིན་ཏུ་ངོམས་པར་རོ། །གྱོད་རྨ་ནི་བསླུ་བར་རོ། །གླང་མ་དག་དོན་དུ་གཉེར་བ་མང?་བ་གང་ཡིན་པ་དེ་ནི་མི་འདོད་པའོ། །གཉིད་ཀྱིས་གནོད་པ་ནི་གཉིད་ཀྱིས་གཟིར་བར་གྱུར་པའོ། །གཡུལ་དུ ་དཔའ་བོ་བལྟ་བ་དང་ཞེས་བྱ་བ་ལ་སོགས་པ་ལ་གཡུལ་ངོ་གསུང་པའི་པོའི་ནུས་པ་རབ་ཏུ་གསལ་བར་བྱེད་པའོ། །དུག་རྣོ་བ་ནི་ཤིན་ཏུ་རྣོ་བ་སྟེ། དེའི་སྨན་གྱི་ནུས་པ་གསལ་བར་བྱེད་པའོ། །བཟའ་བཏུང་ཡོད་པར་གྱུར་ན་བཟའ་བ་དང་བཏུང་བ་སྦྱིན་པར་བྱ་བའི་ཕྱིར ་གཉེན་རྣམས་ལ་བལྟ་བ་ཡིན་ནོ། །དོན་དང་རྣམ་པར་དཔྱད་པའི་དུས་གང་ཡིན་པ་ལ་མཁས་པ་བལྟ་བར་བྱ་བའི་སྐབས་ཡིན་ནོ། །ཁྱིམ་པའི་ལེ་ལོ་ནི་མ་ལེགས་པ་ཆེན་པོ་ཡིན་ལ་འདོད་ལྡན་ལ་ཡང་སྟེ། ཁྱིམ་པ་ལ་ལོས་བཅོམ་པ་མ་ལེགས་པའོ། །མ ་བསླབས་ཤིང་དབྱིགས་བྱེད་པ་སྤང་བར་བྱ་བ་ཡིན་ཏེ། ལྷག་པར་རྒྱུག་པ་ཡང་སྐྱེས་མཆོག་ལ་སོགས་པ་ལ་གནོད་པར་བྱེད་ཅིང་གདུང་བར་བྱེད་པ་གང་ཡིན་པ་དེ་དག་ཀྱང་སྤང་བར་བྱ་བ་ཡིན་ནོ། །གནོད་པ་སྟེ་བཞོས་པས་བེའུ་ལ་གནོད་པར་གྱུར་བ་དེ ་ཡང་ངོ། །བྱ་སྲེག་པ་ཞེས་བྱ་བ་ནམ་མཁའ་ཡོངས་སུ་ཟད་པའི་འཇིགས་པས་ཤིན་ཏུ་མཐོན་པོར་མི་འཕུར་བ་དང། ཆུ་སྐྱར་འཇིགས་པར་བྱ་བ་མ་ཡིན་པས་འཇིགས་པར་བྱེད་པ་དང། རྡུལ་འབིགས་པར་བྱེད་ཅིང་རྡུལ་ཟ?་བར་བྱེད་པའི་སྲིན་བུ་དེ་རྡུལ ་ཡོངས་སུ་ཟད་པས་འཇིགས་པའི་ཕྱིར་ཤིན་ཏུ་མང་དུ་མི་ཟ་བ་དང། སྲིན་བུ་ལྷམ་བུ་ཆུ་གཤེར་ནི་རྟག་ཏུ་འཇིགས་པར་བྱ་བ་མ་ཡིན་པ་ལ་འཇིགས་པར་བྱེད་པའོ། །ཚུལ་ཁྲིམས་འཚལ་པ་ནི་གཞན་གྱི་ཆུང་མ་འཇུག་པའོ། །རིགས་ཀྱི་ཕྱིར་ནི་གཅིག ་གཏང་ཞིང་ཞེས་བྱ་བ་ནི་རིགས་འཇིགས་པ་ཡང་དག་པར་འབྱུང་བར་གྱུར་པ་ན་སེམས་ཅན་གཅིག་ཡོངས་སུ་གཏང་བར་བྱའོ་ཞེས་བྱ་བ་ལ་སོགས་པའོ། །རྒྱལ་པོའི་དཀོར་མཛད་མ་བསམས་པར་ཞེས་བྱ་བ་ལ་སོགས་པ་ལ། རྒྱལ་པོའི ་ཡུལ་གྱི་རྒྱལ་པོའི་དཀོར་མཛོད་གང་ཡིན་པ་དེ་ནི་མ་བསམས་པར་འཕེལ་བར་འགྱུར་ཞིང་ལམ་སོང་སྟེ་དོན་མཐུན་སྟོབས་མཆོག་མ་བསམས་པར་འགའ་ཞིག་ཏུ་དེའི་རྐྱེན་གྱིས་དེ་འཇིག་པར་འགྱུར་བའོ། །སྒལ་བ་མེད་པ་ནི་ཚུལ་ངན་པའོ།། ་བལྟ་བས་མི་དོམས་པ་ཞེས་བྱ་བ་ནི་བལྟ་བས་ཆོག་པར་མི་བྱེད་པའོ། །རྒྱལ་པོ་ནི་འཁོར་ལོས་སྒྱུར་བའོ། །རི་བོ་ནི་རི་རབ་བོ། །རིགས་ལྡན་ཞེས་བྱ་བ་ནི་རང་བཞིན་གྱིས་འཇམ་པའོ། །བྱིས་པ་དག་དང་ཞེས་བྱ་བ་ལ་སོགས་པ་ལ། བྱིས་པ་ནི་འདིར ་བྱིས་པའི་ཁྱེའུ་འོ། །སྤྲུལ་ནི་བྲང་འགྲོའོ། །གནོད་བྱེད་མ་ནི་སྐྱེས་བུ་གཞན་ལ་རབ་ཏུ་ཆགས་པར་གྱུར་པའོ། །མི་བརྟན་པ་ནི་གང་དགའ་བ་ཡུན་རིང་དུ་འཛིན་པར་མི་བྱེད་པ་འམ། ཅིག་ཤོས་དགའ་བ་སྟེ། ཐ་མལ་པ་སྟོན་པར་བྱེད་པའོ། །དཔའ་བོ ་ནི་འདིར་གཡུལ་དོགས་སུ་དཔའ་བའ་ཨོ། །གང་ལ་ཞེ་ན། སྨྲས་པ། ཤིན་ཏུ་གནོད་པར་གྱུར་པ་དང་ཤིན་ཏུ་ཉམ་ང་བར་ཞུགས་པའི་སེམས་ཅན་ལའོ། །གཏམ་མི་བྱའོ་ཞེས་བྱ་བ་ནི་ཁྱོད་དང་གཏམ་མི་བྱ་བའོ། །སྦྱིན་པ་མ་མཐོང་ཞེས་བྱ་བ་ལ་སོགས ་པ་ལ། སྐྱེས་བུ་གང་ཞིག་ལ་འགའ་ཞིག་གིས་སྦྱིན་པ་མ་མཐོང་བ་དེ་ནི་འདིར་ཞེ་སྡང་ཚུལ་དུ་འགྱུར་བའོ། །འཕྲོད་པ་མི་བྱེད་པ་ནི་གང་ཞིག་ཏུ་ཕ་རོལ་པོ་ལ་འགལ་བ་སྤྱོད་པའོ། །མི་མཐུན་སྤྱོད་པ་ནི་གང་ཞིག་འགའ་ཞིག་ལ་རྗེས་སུ་མཐུན་པར་མི ་སྤྱོད་ཅིང། གཞན་ལ་རྟག་ཏུ་ཉེ་བར་སྤྱོད་པ་སྒྲོགས་པར་བྱེད་པའོ། །སྦྱིན་པ་བྱིན་ནས་ཡང་རིམ་གྱིས་དབྲི་བ་ནས་ཐམས་ཅད་ཀྱིས་ཐམས་ཅད་དུ་སྦྱིན་པར་མི་བྱེད་པའི་བར་དུའོ། །གནས་བརྟན་ནི་འདིར་ལོ་བཅུ་ལོན་པར་འདོད་ལ། རྒན་པ་ཡང ་ལུས་རིངས་པར་གྱུར་པའོ། །ཚིག་ངན་ནི་གང་ཕ་རོལ་སྨྲ་བ་བརྣག་པར་མི་ནུས་པའོ། །སྨིན་ཐབས་སུ་སྨྲ་བ་ནི་ཤིན་ཏུ་ཁྲོས་པ་ཉིད་ཀྱི་ཕྱིར་རོ། །བ་སྤུ་གྱེན་དུ་བགྲེང་བ་ནི་བ་སྤུ་གྱེན་དུ་འཇུག་པའོ། །བཞིན་ནི་གཉེར་མར་ལྡན་པ་ནི་བཞིན་གཉེར་མས་ཁྱབ་པར་གྱུར ་བ་ཅན་ནོ། །ཁ་སྤུ་ཆུང་བ་ནི་ཁ་སྤུ་བྱི་བའོ། །འདོད་ཆགས་གཅོད་ཅན་ཞེས་བྱ་བ་ལ་སོགས་པ་ལ། གང་ཞིག་ལྷག་པར་འདོད་ཆགས་ཀྱི་ཤས་དང་ལྡན་པ་ཡིན་ནོ། །དོན་ལ་སེམས་པ་ནི་གང་ཞིག་རྟག་ཏུ་ནོར་སྒྲུབ་པའི་ཐབས་སེམས་པར་བྱེད་པ་དང། གང ་ཞིག་ཐ་སྙད་དུ་བྱེད་པའི་སྒོ་ནས་མངོན་པར་སྦྱོར་བར་བྱེད་པའོ། །འཇིགས་པ་ཞེས་བྱ་བ་ནི་སེམས་ཅན་དམ་པ་མ་ཡིན་པའོ། །སེར་བ་ནི་ཐོག་འབབ་པ་དང་བཅས་པའི་སེར་པའོ། །མི་རྟག་པ་ནི་སྐད་ཅིག་མས་མི་རྟག་པ་ཉིད་དོ། །དོན་མེད་པར་འདོད ་པ་ཞེས་བྱ་བ་ནི་དོན་འཇིག་པར་འདོད་པ་དང་འཇིག་རྟེན་འདི་དང་འཇིག་རྟེན་ཕ་རོལ་ཏུ་ཕན་པ་མ་ཡིན་པ་བྱེད་པས་ན་ཕན་པར་མི་འདོད་པ་དང་བདེ་བར་མི་འདོད་པ་ཞེས་བྱ་བ་ནི་བདེ་བ་སྐྱེས་པ་འཇིག་པར་བྱེད་པའོ། །རེག་པར་མི་འདོད་པ་ཞེས་བྱ་བ་ནི་མ ་སྐྱེས་པ་སྐྱེས་པ་དང་གེགས་བྱེད་པའོ། །གྲུབ་པ་དང་བདེ་བར་མི་འདོད་པ་ཞེས་བྱ་བ་ལ། མ་ཐོབ་པ་ནི་གྲུབ་པ་ཡིན་ལ། ཡོན་ཏན་རྙེད་པ་ཡོངས་སུ་སྐྱོང་བར་བྱེད་པ་བདེ་བ་ཡིན་ཏེ། དེ་ཡང་མ་ཐོབ་པ་མི་འཐོབ་པར་བྱ་བའི་ཕྱིར་དང། རྙེད་པ་འཇིགས་པར ་བྱ་པའི་ཕྱིར་ཞུགས་པ་ཡིན་ནོ། །བྱས་ཞེས་བྱ་བ་ནི་འདས་པའི་དུས་ཡིན་ལ། བྱེད་པ་ནི་ད་ལྟར་གྱི་དུས་ཡིན་ཞིང། བྱེད་པར་འགྱུར་བ་ནི་མ་འོངས་པའི་དུས་ཡིན་ནོ། །ཕྱིན་ཅི་ལོག་ཏུ་གྱུར་པ་ཡིན་དུ་ཟིན་ཀྱང་ཡང་དང་ཡང་དུ་སྨྲ་བས་ན་བྱ་རག་དང་འདྲ་བའོ ་མང་དུ་དོན་མེད་པར་སྨྲ་བའི་ཕྱིར་མུ་ཅོར་སྨྲ་བ་ཡིན་ལ། ཡང་དང་ཡང་དུ་འབྲེལ་བ་མེད་པ་མི་གསལ་བ་སྨྲ་བའི་ཅ་ཅོར་སྨྲ་བའོ། །སོག་པ་ཞེས་བྱ་བ་ནི་སོག་པར་བྱེད་པའི་ངང་ཚུལ་ཅན་ནོ། །སྐད་འབྱིན་པ་ཞེས་བྱ་བ་ནི་དོན་མེད་པའི་སྐད་སྒྲོགས་པར་བྱེད ་པའོ། །རིགས་པར་མི་བྱེད་པ་ནི་འདིར་ཕྱིན་ཅི་ལོག་གི་རྣམ་གྲངས་ཡིན་ནོ། །ལྷོ་ངོས་སུ་སོང་ཞེས་བྱ་བ་ནི་ལྷོ་ཕྱོགས་སུ་འགྲོ་བར་བྱེད་པའི་ཕྱིར་ལྷོ་ངོས་སུ་སོང་བ་དང་གམ་དུ་སོང་བར་གྱུར་པའོ། །འོད་ནི་ཉི་མའོ། །མེས་ཚིགས་པ་ལ་ཞེས་བྱ་བ་ལ་ཡང་བཀྲ ་མི་ཤིས་པའོ། །ཞེས་བྱ་བའི་དབང་དུ་བྱས་ནས་ཡང་མེའི་ནང་དུ་བཅུག་ནས་སྲེག་པར་བྱེད་པའོ། །ཟོས་པ་ནི་བཟའ་བར་བྱ་ཞིང་ལོངས་སྤྱོད་པར་བྱ་བའོ། །འཐུངས་པ་ནི་བཏུང་པའོ། །བཅའ་བ་ནི་བཅའ་བར་བྱའོ། །མྱངས་པ་ནི་ཨ་མྲ་ལ་སོགས་པ་བཞིབ་པར་བྱ་བའོ།། ་ཐོགས་པ་མེད་པའི་ཡེ་ཤེས་ཞེས་བྱ་བ་ལ་སོགས་པ་ལ་ཤེས་པར་བྱ་བའི་ཡུལ་འགའ་ཞིག་ལ་ཆགས་པ་མེད་པའི་ཐོགས་པ་མེད་པའི་ཡེ་ཤེས་ཏེ། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཞེས་བྱ་བའི་ཐ་ཚིག་གོ་།དེ་ཉིད་སྟོབས་ཡིན་ཏེ་སངས་རྒྱས་བཅོམ་ལྡན་འདས ་སྟོབས་དེས་འཁོར་ལོས་སྒྱུར་བའོ། །དེ་སྟོབས་བཅུ་དང་ལྡན་པས་ན་ཁྱུ་མཆོག་གི་གནས་རྒྱ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། སེམས་རྒྱ་ཆེན་པོ་ལ་བརྟེན་པར་བྱ་བ་ཉིད་ཡིན་པའི་ཕྱིར་རྒྱ་ཆེན་པོ་ཉིད་ཡིན་ལ། འདི་ཁྱུ་མཆོག་གི་ཡིན་པས་ན ་ཁྱུ་མཆོག་གིའོ། །དེ་གང་ཞེ་ན། སྨྲས་པ། གནས་ནི་གོ་འཕང་ཞེས་བྱ་བའི་དོན་ཡིན་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་བརྟེན་པར་མཛད་པའི་འཇིགས་པ་མེད་པའི་གོ་འཕང་ཞལ་གྱིས་བཞེས་པར་གྱུར་པའོ། །ཚངས་པའི་འཁོར་ལོ ་བསྐོར་བར་མཛད་ཅིང་ཞེས་བྱ་བ་ནི་འཕགས་པའི་ལམ་གྱི་འཁོར་ལོ་རབ་ཏུ་བསྐོར་བར་མཛད་པའོ། །ཡང་དག་པར་སེང་གེའི་སྒྲ་སྒྲོགས་སོ་ཞེས་བྱ་བ་ནི་མུ་སྟེགས་ཅན་ཐམས་ཅད་སྐྲག་པར་བྱེད་ཅིང་བདག་མེད་པ་གསལ་བར་བྱེད་པའི་བཀའ་སྒྲོགས་པར་མཛད ་པའོ། །གནས་དང་གནས་མ་ཡིན་པ་ཞེས་བྱ་བ་ལ་སོགས་པ་ལ། གནས་ནི་སྲིད་པ་ཡིན་ལ་གནས་མེད་པ་ནི་མི་སྲིད་པ་ཡིན་ཏེ་ལུས་ལ་སོགས་པའི་དགེ་བ་ལས་འབྲས་བུ་འདོད་པ་ནི་སྲིད་པ་ཡིན་ལ་མི་འདོད་པ་ནི་མི་སྲིད་པ་ཡིན་ཞིང་དགེ་བའི་ལས་ཀྱི་འབྲས་བུ ་འདོད་པ་མ་ཡིན་པ་ནི་མི་སྲིད་པ་ཡིན་ཏེ། འདོད་པ་ནི་སྲིད་པ་དག་ཡིན་ནོ། །ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་སོ་ཞེས་སྤྱེ?་བ་ནི་དེ་ཁོ་ན་ཉིད་ཇི་ལྟ་བ་བཞིན་དུ་སྟེ་ཕྱིན་ཅི་མ་ལོག་པ་ཉིད་དུའོ། །ལས་དང་ཆོས་ཡང་དག་པར་བླངས་པའི་ཞེས་བྱ་བ་ལ་སོགས་པ་ལ་ལས་ནི་རྣམ་པ་གསུམ་སྟེ། ལུས ་དང་ངག་དང་ཡིད་ཀྱི་རང་བཞིན་ནོ། །དེའི་དབྱེ་བ་བཞི་ལ་ལས་ཡང་དག་པར་བླངས་པ་ཞེས་བྱ་སྟེ། ཇི་སྐད་དུ་ལས་ནག་པོ་དང་རྣམ་པར་སྨིན་པ་ནག་པོ་དང། དགེ་བ་དང་རྣམ་པར་སྨིན་པ་དགེ་བ་དང། གནག་ལ་དགེ་བ་དང་རྣམ་པར་སྨིན་པ་གནག་ལ་དགེ་བ་དང། གནག་པ་མ་ཡིན་ལ ་དགེ་བ་དང་རྣམ་པར་སྨིན་པ་གནག་པ་མ་ཡིན་ལ་དགེ་བ་ཡོད་དོ། །ཅེས་འབྱུང་བ་ཡིན་ནོ། །ཆོས་ཡང་དག་པར་བླངས་པ་ལ་ནི་རྣམ་པ་བཞིར་འགྱུར་ཏེ། ཆོས་ཡང་དག་པར་བླངས་པ་ད་ལྟར་བདེ་བ་མ་འོངས་པ་རྣམ་པར་སྨིན་པ་སྡུག་བསྔལ་ཡོད་པ་དང། ཆོས་ཡང་དག ་པར་བླངས་པ་ད་ལྟར་སྡུག་བསྔལ་ཞིང་མ་འོངས་པ་ན་རྣམ་པར་སྨིན་པ་བདེ་བ་ཡོད་པ་དང། ཆོས་ཡང་དག་པར་བླངས་པ་ད་ལྟར་སྡུག་བསྔལ་ཞིང་མ་འོངས་པ་ན་ཡང་རྣམ་པར་སྨིན་པ་སྡུག་བསྔལ་ཡོད་པ་དང། ཆོས་ཡང་དག་པར་བླངས་པ་ད་ལྟར་བདེ་ཞིང་མ་འོངས་པ ་ན་ཡང་རྣམ་པར་སྨིན་པ་བདེ་བ་ཡོད་པ་ཡིན་ཏེ། རྣམ་པར་སྨིན་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡང་རབ་ཏུ་མཁྱེན་ཏོ། །གནས་ཞེས་བྱ་བ་ནི་འདིའི་དུས་ཏེ། ཚོགས་པ་འགའ་ཞིག་ཡོད་ན་ལས་དང་ཆོས་ཡང་དག་པར་བླངས་པ་གང་དག་གི་འབྲས་བུ་འབྱིན་པར་འགྱུར་རོ།། ་ཞེས་དེ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །དངོས་པོ་ཞེས་བྱ་བ་ནི་རྟེན་ཡིན་ཏེ། ལྷ་ལ་སོགས་པའི་འགྲོ་བ་རྟེན་འགའ་ཞིག་ཡོད་ན་དེ་དག་ལས་ངེས་པར་འབྲས་བུ་འབྱུང་བར་འགྱུར་རོ་ཞེས་བྱ་བ་དང། རྒྱུ་ཞེས་བྱ་བ་ནི་རྒྱུ་ཇི་སྙེད་པ་དང་རྐྱེན་ཇི་སྙེད་པ་དེ་ཡོད་ན ་འབྲས་བུའི་བྱ་བ་བྱེད་པར་འགྱུར་རོ། །ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །བསམ་གཏན་དང་རྣམ་པར་ཐར་པ་ཞེས་བྱ་བ་ལ་སོགས་པ་ལ། བསམ་གཏན་ནི་དང་པོ་ལ་སོགས་པ་བཞི་ཡིན་ལ། རྣམ་པར་ཐར་པ་ནི་བརྒྱད་ཡིན་ནོ། །ཏིང་ངེ་འཛིན་ནི ་གསུམ་སྟེ། སྟོང་པ་ཉིད་དང། མཚན་མ་མེད་པ་དང། སྨོན་པ་མེད་པའོ། །སྙོམས་པར་འཇུག་པ་ནི་གཟུགས་མེད་པ་བཞི་དག་ཡིན་ནོ། །དེ་ལ་ཀུན་ནས་ཉོན་མོངས་པ་ནི་སྙོམས་པར་འཇུག་པའི་གེགས་ཡིན་ཏེ། ཆོས་དག་འདིའི་བགེགས་སུ་འགྱུར ་བའི་ཕྱིར་སྲིད་པར་འགྱུར་བའོ། །རྣམ་པར་གནས་པ་ནི་སྙོམས་པར་འཇུག་པ་གནས་པར་བྱེད་པ་སྟེ། ཆོས་གང་དག་གིས་འདི་གནས་པར་བྱ་བའི་ཕྱིར་སྲིད་བར་འགྱུར་བའོ། །རྣམ་པར་བྱང་བ་ཞེས་བྱ་བ་ནི་ཆོས་གང་དག་གིས་འདི་རྣམ་པར་དག་པར་བྱ་བའི་ཕྱིར ་སྲིད་པའི་འགྱུར་བ་གསུམ་པོ་དེ་དག་གིས་གོ་རིམ་བཞིན་དུ་སྤངས་པའི་ཆ་དང་མཐུན་པ་དང་གནས་པའི་ཆ་དང་མཐུན་པ་དང། ཁྱད་པར་གྱི་ཆ་དང་མཐུན་པ་བསྟན་པ་ཡིན་ཏེ། དེ་དག་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏེ། སེམས་ཅན་གང་ཟག་ནི་རྣམ་གྲངས ་ཡིན་ལ། མཆོག་དང་མཆོག་མ་ཡིན་པ་ཇི་ལྟ་བ་བཞིན་དུ་མཁྱེན་པ་ཞེས་བྱ་བ་ལ། མཆོག་ནི་ཁྱད་པར་དུ་འཕགས་པ་ཡིན་ཞིང་མཆོག་མ་ཡིན་པ་ནི་དམན་པ་ཡིན་ཏེ། སེམས་ཅན་འདི་ནི་དབང་པོ་རྟུལ་བ་ཡིན་ལ། འདི་དབང་པོ་འབྲིང་ཡིན། འདི་ནི་དབང་པོ་རྣོན་པོ ་ཡིན་ནོ་ཞེས་བྱ་བ་ཡིན་ནོ། །དབང་པོ་ཡང་འདིར་དད་པ་ལ་སོགས་པ་ཡིན་པར་འདོད་དོ། །མོས་པ་སྣ་ཚོགས་བ་ཞེས་བྱ་བ་ནི་མོས་པ་ནི་འདོད་པ་དང་མངོན་པར་བསམས་པ་ཞེས་བྱ་བའི་དོན་ཡིན་ཏེ། སེམས་ཅན་རྣམས་ཀྱི་མོས་པ་སྣ་ཚོགས་པ་དེ་ཡང་དེ་ཁོ་ན ་ཉིད་དུ་ཇི་ལྟ་བ་བཞིན་དུ་བཅོམ་ལྡན་འདས་ཉག་གཅིག་གིས་མཁྱེན་པར་འགྱུར་གྱི་གཞན་དག་གིས་མ་ཡིན་ནོ། །ཁམས་སྣ་ཚོགས་ཞེས་བྱ་བ་ལ་སོགས་པ་ལ་ཁམས་ནི་བསམ་པ་དང་རང་བཞིན་ཞེས་བྱ་བའི་དོན་ཡིན་ལ། དེ་ཡང་སེམས་ཅན་དག་གི་སྐྱེ་བ ་གཞན་དུ་གོམས་པའི་དབང་གིས་དེ་སེམས་ཅན་སོ་སོའི་རྒྱུད་བྱ?་དབྱེ་བ་ལས་ཁམས་སྣ་ཚོགས་ཞེས་སྨས་པ་ཡིན་ནོ། །གཅིག་ལ་ཡང་ཁམས་དུ་མ་སྲིད་པའི་ཕྱིར་ཁམས་དུ་མ་ཞེས་སྨོས་པ་ཡིན་ནོ། །ཐམས་ཅད་དུ་འགྲོ་བ་ཞེས་བྱ་བ་ནི་ཐམས་ཅད་དུ་འགྲོ་བའི ་ངང་ཚུལ་འདི་ལ་ཡོད་པས་ན་དེ་ལ་འདི་ཐམས་ཅད་དུ་འགྲོ་བ་ཡིན་ལ། དངོས་པོའི་བྱེ་བྲག་འདིས་རྟོགས་པར་བྱེད་པའི་ཕྱིར་ལམ་ཡིན་ཏེ། ཐམས་ཅད་དུ་འགྲོ་བ་ཡང་འདི་ཡིན་ལ་ལམ་ཡང་ཡིན་པས་ན་ཐམས་ཅད་དུ་འགྲོ་བའི་ལམ་མོ། །དེ་ཡང་ཡེ་ཤེས་ཡིན་ཏེ། དེ་འདིར་ཡང་དག ་པ་ཇི་ལྟ་བ་བཞིན་དུ་མཁྱེན་ཏོ། །སྔོན་གྱི་གནས་ཞེས་བྱ་བ་ནི་སྔོན་གྱི་སྐྱེ་བའི་གནས་སོ། །འཇིག་པའི་སྐལ་བ་ཞེས་བྱ་བ་ལ་སོགས་པ་ལ། འཇིག་པའི་བསྐལ་པ་ནི་སེམས་ཅན་དམྱལ་བ་མི་སྲིད་པའི་ཕྱིར་སྣོད་འཇིག་པ་ཡིན་ལ། འཆགས་པའི་བསྐལ་པ་ནི་ཐོག་མར་རླུང་ནས ་དམྱལ་བའི་བར་དུ་སྲིད་པར་གྱུར་པའོ། །འཇིག་པ་ནི་ཉམས་པ་ཡིན་ཏེ། སེམས་ཅན་རྣམས་ཀྱི་བསམ་པ་གཅིག་ཏུ་གནས་ཤིང་འདུས་པར་བྱེད་པའི་ཕྱིར་རོ། །འཆགས་པ་ཡང་འབྱུང་བ་ཞེས་བྱ་བ་ནི་སྐྱེ་བའི་ཆོས་ཅན་དུ་གྱུར་པའོ། །མིང་འདི་ཞེས་བྱ་བ་ལ་སོགས་པ་ལ ་མིང་ནི་ཆོས་སྦྱིན་ལ་སོགས་པའོ། །རུས་ནི་བྲམ་ཟེ་ལ་སོགས་པའོ། །རིགས་ནི་གཽ་ཏ་མ་ལ་སོགས་པའོ། །ཁ་ཟས་ནི་ཆང་ཟན་གྱི་རྣམ་པ་ལ་སོགས་པའོ། །བདེ་བ་དང་སྡུག་བསྔལ་བ་ནི་ཉམས་སུ་མྱོང་བའི་ངང་ཚུལ་ཅན་ནོ། །དུས་རིང་པོར་འཚོ་བའི་ཕྱིར་ཚེ་རིང་བའོ། །བྱིས ་པའི་གནས་སྐབས་ལ་སོགས་པའི་དུས་རིང་པོར་གནས་པའི་ཕྱིར་ཡུན་རིང་དུ་གནས་པའོ། །ཇི་སྲིད་དུ་ཚེ་འཕངས་པར་གནས་པའི་ཕྱིར་འདི་ལྟར་དེའི་ཚེའི་མཐར་ཐུག་པ་སྟེ། འདིས་ནི་བར་མ་དོར་འཆི་བ་མེད་པར་བསྟན་པ་ཡིན་ནོ། །གནས་དང་བཅས་པ་ནི ་ཡུལ་དང་བཅས་པའོ། །རྣམ་པ་དང་བཅས་པས་ཞེས་བྱ་བ་ནི་མིང་དང་རུས་ལ་སོགས་པའི་རྣམ་པ་དང་བཅས་པ་ཡིན་ནོ། །ལྷའི་མིག་ཅེས་བྱ་བ་ལ་ཅི་ལྟའི་མིག་སྤྱི་འམ་འོན་ཏེ་མ་ཡིན་ཞེ་ན། སྨྲས་པ། རྣམ་པར་དག་པ་སྟེ། བསྒོམས་པ་ལས་བྱུང་བས་ཡིན་གྱི་སྤྱི་ནི་མ ་ཡིན་ནོ། །མིའི་ལས་ཤིན་ཏུ་འདས་པ་ཞེས་བྱ་བ་ནི་ཁྱད་པར་དུ་འཕགས་པའི་མི་ལ་སྐྱེར་རུང་བ་ཉིད་ཀྱིས་སོ། །ཁ་དོག་བཟང་པོ་ཞེས་བྱ་བ་ནི་མདངས་མཛེས་པར་གྱུར་པའོ། །ཁ་དོག་ངན་པ་ནི་མདངས་མཛེས་པ་མ་ཡིན་ནོ་བའོ། །དམན་པ་ཞེས་བྱ་བ་ནི་བསོད་ནམས ་དང་མི་ལྡན་པའོ། །གྱ་ནོམ་པ་ཞེས་བྱ་བ་ནི་བསོད་ནམས་དང་ལྡན་པར་གྱུར་པའོ། །ལས་ཇི་ལྟ་བར་ལོངས་སྤྱོད་པ་ཞེས་བྱ་བ་ནི་བདག་ཉིད་ཀྱིས་བྱས་པའི་ལས་ཀྱི་འབྲས་བུ་ལ་སྤྱོད་པར་འགྱུར་བའོ། །ཡང་དག་པ་མ་ཡིན་པའི་སྐྱོན་བརྗོད་པ་ནི་སྐུར་པ ་འདེབས་པའོ། །ལོག་པར་ལྟ་བའི་ལས་ཞེས་བྱ་བ་ལ་སོགས་པ་ལ་ལོག་པར་ལྟ་བ་སྔོན་དུ་སོང་བ་ཅན་གྱི་ལས་དང། ཆོས་ཡང་དག་པར་བླངས་པའི་རྒྱུའི་ཕྱིར་རོ། །དེའི་རྒྱུ་ཞེས་བྱ་བ་ནི་ལོག་པའི་ལྟ་བ་རབ་ཏུ་འཇུག་པར་བྱེད་པའི་ལས་དང། ཆོས་ཡང་དག་པར་བླངས ་པའི་རྒྱུའོ། །དེའི་རྐྱེན་ནི་དེ་ཉིད་དང་འདྲའོ། །ལུས་དང་བྲལ་བ་སྟེ་འཇིག་ཅིང་ཤི་བའི་འོག་ཏུ་ངན་སོང་ལ་སོགས་པར་སྐྱེ་བར་འགྱུར་བའོ། །ངན་པར་སོང་བས་ན་ངན་སོང་སྟེ། དམྱལ་བ་དང། དུད་འགྲོ་དང། ཡི་དྭགས་ཡིན་ལ། དེ་ཉིད་སྨད་པར་བྱ་བ་ཉིད་ཡིན་པའི་ཕྱིར ་ངན་འགྲོ་ཡིན་ཞིང། ལོག་པར་ལྟུང་བའི་གནས་ཉིད་ཡིན་པའི་ཕྱིར་དེ་ཉིད་ལོག་པར་ལྟུང་བ་ཡིན་ནོ། །སེམས་ཅན་དམྱལ་བ་སྨོས་པས་དམྱལ་བ་རེ་རེ་བཟུང་བ་ཡིན་ནོ། །ངན་སོང་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་ནི་ངན་སོང་ངན་འགྲོ་ལོག་པར ་ལྟུང་བ་སེམས་ཅན་དམྱལ་བ་སྟེ་དེ་དག་ཏུའོ། །བདེ་འགྲོ་ཞེས་བྱ་བ་ལ་བདེ་འགྲོ་རྣམ་པ་གཉིས་ཡོད་ན་བདེ་འགྲོ་གང་ལ་བྱ་ཞེ་ན། མཐོ་རིས་འཇིག་རྟེན་ཞེས་བྱ་བ་སྨོས་པ་ཡིན་ནོ། །དེ་ལ་ཡང་ཁ་ཅིག་ཏུ་གནས་སྟོང་པ་དག་ཏུ་སྐྱེ་བར་འགྱུར་རོ་ཞེ་ན། ལྷའི་ཞེས ་བྱ་བ་སྨོས་པ་ཡིན་ནོ། །ཟག་པ་ཟད་པ་ལས་ཞེས་བྱ་བ་ནི་འདོད་ཆགས་ལ་སོགས་པ་སྤངས་པར་གྱུར་པ་ལས་སོ། །སེམས་རྣམ་པར་གྲོལ་བ་ཞེས་བྱ་བ་ནི་སེམས་ཉོན་མོངས་པའི་འཆིང་བ་ལས་གྲོལ་བར་གྱུར་པའོ། །ཤེས་རབ་རྣམ་པར་གྲོལ་བ་ཞེས ་བྱ་བ་ནི་ཤེས་རབ་མ་རིག་པ་དང་ཉེ་བའི་ཉོན་མོངས་པ་དང་བྲལ་བས་སོ། །མཐོང་བའི་ཆོས་ཁོ་ན་ལ་ཞེས་བྱ་བ་ནི་མངོན་སུམ་དུ་གྱུར་པའི་སྐྱེ་བ་ལའོ། །བདག་ཉིད་ཀྱིས་ཞེས་བྱ་བ་ནི་ལུང་ཕོག་པ་མེད་པའོ། །མངོན་པར་ཤེས་པས་ཞེས་བྱ་བ་ནི་ཡེ་ཤེས ་ཀྱིས་སོ། །མངོན་སུམ་དུ་བྱས་ཤིང་ཞེས་བྱ་བས་ནི་ཐེ་ཚོམ་མེད་ཅིང་ཁོང་དུ་ཆུད་ཅིང་ངོ། །ཞུགས་པ་ཞེས་བྱ་བ་ནི་ཐག་ཉེ་བར་བྱས་པ་འམ། དེ་གཉིས་དང་ལྡན་པར་གྱུར་པ་འམ་ཆེན་པོ་ཉིད་དུ་ཤེས་པའོ། །རབ་ཏུ་ཤེས་པས་ན་ཞེས་བྱ་བ་ནི་ཤེས་པ་གཞན་གྱིས་ཡོངས་སུ ་བཅད་ནས་སོ། །ངའི་སྐྱེ་བ་ནི་ཟད་དོ་ཞེས་བྱ་བ་ནི་བདག་གི་སྐྱེ་བའི་སྲིད་པ་རྫོགས་པར་གྱུར་པར་རོ། །སྐྱེ་བའི་སྲིད་བ་ཟད་པ་ཡང་ཅིའི་ཕྱིར་ཞེ་ན། ཚངས་པར་སྤྱོད་པ་ནི་བརྟེན་ཏོ་ཞེས་སྨོས་པ་ཡིན་ཏེ། ཚངས་པ་ནི་མྱ་ངན་ལས་འདས་པ་ཡིན་ལ། དེ་ལ་གང་གིས་སྤྱོད ་པ་དེ་ནི་ཚངས་པར་སྤྱོད་པ་སྟེ་ལམ་ཡིན་ཏེ། དེ་ལ་བདག་ཉིད་ཐམས་ཅད་ཀྱིས་གནས་པར་གྱུར་པ་ནི་བསྟན་པ་ཡིན་ནོ། །གང་གི་ཚེ་འཕགས་པའི་ལམ་ཡོངས་སུ་རྫོགས་པ་ལ་གནས་པ་དེའི་ཚེ་མི་མཐུན་པའི་ཕྱོགས་ཐམས་ཅད་ལྡོག་པར་འགྱུར་རོ། །བྱ་བ་བྱས་སོ་ཞེས ་བྱ་བ་ནི་ཉོན་མོངས་པ་སྤངས་པའོ། །འདི་ལས་སྲིད་པ་གཞན་མི་ཤེས་སོ་ཞེས་བྱ་བ་ནི་ཡང་སྲིད་པའི་ལས་ཀྱི་འབྲས་བུ་མེད་པའི་ཕྱིར་རོ། །རྒྱལ་པོས་ཞེས་བྱ་བ་ལ་སོགས་པ་ལ་རྒྱལ་བས་ཐམས་ཅད་དུ་རང་གི་རིགས་དང་འཐད་པའི་ཆོས་གང་ཡིན་པ་དང། ཚུལ་ཏེ་ཚུལ ་ཁྲིམས་གང་ཡིན་པ་དེ་ལ་བརྟག་པར་བྱ་ཞིང་རྗེས་སུ་འཇུག་པར་བྱ་བ་ཡིན་ནོ། །དེ་ཁྱད་པར་ཇི་ལྟ་བུ་ཞེ་ན། འཇུག་དང་རྗེས་སུ་འཇུག་ཚུལ་དུ་ཞེས་བྱ་བ་སྨོས་ཏེ། རང་བཞིན་གྱིས་རྗེས་སུ་འཇུག་པ་ནི་འཇུག་པ་ཡིན་ལ། སྔ་མས་འདི་ལྟར་བྱས་པ་དེའི་ཕྱིར་བདག ་ཀྱང་རྣམ་པ་འདིས་བྱ་བ་ལ་རྗེས་སུ་འཇུག་པར་བྱའོ་ཞེས་བྱ་བ་ནི་རྗེས་སུ་འཇུག་པ་ཡིན་ནོ། །རྒྱལ་པོ་བཟོད་པ་ཞེས་བྱ་བ་ལ་སོགས་པ་ལ། རྒྱལ་པོ་བཟོད་པ་ནི་ཆོས་ཀྱི་མཆོག་ཡིན་པའི་ཕྱིར། ལྷས་བ་ལང་སྐྱོང་གི་མའི་ཉེས་པ་བཟོད་པར་བྱ་བ་ཡིན་ནོ། ། ་འཇིག་རྟེན་འདི་ན་ཞེས་བྱ་བ་ལ་སོགས་པ་ལ། ཇི་ལྟ་བར་བྱ་བ་སྟེ། རིན་པོ་ཆེ་གང་ཡིན་པ་དང་མཉམ་པར་བྱ་བ་སྟེ། ལེགས་པར་བཤད་པ་གང་ཡིན་པ་དེ་ནི་ཁྱེད་ཀྱིས་མ་མཐང་བ་དང་མ་ཐོས་པ་སྟེ། མཐོང་བ་དང་ཐོས་མོད་ཀྱི་ཞེས་བྱ་བར་དགོངས་སོ། །དེ ་ལྟར་ན་ཡང་བདག་གཙོ་བོ་ལ་དད་བས་ཅུང་ཞིག་སྡུག་པ་དང་མཛའ་བ་དང་ཡིད་བརྟན་པའི་སྒོ་ནས་རབ་ཏུ་ཁྲོས་པ་ཉེས་པ་དང་བཅས་པ་ནི་སྡུག་པས་རབ་ཏུ་ཁྲོས་པ་ཡིན་ནོ། །ཞེས་བརྗོད་པར་བྱ་བ་ཡིན་ནོ། །བདག་པོའི་བརྟུལ་ཞུགས ་ཞེས་བྱ་བ་ལ་ཉེ་བར་ལོངས་སྤྱོད་པ་ལ་འདིར་བརྟུལ་ཞུགས་ནི་སྒྲས་བརྗོད་པ་ཡིན་ཏེ། བདག་པོའི་བརྟུལ་ཞུགས་གང་ལ་ཡོད་པ་དེ་ནི་འདིར་བདག་པོའི་བརྟུལ་ཞུགས་ཅན་ཏེ། བུད་མེད་ལ་བདག་པོ་ཁོ་ན་ལོངས་སྤྱོད་པར་བྱེད་ཀྱི། སྐྱེས་བུ་གཞན་དག ་ནི་མ་ཡིན་པ་དེ་འདིར་འདོད་པ་ཡིན་ནོ། །གཟུགས་དང་ཡོན་ཏན་ལྡན་ཞེས་བྱ་བ་ལ་ཡོན་ཏན་སྨོས་པས་འདིར་སྒྱུ་རྩལ་ལ་མཁས་པ་ཉིད་བཟུང་བ་ཡིན་ནོ་།།ཆུང་མ་ཡང་མེ་སྐོར་བྱས་པ་དེ་བས་ན་འདི་ཅིག་ཅར་ཡོངས་སུ་སྤང་བར་རིགས་པ་མ་ཡིན་ནོ། ་རྗེའི་ཕྱིར་ནི་ཞེས་བྱ་བ་ནི་གང་གི་ཕྱིར་ཁྱེད་བདག་གི་རྗེར་གྱུར་པ་དེ་བས་ན་བདག་གིས་གདོན་མི་ཟ་བར་ཕན་པ་གསོལ་བ་ཡིན་གྱི། བུད་མེད་ཀྱི་རྒྱུ་མཚན་གྱིས་ནི་མ་ཡིན་ནོ། །དོན་བཟང་པོ་དང་ལྡན་པ་ཉིད་ཀྱི་ཕྱིར་ལེགས་པར་བཤད་པ་ཡིན་ལ། ་ཡི་གེ་འགྲེལ་བ་དང་ལྡན་པ་ཉིད་ཀྱི་ཕྱིར་ལེགས་པར་སྨྲས་པའོ། །ངས་ལེགས་པར་སྨྲ་བ་ཁྱོད་ལ་ཡུལ་ཀྱང་ཀ་ནྱ་ཀུ་བི་ཙ་སྦྱིན་ཞིང་ཞི་བ་ལ་ཡང་རྣམ་པ་ཐམས་ཅད་ཀྱིས་བཟོད་པར་བྱའོ། །འདུ་ཞིང་འདུག་པའི་ཁྱིམ་གང་ཡིན་པ་དེ་ནི་འདུ་ཁང ་ཡིན་ཏེ། སྐྱེ་བོ་ཆེན་པོ་འདུ་བའི་གནས་ཞེས་བྱ་བའི་ཐ་ཚིག་གོ་།འདུས་པ་ནི་ཚོགས་པ་ཡིན་ཏེ། ལས་སུ་བྱ་བའི་དོན་གཅིག་ཁོ་ན་ལས་འདུས་པར་གྱུར་པའོ། །གཏམ་ལ་སོགས་པ་ཟེར་བ་ནི་གཏམ་ལ་འཇུག་པའོ། །དངོས་པ་འདོད་པ་གང་ཡིན་པ ་དེ་ནི་འདོད་པ་ཆེ་བའོ། །བརྟག་པའི་ཕྱིར་ཞེས་བྱ་བ་ནི་དཔྱད་པའི་ཕྱིར་རོ། །མངོན་དུ་བྱ་བ་ནི་མངོན་སུམ་དུ་བྱ་བའོ། །རྣམ་གྲངས་དུ་མ་ནི་རྣམ་པ་དུ་མས་སོ། །ཡང་དག་པར་གཟེང་བསྟོད་པ་ནི་རབ་ཏུ་དགའ་བ་སྐྱེས་པ་དང་རྗེས་སུ་མཐུན་པར་རོ། །ཡང ་དག་པར་རབ་ཏུ་མགུ་བ་ནི་སྡུག་བ་སྐྱེད་པར་བྱེད་པར་རོ། །བྱས་ནས་ཞེས་བྱ་བ་ནི་ཡོངས་སུ་རྫོགས་པར་བྱས་ནས་སོ། །དུལ་བ་མ་ཡིན་པའི་ཆ་ལུགས་འཛིན་པ་ཞེས་བྱ་བ་ནི་རྒོད་པའི་ཆ་ལུགས་འཛིན་པའོ། །འཇམ་པའི་སྦྱོར་བས་ཞེས་བྱ་བ་ནི་དག་འཇམ་པོས་སོ། །དབྱེ ་བའི་སྦྱོར་བས་ཞེས་བྱ་བས་ནི་ཁྱེད་ཅག་འདི་ལྟར་མཛེས་པར་མི་བྱེད་པ་གང་ཡིན་པ་དེས་ནི་ཁྱེད་ཅག་ལ་མངོན་པར་དད་པ་རྣམས་མ་དད་པར་འགྱུར་ལ། དེ་དག་མ་དད་པ་ལས་ནི་ཁྱེད་ཅག་གི་བསོད་སྙོམས་པ་རྣམ་པར་ཉམས་པར་འགྱུར་རོ། །ཞེས་བྱ་བ་དེ་ནི་འབྱེད་པའི ་ཚིགས་ཡིན་ནོ། །མི་མཛེས་པར་བྱས་པ་ནི་ལོག་པར་ཞུགས་པའོ། །ཡན་ལག་ནི་ལག་པ་ལ་སོགས་པའོ། །ཉིང་ལག་ནི་སོར་མོ་ལ་སོགས་པའོ། །ཟིན་པ་ནི་སྐྱེས་བུའི་སེམས་འཛིན་པའི་ལས་མྱུར་བར་བྱེད་པའོ། །སྒྱུ་རྩལ་ཅན་ཞེས་བྱ་བ་ལ། སྒྱུ་རྩལ་ས་ནི་གོང ་དུ་རྣམ་པར་བཤད་པའི་སྒྱུ་རྩལ་དྲུག་ཅུ་རྩ་བཞིའོ། །སྤྱོད་པ་ནི་སྒེག་པ་དང་བཅས་པས་འགྲོ་བ་ཡིན་ལ། གནས་པ་ནི་དེ་ཁོ་ན་དང་འདྲའོ། །འཇིག་རྟེན་ལས་འདས་པའི་ལམ་གྱིས་འདོད་ཆགས་དང་བྲལ་བ་གང་ཡིན་པ་དེ་འདོད་པ་ལ་བསྐྱོད་པར་མི ་ནུས་པ་དེའི་ཕྱིར་དྲང་སྲོང་འཇིག་རྟེན་པའི་ལམ་གྱིས་འདོད་ཆགས་དང་བྲལ་བ་དང་ཞེས་སྨོས་པ་ཡིན་ནོ། །རྩོམ་པའི་རྡུལ་ཐོག་མ་ཡོད་པ་མ་ཡིན་པ་གང་ཡིན་པ་དེ་ནི་ཐོག་མ་མེད་པ་ཡིན་ལ། བསགས་པ་ནི་གོམས་པར་བྱས་པའོ། །ཉོན་མོངས་པ་ལ ་སོགས་པ་སྟེ། འདོད་ཆགས་ལ་སོགས་པའི་ཀུན་ཏུ་སྤྱོད་པ་རྒྱུན་དུ་སྐྱེས་པར་གྱུར་པའོ། །དེ་ཁྱིམ་གྱི་སྐར་ཁུང་དྲ་བ་ཅན་ཞེས་བྱ་བ་ལ་སོགས་པ་ལ་དེའི་འོད་བཟང་པོའོ། །བྱ་བ་ཐམས་ཅད་བཏང་བའི་བློས་ཞེས་བྱ་བ་ནི་སེམས་སོ་སོར་བསྡུས་པར ་གྱུར་བའོ། །ཡུག་ས་མོ་ནི་བདག་པོ་ཤི་བར་གྱུར་པའོ། །ཕའི?་རྗེས་སུ་ཞུགས་པ་ཞེས་བྱ་བ་ནི་ཕ་དང་མེས་པོ་བརྒྱུད་པ་ལ་སོགས་འོངས་པར་གྱུར་པའོ། །ཁྱོད་དག་བ་ལ་དད་པས་ན་ཞེས་བྱ་བ་ལ། སངས་རྒྱས་ཀྱི་བསྟན་པ་ལ་མངོན་པར་དད་པས་སོ། །ཁྱོད་ཀྱི ་ཁྱིམ་དུ་སུ་ཤིག་འོངས་ཞེས་བྱ་བ་ནི་ཁྱོད་ཀྱི་ཁྱིམ་དུ་གཞན་མུ་སྟེགས་ཅན་འཇུག་པར་མི་འགྱུར་གྱི། གལ་ཏེ་དེ་དག་འཇུག་པར་གྱུར་ན་ནི་སྤྱད་པ་མ་ཡིན་པ་བྱེད་པར་འགྱུར་ལ། དགེ་སློང་དག་འོངས་ན་ནི་དེ་དག་གི་ནང་ན་འགའ་ཞིག་གིས ་འདོད་ཆགས་དང་བྲལ་བ་ཡིན་ལ། འགའ་ཞིག་ནི་འཚོ་བའི་རྒྱུས་ཀྱང་བྱ་བ་མ་ཡིན་པ་བྱེད་པར་མི་འགྱུར་བའི་ཕྱིར་དགོས་པ་མེད་པར་དེ་སློངས་ཤིག་པའོ། །རྫས་ཀྱི་སྙིང་པོ་བཞག་པའི་ཁང་པའི་ལྡེ་མིག་དང། སྙིང་པོ་མ་ཡིན་པའི་རྫས་བཞག་པའི་ལྡེ་མིག ་ཀྱོག་པོ་དག་གོ་།བུད་མེད་ཀྱི་གཡོ་དང་ཞེས་བྱ་བ་ལ་སོགས་པ་ལ། གསུམ་པོ་དེ་དག་ཀྱང་གཡོའི་རྣམ་གྲངས་ཡིན་ལ། ཁྱད་པར་དུ་ནི་སེམས་གྱ་གྱུས་འཇུག་པ་དང། ཟུར་མིག་གིས་བལྟ་བ་ལ་སོགས་པ་ནི་འདིར་གཡོ་ཡིན་ལ། སྐྱེས་བུའི་སེམས་གཟུང ་བར་བྱ་བའི་ཕྱིར་གཡོས་འཇུག་པའི་དག་གི་ལས་ཉིད་ནི་སྒྱུ་ཡིན་ཞིང། དོན་དེ་ཉིད་ལ་ལུས་ཀྱིས་འགྱུར་བ་ལ་ཆུ་ལ་འཆོས་ཞེས་བྱའོ། །འདོད་ཆགས་ཀྱི་གནས་བཅུ་ཞེས་བྱ་བ་ལ། གནས་དང་པོ་ནི་འདོད་ཆགས་ཀྱི་དགའ་བ་སྐྱེད་པར་བྱེད་པའོ། །གཉིས ་པ་ནི་ཡིད་?ཆགས་པའོ། །གསུམ་པ་ནི་ཀུན་ཏུ་རྟོག་པ་འཕེལ་བར་བྱེད་པའོ། །བཞི་པ་ནི་གཉིད་ལོག་པ་དང་གཉིད་སད་པ་དང་འདྲ་བ་སྐྱེད་པར་བྱེད་པའོ། །ལྔ་པ་ནི་ལུས་ཉམ་ཆུང་བ་བསྐྱེད་པར་བྱེད་པའོ། །དྲུག་པ་ནི་ཡུལ་ལ་མངོན་དུ་ཕྱོགས་པས་འཇུག ་པར་བྱེད་པའོ། །བདུན་པ་ནི་ངོ་ཚ་སེལ་བར་བྱེད་པའོ། །བརྒྱད་པ་ནི་འདོད་ཆགས་ཀྱིས་དང་དུ་གྱུར་པར་བྱེད་པའོ། །དགུ་པ་ནི་སྐྱེད་པར་བྱེད་པའོ། །གནས་བཅུ་པ་ཐོབ་པ་ན་ནི་ལུས་བརྒྱལ་བར་བྱེད་པ་ཡིན་ལ། བརྒྱལ་བ་ལས་ཀྱང་འཆི་བར་འགྱུར་རོ། །ཟད་པ་དང་ཉམས་པ ་མེད་པའི་ཕྱིར་འོངས་པའི་ཕྱིར་རྙེད་པ་ནི་སྐྱེས་པ་ཡིན་ལ། དོན་ཐོབ་པ་ན་ཕྱིར་རྙེད་པ་ཐོབ་ནས་སོ། །ཚུལ་མ་ཡིན་པའི་གནོད་པ་ཞེས་བྱ་བ་ནི་རིགས་པ་མ་ཡིན་པར་འཆི་བའི་སྡུག་བསྔལ་དུ་འགྱུར་ན་ཞེས་བྱ་བའི་ཐ་ཚིག་གོ་།ཤིན་ཏུ་མདངས་དང་ལྡན་པ ་ཉིད་ཀྱི་ཕྱིར་སྐྱེས་བུ་ལ་རབ་ཏུ་མཛེས་པའོ། །ཚུལ་མ་ཡིན་པར་སྤྱད་པ་ཞེས་བྱ་བ་ནི་མི་ཚངས་པར་སྤྱོད་པའི་མིང་ཅན་གྱི་ཚུལ་དང་མི་མཐུན་པའི་བྱ་བས་སོ། །མདུད་པ་བར་ནས་ཞེས་བྱ་བ་ནི་བུས་འཁྱུད་དང་འདྲ་བར་ཆོས་གོས་ཀྱིས་ལུས་དཀྲིས་ནས་སོ། །མི་མང་ཡིན་པ་མང ་པོ་སྟེ། གནོད་སྦྱིན་མོ་དྲག་མོས་ཁྱབ་པར་གྱུར་པར་རོ། །ཐོར་བུ་ནི་འབྲུམ་བུའོ། །ཟས་ཀྱི་ཆོ་ག་ཞེས་བྱ་བ་ནི་ཟས་ཀྱི་རྣམ་པའོ། །ཐེ་ཚོམ་ཞེས་བྱ་བ་ནི་སེམས་སྐྱོ་བར་རོ། །ཟིལ་གྱིས་མནན་པ་ཞེས་བྱ་བ་ནི་ཤིན་ཏུ་ཚར་བཅད་པར་གྱུར་པའོ། །དགའ་བར་བྱས་པ་ནི ་མཆོག་ཏུ་དགའ་བ་ལ་སྦྱར་བའོ། །མགུ་བར་བྱས་པ་ཞེས་བྱ་བ་ནི་མགུ་པ་ཉིད་དུ་སྦྱར་བར་གྱུར་པའོ། །རྒྱུ་མཐུན་པར་སྐྱེས་པ་ཞེས་བྱ་བ་ནི་འདྲེ་ལ་སོགས་པའི་ཁུ་བ་དག་ལས་སྐྱེས་པ་ཡིན་པས་ན་དེ་ནི་རྒྱུ་མཐུན་པར་སྐྱེས་པ་ཡིན་ནོ། །ཤིན་ཏུ་མི་སྡུག་པ་ཞེས ་བྱ་བ་ནི་ལག་པ་དང་རྐང་པ་ལ་སོགས་པའི་གཟུགས་ངན་པའོ། །ཡུང་དང་འདྲ་བའི་འཚེར་བའི་སྐྲ་གང་ལ་ཡོད་པ་ད་ནི་སྐྲ་སེར་བའོ། །རྩཝ་སྔོན་པོའི་ཁ་དོག་དང་འདྲ་བའི་སྐྲ་ཡོད་པས་ན་སྐྲ་སྔོན་པོའོ། །ཁང་པའི་བར་ཏེ་ཁང་པའི་བར་མཚམས་སུའོ། །གྲོང ་ཁྱེར་ལས་ཕྱི་རོལ་གྱི་ཐིབས་པོ་དང་བཅས་པའི་ཕྱོགས་ནི་ནགས་སྟུག་པོའི་ཕྱོགས་སོ། །མདངས་ཀྱིས་གསོ་བ་ནི་འཚོ་བའི་ཐབས་སྦྱིན་པའོ། །གཟུགས་མི་གསལ་བ་ཞེས་བྱ་བ་ནི་སྐྱེས་པའི་ཕྱོགས་དང། བུད་མེད་ཀྱི་ཕྱོགས་སུ་ཡང་གསལ་བར་མ་གྱུར་པའོ། ་ཉེ་བར་སྟོན་ནས་ཞེས་བྱ་བ་ནི་འདིའོ་ཞེས་ཕྱོགས་སུ་གསལ་བར་རོ། །ཀུན་ནས་མཛེས་པ་ནི་དང་པ་སྐྱེད་པར་བྱེད་པ་ཡིན་པས་ན་ཀུན་ནས་མཛེས་པའོ། །ཡོངས་སུ་སྨྲ་བས་ན་སྨྲས་པའོ། །ངན་པ་ནི་སྨད་པར་བྱ་བའོ། །ནོར་ལ་སོགས་པ་གཟི་དང་བྲལ་བ་ཉིད་ཀྱི་ཕྱིར ་ཐ་མའོ། །ཁྱད་པར་དུ་འཕགས་པའི་གནས་དགོད་པའི་སྒོ་ནས་གདོན་པར་བཀའ་བ་ཉིད་ཡིན་པའི་ཕྱིར་གནོད་པའོ། །སྡིག་པ་བྱེད་པ་ལས་དཀའ་བས་བཟློག་པར་བྱ་བ་ཉིད་ཡིན་པའི་ཕྱིར་གནོད་པར་གྱུར་པའོ། །བཟའ་བ་ལ་སོགས་པ་ཆུང་བ་ཉིད་ཀྱི་ཕྱིར ་བཟའ་བཏུང་མི་འབྱོར་པའོ། །སྐྲ་སེར་ཞེས་བྱ་བ་ལ་སོགས་པ་ལ། གང་དག་གི་སྐྲ་ང་བ་ཉིད་ཀྱིས་ཡུང་གིས་ཁ་སྒྱུར་བ་ལྟ་བུ་དེ་དག་ནི་སྐྲ་སེར་དག་ཡིན་ནོ། །གང་དག་གི་སྐྲ་སེང་གེའི་ལྟ་བུ་ཡོད་པ་དེ་དག་ནི་སྐྲ་སེར་སྐྱའོ། །གང་དག་གི་སྐྲ ་ངོ་བོ་ཉིད་ཀྱིས་རིམས་ཀྱིས་ཁ་སྒྱུར་བ་ལྟ་བུ་ཡོད་པ་དེ་དག་ནི་སྐྲ་ལྗང་ཁུ་དག་ཡིན་ནོ། །གང་དག་གི་སྐྲ་སྐྱེས་པ་ཁོ་ན་ནས་དཀར་པོར་ཡོད་པ་དེ་དག་ནི་སྐྲ་དཀར་བ་དག་ཡིན་ཏེ། ཕྱིས་སྐྲ་དཀར་དུ་གྱུར་པ་ཉིད་ནི་མ་ཡིན་ནོ། །གང་དག་གི་སྐྲ་གླང ་པོ་ཆེ་ལྟ་བུ་ཡོད་པ་དེ་དག་ནི་གླང་ཆེན་སྐྲ་འདྲ་དག་ཡིན་ནོ། །གང་དག་གི་མགོ་ཟངས་མའི་བུམ་པ་ལྟར་འཇམ་ཞིང་སྐྲ་མེད་པ་དེ་དག་ནི་སྐྲ་མེད་དག་ཡིན་ནོ། །གང་དག་གི་མགོ་ལ་སུལ་ཆེན་པོ་གསུམ་མམ་བཞི་ཡོད་ལ། གང་དག་གིས་འབར་འབུར ་དུ་མངོན་པ་དེ་དག་ནི་མགོ་འབར་འབུར་ཅན་དག་ཡིན་ནོ། །གང་དག་གི་མགོ་ལ་བལྟོས་ནས་མགོའི་ཚད་ཤིན་ཏུ་ཆེ་བར་མངོན་པའི་ཕྱིར་གླང་པོ་ཆེ་ཡིན་ནོ། །གང་དག་གི་ལུས་ཤིན་ཏུ་སྦོམ་པ་ལས་སུ་མི་རུང་བ་ནི་ཧ་ཅང་སྦོམ་པའོ། །ལུས་གླེགས་པ་འདྲ ་བ་ཞེས་བྱ་བ་ནི། གང་དག་གི་ལུས་འབྲས་ཀྱི་སྲུགས་དང་འདྲ་བར་ལེབ་ལེབ་པོར་འདུག་པ་སྟེ། དཔེར་ན་འབྲས་ཀྱི་སྲུགས་གཏུན་ཤིང་གིས་བརྡུངས་པ་ན་ལེབ་ལེབ་པོར་འགྱུར་ཞིང་རྔམས་སྲབ་པ་ཉིད་དུ་འགྱུར་བ་དེ་དག་ལ་སྲུགས་ལེབ་ཅེས་བརྗོད་དོ།། ་དེ་དང་འདྲ་བར་དེ་དག་གི་ལུས་སམ་མགོ་ཡང་དེ་དང་འདྲའོ། །གང་དག་གི་མགོ་བོང་བུ་དང་ཕག་གི་མགོ་འདྲ་བ་དེ་དག་ནི་བོང་བུ་དང་ཕག་གི་མགོ་ལྟ་བུ་ཡིན་ནོ། །གང་དག་ལ་མགོ་གཉིས་ཡོད་པ་དེ་དག་ནི་མགོ་གཉིས་པ་དག་ཡིན་ནོ། །གང་དག་ལ་དཔྲལ་བ ་ཡན་ཆད་མ་ཚོགས་མ་མེད་པ་དེ་དག་ནི་མགོ་ཆུང་ཡིན་ལ། ཁ་ཅིག་ནི་མགྲོན་པ་ཡན་ཆད་མེད་བྲང་ལ་སྣ་ལ་སོགས་པ་ཡོད་པའི་ཕྱིར་རོལ་ཞེས་བརྗོད་དོ། །གང་དག་གི་རྣ་བ་གླང་པོ་ཆེའི་འདྲ་བ་དེ་དག་ནི་གླང་ཆེན་རྣ་འདྲ་དག་ཡིན་ནོ། །གང་དག་གི་རྣ ་བ་རྟའི་རྣ་བ་འདྲ་བ་ཡོད་པ་དེ་དག་ནི་རྟ་རྣ་འདྲ་བ་ཡིན་ནོ། །གང་དག་གི་རྣ་བ་ལང་དང་སྤྲེའུའི་འདྲ་བ་ཡོད་པ་དེ་དག་ནི་བ་ལང་རྣ་བ་འདྲ་སྤྲེའུ་རྣ་འདྲ་བ་དག་ཡིན་ནོ། །གང་དག་གི་རྣ་བ་བོང་བུ་དང་ཕག་དང་འདྲ་བ་ཡོད་པ་དེ་ནི་བོང་བུ་རྣ་འདྲ་ཕག་རྣ་འདྲ་བ་དག་ཡིན་ནོ། །གང་དག་ལ་རྣ ་བ་གཅིག་ཡོད་པ་དེ་དག་ནི་རྣ་གཅིག་པ་དག་ཡིན་ནོ། །གང་དག་ལ་རྣ་བ་མེད་པ་དེ་དག་ནི་རྣ་མེད་དག་ཡིན་ནོ། །གང་དག་གི་མིག་ཙན་དན་དམར་པོ་ལྟར་དམར་བ་དེ་དག་ནི་མིག་དམར་བ་དག་ཡིན་ནོ། །གང་དག་གི་མིག་ཚད་ལས་ཤིན་ཏུ་འདས་ཏེ་ཚུལ་དང་མཐུན་པ་མ ་ཡིན་པ་དེ་དག་ནི་ཧ་ཅང་མིག་ཆེ་བ་དག་ཡིན་ན། །གང་དག་གི་མིག་ཤིན་ཏུ་ཆུང་ཞིང་ཟླུམ་པོར་ཡོད་པ་དེ་དག་ནི་མིག་ཆུང་བ་དག་ཡིན་ནོ། །ཁ་ཅིག་ནི་གང་དག་མིག་ལྤགས་ཤིན་ཏུ་དམར་ལ་རྫི་མ་མེད་པར་གྱུར་པ་དེ་དག་གི་མིག་ཚག་པ་ཞེས་བརྗོད་དོ། །གང་དག་གི ་མིག་ལ་ཁ་དོག་དམར་པོ་དང་སེར་པོ་འདྲེན་མར་ཡོད་པའི་ཕྱིར་དེ་དག་གི་མིག་ནི་ཧ་ཅང་སེར་བ་དག་ཡིན་ནོ། །གང་དག་གི་མིག་ནོར་བུ་མཆིང་བུ་ལྟར་འཚེར་བ་དེ་དག་ནི་ཤེལ་མིག་དག་ཡིན་ནོ། །གང་དག་གི་མིག་ཆུའི་ཆུ་བུར་ལྟར་ཕྱི་རོལ་ཏུ་རློ་བར་གྱུར་པ་དེ་དག ་ནི་མིག་ཆུ་བུར་ལྟ་བུ་དག་ཡིན་ནོ། །གང་དག་གི་སྐྱེས་པ་ཉིད་ནས་མིག་གཅིག་ལས་མེད་པ་དེ་དག་ནི་མིག་གཅིག་པ་དག་ཡིན་ཏེ། དེ་ཉིད་ཀྱི་ཕྱིར་ཞར་བ་ལ་སོགས་པ་ལས་ལོགས་ཤིག་ཏུ་རྣམ་པར་བཞག་པ་ཡིན་ནོ། །གང་དག་ལ་མིག་མེད་པ་དེ་དག་ནི་མིག ་མེད་པ་དག་ཡིན་ནོ། །གང་དག་ལ་སྣ་གླང་པོ་ཆེ་ལ་སོགས་པ་དང་འདྲ་བ་ཡོད་པ་དེ་དག་ནི་གླང་ཆེན་ལ་སོགས་སྣ་འདྲ་ཡིན་ནོ། །གང་དག་ལ་སྣའི་སྤུབས་གཅིག་ཡོད་པ་དེ་དག་ནི་སྣ་སྦུབས་གཅིག་པ་དག་ཡིན་ནོ། །གང་དག་ལ་ཀོས་ཀོ་གླང་པོ་ཆེའི་འདྲ་བ་ཡོད ་པ་དེ་དག་ནི་གླང་ཆེན་ཀོས་འདྲ་དག་ཡིན་ཏེ། དེ་བཞིན་དུ་རྟ་ཀོས་འདྲ་ཞེས་བྱ་བ་ལ་སོགས་པ་ཡང་རིག་པར་བྱའོ། །གང་དག་ལ་ཀོས་ཀོ་གཡས་པའམ། གཡོན་པ་གཅིག་ཁོ་ན་ཡོད་པ་དེ་དག་ནི་ཀོས་སྨྱུང་དག་ཡིན་ནོ། །གང་དག་ལ་ཀོས་ཀོ་མེད་པ་དེ་དག་ནི་ཀོས ་ཀོ་མེད་དག་ཡིན་ནོ། །གང་དག་གིས་སོ་གླང་པོ་ཆེ་འདྲ་བ་དེ་དག་ནི་གླང་ཆེན་སོ་འདྲ་དག་ཡིན་ནོ། །རྟ་སོ་འདྲ་ཞེས་བྱ་བ་ལ་སོགས་པ་ཡང་དེ་བཞིན་དུ་རིག་པར་བྱའོ། །གང་དག་གི་མགུལ་ཧ་ཅང་རིང་ཆེས་པ་དེ་དག་ནི་མགུལ་རིང་ཆེས་པའོ ་གང་དག་ལ་མགུལ་མེད་ཅིང་མགོ་ཕྲག་གོང་ལ་འབྱར་བ་དེ་དག་ནི་འཇིང་ནུ་བདག་ཡིན་ནོ། །གང་དག་གི་མིག་མགོ་བོའི་མདུན་དུ་གུགས་ཉིད་ཀྱི་ཕྱིར་ཕྲག་པའི་ཕྱོགས་དང་མཉམ་པར་གྱུར་པ་དེ་དག་ནི་ཕྲག་མིག་དག་ཡིན་ནོ། །ཡང་ན་གང་དག་གི་མིག་ཕྲག ་པའི་ཕྱོགས་ཁོ་ན་ལ་ཡོད་པ་དེ་དག་ནི་ཕྲག་མིག་དག་ཡིན་ནོ། །མི་སྡུག་པར་རབ་ཏུ་སྒུར་བ་ནི་ཆེས་སྒུར་བ་དག་ཡིན། །གང་དག་གི་ཕོ་མཚན་ཆད་པ་དེ་དག་ནི་ཕོ་མཚན་ཆད་པ་དག་ཡིན་ཏེ། སྐྱེས་པའི་གཅིབ་འབྱུང་བའི་གནས་ལ་ཕོ་མཚན་ཞེས ་བྱའོ། །གང་དག་གི་རླིག་པ་རླུང་གིས་རླུགས་པར་གྱུར་པ་དེ་དག་ནི་རླུགས་པ་དག་ཡིན་ནོ། །གང་དག་ལ་རླིག་པའི་འབྲས་བུ་གཅིག་ཁོ་ན་ཡོད་པ་དེ་དག་ནི་རླིག་གཅིག་པ་དག་ཡིན་ནོ། །གང་དག་ལ་རླིག་པ་མེད་པ་དེ་དག་ནི་རླིག་མེད་དག་ཡིན་ནོ། །ཚད ་ལས་ཤིན་ཏུ་འདས་པ་དག་ཡིན་པས་ན་ཧ་ཅང་རིང་བའོ། །ཧ་ཅང་ཐུང་བ་ཤིན་ཏུ་འབོལ་བུ་ཐུང་ངུ་གྱུར་པ་ཡིན་ནོ། །སྐེམ་པོ་ནི་ལུས་སྐམས་པར་གྱུར་པ་དག་ཡིན་ནོ། །གང་དག་ལ་འབད་རྩོལ་ཆུང་ངུས་ཀྱང་དབུགས་རྩེག་པ་ལ་སོགས་པའི་སྐྱོན ་འབྱུང་བར་འགྱུར་བ་ཡོད་པ་དེ་དག་ནི་མ་འོངས་པར་ངལ་སྐྱེན་པ་ཞེས་བྱའོ། །ངལ་བ་ནི་ཆད་པའི་རྣམ་གྲངས་ཉིད་ཡིན་པའི་ཕྱིར་ལས་ཅུང་ཟད་ཀྱང་བྱེད་པར་མི་བཟོད་ཅེས་བྱ་བའི་ཐ་ཚིག་གོ་།ཚོ་ཞེས་པའི་ཚིལ་གྱིས་ནོན་པར་གྱུར་པ་ཉིད་ཡིན ་པའི་ཕྱིར་ཧ་ཅང་སྦོམ་པོར་གྱུར་པའོ། །ཤ་མདོག་ཁ་དོག་རྣམ་བཞི་དང་ཞེས་བྱ་བ་ནི་སྔོན་པོ་དང། སེར་པོ་དང། དཀར་པོ་དག་ཡིན་ཏེ། ཁ་དོག་གི་བྱེ་བྲག་སྨད་པར་བྱ་བ་གང་ཡིན་པ་དེ་དག་འདིར་བཀག་པ་ཡིན་གྱི། ལྷ་རྣམས་ཀྱི་གཟུགས ་མཛས་པ་ལྟ་བུ་དག་ནི་མ་ཡིན་ནོ། །གྱོལ་པོ་ནི་རྐང་པ་ཆག་པ་དག་གམ་རྐང་པས་ལ་དྲུང་པ་དག་ཡིན་ནོ། །གང་དག་གི་རྐང་པ་གཉིས་ཤིན་ཏུ་མདངས་ཏེ་འགྲོ་བ་དེ་དག་ནི་ལུས་ཉམས་པ་དག་ཡིན་ན། །ཡང་ན་གང་དག་གི་རྐང་པ་གཉིས་གཅིག་གི་སྟེང་དུ་ཅིག་འདོར ་ཞིང་འགྲོ་བ་དེ་དག་ལ་ལུས་ཉམས་པ་དག་ཡིན་ནོ། །མཛེས་པར་བྱ་ཞེས་བྱ་བ་འདིས་ནི་ལུས་ཡོངས་སུ་དག་པར་རོ། །ཡོངས་སུ་དག་པ་ཞེས་བྱ་བ་འདིས་ནི་ལས་དག་པ་བསྟན་པ་ཡིན་ནོ། །ལུས་ཡོངས་སུ་དག་པ་དང་ལས་ཡོངས་སུ་དག་པ་རབ་ཏུ་འབྱུང་བ་དང་བསྙེན་པར ་རྫོགས་པ་གཉི་ག་དག་ལ་གཉི་ག་སྦྱར་བར་བྱ་བ་ཡིན་ཏེ། ཡོངས་སུ་དག་པ་དང་མཛེས་པར་རབ་ཏུ་འབྱུང་བ་དང་བསྙེན་པར་རྫོགས་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ་།བདེན་པའི་མཚན་གང་ཡིན་པ་དེ་ནི་བདེན་པའི་མཚན་ཏེ་དངོས་པོ་ཐམས་ཅད་ཐུགས་སུ་ཆུད་པའི་ཕྱིར ་སངས་རྒྱས་ཡིན་ནོ་ཞེས་བྱ་བའི་དབང་དུ་བྱས་ནས་སངས་རྒྱས་བཅོམ་ལྡན་འདས་ཡིན་ནོ། །གཏམ་འདྲེས་པ་ནི་རྒྱུན་མི་འཆད་པར་མཛའ་བའོ། །ཕེབས་པར་སྨྲ་བ་ནི་ལིང་དུ་མཛའ་བའོ། །སྨོས་དྲིན་ནི་དེ་ཡོངས་སུ་ཤེས་པར་གྱུར་པའོ། །འགྲོགས ་བཤེས་ནི་ལམ་གཅིག་ཏུ་འགྲོ་བ་ལ་སོགས་པས་ཤིན་ཏུ་མཛའ་བ་སྐྱེས་པར་གྱུར་པའོ། །དགེ་འདུན་གྱིས་དགེ་འདུན་བསྙེན་པར་རྫོགས་པ་ཞེས་བྱ་བའི་ཚིག་འདིས་ནི་གསལ་པོར་འགལ་བ་བརྗོད་པ་ཡིན་ཏེ། གལ་ཏེ་དགེ་འདུན་གྱིས་དགེ་འདུན ་བསྙེན་པར་རྫོགས་པར་བྱེད་པ་དེའི་ཆེ་བསྙེན་པར་རྫོགས་པ་དག་བསྙེན་པར་རྫོགས་པ་མི་སྐྱེ་ཤིང་བསྙེན་པར་རྫོགས་པར་བྱེད་པ་ཡང་འགལ་ཚབས་ཅན་དུ་འགྱུར་རོ། །འདི་ལྟར་གང་སྔར་འོངས་པ་ཞེས་བྱ་བ་ལ། གང་འགའ་ཞིག་སྔར་འོངས ་པར་གྱུར་པ་དེས་རྙེད་པ་སྔར་བླང་བར་བྱ་བ་ཡིན་ལ་ལས་ཕྱིས་བསྐོར་བར་བྱ་བ་ཡིན་ནོ། །དྲན་པ་ཉམས་པར་བྱས་པ་སྟེ། གང་དག་ལ་ལས་སུ་བྱ་བའི་དུས་སུ་དྲན་པའི་རིགས་ཅུང་ཟད་སྐྱེ་བར་མི་འགྱུར་བ་ཡིན་ནོ། །གང་དག་གིས་སྐྱེས་པར་གྱུར་ཀྱང་ཉམ ་ཉམ་ཆུང་བར་གྱུར་པ་དེ་དག་ནི་དྲན་པ་ཞན་པ་ཡིན་ནོ། །གྲོང་ཁྱེར་ཆེན་པོ་དྲུག་ནི་འདི་ལྟ་སྟེ། གྲོང་ཁྱེར་ཙམ་པ་དང། གྲོང་ཁྱེར་བ་ན་ཎཱ་སེ་དང། རྒྱལ་པོའི་ཁབ་དང། ཡངས་པ་ཅན་དང། མཉན་ཡོད་དང། སེར་སྐྱ་དག་ཡིན་ནོ།། ་སེམས་ཀྱིས་ཆེན་པོ་ཉིད་དུ་འཛིན་པ་ཡིན་པའི་ཕྱིར་བཀུར་སྟིར་བྱས་པའོ། །བླ་མར་བྱས་པ་ཞེས་བྱ་བ་ནི་ལུང་འབོགས་པའི་སྒོ་ནས་བླ་མའི་གནས་སུ་གྱུར་པ་ཡིན་ནོ། །རི་མོར་བྱས་ཞེས་བྱ་བ་ནི་སྐྱེ་བོ་ཐམས་ཅད་ལས་ཁྱད་པར་དུ་འཕགས་པའི་གནས་སུ་བཞག ་པར་གྱུར་པ་ཡིན་ནོ། །མཆོད་པར་བྱས་ཞེས་བྱ་བ་ནི། ལུས་བཏུད་པས་ཕྱག་བྱས་པ་ལ་སོགས་པས་སོ། །གང་དག་གིས་ཤེ་ན། རྒྱལ་པོ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། རྒྱལ་པོ་ནི་དབང་བསྐུར་བར་གྱུར་པའོ། །གང་གི་ཚང་རྒྱལ་པོ་དང་འདྲ་བ ་ཙམ་དུ་གྱུར་པ་གང་ཡིན་པ་དེ་ནི་རྒྱལ་པོ་དང་འདྲ་བ་ཙམ་མོ། །རྒྱལ་པོའི་བློན་པོ་ནི་བློན་པོ་དམང་བ་འམ་རྒྱལ་ཚབ་ཡིན་ནོ། །ཁྱིམ་བདག་ནི་གང་ཞིག་རྟག་ཏུ་མགོན་མེད་པ་དག་ལ་ཟས་སྦྱིན་པ་སྦྱིན་པར་བྱེད་པ་སྟེ། དཔེར་ན་ཁྱིམ་བདག་མགོན ་མེད་ཟས་སྦྱིན་ལྟ་བུའོ། །གྲོང་བརྡལ་གྱི་གཙོ་བོ་ལ་འདིར་གྲོང་བརྡལ་གྱི་མི་དང། ལྗོངས་ཀྱི་མི་གཙོ་བོ་ལ་ལྗོངས་ཀྱི་མིར་འདོད་དོ། །བྱེ་བ་ཕྲག་བརྒྱའི་དབང་ཕྱུག་ཡིན་པས་ན་ནོར་ཅན་ན། །ཚོང་དཔོན་ནི་ཚོང་པའི་གཙོ་བོར་གྱུར་པའོ། །དེད ་དཔོན་ནི་གང་གིས་ཡུལ་ནས་ཡུལ་གཞན་དུ་དོན་མཐུན་དེད་པར་བྱེད་པའོ། །བསྙེས་པ་ཡང་བཅོམ་ལྡན་འདས་ཀྱིས་ཆོས་གོས་ལ་སོགས་པ་རྙེད་པར་གྱུར་པའོ། །ཡུན་རིང་པོ་ཤིག་ལས་ཞེས་བྱ་བ་ནི་སངས་རྒྱས་ཉིད་དུ་གོམས་པ་རྩོམས ་པ་ལ་སོགས་པ་ནས་སོ། །རྫོགས་བྱེད་ལ་སོགས་པ་སྟོན་པ་དྲུག་ཅེས་བྱ་བ་ལ་རྫོགས་བྱེད་ཅེས་བྱ་བ་ནི་མིང་ཡིན་ལ། འོད་སྲུངས་ཞེས་བྱ་བ་ནི་རྒྱུད་ཡིན་ནོ། །ཀུན་ཏུ་རྒྱུ་ཞེས་བྱ་བ་ནི་མིང་ཡིན་ལ། གནག་ལྷས་ཀྱི་བུ་ཞེས་བྱ་བ་ནི་རྒྱུད་ཡིན་ནོ། །ཡང ་དག་རྒྱལ་བ་ཅན་ཞེས་བྱ་བ་ཡང་མིང་ཙམ་ཡིན་ལ། སྨྲ་འོ་དོད་ཀྱི་བུ་མོའི་བུ་ཞེས་བྱ་བ་ནི་རྒྱུད་ཡིན་ནོ། །མི་ཕམ་ཞེས་བྱ་བ་ནི་མིང་ཡིན་ལ། སྐྲའི་ལ་བའི་ཆ་ལུགས་འཛིན་པ་ཉིད་ཀྱི་ཕྱིར་སྐྲའི་ལ་བ་ཅན་ནོ། །ནོག་ཅན་ཞེས་བྱ་བ་ནི་མིང་ཡིན་ལ། ཀཱ་ཏྱཱ་ཡའི་བུ་ཞེས་བྱ ་བ་ནི་རིགས་ཡིན་ནོ། གཅེར་བུ་བ་ཞེས་བྱ་བ་ནི་དཀའ་ཐུབ་ཀྱི་རིགས་ཅན་འགའ་ཞིག་གི་མིང་ཡིན་ལ། གཉེན་གྱི་བུ་ཞེས་བྱ་བ་ནི་རིགས་ཡིན་ནོ། །ཐམས་ཅད་མཁྱེན་པ་མ་ཡིན་པའི་ངོ་བོ་ཉིད་ཀྱིས་ལོག་པའི་ང་རྒྱལ་ཡོད་པའི་ཕྱིར་བདག་ཐམས་ཅད་མཁྱེན་པ ་ཡིན་ནོ་ཞེས་དེ་ལྟར་རློམ་སེམས་པ་དག་ཡིན་ནོ། །གནས་པ་ཞེས་བྱ་བ་ནི་དེ་ནས་བསོད་སྙོམས་ལ་སོགས་པ་ཚོལ་བར་བྱེད་པའི་ཕྱིར་རོ། །མིའི་ཆོས་ལས་བླ་མར་གྱུར་པ་ཞེས་བྱ་བ་ནི་མིའི་ཆོས་ཐ་མལ་པ་ལས་ཁྱད་པར་དུ་འཕགས་པ་ཉིད་ཡིན་པའི་ཕྱིར ་མངོན་པར་ཤེས་པ་ལ་སོགས་པ་ནི་མིའི་ཆོས་ལས་བླ་མར་གྱུར་པ་ཡིན་ནོ། །གང་ཞིག་མིའི་ཆོས་ལས་བླ་མར་གྱུར་པའི་རྒྱུ་མཚན་རྫུ་འཕྲུལ་གྱི་ཆོ་འཕྲུལ་དེས་བདག་གིས་དགུག་པ་སྟེ། བདག་གིས་མངོན་པར་སྦྱར་བར་བྱའོ། །རྫུ་འཕྲུལ་དང ་ལྡན་པ་ཞེས་བྱ་བ་ནི་སྙོམས་པར་འཇུག་པ་མངོན་པར་བསྒྲུབས་པའོ། །ཤེས་པ་སྨྲ་བ་ཞེས་བྱ་བ་ནི་བདག་ལ་ཤེས་པ་ཁྱད་པར་དུ་འཕགས་པ་འདི་ལྟ་བུ་ཡོད་དོ་ཅེས་སྨྲ་བའི་དང་ཚུལ་ཅན་ཡིན་ནོ། །བདག་ཉིད་སེམས་པ་ཞེས་བྱ་བ་ནི་མངོན་པའི་ང ་རྒྱལ་གྱིས་ཤེས་པ་ཡིན་གྱི་དོན་དམ་པ་ནི་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ་།ལམ་གྱི་ཕྱེད་ཅེས་བྱ་བ་ལ་སོགས་པ་ལ་བདག་ཉིད་ཀྱིས་གཙུག་ལག་ཁང་ལས་དེ་ལམ་ཕྱེད་དུ་ཤོག་ཅིག་བདག་ཉིད་ཀྱང་རང་གི་གནས་ཁང་ལས་ལམ་ཕྱེད ་དུ་མཆིའོ། །དེའི་གན་དུ་བདག་དང་དེའི་གཙུག་ལག་ཁང་དང་བདག་གི་གནས་ཁང་དུ་ཡང་མི་འོང་ངོ་ཞེས་བྱ་བའོ། །རོ་དང་འདྲ་བ་ཞེས་བྱ་བ་ལ། འཕགས་པའི་ལམ་གྱི་འཚོ་བའི་ཐབས་དང་བྲལ་བ་ཉིད་ཀྱི་ཕྱིར་རོ་ཡིན་པའམ་བཅོམ་ལྡན ་འདས་ཀྱི་ཐད་ལས་ཁྱོད་རོ་དང་འདྲ་བ་ཡོན་ཏན་མེད་པའི་ཕྱིར་རོ་དང་འདྲ་བ་ཡིན་ནོ། །གཅིག་ཏུ་ཞེས་བྱ་བ་ནི་གཅིག་ཏུ་མངོན་པར་དད་པ་འཁྲུལ་བ་མེད་པའོ། །ཆར་བཅད་པའི་ཕྱིར་ཞེས་བྱ་བ་ནི་ཟིལ་གྱིས་མནན་པར་བྱ་བའི་ཕྱིར་རོ ་ཀུན་དགའ་ཨི་ཕྱིར་ཞེས་བྱ་བ་ནི་མཆོག་ཏུ་དགའ་བ་དང་ལྡན་པར་བྱ་བར་རོ། །སྐྱེ་བོ་དམ་པ་ནི་འདིར་ཐར་པའི་ཆ་དང་མཐུན་པ་ལ་ཕན་པ་ཡང་པ་ཡིན་པར་འདོད་དོ། །མགུ་བའི་ཕྱིར་ཞེས་བྱ་བ་ནི། ཀུན་ཏུ་མགུ་བ་དང་ལྡན་པར་མཛད་པར་རོ། །དགེ་བ་རྣམས ་ནི་བཅའ་བར་བྱའོ་ཞེས་བྱ་བ་ལ། དགེ་བའི་ཡོན་ཏན་གྱི་རྣམ་གྲངས་ཡིན་ནོ། །དེའི་དོན་ནི་འདི་ཡིན་ཏེ། ཐམས་ཅད་དུ་ཡོན་ཏན་བཅབ?་པར་བྱ་བ་མ་ཡིན་ཏེ། གང་གི་ཕྱིར་ད་ཤ་དང་ཀ་པ་ལ་དག་གི་ལྟ་བ་རྣམ་པར་དཔྱད་པར་བྱ་བའི་ཕྱིར་ཆོ་འཕྲུལ ་བསྟན་པར་བྱའོ་ཞེས་གསུངས་པ་དང། རྫུ་འཕྲུལ་གྱིས་འགྲོ་བ་རྗེས་སུ་གནང་བ་དང། ཉེས་པ་ཐད་དུ་བསྒྲགས་པར་བྱ་བ་མ་ཡིན་ཏེ། འཇིག་རྟེན་མ་དད་པ་རྙེད་པར་འགྱུར་ན་མི་རུང་ངོ། །གང་དུ་ཡོན་ཏན་བསྒྲགས་པར་བྱས་པར་གྱུར་ན་ཕན་པ་ཆེན ་པོ་འབྱུང་བར་མི་འགྱུར་བས་དེའི་ཚེ་གདོན་མི་ཟ་བར་དགེ་བ་བཅབ་པར་བྱ་བ་ཡིན་པ་དང། གང་གི་ཚེ་ཉེས་པ་བསྒྲགས་པོ་ན་ཕ་རོལ་པོ་མ་དད་པ་སྐྱེ་བར་མི་འགྱུར་བ་དེའི་ཚེ་བསྒྲགས་པར་བྱ་བ་ཡིན་ལ། ཕ་རོལ་མ་དད་པ་སྐྱེ་བར་འགྱུར་ན་བསྐྲག ་པར་བྱ་བ་མ་ཡིན་ནོ་ཞེས་བྱ་བ་འདི་ཡིན་ནོ། །སྔོན་དང་ཐ་མ་མ་ཡིན་པའི་སེམས་ཅན་ལ་ཞེས་བྱ་བ་ནི་གང་སྔོན་བྱང་ཆུབ་ཀྱི་སེམས་སྐྱེས་པ་དང། བཅོམ་ལྡན་འདས་མ་གཏགས་པ་གཞན་འགའ་ཞིག་བསྐྱེད་པའི་ནུས་པ་མེད་པ་དེ་ལྟ་བུ་ལ་འདིར ་སྔོན་དང་ཐ་མ་མ་ཡིན་པའི་སེམས་ཅན་དུ་འདོད་དོ། །དགེ་བའི་རྩ་བ་བསགས་པ་ཞེས་བྱ་བ་ནི་གང་ལ་བསྐལ་པ་གྲངས་མེད་པ་གསུམ་དུ་གོམས་པ་ཡོངས་སུ་རྫོགས་པ་ཡོད་པ་དེ་ལ་འདིར་དགེ་བའི་རྩ་བ་བསགས་པ་ཡིན་པར་འདོད་དོ། །ཇི ་ལྟར་རིགས་པར་རྗེས་སུ་བསྒྲུབས་ཤིག་ཅེས་བྱ་བ་ནི་ཁྱོད་ཇི་ལྟར་འདོད་པ་དེ་བཞིན་དུ་མཛེས་པར་གྱིས་ཤིག་ཅེས་བྱ་བ་ཡིན་ནོ། །སྐྲ་དཀྲར་དང་སྟོབས་མེད་པའི་ཕྱིར་རྒས་པ་ཡིན་ནོ། །དབང་པོ་ཡོངས་སུ་ཉམས་པའི་ཕྱིར་འཁོགས་པ་ཡིན་ནོ། །ཡན་ལག་དང་ཉིང ་ལག་ཐམས་ཅད་ལྡོག་པར་གྱུར་པ་ཉིད་ཀྱི་ཕྱིར་གཏུགས་པ་ཡིན་ནོ། །འདི་ནི་དགྲ་བཅོམ་པའི་ཡོན་ཏན་དང་ལྡན་པ་ཡིན་ནོ། །ཞེས་སྐྱེ་བོ་མང་པོ་བློ་མཐུན་པར་གྱུར་པ་ནི་དགྲ་བཅོམ་པར་བློ་མཐུན་པ་ཡིན་ནོ། །མཐུན་པར་ཚངས་པའི་རྒྱུ་མཚན་ལ་སྤྱོད་པ་ཡིན ་པའི་ཕྱིར་ཚངས་པ་མཚུངས་པར་སྤྱོད་པ་ཡིན་ནོ། །ཤིན་ཏུ་མི་འཐད་པ་ནི་རིགས་པ་མ་ཡིན་པའོ། །གཡས་ཀུན་ཏུ་སྤྱོད་པས་ཞེས་བྱ་བ་ནི་འདིས་བདག་ཅག་གི་བསམ་པ་ཤེས་པར་མ་གྱུར་ཅིག་ཅེས་བྱ་བའི་བཅས་པའི་བསམ་པའོ། །ཟག་པ་ཟད་པ་མ་གཏོགས ་པ་མངོན་པར་ཤེས་པ་ལྔ་གང་ལ་ཡོད་པ་དེ་ནི་མངོན་པར་ཤེས་པ་ལྔ་དང་ལྡན་པ་དག་ཡིན་ཏེ། དེ་ཡང་ལྷའི་མིག་དང། ལྷའི་རྣ་བ་དང། རྫུ་འཕྲུལ་གྱི་ཡུལ་དང། སྔོན་གྱི་གནས་དང། འཆི་འཕོ་དང་སྐྱེ་བ་དག་ཡིན་ནོ། །རིའི་ཕྲག་ནི་ར་སྐྱབས་ཅན། །དེ་དག་གིས་ཇི ་ལྟར་ན་ཉི་མ་བདུན་གྱིས་ས་འདི་ཙམ་བསྐོར་བར་ནུས་ཤེས་ན། འདིར་ཁ་ཅིག་ནི་བདུད་ཀྱི་སྟོབས་ལ་ཞེས་བརྗོད་པར་བྱེད་ལ། གཞན་དག་ནི་རྐང་མགྱོགས་ཀྱི་སྨན་གྱི་སྟོབས་ལ་ཞེས་བརྗོད་པར་བྱེད་དོ། །མཛའ་བ་དང་མི་འཛའ་བ་དང་ཐ་མལ་བའི་ཞེས་བྱ་བ་ལ། འཇིག་རྟེན ་ཐམས་ཅད་ལ་ཕྱོགས་གསུམ་ཡོད་པ་ཡིན་ཏེ། འདི་ལྟར་མཛའ་བའི་ཕྱོགས་དང། མི་མཛའ་བའི་ཕྱོགས་དང། ཐ་མལ་པའི་ཕྱོགས་ཞེས་བྱ་བའོ། །བདེན་པའི་ཚིག་གསོལ་ཅིག་ཅེས་བྱ་བ་ནི་བདེན་པ་སྔོན་དུ་སང་བ་ཅན་གསོལ་པ་སྟེ་དེ་ནི་དུ་གཉེར་བར་བྱེད་པ་ཡིན་ནོ།། ་དབུགས་ཕྱུང་བ་ཞེས་བྱ་བ་ནི་དེ་དག་ཡིད་ཆེས་པ་སྐྱེས་པར་གྱུར་པའོ། །བདེན་པའི་ཚིག་གང་གིས་ཞེས་བྱ་བ་ལ་སོགས་པ་ལ། བདེན་པ་སྨོས་པས་བཅད་མ་ཐག་པའི་ཚིག་དངོས་པོ་ལ་གནས་པའི་བདེན་པ་ཉིད་བསྟན་པ་ཡིན་ལ། བདེན་པའི་ཚིག་སྨོས ་པས་ནི་མི་ལས་བདེན་པ་ཉིད་དུ་བསྟན་པ་ཡིན་ནོ། །གཟུགས་མེད་པ་ནི་གཟུགས་མེད་པ་གསུམ་ལས་སྐྱེས་པ་ཡིན་ནོ། །འདུ་ཤེས་མེད་འདུ་ཤེས་མེད་མིན་ཞེས་བྱ་བ་ནི་སྲིད་པའི་རྩེ་མོར་སྐྱེས་པ་ཡིན་ནོ། །འདུ་ཤེས་མེད་པ་ཞེས་བྱ་བ ་ནི་འགོག་པ་དང་འདུ་ཤེས་མེད་པའི་སྙོམས་པར་འཇུག་པས་འདུ་ཤེས་ཡང་དག་པ་བསལ་བ་ཡིན་ནོ། །འདོད་ཆགས་དང་བྲལ་བ་ཞེས་བྱ་བ་ནི་དོན་དམ་པའི་མྱ་ངན་ལས་འདས་པ་ཡིན་ནོ། །ཐར་པའི་ཐབས་ཁས་བླངས་པ་སྔོན་དུ་སོང་བ་ཅན་གྱི་མཐུན ་པས་འདུས་པ་ནི་དགེ་འདུན་དག་ཡིན་ནོ། །འདི་ལྟར་འགའ་ཞིག་ཏུ་བློ་མི་བསྟན་པས་འདུས་པ་ནི་ཚོགས་དག་ཡིན་ནོ། །རིགས་མཐུན་པས་བསྡུས་པ་དག་ཡིན་ནོ། །མང་པོ་དག་གི་ནད་ནས་འགའ་ཞིག་ཤེས་པ་ཁོང་དུ་ཆུད་པར་བྱ་བའི་ཕྱིར་སློབ་མ ་ཉིད་དུ་འདུས་པ་ནི་འཁོར་ཡིན་ནོ། །ཚུལ་ཁྲིམས་ཞེས་བྱ་བ་ལ་སོགས་པ་ལ། ཚུལ་ཁྲིམས་ནི་རང་བཞིན་གྱི་ཁ་ན་མ་ཐོ་བ་དང། བཅས་པ་ལས་ལྡོག་པའི་རང་བཞིན་ལ། བརྟུལ་ཞུགས་ནི་དུས་མ་ཡིན་པའི་ཟས་ལ་སོགས་པ་བཅས་པའི་ཁ་ན ་མ་ཐོ་བ་དང་བཅས་པ་ལས་ལྡོག་པ་ཡིན་ནོ། །དེ་དག་གིས་ལུས་གདུང་བར་བྱེད་ཅིང་མི་ལྔ་བསྟེན་པ་ལ་སོགས་པ་ལུས་གདུང་བར་བྱེད་པའི་ཕྱིར་དཀའ་ཐུབ་ཡིན་ནོ། །ཚངས་པར་སྤྱོད་པ་ལ་གནས་པ་ནི་མི་ཚངས་པར་སྤྱོད་པ་འབའ་ཞིག་ལས་ལྡོག ་པར་གྱུར་པའོ། །འཕགས་པའི་དགྱེས་པའི་ཞེས་བྱ་བ་ནི་ཟག་པ་མེད་པའི་འོ། །བདེན་པའི་ཚིག་གསོལ་བ་དེའི་ཡན་ལག་དང་ཉིང་ལག་ཇི་ལྟར་སྔོན་གྱི་བཞིན་དུ་གྲུབ་པར་གྱུར་ཏོ་ཞེས་བྱ་བ་དེ་ཇི་ལྟར་རིགས་ཏེ། རྣམ་པར་སྨིན་པ་ལས་སྐྱེས་པའི་ལུས ་ཞིག་ནས་ཡང་སྐྱེ་བ་མི་སྲིད་པའི་ཕྱིར་རོ་ཞེ་ན། འདི་ལ་ཁ་ཅིག་ནི་བཅོམ་ལྡན་འདས་ཀྱིས་གསུངས་པའི་བདེན་པའི་ཚིག་གི་སྟོབས་དང་རྒྱུ་མཐུན་པའི་འབྱུང་བ་ཆེན་པོ་བཞི་པོ་དག་གིས་ལུས་ཀྱི་དབང་པོ་དེ་ཡན་ལག་དང་ཉིང་ལག་རབ་ཏུ་བསྐྱེད་པ ་ཡིན་ནོ་ཞེས་བརྗོད་ལ། ཁ་ཅིག་ནི་སངས་རྒྱས་རྣམས་ཀྱི་དམིགས་པའི་ཁྱད་པར་ནི་བསམ་གྱིས་མི་ཁྱབ་པ་ཡིན་པ་དེའི་ཕྱིར་བཅོམ་ལྡན་འདས་ཀྱིས་རྫུ་འཕྲུལ་གྱིས་བྱས་པ་འདི་ལ་ངོ་མཚར་མེད་ངོ་ཅེས་བརྗོད་པར་བྱེད་དོ། །ཅ་ཅོའི་སྒྲ་ནི་དགད་པའི་རྣམ་པ་ཡིན་ཏེ། ་ཅ་ཅོའི་སྒྲ་དབུག་སྒྲ་ཞེས་བྱ་བ་སྒྲ་ཆར་སྒྲགས་པའོ། །འདི་ནས་ཐོས་མ་ཐབ་ཏུ་བདེན་པ་མངོན་པར་རྟོགས་ནས་ཞེས་བྱ་བ་ནི་བདེན་པ་ཁོང་དུ་ཆུད་མ་ཐག་ཏུ་ཤིན་ཏུ་དབང་པ་རྣ་བ་ཉིད་ཀྱི་ཕྱིར་ཕྱིར་མི་འོང་བའི་འབྲས་བུ་མངོན་སུམ་དུ་བྱས་པ་ཡིན་ནོ། །བར་དུ་ཞེས ་བྱ་བ་ནི་གཙུག་ལག་ཁང་དང་ཐག་ཉེ་བར་ཀ་བ་བཞི་བསྒྲེང་སྟེ། སྟེང་བླ་རེས་ཕུབ་པ་ནི་གོས་ཀྱིས་བླ་གབ་ཅན་དུ་བྱས་པ་ཡིན་ནོ། །རྡོ་རྗེ་ལ་སོགས་པ་ལ་གསེར་ལས་བྱས་པའི་སེང་གེའི་ཁྲི་རྡོ་རྗེ་དང། བཻཌཱུརྱ་དང། རིན་པོ་ཆེ་ལ་སོགས་པས་བརྒྱན་པ་བཤམས་སོ ་གནོད་པ་ཆུང་ངམ་ཞེས་བྱ་བ་ལ་སོགས་པ་ལ་གནོད་པ་ནི་ཕྱི་རོལ་གྱི་རྣམ་པར་འཚོ་བས་གཟིར་བ་ཡིན་ནོ། །ཁ་ན་མ་ཐོ་བ་ནི་ལུས་ལས་སྐྱེས་པའི་ནད་ཀྱིས་གཟིར་བའོ། །ཉམ་ང་བ་ནི་ཡིད་སྐྱོ་བའི་ནད་ཡིན་ནོ། །བསྐྱོད་པ་ཡང་བ་ནི་ལུས་ཀྱི་བྱ་བ་ལེ་ལོ་མེད་པ་ཉིད ་ཡིན་ནོ། །འཚོ་བ་ནི་བསོད་སྙོམས་ཀྱིས་གནས་པ་ཡིན་ནོ། །སྟོབས་དང་ལྡན་པ་ནི་འཚོ་བའི་འབྲས་བུ་ནུས་པ་ཉིད་ཡིན་ནོ་བདེ་བ་ནི་ལུས་ཀྱི་ཡིན་ནོ་བདེ་བ་ལ་རེག་པར་གནས་པ་ནི་མངོན་པར་དགྱེས་པ་དང་བཅས་པ་གནས་པ་ཡིན་ནོ། །གལ་ཏེ་ཇི་སྟེ་ཡང་རྣམ་པ་དེ་དག་གིས་ཁྱིམ་པ ་དག་སོ་སོར་ཀུན་ནས་དགའ་བར་འགྱུར་ལ། བཅོམ་ལྡན་འདས་ཀྱང་རི་མོར་བྱས་པ་དེས་དགྱེས་པར་འགྱུར་བ་ཁོ་ན་ཡིན་ནོ། །ཡལ་ག་ནི་སྡོང་པོ་ལས་གྱེས་པ་ཡིན་ལ། ཡལ་ག་ཕྲ་མོ་ཡང་ཡལ་ག་ལས་གྱེས་པ་ཡིན་ནོ། །དེས་རྒྱས་པ་ནི་ཡངས་པར་གྱུར ་པའོ། །མངོན་པར་འདུས་བྱས་པ་ཞེས་བྱ་བ་ནི་བྱས་པ་དང་བཅས་པར་རོ། །གཡོས་ཞེས་བྱ་བ་ལ་སོགས་པས་ནི་ཆུང་ངུ་དང་འབྲིང་དང་ཆེན་པོར་བསྟན་པ་ཡིན་ནོ། །གནོད་པའི་གཏམ་ནི་ཧ་ཧའི་སྒྲ་འདོན་པ་འམ་སྒྲགས་པར་བྱེད་པ་ཡིན་ནོ། །འདི་ལ་ཡང་ཆུང་ངུ་ལ ་སོགས་པའི་དབྱེ་བ་ཤེས་པར་བྱའོ། །དྲང་སྲོང་དེ་དག་གིས་སངས་རྒྱས་བཅོམ་ལྡན་འདས་ཞེས་བྱ་བ་ནས་མཐོང་ངོ་ཞེས་བྱ་བ་ལ་སོགས་པ་ལ། བཅོམ་ལྡན་འདས་ཁྱད་པར་ཇི་ལྟ་བུ་དང་ལྡན་པ་ཞེ་ན། ཉི་མ་ཤར་མ་ཐག་པ་ཞེས་བྱ་བ ་ལ་སོགས་པ་སྨོས་པ་ཡིན་ཏེ། འཕྲལ་དུ་ཤར་མ་ཐག་པ་ནི་ཉི་མ་ཤར་མ་ཐག་པ་ཡིན་ལ། དེའི་འོད་ཀྱིས་མཛེས་པའི་དཀྱིལ་འཁོར་གང་ཡིན་པ་དང། གསེར་བཅོ་མའི་མདོག་ནི་གསེར་བཏུལ་བ་སྟེ་དྲི་མ་མེད་པ་དེ་བཏུབས་པའི་དུམ་བུ་སྤུངས་ཤིང ་ཕུང་པོར་བྱས་པ་གང་ཡིན་པ་དེ་དང་འདྲ་བར་དམར་བ་དག་ཡིན་ནོ། །མེ་ཏོག་ཀུ་རན་ད་ཀའི་ཚོགས་དང། ཨ་ཤོ་ཀའི་ཕུང་པོ་ལྟར་དམར་བ་ཡིན་ནོ། །ཆུ་འཛིན་ཆུ་བཅས་ཀྱི་ཟབ་པའི་སྒྲ་དང། རྒྱ་མཚོ་དང། སྟོན་ཀའི་ཁྱུ་མཆོག་དང། རྔ་བོ་ཆེའི ་སྒྲ་ལྟར་གསུང་ཟབ་པ་ཡིན་ནོ། །ཤིན་ཏུ་གསལ་བས་ན་རྣམ་པར་གསལ་བ་ཡིན་ལ། ཐོས་ན་བདེ་བ་ནི་རྣ་བའི་རྣམ་པར་ཤེས་པ་བདེ་བ་སྐྱེད་པར་བྱེད་པ་ཡིན་ཏེ། རྣམ་པར་གསལ་བ་དང། ཐོས་ན་བདེ་བ་དང། སྙན་པའི་གསུང་གང་ལ་མངའ་ ་བ་དེ་ལ་དེ་སྐད་ཅེས་བྱའོ། །འོ་མའི་མཚོ་ནི་འོ་མའི་རྒྱ་མཚོ་ཡིན་ལ། དེའི་དབུ་བ་ནི་དབུ་བའི་ཕྲེང་བ་ཡིན་ཏེ། འོ་མའི་མཚོ་དབུ་པའི་ཕྲེང་བ་དང་འདྲ་བར་དཀར་བའི་མཛོད་སྤུ་དེས་རྣམ་པར་སྤྲས་པ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །གྲངས ་མེད་པ་ནི་བགྲང་བའི་ཕྱིར་མི་ནུས་པ་ཡིན་ལ། གཞན་ལ་མ་མཐོང་བའི་ཕྱིར་ངོ་མཚར་ཡིན་ཞིང་བསམ་པར་བྱ་བ་མ་ཡིན་པའི་ནུས་པ་མངའ་བའི་ཕྱིར་བསམ་གྱིས་མི་ཁྱབ་པ་ཡིན་ནོ། །གནས་ནི་གྲངས་མེད་པ་ལ་སོགས་པའི་ཡོན་ཏན་གྱི་རྟེན་ཡིན་ནོ ་སྲིད་པར་དགའ་བ་སྟེ་ཞེ་ན་པ་གང་ཡིན་པ་དང། བདེ་བ་གང་ཡིན་པ་དང། གཞན་གྱིས་བཀུར་སྟི་བྱས་པ་དེ་དག་ལ་རེ་བ་སྟེ། དེ་ལ་མངོན་པར་འདོད་ཅིང་ཆགས་པ་གང་ཡིན་པ་དེ་ཉིད་དྲི་མའི་འདམ་དང་ཉེས་པ་ཡིན་ཏེ། ཉེས་པ་དེ་དང་བྲལ་བ་གང་ལ ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །དཔག་ཏུ་མེད་པའི་དུས་བསགས་པ་ཞེས་བྱ་བ་ནི་བསྐལ་པ་གྲངས་མེད་པ་གསུམ་དུ་བསགས་པ་ཡིན་ནོ། །གང་ཞེ་ན། ཚོགས་ཞེས་བྱ་བ་སྨོས་ཏེ། ཚོགས་དེས་ཐོབ་པར་གྱུར་པའི་བླ་ན་མེད་པའི་ཡེ་ཤེས་དམ་པ་གང་ཡིན་པ་དེ་ཁོ ་ན་རྒྱན་ཡིན་པ་དེའི་ཕྱིར་སྙན་པའི་རྒྱན་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །ལྷའི་དབང་པོ་བརྒྱ་བྱིན་དེའི་ཅོད་པན་ཏེ། ཅོད་པན་ལ་རིན་ཆེན་རྒྱན་བརྟགས་པ་དེས་ཞབས་གཉིས་ལ་བྲིས་པར་གྱུར་པ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །ཅོད་པན་མཛེས ་པར་བྱ་བའི་ཕྱིར་མཛའ་ཨི་ཕྱོགས་སུ་གསེར་གྱི་ལྕུ་གུ་དང། རིན་པོ་ཆེ་འོད་གསལ་བ་བཏགས་པ་ནི་རིན་པོ་ཆེའི་རྒྱན་གྱི་སྒྲས་བརྗོད་པ་ཡིན་ནོ། །མཆོད་པར་འོས་པ་སྟེ། མཆོད་པར་བྱ་བ་ལྷ་ལ་སོགས་པ་རྣམས་ཀྱིས་སངས་རྒྱས་བཅོམ་འདས་ལ་མངོན་པར ་མཆོད་པ་ཡིན་ནོ། །དེ་བཞིན་གཤེགས་པ་ལ་རྒྱལ་པོ་ཆེན་པོ་བསྐུལ་བར་བྱེད་པ་གང་ཡིན། ཅིའི་ཕྱིར་བཅོམ་ལྡན་འདས་སྐུལ་བར་བྱེད་པ་ཞལ་གྱིས་བཞེས་པར་འགྱུར་ཞེ་ན། འདིར་སྨྲས་པ། བཅོམ་ལྡན་འདས་ཀྱིས་འདི་སྐད?་དུ་ང་ནི་རྫུལ་འཕྲུལ་དང ་ཆོ་འཕྲུལ་རབ་ཏུ་བསྟན་པའི་ཕྱིར་དོན་དུ་གཉེར་བ་མ་ཡིན་གྱི། གལ་ཏེ་སྐྱེས་བུ་གཙོ་བོ་འགའ་ཞིག་སྐུལ་བར་བྱེད་པ་དེའི་ཚེ་སེམས་ཅན་ལ་ཕན་འདོགས་པ་ཆེན་པོ་སྔོན་དུ་མཛད་ནས་ཆོ་འཕྲུལ་ཆེན་པོ་རྣམ་པར་བསྟན་པར་བྱའོ་ཞེས་བསྟན་པ་དང། ་སྐྱེས་བུ་དམ་པ་ནི་བསྐུལ་ཞེས་བྱ་བ་ཆེན་པོ་ལ་འཇུག་པར་འགྱུར་བ་ལྟར་བཅོམ་ལྡན་འདས་སེམས་ཅན་ཐམས་ཅད་ཀྱི་དམ་པར་གྱུར་པ་དེའི་ཕྱིར་གཞན་གྱིས་བསྐུལ་བ་ཞལ་གྱིས་བཞེས་པ་ཡིན་ནོ། །དོན་ནི་མངོན་པར་འདོད་པའི་དོན་སྒྲུབ་པའི་ཕྱིར་རོ། །ཕན ་པ་ནི་འཇིག་རྟེན་གཉིས་དང་མི་འགལ་བའི་འབྲས་བུ་འབྱོར་པར་བྱ་བའི་ཕྱིར་རོ། །བདེ་བའི་ཕྱིར་ཞེས་བྱ་བ་ནི་ཐར་པའི་བདེ་བ་བསྐྱེད་པར་བྱ་བའི་ཕྱིར་རོ། །ཇི་ལྟར་སེམས་རྩེ་གཅིག་པའི་མཉམ་པར་བཞག་པ་ཐོབ་ནས་ཉིད་ཀྱིས་གདན་ལས་མི་སྣང་བར ་གྱུར་ཏེ་ཞེས་བྱ་བ་ལ་སོགས་པའི་རྣམ་པར་བཤད་པ་ནི་སྔ་མ་བཞིན་རིག་པར་བྱའོ། །བླ་ན་མེད་པའི་ཚེ་འཕྲུལ་ཆེན་པོ་ཞེས་བྱ་བ་ནི་ཆོ་འཕྲུལ་གང་ཞིག་དེ་བཞིན་གཤེགས་པ་མ་གཏོགས་པ་འཇིག་རྟེན་ཐམས་ཅད་ཀྱིས་བསྐྱེད་པ་ཉིད་དུ་མི ་ནུས་པ་དེ་ནི་དེ་བཞིན་གཤེགས་པའི་ཐུན་མོང་མ་ཡིན་ནོ། །ཤིང་རྟའི་འཁོར་ལོ་ཙམ་ཞེས་བྱ་བ་ལ། ཤིང་རྟའི་འཁོར་ལོ་ཙམ་གྱིས་ནི་པད?་མའི་གེ་སར་བསྟན་པ་ཡིན་ནོ། །སྡོང་བུ་ཞེས་བྱ་བ་ནི་པད་མའི་ཡུ་བ་ཡིན་ནོ། །དགོངས་པའི་སེམས་ཀྱིས་ཤེས་ནས་ཞེས་བྱ ་བ་ནི་དུས་དེའི་ཚེ་བཅོམ་ལྡན་འདས་ཀྱི་སྟོབས་ཀྱིས་དེ་དག་ཐམས་ཅད་ཀྱིས་དེ་ལྟར་བཅོམ་ལྡན་འདས་ཀྱི་ཐུགས་ཡོངས་སུ་ཤེས་པའི་ནུས་པ་དང་ལྡན་པའི་སེམས་དང་ལྡན་པར་གྱུར་པའོ། །སངས་རྒྱས་ཀྱི་ཚོགས་ནི་མཛེས་པའི་རྒྱུ་ཡིན་ཏེ། དཔེར་ན་རྣ་བ ་ལ་མེ་ཏོག་ལ་སོགས་པའི་ཚོགས?་བཏགས་པ་བདེ་བ་དང་མཛེས་པ་བསྒྲུབ་པར་བྱ་བའི་དོན་ཡིན་པ་དེ་དང་འདུ་བར་ཕྱོགས་མཚམས་ཀྱི་སྒོ་ཐམས་ཅད་མཛེས་པ་འབྱོར་པར་བྱ་བའི་ཕྱིར་བཅོམ་ལྡན་འདས་ཀྱིས་འོག་མིན་གྱི་མཐར་ཐུག་པའི་བར་དུ ་སངས་རྒྱས་ཀྱི་ཚོགས་སྤྲུལ་པ་མཛད་པ་ནི་ལྷ་དང་མི་དུ་མ་མཐོ་རིས་དང་ཐར་པ་ལ་བློ་འཇིག?་པར་བྱ་བའི་ཕྱིར་རོ། །བཀའ་ལུང་སྟོན་པ་ནི་འདིར་གཞན་ལ་ཡོན་ཏན་ཁྱད་པར་ཅན་ཁོང་དུ་ཆུད་པ་བརྡའ་སྤྲོད་པ་ཡིན་ནོ། །མིག་མི་འཛུམས་པར་ཞེས་བྱ་བ་ནི ་འབྱེད་པ་དང་འཛུམས་པ་སྤངས་པའི་མིག་གིས་བལྟ་བར་བྱེད་པའོ། །རྒྱུན་མི་འཆད་པར་ཕྱག་འཚལ་བ་ཞེས་བྱ་བ་ནི་ལྡོག་པ་མེད་པར་སྦྱོར་བ་ལ་བརྩོན་པ་ཡིན་ནོ། །སྒྲ་འབྱིན་པ་ཞེས་བྱ་བ་ནི་རབ་ཏུ་དགའ་བར་འགྱུར་བའི་སེམས་ཀྱིས་རང་གི་རིས་དང ་བསྐལ་པ་མཉམ་པ་ལ་རབ་ཏུ་གྲགས་པའི་ཡིད་དུ་འོང་བའི་སྒྲ་སྒྲོགས་པར་བྱེད་པའོ། །མཆོད་པ་ལྷག་པར་ཞེ་ན་པ་བྱ་བ་ནི་མཆོད་པའི་རྒྱུ་མཚན་ཡིན་ལ་།སྤྲོ་བ་སྐྱེས་པ་ནི་ལས་སུ་བྱ་བ་ལའོ། །བསྐུལ་བར་བྱ་བའི་ཕྱིར་ཞེས་བྱ་བ་ནི་གཞུག་བར་བྱ་བའི ་ཕྱིར་རམ། སྤྲོག་བསྐྱེད་པར་བྱ་བའི་ཕྱིར་རོ། །བཙམ་པར་བྱ་ཞིང་ཞེས་བྱ་བ་ནི་སྤྲོ་བའི་མིང་ཅན་གྱི་ཡིད་ལ་བྱེད་པའི་བྱ་བས་འབྱུང་བར་བཅོམ་པར་བྱ་བ་ཡིན་ནོ། །དབྱུང་པར་བྱ་ཞེས་བྱ་བ་ནི་སྲེད་པས་སྦྱར་བའི་ཕོངས་གཟེ་བ་ལས་དབྱུང་བར་གྱིས་ཤིག་པ་ཡིན་ནོ། །བྱུང ་ནས་ཇི་ཞིག་བྱ་བ་ཡིན་ཏེ་ཞེ་ན་སྨྲས་པ། སངས་རྒྱས་བཅོམ་ལྡན་འདས་ཀྱི་བསྟན་པ་འཕགས་པའི་ལམ་ཡན་ལག་བརྒྱད་པའི་མཚན་ཉིད་ཅན་ལ་འཇུག་ཅིང་མངོན་པར་སྦྱར་བར་བྱ་བ་ཡིན་ནོ། །ཁོ་བོ་སྟེ་བདག་གི་འཆི་བའི་དགྲ་བོའི་སྡེ་གཞོམ་ཞིང་བཅོམ་པ? ་བྱ་བ་ཡིན་ཏེ། གང་གི་ཕྱིར་ཉོན་མོངས་པའི་མིང་ཅན་གྱི་ཉོན་མོངས་པའི་སྡེའི་དབང་གིས་བདག་འཆི་བདག་གི་སྡེས་ཡང་དང་ཡང་དུ་ཕམ་པར་འགྱུར་བའི་ཕྱིར་རོ། །ཅིའི་ཕྱིར་འཆི་བདག་སྡེ་ཕམ་པར་བྱ་བའི་ཕྱིར་སངས་རྒྱས་ཀྱི་བསྟན་པ་ལ་མངོན་པར་སྦྱོར་བར ་བྱ་བ་ཡིན་ཞེ་ན། སྨྲས་པ། གང་གི་ཕྱིར་གང་ཞིག་རབ་ཏུ་བག་ཡོད་པ་སྟེ་བག་མེད་པ་སྤངས་པས་ཆོས་འདུལ་བ་འདི་ལ་སྤྱོད་པར་འགྱུར་བའོ། །ཆོས་ནི་ཡང་དག་པའི་ལྟ་བ་དང། ཡང་དག་པའི་རྟོག་པ་དང། ཡང་དག་པའི་རྩོལ་བ་དང། ཡང་དག་པའི ་དྲན་པ་དང། ཡང་དག་པའི་ཏིང་ངེ་འཛིན་ཡིན་ལ། འདུལ་བ་ནི་ཡང་དག་པའི་ངག་དང། ཡང་དག་པའི་ལས་ཀྱི་མཛའ་དང། ཡང་དག་པའི་འཚོ་བ་ཡིན་ནོ། །སྐྱེ་བའི་འཁོར་བ་སྟེ་རྒྱུན་སྤངས་ནས་ཉེ་བར་ལེན་པའི་ཕུང་པོ་ལྔའི་མཚན་ཉིད་ཅན ་གྱི་སྡུག་བསྔལ་མཐར་བྱེད་པར་འགྱུར་བ་དེའི་ཕྱིར་སངས་རྒྱས་ཀྱི་བསྟན་པ་ལ་འཇུག་པར་བྱ་བ་ཡིན་ནོ། །ཇི་སྲིད་ཉི་མ་མ་ཤར་བ་ཞེས་བྱ་བ་ནི་ཇི་སྲིད་དུ་ཉི་མ་ཤར་བར་མ་གྱུར་པར་རོ། །དེ་སྲིད་སྲིན་བུ་མེ་ཁྱེར་སྣང་ཞེས་བྱ་བ་ནི་དེ་སྲིད་དུ་ཕྱོགས ་འགའ་ཞིག་གསལ་བར་བྱེད་པ་ཡིན་ནོ། །མཁའ་ལ་སྣང་བྱེད་འཆར་ན་ནི་ཞེས་བྱ་བ་ནི་གང་གིར་ཡང་མཁའ་སྟེ?་ནམ?་མཁལ?་སྤྲིན་ལ་སོགས་པའི་སྒྲིབ་པ་མེད་པའི་ཕྱིར་སྣང་བྱེད་ཤར་ཞིང་དེ་གནས་པར་གྱུར་པ་ནི་སྲིན་བུ་མེ?་འཁྱེར?་སྔོན་པོ་ཉིད་དུ་འགྱུར་རོ ་ཞེས་བྱ་བར་སྦྱར་རོ། །སྣང་བར་བྱེད་པས་ན་སྣང་བྱེད་ཡིན་ཏེ། མཉམ་པ་དང་མི་མཉམ་པ་རབ་ཏུ་སྣང་བར་བྱེད་ཅེས་བྱ་བའི་ཐ་ཚིག་གམ། གསལ་བར་བྱེད་པ་ཐམས་ཅད་ཟིལ་གྱིས་གནོན་པའི་སྒོ་ནས་གསལ་བར་བྱེད་པ ་ཡིན་པས་ན་སྣང་བྱེད་ཡིན་ནོ། །སྔོན་པོ་ཉིད་དུ་འགྱུར་བ་ནི་ནམ་མཁའ་ལ་འོད་ཟེར་སྟོང་དང་ལྡན་པ་ཅན་གནས་པར་གྱུར་པའི་ཚེ་སྲིན་བུ་མེ་ཁྱེར་འོད་མེད་པར་གྱུར་ཏེ། མངོན་པར་འདོད་པ་མ་ཡིན་པའི་ཁ་དོག་ཙམ་ལ་གནས་པའི་ཕྱིར་རོ། །འདིར་དེའི་རྒྱུ ་ནི་གང་གི་ཕྱིར་འོད་མེད་པ་དང། དེའི་སྔོན་བཞིན་དུ་འབར་བ་མ་ཡིན་པས་སོ། །དཔེ་བསྟན་ནས་དེ་བསྒྲུབ་པར་བྱ་བའི་ཕྱིར་སྨྲས་པ། སྣང་བར་གྱུར་ཅེས་བྱ་བ་ནི་སྣང་བར་བྱེད་པས་ན་སྣང་བ་སྟེ། དངོས་པོའི་རྐྱེན་ཡིན་པའི་ཕྱིར་རོ། །གྱུར་པ་ནི་རང་གི་གྲུབ ་པའི་མཛའ་ཙམ་གསལ་བར་བྱས་པར་ཅེས་བྱ་བའི་ཐ་ཚིག་གོ་།གང་དག་གིས་ཤེ་ན། རྫོགས་བྱེད་ལ་སོགས་པ་འཇིག་རྟེན་འདོད་གཞུང་རྟོག་པར་བྱེད་པའི་རྟོག་གེ་པ་དག་གིས་སོ། །གང་ཇི་སྲིད་ཅིག་ཏུ་ཞེ་ན། སྨྲས་པ། ཇི་སྲིད་དེ་བཞིན་གཤེགས ་པ་མེ་ཤར་བ་སྟེ་དུས་ཇི་སྲིད་དུ་སངས་རྒྱས་བཅོམ་ལྡན་འདས་འབྱུང་བར་མ་གྱུར་པར་རོ། །འཇིག་རྟེན་རྫོགས་སངས་རྒྱས་ཤར་བ་ཅེས་བྱ་བ་ནི་གང་གི་ཚེ་སངས་རྒྱས་བཅོམ་ལྡན་འདས་འཇིག་རྟེན་དུ་བྱུང་བས་གདུལ་བྱའི་འཇིག་རྟེན་གྱི་པདྨ་དང་ལྡན་པའི་ཕྱོགས ་དེ་ཉིད་དྲི་མ་མེད་པར་སྣང་བའི་སྒོ་ནས་རབ་ཏུ་གསལ་བར་བྱས་པ་འམ། རབ་ཏུ་སད་པར་བྱས་པ་ཡིན་ནོ། །རྟོགས་ཅེ་ན་ཉན་ཐོས་བཅས་མི་སྣང་ཞེས་བྱ་བ་ནི་མང་པོ་དེ་དག་ལས་འགའ་ཞིག་ཀྱང་མཛེས་པར་གྱུར་པ་མ་ཡིན་ཏེ། ཉན་ཐོས་འདི་དང ་རྟོག་གེ་ལ་འདིའི་ཚིག་གི་རྗེས་སུ་འབྲང་བར་འགྱུར་རོ། །དགེ་སློང་དག་མཚན་མ་བཟུང་ཤིང་ཅེས་བྱ་བ་ནི་ཡང་དང་ཡང་དུ་བསྒོམ་པར་བྱ་བའི་ཕྱིར་མཚན་མ་ཡིད་ལ་གྱིས་ཤིག་ཅེས་བྱ་བ་ཡིན་ནོ། །མི་སྣང་བར་གྱུར་ཏོ་ཞེས་བྱ་བ་ནི་བཅའ་བའི ་སྤངས་པ་མཛད་པའི་སྒོ་ནས་བསྐྱོད་པ་མཛད་པ་ཡིན་ནོ། །ཅང་མི་སྨྲ་བ་ཞེས་བྱ་བ་ལ་སོགས་པ་ལ། ཤིན་ཏུ་ཞུ་མ་པའི་ཕྱིར་ཅུང་ཟད་ཞིག་ཀྱང་སྨྲ་བའི་ནུས་པ་མེད་པ་དེ་བས་ན་ཅང་མི་སྨྲ་བ་ཡིན་ནོ། །ངོ་ཚ་དང་ཇི་ལྟར་བྱ་བ་ལ་སྨོངས་པར་གྱུར་པའི་ཕྱིར་བག་འཁུམས ་པར་གྱུར་པ་ཡིན་ནོ། །ཕྲག་པ་ཕབ་པ་ཞེས་བྱ་བ་ནི་ཤིན་ཏུ་ངོ་ཚ་བས་ཕྲག་པའི་ཕྱོགས་འཕྱངས་པར་གྱུར་པ་ཡིན་ནོ། །གདོད་སྨད་པ་ཞེས་བྱ་བ་ནི་མགོ་ཐུར་དུ་ལྟས་པ་ཡིན་ནོ། །སྤོབས་པ་མེད་པ་ཞེས་བྱ་བ་ནི་ལན་ལྡོན་པ་ཙམ་གྱིས་ནུས་པ་མེད་པ་ཡིན་ནོ། །ཤིན་ཏུ ་སེམས་ཤིང་ཞེས་བྱ་བ་ནི་བྲོས་པའི་ཐབས་སེམས་པར་གྱུར་པ་ཡིན་ནོ། །ཀུན་ཏུ་བཀྲད་པར་བྱའོ་ཞེས་བྱ་བ་ནི་ཆེར་བསྐྲད་པ་འབྱེར་བར་འགྱུར་བར་བྱ་བར་རོ། །སྐྲག་པ་ནི་རྣམ་པར་འཁྲུགས་པའི་སྒོ་ནས་འཇིགས་པར་བྱེད་པ་ཡིན་ནོ། །འདུན་ཁང་ཞེས་བྱ་བ་ནི་ཁྱིམ ་པའི་ལུས་ཀྱི་ཚད་ལ་སོགས་པའོ། །བཅོམ་ལྡན་འདས་ཀྱིས་ནི་ཇི་ལྟར་བཅོམ་ལྡན་འདས་ཀྱི་ཆོ་འཕྲུལ་གྱི་འདུན་ཁང་དང་སྐྱེ་བོ་ཆེན་པོའི་ཚོགས་ཅུང་ཞིག་ཀྱང་འགྱུར་བ་མེད་པ་དེ་ལྟར་བྱིན་གྱིས་བརླབས་པ་ཡིན་ནོ། །རི་བོ་དང་ནི་ནགས་དག་དང་ཞེས་བྱ་བ་ལ་སོགས ་པ་ལ། སྐྱབས་ཀྱིས་སྟོབས་ལས་དྲི་མ་མེད་པའི་ཡོན་ཏན་རྙེད་པར་འགྱུར་བའི་ཕྱིར་དེ་ཉིད་མང་ཞིག་ཅེས་སྨོས་པ་ཡིན་ནོ། །ཆོ་འཕྲུལ་ཆེན་པོ་བསྟན་པ་ལས། མུ་སྟེགས་བྱེད་འགའ་ཞིག་ནི་རི་བོ་དང། གཞན་དག་ནགས་དང། ཀུན་དགའ་ར་བ་དང། ལྷའི་ཁང་པ ་དང། ཤིང་དྲུང་དག་ཏུ་གནས་པ་དེ་མཐོང་ནས་ཚིགས་སུ་བཅད་པ་ལྔ་པོ་དེ་དག་བྱུང་བ་ཡིན་ནོ། །མང་པོ་ནི་དུ་མ་ཡིན་ལ་སྐྱབས་སུ་སོང་བར་གྱུར་པ་ནི་རྟེན་འཛིན་པར་གྱུར་པ་ཡིན་ནོ། །རི་བོ་ནི་ཁ་བ་ཅན་ལ་སོགས་པ་ལ་ས་འཛིན་ནོ། །ནགས་ནི་ཤིང་ཐིབས་པོ་དག་ཡིན་ནོ། །ཀུན ་དགའ་ར་བ་ནི་ཁྱིམ་དང་ཉེ་བའི་ནགས་ལ་སོགས་པ་ཡིན་ནོ། །མཆོད་རྟེན་དང་ཤིང་དྲུང་ཞེས་བྱ་བ་ལ་མཆོད་རྟེན་ནི་ལྷའི་ཁང་པ་སོ་ཕག་ལ་སོགས་པ་བསགས་པ་ཉིད་ཡིན་པའི་ཕྱིར་རོ། །ཤིང་ནི་ཤིང་གི་དབྱིབས་ལ་སོགས་པ་དང ་ལྡན་པའམ། སོ་ཕག་ལ་སོགས་པ་བསགས་པའི་གོང?་དུའི་ཚུལ་དུ་གང་གིས་རྩ་བའི་ཕྱོགས་ཤིང་གི་དབྱིབས་སུ་ཡོད་པ་དེ་ནི་མཆོད་རྟེན་ཤིང་ཞེས་བྱ་བ་ཡིན་ནོ། །དེ་དག་ལ་སྐྱབས་སུ་འགྲོ་བ་གང་དག་ཡིན་ཞེ་ན། སྨྲས་པ། མི་དག་འཇིགས་པས ་བསྡིགས་པ་སྟེ། མུ་སྟེགས་བྱེད་ལ་སོགས་པ་འདི་གསལ?་པས་བའི?་མ?་པར་གྱུར་པ་དག་ཡིན་ནོ། །དེ་དག་སྐྱབས་ཀྱི་མཆོག་མ་ཡིན་ཏེ། དེ་དག་མངོན་པར་འདོད་པའི་རི་ལ་སོགས་པ་ཉེ་བའི་རྟེན་དག་ནི་ངན་སོང་དག་ལས་སྐྱོབ་པ་ཉིད་དུ་ནུས་པ་ཉིད་མ་ཡིན་པའི་ཕྱིར ་དམ་པའི་སྐྱབས་ནི་དེ་མ་ཡིན་ཏེ། དེ་དག་གི་ཉེ་བའི་རྟེན་གྱིས་འཁོར་བ་ཡོངས་སུ་སྤོང་བ་ཉིད་དུ་མི་ནུས་པ་ཉིད་ཀྱི་ཕྱིར་རོ། །འདི་ལྟར་སྐྱབས་དེ་དག་ནི་ཐོབ་གྱུར་པས། །སྡུག་བསྔལ་ཀུན་ལས་ཐ་མི་འགྱུར། ཞེས་བྱ་བ་དེ་དག་ནི་གསལ་བས་མ་བཤད་དོ། །དེ་ལྟར་སྐྱབས ་གང་ཡིན་ཞེ་ན། གང་གིས་སངས་རྒྱས་རྣམས་དང་ཞེས་བྱ་བ་ལས་སོགས་པ་སྨོས་པ་ཡིན་ཏེ། སངས་རྒྱས་ནི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ལ་སོགས་པ་ཡོན་ཏན་གྱི་ཕུང་པོ་ཅན་ཡིན་ནོ། །ཆོས་ནི་དོན་དམ་པའི་ཆོས་ཉིད་ཡིན་པའི་ཕྱིར་མྱ་ངན ་ལས་འདས་པ་ཡིན་ཏེ། དགོས་པའི་གཙོ་བོ་ཉིད་ཡིན་པའི་ཕྱིར་རོ། །དགེ་འདུན་ནི་ཉན་ཐོས་ཀྱི་རྒྱུད་ལ་གནས་པའི་འཕགས་པའི་ལམ་ཡིན་ནོ། །དེ་དག་ལས་འགའ་ཞིག་ལ་སྐྱབས་སུ་སོང་ན་ཡང་གསུམ་ལ་སྐྱབས་སུ་སོང་བ་མ་ཡིན་ནོ་ཞེས་བསྟན་པར་བྱ་བའི་ཕྱིར་དང ་སྒྲ་གསུམ་ཆར་ལ་གསུངས་པ་ཡིན་ནོ། །དེ་དག་ཕན་ཚུན་ཐ་དད་པ་ཡིན་པའི་ཕྱིར་དེ་ཙམ་གྱི་སྐྱབས་སུ་སོང་བ་ནི་མ་ཡིན་གྱི། འོན་ཀྱང་རྟོགས་ནས་དད?་པ་རྙེད་པ་ལས་ཡིན་ཏེ། དེ་ཡང་བདེན་པ་མཐོབ་པ་ལས་འགྱུར་བའི་ཕྱིར་འཕགས་པའི་བདེན་པ ་བཞི་པོ་ལ་སྨོས་པ་ཡིན་ནོ། །ཤེས་རབ་སྟེ་ཟག་པ་མེད་པའི་ཤེས་རབ་ཀྱིས་སོ། །བདེན་པའི་མིང་བརྗོད་པར་བྱ་བའི་ཕྱིར། སྡུག་བསྔལ་སྡུག་བསྔལ་ཀུན་འབྱུང་དང། ཞེས་སྨོས་པ་ཡིན་ཏེ། ཤེས་རབ་ཀྱིས་ནི་མཐོང་གྱུར་པ། ཞེས་བྱ་བ་རྗེས་སུ་འཇུག་པ་ཡིན་ནོ།། ་ཡན་ལག་བརྒྱད་ཅེས་བྱ་བ་ལ་ཡན་ལག་ནི་ཆ་ཡིན་ཏེ། ཡན་ལག་བརྒྱད་གང་ཡོད་པ་སྟེ། ཚོགས་པ་ཡན་ལག་དང་ལྡན་པ་ཡིན་ཏེ། ཡན་ལག་དྲུག་དང་ལྡན་པའི་ཕྱེ་མ་ལྟ་བུའོ། །ལས?་ཇི་ལྟ་བུ་གྱུར་པ་ཤེས་རབ་ཀྱིས་མཐོང་བ་ཡིན་ཞེ་ན། སྨྲས་པ། འཇིགས་པ་མེད་པའི་གནས་ཐོབ་པར་བྱེད ་པ་ཉིད་ཡིན་པའི་ཕྱིར་བདེ་བ་ཡིན་ནོ། །དེ་དག་ཁོ་ན་ལ་མྱ་ངན་ལས་འདས་འགྲོ་བ་ཞེས་སྨོས་ཏེ། མྱ་ངན་ལས་འདས་པ་ཐོབ་པར་བྱེད་པ་ཡིན་ནོ། །སྔར་བཤད་པ་དེ་དག་ཁས་བླངས་པའི་ཚུལ་གྱིས་ལམ་མངོན་སུམ་དུ་བྱེད་པ་དང། དེ་དག་ཉིད་སྐྱབས་ཀྱི་མཆོག ་ཡིན་པ་དང། སྐྱབས་ཀྱི་མཆོག་ཡིན་པ་དེ་དག་ལ་བརྟེན་པས། སྡུག་བསྔལ་མ་ལུས་པ་བསལ་བར་འགྱུར་བའི་ཕྱིར་རོ། །དེའི་བྱིན་བརླབས་ལས་ཞེས་བྱ་བ་ནི་ཆོ་འཕྲུལ་ཆེན་པོའི་གནས་ལས་སོ། །ཁྱད་པར་ཆེན་པོ་ཁོང་དུ་ཆུད་དེ་ཞེས་བྱ་བ་ལ་སོགས་པའི་ཚིག་གི ་དོན་གྱི་རྣམ་པར་བཤད་པ་ནི་སྔ་མ་བཞིན་བལྟ་བར་བྱའོ། །འཇིག་རྟེན་འདི་རྟག་ཅེས་བྱ་བ་ནི་འཇིག་རྟེན་འགྱུར་བ་མེད་པས་བརྟག་པ་ཡིན་ནོ། །མི་རྟག་པ་ཞེས་བྱ་བ་ནི་འཕགས་པའི་ལམ་མེད་པ་རྒྱུན་ཆད་པར་གྱུར་པ་ཡིན་ནོ། །རྟག་པ་ཉིད་ཀྱང་མ་ཡིན་ཞེས་བྱ་བ ་ནི་གཅིག་ཏུ་རྟག་པ་ཉིད་མ་ཡིན་པ་སྟེ། མུ་སྟེགས་བྱེད་ཀྱིས་ཀུན་ཏུ་བསྟགས་པའི་སྐྱེ་གནས་ལས་སྐྱེས་ནས་དེས?་ཀུན་ཏུ་བརྟགས་པའི་བདེ་པ་དང་སྡུག་བསྔལ་ཉམས་སུ་མྱོང་ཞིང་འཁོར་བའི་མཐར་བྱེད་པ་ཡིན་པའི་ཕྱིར་རོ། །མི་རྟག་པ་ཡང་མ་ཡིན་ཞེས་བྱ་བ་ནི་གཅིག་ཏུ་མི་རྟག་པ ་ཉིད་མ་ཡིན་པ་སྟེ། འཁོར་བ་ལ་ཡུན་རིང་དུ་འཁོར་བར་བྱེད་པ་ཡིན་པའི་ཕྱིར་རོ། །དེ་རྟག་པ་དང་མི་རྟག་པ་ཞེས་བྱ་བ་ལ། གང་དག་གཞན་གྱིས་བཅམ?་པའི་སྒོ་ནས་འཆི་བ་མེད་པ་དེ་དག་ནི་རྟག་པ་ཉིད་ཡིན་ནོ། །གང་དག་ཡོད་པ་དེ་དག་ནི་མི་རྟག་པ་ཉིད་ཡིན་ནོ།། ་མཛའ་དང་ལྡན་པ་ཞེས་བྱ་བ་ནི་མུ་སྟེགས་བྱེད་ཀྱིས་ཀུན་ཏུ་བརྟགས་པའི་བདེ་བ་དང་སྡུག་བསྔལ་ཉམས་སུ་མྱོང་ནས་འཇིག་པའི་ཕྱིར་རོ། །མཛའ་དང་མི་ལྡན་པ་ཞེས་བྱ་བ་ནི་བདེ་བ་དང་སྡུག་བསྔལ་ཉམས་སུ་མྱོང་བ་མང་པ་ཉིད་ཀྱི་ཕྱིར་དང། ཡུན་རིང་དུ་གནས་པ་ཡིན? ་པའི་ཕྱིར་རོ། །མཛའ་དང་ལྡན་པ་དང་མི་ལྡན་པ་ཞེས་བྱ་བ་ནི་ཕ་རོལ་བཅོམ་པའི་འཆི་བ་མཛའ་དང་ལྡན་པ་ཡིན་ལ། ཕ་རོལ་གྱི་བཅོམ་པ་འཆི་བ་མེད་པ་ནི་མཛའ་དང་ལྡན་པ་ཡིན་ནོ། །མཛའ་དང་ལྡན་པ་ཡང་མ་ཡིན་ལ་མཛའ་ ་དང་མི་ལྡན་པ་ཡང་མ་ཡིན་ནོ། །ཞེས་བྱ་བ་ལ་གཅིག་ཏུ་མཛའ་དང་ལྡན་པ་མ་ཡིན་པ་སྟེ། འཁོར་བའི་དུས?་རིང་པ་ཉིད་ཀྱི་ཕྱིར་རོ། །མཛའ་དང་མི་ལྡན་པ་ཡང་མ་ཡིན་ཏེ། གདོན་མི་ཟ་བར་ཆད་པའི་ཕྱིར་རོ། །སྲོག་གང་ཡིན་པ་དེ་ཞེས་བྱ་བ་ལ་སོགས་པ་ལ། སྲོག་ནི་འདིར་བདག་ལ་འདོད་པ ་ཡིན་ནོ། །བདག་འདིར་ཞེས་བྱ་བ་ལ་སོགས་པ་ལ། བདག་ཀྱང་བདག་ཉིད་དུ་འདོད་པ་ཡིན་ནོ། །མེད?་ཅེས་བྱ་བ་ནི་དུས་ཅུང་ཞིག་གནས་པ་ཡིན་པའི་ཕྱིར་རོ། །མེད་ཅེས་བྱ་བ་ནི་དུས་ཅུང་ཟད་གནས་ནས་ཡང་མེད་པ་ཡིན་ནོ། །ཡོད་པ་ཉིད་ཀྱང་མ་ཡིན་ཞེས་བྱ་བ་ནི་གཅིག་ཏུ་ཡོད་པ་མ་ཡིན་ཏེ ་ཆད་པ་ཡིན་པའི་ཕྱིར་རོ། །མེད་པ་ཡང་མ་ཡིན་ཏེ། གཅིག་ཏུ་མེད་པ་མ་ཡིན་པས་ན་གནས་སྐབས་གཞན་དག་ཀྱང་སྲིད་པ་ཡིན་པའི་ཕྱིར་རོ། །འདི་ཉིད་བདེན་གྱི་ཞེས་བྱ་བ་ནི་དོན་དམ་པར་རོ། །གཞན་ནི་གཏི་མུག་ཅེས་བྱ་བ་ནི་གཞན་གྱི་གཞུང་རྫུན་པའོ། །དྲག་ཏུ་སོང་ངོ་ཞེས་བྱ་བ་ནི ་མགྱོགས?་བར་སོང་བ་ཡིན་ནོ། །རྭ་ལས་གྱུར་པའི་དྲེགས་པ་ནི་རྭའི?་དྲེགས་པ་ཡིན་ཏེ། རྭའི་དྲེགས་པ་ཆགས་པ་གང་ལ་ཡོད་པ་དེ་ནི་རྭའི་དྲེགས་ལ་ཆགས་པ་འདྲ་བ་སྟེ། ཁྱོད་དེ་དང་འདྲ་བར་རོ། །སྐྱ་བོ་བསེད?་བསེད་པ་ཞེས་བྱ་བ་ནི་གཟི་དང་བྲལ་ཞིང་མདངས་མེད་པར་གྱུར་བའོ། །ཤཱཀྱ་ནི་བཅོམ་ལྡན་འདས་ཡིན་ལ། དེའི ་ཆོས་ནི་བསྟན་པའི་ཆོས་སམ། དམ་པའི་ཆོས་དེ་མ་ཤེས་སོ། །དེ?་ཚེ?་ཡོན་ཏན་ཐམས་ཅད་ཀྱི་རྩ་བར་གྱུར་པ་དེ་མེད་པ་གང་ཡིན་པ་དེ་ནི་འཛེམ?་མེད་ཡིན་ནོ། །ཀྱེ?་འཛེམ་མེད་བོང?་བུ་བཞིན་དུ་ཞེས་བྱ་བ་ནི་བོང་དུ་ཇི་ལྟ་བ་དེ་བཞིན་དུ་ཁྱོད་འཁྱམ་པ་སྟེ་རྒྱུ་བར་འགྱུར་བ་ཡིན་ནོ། །བདག་གི་མདུན་འདུག་ཁྱོད་ནི་བདུད ་དུ་ངེས་ཞེས་བྱ་བ་ལ་སོགས་པ་ལ། གང་གི་ཕྱིར་བདག་གི་མདུན་དུ་འདུག་པའི་འཆི་བདག་ཅེས?་བར་ཏོག་དོན?་མི་ཟ་བར་ལྷག་མའི་དེ་མཐ་ཐག་ཏུ་གྱུར་པ་ཡིན་བས་ན་ཁོ་བོ་འཆི་བའི་ཕྱིར་ཡང་དག་པར་གནས་པར་གྱུར་པ་ཡིན་ནོ། །མཐུ?་ནི་ལུས་ཀྱི་སྟོབས་ཡིན?་ལ་བརྩོན་པ་ནི་སྤྲོ་བ་ཡིན་ནོ། །དངོས་པོ་ཀུན་ལ་ཞེས་བྱ་བ ་ལ་སོགས་པ་ལ། འབའ་ཞིག་འདུས་བྱས་ཀྱི་དངོས་པོར་གྱུར་པ་གང་ཡིན་པ་དེ་དག་ཐམས་ཅད་ཉིད་སྐྱིད་སྡུག་གི་སྐལ་བ་ཅན་ཡིན་ལ། བདག་གི་ཀྱང་བདེ་བ་དང་སྡུག་བསྔལ་ཉམས་སུ་མྱོང་ནས། ད་ནི་སྡུག་བསྔལ་ལས་གྲོལ་བ་ཡིན་ནོ། །བདེ་བའི་ཕྱིར་ནི་ཐར་པའི་ཕྱིར་འགྲོ་བ་ཡིན་ནོ།། ་གཟེར་ཏེ་འོད་ཟེར་རབ་ཏུ་ཚ་བས་སོ། །དེ་གང་གི་འོད་ཟེར་ཡིན་ཞེ་ན། ཉི་མ་ཞེས་སྨོས་པ་ཡིན་ནོ། །མི་སྲུན་པ་ནི་སེམས་རབ་ཏུ་རྩུབ་པ་ཡིན་ལ། དེ་སྤངས་པ་སྟེ་ཡོངས་སུ་བཏང་ནས་རྫིང་བུ་དེ་དག་ན་ཡོད་པ་དེ་མྱུར་དུ་སྟོན་ཅིག་ཅེས་བྱ་བ་ཡིན་ནོ། །ཆུ་གཙང་བ་ནི་ཆུ་ཡོངས་སུ་དག་པ་ཡིན ་ལ། བསིལ་བ་ཉིད་ཀྱི་ཕྱིར་གངས་ཀྱི་ཆུ་ལྟ་བུའོ། །ཆུ་ལ་གནས་པ་ནི་དང་པ་ཡིན་ལ། པདྨ་ནི་མེ་ཏོག་ཡིན་ཏེ། པདྨ་དང་ལྡན་པ་ནི་པདྨ་ཅན་ཡིན་ནོ། །རབ་ཏུ་གཙན་བ་ནི་ཤིན་ཏུ་གཙང་བའོ། །ཀྱེ་སྐྱེས་བུ་ཐ་མ། ཀྱེ་སྐྱེས་བུ་སྡིག་ཅན། ཀྱེ་སྐྱེས་བུ་བདེན་པ་མེད་པས་སོ། །མ་ནིང ་ཉིད་ཡིན་པའི་ཕྱིར་ཕོ་མིན་པ་ཡིན་ལ། སྐྱེས་པའི་གཟུགས་ཡོད་པ་ཉིད་ཀྱི་སྤྱིར་སྐྱེས་པའི་ཆུང་??་ཡིན་ནོ། །རྣམ་པ་སྣ་ཚོགས་སུ་སྟོན་པ་ཞེས་བྱ་བ་ནི་ཕན་ཚུན་འགལ་བར་ལུང་འཕོགས?་པའི་ཕྱིར་རོ། །ཆོས་ཀྱི་གོས་ཀྱིས་གཡོགས་པ་ཅན་ཞེས་བྱ་བ་ནི་ཆོས་ཀྱི་རང་བཞིན་ཅན་གྱི་གོས་ཀྱིས ་གཡོགས་པར་གྱུར་པའོ། །གཟར་བུ་གཟིག་གི་ཟས་ཡོངས་སུ་ལོངས་སྤྱོད་པའི་བརྟུལ་ཞུགས་ཡོད་པ་ཉིད་ཀྱི་ཕྱིར་གཟར་བུའི་ཟས་ཀྱི་བརྟུལ་ཞུགས་ཅན་ཞེས་བྱ་བ་འམ། བསོད་སྙོམས་ལ་ཞུགས་ནས་ཇི་ལྟ་བ་བཞིན་དུ་རྙེད་པའི་བསོད་སྙོམས་སྦྱིན་བདག ་གི་མངོན་སུམ་དུ་སོང་བཞིན་དུ་ལག་པ་ཁོ་ན་ཟ་བར་བྱེད་པའི་ཕྱིར་གཟར་བུ་ཟས་ཀྱི་བརྟུལ་ཞུགས་ཅན་ཡིན་ནོ། །དེ་ནི་སོང་ཞེས་བྱ་བ་ནི་སྤྱིར་རིམ་པ་བཞིན་ངན་འགྲོ་གསུམ་དུ་ངེས་པ་ཡིན་ནོ། །ད་ལྟར་ནི་དམྱལ་བ་པར་དེས་པ་ཉིད་ཡིན་པའི་ཕྱིར་སེམས་ཅན ་དམྱལ་བ་བ་ཡིན་ནོ། །རྒྱུ་བར་བྱེད་པས་ན་ངན་འགྲོ་བ་སྟེ་འགྲོ་བར་བྱེད་པ་ཡིན་ལ། བསོད་སྙོམས་ལ་ལག་པ་འཕྱང་བ་སྟེ། ལག་པ་བརྒྱང་བས་འགྲོ་བར་བྱེད་པས་ན་ལག་པ་འཕྱང་ཞིང་འགྲོ་བ་ཅན་ཡིན་ནོ། །རྐང་ལག་སྐྱ་བོར་གྱུར་པ་ཡིས་ཉེ་བར་མཚོན་པས་ཆུ་ཡིས་གཡེངས ་པར་གྱུར་པ་ཡིན་ནོ། །དེ་ནི་ཆོས་སྤྱོད་ཅེས་བྱ་བ་ནི་ཆོས་བྱེད་པའོ། །འདིས་མཚོན་པར་བྱེད་པ་ཡིན་པས་ན་མཚན་ཏེ་སྐྱེས་པའི་དབང་པོ་ཡིན་ལ། མཚན་དེའི་མཚན་ཉིད་ཀུན་ནས་སྐྱེས་ཡིན་ཏེ། དེ་སྐྱེས་པ་གང་ལ་ཡོད་པ་དེ་ནི་སྐྱེས་པའི་མཚན ་དང་མཚན་ཉིད་ཅན་ཡིན་ནོ། །གནས་སྐབས་ནི་འདི་སྐྱེས་བུའི་དབང་པོ་བྱིན་གྱིས་བརླབས་པ་ལ་བྱའོ། །མདེའུ་སྤུ་གྲིའི་ཁའི་རྣམ་པ་ཅན་ཡངས་པ་མདའི་རྣམ་པ་ནི་མདའི་མདེའུ་ཁ་ཡིན་ནོ། །བཅད་པ་ནི་དུམ་བུར་བྱས་པ་ཡིན་ནོ། །འདི་ཉིད་ཁོ་ན་བདེན་པ་སྟེ། ་གང་སྔར་ཤི་བར་གྱུར་པ་དེ་ཁོ་ན་ཉིད་དོ་ཅེས་རིག་ནས་དེ་དག་ཀྱང་དེ་བཞིན་དུ་དུས་ལས་འདས་པར་གྱུར་པ་ཡིན་ནོ། །མིའི་ཆོས་ལས་བླ་མར་གྱུར་པའི་ཡུལ་ལ་མུ་སྟེགས་ཅན་དག་གིས་འགྲན་པ་སྟེ་རྩོད་པར་གྱུར་པ་ལས་སོ། །མུ་སྟེགས་ཅན་ཐམས ་ཅད་བཅོམ་པར་བྱས་ཞེས་བྱ་བ་ནི་བརྩོན་པ་བཅོམ་པ་ཉིད་ཀྱི་ཕྱིར་རོ། །རབ་ཏུ་ཕམ་པར་བྱས་ཞེས་བྱ་བ་ནི་ཕ་རོལ་གནོན་པ་བཤིག་པ་ཡིན་པའི་ཕྱིར་རོ། །རྒྱབ་ཀྱིས་ཕྱོགས་པར་བྱས་ཞེས་བྱ་བ་ནི་རབ་ཏུ་བྲོས་པར་བྱེད་པ་ལ་གཞོལ་བར་བསྒྲུབས ་པ་ཡིན་ནོ། །སྤ་བཀོད་བར་གྱུར་པ་ཞེས་བྱ་བ་ནི་ལན་གླན་པ་མེད་པར་བྱས་པར་གྱུར་པ་ཡིན་ནོ། །བསོད་སྙོམས་བདེ་བར་རྙེད་པ་ནི་ལོ་ལེགས་པ་ཡིན་ནོ། །ངེས་པར་སྐྱེས་པ་ཞེས་བྱ་བ་ནི་ལེགས་པར་བྱེད་པར་སྐྱེས་པ་ཡིན་ནོ། བྱ་བ་ཐམས་ཅད་ལ་སྤྲོ་བ ་དང་བཅས་པ་ཉིད་ཀྱི་ཕྱིར་དཔའ་བོ་ཡིན་ནོ། བདག་བཅོམ་པ་མེད་པར་བྱ་བ་ལ་འཇུག་པ་ནི་བརྟུལ་ཕོད་པ་ཡིན་ནོ། །དྲག་པ་ཉིད་ཀྱི་ཕྱིར་གཏུམ་པ་ཡིན་ལ། བྱ་བ་བྱེད་པར་ནུས་པ་ཉིད་ཀྱི་ཕྱིར་རྣམ་པར་གནོན་པ་དང་ལྡན་པར་གྱུར་པ་ཡིན་ནོ། །མི་དགྱེས ་པ་ཞེས་བྱ་བ་ཀྱེ་མའོ་རྒྱལ་མོ་འདི་བཀའ་སྒྲུབ་པར་བྱེད་དམ་ཞེས་དེ་སྙམ་དུ་མི་དགྱེས་པར་གྱུར་པའོ། །གདུངས་པར་གྱུར་པ་ནི་དེའི་རྒྱུ་མཚན་གྱིས་གདུངས་པ་ཉམས་སུ་མྱོང་བར་གྱུར་པའོ། །དེ་སྨྲས་པ། ཕྱིན་ཅི་ལོག་ཏུ་བཟུང་བའི་ཕྱིར་མི་ཉན་པ་ཡིན་ནོ། ་ཆུང་བ་ཞེས་བྱ་བ་ནི་འདི་ནུས་པ་ཆུང་བ་འམ་བློ་ཆུང་བར་གྱུར་པའོ། །མ་བརྙོངས་ཤིག་ཅིག་ཅེས་བྱ་བ་ནི་ཡིད་ཆེས་པར་རམ། ལས་སུ་བྱ་བ་མེད་པར་རོ། །བུ་མོ་ལས་སྐྱེས་པའི་བུ་ནི་བུ་མོའི་བུའོ། །སྒྲིན་པ་ནི་སྐྱེས་བུ་ཐམས་ཅད་ཀྱི་གནས་སྟོན་པ་ལ་མཁས་པ་ཉིད་དོ། ་རྩོམ་པ་དང་ལྡན་པ་ཞེས་བྱ་བ་ནི་རྒྱལ་པོ་ལ་མཁོ་བ་འམ། ཡོན་ཏན་དག་ལ་འབྲང་པ་དང་ལྡན་པའོ། །མཐུན་པར་སྐྱེས་པ་ཞེས་བྱ་བ་ནི་བདག་གི་བྱ་བ་དང་ངོ། །ཡང་ན་མཐུན་པར་སྐྱེས་པ་ནི་མཛེས་པར་གྱུར་པ་ཡིན་ནོ། །མོ་གཤམ་ནི་འདིར་སྐྱེ་བའི་ཆོས་ཅན་མེད ་པ་ཡིན་ནོ། །སྐུ་མ་ཉོ་ནི་སྐུ་བྱུག་ལ་སོགས་པ་བྱས་པ་ཡིན་ནོ། །འཇིགས་པ་ནི་དོན་མེད་པར་འགྱུར་བའི་དོགས་པ་སྐྱེས་པ་ཡིན་ནོ། །སྐྲག་པ་ནི་ཆེས་སྡངས་པ་དང་ལྡན་པ་ཡིན་ནོ། །སེམས་མི་དགའ་བ་ནི་སྐྱོ་བ་དང་བཅས་པ་ཡིན་ནོ། །བདེ་བ་ཞེས་བྱ་བ་ནི་སྐྱེ་བོ་ཐམས ་མངོན་པར་བྱ་བར་རོ། །བསྔགས་པ་ཞེས་བྱ་བ་ནི་འཇིག་རྟེན་མ་ལུས་པ་མངོན་པར་འདོད་པའོ། །སྡུག་བསྔལ་བཞིན་དུ་སྨྲེ་བ་ཞེས་བྱ་བ་ནི་རང་གི་སེམས་ཀྱི་སྐྱོ་བསྒྲོག་པར་བྱེད་པ་ཡིན་ནོ། །བརྒྱལ་བ་ནི་ཁྱབ་པར་གྱུར་པའོ། །འདི་ལ་ཉལ་བས་ན་མལ་སྟན་ཡིན ་ལ། སྐྱེས་བུ་ཆེན་པོ་ལ་འོས་པ་ཡིན་པས་ན་ཆེན་པོ་ལ་འོས་པའོ། །རྩའི་རྣམ་པ་ལས་བྱས་པའི་གོས་ནི་དུ་གུ་ལའི་གོས་ཡིན་ཏེ། གཙང་བ་དང་ཡང་བ་བགོས་ན་རང་གི་འདོད་པའི་ལྷ་མཆོད་པ་སྒྲུབ་པར་བྱེད་པ་ཡིན་པ་དེའི་ཕྱིར་དེ་ཡང་མལ་གྱི་གམ་དུ ་བཞག་པར་འོས་པ་རིགས་པ་ཡིན་གྱི། ཆེན་པོ་ལ་འོས་པ་ནི་མ་ཡིན་ནོ། །བཏིང་བས་ཉེ་བར་མཛེས་པ་ཞེས་བྱ་བ་ནི་ཆེན་པོ་ལ་འོས་པའི་གོས་རྣམ་པ་སྣ་ཚོགས་ཀྱིས་གཡོགས་པར་གྱུར་པས་སོ། །གོས་གཅིག་པར་ཞེས་བྱ་བ་ནི་ས་ཕྱོགས་གོས་ཀྱིས ་ཆོད་པར་རོ། །མདངས་ཅན་ཞེས་བྱ་བ་ལ། མདངས་ནི་འདིར་དྲེགས་པའི་རྣམ་གྲངས་ཡིན་ཏེ། དྲེགས་པ་དང་བཅས་པའི་ལུས་ཀྱིས་ཞེས་བྱ་བའི་བར་དུའོ། །ཐག་པ་ནི་ཤིང་རྟ་དང་ཁྱེགས?