| Wylie | e-texts based on the ACIP/ALL Input |
དུ་བྲིས་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཛཱ་རན་དྷ་ར་དང། ཞུ་ཆེན་གྱི་ལོ་ཙ་བ་དགེ་སློང་རིན་ཆེན་བཟང་པོས་བསྒྱུར་ཅིང་ཞུས་ཏེ། གཏན་ལ་ཕབ་པའོ།། །།སོ་སོར་ཐར་པའི་ཚིག་གི་བརྗེད་བྱད་དཱ་ན་ཤཱི་ལས་མཛད་པ་ཞུགས ་སོ།། རྒྱ་གར་སྐད་དུ། པྲ་ཏི་མོཀྵཱ་བྷི་སྨ་ན་པ་དཾ། བོད་སྐད་དུ། སོ་སོར་ཐར་པའི་ཚིག་གི་བརྗེད་བྱད། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །བླ་མ་བདག་གཞན་བློ་ལྡན་གང། །བསྟན་བཅོས་སྟོན་པར་མཛད་གྱུར་པ། །དེ་ལ་ཕྱག་འཚལ་བསྟན་བཅོས་དེའི།། ་ཚིག་གི་བརྗེད་བྱར་བརྗོད་པར་བྱ། །འཕགས་པ་གཞི་ཐམས་ཅད་ཡོད་པར་སྨྲ་བའི་འདུལ་བའི་སྡེ་སྣོད་འདི་ནི་སངས་རྒྱས་བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་པའི་འོག་ཏུ་འཕགས་པ་འོད་སྲུངས་ཆེན་པོ་ལ་སོགས་པ་དགྲ་བཅོམ་པ་ལྔ་བརྒྱ་འདུས་ནས ་ཚངས་པར་སྤྱོད་པ་ཡུན་རིང་དུ་གནས་པར་བྱ་བའི་ཕྱིར་དང། སྐྱེ་བོ་མང་པོ་ལ་ཕན་གདགས་པའི་ཕྱིར་འདུལ་བ་འཛིན་པའི་མཆོག་འཕགས་པ་ཉེ་བར་འཁོར་ལ་ཡང་དག་པར་བསྡུ་བར་གསོལ་ནས་འཕགས་པ་ཉེ་བར་འཁོར་གྱིས་ཡང་དག་པར་བསྡུས་སོ།། ་གཞི་ཐམས་ཅད་ཡོད་པར་སྨྲ་བའི་འདུལ་བའི་སྡེ་སྣོད་ནི་དུམ་བུ་བཞི་སྟེ། འདུལ་བ་རྣམ་པར་འབྱེད་པ་དང། འདུལ་བ་གཞི་དང། འདུལ་བ་གཞུང་ཕྱི་མ་དང། འདུལ་བ་ཕྲན་ཚེགས་སོ། །དེ་དག་གི་གནས་པའི་སྙིང་དང་སྙིང་པོ་ནི་སོ་སོར་ཐར་པའི་མདོ་འདི་ཡིན་ནོ།། ་དེ་དག་ཡང་དག་པར་སྡུད་པ་ཡང་མ་འོངས་པའི་སྐྱེ་བོ་ལུང་དང་རྟོགས་པའི་བདག་ཉིད་མེད་པ་དག་ཡན་ལག་ལ་སྒྲ་འདོགས་པ་དང་སྐུར་པ་འདེབས་པའི་མཛའ་སྤང་བར་བྱ་བ་དང། ཉན་པ་པོ་བརྗོད་པ་ཉུང་དུས་དོན་གྱི་སྤྱི་རྟོགས་པར་འདོད་པ་དག་ལ་ཕན ་གདགས་པའི་ཕྱིར་སྡོམ་རྣམ་པ་གསུམ་དུ་བསྡུས་ཏེ། སྤྱིའི་སྡོམ་དང། དངོས་ཀྱི་སྡོམ་དང། བར་སྡོམ་མོ། །དེ་ལ་སྤྱིའི་སྡོམ་ནི་སྤྱིའི་དོན་ཚིགས་སུ་བཅད་པས་བསྡུས་པའོ། །དངོས་ཀྱི་སྡོམ་ནི་དངོས་ཀྱི་དོན་ཚིགས་སུ་བཅད་པས་བསྡུས་པའོ། །བར་སྡོམ་ནི་ཡན་ལག་གི་དོན་ཚིགས་སུ་བཅད ་པས་བསྡུས་པ་སྟེ། དེ་དག་ཀྱང་ལུང་གི་སྐབས་དང་སྦྱར་ཏེ་ཅི་རིགས་པར་གཟུང་བར་བྱའོ། །དེ་ལ་སོ་སོར་ཐར་པའི་མདོ་ཞེས་བྱ་བ་ནི། དོན་ལས་བསྟན་བཅོས་ཀྱི་མིང་དུ་བཏགས་པ་སྟེ། སོ་སོར་ཐར་པ་ཞེས་བྱ་བ་ནི་རང་པོར་ཐར་པ་སྟེ། དང་པོ་སྡོམ་པ་ཡང་དག་པར་ལེན་པའི ་ཚེ་ན་གསུམ་ལ་སྐྱབས་སུ་འགྲོ་བའི་ཚིག་བཟླས་ནས་སྡོམ་པ་ཡང་དག་པར་བླང་བའི་ཚིག་བརྗོད་པ་གསུམ་པའི་ཆ་ཐ་མ་ལ་སྡོམ་པ་ཐོབ་པའི་གནས་སྐབས་ཡིན་པས་དང་པོ་ཞེས་བྱའོ། །ཐར་པ་ཞེས་བྱ་བ་ནི་བྲོལ་བ་སྟེ། དེ་ལྟར་སྡོམ་པ་དང་པོ་ཐོབ་པ་དེ་ཉིད་ཀྱི་ཚེ་ན་སྡོམ་པ་མ ་ཡིན་པའི་མཚན་ཉིད་ལས་གྲོལ་བ་སྟེ། སྡོམ་པའི་མཚན་ཉིད་ཀྱིས་བསྡུས་པའི་རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་ཐོབ་པའོ། །དེ་ལྟར་དང་པོ་ཐར་པའི་དོན་དེ་ལས་བསྟན་བཅོས་འདི་འབྱུང་བ་འམ། དོན་འདི་བསྟན་བཅོས་འདིར་བསྡུས་པས། བསྟན་བཅོས་འདིའི ་མིང་ཡང་དང་པོར་ཐར་པ་ཞེས་བྱ་བར་སྦྱར་རོ། །རྣམ་གྲངས་གཞན་དུ་སོ་སོར་ཐར་པ་ཞེས་བྱ་བར་བསྟན་ཏེ། སོ་སོར་ཞེས་བྱ་བ་ནི་རྒྱུད་ཐ་དད་པའོ། །ཐར་པ་ཞེས་བྱ་བ་ནི་རྣམ་པར་གྲོལ་བ་སྟེ་གང་ཟག་རྒྱུད་ཐ་དད་པ་གང་ཞིག་གིས་སྡོམ་པ་ཡང་དག་པར་བླངས་ཏེ། བསླབ ་པའི་གཞི་རྗེས་སུ་བསྒྲུབ་པར་བྱད་པ་དེ་ཉིད་ངན་འགྲོ་དང་འཁོར་བ་ལས་རྣམ་པར་གྲོལ་བར་འགྱུར་གྱི། གཞན་གྱིས་སྡོམ་པ་ཡང་དག་པར་བླངས་ཏེ་སློབ་པའི་གཞི་རྗེས་སུ་བསྒྲུབ་པས་གཞན་རྣམ་པར་གྲོལ་བར་མི་འགྱུར་བས་སོ་སོར་ཐར་པ་ཞེས་བྱའོ། །དེ་ལྟར ་སོ་སོར་ཐར་པའི་དོན་དེ་ལས་བསྟན་བཅོས་འདི་འབྱུང་བ་འམ། དོན་དེ་བསྟན་བཅོས་འདིར་བསྡུས་པས་བསྟན་བཅོས་འདིའི་མིང་ཡང་སོ་སོར་ཐར་པ་ཞེས་བྱའོ། །ཡང་རྣམ་གྲངས་གཞན་དུ་ཐར་པའི་ཐབས་ཞེས་བྱ་བར་བསྟན་ཏེ། སོ་སོར་ཞེས ་བྱ་བས་ནི་ཕྱིར་ཞེས་བྱ་བ་སྟེ། ཐབས་ཀྱི་དོན་ཏོ། །ཐར་པ་ཞེས་བྱ་བ་ནི་ངེས་པར་འབྱུང་བ་སྟེ། མྱ་ངན་ལས་འདས་པའོ། །དེས་ན་སོ་སོར་ཐར་པའི་མདོ་འདི་ནི་ངེས་པར་འབྱུང་བའི་ཐབས་ཀྱི་ཕྱིར་གསུངས་པ་སྟེ། ལྷག་པའི་ཚུལ་ཁྲིམས་ལ ་བརྟེན་ནས་ལྷག་པའི་སེམས་སྐྱེ་ལ། ལྷག་པའི་སེམས་ལ་བརྟེན་ནས་ལྷག་པའི་ཤེས་རབ་བསྐྱེད་པའི་རིམ་གྱིས་ངེས་པར་འབྱུང་བ་ཐོབ་པའི་ཐབས་སུ་གྱུར་པའི་ཕྱིར་སོ་སོར་ཐར་པའི་མདོ་འདི་ནི་ངེས་པར་འབྱུང་བའི་ཚུལ་ཁྲིམས་ཡིན་པས་ཐར་པའི ་ཐབས་ཞེས་བྱའོ། །དེ་ལྟར་ཐར་པའི་དོན་དེ་ལས་བསྟན་བཅོས་འདི་འབྱུང་བ་འམ་དོན་དེ་བསྟན་བཅོས་འདིར་བསྡུས་པས། བསྟན་བཅོས་འདིའི་མིང་ཐར་པའི་ཐབས་ཞེས་བྱའོ། །མདོ་ཞེས་བྱ་བ་ནི་མདོའི་དོན་མདོ་ཙམ་ཞིག་སྟོན་པས་ཞེས་བྱ་སྟེ། དེ་ལྟར་བསྟན ་བཅོས་འདི་ནི་དང་པོར་ཐར་པའི་མདོ་ཞེས་བྱ་བ་དང། སོ་སོར་ཐར་པའི་མདོ་ཞེས་བྱ་བ་དང་ཐར་པའི་ཐབས་ཀྱི་མདོ་ཞེས་བྱ་བ་དག་ཏུ་སྟོན་ཏོ། །དེ་ལ་སོ་སོར་ཐར་པ་འདིའི་བསྡུས་པའི་དོན་ནི་མཚན་ཉིད་རྣམ་པ་ལྔས་བསྟན་ཏེ། མཆོད་པ་དང་གླེང་བསླང་བ ་དང། ཡང་དག་པར་བརྩམས་པ་དང། གཞུང་རྒྱས་པ་དང། བསྡུ་བའི་མཚན་ཉིད་ཀྱིས་སོ། །དེ་ལ་མཆོད་པའི་མཚན་ཉིད་ནི། སྙན་པའི་བ་དན་འཇིག་རྟེན་གསུམ་དུ་གྲགས་ཞེས་བྱ་བ་ལ་སོགས་ཚིགས་སུ་བཅད་པ་གཉིས་ཀྱིས་བསྟན་ཏོ། །གླེང་བསླང་བའི་མཚན ་ཉིད་ནི་སངས་རྒྱས་འདུལ་བ་གང་ཆེན་མཚོ་ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་བཅུ་གཅིག་གིས་བསྟན་ཏོ། །ཡང་དག་པར་བསྟན་པའི་མཚན་ཉིད་ནི། བསྐལ་པ་བྱེ་བ་རྣམས་སུ་ཡང་ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་དྲུག་གིས་བསྟན་ཏོ། །གཞུང ་རྒྱས་པའི་མཚན་ཉིད་ནི་ཚེ་དང་ལྡན་པ་དག་སོ་ག་རྣམས་ཀྱི་འདས་པ་དང། ལྷག་མ་ཅི་ཙམ་པ་དེ་ཙམ་མོ་ཞེས་བྱ་བ་ནས་དྲན་པ་དང་བག་ཡོད་པས་རྣལ་འབྱོར་དུ་བྱའོ་ཞེས་བྱ་བའི་བར་གྱི་གཞུང་ཐམས་ཅད་ཀྱིས་བསྟན་ཏོ། །བསྡུ་བའི་མཚན་ཉིད་ནི། བཟོད་པ་དཀའ་ ་ཐུབ་དམ་པ་བཟོད་པ་ཞེས་བྱ་བ་ལ་སོགས་པའི་གཞུང་ལྷག་མ་ཐམས་ཅད་ཀྱིས་བསྟན་ཏོ། །དེ་ལ་རེ་ཞིག་མཆོད་པའི་མཚན་ཉིད་བཤད་པར་བྱ་སྟེ། མཆོད་པའི་མཚན་ཉིད་ཅེས་བྱ་བ་ནི་སོ་སོར་ཐར་པའི་མདོ་ཡང་དག་པར་བརྩམས་པ་གླེང་བསླང་བའི་དང་པོར་སྟོན་པ་སངས་རྒྱས ་བཅོམ་ལྡན་འདས་ལ་བསྟོད་པ་དང་ཕྱག་འཚལ་བའི་སྒོ་ནས་མཆོད་པ་བྱའོ། །དེ་ཡང་དམ་པ་རྣམས་ནི་ཡང་དག་པར་རྩོམ་པ་ཐམས་ཅད་ལ་རང་གི་སྟོན་པ་ལ་བསྟོད་པ་དང་ཕྱག་འཚལ་བའི་སྒོ་ནས་མཆོད་པ་སྔར་བྱེད་པས་དེའི་ཕྱིར་ཡང་དག་པར་སྡུད་པར་བྱེད་པས ་སོ་སོར་ཐར་པའི་མདོ་ཡང་དག་པར་སྡུད་པར་འདོད་པས་ཀྱང་འགྲོ་བ་མཛའ་དག་གི་གཙོ་བོ་སངས་རྒྱས་བཅོམ་ལྡན་འདས་ལ་བསྟོད་པ་དང་ཕྱག་འཚལ་བའི་སྒོ་ནས་མཆོད་པ་བྱ་བའི་ཕྱིར་དང་པོར། སྙན་པའི་བ་དན་འཇིག་རྟེན་གསུམ་དུ་གྲགས་ཞེས་བྱ་བ་ལ་སོགས ་པ་ཚིགས་སུ་བཅད་པ་གཉིས་གསུངས་སོ། །དེ་ལ་རེ་ཞིག་དང་པོ་ཁོ་ནར་ཚིགས་སུ་བཅད་པ་འདིའི་བརྗོད་པར་བྱ་བ་དང། དགོས་པ་དང། འབྲེལ་བ་དང། དགོས་པའི་ཡང་དགོས་པ་བརྗོད་པར་བྱ་སྟེ། གཞན་ཡང་བརྗོད་པར་བྱ་བ་ལ་སོགས་པ་དང་བྲལ་བའི་ཚིགས་སུ་བཅད་པ ་གཉིས་པོ་འདི་སོ་སོར་ཐར་པ་འདོན་པའི་དང་པོར་སྨྲོས་པ་དང་ལྡན་པ་མ་ཡིན་པ་ཁོ་ནར་འགྱུར་རོ། །གང་གི་ཕྱིར་རྟོག་པ་དང་ལྡན་པ་དག་བརྗོད་པར་བྱ་བ་ལ་སོགས་པ་དང་བྲལ་བ་ཁས་ལེན་པར་མི་བྱེད་པ་དེའི་ཕྱིར་ཉན་པའི་སྐྱེ་བོ་སྤྲོ་བར་བྱ་བའི་དོན་དུ་བརྗོད་པར་བྱ་བ ་ལ་སོགས་པ་ངེས་པར་བརྗོད་པར་བྱའོ། །དེ་ལ་བརྗོད་པར་བྱ་བ་ནི་ཚིགས་སུ་བཅད་པ་གཉིས་སོ། །འདི་ལས་ཚིགས་སུ་བཅད་པ་ཕྱེད་དང་གཉིས་ཀྱི་བཅོམ་ལྡན་འདས་ཀྱི་ཡོན་ཏན་གཞན་གྱི་དོན་ཕུན་སུམ་ཚོགས་པ་དང། བདག་གི་དོན་ཕུན་སུམ་ཚོགས་པ་མཆོག་བརྗོད་པའོ།། ་དགོས་པ་ནི་དེར་བསྟན་ཏེ། དེ་ཡང་ཚིགས་སུ་བཅད་པ་འདི་ཕྱེད་དང་གཉིས་ཀྱིས་སྒྲུབ་པར་བྱེད་པས་ཚིགས་སུ་བཅད་པའི་ཐབས་འདིས་བརྗོད་པར་བྱ་བ་ཐབས་ལས་བྱུང་བ་བསྟན་པ་ནི་དགོས་པ་ཡིན་ནོ། །འབྲེལ་བ་ནི་ཚིགས་སུ་བཅད་པ་ཕྱེད་དང་གཉིས་པོའི་ཐབས་དང་དགོས་པ་ཐབས ་ལས་བྱུང་བའི་མཚན་ཉིད་གཉིས་འབྲེལ་པའོ། །དགོས་པའི་དགོས་པ་ནི་བསྟོད་པ་འདི་བརྩམས་ན་བསྟན་བཅོས་ཡོངས་སུ་རྫོགས་པར་བྱ་བ་ལ་བགེགས་དང་ལོག་འདྲེན་ལྡོག་པ་འམ། དམ་པ་རྣམས་ཀྱི་ཆོ་གའི་རྗེས་སུ་འཇུག་པའོ། །ཚིགས་སུ ་བཅད་པ་འོག་ནས་ཕྱེད་ཀྱིས་ནི་སོ་སོར་ཐར་པ་བརྩམ་པར་དམ་བཅའ་བར་སྟོན་ཏེ། དེ་ཡང་རྟོག་པ་སྔོན་དུ་གཏོང་བ་དག་གི་འཇུག་པའི་ཡན་ལག་ཡིན་ནོ། །དེ་ལ་ཚིགས་སུ་བཅད་པ་ཕྱེད་དང་གཉིས་པོ་འདིའི་བསྡུས་པའི་དོན་ནི་རྣམ་པ་གཉིས་ཏེ། སྟོན་པ་ལ་བསྟོད་པའི་སྒོ ་ནས་མཆེད་པ་དང། ཕྱག་འཚལ་བའི་སྒོ་ནས་མཆོད་པའོ། །དེ་ལ་བསྟོད་པའི་སྒོ་ནས་མཆོད་པ་ལ་ཡང་གཉིས་ཏེ། འགྲོ་བའི་གཙོ་བོ་ཡང་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཡོན་ཏན་གཞན་གྱི་དོན་ཕུན་སུམ་ཚོགས་པ་དང། བདག་གི་དོན་ཕུན་སུམ་ཚོགས་པའི་སྒོ་ནས་སོ།། ་དེ་ལ་གཞན་གྱི་དོན་ཕུན་སུམ་ཚོགས་པ་ནི་ཚིགས་སུ་བཅད་པ་དང་པོ་གཅིག་གིས་བསྟན་ཏོ། །དེས་ཀྱང་འགྲེ་བའི་གཙོ་བོ་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཡོན་ཏན་གཞན་གྱི་དོན་ཕུན་སུམ་ཚོགས་པའི་ཐབས་སུ་གྱུར་པའི་ཕུན་སུམ་ཚོགས་པ་རྣམ་པ་ལྔས་བསྟན་ཏེ། རྒྱུ་ཕུན ་སུམ་ཚོགས་པ་དང། ཕན་འདོགས་པ་ཕུན་སུམ་ཚོགས་པ་དང། ཤེས་རབ་ཕུན་སུམ་ཚོགས་པ་དང། ཐུགས་རྗེ་ཕུན་སུམ་ཚོགས་པ་དང། འབྲས་བུའི་ཁྱད་པར་ཕུན་སུམ་ཚོགས་པའོ། །སྙན་པའི་བ་དན་འཇིག་རྟེན་གསུམ་དུ་གྲགས་ཞེས་བྱ་བས་ནི་རྒྱུ་ཕུན་སུམ ་ཚོགས་པ་བསྟན་ཏོ། །དམ་པའི་ཆོས་སྒྲ་སེང་གེའི་སྒྲ་བསྒྲགས་པ་ཞེས་བྱ་བ་ནི་ཕན་འདོགས་པ་ཕུན་སུམ་ཚོགས་པ་བསྟན་ཏོ། །ཐམས་ཅད་མཁྱེན་པ་ཞེས་བྱ་བས་ནི་ཤེས་རབ་ཕུན་སུམ་ཚོགས་པ་བསྟན་ཏོ། །དཀོན་མཆོག་མཛད་བརྙེས་པ་ཞེས་བྱ་བས་ནི་ཐུགས་རྗེ ་ཕུན་སུམ་ཚོགས་པ་བསྟན་ཏོ། །ཞབས་ལ་ཚངས་དབང་གཙུག་གི་ནོར་བུས་གཏུགས་ཞེས་བྱ་བས་ནི་འབྲས་བུའི་ཁྱད་པར་ཕུན་སུམ་ཚོགས་པ་བསྟན་ཏོ། །བདག་གི་དོན་ཕུན་སུམ་ཚོགས་པ་ནི་ཚིགས་སུ་བཅད་པ་འོག་མ་བྱེད་པོས་བསྟན་ཏོ། །དེས་ཀྱང་འགྲོ་བའི་གཙོ་བོ ་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཡོན་ཏན་བདག་གི་དོན་ཕུན་སུམ་ཚོགས་པའི་ཆེ་བ་ཉིད་ཀྱི་ཁྱད་པར་ཕུན་སུམ་ཚོགས་པ་རྣམ་པ་གཉིས་བསྟན་ཏེ། སྤངས་པ་ཕུན་སུམ་ཚོགས་པ་དང། ཡེ་ཤེས་ཕུན་སུམ་ཚོགས་པའོ། །དེ་ལ་སྡུག་བསྔལ་རྒྱ་མཚོ་གཏིང་མཛའ་མེད ་བརྒལ་པ་ཞེས་བྱ་བས་ནི་སྤངས་པ་ཕུན་སུམ་ཚོགས་པ་བསྟན་ཏོ། །འགྲོ་བའི་གཙོ་ལ་ཞེས་བྱ་བས་ནི་ཤེས་རབ་ཕུན་སུམ་ཚོགས་པ་བསྟན་ཏོ། །དེ་ལྟར་འགྲོ་བའི་གཙོ་བོ་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཡོན་ཏན་གཞན་གྱི་དོན་ཕུན་སུམ་ཚོགས་པ་དང། བདག་གི་དོན་ཕུན་སུམ ་ཚོགས་པ་སྨོས་པ་དེས་ནི་སྟོན་པ་ལ་བསྟོད་པའི་སྒོ་ནས་མཆོད་པ་བསྟན་ཏོ། །ཕྱག་འཚལ་བའི་སྒོ་ནས་མཆོད་པ་ནི་ལུས་དང་ངག་དང་ཡིད་ཀྱི་སྒོ་ནས་ཕྱག་འཚལ་བ་བསྟན་ཏེ། དེ་ནི་སྤྱི་བོས་ཕྱག་འཚལ་ཏེ་ཞེས་པས་བསྟན་ཏོ་དེ་ལྟར་ཕྱག་འཚལ་ཏེ། ཅི་ཞིག་བྱ་ཞེན ་སོ་སོར་ཐར་པ་བརྩམ་པར་དམ་འཆའ་བ་བསྟན་ཏེ། དེ་ནི་ཚིགས་སུ་བཅད་པ་འོག་མའི་ཕྱེད་ཀྱིས་བསྟན་ཏོ། །དེས་ཀྱང་གང་གིས་བསྟན་པ་དང། ཅི་ཞིག་བསྟན་པ་དང། སུ་ལ་བསྟན་པས་སོ་སོར་ཐར་པའི་ཆེ་བའི་ཆེ་བ་ཉིད་བརྗོད་ནས། གང་གིས་ཅི་ཞིག་བསྟན་པ་དེ་ཉིད་སུ་ལ ་བསྟན་པའི་ཚོགས་ཀྱི་དབུས་སུ་དབྱེ་བར་བྱའོ་ཞེས་པས་བསྟན་ཏོ། །དེ་ལ་གང་གིས་བསྟན་ཞེ་ན། སྟོན་པ་སྟེ་དེ་ནི། ཐམས་ཅད་མཁྱེན་པ་ཞེས་བྱ་བས་བསྟན་ཏོ། །ཅི་ཞིག་བསྟན་ཞེ་ན། སོ་སོར་ཐར་པ་སྟེ་དེ་ནི་བསླབ་གཞི་དཀོན་མཆོག་སྣོད་ཅེས་བྱ་བས་བསྟན་ཏོ། །སུ་ལ་བསྟན་ཅེ་ན། ་ཉན་ཐོས་ཀྱི་དགེ་འདུན་ལ་སྟེ་དེ་ནི། འཕགས་པའི་ཚོགས་ཞེས་བྱ་བས་བསྟན་ཏོ། །གང་གིས་ཅི་ཞིག་བསྟན་པ་དེ་ཉིད་སུ་ལ་བསྟན་པའི་ཚོགས་ཀྱི་དབུས་སུ་དབྱེ་བར་བྱ་བ་ནི་སྟོན་པས་སོ་སོར་ཐར་པ་བསྟན་པ་དེ་ཉིད་ཉན་ཐོས་ཀྱི་དགེ་འདུན་གྱི་དབུས་སུ་དབྱེ་བར་བྱ་ཞེས ་པས་བསྟན་ཏེ། དེ་ནི་རེ་ཤིག་སྤྱིའི་དོན་ཡིན་ནོ། །ད་ནི་ཡན་ལག་གི་དོན་བརྗོད་པར་བྱ་སྟེ། དེ་ལ་འགྲོ་བའི་གཙོ་བོ་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཡོན་ཏན་གཞན་གྱི་དོན་ཕུན་སུམ་ཚོགས་པའི་ཐབས་སུ་གྱུར་པ་རྒྱུ་ཕུན་སུམ་ཚོགས་པའི་དབང་དུ་མཛད་ནས། སྙན་པའི ་བ་དན་འཇིག་རྟེན་གསུམ་དུ་གྲགས་ཞེས་བྱ་བ་གསུངས་ཏེ། སྙན་པའི་ཞེས་བྱ་བ་ནི་དེ་བཞིན་གཤེགས་པས་བསྐལ་པ་གྲངས་མེད་པ་ནས་བསོད་ནམས་དང། ཡེ་ཤེས་ཀྱི་ཚོགས་དཔག་ཏུ་མེད་པ་བསགས་པའི་རྒྱུ་ཕུན་སུམ་ཚོགས་པ་ལས ་བྱུང་བའི་འབྲས་བུ་སྤངས་པ་དང་ཡེ་ཤེས་བླ་ན་མེད་པས་བསྡུས་པའི་ཡོན་ཏན་དཔག་ཏུ་མེད་པའོ། །བ་དན་ཞེས་བྱ་བ་ནི་སྙན་པ་དེ་ཉིད་བ་དན་དང་འདྲ་བས་ན་བ་དན་ཞེས་བྱ་སྟེ། ཡོན་ཏན་མངོན་པར་འཕགས་པས་ཀུན་ལ་གསལ་བ་དེ་ལ་དམིགས་ན་མངོན་པར་མཐོ ་བ་དང་ངེས་པར་ལེགས་པའི་ལམ་མི་ནོར་བའི་ཕྱིར་རོ། །འཇིག་རྟེན་གསུམ་དུ་ཞེས་བྱ་བ་ནི་འཇིག་ཚོགས་ཀྱི་ཕུང་པོ་འཇིག་པ་ཙམ་ལ་བརྟེན་པས་བསྡུས་པའི་ཁམས་གསུམ་པོ་འདོད་པ་དང། གཟུགས་དང་གཟུགས་མེད་པ་དག་གོ་།གྲགས་པ་ཞེས་བྱ་བ་ནི་དེ་དག་ཏུ ་སྙན་པའི་སྒྲས་ཁྱབ་པ་སྟེ། བཅོམ་ལྡན་འདས་དང་པོ་མངོན་པར་རྫོགས་པར་སངས་རྒྱས་པའི་ཚེ་དང་པོར་ས་ལ་གྲགས་དེ་ནས་བར་སྣང་ལ་གྲགས་དེ་ནས་རྒྱལ་ཆེན་བཞིའི་རིས་ལ་གྲགས་སོ་ཞེས་བྱ་བ་ནས་འོག་མིན་གྱི་བར་དུ་གྲགས་སོ་ཞེས་བྱ་བ་ལ་སོགས་པའི་རིམ ་གྱིས་སོ། །གཟུགས་མེད་པར་ན། ཇི་ལྟར་གྲགས་ཤེ་ན། གཟུགས་ཅན་གྱི་ཁམས་ན་གནས་པའི་ཚེ་གྲགས་པའི་བག་ཆགས་རྒྱུད་ལ་ཡོད་པས་རྒྱུ་ལ་འབྲས་བུར་བཏགས་ཏེ་གྲགས་པར་བརྗོད་དོ། །དེས་སྦྱིན་པ་ལ་སོགས་པའི་རྒྱུ་ཕུན་སུམ་ཚོགས་པ་ལས་བྱུང་བའི་ཡོན ་ཏན་གཞན་དག་ལ་སྟོན་པར་མཛད་པའི་སྒོ་ནས་གཞན་གྱི་དོན་ཕུན་སུམ་ཚོགས་པའི་ཐབས་སུ་གྱུར་པ་རྒྱུ་ཕུན་སུམ་ཚོགས་པ་བསྟན་ཏོ། །ཕན་འདོགས་པ་ཕུན་སུམ་ཚོགས་པའི་དབང་དུ་མཛད་ནས། དམ་པའི་ཆོས་སྒྲ་སེང་གེའི་སྒྲ་བསྒྲགས་པ་ཞེས་བྱ་བ་གསུངས་ཏེ། ་དམ་པ་ཞེས་བྱ་བ་ནི་སངས་རྒྱས་བཅོམ་ལྡན་འདས་ཏེ། ཉོན་མོངས་པ་བག་ཆགས་དང་བཅས་པ་མ་ལུས་པར་སྤངས་པའི་ཕྱིར་རོ། །ཆོས་སྒྲ་ཞེས་བྱ་བ་ནི་དམ་པ་དེས་གསུངས་པའི་ཆོས་ཏེ། འཕགས་པའི་བདེན་པ་བཞི་པོ་དག་དཔལ་གྱི་མགུར་ནས་གསུངས་པའི་སྒའོ།། ་སེང་གེའི་སྒྲ་ཞེས་བྱ་བ་ནི་དམ་པའི་ཆོས་ཀྱི་སྒྲ་དེ་ཉིད་སེང་གེའི་སྒྲ་དང་འདྲ་བའི་ཕྱིར་སེང་གེའི་སྒྲ་ཞེས་བྱ་བ་སྟེ་མུ་སྟེགས་ཅན་གླང་པོ་ཆེ་ལྟ་བུ་དག་སྐྲག་པར་བྱེད་ཅིང། རིགས་ཀྱི་བུ་མིའི་སེང་གེའི་ཕྲུ་བུ་ལྟ་བུ་དག་སྡུད་པར་བྱེད་པའི་ཕྱིར་རོ། །བསྒྲགས་པ་ཞེས་བྱ་བ་ནི་བསྟན་པ་ཏེ། ་བདེན་པ་བཞི་ལན་གསུམ་དུ་བཟླས་ཏེ་ཆོས་ཀྱི་འཁོར་ལོ་རྣམ་པ་བཅུ་གཉིས་སུ་བསྐོར་བའི་ཕྱིར། །དེས་ནི་སྟོན་པའི་མཛད་པ་ཕུན་སུམ་ཚོགས་པ་གཞན་ལ་ཆོས་སྟོན་པའི་སྒོ་ནས་གཞན་གྱི་དོན་ཕུན་སུམ་ཚོགས་པའི་ཐབས་སུ་གྱུར་པ་ཕན་འདོགས་པ་ཕུན་སུམ་ཚོགས་པ་བསྟན ་ཏོ། །ཤེས་རབ་ཕུན་སུམ་ཚོགས་པའི་དབང་དུ་མཛད་ནས། ཐམས་ཅད་མཁྱེན་པ་ཞེས་བྱ་བ་གསུངས་ཏེ། ཐམས་ཅད་མཁྱེན་པ་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཏེ། དང་པོར་དངོས་པོའི་ངོ་བོ་ཉིད་མ་ལུས་པ་དང། ཐུན་མོང་མ་ཡིན་པ་དང། ཚད་མེད་པ་དང། ཕྱིན་ཅི་མ ་ལོག་པར་བསྟན་པའི་ཕྱིར་རོ། །དེས་ནི་ཐམས་ཅད་མཁྱེན་པས་ལུང་ཤིན་ཏུ་རྣམ་པར་དག་པ་གཏན་ལ་ཕབ་པའི་སྒོ་ནས་གཞན་གྱི་དོན་ཕུན་སུམ་ཚོགས་པའི་ཐབས་སུ་གྱུར་པ་ཤེས་རབ་ཕུན་སུམ་ཚོགས་པ་བསྟན་ཏོ། །ཐུགས་རྗེ་ཕུན་སུམ་ཚོགས་པའི་དབང་དུ་མཛད་ནས། ་དཀོན་མཆོག་མཛོད་བརྙེས་པ་ཞེས་བྱ་བ་གསུངས་ཏེ། དཀོན་མཆོག་ཅེས་བྱ་བ་ནི་བཤད་པ་དང་སྒྲུབ་པའི་ཆོས་དཀོན་མཆོག་སྟེ། རིན་པོ་ཆེ་དང་འདྲ་བར་དཀོན་པ་དང། རིན་ཆེ་བ་དང། དགའ་བར་བྱེད་པ་དང། ཕན་འདོགས་པ་དང། མི་མ་ཡིན་པ་ལ་སོགས་པ་གནོད་པར ་བྱེད་པའི་གཉེན་པོར་གྱུར་པ་ཡིན་པའི་ཕྱིར་རོ། །མཛོད་ཅེས་བྱ་བ་ནི་རིན་པོའི་མཛོད་དང་འདྲ་བར་དཀོན་མཆོག་དེའི་མཛོད་འཕགས་པའི་དགེ་འདུན་ཏེ། ལུང་དང་རྟོགས་པའི་སྒོ་ནས་དེའི་སྣོད་དུ་གྱུར་པ་ཡིན་པའི་ཕྱིར་རོ། །བརྙེས་པ་ཞེས་བྱ་བ་ནི་སློབ་མ་ཉིད་དུ་བརྙེས་པ་སྟེ། ་སྟོན་པའི་རྗེས་སུ་ཞུགས་པའི་ཕྱིར་རོ། །དེས་ནི་འཁོར་ཡོངས་སུ་སྨིན་པར་མཛད་པ་གཞན་གྱིས་དོན་ཕུན་སུམ་ཚོགས་པའི་ཐབས་སུ་གྱུར་པ་ཐུགས་རྗེ་ཕུན་སུམ་ཚོགས་པའི་ཐབས་སུ་གྱུར་པ་ཐུགས་ཕུན་སུམ་ཚོགས་པ་བསྟན་ཏོ། །འབྲས་བུའི་ཁྱད་པར་ཕུན་སུམ་ཚོགས་པའི ་དབང་དུ་མཛད་ནས། ཞབས་ལ་ཚངས་དབང་གཙུག་གི་ནོར་བུས་གཏུགས་ཞེས་བྱ་བ་གསུངས་ཏེ། ཞབས་ལ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་ཞབས་འཁོར་ལོའི་མཚན་དང་ལྡན་པའོ། །ཚངས་དབང་ཞེས་བྱ་བ་ལ། ཚངས་པ་ཞེས་བྱ་བ ་ནི་བསམ་གཏན་དང་པོའི་བསམ་གཏན་ཁྱད་པར་ཅན་བསྒྲུབས་ཏེ་ཚངས་པའི་རྒྱལ་པོ་ཐོབ་པ་སྟོང་གི་འཇིག་རྟེན་ལ་དབང་སྒྱུར་བའི་ཚངས་པ་ཆེན་པོའོ། །དབང་པོ་ཞེས་བྱ་བ་ནི་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་ཏེ། དེ་གཉིས་ནི་ས་བླའི་གཙོ ་བོ་དང། སྟོང་གི་ཁམས་ན་གཙོ་བོར་གྲགས་པ་འདིར་སྨོས་པར་ཟད་ཀྱི་གཞན་ཡང་དེ་བཞིན་དུ་གཟུང་བར་བྱའོ། །གཙུག་གི་ནོར་པུས་ཞེས་བྱ་བ་ནི་སྤྱི་བོ་སྟེ་ནོར་བུ་གདགས་པའི་གནས་ཡིན་པའི་ཕྱིར་རོ། །གཏུགས་ཞེས་བྱ་བ་དེ་ནི་དེས་བཏུང་དེ་ཕྱག་བྱས་པའོ།། ་དེས་ནི་འཇིག་རྟེན་ན་འབྲས་བུ་ཐོབ་པའི་མཆོག་དག་གིས་སྤྱི་བོས་གཏུགས་པའི་སྒོ་ནས་གཞན་གྱི་དོན་ཕུན་སུམ་ཚོགས་པའི་ཐབས་སུ་གྱུར་པ་འབྲས་བུའི་ཁྱད་པར་ཕུན་སུམ་ཚོགས་པ་བསྟན་ཏེ། དེ་ལྟར་དེ་དག་གིས་ནི་འགྲོ་བའི་གཙོ་བོ་སངས་རྒྱས་བཅོམ་ལྡན་འདས ་ཀྱི་ཡོན་ཏན་གཞན་གྱི་དོན་ཕུན་སུམ་ཚོགས་པའི་སྒོ་ནས་སྟོན་པ་ལ་བསྟོད་པའི་མཆོད་པ་བསྟན་ཏོ། །དེའི་འོག་ཏུ་འགྲོ་བའི་གཙོ་བོ་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཡོན་ཏན་བདག་གི་དོན་ཕུན་སུམ་ཚོགས་པའི་ཆེ་བ་ཉིད་ཀྱི་ཁྱད་པར་སྤངས་པ་ཕུན་སུམ་ཚོགས་པའི ་དབང་དུ་མཛད་ནས། སྡུག་བསྔལ་རྒྱ་མཚོ་གཏིང་མཛའ་མེད་པ་རྒལ་བ་ཞེས་བྱ་བ་གསུངས་ཏེ། སྡུག་བསྔལ་ཞེས་བྱ་བ་ནི་སྐྱེ་བ་དང། རྒ་བ་དང། ན་བ་དང། འཆི་བས་བསྡུས་པ་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་དག་གོ་།རྒྱ་མཚོ་ཞེས་བྱ་བ་ནི་སྡུག་བསྔལ་དེ་ཉིད་རྒྱ་མཚོ ་དང་འདྲ་བས་རྒྱ་མཚོ་ཞེས་བྱ་སྟེ། ཤིན་ཏུ་རྒྱ་ཆེ་བའི་ཕྱིར་རོ། །གཏིང་མེད་པ་ཞེས་བྱ་བ་ནི་གཞིའི་གཏིང་མེད་པ་སྟེ། འདིས་ནི་རྒྱ་མཚོ་བཞིན་དུ་སྡུག་བསྔལ་མང་བ་ཉིད་དུ་བསྟན་ཏོ། །མཛའ་མེད་པ་ཞེས་བྱ་བ་ནི་ཕ་རོལ་གྱི་མཛའ་མེད་པ་སྟེ། འདིས་ནི་རྒྱ་མཚོ་བཞིན་དུ་འཁོར ་པའི་རྒྱུན་འཆད་པར་བསྟན་ཏོ། །རྒལ་བ་ཞེས་བྱ་བ་ནི་འདས་པ་སྟེ་ལས་དང་ཉོན་མོངས་པ་སྤངས་པ་སྡུག་བསྔལ་ཟད་པའི་ཕྱིར་རོ། །དེས་ནི་ལས་དང་ཉོན་མོངས་པ་དང་སྐྱེ་བའི་མཚན་ཉིད་ཀྱི་ཀུན་ནས་ཉོན་མོངས་པ་སྤངས་པའི་སྒོ་ནས་བདག་གི་དོན་ཕུན་སུམ་ཚོགས་པའི་ཆེ་བ་ཉིད་ཀྱི ་ཁྱད་པར་སྤངས་པ་ཕུན་སུམ་ཚོགས་པ་བསྟན་ཏོ། །ཡེ་ཤེས་ཕུན་སུམ་ཚོགས་པའི་དབང་དུ་མཛད་ནས། འགྲོ་བའི་གཙོ་ལ་ཞེས་བྱ་བ་གསུངས་ཏེ། འགྲོ་བའི་ཞེས་བྱ་བ་ནི་འཇིག་རྟེན་རྟག་ཏུ་འཁོར་བའི་ཕྱིར་རོ། །གཙོ་ལ་ཞེས་བྱ་བ་ནི་ཟླ་མེད་པ་སྟེ་མཆོག་ཡིན་པའི་ཕྱིར་རོ། །ལ ་ཞེས་བྱ་བ་ནི་དེ་ནི་འགྲོ་བའི་གཙོ་བོ་སངས་རྒྱས་བཅོམ་ལྡན་འདས་ཏེ། ཤེས་བྱ་ཐམས་ཅད་ལ་ཆགས་པ་མེད་པ་དང། ཐོགས་པ་མེད་པའི་ཡེ་ཤེས་བརྙེས་པས་འགྲོ་བ་ཐམས་ཅད་ཀྱི་གཙོ་བོར་གྱུར་པའི་ཕྱིར་རོ། །འདིས་ནི་དངོས་པོ་ཇི་སྙེད་ཡོད་པ་ཉིད་དང། ཇི་ལྟ་བ ་བཞིན་དུ་ཡོད་པ་ཉིད་ཐུགས་སུ་ཆུད་པས་འགྲོ་བའི་གཙོ་བོར་གྱུར་པའི་སྒོ་ནས་བདག་གི་དོན་ཕུན་སུམ་ཚོགས་པའི་ཆེ་བ་ཉིད་ཀྱི་ཁྱད་པར་ཡེ་ཤེས་ཕུན་སུམ་ཚོགས་པ་བསྟན་ཏོ། །དེ་ལྟར་དེ་དག་གིས་ནི་འགྲོ་བའི་གཙོ་བོ་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཡོན་ཏན་གཞན ་དོན་ཕུན་སུམ་ཚོགས་པ་དང། བདག་གི་དོན་ཕུན་སུམ་ཚོགས་པའི་སྒོ་ནས་སྟོན་པ་ལ་བསྟོད་པའི་མཆོད་པ་བསྟན་ཏོ། །དེའི་འོག་ཏུ་ཕྱག་འཚལ་བའི་སྒོ་ནས་མཆོད་པ་བསྟན་པའི་ཕྱིར། སྤྱི་བོས་ཕྱག་འཚལ་ཏེ་ཞེས་བྱ་བ་གསུངས་ཏེ། སྤྱི་བོས་ཞེས་བྱ་བ་ནི་ལུས་ཀྱི་ཕྱག ་འཚལ་བ་དངོས་སུ་བསྟན་ལ། ཕྱག་འཚལ་ཏེ་ཞེས་བྱ་བ་ནི་ལུས་དང་ངག་དང་ཡིད་གསུམ་གྱིས་ཕྱག་འཚལ་བ་ཡང་བསྡུས་པར་ལྟའོ། །འདིས་ནི་ལུས་དང་ངག་དང་ཡིད་ཀྱིས་ཕྱག་འཚལ་བའི་སྒོ་ནས་སྟོན་པ་ལ་མཆོད་པ་དང། དེ་ལྟར་ཕྱག་འཚལ་ཏེ་ཅི་ཞིག་བྱ་ཞེ་ན། ་སོ་སོར་ཐར་པ་བརྩམས་པར་དམ་འཆར་བར་བྱ་བ་བསྟན་པའི་ཕྱིར། ཐམས་ཅད་མཁྱེན་པའི་བསླབ་གཞི་དཀོན་མཆོག་སྣོད། འཕགས་པའི་ཚོགས་ཀྱི་དབུས་སུ་དབྱེ་བར་བྱ་ཞེས་གསུངས་ཏེ། འདིས་ནི་གང་གིས་བསྟན་པ་དང། ཅི་ཞིག་བསྟན་པ་དང། སུ་ལ་བསྟན་པས ་སོ་སོར་ཐར་པའི་ཆེ་བ་ཉིད་བསྟན་ནས། གང་གི་ཅི་ཞིག་བསྟན་པ་དེ་ཉིད་སུ་ལ་བསྟན་པའི་ཚོགས་ཀྱི་དབུས་སུ་དབྱེ་བར་བྱ་ཞེས་བསྟན་ཏོ། །དེ་ལ་གང་གིས་བསྟན་ཅེ་ན། སྟོན་པ་དེ་ནི་ཐམས་ཅད་མཁྱེན་པ་ཞེས་བྱ་བས་ནི་སྟོན་ཏེ། ཚིག་གི་དོན ་སྔ་མ་བཞིན་ནོ། །ཅི་ཞིག་བསྟན་ཞེ་ན་སོ་སོར་ཐར་པ་སྟེ། དེ་ནི་བསླབ་གཞི་དཀོན་མཆོག་སྣོད་ཅེས་བྱ་བས་བསྟན་ཏེ། བསླབ་པ་ཞེས་བྱ་བ་ནི་སྲོག་གཅོད་པ་སྤེད་པ་ལ་སོགས་པའི་མཚན་ཉིད་དོ། །གཞི་ཞེས་བྱ་བ་ནི་ཚིག་སྟེ་ཅེས་དེ་ལ་དོན་གནས་པའི་ཕྱིར་རོ།། ་དཀོན་མཆོག་ཅེས་བྱ་བ་ནི་བསླབ་པའི་གཞི་དེ་ཉིད་དེ་ཆེན་པོ་རྣམས་ནི་རྐྱེན་ཡིན་པའི་ཕྱིར་དང། དཀོན་པའི་ཕྱིར་རིན་པོ་ཆེ་དང་འདྲ་བས་དཀོན་མཆོག་གོ་།དེ་ཡང་གང་ཞེ་ན། རྣམ་པར་འབྱེད་པ་དང། གཞི་དང། གཞུང་ཕྱི་མ་དང། ཕྲན་ཚེགས་དག་གོ་།སྣོད ་ཅེས་བྱ་བས་ན་དེ་དག་གི་སྣོད་དེ་སོ་སོར་ཐར་པའི་མདོ་འདི་ཉིད་དོ། །དེ་ནི་སྟོན་པ་ཐམས་ཅད་མཁྱེན་པའི་བསླབ་གཞི་དཀོན་མཆོག་སྣོད་ཅེས་བྱའོ། །སུ་ལ་བསྟན་ཅེ་ན། ཉན་ཐོས་ཀྱི་དགེ་འདུན་ལ་སྟེ། དེ་ནི་འཕགས་པའི་ཚོགས་ཞེས་བྱ་བས་བསྟན་ཏེ། འཕགས ་པ་ཞེས་བྱ་བ་ནི་སྡིག་པ་མི་དགེ་བའི་ཆོས་རྣམས་ལས་རིང་དུ་གྱུར་པའོ། །ཚོགས་ཞེས་བྱ་བས་ནི་གཞི་ཡན་ཆད་དོ། །གང་གིས་ཅི་ཞིག་བསྟན་པ་དེ་ཉིད་སུ་ལ་བསྟན་པའི་ཚོགས་ཀྱི་དབུས་སུ་དབྱེ་བར་བྱ་བ་ནི་སྟོན་པས་སོ་སོར་ཐར་པ་བསྟན་པ་དེ་ཉིད་ཉན་ཐོས་ཀྱི ་དགེ་འདུན་གྱི་དབུས་སུ་དབྱེ་བར་བྱ་སྟེ། དེ་ནི་དབུས་སུ་དབྱེ་བར་བྱ་ཞེས་བྱ་བས་བསྟན་ཏོ། དབུས་ཞེས་བྱ་བ་ནི་ནང་དུའོ། །དབྱེ་བར་བྱ་བ་ནི་གདོན་པར་བྱའོ། །སུས་གདེན་པར་བྱ་ཞིང་དབྱེ་ཞེ་ན། འཕགས་པའི་ཚོགས་ཀྱིས་ཏེ། དཔེར་ན་རིན་པོ་ཆེའི་སྣོད་དབྱེ་བར་ཡང་རིན ་པོ་ཆེ་རྟོགས་ཤེས་པ་དག་གིས་ཚོགས་ཀྱི་དབུས་སུ་དབྱེ་སྟེ། དེ་བཞིན་དུ་ཐམས་ཅད་མཁྱེན་པ་བསླབ་གཞི་དཀོན་མཆོག་སྣོད་འདི་ཡང་བསླབ་པའི་གཞི་རིན་པོ་ཆེ་ལྟ་བུ་རྟོག་ཤེས་པའི་འཕགས་པའི་ཚོགས་ཀྱི་དབུས་སུ་དབྱེ་ཞིང་གདོན་པར་བྱའོ་ཞེས ་བྱ་བའི་ཐ་ཚིག་གོ་།མཆོད་པའི་མཚན་ཉིད་བཤད་ཟིན་ཏོ། །དེ་ནས་དེའི་འོག་ཏུ་གླེང་བསླང་བའི་མཚན་ཉིད་བཤད་པར་བྱ་སྟེ། གླེང་བསླད་བའི་མཚན་ཉིད་ཅེས་བྱ་བ་ནི་སོ་སོར་ཐར་པའི་མདོ་ཡང་དག་པར་བརྩམས་པ་གླེང་བསླང་བའོ། །དེ་ཡང་སོ་སོར་ཐར་པའི་ཚེ་བ་ཉིད་ཐོས ་ན་ཚོགས་ཀྱི་ལམ་འབྲས་བུ་དང་བཅས་པར་འདོད་པས་སོ་སོར་ཐར་པ་བསྒྲུབ་པར་བྱའོ་ཞེས་གླེང་བསླང་དགོས་པས་དེའི་ཕྱིར། སངས་རྒྱས་འདུལ་བ་གང་ཆེན་མཚོ་ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་བཅུ་གཅིག་གསུངས་སོ། །དེ་ལ་འདིར་ཡང་ཚིགས་སུ་བཅད་པ་བཅུ ་གཅིག་པོ་དེ་དག་གིས་བརྗོད་པར་བྱ་བ་དང། དགོས་པ་དང། འབྲེལ་པ་དང། དགོས་པའི་དགོས་པ་བརྗོད་པར་བྱ་སྟེ། དེ་ལ་བརྗོད་པར་བྱ་བ་ནི་སོ་སོར་ཐར་པའི་ཆེ་བ་ཉིད་དོ། །དགོས་པ་ནི་རྟོགས་པའོ། །འབྲེལ་པ་ནི་རྟོགས་པ་དེ་ཡང་གླེང་བསླང་བ་འདིས་བྱེད་པས། གླེང ་བསླང་བའི་ཚིགས་སུ་བཅད་པའི་ཐབས་འདི་དང། དགོས་པ་ཐབས་ལས་བྱུང་བའི་མཚན་ཉིད་གཉིས་འབྲེལ་པའོ། །དགོས་པའི་དགོས་པ་ནི་སོ་སོར་ཐར་པའི་ཆེ་བ་ཉིད་ཐོས་ནས་ཚོགས་ཀྱི་ལམ་འབྲས་བུ་དང་བཅས་པར་འདོད་པས། སོ་སོར་ཐར་པ་སྒྲུབ་པར་བྱེད་པའོ།། ་དེ་ལ་ཚིགས་སུ་བཅད་པ་བཅུ་གཅིག་པོ་འདི་དག་གིས་བསྡུས་པའི་དོན་ནི་རྣམ་པ་གསུམ་སྟེ། སོ་སོར་ཐར་པའི་ཆེ་བ་ཉིད་བརྗོད་པ་དང། ཚོགས་ཀྱི་ལམ་འབྲས་བུ་དང་བཅས་པར་བྱ་བ་དང། སོ་སོར་ཐར་པ་བསྒྲུབ་པར་བྱ་བའོ། །དེ་ལ་སོ་སོར་ཐར་པའི་ཆེ་བ་ཉིད་བརྗོད ་པ་ཡང་རྣམ་པ་གསུམ་སྟེ། ཚེ་འདིའི་འབྲས་བུ་དང་ཚེ་ཕྱི་མའི་འབྲས་བུ་དང། སོ་སོར་ཐར་པ་ལ་སྟོན་པ་དང་འདྲ་བར་སྟོན་པའོ། །དེ་ལ་སངས་རྒྱས་འདུལ་བ་གང་ཆེན་མཚོ་ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གསུམ་ནི་ཆེའི་འབྲས་བུ་བསྟན་ཏོ། །མཚོ་བས་ཟབ ་པའི་འཁོར་བ་ལས་ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གཉིས་ཀྱིས་ནི་ཚེ་ཕྱི་མའི་འབྲས་བུ་བསྟན་ཏོ། །དེ་ནི་མྱ་ངན་ལས་འདས་གྱུར་ན་ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གཅིག་གིས་ནི་སོ་སོར་ཐར་པ་ལ་སྟོན་པ་དང་འདྲ་བར་སྟོན་པ་བསྟན་ཏོ། །ཚོགས ་ཀྱི་ལམ་འབྲས་བུ་དང་བཅས་པར་བྱ་བ་ཡང་རྣམ་པ་གསུམ་སྟེ་ཚོགས་ཀྱི་ལམ་དཀོན་པ་དང། ཚོགས་ཀྱི་ལམ་རྙེད་པ་དང། ཚོགས་ཀྱི་ལམ་རྙེད་པས་ནན་ཏན་དུ་བྱ་བའོ། །དེ་ལ་སངས་རྒྱས་ཞེས་བྱ་བའི་སྒྲ་འདི་ཡང་ཞེས་བྱ་བ་ལ་སོགས ་པའི་ཚིགས་སུ་བཅད་པ་གཉིས་ཀྱིས་ནི་ཚོགས་ཀྱི་ལམ་དཀོན་པ་བསྟན་ཏོ། །འཇིག་རྟེན་སངས་རྒྱས་འབྱུང་བ་དང་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་གཅིག་གིས་ནི་ཚོགས་ཀྱི་ལམ་རྙེད་པས་ནན་དུ་བྱ་བ་བསྟན་ཏོ། །སོ་སོར་ཐར་པ་བསྒྲུབ་པར་བྱ་བ ་ནི་རྣམ་པ་བཞི་སྟེ། བདག་གི་དབང་དུ་བྱས་པ་དང། གཞན་གྱི་དབང་དུ་བྱས་པ་དང། ཆོས་ཀྱི་དབང་དུ་བྱས་པ་དང། བསྒྲུབ་པའི་མཚན་ཉིད་དོ། །དེ་ལ་དགེ་སློང་དབང་དུལ་ཀུན་དགའ་པོ་ཞེས་བྱ་བ་ནི་བདག་གི་དབང་བྱས་པ་བསྟན་ཏོ། །སངས་རྒྱས་མི་འགྱུར་རབ་འབྱུང ་བ་ཞེས་བྱ་བས་ནི་གཞན་དུ་གྱི་དབང་དུ་བྱས་པ་བསྟན་ཏོ། །ངེས་པར་ཐར་པ་འདོད་རྣམས་ཀྱིས་ཞེས་བྱ་བས་ནི་ཆོས་ཀྱི་དབང་དུ་བྱས་པ་བསྟན་ཏོ། །སོ་སོར་ཐར་པ་རྟག་ཏུ་གསུངས་ཞེས་བྱ་བས་ནི་བསྒྲུབ་པའི་མཚན་ཉིད་བསྟན་ཏེ། དེ་ནི་རེ་ཞིག་སྤྱིའི་དོན་ཡིན་ནོ།། ་ད་ནི་ཡན་ལག་གི་དོན་བཤད་པར་བྱ་སྟེ། དེ་ལ་ཚེ་འདིའི་འབྲས་བུའི་སྒོ་ནས་སོ་སོར་ཐར་པའི་ཆེ་བ་ཉིད་བརྗོད་པའི་དབང་དུ་མཛད་ནས། སངས་རྒྱས་འདུལ་བ་གང་ཆེན་མཚོ། །གཏིང་མཛའ་མེད་པ་ཐམས་ཅད་ཀྱི། །གནས་པའི་སྙིང་དང་སྙིང་པོ་ནི། །སོ་སོར་ཐར་པ ་འདི་ཡིན་ནོ། །ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་གསུངས་ཏེ། སངས་རྒྱས་འདུལ་བ་ཞེས་བྱ་བ་ནི་སངས་རྒྱས་ཀྱིས་གསུངས་པའི་གདུལ་བའོ། །སངས་རྒྱས་བཅོམ་ལྡན་འདས་ཏེ། དོན་ཐམས་ཅད་ངེས་པར་ཐུགས་སུ་ཆུད་པའི་ཕྱིར་རམ། ཉོན་མོངས་པ་བག ་ཆགས་དང་བཅས་པའི་གཉིད་ཐམས་ཅད་དང་བྲལ་བའི་ཕྱིར་རོ། །འདུལ་བ་ཞེས་བྱ་བ་ནི་འདུལ་བའི་སྡེ་སྣོད་དེ། འདུལ་བ་རྣམ་པར་འབྱེད་པ་དང། འདུལ་བ་གཞི་དང། འདུལ་བ་ཕྲན་ཚེགས་དང། འདུལ་བ་གཞུང་བླ་མ་སྟེ། སློབ་མ་རྣམས་དངོས་པོ་ཐམས་ཅད་ཀྱི ་མཆོག་མྱ་ངན་ལས་འདས་པར་ཁྲིད་པར་བྱེད་པའི་ཕྱིར་རམ། རྒྱུད་ལ་ཀུན་ཏུ་སྤྱོད་པའི་དྲི་མ་དང། རྣམ་པར་སྨིན་པའི་དྲི་མས་སྐྱོན་ཆགས་པར་བྱེད་པའི་ཉེས་པ་ཐམས་ཅད་རྣམ་པར་འདུལ་བར་བྱེད་པའི་ཕྱིར་རོ། །གང་ཆེན་མཚོ་ཞེས་བྱ་བ་ནི་རྒྱ་མཚོ་སྟེ། སངས་རྒྱས་ཀྱིས་གསུངས་པའི ་འདུལ་བ་དེ་ཉིད་རྒྱ་མཚོ་དང་འདྲ་བའི་ཕྱིར་རོ། །ཇི་ལྟར་འདྲ་ཞེ་ན། གཏིང་མཛའ་མེད་པ་ཞེས་བྱ་བ་གསུངས་ཏེ། རྒྱ་མཚོ་ལ་གཞིའི་གཏིང་དཔག་ཏུ་མེད་པ་བཞིན་དུ་འདུལ་བ་ལ་ཡང་ཀུན་ནས་སློང་བའི་གཏིང་དཔག་ཏུ་མེད་པའི་ཕྱིར་ཡང། རྒྱ་མཚོ་ལ་ཕ་རོལ་མཛའ་དཔག་ཏུ ་མེད་པ་བཞིན་དུ། འདུལ་བ་ལ་ཡང་འབྲས་བུའི་མཛའ་དཔག་ཏུ་མེད་པའི་ཕྱིར་རོ། །འདུལ་བ་དེ་དག་ཐམས་ཅད་ཀྱི་གནས་པའི་སྙིང་དང་སྙིང་པོ་ནི་སོ་སོར་ཐར་པ་འདི་ཡིན་ནོ་ཞེས་བྱ་བར་སྦྱར་ཏེ། གནས་པ་ཞེས་བྱ་བ་ནི་ལྟུང་བ་སྡེ་ལྔ་དང། ལོ་ཉི་ཤུ་མ་ལོན་པར་བསྙེན་པར ་རྫོགས་པའི་ཐད་ཀ་ལས་རབ་ཏུ་འབྱུང་བའི་གཞི་འཕྲོས། གསོ་སྦྱོང་གི་གསོལ་བ་གླེང་གཞི་གདོན་པ་ལས་གསོ་སྦྱོང་གི་གཞི་འཕྲོས། དེ་ལ་དགག་དབྱེ་བྱས་པས་དེ་འགྲུབ་བམ་མི་འགྲུབ་ཅེས་དགག་དབྱེ་འཕྲོས། དེའི་རྒྱུ་དབྱར་ལ་རག་ལས་པས་དབྱར་གྱི་གཞི ་འཕྲོས། ལ་ལ་རས་ཆེན་བརྟད་པ་ལས་བྱུང་བ་ལས་དབྱར་གྱི་དང་དགག་དབྱེ་འཕྲོས་ཀྱང་ཟེར་རོ། །འཆད་བ་དང་འབྲལ་བ་འཇོག་པ་གསུམ་ལས་སུ་བརྐྱང་ངོ། །འཇོག་པ་ལས་གོས་ཀྱི་གཞིའོ། །ཡང་སྲ་བརྐྱང་གོས་ཀྱི་གཏེར་ལྟ་བུར་འདུག་པས་དེ་ལ་བརྟེན་ནས་ཀོ་ལྤགས ་ཀྱི་གཞིའོ། །ཞག་བདུན་པའི་གསོག་འཇོག་ལས་སྨན་གྱི་གཞིའོ། །གསོ་སྦྱོང་ལ་སོགས་པ་ལས་བྱ་བ་བརྩམས་པར་བཤད་པ་ལ་བརྟེན་ནས་ལས་ཀྱི་གཞིའོ། །ལྷག་མ་ཕྱིར་བཅོས་ལས་ཕྱིར་བཅོས་ཀྱི་གཞིའོ། །ཕྱིར་བཅོས་རང་གི་ཆ་ལག་ཏུ་དུས་དང་དུས་མ་ཡིན་པ་དང། ་ས་གཞན་ན་གནས་པ་གཉིས་སོ། །ཡང་ནི་མི་འདོད་བཞིན་སྤོ་བ་བྱེད་དུ་གཞུག་གོ་ལས་དེ་གཉིས་སོ། །མ་ངེས་པ་གཉིས་ལས་ཡོངས་སུ་སྤྱད་པའོ། །དེའི་ཞར་བྱུང་དུ། ལས་བྱེ་བ་དང། འཁོར་ལོ་བྱེ་བའོ། །ཡང་ན་དབྱེན་གྱི་ལྷག་མ་ལ་བརྟེན་ནས་འཁོར་ལོ་དབྱེ་བའོ། །ཞི་བྱེད་ཀྱི་ཆོས ་བདུན་ལ་བརྟེན་ནས་རྩོད་པའི་གཞིའོ། །གནས་མལ་གྱི་ལྟུང་བྱེད་ལས་གནས་མལ་གྱི་གཞིའོ། །ལ་ལ?་ཁང་པ་ཁང་ཆེན་ལས་འཕྲོས་ཞེའོ། །བཞི་བཅུ་བདུན་ལ་སོགས་པའི་མཚན་ཉིད་རྣམ་པར་གཞག་པའོ། །དེའི་སྙིང་ཞེས་བྱ་བ་ནི་མཚན་ཉིད ་རྣམ་པར་གཞག་པ་དེའི་རྒྱུར་གྱུར་ཏེ། འཕན་པ་དང། ས་བོན་དང། ཀུན་ནས་སློང་བ་གང་ཡིན་པའོ། །སྙིང་པོ་ཞེས་བྱ་བ་ནི་བརྟེན་པ་རྣམ་པར་མི་གཡོ་བ་སྟེ། མཚན་ཉིད་གཞན་དུ་མི་འགྱུར་བའོ། །དེས་ན་སངས་རྒྱས་ཀྱིས་གསུངས་པའི་འདུལ་བ་རྒྱ་མཚོ་ལྟ་བུ་གཏིང ་དང་མཛའ་མེད་པ་ཐམས་ཅད་ཀྱི་མཚན་ཉིད་རྣམ་པར་གཞག་པའི་ཞེས་བྱ་བ་སྒོ་ནས་སོ་སོར་ཐར་པའི་ཆེ་བ་ཉིད་བརྗོད་པ་བསྟན་ཏོ། །འདི་ནི་དམ་ཆོས་རྒྱལ་པོ་ཡི། །ཆོས་ཀུན་གྱི་ནི་འདྲེན་པ་མཆོག་།འདི་ནི་དགེ་སློང་ཚོང་ཚོགས་ཀྱི། །བསླབ་ཟོད་ཚོགས་ཁང་ཆེན་པོ ་ཡིན། །ཞེས་བྱ་བ་ལ། འདི་ནི་ཞེས་བྱ་བ་ནི་སོ་སོར་ཐར་པའོ། །དམ་ཆོས་རྒྱལ་པོའི་ཞེས་བྱ་བ་ནི་སངས་རྒྱས་བཅོམ་ལྡན་འདས་ཏེ། ཐུགས་སུ་ཆུད་པ་དང་སྟོན་པར་མཛད་པའི་ཕྱིར་རོ། །དམ་ཆོས་རྒྱལ་པོ་དེའི་ཆོས་ཀུན་ཞེས་བྱ་བ་ནི་མདོ་སྡེ་ལ་སོགས་པ་བསྟན་པའི ་ཆོས་ཐམས་ཅད་དོ། །ཆོས་དེ་དག་གི་འདྲེན་པ་མཆོག་ཅེས་བྱ་བ་ནི་རྒྱལ་པོའི་སློན་པོ་རིན་པོ་ཆེ་དང་འདྲའོ་ཞེས་བྱ་བའི་ཐ་ཚིག་གོ་།འདི་ལ་བརྟེན་ཏེ་དེ་དག་འབྱུང་བའི་ཕྱིར་རོ། །ཡང་དེ་ཉིད་བྱེ་བྲག་ཏུ་བྱ་བའི་ཕྱིར། འདི་ནི་ཞེས་བྱ་བ་ནི་སོགས་པ་གསུངས་ཏེ། འདི་ནི་ཞེས་བྱ་བ་ནི་སོ་སོར་ཐར་པའོ། ་དགེ་སློང་ཚོད་ཚོགས་ཞེས་བྱ་བ་ནི་དགེ་སློང་མྱ་ངན་ལས་འདས་པའི་ནོར་བུ་རིན་པོ་ཆེ་འདོད་པ་ཆོད་པ་ལྟ་བུའི་ཚོགས་དོན་མཐུན་པ་དག་གོ་།དེ་དག་གི་བསླབ་ཟོད་ཞེས་བྱ་བ་ནི་མྱ་ངན་ལས་འདས་པའི་ནོར་བུ་རིན་པོ་ཆེ་སྒྲུབ་པའི་ཟོད་ཚུལ་ཁྲིམས་ཀྱི་ནོར་བུའོ། །དེའི་ཚོང ་ཁང་ཞེས་བྱ་བ་ནི་བསླབ་པའི་ཟོད་བཅེར?