་ལ་སོགས་པ་ཡིན་ནོ། །གཞོན་པ་ནི་གླང་པོ་ཆེ་ལ་སོགས་པ ་ཡིན་ནོ། །རྒྱལ་པོ་བཞིན་དུ་ཞེས་བྱ་བ་ནི་རྒྱལ་པོ་ལ་རུང་བ་ཡིན་ནོ། །འཇིག་རྟེན་ཐོབ་ནས་ཞེས་བྱ་བ་ནི་ཁྱེད་ཀྱིས་འཇིག་རྟེན་ཐོབ་པ་སྟེ། གྲུབ་པར་གྱུར་པ་དེའི་ཚེ་སྐྱེ་དགུ་མང་པོ་སྐྱེ་པོའི་ཚོགས་ཀྱིས་ཐལ་མོ་སྦྱར་ནས་མཆོད་པ ་ཡིན་ནོ། །བྱེད་པར་གྱུར་པ་གང་དག་གིས་ཤེ་ན། རྔ་སྒྲ་དྲག་པོ་དང། སླུ་དབྱངས་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ནོ། །མིའི་དབང་པོའི་དབང་གི་རྗེས་འགྲོ་བ། ཞེས་བྱ་བ་ནི་རྒྱལ་རིགས་ཀྱི་དབང་དེས་ཐོབ་པའི་མཚན་ཉིད་འདི་ཡིན་ཏེ། འདི་ལྟར་བདེ་བར་གྱུར ་པ་དེས་དགའ་བར་མི་བྱ་བ་དང། སྡུག་བསྔལ་ལ་ནང་དུ་སེམས་པས་གདུང་བར་མི་བྱ་བ་ཡིན་ནོ། །བརྟན་པ་ཞེས་བྱ་བ་ལ་སོགས་པ་ལ། རུས་པ་དང་ཚིགས་ལགས་པར་འབྲེལ་པས་རྗེས་སུ་ཞུགས་པའི་ཕྱིར་བརྟན་པ་ཡིན་ནོ། །ཕ་རོལ་པོ་ལ་ཆེར་བསྣུན་པ་ཉིད་ཀྱི་ཕྱིར ་མཁྲང་བ་ཡིན་ནོ། །ཤ་ཀུན་ནས་བསགས་པ་ཉིད་ཀྱིས་ཕྱིར་ལེགས་པར་འབྲེལ་པ་ཡིན་ནོ། །འདི་ལྟ་བུ་སུ་ཞིག་ཅེས་བྱ་བ་ནི་ཁ་ཟང་པོ་འགའ་ཞིག་ཅེས་བྱའོ། །དགའ་བའི་གཏམ་ཞེས་བྱ་བ་ནི་ཕན་པ་དང་བདེ་བའི་ཚིག་ཤེས་པར་བྱེད་པའོ། །ལྗོངས་ཀྱི་ཕྱོགས ་གཅིག་ནི་ཡུལ་ཡིན་ནོ། །རོ་སྟོད་སེང་གེ་ལྟ་བུ་ཞེས་བྱ་བ་ནི་ལུས་ཀྱི་སྟོང་ཆ་སེང་གེ་ལྟར་ཕངས་པར་གྱུར་པ་ཡིན་ནོ། །སྐད་གདངས་མཐོན་པོས་དུ་བ་ནི་རབ་ཏུ་དུ་བ་ཡིན་ནོ། །དུ་བ་ནི་སྐད་གདངས་དམའ་བ་ཡིན་ནོ། །དེའི་ཡོན་ཏན་བརྗོད་པའི་ངག་གི་བརྗོད་པ ་ནི་སྨྲེ་སྔགས་འདོན་པ་ཡིན་ནོ། །རྫིའུ་ནི་ཕྲུ་བ་ཡིན་ནོ། །ཐབས་གཞན་ཞིག་གིས་ཞེས་བྱ་བ་ནི་གཡོ་གཞན་ཞིག་གིས་སོ། །གང་ཞིག་མགོ་ཟ་བར་བྱེད་པ་གང་ཡིན་པ་དེ་ནི་རྒྱལ་པོར་འགྱུར་རོ་ཞེས་སྨྲ་ན། དེས་མགོ་ཟོས་པ་ལས་རྒྱལ་པོར་འགྱུར་བ་ཡིན་ནམ ་འོན་ཏེ་རང་གི་བསོད་ནམས་ཀྱིས་འགྱུར་ཞེ་ན། སྨྲས་པ། རང་གི་བསོད་ནམས་ཀྱིས་འགྱུར་བ་ཡིན་ཏེ། མགོ་ཟ་བ་ནི་རྒྱལ་སྲིད་ཐོབ་པའི་རྒྱུ་མཚན་ཙམ་འམ། ལྷན་ཅིག་བྱེད་པའི་རྐྱེན་དུ་སྨྲས་པ་ཡིན་ནོ། །འཇམ་པོའི་ཚིག་གིས་ཞེས་བྱ་བ་ནི་མཉེན་པར ་གྱུར་པས་སོ། །ཚུལ་ནི་ལུས་ཀྱི་འགྱུར་བ་ཡིན་ལ། ཟུར་ནི་དག་གི་རྣམ་པར་འགྱུར་བ་ཡིན་ནོ། །བྱ་བ་དང་བྱ་བ་མ་ཡིན་པ་ཡོངས་སུ་གཅོད་པར་བྱེད་པ་ནི་མཁས་པ་ཡིན་ལ། འཛངས་པ་ནི་ཀུན་སྤྱོད་པ་ལ་བྱང་བར་གྱུར་པ་ཡིན་ནོ། །དཔྱོད་པ་དང་ལྡན་པ་ནི་འབྲས་བུའི་མཐར་ཐུག ་པ་དཔྱོད་པ་ལ་མཁས་པ་ཡིན་ནོ། །བསམས་ནས་ཞེས་བྱ་བ་ནི་རྩོལ་བར་བྱེད་པ་འམ་ཆེས་པར་གྱུར་པའོ། །ཕའི་ཕ་ནི་མེས་པོ་ཡིན་ལ། མེས་པོའི་རྒྱལ་སྲིད་ནི་མེས་པོའི་རྒྱལ་སྲིད་དོ། །སྨན་ཆེན་པོ་ཞེས་བྱ་བ་ནི་སྨན་ཐམས་ཅད་པས་ཡོན་ཏན་ཆེན་པོ་དང་ལྡན་པ་ཉིད ་ཀྱིས་ཕྱིར་སྨན་ཆེན་པོ་ཞེས་བྱའོ། །ཉའི་རུས་པ་ཞེས་བྱ་བ་ནི་ཉ་ནག་པོའི་སྒལ་བའི་དུམ་བུ་ཡིན་ནོ། །རིན་ཆེན་འདྲ་བར་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། དེ་དག་རིན་པོ་ཆེ་ནི?་མ་ཡིན་གྱི། འོན་ཀྱང་ཉའི་རུས་པ་བསྒྱུར་བ་ཡིན་ནོ། །བསྒྱུར་བ་ཞེས་བྱ་བ་ནི་དམར ་པོར་གྱུར་པའོ། །ལས་ནི་མ་བྱས་པར་ཞེས་བྱ་བ་ལ་འགྲོ་བའི་ལས་སོ། །མིག་མི་འཛུམས་པ་ནི་ཉ་ཉིད་དོ། །བརྟག་པ་ཞེས་བྱ་བ་ནི་དཔྱད་པའོ། །རྣམ་ཐོས་བག་མེད་སྤྱོད་མ་ཡིན་ཞེས་བྱ་བ་ལ། རིན་པོ་ཆེ་བསྡུ་བ་ལ་རྣམ་ཐོས་ཀྱི་བུ་བག་མེད་པས་གནས་པ་མ་ཡིན་པ ་དེའི་ཕྱིར་རིན་པོ་ཆེ་མ་ཡིན་ནོ། །འདུག་པ་ཞེས་བྱ་བ་ནི་འཁོད་པར་གྱུར་པའོ། །བྱ་དཀར་ནི་བྱའི་རིགས་དཀར་པོའོ། །རྙིང་པར་གྱུར་ཞེས་བྱ་བ་ནི་ཀུན་ཏུ་ལྟ་བ་དང། འཕུར་པས་གནོད་པར་འགྱུར་བའི་ཕྱིར་འདབ་མ་རྙིངས་པར་གྱུར་པ་ཡིན་ནོ། །འཕུར་བ་ནི་ནམ་མཁའ་ ་ལ་འགྲོ་བར་གྱུར་པའོ། འཁར་བའི་སྣོད་ནི་འཁར་བ་ལས་བྱས་པའི་སྣོད་ཆེན་པོའོ། །བུམ་པ་ནི་མིང་རབ་ཏུ་གྲགས་པ་ཡིན་ནོ། །བྱེའུ་ནི་བྱའི་བྱེ་བྲག་ཡིན་ནོ། །ལུག་ཐུག་ཅེས་བྱ་བ་ནི་ར་ཤིན་ཏུ་ཆེ་བའི་ལུག་ཐུག་ཡིན་ནོ། །ཁྲུང་ཁྲུང་ཞེས་བྱ་བ་ནི་ཆུ་ངོགས་ན་རྒྱུ ་བ་དཀར་ལ་ཆེ་བའི་བྱའི་བྱེ་བྲག་ཡིན་ནོ། །རབ་ཏུ་སྤྱོད་པའི་ས་ནི་འདིར་བཤད་པའི་ས་ལ་འདོད་དོ། །ངན་པ་ཞེས་བྱ་བ་ནི་ཁྱོད་གཟུགས་བྱད་མཛེས་པ་ལ་སོགས་པའི་དངོས་པོར་ཡོད་ན་ཞེས་སྨོས་པ་ཡིན་ནོ། །ཁྱོད་འགྲོ་བས་དུབ་པས་ཕྱིན་ཅི་ལོག་ཏུ་མཐོང་བ་ཡིན་ནོ ་ཞེས་བྱ་བ་ནི་རྣམ་པ་གཞན་ཉིད་དུ་ཤེས་པར་གྱུར་པ་ཡིན་ནོ་ཞེས་བྱ་བ་ཡིན་ནོ། །བྲམ་ཟེ་མ་ཡིན་པས་བྱས་སོ་ཞེས་བྱ་བ་ནི་བྲམ་ཟེ་ལ་ལེགས་པ་ནི་བྲམ་ཟེ་ཡིན་ལ། བྲམ་ཟེར་མ་གྱུར་པ་ནི་བྲམ་ཟེ་མ་ཡིན་པ་སྟེ། འདིས་ནི་བྲམ་ཟེ་དང་འགལ ་བའི་ཀུན་ཏུ་སྤྱོད་པ་ཡིན་ནོ་ཞེས་བྱ་བའི་བར་དུའོ། །རྫུན་ནི་བདེན་པ་མ་ཡིན་པའོ། །ཆུང་མ་ནི་འདིར་མེ་བསྐོར་བྱས་པ་ཡིན་ནོ། །བརྟག་པའི་ཕྱིར་ཞེས་བྱ་བ་ནི་དཔྱད་པར་བྱ་བའི་ཕྱིར་རོ། །ནན་གྱིས་ཤེས་བྱ་བ་ནི་སྟོབས་ཀྱིས་སོ། །ལྟད་མོ་ནི་མཐོང་བ་ཉིད་དུ་མངོན ་པར་འདོད་པའོ། །རྒ་ནི་ཆུའི་ནང་དུ་འབྲས་དཀར་པོ་བཅུག་པ་རྐང་པའི་འོག་ཏུ་འཇོག་པའི་སྒོ་ནས་མཆོད་པ་སྒྲུབ་པ་བྱེད་པ་ཡིན་ནོ། །རྐང་པའི་མཆོད་པ་ནི་རྐང་པ་ལ་འོས་པའི་མཆོད་པའོ། །ཕན་འདོགས་པར་བྱེད་པ་ཞེས་བྱ་བ་ནི་འདི་བདག་ལ་ཕན ་འདོགས་པར་འགྱུར་རོ། །ཞེས་བྱ་བའི་དབང་དུ་བྱས་ནས་སོ། །རྐུན་པོ་ལྔ་བརྒྱ་སའི་དོང་དུ་བཅུག་པས་ཞེས་བྱ་བ་ནི་སའི་ཐབས་སུ་བཅུག་པར་གྱུར་པས་སོ། །མཐོང་ནས་ཞེས་བྱ་བ་ནི་རྐུན་པོའི་མངོན་སུམ་དུ་གྱུར་པ་ཡིན་ནོ། །མཐོང་བར་འདོད་དེ་ཞེས་བྱ་བ་ནི་ཇི་ལྟར ་གྱུར་ཀྱང་རུང་སྟེ། བདག་གི་དོན་བསྒྲུབ་པར་ནུས་པར་འགྱུར་རོ་ཞེས་ངག་བསྒྲུབ་པར་བྱེད་པའི་ཡུལ་ལ་འདོད་པ་ཡིན་པར་རིག་པར་བྱའོ། །བློ་རྩིང་ལ་ཞེས་བྱ་བ་ནི་བློ་དམན་པ་ཡིན་ནོ། །སྤྱོད་པ་མི་གསལ་བ་ཞེས་བྱ་བ་ནི་ཡོངས་སུ་གཅོད་པར་བྱེད་པ་བུལ་བ་ཡིན་ནོ།། ་ཐེམ་པ་ནི་འདིར་སྒོ་གཏན་ཡིན་པར་ཤེས་པར་བྱའོ། །པགས་པ་ལས་བྱས་པ་བུག་པ་དུ་མ་ཅན་བཙག་པའི་ཐབས་སུ་གྱུར་པ་ནི་ཀོ་ཚོགས་ཡིན་ནོ། །རྟོགས་པ་ནི་ཕྱོགས་གཅིག་ཁོང་དུ་ཆུད་པས་དོན་མང་པོ་རྟོགས་པར་ནུས་པ་ཡིན་ལ། སེལ་བ་ནི་དོན་དེ ་དག་ཁོ་ན་ཡོངས་སུ་གཅོད་པར་བྱེད་པ་ཡིན་ནོ། །འཇིག་རྟེན་གྱི་ཐ་སྙད་ལ་བྱང་བ་ནི་ཚུལ་དང་ལྡན་པ་ཡིན་ནོ། །དུལ་བར་གྱུར་པ་ནི་ཆོ་ག་དང་ལྡན་པ་ཡིན་ནོ། །གང་ན་འབྲས་བུ་ཅུན་གྱི་ཤིང་ཡོད་པ་དེ་ནི་སྐྱེད་མོས་ཚལ་ཡིན་ལ། ནགས་ནི་འབྲས་བུ་མེད་པའི ་ཤིང་ཚོགས་ཡིན་ནོ། །ཤིན་ཏུ་གཞོན་ནུར་གྱུར་པ་ཞེས་བྱ་བ་ནི་ལེགས་པར་ཤིན་ཏུ་གཞོན་ནུར་གྱུར་པ་སྟེ། སེམས་ཀྱི་ཀུན་ནས་སློང་བ་འམ་ལུང་འབོགས་པ་ཉིད་ལའོ། །བླུན་ཏེ་ཞེས་བྱ་བ་ནི་དམན་པར་གྱུར་བའོ། །རྒྱལ་པོས་བྱིན་གྱིས་རླབས་པ་ལས་བྱུང་བ་ནི ་བསྒྲུབས་པ་ཡིན་ནོ། །སྨྲེ་ཞིང་ཞེས་བྱ་བ་ནི་ཚུལ་མ་ཡིན་པའི་སྒྲ་བརྗོད་པར་བྱེད་པ་ཡིན་ནོ། །ལུས་ལ་ཆད་པ་ཞེས་བྱ་བ་ནི་དྲོས་པར་གྱུར་ན་དུས་ཕྱིས་ཁྱོད་ཀྱི་ལུས་ཐམས་ཅད་དུ་གཟུང་བར་བྱ་བའོ། །ད་ནི་འདི་ལ་མི་རུང་ཞེས་བྱ་བ་ནི་སྔ་མ་དེ་དག་ཐམས་ཅད་ལ་ནི་ཐབས་ཉིད་ཡོད ་ཀྱི་འདི་ལ་ནི་ཐབས་ཡོད་པ་མ་ཡིན་ནོ། །ཐག་ཉེ་བར་ཞེས་བྱ་བ་ནི་གམ་ཕྱི་དག་ཏུའོ། །རྣམ་པ་བདུན་དུ་བསྐོར་བ་བྱས་ནས་ཞེས་བྱ་བ་ནི་སོ་སོར་ཐ་དད་པར་བསྐོར་བའི་ཕྱིར་དེ་དག་རྣམ་པ་བདུན་དུ་བགོམ་པ་ཡིན་ནོ། །བཙག་ལ་སོགས་པས་སྐྲའི་མཚམས་ཀྱི་གནས ་བསྒྱུར་པ་དང་མར་གྱིས་བསྐུས་ནས་སོ། །ཕས་བུ་གྲགས་པར་བྱེད་ཅེས་བྱ་བ་ནི་རབ་ཏུ་གསལ་བར་བྱེད་པ་ཡིན་ནོ། །འདིའི་བློ་མི་འཇིགས་པ་ཅན་ཞེས་བྱ་བ་ནི་འདིའི་ཤེས་རབ་ཕུན་སུམ་ཚོགས་པ་དང་ལྡན་པར་གྱུར་པའོ། །མཁས་པའི་རང་བཞིན་ཅན་ཞེས ་བྱ་བ་ནི་མང་དུ་བྱས་པའི་མཁས་པའི་ལས་དག་ལ་མཁས་པར་གྱུར་པ་ཡིན་ནོ། །རིག་བྱེད་བཞི་ནི་ངེས་བརྗོད་དང། སྙན་དངགས་དང། མཆོད་སྦྱིན་དང། སྲིད་སྲུང་གི་རིག་བྱེད་ཡིན་ནོ། །རིག་བྱེད་ཀྱི་ཡན་ལག་དྲུག་ནི་སྐར་མའི་བསྟན་བཅོས་དང། བརྡ་སྤྲོད ་པ་དང། སྡེབ་སྦྱོར་དང། ངེས་བརྗོད་ལ་སོགས་པ་ཡིན་ནོ། །གསེར་གི་དོང་རྩེ་མནའ་མ་ནི་རྙིང་པ་ཡིན་ནོ། །སེམས་ཀྱི་དོགས་པས་ཞེས་བྱ་བ་ནི་དོགས་པས་བཅོམ་པར་གྱུར་པའོ། །ཚེས་གྲངས་ནི་ཚེས་བརྒྱད་དང་བཅུ་བཞི་ལ་སོགས་པ་ཡིན་ནོ། །དུས ་ཚིགས་ནི་ཟླ་བའི་མཛའ་འམ། ལོའི་མཛའ་འམ། ལྷ་ལ་སོགས་པའི་ཉི་མ་ཡིན་ནོ། །དགའ་སྟོན་ནི་འབའ་ཞིག་པ་ཡིན་ནོ། །ཉེ་རེག་བྱས་ཏེ་ཞེས་བྱ་བ་ནི་རིག་བྱེད་ལས་བརྗེད་པ་སྙིང་ཁའི་ཕྱོགས་ཁྱབ་པ་ཅན་གྱི་ཆུས་ཐ་སྙད་དུ་བྱེད་པ་སྒྲ་དང་བྲལ་བ་ལན་གསུམ ་བྱས་ནས་སོ། །བརྡའི་ཚིག་ཏུ་ཞེས་བྱ་བ་ནི་ཟོལ་བའི་ཚིག་ཏུའོ། །མགོ་རྡུལ་གྱིས་འདྲེས་པ་ཞེས་བྱ་བ་ནི་མགོ་བོ་ལ་བརྡུལ་བསྐུས་ནས་སོ། །མིག་ཟུར་ནི་འདིར་སྨིན་མ་བསྐྱོད་པ་དང། ཟུར་མིག་ལྟ་བ་ལ་སོགས་པ་ལུས་ཀྱི་འགྱུར་བ་ཡིན་ནོ།། ་རྒོད་པའི་ཚིག་ནི་འདིར་འདོད་ཆགས་ཀྱིས་འཇུག་པ་ཡིན་ནོ། །ལྡན་པ་ནི་ཀུན་ནས་འབྲེལ་བའོ། །ལྷག་པར་འདྲི་བ་ནི་བསྙེན་བཀུར་ཡིན་ནོ། །སྡིག་པ་ཞི་བར་གྱུར་ཅིག་ཅེས་བྱ་བ་ནི་བདག་རྐུ་བར་བྱེད་པའི་སྡིག་པ་ཞི་བར་གྱུར་བ་ཡིན་པས་ན་ཁོ་བོ་ལས་འདི་མི་བྱེད་དོ ་ཞེས་བྱ་བའི་ཐ་ཚིག་གོ་།ཁྱབ་པར་གྱུར་ཅེས་བྱ་བ་ནི་སྐྱེ་བོ་ཐམས་ཅད་ཀྱི་མངོན་སུམ་ཉིད་དུ་གྲགས་པ་སྐྱེས་ཤིང་འཕེལ་བར་གྱུར་པ་ཡིན་ནོ། །བལྟ་བའི་ཕྱིར་ཞེས་བྱ་བ་ནི་བལྟ་འདོད་པའི་ཕྱིར་རོ། །དབང་དུ་ནི་ཤིན་ཏུ་དབང་དུ་བྱེད་པའོ། །མི་མཐུན་པར ་བྱོས་ཤིག་ཅེས་བྱ་བ་ནི་དྲང་པོ་མ་ཡིན་པར་གྱིས་ཤིག་པ་ཡིན་ནོ། །མི་འཇིགས་ཞེས་བྱ་བ་ལ་སོགས་པ་ལ་དེ་དག་ལ་འཇིགས་པ་མེད་པའི་ཕྱག་རྒྱ་དང་རྣམ་པར་འཚེ་བ་སྤངས་པའི་ཕྱག་རྒྱ་བྱིན་པ་ཡིན་ནོ། །དམན་པ་ནི་དབུལ་བ་ཡིན་ནོ། །གཏེར་ཡོད ་པ་ལ་ལོངས་སྤྱོད་པ་དང་བྲལ་བ་ནི་བཀྲེན་པ་ཡིན་ནོ། །ལུས་ལ་སྙོམས་པར་བྱས་པ་ཞེས་བྱ་བ་ནི་ཇི་ལྟར་རྗེས་སུ་མཐུན་པའི་ལོངས་སྤྱོད་དག་གིས་འཕེལ་བར་བྱས་པ་ཡིན་ནོ། །ཡིད་བརྟན་པར་བྱ་བ་ནི་ཡིད་ཆེས་པར་བྱ་བ་ཡིན་ནོ། །མཐོང་བ་ནི་རྒྱལ་པོ་དང ་འགལ་བའི་ལས་སོ། །ཕ་ལ་དཔྱད་ནས་ཞེས་བྱ་བ་ནི་ལྐོག་ཏུ་སྐྱོན་པའི་སྒོ་ནས་ཉེས་པ་དང་བཅས་པར་བྱེད་པའོ། །རིགས་ངན་པ་ལས་སྐྱེས་པ་ནི་རིགས་ཆུང་བ་དང་ངན་པ་ལས་སྐྱེས་པ་ཡིན་ནོ། །ཐམས་ཅད་ལས་སྡུག་པ་ཞེས་བྱ་བ་ནི་བློན་པོ་ཐམས ་ཅད་ལས་སྡུག་པ་འམ། རྣམ་པ་ཐམས་ཅད་དུ་སྡུག་པ་ཡིན་ནོ། །དོན་བརྟག་པའི་ཕྱིར་ཞེས་བྱ་བ་ནི་དངོས་པོ་བརྟག་པར་བྱ་བའི་ཕྱིར་རོ། །ངན་སོང་བ་ནི་མཆོག་ཏུ་བུལ་བ་ཡིན་ནོ། །གཡུང་པོ་ནི་དམངས་རིགས་ཡིན་ནོ། །ཤེས་པ་དང་ལྡན་པ་སྨོས ་བས་ནི་བློ་ཕུན་སུམ་པ་ཡིན་ནོ། །རྣམ་པར་ཤེས་པ་དང་ལྡན་པ་སྨོས་པས་ནི་གཙོ་བོ་རྣམ་པ་སྣ་ཚོགས་བསྟན་པ་ཡིན་ནོ། །སའི་བདག་པོར་གྱུར་པས་ནས་བདག་ཡིན་ནོ། །རྒྱལ་སྲིད་སྨོས་པས་ནི་ཡུལ་བཟུང་བ་ཡིན་ནོ། །སྟོབས་སྨོས་པས་ནི་མཁར་དང་འགྲོགས་བཤེས ་བཟུང་བ་ཡིན་ནོ། །བང་མཛོད་ནི་དཀོར་མཛོད་ཡིན་ནོ། །ཆང་བ་ནི་ནོར་ཡིན་ནོ། །གཙོ་བོ་ནི་རྒྱལ་པོ་བདག་ཉིད་ཁོ་ན་ཡིན་ནོ། །བློན་པོ་སྨན་ཆེན་པོ་ཞེས་བྱ་བ་ནི་རྒྱལ་སྲིད་ཀྱི་རང་བཞིན་བདུན་ཡིན་ནོ། །ཆ་ལུགས་ནི་རྟགས་ཡིན་ནོ། །གཡང་གཞི་ནི་རི་དགས་ཀྱི་པགས་པ་ཡིན་ནོ ་རིགས་མཐོན་པོ་ཅན་ཡིན་པས་ན་གཟུགས་བཟང་བ་ཡིན་ཏེ། རིགས་མཐོན་པོ་ཅན་དེའི་མཚན་ཉིད་དེས་མཐོན་པོར་གྱུར་ནས་སོ། །གྲོང་ཐམས་ཅད་ཀྱི་ཤིང་བླངས་ནས་འཇོག་པར་བྱེད་པ་གང་ཡིན་པ་ནི་ཇི་སྲིད་དུ་གྲོང་གི་ཤིང་ལོན་པར་བྱེད་པ་གང་ཡིན་པ་དེ ་ཐམས་ཅད་ནི་དེའི་དོན་ཡིན་ནོ། །བུ་གུ་རྣ་ཅན་ནི་འདིར་རྣ་བ་གཉིས་ལ་འདོད་པ་ལ་བཀབ་པ་ཡང་མཛེས་པའི་ཕྱིར་ཡིན་ནོ། །གྲོང་མི་གཙོ་བོ་ཡིན་ནོ། །ཞིང་ཐོགས་ཏེ་ས་བོན་ཚོལ་དུ་སོང་ངོ། །ཞེས་བྱ་བ་ལ། རང་གི་བུད་མེད་ཀྱི་དབང་པོ་བྱིན་གྱིས་བརླབས་པ་ནི་ཞིང་གི་གནས་ཡིན་ལ་སྐྱེས ་བུའི་མི་གཙང་བ་ནི་ས་བོན་ཡིན་པ་དེ་བས་ན་སྐྱེས་བུ་གཞན་གྱི་ཐད་དུ་སོང་ངོ་ཞེས་བྱ་བའི་བར་དུའོ། །ཐིབས་པོ་མེད་པ་ཞེས་བྱ་བ་ནི་རྩ་ལ་སོགས་པ་དང་བྲལ་བར་གྱུར་པའོ། །བདེ་བ་ཞེས་བྱ་བ་ནི་འཚེ་བ་མེད་པ་ཡིན་ནོ། །ཆུའི་རྩཝ་སྲབ་མོ་གྱོན་པར་བྱེད་པ་ཉིད་ཀྱི་ཕྱིར ་བ་བཀལ་ཅིང་མ་བཏགས་པ་ཡིན་ལ། རས་བལ་གྱི་གོས་མེད་པ་ཉིད་ཀྱི་ཕྱིར་རས་བལ་མ་ཡིན་པའི་གོས་གྱོན་པ་ཡིན་ནོ། །མིག་གཡས་པ་བཙུམས་པ་ཉིད་ཀྱི་ཕྱིར་གཡོན་པའི་མིག་གཅིག་པ་ཡིན་ནོ། །གང་གིས་ཟ་བ་ཞེས་བྱ་བ་ནི་ལག་པ་གཡས་པས ་ཟ་བ་དེའི་ཕྱིར་གཡས་ནས་སོང་ཞིག་ཅེས་བྱ་བ་ཡིན་ནོ། །གང་གིས་ཟ་མིན་ཞེས་བྱ་བ་ནི་གཡོན་པས་ཟ་བ་མ་ཡིན་པ་དེའི་ཕྱིར་གཡོན་པའི་ལམ་སྤང་པར་བྱ་བ་ཡིན་ནོ། །ཁམ་གྱི་ནགས་ཅན་ནི་ནས་ཀྱི་ཞིང་ཡིན་ཏེ། གང་གི་ཕྱིར་ཟས་ཀྱི་ཆང་བུ་སྒྲུབ་པར་བྱེད་པ ་ཡིན་པ་དེའི་ཕྱིར་རོ། །ས་ལུའི་ནགས་ནི་ས་ལུའི་ཞིང་ཡིན་ནོ། །ཚེ་སྒྲུབ་པར་བྱའི་དོན་དུ་ནས་བརྡེས་པ་ཡིན་ནོ། །བ་ལ་ཤ་ནི་ཤིང་པ་ལ་ཤ་ཡིན་ནོ། །ཁྲོས་ནས་ཞེས་བྱ་བ་ནི་ཁྲོས་པའི་ཚིག་གིས་རུང་བར་བྱས་པ་ཡིན་ནོ། །བསྙེན་པ་ནི་ཉུང ་ཟད་ཀྱིས་སོ། །རྗེས་སུ་འབྲང་བར་བྱ་བ་ཞེས་བྱ་བ་ནི་སེམས་བཟུང་བར་བྱ་བའི་ལུས་དང་ངག་གི་འགྱུར་བ་རྗེས་སུ་མཐུན་པར་བྱ་བ་ཡིན་ནོ། །བསྟན་བཅོས་མང་དུ་ཞེས་བྱ་བ་ནི་བསྟན་བཅོས་མང་པོ་ལ་བློ་སྦྱངས་པར་གྱུར་པ་ཡིན་ནོ། །བུ་མོ་བླ་བར་བྱས་སོ་ཞེས་བྱ་བ ་ནི་རིག་བྱེད་ལས་ཇི་སྐད་དུ་བསྟན་པ་བཞིན་དུའོ། །བར་དུ་བཅིངས་ནས་ཞེས་བྱ་བ་ནི་གཏུམས་པ་ཡིན་ནོ། །ཡིད་བརྟན་པས་ལེན་པ་ཞེས་བྱ་བ་ནི་ཡིད་བརྟན་པར་གྱུར་པས་ལེན་པ་ཡིན་ནོ། །སྦྱང་ཞེས་བྱ་བ་ནི་ནས་ལ་སོགས་པ་གཞུག་པའི་གནས་སྤོར ་རུང་བ་ཡིན་ནོ། །གང་དུ་བྱ་བ་དང་བྱ་བ་ཞེས་པ་ནི་འཇོག་མཁས་པ་དག་དང་མཚུངས་པ་ཡིན་ནོ། །གྲངས་ཀྱི་ཆ་ནི་བཞི་དག་ཡིན་ཞེས་བྱ་བ་ནི་གྲངས་དག་གི་ཆ་བཞི་དག་ཡོད་པ་ཡིན་ནོ། །ཇི་སྟེ་དེའི་ཆ་གཅིག་མེད་ཅེས་བྱ་བ་ནི་ཆ་གཅིག་བྱིན་པར་མ་གྱུར ་བ་ཡིན་ནོ། །ནགས་ཀྱི་སྒྲོག་ཏུ་གཞུག་པར་གྱིས་ཞེས་བྱ་བ་ནི་ཤིང་སྐམ་པོ་ལས་བྱས་པའི་གདོས་ཀྱི་མིང་ཅན་ལ་གཞུག་པར་བྱ་བ་ཡིན་ནོ། །དེ་ལ་ཞེས་བྱ་བ་ནི་བྲམ་ཟེ་དེ་གདོས་སུ་བཅུག་ནས་གྲངས་ཀྱིས་བླང་བར་བྱ་བ་ཡིན་ནོ། །གཙང་སྦྲ་ཞེས་བྱ་བ་ ་ནི་སྡིག་པ་ཐམས་ཅད་སྤྱོད་པ་ཡིན་ནོ། །ང་མ་གཏོགས་པ་ཞེས་བྱ་བ་ལ་སོགས་པ་ལ། བདག་གཅིག་པུ་མ་གཏོགས་པ་ཉིད་ནི་ཐམས་ཅད་ཀྱི་མཆོག་ཁོ་ན་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ་།ཉེ་བར་ཆོད་པས་ཞེས་བྱ་བ་ནི་བོས་བར་གྱུར་པས་སོ།། ་གཅོད་པར་བྱ་བ་ཡིན་ཞིང་ཐ་སྙད་དུ་བྱ་བ་ཡིན་པས་ན་ཟོང་ཞེས་བྱ་བ་ཡིན་ནོ། །རིགས་པ་ཞེས་བྱ་བ་ལ་སོགས་པ་ལ་རིགས་པ་ནི་འདིར་སྐྱེས་བུའི་སེམས་མགུ་བར་བྱེད་པ་ལ་མཁས་པ་ཉིད་བཟུང་ངོ། །དུལ་བ་ནི་ལུས་ངག་གི་སྤྱོད་པ་དུལ་བ ་ཡིན་ནོ། །རྒྱ་ཆེ་བ་ནི་རྒྱ་མེད་ལ་མོས་པ་ཉིད་ཡིན་ནོ། །ནོར་བྱེད་པའི་ངང་ཚུལ་ཅན་ཉིད་ནི་མཐུན་པ་ཡིན་ནོ། །རྩེ་བ་ནི་རྣམ་པར་བརྩེ་བ་ཡིན་ནོ། །ཁ་གསག་ཅེས་བྱ་བ་ནི་ཡལ་འཇུག་པར་བྱེད་པས་ན་གཞན་སླུ་བར་བྱེད་པའི་ཚིག་བརྗོད་པ་ཡིན་ནོ། །རྫུན་ནི་རྫུན་དུ་སྨྲ ་བར་བྱེད་པའོ། །སྐྱེས་བུ་མཁས་པ་ནི་འཇིག་རྟེན་གྱི་ཐ་སྙད་ལ་བྱང་བ་ཡིན་ནོ། །འཕྱིས་པ་ནི་ཡུན་རིང་པོར་འགོར་བ་ཡིན་ནོ། །དཔྱོད་པ་ནི་རྣམ་པར་འབྱེད་པའོ། །བསླུས་ནས་ཞེས་བྱ་བ་ནི་ནོར་སྦྱིན་པའི་ཁས་བླངས་པའི་སྒོ་ནས་ཆགས་པ་སྐྱེས ་པ་སྟེ་བསླུས་པ་ཡིན་ནོ། །ནོངས་པ་ཞེས་བྱ་བ་ནི་རང་གི་གཙོ་བོ་ལ་རྒྱབ་ཀྱིས་ཕྱོགས་པ་བས་པ་ཡིན་ནོ། །ང་མི་བདེའོ་ཞེས་བྱ་བ་ནི་ང་ནའོ་ཞེའོ། །ཐོ་བརྩམ་པར་བགྱིའོ་ཞེས་བྱ་བ་ནི་གཙེས་པར་བགྱི་བའོ། །མེ་ཏོག་ཕྲེང་གིས་ཞེས་བྱ་བ་ནི་མེ་ཏོག་གི་ཕྲེང་བས ་བརྒྱན་པར་གྱུར་ནས་སོ། །ཁ་སྤུ་བྲེགས་པ་ནི་ཁ་སྤུ་བྲེགས་པ་ཡིན་ནོ། །ེ་མའོ་ཞེས་བྱ་བ་ནི་ངོ་མཚར་ལ་འཇུག་པ་ཡིན་ནོ། །གློ་བ་ལྕོགས་སོ་ཞེས་བྱ་བ་ནི་བློ་སྒྲིན་པ་ཡིན་ནོ། །ཁྱིམ་གྱི་རྒྱུད་ཅེས་བྱ་བ་ནི་གཉེན་གྱི་འབྲེལ་པ་ཡིན་ནོ། །དྲན་པ་ནི་སྔོན་བྱས་པ ་དྲན་པ་དང་བྱ་བ་དྲན་པ་ཡིན་ནོ། །ཤེས་བཞིན་ནི་ལས་སུ་བྱ་བ་ཡོངས་སུ་གཅོད་པར་བྱེད་པ་ཡིན་ནོ། །མཁས་པ་ནི་འདིར་བྱ་བ་ལ་བྱང་བ་ཡིན་ནོ། །གསལ་བ་ནི་རྟོག་པ་ལ་མཁས་པ་ཡིན་ནོ། །ཡིད་གཞུངས་པ་ནི་མྱུར་དུ་ཡོངས་སུ་ཤེས་པ་ཡིན་ནོ། །འཇིག་རྟེན་གྱི་ཆོས་ནི ་འཇིག་རྟེན་གྱི་ཐ་སྙད་དུ་བྱ་བ་ཡིན་ནོ། །བརྩོན་བཞི?་ལེ་ལོ་མེད་པ་ཡིན་ནོ། །སྐྱེ་གནས་གཞན་དུ་འགྲོ་བར་བྱེད་པའི་རྣམ་གྲངས་ཀྱིས་ཞེས་བྱ་བ་ལ། ཇི་ལྟར་རིག་བྱེད་ལས་བརྒྱུད་པས་འོངས་པའི་ཆོ་ག་ལས་སྐྱེ་གནས་གཞན་ལས་སྐྱེས་པ་ལ་སྐྱེ་གནས་གཞན་ནས ་སྐྱེས་པས་མེ་སྐོར་བྱས་པ་ཡིན་པ་དེ་ལྟར་བྱས་པ་ཡིན་ནོ། །དེ་བག་མེད་པས་ལོགས་ཤིག་ཏུ་སོང་བ་ལས་ཁྲས་ཁྱེར་ཏེ་ཞེས་བྱ་བ་ནི་སྟོབས་ཀྱིས་ཁྱེར་ཞིང་ཕྲོགས་པར་གྱུར་པའོ། །ལྕག་ཀྱི་དོག་ལེ་ནི་ཁུར་བ་ལ་སོགས་པ་འཚེད་པའི་ཐབས་སུ་གྱུར་པ་ཡིན་ནོ། །ཁུར ་བ་རྣམ་པ་མང་པོ་ནི་ཁུར་བ་ཡིན་ནོ། །དུག་དང་སྦྱར་བ་ཞེས་བྱ་བ་ནི་དེ་དག་དུག་དང་བསྲེས་པར་གྱུར་པ་ཡིན་ནོ། །གྲགས་ཟིན་ན་ཞེས་བྱ་བ་ནི་སྒྲ་འདི་གསལ་པོར་གྱུར་པ་ཡིན་ནོ། །ལྟོ་ཅེ་ནི་རང་བཞིན་ཡོངས་སུ་བཅད་པར་དཀའ་བ་ཡིན་ནོ། །བློ་གྲོས ་ངན་པ་ཞེས་བྱ་བ་ནི་བླ་གྲོས་མི་བཟད་པར་གྱུར་པ་ཡིན་ནོ། །མཐོང་བ་ནི་མིག་གིས་ཡིན། །ཐོས་པ་ནི་རྣ་བས་ཡིན་ནོ། །ཤེས་པ་ནི་ཡིད་ཀྱིས་ཡིན་ནོ། །དོན་ཡོངས་སུ་སྒྲུབ་པ་ཞེས་བྱ་བ་ནི་འགྲོ་བའི་དོན་བསྒྲུབས་པ་ཡིན་ནོ། །བདག་ལ་མ་བརྙས་ཤིག་ཅེས་བྱ་བ་ནི ་བདག་ལ་བརྙས་པ་མེད་པར་གྱུར་པར་ཤོག་ཅིག་ཅེས་བྱ་བ་ཡིན་ནོ། །ཡུལ་ལུས་ངན་གྱི་རྒྱལ་པོའི་ཕྱིར་ཞེས་བྱ་བ་ནི་ཡུལ་ལུས་ངན་གྱི་རྒྱལ་པོ་ཐག་ཉེ་བར་རོ། །དམག་གིས་བསྐོར་ནས་ཞེས་བྱ་བ་ནི་ཡུལ་དང་ཉེ་བར་དམག་གིས་བསྐོར་བ་ཡིན་ནོ། །འཐབ་པ ་ཞེས་བྱ་བ་ནི་གཡུལ་འགྱེད་པར་མངོན་དུ་ཕྱོགས་པ་ཡིན་ནོ། བློ་མཁས་པ་ཞེས་བྱ་བ་ནི་སྨན་ཆེན་པོའི་བློ་ཆེན་པོར་གྱུར་པས་སོ། །སྟོབས་ཐམས་ཅད་ཀྱིས་ཅིག་ཅར་ལྷགས་པ་ནི་དཔུང་ནི་ལྷགས་པར་གྱུར་པ་ཡིན་ནོ། །མངོན་པར་སྒྲགས་པ་ནི་ཉམ་ང་བའི ་གནས་སུ་བཞག་པའི་སྒོ་ནས་ཀུན་ནས་བསྒྲགས་པ་ཡིན་ནོ། །ཕན་འདོགས་པར་བྱེད་པས་ཁྲིད་ནས་ཞེས་བྱ་བ་ནི་སྨན་ཆེན་པོས་རྒྱལ་པོའི་མཛོད་དུ་འཛུད་པར་བྱེད་པ་གང་ཡིན་པ་དེ་ནི་དེ་ལ་ཕན་འདོགས་པར་བྱེད་པ་ཡིན་ཏེ་དེས་སོ། །འཁོར་བསྐྱུངས་པ ་ཞེས་བྱ་བ་ནི་ཚོགས་སྤངས་པ་སྟེ། གཅིག་པུ་ཞེས་བྱ་བའི་བར་དུའོ། །ཕྱུང་ནས་ཞེས་བྱ་བ་ནི་ཐ་དད་དུ་བྱས་ནས་ཕའི་ཁྱིམ་ལས་རྒྱབ་ཀྱིས་ཕྱོགས་པར་གྱུར་པ་ཡིན་ནོ། །གྱོད་ནི་ཉེས་པ་བརྗོད་པ་སྔོན་དུ་སོང་བ་རྩམ་གྱི་འོས་སུ་སྨྲ་བ་ཡིན་ནོ། །དམ་བཅས ་ཞེས་བྱ་བ་ལ་སོགས་པ་ལ། མནའའདོར་བ་སྔོན་དུ་སོང་བ་ཅན་གྱི་ཡིད་ཆེས་པས་བཏང་བ་ཡིན་ནོ། །གསེབ་ནི་ལྷའི་གཟུགས་བརྙན་གྱི་བུ་གུ་ཡིན་ནོ། །ལྷའི་མཆོད་པ་བྱེད་པ་ནི་སྲེད་ཞུ་བྱེད་པ་ནི་ཡིན་ནོ། །གཏོར་མ་ནི་འདིར་ཚོན་སྣ་ཚོགས་སྔོན་དུ་སོང ་བ་ཅན་གྱི་ལས་སུ་རྣམ་པར་སྟོབས་པ་ཡིན་ནོ། །ཁུར་བ་ལ་སོགས་པའི་ལྟའི་བཤོས་སྦྱིན་པ་ནི་ཟས་ཀྱིས་མཆོད་པ་ཡིན་ནོ། །བྱས་པ་ཞེས་བྱ་བ་ནི་ལོ་མ་བཤུས་པ་ལྟར་གནོད་པ་ཡིན་ནོ། །ལན་དུ་བྱས་པ་ནི་འཁོར་དང་བཅས་པའི་སྐྲ་དང་ཁ་སྤུ་བྲེགས་པ་ཡིན་ནོ། །ཟས ་ངན་པ་ནི་སྨད་པའི་ཟས་ཤིན་ཏུ་ངན་པ་ཞེས་བྱ་བའི་ཐ་ཚིག་གོ་།བདག་ལྟོགས་དྲིས་དེའུ་བཀུམ་མོ་ཞེས་བྱ་བ་ནི་ཁྱིམ་དེ་ལྟ་བུའི་ཚུལ་ཅན་གྱི་ཚིག་བརྗོད་པ་ཡིན་ནོ། །དེའི་ནུས་པ་འདི་ཡང་ཅིའི་ཕྱིར་ཞེ་ན། འདིར་བླ་མ་དག་ནི་ཁྱི་དེ་གཅིག་བུ་དུས་ཀྱི་མཐར་བཏགས་ནས ་བཞག་པ་དང། ལྟོགས་པར་གྱུར་པ་དེས་རང་གི་རིས་དང་བསྐལ་བ་མཉམ་པའི་ཁོངས་སུ་གཏོགས་པའི་སེམས་ཅན་མ་མཐོང་བ་དེའི་ཕྱིར་འདིའི་སེམས་བདག་ནི་རྟག་ཏུ་ལྟོགས་པར་གྱུར་ན་ནམ་ཞིག་ན་བསོད་པའི་བཟའ་བ་རྙེད་པར་གྱུར་སྙམ་པ་དེས་གཞན་གོམས ་པར་གྱུར་པ་ཉིད་ཀྱི་ཕྱིར་དུས་དེའི་ཚེ་ཚིག་གཅིག་པོ་དེ་ཉིད་མངོན་དུ་གྱུར་པ་ཡིན་གྱི་གཞན་ནི་མ་ཡིན་ནོ་ཞེས་སྟོན་པར་མཛད་དོ། །སྡུམ་ཟན་ནི་འབྲེལ་བའི་སྡེ་ཚན་ཡིན་ནོ། །སྔགས་ཀྱིས་རེངས་པར་བྱས་པ་ནི་སྔགས་ཀྱིས་རྡོའི་འོག་ཏུ་ནུབ་པར་བྱེད་པའི་ནུས་པ་རེངས ་བར་བྱས་པ་དང། རྔོ་བདག་ཉིད་འཕྱོ་བའི་ནུས་པ་དང། བྱ་བ་བྱེད་པའི་ནུས་པ་ཅན་དུ་བདག་ཉིད་སྐྱེད་པ་ཡིན་ནོ། །གཏམ་སྔོན་དུ་སོང་བ་ཅན་ཞེས་བྱ་བ་ནི་སྐབས་འབྱེད་པ་སྔོན་དུ་སོང་བ་ཅན་ཡིན་ནོ། །རིག་པའི་གནས་བཅོ་བརྒྱད་ལ་མཁས་པ་ཞེས་བྱ་བ་ལ་རིག་པའི ་གནས་བཅོ་བརྒྱད་ནི། རོལ་མོ་དང། འཁྲིག་ཐབས་དང། སོ་ཚིས་དང། གྲངས་ཅན་དང། སྒྲ་དང། གསོ་བ་དང། ཆོས་ལུགས་དང། བཟོ་དང། འཕོང་དཔྱད་དང། གཏན་ཚིགས་དང། སྦྱོར་བ་དང། ཐོས་པ་དང། བྲན་པ་དང། སྐར་མའི་དཔྱད་དང། རྩིས་དང། མིག ་འཕྲུལ་དང། སྔོན་གྱི་རབས་དང། སྔོན་འབྱུང་བ་དག་ཡིན་ཏེ། རིག་པ་བཅོ་བརྒྱད་དེ་དང་དེ། །སྔོན་གྱི་དྲང་སྲོང་དག་གིས་བཤད། །མྱུར་དུ་ཁོངས་སུ་ཆུད་པར་བྱེད་པའི་བློ་གང་ལ་ཡོད་པ་དེ་ནི་བློ་རྣོ་བ་ཡིན་ལ། །བྱེ་བྲག་ཁོང་དུ་ཆུད་པར་བྱེད་པ་ནི་གསལ་བ་ཡིན་ནོ། །ཁ་དོག ་མིག་སྡུག་པ་བཅོ་བརྒྱད་ཅེས་བྱ་བ་ནི་མཚན་ངན་པ་བཅོ་བརྒྱད་སྔར་བཤད་པ་ཡིན་ནོ། །སྐབས་ཕྱེའོ་ཞེས་བྱ་བ་ནི་ཀླག་པར་བགྱིའོ་ཞེས་བྱ་བ་ནི་དེ་ཁས་བླངས་པ་ཡིན་ནོ། །གཟི་ཕྲོགས་པར་གྱུར་པས་ཞེས་བྱ་བ་ནི་ཉི་མ་ཐག་ཉེ་བའི་སྲིན་བུ་མེ ་ཁྱེར་དང་འདྲ་བར་དེའི་གཟུགས་མཛེས་པས་ཟིལ་གྱིས་གནན་པར་གྱུར་པ་ཡིན་ནོ། །འཕྲལ་དུ་སྨྲེ་དང་སྦྱར་བའི་བཏུང་བས་ཚིམ་པར་བྱེད་པ་ཡིན་པས་ན་ཆུ་སྒྲོག་ཡིན་ནོ། །བསྟན་བཅོས་བྱེད་པ་ནི་གང་གིས་ཆོས་ཀྱི་བསྟན་བཅོས་བྱས་པ་དེ་འདིར་བསྟན་བཅོས ་བྱེད་པར་འདོད་དོ། །དྲང་སྲོང་ནི་དྲན་པའི་བསྟན་བཅོས་བྱེད་པ་ཡིན་ནོ། །འཇམ་པོར་སྨྲ་བ་ཞེས་བྱ་བ་ནི་ཡིད་དུ་འོང་བར་སྨྲ་བའི་ངང་ཚུལ་ཅན་ཡིན་ནོ། །མིག་མཛེས་པ་གང་ལ་ཡོད་པ་དེ་ནི་འདིར་མིག་ཤིན་ཏུ་ལེགས་པ་ཡིན་ནོ། །ནགས་ཀྱི་ལྷ་མོ་ནི་འདིར་ལྷའི་གནས ་ཀྱི་བྲན་མོ་ཡིན་ནོ། །ལྷ་མོ་ནི་རང་གིས་སྒྲས་གཟུང་བར་བྱ་བ་ཡིན་པའི་ཕྱིར་རོ། །ངང་པའི་སྒྲ་ལྟར་ཡིད་དུ་འོང་བའི་རྐང་གདུབ་ཀྱི་སྒྲ་གང་ལ་ཡོད་པ་དེ་ནི་འདིར་དང་པ་རྐང་གདུབ་དབྱངས་སྙན་ཅན་ཡིན་ནོ། །དཔེར་ན་སྤྲིན་འཐུག་པོ་གློག་འགྱུར་བ་མཛེས་པར་གྱུར ་བ་དེ་དང་འདྲ་བར་ཁྱེད་ཀྱང་ཤིང་ཐིབས་པོ་དག་ལས་ཞེས་བྱ་བ་ཡིན་ནོ། །ལྟེ་བ་མཛེས་པ་གང་ལ་ཡོད་པ་དེ་ནི་འདིར་ལྟེ་བ་མཛེས་པ་ཅན་ཡིན་ནོ། །སྨིན་མ་འཐུག་པ་འམ་མ་འདྲེས་པ་གང་ལ་ཡོད་པ་དེ་ནི་འདིར་སྨིན་མ་འཐུག་པ་ཡིན་ནོ། །ལས་བྱེད་ཅེས་བྱ་བ་ནི ་རྒྱལ་པོའི་ཕོ་བྲང་ན་སྟོབས་ཀྱི་རྣམ་པ་ལས་བྱེད་པ་གང་ཡིན་པ་དེ་ལས་བྱེད་ཅེས་བྱའོ། །རྔོ་ཞེས་བྱ་བ་འདི་རྔོའི་མིང་གི་རྣམ་གྲངས་ཡིན་ཡིན་ནོ། །གཏམ་གཞན་གྱིས་ཞེས་བྱ་བ་ནི་སྐབས་གཞན་གྱིས་སོ། །དེའི་ཚེ་དེའི་ཆུང་མ་དེ་རྒྱལ་པོ་དང་ལྷན་ཅིག་ཨུག ་ཤུད་རྩེ་བ་དེ་ལ་གཞོལ་ནས་འདུག་པའོ། །དེས་གཞི་ནི་གསེར་ལས་བྱས་པ་སྟེ་ཞེས་བྱ་བ་ལ་སོགས་པ་ལ། གསེར་ལས་བསྒྱུར་བ་ནི་གསེར་ལས་བྱས་པ་ཡིན་ལ། གསེར་ལས་བྱས་པའི་ཨུག་ཤུད་རྩེ་བའི་རྟེན་དུ་གྱུར་པའི་གཞི་ནི་གསེར་ལས ་བྱས་པ་སྟེ་དེ་ལའོ། །གནས་བརྒྱད་ཀྱི་གནས་བྱས་པ་ཞེས་བྱ་བ་ནི་རེག་ལ་སོགས་པས་རྣམ་པ་བརྒྱད་དུ་དགོས་པའི་ཕྱིར་རོ། །བཟང་པོ་དང། ལ་མི་དགའ་འམ་ཞེས་བྱ་བ་ནི། ད་ང་ལ་དགའ་བསྐྱེད་པར་མི་བྱེད་དམ་ཞེས་བྱ་བ་ཡིན་ནོ། །འཇོག་མཁན་ནི་རྔོ་མཁན ་ལ་བྱ་བ་སྟེ། རྔ་ལ་མཁས་པའམ། འཇོག་པའི་ལས་ལ་མཁས་པ་ཡིན་ནོ། །གཡོག་གཞན་གྱིས་ཀྱང་གང་འདི་ཞེས་བྱ་བ་ལ་སོགས་པ་སྨྲས་པ་ཡིན་ནོ། །འདོར་ཞིང་འཇོག་པར་བྱེད་པ་ཞེས་བྱ་བ་ལ་ད་དག་ནི་ཨུག་ཤུད་ལ་རབ་ཏུ་ཆགས་པའི་སྤས་པའི ་ཚིག་ཡིན་ཏེ། འདི་ལྟར་འཇོག་པར་བྱེད་པ་ལ་རྔ་དང་ཅུན་ཙ་ཞེས་བྱ་བ་ལྟ་བུའོ། །ཡང་བྲམ་ཟེས་ཀྱང་འབིགས་བྱེད་ཅེས་བྱ་བ་ལ་སོགས་པ་སྨྲས་པ་ཡིན། །གམ་གཱ་དང་ཉེ་བའི་ནགས་ཡིན་པས་ན་ཉེ་བའི་ནགས་ཡིན་ནོ། །ཡང་བུད་མེད་ཀྱིས་ཀྱང་ཁྱོད་ལ་དྲིས་ཞེས ་བྱ་བ་ལ་སོགས་པ་སྨྲས་པ་ཡིན་ནོ། །ཡང་བྲམ་ཟེས་མང་ཐོས་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། སྣ་ཚོགས་པ་གཏམ་སྨྲ་ལ་ཞེས་བྱ་བ་ལ་གཏམ་མཛེས་པ་རྣམ་པ་མང་པོ་ལ་མཁས་པ་ལའོ། །གསེར་གྱི་འོད་དང་མཚུངས་པ་ལ་ཞེས་བྱ་བ་ནི་གསེར་གྱི་འོད་དང ་མཚུངས་པ་ལའོ། །ཡང་བུད་མེད་ཀྱི་སློབ་དཔོན་དྲུང་ན་ཞེས་བྱ་བ་ལ་སོགས་པ་སྨྲས་པ་ཡིན་ནོ། །ཡང་བྲམ་ཟེས་ཀྱང་རི་བོའི་རྩེ་ནས་ཞེས་བྱ་བ་ལ་སོགས་པ་སྨྲས་པ་ཡིན་ནོ། །ཡང་བུད་མེད་ཀྱིས་ཀྱང་རི་བོའི་རྩེ་ནས་བདག་ཅེས་བྱ་བ་ལ་སོགས་པ་སྨྲས་པ་ཡིན ་ང་འདོད་ཚེ་ན་ཁྱོད་མ་འདོད་ཅེས་བྱ་བ་ནི་དེའི་ཚེ་ཁྱོད་ཀྱིས་ཡུལ་ལ་ང་འདོད་པར་གྱུར་པ་ན་ཁྱོད་མ་འདོད་ལ་ད་ལྟར་ནི་ཁྱོད་འོ་དད་དུ་ཟིན་ཀྱང་ང་འདོད་པ་སྐྱེས་པར་མ་གྱུར་པ་ཡིན་ནོ། །རྔ་ཆེན་གནས་ཀྱིས་བཅིངས་པར་གྱུར་ཅེས་བྱ་བ་ནི་རྔ་ཆེན་དུ་བརྡར ་བཏགས་པའི་ཨུག་ཤུད་ཀྱི་ཆ་བྱད་དེས་གནས་ཏེ་རྟེན་དུ་བཅིངས་པར་གྱུར་བ་ཡིན་ནོ། །དེའི་བཟློས་པ་ཞེས་བྱ་བ་ནི་རིག་བྱེད་ཀློག་པ་ཡིན་ནོ། །མ་རུངས་པས་མི་ཆུགས་པར་བྱ་བ་ཞེས་བྱ་བ་ནི་འདི་ལ་ཁྱེད་ཀྱིས་རྩེ་བ་མེད་པ་ཉིད་དུ་མི་བྱ་ཞིང་འདི་ལ་ཅུང ་ཟད་ཀྱང་མི་སྙན་པའི་ཚིག་བརྗོད་པར་མི་བྱའོ། །སྔགས་ཀྱི་སྟོབས་ཞེས་བྱ་བ་ནི་སྔག་ཀྱི་ནུས་པ་དང་ལྡན་པ་འགའ་ཞིག་ཏུ་ཡང་དཀར་བ་ལ་སོགས་པ་རྣམ་པར་འཚེར་བའི་རྒྱུ་ཅུང་ཟད་ལ་འཇུག་པར་འགྱུར་བ་ཡིན་ནོ། །རྣམ་པར ་རྒྱལ་བའི་གནས་ན་ལྷ་མོ་བདེ་སོགས་བཞིན་དུ་ཞེས་བྱ་བ་ལས་རྣམ་པར་རྒྱལ་བའི་ཁང་བཟངས་ཀྱི་གནས་ན་བརྒྱ་བྱིན་ལྟ་བུའོ། །སྔགས་ཀྱིས་རེངས་པ་བཞིན་དུ་ཞེས་བྱ་བ་ནི་སྔགས་ཀྱིས་ནུས་པ་ཕྲོགས་པ་ལྟར་རོ། །ཐམས་ཅད་ལས་སྨད་པ ་བྱ་བའི་བྲན་མོ་ཆུ་ཆུན་མ་ཡིན་ནོ། །རྒྱ་ཆེར་བརྗོད་པར་བྱའོ་ཞེས་བྱ་བ་ནི་མཐར་གྱིས་ཚུལ་དང་མཐུན་པར་མ་ཡིན་ཁང་བ་རྒྱས་པར་བྱས་སོ། །ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །སྤྲད་པོ་ཞེས་བྱ་བ་ལ། ཟས་ཀྱི་ལྷག་མ་ནི་གོང་བུ་ཡིན་ལ། དེ་ལེན་པར་བྱེད་པའམ ་སྡུད་པར་བྱེད་པ་འམ། ཕྱེད་ཟོས་པ་དང། བོར་བ་ཡོངས་སུ་ལེན་ཅིང་ཟ་བར་བྱེད་པ་གང་ཡིན་པ་དེ་ནི་སྦྲང་པོ་ཡིན་ནོ། །བཙོན་ར་ནི་བཅིང་བར་བྱེད་པའི་ཁང་བ་ཡིན་ནོ། །བཤང་བར་བྱས་སོ་ཞེས་བྱ་བ་ནི་ལུས་ཀྱི་ངོར་བྱས་པ་ཡིན་ནོ། །འདོད་པའི་རྒྱུ་ནི་འདོད ་བའི་ཡོ་བྱད་ཡིན་ནོ། །སྟོབས་ཆུང་བར་འགྱུར་རོ་ཞེས་བྱ་བ་ནི་གཟི་ཆུང་བ་དང། སྤྲོ་བ་ཆུང་བར་འགྱུར་རོ། །གཅིག་ཏུ་འདུས་ཏེ་ཞེས་བྱ་བ་ནི་གཅིག་ཏུ་འཚོགས་པ་ཡིན་ནོ། །འཇིག་རྟེན་གྱི་སྤྱོད་པ་ནི་འདིར་མི་ཚངས་པར་སྤྱོད་པ་ཡིན་ནོ། །བློན་པོ ་དྲུག་གིས་རྣམ་པ་གཞན་གྱི་སྒོ་ནས་གཙང་གཏམ་གསལ་པོར་བྱས་པ་ཡིན་ནོ། །དེའི་མཚན་མ་མཐོང་སྟེ་ཞེས་བྱ་བ་ནི་ཐེ་ཚོམ་མེད་པར་ཁོང་དུ་ཆུད་པར་གྱུར་པ་ཡིན་ནོ། །གང་ན་བདག་མི་གནས་མི་དབང་བ་ཞེས་བྱ་བ་ནི་གང་ན་བདག་གི་ནུས་པ་ཡོད་པ ་མ་ཡིན་པར་རོ། །འཚོ་བ་ནི་བ་ཚོ་བའི་ཐབས་ཡིན་ནོ། །དེ་ལྟ་བུར་གྱུར་བ་ཞེས་བྱ་བ་ནི་གཟོའི་རིགས་སུ་གྱུར་པ་ཡིན་ནོ། །དེ་འདྲ་བའི་སྣོད་ཅེས་བྱ་བ་ལ། དེའི་བཟོ་བོས་བསྒྲུབ་ཏུ་རུང་བའི་སྣོད་ཡིན་ནོ། །སེན་མོ་བཅད་པ་ཞེས་བྱ་བ་ནི་སེན་མོ་གཅོད་པར ་བྱེད་པ་ཡིན་ནོ། །སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་ཨརྨོ་ནིག་ལྟ་བུའི་རྔོ་ཡེབ་ནི་རབ་ཏུ་བྱུང་བ་དང་རྗེས་སུ་མཐུན་པའི་བདེ་བའི་གནས་ཡིན་ནོ། །དབྱར་ཚུལ་དུ་ཞུགས་པ་ཞེས་བྱ་བ་ནི་དབྱར་གནས་པ་ཉིད་དུ་ཁས་བླང་བར་བྱས་པ་ཡིན་ནོ། །འཁོར་བཞི་ཞེས ་བྱ་བ་ནི་དགེ་སློང་དང། དགེ་སློང་མ་དང། དགེ་བསྙེན་དང། དགེ་བསྙེན་མའི་འཁོར་ཡིན་ནོ། ཤིན་ཏུ་སྐོམ་པ་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱི་ཞལ་མཐོང་བའི་ཕྱིར་བདག་རབ་ཏུ་འདོད་པས་གནས་པར་གྱུར་པའོ། །རིགས་ཤིང་ལེགས་པ་ཞེས་བྱ ་བ་ནི་ལེགས་ཏེ་བདག་ཉི་ཀྱིས་སྤབས་པ་ལ་གནོད་པ་མ་ཡིན་ནོ། །རྫུ་འཕྲུལ་ཞེས་བྱ་བ་ནི་གང་གི་ཚེ་བདག་ཅིག་སུམ་ཅུ་རྩ་གསུམ་གྱི་ལྷར་འགྲོ་བར་འགྱུར་བ་ལའོ། །མཐུ་ནི་གང་གནས་འདི་ཉིད་ནས་བདག་ཉིད་མངོན་པར་སྦྲུལ་ནས་བཅོམ ་ལྡན་འདས་ལ་བལྟ་བར་བགྱི་བ་ལའོ། །བསྙེན་བཀུར་ནི་རྗེས་སུ་མཐུན་པའི་སྒོ་ནས་ཐག་ཉེ་བར་གནས་པ་ཡིན་ནོ། །ལེགས་སོ་ཞེས་བ་ནི་རིགས་པ་ཡིན་ནོ། །བསྐུམ་པ་ཞེས་བྱ་བ་ནི་བསྡུས་པ་ཡིན་ལ། བརྐྱང་པ་ཞེས་བྱ་བ་ནི་ཁྱབ་པ་འམ་ཡངས་པར་བྱས ་བ་ཡིན་ནོ། །རང་གི་འདུས་བྱས་པ་ནི་མ་ཡིན་གྱི་ཞེས་བྱ་བ་ནི་བདག་ཉིད་ཀྱི་བྱ་བས་ནི་མ་ཡིན་ནོ། །ལྷ་རྣམ་པ་མང་པོ་འདུས་པའི་ཕྱིར་རྣམ་པ་སྣ་ཚོགས་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་བཞུགས་པ་ཟག་པ་མེད་པའི་ཡེ་ཤེས་ཀྱིས་ཤེས ་ཤིང་ཁོང་དུ་ཆུད་པའི་གཅིག་ཏུ་དང་པ་རྙེད་པ་གང་ཡིན་པ་དེ་ནི་སངས་རྒྱས་ལ་ཤེས་ཤིང་དད་པ་ཡིན་ནོ། །ཆོས་དང་དགེ་འདུན་དག་ཀྱང་དེ་བཞིན་ནོ། །ཟག་པ་མེད་པའི་ཚུལ་ཁྲིམས་ཐོབ་པའི་སྒོ་ནས་ཟག་པ་མེད་པའི་སྡོམ་པ་ཞེས་བྱ་བ་དེའི་ཚེ་དེ ་ཚུལ་ཁྲིམས་ཡིན་ནོ། །གཅིག་ལ་དད་པ་གང་ཡིན་པ་དེ་གདོན་མི་ཟ་བར་ཐམས་ཅད་ཁོ་ནལ་ཡང་སངས་རྒྱས་ཀྱིས་གསུངས་པས་ལྷག་པར་མངོན་པར་ཞེན་པར་འགྱུར་བ་ལ་དགོངས་ནས་རེ་རེ་ལ་སྨོས་པ་མཛད་པ་ཡིན་ནོ། །ལྷའི་འཁོར་མི་སྣང་བར་གྱུར་ཏོ་ཞེས་བྱ་ ་བ་ནི་ལྟས་གཏོང་བ་ཡིན་ནོ། །ཅིའི་ཕྱིར་ཡང་བཅོམ་ལྡན་འདས་འོག་མིན་གྱི་མཐར་ཐུག་པའི་བར་དུ་གཤེགས་པར་མཛད་ཅེ་ན། འདིར་སྨྲས་པ། འདོད་པ་ན་སྤྱོད་པ་དང། གཟུགས་ན་སྤྱོད་པའི་ལྷ་ངག་གི་དགེ་བའི་རྩ་བ་བསྐྲུན་པར་བྱ་བའི་ཕྱིར ་ཏེ། གང་གི་ཕྱིར་གཟུགས་ན་སྤྱོད་པའི་ལྷ་ཚེ་ལོ་བསྐལ་བ་དུ་མར་གྱུར་པ་དགེ་བའི་ཆོས་རྣམས་ལས་ཉམས་པར་འགྱུར་ཏེ། བཅོམ་ལྡན་འདས་ཀྱི་ཞལ་མ་མཐོང་བ་དང། དམ་པའི་ཆོས་མ་ཐོས་པའི་ཕྱིར་དང་གང་དག་ཚངས་པ་ལ་སོགས་པ་གོང་མ་ལ་ཆེན་པོའི ་བློ་ཡོད་པ་དེ་དང་དེ་དག་གི་བཅོམ་ལྡན་འདས་ལ་ཚངས་པ་ལས་སོགས་པ་མཆོད་པ་བྱེད་པ་མཐོང་བ་དེས། ཚངས་པ་ལ་སོགས་པ་ཆེན་པའི་བློ་སྐྱེས་པ་གང་ཡིན་པ་དེས་ཉམས་པར་འགྱུར་བ་དང། བཅོམ་ལྡན་འདས་ལ་དད་པ་འཕེལ་བར་འགྱུར་རོ། །དད་པ་སྐྱེས ་པར་གྱུར་ན་འཕགས་པའི་ལམ་གྱི་ཚོགས་ལ་འཇུག་པར་འགྱུར་བ་དེའི་ཕྱིར་དེ་དག་ཁྱད་པར་ཤིན་ཏུ་ཆེན་པོར་འགྱུར་བས་བཅོམ་ལྡན་འདས་འོག་མིན་གྱི་བར་དུ་གཤེགས་པ་ནི་དོན་དང་བཅས་པ་ཡིན་ནོ། །ལུས་ཀྱི་དྲི་མ་ནི་ལུས་དྲི་ཡིན་ནོ། །སྐད་ཅིག་མས་འཇིག ་པ་ཉིད་ཀྱི་ཕྱིར་མི་རྟག་པ་ཡིན་ནོ། །རྒྱུན་ཆད་པ་དང་ལྡན་པའི་ཕྱིར་མི་བརྟན་པ་ཡིན་ནོ། །ཡིད་བསྟན་དུ་རུང་བའི་དངོས་པོ་ཉིད་མ་ཡིན་པའི་ཕྱིར་ཡིད་བརྟན་དུ་མེད་པ་ཡིན་ནོ། །སྐད་ཅིག་སྐད་ཅིག་ལ་རྣམ་པ་གཞན་དང་གཞན་དུ་སྐྱེས་པ་ཉིད་ཀྱི་ཕྱིར་རྣམ་པར ་འགྱུར་བའི་ཆོས་ཅན་ཡིན་ནོ། །ཉོན་མོངས་པའི་ཐོབ་པ་གཅོད་པའི་ཕྱིར་འདོད་ཆགས་དང་དྲལ་བ་ཡིན་ནོ། །བྲལ་བའི་ཐོབ་པ་སྐྱེད་པར་བྱེད་པའི་ཕྱིར་རྣམ་པར་གྲོལ་བ་ཡིན་ནོ། །མི་རྟག་པའི་རྣམ་པས་ཞེས་བྱ་བ་ནི་མི་རྟག་པའི་རྣམ་པ་གཙོ་བོར་གྱུར་པ་ཡིན་ནོ། །ཆེ་ཞིང་ཆེ ་བ་ཞེས་བྱ་བ་ནི་གཙོ་བོར་གྱུར་པ་ཡིན་ནོ། །སྟོན་པའི་སྤྱན་སྔར་དགེ་སློང་མ་དག་རྫུ་འཕྲུལ་སྟོན་པ་བཟློག་པར་འཛད་པ་ནི་དགེ་སློང་མ་ཀུན་ནས་ཉོན་མོངས་པ་ཅན་དག་གིས་ང་རྒྱལ་སྤང་བར་བྱ་བའི་ཕྱིར་ཏེ། གལ་ཏེ་ཟློག་པར་མ་གྱུར་ན་དེའི་ཚེ་གང་གིས་བདག་ཅག ་གི་འཁོར་གྱི་ནང་དུ་འདུས་པ་ཁོ་མོ་ཅག་འདྲ་བ་ཡང་བཅོམ་ལྡན་འདས་ཀྱི་སྤྱན་སྔར་རྫུ་འཕྲུལ་སྟོན་པར་བྱེད་དོ་ཅེས་དེས་ང་རྒྱལ་སྐྱེ་བར་འགྱུར་ལ། ང་རྒྱལ་ལས་ཀྱང་ཚུལ་དང་མཐུན་པ་མ་ཡིན་པའི་བྱ་བ་བྱེད་པར་འགྱུར་བ་དེའི་ཕྱིར་བཟློག་པ་མཛད་པ་ཡིན་ནོ། །ས་རྣམས ་གཅིག་གིས་ཐོས་པ་སྨོས་པས་ནི་འཁོར་ལོས་སྒྱུར་བའི་རྒྱལ་སྲིད་མངོན་པར་འདོད་པ་དག་བཟློག་པ་མཛད་པ་ཡིན་ལ། ལྷ་རྣམས་སུ་ཡང་འགྲོ་བ་ཞེས་བྱ་བས་ནི་ལྷའི་འཇིག་རྟེན་ལ་མངོན་པར་དགའ་བ་ཡིན་ནོ། །ཡང་ཏིང་ངེ་འཛིན་ཐོབ་པ་སྨོས་པས་ནི་འཇིག་རྟེན་པའི་སྙོམས ་པར་འཇུག་པ་མངོན་པར་འདོད་པས་བཟློག་པ་མཛད་པ་ཡིན་ནོ། །ཆུ་སྲིན་ཉ་ལྟ་བུ་ནི་ཆུ་སྲིན་ཉའི་རིགས་ཡིན་ནོ། །མཐུན་པའི་རླུང་གིས་ཞེས་བྱ་བ་ནི་ཀ་ཤེ་རུའི་གླིང་དུ་ཕྱིན་པར་བྱེད་པ་དང་རྗེས་སུ་མཐུན་པ་ཡིན་ནོ། །ཚུལ་ཁྲིམས་འཆལ་བར་གྱུར་པ་ཞེས་བྱ་བ་ནི་སྐྱེས་བུ་གཞན་ལ ་རབ་ཏུ་ཆགས་པར་གྱུར་པ་ཡིན་ནོ། །ལགས་ཀྱིས་ཞེས་བྱ་བ་ནི་མཛེས་པའི་ཀུན་ཏུ་སྤྱོད་པ་ཡིན་ནོ། །མི་འཇིགས་བཞིན་ཏུ་སྐུར་བར་བྱེད་དོ། །ཞེས་བྱ་བ་འདིས་ནི་འདབ་བཟང་དང་མེ་ཏོག་ཡོངས་སུ་ལོངས་སྤྱོད་པར་བྱེད་པའི་ཚེ། སྦྱིན་སྲེག་གི་མེ་འབར་བར་བྱེད་པའི་རྒྱུ་མཚན་ཤིང་བ ་ལ་ཤ་ལ་སོགས་པ་ཁྲུ་གང་གི་ཚད་དུ་བྱས་པ་ནི་ཡམ་ཤིང་ཡིན་ནོ། །དེ་ལ་ཞེས་བྱ་བ་ནི་བུ་ལའོ། །འཚོ་བ་ཞེས་བྱ་བ་ནི་འཚོ་བའི་ཐབས་སུ་གྱུར་པ་ཡིན་ནོ། །བཀྲེས་པའི་བདུད་ཀྱིས་ཞེས་བྱ་བ་ནི་ཤིན་ཏུ་བཀྲེས་པ་ཁོ་ན་བདུད་དེ་འཆི་བར་བྱེད་པ་དེས་སོ། །མཉན་གྱིས་ཞེས་བྱ ་བ་ནི་སྒྲའི་ཡུལ་དེ་ལ་རྣ་བའི་རྣམ་པར་ཤེས་པ་བསྐྱེད་པ་ཡིན་ནོ། །མཆོད་བརྒལ་བ་ཞེས་བྱ་བ་ནི་སྟེང་དུ་མཆོད་ཞིང་བརྒལ་བ་ཡིན་ནོ། །འཕྱིས་པར་གྱུར་པ་ཞེས་བྱ་བ་ནི་ཡུན་རིང་དུ་ལོན་པར་གྱུར་པ་ཡིན་ནོ། །སེམས་བསང་བར་གྱུར་པ་ནི་སེམས་དགའ་བ་སྐྱེད་པར་བྱེད ་པ་ཡིན་ནོ། །རྡོའི་སྦྱོར་བ་བྱེད་པ་རྩོམ་པ་ཞེས་བྱ་བ་ནི་འདབ་བཟང་ལ་མི་བས་ལྷག་པའི་ཁུར་བཀུར་བར་ཁོང་དུ་ཆུད་པར་བྱ་བའི་དོན་ཡིན་ནོ། །མིག་ཞར་བ་ཞེས་བྱ་བ་ནི་ཤིན་ཏུ་དྲག་ཏུ་འགྲོ་བས་དེའི་མིག་ཞར་བར་གྱུར་པ་ཡིན་ནོ། །རྡོའི་སྦྱོར་བ་བྱེད་པའི་གླུ་ཞེས་བྱ་བ་ནི་ཤ་ཀེ་རུའི ་གླིང་དུ་ཉམས་སུ་མོང་བར་གྱུར་པའི་རབ་རིབ་སེལ་བའི་མེ་ཏོག་དང་མཐུན་པ་ཡིན་ནོ། །བསྐྱོད་པ་ན་ཞེས་བྱ་བ་ནི་འཕངས་ཤིང་འཕང་བར་གྱུར་པ་ཡིན་ནོ། །སེམས་དགའ་བར་བྱེད་པ་ཡིན་པའི་ཕྱིར་གླིང་དགའ་བ་ཡིན་ནོ། །འདི་ནས་དེ་ལས་ཞེས ་བྱ་བ་ལ་སོགས་པ་ལ། ས་དཔག་ཚད་བརྒྱ་བ་འདི་ལས་ཕ་རོལ་ཏུ་ཚད་ཆེན་པོའི་རྒྱ་མཚོ་ནི་ཆུ་འཛིན་ཡིན་ཏེ། དེ་འདས་པའི་ཤ་ཀེ་རུའི་གླིང་ཡིན་ནོ། །ཡིད་འཕྲོག་པ་ཞེས་བྱ་བ་ནི་ཡིད་ཀྱི་དགའ་བ་འཕྲོག་པར་བྱེད་པའི་ཕྱིར་ཡིད་འཕྲོག་པ་ཡིན་ནོ། །བརླ་སྟེ་བརླ ་གཉིས་ལ་དཔལ་གྱི་བེའུ་ཞེས་བྱ་བའི་མཚན་མ་ཡོད་པ་ཡིན་ནོ། །ནུ་མའི་བར་ལ་ཞེས་བྱ་བ་ལ། བ་སྤུ་ཕྲ་མོ་འཁྱིལ་བ་ཡོད་པ་ཡིན་ནོ། །གྲོང་ཁྱེར་གྱི་གནས་གང་ན་ཡོད་པ་མ་ཡིན་པ་དེ་ནི་གྲོང་ཁྱེར་མེད་པ་ཡིན་ནོ། །དོགས་པ་སྐྱེས་པ་ནི་དོགས་པར་གྱུར་པ་ཡིན་ནོ ་བ་ཤེས་མིན་ཁྱོད་ཀྱིས་ཞེས་བྱ་བ་ལ་སོགས་པ་ལ། བཤེས་ནི་འདྲེས་པ་དང་ཤིན་ཏུ་ཡིད་བརྟན་པ་ཡིན་ནོ། །བཤེས་མ་ཡིན་པ་སྟེ། བདག་གིས་ཡུན་རིང་པོར་ཀུན་ནས་བསྟེན་པར་ནུས་པ་མ་ཡིན་པ་དེའི་ཕྱིར་ཁོ་བོ་ཡང་ཁྱོད་ལས་དངོས་སུ་ཡིད་ཆེས་པར་ནུས་པ ་མ་ཡིན་ནོ། །གཉིས་ཀའི་མཛའ་ལས་ཉམས་པ་ཞེས་བྱ་བ་ནི་ཤའི་མཛའ་དང་ཉའི་མཛའ་ལས་སོ། །རྩའི་ནང་ན་གནས་པ་གང་ཞེས་བྱ་བ་ནི་ཆུ་བོ་དང་ཐག་ཉེ་བར་སྐྱེས་པའི་རྩའི་རིགས་སུའོ། །སྦྱར་མ་ནི་འདིར་ཉེས་པ་སྤྱོད་པ་ཅན་ཡིན་ནོ། །བདག་པོའི་མཛའ་ལས་ཉམས ་པ་དང། བྱི་བོ་པའི་མཛའ་ལས་ཉམས་པ་དེའི་ཕྱིར་གཉི་གའི་མཛའ་ལས་ཉམས་གྱུར་པ་ཞེས་བྱའོ། །རིགས་སུན་འབྱིན་པ་ཞེས་བྱ་བ་ནི་སྐྱེས་གཞན་ལ་ཞེན་པས་རག་ལུས་པ་ཅན་ཡིན་ནོ། །སླར་ལོག་ཅིང་ཞེས་བྱ་བ་ནི་ཕྱིན་ཅི་ལོག་ཏུ་འབབ་པར་གྱུར་པ་ཡིན་ནོ ་ཞོའི་ཁ་དོག་ཅེས་བྱ་བ་ནི་དཀར་པོ་ཡིན་ལ། ཤིང་འཛམ་བུ་དང་ཤིང་ཏ་ལ་གང་གི་ཚེ་འབྲས་བུ་འབྱིན་པར་བྱེད་པ་དེའི་ཚེ་ཁྱོད་ཚུལ་ཁྲིམས་བཟང་པོ་དང་ལྡན་པར་འགྱུར་རོ། །དགུན་གྱི་བགོ་བར་གྱུར་པ་ནི་ཞེས་བྱ་བ་ནི་ཁབ་བབ་པའི་དུས་སུ་ཉེ་བར་མཁོ་བ་ཡིན་ནོ།། ་སྡོང་བུ་ནི་མྱུ་གུ་ཡིན་ནོ། །ལེགས་པར་ཡང་ནི་མེ་འབར་ལ། ཞེས་བྱ་བ་ནི་གང་གི་ཚེ་རྒྱ་མཚོའི་དབུས་སུ་དུ་བ་མེད་པའི་མེ་འབར་བར་གྱུར་པ་ན་ཏེ། དེ་ནི་དཔེར་ན་ཆུ་བོ་གི་གཱ་བཟློག་ཕྱོགས་སུ་འབབ་པ་དང། རུས་སྦལ་གྱི་སྤུ་བགོ་བར་བྱེད་པ་ལ་སོགས་པའི་དངོས་པོ་དེ་དག་སྲིད་པ་མ་ཡིན་པ ་དེ་བཞིན་དུ་ཁྱོད་ཀྱི་ཚུལ་ཁྲིམས་ཀྱང་ཡིན་ནོ་ཞེས་བྱ་བའི་དོན་འདི་ཡིན་ནོ། །གསོལ་པ་ཞེས་བྱ་བ་ནི་སྒྲ་ཆེར་བསྒྲགས་པ་ཡིན་ནོ། །ཝའི་སྐད་ལ་མཁས་པ་ཞེས་བྱ་བ་ནི་ཝའི་མིང་ཅན་གནོད་སྦྱིན་མོའི་བྱེ་བྲག་གི་ཚིག་གི་དོན་ཡོངས་སུ་ཤེས་པ་ལ་མཁས་པ་ཡིན་ནོ། །བཏང་བ་ན་ཡང་སུ་དོར ་བ་ཡིན་ནོ། །དམར་སྐྱ་ཞེས་བྱ་བ་ནི་བགོ་བ་དང་རྗེས་སུ་མཐུན་པ་དེའི་མིང་ཡིན་ཏེ། སྐྱུར་རྩི་ཆུང་ངུའི་མདོག་གི་བྱེ་བྲག་དང་འདྲ་བར་དམར་སྐྱ་ཡིན་ནོ། །ཆེད་དུ་ཞེས་བྱ་བ་ནི་གཙོ་བོའི་བྱ་བ་དེ་ཉིད་ཀྱི་དབང་དུ་བྱས་ནས་བསམས་བཞིན་དུ་བལྟ་བར་བྱེད་པ་ཡིན་ནོ། །གླང་པོ་ཆེ་ཞེས་བྱ་བ་ལ་སོགས་པ་ལ་གླང་པོ་ཆེ་ལ་སོགས་པ་དང ་འདྲ་བར་ཕན་ཚུན་དུ་གཡུལ་འགྱེད་པ་དང། གཞན་བྱེད་དུ་བཅུག་པ་ཡིན་ནོ། །བྱ་བར་ཏ་ཀ་ནི་སྲན་མམ་ཤ་ལ་སོགས་པའི་ཞིང་ན་ཕལ་ཆེར་འདུག་པ་ལུས་ཤིན་ཏུ་ཆུང་བ་མ་ཡིན་པའི་བྱ་ཡིན་ནོ། །དེ་ལས་ལུས་ཤིན་ཏུ་ཆུང་བ་ནི་བྱ་ལ་བཀའ་ཡིན་ནོ། །བསོད་སྙོམས་སྦྱིན་པར ་བྱ་བར་སེམས་པ་ཞེས་བྱ་བ་ནི་བསོད་སྙོམས་སྦྱིན་པར་བྱ་བའི་ཕྱིར་སེམས་བསྐྱེད་པར་འགྱུར་བ་ཡིན་ནོ། །བྱ་བ་སེམས་པ་ཞེས་བྱ་བ་ནི་ཕྱག་ལ་སོགས་པའི་བསྙེན་བཀུར་བྱ་བའི་ཕྱིར་སེམས་ཀྱང་བསྐྱེད་པར་འགྱུར་བ་ཡིན་ནོ། །མིའི་འགྲོ་བ་ཅན་ལེགས་པར་བཤད་པ་དང། ཉེས ་པར་བཤད་པའི་དོན་ཡོངས་སུ་ཤེས་པ་ལེ་མཁས་པ་དང། རྣམ་པ་ཐམས་ཅད་དུ་རུང་བ་ལ་འདིར་བུད་མེད་ཀྱི་ཡུལ་དུ་བཞེད་པ་ཡིན་ནོ། །དགེ་སྦྱོང་ནི་འཕགས་པའི་ལམ་ཡིན་ལ། དེའི་འབྲས་བུ་ནི་དགེ་སྦྱོང་གི་འབྲས་བུ་ཡིན་ནོ། །བཞི་ཞེས་བྱ་བ་ནི་དགྲ་བཅོམ་པ་ཉིད་ཡིན་ལ། ཐོབ ་པ་ཞེས་བྱ་བ་ནི་དོན་དུ་གཉེར་བ་ལ་འཇུག་པ་ཡིན་ནོ། །ཇི་སྲིད་འཚོའི་བར་དུ་ཞེས་བྱ་བ་ནི་ཚེའི་མཐར་ཐུག་གི་བར་དུའོ། །ཚུལ་ཁྲིམས་འཆལ་བའི་རྒྱུ་འདོད་པའི་རྣམ་པར་རྟོག་པ་ལ་སོགས་བསམ་བཅོམ་པ་ཉིད་ཀྱི་ཕྱིར་ཡོངས་སུ་རྫོགས་པ་ཡིན་ནོ། །འཆལ་བའི་ཚུལ ་ཁྲིམས་ཀྱིས་གནོད་པར་མ་གྱུར་པ་ཉིད་ཀྱི་ཕྱིར་ཡོངས་སུ་དག་པ་ཡིན་ནོ། །འཆལ་བའི་ཚུལ་ཁྲིམས་ཀྱི་མི་མཐུན་པའི་ཕྱོགས་དྲན་པ་ཉེ་བར་གཞག་པ་ལ་སོགས་པ་བསྒོམ་པ་དང་ལྡན་པ་ཉིད་ཀྱི་ཕྱིར་ཡོངས་སུ་བྱང་བ་ཡིན་ནོ། ཚངས་པ་ནི་མྱ་ངན་ལས་འདས་པ ་ཡིན་ལ། དེའི་རྒྱུ་མཚན་སྲོག་གཅོད་པ་ལ་སོགས་པ་ལས་ལྡོག་པ་ནི་ཚངས་པར་སྤྱོད་པ་ཡིན་ནོ། །གཅིག་ཏུ་མྱ་ངན་ལས་འདས་པའི་ཐབས་ཉིད་ཡིན་པའི་ཕྱིར་འབའ་ཤིག་ཡིན་ནོ། །དོན་ཞེས་བྱ་བ་ནི་མངོན་པར་འདོད་པའི་དོན་བསྒྲུབ་པའི་ཕྱིར་རོ། །ཕན་པ་ནི་འཇིག་རྟེན་འདི་དང་ཕ ་རོལ་ཏུ་མི་འགལ་བའི་ཕྱིར་རོ། །བདེ་བའི་ཕྱིར་ཞེས་བྱ་བ་ནི་ཐར་པའི་བདེ་བ་བསྒྲུབ་པའི་ཕྱིར་རོ། །ཤཱཀྱའི་བུ་མོ་ཞེས་བྱ་བ་ནི་ཤཱཀྱ་དག་གི་བུ་མོ་ཡིན་ནོ། །གནས་པར་བྱ་བ་ཡིན་པས་དགོངས་མལ་ཏེ་བཅོམ་ལྡན་འདས་མཉེལ་བསོ་བའི་གནས་ཡིན་ནོ། །དགོངས ་མལ་གྱི་རྗེས་སུ་བཞིན་ནམ་ཡོངས་སུ་སྤངས་པས་ན་དགོངས་མལ་གྱི་རྗེས་བཞིན་ནོ། །དགོངས་མལ་གྱི་རྗེས་སུ་འགྲོ་བའི་བྱ་བ་གང་ལ་ཡོད་པ་དེ་ནི་འདིར་དགོངས་མལ་གྱི་རྗེས་སུ་བཞིན་འབྲེང་བ་ཡིན་ཏེ་དེས་སོ། །དགོངས་མལ་གཅིག་གི་དུས་ཕྱིས་དོང་ངོ་ཞེས་བྱ་བའི་བར ་དུའོ། དྲང་སྲོང་ཀུཉྫི་ཀས་བྱས་པའི་གནས་ནི་ཀུཉྫི་ཀའི་གནས་ཡིན་ནོ། །དལ་བ་སྐྱེས་པ་ནི་ལུས་དལ་བ་ཡིན་ལ། ཤིན་ཏུ་དལ་བ་ལས་སྙོམས་པར་གྱུར་པ་ནི་ལུས་དུབ་པ་ཡིན་ནོ། །ལུས་གུག་པ་སྔོན་དུ་སོང་བ་ཅན་གྱི་ཆེར་དུབ་པ་ནི་ལུས་བབ་པ་ཡིན་ནོ། །མཆི་མ ་ཕྱུང་ངོ་ཞེས་བྱ་བ་ནི་སྒྲ་མེད་པར་ངུ་བར་བྱེད་བ་དག་ཡིན་ནོ། །དེ་བཞིན་གཤེགས་པ་ཐམས་ཅད་ལ་འཁོར་རྣམ་བཞི་མངའ་བ་མ་ཡིན་ནམ། ཅིའི་ཕྱིར་བཅོམ་ལྡན་འདས་ཀྱི་བུད་མེད་ཀྱི་ཡུལ་རབ་ཏུ་འབྱུང་བར་དཀའ་བས་གནང་བར་མཛད་ཅེས། འདི་ལ་བླ་མ ་དག་སྐྱེ་དགུའི་བདག་མོ་ཆེན་མོ་ལ་སོགས་པ་ཤཱཀྱའི་བུ་མོ་ལྔ་བརྒྱ་དང་བུད་མེད་གཞན་དག་སྐྱོ་བ་སྐྱེད་པའི་ཕྱིར་ཏེ། གང་གི་ཕྱིར་དེ་དག་ནི་འདི་སྙམ་དུ་གལ་ཏེ་ཁོ་བོ་ཅག་ཤིན་ཏུ་སྨད་པར་འགྱུར་བ་མ་ཡིན་ན་ཅིའི་ཕྱིར་སངས་རྒྱས་ཀྱི་བསྟན་པ་སེམས་ཅན ་ཐམས་ཅད་ཀྱི་ཐུན་མོང་དུ་གྱུར་པ་དེ་ལ་རབ་ཏུ་འབྱུང་བ་ནི་ཤིན་ཏུ་ཉམ་ང་པས་རྙེད་པར་འགྱུར་པ་དེའི་ཕྱིར་དེ་དག་འགྱོད་པ་སྐྱེ་བར་འགྱུར་ལ། འགྱོད་པར་གྱུར་པ་ལས་ཀྱང་ཤིན་ཏུ་དཀའ་བས་རྙེད་པར་གྱུར་པའི་རབ་ཏུ་བྱུང་བའི་འབྲས་བུ་དོན་མེད་པར་མི་གྱུར་ཅིག་ཅེས ་ལམ་གྱི་ཚོགས་ལ་ཁྱད་པར་དུ་འཇུག་པར་འགྱུར་བས་ན་བཅོམ་ལྡན་འདས་ཀྱིས་ལན་གསུམ་གྱི་བར་དུ་ཡང་མ་གནང་བ་དོན་དང་བཅས་པ་ཡིན་ནོ་ཞེས་སྟོན་པར་མཛད་དོ། །རྐུན་པོ་ནི་ཐ་མལ་པའི་རྐུན་མ་ཡིན་ལ། མི་རྐུ་བ་ནི་སྐྱེས་བུ་རྐུ་བར་བྱེད་པ་ཡིན་ནོ། །ཀུན་ཏུ་ཚོམས ་པར་འགྱུར་ཞེས་བྱ་བ་ནི་ལེགས་པར་ཟིལ་གྱིས་གནོན་པར་གྱུར་པའོ། །རབ་ཏུ་ཚོམས་པར་འགྱུར་རོ་ཞེས་བྱ་བ་ནི་བྱ་བ་ཉུང་ངུས་འཇིགས་པར་འགྱུར་བ་ཡིན་ནོ། །དེ་བཞིན་དུ་སངས་རྒྱས་ཀྱི་བསྟན་པ་ཡང་བུད་མེད་ཀྱི་ཡུལ་རབ་ཏུ་ཕྱུང་བ་ལས་མི་ཚངས་པར ་སྤྱོད་པའི་རྐྱེན་གྱིས་བྱ་བ་ཉུང་དུས་འཇིག་པར་འགྱུར་རོ། །ཕུན་སུམ་ཚོགས་པ་ཞེས་བྱ་བ་ནི་རྣམ་པ་ཐམས་ཅད་དུ་འབྱོར་པ་དང་ལྡན་པ་ཡིན་ལ། འཁོར་ལོ་མི་བཟད་པ་ནི་ཐོག་འབབས་པ་ཅན་ནོ། །ཉམས་པ་ནི་འཇིག་པའི་རྣམ་པ་ཆུད་དུ་ཡིན་ཏེ། ལོ་མ་ལ ་སོགས་པ་དུ་མ་བུར་ལྷགས་པར་འགྱུར་པའི་ཕྱིར་རོ། །རྣམ་པར་ཉམས་པ་ནི་འཇིག་པའི་རྣམ་པ་འབྲིང་ཡིན་ཏེ། འབྲས་བུ་ལ་སོགས་པ་དུམ་བུར་ལྷག་པར་བྱེད་པའི་ཕྱིར་རོ། །ཚུལ་མ་ཡིན་པས་ཞེས་བྱ་བ་ནི་གོ་རིམ་མ་ཡིན་པས་ཉམས་པ་ཡིན་ཏེ། རྩ་བ་ལ་སོགས ་པ་ཉམས་པར་འགྱུར་བའི་ཕྱིར་རོ། །བུད་མེད་ཀྱི་ཡུལ་ཡོན་ཏན་གྱི་འབྲུ་ཉམས་པར་བྱེད་པ་ཡིན་པའི་ཕྱིར་སེར་པའི་འཁོར་ལོ་མི་བཟད་པ་དང་འདྲ་བ་ཉིད་ཡིན་ནོ། །ནད་ཀྱི་རིགས་དམར་པོ་ནི་བུ་རམ་ཤིང་རྡོ་གུ་ལ་རེག་དམར་པོར་འགྱུར་བ་དང། དེ་ཁོ་ན ་འཇིག་པར་བྱེད་པ་ཡིན་ཏེ། བུད་མེད་ཀྱི་ཡུལ་ནི་སྙན་པའི་ནད་མེད་པ་འཇིག་པར་བྱེད་པ་ཉིད་ཡིན་པའི་ཕྱིར་ནད་དང་འདྲ་བ་ཉིད་ཡིན་ནོ། །ལྕི་བའི་ཆོས་ཞེས་བྱ་བ་ལ་ལྕི་བ་ཡང་དེ་ཉིད་ཡིན་ལ་སྡུག་བསྔལ་གྱིས་ཡོངས་སུ་བརྐྱང་བར་བྱ་བ་ཉིད་ཡིན་པའི་ཕྱིར་ཆོས་ཀྱང་ཡིན་པས ་ན་ལྕི་བའི་ཆོས་ཡིན་པ་འམ། དགེ་སློང་གི་ཡུལ་ལ་གུས་པ་སྐྱེད་པར་བྱེད་པ་ཉིད་ཡིན་པའི་ཕྱིར་ལྕི་བའི་ཆོས་ཡིན་ནོ། །དགག་པའི་ཕྱིར་ཞེས་བྱ་བ་ནི་ཉེས་པར་སྤྱོད་པ་ལས་བཟློག་པར་བྱ་བའི་ཕྱིར་རོ། །མི་འདའ་བར་སྤྱོད་ཕྱིར་ཞེས་བྱ་བ་ནི་བསླབ་པའི ་མཚམས་ལས་མི་བརྒལ་བའི་ཕྱིར་རོ། །བསླབ་པར་བྱའོ་ཞེས་བྱ་བ་ནི་ཇི་སྲིད་འཚོ་བའི་བར་དུ་བསླབ་པར་བྱ་བ་དང། བསྒྲུབ་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ་།བཅོས་མ་མ་ཡིན་པར་འབབ་པ་དང་རྟག་ཏུ་འབབ་པའི་ངང་ཚུལ་ཅན་ནི་ཆུ་བོ་ཡིན་ལ། བཅོས་མ་དང་རྟག་ཏུ ་འབབ་པའི་ངང་ཚུལ་ཅན་མ་ཡིན་པ་ནི་ཡུར་བ་ཡིན་ནོ། །ཆུ་ལོན་ནི་ཆུ་བཟློག་པར་བྱ་བའི་ཐབས་སུ་གྱུར་པ་ཡིན་ནོ། །གདམ་ངག་ནི་ལམ་གྱི་ཚོགས་བསྒོམ་པར་ལུང་འབོགས་པ་ཡིན་ལ། འདི་ནི་བྱ་བ་ཡིན་ལ་འདི་ནི་བྱ་བ་མ་ཡིན་ནོ་ཞེས་བྱ་བ་ནི་རྗེས་སུ་བསྟན་པ་ཡིན་ནོ། །དགེ ་སློང་མེད་པའི་གནས་སུ་ཞེས་བྱ་བ་ནི་མཚམས་པོ་ཆེས་བསྐོར་བའི་ཚུལ་དུ་གལ་ཏེ་དགེ་སློང་མའི་དབྱར་ཁང་མཚམས་ནང་དུ་ཞུགས་པར་གྱུར་པ་དེའི་ཚེ་དགེ་སློང་གི་གནས་དང་བཅས་པར་མཚམས་གཅིག་གི་ཁོང་སུ་གཏོགས་པ་ཉིད་ཀྱི་ཕྱིར་དགེ་སློང་མའི ་དབྱར་ཁང་ནི་དགེ་སློང་དང་བཅས་པའི་གནས་ཉིད་ཡིན་ནོ། །ཁ་ཅིག་ནི་གལ་ཏེ་མཚམས་ཀྱིས་བསྐོར་བ་མ་བྱས་སུ་ཟིན་ཀྱང་དེ་ལྟ་ན་ཡང་ཅི་སྟེ་དཔག་ཚད་ཀྱི་ནང་དུ་ཡང་དགེ་སློང་གི་གཙུག་ལག་ཁང་ཡོད་པར་གྱུར་ན་གནས་སྐབས་འདི་ལ་དགེ་སློང་མའི་དབྱར ་ཁང་ནི་དགེ་སློང་དང་བཅས་པ་ཉིད་དུ་བལྟ་བར་བྱའོ་སྙམ་དུ་སེམས་སོ། །དགེ་སློང་གི་དགེ་འདུན་ལ་འདུན་པ་ཕུབ་པས་དེ་དག་གི་གོས་སྤྱོད་འགྲུབ་པར་འགྱུར་རོ་ཞེས་བྱ་བའི་དབང་དུ་བྱས་ནས་གོས་སྤྱོད་བརྗོད་པར་གྱུར་པས་སྐབས་འབྱེད་པ་འབའ་ཞིག་ནི་དགག་དབྱེ་ཡིན་ནོ། །དགག་ཅིང་ཞེས་བྱ་བ་ནི་བཟློག་པ་ཡིན་ནོ།། ་གཤེ་བ་ནི་འཇིག་རྟེན་དུ་རབ་ཏུ་གྲགས་པ་ཡིན་ནོ། །ཁྲོ་བ་བསྐྱེད་པར་མི་བྱ་བ་ནི་ཁྲོ་བ་བསྐྱེད་པར་མི་བྱ་བའོ། །ཚིག་རྩུབ་པོ་ནི་ཡོད། བརྗོད་པར་བྱེད་པ་ཡིན་ནོ། །གཉིས་ཀའི་དགེ་འདུན་ཞེས་བྱ་བ་ནི་དགེ་སློང་དང?་དགེ་སློང་མའི་དགེ་འདུན་གྱི་གན་དུའོ། །དེང་བསྙེན་པར་རྫོགས ་བ་ནི་ཉི་མ་དེ་ཉིད་ལ་བསྙེན་པར་རྫོགས་པར་གྱུར་པའོ། །ཤེས་པར་འདོད་ཀྱིས་ཞེས་བྱ་བ་ནི་ཤེས་པ་ཉིད་དུ་འདོད་པ་ཡིན་ནོ། །སྐྲ་དང་སེན་མོ་མཛེས་པར་བསྒྲུབས་པ་ནི་སྐྲ་དང་སེན་མོ་བྱི་བྱད་བྱས་པ་ཡིན་ནོ། །ཡི་རངས་ཤིང་སེམས་མགུ་བ་ལས་རངས་པར་གྱུར་པས་ན ་ཡིད་དགའ་ཞིང་རངས་པར་གྱུར་པ་ཡིན་ནོ། །བར་ཆད་ཀྱི་ཆོས་ཞེས་བྱ་བ་ལ་སོགས་པ་ལ་བར་ཆད་ནི་ཐར་པའི་ལམ་གྱི་བགེགས་སུ་གྱུར་པ་འམ། སྡོམ་པ་སྐྱེ་བའི་གེགས་སུ་གྱུར་པ་ཡིན་ཏེ། འདི་སྡོམ་པ་སྐྱེ་བའི་གནས་སུ་གྱུར་པ་བཟུང་ངོ། །བར་དུ་གཅོད་པའི་ཕྱིར་ནུས་པ་མ་ནིང ་དང། ཟ་མ་དང། མཚན་གཉིས་པ་དང། དགེ་སློང་མ་སུན་ཕྱུང་བ་ལ་སོགས་པ་གང་ཡིན་པ་དེ་དག་དྲིས་ནས་བཟུང་བར་བྱ་སྟེ། ཡང་དག་པར་བཟུང་བར་བྱ་བ་ཡིན་ནོ། །སྐྱབས་ཀྱི་དོན་ནི་སྡུག་བསྔལ་ལས་ཡོངས་སུ་བསྲུང་བའི་དོན་ཡིན་ཏེ། ཇི་སྐད་དུ། དེ་དག་ལ་ནི་སྐྱབས་མི་འགྲོ་། ་སྡུག་བསྔལ་ཀུན་ལས་གྲོལ་མི་འགྱུར་ཞེས་གསུངས་པ་ཡིན་ནོ། །སངས་རྒྱས་ནི་སངས་རྒྱས་སུ་བྱེད་པ་མི་སློབ་པའི་ཆོས་ཡིན་ནོ། །ཆོས་ནི་མྱ་ངན་ལས་འདས་པ་ཡིན་ནོ། །དགེ་འདུན་ནི་དགེ་འདུན་དུ་བྱེད་པ་སློབ་པ་དང་མི་སློབ་པའི་ཆོས་ཡིན་ནོ། །རྐང་གཉིས་རྣམས་ཀྱི་མཆོག ་སངས་རྒྱས་ནི་བཅོམ་ལྡན་འདས་ཡིན་ཏེ། ཕན་འདོགས་པར་མཛད་པ་ཉིད་དང། ཡོན་ཏན་དང་ལྡན་པ་ཉིད་ཀྱི་ཕྱིར་རོ། །འཇིག་རྟེན་པའི་ལམ་གྱིས་ཐོབ་པའི་འདོད་ཆགས་དང་བྲལ་བ་ལས་ཟག་པ་མེད་པའི་ལམ་ཐོབ་པའི་འདོད་ཆགས་དང་བྲལ་བ་ནི་ཡོངས་སུ་ཉམས་པ ་མེད་པའི་ཕྱིར་མཆོག་ཡིན་ནོ། །ཚོགས་དག་ལས་ཀྱང་དེ་བཞིན་གཤེགས་པའི་ཉན་ཐོས་དང་དགེ་འདུན་མཆོག་ཡིན་ཏེ། ཡོན་ཏན་དང་ལྡན་པ་ཉིད་དང། ཕན་འདོགས་པར་མཛད་པ་ཉིད་ཀྱི་ཕྱིར་རོ། །ཕན་འདོགས་པར་མཛད་པ་ཉིད་ཀྱང་དེ་བཞིན་གཤེགས་པའི ་ཆོས་སྟོན་པར་མཛད་པ་དང། རྒྱུའི་བསོད་ནམས་ཀྱི་ཞིང་ཉིད་ཡིན་པའི་ཕྱིར་རོ། །མཆོག་ནི་གཙོ་བོ་ཡིན་ནོ། །མྱ་ངན་ལས་འདས་པ་ལ་བསྙེན་ཏེ་གནས་པའི་ཕྱིར་དགེ་བསྙེན་ཡིན་ནོ། །སློབ་པར་བྱེད་པས་ན་བསླབ་པ་ཡིན་ལ། དེའི་གཞི་ནི་བསླབ་པར་བྱ་བའི་དངོས་པོ ་ཡིན་པས་ན་བསླབ་པའི་གཞི་ཡིན་ཏེ། དེ་ཡང་སྲོག་གཅོད་པ་ལ་སོགས་པ་ལས་ལྡོགས་པ་ཡིན་ནོ། །ལྔ་ཞེས་བྱ་བ་ནི་སྲོག་གཅོད་པ་དང། མ་བྱིན་པར་ལེན་པ་དང། འདོད་པས་ལོག་པར་གཡེམ་པ་དང། རྫུན་དུ་སྨྲ་བ་ལ་སོགས་པ་ལས་ལྡོག་པ་ཡིན་ནོ།། ་ཇི་ལྟར་འཕགས་པ་དགྲ་བཅོམ་པ་དེ་དག་ཅེས་བྱ་བ་ལ། ཇི་ལྟར་སེམས་ཅན་ཐམས་ཅད་ལ་རྗེས་སུ་བརྩེ་བ་ཅན་གྱི་དགྲ་བཅོམ་ན་སེམས་ཅན་ཐམས་ཅད་ལ་དམིགས་པའི་ལྡོག་པའི་བསམ་པའི་སྒོ་ནས་ལྡོག་པ་དེ་བཞིན་དུ་བདག་ཀྱང་སླར་ལྡོག་བདག་གྱིའོ། སྲོག་གཅོད་པ་ནི་སྲོག ་ཆགས་དག་ཤིན་ཏུ་གསོད་པར་བྱེད་ཅིང་འཇིག་པར་བྱེད་པ་ཡིན་ནོ། །སྤངས་ཏེ་ཞེས་བྱ་བ་ནི་ཡིད་ཀྱིས་སྲོག་གཅོད་པར་བྱེད་པ་སྤངས་པ་ཡིན་ཏེ། ལུས་དང་ངག་གིས་དོར་བ་ནི་སླར་ལྡོག་པ་མིན་ཏེ། ཡིད་ཀྱིས་གང་བྱ་བ་མ་ཡིན་པར་དཔྱད་ནས་དོར་བ་ན་བསོད ་ནམས་སྐྱེ་བར་འགྱུར་བའི་ཕྱིར་རོ། །དགྲ་བཅོམ་པ་དེ་དག་གི་བསླབ་པ་ལ་ཞེས་བྱ་བ་ལ། ཇི་ལྟར་དགྲ་བཅོམ་པའི་བསླབ་པ་ཐར་པའི་བསམ་པ་སྔོན་དུ་སོང་བ་ཅན་ཡིན་པ་དེའི་བཞིན་དུ་བདག་ཀྱང་ཐར་པའི་བསམ་པ་སྔོན་དུ་སོང་བས་སློབ་པ་དང། ཐར་པའི ་བསམ་པས་སེམས་ཅན་གཅིག་ལ་ཡང་འཚེ་བར་མི་བྱེད་པ་དེ་བཞིན་དུ་བདག་ཀྱང་ཞེས་བསྟན་པར་བྱ་བའི་ཕྱིར་རྗེས་སུ་བསྒྲུབ་པ་ཞེས་སྨོས་པ་ཡིན་ནོ། །ཇི་ལྟར་དགྲ་བཅོམ་པ་བཅོམ་ལྡན་འདས་ཀྱིས་སྟོན་པར་བྱེད་པ་ཡིན་པ་དེ་བཞིན་དུ་བདག་ཀྱང་བཅོམ་ལྡན་འདས ་ཀྱིས་སྟོན་པར་བྱེད་པ་ཡིན་པའི་ཕྱིར་རྗེས་སུ་བགྱིད་དོ། ཞེས་སྨོས་པ་ཡིན་ནོ། །དེའི་ཕྱིར་གཉིས་ནི་སེམས་ཅན་ཐམས་ཅད་ལ་དམིགས་པའི་སྒོ་ནས་ཉེས་པར་སྤྱོད་པ་ལས་སླར་ལྡོག་པའི་བསམ་པ་དང། ཐར་པའི་བསམ་པའི་སྒོ་ནས་སྡོམ་པ་ཡིན་ལ། ཐར་པའི ་བསམ་པ་ཡང་དཀོན་མཆོག་གསུམ་སྐྱབས་སུ་ཡོངས་སུ་བཟུང་བ་ལས་འགྱུར་རོ་ཞེས་བསྟན་པ་ཡིན་ཏེ། ཐར་པའི་བསམ་པ་མེད་པར་སྡོམ་པ་མི་འཐོབ་ལ། ཐར་པའི་བསམ་པ་ཡང་དཀོན་མཆོག་གསུམ་ལ་སྐྱབས་སུ་འཛིན་པ་མེད་པར་མི་འགྱུར་རོ་ཞེས་བྱར་ཁོང་དུ ་ཆུད་པར་བྱའོ། །སྦྱར་བའི་ཆང་ནི་འབྲུ་ལས་བྱས་པ་ཡིན་ལ། བཅོས་པའི་ཆང་ནི་མེ་ཏོག་ལ་སོགས་པ་ལས་བསྒྲུབས་པ་ཡིན་ནོ། །དེ་དག་མྱོས་པར་བྱེད་པ་ཡིན་པས་ན་མྱོས་པར་བྱེད་པ་ཡིན་ལ། བག་མེད་པའི་རྒྱུ་ཉིད་ཡིན་པའི་ཕྱིར་དེ་ཉིད་བག་མེད་པའི་གནས་ཡིན་ནོ། །གླུ་དང ་གར་དང་རོལ་མོའི་སྒྲ་ཞེས་བྱ་བ་དང། ལུས་དང?་ངག་གི་འགྱུར་བ་རྒོད་པས་བྱས་པ་ནི་གླུ་ལ་སོགས་པ་ཡིན་ནོ། །དེ་ལས་སླར་ལྡོག་པ་ནི་བསླབ་པའི་གཞི་གཅིག་ཡིན་ནོ། །ཕྲེང་བ་དང་སྤོས་ཉུག་པ་དང་རྒྱན་དང་ཁ་དོག་འཆང་བ་ལས་སླར་ལོག་པ་ནི་བསླབ་པའི་གཞི་གཉིས་པ ་ཡིན་ནོ། །ལུས་དྲི་བཟང་པོའི་ཚོན་གྱིས་དྲིལ་ཕྱིས་བྱས་པ་ལ་ཁ་དོག་གི་སྒྲས་བརྗོད་པ་ཡིན་ནོ། །མལ་མཐོན་པོ་ནི་བུས་མོའི་ཚད་ལས་མཐོན་པོར་གྱུར་པ་ཡིན་ལ། མལ་ཆེན་པོ་རིན་པོ་ཆེས་སྤྲས་པ་ཆེན་པོ་ལ་འོས་པ་ཡིན་ནོ། །གསེར་ནི་ས་ལ་སྦྲམ་ཡིན་ལ། དངུལ་ནི ་དངུལ་ཉིད་ཡིན་ཏེ། དེ་དག་ནི་རིན་པོ་ཆེ་གཞན་དག་གི་ཉེ་བར་མཚོན་པ་ཡིན་ནོ། །དེ་ལེན་པ་ནི་བདག་གིར་བྱེད་པ་ཡིན་ཏེ། དེ་ལས་སླར་ལྡོག་པ་ནི་བསླབ་པའི་གཞི་གཅིག་ཡིན་ནོ། །ཁྱིམས་སོ་བཟུང་བ་ལོ་བཅུ་ལོན་པ་དང། གཞོན་ནུ་མ་ལོ་བཅོ་བརྒྱད་ལོན་པ་ལ་དགེ་སློང ་མའི་བསླབ་པ་སྦྱིན་པར་བྱེད་པ་ཡིན་ནོ། །དང་པོར་ཞེས་བྱ་བ་ལ། དགེ་སློབ་མའི་སྡོམ་པ་སྦྱིན་པ་ལ་མཛའ་འཁོབ་མ་ཡིན་པར་བཅུ་གཉིས་ཀྱི་ཚོགས་ཉིད་ལ་དགེ་སློང་མའི་ཚོགས་ཀྱི་མཛའ་ཡིན་པར་རིག་པར་བྱ་ཞིང། མཛའ་འཁོབ་ཏུ་ནི་དགེ་སློང་མ་དྲུག་གི་ཚོགས ་ལ་ཡང་དགེ་སློང་མའི་བསླབ་པ་སྦྱིན་པར་དགེ་སློང་མ་དག་གི་ཚོགས་ཡིན་ནོ། །གཙོ་བོར་གྱུར་པ་ཉིད་ཀྱི་ཕྱིར་ཆོས་ཀྱི་སྒྲ་དྲུག་པོ་དང། གཙོ་བོ་ཉིད་མ་ཡིན་པའི་ཕྱིར་རྗེས་སུ་བྱེད་པའི་ཆོས་ཀྱི་སྒྲར་བསྟན་པ་ཡིན་ཏེ། ཆོས་ཀྱི་དེ་མ་ཐག་ཏུ་བསྟན་པའི་ཕྱིར་རྗེས་སུ་བྱེད་པའི ་ཆོས་ཡིན་ནོ། །སྐྱེས་པ་དང་ནི་འདུག་མི་བྱ། ཞེས་བྱ་བ་ནི་སྟེང་གཡོགས་དང་སྟན་གཅིག་ལ་སོགས་པའི་བྱ་བ་སྐྱེས་པ་དང་ལྷན་གཅིག་བྱ་བ་མ་ཡིན་ནོ། །སྨྱན་དུ་འགྱུར་བ་ཞེས་བྱ་བ་ལ། སྨྱན་བྱེད་པས་ན་སྨྱན་ཏེ། དེའི་དངོས་པོ་འམ་ལས་ནི་སྨྱན་བྱེད་པ་ཡིན་ཏེ། དེ་ཡང་ཕོ ་ཉ་ཡིན་ཏེ། སྐྱེས་པ་དང་བུད་མེད་སྦྱོར་བའི་རྒྱུ་མཚན་གྱི་ཕྲིན་པ་ཞེས་བྱ་བའི་ཐ་ཚིག་གོ་།ཁ་ན་མ་ཐོ་བ་ཞེས་བྱ་བ་ནི་དགེ་སློང་མ་དག་གི་ཉེས་པར་སྤྱོད་པ་མཐོང་བ་དེ་ལ་དེ་བློས་བཅའ་པར་བྱ་བ་མ་ཡིན་ནོ། །འདོམས་ནི་གསང་བའི་ཕྱོགས ་ཡིན་ནོ། །གནས་པར་གྱུར་པ་ལ་ཞེས་བྱ་བ་ནི་ཐག་ཉེ་བར་གྱུར་པ་ལའོ། །ཚངས་པར་སྤྱོད་པ་ལ་ཉེ་བར་གནས་པའི་སྡམ་པ་ཞེས་བྱ་བ་ལ། ཚངས་པ་ནི་མྱ་ངན་འདས་པ་ཡིན་ལ། དེའི་དོན་གྱི་སྤྱོད་པ་ནི་ཚངས་པར་སྤྱོད་པ་སྟེ་བསྙེན་པར་རྫོགས་པ་ཡིན་ནོ།། ་དེ་ལ་ཉེ་བར་གནས་པ་ནི་ཉེ་བར་བསྐྱེད་པ་སྟེ། ཚངས་པར་སྤྱོད་པ་ལ་ཉེ་བར་གནས་པའི་ཆེད་ཀྱི་སྡོམ་པ་ནི་ཚངས་པར་སྤྱོད་པ་ལ་ཉེ་བར་གནས་པའི་སྡོམ་པ་ཡིན་ཏེ། རྟེན་ལ་བསྙེན་པར་རྫོགས་པ་འབྱུང་བའི་སྐལ་བ་དང་ལྡན་པར་ངེས་པར་བྱས་པ་ནི་ཚངས ་པར་སྤྱོད་པ་ལ་ཉེ་བར་གནས་པའི་སྡོམ་པ་དེ་སྦྱིན་པར་བྱ་བ་ཡིན་ནོ། །ཆོས་གོས་གསུམ་དང། །རྡུལ་གཟན་དང། རྡུལ་གཟན་གྱི་གཟན་ཞེས་བྱ་བ་ནི་ལྔ་ཡིན་ནོ། །དཀྱིལ་འཁོར་བ་ཞེས་བྱ་བ་ནི་བསྙེན་པར་རྫོགས་པར་བྱེད་པའི་ལས་ཀྱི་གནས་ཡིན་ནོ། །དྲང ་སྲོང་གི་གནོད་ཅེས་བྱ་བ་ལ་དྲང་སྲོང་སྟེ་ཡང་དག་པར་རྫོགས་པའི་སངས་རྒྱས་དང། རང་སངས་རྒྱས་དང་དགྲ་བཅོམ་པ་དག་གི་སྣོད་ནི་དྲང་སྲོང་གི་སྣོད་ཡིན་པ་དེའི་ཕྱིར་བསླབ་པ་དོན་དུ་གཉེར་ཞིང་དྲང་སྲོང་གི་རྗེས་སུ་འགྲོ་བ་བདག་གི་སྣོད་དུ་བྱིན་གྱིས ་བརླབ་ཅིང་ཡང་དག་པར་གཟུང་བར་བྱ་བ་ཡིན་ནོ། །བཟའ་བ་ཀུན་ཏུ་སྤྱོད་པ་ཞེས་བྱ་བ་ནི་བཟའ་བའི་བྱ་བ་ཉེ་བར་ལོངས་སྤྱོད་དུ་རུང་བ་ཡིན་ལ། སློང་བ་ལ་ཡང་འདིས་ལེན་པར་བྱེད་པ་ཡིན་ཏེ། བཟའ་བའི་བྱ་བས་ཞེས་བྱ་བའི་ཕྱིར་རོ། །གསོལ་བ་འབའ་ཞིག་ཅེས ་བྱ་བ་ནི་ལས་བརྗོད་པ་མེད་པའི་ཕྱིར་གསོལ་བ་འབའ་ཞིག་ཡིན་ནོ། །བདེན་པའི་དུས་ཞེས་བྱ་བ་ནི་བདེན་པ་སྨྲ་བར་བྱ་བའི་འོ། །བྱུང་བའི་དུས་ཞེས་བྱ་བ་ནི་གང་བྱུང་བ་ནི་འདས་པ་ཡིན་ཏེ། དེའི་ཚིག་གི་དུས་ཡིན་ནོ། །གོ་བར་བྱའོ་ཞེས་བྱ་བ་ནི་ཤེས་པར་བྱ་བ་ཡིན་ནོ ་ཡང་ན་དོར་བར་བྱ་བ་ནི་བྱུང་བ་ཞེས་བྱ་བ་ལ། བརྗོད་པར་བྱ་བ་ནི་ད་ལྟར་ཡིན་ཏེ། དོར་བར་བྱ་བའི་ཐ་ཚིག་གོ་།བྲ་ནེ་མོ་ནི་ཁྱིམ་དུ་སྐྱེས་པ་ཉིད་ཡིན་ནོ། །བསྐུས་པ་མ་ཡིན་ནམ་ཞེས་བྱ་བ་ནི་རྐུན་མ་ལ་སོགས་པས་འགའ་ཞིག་ནས་ཁྱེར་ཏེ་འོངས་ནས་བདག་གིར་བྱས་པ་ཡིན་ནོ། །བཙོངས ་པ་ནི་གང་འགའ་ཞིག་གིས་རིན་ལས་བྱིན་པར་གྱུར་པ་ཡིན་ནོ། །རྙེད་བཙོན་ནི་དེ་ལྟར་རྙེད་པར་གྱུར་པ་ཡིན་ནོ། །རྩོད་པ་ཅན་ནི་སྐྱིན་པོ་ལ་སོགས་པ་བསྲབ་པ་ཉིད་དུ་མི་ནུས་པའི་ཕྱིར་དེ་བྲན་མོར་བྱས་པ་ཡིན་ནོ། །རྒྱལ་པོས་བསྲབས་པ་ནི་བློའི་གྲོགས་བྱེད་པ་ལ་གཙོ་མོར་གྱུར ་པའི་ཕྱིར་ཏེ། རྒྱལ་སྲིད་བསྐྱེད་པའི་གྲོགས་སུ་གྱུར་ཅེས་བྱ་བའི་ཐ་ཚིག་གོ་།རྒྱལ་པོ་ལ་སྡིག་པ་མ་ཡིན་ནམ་ཞེས་བྱ་བ་ནི་གང་ཞིག་རྒྱལ་པོའི་དངོས་པོར་གནས་པ་ཡིན་གྱི། འོན་ཀྱང་གནོད་པའི་ལས་བྱེད་པ་ཉིད་དུ་རྩོམ་པ་ནི་མ་ཡིན་ནོ། །གནོད་པའི་ལས་བྱེད་པ་ནི་གང་ཞིག ་གནོད་པའི་ལས་བྱེད་པ་ཉིད་དུ་རྩོམ་པ་ཡིན་ནོ། །བྱས་སམ་བྱེད་དུ་བཅུག་པ་ནི་གང་ཞིག་གིས་སྔོན་བྱས་པ་འམ། ད་ལྟར་བྱེད་པ་ལས་ལྡོག་པ་མེད་པ་ཡིན་ནོ། །འཐབ་ཀྲོལ་ཅན་ཞེས་བྱ་བ་ནི་དག་གི་སྤྱོད་པ་རྩུབ་པར་གྱུར་པ་ཡིན་ནོ། །མྱ་ངན་གྱིས་གཟིར་བ་ནི་བདག་པོ་ལ ་སོགས་པའི་མྱ་ངན་གྱི་ལས་སུ་རུང་བ་མ་ཡིན་པའོ། །སྤྲུམ་མ་ཞེས་བྱ་བ་ནི་སེམས་ཅན་དང་ལྡན་པར་གྱུར་པའོ། །མཚན་གཉིས་པ་ཞེས་བྱ་བ་ནི་གང་ལ་བུད་མེད་ཀྱི་དབང་པོ་དང། སྐྱེས་པའི་དབང་པོ་ཡོད་པ་ཡིན་ནོ། །རྟག་ཏུ་ཟླ་མཚན་འཛག་པ་ཞེས་བྱ་བ་ནི་གང་གི་སྐྱེ ་གནས་ཀྱི་སྒོ་ནས་རྟག་ཏུ་ཟླ་མཚན་འཛག་པར་གྱུར་པ་དེ་ལ་བྱའོ། །ཟླ་མཚན་མི་འཛག་པ་ནི་སྐྱེ་བའི་ཆོས་ཅན་མེད་པ་ཡིན་ནོ། །མཚན་མ་ཙམ་ཡོད་པ་ནི་མཚན་མ་ཡོད་པ་ཡིན་ནོ། །དགེ་སློང་ཕ་སུན་ཕྱུང་བ་ཞེས་བྱ་བ་ནི་གང་གིས་མི་ཚངས་པར་སྤྱོད་པས་དགེ་སློང ་ཕ་སུན་ཕྱུང་བར་གྱུར་པ་ཡིན་ནོ། །མུ་སྟེགས་ཅན་ཞེས་བྱ་བ་ནི་ལྟ་བ་གཞན་དང་ལྡན་པ་ཡིན་ནོ། །གང་འགའ་ཞིག་གིས་དེ་བཞིན་གཤེགས་པས་གསུངས་པའི་རབ་ཏུ་བྱུང་བ་ཡང་དག་པར་བླངས་ནས་མུ་སྟེགས་ཅན་གྱི་ལྟ་བས་འདི་བའི་ཆོས་གོས་ཡོངས་སུ་སྤངས་ནས ་མུ་སྟེགས་ཅན་གྱི་རྟགས་བླངས་ཏེ། མུ་སྟེགས་ཅན་གྱི་རྟགས་དེས་མུ་སྟེགས་བྱེད་ཀྱི་གནས་དེར་སྐྱ་རེང་དང་པོ་དེ་ཉིད་དུ་འཆང་བར་བྱེད་ན་དེ་ནི་མུ་སྟེགས་ཅན་ཞུགས་པ་ཡིན་པར་རིག་པར་བྱའོ། །ཆོམ་རྐུན་པར་གྲགས་པ་ཞེས་བྱ་བ་ནི ་ཆོམ་རྐུན་པའི་རྒྱལ་མཚན་འཆང་བ་ཡིན་ནོ། །བདག་ཉིད་ཀྱིས་བསྙེན་པར་རྫོགས་པའི་ལས་མ་ཆགས་པ་ཁོ་ནར་ཤེས་བཞིན་དུ་དགེ་སློང་མའི་དགེ་འདུན་དང་ལྷན་ཅིག་ལས་གཉིས་ཀྱི་བར་དུ་ཉམས་སུ་མྱོང་བར་བྱེད་པ་གང་ཡིན་པ་དེ་ནི་རྐུ་ཐབས་སུ་གནས ་པ་ཡིན་ནོ། །ཐ་དད་དུ་གནས་པ་ཞེས་བྱ་བ་ནི་ཕན་ཚུན་ཐ་དད་པ་དག་ནི་ཐ་དད་དུ་གནས་པ་ཡིན་ནོ། །གནས་པར་མི་བྱ་བ་ཞེས་བྱ་བ་ནི་ཕམ་པ་བྱུང་བར་གྱུར་པ་ཡིན་ཏེ། དེ་ཉིད་ཀྱི་ཕྱིར་སོང་ཞིག་ཅེས་བྱ་བ་ནི་གནས་འདི་ཁོ་ན་ལས་སོང་ཞིག་པ་ཡིན་ནོ།། ་བརྗོད་པ་ནི་ཚུལ་ཁྲིམས་འཆལ་པ་སྐྱེ་བ་གཅོད་པར་བྱེད་པ་ཡིན་ནོ། །ཐུགས་བརྩེ་བ་ཅན་ཞེས་བྱ་བ་ནི་བརྩེ་བས་དམ་པའི་ཡུལ་ལ་གཞུག་པར་བྱ་བ་ཡིན་ནོ། །སྔ་ན་མེད་པའི་སྡོམ་པ་སྦྱིན་པ་ནི་རྗེས་སུ་གཟུང་བར་བྱ་བ་ཡིན་ནོ། །མཛེ་ནི་རབ་ཏུ་གྲགས་པ་ཡིན་ནོ།། ་ཚད་ཆེན་པོའི་འབྲུམ་བུ་ནི་འབྲས་ཡིན་ནོ། །ཤ་བཀྲ་ནི་མཛེའི་རྣམ་པ་ཁོ་ན་ཡིན་ཏེ། ལུས་ཀྱི་སྐབས་སྐབས་སུའོ། །འབྲུམ་བུ་ཕྲ་མོ་ནི་མིང་རབ་ཏུ་གྲགས་པ་ཡིན་ནོ། །རྣག་འཛག་པ་ནི་ཁྱི་རྔོ་ཡིན་ནོ། །གཡན་པ་ནི་རྣག་འཛག་པ་མེད་པ་ཡིན་ནོ། །གློག ་པ་ནི་སྐྱ་བོར་གྱུར་པ་ཉིད་ཡིན་ནོ། །རྐང་ཤུ་ནི་རབ་ཏུ་འཕོ་བར་བྱེད་པ་ཡིན་ནོ། །སྐེམ་ནད་ཅེས་བྱ་བ་ནི་ཁ་སྐམས་པ་ཡིན་ནོ། །བཀྲེས་དབ་ནི་བཀྲེས་པའི་ནད་ཡིན་ནོ། །ཉིན་མོ་འམ་མཚན་མོ་ལ་ལན་ཅིག་འོང་བའི་རིམས་གང་ཡིན་པ་དེ་ནི་ཉིན ་གཅིག་པ་ཡིན་ནོ། །གལ་ཏེ་མཚན་མོ་འོང་ཞིང་ཉིན་མོ་མི་འོང་བ་འམ། ཉིན་མཚན་དུ་མི་འོང་བ་གང་ཡིན་པ་དེ་ནི་ཉིན་གཉིས་པ་ཡིན་ནོ། །ཉི་མ་གཅིག་ལ་འོང་ཞིང་གཉིས་པ་ལ་མི་འོང་ལ། ཡང་གསུམ་པ་ལ་འོང་བ་དེ་ནི་ཉིན་གསུམ་པ་ཡིན་ནོ། །ཉིན་བཞི་པ ་ནི་རབ་ཏུ་གྲགས་པ་ཡིན་ནོ། །རླུང་དང་མཁྲིས་པ་དང་བད་ཀན་ལྷན་ཅིག་འཁྲུགས་པ་གང་ཡིན་པ་དེ་ནི་འདུས་པ་ཡིན་ནོ། །རྟག་པའི་རིམས་ནི་གང་རྟག་ཏུ་འཛིན་པར་བྱེད་པ་ཡིན་ནོ། །ཆོས་གསུམ་གྱིས་ཞེས་བྱ་བ་ལ། ཆོས་གསུམ་པོ་དེ་དག་ཀྱང་གང་ཞེ་ན། དུས་སྔ་མར་བྱ་བ ་བྱས་པ་ཉིད་ནི་ཆོས་གཅིག་ཡིན་ལ་སེམས་མཉེས་པར་བྱེད་པ་ནི་གཉིས་པ་ཡིན་ཞིང། བར་ཆད་ཀྱི་ཆོས་ཡོངས་སུ་དག་པ་ནི་གསུམ་པ་ཡིན་ཏེ། རྒྱུར་གྱུར་པ་གསུམ་པོ་དེ་དག་གིས་ཚངས་པར་སྤྱོད་པ་ལ་ཉེ་བར་གནས་པའི་སྡོམ་པ་སྦྱིན་པར་བྱ་བ་ཡིན་ནོ། །གྲིབ་ཚོད ་གཞལ་བར་བྱའོ་ཞེས་བྱ་བ་ལ། ཤིང་བུ་སོར་བཞི་པ་ཐུར་མའི་མིང་ཅན་ནི་སྐྱེས་བུ་ཡིན་ལ། དེ་ལ་སྐྱེས་བུའི་གྲངས་ཀྱིས་གྲིབ་མ་གཞལ་བར་བྱ་བ་ཡིན་ཏེ། ཐུར་མ་ཇི་ཙམ་པའི་གྲིབ་མ་དེ་ཙམ་ལ་སྐྱེས་བུ་ཞེས་བྱའོ། །དགུན་ཟླ་ར་བ་དང། འབྲིང་པོ་དང། ཐ་ཆུང་དང། ་དཔྱིད་ཟླ་ར་བ་ཞེས་བྱ་བའི་ཟླ་བ་བཞི་ནི་དགུན་གྱི་དུས་ཡིན་ནོ། །དཔྱིད་ཟླ་འབྲིང་པོ་དང། ཐ་ཆུང་དང། དབྱར་ཟླ་ར་བ་དང། དབྱར་ཟླ་འབྲིང་པོ་སྟེ་བཞི་པོ་དེ་དག་ནི་དཔྱིད་ཀྱི་དུས་ཡིན་ནོ། །དབྱར་ཟླ་ཐ་ཆུང་གི་ཟླ་བ་ནི་དབྱར་ཡིན་ནོ། །དབྱར་ཟླ་ཐ་ཆུངས་ཀྱི་ཚེས་བཅུ་དྲུག་ནི་དབྱར ་ཐུང་ངུ་ཡིན་ནོ། །དབྱར་ཟླ་ཐ་ཆུང་གི་ཚེས་བཅུ་དྲུག་དོར་བའི་སྟོན་ཟླ་ར་བ་དང། སྟོན་ཟླ་འབྲིང་པོ་དང། སྟོན་ཟླ་ཐ་ཆུང་ཞེས་བྱ་བའི་ཟླ་བ་གསུམ་ནི་དབྱར་རིང་པོ་ཡིན་ནོ། །དུས་ཞེས་བྱ་བ་ནི་འཁོར་བའི་དུས་ཡིན་ནོ། །གནས་ཞེས་བྱ་བ་ལ། ཆོས་བཞི་བསྟེན་པས་ནད་པ ་འཚོ་བར་བྱེད་པ་དང། ཆོས་གསུམ་བསྟེན་པས་རང་བཞིན་དུ་གནས་པ་ཡིན་ཏེ། རང་བཞིན་དུ་གནས་པའི་ནི་བསོད་ནམས་དང། གནས་མལ་དང། བགོ་བ་དག་ཡིན་ལ། ནད་པའི་ནི་སྨན་དང་བཅས་པ་ཡིན་ཏེ། འཚོ་བའི་ཕྱིར་དོན་དུ་གཉེར་བར་བྱ་བ་དང ་བསྟེན་པར་བྱ་བ་ཡིན་པའི་ཕྱིར་གནས་ཡིན་ནོ། །མཁྱེན་ཅིང་ཞེས་བྱ་བ་ནི་ཟག་པ་དང་བཅས་པའི་ཡེ་ཤེས་ཀྱིས་སོ། །གཟིགས་ཏེ་ཞེས་བྱ་བ་ནི་ཟག་པ་མེད་པའི་ཡེ་ཤེས་ཀྱིས་སོ། །འདིར་ཀླུང་གི་མཐར་ཐུག་པ་ནི་དོགས་ཡིན་ཏེ། དེར་རྫོགས་པའི་ཕྱིར་དང། གོས ་ཀྱི་མཐར་ཐུག་པ་ནི་ཕྱག་དར་ཡིན་ཏེ། དེར་རྫོགས་པ་ཉིད་ཀྱི་ཕྱིར་རོ། །དེ་ལ་ཕྱག་དར་དང་དོགས་གང་ཡིན་པ་དེ་ཕྱག་དར་ཁྲོད་པ་ཡིན་ཏེ། ཤིན་ཏུ་རྙིངས་པ་ཉིད་ཀྱི་ཕྱིར་ལོངས་སྤྱོད་དུ་མི་རུང་བ་ཕྱག་དར་དུ་བོར་བ་དོན་དུ་འགྱུར་བ་ཉིད་མ་ཡིན་པ ་དེ་ལ་དེ་སྐད་ཅེས་བྱའོ། །རུང་བ་ཞེས་བྱ་བ་ནི་ཁ་ན་མ་ཐོ་བ་མེད་པར་གྲུབ་པ་ཡིན་ནོ། །རྙེད་སླ་བ་ཞེས་བྱ་བ་ནི་འབད་རྩོལ་ཆུང་ངུས་རྙེད་པར་འགྱུར་བ་ཡིན་ནོ། །དར་ནི་སྲིན་བལ་གྱི་རིགས་ཀྱི་བྱེ་བྲག་གི་རྒྱུ་ལས་བཏགས་པ་ཡིན་ནོ། །དར་ལ་ནི་རྒྱུ་དང་སྤུན་ཐག་རན་མ ་ཞག་པ་མཐོང་བ་ལ་སྒྲིབ?་པར་ནུས་པ་མ་ཡིན་པའི་གོས་ལ་བྱའོ། །ཤ་ན་ལས་བྱས་པ་ནི་ཤ་ནའི་རས་ཡིན་ནོ། །མོན་དར་ཞེས་བྱ་བ་ནི་རྩཝའི་རིགས་ཀྱི་ཤུན་པ་ལས་བྱས་པའི་གོས་ཡིན་ནོ། །མེན་གོས་ཞེས་བྱ་བ་ནི་སྲིན་བུའི་རྣམ་པ་ཅན་གྱི་སྲོགས་ཆགས་ཀྱིས་བྱས་པའི ་སྲིན་བལ་ལས་ཡང་དག་པར་འབྱུང་བ་ཡིན་ནོ། །བེའུ་རས་ཡུག་ཆེན་དང། བེའུ་རས་ནི་གཅིག་ཏུ་ངོས་གཉིས་ཀ་ནས་སྤུ་ཁེབས་པར་འཇིག་རྟེན་དུ་གྲགས་པ་ཡིན་ནོ། །ལ་མར་ཞེས་བྱ་བ་ནི་ལ་བའི་རིགས་དེ་དག་སྲིན་བུའི་ཁ་དོག་འདྲ་བར་གྱུར་པ་ཡིན་ནོ།། ་ཡུལ་ཀ་ཤི་ཀའི་རས་ཕྲན་ནི་ཀ་ཤི་གོས་སུ་རྣམ་པར་བརྟགས་པ་ཡུལ་བ་ར་ཎཱ་སེ་ཉིད་དུ་བཏགས་པ་ལ་བྱའོ། །ཟར་མའི་རས་ཕྲན་ནི་ཟར་མ་རྣམ་པར་བཏགས་པ་ཡིན་ནོ། །དུ་གུ་ལའི་རས་ཕྲན་ནི་དུ་གུ་ལར་རྣམ་པར་བཏགས་པ་ཡིན་ནོ། །ཟར་མ་དང ་དུ་གུ་ལ་དག་ཀྱང་རྩའི་རིགས་ལས་བྱས་པ་ཡིན་ནོ། །རས་བལ་གྱི་རྒྱུ་དང་སྲིན་བལ་གྱི་སྤུན་ལས་གང་བྱས་པའི་གོས་ཕྲ་མོ་ནི་ཀོ་ཏཾ་པའི་རས་ཞེས་བྱའོ། །རུང་བ་ཞེས་བྱ་བ་ནི་དེ་ལ་རུང་བ་མ་ཡིན་བླང་བར་བྱ་བ་མ་ཡིན་ཞིང་ལོངས་སྤྱོད་པར་བྱ་བ་མ་ཡིན ་ལ། གང་བླང་ཞིང་ལོངས་སྤྱད་པར་འོས་པ་དེ་ལོང་ལ་ཚོད་ཟིན་པར་བྱ་བ་ཡིན་ནོ། །དེ་ལ་ལྟག་པར་རྙེད་པར་གྱུར་ན་དུས་སུ་བླང་ཞིང་ཚོད་དེ་ཚད་ཟིན་པར་བྱ་བ་ཡིན་ནོ། །དམ་འཆའའམ་ཞེས་བྱ་བ་ནི་ཁས་ལེན་ཏམ་ཞེས་བྱ་བའི་ཐ་ཚིག་གོ་།ཁྱིམ་བདག ་ལ་བསོད་སྙོམས་ལེན་པར་བྱེད་པས་ན་བསོད་སྙོམས་ཡིན་ནོ། །སྤྲོ་འམ་ཞེས་བྱ་བ་ནི་ཁས་ལེན་ཏམ་ཞེས་བྱ་བ་ཡིན་ནོ། །འབྲས་ཅན་ནི་འབྲས་ཁྲོལ་ལ་སོགས་པའི་བཟའ་བ་ཡིན་ནོ། །སྐྱོ་མ་ནི་ཆུའི་བསྒྲལ་མ་ཡིན་ནོ། །ཐུག་པ་ཁོ་ན་བཏུང་བར་བྱ་བ་ཡིན་པའི་ཕྱིར་ཐུག་པ ་ཡིན་ནོ། །རྟག་རེས་འཁོར་ནི་རྟག་ཏུ་འབྱུང་བའི་སྟོན་མོ་ཡིན་ནོ། །མགྲོན་དུ་བོས་པ་ནི་ངེས་པར་བྱས་པའི་ཟས་ཡིན་ནོ། །ཚེས་བརྒྱད་ལ་ངེས་པར་སྦྱོར་བའི་སྟོན་མོ་ནི་བརྒྱད་སྟོན་ཡིན་ནོ། །དེ་བཞིན་དུ་བཅུ་བཞི་སྟོན་དང། ཉ་སྟོན་ཡང་ཤེས་པར་བྱའོ། །རུང་བ་ཞེས ་བྱ་བ་ལ། རུང་བ་མ་ཡིན་པ་ཡོངས་སུ་ལོངས་སྤྱད་པར་མི་བྱ་ཞིང་རུང་བླངས་ལ་ཚོང་ཟིན་པར་བྱ་བ་ཡིན་ནོ། །བཀུས་ཏེ་བོར་བ་ཞེས་བྱ་བ་ལ་བཀུས་པ་ནི་བསྐོལ་བ་ཡིན་ལ། ཁུ་བ་བཀུས་ཤིང་བཙིར་ནས་ཕྱི་རོལ་དུ་བོར་བ་གང་ཡིན་པ་དེ་ནི་བཀུས་ཏེ་བོར་བ་ཡིན་ནོ། །ལྟུང་བ ་ནི་སྡོམ་པ་འཇིག་པ་ཡིན་ནོ། །ལྟུང་བ་དང་རྗེས་སུ་མཐུན་པས་ན་ཕམ་པར་གྱུར་པའི་ཆོས་བརྒྱད་པོ་དག་ནི་ལྟུང་བར་འགྱུར་བ་ཡིན་ནོ། །གང་ཡང་རུང་བ་ཞེས་བྱ་བ་ནི་ལྟུང་བ་གཞན་དང་གཞན་དག་ནི་གང་ཡང་རུང་བ་ཡིན་ལ། གཞན་དག་ལས་གཞན་དུ་བརྗོད་པར ་བྱ་བ་མང་པོ་དག་ལས་མ་ངེས་པ་གཅིག་ཡིན་ཏེ། ཕམ་པར་འགྱུར་བའི་ཆོས་བརྒྱད་པོ་དག་གི་ནང་ནས་མ་ངེས་པའི་ཆོས་གཅིག་ནི་གང་ཡང་རུང་བ་ཡིན་ནོ། །དགེ་སློང་མར་མི་རུང་ཞེས་བྱ་བ་ནི་དགེ་སློང་མ་སྨད་པ་ཡིན་ཏེ་དགེ་སློང་མ་དང་ལྷན་ཅིག་གནས ་པ་དང་ལོངས་སྤྱོད་པའི་སྐལ་བ་མེད་པའི་ཕྱིར་རོ། །དགེ་སྦྱོང་མའི་སྣོད་དུ་རིས་མཐུན་པ་ལས་སྐལ་བ་ཉིད་དང་མི་ལྡན་པའི་ཕྱིར་དགེ་སྦྱོང་མར་རུང་བ་མ་ཡིན་ནོ། །ཤཱཀྱའི་སྲས་ཀྱི་འབྲེལ་པ་མེད་པས་བསྟན་པ་དེ་ལ་ཉམས་སུ་ལེན་པ་མེད་པའི་ཕྱིར་ཤཱཀྱའི་སྲས ་མོར་མི་རུང་བ་ཡིན་ནོ། །འགའ་ཞིག་ཏུ་ཕྱིར་བཅོས་པ་བྱས་ནས་ཀྱང་དགེ་སློང་མར་འགྱུར་རམ་ཞེ་ན། དགེ་སློང་མའི་དངོས་པོ་ལས་ཉམས་པ་ཞེས་བྱ་བ་སྨོས་པ་ཡིན་ཏེ། ཇི་ལྟར་ཕྱིར་བཅོས་པས་ཀྱང་དགེ་སློང་མའི་དངོས་པོ་ཡང་དག་པར་སྐྱེ་བའི་ནུས་པ་མེད་པ ་དེ་ལྟར་འདིར་ཡང་དགེ་སློང་མའི་དངོས་པོ་ལས་ཉམས་པར་འགྱུར་བ་ཡིན་པས་ན་དགེ་སློང་མར་མི་རུང་བར་འགྱུར་རོ་ཞེས་བསྟན་པ་ཡིན་ནོ། །ཅིའི་ཕྱིར་དགེ་སློང་མར་མི་རུང་བ་ཡིན་ཞེ་ན། དེའི་དགེ་སློང་མའི་ཚུལ་ཞེས་བྱ་བ་ལ་སོགས་པ་སྨོས་པ ་ཡིན་ཏེ། འཇིག་པར་འགྱུར་ཞིང་ཞེས་བྱ་བ་ལ་སོགས་པ་ནི་དགེ་སྦྱོང་མའི་ཚུལ་ཉིད་དུ་མི་རུང་བ་བརྗོད་པར་བྱེད་པའི་རྣམ་གྲངས་ཡིན་ནོ། ལ་དགེ་སྦྱོང་མ་ཐོབ་ཏུ་ཟིན་ཀྱང་ཐོབ་པའི་ཕྱིར་རུང་བར་གྱུར་པའི་གང་ཟག་ད་ལྟར་དགེ་སྦྱོང་སོ་སོ་ཐོབ་པ་ཉིད་དུ ་རུང་བ་ལས་ཉམས་པ་དེའི་ཕྱིར་འདི་ལ་དགེ་སྦྱོང་བྱེད་པ་དེར་རུང་བར་མ་གྱུར་པ་ཞེས་བྱ་དེ་ནི་རུང་བ་མ་ཡིན་པ་དེ་ཉིད་ཀྱི་ཕྱིར་རྣམ་གྲངས་མེ་དག་གིས་བརྗོད་པ་ཡིན་ནོ། །ལུས་དང། ཚུལ་ཁྲིམས་དང། སེམས་དང། ཤེས་རབ་མ་བསྒོམས་པས་ཡོངས་སུ ་ཟད་པ་ཉིད་ཀྱི་ཕྱིར་ཉམས་པའི་ཆོས་དང་ལྡན་པ་རྣམ་གྲངས་ཡིན་ནོ། །སྔོན་པར་འགྱུར་བ་ནི་རློན་པ་ཉིད་དུ་འགྱུར་བའོ། །འཕེལ་བ་ནི་མྱུ་གུ་སྐྱེ་བ་ཡིན་ནོ། །རྒྱས་པ་ནི་སྲིད་དུ་འཕེལ་བ་ཡིན་ནོ། །ཡངས་པར་འགྱུར་བ་ནི་ཞེང་དུ་རྒྱས་པ་ཡིན་ནོ། །འདོད ་པར་བྱ་བ་ཡིན་པས་ན་འདོད་པ་དག་ཡིན་ལ། འདོད་པའི་ཡོན་ཏན་ལྔ་པོ་དེ་དག་ལ་འདུན་པའི་འདོད་པ་ལ་སོགས་པ་ཡིན་ཏེ། འདོད་པ་ལ་ཡོན་ཏན་དུ་འཛིན་པར་འདོད་པ་ནི་འདུན་པ་ཡིན་ནོ། །འདོད་པ་དག་ལ་ཉེས་པ་ཡོད་དུ་ཟིན་ཀྱང་བདག ་གིར་བྱེད་པ་ནི་ཆགས་པ་ཡིན་ནོ། །སེམས་རྩུབ་པ་གསལ་བ་ནི་འཆུམས་པ་ཡིན་ནོ། །ཉེས་པའི་ཆ་འདོར་ཞིང་དུས་ཡང་དང་ཡང་དུ་རྗེས་སུ་འདྲེས་པའི་ཆགས་པ་སྐྱེས་པ་ནི་སྡུག་པ་ཡིན་ནོ། །འདོད་པའི་ཡུལ་གཞན་ལ་ལྷག་པར་ཆགས་པ་ནི ་འདོད་པ་ལ་གནས་པ་ཡིན་ནོ། །ཡུལ་མང་པོ་དག་ལ་འདིར་ཡུལ་གང་ཡང་གང་གི་རོ་ལ་དམས་པར་བྱེད་པའི་ཆགས་པ་ནི་ཡུལ་དེ་ལ་གདོན་མི་ཟ་པ་ཡིན་ནོ། །ཡུལ་གཞན་ཐམས་ཅད་ལས་ལྡོག་པའི་ཡུལ་གང་ལ་འཚོགས་པ་བཞིན་དུ་ཆགས ་པ་དེ་ནི་ལྷག་པར་ཞེན་པ་ཡིན་ནོ། །མ་འོངས་པ་ཁོ་ན་དོར་བ་ནི་སྤངས་པ་ཡིན་ལ། མ་གོམས་པའི་ཀུན་ཏུ་སྤྱོད་པ་ཡོངས་སུ་དོར་བ་ནི་བོར་པ་ཡིན་ནོ། །སེམས་ཀྱིས་སྤངས་པ་ཡང་བསལ་བ་ཡིན་ནོ། །རྒྱུན་དུ་ཞུགས་པས་སྤངས་པ་གང་ཡིན་པ་དེ་ནི་ཟད་པ་ཡིན་ནོ། །ལན་ཅིག ་ཕྱིར་འོང་བ་དང་ཕྱིར་མི་འོད་བདག་ནི་འགོག་པ་ཡིན་ནོ། །དགྲ་བཅོམ་པ་ནི་ཉེ་བར་ཞི་བ་ཡིན་ནོ། །ཕུང་པོ་ལྷག་མ་མེད་པ་ནི་ནུབ་པ་ཡིན་ནོ། །བསྟོད་པ་ནི་ཡོན་ཏན་བརྗོད་པའི་སྒོ་ནས་སོ། །བཀུར་བ་ནི་དགེ་འདུན་དང་སྦྱོར་བ་ཡིན་ཏེ། མང་པོ་དག་གིས་བཟུང་བ ་ཉིད་ཡིན་པའི་ཕྱིར་རོ། །བསྔགས་པ་ནི་གཞན་གྱིས་དྲིས་པ་ན་ཡོན་ཏན་བརྗོད་པར་བྱེད་པ་ཡིན་ནོ། །སྙན་པར་བརྗོད་པ་ནི་གཞན་གྱིས་དྲིས་པ་ན་ཉེས་པ་སལ་བར་བྱེད་པ་ཡིན་ནོ། །མིག་ཏད་དེ་མིག་གིས་ཞེས་བྱ་བ་ལ། གལ་ཏེ་འགའ་ཞིག་ཏུ་ཐོག་མར་མིག་གཏང ་དམིག་འབྲུ་ཚུགས་སུ་གཏང་ངའི་རྒྱུ་དེས་ཀྱང་གང་གི་ཚེ་མིག་ལ་གཏང་དེ་ལྟ་བར་བྱེད་པ་དེའི་ཚེ་ཉེས་པ་དེ་དག་ཏུ་འགྱུར་པ། གང་གི་ཚེ་ཐུག་ཕྲད་དུ་སྐྱེས་བུའི་མིག་ལ་གཏང་དེ་ལྟ་བ་དེའི་ཚེ་ལྟ་བ་ལ་ཉེས་པ་ཡོད་པ་མ་ཡིན་ནོ། །གཉིས་ཏེ་བུད་མེད་དང་སྐྱེས ་བ་ཡིན་ལ། གཉིས་ནི་སྐྱེས་པ་དང་བུད་མེད་ཀྱི་དབང་པོ་ཡིན་ཏེ། གང་ཕྲད་པ་ནི་འདུས་པར་གྱུར་པ་ཡིན་ནོ། །ཚངས་པ་ནི་མྱ་ངན་ལས་འདས་པ་ཡིན་ལ། གང་གིས་དེ་ལ་སྤྱོད་པ་དེ་ནི་ཚངས་པ་སྤྱོད་པ་དེ་ལ་མ་ཡིན་ལ། དེ་དག་འགལ་བ་ནི། མི་ཚངས་པར ་སྤྱོད་པ་ཐམས་ཅད་དུ་བྱ་བ་མ་ཡིན་པ་ཁོ་ན་ཡིན་ནོ། །འཁྲིག་པ་ནི་གཉིས་ལས་བྱུང་བའི་ཆོས་ཡིན་ནོ། །གཉིས་ཕྲད་ལས་སྐྱེས་པའི་འཁྲིག་པ་ནི་སྡིག་པ་འཛིན་པར་བྱེད་པའི་ཆོས་མ་ཡིན་པ་ལས་སྐྱེས་པའི་ཞེས་བསྟན་པ་ཡིན་ནོ། །ཡང་དགེ་སློང་ཞེས ་བྱ་བ་ནི་ལས་དང་པོ་བ་བཟློག་པར་བྱ་བའི་ཕྱིར་ཚིག་དེ་སྨོས་པ་ཡིན་ནོ། །གང་ཞེས་བྱ་བ་ནི་གཅིག་བྱེད་ན་དེ་ལ་ལྟུང་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །བསླབ་པ་མཚུངས་པར་གྱུར་པ་ནི་བསྙེན་པར་རྫོགས་ནས་ལོ་བརྒྱ་ལོན་པ་དང། དེད་བསྙེན་པར ་རྫོགས་པ་དག་བསླབ་པ་མཚུངས་པ་ཡིན་ཏེ། བསླབ་པ་མཉམ་པ་ཉིད་ཡིན་པའི་ཕྱིར་རོ། །བསླབ་པ་མ་ཕུལ་བ་ཞེས་བྱ་བ་ནི་བསླབས་པ་ཕུལ་བར་མ་བྱས་པ་ཉིད་ཡིན་ནོ། །བསླབ་པ་ཉམས་པར་མ་བྱས་པ་ཞེས་བྱ་བ་ནི་བསླབ་པ་ཉམས་པ་གསལ་བ ་མ་བྱས་པ་ཉིད་ཡིན་ནོ། །ཐ་ན་དུད་འགྲོའི་སྐྱེ་གནས་སུ་སྐྱེས་པ་དང་ཞེས་བྱ་བ་ནི་དུད་འགྲོའི་སྐྱེ་གནས་སུ་གཏགས་པའི་མཐར་ཐུག་པར་གྱུར་པ་ནས་མིར་གཟུང་བའི་བར་ཞེས་བྱ་བའི་ཐ་ཚིག་གོ་།དེ་ལ་དེང་ཕན་ཆད་ཁྱོད་ཅེས་བྱ་བ་ནི་འཁྲིག་པའི་ཆོས་དེ་ལ་མི་སྤྱོད ་པར་སྦྱོར་བར་བྱའོ་ཞེས་བྱ་བར་སྦྱར་རོ། །སྤྱད་པ་མ་ཡིན་པ་ཞེས་བྱ་བ་ནི་སྦྱོར་བ་ལས་ལྡོག་པ་ཡིན་ལ། བྱ་བ་མ་ཡིན་པ་ཞེས་བྱ་བ་ནི་དངོས་གཞི་ལས་ལྡོག་པ་ཡིན་ཞིང། སྤྱད་པ་མ་ཡིན་པ་སྤོང་བ་ཞེས་བྱ་བ་ནི་འཇུག་པ་ལས་ལྡོག་པ་ཡིན་ནོ། །སྤྱད་པ་མ་ཡིན ་པ་སྦྱོར་བ་དང། དངོས་གཞི་དངོས་པོ་དེ་དང་བཅས་པར་རྫོགས་པ་དང་མཇུག་གི་དངོས་པོ་དེ་དག་ནི་སྤོང་བ་ཡིན་ནོ། །དྲན་པ་དང་བག་ཡོད་པ་དེ་ནི་དྲན་པའང་བག་ཡོད་པ་ཡིན་ལ་བག་ཡོད་པ་ཀུན་ནས་བསྲུང་བ་དེ་ནི་དྲན་པ་དང་བག་ཡོད་པའི་ཀུན་ཏུ ་བསྲུང་བ་ཡིན་ནོ། །སེམས་ཀྱི་ཡོངས་སུ་སྲུང་བར་བྱེད་པ་ནི་དྲན་པ་དང་བག་ཡོད་པ་ཡིན་ནོ། །དྲན་པས་དགེ་བ་བསྒོམ་པར་བྱ་བ་བརྗེད་ཅིང་བག་ཡོད་པའི་སྒོ་ནས་དགེ་བ་བསྐོམ་པར་བྱེད་པ་ཡིན་པ་དེའི་ཕྱིར་ཡང་དགེ་བ་བསྒོམ་པར་བྱ་བ་ཡོངས་སུ་སྲུང་བ་དང ་དགེ་བ་བསྒོམ་བྱེད་པའི་ཕྱིར་སེམས་ཤིན་ཏུ་བསྲུངས་པར་འགྱུར་རོ། །དེ་ལ་སེམས་ཤིན་ཏུ་བསྲུང་བར་བྱེད་པའི་དྲན་པ་དང་བག་ཡོད་པ་དང་ལྡན་པ་དེ་ནི་བསྡུས་པའི་དོན་ཡིན་ནོ། །བསྟོང་པ་ནི་བསམ་པའི་སྒོ་ནས་ལྡོག་པ་ཡིན་ལ། བཀུར་པ་ནི་སྦྱོར་བ ་ལྡེག་པ་ཡིན་ཞིང། བསྔགས་པ་ནི་དངོས་གཞི་ལྡེག་པ་ཡིན་ཏེ། སྙན་པར་བརྗོད་པ་ནི་འཇུག་ལྡོག་པ་ཡིན་ནོ། །ཏིལ་གྱི་ཕུབ་མ་ནི་ཏིལ་གྱི་ཤུན་པ་ཡིན་ནོ། །མ་ཤ་ཀ་ལྔ་ནི་བཙོང་བའི་རིན་གང་ལ་ཡོད་པ་དེ་ནི་མ་ཤ་ཀ་ཡིན་ནོ། །མ་ཤ་ཀ་ལྔ་ཡང་དེ་ཡིན ་ལ་ལྷག་པ་ཡང་ཡིན་པས་ན་མ་ཤ་ཀ་ལས་ལྷག་པ་སྟེ། མ་ཤ་ཀ་ལྔ་ལ་སུ་རིན་ཐང་ཆེ་བ་ཞེས་བྱ་བའི་ཐ་ཚིག་གོ་།གང་ཡང་འདི་ལྟ་བུ་བྱུང་བར་གྱུར་ན་དགེ་སློང་མ་ཉིད་དུ་མི་རུང་ངོ་ཞེས་བྱ་བར་སྦྱར་བར་བྱའོ། །གཞན་དག་གི་ཞེས་བྱ་བ་ནི་སྐྱེས་པ་དང། བུད ་མེད་དང་མ་ནིང་དག་དང་འབྲེལ་བ་དག་ཡིན་ནོ། །གྲོང་ན་འདུག་པར་བའི་ནང་ན་འདུག་པ་ཡིན་ནོ། །དགོན་པ་ན་འདུག་པའི་རབ་ལས་ཕྱི་རོལ་ཏུ་འདུག་པ་ཡིན་ནོ། །མ་བྱིན་པ་ནི་སྐྱེས་པ་དང་བུད་མེད་དང་མ་ནིང་དེ་དག་གིས་ཏེ། འདིས་ནི་མི་ལ་ཡོད་པའི ་བརྐུས་པ་བརྗོད་པ་ཡིན་ནོ། །བརྐུས་པའི་གྲངས་སུ་གཏོགས་པ་ཞེས་བྱ་བ་ནི་བརྐུས་ཤིང་ཕྲོགས་པའི་གྲངས་སུ་གཏོགས་པ་ཞེས་བྱ་བར་འདོད་དེ་འདིས་ནི་བརྐུ་སེམས་དང་མིས་ཡོངས་སུ་བཟུང་བར་འདུ་ཤེས་པ་བརྗོད་པ་ཡིན་ནོ། །ཅི་ཙམ་ཞེས་བྱ་བ་འདིས ་ནི་མ་ཤ་ཀ་ལྔ་ཉིད་ལ་སོགས་པ་རྫས་ཀྱི་ཚང་དུ་བསྟན་པ་ཡིན་ནོ། །རྒྱལ་པོ་ནི་རྒྱལ་སྲིད་ཉིད་ཀྱི་ཕྱིར་ཅོད་པན་བཏགས་པར་གྱུར་པ་ཡིན་ནོ། །བློན་པོ་ཆེན་པོ་ནི་རྒྱལ་ཚབ་ཏུ་དབང་བསྐུར་བ་ཡིན་ནོ། །རྐུན་མ་ནི་གཞན་གྱི་རྫས་འཕྲོག་པར་བྱེད་པའི ་ཕྱིར་རོ། །བྱིས་པ་ནི་ཚར་གཅེད་པར་སྣང་བ་མ་མཐོང་བའི་ཕྱིར་རོ། བླུན་བ་ནི་ཚར་བཅད་པར་སྣང་བ་མཐོང་བ་ཡིན་པའི་ཕྱིར་རོ། །རྐུ་བ་ནི་བརྐུ་སེམས་མངོན་དུ་ཕྱོགས་པའི་ཕྱིར་རོ། །གསོད་པ་ནི་ཞན་པ་ཉིད་དང་དད་པ་མེད་པ་ཉིད་ཀྱི་ཕྱིར་རོ ་བཅིང་བ་ནི་དད་པ་ཡོད་དུ་ཟིན་ཀྱང་ཞན་པ་ཉིད་ཡིན་པ་འམ། རྒྱ་ཆེ་བ་ཡོད་དུ་ཟིན་ཀྱང་དད་པ་མེད་པ་ཉིད་ཀྱིས་སོ། །སྤྱུགས་པ་ནི་རྒྱ་ཆེ་བ་ཉིད་ཀྱི་ཕྱིར་དང། དད་པ་ཉིད་ཡིན་པའི་ཕྱིར་རོ། །དགེ་སློང་མའི་དངོས་པོ་ལས་ཉམས་པ་ཞེས་བྱ་བ་ནི ་བསླབ་པ་ལ་ནན་ཏན་དུ་བྱེད་པ་ལྟོད་པ་ཡིན་པའི་ཕྱིར་རོ། །དགེ་སྦྱོང་གི་ཚུལ་འཇིག་པར་འགྱུར་བ་ནི་བཤགས་པའི་བསམ་པ་མ་སྐྱེས་པའི་ཕྱིར་རོ། །ཉམས་པ་ནི་བཤགས་པའི་བསམ་པ་ཡོད་དུ་ཟིན་ཀྱང་བཤགས་པའི་ནུས་པ ་མེད་པ་ཉིད་ཀྱི་ཕྱིར་རོ། །བཅོས་པ་ནི་སྐལ་པ་མཉམ་ཞིང་རིས་མཐུན་པ་ངས་ཉོན་མོངས་པ་བཟློག་པའི་ནུས་པ་མེད་པའི་ཕྱིར་རོ། །ལྟུང་བ་ནི་རྒྱུད་ལ་དེ་བསྐྱེད་པའི་ནུས་པ་མེད་པའི་ཕྱིར་རོ། །ཕམ་པར་འགྱུར་པ་ནི་ཉོན་མོངས་པས ་ཚར་བཅད་པ་ཉིད་ཀྱི་ཕྱིར་རོ། །ཕྱིར་བསླད་དུ་མེད་པར་གྱུར་བ་ནི་ཐབས་གྱུར་པ་གཞན་མེད་པའི་ཕྱིར་རོ། །བསམས་བཞིན་དུ་སྲོག་ཆགས་གྲོག་སྤུར་ལ་སོགས་པ་ཞེས་བྱ་བ་ལ་བསམས་བཞིན་དུ་སྟེ། ཕྲ་མོར་ལྟ་བར་བྱེད་པས་ན་ལྟ་བར་བྱེད་པ་ཡིན་ནོ།། ་སྲོག་ཆགས་གྲོག་སྤུར་གྱི་མིང་ཅན་ག་སྲོག་བཅད་པར་མི་བྱ་ཞིང་ཐ་དད་པར་བྱ་བ་མ་ཡིན་ནོ། མི་ནི་དབང་པོའི་གླེང་ཐ་དད་པ་གྲུབ་པ་ཡིན་ནོ། །མིར་ཆགས་པ་ནི་སྒོ་ངར་གཏོགས་པ་འམ། མངལ་ནས་སྐྱེས་པར་གཏོགས་པའི་གནས་སྐབས་ཡོངས་སུ ་མ་རྫོགས་པ་ཡིན་ནོ། །རང་གིས་ལག་དར་ཏེ་ཞེས་བྱ་བ་ནི་རང་གི་ལག་གིས་དེ་ལ་མཚོན་ཆ་བྱིན་པ་ནི་དགེ་སློང་མ་བདག་ཉིད་ཀྱིས་བསྟངས་པ་ཡིན་ནོ། །དེ་ལ་མཚོན་ཐོགས་པ་གཉེར་རམ་ཞེས་བྱ་བ་ནི་དེས་མཚོན་སྟོབ་པར་བྱེད་པ་གཉེར་པ་ཡིན་ནོ། །དེ་འཆིར ་བཅུག་པ་ནི་སྡིག་པ་བྱེད་པ་འཆི་བའི་ཕྱིར་ཡང་དག་པར་བཀོད་པ་ཡིན་ནོ། །སྡུག་བསྔལ་བ་འགའ་ཞིག་འཆི་བའི་བསྔགས་པ་བརྗོད་པ་སྟེ། སྡིག་བྱེད་པ་ནི་ལས་ཀྱི་རྣམ་པར་སྨིན་པར་འདོད་པ་མ་ཡིན་པ་དང་ཡང་དག་པར་ལྡན་པ་ཉིད་ཀྱིས་ཕྱིར་རོ། ། ་འཚོ་བ་ངན་པ་ནི་ལྷག་པར་སྡུག་བསྔལ་བ་ཉིད་ཡིན་པའི་ཕྱིར་རོ། །མི་གཙང་བ་ནི་འཇིག་རྟེན་པས་སྨད་པར་བྱ་བ་ཉིད་ཡིན་པའི་ཕྱིར་རོ། །སེམས་ཀྱི་འདོད་པ་ནི་འཆིད་པའི་རྒྱུ་མཚན་བདག་ཉིད་ཀྱིས་རྙེད་པར་རྟོགས་པར་བྱེད་པའི་ཕྱིར་ཐོག་མར་འཆི ་བར་ཀུན་ཏུ་རྟོག་པར་བྱེད་ལ་འཆི་བའི་འོག་ཏུ་བདག་ཉིད་ཕབ་པར་རྟོག་པའི་ཕྱིར་སེམས་ཀྱི་འདོད་པ་ཡིན་ནོ། །སེམས་ཀྱིས་ཕ་རོལ་པོ་འཆི་བར་རྟོག་པའི་ཕྱིར་སེམས་ཀྱི་ཀུན་ཏུ་རྟོག་པ་ཡིན་ནོ། །ཞེས་བཞིན་དུ་རྫུན་དུ་སྨྲ་བ་ནི་ཤེས་བཞིན་དུ་རྫུན་དུ ་སྨྲ་བ་ཡིན་ནོ། །མེད་པ་ནི་ཐོབ་པ་ཡིན་ལ་མེད་བཞིན་པ་ནི་མངོན་སུམ་བྱེད་པའི་སྒོམ་པ་ཡིན་ནོ། མིའི་ཆོས་ཀྱི་རང་བཞིན་བླ་མ་སྟེ་ཁྱད་པར་དུ་འཕགས་པ་སྨྲ་བར་འདོད་པ་ལ་ཞེས་བྱ་བ་ཡིན་ནོ། །མངོན་པར་མི་ཤེས་པ་ནི་འཇིག་རྟེན་པའི་ཤེས་པའི་སྒོ་ནས་ཡིན་ལ། ཡོངས ་སུ་མི་ཤེས་པ་ནི་འཇིག་རྟེན་པས་འདས་པའི་སྒོ་ནས་ཡིན། །འཕགས་པ་ནི་ཟག་པ་མེད་པའི་བྱེ་བྲག་ཁོང་དུ་ཆུད་པའོ། ཁྱད་པར་ཐོབ་པའམ་ཤེས་པ་ཡིན་ནོ། །སྡུག་བསྔལ་ཤེས་པ་ལ་སོགས་པ་ནི་མཐོང་བ་སྟེ་བཟོད་པ་ཡིན་ནོ། །རེག་པར་སྤྱོད་པ་ནི་བསམ་གཏན ་བཞི་ཡིན་ནོ། །འདི་ཤེས་སོ། །འདི་མཐོང་ངོ་ཞེས་བྱ་བ་ལ་འཕགས་པའི་བདེན་པ་བཞི་ནི་ཤེས་པར་བྱ་བ་ཡིན་ལ། ལྷ་ལ་སོགས་པ་ནི་མཐོང་བར་བྱ་བ་ཡིན་ནོ། །ཀླུ་ནི་ཀླུ་ཕྲ་མོ་དག་ཡིན་ནོ། །ལྟོ་འཕྱེ་ཆེན་པོ་ནི་ཀླུ་ཆེན་པོ་ཡིན་ནོ། །ཡང་ན་ལྟོ་འཕྱེ་ཆེན་པོ་ནི་སྤྲུལ་མི ་བཟད་པ་ལ་བྱ་སྟེ། མཐུ་ཆེ་བ་གང་ཡིན་པ་དེ་ལ་འདིར་བཟུང་ངོ། །གཏམ་འདྲེ་བར་བྱེད་པ་ཞེས་བྱ་བ་ནི་གཏམ་འདྲེ་བ་ནི་གཏམ་ལ་སོགས་པ་?་རིལ་དྲི་བ་ཡིན་ནོ། ཕེབས་པར་སྨྲོ་བར་བྱེད་པ་ནི་དེ་རྒྱུན་གྱིས་གཏམ་འདྲི་བ་ཡིན་ནོ། །སོ་སོར་ཀུན་དགའ་བར་བྱེད་པ་ནི་ཕ་རོལ་པོའི་བདེ་བ་ཐོབ ་པར་གྱུར་པ་ན་བདག་སྟོན་པར་བྱེད་པ་ཡིན་ནོ། །རྟག་ཏུ་ཡང་ལྷན་ཅིག་གནས་པར་བྱེད་དོ་ཅེས་བྱ་བ་ནི་ལྷ་ལ་སོགས་པ་དང་རྟག་ཏུ་ལྷན་ཅིག་འདུག་བར་བྱེད་ཅེས་བྱ་བའི་བར་དུ་སྟེ། གཟུགས་ན་སྤྱོད་པའི་སྒོམས་པ་ལས་བྱུང་བ་བསམ་གཏན་གྱི་དངོས་གཞིའི་ས ་དག་ཡིན་ནོ། །མི་རྟག་པའི་འདུ་ཤེས་ནི་མི་རྟག་པ་ཉིད་དུ་འཛིན་པ་ཡིན་ནོ། །མི་རྟག་པར་ལྟ་བ་ནི་སྡུག་བསྔལ་གྱི་གཉེན་པོའི་ཕྱོགས་མ་ཡིན་པ་ཉིད་ཀྱི་ཕྱིར་སྡུག་བསྔལ་གྱི་འདུ་ཤེས་ཡིན་ནོ། །སྡུག་བསྔལ་ལ་བདག་མེད་པའི་འདུ་ཤེས་ནི་ཇི་ལྟར་ཡང་གང་ཡང ་སྡུག་བསྔལ་གྱི་བདག་ཉིད་ཡིན་པ་དེ་ལྟ་ན་ཡང་སྡུག་བསྔལ་གང་ཡིན་པ་དེ་ནི་བདག་མེད་པའི་འདུ་ཤེས་ཀྱིས་སུན་དབྱུང་བར་བྱ་བ་ཡིན་པའི་ཕྱིར་སྡུག་བསྔལ་ལ་བདག་མེད་པའི་འདུ་ཤེས་ཞེས་བྱ་བ་སྨོས་པ་ཡིན་ནོ། །ཟས་ལ་མི་མཐུན་པའི་འདུ་ཤེས་ནི། ་རོལ་སྐམས་པ་ལས་བཟློག་པ་ཡིན་པའི་ཕྱིར་རོ། །འཇིག་རྟེན་ཐམས་ཅད་པ་མངོན་པར་ནི་དགའ་བའི་འདུ་ཤེས་ནི་ཆགས་པ་མེད་པའི་རང་བཞིན་ཡིན་པའི་ཕྱིར་རོ། །སྤོང་བའི་འདུ་ཤེས་ནི་ལྟ་བ་ལ་སོགས་པའི་ཉོན་མོངས་པ་བཟློག་པ་ལ ་དམིགས་པ་ཡིན་ནོ། །འདོད་ཆགས་བྲལ་བའི་འདུ་ཤེས་ནི་གང་དག་དེ་ལ་དམིགས་པའི་ཉོན་མོངས་པ་སྤངས་པའི་ཕྱིར་སྤངས་པ་དེ་དག་གི་འདོད་ཆགས་དང་བྲལ་བ་ཞེས་བྱ་སྟེ། འདུན་པའི་འདོད་ཆགས་ལ་སོགས་པ་ལྡོག་པ་ཐོབ་པའི་ཕྱིར་རོ། །? ་པ་དག་ལ་ཡང་ཀུན་ཏུ་སྤྱོད་པའི་འགོག་པ་ཡིན་ཏེ། དེ་ནི་འདིར་རང་བཞིན་གྱིས་འགོག་པ་དང། དགེ་བ་ཟག་པ་དང་བཅས་པའི་ཉོན་མོངས་པ་དག་གི་ཀུན་ཏུ་སྦྱོར་བ་འགོག་པ་དང། དགེ་བ་དང་ཀུན་ནས་ཉོན་མོངས་པ་ནི་ལུང་དུ་མ་བསྟན་པའི་ཀུན་ཏུ་སྤྱོད ་པའི་འགོག་པ་ཞེས་བྱ་བ་འགོག་པ་གསུམ་དུ་སྟོན་པ་ཡིན་ནོ། །རྣམ་པར་བསྔོས་པའི་འདུ་ཤེས་ནི་ལུས་ཀྱི་ཁ་དོག་རྣག་ཏུ་དམིགས་པ་ཡིན་ནོ། །རྣམ་པར་བརྣགས་པའི་འདུ་ཤེས་ནི་རྩ་བའི་གནས་སྐབས་འདྲུལ་བར་གནས་པ་ཡིན་ནོ། །རྣམ་པར ་བམ་པའི་འདུ་ཤེས་ནི་ལུས་སྐྲངས་པར་དམིགས་པ་ཡིན་ནོ། །རྣམ་པར་འབུས་གཞིགས་པའི་འདུ་ཤེས་ནི་འབུས་གང་བར་དམིགས་པ་ཡིན་ནོ། །རྣམ་པར་ཟོས་པའི་འདུ་ཤེས་ཀྱི་ཤ་དང་པགས་པ་ཟོས་པར་དམིགས་པ་ཡིན་ནོ། །རྣམ་པར ་དམར་བའི་འདུ་ཤེས་ནི་ལུས་ཀྱི་ཤའི་ལྷག་མ་ཉུང་བ་ལ་དམིགས་པ་ཡིན་ནོ། །རྣམ་པར་འཐོར་བའི་འདུ་ཤེས་ནི་ཡན་ལག་དང་ཉིང་ལག་ཕྱོགས་མཚམས་སུ་གཏོར་བར་དམིགས་པ་ཡིན་ནོ། །རུས་གོང་གི་འདུ་ཤེས་ནི་ཤ་མེད་པའི་རུས་པ་ཙམ་དེ ་དམིགས་པ་ཡིན་ནོ། །སྟོང་པ་ཉིད་ལ་སོ་སོར་རྟོག་པའི་འདུ་ཤེས་ནི་བདག་ཉིད་ལ་སྟོང་པ་ཉིད་དུ་འདུ་ཤེས་པ་ཡིན་ནོ། །བསམ་གཏན་དང་པོ་ནི་རྟོག་པ་དང་བཅས་དཔྱོད་པ་དང་བཅས་པ་ཡིན་ལ། གཉིས་པ་ནི་རྟག་པ་མེད་ཅིང་དཔྱོད་པ་མེད་པའི ་ལ། གསུམ་པ་ནི་དགའ་བ་མེད་པའི་བདེ་བ་ཡིན་ལ། བཞི་པ་ནི་སྡུག་བསྔལ་མེད་ཅིང་བདེ་བ་མེད་པ་ཡིན་ནོ། །གཞན་དག་ལ་ཕན་འདོགས་པའི་སེམས་ནི་བྱམས་པ་ཡིན་ལ། གཞན་སྡུག་བསྔལ་བ་དང་བྲལ་བར་འདོད་པ་ནི་སྙིང་རྗེ་ཡིན་ནོ། །གཞན་དག་ནི་ཕན་པ་དང་མགུ ་བ་ལ་དམིགས་པ་དགའ་བ་ཡིན་ལ། གཞན་དག་གི་བདེ་སྡུག་ལ་བཏང་སྙོམས་སུ་བྱེད་པ་དེ་བཏང་སྙོམས་ཡིན་ཏེ། བསམས་པ་ལས་བྱུང་བ་དང། བསྒོམས་པ་ལས་བྱུང་བའི་ཚད་མེད་པ་བཞི་པོ་དེ་དག་ཐག་ཉེ་བར་བྱས་པ་ཡིན་ནོ། །ནམ་མཁའ་མཛའ་ཡས་སྐྱེ་མཆེད ་ནི་ནམ་མཁའ་མཛའ་ཡས་པ་ཡིན་ནོ། །རྣམ་ཤེས་མཛའ་ཡས་པ་ཞེས་བྱ་བ་དང། ཅི་ཡང་མེད་པ་ཞེས་བྱ་བ་ལ་སྦྱོར་བའི་སེམས་ཀྱིས་ཀུན་ནས་བསླང་བ་ནམ་མཁའ་དང་རྣམ་པར་ཤེས་པ་མཛའ་ཡས་པའི་སྐྱེ་མཆེད་དག་ཡིན་ནོ། །འདུ་ཤེས་ཀྱི་ཆེ་བའི་བདག་ཉིད་ནི ་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཡིན་ནོ། །ཟག་པ་མེད་པའི་ལམ་གྱིས་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་སྤངས་ནས་འདུས་བྱས་དང་འདུས་མ་བྱས་ཐ་དད་པའི་དབྱེ་བས་སེམས་ཀྱི་སྐད་ཅིག་བཅུ་དྲུག་ཐོབ་པ་གང་ཡིན་པ་དེ་ནི་རྒྱུན་དུ ་ཞུགས་པའི་འབྲས་བུ་ཡིན་ནོ། །ཟག་པ་མེད་པའི་ལམ་གྱིས་བསྒོམ་པས་སྤངས་པར་བྱ་བ་རྣམ་པ་དྲུག་སྤངས་པས་འདུས་བྱས་དང་འདུས་མ་བྱས་ཀྱི་འབྲས་བུ་ཐོབ་པ་གང་ཡིན་པ་དེ་ནི་ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཡིན་ནོ། །ཟག་པ་མེད་པའི་ལམ་གྱིས ་འདོད་པ་ན་སྤྱོད་པའི་བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་རྣམ་པ་དགུ་བ་སྤངས་པས་ཐོབ་པ་གང་ཡིན་པ་དེ་ནི་ཕྱིར་མི་འོང་བའི་འབྲས་བུ་ཡིན་ནོ། །སྲིད་པའི་རྩེ་མོའི་བསྒོམ་པས་སྤང་བར་བྱ་བ་རྣམ་པ་དགུ་སྤངས་པས་འདུས་བྱས་དང་འདུ་མ་བྱས་ཀྱི་འབྲས ་བུ་ཐོབ་པ་གང་ཡིན་པ་དེ་ནི་དགྲ་བཅོམ་པའི་འབྲས་བུའོ། །རྫུ་འཕྲུལ་ནི་ནམ་མཁའ་ལ་འགྲོ་བར་བྱེད་པ་ཡིན་ལ། དེའི་ཡུལ་ནི་ཏིང་ངེ་འཛིན་གང་ལས་རྫུ་འཕྲུལ་འགྲུབ་པར་འགྱུར་བ་ཡིན་ནོ། །ལྷའི་རྣ་བ་ནི་ཡུལ་ཐག་རིང་བ་དང་ཕྲ་བ་དང་བར་དུ་ཆད་པ་ཡིན་ནོ། །སེམས ་ཀྱི་རྣམ་གྲངས་ཞེས་བྱ་བ་ནི་གཞན་གྱི་སེམས་ཤེས་པ་ཡིན་ནོ། །སྔོན་གྱི་སྐྱེ་བར་གནས་དང་དེར་སྐྱེས་པའི་ཕྱིར་སྔོན་གྱི་གནས་ཡིན་ཏེ། དེ་ལ་དམིགས་པའི་ཏིང་ངེ་འཛིན་ལ་སྔོན་གྱི་གནས་ཞེས་བྱའོ་འཆི་འཕོ་དང་སྐྱེ་བ་ནི་འཆི་འཕོ་དང ་སྐྱེ་བ་དེ་ལ་དམིགས་པའི་ལྷའི་མིག་ལ་ཡང་འཆི་འཕོ་དང་སྐྱེ་བ་ཞེས་བྱའོ། །ཟག་པ་ཟད་པ་དང་བཅས་པའི་ཤེས་པ་ཉིད་ལ་ཡང་ཟག་པ་ཟད་པའི་མངོན་པར་ཤེས་པ་ཞེས་བྱའོ། །རྣམ་པར་ཐར་པ་བརྒྱད་ནི་གཟུགས་ཅན་གཟུགས་ལ་ལྟ་བ་ནས་ནང་གཟུགས ་མེད་པའི་འདུ་ཤེས་ཀྱིས་ཕྱི་རོལ་གྱི་གཟུགས་ལ་ལྟ་བ་དགེ་བའི་རྣམ་པར་ཐར་པ་དང། གཟུགས་མེད་པ་བཞི་དང། འགོག་པའི་སྙོམས་པར་འཇུག་པ་ཡིན་ནོ། །གཉིས་ཀའི་ཆ་ལས་རྣམ་པར་གྲོལ་བ་ཞེས་བྱ་བ་ནི་ཉོན་མོངས་པ་དང་སྙོམས་པར ་འཇུག་པའི་སྒྲིབ་པའི་ཆ་དག་ལས་རྣམ་པར་གྲོལ་བས་ན་གཉི་གའི་ཆ་ལས་རྣམ་པར་གྲོལ་བ་ཡིན་ནོ། །དབང་པོ་རྣོན་པོས་འགོག་པའི་སྙོམས་པར་འཇུག་པ་ཐོབ་པ་ནི་དགྲ་བཅོམ་པ་ཞེས་བྱའོ། །ཆགས་བཞིན་དུ་ཞེས་བྱ་བ་ནི་སྐྱེས་པ་དེ་ལ་འདོད ་པའི་འདོད་ཆགས་ཀྱི་སྒོ་ནས་ཆགས་པར་གྱུར་པ་ཡིན་ན། །ཆགས་ནས་ཞེས་བྱ་བ་ནི་སྐྱེས་བུ་ཀུན་ནས་ཆགས་པར་གྱུར་པའི་སྒོ་ནས་སོ། །ཅུང་ཞིག་ནི་ཕྱོགས་གཅིག་ཡིན་ལ། རེག་པ་ནི་ཉུག་པར་བྱེད་པ་ཡིན་ནོ། །ཀུན་ནས་རེག་པ་ནི་ཡོངས་སུ ་ཉུག་པར་བྱེད་པ་ཡིན་ནོ། །འཇོ་སྒེག་བྱེད་པ་ནི་ཕན་ཚུན་རྡོད་པར་བྱེད་པའོ། །འཕྱར་གཡེང་ནི་འདོད་པ་དང་རྗེས་སུ་མཐུན་པའི་ཚིག་བརྗོད་པའོ། །ཙབ་ཧྲལ་ནི་འདོད་པ་དང་རྗེས་སུ་མཐུན་པའི་སྐད་གསང་མཐོ་ལ་མི་གསལ་བ་སྒྲོག་པར་བྱེད་པའོ། །གང ་གི་ཚེ་ཁོ་བོ་སྔ་དྲོ་ལ་སོགས་པ་ན་ཐོད་པར་གྱུར་པ་དེའི་ཚེ་བདག་གྲུབ་པ་ཡིན་པར་ཤེས་པར་བྱའོ་ཞེས་བྱ་བ་ནི་ཡུལ་ཕྱོགས་སྟོན་པར་བྱེད་པ་ཡིན་ནོ། །གང་གི་ཚེ་ཁོ་བོ་སྦྱར་མ་དམར་སེར་བགོས་པ་དང་ལྷུང་བཟེད་ཐོགས་པར་མཐོང་བ་ཞེས་བྱ་བ ་ལ་སོགས་པ་ནི་མཚན་མ་ཡིན་ནོ། །མངོན་པར་འདོད་པའི་གནས་སུ་འགྲོ་བ་ནི་བརྡལ་ཡིན་ནོ། །དངོས་པོ་བརྒྱད་ཅེས་བྱ་བ་ནི་ཡན་ལག་བརྒྱད་དང་ལྡན་པའི་ལུས་བཀན?་པ་ཡིན་ཏེ། དེ་ཡང་ཀུན་ནས་ཆགས་པ་ཉིད་ནི་ཡན་ལག་གཅིག་ཡིན་ལ། འཇོ་སྒེག་བྱེད་པ་ནི ་གཉིས་པ་ཡིན་ནོ། །འཕྱར་གཡེང་བྱེད་པ་ནི་གསུམ་པ་ཡིན་ནོ། །ཙབ་ཧྲལ་བྱེད་པ་ནི་བཞི་པ་ཡིན་ནོ། །ཡུལ་ཕྱོགས་ནི་ལྔ་པ་ཡིན་ནོ། །མཚན་མ་ནི་དྲུག་པ་ཡིན་ནོ། །བརྡ་ནི་བདུན་པ་ཡིན་ནོ། །འོང་བ་བདག་གིར་བྱེད་པ་ནི་བརྒྱད་པ་ཡིན་ནོ། །ལུས་བཀན་པ་ཁོ་ན་ལས་ཕམ ་པར་འགྱུར་བ་སློང་བར་བྱེད་པ་ཡིན་ལ། སེམས་ཀུན་ནས་ཆགས་པ་དང་གཡོ་ལ་སོགས་པ་ནི་ཐམས་ཅད་དུ་སྤོམ་པོར་འགྱུར་རོ། །སྨྲ་བའི་ཡན་ལག་ཡོད་པ་དགེ་སློང་མས་དགེ་སློང་མའི་ཕམ་པར་འགྱུར་བ་ཞེས་བྱ་བའི་ཁ་ན་མ་ཐོ་བ་འཆལ་བར་བྱེད་པ་དེའི་ཚེ ་དེ་ཉིད་ཕམ་པར་འགྱུར་བའི་ཁ་ན་མ་ཐོ་བ་སློང་བར་འགྱུར་རོ། །བཟློག་པར་བྱ་བ་ནི་ཟློག་པ་དང་རྗེས་སུ་མཐུན་པའི་ལས་ཡིན་ཏེ། བཟློག་པ་ཡང་དགེ་འདུན་ལ་ཕྱི་རོལ་ཏུ་བྱས་པ་ཡིན་ནོ། །ལངས་པ་ནི་མི་མཐུན་པ་ལ་བྱ་ལ། བསྙལ་བ་ནི་མཐུན་པ་ཡིན་ཏེ། ལངས་པར ་གྱུར་ནས། བསྙལ་བ་བཞིན་གྱུར་པ་ནི་ལངས་པ་དང་བསྙལ་བའམ?། སྐྱེ་བས་སྒྲ་ལངས་པར་གྱུར་པ་གང་ཡིན་པ་དེ་ནི་ལངས་པ་ཡིན་ལ། འོག་ཏུ་བསྙལ་བས་ན་ཉལ་བ་ཡིན་ནོ། །ཤིན་ཏུ་འོག་ཏུ་འཇུག་པར་བྱེད་པས་ན་སྤུ་བསྙལ་བར་བྱེད་པ་ཡིན་ནོ། །ཉེས ་པ་དེ་ལས་བཟློག་པའི་ཕྱིར་འཇུག་པ་ནི་འབྱུང་བའི་ཕྱིར་འཇུག་པ་ཡིན་ལ་དགེ་འདུན་དང་ལྷན་ཅིག་བྱ་བ་མཚུངས་པར་ཁས་བླངས་པས་ན་མཚུངས་པ་སྟོན་པར་བྱེད་པ་ཡིན་ནོ། །དོར་བ་ནི་བཟློག་པར་བྱ་བའི་ལས་དང་བྲལ་བའི་ཕྱིར་རང་བཞིན་དུ་གནས ་པ་ཐོབ་པར་གྱུར་པ་སྟེ། ཤིན་ཏུ་དམའ་བར་འཇུག་པ་ཡིན་ནོ། །དེ་དང་འདྲ་བར་ཡིད་ལ་བྱེད་པ་བསྒོམ་པ་ནི་འདིར་སྦྱོར་བ་ཡིན་ལ། མོས་པ་ཡིད་ལ་བྱེད་པ་བསྒོམ་པ་ནི་ཡིད་ལ་བྱེད་པ་ཡིན་ནོ། །ཡང་དག་པར་རྗེས་སུ་སྦྱོར་བར་བྱ་བ་ནི་དགེ་བ་ལ་འཇུག་པར ་བྱ་བ་ཡིན་ལ། ཡང་དག་པར་རྗེས་སུ་བསྟན་པར་བྱ་བ་ནི་མི་དགེ་བ་ལས་བཟློག་པ་ལའོ། །དགེ་སྦྱོང་བྱེད་པ་ཞེས་བྱ་བ་ལ་སོགས་པ་ལ། དགེ་སྦྱོང་ནི་དགེ་སྦྱོང་བྱེད་པ་ཡིན་ནོ། །གང་གི་ཕྱིར་བཟོད་པས་དགེ་སྦྱོང་དུ་གྱུར་པ་ཡིན་ཏེ། བཟོད་པའི་རང་བཞིན ་དག་ཀྱང་དགེ་སྦྱོང་བྱེད་པ་ཡིན་ལ། ཁྲོ་བ་དང་གཤེ་བ་དང་བརྡེག་པ་དང་མཚང་འབྲུ་བ་བཟོད་པ་དག་ནི་དགེ་སྦྱོང་བྱེད་པའི་ཆོས་དག་ཡིན་པས་སླར་མི་ཁྲོ་བ་དང། སླར་མཚང་མི་འབྲུ་བའི་བཟོད་པ་དང་ལྡན་པ་ནི་དགེ་སྦྱོང་མང་འགྱུར་བ་ཡིན་ནོ། །གང་ཁྱོད་སྔོན ་ཞེས་བྱ་བ་ལ། སྔོན་ཞེས་བྱ་བ་ལ་སོགས་པའི་གཞུང་གིས་མངོན་པར་འདོད་པའི་ཕུན་སུམ་ཚོགས་པ་བསྟན་པ་ཡིན་ནོ། །མི་གཡོ་བ་ནི་ཡང་བྱ་བ་མ་ཡིན་པའོ། །བཞག་པར་མི་འོས་པ་ནི་ཆོ་ག་བརྩམས་པ་ཁོ་ན་འཇིག་པ་མེད་པའི་ཕྱིར་བཞག་པར་འོས་པ ་མ་ཡིན་པ་ཞེས་བྱའོ། །གང་བསྙེན་པར་རྫོགས་ནས་ཞེས་བྱ་བ་ལ་སོགས་པས་ཚུལ་ཁྲིམས་ཀྱིས་མཉམ་པར་གྱུར་པ་ཉིད་དུ་ངེས་པར་སྦྱོར་བ་སྟོན་པ་ཡིན་ནོ། །ཚུལ་ཁྲིམས་ཀྱིས་མཉམ་པ་ཉིད་ནི་བསྙེན་པར་རྫོགས་ནས་ལོ་བརྒྱ་ལོན་པ་དང། དེང་བསྙེན་པར ་རྫོགས་པ་དག་ཚུལ་ཁྲིམས་ཉིད་ཀྱིས་མཚུངས་པ་སྟེ། སོ་སོར་ཐར་པའི་སྡོམ་པ་ཉིད་ཀྱིས་མཉམ་པ་ཡིན་ནོ། །བསླབ་པ་ཉིད་ཀྱིས་མཉམ་པ་ཞེས་བྱ་བ་ལ། ཀུན་ཀྱང་སྲོག་གཅོད་པ་ལ་སོགས་པ་ལས་ལྡོག་པའི་བསླབ་པར་བྱ་བས་མཉམ་པ་དག་ཡིན་ནོ། ་སོ་སོར་ཐར་པའི་མདོ་འདོན་པ་ཉིད་ཀྱིས་མཉམ་པ་ཞེས་བྱ་བ་ནི་ཀུན་ཀྱང་རྗེས་སུ་བསྟན་པའི་མཆོག་ལ་རག་ལས་པར་མཚུངས་པ་ཡིན་ཏེ། ཀུན་ཀྱང་མཐར་ཚུལ་ཁྲིམས་རྣམ་པར་དག་པས་མཉམ་པ་ཞེས་བྱ་བའི་དོན་འདིར་འགྱུར་རོ། །ཕ་དང་མའི་འདུ ་ཤེས་ཞེས་བྱ་བ་འདི་ནི་འཇིག་རྟེན་པའི་ཕ་མ་ལ་སོགས་པའི་ཐ་སྙད་ཀྱིས་སྒྲོ་འདོགས་པ་ལ་ངེས་པར་སྦྱར་བར་བྱ་བ་ཡིན་ནོ། ངེས་པར་སྦྱོར་བའི་འབྲས་བུ་ཡང་ནད་གཡོག་ལ་སོགས་པ་ཡིན་པར་བསྟན་པ་ཡིན་ནོ། །གུས་པ་ནི་ཡོན་ཏན་དོན་དུ་གཉེར ་པ་སྔོན་དུ་སོང་བ་ཅན་གྱི་ཡོན་ཏན་དང་ལྡན་པ་དག་ལ་གུས་པ་ཡིན་ཏེ། དེ་དག་ནི་ཡོན་ཏན་ཐམས་ཅད་ཀྱི་འབྱུང་གནས་ཡིན་པ་དེའི་ཕྱིར་གུས་པ་དང་བཅས་པ་འཇུག་པར་བྱ་བ་ཡིན་ནོ། །ཞེས་ནི་གཙོ་བོ་གཉིས་པ་ལ་བྱ་སྟེ་བདག་ཉིད་གཙོ་བོ་གཉིས་པ་མཐོང་བས ་བྱ་བ་མ་ཡིན་པ་ལས་སླར་ལོག་པར་འགྱུར་རོ། །གཉི་གའི་དབང་ལ་རག་ལུས་པ་ཉིད་ཀྱིས་གནས་པ་ནི་འཇིགས་པའི་དབང་གིས་སེམས་གནས་པ་ཡིན་ལ། སེམས་འཇིགས་པ་དང་བཅས་པའི་དབང་གིས་འཇུག་ཅིང་གནས་པའི་ཕྱིར་འཇིགས་པ་དང་བཅས ་པའི་དབང་དུ་གྱུར་པར་བྱ་བ་ཡིན་ཏེ། རྒན་རབས་རྣམས་ལ་ཡང་ཡོན་ཏན་དོན་དུ་གཉེར་བས་གུས་པར་བྱ་བ་དང་གཙོ་བོར་བྱ་བ་དང། སེམས་མཉེས་པར་མེད་པས་འཇིགས་པར་བྱ་བ་ཡིན་ནོ། །ཇི་ལྟར་གནས་བསྟན་དང་བར་མ་དང་གསར་བུ་རྣམས་ལ་དེ་བཞིན ་དུ་བྱའོ། །ལུང་མ་རྒོད་པར་བྱའོ་ཞེས་བྱ་བ་ལ་སོགས་པས་བྱ་བ་ལ་ངེས་པར་སྦྱར་བ་ཡིན་ནོ། །མ་ཐོབ་པ་ཐོབ་པར་བྱ་བ་ནི་རྙེད་པར་གྱུར་པ་ཡིན་ལ། མ་རྟོགས་པ་རྟོགས་པར་བྱ་བ་ནི། ཁོང་དུ་ཆུད་པ་ཡིན་ནོ། །མངོན་དུ་མ་བྱས་པ་མངོན་སུམ་དུ་བྱས་པ་ནི་མངོན ་དུ་བྱས་པ་ཡིན་ནོ། །བརྩོན་པ་མི་རོལ་བར་བྱའོ་ཞེས་བྱ་བ་ནི་བརྩོན་འགྲུས་བརྩམ་པར་བྱ་བ་ལ་ངེས་པར་སྦྱར་བ་ཡིན་ནོ། །གཏམ་འདྲེས་པ་ན་རྒྱུན་མི་འཆད་པར་མཛའ་བ་ཡིན་ནོ། །ཕེབས་པར་སྨྲ་བ་ནི་འབྲིང་དུ་མཛའ་བ་ཡིན་ནོ། །སྨོས་འདྲིན་ནི་བཤེས་པར ་གྱུར་པ་ཡིན་ལ། འགྲོགས་པ་ཤེས་ནི་ལམ་གཅིག་ཏུ་ཞུགས་པ་ལ་སོགས་པས་ཀུན་ནས་བསྐྱེད་པ་སྡུག་པ་གཡོ་བ་ཅན་ཡིན་ནོ་ཤེས་རབ་མཆོག་སྟེ་སངས་རྒྱས་བཅོམ་ལྡན་འདས་དེའི་བསྟན་པ་ལ་ཁྱོད་བསྙེན་པར་རྫོགས་པར་གྱུར་པས་ཇི ་ལྟར་དལ་འབྱོར་ཏེ། དགེ་བའི་ལས་ཀྱི་གནས་སྐབས་འབྱོར་པར་གྱུར་པ་ལྡོག་པ་མེད་པར་འགྱུར་བ་དེ་ལྟར་བྱ་བ་ཡིན་ནོ། །མཛེས་པ་ཞེས་བྱ་བ་འདིས་ནི་ལུས་དག་པ་དང། ཡོངས་སུ་དག་པ་ཞེས་བྱ་བ་འདིས་ནི་ལས་དག་པ་ཡིན་ནོ། །ལུས་ཡོངས་སུ ་དག་པ་དང་ལས་ཡོངས་སུ་དག་པས་རབ་ཏུ་བྱུང་བ་དང། བསྙེན་པར་རྫོགས་པར་འགྱུར་ཏེ། མཛེས་པ་དང་ཡོངས་སུ་དག་པ་གཉི་ག་ལ་རབ་ཏུ་བྱུང་བ་དང་བསྙེན་པར་རྫོགས་པ་གཉི་ག་སྦྱར་བར་བྱའོ། །ཞེས་བྱ་བའི་ཐ་ཚིག་གོ་།བག་ཡོད་པར ་བསྒྲུབས་ཤིག་ཅེས་བྱ་བ་ནི་བག་ཡོད་པ་ལ་ངེས་པར་སྦྱར་བ་ཡིན་ནོ། །སྐྱེ་དགུའི་བདག་མོ་ཆེན་མོ་རབ་ཏུ་བྱུང་བས་འཕེལ་བ་ཡིན་ལ། གཞན་དག་རབ་ཏུ་བྱུང་བས་རྒྱས་པ་ཡིན་ཞིང་ཕྱོགས་ཕྱོགས་སུ་རབ་ཏུ་རྒྱུ་བའི་ཕྱིར་ལངས་པར་གྱུར་པ་ཉིད་ཡིན་ནོ། །ེ ་མའོ་ཞེས་བྱ་བ་ནི་དོན་དུ་གཉེར་བ་ལ་འཇུག་པ་ཡིན་ནོ། །གསར་དུ་འོངས་བས་བསྟན་པའི་བྱ་བ་ལ་གོམས་པ་མེད་པའི་ཕྱིར་གསར་བུ་ཡིན་ནོ། །གསར་བུ་བསྙེན་པར་རྫོགས་པས་ན་བར་མ་ཡིན་ནོ། །ན་ཚོད་ཆུང་བ་ཉིད་ཀྱི་ཕྱིར་གཞོན་རབས་ཡིན་ནོ། །དུས་ཉུང ་བ་ཉིད་ཀྱི་ཕྱིར་རབ་ཏུ་བྱུང་ནས་རིང་པོ་མ་ལོན་པ་ཡིན་ནོ། །དྲ་བ་བཀང་སྟེ་ཞེས་བྱ་བ་ནི་དྲ་བར་བཅུག་པ་ཡིན་ཏེ་དེ་ནི་དགེ་སློང་དག་བསོད་སྙོམས་ལ་རྒྱུ་བས་དུབ་བ་ཡོངས་སུ་སྤང་བའི་ཕྱིར་རང་གི་ཁྱིམ་ནས་འབྲས་ཆེན་ལ་སོགས་པའི་བསོད་སྙོམས ་འཛིན་པར་བྱེད་པའི་དྲ་བ་དག་ཏུ་བསོད་སྙོམས་བཅུག་ནས་བདག་ཉིད་ཁོ་ན་གཙུག་ལག་ཁོང་དུ་འོངས་ནས་བསོད་སྙོམས་སྟོབས་པར་འགྱུར་བ། དེ་བུད་མེད་རབ་ཏུ་བྱུང་བ་ལས་རྙེད་པའི་བར་ཆད་དུ་འགྱུར་བ་ནི་མ་བགོས་པ་ཡིན་ལ། ཐག་བས ་བཏགས་མ་ཐག་པ་ནི་སར་བ་ཡིན་ནོ། །འདིའི་སྟེང་དུ་གཤེགས་ཤིག་པ་ནི་རྐང་པ་དག་གིས་གནོན་པར་རེག་ཅེས་བྱ་བའི་ཡིན་ཏེ། འདིས་ནི་བསྙེན་བཀུར་བ་ཉམས་པ་ཡིན་ནོ། །ཡན་ལག་གི་མཚོག་ལས་སྐྱེས་པ་ནི་མགོ་ལས་སྐྱེས་པ་ཡིན་ཏེ། ་འདིས་ནི་ཤིན་ཏུ་གུས་པར་ཕྱག་བྱེད་པ་ཉམས་པ་བསྟན་པ་ཡིན་ནོ། །གཟི་བརྗིད་ཀྱི་འོད་ཀྱིས་ཞེས་བྱ་བ་ནི་ཚུལ་ཁྲིམས་ཀྱི་གཟི་བརྗིད་ཀྱིའོ། །ཟིལ་གྱིས་གནོན་པ་ནི་ཁྱབ་པར་གྱུར་པ་འམ་ཡོངས་སུ་མེད་པ་སྒྲུབ་པར་འགྱུར་པ་ཡིན་ཏེ། ་འདིས་ནི་ཚུལ་ཁྲིམས་ཡོངས་སུ་ཉམས་པ་བསྟན་པ་ཡིན་ནོ། །རོ་ཞེས་བྱ་བ་ནི་ཤི་བ་དང་འདྲ་བ་ཡིན་ཏེ། ཚུལ་ཁྲིམས་ཀྱི་འཚོ་བ་དང་བྲལ་བའི་ཉིད་ཀྱི་ཕྱིར་རོ། །ཉམས་པ་མེད་པ་ཞེས་བྱ་བ་ནི་ལྟུང་བས་དྲལ་བའི་ཉེས་པ་མེད་པའི་ཡིན་ནོ། །ཉམས་པ་མེད་པ་ཞེས ་བྱ་བ་ནི་མི་ཚངས་པར་སྤྱོད་པ་འཁྲིག་པ་དང་འབྲེལ་བའི་ཁ་ན་མ་ཐོབ་མེད་པ་ཡིན་ཏེ། བསྟན་པ་འཕགས་པའི་གང་ཟག་བརྒྱད་རྒྱས་པའི་རྒྱན་ཡོད་པར་ཡང་འགྱུར་རོ། །འདིས་ནི་བུད་མེད་ཀྱི་ཡུལ་རབ་ཏུ་བྱུང་བ་ཡོན་ཏན་འཇིག་པའི་རྒྱུ་ཉིད་དུ་བསྟན་པ ་ཡིན་ནོ། །དགེ་སློང་ཕ་མ་རྣམས་ཀྱི་ཐུན་མོང་དུ་གྱུར་པའི་ལམ་ནི་དགག་དབྱེ་ལ་སོགས་པ་ཡིན་ནོ། །གཟིར་བ་ནི་གནོད་པར་གྱུར་པ་ཡིན་ནོ། །ལན་ཅིག་བཅགས་པ་ནི་དགེ་སློང་མའི་དངོས་པོ་ཡང་ལན་གཅིག་བཏད་ནས་ཡང་ནོད་པའི་མཐུ་མེད་པ་ཞེས་བྱ་བ ་ནི་སྡོམ་པ་སྐྱེ་བའི་ནུས་པ་མེད་པ་སྟེ། སྐྱེ་བའི་ཆོས་ཅན་མེད་པ་ཞེས་བྱ་བའི་བར་དུའོ། །མཛའ་བ་ལས་མཛའ་བ་སྐྱེས་པར་གྱུར་ཏོ། །ཞེས་བྱ་བ་ནི་རྒྱུན་གྱི་སྒོ་ནས་ལེགས་པར་གྱུར་པ་ཡིན་ནོ། །འདས་ཤིང་དུས་འདས་པ་ཞེས་བྱ་བ་ལ་དུས་མ་ཡིན་པའི ་འཆི་བ་ནི་འདས་པ་ཡིན་ལ། དུས་སུ་འཆི་བ་ནི་དུས་ལས་འདས་པ་ཡིན་ནོ། །མཛའ་བོའི་འབྲེལ་པ་སྔོན་དུ་སོང་བ་ཅན་ནི་འདིར་གྲོགས་པོ་ཡིན་ནོ། །བུ་དང་ཚ་བོའི་འབྲེལ་པ་ནི་བུ་དང་ཚ་བོའི་འབྲེལ་བས་སོ། །བུ་མོའི་བུ་ནི་སྣག་གི་ཚ་བོ་ཡིན་ལ། དེའི ་ཡང་བུ་ནི་ཡང་ཚ་ཡིན་ཏེ། སྣག་གི་ཚ་བོ་དང་ཡང་ཚ་དག་གི་འབྲེལ་བས་སོ། །རྙེད་པར་སྨོན་པ་ཞེས་བྱ་བ་ནི་བུ་མོ་ལ་འབབ་ཅིང་གཞོལ་བའི་སེམས་ཡིན་ནོ། །རིང་ཅིང་ཞེས་བྱ་བ་ནི་ཤ་ཆུང་བར་གྱུར་པའོ་ཉམ་ཆུང་བ་ཞེས་བྱ་བ་ནི་ལུས་ཀྱི་བྱ་བའི་ནུས་པར་ལ་དམན་པའོ ་ཚོགས་ཆེན་མ་ནི་སྨད་འཚོང་བ་ཡིན་ཏེ། ཚོགས་ཀྱིས་ཡོངས་སུ་ལོངས་སྤྱོད་པར་བྱ་བ་ཉིད་ཡིན་པའི་ཕྱིར་རོ། །བཀྲེན་པ་ནི་འདིར་ཡོངས་སུ་ཤེས་པ་དང་བྲལ་བ་ཡིན་པར་ཤེས་པར་བྱའོ། །སྟེང་གཡོགས་ནི་ཁྱིམ་གྱི་སྟེང་དུ་ཁྱིམ་གཞན་བྱས་པ ་ཡིན་ནོ། །ཤེས་པ་ཅན་མ་ཡིན་པ་ཞེས་བྱ་བ་ནི་མི་ཤེས་པའོ། །སྣོད་ནི་ཟངས་དང་བུམ་པ་ལ་སོགས་པ་ཡིན་ལ། སྤྱད་ནི་ཁ་ཕོར་དང་ནལ་ཟེ་ལ་སོགས་པ་ཡིན་ནོ། །རླུང་གི་ཤུགས་དང་འདྲ་བར་ཞེས་བྱ་བ་ནི་རླུང་མགྱོགས་པ་དང་མཚུང ་པར་རོ། །མནའ་མ་བླངས་མ་ཐག་བཤེས་པ་མི་བསྟན་པ་ནི་འདྲིས་པ་མི་བསྟན་པའོ། །སེམས་དང་སེམས་ལས་བྱུང་བའི་རྒྱུ་བ་ནང་དུ་བསྡུས་ཏེ་ཞེས་བྱ་བ་ནི་ཡིད་མི་བདེ་བ་རྣམ་པ་དུ་མས་བསྲུངས་པར་གྱུར་པའོ། །རབ་ཏུ་གཞོན་ཞིང་ཞེས་བྱ་བ་ནི ་གཞོན་ནུ་གཞན་དག་ལས་ཤིན་ཏུ་གཞོན་ནུར་གྱུར་པའོ། །བྲལ་བ་ནི་ཡོངས་སུ་དོར་བའོ། །བྱུག་པ་དང་ཞེས་བྱ་བ་ལ་སོགས་པ་ལ་འདྲིམ་པར་བྱེད་པས་བླངས་པའི་དྲིའི་མཆོག་བྱུག་པ་ལ་སོགས་པ་དང། གུས་པའི་ཚིག་དང། དགའ་བ་སྐྱེད་པར་བྱེད ་པའི་ཚིག་གིས་ངལ་བསོས་ནས་ཁྱིམ་དུ་འཇུག་པ་ཡིན་ནོ། །སྦྲུལ་གདུག་པས་ཟིན་པ་ཞེས་བྱ་བ་ནི་སྦུལ་གྱིས་སྙིང་ཁ་ནས་བཟུང་བ་འམ་སོར་མོ་གཉིས་པ་ལ་རེག་པའི་སྒོ་ནས་བཟུང་བ་ཡིན་ནོ། །ལག་པས་བསྐུལ་ཏེ་ཞེས་བྱ་བ་ནི་ལག་པས ་སྒྱུར་ཏེའོ། །ཆུ་དོགས་ཆད་པས་ཞེས་བྱ་བ་ལ་སོགས་པས་དེ་ཉིད་གཡང་ས་ཡིན་ནོ། །ཕྱི་ཕྱིར་ཞེས་བྱ་བ་འདི་ནི་སྨྲེ་སྔགས་འདོན་པའི་ཚིག་གི་སྒོ་ནས་ཀྱི་ཧུད་ཅེས་འབོད་པའོ། །རྣམ་པ་ཞེས་བྱ་བ་ནི་རྣམ་པ་དང་རྣམ་པ་ནི་རྣམ་པ་སྟེ། རྣམ་པ་མང ་པོ་ཞེས་བྱ་བའི་བར་དུའོ། །རྣམ་པ་ཆེན་པོའི་སྒོ་ནས་འབྲས་བུ་འབྱིན་པ་ལ་མངོན་དུ་ཕྱོགས་པ་འཕེལ་ཞིང་ཡོངས་སུ་རྒྱས་པར་འགྱུར་བའོ། །དེའི་ཕ་དང་མ་ལ་སོགས་པ་འཆི་བ་ནི་ཕ་དང་མ་ལ་སོགས་པའི་ལས་ཁོ་ན་ལས་གྲུབ་པ་ཡིན ་ཏེ། དེའི་སྡིག་པའི་ལས་ཀྱང་ཕ་དང་མ་ལ་སོགས་པ་དེ་དག་གི་ལས་ཀྱི་ལྷན་ཅིག་བྱེད་པ་ཡིན་པ་དེའི་ཕྱིར་འགའ་ཞིག་ཀྱང་གཞན་གྱི་ལས་ཀྱིས་འཆི་བར་མི་འགྱུར་ཞིང་གཞན་གྱིས་བྱས་པའི་ལས་ཀྱི་རྣམ་པར་སྨིན་པ་གཞན་གྱིས་མྱོང་པར ་འགྱུར་བ་མ་ཡིན་ནོ། །ཅིག་ཅར་ཞེས་བྱ་བ་ནི་དུས་གཅིག་ཏུའོ། །དབེན་པ་ཞེས་བྱ་བ་ནི་སྐྱེ་བོ་རྒྱུ་བ་དང་བྲལ་བའམ་གཙང་བ་དག་ཡིན་ནོ། །བདེ་བར་གནས་པར་འགྱུར་ཞེས་བྱ་བ་ནི་གཞན་ལ་རག་ལུས་པ་མེད་པར་བདེན་པར་གནས་པའི་ངང་ཚུལ་ཅན ་དུ་འགྱུར་བའོ། །གླགས་བལྟས་པར་ཞེས་བྱ་བ་ནི་ཅི་ལྟར་འདོད་པར་ཡོངས་སུ་ལོངས་སྤྱོད་པའི་སྟོ་ནས་ཟིལ་གྱིས་གནོན་པར་འགྱུར་པའོ། །གནོད་སེམས་ཀྱིས་ཀུན་ནས་དཀྲིས་པར་གྱུར་ཏེ་ཞེས་བྱ་བ་ནི་གསོད་སེམས་འཇུག་པར་བྱེད་པའི ་ཉོན་མོངས་པ་ཡིན་ནོ། །ཐབ་ནི་མེ་འབུད་པའི་གནས་ཡིན་ཏེ། གང་འཇིག་རྟེན་པས་མེ་ཐབས་ཐ་སྙད་དུ་བཏགས་པ་ཡིན་ནོ། །ཟངས་ནི་སྣོད་ཀྱི་བྱེ་བྲག་གོ་།བྱིས་པ་ནི་ན་ཚོད་དང་པོ་ལ་བབ་པའོ། །འདོད་ཆགས་ཀྱིས་ཁ་ན་མ་ཐོ་བ་ཆུད་མོད་ཀྱི་ཞེས་བྱ་བ ་ལ་ནི་གསོད་པ་ལ་སོགས་པ་སྲིད་པ་དེའི་ཕྱིར་སྡིག་པ་ཆུང་བ་ཡིན་ནོ། །འབྲལ་བ་ང་ནི་དཀའ་ཨོ་ཞེས་བྱ་བ་ནི་འདོད་ཆགས་རྡོ་རྗེ་ལྟ་བུས་ཤིན་ཏུ་སྤངས་པར་བྱ་བ་ཉིད་ཡིན་པའི་ཕྱིར་རོ། །ཞེ་སྡང་ཁ་ན་མ་ཐོ་བ་དང་བཅས་པ་ཚལ་ཞེས་བྱ་བ་ནི་ཞེ་སྡང ་གིས་སྲོག་གཅོད་པ་ལ་སོགས་པའི་ལས་ངན་པ་སྲིད་པའི་ཕྱིར་ཞེ་སྡང་ནི་སྡིག་པ་ཉིད་ཆེ་བ་ཡིན་ནོ། །བྲལ་བར་སླ་བ་ཞེས་བྱ་བ་ནི་འདོད་པའི་ཁམས་ཀྱི་འདོད་ཆགས་དང་བྲལ་བས་མ་ལུས་པར་སྤངས་པའི་ཕྱིར་རོ། །རོ་འཇོག་པར་བྱེད་པའི་ཁྱིམ ་རྐུ་བར་བྱེད་པ་ལ་བྱང་ཕྱོགས་པའི་མི་དུར་བརྐུ་བ་ཞེས་ཐ་སྙད་དུ་བཏགས་པ་ཡིན་ནོ། །སྨྱོས་པའི་ནང་གྱིས་ནོན་པར་གྱུར་པས་ན་སྨྱོས་པར་གྱུར་པ་སྟེ། བར་བར་དུ་རང་གི་སེམས་རྙེད་པར་གྱུར་པ་ཡིན་ནོ། །རྒྱུན་མི་འཆད་པར་སེམས་པར་གྱུར་པ ་གང་ཡིན་པ་དེ་ནི་སེམས་གཡེངས་པ་ཡིན་ནོ། །ལག་པ་དང་རྐང་པ་གས་ཤིང་རྩུབ་པ་སྟེགས་ཤིང་རྩུབ་ལ་སྐྲ་རིང་བར་གྱུར་པའོ། །བསམ་གྱིས་མི་ཁྱབ་པ་ཞེས་བྱ་བ་ནི་བསམ་པའི་ཡུལ་ལས་ཤིན་ཏུ་འདས་པ་ཡིན་ཏེ། ཇི་ལྟར་ལས་འདི ་ལས་འབྲས་བུ་འདི་འབྱུང་བར་འགྱུར་རོ་ཞེས་བྱ་བ་དེ་ལྟར་བསམ་པར་བྱ་བ་ཉིད་མ་ཡིན་པའི་ཕྱིར་རོ། །ཤིན་ཏུ་ངོ་ཚ་དང་ལྡན་པས་ན་ངོ་ཚ་བའི་ཚུལ་དུ་གྱུར་པ་ཡིན་ནོ། །ཕན་ཚུན་དུ་རྣ་བའི་ནད་དུ་སྨྲ་བར་བྱེད་པའི་ཕྱིར་གཅིག་ལ ་གཅིག་རྣ་བར་བཤུབ་པའོ། །ལས་ཀྱི་རྣམ་པར་སྨིན་པའི་རྒྱུད་ནི་རྣམ་པར་སྨིན་པའི་རྒྱུན་ཡིན་ནོ། །བདག་ཉིད་ཐར་བར་བྱའོ་ཞེས་བྱ་བ་ནི་བདག་ཉིད་ཉེས་པ་ལས་གྲོལ་བར་བྱ་བར་རོ། །ཕྱེས་བཏུལ་བའི་བཏུང་བ་ནི་ཆུ་གྲང་མོའི་སྐྱོ་མ་ཡིན་ནོ། །རབ་ཏུ ་ཁྲོས་པའི་སེམས་ཀྱིས་སྨྲ་བ་དང་ཕྱིར་སྨྲ་བ་ནི་འཐབ་མོ་ཡིན་ནོ། །རབ་ཏུ་ཁྲོས་པའི་སེམས་ཀྱིས་འཁོར་གྱི་ནང་དུ་བསྒྲག་པར་བྱ་བ་མ་ཡིན་པའི་དངོས་པོ་སྒྲོགས་པར་བྱེད་པ་ནི་མཚང་འབྲུ་བའོ། །ཕན་ཚུན་གནོད་པར་བྱེད་པ་ནི་འཁྲུག་པ ་ཡིན་ནོ། །ཕྱི་མིའི་མདུན་དུ་སྨྲ་བ་དང་ཕྱིར་སྨྲ་བ་ནི་རྩོད་པའོ། །གཡོའི་ཀུན་ཏུ་སྤྱོད་པས་ཞེས་བྱ་བ་ནི་བཅོས་མ་དང་གྱ་གྱུའི་བསམ་པས་སོ། །སྐྱེ་གནས་དག་པར་གྱུར་ཏེ་ཞེས་བྱ་བ་ནི་སྐྱེ་གནས་ཚིལ་གྱིས་གཡོགས་པ་ཉིད་ལས་ཕྲ་དོག་གིས་དེ ་རིང་བར་གྱུར་བར་རོ། །ཚིལ་དང་བྲལ་བར་གྱུར་པ་དེའི་ཕྱིར་འདིའི་མངལ་ཡོངས་སུ་དག་པར་གྱུར་པ་ཡིན་ནོ། །མངལ་བླུགས་པ་ནི་མངལ་མེད་པའི་ཐབས་སུ་གྱུར་པ་ཡིན་ནོ། །གཏད་པར་བྱའོ་ཞེས་བྱ་བ་ནི་བཅོལ་བའི་ཚུལ་ཁྲིམས་ཀྱིས་སྦྱིན་པར ་བྱའོ། །ལོག་པའི་རྣམ་པར་རྟོག་པ་སྐྱེས་ཏེ་ཞེས་བྱ་བ་ནི་ཡིད་ཀྱི་རྣམ་པར་རྟོག་པའི་མེ་རབ་ཏུ་འབར་བར་གྱུར་ཏེའོ། །བསྣུན་ཏེ་ཞེས་བྱ་བ་ན་ཤིན་ཏུ་བཙུགས་ཀྱིས་བསྣུན་པའོ། །དགའ་བར་བྱ་བ་སྟེ་མགུ་བར་བྱེད་པར་རོ། །ངན་པར་སྨོས ་པས་ཞེས་བྱ་བ་ནི་སྨོད་པའི་ཚིག་གིས་ཀུན་ནས་ཁྱབ་པར་གྱུར་པའོ། །བྲང་བརྡུང་བ་ནི་བྲང་ལ་བརྡེག་ཅིང་བསྣུན་པ་ཡིན་ནོ། །བདག་གི་ཁྱོད་སྤྲུལ་གྱིས་ཟོས་ནས་དུས་བྱེད་པར་ཤོག་ཅིག་ཅེས་བྱ་བ་ལ་སོགས་པའི་ཚིག་གིས་མནའའདོར ་བར་བྱེད་པ་གང་ཡིན་པ་དེ་མནའའདོར་ཚིག་དེས་དེ་དོན་མེད་པ་འདིར་གྱུར་པ་མ་ཡིན་གྱི། འོན་ཀྱང་གང་དེས་དེའི་ཉེས་པ་མེད་པར་བསད་པ་དང་བསམ་པ་དྲག་པོས་རྫུན་ཏུ་སྨྲས་པ་དེའི་ཕྱིར་དེས་དོན་མེད་པ་དུ་མ་ཉམས་སུ་མྱོང་བར་གྱུར་པ་ཡིན་ནོ། །མནའི ་ཚིག་ནི་ཉེས་པར་སྤྱོད་པའི་ལམ་གྱི་འབྲས་བུ་ཡོངས་སུ་གྱུར་པ་ཙམ་ཡིན་ཏེ། དཔེར་ན་འགའ་ཞིག་གིས་བསོད་ནམས་བྱས་ནས་བདག་འདི་ལས་འདི་ལྟ་བུའི་འབྲས་བུ་འབྱོར་བར་གྱུར་ཏོ་ཞེས་སྨྲ་བ་ལྟ་བུའོ། །ཟོང་ནི་ཟོང་དུ་ཐ་སྙད་དུ་བྱ་བའོ། །ཅུང ་ཟད་ཀྱང་མི་ནུས་པ་ཞེས་བྱ་བ་ནི་ཅུང་ཞིག་ཙམ་ཡང་བྱེད་པའི་ནུས་པ་མེད་པའོ། །དྲིལ་བུའི་སྒྲ་དང་འདྲ་བ་ཞེས་བྱ་བ་ནི་དཔེར་ན་དྲིལ་བུའི་སྒྲ་ཐོག་མར་དྲག་ལ་ཕྱིས་གོ་རིམ་བཞིན་དུ་དལ་གྱིས་ཚེས་དལ་བའི་རིམས་བཞིན་དུ་སྐྱེས་ནས་ཐམས་ཅད ་ཀྱི་ཐམས་ཅད་དུ་ཉམས་པ་འགྱུར་བ་དེ་དང་འདྲ་བར་ཚོར་བ་དག་ཀྱང་ཡིན་ནོ། །གཟུང་བར་དགའ་བ་ཞེས་བྱ་བ་ནི་ཉོན་མོངས་པ་དག་ལས་བདག་ཉིད་རྙོག་པ་མེད་པར་གཟུང་བ་ཉིད་དུ་དཀའ་བར་ནུས་པ་ཡིན་ནོ། །བསླུ་བར་བགྱིད་ན་ཞེས་བྱ་བ་ནི་བགྲོད ་པར་བྱེད་པ་ཡིན་ནོ། །འཕྱོན་མ་པ་ནི་བྱི་བོ་པར་རབ་ཏུ་གྲགས་པ་ཡིན་ནོ། །ནལ་གྱི་བུ་ནི་བྱི་བོ་པའི་བུར་གྲགས་པ་ཡིན་ནོ། །ཡང་ན་ཐམས་ཅད་དུ་བྱི་བོ་པ་ལ་དྲའི་སྒྲ་དང་བཏུགས་པ་ཡོངས་སུ་མི་ཤེས་པ་ལ་ནལ་གྱི་བུར་བརྗོད་པ་ཡིན་ནོ། །བདེ་བ་ཆུང་ལ་ཞེས་བྱ་བ ་ལ་སོགས་པ་ལ། བདེ་བ་ནི་འདིར་ཡིད་བདེ་བའི་བདེ་བ་ཡིན་ནོ། །སྡུག་བསྔལ་ནི་ཚེ་འདི་ཉིད་ཀྱི་ཡིད་མི་བདེ་བའི་སྡུག་བསྔལ་ཡིན་ནོ། །ཉེས་དམིགས་ནི་དམྱལ་བ་ལ་སོགས་པའི་འགྲོ་བའི་སྡུག་བསྔལ་ཉམས་སུ་མོང་བའོ། །མི་རིགས་སོ་ཞེས་བྱ་བ་ནི ་འཐད་པ་མ་ཡིན་པའོ། །འདོད་པ་ནི་འདོད་པའི་ཡོན་ཏན་ལྔ་བསྟེན་པར་འདོད་པ་དང་ལོངས་སྤྱོད་པར་འདོད་པའོ། །ཀུན་ཏུ་སྦྱོར་བ་དག་འཕེལ་བར་འགྱུར་བ་ཞེས་བྱ་བ་ནི་རྒྱས་པར་འགྱུར་པའོ། །གཏོང་བ་ནི་ལྡོག་པའོ། །ངོམས་པ་ནི་ཡིད་མགུ་བར ་གྱུར་པའོ། །མཐར་ཐུག་བར་འགྲོ་བས་ན་ཚོགས་པའོ། །སྡིག་པའི་ལས་ནི་ལུས་ཀྱི་ཉེས་པར་སྤྱོད་པ་ལ་སོགས་པའོ། །ཉད་ཐོས་པ་ཞེས་བྱ་བ་ནི་འབགས་པ་གང་ཟག་བརྒྱད་པོའོ། །དམ་པ་དག་ཅེས་བྱ་བ་ནི་དྲང་སྲོང་ཆེན་པོའོ།། ་ཡང་དག་པར་སོང་བ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་དག་གོ་།སྐྱེས་བུ་དམ་པ་ཞེས་བྱ་བ་ནི་སོ་སོའི་སྐྱེ་བོ་དགེ་བ་དག་གོ་།དད་པའི་ཤུགས་ཀྱི་སྤུ་གྱེན་དུ་ལྡང་བར་གྱུར་པས་ན་བ་སྤུ་ལྡང་བར་གྱུར་པའོ། །ཆུ་འགྲམ་གྱི་གང་བ་བཞིན་དུ་ཞེས་བྱ ་བ་ནི་གང་གི་ཚེ་ཀླུང་གི་ངོགས་གོ་རིམ་བཞིན་དུ་དུམ་བུར་ཆད་ཅིང་རྡིབ་པར་གྱུར་པ་དེ་བཞིན་དུ་དེ་དག་གིས་བསྟན་པ་ཉམས་པར་བྱེད་པ་ཡིན་ཏེ། བསྟན་པ་དང་འགལ་བ་བྱ་བ་མ་ཡིན་པ་ཡང་ལྷག་པར་སྤྱོད་པའི་ཕྱིར་རོ། །ཉེས་པ་སྤོམ་པོར ་འགྱུར་རོ་ཞེས་བྱ་བ་འདི་ནི་མི་ཚངས་པར་སྤྱོད་པའི་ཕམ་པར་གྱུར་པ་གཅོད་པར་བྱེད་པ་ཡིན་ནོ། །བསོད་སྙོམས་པ་སྤྱོད་པའི་གནས་ལ་འདིར་སྤྱོད་ཡུལ་དུ་ཤེས་པར་བྱའོ། །བསྟན་བཅོས་ཀྱི་དོན་ཡོངས་སུ་ཤེས་པའི་ནུས་པ་མེད་པས་ན ་གླེན་པ་ཡིན་ལ། ལྷག་པར་ཆེ་བས་ན་རབ་ཏུ་གླེན་པ་ཡིན་ནོ། །ཡི་གེའི་སྒོ་ནས་འཛིན་པའི་ནུས་པ་མེད་པས་ན་རྨོངས་པ་ཡིན་ནོ། །ལྷག་པར་ཆེ་བ་ནི་མཆོག་ཏུ་རྨོངས་པ་ཡིན་ནོ། །རིགས་པ་ཞེས་བྱ་བ་ནི་ཚད་མ་དག་པའི་རྗེས་སུ་འགྲོ་བའོ ་གྲོལ་བ་ཞེས་བྱ་བ་ནི་ཆགས་པ་མེད་པ་དང་ཉམས་པ་མེད་པའི་ཚིག་ཡིན་ནོ། །བཤད་པར་བརྩམས་པ་ཞེས་བྱ་བ་ནི་ཉེ་བར་བཀོད་པ་འམ། སྐབས་ཀྱིས་རྣམ་པར་བཤད་པ་ཡིན་ནོ། །ལུས་འཛིན་པའི་ནུས་པ་མེད་པ་བསྐྱེད་པ་ནི ་བརྒྱལ་བ་ཡིན་ནོ། །དགེ་སློང་དག་ཉི་མ་ནི་ཤར་ཞེས་བྱ་བ་ལ་སོགས་པ་ལ། ཤར་པར་བྱེད་པའི་ཕྱིར་ཤར་བ་སྟེ། མཚན་མོས་བྱས་པའི་མུན་པ་སེལ་བར་བྱེད་པའི་ཕྱིར་རོ། །བྱ་རོག་ནི་ཟེར་ཞེས་བྱ་བ་ནི་སྒྲ་འབྱིན་པར་བྱེད་པའོ ་ཞིང་རྨེད་པ་ཞེས་བྱ་བ་ནི་ས་བོན་འདེབས་པར་བྱེད་པའོ། །ངུ་བ་ཞེས་བྱ་བ་ནི་སྨྲེ་སྔགས་འདོན་བ་འམ་ངུ་བར་བྱེད་པའོ། །མ་ལུས་བར་འཕྲོག་པར་བྱེད་པ་གང་དག་ཡིན་པ་དེ་ནི་མི་རྒོད་ཡིན་ནོ། །ཉི་མ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་ལྷག་པའི་ཚིག་ཡིན་ཏེ། ཉི ་མའི་དེ?་?་དེ་བཞིན་གཤེགས་པ་བསྟན་པར་རིག་པར་བྱའོ། །གང་གི་ཕྱིར་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་སྣང་བས་མི་ཤེས་པའི་མུན་པ་སེལ་བར་བྱེད་པ་ཡིན་པའི་ཕྱིར་ཡང་འདིར་མཚུངས་པ་ཡིན་ནོ། །བྱ་རོག་ཟེར་བ་ཞེས་བྱ་བས་ནི་ཆོས་ཀྱི་སྣོད ་ཅན་བསྟན་པ་ཡིན་ཏེ། དཔེར་ན་ཉི་མ་ཤར་བར་གྱུར་པ་ན་བྱ་རོག་ཟེར་བ་དེ་བཞིན་དུ་དེ་བཞིན་གཤེགས་པའི་ཉི་མ་ཤར་བར་གྱུར་བ་ན་བཅོམ་ལྡན་འདས་ཀྱིས་ཐོག་མར་ཆོས་བསྟན་ནས་ཞེས་བྱ་བའི་དབང་དུ་བྱས་ནས་ཆོད་ཀྱི་སྣོད་ཅན་ཆོས་སྨྲ ་བར་འགྱུར་རོ། །ཞིང་པ་སྨོས་པས་ནི་གཏོང་བ་པོ་དང་སྦྱིན་བདག་བསྟན་པ་ཡིན་ཏེ། དཔེར་ན་ཞིང་པས་ནི་ཞིང་བསྒྲུབས་ནས་ས་བོན་འདེབས་པར་བྱེད་པ་དེ་བཞིན་ཏུ་སངས་རྒྱས་བྱུང་བར་གྱུར་པ་ན་གཏོད་བ་པོ་དང་སྦྱིན་བདག་གིས་སྦྱིན་གནས་ཀྱི་ཞིང ་བསྒྲུབས་ནས་སྦྱིན་པའི་ས་བོན་གྱི་ཆར་འབེབས་པར་འགྱུར་རོ། །མི་རྒོད་སྨོས་པས་ནི་བདུད་དང་བདུད་ཀྱི་འཁོར་བསྟན་པ་ཡིན་བར་རིག་པར་བྱ་སྟེ། དཔེར་ན་ཉིན་པར་མི་རྒོད་དག་མངོན་པར་འདོད་པའི་དོན་སྒྲུབ་པའི་ཕྱིར་དུ་བར་བྱེད་པ་དེ་བཞིན་དུ་བཅོམ ་ལྡན་འདས་འཇིག་རྟེན་དུ་བྱུང་བར་གྱུར་པ་ན་བདུད་ཀྱི་སྤྱོད་ཡུལ་སྐྱེ་བོ་ཆེན་པོ་མངོན་པར་འདས་པའི་ཕྱིར་བདུད་དང་བདུད་ཀྱི་འཁོར་ཀུན་ནས་ངུ་བར་བྱེད་བ་ཡིན་ནོ། །ཕྱིན་ཅི་མ་ལོག་པར་རྗེས་རསུ་སྟོན་པར་མཛད་པ་ཉིད་ཀྱི་ཕྱིར་སྟོན་པ་ཡིན་ལ། ་སྟོན་པ་དེས་བྱ་བ་གང་ཡིན་པ་གདོན་མི་ཟ་བར་མཛད་པ་བྱ་བ་དེ་ནི་བྱ་བ་ཡིན་ཞིང། བྱས་པ་ཡང་བདེན་པ་བཞིན་བསྟན་པ་ཡིན་ཏེ། ས་བྱེད་རྣམས་ཏེ་ཁྱེད་ཅག་ལ་བྱ་བ་དེ་བྱས་པ་ཡིན་ནོ། །བྱ་བར་སྦྱར་རོ། །སྟེན་པ་ཁྱེད་བར་ཇི་ལྟ་བུས་ཤེ་ན། རྗེས་སུ་རྩེ་བ་ཅན ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། སེམས་ཅན་སྡུག་བསྔལ་བ་མཐོང་བ་ན་རྗེས་སུ་སྟེ་ཕྱིས་བརྩེ་བར་གྱུར་བ་གང་ཡིན་པ་དེ་ནི་རྗེས་སུ་བརྩེ་བ་ཅན་ཏེ། གཞན་གྱི་སྡུག་བསྔལ་བཟོད་པར་མི་སྤྱོད་ཅེས་བྱ་བའི་ཐ་ཚིག་གོ་།སྙིང་རྗེ་སྤྱོད་པའི ་ཕྱིར་ཐུགས་རྗེ་ཅན་ཏེ། གང་ཞིག་སྡུག་བསྔལ་གྱིས་གཟིར་བ་རྣམས་ཀྱི་སྡུག་བསྔལ་བའི་ཐབས་དགོངས་པར་མཛད་པའོ། །དོན་དུ་བཞེད་པ་ཞེས་བྱ་བ་ནི་མངོན་པར་འདོད་པའི་དོན་བསྒྲུབ་པར་བརྩོན་པའོ། །ཕན་པར་བཞེད་པ་ཞེས་བྱ་བ་ནི་འཇིག ་རྟེན་གཉིས་དང་མི་འགལ་བའི་ཕན་བ་སྒྲུབ་པར་མཛད་པའོ། །ཐུགས་བརྩེ་བར་གྱུར་བ་ནི་ཞེས་བྱ་བ་ནི་རྟག་ཏུ་ཐུགས་བརྩེ་བ་དང་ཉེ་བར་ལྷག་པར་སྤྱོད་པ་སྟེ། ལན་དུ་ཕན་བཏགས་པ་ལ་བལྟོས་པ་འཇུག་པ་མེད་པའི་ཕྱིར་རོ། །ང་ནི་ཁྱེད་ཅག་གིས ་ཞེས་བྱ་བ་འདིས་ནི་འདི་སྐད་དུ་འདི་ལྟར་ངས་འགའ་ཞིག་ལ་མཆོག་གསལ་བའི་སྒོ་ནས་ཕན་གདགས་པར་མཛད་པའི་ནུས་པ་མི་མངའ་བ་སྟེ། དཔེར་ན་ང་ལ་ནུས་པ་མི་མངའ་བ་དེ་བཞིན་དུ་ལྷ་དང། བཅས་པའི་འཇིག་རྟེན་དག་ལ་ཡང་མཆོག ་སྦྱིན་པའི་ནུས་པ་མེད་པ་དེའི་ཕྱིར་ཁྱེད་ཅག་གིས་བདག་ཉིད་ཁོ་ནའི་ཉེས་པ་ཡོངས་སུ་དོར་བ་དང་ཡོན་ཏན་བསྒྲུབ་པར་བྱ་བ་བྱོས་ཤིག་ཅེས་བྱ་བ་བསྟན་པར་འགྱུར་རོ། །རིའི་ཕྲག་ནི་ལུང་པའོ། །ཕུག་ནི་ཁྱིམ་གྱི་རྣམ་པ་ཅན་སྐྱེས་བུའི་འབད་རྩོལ་ལ ་བལྟོས་པ་མེད་པར་གྲུབ་པའོ། །སོག་མའི་ཚོགས་ནི་སོག་མའི་ཕུང་པོ་ཡིན་ནོ། །བག་མེད་པ་ཞེས་བྱ་བ་ནི་བག་མེད་པར་མ་བྱེད་ཅིག་པའོ། །ཕྱིས་ཞེས་བྱ་བ་ནི་ང་ཡོངས་སུ་མྱ་ངན་ལས་འདས་པ་འམ། བཞུགས་གདན་གྱི་ཐ་མ་བརྙེས་པར་གྱུར་བ་ནང?། ་འདི་ནི་ངའི་རྗེས་སུ་བསྟན་པ་ཡིན་ཏེ། ཞེས་བྱ་བ་ནི་ངའི་གདམས་པའོ། །མཚོ་ནི་ཀླུང་ཡིན་ལ་སྐྱེད་མོས་ཚལ་ནི་མེ་ཏོག་དང་འབྲས་བུའི་ཤིང་དང་ལྡན་པའི་ཕྱོགས་ཡིན་ནོ། །འབབ་ཆུ་ནི་འབྲུག་པའི་ཆུའོ། །ཆུ་བོ་དང་ཤིང་ལ་སོགས་པ་དེ་དག་གིས ་བརྒྱན་པའི་སའི་སྟེང་སྟེ་ས་ཕྱོགས་སོ། །དགའ་བའི་ཞེས་བྱ་བ་ནི་དགའ་བ་སྐྱེད་པར་བྱེད་པའོ། །བུད་མེད་དང་ནི་བུད་མེད་ཀྱི་ཡིད་ལ་བྱེད་པ་སྐྱེ་བ་དང་རྗེས་སུ་མཐུན་པའོ། །བུད་མེད་དུ་སྟོན་པར་བྱེད་པ་ནི་བུད་མེད་ཀྱི་དབང་པོས་བྱིན་གྱིས་བརླབས་པ་ཡིན་ཏེ། དེས ་བུད་མེད་ཀྱི་དངོས་པོར་རབ་ཏུ་གསལ་བར་བྱེད་པའི་ཕྱིར་རོ། །ལོངས་སྤྱོད་ཟད་པ་ཞེས་བྱ་བ་ནི་བཟའ་ལ་སོགས་པ་ཉེ་བར་ལོངས་སྤྱད་པར་བྱ་བའི་དངོས་པོ་ཡོངས་སུ་ཟད་པ་འམ། གྲོང་ལ་སོགས་པ་ཡོངས་སུ་ཟད་པའོ། །སྐྱེ་བོ་ཀུན་གྱིས་ཡོངས་སུ་ཤེས་པར་གྱུར ་པ་ནི་གྲགས་པར་གྱུར་པའོ། །འབད་པ་མེད་པར་གོས་དང་བསོད་སྙོམས་བརྙེད་པའི་ཕྱིར་བསོད་སྙོམས་ཆེན་པོའོ། །བཟའ་བ་དཀའ་བས་རྙེད་པའི་ཕྱིར་མུ་གིའི་དུས་ཡིན་ནོ། །གློ་བུར་བ་ཞེས་བྱ་བ་མ་བསམས་པར་འཕྲལ་ལ་བྱུང་བ་ཡིན་ནོ། །བཞག་པ་ཞེས ་བྱ་བ་ནི་སྔ་དྲོའི་དུས་སུ་ཟས་ཙམ་བྱིན་ལེན་བྱས་ནས་ཉི་མ་ཕྱེད་ལས་འདས་པའི་ཕྱིར་ཡིན་ཏེ། དེ་ལ་བྱིན་ལེན་བྱས་ནས་གྲོ་ལས་འདས་པར་གྱུར་པ་ནི་བཞག་པ་ཡིན་ནོ། །ཐུན་མོང་མ་ཡིན་པའི་བར་ཆད་ནི་གླེ་འདམས་པ་ལ་སོགས་པའོ། །དགེ་སློང་མ་བར་དུ ་ཞོག་ལ་ཞེས་བྱ་བ་ནི་ལས་བྱེད་པས་དགེ་སློང་མ་ལ་དྲི་བར་བྱ་ཞིང་དགེ་སློང་མས་བསྙེན་པར་རྫོགས་པར་འདོད་པ་ལ་དྲི་བར་བྱ་བ་ཡིན་ནོ། །ཁྲག་ནི་ཟླ་མཚན་གྱི་དུས་ཀྱི་ཁྲག་ཡིན་ནོ། །ཇི་ལྟ་བུ་འམ་དེ་ལྟ་བུས་ཞེས་བྱ་བ་ནི་ཐབས་གང་གིས་སམ་དེ་ཡིས་སོ། །དགེ ་སློང་གི་མལ་སྟན་གྱི་ལྷག་མ་ཞེས་བྱ་བ་ནི་གང་དགེ་སློང་ལས་བསྔ?་བས་པ་དེ་དག་ལས་ལྷག་མར་གྱུར་པ་གང་ཡིན་པའོ། །རིམ་བཞིན་དུ་ཞེས་བྱ་བ་ནི་མཐར་གྱིས་གཞོལ་བ་དང། འགོར་བ་མེད་པར་རོ། །ཐེ་ཚོམ་དགྲོལ་ཙམ་དུ་ཞེས་བྱ་བ་ནི་ཐེ་ཚོམ་བཟློག་པ་ལ་འཇུག ་པ་འམ། ཡང་ན་ཁོང་དུ་ཆུད་པ་ཙམ་གྱི་ཕྱིར་ཏེ། ཁོང་དུ་ཆུད་པ་ནི་གོ་བ་ཡིན་ཏེ། ཡོངས་སུ་ཤེས་པའི་རྒྱུས་འདྲི་བར་བྱེད་པ་ཞེས་བྱ་བའི་བར་དུའོ། །སྐེད་ཆིངས་ཞེས་བྱ་བ་ནི་ཐམས་ཅད་དུ་གློ་བཅིང་བར་བྱ་བའི་དོན་གྱི་གོས་ལ་སོགས་པ་ཁོ་ན་ལ་སྐེད་ཆིངས་སུ ་བསྟན་པ་ཡིན་ནོ། །བྲང་ཆིངས་ཞེས་བྱ་བ་ནི་ནུ་མ་ལ་ལྷོད་བའི་དངོས་པོར་མི་འགྱུར་བར་སྒྲུབ་པར་བྱེད་པ་ནུ་མ་བཅིངས་པའི་ཐབས་སུ་གྱུར་པའི་ཆིངས་མ་ཐམས་ཅད་ལ་བྱང་ཆིངས་ཉིད་དུ་བརྗོད་པ་ཡིན་ནོ། །མཛེས་གྱུར་གྱི་བར་ཆད ་ཅེས་བྱ་བ་ནི་ནུ་མ་ཕན་ཚུན་མི་འབྱར་བར་བྱ་བའི་དོན་དུ་གོས་ལས་བྱས་པའི་བར་ཆད་ནི་མཛེས་གྱུར་གྱི་བར་ཆད་ཡིན་ཏེ། དེས་ནུ་མ་དག་མཛེས་པའི་གནས་སྐབས་སྒྲུབ་པར་འགྱུར་རོ། །མི་གཙང་བ་འཛག་ཅིང་འབྱུང་བའི་ས་ཕྱོགས་ནི་ལྗན་ལྗིན་ནོ།། ་མི་དགའ་བར་འགྱུར་བ་ནི་འདིར་ཅོ་འདྲི་བ་འམ། གདུང་བར་སྐྱེ་བར་བྱེད་པའོ། །མཚན་བཟང་མ་ཞེས་བྱ་བ་ནི་བུད་མེད་དག་ལ་སྙན་པའི་ཚིག་ཡིན་ཏེ། དཔལ་གྱིས་མཚན་པའི་མཛེས་པའི་མཚན་ཉིད་གང་ལ་ཡོད་པ་དེ་ནི་འདིར་མཚན་བཟང་མའོ ་ཀྱེ་མཚན་བཟང་མ་ཞེས་བྱ་བ་ནི་འབོད་པའི་ཚིག་ཡིན་ནོ། །བདག་མི་དགའ་བས་གཟིར་བ་ཞེས་བྱ་བ་དེ་ནི་ཁོ་མོ་སེམས་སྐྱོ་བས་གཟིར་བར་གྱུར་པའོ། །ལྷུང་བཟེད་ཆེན་པོ་ནི་ལྷུང་བཟེད་ཆེན་པོའོ། །བརྒྱད་པ་ཞེས་བྱ་བ་ནི་མངོན་སུམ་དུ་བསྡིགས ་པའོ། །སྨད་པ་ཞེས་བྱ་བ་ནི་སྨོད་པ་ཡིན་ནོ། དགེ་སློང་མ་མི་སྲུན་པ་ཁྱེད་ཀྱིས་ཞེས་བྱ་བ་ནི་ཁྱེད་ཅག་ལས་གཞན་དག་གིས་ཚུལ་མ་ཡིན་པའི་ལས་བྱས་པ་དེའི་ཕྱིར་ཁྱེད་ཅག་ཀུན་གྱིས་མཐོང་བ་ཁོ་ན་ཞེས་བྱ་བ་དེ་ལྟ་བུ་ཡིད་ལ་བྱས་ནས་ཚིག ་བརྗོད་པ་ཡིན་ནོ། །བསམ་གྱིས་མི་ཁྱབ་པ་ཞེས་བྱ་བ་ནི་ཇི་ལྟར་རྣམ་པ་འགའ་ཞིག་གིས་དེ་བསྐྱོད་པར་གྱུར་ཅེས་བྱ་བའི་དངོས་པོ་དེ་བསམ་གྱིས་མི་ཁྱབ་པ་ཡིན་ཏེ། ལས་ཀྱི་ནུས་པ་སྣ་ཚོགས་པ་ཉིད་ཀྱི་ཕྱིར་རོ། སློབ་དཔོན་ཚུལ་ཁྲིམས ་བསྐྱངས་ཀྱིས་ཉེ་བར་སྦྱར་བ་ཕྲན་ཚེགས་ཀྱི་ཚིག་གི་རྣམ་པར་བཤད་པ་སྟེ་སྒོ་དྲུག་པ་རྫོགས་སོ།། །།རྩཝ་ཆུན་ཞེས་བྱ་བ་ནི་དུབ་པ་ཡོངས་སུ་སྤང་བར་བྱ་བའི་ཕྱིར་རྗེས་སུ་གནང་ངོ་ཞེས་བྱ་བ་པའི་དབང་དུ་བྱས་ནས་རྩཝའི་ཁྲེས་པོ་འཇམ་པོ་ལ ་བྱའོ། །གཉུང་མར་གནས་པ་ཞེས་བྱ་བ་ནི་གང་རྟག་པར་གནས་པའོ། །བསྲུང་བ་དང། སྐྱོབ་པ་དང། སྤེད་པར་བྱེད་དོ་ཞེས་བྱ་བ་ལ་ཕ་རོལ་པོའི་དཔུང་གི་ཚོགས་ཀྱི་འཇིགས་པ་ལས་བསྲུང་བ་དང། ཡམས་ལས་སྐྱོབ་པར་བྱེད་པ་དང། རང་གི་དཔུང་གི་ཚོགས ་ཀྱི་འཇིགས་པ་ལས་ཡོངས་སུ་བསྲུང་བའི་སྤེད་པར་བྱེད་པ་ཡིན་ནོ། །གནོད་སྦྱིན་འདུས་པར་ཞེས་བྱ་བ་ནི་གནོད་སྦྱིན་འདུས་ཤིང་ཚོགས་པར་གྱུར་པར་རོ། །རང་གི་རིགས་དང་སྐལ་པ་མཉམ་པའི་རྒྱུད་ཀྱིས་ཞེས་བྱ་བ་ནི་རང་གི་རིགས་བརྒྱུད་ལས་འོངས་པའི ་ཚོགས་སོ། །བཙས་པ་ཞེས་བྱ་བ་ནི་མེ་སྐོར་གྱི་ཆ་བྱད་དམ་བུ་བཙས་པ་ཡིན་ཏེ། དེ་འདུས་བྱས་ཤིང་མཛེས་པར་བྱས་པ་ཡིན་ནོ། །རི་སྟེ་རི་བོ་ལས་བྱ་ཁྲུང་ཁྲུང་སྐད་འབྱིན་ཅིང་སྒྲོག་པར་བྱེད་དོ། །སྤྱོད་ཡུལ་ཞེས་བྱ་བ་ནི་ངེས་པར་ཡོངས་སུ་ཚོལ་བར་བྱེད་པའི ་གནས་ཡིན་ནོ། །བཅུགས་པ་ནི་ཡིད་བསྟན་པའོ། །མཛའ་བ་ནི་མཛའ་བོར་གྱུར་པའི་དགར?་བ་ནི་གཉིས་ཀྱིས་གཉིས་སྙོམས་པར་འཇུག་པའོ། །ཡིད་བདེ་བ་ནི་ཕན་ཚུན་སེམས་རྗེས་སུ་མཐུན་པ་ཡིན་ནོ། །གང་གི་ཚེ་བདག་པོའི་ཡུལ་ལ་བཅུགས་པ་ལ་སོགས ་པ་ལྷག་པར་ཀུན་ཏུ་སྤྱོད་པ་དེའི་ཚེ་བཅུགས་པ་ལ་སོགས་པ་མང་པོར་འགྱུར་བ་ཡིན་ནོ། །ནགས་མའི་གནས་ལ་སོགས་པ་དབང་བ་གང་ཡིན་པ་དེ་དག་ནི་འདིར་གནས་ཐམས་ཅད་ལ་དབང་བྱེད་པ་ཡིན་ནོ། །རྟག་ཏུ་བསམ་པའི་སྒོ་ནས་གནོད་པ་ལ ་འཇུག་པའི་ཕྱིར་ལ་འཁོན་ཡིན་ནོ། །གསལ་བོར་གནོད་པ་རྩོམ་པར་བྱེད་པ་ཉིད་ཀྱི་ཕྱིར་དགྲ་ཡིན་ནོ། །ཕག་ནས་གནོད་པར་བྱེད་པ་གང་ཡིན་པ་དེ་སྙིང་རིང་བར་གྱུར་པའོ། །སྨྱོས་ནས་དུ་ཞིང་ཞེས་བྱ་བ་ནི་སྨྱོས་ནས་སྨྲ་བའོ། །འགྱེལ་བ་ཞེས་བྱ་བ་ལ ་སོགས་པ་ལ། ཁ་ཅིག་ཏུ་ནི་འགྱེལ་བར་བྱེད། ཁ་ཅིག་ཏུ་ནི་ས་ལ་ལྟུང་བར་བྱེད། ཁ་ཅིག་ཏུ་ནི་སྟེང་དུ་མཆོད་ཞིང་རྒལ་བར་བྱེད། །སལ་འགྲེ་བ་ནི་ཀུན་ནས་འགྲེ་ཞིང་ཡོངས་སུ་འགྲེ་བར་བྱེད་པའོ། །ཁ་ཅིག་ཏུ་ནི་པུས་མོ་གཉིས་ཀྱིས་འགྲོ་བར་བྱེད་པའོ།། ་ཁ་ཅིག་ཏུ་ནི་ཙོག་བུར་འགྲོ་བར་བྱེད་དོ། །ཡིད་ཆད་པར་གྱུར་ཏེ་ཞེས་བྱ་བ་ནི་བུ་དང་བྲལ་བས་སྤྲོ་བ་མེད་པར་གྱུར་པའོ། །ཡང་ན་བསམ་པ་མེད་པར་གྱུར། །དེ་ལྟ་བུ་རྙེད་པའི་བསམ་པ་དང་བྲལ་བར་གྱུར་པའོ་རྗེས་སུ་སོམས་ཤིག་ཅེས ་བྱ་བ་ནི་དཔྱད་པར་བྱ་བ་འམ། ཡོངས་སུ་དཔྱོད་པར་གྱིས་ཤིག་པའོ། །མངལ་ནི་ནད་ན་སེམས་ཅན་གནས་པའོ།། །།སྔོན་གྱི་ལས་ཀྱི་རྣམ་པར་སྨིན་པས་འཕངས་པ་ཞེས་བྱ་བ་ནི་སྔོན་གྱི་ལས ་ཀྱི་ཚོགས་པས་འཕངས་པས་ཐོབ་པར་གྱུར་པའོ། །སོག་མ་ལ་སོགས་པའི་རྩཝ་ལས་བསྒྲུབས་པའི་ཨ་མྲའི་འབྲས་བུ་འཁྱེར་བའི་ཐབས་སུ་གྱུར་པ་ནི་སྣོད་ཡིན་ནོ། །གཏུམ་པོ་ནི་དྲག་པོའོ། །ཚོན་ངུར་སྨྲིག་གིས་ཁ་སྒྱུར་བའི་གོས་ནི་ངུར་སྨྲིག་གོ་།ཚངས ་ནི་གོས་ཀྱི་དུམ་བུའོ། །ཉོས་པ་ནི་ཐར་པའི་ཕྱིར་རིན་འབྱིན་པའོ། །གཏོར་མ་ཞེས་བྱ་བ་ནི་དེ་དག་གི་ཆེད་དུས་ཕྱོགས་གཙང་མ་བཟའ་བ་དོར་བ་གང་ཡིན་པ་དེ་ནི་གཏོར་མའོ། །ལྟ་བར་བྱེད་པ་ཞེས་བྱ་བ་ནི་གློ་སྐར་ལ་སོགས་པ་ལས་སོ། །བལ ་ལྕིས་སྐྱང་ནུས་བྱས་པ་ལ་འདིར་ཡོངས་སུ་སྦྱངས་པར་བཞེད་དོ། །སྐྱེས་པའི་ཆུ་དོགས་ཞེས་བྱ་བ་ནི་སྐྱེས་པ་ཁྲུས་བྱེད་པའི་ས་ཕྱོགས་ཡིན་ནོ། །ལམ་གྱི་བཞི་མདོ་ནི་ལམ་བཞི་འདུས་པའོ། །སྡོམ་པ་སྐྱེ་བའི་སྣོད་མ་ཡིན་པ་ནི་སྐྱེ་བའི་ཆོས་ཉིད ་མེད་པའོ། །བུད་མེད་ཀྱི་མཚན་དང་བཤད་པའི་ལམ་དང་བཅས་པ་གཅིག་ཏུ་གྱུར་པ་གང་ལ་ཡོད་པ་དེ་ནི་འདིར་གླེ་འདེམས་པ་ཡིན་ནོ། །བུད་མེད་ཀྱི་དབང་པོ་ལས་རྟག་ཏུ་ཁྲག་འཛག་པ་གང་ཡིན་པ་དེ་ནི་རྟག་ཏུ་ཟླ་མཚན་འཛག་པ་ཡིན་ནོ།། ་གང་གི་མངལ་གནས་པའི་གནས་ན་ཟླ་མཚན་མེད་པ་དེ་ནི་ཟླ་མཚན་མེད་པ་སྟེ་ཟླ་མཚན་ནི་ཁྲག་ཡིན་པར་བསྟན་ཏོ། །མཚན་མ་ཙམ་ཞེས་བྱ་བ་ནི་གང་གི་མཚན་མ་ཙམ་ཡོད་པ་ཡིན་ཏེ། ཡོངས་སུ་མ་རྫོགས་པའོ། །གསང་བའི་ཕྱོགས་དག་པ ་པའི་ཐབས་སུ་གྱུར་པ་ནི་སྨེ་གབ་བོ། ཐུ་ཞེས་བྱ་བ་ནི་མཆིལ་མ་གཏོར་བའོ། །བཤགས་པར་བྱ་བའི་ཁ་ན་མ་ཐོ་བ་བྱུང་བ་ཕྱིར་བཅོས་པའི་བསམ་པས་རང་གི་ངོ་བོ་འབྲལ་བ་ཡིན་ལ། གང་གི་མདུན་དུ་བཤགས་པ་བྱེད་པ་དེ་ལ་ཁ་ན་མ་ཐོ་བ་མེད་པའི་ཡུལ་ལ ་ཇི་ལྟ་བ་བཞིན་དུ་ཤེས་པ་སྐྱེད་པར་བྱེད་པ་ནི་བཤགས་པ་ཡིན་ནོ། །སེམས་ཀྱིས་ཀྱང་འཆབ་པའི་བློ་མེད་པ་ནི་མི་འཆབ་པ་ཞེས་བྱའོ། །རེག་པར་གནས་པར་འགྱུར་རོ། །ཞེས་བྱ་བ་ནི་ཉེས་པ་མེད་པ་ཐོབ་པ་ལས་བདག་གི་སེམས་ཀྱི་བདེ་བ་ཆེན་པོར་འགྱུར་རོ།། ་སྐྱེངས་པར་གྱུར་ཏོ་ཞེས་བྱ་བ་ནི་ངོ་ཚ་བར་གྱུར་པ་སྟེ། ཇི་ལྟར་བྱ་བ་ལ་རྨོངས་པར་གྱུར་ཅེས་བྱ་བའི་ཐ་ཚིག་གོ་།ཡོངས་སུ་དག་པ་ཞེས་བྱ་བ་ནི་ལྟུང་བ་མེད་པར་གྱུར་པའོ། །ལྟ་བ་མཐུན་པ་ཞེས་བྱ་བ་ནི་གང་གི་ལྟ་བ་རྣམ་པར་འགའ་ཞིག་ཀྱང་ཐ་དད་པ་མེད ་པ་དེ་ལ་འདིར་ལྟ་བ་མཐུན་པར་བཞེད་དོ། །ཐུན་མོང་ནི་བསྙེན་པར་རྫོགས་པའི་ལས་ཡིན་ནོ། །འཇིགས་པར་གྱུར་ཏེ་ཞེས་བྱ་བ་ནི་ལས་བྱེད་པའི་ཕྱིར་དག་གི་བྱེད་པ་མི་གསལ་བ་ཡིན་ནོ། །སེམས་གཞན་དུ་མི་འགྱུར་བས་དཔྱོད་པར་བྱེད་པ་ནི་ངེས་པར ་བརྟགས་པ་ཡིན་ནོ། །བརྟུལ་བ་ནི་འདིར་སྐེམས་པར་བྱེད་པའོ། །མལ་སྟན་གྱིས་སྟོང་པའི་རྩའི་ལྷས་མ་ཅན་ནི་ཁྲིའུ་མ་གཡོགས་པའོ། །དྲན་པ་ཉེ་བར་གཞག་པ་མ་ཡིན་པ་ནི་དྲན་པ་རྨོངས་པ་ཅན་ཡིན་པར་བཞེད་དོ། །ལེགས་པར་བགོས་ཤིང་ཞེས ་བྱ་བ་ནི་སྟོད་གཡོགས་སོ། །ལེགས་པར་གཡོགས་པ་ནི་འོག་ཏུ་བགོ་བའོ། །ལེགས་པར་རྒྱན་པ་ཞེས་བྱ་བ་ནི་རྒྱན་སྣ་ཚོགས་ཀྱི་བྱེ་བྲག་གིས་སོ། །ཆང་གི་བཏུང་བ་ལ་འཁོ་བའི་གནས་ནི་ཆང་འཚོང་གི་གནས། །ཐབས་འདི་ནི་ལེགས་པ་ཞིག་སྟེ ་ཞེས་བྱ་བ་ནི་ནོར་བསྒྲུབ་པའི་ཐབས་འདི་ནི་བཟང་པོ་ཞིག་གོ་།ཟོད་ནི་ཆང་སྒྲུབ་པ་ལ་ཉེ་བར་མཁོ་བའི་རྫས་ཏེ་ཕབས་སམ། རིན་གྱི་རྣམ་གྲངས་ཡིན་ནོ། །སེམས་ཀྱི་བྱ་བས་ཉེ་བར་མཚོན་པ་ནི་ཕྲ་དོག་ཡིན་ལ། མ་བཟོད་པ་ནི་བརྣག་པའི་ནུས ་པ་མེད་པའོ། །རྙེད་པ་དག་འཕེལ་བར་གྱུར་ཏོ་ཞེས་བྱ་བ་ནི་རྒྱས་པར་གྱུར་པའོ། །མི་འཛའ་བ་རྣམས་ཀྱི་གཉའ་བར་རྡོག་པས་མནན་ལ་ཞེས་བྱ་བ་ནི་གནོད་པ་བྱེད་པ་ལ་གཞོལ་བ་ཁྱོད་ཚར་བཅད་ནས་སྟོབས་ཀྱིས་ཆང ་འཚོང་གི་གནས་ལ་འཇུག་པར་བགྱིའོ་ཞེས་བྱ་བ་ཡིན་པར་དགོངས་སོ། །འདིར་འཛུད་པར་བྱེད་པས་ན་འཛུད་པ་སྟེ། བུད་མེད་ཀྱི་ཟག་བྱེད་ཀྱི་ལམ་ཡིན་ལ། གཞུག་པར་རུང་བས་ན་འཛུད་མཐུན་མ་ཡིན་པ་འམ། འཛུད་པའི་ལས་ནི་འཛུད ་མཐུན་མ་སྟེ་དེ་ལས་བསྒྲུབ་པར་བགྱི། འཇུག་པར་བགྱི། ལས་སུ་བགྱིའོ་ཞེས་བྱ་བའི་བར་དུའོ། །བཞིན་བྱད་དང་ལྡན་པ་ཞེས་བྱ་བ་ནི་མདངས་དང་ལྡན་པར་གྱུར་པའོ། །ཇི་ལྟར་རུང་བ་ཞེས་བྱ་བ་ནི་སྐྱེས་བུ་ངན་པ་དང། འབྲིང་དང། མཆོག ་ལ་རུང་བ་ཉིད་དུ་འགྱུར་བའོ། །ཉེས་པ་སྦོམ་པོར་འགྱུར་རོ་ཞེས་བྱ་བ་ནི་མི་ཚངས་པར་གྱུར་པའོ། །བྲན་མོ་སྤྱོད་པའི་གནས་དེ་ལ་འཇུག་པར་བྱེད་པ་ནི་ཞི་བ་བསྒྲུབ་པར་བྱ་བའོ། །རས་ལ་བྱས་པའི་སྒྲ་ནི་ཇ་ཏོ་རོ། །སྲད་བུ་ལས་བྱས ་པ་དེ་ལ་ཉེ་བར་མཁོ་བའི་སྣོད་བཀུར་བའི་ཐབས་སུ་གྱུར་པ་ནི་དྲ་བ་ཡིན་ནོ། །དེའི་ཞལ་ཏུ་བྱེད་པ་ཡིན་པའི་ཕྱིར་དྲ་བ་ཆེན་པོའི་ཞལ་ཏ་བྱེད་པའོ། །དགོས་པ་བྱུང་ན་ཞེས་བྱ་བ་ནི་རྐུན་པ་ལ་སོགས་པ་ཐག་ཉེ་བར་གྱུར་ནའོ།། ་དགོན་པ་ན་གནས་པ་ཞེས་མཐུན་པ་ཞེས་བྱ་བ་ནི་རིན་ཐང་ཆུང་བའོ། །དོན་དུ་བརྗོད་པ་ནི་བསྐུར་བ་བཏབ་པའོ། །བྱ་བ་མ་ཡིན་པ་ཁོང་དུ་ཆུད་པར་བྱེད་པ་ནི་འདིར་བསླབ་པ་ཡིན་ལ། གུས་པ་མེད་པར་ཁོང་དུ་ཆུད་པར་བྱས་པ་དང? ་བསླབ་པའི་ཡུལ་ལ་རབ་ཏུ་བཅུག་པ་ནི་རྗེས་སུ་བསྟན་པ་ཡིན་ནོ། །འགལ་ཚབས་ཅན་དུ་འགྱུར་རོ་ཞེས་བྱ་བ་ནི་དགེ་སློང་མ་ལ་རེག་པ་ཙམ་ཁོ་ན་ལ་ཉེས་བྱས་ཀྱི་ཉེས་པ་དང་ལྡན་པར་གྱུར་ཞིང། རེག་པ་བདག་གིར་བྱེད་པ ་ནི་ཇི་ལྟར་ལུས་ཀྱིས་ཀུན་ནས་རེག་པའི་བྱ་བ་བསྟན་པ་དེ་ནི་འདིར་ཡང་བྱ་བ་ཡིན་པར་རིག་པར་བྱའོ། གནོད་པར་གྱུར་པ་ལ་སྦྱིན་པ་རྗེས་སུ་གནས་པའི་གོས་ནི་ཤམ་ཐབས་ཀྱི་གཟན་ཡིན་ནོ། །དྲན་པ་ཉེ་བར་ཞག་ལ་ཞེས་བྱ་བ་ནི་ཚུལ་བཞིན་ཡིད་ལ་བྱེད་པ་གཙོ་བོར ་གྱུར་པའི་དྲན་པ་མངོན་སུམ་དུ་བྱས་པས་སོ། །བུད་མེད་སྡུག་པ་དང་བྲལ་བ་དག་ལག་པ་གཉིས་ཀྱིས་རང་གི་དཔུང་བའི་རྩ་བ་ལ་སྣུན་པར་བྱེད་པ་ནི་བྲང་རྡུང་བར་བྱེད་པའོ། །སྐྱེད་མོས་ཚལ་ཞེས་བྱ་བ་ལ་སོགས་པ་ལ། མེ་ཏོག་ལ་སོགས་པའི་ཤིང་གིས་ཉེ་བར་མཚན་པ་ནི་སྐྱེད་མོས་ཚལ ་ཡིན་ནོ། །དྲང་སྲོང་གི་གནས་ནི་དཀའ་ཐུབ་ཀྱི་གནས་ཡིན་ནོ། །གྲོང་ཁྱེར་ལས་ཕྱི་རོལ་གྱི་ཉེན་ཀོར་གྱིས་ནི་ཉེན་ཀོར་ཡིན་ནོ། །སྟོན་ཟླ་འབྲིང་པོའི་ཉའི་དུས་སྟོན་ཆེན་པོ་ནི་དགའ་སྟོན་དུ་རབ་ཏུ་གྲགས་པ་ཡིན་ནོ། །དེ་དང་འདྲ་བའི་དུས་འདི་ནི་དུས་མ་ཡིན་པའི་དུས་སྟོན ་ནོ། །སྔོན་གྱི་ལེགས་པར་སྤྱད་པ་ཞེས་བྱ་བ་ལ་སོགས་པ་ལ། ཁྱེད་ཀྱིས་སྐྱེ་བ་སྔ་མ་ལ་ལེགས་པར་སྤྱད་པ་སྟེ། ལས་བྱས་ཤིང་བསགས་པ་གང་ཡིན་པ་དེ་ཉིད་བསོད་ནམས་ཀྱི་ལས་ཀྱི་ཚོགས་སྡུད་པར་བྱེད་ཅིང་དགའ་སྟོན་འདིའི་རྒྱུར་གྱུར་པ་ཡིན་ནོ། །གནས་མ་ཡིན་ཏེ ་ཞེས་བྱ་བ་ནི་འདི་ལ་ཡོད་པ་མ་ཡིན་ཏེ། འདོད་པ་ཡོངས་སུ་ལོངས་སྤྱོད་པའི་རྒྱུན་ཉོན་མོངས་པ་སྤངས་པ་ཡིན་པའི་ཕྱིར་རོ། །ཉེ་བར་ཡོངས་སུ་ལོངས་སྤྱོད་པ་ཞེས་བྱ་བ་ནི་བདག་གི་བྱས་ནས་ཡོངས་སུ་ལོངས་སྤྱོད་པའོ། །རྫུ་འཕྲུལ་མངོན་པར་བསྒྲུབས་པ་ཞེས ་བྱ་བ་ནི་དབང་པོ་རྣོ་བ་དེ་ཉིད་ཀྱི་ཕྱིར་དེའི་རྫུ་འཕྲུལ་བསྐྱེད་པ་ཡིན་ཏེ། དེས་ནི་འདི་སྐད་དུ་ཐམས་ཅད་དུ་ཕྱིར་མི་འོང་བའི་རྫུ་འཕྲུལ་བསྐྱེད་པ་ཉིད་དུ་རུང་བར་འགྱུར་པ་ཡིན་ནོ་ཞེས་བྱ་བསྟན་པར་འགྱུར་རོ། །ཡང་དག་པར་བྱུང་བ་ཞེས་བྱ་བ་ནི་ཤུགས་ཀྱིས་རྡོ་རྗེ ་ལྟ་བུའི་ཏིང་ངེ་འཛིན་ཐོབ་པས་ཁམས་གསུམ་ལས་བྱུང་བ་ཡིན་ནོ། །རྙེད་པ་ནི་དེས་ཁམས་གསུམ་པོའི་གཉེན་པོ་ཐོབ་པའོ། །རང་གི་དོན་ཕུན་སུམ་ཚོགས་པའི་ཕྱིར་བསྙེས་པ་ཡིན་ནོ། །གཞན་གྱི་དོན་ཕུན་སུམ་ཚོགས་པའི་ཕྱིར་རྙེད་པ་རྙེད་པའོ། །རུས་པའི ་འཁྲུལ་འཁོར་ཞེས་བྱ་བ་ནི་ཕན་ཚུན་དུ་འབྲེལ་བའི་རུས་པའི་ཚོགས་སོ། །རྒྱན་མེད་པ་ཞེས་བྱ་བ་ནི་ནང་གི་མཛེས་པའི་དངོས་པོ་དང་བྲལ་བར་གྱུར་པའོ། །སེམས་ཟློག་ཅིག་ཅེས་བྱ་བ་ནི་འདོད་ཆགས་དང་ཀུན་ནས་འབྲེལ་བའི་སེམས ་ཡོངས་སུ་སྤོངས་ཤིག་པའོ། །སེམས་ཅན་དམྱལ་བར་ལྟུང་བར་གྱུར་ཏ་རེ?་ཞེས་བྱ་བ་ནི་རབ་ཏུ་བྱུང་བའི་ཡུལ་ལ་ཞེ་སྡང་གི་སེམས་བསྐྱེད་པ་ལས་སེམས་ཅན་དམྱལ་བར་གཅིག་ཏུ་ལྟུང་བར་འགྱུར་རོ། །ཁྱིམ་པའི་ལས་ཞེས་བྱ་བ་ལ་སོགས་པ་ལ། ཁྱིམ ་པའི་ལས་ཁྱོད་ཀྱིས་ཐམས་ཅད་ཀྱི་ཐམས་ཅད་དུ་ཡོངས་སུ་སྤངས་ནས་སོ། །ཁྱོད་ཀྱིས་བསྙེན་པར་རྫོགས་པ་དང་ཁས་བླངས་པ་འདི་ལྟར་ཀུན་ནས་ཆགས་པའི་སེམས་ཀྱིས་སྐྱེས་པ་ལ་ལྟ་བ་སོགས་པ་སོམས་ཤིག་པའོ། །ཅུང་ཟད་འབབ་པ་ནི ་ཆར་འབྲལ་དུ་འབབ་པར་འདོད་པ་འམ། ཅུང་ཟད་ཅུང་ཟད་འབབ་པའི་ཕྱིར་ཅུང་ཟད་འབབ་པའོ། །མི་མཐུན་པ་ཞེས་བྱ་བ་ནི་ནོར་བྱེད་པ་མེད་པའི་ངང་ཚུལ་ཅན་ཡིན་ནོ། །གཡུལ་འགྱེད་པ་ལ་བརྩོན་པ་ནི་གྱང་ཡིན་ལ། རས་གཅིག་བཅིངས་པས་ན་གྱང ་བར་གོ་ཅ་བགོས་པའོ། །གྱང་ཆེན་པོ་ཞེས་བྱ་བ་ནི་གཞུང་གཞན་ཡིན་ཏེ། ཆེན་པོ་ནི་ཡན་ལག་ཤིན་ཏུ་རྒྱས་པ་དང། ལུས་ཆེ་བ་ཡིན་ནོ། །རྡོ་ལེབ་ཀྱིས་ཞེས་བྱ་བ་ནི་རྡོའི་དུམ་བུས་སོ། །གོས་བཅུས་པས་ཞེས་བྱ་བ་ནི་གོས་བསྒྲིལ་བས་སོ།། །། ་སློབ་དཔོན་ཚུལ་ཁྲིམས་བསྐྱངས་ཀྱི་ཉེ་བར་སྦྱར་བ་ཕྲན་ཚེགས་ཀྱི་ཚིག་གི་རྣམ་པར་བཤད་པ་སྟེ་སྒོ་བདུན་པ་རྫོགས་སོ།། །།མཆོད་རྟེན་ནི་རུས་པ་བཞག་པའི་དོན་གྱིས་འཇིམ་པའི་ཕུང་པོའོ། །རང་བཞིན་ཡོངས་སུ་ཉམས་པས་ཞེས་བྱ ་བ་ནི་སྐྱེ་བོ་དམ་པའི་རང་བཞིན་ལས་ལྟུང་བར་གྱུར་པའོ། །སྦྱར་མ་བྱིན་གྱིས་བརླབས་པར་ཞེས་བྱ་བ་ནི་མཚོན་གྱིས་ཀུན་ནས་བསྣན་ཏུ་མི་རུང་བར་སྙོམས་པར་འཇུག་པར་བྱས་པའོ། །ནང་དང་བཅས་པར་གྱུར་པས་ཞེས་བྱ་བ་ནི་འཁོར ་བར་གྱུར་པས་སོ། །དེ་ལ་མ་བལྟས་པར་ཞེས་བྱ་བ་ནི་དགེ་སློང་མ་ལུས་འདུད་པའི་ལུས་བོར་ནས་སོ། །གཟུ་བོ་བྱེད་པ་ཞེས་བྱ་བ་ནི་དྲང་པོར་བྱེད་པའོ། །དགག་དབྱེ་ལ་གསོ་སྦྱོང་ཡོད་པ་མ་ཡིན་ཏེ་ཞེས་བྱ་བ་ནི་དགག་དབྱེ་བྱས་ནས་གསོ་སྦྱོང་བྱ་བ་མ་ཡིན་པའོ། །རྣམ ་པར་དག་པའི་ཕྱིར་ཞེས་བྱ་བ་ནི་ལྟུང་བའི་དྲི་མ་རྣམ་པར་སྤྱོད་པའི་ཕྱིར་རོ། །སེམས་གཏོད་པ་ཞེས་བྱ་བ་ལ་གཏོད་པ་ནི་འདིར་འཁོན་ཡོངས་སུ་སྤངས་པ་ཡིན་ནོ། །གླགས་པ་ནི་གླགས་སམ་དྲལ་བ་འམ་ཕུག་པར་གྱུར་པའོ། །ཤད་ཀྱིས་སྦྱོང་བར་བྱེད་པ་ཞེས་བྱ ་བ་ནི་དབང་བྱེད་པ་ལ་འཇུག་པར་བྱེད་པ་པོ་ཡིན་ནོ། །ཁོ་བོ་ཕྱོགས་དེ་ཉན་པར་ཡང་མི་འདོད་ན་ཞེས་བྱ་བ་ནི་ཁོ་བ་ཕྱོགས་དེ་སྔར་མཐོང་བ་ཉིད་ཀྱི་སྒོ་ནས་མཐོང་བ་ཉིད་མྱོང་བར་ཡང་མི་འདོད་དོ། །མཐར་ཐུག་པ་ཞེས་བྱ་བ། ཐ་མར་གྱུར་པ་འམ་མཐར་ཐུག་པ ་སྟེ། ཐ་མར་གདོན་མི་ཟ་བར་འདི་ལྟར་འགྱུར་རོ་ཞེས་ངེས་པའི་སྒོ་ནས་ཤེས་པར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ་།འདོད་ཆགས་ལ་སོགས་པ་མི་དགེ་བའི་རྩ་བ་མང་དུ་བྱས་པའི་ཕྱིར་མ་ཆགས་པ་ལ་སོགས་པ་ཡོངས་སུ་སྤངས་པ་ཡིན་ལ། ཆགས་པ ་མེད་པ་ལ་སོགས་པ་མང་དུ་བྱས་པ་ལས་འདོད་ཆགས་ལ་སོགས་པ་ཡོངས་སུ་སྤངས་པ་ཡིན་ནོ། །ཕན་ཚུན་དགའ་ཞེས་བྱ་བ་ནི་མཛའ་བའི་ཚིག་བརྗོད་པ་སྔོན་དུ་སོང་བའི་སྒོ་ནས་སྒྲུབ་པར་བྱེད་པ་ཡིན་ནོ། །གཙུག་ཕུང་འབྲེག་པའི་དུས་སྟོན་ཞེས་བྱ་བ་ལ ་སོགས་པ་ལ་ཉི་མ་གང་ལ་བྱང་ཆུབ་སེམས་དཔས་དབུ་སྐྲ་བྲེགས་ཏེ་སྟེང་གི་ནམ་མཁའ་ལ་བོར་བ་དང། བརྒྱ་བྱིན་གྱིས་བླངས་ནས་མཐོ་རིས་གནས་སུ་བཞག་པར་གྱུར་པའི་ཉི་མ་དེ་ལ་དད་པ་དང་བྲམ་ཟེ་དང་ཁྱིམ་བདག་གིས་དུས་སྟོན་བྱས་པ་དེ་ལ་གཙུག་བུད? ་བྲེགས་པའི་དུས་སྟོན་དུ་རྣམ་པར་བཞག་པ་ཡིན་ནོ། །བྱང་ཆུབ་སེམས་དཔས་ཁྱིམ་གྱི་གནས་ནས་ལོ་ལྔ་པ་ལས་བྱུང་བའི་ལྔ་སྟོན་ནོ། །ཐམས་ཅད་མཁྱེན་པའི་ཡེ་ཤེས་བརྙས་པར་གྱུར་པ་ནི་དུས་སྟོན་ཆེན་པོ་ཞེས་བྱའོ། །སྲེད་པ་ལ་སྤྱོད་པ་ཞེས་བྱ་བ་ལ། སྲེད ་པ་ནི་སེམས་ཀྱི་ཞེན་པའོ། །གཉིས་སམ་གསུམ་ཞེས་བྱ་བ་ནི་དགེ་སློང་མའི་གནས་བརྟན་དག་གོ་།འཁོར་དང་མཛའ་བོ་ཇི་ལྟ་བ་བཞིན་དུ་ཞེས་བྱ་བ་འཁོར་གྱི་རྣམ་པར་དབྱེ་བ་དང། སྨོས་འདྲིན་ལ་སོགས་པ་རྣམ་པར་དབྱེ་བ་སྟེ། གང ་གི་འཁོར་ཡིན་པའི་འཁོར་དང་བཅས་པ་དེས་ཕྱོགས་གཅིག་ཏུ་འཁོད་ཅིང་འཁོར་མེད་ན་ནི་སྨོས་འདྲིན་ལ་སོགས་པ་ཞེས་བྱ་བའི་བར་དུའོ། །ཇི་ལྟར་རྣམ་པར་འབྱེད་པ་ལས་ལྟུང་བྱེད་རྣམས་ཀྱི་བཅུ་ཚན་གསུམ་པ་བརྩམས་པ་ན་དགེ་སློང་མའི ་སྟོན་པའི་བློ་མཐུན་བྱས་པ་དེ་ཁོ་ན་བཞིན་འདིར་ཡང་ཡིན་པས་འདིར་གཞུང་མངས་པའི་འཇིགས་པས་སྤྲོས་ནས་མ་བྲིས་སོ། །ཡོངས་སུ་དག་པ་བརྗོད་པར་བྱའོ་ཞེས་བྱ་བ་ནི་དགེ་སློང་མའི་དགེ་འདུན་མའི་གསོ་སྦྱོང་གི་བར་དུ་གཅོད་པར ་བྱེད་པ་ཉེས་པའི་དྲི་མ་དང་བྲལ་ལོ་ཞེས་བྱ་བ་དེ་ལྟར་བརྗོད་པར་བྱ་བ་ཡིན་ནོ། །ཕྱི་བཞིན་འབྲངས་ཏེ་ཞེས་བྱ་བ་ནི་རྗེས་བཞིན་དུ་སོང་བའོ། །དུམ་བུ་ལྔ་པ་ཞེས་བྱ་བ་ལ་སེམས་ཅན་དམྱལ་བ་ལ་སོགས་པའི་རྣམ་པར་དབྱེ་བ་ལྔ་དང་ལྡན་པ ་འཁོར་ལོ་དང་འདྲ་བས་ན་འཁོར་བའི་འཁོར་ལོའོ། །གསོ་སྦྱོང་ནི་དགེ་སློང་མའི་དགེ་འདུན་གྱིའོ། །དེ་མི་གསལ་བ་ཞེས་བྱ་བ་ནི་བརྡའ་ལ་མི་མཁས་པའོ། །དེ་དག་གིས་དགེ་སློང་གཞན་ལ་མ་གསོལ་བར་ཞེས་བྱ་བ་ནི་དགེ་སློང་མས་ལུང་སྟོན་པའི ་སྒོ་ནས་བློ་མཐུན་མེད་པར་རོ། །མ་སྤོབས་ཏེ་ཞེས་བྱ་བ་ནི་ཟིལ་གྱིས་ནོན་པར་སླ་བའོ། །སྐྱེས་བུ་ཐ་མལ་པ་ཞེས་བྱ་བ་ནི་སྤྱོད་པ་དེ་མན་པར་གྱུར་པའོ། །བསོད་ནམས་མ་ཡིན་པ་མང་དུ་འཕེལ་བར་འགྱུར་རོ་ཞེས་བྱ་བ་ནི་བདག་ཉིད་བསོད་ནམས་མ་ཡིན་པ ་ཉིད་དུ་རུང་བ་མང་དུ་བྱེད་པར་འགྱུར་བའོ། །མཚན་བཟང་མོ་ཞེས་བྱ་བ་ནི་མཚན་མཛེས་པ་ཡིན་ནོ། །ཅུང་ཞིག་ཅེས་བྱ་བ་ནི་རྣམ་པར་འཚེ་བ་ཟད་དུ་མ་གྱུར་ཅིག་ཅེས་བྱ་བའི་བར་དུའོ། །ལེགས་པར་གསོལ་ལོ་ཞེས་བྱ་བ་ནི་དངོས་པོར་གསོལ་བར ་བགྱིའོ། །ཤིན་ཏུ་གསོལ་ལོ་ཞེས་བྱ་བ་ནི་ཁྱེད་ལ་བདེ་བ་སྐྱེད་པར་བྱེད་པ་གསོལ་བར་བགྱི་བའོ། །དགའ་བར་གྱུར་ནས་ཞེས་བྱ་བ་ནི་ཇི་ལྟར་ཁྱིམ་དེར་མེ་ཏོག་གི་ཕྲེང་བ་བརྒྱུས་པ་དེ་བཞིན་དུ་ཁྱིམ་གཞན་དག་ཏུ་ཤིན་ཏུ་མཛེས་པར་བརྒྱུས་པར་གྱུར་པའོ།། ་རྙེད་པ་སྐྱེས་ཤིང་བརྙེས་པ་ཐོབ་པ་ཞེས་བྱ་བ་ལ་སྐྱེས་པ་ནི་འདིར་བསྙེན་བཀུར་ཡིན་པར་འདོད་ལ་བཅའ་བའི་རིན་ཐོབ་པའོ། །གཞན་གྱིས་འཚོ་ཞེས་བྱ་བ་ནི་གཞན་གྱི་འཚོ་བའི་ཐབས་སུ་གྱུར་པའོ། །ཁྱིམ་གྱི་བྱ་བ་ནི་ཁྱིམ་གྱི་བྲེལ་པ་ཡིན་ནོ། །ཆང་མནན ་པ་ཞེས་བྱ་བ་ནི་སྦྱར་བའི་ཆང་ལ་སོགས་པའི་མྱོས་པའི་ཚོགས་སྣོད་ཅིག་ཏུ་བཅུག་པ་ཡིན་ནོ། །ཆང་ཉམས་པ་ཕྱིས་ཆང་ཉིད་དུ་རེད་པ་ནི་སླར་རུང་བར་གྱུར་པའོ། །གཞན་གྱི་འཚོ་བ་ཉམས་པའི་རྒྱུ་སྐྱེད་པར་བྱེད་པ་ཉིད་ཡིན་པའི་ཕྱིར་ཁ་ན་མ ་ཐོ་བའི་སྦོམ་པོར་འདི་ནི་མ་བྱིན་པར་ལེན་པའི་ཕམ་པ་གཅོད་པར་གྱུར་པ་ཉིད་ཡིན་ནོ། །ཁ་བསྟོད་པ་བྱས་ནས་ཞེས་བྱ་བ་ནི་བསམ་པའི་ཁ་རིང་དུ་བསྲིངས་ནས་སོ། །གླ་བྱིན་གྱིས་ཞེས་བྱ་བ་ནི་གླའི་སྒོ་ནས་སྦྱིན་པར་བྱེད་པའོ། །ཚོང་དུས་ཀྱིས་ཐ ་སྙད་དུ་བྱེད་པའི་ཕྱིར་ཚོང་པའོ། །ཚོང་གླས་ནས་ཞེས་བྱ་བ་ནི་ཇི་ལྟར་དགོས་པའི་དངོས་པོ་ཉོས་ནས་སོ། །མ་འོངས་པ་ལུང་སྟོན་པའི་སྒོ་ནས་འཚོ་བ་རྟོག་པར་བྱེད་པ་དང། ཁྱེའུ་དང་བུ་མོ་དག་གཏོར་མ་དང་གླ་ཟན་བྱིན་པའི་སྒོ་ནས་སྲུང་བར ་བྱེད་པ་གང་ཡིན་པ་ད་ནི་ལྷ་བོ་ན་མོའོ། །དྲིལ་བུ་དཀྲོལ་ཞིང་ཞེས་བྱ་བ་ནི་དྲི་མ་མེད་པ་དགྲོལ་བར་བྲེལ་བར་གྱུར་པའོ། །ཅིའི་ཕྱིར་ཞེ་ན། སྟོན་པའི་ཕྱིར་ཞེས་སྨོས་པ་ཡིན་ནོ། །སྔོན་གྱི་ལས་ཀྱིས་ནི་འཕྲལ་དུ་འམ་ལས་ཀྱི་ཤུགས་ཀྱིས་སོ། ། ་དཀྱིལ་འཁོར་དང་མེ་ཏོག་ལ་སོགས་པ་ལུང་སྟོན་པར་བྱེད་པ་ལ་ཉེ་བར་འཁོར་བ་ནི་ལྷའི་གཟུགས་བརྙན་མེ་ཏོག་དང་བདུག་པ་དང་དྲིལ་བུ་ལ་སོགས་པའི་ཚོགས་དང་ལྡན་པ་ནི་ལྷ་རྟེན་ཡིན་ནོ། །སྐྲ་འཆད་ཅིང་ཞེས་བྱ་བ་ནི་རྣམ་པར་འཆག ་པའི་སྒོ་ནས་འཆད་པར་བྱེད་པ་ཡིན་ནོ། །བདག་རྫས་ཀྱི་ཕྱེ་མས་ཞེས་བྱ་བ་ནི་སྐྱུ་རུ་དའི་ཕྱེ་མ་ལ་སོགས་པའོ། །རྒྱུན་ལ་གནས་ནས་ཞེས་བྱ་བ་ནི་རྒྱུན་ལས་བཟློག་པའི་རེག་པ་བདག་གིར་བྱེད་པ་སྟེ། མི་ཚངས་པར་སྤྱོད་པའི་ཕམ ་པ་གཅོད་པར་གྱུར་པའི་ཉེས་བ་སྡོམ་པོར་འགྱུར་རོ། །རིའི་རྩེ་མོའི་ཚུལ་ལམ་ཞེས་བྱ་བ་ནི་རིའི་རྩེ་མོའི་རྣམ་པར་རོ། །བྱང་ཆུབ་ཀྱི་ཤིང་གི་ལོ་མའི་རྣམ་པ་ལྟ་བུ་ཞེས་བྱ་བ་ལ། བྱང་ཆུབ་ཀྱི་ཤིང་ནི་པི་པ་ལའི་ཤིང་ཡིན་ཏེ། དེའི་ལོ་མ་དང་འདྲ་བ་ནི་གཅིག ་ཡིན་ནོ། །ཤིང་ནྱ་གྲོ་དྷའི་ལོ་མ་དང་འདྲ་བ་འམ། ལག་མཐིལ་གྱི་རྣམ་པ་ལྟ་བུ་སྟེ་ཟུར་བཞི་པ་ལྟ་བུ་ནི་གཉིས་པ་ཡིན་ནོ། །དགའ་བ་འཕེལ་ནས་ཞེས་བྱ་བ་ནི་རྙེད་པ་འཕེལ་བའི་དོན་དུའོ། །རྨི་ལམ་དུ་རྨིས་པ་ནི་རྨི་ལམ་དུ་ཟན་ནི་སྦྲུ་མའོ། །ཞག་མ ་བུད་ནས་ཞེས་བྱ་བ་ནི་ཞག་མ་ཡོངས་སུ་བུད་པར་གྱུར་པའོ། །འཁར་གསིལ་ནི་སྒྲ་སྒྲོགས་པར་བྱེད་པའོ། །ལོ་མའི་བཀང་ས་ནི་ལོ་མས་གཡོགས་པ་ཡིན་ནོ། །ཏིལ་དྲུས་མ་དང་བསྲེས་པའི་འབྲས་ཀྱི་ཕྱེ་མ་ལས་སྦྲུས་ཤིང་མར་གྱི་ནང་དུ་བཙོས་ཤིང ་མར་སྐམས་ལ་སྲབ་པ་བཟའ་བའི་བྱེ་བྲག་ནི་འབྲས་ཁུར་ཡིན་ནོ། །འབྲས་ཆེན་ཞེས་བྱ་བ་ལ་སོགས་པ་ལ་འབྲས་ཆེན་དང་བཏུང་བ་འདི་བཏུང་བར་བྱེད་པ་ནི་སྒྲ་ཁྲོག་ཁྲོག་ཟེར་བ་དང། འབྲས་ཁུར་ནི་ཁྲུམ་ཁྲུམ་ཟེར་བའོ། །ལ་ཕུག་ནི་ཆོམ་ཆོམ ་ཟེར་པའོ། །ལོ་མ་ལ་སོགས་པ་ནི་ལྕབ་ལྕབ་ཟེར་བའོ། །མཛེས་པ་ནི་གར་མཁན་ཡིན་ནོ། །དགེ་འདུན་གྱི་ནང་ནས་བྱུང་ནས་ཐ་དད་པར་ཡོངས་སུ་ལོངས་སྤྱོད་པ་ནི་བཤོས་ཚུར་འདྲེན་པའོ། །འབྲས་བུ་ལ་སོགས་པས་བཀོལ་བ་ནི་བསྐ་བ ་ཡིན་ནོ། །ཕྱོགས་གཅིག་ཚིག་པའི་ཕྱིར་ཚིག་པའོ། །ཀུན་ནས་ཚིག་པའི་ཕྱིར་རབ་ཏུ་ཚིག་པའོ། །རྣམ་པར་ཁྱབ་པ་ཞེས་བྱ་བ་ནི་རྨ་ཉམས་པར་གྱུར་པའོ། །སེན་མོས་ཞིག་པར་འགྱུར་རོ་ཞེས་བྱ་བ་ནི་ཟད་པར་བྱེད་པའོ། །སླར་འཚོ་བ་ཞེས ་བྱ་བ་ནི་རང་བཞིན་དུ་གནས་པའི་སྒོ་ནས་གྱུར་པའོ། །བ་མོ་ནི་ཁྱིམ་སྤྱོད་པ་འམ་བྱེད་པ་ཞེས་བྱ་བའི་བར་དུ་འམ། ཡང་ན་བྱི་བའོ། །འཕང་བ་ཉིད་དུ་བརྩམས་པ་ཞེས་བྱ་བ་ནི་ཤིང་ལ་ཡོངས་སུ་རྒྱུ་བ་ཉིད་དུ་བརྩམས་པའོ། །ཆོས་གོས་ལ་ཁྱད་པར་མེད་པ་ཡོངས་སུ་ལོངས ་སྤྱོད་པ་ཞེས་བྱ་བ་ནི་སྣམ་སྦྱར་ཡོངས་སུ་མ་བརྟུལ་བ་ཡིན་ནོ། །རྒྱལ་པོའི་གནས་ལྟ་བུ་ཞེས་བྱ་བ་ནི་ཆོས་གོས་ཐམས་ཅད་ཀྱི་མཆོག་ཏུ་གྱུར་པ་ཡིན་པ་དེའི་ཕྱིར་དེ་ཡོངས་སུ་བརྟུལ་བར་བྱ་བ་ཡིན་ནོ། །ལམ་ལ་བརྟེན་ནས་འཚོ་བ་གང་ཡིན་པ་དེ་ནི་ལམ ་གྱིས་འཚོ་བ་སྟེ། ཚིག་སྐྱེལ་ལ་སོགས་པའོ། །གསོབ་ལམ་གྱིས་འཚོ་བ་ནི་རྐུན་པོ་ལ་སོགས་པའོ། །བརྡེགས་ཤིང་རབ་ཏུ་བརྡེགས་ཏེ་རྣམ་པར་བཤིག་པ་ཞེས་བྱ་བ་ནི་ཆུང་ངུ་དང་འབྲིང་དང་ཆེན་པོས་རིམ་པས་ཟིལ་གྱིས་གནོན་པའོ། །བརྡེགས ་པ་ལ་སོགས་པས་གང་ལས་འཇིགས་པ་མེད་པ་ཞེས་བྱ་བ་ནི་རྣམ་པ་ཐམས་ཅད་དུ་སྐྲག་པ་མེད་པའོ། །དགེ་སློང་གི་སྤྱོད་ཡུལ་ཅན་ཞེས་བྱ་བ་ནི་དགེ་སློང་གི་ཐ་སྙད་ལ་མཁས་པ་འམ་བཀའ་ལ་མཁས་པའོ། །སླུ་བར་བྱེད་པ་ཞེས་བྱ་བ་ནི ་རྡོད་པར་བྱེད་པ་ཡིན་ཏེ། རྣམ་པ་གཞན་ཉིད་དུ་སྟོན་པའི་ཕྱིར་རོ། །འཕེལ་ནས་ཞེས་བྱ་བ་ནི་ལྷག་མའི་ཚིག་ཡིན་ནོ། །རིགས་པ་སྨྲ་བ་ལ་མཁས་པ་ཞེས་བྱ་བ་ནི་རིགས་པས་ལན་ལྡོན་པ་ལ་མཁས་པའོ། །རྒྱུད་འཇམ་པ་ལ་མཁས་པ་ཞེས ་བྱ་བ་ནི་སེམས་བརྩེ་བས་འཇམ་པོར་གྱུར་པའོ། །གྲོང་ཁྱེར་ཨི་ཙ་ཨ་ནད་ཀ་ལ་དེ་དང་ཐག་ཉེ་བ་ན་གནས་པ་ཨུད་ཀ་ཊ་ཞེས་བྱ་བའི་གྲོང་བརྡལ་ཏེ། ཨུད་ཀ་ཊ་ཀུན་ནས་ལོངས་སྤྱོད་པར་བྱེད་པའོ། །ཁྱད་པར་ཇི་ལྟ་བུ་ཞེ་ན། རྒྱས་པ་ཞེས ་བྱ་བ་སྨོས་ཏེ། རྫས་ལ་སོགས་པའི་ཡོད་བྱད་དང་ལྡན་པའོ། །གླ་བསྐྱེད་དང་བཅས་པ་ཞེས་བྱ་བ་ནི་གླ་བསྐྱེད་དང་བཅས་པ་འཇུག་པའི་ཕྱིར་གླ་བསྐྱེད་དང་བཅས་པ་ཉིད་དོ། །གླ་བསྐྱེད་ནི་ཤོ་གམ་གྱི་གནས་ལས་བྱུང་བའོ། །རྩ་དང ་ཤིང་དང་ཆུ་དང་བཅས་པ་རྣམས་ཞེས་བྱ་བ་ནི་རྩཝ་ལ་སོགས་པ་དང་ཤིན་ཏུ་འབྱོར་ཅིང་ལྡན་པའོ། །འདོན་པ་དང་ལྡན་པས་ན་བྲམ་ཟེའི་བུའོ། །བསྟན་བཅོས་དུ་མ་ཐོས་པའི་ཕྱིར་མང་དུ་ཐོས་པའོ། །ཐམས་ཅད་དུ་རུང་བའི་ཚིག་ལ་འཇུག ་པའི་ཕྱིར་རིགས་པའི་ཚིག་སྟེ། ལན་ལྡན་པའི་དུས་སུ་རབ་ཏུ་རིགས་པའི་ཚིག་འདི་ལ་ཡོད་པས་ན་ཞེས་བྱ་བའི་དབང་དུ་བྱས་ནས་སོ། །སྐབས་དང་ལྡན་པ་འབྲེལ་པའི་ཚིག་སྙན་པའི་ངང་ཚུལ་གྱི་རང་བཞིན་གང་ལ་ཡོད་པ་དེ་ནི་སྙན་པར་སྨྲ་བ་ཅན ་ཏེ། སྙན་པ་ཞེས་བྱ་བ་ནི་སྐད་ཀྱི་དབྱིངས་ཀྱི་ཚུལ་འདི་ཡིན་པ་དེའི་ཕྱིར་རང་གི་གནས་རབ་ཏུ་འཕོ་བ་དང་འབྲེལ་བའི་ཚིག་སྨྲ་བ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །སྨྲང་ཞེས་བྱ་བ་ནི་རིག་བྱེད་རྣམ་པར་འབྲེལ་པའི་ངང་ལ་འདིར་སྨྲང་དུ་བཞེད་དོ། །ཕྱོགས ་ཞེས་བྱ་བ་ནི་ཕྱོགས་བཞིའོ། །མཚམས་ཞེས་བྱ་བ་ནི་ཕྱོགས་མཚམས་བཞིའོ། །དགེ་བ་ཞེས་བྱ་བ་ནི་རྣམ་པ་ཐམས་ཅད་དུ་ཉེས་པ་མེད་པ་ཉིད་ཀྱི་ཕྱིར་རོ། །སྙན་པ་དང་སྒྲ་དང་ཚིགས་སུ་བཅས་པ་ཞེས་བྱ་བ་ཚིག་གསུམ་པོ་དེ་དག་ནི་དོན་གཅིག་ཡིན་ཏེ། ་དོན་ཇི་ལྟ་བ་བཞིན་དུ་གསལ་བར་བྱེད་པའི་ཕྱིར་རོ། །གང་གི་ཚེ་ཅིག་ཅར་གཅིག་ལ་རབ་ཏུ་སྦྱོར་བར་འགྱུར་པ་དེའི་ཚིག་གསུམ་པོ་འདི་དག་ཐ་དད་པའི་བྱེ་བྲག་སྟོན་པར་བྱེད་པ་ཡིན་པར་རིག་པར་བྱའོ། །དེའི་ཁྱད་པར་ནི་འདི་ཡིན་ཏེ། མཆོག་ཏུ་ཕན་འདོགས ་པར་བྱེད་པ་ཆོས་བསྟན་པ་ལ་སོགས་པ་ཡོན་ཏན་གཙོ་བོར་གྱུར་པ་དག་གི་གྲགས་པ་རྣམ་པར་རྒྱས་པ་ནི་སྙན་པའི་སྒྲས་བརྗོད་པ་ཡིན་ཏེ། དེ་ལྟར་ཡང་དེ་ཆོས་སྟོན་པ་ནི་ཐོག་མར་དགེ་བ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །རང་གི་དོན་གཙོ ་བོར་གྱུར་པའི་ཡོན་ཏན་དག་གི་སྙན་བ་རྣམ་པར་རྒྱས་པ་ནི་སྒྲ་སྨོས་པས་བཟུང་བ་ཡིན་ཏེ། དེ་ལྟར་ཡང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ནོ། །འབྲེལ་པ་དང་རྗེས་སུ ་མཐུན་པའི་གྲགས་བརྗོད་པར་བྱེད་པ་ནི་ཚིགས་སུ་བཅད་པ་ཡིན་ནོ། །དེ་བཞིན་གཤེགས་པ་ཞེས་བྱ་བ་ནི་ཕྱིན་ཅི་མ་ལོག་པར་གསུང་པ་སྟེ། དངོས་པོ་ཇི་ལྟར་བདེ་བཞིན་དུ་བྱོན་པ་ཉིད་ཀྱི་ཕྱིར་རོ། །འདིར་གང་ཕྱིན་ཅི་མ་ལོག་པ་སྟོན་པར་མཛད་པ་ཞེས་བྱ་བ་སངས་རྒྱས ་བཅོམ་ལྡན་འདས་དེ་ནི་སྟོན་པ་ཉིད་ཡིན་ནོ། །གང་ལས་དེ་བཞིན་གཤེགས་པ་ཉིད་དུ་འགྱུར་ཞེ་ན། དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཞེས་བྱ་བ་སྨོས་ཏེ། ལྷ་དང་བཅས་པའི་འཇིག་རྟེན་གྱིས་མཆོད་པར་འོས་པ་དང། ཉོན་མོངས་པ་སྤངས?་པ ་ཉིད་ཀྱི་ཕྱིར་དགྲ་བཅོམ་པ་ཡིན་ལ། འགྲོ་བ་མ་ལུས་པར་ཡང་དག་པར་ཞུགས་པའི་ཕྱིར་ཡང་དག་པར་རྫོགས་པའི་སངས་རྒྱས་ཡིན་ཏེ། འདིས་ནི་བདེན་པ་རྟོགས་པར་མཛད་པའི་རྒྱུ་ཉིད་བསྟན་པ་ཡིན་ནོ། །ཉོན་མོངས་པས་ཟིལ་གྱིས་གནོན་པ་དང། ་མི་ཤེས་པས་ཟིལ་གྱིས་གནོན་པ་ནི་ལོག་པར་སྨྲ་བ་ཡིན་ཏེ། ཉོན་མོངས་པ་སྤངས་པ་དང། ཡང་དག་པར་རྫོགས་པའི་བྱང་ཆུབ་ཐུགས་སུ་ཆུད་པ་དེའི་ཕྱིར་འདིས་མི་བདེན་པ་མ་ཡིན་པར་བརྗོད་པ་ཡིན་ནོ། །ཉོན་མོངས་པ་སྤངས་པ་དང། ཡང་དག་པར་རྫོགས ་པའི་བྱང་ཆུབ་ཀྱང་གང་ལས་ཤེ་ན། རིག་པ་དང་ཞབས་སུ་ལྡན་པ་ཞེས་བྱ་བ་སྨོས་ཏེ། རིག་པ་ནི་ཡང་དག་པའི་ལྟ་བ་ཡིན་ལ། ཞབས་ནི་ལམ་གྱི་ཡན་ལག་བདུན་ཡིན་པ་དེའི་ཕྱིར་འདིས་ནི་འཕགས་པའི་ལམ་ཡན་ལག་བརྒྱད་པ་ཉོན་མོངས་པ་དང། ཡང ་དག་པར་རྫོགས་པའི་བྱང་ཆུབ་ཀྱི་རྒྱུ་ཡིན་པར་བསྟན་ཏོ། །བདེ་བར་གཤེགས་པ་ནི་མཛེས་པར་གཤེགས་པས་ན་བདེ་བར་གཤེགས་པ་སྟེ། ཡང་ཕྱིར་མི་ལྡོག་པའི་ཕྱིར་འདིས་ནི་ལྡོག་པ་མེད་པའི་སྟོན་པ་ཉིད་བརྙེད་པར་བསྟན་ཏོ། །འཇིག་རྟེན ་སྐལ་པ་དང་ལྡན་པ་དང་མི་ལྡན་པ་མཁྱེན་པའི་ཕྱིར་འཇིག་རྟེན་རིག་པའོ། །འདིས་ནི་སྟོན་པའི་མཛད་པ་དང་པོ་བསྟན་པ་ཡིན་ནོ། །སྟོན་པའི་མཛད་པ་ཡང་རྣམ་པ་གཉིས་ཏེ། སྐལ་པ་དང་ལྡན་པ་དང་སྐལ་པ་དང་མི་ལྡན་པ་སོ་སོར་རྟོག་པ་ནི་དང་པོ་ཡིན ་ལ། སྐལ་བ་ཇི་ལྟ་བ་བཞིན་དུ། འདོན་པར་མཛད་པ་གཉིས་པ་དེ་བས་ན། འཇིག་རྟེན་རིག་པ་ཞེས་བྱ་བ་འདིས་ནི་དང་པོ་བསྟན་ཏོ། །གཉིས་པ་སྟན་པའི་ཕྱིར་སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་ཞེས་བྱ་བ་སྨོས་ཏེ། སྐྱེས་བུ་ཁོ་ན་འདུལ ་བར་བྱ་བ་དང། འདུལ་བར་འོས་པ་ཉིད་ཡིན་པའི་ཕྱིར་སྐྱེས་བུ་འདུལ་བ་སྟེ། དེ་དག་གི་ཁ་ལོ་སྒྱུར་བ་ནི་འདུལ་བར་མཛད་པ་པོ་ཡིན་ནོ། །སྐྱེས་བུ་འདུལ་བ་ཁྱད་པར་དུ་འཕགས་པ་ཞེས་བྱ་བ་ནི་བླ་ན་མེད་པ་ཞེས་བྱ་བ་ཡིན་ཏེ། སོར་ཕྲེང་ཅན་ལ་སོགས་པ ་འདུལ་དཀའ་བ་རྣམས་འདུལ་བར་མཛད་པའི་ཕྱིར་དང། འདོད་པའི་བསོད་ནམས་ལ་རྗེས་སུ་སྦྱོར་བ་དང། བདག་ཉིད་ཀྱི་སྙོམ་ལས་ལ་རྗེས་སུ་སྦྱོར་བ་ཡོངས་སུ་སྤངས་པའི་སྒོ་ནས་བདེ་བར་མཛད་པའི་ཕྱིར་དང། ཕྱིར་ལྡོག་པ་མེད་པར་འདུལ་བར་མཛད ་པའི་ཕྱིར་ཁ་ལོ་སྒྱུར་བ་བླ་ན་མེད་པ་ཡིན་ཏེ། འདིས་ནི་སྐལ་བ་ཇི་ལྟ་བ་བཞིན་དུ་འདོན་པར་མཛད་བསྟོན་པའི་ཕྲིན་ལས་གཉིས་པ་བསྟན་པ་ཡིན་ནོ། །ལྷ་དང་མི་རྣམས་ཀྱི་སྟོན་པ་ཞེས་བྱ་བ་ནི་སྟོན་པའི་མཛད་པའི་སྣོད་ཡིན་ཏེ། འདིས་ནི་སྟོན་པའི ་མཛད་པའི་སྣོད་ལྷ་དང་མི་རྣམས་ཡིན་གྱི་གཞན་འགའ་ཞིག་ནི་མ་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་ཞེས་བྱ་བ་ལ། སངས་རྒྱས་ཞེས་བྱ་བ་ནི་སངས་རྒྱས་བཅོམ་ལྡན་འདས་སུ་རབ་ཏུ་གྲགས་པ་ཡིན་པ་སྟེ། དེ ་ལ་སངས་རྒྱས་ཤེས་རབ་ཏུ་གྲགས་པ་གང་ཡིན་པ་དེ་ནི་སྟོན་པ་སྟེ། གོང་དུ་སྨོས་པའི་ཡོན་ཏན་དེ་དག་དང་ལྡན་པ་ཉིད་ཀྱི་ཕྱིར་རོ། །ཞེས་བྱ་བའི་དོན་འདིར་འགྱུར་རོ། །འཇིག་རྟེན་ལྷ་དང་བཅས་པ་ཞེས་བྱ་བ་ནི་ལྷ་གཙོ་བོར་གྱུར་པའོ། །བདུད་དང ་བཅས་པ་ཞེས་བྱ་བ་ནི། འདོད་པའི་ཁམས་མ་ལུས་པའི་བདུད་གཙོ་བོར་གྱུར་པ་དེའི་ཕྱིར་བདུད་དང་བཅས་པ་ཞེས་བསྟན་ཏོ། །ཚངས་པ་དང་བཅས་པ་ཞེས་བྱ་བ་ནི་འཁོར་དང་འབྲེལ་པ་རྣམས་ཀྱི་ཚངས་པ་གཙོ་བོར་གྱུར་པ་དེའི་ཕྱིར་ཚངས་པ ་དང་བཅས་པ་ཞེས་བསྟན་ཏོ། །བྲམ་ཟེ་དང་དགེ་སྦྱོང་དུ་བཅས་ཞེས་བྱ་བ་ནི་མི་རྣམས་ལས་དགེ་སྦྱོང་དང་བྲམ་ཟེ་གཙོ་བོར་གྱུར་པ་དེའི་ཕྱིར། དགེ་སྦྱོང་དང་བྲམ་ཟེར་བཅས་པའི་སྐྱེ་དགུ་ཞེས་སྨོས་སོ། །ལྷ་དང་མིར་བཅས་པའི་ཞེས་བྱ་བ་ནི་རྒྱུད་ལྔར་སྐྱེས་པའི་སེམས་ཅན ་དག་ལས་ལྷ་དང་མི་རྣམས་ཁོ་ན་བདེན་པ་བཞིའི་སྣོད་དུ་གྱུར་པ་ཡིན་གྱི། གཞན་དག་ནི་མ་ཡིན་པ་དེའི་ཕྱིར་ལྷ་དང་མིང་བཅས་པ་ཞེས་བསྟན་ཏོ། །མཐོང་བའི་ཆོས་ཉིད་ལ་ཞེས་བྱ་བ་ནི་མངོན་སུམ་དུ་གྱུར་པའི་སྐྱེ་བ་ལའོ། །བདག་ཉིད་ཀྱིས་ཞེས་བྱ་བ་ནི་གཞན ་གྱིས་ལུང་ཕོག་པ་མེད་པར་རོ། །མངོན་པར་ཤེས་པ་ཞེས་བྱ་བ་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱིས་སོ། །མངོན་སུམ་དུ་བྱས་ཤིང་ཞེས་བྱ་བ་ནི་ཐེ་ཚོམ་མེད་པར་ཤེས་པས་སོ། །ཐོབ་པས་ནས་ཞེས་བྱ་བ་ནི་ཡེ་ཤེས་ཀྱིས་ཀུན་ནས་འགེངས་པ་འམ། ཆེན ་པོ་ཉིད་དུ་ཡོངས་སུ་གཅོད་པའོ། །རབ་ཏུ་ཤེས་སོ་ཞེས་བྱ་བ་ནི་ཤེས་པར་འགྱུར་པ་འམ། གཞན་དག་ལ་བཙལ་བར་བྱེད་པ་ཡིན་ནོ། །ཅི་ཞིག་རབ་ཏུ་ཤེས་པ་ཡིན་ནོ། །ངའི་སྐྱེ་བ་ནི་ཟད་དོ་ཞེས་བྱ་བ་སྨོས་ཏེ། ཁོ་བོའི་སྐྱེ་བའི་སྲིད་པ་རྫོགས་པར་གྱུར་པའོ།། ་སྐྱེ་བའི་སྲིད་པ་ཟད་པ་ཡང་གང་ལས་ཤེ་ན། ཚངས་པར་སྤྱོད་པ་སྤྱད་དོ་ཞེས་བྱ་བ་སྨོས་ཏེ་ཚངས་པ་ནི་མྱ་ངན་ལས་འདས་པ་ཡིན་ལ། གང་གིས་དེ་ལ་སྤྱོད་པ་ནི་ཚངས་པར་སྤྱོད་པ་སྟེ་ལམ་ཡིན་ཞིང། དེ་ལ་སྤྱད་པ་ནི་བདག་ཉིད་ཐམས་ཅད་ཀྱིས ་གནས་པར་གྱུར་པའོ། །གང་གི་ཚེ་འཕགས་པའི་ལམ་ཡོངས་སུ་རྫོགས་པ་ལ་གནས་པར་བྱེད་པ་དེའི་ཚེ། མི་མཐུན་པའི་ཕྱོགས་ཐམས་ཅད་ལྡོག་པར་འགྱུར་རོ། །དེའི་དོན་ནི་འདི་ཡིན་ཏེ། གང་གི་ཕྱིར་མི་མཐུན་པའི་ཕྱོགས་མ་ལུས་པར་ལྡོག ་པར་རུང་བའི་ཚངས་པར་སྤྱོད་པ་ལ་གནས་པ་དེའི་ཕྱིར་སྐྱེད་པའི་སྲིད་པ་ཡོངས་སུ་རྫོགས་པ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་སྐྱེ་བ་ཟད་པར་བྱས་པ་ནི་མ་ཡིན་ལ། བྱས་པ་ནི་སྐྱེས་བུའི་དོན་ཡིན་ནོ། །སྐྱེ་བ་ཟད་པར་གྱུར་ཀྱང་བར་མ་དོར་ཡོངས་སུ་མྱ་ངན་ལས ་འདས་པའི་སྲིད་པ་བར་མ་དོའི་བྱ་བ་ཉོན་མོངས་པ་ཟད་པ་ཡང་ཡོད་པ་མ་ཡིན་ནམ་ཞེ་ན། འདི་ལས་སྲིད་པ་གཞན་མེད་དོ་ཞེས་བྱ་བ་སྨོས་ཏེ། ཡོད་ན་སྲིད་པ་བར་མ་དོའི་བྱ་བར་འགྱུར་ཏེ། དེ་ཉིད་ཀྱང་ཡོད་པ་མ་ཡིན་ནོ། །གང་ལ ་བྱ་བ་ཡོད་པར་འགྱུར། དེས་ཆོས་བསྟན་པ་ནི་བསྟན་པའི་ཆོས་སོ། །ཐོག་མར་དགེ་བ་ཞེས་བྱ་བ་ནི་ཐོས་པ་ལས་བྱུང་བའི་ཤེས་པས་ཡོངས་སུ་བཅད་པའི་དུས་སུ་བདེ་བ་བསྐྱེད་པར་བྱེད་པ་ཉིད་ཀྱི་ཕྱིར་རོ། །བར་དུ་དགེ་བ་ཞེས་བྱ་བ་ནི་བསམས ་པ་ལས་བྱུང་བའི་ཤེས་པས་ཡོངས་སུ་བདེ་བ་སྐྱེད་པ་ཉིད་ཀྱི་ཕྱིར་རོ། །ཐ་མར་དགེ་བ་ཞེས་བྱ་བ་ནི་བསྒོམས་པའི་དུས་སུ་བདེ་བ་བསྐྱེད་པར་བྱེད་པའི་ཕྱིར་རོ། །དག་པར་བྱེད་པའི་དོན་ཉིད་ཡིན་པའི་ཕྱིར་དོན་བཟང་པོའོ། །ཚིག་འབྲུ་ཁ་ན་མ་ཐོབ ་མེད་པའི་ཕྱིར་ཚིག་འབྲུ་བཟང་པོའོ། །དེ་ལྟ་བུའི་རྣམ་པའི་ཆོས་བཤད་པ་ན། དོན་ཅི་ཞིག་སྟོན་པར་བྱེད་ཅེ་ན། སྨྲས་པ་ཚངས་པར་སྤྱོད་པ་སྟོན་པར་བྱེད་པ་ཡིན་ནོ། །ཁྱད་པར་ཇི་ལྟ་བུ་དང་ལྡན་པའི་ཚངས་པར་སྤྱོད་པ་ཡིན་ཞེ་ན། ཡོངས་སུ་རྫོགས ་པ་ཞེས་བྱ་བ་སྨོས་ཏེ། དུམ་བུར་མ་གྱུར་པ་ཉིད་ཀྱི་ཕྱིར། ཡོངས་སུ་རྫོགས་པ་དང། སྐྱེས་བུའི་དོན་སྐྱེད་པར་བྱེད་པའི་ཕྱིར་ཡོངས་སུ་རྫོགས་པའོ། །ཉེས་པ་ཡོངས་སུ་སྤོང་བའི་རྒྱུ་ཉིད་ཡིན་པའི་ཕྱིར་ཡོངས་སུ་དག་པའོ། །བརྟག་པའི་གནས་ཐོབ་པར ་བྱེད་པ་ཉིད་ཀྱི་ཕྱིར་ཡོངས་སུ་བྱད་པའོ། །མངོན་པར་འདོད་པའི་དོན་ཐོབ་པ་ཕྱེད་ཀྱི་གྲོགས་ལ་བལྟོས་པ་མེད་པ་ཉིད་ཀྱི་ཕྱིར་འབའ་ཞིག་གོ་།ཚངས་པར་སྤྱོད་པ་ཞེས་བྱ་བ་ནི་འཕགས་པའི་ལམ་མོ། །ལྗོངས་རྒྱུ་ཞིང་ཞེས་བྱ་བ་ནི། དགོས ་པའི་དབང་གིས་འགྲོ་ཞིང་འཇུག་པར་བྱེད་པའོ། །རྣམ་པ་གཉིས་སུ་འགྱུར་རོ་ཞེས་བྱ་བ་ནི་རྒྱུད་གཉིས་སུ་འགྱུར་བའོ། །འཁོར་ལོས་སྒྱུར་བ་ཞེས་བྱ་བ་ནི་འཁོར་ལོས་རྒྱལ་སྲིད་ལ་འཇུག་པའི་ངང་ཚུལ་གྱི་རང་བཞིན་གང་ལ་ཡོད་པ་དེ་ནི ་འཁོར་ལོས་སྒྱུར་བའོ། །རི་རབ་ལ་བལྟོས་པའི་མཛའ་བཞི་གང་ལ་ཡོད་པ་དེ་ནི་མཛའ་བཞི་པ་སྟེ། གླིང་བཞི་པའི་བདག་པོ་བྱེད་ཅེས་བྱ་བའི་ཐ་ཚིག་གོ་།རྣམ་པར་བཏུལ་ནས་ཞེས་བྱ་བ་ནི་རྣམ་པར་རྒྱལ་བའི་ངང་ཚུལ་ཅན་ཏེ། འདི་ལ་མི་རྒྱལ་བའི་ཡུལ་ཡོད་པ ་མ་ཡིན་ནོ། །ཞེས་བྱ་བའི་བར་དུའོ། །ཆོས་སྤྱོད་པའི་ཕྱིར་ཆོས་དང་ལྡན་པའོ། །ཆོས་ཀྱི་རྒྱལ་བ་ཅན་ནི་ཆོས་ཀྱི་རྒྱལ་པོ་སྟེ། ཆོས་ཀྱི་རྒྱལ་སྲིད་བྱེད་པའི་ཕྱིར་རོ། །རྙེད་དཀའ་བ་དང། འདོད་པའི་དོན་གྱི་འབྲས་བུ་ཅན་ཡིན་པས་ན་རིན་པོ་ཆེ་ཞེས་བསྟན ་ཏོ། །བང?་མཛོད་ལ་དབང་བྱེད་པས་ན་ཁྱིམ་བདག་རིན་པོ་ཆེ་ཡིན་ནོ། །དམག་དཔོན་རིན་པོ་ཆེ་ནི། སྒྲུབ་པར་བྱེད་པའི་བདག་པོའོ། །མཆོག་ཏུ་སྤྲོ་བ་དང་ལྡན་པ་ཉིད་ཀྱི་ཕྱིར་དཔའ་བོའོ། །ལུས་ཀྱི་བྱ་བས་ཕ་རོལ་གྱི་སྟོབས་ཟིལ་གྱིས་གནོན་པའི་ནུས ་པ་བར་ལྡན་པ་ཉིད་ཀྱི་ཕྱིར་བསྟན་པའོ། །ཡན་ལག་དང་ཉིང་ལག་མཛེས་པ་ཉིད་ཀྱི་ཕྱིར་དང། གཟུགས་ཁ་དོག་བཟང་བ་ཉིད་ཀྱི་ཕྱིར་ཡན་ལག་མཆོག་གི་གཟུགས་སོ། །ཁ་ཅིག་ནི་དེ་ཡན་ལག་གི་མཆོག་གི་སྟོབས་དང་ལྡན་པ་ཞེས་བྱ་བར་འདོད ་དོ། །ཕ?