་པའི་གནས་ཏེ། སོ་སོར་ཐར་པའི་ནང་དུ་བསླབ་པ་ཐམས་ཅད་འདུས་པའི་ཕྱིར་རོ། །ཆེན་པོ་ཞེས་བྱ་བ་ནི་བསླབ་པ་ཆེན་པོའི་ཆེའི་གནས་ཡིན་པའི་ཕྱིར་དང། ཆེན་པོ་རྣམས་ལ་བོས་པ་ཡིན་པའི་ཕྱིར་རོ། །དེ་དག་གིས་ནི་ཆོས་ཀུན ་གྱི་ནི་འདྲེན་པའི་མཆོག་ཡིན་པ་དང། བསླབ་པའི་ཟོད་གི་ཚོང་ཁང་ཆེན་པོ་ཡིན་པའི་སྒོ་ནས་སོ་སོར་ཐར་པའི་ཆེ་བ་ཉིད་བརྗོད་པ་བསྟན་ཏོ། །ཚུལ་ཁྲིམས་འཆལ་བས་ཟིན་རྣམས་ཀྱི། །གདུག་པ་རྣམས་སེལ་སྨན་འདི་ཡིན། །འདི་ནི་ལང་ཚོ་རྣམས་འཁྲུག་པའི། །རྐང་གཉིས ་གཞོན་ནུའི་ལྕགས་ཀྱོ་ཡིན་ཞེས་བྱ་བ་ལ། ཚུལ་ཁྲིམས་འཆལ་བས་ཞེས་བྱ་བ་ནི་བསླབ་པ་ཉམས་པ་ལྷག་མ་དང་བཅས་པ་སྟེ། བདག་དང་གཞན་ལ་གནོད་པ་ཉིད་ཀྱིས་སྤྲུལ་ཆེན་པོ་དུག་མྱུར་དུ་ཁྱབ་པར་བྱེད་པ་དང་འདྲ་བའི་ཕྱིར་རོ། །དེ་ཟིན་པ་ཞེས་བྱ་བ་ཉམས་པར ་བྱས་པའོ། །དེས་ཟིན་པའི་གང་ཟག་རྣམས་ཀྱི་གདུག་པ་ཞེས་བྱ་བ་ནི་ལྟུང་བ་སྟེ། སྤྲུལ་གྱི་དུག་དང་འདྲ་བའི་ཕྱིར་རོ། །རྣམས་སེལ་ཞེས་བྱ་བ་ནི་རྣམ་པར་གནོན་པ་སྟེ། ཀུན་ཏུ་སྤྱོད་པ་སེལ་བའི་ཕྱིར་རོ། །སྨན་ཅེས་བྱ་བ་ནི་གནོད་པ་སེལ་བ་སྟེ། འདིས་སྤྱོད་པར་སྟོན་པའི་ཕྱིར་རོ།། ་དེ་ཡང་སོ་སོར་ཐར་པ་འདི་ཡིན་ཏེ་དེས་ནི་ལྟུང་བ་རྣམ་པར་སེལ་བའི་རྒྱུ་ཉིད་དུ་བསྟན་ཏོ། །ཡང་དེ་ཉིད་བྱེ་བྲག་ཏུ་བསྟན་པའི་ཕྱིར་འདི་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་ནི་ཞེས་བྱ་བ་ནི་སོ་སོར་ཐར་པའོ། །ལང་མཚོ་ཞེས་བྱ་བ་ནི་གཞོམ་པ་ཉིད་དོ། །རྣམ་འཕྲུལ་བའི ་ཞེས་བྱ་བ་ནི་བག་མེད་པ་ལ་སོགས་པས་རྣམ་པར་རྨོངས་པའོ། །རྐང་གཉིས་ཞེས་བྱ་བ་ནི་མིའོ། །གཞོན་ནུ་ཞེས་བྱ་བ་ནི་བྱ་བ་མ་ཡིན་པ་མི་ཤེས་པའོ། །ལྕགས་ཀྱོ་ཞེས་བྱ་བ་ནི་གླང་པོ་ཆེའི་ལྕགས་ཀྱོ་དང་འདྲ་སྟེ་བསྙིལ་བ་དང། སྤོ་བ་ལ་སོགས་པའི་ཉེས་དམིགས་སྟོན་པ ་ཀུན་ཏུ་སྐྲག་པར་བྱེད་པ་ཡིན་པའི་ཕྱིར་རོ། །དེས་ནི་འདུལ་དཀའ་བ་རྣམས་ཡང་དག་པར་སྡོམ་པའི་རྒྱུ་ཉིད་དུ་བསྟན་ཏོ། །དེ་ལྟར་ཚིགས་སུ་བཅད་པ་གསུམ་པོ་དེ་དག་གིས་ནི་སོ་སོར་ཐར་པ་བརྩོན་པར་བྱས་ན་ཚེ་འདི་ལ་འབྲས་བུ་འདི་ལྟ་བུ་ཐོབ་པས་དེའི་ཚེ་འདིའི་འབྲས་བུའི་སྒོ ་ནས་སོ་སོར་ཐར་པའི་ཆེ་བ་ཉིད་བརྗོད་པ་བསྟན་ཏོ། །ཚེ་ཕྱི་མའི་འབྲས་བུའི་སྒོ་ནས་སོ་སོར་ཐར་པའི་ཆེ་བ་ཉིད་བརྗོད་པའི་དབང་དུ་མཛད་ནས། འཚོ་བས་ཟབ་པའི་འཁོར་བ་ལས། །བསྒྲལ་བའི་བརྒལ་ཐབས་འདི་ཡིན་ཏེ། །འདི་ནི་བཟང་འགྲོད་འགྲོ་བ་ཡི། །ངེས་པའི་ཆུ་ལོན ་ཟམ་པ་ཡིན་ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གཉིས་གསུངས་ཏེ། མཚོ་བས་ཟབ་པའི་འཁོར་བ་ཞེས་བྱ་བ་ནི་རྒྱ་མཚོ་དུག་ཅན་པས་ཀྱང་ཆེས་ཟབ་ཅིང་གཏིང་སླེབ་པར་དཀའ་བའི་འཁོད་བ་འགྲོ་བ་སྡའི?་འཇིག་རྟེན་ནོ། །འཁོར་བ་དེ་ལས ་སྒྲོལ་བའི་བརྒལ་ཐབས་འདི་ཡིན་ཏེ་ཞེས་བྱ་བ་ནི་རྣམ་པར་འགྲོལ་བའི་རྒྱུར་གྱུར་པའི་ལམ་སྟེ། ཟམ་པ་དང། གྲུ་དང། གཟིངས་དང། རྒྱལ་པ་ལ་སོགས་པ་ལྟ་བུའོ། །དེ་ཡང་སོ་སོར་ཐར་པ་འདི་ཡིན་ཏེ། ཚུལ་ཁྲིམས་རྣམ་པར་དག་པ་ནི་ལ་མ་སྐྱེ་བའི་ཕྱིར་རོ། །དེས་ན་འཁོར ་བ་ལས་སྒྲོལ་ཞིང་ངེས་པར་ལེགས་པའི་ལམ་ཐོབ་པའི་ཐབས་ཡིན་པར་བསྟན་ཏོ། །འདི་ནི་ཞེས་བྱ་བ་ནི་སོ་སོར་ཐར་པའོ། །བཟང་འགྲོར་ཞེས་བྱ་བ་ནི་བདེ་འགྲོ་མཐོ་རིས་ཏེ། ལྷ་དང་མིའི་འགྲོ་བའོ། །འགྲོ་བའི་ཞེས་བྱ་བ་ནི་དེར་འཇུག་ཅིང་ཐོབ་པའོ། །ངེས་པའི་ཞེས་བྱ ་བ་ནི་བསྟན་པ་གཅིག་ཏུ་གྱུར་པ་སྟེ་གདོན་མི་ཟ་བའོ། །ཆུ་ལོན་ཟམ་པ་ཞེས་བྱ་བ་ནི་ཆུ་ཡང་འགོག་པ་རྒྱུ་བའི་ཟམ་པར་གྱུར་པ་སྟེ་ངན་སོང་གི་ཆུ་ཡང་འགོག་པ་མཐོ་རིས་སུ་འགྲོ་བའི་ཟམ་པ་ཡང་ཡིན་པའི་ཕྱིར་རོ། །དེ་ནི་སོ་སོར་ཐར་པ་འདི་ཡིན་ཏེ། ཚུལ་ཁྲིམས་དེས ་ནི་བདེ་འགྲོའི་རྒྱུ་ཡིན་པའི་ཕྱིར་རོ། །དེས་ངན་སོང་ལས་སྒྲོལ་ཞིང་མངོན་པར་མཐོ་བའི་ལམ་ཐོབ་པའི་ཐབས་ཡིན་པར་བསྟན་ཏོ། །འདི་ནི་ཉོན་མོངས་ཕམ་བྱེད་ལམ། །རྒྱལ་པོ་ཡི་ནི་འདྲེན་པ་མཆོག་།འདི་ནི་ཐར་པའི་གྲོང་འཇུག་པའི། །ཐེམ་སྐས་གཞི་དང་འདྲ་བར་གནས ་ཞེས་བྱ་བ་ལ། འདི་ནི་ཞེས་པ་སོ་སོར་ཐར་པའོ། །ཉོན་མོངས་པ་ཞེས་བྱ་བ་ནི་འདོད་ཆགས་དང། ཁོང་ཁྲོ་བ་ལ་སོགས་པའི་ཉོན་མོངས་པ་དག་གོ་།ཕམ་བྱེད་ཅེས་བྱ་བ་ནི་སྤོང་བར་བྱེད་པའོ། །དེ་ཡང་གང་ཞེན་ལམ་སྟེ་འཕགས་པའི་ལམ་ཡན་ལག་བརྒྱད་པའོ། །རྒྱལ ་པོ་ཞེས་བྱ་བ་ནི་ཉོན་མོངས་པ་ཕམ་པར་བྱེད་པའི་ལམ་དེ་ཉིད་རྒྱས་པོ་དང་འདྲ་བས་རྒྱལ་པོ་སྟེ། ཉོན་མོངས་པའི་དགྲ་ཕམ་པར་བྱེད་པའི་ཕྱིར། །འདྲེན་པ་མཆོག་ཅེས་བྱ་བ་ནི་རྒྱལ་པོའི་སྙིང་ཚོམས་ལྟ་བུ་སྟེ། འདིས་འཕགས་པའི་ལམ་འདྲེན་པར་བྱེད་པའི ་ཕྱིར་རོ། །དེས་ནི་འཁོར་བའི་རྒྱུ་ཉོན་མོངས་པ་སྤོང་ཞིང་མྱ་ངན་ལས་འདས་པའི་རྒྱུ་འཕགས་པའི་ལམ་འདྲེན་པ་ཡིན་པར་བསྟན་ཏོ། །འདི་ནི་ཞེས་བྱ་བ་ནི་སོ་སོར་ཐར་པའོ། །ཐར་པའི་ཞེས་བྱ་བ་ནི་མྱ་ངན་ལས་འདས་པའོ། །གྲོང་ཞེས་བྱ་བ་ནི་ཐར་པ་དེ་ཉིད་གྲོང་ཁྱེར་དང། ་འདྲ་བས་གྲོང་ཞེས་བྱ་སྟེ། འཚེ་བ་ཐམས་ཅད་དང་བྲལ་བའི་ཕྱིར་རོ། །འཇུག་པའི་ཞེས་བྱ་བ་ནི་འགྲོ་བའོ། །ཐེམ་སྐས་གཞི་ཞེས་བྱ་བ་ནི་ཐེམ་སྐས་ཀྱི་རྟེན་མའོ། །སོ་སོར་ཐར་པ་འདི་ནི་དེ་དང་འདྲ་བར་གནས་པ་ཡིན་ཏེ་ལམ་གྱི་གཞི་ནི་ཚུལ་ཁྲིམས་ཡིན་པའི་ཕྱིར་རོ།། ་དེས་ནི་མྱ་ངན་ལས་འདས་པའི་འབྲས་བུ་ཐོབ་པའི་རྒྱུ་འཕགས་པའི་ལམ་གྱི་གཞི་ཉིད་ཡིན་པར་བསྟན་ཏོ། །དེ་ལྟར་ཚིགས་སུ་བཅད་པ་གཉིས་པོ་དེ་དག་གིས་ནི་སོ་སོར་ཐར་པ་ལ་བརྩལ་བར་བྱས་ན་ཚེ་ཕྱི་མ་ལ་འབྲས་བུ་དེ་ལྟར་ཐོབ་པས་ཚེ་ཕྱི་མའི་འབྲས་བུའི ་སྒོ་ནས་སོ་སོར་ཐར་པའི་ཆེ་བ་ཉིད་བརྗོད་པ་བསྟན་ཏོ། །སོ་སོར་ཐར་པ་ལ་སྟོན་པ་དང་འདྲ་བར་བསྟོད་པའི་སྒོ་ནས་སོ་སོར་ཐར་པའི་ཆེ་བ་ཉིད་བརྗོད་པའི་དབང་དུ་མཛད་ནས། ང་ནི་མྱ་ངན་ལས་འདས་གྱུར་ན། །འདི་ནི་ཁྱེད་ཀྱི་སྟོན་པ་ཞེས། །རང་འབྱུང་ཉིད་ཀྱིས་གུས་བྱས ་པར། །ནན་ཏན་དགེ་འདུན་ཚོགས་མདུན་བསྟོད། །ཞེས་བྱ་བའི་ཚིགས་སུ་བཅད་པ་གཅིག་གསུངས་ཏེ། ད་ནི་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཉིད་དོ། །མྱ་ངན་འདས་གྱུར་ན་ཞེས་བྱ་བ་ནི་ཕུང་པོ་ལྷག་མ་མ་ལུས་པའི་མྱ་ངན་ལས་འདས་པའི་དབྱིངས་སུའོ། །འདི་ནི་ཞེས་བྱ ་བ་ནི་སོ་སོར་ཐར་པའོ། །ཁྱེད་ཀྱི་ཞེས་བྱ་བ་ནི་ཉན་ཐོས་ཀྱི་དགེ་འདུན་རྣམས་ཀྱིའོ། །སྟོན་ཅེས་བྱ་བ་ནི་སྟོན་པ་དང་འདྲའོ་ཞེས་སོ། །རང་བྱུང་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཏེ་གཞན་གྱི་ལུང་མེད་པར་བཅོམ་ལྡན་འདས་བླ་ན་མེད་པའི་མཁྱེན་པ་བརྙེས་པའི་ཕྱིར་རོ། །ཉིད་ཀྱིས ་ཞེས་བྱ་བ་ནི་རང་གི་ཞལ་ཉིད་ཀྱིས་སོ། །གུས་པར་ཞེས་བྱ་བ་ནི་དགོངས་པ་གཏད་དེ་བསྟན་པའོ། །ནན་ཏན་ཞེས་བྱ་བ་ནི་ལྷུར་བཞེས་ནས་སོ། །དགེ་སློང་ཞེས་བྱ་བ་ནི་གསོལ་བ་དང་བཞིའི་ལས་ཀྱིས་བསྙེན་པར་རྫོགས་པའི་དགེ་སློང་ངོ། །ཚིགས་ཞེས་བྱ་བ་ནི་མང་པོ་འདུས ་པའོ། །མདུན་ཞེས་བྱ་བ་ནི་མངོན་སུམ་དུའོ། །བསྟོད་ཅེས་བྱ་བ་ནི་སྟོན་པ་དང་འདྲའོ་ཞེས་སོ། །དེས་ན་སྟོན་པ་བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་པའི་ཚེ་དགེ་སློང་དག་ད་ཕྱིན་ཆད་བདག་ཅག་པ་སྟོན་པ་མེད་པར་འགྱུར་རོ་སྙམ་དུ་དོགས་པ་བཟློག ་པའི་ཕྱིར་བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་ད་ཡོངས་སུ་མྱ་ངན་ལས་འདས་པར་འགྱུར་ན་སོ་སོར་ཐར་པ་འདི་ཁྱེད་ལ་སྟོན་པ་བྱེད་པར་འགྱུར་རོ་ཞེས་བསྟན་པར་འཇིད་པས་སོ་སོར་ཐར་པ?་སྟོན་པ་དང་འདྲ་བར་བསྟོད་པའི་སྒོ་ནས་སོ་སོར་ཐར་པའི་ཆེ་བ་ཉིད་བརྗེད ་པ་བསྟན་ཏོ། །ཚོགས་ཀྱི་ལམ་དཀོན་པས་ཚོགས་ཀྱི་ལམ་འབྲས་བུ་དང་བཅས་པར་བྱ་བའི་དབང་དུ་མཛད་ནས། །སངས་རྒྱས་ཞེས་བྱའི་སྒྲ་འདི་ཡང། །འཇིག་རྟེན་དག་ན་རབ་ཏུ་དཀོན། །འདི་ཉིད?་རྙེད་པ་ཤིན་ཏུ་དཀའ་། །རབ་ཏུ་བྱུང་བ་ཤིན་ཏུ་དཀོན། །ཞེས་བྱ་བ་ལ ་སོགས་པ་ཚིགས་སུ་བཅད་པ་གཉིས་གསུངས་སོ། །ཚོགས་ཀྱི་ལམ་ཞེས་བྱ་བ་ནི་སྦྱོར་བའི་ལམ་རྣམ་པར་དག་པའི་ལམ་ཐོབ་པའི་ཚོགས་དང་གཞིར་གྱུར་པའི་ལམ་རྣམ་པ་བཅུ་གསུམ་སྟེ། གཞན་གྱི་འབྱོར་བ་དང། བདག་གི་འབྱོར་པ་དང། དགེ་བའི་ཆོས་ལ་འདུན་པ་དང། ་ཚུལ་ཁྲིམས་སྡོམ་པ་དང། དབང་པོ་སྡོམ་པ་དང། ཟས་ཀྱི་ཚོད་དེ་རིག་པ་དང། ནམ་གྱི་ཆ་སྟོད་དང་ཆ་སྨད་ལ་མི་ཉལ་བར་སྦྱོར་བའི་རྗེས་སུ་བརྩོན་པ་ཉིད་དང། ཤེས་བཞིན་དུ་སྤྱོད་པ་ཉིད་དང། དགེ་བའི་བཤེས་གཉེན་དང། དམ་པའི་ཆོས་ཉན་ཅིང་སེམས་པ་དང། བར་ཆད ་མེད་པ་དང། གཏོད་པ་སེལ་བ་དང། དགེ་སྦྱོང་གི་རྒྱན་གང་ཡིན་པའོ། །དེ་ལ་སངས་རྒྱས་ཞེས་བྱ་བའི་སྒྲ་འདི་ཡང། འཇིག་རྟེན་དག་ན་རབ་ཏུ་དཀོན་ཞེས་བྱ་བ་ནི་གཞན་གྱི་འབྱོར་བ་དཀན་པ་བསྟན་ཏེ། གཞན་གྱི་འབྱོར་བ་གང་ཞེ་ན། དེ་ནི་རྣམ་པ་ལྔ་སྟེ། སངས་རྒྱས ་རྣམས་འབྱུང་བ་དང། དམ་པའི་ཆོས་བསྟན་པ་དང། ཆོས་བསྟན་པ་རྣམས་གནས་པ་དང། ཆོས་བསྟན་པ་རྣམས་རྗེས་སུ་འཇུག་པ་དང། གཞན་གྱི་ཕྱིར་རྗེས་སུ་སྙིང་བརྩེ་བར་བྱའོ། །དེས་སངས་རྒྱས་བཅོམ་ལྡན་འདས་ཞེས་བྱའི་སྒྲ་ཡང་འཇིག་རྟེན་དག་ན་རབ་ཏུ་དཀོན་ན་སངས ་རྒྱས་རྣམས་འབྱུང་བ་ལྟ་སྨོས་ཅི་དགོས། སངས་རྒྱས་རྣམས་འབྱུང་བ་དཀོན་ན། དམ་པའི་ཆོས་སྟོན་པ་ལྟ་ཡང་སྨོས་ཅི་དགོས་ཞེས་བསྟན་ཏོ། །མི་ཉིད་རྙེད་པ་ཤིན་ཏུ་དཀའ་ཞེས་བྱ་བས་ནི་བདག་གི་འབྱོར་བ་དཀོན་པར་བསྟན་ཏེ། བདག་གི་འབྱོར་པ་གང་ཞེ་ན། དེ་ཡང་རྣམ་པ ་ལྔ་སྟེ། མིར་གྱུར་པ་དང། ཡུལ་དབུས་སུ་སྐྱེས་པ་དང། དབང་པོ་ཚད་བ་དང། གནས་ལ་དད་པ་དང། ལས་ཀྱི་མཛའ་མ་ལོག་པའོ། །དེས་ནི་མིང་གྱུར་པ་ཉིད་ཀྱང། རྙེད་པར་ཤིན་ཏུ་དཀའ་ན་ཡུལ་དབུས་སུ་སྐྱེས་པ་ལ་སོགས་པ་ལྟ་སྨོས་ཀྱང་ཅི་དགོས་ཞེས་བསྟན་ཏོ། །རབ་ཏུ ་བྱུང་བ་ཤིན་ཏུ་དཀོན་ཞེས་བྱ་བས་ནི་དགེ་བའི་ཆོས་ལ་འདུན་པ་དཀོན་པར་བསྟན་ཏོ། །དགེ་བའི་ཆོས་ལ་འདུན་པ་གང་ཞེ་ན། དེ་བཞིན་གཤེགས་པ་འམ་དེའི་ཉན་ཐོས་དགེ་ལ་ཆོས་ཐོས་ཤིང་དད་པ་ཐོབ་པར་གྱུར་ལ། དད་པ་ཐོབ་ནས་ཁྱིམ་ནས་རབ་ཏུ་འབྱུང་ཞིང་ནན་ཏན ་གྱིས་བསྒྲུབ་པར་བྱའོ། །ཞེས་དེ་ལྟར་ཡང་དག་པར་སླང་བ་གང་ཡིན་པའོ། །དེས་ནི་ཆོས་ཐོས་ཤིང་དད་པ་ཡང་ཤིན་ཏུ་དཀོན་ན་རབ་ཏུ་བྱུང་ཞིང་ནན་ཏན་གྱིས་སྒྲུབ་པར་བྱེད་པ་ལྟ་སྨོས་ཀྱང་ཅི་དགོས་ཞེས་བསྟན་ཏོ། དེ་བཞིན་རབ་ཏུ་བྱུང་རྣམས་ཀྱིས། །ཚུལ་ཁྲིམས་ཕུན ་སུམ་ཚོགས་རབ་དཀོན་ཞེས་བྱ་བས་ནི་ཚུལ་ཁྲིམས་ཀྱི་སྡོམ་པ་དང། དབང་པོ་སྡོམ་པ་དང་ཟས་ཀྱི་ཚོད་རིག་པ་ཉིད་དང། ནམ་གྱི་ཆ་བསྟོད་དང་ནམ་གྱི་ཆ་སྨད་ལ་མི་ཉལ་བར་སྦྱོར་བའི་རྗེས་སུ་བརྩོན་པ་ཉིད་དང། ཤེས་བཞིན་དུ་སྤྱོད་པ་དཀོན་པར་བསྟན་ཏོ། །ཚུལ་ཁྲིམས ་ཀྱིས་སྡོམ་པ་གང་ཞེ་ན། རྣམ་པ་དྲུག་སྟེ། རྣམ་པར་དབྱེ་བ་དང་བསྡུས་པ་དང། ཕུན་སུམ་ཚོགས་པ་དང། རྣམ་གྲངས་དང་རྣམ་པར་དག་པ་དང། ཕན་ཡོན་ནོ། །དེ་ལ་རྣམ་པར་དབྱེ་བ་ནི་རྣམ་དྲུག་སྟེ། ཚུལ་ཁྲིམས་དང་ལྡན་པར་གནས་པ་དང། སོ་སོར་ཐར་པའི་སྡོམ་པས ་སྡམས་པ་དང། ཚོགས་ཕུན་སུམ་ཚོགས་པ་དང། སྤྱོད་ཡུལ་ཕུན་སུམ་ཚོགས་པ་དང། །ངན?་མ་ཐོ་བ་ཕྲ་རབ་ཙམ་ལ་ཡང་འཇིག་པར་ལྟ་བ་དང། བསླབ་པའི་གཞི་རྣམས་ཡང་དག་པར་བླངས་ཏེ་སློབ་པའོ། །བསྡུ་བ་ན་རྣམ་པ་གསུམ་དུ་བསྡུས་པ་སྟེ། ཚུལ་ཁྲིམས ་ཡང་དག་པར་བསླངས་པ་དང། དེས་པར་བྱིན་པའི་ཚུལ་ཁྲིམས་དང། ཚུལ་ཁྲིམས་བསྒོམ་པའོ། །ཕུན་སུམ་ཚོགས་པ་རྣམ་པ་བཅུས་ཕུན་སུམ་ཚོགས་པར་འགྱུར་ཏེ། དང་པོ་ཉིད་ནས་ལེགས་པར་བླངས་པ་ཉིད་དང། ཧ་ཅང་ཞུམ་པ་མ་ཡིན་པ་དང། ་ཧ་ཅང་ཐལ་བ་ཆེས་པ་མ་ཡིན་པ་དང། བག་ཡོད་པ་ལ་བརྩོན་འགྲུས་ཀྱིས་ཡོངས་སུ་ཟིན་པ་དང། ཡང་དག་པར་སྨོན་པ་དང་ཆོ་ག་མ་ཉམས་པས་ཡོངས་སུ་ཟིན་པ་དང། འཚོ་བ་མ་ཉམས་པས་ཡོངས་སུ་ཟིན་པ་དང། མཛའ་གཉིས་སུ་ལྟུང་བ་དང། ངེས་པར་འབྱུང་བ ་དང། ཡང་དག་པར་བླངས་པ་ཡོངས་སུ་མ་ཉམས་པའོ། །རྣམ་གྲངས་ནི་རྣམ་པ་དྲུག་སྟེ། ལ་ལར་ཚུལ་ཁྲིམས་རྩ་བའི་དོན་དུ་གསུངས་པ་དང། ལ་ལར་རྒྱན་དང། ལ་ལར་བྱུག་པ་དང། ལ་ལར་སྤོས་དང། ལ་ལར་ལེགས་པར་སྤྱད་པ་དང། ལ་ལར་སྡོམ་པའི་སྒྲར་གསུངས ་པའོ། །རྣམ་པར་དག་པ་ནི་རྣམ་པ་གསུམ་ཏེ། ཚུལ་ཁྲིམས་ཀྱི་སྡོམ་པ་དེ་ཡོངས་སུ་དག་པར་བྱ་བའི་ཕྱིར་ལུས་ཀྱི་ལས་ལ་སོ་སོར་རྟོག་པར་བྱེད་པ་དང། དག་གི་ལས་ལས་སོར་རྟོག་པར་བྱེད་པ་དང། ཡིད་ཀྱི་ལས་ལ་སོ་སོར་རྟོག་པར་བྱེད་པའོ། །ཕན་ཡོན་ནི་ཚུལ ་ཁྲིམས་ཀྱི་ཕན་ཡོན་རྣམ་པ་བཅུ་སྟེ། འགྱོད་པ་མེད་པའི་རིམ་གྱི་མཆོག་ཏུ་དགའ་བ་སྔོན་དུ་འགྲོ་བའི་ཆོས་ཐོས་པར་འགྱུར་བ་དང། འགྱོད་པ་མེད་པར་འཆི་བའི་དུས་བྱེད་པར་འགྱུར་བ་དང། ཕྱོགས་བཅུར་སྙན་པའི་སྒྲ་གྲགས་པར་འགྱུར་བ་དང། བདེ་བར ་གཉིད་ཀྱིས་ལོག་ཅིང། བདེ་བར་སད་བར་འགྱུར་བ་དང། གཉིད་ལོག་པ་ན་ལྷ་རྣམས་སྲུང་བར་འགྱུར་བ་དང། གཞན་ལས་སྡིག་པའི་བག་ཚ་བའམ་འཇིག་པ་དང། ད་དང་བ་མེད་པ་འགྱུར་བ་དང། དགྲ་བོ་རྣམས་ཀྱི་གླགས་ཤིག་རྙེད་ན་ཡང་ཚུལ་ཁྲིམས་རྣམ་པར ་དག་པའི་དབང་གིས་དེ་དག་བསྲུང་བ་ལ་སོགས་པས་ཕན་འདོགས་པར་འགྱུར་བ་དང། གནོད་སྦྱིན་དང་མི་མ་ཡིན་པ་གདུག་པ་གཉུག་མར་གནས་པ་རྣམས་ཀྱིས་གླགས་ཤིག་རྙེད་ན་ཡང་ཚུལ་ཁྲིམས་རྣམ་པར་དག་པའི་དབང་གིས་དེ་དག་བསྲུང་བ་ལ་སོགས ་པས་ཕན་འདོགས་པར་འགྱུར་བ་དང། གཞན་ལས་ཆོས་གོས་ལ་སོགས་པ་དག་ཚེགས་ཆུང་ངུས་ཐོབ་པར་འགྱུར་བ་དང། གང་དུ་སྐྱེ་བར་འདོད་པ་ལ་སོགས་པའི་སྨོན་ལམ་ཐམས་ཅད་ཡང་དག་པར་འགྲུབ་པར་འགྱུར་རོ། །དབང་པོ་སྡོམ་པ་གང་ཞེ་ན། དེ་ཚུལ་ཁྲིམས་ཀྱི་སྡོམ ་པ་དེ་ཉིད་ལ་བརྟེན་ནས་དྲན་པ་ཀུན་ཏུ་བསྲུང་བ་དང། དྲན་པ་ལ་རྟག་ཏུ་སྒྲུབ་པར་བྱེད་པ་དང། དྲན་པས་ཡིད་ཀུན་ཏུ་བསྲུང་བ་དང། གནས་སྐབས་མཉམ་པ་ལ་འཇོག་པར་བྱེད་ཅིང། མིག་དང། རྣ་བ་དང། སྣ་དང། ལྕེ་དང། ལུས་དང། ཡིད་ཀྱིས། གཟུགས་དང། ་སྒྲ་དང། དྲི་དང། རོ་དང། རེག་བྱ་དང། ཆོས་རྣམས་རྣམ་པར་ཤེས་པ་ན་ཡང་མཚན་མར་མི་འཛིན་ཅིང། མངོན་རྟགས་སུ་མི་འཛིན་ལ། གཞི་གང་ཁོ་ན་ལ་དེའི་སེམས་ཀྱི་རྗེས་སུ་སྡིག་པ་ནི་དགེ་བའི་ཆོས་རྣམས་ཟག་པར་གྱུར་པ་དེ་དག་སྡམ་པར་བྱ་བའི་ཕྱིར་སྒྲུབ་པར ་བྱེད་ཅིང་དབང་པོ་རྣམས་ཀྱང་བསྲུང་བར་བྱེད་ལ། དབང་པོ་རྣམས་ཀྱིས་ཀྱང་སྡོམ་པར་བྱེད་པས་ན་དབང་པོ་རྣམས་ཀྱི་སྒོ་བསྡམ་པ་ཡིན་ནོ། །ཟས་ཀྱི་ཚོད་རིག་པ་ཉིད་གང་ཞེ་ན། དེ་ལྟར་དབང་པོ་བསྡམས་པ་དེ་སོ་སོར་བརྟགས་ཤིང་ཟས་ཟར་བར་བྱེད་ལ། རྣམ་པར་རྟོག་པའི་ཕྱིར ་མ་ཡིན། རྒྱགས་པ་སྐྱེད་པའི་ཕྱིར་མ་ཡིན། སྡིག་པའི་ཕྱིར་མ་ཡིན། བརྒྱན་པའི་ཕྱིར་མ་ཡིན་གྱི་ཡུལ་འདི་གནས་པར་བྱ་བ་དང། འཚོ་བར་བྱ་བ་དང། བཀྲེས་པ་བསལ་བའི་ཕྱིར་དང། ཚངས་པར་སྤྱོད་པ་ལ་ཕན་པར་བྱ་བ་དང། ཚོར་བ་རྙིང་རྣམས་སྤང་བར་བྱ་བ་དང། ་གསར་རྣམས་མི་སྐྱེ་བར་བྱ་བའི་ཕྱིར་དང། བདག་འཚོ་ཞིང་སྟོབས་དང་བདེ་བ་དང་ཁ་ན་མ་ཐོ་བ་མེད་པ་དང། བདེ་བ་ལ་རེག་པར་གནས་པར་འགྱུར་རོ་སྙམ་དུ་སེམས་ཤིང་ཟས་ཟ་བ་ཡིན་ནོ། །ནམ་གྱི་ཆ་སྟོད་དང་ནམ་གྱི་ཆ་སྨད་ལ་མི་ཉལ་བར་སྦྱོར་བའི་རྗེས་སུ་བརྩོན ་པ་ཉིད་གང་ཞེ་ན། དེ་ལྟར་ཟས་ཀྱི་ཚོད་རིག་པ་དེ་ཉིད་ཀྱིས་འཆག་པ་དང་འདུག་པ་དག་གིས་སྒྲིབ་པར་འགྱུར་བའི་ཆོས་རྣམས་ལས་སེམས་ཡོངས་སུ་སྤྱོད་པར་བྱེད་ཅིང་མཚན་མོའི་ཐུན་དང་པོ་ལ་ཡང་འཆག་པ་དང་འདུག་པ་དག་གིས་སྒྲིབ་པར་འགྱུར་བའི་ཆོས་རྣམས ་ལ་སེམས་ཡོངས་སུ་སྦྱོད་པར་བྱེད་ལ། མཚན་མོའི་གུང་ཐུན་ལ་གཙུག་ལག་ཁང་ནས་བྱུང་སྟེ། གཙུག་ལག་ཁང་གི་ཕྱི་རོལ་ཏུ་རྐང་པ་བཀྲུས་ནས་གཙུག་ལག་ཁང་གི་ནང་དུ་ཞུགས་ཏེ་གློ་གཡས་པ་ཕབ་ནས་རྐང་པའི་སྟེང་དུ་རྐང་པ་བཞག ་སྟེ། སྣང་བའི་འདུ་ཤེས་དང་དྲན་པ་དང། ཤེས་བཞིན་དང་ལྡན་པ། ཁོ་ནའི་འདུ་ཤེས་ཡིད་ལ་བྱེད་བཞིན་དུ་ཉལ་བར་བྱེད་པ་དང། མཚན་མོའི་ཐུན་ཐ་མལ་མྱུར་བར་ཁོ་ནར་སད་པར་བྱས་ནས། འཆག་པ་དང། འཇུག་པ་དག་གིས་སྒྲིབ་པར་འགྱུར་བའི ་ཆོས་རྣམས་ལས་སེམས་ཡོངས་སུ་སྤྱོད་པར་བྱེད་པ་ཡིན་ནོ། །ཤེས་བཞིན་དུ་སྤྱོད་པ་ཉིད་གང་ཞེ་ན། དེ་ལྟར་མི་ཉལ་བར་སྦྱོར་བའི་རྗེས་སུ་བརྩོན་པར་འགྱུར་བ་དང། དེ་ལྟར་འགྲོ་བ་དང་ལྡོག་པ་ལ་ཤེས་བཞིན་དུ་སྤྱོད་པར་བྱེད་པ་དང། ཅུང་ཟད་རྟས་པ་དང། ་རྣམ་པར་རྟས་པ་དང། བསྐུམ་པ་དང། བརྐྱང་བ་དང། སྣམ་སྦྱར་དང། ཆོས་གོས་དང། ལྷུང་བཟེད་བཅད་བ་དང། ཟོས་པ་དང། འཐུངས་པ་དང། འཆོས་པ་དང། མྱངས་པ་དང། སོད་པབ་དང། སྡོད་པ་དང། འདུག་པ་དང། ཉལ་བ་དང། མི་ཉལ་བ་དང། སྨྲ་བ་དང། ་གཉིད་ཀྱི་སྙོམས་པ་བསལ་བ་ལ་ཡང་ཤེས་བཞིན་དུ་སྤྱོད་པ་ཡིན་ནོ། །དེ་ནི་ཚུལ་ཁྲིམས་སྡོམ་པ་ཡང་རབ་ཏུ་དཀོན་ན་དབང་པོ་སྡོམ་པ་ལ་སོགས་པ་ལྟ་སྨོས་ཀྱང་ཅི་དགོས་བསྟན་ཏོ། །ཚུལ་ཁྲིམས་ཡོངས་སུ་དག་གྱུར་ཀྱང། །གྲོགས་བཟངས་ཤིན་ཏུ་རྙེད་པར་དཀའ་ཞེས ་བྱ་བས་ནི་དགེ་བའི་བཤེས་གཉེན་བསྟེན་པ་དང། དམ་པའི་ཆོས་ཉན་ཅིང་སེམས་པ་དང། བར་ཆད་མེད་པ་དང། གཏོང་བ་སྤེལ་བ་དང། དགེ་སྦྱོང་གི་རྒྱན་དཀོན་པར་བསྟན་པའོ། །དགེ་བའི་བཤེས་གཉེན་གང་ཞེ་ན། རྒྱུ་རྣམ་པ་བརྒྱད་ཀྱིས་ན་རྣམ་པ་ཐམས་ཅད་ཡོངས ་སུ་རྫོགས་པའི་དགེ་བའི་བཤེས་གཉེན་ཡིན་པར་རིག་པར་བྱ་སྟེ། བརྒྱད་གང་ཞེ་ན། ཚུལ་ཁྲིམས་ལ་གནས་པ་དང། མང་དུ་ཐོས་པ་དང། རྟོག་པ་དང་ལྡན་པ་དང། རྗེས་སུ་སྙིང་བརྩེ་བ་དང་ལྡན་པ་དང། ཡིད་ཡོངས་སུ་མི་སྐྱོ་བ་དང། བཟོད་པ་དང་ལྡན་པ་དང། མི་འཇིག ་པ་དང་ལྡན་པ་དང། ཚིག་གི་བྱ་བ་དང་ལྡན་པ་ཡིན་ནོ། །དམ་པའི་ཆོས་ཉན་ཅིང་སེམས་པ་གང་ཞེ་ན། སངས་རྒྱས་དང། སངས་རྒྱས་ཀྱི་ཉན་ཐོས་རྣམས་བསྟན་པའི་ཆོས་གསུངས་རབ་ཏུ་གཏོགས་པ་ཡན་ལག་བཅུ་གཉིས་སྡེ་སྣོད་གསུམ་གྱིས་བསྡུས་པ་དག་འཛིན་ཅིང་ཚིག ་འབྲུ་དང། དོན་ཉན་པ་དང། གཅིག་པུར་དབེན་པར་སོང་སྟེ་བསམ་གྱིས་མི་ཁྱབ་པའི་གནས་རྣམས་སྤངས་ནས་ཇི་སྐད་ཐོས་པའི་ཆོས་དེ་དག་ཉིད་རང་དང་སྤྱིའི་མཚན་ཉིད་ཀྱིས་སྒོ་ནས་བགྲང་བའི་རྣམ་པས་ཆོས་རྣམས་ལ་བགྲང་བའི་ཚུལ་གྱིས་སེམས་པར་བྱེད་པ་དང། ་གཞལ་བའི་རྣམ་པར་རིག་པས་ཡོན་ཏན་དང། སྐྱོན་ཉེ་བར་བརྟག་པའི་ཚུལ་སེམས་པར་བྱེད་པ་ཡིན་ནོ། །བར་ཆད་མེད་པ་གང་ཞེ་ན། ནད་ལ་བརྟེན་པའི་བར་ཆད་དང། ཕྱི་ལ་རྟེན་པའི་བར་ཆད་མེད་པ་སྟེ། དེ་ལ་ནང་ལ་བརྟེན་པའི་བར་ཆད་ནི་སྔོན་བསོད་ནམས་མ་བྱས་པའི ་ཕྱིར་མཚོ་བའི་ཡོ་བྱད་རྐྱེན་དུ་བབ་པ་དག་དུས་དུས་སུ་རྙེད་པར་མི་འགྱུར་བ་དང། འདོད་ཆགས་དང། ཞེ་སྡང་དང། གཏི་མུག་ཤས་ཆེ་ཞིང་ཡུན་རིང་བ་དང། སྔོན་ནད་པ་མང་བར་འགྱུར་བའི་ལས་བྱས་པས་ནད་མང་བ་དང། ཚེ་འདི་ལ་མི་མཐུན་པར་སྤྱད་པས་དེའི་ལུས་ལ ་རླུང་དང། མཁྲིས་པ་དང། བད་ཀན་འཁྲུགས་ཤིང་འདུས་པ་ལ་སོགས་པར་འགྱུར་བ་དང། ཟས་ལག་དུ་བ་དང། དོན་མང་བ་དང། བྱ་བ་མང་བ་དང། ཚིག་འདུབ་མང་བ་དང། ལས་ལ་དགའ་བ་དང། སྨྲ་བ་ལ་དགའ་བ་དང། གཉིད་ལ་དགའ་བ་དང། བྲ?་མོའི་གཏམ་ལ་དགའ་བ་དང། འདུ་འཛི ་མང་བ་དང། བདག་ཉིད་རབ་ཏུ་འཛིན་པ་དང། མི་བརྟན་པ་དང། བག་མེད་པ་དང། ཡུལ་ངན་པར་སྐྱེས་པ་དང། དེ་ལྟ་བུ་དང་མཐུན་པ་དག་གོ་།ཕྱི་རོལ་ལ་བརྟེན་པའི་བར་ཆད་ནི་སྐྱེས་བུ་དམ་པ་མ་ཡིན་པ་ལ་བརྟེན་ཅིང་དེ་ལ་རྗེས་སུ་མཐུན་པའི་གདམས་ངག་དང་རྗེས་སུ་བསྟན་པ ་དུས་སུ་མི་འཐོབ་པ་དང། ཡུལ་ངན་པར་གནས་པས་ཉིན་མོ་ཉོན་མོངས་ཤིང་མི་སྡུག་པ་མང་བ་དང། མཚན་མོ་སྐྱེ་བོ་རྟག་ཏུ་སྒྲ་འབྱིན་ཅིང་ཅ་ཅོ་མང་ལ་ཀླག་ཅོར་ཆེ་བ་དང། ཉི་མའི་རེག་པ་གྲང་ཞིང་ཚ་བ་ཉིད་དང། མི་དང་མི་མ་ཡིན་པས་འཇིགས་པ་དང། དེ་ལྟ་བུ་དག་དང ་མཐུན་པ་དག་གོ་།གཞན་ཡང་བར་ཆད་རྣམ་པ་གསུམ་སྟེ། སྦྱོར་བའི་བར་ཆད་དང། རབ་ཏུ་དབེན་པའི་བར་ཆད་དང། ནང་དུ་ཡང་དག་པར་འཇོག་གི་བར་ཆད་མེད་པ་ཡིན་ནོ། །གཏོང་བ་སྤེལ་བ་གང་ཞེན། སེམས་ཀྱི་རྒྱན་དང། སེམས་ཀྱི་ཡོ་བྱད་དང། རྣལ ་འབྱོར་གྱི་ཚོགས་དང། དོན་གྱི་མཆོག་ཐོབ་པར་བྱ་བའི་ཕྱིར་ཁ་ན་མ་ཐོ་བ་མེད་པའི་སྦྱིན་པ་སྦྱིན་བར་བྱེད་པ་སྟེ། ང་ཡང་སུས་སྦྱིན་པར་བྱེད། སུ་ལ་སྦྱིན་པར་བྱེད། ཅི་ཞིག་སྦྱིན་པར་བྱེད། ཅེས་སྦྱིན་པར་བྱེད། ཇི་ལྟར་སྦྱིན་པར་བྱེད། ཅིའི་ཕྱིར་སྦྱིན་པར་བྱེད་ཅིང། ་གང་གིས་དེའི་སྦྱིན་པ་ཁ་ན་མ་ཐོ་བ་མེད་པར་འགྱུར་བ་ཡིན་ཞེ་ན། སུས་སྦྱིན་པར་བྱེད་ཅེ་ན། སྦྱིན་པ་པོ་དང་སྦྱིན་བདག་གིས་སྦྱིན་པར་བྱེད་དོ། །སུ་ལ་སྦྱིན་པར་བྱེད་ཅེ་ན། བཞི་ལ་སྟེ། སྡུག་བསྔལ་བ་དང། ཕན་འདོགས་པ་དང། སྡུག་པ་དང། ཁྱད་པར་ཅན་ལ ་སྦྱིན་པར་བྱེད་དོ། །ཅི་ཞིག་སྦྱིན་པར་བྱེད་ཅེ་ན། སེམས་ཅན་དུ་བགྲང་བ་དང། སེམས་ཅན་དུ་བགྲང་བ་མ་ཡིན་པའི་དངོས་པོ་སྦྱིན་པར་བྱེད་དོ། །ཅིས་སྦྱིན་བར་བྱེད་ཅེ་ན། སེམས་མངོན་པར་འདུ་བྱེད་པ་ཡིད་ཀྱི་ལས་ཆགས་པ་མེད་པ་དང་ལྡན་པའི་སེམས་པ་གང ་ཡིན་པ་དང། སྦྱིན་པའི་བྱ་བ་དངོས་པོ་ཡོངས་སུ་གཏང་བར་བྱ་བའི་ཕྱིར་རང་གི་རྒྱུད་དང་གཞན་གྱི་རྒྱུད་ལ་དེས་ཀུན་ནས་བསླང་བའི་ལུས་དང། ངག་གི་ལས་ཡིན་པ་དེས་སྦྱིན་པར་བྱེད་དོ། །ཇི་ལྟར་སྦྱིན་པར་བྱེད་ཅེ་ན། མ་འོངས་པ་ལ་ལྟ་བ་དང། འབྲས་བུ་མཐོང་བའི ་དད་པས་སྦྱིན་པར་བྱེད་པ་དང། དད་པའི་སེམས་ཀྱིས་གུས་པས་སྦྱིན་པར་བྱེད་པ་དང། བརྙས་པ་མེད་པར་རང་གི་ལག་ནས་སྦྱིན་པར་བྱེད་པ་དང། གཞན་ལ་མི་འཁོ་བའི་དུས་སུ་སྦྱིན་པར་བྱེད་པ་དང། ཆོས་མཐུན་པ་དང། གཟུ་ལུམས་མ་ཡིན་པར་ལེགས་པར ་བསྒྲུབས་ཏེ་གཞན་ལ་མི་གནོད་པ་སྦྱིན་པར་བྱེད་པ་དང། གཙང་བ་དང། བཟང་པོ་དང། དམ་པ་དང་རུང་བ་སྦྱིན་པར་བྱེད་པ་དང། སེར་སྣའི་དྲི་མ་དང། གསོག་འཇོག་གི་དྲི་མ་བསལ་ཏེ་སྦྱིན་པར་བྱེད་པ་དང། སྦྱིན་པར་བྱེད་པའི་སྔ་རོལ་ཏུ་ཡང་ཡིད་དགའ་ལ། ་སྦྱིན་པའི་ཚེ་ན་ཡང་རབ་ཏུ་དད་པར་བྱེད་ཅིང། བྱིན་ནས་ཀྱང་འགྱོད་པ་མེད་པར་འགྱུར་བ་དེ་ལྟར་སྦྱིན་པར་བྱེད་དོ། །ཅིའི་ཕྱིར་སྦྱིན་པར་བྱེད་ཅེ་ན་བསྡུག་བསྔལ་བ་རྣམས་ལ་སྙིང་བརྩེ་བའི་ཕྱིར་དང། ཕན་འདོགས་པ་རྣམས་ལ་བྱས་པ་བཟོ་བའི་ཕྱིར་དང། སྡུག་པ་རྣམས ་བྱམས་པ་དང། གུས་པ་དང། གཅུགས་པའི་ཕྱིར་དང། ཁྱད་པར་ཅན་རྣམས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཁྱད་པར་འདོད་པའི་ཕྱིར་སྦྱིན་པར་བྱེད་དོ། །གང་གིས་དེའི་སྦྱིན་པ་ཁ་ན་མ་ཐོ་བ་མེད་པར་འགྱུར་པ་ཡིན་ཞེ་ན། དེ་སེམས་ཀྱི་རྒྱན་དང། དེ་སེམས་ཀྱི་ཡོ ་བྱད་དང། རྣལ་འབྱོར་གྱི་ཚོགས་དང། དོན་གྱི་མཆོག་ཐོབ་པར་བྱ་བའི་ཕྱིར་རྣམ་པ་དེ་དག་གིས་ཁྱིམ་པ་འམ། རབ་ཏུ་བྱུང་བ་དག་ལ་སྦྱིན་པར་བྱེད་ན་སྦྱིན་པ་ནི་ཁ་ན་མ་ཐོ་བ་མེད་པར་འགྱུར་བ་ཡིན་ཏེ་དེ་ནི་གཏོང་བ་སེལ་བ་ཞེས་བྱའོ། །དགེ་སྦྱོང་གི་རྒྱན་གང་ཞེ་ན། མདོར་ན་རྣམ ་པ་བཅུ་བདུན་ཏེ། དད་པ་དང་ལྡན་པ་དང། གཡོ་མེད་པ་དང། ནད་ཉུང་བ་དང། བརྩོན་འགྲུས་བརྩམ་པའི་རང་བཞིན་ཅན་དང། ཤེས་རབ་རྣོ་བ་དང། འདོད་པ་ཆུང་བ་དང། ཆོག་ཤེས་པ་དང། གསོ་བླ་བ་དང། དགར་བླ་བ་དང། སྤྱངས་པའི་ཡོན་ཏན་དང་ལྡན་པ་དང་མཛེས་པ་དང ་དྲོད་རིག་པ་དང། སྐྱེས་བུ་དམ་པའི་ཆོས་དང་ལྡན་པ་དང། མཁས་པའི་རྟགས་དང་ལྡན་པ་དང། བཟོད་པ་ཆེ་བ་དང། ངེས་པ་དང། གྱ་ནོམ་བ་ཡིན་ནོ། །དེས་ནི་དགེ་བའི་བཤེས་གཉེན་ཡང་ཤིན་ཏུ་རྙེད་པར་དཀའ་ན་དམ?་འཚོ?་མ་ཉན་ཅིང་སེམས་པ་ལ་སོགས་པ་ལྟ་སྨོས་ཀྱང་ཅི ་དགོས་ཞེས་བསྟན་ཏོ། །དེ་ལྟར་ཚིགས་སུ་བཅད་པ་གཉིས་པོ་དེ་དག་གིས་ནི་ཚོགས་ཀྱི་ལམ་དཀོན་པས་དེ་འབྲས་བུ་དང་བཅས་པར་བྱ་དགོས་པའི་སྒོ་ནས་ཚོགས་ཀྱི་ལམ་འབྲས་བུ་དང་བཅས་པར་བྱ་བ་བསྟན་ཏོ། །ཚོགས་ཀྱི་ལམ་རྙེད་པ་ཚོགས་ཀྱི་ལམ་འབྲས་བུ་དང་བཅས ་པར་བྱ་བའི་དབང་དུ་མཛད་ནས། འཇིག་རྟེན་སངས་རྒྱས་འབྱུང་བ་དང། །མི་དང་རབ་ཏུ་བྱུང་བ་དང། །ཚུལ་ཁྲིམས་ཕུན་སུམ་ཚོགས་པ་དང། །གྲོགས་བཟང་རྙེད་དཀའ་རྙེད་གྱུར་ནས། །ཞེས་བྱ་བའི་ཚིགས་སུ་བཅད་པ་གཅིག་གསུངས་ཏེ། འཇིག་རྟེན་སངས་རྒྱས་འབྱུང་བ་དང ་ཞེས་བྱ་བས་གཞན་གྱི་འབྱོར་པ་རྙེད་པ་བསྟན་ཏོ། །མི་རང་ཞེས་བྱ་བས་ནི་བདག་གི་འབྱོར་བ་རྙེད་པ་བསྟན་ཏོ། །རབ་ཏུ་བྱུང་བ་དང་ཞེས་བྱ་བས་ནི་དགེ་བའི་ཆོས་ལ་འདུན་བ་རྙེད་པར་བསྟན་ཏོ། །ཚུལ་ཁྲིམས་ཕུན་སུམ་ཚོགས་པ་དང་ཞེས ་བྱ་བས་ནི་ཚུལ་ཁྲིམས་ཀྱི་སྡོམ་པ་དང། དབང་པོའི་སྡོམ་པ་དང། ཟས་ཀྱི་ཚོང?་རིག་པ་ཉིད་དང། ནམ་གྱི་ཆ་སྟོང་དང་ནམ་གྱི་ཆ་སྨད་ལམ་ཉིལ་བ་རབ་སྦྱོར་བའི་རྗེས་སུ་བརྩོན་པ་ཉིད་དང། ཤེས་བཞིན་དུ་སྤྱོད་པ་ཉིད་རྙེད་པ་བསྟན་ཏོ། །གྲོགས་བཟང་རྙེད་དཀའ་ ་རྙེད་གྱུར་ནས་ཞེས་བྱ་བ་ནི་དགེ་བའི་བཤེས་གཉེན་དང། དམ་པའི་ཆོས་ཉན་ཅིང་སེམས་པ་དང། བར་ཆད་མེད་པ་དང། གཏོང་བ་སྤེལ་བ་དང། དགེ་སྦྱོང་གི་རྒྱན་རྙེད་པ་བསྟན་ཏོ། །དེ་ལྟར་ཚིགས་སུ་བཅད་པ་གཅིག་པོ་ངོས་ནི་ཚོགས་ཀྱི་ལམ་རྙེད་པས་དེ་འབྲས ་བུ་དང་བཅས་པར་བྱ་དགོས་པའི་སྒོ་ནས་ཚོགས་ཀྱི་ལམ་འབྲས་བུ་དང་བཅས་པར་བསྟན་ཏོ། །ཚོགས་ཀྱི་ལམ་རྙེད་ན་ནན་ཏན་དུ་བྱ་བའི་སྒོ་ནས་ཚོགས་ཀྱི་ལམ་འབྲས་བུ་དང་བཅས་པར་བྱ་བའི་དབང་དུ་མཛད་ནས། མཁས་པ་བདག་ལ་ལེགས་འདོད་ཅིང། ་དེ་དག་འབྲས་བཅས་བྱེད་འདོད་པས། །སྡོམ་བརྩོན་རྣམས་ཀྱིས་སོ་སོར་ཐར། །མཉན་པའི་ཕྱིར་ནི་འབད་པར་བྱ། །ཞེས་བྱ་བའི་ཚིགས་སུ་བཅད་པ་གཅིག་གསུངས་ཏེ། མཁས་པ་ཞེས་བྱ་བ་ནི་མཁས་པའི་རྟགས་དང་ལྡན་པ་སྟེ། ལུས་ཀྱིས་ལེགས་པར་བྱེད་པ་དང ་ངག་གིས་ལེགས་པར་སྨྲ་བར་བརྗོད་པ་དང། ཡིད་ཀྱི་ལེགས་པར་བསམས་པར་སེམས་པའོ། །བདག་ལེགས་པར་འདོད་ཅིང་ཞེས་བྱ་བས་ནི་བདག་ཉིད་ཤེས་པ་ཞེས་བྱ་བའི་ཐ་ཚིག་གོ་།དེ་དག་འབྲས་བཅས་བྱེད་འདོད་པས་ཞེས་བྱ་བས་ནི་ཚོགས་ཀྱི་ལམ ་དེ་དག་འབྲས་བུ་དང་བཅས་པར་བྱེད་འདོད་པ་སྟེ། སྦྱོར་བའི་ལམ་དང་རྣམ་པར་དག་པའི་ཐོབ་པར་འདོད་པས་ཞེས་པའི་ཐ་ཚིག་གོ་།སྡོམ་བརྩོན་རྣམས་ཀྱི་ཞེས་བྱ་བས་ནི་རབ་ཏུ་བྱུང་བ་རྣམས་ཀྱིས་སོ། །དེ་རྣམས་ཀྱིས་སོ་སོར་ཐར་པ་མཉན་པའི་ཕྱིར་ནི་འབང ་བར་བྱའོ་ཞེས་བྱ་བར་སྦྱ་བར་ཏེ། ཐོས་པ་དང། གཟུང་བ་དང། འཛིན་པ་དང། སྒྲུབ་པ་ལ་འབར་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ་།དེ་ལྟར་ཚིགས་སུ་བཅད་པའི་གཅིག་པོ་དེས་ནི་ཚོགས་ཀྱིས་ལམ་རྙེད་པར་ནན་ཏན་དུ་བྱ་བའི་སྒོ་ནས་ཚོགས་ཀྱི་ལམ་འབྲས་བུ་དང་བཅས་པར ་བསྟན་ཏོ། །བདག་གི་དབང་དུ་བྱས་ནས་སོ་སོར་ཐར་པ་བསྒྲུབ་པར་བསྟན་པའི་ཕྱིར། དགེ་སློང་དབང་དུལ་ཀུན་དབང་པོ་ཞེས་བྱ་བ་གསུངས་ཏེ། དབང?་དུལ་ཞེས་བྱ་བ་ནི་མིག་ལ་སོགས་པ། དབང་པོ་ལྔ་པོ་དག་གསུངས་ཏེ། མིག་གིས་གཟུགས་མཐོང་ན་མཚན་མར་མི ་འཛིན་མངོན་རྟགས་སུ་མི་འཛིན་ཅིང། རྗེས་སུ་ཆགས་པ་དང། ཁོང་ཁྲོ་བར་མ་འགྱུར་བ་ལ་སོགས་པའོ། །ཀུན་དབང་པོ་ཞེས་བྱ་བ་ནི་གནས་སྐབས་མཉམ་པ་ལ་འཇོག་པ་སྟེ། དབང་པོ་དམིགས་པ་དང། ཡུལ་དང། དུས་དང། གང་ཟག་ལ་སོགས་པའི་གནས་སྐབས་ཐམས ་ཅད་ལ་དབང་པོ་དུལ་བར་བྱེད་པའོ། །དེས་བདག་ཉིད་ཀྱི་བསམ་པ་ཤིན་ཏུ་རྣམ་པར་དག་པའི་ཕྱིར་དགེ་སློང་གི་ཚུལ་ཁྲིམས་རྣམས་ལས་བསླབ་པ་ཉམས་པར་བྱེད་པ་ན་བདག་ཉིད་ལ་བརྟེན་ཏེ་ངོ་ཚ་ཤེས་པ་སྐྱེ་བའི་སྒོ་ནས་བདག་གི་དབང་དུ་བྱས་ཏེ་སོ་སོར་ཐར་པ་བསྒྲུབ ་པར་བྱ་བ་བསྟན་ཏོ། །གཞན་གྱི་དབང་དུ་བྱས་ནས་སོ་སོར་ཐར་བ་བསྒྲུབ་པ་བསྟན་པའི་ཕྱིར། སངས་རྒྱས་མི་འགྱུར་རབ་བྱུང་བ་ཞེས་བྱ་བ་གསུངས་ཏེ། སངས་རྒྱས་ཞེས་སྨོས་པས་ནི་སངས་རྒྱས་ལས་སམ་སངས་རྒྱས་ཀྱི་ཕྱིར་རབ་ཏུ་བྱུང་ཞེས་སྦྱར་རོ། །མི་འགྱུར་ཞེས་བྱ ་བ་ནི་དེས་ཤིང་འཕྲུལ་བ་མེད་པ་སྟེ། བུ་ལོན་གྱིས་འཇིགས་པ་དང། འཚོ་བ་མེད་པས་འཇིགས་པ་འམ། རྒྱལ་པོའི་འཇིགས་པ་ལ་སོགས་པས་རབ་ཏུ་བྱུང་བ་མ་ཡིན་གྱི། ཚུལ་ཁྲིམས་དང་པོ་ཉིད་ནས་ཡང་དག་པར?་བླངས་པའི་ཡོན་ཏན་དང་ལྡན་པའོ། །རབ ་བྱུང་བ་ཞེས་བྱ་བ་ནི་ཕ་རོལ་ལས་ལེགས་པར་ཡང་དག་པར་བླངས་ཏེ། མང་ཁྲེག་པའོ། །དེས་ནི་ཕ་རོལ་ལས་ལེགས་པར་ཡང་དག་པར་བླངས་པའི་ཕྱིར་དང། དགེ་སློང་ཚུལ་ཁྲིམས་རྣམས་བླངས་པ་ཉམས་པར་བྱེད་ན་ཕ་རོལ་ལ་བརྟེན་ཏེ་ཁྲེལ་ཡོད་པ་སྐྱེ་བར་བྱ ་པའི་སྒོ་ནས་གཞན་གྱི་དབང་དུ་བྱས་ཏེ། སོ་སོར་ཐར་པ་བསྒྲུབ་པར་བྱ་བ་བསྟན་ཏོ། །ཆོས་ཀྱི་དབང་དུ་བྱས་ནས་ནི་སོ་སོར་ཐར་པ་བསྒྲུབ་པར་བསྟན་པར་བྱ་བའི་ཕྱིར། ངེས་པར་ཐར་པ་འདོད་རྣམས་ཀྱིས་ཞེས་བྱ་བ་གསུངས་ཏེ། ངེས་པར་ཐར ་པ་ཞེས་བྱ་བ་ནི་མྱ་ངན་ལས་འདས་པ་སྟེ་སྡུག་བསྔལ་བསྟན་པའི་ཕྱིར་རོ། །འདོད་རྣམས་ཀྱི་ཞེས་བྱ་བ་དོན་དུ་གཉེར་བ་རྣམས་ཀྱིས་སོ། །དེས་ནི་ཉམས་པར་གྱུར་ན་ཕྱིར་གསོ་བར་བྱེད་པའི་ཕྱིར་དགེ་སློང་གི་ཚུལ་ཁྲིམས་རྣམས་ལས་བསླབ་པ་ཉམས་པ་ན། འགྱོད ་པ་མེད་པ་སྒོ་ནས་ཆོས་ཀྱི་དབང་དུ་བྱས་ཏེ། སོ་སོར་ཐར་པ་བསྒྲུབ་པར་བྱ་བ་བསྟན་ཏོ། །བསྒྲུབ་པའི་མཚན་ཉིད་ཀྱི་སོ་སོར་ཐར་བསྟན་པའི་ཕྱིར། སོ་སོར་ཐར་པ་རྟག་ཏུ་བསྲུངས་ཞེས་བྱ་བ་གསུངས་ཏེ། རྟག་ཏུ་བསྲུངས་ཞེས་བྱ་བ་ནི་ཐོག་མ་ཉིད་ནས་ཉམས ་པར་མི་འགྱུར་བར་གུས་པ་སྐྱེད་ཅིག་ཅེས་བྱ་བའི་ཐ་ཚིག་གོ་།དེས་ནི་ཉམས་པར་མི་བྱ་བའི་ཕྱིར་གུས་པ་སྐྱེད་ནས་དྲན་པ་ཉེ་བར་གནས་པའི་ཕྱིར་དགེ་སློང་ཚུལ་ཁྲིམས་དང་ཡང་དག་པར་བླངས་པ་སྲུང་བའི་སྒོ་ནས་བསྒྲུབ་པའི་མཚན་ཉིད་ཀྱི་སོ་སོར་ཐར་པ ་བསྒྲུབ་པར་བསྟན་ཏོ། །གླེང་བསླང་བའི་མཚན་ཉིད་བཤད་ཟིན་ཏོ། །དེའི་འོག་ཏུ་ཡང་དག་པར་བརྩམ་པའི་མཚན་ཉིད་བཤད་པར་བྱ་སྟེ། ཡང་དག་པར་བརྩམ་པའི་མཚན་ཉིད་ཅེས་བྱ་བ་ནི་སོ་སོར་ཐར་པའི་གཞུང་རྒྱས་པ་ཡང་དག་པར་བརྩམ་པའོ། །དེ་ཡང་སོ ་སོར་ཐར་པ་རྙེད་པར་དཀའ་བ་དང། དཀོན་མཆོག་གསུམ་འབྱུང་བ་བདེ་བ་ལ་སོགས་པའི་སྒོ་ནས་ཡང་དག་པར་བརྩམ་པར་དགོངས་ནས། དེ་ཉིད་ཕྱིར་བསྐལ་པ་བྱེ་བ་རྣམས་སུ་ཡང་ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་དྲུག་གསུངས་སོ། །འདིར་ཡང་ཚིགས་སུ ་བཅད་པ་དྲུག་པོ་དེ་དག་གི་བརྗོད་པར་བྱ་བ་དང། དགོས་པ་དང། འབྲེལ་པ་དང། དགོས་པའི་དགོས་པ་བརྗོད་པ་བྱའོ། །དེ་ལ་བརྗོད་པར་བྱ་བ་ནི་སོ་སོར་ཐར་པ་ལ་གུས་པར་བྱ་བའོ། །དགོས་པ་ནི་སྒྲུབ་པར་བྱེད་པའོ། །འབྲེལ་པ་ནི་ཡང་དག་པར་བརྩམ་པའི་ཚིགས་སུ ་བཅད་པའི་ཐབས་འདི་དང། དགོས་པ་ཐབས་ལས་བྱུང་བའི་མཚན་ཉིད་གཉིས་འབྲེལ་པའོ། །དགོས་པའི་དགོས་པ་ནི་སོ་སོར་ཐར་པ་ལ་གུས་པར་གྱུར་ནས་སོ་སོར་ཐར་པ་ཡང་དག་པར་བརྩམ་པར་འདོད་པས་སོ་སོར་ཐར་པ་གཞུང་རྒྱས་པ་མཉན་ལ་སོགས་བྱེད་པའོ། །དེ་ལ ་ཚིགས་སུ་བཅད་པ་དྲུག་པོ་འདི་དག་གི་བསྡུས་པའི་དོན་ནི་རྣམ་པ་བདུན་ཏེ། སོ་སོར་ཐར་པ་རྙེད་པར་དཀའ་བ་དང། དཀོན་མཆོག་གསུམ་འབྱུང་བ་བདེ་བ་དང། དགེ་བའི་བཤེས་གཉེན་ལ་བརྟེན་པ་བདེ་བ་དང། སྡིག་པའི་གྲོགས་པོ་སྤངས་པ་བདེ་བ་དང། དགེ་བའི་བཤེས ་གཉེན་གྱི་ཁྱད་པར་ལ་བརྟེན་པ་བདེ་བ་དང། ཐོབ་པར་བྱ་བ་དང་དེ་བསྒྲུབ་པ་བདེ་བ་དང། སྒྲུབ་པར་བྱེད་པ་སྤྱངས་པའི་ཡོན་ཏན་དང་ལྡན་པ་བདེ་བའོ། །དེ་ལ་བསྐལ་པ་བྱེ་བ་རྣམས་སུ་ཡང་ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གཅིག་གི་ས་ནི་སོ་སོར་ཐར་མ་སྙེད་པར་དཀའ་ ་བ་བསྟན་ཏོ། །སངས་རྒྱས་རྣམས་ནི་འབྱུང་བ་བདེ་ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གཅིག་གིས་ནི་དཀོན་མཆོག་གསུམ་འབྱུང་བ་བདེ་བ་བསྟན་ཏོ། །འཕགས་པ་རྣམས་ནི་མཐོང་བ་བདེ། །དམ་པ་ངག་དང་འགྲོགས་པ་བདེ་བ་ཞེས་བྱ་བས་ནི་དགེ་བའི་བཤེས་གཉེན ་ལ་བརྟེན་པ་བདེ་བ་བསྟན་ཏོ། །བྱིས་པ་རྣམས་ནི་མ་མཐོང་ན། རྟག་ཏུ་བདེ་བ་ཉིད་དུ་འགྱུར་ཞེས་བྱ་བས་ནི་སྡིག་པའི་གྲོགས་པོ་སྤངས་པ་བདེ་བ་བསྟན་ཏོ། །ཚུལ་ཁྲིམས་ལྡན་པ་མཐོང་བ་བདེ་ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གཅིག་གིས་ནི་དགེ་བའི་བཤེས་གཉེན ་གྱི་ཁྱད་པར་ལ་བརྟེན་པ་བདེ་བ་བསྟན་ཏོ། །འཇུག་དོགས་བདེ་བའི་ཆུ་ཀླུང་བདེ་ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གཅིག་གིས་ནི་ཐོབ་པར་བྱ་བ་དང། དེ་བསྒྲུབ་པ་བདེ་བ་བསྟན་ཏོ། །ངེས་པར་བྱས་ཤིང་དབང་པོ་ཐུལ་བ་དག?