་རོལ་གྱི་དཔུང་གི་ཚོགས་རྣམ་པར་འཇོམས་པ་ཡིན་པའི་ཕྱིར་ཕ་རོལ་གྱི་སྡེ་རབ་ཏུ་འདུལ་བར་བྱེད་པ་རྣམས་སོ། །ས་ཆེན་པོ་སྨོས་པས་ནི་གླིང་བཞི་པ་ཡོངས་སུ་བཟུང་བ་ཡིན་ནོ། །ས་ཆེན་པོ་དེ་མངོན་པར་བཀུག་ནས་ཞེས་བྱ་བ་ནི་དབང་དུ་བྱས ་ནས་ཏེ། ཀུན་ནས་གནོན་ཅེས་བྱ་བའི་ཐ་ཚིག་གོ་།གནས་པར་བྱེད་ཅེས་བྱ་བ་ནི། བདག་པོ་བྱེད་པའི་སྒོ་ནས་གནས་པར་བྱེད་པ་འམ། ལོངས་སྤྱོད་པར་བྱེད་པ་འམ། བསྲུང་བར་བྱེད་པའོ། །ཁྱད་པར་ཅི་ལྟ་བུ་ཅན་ཞིག་ཅེ་ན། མ་ལུས་པ་ལ་སོགས་པ ་སྨོས་ཏེ། ལྗོངས་ཐམས་ཅད་ལས་རྒྱལ་བའི་ཕྱིར་མ་ལུས་པའོ། །རྒྱལ་སྲིད་ཀྱི་དགྲ་ཚེར་མ་མེད་པའི་ཕྱིར་དགྲ་མེད་པ་སྟེ། གནོད་པའི་རྩོམ་པ་དང་ལྡན་པའི་རྒྱལ་ཕྲུག་ལ་སོགས་པ་ནི་རྒྱལ་སྲིད་ཀྱི་དགྲར་གྱུར་པ་ཡིན་ནོ། །དག་རྩུབ་མོའི་སྒོ་ནས ་གནོད་པ་མེད་པའི་ཕྱིར་གནོད་པ་མེད་པའོ། །རྣམ་པ་གང་གིས་མངོན་པར་བཀུག་པ་ཡིན་ཞེ་ན། ཆད་པ་མེད་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གསེར་ལ་སོགས་པའི་ཆད་པས་གཅད་པ་ལ་འཇུག་པ་མེད་པའི་ཕྱིར་ཆད་པ་མེད ་པས་སོ། །མཚོན་ཆས་ཚར་གཅོད་པ་མེད་པའི་ཕྱིར་མཚོན་ཆ་མེད་པས་སོ། །ཆོས་ཀྱིས་ཞེས་བྱ་བ་ནི་ཚུལ་གྱིས་ཏེ། སེམས་ཅན་རྣམས་དགེ་བ་བཅུའི་ལམ་ལ་སོ་སོར་འགོད་པར་མཛད་པའི་ཕྱིར་རོ། །སྙོམས་པར་ཞེས་བྱ་བ་ནི་བག་མེད་པ ་སྟེ། ཤེས་རབ་ཕུན་སུམ་ཚོགས་པ་དང་ལྡན་པ་ཉིད་ཀྱི་ཕྱིར་རོ། །གང་འཇིག་རྟེན་པ་ནི་སྙམས་པར་ཞེས་བྱ་བ་སྙན་པའི་ཚིག་གིས་ཞེས་བརྗོད་པར་བྱེད། །དེ་སྟེ་སྐྲ་དང་ཁ་སྤུ་བྲེགས་ནས་ཞེས་བྱ་བ་ལ། ན་ཚོད་ལ་བབ་པའི་སྐྲ་དང་ཁ་སྤུ ་ནང་གི་སྤྲས་པ་ཡོད་ན་རྒྱགས་པ་བསྐྱེད་པར་བྱེད་པ་ཉིད་ཀྱི་ཕྱིར་དེ་བྲེགས་པ་ཡིན་ལ། ཕྱི་རོལ་གྱི་སྤྲས་པ་གོས་དཀར་པོ་དེ་ཡོངས་སུ་སྤངས་ནས་ངུར་སྨྲིག་གིས་ཁ་བསྒྱུར་བའི་གོས་བགོས་ནས་སོ། །ཡང་དག་པ་ཁོ་ནའི་དད་པས་ཞེས་བྱ ་བ་ནི་ཡོན་ཏན་སྔོན་དུ་སོང་བའི་དད་པ་ནི། ཡང་དག་པའི་དད་པ་སྟེ། དེས་རབ་ཏུ་བྱུང་བར་གྱུར་ནའོ། །འདིར་བྱུང་བ་ནི། བྱུང་བ་དང་འགྲོ་བ་ལ་འཇུག་སྟེ། ཁྱིམ་ནས་འབྱུང་བར་བྱ་ཞིང། ཁྱིམ་མེད་པར་འགྲོ་བར་གྱུར་ནའོ། །གནས་ཆུང ་ངུ་ནི་ཁྱིམ་ཡིན་ཏེ། ཁྱིམ་ནས་བྱུང་བ་ལ་ཆུང་མ་དང་འདྲེ་བ་ཞེས་བྱ་བ་ཁྱིམ་ཆུང་ངུ་དེ་ཡང་མེད་པའི་ཕྱིར། ཁྱིམ་མེད་པར་འགྲོ་བར་འགྱུར་བའོ། །དེ་བཞིན་གཤེགས་པ་ཞེས་བྱ་བ་ནི། ཕྱིན་ཅི་མ་ལོག་པར་གསུང་པ་ཡིན་ལ། ཉོན་མོངས ་པ་ལ་སོགས་པའི་དགྲ་ངེས་པར་བཅོམ་པའི་ཕྱིར་དང། ཁམས་གསུམ་པོ་མ་ལུས་པས་མཆོད་པར་འོས་པ་ཉིད་ཡིན་པའི་ཕྱིར་དགྲ་བཅོམ་པ་ཡིན་ཞིང། དངོས་པོ་ཐམས་ཅད་ཕྱིན་ཅི་མ་ལོག་པར་ཐུགས་སུ་ཆུད་པའི་ཕྱིར་ཡང་དག་པར ་རྫོགས་པའི་སངས་རྒྱས་ཡིན་ནོ། །སྒྲ་གྲགས་པར་འགྱུར་རོ་ཞེས་བྱ་བ་ནི་འཇིག་རྟེན་མ་ལུས་པར་སྙན་པར་རབ་ཏུ་གྲགས་པར་གྱུར་པའོ། །མཆོག་ཏུ་བརྩམས་ལ་ཞེས་བྱ་བ་དེ་ནི་འབྲས་བུ་གཙོ་བོར་གྱུར་པ་པའོ། །རབ་ཏུ་རྒན་པ་དག་དང་ཞེས་བྱ་བ་ནི་མངོན ་རྒན་པ་དག་ལས་ཀྱང་ཤིན་ཏུ་རྒན་པ་སྟེ། རྒན་ཞིང་རྒན་པ་དེ་དག་དང་ངོ། །བཅོམ་ལྡན་འདས་གང་ན་བ་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཕྱོགས་གང་ན་བཞུགས་པའི་ཕྱོགས་རྒྱུར་གྱུར་པ་དེར་སོང་བའོ། །མངོན་དུ་ཞེས་བྱ་བ་ནི་མངོན་སུམ ་དུའོ། །ཡང་དག་པར་དགའ་བ་ནི་ཕན་ཚུན་དགེ་བའི་གཏམ་འདྲ་བར་བྱེད་པའོ། །ཡང་དག་པར་མགུ་བ་ནི་ཕན་ཚུན་ཡོན་ཏན་བརྗོད་པར་བྱེད་པའོ། །བྱས་ནས་འཁོད་དོ་ཞེས་བྱ་བ་ནི་རྫོགས་པར་བྱས་ནས་སྤངས་པ་འམ་འཕངས་པར་གྱུར་པའོ།། ་ཆོས་དང་ལྡན་པ་ཞེས་བྱ་བ་ནི་ཆོས་དང་བྲལ་བར་མ་གྱུར་པའོ། །ཡང་དག་པར་བསྟན་ཅེས་བྱ་བ་ལ་སོགས་པ་ལ། མི་ཤེས་པ་ཤེས་པར་བྱེད་པ་ནི་ཡང་དག་པར་སྟོན་པར་བྱེད་པ་སྟེ། བྱ་བ་ལུང་ཕོགས་པ་ཞེས་བྱ་བའི་ཐ་ཚིག་གོ་།ཡོངས་སུ་ཤེས་པར་དང་ལྡན ་པ་ལེ་ལོས་བཅོམ་པ་དག་ཡང་དག་པར་བཀོད་པ་ཡིན་ནོ། །བྱ་བའི་སྒོ་ནས་དགེ་བ་ལ་ཡང་དག་པར་བཀོད་པ་ཡིན་པའི་ཕྱིར་རོ། །ཡང་དག་པར་གཟེངས་བསྟོད་པ་ནི་མོས་པ་དམན་པ་དག་དངོས་པོ་ཁྱད་པར་དུ་འཕགས་པ་ལ་མངོན་པར་སྦྱོར་བ ་བསྐྱེད་པར་བྱེད་པའོ། །ཡང་དག་པར་དགའ་བར་བྱས་པ་ནི་མོས་བརྒྱ་ཆེ་བ་དག་ཀྱང་ལས་སུ་བྱ་བ་ཆེན་པོ་ལ་སྤྲོ་བ་ཡང་དག་པར་བསྐྱེད་པའི་ཕྱིར་ལས་སུ་བྱ་བ་དེ་བརྗོད་པ་ཡིན་ནོ། །སྐབས་སྐབས་སུ་གཏམ་ཟེར་བ་ཞེས་བྱ་བ་ནི་བར་བར་དུ་གཏམ་རབ ་ཏུ་འཇུག་པར་བྱེད་པའོ། །བླ་མའི་ཡུལ་ལ་གུས་པ་མེད་པའི་ཕྱིར་མ་གུས་པ་ཡིན་ལ། བདག་ཉིད་འགའ་ཞིག་ལ་ཡང་བདག་པོ་ཉིད་དུ་ལྟ་བ་མེད་པའི་ཕྱིར། ཞེས་གུས་པ་མེད་པ་སྟེ། རང་དབང་གིས་འཇུག་པར་བྱེད་ཅེས་བྱ་བའི་བར ་དུའོ། སེམས་སོ་ཞེས་བྱ་བ་ནི་སྨྲ་བར་འདོད་པའོ། །རིག་པ་གསུམ་གང་ལ་ཡོད་པ་དེ་ནི་གསུམ་རིག་པ་ཡིན་ཏེ། དེ་ཡང་ངེས་བརྗོད་དང། སྙན་དངགས་དང། མཆོད་སྦྱིན་གྱི་རིག་བྱེད་དོ། །ཇི་ལྟར་ཇི་ལྟར་ཞེས་བྱ་བ་ནི། ཡང ་དག་པར་བརྗོད་པ་ལ་འཇུག་པ་ཡིན་ནོ། །རྣམ་པ་གང་གིས་འགྲོ་བ་དང་འོང་བ་ཞེས་བྱ་བ་ལ་སོགས་པ་ལ། དེ་ལྟ་བུ་བརྗོད་པར་བྱེད་པ་ན་གུས་པ་མེད་པ་མ་ཡིན་ནོ། །གང་དེ་དག་ཅེས་བྱ་བ་ལ་སོགས་པ་ལ། གཙུག་པུད་བསལ་བས་སྐྱ་མེད་པ་ཉིད་ཀྱི ་ཕྱིར་མགོ་རེག་སྟེ་སྨད་པ་ཡིན་ལ། མགོ་རེག་སྨོད་པའི་དགེ་སྦྱོང་དག་ནི་དགེ་སློང་ངན་པ་མགོ་རེག་གོ་།གཉེན་རྣག་གི་ཚོགས་གང་ལ་ཡོད་པ་དེ་དག་ནི་གཉེན་ནག་པོ་ཅན་ཡིན་ཏེ། དེ་ལྟར་ཡང་བྲམ་ཟེའི་རིགས་ནི་དཀར་པོ་ཡིན་ལ། རིགས་གཞན་དག ་ནི་ནག་པོ་ཡིན་ནོ་ཞེས་འབྱུང་སྟེ། ཁྱེད་ཤིན་ཏུ་རིགས་གཞན་དུ་གྱུར་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ་།སྐྱེ་དགུ་རྣམས་ཀྱི་བདག་པོ་ནི་སྐྱེ་བའི་སྒོ་ནས་བུད་མེད་ཀྱི་ཡུལ་སྐྱེ་དགུའི་བདག་པོ་ཡིན་ཏེ། སྐྱེ་དགུའི་བདག་པོ་ཡོངས་སུ་ལེན་པ་གང་དག་ཡོད་པ ་མ་ཡིན་པ་དེ་དག་ནི་སྐྱེ་དགུའི་བདག་པོ་མེད་པ་སྟེ། བུ་མོ་ཡོངས་སུ་འཛིན་པ་གང་ལ་ཡོད་པ་མ་ཡིན་པ་དེ་དག་ནི་འཇིག་རྟེན་པ་རྣམས་ཀྱིས་ཤིན་ཏུ་སྨད་པ་ཡིན་ནོ་ཞེས་བྱ་བར་དགོངས་སོ། །དེ་དག་དང་ལྷན་ཅིག་ཏུ་ང་འདི་ལྟར་གུས་པ་མེད་པའི་གཏམ་ཡང ་དག་པར་འདྲེ་བར་བྱེད་པའོ། །དོན་དེ་དགོས་པ་གང་ལ་ཡོད་པ་དེ་ལ་ནི་དོན་དང་ལྡན་པ་སྟེ། དོན་དང་ལྡན་པ་ཡང་ཡིན་ལ་འོངས་པ་ཡང་ཡིན་པས་ན་དོན་དང་ལྡན་པར་འོངས་པའོ། །གང་ཞིག་དགོས་པས་རབ་ཏུ་འཇུག་པ་དེ་ནི་དོན་དང་ལྡན་པས་འོངས ་པ་ཡིན་ནོ། །ཁྱོད་དགོས་པས་ད་ལྟར་ཡང་བླ་མའི་ཁྱིམ་དུ་གནས་བཅས་པ་དེའི་ཕྱིར་གཞན་གྱི་དབང་དང་མངགས་པ་ཡིན་པ་འམ། ཡང་ན་བླ་མའི་ཁྱིམ་དུ་གནས་བཅས་པ་དག་གི་བླ་མར་བྱེད་པ་མངོན་སུམ་དུ་སོང་བ་ཅན་གྱི་ཀུན་ཏུ་སྤྱོད་པ ་མི་གནང་བ་དེ་ནི་རིགས་པ་མ་ཡིན་ནོ་ཞེ་ན། དེའི་ཕྱིར་དེའི་གནས་མ་བཅས་པ་སྟེ་ཞེས་བྱ་བ་སྨོས་པ་ཡིན་ཏེ། དེ་དག་ནི་བླ་མའི་སྐྱེ་བོ་ལ་བསྙེན་བཀུར་མ་བྱས་པར་འདིར་འོངས་པ་ཡིན་ཏེ། བྲམ་ཟེའི་བུ་ཨམ་པ་སྟ་བླ་མའི་ཁྱིམ་དུ་གནས་པའི་འབྲས་བུ་བླ་མར་བྱེད་པ་མེད ་པའི་ཕྱིར་བླ་མའི་ཁྱིམ་ན་འདུག་པ་མ་ཡིན་ནོ། །མ་མགུ་བ་ནི་ཐོག་མར་ཁྲོ་བས་ཟིལ་གྱིས་མནན་པ་ཡིན་ནོ། །ཁྲོ་བོ་སྔོན་དུ་སོང་བ་ཅན་གྱིས་ལུས་འགྱུར་བར་བྱེད་པའི་ཕྱིར་ཁྲོས་པ་ཡིན་ནོ། །ཁྲོ་བའི་ཚིག་བརྗེད་པར་འདོད་པ་དེ་ནི་གཏུམ་པོར་གྱུར་པ་ཡིན་ནོ། །ཡི ་མ་རངས་པ་ནི་སེམས་མགུ་བར་མ་གྱུར་པ་ཡིན་ནོ། །སྨྲ་བར་འདོད་པ་ཞེས་བྱ་བ་ནི་ཚིག་ངན་པའོ། །སྨོད་པར་འདོད་པ་ཞེས་བྱ་བ་ནི་ཚར་གཅོད་པར་བྱེད་འདོད་པའོ། །གླེང་བར་འདོད་པ་ཞེས་བྱ་བ་ནི་མངོན་པར་འདོད་པ་མ་ཡིན་པའི་ཚིག་སྨྲ་བར་འདོད་པའོ། ། ་དྲན་པར་བྱ་བ་ཉིད་དུ་འདོད་པ་ཞེས་བྱ་བ་ནི་དྲན་པ་མེད་པ་དྲན་པ་བསྐྱེད་པར་མངོན་པར་འདོད་པའོ། །ད་ལྟར་གྱི་ཞེས་བྱ་བ་ནི་ཡོངས་སུ་ཤེས་པ་མེད་པར་སྐྱེས་པ་ད་ལྟར་གྱི་དུས་སུ་བྱུང་བ་སྟེ། གོ་རིམ་གཞན་མ་ཡིན་པ་ཞེས་བྱ་བའི་ཐ་ཚིག་གོ་།ཡང་ན་གླང་པོ ་ཆེ་འོས་པ་གང་ཡིན་པ་དེ་དག་ནི་རྒྱལ་རིགས་ཡིན་ཏེ། བྲམ་ཟེ་དག་ལས་དམན་པར་གྱུར་པ་ཡིན་ནོ། །བསྙེན་བཀུར་མི་བྱེད་ཅེས་བྱ་བ་ནི་འདི་ཆེན་པོ་ཡིན་ནོ་ཞེས་བྱ་བ་དེ་ལྟ་བུའི་སེམས་ཀྱིས་འཛིན་པར་མི་བྱེད་པའོ། །བླ་མར་མི་བྱེད་ཅེས་བྱ་བ་ནི་ཁོ་བོ་ལ་བླ་མའི་གནས ་སུ་བལྟ་བར་མི་བྱེད་པའོ། །བཙུན་པར་མི་བྱེད་ཅེས་བྱ་བ་ནི་རིགས་བཟང་པོ་ཡིན་ནོ། །ཞེས་དེ་ལྟར་ལྟ་བར་མི་བྱེད་པའོ། །མཆོད་པར་མི་བྱེད་ཅེས་བྱ་བ་ནི་ལུས་ཀྱིས་ཕྱག་འཚལ་བ་ལ་སོགས་པའི་མཆོད་པ་མི་བྱེད་པའོ། །ཁུག་རྟ་ཞེས་བྱ་བ་ནི་བྱའི་རིགས ་ལུས་ཀྱི་ཚང་ཆུང་བའོ། །བདག་ཉིད་ཅེས་བྱ་བ་ནི་ཤཱཀྱ་རྣམས་ཀྱི་གྲོང་ཁྱེར་རོ། །བདག་ཉིད་ཀྱིས་ཞེས་བྱ་བ་གཉིས་པ་སྨོས་པས་ནི་གྲོང་ཁྱེར་བདག་ཉིད་ཀྱིས་བྱས་པ་ཉིད་དུ་སྟོན་པར་བྱེད་པ་ཡིན་གྱི། གྲོང་ཁྱེར་དེ་དག་གཞན་གྱིས་སྟོབས་ཀྱིས་བཟུང་བར ་གྱུར་པ་ནི་མ་ཡིན་ནོ། །རྒྱུད་བཅལ་བ་ནི་དང་པོར་རྒྱུད་བསྒྲུབ་པའོ། །ཤིན་ཏུ་བྱ་བ་ནི་ཤིན་ཏུ་བརྒལ་བའི་དོན་དང། རྫུན་པ་ཞེས་བྱ་བའི་བར་དུའོ། །སྐབས་ཞེས་བྱ་བ་ནི་གནས་སྐབས་ཡིན་ནོ། །ཆོས་བཞིན་དུ་ཞེས་བྱ་བ་ནི་ཚུལ་གྱིས་སོ། །རབ་ཏུ་འདུད་པ་ནི ་ཚར་བཅད་ཅིང་གནས་པ་མེད་པ་ཞེས་བྱ་བའི་ཐ་ཚིག་གོ་།ལྗོངས་ཐ་མལ་པ་ནི་ཡུལ་འཁོར་ཡིན་ལ། ལྗོངས་ཀྱི་ཕྱོགས་གཅིག་ནི་ཡུལ་ཡིན་ནོ། །གངས་རིའི་དྲུང་ཞེས་བྱ་བ་ནི་ཁ་བ་ཅན་གྱིས་བསྐོར་བའི་རི་བོའི་ཤམ?་དགོ་།ཆུ་བོ་བྷ་གི་ར་ཐ་དེ་དུས་དེའི་ཚེ་དྲང་སྲོང ་གི་དམོད་པས་དེར་ཁྲིད་ལས་དེའི་ཕྱིར་བྷ་གི་ར་བའི་འགྲམ་ཞེས་བྱའོ། །ད་ལྟར་ནི་དཔག་ཚད་བདུན་ཅུས་པར་དུ་ཆོད་པར་ཆུ་བོ་གཾ་གཱ་འབབ་པ་ཡིན་ནོ། །སྤྱིལ་པོ་ནི་རྩཝའི་སྤྱིལ་བུའོ། །དེར་འདོད་ཆགས་དེས་ཤིན་ཏུ་གནོད་པར་གྱུར་པས་སྐྱ་བོ་བསེང་བསེང ་བོར་གྱུར་པ་ན་དྲང་སྲོང་སེར་སྐྱས་ཁྱེད་ཅག་ཅིའི་ཕྱིར་དེ་ལྟ་བུའི་རྣམ་པ་སྐྱེས་པར་གྱུར་ཅེས་དྲིས་པ་ན། དེ་དག་གིས་ཇི་ལྟར་གྱུར་པ་སྨྲས་པ་དང། དྲང་སྲོང་གིས་འདི་ལྟ་སྟེ། མས་དབྱེའི་སྲིང་མོ་དག་དང་ལྷན་ཅིག་དགའ་མགུར་སྤྱོད་ཅིག་ཅེས་སྨྲས་པ་དང། ་དེ་དག་གིས་དྲང་སྲོང་གི་ཚིག་ཚད་མར་བྱས་ནས། མས་དབྱེའི་སྲིང་མོ་དག་དང་དགའ་མགུར་སྤྱོད་པར་གྱུར་ཅེས་བྱ་བའི་བར་དུའོ། །གཞོན་ནུ་དག་གིས་དེ་ལྟར་བྱེད་ནུས་སམ་ཞེས་བྱ་བ་ལ། མས་དབྱེའི་སྲིང་མོ་དག་དང་འཚོས་པ་ལས་ངན་པར་གྱུར་པའོ།། ་ཆེད་དུ་བརྗོད་པ་ཆེད་དུ་བརྗོད་དེ་ཞེས་བྱ་བ་ནི་མངོན་པར་འདོད་པའི་ཚིག་མངོན་པར་འདོད་པ་ཉིད་ཀྱི་སྒོ་ནས་རབ་ཏུ་སྒྲོགས་པར་བྱེད་པའོ། །ེ་མའོ་ནུས་སོ་ཞེས་བྱ་བ་ལ་ཨེ་མའི་སྒྲ་ནི་འདིར་རབ་ཏུ་དགའ་བ་ཡིན་ལ། ལས་ནུས་པ་གང་ལ་ཡོད་པ་དེ་དག ་ནི་ཤཱཀྱ་ཡིན་ལ། བསོད་ནམས་ཆེན་པོ་ནི་ཡོན་ཏན་དང་བསོད་ནམས་ཀྱིས་ཆེན་པོར་གྱུར་པའོ། །ཐོག་མ་ནི་དུས་རྩོམ་པ་ཡིན་ནོ། །རྒྱུད་ནི་རུས་ཀྱི་རྒྱུད་ཀྱི་འབྲེལ་པའོ། །གདོལ་པའི་རིགས་ལས་སྐྱེས་པ་ནི་གདོལ་བའི་རིགས་ཅན་ནམ། གཞན ་འགའ་ཞིག་གི་རྒྱུད་ཀྱི་རིགས་ཡིན་ནོ། །ཀྱེ་ཞེས་བྱ་བ་ནི་འབོད་པའི་ཚིག་ཡིན་ནོ། །དྲིལ་ཕྱིས་ནི་དྲི་བཟང་པོའི་རྫས་ཀྱི་ཕྱེ་མས་སོ། །རྡོ་རྗེ་གང་གི་ཕྱག་ན་མདའ་བ་དེ་ནི་ཕྱག་ན་རྡོ་རྗེའོ། །ཀུན་ཏུ་འབར་བ་ཞེས་བྱ་བ་ལ་སོགས་པ་ལ་འགའ་དང་འགའ་ཞིག་ན ་ཆུང་ངུ་འབར་བ་ཡིན་ནོ། །འབར་བ་དེ་དག་ཉིད་འབྲེལ་པར་གྱུར་པ་ནི་རབ་ཏུ་འབར་བ་ཉིད་ཡིན་ནོ། །རྒྱུན་མི་འཆད་པ་ཉིད་དུ་འབར་བས་ན་ཀུན་རབ་ཏུ་འབར་བ་ཉིད་ཡིན་ནོ། །ཀུན་ཏུ་འབར་བ་དག་གཅིག་ཏུ་གྱུར་པ་ནི་གཅིག་ཏུ་འབར་བར་གྱུར་པ་ཉིད་ཡིན་ནོ།། ་བསམས་པ་ནི་ཚིག་པར་གྱུར་པའོ། །དུས་ལས་འདས་པ་ནི་དུས་ལ་བབ་པར་གྱུར་པའོ། །ཐེག་མར་དངངས་པའི་ཕྱིར་འཇིགས་པ་ཡིན་ནོ། །སྐྲག་པའི་རྒྱུ་མཐོང་བའི་ཕྱིར་དངངས་པ་ཡིན་ནོ། །ལོག་པར་ལྟུང་སྲིད་པའི་ཕྱིར་ཀུན ་ནས་སྐྱོ་བའོ། །ཡོངས་སུ་སྐྱོ་བར་གྱུར་པ་དམིགས་པའི་ཕྱིར་བ་སྤུ་ལྡང་བར་གྱུར་ནས་སོ། །ཁྱེད་བདེན་ནོ་ཞེས་བྱ་བ་ནི་གཽ་ཏ་མ་ཁྱོད་ཀྱིས་གསུངས་པ་འདི་ལྟ་སྟེ། བྲམ་ཟེའི་བུ་ཨམ་པ་སྟ་ནི་ཤཱཀྱ་རྣམས་ཀྱི་བྲན་མོའི་བུ་ཡིན་ནོ། །ཞེས་བྱ་བའི་ཚིག་དེ་ནི ་བདེན་པའོ། །རྫུ་འཕྲུལ་ཆེ་བ་ནི་ཏིང་ངེ་འཛིན་གྲུབ་པའོ། །མཐུ་ཆེ་བ་ནི་ངོ་མཚར་ཉེ་བར་སྟོན་པའི་ནུས་པ་དང་ལྡན་པའོ། །བྲམ་ཟེའི་དམོད་པས་ཞེས་བྱ་བ་ནི་ཚིག་རྩུབ་པོས་སོ། །ངོ་ཚ་བ་ནི་ཞུམ་པས་ཇི་ལྟར་བྱ་བ་ལ་སྔོས་པར་གྱུར་པའོ། །ཕྲག་པ ་གཉིས་འོག་ཏུ་ལྟུང་བར་འགྱུར་བ་ཉིད་ཀྱི་ཕྱིར་ཕྲག་པ་ཕབ་པའོ། །ངོ་ཚ་བས་མགོ་ཐུར་དུ་བལྟས་པ་ནི་གདོང་སྨད་པའོ། །བསམས་པ་རྣམ་པ་སྣ་ཚོགས་ཀྱི་དབང་དུ་གྱུར་པ་ནི་རབ་ཏུ་སེམས་པའོ། །ཚིག་སྨྲ་བའི་ནུས་པ་མེད་པ་ནི་ཅང་མི་སྨྲ་བར ་འདུག་པའོ། །སྨྲ་བར་བྱའོ་ཞེས་བྱ་བ་ནི་ཚིག་རྗོད་པར་བྱ་བའོ། །ལྷན་ཅིག་འཚོས་པ་ལས་ཞེས་བྱ་བ་ནི་སྐྱེས་པ་དང་བུད་མེད་སྦྱོར་བའི་རྒྱུར་གྱུར་པའོ། །སྟན་ཞེས་བྱ་བ་ནི་ཉེ་བར་འདུག་པའི་དུས་ཀྱིའོ། །ཆུ་ཞེས་བྱ་བ་ནི་ཐོག་མའི་ཆུ་འམ། རྐང ་བཀྲུས་ཀྱི་ཆུའོ། །སྔགས་ཞེས་བྱ་བ་ལ་རིག་བྱེད་ཀྱི་དོན་རྣམ་པར་འབྲེལ་པ་ནི་སྔགས་ཡིན་ནོ། །ཀློག་པ་ཞེས་བྱ་བ་ནི་རིག་བྱེད་ལ་སོགས་པ་ཀློག་པར་བྱེད་པའོ། །རྒྱལ་རིགས་སུ་དབང་བསྐུར་བ་ནི་རྒྱལ་རིགས་དག་གི་ཆོ་ག་སྔོན་དུ་སོང ་བ་ཅན་ཉེ་བར་ཐོབ་པ་འམ། རྒྱལ་སྲིད་ལ་དབང་བསྐུར་བ་ཡིན་ནོ། །ཕའི་སྤུན་ཟླ་ནི་ཁུ་བོ་ཡིན་ཏེ། དེའི་བུ་ཡིན་ནོ། །རྒྱལ་རིགས་ཕན་ཚུན་རིགས་མཚུངས་པའི་ཕྱིར་སྤུན་ཟླ་ཡིན་ཏེ། སྤུན་ཟླའི་བུ་ཞེས་བྱ་བ་ནི་གཞུང་གཞན་ནོ། །སྲིང་མོའི་བུ་ནི་རྣག ་གི་ཚ་བོ་ཡིན་ནོ། །ཐམས་ཅད་ཚངས་པ་ཉིད་ལས་སྐྱེས་པ་དེའི་ཕྱིར་རྒྱལ་རིགས་མ་ཡིན་བྲམ་ཟེའི་ཕྱིར་མོ་ཡིན་ནོ། །རྣམ་པ་ཀུན་ལས་བྲམ་ཟེའི་དག་ལས་ཕྱི་རོལ་ཏུ་བྱས་པའི་ཕྱིར་བྲམ་ཟེའི་དིགས་ངན་ཡིན་ནོ། །རུས་ལས་ཞེས་བྱ་བ་ནི་གང ་གི་ཕྱིར་རྒྱལ་རིགས་ལས་ཕྱི་རོལ་ཏུ་བྱས་པ་བྲམ་ཟེ་དག་ལས་སྟན་ལ་སོགས་པ་ཐོབ་པ་ཡིན་ལ། བྲམ་ཟེའི་གཞོན་ནུ་ནི་བྲམ་ཟེ་དག་གིས་ཕྱི་རོལ་ཏུ་བྱས་པ་བྲམ་ཟེ་དག་ལས་ཀྱང་སྟན་ལ་སོགས་པ་ཐོབ་པ་མ་ཡིན་པ་དེའི་ཕྱིར་རུས ་ལ་སོགས་པ་བྲམ་ཟེ་དག་ལས་རྒྱལ་རིགས་གཙོ་བོར་གྱུར་པ་ཡིན་ནོ། །ཕན་ཚུན་བརྒྱུད་པས་སྐྱེས་པ་ནི་རྒྱུད་ཡིན་ལ། གཽ་ཏ་མ་ལ་སོགས་པ་ནི་རིགས་ཡིན་ཏེ། རྐང་གཉིས་གང་དག་རིགས་ཀྱི་རྗེས་སུ་འབྲང་ཞིང་རིགས་དང་འབྲེལ་པ ་དེ་དག་ནི་རྐང་གཉིས་ནང་ན་རྒྱལ་རིགས་མཆོག་སྟེ་གཙོ་བོར་གྱུར་པ་ཡིན་ནོ། །ལྷ་དང་མིར་བཅས་པའི་འཇིག་རྟེན་དག་གིས་ཡང་རིག་པ་དང་ཞབས་སུ་ལྡན་པ་ནི་མཆོག་སྟེ་གཙོ་བོར་གྱུར་པ་ཡིན་ནོ། །རིག་པ་ནི་གསུམ་སྟེ། སྔོན ་གྱི་གནས་ཤེས་པ་དང། འཆི་ཕོ་དང་སྐྱེ་བ་ཤེས་པ་དང། ཟག་པ་ཟད་པ་ཤེས་པའོ། །རྐང་པ་ནི་ཟག་པ་མེད་པའི་ཚུལ་ཁྲིམས་ཡིན་པ་འམ། ཡང་ན་རིག་པ་ནི་ཟག་པ་མེད་པའི་ཡང་དག་པའི་ལྟ་བ་ཡིན་ལ། རྐང་པ་ནི་ལམ་གྱི་ཡན ་ལག་བདུན་ཡིན་ནོ། །ལེགས་པར་བཤད་པ་ནི་དོན་བཟང་པོ་དང་ལྡན་པའོ། །གོ་འཕངས་བཟང་པོ་དང་ལྡན་པ་ཉིད་ཀྱི་ཕྱིར་བདེ་འགྲོའོ། །རང་གི་བུ་མོ་སྟེར་བ་ནི་བག་མར་བཏང་བ་ཡིན་ལ། གཞན་གྱི་བུ་མོ་ལེན་པར་བྱེད་པ་ནི་བག་མ་ལེན་པ་ཡིན་ནོ། །རུས་སྨྲ་བ་ཞེས ་བྱ་བ་ལ་སོགས་པ་ལ་རུས་ནི་རྒྱལ་རིགས་པ་སོགས་པ་ཡིན་ནོ། །རིགས་ནི་གཽ་ཏ་མ་ལ་སོགས་པ་ཡིན་ནོ། །བྲམ་ཟེའི་བུ་འདེན་པ་དང་ལྡན་པ་རིག་བྱེད་དང་རིག་བྱེད་ཀྱི་འདིར་ཡན་ལག་རིག་པ་གང་ཡིན་པ་དེ་འདི་ལྟ་སྟེ་བྲམ་ཟེའི་རུས་དག་པར་འགྱུར་གྱི། ་གཞན་རྒྱལ་རིགས་ཀྱི་རུས་འགའ་ཞིག་ཅེ་འམ། གཽ་ཏ་མའི་རིགས་དག་པར་འགྱུར་གྱི། རིགས་མ་ཡིན་ནོ་ཞེས་སྨྲ་བའོ། །བྲམ་ཟེའི་བུ་འདོན་པ་དང་ལྡན་པ་དག་པར་འགྱུར་གྱི། གཞན་འགའ་ཞིག་ཀྱང་མ་ཡིན་ཞེས་དེ་སྐད་སྨྲ་བ་དེ་དག་ལ་ཆགས ་ཤིང་ཞེན་པ་གང་ཡིན་པ་དེ་དག་ནི་སྐལ་བ་མེད་པ་སྟེ་རུང་བ་མ་ཡིན་ནོ། །འདི་དག་ནི་ཞེས་བྱ་བ་ནི་བཤད་པར་གྱུར་པའོ། །བླ་ན་མེད་པ་ཞེས་བྱ་བ་ནི་གཙོ་བོར་གྱུར་པའོ། །རིག་པ་དང་རྐང་པར་ལྡན་པ་ཞེས་བྱ་བ་ནི་རིག་པ་དང་རྐང་པར་འབྱོར་པའོ།། ་མངོན་སུམ་དུ་བྱས་པའི་སྒོ་ནས་ཁོང་དུ་ཆུད་པའོ། །སྤོངས་ཤིག་ཅེས་བྱ་བ་ནི་ཡོངས་སུ་དོར་བའོ། །འདིར་ལྟར་མངོན་པར་དད་པར་གྱུར་པ་ཞེས་བྱ་བ་ལ་སོགས་པ་ལ། ཁོ་བོ་བཅོམ་ལྡན་འདས་ཀྱི་ཡུལ་ལ་མངོན་པར་དང་བར་གྱུར་པ་སྟེ། ཡོན་ཏན ་ལ་སེམས་པ་སྐྱེས་པར་གྱུར་ཅེས་བྱ་བའི་ཐ་ཚིག་གོ་།ཡོན་ཏན་སེམས་པ་ཉིད་བསྟན་པའི་ཕྱིར་གང་ཡང་མ་བྱུང་ངོ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། སངས་རྒྱས་བཅོམ་ལྡན་འདས་མ་གཏོགས་པ་ཁྱོད་དང་ཡོན་ཏན་གྱི་སྒོ་ནས་མཚུངས་པའི ་སེམས་ཅན་གྱི་རིགས་འགའ་ཞིག་འདས་པའི་དུས་སུ་མ་བྱུང་ལ། མ་འོངས་པའི་དུས་སུ་ཡང་འབྱུང་བར་མི་འགྱུར་ཞིང། དེ་ལྟར་ཡང་སངས་རྒྱས་གཉིས་པ་མེད་པའི་ཕྱིར་འཁོར་བའི་དཀྱིལ་འཁོར་མ་ལུས་པ་ན་ཁྱོད་དང་ཡོན་ཏན་གྱི་སྒོ་ནས ་མཚུངས་པ་ད་ལྟར་གྱི་དུས་ན་ཡང་ཡོད་པ་མ་ཡིན་ནོ། །ལེགས་ཀྱི་ཞེས་བྱ་བ་ནི་ཆོས་བསྟན་པ་རིགས་པ་ཡིན་ནོ། །ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཞིག་ཅེས་བྱ་བའི་ཚིག་གསུམ་པོ་དེ་དག་ནི་ཉན་པ་པོ་རྣམས་སེམས་བསྐྱེད་པའི ་བྱེ་བྲག་ལ་ངེས་པར་སྤྱད་པ་ཡིན་ཏེ། ཉན་པ་པོ་ཁ་ཅིག་ཁ་སྤུབ་པ་དང་འདྲལ། ཁ་ཅིག་སྣོད་ཞབས་རྡོལ་བ་དང་འདྲ་ཞིང། ཁ་ཅིག་སྣོད་མི་གཙང་བ་དང་འདྲ་བ་ཡིན་ནོ། །ཁ་སྤུབ་པ་ལ་ཆུ་འཇུག་པར་མི་འགྱུར་ཞིང། ཞབས་རྡོལ་བ་ལ་འཇུག་ཏུ་ཟིན་ཀྱང ་གནས་པར་མི་འགྱུར་ལ། མི་གཙང་བ་ལ་འཇུག་ཅིང་གནས་སུ་ཟིན་ཀྱང་བཏུང་བར་བྱ་བ་མ་ཡིན་པ་དེ་བཞིན་དུ། འགའ་ཞིག་གི་ཡིད་ལ་ཆོས་བཤད་པར་གྱུར་པ་ན། འཇུག་པར་མི་འགྱུར་ཏེ། འཛིན་པར་མི་ནུས་པའི་ཕྱིར་རོ། །ཁ་ཅིག་ལ་འཇུག་ཏུ ་ཟིན་ཀྱང་གནས་པར་མི་འགྱུར་ཏེ། བརྗེད་པའི་ཕྱིར་རོ། །ཁ་ཅིག་ལ་འཇུག་ཅིང་གནས་ཀྱང་ཚུལ་བཞིན་མ་ཡིན་པའི་ཡིད་ལ་བྱེད་པའི་དབང་གིས་ལག་པར་བཟུང་བར་འགྱུར་པ་དེའི་ཕྱིར། འདིར་བཅོམ་ལྡན་འདས་ཀྱིས་སྣོད་ཁ་སྤུབ་པ་ལ་སོགས ་པའི་དཔེ་གསུམ་པོ་དག་གིས་དགེ་སློང་དེ་དག་གིས་སེམས་རྣམ་པར་བཟློག་ནས། ཁ་གྱེན་དུ་བལྟ་བ་དང། བསྟན་པ་དང། གཙང་མའི་སྣོད་ཀྱི་དཔེ་ཅན་གྱི་སེམས་དག་ལ་ངེས་པར་སྦྱར་བ་ཡིན་ནོ། །ལེགས་པར་གྱིས་རབ་ཏུ་གྱིས་ཡིད་ལ་གྱིས ་ཞེས་བྱ་བ་ཡིན་པས་རྩེ་གཅིག་པའི་ཕྱིར་ལེགས་པ་ཡིན་ལ། མི་བརྗེད་པའི་ཕྱིར་རབ་ཏུ་ཉན་པ་ཡིན་ཞིང་ཚུལ་བཞིན་ཡིད་ལ་བྱེད་པས་འཇུག་པའི་ཕྱིར་ཡིད་ལ་བྱེད་པ་ཡིན་ནོ། །སྟོན་པར་མཛད་པས་ན་སྟོན་པ་སྟེ། གང་རྗེས་སུ་མཐུན་པར་ལུང ་འབོག་པ་སྦྱིན་པར་མཛད་པ་ལ་མཁས་པའོ། །ཁྱིམ་བདག་ཅེས་བྱ་བ་ནི་གང་འགའ་ཞིག་རིགས་བཞི་པོ་དག་ལས་ཁྱིམ་གྱི་བདག་པོར་གྱུར་པའོ། །ཁྱིམ་བདག་གི་བུ་ཞེས་བྱ་བ་ནི་ན་ཚོད་རྒས་པར་གྱུར་པ་མ་ཡིན་པ་གང་ཡིན་པ་དེ་ཡང་ངོ།། ་ཁྱིམ་བདག་སྨོས་པས་ཇི་སྐད་དུ་སྨོས་པའི་བྲམ་ཟེ་དག་པར་འགྱུར་ཞིང་བྲམ་ཟེ་མ་ཡིན་ནོ། །ཞེས་སྟེན་ཅིང་སྨྲ་བ་དེ་དག་བསལ་བ་ཡིན་ཏེ། རིགས་ཐམས་ཅད་དག་པ་དམིགས་པ་སྲིད་པའི་ཕྱིར་རོ། །ཁྱིམ་བདག་གི་བུ་སྨོས་པས་གང་འདི་སྙམ་དུ ་འདི་ལྟ་སྟེ་གཞོན་ནུའི་སྐབས་སུ་ཐར་པ་ཐོབ་པ་མེད་དོ། །ཞེས་སེམས་ཤིང་སྨྲ་བ་དེ་དག་བཀག་པ་ཡིན་ཏེ། ན་ཚོད་གཞོན་པ་དག་ལ་ཡང་དག་པ་ཉིད་མཐོང་བའི་ཕྱིར་རོ། །ཡོན་ཏན་ལ་སེམས་པ་ནི་དད་པ་ཡིན་ཏེ། སོ་སོར་ཐོབ་པའོ། །སོ་སོ ་ཡང་དག་པར་སློབ་པ་ནི་དཔྱོད་པར་བྱེད་པའམ་སེམས་ངེས་པར་འཛིན་པའོ། །གནོད་པ་ཞེས་བྱ་བ་ནི་བུ་དང་ཆུང་མ་ལ་སོགས་པ། གསོ་བའི་སྒོ་ནས་ཤིན་ཏུ་ཉམས་ང་བར་གྱུར་པའོ། །རྡུལ་གྱི་གནས་ཞེས་བྱ་བ་ནི་ཉོན་མོངས་པ་རྣམ་པ་མང་པོ ་སྐྱེ་བའི་གནས་སམ། སྡུག་བསྔལ་དང་སྐྱོ་བ་རྣམ་པ་དུ་མའི་གནས་སུ་གྱུར་པའོ། །རབ་ཏུ་བྱུང་བ་ནི་དྲི་མ་མེད་པ་ཞེས་བྱ་བ་ལ་ཁྱིམ་གྱི་གནས་རྣམ་པ་མང་པོས་དཀྲུགས་པ་དང་རྣམ་པར་དཀྲུགས་པར་རོ། །བྲལ་བ་ནི་ཉོན་མོངས་པའི་སྒོ་དུ་མ་སྐྱེ ་བ་དང་བྲལ་བས་དོག་པ་མེད་པའོ། །བྱ་དགའ་བ་ཞེས་བྱ་བས་ནི་དཀའ་བས་བསྒྲུབ་པ་ཉིད་དུ་མི་ནུས་པ་ཡིན་ནོ། །ཁྱིམ་ན་གནས་པའི་ཕྱིར་ཁྱིམ་པའོ། །ཁྱིམ་ན་གནས་པ་ཞེས་བྱ་བ་ནི་ཆུང་མ་ཡོངས་སུ་འཛིན་པར་གྱུར་པས་སོ། །ཇི་སྲིད ་འཚོའི་བར་དུ་ཞེས་བྱ་བ་ནི་འཚོ་བའི་མཐར་ཐུག་པའི་བར་དུའོ། །གཅིག་ཏུ་རྙོག་པ་མེད་པར་གྱུར་པ་ཞེས་བྱ་བ་ནི་གཅིག་ཏུ་དྲི་མ་མེད་པར་སྒྲུབས་པ་སྟེ། རྙོག་པ་ཐམས་ཅད་དང་བྲལ་བ་འགྱུར་ཅེས་བྱ་བའི་དོན་ཏོ། །ཡོངས་སུ་རྫོགས ་པ་ཞེས་བྱ་བའི་བཤད་པ་ནི་སྔ་མ་བཞིན་ནོ། །དེས་འདི་སོ་སོར་བརྟགས་ནས་ཞེས་བྱ་བ་ནི་ཤེས་རབ་ཀྱིས་ཡོངས་སུ་དཔྱོད་པའམ། སེམས་ལ་རབ་ཏུ་འབྱུང་བ་བཟོད་པ་ཉིད་དུ་བྱས་པར་གྱུར་པའོ། །ལོངས་སྤྱོད་ཀྱི་ཕུང་པོ་ནི་དབྱིག་དང། ་གསེར་དང། གྲོང་ལ་སོགས་པའི་ཚོགས། །གཉེན་གྱི་འཁོར་ཞེས་བྱ་བ་ནི་གཉེན་བརྒྱུད་པའམ་གཉེན་གྱི་ཚོགས་ཡིན་ནོ། །ཚུལ་ཁྲིམས་དང་ལྡན་པ་ཞེས་བྱ་བ་ནི་ཤིན་ཏུ་ཚུལ་ཁྲིམས་དང་འབྱོར་བ་ཡིན་ནོ། །སོ་སོར་ཐར་པའི་སྡོམ་པས ་བསྡམས་པ་ཞེས་བྱ་བ་ནི་དགེ་བསྙེན་དང། དགེ་ཚུལ་དང། དགེ་སློང་གི་སྡོམ་པ་དང་ལྡན་པའོ། །སྤྱོད་པ་དང་ལྡན་པ་ཞེས་བྱ་བ་ལ་ཀུན་ཏུ་སྤྱོད་པ་ནི་སྤྱོད་པ་སྟེ། གནས་ན་གནས་པའི་དགེ་སློང་གི་བྱ་བ་དེ་དང་ལྡན་ཞིང་འབྱོར་པའོ། །སྤྱོད་ཡུལ་དང་ལྡན་པ ་ཞེས་བྱ་བ་ནི་བསོད་སྙོམས་ལ་སོགས་པའི་རྒྱུ་མཚན་གྱིས་འགྲོ་བར་བྱེད་པ་དགེ་སློང་གི་བྱ་བ་དང་ལྡན་པའོ། །རྡུལ་ཙམ་ལ་ཡང་ཞེས་བྱ་བ་ནི་དམ་པ་རྣམས་ཀྱིས་སྨད་པ་ཉེས་བྱས་ཀྱི་ཁ་ན་མ་ཐོ་བ་ཆུང་ངུ་ཡིད་ཀྱིས་བསྡམ་པར་བྱ་བ་དག་ལའོ། ། ་འཇིགས་པར་ལྟ་བ་ཞེས་བྱ་བ་ནི་འཇིགས་པར་ལྟ་བའི་དང་ཚུལ་གྱི་རང་བཞིན་གང་ལ་ཡོད་པ་དེ་ནི་འཇིགས་པར་ལྟ་བའི་ངང་ཚུལ་གྱི་རང་བཞིན་གང་ལ་ཡོད་པ་དེ་ནི་འཇིགས་པར་ལྟ་བ་སྟེ། གང་འཇིག་རྟེན་པ་དང་བདག་གི་ཆོས་ཀྱི་དབང་དུ་བྱེད་པས ་ཁ་ན་མ་ཐོ་བ་ཆུང་ངུ་ལ་ཡང་སྤྱོད་པར་མི་བྱེད་པ་ཡིན་ནོ། །ཇི་ལྟར་ན་ཚུལ་ཁྲིམས་དང་ལྡན་པར་གྱུར་པ་ཡིན་ཞེ་ན། སྲོག་གཅོད་པ་སྤངས་ཏེ་ཞེས་བྱ་བ་ལ་སོགས་པ་སྨྲས་པ་སྟེ། ཤིན་ཏུ་ལྟུང་བར་བྱེད་པས་ན་གཅོད་པ་ཡིན་ལ། སྲོག་དག་གཅོད་པར ་བྱེད་པས་ན་སྲོག་གཅོད་པའོ། །སྲོག་ཀྱང་སྲོག་གི་དབང་པོ་ཡིན་ཏེ། དབུགས་འབྱུང་བ་དང་རྔུབས་པ་ཡིན་ནོ། །དེ་འགོག་པ་ནི་འཇིག་པ་ཡིན་ནོ། །དེ་སྤངས་པ་ནི་འདི་ལྟ་སྟེ། ཁོ་བོས་འདི་བྱས་པ་མ་ཡིན་པར་ཡིད་ཀྱིས་ལྡོག་པ་ལ་གཟུང་བར་བྱའོ། ། ་སྲོག་གཅོད་པ་ལས་སླར་ལྡོག་པར་འགྱུར་ལ་ཞེས་བྱ་བ་ནི་ཀུན་ཏུ་སྤྱོད་པའི་དུས་སུ་ལུས་དང་ངག་གཞན་གྱི་སྲོག་འགོག་པར་བྱེད་པ་ལས་རྣམ་པར་ལྡོག་པར་འགྱུར་བ་ཡིན་ནོ། །དབྱིག་པ་སྤངས་ཤིང་ཞེས་བྱ་བ་ནི་མཚོན་ཆ་མ་གཏོགས་པའི ་གཞན་ལ་འཚེ་བར་བྱེད་པའི་ཐབས་སུ་གྱུར་པ་དང་བྲལ་བ་ཡིན་ནོ། །མཚོན་ཆ་སྤངས་པ་ཞེས་བྱ་བ་ནི་མཚོན་ཆ་ལས་གྱུར་པའི་འཚེ་བ་ཡོངས་སུ་དོར་བ་ཡིན་ནོ། །འདིར་ངོ་ཚ་བ་ཡོད་པའི་ཕྱིར་ངོ་ཚ་ཅན་ཏེ། གང་ཡོན་ཏན་དང། གུས་པ་དང་ལྡན་པ་དང། སྡིག་པས་འཇིགས་པར་གྱུར ་སྙིང་ལ་རྩ་བ་དང་ལྡན་པ་ཉིད་ཀྱི་ཕྱིར་བརྩེ་བ་ཅན་ཡིན་ནོ། །ཡུལ་གང་ལ་བརྩེ་བ་དང་ལྡན་པ་ཡིན་ཞེ་ན། སེམས་ཅན་སྲོག་ཆགས་འབྱུང་པོར་གྱུར་པ་ཐམས་ཅད་ལ་ཞེས་བྱ་བ་སྨོས་ཏེ། ཐ་སྙད་བྱེད་དུ་རུང་བ་ལ་འདིར་སེམས་ཅན་དུ་བཤད་ལ། གང་དུ་ཐ་སྙད་དུ་རུང་བ་མ ་ཡིན་པ་དུད་འགྲོའི་རྒྱུད་དུ་སྐྱེས་བ་ལ་སོགས་པ་གཟུང་ཞིང། གང་དུ་གཟུགས་མི་སྣང་བར་གནས་པ་གནོད་སྦྱིན་དང་ཤ་ཟ་ལ་སོགས་པ་དེ་དག་འབྱུང་པོ་ཉིད་དུ་བསྡས་པ་ཡིན་ནོ། །ཤིན་ཏུ་ཆུང་བ་ཉིད་ཀྱི་ཕྱིར་སྤུར་མེས་ཉེ་བར་མཚོན་དུ་རུང་བའི་སྲོག་ཆགས ་ཕྲ་ལ་འཇམ་པ་དག་ནི་གྲོག་སྤུར་ཡིན་ཏེ། དེ་ཡན་ཆད་བསད་པར་བྱ་བའི་ཕྱིར་ཡིད་ལ་བྱས་པ་འམ་དེ་ལ་སོགས་པའི་སྲོག་ཆགས་གསོད་པ་ལས་སླར་ལྡོག་པ་ཡིན་ནོ། །ངེས་མ་བྱིན་པར་ལེན་པ་ཞེས་བྱ་བ་ལ་དེ་ཀུན་ནས་ལེན་པའི་ཕྱིར་ལེན་པ་ཡིན་ལ། མ་བྱིན ་བར་ལེན་པ་ནི་མ་བྱིན་པར་ལེན་པ་སྟེ། མ་བྱིན་པར་ལེན་པ་རྐུ་བའི་སེམས་ཀྱིས་ལེན་པ་ཞེས་བྱ་བའི་ཐ་ཚིག་གོ་།ཇི་ལྟར་ལྡོག་པར་འགྱུར་ཞེ་ན། བྱིན་པ་ལེན་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བྱིན་པ་ལེན་པ་ནི་དངོས་པོ་ཀུན་ནས་ལེན་ཅིང་འཛིན་པར་བྱེད ་པའི་ཕྱིར་བྱིན་པ་ལེན་པའོ། །བྱིན་པའི་དངོས་པོ་ལ་སེམས་ཀྱི་སྒོ་ནས་རྟག་ཏུ་མངོན་པར་དགའ་བས་ན་བྱིན་པ་ལ་དགའ་བ་ཡིན་ནོ། །དངོས་པོ་བྱིན་པ་དང། སྤངས་པ་དང། བཏང་པ་ལེན་པར་འདོད་པའི་ངང་ཚུལ་ཅན་ནི་བྱིན་པ་དང་སྤངས་པ་དང། བཏང་བ་ལ ་རེ་བར་གྱུར་པ་ཡིན་ཏེ། བལྟོས་པ་མེད་པའི་སེམས་ཀྱིས་བྱིན་པ་གང་ཡིན་པ་དེ་ནི་བྱིན་པ་ཡིན་ཞིང། གྲོང་ལ་སོགས་པར་གང་དུས་དེ་སྲིད་དུ་བྱིན་པ་ནི་སྤངས་པ་ཡིན་ལ། གང་མུག་ལ་སོགས་པར་བང་མཛད་ལ་སོགས་པ་དག་ཇི་ལྟར་བདེ་བར་ཡོངས་སུ་སངས ་སྤྱོད་པའི་ཕྱིར་ཡོངས་སུ་བཏང་བ་ནི་བཏང་བ་ཡིན་ནོ། །མི་རྐུ་བ་ཞེས་བྱ་བ་ནི་འདི་ལ་རྐུ་བའི་སེམས་མེད་པ་ཡིན་ལ། གཞན་གྱི་རྫས་ཀྱི་ཡུལ་ལ་འདོད་པ་མེད་པའི་ཕྱིར་ཆགས་པ་མེད་པའོ། །བདག་ཉིད་དོར་བ་ནི་མ་བྱིན་པར་ལེན་པའི ་ཁ་ན་མ་ཐོ་བ་ལས་བསྲུང་བར་བྱེད་པའོ། །དག་པ་ཞེས་བྱ་བ་ནི་མ་བྱིན་པར་ལེན་པའི་དྲི་མ་མེད་པའི་ཕྱིར་རོ། །གཞན་གྱི་ནོར་ལ་ཆགས་པ་མེད་པའི་ཕྱིར་བཏང་བ་ཡིན་ནོ། །མ་བྱིན་པར་ལེན་པའི་རྐྱེན་གྱིས་ཉེས་པ་འབྱུང་བ་མེད་པའི་ཕྱིར་ཁ་ན་མ་ཐོ ་བ་མེད་པ་ཡིན་ནོ། །མི་ཚངས་པར་སྤྱོད་པ་སྤངས་ཏེ་ཞེས་བྱ་བ་ལ་ཚངས་པ་ནི་མྱ་ངན་ལས་འདས་པ་ཡིན་ལ། དེའི་རྒྱུ་མཚན་གྱི་སྤྱོད་པ་སྟེ། མྱ་ངན་ལས་འདས་པའི་བྱ་བ་ཅན་ནོ། །ཚངས་པར་སྤྱོད་པ་མ་ཡིན་པ་ཡིན་པ་ནི་མི་ཚངས་པར་སྤྱོད ་པ་སྟེ་འཁོར་བའི་འབྲས་བུའི་བྱ་བ་ཅན་ནོ། །ཇི་ལྟར་སྲོག་གཅོད་པ་ལ་སོགས་པ་དག་ཀྱང་སྤྱིར་ཚངས་པར་སྤྱོད་པ་མ་ཡིན་པ་ཉིད་དུ་ཟིན་ཀྱང་མིང་འདི་ནི་འཁྲིག་པའི་ཡུལ་ལ་གྲགས་པའི་སྒྲ་ཡིན་ཏེ། གྲགས་པ་ནི་ཡུལ་ཕྲོགས་པར་བྱེད་པ ་ཡིན་ནོ། །ཞེས་བྱ་བའི་ཚུལ་ཡིན་པའི་ཕྱིར་རོ། །ཇི་ལྟར་ན་མི་ཚངས་པར་སྤྱོད་པ་སྤངས་པ་ཡིན་ཞེ་ན། ཚངས་པར་སྤྱོད་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཚངས་པའི་རྒྱུ་མཚན་དུ་སྤྱོད་པའི་ཕྱིར་ཚངས་པར་སྤྱོད་པ་ཡིན་ལ། སེམས་ཀྱིས་ཀྱང ་དྲན་པ་མེད་པའི་ཕྱིར་རིང་དུ་སྤྱོད་པའོ། །སྐྱེས་པ་དང་བུད་མེད་ཀྱི་ཀུན་ཏུ་སྤྱོད་པའི་དྲི་མ་མེད་པའི་ཕྱིར་དག་པ་ཡིན་ནོ། །སེམས་ཀྱི་སྒོ་ནས་ལྷག་པར་ཆགས་པ་མེད་པའི་ཕྱིར་གཙང་པ་ཡིན་ནོ། །འཁྱུད་པ་དང། འབྱེད་པ་དང། ཁྱིམ་གཅིག་ཏུ ་འཇུག་པ་ལ་སོགས་པ་མེད་པའི་དྲིང་བ་མེད་པ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་དེ་རྒྱའི་རྣ་རུ་ལས་ལྡོག་པ་ཞེས་བྱའོ། །གང་བུད་མེད་ཀྱི་ཡུལ་ལ་ཆགས་པའི་སེམས་དགའ་འཇུག་པ་དེ་ཐམས་ཅད་གྲོང་བའི་ཆོས་ཡིན་ལ། དམ་པ་རྣམས་ཀྱིས་སྨད ་པའི་ཕྱིར་སྨད་པ་ཡིན་ཏེ། དེ་དང་བྲལ་བ་དང། དབེན་པ་དང། སྤངས་པ་དང། ལྡོག་པ་ཞེས་བྱ་བའི་བར་དུའོ། རྫུན་དུ་སྨྲ་བ་སྤངས་ནས་ཞེས་བྱ་བ་ལ། གང་ཞིག་བདེན་པ་མངོན་པར་ཤེས་པའི་ཡུལ་ལ་ཡང་དག་པའི་ཡེ་ཤེས་རྣམ་པར་བཞག་པའི་ཚིག་བརྗོད་པར ་བྱེད་ཅིང་དེ་ལ་སྨྲ་བ་ཡིན་ནོ། །ཇི་ལྟར་ན་རྫུན་དུ་སྨྲ་བ་ལས་སླར་ལྡོག་པར་འགྱུར་ཞེ་ན། བདེན་པར་སྨྲ་བ་ལ་སོགས་པའི་སྨོས་པ་ཡིན་ཏེ། བདེན་པར་སྨྲ་བར་བྱེད་པ་དང། དེའི་ངང་ཚུལ་ཅན་ནི་བདེན་པར་སྨྲ་བའོ། །བདེན་པ་ལ་དགའ་བ་ཞེས་བྱ་བ་ནི་སེམས་ཀྱི ་སྒོ་ནས་ཀྱང་བདེན་པའི་ཚིག་ལ་མངོན་པར་དགའ་བའོ། །དད་པར་གྱུར་པ་ཞེས་བྱ་བ་ལ། གང་ཟག་འདི་ལ་གཞན་དག་དད་པར་སྐྱེ་བར་འགྱུར་རོ་ཞེས་བྱ་བའི་དབང་དུ་བྱས་ནས་བདེན་པར་སྨྲ་བ་ཉིད་ཀྱིས་སྐྱེ་བོ་ཐམས་ཅད་དད་པར་འགྱུར་པའི་ཚིག་ཅན་ཡིན་ནོ། ་གང་ལ་ཡིད་ཆེས་པ་སྐྱེ་བར་འགྱུར་བ་ནི་ཡིད་ཆེས་པ་ཡིན་ཏེ། བདེན་པར་སྨྲ་བ་ཉིད་ཀྱིས་གཞན་ཡིད་ཆོས་པའི་གནས་ཉིད་ཡིན་པའི་ཕྱིར་རོ། །བརྟན་པ་ཞེས་བྱ་བ་ནི་བདེན་པའི་ཚིག་སྨྲ་བ་ལ་བརྟན་ཞིང་གཡོ་བ་མེད་པ་ཉིད་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་དེ ་ནི་གང་སྨྲས་པ་དེ་བྱེད་པར་འགྱུར་རོ། །ཞེས་བྱ་བའི་དབང་དུ་བྱས་ནས་འཇིག་རྟེན་ལ་ཡི་བསླུ་བར་བྱེད་པ་ཡིན་ནོ། །དེས་ཕྲ་མ་སླངས་ནས་ཞེས་བྱ་བ་ལ་སོགས་པ་ལ། གང་ཞིག་དབྱེ་བའི་བསམ་པས་སེམས་ཉོན་མོངས་པ་ཅན་གྱི་ཚིག་བརྗོད་པ་དེ་ནི་ཕྲ ་མ་ཡིན་ལ་ཕྲ་མའི་ལས་སམ་ཕྲ་མའི་དངོས་པོ་ནི་ཕྲ་མ་ཉིད་ཡིན་ནོ། དེ་དག་ལས་བྱ་བ་ཚོས་གཞན་དུ་རྣམ་པར་བཞག་པར་གལ་སོ། །དེ་དག་ལ་ཞེས་བྱ་བ་ནི་ཚོགས་གཞན་དུ་རྣམ་པར་དག་པས་ན་དག་པའོ། །སྡུག་པར་བྱ་ཅེས་བྱ་བ་ནི་འབྲེལ་པར་བྱེད་པའི་ངང་ཚུལ་ཅན་ཡིན་ནོ། །རྗེས་སུ་ཆོས་པར་བྱེད་པ་ཞེས་བྱ་བ་ནི་ཤིན ་ཏུ་གཅིག་ཏུ་བྱེད་པའི་ངང་ཚུལ་ཅན་ཡིན་ནོ། །འདུས་པ་དག་ལ་དགའ་བ་ཞེས་བྱ་བ་ནི་ལུས་ཀྱི་སྒོ་ནས་སོ། །འདུས་པ་དག་ལ་མགུ་བ་ཞེས་བྱ་བ་ནི་སེམས་ཀྱི་སྒོ་ནས་སོ། །འདུ་བར་བྱེད་པའི་ཚིག་སྨྲས་ཏེ་ཞེས་བྱ་བ་ནི་རྟག་ཏུ་འདུས་པ་བྱེད་པའི་ཚིག་བརྗོད་པ་ཡིན་ནོ།། ་དེས་ཚིག་རྩུབ་པོ་སྤངས་ནས་ཞེས་བྱ་བ་ལ། ཚིག་སྙན་པ་མ་ཡིན་པ་ནི་ཚིག་རྩུབ་པོ་ཡིན་ཏེ་དེ་སྤངས་ནས་སོ། །ཇི་ལྟར་སྤངས་ནས་ཤེ་ན། དེ་དག་གདུག་པའི་ཚིག་དང་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། ཀུན་ནས་ཟ་བར ་བྱེད་པས་ན་གདུག་པ་སྟེ། སྦྲུལ་གྱིས་ཟོས་པ་དང་འདྲ་བར་སྡུག་བསྔལ་སྐྱེད་པར་བྱེད་པའི་ཚིག་གམ། ཤིན་ཏུ་གནོད་པ་ནི་གདུག་པ་ཡིན་ནོ། །རང་བཞིན་གྱིས་དྲག་པ་ཉིད་ཀྱི་ཕྱིར་རྩུབ་པའོ། །གཞན་སྡུག་བསྔལ་སྐྱེད་པ་ཉིད་ཀྱི་ཕྱིར་གཞན་ལ ་གནོད་པའོ། །གཞན་ལ་མངོན་པར་ཞེན་པ་ཞེས་བྱ་བ་ནི་མངོན་པར་འཛིན་པ་བག་འཁུམས་པ་ཡིན་ནོ། །ཞེས་བྱ་བའི་དབང་དུ་བྱས་ཏེ། གཞན་བག་འཁུམས་པ་སྐྱེད་པར་བྱེད་པ་འམ། གཞན་ཞེ་སྡང་སྐྱེད་པར་བྱེད་པ་ཡིན་ནོ། །འདོད་པའི་ཡུལ ་ལས་ཤིན་ཏུ་འདས་པ་ཉིད་ཀྱི་ཕྱིར་མི་འདོད་པའོ། །འདོད་པར་བྱ་བ་ཉིད་མ་ཡིན་པའི་ཕྱིར་མི་དགའ་བའོ། །དགའ་བའི་རྒྱུ་ཉིད་མ་ཡིན་པའི་ཕྱིར་མི་མགུ་བའོ། །ཡིད་ཀྱི་སྐད་ཅིག་མར་ཡང་བསམ་པར་བྱ་བ་མ་ཡིན་པས་ན་ཡིད་དུ་མི་འོང་བའོ། །ཏིང་ངེ ་འཛིན་དང་མི་མཐུན་པ་ཉིད་ཀྱི་ཕྱིར་གཡེང་བའོ། །སེམས་འཁྲུག་པར་བྱེད་པ་ཉིད་ཀྱི་ཕྱིར་ཏིང་ངེ་འཛིན་དང་མི་མཐུན་པའོ། །ཡིད་དུ་འོང་བ་ཉིད་ཡིན་པས་ན་མགུ་བར་བྱ་བའོ། །རྣ་བར་འོང་བ་ནི་རྣ་བའི་རྣམ་པར་ཤེས་པའི་སྡེ་བ་སྐྱེད་པར་བྱེད་པའོ། ་ཡིད་དང་འཐད་པ་ཉིད་ཀྱི་ཕྱིར་དང་རྟག་ཏུ་སྙིང་ལ་འབབ་པ་ཉིད་ཀྱི་ཕྱིར་ཡིད་དུ་འོང་བའོ། །རབ་ཏུ་མགུ་བསྐྱེད་པ་དང་རྗེས་སུ་མཐུན་པ་ཉིད་ཀྱི་ཕྱིར་དགའ་བར་བྱ་བའོ། །གྲོང་ཁྱེར་དུ་བྱུང་བས་ན་གྲོང་ཁྱེར་བ་སྟེ། གྲོང་ལ་བརྟེན་པའི་སྐྱེ་བོ་དམ་པའི ་ཞེས་བྱ་བའི་བར་དུའོ། །མཛེས་པ་ལ་གསལ་བ་ཞེས་བྱ་བ་ནི་ཡི་གེ་མཛེས་ཤིང་གསལ་བར་གྱུར་པའོ། །དོན་མཛེས་པ་ཉིད་ཀྱི་ཕྱིར་རྣམ་པར་ཤེས་པར་བྱ་བ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་མཉན་པར་བྱ་བ་ནི་ཐོས་པ་དང་རྗེས་སུ་མཐུན་པ་ཡིན་ནོ།། ་དོན་དུ་གཉེར་བའི་སྒོ་ནས་འགའ་ཞིག་ལའང་གནས་པ་མེད་པའི་ཕྱིར་མི་གནས་པའོ། །སྐྱེ་བོ་ཐམས་ཅད་མངོན་པར་འདོད་པ་ཉིད་ཡིན་པའི་ཕྱིར་མི་འགལ་བ་སྟེ། རྗེས་སུ་མཐུན་པ་ཞེས་བྱ་བའི་བར་དུའོ། །རྣམ་པ་གང་གི་སྒོ་ནས་ཀྱང་ཉོན་མོངས་པ་དག་གིས ་མ་ཟིན་པའི་ཕྱིར་མཛའ་མེད་པའོ། །མི་འདོད་པ་ལ་སོགས་པ་བཟློག་པས་འདོད་པ་ལ་སོགས་པ་དག་ཏུ་འགྱུར་པར་རིག་པར་བྱའོ། །ཏིང་ངེ་འཛིན་དང་རྗེས་སུ་མཐུན་པའམ། བདེན་པ་ཉིད་ཀྱི་མ་གཡེངས་པའོ། །གང་གི་ཕྱིར་རྣམ་པ་ཐམས་ཅད་དུ་ཏིང་ངེ ་འཛིན་སྐྱེད་པར་བྱེད་པ་དེ་ཉིད་ཀྱི་ཕྱིར་ཏིང་ངེ་འཛིན་དང་མཐུན་པ་ཡིན་ནོ། །དེས་ཚིག་བཀྱལ་བ་སྤང་བ་ནས་ཞེས་བྱ་བ་ལ་སོགས་པ་ལ། དོན་འབྲེལ་པ་མེད་ཅིང་དོན་སྨད་པ་དུ་མ་འདྲེན་པར་གྱུར་པའི་ཚིག་ནི་བཀྱལ་པ་ཡིན་ལ། དེ་བརྗོད་པར་བྱེད་པའི་ཕྱིར ་བཀྱལ་པ་སྟེ། དེ་སྤངས་པ་ཡིན་ནོ། །ཅི་ལྟར་སྤངས་པ་ཡིན་ཞེ་ན། དེ་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྐབས་དང་ལྡན་པའི་ཚིག་བརྗོད་པའི་ཕྱིར་དུས་སུ་སྨྲ་པ་ཡིན་ནོ། །ཡོད་པའི་དངོས་པོ་བརྗོད་པའི་ཕྱིར་བདེན་པ་སྨྲ་བ་ཡིན་ནོ། །དོན་དང་ལྡན་པའི ་ཚིག་བརྗོད་པའི་ཕྱིར་དོན་སྨྲ་བ་ཡིན་ནོ། །དངོས་པོའི་རང་གི་ངོ་བོ་བརྗོད་པར་བྱེད་པའི་ཕྱིར་དེ་ཁོ་ན་ཉིད་སྨྲ་བ་ཡིན་ནོ། །ཆོས་བརྗོད་པར་བྱེད་པའི་ཕྱིར་ཆོས་སྨྲ་བ་ཡིན་ནོ། །ཤེས་པས་ཡོངས་སུ་བཅད་པ་སྨྲ་བའི་ཕྱིར་བརྟགས་པ་སྨྲ་བ་ཡིན། །གཞན་གྱི ་རྒྱུད་ཀྱི་དོན་དཔྱོད་པར་ནུས་པ་རིག་པར་བྱེད་པ་ཡིན་པའི་ཕྱིར་བརྟགས་པ་དང་ལྡན་པའོ། །ཉན་པ་པོའི་སྐྱེ་བ་མངོན་པར་འདོད་པའི་དུས་སུ་ཚིག་བརྗོད་པའི་ཕྱིར་དུས་སུའོ། །ཡོངས་སུ་བསྡུས་པའི་དོན་འབྲེལ་ཅན་བརྗོད་པར་བྱེད་པའི་ཕྱིར་ཅལ་ཅོལ ་མ་ཡིན་པའོ། །རྒྱུ་ལས་སྐྱེས་པ་དང་ལྡན་པ་ཉིད་ཀྱི་ཕྱིར་རྒྱུ་དང་བཅས་པ་ཡིན་ནོ། །རིགས་པ་དང་དཔེ་དང་མ་བྲལ་བས་ན་ལུང་དང་བཅས་པའོ། །ཆོས་ལས་མ་གཡོགས་པ་ཉིད་ཀྱི་ཕྱིར་ཆོས་དང་ལྡན་པའོ། །དོན་དང་འབྱོར་པ་ཉིད་ཀྱི་ཕྱིར་དོན་དང ་ལྡན་པའོ། །ཉོ་ཚོང་སྤངས་ནས་ཞེས་བྱ་བ་ལ་གོས་ལ་སོགས་པ་དག་ལ་བརྐམ་ཞིང་ཆགས་པས་ཡུལ་དང་རྗེས་སུ་མཐུན་པ་དང། དུས་དང་རྗེས་སུ་མཐུན་པར་རིན་ཡང་བར་ཉོས་པའི་སྒོ་ནས་ལེན་པ་ནི་ཉོས་པ་ཡིན་ཞིང། རིན ་ཤིན་ཏུ་མང་པོའི་སྒོ་ནས་ཡོངས་སུ་གཏོང་བ་ནི་བཙོངས་པ་ཡིན་ཏེ། དེ་སྤངས་ནས་ཀུན་ཏུ་སྤྱོད་པའི་དུས་སུ་ལུས་དང་ངག་དང་ཡིད་སླར་ལྡོག་པ་ཡིན་ནོ། །དེས་བྲེ་ལ་སོགས་པའི་སྒྱུ་སྤངས་ནས་ཞེས་བྱ་བ་ལ་སོགས་པ་ལ་གྲོལ་སོགས་པ ་འཇལ་བའི་སྣོད་ནི་འདིར་བྲེ་ཡིན་ལ། གསེར་ལ་སོགས་པ་འཇལ་བའི་ཐབས་སུ་གྱུར་པ་ནི་སྲོང་ཡིན་ཞིང། འཇུག་པའི་རྫས་མར་དང་ཏིལ་མར་ལ་སོགས་པ་འཇལ་བར་བྱེད་པའི་ཐབས་སུ་གྱུར་པ་ནི་འཇལ་བྱེད་ཡིན་ཏེ། བྲེ་ལ་སོགས་པ་གཞན ་སླུ་བར་བྱེད་པ་བྲེ་ལ་སོགས་པའི་སྒྱུ་ཡིན་པ་དེའི་ཕྱིར་སྨོས་པ་ཡིན་ནོ། །དེས་གསུམ་དང་ཞེས་བྱ་བ་ལ་སོགས་པ་སྨོས་པ་དེས་གསུག་ནི་ལྐོག་ཏུ་གྱུར་པའི་ཆད་པ་ཡིན་ནོ། །བསླུ་བ་ནི་ཐ་སྙད་དུ་གྱུར་པའི་སྒོ་ནས་ནོར་ལེན་པ་ཡིན་ནོ། །ཆད ་པ་ནི་ཚར་བཅད་པ་སྔོན་དུ་སོང་བ་ཅན་གྱི་ཆད་པ་ལེན་པ་ཡིན་ཏེ། གསུག་ལ་སོགས་པའི་ནོར་ལེན་པ་བདག་གིར་བྱེད་པ་ལས་སླར་ལྡོག་པ་ཡིན་ནོ། །དེས་གསོད་པ་ལ་སོགས་པ་ཞེས་བྱ་བ་ལ་སོགས་པ་ལ་གསོད་པ་ནི་གཞན་གྱི ་སྲོག་འཕྲོག་པར་བྱེད་པ་ཡིན་ནོ། །བཅིང་བ་ནི་གདོས་དང་ལྕགས་ལ་སོགས་པའི་གནོད་པའོ། །བཅད་པ་ནི་ལག་པ་ལ་སོགས་པ་ཡན་ལག་དང་ཉིང་ལག་དགོ་།ཕུག་པ་ནི་རྐང་པ་ལ་སོགས་པའི་རུས་པ་དག་གོ་།བརྡེག་པ་ནི ་ལྕགས་ལ་སོགས་པ་དག་གིས་གཞན་གདུང་བ་སྐྱེད་པར་བྱེད་པ་ཡིན་ཏེ། གསོད་པ་ལ་སོགས་པ་དག་ལ་མཆོག་ཏུ་གཞོལ་ཞིང་སྤྲོ་བར་བྱེད་པ་གང་ཡིན་པ་དེ་སྤངས་པ་ཡིན་ནོ། །སྣང་བ་དང་བཅས་པའི་ཕྱི་མ་དུ་ཉལ་བ་སྤངས ་ཞེས་བྱ་བ་ནི་མཚན་མ་ཁྱིམ་ལ་སོགས་པ་ཉི་མ་དང་ཟླ་བ་མ་ཡིན་པའི་སྣང་བ་དག་དང་ལྡན་པར་ཉལ་བ་གང་ཡིན་པ་དེ་ཡོངས་སུ་སྤངས་པ་ཡིན་ནོ། །དེ་ཡོངས་སུ་ངོར་བ་བསྟན་པ་ནི་རྒྱགས་པ་སྐྱེ་བ་ཟློག་པར་བྱེད་པའི་ཕྱིར་རོ། །དེས་ཞིང་དག་གི ་གཞི་ཞེས་བྱ་བ་ལ་སོགས་པ་ལ་འབྲུ་ལ་སོགས་པའི་རྫས་ཀྱི་རིགས་འདི་ལ་རྟེན་པར་བྱེད་ཅེས་བྱ་བའི་དབང་དུ་བྱས་ནས་ཞིང་ཁོ་ན་གཞི་ཡིན་པས་ན་ཞིང་གི་གཞི་ཡིན་ཏེ། འདིས་ནི་ཞིང་ལ་སོགས་པ་ལས་ལྡོག་པར་བསྟན་པ་ཡིན་ནོ། །ཁྱིམ་གྱི་གཞི་ཡོངས ་སུ་སྤངས་པས་ཡུལ་དེ་ལ་ཆགས་པ་སྤངས་པར་བསྟན་པ་ཡིན་ནོ། །ཚེད་དུས་ནི་ཚོང་ཁང་ཡིན་ཏེ། དེ་ཉིད་ཀྱི་གཞི་ཡིན་ཏེ། དེ་ཡོངས་སུ་དོར་བར་བསྟན་པས་ཚོང་པའི་ཐ་སྙད་དུ་བྱེད་པ་ལས་ལྡོག་པར་བསྟན་པ་ཡིན་ནོ། །གླང་པོ་ཆེ་ལ་སོགས་པའི་ཡོངས་སུ ་འཛིན་པ་རྣམ་པར་འཁྲུག་པའི་རྒྱུ་ཉིད་ཡིན་པ་དེའི་ཕྱིར་ཡོངས་སུ་འཛིན་པ་དེ་སྤངས་པར་བསྟན་པ་ཡིན་ནོ། །བྲན་དང་བྲན་མོ་ཞེས་བྱ་བ་ལ་སོགས་པ་ལ། བྲན་རྣམ་པ་ལྔར་གྲགས་པ་དེ་བཞིན་དུ་བྲན་མོ་ཡང་དེ་ཡིན་ནོ། །ལས་བྱེད་པ་ནི་སྐྱེས་བུ་ཞོ་ཤས ་འཚོ་བ་ཡིན་ནོ། །སྐྱེས་བུ་རང་གི་བྱེད་པ་ལ་བརྟེན་ནས་འཚོ་བར་བྱེད་པ་གང་ཡིན་དེ་དག་མ་ནི་གཡོག་དག་ཡིན་ནོ། །བུད་མེད་ཅེས་བྱ་བ་ལ་སོགས་པ་ལ་འདིས་ནི་རྣམ་པ་གང་དང་གང་གིས་ཀྱང་བུད་མེད་ཡོངས་སུ་འཛིན་པ་ཐམས་ཅད་ཀྱིས་ཐམས་ཅད་དུ ་བཀག་པ་སྨོས་པ་ཡིན་ནོ། །སྐྱེས་བུ་ཉེ་དུ་འཆད་ཞིང་གསོ་བ་ལ་སོགས་པ་ཡོངས་སུ་བཟུང་པ་ཡང་བཀག་ཅིང་འདིས་ཉེ་དུའི་ཁྱེའུ་དང་བུ་མོ་ཡོངས་སུ་འཛིན་པ་ཡང་བཟློག་པ་ཡིན་ནོ། །གསེར་ནི་ས་ལེ་སྦྲམ་ཡིན་ལ། དངུལ་ནི་དངུལ་ཉིད་ཡིན་ཏེ། འདིས་ནི་ཡུལ ་དེར་བདག་གིར་བྱེད་ཅིང་ལེན་པ་སྤངས་པ་བསྟན་པ་ཡིན་ལ། འབྲས་དང། ནས་དང། གྲོལ་སོགས་པ་བཙོས་མ་མ་ཡིན་པ་དེ་བྱིན་པ་རབ་ཏུ་བྱུང་བའི་ཚུལ་མ་ཡིན་པ་དེ་བས་ན་མི་བྱའོ། །ཟ་གཅིག་པ་ཞེས་བྱ་བ་ལ་སོགས་པ་ལ། གཅིག་ཀྱང་དེ་ཡིན་ལ་ཟ ་བ་ཡང་དེ་ཡིན་པས་ན་ཟ་གཅིག་སྟེ། དེ་གང་ལ་ཡོད་པ་དེ་ནི་ཟ་གཅིག་པ་སྟེ། གང་འོར་གཅིག་ཟ་བའོ། །ནུབ་མོ་ཞེས་བྱ་བ་ནི་ནུབ་མོའི་ཟས་ཀྱི་བྱ་བ་ལས་རྣམ་པར་ལྡོག་པ་ཡིན་ནོ། །འགའ་ཞིག་ཏུ་ཉི་མ་ཕྱེད་ཀྱི་འོག་ཏུ་ཟ་བར་འགྱུར་རོ་ཞེ་ན། ་དུས་མ་ཡིན་པའི་ཟས་ལས་སླར་ལྡོག་པ་སྨོས་པ་ཡིན་ནོ། །དུས་སུ་བསོད་སྙོམས་ལ་སོགས་པའི་དོན་དུ་རྒྱུ་བའི་ཕྱིར་དུས་སུ་སྤྱོད་པ་སྟེ། སྔ་དྲོའི་དུས་སུ་སྤྱོད་ཡུལ་ལ་སྤྱོད་པར་བྱེད་པ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་དུས་སུ་སྤྱོད་པའི་སྦྱོར་བ་དང་ལྡན་པ་ཡིན་ཏེ ་གང་གི་ཕྱིར་དུས་མ་ཡིན་པར་རྣམ་པ་གང་གིས་ཀྱང་སྤྱོད་པར་མི་བྱེད་པའོ། །ཡང་ན་དུས་སུ་སྤྱོད་པའི་སྦྱོར་བ་སྟེ། རིགས་པ་དང་ཚུལ་ཡིན་ལ། དེ་དང་ལྡན་པ་ནི་རྗེས་སུ་ཡིན་ཏེ། དུས་སུ་སྤྱོད་དུ་ཟིན་ཀྱང་ཚུལ་མ་ཡིན་པས་མི་སྤྱོད་དེ། འོན་ཀྱང་ཇི་ལྟར་སོ་སོ ་ཐར་བའི་མདོ་ལས་བཅོམ་ལྡན་འདས་ཀྱིས་རྗེས་སུ་གནང་བ་དེ་བཞིན་དུ་སྤྱོད་པར་བྱེད་དོ། ལུས་ནི་ལུས་པ་ཡིན་ནོ། །བགོ་བ་ནི་ལྷགས་པ་ལ་སོགས་པ་རྣམ་པར་འཚེ་བ་ལས་སྲུང་བར་བྱེད་པ་ཡིན་པས་ན་ལུས་ལ་བགོ་བའི་ཆོས་གོས་མ་རྙེད་པ་རྙེད་པ ་མགུ་ཞིང། ལྷག་པ་དང་གྱ་ནོམ་པ་ལ་སོགས་པ་མངོན་པར་འདོད་པ་མེད་པའི་ཕྱིར་རབ་ཏུ་མགུ་བ་ཡིན་ནོ། །ལྟོ་འདྲངས་པ་ཞེས་བྱ་བ་ནི་ལྟོ་ཡོངས་སུ་འདྲངས་པར་བྱེད་པའི་བསོད་སྙོམས་འདྲངས་པར་བྱེད་པ་ཙམ་གྱིས་བསོད་སྙོམས་ལ་རྒྱུ་བར་བྱེད་པ ་དེས་མགུ་བ་ཡིན་ནོ། །ལྷུང་བཟེད་དང་བཅས། ཆོས་གོས་དང་བཅས་ཏེ་ཞེས་བྱ་བ་ནི་འདོད་པ་ཆུང་པ་ཉིད་ཀྱིས་སྣོད་གཞན་མེད་པའི་ཕྱིར་དང། ལྷུང་བཟེད་དང་ཆོས་གོས་ཀྱིས་ལུས་གནས་པ་སྒྲུབ་པ་ཡིན་པའི་ཕྱིར་རོ། །བྱ་གཤོག་བ་ཅན་ཞེས ་བྱ་བ་ནི་བྱ་གཤོག་པ་སྐྱེས་པར་གྱུར་པའོ། །གཤོག་པ་མ་གཏོགས་པའི་འདབ་མ་ནི་རྣུས་བུའི་སྒྲས་བརྗོད་པ་ཡིན་ནོ། །དགེ་སྦྱོང་དང་བྲམ་ཟེ་ཁ་ཅིག་ཅེས་བྱ་བ་ལ་སོགས་པ་ལ་ཕྱི་རོལ་གྱི་རབ་ཏུ་བྱུང་བ་ལས་རིགས་གཞན་ཡིན་པ་ལ་འདིར་ ་དགེ་སྦྱོང་གི་སྒྲ་དང། བྲམ་ཟེའི་རིགས་ལས་ཁྱིམ་གྱི་གནས་ཡོངས་སུ་བོར་བ་ལ་བྲམ་ཟེའི་སྒྲས་བརྗོད་པ་ཡིན་ནོ། །ཁ་གཅིག་ཅེས་བྱ་བ་ནི་འགའ་ཞིག་ཡིན་གྱི་ཐམས་ཅད་ཁོ་ན་ནི་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ་།ཡོན་ཏན་ལ་སེམས་པ་སྔོན་དུ་སོང་བ་ཅན་གྱི ་སེམས་དང་ལྡན་པ་ནི་དད་པ་ཡིན་ཏེ། དེས་བཟའ་བ་ལ་སོགས་པ་བྱིན་པ་གང་ཡིན་པ་དེ་དག་ནི་དད་པས་བྱིན་པ་དག་ཡིན་ནོ། །ས་བོན་གྱི་ཚོགས་ནི་ས་བོན་གྱི་ཚོགས་ཡིན་ལ། འབྱུང་པོའི་གནས་ནི་འབྱུང་པོ་དག་གི་གཞི་ཡིན་ཏེ། སྐྱེ་བ་ལ་སོགས་པའོ། །ཀུན་ནས ་རྩོམ་པ་ནི་ས་བོན་འདེབས་པ་ལ་སོགས་པའི་བྱ་བས་རྣམ་པར་དཀྲུགས་པར་གྱུར་པའོ། །ཀུན་ནས་རྩོམ་པ་ལ་རྗེས་སུ་བརྩོན་པ་ནི་དེ་ལ་གཞོལ་བ་དང། དེ་ལ་སྦྱོར་ཞིང་འབྲེལ་བར་གྱུར་པའོ། །རྩ་བའི་ས་བོན་ནི་སྒེའུ་གཤེར་དང་ཡུང་པ་ལ་སོགས་པའོ། །སྡོང ་བུའི་ས་བོན་ནི་སེ་འུ་དང་ལྕང་མ་ལ་སོགས་པའོ། །རྩེ་མོའི་ས་བོན་ནི་བུ་རམ་ཤིང་ལ་སོགས་པའོ། །བཀས་པའི་ས་བོན་ནི་སྦྲུམ་ཤ་ལ་སོགས་པའོ། །བཀས་པའི་ས་བོན་གྱི་ས་བོན་ནི་གྲོ་ལ་སོགས་པའོ། །རྩེ་མོའི་སྒྲས་ནི་ཚིགས་བསྟན་པ་ཡིན་ལ ་འབྲས་བུའི་སྣོད་བཀས་པ་ལས་ས་བོན་འབྱུང་བ་ནི་བཀས་པའི་ས་བོན་ཡིན་ནོ། །བཟའ་བ་ལ་སོགས་པ་དག་པ་སོགས་པའི་སྒོ་ནས་རྣམ་པར་བཞག་པ་ནི་རྩོགས་པ་ཡིན་ལ་དེ་ལ་རྩོམ་པའི་བྱ་བས་རྣམ་པ་རང?་ལུགས?་པ་སྟེ། དེ་ལ་རྩོན་ཞིང་དེ་དང་ལྡན་ ་པས་གནས་པ་ཡིན་ནོ། །མལ་སྟན་མཐོན་པོ་ནི་བུས་མོའི་ཚད་ལས་མཐོ་བ་ཡིན་ལ། མལ་སྟན་ཆེན་པོ་རིན་ཐང་ཆེ་ཞིང་རིན་པོ་ཆེས་སྤྲས་པ་ཡིན་ནོ། །ཁྲེའུ་སྨོས་པས་ཁྲིའུའི་རིགས་ཐམས་ཅད་གཟུང་ངོ། །ཁྲི་ཆེན་པོ་ནི་ཁྲི་ཡིན་ལ་ཐི་གུས་ལྟས་པ་ནི ་ཁྲི་ལྷས་ཡིན་ནོ། །གང་ཁྲི་ནང་ཚངས་ཅན་གྱི་འོག་ཏུ་བཏིང་ཞིང་བཅུག་པ་དེ་ནི་གོ་ནི་ག་ཞེས་བྱའོ། །སྟན་ནང་ཚངས་ཅན་ནི་རབ་ཏུ་གྲགས་པ་ཡིན་ནོ། །བལ་གོས་ཆེན་པོ་ནི་གོས་ཀྱི་བྱེ་བྲག་ཡིན་ནོ། །གླང་པོ་ཆེའི་ཐབས་སྟན་ནི་གླང་པོ་ཆེའི་སྟེང ་ནས་གཡོགས་པའོ། །རྟའི་སྟན་ནི་སྒ་ལ་བཀབ་པ་རིན་ཐང་ཆེ་བ་གཞན་གོས་ཀྱི་ཁྱད་པར་དག་ཡིན་ནོ། །སྤུ་ཕྱོགས་གཅིག་པ་ནི་མེ་ཏོག་ཟས་ལ་སོགས་པའོ། གཉི་གའི་ཕྱོགས་ལ་སྤུ་སོད་པ་ནི་བེའུ་ཕྲུག་ལ་སོགས་པའོ།། ་སྤུ་གྱེན་དུ་ལྟ་བ་ནི་མཛའ་ལོགས་ན་སྤུ་ཡོད་པའོ། །གོས་སྤུ་མཐུག་པ་ནི་གོས་ཀྱི་བྱེ་བྲག་སྤུ་དང་བཅས་པ་ཉིད་ཡིན་ནོ། །ཡུལ་ཀ་ལིངྒ་ལས་བྱུང་བའི་གོས་ནི་ཀ་ལིངྒའི་གོས་ཡིན་ལ། དེ་ཉིད་གདིང་བ་ཡིན་ནོ། །གོ་བོའི་མཛའ་དང་རྐང་པའི་མཐར ་སྔས་དམར་ལ་ཆེ་བ་དེ་ནི་སྔས་ཡིན་ནོ། །རྒྱན་ནི་ཁྲུས་ལ་སོགས་པས་ལུས་མཛེས་པ་སྒྲུབ་པར་བྱེད་པ་ཡིན་ནོ། །ལྷབ་ལྷུབ་ནི་ཕྱི་རོལ་གྱི་ཆ་སྤྱད་ཕྲེང་བ་དང་དྲི་དང་བྱུག་པ་ལ་སོགས་པ་ལུས་མཛེས་པ་སྒྲུབ་པར་བྱེད་པ་ཡིན་ནོ། །ཇི་ལྟར་རྒྱན་སྒྲུབ་པ ་ཡིན་ཞེ་ན། འདི་ལྟ་སྟེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བསྐུ་བ་ནི་ཏིལ་མར་དྲི་མ་ཅན་ལ་སོགས་པས་ལུས་ཀྱི་དྲི་མ་བསལ་བར་བྱ་བའི་ཕྱིར་བསྐུ་མཉེ་བྱེད་པའོ། །ཀུན་ཏུ་བསྐུ་བ་ནི་དྲིའི་རྫས་ཀྱིས་ཀུན་ནས་བསྐུ་བའོ། །ཁ་དོག་གི་སྒྲས་ལུས ་ཀྱི་ཁ་དོག་མཛེས་པ་བསྒྲུབ་པའི་དོན་དུ་དྲི་བཟང་པོའི་ཚོན་གྱིས་ལུས་ལ་བྱུགས་པ་བརྗོད་པ་ཡིན་ནོ། །སེན་མོ་བདར་བ་ནི་སེན་མོ་མཛེས་པ་སྒྲུབ་པར་བྱེད་པའོ། །སོ་བདར་བ་ནི་སོ་མཛེས་པ་སྒྲུབ་པར་བྱེད་པའོ། །ཁའི་དྲི་ནི་ཁ་དྲི་བཟང་པོ་ཅན་དུ ་བྱ་བའི་ཆེད་ཀྱི་དྲི་བཟང་པོའི་ཕྱེ་མའོ། །གདོང་གི་རྒྱན་ནི་ཁ་དོག་གདོང་མཛེས་པ་སྒྲུབ་པར་བྱེད་པའོ། །གདོང་གི་མེ་ལོང་ནི་གདོང་བལྟ་བའི་ཕྱིར་མེ་ལོང་འཆད་བར་བྱེད་པའོ། །ལག་པའི་གདུ་གུ་ཞེས་བྱ་བ་ནི་མཛེས་པ་སྒྲུབ་པར་བྱེད་པའི་དོན་དུ ་ལག་པ་གཉིས་ལ་གདུ་གུ་རྒྱན་ཅན་དང། སོར་གདུ་བ་ལ་སོགས་པ་རྒྱན་འདོགས་པར་བྱེད་པའོ། །སྤྱི་བོ་བཅིངས་པ་ཞེས་བྱ་བ་ནི་གཙུག་ཕུད་ལ་རིན་པོ་ཆེ་ལ་སོགས་པའི་རྒྱན་འདོགས་པར་བྱེད་པའོ། །གདུགས་ཡུབ་སྤུ་གུ་ཅན་ཞེས་བྱ་བ ་ནི་གདུགས་ཀྱི་ཡུ་བ་ནང་ཤིང་ལ། ཕྱི་རོལ་གསེར་ལས་བྱས་པའོ། །རལ་གྲི་ཞེས་བྱ་བ་ནི་རལ་གྲི་ཆང་ཟུངས?་ཀྱིས་ཕྱོགས་རིན་པོ་ཆེས་སྤྲས་པ་འམ། ཤུབས་སྤྲས་པ་ཡིན་ནོ། །ནོར་བུའི་རྔ་ཡབ་ནི་རྔ་ཡབ་ཀྱི་ཡུ་བ་རིན་པོ་ཆེས་སྤྲས་པ་ཡིན་ནོ། །ལྷམ་རི་མོ་ཅན་ནི་ལྷམ ་རིན་པོ་ཆེས་སྤྲས་པར་གྱུར་པའོ། །མ་བགོས་པ་ནི་ཡོངས་སུ་ལོང་མ་སྤྱད་པའོ། །སར་པ་ནི་ཐགས་ལས་འཕྲལ་དུ་གཏོན་པའོ། །གླང་པོ་ཆེ་འཐབ་པ་ཞེས་བྱ་བ་ལ་སོགས་པ་ལ། གང་གི་ཚེ་ཁྱིམ་བྱ་བ་དང། སྲེག་པ་དང། འུར་པ་དག་ཚོགས་ནས་འཆབ་པར ་བྱེད་པ་དེའི་ཚེ། ཁྱིམ་བྱ་དང་སྲེག་པ་དང། འུར་བ་དག་འཐབ་པ་ཡིན་ནོ། །ཡ་ཏོག་སྨྱིག་མ་ཅན་ནི་སྨྱིག་མ་ལ་སོགས་པ་ལ་བྱ་བར་ཏ་ག་དག་སྐྱོན་པར་བྱེད་པའོ། །གྲོང་ཁྱེར་མཛེས་པར་བྱས་པ་ཞེས་བྱ་བ་ནི་གར་མཁན་གྱི་ཚོགས་དག་གིས་སོ། །བཞད་གང ་གྱི་ཕྱིར་གཞན་གྱི་ཕྲག་པ་ལ་འཛེག་པར་བྱེད་པ་ནི་ཕྲག་པ་ནས་མཆོང་བའོ། །རྒྱལ་མཚན་གྱི་མཆོག་ཅེས་བྱ་བ་ནི་དཔུང་གི་ཚོགས་འགྲོ་བའི་སེང་གེའི་རྒྱལ་མཚན་ལ་སོགས་པའོ། །སྟོབས་ཀྱི་མཆོག་ནི་སྟོབས་ཀྱི་ཚོགས་ཀྱི་མཆོག་ཏུ་གྱུར ་པའོ། དཔུང་གི་ཚོགས་ནི་དཔུང་བཀོད་པའི་ཁྱད་པར་ཡིན་ཏེ། འབྲུའི་ཕུར་མ་ལ་སོགས་པ་ལྟ་བུའོ། །ཚོམས་ནི་དཔུང་གི་ཆ་ཡིན་ཏེ། གླང་པོ་ཆེ་ལ་སོགས་པ་བཅུ་ལ་སོགས་པའི་ཚོམས་ཡིན་ནོ། །སྐྱེ་བོ་ཆེན་པོ་ཚོགས་པར་གྱུར་པ་ནི་འདུས ་པ་ཆེན་པོ་ཡིན་ཏེ། གྱང་འཐབ་པ་དང། ལྟད་མོའི་གནས་ལ་སོགས་པའོ། །གླང་པོ་ཆེ་སྒྲ་ཞེས་བྱ་བ་ལ་སོགས་པ་ལ། བུད་པའི་སྒྲ་ནི་བརྡུང་བར་བྱ་བ་མི་བཟད་བའི་ཚོགས་བརྡུངས་པའོ། །སིལ་སྙན་ཤིན་ཏུ་འོང་བའི་བྱེ་བྲག་ནི་ཤམ་མྱ་ཡིན་ནོ ་སོར་མོ་གཉིས་ཀྱི་སྦྱོར་བ་ལས་བྱུང་བ་ནི་ཡིད་དང་རྗེས་སུ་མཐུན་པའི་སྒྲ་ཡིན་ནོ། །རྫ་རྔའི་སྒྲ་ནི་རྫ་མའི་ཁ་པགས་པས་གཡོགས་པ་འམ། རོལ་བྱའི་བྱེ་བྲག་གཞན་ཡིན་ནོ། །སྙན་དངགས་ནི་ཚིགས་སུ་བཅད་པ་སྦྱོར་བའོ། །ཡི་གེ་མཛེས་པ་ཉིད་ཀྱི་ཕྱིར་ཡི་གེ ་སྣ་ཚོགས་པའོ། །ཚིག་གི་གོ་རིམ་མཛེས་པ་ཉིད་ཀྱི་ཕྱིར་ཚིག་གི་འབྲུ་སྣ་ཚོགས་པ་ཉིད་དོ། །འཇིག་རྟེན་གྱི་དོན་དང་འབྲེལ་པ་ཉིད་ཀྱ་ཕྱིར་འཇིག་རྟེན་ལ་རག་ལུས་པ་དང་ལྡན་པའོ། །གཏམ་ནི་འཇིག་རྟེན་པའི་གཏམ?་རྒྱུད་ཡིན་ནོ། ་ཨུག་ཤུད་ཅེས་བྱ་བ་ལ་སོགས་པ་ལ་རྒྱན་རྩེ་བའི་ཐབས་སུ་གྱུར་པ། ཆ་བཞི་པ་དང་ཆ་དྲུག་པ་ནི་ཨུག་ཤུད་ཅེས་བྱའོ། །ན་ཡ་ནི་ཡན་ལག་བཞི་དང་རྩེ་བའི་ཐབས་སུ་གྱུར་པའོ། །རྒྱན་ནི་ཐ་མལ་པའི་རྒྱན་རྩེ་བའི་ཐབས་སུ་གྱུར་པའོ། །གནས་བརྒྱད་དང ་གནས་བཅུ་ཞེས་བྱ་བ་དེ་ནི་རྒྱན་གྱི་རྟེན་གྱི་འགྱུར་བ་བརྗོད་པ་ཡིན་ནོ། །དྲང་པའི་གནས་ལ་སོགས་པ་དག་ནི་རྒྱན་ལ་གོས་པ་དག་ལས་ངེས་པར་བྱ་བ་ཡིན་ནོ། །རྒྱལ་པོའི་གཏམ་ཞེས་བྱ་བ་ལ་སོགས་པ་ལ་རྒྱལ་པོ་དང་སོ་སོར་འབྲེལ་པའི་གཏམ་ནི་རྒྱལ་པོའི་གཏམ ་ལ་སོགས་པ་ཡིན་ནོ། །རྩོད་པ་ཞེས་བྱ་བ་ལ་སོགས་པ་ལ། ཞེ་སྡང་ལ་སོགས་པས་དཀྲུགས་པའི་སེམས་ཀྱིས་ཕན་ཚུན་དུ་སྨྲ་བ་དང་ཕྱིར་སྨྲ་བ་ནི་རྩོད་པ་ཡིན་ནོ། །ཇི་ལྟར་ཞེ་ན། འདི་ལྟ་སྟེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཕྱི་རོལ་གྱི་བྱ་བ་མ ་ཡིན་པ་ལས་ལྡོག་པ་ནི་ཆོས་ཡིན་ལ། ཡང་དག་པར་ལེན་པ་སྔོན་དུ་སོང་བའི་བྱ་བ་ལ་འཇུག་པ་ནི་འདུལ་བ་ཡིན་ནོ། །བདག་ལ་རིགས་པ་ཞེས་བྱ་བ་ནི་མངོན་སུམ་ལ་སོགས་པ་དང་མི་འགལ་བ་ཡིན་ནོ། །ཁྱོད་ལ་མི་རིགས་སོ་ཞེས་བྱ་བ་མངོན ་སུམ་ལ་སོགས་པ་དང་འགལ་བ་ཡིན་ནོ། །ཕན་པ་དང་བཅས་པ་ཞེས་བྱ་བ་ནི་སྔ་ཕྱི་མི་འགལ་བ་དང་འབྲེལ་པ་ཡིན་ནོ། །དེ་ལས་བཟློག་པའི་ཕན་པ་དང་བཅས་པ་མ་ཡིན་པའོ། །ཤིན་ཏུ་མྱུར་བར་ཞེས་བྱ་བ་ནི་ཤིན་ཏུ་གྲགས་པའོ། །མཆོག ་ཏུ་སྨྲ་བ་ཞེས་བྱ་བ་ནི་དོན་གྱི་དེ་ཁོ་ན་རྗོད་པར་བྱེད་པ་འམ། ཤིན་ཏུ་མྱུར་དུ་སྨྲ་བའི་སྒོ་ནས་དོན་གསལ་པ་ཉིད་ཀྱི་ཕྱིར་མཆོག་ཏུ་སྨྲ་བའོ། །རྩོད་པའི་ཕྱིར་ཞེས་བྱ་བ་ནི་རྩོད་པའི་རྒྱུ་མཚན་ཡིན་ལ། བསྐྱེད་པ་ནི་རབ་ཏུ་འཇུག་པ་ཡིན་ནོ།། ་རྩོད་པ་ལས་རྣམ་པར་ཐར་པའི་ཕྱིར་ནི་རྩོད་པ་ཡོངས་སུ་སྤོང་བའི་ཕྱིར་རོ། །རྩོད་པ་ཞི་བར་བྱའོ་ཞེས་བྱ་བ་ལ། རྩོད་པ་ཉེ་བར་ཞི་བ་ནི་རྩོད་པའི་ལན་སྦྱིན་པའི་སྒོ་ནས་རྩོད་པ་ཉེ་བར་ཞི་བར་བྱེད་པའོ། །ཚར་བཅད་པར་བགྱིའོ་ཞེས་བྱ་བ་ནི་ཕམ་པར་བྱའོ། །ཕོ་ཉར ་འགྲོ་བ་ལ་ཞེས་བྱ་བ་ལ་སོགས་པ་ལ། འདིས་ལས་དང་པོ་བླངས་ནས་དེ་ལ་སྐྱེལ་བར་བྱེད་པ་དང། དེ་ལས་བླངས་ནས་འདིར་ལེན་པར་བྱེད་པའི་དོན་དུ་གཉེར་བའི་མངག་གཞུག་པ་གང་ཡིན་པ་དེ་ནི་འདིར་ཕོ་ཉ་ཡིན་པར་རིག་པར་བྱའོ། །གང་དག་མི ་འདོད་དུ་ཟིན་ཀྱང་མངགས་པ་དེ་ནི་མངགས་གཞུག་པ་ཡིན་ནོ། །ཕོ་ཉར་འགྲོ་བ་དེ་ཉིད་ཀྱི་རྒྱུ་མཚན་གྱིས་འཚོ་བར་བྱེད་པ་ནི་ལོག་པའི་ཡུལ་ལ་ཡོངས་སུ་ལོངས་སྤྱོད་པའི་ཕྱིར་ལོག་པའི་འཚོ་བ་ཡིན་ཏེ། དེས་འཚོ་བར་བྱེད་ཅིང་སྒྲུབ་པར་བྱེད་པའོ།། ་དེ་གང་གི་ཕོ་ཉར་འགྲོ་བ་ཡིན་ཞེ་ན། རྒྱལ་པོ་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྒྱལ་པོ་ནི་དབང་བསྐུར་བ་ཐོབ་པ་ཡིན་ཏེ། རྒྱལ་ཚབ་དུ་དབང་བསྐུར་བ་ནི་བློན་པོ་ཡིན་ནོ། །གྲོང་འདབ་ཀྱི་མི་ནི་གྲོང་འདབ་ཀྱི་གཙོ་བོར་གྱུར་པའོ། །ལྗོངས་ཀྱི་མི་ནི་ལྗོངས་ཀྱི་གཙོ་བོར་གྱུར་པའོ། ་ནོར་ཅན་ནི་འཁོར་གྱི་དབང་ཕྱུག་དག་ཡིན་ནོ། །ཚོང་དཔོན་ནི་ཚོང་པ་དག་གི་གཙོ་བོར་གྱུར་པའོ། །དེད་དཔོན་ནི་གང་དག་འདྲེན་པར་བྱེད་པའི་སྒོ་ནས་དོན་མཐུན་ངག་འདོན་པར་བྱེད་པའོ། །ཚུལ་འཆོས་ཞེས་བྱ་བ་ལ་སོགས་པ་ལ། ཚུལ་འཆོས་པ་ནི་རྣམ་པ་གསུམ་སྟེ། ་རྙེད་པ་དང་བཀུར་སྟི་འདོད་པས་ཕ་རོལ་ལ་ཡོན་ཏན་སྲིད་པའི་བསམ་པས་གཞན་ལ་སྤྱོད་ལམ་སྟོན་པར་བྱེད་པ་དང། དབྱེན་པར་བྱེད་པའི་ཕྱོགས་སུ་གནས་པ་དང། སན་ནི་ཁ་ཡང་དག་པར་སྟོན་པའོ། །ཁ་གསག་ནི་རྣམ་པ་གསུམ་སྟེ། རྙེད་པ་དང་བཀུར་སྟིའི ་བསམ་པ་ཅན་གྱིས་སྙན་པར་སྨྲ་བ་དང། བདག་གི་ཡོན་ཏན་བརྗོད་པ་དང། ཆོས་སྨྲ་བའོ། །གཞོགས་སློངས་ནི་རྣམ་པ་གསུམ་སྟེ། རྙེད་པའི་བསམ་པས་ལུས་ཀྱི་གནོད་པའི་གཞི་ཡང་དག་པར་སྟོན་པ་དང། མངོན་པར་འདོད་པའི་དངོས་པོ་ཚིག་གིས་ ་མངགས་པ་དང། ཕྱི་རོལ་གྱི་རྒྱུ་མཚན་ལུང་སྟོན་པའོ། །རྙེད་པའི་བསམས་པ་ཅན་གྱིས་སེར་སྣ་ལ་སོགས་པ་ལ་གཏོང་བ་ལ་རྒྱ་ཆེར་བསྔགས་པ་བྱེད་པ་ནི་ཐོབ་ཀྱི་འཇལ་བ་ཡིན་ནོ། །གཞན་ལས་རྙེད་པའི་རྙེད་པ་གང་ཡིན་པ་དེ་རྙེད་པ ་གཞན་གྱི་དོན་དུ་སྦྱིན་པར་བྱེད་པ་འམ། ཟང་ཟིང་ལ་སོགས་པ་རྙེད་པའི་དོན་དུ་སྟོབས་པར་བྱེད་ཅིང། ཇི་ལྟར་ན་རྙེད་པ་རྙེད་པར་འགྱུར་ཞེས་རྙེད་པས་རྙེད་པ་བསྒྲུབ་པར་འདོད་པ་ཡིན་ནོ། །རིགས་པ་ངན་པ་ཞེས་བྱ་བ་ལ་སོགས་པ་ལ་སྐྱེ་བའི་དེའི་འབྲས་བུ ་འཇིག་རྟེན་པའི་བཟོའི་བྱེ་བྲག་ནི་མཐོ་རིས་དང་ཐར་པའི་འབྲས་བུ་སྒྲུབ་པར་བྱེད་པ་མ་ཡིན་པས་གཙོ་བོ་མ་ཡིན་པ་ཉིད་ཀྱི་ཕྱིར་དང། དེ་བཞིན་གཤེགས་པའི་བསྟན་པ་ལས་ཕྱི་རོལ་ཏུ་གྱུར་པ་ཉིད་ཀྱི་ཕྱིར་རིག་པ་ངན་པ་ཡིན་ནོ། །ལོག་པའི་འཚོ་བ་དེ་ཉིད ་ལོག་པའི་ལས་ལ་བརྟེན་པའི་སྒོ་ནས་འཚོ་བར་བྱེད་པས་ན་ལོག་པས་འཚོ་བ་ཡིན་ནོ། །ཇི་ལྟར་ཞེ་ན། ལྟས་ངན་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འཕྲལ་དུས་གས་པ་ལས་གང་བྱུང་ཞིང་སྐྱེ་བ་ནི་ལྟས་ངན་ཡིན་ཏེ། ལྟས་ངན་དེའི་འབྲས་བུ་གང ་ཡིན་པ་དེ་ལུང་སྟོན་པར་བྱེད་ཅིང་ལུང་བསྟན་པ་དེས་ནོར་གྱི་ཚོགས་གང་རྙེད་པ་དེས་འཚོ་བར་བྱེད་པ་ཡིན་ནོ། །རྨ་ཞེས་བྱ་བ་ནི་རྨ་ཅུང་ཞིག་སྐྱེས་པ་ནི་དོན་སྒྲུབ་པར་བྱེད་པ་ཡིན་ལ་ཁ་ཅིག་ནི་དོན་མ་ཡིན་པ་སྐྱེད་པར་བྱེད་པ་ཡིན་ནོ་ཞེས་བྱ་བ་ནི་རྨའི ་མཚན་ཉིད་ལུང་བསྟན་པ་ལ་མཁས་པར་གྱུར་པའོ། །རྨི་ལམ་གྱི་མཚན་ཉིད་དང། མེས་ཚིག་པ་དང། ཆུས་རག་པ་ལས་འཕྲལ་དུ་གོས་སམ་ལུས་ལ་ཆུའི་ཐིགས་པ་ལྷུང་བ་ནི་ཆུས་རེག་པ་ཞེས་བྱ་བ་དང། བྱི་བས་ཟོས་པའི་འབྲས་བུ་ལུང་སྟོན ་པ་ལ་མཁས་པ་དེས་ཀྱང་འཚོ་བར་བྱེད་པ་ཡིན་ནོ། །གདོན་བབས་ནི་ཞུགས་པའོ། །དབྱངས་རྟོགས་པ་ཞེས་བྱ་བ་ལ། དབྱངས་སོ་སོ་ཐ་དད་པའི་འགྱུར་བའི་འབྲས་བུ་ལུང་བསྟན་པ་ལ་མཁས་པའོ། །འབྱུང་པོ་ཐམས་ཅད་ཀྱི་སྐད་ཅེས་བྱ་བ་ལ། ་འབྱུང་པོ་ཐམས་ཅད་ཀྱི་སྙད་ཡོངས་སུ་ཤེས་པའི་ནུས་པ་སྐྱེད་པར་བྱེད་པའི་བསྟན་བཅོས་ཡོད་ལ། བསྟན་བཅོས་དེ་ལ་མངོན་པར་གོམས་པ་ལས་བྱའི་སྐད་ཀྱིས་དོན་རྣམ་པར་འབྲེལ་བ་ལ་ཡང་མཁས་པར་འགྱུར་རོ། །ཡན་ལག་རིག་པ་ནི་གང་གིས་ལུས་ཀྱི་མཚན ་ཉིད་ཤེས་པའོ། །གོས་རིག་པ་ནི་གང་གིས་ཡོན་ཏན་དང་ལྡན་པ་དང་ཡོན་ཏན་ཡོད་བ་མ་ཡིན་ནོ་ཞེས་གོས་ཀྱི་མཚན་ཉིད་ཤེས་པའོ། །ནེ་ཙོ་རིག་པ་ནི་གང་གིས་ནེ་ཙོའི་མཚན་ཉིད་ཤེས་པའོ། །དགོས་པའི་དོན་དུ་འགྲོ་བ་ལ་བསྔགས་པའི་མཚན་ཉིད་འབྱུང ་བར་འགྱུར་བའི་ཤིས་པ་དེས་མཚན་ཉིད་གང་གིས་ཤེས་པ་དེ་ནི་ཤིས་པའི་རིག་པའམ། ནེ་ཙོ་མ་གཏོགས་པ་བྱ་གཞན་གྱི་མཚན་ཉིད་ལ་མཁས་པར་གྱུར་པའོ། །མཐེ་བོའི་རིག་པ་ནི་གང་གིས་མཐེ་བོ་ལས་འཇུག་པ་ལ་སོགས་པ་བྱེད་པ་ཡིན་ནོ། །ཡུད ་ཙམ་དག་ལ་རབ་ཏུ་སྦྱོར་བ་ཞེས་བྱ་བ་ལ་སོགས་པ་ལ། དུས་འདི་ནི་བཟང་ལ། འདི་ནི་བཟང་པོ་མ་ཡིན་པས་ཡུད་ཙམ་འདི་ལ་ལས་འདི་བྱའོ་ཞེས་བྱ་བ་ལ་སོགས་པ་ལྟ་བུའོ། །སྐར་མ་དག་ཤར་བ་ནི་སྐར་མ་བཟང་པོ་བྱུང་བ་ཡིན་ཏེ། དོན་དེ་ནི་རྒྱུ་སྐར་འགྲོ་བ ་དང་འོང་བ་ལ་མཁས་པ་དང། བྱ་བ་རྩོམ་པའི་རྒྱུ་སྐར་གྱི་མིང་ལ་མཁས་པ་ཞེས་བྱ་བ་འདི་ཡིན་ནོ། །རོ་བརྟག་པ་ལ་ཞེས་བྱ་བ་ནི་མི་ཤི་བའི་ལུས་མ་སྣང་པ་ནི་རོའི་སྒྲས་བརྗོད་དེ། དེའི་བརྟག་པ་ནི་རོ་ལངས་ལ་སོགས་པའི་ལས་དེ་ལ་མཁས་པར་གྱུར ་པའོ། འཚོ་བ་ལ་སོགས་ཞི་བའི་དོན་གྱི་ལས་ནི་ཞི་བའི་ལས་ཡིན་ཏེ། རིག་བྱེད་ལས་བསྟན་པ་འམ་གཞན་པའོ། །རྒྱས་པའི་ལས་ནི་སྤེལ་བ་དང་འབྱོར་པ་རྒྱས་པར་བྱེད་པའི་ལས་ཤེས་བྱའི་བར་དུའོ། །དྲག་པོའི་ལས་ནི་གཞན་གྱི་སྲོག་ལ་གནོད་པར ་བྱེད་པ་མགར་བ་ལ་སོགས་པའི་ལས་སམ། བཅུད་ཀྱིས་ལེན་གྱི་ལས་ཡིན་ནོ་འགའ་ཞིག་གིས་ནད་ཞི་བར་བྱེད་པའི་ཕྱིར་སྔགས་བཟླས་པའི་ཆུས་བརླན་པའི་གཏོར་མའི་ལས་ཡིན་ནོ། །ཡི་གེའི་རིག་པ་ནི་ཡི་གེའི་གྲངས་དང། རྩིས་དང། སྐར་མའི ་བསྟན་བཅོས་རིག་པའོ། །དགོས་པ་ནི་ཡན་ལག་རྣམ་པར་དགོད་པའོ། །བཞི་པ་དང། ལྔ་པ་དང། ཉི་ཤུ་པ་དག་ཅི་ཙམ་དུ་འགྱུར་ཞེས་དྲིས་པ་ལ་མྱུར་དུ་ཡོངས་སུ་ཞེས་པ་ནི་གྲངས་ལ་མཁས་པ་ཡིན་ནོ་ལག་པས་ཕྱག་རྒྱའི་རྣམ་པ་བཅིང་པ་འམ། ་ལག་རྩིས་ཀྱིས་བརྔ་ནི་ལག་བརྔ་ཡིན་ནོ། །ལམ་རིག་པ་ནི་གང་གིས་ལམ་དུ་འཇུག་པའི་འབྲས་བུ་ཤེས་པའོ། །ནད་ཞི་བའི་ཐབས་སུ་གྱུར་བའི་མན་ངག་ནི་གསོ་བ་ཡིན་ནོ། །བུད་མེད་དག་གི་ཐུན་མོང་མ་ཡིན་པའི་ནད་ཉེ་བར་ཞི་བའི་ཐབས་སྟོན་པ་ནི་བུད་མེད་ཀྱི་གསོ་བ ་ཡིན་ལ། དེ་བཞིན་དུ་སྐྱེས་པའི་གསོ་བ་དང་གཞོན་ནུའི་གསོ་བ་དང། གཞོན་ནུ་མའི་གསོ་བ་དག་ཀྱང་ཡིན་ནོ། །སྨན་དག་གི་སྦྱོར་བ་ཞེས་བྱ་བ་ནི་སྨིན་པ་ལ་སོགས་པའི་རྫས་བྱིན་པས་འཚོ་བར་བྱེད་པའོ། །ནོར་བུའི་མཚན་ཉིད་དང་ཞེས་བྱ་བ་ལ་སོགས་པ ་ལ། གང་དུ་ནོར་བུ་དུག་ལ་སོགས་པ་སེལ་བར་བྱེད་པའི་ནུས་པ་དུ་མ་དང་ལྡན་པ་དེ་དག་དེ་དག་གི་མཚན་ཉིད་རབ་ཏུ་དབྱེ་བའི་སྒོ་ནས་ཤེས་པ་ཡིན་ནོ། །དབྱིག་པ་ལས་བཟང་པོ་དང་བཟང་པོ་མ་ཡིན་པའི་མཚན་ཉིད་ཀྱི་ཕྱིར་དབྱིག་པའི་མཚན་ཉིད་ལ ་མཁས་པར་གྱུར་པའོ། །རལ་གྲི་ནི་རལ་གྲི་ཡིན་ཏེ། རལ་གྲི་ལ་སོགས་པའི་མཚོན་དག་གི་བཟང་པོ་མ་ཡིན་པའི་མཚན་ཉིད་ལ་མཁས་པར་གྱུར་པའོ། །གླང་པོ་ཆེ་ལ་སོགས་པ་ནས་གཞོན་ནུ་མའི་མཐར་ཐུག་པ་དག་གིས་མཛེས་པ་དང་མཛེས་པ ་མ་ཡིན་པའི་མཚན་ཉིད་ཡོད་པའི་མཚན་ཉིད་གང་དང་ལྡན་པ་དག་ཁྱིམ་དུ་བཞག་པ་ལས་དགེ་བ་དང་མི་དགེ་བར་འགྱུར་བ་དེའི་མཚན་ཉིད་དང། མཚན་ཉིད་འདི་དང་ལྡན་ན་ཚེ་ཐུང་ཞིང་འདིས་ཚེ་རིང་བར་འགྱུར་བ་དང། འདིས་ལོངས་སྤྱོད་ཆུང ་ཞིང་འདིས་ལོངས་སྤྱོད་ཆེ་བར་འགྱུར་བ་དང། བསོད་ནམས་ཆུང་བའི་མཚན་ཉིད་ཡིན་ཞིང་བསོད་ནམས་ཆེ་བ་འདི་ཡིན་པ་དང། འདི་ལུས་ཆུང་ལ་འདི་ལུས་བོང་ཆེ་བ་དང། འདི་རྗེ?་བོའི་མཚན་ཉིད་ཡིན་ལ། འདི་ཕྲན་གྱི་མཚན་ཉིད་ཡིན་ནོ། ། ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པ་ཡིན་ནོ། །མགྱོགས་པ་ཞེས་བྱ་བ་ལ་སོགས་པ་ནི་རུ་ཧ་དང། མས་བཏང་བ་དང། ཡན་ལག་མ་ལུས་པ་དུགས་བྱས་པ་ནི་མགྱོགས་པའི་སྒྲས་བསྟན་ཏོ། །སྐྱུག་པ་དང་འཁྲུ་བ་ནི་རབ་ཏུ་གྲགས་པ་ཡིན་ནོ། །གྱེན ་དུ་བཤལ་བ་ནི་སྨན་སྔོན་དུ་སོང་བ་ཅན་གྱི་སྣ་ལ་སོགས་པ་ལས་འཛག་པར་གྱུར་པའོ། །སྣའི་ལས་ནི་དུ་བ་རྡུབ་པའོ། །ཡན་ལག་གི་ཕྱོགས་གཅིག་གི་དུགས་ཀྱང་རབ་ཏུ་གྲགས་པ་ཡིན་ནོ། །སྙིང་ཁའི་ཕྱོགས་ན་ཡོངས་སུ་གནས་པའི་ནད་ཀྱི་གསོ་བ་བསྟན ་བ་ནི་མ་ཞུ་བའི་གནས་བརྗོད་པའོ། །སྙིང་ཁའི་འོག་མན་ཆད་ཀྱིས་ནི་ཞུ་བའི་གནས་བརྗོད་པའོ། །ལུས་ཀྱི་ཕྱོགས་ལས་བྱུང་བ་འབྲུམ་པ་འབྲས་བུའི་རྣམ་པ་ལྟ་བུ་བཤད་པ་དག་ནི་འབྲུམ་བུའོ། །བརྗོད་ལེའུ་ལག་པ་ལ་སོགས་པ་ལ་བྱུང་བ་འབྲས་ཀྱི་བྱ་བ་འཆད ་པ་དག་ནི་འབྲས་ཀྱི་བརྗོད་ལེའུ་ཡིན་ནོ། །རི་དགས་རྣམས་འཁོར་ལོ་བཞིན་དུ་རྒྱུ་བ་རི་དགས་འགྲོ་བ་ཡིན་ནོ། །དེའི་འབྲས་བུ་ལུང་བསྟེན་པ་ལ་མཁས་པར་གྱུར་པའོ། །ཁྭ?་དག་ནམ་མཁའ་ལ་ཚོགས་ཤིང་རྒྱུ་བ་ནི་ཁྲའི་ཚོགས་ཡིན་ཏེ། །དེའི་འབྲས་བུ་ཡང་ཤེས་པར་གྱུར་པའོ། །ཀོས་ཀོའི་ཕྱོགས་འགུལ་བ་ལ་སོགས ་པ་འགྱུར་བ་སྲིད་པ་ནི་ཀོས་ཀོ་ཞོམ་པ་སྟེ། དེའི་འབྲས་བུ་ལུང་སྟོན་པ་ལ་མཁས་པར་གྱུར་པའོ། །འཕྲལ་དུ་སོའི་ཕྲེང་བ་དག་གིས་ལྕེ་ལ་འབྱོར་པར་གྱུར་པ་ནི་ལྕེ་བཞར་བ་ཡིན་ནོ། །རོ་ལངས་ནི་འཁོར་ལོ་གཉིས་དང་ལྡན་པའི་ཤིང་རྟ་ལ་ཞོན་པ་ལག་པ་གཉིས་ཀྱིས ་རལ་གྲི་སོ་སོར་འཛིན་པའོ། །རོ་ལངས་འཁོར་ལོ་གཅིག་པའི་ཤིང་རྟ་ལ་ཞོན་ཅིང་རལ་གྲི་གཅིག་འཛིན་པས་ཉེ་བར་མཚོན་པའོ། །དགུག་པ་ཞེས་བྱ་བ་ལ་སོགས་པ་ལ། དགུག་པ་ནི་འབྱུང་པོ་དག་འདྲེན་པར་བྱེད་པའོ། །སླར་གཏོང་བ་ནི་ཨརྒ་ལ་སོགས ་བ་སྒྲེངས་ནས་གཏོང་བར་བྱེད་པའོ། །ཀུན་ནས་རྨོངས་པར་བྱེད་པ་ནི་སྔགས་ཀྱིས་གཞན་གྱི་སེམས་རྣམ་པར་རྨོངས་པ་སྐྱེད་པར་བྱེད་པའོ། །རྣམ་པར་རྨོངས་པ་ནི་ཁྱད་པར་དུ་སྔགས་ཀྱིས་གཞན་གྱི་ཡན་ལག་རྣམ་པར་བཤིག་ཅིང་འགྱུར་བའོ། །རྣམ ་པར་བཤིག་པ་ནི་སྔགས་ཁོ་ནས་རོ་རྒྱབ་ལ་སོགས་པ་འཇིག་པ་འགྱུར་བའོ། །སྔགས་ཁོ་ནས་བདེ་བ་བསྐྱེད་པ་ནི་བདེ་བར་བྱས་པ་ཡིན་ལ། དེ་བཞིན་དུ་སྡུག་བསྔལ་བར་བྱས་པ་ཡིན་ནོ། །སྨན་ལ་སོགས་པས་མངལ་བསྐྱེད་པ་ནི ་སྤྲུམ་པར་བྱས་པ་ཡིན་ནོ། །མེ་ལ་ཏིལ་ལ་སོགས་པའི་སྦྱིན་སྲེག་བྱིན་པ་ནི་ཏིལ་ལ་སོགས་པའི་སྦྱིན་སྲེག་ཡིན་ནོ། །གསེར་ལ་སོགས་པ་བཅུག་པ་ནི་རྫས་ལ་སོགས་ཀྱི་སྦྱིན་སྲེག་ཡིན་ནོ། །ཏིལ་མར་དང་མར་བཅུག་པ་ནི་སྦྱིན་སྲེག་གི་སྦྱིན་སྲེག་ཡིན་ནོ།། ་ཉི་མ་ལ་བསྙེན་པ་འམ་རབ་ཏུ་ཆགས་པར་གྱུར་པ་དེ་ནི་བསྙེན་པའི་ཆོ་ག་ལ་མཁས་པའོ། །རྒྱུ་སྐར་ལ་ཕྱོགས་པ་དང། ལྷ་ལ་ཕྱོགས་པ་དག་ཀྱང་དེ་དང་འདྲའོ། །དབང་ཕྱུག་གི་མཆོག་གི་འདུས་བསྒྲུབ་པར་བྱེད་པ་ནི་སྤོང་བ་ཆེན་པོ་དེ་ལ་མངོན་པར ་སྦྱོར་བ་དེས་འཚོ་བར་བྱེད་པ་ཡིན་ནོ། །འཇིགས་པར་འགྱུར་བ་ཞེས་བྱ་བ་ལ་སོགས་པ་ལ། འཇིག་པར་འགྲོ་བའི་མཚན་ཉིད་ཤེས་པ་དང། བདེ་བར་འགྱུར་བའི་མཚན་ཉིད་ཤེས་ཤིང་ལོ་ཉེས་དང་ལོ་ལེགས་པའི་མཚན་ཉིད་ཤེས་པར ་འགྱུར་བའོ། །ངན་པར་འབབ་པས་ན་ཆར་མི་འབབ་པ་སྟེ་འབྲུ་ཉམས་པར་བྱེད་པའོ། །དགེ་བར་འབབ་པ་ནས་ཆར་འབབ་པར་འགྱུར་བ་སྟེ་འབྲུ་སྒྲུབ་པར་བྱེད་པའོ། །ལྷ་འཁྲུགས་པ་དང་བདུད་ལ་སོགས་པའི་རྣམ་པར་འཚེ་བ་ལས་བྱུང་བ་ནི་ཡམས ་ཡིན་ནོ། །ཅིག་ཤོས་ནི་བཟློག་པའི་མཚན་ཉིད་ཡིན་ནོ། །ནང་གི་ཞེས་བྱ་བ་ལ་སོགས་པ་ལ་གཞན་གྱི་འདོད་པས་འགྲོ་བ་ནི་བྲོས་པར་གྱུར་པ་ཡིན་ལ། རང་གི་འདོད་པས་འགྲོ་བ་ནི་སྙེགས་པར་གྱུར་པའོ། །ལམ་ཞེས་བྱ་བ་ལ་སོགས་པ་ལ་ལམ་ནི ་རབ་ཏུ་གྲགས་པའི་ལམ་པོ་ཆེ་ཡིན་ལ། རབ་ཏུ་གྲགས་པ་མ་ཡིན་པ་ནི་ལམ་གོལ་བ་ཡིན་ནོ། །སྐར་མའི་གཟུགས་ལྟུང་བ་ནི་སྐར་མདའ་ལྟུང་བའོ། །ཕྱོགས་དང་ནམ་མཁའ་ཨི་ཕྱོགས་ཤིན་ཏུ་འོད་གསལ་བར་གྱུར་པ་ནི་ཕྱོགས་ཚིག་པའོ། །བར་སྣང་ལ་ནི ་མི་བཟང་བའི་སྒྲ་འབྱུང་བ་ནི་ལྷའི་རྔ་བོ་ཆེ་དག་ཡིན་ནོ། །རང་གི་ཡོན་ཏན་སྒྲུབ་པ་ནི་རྫུ་འཕྲུལ་ཆེ་བའོ། །གཞན་ལ་ཕན་འདོགས་པར་བྱེད་པའི་སྒོ་ནས་མཐུ་ཆེ་བ་ཡིན་ནོ། །ཤར་པ་ནི་ཤར་གྱི་རི་ལས་བྱུང་བའོ། །ནུབ་པ་ནི་ནུབ་ཀྱི་རིང་ཞུགས་པར་གྱུར་པའོ ་བར་ཀུན་ནས་ཉོན་མོངས་པ་ཞེས་བྱ་བ་ནི་ལྷ་མ་ཡིན་གྱི་དབང་པོ་སྒྲ་གཅན་ཡིན་ལ། རྣམ་པར་བྱང་བ་ནི་ཤིན་ཏུ་དང་བར་གྱུར་པ་སྟེ། ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་དག་གི་རྣམ་པར་བཞག་པའི་ལམ་ཞེས་བྱ་བ་དེ་ལྟ་བུའི་རྣམ་པར་སྨིན་པ ་དང་ཞེས་བྱ་བ་དེ་ལྟ་བུའི་འབྲས་བུ་ཡིན་ནོ། །དེ་ཞེས་བྱ་བ་ལ་སོགས་པ་ལ། དེ་ཉིད་ནི་བསྟན་མ་ཐག་པའི་རབ་ཏུ་བྱུང་བའོ། །འཕགས་པ་ཞེས་བྱ་བ་ལ་ཟག་པ་མེད་པའི་ལམ་གྱི་ཚོགས་ཡིན་པའི་ཕྱིར་ཟག་པ་དང་བཅས་པའི་ཚུལ་ཁྲིམས་ཀྱི་ཕུང་པོ་ལས ་ཡང་འཕགས་པ་ཞེས་བྱའོ། །ནང་གི་ཞེས་བྱ་བ་ལ། བདག་ཉིད་ལྷག་པར་བྱས་པས་ན་ནང་ཡིན་ནོ། །གཞན་གྱི་སྐྱོན་བརྗོད་པའི་སྐབས་མེད་པའི་ཕྱིར་ཁ་ན་མ་ཐོ་བ་མེད་པ་ཡིན་ལ་དེའི་བདེ་བ་ནི་གང་ཚུལ་ཁྲིམས་ཡོངས་སུ་དག་པའི་རྒྱུར་གྱུར་པ་ཡིན་ནོ།། ་སོ་སོའི་མྱོང་བ་ནི་ཡོངས་སུ་རྫོགས་པར་ཉམས་སུ་མྱོང་བའོ། །སྒོ་སྤས་པ་ཞེས་བྱ་བ་ལ། གང་གི་སྒོ་སྤས་པའོ། །གང་གི་སྒོ་སྦས་ཤེ་ན། དབང་པོའི་ཞེས་བྱ་བ་སྨོས་པ་ཡིན་ནོ། །དེའི་དོན་ནི་འདི་ཡིན་ཏེ། མིག་ལ་སོགས་པའི་དབང་པོ་དག་དགག་པའི ་ཡུལ་ལ་འཇུག་པ་ལས་བཟློག་པ་གང་ཡིན་པ་དེ་ནི་དབང་པོའི་སྒོ་སྤས་པ་ཡིན་ནོ། །རྟག་ཏུ་མངོན་སུམ་དུ་གྱུར་པའི་སྒོ་ནས་དྲན་བ་ཀུན་ནས་བསྲུངས་པ་གང་ཡིན་པ་དེ་ནི་དྲན་པ་ཀུན་ནས་བསྲུངས་པའོ། །གུས་པས་མངོན་སུམ་དུ་བྱེད་པས་ན་དྲན ་པས་ངེས་པར་བསྲུངས་པ་ཡིན་ཏེ། སེམས་མི་དགེ་བའི་རྣམ་པའི་རྟོག་པ་དག་ལས་ངེས་པ་སྟེ། ཁྱད་པར་དུ་བསྲུང་ཞིང་སྤེད་པར་བྱེད་པའི་ཕྱིར་ངེས་པར་བསྲུངས་པ་སྟེ། ངེས་པར་བསྲུངས་པ་གང་ཡིན་པ་དེ་ནི་དྲན་པ་ངེས་པར་བསྲུངས་པའོ། །དེ་ཉིད་ཀྱི ་ཕྱིར་དྲན་པ་བསྲུངས་པའི་ཡིད་ཡིན་ཏེ། རྒྱུན་གྱིས་དྲན་པ་མངོན་དུ་བྱེད་པ་ཡིན་པའི་ཕྱིར་རོ། །གནས་སྐབས་མཉམ་པར་སྤྱོད་དོ་ཞེས་བྱ་བ་ནི་མིག་ལ་སོགས་པའི་དབང་པོ་དག་ཡུལ་འཛིན་པའི་གནས་སྐབས་ལ་ཇི་ལྟར་ཉེས་པ་དང། ་ལྡན་པར་མི་འགྱུར་བ་དེ་ལྟར་མཉམ་པོར་དཔྱོད་ཅིང་འཇོག་པར་བྱེད་པའོ། །ཇི་ལྟར་གནས་སྐབས་མཉམ་པར་དཔྱོད་པར་འགྱུར་ཞེ་ན། དེ་མིག་གིས་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ནོ། །མཚན་མོར་མི་འཛིན་པ་ཞེས་བྱ་བ་ནི་གསང་བ་ལ་སོགས་པ ་ཉིད་དུ་མཚན་མར་མི་འཛིན་གྱི། འོན་ཀྱང་ཇི་ལྟར་གཟུགས་དེའི་རང་བཞིན་ཁོ་ན་བཞིན་དུ་འཛིན་པར་བྱེད་དོ། །མཚན་མ་འཛིན་པ་སྔོན་དུ་སོང་བ་ཅན་གྱི་དངོས་པོ་གཞན་དང་འབྲེལ་པའི་མིང་གི་མཚན་མ་འཛིན་པ་སྟེ། དཔེར་ན་ཨུཏཔ་ལ་སྔོན ་པོ་དང་འབྲེལ་པའི་ཚིག་དང། རི་བོང་ཅན་དང་འབྲེལ་བའི་གདོང་དང། པད་མ་དང་འབྲེལ་པའི་ལག་པ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པའོ། །གང་གི་ཕྱིར་ཞེས་བྱ་བ་ནི་གང་གི་རྒྱུ་མཚན་གྱིས་སོ། །སྡིག་པ་མི་དགེ་བའི་ཆོས་ནི་འདོད་ཆགས་ལ་སོགས ་པ་ཡིན་ལ། སེམས་རྗེས་སུ་འཇུག་པ་ནི་སེམས་ལ་བརྟེན་ནས་རབ་ཏུ་འཇུག་པ་འམ། སེམས་ཡོངས་སུ་དར་བར་མི་བྱེད་པ་ཡིན་ནོ། །གང་ལ་སེམས་འཇུག་པར་འགྱུར་བ་ཞེ་ན། མིག་གིས་དབང་པོས་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། མིག ་གིས་དབང་པོའི་སྒོ་ནས་སྡོམ་པ་མ་ཡིན་པ་དེ་སྡོམ་པ་དེ་དང་ལྡན་ཞིང་འབྱོར་པ་གང་ཡིན་པ་དེ་ལའོ། །ཅི་ཞིག་ཡོད་པར་གྱུར་ན་ཞེ་ན། སྨྲས་པ། བརྣབ་སེམས་དང་གནོད་སེམས་ཡོད་པར་གྱུར་ནའོ། །ཡུལ་གང་ལ་བརྣབ་སེམས་དང་གནོད་སེམས ་འབྱུང་བ་ཡིན་ཞེ་ན། འཇིག་རྟེན་ཏེ་ཉེ་བར་ལེན་པའི་ཕུང་པོ་ལྔའི་ཡུལ་ལའོ། །གཞན་གྱི་ཡུལ་ལ་ཆགས་པ་ནི་བརྣབ་སེམས་ཡིན་པ། མངོན་པར་འདོད་པའི་དོན་མ་འབྱོར་པ་སྔོན་དུ་སོང་བ་ཅན་ནི་ཡིད་མི་བདེ་བ་ཡིན་ཏེ། བརྣབ་སེམས ་དང་ཡིད་མི་བདེ་བ་ནི་བརྣབ་སེམས་དང་ཡིད་མི་བདེ་བའོ། །དེ་ཡོད་པར་གྱུར་ན་དམ་པ་རྣམས་ཀྱིས་སྨད་པར་བྱ་བ་ཉིད་ཡིན་པའི་ཕྱིར་སྡིག་པ་དག་ཡིན་ལ། འདོད་པ་མ་ཡིན་པའི་འགྲོ་བ་འདོད་པར་བྱེད་པ་ཉིད་ཡིན་པའི་ཕྱིར་མི་དགེ་བ་ཡིན་ནོ། །སྡིག་པ་མི ་དགེ་བའི་ཆོས་དེ་དག་སྡོམ་པའི་ཕྱིར་ཏེ། མི་སྐྱེ་བར་བྱ་བའི་ཕྱིར་ནན་ཏན་དུ་བྱེད་ཅིང་སྒྲུབ་པར་བྱེད་པའམ་ཚུལ་བཞིན་མ་ཡིན་པའི་རྒྱུ་མཚན་འཛིན་པ་ལ་སོགས་པ་དབང་དུ་བྱེད་པའི་ཚུལ་དེ་སྡོམ་པའི་ཕྱིར་ནན་ཏན་དུ་བགྱིད་པ་ཡིན་ནོ།། ་གནོད་པ་མེད་པའི་བདེ་བ་ཞེས་བྱ་བ་ནི་རང་གི་སེམས་ཤིན་ཏུ་ཡོངས་སུ་མགུ་བར་གྱུར་པའི་བདེ་བ་ཉམས་སུ་མྱོང་བར་གྱུར་པའོ། །མངོན་པར་འདོད་པའི་གནས་སུ་འགྲོ་བར་བྱེད་པ་ནི་འགྲོ་བ་སྟེ། མངོན་དུ་ཕྱོགས་ནས་འགྲོས ་བྱེད་པ་ཡིན་ནོ། །འོང་པ་ནི་ཕྱིར་ལྡོག་པའོ། །ཤེས་བཞིན་དུ་གནས་པར་གྱུར་པ་ཞེས་བྱ་བ་ནི་ཤེས་རབ་སྔོན་དུ་བྱེད་པའི་སྒོ་ནས་འགྲོ་བ་དང་འོང་བའི་རྒྱུ་མཚན་ལ་ཁ་ན་མ་ཐོ་བ་ལ་ཀུན་ཏུ་སྤྱོད་པ་མ་ཡིན་པའོ། །མངོན་དུ་ཕྱོགས་པས་ལྟ ་བར་བྱེད་པ་ནི་ལྟ་བ་ཡིན་ལ། ཟུར་གྱིས་ལྟ་བར་བྱེད་པ་ནི་ཀུན་ཏུ་ལྟ་བ་ཡིན་ནོ། །བསྐུམ་པ་ནི་དཔུང་བ་ལ་སོགས་པའི་ཡན་ལག་སྡུད་པར་བྱེད་པའོ། །བརྐྱང་བ་ནི་དོན་རབ་ཏུ་གྲགས་པ་ཡིན་ནོ། །སྦྱར་མ་ནི་གོས་ཀྱི་མཆོག་ཡིན་ནོ། །ཆོས་གོས་ནི ་གོས་ལྷག་མ་དག་ཡིན་ནོ། །འགྲོ་བ་ཞེས་བྱ་བ་ལ་སོགས་པ་ནི་སྤྱོད་ལམ་བཞི་སྟོན་པ་ཡིན་ནོ། །གཉིད་ལས་གྱུར་པའི་རྨྱ་བ་ནི་གཉིད་ཀྱིས་རྨྱ་བའོ། །ལུས་རྨྱ་བས་གཟིར་བ་ནི་རྨྱ་བ་དེ་ཅུང་ཟད་གཉིད་ལོག་པས་སོ་སོར་བསར་ཅིང ་ཡོངས་སུ་སྤངས་པ་སྟེ། དེ་ལ་ཤེས་བཞིན་དུ་གནས་པ་ཡིན་ནོ། །ཤེས་བཞིན་ནི་ཤེས་རབ་ཡིན་ནོ། །ཕོངས་མེད་པའི་བདེ་བ་ཞེས་བྱ་བ་ལ། ཡུལ་རྣམ་པ་སྣ་ཚོགས་ལ་ཡིད་ལྟུང་བར་བྱེད་པ་ནི་ཕོངས་པ་ཡིན་ཏེ། ཕོངས་པ་མ་ཡིན་པ ་ནི་ཕོངས་པ་མེད་པ་སྟེ། ཡུལ་གཅིག་ལ་འཇུག་པ་ཞེས་བྱ་བའི་ཐ་ཚིག་སྟེ། བདེ་བ་དེ་ཉིད་སོ་སོར་མྱོང་བར་གྱུར་པའོ། །དབེན་པར་ཞེས་བྱ་བ་ནི་ལུས་དང་སེམས་དབེན་པ་དང་ལྡན་པའོ། །འདི་ལ་ཉལ་བར་བྱེད་པའི་ཕྱིར་མལ་ཡིན་ནོ། ། ་འདི་ལ་འདུག་པར་བྱེད་པའི་ཕྱིར་སྟན་ཡིན་ནོ། །དགོན་པ་ནི་གྲོང་ལས་རྒྱང་གྲགས་ཀྱི་མཐར་གྱུར་པའོ། །སྐྱིལ་མོ་ཀྲུང་བཅས་པ་ནི་སྐྱིལ་མོ་ཀྲུང་བཅས་པར་གྱུར་པའོ། །ལུས་དྲང་པོར་བསྲངས་ཞེས་བྱ་བ་ནི་ལུས་བསྲང་བ་ཉིད་ཡིན་ཏེ། རྩི་བ་ལོགས་ཀྱི་ཕྱོགས ་ནས་བརྩམས་ནས་ལྷོ་བ་རྒྱས་པར་བྱས་པའོ། །མངོན་དུ་བཞག་པ་ཞེས་བྱ་བ་ནི་མངོན་དུ་ཕྱོགས་པར་གྱུར་པ་སྟེ་དྲན་པ་མངོན་དུ་བཞག་པ་ཡིན་ཏེ། རྣལ་འབྱོར་པས་སྣའི་རྩེ་མོ་ལ་མིག་གིས་བལྟས་ཏེ་བསམ་གཏན་བྱའོ། །ཞེས་འཇིག་རྟེན་ན་རབ་ཏུ་གྲགས ་པ་ཡོད་པས་ན་སྣའི་རྩེ་མོ་ལ་མིག་གཏད་ན་དྲན་པ་ཡང་བསྒོམ་པར་བྱེད་པའི་དོན་དེ་ཉིད་ལ་བཞག་པར་འགྱུར་བ་དེའི་ཕྱིར་འོངས་ནི་ལུས་ཀྱི་གནས་སྐབས་ཀྱི་བྱེ་བྲག་ཕྱིན་ཅི་མ་ལོག་པར་བརྩོམ་པའི་རྒྱུ་མཚན་ཏིང་ངེ་འཛིན་གྱི་ཡན་ལག་ཅེས་བསྟན་པར ་འགྱུར་རོ། །བརྣབ་སེམས་ཞེས་བྱ་བ་ལ་སོགས་པ་ལ། བརྣབ་སེམས་ནི་ཕ་རོལ་པོའི་ཡུལ་འདོད་པའི་མཚན་ཉིད་ཅན་ཡིན་ནོ། །འཇིག་རྟེན་ཞེས་བྱ་བ་ནི་ཕུང་པོ་ལྔའི་རང་བཞིན་ཅན་ཡིན་ནོ། །སྤངས་པ་ནི་རེངས་པར་བྱེད་པ་སྟེ། འདིར་སྤངས་པའི ་སྒྲས་བསྟན་པ་ཡིན་ནོ། །བརྣབ་སེམས་དང་བྲལ་བ་ཞེས་བྱ་བ་ནི་གང་གི་ཕྱིར་མངོན་སུམ་དུ་གྱུར་པའི་སྒོ་ནས་བརྣབ་སེམས་དང་བྲལ་བའི་སེམས་ཡིན་པ་དེའི་ཕྱིར་དེ་སྐད་ཅེས་བྱའོ། །རྒྱུན་གྱི་སེམས་དེ་ལ་མངོན་དུ་ཕྱོགས་པའི་ཕྱིར་མང་དུ ་བྱས་པ་ཞེས་བསྟན་ཏོ། །བརྣབ་སེམས་ཀྱི་སེམས་ཀྱི་སེམས་ཡོངས་སུ་སྤྱོད་པར་བྱེད་དོ་ཞེས་བྱ་བ་ནི་བརྣབ་སེམས་སྤང་བའི་ཕྱིར་ཤིན་ཏུ་འབྲེལ་པར་གྱུར་པའོ། །གནོད་སེམས་ནི་སེམས་ཅན་ལ་རྣམ་པར་ཞེ་སྡང་བའི་མཚན་ཉིད་ཅན་དང། ་རྨུགས་པ་ནི་ལུས་དང་སེམས་ལས་སུ་མི་རུང་བ་དང། རྨོངས་པར་གྱུར་པ་གཉིད་ནི་སེམས་མངོན་པར་སྡུད་པ་སྟེ། འདི་གཉིས་ནི་ཕན་ཚུན་རྗེས་སུ་མཐུན་པ་ཉིད་ཀྱི་ཕྱིར་སྒྲིབ་པ་གཅིག་ཏུ་རྣམ་པར་བཞག་པ་ཡིན་ནོ། །རྒོད་པ་ནི་སེམས་མ་ཞི་བ་ཡིན་ལ། འགྱོད་པ་ནི ་སེམས་རྣམ་པར་སྐྱོ་བར་གྱུར་པ་སྟེ། འདི་གཉིས་ཀྱང་ཕན་ཚུན་རྗེས་སུ་མཐུན་པ་ཁོ་ན་ཉིད་ཀྱི་ཕྱིར་སྒྲིབ་པ་གཅིག་ཏུ་རྣམ་པར་བཞག་པ་ཡིན་ནོ། །ཡང་ན་མི་མཐུན་པའི་ཕྱོགས་ཉིད་ཡིན་པའི་ཕྱིར་དང། རྟེན་གཅིག་ཉིད་ཡིན་པའི་ཕྱིར་དང། བྱ་བ་གཅིག་བྱེད་པ ་ཉིད་ཀྱི་ཕྱིར་སྒྲིབ་པ་གཅིག་ཉིད་ཡིན་ནོ། །རྨུགས་པ་དང་གཉིད་དག་ནི་སྣང་བའི་འདུ་ཤེས་མི་མཐུན་པའི་ཕྱོགས་ཀྱི་ཆོས་ལྔའི་རྟེན་ཏེ། ལེ་ལོ་དང། དགའ་བ་མེད་པ་དང། གླལ་བ་དང། ཟས་ལ་མི་དད་པ་དང། སེམས་ཞུམ་པ་ཉིད་ཡིན་ལ། གཉི་ག་ཡང་སེམས ་ཞུམ་པ་ཉིད་སྐྱེད་པར་བྱེད་པ་ཞེས་བྱ་བ་གཅིག་བྱེད་པ་ཡིན་ནོ། །རྒོད་པ་དང་འགྱོད་པ་དག་ཀྱང་ཆོས་བཞིའི་རྟེན་བྱེད་པ་ཡིན་ཏེ། ཉེ་དུའི་རྣམ་པར་རྟོག་པ་དང། ལྗོངས་ལ་རྣམ་པར་རྟོག་པ་དང་མི་འཆི་བའི་རྣམ་པར་རྟོག་པ་དང། སྔོན་དགོང་པ་དང། དགའ་བ ་དང། རྩེ་བ་དང། ཀུན་ཏུ་སྤྱོད་པ་དང་རྗེས་སུ་དྲན་པ་ཡིན་ལ། འདི་གཉི་ག་ཡང་སེམས་མ་ཞི་བ་བསྐྱེད་པ་ལ་རབ་ཏུ་འཇུག་པ་ཉིད་ཡིན་པའི་ཕྱིར་མང་ཞི་གནས་ཀྱི་མི་མཐུན་པའི་ཕྱོགས་བྱ་བ་གཅིག་བྱེད་པ་ཡིན་ནོ། །རེ་བ་དང་བྲལ་བ་ལ་སོགས་པ་ཞེས་བྱ ་བ་ལ། ཨེ་མའོ་བདག་གི་དོན་འདི་ཤེས་པར་བྱའོ་ཞེས་བྱ་བ་ནི་རྣམ་པ་འདི་ཞེས་བྱ་བའི་དངོས་པོ་དག་ལ་ཐོག་མར་རེ་བ་སྐྱེ་བར་འགྱུར་ཏེ། དོན་ཇི་ལྟ་བ་བཞིན་དུ་ཁོང་དུ་མ་ཆུད་བ་ལས་ཅི་དོན་འདི་ལྟ་བུ་ཡིན་ནམ་འོན་ཏེ་འདི་ལྟ་བུ་མ་ཡིན་ཞེས་ཐེ་ཚོམ་སྐྱེ ་བར་འགྱུར་རོ། །རེ་བ་དང་ཐེ་ཚོམ་དང་བྲལ་ཞིང་ཡོངས་སུ་སྤངས་པ་གང་ཡིན་པ་དེ་ནི་རེ་བ་དང་བྲལ་བ་དང། ཐེ་ཚོམ་དང་བྲལ་བའོ། །དེ་ཉིད་ཀྱི་ཕྱིར་དད་པ་ལ་སོགས་པ་དགེ་བའི་ཆོས་དག་ལ་ཅི་ལྟ་ཅི་ལྟ་བུ་ཅན་ནི་ངེས་པའི་དོན་ཁོང་དུ་ཆུད་པའི་ཕྱིར་རོ ་ཅི་ལྟ་ཅི་ལྟ་བུའི་ཚིག་ནི་ཐེ་ཚོམ་ཁོ་ནའི་རྣམ་གྲངས་བརྗོད་པ་ཡིན་པ། ཅི་ལྟ་ཅི་ལྟར་གང་ལ་ཡོད་པ་དེ་ནི་ཅི་ལྟ་ཅི་ལྟ་བུ་ཅན་ཡིན་ཏེ། ཅི་ལྟ་ཅི་ལྟ་བུ་ཅན་མེད་པ་ནི་ཅི?་སྟེ་ཅི་ལྟ་བུ་ཅན་མ་ཡིན་པའོ། །སེམས་ཡོངས་སུ་སྤྱོད་པ་ནི་འདིར་ཡང་ཐེ་ཚོམ ་ཤིན་ཏུ་སྤང་བའི་ཕྱིར་རོ། །འཕགས་པའི་ལམ་དད་དེའི་སྦྱོར་བ་དགེ་བའི་རྩ་བ་དག་ལ་སྒྲིབ་པར་བྱེད་པའི་ཕྱིར་སྒྲིབ་པ་ཡིན་ཏེ། སྒྲིབ་པ་དེ་དག་ནི་ངེས་པ་ཉིད་དུ་རྣམ་པར་འཆིང་བར་བྱེད་པའི་ཉིད་ཀྱི་ཕྱིར་རོ། །བུན་ཞེས་བྱ་བ་ནི་སྐྱིན་པོ་བླངས་པའི་ཚུལ ་གྱིས་དབྱིགས་པ་སོགས་པ་ལེན་པ་ཡིན་ནོ། །ལས་ཀྱི་མཛའ་ཞེས་བྱ་བ་ནི་ས་ལུ་ལ་སོགས་པ་ལས་ཀྱི་མཛའ་འམ། ཚོང་བའི་ཐ་སྙད་དུ་བྱེད་པ་ལ་རབ་ཏུ་སྦྱོར་བར་བྱེད་པ་ཡིན་ནོ། །འབྱོར་བར་གྱུར་ན་ཞེས་བྱ་བ་ནི་འབྱོར་པ་ཡོངས་སུ་རྫོགས་པར་གྱུར་ནའོ། །རང་གི ་ནོར་ཙམ་ཞེས་བྱ་བ་ལ་རང་གི་ནོར་ནི་གཏེར་ཡིན་ལ། བུད་མེད་ནི་ཆུང་མའོ། །ཙམ་གྱི་སྒྲ་ནི་ཉུང་ངུའི་ཉེ་བར་མཚོན་པ་ཡིན་ནོ། །ཡོད་པ་ནི་ཐོབ་པར་གྱུར་པའོ། །བདེ་བ་ནི་རྣམ་པར་ཤེས་པའི་ཚོགས་ལྔ་པོའོ། །ཡིད་དགའ་བར་འགྱུར་བ་ནི་ཡིད་ཀྱི་རྣམ ་པར་ཤེས་པའོ། །ནད་ཀུན་ནས་སྐྱེས་པའི་ཕྱིར་ནད་བུ་ཅན་ནོ། །ནད་ཀྱི་སྡུག་བསྔལ་གྱི་རྒྱུ་ཉིད་ཡིན་པའི་ཕྱིར་སྡུག་བསྔལ་ལོ། །ནད་ཚབས་ཆེ་བ་ཞེས་བྱ་བ་ནི་ནད་རྒྱས་པ་ཉིད་ཀྱི་ཕྱིར་རོ། །ལུས་ལ་ཁྱབ་པར་བྱེད་ཅེས་བྱ་བ་ནི་ནོན་པར་བྱེད་པ་སྟེ། ཤིན ་ཏུ་ལྕི་བ་སྐྱེད་པར་བྱེད་པ་ཡིན་པའི་ཕྱིར་རོ། །གནོད་པར་བྱེད་ཅེས་བྱ་བ་ནི་ནད་སྐྱེད་པར་བྱེད་པའོ། །ནད་མེད་པ་ནི་ནད་དང་བྲལ་བར་གྱུར་པའོ། །ནད་མེད་པ་ཐོབ་པའི་ཕྱིར་སྟོབས་དང་ལྡན་པར་གྱུར་པའོ། །བྲན་ཞེས་བྱ་བ་ལ་སོགས་པ་ལ། བྲན ་རྣམ་པ་ལྔ་ཉིད་ན་མདོ་འདི་ཁོ་ནི་ལས་བཤད་ཅིང་བསྟན་པ་ཡིན་ནོ། །མངག་གཞུག་པ་ཞེས་བྱ་བ་ནི་ནོར་གྱིས་གསོས་པའི་མངག་གཞུག་བྱེད་པ་ལ་བྱའོ། །བསྒོ་བ་ཞེས་བྱ་བ་ནི་ནང་མི་དང་ཆོས་གྲོགས་ལ་སོགས་པ་ལ་བྱའོ། །བསྐོལ་བར་བྱ ་པ་མ་ཡིན་པ་ཞེས་བྱ་བ་ནི་ཡ་རབས་ལ་སོགས་པ་རང་དབང་ཅན་མ་ཡིན་པ་དག་གོ་།རིགས་པའི་སྒོ་ནས་འདོད་པས་འཇུག་པ་ནི་དབང་བྱེད་པ་ཡིན་ཏེ། དབང་ཕྱུག་གི་མཆོག་གིས་ལས་དེ་གཞན་དུ་འགྲོ་བའི་ནུས་པ་མེད་ཅིང་རྟག་ཏུ་བརྟེན་པར་བྱེད་པ་ཡང་མ་ཡིན ་པའོ། །དེ་བས་ན་མངག་བཞུག་པ་ལ་སོགས་པ་ནོར་གྱིས་འཚོ་བ་བཞི་པོ་འདི་དག་ནི་ཕྱི་མ་ཕྱི་མ་ཞིང་ཁྱད་པར་དུ་འཕགས་པ་ཡིན་པར་རིག་པར་བྱའོ། །དམ་དུ་བཅིངས་པ་ནི་ཤིན་ཏུ་བཅིངས་པར་གྱུར་པའོ། །བཅིངས་པའི་དུས་ན་རྣམ་པར་འཚེ་བ་མེད ་པའི་ཕྱིར་བཀྲ་ཤིས་པའོ། །དེའི་རྒྱུ་མཚན་གྱི་དུས་ཕྱིས་ཀྱང་རྣམ་པར་འཚེ་བ་མེད་པའི་ཕྱིར་བདེ་བའོ། །ནོར་ཡོངས་སུ་བཏབ་པ་མེད་པའི་ཕྱིར་གོང་མེད་པའོ། །འཇིགས་པ་ལས་ཞེས་བྱ་བ་ནི་དེ་འཇིགས་པ་དང་བཅས་པའི་གནས་དག་ལས་བདེ་བར་གྱུར་ཅེས། ་བྱ་བ་ནི་འཚེ་བ་མེད་པའི་གནས་ཡིན་ནོ། །ཇི་ལྟར་བུན་དུ་གྱུར་པ་ཞེས་བྱ་བ་ལ་སོགས་པ་ལ། བུན་དུ་གྱུར་པ་ནི་བརྣབ་སེམས་ཀྱི་སྒྲིབ་པ་ཡིན་ཏེ། དེ་ཡོད་ན་འདོད་པའི་ཁམས་ལས་མ་འདས་པའི་ཕྱིར་རོ། །ནང་ནི་གནོད་སེམས་ཀྱི་སྒྲིབ་པ་ཡིན་ཏེ། གནོད་པ་བྱེད ་པ་ཉིད་ཡིན་པའི་ཕྱིར་རོ། །བྲན་དུ་གྱུར་པ་ནི་རྨུགས་པ་དང་གཉིད་ཀྱི་སྒྲིབ་པ་ཡིན་ཏེ། སེམས་རང་འཐབ་མེད་པ་ཉིད་ཡིན་པའི་ཕྱིར་རོ། །འཆིང་བར་གྱུར་པ་ལ་ནི་རྒོད་པ་དང་འགྱོད་པའི་སྒྲིབ་པ་ཡིན་ཏེ། འདོད་པའི་ཁམས་ལས་འདས་པ་དང་རྗེས་སུ་མཐུན ་པའི་ཏིང་ངེ་འཛིན་གྱི་བར་དུ་གཅོད་པར་བྱེད་པ་ཉིད་ཡིན་པའི་ཕྱིར་རོ། །འཇིགས་པ་ནི་ཐེ་ཚོམ་གྱི་སྒྲིབ་པ་ཡིན་ཏེ། མ་ངེས་པའི་རང་བཞིན་ཉིད་ཀྱིས་འཁོར་བ་པའི་འཇིགས་པའི་རྒྱུ་ཉིད་ཡིན་པའི་ཕྱིར་རོ། །ཡང་ན་བུ་ལོན་ལ་སོགས་པ་ནི་གནོད་སེམས ་ནས་ཐེ་ཚོམ་གྱི་བར་དག་ཡིན་ནོ། །ཉེ་བར་ཉོན་མོངས་པར་བྱེད་པ་ཞེས་བྱ་བ་ནི་དྲི་མ་ཅན་དུ་བྱེད་པ་འམ། ཉེ་བར་གདུང་བར་བྱེད་པ་ཡིན་ནོ། །སེམས་ཉེ་བར་ཉོན་མོངས་པ་ཉིད་ཀྱི་ཕྱིར་ཤེས་རབ་ཉམ་ཆུང་བ་སྟེ། དེ་བྱེད་པའི་ཕྱིར་ཤེས་རབ་ཉམ་ཆུང་བར ་བྱེད་པའོ། །དགེ་བའི་ཆོས་སྐྱེ་བའི་བགེགས་བྱེད་པ་ཡིན་པའི་ཕྱིར་གནོད་པའི་ཕྱོགས་ཡིན་ཏེ། དེ་ཉིད་ཀྱི་ཕྱིར་མྱ་ངན་ལས་འདས་པ་དང་མི་མཐུན་པ་ཡིན་ཏེ། མྱ་ངན་ལས་འདས་པའི་ལམ་དུ་འཇུག་པར་བྱེད་པའི་གེགས་བྱེད་པ ་ཡིན་པའི་ཕྱིར་རོ། །འདོད་པ་དག་ལས་དབེན་པ་ཞེས་བྱ་བ་ལ་སོགས་པ་ནི་བསམ་གཏན་དང་པོ་ཉེ་བར་བསྒྲུབས་ནས་གནས་པ་ཡིན་ནོ། །ཁྱད་པར་ཇི་ལྟ་བུ་དང་ལྡན་པའི་བསམ་གཏན་དང་པོ་ཞེ་ན། འདོད་པ་དག་ལས་དབེན་པ་ཞེས་བྱ་བ་ལ་སོགས ་པ་སྨོས་ཏེ། འདུན་པའི་འདོད་ཆགས་ལ་འདིར་འདོད་པའི་སྒྲས་བསྟན་པ་ཡིན་ནོ། །ཡུལ་རྣམ་པ་སྣ་ཚོགས་ལ་རབ་ཏུ་འཇུག་པ་ཉིད་ཀྱི་ཕྱིར་འདོད་པ་དག་ཅེས་བྱ་བ་མང་པོའི་ཚིག་ཏུ་བྱས་པ་ཡིན་ལ། འདོད་པའི་སྒྲས་ནི་འདོད་པའི་ཡོན ་ཏན་ལྔ་པོ་དག་བཟུང་བ་ཡིན་ཏེ། དེ་དག་ལ་དབེན་པ་ནི་སྤངས་པ་དང་འདོད་པའི་རྣམ་པ་དང་བྲལ་བར་གྱུར་ཅེས་བྱ་བའི་ཐ་ཚིག་གོ་།འདོད་པ་ན་སྤྱོད་པའི་མི་དགེ་བ་མ་ལུས་པ་སྤངས་པ་ཉིད་ཀྱི་ཕྱིར་སྡིག་པ་མི་དགེ་བ་དག་ལས་དབེན་པར་གྱུར་པ་དང ་རྟོག་པ་དང་དཔྱོད་པ་དང་མཚུངས་པར་ལྡན་པར་སྨྲས་པ་ཡིན་ནོ། །དབེན་པ་ལས་སྐྱེས་པ་ཞེས་བྱ་བ་ལ། ལུས་དབེན་པ་དང་སེམས་དབེན་པ་ལས་འདིར་སེམས་དབེན་པ་ཉིད་གཟུང་སྟེ། དེ་ལས་སྐྱེས་པས་ན་དབེན་པ་ལས་སྐྱེས་པའོ། །དགའ་བ ་དང་བདེ་བ་ནི་རྣམ་པར་ཤེས་པའི་ཚོགས་གསུམ་གྱི་བདེ་བ་ཡིན་ཏེ། སྣ་དང་ལྕེའི་རྣམ་པར་ཤེས་པ་དག་མེད་པའི་ཕྱིར་རོ། །ཡང་ན་འདིས་རྣམ་པར་འབྱེད་པ་ན་དབེན་པ་སྟེ། ཐ་སྙད་པར་བྱས་ཞེས་བྱ་བའི་ཐ་ཚིག་གོ་།གང་ལས་རྣམ་པར ་བྱེད་པ་ཡིན་ཞེ་ན། འདོད་པ་དག་ལས་ཏེ། བགྲོད་པར་བྱ་བ་མ་ཡིན་པའི་ས་ཟག་པ་དང་བཅས་པའི་ལམ་དབེན་པ་དེ་ལས་སྐྱེས་པ་ནི་དབེན་པ་ལས་སྐྱེས་པ་ཞེས་བྱའོ། །ཉེ་བར་བསྒྲུབས་ནས་ཞེས་བྱ་བ་ནི་ཤེས་པས་ཡོངས་སུ་རྫོགས་པར་ཤེས ་ནས་སོ། །མངོན་པར་བརླན་ཏོ་ཞེས་བྱ་བ་ནི་ཀུན་ནས་འགེངས་པར་བྱེད་པ་འམ་ཁྱབ་པར་བྱེད་པའོ། །ཡོངས་སུ་བརླན་ཏོ་ཞེས་བྱ་བ་ནི་ཤིན་ཏུ་འགེངས་པར་བྱེད་པའམ། ཤིན་ཏུ་ཁྱབ་པར་བྱེད་པའོ། །ཀུན་ནས་ཚིམ་པར་བྱེད་ཅེས ་བྱ་བ་ནི་རབ་ཏུ་དགའ་བར་བྱེད་པའམ་ཉེ་བར་སོག་པར་བྱེད་པའོ། །ཀུན་ནས་ཁྱབ་པར་བྱེད་དོ་ཅེས་བྱ་བ་ནི་ཀུན་ནས་ཤིན་ཏུ་ཁྱབ་པར་བྱེད་དོ། །ཁྱབ་པར་མ་གྱུར་པ་ཞེས་བྱ་བ་ནི་གསལ་བར་མ་གྱུར་པའོ། །ཁྱབ་པར་བྱ་བ་མ་ཡིན་པ་ཞེས་བྱ་བ་ནི་དེས་ཁྱབ་པར ་མི་ནུས་པའི་ལུས་ཀྱི་ཕྱོགས་ཀྱི་གཞི་གང་ཡིན་པ་དེ་ཡོད་པ་མ་ཡིན་ནོ། །སློབ་མ་ནི་འདིར་བགྲོའི་ཡོན་ཏན་སློབ་དཔོན་དང་མཚུངས་པར་གྱུར་པའོ། །མཁས་པ་ནི་རང་གི་ལས་ལ་མཁས་པར་གྱུར་པའོ། །འཁར་ཕོར་ནི་འཁར་བའི་སྣོད་ཆེན་པོ་ཡིན ་ལ། གཞོང་བུ་ནི་འཁར་སྡོར་གྱི་རྣམ་པའོ། །ཉལ་ཕྱིས་ནི་ཁྲུས་ཀྱི་ཕྱེ་མའི་སྣོད་ཀྱི་རྣམ་པ་གཞན་ཡིན་ནོ། །ཆུས་བཏབ་པ་ཞེས་བྱ་བ་ནི་བརླན་པར་བྱས་པ་སྟེ། ཟློས་པའི་ཚིག་གཉིས་ཡིན་ནོ། །གཤེར་བར་བྱས་པ་ནི་བདས་པར་བྱས་པའོ། །སྣུམ་པ ་ནི་ཆུ་ཡིས་སོ། །སྣུམ་པར་གྱུར་པ་ནི་དབུས་ཀྱི་ཆར་བརླན་ཞུགས་པར་གྱུར་པའོ། །སྣུམ་པས་ཁྱབ་པ་ནི་སྣུམ་གྱིས་ཀུན་ནས་ཟིན་པར་གྱུར་པའོ། །གསལ་བ་ནི་རྣམ་པ་ཐམས་ཅད་དུ་ཁྱབ་པ་ཡིན་པ་དེའི་ཕྱིར་ནང་དང་ཕྱི་དང་བཅས་པ་སྣུམ་པ ་ཞེས་བྱ་བ་སྨོས་པ་ཡིན་ནོ། །སོ་སོར་མི་འགྱེས་པ་ཞེས་བྱ་བ་ནི་འཁྲུལ་པར་མི་འགྱུར་བའི་ངང་ཚུལ་ཅན་ནོ། །འཐོང་བར་མི་འགྱུར་རོ་ཞེས་བྱ་བ་ནི་ཕྲ་མོ་ཉིད་དུ་འཐོར་ཞིང་གནས་པར་མི་འགྱུར་བའོ། །དེ་དེ་བཞིན་དུ་ཞེས་བྱ་བ་ནི་དཔེས་བསྟན་པའི ་དོན་ལ་སྦྱོར་བར་བྱེད་པ་ཡིན་ཏེ། ཏིང་ངེ་འཛིན་ལ་རབ་ཏུ་འཇུག་པའི་སེམས་དེ་ནི་ཏིང་ངེ་འཛིན་ལས་སེམས་མ་འཕྲོས་ཤིང་ཕྱི་རོལ་ཏུ་གཡེང་བ་མེད་པའི་ཕྱིར་འཐོར་བར་མི་འགྱུར་བ་ཡིན་ནོ། །རྣམ་པར་རྟོག་པ་དང། རྣམ་པར་དཔྱོད་པ་ཉེ་བར་ཞི ་པའི་ཕྱིར་ཞེས་བྱ་བ་ནི་སངས་པའི་ཕྱིར་རོ། །ནང་རབ་ཏུ་དད་པའི་ཕྱིར་ཞེས་བྱ་བ་ལ། ནང་རབ་ཏུ་དད་པའི་ཆོས་དེ་གང་ཡིན་ཞེ་ན། གང་གི་ཕྱིར་དེ་ལ་རྣལ་འབྱོར་པ་འདི་སྙམ་དུ་མཉམ་པར་མ་བཞག་པའི་ས་ལས་དེ་འབྱུང་བ་མ་ཡིན ་གྱི། འོན་ཀྱང་མཉམ་པར་བཞག་པ་ལས་ཀྱང་ཡིན་ནོ་ཞེས་སེམས་པར་འགྱུར་ཏེ། དེ་ལྟ་བུའི་རྣམ་པ་མངོན་པར་ཡིད་ཆེས་པའི་དད་པའི་རང་བཞིན་ལ་ནང་རབ་ཏུ་དང་བ་ཞེས་བྱའོ། །སེམས་གཅིག་ཏུ་དམིགས་པའི་ཕྱིར་ཞེས་བྱ་བ་ཤིན་ཏུ ་དམིགས་པ་གཅིག་ལ་འཇུག་པའི་ཕྱིར་རྣམ་པར་རྟོག་པ་དང་རྣམ་པར་དཔྱོད་པ་དང་བྲལ་བའི་ཕྱིར་སེམས་ཤིན་ཏུ་དམིགས་པ་གཅིག་པ་འཇུག་པ་ཡིན་ནོ། །ཏིང་ངེ་འཛིན་ལས་སྐྱེས་པ་ཞེས་བྱ་བ་ནི་འདིར་བསམ་གཏན་གཉིས་པ་གཙོ་བོར་གྱུར་པའི་ཏིང ་ངེ་འཛིན་དེ་ལས་སྐྱེས་པ་སྟེ། གང་གི་ཕྱིར་བསམ་གཏན་གཉིས་པ་གཙོ་བོར་གྱུར་པ་ལ་བརྟེན་ནས་བསམ་གཏན་དང་པོ་ལས་འདོད་ཆགས་དང་བྲལ་བར་གྱུར་པ་ཡིན་ནོ། །རི་བོའི་ཙེ་མོ་ཞེས་བྱ་བ་ནི་རི་བོའི་སྟེང་ཆུ་གན་སུ་རུང་བའི ་གནས་ནི་རི་བོ་རྩེ་ཡིན་ནོ། །བཀོད་མ་ཞེས་བྱ་བ་ནི་ཆུ་ཆེན་པོ་འབྱུང་བའི་བུ་གུ་དང་ལྡན་པའོ། །མཚེའུ་ཞེས་བྱ་བ་ནི་ལྟང་ཀ་ཡིན་ནོ། །ཆུའི་རྫིང་བུ་ཞེས་བྱ་བ་ནི་ཆུ་འབྱུང་བའི་སེར་ཀའོ། །ཆུའི་སྤུ་གུ་ཞེས་བྱ་བ་ནི་དབུས་ན་ཆུ་འབྱུང་བའི ་སེར་ག་ཡོད་པའོ། །ཆུའི་ཕུང་པོ་ཞེས་བྱ་བ་ནི་ཆུ་ཆེན་པོས་འབྱུང་བའི་སེར་ག་ཡིན་ནོ། །དེས་དགའ་བ་སྤངས་ནས་ཞེས་བྱ་བ་ནི་དགའ་བའི་འདོད་ཆགས་དང་བྲལ་བའི་ཕྱིར་རོ། །བཏང་སྙོམས་ལ་གནས་སོ་ཞེས་བྱ་བ་ནི་འདུ་བྱེད ་ཀྱི་བཏང་སྙོམས་ཀྱིས་སེམས་དགེ་བ་ལ་འཇུག་པའི་ཕྱིར་བཏང་སྙོམས་ཞེས་བསྟན་ཏོ། །དྲན་པ་དང་ཤེས་བཞིན་ཞེས་བྱ་བ་ནི་དྲན་པ་དང་ཤེས་རབ་གཙོ་བོར་གྱུར་པའོ། །བདེ་བ་ལུས་ཀྱིས་ཞེས་བྱ་བ་ནི་ལུས་དང་ཡིད་ཀྱི་སྒོ་ནས ་བདེ་བ་ཁྱད་པར་དུ་འཕགས་པ་ཉིད་ཡིན་པ་དེ་བས་ན་དེ་སྐད་ཅེས་བྱ་སྟེ། དེ་བས་ན་ཆགས་པའི་གནས་སྐབས་འདི་ལ་འཕགས་པས་ཐ་སྙད་དུ་བསྟན་པ་ཡིན་ནོ། །འཕགས་པ་ཞེས་བྱ་བ་ནི་སངས་རྒྱས་དང། དེའི་ཉན་ཐོས་དག་ཡིན་ནོ། །ཐམས་ཅད ་ཀྱི་ཐམས་ཅད་ཏུ་ནུབ་པར་གྱུར་པ་ནི་རྩ་བ་ནུབ་པ་ཡིན་ནོ། །དེས་བདེ་བ་ཡང་སྤངས་ཞེས་བྱ་བ་ལ་སོགས་པ་ལ། བསམ་གཏན་གསུམ་པ་ལས་འདོད་ཆགས་དང་བྲལ་བའི་ཕྱིར་བདེ་བ་སྤངས་པ་ཡིན་ནོ། །དྲི་མ་མ་ལུས་པ་དང་བྲལ་བའི་ཕྱིར། ་སྡུག་བསྔལ་སྤངས་པ་སྟེ། བསམ་གཏན་གསུམ་པའི་འདོད་ཆགས་དང་བྲལ་བའི་དུས་ཁོ་ན་བསྟན་ལ། འདོད་པའི་ཁམས་ཀྱི་འདོད་ཆགས་དང་བྲལ་བ་ཁོ་ན་ལས་ནི་སྡུག་བསྔལ་སྤངས་པར་གྱུར་པ་ཡིན་ནོ། །ཡིད་བདེ་བ་དང་ཡིད་མི ་བདེ་བ་ཞེས་བྱ་བ་ལ། བསམ་གཏན་གཉིས་པའི་འདོད་ཆགས་དང་བྲལ་བས་ཡིད་བདེ་བ་སྤངས་པ་དང། འདོད་པའི་ཁམས་ཀྱི་འདོད་ཆགས་དང་བྲལ་བས་ནི་ཡིད་མི་བདེ་བ་སྤངས་པ་ཡིན་ནོ། །བཏང་སྙོམས་ཡོངས་སུ་དག་པ་དང། དྲན་པ ་ཡོངས་སུ་དག་པ་ནི་འདིར་དྲི་མ་ལས་གྲོལ་བ་ཉིད་དང། ལེགས་པར་ཡོངས་སུ་རྫོགས་པ་ཉིད་ཡིན་པར་རིགས་པར་བྱའོ། །ས་འོག་མའི་ཉོན་མོངས་པ་དང་བྲལ་བ་ཉིད་ཀྱི་ཕྱིར་སེམས་དེས་ཡོངས་སུ་དག་པ་ཡིན་ནོ། རང་གིས་པའི་དྲི་མ་མེད་པའི ་ཕྱིར་ཡོངས་སུ་དཀར་བ་ཡིན་ནོ། །མོས་པ་བྱས་ནས་ཞེས་བྱ་བ་ནི་དམིགས་པར་བྱས་པའོ། །ཁྱབ་པར་ཞེས་བྱ་བ་ནི་ཐམས་ཅད་ལ་ཁྱབ་པར་བྱས་པའོ། །ཉེ་བར་བསྒྲུབས་ནས་ཞེས་བྱ་བ་ནི་ཡོངས་སུ་རྫོགས་པར་རམ། ཀུན་ནས་ལོངས་སྤྱོད་པའམ ་ཤེས་པར་བྱས་ནས་སོ། །སྐྱེས་བུ་བརྒྱད་ཀྱིས་བཏགས་པའི་གོས་གང་ཡིན་པ་དེ་ནི་བརྒྱད་ཀྱིས་བཏགས་པ་སྟེ། ཤིན་ཏུ་ཚད་ཆེ་བ་ཉིད་ཀྱི་ཕྱིར་སྐྱེས་བུ་ཤིན་ཏུ་ཉུང་ངུས་བཏགས་པར་ནུས་པ་མ་ཡིན་ནོ། །དེ་བཞིན་དུ་མཚན་ཉིད ་སྔ་མ་བཞིན་དུ་སྐྱེས་བུ་དགུའི་བྱ་བས་བསྒྲུབས་པ་ནི་དགུས་བཏགས་པ་ཡིན་ནོ། །མི་མཐོང་ཞེས་བྱ་བ་ནི་དེ་ཡན་ཆད་གཟུགས་ཅན་གྱིས་མེད་པའི་ཕྱིར་གནས་གོང་མ་ལ་མངོན་པར་འདོད་པའི་སེམས་མེད་པ་ཡིན་ནོ། །གཟུགས ་ཀྱིས་ཐམས་ཅད་ཀྱི་སྟེང་ན་རྣམ་པར་གནས་པ་ཉིད་ཀྱི་ཕྱིར་མི་དམའ་བ་ཡིན་ནོ། །མི་གཡོ་བ་ཐོབ་ཅེས་བྱ་བ་ནི་གཡོ་བ་མེད་པའི་གནས་སྐབས་ཐོབ་པར་གྱུར་པའོ། །ཁང་པ་བརྩེགས་པ་ཞེས་བྱ་བ་ལ་སོགས་པ་ལ། ཤིང་དང་གུར་ཐབས་སུ ་བསྒྲུབས་པའི་ཁང་པ་ཆུང་ངུ་ན་ཁང་པ་བརྩེགས་པ་ཡིན་ལ། ཁང་བ་བརྩེགས་པ་ཆེན་པོ་ནི་ཀ་བ་ཡིན་ཏེ། དེས་ཉེ་བར་མཚོན་པའི་ཁང་པ་ལ་ཁང་པ་བརྩེགས་པ་ཞེས་བྱའོ། །འབྲུ་མར་གྱི་མར་མེ་ནི་གསལ་བྱེད་དོ། །མ་བསྐུལ་བ་ཞེས་བྱ་བ་ནི ་ཕྱོགས་གཅིག་བསྒུལ་བའི་སྒོ་ནས་མ་བསྒུལ་བའོ། །མ་བསྐྱོད་པ་ཞེས་བྱ་བ་ནི་ཀུན་ནས་དཀྲུགས་པའི་སྒོ་ནས་བསྐྱོད་པར་མ་གྱུར་པའོ། །བདག་གི་ལུས་འདི་ནི་ཞེས་བྱ་བ་ལ་སོགས་པ་ལ། གཟུགས་སུ་རུང་ཞིང་གནོད་པ་བྱར་རུང་བའི་ཕྱིར ་གཟུགས་ཅན་ཡིན་ལ། རགས་པ་ཉིད་ཀྱི་ཕྱིར་རྒྱ་ཆེ་བ་ཡིན་ཞིང་འབྱུང་བ་ཆེན་པོ་བཞི་ལས་གྲུབ་པ་ཉིད་ཀྱི་ཕྱིར་འབྱུང་བ་རྒྱུར་བྱས་པའོ། །འདི་ལ་རྟེན་ཅིང་ཞེས་བྱ་བ་ནི་རང་གིས་སོ་པའི་རྣམ་པར་ཤེས་པ་དེ་ལ་རྟེན་པའི་སྒོ་ནས་སྐྱེས་པའི་ཕྱིར་རོ།། ་འདི་ལ་གནས་ཏེ་ཞེས་བྱ་བ་དེ་དེ་ནི་ས་གཞན་ལ་ཡང་འདི་ལ་རྟེན་ནས་སྐྱེས་པའི་ཕྱིར་རོ། །བདག་ཉིད་ཐམས་ཅད་ཀྱི་རྗེས་སུ་འཇུག་པ་ནི་ཞུགས་པ་ཡིན་ནོ། །ལུས་གཞན་ཞེས་བྱ་བ་ནི་ཁམས་གཞན་ཡིན་ནོ། །གཟུགས་དང་བ་དང་ལྡན་པ་ཉིད་ཀྱི་ཕྱིར ་གཟུགས་ཅན་ནོ། །ཡིད་ཙམ་ལས་སྐྱེས་པ་ཉིད་ཀྱི་ཕྱིར་དང་ཁུ་ཁྲག་ལ་སོགས་པ་ཕྱི་རོལ་གྱི་རྒྱུ་ལ་བལྟོས་པ་མེད་པར་སྐྱེས་པའི་ཕྱིར་ཡིད་ལས་བྱུང་བའོ། །ཞར་བ་དང་འཁྲུལ་པ་མེད་པའི་ཕྱིར་མ་ཚད་པ་མེད་པའོ། །དབང་པོ་ཐམས ་ཅད་ཚོགས་པ་ཉིད་ཀྱི་ཕྱིར་དབང་པོ་མ་ཉམས་པའོ། །ཉེས་པ་མེད་པའི་ཕྱིར་དགེ་བའོ། །བྱས་པ་ཉིད་མ་ཡིན་པ་ཉིད་ཀྱི་ཕྱིར་རིགས་དང་ལྡན་པའོ། །གདོད་སྣང་བ་ཉིད་ཀྱི་ཕྱིར་གསལ་བའོ། །རྙོག་པའི་དྲི་མ་དགས་པ་གཞན་མེད་པའི་ཕྱིར་རྣམ་པར ་དང་བའོ། །དྲི་མ་ཕྲ་མོ་ཡང་མེད་པའི་ཕྱིར་དྲི་མ་མེད་པའོ། །ཉ་ག་མ་ནི་གྲེས་མའི་སྙིང་པོའོ། །དེས་འདི་ལྟར་མཉམ་པར་བཞག་པའི་ཞེས་བྱ་བ་ལ་སོགས་པ་ལ། ཏིང་ངེ་འཛིན་དང་རྗེས་སུ་མཐུན་པ་ཉིད་ཀྱི་ཕྱིར་མཉམ་པར་བཞག་པའོ། །ཡོངས་སུ་དག་པ་ཞེས་བྱ་བ་ནི ་ས་འོག་མའི་ཉེས་པ་སྤངས་པའི་ཕྱིར་རོ། །ཡོངས་སུ་དཀར་བ་ཞེས་བྱ་བ་ནི་རང་གི་ས་པའི་དྲི་མ་ཡང་མེད་པའི་ཕྱིར་རོ། །ཉེས་པ་མེད་པ་ཞེས་བྱ་བ་ནི་ཉེས་པ་དང་བྲལ་བའི་ཕྱིར་ཏེ། ཉོན་མོངས་པ་མེད་པའོ། །དེ་ཉིད་ཀྱི་ཕྱིར་སེམས་དེ་ཉེ་བར་ཉོན་མོངས ་པ་དང་བྲལ་བ་ཡིན་ནོ། །གསལ་བར་སྤྱོད་པའི་ཕྱིར་དྲང་པོར་གྱུར་པའོ། །ཤིན་ཏུ་སྤངས་པ་དང་ལྡན་པའི་ཕྱིར་ལས་སུ་རུང་བ་ཡིན་ལ། ལས་ལ་ཕན་པ་ནི་ལས་སུ་རུང་བ་སྟེ། དགེ་བའི་ཆོས་ཐམས་ཅད་སྐྱེད་པར་རུང་བ་ཡིན་ནོ། །ཞེས་བྱ་བའི་ཐ་ཚིག་གོ ་མི་གཡོ་བ་ཐོབ་སྟེ་ཞེས་བྱ་བ་ནི་རྣམ་པར་རྟོག་པ་ལ་སོགས་པས་མི་བསྐྱོད་པ་ཡིན་ནོ། །རྫུ་འཕྲུལ་གྱི་ཞེས་བྱ་བ་ལ་སོགས་པ་ལ། རྫུ་འཕྲུལ་ནི་ཏིང་ངེ་འཛིན་ཡིན་ལ། རྫུ་འཕྲུལ་གྱི་ཡུལ་ནི་རྫུ་འཕྲུལ་གྱི་ཡུལ་ཏེ། སྤྲུལ་པ་དང། ནམ་མཁའ་ལ་འགྲོ ་བ་ལ་སོགས་པའོ། །དེ་ཤེས་པ་ན་རྫུ་འཕྲུལ་གྱི་ཡུལ་ཤེས་པ་ཡིན་ལ། དེ་མངོན་གསུམ་དུ་གྱུར་པ་ནི་མངོན་སུམ་དུ་གྱུར་པའོ། །མངོན་པར་ཤེས་པར་བྱེད་པས་ན་མངོན་པར་ཤེས་པ་ཞེས་བྱ་བའི་དབང་དུ་བྱས་ནས་ཤེས་པ་དེ་ཉིད་མངོན ་པར་ཤེས་པ་སྟེ་དེ་ལའོ། །སེམས་མངོན་པར་འཇུག་གོ་ཞེས་བྱ་བ་ནི་དབེན་པར་བྱེད་པ་སྐྱེད་པར་བྱེད་པའི་ཕྱིར་འཇོག་པར་བྱེད་པའོ། །སོ་སོར་མྱོང་བ་ཞེས་བྱ་བ་ནི་ཤེས་པས་ཁྱབ་མའམ། བྱེད་པ་ཡིན་ནོ། །མངོན་པར་སྣང་བ་གསལ་བའི་ཚུལ ་གྱིས་གནས་པའོ། །མི་སྣང་བ་ནི་ནུབ་པར་གྱུར་པའོ། །ཡེ་ཤེས་ནི་འདིར་ཟག་པ་དང་བཅས་པ་བསྒོམས་པ་ལས་བྱུང་བའོ། །མཐོང་བ་ནི་འཇིག་རྟེན་པའི་ཡང་དག་པའི་ལྟ་བའོ། །རྩིག་པ་ལས་ཐལ་བ་ཞེས་བྱ་བ་ནི་རྩིག ་པས་ཆོད་པ་ཡིན་ལ། དེ་བཞིན་དུ་རིས་ཆོད་པ་དང། རྩིག་པས་ཆོད་པའི་གནས་སུ་ཆགས་པ་མེད་པ་སྟེ། ཐོགས་པ་མེད་པར་ལུས་ཀྱིས་འགྲོ་བ་ཡིན་ནོ། །ནུབ་པ་ནི་འོག་ཏུ་འགྲོ་བར་བྱེད་པའོ། །འབྱུང་བ་ནི་ཡང་ཕྱི་འོང་བར་བྱེད་པའོ།། ་རྒྱུན་གྱི་སྟེང་ན་ཞེས་བྱ་བ་ནི་ནུབ་པ་མེད་པའི་ཕྱིར་རོ། །ཀུན་ནས་རེག་པ་ཞེས་བྱ་བ་ནི་ཅུང་ཟད་ཡིན་ལ། རབ་ཏུ་ཞེས་བྱ་བ་ནི་ཀུན་ནས་ཡིན་པའི་ཕྱིར་རོ། །ལུས་ཀྱིས་དབང་སྒྱུར་བར་བྱེད་དོ་ཞེས་བྱ་བ་ནི་ལུས་ཀྱིས་ཚངས་པའི་འཇིག་རྟེན ་དུ་འགྲོ་ཞིང་བདག་པོ་བྱེད་པ་ཡིན་ཏེ། བསམ་གཏན་དང་པོའི་ས་པའི་རྫུ་འཕྲུལ་གྱིས་ཚངས་པའི་འཇིག་རྟེན་ལ་སོགས་པའི་བར་དུ་འགྲོ་བར་བྱེད་པ་དེའི་ཕྱིར་དེ་སྐད་ཅེས་བྱའོ། །གསེར་མགར་ནི་གསེར་བཟོ་བྱེད་པའོ། །མགོར་རུང་བའི ་རྒྱན་ནི་གླེགས་མའོ། །རྣ་རྒྱན་ནི་རྣ་བའི་རྒྱན་ཆུང་ངུ་ཡིན་ལ། རྣ་ཆ་ནི་རྣ་བའི་རྒྱན་ཆེན་པོ་ཡིན་ནོ། །མགྲིན་པའི་ཕྱོགས་ལ་རུང་བའི་རྒྱན་ནི་མགུལ་རྒྱན་ཡིན་ནོ། །ལག་པའི་རྒྱན་ནི་གདུ་བུ་རྒྱན་ཅན་ལ་སོགས་པའོ། །རྐང་རྒྱན་ནི་གཡེར་ཀ ་ཅན་ལ་སོགས་པའོ། །སོར་གདུབ་ནི་རབ་ཏུ་གྲགས་པ་ཡིན་ནོ། །གསེར་གྱི་ཕྲེང་བ་ནི་གསེར་ལས་བྱས་པའི་མགོ་བོའི་རྒྱན་ཡིན་ནོ། །མྱུར་ཞིང་མྱུར་བར་ཞེས་བྱ་བ་ནི་བྱ་བ་མང་པོ་མེད་པའི་སྒོ་ནས་སྐྱེན་པར་བྱེད་པ་ཡིན་ནོ། །ལྷའི་རྣ་བ་ཞེས་བྱ ་བ་ལ་སོགས་པ་ལ། ལྷའི་ཡུལ་དུ་བྱུང་བས་ན་ལྷ་ཉིད་ཡིན་ཏེ། ཕྱིར་ལྷ་ཉིད་ཀྱི་ནི་མ་ཡིན་གྱི་འོན་ཀྱང་བསྒོམས་པ་ལས་བྱུང་བ་རྣམ་པར་དག་པའི་སྒོ་ནས་ཡིན་ནོ། །མིའི་ལས་འདས་པ་ཞེས་བྱ་བ་ནི་འདི་ནི་མིའི་ཡིན་པས་ནི་མིའི་ཡིན་ལ། ་མིའི་ལས་ཤིན་ཏུ་འདས་པ་ནི་མིའི་ལས་འདས་པ་ཡིན་ཞིང་གཟུགས་ན་སྤྱོད་པའི་བསྒོམས་པ་ལས་བྱུང་བའི་རྣ་བ་ཞེས་བྱ་བའི་བར་དུ་སྟེ་རྣ་བ་དེས་སོ། །མཚན་མོའི་མུན་པར་གྱུར་པ་སྟེ། མཚན་ཕྱེད་ཀྱི་དུས་སུ་སྐྱེ་བོ་འདུས་པའི་སྒྲ་དང་བྲལ་བ་ཉིད་ཀྱི་ཕྱིར་ཕྱོགས ་དེར་དུང་གི་སྒྲས་ཐ་དད་པའི་ཕྱོགས་ཁྱབ་ཅིང་འཕྲོ་བར་བྱེད་པ་ཡིན་ནོ། །སེམས་ཀྱི་རྣམ་གྲངས་ཞེས་བྱ་བ་ལ་རྣམ་གྲངས་ནི་རྣམ་པ་འམ་རིམ་པ་ཡིན་ལ། སེམས་ཀྱི་རྣམ་གྲངས་ནི་སེམས་ཀྱི་རྣམ་གྲངས་ཡིན་ཏེ། འདིས་མངོན་པར་ཤེས་པ་བྱེད ་ཅེས་བྱ་བའི་དབང་དུ་བྱས་ནས། དེ་ལ་ཡེ་ཤེས་མངོན་སུམ་དུ་བྱེད་པ་ཁོ་ན་མངོན་པར་ཤེས་པ་ཡིན་ནོ། །སེམས་ཅན་གཞན་དག་ཅེས་བྱ་བ་ལ། གཞན་གྱི་སེམས་ཤེས་པ་ནི་རང་གི་སེམས་ལ་བལྟོས་པ་མེད་པ་ཉིད་ཀྱི་ཕྱིར་རོ། །སེམས་ཅན་ནི་གང་ཟག ་གི་རྣམ་གྲངས་ཡིན་པའམ། ཡང་ན་སྐད་ཅིག་རེ་རེའི་ཕུང་པོ་ལྔའི་ཚོགས་སེམས་ཅན་ཡིན་ནོ། །རིས་མཐུན་པའི་རྒྱུན་མ་ལུས་པ་ནི་གང་ཟག་ཡིན་ནོ། །རྣམ་པར་བརྟགས་པ་ཞེས་བྱ་བ་ནི་རྣམ་པར་རྟོག་པའི་བྱ་བ་དང་ལྡན་པའོ། །རྣམ་པར་སྤྱོད་པ ་ཞེས་བྱ་བ་ནི་དཔྱོད་པའི་བྱ་བ་དང་ལྡན་པའོ། །ཡིད་ཀྱིས་ཏེ་སེམས་ཀྱིས་ཡིད་དེ་སེམས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཤིང་ཡོངས་སུ་གཅོད་པར་བྱེད་དོ། །ཇི་ལྟར་རབ་ཏུ་ཤེས་ཞེ་ན། འདོད་ཆགས་དང་བཅས་པ་ཞེས་བྱ་བ་ལ་སོགས ་པ་སྨོས་ཏེ། འདོད་ཆགས་དང་མ་ཚངས་པར་ལྡན་པ་ནི་འདོད་ཆགས་དང་བཅས་པའོ། །འདོད་ཆགས་དང་བྲལ་བ་ཞེས་བྱ་བ་ནི་འདོད་ཆགས་དང་ལྡན་པ་མ་ཡིན་པའོ། །དེ་བཞིན་དུ་ཞེ་སྡང་དང་བཅས་པ་དང། ཞེ་སྡང་དང་བྲལ་བ་དང། གཏི ་མུག་དང་བཅས་པ་དང། གཏི་མུག་གི་དང་བྲལ་བའོ། །གཡེངས་པ་ནི་ཉོན་མོངས་པ་ཡིན་ཏེ། རྣམ་པར་གཡེངས་པ་དང་ལྡན་པ་ཉིད་ཀྱི་ཕྱིར་རོ། །མི་གཡེང་བ་ནི་དགེ་བ་ལ་དམིགས་པ་ལ་མངོན་པར་གཡེང་བ་མེད་པའི་ཕྱིར་རོ། །ལྷག་པར་ལེ་ལོའི ་ཚོགས་དང་མཚུངས་པར་ལྡན་པའི་ཕྱིར་སེམས་ཉོན་མོངས་པ་ཅན་ནི་ཞུམ་པ་ཡིན་ནོ། །ལྷག་པར་བརྩོན་འགྲུས་ཀྱི་ཚོགས་དང་མཚུངས་པར་ལྡན་པའི་ཕྱིར་སེམས་དགེ་བ་ལ་རབ་ཏུ་འཛིན་པ་ཡིན་ནོ། །འཕྱར་བ་ནི་ཉོན ་མོངས་པ་ཅན་ཏེ། རྣམ་པར་བྱང་བ་ལས་འཕྱར་བ་དག་ལ་བརྟེན་པ་ཉིད་ཀྱི་ཕྱིར་རོ། །མི་འཕྱར་བ་ནི་དགེ་བ་སྟེ། དེ་ལས་བཟློག་པ་ཡིན་པའི་ཕྱིར་རོ། །རྒོད་པ་ནི་ཉོན་མོངས་པ་ཅན་ཏེ། རྒོད་པའི་ཚོགས་དང་ལྷག་པར་མཚུངས་པར ་ལྡན་པའི་ཕྱིར་རོ། །མི་རྒོད་པ་ནི་དེའི་གཉེན་པོ་ཉིད་ཡིན་པའི་ཕྱིར་དགེ་བ་ཡིན་ནོ། །ཉེ་བར་ཞི་བ་དང། ཉེ་བར་མ་ཞི་བ་ཡང་དེ་བཞིན་ནོ། །མཉམ་པར་མ་བཞག་པ་ནི་ཉོན་མོངས་པ་ཅན་ཏེ། ལྷག་པར་གཡེང་བའི་ཚོགས་དང་ལྡན་པའི ་ཕྱིར་རོ། །མཉམ་པར་བཞག་པ་ནི་དེའི་གཉེན་པོའི་ཕྱོགས་ཉིད་ཡིན་པའི་ཕྱིར་དགེ་བའོ། །མ་བསྒོམས་པ་ནི་ཉོན་མོངས་པ་ཅན་ཏེ། དམིགས་པ་ལ་བརྟེན་པ་དང། བསྒོམས་པ་མ་བསྒོམས་པ་ཉིད་ཀྱི་ཕྱིར་རོ། །བསྒོམ་པ་ནི་དགེ ་བ་ཡིན་ཏེ། དེ་གཉིས་བསྒོམས་པ་ཉིད་ཀྱི་ཕྱིར་རོ། །མ་གྲོལ་བ་ནི་ཉོན་མོངས་པ་ཅན་ཏེ། རང་བཞིན་དུ་རྒྱུད་ཀྱིས་རྣམ་པར་གྲོལ་བ་དག་ལས་མ་གྲོལ་བ་ཉིད་ཀྱི་ཕྱིར་རོ། །རྣམ་པར་གྲོལ་བ་ནི་དགེ་བ་སྟེ། དེ་གཉིས་ལས་རྣམ་པར་གྲོལ ་པ་ཉིད་ཀྱི་ཕྱིར་རོ། །རིག་པ་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་ལ། སྔོན་གྱི་སྐྱེ་བའི་གནས་ནི་སྐྱེ་བའི་གནས་སམ། གནས་སྐབས་ཡིན་ནོ། །འཇིག་པའི་དུས་ནི་འཇིག་པའི་བསྐལ་པ་ཡིན་ལ། གནས་པའི་དུས་ནི་ཆགས་པའི ་བསྐལ་པ་ཡིན་ཏེ། འཇིག་པའི་བསྐལ་པའི་བསྐལ་པ་ནི་སེམས་ཅན་དམྱལ་བ་མི་སྲིད་པའི་ཕྱིར་སྣོད་ཟད་པ་ཡིན་ནོ། །ཆགས་པའི་བསྐལ་པ་ནི་ཐོག་མར་རླུང་ནས་སེམས་ཅན་དམྱལ་བའི་བར་སྲིད་པ་ཞེས་བྱ་བ་ཡིན་ནོ། །འདི་ལྟ ་བུ་ཞེས་བྱ་བ་ལ། འདི་ལྟ་བུའི་ཚུལ་དུ་བདག་གི་མིར་བརྗོད་པ་རིགས་ནི་རྒྱལ་རིགས་ལ་སོགས་པའོ། །རུས་ནི་ཤུ་ཎ་ཏི་ལ་ལ་དང་བྷ་ར་དྷཝ་ཛ་ལ་སོགས་པའོ། །ཟས་ནི་ཁམ་གྱི་རྣམ་པའི་པས་ལ་སོགས་པའོ། །འདི་ལྟ་བུར་ཚེ་ནི་རིང་ཞེས་བྱ་བ་ལ་བདག ་ཟླ་བའི་མཐར་ཐུག་པ་ལོའི་མཐར་ཐུག་པར་ཚེ་རིང་བར་གྱུར་ཅེས་བྱ་བ་ལ་སོགས་པའོ། །རིང་དུག་ནས་ཏེ་ཞེས་བྱ་བ་ནི་བྱིས་པ་དང་གཞོན་ནུ་ལ་སོགས་པའི་གནས་སྐབས་ནི་རིང་དུ་གནས་པ་ཡིན་ནོ། །ཚེའི་མཐར་ཐུག་པ་ཞེས་བྱ་བ་ནི ་ཀུན་ནས་འཕངས་པའི་ཚེའི་མཐར་ཐུག་པ་དང་ལྡན་པར་གྱུར་པའོ། །རྣམ་པ་དང་བཅས་པ་ཞེས་བྱ་བ་ནི་མིང་དང་རིགས་དང་རུས་ལ་སོགས་པ་རྗེས་སུ་དྲན་པའི་རྣམ་པའོ། །གནས་དྲན་པ་ནི་ཡུལ་ཡིན་ནོ། །ཡང་ན་རྣམ་པའི་སྒྲས་སྲིད་པ་བར་མདོ་བརྗོད་པ ་ཡིན་ཏེ། རེ་ནི་རྣམ་པ་ཙམ་ཉིད་ཡིན་པའི་ཕྱིར་རོ། །སྔོན་གྱི་དུས་ཀྱི་གནས་ནི་ཡུལ་གྱི་སྒྲས་བརྗོད་པ་ཡིན་ནོ། །དེ་ལ་རྒྱལ་རིགས་ལ་སོགས་པའི་རིགས་ཀྱིས་བསྟན་པ་ནི་སྲིད་པ་བར་མ་དོ་དང་བཅས་པ་དང། སྔོན་གྱི་དུས་ཀྱི་གནས་དང་བཅས་པ ་ཞེས་བྱ་བ་བསྟན་པར་འགྱུར་རོ། །འཆི་འཕོ་དང་སྐྱེ་བ་ནི་འཆི་འཕོ་དང་སྐྱེ་བ་སྟེ། དེ་ཡོངས་སུ་ཤེས་པའི་ཆེད་ཀྱི་ཤེས་པ་འཆི་འཕོ་དང་སྐྱེ་བ་ཤས་པ་ཡིན་ལ། དེ་མངོན་སུམ་དུ་བྱེད་པ་ནི་མངོན་དུ་བྱེད་པའོ། །འཆི་བར་གྱུར་པ་ནི་འཕོ་བར་གྱུར་པའོ ་སྐྱེ་བར་གྱུར་པ་ནི་སྲིད་པ་བར་དོའི་གནས་སྐབས་ལ་རྣམ་པར་གནས་པའོ། །ཁ་དོག་སྡུག་པ་ནི་བདེ་འགྲོར་འགྲོ་བར་རོ། །ཁ་དོག་མི་སྡུག་པ་ནི་ངན་འགྲོར་འགྲོ་བར་རོ། །དམན་པ་ཞེས་བྱ་བ་ནི་སྡིག་པ་བྱེད་པར་རོ། །གྱ་ནོམ་པ་ཞེས་བྱ་བ་ནི ་བསོད་ནམས་བྱེད་པར་རོ། །ལས་ཇི་ལྟ་བ་བཞིན་དུ་ཉེ་བར་འགྲོ་བ་ཞེས་བྱ་བ་ནི་ལས་བྱས་པར་གྱུར་པའི་འབྲས་བུ་ལ་དཔྱོད་པར་རོ། །སྐུར་པ་ནི་ཚིགས་སུ་བཅད་པ་མ་ཡིན་པ་མི་འདོད་པའི་ཚིག་གིས་གཤེ་བ་ཡིན་ནོ། །ལོག་པའི་ལྟ་བ་ལས་དང? ་ཆོས་ཡང་དག་པར་ལེན་པ་དེའི་རྒྱུས་ཞེས་བྱ་བ་ལ། ལས་ཡང་དག་པར་ལེན་པ་ལས་ཡང་དག་པར་ལེན་པ་བཞི་ཡོད་དེ། གནག་པ་དང་གནག་པའི་རྣམ་པར་སྨིན་པ་ཞེས་བྱ་བ་ལ་སོགས་པའོ། །ཆོས་ཡང་དག་པར་ལེན་པ་ལ། ་ཆོས་ཡང་དག་པར་ལེན་པ་བཞི་ཡོད་དེ། ད་ལྟར་བདེ་བ་ལ་མ་འོངས་པ་ན་རྣམ་པར་སྨིན་པ་སྡུག་བསྔལ་བ་ཞེས་བྱ་བ་ལ་སོགས་པའོ། །ལོག་པའི་ལྟ་བས་འཇུག་པའི་ལས་ལ་དམ་བཅའ་བ་དང། ཆོས་ལ་དམ་བཅའ་བ་དེའི་རྒྱུ་ཡིས། །དེའི་རྒྱུ་ཞེས ་བྱ་བ་ནི་ལོག་པའི་ལྟ་བ་དེ་ཉིད་རྒྱུར་གྱུར་པ་གང་ལ་ཡོད་པ་དེ་ནི་རྒྱུ་ཡིན་ནོ། །དེ་ཉིད་རྐྱེན་དུ་གྱུར་པ་གང་ལ་ཡོད་པ་དེ་ནི་དེའི་རྐྱེན་ཞེས་བྱ་བའི་བྱེ་བྲག་ཡིན་ཏེ། དེ་དག་སྒྲུབ་པར་བྱེད་པའི་བྱ་བ་ཁྱད་པར་དུ་བྱེད་པ་ཡིན་ནོ། །ལུས་དང་བྲལ་ནས ་ཞེས་བྱ་བ་ནི་ཞིག་ནས་སོ། །འཆི་བའི་འོག་ཏུ་ནི་སྲོག་རྣམ་པར་ཉམས་པར་གྱུར་པའི་འོག་ཏུའོ། །ངན་སོང་ནི་ཡི་དགས་ཀྱི་འགྲོ་བའོ། །ངན་འགྲོ་ནི་དུད་འགྲོའི་འགྲོ་བའོ། །ལོག་པར་ལྟུང་བ་ནི་དམྱལ་བའི་འགྲོ་བ་སྟེ། སེམས་ཅན ་དམྱལ་བ་རེ་རེར་དམྱལ་བ་དག་ཡིན་ནོ། །ངན་སོང་དང། ངན་འགྲོ་དང། ལོག་པར་ལྟུང་བ་དང། དམྱལ་བ་ནི་ངན་སོང་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་ཞེས་བྱ་བ་དག་ཡིན་ཏེ། ལས་ཇི་ལྟ་བ་བཞིན་དུ་འགའ་ཞིག་ནི་ངན་སོང། ་འགའ་ཞིག་ནི་ངན་འགྲོ་།འགའ་ཞིག་ནི་ལོག་པར་ལྟུང་བ། འགའ་ཞིག་ནི་སེམས་ཅན་དམྱལ་བ་ཞེས་བྱ་བ་ན་དེ་དག་ཏུ་སྐྱེ་བར་འགྱུར་རོ། །བདེ་འགྲོ་ཞེས་བྱ་བ་ལ་སོགས་པ་མཛེས་པར་འགྲོ་བས་ན་བདེ་འགྲོ་སྟེ། དེར་སྐྱེ་བར་འགྱུར་རོ། ་མིའི་འཇིག་རྟེན་ཡང་བདེ་འགྲོ་སྨོས་པས་བཟུང་བ་ཡིན་པ་དེའི་ཕྱིར་མཐོ་རིས་ཀྱི་འཇིག་རྟེན་སྨོས་པ་ཡིན་ལ། མཐོ་རིས་ནི་དུད་འགྲོའི་འགྲོ་བ་སྲིད་པའི་ཕྱིར་ལྷར་སྐྱེ་བར་འགྱུར་རོ། །ཞེས་སྨོས་པ་ཡིན་ནོ། །ཟག་པ་ཟད་པའི ་ཞེས་བྱ་བ་ལ། ཟག་པ་ནི་འདོད་ཆགས་ལ་སོགས་པ་ཡིན་ལ་དེ་དག་ཟད་པ་ནི་སྤངས་པ་ཡིན་ནོ། །དེ་ལའང་དེའི་ལྡོག་པ་བྱེད་པའི་ཤེས་པ་དེ་མངོན་སུམ་དུ་བྱེད་པ་ནི་མངོན་དུ་བྱེད་པའོ། །འདི་ནི་སྡུག་བསྔལ་འཕགས་པའི་བདེན་པའོ། ། ་ཞེས་བྱ་བ་ནི་འབྲས་བུའི་རང་བཞིན་ཡིན་ལ་འདི་ནི་སྡུག་བསྔལ་ཀུན་འབྱུང་བའོ། །ཞེས་བྱ་བ་ནི་རྒྱུར་གྱུར་པའི་ཕུང་པོ་ལྔའི་བདག་ཉིད་ཡིན་ནོ། །འགོག་པ་ནི་ཟད་པ་ཡིན་ལ། ལམ་ནི་ཟད་པ་ཐོབ་པར་འགྱུར་བའི་ཐབས་སུ་གྱུར་པ་ཡིན་ནོ།། ་འཕགས་པའི་བདེན་པའོ་ཞེས་བྱ་བ་ལ། འཕགས་པ་དག་གིས་རང་གི་ངོ་བོའི་སྒོ་ནས་གཟིགས་པ་དེའི་ཕྱིར་འཕགས་པ་དག་ལ་དེ་དག་བདེན་པ་ཡིན་པས་ན་འཕགས་པའི་བདེན་པའོ། །ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ ་ཞེས་བྱ་བ་ནི་ཟག་པ་མེད་པའི་ཤེས་པས་དེ་ཁོ་ན་ཉིད་མཐོང་བ་ཡིན་ནོ། །ཤེས་པ་ཞེས་བྱ་བ་ནི་བར་ཆད་མེད་པའི་ལམ་གྱིས་སོ། །མཐོང་བ་ཞེས་བྱ་བ་ནི་རྣམ་པར་གྲོལ་བའི་ལམ་གྱིས་སོ། །འདོད་པའི་ཟག་པ་ལས་སེམས་རྣམ་པར ་གྲོལ་བ་ཞེས་བྱ་བ་ནི་འདོད་པའི་ཟག་པ་སྤངས་པའི་ཕྱིར་སེམས་རྣམ་པར་གྲོལ་བར་གྱུར་པ་ཡིན་ཏེ། མ་རིག་པ་མ་གཏོགས་པ་འདོད་པ་ན་སྤྱོད་པའི་ཉོན་མོངས་པ་ཀུན་ཏུ་འཆིང་བ་དང་བཅས་པ་ནི་འདོད་པའི་ཟག་པའོ། །མ་རིག་པ་དོར ་བའི་གཟུགས་དང་གཟུགས་མེད་པ་ན་སྤྱོད་པའི་ཉོན་མོངས་པ་ཀུན་ཏུ་འཆིང་བ་དང་བཅས་པ་ནི་སྲིད་པའི་ཟག་པའོ། །ཁམས་གསུམ་པའི་མ་རིག་པ་ནི་མ་རིག་པའི་ཟག་པའོ། །རྣམ་པར་གྲོལ་བ་ལ་ཞེས་བྱ་བ་ནི་ཉོན་མོངས་པའི་འཆིང ་བ་ལས་རྣམ་པར་གྲོལ་པའོ། །རྣམ་པར་གྲོལ་ཞེས་བྱ་བ་ནི་ཉོན་མོངས་པ་དང་བྲལ་པའོ་ཞེས་བྱ་བ་ནི་ཟད་པ་དང་མི་སྐྱེ་བ་ཤེས་པའོ། །མཐོང་བ་ནི་མི་སློབ་པའི་ཡང་དག་པའི་ལྟ་བའོ། །ཚོང་དུས་དང། ཚོང་ཁང་དང་བྲལ་བའི་སྐྱེ་བོའི་ཚོགས ་ཀྱི་གནས་ནི་གྲོང་ཡིན་ལ། ཚོང་དུས་དང་ཚོང་ཁང་དང་ལྡན་པ་ནི་གྲོང་འདབ་ཡིན་ནོ། །གཏིང་ཟབ་པ་ནི་དཀའ་བའོ། །ཤིན་ཏུ་དང་བ་ཉིད་ཀྱི་ཕྱིར་གསལ་བའོ། །རྡུལ་རགས་པ་མེད་པའི་ཕྱིར་རྣམ་པར་དང་བའོ། །རྡུལ་ཕྲ་མོ ་ཡང་མེད་པའི་ཕྱིར་རྙོག་པ་མེད་པའོ། །ཆུ་ལ་རྒྱུ་བའི་སྲོག་ཆགས་ཀྱི་ཡན་ལག་དང་འབྲེལ་པ་ཅན་ནི་ཕྱིས་ཡིན་ལ། དེ་དག་ཁོ་ནའི་རུས་པའི་དུམ་བུ་ནི་ཤམ་བུ་ཀ་ཡིན་ནོ། །ཐབས་མ་ཡིན་པ་བཞི་ཞེས་བྱ་བ་ལ་སོགས་པ་ལ་ཐབས ་སུ་གྱུར་པ་མ་ཡིན་པ་ནི་ཐབས་མ་ཡིན་པ་སྟེ། བླ་ན་མེད་པའི་རིག་པ་དང་རྐང་པར་ལྡན་པ་དེ་དག་སྐྱེད་པར་བྱེད་པར་ཐབས་སུ་གྱུར་པ་མ་ཡིན་པ་ཞེས་བྱ་བའི་ཐ་ཚིག་གོ་།ཁ་ཅིག་ཅེས་བྱ་བ་ནི་འགའ་ཞིག་གོ་།སོང་སྟེ་ཞེས་བྱ་བ་ནི་ཡང་དག་པར་སོང་ནས་སོ། ། ་ཡལ་ག་དང་ལོ་མའི་གནས་ཁང་ནི་སྤྱིལ་བུའོ། །རྩ་བ་དང་འབྲས་བུའི་ཁ་ཟས་ཀྱིས་འཚོ་བའི་སྒོ་ནས་རིག་པ་དང་རྐང་པར་ལྡན་པ་འདོད་དུ་ཟིན་ཀྱང་རྙེད་པར་མི་འགྱུར་རོ། །ཇི་སྙམ་དུ་སེམས་ཞེས་བྱ། ཇིའི་སྒྲ་ནི་འདྲི་བ་ལ་འཇུག་པ་ཡིན་ཞིང་སྙམ ་སེམས་པ་ནི་ཤེས་ཤང་ཀུན་ནས་མཐོང་བ་ལ་སོགས་པའོ། །དེར་ཞེས་བྱ་བ་ནི་རྩ་བ་དང་འབྲས་བུའི་ཟས་ཟ་བའི་ཐབས་ལ་ཁྱེད་སློབ་དཔོན་དང་བཅས་ཤིང་སློབ་དཔོན་དང་ལྷན་ཅིག་པར་མཐོང་བ་སྟེ། རྩ་བ་དང་འབྲས་བུའི་ཟས་ཞེས་བྱ་བའི་ཐབས ་ལ་རིག་པ་དང་རྐང་པར་ལྡན་པའི་བདག་ཉིད་སློབ་དཔོན་དང་ལྷན་ཅིག་ཏུ་གནས་པར་མཐོང་སྙམ་མོ་ཞེས་བྱ་བའི་ཐ་ཚིག་གོ་།རྩ་བ་དང་འབྲས་བུའི་ཁ་ཟས་ཀྱིས་འཚོ་བའི་སྒོ་ནས་རིག་པ་དང་ཞབས་སུ་ལྡན་པ་མངོན་པར་ཁོང་དུ་ཆུད་པས་རྩ་བ་དང་འབྲས ་བུའི་ཟས་གཏང་ཞིང་ཡོངས་སུ་སྤངས་ནས་ལོ་མའི་ཟས་འདི་ནི་འགའ་ཞིག་ཏུ་རིག་པ་དང་ལྡན་པ་མངོན་སུམ་དུ་བྱེད་པའི་ཐབས་སུ་བསྒྲུབས་པར་འགྱུར་རོ། །ཤིང་ལ་སོགས་པའི་འདབ་མ་འཇམ་པོ་ལ་ལོ་མའི་སྒྲས་བསྟན་པ་ཡིན་ནོ། །གང་གི་ཚེ་ལོ་མའི ་བས་ཀྱིས་ཀྱང་རིག་པ་དང་རྐང་པར་ལྡན་པ་མངོན་སུམ་དུ་བྱེད་པར་མི་ནུས་པ་དེའི་ཚེ་ངེས་པ་མེད་པར་གྱུར་པས་ལོ་མའི་ཟས་དེ་ཡང་ཡོངས་སུ་སྤངས་ནས་སྔགས་ཀྱི་གཞུར་ལ་?་?་བར་འགྱུར་རོ། །གཞུང་ནི་ཚིག་ཡིན་ནོ། །འགའ་ཞིག་འབྲེལ་པ་ནི་སྔ་ཕྱི་འགལ་བ་མེད་པར་རྣམ ་པར་བཞག་པའི་སྒོ་ནས་རྣམ་པར་གཞག་པ་ཡིན་ནོ། །འགའ་ཞིག་ཏུ་རིག་པ་དང་རྐང་པར་ལྡན་པ་མངོན་སུམ་དུ་བྱེད་པ་ལ་འདི་ཐབས་སུ་འགྱུར་རོ་ཞེས་བྱ་བའི་བསམ་པ་འདིས་སྦྱོར་བ་ཡིན་ནོ། །གང་གི་ཚེ་ཐབས་ངེས་ཀྱང་ཁོང་དུ་ཆུད་པར་མ་གྱུར་པ་དེའི་ཚེ་གྲོང་གི ་ནང་སྟེ་སྐྱེ་བོ་ཆེན་པོའི་ནང་དུ་ལྷགས་ཏེ། འོངས་པའམ་ཕྱིར་པར་གྱུར་ནས་སོ། །སྦྱིན་པ་བྱིན་ཞིང་ཞེས་བྱ་བ་ནི་སྦྱིན་པ་ལས་བྱུང་བའི་བསོད་ནམས་བྱས་པའོ། །བསོད་ནམས་བྱས་ཏེ་ཞེས་བྱ་བ་ནི་ཚུལ་ཁྲིམས་ལས་བྱུང་བའི་བསོད་ནམས་བྱས་པའོ། །འོངས་ཤིང ་འོངས་པའི་ཞེས་བྱ་བ་ནི་བཟློས་པའི་ཚིག་གཉིས་ཡིན་ཏེ། འོངས་ནས་རིང་དུ་ལ་ནོར་དག་ལས་གང་དག་ཕྱིར་འོངས་པ་དེ་ནི་འོངས་ཤིང་འོངས་པ་ཡིན་ནོ། །ནུས་པ་ནི་རྫས་ཀྱི་ནུས་པ་ཡིན་ལ་སྟོབས་ནི་སྤྲོ་བ་དང་ལྡན་པ་ཡིན་ནོ། །ཁ་ཅིག་ནི་རྫས་ཡོད་ཀྱང་སྦྱིན ་བའི་གནས་ལ་བསྙེན་བཀུར་གྱི་བྱ་བ་བྱེད་པའི་ལུས་ཀྱི་སྤྲོ་བ་དེ་ལ་ཡོད་པ་མ་ཡིན་ལ། ཁ་ཅིག་ལ་ནི་བྱེད་བར་ནུས་པ་དང་བཅས་པ་གཉིས་ག་ཡོད་པ་དེ་བས་ན། ནུས་པ་ཇི་ལྟ་བ་སྟོབས་ཇི་ལྟ་བ་བཞིན་དུ་ཞེས་བསྟན་པ་ཡིན་ནོ། །ཐབས་མ་ཡིན་པ་ཞེས་བྱ་བ་ལ་རེག ་པ་དང་རྐང་པར་ལྡན་པའི་ཐབས་མ་ཡིན་པ་བཞི་པོ་གང་ཡིན་པ་དེ་དག་ལ་ཡང་ཁྱོད་སློབ་དཔོན་དང་བཅས་པར་གནས་ཤིང་འཇུག་པ་མ་ཡིན་ནོ། ཅིའི་ཕྱིར་ཡང་ཁྱོད་ཀྱིས་བླ་ན་མེད་པའི་རིག་པ་དང་རྐང་པར་ལྡན་པ་མང་པོ་དང་ལྡན་པའི་ཤཱ་ཀྱ་ལ་དམན་པར ་སྨྲ་བའི་སྒོ་ནས་ཀུན་ཏུ་སྤྱོད་པར་བྱེད་དོ། །བྲམ་ཟེའི་དྲང་སྲོང་ཞེས་བྱ་བ་ལ་སོགས་པ་ལ། བྲམ་ཟེའི་རིགས་ལས་རབ་ཏུ་བྱུང་ཞིང་དཀའ་ཐུབ་གྲུབ་པ་ལ་བྲམ་ཟེའི་དྲང་སྲོང་ཞེས་བྱའོ། །རབ་ཏུ་འཇུག་པར་བྱེད་པ་ནི་འཇུག་པར་བྱེད་པའི་ངང་ཚུལ་ཅན་ཡིན་ནོ།། ་བསྟོད་པ་ཞེས་བྱ་བ་ནི་བསྔགས་པ་འམ་བསྟོད་པ་དང་འབྲེལ་བའི་སྔགས་ཀྱི་ཚིག་དག་ཡིན་ནོ། །དབྱངས་ཞེས་བྱ་བ་ནི་ཚིག་གི་དབྱེ་བའི་སྒོ་ནས་ཀློག་པའོ། །ཡང་དག་པར་སྦྱོར་བ་ཞེས་བྱ་བ་ནི་འབྲེལ་པར་རྣམ་པར་འཇོག་པའི་སྒོ་ནས་རྣམ་པར ་འཇོག་པ་ཡིན་ནོ། །རྗེས་སུ་གླུར་ལེན་པ་ཞེས་བྱ་བ་ནི་ཡི་གེའི་སྒོ་ནས་དེ་དང་འདྲ་བར་ཀློག་པའོ། །རྗེས་སུ་བརྗོད་པ་ནི་དོན་གྱི་སྒོ་ནས་སོ། །གྲོང་ཁྱེར་ན་གནས་པ་ཞེས་བྱ་བ་ལ། ཁྱད་པར་ཇི་ལྟ་བུ་དང་ལྡན་པའི་གྲོང་ཁྱེར་ཞེ་ན། འོབས་ཀྱིས་བསྐོར་བ་ཞེས་བྱ་བ་ལ་སོགས ་པ་སྨོས་ཏེ། ལེགས་པར་བསྐོས་པའི་འོབས་སུ་བསྐོས་པས་ཀུན་ནས་བསྐོར་བའི་གྲོང་ཁྱེར་གང་དག་ཡིན་པ་དེ་དག་ནི་འོབས་ཀྱིས་བསྐོར་བའོ། །གཙང་བཙུགས་པ་ནི་འོབས་ཀྱི་འོག་ཏུ་རྣམ་པར་འཁྲུགས་ཞིང་མང་པོ་བཙུགས་ཤིང་ཕ་རོལ་གྱི་དཔུང ་བཟློག་པར་བྱ་བའི་དོན་དུ་ལྕགས་ཀྱི་གཟེར་མ་བྱས་ནས་གང་གི་ཚེ་ཕ་རོལ་པོའི་སྟོབས་གྲོང་ཁྱེར་དང་ཐག་ཉེ་བར་འོང་བར་འདོད་པ་དེའི་ཚེ་ལྕགས་ཀྱི་གཟེར་མ་ས་ལ་གཏོར་བ་དེས་ཕ་རོལ་གྱི་སྟོབས་བཟློག་པར་འགྱུར་བ་དང། གཙང་གཟེ་མ་དང་ལྡན ་བ་དག་ཕ་རོལ་པོའི་སྟོབས་འཇུག་པའི་གེགས་བྱེད་པའི་ཕྱིར་གྲོང་ཁྱེར་ཉིད་འགོག་པར་བྱེད་པའམ། འོབས་ཀྱིས་ཀུན་ནས་བསྒགས་པ་ཉིད་ཀྱི་ཕྱིར་འགོག་པར་བྱེད་པའི་གྲོང་ཁྱེར་ཡིན་ནོ། །ཕྲག་པར་གཟར་ཅིང་ཞེས་བྱ་བ་ལ་སོགས་པའི་བཤད ་པ་ནི་སྔ་མ་དང་འདྲའོ། །བྲམ་ཟེའི་ཁྱེའུའི་ཚིགས་ཀྱིས་མདུན་དུ་བདར་ནས་ཞེས་བྱ་བ་ནི་སྔོན་དུ་འགྲོ་བས་མཆོད་པ་ཡིན་ནོ། །སྤྱི་པོ་བཅིངས་པ་ཞེས་བྱ་བ་ལ་སོགས་པ་ལ། སྤྱི་བོ་བཅིངས་པ་ནི་གཙུག་གཏོར་གྱི་རྣམ་པ་ལ་སོགས་པས་སྐྲའི་བཀོད ་པ་མཛེས་པར་བྱས་པའོ། །ལག་པ་བསྐུ་བའི་སྤུ་ཅན་ཞེས་བྱ་བ་ལ། ཇི་ལྟར་བསྐུ་བ་གཞོན་ནུ་ལུང་ལས་མ་གཏོགས་པ་བ་སྤུ་ཕྲ་མོ་ཡོད་པ་དེ་བཞིན་དུ་དེ་དག་གི་ལག་པ་དག་ཀྱང་ངོ། །ལྟ་དང་འདྲ་བར་ཀུན་ནས་ཟླུམ་པ་དང། མཐོ་ལ་མི་ལྷོད་པའི ་ནུ་མ་གང་ལ་ཡོད་པ་དེ་ནི་ལྟོ་དང་འདྲ་བའི་ནུ་མ་ཅན་ནོ། །བསྐུ་བ་ནི་དྲིའི་རྫས་སམ་འབྲུ་མར་གྱིས་ལུས་བྱུགས་པའོ། །དཔུང་པའི་རྒྱན་ནི་དཔུང་རྒྱན་ནོ། །དོ་ཤལ་ནི་མགུལ་རྒྱན་གྱི་བྱེ་བྲག་གོ་།ཤིན་ཏུ་བརྒྱན་པ་ནི་ལེགས་པར་གྱུར་པ་ཡིན་ནོ། །རྐང་པ་བརྐྱང་སྟེ་ཞེས་བྱ ་བ་ནི་རྐང་པ་རྐྱོང་བར་བྱེད་བས་སོ། །ཉེས་པ་དག་ཅེས་བྱ་བ་ནི་དྲང་སྲོང་རྙིང་པའི་ཆོས་ལས་བསྐྱོད་པ་དེའི་ཕྱིར་མཁན་པོའི་ཉེས་པ་ཞེས་བྱའོ། །རྩིག་པས་བསྒྲིབས་པ་འམ་ཞེས་བྱ་བ་ལ། ང་རྒྱལ་གྱིས་མངོན་སུམ་དུ་སྦྱིན་པར་མི་ནུས་པ་བདག་དང་རྗེས་སུ ་མཐུན་པའི་སྒྲུབ་པ་མི་བྱེད་པ་དེ་བས་ན་རྒྱལ་པོ་བདག་གི་མདངས་ཀྱིས་གནོད་པར་མ་གྱུར་ཅིག་སྙམ་པ་དེའི་ཕྱིར་གོས་ཀྱིས་བསྒྲིབས་ཤིང་བར་དུ་བཅད་པ་ཡིན་ནོ། །ཤེས་པ་ཞེས་བྱ་བ་ནི་རྣམ་པར་ཤེས་པ་སྟེ་པ་སྔ་ཕྱི་སྤྱོད་པ་ལ་མཁས་པའོ། ། ་ལོངས་སྤྱོད་ལ་བཅོས་པའི་ཟས་ཡོང་སུ་ལོངས་སྤྱོད་པའི་སྙིང་པོ་ཉིད་ཡིན་པ་དེའི་ཕྱིར་བཅོས་པ་བསློང་བ་ཞེས་བསྟན་ཏོ། །ཤིན་ཏུ་ང་རྒྱལ་བ་ཉིད་ཀྱིས་འདིར་ཉེས་པ་ཡིན་ནོ། །དཔྱོད་པར་བྱོས་ཤིག་ཅེས་བྱ་བ་ནི་ངེས་པར་དཔྱད་པར་བྱའོ། །ལྐོག་ ་ཏུ་བྱ་བ་ནི་རྒྱལ་པོས་སྟོང་པ་གཙང་བ་གྱ་ནོམ་པའོ། །སྨྲས་པ་ནི་ཡི་གེའི་སྒོ་ནས་སོ། །སྨྲ་བ་ནི་དོན་གྱི་བདག་ཉིད་ཀྱི་སྒོ་ནས་སོ། །རྒྱལ་པོར་གྱུར་པ་འམ་ཞེས་བྱ་བ་ནི་རྒྱལ་པོར་དབང་སྐུར་བ་ཐོབ་པའོ། །རྒྱལ་པོ་ཉིད་ཏུ་ཞུགས་པར་འགྱུར་བའམ ་ཞེས་བྱ་བ་ནི་དབང་བསྐུར་དུ་རུང་བར་སྐྱེས་པའོ། །དྲང་སྲོང་ཉིད་དུ་ཞུགས་པར་འགྱུར་རམ། ཞེས་བྱ་བ་ནི་དྲང་སྲོང་གི་ལམ་ཐོབ་པར་གྱུར་པའོ། །ཤིན་ཏུ་ཞེས་བྱ་བ་ནི་ཤིན་ཏུ་ཁྱད་པར་དུ་ལེགས་པར་རྩེ་གཅིག་ཏུ་གཏོང་བའི་སྒོ་ནས་ཡིད་ལ་བྱེད ་པའོ། དོན་དང་ཞེས་བྱ་བ་ནི་མངོན་པར་འདོད་པའི་དོན་ཐོབ་པའི་ཕྱིར་རོ། །ཕན་བ་དང་ཞེས་བྱ་བ་ནི་འཇིག་ཏེན་ཕ་རོལ་གྱི་ཕུན་སུམ་ཚོགས་པའི་ཕྱིར་རོ། །བདེ་བའི་ཕྱིར་ཞེས་བྱ་བ་ནི་ཐར་པའི་བདེ་བ་ཐོབ་པའི་ཕྱིར་རོ། །འདོད་ཅིང་ཞེས་བྱ་བ་ནི་ཨེ་མའོ ་བདག་གིས་མཚན་ཉིད་ཀྱིས་རང་གི་ངོ་བོ་ཤེས་པར་བྱའོ། །ཞེས་དེ་ལྟར་འདོད་པ་དང་བཅས་པར་འགྱུར་བའོ། །ཐེ་ཚོམ་དུ་གྱུར་པས་ཞེས་བྱ་བ་ནི་ཅི་འདི་ལ་མཚན་དེ་གཉིས་ཡོད་དམ་མེད་ཅེས་སོ། །གསང་བའི་ཕྱོགས་ཀྱི་སྦ་བ་ནི་གསང ་བའི་སྦ་བ་ཡིན་ལ། སྤུབས་སུ་ནུབ་པ་ནི་ཞུགས་པ་འམ་གཡགས་པས་སྤུབས་སུ་ནུབ་པ་སྟེ། སྦུབས་སུ་ནུབ་པ་ཡང་དེ་ཡིན་ལ། གསང་བའི་སྦ་བ་ཡང་ཡིན་པས་ན་གསང་བའི་སྦ་བ་སྦུབས་སུ་ནུབ་པའོ། །ཡང་པ་ཉིད་ཀྱི་ཕྱིར་དང། སྲབ་པ་ཉིད་ཀྱི་ཕྱིར་ལྗགས ་རིང་ལ་སྲབ་པའོ། །འདིས་སྐྱེས་བུ་ཆེན་པོར་མཚོན་པར་བྱེད་པ་ཡིན་པས་ན་མཚན་ཏེ། ཞབས་ལེགས་པར་གནས་པ་ཡིན་ནོ། །མིའི་རྒྱུ་བ་དུ་འཁྲུངས་པ་ཉིད་ཀྱི་ཕྱིར་མི་མཆོག་ཅེས་བྱ་བ་འདོད་པ་ཡིན་ཏེ། བཅོམ་ལྡན་འདས་ནི་འཁོར་བའི་ནང་དུ ་འདུས་པའི་སེམས་ཅན་མ་ལུས་པའི་མཆོག་ཏུ་གྱུར་པ་ཡིན་ནོ། །བུད་མེད་ལྟ་བུ་ཞེས་བྱ་བའི་དབང་དུ་བྱས་ནས། ལྕེ་བུད་མེད་དང་འདྲ་བ་ཞེས་བྱ་བ་ཡིན་ནོ། །བརྐྱང་མཛད་པ་ཞེས་བྱ་བ་ལ། ཞལ་ནས་ཕྱུང་བར་མཛད་ནས་སོ། །བདག་གི་ཐེ་ཚོམ ་བསལ་བ་ནི་དོར་བར་རོ། །སྙན་པར་གྲགས་པ་ཞེས་བྱ་བ་ནི་གྲགས་པས་འཁོར་བ་མ་ལུས་པར་གྱུར་པའོ། །དཀའ་བས་རྙེད་པར་ནུས་པའི་ཕྱིར་རྙེད་པར་ཤིན་ཏུ་དཀའ་བའོ། །རྒྱུ་མཚན་ཞེས་བྱ་བ་ནི་རྫུ་འཕྲུལ་གྱི་མཐུ་ལས་བྱུང་བའི་རྟགས་ཡིན་ནོ། ་དེ་ལ་གསལ་བ་ནི་མ་གཏོགས་པར་ཏེ། གསང་བའི་སྦ་བ་སྦུབས་སུ་ནུབ་པར་མཐོང་བར་གྱུར་པའོ། །རྗེས་སུ་ཡི་རངས་ཏེ་ཞེས་བྱ་བ་ནི་ཚིག་གིས་སོ། །མངོན་པར་བསྟོད་དོ་ཞེས་བྱ་བ་ནི་སེམས་ཀྱིས་སོ། །ཁྱིམ་གྱི་མཆོག་ཅེས་བྱ་བ་ནི་ཁང་པའི་མཆོག་གོ་། ་མངོན་པར་འདོད་པའི་བྱ་བ་བྱེད་པའི་སྒོ་ནས་འདུས་ཤིང་རྟེན་སོ་སོར་འཇོག་པའི་སྒོ་ནས་འཁོད་པ་ཡིན་ནོ། །མང་དུ་ཞེས་བྱ་བ་ནི་བྲམ་ཟེའི་ཁྱེའུ་ཨཾ་པ་ཏ་འོང་བ་ལ་སྡོད་པའོ། །ཕྱག་འཚལ་ཏེ་ཞེས་བྱ་བ་ནི་ཚིག་གི་སྒོ་ནས་ཕྱག་བྱས་ནས་སོ།། ་ཇི་ལྟར་བརྗོད་པ་ནི་ཇི་ལྟར་འཇུག་པ་དང། ཇི་ལྟར་རབ་ཏུ་འཇུག་པར་བྱེད་པའོ། །ཁྲོས་ཤིང་ཞེས་བྱ་བ་ནི་ཐོག་མར་ཁྲོས་པའི་ཕྱིར་ཕྲོས་པའོ། །འཁྲུགས་པ་ནི་ལུས་འགྱུར་བའི་ཕྱིར་རོ། །གཏུམ་པ་ནི་ངག་གི་འགྱུར་བའི་ཕྱིར་རོ། །ཡིད་མ་རངས་པ་ཞེས་བྱ་བ་ནི ་རྒྱུན་གྱིས་སེམས་རངས་ལ་མེད་པའོ། །ེ་མའོ་ཕོ་ཉ་བྱེད་པ་ཞེས་བྱ་བ་ནི་ཁྱོད་ཀྱི་ཕོ་ཉའི་ལས་བྱེད་ཆེན་པོ་བྱས་པ་ཡིན་ཏེ་ངེས?་གཞན་ཁོ་ན་སྨྲས་པ་ཁྱོད་ཀྱིས་གཞན་ཁོ་ན་བྱས་པ་ཡིན་ནོ། །མི་འདོད་ཏུ་ཟིན་ཀྱང་མངོན་པར་འདོད་པའི་གནས་སུ་མངག ་གཞུག་ལ་འགྲོ་བར་བྱེད་པ་གང་ཡིན་པ་མངག་གཞུག་པའོ། །ང་ཡང་ངན་སོང་དུ་ལྷུང་ངོ་ཞེས་བྱ་བ་ནི་གང་གི་ཕྱིར་ཁྱོད་དེ་འདྲ་བའི་དྲང་སྲོང་ཆེན་པོ་ལ་བསྙེན་བཀུར་ལ་སྦྱོར་བར་མི་བྱེད་པས་ང་ཡང་སེམས་ཅན་དམྱལ་བར་ལྷུང་བར་འགྱུར་རོ།། ་དེ་དང་དེར་ཞེས་བྱ་བ་ནི་སྨད་པའི་ཟློས་པའི་ཚིག་གཉིས་ཡིན་ནོ། །བདག་ཀྱང་ཚོད་བཟུང་བར་གྱུར་ཏོ་ཞེས་བྱ་བ་ལ། ཁོ་བོ་སྐབས་ཐམས་ཅད་དུ་ཉེས་པ་དང་ལྡན་པར་བྱེད་པའོ། །གུས་པ་མངོན་དུ་སོང་བའི་ལུས་དང། ངག་གི་འཇུག་པ་ནི ་བསྙེན་བཀུར་ཡིན་ནོ། །བཅའ་བར་བྱ་བ་ནི་རྩ་བ་ལ་སོགས་པ་ལྔ་ཡིན་ལ། བཟའ་བར་བྱ་བ་ནི་ཁུར་བ་ལ་སོགས་པ་ལྔ་ཡིན་ནོ། །ཡིད་རངས་པ་ཞེས་བྱ་བ་ནི་བཤད་མ་ཐག་པའི་ཚིག་གིས་སྤྲོ་བར་མཛད་པའོ། །མཆོད་སྦྱིན་ནང་ན་སྦྱིན་སྲེག་མཆོག ་ཅེས་བྱ་བ་ལ་སོགས་པ་ལ། མེ་ལ་སྦྱིན་སྲེག་སྦྱིན་པ་ནི་མེའི་སྦྱིན་སྲེག་ཡིན་ལ། མཆོད་སྦྱིན་གང་དག་ལ་མེའི་སྦྱིན་སྲེག་གི་ཁ་ཡོད་པ་དེ་དག་ནི་སྲེག་སྦྱིན་ཁ་སྒྱུར་ཡིན་ཏེ། མེ་ནི་ལྷའི་ཁ་ཡིན་ནོ་ཞེས་བྱ་བའི་ཚིག་དེས་ལྷའི་ཆེད་དུ་ཅུང་ཟད་མེ ་ལ་སྦྱིན་སྲེག་བྱས་པ་དེ་ཐམས་ཅད་ལྷའི་ཁར་འཇུག་པ་ཡིན་ནོ། །ཞེས་འཇིག་རྟེན་ན་རབ་ཏུ་གྲགས་པ་ཡིན་ནོ། །ཡང་ན་མཆོག་ནི་གཙོ་བོར་གྱུར་པ་ཡིན་ལ། མཆོད་སྦྱིན་ནི་གཏོང་མཆོད་ཡིན་ཏེ། གང་བསོད་ནམས་ཀྱི་དོན་དུ་ལྷའི་ཆེད་དུ་སྦྱིན ་བར་བྱའོ། །རིག་བྱེད་ཐམས་ཅད་ཀྱི་ནང་ན་སྐྱོང་བཅས་ཀྱི་རིག་བྱེད་གཙོ་བོར་གྱུར་པ་ཡིན་ནོ། །གང་དེ་དག་གི་ནང་ན་རྒྱལ་པོ་དེ་འདི་མཆོག་སྟེ། བསོད་ནམས་དང་བདག་པོའི་སྒོ་ནས་གཙོ་བོར་གྱུར་པ་ཡིན་ནོ། །རྒྱུ་སྐར་ཐམས་ཅད་ཀྱི ་ནང་ན་ཟླ་བ་ནི་གདུང་ཞིང་གསལ་བར་བྱེད་པའི་ཕྱིར་གསལ་བྱེད་དེ། དེ་དག་ཐམས་ཅད་ཀྱི་ནང་ན་ཉི་མ་ཁ་ན་དཀྱིལ་འཁོར་དང་གསལ་བའི་སྒོ་ནས་མཆོག་སྟེ། གཙོ་བོར་གྱུར་པ་ཡིན་ནོ། །སྟེང་དུ་འོག་མིན་གྱི་མཐར་ཐུག་པ་ནས་ཐད་དཀར་འཇིག ་རྟེན་གྱི་ཁམས་ཀྱི་མཐར་ཐུག་པ་དང། འོག་ཏུ་རླུང་གི་དཀྱིལ་འཁོར་གྱི་བར་དུའོ། །ཇི་སྙེད་འགྲོ་བར་འགྲོ་བ་དག་ཅེས་བྱ་བ་ལ། ཇི་རྙེད་འགྲོ་བའི་རྣམ་པ་འམ་སྲོག་ཆགས་རྒྱུ་བའི་བར་དུ་འཇུག་པའོ། །འཇིག་རྟེན་ལྷ་དང་བཅས་པའི་ཞེས་བྱ་བ ་ནི་ལྷ་དང་བཅས་པའི་འཁོར་མ་ལུས་པ་དག་གི་ཡང་དག་པར་རྫོགས་པའི་སངས་རྒྱས་ནི་མཆོག་དང་གཙོ་བོར་གྱུར་པ་ཡིན་ཏེ། དཔེར་ན་སྦྱིན་སྲེག་ལ་སོགས་པ་མཆོད་སྦྱིན་ལ་སོགས་པའི་ནང་དུ་གཙོ་བོར་གྱུར་པ་ཡིན་པ་དེ་བཞིན་དུ། ་བཅོམ་ལྡན་འདས་ནི་འགྲོ་བ་ཐམས་ཅད་ཀྱི་གཙོ་བོར་གྱུར་པ་དེའི་ཕྱིར་མཆོད་པ་སྟེ། གང་གི་ཕྱིར་བཅོམ་ལྡན་འདས་ཀྱི་མཆོད་པ་ནི་ཚད་མེད་པ་དང། འབྲས་བུ་མེད་པ་མ་ཡིན་པ་དང། འདོད་པའི་འབྲས་བུ་ཅན་ཡིན་པས་ན་རྟག་ཏུ་མཆོད་པར ་བྱ་བ་ཡིན་ནོ། །ཏིལ་དྲུས་མ་དང་འབྲས་ཀྱི་བག་ཕྱེ་བ་སྲས་པ་ལས་སྲབ་མོར་བྱས་ཤིང་མར་གྱི་ནང་དུ་བསྐོལ་བའི་ཟས་ཀྱི་བྱེ་བྲག་ནི་ཁུར་བ་ཡིན་ནོ། །སེམས་མཉེས་པ་བགྱིད་དམ་ཞེས་བྱ་བ་ནི་ཚུལ་མཐུན་པའི་སྒྲུབ་པ་པས་སེམས་དང་རྗེས་སུ་མཐུན་ ་པར་འགྱུར་བའོ། །ཆོས་འདོད་པ་ཞེས་བྱ་བ་ནི་ཆོས་ལ་གུས་པ་དང་བཅས་པའོ། །བྱིས་པ་སྟེ་ཞེས་བྱ་བ་ལ་སོགས་པ་ལ། ལུང་ཐོས་པ་ལ་སོགས་པ་དང། བྲལ་བ་ཉིད་ཀྱི་ཕྱིར་བྱིས་པའོ། །སྐབས་ནི་གནས་སྐབས་ཡིན་ཏེ། སྐབས་ཤེས་པའི ་ཕྱིར་སྐབས་འཚལ་བ་མ་ཡིན་ལ་སྐབས་འཚལ་བ་ཡིན་པ་ནི་སྐབས་མ་འཚལ་བའོ། །དེ་ལྟར་ནི་ངས་འདི་ལྟར་སོང་ལ་བཅོམ་ལྡན་འདས་ཀྱི་མི་ཆེན་པོའི་མཚན་དག་ཡང་དག་པར་བསྟན་པའི་སྐབས་གཞན་ཁོ་ནར་གྱུར་བ་སྨོས་པ་ཡིན་གྱི་འདི་ལྟར ་ངས་བསྙེན་བཀུར་མི་བྱེད་པ་ནི་མ་ཡིན་པ་དེ་བས་ན། ངེས་བསྙེན་བཀུར་མ་བྱས་པ་དེའི་ཕྱིར་དེ་ནི་སྐབས་མི་ཤེས་པ་ཡིན་ནོ། །སྲབ་སྐྱོགས་ཞེས་བྱ་བ་ལ་སོགས་པ་ལ། རྟ་བཟློག་པའི་ཐབས་སུ་གྱུར་པ་ནི་སྲབ་སྐྱོགས་ཡིན་ལ། དེ་གཏོང་བ་ནི ་འཕྲལ་དུ་ཡོངས་སུ་སྤོང་བའོ། །བསྒྲོང་བ་ནི་གྱེན་དུ་སྒྲེང་བར་བྱེད་པའོ། །གནོད་པ་ཉུང་དམ་ཞེས་བྱ་བ་ལ་སོགས་པ་ལ། གནོད་པ་ནི་ཕྱི་རོལ་རྣམ་པར་འཚེ་བས་གཟིར་བའོ། །ཁ་ན་མ་ཐོ་བ་ནི་ལུས་ལས་བྱུང་བའི་ནད་ཀྱིས་གཟིར་བའོ།། ་མི་བདེ་བ་ནི་ཡིད་སྐྱོ་བར་གྱུར་པའི་ནང་ངོ། །བསྐྱོད་པ་ཡང་བ་ནི་བྱ་བ་ལ་ལུས་ཡང་བ་ཉིད་དོ། །འཚོ་བ་ནི་བསོད་སྙོམས་ཀྱི་སྒོ་ནས་གནས་པར་གྱུར་པའོ། །སྟོབས་ནི་འཚོ་བའི་འབྲས་བུ་ནུས་པ་ཉིད་དོ། །བདེ་བ་ནི་ལུས་ཀྱིའོ། །རེག་པར་གནས ་པ་ནི་མངོན་པར་དགའ་བ་དང་བཅས་པས་གནས་པའོ། །ཕུད་པ་ནི་ཡོངས་སུ་དོར་བའོ། །གོས་བགོས་པ་ཞེས་བྱ་བ་ལ་སོགས་པ་ལ། རྗེས་སུ་རེག་པ་ནི་རེག་པར་བྱེད་པའོ། །དོ་ཀེར་ནི་སྐྲ་གཙུག་ཕུད་དུ་བཅིངས་པའོ། །གྲགས་པ་ལས་རྙེད་པ ་ཞེས་བྱ་བ་ནི་ཐོབ་པར་གྱུར་པ་སྟེ། དེ་དག་ནི་རིགས་ཐམས་ཅད་ཀྱི་མཆོག་ཏུ་གྱུར་པ་ཡིན་ནོ། །སྙམ་པ་དེས་ལོངས་སྤྱོད་དག་གི་བགོ་བཤའ་བྱའོ་ཞེས་བྱ་བ་སྟེ་ལྟ་བུ་ནི་གྲགས་པ་ལས་རྙེད་པ་ཡིན་ནོ། །གྲགས་པ་ཁོ་ནས་ཡོངས་སུ་ལོངས ་སྤྱོད་པར་བྱེད་དོ། །ཞེས་བྱ་བ་ལ། རིགས་གཞན་ལ་ཕྱག་བྱས་པ་དེའི་ཚེ་བདག་ལ་སྙན་པ་མི་འགྱུར་རོ་སྙམ་པ་དེས་གཞན་གཡོའི་སྒོ་ནས་ཕྱག་བྱེད་པ་ཡིན་ནོ། །ཤིན་ཏུ་ང་རྒྱལ་ཅན་ཞེས་བྱ་བ་ནི་ལྷག་པའི་ང་རྒྱལ་དང་ལྡན་པའོ། །སངས་ ་རྒྱས་ཞེས་བྱ་བ་ལ་སོགས་པ་ལ། སྦྱིན་པ་དང་ལྡན་པའི་གཏམ་ནི་སྦྱིན་པའི་གཏམ་མོ། །ཚུལ་ཁྲིམས་ཀྱི་ཕན་ཡོན་གསལ་བར་བྱེད་པའི་གཏམ་ནི་ཚུལ་ཁྲིམས་ཀྱི་གཏམ་མོ། །མཐོ་རིས་ཀྱི་བསྔགས་པ་བརྗོད་པའི་གཏམ་ནི་མཐོ་རིས་དང་རྗེས་སུ ་མཐུན་པའི་གཏམ་མོ། །འདོད་པའི་ཡོན་ཏན་ལྔའི་རོ་མྱང་བ་བསལ་བར་བྱེད་པའི་གཏམ་ནི་རོ་མྱང་བའི་གཏམ་ཡིན་ཏེ། ཇི་སྐད་དུ་གལ་ཏེ་བདག་འདོད་པའི་ཡོན་ཏན་ལྔ་ལ་བསྟེན་པའི་བདེ་བ་སྐྱེ་ཞིང་ཡིད་བདེ་བ་སྐྱེ་ཞིང་སྐྱེས་པའི་འདོད་པ་དག་གི་རོ་མྱང་བར ་བརྗོད་པ་འདོད་པ་དེ་དག་གི་རོ་མྱང་བ་ནི་ཤིན་ཏུ་ཚུད་ལ་འོན་ཀྱང་དེ་དག་གི་ཉེས་དམིགས་ནི་ཆེ་བར་བསྟན་པ་ཡིན་ནོ། །འདོད་པའི་ཉེས་དམིགས་བསལ་བར་བྱེད་པའི་གཏམ་ནི་འདོད་པའི་ཉེས་དམིགས་ཀྱི་གཏམ་ཡིན་ཏེ། ཇི་སྐད་དུ་འདོད་པའི་རྒྱུ་དང ་འདོད་པའི་གཞི་དང། འདོད་པའི་རྟེན་གྱིས་མ་བུ་དང་ལྷན་ཅིག་རྩོད་པར་བྱེད་པས་ན། ལུས་དང་ངག་དང་ཡིད་ཀྱི་སྒོ་ནས་ཉེས་པར་སྤྱོད་པ་ཆེན་པོ་སྤྱད་པས་སེམས་ཅན་དམྱལ་བ་དག་ཏུ་སྐྱེ་བར་འགྱུར་རོ་ཞེས་བསྟན་པ་ཡིན་ནོ། །ཀུན་ནས་ཉོན་མོངས་པའི་ཕྱོགས་ནི ་འདོད་ཆགས་ལ་སོགས་པ་ཡིན་ལ། འདིར་ཀུན་ནས་ཉོན་མོངས་པ་བྱེད་ཅེས་བྱ་བའི་དབང་དུ་བྱས་ནས་ཀུན་ནས་ཉོན་མོངས་པ་ནི་འཁོར་བ་ཡིན་ནོ། །རྣམ་པར་བྱང་བས་ན་རྣམ་པར་བྱང་བ་སྟེ་ཐར་པ་ཡིན་པ་འམ། འདིས་རྣམ་པར་བྱང་བར་བྱེད་པས་རྣམ ་བར་བྱ་རབ་སྟེ། འཕགས་པའི་ལམ་ཡིན་ཞིང་དེའི་ཕྱོགས་ནི་དད་པ་ལ་སོགས་པ་ཡིན་ནོ། །ངེས་པར་འབྱུང་བའི་དངོས་པོ་ནི་ངེས་པར་འབྱུང་བ་ཉིད་དེ། ཁྱིམ་གྱི་གནས་ཡོངས་སུ་སྤངས་པ་འམ། འདིས་ངེས་པར་འབྱུང་བ་སྟེ་ཞེས་བྱ་བ་ནི་དབང་དུ་བྱས ་ནས་འཕགས་པའི་ལམ་ངེས་པར་འབྱུང་བ་ཡིན་ཏེ། དེའི་དངོས་པོ་ནི་ངེས་པར་འབྱུང་བ་ཉིད་དོ། །རབ་ཏུ་དབེན་པ་ནི་ལུས་དང་སེམས་ཀྱི་སྒོ་ནས་དབེན་པའི་གནས་སྐབས་ཡིན་ཏེ། དེ་དག་གི་བསྔགས་པ་ནི་ཡོན་ཏན་གྱི་གཏམ་ཡིན་ནོ། །ཡིད་བདེ་བ ་ཁྱད་པར་དུ་འཕགས་པ་དང་ལྡན་པའི་ཕྱིར་དགའ་བ་སེམས་སོ། །འཕགས་པའི་ལམ་སྐྱེ་བ་དང་རྗེས་སུ་མཐུན་པའི་ཕྱིར་དགེ་བའི་སེམས་སོ། །རབ་ཏུ་དགའ་བ་དང་ལྡན་པའི་ཕྱིར་མགུ་བའི་སེམས་སོ། །ལམ་སྐྱེ་བའི་འཆིད་བ་མ་ཡིན་པའི་ཕྱིར་སྒྲིབ་པ་མེད་པའི་སེམས་སོ། །མ་འོངས ་བའི་ཡོན་ཏན་སྐྱེ་བའི་སྐལ་བ་དང་ལྡན་པའི་ཕྱིར་སྐལ་བ་ཡོད་པའོ། །མཐུ་ཞེས་བྱ་བ་ནི་ནུས་པའོ། །ཀུན་ནས་བསྟོད་པ་ནི་སྐྱེས་བུའི་དོན་བླ་ན་མེད་པ་ཡིན་ཏེ། ཡང་དག་པར་བསྟོད་པའི་ཕྱིར་མཐུ་ཡོད་པས་ན་ཀུན་ནས་བསྟོད་པ་ཅན་ནམ། འདི་ལ་ཀུན་ནས་བསྟོད་པའི ་དགོས་པའི་ཆོས་བསྟན་པ་ཡོད་པ་དེ་ནི་འདིར་ཀུན་ནས་བསྔགས་པ་ཅན་གྱི་ཆོས་བཤད་པ་སྟེ། འཕགས་པའི་ལམ་སྐྱེ་བ་དང་རྗེས་སུ་མཐུན་པ་ཞེས་བྱ་བའི་ཐ་ཚིག་གོ་།དག་པ་ཞེས་བྱ་བ་ནི་དཀར་པོའོ། །ནག་པོ་དང་བྲལ་བ་ཞེས་བྱ་བ་ནི་དྲི་མ་མེད་པའོ། །བཙོར ་རུང་བ་ཞེས་བྱ་བ་ནི་བཙོར་རུང་བར་གྱུར་པའོ། །ལེགས་པར་ཚོན་འཛིན་པ་ཞེས་བྱ་བ་ནི་ཤིན་ཏུ་ཚོན་ཆགས་པར་གྱུར་པའོ། །ཤིན་ཏུ་ཁོང་དུ་ཆུད་པ་ཞེས་བྱ་བ་ནི་ཟག་པ་མེད་པའི་ཤེས་པས་ཡོངས་སུ་བཅད་པའམ་མཐོང་བར་གྱུར་པའོ། །ཆོས་མཐོང་བ་ནི་སྡུག་བསྔལ ་གྱི་བདེན་པའོ། །རྙེད་པ་ནི་འགོག་པའོ། །རིགས་པ་ནི་ཀུན་ནས་འབྱུང་ངོ། །ཁོང་དུ་ཆུད་པ་ནི་ལམ་མོ། །འདོད་པ་དང་བྲལ་བ་ཞེས་བྱ་བ་ནི་འཁོར་བ་ཐོག་མ་མེད་པ་ནས་གོམས་པའི་ཆོས་དག་ཁོང་དུ་ཆུད་པའི་འདོད་པ་དང་བྲལ་བའོ། །དེ་བཞིན་དུ་བདེན་པ་བཞིའི་ཡུལ་ལ་ཐེ ་ཚོམ་དང་བྲལ་བར་གྱུར་པའོ། །གཞན་གྱི་དྲིད་མི་འཇོག་པ་ཞེས་བྱ་བ་ནི་གཞན་ཚད་མར་གྱུར་པ་མ་ཡིན་པའི་ཆོས་དག་རང་ཉིད་ཀྱིས་རྟོགས་པའི་ཕྱིར་རོ། །གཞན་གྱིས་མི་དཀྲི་བའི་ཆོས་གཞན་དེ་ཡང་ཁོང་དུ་ཆུད་པ་ཉིད་ཀྱི་ཕྱིར་རོ། །སྟོན་པའི་བསྟན་པ་སྟེ ་བཤད་པའི་ཆོས་དང། གཞན་རྣམ་པར་གནས་པའི་ཆོས་དག་ལ་མི་འཇིགས་སྟེ། འཇིགས་པ་མེད་པ་ཉིད་ཐོབ་པའོ། །ཤིན་ཏུ་འདས་པ་ཞེས་བྱ་བ་ནི་ཆོས་ལ་རབ་ཏུ་ཞུགས་པ་ཡིན་ནོ། །འདས་པའི་ཚིག་གཉིས་པ་ནི་ཕྱིར་འཇིག་པར་མི་འགྱུར་བ་ཐོབ་པར ་བགྱིའོ། །ཞེས་བསྟན་པ་ཡིན་ནོ། །ཡང་ན་དགའ་བའི་ཡུལ་ལ་ན?་གཉིས་བརྗོད་པ་ཡིན་ནོ། །སྐྱབས་སུ་མཆི་སྟེ་ཞེས་བྱ་བ་ནི་ཡོངས་སུ་སྐྱོབ་པར་མཛད་པའི་སྒོ་ནས་རྟེན་སྒྲུབ་པར་བྱེད་པའོ། །ཇི་སྲིད་འཚོའི་བར་དུ་ཞེས་བྱ་བ་ནི་ཇི་སྲིད་འཚོའི ་མཐར་ཐུག་པའི་ཕར་དུའོ། །སྲོག་དང་ལྡན་པ་ཞེས་བྱ་བ་ནི་ཇི་སྲིད་བདག་སྲོག་དང་ལྡན་པ་དེ་སྲིད་དུ་འགྲོ་བ་ཡིན་ནོ། །ཟས་བཟའ་བར་བྱ་བ་ནི་ཟས་ལོངས་སྤྱོད་པར་བྱའོ། །དབྱ་བ་ནི་འདོད་པ་མ་ཡིན་པ་སྟོན་པའི་ཚིག་བརྗོད་པའོ། །གཞོན་རབས་ཀྱི་དུས ་ཡོལ་བར་གྱུར་ཅེས་བྱ་བ་ལ་སོགས་པ་ལ། མང་བ་ཉིད་ཀྱི་ཕྱིར་ཇི་སྲིད་དགེ་སློང་དག་དང། གཞོན་རབས་སུ་རྣམ་པར་གནས་པ་དག་གིས་ཟས་ཐོབ་པར་གྱུར་པ་དེ་སྲིད་དུ་དགེ་འདུན་གྱི་གནས་བརྟན་གྱིས་ཟས་ཟོས་ཤིང་ཟས་ཟོས་ནས་ཀྱང་ཡོན་བཤད ་པར་བྱེད་པ་དང། དགེ་སློང་གཞོན་པ་དག་ཡོན་བཤད་པར་གྱུར་པ་ན་ཟས་མ་ཟོས་ལ། ཡོན་བཤད་པ་ཡོངས་སུ་རྫོགས་པ་ན་ཡང་ཟས་ཀྱི་དུས་ལ་འདས་པར་གྱུར་པ་དེའི་ཕྱིར་དུ་པ་ལས་འདས་པ་ཞེས་བསྟན་ཏོ། །དོན་མི་གོ་བ་ཞེས་བྱ་བ་ལ་དོན་ཡོངས་སུ་ཤེས ་པའི་ངང་ཚུན་ཅན་མ་ཡིན་པའོ། །སྒྲ་མི་ཐོས་པ་ནི་སྒྲ་སོ་སོར་རིག་པ་མ་ཡིན་པའོ། །གྲལ་ཚར་གཉིས་སུ་ཞེས་བྱ་བ་ལ། ཇི་ལྟར་གྲལ་བཤམས་པ་དེ་བཞིན་དུ་གྲལ་གཉིས་པས་རྒན་རབས་དང་ཉེ་བའི་མཐར་སོན་པར་གྱུར་པ་དེ་བས་ན་ཤིན་ཏུ་ཐག་ཉེ་བར ་གནས་པའི་གསར་བུ་དོན་སོ་སོར་རིག་པར་འགྱུར་ཞིང་སྒྲ་སོ་སོར་རིག་པར་འགྱུར་བའོ། །རིབ་མའི་རྩ་ཞེས་བྱ་བ་ནི་མེ་ཏོག་གི་རིབ་མའི་མཛའ་ཕྱོགས་སུ་གྱུར་པ་འམ། རིབ་མའི་རྩ་བ་ནི་ཁྱིམ་གྱི་ཚར་དང་ཉེ་བའོ། །མི་དགེ་བ་ཞེས་བྱ་བ་ནི་རྣམ་པར་སྨིན ་པ་མི་འདོད་པ་ཉིད་ཀྱི་ཕྱིར་འདོད་པ་ལ་སོགས་པའི་རྣམ་པར་རྟོག་པ་སྟེ། མི་དགེ་བ་དེ་ལ་རྣམ་པར་རྟོག་པ་བྱེད་དོ། །འཕགས་པའི་སྐྱེ་བོས་སྨད་པ་ཉིད་ཀྱི་ཕྱིར་སྡིག་པ་ཡིན་ལ། འདུན་པའི་འདོད་ཆགས་ལ་བརྟེན་ནས་སྐྱེས་པའི་ཕྱིར་ཆགས་པ་ལ་རྟེན་པ་ཡིན་ནོ། ་ས་བོན་ཚ་བ་ལྟ་བུ་ཞེས་བྱ་བ་ལ། ཚ་བ་ནི་ཁ་བ་འམ་རྣོ་བ་ཡིན་ཏེ། ཚ་བའི་ས་བོན་ནི་ཚ་བའི་ས་བོན་ཡིན་པས་ན་བདག་ཉིད་ཚ་བའི་འབྲས་བུའི་ས་བོན་ལྟར་ཞེས་བསྟན་པར་འགྱུར་ཏེ། ས་བོན་ཚ་བ་མ་ཡིན་པ་ས་བོན་ཚ་བ་བྱེད་པ་ཡིན་པའི་ཕྱིར་བདག་ཉིད་ས་བོན་ཚ་བ ་ལྟར་རང་ཉིད་ཀྱི་སེམས་གྱུར་པ་ཡིན་ནོ། །འདོད་པའི་ཡོན་ཏན་ལྔའི་བདག་ཉིད་རྣམ་པར་རྟག་པ་དང་ལྡན་པའི་ཕྱིར་བདག་ཉིད་དྲི་ང་བ་ཡིན་ལ། རེག་པའི་སྐྱེ་མཆེད་དྲུག་གིས་སྡོམ་པ་མ་ཡིན་པས་བསྡམས་པའི་ཕྱིར་བདག་ཉིད་ཟག་པ་ཡིན་ནོ། །རེག་པའི་སྐྱེ ་མཆེད་དྲུག་པོ་དག་གིས་རྟག་ཏུ་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་ཟག་པར་བྱེད་པའི་ཕྱིར་སྡིག་པའི་ཆོས་འདོད་ཆགས་ལ་སོགས་པ་ནི་སྦྲང་བུ་ཡིན་ཏེ། རང་དབང་དུ་གནས་པའི་རོ་མྱོང་བར་བྱེད་དོ། །རང་གི་འདོད་པས་ཡོངས་སུ་ལོངས་སྤྱོད་པ་ནི་མངོན ་པར་བལྡགས་པ་འམ། རྒྱུན་གྱིས་དེ་ལ་གནས་པའོ། །འདི་ལ་གན་མ་ཡོད་པ་མ་ཡིན་ནོ། །ཞེས་བྱ་བ་ནི་འདི་ལ་གནས་ཡོད་པ་མ་ཡིན་ནོ། །གཞན་ཞེས་བྱ་བ་ནི་མ་བསྟན་པའི་གཙོ་བོར་གྱུར་པའི་དགེ་སློང་འགའ་ཞིག་གོ་།དེའི་ཚིག་བླ་དགས་སོ་ཞེས་བྱ་བ་ནི་དེའི་མིང ་སྟོན་པར་བྱེད་པའོ། །འདུན་པའི་འདོད་ཆགས་དང་མཚུངས་པར་ལྡན་པའི་རྣམ་པར་རྟོག་པ་ནི་འདོད་པའི་རྣམ་པར་རྟོག་པ་ཡིན་ནོ། །གནོད་སེམས་དང་མཚུངས་པར་ལྡན་པ་ནི་གནོད་སེམས་ཀྱི་རྣམ་པར་རྟོག་པ་ཡིན་ནོ། །གཞན་ལ་ཅོ་འདྲི་བ་དང་འཚེ་བ ་ངག་དང་མཚུངས་པར་ལྡན་པ་ནི་འཚེ་བའི་རྣམ་པར་རྟོག་པ་ཡིན་ནོ། །དགའ་བར་བྱེད་མངོན་པར་འདོད་པར་བྱེད་པ་ཡིན་པས་ན་འདོད་པ་ཡིན་ལ། འདུན་པའི་འདོད་ཆགས་ཀྱི་སྒོ་ནས་ཡོན་ཏན་དུ་བྱེད་ཅིང་ཡང་དང་ཡང་དུ་གོམས་པར་བྱེད་པས་ན་ཡོན་ཏན ་ཡིན་ནོ། །འདི་ལ་ཞེས་བྱ་བ་ནི་འདོད་པའི་ཡོན་ཏན་ལྔའི་ཡུལ་ལ་འདུན་པའི་འདོད་ཆགས་ནི་དོན་དུ་གཉེར་བའི་འདོད་ཆགས་སོ། །མིག་གི་རེག་པའི་སྐྱེ་མཆེད་ཅེས་བྱ་བ་ལ་རེག་པའི་སྐྱེ་མཆེད་སྐྱེད་པར་བྱེད་པའི་གནས་ཡིན་པས་ན་རེག་པའི་སྐྱེ་མཆེད ་ཡིན་པ་ལ་མིག་ཁོ་ན་རེག་པའི་སྐྱེ་མཆེད་ཡིན་པས་མིག་གིས་རེག་པའི་སྐྱེ་མཆེད་ཡིན་ཞིང། མིག་དང་གཟུགས་ལ་བརྟེན་ནས་མིག་གི་རྣམ་པར་ཤེས་པ་སྐྱེ་བར་འགྱུར་ཏེ་གསུམ་འདུས་པ་ནི་རེག་པ་ཡིན་ནོ་ཞེས་བརྗོད་པའི་ཕྱིར་རོ། །དེ ་བཞིན་དུ་རྣ་བ་ལ་སོགས་པའི་སྐྱེ་མཆེད་ཀྱང་རིག་པར་བྱའོ། །སྡོམ་པ་མ་ཡིན་པ་ཞེས་བྱ་བ་ནི་ཡུལ་མ་ཡིན་པ་ལས་ལྡོག་པ་མེད་པ་ནི་སྡོམ་པ་མ་ཡིན་པ་ཡིན་ཏེ། དེས་བསྡམས་པ་དང་ལྡན་པའོ། །སྡིག་པ་མི་དགེ་བའི་ཆོས་ལ་སེམས་རྗེས་སུ་འཇུག་པ་ནི ་སེམས་ལ་བརྟེན་ནས་འཇུག་པར་འགྱུར་བའོ། །ཅི་ཞིག་ཡོད་ཅེ་ན། སྨྲས་པ། བསྣབ་སེམས་དང། ཡིད་མི་བདེ་བ་ཡོད་ནའོ། །དེ་དག་ཡུལ་གང་ལ་ཞེ་ན། སྨྲས་པ། འཇིག་རྟེན་ཏེ་ཉེ་བར་ལེན་པའི་ཕུང་པོ་ལྔའོ། །མིག་དང་རྣ་བ་གང་མ་སྤས་ཞེས་བྱ་བ་ལ ་སོགས་པ་ལ། མིག་དང་རྣ་བ་ཡུལ་ལ་རབ་ཏུ་འཇུག་པར་བྱེད་པའི་ཕྱིར་མིག་དང་རྣ་བ་མ་སྤས་པ་ཡིན་ནོ། །འདུན་པའི་འདོད་ཆགས་ཀྱིས་གཟིར་བ་ནི་གནོད་པར་གྱུར་པའོ། །དེ་ལ་གནས་པ་ནི་བདེ་བར་གནས་པ་སྟེ་མྱ་ངན་ལས་འདས་པ་ལ་གནས ་བ་ཡིན་ལ། བདེ་བར་གནས་པ་ལས་དགེ་སློང་དེ་རིང་དུ་གྱུར་པ་ཡིན་ནོ། །གནོད་པ་ནི་འཁོར་བའི་སྡུག་བསྔལ་ཏེ་སྐྱེ་བ་ལ་སོགས་པ་ཡིན་པ། དེའི་ནང་ན་གནས་པའི་སྒོ་ནས་དེ་ནི་གནོད་པ་ལ་ཉེ་བར་གྱུར་པ་ཡིན་ནོ། །གང་ཞེས་བྱ་བ་ལ་སོགས་པས ་ནི་ཕན་ཡོན་སྟོན་པར་བྱེད་པ་ཡིན་ནོ། །ནང་གི་གནས་ནི་རང་གི་སེམས་རྩེ་གཅིག་པ་ཡིན་ལ། སྦྱོར་བར་བྱེད་པ་ནི་བཅོམ་ལྡན་འདས་ལ་སྦྱོར་བར་བྱེད་པ་པོས་བདག་ཉིད་ངེས་པར་སྦྱོར་བའོ། །ཅི་ཞིག་བྱས་ནས་ཤེན། སྨྲས་པ། མངོན་ཤེས་ཏེ་ཤིན་ཏུ་ཤེས་ནས་སོ། །དེ་གང་ཞེ་ན། བསམས་པ་ལ་སོགས ་པ་ཤུགས་ཀྱིས་རྟོགས་པར་གྱུར་པའོ། །བདེར་གནས་ཞེས་བྱ་བ་ནི་བདེ་བར་ཉལ་བ་སྟེ། འདི་ནི་ཡང་སྲིད་པར་མི་འཇུག་པའི་ཕན་ཡོན་གཞན་ཡིན་ནོ། །ཅི་ཞིག་བྱས་ནས་ཤེ་ན། སྨྲས་པ། ཡང་དག་པའི་བཀའ་ཨི་གོ་འཕང་གིས་སོ། །གོ་འཕང་ཁྱད་པར་ཇི་ལྟ་བུ་ཞེ་ན ་སྐྱེས་བུ་ངན་བས་མ་བསྙེན་པའི་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། སྨད་པར་བྱ་བའི་སྐྱེས་བུ་ནི་སྐྱེས་བུ་ངན་པ་སྟེ། ལེ་ལོ་ལ་སོགས་པའི་ཉེས་པར་སྤྱོད་པ་དང་ལྡན་པའི་ཕྱིར་རོ། །དེས་ཐོབ་པར་བྱ་བ་མ་ཡིན་པའི་ཕྱིར་མ་བསྟེན་པའོ། །གོ་འཕང་ནི་ཐར་བ་ཞེས་བྱ་བའི ་གནས་ཡིན་ནོ། །འཕགས་པ་སྟེ་སངས་རྒྱས་ཀྱིས་བསྟན་བཅོམ་ལྡན་འདས་ཀྱིས་སོ། །ལེགས་བཤད་ནི་མཛེས་པར་རབ་ཏུ་བཤད་པ་ཡིན་ནོ། །སྤྱོད་ཡུལ་མ་ཡིན་པ་ལྔ་ཞེས་བྱ་བ་ནི་དགེ་སློང་འགྲོ་བ་ཚུལ་མ་ཡིན་པའི་ཕྱིར་སྤྱོད་ཡུལ་མ་ཡིན་པའོ། །རོལ་མོའི་གནས ་ནི་རོལ་མོ་མཁན་གྱི་གནས་སོ། །སྨད་འཚོང་མའི་གནས་ནི་འདིར་འདོད་པ་དག་འཇུག་པར་བྱེད་པའི་ཞེས་དེའི་དབང་དུ་བྱས་ནས་སྨད་འཚོང་མའི་ཁྱིམ་ཡིན་ནོ། །ཆང་འཚོང་གི་གནས་ནི་མྱོས་བྱེད་ཀྱི་ལྟུང་བའི་ཁང་བ་ཡིན་ནོ། །གདོལ་བའི་གནས་ནི་གདོལ་པའི་གནས ་ཁྱིམ་ཡིན་ནོ། །ཇི་ལྟར་བཤམས་པ་བཞིན་དུ་ཞེས་བྱ་བ་ནི་ཇི་ལྟར་འགྲོ་བའི་དགེ་སློང་དེས་བཤམས་པར་གྱུར་པ་དེ་ཁོ་ན་བཞིན་དུ་ངེས་བཏང་སྙོམས་སུ་བཞག་པར་གྱུར་པའོ། །སྔོན་གྱི་ལས་ཞེས་བྱ་བ་ལ། སྔོན་གྱི་ལས་ནི་འདིར་ལས་རྙིང་བ་ཡིན་པར་རིག ་པར་བྱའོ། །སྦྲུལ་ནི་སྦྲུལ་གྱིས་སོ་གང་ཡིན་པ་དེ་གཞན་ལ་གནོད་པར་བྱེད་པའི་ཚེ་དུག་ཡོད་པའི་ཕྱིར་སྤྲུལ་གདུག་པའོ། །འབྲུ་མར་ཞེས་བྱ་བ་ནི་རྐང་པ་བརྐུ་བའི་ཕྱིར་རོ། །གང་སྔོན་གྱི་སྐྱེ་བར་ངེས་ཚེ་ཐུང་བར་འགྱུར་བའི་ལས་བྱས་པ་དེས་ལེན་པ་ཉིད་ཀྱི་ཉེས་པ ་ཡིན་ཏེ། དེས་བསྐྱེད་པ་ནི་འཕངས་པར་གྱུར་པའོ། །ནོན་པ་ནི་གཡོ་འགུལ་བྱེད་པའི་ནུས་པ་ཆུང་བའོ། །ལུས་མ་ནུས་པ་སྡུག་བསྔལ་གྱི་ཚོར་བས་གནོད་པ་ནི་གཟིར་བའོ། །ཤི་བར་གྱུར་པ་ནི་དུས་ལས་འདས་པར་གྱུར་པའོ། དེ་གཉིས་ཀྱིས་ཞེས་བྱ་བ་ནི་ངེས་པར་གཟུང་བའི ་དྲུག་པ་ཡིན་ཏེ། དེ་གཉིས་ལས་གཅིག་གིས་སོ། །རྡུལ་གཟན་བྱིན་བཞིན་དུ་ཞེས་བྱ་བ་ནི་ངེས་རྡུལ་གཟན་མཚན་མོ་རིགས་ཀྱི་ཚུལ་དུ་བགོས་པ་དེའི་ཕྱིར་དེ་སྐད་ཅེས་བསྟན་ཏོ། །དེ་ལྟར་མི་སྡུག་པར་གྱུར་པ་ཞེས་བྱ་བ་ནི་དེ་ལྟར་འགྱུར་བ་ཐོབ་པར་གྱུར་པའོ། །བསྡུམ་པར་རུང ་བ་ཞེས་བྱ་བ་ནི་སྦྱོར་དུ་རུང་བས་ན་བསྡུམ་དུ་རུང་བའོ། །འདུམ་པར་མི་འགྱུར་གྱིས་ཞེས་བྱ་བ་ནི་དེ་ཉེས་པ་གཞན་ཡོད་པའི་ཕྱིར་འདུམ་པར་བྱ་བ་མ་ཡིན་པའོ། །གོས་གཅིག་གང་ལ་ཡོད་པ་དེ་ནི་གོས་གཅིག་པ་སྟེ ་གོས་གཅིག་གོན་པས་གཞན་ལ་ཕྱག་མི་བྱ་ཞིང་གོས་གཅིག་གྱོན་པ་ལ་ཕྱག་མི་བྱ་ལ། གོས་གཅིག་གྱོན་པས་ཀྱང་གཞན་གྱི་ཕྱག་བདག་གིར་མི་བྱའོ། །གཞན་དེ་ལ་ཞེས་བྱ་བ་ནི་ཐ་མལ་པའི་གནས་ལའོ། །མངོན་སུམ་དུ་ཕྱོགས་པས ་འདུག་ཅིག་ཅེས་བྱ་བར་ནི་བསྟན་པའི་གནས་ལ་མངོན་སུམ་དུ་ཕྱོགས་པས་འདུག་པར་བྱ་བ་ཡིན་ནོ། །ལས་བདག་གིར་བྱེད་པ་ལ་དམིགས་ནས་ཞེས་བྱ་བ་ལ། །བདག་ཉིད་ཀྱི་ལས་ལ་རག་ལུས་པ་འམ། རང་གིས་བྱས ་པའི་ལས་ཀྱི་འབྲས་བུ་ལོངས་སྤྱོད་དུ་རུང་བར་བདག་ཉིད་ཀྱིས་ཤེས་ནས་ཟས་ལ་སོགས་པའི་ཚོད་རིགས་པར་བྱ་བ་ཡིན་ནོ། །རྡུལ་གྱིས་ཁྱབ་པར་གྱུར་པའོ། །ལག་པ་ནས་བཟུང་བའི་སྒོ་ནས་ཉམ་ང་བ་ལས་བཏོན་པ་ནི ་ལག་པ་ནས་བཟུང་བ་ཡིན་ནོ། །སྲན་མ་ཤ་ལས་བྱས་པ་འམ་ཞེས་བྱ་བ་ནི་(སྲན་མ་ཤ་བཏགས་པ་ལས་བྱས་བའམ། འབྲས་བཏགས་པ་ལས་བསྒྲུབས་པའི་བཅབ་པའོ།)་།ཚོད་རིག་པར་བྱོས་ཤིག་ཅེས་བྱ་བ་ནི་ལེན་པ་ན་ཇི་ལྟར་ཉེ་གནས་དང་སློབ་མ་ལ ་གནོད་པར་མི་འགྱུར་བ་དེ་ལྟར་ཚོད་ཤེས་པར་བྱ་བ་ཡིན་ནོ། །གཙང་སྦྱོར་བ་ནི་ཟས་ཀྱིས་ཞལ་ཏ་བའོ་འབྲུ་མར་གྱི་སྣོད་ཅེས་བྱ་བ་ནི་པགས་པ་ལས་བྱས་པ་འབྲུ་མར་གྱི་སྣོད་ཀྱི་གོ་སྐུའོ། །ཁ་ཏོན་ལྷོགས་ཤིག་ཅེས་བྱ་བ་ནི་ཀློག ་དུ་གཅུག་པ་ཡིན་ནོ། །ུཏཔ་ལ་འམ་ཞེས་བྱ་བ་ལ་འམ་གྱི་སྒྲ་ནི་གཞན་གྱི་དོན་དུ་བལྟ་བར་བྱའོ། །ཇི་ལྟར་ཆུ་ཞེས་བྱ་བ་ནི་ཇི་ལྟ་ཇི་ལྟར་ཆུ་ལ་འཕེལ་བོར་འགྱུར་བ་དེ་ལྟར་ཨུཏཔ་ལ་ཡང་འགྱུར་རོ། །ཁྱིམ་སྟེ་བྲམ་ཟེ་དང་ཁྱིམ་བདག་ཁྱིམ ་བཤད?་བར་འགྱུར་བའི་ཉེས་པ་གང་དག་གིས་སུན་འབྱིན་པར་བྱེད་ཅིང་མ་དད་པར་བྱེད་པ་དེ་དག་གི་ནི་ཁྱིམ་སུན་འབྱིན་པ་ཡིན་ནོ། །ཇི་ལྟར་དེ་དག་ཁྱིམ་སུན་འབྱིན་པ་ཡིན་ཞེ་ན། སྨྲས་པ། གང་གི་ཕྱིར་སྡིག་པའི་ཆོས་ཀུན་ཏུ་སྤྱོད་པ་ཡིན་ནོ། །ཇི་ལྟར་སྡིག་པའི་ཆོས་ཀུན ་ཏུ་སྤྱད་པ་ཡིན་ཞེ་ན། དེ་དག་བུད་མེད་ཀྱི་ཡུལ་དང་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། འདུ་འཛི་ལ་སོགས་པའི་ཚིག་གི་བཤད་པ་ནི་སྔ་མ་བཞིན་དུ་རིག་པར་བྱའོ། །སྣོད་གཅིག་གི་ནང་དུ་ཞེས་བྱ་བ་ནི་སྣོད་ཆེན་པོ་གཅིག་གི་ནང་དཱུམ། རྡོའི་སྣོད ་གཅིག་ལའོ། །མེ་ཏོག་ཐོགས་པ་ནི་ཐོད་དམ་རྣ་བ་དག་ལའོ། །བྱ་དགའ་བྱིན་པ་ནི་མང་དུ་བྱིན་པས་དགའ་བར་གྱུར་པའོ། །རྒྱུག་པ་ནི་ཤུགས་ཀྱིས་འགྲོ་པའོ། །མཆེད་པ་ནི་རྒལ་པའོ། །རབ་ཏུ་མཆོད་པ་ནི་སྟེང་དུ་འཆོད་པའོ། །བརླ་གཅིག་གཡོང་པ ་བརླ་སྒྱུར་བྱེད་པའོ། །དཔུང་པ་གཅིག་བསྐྱོད་པ་ནི་དཔུང་པ་ནི་དཔུང་བ་སྒྱུར་བར་བྱེད་པའོ། །ཉ་བཞིན་དུ་སྒྱུར་བར་བྱེད་པ་ནི་ཉ་ལྟར་འགྱུར་ཞིང་འཕང་པའོ། །ཆུ་ལ་རྡོ་འཕར་འཕེན་པ་ནི་ཆུའི་སྟེང་དུ་རྡོའི་དུམ་བུ་འཕེན་པར་བྱེད་པའོ། །ལག་པ་གཅིག་གིས ་བསྣུན་པས་ཆུའི་སྟེང་དུ་སྣུན་པ་ནི་ཆུ་སྒྲ་འབྱིན་པའོ། །ལག་པ་གཉིས་ཀྱིས་རྡག་ཅིང་སྣུན་པ་ནི་ཆུ་རྔ་བརྡུང་བ་ཡིན་ནོ། །ཁ་རླུང་གིས་བཀང་བ་ལ་ལག་པའི་ཐལ་མོ་གཅིག་གིས་བརྡེག་ཅིང་སྣུན་པ་ནི་ཁའི་རྔ་བརྡུང་བ་འམ། །བའི་སྒོ་ནས་རྔ་བོ་ཆེའི་སྒྲ ་ལྟར་སྒྲོགས་པ་ནི་ཁའི་རྔ་བརྡུང་བ་ཡིན་ནོ། །ཁ་དང་ལག་པའི་སྦྱོར་བ་ལས་དུང་གི་སྒྲ་འབྱིན་པ་ནི་ཁའི་དུང་འབུད་པའོ། །ཁའི་སྒོ་ནས་རྔའི་སྒྲ་སྒྲོགས་པ་ནི་ཁའི་རྔ་ལེན་པར་བྱེད་པ་འམ། ཁ་རླུང་གིས་བཀང་པ་ལག་པ་གཉིས་ཀྱིས་བརྡེགས ་ཤིང་བསྣུན་པའོ། །དགེ་སྦྱོང་གི་ལས་མ་ཡིན་པ་ཞེས་བྱ་བ་ནི་དགེ་སྦྱོང་དང་ཚུལ་མཐུན་པ་མ་ཡིན་པའོ། །སྤྱོད་ལམ་ཞེས་བྱ་བ་ལུས་ཀྱི་སྤྱོད་ལམ་མོ། །སྤྱོད་པ་ཞེས་བྱ་བ་ནི་ལོག་པའི་སྤྱོད་ཡུལ་ལ་སྤྱོད་པའོ། །ལོག་པར་ཞུགས་པས་ན་ཞེས་བྱ་བ་ནི་ཚུལ་མ་ཡིན་པའི་བྱ་བ་ལ་ཀུན་ཏུ་སྤྱོད་པའོ།། ་སྤངས་ཏེ་ཞེས་བྱ་བ་ནི་ཡོངས་སུ་དོར་བའོ། །འགལ་ཚབས་ཅན་དུ་འགྱུར་རོ་ཞེས་བྱ་བ་ནི་འགའ་ཞིག་ཏུ་དགེ་འདུན་ལྷག་མའི་གནས་ངན་ལེན་སྨྲ་བ་ལ་སོགས་པ་ལ། འགའ་ཞིག་ཏུ་ཇི་ལྟར་གོས་ཀྱིས་བར་དུ་ཆོད་པའི་བུད་མེད་ཀྱི་ཡུལ ་གྱི་ལུས་རེག་པ་བདག་གིར་བྱེད་པའི་ཉེས་པ་སྤོམ་པོ་དང། ཁ་ཅིག་ཏུ་མྱོས་པར་བྱེད་པ་འཐུང་བ་ལ་སོགས་བ་ལྟུང་བྱེད་འབའ་ཞིག་པ་དང། ཁ་ཅིག་ཏུ་གར་ལ་སོགས་པའི་ཉེས་བྱས་དག་ལ་འདིར་ཅི་རིགས་པར་འགལ་ཚབས་ཅན་གྱི་དོན ་དུ་བལྟ་བར་བྱའོ། །ཉམས་པར་བྱེད་པ་ནི་འདིར་ཞིང་འཇིག་པར་བྱེད་པའོ། །རྣམ་པར་འཇིག་པར་བྱེད་པ་ནི་ཀུན་དགའ་ར་བ་དང་སྐྱེད་མོས་ཚལ་འཇིག་པར་བྱེད་པའོ། །གསོད་པར་བྱེད་པ་ནི་འདིས་འཕོངས་པར་བྱེད་པའོ། །ཡང་ན་ཉམས་པར ་བྱེད་པ་ནི་ཕྱི་རོལ་གྱི་ཆ་བྱད་འཇིག་པར་བྱེད་པ་ཡིན་ལ། རྣམ་པར་བཤིག་པ་ནི་ནད་གི་ཡོ་བྱད་འཇིག་པ་ཡིན་ཞིང་སྲོག་བཅད་པ་འདིས་ཕོངས་པར་བྱེད་པའོ། །གནོད་པ་ཆུང་མ་ཞེས་བྱ་བ་ནི་ལ་སོགས་པའི་བཤད་པ་སྔ་མ་དང་འདྲང་ངོ། །ཕྱིན ་ཅི་མ་ལོག་པ་གསུང་པ་ཞེས་བྱ་བ་ནི་ཕྱིན་ཅི་མ་ལོག་པའི་དག་གི་འབྲས་བུ་སྟོན་པར་མཛད་པའི་ངང་ཚུལ་ཅན་ཏེ། བདེན་པ་གསུང་ཞེས་བྱ་བར་དགོངས་སོ། །གཅིག་ཏུ་ངེས་པ་མ་ཡིན་ནོ་ཞེས་བྱ་བ་ནི་འདིར་ཁྱོད་མངོན་པར་འདོད་པའི ་དངོས་པོ་གཅིག་ཏུ་ངེས་པ་མ་ཡིན་སྟེ། ཇི་ལྟར་ཁྱོད་འདོད་པ་དེ་ཁོ་ན་བཞིན་དུ་ལུང་བསྟན་པར་ནུས་པ་མ་ཡིན་ནོ། །རྩ་བ་ལའི་མཆོད་རྟེན་ཞེས་བྱ་བ་ལ་རྩ་བ་ལ་ཞེས་བྱ་བ་ནི་མི་འགའ་ཞིག་གིས་བྱས་པའི་མཆོད་རྟེན་ནོ། །བྲི་བ་ཞེས ་བྱ་བ་ནི་ཡོངས་སུ་ཉམས་པ་དང་མཐུན་པས་ན་བྲི་བ་ཡིན་ལ། བྲི་བ་མ་ཡིན་པ་ནི་མི་འབྲི་བ་སྟེ་ཡོངས་སུ་བྲི་བ་དང་འགལ་ཞེས་བྱ་བའི་ཐ་ཚིག་གོ་།བྲི་བ་ནི་འདིར་འབྱོར་པ་ཉམས་པ་ཡིན་ནོ། །ཡི་དམ་དུ་བཅས་ནས་ཞེས་བྱ་བ་ནི་སེམས་ཀྱིས་ལྷག ་པར་སྦྱད་པར་བྱ་བ་ཉིད་དུ་འཛིན་པའོ། །འཇུག་པར་བྱེད་ན་ཞེས་བྱ་བ་ནི་དེའི་ཡུལ་དང་མཐུན་པར་འཇུག་པར་བྱེད་པའོ། །སྣང་ན་ཞེས་བྱ་བ་ནི་འཐད་པ་ཀུན་ཏུ་སྤྱོད་པའི་སྒོ་ནས་ཡུལ་བྲི་བ་ཇི་དག་ལ་དེ་དག་གསལ་བར་སྣང་བར་གྱུར་ནའོ། །ཕྱོགས ་གཅིག་ལ་ཀུན་ཏུ་སྤྱོད་པའི་དོགས་པ་བཟློག་པའི་ཕྱིར་ཚིག་གཉིས་པ་བཟུང་བ་ཡིན་ནོ། །འཕེལ་ཞེས་བྱ་བ་ནི་འབྱོར་པ་རྣམ་པར་འཕེལ་བ་ལ་འདིར་འཕེལ་བའི་སྒྲས་བསྟན་ཏོ། །ལེགས་སོ་ཞེས་བྱ་བ་ནི་འདིར་རིགས་པའོ། །ཚེ་དང་ལྡན ་བ་ཀུན་དགའ་བོ་ལ་བོས་ནས་ཞེས་བྱ་བ་ལ་སོགས་པ་ལ། ཇི་ལྟར་ན་བཅོམ་ལྡན་འཕགས་པ་ཀུན་དགའ་བོ་ལ་འདྲི་བ་མཛད་དེ། དངོས་པོ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་མཁྱེན་པ་ནི་གཞན་ལ་འདྲི་བ་མཛད་པ་རིགས་པ་མ་ཡིན་ནོ་ཞེ་ན ་འདི་ལ་བླ་མ་དག་འཇིག་རྟེན་གྱི་ཐ་སྙད་ཀྱི་དོན་དང། གང་དག་བཅོམ་ལྡན་འདས་ལ་ཐམས་ཅད་མཁྱེན་པ་དང་སངས་རྒྱས་མ་གྲུབ་པ་དེ་དག་ཡིད་ཆེས་པར་བྱ་བའི་དོན་དང། འཕགས་པ་ཀུན་དགའ་བོའི་སྤོབས་པ་བསྟན་པར་བྱ ་བར་ཕྱིར་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པར་སྟོན་པར་མཛད་དོ། །ཡང་དང་ཡང་དུ་འདུ་བ་ཞེས་བྱ་བ་ནི་ཡུལ་གྱི་བྱ་བར་དཔྱོད་པར་གྱུར་པས་ཡང་དང་ཡང་དུ་གནས་ལ་གཅིག་ཏུ་འདུ་བར་བྱེད་དོ། །མང་དུ་འདུ་བ་ལས་ཀྱང་གནས་པར ་འགྱུར་རོ་ཞེས་བྱ་བ་ནི་རྟག་ཏུ་གནས་པ་འམ་རྟག་ཏུ་གནས་པ་ལས་གནས་པར་འགྱུར་ཞིང་ལྡང་བར་ཡང་འགྱུར་རོ། །མཐུན་པ་ཞེས་བྱ་བ་ནི་འདུ་བ་དང་ལྡན་པ་བློ་གཅིག་ཏུ་གྱུར་པ་སྟེ། ཐམས་ཅད་རང་བཞིན་གཅིག་ལ་བརྩོན་པར་ཕན་ཚུན་རྗེས་སུ ་མཐུན་པར་གྱུར་ཅེས་བྱ་བའི་ཐ་ཚིག་གོ་།བྱ་བ་ནི་ཐག་ཉེ་བ་དང་གཙོ་བོར་གྱུར་པ་ཡིན། །བྱེད་པ་ནི་ཐག་རིང་བ་དང་ཕྱིས་བྱ་བ་ཡིན་པ་ཉིད་ཀྱིས་གཙོ་བོར་གྱུར་པ་ཡིན་པའོ། །མི་རིགས་པ་ནི་རྣམ་པར་བཞག་པ་མ་ཡིན་པ་སྟེ། སྔོན་གྱི་ཆེན་པོ་དག་གིས ་དངོས་པོའི་རང་བཞིན་རྣམ་པར་བཞག་པ་དེ་འཇིག་པར་མི་བྱེད་ཞིང?་རྣམ་པར་འཇོག་པར་མི་བྱེད་པའོ། །གང་ཡང་སྔོན་གྱི་ཆེན་པོ་དག་གིས་རྣམ་པར་གཞག་པ་དེ་གཅད་པར་མ་བྱེད་པ་སྟེ། ཀུན་ནས་གཅོད་པར་བྱེད་པར་མི་འགྱུར་བའོ། །ཇི ་ལྟར་ཞེས་བྱ་བ་ལ་སོགས་པ་ལ། ཇི་ལྟར་དེ་དག་གི་རིགས་པ་རྒྱུད་པས་འོངས་པའི་རྗེས་སུ་མཐུན་པའི་ཆོས་བདེན་པ་དང་གཙང་སྦྲ་ལ་སོགས་པ་ཡང་དག་པར་བླངས་ནས་གནས་པར་གྱུར་པའོ། །ཡུལ་བྲི་ཛིའི་བུད་མེད་ཅེས་བྱ་བ་ལ་སོགས་པ་ལ། བུད་མེད ་ནི་མེ་བསྐོར་བྱས་པ་ཡིན་ལ། གཞོན་ནུ་མ་ནི་མནའ་མ་བྱས་པ་ཡིན་ནོ། །ཡང་ན་བུད་མེད་ནི་བདག་པོ་དང་བྲལ་བར་གྱུར་པའོ། །ཕ་ལ་སོགས་པས་བསྲུངས་པ་དང། མཉེན་བཤེས་ཀྱིས་བྱ་བ་མ་ཡིན་པ་ལས་བཟློག་པའོ། །བདུན་གྱི་རྒྱུད་ཀྱི་ནང་དུ་འདུས ་བར་གྱུར་པས་ན་གཉེན་ཡིན། །རིགས་ཞེས་བྱ་བ་ནི་སྤྱིར་བྷ་བ་བྷ?་ཛ་ལ་སོགས་པའི་རིགས་སུ་ཆུད་པར་གྱུར་པའོ། །ཆད་པ་དང་བཅས་པ་ཞེས་བྱ་བ་ནི་འདོད་པས་ལོག་པར་གཡེམ་པའི་ཡུལ་དེ་ནི་འདིར་ཆད་པས་བཅད་པར་བྱ་བ་ཡིན་ནི། །སྒྲིབ་པ་དང་བཅས ་པ་ཞེས་བྱ་བ་ལ། འདོད་པས་ལོག་པར་གཡེམ་པའི་ཡུམ་དེ་ནི་ཆེད་པ་མ་གཏོགས་པར་ཚར་བཅད་པར་འོས་པ་འམ། བསྲུངས་མ་དང་བཅས་པ་སྟེ། སྲུང་བ་དང་སྐྱོབ་པ་རྣམ་བ་དུམ་དང་ལྡན་པར་གྱུར་པའོ་གཞན་གྱིས་ཡོངས་སུ་ཟིན་པ་ཞེས་བྱ་བ་ནི་མནའ ་མ་བྱས་པ་མེད་པར་གཞན་གྱི་དབང་གིས་ཐོབ་པར་གྱུར་པའོ། །ཕྲེང་བའི་རྒྱུད་ནི་བར་བ་ཞེས་བྱ་བར་ཐམས་ཅད་ཀྱིས་དང་པོར་བུ་མོ་དེ་སྦྱིན་པའི་རྒྱུ་མཚན་མེ་ཏོག་ལེན་པའི་སྒོ་ནས་བཟུང་བ་དག་ཡིན་ཏེ། གང་གི་ཕྱིར་འགའ་ཞིག་བུ་མོ་སྦྱིན་པར་འདོད ་པ་དེས་ཐོག་པར་མགོ?་པར་འགྱུར་བ་ལ་ཕྲེང་བ་བྱིན་ནས་ཕྱིས་བུ་མོ་སྦྱིན་པར་བྱེད་པ་དེའི་ཕྱི་བུ་མོ་དེ་ཕྲེང་བའི་རྒྱུད་བོར་བ་ཞེས་བྱའོ། །བརྟུལ་ཏེ་ཞེས་བྱ་བ་ནི་བགྲོད་པར་བྱ་བ་འམ་མ་ཡིན་ཞེས་དཔྱོད་པ་མེད་པའོ། །མཐུས་ཞེས་བྱ་བ་ནི་ཟིལ་གྱིས་མནན ་པའོ། །སྤྱོད་པ་ནི་འདིར་འདོད་པའི་ཡུལ་གྱི་ལས་སུ་བྱ་བ་སྟོན་པ་ཡིན་ནོ། །འདིར་རིགས་མཐུན་པ་ནི་སོས་ཀྱིས་རྒན་པ་ལ་རྒན་པོའི་སྒྲས་བརྗོད་པ་ཡིན་ནོ། །ཕའི་ཕ་ནི་འདིར་རྗེའི་སྒྲས་བརྗོད་པ་ཡིན་ལ། རྗེ་དང་འདྲ་བ་ཞེས་བྱ་བ་ནི་རྗེ་དང་ན་ཚོད་འདྲ་བར་གྱུར་པའོ། །ཕ ་དང་འདྲ་ཞེས་བྱ་བ་ནི་ཕ་དང་འདྲ་བར་གྱུར་པའོ། །བཙུན་པར་བྱད་ཅེས་བྱ་བ་ལ་སོགས་པ་ལ་ནི་སེམས་ཀྱིས་ཆེན་པོ་ཉིད་དུ་འཛིན་པ་ནི་བཙུན་པར་བྱེད་པ་ཡིན་ནོ། །ལུང་འབོགས་པར་བྱེད་པའི་སྒོ་ནས་ཚད་མར་གྱུར་པར་འཛིན་པ་ནི་བླ་མར་བྱེད་པ་ཡིན་ནོ། །གནས ་མཐོན་པོར་འཇོག་པར་བྱེད་པ་ནི་རི་མོར་བྱེད་པ་ཡིན་ནོ། །སྔོན་དུ་ལྡང་བ་དང་ཕྱག་ལ་སོགས་པས་བླ་མར་བྱེད་པ་ནི་མཆོད་པ་ཡིན་ནོ། །དད་པས་ཞེས་བྱ་བ་ནི་དད་པ་སྔོན་དུ་སོང་བ་ཅན་གྱི་གུས་པས་སོ། །མཉན་པར་བྱ་བར་སེམས་པ་ནི་ཚིག་བརྗོད་པའི་ཚེའོ། །བྱེད་པ་ནི ་སྒྲུབ་པའི་དུས་སོ། །ཡུལ་བྲི་རྗེའི་མཆོད་རྟེན་ཞེས་བྱ་བ་དག་ནི་གང་དག་སྔོན་གྱི་བྲི་རྫིའི་དག་གིས་སྔོན་གྱི་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཆེད་དུ་བྱས་པ་འམ། །སྔོན་གྱི་བྲི་ཛིའི་དུས་པའི་ཕུང་པོ་དག་ལ་འདིར་མཆོད་རྟེན་གྱི་སྒྲས་བརྗོད་པ་ཡིན་ནོ། །དེ་དག་གིས་རིགས་ཀྱི་གཙོ་བོ ་ཟད་པ་ཉིད་ཀྱིས་དེ་དག་གིས་མཆོད་པ་དང། བླ་མར་བྱེད་པ་དང། ལུང་འབོགས་པར་བྱེད་པ་དང་འདྲ་བར་གུས་པའི་སྒོ་ནས་འཛིན་པའོ། །དགྲ་བཅོམ་པ་ཞེས་བྱ་བ་ནི་ཉེས་པ་ཟད་པར་གྱུར་པའོ། །དྲག་པ་ཞེས་བྱ་བ་ནི་ཆེན་པོ་ཡིན་ནོ། །དྲན་པ་ཉེ་བར་འཇོག ་པ་ཞེས་བྱ་བ་ནི་དུས་ཐམས་ཅད་དུ་ཡུལ་དེ་ལ་སྐྱེས་པར་གྱུར་པའོ། །དྲན་པ་ཁྱད་པར་ཇི་ལྟ་བུ་དང་ལྡན་པ་ཞེ་ན། སྨྲས་པ། སེམས་ཀུན་དུ་བསྲུངས་པ་སྟེ། བག་མེད་པ་ལས་སེམས་ཡོངས་སུ་བསྲུངས་པར་འགྱུར་ཅེས་བྱ་བར་དགོངས་སོ། །འགྱུར་བ་ཞེས་བྱ་བ་ནི་གནོད་པར་བསྟན་པར་མི་འགྱུར་བའོ། ་ཕྲོད་པར་མི་འགྱུར་ཞེས་བྱ་བ་ནི་ཟིལ་གྱིས་གནོན་པར་གྱུར་པ་མ་ཡིན་པའོ། །དེ་ནི་ད་ལྟར་ཞེས་བྱའོ། །གསོ་སྦྱོང་གཙོ་བོར་གྱུར་བའི་གཙུག་ལག་ཁང་གི་ནང་ལ། འདིར་སྐད་སའི་སྒྲས་བརྗོད་པ་ཡིན་ནོ། །ཡང་དང་ཡང་དུ་འདུས་པར་འགྱུར་བའི་དགེ་སློང་དག་ཅེས་པ་ནི་ལས་བརྒྱ་རྩ་གཅིག་གི་ནང་དུ ་འདུས་པ་དགེ་འདུན་གྱི་བགྱི་བ་བྱུང་པར་གྱུར་པ་ནའོ། །ཕལ་ཆེན་འདུས་པ་ནི་འདུ་བ་སྦྱིན་པ་ལ་འདྲ་བར་གྱུར་པའོ། །ལས་ཚོགས་དང་བཅས་པ་ནི་འདིར་དགེ་བའི་ཆོས་ཡིན་པར་རིག་པར་བྱའོ། །མཐུན་བཞིན་དུ་ཞེས་བྱ་བ་ནི་བློ་གཅིག་ཏུ ་གྱུར་པའོ། །བྱ་བ་ནི་བསྟན་པ་ལ་ཕན་འདོགས་པར་བྱེད་པ་དང། ཉེ་བར་གནས་པ་གཙོ་བོར་གྱུར་པའོ། །བྱེད་པ་ནི་དུས་ཕྱིས་འགྱུར་བའོ། །སྲེད་པའི་དབང་དུ་འཕྲོ་བ་ནི་མི་རིགས་ཤིང་ཚུལ་མ་ཡིན་པའོ། །ཁྱད་པར་ཇི་ལྟ་བུ་དང་ལྡན་པའི་སྲེད་པས་??་ན། ་སྐྱེ་ཞིང་འབྱུང་བའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཡང་དང་ཡང་དུ་སྐྱེས་པ་ཞེས་བྱ་བའི་དབང་དུ་བྱས་ནས་ཟློས་པའི་ཚིག་གཉིས་ཡིན་ནོ། །སྤྱིར་ཡང་སྲིད་པ་དང་རྗེས་སུ་མཐུན་པ་ནི་སྲིད་པ་ཡིན་ཞིང། དེ་མ་ཐག་པའི་སྐྱེ་བ་དོན་དུ་གཉེར་བའི་འདོད ་ཚོགས་ནི་དགའ་བའི་དང་ཆགས་ཡིན་ལ། དེ་དང་ལྷན་ཅིག་པར་གྱུར་པ་ནི་ལྷན་ཅིག་འབྱུང་བ་ཡིན་ནོ། །དེ་དང་དེ་ལ་མངོན་པར་དགའ་བ་ཞེས་བྱ་བ་ནི་ཐམས་ཅད་དུ་དོན་དུ་གཉེར་བའི་ངང་ཚུལ་ཅན་ཡིན་ནོ། །དབང་དུ་འགྲོ་བ་ཞེས་བྱ་བ་ནི་དེའི་དབང་དུ་འགྲོ་བར ་གྱུར་པའོ། །གནས་བརྟན་ཞེས་བྱ་བ་ལ་སོགས་པ་ལ་གནས་བརྟན་ནི་འདིར་ལོ་བཅུ་ལོན་པ་ཡིན་ལ། རྒྱལ་ཚབ་ལྟ་བུ་ནི་ལོན་ཉི་ཤུ་ལོན་པ་ཡིན་ནོ། །རབ་ཏུ་བྱུང་ནས་རིང་དུ་ལོན་པ་ཡང་ལོ་སུམ་ཅུ་ལ་སོགས་པ་ལོན་པ་ཡིན་ནོ། །གོམས་པ་ནི་འཕགས ་པའི་ལམ་ཡིན་ལ། མངོན་པར་སྤྱད་པ་ནི་ཚངས་པར་སྤྱད་པར་ཡིན་ནོ། །སྟོན་པ་སྟེ་སངས་རྒྱས་བཅོམ་ལྡན་འདས་ཡོན་ཏན་གྱི་སྒོ་ནས་བསྟོད་པ་ཡིན་ནོ། །བསྔགས་པ་ནི་དེ་དག་གི་ཡོན་ཏན་དང་ལྡན་པ་ཡིན་ནོ་ཞེས་བྱ་བ་དེ་ལྟ་བུའི་རྣམ་པས་བསྔགས ་པ་ཡིན་ནོ། །དེ་གང་གིས་བསྔགས་པ་ཡིན་ཞེ་ན། མཁས་པས་ཞེས་བྱ་བ་སྨོས་ཏེ། རྣམ་པར་ཤེས་པར་བྱེད་པས་ན་མཁས་པ་སྟེ། ཤིན་ཏུ་ཤེས་རབ་དང་ལྡན་པ་ཞེས་བྱ་བའི་ཐ་ཚིག་གོ་།བསླབ་པ་ཞེས་བྱ་བ་ནི་བསླབ་པའི་གཞི་ཡིན་ནོ། །ཆོས་ཞེས ་བྱ་བ་ནི་བསྟན་པའི་ཆོས་ཡིན་ནོ། །རྗེས་སུ་སྟོན་པ་ཞེས་བྱ་བ་ནི་ལམ་སྒོམ་པ་འམ། ཚོགས་ཀྱི་ལམ་ལུང་འབོགས་པ་ཡིན་ནོ། །བག་ཡོད་པ་ནི་དགེ་བའི་ཆོས་སྒོམ་པའོ། །རབ་ཏུ་ཡངས་པ་ནི་ཕན་འདོགས་པ་སྟེ། གང་གི་ཕྱིར་ཆོས་སོ་སོར་རྒྱས་པ་ཐོབ་པར་གྱུར་པ་དེ་ལ་འདིར ་སོ་སོར་རྒྱས་པའི་སྒྲས་བརྗོད་པ་ཡིན་ནོ། །ཏིང་ངེ་འཛིན་ནི་སེམས་རྩེ་གཅིག་པའོ། །ལས་ལ་དགའ་བར་འགྱུར་ཞེས་བྱ་བ་ལ། བསམ་གཏན་དང། འདོན་པ་དང། ཆོས་དང་ལྡན་པའི་དགེ་འདུན་གྱི་ལས་མ་གཏོགས་པ་འདི་ལྟར་བྱ་བ་ལ་སོགས་པ་དེ་དག་ཐམས་ཅད ་ལས་ཀྱི་སྒྲས་བརྗོད་པ་ཡིན་ནོ། །དགའ་བར་བྱ་བ་ཡིན་པས་ན་དགའ་བ་ཡིན་ལ། ལས་ལ་དགའ་བ་ནི་ལས་ལ་དགའ་བ་ཡིན་ཏེ། ལས་རྣམ་པ་སྣ་ཚོགས་ནི་འབྲེལ་པར་གྱུར་ཅེས་བྱ་བའི་ཐ་ཚིག་གོ་།དོན་དེ་ཉིད་ལ་ཡི་གེའི་ཡུལ་གྱིས་སྨྲ་བ་དང། ཕྱིར་སྨྲ་བས་རྩོད ་པར་བྱེད་པ་ནི་འདིར་སྨྲ་བའི་སྒྲས་བརྗོད་པ་ཡིན་ནོ། །གཉིད་ལ་དགའ་བ་ཞེས་བྱ་བ་ནི་རྟག་ཏུ་གཉིད་ལ་ཕྱོགས་པར་གྱུར་པའོ། །རྒྱལ་པོ་དང་རྐུན་པོ་དང་གཡུལ་ལ་སོགས་པའི་གཏམ་ནི་བྲེ་མོ་གཏམ་ཡིན་ནོ། །འདྲེན་པ་ནི་རབ་ཏུ་བྱུང་བ་དང་ཁྱིམ་པ་དང་ཤིན་ཏུ ་འདྲེས་པོར་གྱུར་པ་འམ། འདོད་པའི་རྣམ་པར་རྟོག་པ་དང་འདྲེས་པར་གྱུར་པའོ། །རྙེད་པ་ནི་ནོར་འཐོབ་པའོ། །སེམས་ཀྱིས་ཆེན་པོ་ཉིད་དུ་འཛིན་པ་ནི་བཀུར་སྟི་ཡིན་ནོ། །ཚིགས་སུ་བཅད་པ་ནི་གྲགས་པའོ། །གཞན་གྱི་འདུ་ཤེས་ནི་གཞན་ཁོང་དུ་ཆུད་པ ་སྟེ། རྙེད་པ་དང་བཀུར་སྟི་དང་ཚིགས་སུ་བཅད་པའི་ཆེད་ནི་རྙེད་པ་དང་བཀུར་སྟི་དང་ཚིགས་སུ་བཅད་པའི་དོན་ནི་གཞན་གྱི་འདུ་ཤེས་ཏེ་སྤངས་པའི་སྦྱོར་བའི་རྗེས་སུ་ལྡན་པར་སྤྱོད་པ་ནི་མ་ཡིན་ཏེ། ཉོན་མོངས་པ་སྤངས་ཤིང་དོར་པའི་སྦྱོར་བ་ནི་སྤངས་པའི ་སྦྱོར་བ་ཡིན་ལ། དེ་དང་རྗེས་སུ་འབྲེལ་པ་དེའི་ཕྱིར་འབྲེལ་པར་གྱུར་པ་ཡིན་ནོ། །ཅུང་ཟད་ཙམ་དང་ཆེས་ཅུང་ཟད་ཙམ་གྱིས་བྱ་བ་ལ་ཤིན་ཏུ་ཆུད་པ་ནི་ཅུང་ཟད་ཙམ་གྱིས་བྱ་བ་ལ་ཤིན་ཏུ་ཆུད་པ་ནི་ཅུང་ཟད་ཙམ་ཡིན་ལ། གཙོ་བོ་མ་ཡིན་པ་ཉིད་ཀྱི་ཕྱིར ་ཡོན་ཏན་གོང་མ་ལ་བལྟོས་པ་མེད་པ་ཞེས་བྱ་བ་ནི་ཆེས་ཅུང་ཟད་ཙམ་ཡིན་ཏེ། དཔེར་ན་རང་གི་མཚན་ཉིད་འཛིན་པའི་ཉོན་མོངས་པ་ཟིལ་གྱིས་གནོན་པ་ནི་གནས་ཀྱི་རྒྱུ་མཚན་ལྟ་བུའོ། །དེ་ཉིད་ཁྱེད་པར་རྟོགས་པ་ཡིན་ཏེ། རྟོགས ་པའི་ཁོང་དུ་ཆུད་པ་མ་ཡིན་པ་དེའི་ཕྱིར་རོ། །བར་ནི་དབུས་ཡིན་ནོ། །ཡོན་ཏན་གོང་མ་མཉེས་པར་བྱེད་པའི་བྱ་བའི་ཕྱིར་སེམས་བཟོད་པ་མེད་པའི་སྐྱོ་བ་དང། ཡིད་འབྱུང་བ་ནི་རྣམ་གྲངས་ཡིན་ནོ། །གོང་མའི་བྱ་བ་ཡོད་ན་ཞེས་བྱ་བ་ལ། ཉོན་མོངས་པ་མ་ལུས་པ་སྤང ་པ་ནི་འདི་གོང་མའི་བྱ་བ་ཡིན་ཏེ། དེ་ཡོད་པར་གྱུར་ནའོ། །དད་པ་དང་ལྡན་པ་ཞེས་བྱ་བ་ལ་སོགས་པའི་?དད་པ་ཁྱད་པར་ཅན་དང་ལྡན་པར་གྱུར་པ་ནི་དད་པ་དང་ལྡན་པར་གྱུར་པའོ། །ངོ་ཚ་ནི་གུས་པ་དང་ལྡན་པ་ཡིན་ལ། ངོ་ཚ་གང་ལ་ཡོད་པ་དེ་དག་ནི་ངོ་ཚ ་དང་ལྡན་པ་སྟེ། གུས་པ་དང་བཅས་པ་ཞེས་བྱ་བར་དགོངས་སོ། །ཁ་ན་མ་ཐོ་བ་དག་ལ་འཇིགས་པར་ལྟ་བ་ཉིད་ནི་ཁྲེལ་ཡིན་ཏེ། དེ་གང་ལ་ཡོད་པ་དེ་དག་ནི་ཁྲེལ་ཡོད་པའོ། །དགེ་བའི་ཆོས་བསྐྱེད་པ་དང་མི་དགེ་བའི་ཆོས་སྤངས་པའི་ཕྱིར་གང་དག་བརྩོན ་འགྲུས་རྩོམ་པ་དེ་དག་ནི་བརྩོན་འགྲུས་བརྩོམས་པ་ཡིན་ནོ། །གང་དགེ་བའི་ཆོས་ལ་དྲན་པ་ཉེ་བར་གནས་ཤིང་དྲང་པོར་གྱུར་པས་འཇུག་པ་དེ་དག་ནི་དྲན་པ་ཉེ་པར་གཞག་པ་ཡིན་ནོ། །སེམས་རྩེ་གཅིག་པ་ཐོབ་པ་ནི་མཉམ་པར་བཞག་པ་ཡིན་ལ། ཤེས་རབ ་ཅན་ནི་ཤིན་ཏུ་ཤེས་རབ་དང་ལྡན་པར་གྱུར་པའོ། །ཆོས་ཤེས་པ་ཞེས་བྱ་བ་ལ་སོགས་པ་ལ། མདོ་སྡེ་བས་ཇི་ལྟར་ན་དགེ་སློང་ཆོས་ཤེས་པ་ཡིན། །འདི་ལ་དགེ་སློང་ཆོས་ཤེས་པ་ཡིན་ཏེ། དཔེར་ན་མདོའི་སྡེ་དང། དབྱངས་ཀྱིས་བསྙད་པའི་སྡེ་ཞེས ་བྱ་བ་ལ་སོགས་པ་དང། ཇི་ལྟར་ན་དོན་ཤེས་པ་ཡིན། འདི་ལ་དགེ་སློང་དོན་ཤེས་པ་ཡིན་ཏེ། སྨྲས་པ་འདི་དང་འདིའི་དོན་ནི་འདི་ཡིན་ནོ་ཞེས་དག་གི་དོན་ཡོངས་སུ་ཤེས་པར་ནུས་པ་དང་ལྡན་པ་ཞེས་བྱ་བའི་བར་དུ་འབྱུང་བ་ཡིན་ནོ། །དུས་ཤེས་པ་ཞེས་བྱ ་བའི་འདིའི་ནི་བདག་གི་ཞི་གནས་ཀྱི་རྒྱུ་མཚན་དང། འདི་ནི་རབ་ཏུ་འཛིན་པའི་རྒྱུ་མཚན་དང། འདི་ནི་བཏང་སྙོམས་ཀྱི་རྒྱུ་མཚན་གྱིས་དུས་ཡིན་ནོ་ཞེས་འདི་ལ་དགེ་སློང་གིས་ཤེས་པ་སྟེ། ཏིང་གེ་འཛིན་བསྒོམ་པའི་དུས་ནི་དགེ་བ་དང། བརྩོན་འགྲུས་ཀྱི ་དུས་དགེ་བ་དང། བཏང་སྙོམས་ཀྱི་དུས་དགེ་བ་ཞེས་བྱ་བའི་དོན་འདི་འགྱུར་རོ། །ཚོང་ཤེས་པ་ཞེས་བྱ་བ་ནི་བཟའ་བ་དང། བཏུང་བ་དང། བཅའ་བ་དང། མྱང་བ་དག་གི་ཚོང་རིག་པ་ཡིན་ནོ། །བདག་ཤེས་པ་ཞེས་བྱ་བ་ནི་ཁོ་བོའི་ཚུལ་ཁྲིམས་དང། ཐོས་པ ་དང། ཤེས་རབ་དང། ལུང་དང། རྟོགས་པ་ལ་སོགས་པ་འདི་ཅི་མ་དང་ལྡན་པར་བདག་འཇལ་བ་ལ་མཁས་པ་ཡིན་ཏེ། བདག་ཤེས་པས་གཞན་ལ་སྨོད་པར་མི་འགྱུར་རོ། །འཁོར་ཤེས་པ་ཞེས་བྱ་བ་ནི་རྒྱལ་རིགས་ལ་སོགས་པའི་འཁོར་དང ་མཐུན་པར་ཐ་སྙད་དུ་བྱེད་པ་ལ་མཁས་པ་ཡིན་ནོ། །དེ་སྐད་ཏུ་ཡང་དེ་ལ་བདག་གིས་འདི་ལྟར་གཞུག་པར་བྱ། འདི་ལྟར་གནས་པར་བྱ་བ་ལ་སོགས་པ་བསྟན་པ་ཡིན་ནོ། །གང་ཟག་མཆོག་དང་མཆོག་མ་ཡིན་པ་ཤེས་པ་ཞེས་བྱ་བ་ལ། གང ་ཟག་ཐམས་ཅད་ཀྱི་ཡུལ་ཁྱད་པར་དུ་འཕགས་པ་དང། ཁྱད་པར་དུ་འཕགས་པ་མ་ཡིན་པའི་བྱེ་བྲག་ཡོངས་སུ་ཤེས་པ་ལ་མཁས་པར་གྱུར་པ་ཡིན་ནོ། །དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ཅེས་བྱ་བ་ལ་སོགས་པ་ལ། མི་ཤེས་པ་ལྷག་མ་མེད ་པ་ལ་ལྷག་མ་མེད་པ་དང་བྲལ་བའི་ཕྱིར་དང་བྱ་བ་བྱས་པ་ཁོང་དུ་ཆུད་པའི་ཕྱིར་དང། ཡང་བྱ་བ་མེད་པ་ཁོང་དུ་ཆུད་པའི་ཕྱིར་ཟད་ལ་མི་སྐྱེ་བའི་ཡེ་ཤེས་ནི་བྱང་ཆུབ་ཡིན་ལ་དྲན་པ་ལ་སོགས་པ་དེ་དག་ནི་དེ་དང་མཐུན་པའི་ཕྱིར་བྱང་ཆུབ་ཀྱི་ཡན?་ལག ་ཅེས་བྱའོ། །དྲན་པ་ནི་དོན་མངོན་པར་བརྗོད་པ་སྟེ། བྱས་པ་དང། བྱ་བ་དང། བྱེད་པར་འབྱུང་བའི་ཆོས་བརྗེད་པར་མི་འགྱུར་བ་ཞེས་བྱ་བའི་ཐ་ཚིག་གོ་།དྲན་པ་ཁང་ན་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ཡིན་ནོ། །ཁྱད་པར་ཇི་ལྟ་བུ་དང་ལྡན་པ་ཞེ་ན། ་དབེན་པ་ལ་བརྟེན་པ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། དབེན་པ་ནི་འདིར་ལུས་དབེན་པ་དང། སེམས་དབེན་པ་ཡིན་ལ། དབེན་པ་ལ་བརྟེན་ཅིང་རབ་ཏུ་འཇུག་པའི་ཕྱིར་དབེན་པ་ལ་རྟེན་པའོ། །འདོད་པའི་ཁམས་ལ་སོགས་པའི་འདོད ་ཆགས་དང་བྲལ་བ་རྟེན་ཅིང་རབ་ཏུ་འཇུག་པའི་ཕྱིར་འདོད་ཆགས་དང་བྲལ་བ་ལ་བརྟེན་པའོ། །ཉོན་མོངས་པ་སྤངས་པ་ལ་གནས་པས་རབ་ཏུ་འཇུག་པའི་ཕྱིར་འགོག་པ་ལ་བརྟེན་པའོ། །ཡོན་ཏན་གོང་ནས་གོང་དུ་འཕེལ་བ་ལ་གནས་པས་རབ་ཏུ ་འཇུག་པའི་ཕྱིར་འདུ་འཛིས་དང་བྲལ་བ་སྟེ། ཡོན་ཏན་ཆུ་ངུའི་རྣམ་པ་སྔ་མ་སྔ་མ་དོར་ཞིང་སྔ་ན་མེད་པའི་ཡོན་ཏན་འབྲིང་དང་ཆེན་པོ་སྐྱེད་པ་ནི་འདུ་འཛི་དང་བྲལ་བ་ཞེས་བྱ་བའི་དབང་དུ་བྱས་ནས་སོ། །ཡང་ན་དབེན་པ་ལ་བརྟེན་པ་ཞེས་བྱ་བ་ནི་སྦྱོར་བའི ་ལམ་ལ་རྟེན་པ་ཡིན་ནོ། །འདོད་ཆགས་དང་བྲལ་བ་ལ་རྟེན་པ་ནི་བར་ཆད་མེད་པའི་ལམ་ལ་རྟེན་པ་ཡིན་ཏེ། ངེས་ཉོན་མོངས་པ་གཅོད་པའི་ཕྱིར་རོ། །འགོག་པ་ལ་རྟེན་པ་ཞེས་བྱ་བ་ནི་རྣམ་པར་གྲོལ་བའི་ལམ་ལ་རྟེན་པ་ཡིན་ཏེ། དེའི་བྲལ་བ་ཐོབ་པ ་སྐྱེད་པར་བྱེད་པ་ཉིད་ཀྱི་ཕྱིར་རོ། །འདུ་འཛི་དང་བྲལ་བ་ཞེས་བྱ་བ་ནི་ཁྱད་པར་གྱི་ལམ་ལ་རྟེན་པ་ཡིན་ཏེ། ཁྱོད་པར་ཁོང་དུ་ཆུད་པའི་སྒོ་ནས་ཡོན་ཏན་ཁྱད་པར་ཅན་དུ་ཡོངས་སུ་གྱུར་པའི་ཕྱིར་རོ། །ཆོས་རྣམ་པར་འབྱེད་པ་ནི་ཆུ་ངུ་དང་འབྲིང་དང ་ཆེན་པོ་ཉིད་དུ་ཁོང་དུ་ཆུད་པ་དག་ཆོས་དག་རྣམ་པར་འབྱེད་པ་ཡིན་ནོ། །དགེ་བ་དང་མི་དགེ་བའི་ཆོས་སྐྱེད་ཅིང་འགོག་པ་ལ་མངོན་པར་སྤྲོ་བ་ནི་བརྩོན་འགྲུས་ཡིན་ནོ། །དགའ་བ་ནི་ཡིད་བདེ་བའོ། །ཤིན་ཏུ་སྤྱངས་པ་ནི་སེམས་ལས་རུང་བ ་ཉིད་ཡིན་ནོ། །ཏིང་ངེ་འཛིན་ནི་སེམས་རྩེ་གཅིག་པ་ཉིད་ཡིན་ནོ། །བཏང་སྙོམས་ནི་དགེ་བའི་ཆོས་ལ་འཇུག་པ་ལ་བཏང་སྙོམས་སུ་བྱེད་པ་ཡིན་ནོ། །ཡང་དག་པར་སྡུག་པར་འགྱུར་བའི་ཞེས་བྱ་བ་ལ་སོགས་པ་དང། དགའ་བ་དང་མཚུངས ་པར་ལྡན་པའི་འདོད་ཆགས་ནི་ཡང་དག་པར་སྡུག་པ་ཡིན་ལ། ཡང་དག་པར་དགའ་བ་དང་རྗེས་སུ་མཐུན་པ་ནི་ཡང་དག་པར་སྡུག་པར་འགྱུར་བ་ཡིན་ནོ། །བྱམས་པ་དག་གི་གནས་པ་ནི་བྱམས་པའི་གནས་པའོ། །དེ་གང་ཞེ་ན། སྨྲས་པ། ལུས་ཀྱིས ་ལས་ཏེ་ལུས་ཅན་གྱི་འཇུག་པ་ཞེས་བྱ་བ་བའི་ཐ་ཚིག་གོ་།དཔེར་ན་གྲོགས་པ་རབ་ཀྱི་ལུས་ཀྱི་ལས་དང་འདུག་པ་དེ་དང་འདྲའོ། །ཞེས་བྱ་བའི་དོན་འདིར་འགྱུར་རོ། །སྟོན་པ་དང་ཉེ་བར་བྱེད་པ་ཞེས་བྱ་བ་ནི་ཚུལ་དང་མཐུན་པར་བསྙེན་བཀུར ་བྱེད་པའི་ཕྱིར་རོ། །ཁྱད་པར་བྱེད་པས་ན་མཁས་པའོ། །ཤེས་པའི་སྒོ་ནས་རྟག་ཏུ་དགེ་བ་ལ་ཀུན་ཏུ་སྤྱོད་པའི་ངང་ཚུལ་ཅན་དུ་གྱུར་པ་ཞེས་བྱ་བའི་མཁས་པ་མ་ཡིན་གྱི་ཚངས་པ་མཚུངས་པར་སྤྱོད་པ་ཡིན་ཏེ། དེ་དག་གི་ཡང་ཉེ་བར ་བྱེད་པའོ། །ཆོས་འདི་ནི་ཞེས་བྱ་བ་ལ་སོགས་པ་བྱམས་པའི་ལུས་ཀྱི་ལས་ལ་འདིར་ཆེས་ཀྱི་སྤྲས་བསྟན་པ་ཡིན་ནོ། །འདིས་མགུ་བར་བྱེད་པས་ན་མགུ་བྱེད་པའོ། །ཡུལ་གང་ལ་བྱམས་པའི་ལུས་ཀྱི་ལས་འཇུག་པར་གྱུར་པ་དེ་ལ་གདོན་མི་ཟ་བར་བླ་མའི ་བླ་ཉིད་ཀྱང་འགྱུར་རོ། །ཞེས་བྱ་བའི་དབང་དུ་བྱས་ནས་བླ་མར་བྱེད་པས་ན་བླ་མར་བྱེད་པ་ཡིན་ནོ། །ཡིད་མགུ་བས་ན་ཡིད་མགུ་བ་སྟེ། ཡིད་མགུ་བར་བྱེད་པས་ན་ཡིད་མགུ་བར་ལ་སོགས་པ་བྱེད་པའོ། །མགུ་བའི་ཕྱིར་ཞེས་བྱ་བ་ལ་སོགས་པ་ནི་མགུ་བ་ལ ་སོགས་པ་ནི་རྒྱུ་མཚན་ཡིན་ནོ། །ཡུལ་གང་ལ་བྱམས་པའི་ལུས་ཀྱི་ལས་བྱེད་པ་དེ་ལ་ཡང་བྱེད་པ་སོའི་བློ་སྐྱེད་པར་བྱེད་དེ། དེ་ལ་འདིར་བླ་མར་དགོངས་སོ། །བསྒོམ་པའི་ཕྱིར་ཞེས་བྱ་བ་ལ། བྱམས་པའི་ལུས་ཀྱི་ལས་ཀྱི་ཡུལ་གང་ཡིན་པ་དེའི་ཡོན་ཏན ་བསྒོམ་པ་སྟེ། ཡང་དང་ཡང་མངོན་སུམ་དུ་བྱེད་པའམ་བསྒོམ་པ་ཡིན་པར་དགོངས་སོ། །བསྡུ་བའི་ཕྱིར་ཞེས་བྱ་བ་ནི་འདྲེ་བར་བྱ་བའི་ཕྱིར་རོ། །མཐུན་པའི་ཕྱིར་ཞེས་བྱ་བ་ནི་སེམས་གཅིག་ཏུ་གྱུར་པའི་ཕྱིར་རོ། །སེམས་ཀྱིས་གནོད་པ་བྱེད་པའི་དངོས་པ ་འཛིན་པ་མེད་པའི་ཕྱིར་མི་འཐོབ་པར་བྱ་བའི་ཕྱིར། །རྩུབ་མོ་སྨྲ་བ་དང། ཕྱིར་སྨྲ་བ་མེད་པའི་ཕྱིར་མཆོད་པར་བྱ་བའི་ཕྱིར་རོ། །གཅིག་ཏུ་འགྱུར་བ་ནི་རོ་གཅིག་ཏུ་འགྱུར་པའོ། །བྱམས་པའི་ངག་གི་ལས་དང། བྱམས་པའི་ཡིད་ཀྱི་ལས ་ཞེས་བྱ་བ་ནི་བྱམས་པའི་ལས་དང་ངག་གི་ལས་དང་ལྡན་པ་ནི་གསལ་བ་འདི་ཀྱི་ཕྱིར་མགུ་བར་བྱེད་པ་ལ་སོགས་པ་ཉིད་ཡིན་ལ། ཡིད་ཀྱི་ལས་ནི་གསལ་བ་ཉིད་ཀྱི་ཕྱིར་ཇི་ལྟར་རིགས་ཤེ་ན། འདིར་བླ་མ་དང་བྱམས་པའི་གནས་ཐམས་ཅད་ནི་མགུ་བ ་དང་བླ་མར་འགྱུར་བ་ཡིན་ཞིང་ཡོངས་སུ་མི་ཤེས་པའི་རང་བཞིན་ཡང་ཡིན་པ་དེའི་ཕྱིར་འདི་ལ་ཉེས་པ་ཡོད་པ་མ་ཡིན་ནོ་ཞེས་སྟོན་པར་མཛད་དོ། །ཆོས་དང་ལྡན་པས་ཐོབ་པ་ཞེས་བྱ་བ་ལ་སོགས་པ་ལ། ཆོས་ལས་མ་བྱེ་བས་ན་ཆོས་དང་ལྡན་པ་སྟེ། རྣམ་པ ་ཐམས་ཅད་དུ་?་གཞས་ལྟ་བའི་བར་དུ་འོ། །རིགས་པས་ཐོབ་པའི་ཆོས་ཀྱི་རྙེད་པ་ཡིན་གྱི་ཆོས་ཚུལ་འཆོས་དང་ཁ་གསག་ལ་སོགས་པ་ལོག་པའི་འཚོ་བའི་སྒོ་ནས་རྙེད་པར་གྱུར་པ་ནི་མ་ཡིན་ནོ། །ཐ་ན་ལྷུང་བཟེད་ཏུ་འདས་པ་ཞེས་བྱ་བ་ནི་ལྷུང ་བཟེད་དུ་བྱིན་གྱིས་བརླབས་ཤིང་ཐོབ་པར་གྱུར་པའོ། །ལྷུང་བཟེད་དུ་ཆུད་པ་ཞེས་བྱ་བ་ནི། ལྷུང་བཟེད་དུ་ཟས་ཞུགས་པར་གྱུར་པའོ། གཞན་ལ་འགོད་པར་བྱེད་པའི་ཕྱིར་ཐུན་མོང་དུ་སྤྱོད་པར་བྱེད་པའོ། །གསལ་པོར་ཟ་བའི་ཕྱིར ་?་སོགས་ཏེ་མི་སྤྱོད་པ་སྟེ། ཕ་རོལ་པོ་ལ་འགོད་པར་བྱེད་ལས་འཇིགས་པའི་ཕྱིར་བག་ཏུ་ཟ་བར་མི་བྱེད་པ་ཞེས་བྱ་བ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །གང་ཚུལ་ཁྲིམས་ཞེས་བྱ་བ་ལ་སོགས་པ་ལ་ཉེས་བྱས་ཙམ་གྱི་འཆལ་པའི་ཚུལ་ཁྲིམས་ཀྱིས ་ཀྱང་མ་གནོད་པ་ཉིད་ཀྱི་ཕྱིར་མ་ཉམས་པ་ཡིན་ནོ། །འཆལ་བའི་ཚུལ་ཁྲིམས་ཀྱི་རྒྱུ་ཅན་གྱི་འདོད་པའི་རྣམ་པར་རྟོག་པ་ལ་སོགས་པས་མ་གནོད་པ་ཉིད་ཀྱིས་ཕྱིར་མ་རལ་བ་ཡིན་ནོ། །བདག་གི་ཚུལ་ཁྲིམས་འདོད་པ་ན་སྤྱོད་པ་འདོད་པའི་འབྲས་བུར ་གྱུར་ཅིང་ཅེས་དེ་ལྟ་བུར་བསྔོ་བ་མི་བྱེད་པའི་ཕྱིར་མ་སྤགས་པ་ཡིན། །གཟུགས་དང་གཟུགས་མེད་པ་ནི་སྤྱོད་པའི་འབྲས་བུ་ཉིད་དུ་བསྔོ་བར་མི་བྱེད་པའི་ཕྱིར་མ་འདྲེས་པ་ཡིན་ནོ། །གང་གི་ཕྱིར་ཚུལ་ཁྲིམས་ཀྱི་འཁོར་བའི་འབྲས་བུ་དོན་དུ་གཉེད་ན་ཚུལ་ཁྲིམས་དེ ་ཤིན་ཏུ་རྣམ་པར་དག་པར་མི་འགྱུར་བ་དེའི་ཕྱིར་མ་སྤགས་པ་དང་མ་འདྲེས་པ་ཞེས་བསྟན་ཏོ། །རང་དབང་ཅན་ཞེས་བྱ་བ་ན་གཞན་ལ་རག་མི་ལུས་ཤིང་རང་དབང་དུ་གྱུར་པ་ཡིན་ནོ། །གང་ཚུལ་ཁྲིམས་ཀྱི་རང་བཞིན་ཁོ་ནས་བསྲུང་བར་བྱེད་ཀྱི་གཞན་གྱི་དོར་མ་ཡིན ་པ་དེ་ནི་ཕན་པ་ཞེས་བྱའོ། །མ་འདྲེས་པ་ཞེས་བྱ་བ་ནི་ཁྱིམ་པའི་སྐྱེ་བོ་དང་འདྲེ་བས་ཟིལ་གྱིས་གནོན་པར་མི་འགྱུར་བའོ། །ལེགས་པར་བླངས་པ་ཞེས་བྱ་བ་ནི་འཛིན་པའི་དུས་སུ་ཆེན་པོའི་སེམས་ཀྱིས་བླངས་པ་ཡིན་ནོ། །ལེགས་པར་བརྩམས་པ་ཞེས་བྱ་བ་ནི་ཉི་མ་རེ་རེ་ཞིང ་འཕེལ་བར་བྱེད་པ་ཡིན་ནོ། །དེ་ཉིད་ཅི་ཕྱིར་མཁས་པས་བསྔགས་པ་ཡིན་ནོ། །གང་གི་ཕྱིར་མྱང་ན་འདས་པར་བསྔོས་པ་ཉིད་ཀྱི་ཕྱིར་མ་སྨད་པའོ། །གང་ལྟ་བ་འདི་ནི་ཞེས་བྱ་བ་ལ་སོགས་པ་ལ་ལྟ་བ་ནི་འདིར། ཟག་པ་མེད་པའི་ཤེས་རབ་ཡིན་པར་རིག་པར་བྱའོ། །དེ་ཉིད་ཀྱི་ཕྱིར་དེ་འཕགས ་པ་ངེས་པར་འབྱུང་བ་ནི་ངེས་པར་འབྱུང་བ་སྟེ། ཡང་མི་ལྡོག་པ་ཐོབ་པར་བྱེད་པའམ། ངེས་པར་བྱུང་བའི་ཕྱིར་ནུས་པ་ཡོད་པས་ན་ངེས་པར་འབྱུང་བར་འགྱུར་བ་ཡིན་ཏེ། ངེས་པར་འབྱུང་བ་དང་རྗེས་སུ་མཐུན་པ་ཞེས་བྱ་བའི་བར་དུའོ། །ངེས་པར་ཁོང་དུ་ཆུད་པ་ནི ་ངེས་པར་རྟོག་པ་ཡིན་ལ། ངེས་པར་རྟོགས་པའི་ཕྱིར་དེ་ཡོད་པས་ན་ངེས་པར་རྟོགས་པར་འགྱུར་བའོ། །གང་གིས་ཤེ་ན། ལྟ་བས་ངེས་པར་འབྱུང་བ་སྟེ། འཁོར་བའི་འཆི་དེ་བའི་གནས་ནས་ངེས་པར་འགྲོ་བར་བྱེད་པ་ཡིན་ནོ། །དེ་གང་ཞེ་ན། དེ་བྱེད་པ་ཞེས་བྱ་བ ་སྨོས་ཏེ། ཟག་པ་མེད་པའི་ལྟ་བ་དཔྱད་ཅིང་སྐྱེད་པར་བྱེད་པ་གང་ཡིན་པ་དེ་ནི་བྱེད་པ་ཞེས་བྱའོ། །ཅིའི་ཕྱིར་ངེས་པར་འབྱུང་བར་བྱེད་ཅེ་ན། ཡང་དག་པར་སྡུག་བསྔལ་བ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྡུག་བསྔལ་ཟད་པར་ཡང་ཕྱིར་མི་ལྡོག་པར་ཕྱིན ་ཅི་མ་ལོག་པ་ནི་ཡང་དག་པར་སྡུག་བསྔལ་ཟད་པ་སྟེ། དེ་ནི་དགེ་སློང་དག་སྤང་ཤིང་གང་ཟག་པ་མེད་པའི་ཡེ་ཤེས་ཀྱི་སྤངས་པ་ཞེས་བྱ་བའི་བར་དུའོ། །འདིས་ནི་ཕུང་པོ་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པ་བསྟན་པ་ཡིན་ནོ། །སྡུག་བསྔལ ་ཐར་བྱ་བའི་ཕྱིར་ཞེས་བྱ་བ་འདིས་ནི་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པ་བསྟན་པའམ། དེ་བྱེད་པ་ངེས་པར་འབྱུང་བ་ཡིན་ནོ། །ཤེས་རབ་དེ་ཉིད་ངེས་པས་བྱུང་བ་དེ་ཉིད་ངེས་པར་འབྱུང་བ་ཡིན་ཏེ། ཉིན་མོང་པའི་དྲི་མ་རབ་ཏུ་འབྱིན་པར་བྱེད་པའི་ཕྱིར་རོ། །ཅིའི ་ཕྱིར་ངས་པར་འབྱིན་པར་བྱེད་ཅན་ནོ། །ཡང་དག་པར་སྡུག་བསྔལ་ཟད་པར་བྱ་བའི་ཕྱིར་དང། སྡུག་བསྔལ་མཐར་བྱ་བའི་ཕྱིར་རོ། །གང་གི་སྡུག་བསྔལ་ཟད་པར་བྱ་བ་ཡིན་ཞེ་ན། སྨྲས་པ། དེ་བྱེད་པ་སྟེ། དེ་མངོན་དུ་བྱེད་པའི་ཞེས་བྱ་བའི་དོན་ཏོ། །དོན་པ་ཞེས་བྱ་བ་ནི ་སོང་ཞིག་པའམ། ཁོ་བོས་ཇི་སྲིད་པ་ཏ་ལའི་གྲོང་དུ་ཕྱིན་གྱི་བར་དུ་ཕྱི་བཞིན་འབྲང་བའི་དགེ་སློང་གི་ཚུལ་དུའོ། །འདོད་མའི་སྲོག་ཤིང་ཅན་ཞེས་བྱ་བ་ལ་གྲོང་ཡིན་ནོ། །རྒྱལ་བས་བྱས་པའི་གནས་རྒྱལ་པོའི་གནས་དང། །འཕགས་པའི་བདེན་པའི་ཞི་ཞེས་བྱ་བ་ལ་ཐོབ ་བ་ལས་བྱུང་བའི་ཤེས་པས་མེ་ཤེས་པའི་ཕྱིར་དང། མཐོང་བའི་འམ་གྱི་མ་མཐོང་བའི་ཕྱིར་དང། སློབ་པའི་ལམ་གྱིས་ཁོང་དུ་མ་ཆུད་པའི་ཕྱིར་དང། མི་སློབ་པའི་ལམ་གྱིས་སོ་སོར་མི་རིགས་པའི་ཕྱིར་རམ། སྦྱོར་བའི་ལམ་ལ་སོགས་པས་མི་ཤེས་པ་ལ་སོགས ་པ་ཡིན་པར་རིག་པར་བྱའོ། །དུས་རིང་པོ་ཞེས་བྱ་བ་ནི་ཐོག་མ་མེད་པའི་དུས་ཡིན་ནོ། །རྒྱུག་ཅིང་ཞེས་བྱ་བ་ནི་ལྷ་དང་མིའི་འགྲོ་བ་རང་གི་འདོད་པས་འགྲོ་བའི་སྒོ་ནས་འཕངས་པའམ་སྐྱེད་པ་ཡིན་ནོ། །སེམས་ཅན་དམྱལ་བའི་འགྲོ་བ་ལ་སོགས་པར་མི་འདོད་བཞིན་དུ ་འགྲོ་བས་ན་ཀུན་ཏུ་འགྲོ་བའོ། །རྗེས་རྟོགས་ཤིང་ཞེས་བྱ་བ་ནི་སློབ་པའི་ལམ་གྱིས། །སོ་སོར་རྟོགས་པས་ཞེས་བྱ་བ་ནི་མི་སློབ་པའི་ལམ་གྱིས་སོ། སྲིད་པར་འཁྲིད་པ་ནི་ཡང་སྲིད་ཀྱི་སྲེད་པའམ་འདོད་ཆགས་ལ་སོགས་པ་ཐམས་ཅད་ཉིད་དོ། །སྐྱེ་བའི་འཁོར་བ ་ཞེས་བྱ་བ་ནི་སྐྱེ་བའི་རྒྱུན་སྤངས་པ་ཡིན་ནོ། །ཡང་སྲིད་པ་མེད་དེ་ཅེས་བྱ་བ་འདིས་ནི་ཡང་སྲིད་ཀྱི་འཁོར་བ་མེད་པར་བསྟན་ནོ། །ཤིན་པ་ལའི་མཆོད་རྟེན་ན་ཞེས་བྱ་བ་ནི་ཤིང་རྟ་ལས་ཉེ་བར་མཚོན་པའི་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའམ། ཡང་དག་པར་རྫོགས་པའི་སངས་རྒྱས ་འོད་སྲུངས་ཀྱི་དབུ་སྐྲ་དང་སེན་མོའི་མཆོད་རྟེན་ཡིན་ནོ། །འདུས་པ་ལས་འདུས་པ་ཞེས་བྱ་བ་ལ་སོགས་པ་ལ། རིགས་ཐ་དད་པའི་ཚོགས་ནི་འདིར་འདུས་པ་ཡིན་ལ། རིགས་གཅིག་ཏུ་གྱུར་པ་དག་གི་འདུས་པ་ནི་ཚོགས་ཡིན་ནོ། །སོང་སྟེ་ཞེས་བྱ་བ་ནི་ཡང་དག་པར་འོངས ་པར་གྱུར་པའོ། །དྲུང་དུ་ཕྱིན་པ་ནི་སེམས་གཅིག་ཏུ་འདྲེས་པར་གྱུར་པའོ། །ཁྱིམས་བདག་གི་སྒྱས་ནི་བྲམ་ཟེ་མ་གཏོགས་པ་འགྲོ་བ་གཙོ་བོར་གྱུར་པ་གཟུང། །ཉེས་དམིགས་ནི་ཉེས་པ་ཡིན་ནོ། །འཇིག་རྟེན་འདི་དང་འཇིག་རྟེན་ཕ་རོལ་གྱི་ཕན་པ་ལ་བརྩོན་པས་མི ་གཞོལ་བ་ཉིད་ནི་བག་མེད་པ་ཡིན་ལ། བག་མེད་པ་དང་ལྡན་པའི་ཕྱིར་སེམས་ཅན་ཡ་ལང་བག་མེད་པ་ཡིན་པར་རིག་པར་བྱའོ། །བག་མེད་པ་ཁོ་ན་གནས་དང་རྟེན་དང་གཞི་ཡིན་པས་བག་མེད་པར་གནས་པའོ། །དེ་ཉིད་རྒྱུ་ཡིན་དེའི་རྒྱུས་ལོངས་སྤྱོད་ཆེན་པོ་ཉམས་པ ་སྟེ། ལོངས་སྤྱོད་འཇིག་པར་འགྱུར་བ་ཐོབ་པར་འགྱུར་རོ། །བག་མེད་པའི་རྒྱུས་ཞེས་བྱ་བ་དེ་ཙམ་གྱི་ཆོག་མོད། ཅིའི་ཕྱིར་གནས་ཀྱི་སྨྲ་བྱས་ཞེ་ན། འདིར་གནས་ཀྱི་སྒྲ་སྨོས་པས་རྟག་ཏུ་བག་མེད་པ་ལ་འཇུག་པ་སྟོན་པར་བྱེད་དེ། རྟག་ཏུ་བག་མེད་པ་ལ ་འཇུག་ན་ནི་ལོངས་སྤྱོད་ཉམས་པ་འགྲུབ་པར་འགྱུར་ལ། བར་བར་དུ་བག་མེད་པ་ཡོངས་སུ་སྤངས་ན་ནི་ལོངས་སྤྱོད་ཉམས་པར་མི་འགྱུར་བའི་ཕྱིར་ཐག་ཉེ་བའི་རྟེན་པ་རྟེན་པར་བྱ་བའི་ཕྱིར་གནས་སྨོས་པ་ཡིན་ནོ་ཞེས་སྟོན་པར་མཛད་དོ། །འཁོར་ཞེས་བྱ་བ་ནི་འདིར་རིགས་གཅིག ་པ་དང་ཆོགས་ཀྱི་སྒོ་ནས་ཉེ་བར་ཞི་བ་ཡིན་ནོ། །རྒྱལ་རིགས་དང་བྲམ་ཟེ་མ་གཏོགས་པ་འགྲོ་བ་གཙོ་བོ་འདུས་པ་ནི་ཁྱིམ་བདག་གི་འཁོར་ཡིན་ནོ། །བཀའ་ཐུབ་དང་མཁས་པ་དག་འདུས་པ་ནི་དགེ་སྦྱོང་གི་འཁོར་ཡིན་ནོ། །ཐུར་དུ་བལྟ་བ་ནི་འཁུམ་པའོ། །མགོ་ ་སྨོད་པ་ནི་འདིར་ཞུམ་པ་ཡིན་ཏེ། མཆོག་གི་སྒྲས་མགོ་བོ་བརྗོད་པ་ཡིན་ཏེ། ཡན་ལག་གི་གཙོ་བོ་ཡིན་པའི་ཕྱིར་རོ། །མཆོག་ཏུ་འཕགས་པར་གྱུར་པ་གང་ལ་ཡོད་པ་དེ་ནི་མ་ཞུམ་པ་ཡིན་ལ། མ་ཞུས་པ་མེད་པ་ནི་ཞུམ་པ་ཡིན་ནོ། །ཡང་ན་ཞུམ་པ་ནི ་གཟི་མེད་པར་གྱུར་པ་སྟེ། ཚིག་གི་འཇུག་པ་ལ་སྤོབས་པ་མེད་པར་གྱུར་པའོ། །ཕྱོགས་དང་ཕྱོགས་མཚམས་ཞེས་བྱ་བ་ལ་སོགས་པའི་ཚིག་གི་བཤད་པ་བྲམ་ཟེའི་བུ་ཨ་བལྟའི་མདོ་བཤད་པར་བྱུང་པ་ཡིན་ནོ། །ནག་པོའི་རྣམ་གྲངས་ཉིད་ཡིན་པས་ན ་འདིར་ཡོན་ཏན་མ་ཡིན་པ་ཞེས་བྱ་བ་ལ་སོགས་པ་ནི་ཁྱད་པ་ཡིན་ནོ། །ངན་པ་ཉིད་ཡིན་པའི་ཕྱིར་དང། སྡིག་པའི་སྐྱེ་བོས་བསྟེན་པ་ཉིད་ཀྱི་ཕྱིར་སྡིག་པ་ཞེས་བྱའོ། །འགྱོད་པ་ནི་ཕྱིས་གདུང་བར་གྱུར་པ་ཡིན་ལ། འགྱོད་པ་གང་ལ་ཡོད་པ་དེ་ནི་འགྱོད་པར་གྱུར ་པ་སྟེ་ཁོ་བོས་གང་བག་མེད་པའི་དབང་གིས་དགེ་བ་མ་སྤྱད་པ་དེ་བཟང་པོ་མ་བྱས་སོ་ཞེས་བྱ་བ་ལ་སོགས་པས་ཕྱིས་གདུང་བ་དང་ལྡན་པར་འགྱུར་རོ། །ཉེས་དམིགས་བཞི་པོ་དེ་དག་ནི་མཐོང་བའི་ཆོས་ཀྱི་ཡིན་ལ། སེམས་ཅན་དམྱལ་བར་སྐྱེ་བར་འགྱུར་བ ་ནི་ཚེ་ཕྱི་མ་ཡིན་ནོ་ནག་པོའི་རྣམ་གྲངས་ལས་བཟློག་པ་ནི་དཀར་པོའི་རྣམ་གྲངས་ཡིན་པར་འཇིག་པར་བྱའོ། །གནས་ནི་གནས་ཀྱི་བྱེ་བྲག་ཡིན་ནོ། །བློན་པོ་ཆེན་པོ་ཞེས་བྱ་བ་ནི་བདག་པོའི་སྒོ་ནས་ཆེན་པོའི་ཚད་ཙམ་གང་ལ་ཡོད་པ་དེ་ནི་བློན་པོ་ཆེན་པོ་ཡིན་ཏེ། ཡུལ་མ་ག་དྷའི་བློན་པོ་ཆེན ་པོའི་ཡུལ་མ་ག་དྷའི་བློན་པོ་ཆེན་པོའོ། །གནོད་པ་ཕྱ་བའི་ཕྱིར་ཞེས་བྱ་བ་ནི་བཟློག་པར་བྱ་བའི་ཕྱིར་རོ། །གཞན་བར་འདོད་པ་ནི་བསྒྲུབ་པར་འདོད་ཅིང་བྱེད་འདོད་པའོ། །བསོད་ནམས་བྱ་བ་ནི་བསོད་ནམས་དང་?་པོའི་སྒོ་ནས་དེ་ཆེ་བར་བརྗོད་ལ། མཐུ་ཆེ་བ་གཞན་དག ་ལས་ཤིན་ཏུ་མཐུ་ཆེ་བ་དེ་ནི་མཐུ་ཆེ་ཞིང་བསོད་ནམས་ཆེ་བ་ཡིན་ནོ། །གནས་ཀྱི་དངོས་པོ་འཛིན་པ་ཞེས་བྱ་བ་ནི་རྟེན་འཛིན་པ་བྱེད་པའོ། །སུམ་ཅུ་རྩ་གསུམ་རིས་ཀྱི་ལྷ་དག་ཀྱང་དེར་འཁོར་བ་ཞིག་པར་བྱ་བའི་ཕྱིར་གནས་ཀྱི་དངོས་པོ་འཛིན་པར་བྱེད ་པ་དེའི་ཕྱིར་སུམ་ཅུ་རྩ་གསུམ་གྱི་ལྷ་དང་ལྷན་ཅིག་ཏུ་འགྲོ་བ་བཞིན་ནོ། །སྙམ་དུ་དེ་དག་དང་ལྷན་ཅིག་བརྡ་བྱས་པ་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །གཞན་དུ་ནི་ཇི་ལྟར་དེ་དག་འདིར་གནས་ཀྱི་དངོས་པོ་འཛིན་པར་འགྱུར། མིའི་འཁོར་བསྲུང་བར་བྱ་བའི་དོན་དུ་ལྷ་རྣམས་ཀྱི་དངོས ་པོ་འཛིན་པ་ཡིན་ནོ་ཞེས་བྱ་བར་རིག་པར་བྱའོ། །ཇི་སྲིད་ཀུན་དགའ་བོ་ཞེས་བྱ་བ་ལ་སོགས་པ་ལ། ཇི་སྲིད་འཇམ་བུའི་གླིང་མ་ལུས་པ་འཕགས་པའི་ཐ་སྙད་དང་འཕགས་པའི་ཚོད་གི་ལམ་ཡོད་པ་དེ་དག་འཕགས་པའི་གནས་ལ་སོགས་པ་དེ་དག་ནི་ཐམས་ཅད་ཀྱི ་ཡུལ་པ་ཏྲ་ལི་པུ་ཏྲ་མཆོག་ཏུ་འགྱུར་རོ་ཞེས་བྱ་བ་དོན་འདིར་འགྱུར་རོ། །འགྲོ་བ་འཕགས་པའི་སྤྱོད་པས་གནས་པའི་ཕྱིར་འཕགས་པའི་གནས་ཡིན་ལ། ཚུལ་མ་ཡིན་པ་དང་བྲལ་བ་ཉིད་ཀྱིས་ཆོས་དང་ལྡན་པ་ཉིད་ཀྱི་ཕྱིར་འཕགས་པའི་ཐ་སྙད་ཡིན་ནོ། །ཚོད ་པའི་ལམ་ནི་ཚོང་པའི་ལམ་སྟེ། ཚོང་པ་རབ་ཏུ་རྒྱུ་བའི་ལམ་ཡིན་ལ། ཆོས་དང་ལྡན་པའི་ཤོ་གམ་དང་གྲུ་བཙས་ལེན་པའི་ཕྱིར་དང། དོར་ཐབས་ཀྱི་མཛེད་པ་མེད་པའི་ཕྱིར་འཕགས་པའི་ཚོང་པའི་ལེན་ནོ། །ཐབས་གང་ཡིན་པ་དེས་ཁུར་བུར་བཅིངས་པ་ནི་ཐུམ ་པོར་བརྗོད་དེ་གང་དུ་ཐུམ་པོར་འབྱེད་ཅིང་གཤིག་པར་བྱེད་པ་དེ་ནི་ཐུམ་བུར་བྱེད་པ་སྟེ། ཐུམ་པོ་འབྱེད་པ་ལ་རྣམ་པར་འཚེ་བ་མེད་པ་དེ་ཉིད་ཀྱི་ཕྱིར་ཡུལ་པ་ཏྲ་ལེ་པུ་ཏྲ་ལ་མཆོག་ཉིད་དུ་བསྟན་པ་ཡིན་ནོ། །འདི་བར་ཆད་གསུམ་ཡིན་པར་རིག་པར་བྱའོ་ཞེས་བྱ་བ ་སོགས་པ། འཇིག་རྟེན་པའི་རྐྱེན་བར་ཆད་ཡིན་པའམ་འཇིག་པ་ཁོ་ན་བར་ཆད་ཡིན་ནོ། །མེ་ཞེས་བྱ་བ་ནི་མེའི་འཐད་ལས་སོ། །ཆུ་ཞེས་བྱ་བ་ནི་ཆུ་ལས་ཀྱང་ངོ། །གཅིག་ལ་གཅིག་འབྱེད་པ་ནི་ནང་ཕན་ཚུན་འབྱེད་པ་ལས་ཀྱང་ངོ། །ཅིའི་ཕྱིར་ཡང་བཅོམ་ལྡན་འདས ་འཇིག་པའི་རྐྱེན་གཅིག་ཁོ་ན་སྟོན་པར་མི་མཛད་དེ། བཅོམ་ལྡན་འདས་ནི་ཐམས་ཅད་མཁྱེན་པ་ཉིད་ཡིན་པའི་ཕྱིར་རོ་ཞེས་ན། འདིར་བླ་མ་དག་འཇིག་པའི་རྒྱུ་གཞན་ཡོངས་སུ་སྲུང་བ་ལ་ཕྱོགས་བདག་གི་གཞན་གྱི་འཇིག་པ་དག་བཅོམ་ལྡན་འདས་ཀྱིས་མཁྱེན་པ་ ་དེའི་ཕྱིར་གསུམ་པོ་དེ་དག་ལ་བག་ཡོད་པར་གྱུར་པ་དེ་དག་དེ་འཇིག་པར་ཡང་མི་ནུས་སོ་སྙམ་པའི་ངེས་པ་དེས་སྟོན་པར་མཛད་ཀྱི། མི་མཁྱེན་པའི་ཕྱིད་ནི་མ་ཡིན་ནོ་ཞེས་སྟོན་པར་མཛད་དོ། །བསྙེན་བཀུར་ཞེས་བྱ་བ་ནི་གུས་པའི་ཚུལ་གྱིས་ལུས ་དང་ངག་གི་འཇུག་པས་ཉེ་བར་སྤྱོད་པ་ཡིན་ནོ། །གསེར་ལས་བསྒྱུར་བ་ནི་གསེར་ལས་བྱས་པའོ། །བྱིན་སྣོད་ཀྱི་བྱེ་བྲག་ཡིན་ནོ། །གསོལ་བ་འདེབས་པར་གྱུར་པ་ནི་དོན་དུ་གཉེར་བར་གྱུར་པའོ། །བསོད་ནམས་ཀྱི་རྒྱུན་ཞེས་བྱ་བ་ལ་སོགས་པ་ལ། རྒྱུན་ནི་རབ་ཏུ་འབབ ་པ་ལ་བྱའོ། །བསོད་ནམས་ནི་སྦྱིན་པའི་རང་བཞིན་ཏེ། སེམས་གང་གིས་སྦྱིན་པ་དང། དངོས་པོ་གང་ཡང་རུང་བ་སྦྱིན་པ་དང། དེ་དང་འབྲེལ་པའི་ལུས་དང་ངག་གི་བྱ་བ་དེ་དག་ཐམས་ཅད་སྦྱིན་པའི་ནང་དུ་འདུས་པ་ཁོ་ན་ཡིན་ནོ། དགེ་བ་སྨོས་པས། སྦྱིན་པ་མ ་གཏོགས་པ་ནུས་པ་སྔོན་དུ་ལྡང་བ་ལ་སོགས་པ་དང། ངག་གི་ལས་སྙེན་པའི་ཚིག་ལ་སོགས་པ་དང། དད་པ་དང་མཚུངས་པར་ལྡན་པའི་ཡིད་ཀྱི་ལས་གང་ཡིན་པ་དེ་དག་ཐམས་ཅད་བཟུང་ངོ། །བསོད་ནམས་དེ་ཉིད་མ་འོངས་པའི་བདེ་བ་བསྐྱེད་པར་བྱེད ་པའི་རྟེན་ཉིད་ཡིན་པའི་ཕྱིར་བདེ་བའི་གཞི་ཞེས་བསྟན་ཏོ། །དོན་དང་ཞེས་བྱ་བ་ནི་མངོན་པར་འདོད་པ་ཐོབ་པར་བྱ་བའི་ཕྱིར་རོ། །ཕན་པ་དང་ཞེས་བྱ་བ་ནི་མངོན་པར་འདོད་པའི་སེམས་ཀྱི་བདེ་བ་གནས་པའི་ཕྱིར་རམ་རབ་ཏུ་བརྩམས་པའི་ལས་ཡོངས་སུ ་རྫོགས་པར་བྱ་བའི་ཕྱིར་རོ། །དེའི་ཕྱིར་ཞེས་བྱ་བ་ནི་མཐོང་བའི་ཆོས་ཀྱི་བདེ་བའི་ཕྱིར་རོ། །ཡོན་ཤོང་ཅིག་ཅེས་བྱ་བ་ནི་སྦྱིན་པའི་འབྲས་བུ་ཡོངས་སུ་བསྔོ་བའོ། །དད་པ་ཅན་ཞེས་བྱ་བ་ནི་ལ་སོགས་པ་ལ། སྲོག་གཅོད་པ་མ་གཏོགས་པ་འགའ་ཞིག་ལྷ་ལ ་མཆོད་པ་བྱེད་པ་དེ་ནི་དད་པ་ཅན་ཡིན་པར་རིག་པར་བྱའོ། །སྐྱེས་བུ་གང་ཟག་ཅེས་བྱ་བ་ནི་ཁྱིམ་པ་ཡིན་གྱི་རབ་ཏུ་འབྱུང་བའི་སྐྱེས་བུ་མ་ཡིན་ནོ། །སྟོན་པའི་བཀའ་བཞིན་བྱེད་པར་འགྱུར་ཞེས་བྱ་བ་ནི་བཀའ་ལྟར་བྱེད་པ་ཡིན་ཏེ། གང་གི་ཕྱིར་སངས་རྒྱས ་བཅོམ་ལྡན་འདས་ཀྱིས་ལྷ་རྣམས་ལ་མཆོད་པ་བྱེད་པའི་ཁྱིམ་པ་ལ་བསྔགས་ཤིང་བསྟོད་པ་ཡིན་ནོ། །བསྟན་བཅོས་ཡོངས་སུ་ཤེས་པ་ལ་མཁས་པ་ནི་ཡིད་གཞུངས་པ་ཡིན་ལ། འཇིག་རྟེན་གྱི་ཐ་སྙད་ལ་མཁས་པ་ནི་མཁས་པ་ཡིན་ནོ། །རྟོག་ཅེས་བྱ་བ་ནི་བྱེད་པ་ཡིན་ནོ།། ་ཚུལ་ཁྲིམས་གང་ལ་ཡིན་པ་དེ་དག་ནི་ཚུལ་ཁྲིམས་དང་ལྡན་པའོ། །ཡོན་གྱི་བཤད་པ་ཞེས་བྱ་བ་ནི་ཟས་ལས་བྱུང་བའི་བསོད་ནམས་ཀྱི་འབྲས་བུ་ལྷ་རྣམས་ལ་ཡོངས་སུ་བསྔོ་བར་བྱ་བ་ཡིན་ནོ། །རི་མོར་བྱས་དང་ཞེས་བྱ་བ་ནི་གནས་མཐོན་པོ་ཐོབ་པར་འགྱུར་བའི ་བསྙེན་བཀུར་གྱིས་དེའི་ཚེ་ཡང་སྦྱིན་པ་པོའི་ཕྱིར་རི་མོར་བྱེད་པ་དང། མཆོད་པར་གྱུར་པས་ཀྱང་མཆོད་པར་བྱེད། །དེ་ལྟར་སྦྱིན་པ་པོ་ལ་སྡུག་བསྔལ་ལས་ཡོངས་སུ་སྐྱོབ་པར་མཛད་པའི་སྒོ་ནས་ཐུགས་བརྩེ་བར་མཛད་དོ། །རྟག་ཏུ་གྲོད་པར་ཉལ་བའི་ཕྱིར་མི ་ལས་སྐྱེས་ཏེ། བུ་སྡུག་ཡིན་ཏེ། དཔེར་ན་མ་དེ་ལ་རྗེས་སུ་བརྩེ་བར་བྱེད་པ་དེ་བཞིན་ཏུ་བརྩེ་བར་མཛད་དོ། །བཟང་པོ་མཐོང་བར་འགྱུར་ཞེས་བྱ་བ་ནི་ཐམས་ཅད་དུ་ཤེས་པ་མྱོང་བར་འགྱུར་རོ། །དོར་བའི་ཆོས་ཅན་ཞེས་བྱ་བ་ནི་ཟས་ལ་སོགས་པ་དོར་བའི་རང་བཞིན་དུའོ ་བཏང་བའི་ཆོས་ཅན་ཞེས་བྱ་བ་ལ། སྦྱིན་པས་ཡོངས་སུ་དོར་བའི་ཆོས་ཅན་དུའོ། །ཕྱི་བཞིན་དུ་ཞེས་བྱ་བ་ནི་རྒྱབ་ཀྱི་ཕྱོགས་སུ་ཕྱི་གཞིན་དུའོ་ཞེས་བྱ་བའི་ཐ་ཚིག་གོ་།བཅོམ་ལྡན་འདས་སྔོན་དུ་གཤེགས་ཤིང་དེ་ནས་དགེ་སློང་དག་ཕྱིས་ཆར?་གྱི་རྣམ་པ་ལྟ་བུའོ།། ་བརྩིགས་པར་བྱའོ་ཞེས་བྱ་བ་ནི་འདུ་ཤེས་པ་རྣམ་པར་བཞག་པའི་སྒོ་ནས་བསྒྲུབ་པར་བྱའོ། །ཆུ་བོ་ཆེན་པོར་འཇུག་པའི་གནས་ནི་ཆུ་ངོགས་ཡིན་ནོ། །སོ་ཕག་ལ་སོགས་པའི་འཇུག་པའི་ཐབས་སུ་གྱུར་པའི་ཐེམ་པ་སྦྱར་བ་ཡིན་ནོ། །དབུས་ཀྱི་ཐོག་ནས ་ཞེས་བྱ་བ་ནི་ཤིན་ཏུ་དབུས་ཀྱི་ཆ་ནས་སོ། །ཤིང་ཤལ་མ་ལ་བཞོག་པ་ནི་ཤིང་ཤལ་མ་ལིའི་སྤང་ལེབ་ཡིན་ཏེ། དེ་ཤིན་ཏུ་ཡང་བ་ཉིད་ཀྱིས་ཆུ་རྒལ་བའི་ཐབས་ཉིད་ཡིན་པ་དེའི་ཉེ་བར་སྦྱོར་བར་བྱེད་དོ། །སྐུ་བའི་ཚོགས་ཕན་ཚུན་སྤེལ་བ་ནི་སྐུ་བའི་གཟིངས་སོ། །ཤིང ་བལ་གྱིས་བཀང་བའི་ནང་ཚངས་ཅན་ནི་ཤིང་བལ་གྱི་ཁྲེས་པོ་ཡིན་ནོ། །རྐྱལ་པ་ནི་པགས་པ་ལས་བྱས་པའི་རྒལ་བའི་ཐབས་སུ་གྱུར་པའོ། །ཕ་རོལ་ཏུ་འགྲོ་བར་བྱེད་པ་ནི་ཕར་བརྒལ་བ་ཡིན་ནོ། །ཚུ་རོལ་ཏུ་རྒལ་བར་བྱེད་པ་ནི་ཚུར་བརྒལ ་བ་ཡིན་ནོ། །ཆུ་ཟབ་མོའི་ནང་དུ་འགྲོ་བ་བསྒྲུབ་པར་བྱ་བའི་ཕྱིར་ཆུའི་རྒྱུན་ཉིད་ལས་ས་དང་འདྲ་བར་མི་འབྱིང་བ་ཡིན་ནོ། །དགེ་སློང་གི་དགེ་འདུན་དང་ཐབས་གཅིག་ཏུ་ཞེས་བྱ་བ་ནི་དགེ་སློང་གི་དགེ་འདུན་གྱིས་ཀྱང་བཅོམ་ལྡན་འདས་ཀྱི་རྫུ་འཕྲུལ་གྱི ་མཐུས་ཕ་རོལ་གྱི་འགྲམ་དུ་ཕྱིན་པར་གྱུར་པ་ཡིན་ནོ། །གང་དག་ཅེས་བྱ་བ་ལ་སོགས་པ་ལ། གང་དག་རྒལ་བ་ནི་གང་ཞིག་ད་ལྟར་རྒལ་བའི་ཕྱིར་སྤོགས་པ་ཡིན་ནོ། །རྒྱ་མཚོ་ནི་ཆུ་འཛིན་ཡིན་ལ། མཚོ་འམ་རྒྱ་མཚོར་འཇུག་པའི་ཆུ་བོ་ཞེས་བྱ་བའི་ཐ ་ཚིག་གོ་།ཟམ་པ་དང་བཅས་པ་ནི་ཆུ་ལེན་བརྩིགས་པའི་ཚུལ་དུ་ཟམ་པ་བཏགས་ནས་འདམ་རྫབ་སྤངས་པ་ཡིན་ནོ། །རྒལ་བ་ནི་ལྟེང་ཀ་ལ་སོགས་པ་ཆུས་ཁྱབ་པའི་ཕྱོགས་ལས་སོ། །དེའི་འོག་ཏུ་ཅི་ཞིག་བྱེད་ཅེ་ན། སྨྲས་པ་གཟིངས་བཅེས་པ་ནི་རྩ་བ ་དང་ཡལ་ག་དང་ལོ་མ་ལ་སོགས་པར་ཙགས་ནས་སྔོན་དུ་ཆུ་ལ་འཇལ་བར་བྱེད་པའམ། གྲུ་ལ་སོགས་པ་ལ་སྐྱེ་བོ་དེ་དག་ཡང་དག་པར་བརྟེན་ནས་སོ། །ཁ་ཅིག་ནི་ཆུ་བོ་གཾ་གཱ་རྒལ་བར་འདོད་པ་དེའི་ཕྱིར་གྲུ་ལ་སོགས་པ་ཡོངས་སུ་ལེན་པའི་སྒོ ་ནས་སོ། རྒལ་བ་ནི་ཕ་རོལ་གྱི་འགྲུམ་དུ་ཕྱིན་པའོ། །གང་ཞེས་ན། སྐྱེ་བོ་ཡིད་གཞུངས་པ་སྟེ། གང་དག་མཁས་པ་དང་གསལ་བ་དེ་དག་མི་མགོར་བར་བྱེད་པ་ཉིད་ཀྱི་ཕྱིར་དང་པོར་བརྒལ་བ་ཡིན་ནོ། །བཅོམ་ལྡན་འདས་ནི་སྐྱེ་བོ་ཡིད་གཞུངས་པ་ཐམས་ཅད ་ཀྱིས་གཅེས་པ་འཛིན་པ་ཉིད་ཡིན་པའི་ཕྱིར། སངས་རྒྱས་བཅོམ་ལྡན་འདས་ནི་བརྒལ་ན་སུ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། ཉོན་མོངས་པ་བག་ཆགས་དང་བཅས་པ་སྤངས་པའི་ཕྱིར་དང། ཆོས་ཐམས་ཅད་རྣམ་པ་ཐམས་ཅད་ཏུ ་ཐུགས་སུ་ཆུད་པའི་ཕྱིར་གོ་རིམ་བཞིན་དུ་སྤངས་པ་དང་ཡེ་ཤེས་ཕུན་སུམ་ཚོགས་པ་བསྟན་ཏོ། །ཐམས་ཅད་ཀྱི་དང་པོར་བརྒལ་བ་དེ་ཡང་ཚངས་པ་ཡིན་ལ། རྒྱུན་མི་འཆད་པར་ཚིག་གི་དོན་ལ་གཞོལ་བར་བྱེད་པའི་སྒོ་ནས་ཕྱི་རོལ་ཏུ་ཡིད་ཕྱོགས་པ་ཉིད་ཀྱི་ཕྱིར ་ཐུབ་མཆོག་ཅེས་བྱའོ། །སྐམ་ལ་བཞུགས་པ་ནི་ཆུ་བོ་གཾ་གཱའི་ངོགས་ན་བཞུགས་པ་ཡིན་ནོ། །དགེ་སློང་དག་འདིར་ཁྲུས་བྱེད་ཅེས་བྱ་བ་ནི་དགེ་སློང་དག་ཕ་རོལ་གྱི་འགྲམ་དུ་བརྒལ་ནས་ཆུས་ལུས་ཡོངས་སུ་རླན་པར་བྱེད་པའོ། །གཟིངས་འཆའ་བ་ནི་ཉན་ཐོས་གང ་དག་དེ་ལྟར་ཡང་མ་རྒལ་བ་ཕྱིར་འོངས་པའི་དགེ་སློང་དེ་དག་གཟིངས་ལོན་པར་བྱེད་པ་ཡིན་ནོ། །འདི་ལྟར་དེ་ལ་ཅི་སྐད་ཏུ་བརྗོད་པའི་ཚིགས་སུ་བཅད་པའི་དོན་དེ་ལྟར་འདིར་ཡང་དོན་མཚོན་པར་བྱ་བ་ཡིན་ཏེ། གང་དག་རྒལ་བར་བྱེད་པ་ནི་རྒལ་བར་འདོད་པའོ། །རྒྱལ ་མཚོ་ནི་འཁོར་སྐྱེད་པར་བྱེད་པའི་མཚོའི་དཔའ་ཀློང་ཡིན་ནོ། །ཟམ་པ་དང་བཅས་པ་ནི་མཐོང་བའི་ལམ་མངོན་སུམ་དུ་བྱས་པ་ཡིན་ནོ། །འདབ་རྫབ་སྤངས་པ་ནི་མཐོང་བོས་སྤང་པར་བྱ་བའི་ཉོན་མོངས་པ་སྤངས་པ་ཡིན་ནོ། །སྐྱེ་བོ་གཟིངས་འཆའ་བ་ནི་དེའི་བག ་ལ་ཉལ་སྤང་བར་བྱ་བའི་ཕྱིར་བསྒོམ་པའི་ལམ་སྒོམ་པར་བྱེད་པ་ཡིན་ནོ། །ལམ་གཉིས་ཀྱིས་ཀུན་ནས་འཆིང་བའི་ཚོགས་སྤངས་པའི་ཕྱིར་བརྒལ་བ་ཡིན་ནོ། །ཡིད་གཞུངས་པ་ནི། འཕགས་པའི་གང་ཟག་ངག་ཡིན་ནོ། །རྒལ་བའི་གཙོ་བོ་གང་ཡིན་ཞེ་ན། སྨྲས ་པ་སངས་རྒྱས་ཞེས་བྱ་བ་ལ་སོགས་པས་རང་བྱུང་ཉིད་བསྟན་ཏོ། །སྐམ་སར་བཞུགས་པ་ཞེས་བྱ་བ་ནི་ཕུང་པོ་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པ་ཡིན་ཏེ། མདོ་སྡེ་ལས་ཕ་རོལ་གྱི་ངོགས་ནི་ཕུང་པོ་ལྷག་མ་དང་བཅས་པའི་མྱ་ངན་ལས ་འདས་པའི་དབྱིངས་དེའི་ཚིག་བླ་དགས་ཡིན་ནོ་ཞེས་པ་བསྟན་ཏོ། །བཞུགས་པ་ཞེས་བྱ་བ་ནི་སྙིང་རྗེ་ཆེན་པོ་སྟོན་པར་བྱེད་པ་ཡིན་ཏེ། དེ་མེད་པར་བཅོམ་ལྡན་འདས་སྲིད་པར་སྐད་ཅིག་ཀྱང་བཞུགས་པར་མི་འགྱུར་རོ། །དགེ་སློང་དག་འདིར་ཞེས་བྱ་བ ་ལ་སོགས་པས་མཐོང་བའི་ཆོས་ལ་བདེ་བར་གནས་པ་བསྟན་ཏོ། །གཟིངས་འཆའ་ཞེས་བྱ་བས་ནི་ངེས་པར་འབྱེད་པའི་ཆ་དང་མཐུན་པ་ལ་གནས་ནས་མཐོང་བའི་ལམ་ལ་སོགས་པ་མངོན་སུམ་དུ་བྱེད་པ་ཡིག་དེ་བས་ན་འདིས་ནི་བཞུགས་པ ་སྟོན་པ་ཡིན་ནོ། །དེའི་ཕྱིར་ཞུགས་པ་བཞི་དང་འབྲས་བུ་བཞི་ལ་གནས་པའི་དགེ་སློང་དེ་དག་ནི་ཡོན་གནས་རིག་པ་དང་རྐང་པ་དང་ཏིང་ངེ་འཛིན་དང་ལྡན་པ་ཡིན་ནོ། །ཆར་གྱི་འབྱུང་གནས་ནི་ཞིང་ཁྱད་པར་ཅན་སྒྲུབ་པ་བྱེད་པའི་ཕྱིར་དགའ་བ་བསྐྱེད་པར ་བྱེད་དོ། །ཚུལ་ཁྲིམས་འདི་ཞེས་བྱ་བ་ནི་མངོན་སུམ་དུ་གནས་པ་དག་ཡིན་ཏེ། བཅོམ་ལྡན་འདས་ཀྱིས་ཆོས་ཐམས་ཅད་མངོན་སུམ་དུ་གཟིགས་པ་དེ་ཉིད་ཀྱི་ཕྱིར་དེ་སྐད་ཅེས་བསྟན་ཏོ། །སོ་སོར་ཐར་པ་དང། བསམ་གཏན་དང། ཟག་པ་མེད་པའི ་སྡོམ་པའི་རང་བཞིན་དག་ཡིན་ནོ། །ཏིང་ངེ་འཛིན་ཅེས་བྱ་བ་ལ། ཏིང་ངེ་འཛིན་གསུམ་སྟེ། རྟོག་པ་དང་བཅས་པ་དང་དཔྱོད་པ་དང་བཅས་པ་ལ་སོགས་པའོ། །ཤེས་རབ་འདི་ཞེས་བྱ་བ་ནི་ཐོས་པ་ལས་བྱུང་བ་དང། བསམས་པ་ལས་བྱུང་བ་དང། བསྒོམས་པ ་ལས་བྱུང་བ་དང། ཟག་པ་མེད་པའོ། །ཚུལ་ཁྲིམས་ཡོངས་སུ་བསྒོམས་པས་ཞེས་བྱ་བ་ནི་ཚུལ་ཁྲིམས་ཤིན་ཏུ་རྣམ་པར་དག་པ་བསྒོམས་པ་སྟེ། རྒྱུད་ལ་ཚུལ་ཁྲིམས་རྣམ་པར་དག་པ་སྐྱེ་བར་འགྱུར་བའི་ཕྱིར་རོ། །རིང་དུ་གནས་པར་འགྱུར་རོ་ཞེས་བྱ ་བ་ནི་ཡོངས་སུ་གཞོམ་པའི་ཕྱིར་རུང་བར་འགྱུར་བ་ཡིན་ནོ། །ཤེས་རབ་བསྒོམས་པ་ནི་བསྟེན་པ་ཞེས་བྱའོ། །ཡང་དག་རྣམ་པར་གྲོལ་བར་འགྱུར་རོ་ཞེས་བྱ་བ་ནི་ཡོངས་སུ་ཉམས་པར་མི་འགྱུར་བ་ཉིད་ཡིན་ཏེ། དེ་ལྟར་དགེ་སློང་དག་གང་སྤངས་པ་དེ་ནི ་འཕགས་པའི་ཤེས་རབ་ཀྱིས་སྤངས་པ་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །ཀུཉྫི་ཀའི་གནས་ཞེས་བྱ་བ་ནི་དྲང་སྲོང་ཀུཉྫི་ཀས་བྱས་པ་ཉིད་ཡིན་པའི་ཕྱིར་རོ། །འོག་མའི་ཆ་དང་མཐུན་པ་ཞེས་བྱ་བ་ལ། འོག་མའི་ཆ་དང་མཐུན་པ་ནི་མི་དགེ་བའི་ཆོས་ཐམས ་ཅད་དང་ལྡན་པའི་ཕྱིར་འདོད་པའི་ཁམས་ཡིན་ལ། དེ་དག་ཀྱང་དེ་དང་རྗེས་སུ་མཐུན་པ་ཡིན་པ་དེ་བས་ན་འོག་མའི་ཆ་དང་མཐུན་པ་ཞེས་བྱའོ། །དེ་དག་ཀྱང་འདོད་པ་ལ་འདུན་པ་དང། གནོད་སེམས་དང། འཇིག་ཚོགས་སུ་ལྟ་བ་དང། ཚུལ་ཁྲིམས་དང ་བརྟུལ་ཞུགས་མཆོག་ཏུ་འཛིན་པ་དང། ཐེ་ཚོམ་དག་ཡིན་ནོ། །བརྫུས་ཏེ་སྐྱེ་བ་ཞེས་བྱ་བ་ནི་དེ་ན་སྐྱེ་གནས་གཞན་མེད་པའི་ཕྱིར་རོ། །དེ་ཉིད་ལ་ཆོས་རྩོལ་ལོ་ཞེས་བྱ་བ་དང། བརྩོན་འགྲུས་རྩོམ་མོ། །སེམས་འཛིན་ཏོ། །རབ་ཏུ་འཛིན་ཏོ་ཞེས་བྱ་བ ་པ་སྨོས་ཏེ། བརྩོན་འགྲུས་བརྩམས་པ་ནི་མི་དགེ་བའི་ཆོས་རྣམས་སྤངས་པར་བྱ་བའི་ཕྱིར་དང། དགེ་བའི་ཆོས་རྣམས་བསྒོམ་པར་བྱ་བའི་ཕྱིར་ཤིན་ཏུ་སྤྲོ་བ་དང་བཅས་པར་འགྱུར་བའོ། །སེམས་འཛིན་པ་ཞེས་བྱ་བ་ནི་ཡུལ་མ་ཡིན་པ་ལས་ཟློག་པར ་བྱེད་པ་དང། ཡུལ་ལ་རབ་ཏུ་འཇུག་པར་བྱེད་པ་ཡིན་ནོ། །རབ་འཛིན་པ་ཞེས་བྱ་བ་ནི་རྒྱུན་གྱིས་ཡུལ་ལ་སེམས་འཛིན་པར་བྱེད་པ་ཡིན་ནོ། །དགེ་བའི་ཆོས་ཞེས་བྱ་བ་ལ་སོགས་པ་ལ། འབྲས་བུ་འདོད་པ་ཉིད་ཀྱི་ཕྱིར་དགེ་བ་ཡིན་ནོ། །གནས་པ་ནི་བརྟེན་པར་གྱུར ་པའི་ཕྱིར་རོ། །མི་བརྗོད་པའི་ཕྱིར་ཞེས་བྱ་བ་ནི་དྲན་པ་རྨོངས་པའི་ཉེས་པ་བཟློག་པར་བྱ་བའི་ཕྱིར་རོ། །གོམས་པར་བྱེད་པ་ནི་བསྒོམ་པ་ཡིན་ལ། བསྒོམས་པ་དག་ཡོངས་སུ་རྫོགས་པ་ཡིན་ཏེ། བསྒོམ་པ་འགྲུབ་པ་དེའི་ཕྱིར་རོ། །ཡང་དང་ཡང་དུ་བསྒོམ་པ་ནི་ཕྱི་ཕྱིར་སྒོམ ་པ་ཡིན་ཏེ། ཆུ་ངུའི་རྣམ་པ་གྲུབ་པའི་ཕྱིར་ཡང་ནས་ཡང་མངོན་སུམ་དུ་བྱེད་དོ། །འཕེལ་བ་ནི་འབྲིང་གི་རྣམ་པ་གྲུབ་པ་ཡིན་ནོ། །རྒྱས་པ་ནི་ཆེན་པོའི་རྣམ་པ་གྲུབ་པ་ཡིན་ནོ། །ཡང་ན་བསྒོམ་པ་ཡོངས་སུ་རྫོགས་པ་ནི་ཆུང་ངུའི་རྣམ་པ་གྲུབ་པ་ཡིན་ནོ། །ཕྱི་ཕྱིར་བསྒོམ ་པ་ནི་འབྲིང་གི་རྣམ་པ་གྲུབ་པ་ཡིན་ནོ། །འཕེལ་བ་ནི་ཆེན་པོའི་རྣམ་པ་གྲུབ་པ་ཡིན་ནོ། །དུས་རིང་པོར་རྒྱན་གྱིས་རྗེས་སུ་འཇུག་པ་ནི་རྒྱས་པ་ཡིན་ཏེ། དུས་རིང་པོར་ཁྱབ་པར་བྱེད་པ་ཡིན་པའི། འགྲོ་བ་དང་འགྲོ་བ་ཞེས་བྱ་བ་ལ་སོགས་པ་དག་གི་རྣམ་པར་བཤད་པ ་ནི་བྲམ་ཟེའི་ཁྱེའུ་ཨ་མ་བ་སྟའི། མདོའི་རྣམ་པར་བཤད་པར་བལྟ་བར་བྱའོ། །ནང་གི་ལུས་ལ་ཞེས་བྱ་བ་ལ་སོགས་པའི་བཤད་པ་ནི་མངལ་དུ་འཇུག་པའི་མདོ་བཤད་པ་ལྟ་བུར་རིག་པར་བྱའོ། །ཤིང་རྟ་རེ་རེ་ལ་ཞོན་ཏེ་ཞེས་བྱ་བ་ནི་ཤིང་རྟ ་སོ་སོ་གནང་ལ་ཞོན་ནས་སོ། །རྟ་སྔོན་པོ་ཞེས་བྱ་བ་ལ་སོགས་པ་རྟ་བཟློག་པའི་ཐབས་སུ་གྱུར་པ་ནི་སྲབ?་ཡིན་ནོ། །ལྕག་ནི་འགྲོ་བར་བྱེད་པའི་ཐབས་སུ་གྱུར་པའོ། །དོ་ཀེར་ནི་སྤྱི་བོའི་དབུས་ན་འདུག་པའི་སྤྱི་བཅིངས་ཏེ། གཙུག་ཏོར་གྱི་རྣམ་པ་ཉིད་དམ་ཅོད་པན ་ལ་དོ་ཀེར་གྱི་སྒྲས་བརྗོད་དོ། །ཡུ་བ་ནོར་བུ་ལས་བྱས་པའམ། ཡུ་བ་ནོར་བུས་སྤྲས་པའི་རྔ་ཡབ་བོ། །ཅི་ལྟར་ན་དེ་དག་སྔོན་པོ་ལ་སོགས་པ་ཉིད་དུ་འགྱུར་བ་ཡིན་ཞེ་ན། འདིར་ཁ་ཅིག་ནི་ངོ་བོ་ཉིད་ཀྱི་སྔོན་པོའི་རྟ་ལ་སོགས་པ་དང་ལྡན་པ་ཉིད་ཀྱི་ཕྱིར་ཞེས་བརྗོད་དོ། ་ཅོད་པན་གསལ་བར་བྱེད་པའི་བདག་ཉིད་ཅན་གྱི་ནོར་བུ་མཐོན་ཀ་ཡོད་པའི་ཕྱིར་འཁོར་དང་བཅས་པ་སྔོན་པོ་ཉིད་ཏུ་གྱུར་པ་ཡིན་ནོ། །ཁ་ཅིག་ནི་བཅོམ་ལྡན་འདས་ཀྱིས་ནོར་བུའི་མཐུ་ནི་བསམ་གྱིས་མི་ཁྱབ་པ་ཡིན་ནོ་ཞེས་གསུངས་ཏེ། ནོར་བུ་སེར་པོ ་མཐུས་སེར་པོ་དང། ནོར་བུ་དམར་པོའི་མཐུས་དམར་པོ་དང། །ནོར་བུ་དཀར་པོའི་མཐུས་དཀར་པོའི་གྱུར་པ་ཡིན་ནོ། །ཕ་ཁྱེད་ཅེས་བྱ་བ་ལ་སོགས་པ་ལ། མངོན་དུ་ཕྱོགས་པས་རྣམ་པར་གནས་པ་ནི་གནས་འདི་ལས་ཚུར་མི་འོང་བ་ནི་ཕང?་ཁྱེད་ཅེས་བྱ ་བའི་སྒྲ་བྱིན་ལ་མངོན་དུ་ཕྱོགས་ནས་འོང་བ་ནི་ཕ་རོལ་ནས་མངོན་དུ་ཕྱོགས་ནས་ཚུར་འོང་བར་བྱེད་པས་ན་ཚུར་གྱི་སྒྲ་ཡིན་ནོ། །སྒྲོགས་པར་གྱུར་པ་ནི་བརྗོད་པར་གྱུར་པ་སྟེ། དེས་ཉེ་བར་མཚོན་པ་དག་གིས་འབྱུང་བ་ཡིན་ནོ། །དེ་ཁྱད་པར་ཇི་ལྟ་བུ ་དང་ལྡན་ཞེ་ན། སྒྲ་མངོན་པོ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཐག་རིང་དུ་ཁྱབ་པར་བྱེད་པའི་སྒྲ་ནི་སྒྲ་མཐོན་པོ་ཡིན་ནོ། །སྐྱེ་བོ་མང་པོའི་སྒྲ་ནི་སྒྲ་ཆེན་པོ་ཡིན་ཏེ། སྒྲ་མཐོན་པོ་དང་སྒྲ་ཆེན་པོ་གང་ཡིན་པ་དེ་དག་སྒྲ་མཐོན་པོ་དང་སྒྲ་ཆེན་གཅིག་ནི་ནོར་བུའི་འོད་ཀྱི་?་ཞེས་བརྗོད་དོ།། ་པོ་ཡིན་ནོ། །ཡངས་པ་ཅན་ནས་ཞེས་བྱ་བ་ནི་ཡངས་པ་ཅན་དག་ལས་སོ། །འདི་ལྟ་བུའི་འབྱོར་པ་ཞེས་བྱ་བ་ལ། འབྱོར་བ་ནི་ཕུན་སུམ་ཚོགས་པའོ། །ཕུན་སུམ་ཚོགས་པ་ནི་སྐྱེད་པའི་འབྱོར་པ་གསལ་བར་བྱེད་པ་ཡིན་ནོ། །ཆ་ལུགས་ནི་ཆ་བྱད་དོ། །སྟན་སོ་སོར་འཇོག ་པའི་སྒོ་ནས་འཁོད་པའོ། །བྱ་བ་གཅིག་གི་སྒོ་ནས་འདུས་པ་ཡིན་ནོ། །བདག་སྤོབས་སོ་ཞེས་བྱ་བ་ནི་བདག་མངོན་པར་འདོད་པའི་ཚིག་སྨྲ་བར་འདོད་པའི་ཕྱིར་སྤོབས་པ་སྐྱེས་པ་སྟེ། རབ་ཏུ་དགའ་བས་ལན་གཉིས་བརྗོད་པ་ཡིན་ནོ། །སྤོབས་པར་བྱོས་ཤིག་ཅེས་བྱ ་བ་ནི་བཅོམ་ལྡན་འདས་ཀྱིས་བྱ་བའི་ཚུལ་དུ་སྤོབས་པའི་ཕྱིར་གནད་པ་རྩོལ་བ་ཡིན་ནོ། །ང་གའི་ཞེས་བྱ་བ་ལ་སོགས་པ་ལ། རྙེད་པ་རབ་རྙེད་པ་ཞེས་བྱ་བ་ནི་ཤིན་ཏུ་མཛེས་པར་རྙེད་པ་ནི་རབ་ཏུ་རྙེད་པའོ། །གང་གི་ཞེ་ན། སྨྲས་པ། ཨང་གའི་རྒྱལ་པོ་སྟེ། ་ཡུལ་ཨང་གའི་རྒྱལ་པོ་ནི་ཨང་གའི་རྒྱལ་པོ་ཡིན་པས་དེའི་ཨུ་དྲ་ཡང་ནས་བཏང་བའི་ནོར་བུའི་གོ་ཆ་འཆད་པའི་ཕྱིར་ནོར་བུའི་གེ་ཆ་འཆང་བ་ཅན་ཏེ། དེའི་ཡུལ་མ་ག་དྷ་དེའི་རིམ་པས་ཐོབ་པ་ཡིན་པ་དེའི་ཕྱིར་ཡུལ་མ་ག་དྷའི་དབང་ཕྱུག་ཅེས་བྱ་བ ་སྨོས་པ་ཡིན་ནོ། །ཡུལ་ཨད་གའི་རྒྱལ་པོ་གཟུགས་ཅན་སྙིང་པོས་གཞོན་ནུའི་གནས་སྐབས་སུ་སྟོབས་ཀྱིས་གནོན་པ་ཉིད་ཀྱི་ཕྱིར་རིམ་པས་ཐོབ་པ་མ་ཡིན་ནོ། །ཇི་ལྟར་ན་དེའི་རྙེད་པ་རབ་ཏུ་རྙེད་པ་ཡིན་ཞེ་ན། རྣམ་རྒྱལ་གང་དུ་སངས་རྒྱས་འབྱུང་བ་ནི་ཞེས་བྱ ་བ་སྨོས་ཏེ། ནིའི་སྒྲ་ནི་གང་གི་ཕྱིར་གྱི་དོན་ཡིན་ཏེ། གང་གི་ཕྱིར་དེའི་རྣམ་པར་རྒྱལ་བའི་ཡུལ་དུ་སངས་རྒྱས་བཅོམ་ལྡན་འདས་འབྱུང་བ་དེའི་ཕྱིར་དེའི་རྙེད་པ་རབ་ཏུ་རྙེད་པ་ཞེས་བྱ་བ་ཡིན་ནོ། །བཅོམ་ལྡན་འདས་ཁྱད་པར་ཇི་ལྟ་བུ་དང་ལྡན་པ་ཞེ་ན། སྒྲ་སྒྲོག ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། འགྲོ་བ་ཐམས་ཅད་ལ་དྲི་མ་མེད་པའི་སྙན་པས་?་པར་གྱུར་པ་ནི་སྒྲ་གྲགས་པས་ཁྱབ?་པ?་ཡིན་ནོ། །?་ཞེས་བྱ་བ་ནི་ཇི་ལྟར་རིའི་རྒྱལ་པོ་གངས་ཅན་འགྲོ་བ་ཐམས་ཅད་པ་མཐོན་པོ་ཉིད་དུ་གྲགས་པར་གྱུར་པ་དེ་བཞིན་དུའོ། །ཆུ་སྐྱེས་ཞེས་བྱ ་པ་ལ་སོགས་པ་ལ། ཆུ་ལས་སྐྱེས་པས་ན་ཆུ་སྐྱེས་སོ། །དེ་གང་ཞེ་ན། སྨྲས་པ། མེ་ཏོག་ཀོ་ཀ་སྟེ་པདྨ་ཞེས་བྱ་བའི་ཐ་ཚིག་གོ་།དེ་ཁྱད་པར་ཇི་ལྟར་བུ་དང་ལྡན་པ་ཞེ་ན། སྨྲས་པ། མཛེས་སྐྱེས་ཏེ། ཁ་དོག་དང་དབྱིབས་མཛེས་པའོ། །ཐོ ་རངས་ཏེ་ཐུན་དང་པོ་ན་ཁོ་ན་ལ་ཆུ་ལས་ངེས་པར་བྱུང་བ་ནི་ཐོ་རངས་ཁ་འབུས་པ་ཡིན་ཏེ། ཐོ་རངས་བྱུང་བ་ཉིད་ཀྱི་ཕྱིར་རོ། །ཐོ་རངས་ཀྱི་དུས་སུ་ཆུ་ལས་བྱུང་བའི་ཕྱིར་ཤིན་ཏུ་རྒྱས་པར་གྱུར་པ་ཡིན་ཏེ། དེ་སྐད་དུ་ཉི་མ་ཤར་བའི་ཚེ་ཁ་བྱེ་བར་འགྱུར ་ཞེས་འབྱུང་ངོ། །དྲི་དང་ལྡན་པ་སྟེ་ཞེས་བྱ་བ་ནི་ཤིན་ཏུ་དྲི་དང་འབྱོར་བ་ཡིན་ནོ། །ཇི་ལྟར་པདྨ་དེ་དྲི་དང་མདངས་ཀྱིས་རྣམ་པར་གསལ་ཞིང་མཛེས་པ་དེ་བཞིན་ཏུ། བཅོམ་ལྡན་འདས་ཚུལ་ཁྲིམས་ཀྱི་དྲི་དང་ཤིན་ཏུ་འབྱོར་བ་དང། འོད་འདོམ་གང ་པས་གསལ་བར་གྱུར་པས་ན་རྣམ་པར་མཛེས་པར་གྱུར་པ་ལ་ལྟོས་ཤིག་།བཅོམ་ལྡན་འདས་ཀྱང་ཉི་མའི་རིག་ལས་འཁྲུངས་པ་དེ་ཉིད་ཀྱི་ཕྱིར་བཅོམ་ལྡན་འདས་ཉིད་ཉི་མ་ཡིན་ནོ། །ལྟོས་ཤིག་ཅེས་བྱ་བ་ནི་ཀུན་ཏུ་ལྟོས་ཤིག་པ་ཡིན་ནོ། །ཉི་མ་འཆར་བ ་བཞིན་ཞེས་བྱ་བ་ནི་ཇི་ལྟར་བར་སྣང་སྟེ། ནམ་མཁའ་ལ་ཉི་མ་གཟི་བརྗིད་འབར་གྱུར་བ་དེ་བཞིན་ཏུ། བཅོམ་ལྡན་འདས་ཀྱང་ངོ། །དེ་བཞིན་གཤེགས་པ་ནི་འདས་པ་དང། མ་འོངས་པའི་ཡང་དག་པར་རྫོགས་པའི་སངས་རྒྱས་སོ། །ཤེས་རབ་སྟོབས ་ཞེས་བྱ་བ་ནི་ཤེས་རབ་ཀྱི་སྟོབས་ནི་ཤེས་རབ་སྟོབས་ཏེ། ཤེས་རབ་ཀྱི་ནུས་པ་ཡིན་ནོ། །དེ་དག་གིས་ཅི་ཞིག་མཛད་ཅེ་ན། གང་གིས་འདིར་ལྷགས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བདག་དང་བླ?་དག་ལ་མང་པོའི་ཚིག་ཏུ་བྱའོ་ཞེས་པའི་རིགས ་པ་དག་གིས་ཤེས་བྱ་བ་མང་པོའི་ཚིག་འདིས་བཅོམ་ལྡན་འདས་ཁོ་ན་ལ་སྨྲས་པ་ཡིན་ལ། མིག་ལ་མང་པོའི་ཚིག་མི་རིགས་པ་དེའི་ཕྱིར་གང་དག་གིས་ཞེས་བྱ་བ་སྨོས་པ་ཡིན་ཏེ། ད་ལྟར་བྱུང་བའི་བླ་མ་གང་དག་ཤེས་རབ་སྟོབས ་ཀྱིས་འདིར་ལྷགས་པ་དག་གི་ཐེ་ཚོམ་དང་ཡིད་གཉིས་བསལ་བར་མཛད་པ་འམ། འདུལ་བར་མཛད་པ་འམ། འཇིག་པར་མཛད་པ་ཡིན་ནོ། །དེ་དག་ཉིད་མིག་བྱེད་པ་ཡིན་ཏེ། སྐྱེ་བོ་འདུལ་བའི་བླ་ན་མེད་པའི་ཤེས་རབ་ཀྱི་མིག་སྐྱེད་པར་བྱེད་པའི་རྒྱུ་ཉིད་ཡིན་པའི ་ཕྱིར་རོ། །དེ་དག་ཉིད་སྣང་བར་བྱེད་པ་ཡང་ཡིན་ཏེ། ཤེས་རབ་ཀྱིས་སྣང་བ་བྱེད་པ་ཉིད་ཀྱི་ཕྱིར་རོ། །ཅི་དང་འདྲ་བར་ཞེ་ན། ཇི་ལྟར་མཚན་མོ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཇི་ལྟར་མཚན་མོ་མུན་པ་དང་མི་རབ་ཏུ་འབར་བས་གསོལ་བར་བྱེད་པ་ཡིན་ཏེ། ཕྱི ་རོལ་གྱི་མུན་པ་འཇོམས་པར་བྱེད་པའི་ཕྱིར་རོ། །མིག་ཡུལ་ལ་འཇུག་པ་དང་རྗེས་སུ་མཐུན་པ་ཉིད་ཀྱི་ཕྱིར་མིག་བྱེད་པར་འགྱུར་པ་དེ་བཞིན་དུ་བཅོམ་ལྡན་འདས་ཀྱི་ཞལ་སྔ་ནས་ཀྱང་ཞེས་བྱ་བ་ཡིན་ནོ། །ལེགས་པར་སྨྲས་སོ་ཞེས་བྱ་བ་ནི་དོན་དང་ཚིག་དང་ཡི་གེ ་མཛེས་པ་ཉིད་ཀྱི་ཕྱིར་དང། སྐབས་དང་ལྡན་པ་ཉིད་ཀྱི་ཕྱིར་འདིར་ཡང་དགའ་བས་ལན་གཉིས་བརྗོད་པ་ཡིན་ནོ། །མཛེས་པར་སྨྲས་པ་ནི་ལེགས་པར་སྨྲས་པ་ཡིན་ལ། ལེགས་པར་སྨྲས་པ་དེ་དག་གི་དགོས་པ་ཡིན་པས་ན་ལེགས་པར་སྨྲ་བའི་ཕྱིར་ཏེ། ། ་ལེགས་པར་བཤད་པ་བཀློག་པས་སེམས་མགུ་བདག་གི་མགུ་བ་སྦྱིན་པ་ཡིན་ནོ། །མ་དང་འདྲ་བས་ཞེས་བྱ་བ་ལ་སོགས་པ་ལ། མ་ནི་མ་ཉིད་ཡིན་ནོ། །མ་དང་མཚུངས་པས་ནམ་དང་འདྲ་བ་སྟེ། བུ་སྐྱེད་རུང་བའི་བུད་མེད་ཡིན་ནོ། །དེ་ནི་སྐྱེས་བུ་མཉེས་པར་བྱེད་པའི་ཤེས ་རབ་དང་ལྡན་པ་ཡིན་ལ། ཡུལ་གཞན་དང་ནི་མ་ཡིན་ཏེ། བློ་ཆུང་བས་དེ་ཐམས་ཅད་ཤེས་རབ་སྒྲུབ་པའི་ནུས་པ་མེད་པ་དེ་ཞེས་བྱ་བ་སྟན་ཏོ། །འོན་ཀྱང་དོན་དང་དེ་ལ་བདག་ཅིག་བསླུས་པས་དེ་བས་ན་བདག་ཅིག་ལ་ཤིན་ཏུ་ཚུལ་མི་མཐུན་པ་བྱས ་པ་ཡིན་ནོ། །མང་ན་བདག་ཡོད?་ན?་གཉིད་ཀྱི་ཕྱིར་མ་དང་འདྲི་བ་ཡིན་ནོ། །ཤེས་རབ་ཆུང་བ་ཉིད་ཀྱི་ཕྱིར་ཤེས་རབ་ཆུང་བ་?། །གཞན་གྱིས་སྔར་མི་མཐོང་བ་ནི་ངོ་མཚར་བ་ཡིན་ལ། སྔར་མ་ཐོས་པ་ནི་རྨད་ཏུ་བྱུང་བ་ཡིན་ནོ། །དེ་ལྟ་དེ་ལྟར་ཞེས་བྱ་བ་ལ ་སོགས་པ་དག་གི་བཤད་པ་ནི་སྔ་མ་བཞིན། །གུས་པར་ཉན་པ་ཞེས་བྱ་བ་ནི་གུས་པ་སྐྱེས་ནས་ཉན་པའི་ཕྱིར་གུས་པ་ཉན་པ་ཡིན་ནོ། །ཆོས་སམ་ཆོས་སྨྲ་པ་ལ་སྟོན་པ་ཉིད་དུ་ལྟ་ཞིང་འཛིན་པས་ཉན་པའི་ཕྱིར་བླ་མར་བྱས་པ ་ཡིན་ནོ། རུ་ཤིང་དུ་བྱས་པ་ཞེས་བྱ་བ་ནི་ཁོང་དུ་ཆུད་པའི་ཕྱིར་བདག་གིས་གདོན་མི་ཟ་བར་དེ་དག་རྟོགས་པར་བྱའོ་ཞེས་གུས་པ་ཉེ་བར་བཞག་པ་ཡིན་ནོ། །ཐོས་པ་སེམས་ཀྱིས་འཛིན་པ་ནི་ཡིད་ལ་བྱེད་པ་ཡིན་ནོ། །སེམས་དམིགས་པ་གཅིག་ལ ་འཇུག་པ་ནི་སེམས་རྩེ་གཅིག་པ་ཡིན་ནོ། །མཉན་པར་བྱ་བ་མ་ཡིན་པའི་ཡུལ་ཐམས་ཅད་ལས་ལྡོག་པ་དང་མཉན་པར་བྱ་བ་དེ་ལ་གཏོང་བ་ནི་རྣ་བའོ། །སེམས་ཅན་ཐམས་ཅད་ཀྱིས་བསམས་ནས་ཞེས་བྱ་བ་ནི་ཡུལ་གཞན་ལ་རྣམ་པར་ཤེས་པ ་འཇུག་པ་བཟློག་པ་དང། དེའི་ཡུལ་གཅིག་ལ་རྣ་བའི་རྣམ་པར་ཤེས་པ་བསྐྱེད་པ་ཡིན་ནོ། །ཁོང་དུ་ཆུད་པ་ནི་ཐོབ་པར་གྱུར་པའོ། །དགའ་བ་ནི་ཡིད་བདེ་བ་ཡིན་ནོ། །ཉེས་པའི་གཉེན་པོའི་ཕྱོགས་ཚོལ་བ་ན་དེ་རྙེད་པ་ལས་ཡིད་ཡོངས་སུ་མགུ་བར ་གྱུར་པ་དེ་ནི་མགུ་བ་ཡིན་ནོ། །འབྲས་བུ་འདོད་པ་ཉིད་ཀྱི་ཕྱིར་དགེ་བ་ཡིན་ནོ། །འབྲས་བུ་རྒྱ་ཆེ་བ་ཉིད་ཀྱི་རྒྱ་ཆེ་བ་ཡིན་ནོ། །ཁྱིམ་ལ་སོགས་པའི་འཆིང་བ་ལས་ངེས་པར་འབྱུང་བ་དང་མཐུན་པ་ཉིད་ཀྱི་ཕྱིར་དང། འཕགས་པའི་ལམ་དང་མཐུན་པའི ་ཕྱིར་ངེས་པར་འབྱུང་བ་ལྡན་པ་ཡིན་ལ། འདིས་ངེས་པར་འབྱུང་བས་ན་ངེས་པར་འབྱུང་བ་སྟེ་འཕགས་པའི་ལམ་ཡིན་ནོ། །ངེས་པར་འབྱུང་བའི་དངོས་པོ་ནི་ངེས་པར་འབྱུང་བ་ཉིད་དོ། །དེ་ལྟ་དེ་ལྟར་ནན་ཏན་བྱེད་པ་ཞེས་བྱ་བ་ནི་ཚུལ་དང་མཐུན ་བའི་སྒྲུབ་པ་བྱེད་པ་ཡིན་ནོ། །དོན་ལ་ནན་ཏན་དུ་བྱེད་པའི་གནས་ནི་དོན་ཆེན་པོའི་གནས་ཡིན་ནོ། །ཟབ་ཅིང་གཏིང་རིང་བ་ཉིད་ཀྱིས་ན་རྟོགས་པར་དཀའ་བའོ། །སོ་སོར་རིག་པ་ནི་ཤེས་པར་གྱུར་པའོ། །གང་གི་ཕྱིར་འདི་ལྟར་སངས ་རྒྱས་བཅོམ་ལྡན་འདས་ནི་ཡོན་ཏན་རིན་པོ་ཆེ་དང་ལྡན་པ་དེ་བས་ན་བྱས་པ་ཤེས་པ་ཡིན་ཏེ། ཇི་ལྟར་ཁྱོད་ཀྱིས་མཆོད་པ་དེ་ལྟར་མཆོད་པར་བྱའོ་ཞེས་པའི་དོན་འདི་བསྣན་པའི་ཕྱིར་བྱས་པ་ཤེས་པ་དང་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ནོ། །བྱས་པས ་ཏེ་ཕན་བཏགས་པ་ཤེས་པར་བྱེད་པས་ན་བྱས་པ་ཤེས་པ་ཡིན་ཏེ། སྦྱོར་བའི་དུས་ཡོངས་སུ་ཤེས་པས་སོ། །དངོས་གཞི་ཕན་བཏགས་པའི་འབྲས་བུ་བདག་ཉིད་ཀྱིས་མངོན་སུམ་དུ་བྱེད་པའི་སྒོ་ནས་གང་དག་གིས་ཚོར་བ་དེ་དག་ནི་བྱས་པ་ཚོར་བ་ཡིན་ནོ། །ཡང ་ན་བདག་ཉིད་ཀྱིས་ཡོངས་སུ་ཤེས་པའི་ཕྱིར་བྱས་པ་ཤེས་པ་ཡིན་ལ། འདི་ལྟ་སྟེ་འདི་ནི་བདག་ལ་ཕན་འདོགས་པ་ཡིན་ནོ་ཞེས་གཞན་ལ་སྨྲས་པའི་ཕྱིར་བྱས་པ་ཚོར་བ་ཡིན་ནོ། །དེ་ལྟར་བསླབ་པར་བྱའོ་ཞེས་བྱ་བ་ནི་དེ་ལྟར་བསྒྲུབ་པར་བྱ་བ་ཡིན་ནོ། །དགེ་སློང ་གི་ཚོགས་ཀྱིས་བསྐོར་ནས་ཞེས་བྱ་བ་ནི་འཁོར་ཕུན་སུམ་ཚོགས་པ་བསྟན་པ་ཡིན་ནོ། །མདུན་དུ་བདར་བའི་ཚིག་གིས་ནི་བསྙེན་བཀུར་བསྟན་པ་ཡིན། །བྱིན་ན་དགའ་བར་འགྱུར་རོ་ཞེས་བྱ་བ་ལ་སོགས་པ་ལ། ཐམས་ཅད་སྦྱིན་བ་དགའ་བའི་ལམ ་ལ་བརྟེན་པ་དང་འདྲ་བར་སྐྱེ་བོ་རྣམས་བརྟེན་པར་བྱེད། །དེ་ལ་བྲགས་ཡང་དག་འཐོབ་ཅིང་ཞེས་བྱ་བ་ནི་སྦྱིན་པ་ལས་བྱུང་བ་ཡིན་ནོ། །ཡོན་ཏན་གཞན་ལས་བྱུང་བའི་གྲགས་པ་ནི་སྙན་པའི་སྒྲས་བརྗོད་པ་ཡིན་ནོ། །ཞུམ་པ་མེད་པ་ནི་ངོ་ཚ་བ་མེད་པ་དང ་མགོ་འཕང་མཐོ་བ་ཡིན་ནོ། །འདུས་པའི་ནང་དུ་འགྲོ་བ་ཞེས་བྱ་བ་ནི་འཁོར་གྱི་ནང་དུ་འཇུག་པ་ཡིན་ནོ། །འཇིགས་པ་མེད་པར་འགྱུར་ཞེས་བྱ་བ་ནི་སྐྲག་པ་མེད་པར་འགྱུར་བ་འམ། སྤོབས་པ་སྐྱེ་བར་འགྱུར་རོ། །གང་གི་ཕྱིར་དེ་ལྟ་ཡིན་ལ་དེའི་ཕྱིར ་མཁས་པ་བློ་དང་ལྡན་པ་སྦྱིན་པར་བྱེད་དོ། །འདིར་ཞེས་བྱ་བ་ནི་མིའི་འཇིག་རྟེན་ཡིན་ཏེ། ལེན་པ་པོ་སྲིད་པའི་ཕྱིར་རོ། །ཅི་ཞིག་བྱས་ནས་ཤེ་ན། སེར་སྣའི་དྲི་མ་སྤངས་ཤིང་ཞེས་བྱ་བ་སྨོས་ཏེ། ནོར་ལ་ཆགས་པ་ནི་ཆགས་པ་ཡིན་ལ། ཇི?་ཞིང?་དྲི་མ་ཡིན ་པས་ན་དེ་སྤངས་ཤིང་ཡོངས་སུ་བོར་ནས་སོ། །བདེ་བ་ཚོལ་བ་ཞེས་བྱ་བ་ནི་མ་འོངས་པའི་སྐྱེ་བའི་བདེ་བ་མངོན་པར་འདོད་པ་སྟེ། བདེ་བ་ཚོལ་བའི་ངང་ཚུལ་ཅན་གྱི་རང་བཞིན་གང་ཡིན་པ་དེ་དག་ནི་བདེ་བ་ཚོལ་བ་ཅན་ཡིན་ནོ་ཞེས་དབང ་དུ་བྱས་ནས་སོ། །འདི་ལས་འབྲས་བུ་ཅིར་འགྱུར་ཞེ་ན། དེ་དག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། སྦྱིན་པ་པོ་དེ་དག་ཡུན་རིང་པོར་རྩེད་འཇོའི་དགའ་བ་ཉམས་སུ་མྱོང་བར་འགྱུར་རོ། །གང་དུ་ཞེ་ན། སྨྲས་པ། སུམ་ཅུ་རྩ་གསུམ་ལྷའི་རིགས་སུ་གནས ་པ་སྟེ་འདུག་པར་འགྱུར་རོ། །དེ་ན་གནས་སུ་ཟིན་ཀྱང་འགའ་ཞིག་ཏུ་དུད་འགྲོ་དང་སྐལ་བ་མཉམ་པ་ཉིད་དུ་སྐྱེ་བར་འགྱུར་བ་འང་སྲིད་པ་ཡོད་པའི་ཕྱིར་དེ་རྣམ་པར་བཅད་པའི་དོན་དུ་སྨྲས་པ། ལྷ་རྣམས་དང་སྐལ་པ་མཉམ་པ་ཉིད་ནི་ལྷ་དང་སྐལ་བ ་མཉམ་པ་ཉིད་དེ། དེའི་ནང་དུ་སྐྱེ་བར་འགྱུར་རོ། །སྐབས་ཕྱེ་ཞེས་བྱ་བ་ལ་གང་གིས་སྦྱིན་པ་ལ་སོགས་པས་ཐར་པའི་གྲོང་ཁྱེར་གྱི་སྐབས་འབྱེད་པ་དེ་དག་ནི་སྐབས་ཕྱེ་བ་ཡིན་ནོ། །གང་དག་གིས་ཚུལ་ཁྲིམས་ཀྱི་རང་བཞིན་དང། བསྒོམ་པའི ་རང་བཞིན་གྱི་དགེ་བ་བྱས་པ་དེ་དག་ལ་དེ་སྐད་ཅེས་བྱའོ། །འདི་ནས་འཆི་འཕོ་ཞེས་བྱ་བ་ནི་མིའི་སྐྱེ་བས་ལས་རང་གི་ལུས་ལས་བྱུང་བའི་འོད་ཀྱིས་གསལ་བར་བྱས་པ་ཉིད་ཀྱི་ཕྱིར་རང་གི་འོད་དག་གིས་སོ། །དགའ་བས་དགའ་བའི་སྐྱེད་མོས ་ཚལ་གྱི་ནགས་སུ་སྤྱོད་པ་སྟེ། རང་གི་འདོད་པས་གནས་པར་འགྱུར་རོ། །རྩེ་བ་ནི་ཡོ་བྱད་གཙོ་བོར་གྱུར་པ་མ་ཡིན་པ་དང། དགའ་བ་ནི་གཙོ་བོར་གྱུར་པའི་ཡོ་བྱད་ཀྱིས་བདག་ཉིད་མགུ་བ་བསྐྱེད་པའོ། །གཉི་ག་ཞེས་བྱ་བ་ནི་གཙོ་བོ་མ་ཡིན་པའི ་ཡོ་བྱད་ཀྱིས་རྩེ་ཞིང་དགའ་བར་གྱུར་པའོ། །ལྡན་པ་ཞེས་བྱ་བ་ནི་གཟུགས་ལ་སོགས་འདོད་པའི་ཡོན་ཏན་ལྔ་དང་ལྡན་པ་ཡིན་ནོ། །གཞན་ཅི་ཞིག་བྱས་ནས་ཤེ་ན། གྲོལ་བ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཉོན་མོངས་པའི་འཆིང་བ་བག་ཆགས་ལས ་རྣམ་པར་གྲོལ་བ་ཉིད་ཀྱི་ཕྱིར་བཅོམ་ལྡན་འདས་ནི་རྣམ་པར་གྲོལ་བ་ཡིན་ལ། དེའི་གསུང་ཐོས་པ་ནི་གསུང་ནན་ཏན་དུ་བྱས་སོ། །སྐྱོབ་པ་ཞེས་བྱ་བ་ནི་ཡོངས་སུ་སྐྱེད་པར་མཛད་པ་སྟེ། གདུལ་བྱའི་སྐྱེ་བོ་ཉོན་མོངས་པའི་དགྲ་བོ་མ་ལུས་པ་ལས་ཡོངས་སུ་བསྲུང་བར་མཛད་པ ་ཉིད་ཀྱི་ཕྱིར་རོ། །ཐོས་པ་སྒྲོག་པར་བྱེད་པའི་ཉན་ཐོས་དེ་སློབ་མ་ཉིད་ཡིན་ནོ། །མཐོ་རིས་དགའ་བ་ནི་ལྷའི་འཇིག་རྟེན་གྱི་དགའ་བ་ཉམས་སུ་མྱོང་བར་འགྱུར་བའོ། །མུ་གེ་ཞེས་བྱ་བ་ལ་སོགས་པ་ལ་དུས་གང་གི་ཚེ་བཟའ་བཀའ་བ་རྙེད་པར་གྱུར་པ་དེ་ནི་མུ་གེའི་དུས་ཡིན་ནོ། །སྐྱེ་བོ ་ཐམས་ཅད་འབྲུ་ཉུང་བས་འཚོ་བའི་ཕྱིར་དཀའ་བའི་དུས་ཡིན་པ་འམ་རྒལ་བར་དཀའ་བས་ན་དཀའ་བ་ཡིན་ནོ། །དུས་རིང་པོ་དང་རྗེས་སུ་འབྲེལ་བའི་ཕྱིར་འབྲོག་དགོན་པ་ཡིན་ནོ། །བཤེས་པ་ནི་འདྲིས་པ་ལ་བྱའོ། །ཕེབས་པར་སྨྲ་བ་ནི་ཡིད་བསྟན་པ་ཡིན་ཏེ། མཛའ་བ་བར ་མའི་གནས་ཡིན་ནོ། །མཛའ་བ་བཞག་པར་བྱ་བ་ནི་འགྲོགས་པ་ཤེས་ཡིན་ཏེ། མཛའ་བའོ། །གནས་ཆེན་པོ་ཡིན་ཏེ་ཇི་ལྟར་བཤེས་པ་ཉིད་ཏུ་དབྱར་གནས་པར་བྱ་བ་ཡིན་ནོ། །ཇི་ལྟར་བཤེས་པ་ཞེས་བྱའི་དོན་གང་མཛའ་བའི་གནས་ཡིན་པ་དེས་དེ་ལ་བརྟེན་ནས ་དབྱར་ཚུལ་དུ་འཇུག་པར་བྱ་བའི་ཞེས་བྱ་བ་འདི་ཡིན་ནོ། །བསོད་སྙོམས་ཀྱིས་བྲེལ་པར་འགྱུར་རོ། །ཞེས་བྱ་བ་ནི་བསོད་སྙོམས་ཀྱི་གནོད་པས་སྡུག་བསྔལ་ཉམས་སུ་མྱོང་བར་འགྱུར་རོ། །དབྱར་གྱི་གནས་དེར་ཞེས་བྱ་བ་ལ་སོགས་པ་ལ། ཐོག་མར་མེ་ནག?་དཀའ་བ ་ཉིད་ཀྱི་ཕྱིར་རྩུབ་པ་ཡིན་ནོ། །སྐུ་ལ་ཤིན་ཏུ་ཞུགས་པ་ཉིད་ཀྱི་ཕྱིར་བཟོད?་དཀའ་བ་ཡིན་ནོ། །གྲོངས་པ་ལ་ཐུག་པ་ལ་ཙམ་དུ་གྱུར་པས་ན་གྲོངས་པ་ལ་ཐུག་པ་ཙམ་སྟེ། གྲོངས་པ་དང་འདྲ་བ་ཞེས་བྱ་བ་ནི་ཐ་ཚིག་གོ་།བརྩོན་འགྲུས་ཀྱིས་སོ་སོར་སྦྱངས་ཏེ། ཞེས་བྱ་བ ་ནི་ནུས་པ་མེད་པར་བྱས་པ་ཉིད་དམ། ཚར་བཅད་པའི་སྒོ་ནས་འགྲང་བ་མེད་པར་བྱས་པ་ཡིན་ནོ། །མཚན་མ་ཐམས་ཅད་ཡིད་ལ་མི་བྱེད་པའི་ཕྱིར། ཞེས་བྱ་བ་ལ། མཚན་མ་ནི་བཅུ་སྟེ། གཟུགས་དང། སྒྲ་དང། དྲི་དང། རོ་དང། རེག་བྱ་དང། སྐྱེ་བ་དང། རྒ་བ་དང། མི ་རྟག་པ་དང། སྐྱེས་པ་དང། བུད་མེད་ཀྱི་མཚན་མ་ཞེས་བྱ་བ་ལྔ་ཡིན་ནོ། །ཡིད་ལ་མི་བྱེད་པའི་ཕྱིར་ཞེས་བྱ་བ་ནི་མངོན་སུམ་དུ་མི་བྱེད་པའི་ཕྱིར་རོ། །མྱ་ངན་ལས་འདས་པ་ལ་དམིགས་པ་ནི་ཏིང་ངེ་འཛིན་ཡིན་ལ། མཚན་མ་མེད་པ་ནི་མཚན ་མ་བཅུ་མེད་པའི་ཕྱིར་མྱ་ངན་ལས་འདས་པ་ལ་མཚན་མ་མེད་པ་ཞེས་བསྟན་ཏོ། །ལུས་ལ་བརྟེན་ནས་སྐྱེས་པའི་ཕྱིར་ལུས་ཀྱིས་མངོན་སུམ་དུ་བྱས་ནས་ཤེས་བསྟན་ཏོ། །ཉེ་བར་བསྒྲུབས་ཏེ་ཞེས་བྱ་བ་ནི་ཡེ་ཤེས་ཀྱིས་ཡོངས་སུ་རྫོགས་པར་མཁྱེན་ནས་སོ།། ་གནས་པ་ནི་དབྱར་ལ་མངོན་དུ་ཕྱོགས་པར་གྱུར་པས་བཅོམ་ལྡན་འདས་ལ་བསྙུན་དྲག་པོ་སྐྱེ་བ་མ་རིགས་ཏེ། གང་གི་ཕྱིར་འཕགས་པ་བཀུ་ལས་ཕགས་པའི་དགེ་འདུན་ལ་དད་པའི་སེམས་ཀྱི་ཨ་རུ་ར་གཅིག་ཕུལ་བ་དེ་ལས་ནི་རིགས་མ་མཐུན་པ་ཟད་པའི་ཕྱིར་སྐྱེ་བ ་གཞན་དུ་ནི་ལུས་ལ་ནད་མེད་པ་དང། དེ་སྐད་ཅེས་མ་གཅིག་ཀྱང་མགོ་བོའི་ཟུག་རྔུ་བསྟེན་པར་མི་འགྱུར་རོ་ཞེས་བྱ་བའི་བར་དུ་འབྱུང་བ་མ་ཡིན་ནམ། བཅོམ་ལྡན་འདས་ནི་བྱང་ཆུབ་སེམས་དཔའ་ཨི་གནས་སྐབས་སུ་སངས་རྒྱས་དང་དགེ་འདུན་ལ་རྫས་རྣམ ་པ་སྣ་ཚོགས་ཀྱི་སྦྱིན་པ་མཛད་པ་ཡིན་ན། འོན་ཀྱང་བཅོམ་ལྡན་འདས་བསྙུན་གྱིས་གཙེས་པར་གྱུར་པ་དེ་ཇི་ལྟར་རིགས་ཏེ། འདིར་སྨྲ་བར་བྱའོ་ཞེ་ན། འདིར་བླ་མ་དག་ནི་འཕགས་པ་བ་ཀུ་ལ་ཨ་རུ་ར་དེ་སྦྱིན་པའི་རྣམ་པར་སྦྱིན་པ་ལ་བརྟེན་པར་འགྱུར ་བ་མ་ཡིན་པ་དེ་བས་ན་ཕྱིས་རྣམ་པར་སྨིན་པ་འབྱིན་པར་འགྱུར་བ་དེ་དང་རྣམ་པར་སྨིན་པ་མཛའ་དག་འབྱིན་པའི་སྒོ་ནས་སྦྱིན་པ་དེ་ལས་བྱུང་བའི་རྣམ་པར་སྨིན་པ་ལ་བརྟེན་པ་ཡིན་ལ། བཅོམ་ལྡན་འདས་ནི་བྱང་ཆུབ་སེམས་དཔར་གྱུར་ནས་གང་སྨན་གྱི ་སྦྱིན་པ་ཡིན་ཏེ། དེ་ཉིད་ཀྱི་ལྷག་མ་ཁོ་ནས་མངོན་པར་རྫོགས་པར་འཚང་རྒྱ་བའི་གནས་སྐབས་ན་བཅོམ་ལྡན་འདས་བསྙུན་ཉུང་བར་བཞུགས་ཏེ། གང་དུ་བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་པའི་དུས་སུ་བསྙུན་ལྕི་བ་སྐྱེ་བར་འགྱུར་བ་དེ ་ནི་སེམས་ཅན་ལ་ཕན་གདགས་པར་མཛད་དུང?་བ་གཅིག་ཏུ་ངེས་པར་རུང་བར་འགྱུར་བའི་ལས་ཀྱི་འབྲས་བུ་ཡིན་པར་རིག་པར་བྱ་སྟེ། གང་བྱང་ཆུབ་སེམས་དཔའ་ཨི་མི་དགེ་བའི་ལས་ལས་གྱུར་པ་སེམས་ཅན་ལ་ཕན་འདོགས་པར་མཛད་པར་རུང་བ་མ་ཡིན་པའི་འབྲས་བུ ་དེ་ཐམས་ཅད་ནི་བྱང་ཆུབ་སེམས་དཔའ་ཨི་གནས་སྐབས་ཁོ་ན་ལ་འབྲས་བུ་སྨིན་པ་ཡིན་ལ། གང་དུ་བྱང་ཆུབ་སེམས་དཔའ་ཨི་ཕན་གདགས་པར་མཛད་དུ་རུང་བའི་འབྲས་བུ་དེ་ནི། སངས་རྒྱས་ཀྱི་གནས་སྐབས་སུ་འབྲས་བུ་འབྱིན་པར་བྱེད་དེ། སངས་རྒྱས་བཅོམ་ལྡན་འདས་ནི ་སེམས་ཅན་ལ་ཕན་འདོགས་པ་གཙོ་བོར་གྱུར་པ་ཡིན་ནོ་ཞེས་སྟོན་པར་མཛད་དོ། །ཇི་ལྟར་ན་བསྙུན་དེ་སེམས་ཅན་ལ་ཕན་འདོགས་པར་བྱེད་པར་འགྱུར་ཞེ་ན། འདིར་བཅོམ་ལྡན་འདས་ཀྱིས་ཕྲིན་ལས་ཀྱི་རྒྱུ་ཅན་གྱི་བསྙུན་ཡང་དག་པར་འཁྲུང་པ་བསྟན་པས། ལྷ་དང ་མིའི་ངེས་པར་མྱོང་འགྱུར་བའི་ལས་ཆུང་མི་ཟ་བར་འགྱུར་བ་མཐོང་ལ་ཆུད་མི་ཟ་བར་འགྱུར་བ་དེ་མཐོང་བ་ལས་འཁོར་བ་ལས་འཇིགས་པ་ཆེན་པོ་དང་སྐྱོ་བ་དང་བཅས་པ་སྐྱེ་བར་འགྱུར་ཏེ། གང་གི་ཕྱིར་བཅོམ་ལྡན་འདས་འདི་ནི་ཉོན་མོངས་པ་བག་ཆགས་དང ་བཅས་པ་སྤངས་ཤིང། ཡོན་ཏན་ཐམས་ཅད་ཀྱི་འབྱོར་པ་རབ་ཀྱི་མཛའ་བརྙེས་པར་གྱུར་པ་ཡིན་ཡང་ལས་ཀྱི་འབྲས་བུ་འདོད་པ་མ་ཡིན་པ་ཉམས་སུ་མྱོང་བར་འགྱུར་པ་དེ་བས་ན་ཁོ་བོ་ཅག་སྲིད་པའི་འདམ་གྱི་ནང་དུ་བྱིང་བར་གྱུར་པ་དག་ཅི་འདྲ་བའི་གནས་སྐབས་སུ ་འགྱུར་སྙམ་དུ་ཤེས་ནས་དགེ་བའི་ལས་ལ་རྩོལ་བ་དང་བཅས་པར་འགྱུར་རོ། །འཁོར་བ་ཡོངས་སུ་གཏོང་བ་དང། མྱ་ངན་ལས་འདས་པ་བརྙེས་པར་བྱེད་པ་ལ་བརྩོན་པ་དང་བཅས་པ་ཉིད་ནི་ཕྱིར་སྨྲས་པ་དག་གི་གོ་རིམ་གྱིས་འཁོར་བའི་བདེ་བ་ཉམས་སུ་མྱོང་ཞིང་འདས ་པ་ཐོབ་པར་འགྱུར་བའི་ཕྱིར། བཅོམ་ལྡན་འདས་ཀྱིས་འདོད་པར་བྱ་བ་མ་ཡིན་པའི་ཕྲིན་ལས་ཐམས་ཅད་རྫོགས་པའི་སངས་རྒྱས་ཀྱི་གནས་སྐབས་སུ་འབྲས་བུ་འབྱིན་པར་བྱེད་པ། སེམས་ཅན་ལ་ཕན་འདོགས་པར་བྱེད་པ་ཁོ་ན་ཡིན་གྱི། བསྙུན་གྱི་འབྲས་བུ ་འབྱིན་པར་བྱེད་པ་ཅན་གྱི་ལས་ཁོ་ན་ནི་མ་ཡིན་ནོ་ཞེས་སྟོན་པར་མཛད་དོ། །བགྲོད་པ་དང་རྗེས་སུ་མཐུན་པས་ན་བཟོད་པར་བྱ་བ་ཡིན་ཏེ། མནག་དཀའ་བ་ཞེས་བྱ་བའི་ཐ་ཚིག་གོ་།འཚོ་བ་དང་རྗེས་སུ་མཐུན་པ་ནི་འཚོ་བར་གྱུར་པ་སྟེ། དུས་དེ་སྲིད་པ་སྙུན ་པར་མཛད་པ་ནུས་པ་མེད་པར་མཛད་ཅེས་བྱ་བའི་བར་དུའོ། །མ་དུ་ར་དཀར་སྐྱེས་པ་ཞེས་བྱ་བ་ལ་སོགས་པའི་བཤད་པ་ནི་ཤཱ་རིའི་བུ་མྱ་ངན་ལས་འདས་པའི་སྐབས་སུ་དཔྱད་པར་བྱའོ། །དབུགས་ཕུང་བ་ཙམ་ཞེས་བྱ་བ་ནི་དབུགས་ཕྱིར་ཕུང་བ་ཙམ་མོ། །གསུང ་བ་གསུང་བར་འགྱུར་བ་ཞེས་བྱ་བ་དོན་དང་འབྲེལ་བ་གསུང་གིས་བཤད་པར་འགྱུར་པའོ། །ངའི་དགེ་སློང་གི་དགེ་འདུན་ཞེས་བྱ་བ་ལ་སོགས་པ་ལ། འཇིག་ཚོགས་སུ་ལྟ་བ་ལས་སོགས་པའི་ཉོན་མོངས་པ་བག་ཆགས་དང་བཅས་པ་སྤངས་པ་དག་ནི་འདི ་ལྟར་ང་ཡིར་མི་འགྱུར་བ་ནི་ངའི་དགེ་སློང་གི་དགེ་འདུན་ཡིན་ནོ། །ངའི་ཕྱིར་ཞེས་བྱ་བ་ནི་ངའི་རྗེས་སུ་སྟོན་པ་སྟེ། གང་ཁོ་ན་རྗེས་སུ་སྟོན་པར་བྱེད་པ་དེ་ཐམས་ཅད་ངས་བྱ་བ་ཡོངས་སུ་རྫོགས་པར་བྱས་པ་ཡིན་ནོ་ཞེས་དགོངས་སོ། །ཡོངས་སུ་ལྟའོ་ཞེས་བྱ་བ་ནི་ལུང་ཕོགས ་པ་སྦྱིན་པའི་སྒོ་ནས་གནས་པར་བྱ་བའམ་ཡོངས་སུ་བསྐྱད་བར་བྱའོ། །རེ་བ་ཞེས་བྱ་བ་ནི་མངོན་པར་འདོད་པའོ། །ངས་སྒོའི་ཞེས་བྱ་བ་ལ་སོགས་པ་ལ། རྟག་ཏུ་ཕྱི་རོལ་ལ་མངོན་སུམ་དུ་བྱ་ཞིང་དུས་ཐམས་ཅད་བསྒོམ་པར་བྱའོ་ཞེས་བྱ་བར་དགོངས་སོ། །སློབ ་དཔོན་དཔེ་མཁྱུད་ཅེས་བྱ་བ་ནི་སློབ་དཔོན་ཆོས་སྟོན་པ་ལ་མཁས་པ་དག་གིས་དཔེ་མཁྱུད་ནི་སློབ་དཔོན་དཔེ་མཁྱུད་དེ?། ཆོས་ཀྱི་སེར་སྣ་ཡིན་ལ་སེར་སྣ་ཡིན་ལ་རང་གི་ངོ་བོའི་སྒོ་ནས་སྟོན་པར་མི་བྱེད་ཅེས་བྱ་བའི་ཐ་ཚིག་གོ་།གཉེར་མ་དང་སྐྲ་དཀར་སྐྱེས་པའི ་ཕྱིར་བགྲེས་པ་ཡིན་ནོ། །རྒས་པས་ལུས་མ་རུང་བ་ཉིད་ཀྱི་ཕྱིར་འཁོགས་པ་ཡིན་ནོ། །གནས་སྐབས་གཞན་ཐོབ་པ་ཉིད་ཀྱི་ཕྱིར་གཏུགས་པ་ཡིན་ནོ། །རྣམ་པ་གཉིས་ལ་བརྟེན་ནས་ཞེས་བྱ་བ་ལ། སྔོན་གྱིས་ལས་ཀྱིས་འཕངས་པའི་ཚེ་ནི་རྟེན་གཅིག་ཡིན་ལ ་བཟའ་བ་དང་བཏུང་བ་དང། བསྐུ་མཉེ་ལ་སོགས་པའི་ཡོ་བྱད་ནི་གཉིས་པ་ཡིན་ཏེ། དེ་གཉིས་ཀྱིས་གནས་པར་བྱེད་པའི་ཕྱིར་རོ། །ཤིང་རྟ་རྙིང་པ་ནི་ས་གཞི་རྟེན་གཅིག་ཡིན་ཏེ། རྙིངས་པ་ཉིད་ཀྱི་ཕྱིར་ཉི་མ་རེ་རེ་ལས་པགས་པ་དང་རྒྱུས་པ་དང་ཤིང་ལ་སོགས་པས ་འཆོས་པར་བྱེད་པ་དེ་ནི་རྟེན་གཉིས་པ་ཡིན་ནོ། །མྱ་ངན་མ་བྱེད་ཅིག་ཅེས་བྱ་བའི་བཤད་པ་ནི་ཤཱ་རིའི་བུ་ཡོངས་སུ་ཡོངས་སུ་མྱ་ངན་ལས་འདས་པའི་སྐབས་སུ་བལྟ་བར་བྱའོ། །བསླབ་པ་དག་ལ་གུས་པར་བྱེད་པ་ནི་བསླབ་འདོད་པ་ཡིན་ཏེ། བདག་ཉིད་གླིང་དུ་འཇོགས་པའི ་བསླབ་པ་དག་ལ་ཤིན་ཏུ་སྲུང་བར་བྱེད་པ་དེ་བས་ནི་དེ་སྐད་ཅེས་བསྟན་པ་ཡིན་ནོ། །ཀུན་དགའ་བོ་ཞེས་བྱ་བ་ལ་སོགས་པ་ལ། དྲི་རྫིའི་མིང་ཅན་གྱི་རྒྱལ་རིགས་དག་གི་ཡུལ་གྱིས་བཞི་ནི་བྲི་རྫིའི་གནས་ཡིན་ནོ། །རྩ་པ་ལའི་མིང་ཅན་གྱི་མཆོད་རྟེན་དེས་ཉེ ་པར་མཚོན་པའི་ཡུལ་ཕྱོགས་ལ་སྒྲ་ངེས་གཟུང་བ་ཡིན་ནོ། ། མྲའི་ཤིང་ཆེན་པོ་བདུན་བདུན་གྱིས་ཉེ་བར་མཚོན་པ་ནི་ཤིང་ཨ་མྲ་བདུན་པའོ། །བུ་མང་པོ་པའི་མཆོད་རྟེན་གྱིས་ཉེ་བར་མཚོན་པའི་གནས་ནི་བུ་མང་པོ་པ་ཡིན་ཏེ། འདི་ལ་བུད་མེད་འགའ་ཞིག་ལས ་བུ་མང་པོ་སྐྱེས་པ་དེ་དག་ཐམས་ཅད་ཀྱིས་རང་རྒྱལ་བའི་བྱང་ཆུབ་མངོན་སུམ་དུ་བྱས་ཏེ་ས་ཕྱོགས་དེ་ཉིད་དུ་འོངས་ནས་ཡོངས་སུ་མྱ་ངན་ལས་འདས་པ་དེ་དག་གི་ལུས་ཀྱི་མཆོད་རྟེན་བྱས་པ་ཉིད་ཀྱིས་ཕྱིར་བུ་མང་པོ་པ་ཞེས་བསྟན་པ་ཡིན་ནོ་ཞེས་བསྟན ་པ་འམ་ལྟ་བུ་མང་པོ་པ་ཞེས་བྱ་བའི་མིང་གིས་སྒྲ་ཡིན་ནོ། །དྲང་སྲོང་གཽ་ཏ་མས་བསྟེན་པའི་ཤིང་ནྱ་གྲོ་དྷས་ཉེ་བར་མཚོན་པའི་གནས་ནི་གཽ་ཏ་མའི་ནྱ་གྲོ་དྷ་ཡིན་ནོ། །ཤིང་སཱ་ལ་ཆེན་པོ་གཉིས་ཀྱིས་ཉེ་བར་མཚོན་པའི་ཡུལ་ལ་ཤིང་སཱ་ལ་གཉིས་ཀྱི་སྒྲས ་བསྟན་ཏེ། །གཅེར་བུ་པ་འདོར་བའི་མཆོད་རྟེན་གྱིས་ཉེ་བར་མཚོན་པའི་ཡུལ་ལ་དེ་སྐད་ཅེས་བྱའོ། །ཅོད་པན་བཏགས་པའི་མཆོད་རྟེན་གྱིས་ཉེ་བར་མཚོན་པའི་ཡུལ་དགའ་བར་བྱེད་པ་ཡིན་ཏོ། །རྒྱལ་པོ་ཆེན་པོ་བལྟ་ན་སྡུག་གི་བུ་ཀུན་གྱི་ཐ ་ཆུང་བདག་གིས་ཡུན་རིང་པོ་ནས་རྒྱལ་སྲིད་འཐོབ་པར་འགྱུར་རོ་སྙམ་པས་རབ་ཏུ་བྱུང་ངོ། །རབ་ཏུ་བྱུང་ནས་ཀྱང་དེས་རང་རྒྱལ་བའི་བྱང་ཆུབ་མངོན་སུམ་དུ་བྱས་ནས་ཡོངས་སུ་མྱ་ངན་ལས་འདས་པ་ན་དེའི་མས་མཆོད་རྟེན་བྱས་པ་ནས། ་རྒྱལ་པོ་བལྟ་ན་སྡུག་གིས་བྱུང་མཛའ་རྙེད་ནས་རང་གི་ཅོད་པན་མཆོད་རྟེན་ལ་བཏགས་པས་ན་ཆོད་པ་ན་བཏགས་པའི་མཆོད་རྟེན་ཞེས་བྱ་བའི་བར་དུའོ། །གནས་དེ་དག་ཐམས་ཅད་ཡངས་པ་ཅན་ཁོ་ནའི་མ་ཡིན་གྱི། འོན་ཀྱང་ཇི་ལྟར་སྲིད་པར་གཞན ་དུ་ཡང་ཡིན་ནོ། །འཛམ་བུའི་གླིང་སྣ་ཚོགས་ཞེས་བྱ་བ་ལ་སྣ་ཚོགས་པ་བརྗོད་པ་ནི་དགའ་བར་བྱ་བ་ཉིད་ཀྱི་ཁྱད་པར་བྱེད་པ་ཡིན་པར་རིག་པར་བྱའོ། །དགའ་བར་བྱ་བ་ནི་སེམས་དགའ་བ་དང་མཐུན་པས་ན་དགའ་བར་འགྱུར་བའོ། །ཤིན་ཏུ་འདོད ་པར་བྱ་བ་ཡིན་བས་ན་མ་རྟུང?་ཞེས་བརྗོད་དོ། །རྫུ་འཕྲུལ་གྱི་རྐང་པ་བཞི་ནི་འདུན་པའི་ཏིང་ངེ་འཛིན་དང། སེམས་ཀྱི་ཏིང་ངེ་འཛིན་དང། བརྩོན་འགྲུས་ཀྱི་ཏིང་ངེ་འཛིན་དང། དཔྱོད་པའི་ཏིང་ངེ་འཛིན་དང། བསྙེན་ཅིང་བསྒོམ་པ་ནི་བསྒོམས་པས་ཀུན ་ནས་བསྙེན་པ་སྟེ། གུས་པར་བསྒོམ་པ་ཡིན་པར་བསྟན་ཏོ། །རྟག་ཏུ་བསྒོམ་པ་ནི་མེད་དུ་བྱས་པ་ཡིན་པར་བསྟན་ཏོ། །བསྐལ་པ་ནི་འདིར་བསྐལ་པ་ཆེན་པོ་ཡིན་པར་རིག་པར་བྱའོ། །བསྐལ་པ་བས་ལྷག་པ་དང། ཆ་དང། དུམ་བུ་དུས་གང་ལ ་ཡོད་པ་ནི་བསྐལ་པ་ལས་ལྷག་པའི་དུས་ཡིན་ཏེ། བསྐལ་པ་དུ་མས་ཉེ་བར་མཚོན་པའི་དུས་ཞེས་བྱ་བའི་ཐ་ཚིག་གོ་།ཀུན་དགའ་བོ་ཡངས་པ་ཅན་ཞེས་བྱ་བ་ལ་སོགས་པ་ནི་ཡངས་པ་ཅན་ལ་སོགས་པའི་ཚིག་གི་དགོས་པ་བརྗོད་པ་ཡིན་ནོ།། ་གང་གི་ཕྱིར་སངས་རྒྱས་བཅོམ་ལྡན་འདས་ནི་དགོས་པས་སྟོང་པའི་ཚིག་གསུང་བར་མི་འགྱུར་རོ་ཞེ་ན། འདིར་འཛམ་བུའི་གླིང་གི་མི་རྣམས་ལ་བརྟེན་ནས་བཅོམ་ལྡན་འདས་ཀྱིས་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐུགས་སུ་ཆུད ་པ་དེ་བས་ན་བྱས་པ་ཤེས་པ་ཉིད་མངོན་དུ་མཛད་ནས་འཛམ་བུའི་གླིང་གི་གདགས་པ་གསུང་བ་ཡིན་པ་དེ་ཉིད་ཀྱི་ཕྱིར་ཐོག་མ་ཁོ་ནར་ཡངས་པ་ཅན་གྱི་མིང་སྨོས་པ་མཛད་པ་ཡིན་ནོ། །གང་གི་ཕྱིར་བཅོམ་ལྡན་འདས་ཡངས་པ་ཅན་ན་བཞུགས་ནས་བཀའ་ ་འདི་གསུངས་པ་ཡིན་པར་བརྗོད་དོ། །གཞན་གང་འགའ་ཞིག་འདི་ལ་བཅོམ་ལྡན་འདས་བཞུགས་པའི་ནུས་པ་མི་མངའ་བ་དེ་བས་ན་འདི་ལྟར་འཛམ་བུའི་གླིང་སྣ་ཚོགས་པ་ཡང་སྤངས་ནས་ཡོངས་སུ་མྱ་ངན་ལས་འདས་པ་ཡིན་ནོ། །སྙམ་དུ་སེམས ་པ་དེའི་ཚེ་ཐེ་ཚོམ་བཟློག་པར་བྱ་བའི་ཕྱིར་གང་འགའ་ཞིག་རྫུ་འཕྲུལ་གྱི་རྐང་པ་བཞིལ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། བསྐལ་པ་ལས་ལྷག་པའི་དུས་སུ་བཅོམ་ལྡན་འདས་བཞུགས་པའི་ནུས་པ་དང་ལྡན་དུ་ཟིན་ཀྱང་གང་དུས ་ལྒག་པར་མི་བཞུགས་པ་དེ་ནི་འཁོར་བ་དེའི་ཉེས་དམིགས་བསྟན་པར་བྱ་བའི་ཕྱིར་དང། མྱ་ངན་ལས་འདས་པའི་ཡོན་ཏན་རབ་ཏུ་གསལ་བར་བྱེད་པའི་དོན་ཡིན་པར་རིག་པར་བྱའོ། །བཅོམ་ལྡན་འདས་ཀྱིས་འདི་ལྟ་སྟེ། འཁོར་བ་འདི་ནི་སྐྱེ་བ་དང་རྒ་བ་དང་ན་བ་དང ་རྣམ་པར་འཚེ་བའི་བྱེ་བྲག་དུ་མ་དང་ལྡན་པ་དེའི་ཕྱིར་ཡོན་ཏན་གྱི་འབྱོར་པ་རབ་ཀྱི་མཐར་བརྙེས་ཤིང་བག་ཆགས་དང་བཅས་པའི་ཉེས་པ་སྤངས་པས་གནས་པའི་སྐལ་བ་ཅན་ཡིན་དུ་ཟིན་ཀྱང་གནས་པར་མི་བྱ་ཞིང་སྡུག་བསྔལ་ཐམས་ཅད་ཉེ་བར་ཞི་བའི་མྱ་ངན་ལས ་འདས་པའི་གྲོང་ཁྱེར་ཁོ་ནར་འཇུག་པ་དེ་བས་ན་འཁོར་བ་འདི་ལ་ཆགས་པར་མི་བྱའོ། །འོན་ཀྱང་ཚུལ་ཁྲིམས་དང་ཐོས་པ་དང། བསྒོམ་པའི་ཐབས་ཀྱི་ལམ་བསྒོམས་པ་ཡོངས་སུ་རྫོགས་པར་བྱ་བ་དེས་ཁོ་བོ་ཅག་གིས་ཀྱང་ཐར་པ་ཐོབ་པར་འགྱུར་རོ་ཞེས་བྱ་བ་དེ ་ཤེས་ནས་ལྷ་མར་པོ་འཁོར་པ་ལས་སྐྱོ་ཞིང་མྱ་ངན་ལས་འདས་པ་དང་བརྩོན་པ་དང་བཅས་པ་སྐྱེ་བར་བསྟན་པ་ཡིན་ནོ། །གདུལ་བའི་འབྲས་བུ་མེད་པ་ནི་མཛད་པ་རྫོགས་པ་ཡིན་པས་བཅོམ་ལྡན་འདས་མི་བཞུགས་པ་ཡིན་ནོ་ཞེས་བརྗོད་པ་ལ། ཀུན་དགའ་བོ་གལ་ཏེ ་རྫུ་འཕྲུལ་གྱི་རྐང་པ་བཞི་ཞེས་བྱ་བ་ལ་སོགས་པ་ལ་འཕགས་པ་ཀུན་དགའ་བོ་དང་ལྷན་ཅིག་གཏམ་བརྗོད་པ་མཛད་པ་དེ་ནི་ཀུན་དགའ་བོ་ཁོ་ན་ལ་ཉེས་པ་སྦྱོར་བའི་སྒོ་ནས་དགྲ་བཅོམ་པ་ཉིད་ཀྱི་འབྲས་བུ་ཐོབ་པར་བྱ་བའི་དོན་ཡིན་ཏེ། ་བཅོམ་ལྡན་འདས་ཀྱིས་ཡོངས་སུ་མྱ་ངན་ལས་འདས་ནས་གནས་བརྟན་ཆེན་པོ་འོད་སྲུངས་འཕགས་པ་ཀུན་དགའ་བོ་ལ་སྤྱོད་པ་བརྒྱད་ཀྱིས་སྤྱོས་པ་དེ་ལས་ཉེས་ཏེ། གང་འཕགས་པ་ཀུན་དགའ་བོ་ཁོ་ནས་འདི་ལྟ་སྟེ། བཅོམ་ལྡན་འདས་བསྐལ་པར་བཞུགས་སུ ་གསོལ། བསྐལ་པ་ལས་ལྷག་པར་བཞུགས་སུ་གསོལ་ཞེས་མ་གསོལ་བའི་ཉེས་པ་འདི་ནི་ཤིན་ཏུ་ལྕི་བ་ཡིན་ཏེ། ཉེས་པ་དེས་ཀྱང་སྲིད་པ་ལས་སྐྱེ་བར་དང་ལྡན་པར་འགྱུར་ཞིང་སྐྱོ་བ་ལས་ཀྱང་དགྲ་བཅོམ་པ་ཉིད་ཀྱི་འབྲས་བུ་འཐོབ་པར་འགྱུར་རོ་ཞེས ་གཟིགས་པ་ཡིན་ནོ། །ཁེབས་པར་ཞེས་བྱ་བ་ནི་བར་དུ་གཅོད་པས་ཁྱབ་པར་གྱུར་པའོ། །ཤིན་ཏུ་གསལ་བ་ཉིད་ཀྱིས་ན་རྒྱ་ཆེ་བ་ཡིན་ནོ། །ངག་ཏུ་བརྗོད་པའི་སྤོབས་པ་ནི་འདིར་སྣང་བའི་སྒྲས་བརྗོད་པ་ཡིན་ནོ། །རྒྱུ་མཚན་སྣང་བའི་རྒྱུ་ཡིན་ཏེ། དེ་ཡང་ཀུན་དགའ་བོ ་ཡངས་པ་ཅན་ཞེས་བྱ་བ་ལ་སོགས་པ་བརྗོད་པ་ཡིན་ནོ། །སོ་སོར་རྟོགས་པ་ནི་ཁོང་དུ་ཆུད་པའོ། །འཁྲུགས་པར་མི་འགྱུར་བ་ཞེས་བྱ་བ་ནི་རྣམ་པར་མི་འཁྲུག་པས་གནས་པ་དང་ལྡན་པའོ། །བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདའ་བར་མཛད་དུ་གསོལ ་ཞེས་བྱ་བ་ནི་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་འཇུག་པར་རོ། །ཇི་ལྟར་ཡོངས་སུ་མྱ་ངན་ལས་འདས་སྙམ་དུ་དོགས་པ་ལ། བདེ་བར་གཤེགས་པ་ཡོངས་སུ་མྱ་ངན་ལས་འདའ་བའ་ཨི་དུས་ལ་བབ་པོ་ཞེས་བྱ་བ་སྨོས་པ་ཡིན་ནོ། །ཕུང་པོ་དང་ཁམས་དང་སྐྱེ ་མཆེད་ལ་ཁམས་པ་ལ་འདིར་མ་ཁམས་པར་རིག་པར་བྱའོ། །མདོ་སྡེ་ལ་སོགས་པ་ནང་ཕན་ཚུན་འདྲེས་པ་དག་གི་མཚན་ཉིད་རྣམ་པར་འབྱེད་པའི་ནུས་པ་དང་ལྡན་པ་གསལ་བ་ཡིན་ནོ། །དོན་མྱུར་དུ་གཅོད་པའི་ནུས་པ་དང་ལྡན་པ་ནི་ཡིད་གཞུངས་པའོ། །ཆོས་དང་བཅས ་པས་ཞེས་བྱ་བ་ནི་རིགས་པས་སོ། རང་གི་རྒོལ་བའི་ཡོངས་སུ་གསལ་བར་བྱེད་པའི་ཕྱིར་ཡོངས་སུ་དག་པར་བྱེད་པའོ། །རྒྱས་པར་འབྱུང་བ་ནི་རྒྱས་པའོ། །དེ་གང་ཞེ་ན། སྨྲས་པ། ཚངས་པར་སྤྱོད་པ་སྟེ། མི་མང་པོ་དག་གིས་འཕགས་པའི་ལམ་བསྐྱེད་པ་དེ་ཉིད་ཀྱི་ཕྱིར་རྒྱས་པར་ཞེས ་བྱ་བ་སྨོས་སོ། །དེ་ཉིད་ཀྱི་ཕྱིར་སྐྱེ་བོ་མང་པོ་ལ་ཕན་པ་ཡིན་ཏེ། སྐྱེ་བོ་མང་པོ་དག་ལ་ཕན་པ་བྱེད་པ་ཉིད་ཀྱི་ཕྱིར་རོ། །མཛའ་མེད་པ་དག་གིས་མངོན་སུམ་དུ་བྱས་པ་དེ་ཉིད་ཀྱི་ཕྱིར་ཡངས་པར་གྱུར་པ་ཞེས་སྨོས་སོ། །དེ་ཉིད་ཀྱི་ཕྱིར་སྨྲས་པ། ཇི་སྲིད་ལྷ་དང་མི་དག་ལ་ཡང་དག་པར ་རབ་ཏུ་བསྒྲགས་པ་སྟེ། ཤིན་ཏུ་གསལ་བ་དང་རབ་ཏུ་གསལ་བར་མཛད་པ་ཞེས་བྱ་བའི་ཐ་ཚིག་གོ་།བརྩོན་པ་ཆུང་བར་གྱིས་ཤིག་ཅེས་བྱ་བ་ནི་རྩོལ་བ་ཆུང་བའོ། །མངོན་པར་འདོད་པའི་དགོས་པ་གྲུབ་པར་ཐོས་པའི་ཕྱིར་དགའ་བ་ཡིན་ནོ། །བཅོམ་ལྡན་འདས་ཡོངས་སུ ་མྱ་ངན་ལས་འདས་པ་དེའི་ཕྱིར་མངོན་པར་འདོད་པ་ཡིན་ལ། མངོན་པར་འདོད་པའི་འབྲས་བུ་གྲུབ་པར་དབུགས་ཕྱུང་བའི་ཕྱིར་མགུ་བ་ཡིན་ལ། ཏིང་ངེ་འཛིན་གྱི་འབྲས་བུ་རང་གི་དབང་གིས་གནས་པ་དེ་ནི་མངོན་པར་འདོད་པ་ཡིན་ལ། བཅོམ་ལྡན་འདས་ཡོངས་སུ ་མྱ་ངན་ལས་འདས་པ་ལས་ཀྱང་ཕལ་ཆེར་འཇིག་རྟེན་གྱི་བདུན་གྱི་དབང་དུ་འགྱུར་སྟེ། འབྲས་བུ་དེ་གཉིས་གྲུབ་པར་བསྟན་པའི་ཕྱིར་རབ་ཏུ་དགའ་བ་སྟེ་ཤིན་ཏུ་དགའ་བ་དང་ལྡན་པ་ཡིན་ནོ། །ཡིད་རངས་ནི་འདིར་དགའ་བ་ཡིན་པར་རིག་པར་བྱ་སྟེ། དེ་ཉིད་ཡིད ་བདེ་བ་ཡིན་ནོ། །འཚོ་བའི་འདུ་བྱེད་བྱིན་གྱིས་བརླབས་ནས་ཞེས་བྱ་བ་ནི་སྔོན་གྱི་སྐྱེ་བར་བྱས་པའི་རྣམ་པར་སྨིན་པའི་ཚོ་བ་ལས་ཀྱི་རྣམ་པར་སྨིན་པའི་ལྷག་མ་བར་མ་དོར་འཆི་བའི་ཏིང་ངེ་འཛིན་གྱིས་དྲངས་ནས་ལྷག་མར་བྱས་པ་ཡིན་ནོ། །ཚེའི་འདུ་བྱེད་ནི་སྤངས་སོ? ་ཞེས་བྱ་བ་དེས་དེ་སྐད་དུ་བསྟན་པ་ཡིན་ནོ། །མཉམ་དང་མི་མཉམ་ཞེས་བྱ་བ་ལ་སོགས་པ་ལ་སྲང་གིས་གསལ་བས་ན་མཉམ་པ་སྟེ་འདྲ་བ་ཡིན་ལ། དེ་སྲེད་པ་ཞེས་བྱ་བ་དང་འདིར་སྦྱར་རོ། །དེ་ལ་མངོན་བར་དགའ་བར་བྱེད་པ་ནི་བྱ་བའི་ཚིག་ཡིན་ནོ། །དེ་ལས་བཟློག ་པ་ནི་མི་མཉམ་པ་ཉིད་ཡིན་ལ། དང་ནི་མཚུངས་པར་སྡུད་པའི་དོན་ཡིན་ནོ། །སྲིད་པ་དང་འདུ་བྱེད་ཅེས་བྱ་བ་འདིར་ངེས་པར་བྱའོ། །སྲིད་པ་བདག་ཉིད་ཀྱི་དངོས་པོ་སྟེ་དེ་ཡང་རྣམ་པ་གཉིས་ཡིན་ལ། མིང་དང་གཟུགས་ལ་སོགས་པའི་བདག་ཉིད་ཡིན ་པའི་ཕྱིར་རོ། །དེ་ལ་གཟུགས་ཀྱི་ཚོགས་ནི་འདྲ་བ་ཡིན་ཏེ། སྔོན་དང་ཕྱི་མ་ལ་བྱེ་བྲག་མེད་པའི་ཕྱིར་རོ། །མིང་གི་ཚོགས་ནི་འདྲ་བ་ཡིན་ཏེ། དུས་ཕྱིས་རྫོགས་པའི་བྱང་ཆུབ་ཐོབ་པའི་ཕྱིར་རོ། །སྲིད་པའི་འདུ་བྱེད་ནི་ཚེའི་འདུ་བྱེད་ཡིན་ཏེ། དེ་ཡོད་ན་འདུ་བྱེད་ཀྱི་རྒྱུད ་ཀྱི་འཇུག་པ་ཐ་དད་པའི་ཕྱིར་རོ། །ཐུབ་པ་སྟེ་བཅོམ་ལྡན་འདས་ཀྱིས་སྤངས་པ་ནི་གཞན་གྱི་དོན་མཛད་པ་མེད་པ་ཉིད་ཀྱི་ཕྱིར་རོ། །ཐུབ་པས་གཡོའི་བྱེ་བྲག་གིས་སྐུ་ཚེ་སྤངས་པར་བྱིན་གྱིས་བརླབས་རྒྱུ་ནང་དུ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ནང་ལ་དགའ་བ ་ནི་ནང་བརྟག་པ་ལ་ཕྱོགས་ཉིད་ཀྱི་ཕྱིར་ཏེ། འདི་ནི་ཡེ་ཤེས་ལ་དབང་བ་བསྟན་ཏོ། །མཉམ་པར་བཞག་པ་ནི་ཏིང་ངེ་འཛིན་ལ་དབང་བརྙེས་པ་ཡིན་ནོ། །ནེའི?་སྒྲས་ནི་དབང་དུ་གྱུར་པ་གཉིས་དང་འབྲེལ་པ་མངོན་པར་འདོད་པའི་འབྲས་བུ་སྒྲུབ་པར་བྱེད་པ་ཡིན་ནོ། །ཞེས ་བསྟན་པའི་དོན་ཏོ། །བཅོམ་པ་ནི་བཅོམ་པར་འགྱུར་བ་སྟེ། སྔོན་གྱི་སྲིད་པའི་འདུ་བྱེད་སྤངས་པར་གྱུར་པ་དེ་བས་ན་འདྲ་བ་དང་མི་འདྲ་བའི་སྲིད་པ་བཅོམ་པ་ཡིན་ནོ། །མཛོད་དང་འདྲ་བའི་སྒོ་ང་ལས་བྱུང་བས་ན་སྒོ་ང་ལས་བྱུང་བ་སྟེ་བྱ་ཡིན་ནོ། །མཛོད་ནི ་སྒོ་ངའི་སྤུབས་ཡིན་ཏེ། དཔེར་ན་ཁྱིམ་བྱའི་ཕྲུ་གུ་ལུས་ཆེར་སྐྱེས་པ་དང་མཆུས་སྒོ་ངའི་སྤུབས་དྲལ་ནས་འབྱུང་བ་དེ་བཞིན་དུ་བཅོམ་ལྡན་འདས་ཀྱིས་ཟག་པ་དང་བཅས་པ་དང་ཟག་པ་མེད་པའི་བདག་ཉིད་ཀྱིས་དངོས་པོ་ཡེ་ཤེས་ཤིན་ཏུ་བརྟོལ ་ནས་མྱ་ངན་ལས་འདས་པ་ཡིན་ནོ། །རྒྱུ་ནི་ནང་གི་ཡན་ལག་གི་བྱེ་བྲག་རྒྱུ་ཡིན་ལ། རྐྱེན་ནི་ཕྱི་རོལ་གྱི་ཡན་ལག་ཡིན་ནོ། །རླུང་མི་བཟད་པ་ཞེས་བྱ་བ་ནི་རྣམ་པར་འཁྲུགས་པ་ཡིན་ནོ། །ཏིང་ངེ་འཛིན་གྲུབ་པ་ནི་རྫུ་འཕྲུལ་ཆེ་བ་ཡིན་ནོ། །ངོ་མཚར་ཉེ་བར་སྟོན ་པའི་ནུས་པ་དང་ལྡན་པ་ནི་མཐུ་ཆེ་བ་ཡིན་ནོ། །ཆུང་བ་ཞེས་བྱ་བ་ནི་འབྱུང་བ་ཡིན་ནོ། །ས་ལ་ཆུང་བར་དམིགས་པའི་འདུ་ཤེས་ནི་ས་ལ་ཆུང་བར་འདུ་ཤེས་པའོ། །བྱིན་གྱིས་བརླབས་པ་ནི་རྣམ་པར་བཞག་པ་འམ་བསྐྱེད་པ་ཡིན་ཏེ། ཏིང་ངེ་འཛིན་གྱི་མཐུས་ས་ཡང ་འཚོལ་བ་ཉིད་དུ་གྱུར་པའོ། །ཆུ་ལ་ཚད་མེད་པར་དམིགས་པའི་འདུ་ཤེས་བྱིན་གྱིས་བརླབས་པ་དེའི་ཕྱིར་ས་གཡོས་པར་འགྱུར་རོ། །ས་གཡོས་པ་འདི་ཡང་འགའ་ཞིག་ཏུ་འདོད་པའི་རྒྱུ་མཚན་སྟོན་པར་བྱེད་པ་ཡིན་ལ། འགའ་ཞིག་ཏུ་ནི་འདོད ་པ་མ་ཡིན་པའི་རྒྱུ་མཚན་སྟོན་པར་བྱེད་པ་ཡིན་ནོ། །ཞེས་བྱ་བར་རིག་པར་བྱའོ། །ཉེས་པ་ནི་ཉེས་པས་བྱས་པའི་ལས་སྔོན་དུ་སོང་བ་ཅན་གྱིས་ཉེས་པ་ཡིན་ན། །རྣམ་པར་སྨིན་པ་གཉིས་སུ་འགྱུར་བ་ཞེས་བྱ་བ་ནི་བདེན་པའི་རྣམ་པར་སྨིན་པ་དང་བདེན ་པ་མ་ཡིན་པའི་རྣམ་པར་སྨིན་པའོ། །མི་རྟག་པ་ཞེས་བྱ་བ་ལ་སོགས་པའི་བཤད་པ་ནི་མངལ་དུ་འཇུག་པའི་མདོའསྐབས་སུ་དཔྱད་པ་ཡིན་ནོ། །མཐོང་བའི་ཆོས་ཀྱི་ཞེས་བྱ་བ་ནི་མངོན་སུམ་སྐྱེ་བའོ། །ཕྱི་མ་ནི་འཇིག་རྟེན་ཕ་རོལ་ལོ། །བཅད་པར་བྱ་བ་ནི་བདག་གི ་དོན་བཟུང་བའི་སྒོ་ནས་སོ། །འཛིན་པར་བྱེད་པ་ནི་གཞན་ལ་དོན་གྱི་སྒོ་ནས་སྟན་པའོ། །ཀློག་པར་བྱེད་པ་ནི་ཡི་གེའི་སྒོ་ནས། །ཀུན་ཆུབ་པར་བྱེད་པ་ནི་དོན་གྱི་སྒོ་ནས་སོ། །ཀུན་ཡངས་པའི་ཚལ་ནས་བྱུང་ནས་ཞེས་བྱ་བ་ནི་གྲོང་ཁྱེར་ཡངས་པ་ཅན་དང་ཐག་ཉེ་བའི་དགོན ་པའི་ནགས་ཁྲོད་མངོན་དུ་ཕྱོགས་པས་གཤེགས་པའོ། །གཡས་ཕྱོགས་སུ་ཞེས་བྱ་བ་ལ་སོགས་པ་ལ་བཅོམ་ལྡན་འདས་ཐམས་ཅད་དུ་གཡས་ཕྱོགས་སུ་བསྐོར་བ་མཛད་པ་དེ་ཉིད་ཀྱི་ཕྱིར་གཡས་ཕྱོགས་སུ་གཟིགས་ཏེ། གླང་པོ་ཆེན་པོ་དང་འདྲ་བར་སྐུ་ཐམས་ཅད ་ཀྱིས་ཕྱོགས་ཏེ་གཟིགས་པའི་ཕྱིར་གླང་པོ་ཆེའི་ལྟ་སྟངས་ཀྱིས་གཟིགས་པ་ཞེས་བསྟན་ཏོ། །ཅིའི་ཕྱིར་བཅོམ་ལྡན་འདས་གླང་པོ་ཆེའི་ལྟ་སྟངས་ཀྱིས་གཟིགས་པར་མཛད་ཅེ་ན། འདི་ལ་བླ་མ་དག་བཅོམ་ལྡན་འདས་མངོན་པར་འདོད་པའི་འབྲས་བུ་སྟོན་པར ་མཛད་པའི་ཕྱིར་གླང་པོ་ཆེའི་ལྷ་སྟངས་སུ་མཛད་ལ། ཡང་གྲོང་ཁྱེར་ཡངས་པ་ཅན་དུ་མི་འཇུག་པ་ཡང་འདིར་བཅོམ་ལྡན་འདས་མངོན་པར་བཞེད་པ་ཡིན་པ་དེ་བས་ན་འདིར་གླང་པོ་ཆེའི་ལྟ་སྟངས་ཀྱིས་གཟིགས་པ་ནི་དེ་སྟོན་པར་བྱེད ་པ་ཡིན་པར་བལྟ་བར་བྱའོ་ཞེས་སྟོན་ཏོ། །དེ་སྟོན་པ་ཡང་ཅིའི་ཕྱིར་ཞེ་ན། འདི་ལ་ཡང་གྲོང་ཁྱེར་ཡངས་པ་ཅན་ན་གནས་པའི་ལྷ་རྣམས་ལ་ཕན་གདགས་པའི་ཕྱིར་ཏེ། དེ་དག་གིས་རྒྱུ་མཚན་མཐོང་བ་ལས་བཅོམ་ལྡན་འདས་གྲོང་ཁྱེར་ཡངས་པ་ཅན་དུ་ཡང ་འཇུག་པར་མི་མཛད་པ་དང། ཡོངས་སུ་མྱ་ངན་ལས་འདས་པར་བཞེད་དོ་སྙམ་པས་གལ་ཏེ་བོ་ཅག་བག་མེད་པར་གནས་པ་དེའི་ཚེ་བདག་ཅག་ཆེར་ཉམས་པར་འགྱུར་རོ་སྙམ་དུ་གཟིགས་ནས། བཅོམ་ལྡན་འདས་ཀྱི་སླད་བཞིན་དུ་འབྲང་བ་དང། དགེ་བའི ་ཆོས་སྒོམ་པ་ལ་བག་ཡོད་པར་གནས་པར་འགྱུར་བ་དེ་བསན། དེ་དག་གི་དོན་ཆེན་པོ་འགྲུབ་པར་འགྱུར་བའི་ཕྱིར་གླང་པོ་ཆེའི་ལྟ་སྟངས་ཀྱིས་གཟིགས་པ་ནི་འདིར་དགོས་པ་དང་བཅས་པ་ཁོ་ན་ཡིན་ནོ་ཞེས་སྟོན་པར་མཛད་དོ། །གཞན་དུ་སྔར་མ་མཐོང ་བ་ནི་ངོ་མཚར་ཡིན་ལ། སྔོན་མ་ཐོས་པ་ནི་རྨད་དུ་བྱུང་བ་ཡིན་ནོ། །གང་ན་འཁོར་བརྒྱ་ཕྲག་སུམ་ཡོད་པ་དེ་ནི་འདིར་བརྒྱ་ཕྲག་དུ་མ་ཅན་ཡིན་ནོ། །སྲིད་ནི་རིང་བ་ཉིད་དོ། །ཞེང་དུ་གྱུར་པ་ནི་ཡངས་པར་གྱུར་པའོ། །ཁ་དོག་མཛེས་པར་གྱུར་པ་ནི་ཁ་དོག་དང ་གཟུགས་རྫོགས་པར་གྱུར་པའོ། །དབྱངས་སྙན་པར་གྱུར་པ་ནི་དབྱངས་མཛེས་པར་གྱུར་པའོ། །དོན་སྨྲ་བ་ནི་དོན་སྟོན་པར་བྱེད་པའི་ཚིག་བརྗོད་པར་བྱེད་པའོ། །ལྷག་པར་ཞེས་བྱ་བ་ནི་ཕྱིས་སམ་ལྷག་པའི་དོན་ཡིན་ནོ། །གནས་པ་ཞེས་བྱ་བ་ནི ་ལྷན་ཅིག་གནས་པ་འམ་ལེགས་པར་གནས་པ་ཉིད་དོ། །སྟོན་པ་འདུལ་བྱའི་ཐབས་སུ་གྱུར་པ་ལ་མཁས་པ་ཡིན་པ་དེ་བས་ན་ཐབས་འདིས་མངོན་པར་མ་དད་པ་སྐྱོད་པར་བྱེད་པའི་ཆོས་སྟོན་པར་འགྱུར་རོ། །མདོ་སྡེའི་མཛའ་ཨི་རྗེས་སུ་འབྲང་བས་གནས་པར་བྱའི ་གང་ཟག་གི་རྗེས་སུ་འབྲང་བར་མི་བྱའོ་ཞེས་བྱ་བ་ལས། མདོ་སྡེའི་མཛའ་ཞེས་བྱ་བ་ལ། མདོ་སྡེའི་སྡེ་སྣོད་དང་འདུལ་བར་གཏོགས་པ་ཡིན་ནོ། །འདུལ་བའི་བདག་ཉིད་ཀྱི་མདོ་ནི་ཡང་བསླབ་པའི་བཞི་ངེས་པར་བྱེད་པས་ན་མདོ་སྡེ་སྟེ། དཔེར་ན་སོ་སོ་ཐར་པའི་མདོ་ལྟ་བུའོ། །འདུལ་བར་གཏོགས ་པའི་བསླབ་པའི་གཞི་གཞན་མ་ལུས་པ་དག་ཀྱང་དེ་བཞིན་ནོ། །མདོ་སྡེའི་མཛའ་ནི་ངེས་པར་བྱེད་པ་སྟེ། འདིས་ངེས་པར་བྱེད་ཅེས་བྱ་བའི་དབང་དུ་བྱས་ནས་ཆོས་མངོན་པ་ཡིན་ལ། བཀའ་ཡན་ལག་བཅུ་གཉིས་སུ་གཏོགས་པའི་མན་ངག་སྟོན་པར་བྱེད་པའི་ཆོས་མངོན་པ་ཉི ་མ་མོ་ཡིན་ནོ། །ཆོས་མངོན་པའི་རྗེས་སུ་འབྲང་ནས་སློབ་དཔོན་གྱིས་མཛད་པའི་བཤད་པ་ཡང་སྡེའི་མཛའ་ཡིན་ནོ། །དེ་བས་ན་འདི་མདོ་སྡེའི་སྒྲས་མདོ་སྡེ་དང། འདུལ་བའི་སྡེ་སྣོད་དང། མཛའ་ཨི་སྒྲས་ཆོས་མངོན་པའི་སྡེ་སྣོད་སློབ་དཔོན་གྱིས་མཛད་པའི་བཤད་པ་ལུང་གི་རྗེས་སུ ་འབྲེང་བ་དང་བཅས་པ་བཟུང་ངོ། །དེའི་དོན་ནི་འདི་ཡིན་ཏེ། མདོ་སྡེ་དང། འདུལ་བ་དང། ཆོས་མངོན་པའི་སྡེ་སྣོད་ངེས་པར་བྱེད་པ་དེ་དག་ངེས་པར་བྱེད་པ་ཁོ་ནར་རྗེས་སུ་འབྲང་བ་སྟེ། སོ་སོར་འབྲང་བར་བྱ་བ་དང་རྗེས་སུ་འགྲོ་བར་བྱ་བ་ཡིན་ལ། སྡེ་སྣོད་གསུམ་པོ་དེས་པ་ཉིད་ཏུ ་ལེགས་པར་བྱས་པའི་ལྟ་བ་ངེས་པ་སྒོམ་པ་ལ། མངོན་པར་སྦྱོར་བས་ཐར་པ་ལེགས་པར་ཐོབ་པར་འགྱུར་རོ། །གང་ཟག་གི་རྗེས་སུ་འབྲང་བར་མི་བྱ་བ་ནི་གང་ང་གཅིག་པཱུམ། ང་དང་འདྲ་བའི་རྗེས་སུ་འབྲང་པར་བྱ་བ་ཡིན་ཏེ། ང་ཡོངས་སུ་མྱ་ངན་ལས་འདས་ནས་ངའི་བཀའ་ཨི་རྗེས་སུ ་འགྲོ་བར་བྱ་ཞིང། གྲོལ་བའི་ཕྱིར་གང་ཟག་གཞན་འགའ་ཞིག་གི་ནི་མ་ཡིན་ནའོ། །ཞེས་བྱ་བའི་བཤད་པ་འདིས་མདོ་དང་འདུལ་བའི་མཛའ་སྒྲ་སྡེ་སྣོད་གསུམ་པོ་དག་ལ་འཇུག་པར་རིག་པར་བྱའོ། །དེ་དག་གང་ལ་ཞེ་ན། འོག་ནས་བཅོམ་ལྡན་འདས་ཉིད་ཀྱིས་མདོ ་སྡེའི་མཛའ་ཨི་རྗེས་སུ་འབྲང་བ་སྡེ་སྣོད་གསུམ་ལ་མཁས་པ་ཡ་བཤད་པ་ལས། གང་མདོ་སྡེ་ལ་འཇུག་པར་བྱ་ཞིང་འདུལ་བ་ལ་ཡང་དག་ཡང་བལྟ་བར་བྱའོ། །གལ་ཏེ་མདོ་སྡེ་ལ་འཇུག་པར་གྱུར་ཅིང་འདུལ་བ་ལ་སྣང་བར་གྱུར་ན་མདོ་སྡེ་ལ་གནས་འདུལ་བ་ལ་སྣང། ཆོས ་ཉིད་དང་མི་འགལ་བ་ཡིན་ནོ། །ཞེས་བཤད་པར་འགྱུར་རོ། །དེ་ལྟར་གྱུར་ན་འདིར་རབ་ཏུ་གྲགས་པའི་སྡེ་སྣོད་གསུམ་ལ་འདུལ་བའི་མཛའ་ཨི་རྗེས་སུ་འབྲང་བར་བརྗོད་དོ། གང་ཟག་ནི་དེའི་དོན་དང་གཞུང་ཚད་མར་གྱུར་པ་ལ་མཁས་པ་སྟེ། འདིར་ནག ་པོ་བསྟན་པ་དང། ཆེན་པོ་བསྟན་པ་འདིའི་རྟོགས་པ་པོ་ཡོངས་སུ་རྟོགས་པར་བྱེད་པའི་དོན་ཡོན་ཏན་དང་ལྡན་པ་ཡིན། བརྟག་པར་བྱ་བ་ཡང་གཞན་གྱིས་སངས་རྒྱས་ཀྱི་བཀའ་ཡིན་པར་སྨྲས་པ་འདི་ལ་ནི་སངས་རྒྱས་ཀྱི་དགའ་ཉིད་དུ་བརྒྱུད་པས་འོངས་པ་མ་ཡིན ་ཞིང་རྟག་པར་བྱེད་པ་ནི་མདོ་སྡེ་དང་འདུལ་བ་དང། མ་མོ་ལས་འཇུག་པར་བྱེད་པ་ཡིན་ནོ། །ནག་པོ་བསྟན་པ་དང་ཆེན་པོ་བསྟན་པའི་ཆར་གྱུར་པ་སྡེ་སྣོད་གསུམ་པོ་མདོ་སྡེ་དང་འདུལ་བ་དང་ཆོས་མངོན་པ་ཡང་བརྟག་པའི་གཞི་ཡིན་ནོ། །འོན་ཀྱང་རྟོག་པར་བྱེད་པའོ ་པ་སྡེ་སྣོད་གསུམ་པོ་གང་དག་ལ་གཞུག་པར་བྱ་བ་སངས་རྒྱས་རྒྱས་ཀྱི་བཀའ་ཉིད་དུ་མ་གྲགས་པའི་གཞུང་གཞན་གང་ལ་གྲགས་པ་ཡིན། འདི་ལ་འདྲི་བར་བྱ་བ་ཇི་ཞིག་ཡོད་དེ་བརྒྱུད་པས་འོངས་པ་མིན་ནོ། །གལ་ཏེ་དེ་ལྟ་ན་ནི་ཇི་ལྟར་ཁྱེད་ལ་སྡེ་སྣོད་གསུམ ་པོ་དང་བརྒྱུད་པས་འོངས་པ་ཡིན་པའི་ཕྱིར་རབ་ཏུ་གྲགས་པ་ཡིན་པ་དེ་བཞིན་དུ་ཕ་རོལ་པ་ཡང་གཞན་དུ་རབ་ཏུ་གྲགས་པ་ཡིན་ནོ། །བདེན་ཏེ་གང་ཞིག་ཕ་རོལ་པོ་ལ་བརྒྱུད་པས་འོངས་པ་ཁོ་བོ་ལ་བརྒྱུད་པས་འོངས་པ་མ་ཡིན་པ་དེ་ནི་ཇི་སྲིད་ཁོ་བོ་ལ་སངས ་རྒྱས་ཀྱི་བཀའ་ཉིད་དུ་བརྒྱུད་པས་འོངས་པ་མ་ཡིན་པས་དེ་ཡོངས་སུ་ངོར་བར་བྱ་བ་ནི་མ་ཡིན་གྱི། འོན་ཀྱང་རང་གི་སངས་རྒྱས་ཀྱི་བཀའ་བརྒྱུད་པས་འོངས་པ་ལ་བཅུག་ནས་དཔྱད་པར་བྱ་བ་ཡིན། །དེ་བས་ན་འདིར་ནག་པོ་བསྟན་པ་ལ་གསུམ་པོ་བརྟེན་པར ་བྱ་བ་ཡིན་ནོ། །སྡེ་སྣོད་གསུམ་པོ་བརྒྱུད་པས་རབ་ཏུ་གྲགས་པ་དེའི་དེ་ནི་རང་གཞུང་འཇལ་བར་བྱེད་པའི་མཁས་པ་ནི་རྟོག་པར་བྱེད་པ་པོ་ཡིན་ལ། གང་ཞིག་སངས་རྒྱས་ཀྱི་བཀའ་ཉིད་དུ་དེ་ལ་མ་གྲུབ་པ་ཉིད་ནི་བརྟག་པར་བྱ་བ་ཡིན་ནོ། །དེ་ལྟར་ན་གང ་ཞིག་སངས་རྒྱས་ཀྱི་བཀར་མ་གྲགས་པ་ཕན་ཚུན་རྗེས་སུ་ཞུགས་པའི་ཕྱིར་རམ། འགལ་བ་མེད་པའི་ཕྱིར་སངས་རྒྱས་ཀྱི་བཀའ་རབ་ཏུ་གྲགས་པ་མིན་པར་ཁོང་དུ་ཆུད་པར་མི་བྱ་སྟེ། ཙར་ཀ་ལ་སོགས་པ་ལ་སངས་རྒྱས་ཀྱི་བཀའ་ཉིད་དུ་ཐལ་བར་བ་མི་གྱུར་ཅིག་པ་ཡིན།། ་འོན་ཀྱང་ཡོངས་སུ་རྫོགས་པར་སངས་རྒྱས་ཀྱི་བཀའ་གྲུབ་པ་ཡོད་དང། དེའི་དོན་འཇལ་བར་བྱེད་པའི་མཁས་པ་ནི་གྲུབ་པ་པོ་སྟེ་གང་ཞིག་རྟོགས་པ་པོ་སྔ་ན་མེད་པ་དེ་ལས། ཞེན་དང་འདི་ནི་སངས་རྒྱས་ཀྱི་བཀའ་ཉིད་དུ་སྨྲས་པ་དེ་རྟོག་པར་བྱེད་པ་པོ་དེས་གཞུག་ཅིང ་དཔྱད་པར་བྱའོ། ཞེས་བྱ་བ་ནི་ནག་པོ་བསྟན་པ་དང་ཆེན་པོ་བསྟན་པའི་དོན་ཡིན་ནོ། །སྡེ་བའི་ནད་ཐ་དད་པའི་ཁྱད་པར་དེ་དག་འགལ་བའི་ཕྱིར་གཞན་དུ་མི། འཇུག་པ་མ་ཡིན་ནམ། ཇི་ལྟར་ན་སངས་རྒྱས་ཀྱི་བཀའ་ཉིད་ཡིན་ཞེ་ན། ཉོན་ཅིག་བཅོམ་ལྡན་འདས་ཀྱི་བསྟན་པ་ཐ་དད་པའི ་དབྱེ་བ་བཅོ་བརྒྱད་དུ་གསུངས་པ་གཞུང་ཐ་དད་པ་དང། དེ་ན་ཐ་དད་པའི་ཁྱད་པར་སྒོ་ནས་དབྱེ་བ་བཅོ་བརྒྱད་ནི་རིགས་པ་མ་ཡིན་ནོ། །དེའི་ཕྱིར་བཅོམ་ལྡན་འདས་ཉིད་ཀྱིས་ཅི་སྲིད་འགལ་བའི་སྒོ་ནས་གཞན་གཞན་དག་ལས་ཐ་དད་པར་འགྱུར་བ་དེ་སྲིད་དུ ་འགལ་བར་ལུང་བསྟན་པ་ཡིན་ལ། གལ་ཏེ་དེ་སྲིད་དུ་ཡང་འགལ་བར་མི་འགྱུར་ན་ཐ་དད་པ་ཉིད་དུ་ཡང་མི་འགྱུར་རོ། །དེའི་ཕྱིར་བཅོམ་ལྡན་འདས་ཀྱིས་ཇི་སྲིད་དུ་འགལ་བ་ཐ་དད་པའི་རྒྱུ་མཚན་དུ་བསྲུངས་པས་དེ་སྲིད་དུ་དོན་དག་གཞུང་ཕན་ཚུན་རྗེས་སུ ་འཇུག་པར་མི་འགྱུར་རོ། །དེ་བསྡུས་པའི་དོན་ནི་འདི་ཡིན་ཏེ། གང་བཅོམ་ལྡན་འདས་ཀྱིས་ཆ་ཇི་སྲིད་པ་ལ་ཕན་ཚུན་འགལ་བར་བསྲུངས་དེ་ཉིད་ཀྱང་བཅོམ་ལྡན་འདས་ཀྱིས་ནག་པོ། སྟོན་པ་དང་ཆེན་པོ་བསྟན་པའི་གཡོས་མི་འགལ་བ་དང་སྲུངས་པ་ལ་འོན་ཀྱང་ཆ་དེ་ཡོངས་སུ ་དོར་ཞིང་ཆ་གཞན་ན་?་པོ་བསྟན་བ་དར་ཆེན་པོ་བསྟན་པའི་སྒོ་ནས་རྗེས་སུ་འཇུག་པར་བྱ་བ་ཡིན་ནོ། །དེ་ཡང་ཆའི་དབྱེ་བ་གཞན་ཡིན་གྱི་རྣམ་པར་གྲོལ་བའི་རས་ལ་ནི་ཐ་དད་པ་མེད་དོ། །ཞེས་བཅོམ་ལྡན་འདས་ཀྱིས་གསུངས་པ་ཡིན་ནོ། །རྣམ་པར་གྲོལ་བ་ཡང་འདིར ་འདུས་བྱས་དང་འདུས་མ་བྱས་ཡིན་ལ། འདུས་མ་བྱས་ནི་མྱ་ངན་ལས་འདས་པ་ཡིན་ནོ། །འདུས་བྱས་ནི་ལམ་གྱི་ནང་དུ་འདུས་པ་ལྷག་པར་མོས་པ་ཡིན་ལ། དེས་ནི་འདིར་ཐར་པའི་ལམ་གསུངས་པ་ཡིན་ནོ། །ལམ་ལ་ཡང་ནན་ཏན་དུ་བྱེད་པ་དང། ་ཕ་རོལ་ཏུ་ཕྱིན་པའི་ཚོགས་ཡོད་པ་ཡིན་ཏེ། དེ་དག་གིས་རྒྱུ་འཁོར་བ་ལས་ཡིད་བྱུང་བ་དང། སེམས་ཅན་ལ་སྙིང་རྗེ་བ་ཡོད་པ་ཡིན་ནོ། །རྒྱུ་ནི་བཞི་སྟེ་བརྩོན་པའི་རྒྱུ་ཞེས་བྱ་བའི་ཐ་ཚིག་གོ་།རྣམ་པར་གྲོལ་བ་ཡང་འབྲེལ་བ་ཅན་གྱི་སྒྲ་ཉིད་ཡིན་པའི་ཕྱིར་གང་ལས ་རྣམ་པར་གྲོལ་བ་དེས་འཕགས་པ་སྡུག་བསྔལ་གྱི་བདེན་པ་ཡིན་ནོ། །ཇི་ལྟར་རྣམ་པར་གྲོལ་བ་དེས་ཀྱང་འཕངས་པ་ནི་ཀུན་འབྱུང་གི་བདེན་པ་ཡིན་ཏེ། ཀུན་འབྱུང་ཡོད་ན་ནི་སྡུག་བསྔལ་སྐྱེ་བར་འགྱུར་ལ། དེ་ལྟར་གྱུར་དང་སྡུག་བསྔལ་ལས་རྣམ་པར་གྲོལ་བ་མེད ་པ་དེའི་ཕྱིར་ཀུན་འབྱུང་ཤེས་ནས་སྤང་བར་བྱའོ། །དེ་ལྟར་ན་སྡུག་བསྔལ་ལས་ཡོངས་སུ་གྲོལ་བར་འགྱུར་བ་དེ་བས་ན་འདིར་རྣམ་པར་གྲོལ་བའི་སྒྲས་བགེགས་པའི་བདེན་པ་བཞི་གཟུང་ཞིང་ལམ་ལ་ནན་དུ་བྱེད་པ་དང། ཚོགས་ཀྱི་རྒྱུ་ཡང་བསྡུས་པ་ཡིན་ནོ།། ་བཅོམ་ལྡན་འདས་ཀྱིས་སྡེ་བའི་དབྱེ་བ་བཅོ་བརྒྱད་པོ་འདི་ཙམ་གྱིས་ཕན་ཚུན་རྗེས་སུ་ཞུགས་པར་གསུངས་པ་ཡིན་པ་དེ་བས་ན་རྗེས་སུ་ཞུགས་པའི་ཕྱིར་ནག་པོ་བསྟན་པ་དང་ཆེན་པོ་བསྟན་པ་འདི་ལས་ལྷག་པ་ཅི་ཞིག་ནུས་ཏེ། ཆ་འདི་ཙམ་གྱིས་ཐ་དད ་པ་དག་ཀྱང་ཕན་ཚུན་རྗེས་སུ་ཞུགས་པ་བསྟན་པ་ཡིན་ལ། གང་འདི་ཙམ་དུ་ཡོད་རྗེས་སུ་ཞུགས་པ་དེ་ནི་སངས་རྒྱས་ཀྱི་བཀའ་མ་ཡིན་ནོ། །དེ་ལྟར་ཡང་ཐེག་པ་ཆེན་པོའི་ལམ་དང་འདྲ་བ་སྔགས་ལ་ཡོད་དེ། གང་གཟུངས་འདིས་མྱུར་དུ་བླ་ན་མེད་པ ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །དེ་བཞིན་གཤེགས་པ་འོད་དཔག་ཏུ་མེད་པའི་ཐང་ལས་གཟུངས་སྨྲ་བས་ཡང་རིགས་པ་མནོས་ནས་ཉོན་མོངས་པ་སྤངས་ཏེ། བྱང་ཆུབ་སེམས་དཔའ་བླ་ན ་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་སོ། །བཅོམ་ལྡན་འདས་ཀྱིས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་ཐང་ལས་རིག་པ་བླངས་ཏེ། གཞན་ལ་ཕན་གདགས་པ་མཛད་པའི་ཕྱིར་འཇུག་པར་འགྱུར་ཞེས་འབྱུང་སྟེ། སྔགས ་དང་ཡི་གེ་ལམ་གྱི་ཡན་ལག་མ་ཡིན། ཚོགས་མ་ཡིན་ཏེ། རྒྱུ་མ་ཡིན། ལེགས་པར་སྤྱད་པ་དང་ད་ཉེས་པར་སྦྱོར་པ་མ་ཡིན་པ་དེ་ཇི་ལྟར་ན་དེ་དག་མི་བཟད་པའི་རྒྱུ་དང། བསོད་ནམས་འཕེལ་བའི་རྒྱུ་རག་ཏུ་ཡང་རིགས་ཏེ། དེ་བཞིན་དུ་ཀློག་པ་ཡང་ངོ། །དེ་ནི་འདིར་ལམ ་བར་ཚུལ་མཐུན་པ་ཡིན་གྱི་དེ་ལམ་མ་ཡིན། མདོ་སྡེ་མ་ཡིན་ན། འདུལ་བ་མ་ཡིན། ཆོས་ཉིད་ལ་འཇུག་པ་མ་ཡིན་དེ་ནག་ལོ་བསྟན་པ་དང། ཆེན་པོ་བསྟན་པའི་སྡེ་སྣོད་གསུམ་གྱི་ཆར་གྱུར་པ་མ་ཡིན་ཏེ། དེ་ལ་ཐེག་པ་ཆེན་པོའི་ནང་དུ་འདུས་པ་ཡིན་ནོ།། ་ཞེས་བྱ་བ་དེ་ནི་ངེས་པ་ཡིན་ནོ། །ཀུན་དགའ་བོ་ཇི་ལྟར་ན་དགེ་སློང་དག་མདོ་སྡེའི་མཛའ་ཨི་རྗེས་སུ་འབྲང་བ་ཡིན་གྱི། མངོན་དུ་བྱ་བ་མངོན་སུམ་དུ་ཐོས་པ་ཞེས་བྱ་བ་ནི་ཐོས་པ་ལས་བྱུང་བའི་ཤེས་པ་ཡི་གེའི་བདག་ཉིད་ཅན་གྱིས་སོ། །བསམས་པ་ལས་བྱུང་བ་དོན་གྱི ་བདག་ཉིད་ཅན་གྱིས་དེར་ཤིན་ཏུ་ངས་པ་ཞེས་བྱ་བར་དགོངས་སོ། །འདི་ལྟ་སྟེ་ཞེས་བྱ་བ་དེ་ནི་ཉེ་བར་སྟོན་པའི་ཚིག་ཡིན་ནོ། །ཆོས་ནི་བསྟན་པའི་ཆོས་ཡིན་ནོ། །འདུལ་བ་ནི་སྤོང་བའི་ཐབས་སུ་གྱུར་བའོ། །སྟོན་པའི་བསྟན་པ་ཞེས་བྱ་བ་ལ་ཡང་དག་རྗེས་སུ་སྟོན་པ ་མཛད་པས་ན་སྟོན་པ་སྟེ། སངས་རྒྱས་བཅོམ་ལྡན་འདས་ཕྱིན་ཅི་མ་ལོག་པར་སྟོན་པར་མཛད་པ་ཞེས་བྱ་བའི་ཐ་ཚིག་གོ། དེའི་བསྟན་པ་འདི་ཡིན་པས་ན་བསྟན་པ་སྟེ་བཀའ་འམ་ཆད་དུ་བསྟན་པ་ཞེས་བྱ་བ་ཡིན་ནོ། །དེའི་དོན་ནི་འདི་ཡིན་ཏེ། བཅོམ ་ལྡན་འདས་ཀྱིས་བསྟན་པའི་ཆོས་དང་སྟོང་པའི་ཐབས་སུ་གྱུར་པ་རིམ་པས་འདི་བསྟན་པ་ཡིན་ཏེ། རིམ་པ་འདིས་འཇུག་པ་ངག་ཆོས་ཁོང་དུ་ཆུད་པ་དང་སྤངས་པ་འགྲུབ་པར་འགྱུར་རོ། །སྤྲོ་བར་སི་བྱ་ཞེས་བྱ་བ་ནི་ཁྱོད་ཀྱི་ལེགས་པར་སྨྲ་སོ་ཞེས་བྱ ་བདེ་ལྟ་བུའི་གཟེངས་བསྟོད་པ་སྦྱིན་པར་མི་བྱའོ། །སླང་བར་གང་མི་བྱ་བ་ནི་ཚར་བཅད་པའི་སྒོ་ནས་ཁྱོད་ཀྱིས་མཛེས་པ་མ་ཡིན་པ་སྨྲས་སོ་ཞེས་སུ་བྱའོ། །རྣ་བྱོས་ཏེ་ཞེས་བྱ་བ་ནི་རྣ་བའི་རྣམ་པར་ཤེས་པ་གཏད་པར་བྱས་ནས་སོ། །ཆོས་ཀྱི ་ཚིག་འབྲུ་ཞེས་བྱ་བ་ནི་བསྟན་པའི་ཆོས་ཀྱི་དོན་གསལ་བར་བྱེད་པའི་ཚིག་གང་ཡིན་པ་དང་ཡི་གེ་སྟེ་བརྗོད་བྱར་གང་ཡིན་པ་དེ་དག་གཟུང་ཞིང་སེམས་ཀྱིས་ཤིན་ཏུ་ངེས་པར་བྱས་ནས་སོ། །མདོ་སྡེ་ལ་འཇུག་པར་བྱ་ཞེས་བྱ་བ་ནི་མིང་སྡེའི་སྡེ་སྣོད ་ལ་མཐར་གྱིས་རབ་ཏུ་འཇུག་པར་བྱ་བའོ། །འདུལ་བ་ལ་ཡང་དག་པར་བལྟ་བར་བྱ་ཞེས་བྱ་བ་ལ། འདུལ་བའི་སྡེ་སྣོ?་རལ་མཚན་ཉིད་གང་དག་གསུངས་པ་དེ་དག་ལྷན་ཅིག་སྦྱར་བར་བྱ་བ་ཡིན་ནོ། །མདོ་སྡེ་ལ་མི་འཇུག་ཅེས་བྱ ་བ་དེ་ནི་བླ་ན་མེད་པའི་སྐྱེས་བུའི་དོན་སྒྲུབ་པར་བྱེད་པ་ཉིད་དང་རྗེས་སུ་མཐུན་པར་འགྱུར་བ་མ་ཡིན་ནོ། །འདུལ་བ་ལས་མི་སྣང་ཞེས་བྱ་བ་ནི་འདུལ་བ་ལས་གསུངས་པའི་མཚན་ཉིད་བླ་ན་མེད་པའི་དོན་སྒྲུབ་པར་བྱེད་པ་ཁོ་ན་ཉིད་དང་འགལ ་པར་འགྱུར་རོ། །ཆོས་ཉིད་དང་ཡང་འགལ་ན་ཞེས་བྱ་བ་ནི་འགལ་བའི་བཤད་པ་དང་ལྡན་པ་ཉིད་ཀྱི་ཕྱིར་མི་འཐད་པ་ཡིན་ནོ། །ཆོས་ཉིད་ཀྱང་ཆོས་མངོན་པའི་སྡེ་སྣོད་དམ་རྟེན་ཅིང་འབྲེལ་པར་འབྱུང་བ་ལུགས་ལས་འབྱུང་བ་དང་ལུགས་ལས་བཟློག་པ ་ཡིན་ནོ། །ཉེས་པར་གཟུང་བ་ཞེས་བྱ་བ་ནི་རྣམ་པ་གཞན་དུ་གཟུང་བའི་སྒོ་ནས་སྨད་པར་གཟུང་བའི་ཕྱིར་རོ། །དེ་ལྟར་ནི་ཞེས་བྱ་བ་ནི་གང་གི་ཕྱིར་རོ། །གནས་ནི་འདིར་གཙུག་ལག་ཁང་ལ་མངོན་པར་འདོད་དེ་ནའོ། །ཆེན་པོ་ཞེས་བྱ་བ་ནི་ཚུལ་ཁྲིམས་ལ་སོགས་པའི་ཡོན་ཏན་དག ་གིས་བདག་པོ་ཆེན་པོར་གྱུར་པའོ། །གནས་བརྟན་ཞེས་བྱ་བ་ལ། གནས་བརྟན་ནི་འདིར་འདུལ་བ་ལ་མཁས་པ་ཡིན་པར་རིག་པར་བྱའོ། །སོ་སོར་ཐར་པ་དང་བཅས་པ་ཞེས་བྱ་བ་ནི་སོ་སོར་ཐར་པའི་མདོ་འདོན་པའི་གནས་བརྟན་དང་བཅས་ཤིན་ཏུ ་ལྡན་པའོ། །ཆོས་སུ་འདུ་ཤེས་གྲ་ཅན་ཞེས་བྱ་བ་ནི་ཆོས་ཀྱི་འདུ་ཤེས་ནི་ཆོས་སུ་འདུ་ཤེས་པ་སྟེ། དེ་གང་ལ་ཡོད་པ་ནི་ཆོས་སུ་སྟ་འདུ་ཤེས་ཅན་ཏེ། དེ་ཡིས་སོ། །འདུལ་བར་འདུ་ཤེས་པ་ཅན་ཡང་དེ་བཞིན་ནོ། །ཆོས་མ་ཡིན་པ་འདུལ་བ་མ་ཡིན་པ་ཞེས་བྱ་བ་ནི་ཆོས ་དང་འདུལ་བ་དང་འགལ་བའོ། །མདོ་སྡེ་འཛིན་པ་ནི་གཞུང་གི་སྒོ་དང་དོན་གྱི་སྒོ་ལམ་གཞན་གྱི་སྒོ་ནས་མདོ་སྡེ་མ་ལུས་བར་འཛིན་པར་བྱེད་པའོ། །དེ་བཞིན་དུ་འདུལ་བ་འཛིན་པ་དང། མ་མོ་འཛིན་པ་ཡང་ཁོང་དུ་ཆུད་པར་བྱའོ། །མ་མོའི་སྒྲས་ཆོས་མངོན་པར་བརྗོད་པ ་ཡིན་ཏེ། མདོ་སྡེ་དང་འདུལ་བའི་སྡེ་སྣོད་དག་གིས་མ་ལྟ་བུའི་གནས་ལེན་པའི་ཕྱིར་རོ། །མང་དུ་ཤེས་པ་ནི་དགེ་འདུན་གྱི་ཚད་ལས་ཉུང་བ་སྟེ། དགེ་འདུན་གསུམ་ཞེས་བྱ་བའི་བར་དུའོ། འདིར་དགེ་སློང་ཆོས་ཀྱིས་རྒན་པ་ནི་གནས་བརྟན་དུ་བཞེང་ལ། །གནས ་བརྟན་གཞན་ནི་གནས་གཙོ་བོར་གྱུར་པའོ། །ཇི་ལྟར་དགེ་སློང་མང་པོར་དག་ལས་ཡོན་ཏན་གྱིས་འདིད་གཙོ་བོར་ཞེས་ལ། གཙོ་བོ་ལས་གཞན་ནི་དམ་པར་གྱུར་པའོ། །བཞི་པོ་འདི་ནི་ནག་པོ་བསྟན་པ་ཡིན་ནོ། །མདོ་སྡེ་ལ་འཇུག་ཅེས་བྱ་བ་ནི་སྔ་མ་བཟློག་པ ་དང་ལྷན་ཅིག་སྦྱར་བར་བྱའོ། །དོན་ཅི་ལྟ་བ་བཞིན་དུ་འཛིན་ཅིང་འཁྲུལ་བ་སྤངས་པ་ཉིད་ཀྱི་ཕྱིར་ལགས་པར་བདུད་པ་ཡིན་ནོ། གཞན་ལ་སྙད་འདོགས་པའི་སྒོ་ནས་བརྗོད་པ་ནི་བསྟན་པ་ཡིན་ཏེ། ནག་པོ་ཡང་དེ་ཡིན་ལ་བསྟན་པ་ཡང་ཡིན་པས་ནག་པོ་བསྟན ་པ་ཡིན་ནོ། །ཕ་རོལ་བོ་སངས་རྒྱས་ཀྱི་དཀའ་ཉིད་དུ་འདོད་པའི་ཚིག་གང་ཡིན་པ་དེ་སངས་རྒྱས་ཀྱི་བཀའ་མ་ཡིན་པ་ཉིད་དུ་བསྒྲུབ་པའི་ཚིག་ནི་ནག་པོའི་སྒྲས་བསྟན་པ་ཡིན་ལ། དེས་ཉེ་བར་མཚོན་པའི་སྙད་འདོགས་པ་ནི་ནག་པོ་ལ་བསྟན་པ་ཞེས་བྱའོ། ་ལེགས་པར་བྱ་བ་ནི་རིགས་པར་རོ། །ཤིན་ཏུ་ནི་ཁྱབ་པར་དུ་ཡང་དག་པར་སྦྱར་ཏེ་ཞེས་བྱ་བ་ནི་ཡང་ནས་ལང་དུ་བཅས་པ་དད་པར་དག་པར་རྗེས་སུ་སྤྱོད་པར་བྱས་ནས་?། །ཡི་གེའི་བདག་ཉིད་ཀྱིས་ཤིན་ཏུ་དཔྱད་པར་བྱ་བ་ཡིན་ནོ། །ཡང་དག་པ་དང་རྟགས་ལ ་ཞེས་བྱ་བ་ནི་མདོ་སྡེ་ལས་འཇུག་པ་ལ་སོགས་པའི་སྒོ་ནས་དོན་གྱི་བདག་ཉིད་དུ་ཤིན་ཏུ་དཔྱད་ནས་སོ། །དོར་བར་བྱ་བ་ཞེས་བྱ་བ་ནི་ཡོངས་སུ་སྤང་བར་བྱ་བའོ། །སངས་རྒྱས་ཀྱི་བཀའ་ཉིད་ཀྱིས་དོན་ཆེན་པོ་དང་ལྡན་པའི་ཕྱིར་ཆེན་པོ་བསྟན་པ་ཡིན་ནོ།། ་གཟུང་བར་བྱའོ་ཞེས་བྱ་བ་ནི་འདི་ནི་སངས་རྒྱས་ཀྱི་བཀའ་ཡིན་ནོ། །ཞེས་བྱ་བའི་སྒོ་ནས་གུས་པ་གཟུང་བར་བྱ་བ་ཡིན་ནོ། །སྲོག་ཆགས་ཛ?་ཀུ་ཀའི་ནགས་ཚལ་ཐུག་མོ་ཞེས་བྱ་བ་ནི་སྲོག་ཆགས་ཇི་ལུས་ཉོ་བར་མཚན་པ་ཉིད་ཀྱི་ཕྱིར་རམ། མིང་གི་སྒྲས་ནི་སྲོག་ཆགས་ཛ ་ལུ་ཀའི་ནགས་ཚལ་འཐུག་མོ་ཞེས་བྱའོ། །མགར་བ་ནི་གསེར་མགར་རོ། །ཀོ་ལ་སྨིན་པ་ཞེས་བྱ་བ་ལ་ཀོ་ལ་ཞེས་བྱ་བ་ནི་འབྲུའི་བྱེ་བྲག་ཁྱད་པར་ཅན་འགའ་ཞིག་ཡིན་ལ། སྨིན་པ་ནི་ཡང་དག་པར་གྱུར་པའོ། །ཀོ་ལ་གང་ཡིན་པ་དེ་ནི་ཀོ་ལ་ཀ་སྨིན་པ་ཡིན་ནོ།། ་ཚོགས་པ་ཆེན་པོའི་བྱེ་བྲག་གིས་བཟང་པོར་བྱས་པ་ལེགས་པར་བྱས་པ་བཟང་བ་ཡིན་ནོ། །མཚན་ཁུང་དུ་བཞག་གོ་ཞེས་བྱ་བ་ནི་རྐུ་སེམས་ཀྱིས་མཚན་ཁུང་གི་ཕྱོགས་སུ་སྤས་པ་ཡིན་ནོ། །བཅོམ་ལྡན་འདས་ཀྱི་མཐུས་བརྡུངས་མགར་མཁན་གྱི་བུ་སྐུལ་བྱེད ་ཀྱིས་མཐོང་བ་དགེ་སློང་གི་ཡུལ་དེ་ལ་འཇུག་པར་མཛད་པ་བཅོམ་ལྡན་འདས་ཇི་ལ་དགོས་པ་ཡིན་ཞེ་ན། འདི་ལ་བཅོམ་ལྡན་འདས་ཀྱི་དགོངས་པ་ནི་འདི་ཡིན་ཏེ། གལ་ཏེ་བརྡུངས་མགར་མཁན་གྱི་བུ་སྐུལ་བྱེད་ཀྱིས་དགེ་སློང་དེ་སྣོད་རྐུ་བ་མཐོང་བ་དེའི ་ཚེ་སྐུལ་བྱེད་འཁོར་འདི་མ་བསད་པ་མ་ཡིན་གང་གི་ཕྱིར་དགེ་སློང་འདི་ནི་བཅོམ་ལྡན་འདས་ཀྱི་སྤྱན་སྔར་གནས་ཤིང་དགྲ་བཅོམ་པ་དུ་མའི་ནང་དུ་ཆུད་ཀྱང་འདི་ལྟ་བུའི་ལས་བྱེད་དོ། །ཞེས་འཁོར་བའི་གནས་ངན་པ་ཡིན་ནོ། །སྙམ་པས་བཅོམ་ལྡན་འདས ་དང་དགེ་སློང་ཉེས་པ་ཟད་པ་དག་ལ་དད་པ་འཕེལ་ཞིང་འགྱུར་བ་དང། ཐར་པའི་དོན་གྱི་བྱ་བ་ལ་རྩོལ་བར་འགྱུར་བ་དང། བཤད་པར་འགྱུར་བའི་འདྲི་བའི་སྐབ་བྱས་པ་ཡིན་པའི་ཕྱིར་སྐུལ་བྱེད་ཀྱིས་མཐོང་བ་དགེ་སློང་གི་ཡུལ་ལ་འཕགས་པ་ནི་ཤིན་ཏུ་དོན ་ཆེན་པོ་ཡིན་ནོ་ཞེས་སྟོན་ཏོ། །ཐུབ་པ་བློ་གྲོས་རབ་ཡངས་པ་ཞེས་བྱ་བ་སོགས་པ་ལ། ཉོན་མོངས་པ་ལས་གྱུར་པའི་ཚིག་ཉེ་བར་ཞི་བའི་ཕྱིར་ཐུབ་པ་སྟེ། ཐུབ་པ་བཅོམ་ལྡན་འདས་དེ་ལ་ཞུ་བར་གྱིའོ། །ཁྱད་པར་ཇི་ལྟ་བུ་དང་ལྡན་པའི་ཐུབ་པ་ཞེ་ན། བློ་གྲོས་རབ་ཡངས་ཞེས ་བྱ་བ་ལ་སོགས་པ་སྨོས་ཏེ། བློ་གྲོས་ཏེ་ཤེས་རབ་ཡངས་ཤིང་རྒྱ་ཆེ་བར་གྱུར་པ་གང་ལ་ཡོད་པ་དེ་ནི་བློ་གྲོས་རབ་ཏུ་ཡངས་པ་ཡིན་ཏེ། ཐམས་ཅད་མཁྱེན་པའི་ཡེ་ཤེས་དང་ལྡན་པ་ཉིད་ཀྱི་ཕྱིར་རོ། །འཁོར་བའི་རྒྱ་མཚོ་ཆེན་པོ་ལ་རྒལ་བ་ཉིད་ཀྱི་ཕྱིར་བརྒལ་བ་ཡིན་ནོ།། ་ཕུང་པོ་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པ་ཕ་རོལ་གྱི་དོགས་ཡང་དག་པར་བརྙེས་པའི་ཕྱིར་ཕ་རོལ་གཤེགས་པ་ཡིན་ནོ། །ཐེ་ཚོམ་མ་ལུས་པ་སྤངས་པའི་ཕྱིར་ཐེ་ཚོམ་ལས་བརྒལ་བ་ཡིན་ནོ། །ཁ་ལོ་སྒྱུར་བ་ནི་སྔོན་དུ་འགྲོ་བའོ། །ཐམས་ཅད་ཀྱི་དང ་པོར་མྱ་ངན་ལས་འདས་པའི་ལམ་སྟོན་པར་མཛད་པའི་སྒོ་ནས་ཁ་ལོ་སྒྱུར་བ་ཐམས་ཅད་ཀྱི་གཙོ་བོར་གྱུར་པ་ཉིད་ཡིན་པའི་ཁ་ལོ་སྒྱུར་བའི་མཆོག་ཡིན་ནོ། །གནས་ཁྱད་པར་དུ་འཕགས་པར་འདྲེན་པར་བྱེད་པའི་ཕྱིར་འདྲེན་པ་ཡིན་ལ། སྡུག་བསྔལ་ཐམས་ཅད་ཀྱི ་འཇུག་པ་ཟློག་པར་བྱད་ཅིང་མྱ་ངན་ལས་འདས་པའི་གྲོང་ཁྱེར་ལ་རབ་ཏུ་འཇུག་པར་བྱེད་པ་ཉིད་ཀྱི་སྒོ་ནས་གཙོ་བོར་གྱུར་པ་ཉིད་ཡིན་པའི་ཕྱིར་འདྲེན་པའི་མཆོག་ཡིན་ཏེ། དེ་ལྟ་བུའི་ཡོན་ཏན་དང་ལྡན་པའི་ཐུབ་པ་ལ་ཞུ་བར་བྱའོ། །ཅི་ཞིག་ཞུ་བར ་བྱ་ཞེ་ན། འཇིག་རྟེན་དགེ་སྦྱོང་དུ་མཆིས་ཞེས་བྱ་བ་སྨོས་ཏེ། ཀྱེ་བཅོམ་ལྡན་འདས་ཞུས་པ་ལན་གྱི་བགས?་གསུངས་ཤིག་པ་ཡིན་ནོ། །དགེ་སྦྱོང་བཞི་སྟེ་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ་མངོན་སུམ་དུ་བྱས་ནས་ཞེས་བྱ་བ་ནི་དགེ ་སྦྱོང་བཞི་པ་དེ་དག་ཐེ་ཚོམ་མེད་པར་མཁྱེན་ནས་ཁྱོད་ལ་སྨྲ་བ་སྟེ་བསྒྲག་པར་བྱའོ། །ལམ་རྒྱལ་བ་ནི་ཞེས་བྱ་བ་ནི་སྐུལ་བྱེད་དོ། །གང་གིས་ཐེ་ཚོམ་སྨྲ་བ་བཅད་ནས་ཞེས་བྱ་བ་ནི་བཅོམ་ལྡན་འདས་སོ། །ཐེ་ཚོམ་ཞེས་བྱ་བ་ནི་ཡི་གཉིས་ཀྱི་རྒྱུ་ཅན་སེམས་རྣམ ་པར་ཚོལ་བ་སྟེ། ཐེ་ཚོམ་སྨྲ་བ་ཆད་པ་གང་ཡིན་པ་དེ་ནི་ཐེ་ཚོམ་སྨྲ་བ་ཆད་པ་སྟེ། ཡིད་གཉིས་ཀྱིས་བག་ལ་ཉལ་མ་ལུས་པ་སྤངས་པ་ཡིན་ནོ། །འདིས་ནི་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་སྤངས་པ་བསྟན་ཏོ། །བསྒོམ་པས་སྤང་བར་བྱ ་བ་འདོད་ཆགས་ལ་སོགས་པའི་ཟུག་རྔུ་དང་བྲལ་བ་ཉིད་ཀྱི་ཕྱིར་ཟུག་རྔུ་དང་བྲལ་བ་སྟེ། བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་མ་ལུས་པར་སྤངས་པ་ཞེས་བྱ་བའི་དོན་ཏོ། །ཤིན་ཏུ་བསྟན་པ་ཉིད་ཀྱི་ཕྱིར་དང། ཡོངས་སུ་མ་ཉམས་པའི་ཆོས་ཉིད་ཡིན་པའི་ཕྱིར ་དང། འཁོར་བ་མ་ལུས་པའི་ཡོན་གནས་གཅིག་ཉིད་ཡིན་ཕྱིར་གཞན་གྱི་དྲིང་མི་འཇོག་པ་ཡིན་ནོ། །མྱ་ངན་ལས་འདས་པ་དགའ་ཞེས་བྱ་བ་ནི་གདུལ་བྱ་ལ་ཕན་འདོགས་པ་ལ་རག་ལས་པ་ཉིད་ཀྱི་ཕྱིར་ཕུང་པོ་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པ་ལ ་དགའ་བ་ཡིན། །དེ་ཉིད་ཀྱི་ཕྱིར་ལྷ་དང་བཅས་པའི་འཇིག་རྟེན་གྱི་བཅོམ་ལྡན་འདས་དེ་ཉིད་སྟོན་པ་ཡིན། །དེ་ནི་ཞེས་བྱ་བ་ནི་བཤད་མ་ཐག་པའི་ཡོན་ཏན་ནོ། །སངས་རྒྱས་བཅོམ་ལྡན་འདས་ཡིན་ལ། སངས་རྒྱས་ཀྱི་སངས་རྒྱས་ཀྱི་ལམ་གྱི་འདི་རྒྱལ་བ ་ཡིན་ནོ་ཞེས་བྱ་བའི་དབང་དུ་བྱས་ནས་ལམ་རྒྱལ་བ་གསུངས་པ་ཡིན་ནོ། །གང་གིས་གསུངས་པའི་ཆོས་རྣམ་པར་ཕྱེ་བ་ནི་གཞན་དག་ལ་རབ་ཏུ་བསྟན་པ་དེ་ནི་ལམ་འཆད་པ་ཡིན་ཏེ། འཕགས་པ་ཤཱ་རིའི་བུ་ཆོས་ཀྱི་སྡེ་དཔོན་གཉིས་པ་ཉིད་ཡིན་པའི་ཕྱིར་དང། ་ཆོས་ཀྱི་འཁོར་ལོ་རྗེས་སུ་སྐོར་བར་མཛད་པ་ཉིད་ཀྱི་ཕྱིར་རོ། །ཆོས་ཁྱད་པར་ཇི་ལྟ་བུ་ཅན་ཞེ་ན། སྨྲས་པ་དང། རབ་མཆོག་ནི་ཁྱད་པར་དུ་འཕགས་པའོ། །ཤེས་པ་ནི་རིག་པ་ཉིད་དོ། །ཇི་ལྟར་ཤེས་པ་ཉིད་ཡིན་ཞེ་ན། མཆོག་ཅེས་བྱ་བ་སྨོས་ཏེ། དེ་ཉིད་བྱ་བའི ་ཁྱད་པར་ཡིན་ཏེ། དེས་ཤིན་ཏུ་ཞེས་བྱ་བའི་ཐ་ཚིག་གོ་།ཐེ་ཚོམ་གཅོད་པར་བྱེད་པས་ན་ཐེ་ཚོམ་གཅོད་པ་སྟེ། དེ་ནི་སེམས་ཅན་མ་ལུས་པའི་ཐེ་ཚོམ་གཅོད་པ་ཉིད་ཡིན་པའི་ཕྱིར་རོ། །ཉོན་མོངས་པའི་བརྗོད་པ་ཉེ་བར་ཞི་བའི་ཕྱིར་ཐུབ་པ་ཡིན་ལ། མྱ་ངན་ལས ་འདས་པའི་ཆོས་མངོན་སུམ་དུ་བྱེད་པའི་ཕྱིར་གཞན་གྱི་དྲིང་མི་འཇོགས་པ་ཡིན་ནོ། །ལམ་འཚོ་བ་ནི་འཕགས་པའི་གང་ཟག་བདུན་ནམ་དེ་དག་ནི་ནང་ནས་གཞན་པའོ། །འཕགས་པའི་བདེན་པ་བཞི་ནི་ཆོས་ཀྱི་ཚིག་ཡིན་ཏེ་དེའོ། །ལེགས་བཤད་པ་ཞེས་བྱ་བ་ནི ་མཛེས་པར་བཤད་པ་སྟེ། ཆོས་ཀྱི་ཚིག་དེ་ཉིད་ལམ་ཡིན་ལ་ལམ་དེ་ལ་གནས་ནས་འཚོ་བ་ནི་དགེ་བའི་ཆོས་ཀྱི་འཚོ་བས་འཚོ་བར་བྱེད་པའི་ཕྱིར་རོ། །ཡང་དག་སྡོམ་པ་ཞེས་བྱ་བ་ནི་ཟག་པ་མེད་པའི་སྡོམ་པ་དང་ལྡན་པའི་ཕྱིར་རོ། །དྲན་པ་ཉེ་བར་བཞག་པ་བསྒོམ ་པ་རབ་ཏུ་གྱུར་པ་ཐོབ་པ་ཉིད་ཀྱི་ཕྱིར་དྲན་པའི་བདག་ཉིད་ཅན་ཡིན། །ཁ་ན་ཐོ་བ་མེད་པའི་ཚིག་སྡུག་བསྔལ་འཕགས་པའི་བདེན་པ་ལ་སོགས་པ་དེ་དག་གིས་བསྒོམ་པས་སྤང་བར་བྱའོ། །ཉན་མོངས་པ་སྤང་བར་བྱ་བའི་ཕྱིར་སློབ་པ་སྟེ། བསྒོམ་པ་གོམས ་པར་བྱེད་པ་ཡིན་ནོ། །གང་ཡང་དགེ་སློང་དང་ཚུལ་འདྲ་བ་ཕམ་པར་འགྱུར་བ་ལྷག་པར་སྤྱོད་པའི་ཕྱིར་ལམ་སུན་འབྱིན་པའི་ཞེ་བར་རིག་པར་བྱའོ། །ཅི་ལྟར་ན་ཚུལ་དང་མི་མཐུན་པར་སྤྱོད་པ་ཡིན་ཞེ་ན། ལེགས་དགའ་ནང་ན་ཞེས་བྱ་བ་ལ་སོགས་པ་སྨོས ་པ་ཡིན་ཏེ། གང་དག་བསླབ་པ་འདོད་པ་ཉིད་ཀྱིས་ལུས་དང་ངག་གི་ཀུན་ཏུ་སྤྱོད་པ་འདུལ་བ་དེ་དག་ནི་འདིར་ལེགས་དགའ་ཡིན་པར་རིག་པར་བྱའོ། །ལེགས་པ་ལ་དགའ་བ་དེ་དག་གི་ནང་ན་གཡོགས་པར་བྱས་པ་ཉིད་ཀྱི་ཕྱིར་གཡོགས་པ་སྟེ། ཆ་ལུགས ་ཡིན་ལ། དེ་བག་ཆ་ལུགས་ཀྱིས་རྣམ་པར་གནས་པར་འགྱུར་བ་གང་ཡིན་པའོ། །འདི་ལ་ཞེས་བྱ་བ་ནི་བསྟན་པ་ལའོ། །དེ་ཁྱད་པར་ཇི་ལྟར་བུ་ཅན་ཞེ་ན། རབ་བསྐེམས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཚུལ་མ་ཡིན་པས་ཕ་རོལ་ཟིལ་གྱིས་མནོན་པའི་ངང ་ཚུལ་ཅན་རབ་བརྐེམས་ཡིན་ནོ། །ལུས་དང་ངག་གི་འཇུག་པ་མེད་པ་གང་གིས་ཁྱིམ་སུན་འབྱིན་པར་བྱེད་པ་དེ་ནི་ཁྱིམ་སུན་འབྱིན་པ་ཡིན་ནོ། །ཐམས་ཅད་དུ་ཚིག་རབ་ཏུ་གཏོང་བས་ན་ཚིག་ལ་བརྐམ་པ་ཡིན་ནོ། །སྤྱོད་ལམ་ལོག་པར་སྟོན་པའི་སྒོ་ནས་ཕ ་རོལ་པོ་སླུ་བར་བྱེད་པ་ཉིད་ཀྱི་ཕྱིར་སྒྱུ་ཅན་ནོ། །འབྲེལ་པའི་ཚིག་སྨྲ་བ་ཉིད་ཀྱི་ཕྱིར་སྡོམ་མེད་རབ་སྨྲ་ཡིན་ནོ། །ལམ་ནི་འཕགས་པའི་ལམ་ཡིན་ལ་སུན་འབྱིན་པར་བྱེད་པ་ནི་རང་གི་རྒྱུད་ཀྱི་འཇུག་པ་ཡིན་ཏེ། དེའི་ཕྱིར་ལམ་སུན་འབྱིན་པ་ཡིན་ནོ། །སྐུལ ་བྱེད་དགེ་སློང་གཞན་དག་ཀྱང་འདི་འདྲ་བའི་རིགས་ཅན་ཁོ་ན་ཡིན་ནོ། །སྙམ་དུ་དོགས་པར་འགྱུར་བ་ལ་དེ་བཟློག་པར་བྱེད་པའི་ཕྱིར། དེ་ལྟར་བ་སེམས?་ནས་ཞེས་བྱ་སྨྲས་པ་ཡིན་ནོ། །ཐམས་ཅད་འདི་འདྲར་མི་འགྱུར་རོ། །ཞེས་བྱ་བ་ནི་ཅི་ལྟར་དགེ་སློང་དེ་དག ་ཅེས་འདི་ལྟར་བསམས་ཤིང་དཔྱད་ནས་དགེ་སློང་ཐམས་ཅད་འདི་འདྲ་བར་མི་འགྱུར་རོ། །ཁྱིམ་པ་གང་ཞིག་ཅེས་བྱ་བ་ནི་ཁྱིམ་ན་གནས་པའོ། །ལུང་ཐོས་པ་དང་ལྡན་པའི་ཕྱིར་ཐོས་པ་དང་ལྡན་པའོ། །རྟོགས་པ་དང་ལྡན་པ་ཉིད་ཀྱི་ཕྱིར་འཕགས་པ ་ཉན་ཐོས་སོ། །འཕགས་པའི་བདེན་པ་བཞི་པོ་མཛེས་པར་ཤེས་པ་ཉིད་ཀྱི་ཕྱིར་ལེགས་རྟོགས་སོ། །དེ་ལྟར་ཤེས་ནས་ཞེས་བྱ་བ་ནི་ཡོངས་སུ་བཅད་ནས་སོ། །དེའི་དད་པ་ཤེས་མི་འགྱུར་ཞེས་བྱ་བ་ནི་གང་དགེ་སློང་སྡིག་པ་ཅན་དེ་ལ་དད་པ་མི་སྐྱེ་སྟེ། ་འདིར་ལྟར་དགེ་སློང་འདི་ནི་སྨད་པ་ཡིན་ནོ། །སྙམ་པ་དེས་དགེ་སློང་དད་པ་ལྡན་པ་གཞན་ལ་ཡང་མི་སྲུན་པ་སྙམ་དུ་སེམས་པར་འགྱུར་རོ། །དེ་གང་ལས་ཞེ་ན། ཇི་ལྟར་མི་སྲུན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཇི་ལྟར་མཉམ་པོར་བྱ་དང་མི་བྱ་བ་ཞེས ་བྱ་བའི་ཐ་ཚིག་གོ་།གང་ཞེ་ན། མི་སྲུན་པ་མ་ཡིན་པ་ཉེས་པ་མེད་པ་དང། མི་སྲུན་པ་དང་ལྡན་པ་གཅིག་མཚུངས་པར་བྱས་པའོ། །ངག་པ་ཞེས་བྱ་བ་ནི་རྣམ་པར་དག་པའི་ཡོན་ཏན་དང་ལྡན་པ་ཡིན་ལ། མ་དག་པ་ནི་ཡོན་ཏན་མེད་པའོ། །གང་གཅིག ་དང་འབྲལ་བའི་སྡིག་པའི་ལས་སུ་འགྱུར་བའི་སྡིག་པའི་ལས་དེས་སྐྱེ་བོ་སྡིག་པ་མི་བྱེད་པ་ལ་དོགས་པར་འགྱུར་བའི་ངོགས་པ་བསྐྱེད་པའི་རྒྱུ་མཚན་དུ་འགྱུར་རོ། །ཇི་ལྟར་ཡོངས་སུ་དག་པའི་སྐྱེ་བོ་རྟོགས་པའི་གནས་སུ་འགྱུར་ཞེ་ན། ཁ་དོག་གཟུགས ་ལྡན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ཕྱིར་འདི་ལྟར་ལེགས་པར་མཚོན་པ་དང་ལེགས་པར་ཡོངས་སུ་ཆོད་པར་མི་འགྱུར་བ་དེའི་ཕྱིར་ཅིག་ཤོས་མཐོང་བས་ཡིད་མི་བསྟན་པ་སྟེ། ཡིད་ཆེས་པར་མི་བྱའོ། །ཅིག་ཤོས་ཀྱང་དེ་ཡིན་ལ་མཐོང་བ་ཡང་དེ་ཡིན ་བས་ན་ཅིག་ཤོས་མཐོང་སྟེ། དམན་པ་མཐོང་བ་ཞེས་བྱ་བའི་བར་དུའོ། །ཅིའི་ཕྱིར་ཡིད་བརྟན་པ་མ་ཡིན་ཞེ་ན། རབ་ཏུ་སྡོམ་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ནའི་སྒྲ་ནི་གང་གི་ཕྱིར་གྱི་དོན་ཡིན་ཏེ། གང་གི་ཕྱིར་འཇིག་རྟེན་འདི་ན་ལེགས་པར་མི ་སྡོམ་ཞིང་སྡིག་པ་ལས་མི་ལྡོག་པ་མང་པོ་སྤྱོད་པ་ཤིན་ཏུ་སྡོམ་པས་ན་རབ་ཏུ་སྤོམ་པས་སོ། །དེ་དག་གི་རྟགས་དེ་ཆ་ལུགས་དེས་ཉེ་བར་མཚོན་པ་ཡིན་ནོ། །དེ་ཁྱད་པར་ཅི་ལྟ་བུ་ཞེ་ན། འདྲ་བ་ཞེས་བྱ་བ་སྨོས་ཏེ། སྐྱེ་བོ་དམ་པ་དང་འདྲ་ཞིང་རྣམ་པར ་མཚུངས་པར་གྱུར་པའོ། །ཅི་དང་འདྲ་བར་ཞེ་ན། གསེར་གྱིས་གཡོགས་པའི་རྣ་ཆ་ཞེས་བྱ་བ་སྨོས་ཏེ། གཡོགས་པ་ནི་གསེར་གྱིས་བསྒོས་པའི་སྒོ་ནས་གསེར་གྱི་ཁ་དོག་དུ་བསྒྱུར་བ་ཡིན་ལ། རྣ་ཆ་ནི་རྣ་བའི་རྒྱན་ཡིན་ནོ། །མ་ཤ་ཕྱེད་ལྕགས ་གསེར་གྱིས་བསྒོས་པ་བཞིན?་ཞེས་བྱ་བ་ལ། ལྕགས་ཉུང་ངུ་ནི་མ་ཤ་ཕྱེད་ལྕགས་ཏེ། དེ་གསེར་གྱི་ནང་དུ་བཅུག་ནས་རྣ་རྒྱན་དུ་འདོག་པ་དེ་བཞིན་དུ། ཤིན་ཏུ་མི་སྲུན་པ་དེ་ཉེས་པར་སྤྱོད་པ་མང་པོ་ལྷག་པར་སྤྱོད་པའི་སྒོ་ནས་ལུས ་དང་ངག་གི་སྤྱོད་པ་བཅེས?་པ་སྟོན་པའི་ཕྱིར་ཕྱི་རོལ་འཕགས་པའི་གཟུགས་སུ་སྤྱོད་པ་སྟེ། འཁོར་མང་པོ་དང་ལྡན་པར་གནས་པ་ཡིན་ནོ། །སྦྱིན་པས་བསོད་ནམས་རབ་ཏུ་འཕེལ་ཞེས་བྱ་བ་ལ་སོགས་པ་ལ་སྦྱིན་པ་སྟེ། གང་ཟག་ལ་ཞིང ་དང་ཟ་བ་ལ་སོགས་པའི་སྦྱིན་པ་དང་པས་རབ་ཏུ་སྦྱིན་ན་བསོད་ནམས་འཕེལ་ཞིང་ལེགས་པར་སྤྱོད་པ་རྒྱས་པར་འགྱུར་རོ། །རྟག་ཏུ་རྒྱུན་མི་འཆད་པར་བསོད་ནམས་མངོན་པར་འཕེལ་བར་འགྱུར་བ་ཞེས་བྱ་བ་འདིར་སྨྲས་པ་ཡིན ་ཏེ། གལ་ཏེ་ཡང་ཁྱོད་ཀྱི་བསོད་སྙོམས་ཉེ་བར་ལོངས་སྤྱད་ནས་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པ་དེ་ལྟ་ན་ཡང་ཁྱེད་ཀྱི་བསོད་ནམས་འཕེལ་བ་ཁོ་ནར་འགྱུར་གྱི། སྡིག་པ་ནི་མ་ཡིན་ནོ། །ཞེས་སྟོན་པར་བྱེད་པ་ཡིན་ནོ། ་སྡིགས་པ་ཅན་གྱི་དགེ་སློང་གི་དབང་དུ་བྱས་ནས་སྨྲས་པ། ཡང་དག་སྡོམ་ལས་འཁོན་མི་འཕེལ་བ་སྟེ། འགའ་ཞིག་ཏུ་ཚུལ་ཁྲིམས་ལས་འཁོན་མི་འཕེལ་ཏེ། གཞན་ལ་གནོད་པ་བྱེད་པ་མེད་ཅེས་བྱ་བའི་ཐ་ཚིག་གོ་།ཡང་ན་ཡང་དག་པར་སྡོམ ་པ་ནི་བཟོད་པ་ཡིན་ཏེ། ལུང་ལས་བཟོད་པ་དཀའ་ཐུབ་དམ་པ་ཡིན་ཞེས་འབྱུང་བ་དེའི་ཕྱིར་རྒྱུ་དེས་འཁོན་ཏེ་མདུད་པར་འཛིན་པ་སྐྱེ་བར་མི་འགྱུར་རོ། །དགེ་བ་ཅན་གྱིས་སྡིག་པ་སྤོང་ཞེས་བྱ་བ་བྱིས་པ་ལ་སོགས་པའི་ཡོན་ཏན་བསྒོམས་པའི་བདག ་ཉིད་ཅན་གྱི་དགེ་བ་གང་ལ་ཡོད་པ་དེ་ནི་དགེ་བ་ཅན་ཏེ། དེས་སྡིག་པ་སྟེ་ཉེས་པར་སྤྱོད་པ་ཀུན་གྱི་འབྲས་བུའི་བདག་ཉིད་དེ་ཡོངས་སུ་སྤོང་བར་བྱེད་པ་འམ། མཐོང་བའི་ལམ་མངོན་སུམ་དུ་བྱས་པའོ། །སྲིད་པའི་འབྲས་བུ་ལེགས་པར་སྤྱོད་པ་བསྟན ་ནས་མྱ་ངན་ལས་འདས་པའི་འབྲས་བུ་ཉོན་མོངས་པ་ཟད་པ་ལས་འདས་ཞེས་བྱ་བ་སྨོས་ཏེ། ཐར་པ་ཡང་ཉོན་མོངས་པ་སྤངས་པ་ལས་ཐོབ་པ་འམ། འདིས་སྒོམ་པའི་ལམ་བསྟན་པ་ཡིན་ནོ། །ཁྱིམ་པའི་བདག་ཉིད་ནི་འབྲས་བུ་ལ་སྦྱོར་བའི་དོན་དང་ལྡན་པ ་ཡིན་ལ། རབ་ཏུ་བྱུང་བའི་ཚུལ་ཁྲིམས་དང། སོ་སོ་སྐྱེ་བོ་ངེས་པར་འབྱེད་པའི་ཆ་དང་མཐུན་པ་ཐོབ་པ་ནི་བཟོད་པ་དང་སློབ་པ་དང། ཉོན་མོངས་པ་སྤོང་བར་བྱེད་པ་ཞེས་བྱ་བ་གང་ཟག་བཞིའི་ཕན་ཡོན་སྟོན་པར་བྱེད་པ་ཡིན་ནོ། །ན་བ་ཞེས་བྱ་བ ་ནི་ནད་ཀྱིས་རྣམ་པར་དཀྲུགས་པས་འབྲུག་པ་སྟེ། ན་བ་དང་འདྲ་བར་སྤྱོད་པས་ན་བའོ། །དེ་ཞེས་བྱ་བ་ནི་རྒྱབ་པོ། །ངལ་བསོ་བ་ཞེས་བྱ་བ་ནི་ས་ལ་མཉམ་པར་ཁྱབ་པའི་སྒོ་ནས་དྲང་པོར་བྱ་བའོ། །ལྟ་བ་མང་པ་ནི་ཆོས་ཀྱི་མཆོག་སྟེ་སྣམ་སྦྱར་རོ།། ་དབུ་སྔས?་སུ་བཅུག་སྟེ་ཞེས་བྱ་བ་ནི་དེ་རྒྱུ་མཚན་གྱི་བདུན་པ་ཞེས་བྱ་བའི་དབང་དུ་བྱས་ནས་དབུའི་རྒྱུ་མཚན་དུ་བཞག་པ་ཡིན་ནོ། །བསྐྱོད་ཅིང་ཞེས་བྱ་བ་ལ་སོགས་པ་ལ། འོག་གི་ཆའི་ས་འཁྲུགས་ཤིང་བསྐྱོད་པ་ཡིན་ལ། ཆུ་དང་འདྲེས་པར་ཡོངས་སུ་འཁྲུགས་པས་ན་དཀྲུགས ་བ་ཡིན་ཏེ། ཀུན་ནས་འཁྲུགས་པས་ན་རྙོག་པར་བྱས་པ་ཡིན་པ་འམ། ཡང་ན་འོག་ཏུ་འཁྲུགས་པ་ནི་བསྐྱོད་པ་ཡིན་ལ། བར་དུ་འཁྲུགས་པ་ནི་འཁྲུགས་པ་ཡིན་ཞིང་མ་ལུས་པར་འཁྲུགས་པའི་ཕྱིར་རྙོག་པར་བྱས་པ་ཡིན་ནོ། །གྱང་ཀྱི་བློན་པོ་ཞེས་བྱ་བ་ནི་གྱང་གྱི ་མིང་ཅན?་གྱི་རྒྱལ་རིགས་གཙོ་བོར་གྱུར་པའོ། །ལམ་དུ་ཞུགས་པ་ནི་ལམ་དུ་ཞུགས་པ་སྟེ། འགྲོ་བ་ལ་རབ་ཏུ་འཇུག་པ་ཞེས་བྱ་བའི་བར་དུའོ། །མཛེས་པ་ནི་ཁ་དོག་གི་སྒོ་ནས་རབ་ཏུ་དང་བ་སྐྱེད་པ་ཉིད་ཀྱི་ཕྱིར་རོ། །དད་པར་མཛད་པ་ནི་དབྱིབས་ཀྱི་སྒོ་ནས་སོ།། ་མིག་ལ་སོགས་པའི་དབང་པོ་ཞི་བ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། དབང་པོ་སྡོམ་པ་བླ་ན་མེད་པ་དང་ལྡན་པའི་ཕྱིར་རོ། །ཡིད་འཁྲུགས་པའི་རྒྱུ་བག་ཆགས་དང་བཅས་པའི་བག་ལ་ཉལ་བ་སྤངས་པའི་ཕྱིར་ཡིད་ཞི་བའོ། །དེ་ཉིད་ཀྱི་ཕྱིར་མཆོག་ཏུ ་སེམས་དུལ་ཞིང་ཉེ་བར་ཞི་བ་དང་ལྡན་པར་འགྱུར་བ་དང། ཁྱད་པར་དུ་འཕགས་པའི་ཡིད་ཀྱིས་སྡོམ་པ་དང་འབྱོར་བའི་ཕྱིར་རོ། །དཔལ་ཏེ་འོད་འདོམ་གང་བའི་མིང་ཅན་གྱི་འོད་ཟེར་རབ་ཏུ་འབར་བའོ། །ཅི་དང་འདྲ་བར་ཞེ་ན། གསེར་གྱི་སྡོང་པོ་བཞིན་ཞེས་བྱ ་བ་སྨོས་ཏེ། དེ་ལྟ་བུར་གྱུར་པའི་བཅོམ་ལྡན་འདས་དེ་མཐོང་ནས་སོ། །ཉོན་མོངས་པའི་དྲི་མ་བསལ་བའི་ནུས་པ་དང་ལྡན་པའི་གཙང་སྒྲ་བྱེད་པའི་གཙང་སྒྲ་དག་ནི་ཚོགས་ཀྱི་ལམ་དང་བཅས་པའོ། །དགའ་བ་ཅེས་བྱ་བ་ནི་བཟོད་པར་གྱུར་པའོ། །འདུ་ཤེས ་བར་གྱུར་ཞེས་བྱ་བ་ནི་མི་ཉལ་བའི་འདུ་ཤེས་དང་ལྡན་པར་གྱུར་པའོ། །རྡུལ་གྱིས་གོས་པ་སྨོས་པ་ནི་སྣམ་སྦྱར་ཤིང་རྟའི་ལམ་དང་ཐག་ཉེ་བ་ན་གནས་པ་སྟོན་པ་ཡིན་པར་བལྟ་བར་བྱའོ། །རབ་ཏུ་དང་པའི་གནས་སྐབས་ནི་རབ་ཏུ་དང་བ་སྔོན་དུ་སོང་བའི ་མཆོད་པའོ། །སེར་བ་འབབ་པ་ནི་སེར་བ་ལྷགས་པར་གྱུར་པའོ། །ཐོག་འབབ་པ་ནི་རྡོ་རྗེའི་ཐོག་ལྷགས་པར་གྱུར་པའོ། །འབྱུང་པོའི་ཁང་པ་ན་གཙུག་ལག་ཁང་གི་མིང་ཡིན་ནོ། །སྒྲ་མཐོན་པོ་ཞེས་བྱ་བ་ལ་སོགས་པ་ལ། སྒྲ་མཐོན ་པོ་ཉིད་ནི་ཐག་རིང་པོ་ཁྱབ་པར་གྱུར་པའི་སྒྲ་ཉིད་ཡིན་ལ། སྒྲ་ཆེན་པོ་ཉིད་ནི་གང་དུ་དུ་མས་ཅིག་ཅར་ཅ་ཅོའི་སྒྲ་འདོན་པ་གང་ཡིན་པ་དེ་ཡིན་པ་རིག་པར་བྱའོ། །སྐྱེ་བོ་ཆེན་པོའི་སྒྲ་ཡང་དག་པར་འབྱུང་བ་རྒྱ་ཆེ་བའི་སྒྲ་ནི་ངེས་པར་སྒྲོགས་པའོ། ། ་གསེར་བཞིན་དུ་སེར་བ་ཞེས་བྱ་བ་ནི་ཚོན་སེར་པོར་ཤིན་ཏུ་བསྒྱུར་བའོ། །རས་ཟུང་ནི་གོས་ཕྲུགས་སོ། །དགའ་བའི་རྒྱུ་ཉིད་ཡིན་པའི་ཕྱིར་དགའ་བའོ། །ཡིད་མགུ་བར་བྱེད་པ་ཉིད་ཀྱི་ཕྱིར་ཡིད་དུ་འོང་བས་ཏེ། དེ་ཉིད་ཀྱི་ཕྱིར་བཅང་བར་བྱ་བ་ཡིན་ནོ།། ་ཡང་བདག་ཀྱང་བཅོམ་ལྡན་འདས་ལ་ཉེ་བར་གནས་སོ་ཞེས་བྱ་བ་ནི་སྐྱེས་བུ་དམ་པའི་སྙན་པའི་ཚིག་ཡིན་ནོ། །ཆེར་གསལ་བ་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱི་སྐུའི་ཁ་དོག་གི་འོད་ཀྱིས་གོས་དེ་ལྷག་པར་གསལ་བར་བྱས་པ་བཞིན་དུ་གསལ ་བར་བསྟན་པ་ཡིན་ཏེ། གོས་ཁོ་ན་ལས་འོད་འདི་ཤེས་པར་བྱ་བ་ཡིན་པ་དེ་བས་ན་བཞིན་གྱི་སྒྲར་བྱས་ཡིན་ནོ། །ལྷག་གི་བར་དུ་ཞེས་བྱ་བ་ནི་ལོ་ཉི་ཤུའི་འོག་ཏུ་ལོ་སུམ་ཅུ་རྫོགས་པའི་ནང་ནི་ལྷག་པའི་སྒྲ་ཡིན་པར་རིག་པར་བྱའོ། །འགྱོད་པ ་ཞེས་བྱ་བ་ནི་བཅོམ་ལྡན་འདས་བདག་གི་བསོད་སྙོམས་པ་ཞེས་ནས་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདས་པའི་དེ་བས་ན་བདག་ནི་སྐལ་བ་མེད་པའོ། །ཞེས་བྱ་བའི་སྔོན་དུ་སོང་བ་ཅན་གྱི་ཕྱིར ་གདུང་བ་དེ་ནི་འགྱོད་པ་ཡིན་ནོ། །གཞན་གྱིས་ཞེས་བྱ་བ་ནི་ཕྱིས་གདུང་བ་དང་རྗེས་སུ་མཐུན་པའི་ཚིག་བརྗོད་པའོ། །མ་རྙེད་པ་ཞེས་བྱ་བ་ནི་ཁྱོད་འདི་ལས་ཉམས་པར་གྱུར་བ་སྟེ། མ་ཐོབ་ཅིང་འཕེལ་བར་མ་གྱུར་པའོ། །སྡུག་བསྔལ་བསྐྱེད་པར་བྱེད ་བ་ཉིད་ཀྱི་ཕྱིར་ཉེས་པ་རྙེད་པའོ། །ཐ་མ་ཞེས་བྱ་བ་ནི་ཕྱི་མ་མེད་པའོ། །ཕུང་པོ་ལ་སོགས་པ་ལྷག་མ་མེད་པའི་ཕྱིར་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སོ། །སོ་སོར་གསལ་བར་བྱའོ་ཞེས་བྱ་བ་ནི་བཤད་པར་འགྱུར་བའི་ཚིག་གིས་གསལ་བར་བྱའོ། །རྣམ་པར ་སྨིན་པ་མཚུངས་པ་ཞེས་བྱ་བ་ནི་རྣམ་པར་སྨིན་པའི་འབྲས་བུ་མཚུངས་པ་སྟེ། བཅོམ་ལྡན་འདས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཁོང་དུ་ཆུད་པའི་ཚེ་ཉོན་མོངས་པ་དང་ལྷའི་བུའི་བདུད་ཕམ་པར་མཛད་པ་དང། བླ་ན་མེད་པའི་སེམས་ཅན་གྱི་དོན ་མཛད་པར་རྩོམ་པ་དང། ཉོན་མོངས་པའི་བག་ཆགས་དང་བཅས་པ་སྤངས་པའི་ཕྱིར་ཐུགས་ཤིན་ཏུ་ཞི་བར་གྱུར་པ་ཡིན་ལ། ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་འཇུག་པའི་ཚེ་ཡང་ཕུང་པོ་དང་འཆི་བདག་གི་བདུད་ལས་རྒྱལ་ཞིང་གདུལ ་བྱའི་དགོས་པ་མ་ལུས་པ་མ་བསྒྲུབས་པ་དང། མཆོག་ཏུ་ཞི་བ་ལ་འཇུག་པ་ཡིན་པ་དེ་བས་ན། བསོད་སྙོམས་དེ་གཉིས་རྣམ་པར་སྨིན་པ་མཚུངས་པར་བསྟན་པ་ཡིན་ནོ། །ཚེ་དང་ལྡན་པ་ཞེས་བྱ་བ་ནི་ཚེ་སྐྱེད་པར་བྱེད་པའོ། །བྱས་པ་ནི་བསྒྲུབས་པའོ། །བསམས ་པ་ཞེས་བྱ་བ་ནི་བསམས་བཞིན་དུ་བྱས་པ་དང་འགྱོད་པ་ལ་སོགས་པའི་ཉེས་པས་བཅོམ་པར་མ་གྱུར་པ་དང། །ཡོངས་སུ་རྫོགས་པ་དང་ལྡན་པའོ། །གཏུམ་པ་ཞེས་བྱ་བ་ལ་སོགས་པ་ལ་དྲག་ཏུ་འཁྲུག་པ་ནི་གཏུམ་པ་ཡིན་ལ། མྱུར་དུ་ཁྲོ་བའི་འབྲས་བུ་སྐྱེད་པར ་བྱེད་པ་ཉིད་ཀྱི་ཕྱིར་མི་བགྲུངས་པ་ཡིན་ཞིང་ལུས་དང་ངག་གི་སྤྱོད་པ་རྩུབ་པ་ཉིད་ཀྱི་ཕྱིར་རྩུབ་པ་ཡིན་ནོ། །ཡང་ན་ཡིད་ཀྱི་འགྱུར་བ་ལས་གཏུམ་པ་ཡིན་ལ། ལུས་ཀྱི་འགྱུར་བ་ལས་མི་བགྲུངས་པ་ཡིན་ཞིང་དག་གི་འགྱུར་བ་རྩུབ་པ་ཡིན་ནོ། །ཀུན་ནས་གཤེད ་པ་ནི་ཕ་རོལ་གྱིས་གནོན་པའི་སྒོ་ནས་གཤེ་བར་བྱེད་པའོ། །ཁྲོ་བར་བྱེད་པས་ན་ཁྲོ་བའོ། །མི་འདོད་པའི་ཚིག་བརྗོད་པའི་ཕྱིར་ཡོངས་སུ་སྨྲ་བའོ། །དགེ་འདུན་ཐམས་ཅད་ཀྱིས་མི་སྨྲ་བའི་སྡོམ་པ་བྱས་པ་ནི་ཚངས་པའི་ཆད་པ་ཡིན་ཏེ། བསོད་ནམས ་སྐྱེ་བའི་རྒྱུ་མཚན་ཡོངས་སུ་གནས་པའི་སྡོམ་པ་ཡང་འདི་ལ་སྦྱིན་པར་བྱ་བ་འམ། འཐབ་ཀྲོལ་བྱེད་པ་བསྡིགས་པར་བྱའོ། །ཞེས་གསུངས་པས་སྡིག་པའི་ལས་ལ་འདིར་ཚངས་པའི་ཆད་པ་ཞེས་བྱའོ། །སྐྱོ་བར་འགྱུར་རོ་ཞེས་བྱ་བ་ནི་ཐོག ་མར་སྐྱོ་བ་ཡིན་ནོ། །སྐྱོ་བར་འགྱུར་བཏང་ཞེས་བྱ་བ་ནི་རྒྱུན་གྱི་སྒོ་ནས་སྐྱོ་བ་དང་ལྡན་པར་འགྱུར་བའོ། །ཀཱ་ཏྱཱ་ཡ་ན་ལ་གདམས་པ་བཞིན་དུ་ཞེས་བྱ་བ་ནི་དྲང་སྲོང་མ་ལ་གདམས་པ་སྟེ། ཀཱ་ཏྱཱ་ཡ་ན་འཇིག་རྟེན་གཉིས་ལ་བརྟེན་པ་ཡིན་ཏེ་ཞེས་བྱ་བ ་ལ་སོགས་པའི་སྒོ་ནས་ཤེས་པར་བྱའོ། །ཤེས་པར་བྱའོ་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་ཡན་ལག་བརྗོད་པ་ལ་སྤོབས་པ་དང་བཅས་པར་བྱ་བ་ཡིན་ནོ། །དབེན་པ་ལ་གནས་པ་ཞེས་བྱ་བ་ལ་སོགས་པའི་ཚིག་གི་རྣམ་པར་བཤད་པ་ནི་སྔ་མ་བཞིན་ནོ། །སོ ་སོར་དམིགས་པ་ལ་བསྒོམ་པའི་སྒོ་ནས་བསྟེན་པར་བྱས་པའོ། །སྦྱོར་བའི་སྒོ་ནས་བསྒོམས་པའོ། །རྟག་ཏུ་སྦྱོར་བའི་སྒོ་ནས་མང་དུ་བྱས་པའོ། །གྱ་ནོམ་པ་ཉིད་ཀྱི་ཕྱིར་དང། རོམ་རེག་མངར་བ་དང་འདྲ་བར་མངོན་པར་འདོད་པ་ཉིད་ཡིན་པའི ་ཕྱིར་ཆོས་མངར་བ་ཡིན་ལ། དེ་མཉན་པའི་ཕྱིར་ནི་མཉན་པའི་དོན་དུའོ། །བྱང་ཆུབ་ཀྱི་ཡན་ལག་སྟོན་པ་ལ་རྣམ་པར་མཁས་པ་ལ་འདིར་མཁས་པ་ཡིན་པར་རིག་པར་བྱའོ། །བློ་ལྡན་ནི་མྱུར་དུ་ཡོངས་སུ་ཤེས་པའི་ནུས་པ་དང་ལྡན་པའོ། །དགེ་བ་ནི་ཁོང ་དུ་ཆུད་པར་བྱེད་པའི་ཚིག་བརྗོད་པར་ནུས་པ་ལ་བྱང་བའོ། །ཐུབ་པ་ཞེས་བྱ་བ་དེ་ནི་འདིར་བོར་བའི་ཚིག་ཡིན་ནོ། །རོ་ཤེས་པས་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་ཡན་ལག་གིས་རོ་སོ་སོར་ཉམས་སུ་མྱོང་བར་གྱུར་པའོ། །ཚབས་ཆེ་བ་ནི་ཤིན་ཏུ་དྲག་པར་གྱུར ་པའོ། །ཆོས་མ་ལུས་པར་སྟོན་པར་མཛད་པ་པོ་ཉིད་ཡིན་པའི་ཕྱིར་ཆོས་ཀྱི་བདག་པོ་ཡིན་ནོ། །གང་ཡང་མཆོག་ཏུ་གསུངས་པའི་འཕགས་པ་ཤཱ་རིའི་བུ་དེ་ཡང་འཕགས་པ་ཀུན་དགའ་བོས་གསུངས་པའི་ཆོས་མཉན་པར་ཕྱིར་སོང་བ་སྟེ། ཆོས ་མཉན་པར་ཕྱིར་སོང་བ་སྟེ། ཆོས་ཀྱི་ཤུགས་ཐོབ་པར་གྱུར་པའོ། །རིགས་དང་མི་རིགས་ཤེས་པ་ནི་ཞེས་བྱ་བ་ནི་ཆོས་ཀྱི་མཚན་ཉིད་ཀྱི་ཚུལ་ལ་མཁས་པར་གྱུར་པའོ། །བཀའ་ཤེས་པའི་སེམས་ནི་ཁོང་དུ་ཆུད་པ་དང་རྗེས་སུ་མཐུན་པའི་སེམས། །ཐོས་མ ་ཐག་ཏུ་ཟང་ཟིང་གི་དགའ་བ་ཐོབ་པར་འགྱུར་ལ། འདིར་ནི་འདོད་པའི་ཡོན་ཏན་ལ་བལྟོས་པ་མེད་པས་ཟང་ཟིང་མེད་པའི་དགའ་བ་ཡིན་ནོ། །དགའ་བ་སྔོན་དུ་སོང་བ་ཅན་སེམས་ལས་སུ་རུང་བའི་མཚན་ཉིད་སེམས་ཤིན་ཏུ་སྦྱངས་པ་སྐྱེ་བར་འགྱུར་ལ། ཤིན ་ཏུ་སྦྱངས་པའི་དེ་མ་ཐག་ཏུ་བདེ་བར་འགྱུར་ཞིང། བདེ་བ་ལ་གཞོལ་བའི་སེམས་ཀྱིས་ཏིང་ངེ་འཛིན་རྩེ་གཅིག་བ་སྐྱེ་བར་འགྱུར་བའོ། །འདུ་བྱེད་ལ་ནི་སྐྱབས་སུ་ཤེས་པར་བྱ་ཞེས་བྱ་བ་ལ་གང་གི་ཕྱིར་འདུས་བྱས་མ་ལུས་པ་ལ་རྣལ་འབྱོར་པ་སེམས་སྐྱོ་བར ་འགྱུར་བ་དེ་དག་སྐྱབས་ཀྱི་ཕྱིར་རྟོག་པ་མ་ཡིན་ནོ། །ཞེས་བྱ་བར་མཁྱེན་ནས་སྡུག་བསྔལ་ལས་ཡོངས་སུ་བསྲུང་བའི་དོན་ལ་སྐྱབས་ཀྱི་དོན་དུ་གསུངས་པ་ཡིན་ཏེ། འདུས་བྱས་ཀུན་སྡུག་བསྔལ་མ་ལུས་པའི་རྒྱུ་ཉིད་ཡིན་པའི་ཕྱིར་རོ། །སེམས་ཅན་ཆགས ་པ་མེད་པར་གྱུར་ན་ཉོན་མོངས་པའི་འཆིང་བ་ལས་རྣམ་པར་གྲོལ་བར་འགྱུར་རོ། །སྐྱོ་ནས་སུ་ཞེས་བྱ་བ་འདིས་ནི་ཕན་ཡོན་བསྟན་པ་ཡིན་ནོ། །མྱ་ངན་འདའ་ཞེས་བྱ་བ་ནི་ཕུང་པོ་ལྷག་མ་དང་བཅས་པའི་བཅས་པའི་མྱ་ངན་ལས་འདས་པའི་དབྱིངས ་སུའོ། །ཅི་ཞིག་བྱས་ནས་ཤེ་ན། སྐྱོ་ནས་སུ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྲིད་པར་འགྲོ་བ་སྟེ་སྲིད་པའི་རྣམ་པ་ལས་སྐྱོ་བར་གྱུར་པའོ། །སྐྱོ་བ་ལས་ལྷ་དང་མི་རྣམས་ལ་ཆགས་པ་མེད་པ་སྟེ་འཆིང་བ་མེད་པར་འགྱུར་རོ། །མེ་ལྟ་བུ་ཞེས་བྱ་བ ་ལ་མེ་ལྕེ་གང་ལ་ཡོད་པ་དེ་ནི་མེ་ལྕེ་ཅན་ཏེ་མ་ཡིན་ནོ། །དེའི་དོན་ནི་འདི་ཡིན་ཏེ། ཇི་ལྟར་མེ་བུད་ཤིང་ཞེས་བྱ་བའི་རྒྱུ་ཡོངས་སུ་ཟད་ན་ཞི་བར་འགྱུར་བ་དེ་བཞིན་དུ་ཉོན་མོངས་པ་མ་ལུས་པའི་རྒྱུ་ཡོངས་སུ་ཟད་པ་ན་དགྲ་བཅོམ་པ་ཡོངས་སུ་མྱ་ངན་ལས་འདའ་ ་བར་འགྱུར་རོ། །དབུ་བྱང་ཕྱོགས་སུ་སྟོན་ལ་ཞེས་བྱ་བ་ལ་ཅིའི་ཕྱིར་བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་པའི་ཆེ་དབུ་བྱང་ཕྱོགས་སུ་སྟོན་ལ་ཁྲི་ཤོམས་ཤིག་ཅེས་བཀའ་རྩོལ་བར་མཛད་ཅེ་ན། འདི་ལ་བཅོམ་ལྡན་འདས ་འདི་སྐད་དུ་འདི་ལྟ་སྟེ། ང་ཡོངས་སུ་མྱ་ངན་ལས་འདས་པ་ན་བྱང་ཕྱོགས་ཀྱི་རྒྱུད་ཉིད་དུ་རྟོགས་པ་དང། བསམ་གཏན་དང་ཟློས་པའི་སྒོ་ནས་ངའི་བསྟན་པར་རབ་ཏུ་གསལ་བར་འགྱུར་རོ། །ཞེས་གསུངས་པར་སྟོན་ཏོ། །ཤིན་ཏུ་མྱུར་བར་ཞེས ་པ་ནི་ཤིན་ཏུ་མགྱོགས་པའོ། །ཤིན་ཏུ་ཞེས་བྱ་བ་ནི་འདིར་གུས་པས་ལན་གཉིས་བརྗོད་པའོ། །བྱ་བ་དང་བྱ་བ་མ་ཡིན་པ་རབ་ཏུ་གསལ་བར་མཛད་པའི་སྒོ་ནས་བཅོམ་ལྡན་འདས་འཇིག་རྟེན་གྱི་མིག་ཏུ་གྱུར་པ་ཡིན་པ་དེའི་ཕྱིར་མིག ་ནུབ་པར་གྱུར་པ་ཞེས་སྨོས་སོ། །དེ་དང་དེ་གནས་ཞེས་བྱ་བ་ནི་མིང་མ་བརྗོད་པའི་ཕྱོགས་ནས་སོ། །ཟབ་པ་དག་ལས་ཟབ་ཅིང་ཟབ་པའོ། །ལོངས་སྤྱོད་ནི་ཤེས་པས་ཉམས་སུ་མྱོང་བའོ། །འབའ་ཞིག་ཅེས་བྱ་བ་ནི་ཉོན་མོངས་པ་སྤོང ་བ་ལ་གྲོགས་ལ་བལྟོས་པ་མེད་པའོ། །མྱ་ངན་མ་བྱེད་ཅེས་བྱ་བ་ནི་སྡུག་པ་དང་བྲལ་བ་ལས་སྐྱེས་པའི་གདུང་བ་མ་བསྐྱེད་ཅིག་པའོ། །དུབ་པར་མ་བྱེད་ཅེས་བྱ་བ་ནི་དེའི་རྒྱུ་ཅན་ཁོ་ནའི་ལུས་དུབ་པར་མ་བྱེད་ཅིག་པའོ། །སྨྲེ་སྔགས་མ་འདོན ་ཅིག་ཅེས་བྱ་བ་ནི་དག་གི་རབ་ཏུ་བརྗོད་པ་ཡང་མ་བྱེད་ཅིག་པའོ། །ཉེ་བར་གནས་པ་ཞེས་བྱ་བ་ནི་བསྙེན་བཀུར་བྱས་པའོ། །གང་གིས་ཤེ་ན། བྱམས་པའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གྲོགས་པོ་ལས་བྱུང་བའི་ལུས་ཀྱི་ལས་ན་བྱམས་པ ་ཡིན་ཏེ། གྲོགས་པོ་ཉིད་ཀྱི་སྒོ་ནས་ཞེས་བྱ་བའི་ཐ་ཚིག་གོ་།ཕན་པ་ཞེས་བྱ་བ་ནི་རང་ལ་ཕན་པའི་བློ་སྟེ། དགེ་བ་ཚོལ་བའི་སྒོ་ནས་ཡིན་གྱི། རྫས་ལ་ཆགས་པའི་སྒོ་ནས་ནི་མ་ཡིན་ནོ། །བདེ་བ་ཞེས་བྱ་བ་ནི་ཇི་ལྟར་ན་བཅོམ་ལྡན་འདས་བདག ་གི་བསྙེན་བཀུར་གྱིས་བདེ་བར་འགྱུར་ཞེས་བྱ་བའི་བསམ་པ་འདིས་བདེ་བར་སེམས་པའོ། །གཉིས་སུ་མེད་པ་ཞེས་བྱ་བ་ནི་ཚུལ་གཅིག་པ་སྟེ། རྩོམ་པའི་དུས་སུ་ཆེན་པོ་དང་ཕྱིས་སྨན་པར་གྱུར་པའི་སྒོ་ནས་ཞེས་བྱ་བའི་ཐ་ཚིག་གོ་།ཚད་མེད་པ་ཞེས་བྱ་བ་ནི་འབྲས་བུ ་ཚད་མེད་པ་ཉིད་ཀྱི་ཕྱིར་ཚད་མེད་པ་ཞེས་གསུངས་པ་འམ། ཡོན་ཏན་ཚད་མེད་པ་ཅན་གྱི་སེམས་ཅན་གྱི་ཡུལ་ཉིད་ཡིན་པའི་ཕྱིར་རོ། །གང་སྐྱེས་ཤིང་འབྱུང་བ་ཞེས་བྱ་བ་ལ་སོགས་པའི་རྣམ་པར་བཤད་པ་ནི་སྔ་མ་བཞིན་ནོ། མགུ་བར་བཞེང་ནས་ཞེས་བྱ་བ་ནི ་དགའ་བར་བཞེད་པ་འམ། རབ་ཏུ་མགུ་བར་བཞེད་པའོ། །གུས་པ་དང་བཅས་པར་ཆོས་འཆད་ཅེས་བྱ་བ་ནི་ཆོས་དང་ཐོག་མར་སྟོན་པ་ལ་གུས་པ་ཉེ་བར་འཇོག་པ་འམ། ཉན་པ་པོའི་སྐྱེ་བོ་ཁོང་དུ་ཆུད་པའི་ཕྱིར་འབད་པ་ལ་བརྟེན་ནས། ཇི་ལྟར་ན་བདག་གི་ངག་ཉན ་པ་པོའི་སྐྱེ་བོས་ཁོང་དུ་ཆུད་པར་འགྱུར་ཞེས་དེ་ལྟར་གུས་པ་ཉེ་བར་བཞག་ནས་སྟོན་པར་བྱེད་དོ། །གྲོང་ཁྱེར་དམ་པ་ཞེས་བྱ་བ་ལ་སོགས་པ་ལ་ཆུང་བ་ཉིད་ཀྱི་ཕྱིར་དང། སྨད་པ་ཉིད་ཡིན་པའི་ཕྱིར་གྲོང་ཁྱེར་ཁྱེར་ངན་པའོ། །དགོན་པ་དང་འདྲ་བར་གྲོང་ཁྱེར་ཀུན་གྱི ་ཐ་སྙད་དུ་བྱ་བ་མེད་པའི་ཕྱིར་རོ། །སྨོད་པར་བྱ་བའི་ཡུལ་ནི་ཡུལ་ངན་པའོ། །རྫོང་དང་འདྲ་བར་སྐྱེ་བོ་ཉུང་ངུ་གནས་པའི་གནས་ཉིད་ཡིན་པའི་ཕྱིར་མཁར་གྱི་གྲོང་ཁྱེར་རོ། །ར་བ་དང། ཡོལ་བ་ལ་སོགས་པ་དང། འོབས་མེད་པའི་ཕྱིར་གྲོང་ཁྱེར་ཡུ་བོ་སྟེ། ཡལ ་ག་ཙམ་དུ་གྱུར་པ་ཉིད་ཀྱི་ཕྱིར་རམ་གཙོ་བོར་གྱུར་པ་མ་ཡིན་པའི་ཕྱིར་རོ། །ཕྱི་རོལ་གྱི་སྐྱེ་བོ་འཁོད་པའི་གནས་ཉམས་པའི་ཕྱིར་དང། རྩ་བའི་གྲོང་ཁྱེར་ལྷག་མ་ཙམ་ཉིད་ཡིན་པའི་ཕྱིར་གྲོང་ཁྱེར་གྱི་ཐོ་ཡོར་ཡིན་ཏེ། གྲོང་ཁྱེར་དང་ཚུལ་འདྲ་བ་ཅན་ཞེས ་བྱ་བའི་བར་དུའོ། །ཡོངས་སུ་མྱ་ངན་ལས་འདའ་སྙམ་དུ་དགོངས་པ་ནི་མཁྱེན་པའོ། །འོབས་ཀྱི་ནང་གི་ལོགས་སུ་དགྲ་བོ་བསྣུད་པར་བྱའི་ཆེད་རིབ་མའི་རྣམ་པ་ཅན་གྱི་ཤིང་གིས་བསྐོར་བ་ནི་ང་ཡིན་ལ། དེ་ཡང་གསེར་ལ་སོགས་པ་ལ་བྱས་པ་ཡང་ཡོད་པ་ཡིན་ནོ།། ་དེ་ཚད་ཇི་ཙམ་ཞེ་ན། སྨྲས་པ། སྐྱེས་བུ་བདུན་གྱི་ཚད་ཡིན་ལ། སའི་ནང་དུ་བཞི་པའི་ཆ་སྟེ་ཕྱེད་གང་ལ་ཡོད་པ་ཞེས་བྱ་བའི་དབང་དུ་བྱས་ནས་སྐྱེས་བུ་ཕྱེད་དང་བཞིའི་ཚད་དུ་དགོས་པ་ཡིན་ནོ། །བསྐྱོད་པ་ཞེས་བྱ་བ་ནི་འཕངས་པར་གྱུར། ། ་ཡན་ལག་ལྔ་དང་ལྡན་པའི་སིལ་སྙན་གྱི་རྣམ་པར་བཤད་པ་ནི་སྔ་མ་བཞིན་ནོ། །འོག་གཞི་ནི་འོག་གི་རྟེན་དུ་གྱུར་པའོ། །སྡོང་བུ་ནི་དབུས་སུ་བཅུག་པའོ། །ཆུ་ལས་སྐྱེས་པ་ནི་ཆུ་ལས་སྐྱེས་པའོ། །ཕྲེང་བར་འཐད་པ་ནི་ཕྲེང་བར་རུང་བ་སྟེ། མེ་ཏོག་ཨུཏཔ་ལ་ལ ་སོགས་པའོ། སུ་གནདྷི་ཀ་དང་མྲི་དུ་གནདྷི་ཀ་ནི་མེ་ཏོག་གི་རྣམ་པ་ཡིན་ནོ། །རང་གི་དུས་མ་ལུས་པར་ཁྱབ་པའི་ཕྱིར་ཐམས་ཅད་པ་མ་ཡིན་ནོ། །དུས་མ་ལུས་པར་ཁྱབ་པའི་ཕྱིར་དུས་ཐམས་ཅད་པ་ཡིན་ནོ། །མི་འགོག་པ་ནི་སྐྱེ་བོ་ཐམས་ཅད་ཀྱིས་ཉེ་བར་ལོངས་སྤྱོད་པ་ཉིད ་ཀྱི་ཕྱིར་རོ། །ཐང་ལས་སྐྱེས་པ་ཉིད་ཀྱི་ཕྱིར་ཐང་ལས་སྐྱེས་པའོ། །ར་རོ་བ་ཞེས་བྱ་བ་ལ་སོགས་པ་ལ་ར་རོ་བ་ནི་མྱོས་བྱེད་ཀྱིས་མྱོས་པས་དཀྲུགས་པའོ། །གཡོན་ཅན་ནི་ཕ་རོལ་པོ་སླུ་བར་བྱེད་པའོ། །གཞུངས་པ་ནི་རྒྱན་དང་བུད་མེད་ལ་ཞེན་པའོ། །རྩེ་བར ་འདོད་པ་ནི་ཕྱི་རོལ་གྱི་ཆ་བྱད་ཀྱིས་སོ། །སྟེག་པར་འདོད་པ་ནི་ལུས་ཀུན་ནས་འཁྱུད་པས་སོ། །དགའ་མགུར་སྤྱོད་པར་འདོད་པ་ནི་འཁྲིག་པས་སོ། །སྒྲའི་བཀོད་པ་ནི་རོལ་ཆ་མང་པོ་ཅིག་ཅར་དཀྲོལ་བ་ལས་སྒྲ་བྱུང་བ་འམ། ཡང་ན་སྒྲའི་བཀོད་པ་ནི ་རོལ་ཆའི་བྱེ་བྲག་གི་སྒྲ་ཆེན་པོ་ལ་བྱའོ། །མི་རྣམས་ཀྱི་འབྱོར་བ་ཞེས་བྱ་བ་ནི་མི་རྣམས་ཁོ་ནའི་ཚེ་རིང་བ་ལ་སོགས་པ་ལ་འབྱོར་བ་ཞེས་བྱ་བ་དེའི་ཕྱིར་ལྷ་རྣམས་ལས་མི་བྱེ་བྲག་ཏུ་བྱས་པ་ཡིན་ཏེ། ལྷ་རྣམས་ནི་རང་བཞིན་གྱིས་ཚེ་རིང་བ་ལ་སོགས་པའི ་ཡོན་ཏན་དང་ལྡན་པར་འབྱུང་བ་ཉིད་ཀྱི་ཕྱིར་རོ། །ཚེ་རིང་པོར་ཀུན་ནས་ཁྱབ་པའི་ཕྱིར་ཚེ་རིང་བའོ། །ཇི་ལྟར་འཕགས་པ་བཞིན་དུ་འཚོ་བའི་ཕྱིར་ཡུན་རིང་དུ་གནས་པར་གྱུར་པ་འམ། གཞོན་ནུ་ལ་སོགས་པའི་གནས་སྐབས་ཡུན་རིང་དུ་གནས་པར ་གྱུར་པའོ། །མིའི་ཁ་དོག་ལས་ཤིན་ཏུ་འདས་པ་ཞེས་བྱ་བ་ནི་མིའི་ཁ་དོག་དང་གཟུགས་ལས་ཁ་དོག་ཁྱད་པར་དུ་འཕགས་པ་ཐོབ་པ་ཡིན་ནོ། །གནོད་པ་ཉུང་ཞེས་བྱ་བ་ལ་གནོད་པ་སྟེ། ཕྱི་རོལ་གྱི་རྣམ་པར་འཚེ་བའི་གདུང་བ་དེ་རབ་ཏུ་ཆུང་བ་གང་ལ་ཡོད་པ་དེ་ནི ་གནོད་པ་ཆུང་བའོ། །རང་གི་ལུས་ལས་བྱུང་བའི་ནད་ཡོད་པ་ནད་མེད་པའི་རང་བཞིན་ཅན་དུ་གྱུར་པ་སྟེ། ནད་ཀྱི་རྣམ་པ་མེད་པ་ཡིན་ནོ། །འཇུ་བ་ནི་འཇུ་བར་བྱེད་པའི་མེ་ཡིན་ཏེ། འཇུ་བར་བྱེད་པ་དེ་དང་ལྡན་པ་ཡིན་ནོ། །འཇུ་བར་བྱེད་པ་དང་ལྡན་པ་ཁྱད་པར་ཇི ་ལྟ་བུ་ཞེས་བྱ་ན་མཉམ་པ་ཞེས་བྱ་བ་སྨོས་ཏེ་མཉམ་པའི་གནས་སྐབས་ཀྱི་རྒྱུ་ཉིད་ཡིན་པའི་ཕྱིར་འཇུ་བའི་གནས་དང་མཉམ་པའོ། །ཟས་ཡང་དག་པར་འཇུ་བར་བྱེད་པའི་ཕྱིར་འཇུ་བར་བྱེད་པའོ། །ཧ་ཅང་ཡང་མི་དྲོ་ཞེས་བྱ་བ་ནི་འགྱུར་བྱེད་ཀྱི་ནད་དང་འདྲ་བ ་ཤིན་ཏུ་བྲུ་བ་ཚ་བ་མ་ཡིན་པའོ། །ཧ་ཅང་ཡང་མི་གྲང་ཞེས་བྱ་བ་ནི་ཤིན་ཏུ་ནུས་པ་མེད་པ་མ་ཡིན་པའོ། །ནད་སྐྱེད་པར་བྱེད་པ་ཉིད་མ་ཡིན་པའི་ཕྱིར་གནོད་པ་མེད་པའོ། །དུས་དང་དུས་སུ་བདེ་བ་བསྐྱེད་པ་ཉིད་ཀྱི་ཕྱིར་དུས་ཀྱི་བདེ་བའོ། །གྲོང་འདབ་ན་ཡོད་པས ་ན་གྲོང་འདབ་པའོ། །ལྗོངས་ན་ཡོད་པས་ན་ལྗོངས་པའོ། །དལ་གྱིས་ཞེས་བྱ་བ་ནི་བརྡེག་པ་མེད་པར་དབྱུག་གུས་དལ་གྱིས་དེད་པའོ། །བགས་ཀྱིས་ནི་རང་གི་འབད་རྩོལ་གྱིས་མྱུར་དུ་འགྲོ་བ་འགོག་པའོ། །ནོར་བུ་རིན་པོ་ཆེ་ཞེས་བྱ་བ་ནི་འོད་གསལ་བའི ་བདག་ཉིད་ཅན་དང། རིན་ཆེ་བ་དང་རྙེད་དཀའ་བའོ། །གླང་པོ་རིན་པོ་ཆེ་ཡང་དེ་དང་འདྲ་བའོ། །གྲོང་དཔོན་ཞེས་བྱ་བ་ནི་གཙོ་བོར་གྱུར་པའི་མིང་ལས་བོད་པའོ། །གོས་སེར་པོ་དང་རྒྱན་ལ་སོགས་པ་བཀྲ་ཤིས་པར་འདོད་པ་ཉིད་ཡིན་པ་དེའི་ཕྱིར་འདིའི ་སྐད་དུ། འདི་ལྟར་རྒྱན་ཐམས་ཅད་སེར་པོར་གྱུར་པ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ནོ། །སྟན་བཟང་པོ་ཞེས་བྱ་བ་ནི་རྒྱལ་པོ་ལ་འོས་པའི་སྟན་ཡིན་ནོ། །མཐོང་བ་ཞེས་བྱ་བ་ནི་མཐོང་བར་གྱུར་པ་ནའོ། །ཡིད་འཕྲོག་པ་ཞེས་བྱ་བ་ནི་འདོད་ཆགས ་སྐྱེ་བ་དང་རྗེས་སུ་མཐུན་པའོ། །དབང་པོ་རྣམས་སྡུད་པ་ནི་ཡུལ་དང་བུད་མེད་ཀྱི་གཟུགས་ལ་སོགས་པ་ལས་ཕྱིར་ཟློག་པར་བྱེད་པའོ། །འདུན་པ་སྐྱེ་བར་མཛོད་ཅིག་ཅེས་བྱ་བ་ནི་འདོད་པར་མཛོད་ཅིག་པ་ཡིན་ནོ། །བལྟོས་པར་མཛོད་ཅིག་ཅེས ་བྱ་བ་ནི་འཚོ་བ་ལ་བལྟོས་པ་དང་བཅས་པར་གྱུར་པའོ། །གྲོགས་པོ་ལྟར་ཞེས་བྱ་བ་ནི་གྲོགས་པོ་ཉིད་དུའོ། །དགྲ་བོ་ནི་ཁྱིམ་ལ་སོགས་པའི་དགྲ་བོར་གྱུར་པའོ། །ཚེ་ཕྱི་མ་ནི་འཇིག་རྟེན་ཕ་རོལ་ལོ། །དགེ་བ་ནི་སྦྱིན་པའི་རང་བཞིན་ཡིན་ལ། ཚངས་པར ་སྤྱོད་པ་ནི་ཚུལ་ཁྲིམས་དང་བསྒོམ་པའི་རང་བཞིན་ཡིན་པ་འམ། ཡང་ན་དགེ་བ་ནི་འཁོར་བའི་འབྲས་བུ་ཡིན་ལ། ཚངས་པར་སྤྱོད་པ་ནི་ཐར་པའི་འབྲས་བུ་ཡིན་ནོ། །སྐད་ཅིག་ཡུད་ཙམ་ཐང་གཅིག་ཅེས་བྱ་བ་དེ་ནི་འཆི་བའི་དུས་ཉེ་བར་མཚན་པའི ་ཚིག་ཡིན་ནོ། །གལ་ཏེ་བདག་ཉིད་མ་འདི་ལ་འཆི་བར་བྱའོ། །ཞེས་འཆི་བའི་དུས་ངེས་པར་ཤེས་པ་དེ་ལྟ་ན་ཡང་མཆོག་ཏུ་བག་མེད་པས་གནས་པར་རིགས་པ་མ་ཡིན་ཏེ། དང་པོ་ཉིད་ནས་འཆི་བའི་དུས་ངེས་པ་མེད་པ་དེ་བས་ན། རབ་ཏུ་བག་ཡོད ་པས་དགེ་བའི་ཆོས་བསྒོམ་པར་བྱའོ། །ཟླ་བར་ཡང་ཞེས་བྱ་བ་དེ་ལ་དེ་དག་འཆི་བའི་རྣམ་པར་འཆི་བར་ཉེ་བར་གྱུར་པ་དེའི་ཚེ་འགྱོད་པར་འགྱུར་རོ། །ཞེས་བྱ་བ་དེ་ལྟར་བདག་གི་ཡུལ་ལ་རྗེས་སུ་གདམས་པ་ལས་འཇུག་པར་བྱའོ་ཞེས་ཚིག་འདིས་དེ ་སྐད་དུ་བསྟན་པར་འགྱུར་རོ། །འདུན་ཞེས་བྱ་བ་ལ་སོགས་པ་ལ་འདོད་ཆགས་ཀྱི་འདུན་པ་ལ་སོགས་པ་གནས་སྐབས་ཀྱི་རྒྱུ་ཅན་གྱི་རྣམ་གྲངས་ཡིན་སྟེ། གནས་སྐབས་ཁ་ཅིག་ཏུ་འདུན་པ་ཡིན་ལ། གནས་སྐབས་ཁ་ཅིག་ཏུ་སྣུམ ་པ་ལ་སོགས་པ་ཡིན་ནོ། །ཁྱད་པར་ཡང་བརྗོད་པར་བྱ་སྟེ་ཡུལ་གྱི་ཡོན་ཏན་འཛིན་པར་འདོད་པ་ནི་འདུན་པ་ཡིན་ལ། ཡུལ་ལ་ངེས་པ་ཡོད་དུ་ཟིན་ཀྱང་གསལ་བ་ནི་འདོད་ཆགས་ཡིན་ཞིང། སེམས་རྩུབ་པ་བསལ་བའི་ཕྱིར་སྡུག་པ་ཡིན་ནོ། ། ་ཉེས་པའི་ཆ་ཡོངས་སུ་བཏང་ནས་ཡང་དང་ཡང་དུ་སྐྱེ་ཞིང་རྗེས་སུ་འཛིན་པའི་འདོད་ཆགས་ནི་དགའ་བ་ཡིན་ལ། ཡུལ་གཞན་ལས་ལྷག་པར་ཆགས་པ་ནི་ཡིད་དུ་འོང་བ་ཡིན་ཞིང་ཡུལ་མང་པོ་ཡོད་པ་ལ་ཡུལ་གང་གི་རོལ་དགའ་པའི་འདོད་ཆགས་པའི་ཡུལ་དེ་ནི་སྡུག་པ་ཡིན་ནོ ་ཡུལ་ཐམས་ཅད་ལས་ལྡོག་པ་ཡུལ་གང་ལ་གཅིག་ཏུ་གྱུར་པ་བཞིན་དུ་འདོད་ཆགས་པ་དེ་ལ་ཆགས་པ་ཞེས་བྱའོ། །བྱམས་པ་དང་ལྡན་པ་ཞེས་བྱ་བ་ནི་བྱམས་པ་དང་ཡང་དག་པར་འབྱོར་པའོ། །སེམས་གང་ལ་དགྲ་བོ་མེད་པ་དེ་ནི་དགྲ་བོ་མེད་པ་ཡིན་ཏེ། དགྲ་བོའི ་རྒྱུ་མཚན་ཐམས་ཅད་མངོན་དུ་བྱེད་པ་མེད་ལ་དེའི་ཕྱིར་རོ། །སེམས་ཅན་ཐམས་ཅད་གྲོགས་པོ་རབ་ཀྱི་ཕྱོགས་སུ་འཕངས་པ་དེ་བས་ན་སེམས་དེ་འགྲན་ཟླ་མེད་པའོ། །སེམས་ཅན་ཐམས་ཅད་བདེ་བར་ལྷག་པར་མོས་པ་དེ་བས་ན་སེམས་དེ་གནོད་པ ་མེད་པའོ། །ཡུན་རིང་པོར་གོམས་པར་བྱས་པ་དེ་བས་ན་ཡང་པའོ། །སེམས་ཅན་ཐམས་ཅད་ལ་དམིགས་པ་དེ་བས་ན་ཡུལ་ཆེ་བ་ཉིད་ཀྱི་ཕྱིར་རྒྱ་ཆེ་བའོ། །འདོད་པའི་འབྲས་བུ་ཚད་མེད་པ་དེ་བས་ནས་ཚད་མེད་པའོ། །སེམས་དེ་གུས་པར་བསྒོམས ་པས་ན་རབ་ཏུ་བསྒོམས་པ་སྟེ་སེམས་ངེས་སོ། །ལྷག་པར་མོས་ནས་ཞེས་བྱ་བ་ནི་ལྷག་པར་མོས་པས་ཚུལ་བཞིན་ཡིད་ལ་བྱེད་པ་ཉིད་ཀྱི་ཕྱིར་ཕྱོགས་གཅིག་ཏུ་རྣམ་པར་གནས་པ་དག་གི་བདེ་བ་ལ་ལྷག་པར་མོས་པར་བྱས་ནས་སོ། །ཁྱབ་པར་བྱས ་ནས་ཞེས་བྱ་བ་ནི་སྤྱིས་ཁྱབ་པར་བྱས་པའོ། །སྙོམས་པར་ཞུགས་ཤིང་ཞེས་བྱ་བ་ནི་ཡེ་ཤེས་ཀྱིས་ཤེས་ནས་སོ། །འདུག་གོ་ཞེས་བྱ་བ་ནི་རྒྱུན་གྱིས་གནས་པའོ། །ཀུན་ཏུ་ནི་ཐམས་ཅད་ཀྱི་ཐམས་ཅད་དུ་སྟེ། ལྷག་མ་མེད་པར་ཞེས་བྱ་བའི་ཐ ་ཚིག་གོ་།དེ་དག་ནི་རྣམ་པར་གང་ཞེ་ན་སྨྲས་པ། ཀྱེ་མའོ་སེམས་ཅན་བདེ་བར་གྱུར་ཅིག་སྙམ་པའི་ཡིད་ལ་བྱེད་པས་བྱམས་པ་ལ་སྙོམས་པར་འཇུག་པ་དང། ཀྱེ་མའོ་སེམས་ཅན་སྡུག་བསྔལ་བར་གྱུར་ཏོ་སྙམ་དུ་སྙིང་རྗེ་དང། ཀྱེ་མའོ་སེམས་ཅན ་དགའ་བར་འགྱུར་ཅིག་སྙམ་དུ་དགའ་བ་དང། སེམས་ཅན་མཉམ་པ་ཐ་མལ་པ་དེ་ལྟ་བུའི་ཡིད་ལ་བྱེད་པས་བཏང་སྙོམས་པར་འཇུག་པའོ། །ཚངས་པའི་གནས་བཞི་ནི་བྱམས་པ་ལ་སོགས་པ་སྟེ། དེ་བསྒོམས་ནས་སོ། །འདོད ་པ་སྟེ། འདོད་པའི་ཡོན་ཏན་ལྔ་པོ་དག་ལ་འདུན་པ་དོན་དུ་གཉེར་བའི་སྔོན་དུ་སོང་བ་ཅན་གྱི་འདོད་པའི་འདོད་ཆགས་གང་ཡིན་པ་དེ་སྤངས་ནས་ཏེའོ། །དེ་ལ་མང་དུ་གནས་ཞེས་བྱ་བ་ནི་བྱམས་པ་ལ་སོགས་པ་ཡང་དང་ཡང་དུ་མངོན་སུམ་དུ་བྱེད ་པའི་ངང་ཚུལ་ཅན་ནོ། །འཆི་བའི་མཐར་ཐུག་པར་གྱུར་པས་ན་འཆི་བའི་མཐར་ཐུག་པའོ། །སྙོམས་པར་གྱུར་ཏོ། །ཞེས་བྱ་བ་ནི་བཟའ་བ་དང་ཟས་ལས་གྱུར་པ་དབུགས་རྒྱུ་བ་དལ་བ་ལ་སོགས་པ་ལུས་ཀྱི་གནོད་པའོ། །སྲིད་པའི་སྲེད་པ་ནི ་སྲིད་པའི་མིག་ཡིན་ནོ། །སྐྱེ་བ་ནི་འཁོར་བའི་སྐྱེ་བའི་རྒྱུན་ནོ། །ཡང་སྲིད་པའི་ལས་དང་ལས་ཀྱི་འབྲས་བུ་མེད་པའི་ཕྱིར་དེ་ནི་ཡང་སྲིད་པ་མེད་དོ་སྨོན་པ་ཡིན་ནོ། །སྤྱན་སྔ་ནི་འདུག་པར་གྱུར་པ་ཞེས་བྱ་བ་ནི་ཉེ་བ་ན་སྤྱོད་པའོ། །ལྷ་ལ་ཕན ་གདགས་པར་བྱ་བ་ཁོ་ནའི་ཕྱིར་བཅོམ་ལྡན་འདས་ཀྱིས་འཕངས་པ་ཨུ་པ་མ་ན་ཕྱིར་བསལ་བ་ཡིན་ཏེ། གང་གི་ཕྱིར་དང་པོའི་ལྷ་སྟོང་ཕྲག་བཅོམ་ལྡན་འདས་ཀྱིས་ཐད་ལས་ཆོས་ཉན་པར་མི་འདོད་པ་དང། ཤིན་ཏུ་མཐུ་ཆེ་བ ་ཉིད་ཀྱིས་འཕགས་པ་ཨུ་པ་མ་ན་ཕྱི་རོལ་ཏུ་བྱ་བར་མི་ནུས་པ་དང། བཅོམ་ལྡན་འདས་མ་གཏོགས་པ་འགའ་ཞིག་གིས་ཀྱང་ཕྱོགས་འདི་ལས་དེ་འདི་ལྟར་བསལ་བར་ནུས་པ་མ་ཡིན་པ་དེ་ནི་དེའི་ཕྱིར་གཞན་ལ་ཕན་གདགས་པར་བྱ ་བའི་ཕྱིར་བཅོམ་ལྡན་འདས་ཀྱིས་བསལ་བ་མཛད་པ་ཡིན་ནོ། །སྨོན་ལམ་གྱི་དབང་གི་འཕགས་པ་ཨུ་པ་མ་ནའི་གཟི་ལྷ་རྣམས་ཀྱིས་མི་བཟོད་པ་ཡིན་གྱི་མཐུ་ཆེ་བ་ཉིད་ཀྱིས་མ་ཡིན་ཏེ། གཞན་དུ་ན་བཅོམ་ལྡན་འདས་ཀྱི་གཟི ་ཤིན་ཏུ་མི་བཟོད་པར་འགྱུར་ཏེ། འཕགས་པ་ཨུ་པ་མ་ན་བྱེད་པ་སྟོང་པས་ཀྱང་བཅོམ་ལྡན་འདས་ཤིན་ཏུ་མཐུ་ཆེ་བའི་ཕྱིར་རོ། །མདུན་ན་རྣམ་པར་གནས་པ་ལ་ཕྱི་རོལ་ཏུ་བྱས་པ་ནི་ཤིང་སཱ་ལ་ཟུང་གི་ཚལ་ནི་ཤིང་སཱ་ལ་ཆེན་པོ་གཉིས་ཀྱིས་ཉེ་བར་མཚོན་པའི ་སཱ་ལའི་ནགས་སོ། །མཐུ་ཆེན་པོའི་སྒྲས་འདིར་བདག་ཉིད་ཀྱི་དངོས་པོ་དང་ཆེན་པོའི་སྒོ་ནས་ཆེན་པོར་གཟུང་ངོ། །གལ་ཏེ་དཔག་ཚད་བཅུ་གཉིས་ཀྱི་ནད་མ་ལུས་པར་ལྷས་ཁྱབ་པར་གྱུར་པས་དེར་མི་དང་དུད་འགྲོ་ཇི་ལྟར་གནས་པར་འགྱུར་ཞེ་ན། འདི་ལ ་བཅོམ་ལྡན་འདས་ཀྱི་མཐུ་དང། ལྷ་དེ་དག་ཉིད་ཀྱི་རྫུ་འཕྲུལ་ལམ་ལུས་འོད་དང་འདྲ་བ་དེའི་ཕྱིར་འགའ་ཞིག་ཀྱང་གནོད་པ་བྱེད་པར་མི་འགྱུར་རོ་ཞེས་སྟོན་ཏོ། །དུས་མ་ཡིན་པར་ཆར་ཞེས་བྱ་བ་ལ་དབྱར་ཆར་འབྱུང་བའི་དུས་ཡིན་ལ་ལྷག་མ་ནི་མ་ངེས་པ་ཡིན ་པ་དེའི་ཕྱིར་དེ་སྐད་དུ་གསུངས་པ་ཡིན་ནོ། །གྲང་བའི་དུས་ཞེས་བྱ་བ་ནི་དགུན་ཟླ་ཐ་ཆུང་དང་དཔྱིད་ཟླ་ར་བའོ། །ཤིང་བལ་རྨལ་བ་ནི་ས་བོན་དང་ཐ་དད་པར་བྱེད་པའོ། །གོས་ཕྲུགས་ནི་གོས་ཟུང་ངོ། །དྲི་ཞེས་བྱ་བ་ལ་སོགས་པ་ལ་དྲི་ནི་གླ་རྩི་ལ་སོགས་པ་ཡིན ་ལ་ཕྲེང་བ་ནི་མེ་ཏོག་ཛུ་ཏི་ལ་སོགས་པའོ། །བདུག་སྤོས་ནི་ཨ་ཀ་རུ་ལ་སོགས་པ་ཡིན་ལ། ཕྱེ་མ་ནི་གོས་ལ་བསྒོས་པ་ལ་སོགས་པའོ། །རིགས་ཡོངས་སུ་སྒྲོགས་པ་ཞེས་བྱ་བ་ནི་ཅིག་ཅར་ཉེ་དུ་མ་ལུས་པའི་མིང་སྨོས་པ་མེད་པའི་ཕྱིར་ཚེགས་ཆུང་བའི ་དོན་ཏོ། །སྨྱུང་བའི་སྡོམ་པ་ལས་བྱུང་བ་འམ། བཅོམ་ལྡན་འདས་ཀྱི་མཐུ་འམ་སྨོན་ལམ་གྱི་དབང་ལས་ཞེས་བྱ་བ་འདི་ནི་རྣམ་པ་གཞན་ཡིན་ནོ། །ལྷ་རྣམས་ཀྱི་བརྡུང་བར་བྱ་བ་རྡུང་བར་བྱེད་པ་ལ་འདིར་དྲི་ཟར་རིག་པར་བྱ་ཞིང་དེ་དག་གི་བཟོ་ལས་མཁས་པ ་ཉིད་ཀྱིས་བདག་པོ་སྟེ་རྒྱལ་པོ་ཡིན་ནོ། །བརྡུང་བར་བྱ་བའི་སྒྲའི་བྱེ་བྲག་རྡུང་བར་བྱེད་པའི་སྒོ་ནས་སྦྱོར་བ་ནི་དབྱངས་ཡིན་ནོ། །བྱེ་བ་ཞེས་བྱ་བ་ལ་འབུམ་ཕྲག་བརྒྱ་ནི་བྱེ་བའོ། །བཏུལ་ནས་ཞེས་བྱ་བ་ནི་མཆོག་ཏུ་འབྱོར་བར་བྱས་ནས་སོ། །མུ་སྟེག་ཅན་ཞེས ་བྱ་བ་ལ་སོགས་པ་ལ་ཉན་ཐོས་དག་གིས་གདུལ་བར་བྱ་བ་གང་ཡིན་པ་དེ་ནི་བཅོམ་ལྡན་འདས་ཀྱིས་ཀྱང་གདུལ་བར་སྤྱོད་ཀྱི་གཅིག་ཏུ་སངས་རྒྱས་ཀྱི་གདུལ་བྱ་ཤཱ་རིའི་བུ་ལ་སོགས་པ་གདུལ་བ་ཉིད་དུ་ནུས་པ་མ་ཡིན་པས་གཅིག་ཏུ་རབ ་ཏུ་དགའ་བ་སངས་རྒྱས་ཀྱི་གདུལ་བྱ་ཡིན་པ་དེའི་ཕྱིར་བཅོམ་ལྡན་འདས་བླ་ན་མེད་པའི་གདུལ་བྱའི་སྐྱེ་བོ་འདུལ་བ་ལ་མཁས་པའི་ཕྱིར་འབད་པ་བཞག་པས་འདུལ་བར་འགྱུར་རོ། །མྱོས་པ་ནི་ཤིན་ཏུ་སྒྲ་སྙན་པར་བརྡུང་བའོ། །དགྲ་བཅོམ་པར་གྲགས་པ ་ཞེས་བྱ་བ་ནི་འདི་ལ་འཇིག་རྟེན་མ་ལུས་པ་དགྲ་བཅོམ་པར་བློ་མཐུན་པར་གྱུར་པའོ། །ཁྱིམ་ནི་འདུག་ནས་སོ། །ཉིན་བར་སྤྱོད་པ་ནི་ཉིན་མོ་སྤྱོད་པའི་གནས་སོ། །ཁ་འབུས་པ་ཞེས་བྱ་བ་ལ་སོགས་པ་ལ་དཔྱིད་ཀྱི་དུས་སུ་ཤིང་གི་དྲོད་སོ་མ་བྱུང་བའི་ཕྱོགས ་མཐོན་པོ་མཐོན་པོར་གྱུར་པ་ན་ཁ་འབུས་པ་ཞེས་བྱ་བ་ལ། དེ་སྐྱེས་པ་གང་ཡིན་པ་དེ་ནི་ཁ་འབུས་པར་འགྱུར་པ་ཞེས་བྱའོ། །དེ་ཉིད་གང་གི་ཚ་ཤིང་བལ་གྱི་ས་བོན་གྱི་རྣམ་པ་ལྟ་བུར་ཤིན་ཏུ་མཐོན་པོར་གྱུར་པ་དེའི་ཆེ་མྱུ་གུ་སྐྱེ་ཞེས་བྱའོ། །ཁ་མ་གྱེས་པ་ནི་མེ་ཏོག ་གི་རྒྱུ་མཚན་ཡིན་ནོ། །ཁ་མ་གྱེས་པ་ཡོངས་སུ་སྨིན་པའི་གནས་སྐབས་ཐོབ་པར་གྱུར་པ་ནི་བྱ་རོགས་གི་མཆུ་འབྲ་བ་ཡིན་པར་རིག་པར་བྱ་སྟེ། བྱ་རོག་གི་མཆུ་དང་འདྲ་བར་མེ་ཏོག་གི་འདབ་མའི་མཛའ་ངེས་པར་འབྱུང་བའི་ཕྱིར་རོ། །རྣམ་པ་ཐམས ་ཅད་དུ་ཁ་བྱེ་བའི་ཕྱིར། ཐམས་ཅད་ཡོངས་སུ་རྒྱས་པའོ། །འདབ་མ་ཕལ་ཆེར་འཇམ་པ་ཉིད་ཀྱི་ཕྱིར་ལྷམ་མེ་ཞེས་གསུངས་པ་ཡིན་ནོ། །ཤིང་ལས་འོད་འབྲོ་བ་ལྟར་ཤེས་པ་དེའི་ཕྱིར་ལྷན་ནེ་ཞེས་གསུངས་སོ། །མེ་ཏོག་ཕུན་སུམ་ཚོགས་པས་ཤིང ་ཐམས་ཅད་ཟིལ་གྱིས་གནོན་པའི་ཕྱིར་ལྟ་ང་ཞེས་གསུངས། །མེ་ཏོག་ཕུན་སུམ་ཚོགས་པས་ཤིང་ཐམས་ཅད་ནི་ཆོས་ཁོང་དུ་ཆུད་པར་འདོད་པ་ལ་འདིར་ཐེ་ཚོམ་ཞེས་བྱའོ། །བསམས་པ་ཞེས་བྱ་བ་ནི་སོ་སོར་བསམས་པ་ཞེས་བྱའོ། །ཡུལ་གང ་ལ་བསམས་པ་ཡིན་ཞེ་ན། བསལ་བར་ནུས་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བཅོམ་ལྡན་འདས་ཉ་གཅིག་གིས་བདག་གི་ཐེ་ཚོམ་གསལ་བར་དཔྱོད་ཀྱང། གཞན་འགའ་ཞིག་གིས་ཀྱང་མ་ཡིན་ནོ། །ཞེས་བྱ་བ་དེ་ལྟ་བུའི་བསམ་པ་ཡོད་པ་ཡིན་ལ། བསམ་པ་ཅུང་ཞིག་ནི་མངོན་པར་འདོད་པའི་ཆོས་ཀྱིས ་ཕྱོགས་ལ་ཡོད་པ་ཡིན་ནོ། །བདག་བཅོམ་ལྡན་འདས་ག་ལ་བདེར་ཉེ་བར་འགྲོ་བའི་བསམ་པ་ལ་གནོད་པ་མེད་པས་བླ་མར་འགྱུར་བ་ཡིན་ནོ། །སྐུ་མཉེལ་ཞིང་ཞེས་བྱ་བ་ནི་སྐུ་བསྙུན་གྱིས་མཉེལ་བར་གྱུར་པའོ། །ཚུར་ཤོག་ཅེས་བྱ་བས་རབ་ཏུ་བྱུང་བ་ཡིན་ཏེ། མངོན་སུམ་དུ་ཉོན་ཐོས་སུ་འགྱུར་བར ་རིག་པར་བྱའོ། །དགའ་ཞེས་བྱ་བ་ལ་སོགས་པ་ལ། མངོན་པར་འདོད་པའི་བཅོམ་ལྡན་འདས་ཀྱི་བསྟན་པ་རྙེད་པའི་སྐབས་ཉིད་ཡིན་པའི་ཕྱིར་དགའ་བའོ། །མངོན་པར་འདོད་པའི་དྲིས་པའི་དོན་གྱི་ལན་བསམས་པ་བཞིན་རྙེད་པའི་ཕྱིར་མགུ་བའོ། །ཉོན་མོངས་པ་སྤོང་བར་བྱེད་པའི་གཉེར་པོར་ཕྱོར་རྙེད་པའི་བསམས ་པས་རབ་ཏུ་དགའ་བའོ། །ཐར་པ་བླ་ན་མེད་པ་ཐོབ་པའི་བསམ་པས་ན་ལྟར་ལུས་ཀྱི་བདེ་བ་སྐྱེས་པར་གྱུར་པའོ། །དགའ་བ་ནི་འདིར་དགེ་བའི་ཆོས་ལ་འདུན་པའོ། །མུ་སྟེགས་ཅན་སྐྱེད་པར་བྱེད་པ་ཞེས་བྱ་བ་ནི་མུ་སྟེགས་ཅན་སྐྱེད་པའི་གནས་ཡིན་ཏེ། གང་གི་ཕྱིར་གང་པོ་ལ་སོགས་པ་དག་ལས་མུ་སྟེགས ་ཅན་འབྱུང་བར་འགྱུར་བ་དེའི་ཕྱིར་གང་པོ་ལ་སོགས་པ་དང། མུ་སྟེགས་ཅན་སྐྱེད་པར་བྱེད་པ་ཞེས་གསུངས་སོ། །རང་རང་གིས་ཁས་འཆེས་པ་ནི་བདག་ཉིད་སོ་སོས་དམ་བཅས་པ་ཡིན་ཏེ། བརྟུལ་ཞུགས་འདིས་བདག་ཅག་འཁོར་བ་ལས་གྲོལ་བར་འགྱུར་རོ། །ཅི་དེ་དག་གིས ་བདག་ཉིད་ཀྱིས་དམ་བཅས་པ་ཉམས་སུ་མྱོང་བའི་སྒོ་ནས་ཤེས་པར་འགྱུར་ན་ནི་གང་གི་ཚེ་དམ་བཅས་པ་ཉམས་སུ་མྱོང་བ་གྲུབ་པ་དེའི་ཚེ་དམ་བཅས་པ་ཡོངས་སུ་རྫོགས་པར་ཁོང་དུ་ཆུད་པར་འགྱུར་རོ། +་།ཞེས་བྱ་བ་འདི་ནི་དམ་བཅས་པའོ། །དེའི་དོན་ནི་ཅིང ་དེ་དག་གིས་ཐོས་པ་བླ་ན་མེད་པ་ཐོབ་པར་འགྱུར་རམ། འོན་ཏེ་མ་ཡིན་ཞེས་བྱ་བ་འདི་ཡིན་ནོ། །གཅིག་པོ་འདིས་སུམ་ཅུར་མ་འོངས་པ་ནི་གཅིག་གིས་སུམ་ཅུ་མ་ཡིན་པ་སྟེ། ལོ་གྲངས་ཉི་ཤུ་རྩ་དགུའོ། །དགེ་བ་གང་ཞིག་ཚོལ་བ་ཞེས་བྱ་བ་ནི་དགེ་བ་གང་ཞེས ་བྱ་སྟེ་དེ་ལྟར་ཚོལ་བའི་ངང་ཚུལ་ཅན་ནོ། །ལོ་ལས་ལྷག་པ་ཞེས་བྱ་བ་ནི་ལོ་གཅིག་གིས་ལྷག་པ་སྟེ། ལོ་ནི་ལོ་གཅིག་གི་རྣམ་གྲངས་ཡིན་པའི་ཕྱིར་རོ། །ཚུལ་ཁྲིམས་ནི་སོ་སོར་ཐར་པ་ལ་སོགས་པའི་སྡོམ་པའོ། །ཏིང་ངེ་འཛིན་ནི་ཟག་པ་དང ་བཅས་པ་དང་ཟག་པ་མེད་པའོ། །རིག་པ་ནི་གསུམ་སྟེ། སྔོན་གྱི་གནས་ཤེས་པ་དང། འཆི་འཕོ་དང་སྐྱེ་བ་ཤེས་པ་དང། ཟག་པ་ཟད་པ་ཤེས་པའོ། །རྐང་པ་ནི་རྫུ་འཕྲུལ་གྱི་ཡུལ་ཤེས་པ་དང། ལྷའི་རྣ་བ་ཤེས་པ་དང། སེམས་ཀྱི་རྣམ་གྲངས་ཤེས་པའོ། ་ཏིང་ངེ་འཛིན་ནི་སེམས་རྩེ་གཅིག་པ་ཉིད་དོ། །བསྒོམས་པ་ནི་ཆུང་ངུ་དང། འབྲིང་དང་ཆེན་པོའི་གོ་རིམ་གྱིས་སོ། །རིམས་པ་ལས་མ་གཡོས་པས་ན་རིགས་པ་སྟེ། འཕགས་པའི་ལམ་ཞེས་བྱ་བའི་ཆོས་ཡིན་ནོ། །དེའི་ཕྱོགས་གཅིག་ནི་ཡང་ཕྱོགས་གཅིག ་ཙམ་འཆད་པ་ལ་སྟོན་པ་པོ་ཞེས་བྱའོ། །འདི་ལས་ཞེས་བྱ་བ་ནི་ངའི་བསྟན་པ་ལས་ཕྱི་རོལ་ན་ཚད་མར་གྱུར་པ་གཞན་མེད་པ་ཡིན་ནོ། །ཅིའི་ཕྱིར་ཡོད་པ་མ་ཡིན་ཞེ་ན། རབ་བཟང་གང་ལ་ཞེས་བྱ་བ་ལ་སོགས་པས་རྒྱུར་སྨྲས་པ་ཡིན་ཏེ། བཀའ་གང་ལ ་འཕགས་པའི་ལམ་ཡན་ལག་བརྒྱད་པ་ཡོད་པ་དེ་ཉིད་ལ་དང་པོའི་དགེ་སྦྱོང་ལ་སོགས་པ་སྣང་སྟེ། གང་གི་ཕྱིར་ལམ་གྱི་སྒོ་ནས་དགེ་སྦྱོང་དུ་གྱུར་པ་ཡིན་ནོ། །དགེ་སྦྱོང་ནི་རྒྱུན་དུ་ཞུགས་པར་གྱུར་པ་བཞི་ནི་བཞི་ཡིན་པར་རིག་པར་བྱའོ། །མཉམ་པོར ་སྤྱོད་པས་ན་དགེ་སྦྱོང་སྟེ། རྒྱུན་ཏུ་ཞུགས་པ་དང། ལན་ཅིག་ཕྱིར་འོང་པ་དང། ཕྱིར་མི་འོང་བའི་རང་བཞིན་ནོ། །སྡིག་པ་སྤངས་པས་ན་བྲམ་ཟེ་སྟེ། དགྲ་བཅོམ་པའོ། །སློབ་དཔོན་ཆེན་པོ་ནི་བཅོམ་ལྡན་འདས་ཡིན་ཏེ། སྤྱོད་པ་ཐམས་ཅད་ཁོང་དུ་ཆུད ་པར་མཛད་པའི་སྒོ་ནས་ཆེན་པོ་ཉིད་ཡིན་པའི་ཕྱིར་རོ། །མང་དུ་ཐོས་པ་ནི་ཐོས་པ་བསགས་པ་ཡིན་ཏེ། ཐོས་པ་འཛིན་པའི་མཆོག་ཏུ་སློབ་དཔོན་ཆེན་པོས་ལུང་སྟོན་པའི་དབང་བསྐུར་བས་དབང་བསྐུར་བ་འམ། ཡང་ན་འཕགས་པའི་ལམ་ལ་སོ་སོར་དགོད ་པའི་སློབ་དཔོན་ཆེན་པོས་དབང་བསྐུར་བ་ཡིན་ནོ། །ཤེས་ཏེ་ཞེས་བྱ་བ་ནི་བདག་གི་སྐྱེ་བ་ནི་ཟད་དོ་ཞེས་བྱ་བ་ལ་སོགས་པ་དངོས་པོ་ཡོངས་སུ་ཤེས་པ་དང་ལྡན་པ་ཉིད་ཀྱི་ཕྱིར་རོ། །ཉོན་མོངས་པ་ལ་སོགས་པ་བཅོམ་པའི་ཕྱིར་དགྲ་བཅོམ་པའོ། །ཉོན་མོངས ་པ་དང་སྙོམས་པར་འཇུག་པའི་སྒྲིབ་པ་དང་བྲལ་བའི་སེམས་རྣམ་པར་གྲོལ་བའོ། །སྨོན་ལམ་གྱི་དབང་གིས་རབ་ཏུ་བཟང་པོ་སྔར་ཡོངས་སུ་མྱ་ངན་ལས་འདས་པའི་བློ་སྐྱེས་པ་ཡིན་ནོ། །བཟོད་པ་ཞེས་བྱ་བ་ནི་རང་གི་འདོད་པས་གནས་པ་ཉིད་དུ་ནུས ་པའོ། །ཅིའི་ཕྱིར་རབ་ཏུ་བཟང་པོས་གནས་ལྔ་བྱིན་གྱིས་བརླབས་པར་གྱུར་ཞེ་ན། འདིར་མུ་སྟེགས་ཅན་གྱི་ཚེགས་ཆེན་པོ་བཅོམ་ལྡན་འདས་ཀྱིས་བསྟན་པ་ལ་གཞུགས་པའི་དོན་ཡིན་ཏེ། གང་གི་ཕྱིར་དེ་མ་ཐག་ཉིད་དུ་བཅོམ ་ལྡན་འདས་ཀྱིས་ཕྱི་རོལ་ན་དགེ་སྦྱོང་ངམ་བྲམ་ཟེའམ་ཕས་ཀྱི་རྒོལ་བས་སྟོང་པ་ཡིན་ནོ། །ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །མུ་སྟེགས་ཅན་གྱིས་ཀྱང་འདི་ལྟར་རབ་ཏུ་བཟང་པོ་ཡོངས་སུ་མྱ་ངན་ལས་འདས་པར་ཐོས་པ་དེ་ལས་རབ ་ཏུ་དགའ་བའི་ཤུགས་ཐོབ་པར་གྱུར་ཏེ། གོས་ཀྱི་འཕན་ཤིན་ཏུ་ཆེ་བ་བསྒྲེངས་ནས་ཀུ་ཤའི་གྲོང་ཁྱེར་མ་ལུས་པ་བསྐོར་ནས་དགེ་སྦྱོང་གཽ་ཏ་མ་ལ་འདི་སྐད་སྨྲས་ཏེ། འདི་ལྟར་འདི་ན་དགེ་སློང་དང་པོ་ནས་འཁོར་རྣམས་ལ་བདག་ཅག་གི་ཚངས ་པར་སྤྱོད་པ་རབ་ཏུ་བཟང་པོ་འདི་ཡོངས་སུ་མྱ་ངན་ལས་འདས་སོ། །ཞེས་ཡང་དག་པའི་སེང་གེའི་སྒྲ་བསྒྲགས་པ་དེའི་ཕྱིར་ཇི་ལྟ་ན་དགེ་སྦྱོང་གཽ་ཏ་མ་དེ་བདེན་པ་སྨྲ་བ་ཡིན་ཞེས་སྒྲོགས་པར་བྱེད་དོ། །དེ་ཐོས་པ་ལས་མུ་སྟེགས་ཅན་སྟོང་ཕྲག་དུ ་མ་དེ་ལ་མངོན་པར་དད་པ་ཡང་འདུས་ཤིང་འགྲོ་བར་བྱེད་ལ། བར་མ་དང་མ་དང་པ་མང་པོ་དག་ལྟད་མོ་ལ་འགྲོ་བ་ནི་གང་གི་ཚེ་མུ་སྟེགས་ཅན་དག་རབ་ཏུ་བཟང་པོའི་ཕྱོགས་སུ་འོངས་པ་དེའི་ཚེ་རབ་ཏུ་བཟང་པོ་མུ་སྟེགས་ཅན་གྱི་ཆ་ལུགས་སུ ་མཐོང་བ་དེའི་ཕྱིར་ཤིན་ཏུ་མངོན་པའི་ང་རྒྱལ་དང་ནི་འཇིགས་པར་འགྱུར་ལ་གང་གི་ཚེ་ཁྱོགས་འདེགས་པའི་བྱ་བ་བྱེད་མི་ནུས་པ་དེའི་ཚེ་རྒྱགས་པ་དང་ང་རྒྱལ་བཅོམ་པ་དང། དྲོ་ཚས?་ཁྱབ་པ་དང་ཇི་ལྟར་བྱ་བ་ལ་རྨོངས་པར་གྱུར་པས ་བཅོམ་ལྡན་འདས་ཀྱིས་བསྟན་པ་ལ་མངོན་པར་དད་པ་དང། དགེ་བའི་ཆོས་སྒོམ་པ་ལ་ཕྱོགས་པར་འགྱུར་བ་དེའི་ཕྱིར་དེ་དག་གིས་དཔལ་ཆེན་པོ་ཐོབ་པར་འགྱུར་བ་ན་མ་དད་པ་མང་པོ་ཐ་མལ་པར་འགྱུར་ཞིང། ཐ་མལ་པ་དག་ཀྱང་བཅོམ་ལྡན ་འདས་ཀྱི་བསྟན་པ་ལ་ངེས་པར་འགྱུར་བ་དེ་བས་ན་དེ་དག་གིས་ཤིན་ཏུ་དོན་ཆེན་པོ་ཐོབ་པར་འགྱུར་བའི་ཕྱིར་ཤིན་ཏུ་བཟང་པོས་གནས་ལྔ་བྱིན་གྱིས་བརླབས་པ་དོན་དང་བཅས་པ་ཁོ་ན་ཡིན་ནོ། །ཞེས་བསྟན་ཏོ། །སྨད་ནས་ཞེས་བྱ་བ་ནི ་དཔྱས་པའོ། །གནད་ཆད་པ་ཞེས་བྱ་བ་ལ་སོགས་པ་ལ། བཅོམ་ལྡན་འདས་ཀྱིས་སྐུ་ཡང་མིའི་རྒྱུད་ཀྱིས་ཡོངས་སུ་བཟུང་བ་ཡིན་པ་དེ་བས་ན་གནད་ཆད་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བཅོམ་ལྡན་འདས་ལ་ནི་གནད་ཆད་པའི་ཚོར་བ ་འབྱུང་བའི་སྐབས་མི་མངའ་བའི་ཕྱིར་རོ། །ཆོས་ལ་ངེས་པར་བཀོད་པ་ཞེས་བྱ་བ་ནི་འཕགས་པའི་ལམ་གྱི་ཆོས་ཚོགས་དང་བཅས་པ་ལ་ངེས་པར་སྦྱར་བའོ། །རྟོག་པ་ནི་ཆོས་ཉུང་ངུ་ཐོས་པས་དོན་ཡོངས་སུ་ཤེས་པར་ནུས་པའོ། །དཔྱོད་པ ་ནི་ཡོངས་སུ་གཅོད་པར་ནུས་པའོ། །མཁས་པ་ནི་འདིར་བྱ་བ་དང་བྱ་བ་མ་ཡིན་པ་ལ་བྱེད་པའོ། །བསལ་བ་ནི་དངོས་པོ་རྣམ་པར་འབྱེད་པའི་ནུས་པ་དང་ལྡན་པའོ། །ཡིད་གཞུངས་པ་ནི་མྱུར་དུ་ཡོངས་སུ་གཅོད་པའི་ནུས་པ་དང་ལྡན་པའོ། །བསྐོར་ཏོ། ་ཞེས་བྱ་བ་ནི་ཀུན་ནས་བསྐོར་བའི་སྒོ་ནས་དོག་མོར་བྱས་པར་གྱུར་པའོ། །བརྩོན་འགྲུས་ནི་འབད་རྩོལ་ལོ། །གནད་ཅེས་བྱ་བ་ལ་སོགས་པ་ལ། གནད་ཀྱི་ཕྱོགས་མཚོན་རྣོན་པོས་བཅད་པ་འདྲ་བའི་ཚོར་བ་འབྱུང་བའི་ཕྱིར་གནད་ཆད་པར ་འགྱུར་བ་ཞེས་གསུངས་སོ། །ཚིགས་བྱེ་བར་གྱུར་པ་ཡང་དེ་དང་འདྲ་བ་སྟེ། ཉི་མ་དང་དུས་འདི་ལ་བདག་ཅག་ཚོགས་ནས་དེའི་སྟེང་དུ་ལྷགས་པར་བྱའོ། །ཞེས་བྱ་བ་ནི་བརྡར་བཏགས་པ་ཡིན་ནོ། །འགྲན་ནི་ཆུས་ཡོངས་སུ་སྤངས་པ་བྱེ་མ་དང་བཅས་པའི་ཕྱོགས་ཡིན་ནོ།། ་པདྨའི་འདབ་མ་དང་པདྨའི་འདབ་མ་ལ་རྐང་པ་བཞག་པས་ཞེས་བྱ་བ་ནི་ཇི་ལྟར་པདྨའི་འདབ་མ་ཤུགས་ཀྱིས་མནན་པ་ལས་ཀྱང་ཆུ་ལ་མི་འབྱིད་བ་དེ་བཞིན་དུ་ལུས་ཡང་མོར་བྱས་པའོ། །འདོད་པའི་སྦྱིན་པ་ནི་ཇི་ལྟར་བསམས་པ་བཞིན་དུ་སྒྲུབ་པར་བྱེད་པའི ་སྦྱིན་པའོ། །གྲོགས་པོ་ནི་གང་ཞིག་བྱ་བའི་དུས་ལ་ཉེ་བར་སྦྱོར་བའི་གྲོགས་ཡིན་ཏེ། གང་དེ་དང་རྟག་ཏུ་ལྷན་ཅིག་གནས་པར་བྱེད་པའོ། །གང་དང་ལྷན་ཅིག་བར་དུ་གནས་པར་འདོད་པ་དེ་ལ་འདིར་བརྟེན་པའི་སྒྲས་བསྟན་པ་ཡིན་ནོ། །གཅིག་ཏུ་ཞེས་བྱ་བ ་ནི་གྲོགས་མེད་པ་ཉིད་ཀྱི་ཕྱིར་རོ། །དབེན་པ་ན་ཞེས་བྱ་བ་ནི་སོ་སོར་དབེན་པ་ཕྱོགས་ན་གནས་པའི་ཕྱིར་ཏེ། གཅིག་པུ་ལམ་གྱི་བཞི་མ་དོན་ཡང་གནས་པ་སྲིད་པས་དེ་བསལ་བར་བྱ་བའི་ཕྱིར་རོ། །ནང་དུ་ཡང་དག་འཇོག་པའི་ཚེ་ཞེས་བྱ་བ་ནི་འཇུག ་པའི་རྣམ་པར་ཤེས་པ་སྡུད་པར་བྱེད་ཅིང་ཡིད་ཙམ་འཇུག་པའི་ཕྱིར་དེའི་གནས་སྐབས་ནི་གཅིག་ཏུ་གྱུར་པ་ཡིན་ནོ། །སེམས་ལ་ཞེས་བྱ་བ་ནི་བདག་མ་ཡིན་པ་སྟེ། མུ་སྟེགས་ཅན་དག་བདག་ལ་བརྟེན་པའི་རྣམ་པར་རྟོག་པ་ཞེས་འདོད་པའི་གཞུང ་དེ་དགག་པའི་ཕྱིར་རོ། །འདི་ལྟ་བུའི་ཞེས་བྱ་བ་ནི་བཤད་པར་འགྱུར་བའི་རྣམ་པའོ། །སེམས་ཀྱི་ཡོངས་སུ་རྟོག་པ་ཞེས་བྱ་བ་ནི་ཆུ་དང་འོ་མ་དང་འདྲ་བར་མཚུངས་པར་ལྡན་པ་ཉིད་ཡིན་པའི་ཕྱིར་ཟངས་གཞོང་དང་འབྲས་བུ་ལྟ་བུ་མ་ཡིན་ནོ། །ཞེས ་སྟོན་པར་བྱེད་པ་ཡིན་ཏེ། ཡོངས་སུ་རྟོག་པ་ནི་འདིར་དངོས་པོའི་ཡུལ་ཡོངས་སུ་དག་བ་བརྟོག་པ་ཡིན་ནོ། །སྐྱེས་པ་ནི་འབྱུང་བའོ། །ཕྱེད་ཅེས་བྱ་བ་ནི་ཆུང་ངུ་དང་བཅས་པར་ཆུང་ཞིང་དམན་པ་སྟེ་མང་པོ་མ་ཡིན་ཞེས་བྱ་བའི་ཐ་ཚིག་གོ་།ཕྱེད་འདི་གང་གི ་ཡིན་ཞེ་ན། ཚངས་པར་སྤྱོད་པའི་ཞེས་བྱ་བ་སྨོས་པ་ཏེ་ཚོགས་ཀྱི་ལམ་ལེགས་པར་སྤྱོད་པ་དང། ལམ་དང་ལམ་གྱི་འབྲས་བུ་ཞེས་བྱ་བའི་ཐ་ཚིག་གོ་།དེ་གང་ཞེ་ན། སྨྲས་པ་འདི་ལྟར་ཞེས་བྱ་བ་ནི་ཉེ་བར་སྟོན་པ་བྱེད་པའོ།། ་དགེ་བའི་བཤེས་གཉེན་ཞེས་བྱ་བ་ནི་སྐྱེ་བོ་ཡོན་ཏན་དང་ལྡན་པ་ལ་རྗེས་སུ་དགའ་བའོ། །དགེ་བའི་གྲོགས་པོ་ཞེས་བྱ་བ་ནི་གྲོགས་པོ་དམ་པའི་བྱ་བ་ལ་ནན་ཏན་བྱེད་པའི་ཕྱིར་རོ། །དགེ་བ་བསྟེན་པ་ཞེས་བྱ་བ་ནི་གནས་གཅིག་ན་གནས་ཤིང ་ཡང་དག་པའི་གཏམ་ལ་སོགས་པ་བྱེད་པའི་ཕྱིར་རོ། །བྱ་བའི་སྒོ་ནས་བསྟེན་ན་སྡིག་པ་བྱས་པ་ལ་སོགས་པ་དང། ཀུན་དགའ་བོ་ཁྱོད་ཅེས་བྱ་བ་ལ་སོགས་པས་དགག་པའི་སྒོ་ནས་སྟོན་པར་མཛད་དེ། ཀུན་དགའ་ཞེས་བྱ་བ་ནི ་འབོད་པའོ། །དེ་སྐད་མ་སྨྲ་ཞིག་ཅེས་བྱ་བ་ནི་མ་བརྗོད་ཅིག་པའོ། །འོ་ན་ཇི་ལྟར་བྱ་ཞེ་ན། མ་ལུས་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཐམས་ཅད་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ་།ཡོངས་སུ་རྫོགས་པ་ཞེས་བྱ་བ་ནི་ཆར་གྱུར་པ ་ཚོགས་པའི་ཕྱིར་རོ། །ཡོངས་སུ་དག་པ་ཞེས་བྱ་བ་ནི་ཟག་པ་མེད་པ་རང་བཞིན་གྱིས་དག་པ་ཉིད་ཀྱི་ཕྱིར་རོ། །ཡོངས་སུ་བྱང་བ་ཞེས་བྱ་བ་ནི་མྱ་ངན་ལས་འདས་པའི་འབྲས་བུ་ཉིད་ཡིན་པའི་ཕྱིར་རོ། །ཚིག་ཙམ་གྱིས་དད་པར་འགྱུར ་བ་མ་ཡིན་ནོ། །ཞེས་རིགས་པ་བསྟན་པར་བྱ་བའི་ཕྱིར་དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་ནི་རྒྱུ་གང་གི་ཕྱིར་ཞེས་བྱ་བའི་ཐ་ཚིག་གོ་།ད?་ཞེས་བྱ་བ་ནི་བཅོམ་ལྡན་འདས་བདག་ཉིད་ཉེ་བར་སྟོན་པར་བྱེད་པའོ། །བསྟེན་ན་ཞེས་བྱ་བ་ནི ་འགྲོགས་པར་གྱུར་པས་སོ། །སྐྱེ་བའི་ཆོས་ཅན་ཞེས་བྱ་བ་ནི་སྐྱེ་བ་ལས་སྐྱེ་ཞིང་འབྱུང་ན་དེའི་ཆོས་ཀྱི་རང་བཞིན་སེམས་ཅན་གང་དག་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །ཉོན་མོངས་པ་དང་ལས་གང་གིས་སྐྱེ་བའི་ཆོས་ཅན་གྱི་སེམས་ཅན་རྣམས ་ལ་སྐྱེ?་བའི་ཆོས་ཉིད་ཅེས་དེ་ལ་དངོས་པོའི་རྐྱེན་བརྗོད་པ་དེས་ཡོངས་སུ་གྲོལ་བ་སྟེ་དབྱེ་ཞིང་རྣམ་པར་བྲལ་བར་འགྱུར་ཏེ། སངས་རྒྱས་འབྱུང་བ་དེ་ཡོད་ན་ཁྱད་པར་དེ་ཡོད་ལ་མེད་ན་མེད་པར་འགྱུར་རོ། །སེམས་ཅན་མེད་པས་ཀྱང་འདི་མེད་པ་ཁོ་ན་ཡིན་ནམ ་གཙོ་བོ་མ་ཡིན་པ་ཉིད་ཀྱི་ཕྱིར་བགྲང་བར་བྱ་བ་མ་ཡིན་ཏེ། ལུང་ལ་སོགས་པ་ལྟ་བུ་སྟེ། གྲོའི་མྱུ་གུ་ལ་ནི་གྲོའི་ས་བོན་ཅན་ཞེས་བྱའི། ལུང་ལ་སོགས་པ་ལ་སྐྱེས་པ་ཞེས་བྱ་བ་ནི་འཁར?་རྡའི?་སྒྲ་དང་འདྲའོ། །མྱ་ངན་ནི་སྡུག་པ་དང་བྲལ་བ་ལས་སྐྱེས ་པའི་ནད་ཀྱི་གདུང་བའོ། །སྨྲེ་སྔགས་འདོན་པ་ནི་དེ་རབ་ཏུ་བརྗོད་པའོ། །སྡུག་བསྔལ་ནི་ལུས་ཀྱི་སྟེ་བསྣུན་པ་དང་ནད་ལ་སོགས་པ་ལས་སྐྱེས་པའོ། །ཡིད་མི་བདེ་བ་ནི་འདོད་པ་མ་ཡིན་པའི་དོགས་པ་ལས་སྐྱེས་པའི་ནང་གི་གདུང་པའོ། །འཁྲུག་པ་ནི ་ཟིལ་གྱིས་མནན་པ་དང་འཆིང་བ་ལ་སོགས་པ་ཅན་ནོ། །དེ་བས་ན་འདིས་ནི་ཞེས་བྱ་བ་དེའི་ཕྱིར་འདིས་རིགས་པ་བསྟན་པའོ། །རྣམ་གྲངས་ནི་ཐ་དད་པར་རྣམ་པར་ཕྱེ་བའོ། །རིག་པར་གྱིས་ཤིག་ཅེས་བྱ་བ་ནི་ངེས་པར་ཤེས་པར་བྱའོ། །ཤཱཀྱ་གཉེན ་ཞེས་བྱ་བ་ལ་སོགས་པ་ཅན་ནོ། །དེ་བས་ན་འདིས་ནི་ཞེས་བྱ་བ་དེའི་ཕྱིར་འདིས་རིགས་པ་དེའི་ཕྱིར་དེ་སྐད་དུ་བསྟན་ཏོ། །མཁན་པོ་རྩ་བར་གྱུར་པ་གོས་དབྱུང་བའི་གནས་གང་དག་ཡིན་པ་དེ་ནི་མཁན་པོ་རྩ་བ་ཅན་ཡིན་ཏེ། མཁན་པོ་རྩ་བ་ཅན་དུ་གྱུར་པ ་དེ་དག་གིས། །ཡོངས་སུ་བཞག་པར་བྱ་ཞིང་ཞེས་བྱ་བ་ནི་གསོལ་བ་དང་བཞིའི་ལས་ཀྱིས་ཟླ་བ་བཞིའི་བར་དུ་ཐག་ཉེ་བར་བཞག་པར་བྱ་བ་ཡིན་ནོ། །ལས་སུ་སྨྲ་བ་ཞེས་བྱ་བ་ནི་ལས་བྱས་པར་གྱུར་པ་འཇིག་པར་མི་འགྱུར་བར་སྨྲ་བའོ། །བྱ་བ་སྨྲ་བ ་ཞེས་བྱ་བ་ནི་ཚོགས་པ་ལ་བལྟོས་པའི་ལས་འབྲས་བུ་འབྱིན་ཏོ། །ཞེས་སྨྲ་བར་བྱེད་།བྱ་བའི་ཚོགས་པ་ཡིན་ནོ། །རྒྱུར་སྨྲ་བ་ཞེས་བྱ་བ་ནི་ཐམས་ཅད་རྒྱུ་དང་བཅས་པ་ཤེས་པའོ། །བརྩོན་འགྲུས་སུ་སྨྲ་བ་ཞེས་བྱ་བ་ནི་འབྲས་བུ་སྐྱེས་པ་ལ་ད ་ལྟར་གྱི་སྐྱེས་བུའི་བྱེད་པར་སྨྲ་བའི་ངང་ཚུལ་ཅན་ཡིན་ནོ། །མཐོང་བའི་ཆོས་ལ་ཕན་པ་ཞེས་བྱ་བ་ནི་མངོན་སུམ་གྱི་སྐྱེ་བ་ལ་མངོན་པར་འདོད་པའི་འབྲས་བུ་སྐྱེ་བར་འགྱུར་པའི་ཕྱིར་རོ། །བདེ་བ་ཞེས་བྱ་བ་ནི་སྡུག་བསྔལ་བཟློག་པའི་ཕྱིར་རོ།། ་འཇིག་རྟེན་ཕ་རོལ་ནི་ཚེ་ཕྱི་མའོ། །གཟུང་བར་བྱ་བ་ནི་ཡི་གེའི་སྒོ་ནས་སོ་འུན་ཆུབ་པར་བྱ་ཞེས་བྱ་བ་ནི་དོན་གྱིས་སྒོ་ནས་སོ། །བཅང?་བར་བྱ་ཞེས་བྱ་བ་ནི་ལ་སོགས་པའི་རྣམ་པར་བཤད་པ་ནི་སྔ་མ་དང་འདྲའོ། །མདོའི་སྡེ་དང་དབྱངས་ཀྱིས་བསྙད་པའི་སྡེ་ཞེས ་བྱ་བ་ལ་སོགས་སྨོས་ཏེ། དེ་ལ་མདོའི་སྡེ་ནི་ཚིག་ལྷུག་པའི་སྒོ་ནས་ཀུན་རྫོབ་དང་དོན་དམ་པའི་བདེན་པ་སྣང་ཞིང་རིགས་པའི་སྐབས་དང་ལྡན་པའི་སྙིང་པོའི་དོན་བསྡུས་པ་ཡིན་ཏེ། དཔེར་ན་གང་ཟག་གཅིག་འཇིག་རྟེན་དུ་སྐྱེས་ཏེ། འདུ་བྱེད་ཐམས ་ཅད་ནི་མི་རྟག་པའོ། །ཆོས་ཐམས་ཅད་ནི་བདག་མེད་པའོ། །མྱ་ངན་ལས་འདས་པ་ནི་ཞི་བའོ་ཞེས་བྱ་བ་ལྟ་བུ་སྟེ། གོ་རིམ་ཇི་ལྟར་བཞིན་དུ་དཔེར་བྱེད་པ་ཡིན་ནོ། །བསྟན་མ་ཐག་པའི་མདོ་སྡེའི་དོན་ཚིགས་སུ་བཅད་པའི་སྦྱོར་བའི་སྒོ་ནས་རྗེས་སུ ་བརྗོད་ཅིང་གསལ་བར་བརྗོད་པ་ཅན་ནི་དབྱངས་ཀྱིས་བསྙད་པའི་སྡེ་ཡིན་ཏེ། དཔེར་ན་ནོར་བདུན་ཞེས་བྱ་བ་མདོའི་སྡེ་བསྟན་ནས། དད་པའི་ནོར་དང། ཚུལ་ཁྲིམས་ཀྱི་ནོར་དང། དེ་ཆ་དང་ཁྲེལ་ཡོད་པ་ལས་སྐྱེས་པའི་ནོར་དང། ཐོས་པའི་ནོར་དང། ་གཏོང་བའི་ནོར་དང། བདུན་པ་ཤེས་རབ་ཀྱི་ནི་ནོར་ཡིན་ཏེ། སྐྱེས་པ་འམ་བུད་མེད་གང་དག་ལ། ནོར་འདིར་ཡོད་པར་གྱུར་པ་སྟེ། དབུལ་མིན་དེའི་སྐྱེ་བ་ནི། དོན་ཡོད་པར་ནི་ཤེས་བར་བྱ། ཞེས་བྱ་བ་ལྟ་བུའོ། །གཞན་ཡོངས་སུ་འདྲི་བར་འགྱུར་བས ་ལྷུག་པ་དང་ཚིགས་སུ་བཅད་པ་རྗེས་སུ་འཆད་པ་དང། འདས་པ་དང་མ་བྱོན་པ་དང་ད་ལྟར་སྟོན་པའི་ལུང་བསྟན་པའི་སྡེ་ཡིན་ཏེ། དཔེར་ན་དྲི་བ་བཞིན་དུ་ལུང་བསྟན་པ་སྟེ། ཚེ་གཅིག་ལུང་བསྟན་པར་བྱ་བའི་འདྲི་བ་ནི་ཇི་སྲིད་ཚུལ་ཁྲིམས་གིས ་པ?་ལེགས་ཞེས་བྱ་བ་དང། འདས་པ་ནི་སྔོན་འདས་པའི་དུས་ན་དེ་བཞིན་གཤེགས་པ་རྣམ་པར་གཟིགས་ཞེས་བྱ་བ་དང། མ་འོངས་པ་ན་བྱམས་པ་འཚང་རྒྱ་བར་འགྱུར་རོ། །ཞེས་བྱ་བ་དང། ཀུན་དགའ་པོ་སོང་པ?་དགེ་སློང་དེ་ལ་ཆེན་པོ་ལ་འོས་པའི་སྟན་བཤམ ་པ་དང། གནས་ཁང་མེ་ཏོག་དང། སྤོས་དང། དར་གྱི་ལྔ་ལྡིས་བརྒྱན་པར་གྱིས་ཤིག་།དེས་ཀྱང་ནུབ་མོ་འདི?་ཉིད་ལ་དགྲ་བཅོམ་པ་ཉིད་ཐོབ་པར་འགྱུར་རོ་ཞེས་བགོ་རིམ་བཞིན་དུ་བསྟན་ཏོ། །སྔ་མའི་དོགས་པ་ལ་བལྟས་ནས་ཚིགས་སུ་བཅད་པའི་སྡེ ་ཞེས་བྱ་བ་ཡིན་ཏེ། དཔེར་ན་རྒྱལ་པོ་རྒྱལ་བའི་སྡེའི་ཚིགས་སུ་བཅད་པ་དང། ཚུལ་ཁྲིམས་ཀྱི་ཚིགས་སུ་བཅད་པ་ལ་སོགས་པ་ལྟ་བུའོ། །ཚིགས་གསུམ་མམ་བཞི་འམ། ལྔའམ། དྲུག་གི་ཚིགས་སུ་བཅད་པ་བསྟན་ནས་འགའ་ཞིག་པ་ལན་པ་ལ་གནས ་པའི་གང་ཟག་འབའ་ཞིག་པོ་དགའ་བ་དང། ངོ་མཚར་ལ་བལྟོས་པའི་སྤོབས་པ་སྐྱེ་བར་འགྱུར་བ་ཡང་དག་པར་འཆད་པ་ནི་ཚང་དུ་བརྗོད་པའི་སྡེ་ཡིན་ཏེ། དཔེར་ན་དེ་དག་ཀླུ་ལ་ཀླུ་དག་གིས་ཞེས་བྱ་བ་ལ་སོགས་པ་ལྟ་བུའོ། །མངོན་པར་བརྗོད་པའི ་དགོས་པའི་ཚིག་ནི་གླེང་བཞིའི་སྡེ་ཡིན་ཏེ། འདིས་ངེས་པར་བྱེད་ཅིང་སྟོན་པར་བྱེད་ཅེས་བྱ་བའི་ཐ་ཚིག་གོ་།དེ་ཡང་ཕལ་ཆེར་འདུལ་བ་དང་འབྲེལ་བ་དེར་འབྱུང་བར་བསམས་པ་ཉིད་ཀྱི་ཕྱིར་རོ། །དོན་གཞན་ཁོང་དུ་ཆུད་པར་བྱ་བའི་ཕྱིར་དང། ་གཞན་གྱི་སྤྱོད་པ་བསྟན་པ་དང། དཔེ་རྒྱ་ཆེར་བརྗོད་པར་བྱེད་པ་ནི་རྟོགས་པ་བརྗོད་པའི་སྡེ་ཡིན་ཏེ། དཔེར་ན་ཨུ་ཏ་ཡ་ན་དང། མ་ག་དྷ་བཟང་མོའི་རྟོགས་པ་བརྗོད་པ་ལྟ་བུའོ། །སྐྱེས་བུས་སྦྱར་བ་མ་ཡིན་བ་བརྒྱད་པས་འོངས་པའི་གཏམ་རྒྱུད?་ནི? ་དེ་ལྟ་བུ་བྱུང་བའི་སྡེ་ཡིན་ཏེ། དཔེར་ན་གཞོན་ནུ་མ་བདུན་གྱི་གཏམ་རྒྱུད་ལ་སོགས་པ་ལྟ་བུའོ། །བྱང་ཆུབ་སེམས་དཔའ་ཨི་སྔོན་གྱི་སྐྱེ་བའི་མཛད་སྤྱོད་སྐྱེས་བ་རབས་ཀྱི་སྡེ་ཡིན་ཏེ། དཔེར་ན་རི་དྭགས་ཀྱི་སྐྱེས་པའི་རབས་ལ་སོགས་པ་ལྟ་བུའོ ་ཆོས་རབ་ཏུ་འབྱེད་པའི་གཏམ་རྒྱུད་དང་ལྡན་པ་མན་ངག་རྒྱ་ཆེ་བ་ཤིན་ཏུ་རྒྱས་པའི་སྡེ་ཡིན་ཏེ། དཔེར་ན་ལྔ་དང་གསུམ་དང་རྒྱུ་འཕྲུལ་དང། བརྒྱ་བྱིན་གྱི་དྲི་བ་ཁམས་དྲུག་གི་རྣམ་པར་དབྱེ་བ་ལ་སོགས་པ་ལྟ་བུའོ། །དཀོན ་མཆོག་གི་བྱེ་བྲག་ཤིན་ཏུ་གསལ་བར་བྱེད་པ་ནི་རྨད་དུ་བྱུང་བའི་སྡེ་ཡིན་ཏེ། འཇིག་རྟེན་པ་ལ་སྔོན་རབ་ཏུ་མ་གྲགས་པ་ཉིད་ཀྱི་ཕྱིར་རོ། །དཔེར་ན་ངོ་མཚར་དུ་གྱུར་པ་ལྷགས་པ་ལྟ་བུའོ། །མདོ་སྡེ་ལ་སོགས་པ་རྣམ་པར་འགྲེལ་ཅིང་དྲི་བ་དང ་ལན་བརྗོད་པར་བྱེད་པ་ནི་གཏན་ལ་དབབ་པར་བསྟན་པའི་སྡེ་ཡིན་ཏེ། དཔེར་ན་གང་གིས་ན་འདི་ལ་འཇིག་རྟེན་པའི་ཆོས་ཀྱི་མཆོག་ཅེས་བྱ་བ་ལ་སོགས་པ་ལྟ་བུའོ། །དེ་ཉིད་ཀྱི་ཕྱིར་འདི་བཀའ་མ་ལུས་པའི་གཞི་ཉིད་ཡིན་པའི་ཕྱིར་བུའི་མ་དང་འདྲ་བར་མ་མོ་ཞེས ་བྱ་བ་ལ། ཕྱིན་ཅི་མ་ལོག་པའི་ཆོས་ཀྱི་མཚན་ཉིད་ཀྱི་སྒོ་ཉིད་ཡིན་པའི་ཕྱིར་ཆོས་མངོན་པ་ཞེས་བྱའོ། །བཀར་གཏོགས་པའི་རྣམ་པར་བཅུ་གཉིས་པོ་མདོར་བསྡུས་པ་དེ་ཉིད་ལ་སྡེ་སྣོད་གསུམ་ཞེས་བྱའོ། །སོ་སོར་འབྲང་བར་གྱིས་ཤིག་ཅེས ་བྱ་བ་ནི་བཀའ་དེ་ནན་ཏན་དུ་བྱེད་པའི་སྒོ་ནས་སོ་སོར་འབྲང་བར་བྱ་ཞིང་རྗེས་སུ་འཇུག་པར་བྱ་བ་ཡིན་པས་ན་སོ་སོར་འབྲང་བའོ། །ཕྲ་ཞིང་ཕྲ་བ་ཞེས་བྱ་བ་འདི་ལ་ཁ་ཅིག་ཉེས་བྱས་ཀྱི་ཁ་ན་མ་ཐོ་བ་ཐམས་ཅད་ལ་ཕྲ་ཞིང་ཕྲ་བར་བརྗོད་ལ། ཁ་ཅིག ་ནི་ཞིང་ལས་དང་དབྱུག་གུ་ལས་ཀུན་ནས་ལྡང་བའི་སྐད་ཅིག་མ་རྒྱུ་ཅན་དང་གནས་གཞན་གྱི་བར་ན་གནས་པ་དང། ནང་དུ་འཆོད་པ་ལས་བྱུང་བའི་ཉེས་བྱས་ཀྱི་ཁ་ན་མ་ཐོ་བ་ལ་རྗོད་ཅིང། ཁ་ཅིག་ནི་ཡིད་ཀྱི་ཉེས་བྱས་ཀྱི་ཁ་ན་མ་ཐོ་བ་ཐམས་ཅད་ལས ་ཕྲ་ཞིང་ཕྲ་བར་མཛད་དེ་དཔེར་ན་དོན་མེད་པར་གཞན་འཆི་བར་འདོད་པ་ལ་སོགས་པ་ལྟ་བུའོ། །ཉེ་བའི་ཚིག་མེད་པར་མིང་སྨོས་པ་ནི་མིང་ནས་བརྗོད་པའོ། །རིགས་ཀྱི་སྒོ་ནས་ཐ་སྙད་དུ་བྱེད་པ་ནི་རིགས་བརྗོད་པ་ཡིན་ནོ། །དཔེར་ན་གཽ་ཏ་མ ་ཞེས་བྱ་བ་ལ་སོགས་པ་ལྟ་བུའོ། །འདི་ལྟར་གཞུང་འདི་ལ་ཡང་གལ་ཏེ་གཞོན་པས་དགེ་སློང་ཤིན་ཏུ་རྒན་པ་ལ་ཡང་ཚེ་དང་ལྡན་པའི་ཚིག་གིས་བརྗོད་པར་བྱེད་ན་ཉེས་པ་མེད་པར་སྣང་སྟེ། གང་གི་ཕྱིར་འདི་སྐད་དུ་ཚེ་དང་ལྡན་པའི་ཚིག་གམ། བཙུན་པའི ་ཚིག་གིས་བརྗོད་པར་བྱའོ། །ཞེས་གསུངས་པ་ཡིན་ནོ། །ཕན་གདགས་པར་བྱའོ། །ཞེས་བྱ་བ་ནི་ཐག་ཉེ་བར་བཞག་པར་བྱ་བའོ། །བཞུགས་པར་བྱའོ། །ཞེས་བྱ་བ་ནི་ཉེ་བར་བཏབ་པའོ། །གང་གིས་ཞེས་ན་ལྷུང་བཟེད་དང་ཞེས་བྱ་བ་ལ་སོགས་པ་སྨོས ་པ་ཡིན་ནོ། །རྫོགས་པའི་ཏིང་ངེ་འཛིན་ཉེ་བར་བསྡུ་བ་ནི་རྣལ་འབྱོར་ཡིན་ལ། མ་རྫོགས་པ་ནི་ཡིད་ལ་བྱེད་པ་ཡིན་ནོ། །མཆོད་རྟེན་བྱེད་ཅིང་ཞེས་བྱ་བ་ནི་རྫས་ཡོངས་སུ་གཏོང་བའི་སྒོ་ནས་མཆོད་རྟེན་ལ་མཆོད་པ་བྱེད་པའོ། །མཆོད་རྟེན་ལ་ཕྱག་འཚལ ་བ་ཞེས་བྱ་བ་ནི་ལུས་ཀྱི་གཡོ་འགུལ་གྱི་སྒོ་ནས་མཆོད་རྟེན་ལ་བསྙེན་བཀུར་བྱེད་པ་ལ་ཕྱོགས་པའོ། །ཟིལ་གྱིས་གནོན་ཅིང་ཟིལ་གྱིས་མནན་ནས་ཞེས་བྱ་བ་ནི་ཟིལ་གྱིས་གནོན་ཅིང་ཚར་བཅད་པའོ། །དགེ་སློང་གིས་དགེ་སློང་ལ་ཞེས་བྱ་བ་ནི ་དགེ་སློང་སྟོན་པ་ལ་གུས་པ་འམ་འཇིགས་པས་སྟོན་པའི་མངོན་སུམ་དུ་ཞུ་བར་མི་ནུས་པ་གང་ཡིན་པ་དེ་ནི་གཞན་ནུས་པ་ལ་དྲི་བར་བྱ་ཞིང་དགེ་སློང་སྤོབས་པ་ནི་བདག་ཉིད་ཀྱིས་ཞུ་བར་བྱའོ། །ཁྱོད་ནི་དད་པས་དེ་སྐད་དུ་སྨྲའོ། །ཞེས་བྱ ་བ་ནི་སངས་རྒྱས་ལ་སོགས་པ་ལ་ཤེས་པའི་དད?་པ་ཐོབ་པའི་ཕྱིར་རོ། །འདིར་བཅོམ་ལྡན་འདས་ཀྱི་ཡེ་ཤེས་གཟིགས་པ་ལ་འཇུག་པ་ནི་མ་ཡིན་ཏེ། མི་སློབ་པའི་ལམ་མ་སྐྱེས་པ་དང། རྒྱུན་དུ་ཞུགས་པ་ལ་གཞན་གྱི་སེམས་ཤེས་མེད་པའི ་ཕྱིར་རོ། །ཞི་བ་མི་གཡོ་བ་ཞེས་བྱ་བ་ནི་བསམ་གཏན་བཞི་པ་རྙོག་པས་མི་བསྐྱོད་པ་ཉིད་ཀྱི་ཕྱིར་དང། ཤིན་ཏུ་ཞི་བ་ཉིད་ཀྱི་ཕྱིར་རོ། །སངས་རྒྱས་བཅོམ་ལྡན་འདས་ཐུགས་གང་ལ་བརྟེན་ནས་ཡོངས་སུ་མྱ་ངན་ལས་འདས་ཤེ་ན། འདིར་འདོད? ་པ་ན་སྤྱོད་པའི་སེམས་ལྡོག་པ་མེད་པ་ལུང་དུ་མ་བསྟན་པ་བསམ་པའི་རང་བཞིན་ཅན་བསམས་གཏན་བཞི་པ་དང་འདྲ་བ་གཡོ་བ་མེད་པ་ཞེས་བྱ་བ་ཡོད་དོ། །དེ་ལ་བསྟེན་ནས་ཞེས་སྟོན་ཏོ། །ཇི་ལྟར་ན་བཅོམ་ལྡན་འདས་བསམ ་གཏན་བཞི་པ་ལས་དེར་གཤེགས་ཤེ་ན། འདི་ལ་ཡང་བསམ་གཏན་བཞི་པའི་དེ་མ་ཐག་ཏུ་བཅོམ་ལྡན་འདས་བསམ་གཏན་གསུམ་པ་མངོན་སུམ་དུ་མཛད་ལ། བསམ་གཏན་གསུམ་པའི་དེ་མ་ཐག་ཏུ་བསམ་གཏན་གཉིས་པ་མངོན་སུམ་དུ་མཛད ་ཅིང། བསམ་གཏན་གཉིས་པའི་དེ་མ་ཐག་ཏུ་བསམ་གཏན་དང་པོ་མངོན་སུམ་དུ་མཛད་དོ། །བསམ་གཏན་དང་པོའི་དེ་མ་ཐག་ཏུ་འདོད་པ་ན་སྤྱོད་པའི་སེམས་དང། སེམས་དེ་མ་ཐག་ཏུ་ཡོངས་སུ་མྱ་ངན་ལས་འདས་པ་སྟོན་ཏོ། །ཁ་ཅིག་འདི་སྐད་དུ ་སྨྲ་ཏེ། བསམ་གཏན་བཞི་པའི་དེ་མ་ཐག་ཏུ་བཅོམ་ལྡན་འདས་ཀྱིས་སེམས་དེ་མངོན་སུམ་དུ་མཛད་པར་སྤྱོད་ལ། བསམ་གཏན་བཞི་པའི་དེ་མ་ཐག་ཏུ་འདོད་པ་ན་སྤྱོད་པའི་སེམས་དེ་མངོན་སུམ་དུ་མཛད་པ་དེ་ནི་སངས་རྒྱས་བཅོམ་ལྡན་འདས ་ལས་གཞན་གྱིས་མ་ཡིན་ཞིང་བསམ་གཏན་བཞི་པའི་ས་པའི་སེམས་ཀྱང་རིས་མི་མཐུན་བ་དང། མཉམ་པར་བཞག་པ་དང། དགེ་བ་ཡིན་ཏེ། སེམས་དེ་ལྟ་བུ་ལ་རྣམ་པར་གནས་པ་དག་མྱ་ངན་ལས་འདའ་བར་མི་འགྱུར་རོ། །ཞེས་བྱ་བ་ནི་གྲུབ་པའི་མཛའ་ ་ཡིན་ནོ། །དུས་ཇི་འདྲ་བ་ལ་བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་ཤེ་ན། འདིར་སྟོན་ཟླ་ཐ་ཆུང་གི་ཡར་ངོའི་ཚེས་བརྒྱད་ཀྱི་མ་ཆན་གྱི་ཐུན་བར་མ་ལ་ཟླ་བ་ནུབ་ཀྱི་རིའི་རྩེ་མོར་ཞུགས་པ་དང། བཅོམ་ལྡན་འདས་ཀྱང་བསམ་གཏན་གྱི ་རིའི་རྩེ་མོ་ལས་བསྐྱོད་པར་གྱུར་པ་དང། ཟླ་བ་ནུབ་པར་གྱུར་ཅིང་བཅོམ་ལྡན་འདས་ཀྱང་མྱ་ངན་ལས་འདས་པར་གྱུར་ཏེ། འཇིག་རྟེན་དུ་མུན་པ་གཉིས་འབྱུང་བར་འགྱུར་བ་ནི་བྱིས་པ་སོ་སོའི་སྐྱེ་བོ་དག་ཤིན་ཏུ་སྐྱོ་བ་བསྐྱེད་པའི་དོན་ཡིན་ནོ ་ཞེས་སྟོན་ཏོ། །ཅུང་ཟད་མེད་པའི་སྐྱེ་མཆེད་ལ་སྙོམས་པར་ཞུགས་པར་ས་བྱ་བ་ནི་དེ་དག་གི་ཆོས་ཉིད་ཡིན་ཏེ། འདི་ལྟར་ཡོངས་སུ་མྱ་ངན་ལས་འདའ་པའི་ཚེ་ཉན་ཐོས་ཆེན་པོ་ཡང་ལུགས་ལས་འབྱུང་བ་དང་ལུགས་ལས་བཟློག་པའི་བསམ་གཏན་བསྐྱེད ་ནས་ཡོངས་སུ་མྱ་ངན་ལས་འདའ་བ་དེ་བས་ན་བཅོམ་ལྡན་འདས་ཀྱང་དེ་ལྟར་མཛད་པ་ཡིན་ནོ། །བདེན་པ་མཐོང་བའི་རྩ་བ་དང་བྲལ་ཞིང་རྩ་བ་མེད་པའི་དད་པ་དང་ལྡན་ཡང་མཚམས་མེད་པ་བྱེད་པ་ཡིན་པའི་ཕྱིར་དང། །མཚམས་མེད་པ་བྱེད་པ་དག་ནི་གདོན ་མི་ཟ་བར་དམྱལ་བའི་འབྲས་བུ་ཅན་ཡིན་པ་དེ་ཉིད་ཀྱི་ཕྱིར་འབྲས་བུ་ཉམས་སུ་མ་མྱོང་བར་བདེན་པ་མཐོང་བར་མ་གྱུར་པ་ཡིན་ནོ། (དེ་བས་ན་མ་སྐྱེས་དགྲས་བདེན་པ་མཐོང་བར་མ་གྱུར་པ་ཡིན་ནོ།།)་།མཛེས་པ་ཞེས་བྱ་བ་ནི་སྡུག་པའོ། །གཏོར་བ་ཞེས་བྱ་བ་ནི་མེ་ཏོག་གི་རྣམ་པས་གཏོར་བར་གྱུར་པའོ། །ཀྱེ་མ་འདུ ་བྱེད་མི་རྟག་སྟེ་ཞེས་བྱ་བ་ལ་སོགས་པ་ལ་དེ་ལས་ཀྱེ་མ་འདུ་བྱེད་མི་རྟག་ཅེས་བྱ་བའི་འདུ་བྱེད་ནི་རྣམ་པ་གསུམ་སྟེ། འདས་པ་དང་མ་འོངས་པ་དང། ད་ལྟར་ཐ་དད་པའི་ཕྱིར་རོ། །དེ་ལ་འདས་པ་ནི་སྐྱེས་ཤིང་འགགས་པ་ཉིད་ཀྱི་ཕྱིར་མི་རྟག་པ་ཡིན ་ལ། ཡང་སྐྱེ་བར་མི་འགྱུར་བ་དེ་བས་ན་སྐྱེ་ཞིང་འཇིག་པའི་ཆོས་ཅན་ཡིན་ནོ། །མ་འོངས་པ་ནི་སྐྱེ་བའི་ཆོས་ཅན་ཡིན་ཏེ། སྐྱེར་རུང་བ་ཉིད་ཀྱི་ཕྱིར་དང། སྐྱེ་ཞིང་འཇིག་པའི་ཆོས་ཅན་ནི་འཇིག་པར་རུང་བ་ཉིད་ཀྱི་ཕྱིར་ཡང་སྐྱེ་བར་མི་འགྱུར ་བས་ན་སྐྱེ་ཞིང་འཇིག་པའི་ཆོས་ཅན་ཡིན་ཏོ། །ཡང་མ་འོངས་པ་གང་ཡིན་པ་དེ་དག་སྐྱེ་བའི་ཆོས་ཅན་དུ་བསྟན་ན། དེ་དག་གཅིག་ཏུ་སྐྱེ་བར་འགྱུར་གྱི་འགག་པར་མི་འགྱུར་རམ་ཞེ་ན། སྐྱེས་གྱུར་ནས་ནི་འགག་པར་འགྱུར་ཞེས ་བྱ་བ་སྨོས་ཏེ། གང་སྐྱེས་པར་གྱུར་པ་དེ་ཉིད་འགག་པར་འགྱུར་གྱི། གང་དག་མ་སྐྱེས་པ་དེ་དག་ནི་འགག་པར་ཡང་མི་འགྱུར་རོ། །གལ་ཏེ་དེ་དག་ཐམས་ཅད་སྡུག་བསྔལ་ཁོ་ན་མ་ཡིན་ནམ། ཇི་ད་ལྟར་བདེ་བ་ཡིན་ཞེ་ན། དེ་དག་ཅེས་བྱ་བ་སྨོས་ཏེ། མ་འོངས ་པའི་འདུ་བྱེད་དེ་དག་གི་རྒྱུ་ཟད་པའི་ཕྱིར་དང། གཞན་མ་སྐྱེས་པའི་ཕྱིར་ཉེར་ཞི་བདེ་བ་ཡིན་ཞེས་བྱ་བ་ནི་ཚིགས་སུ་བཅད་པའི་བསྡུས་པའི་དོན་ཡིན་ནོ། །ཡན་ལག་གི་དོན་ནི་ཀྱེ་མ་ནི་སྐྱོ་བ་ཡིན་ཏེ། འདི་ནི་སྡུག་བསྔལ་ལོ། །ཞེས་སྐྱེ ་བ་བསྐྱེད་པའི་དོན་ཏེ། གང་མི་རྟག་པ་དེ་ནི་སྡུག་བསྔལ་ལོ་ཞེས་མདོ་སྡེ་ལས་འབྱུང་བ་ཡིན་ནོ། །བྱ་བ་ངེས་པར་བྱེད་པའི་དངོས་པོ་འདོང་བ་ནི་རྟག་པ་ཡིན་ལ། དེ་ལས་གཞན་པ་ནི་མི་རྟག་པ་སྟེ། སྐད་ཅིག་མ་དང། ཡུན་ཐུང་ངུར་གནས་པ་དང། སྐྱེས་མ་ཐག ་ཏུ་འཇིག་པ་ཞེས་བྱ་བའི་བར་དུའོ། །མི་རྟག་པ་ཉིད་ཐུགས་རྗེ་ཆེན་པོའི་ཡུལ་ཡིན་གྱི་སྡུག་བསྔལ་གྱི་སྡུག་བསྔལ་གྱིས་གདུངས་པའི་དོན་ཉིད་ནི་མ་ཡིན་ནོ། །ཞེས་སྟོན་པ་འམ། བཅོམ་ལྡན་འདས་སེམས་ཅན་དུ་བགྲང་བའི་འདུ་བྱེད་ཀྱི་ཡུལ་གྱི་རྣམ ་པ་དེ་ལ་ཐུགས་བརྩེ་བར་མཛད་པ་ཡིན་ཏེ། ཕན་འདོགས་པའི་གཞིར་གྱུར་པའི་ཐུགས་རྗེ་བསྐྱེད་པར་མཛད་ཅེས་བྱ་བའི་ཐ་ཚིག་གོ་།ཚོགས་པ་ལས་སྐྱེས་པའི་དངོས་པོ་ནི་འདུ་བྱེད་ཡིན་ཏེ། ཕུང་པོ་ལྔ་ཞེས་བྱ་བའི་ཐ་ཚིག་གོ་།སྐྱེ་བ་ནི་འབྱུང་བ་ཡིན ་ལ་འཇིག་པ་ནི་ཉམས་པར་གྱུར་པའོ། །གདོན་མི་ཟ་བར་འགྱུར་བའི་རང་བཞིན་ཅན་གྱི་ཆོས་དེ་གཉིས་གང་ལ་ཡོད་པ་དེ་ནི་སྐྱེ་ཞིང་འཇིག་པའི་ཆོས་ཅན་ཡིན་ཏེ། སྐྱེ་ཞིང་འཇིག་པའི་གནས་སྐབས་སུ་ཉམས་སུ་མྱོང་བར་གྱུར་ཅེས་བྱ་བའི་ཐ་ཚིག་སྟེ། ་རྒ་བའི་ཆོས་ལ་སོགས་པ་ལྟ་བུའོ། །དཔེར་ན་གདོན་མི་ཟ་བར་རྒས་པར་འགྱུར་བ་གང་ཡིན་པ་དེ་ནི་རྒ་བའི་ཆོས་ཅན་ཞེས་བྱ་བ་སྟེ་དེ་དང་འདྲའོ། །མི་སྐྱེ་བའི་ཆོས་ཅན་དག་ནི་དེ་དང་འདྲ་བའི་ཕྱིར་འདུས་བྱས་སུ་བརྗོད་པ་ཡིན་ཏེ། སྟོན་ཀའི་སྤྲིན་ལ ་ཆུ?་འཛིན་ཅེས་པ་བསྟན་པ་ལྟ་བུའོ། །སྐྱེས་གྱུར་ནས་ཞེས་བྱ་བ་ནི་ད་ལྟར་གྱི་དུས་ཐོབ་པར་གྱུར་ཅེས་བྱ་བའི་ཐ་ཚིག་གོ་།གིའི་སྒྲ་ནི་སྐྱེས་པར་གྱུར་ནས་དེ་དག་གདོན་མི་ཟ་བར་འགག་པར་འགྱུར་རོ། །ཞེས་བསྟན་པར་བྱ་བའི་དོན་ཏོ། །གང་གི་ཕྱིར ་སྐྱེས་པར་གྱུར་ནས་འགག་པར་འགྱུར་ཞེས་བསྟན་ཏོ། །འགག་པར་འགྱུར་བ་ནི་ནུབ་ཅིང་འདས་པར་འགྱུར་བའོ། །ཡང་ན་འདི་སྐད་དུ་བསྟན་པར་འགྱུར་ཏེ། ཇི་ལྟར་ན་མི་རྟག་པ་ཡིན་ཞིང་གང་གིས་ཕྱིར་སྐྱེ་ཞིང་འཇིག་པའི་ཆོས་ཅན་ཡིན་ཞེ་ན། སྐྱེས་པ་ནི ་གདོན་མི་ཟ་བར་འཇིག་པ་ཉིད་ཀྱི་ཕྱིར་བུམ་པ་ལ་སོགས་པ་ལྟ་བུ་ཡིན་ལ། མི་མཐུན་པ་ནི་ནམ་མཁའ་ཨོ། །འདི་གཉིས་ཅིག་ཅར་འགྱུར་ན་ནི་སྐྱེ་བའི་དུས་ཁོ་ན་འཇིག་པའི་དུས་སུ་འབྱུང་བ་དེའི་ཕྱིར་འདས་པ་དང་ད་ལྟར་ཉེས་པ་གཅིག་ཏུ་འགྱུར་རོ་ཞེ་ན། སྨྲས་པ། ་སྐྱེས་གྱུར་ནས་ནི་འཇིག་པར་འགྱུར་བ་སྟེ། ད་ལྟར་དུ་གྱུར་ནས་འདས་པར་འགྱུར་རོ། །ཞེས་བྱ་བའི་ཐ་ཚིག་གོ་།འདི་ཀུན་ཁོ་ན་སྡུག་བསྔལ་ཡིན་ཏེ། མི་རྟག་པ་ཉིད་ཀྱི་ཕྱིར་དང། གཞན་ལ་རག་ལས་པ་ཉིད་ལ་བདེ་བ་མི་སྲིད་པའི་ཕྱིར་རོ། །དེ་ལྟར་ན་ནི་མི? ་ཡང་སྡུག་བསྔལ་ཡིན་པར་ཐོབ་པར་འགྱུར་ཞེ་ན། བདེན་པའི་གནས་སྐབས་ཀྱི་ལམ་སྡུག་བསྔལ་མ་ཡིན་ཏེ། འཕགས་པ་དག་དང་མི་མཐུན་པ་མ་ཡིན་པ་ཉིད་ཀྱི་ཕྱིར་རོ། །གཞན་དག་དུ་ནི་སྡུག་བསྔལ་ཡིན་ཏེ། གང་མི་རྟག་པ་དེ་ནི་སྡུག་བསྔལ་ཡིན་ནོ ་ཞེས་གསུངས་པའི་ཕྱིར་རོ། །དཔེར་ན་ཏིག་ཏ་ལ་སོགས་པའི་བཏུང་བ་སྡུག་བསྔལ་ཡིན་ཏེ། ནད་ཉེ་བར་ཞི་བའི་རྒྱུ་ཉིད་ཡིན་པའི་ཕྱིར་སྨན་དུ་བསྟེན་པ་དང་བདེ་བར་བརྗོད་པ་དེ་བཞིན་དུ་ལམ་ལ་སོགས་པ་ལ་ཡང་བརྗོད་པར་བྱའོ། །འདུ་བྱེད་ཀྱི་སྡུག་བསྔལ ་དེ་དག་ཉེ་བར་ཞི་བ་སྟེ། རིགས་པ་ཁྱད་པར་དུ་འཕགས་པ་ཡེ་ཤེས་གྲུབ་པས་ཐོབ་པའི་ཞི་བ་ནི་ཉེ་བར་ཞི་བ་སྟེ། སོ་སོར་བརྟགས་པའི་འགོག་པ་གང་ཡིན་པ་དེ་ནི་བདེ་བ་ཡིན་ཏེ། །ཕུང་པོ་མེད་པ་བདེའི་མཆོག་ཅེས་གསུངས་པའི་ཕྱིར་རོ། །ལུས་ནི ་སྐུ་ཡིན་ནོ། །གང་ཟག་ཟླ་མེད་ནི་གྲོགས་མེད་ཅིང་གཉིས་པ་མེད་པ་ཞེས་བྱ་བའི་ཐ་ཚིག་གོ་།བསྟན་ཞིང་མི་གཡོ་བའི་ཐུགས་གང་ལ་མངའ་བ་དེ་ནི་བསྟན་པའི་ཐུགས་ཅན་ཏེ། བཅོམ་ལྡན་འདས་ཡིན་ནོ། །བརྟན་པའི་ཐུགས་ཅན་སྨོས་པས་དབུགས ་འབྱུང་བ་དང་རྡུབ་པ་ཡང་མི་སྐྱེ་བ་བསྟན་པ་ཡིན་ཏེ། ཇི་ལྟར་འགོག་པའི་སྙོམས་པར་འཇུག་པ་ལ་ཡང་དབུགས་འབྱུང་བ་དང། རྡུབ་པ་སྐྱེ་བར་མི་འགྱུར་བ་དེ་བཞིན་དུའོ། །སྐྱོབ་པ་ཞེས་བྱ་བ་ནི་ཉོན་མོངས་པའི་དགྲའི་རྣམ་པར་འཚེ་བ་ལས ་ཡོངས་སུ་བསྲུང་བར་མཛད་པའོ། །ལམ་མཁྱེན་པའི་སྤྱན་དང་ལྡན་པ་ཉིད་ཀྱི་ཕྱིར་སྤྱན་ལྡན་ནོ། །འཁོར་བའི་འཇིགས་བསྐྲུན་པར་མཛད་པའི་ཕྱིར་འཇིགས་པར་མཛད་པར་འགྱུར་པའོ། །བ་སྤུ་ལྡང་བ་ཅན་སྐྲག་པའི་སྒོ་ནས་བ་སྤུ་རབ་ཏུ་གཡོས་པའོ།། ་སྟོབས་བཅུ་དང་ལྡན་པ་ཉིད་ཀྱི་ཕྱིར་རྣམ་ཀུན་སྟོབས་དང་ལྡན་གྱུར་པའོ། །དུས་ཀྱང་མཛད་ཅེས་བྱ་བ་ནི་ཐ་མའི་དུས་སུ་མཛད་པ་ཡིན་ནོ། །ཞུམ་པ་མེད་པའི་སེམས་ཀྱིས་ཞེས་བྱ་བ་ནི་ཡིད་ཞུམ་པ་མེད་པའོ། །ཚོར་བ་བཟོད་པར་མཛད་ནས་ནི། ཞེས ་བྱ་བ་ནི་ཐ་མའི་དུས་ཀྱི་ཚོར་བ་བགྲང་བ་མེད་པར་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་གཤེགས་པའི་ཕྱིར་མེ་ཞི་བའི་དཔེས་བསྟན་པ་ཡིན་ཏེ། དཔེར་ན་མེ་ལ་རྒྱུ་མེད་པས་ཞི་བར་འགྱུར་བ་དེ་བཞིན་དུ། བཅོམ་ལྡན་འདས ་སེམས་རྣམ་པར་གྲོལ་བ་ལ་རྒྱུ་མེད་པས་མྱ་ངན་ལས་འདས་པར་གྱུར་པ་ཡིན་ནོ། །འདུས་བྱས་མི་རྟག་པ་ཉིད་དུ་བསྒོམ་པ་ལ་འདིར་འཕགས་པའི་མི་སྨྲ་བའི་དངོས་པོ་ཡིན་པར་རིག་པར་བྱའོ། །གནས་འཇོག་གི་རིགས་སུ་བརྒྱུད་པས་འོངས་པ ་ཉིད་ཡིན་པའི་ཕྱིར་གནས་འཇོག་གི་སྒྲས་འབོད་པ་ཡིན་ནོ། །འགྲེ་ལྡོག་པ་ནི་ས་ལ་ལན་ཅིག་འགྲེ་བ་ཡིན་ལ། རབ་ཏུ་འགྲེ་ལྡོག་པ་ནི་ས་ཡང་དང་ཡང་དུ་ཀུན་ནས་འགྲེ་བ་ཡིན་ནོ། །གཡས་དང་གཡོན་གྱི་དཔུང་པའི་རྩ་ནས་ལག་པས་བཟུང་ཞིང་དུ ་བར་བྱེད་པ་ནི་དཔུང་པ་ལས་བཟུང་སྟེ་སྐད་འབྱིན་ཅིང་དུ་བ་ཡིན་ནོ། །སེམས་ཀྱི་སྡུག་བསྔལ་དང་ཡིད་མི་བདེ་བ་དེ་དང་ལྡན་པ་ནི་འབྱོར་བ་ཡིན་ནོ། །དངོས་པོ་རྣམས་འཇིག་པ་གདོན་མི་ཟ་བར་འགྱུར་བ་ནི་འདིར་ཆོས་ཉིད་ཡིན་ཏེ། དེ་ལ་བརྟེན་པ ་འམ། སོ་སོར་འབྲང་བའམ། རྗེས་སུ་འབྲེལ་བར་བྱེད་པའོ། །དམ་པ་དམ་པར་གྱུར་བ་ནི་གཙོ་བོ་དག་ལས་གཙོ་བོར་གྱུར་པའོ། །འགྱོད་པ་ནི་བྱས་པ་གཟོ་བ་དག་བསླབ་པའི་ཚིག་འཆིད་བས་བཅིངས་པར་གྱུར་པ་གང་ཡིན་པ་དེ་ལ་འདིར་འགྱོད་པ་ཡིན་པར་རིག ་པར་བྱའོ། །རྒན་ཞུགས་ནི་ཤིན་ཏུ་རྒས་པར་གྱུར་པའོ། །འདུས་བྱས་ཐམས་ཅད་ནི་མི་རྟག་ཅེས་བྱ་བ་ལ་སོགས་པའི་རྣམ་པར་བཤད་པ་ནི་ས་མ་བཞིན་དུ་རིག་པར་བྱའོ། །སླད་བཞིན་སླད་བཞིན་ཞེས་བྱ་བ་ནི་སླད་མ་ལས་ཤིན་ཏུ་སླད་བཞིན་དུ་སྟེ། ་ཐམས་ཅད་ཀྱི་ཐོག་མར་འཕགས་པ་འོད་སྲུངས་བཞུད་ཅིང་དེ་ནས་དགེ་སློང་གཞན་དང་དེའི་འོག་ཏུ་ཡང་དེ་དག་རྗེས་སུ་འབྲེལ་པས་ཞེས་བྱ་བའི་ཐ་ཚིག་གོ་།སངས་རྒྱས་ཀྱི་མཐུ་ཞེས་བྱ་བ་ནི་འདིར་བྱིན་གྱིས་བརླབས་པ་ལ་མཐུར་རིག་པར་བྱ་སྟེ། བཅོམ་ལྡན ་འདས་ཡོངས་སུ་མྱ་ངན་ལས་འདས་པ་དེ་ཉིད་ཀྱི་ཕྱིར་མངོན་སུམ་དུ་གྱུར་པའི་མཐུར་མི་འཐད་པ་ཡིན་ནོ། །མྱ་ངན་ལས་འདས་པའི་གྲོང་ཁྱེར་དུ་འཇིག་རྟེན་འདྲེན་པར་མཛད་པས་ན་འདྲེན་པའོ། །རྙེད་དཀའ་བ་ཉིད་ཀྱི་ཕྱིར་དང། མངོན་པར་འདོད་པའི་འབྲས ་བུ་སྐྱེད་བར་བྱེད་པའི་རྒྱུ་ཉིད་ཡིན་པའི་ཕྱིར་བཅོམ་ལྡན་འདས་ཀྱི་སྐུ་རིན་པོ་ཆེ་དང་འདྲ་བས་ན་རིན་པོ་ཆེའི་སྐུ་ཡིན་ནོ། །རྫུ་འཕྲུལ་ཆེན་པོ་གང་ལ་མངའ་བ་དེ་ནི་རྫུ་འཕྲུལ་ཆེན་པོ་ཅན་ནོ། །ཉིད་ཀྱི་སྐུ་སྐྱེས་ཞེས་བྱ་བ་ནི་ཉིད་ཀྱི་སྐུ་ལས་སྐྱེས་པའོ། །ནང ་རིམ་སྟེ་ནང་དུ་བགོ་བ་ནི་ཤམ་ཐབས་ཤེས་བྱ་ཞིང་ཕྱི་རིམ་ཆོས་གོས་ཡིན་ནོ། །བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་ཀྱང་སྐུའི་རིང་བསྲེལ་སྒྲོན་མོར་མ་གྱུར་པ་དང། གོས་ཚིག་པའི་དྲི་མས་གོས་པར་མ་གྱུར་ཅིག་སྙམ་པ་དེ་བས་ན་ཆོས་གོས ་གཉིས་པོ་བཅོམ་ལྡན་འདས་ཀྱི་བྱིན་གྱིས་བརླབས་ཁོ་ནས་མ་ཚིག་པ་ཡིན་ཏེ། ཆོས་གོས་གཉིས་པོ་མ་ཚིག་པས་ན་བཅོམ་ལྡན་འདས་ལྷག་པར་ངོ་ཚ་དང་ཁྲེལ་ཡོད་པ་དང་ལྡན་པར་བསྟན་པའི་ཕྱིར་དང། ངོ་མཚར་བསྟན་པའི་སྒོ་ནས་ཀྱང ་སངས་རྒྱས་ཀྱི་བསྟན་པ་ལ་མངོན་པར་མ་དད་པ་དག་དད་པ་བསྐྱེད་པའི་ཕྱིར་དང། དད་པ་དག་བོགས་དབྱུང་པར་བྱ་བའི་ཕྱིར་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་ཕན་ཡོན་ཡིན་པར་རིག་པར་བྱའོ། །འོ་མ་ཅན་གྱི་ཤིང་བཞི་བྱ་བ་ལ་བཅོམ་ལྡན་འདས ་ཀྱི་སྐུ་སྤྱོད་པའི་ས་ཕྱོགས་ཉིད་དུ་སྐྱེས་པ་དེ་ནི་ངོ་ཚར་བསྟན་པ་ལས་འཇིག་རྟེན་པ་དད་པར་འགྱུར་བའི་དོན་ཉིད་དུ་བཅོམ་ལྡན་འདས་ཀྱི་བྱིན་གྱིས་བརླབས་ཁོ་ན་ལས་དེ་དག་སྐྱེས་པ་ཡིན་ནོ། །བུ་ལུ་ཀ་ལ་སོགས་པ་ཐམས་ཅད་རྒྱལ་རིགས ་ཡིན་ལ། ཁྱབ་འཇུག་གླིང་པ་ནི་བྲམ་ཟེ་ཉིད་ཡིན་ནོ། །མདའ་དང་མཚོན་བྱ་རིག་པ་ནི་མཚོན་ཆ་རིག་པའོ། །གཞན་གྱི་སྡེ་ནི་ཕ་རོལ་པོའི་དཔུང་གི་ཚོགས་ཡིན་ནོ། །བླ་ན་མེད་པའི་བཟོད་པ་དང་ཡང་དག་པར་ལྡན་པ་ཉིད་ཀྱི་ཕྱིར་བཅོམ་ལྡན་འདས ་བཟོད་པ་ལ་བཞུགས་པའོ། །བཟོད་པའི་ཡོན་ཏན་གསུང་བའི་སྒོ་ནས་ཕ་རོལ་པོ་ཡང་བཟོད་པ་ལ་ངེས་པར་སྦྱོར་བར་མཛད་པ་དེ་བས་ན་བཟོད་པའི་བསྔགས་པ་གསུང་ཞིང་བཞུགས་པའོ། །ཆ་བརྒྱད་ཅེས་བྱ་བ་ལ་སོགས་པ་ལ་ཆའི་སྒྲ་ནི ་ཚད་མཚོན་པར་བྱེད་པ་འམ། ཆ་ཉིད་མཚོན་པར་བྱེད་པའོ། །ཀླུའི་རྒྱལ་པོས་མཆོད་པ་ཞེས་བྱ་བ་ནི་ཀྲོ་རྒྱུ་དག་གིས་ཆ་གང་ཡིན་བ་ཀླུའི་རྒྱལ་པོས་ཕྲོགས་ན་མཆོད་པ་ཡིན་ནོ། །སུམ་ཅུ་རྩ་གསུམ་པའི་འཇིག་རྟེན་ན་ཞེས་བྱ་བ་ལ་སུམ་ཅུ ་རྩ་གསུམ་པའི་ལྷའི་རིས་ན་མཆོད་ཅིང་གསོལ་པ་ཡིན་ནོ། །མཆོད་རྟེན་རྒྱ་ཆེན་བདུན་བརྩིགས་ཏེ་ཞེས་བྱ་བ་ནི་རྒྱལ་པོ་མྱ་ངན་མེད་ཀྱིས་རིང་བསྲེལ་ཡོད་པའི་མཆོད་རྟེན་བདུན་པོ་གང་ཡིན་པ་དེ་དག་ཐམས་ཅད་བླངས་ནས་ཆོས་ཀྱི་རྒྱལ ་པོས་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་བྱས་པའི་སྒོ་ནས་འཛམ་བུའི་གླིང་མ་ལུས་པ་རྒྱ་ཆེར་ཁྱབ་པར་བྱས་པ་དེའི་ཕྱིར་དེ་སྐད་ཅེས་བྱའོ། །མཆོད་པ་བྱེད་པ་སྔོན་དུ་སོང་བ་ཅན་གྱི་འདོད་པའི་འབྲས་བུ་ལ་སོགས་པ་དོན་དུ་གཉེར་བ་བྱེད ་པས་ན་དོན་དུ་གཉེར་བ་སྟེ། དོན་དུ་གཉེར་བ་ནི་དངོས་པོ་ལ་གནས་པ་ཡིན་ལ། དོན་དུ་གཉེར་པའི་དངོས་པོ་བཅོམ་ལྡན་འདས་ཀྱི་སྐུ་གདུང་གི་མཆོད་རྟེན་ཡིན་པ་དེ་བས་ན་ས་གཞི་སྟེ་ས་ཕྱོགས་བརྒྱན་པ་ཡིན་ནོ། །རབ་ཏུ་རི་མོར་བྱས་པ་ཞེས་བྱ་བ་ལགས ་པར་མཆོད་པའོ། །མཆོད་ཅེས་བྱ་བ་ནི་བཅོམ་ལྡན་འདས་ཀྱི་མཆོད་རྟེན་ལྷའི་དབང་པོ་ལ་སོགས་པས་མཆོད་པའོ། །གནོད་སྦྱིན་ཞེས་བྱ་བ་ནི་གསང་བའི་མིང་གི་རྣམ་གྲངས་ཡིན་ནོ། །ཐུགས་རྗེས་སྤྱོད་ཅིང་ཐ་སྙད་དུ་མཛད་ནས་ཐུགས་རྗེར་ལྡན་པའོ ་ཤེས་རབ་མཆོག་ཅེས་བྱ་བ་ནི་ཐུགས་མཆོག་ཏུ་གྱུར་པའོ། །མྱ་ངན་འདས་ཞེས་བྱ་བ་ནི་ཞི་པར་གྱུར་པའོ། །བཅོམ་ལྡན་འདས་ཀྱི་དགོངས་པ་དང་རྗེས་སུ་མཐུན་པར་མིང་དང་ཚིག་དང་ཡི་གེའི་ཚོགས་དག་མཐར་གྱིས་རྣམ་པར་བཀོད་ཅིང་བརྗོད་པ་ནི་བསྡུ ་བ་ཡིན་ནོ། །དུ་པའི་མཛའ་ཅན་དུ་འགྱུར་རོ། །ཞེས་བྱ་བ་ལ་དུ་བའི་མཛའ་ནི་དུ་པའི་མཛའ་ཡིན་ལ་དུ་པའི་མཛའ་གང་ལ་ཡོད་པ་དེ་ནི་དུ་པའི་མཛའ་ཅན་དུ་གྱུར་པ་སྟེ་བཀའ་ཡིན་ནོ། །དེའི་དོན་ཇི་སྲིད་དུ་དུ་བ་རྒྱུན་མི་འཆད་པར་འབྱུང་བ་དེ་སྲིད་དུ་མེ་མི ་ཉམས་པར་རྗེས་སུ་དཔག་པར་བྱ་ཞིང་དུ་བ་ཟློག་པ་ན་མེ་ཡུན་རིང་པོར་གནས་པར་མི་འགྱུར་བ། དེ་བཞིན་དུ་བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་པའི་བཀའ་ཡང་བསྡུ་བ་མ་བྱས་པ་དེའི་ཕྱིར་བཅོམ་ལྡན་འདས་ཀྱི་བསྟན་པ་ཡུན་རིང ་དུ་གནས་པར་མི་འགྱུར་ཏེ། བསྟན་པ་བཀའ་ཨི་བདག་ཉིད་ཡིན་པའི་ཕྱིར་དང། ཁོང་དུ་ཆུད་པ་ནི་བཀའ་ཨི་རྒྱུ་ཅན་ཞེས་བྱ་བ་འདི་ཡིན་ནོ། །ཤིན་ཏུ་མཐར་གྱུར་ཅི་ཁྱད་ཅན་དུ་ཕྱིན་པའི་སྒོ་ནས་མཐར་ཐུག་པའི་རྣམ་པ་འདི་ལ་ཡོད་པའི་ཕྱིར ་མུར་ཐུག་པའི་མཛའ་ཅན་ཏེ་བསམ་གཏན་བཞི་པའི་ཆེན་པོའི་ཆེན་པོའོ། །གདུལ་བྱ་ལ་བལྟོས་པ་ཞེས་བྱ་བ་ནི་གདུལ་བྱའི་སྐྱེ་བོ་ལ་ཐུགས་བརྩེ་པའོ། །འཐབ་མོ་ནི་གཟུགས་དང་སེམས་ཀྱི་སྒོ་ནས་སྨྲ་པ་དང་ཕྱིར་སྨྲ་པའོ། །མཚད ་འབྲུ་བ་ནི་སྤ་བར་བྱ་བའི་དངོས་པོ་བརྗོད་པའི་སྒོ་ནས་ཕན་ཚུན་ངོ་ཚ་བསྐྱེད་པར་བྱེད་པའོ། །ཚར་གཅོད་པ་ནི་ལན་དུ་བྱེད་པའི་དངོས་པོ་ཡིད་ཀྱིས་གཟུང་པའོ། །ཤགས་འགྱེད་པ་ནི་འོག་གཟུ་ལ་སོགས་པ་ལ་རིགས་པའི་ཐ ་སྙད་དུ་བྱེད་པའོ། །ལོག་པར་བྱས་པ་ནི་རྣམ་པ་གཞན་དུ་བསྟན་པའི་སྒོ་ནས་ལོག་པར་བྱེད་པའོ། །གཙེས་པ་ནི་འདིར་རྣམ་པར་འཚེ་བའི་རྣམ་གྲངས་ཡིན་ནོ། །བསྙས་པ་ནི་ཚར་གཅོད་པའོ། །མི་ཤེས་པ་ཁོ་ན་མུན་པ་ཡིན་པས་ན་མི ་ཤེས་པའི་མུན་པ་སྟེ། མི་ཤེས་པའི་མུན་པ་དེས་གཡོགས་ཤིང་བཀབ་པར་གྱུར་པ་གང་ཡིན་པ་དེ་སྐད་ཅེས་བྱའོ། །ཆོས་དང་འདྲ་བ་ཞེས་བྱ་བ་ནི་ཆོས་དང་ཚུལ་འདྲ་བའི་ཆོས་མ་ཡིན་པའོ། །བྲེ་མོའི་གཏམ་ནི་རྒྱལ་པོ་ལ་སོགས་དོན ་དུ་མི་འགྱུར་པའི་གཏམ་མོ། །ཐེ་ཚོམ་གྱིས་ལམ་གཉིས་པ་དེ་ལ་འཇུག་པའི་བློ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །སེར་སྣ་ཁོ་ན་དྲི་མ་ཡིན་ཏེ། དེས་ཟིལ་གྱིས་མནན་པ་དེའི་ཕྱིར་དྲུག་གི་མགུ་བར་བྱ་བའི་ཆོས་ལས་ལྡོག་པ་ཡིན་ནོ ་སྦྱངས་པའི་ཡོན་ཏན་ཡང་དག་པར་བླངས་པ་ནི་བསོད་སྙོམས་དང་དགོན་པ་པ་ལ་སོགས་པ་དྲི་མ་མེད་པའི་ཡོན་ཏན་ཡང་དག་པར་བླངས་པའོ། །བས་མཛའ་ཨི་གནས་མལ་ནི་སྐྱེ་བོ་ལྷགས་པ་མེད་ཅིང་ཤིན་ཏུ་དབེན་པར་གྱུར་པའོ། །སྙིང ་རྗེ་ཆེན་པོ་ལ་གོམས་པ་ནི་སྙིང་རྗེ་ཆེན་པོ་ལ་གོམས་པ་སྟེ། དེས་འཇུག་ཅིང་རྒྱུ་བའི་ཀུན་ཏུ་སྤྱོད་པའི་ལུས་དང་ངག་དང་ཡིད་ཀྱི་འཇུག་པ་གང་ལ་ཡོད་པ་དེ་ནི་སྙིང་རྗེ་ཆེན་པོ་ལ་གོམས་པས་འཇུག་པའི་ཀུན་ཏུ་སྤྱོད་པ་ཅན་ནོ། ་འགྲོ་བ་མ་ལུས་པའི་དྲོད་འཛིན་པ་སྟེ། བཅོམ་ལྡན་འདས་བླ་ན་མེད་པའི་མྱ་ངན་ལས་འདས་པ་དགེ་བའི་ཕྱོགས་ཉིད་དུ་མངོན་དུ་གཤེགས་པ་ཉིད་ཡིན་པའི་ཕྱིར་རོ། །སྟོབས་བཅུ་དང་ལྡན་པ་བཅོམ་ལྡན་འདས་ཀྱི་སྐུ་མི་རྟག་པ ་ཉིད་ཀྱིས་གནོན་ཅིང་ཁྱབ་པ་དང་ཟིལ་གྱིས་གནོན་པའོ། །མི་ཤེས་པ་ཉིད་སེལ་བར་མཛད་པ་དེའི་ཕྱིར་སེམས་ཅན་ཐམས་ཅད་བསད་པར་མཛད་པ་ཞེས་བསྟན་ཏོ། །མགོན་པོ་ནི་གཙོ་བོར་གྱུར་པའོ། །ལྷའི་དགྲ་ནི་ལྷ་མ་ཡིན་གྱི་དབང་པོའོ ་སུམ་ཅུའི་དབང་ཕྱུག་ནི་བརྒྱ་བྱིན་ནོ། །དཔག་བསམ་གྱི་ཤིང་ལྟ་བུ་ནི་བཅོམ་ལྡན་འདས་ཏེ། དེ་ལ་མངོན་པར་དད་པ་ལ་མངོན་པར་འདོད་པའི་འབྲས་བུ་སྩོལ་བར་མཛད་པ་ཉིད་ཀྱི་ཕྱིར་རོ། །དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ལ་སོགས ་པ་ནི་མེ་ཏོག་དང་འདྲ་བ་ཡིན་ནོ། །རྒྱུན་དུ་ཞུགས་པའི་འབྲས་བུ་ལ་སོགས་པ་དག་ནི་འབྲས་བུ་བཟང་པོའོ། །བསྐྱོད་པ་ནི་འཕངས་པ་འམ་གཡོས་པར་གྱུར་པའོ། །བློ་ལྡན་ཞེས་བྱ་བ་ནི་སྟོན་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་དང་ལྡན་པའི་ཉན་ཐོས ་ཀྱི་དགེ་འདུན་ནོ། །བསྟན་མཆོག་ཅེས་བྱ་བ་ལ་འཕགས་པ་ཤཱ་རིའི་བུ་དང། མཽངྒལ་གྱི་བུ་ཆེན་པོ་ལ་སོགས་པ་ཉན་ཐོས་ཆེན་པོ་འགའ་ཞིག་རབ་ཏུ་ཞི་བར་གྱུར་ཅིང་ཁ་ཅིག་འགྲོ་བར་གྱུར་པའོ། །གནས་ཤིང་གནས་པས་ཞེས་བྱ་བ་ནི་དམ་པའི ་ཆོས་བསྡུས་ནས་མཛེས་པའི་རྣམ་པར་གནས་པས་བཞག་པར་བྱ་བ་ཡིན་ནོ། །བཅོམ་ལྡན་འདས་བླ་ན་མེད་པའི་ཡེ་ཤེས་སྒྲོན་མ་མཛད་པ་ཉིད་ཀྱི་ཕྱིར་འགྲོ་བ་མ་ལུས་པའི་སྒྲོན་མ་ལྟ་བུ་ཡིན་པར་རིག་པར་བྱའོ། །མཆོག་ཏུ་ཞེས་བྱ་བ་ནི་ཡོན་ཏན ་གཙོ་བོར་གྱུར་པའི་ཕྱིར་རོ། །ཆོས་གོས་རྣམ་གསུམ་ནི་དངོས་པོ་རྣམ་པ་གསུམ་མོ། །བསམ་པ་ཀུན་གྱིས་ཞེས་བྱ་བ་ནི་རྣམ་པ་ཀུན་ནས་ཉེས་པའི་རྣམ་པ་ཀུན་གྱིས་སོ། །ཆུ་བོའི་རྒྱུན་བཞི་འབབ་པ་ཞེས་བྱ་བ་ནི་འཇིག་རྟེན་སྐྱོ་བ་བསྐྱེད་པར་བྱ་བའི་དོན ་དུ་འཕགས་པ་བ་ལང་བདག་གི་བྱིན་གྱིས་བརླབས་ཁོ་ན་ལས་ཆུའི་རྒྱུན་གྱི་ཚིགས་སུ་བཅད་པ་ཐ་དད་པ་བརྗོད་པ་ཡིན་ནོ། །དུས་ངན་ཞེས་བྱ་བ་ལ་སོགས་པ་ལ་དུས་རྩོད་པའི་དུས་ཀྱི་ཉེས་པ་ཉམས་པ་ཉིད་དང། ཚུལ་མ་ཡིན་པ་ཉིད་དུ་གྱུར་པའི་ཕྱིར་རོ། ་ལས་ནས་ནི་བདག་གིར་བྱེད་དང་ལྡན་ཞེས་བྱ་བ་ལ་སྐྱེ་བོ་ལ་རག་ལས་པར་གྱུར་པའོ། །འགྲོ་བའི་མར་མེ་ནི་བཅོམ་ལྡན་འདས་ཡིན་ལ། ནུབ་པར་གྱུར་པ་ནི་ཞི་བར་གྱུར་པ་ཡིན་ནོ། །ཇི་ཞིག་བྱས་ནས་ཤེ་ན། འགྲོ་བ་ཀུན་འཇུག་ཅེས ་བྱ་བ་ལ་སོགས་པ་སྨོས་ཏེ། འགྲོ་བ་སྟེ་སྲོག་ཆགས་ཀྱི་ཆོ་གས་འཇུག་ཅིང་འབྱུང་པ་འམ། རྣམ་པ་མཁྱེན་ནས་སོ། །འདུས་བྱས་ཕུང་པོ་ཞེས་བྱ་བ་ནི་འདུས་བྱས་ཀྱི་ཚོགས་སོ། །སྐད་ཅིག་མར་ཡང་འཇིག་ཅེས་བྱ་བ་ནི་མྱུར་དུ་འཇིག་པ་ཅན་ནོ། །སྐྱེ་བ ་ལ་སོགས་པའི་སྡུག་བསྔལ་ཁོ་ན་ཕོངས་པ་ཡིན་ཏེ། དེ་དང་ལྡན་པར་གྱུར་པའོ། །བྱེད་དོ་ཞེས་བྱ་བ་ནི་རྟག་པ་སྟེ། རང་དབང་ཅན་ནང་ན་བྱེད་པའི་སྐྱེས་བུ་བདག་ཏུ་མངོན་པར་རྒྱལ་བ་ཞེས་བྱ་བ་ཡོད་དེ། བདག་ཅེས་བྱ་བ་ནི་ང་རྒྱལ་དེ་ལྟ་བུ་གང་ལ ་ཡོད་པའི་སོ་སོ་སྐྱེ་བོ་དེ་ནི་དོན་མེད་པ་ཅན་ཡིན་ནོ། །བག་ཡོད་བྱ་ཞེས་བྱ་བ་ནི་དགེ་བའི་ཆོས་བསྒོམས་པ་ལ་གཞོལ་བའི་ཤེས་ཀྱིས་གནས་པར་བྱའོ། །བསོད་ནམས་རབ་ཏུ་བྱུང་བ་ནི་སྦྱིན་པའི་རང་བཞིན་དང། ཚུལ་ཁྲིམས་ཀྱི་རང་བཞིན ་ནམ་ལུས་ལ་སོགས་པའི་ལེགས་པར་སྤྱད་པའོ། །ཅིའི་ཕྱིར་དགེ་བའི་ཆོས་བསྒོམ་པ་ལ་གཞོལ་བར་བྱར་ཞེ་ན། འབྱུང་པོ་མང་པོ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འབྱུང་པོ་མང་པོ་སྲོག་ཆགས་ཀྱི་ཚོགས་སོང་བ་སྟེ། འགའ་ཞིག་འདས་པའི ་གནས་སྐབས་ཐོབ་པར་གྱུར་པ་ནི་འགའ་ཞིག་ཕྱིར་སོང་བར་གྱུར་པའོ། །གཡོ་ཞེས་བྱ་བ་ནི་དཔལ་གྱི་འབྱོར་བ་གཡོ་བར་གྱུར་པའོ། །བ་ལང་གི་བདག་པོ་ནི་བ་ལང་བདག་ཡིན་ལ། དེའི་ཕྱི་ནས་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱི་སླད་བཞིན ་མཆི་བའོ། །ཇི་ཞིག་བྱས་ནས་ཤེ་ན། ཐུབ་པ་འདི་ལ་སློབ་མཆོག་ཅེས་བྱ་བ་ལ་སོགས་པ་སྟེ། སློབ་མཆོག་ནི་བཅོམ་ལྡན་འདས་ཀྱི་སློབ་མ་ནི་འཕགས་པ་འོད་སྲུངས་ལ་སོགས་པའོ། །རང་གི་དགོས་པ་ཞེས་བྱ་བ་ནི་ཉོན་མོངས་པ་མ་ལུས ་སྤངས་པའོ། །རབ་ཏུ་མོས་པ་ནི་སློབ་མ་གཞན་དག་པས་ལྷག་པར་མོས་པའོ། །དེའི་མོས་པ་གང་གིས་ལྷག་པ་ཡིན་ཞེ་ན། བླ་མ་ལ་དད་ཅེས་བྱ་བ་སྨོས་ཏེ། བླ་མ་སྟེ་བཅོམ་ལྡན་འདས་དེའི་ཡུལ་ལ་དད་པ་དེས་སོ། །ཉེར་ཞི་ཞེས་བྱ་བ་ནི་ཉེ་བར་ཞི་བར་གྱུར་པའོ ་འཕགས་པའི་ཚུལ་གྱིས་ཞེས་བྱ་བ་ནི་ལེགས་པར་སྤྱོད་པའོ། །ཆོས་ཀྱི་མིག་ཅན་ནི་བཅོམ་ལྡན་འདས་ཀྱིས་ཉིད་ཀྱི་མགུར་ནས་གསུངས་པའི་ཆོས་ཀྱི་མཚན་ཉིད་གང་ཡིན་པ་དེ་དང་འདྲ་བར་རོ་བཅོམ་ལྡན་འདས་ཀྱིས་མ་གདྷར་ཆོས་ཀྱི་འཁོར ་ལོ་བསྐོར་བ་དེའི་ཕྱིར་དེ་ལ་ཆོས་ཀྱི་སྐུ་མངོན་པར་བསྒྲུབས་ནས་ཞེས་བྱ་བ་སྨོས་སོ། །འཚོ་བའི་ཡོ་བྱད་ནི་དགེ་སློང་དང་མཐུན་པའི་བཟའ་བ་དང་བཏུང་བ་ལ་སོགས་པའོ། །རྣམ་པར་ཤེས་པ་ཞེས་བྱ་བ་ནི་ཁྱད་པར་དུ་ཤེས་པས་ན་རྣམ་པར ་ཤེས་པ་སྟེ། དཔེར་ན་མངོན་པར་འདོད་པའི་བྱ་བ་བྱེད་པའི་ཆོ་ག་ལ་མཁས་པ་ལྟ་བུ་སྟེ། གསོལ་བ་དང་གཉིས་ཀྱིས་བློ་མཐུན་པ་སྦྱིན་པར་བྱའོ། །ཇི་ལྟར་འདོད་པར་རྒྱལ་པོའི་ཁབ་ཏུ་འགྲོའོ་ཞེས་བྱ་བ་འདིས་ནི་འགོད་པ་དང་བཅས་པའི་འགྲོ ་བ་བསྟན་ཏོ། རྟག་ཏུ་མཉམ་པར་བཞག་པ་ཞེས་བྱ་བ་ནི་མི་བརྗེད་པའི་ཆོས་ཅན་ཡིན་པ་དེ་བས་ན་བྱ་བ་ལ་རྨོངས་པ་མེད་པ་ཡིན་ནོ། །རལ་པ་ནི་ཕྱོགས་ཀྱི་ཕྱོགས་གཅིག་རལ་བའི་ཕྱིར་རོ། །གས་པ་ནི་རྣམ་པར་རིང་པོར་སྦྱོར་བའི་ཕྱིར་གས་པ ་སྟེ། རྩིག་པ་ལ་སོགས་པའི་དངོས་པོ་ཡིན་ནོ། །ཚེ་དང་ལྡན་པ་མ་འགགས་པ་དགོངས་ཤིག་ཅེས་པ་ལ་སོགས་པ་ལ། འཕགས་པ་འོད་སྲུངས་ཆེན་པོ་བདག་ཉིད་ཀྱིས་མཁྱེན་བཞིན་དུ་འཕགས་པ་མ་འགགས་པ་ལ་བསྐུལ་བ་ནི་དབང ་པོར་བསྟན་པའི་དོན་དུ་བྱས་པ་ཡིན་ནོ། །སྙིང་པོ་མེད་པ་ནི་མཆོག་མ་ཡིན་པའོ། །འཆལ་བའི་ཚུལ་ཁྲིམས་ཀྱི་དྲི་མ་བསལ་བའི་ཕྱིར་དག་པའོ། ཚུལ་ཁྲིམས་ཁ་ན་མ་ཐོ་བ་མེད་པ་དང་ལྡན་པ་ཉིད་ཀྱི་ཕྱིར་གཙང་བའོ། །མི་སློབ་པའི་ལམ ་དང་ལྡན་པའི་ཕྱིར་སྙིང་པོ་དང་ལྡན་པའོ། །དེ་ཉིད་ཀྱི་ཕྱིར་བླ་ན་མེད་པའི་བསོད་ནམས་ཀྱི་ཞིང་སྟེ། འཇིག་རྟེན་གྱི་སྦྱིན་གནས་སུ་གྱུར་པ་ཡིན་ནོ། །སྤྱོ་བ་ནི་ཚར་གཅོད་པའོ། །གནད་ལ་བསྣུན་པ་བཞིན་བུ་ཞེས་བྱ་བ་ནི་གནང་ལ ་བསྣུན་བ་དང་འདྲ་བར་སེམས་སྡུག་བསྔལ་དང་ལྡན་པར་གྱུར་པའོ། །ཚུལ་ཁྲིམས་ཀྱི་རྒུད་པ་ལ་སོགས་པའི་རྣམ་པར་བཤད་པ་ནི་སྔ་མ་བཞིན་ནོ། །བདག་གིས་ཉེས་པར་བྱས་པ་མེད་དོ། །ཞེས་བྱ་བ་ནི་བདག་གིས་ཉེས་པར་བྱས་པ་ཅུང་ཟད ་ཙམ་ཡང་མེད་པའི་ཕྱིར། །ཚུལ་ཤིང་ལོང་ཞིག་ཅེས་བྱ་བ་ལ་གལ་ཏེ་ཁྱོད་ཉེས་པ་མེད་པ་ཡིན་ན་ཚུལ་ཤིང་དེ་ལོང་ཞིག་པའོ། །བདེན་པར་སྨྲ་བ་ཞེས་བྱ་བ་ནི་དེ་ཁོ་ན་ཉིད་སྨྲ་བའི་དང་ཚུལ་ཅན་ནོ། །ཕན་པའི་བདེ་བའོ། །བལྟོས་པ་མེད་པར་སྨྲ་བ ་ཞེས་བྱ་བ་ནི་ཞུམ་པ་མེད་པར་སྨྲ་བའི་ངང་ཚུལ་ཅན་ནོ། །ངོ་ཚ་མེད་པས་ནི་མ་ཡིན་ཞིང་ཞེས་བྱ་བ་ནི་ཁ་ན་མ་ཐོ་བ་ཀུན་ཏུ་སྤྱོད་པའི་ངོ་ཚ་དང་བྲལ་བས་ནི་མ་ཡིན་ནོ། །རྣམ་པར་རྒལ་བས་ནི་མ་ཡིན་ཏེ་ཞེས་བྱ་བ་ནི་བསླབ་པ་ལ་གཡེལ་བའི་བས་ནི ་མ་ཡིན་ནོ། །ཆོས་ཀྱི་སྐུ་ལ་གནོད་པར་བྱེད་ཅིང་ཞེས་བྱ་བ་ལ་ཆོས་ཀྱི་སྐུ་ནི་བཅོམ་ལྡན་འདས་ཏེ། འཕགས་པའི་ལམ་གྱི་རང་བཞིན་ཡིན་ཏེ། བུད་མེད་ཀྱི་ཡུལ་རབ་ཏུ་བྱུང་བ་ལས་ཀྱང་ཚུལ་ཁྲིམས་འཆལ་བའི་རྒྱུ་འམ། ཡང་དང་ཡང་དུ་གོམས ་པར་བྱེད་པས་ན་འཕགས་པའི་ལམ་དེ་ལ། གནོད་པ་ཉིད་དུ་འགྱུར་ཞིང། བུད་མེད་ཀྱི་ཡུལ་ཡོན་ཏན་གྱི་ཞིང་ཉམས་པར་བྱེད་པའི་སེར་བ་ལྟ་བུ་ཡིན་ནོ། །ལོ་སྟོང་ཚང་བར་གནས་པའི་ཚིག་ནི་དྲི་མ་ཐམས་ཅད་དང་བྲལ་བའི་གནས་སྐབས ་སྟོན་པར་བྱེད་པ་དང། འཕགས་པའི་གང་ཟག་བརྒྱད་པོ་ཤིན་ཏུ་རྒྱས་པར་འགྱུར་བ་སྟོན་པར་བྱེད་པ་ཡིན་པར་རིག་པར་བྱའོ། །ལྷག་མ་ཅུང་ཟད་ཙམ་ཞེས་བྱ་བ་ནི་ཡོན་ཏན་གྱི་ཁྱད་པར་ཉུང་ངུ་དང་ལྡན་པ་ཡིན་ནོ། །ཉེས་པ་ཆུང་བ་ཞེས་བྱ ་པ་ནི་ཉོན་མོངས་པས་བྱས་པའི་ཉེས་པ་ཆུང་བའོ། །འདོད་ཆགས་ཆུང་བ་ཞེས་བྱ་བ་ལ་སོགས་པ་ལ་ཀུན་ཏུ་སྤྱོད་པ་ཆུང་བ་ལས་འདིར་འདོད་ཆགས་ལ་སོགས་པ་དག་ཆུང་བ་ཡིན་པར་རིག་པར་བྱའི་སྤངས་པ་ཆུང་བ་ཉིད་ནི་མ་ཡིན་ནོ། །ཚུལ་ཤིང་ཞོག་ཅིག ་ཞེས་བྱ་བ་ལ་བདག་ལ་ཉེས་པ་མེད་པའི་ཕྱིར་བདག་ཉིད་ཀྱི་ཚུལ་ཤིང་བླངས་པ་ཡིན་ན། ད་ལྟར་ཁྱོད་ཉེས་པ་དང་བཅས་པ་དེའི་ཕྱིར་ཚུལ་ཤིང་ཞོག་ཅིག་།གང་ཁྱོད་ལ་བཅོམ་ལྡན་འདས་ཀྱིས་སྤྱོས་ཏེ་ཞེས་བྱ་བ་འདི་ནི་འཆར་ཀའི་མདོ་ལས། ཚེ་དང ་ལྡན་པ་ཤཱ་རིའི་བུས་དགེ་སློང་རྣམས་ལ་པོས་ཏེ། ཚེ་དང་ལྡན་པ་དག་དགེ་སློང་འདི་ནི་ཚུལ་ཁྲིམས་དང་ལྡན་ཞིང་ཤེས་རབ་དང་ལྡན་པ་སྟེ། དེ་ནི་ཡང་དང་ཡང་དུ་འདུ་ཤེས་རིག་པས་འགོག་པ་ལ་སྙོམས་པར་ཞུགས་པ་དང་ལྡང་བ་ནས་ཁམ་གྱི་རྣམ ་པ་ཟ་བའི་ལྷ་ལས་ཤིན་ཏུ་འདས་ནས་ཡིད་ཀྱིས་རང་བཞིན་གྱི་ལུས་ཅན་ལྷ་གཞན་དུ་སྐྱེ་བར་འགྱུར་རོ། །དེ་དེར་ཡང་དང་ཡང་དུ་འདུ་ཤེས་རིག་པས་འགོག་པ་ལ་སྙོམས་པར་ཞུགས་པ་དང་ལྡང་བ་ནས་འཕགས་པ་འཆར་ཀས་འཕགས་པ་ཤཱ་རིའི ་བུའི་ཚིག་ལན་གསུམ་གྱི་བར་དུ་ཁྱད་དུ་བསེ་རུ?་འདིར?་དང། དེ་ནས་བཅོམ་ལྡན་འདས་ཀྱི་ཐད་དུ་ཕྱིན་ནས་འཕགས་པ་ཤཱ་རིའི་བུས་ཡང་དེ་ཉིད་གསོལ་བ་དང་འཆར་ཀས་དེ་བཞིན་དུ་ཁྱད་དུ་བསད་དོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུ་ཅང་མི ་སྨྲ་བར་འདུག་པ་ནས་བཅོམ་ལྡན་འདས་ཀྱིས་འཕགས་པ་ཀུན་དགའ་བོ་སྐྱེས་བུ་རྨོངས་པ་ཁྱོད་སྙིང་རྗེ་དང་ལྡན་དུ་ཟིན་ཀྱང་དགེ་སློང་གནས་བརྟན་ལ་རྩོད་པ་སྐྱེད་ཅེས་བྱ་བའི་སྐབས་དེ་ལ་འཕགས་པ་ཀུན་དགའ་བོས་འཕགས་པ་དཔེ་ཅན་ལ ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་དཔེ་ཅན་འདིར་སྨྲས་པ། དེ་ནི་གཞན་གྱིས་བྱས་པ་གང་ཡིན་པ་དེ་ལ་གཞན་དུ་སྨྲས་པ་དེ་བས་ན་ཞེས་བྱ་བའི་བར་དུ་འབྱུང་བ་ཡིན། །རྐང་པས་རྫིས་སོ་ཞེས་བྱ་བ་ནི་ཐག་པས་ཕུལ་བའི་གོས་ཟུང་ལའོ།། ་བུད་མེད་ཀྱི་ཡུལ་ལ་གསང་བའི་མཛོད་ཀྱི་སྤུབས་སུ་ནུབ་པ་བསྟན་ཏོ། །ཞེས་བྱ་བ་ནི་ཡོངས་སུ་མྱ་ངན་ལས་འདས་པའི་གནས་སྐབས་གྱང་གྱི་བུ་མོ་དག་ལ་བསྟན་ཏོ་ཞེས་བརྗོད་དེ། །བཅོམ་ལྡན་འདས་ཀྱི་སྐུ་བུད་མེད་ཀྱི་ཡུལ་ལ ་བསྟན་ནས་ཞེས་བྱ་བ་ནི་འདི་ལ་ཡང་ཡོངས་སུ་མྱ་ངན་ལས་འདས་པའི་སྐབས་དེ་ཉིད་གྱང་གྱི་བུ་མོ་དག་ལ་བསྟན་ཏོ་ཞེས་བརྗོད་དེ། །སྐྱབས་མེད་པ་ཞེས་བྱ་བ་ལ་སོགས་པ་ལ་སྡུག་བསྔལ་ཡོངས་སུ་སྐྱོབས་མེད་པའི་ཕྱིར་སྐྱབས་མེད་པའོ། ། ་ཆོས་དང་ལྡན་པའི་གནས་པའི་གནས་མེད་པའི་ཕྱིར་གནས་མེད་པའོ། །ཐེ་ཚོམ་གཅོད་པར་བྱེད་པ་བླ་ན་མེད་པའི་ཕྱིར་སྣང་བ་མེད་པའོ། །ཆད་པས་བཅད་པ་ཞེས་བྱ་བ་ནི་ཆད་པས་བཅད་པ་འམ། ཚར་བཅད་པར་བྱ་བ་ལ་བདག་ཅག་གི ་བསྟན་པའི་ལས་སུ་བྱ་བ་ལ་འཇུག་པར་བྱའོ། །རབ་ཏུ་སྦྱོར་ཞེས་བྱ་བ་ནི་ལམ་བ་སྨོས་པའི་བྱ་བ་བྱེད་པའོ། །ཤིང་དྲུང་ཞེས་བྱ་བ་ལ་སོགས་པ་ལ་ཤིང་དྲུང་ངམ་ཐིབས་པོ་དང་བཅས་པའི་ས་ཕྱོགས་སུ་ཡང་དག་པར་གནས་པས་སོ། །མྱ་ངན ་ལས་འདས་པའི་སེམས་ལས་བསྐྱེད་པ་ནི་རང་ཉིད་ཀྱིས་ཉམས་སུ་མྱོང་བའི་སྒོ་ནས་ཉོན་མོངས་པ་ཐམས་ཅད་སྤངས་པ་ཞེས་བྱ་བ་ཕུང་པོ་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པ་ལ་སེམས་བསྐྱེད་པའམ་མངོན་སུམ་དུ་བྱའོ།། ་བག་མེད་མ་མཛད་ཅེས་བྱ་བ་ནི་མཆོག་ཏུ་བག་མེད་པར་མ་གྱུར་ཅིག་པའོ། །གཽ་ཏ་མ་ཞེས་བྱ་བ་ནི་རིགས་ཀྱི་མིང་ལས་འབོད་པའོ། །བསྒོམས་ཞེས་བྱ་བ་ནི་ཉོན་མོངས་པའི་ལྷག་མ་སྤང་བར་བྱ་བའི་ཕྱིར་བརྩོན་པར་བྱེད་པའོ། ། ་ཞི་བའི་གོ་འཕང་ལ་རེག་འགྱུར་ཞེས་བྱ་བ་ནི་མི་སློབ་པའི་ཡེ་ཤེས་ཀྱིས་བདེན་པ་བཞིའི་གོ་འཕང་ཐོད་པར་འགྱུར་བའོ། །འདོད་པའི་རྣམ་པར་རྟོག་པ་ལ་སོགས་པས་སེམས་དབང་དུ་བྱས་པ་ཉིད་ཀྱི་ཕྱིར་རང་གི་བྱ་བ་བྱེད་པའི ་དང་ཚུལ་ཅན་གྱི་དྲན་པ་ཉུང་ཟད་ཀྱང་མེད་པ་དེའི་ཕྱིར་དྲན་པ་ཉམས་པ་ཞེས་བྱའོ། །སྔ་ཕྱི་དྲན་པའི་ནུས་པ་དང་བྲལ་བས་རིང་པའི་རྒྱུད་དེ། སེམས་ཀྱི་རྒྱུད་གང་ལ་ཡོད་པ་དེ་ནི་རིང་པའི་རྒྱུ་ཅན་གྱི་ཞེས་བྱའོ། །སེང་གེའི་ཁྲིའི་སྟེང་དུ་སྣམ་སྦྱར་བ་ཏིང་བ་ནི ་བཅོམ་ལྡན་འདས་དང་མདོ་སྡེའི་སྡེ་སྣོད་སྨྲ་བ་པོ་དེ་ལ་མཆོད་པར་བྱ་བའི་ཕྱིར་རོ། །མི་གཡོ་བ་ནི་མི་ལྡེག་པ་སྟེ། རྒྱ་མཚོ་ཟབ་མོ་ཡང་ཡིན་ལ་མི་གཡོ་བ་ཡང་དེ་ཡིན་པས་ན་རྒྱ་མཚོ་ཟབ་མོ་མི་གཡོ་བ་ལྟ་བུའི་འཁོར་རྣམས་ཡིན་ལ། འདིར་ཡོན་ཏན་གྱི ་སྒོ་ནས་ཟབ་པ་ཉིད་ཡིན་པར་རིག་པར་བྱའོ། །ཆོས་འཇིག་རྟེན་གསུམ་གྱིས་མཆོད་ཅིང་རྗེད་ཅེས་པ་ལས་འཇིག་རྟེན་གསུམ་ནི་འདོད་པ་དང། གཟུགས་དང་གཟུགས་མེད་པའི་འཇིག་རྟེན་ནམ་མི་དང་འདོད་པ་ན་སྤྱོད་པ་དང། གཟུགས་ན་སྤྱོད་པའི་ལྷ་ཉིད ་དམ། མི་དང་ཀླུ་དང་ལྷའི་འཇིག་རྟེན་དག་ཡིན་ནོ། །ཁྱེད་རྣམས་ཞེས་བྱ་བ་ནི་ཁྱེད་རྣམས་ཀྱི་ནང་ནས་གང་གུས་པར་ཉན་པ་དེ་དག་བསམས་ཤིང་མངོན་པར་འདོད་པའི་བདེ་བར་འགྱུར་རོ། །ཤིན་ཏུ་བདེ་བ་ཉིད་ཀྱི་ཕྱིར་འཁོར་བ་ལས་སྙིང་པོའི་མཆོག་ཅེས ་བསྟན་ཏོ། །རྟག་པ་ཞེས་བྱ་བ་ནི་མྱ་ངན་ལས་འདས་པའི་བདེ་བ་ཉིད་ཡིན་པར་ཕྱིར་བསྟན་པ་སྟེ། གཅིག་ཏུ་བསྟན་ཅིང་གསལ་བའོ། །བཅོམ་ལྡན་འདས་ཀྱི་ཡུལ་ལ་དྲན་པ་ནི་སངས་རྒྱས་རྗེས་སུ་དྲན་པ་སྟེ། དེས་སྒྲིབ་པ་དང་བྲལ་བའི་ཡིད་རབ་ཏུ ་བསད་པ་གང་ལ་ཡང་པ་དེ་ནི་ཡིད་བསད་པར་བྱེད་པ་ཅན་ནོ། །ཁྱབ་པ་ནི་ཕྱོགས་རྣམ་པར་ཁྱབ་པར་བྱེད་པའི་དང་ཚུལ་ཅན་ནོ། །འདི་སྐད་བདག་གིས་ཐོས་པ་ཞེས་བྱ་བ་ལ་སོགས་པ་འདི་སྐད་ཅེས་བྱ་བ་ནི་འཕགས་པ་ཀུན་དགའ་བོས་མདོ་སྡེ་དེ་ནི ་འདི་སྐད་དུ་ཡིན་གྱི་རྣམ་པ་གཞན་དུ་མ་ཡིན་ནོ། །ཞེས་ངེས་པར་གཟུང་བ་ཡིན་ཏེ། བཅོམ་ལྡན་འདས་ཀྱི་བསྟན་པའི་གོ་རིམ་དང་བདག་གིས་ཐོས་པའི་གོ་རིམ་གང་ཡིན་པ་དེ་ཉིད་ཀྱིས་ད་ལྟར་སྟེན་པར་བྱེད་ཀྱི་རྣམ་པ་གཞན་དུ་ནི་མ་ཡིན་ནོ། ། ་བདག་གིས་ཞེས་བྱ་བ་ནི་མངོན་སུམ་དུ་བཟུང་བ་སྟོན་པར་བྱེད་པ་ཡིན་ཏེ། དེ་ཡང་བཅོམ་ལྡན་འདས་ཀྱི་ཐད་དང། བདེ་བར་གཤེགས་པའི་ཞལ་ནས་མངོན་སུམ་དུ་ཐོས་པ་དང་ལྡན་པའི་དགེ་སློང་དག་ལས་མངོན་སུམ་དུ ་བཟུང་བ་ཡིན་ནོ། །ཇི་སྐད་དུ་འཕགས་པ་ཀུན་དགའ་བོས་ཚེ་དང་ལྡན་པ་དག་ཆོས་ཀྱི་ཕུང་པོ་སྟོང་ཕྲག་བརྒྱད་ཅུ་ཆ་ཤས་དང་བཅས་པ་བཅོམ་ལྡན་འདས་ཀྱི་ཐད་ལས་མངོན་དུ་གཟུང་བ་དང། གཉིས་པ་དགེ་སློང་དག་ལས་ཞེས་བསྟན་པ ་ཡིན་ནོ། །ཐོས་པ་ཞེས་བྱ་བ་ནི་རྣ་བའི་བྱ་བ་ཙམ་གྱི་སྒོ་ནས་མདོ་སྡེ་འཛིན་པར་ནུབ་པ་སྟོན་པའོ། །དུས་གཅིག་ན་ཞེས་བྱ་བ་ནི་གྲངས་གཅིག་དུ་ཆད་པའི་དུས་སྟོན་པར་བྱེད་པ་སྟེ། གཅིག་ཏུ་ཞེས་བྱ་བའི་བར་དུའོ། །བཅོམ་ལྡན་འདས་ཞེས ་བྱ་བ་ལ་སོགས་པའི་རྣམ་པ་བཤད་པ་ནི་སྔ་མ་བཞིན་ནོ། །གཟིར་བ་ནི་སྡུག་བསྔལ་སྐྱེད་པར་བྱེད་པ་མཚོན?་ཆ་ལ་སོགས་པས་ལུས་ལ་བསྣུན་པར་གྱུར་པའོ། །རྨ་བྱུང་བ་ནི་རྣམ་པར་བསྣུན་པའོ། །ངན་དུ་བརྗོད་པའི་སྦྱོར་བ་ཞེས་བྱ་བ ་ནི་འཁོར་བ་ངན་པ་ཞེས་བྱ་བ་དེ་སྐད་དུ་སྟོན་པར་བྱེད་པའི་ཚིག་བརྗོད་པའི་ཕྱིར་འཇུག་པའི་ཚིག་དེ་ཉིད་ནི་བརྗོད་པ་ཡིན་པ་དེའི་ཕྱིར་དུ་བའི་སྒྲ་མི་སྙན་པ་མཐོན་པོ་འབྱིན་པར་བྱེད་པའོ། །ཁྱད་པར་མེད་ཅེས་བྱ་བ་ནི་བདག་གིས་ཡོན ་ཏན་ཁྱད་པར་དུ་འཕགས་པ་འདི་ལ་དེ་དག་སྔར་བར་མི་བྱའོ། །སྙམ་པའི་བལྟོས་པ་དང་བྲལ་བའོ། །བླ་ན་མེད་པའི་སྟོབས་བཅུ་ལ་སོགས་པའི་ཡོན་ཏན་རིན་པོ་ཆེའི་གཞི་ཉིད་ཡིན་པའི་ཕྱིར་བཅོམ་ལྡན་འདས་ནི་རིན་ཆེན་གཏེར ་ཡིན་ནོ། །ཡོན་ཏན་རྒྱ་མཚོ་ནི་བླ་ན་མེད་པའི་བྱང་ཆུབ་ཀྱི་ཡན་ལག་ལ་སོགས་པའི་ཡོན་ཏན་གྱི་རྒྱ་མཚོའོ། །སྡུག་བསྔལ་འཕགས་པའི་དེན་པ་འདི་ནི་ཞེས་བྱ་བ་ལ་སོགས་པའི་རྣམ་པར་འགྲེལ་པ་ནི་སྔ་མ་བཞིན་དུ་རིག་པར ་བྱའོ། མི་ལྷ་ལྷ་མིན་ཀླུའི་རྒྱལ་པོ་ཞེས་བྱ་བ་ནི་ཆོས་དང་བླ་ན་མེད་པའི་ཕན་གདགས་པས་འཇིག་རྟེན་དགའ་བར་མཛད་པའི་ཕྱིར་བཅོམ་ལྡན་འདས་མི་ལ་སོགས་པའི་རྒྱལ་པོ་ཡིན་ཏེ་དེའོ། །ཞི་བར་གཤེགས་ཞེས་བྱ་བ་ལ་སོགས་པ་ལ་ཅི ་འཚོ་བར་འགྱུར་བའམ། འོན་ཏེ་འཚོ་བ་མེད་པར་དགོས་པ་བསྒྲུབས་ཏེ། ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་བཅོམ་ལྡན་འདས་རབ་ཏུ་ཞུགས་པ་ཡིན་ནོ། །ཞི་བ་ནི་ཞི་བ་སྟེ། ཕུང་པོ་ལྷག་མ་དང་བཅས་པའི་མྱ ་ངན་ལས་འདས་པའི་དབྱིངས་སུ་རབ་ཏུ་ཞུགས་པའོ། །ཐམས་ཅད་མཁྱེན་པས་སྟོང་པ་ཞེས་བྱ་བ་ནི་སྐྱེ་བོ་མ་ལུས་པ་མཁྱེན་པའི་སྟོན་པས་སྟོང་པ་མཐོང་ནས་རྨོངས་པ་འཚོ་བ་ལ་བསྟན་པར་བྱེད་པ་འགའ་ཞིག་སྙིང་པོའི་འདུ་ཤེས ་ཉེ་བར་འཇོག་པར་འགྱུར་རོ། །འདི་ལྟར་དངོས་པོ་ཆེ་གེ་མོ་ཞིག་བདག་གིས་ཤེས་པར་བྱའོ་སྙམ་པའི་སྨོན་པའི་སེམས་གཞག་ནས་དོན་དེ་ཤེས་པ་ནི་སྨོན་ལམ་གྱི་ཡེ་ཤེས་ཡིན་ནོ། །དགག་པ་ནི་མངོན་སུམ་དུ་ཟློག་པའོ། །ཕྱིར ་གཤེ་བ་ནི་ཡོག?་ཀག?་ཏུ་གྱུར་པའི་སྐྱོན་ནོ། །མི་མཐུན་པར་སྨྲ་བ་ནི་བཟློག་པ་མེད་པའམ། བཟློག་པ། །པའི་དོན་དུ་སྟོན་པའོ། །འདི་ནི་ཆོས་སོ་ཞེས་བྱ་བ་ནི་བསྟན་པའི་ཆོས་སོ། །འདུལ་བ་ནི་ཉོན་མོངས་པ་སྤང་བའི་ཐབས་སུ་གྱུར་པའོ ་སྟོན་པའི་བསྟན་པ་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱི་བཀའ་སྟེ། སྤོང་བར་བྱེད་པ་རིགས་ཀྱི་མན་ངག་སྟོན་པའོ། །རབ་ཏུ་གསལ་བ་ཞེས་བྱ་བ་ནི་འཇིགས་པ་མེད་པ་ཉིད་ཀྱི་ཕྱིར་དབྱངས་ཞུམ་པ་མེད་པའོ། །དུག་བསྔལ་འཕགས་པའི ་བདེན་པ་ཞེས་བྱ་བ་ལ་སོགས་པ་ལ་འབྲས་བུར་གྱུར་ཕུང་པོ་ལྔ་ལ་སྡུག་བསྔལ་གྱི་སྒྲས་བསྟན་པ་ཡིན་ནོ། །འཕགས་པ་རྣམས་ལ་བདེན་པ་ནི་འཕགས་པའི་བདེན་པ་སྟེ། འཕགས་པ་རྣམས་ཀྱི་ཇི་ལྟ་བ་བཞིན་དུ་གཟིགས་པའི་ཕྱིར་རོ། །རྒྱུར་གྱུར ་བའི་ཕུང་པོ་ལྔ་ནི་ཀུན་འབྱུང་ཡིན་ཏེ། འདི་ལ་སྡུག་བསྔལ་འབྱུང་བས་ན་ཞེས་བྱ་བའི་དབང་དུ་བྱས་པའི་ཕྱིར་རོ། །ཕུང་པོ་ལྔའི་བདག་ཉིད་ཅན་གྱི་སྡུག་བསྔལ་འགོག་པས་ན་འགོག་པའི་བདེན་པའོ། །འགོག་པར་འགྲོ་བར་བྱེད་ཅིང ་ཐོབ་པར་བྱེད་པའི་ཕྱིར་འགོག་པར་འགྲོ་བའི་ལམ་སྟེ། ལམ་གྱི་བདེན་པ་ཡིན་ནོ། །སྐྱེ་བ་ལ་སོགས་པ་སྡུག་བསྔལ་གྱི་རྒྱུ་ཉིད་ཡིན་པའི་ཕྱིར་སྡུག་བསྔལ་ཉིད་དུ་བསྟན་ཏོ། །སྲེད་པ་ནི་ཆགས་པའི་མཚན་ཉིད་ཡིན་ལ། ཡང་སྲིད་དང་རྗེས་སུ་མཐུན་པ་ནི་ཡང ་སྲིད་པ་ཅན་ནོ། །དེ་མ་ཐག་པའི་སྐྱེ་བ་ལ་མངོན་པར་དགའ་ཞིང་མངོན་པར་འདོད་པའི་ཕྱིར་དགའ་བའི་འདོད་ཆགས་དང་ལྡན་པའོ། །ཡུལ་ཐམས་ཅད་ལ་མངོན་པར་དགའ་བའི་ངང་ཚུལ་ཅན་ནི་དེ་དག་དེར་མངོན་པར་དགའ་བ་ཅན་ནོ། །མ་ལུས་པར ་སྤངས་པ་ཞེས་བྱ་བ་ལ་སོགས་པ་ལ་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱ་བའི་ཕྱིར་ཞུགས་པ་ལ་མཐོང་བའི་ལམ་སྐད་ཅིག་མ་བཅོ་ལྔ་ལ་མྱ་ངན་ལས་འདས་པ་གང་ཡིན་པ་དེ་ནི་མ་ལུས་པར་སྤངས་པ་ཞེས་བྱ་བར་བསྟན་ཏེ། མཐོང ་བས་སྤང་བར་བྱ་བའི་ཉོན་མོངས་པའི་ཚོགས་ལན་ཅིག་སྤངས་པའི་ཕྱིར་རོ། །རྒྱུན་དུ་ཞུགས་པའི་མྱ་ངན་ལས་འདས་པ་གང་ཡིན་པ་དེ་ནི་རྣམ་པར་བཏང་བ་ཞེས་བྱ་སྟེ། དེ་ཡང་སྤང་བར་བྱ་བ་མི་སྲིད་པས་ངེས་པ་ཉིད་ཡིན་པའི་ཕྱིར་རོ། །ལན་ཅིག་ཕྱིར ་འོང་བའི་འབྲས་བུ་མངོན་སུམ་དུ་བྱ་བའི་ཕྱིར་ཞུགས་པའི་འབྲས་བུ་གང་ཡིན་པ་དེ་ནི་སྤངས་པའི་དངོས་པོ་ཡིན་ཏེ། འདོད་པ་ན་སྤྱོད་པའི་ཉོན་མོངས་པ་རྒྱ་ཆེ་བ་ཤིན་ཏུ་སྨད་པར་བྱ་བ་སློབ་པར་བྱས་པ་ཉིད་ཀྱི་ཕྱིར་རོ། །ལན་ཅིག་ཕྱིར་འོང་བའི ་མྱ་ངན་ལས་འདས་པ་གང་ཡིན་པ་དེ་ནི་ཟད་པ་ཡིན་ཏེ། འདོད་པ་ན་སྤྱོད་པའི་ཉོན་མོངས་པ་ཐམས་ཅད་སྤངས་པའི་ཕྱིར་རོ། །ཕྱིར་མི་ལྡོག་པའི་འབྲས་བུ་མངོན་སུམ་དུ་བྱ་བའི་ཕྱིར་ཞུགས་པའི་མྱ་ངན་ལས་འདས་པ་གང་ཡིན་པ་དེ་ནི་འདོད ་ཆགས་དང་བྲལ་བ་སྟེ། དེ་ཐོབ་པར་གྱུར་ན་འདོད་པ་ལས་འདོད་ཆགས་དང་བྲལ་བའི་ཕྱིར་རོ། །ཕྱིར་མི་ནོད་པའི་མྱ་ངན་ལས་འདས་པ་གང་ཡིན་པ་དེ་ནི་འགོག་པ་ཡིན་ཏེ། ཡང་འདོད་པའི་ཁམས་སུ་འོང་བའི་འཆིང་བའི་རྒྱུ་མེད་པའི་ཕྱིར་རླུང་གི་ཆུ་འགོག་པ་ལྟ ་བུའོ། །དགྲ་བཅོམ་པའི་འབྲས་བུ་མངོན་སུམ་དུ་བྱ་བའི་ཕྱིར་ཞུགས་པ་གང་ཡིན་པ་དེ་ནི་རྣམ་པར་ཞེ་བ་སྟེ། ཉེས་པ་མ་ལུས་པ་སྤངས་པ་གཅིག་ཏུ་ཞི་བ་དང་ཐག་ཉེ་བར་གནས་པ་ཉིད་པའི་ཕྱིར་རོ། །དགྲ་བཅོམ་པའི་མྱ་ངན་ལས་འདས་པ་གང་ཡིན་པ་དེ ་ནི་ནུབ་པ་ཡིན་ཏེ། དེ་ཐོབ་པ་ན་ཀུན་ཏུ་སྦྱོར་བ་དང་འཆིང་བ་དང། ཉེ་བའི་ཉོན་མོངས་པའི་ཀུན་ནས་དཀྲིས་པ་དང། བག་ལ་ཉལ་ཐམས་ཅད་ནུབ་པའི་ཕྱིར་རོ། །ཡང་དག་པའི་ལྟ་བ་ལ་སོགས་པ་ཡང་ལམ་གྱི་ཡན་ལག་ཟག་པ་མེད་པ་ཉིད་ཀྱི་ཕྱིར་ཡང་དག ་པ་ཉིད་ཡིན་ནོ། །ཐབས་མ་ཡིན་པ་ཞེས་བྱ་བ་ནི་ཉོན་མོངས་པའི་རྣམ་པ་གཅིག་ཀྱང་ལྷག་མར་མ་བྱས་པ་ཉིད་ཀྱི་ཕྱིར་འདིས་ལྷག་མ་མེད་པར་སྤངས་པ་བརྗོད་པ་ཡིན་ནོ། །དགེ་སློང་དག་གཟུགས་བདག་མ་ཡིན། ཞེས་བྱ་བ་ལ་སོགས་པ་ལ་བདག་མ་ཡིན ་ཞེས་བྱ་བ་ནི་རང་དབང་མ་ཡིན་ཞིང་གཙོ་བོར་མ་ཡིན་ཞེས་བྱ་བའི་དོན་ཡིན་ཏེ། གལ་ཏེ་དེ་རང་དབང་དུ་གྱུར་པ་ཡིན་ན་ནི་གནོད་པའམ་གདུང་བའི་དོན་དང་གདུང་བའི་རྒྱུ་མཚན་དུ་མི་འགྱུར་ལ། གང་གི་ཕྱིར་འགའ་ཞིག་རང་དབང་གི་བློ་དང་ལྡན་པ་བདག ་ཉིད་ལ་གནོད་པའི་ཕྱིར་བརྩོན་པར་མི་བྱེད་དོ། །སྡུག་བསྔལ་ཞེས་བྱ་བ་ནི་སྡུག་བསྔལ་གྱི་རྒྱུ་མཚན་ཏེ། ཕྱི་རོལ་གྱི་སྡུག་བསྔལ་མངོན་སུམ་དུ་བསྐྱེད་པའི་ཕྱིར་རོ། །ཐོབ་པ་ཞེས་བྱ་བ་ནི་དེ་ལྟར་ཐོབ་པར་བྱེད་ནུས་པར་འགྱུར་བའོ། །གཟུགས་ལ་ཞེས་བྱ ་བ་ནི་གཟུགས་དང་འབྲེལ་པ་འདི་ཐོབ་པའོ། །འདི་ལྟ་བུར་ཞེས་བྱ་བ་ནི་མཛེས་པ་ལ་སོགས་པའི་ཡོན་ཏན་དང་ལྡན་པ་འམ་བདེ་བསྐྱེད་པར་བྱེད་པའོ། །འདི་ལྟ་བུར་མ་གྱུར་ཅིག་ཅེས་བྱ་བ་ནི་ཡིད་དུ་མི་འོང་བའི་ཉེས་པ་མི་བཟད་པའམ་སྡུག་བསྔལ་སྐྱེད་པར ་བྱེད་པའོ། །བདག་རང་རྒྱུད་ཉིད་ཡིན་པའི་ཕྱིར་རང་རྒྱུད་དུ་ཤེས་པ་ཡིན་ན་བདག་ཉིད་ཀྱིས་ཉེས་པ་བཟོད་པར་མི་འགྱུར་ཏེ། གང་གི་ཕྱི་གཟུགས་བདག་མ་ཡིན་པ་དེའི་ཕྱིར་རྣམ་པ་ཇི་སྲིད་དུ་ལས་ཀྱིས་འཕགས་པར་གྱུར་པའི ་རྣམ་པ་དེ་སྲིད་དུ་རྗེས་སུ་འཇུག་པར་འགྱུར་རོ། །དགེ་སློང་དག་ཇི་སྙམ་དུ་སེམས་ཞེས་བྱ་བ་ལ་སོགས་པའི་རྣམ་པར་བཤད་པ་ནི་མངལ་དུ་འཇུག་པའི་མདོའི་རྣམ་པར་བཤད་པ་ལས་ལེགས་པར་རྣམ་པར་ཕྱེ་བའི་ཕྱིར་ཡང་འདིར་རྣམ་པར་དབྱེ་བར་མི་བྱའོ། ་འཇིག་རྟེན་ཅུང་ཟད་ཀྱང་ཉེ་བར་ལེན་པ་མེད་ཅེས་བྱ་བ་ནི་འཇིག་རྟེན་པ་དངོས་པོ་ཅུང་ཟད་ཁས་མི་ལེན་ཅིང་བདག་གི་ཉིད་དུ་འཛིན་པ་མེད་དོ། །ཡོངས་སུ་གསུང་བ་མེད་ཅེས་བྱ་བ་ནི་ཡོངས་སུ་གདུང་བར་མི་བྱེད་པ་སྟེ། མངོན་པར་འདོད་པའི་དོན་གྲུབ་པར ་མ་གྱུར་པ་ལས་ཡིད་མི་བདེ་བ་སྐྱེས་པར་གྱུར་པ་གང་ཡིན་པ་དེ་ནི་འདིར་ཡོངས་སུ་གདུང་བ་ཡིན་ལ། དེ་ཡང་དངོས་པོ་ཐམས་ཅད་བདག་མེད་པ་ཉིད་དུ་བཟུང་བའི་ཕྱིར་དངོས་པོ་འགའ་ཞིག་ལ་ཡང་ཆགས་པ་མི་སྐྱེ་ལ། ཆགས་པ་མེད་པའི་ཕྱིར་ཡོངས་སུ ་གདུང་བར་ཡང་མི་འགྱུར་རོ། །དེ་བས་བདག་ཉིད་ཡོངས་སུ་མྱ་ངན་ལས་འདས་པར་འགྱུར་རོ། །ཞེས་བྱ་བ་ནི་རང་རིག་པས་མངོན་སུམ་དུ་མཐོང་བར་གྱུར་པའོ། །རྣམ་པ་གང་ཞིག་ཅེ་ན། བདག་གི་སྐྱེ་བ་ནི་ཟད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། ་དེའི་རྣམ་པར་བཤད་པ་ཡང་སྔ་མ་བཞིན་ནོ། །འདུལ་བའི་གླེང་གཞི་ཞེས་བྱ་བའི་ལ་སོགས་པ་ལ་གླེང་གཞི་ནི་ཡུལ་འགའ་ཞིག་ཏུ་བསླབ་པའི་གཞི་འདི་འབྱུང་བའོ། །འབྱུང་ནི་ཉོན་མོངས་པ་ལ་སོགས་པ་ངེས་པའི་སྐབས་སོ། །ཤམ ་ཐབས་ནི་འོག་ཏུ་བགོ་བ་ཡིན་ལ་མཐོ་བ་དང་དམའ་བ་ཀུན་ནས་སྤངས་པ་ཉིད་ཀྱི་ཕྱིར་ཟླུམ་པ་ནི་ཡོངས་སུ་ཟླུམ་པའོ། །ཆོས་གོས་ནི་སྟོང་དུ་བགོ་བའོ། །འདི་ནི་བཅས་པའོ་ཞེས་བྱ་བ་ལ་སོགས་པ་ལ་བསླབ་པའི་གཞི་རྣམ་པར་བཞག་པ ་ནི་བཅས་པ་ཡིན་ནོ། །བཅས་པ་སྨོས་པས་དགེ་སློང་འདི་ཙམ་གྱི་མདུན་དུ་ཉེས་པ་སྒོམ་པོ་དང་ཤགས་པར་བྱའོ་ཞེས་བྱ་བ་ལ་སོགས་པ་ཡང་བསྡུས་པ་ཡིན་ནོ། །སྔོན་རྗེས་སུ་གནང་བའི་དངོས་པོ་གང་ཡིན་པ་བཀག་པ་དང། གང་སྔོན་བཀག་པ་ཡང་རྗེས་སུ་གནང་བ ་ཡང་རྗེས་སུ་བཅས་པ་ཡིན་ཏེ། དཔེར་ན་མཆིལ་ལྷམ་རྗེས་སུ་གནང་བ་མཛད་ནས་དེ་ཉིད་ཀྱི་བྱེ་བྲག་བཀག་པ་མཛད་དེ། ཐུག་ཐུག་ཟེར་བ་དང། ཀྲིག་ཀྲིག་ཟེར་བ་བཅད་བར་མི་བྱའོ་ཞེས་བྱ་བ་ལ་སོགས་པ་རྗེས་སུ་གནང་བ་དེ་དག་ཡང་བཀག་པ་ཡིན་ལ། ་བཀག་པ་ཡང་རྗེས་སུ་གནང་བ་ནི་དཔེར་ན་དུས་མ་ཡིན་པའི་ཟས་སྔར་བཀག་པ་ལས་ནད་པ་ལ་ཡང་རྗེས་སུ་གནང་བ་མཛད་པ་འདི་ཡང་རྗེས་སུ་གནང་བ་ཡིན་པ་ལྟ་བུའོ། །རྣམ་པ་ཐམས་ཅད་དུ་དངོས་པོ་ནི་སྲོག་ལ་ཐུག་ཀྱང་མི་བྱའོ་ཞེས་བྱ་བ་ནི་དགག ་པ་ཡིན་ཏེ། དཔེར་ན་ང་ལ་སྟོན་པར་འཛིན་པ་དག་གིས་ཐ་ན་ཆད་རྩའི་མཆོག་མས་ཀྱང་བཏུང་བར་མི་བྱ་ཞིང་སྦྱིན་པར་མི་བྱ་བ་དང། སྲོག་གཅོད་པ་ལ་སོགས་པ་རང་བཞིན་གྱིས་ཁ་ན་མ་ཐོ་བ་དང་བཅས་པ་གཅིག་ཏུ་བྱ་བ་མ་ཡིན་པ་ཉིད་དུ་གསུངས་པ ་ལྟ་བུའོ། །གང་བྱ་བ་འགའ་ཞིག་ལ་འདོད་པས་འཇུག་པའི་ཡུལ་རྗེས་སུ་གནང་བ་ཡང་བྱ་བ་མ་ཡིན་པའམ། བྱ་བའི་ཉེས་བྱས་ཞེས་བྱ་བའི་ཉེས་པ་འབྱུང་བ་མ་ཡིན་ཏེ། དཔེར་ན་ཕྱིར་རྒོལ་བ་ཚར་བཅད་པར་བྱ་བའི་ཕྱིར་ཕྱི་རོལ་གྱི་བསྟན་བཅོས་བཀླག་པར་བྱའོ། ་ཞེས་བྱ་བ་ལ་སོགས་པ་ལྟ་བུའོ། །ཟག་མོའི་དོན་ཁོང་དུ་ཆུད་པའི་ནུས་པ་དང་བྲལ་བ་ཉིད་ཀྱི་ཕྱིར་ཤེས་རབ་ཞན་པ་སྟེ། ཤེས་བྱའི་དངོས་པོའི་ཕྱི་རོལ་ན་ཡོད་པའི་ཤེས་རབ་གང་ལ་ཡོད་པ་དེ་དག་ནི་ཤེས་རབ་ཞན་པ་ཅན་ཞེས་བྱ་བའི་དབང་དུ ་བྱས་པའི་ཕྱིར་རོ། །དོན་ལ་བལྟོས་པ་མེད་པ་ཉིད་ཀྱི་ཕྱི་ཡི་གེ་ཙམ་གྱི་རྗེས་སུ་འབྲེལ་པ་ཞེས་སྨོས་སོ། །དོན་ཟབ་མོ་ལ་མོས་པ་ཞེས་བྱ་བ་ནི་དོན་ཟབ་མོ་ཁོང་དུ་ཆུད་པར་འདོད་པ་དང་བཅས་པའོ། །མ་ལྟ་བུ་ནི་ཆོས་མངོན་པ་སྟེ། མདོ་སྡེ་དང་འདུལ ་བའི་སྡེ་སྣོད་དག་གི་དོན་འཆད་པའི་སྒོ་ནས་མ་ལྟ་བུ་ཉིད་ཡིན་པའི་ཕྱིར་རོ། །དེའི་ཕྱིར་མདོ་སྡེ་དང་འདུལ་བའི་དོན་ཡང་དག་པར་བསྲུང་བའི་ཕྱིར་ཞེས་བྱ་བ་སྨོས་ཏེ། མདོ་སྡེ་དང་འདུལ་བ་ནི་དོན་གྱི་སྒོ་ནས་ཆོས་མངོན་པར་ཡང་དག་པར ་འདུས་པ་དེ་ཉིད་ཀྱི་ཕྱིར་དེ་བསྡུས་པས་མདོ་སྡེ་དང་འདུལ་བའི་དོན་ཡང་དག་པར་བསྡུས་པར་འགྱུར་རོ། །དེའི་ཕྱིར་མཚན་ཉིད་ཅེས་བྱ་བ་ནི་ཤེས་པར་བྱ་བ་ཡིན་པས་ན་ཤེས་བྱ་ཡིན་ལ། དེ་ཉིད་མཚན་ཉིད་ཡིན་པ་དེ་བས་ན་ཆོས་མངོན་པར་རབ ་ཏུ་བསྒྲགས་པ་སྟེ། རབ་ཏུ་གསལ་བར་བྱས་ཞེས་བྱ་བའི་ཐ་ཚིག་གོ་།མདོ་སྡེ་ནི་དགོངས་པ་སྟན་པ་ཡིན་ལ། འདུལ་བ་ནི་འབྱུང་བ་སྟོན་པ་ཡིན་ཏེ། དགོངས་པ་ནི་བསམ་པ་ཡིན་ནོ། །དྲན་པ་ཉེ་བར་བཞག་པ་བཞི་ནི་ལུས་དང་ཚོར་བ་དང། ་སེམས་དང། ཆོས་དྲན་པ་ཉེ་བར་གཞག་པའོ། །ཡང་དག་པར་སྤོང་བ་བཞི་ནི་དགེ་བའི་ཆོས་མ་སྐྱེས་པ་རྣམས་བསྐྱེད་པའི་ཕྱིར་འདུན་པ་སྐྱེད་པར་བྱེད། བརྩོན་འགྲུས་རྩོམ་པར་བྱེད། སེམས་རབ་ཏུ་འཛིན་པར་བྱེད་དོ། །སྐྱེས་པ་རྣམས ་ཕྱིར་དབྱུང་བར་བྱ་བའི་ཕྱིར་དང། མི་དགེ་བའི་ཆོས་མ་སྐྱེས་པ་རྣམས་མ་བསྐྱེད་པའི་ཕྱིར་དང། བསྐྱེད་པ་རྣམས་སྤང་བར་བྱ་བའི་ཕྱིར་འདུན་པ་སྐྱེད་པར་བྱེད། བརྩོན་འགྲུས་རྩོམ་པར་བྱེད། སེམས་རབ་ཏུ་འཛིན་པར་བྱེད་དེ། །རྫུ་འཕྲུལ ་གྱི་རྐང་པ་བཞི་ནི་འདུན་པའི་ཏིང་ངེ་འཛིན་གཙོ་བོར་གྱུར་པའི་འདུ་བྱེད་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་པ་དང་བརྩོན་འགྲུས་ཀྱི་ཏིང་ངེ་འཛིན་དང། སེམས་ཀྱི་ཏིང་ངེ་འཛིན་དང། དཔྱོད་པའི་ཏིང་ངེ་འཛིན་གཙོ་བོར་གྱུར་པའི་འདུ་བྱེད་དང་ལྡན ་པའི་རྫུ་འཕྲུལ་གྱི་རྐང་པའོ། །དབང་པོ་ལྔ་ནི་དང་པ་དང། བརྩོན་འགྲུས་དང། དྲན་པ་དང། ཏིང་ངེ་འཛིན་དང། ཤེས་རབ་ཅེས་བྱ་བའོ། །དེ་དག་ཁོ་ན་གནས་སྐབས་གཞན་ཐོབ་པར་གྱུར་པ་ལ་སྟོབས་ཞེས་བྱའོ། །བྱང་ཆུབ་ཀྱི་ཡན ་ལག་བདུན་ནི་དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང། ཆོས་རྣམ་པར་འབྱེད་པ་དང། བརྩོན་འགྲུས་དང། དགའ་བ་དང། ཤིན་ཏུ་སྦྱངས་པ་དང། ཏིང་ངེ་འཛིན་དང། བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གོ་།འཕགས་པའི་ལམ་ཡན་ལག་བརྒྱད་པ་ནི་ཡང་དག ་པའི་ལྟ་བ་དང། རྟོག་པ་དང། ངག་དང། ལས་ཀྱི་མཛའ་དང། འཚོ་བ་དང། རྩོལ་བ་དང། དྲན་པ་དང། ཏིང་ངེ་འཛིན་ཏེ། །སོ་སོར་ཡང་དག་པར་རིག་པ་བཞི་ནི་ཆོས་དང། དོན་དང། ངེས་པའི་ཚིག་དང། སྤོབས་པ་ཞེས་བྱའོ། །དགེ ་སྦྱོང་གི་འབྲས་བུ་བཞི་ནི་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་སོགས་པའོ། །ཆོས་ཀྱི་གནས་བཞི་ནི་བརྣབ་སེམས་མེད་པའི་ཆོས་ཀྱི་གནས་དང། གནོད་སེམས་མེད་པ་དང། ཡང་དག་པའི་དྲན་པ་དང། ཡང་དག་པའི་ཏིང་ངེ་འཛིན་ཆོས་ཀྱི་གནས་སོ། །ཉོན ་མོངས་པ་མེད་པ་ཞེས་བྱ་བ་ནི་དགྲ་བཅོམ་པ་འགའ་ཞིག་གིས་སེམས་ཅན་ཉོན་མོངས་པ་ལས་བྱུང་བ་སྡུག་བསྔལ་བ་དང་བདག་ཉིད་མཆེད་པར་བྱ་བའི་བྱེ་བྲག་ཏུ་ཤེས་ནས་གཞན་དག་གི་དེ་ལ་དམིགས་པའི་ཉོན་མོངས་པ་སྐྱེས་པ་ཡོངས་སུ་སྤང་བར་འདོད་པས་དེ་དང ་འདྲ་བའི་ཡེ་ཤེས་བསྐྱེད་པ་གང་གིས་རྣམ་པ་ཐམས་ཅད་དུ་ཕ་རོལ་པོ་དག་ལ་ཉོན་མོངས་པ་སྐྱེས་པར་མི་བྱེད་དོ། །ཉོན་མོངས་པ་ཡང་ཀུན་ནས་ཉོན་མོངས་ཡིན་ཏེ། རང་དང་གཞན་གྱི་རྒྱུད་ཟད་པར་བྱེད་པའི་ཕྱིར་རོ། །སྨོན་ལམ ་ཡེ་ཤེས་ལ་སོགས་པ་ནས་ལྷག་མཐོང་གི་མཐར་ཐུག་པ་ནི་ཡོན་ཏན་གྱི་ཁྱད་པར་ཡིན་ནོ། །ཡང་དག་པར་བསྡུས་པའི་རྣམ་གྲངས་དང། ཆོས་ཀྱི་ཕུང་པོ་དང། བཏགས་པ་ནི་བསྟན་བཅོས་ཀྱི་རང་བཞིན་ནོ། །སྡེ་སྣོད་ནི ་ཕུང་པོ་ཡིན་ནོ། ཀྱེ་ཞེས་བྱ་བ་ནི་སྤྱིར་འབོད་པ་སྟེ། འདི་ལྟར་གྱི་འཇིག་རྟེན་སྐྱོང་བ། ཀྱེ་ལྷ་ཞེས་བྱ་བ་ལ་སོགས་པ་ལྟ་བུའོ། །ཆོས་ཀྱི་བསྟན་བཅོས་བསྡུས་ཤིང་རྗེས་སུ་མཐུན་པའི་ཚིག་དང། ཡི་གེའི་སྒོམས་བཞག་བ་ཅིའི་ཕྱིར་ཞེ་ན། ་འགྲོ་ལ་ཕན་ཕྱིར་ཞེས་སྨོས་པ་ཡིན་ནོ། །དེ་དག་གང་གིས་གསུངས་པ་ཡིན་ཞེ་ན། སྨྲས་པ། སྟོབས་བཅུའི་བཀའ་སྟེ། བཅོམ་ལྡན་འདས་སྟོབས་བཅུས་གསུངས་པ་ཡིན་ནོ། །སེམས་ཅན་དཔག་ཏུ་མེད་པ་ལ་ཕན་འདོགས་པར ་མཛད་པའི་ཕྱིར་དང། དུབ་པ་དཔག་ཏུ་མེད་པས་ཐུགས་སུ་ཆུད་པ་ཉིད་ཀྱི་ཕྱིར་དང། དོན་དཔག་ཏུ་མེད་པ་དང་ལྡན་པའི་ཕྱིར་ཚད་མེད་པ་ཞེས་བསྟན་ཏེ། །གང་གིས་འཇིག་རྟེན་ཞེས་བྱ་བ་ལ་སོགས་པ་ལ། བཀའ་གང་གིས་འཇིག་རྟེན་ཡང ་དག་པར་སྤྱོད་ཞིང་རྒྱུན་གྱིས་འཇོག་པས་ན་སྒྲོན་མའོ། །སྒྲོན་མ་ཁྱད་པར་ཇི་ལྟ་བུ་ཞེ་ན། སྨྲས་པ། བློའི་རབ་རིབ་སེལ་བ་སྟེ། བློ་ནི་ཤེས་རབ་ཡིན་ལ། དེའི་རབ་རིབ་ནི་མི་ཤེས་པ་ཡིན་ཏེ། དེ་འཇོམས་པར་བྱེད་ཅིང་འཇིག་པར་བྱེད་པའི་ཕྱིར་རབ ་རིབ་སེལ་བའོ། །འཇིག་རྟེན་ཁྱད་པར་ཇི་ལྟ་བུ་ཞེ་ན། བློ་ངན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྨད་པའི་བློ་ནི་ངན་ནམ་ལོག་པའི་ཤེས་པ་འམ། མི་ཤེས་པ་ཁོ་ན་བློ་ངན་ཡིན་ནོ། །བློ་ངན་ཁོ་ནའི་མུན་པ་ཆེན་པོ་ནི། བློ་ངན་མུན་པ་ཆེན་པོ་སྟེ། མུན ་པ་ཆེན་པོ་དེར་འཇིག་རྟེན་ཉམས་ཤིང་འཁོར་བའི་འཇིག་རྟེན་དེའོ། །ཇི་སྲིད་དུ་འཕགས་པ་ཞེས་བྱ་བ་ནི་ཇི་སྲིད་དུ་བཅོམ་ལྡན་འདས་ཀྱི་འཕྲིན་ལས་ཀྱིས་འཕངས་པ་དེའི་སྟོབས་ཀྱིས་དུས་དེ་སྲིད་ཁོ་ནར་གནས་པར་འགྱུར་པའོ། །ཇི་སྐད ་དུ་བཀའ་སྩལ་བ་ཞེས་བྱ་བ་ནི་དེའི་བསྟན་པ་ལོ་སྟོང་རྨ་མེད་པར་གནས་པར་འགྱུར་བའི་ཕྱིར་བཅོམ་ལྡན་འདས་ཀྱིས་དུས་དེ་སྲིད་ཁོ་ནར་གནས་པར་འགྱུར་རོ། །ཞེས་བཀའ་སྩལ་པའོ། །བཀའ་ལུང་བསྟན་པ་ཞེས་བྱ་བ་ལ་བཀའ་ལུང་ནི་ལུང་སྩོལ ་བ་ཡིན་ལ་བཀའ་ལུང་བསྟན་པ་ནི་བཀའ་ལུང་བསྟན་པའོ།?་ཡོངས་སུ་མྱ་ངན་ལས་འདས་ནས་ཁྱོད་ཀྱིས་བསྟན་པ་བསྡུ་བ་གྱིས་ཤིག་ཅེས་བྱ་བ་དེ་ནི་བདག་གིས་ཅི་ནུས་སུ་བྱས་པ་ཡིན་ནོ། །མཛའ་བོ་བཞིན་དུ་ཡོངས་སུ་སྤྱོད་པ་ཞེས་བྱ་བ་ནི་བཅོམ་ལྡན་འདས་ལ་བསྙེན ་བཀུར་བྱས་པའོ། །ཆོས་ཉིད་ཀྱིས་ཞེས་བྱ་བ་ནི་ཆོས་ཀྱིས་སོ། །ཀུན་ཏུ་སྤྱོད་པ་ཞེས་བྱ་བ་ནི་ཁོང་དུ་ཆུད་པའི་ཀུན་ཏུ་སྤྱོད་པས་སོ། །གྲོགས་ཚངས་པ་མཚུངས་པར་སྤྱོད་པ་ནི་ལྷན་ཅིག་ཏུ་ཞུགས་པའི་དགེ་སློང་དག་གོ་།བླ་མའི་བཀའ་ཞེས་བྱ་བ་ནི་བཅོམ་ལྡན་འདས ་ཀྱི་བཀའ་ཨོ། །ཆོས་ཀྱི་ལམ་ཞེས་བྱ་བ་ནི་ཆོས་ཀྱི་རང་བཞིན་གྱི་ལམ་འམ་གོ་རིམ་ཡིན་ནོ། །གཅིག་ནས་གཅིག་ཏུ་ཞེས་བྱ་བ་ནི་ཕན་ཚུན་བརྗོད་པའི་སྒོ་ནས་སོ། །ངོ་ཚ་མེད་པ་ནི་ཚུལ་ཁྲིམས་འཆལ་པ་ཡིན་པར་རིག་པར་བྱའོ། །ངོ་ཚ་ཅན་ནི ་བསླབ་པ་འདོད་པའོ། །ཕན་གདགས་པ་ནི་རྗེས་སུ་བཟུང་བ་འམ་བསྡུས་པའོ། །བདག་ལ་ཕན་འདོགས་པའི་ཉོན་མོངས་པ་སྤངས་པའོ། །དཔལ་ནི་མྱ་ངན་ལས་འདས་པར་འགྲོ་བ་སྟེ། ཕུང་པོ་ལྷག་མ་མེད་པ་ཉིད་ཀྱིས་དཔལ་སྐྱེ་བར་བྱེད་པ་ཉིད ་ཀྱི་ཕྱིར་རོ། །གྱོན་པ་ཞེས་བྱ་བ་ནི་ཡོངས་སུ་བགོས་པའོ། །མཆོད་རྟེན་ཆེན་པོ་བཞི་ནི་བལྟམས་པ་དང། བྱང་ཆུབ་པ་དང། ཆོས་ཀྱི་འཁོར་ལོ་དང། ཡོངས་སུ་མྱ་ངན་ལས་འདས་པ་ཞེས་བྱའོ། །མངོན་པར་དགའ་བ་ཞེས་བྱ་བ་ནི་ལུས་ཀྱི ་འགྱུར་བའི་སེམས་ཀྱི་དགའ་བའི་བྱེ་བྲག་སྐྱེས་པའོ། །མཆོད་པ་ནི་དེ་འོངས་པ་ལས་དགའ་བར་རིག་ནས་ཕྱག་ལ་སོགས་པས་མཆོད་པའོ། །ཚེམས་ཀྱི་མཆེ་བ་ལ་སོགས་པའི་མཚན་མ་ཞེས་བྱ་བ་ལ་སོགས་པའི་སྒྲས་ནི་བཅོམ་ལྡན་འདས ་བྱང་ཆུབ་སེམས་དཔའ་ཨི་གནས་སྐབས་སུ་གྱུར་པའི་དབུ་སྐྲ་དང། ན་བཟའ་ལ་སོགས་པ་གཟུང་བ་ཡིན་ནོ། །བག་ཡོད་པར་གྱིས་ཤིག་ཅེས་བྱ་བ་ནི་དགེ་བའི་ཆོས་ཐམས་ཅད་སྒྲུབ་པ་བག་ཡོད་པའི་རྩ་བ་ཅན་ཡིན་པ་དེའི་ཕྱིར་དེ་སྐད་དུ ་བསྟན་ཏོ། །ཆད་པས་བཅད་པར་མཆིའོ་ཞེས་བྱ་བ་ནི་ཐོབ་པར་གྱུར་པ་འམ། ཆད་པ་དྲག་པོས་ཚར་བཅད་པར་བྱས་པར་གྱུར་པར་རོ། །སེམས་ཅན་གྱི་མཆོག་ཅེས་བྱ་བ་ནི་སེམས་ཅན་ཀུན་གྱི་གཙོ་བོར་གྱུར་པའི་ཕྱིར་རོ།། ་སྐྱོ་བར་བྱའོ། །ཞེས་བྱ་བ་ནི་བདག་གི་ལུས་བསྟན་པའི་སྒོ་ནས་དེ་དག་སྐྱོ་བ་བསྐྱེད་པར་བྱ་བའོ། །གདུང་བ་སྐྱེས་ཏེ་ཞེས་བྱ་བ་ལ། གདུང་བ་སྐྱེས་ཤིང་འབྱུང་བ་གང་ཡིན་པ་དེ་དག་གི་གདུང་བ་སྐྱེས་པར་གྱུར་པའོ།། ་འབར་བ་ནི་རབ་ཏུ་འབར་བའོ། །སྐྱེ་བ་ནི་འདུས་བྱས་ཀྱི་དངོས་པོ་སྐྱེས་ཤིང་འབྱུང་བར་འགྱུར་བའོ། །འཇིག་པ་ནི་དེ་དག་ཁོ་ན་ཉམས་པར་གྱུར་པ་སྟེ། ཟག་པ་མེད་པའི་ཡེ་ཤེས་ཀྱིས་དེ་དག་མཐོང་བར་གྱུར་པ་ན་བླ་ན་མེད་པའི་དཔལ་བསྐྱིད་པ ་དེའི་ཕྱིར་དེ་སྐད་དུ་བསྟན་ཏོ། །མ་དད་པ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པས་བསྔགས་པའི་དད་པ་གང་ལ་མེད་པ་དེ་ནི་དད་པ་མེད་པའོ། །ཞེ་སྡང་དང་བཅས་པ་དང་ལྡན་པའི་སེམས་ཀྱིས་ཚིགས་སུ་བཅད་པ་མ་ཡིན་པ་རྫུན་གྱི་ཚིག་གིས ་ཉེས་པ་བརྗེད་པར་བྱེད་པའོ། །དད་པ་ལོག་པར་འཛིན་པ་ཡིས་འབྱིངས་བ་ནི་འབྱིང་པ་སྟེ། སྡིག་པའི་འདམ་དུ་འབྱིང་བར་འགྱུར་བ་སྟེ། དཔེར་ན་བ་ལང་འདམ་དུ་འབྱིང་བ་ལྟ་བུའོ། །ཉམས་པར་ཉེ་བར་སོང་ཞེས་བྱ་བ་ནི་སྡིག་ཆོས་ཀྱིས ་འཇིག་པར་གྱུར་པའོ། །བདེ་ལེགས་འཆི་ལྟས་ལ་སོགས་པ་ནི་སྡིག་པའི་ལྟ་བ་དང་ལྡན་པའོ། །གོ་མིན་ཏེ་ནི་ཤེས་རབ་མེད་པའོ། །ཐོས་ལ་འབྲས་བུ་མེད་ཅེས་བྱ་བ་ནི་འབྲས་བུ་དང་བྲལ་བ་ཡིན་ཏེ། ཆོས་ཐོས་པའི་འབྲས་བུ་ནི་ཁོང་དུ ་ཆུད་པ་ཡིན་ལ། ཆོས་ཁོང་དུ་ཆུད་པའི་འབྲས་བུ་ནི་སྒྲུབ་པ་ཡིན་ན། འབྲས་བུ་ཁོང་དུ་ཆུད་པ་དང་བྲལ་བ་དེ་ཉིད་ཀྱི་ཕྱིར་འབྲས་བུ་མེད་ཅེས་བསྟན་ཏོ། །སྒྲུབ་པ་དང་བྲལ་བ་ཉིད་ཕྱིར་དུག་དང་འདྲ་ཞེས་བསྟན་ཏོ། །གང་ཡང་ཐོས་པ་ཡང་དག ་པར་ཤེས་པར་འགྱུར་བའི་ཐོས་པ་དེ་ནི་མཁས་པས་གསུངས་པ་ཡིན་ཏེ། དེ་ཉིད་བྲལ་བའི་འབྲས་བུ་ཡིན་ནོ། །རྒས་པར་གྱུར་ཅེས་བྱ་བ་ནི་འཆི་བ་དང་ཐག་ཉེ་བར་གྱུར་པའོ། །ཉམས་པར་གྱུར་ཅེས་བྱ་བ་ནི་རང་གི་ནུས་པ་དང་བྲལ་བ ་ཡིན་པ་དེའི་ཕྱིར་འདི་ལ་ཡང་དག་པའི་དྲན་པ་མེད་པ་ཡིན་ནོ། །རྒས་པ་ཞེས་བྱ་བ་ནི་རྙིངས་ཤིང་རྒས་པའི་གནས་སྐབས་ཐོབ་པའི་སྒོ་ནས་དྲན་པའི་ནུས་པ་ཟིལ་གྱིས་གནོན་པའི་ནུས་པ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །གསར་བུ་དང་ནི་བདག་མི་མཚུངས ་ཞེས་བྱ་བ་ནི་བདག་དགེ་སློང་གསར་བུ་དག་དང་ལྷན་ཅིག་སེམས་འདྲ་བའི་སྒོ་ནས་མཉམ་པོར་གྱུར་པ་མ་ཡིན་པའོ། །སྒོང་སྐྱེས་ནི་བྱ་ཡིན་ནོ། །གནས་དང་ལྡན་ཞེས་བྱ་བ་ནི་གཅིག་པུ་གནས་དང་ལྡན་པའོ། །གྲོགས་པོ་མངོན་པར་འདས་གྱུར་ཅིང་ཞེས ་བྱ་བ་ལ་སོགས་པ་ལ། གྲོགས་པོ་ནི་འདིར་ཤཱ་རིའི་བུ་དང་མཽངྒལ་གྱི་བུ་ཆེན་པོ་ལ་སོགས་པ་ཉན་ཐོས་ཆེན་པོ་ཆེན་པོ་ཡིན་པར་རིག་པར་བྱ་སྟེ། ཉན་ཐོས་ཆེན་པོར་ལུང་བསྟན་པ་ཉིད་དུ་མཚུངས་པ་ཉིད་ཀྱི་ཕྱིར་རོ། །གཞན་མཛའ་བོ་ཡང་ཉེན་ཞིང ་མཉེན་པའི་དགྲ་བཅོམ་པ་དག་ཡིན་པར་རིག་པར་བྱའོ། །དེ་འདྲའི་གྲོགས་ནི་ཡོད་པ་མིན་ཞེས་བྱ་བ་ནི་ཇི་ལྟར་དེ་དག་ཡོད་པ་དེ་འདྲ་བ་གཅིག་ཀྱང་ཡོད་པ་མ་ཡིན་ནོ། །ཇི་ལྟར་བསམ་གཏན་ཐོབ་པའི་དྲན་པ་ཡིས་ཞེས་བྱ་བ་ལ་བསམ་གཏན་ཐོབ ་པ་ནི་བསམ་གཏན་ཐོབ་པ་སྟེ། ཉམས་སུ་མྱོང་བའི་ཡུལ་དྲན་པར་གྱུར་པ་ལ་རྩེ་གཅིག་ཏུ་གྱུར་པ་ཞེས་བྱ་བའི་བར་དུའོ། །དྲན་པ་དེ་གཙོ་བའི་འཇུག་པས་ཚོགས་དེ་ལ་དེའི་ཚེ་གཅིག་པུ་བྱ་བ་བྱེད་པ་དེ་བཞིན་དུ་འཕགས་པ་ཀུན་དགའ་བོ ་གཅིག་པུ་ལྷག་པར་གྱུར་པ་ཡིན་ནོ། །དྲི་མ་བྲལ་ཞེས་བྱ་བ་ལ་སོགས་པ་ལ། དེ་དག་མ་གཏོགས་པ་བདག་གཅིག་པུ་ལྷག་མར་གྱུར་པའོ། །དེ་དག་ཁྱད་པར་ཇི་ལྟ་བུ་གཅིག་ཅེ་ན། སྨྲས་པ། དྲི་མ་བྲལ་ནས་ཞེས་བྱ་བ་ནི་ཉོན་མོངས་པའི་དྲི་མ་མ ་ལུས་པར་སྤངས་པའོ། །ཞི་བར་འགྲོ་བ་ནི་ཉེ་བར་ཞི་བ་ཐོབ་པར་གྱུར་པའོ། །འགྲོ་བ་དག་ལ་ཤེས་རབ་ཀྱི་སྣང་བ་རྩོལ་བར་མཛད་པ་ཉིད་ཀྱི་ཕྱིར་འགྲོ་བའི་སྒྲོན་མ་སྟེ་མ་གཏོགས་པའོ། །གཏི་མུག་ཁོ་ན་མུན་པ་ཡིན་པས་ན་གཏི་མུག་པ ་སྟེ། ཡང་དག་པའི་དངོས་པོ་མཐོང་བ་ལ་སྒྲིབ་པར་བྱེད་པ་ཉིད་ཀྱི་ཕྱིར་རོ། །གཏི་མུག་གི་མུན་པ་ཁོ་ན་རབ་རིབ་ཡིན་ཏེ། དེ་བསལ་བ་གང་ཡིན་པ་དེ་དག་ནི་གཏི་མུག་རབ་རིབ་བསལ་བ་སྟེ། དེ་མ་གཏོགས་པའོ། །ཡོན་ཏན་ཆེན་པོ་ཉིད ་དང་ལྡན་པའི་ཕྱིར་ཆེན་པོ་སྟེ། དེ་མ་གཏོགས་པའོ། །ཚད་མེད་པའི་འདུལ་བ་གང་དག་ཡིན་པ་དེ་དག་ནི་ཚད་མེད་འདུལ་བ་སྟེ། འདུལ་བའི་སྒྲས་ནི་འདིར་འདུལ་བའི་སྐྱེ་བོ་ལས་གདགས་པ་ཡོངས་སུ་གཟུང་བ་ཡིན་ནོ། །ཅི་དང་འདྲ་བར་ཞེ་ན། ་དགོན་པའི་མཆོད་རྟེན་ནགས་ཀྱི་ཤིང་འདྲ་བར་ཞེས་བྱ་བར་སྨྲས་ཏེ། ཇི་ལྟར་དགོན་པའི་མཆོད་རྟེན་གྱི་ཤིང་ནགས་ཀྱི་ཤིང་དེ་དང་འདྲ་བར་དགྲ་བཅོམ་པ་དག་མ་གཏོགས་པར་གཅིག་པུ་ལྷག་མར་གྱུར་པའོ། །གོང་བུའི་ཚུལ ་དུ་ཤིང་གི་རྩ་བའི་ཕྱོགས་སུ་སོ་ཕག་གིས་བརྩིགས་ཤིང་དབྱིབས་སུ་བྱས་པ་ནི་མཆོད་རྟེན་གྱི་ཤིང་ཞེས་བྱ་ཞིང། ནགས་ཀྱི་ཤིང་ནི་སོ་ཕག་གི་བྱ་བས་སྟོང་པའོ། །མཚན་དང་མི་ལྡན་པ་ཞེས་བྱ་བ་ནི་སྐྱེས་བུ་ཆེན་པོ་མཚན་སུམ ་ཅུ་རྩ་གཉིས་དང་བྲལ་བའོ། །སངས་རྒྱས་དང་འདྲ་བར་སྐྱེ་བོ་མཛའ་མེད་པར་འདུལ་བར་བྱེད་པའི་ཕྱིར་དང་སངས་རྒྱས་དང་འདྲ་བས་ན་སངས་རྒྱས་སོ། །བཅོམ་ལྡན་འདས་ཀྱི་སྲས་པོ་འདི་ཞེས་བྱ་བ་ལ་སོགས་པ་ལ། བཅོམ ་ལྡན་འདས་དེ་སངས་རྒྱས་ཀྱི་སྲས་ཡིན་པས་ན་སྲས་སོ། །རྗེས་སུ་སྐྱེས་པ་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱི་དུས་སུ་འབྱུང་བ་ཉིད་ཀྱི་ཕྱིར་རྗེས་སུ་སྐྱེས་པ་ཞེས་བསྟན་ཏོ། །མངོན་པར་སྐྱེས་པ་ནི་ཡོན་ཏན་དག་གི་སྒོ་ནས་བསྔགས ་པ་ཉིད་ཀྱི་ཕྱིར་རོ། །དམ་པའི་ཆོས་ཁོ་ན་མཛོད་ཡིན་ཏོ། །དེ་ཡོངས་སུ་བསྲུང་བ་དེ་ལ་བདག་གི་བློ་ངེས་པ་སྟེ། ངེས་པ་དང་ལྡན་པ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །སྲིད་པ་འགྲོག་པར་བྱེད་ཅེས་བྱ་བ་ནི་ཉེ་བར་ལེན་པའི་ཕུང་པོ ་ལྔ་འཇིག་པར་བྱེད་པའོ། །ཉོན་མོངས་པའི་དྲི་མ་དང་བྲལ་བ་ཉིད་ཀྱི་ཕྱིར་དེའི་བློ་རྣམ་པར་དག་པའོ། །མངོན་དུ་ཞེས་བྱ་བ་ནི་མངོན་དུ་ཕྱོགས་པའོ། །ཐུབ་པ་འདི་ནི་ཞེས་བྱ་བ་ལ་སོགས་པ་ལ། ཉོན་མོངས་པའི་བརྗོད་པ་མ་ལུས་པ་ལས་ཉེ་བར་ལོག་པའི་ཕྱིར ་ཐུབ་པའོ། །མྱ་ངན་ནི་སྐྱེ་བོ་མཛད་པ་དང་བྲལ་བ་ལས་སྐྱེས་ཤིང་ཉོན་མོངས་པ་ལས་གྱུར་པའི་ཡིད་ཀྱི་གདུང་བའོ། །མྱ་ངན་ཁོ་ན་མུན་པ་ཡིན་ནོ་ཞེས་བྱ་བའི་དབང་དུ་བྱས་ནས་ཉོན་མོངས་པ་ཉེ་བར་ཞི་བའི་ཐབས་སྟོན་པར་མཛད་པ་ཉིད་ཀྱི་ཕྱིར ་མྱ་ངན་མུན་པ་བསལ་བའོ། །ཡང་ན་མུན་པ་ནི་མི་ཤེས་པ་ཡིན་ནོ། །སྐྱེ་བོ་མང་པོ་ནི་སྐྱེ་བོ་ཆེན་པོའོ། །རྗེས་སུ་བརྩེ་བའི་སྒྲས་ནི་འདིར་ཕན་འདོགས་པ་བརྗོད་པ་ཡིན་ནོ། །སྲིད་པ་གསུམ་ན་གནས་པ་དག་ལ་བླ་ན་མེད་པའི་ཡེ་ཤེས་ཀྱི་སྣང་བ་མཛད ་པ་དེ་ཉིད་ཀྱི་ཕྱིར་སྒྲོན་མ་བཅོམ་ལྡན་འདས་དེ་བཅོམ་ལྡན་འདས་དེའོ། །འདབ་མ་བརྒྱ་པ་ནི་པདྨ་ཡིན་ལ་ཁ་བྱེ་བ་ནི་རྒྱས་པ་ཡིན་ཏེ། པདྨའི་འདབ་མ་དང་འདྲ་བར་ཡངས་ཤིང་རྒྱ་ཆེ་བའི་སྤྱན་གང་ལ། མདའ?་བ་དེ་ནི་སྤྱན་ལངས་འདབ་མ ་རྒྱས་པ་ཁ་བྱེད་ཅན་ནོ། །ཁྱེད་ལ་བདག་ཅག་སྐྱབས་སུ་མཆི་བ་ནི་ཁྱོད་ཁོ་ན་སྐྱབས་སུ་གྱུར་པའོ། །ཞི་བར་གཤེགས་པ་སྟེ། གལ་ཏེ་རབ་ཏུ་ཞི་བར་གཤེགས་ན་དེ་ནི་བདག་གི་དོན་ཏེ་བདག་གི་དཔལ་དུ་གྱུར་པའི་ཕྱིར་རོ། །སྐུ་ནི་ལུས་ཏེ་བདག་གི ་ཡུལ་འདིར་དོང་ཞིག་པ་ཡིན་ནོ། །གནས་བརྟན་ཀུན་དགའ་བོས་སེམས་བསྐྱེད་པ་ཞེས་བྱ་བ་ནི་འཇིག་རྟེན་པའི་སེམས་ཏེ། ཉན་ཐོས་ཆེན་པོ་དག་ནི་བདེ་བར་གཤེགས་པ་དང་འདྲ་བར་འཇིག་རྟེན་པའི་སེམས་བསྐྱེད་པ་ཡིན་ནོ། །ལམ་མེད་པ་ཞེས་བྱ་བ་ནི ་ཕྱི་རོལ་ཏུ་འཇུག་པ་དང་བྲལ་བས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་པའི་ལས་བྱེད་དུ་རུང་བའོ། །དྲང་སྲོང་དང་འཁོར་ལྔ་བརྒྱ་པོ་དེ་དག་རབ་ཏུ་བྱུང་བ་ཞེས་བྱ་བའི་ཚིག་འདི་ལས་ཆུའི་དབུས་སུ་ཉི་མ་དུ་མའི་གནས་སྐབས་ཡོད་པར་ཤེས་པར་བྱ ་སྟེ། གང་གི་ཕྱིར་ཉི་མ་གཅིག་ལ་ལྔ་བརྒྱ་པོ་དག་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་པར་བྱ་བར་ནུས་པ་མ་ཡིན་ཏེ། དེ་དག་གསོལ་བ་དང་བཞིའི་ལས་ཀྱིས་བསྙེན་པར་རྫོགས་པ་ཉིད་ཀྱི་ཕྱིར་རོ། །གསུམ་པོ་དག་ལས་ཀྱི་ཚིག་གཅིག ་གིས་བསྙེན་པར་རྫོགས་པ་ན་ཡང་རེ་ལྡེ་ལ་སོགས་པས་མཚམས་བཞི་མནན་ཏེ། བསྙེན་པར་རྫོགས་པར་བྱེད་ན་ཡང་ཉི་མ་གཅིག་གིས་ལྔ་བརྒྱ་པོ་དག་གི་བསྙེན ་པར་རྫོགས་པར་བྱ་བར་ནུས་པ་མ་ཡིན་ནོ། །ཚུར་སྦྱོན་ཚུར་སྤྱོན་ཞེས་བྱ་བ་ནི་ཐག་ཉེ་བ་འདིར་ཤོག་ཅིག་ཤོག་ཅིག་པའོ། །ཆུ་དོགས་གཉིས་ནས་སྐྱེ་བོའི་འཇུག་པ་དེ་ལྟ་བུ་ཐོས་ནས་འཕགས་པ་ཀུན་དགའ་བའི་ལུས་ཐ་དད་པ་བློ་སྟེ ་སེམས་སུ་བྱེད་པ་སྔོན་གྱི་ལས་ཀྱི་རྣམ་པར་སྨིན་པ་ལས་གྲུབ་པའི་ཕྱིར་སྔོན་གྱི་ལུས་ཞེས་བསྟན་ཏོ། །དེ་དུམ་བུར་ཆད་པ་ནི་རྣམ་པ་གཉིས་སུ་བྱས་པའོ། །ཡེ་ཤེས་ཁོ་ན་རྡོ་རྗེ་ཡིན་ལ་དེ་ཉིད་མི་ཤེས་པ་འཇོམས་པར་བྱེད་པ་ཉིད་ཀྱི་ཕྱིར་རྣོན་པོ ་ཡིན་ནོ། །ཤིན་ཏུ་འཇིགས་པ་སྐྱེ་བ་ཉིད་ཀྱིས་རྣམ་པར་འཁྲུགས་པ་ནི་གདུག་པ་ཡིན་ནོ། །དེ་ནས་ཀླུ་ཞེས་བྱ་བ་ལ་སོགས་པ་ལ་ཀླུ་དག་གིས་རྡུལ་གྱི་ཆར་ཕབ་པར་གྱུར་པ་གང་ཡིན་པ་དེའི་ཚེ། འཕགས་པ་བྱམས་པ་ལ་སྙོམས་པར ་ཞུགས་པའི་མཐུས་ལུས་ལ་མ་ཏོག་རྣམ་པ་སྣ་ཚོགས་པའི་ཆར་འབབ་པ་ཡིན་ནོ། །མདའི་ཆར་ཕབ་པ་ཡང་གནས་ཏེ། མལ་ལ་མེ་ཏོག་གི་དྲ་བ་རྣམ་པར་གནས་པ་ཡིན་ནོ། །རིའི་རྩེ་མོ་ཀླུས་འཕངས་པ་དག་ཀྱང་ནམ་མཁའ་ལ་གནས ་པ་ཉིད་དུ་འཇིག་པར་འགྱུར་བ་དེའི་ཕྱིར་འདི་སྐད་དུ་རིའི་རྩེ་མོ་དེ་ཡང་ནི་ཞིག་པར་ཞེས་བྱ་བ་གསུངས་སོ། །དཔེ་ནི་གངས་རིའི་རྩེ་མོ་མཐོན་པོ་ལ་སོགས་པ་སྨོས་པ་ཡིན་ནོ། །མེད་མི་ཚིག་ཅེས་བྱ་བ་ནི་གནས་པ་རྙེད་པ་འམ་འཇུག་པ་འབྱུང ་པར་མི་འགྱུར་རོ། །ལུང་པ་དགུའི་ནང་ཞེས་བྱ་བ་ནི་རྩ་བའི་ཡུལ་ལ་འཕགས་པ་དེས་སྐྱིལ་མོ་ཀྲུང་བཅས་པ་དང། ལོགས་གཉིས་ཀྱི་ལུང་པ་དགུའི་ནང་ནོན་པ་ཡིན་ཏེ། དགུ་ཕྲག་གཉིས་ལ་བཅོ་བརྒྱད་དུ་འགྱུར་བས་དགུ་པོ་སྤྱིལ་ལུང་པ་དགུའི་ནང་ཞེས ་བསྟན་པ་ཡིན་ཏེ། རོ་བོའི་ཡུལ་བརྒྱད་ཀྱི་སྒོ་ཁྱབ་པར་བྱས་ཞེས་བྱ་བའི་བར་དུའོ། །ལོ་སྟོང་གི་བར་དུ་ཞེས་བྱ་བ་ནི་གནས་བརྟན་གྱིས་ལོ་སྟོང་གི་བར་དུ་བསྟན་པ་ཉམས་པ་མེད་ཅིག་རལ་བར་གནས་པར་འགྱུར་རོ་ཞེས་མངོན་པར་དགྱེས་པས་བསྟན ་པ་ཡིན་ལ། ཀླུས་ཀྱང་ཇི་སྲིད་བསྟན་པ་གནས་པར་འགྱུར་བ་དེ་སྲིད་དུ་ཁས་བླངས་པ་དེའི་ཕྱིར་ཀླུ་དག་གིས་ཁས་བླངས་པ་ཡིན་ནོ། །རུང་བ་མ་ཡིན་པའི་ཞེས་བྱ་བ་ནི་དགེ་སློང་དང་ཚུལ་འདྲ་བ་མ་ཡིན་པ་དང། འདུལ་བ་དང་འགལ་པའོ། མདོ་སྡེའི ་མཚན་ཉིད་དང་འགལ་བ་ཉིད་ཀྱི་ཕྱིར་མདོ་སྡེ་དང་འགལ་བའོ། །དེ་དང་འདྲ་བར་འདུལ་བ་དང་འགལ་བའོ། །སྟོན་པའི་བསྟན་པ་ལ་ཡང་མེད་ཅེས་བྱ་བ་ནི་བཅོམ་ལྡན་འདས་ཀྱིས་གསུངས་པའི་སྤོང་བའི་རིམ་པ་དང་བྲལ་བའོ། །མདོ་སྡེ་ལ ་མི་འཇུག་ཅེས་བྱ་བ་ནི་མདོ་སྡེར་གསུངས་པའི་མཚན་ཉིད་དང་འདྲ་བ་མེད་པའོ། །འདུལ་བ་ལ་མི་སྣང་ཞེས་བྱ་བ་ནི་འདུལ་བ་དེ་དང་འགལ་བའི་མཚན་ཉིད་སྲིད་པའི་ཕྱིར་རོ། །ཆོས་ཉིད་དང་ཡང་འགལ་ཞེས་བྱ་བ་ནི་རྟེན་ཅིང་འབྲེལ་པར ་འབྱུང་བ་ཆོས་ཉིད་དམ་ཆོས་མངོན་པ་དང་འགལ་བའོ། །ཀུན་ཏུ་སྤྱོད་པ་ནི་སྦྱོར་བའི་གནས་སྐབས་ཡིན་ལ་ལྷག་པར་སྤྱོད་པ་ནི་དངོས་གཞིའི་གནས་སྐབས་ཡིན་ནོ། །ཇི་སྲིད་དུ་དགེ་སློང་དག་གིས་ཇི་ལྟར་ལས་སུ་བྱ་བ་དེ་ཕྱིན་ཅི་ལོག་ཏུ་བྱས་པའི ་ཕྱིར་ཆོས་མ་ཡིན་པའོ། །ཐམས་ཅད་མཚམས་སུ་མ་ལྷགས་ཤིང་མ་འདུས་པར་ལས་བྱས་པའི་ཕྱིར་ལས་ཉམས་པ་ཡིན་ནོ། །ལས་ཀྱི་རྩོམ་པ་རྫོགས་ནས་ཧུ་ལུ་ཧུ་ལུའི་སྒྲ་བརྗོད་པ་དེའི་ཕྱིར་ཧུ་ལུ་ཧུ་ལུའི་རུང་བ་ཡིན་ནོ། ཞེས་བསྟན་ཏེ ་སྒྲ་འདི་བརྗོད་པ་ན་བདག་ཉེས་པར་འགྱུར་བ་མ་ཡིན་ནོ་ཞེས་དགོངས་སོ། །ཡི་རང་བའི་རུང་བ་ཞེས་བྱ་བ་ལ་ཡི་རང་བ་ནི་ཀུན་ཏུ་སྤྱོད་པར་རབ་ཏུ་གྲགས་པ་ཡིན་ནོ། །ས་རྐོ་བ་དེ་ནི་རབ་ཏུ་གྲགས་པ་ཡིན་ཏེ། འདི་བྱས་ན་སྲོག་གཅོད་པར ་མི་འགྱུར་ཏེ། འབྱུང་པོའི་གྲོང་འཇིག་པར་འགྱུར་བ་ཡང་མེད་དོ་སྙམ་པའི་རུང་བ་འདིས་རྒོལ་བར་བྱེད་དོ། །དུས་སུ་རུང་བ་དག་ལྷན་ཅིག་བསྲེས་ནས་དུས་མ་ཡིན་པར་ལོངས་སྤྱོད་པ་ནི་ལན་ཚ་རུང་བའོ། །སྤུབས་ཁར་བཅུག་ནས་བཞིབས ་པའི་ཚུལ་གྱིས་ཆང་འཐུང་བ་ནི་ལྕེ་འུས་བཞིབས་ཏེ་ཆང་འཐུང་བའོ། །འབྲས་བུ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་ལ། ཚེ་བའི་འབྲས་བུ་ཆེར་འབྱིན་པའི་ཕྱིར་འབྲས་བུ་ཆེན་པོ་ཡིན་ལ། ནད་མེད་པའི་འབྲས་བུ་གྲུབ་པ་ཉིད་ཀྱི་ཕྱིར ་ཕན་ཡོན་ཆེ་བ་ཡིན་ཞིང། འདོད་པའི་དངོས་པོ་དང་ཕྲད་པའི་འབྲས་བུ་འབྱིན་པའི་ཕྱིར་གཟི་ཆེ་བ་ཡིན་ནོ། །ཕུན་སུམ་ཚོགས་པ་འབྱིན་པར་བྱེད་པའི་ཕྱིར་རྒྱ་ཆེན་པོར་གྱུར་པ་ཡིན། །རྣམ་པར་ཐར་པ་བརྒྱད་བསྒོམ་ཞིང་ཞེས་བྱ་བ ་ནི་རྣམ་པར་ཐར་པ་བརྒྱད་བསྒོམ་པའི་རང་བཞིན་ཅན་ཡིན་ཏེ། དགྲ་བཅོམ་པ་ཀུན་ནི་རྣམ་པར་ཐར་པ་བརྒྱད་པོ་ཐམས་ཅད་བསྒོམ་པའི་ངང་ཚུལ་ཅན་མ་ཡིན་པ་དེའི་ཕྱིར་དེ་སྐད་དུ་བསྟན་ཏོ། །ཐག་ཉེ་བར་བྱས་པ་ཡོངས་སུ ་སྤངས་པའི་ཕྱིར་བྱ་བ་ཉུང་བ་ལའོ། །མ་ཐོབ་པའི་བྱ་བའི་ཡོངས་སུ་བསྔགས་པའི་ཕྱིར་བྱ་བ་ཉུང་བ་ལ་གནས་པའོ། །རྒྱས་པར་སྨྲས་པ་ཞེས་བྱ་བ་ནི་ཇི་ལྟར་དེའི་རྙེད་པ་སྐྱེས་པར་གྱུར་པ་དེ་ལྟར་རོ། །བསླབ་པའི་ཡུལ་ལ་ལྷོད་པ ་སྟེ་འཇུག་པ་ལྷོད་པ་དེས་ལུས་ལ་སོགས་པའི་ཀུན་ཏུ་སྤྱོད་པ་འཕེལ་ཞིང་རྒྱས་པར་གྱུར་པ་གང་ཡིན་པ་དེ་ནི་བསླབ་པ་ལ་ལྷོད་པ་རབ་ཏུ་འཕེལ་བའི་ཀུན་ཏུ་སྤྱོད་པ་དེས་སོ། །རུང་བ་མ་ཡིན་པ་ཉིད་ཀྱི་ཕྱིར་དགེ་སྦྱོང་མ་ཡིན ་པའོ། །འཕགས་པའི་ལམ་དང་རྗེས་སུ་མཐུན་པ་མ་ཡིན་པ་ཉིད་ཀྱི་ཕྱིར་མི་མཐུན་པའོ། །རབ་ཏུ་བྱུང་པ་དང་རྗེས་སུ་མི་མཐུན་པ་ཉིད་ཀྱི་ཕྱིར་མི་མཛེས་པའོ། །མ་འོངས་པ་ཁོ་ན་ཞེས་བྱ་བ་ནི་སྔ་མ་ཐོབ་པར་ནུབ་པར་བྱས་པའོ། །གནས་པར་བྱ་བ་མ་ཡིན་པ ་ཞེས་བྱ་བ་ནི་དགེ་སློང་གི་བྱ་བ་ལ་སོགས་པའི་ལས་ལས་ཕྱི་རོལ་ཏུ་གྱུར་པའོ། །ཆད་པས་བཅད་པ་ཞེས་བྱ་བ་ནི་ཕྱོགས་བཙལ་བའི་སྒོ་ནས་རྩོད་པ་བྱེད་པའོ། །ཇི་ལྟར་རྩོད་པ་སྨྲ་བ་དག་ཅེས་བྱ་བ་ནི་ཚིག་གི་སྒོ་ནས་ཐག་ཉེ་བར་དམ་བཅའ་བ་འཇོག ་པ་དག་གོ་།བགས་ཀྱིས་ཞེས་བྱ་བ་ལ་སོགས་པ་ལ། བགས་ཀྱིས་བྱ་བ་ལུས་ལ་སོགས་པའི་ཉེས་པར་སྤྱད་པ་གང་ཡིན་པ་རིགས་པར་བྱེད་ཅིང་དེ་ལ་རྩོལ་བར་འགྱུར་རོ། །རིངས་པར་བྱ་བ་ལུས་ལ་སོགས་པའི་ལེགས་པར་སྤྱད་པ་བགས་ཀྱིས ་བྱེད་ཅིང་རྩོལ་བར་མི་བྱེད་དོ། །ཚུལ་བཞིན་བྱེད་པ་རྣམ་པར་སྤངས་ཞེས་བྱ་བ་ནི་འཕགས་པའི་ལམ་ཚིགས་དང་བཅས་པ་ཡོངས་སུ་སྤངས་ནས་སོ། །བྱིས་པས་སྡུག་བསྔལ་ལྷག་པར་རྙེད་ཅེས་བྱ་བ་ནི་བསམ་པ་ངན་པས་སེམས་ལ་ཉེས་པར་སྨྲ་བ་སྨྲ་ཞིང་ཉེས ་བྱས་ཀྱི་ལས་བྱེད་པས་ན། བྱིས་པ་ཞེས་བྱ་བའི་དབང་དུ་བྱས་ནས་ཐོས་པར་གྱུར་པའོ། །གྲགས་མིན་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །ལུས་ལ་སོགས་པའི་ལེགས་པར་སྤྱད་པ་འམ། ལམ་བསྒོམ་པའི་ལས་ལ་མྱུར་བ་དང། བྱ་བ་མ་ཡིན ་པའི་བསམ་པས་ལུས་མ་ཡིན་པ་ལ་འགོར་བ་དེ་ཉིད་བློ་དང་ལྡན་པའོ། །ཚུལ་བཞིན་མ་ཡིན་པ་འཁོར་བར་འཇུག་པའི་ལམ་དེ་རབ་ཏུ་སྤངས་པས་མྱ་ངན་ལས་འདས་པའི་བདེ་བ་རྙེད་པར་འགྱུར་རོ། །མིང་ཐ་དད་པར་གཟུང་བ་ནི་མིང་ནས ་ཕྱུང་བ་སྟེ། དགྲ་བཅོམ་པ་བདུན་བརྒྱའི་མིང་རེ་རེ་ནས་གཟུང་བ་ཞེས་བྱ་བའི་བར་དུའོ། །ཆེར་འཁྲུགས་པར་འགྱུར་ཞེས་བྱ་བ་ནི་མིང་མང་པ་སྨས?་པ་ལས་རྣམ་པར་འཁྲུགས་པར་འགྱུར་རོ། །འདུལ་བ་འཛིན་པ་ནི་གཞུང་དང་དོན་གྱི་སྒོ་ནས ་འདུལ་བ་འཛིན་པའོ། །མང་དུ་ཐོས་པ་ནི་བསྟན་བཅོས་གཞན་ལ་མཁས་པའོ། །གཞན་ཞིག་ནི་གཙོ་བོའི་སྒོ་ནས་ཁྱད་པར་དུ་འཕགས་པའོ། །དབང་པོ་དུལ་བ་ནི་མིག་ལ་སོགས་པའི་དབང་པོ་དུལ་བའོ། །ཉོན་མོངས ་པ་མ་ལུས་པར་སྤངས་པའི་ཕྱིར་ཐེ་ཚོམ་ཆོད་པའོ། །ཉེས་པར་བྱེད་པའི་རྒྱུ་ཉོན་མོངས་པ་མེད་པའི་ཕྱིར་འགྱོད་པ་བཅད་པའོ། །འདུན་ཁང་ནས་བྱུང་བྱ་བ་ནི་དགེ་འདུན་གྱི་ཚད་ཀྱི་དགེ་སློང་མཚམས་ཀྱི་ཕྱི་རོལ་ཏུ་བྱུང་ནས་ལས་དེ ་ལ་ཚེ་དང་ལྡན་པ་ཀུ་བ་ཆེ?་སོ་མ་ལ་རྣམ་པར་གསལ་བར་བསམ་པ་ཡིན་ཏེ། དགེ་སློང་མང་པོ་དག་ཕྱག་བྱེད་པར་གྱུར་པ་ན་དུས་རིང་པོ་འདས་པར་གྱུར་པ་དེའི་ཕྱིར་ཕྱི་རོལ་གྱི་མཚམས་སུ་དགེ་སློང་དག་འགྲོ་བ་ཡིན་ནོ། །ཡངས ་པ་ཅན་པས་ཀུན་ཏུ་བརྟགས་པའི་བཞི་བཅུ་བཀག་ནས་འདུལ་བའི་སྡེ་སྣོད་དང་མདོ་སྡེ་དང། ཆོས་མངོན་པའི་སྡེ་སྣོད་ཡང་བསྡུས་པ་དེ་བས་ན་དགྲ་བཅོམ་པ་འདུན་བརྒྱས་ཡང་དག་པར་བསྡུས་པ་ཞེས་བྱ་བའི་མིང ་དུ་བཏགས་པ་ཡིན་ཏེ། དགྲ་བཅོམ་པ་བདུན་པ་རྒྱས་བསྡུས་པ་ཉིད་ཀྱི་ཕྱིར་རོ། །སློབ་དཔོན་ཚུལ་ཁྲིམས་བསྐྱངས་ཀྱིས་སྦྱར་བ་ཕྲན་ཚེགས་ཀྱི་ཚིག་གི་རྣམ་པར་བཤད་པ་ལས་སྒོ་བརྒྱད་པའོ།། །།དེ་ཉིད་རྣམ་པར་འབྱེད་པར ་ནུས་པའི་བློ་ལྡན་མཁས་པ་བསྟན་སྣ་ཚོགས་དོན་འབྲེལ་བའི། །ཁ་ན་མ་ཐོ་མེད་པའི་བཤད་པ་བྱེད་པར་མཁོ་བའི་ནུས་པ་གང་དེ་དག་།དགེ་སློང་ཚོགས་ནི་བསྟན་བཅོས་མཉན་ཕྱིར་མངོན་པར་སྦྱོར་བ་དང ་བྲལ་ཕྱིན་ཅི་ལོག་པ་ལ། མངོན་པར་སྦྱོར་ལ་དགའ་བར་ཤེས་ནས་དེ་ཉིད་བརྗོད་པར་གྱུར་ལ་ད་ལྟ་གུས་མ་སྐྱེས། །དེ་ཕྱིར་བདག་ནི་དེ་ཉིད་ཁ་ན་མ་ཐོ་མེད་པ་བརྗོད་ལ་གོམས་ཆུང་ནུས་མེད་ཀྱང། །རྒྱལ་བའི ་ཐུགས་ལ་བལྟོས་ནས་མཉམ་པ་མ་ཡིན་ཁ་བཟོ་བྱེད་བར་ཡང་དག་བརྩོན་གྱུར་ཏེ། །ཤིན་ཏུ་བློ་དམན་བདག་གིས་འདིར་ནི་དོན་གང་གོ་རིམ་བཞིན་དུ་ཡང་དག་སྦྱར་བ་མིན། །གང་ཞིག་ཕལ་མཛེས་པ་ཡི་སྒྲ་ཡིས་སྟོང་པར་གྱུར་པ་ང་ཡི་རྒྱུན་ནི་བཀོད་པ ་ཡིན། །ངན་བ་དམན་པ་ཅན་དང་བསྟན་བཅོས་ཡུལ་གྱི་བྱ་བ་དག་གིས་སྟོང་པར་གྱུར་པ་དང། །སྒྲ་དང་ལུང་ལ་ལུས་པ་མེད་པའི་བདག་གི་ཚུལ་མིན་འདི་ལ་བླ་མས་བཟོད་པ་མཛོད། །འདིར་ནི་ལེགས་པའི་དོན་ཅན་དག་གང་མཛེས་པར་གྱུར་དང ་མཛེས་པའི་སྒྲ་ལྡན་གང་དེ་དག་།ཀུན་ཀྱང་བླ་མའི་ནུས་པ་ཡིན་ཕྱིར་ངན་པ་གང་ཡིན་དེ་ནི་བདག་བློ་རྨོངས་པའི་ཡིན། །བསྟན་བཅོས་ཀུན་དོན་ལ་མཁས་པའི། །བླ་མ་ཆོས་མཆོག་ལས་ཐོས་ནས། །ཕྲ་མོ་ཡི་ནི་འགྲེལ་པ་འདི། །ཚུལ་ཁྲིམས ་བསྐྱབས་ཀྱིས་བྱས་པ་ཡིན། །དེ་ལྟར་རྫོགས་སངས་རྒྱས་གསུངས་པ། །ཕྲ་མོའི་དོན་འདི་རབ་བཤད་ལས། །བསོད་ནམས་བྱུང་བ་གང་ཡིན་དེས། །འགྲོ་བས་ཚུལ་ཁྲིམས་བསྐྱངས་ཐོབ་ཤོག་།བདག་ནི་འདི་ནས་འཕོས་པར་གྱུར་ནས་འདིས ་བྱམས་པའི་ཞབས་དྲུང་ཉིད་དུ་སྐྱེ་གྱུར་ཅིག་།དེ་ཉིད་དུ་ནི་མི་ལུས་ཐོབ་གྱུར་ཕྱིས། །བྱང་ཆུབ་མཆོག་དེར་ལུང་བསྟན་བདག་གོམས་ཤོག་།སྦྱིན་སོགས་ཕ་རོལ་ཕྱིན་དྲུག་རྫོགས་བྱས་ནས། །རྡོ་རྗེའི་གདན་ཐོབ་བདུད་ལས་རྒྱལ་གྱུར་ཅིག་།འགྲོ ་བའི་མཆོག་གྱུར་སངས་རྒྱས་ཉིད་ཐོབ་ནས། །བདག་གིས་འཇིག་རྟེན་ཕན་བྱ་དོན་བྱེད་ཤོག་།ལུང་ཕྲན་ཚེགས་ཀྱི་རྣམ་པར་བཤད་པ། སློབ་དཔོན་ཚུལ་ཁྲིམས་བསྐྱངས་ཀྱིས་མཛད་པ། རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཤྲཱི་བུད་དྷ་ཤཱནྟི ་དང། ལོ་ཙཱ་བ་དགེ་སློང་དགེ་བའི་བློ་གྲོས་ཀྱིས་བསྒྱུར་བའོ།། (།།འདུལ་བ་ལུང་བླ་མའི་བྱེ་བྲག་ལུང་ཞུ་བའི་འགྲེལ་པ་དགེ་བའི་བཤེས་གཉེན་བཞུགས།)་།གལ་ཏེ་འོ་ན་ཇི་ལྟར་བསྙེན་པར་རྫོགས་པའི་གནས་སྐབས་ན་སྦྱོར་བར་བྱས་པ་ཙམ་གྱི་དབང་གིས ་