་ཅེས་བྱ་བ་ལ་སོགས་པ་ཚིགས་སུ ་བཅད་པ་གཅིག་གིས་ནི་སྒྲུབ་པར་བྱེད་པ་སྤྱངས་པའི་ཡོན་ཏན་དང་ལྡན་པ་བདེ་བ་བསྟན་ཏོ། །དེ་ནི་རེ་ཤིག་སྤྱིའི་དོན་ཡིན་ནོ། །ད་ནི་ཡན་ལག་གི་དོན་བཤད་པར་བྱ་སྟེ། དེ་ལ་སོ་སོར་ཐར་པ་རྙེད་པར་དཀའ་བའི་སྒོ་ནས་སོ་སོར་ཐར་པ་ཡང་དག་པར་བརྩམ་པའི ་དབང་དུ་མཛད་ནས། བསྐལ་བ་བྱེ་བ་རྣམས་སུ་ཡང། །སོ་སོར་ཐར་པ་ཐོབ་པ་དང། །གཟུང་དང་འཛིན་པ་རྙེད་དཀའ་སྟེ། །བསྒྲུབ་པའང་ཤིན་ཏུ་རྙེད་པར་དཀའ་། །ཞེས་བྱ་བའི་ཚིགས་སུ་བཅད་པ་གཅིག་གསུངས་ཏེ། བསྐལ་པ་ཞེས་བྱ་བ་ནི་དུས་ཀྱི་བྱེ་བྲག ་བསྐལ་པ་ཆེན་པོའོ། །བསྐལ་པ་བྱེ་བས་བསྐལ་པའོ། །བྱེ་བ་ཞེས་བྱ་བ་ནི་གྲངས་ཀྱི་བྱེ་བྲག་ཏེ། གནས་བརྒྱད་པའོ། །རྣམས་སུ་ཞེས་བྱ་བ་ནི་བྱེ་བྲག་གྲངས་པ་དག་གིས་ཀྱང་བརྒྱ་ལ་རྙེད་པར་དཀའ་བས་མང་པོའི་ཚིགས་སུ་བསྟན་ཏོ། །སོ་སོར་ཐར་པ་ཞེས་བྱ་བ་ནི ་ལུང་དང་རྟོགས་པའི་བདག་ཉིད་དོ། །ཐོས་པ་ཞེས་བྱ་བ་ནི་རྣ་བའི་རྣམ་པར་ཤེས་པ་ཚིག་གི་བདག་ཉིད་ཐོས་པའོ། །གཟུང་ཞེས་བྱ་བ་ནི་དེའི་རྗེས་ལས་ཐོབ་པའི་ཡིད་ཀྱི་རྣམ་པར་ཤེས་པའི་ཚིག་གི་བདག་ཉིད་དང་དོན་གྱི་བདག་ཉིད་ཡོངས་སུ་སྤྱོད་པའོ། །འཛིན་པ་ཞེས་བྱ་བ ་ནི་ཚིག་དང་དོན་གྱི་བདག་ཉིད་བཟུང་བ་སྟེ་མི་བརྗོད་པའོ། །རྙེད་དཀའ་ཞེས་བྱ་བ་ནི་དེ་གསུམ་ཆར་ཡང་རྙེད་པར་དཀའ་སྟེ། རྒྱ་མཚོ་ཆེན་པོར་གཉའ་ཤིང་གི་མིག་དུ་རུས་སྦལ་ཞར་བ་མགྲིན་པ་ཚུང་པའི་ཚུལ་གྱིས་གཞན་གྱི་འབྱོར་པ་དང། བདག་གི་འབྱོར་པ་ལ་སོགས ་པ་རྙེད་པར་དཀའ་བས་བསྐལ་པ་ཆེན་པོ་བྱེ་བ་ཕྲག་བགྲང་བར་འདས་པས་ཀྱང་རྙེད་པར་དཀའ་བའི་ཕྱིར་རོ། །སྒྲུབ་པར་བྱ་བ་ནི་སོ་སོར་ཐར་པའི་རྟོགས་པའི་དོན་ལུས་དང་ངག་དང་ཡིད་ཀྱིས་ཡང་དག་པར་བསྒྲུབ་ཅིང་ནན་ཏན་དུ་བྱ་བའོ། །དེ་སྔ་མ་གསུམ་པས་ཀྱང ་རྙེད་པར་དཀའ་སྟེ། ཡང་དག་པར་བསྒྲུབ་པ་ནི་མངོན་པར་བརྩོན་པ་ལ་རག་ལས་པའི་ཕྱིར་རོ། །དེ་ལྟ་བས་ན་སོ་སོར་ཐར་པ་བརྗོད་པར་བྱས་གུས་པར་ཉོན་ཅིག་དང་དྲང་སྲོང་ཆེན་པོས་ཇི་སྐད་གསུངས་པ་དེ་བཞིན་དུ་རྗེས་སུ་བསྒྲུབ་ཅིང་ནན་ཏན་དུ་བྱའོ་ཞེས་བྱ ་བའི་ཐ་ཚིག་གོ་།དེ་ལྟར་ཚིགས་སུ་བཅད་པ་དེས་ནི་ལུང་དང་རྟོགས་པའི་སྒོ་ནས་སོ་སོར་ཐར་པ་རྙེད་དང་དཀའ་བས་སོ་སོར་ཐར་པ་ཡང་དག་པར་བརྩམ་པར་བྱའོ་ཞེས་བསྟན་ཏོ། །ཐོས་པ་དང་གཟུང་བ་དང་འཛིན་པ་རྙེད་དཀའ་བ་དག་ནི་ལུང་གི་སྒོ་ནས་རྙེད་དཀའ་ ་པ་ཡིན་ལ། སྒྲུབ་པ་ཡང་ཤིན་ཏུ་རྙེད་པར་དཀའ་བ་ནི་རྟོགས་པའི་སྒོ་ནས་རྙེད་དཀའ་བ་ཡིན་ནོ། །དཀོན་མཆོག་གསུམ་འབྱུང་བ་བདེ་བའི་སྒོ་ནས་སོ་སོར་ཐར་པ་ཡང་དག་པར་བརྩམ་པའི་དབང་དུ་མཛད་ནས། སངས་རྒྱས་རྣམས་ནི་འབྱུང་བ་བདེ། །ཆོས་བསྟན་པ་ཡང་བདེ་བ ་ཡིན། །དགེ་འདུན་མཐུན་པ་བདེ་བ་སྟེ། །མཐུན་པ་རྣམས་ཀྱི་དཀའ་ཐུབ་པ་དེ། །ཞེས་བྱ་བའི་ཚིགས་སུ་བཅད་པ་གཅིག་གསུངས་ཏེ། སངས་རྒྱས་རྣམས་ནི་འབྱུང་བ་བདེ་ཞེས་བྱ་བ་ལ་སངས་རྒྱས་འབྱུང་བ་ཞེས་བྱ་བ་ནི་རྫོགས་པའི་བྱང་ཆུབ་པའི་ཚེ་འམ། ཕྱིས ་འབྱུང་བའི་ཚུལ་གྱིས་བལྟམས་པའི་ཚེའོ། །དེ་བདེ་ཞེས་བྱ་བ་ནི་རྣམ་པར་གྲོལ་བའི་བདེ་བ་ཐོབ་པའི་རྒྱུ་ཡིན་པའི་ཕྱིར་དང། འབྲས་བུ་བདེ་བར་འགྱུར་པའི་ཕྱིར་ཏེ། དཔེར་ན་མི་བདེའོ་ཞེས་བྱ་བ་དང་འདྲ་བར་སངས་རྒྱས་རྣམས་འབྱུང་བར་བདེ་བ་ཡིན་ནོ། །ཆོས་བསྟན ་པ་འང་བདེ་བ་ཡིན་ཞེས་བྱ་བ་ནི་མདོ་སྡེ་ལ་སོགས་པ་གསུང་རབ་ཏུ་གཏོགས་པའི་ཡན་ལག་བཅུ་གཉིས་པོ་དག་བསྟན་པ་ཡང་བདེ་བའི་རྒྱུ་ཡིན་པ་དང། འབྲས་བུ་བདེ་བར་འགྱུར་བར་བདེ་བ་ཡིན་ནོ། །དགེ་འདུན་མཐུན་པ་བདེ་བ་སྟེ་ཞེས་བྱ་བ་ནི་སྐྱེས་བུ་གང ་ཟག་བརྒྱད་ཀྱི་བདག་ཉིད་ཀྱི་དགེ་འདུན་ཚུལ་ཁྲིམས་དང། ལྟ་བ་དང། ཆོ་ག་དང། འཚོ་བ་མཐུན་པས་རོ་གཅིག་ཅིང་བྱ་བ་གཅིག་ཏུ་གྱུར་པ་ཡང་བདེ་བའི་རྒྱུ་ཡིན་པ་དང། འབྲས་བུ་བདེ་བར་འགྱུར་བས་བདེ་བ་ཡིན་ནོ། །མཐུན་པ་རྣམས་ཀྱི་དཀའ་ཐུབ་བདེ། །ཞེས ་བྱ་བ་ནི་ལྷག་པའི་ཚུལ་ཁྲིམས་ལ་སོགས་པ་བསླབ་པ་གསུམ་པོ་དག་ལ་རྗེས་སུ་བསྒྲུབ་པའི་དཀའ་ཐུབ་།ཉོན་མོངས་པ་དང་ཉེས་པར་སྤྱོད་པ་བ་དུང་བར་བྱེད་པ་ཡང་བདེ་བའི་རྒྱུ་ཡིན་པ་དང། འབྲས་བུ་བདེ་བའི་རྒྱུར་གྱུར་པས་བདེ་བ་ཡིན་ནོ། །དེ་ལྟར་ཚིགས་སུ ་བཅད་པ་དེས་ནི་དཀོན་མཆོག་གསུམ་འབྱུང་བ་དང། དེ་དག་གི་འབྲས་བུ་བདེ་བ་ཉིད་ཡིན་པས་སོ་སོར་ཐར་པ་ཡང་དག་པར་བརྩམ་པར་བྱའོ་ཞེས་བསྟན་ཏོ། །དགེ་བའི་བཤེས་གཉེན་ལ་བརྟེན་པ་བདེ་བའི་སྒོ་ནས་སོ་སོར་ཐར་པ་ཡང་དག་པར་བརྩམ ་པའི་དབང་དུ་མཛད་ནས་འཕགས་པ་རྣམས་ནི་མཐོང་བ་བདེ། །དམ་པ་དག་དང་འགྲོགས་པ་བདེ་ཞེས་བྱ་བས་གསུངས་ཏེ། འཕགས་པ་རྣམས་ཞེས་བྱ་བ་ནི་དགྲ་བཅོམ་པ་ལ་སོགས་པ་དག་སྟེ། སྡིག་པ་དག་ལས་རིང་དུ་སོང་བའི་ཕྱིར་འཕགས ་པ་ཞེས་བྱའོ། །མཐོང་བ་ཞེས་བྱ་བ་ནི་དེ་དག་དགེ་བའི་བཤེས་གཉེན་ཉིད་དུ་མཐོང་ན་བདེ་བའི་རྒྱུར་འགྱུར་བའོ། །དམ་པ་དག་དང་ཞེས་བྱ་བ་ནི་སོ་སོར་སྐྱེ་བོའི་ནང་ནས་སྐྱེས་བུ་དམ་པ་བྱང་ཆུབ་སེམས་དཔའ་ལ་སོགས་པ་དག་སྟེ། གཞན་ལ་ཕན་འདོག ་ཤིང་དེས་པའི་ཕྱིར་དམ་པ་ཞེས་བྱའོ། །འགྲོགས་པ་བདེ་ཞེས་བྱ་བ་ནི་ལྷན་ཅིག་མཚུངས་པར་གནས་ན་བདེ་བའི་རྒྱུར་འགྱུར་བའོ། །དེ་ལྟར་ཚིགས་བཅད་པ་ཕྱེད་པོ་དེས་ནི་འཕགས་པ་མཐོང་བ་དང། དམ་པ་དག་དང་འགྲོགས་པ་ནི་ཚེ་འདི་དང་ཕྱི་མའི་བདེ ་བ་ཕུན་སུམ་ཚོགས་པའི་སྔོན་དུ་འགྲོ་བ་ཡིན་པས་དགེ་བའི་བཤེས་གཉེན་ལ་བརྟེན་པ་བདེ་བའི་སྒོ་ནས་སོ་སོར་ཐར་པ་ཡང་དག་པར་བརྩམ་པར་བྱའོ་ཞེས་བསྟན་ཏོ། །སྡིག་པའི་གྲོགས་གོ་སྤངས་པ་བདེ་བའི་སྒོ་ནས་སོ་སོར་ཐར་པ་ཡང་དག་པར་བརྩམ་པའི ་དབང་དུ་མཛད་ནས། བྱིས་པ་རྣམས་ནི་མཐོང་ན། །རྟག་ཏུ་བདེ་བ་ཉིད་དུ་འགྱུར་ཞེས་བྱ་བ་གསུངས་ཏེ། བྱིས་པ་རྣམས་ནི་ཞེས་བྱ་བ་ནི་ཤེས་རབ་འཆལ་བ་ལོག་པར་བསྒྲུབ་པ་རྣམས་ཏེ། བྱིས་པའི་རྟགས་དང་ལྡན་པའི་ཕྱིར་རོ། །མ་མཐོང་ན། རྟག་ཏུ་བདེ་བ་ཉིད་དུ ་འགྱུར་ཞེས་བྱ་བ་ནི་སྡིག་པའི་གྲོགས་པོ་དང། མ་འགྲོགས་ན་རྣམ་པ་ཐམས་ཅད་དུ་བདེ་བར་འགྱུར་རོ། །དེ་ལྟར་ཚིགས་སུ་བཅད་པ་ཕྱེད་པོ་དེས་ནི་སྡིག་པའི་གྲོགས་པོ་སྤངས་པ་བདེ་བའི་སྒོ་ནས་སོ་སོར་ཐར་བ་ཡང་དག་པར་བརྩམ་པར་བྱའོ་ཞེས་བསྟན་ཏེ། །དགེ་བའི ་བཤེས་གཉེན་གྱི་ཁྱད་པར་ལ་བསྟན་པ་བདེ་བའི་སྒོ་ནས་སོ་སོར་ཐར་པ་ཡང་དག་པར་བརྩམ་པའི་དབང་དུ་མཛད་ནས། ཚུལ་ཁྲིམས་ལྡན་པ་མཐོང་བ་བདེ། །མང་དུ་ཐོས་པ་མཐོང་བ་བདེ། །ཡང་སྲིད་རྣམ་པར་གྲོལ་བ་ཡི། །དགྲ་བཅོམ་པ་དག་མཐོང་བ་བདེ།། ་ཞེས་བྱ་བའི་ཚིགས་སུ་བཅད་པ་གཅིག་གསུངས་ཏེ། དགེ་བའི་བཤེས་གཉེན་གྱི་ཁྱད་པར་ནི་རྣམ་པ་གཉིས་ཏེ། ཉེ་བར་བརྟགས་པ་དང། དོན་དམ་པའོ། །ཉེ་བར་བརྟགས་པ་ལ་ཡང་རྣམ་པ་གཉིས་ཏེ། ཞི་གནས་ཀྱི་ཡན་ལག་ལ་གནས་པ་དང། ལྷག་མཐོང་གི་ཡན་འགལ་གནས ་པའོ། །དེ་ལ་ཞི་གནས་ཀྱི་ཡན་ལག་ལ་གནས་པས་ནི་ཚུལ་ཁྲིམས་ལྡན་པ་ཞེས་བྱ་བས་བསྟན་ཏེ། ཚུལ་ཁྲིམས་ལ་གནས་ན་སེམས་མཉམ་པར་འཇོག་པའི་ཕྱིར་རོ། །དེ་མཐོང་བ་ནི་ཚུལ་ཁྲིམས་དང་ལྡན་པ་ནི་གཞན་ལ་གནོད་པའི་བསམ་པ་ལས་ལོག་པས་བདེ་བའི་རྒྱུ ་ཡིན་པའི་ཕྱིར་རོ། །ལྷག་མཐོང་གི་ཡན་ལག་ལ་གནས་པ་མང་དུ་ཐོས་པ་ཞེས་བྱ་བས་བསྟན་ཏེ། མང་དུ་ཐོས་ན་ཤེས་རབ་སྐྱེ་བའི་ཕྱིར་རོ། །དེ་མཐོང་ན་བདེ་བ་ཐོས་པ་དང་ལྡན་པ་ནི་ཐོས་པའི་སྟོབས་ཀྱིས་ལྟ་བ་དང། འགྱོད་པ་དང། ཐེ་ཚོམ་སེལ་བས་བདེ་བའི་རྒྱུ་ཡིན་པའི ་ཕྱིར་རོ། །དོན་དམ་པ་ནི། ཡང་སྲིད་རྣམ་པར་གྲོལ་བ་ཡི། །དགྲ་བཅོམ་པ་ཞེས་བྱ་བས་བསྟན་ཏེ། ཡང་སྲིད་རྣམ་པར་གྲོལ་བའི་ཞེས་བྱ་བས་ནི་འཁོར་བར་ཡང་མི་སྐྱེ་བའི་ཆོས་ཉིད་ཀྱི་རྣམ་པར་གྲོལ་བའོ། །དགྲ་བཅོམ་པ་ཞེས་བྱ་བ་ནི་ཉོན་མོངས་པའི་དགྲ་རྣམས་བཅོམ ་པ་བསྟན་ཏོ། །དགྲ་བཅོམ་ཞེས་བྱ་བའི་སྒྲ་འོས་པ་ལ་སོགས་པ་དོན་གཞན་དུ་ཡང་འདྲེན་པས་དགྲ་བཅོམ་པའི་འབྲས་བུ་དང་ལྡན་པ་ཉིད་ཀྱི་བྱེ་བྲག་བསྟན་པའི་ཕྱིར་ཡང་སྲིད་རྣམ་པར་གྲོལ་བ་ཞེས་བྱ་བ་སྨོས་སོ། །དེ་མཐོང་བ་བདེ་བ་དེ་ནི་དགྲ་བཅོམ་པ་ཐོབ་པ་ནི་དགེ ་ལེགས་ཀྱི་བསམ་བ་མཆོག་དང་ལྡན་པས་བདེ་བའི་རྒྱུ་ཡིན་པའི་ཕྱིར་མཚན་ཉིད་བཤད་ཟིན་ཏོ།། །།བབ་བོ་གཉིས་པ། །དེའི་འོག་ཏུ་གཞུང་རྒྱས་པའི་མཚན་ཉིད་བཤད་པར་བྱ་སྟེ། གཞུང་རྒྱས་པ་མཚན་ཉིད་ཅེས་བྱ་བ་ནི་སོ་སོར་ཐར་པའི ་གཞུང་རྒྱས་པའི་མཚན་ཉིད་བསྟན་པའོ། །དེ་ཡང་དུས་དང་ངོར་བྱ་བ་དང། མདོ་གདོན་པ་བསྟེན་དགོས་པ་དེའི་ཕྱིར་ཚེ་དང་ལྡན་པ་དག་སོ་ག་རྣམས་ཀྱི་འདས་པ་དང་ལྡན་པ་ཅི་ཙམ་པ་དེ་ཙམ་མོ་ཞེས་བྱ་བ་ནས་དྲན་པ་དང་བག་ཡོད་པས་རྣལ་འབྱོར་དུ་བྱའོ་ཞེས་བྱ་བའི ་གཞུང་ཐམས་ཅད་གསུངས་སོ། །དེ་ལ་འདིར་ཡང་གཞུང་རྒྱས་པ་དེ་དག་གི་བརྗོད་པར་བྱ་བ་དང། དགོས་པ་དང། འབྲེལ་པ་དང། དགོས་པའི་དགོས་པ་བརྗོད་པར་བྱ་སྟེ། དེ་ལ་བརྗོད་པར་བྱ་བ་ནི་གཞུང་རྒྱས་པའི་མཚན་ཉིད་དག་།དགོས་པ་ནི་དེ་དག་རྟོགས ་པའོ། །འབྲེལ་པ་ནི་རྟོགས་པ་དེ་ཡང་འདིས་བྱེད་བས་གཞུང་རྒྱས་པའི་ཐབས་འདི་དང་དགོས་པ་ཐབས་ལས་བྱུང་བའི་མཚན་ཉིད་འབྲེལ་པའོ། །དགོས་པའི་དགོས་པ་ནི་སོ་སོར་ཐར་པའི་གཞུང་རྒྱས་པའི་མཚན་ཉིད་དེ་ཡོངས་སུ་ཤེས་པ་ལས་ཚུལ་ཁྲིམས་དེ་རྣམ་པར་དག ་པ་ན་འཕགས་པའི་ལམ་བསྒོམས་པས་མྱ་ངན་ལས་འདས་པ་ཐོབ་པའོ། །དེ་ལ་གཞུང་རྒྱས་པ་འདིའི་བསྡུས་པའི་དོན་ནི་རྣམ་པ་གཉིས་ཏེ་དུས་དང་པོར་བྱ་བ་དང། མདོ་གདོན་པའོ། །དེ་ལ་དུས་དང་པོར་བྱ་བ་ནི་མདོ་གདོང་བའི་སྔ་རོལ་དུ་བྱ་བ་སྟེ། ཆོ་གའོ། །དེ་ལ་བསྡུས ་པའི་དོན་ནི་རྣམ་པ་དྲུག་སྟེ། སོ་སོར་ཐར་པ་ཉན་པ་ལ་རྣ་མི་གཏོང་བའི་ཉེས་དམིགས་དང། མི་འདུ་བ་དགག་པ་དང། མཆོད་ཅིང་ལུང་དབོག་པ་དང། ཡང་དག་པར་སྒྲུབ་ཏུ་གཞུག་པ་དང། དེའི་ཕན་ཡོན་དང། ཡང་དག་པར་མི་སྒྲུབ་པའི་ཉེས་དམིགས་བསྟན་པའོ། །མདོ ་གདོན་པ་ནི་གསོལ་བ་བྱས་ནས་སོ་སོར་ཐར་པའི་མདོ་གདོན་པ་རྣམ་པ་ལྔ་པ་ལྔ་པོ་དག་གདོན་པ་སྟེ་ལས་སོ། །དེའི་བསྡུས་པའི་དོན་ཀྱང་རྣམ་པ་དྲུག་སྟེ། གསོལ་བ་གདོན་པ་དང། གླེང་གཞི་གདོན་པ་དང། ཕན་པར་འགྱུར་བ་གདེན་པ་དང། དགེ་འདུན་ལྷག་མ་གདོན་པ་དང། ་མ་ངེས་པ་གདོན་པ་དང། རིལ་གྱིས་གདོན་པའི་མཚན་ཉིད་བསྟན་པའོ། །དེ་ལ་ཚེ་དང་ལྡན་པ་དག་སོ་ག་རྣམས་ཀྱི་འདས་པ་དང་ལག་མ་ཇི་ཙམ་པ་དེ་ཙམ་མོ་ཞེས་བྱ་བ་ནས་བག་ཡོད་པས་འཐོབ་པོ་ཞེས་བྱ་བའི་བར་གྱིས་ནི་སོ་སོར་ཐར་པ་ཉན་པ་ལ་རྣ་མི་གཏོད ་པའི་ཉེས་དམིགས་བསྟན་ཏོ། །བཅོམ་ལྡན་འདས་ཀྱི་ཉན་ཐོས་ཀྱི་དགེ་འདུན་ནི་དོན་ཉུང་བ་བྱ་བ་ཉུང་བ་ཡིན་པས་ཞེས་བྱ་བ་ནས་དྲིས་ནས་ཀྱང་བརྗོད་པར་བྱའོ་ཞེས་བྱ་བའི་བར་གྱིས་ནི་འདུ་བ་དགག་པ་བསྟན་ཏོ། །ཤཱཀྱ་སེང་གེ་དེ་ལ་ནི་ཞེས་བྱ་བ་ལ་སོགས་པ་ཚིགས ་སུ་བཅད་པ་གཅིག་གིས་ནི་མཆོད་ཅིང་ལུང་དབོག་པ་བསྟན་ཏོ། །ཐོས་ནས་དྲང་སྲོང་ཆེན་པོ་ཡིས་ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གཉིས་ཀྱིས་ནི་ཡང་དག་པར་སྒྲུབ་ཏུ་གཞུག་པ་བསྟན་ཏོ། །ཆེ་བ་གང་དག་ཙམ་གྱིས་ཞེས་བྱ་བ་ལ་སོགས་པ་ཚིགས་སུ ་བཅད་པ་གཅིག་གིས་ནི་དེའི་ཕན་ཡོན་བསྟན་ཏོ། །སུ་ལ་སྲབ་འདི་མེད་པ་དང་ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གཅིག་གིས་ནི་ཡང་དག་པར་མི་སྒྲུབ་པའི་ཉེས་དམིགས་བསྟན་ཏོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ་ཞེས་བྱ་བ་ལ་སོགས་པ་གསོལ ་བ་འབའ་ཞིག་གི་ལས་ཀྱིས་ནི་གསོལ་བ་བསྟན་ཏོ། །ཚེ་དང་ལྡན་པ་དག་བདག་ཅག་གསོ་སྤྱོད་བྱ་སྟེ་ཞེས་བྱ་བ་ལ་སོགས་པ་གཞུང་ལྷག་མ་རྣམས་ཀྱིས་ནི་གླེང་གཞི་གདོན་པ་ལ་སོགས་པ་རིམ་བཞིན་དུ་བསྟན་ཏེ། དེ་ནི་རེ་ཞིག་སྤྱིའི་དོན་ཡིན་ནོ། །དེ་ནི་ཡན་ལག་གི་དོན་བཤད ་པར་བྱ་སྟེ། སོ་སོར་ཐར་པ་ཉན་པ་ལ་རྣ་མི་གཏོང་བའི་ཉེས་དམིགས་བསྟན་པའི་དབང་རུ་མཛད་ནས། ཚེ་དང་ལྡན་པ་དག་སོ་ག་རྣམས་ཀྱིས་འདས་པ་དང་ལྷག་མ་ཇི་ཙམ་པ་དེ་ཙམ་མོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཚེ་དང་ལྡན་པ་དག་ཅེས་བྱ་བ་ནི་རྒན་པ་དང ་གཞོན་པ་དག་ལ་སྙན་པའི་ཚིག་གིས་བོད་པའོ། །སོ་ག་རྣམས་ཀྱི་ཞེས་བྱ་བ་ནི་སོ་སྦྱོང་འདོན་པའི་དུས་ཚིགས་མཚོན་པ་སྟེ། སོ་ག་དང། དབྱར་དང། སྟོན་དང། དགུན་དང། དགུན་སྨད་དང། དཔྱིད་ཀྱི་དུས་ཚིགས་དྲུག་པོ་གང་གི་ཚེ་སོ་སོར་ཐར་པའི་མདོ་གདོན་པའི་དུས ་ཚིགས་དེ་ཉིད་ཀྱི་མིང་སྨོས་པར་བྱ་བ་ཡིན་ནོ། །དེ་ལ་དུས་ཚིགས་དྲུག་པོ་རེ་རེ་ལ་ཟླ་བ་གཉིས་གཉིས་ཡོད་པས་མང་པོའི་ཚིག་ཏུ་བྱ་སྟེ། སོ་གའི་དུས་ཚིགས་ནི་དཔྱིད་ཟླ་ཐ་ཆུང་ཉ་ནས་དབྱར་ཟླ་ར་བ་ཉའི་བར་དང། དབྱར་ཟླ་ར་བ་ཉ་ནས་དབྱར་ཟླ་འབྲིང་པོ་ཉའི་བར་གྱི་ཟླ ་བ་གཉིས་སོ། །དབྱར་གྱི་དུས་ཚིགས་ནི་དབྱར་ཟླ་འབྲིང་པོའི་ཉ་ནས་དབྱར་ཟླ་ཐ་ཆུང་ཉའི་བར་དང། དབྱར་ཟླ་ཐ་ཆུང་ཉ་ནས་སྟོན་ཟླ་ར་བ་ཉའི་བར་གྱི་ཟླ་བ་གཉིས་སོ། །སྟོན་གྱི་དུས་ཚིགས་ནི་སྟོན་ཟླ་ར་བ་ཉ་ནས་སྟོན་ཟླ་འབྲིང་པོ་ཉའི་བར་དང། སྟོན་ཟླ་འབྲིང་པོ་ཉ་ནས ་སྟོན་ཟླ་བ་ཆུང་ཉིད་བར་གྱི་ཟླ་བ་གཉིས་སོ། །དགུན་གྱི་དུས་ཚིགས་ནི་སྟོན་ཟླ་ཐ་ཆུང་ཉ་ནས་དགུན་ཟླ་ར་བ་ཉའི་བར་དང་དགུན་ཟླར་ཉ་ནས་དགུན་ཟླ་འབྲིང་པོ་ཉའི་བར་གྱི་ཟླ་བ་གཉིས་སོ། །དགུན་སྨད་ཀྱི་དུས་ཚིགས་ནི་དགུན་ཟླ་འབྲིང་པོའི་ཉ་ནས་དགུན ་ཟླ་ཐ་ཆུང་ཉའི་བར་དང། དགུན་ཟླ་ཐ་ཆུང་ཉ་ནས་དཔྱིད་ཟླར་བ་ཉའི་བར་གྱི་ཟླ་བ་གཉིས་སོ། །དཔྱིད་ཀྱི་དུས་ཚིགས་ནི་དཔྱིད་ཟླ་ར་བ་ཉ་ནས་དཔྱིད་ཟླ་འབྲིང་པོ་ཉའི་བར་དང། དཔྱིད་ཟླ་འབྲིང་བོ་ཉ་ནས་དཔྱིད་ཟླ་ཐ་ཆུང་ཉའི་བར་གྱི་ཟླ་བ་གཉིས་སོ། །དེ་ལ་སོ་གའི་བུས ་ཚིགས་ལ་སོ་སོར་ཐར་པ་འདོན་ན་ནི་སོ་ག་རྣམས་ཀྱི་ཞེས་བརྗོད་པར་བྱའོ། །དེ་བཞིན་དུ་དབྱར་དང། སྟོན་དང་དགུན་དང། དགུན་སྨད་དང། དཔྱིད་ཀྱི་དུས་ཚིགས་ལས་སོ་སོར་ཐར་པ་འདོན་ན་ཡང་དབྱར་རྣམས་ཀྱི་ཞེས་བྱ་བ་ལ་སོགས་པ་བརྗོད་པར་བྱའོ། །འདས ་པ་དང་ལྷག་མ་ཇི་ཙམ་པ་དེ་ཙམ་མོ་ཞེས་བྱ་བ་ནི་ཟླ་བ་བརྗོད་པར་བྱའོ་ཞེས་བྱ་བར་སྦྱར་ཏེ། འདས་པ་ཇི་ཙམ་པ་དེ་ཙམ་མོ་ཞེས་བྱ་བ་བརྗོད་པ་དང། ལྷག་མ་ཇི་ཙམ་པ་དེ་ཙམ་མོ་བརྗོད་པར་བྱའོ། །དེ་ལ་སོ་གའི་དུས་ཚིགས་ལ་ནི་གསོ་སྦྱོང་འདོན་པའི་དུས་བཞི ་པའི་ཡོད་དོ། །དཔྱིད་ཟླ་ཐ་ཆུང་གམས་སྟོང་དང། དབྱར་ཟླ་ར་བ་ཉ་དང། དབྱར་ཟླ་བ་གནམ་སྟོང་དང། དཔར་ཟླ་འབྲིང་པོའི་ཉའོ། །དེ་ལ་དཔྱིད་ཟླ་ཐ་ཆུང་གནམ་སྟོང་ལ་གདོན་ན་ནི་འདི་སྐད་ཅེས་ཚེ་དང་ལྡན་པ་དག་སོ་ག་རྣམས་ཀྱི་ཟླ་བ་ཕྱེད་ནི་འདས་སོ། །ཟླ་བ་ཕྱེད་དང ་གཉིས་ནི་ཤུལ་དུ་ལུས་སོ་ཞེས་བརྗོད་པར་བྱའོ། །དཔྱིད་ཟླ་ར་བ་ཉ་ལ་འདོན་ན་ནི་འདི་སྐད་ཅེས་ཚེ་དང་ལྡན་པ་དག་སོ་ག་རྣམས་ཀྱི་ཟླ་བ་གཅིག་འདས་སོ། ཟླ་བ་གཅིག་ནི་ལུས་སོ་ཞེས་བརྗོད་པར་བྱའོ། དབྱར་ཟླ་ང་བ་གནམ་སྟོང་ལ་འདོན་ན་ནི་འདི་སྐད་ཅེས་ཚེ་དང་ལྡན ་པ་དག་སོ་ག་རྣམས་ཀྱི་ཟླ་བ་ཕྱེད་དང་གཉིས་ནི་འདས་སོ། །ཟླ་བ་ཕྱེད་ནི་ལུས་སོ་ཞེས་བརྗོད་པར་བྱའོ། །དབྱར་ཟླ་འབྲིང་བོ་ཉ་ལ་འདོན་ན་ནི་འདི་སྐད་ཅེས་ཚེ་དང་ལྡན་པ་དག་སོ་ག་རྣམས་ཀྱི་ཟླ་བ་གཉིས་ནི་འདས་ཏེ། ལྷག་མ་ལུས་སོ་ཞེས་བརྗོད་པར་བྱའོ། །དེ་བཞིན་དུ ་དབྱར་གྱི་དུས་ཚིགས་ལ་ཡང་གསོ་སྦྱོང་འདོན་པའི་དུས་གཞི་ཡོད་དོ། །དབྱར་ཟླ་འབྲིང་པོའི་གནམ་སྟོང་དང། དབྱར་ཟླ་ཐ་ཆུང་ཉ་དང། དབྱར་ཟླ་ཐ་ཆུང་གནམ་སྟོང་དང། སྟོན་ཟླ་ར་བ་ཉའོ། །དེ་ལ་དབྱར་ཟླ་འབྲིང་པོ་གནམ་སྟོང་ལ་འདོན་ན་ནི་འདི་སྐད་ཅེས་ཚེ་དང་ལྡན་པ་དག་དབྱར ་རྣམས་ཀྱི་ཟླ་བ་ཕྱེད་ནི་འདས་སོ། །ཟླ་བ་ཕྱེད་དང་གཉིས་ནི་ལུས་སོ་ཞེས་བརྗོད་པར་བྱའོ། །དབྱར་ཟླ་ཐ་ཆུང་ཉ་ལ་འདོན་ན་ནི་འདི་སྐད་ཅེས་ཚེ་དང་ལྡན་པ་དག་དབྱར་རྣམས་ཀྱི་ཟླ་བ་གཅིག་ནི་འདས་སོ། །ཟླ་བ་གཅིག་ནི་ལུས་སོ་ཞེས་བརྗོད་པའོ། །དབྱར་ཟླ་ཐ་ཆུང་གནམ ་སྟོང་ལ་འདོན་ན་ནི་འདི་སྐད་ཅེས་ཚེ་དང་ལྡན་པ་དག་དབྱར་རྣམས་ཀྱི་ཟླ་བ་ཕྱེད་དང་གཉིས་ནི་འདས་སོ། །ཟླ་བ་ཕྱེད་ནི་ལུས་སོ་ཞེས་བརྗོད་པར་བྱའོ། །སྟོན་ཟླ་ར་བ་ཉ་ལ་འདོན་ན་ནི་འདི་སྐད་ཅེས་ཚེ་དང་ལྡན་པ་དག་དབྱར་རྣམས་ཀྱི་ཟླ་བ་གཉིས་ནི་འདས་ཏེ། ལྷག་མ་མ་ལུས་སོ ་ཞེས་བརྗོད་དལ་བའོ། །དེ་བཞིན་དུ་སྟོན་གྱི་དུས་ཚིགས་ཡང་གསོ་སྦྱོང་འདོན་པའི་དུས་བཞི་ཡོད་དེ། སྟོན་ཟླ་ར་བ་གནམ་སྟོང་དང། སྟོན་ཟླ་བ་འབྲིང་པོ་ཉ་དང། སྟོན་ཟླ་འབྲིང་པོ་གནམ་སྟོང་དང། སྟོན་ཟླ་ཐ་ཆུང་ཉའོ། །དེ་ལ་སྟོན་ཟླ་ར་བ་གནམ་སྟོང་འདོན་ན་ནི་འདི ་སྐད་ཅེས་ཚེ་དང་ལྡན་པ་དག་སྟོན་རྣམས་ཀྱི་ཟླ་བ་ཕྱེད་ནི་འདས་སོ། །ཟླ་བ་བྱེད་དང་གཉིས་ལུས་སོ་ཞེས་བརྗོད་པར་བྱའོ། །སྟོན་ཟླ་འབྲིང་པོ་ཉ་ལ་འདོན་ན་ནི་འདི་སྐད་ཅེས་ཚེ་དང་ལྡན་པ་དག་སྟོན་རྣམས་ཀྱི་ཟླ་བ་གཅིག་གི་འདས་སོ། །ཟླ་བ་གཅིག་ནི་ལུས་སོ་ཞེས ་བརྗོད་པར་བྱའོ། །སྟོན་ཟླ་འབྲིང་པོ་གནམ་སྟོང་ལ་འདོན་ན་ནི་འདི་སྐད་ཅེས་ཚེ་དང་ལྡན་པ་དག་སྟོན་རྣམས་ཀྱི་ཟླ་བ་ཕྱེད་དང་གཉིས་ནི་འགས་སོ། །ཟླ་བ་ཕྱེད་ནི་ལུས་སོ་ཞེས་བརྗོད་པར་བྱའོ། །སྟོན་ཟླ་ཐ་ཆུང་ཉ་ལ་འདོན་ན་ནི་འདི་སྐད་ཅེས་ཚེ་དང་ལྡན་པ་དག་སྟོན་རྣམས ་ཀྱི་ཟླ་བ་གཉིས་ནི་འདས་དེ་ལྷག་མ་མ་ལུས་སོ་ཞེས་བརྗོད་པར་བྱའོ། །དེ་བཞིན་དུ་དགུན་གྱི་དུས་ཚིགས་ལ་ཡང་དག་གསོ་སྦྱོང་འདོན་པའི་དུས་བཞི་ཡོད་དེ། སྟོན་ཟླ་ཐ་ཆུང་གནམ་སྟོང་དང། དགུན་ཟླ་ར་བ་ཉ་དང། དགུན་ཟླ་ར་བ་གནམ་སྟོང་དང། དགུན་ཟླ་འབྲིང་པོ ་ཉའོ། །དེ་ལ་སྟོན་ཟླ་ཐ་ཆུང་གནམ་སྟོང་ལ་གདོན་ན་ནི་འདི་སྐད་ཅེས་ཚེ་དང་ལྡན་པ་དག་དགུན་རྣམས་ཀྱི་ཟླ་བ་ཕྱེད་ནི་འདས་སོ། །ཟླ་བ་ཕྱེད་དང་གཉིས་ལུས་སོ་ཞེས་བརྗོད་པར་བྱའོ། །དགུན་ཟླ་ར་བ་ཉ་ལ་འདོན་ན་ནི་འདི་སྐད་ཅེས་ཚེ་དང་ལྡན་པ་དག ་དགུན་རྣམས་ཀྱི་ཟླ་བ་གཅིག་ནི་འདས་སོ། །ཟླ་བ་གཅིག་ནི་ལུས་སོ་ཞེས་བརྗོད་པར་བྱའོ། །དགུན་ཟླ་ར་བ་གནམ་སྟོང་ལ་འདོན་ན་ནི་འདི་སྐད་ཅེས་ཚེ་དང་ལྡན་པ་དག་དགུན་རྣམས་ཀྱི་ཟླ་བ་ཕྱེད་དང་གཉིས་ནི་འདས་སོ། །ཟླ་བ་ཕྱེད་ནི་ལུས་སོ་ཞེས་བརྗོད་པར་བྱའོ། །དགུན ་ཟླ་འབྲིང་པོ་ཉ་ལ་འདོན་ན་ནི་འདི་སྐད་ཅེས་ཚེ་དང་ལྡན་པ་དག་དགུན་རྣམས་ཀྱི་ཟླ་བ་གཉིས་ནི་འདས་ཏེ་ལྷག་མ་ལུས་སོ་ཞེས་བརྗོད་པར་བྱའོ། །དེ་བཞིན་དུ་དགུན་སྣང་གྱི་དུས་ཚིགས་ལ་ཡང་གསོ་སྦྱོང་འདོན་པའི་དུས་བཞི་ཡོད་དོ། །དགུན་ཟླ་འབྲིང་པོའི་གནམ ་སྟོང་དང། དགུན་ཟླ་ཐ་ཆུང་དང། དགུན་ཟླ་གནམ་སྟོང་དང། དཔྱིད་ཟླ་ར་བ་ཉའོ། །དེ་ལ་དགུན་ཟླ་འབྲིང་པོ་གནམ་སྟོང་ལ་འདོན་ན་ནི་འདི་སྐད་ཅེས་ཚེ་དང་ལྡན་པ་དག་དགུན་རྣམས་ཀྱི་ཟླ་བ་ཕྱེད་ནི་འདས་སོ། །ཟླ་བ་ཕྱེད་དང་གཉིས་ནི་ལུས་སོ་ཞེས་བརྗོད་པར་བྱའོ། །དགུན ་ཟླ་ཐ་ཆུང་ཉ་ལ་འདོན་ན་ནི་འདི་སྐད་ཅེས་ཚེ་དང་ལྡན་པ་དག་དགུན་སྨད་རྣམས་ཀྱི་ཟླ་བ་གཅིག་ནི་འདས་སོ། །ཟླ་བ་གཅིག་ནི་ལུས་སོ་ཞེས་བརྗོད་པར་བྱའོ། །དགུན་ཟླ་ཐ་ཆུང་གནས་སྟོང་ལ་འདོན་ན་ནི་འདི་སྐད་ཅེས་ཚེ་དང་ལྡན་པ་དག་དགུན་སྨད་རྣམས་ཀྱི་ཟླ་བ་ཕྱེད་དང ་གཉིས་ནི་འདས་སོ། །ཟླ་བ་ཕྱེད་ནི་ལུས་སོ་ཞེས་བརྗོད་པར་བྱའོ། །དཔྱིད་ཟླ་ར་བ་ཉ་ལ་འདོན་ན་ནི་འདི་སྐད་ཅེས་ཚེ་དང་ལྡན་པ་དག་དགུན་རྣམས་ཀྱི་ཟླ་བ་གཉིས་ནི་འདས་ཏེ་ལྷག་མ་མ་ལུས་སོ་ཞེས་བརྗོད་པར་བྱའོ། །དེ་བཞིན་དུ་དཔྱིད་ཀྱི་དུས་ཚིགས་ལ་ཡང་གསོ་སྤྱོད ་འདོན་པའི་དུས་བཞི་ཡོད་དེ། དཔྱིད་ཟླ་ར་བ་གནམ་སྟོང་པ་དང། དཔྱིད་ཟླ་འབྲིང་པོ་ཉ་དང། དཔྱིད་ཟླ་འབྲིང་པོ་གནམ་སྟོང་དང། དཔྱིད་ཟླ་ཐ་ཆུང་ཉའོ། །དེ་ལ་དཔྱིད་ཟླ་ར་བ་གནམ་སྟོང་ལ་འདོན་ན་ནི་འདི་སྐད་ཅེས་ཚེ་དང་ལྡན་པ་དག་དཔྱིད་རྣམས་ཀྱི་ཟླ་བ་ཕྱེད་ནི་འདས ་སོ། །ཟླ་བ་ཕྱེད་དང་གཉིས་ནི་ལུས་སོ་ཞེས་བརྗོད་པར་བྱའོ། །དཔྱིད་ཟླ་འབྲིང་པོ་ཉལ་འདོན་ན་ནི་འདི་སྐད་ཅེས་ཚེ་དང་ལྡན་པ་དག་དཔྱིད་རྣམས་ཀྱི་ཟླ་བ་གཅིག་ནི་འདས་སོ། །ཟླ་བ་གཅིག་ནི་ལུས་སོ་ཞེས་བརྗོད་པར་བྱའོ། །དཔྱིད་ཟླ་འབྲིང་པོའི་གནམ་སྟོང་ལ་འདོན་ན་ནི་འདི་སྐད ་ཅེས་ཚེ་དང་ལྡན་པ་དག་དཔྱིད་རྣམས་ཀྱི་ཟླ་བ་ཕྱེད་དང་གཉིས་ནི་འདས་སོ། །ཟླ་བ་ཕྱེད་ནི་ལུས་སོ་ཞེས་བརྗོད་པར་བྱའོ། །དཔྱིད་ཟླ་ཐ་ཆུང་ཉ་ལ་འདོན་ན་ནི་འདི་སྐད་ཅེས་ཚེ་དང་ལྡན་པ་དག་དཔྱིད་རྣམས་ཀྱི་ཟླ་བ་གཉིས་འདས་ཏེ་ལྷག་མ་མ་ལུས་སོ་ཞེས་བརྗོད་པར ་བྱའོ། །དེ་དག་ནི་གསོ་སྦྱོང་བཅུ་བཞི་པ་འམ་བཅོ་ལྔ་པ་དག་སྐབས་སུ་ཟླ་བ་ཕྱེད་ཕྱེད་ཅིང་སོ་སོར་ཐར་པའི་མདོ་གདོན་པའི་སྔགས་ཡིན་ནོ། །བཀྲ་ཤིས་ཀྱི་གསོ་སྦྱོང་དང། གནོད་པ་བྱུང་བའི་དུས་སུ་གསོ་སྦྱོང་བྱ་བ་ལ་སོགས་པ་ཉ་ཤིའི་དུས་སུ་མི་སྦྱོང ་བའི་སྐབས་སུ་ནི་སྔར་སྨོས་པའི་སྔགས་དེ་དག་གི་སྟེང་དུ་ཟླ་བ་དང་པོ་དང་གཉིས་པའི་ཟླ་བའི་ཡར་རམ་མར་གྱི་ངོའི་ཚེས་གྲངས་གང་འདས་པ་དང། ལྷག་མ་ཇི་ཙམ་པ་དེ་ཏམ་བརྗོད་པར་བྱ་སྟེ། དཔེར་ན་ཚེ་དང་ལྡན་པ་དག་སོ་ག་རྣམས་ནི་ཟླ་བ་དང་པོའི་མར་གྱི་དེ་ཚེས ་གཅིག་ན་འདས་སོ། །ཟླ་བ་གཅིག་དང་ཞག་ཉི་ཤུ་རྩ་དགུ་ནི་ལུས་སོ་ཞེས་བརྗོད་པར་བྱ་བ་ལ་སོགས་པ་ལྟ་བུའོ། །དེ་དག་བརྗོད་པར་བྱ་བ་ནི་འཇིག་རྟེན་པའི་ཐ་སྙད་ལ་མཁས་པར་བྱ་བ་དང། ཚེའི་དུས་འདས་པ་སེམས་ལ་བཞག་པར་བྱ་བ་དང། འཁོར་བ་ལ་སྐྱོ་བར ་བྱ་ཞིང་དགེ་བ་ལ་བརྩོན་པར་བྱ་བ་དང། གསོ་སྦྱོང་གི་ཉི་མ་ཡོངས་སུ་ཤེས་པར་བྱ་བའི་ཕྱིར་རོ། །དེ་དག་བརྩི་བས་ནི་དགེ་འདུན་གྱི་གནས་བརྟན་གྱིས་ཟླ་བ་ངོ་རེ་ཞིང་སྨིག་མའི་ཐུར་མ་བཅོ་ལྔ་སྐུད་པ་ལ་བརྒྱུད་པ་ཉིན་རེ་གྲང་བས་བགྲང་ཞིང། དགེ་བསྐོས་ཀྱི་གནས ་བརྟེན་པ་བརྟགས་ལ་དགེ་འདུན་གྱི་ལ་ཉི་མ་རེ་རེ་ཞིང་བརྗོད་པར་བྱའོ། །ཟླ་བ་ཤོལ་དོར་བ་ནི་རྒྱལ་པོའི་རྗེས་སུ་འབྲང་བས་དོར་རོ། །རྒྱུ་སྐར་ནི་སྐར་མཁན་གྱི་རྗེས་སུ་འབྲང་བར་ཤེས་པར་བྱའོ། །ཚེ་དང་ལྡན་པ་དག་རྒ་བ་དང་འཆི་བ་མངོན་པར་འོད་ཞིང་སྟོན་པའི་བསྟན ་པ་ཡང་འཇིག་པར་འགྱུར་པས་ཚེ་དང་ལྡན་པ་དག་གིས་བག་ཡོད་པར་རྣལ་འབྱོར་དུ་བྱའོ་ཞེས་བྱ་བ་འདིས་ཀྱང་འཁོར་བས་སྐྱོ་བར་བྱ་ཞིང་དགེ་བ་ལ་བརྩོན་པར་བྱ་བ་སྟེ། དེ་ལ་འདིར་འཁོར་བས་སྐྱོ་པར་བྱ་ཞིང་དགེ་བ་ལ་བརྩོན་པར་བྱ ་བའི་རྒྱུ་ཅིའི་ཕྱིར་རྒ་བ་དང་འཆི་བ་འོང་བ་དང་སྟོན་པའི་བསྟན་པ་ཡང་འཇིག་པར་འགྱུར་བ་སྨོས་ཅེ་ན། ཚངས་པར་སྤྱོད་པའི་རྒྱུའི་གཙོ་བོ་ཡོངས་སུ་ཉམས་པར་བསྟན་པའི་ཕྱིར་ཏེ། འདི་ལྟར་ཚངས་པར་སྤྱོད་པ་ནི་རྣམ་པ་གཉིས་ཀྱིས་བསྒྲུབ་སྟེ། ལུས་དང། གནས ་ཀྱིས་སོ། །དེ་ལ་ལུས་ཀྱི་ནི་ལུས་སྦྱོར་བཟོད་པ་དང། རྒྱུན་མ་ཚད་པར་ཚངས་པར་སྤྱོད་པ་བསྒྲུབ་སྟེ། དེ་ཡོངས་སུ་ཉམས་པར་བསྟན་པའི་ཕྱིར། རྒ་བ་དང་འཆི་བ་མངོན་པར་འོང་ཞིང་ཞེས་བྱ་བ་གསུངས་ཏེ། ལུས་སྦྱོར་མི་བཟོད་པ་དང། རྒྱུན་ཚངས་པར་ཚངས་པར ་སྤྱོད་པ་ཡོངས་སུ་ཉམས་པར་འགྱུར་བ་གོ་རིམ་བཞིན་ནོ། །སྲིད་པའི་ཡན་ལག་གཞན་དག་དང་མྱ་ངན་ལ་སོགས་པའི་ཉེས་དམིགས་དག་ཅིའི་ཕྱིར་མ་སྨོས་པར་རྒ་ཤི་ཉི་ཚེ་སྨྲོས་ཤེ་ན། ལང་ཚོ་དང་གསོན་པར་ཚངས་པར་སྤྱོད་པ་བསྒྲུབ་ཅིང། རྒ་བ་དང་འཆི་བས ་དེ་ཡོངས་སུ་ཉམས་པའི་རྒྱུར་གྱུར་པའི་ཕྱིར་རྒྱུའི་གཙོ་བོ་སྨོས་པས་གཞན་ཡང་ཞར་ལ་རིག་པར་བྱའོ། །གནས་ཀྱིས་ཇི་ལྟར་ཞེ་ན། གནས་ཞེས་བྱ་བ་ནི་ཚངས་པར་སྤྱོད་པ་སྐྱེ་བའི་གནས་སུ་གྱུར་པ་སངས་རྒྱས་ཀྱིས་བསྟན་ཏེ། དེ་ཡོངས་སུ་ཉམས་པར་བསྟན་པའི་ཕྱིར ་རོ། །སྟོན་པའི་བསྟན་པ་ཡང་འཇིག་པར་འགྱུར་བས་ཞེས་བྱ་བ་གསུངས་ཏེ། སྟོན་པའི་བསྟན་པ་ཞིག་ན་ཚངས་པར་སྤྱོད་པ་སྐྱེ་བའི་གནས་མེད་པའི་ཕྱིར་རོ། །སྟོན་པ་ཞེས་བྱ་བ་ནི་སངས་རྒྱས་བཅོམ་ལྡན་འདས་ཏེ། ཕྱིན་ཅི་མ་ལོག་པར་བསྟན་པའི་ཕྱིར་རོ། །དེའི ་བསྟན་པ་ཞེས་བྱ་བ་ནི་གསུང་རབ་ཏུ་གཏོགས་པ་ཡན་ལག་བཅུ་གཉིས་ཏེ། དེས་སློབ་མ་རྣམས་ལ་སྟོན་པར་བྱེད་པའི་ཕྱིར་རོ། །དེ་འཇིག་པར་ཞེས་བྱ་བ་ནི་སྒྲུབ་པ་ཡོངས་སུ་ཉམས་པས་སོ། །གང་གི་ཕྱིར་དེ་ལྟར་ཡིན་པའི་ཕྱིར། ཚེ་དང་ལྡན་པ་དག་གིས་བག་ཡོད ་པས་རྣལ་འབྱོར་དུ་བྱའོ་ཞེས་བྱ་བ་གསུངས་ཏེ། བག་ཡོད་པ་ཞེས་སྨྲས་པ་ནི་རྒྱུའི་དངོས་པོས་དགེ་བའི་ཆོས་ཐམས་ཅད་སྡུད་པར་བྱེད་པའི་ཕྱིར་རོ། །རྣལ་འབྱོར་དུ་བྱའོ་ཞེས་བྱ་བ་ནི་བདག་ཉིད་ཀྱིས་བརྩོན་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ་།དེ་ཉིད་བསྟན་པའི་ཕྱིར་རོ། །དེ་བཞིན ་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་བྱང་ཆུབ་དང་གཞན་ཡང་གང་དག་དེ་ལྟ་བུ་དང་མཐུན་པ་དགེ་བའི་ཆོས་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པ་རྣམས་དང་བག་ཡོད་པས་འཐོབ་པོ་ཞེས་བྱ་བ་གསུངས་ཏེ། དེ་བཞིན་གཤེགས་པ ་ཞེས་བྱ་བ་ནི་དོན་ཇི་ལྟ་བ་བཞིན་དུ་ཐུགས་སུ་ཆུད་པའོ། །དགྲ་བཅོམ་པ་ཞེས་བྱ་བ་ནི་ཉོན་མོངས་པའི་དགྲ་རྣམས་བཅོམ་པ་འམ་མཆོད་པར་འོས་པའོ། །ཉན་ཐོས་དང་རང་སངས་རྒྱས་ངག་ལ་ཡང་དེ་ཡོད་པས་དེ་ལས་ཁྱད་པར་དུ་བསྟན་པའི་ཕྱིར། ཡང་དག་པར་རྫོགས ་པའི་སངས་རྒྱས་ཞེས་བྱ་བ་གསུངས་ཏེ། ཡེ་ཤེས་ཕྱིན་ཅི་མ་ལོག་པར་ཡང་དག་པའི་ཤེས་བྱ་མ?་ལུས་པར་རྫོགས་པ་ཐུགས་སུ་ཆུད་ཅིང་སངས་རྒྱས་པ་གང་ལ་ཡོད་པའོ། །དེ་རྣམས་ཀྱི་བྱང་ཆུབ་ཅེས་བྱ་བ་ནི་ཐུགས་སུ་ཆུད་པའོ། །གཞན་ཡང་ཞེས་བྱ་བ་ནི་རྣམ་པ་གཞན ་དུ་བརྟགས་པའོ། །གང་དག་ཞེས་བྱ་བ་ནི་དགེ་བའི་ཆོས་ཞེས་བྱ་བ་དང་སྦྱར་རོ། །དེ་ལྟ་བུ་དང་མཐུན་པའི་ཞེས་བྱ་བ་ནི་བྱང་ཆུབ་དང་མཐུན་པའོ། །དགེ་བའི་ཆོས་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པ་རྣམས་ཀྱང་ཞེས་བྱ་བ་ནི་ཟད་པ་དང། མི་སྐྱེ་བ་ཤེས་པའི་མཚན་ཉིད་ཀྱི ་བྱང་ཆུབ་སྐྱེད་པར་བྱེད་པའི་ཆོས་དྲན་པ་ཉེ་བར་གཞག་པ་ལ་སོགས་པ་དག་སྟེ། དེ་དག་ཀྱང་བག་ཡོད་པས་འཐོབ་པོ་ཞེས་བྱ་བའི་ཐ་ཚིག་གོ་།དེ་ལྟར་སྐབས་དེ་དག་གིས་ནི་སོ་སོར་ཐར་བ་ཉན་པ་ལ་རྣ་མི་གཏོད་ན་ཚེའི་དུས་འདས་པ་དང། རྒ་ཤི་མངོན་པར་འོད་བ་དང། སྟོན ་པའི་བསྟན་པ་འཇིག་པར་འགྱུར་པའི་ཉེས་དམིགས་ཡོད་པས་སོ་སོར་ཐར་པ་ཉན་པ་ལ་རྣ་བ་གཏོད་ཅིང་བག་ཡོད་པས་དགེ་བའི་ཆོས་ལ་བརྩོན་པར་བྱའོ་ཞེས་བྱ་བའི་སྒོ་ནས་སོ་སོར་ཐར་པ་ལ་རྣ་མི་གཏོད་པའི་ཉེས་དམིགས་བསྟན་ཏོ། །མི་འདུ་བ་དགག་པའི་དབང་དུ ་མཛད་ནས། བཅོམ་ལྡན་འདས་ཀྱི་ཉན་ཐོས་ཀྱི་དགེ་འདུན་ནི་དོན་ཉུང་བ་བྱ་བ་ཉུང་བ་ཡིན་པས་དགེ་འདུན་གྱིས་ཐོག་མར་བྱ་བ་ཅི་ཡོད་ཅེས་བྱ་བ་ལ་སོགས་གསུངས་ཏེ། བཅོམ་ལྡན་འདས་ཞེས་བྱ་བ་ནི་བདུད་བཞི་བཅོམ་པ་དང་ལེགས་པའི ་ཡོན་ཏན་དྲུག་དང་ལྡན་པའོ། །ཉན་ཐོས་ཞེས་བྱ་བ་ནི་འབྲས་བུ་ཇི་ལྟར་ཐོབ་པ་སྒྲོགས་པར་བྱེད་པའོ། །དགེ་འདུན་ཞེས་བྱ་བ་ནི་དེ་དག་གི་ཚོགས་ཏེ། མི་བྱེད་པ་ཉིད་ཀྱི་ཕྱིར་རོ། །དོན་ཉུང་བ་ཞེས་བྱ་བ་ནི་ཡིད་ཀྱིས་སོ། །བྱ་བ་ཉུང་བ་ཞེས་བྱ་བ་ནི་ལུས་དང་ངག་གཉིས་སོ། །དགེ་འདུན ་གྱིས་ཐོག་མར་བྱ་བ་ཅི་ཡོད་ཅེས་བྱ་བ་ནི་དགག་པ་སྟེ། གང་གི་ཕྱིར་བཅོམ་ལྡན་འདས་ཀྱི་ཉན་ཐོས་ཀྱི་དགེ་འདུན་དོན་ཉུང་བ་བྱ་བ་ཉུང་བ་དེ་ཡིན་པས་དེའི་ཕྱིར་དགེ་འདུན་ལ་གསོ་སྦྱོང་གི་དུས་སུ་འདུ་ཞིང་འདུན་པ་དང་ཡོངས་སུ་དག་པར་བརྗོད་པར་བྱ་བ་ལས་གཞན ་པའི་ཐོག་མར་བྱ་བ་ཅི་ཡོད་དེ། ཅི་ཡང་མེད་ཀྱི་ཐམས་ཅད་དུ་འདུས་ཤིག་ཅེས་བྱ་བ་མེད་པར་དགག་པའི་སྒོ་ནས་མི་འདུ་བ་དགག་པ་བསྟན་ཏོ། །ཡང་ན་དགེ་འདུན་གྱིས་ཐོག་མར་བྱ་བ་ཅི་ཡོད་ཅེས་བྱ་བ་ནི་དྲི་བ་སྟེ། བཅོམ་ལྡན་འདས་ཀྱི་ཉན་ཐོས་ཀྱི་དགེ་འདུན ་དོན་ཉུང་བ། བྱ་བ་ཉུང་བ་ཡིན་པས་དེའི་ཕྱིར། དགེ་འདུན་ལ་གསོ་སྦྱོང་གི་དུས་སུ་འདུ་བའི་ཚེ། གང་བྱས་ནས་མི་མཐུན་པ་ཉིད་ཀྱིས་འདུ་བར་མི་འགྱུར་བའི་ཐོག་མར་བྱ་བ་ཡོད་ཅེས་དྲིས་པའོ། །དེའི་ལན་གདབ་པ་ཚིག་ཏུ། ཚེ་དང་ལྡན་པ་དག་མ་ལྷགས་པ ་རྣམས་ལ་འདུན་པ་དང་ཡོངས་སུ་དག་པ་དྲིས་ཤིག་དྲིས་ནས་ཀྱང་བརྗོད་པར་བྱའོ་ཞེས་བྱ་བ་གསུངས་ཏེ། མ་ལྷགས་པ་རྣམས་ལ་ཞེས་བྱ་བ་ནི་མཐུན་པའི་གསོ་སྦྱོང་རྣམ་པ་ལྔ་པོ་བཅུ་བཞི་པ་དང། བཅོ་ལྔ་པ་དང། བཀྲ་ཤིས་ཀྱི་གསོ་སྦྱོང་དང། གནོད་པ ་བྱུང་བའི་གསོ་སྦྱོང་དང། བསྡུམ་པའི་གསོ་སྦྱོང་དག་ལས་གང་བྱེད་ཀྱང་རུང་སྟེ། དེའི་དུས་སུ་མཚམས་ཀྱི་ནང་ན་དགེ་སློང་གི་དགེ་འདུན་གྱི་ཁ་བསྐང་པར་ངེས?་པ་ཇི་སྙེད་འཁོད་པ་ཐམས་ཅད་གསོ་སྦྱོང་གི་གནས་སུ་འདུ་བར་བྱ་བ་ཡིན་པ་ལས་དེ་དག་གི་ནང ་ནས་མི་འདུ་བར་གནང་པ་ན་བ་དང། དབང་མེད་པ་དང། སྲོག་གི་བར་ཆད་དང། ཚངས་པར་སྤྱོད་པའི་བར་ཆད་ཀྱི་འཇིགས་པ་གང་དག་གསོ་སྦྱོང་གི་གནས་སུ་མ་ལྷགས་པ་རྣམས་སོ། །མི་འདུ་བར་གནང་བ་དེ་དག་ལས་མ་གཏོགས་པ་གཞན་ནི་མཚམས་ཀྱི་ནང་ན་འདུག་ན ་གསོ་སྦྱོང་གི་གནས་སུ་མི་འདུར་མི་རུང་སྟེ། མི་འདུ་ན་ཐམས་ཅད་དུ་རང་ལ་ཉེས་བྱས་དང། དགེ་འདུན་གྱི་ལས་མི་འཆགས་པར་འགྱུར་རོ། །འདུན་པ་དང་ཡོངས་སུ་དག་པ་དྲིས་ཤིག་ཅེས་བྱ་བ་ལ། འདུན་པ་དྲི་བ་ནི་ལས་མི་མཐུན་པ་དག་མི་བྱ་བའི་ཕྱིར་ཏེ། མི་མཐུན ་པ་རྣམ་པ་གཉིས་ཏེ། འདུས་པ་རྗེས་སུ་མ་ཞུགས་པ་ཉིད་དང། ཕྱིར་བཟློག་པར་བྱེད་པའོ། །དེ་ལ་འདུས་པ་རྗེས་སུ་མ་ཞུགས་པ་ནི་དགེ་སློང་ལས་དེའི་མཚམས་ཀྱི་ཁོངས་སུ་གཏོགས་པ་ཚོགས་ཀྱི་ཁ་བསྐོང་པར་འོས་པ་ལུས་སམ་འདུན་པས་དགེ་འདུན་འདུས་པའི་ནང ་དུ་རྗེས་སུ་མ་བཞུགས་པས་ནི་མཐུན་པ་ཉིད་ཡིན་ནོ། །ཕྱིར་བཟློག་པར་བྱེད་པ་ནི་དགེ་སློང་ལས་དེའི་མཚམས་ཁོངས་སུ་གཏོགས་པ་རང་བཞིན་དུ་གནས་པ། སྤྱོད་ལམ་ལས་མ་ཉམས་པ། ངག་ཡང་དག་པར་སྡོམ་པ། འདུལ་བའི་བྱ་བ་མངོན་པར་ཤེས་ལ། ཞེས་འགྲས ་པ་མེད་པ་ལས་གཞན་བྱེད་པ་ཆོས་དང་མི་ལྡན་པའི་ཕྱིར་བཟློག་པར་བྱེད་ན་མི་མཐུན་པ་ཉིད་ཡིན་པའོ། །དེ་བས་མ་མི་མཐུན་པ་དེ་ཉིད་བསལ་བའི་ཕྱིར་ནི་མ་ལྷགས་པ་རྣམས་ནི་འདུན་པ་དྲི་བར་བྱའོ། །ཡོངས་སུ་དག་པ་དྲི་བ་ནི་མ་ལྷགས་པ་གང་དག་གིས་འདུན་པ་ཕུལ་བ ་དེ་དག་སྣོད་དུ་འགྱུར་པར་བྱ་བའི་ཕྱིར་རོ། །དེ་ཆོ་ག་ནི་དགེ་བསྐོས་ཀྱི་གསོ་སྦྱོང་གི་ཚེ་ཚུལ་ཤིང་བྲིམས་པས་དགེ་སློང་རྣམས་བགྲང་ཞིང་མ་ལྷགས་པ་དངོས་སུ་ཡོད་དམ། གློ་བུར་དུ་འོངས་པ་ལ་སོགས་པ་ཡོད་པར་འཕྲིགས་ན་གསོ་སྦྱོང་དེ་ཉིད་ལ་དགེ་འདུན་ཐམས་ཅད ་ལས་ཀྱི་གནས་སུ་ཚོགས་པས་འདུན་པ་དང། ཡོངས་སུ་དག་པ་ལེན་པའི་དགེ་སློང་ཆོས་ལྔ་དང་ལྡན་པ་གཅིག་གམ། གཉིས་སམ་གསུམ་ཚིག་གིས་བསྐོ་བར་བྱ་ཤིང། དེས་བཙལ་བ་དང། བདོ་བ་དང། མཐོན་པོར་འདུག་སྟེ་ཕྱོགས་སུ་བལྟ་བ་ལ་སོགས་པ་དག་གིས ་བསམ་པ་ཐག་པ་ནས་མཚམས་ཀྱི་ནང་བཙལ་ཏེ། མ་ལྷགས་པ་རྣམས་ལ་དེང་དགེ་འདུན་གསོ་སྦྱོང་མཛད་ན། ཚེ་དང་ལྡན་པ་དགེ་འདུན་པ་འབུལ་ལམ། བར་ཆད་ཀྱི་ཆོས་ཡོངས་སུ་དག་གམ་ཞེས་དྲི་བར་བྱའོ། །མ་ལྷགས་པ་རྣམས་ཀྱིས་དེ་ལ ་འདུན་པ་དང་ཡོངས་སུ་དག་པ་དབུལ་བར་བགྱིའོ། །དགེ་སློང་འདུན་པ་དང་ཡོངས་སུ་དག་པ་འབུལ་བར་བྱེད་པའི་ཀུན་ཏུ་སྤྱོད་པའི་ཆོས་འདི་ལྟ་སྟེ། དགེ་སློང་འདུན་པ་དང་ཡོངས་སུ་དག་པ་དབུལ་བར་བྱེད་པས་མཆིལ་ལྷམ་གཉིས་ཕུང་ནས་བླ་གོས་ཕྲག་པ ་གཅིག་ཏུ་བྱས་ཏེ་རྒན་པ་ལ་ཕྱག་འཚལ་ནས། ཙོག་ཙོག་པུར་འདུག་སྟེ། ཐལ་མོ་སྦྱར་ནས་འདི་སྐད་ཅེས་བརྗོད་པར་བྱའོ། །ཚེ་དང་ལྡན་པ་དག་དགོངས་སུ་གསོལ། །དེང་དགེ་འདུན་གྱི་གསོ་སྦྱོང་བཅོ་ལྔ་པ་ལག་པས་བདག་དགེ་སློང་བྲོ་འཚལ་བ་སྡུག་བསྔལ ་བ་བྲོ་ཚབས་ཆེ་བ་མིང་འདི་ཞེས་བྱ་བའི་གསོ་སྦྱོང་ཡང་བཅོ་ལྔ་པ་ལགས་ཏེ། བདག་དགེ་སློང་བྲོ་འཚལ་བ། སྡུག་བསྔལ་བྲོ་ཚབས་ཆེ་བ་མིང་འདི་ཞེས་བགྱི་བའི་བར་ཆད་ཀྱི་ཆོས་རྣམས་ཡོངས་སུ་དག་གོ་ཞེས་བདག་མཆི། དགེ་འདུན་ཆོས་བཞིན་དུ་མཛད ་པ་ལ་འདུན་པ་འབུལ་ལོ། །བདག་གི་གསོ་སྦྱོང་ཡོངས་སུ་དག་གོ་།འདུན་པ་དང་ཡོངས་སུ་དག་པ་ཡང་བརྗོད་དོ། །བརྗོད་པ་ཡང་རིག་པར་བགྱིད་དོ་ཞེས་ལན་གསུམ་བཟླས་ཤིང་དེའི་རྗེས་ལ་ལེན་པ་པོས་ཐབས་ཡིན་ནོ་ཞེས་བརྗོད་པར་བྱའོ། །འབུལ་བས་ནི་ལེགས ་སོ་ཞེས་བརྗོད་པར་བྱའོ། །འདུན་པ་དང་ཡོངས་སུ་དག་པ་སྔ་ཕྱིར་བླང་ཞིང་སྔ་ཕྱིར་འབུལ་དུ་ཡང་རུང་སྟེ། སྔགས་ཀྱི་བྱེ་བྲག་ནི་འདུན་པ་དང་ཡོངས་སུ་དག་པ་གང་འབུལ་བ་དེ་ཉིད་ཚེའི་མིང་སྨོས་ཏེ་ལན་གསུམ་བཟླས་པར་བྱའོ། །དགེ་སློང་འདུན་པ་དང་ཡོངས་སུ ་དག་པ་འབུལ་བར་བྱེད་པས་གལ་ཏེ་བརྗོད་མི་ནུས་ན་ལུས་སམ་དག་གམ་ལུས་དང་ངག་རྣམ་པར་རིག་བྱེད་ཀྱིས་འདུན་པ་དང་ཡོངས་སུ་དག་པ་འབུལ་བར་བྱེད་ན། འདུན་པ་དང་ཡོངས་སུ་དག་པ་ཕུལ་བར་བརྗོད་པར་བྱའོ། །ལུས་སམ་དག་གམ་ལུས་དང་ངག ་གི་རྣམ་པར་རིག་བྱེད་ཀྱིས་འདུན་པ་འབུལ་བར་བྱེད་པ་མི་ནུས་ན། དགེ་འདུན་ཐམས་ཅད་དེར་དོང་ཞིང་གསོ་སྦྱོང་བྱ་བ་འམ། ཡང་ན་དགེ་སློང་དེ་དགེ་འདུན་གྱི་ནང་དུ་བླངས་ཏེ་གསོ་སྦྱོང་བྱའོ། །དགེ་སློང་འདུན་པ་དང་ཡོངས་སུ་དག་པ་ལེན་པའི་ཀུན་ཏུ་སྤྱོད་པའི་ཆོས་ནི་འདི་ལྟར ་བྱ་སྟེ། དགེ་སློང་འདུན་པ་དང་ཡོངས་སུ་དག་པ་ལེན་པ་ཡོངས་སུ་དག་པ་བླངས་ནས་རྒྱུག་པར་མི་བྱ། མགྱོགས་པར་མི་བྱ། མཆོད་པར་མི་བྱ། ཕྱི་རོལ་ལ་མཆོད་པར་མི་བྱ། འོབས་ལ་མཆོད་པར་མི་བྱ། བང་རིམ་ལ་མཆོད་པར་མི་བྱ། སྟེང་གི་ནམ་མཁའ་ལ་འདུག་པར་མི ་བྱེད། མཚམས་ཀྱི་ཕྱི་རོལ་ཏུ་འགྲོ་བར་མི་བྱ། གོམ་པ་གཅིག་གིས་སྐས་ཀྱི་རིམ་པ་གཉིས་ཐོང་བརྒལ་དུ་འཛེག་པར་མི་བྱ། གོམ་པ་གཅིག་གིས་ཐེམ་སྐས་གཉིས་ལ་ཐང་བརྒལ་དུ་འཛེག་པར་མི་བྱ། ཆུ་སྐོག་མ་ནུབ་ཙམ་ལ་འབོག་པར་མི་བྱ། གཉིད ་ལོག་པར་མི་བྱ། སྙོམས་པར་འཇུག་པར་མི་བྱ་བར་དགེ་འདུན་གྱི་ནང་དུ་འཇུག་པར་མི་བྱའོ། །དྲིས་ནས་ཀྱང་བརྗོད་པར་བྱའོ་ཅེས་བྱ་བས་ནི་དེ་ལྟར་འདུན་པ་དང་ཡོངས་སུ་དག་པ་ལེན་པ་དེས་དེ་བླངས་ཏེ་གསོ་སྦྱོང་གི་གནས་སུ་ཕྱིན་ནས་དགེ་སློང་དམ་དགེ་འདུན ་ལ་བརྗོད་པར་བྱའོ། །དེ་བརྗོད་པའི་ཆོ་ག་དང་སྔགས་ནི་སོ་སོར་ཐར་པའི་མདོ་འདོན་པས་སེང་གེའི་ཁྲི་ལམ་འདུག་པའི་མདུན་རོལ་དུ་དགེ་འདུན་ཐམས་ཅད་གསོ་སྦྱོང་གི་གནས་སུ་བསྟན་ལ་མ་འདུག་པར། །གང་གི་ཚེ་དགེ་འདུན་གྱི་གནས་བརྟན་གྱི་ཚེ་དང་ལྡན་པ ་དག་མ་ལྷགས་པ་རྣམས་ཀྱི་འདུན་པ་དང་ཡོངས་སུ་དག་པ་བརྗོད་ཅིག་།བརྗོད་པ་ཡང་རིག་པར་གྱིས་ཤིག་ཅེས་སྨྲས་པའི་ཚེ། །དགེ་སློང་ངམ། ཡང་ན་དགེ་འདུན་ལ་དེའི་འདུན་པ་དང་ཡོངས་སུ་དག་པ་ཅིག་ཅར་དུ་དབུལ་བར་བྱའོ། །དགེ་སློང་ལ་དབུལ་ན་ནི་དེས ་དགེ་སློང་དྲུང་ན་འདུག་པའི་མདུན་དུ་འདུག་སྟེ། འདི་སྐད་ཅེས་བརྗོད་པར་བྱའོ། །ཚེ་དང་ལྡན་པ་དག་དགོངས་སུ་གསོལ། དེང་དགེ་འདུན་གྱི་གསོ་སྦྱོང་བཅོ་ལྔ་པ་ལགས་ལ། གནས་ག་གེ་མོ་ཞིག་ན་དགེ་སློང་བྲོ་འཚལ་བ་སྡུག་བསྔལ་བ་བྲོ་ཚབས་ཆེ་བ་མིང་འདི་ཞེས ་བགྱི་བའི་གསོ་སྦྱོང་ཡང་བཅོ་ལྔ་པ་ལགས་ཏེ། གནས་ག་གེ་མོ་ཞིག་ན་དགེ་སློང་བྲོ་འཚལ་བ་སྡུག་བསྔལ་བ་བྲོ་ཚབས་ཆེ་བ་མིང་འདི་ཞེས་བགྱི་བ་དེ་བར་ཆད་ཀྱི་ཆོས་རྣམས་ཡོངས་སུ་དག་གོ་ཞེས་ཁོ་ན་ཉིད་མཆིའོ། །དགེ་འདུན་ཆོས་བཞིན་དུ ་མཛད་པ་ལ་འདུན་པ་འབུལ་ལོ། །དེའི་གསོ་སྦྱོང་ཡང་ཡོངས་སུ་དག་གོ་།འདུན་པ་དང་ཡོངས་སུ་དག་པ་ཡང་བརྗོད་དོ། །བརྗོད་པ་ཡང་རིག་པར་བགྱིད་དོ། །ཞེས་ལན་གསུམ་དུ་བརྗོད་པར་བྱའོ། །དགེ་འདུན་ལ་འདུན་པ་འབུལ་ན་ནི་དེས་དགེ་འདུན་གྱི་དབུས་སུ་རྒན་པའི་མཐར ་འགྲེང་སྟེ་འདུད་པ་དང་བཅས་པས་འདི་སྐད་ཅེས་བརྗོད་པར་བྱའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དེང་དགེ་འདུན་གྱི་གསོ་སྦྱོང་བཅོ་ལྔ་པ་ལགས་ལ། གནས་ག་གེ་མོ་ཞིག་ན་དགེ་སློང་བྲོ་འཚལ་བ་སྡུག་བསྔལ་བ་བྲོ་ཚབས་ཆེ་བ་མིང་འདི་ཞེས་བགྱི ་པའི་གསོ་སྦྱོང་ཡང་བཅོ་ལྔ་པ་ལགས་ཏེ། གནས་ག་གེ་མོ་ཞིག་ན་དགེ་སློང་བྲོ་འཚལ་བ། སྡུག་བསྔལ་བ། བྲོ་ཚབས་ཆེ་བ་མིང་འདི་ཞེས་བགྱི་བ་དེའི་བར་ཆད་ཀྱི་ཆོས་རྣམས་ཡོངས་སུ་དག་གོ་ཞེས་ཁོ་ན་ཉིད་མཆིའོ། །དགེ་འདུན་ཆོས་བཞིན་དུ་མཛད་པ་ལ ་འདུན་པ་དབུལ་ལོ་དེའི་གསོ་སྦྱོང་ཡང་ཡོངས་སུ་དག་གོ་།འདུན་པ་དང་ཡོངས་སུ་དག་པ་ཡང་བརྗོད་དོ། །བརྗོད་པ་ཡང་རིག་པར་བགྱིད་དོ་ཞེས་ལན་ཅིག་བརྗོད་པར་བྱའོ། །དགེ་འདུན་གྱིས་ཀྱང་དེ་དང་དུ་བླང་བར་བྱ་སྟེ། དེས་ན་འདུན་པ་ཕུལ་བས་ནི་དགེ་འདུན་གྱི་ལས་མི ་མཐུན་པར་མི་འགྱུར་ལ་ཡོངས་སུ་དག་པ་ཕུལ་བས་ནི་གང་ཟག་མ་ལྷགས་པ་བདག་ཉིད་སྣོད་དུ་འགྱུར་རོ། །ལེན་པ་དེ་དགེ་འདུན་གྱི་ནང་དུ་མ་ཕྱིན་པར་ཤི་འམ་ཁྱིམ་པར་དམ་བཅས་པ་ལ་སོགས་པར་གྱུར་ན་མ་བླངས་པ་ཉིད་ཡིན་པས་ཡང་བླང་བར་བྱའོ། །ཕྱིན་ན་མ ་བརྗོད་ཀྱང་བླངས་པ་ཉིད་ཡིན་པས་ཡང་བླང་མི་དགོས་སོ། །མི་འདུ་བ་དགག་པ་བཤད་ཟིན་ཏོ།། །།མཆོད་ཅིང་ལུང་འབོགས་པའི་དབང་དུ་མཛད་ནས། ཤཱཀྱ་སེང་གེ་དེ་ལ་ནི། །སོར་མོ་བཅུ་ཡིས་ཐལ་སྦྱར་ཏེ། སོ་སོར་ཐར་པ་གདོན་པར་བྱ། ། ་འདུལ་བའི་དོན་དུ་ང་ལས་ཉོན། །ཅེས་བྱ་བ་གསུངས་ཏེ། །ཤཱཀྱ་སེང་གེ་ཞེས་བྱ་བ་ནི་གདུང་རྒྱུད་དེ། དེས་ནི་ཁྱིམ་པའི་ཕྱོགས་ཀྱི་རིགས་རྣམ་པར་དག་པ་བསྟན་ཏོ། །སེང་གེ་ཞེས་བྱ་བ་ནི་ཡོན་ཏན་ཏེ། དེས་ནི་རབ་ཏུ་བྱུང་བའི་ཕྱོགས་ཀྱི་མཁྱེན་པ་རྣམ་པར་དག་པ་བསྟན་ཏོ། །མི ་བསྙེངས་པ་དག་གིས་མུ་སྟེགས་ཅན་གྱི་རི་དགས་སྐྲག་པར་མཛད་པའི་ཕྱིར་རོ། །སེན་མོ་བཅུ་ཞེས་བྱ་བས་ནི་སོར་མོ་བཅུ་མཚོན་པར་བྱེད་དོ། །ཐལ་སྦྱར་ཏེ་ཞེས་བྱ་བས་ནི་ལག་མཐིལ་གཉིས་ཀྱི་སོར་མོ་བཅུ་ཐལ་མོ་སྦྱར་ཏེའོ། །དེ་དག་གིས་མཆོད་པ་བསྟན་ཏོ། །ཐལ་མོ ་སྦྱར་ཏེ་ཅི་ཞིག་བྱ་ཞེ་ན། སོ་སོར་ཐར་པ་གདོན་པར་བྱ་ཞེས་བྱ་བ་གསུངས་ཏེ། སོ་སོར་ཐར་པའི་མདོ་གདོན་པ་རྣམ་པ་ལྔ་པ། །གླེང་གཞི་གདོན་པ་དང། ཕམ་པར་འགྱུར་བ་གདོན་པ་དང། དགེ་འདུན་ལྷག་མ་གདོན་པ་དང། མ་ངེས་པ་གདོན་པ་དང། རིལ་གྱིས་གདོན་པ་དག ་གདོན་པར་བྱའོ་ཞེས་བྱའོ། །བཅུ་ཞེས་བྱ་བའི་ཐ་ཚིག་གོ་།གདུལ་བའི་དོན་དུ་ང་ལས་ཉོན་ཞེས་བྱ་བ་ནི་སློབ་མ་རྣམས་གདུལ་བའི་དོན་དུ་སྟེ། ཡང་དག་པར་སྡུད་པར་བྱེད་པ་སྟེ། སོ་སོར་ཐར་པར་གདོན་པ་ལ་ཉོན་ཅིག་ཅེས་བྱ་བར་སྦྱར་རོ། །དེ་དག་གིས་ལུང་འགོག་པ ་བསྟན་ཏོ། །མཆོད་ཅིང་ལུང་འབོག་པ་བཤད་ཟིན་ཏོ། །ཡང་དག་པར་སྒྲུབ་དུ་བཞུག་པའི་དབང་དུ་མཛད་ནས། ཐོས་ནས་དྲང་སྲོང་ཆེན་པོ་ཡིས། །ཇི་སྐད་གསུངས་བཞིན་སྒྲུབ་བྱ་ཞིང། །ཁ་ན་མ་ཐོ་ཕྲ་རྣམས་ལ། །བསྟན་ཅིང་བྱེད་པ་ཉིད་དུ་གྱིས། །ཞེས་བྱ་བ་ལ་སོགས་པ་ཚིགས་སུ ་བཅད་པ་གཉིས་གསུངས་ཏེ། ཐོས་ནས་ཞེས་བྱ་བ་ནི་སོ་སོར་ཐར་པའི་མདོ་གདོན་པ་རྣམ་པ་ལྔ་པོ་དེ་དག་གིས་ལུང་འབོག་པ་ཐོས་ནས་སོ། །དྲང་སྲོང་ཆེན་པོ་ཞེས་བྱ་བ་སྟོན་པ་བཅོམ་ལྡན་འདས་དེ་ཚུལ་ཁྲིམས་ཀྱི་ངང་ཚུལ་ཅན་ཡིན་པའི་ཕྱིར་རོ། །ཇི་ལྟར་གསུངས་བཞིན ་ཞེས་བྱ་བ་ནི་འདུལ་བ་དང་མི་འགལ་བ་དང། འཇིག་རྟེན་དང་མི་འགལ་བར་རོ་ཞེས་གསུངས་པ་བཞིན་ནོ། །བསྒྲུབ་པར་བྱ་ཞེས་བྱ་བ་ནི་སྦྱོར་བ་དང་དངོས་དང་མཇུག་གི་སྒོ་ནས་ནན་ཏན་དུ་བྱའོ། །ཁ་ན་མ་ཐོ་བ་ཞེས་བྱ་བ་ནི་སྡིག་པ་སྟེ། དམ་པ་རྣམས་ཀྱིས་སྨད་པའི་ཕྱིར་རོ། ། ་ཕྲ་རྣམས་ལ་ཞེས་བྱ་བ་ནི་བཅས་པའི་ཁ་ན་མ་ཐོ་བ་དང་བཅས་པ་ཕྲ་མོ་རྣམས་ལའོ། །བསྟུན་ཅིང་བྱེད་པ་ཉིད་དུ་གྱིས་ཞེས་བྱ་བ་སྲུང་བ་དག་ལ་སོགས་པ་དག་ལ་འབད་པ་དང་ལྷུར་བླང་བར་གྱིས་ཤིག་ཅེས་བྱ་བའི་ཐ་ཚིག་སྟེ་ཕྲ་མོ་རྣམས་ལ ་ཡང་བསྟུན་ཅིང་བྱེད་པ་ཉིད་བྱ་ན་རང་བཞིན་གྱི་ཁ་ན་མ་ཐོ་བ་དང་བཅས་པ་ཆེན་པོ་རྣམས་ལ་སྨོས་ཀྱང་ཅི་དགོས་ཞེས་གསུངས་པར་ཤེས་པར་བྱའོ། །རྟག་ཏུ་འབད་པས་བདའ་བ་ཡི། །སེམས་རྟ་ཁ་གླན་དཀའ་བ་ལ། །མཐུན་པའི་གཟེར་རྣོན་བརྒྱ་པ་ཡི། །སྲབ་ནི་སོ ་སོར་ཐར་འདི་ཡིན་ཞེས་བྱ་བ་ལ། །རྟག་ཏུ་འབད་པའི་ཞེས་བྱ་བ་ནི་སེམས་རྟ་དམུ་རྒོད་དང་འདྲ་བ་འདི་ནི་ལམ་བདེ་བ་དང་འདྲ་བའི་དགེ་བའི་ཕྱོགས་ལ་ཞུགས་པའི་དུས་ན་རྟག་ཏུ་སྲབ་བཞིན་དུ་འཐེན་ཞིང་བརྩོན་འགྲུས་ཀྱི་ལྕག་གིས་བདའ་ཞིང་བསྐྱོད། ་དགོས་པའོ། །སེམས་རྟ་ཞེས་བྱ་བ་ནི་སེམས་ཉིད་རྟ་དམུ་རྒོད་དང་འདྲའོ། །ཁ་གླན་དཀའ་ཞེས་བྱ་བ་ནི་ལམ་གོལ་བ་དང་འདྲ་བའི་མི་དགེ་བའི་ཕྱོགས་ལ་འཇུག་པའི་དུས་ན་རླུང་བཞིན་དུ་འཕྱོ་ཞིང་ཆུ་ལོན་གྱི་དགུག་སྲབ་ཀྱི་ཕྱིར་ཁ་གླན་དཀའ་ཞིང་དགུག་དཀའ་བའོ། ་མཐུན་པ་ཞེས་བྱ་བ་ནི་མཚམ་ཞིང་རྐྱེན་དུ་བབ་པ་སྟེ། རྟ་དམུ་རྒོད་རྟག་ཏུ་ལྕག་གིས་འབད་པས་བདའ་ཞིང་དགུག་སྲབ་ཀྱི་ཁ་ལྕག་གིས་གླན་དཀའ་བ་ལ་ནི་གཟེར་བུ་རྣོན་པོ་བརྒྱ་པའི་སྲབ་ཀྱིས་སྲབ་པ་འཚམ་ཞིང་རྐྱེན་དུ་འབབ་པ་སེམས་དམུ་རྒོད ་རྟག་ཏུ་བརྩོན་འགྲུས་ཀྱིས་འབད་པས་བདའ་ཞིང་ཚུལ་ཁྲིམས་ཀྱིས་ཆུ་ལོན་གྱིས་ཁ་གླན་དཀའ་བ་ལ་ནི་བསླབ་པའི་གཞི་གཟེར་བུ་གདུང་བ་རྣོན་པོ་བརྒྱ་པའི་སོ་སོར་ཐར་པ་འདི་འཚམ་ཞིང་རྐྱེན་དུ་འབབ་པའོ། །གཟེར་རྣོན་བརྒྱ་བ་ཞེས་བྱ་བ་ནི་དགུག་སྲབ་ཀྱི་ཁ་ལྕགས ་ཀྱི་གཟེར་བུ་རྣོན་པོ་མང་པོ་དང་ལྡན་པ་དང་འདྲ་བར་སོ་སོར་ཐར་པ་འདི་ཡང་བསླབ་པའི་གཞི་གདུང་བར་བྱེད་པ་མེད་པ་དང་ལྡན་པ་སྟེ། བརྒྱ་བ་ཞེས་བྱ་བ་ནི་མང་པོ་མཚོན་པའི་ཚིག་ཡིན་གྱི་གྲངས་བརྒྱ་ངེས་པ་ནི་མ་ཡིན་ནོ། །སྲབ་ནི་སོ་སོར་ཐར་པ་འདི་ཡིན་ཞེས ་བྱ་བ་ནི་སྲབ་དང་འདྲ་བ་ཡིན་ནོ། །ཞེས་བྱ་བའི་ཐ་ཚིག་གོ་།དེ་དག་གིས་དྲང་སྲོང་ཆེན་པོས་ཇི་སྐད་གསུངས་པ་བཞིན་བསྒྲུབ་པ་དང། ཁ་ན་མ་ཐོ་བ་རྣམས་ལ་ཡང་བསྟུན་ཅིང་འབད་པར་བྱ་བ་དང། སེམས་ཀྱི་རྟ་དམུ་རྒོད་ལ་སོ་སོར་ཐར་པའི་དགུག་སྲབ་ཀྱིས་བསླབ་དགོས ་པའི་སྒོ་ནས། སོ་སོར་ཐར་པ་ཡང་དག་པར་སྒྲུབ་ཏུ་གཞུག་པ་བསྟན་ཏོ། །ཡང་དག་པར་སྒྲུབ་ཏུ་གཞུག་པ་བཤད་ཟིན་ཏོ། །དེའི་ཕན་ཡོན་བསྟན་པའི་དབང་དུ་མཛད་ནས། ཆེ་བ་གང་དག་ཙམ་གྱིས་ལྡོག་ཅིང་མཚམས་ལས་མི་འདའ་བ། དེ་དག་མི་རྟ་བཟང་པོ་སྟེ། ་ཉོན་མོངས་གཡུལ་ལས་ངས་རྒྱལ་འགྱུར། །ཞེས་བྱ་བ་གསུངས་ཏེ། ཆེ་བ་ཞེས་བྱ་བ་ནི་ཆེ་བའི་བདག་ཉིད་ཅན་ཏེ། བསླབ་པ་འདོད་པའི་ཕྱིར་རོ། །ངག་ཙམ་གྱིས་ཞེས་བྱ་བ་ནི་ཆད་པ་ལ་སོགས་པ་རྣམ་པར་བསལ་བས་སོ། །ལྡོག་ཅིང་ཞེས་བྱ་བ་ནི་བྱ་བ་མ་ཡིན་པ་ལས་སོ།། ་མཚམས་ལས་ཞེས་བྱ་བ་ནི་བསླབ་པ་ལས་སོ། །མི་འདའ་བ་ཞེས་བྱ་བ་མི་འདྲལ་བའོ། །དེ་དག་མི་རྟ་བཟང་པོ་སྟེ་ཞེས་བྱ་བ་ནི་དེ་དག་རྟ་ཅང་ཤེས་དང་འདྲ་བའོ། །ཉོན་མོངས་གཡུལ་ལས་ཞེས་བྱ་བ་ནི་ཉོན་མོངས་པའི་ངོ་བོ་ཉིད་ནི་བདག་དང་གཞན་དག་ལ་གནོད་པ་ཉིད ་ཀྱིས་གཡུལ་དང་འདྲ་སྟེ་དེ་ལས་སོ། །དེས་རྒྱལ་འགྱུར་ཞེས་བྱ་བ་ནི་ཉོན་མོངས་པ་མཐར་བྱེད་ཅི་མྱ་ངན་ལས་འདས་པའི་འབྲས་བུ་ཐོབ་པར་འགྱུར་བའོ། །དེ་དག་གིས་ནི་སོ་སོར་ཐར་པ་ཡང་དག་པར་བསྒྲུབས་ནས། ཉོན་མོངས་པའི་གཡུལ་ལས་ངེས་པར་རྒྱལ་བར ་འགྱུར་བའི་སྒོ་ནས་ཡང་དག་པར་སྒྲུབ་པ་དེའི་ཕན་ཡོན་བསྟན་ཏོ། །དེའི་ཕན་ཡོན་བཤད་ཟིན་ཏོ། །ཡང་དག་པར་མི་སྒྲུབ་པའི་ཉེས་དམིགས་བསྟན་པའི་དབང་དུ་མཛད་ནས། སུ་ལ་སྲབ་འདི་མེད་པ་དང། །ནམ་དུ་འང་འདོད་པར་མི་འགྱུར་བ། །དེ་དག་ཉོན་མོངས་གཡུལ ་གྱིས་དཀྲུགས། །འཇོག་བྲལ་རྣམ་པར་འཁྱམ་པར་འགྱུར་ཞེས་བྱ་བ་གསུངས་ཏེ། སུ་ལ་སྲབ་འདི་མེད་པ་དང། །ཞེས་བྱ་བ་ནི་མུ་སྟེགས་ཅན་དག་ལ་མེད་པ་སྟེ། ཡང་དག་པར་མ་བསླངས་པའི་ཕྱིར་རོ། །ནམ་དུ་འང་འདོད་པར་མི་འགྱུར་བ་ཞེས་བྱ་བ་ནི་འདོད་པ་ལོངས་སྤྱོད ་པ་དག་ལན་འགའ་འདོད་མི་འགྱུར་ཏེ། ཚུལ་ཁྲིམས་ལ་མངོན་པར་མི་ཕྱོགས་པའི་ཕྱིར་རོ། །དཀྲུགས་ཞེས་བྱ་བ་ནི་ཕམ་པར་བྱས་པའོ། །འཇོག་བྲལ་ཞེས་བྱ་བ་ནི་ལྷག་པའི་ཚུལ་ཁྲིམས་ཀྱིས་འདུལ་བ་ལྷག་པའི་སེམས་ཀྱི་ཞི་བ་ལ་འཇོག་པར་བྱེད ་པས་འཇོག་པ་ནི་འདུལ་བ་ཉིད་དེ་དང་བྲལ་བའོ། །རྣམ་པར་འཁྱམ་པར་འགྱུར་ཞེས་བྱ་བ་ནི་ལན་མི་ཉུང་བར་ངན་སོང་ལ་སོགས་པའི་འཁོར་བར་འཁོར་བར་འགྱུར་བའོ། །དེ་དག་གིས་བསླབ་པ་མེད་པ་དང་མི་འདོད་པས་ཡང་དག་པར་མི་བསྒྲུབ་པ་དག་འདུལ་བ་ཉིད་དང ་བྲལ་བས་ཞི་བ་མི་འཐོབ་ཅིང་འཁོར་པར་འགྱུར་བའི་སྒོ་ནས་ཡང་དག་པར་མི་སྒྲུབ་པའི་ཉེས་དམིགས་བསྟན་ཏོ། །ཡང་དག་པར་མི་བསྒྲུབ་པའི་ཉེས་དམིགས་བཤད་ཟིན་ཏོ།། །།དེ་དག་ནི་དུས་དང་པོར་བྱ་བ་སྟེ་ཆོ་གའོ། །ད་ནི་མདོ་གདོན་པའི་ལས་བཤད ་པར་བྱའོ། །དེ་ལ་གསོལ་བའི་དབང་དུ་མཛད་ནས། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དེང་དགེ་འདུན་གྱི་གསོ་སྦྱོང་བཅུ་བཞི་པ་འམ་བཅོ་ལྔ་པ་སྟེ། གལ་ཏེ་དགེ་འདུན་གྱིས་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང། དེས ་དགེ་འདུན་གསོ་སྦྱོང་མཛད་དེ། སོ་སོར་ཐར་པའི་མདོ་འདོན་པ་གདོན་ཏོ། །འདི་ནི་གསོལ་བའོ་ཞེས་བྱ་བ་གསུངས་ཏེ། འདི་ནི་མདོ་གདོན་པའི་གསོལ་བ་བསྟན་ཏོ། །གསོལ་བ་མ་བརྗོད་ན་མ་གོས་པར་བྱེད་པ་ཉིད་ཡིན་པས་མི་མཐུན་པ་ཉིད་དུ་འགྱུར་བའི་ཕྱིར་འདི ་ནི་སོ་སོར་ཐར་པའི་མདོ་གདོན་པ་ལྔ་པོ་དག་གདོན་པའི་མདུན་རོལ་ཏུ་གསོལ་བ་འབའ་ཞིག་གི་ལས་བྱའོ། །འདོད་པར་བྱེད་པས་སོ་སོར་ཐར་པའི་མདོ་གདོན་པའི་གསོལ་བ་འདི་ལྟར་བྱ་སྟེ། མདོ་གདོན་པ་སེངྒེའི་ཁྲི་ལ་འདུག་ནས་སོ་སོར་ཐར་པའི་མདོ་བསྟོད ་ར་དང། དུས་དང་པོར་བྱ་བའི་ཚིག་དག་ཇེ་སྟོན་ནས་དེའི་འོག་ཏུ་གསོལ་བ་འབའ་ཞིག་གི་ལས་འདི་བྱའོ། །དགེ་འདུན་བཙུན་མ་རྣམས་ཞེས་བྱ་བ་ནི་མཆོད་པའི་ཚིག་གི་བོད་པ་སྟེ། བཙུན་པ་རྣམས་ཀྱི་ཚོགས་ཞེས་བྱ་བའི་ཐ་ཚིག་གོ་།གསན་དུ་གསོལ་ཞེས ་བྱ་བ་ནི་གཞན་ལ་སེམས་པ་དག་ཉན་པ་ལ་རྣ་མི་གཏོད་པ་དང་གུས་པར་གྱིས་ཤིག་ཅེས་བྱ་བའི་དོན་ཏོ། །དེང་དགེ་འདུན་གྱི་གསོ་སྦྱོང་ནི་བསླབ་པ་གསུམ་པོ་དག་གསོ་ཞིང་སྦྱོང་བར་བྱེད་པ་སྟེ། དེ་ཡང་རྣམ་པ་གཉིས་ཏེ། མཐུན་པའི་གསོ་སྦྱོང་དང། ཞི་གནས་ཀྱི་གསོ ་སྦྱོང་ངོ། །མཐུན་པའི་གསོ་སྦྱོང་ནི་ལྷག་པའི་ཚུལ་ཁྲིམས་ཀྱི་དབང་དུ་བྱས་ཏེ། གནས་དང། ཚོགས་དང། ཚོགས་མཐུན་པར་བྱའོ། །ཞི་གནས་ཀྱི་གསོ་སྦྱོང་ནི་ལྷག་པའི་སེམས་དང། ལྷག་པའི་ཤེས་རབ་ཀྱི་དབང་དུ་བྱས་ཏེ། སྤོང་པའི་ཡན་ལག་སྒོམ་པའོ། །དེ་ཡང ་ལས་ཕྱི་མ་རྣམས་ནི་མི་བྱ་བའི་ཆུ་ལོན་གྱིས་བསྡམ་པ་ཡིན་པས་དེ་ནི་གསོ་སྦྱོང་གིས་སྦྱོང་བར་བྱེད་པའོ། །ལས་སྔ་མ་རྣམས་ནི་སྒོམ་པའི་རྣམ་པས་སྦྱང་བ་ཡིན་པས་དེ་ནི་ཞི་གནས་ཀྱི་གསོ་སྦྱོང་གིས་སྦྱོང་བར་བྱེད་དེ། དེས་ནི་ལྷག་པའི་ཚུལ་ཁྲིམས་ལ་བརྟེན་ཏེ། ་ལྷག་པའི་སེམས་སྐྱེ་ལ་ལྷག་པའི་སེམས་ལ་བརྟེན་ཏེ་ལྷག་པའི་ཤེས་རབ་སྐྱེ་བས་བསླབ་པ་གསུམ་པོ་དག་གསོ་ཞིང་སྤྱོད་པ་ནི་མཐུན་པའི་གསོ་སྦྱོང་དང་ཞི་གནས་ཀྱི་གསོ་སྦྱོང་ཡིན་པར་ཤེས་པར་བྱའོ། །སྐབས་འདིར་ནི་མཐུན་པའི་གསོ་སྦྱོང་གཟུང་བར་བྱ་སྟེ། ་མཐུན་པའི་གསོ་སྦྱོང་ནི་རྣམ་པ་ལྔ་སྟེ། བཅུ་བཞི་པ་དང་བཅོ་ལྔ་པ་དང། བཀྲ་ཤིས་ཀྱི་གསོ་སྦྱོང་དང། གཅོད་པ་བྱུང་བའི་གསོ་སྦྱོང་དང། སྡུམ་པའི་གསོ་སྦྱོང་ངོ། །དེ་དག་ཐམས་ཅད་ལ་ཡང་གསོལ་བ་དང། གླེང་གཞི་རྣམ་པར་བཞག་པ་སྔར་བྱས་ཏེ། སོ་སོར་ཐར ་པའི་མདོ་གདོན་པ་ད་གདོན་དགོས་སོ། །མཐུན་པའི་གསོ་སྦྱོང་རྣམ་པ་ལྔ་པོ། །དེ་དག་ལས་འདིར་ནི་བཅུ་བཞི་པ་དང་བཅོ་ལྔ་པའི་སྐབས་ཡིན་པར་བསྟན་པའི་ཕྱིར། །བཅུ་བཞི་པ་འམ་བཅོ་ལྔ་པ་སྟེ་ཞེས་བྱ་བ་གསུངས་ཏེ། དེ་ལ་དུས་ཚིགས་དྲུག་ལ་ཟླ་བ ་གཉིས་གཉིས་ཡོད་པ་དག་གི་ཉ་ཤི་གཉིས་གཉིས་ཡོད་པ་གསོ་སྦྱོང་ཉི་ཤུ་རྩ་བཞི་ཡོད་པ་དེ་དག་ཚེས་གྲངས་ཀྱི་ཚེས་གྲངས་ཡང་དག་པ་ལ་བལྟོས་ན་ནི་ཐམས་ཅད་གསོ་སྦྱོང་བཅོ་ལྔ་པ་ཡིན་ནོ། །འཇིག་རྟེན་པའི་ཐ་སྙད་ཀྱི་དུས་ལ་བལྟོས་ན་ནི ་དྲུག་ནི་གསོ་སྦྱོང་བཅུ་བཞི་པ་ཡིན་ཏེ་དུས་ཚིགས་དྲུག་པོ་དེ་དག་གིས་ཟླ་བ་ཕྱེད་ཕྱེད་ལུས་པའི་གསོ་སྦྱོང་དྲུག་པོ་དག་གོ་།འདི་སྐད་བསྟན་ཏོ། །དབྱར་ཟླ་བ་གསུམ་དང། དགུན་ཟླ་བ་གསུམ་གྱི་ར་བ་དང་ཐ་ཚུངས་མར་གྱི་ངོ་བཅོ་ལྔ་མི་ཐུབ་པས། ་ར་བ་དང་ཐ་ཚུངས་ཀྱི་གནམ་སྟོང་བཞི་གསོ་སྦྱོང་བཅུ་བཞི་པ་ཡིན་ནོ། །སྟོན་ཟླ་གསུམ་དང། དཔྱིད་ཟླ་གསུམ་གྱི་ནི་འབྲིང་པོ་དང་གྱི་ངོའི་བཅོ་ལྔ་ཡང་མི་ཐུབ་པས་འབྲིང་པོ་གནམ་སྟོང་གཉིས་གསོ་སྦྱོང་བཅུ་བཞི་པ་ཡིན་ནོ། །ལྷག་མ་བཅོ་བརྒྱད ་ནི་གསོ་སྦྱོང་བཅོ་ལྔ་པ་ཡིན་ནོ། །བཀྲ་ཤིས་ཀྱི་གསོ་སྦྱོང་དང་གནོད་པ་བྱུང་བ་གསོ་སྦྱོང་དང། སྡུམ་པའི་གསོ་སྦྱོང་དག་བྱེད་ན་ནི་དེའི་ཚེ་དེང་དགེ་འདུན་གྱི་བཀྲ་ཤིས་ཀྱི་གསོ་སྦྱོང་སྟེ་ཞེ་འམ། དེང་དགེ་འདུན་གྱི་གནོད་པ་བྱུང་བའི་གསོ་སྦྱོང་སྟེ་ཞེ ་འམ། དེང་དགེ་འདུན་གྱི་སྡུམ་པའི་གསོ་སྦྱོང་སྟེ་ཞེས་དམིགས་ཀྱིས་སྨོས་པར་བྱ་སྟེ། དེ་དག་ནི་གང་གི་ཚེ་བྱ་བར་ཟད་ཀྱི་དུས་དེས་པ་ནི་མེད་དོ། །བཅུ་བཞི་པ་དང་བཅོ་ལྔ་པ་ནི་དུས་ངེས་པ་ཡིན་པས་དེ་ལས་སྔ་ཕྱིར་བྱར་མི་རུང་ངོ། །གལ་ཏེ་དགེ་འདུན་གྱིས ་དུས་ལ་བབ་ཅིང་བཟོད་ན་ཞེས་བྱ་བ་ལ། དུས་ལ་བབ་ཅེས་བྱ་བ་ནི་ལས་བྱ་བའི་དུས་ལ་བབ་པ་སྟེ། འདིས་ནི་གསོ་སྦྱོང་གི་དུས་དང་སྦྱར་རོ། །བཟོད་ན་ཞེས་བྱ་བ་ནི་ལས་དེ་བཞག་པར་མི་འོས་ཤིང་བྱ་བར་བཟོད་པ་སྟེ། འདི་ཡང་གསོ་སྦྱོང་གི་ལས་དང་སྦྱར་རོ།། ་དགེ་འདུན་གྱིས་གནང་བར་མཛེད་ཅིག་དང་ཞེས་བྱ་བ་ནི་ཅང་མི་སྨྲ་བས་སོ། །དེང་དགེ་འདུན་གསོ་སྦྱོང་མཛད་དེ་ཞེས་བྱ་བ་ནི་ལས་དེ་གཞག་པར་མི་འོས་པ་ཡིན་པས་བྱའོ་ཞེས་བྱ་བའི་ཐ་ཚིག་གོ་།སོ་སོར་ཐར་པའི་མདོ་གདོན་པ་གདོན་ནོ་ཞེས་བྱ་བ་ནི་སོ་སོར་ཐར ་པའི་མདོ་གདོན་པ་རྣམ་པ་ལྔ་པོ་གླེང་གཞི་གདོན་པ་དང། ཕམ་པར་གྱུར་པ་གདོན་པ་དང། དགེ་འདུན་ལྷག་མ་གདོན་པ་དང། མ་ངེས་པ་གདོན་པ་དང། རིལ་གྱིས་གདོན་པ་དག་གོ་།འདི་ནི་གསོལ་བའི་ཞེས་བྱ་བ་ནི་ལས་བརྒྱ་རྩ་གཅིག་ནི་ལས་གསུམ་གྱིས ་བསྡུས་ཏེ། གསོལ་བའི་ལས་དང། གསོལ་བ་རང་གཉིས་ཀྱི་ལས་དང། གསོལ་བ་དང་བཞིའི་ལས་སོ། །དེ་ལ་གསོལ་བའི་ལས་ནི་ཉི་ཤུ་རྩ་བཞིའོ། །གསོལ་བ་དང་གཉིས་ཀྱི་ལས་ནི་བཞི་བཅུ་རྩ་བདུན་ནོ། །གསོལ་བ་དང་བཞིའི་ལས་ནི་སུམ་ཅུའོ་ཞེས་གསུངས་པ ་ལ། འདི་ནི་གསོལ་བའི་ལས་ཉི་ཤུ་རྩ་བཞི་པ་དག་གི་ནང་ནས་གཅིག་ཡིན་ནོ། །གསོལ་བ་བཤད་ཟིན་ཏོ། །དེའི་གླེང་གཞི་གདོན་པ་བཤད་པར་བྱ་སྟེ། དེ་ལ་གླེང་གཞི་རྣམ་པར་བཞག་པའི་དབང་དུ་མཛད་ནས། ཚེ་དང་ལྡན་པ་དག་བདག་གསོ་སྦྱོང་བྱ་སྟེ་ཞེས་བྱ་བ ་ལ་སོགས་པ་དག་གསུངས་སོ། །གླེང་གཞི་རྣམ་པར་བཞག་པ་ཞེས་བྱ་བ་ནི། དེ་ལྟར་སོ་སོར་ཐར་པའི་མདོ་གདོན་པའི་གསོལ་བ་བྱས་ནས་སོ་སོར་ཐར་པའི་མདོ་གདོན་པ་རྣམ་པ་འདི་འཁོར་ཡོངས་སུ་དག་ཅིང་སྣོད་དུ་རུང་བར་བྱ་བའི་ཕྱིར་ལྟུང་བ་ཡོད་ན་མཐོལ་དུ་གཞུག ་པ་དང། མེད་ན་ཅང་མི་སྨྲ་བར་བྱ་བ་དང། ཅང་མི་སྨྲ་ན་ཡོངས་སུ་དག་པར་རིག་པར་བྱ་བའི་ཕྱིར་ཆོ་ག་གླེང་གཞི་རྣམ་པར་བཞག་པའོ། །གླེང་གཞི་རྣམ་པར་གཞག་པ་འདིའི་བསྡུས་པའི་དོན་ནི་རྣམ་པ་དྲུག་སྟེ། གླེང་གཞི་རྣམ་པར་བཞག་པ་ལུང་འབོག་པ་དང་གླེང ་གཞི་རྣམ་པར་བཞག་པའི་ཐབས་དང། མ་དག་པའི་ཉིས་དམིགས་དང། དག་པའི་ཕན་ཡོན་དང། འདོན་པ་མཇུག་བསྡུ་བ་དང། གླེང་གཞི་རྣམ་པར་བཞག་པ་བསྒྲག་པའོ། །ཚེ་དང་ལྡན་པ་དག་བདག་ཅག་གསོ་སྦྱོང་བྱ་སྟེ་སོ་སོར་ཐར་པའི་མདོ་གདོན་པ་གདོན་གྱིས ་ཁྱེད་ཅག་སུ་ལ་ལྟུང་བ་ཡོད་པ་དེ་མཐོལ་ཅིག་།ལྟུང་བ་མེད་ན་ཅང་མ་སྨྲ་ཤིག་།ཅང་མི་སྨྲ་ན་བདག་གིས་ཚེ་དང་ལྡན་པ་དག་ཡོངས་སུ་དག་པར་རིག་པར་བྱའོ་ཞེས་བྱ་བས་ནི་གླེང་གཞི་རྣམ་པར་བཞག་པའི་ལུང་འབོག་པ་བསྟན་ཏོ། །ཇི་ལྟར་སོ་སོར་དྲིས་ནས་དགེ་སློང ་གིས་ལན་བཏབ་པ་དེ་བཞིན་དུ་དགེ་སློང་གི་འཁོར་འདི་ལྟ་བུ་ཡང་ལན་གསུམ་གྱི་བར་དུ་བསྒྲག་པར་བྱ་བ་ཡིན་ནོ་ཞེས་བྱ་བ་ནི་གླེང་གཞི་རྣམ་པར་བཞག་པའི་ཐབས་བསྟན་ཏོ། །ཡང་དགེ་སློང་གང་དགེ་སློང་གི་འདི་ལྟ་བུར་ལན་གསུམ་གྱི་བར་དུ་བསྒྲག་པ ་ན་ལྟུང་བ་ཡོད་ལ་དྲན་བཞིན་དུ་མི་མཐོལ་ན་དེ་ཤེས་བཞིན་དུ་བརྫུན་དུ་སྨྲ་བ་ཡིན་ནོ། །ཚེ་དང་ལྡན་པ་དག་ཤེས་བཞིན་དུ་རྫུན་དུ་སྨྲ་བ་ནི་བཅོམ་ལྡན་འདས་ཀྱིས་བར་དུ་གཅོད་པའི་ཆོས་སུ་གསུངས་སོ། །ཞེས་བྱ་བ་ནི་མ་དག་པའི་ཉིས་དམིགས ་བསྟན་ཏོ། །དེ་བས་ན་དགེ་སློང་ལྟུང་བ་བྱུང་བ་རྣམ་པར་དག་པར་འདོད་པས་ལྟུང་བ་ཡོད་ལ་དྲན་ཞིང་མཐོང་བ་མཐོལ་བར་བྱའོ། །མཐོལ་ན་བདེ་བ་ལ་རེག་པར་གནས་པར་འགྱུར་རོ་ཞེས་བྱ་བས་ནི་དག་པའི་ཕན་ཡོན་བསྟན་ཏོ། །ཚེ་དང་ལྡན་པ་དག་བདག་གིས་སོ་སོར་ཐར ་པའི་མདོ་གདོན་པའི་གླེང་གཞི་བཏོན་ཟིན་ཏོ། །ཞེས་བྱ་བས་ནི་འདོན་པའི་མཇུག་བསྡུ་བ་བསྟན་ཏོ། །དེ་ལ་བདག་གིས་ཚེ་དང་ལྡན་པ་དག་ལ་ཅི་འདི་ལ་ཁྱེད་ཡོངས་སུ་དག་གམ་ཞེས་དྲིའོ། །ཅི་འདི་ལ་ཁྱེད་ཡོངས་སུ་དག་གམ་ཞེས་ལན་གཉིས་ལན་གསུམ་དུ་དྲིའོ།། ་འདི་ལ་ཚེ་དང་ལྡན་པ་དག་ཡོངས་སུ་དག་ན་འདི་ལྟར་ཅང་མི་སྨྲ་བས་དེ་བཞིན་དུ་འཛིན་ཏོ་ཞེས་བྱ་བས་ནི་གླེང་གཞི་རྣམ་པར་བཞག་པ་བསྒྲག་པར་བྱ་བ་བསྟན་ཏོ། །དེ་ལ་རེ་ཞིག་གླེང་གཞི་རྣམ་པར་བཞག་པའི་ལུང་འབོག་པའི་ཡན་ལག་གི་དོན་བཤད་པར་བྱ་སྟེ། ་ཚེ་དང་ལྡན་པ་དག་བདག་ཅག་གསོ་སྦྱོང་བྱ་སྟེ་ཞེས་བྱ་བ་ནི་དེའི་གནས་དང། ཚོགས་དང། ཚོགས་མཐུན་པར་གསོ་སྦྱོང་བྱ་སྟེ་ཞེས་བྱ་བར་སྦྱར་རོ། །རྣམ་པ་གང་གིས་གསོ་སྦྱོང་བྱ་ཞེ་ན་དེའི་ཕྱིར་སོ་སོར་ཐར་པའི་མདོ་གདོན་པ་གདོན་གྱིས་ཞེས་བྱ་བ་གསུངས་ཏེ། ་སེམས་དྲང་པོར་བསྒྲུབ་པ་དང། འགལ་བ་ཟློག་པ་ལ་སོགས་པ་རྣམ་པ་གཞན་གྱིས་ཀྱང་ཚུལ་ཁྲིམས་གསོ་བར་བྱེད་པ་ཡོད་པས་དེ་དག་གསལ་བའི་ཕྱིར་སོ་སོར་ཐར་པའི་མདོ་གདོན་པ་རྣམ་པ་ལྔ་པོ་དག་གིས་གདོན་གྱིས་ཞེས་བྱ་བས་བསྟན་ཏོ། །སོ་སོར་ཐར ་པ་གདོན་པ་ནི་དགེ་འདུན་གྱིས་གནས་བརྟན་གྱིས་ལས་ཡིན་ནོ། །དེས་ནི་ནུས་པ་ཉིད་ནི་གཉིས་པའི་ལས་ཡིན་ནོ། །དེས་ཀྱང་མི་ནུས་པ་ཉིད་ན་གསུམ་པའི་ལས་ཡིན་ནོ། །དེས་ཀྱང་མི་ནུས་པ་ཉིད་ཡིན་ན་ཐམས་ཅད་ཀྱིས་རེས་ཀྱི་གདོན་པར་བྱའོ། །རེས་བབ་པའི ་ཆོས་དེས་འདོན་མི་ནུས་ན་གཞན་ལ་བཅོལ་བར་བྱའོ། །དེ་མ་བཏུབ་ན་དགེ་འདུན་གྱིས་དེ་ལ་བཅོལ་བར་བྱའོ། །འདོན་པ་དེ་དག་གིས་ཚིག་ཕྱེད་ཀྱང་མི་འཁྲུལ་བར་ལེགས་པར་ཐོབ་པ་ཉིད་ཡིན་ན་གདོན་གྱི་གཞན་དུ་མི་འཆགས་སོ། །འདོན་པར་དུགས?་ན་ལྷག་མ་གཞན ་གྱིས་གདོན་པར་བྱའོ། །དུམ་བུ་འཛིན་པ་ཡིན་ན་ཇི་སྙེད་ཀྱིས་གཞུང་སྨོས་པ་དེ་ཉིད་ཀྱིས་ཕག་ཏུ་བཅད་དེ་གདོན་པར་བྱའོ། །གདོན་པར་བྱེད་པས་སོ་སོར་ཐར་པའི་མདོ་གདོན་པ་རྣམ་པ་ལྔ་པོ་གླེང་གཞི་གདོན་པ་དང། ཕམ་པར་འགྱུར་བ་གདོན་པ་དང། དགེ་འདུན ་ལྷག་མ་གདོན་པ་དང། མ་ངེས་པ་གདོན་པ་དང། རིལ་གྱིས་གདོན་པ་དག་ལས་གླེང་གཞི་གདོན་པ་ནི་རྫོགས་པ་ཁོ་ནར་མི་གདོན་དུ་མི་རུང་ངོ། །གླེང་གཞི་བཏོན་ནས་ལྷག་མ་རྣམས་ནི་ཐོས་པ་བསྒྲགས་པས་ཀྱང་འགྲུབ་ཏུ་རུང་ངོ། །དེ་ཡང་གླེང་གཞི་བཏོན་ནས་ཕམ ་པར་འགྱུར་པ་གདོན་པ་བརྩམས་ན་ཕམ་པར་འགྱུར་བའི་སྡེ་ཚན་རྫོགས་པར་གདོན་དགོས་སོ། །ཕམ་པར་འགྱུར་བ་བཏོན་ནས་དགེ་འདུན་ལྷག་མ་འདོན་པ་བརྩམས་ནས་དགེ་འདུན་ལྷག་མའི་སྡེ་ཚན་ཡང་རྫོགས་པར་གདོན་དགོས་སོ་དགེ་འདུན་ལྷག་མ་བཏོན་ནས ་མ་ངེས་པ་གདོན་པ་བརྩམས་ན། མ་ངེས་པའི་སྡེ་ཚན་ཡང་རྫོགས་པར་གདོན་དགོས་སོ། །ཕམ་པར་གྱུར་པ་དང་དགེ་འདུན་ལྷག་མ་དང། མ་ངེས་པ་ཡན་ཆད་ཀྱི་སྡེ་ཚན་ནི་འདོན་པར་མགོ་བརྩམས་ན། གང་བརྩམས་པ་དེའི་སྡེ་ཚན་དེ་ཉིད་རྫོགས་པར་བྱ་དགོས་སོ།། ་སྤོང་བའི་ལྟུང་བྱེད་མན་ཆད་ཀྱི་སྡེ་ཚན་ནི་འདོན་པར་མགོ་བརྩམས་ན། ལྷག་མ་སོ་སོར་ཐར་པའི་གཞུང་ཐམས་ཅད་རྫོགས་པར་གདོན་དགོས་སོ། །རིལ་གྱིས་གདོན་པ་ཞེས་བྱ་བ་ཡང་དེ་ཉིད་ཡིན་ནོ། །མགོ་བརྩམས་པའི་སྡེ་ཚན་ཡང་རྫོགས་པར་བྱ་དགོས་པ་དེ ་དག་མ་རྫོགས་ན་མི་ཆགས་སོ། །འཇིག་པ་དང་བཅས་པ་ཉིད་མགྲོན་དུ་འགྲོ་ན་དོན་མཐུན་པ་དེ་དག་སྡོད་དུ་མི་བཏུབ་ན་འགྲོ་བཞིན་དུ་གདོན་པར་བྱ་སྟེ། འདི་ནི་ལས་ནི་འདུག་པ་ཉིད་ཀྱིས་བྱའོ་ཞེས་གསུངས་པ་དམིགས་ཀྱིས་བསལ་བ་ཡིན་ནོ། །སྒྲ་མི་འདོད་ན ་མདོར་སྡུས་ཏེ་འདོན་ནོ། །དེ་ཙམ་ཡང་མི་འདོད་ན་བྱིན་གྱིས་བརླབས་པར་བྱའོ། །ཆོས་མ་ཡིན་པས་འདོན་ན་མི་ཆགས་ཏེ། འདོན་པར་བྱ་བ་དང། དེའི་ཚང་དང་དུས་དང་གདོན་པར་བྱེད་པ་རྣམས་དེ་ཁོ་ན་བཞིན་ཉེ་བར་མ་བཟུང་བ་ནི་འདིའི་ཆོས ་བཞིན་པའོ། །གདོན་པར་བྱ་བ་དེ་ཁོ་ན་བཞིན་ཉེ་བར་མ་བཟུང་བ་ནི་སོ་སོར་ཐར་པའི་མདོ་ལས་གཞན་ཕྲན་ཚེགས་ལ་སོགས་པ་གདོན་པའོ། །དེའི་ཚད་ཁོ་ན་བཞིན་ཉེ་བར་མ་བཟུང་བ་ནི་གླེང་གཞི་མི་གདོན་ཅིང་ལྷག་མ་རྣམས་ཀྱང་ཐོས་པ་བསྒྲགས་པས་སྒྲུབ་པར ་མི་བྱེད་པའོ། །དེའི་དུས་ཁོ་ན་བཞིན་ཉེ་བར་མ་བཟུང་བ་ནི་གསོ་སྦྱོང་གི་དུས་ལས་གཞན་པའི་དུས་སུ་འདོན་པའོ། །འདོན་པར་བྱེད་པ་དེ་ཁོ་ན་བཞིན་ཉེ་བར་མ་བཟུང་བ་ནི་གང་ཟག་བསྙེན་པར་རྫོགས་པ་དང། མཚན་དང། ལྟ་བ་དང། ཚུལ་ཁྲིམས་མཐུན་པ ་དག་ལས་གཞན་པས་འདོན་པའོ། །དགེ་སློང་གཅིག་པུ་གནས་ན་དེས་གཙུག་ལག་ཁང་ཆག་ཆག་གདབ་པར་བྱ། ཕྱག་དར་བྱའོ། བ་ལང་གི་ལྕི་བ་སར་པའི་བྱུག་པ་བྱ། སེང་གེའི་ཁྲི་བཤམ་པར་བྱ། སྟན་བཤམ་པར་བྱ། མར་མེ་གཟུགས་པར་བྱའོ། །ཆོས ་ཉན་དུ་གཞུག་པ་དག་བྱའོ། །དེའི་འོག་ཏུ་ཕྱོགས་མཚམས་མཐོན་པོར་འདུག་སྟེ་ཕྱོགས་བཞིར་བལྟ་བར་བྱའོ། །དེར་དགེ་སློང་ཡོངས་སུ་དག་པ་ལྟ་བ་མཐུན་པ་དག་འོང་བ་ན་འདི་སྐད་ཅེས་ཚེ་དང་ལྡན་པ་དག་མྱུར་བ་མྱུར་བར་ཤོག་ཤིག་།དེང་དགེ་འདུན་གྱི་གསོ ་སྦྱོང་བཅོ་ལྔ་པ་ཡིན་ནོ་ཞེས་བརྗོད་པར་བྱ་ཞིང། དེ་དག་དང་ལྷན་ཅིག་འདུག་སྟེ་གསོ་སྦྱོང་བྱའོ། །གལ་ཏེ་འགྲུབ་ན་དེ་ལྟ་ན་ལེགས། ཅི་སྟེ་མི་འགྲུབ་ན་དགེ་སློང་དེས་བྱིན་གྱིས་བརླབ་པར་བྱའོ། །འདི་ལྟ་སྟེ། དེས་རང་གི་སྟན་ལ་འདུག་སྟེ་འདི་ལྟར་སེམས་བསྐྱེད་པར་བྱ ་ཞིང་ཚིག་ཏུ་ཡང་བརྗོད་པར་བྱའོ། །དེད་དགེ་འདུན་གྱི་གསོ་སྦྱོང་བཅོ་ལྔ་པ་ཡིན་ལ་བདག་དགེ་སློང་མིང་འདི་ཞེས་བྱ་བའི་ཡང་གསོ་སྦྱོང་བཅོ་ལྔ་པ་ལགས་ཏེ། བདག་དགེ་སློང་མིང་འདི་ཞེས་བྱ་བའི་བར་ཆད་ཀྱི་ཆོས་རྣམས་ཡོངས་སུ་དག་གོ་ཞེས་ཀྱང་བདག ་སྨྲས་བདག་ཡོངས་སུ་དག་པར་ལྷ་རྣམས་ཀྱིས་བཟུང་དུ་གསོལ། །བདག་དགེ་སློང་མིང་འདི་ཞེས་བྱ་བས་ཚུལ་ཁྲིམས་ཀྱི་ཕུང་པོ་ཡོངས་སུ་རྫོགས་པར་བྱ་བའི་དེང་གསོ་སྦྱོང་བྱིན་གྱིས་བརླབ་པོ། །གང་གི་ཚེ་དགེ་འདུན་ཚོགས་པ་རྙེད་པ་དེའི་ཚེ་དགེ་འདུན་དང་ལྷན ་ཅིག་ཏུ་གསོ་སྦྱོང་རྒྱ་ཆེར་ཉམས་སུ་མྱོང་བར་བྱ་ཞིང་སོ་སོར་ཐར་པའི་མདོ་གདོན་པ་གདོན་པར་བྱའོ། །དེ་བཞིན་དུ་ལན་གཉིས་ལན་གསུམ་དུ་བཟླས། གང་ན་དགེ་སློང་གཉིས་འཁོད་པ་དེར་ནི་རིམ་པ་བཞིན་དུ་བྱ་བ་ཞིང་དུས་བསྡད་དེ། མ་གྲུབ་ན་ནི་བདུན་དུ་ཙོག་ཙོག ་བུར་འདུག་སྟེ། གཅིག་ལ་གཅིག་འདི་སྐད་ཅེས་བརྗོད་པར་བྱའོ། །བཙུན་པ་འམ་ཚེ་དང་ལྡན་པ་དགོངས་སུ་གསོལ། །དེང་དགེ་འདུན་གྱི་གསོ་སྦྱོང་བཅོ་ལྔ་པ་ལགས་ལ། བདག་དགེ་སློང་མིང་འདི་ཞེས་བགྱི་བའི་གསོ་སྦྱོང་ཡང་བཅོ་ལྔ་པ་ལགས་ཏེ། བདག་དགེ ་སློང་མིང་འདི་ཞེས་བགྱི་བའི་བར་ཆད་ཀྱི་ཆོས་རྣམས་ཡོངས་སུ་དག་གོ་ཞེས་ཀྱང་བདག་ཉིད་མཆིའོ། །བདག་ཡོངས་སུ་དག་པར་བཙུན་པ་འམ་ཚེ་དང་ལྡན་པས་གཟུང་དུ་གསོལ། །བདག་དགེ་སློང་མིང་འདི་ཞེས་བགྱི་བའི་ཚུལ་ཁྲིམས་ཀྱི་ཕུང་པོ་ཡོངས་སུ་རྫོགས་པར ་བགྱི་བའི་སླད་དུ་དེང་གསོ་སྦྱོང་བྱིན་གྱིས་བརླབ་པའོ། །གང་གི་ཚེ་དགེ་འདུན་ཚོགས་བ་རྙེད་པ་དེའི་ཚེ། དགེ་འདུན་དང་ལྷན་ཅིག་ཏུ་གསོ་སྦྱོང་རྒྱ་ཆེར་ཉམས་སུ་མྱོང་བར་བགྱི་ཞིང་སོ་སོར་ཐར་པའི་མདོ་གདོན་པ་གདོན་པར་བགྱིའོ། །དེ་བཞིན་དུ་ལན་གཉིས་ལན་གསུམ ་དུ་བཟླས། གང་ན་དགེ་སློང་གསུམ་ཡོད་པ་དེར་ནི་རིམ་པ་བཞིན་དུ་བྱས་ཤིང་དུས་ཀྱི་བར་དུ་བསྡད་དེ་མ་འགྲུབ་ན་རྒན་རིམས་བཞིན་བྲལ་དུ་འཁོད་དེ་རིམས་ཀྱིས་བྱིན་གྱིས་བརླབས་པའི་སྔགས་ཀྱང་སྔ་མ་ཉིད་བརྗོད་པར་བྱའོ། །གང་ན་དགེ་སློང་བཞི་འཁོད་པ་དེར་ནི ་དེ་རྣམས་ཀྱིས་གསོལ་བ་བྱས་གསོ་སྦྱོང་བྱ་ཞིང་དེར་ནད་པའི་ཡོངས་སུ་དག་པ་ནི་བླང་བར་མི་བྱའོ། །གང་ན་དགེ་སློང་ལྔ་འམ་ལྷག་པ་འཁོད་པ་དེར་ནི་དེ་རྣམས་ཀྱི་གསོལ་བ་བྱས་ཏེ་གསོ་སྦྱོང་བྱ་ཞིང་དེར་ནི་ནད་བའི་ཡོངས་སུ་དག་པ་ཡང་བླང་བར་བྱའོ། །ཁྱེད་ཅག་སུ་ལ ་ལྟུང་བ་ཡོད་པ་དེས་མཐོལ་ཅིག་ཅེས་བྱ་བ་ནི་གཤེགས་པར་བྱེད་པ་ཡོད་ན་ཡང་གཤེགས་པར་བྱ། བསྡམ་པར་བྱ་བ་ཡོད་ན་ཡང་བསྡམ་པར་བྱ། བྱིན་གྱིས་བརླབ་པ་ཡོད་ན་ཡང་བྱིན་གྱིས་བརླབ་པར་བྱའོ། །འདི་ལ་གླེང་གཞི ་རྣམ་པར་བཞག་པའི་ཚུལ་ལ་ཇི་ལྟ་བུ་ཞེ་ན་གསོ་སྦྱོང་གི་གནས་སུ་འདུ་བའི་མདུན་རོལ་ཁོ་ནར་གསོ་སྦྱོང་སྔ་མ་འདས་པའི་མཛའ་ཚུན་ཆད་ཀྱི་ཟླ་བ་ཕྱེད་ཅིང་ལྟུང་བ་ལས་སོ་སོར་བརྟག་པར་བྱ་སྟེ། ལྟུང་བ་ཤེས་པ་བཤགས་པའམ། བསྡམས་པ ་འམ། བྱིན་གྱིས་བརླབས་པས་ཕྱིར་བཅོས་ཏེ། ལས་ཀྱི་གནས་སུ་འདུ་བར་བྱའོ། །དེའི་ཆོ་ག་དང་སྔགས་ནི་འདི་ལྟར་བྱ་སྟེ། ལྟུང་བྱེད་འབའ་ཞིག་པ་འམ། སོ་སོར་བཤགས་པར་བྱ་བ་འམ། བཤགས་པར་བྱ་བའི་ཉེས་བྱས་གང་ཡང་རུང་བ་ཞིག་ཤེས ་ན། དེས་མཆིལ་ལྷམ་གཉིས་ཕུང་ནས་དགེ་སློང་བསྙེན་པར་རྫོགས་པ་རང་བཞིན་དུ་གནས་པ་ལྟ་བ་དང་མཚན་མཐུན་པ་མཚམས་ཀྱི་ནད་ན་འདུག་པ་ལྟུང་བའི་དད?་མིང་དང་རིགས་ལས་མི་མཐུན་པ་ཅིག་གི་མདུན་དུ་ཙོག་བུར་འདུག་སྟེ། ཐལ་མོ་སྦྱར་བ་བཏུང ་ནས་ལྟུང་བ་དེའི་སྡེ་ཚན་གྱི་མིང་དང་གང་བྱུང་བའི་རིགས་སྨོས་ཏེ་ཅིག་ཅར་མཐོལ་བ་དང་བཤགས་པ་བྱར་རུང་ངོ། །དེའི་སྔགས་ནི་འདི་སྐད་ཅེས་བརྗོད་པར་བྱའོ། །ཚེ་དང་ལྡན་པ་དག་དགོངས་སུ་གསོལ། །བདག་དགེ་སློང་མིང་འདི་ཞེས་བགྱི་བ་ལ་ལྟུང་བ ་མིང་དང་རིགས་འདི་དང་འདི་ལྟ་བུ་འདི་བྱུང་སྟེ། བདག་དགེ་སློང་མིང་འདི་ཞེས་བགྱི་བའི་ལྟུང་བ་དེ་དག་པའི་མཛའ་ཚུན་ཆད་ནས་བཟུང་སྟེ། ཚེ་དང་ལྡན་པའི་དགེ་འདུན་དུ་མཐོལ་ལོ་མི་འཆབ་པོ། །མཐོལ་ཞིང་བཤགས་ན་བདག་བདེ་བ་ལ་རེག་པར་གནས ་པར་འགྱུར་གྱི་མ་མཐོལ་མ་བཤགས་ན་ནི་མི་འགྱུར་རོ། །དེ་བཞིན་དུ་ལན་གཉིས་ལན་གསུམ་དུ་བཟླས། ཉན་པས་ལྟུང་བ་མཐོང་ངམ་ཞེས་དྲི་ཞིང་འཆགས་པས་མཐོང་ངོ་ཞེས་བརྗོད་པར་བྱའོ། །ཉན་པས་ཕྱིན་ཆད་སྡོམ་མམ་ཞེས་སྨྲ་ཞིང་འཆགས་པས་སྡོམ་ ་མོ་ཞེས་བརྗོད་པར་བྱ་སྟེ། དེ་བཞིན་དུ་ལན་གཉིས་ལ་གཞན་དུ་བཟླས། དེའི་རྗེས་ལ་ཉན་པས་ཐབས་ཡིན་ནོ་ཞེས་བྱ་ཞིང་འཆགས་པས་ལེགས་སོ་ཞེས་བརྗོད་པར་བྱའོ། །དེའི་དགེ་སློང་ལྟུང་བ་ལ་དོགས་པ་དང་ཡིད་གཉིས་ཟ་བར་གྱུར་ན་དགེ་སློང་དེས་དགེ་སློང་མདོ་སྡེ་འཛིན ་པ་དང་འདུལ་བ་འཛིན་པ་དང་མ་མོ་འཛིན་པ་དག་ལ་དྲིས་ཏེ་ལྟུང་བ་ལ་སོགས་པ་དང་ཡིད་གཉིས་བསལ་ནས་དགེ་སློང་གི་མདུན་དུ་ཆོས་བཞིན་དུ་ཕྱིར་བྱའོ། །བསྡམ་པར་བྱ་བའི་ཉེས་པ་གང་ཡང་རུང་བ་ཞིག་ཤེས་ན། རང་གི་སེམས་ཀྱིས་བསྡམ་པ་བྱའོ། །དགེ་འདུན ་ལྷག་མ་དང། ཉེས་པ་སྦོམ་པོ་དང། སྤང་བའི་ལྟུང་བྱེད་ཀྱི་ལྟུང་བ་གང་ཡང་རུང་བ་ཞིག་ཤེས་ན་བྱིན་གྱིས་བརླབ་པར་བྱའོ་འདི་ལྟར་བྱ་སྟེ། དེས་མཆིལ་ལྷམ་གཉིས་ཕུང་ནས། དགེ་སློང་བསྙེན་པར་རྫོགས་པ་རང་བཞིན་དུ་གནས་པ། ལྟ་བ་དང་མཚན་མཐུན་པ། ་མཚམས་ཀྱི་ནང་ན་འདུག་པ་ལྟུང་བ་མིང་དང་རིགས་ལས་མི་མཐུན་པ་གཅིག་གི་མདུན་དུ་ཙོག་བུར་འདུག་ཏེ། ཐལ་མོ་སྦྱར་བ་བཏུད་ནས་ལྟུང་བའི་སྡེ་ཚན་གྱི་མིང་དང། གང་བྱུང་བའི་རིགས་སྨོས་ཏེ་འདི་སྐད་ཅེས་བརྗོད་པར་བྱའོ། །ཚེ་དང་ལྡན་པ་དགོངས་སུ་གསོལ། བདག ་དགེ་སློང་མིང་འདི་སྐད་ཅེས་བྱ་བ་ལ་ལྟུང་བ་མིང་དང་རིགས་འདི་ལྟ་བུ་འདི་བྱུང་སྟེ། བདག་དགེ་སློང་མིང་འདི་ཞེས་བགྱི་བས་དེ་ཚེ་དང་ལྡན་པའི་མདུན་དུ་བྱིན་གྱིས་བརླབ་སྟེ་གསོ་སྦྱོང་བགྱི་བའོ། །སད་ནང་བར་ལྟུང་བ་དེ་ཆོས་བཞིན་དུ་སླར་བགྱིའོ། །དེ་བཞིན་དུ་ལན ་གཉིས་གསུམ་དུ་བཟླས། གསོ་སྦྱོང་བཅོ་ལྔ་པ་དེ་ཉིད་ལ་དགེ་སློང་གིས་དགེ་སློང་གི་ནང་དུ་ལྟུང་བ་དེ་དགེ་སློང་དྲུང་ན་མོ་ལ་བྱིན་གྱིས་བརླབ་པར་བྱའོ། །འདི་ལྟར་བྱ་སྟེ། དེས་དགེ་སློང་དྲུང་ན་འདུག་པའི་མདུན་དུ་ཙོག་པུར་འདུག་སྟེ། འདི་སྐད་ཅེས་བརྗོད་པར་བྱའོ། །ཚེ ་དང་ལྡན་པ་དགོངས་སུ་གསོལ། དེང་དགེ་འདུན་གྱི་གསོ་སྦྱོང་བཅོ་ལྔ་པ་ལགས་ལ། བདག་དགེ་སློང་མིང་འདི་ཞེས་བགྱིས་པའི་གསོ་སྦྱོང་ཡང་བཅོ་ལྔ་པ་ལགས་ཏེ། བདག་དགེ་སློང་མིང་འདི་ཞེས་བགྱི་བའི་དགེ་འདུན་གྱི་ནང་དུ་ལྟུང་བ་མིང་དང་རིགས་འདི་དང་འདི་ལྟ་བུ ་ཞིག་དྲན་ཏེ། བདག་དགེ་སློང་མིང་འདི་ཞེས་བགྱི་བས་དེ་ལྟུང་བ་འདི་ཚེ་དང་ལྡན་པའི་མདུན་དུ་བྱིན་གྱིས་བརླབས་ཏེ་གསོ་སྦྱོང་བགྱིའོ། །སང་ནང་པར་ལྟུང་བ་དེ་ཆོས་བཞིན་དུ་སླར་བགྱིའོ་ཞེས་ལན་ཅིག་བཟླས་པར་བྱའོ། །གསོ་སྦྱོང་བཅོ ་ལྔ་པ་དེ་ཉིད་ལ་དགེ་སློང་དགེ་འདུན་གྱི་ནང་དུ་ལྟུང་བ་ཡིད་གཉིས་དང་བཅས་པར་གྱུར་ན། དེང་ལྟུང་བ་དེ་དགེ་སློང་དྲུང་ན་མོ་ལ་བྱིན་གྱིས་བརླབ་པར་བྱའོ། །འདི་ལྟར་བྱ་སྟེ། དེས་དགེ་སློང་དྲུང་ན་འདུག་པའི་མདུན་དུ་ཙོག་ཙོག་པུར་འདུག་སྟེ། ཐལ་མོ་སྦྱར་བ་བཏུད ་ནས་འདི་སྐད་ཅེས་བརྗོད་པར་བྱའོ། །ཚེ་དང་ལྡན་པ་དགོངས་སུ་གསོལ། དེད་དགེ་འདུན་གྱི་གསོ་སྦྱོང་བཅོ་ལྔ་པ་ལགས་ལ། བདག་དགེ་སློང་མིང་འདི་ཞེས་བགྱི་བའི་གསོ་སྦྱོང་ཡང་བཅོ་ལྔ་པ་ལགས་ཏེ། བདག་དགེ་སློང་མིང་འདི་ཞེས་བགྱི་བ་དགེ་འདུན་གྱི་ནང་དུ ་ལྟུང་བ་མིང་དང་རིགས་འདི་དང་འདི་ལྟ་བུ་ཞིག་ལ་ཡིད་གཉིས་སུ་གྱུར་ན། བདག་གིས་དེང་ལྟུང་བ་དེ་ཚེ་དང་ལྡན་པའི་མདུན་དུ་བྱིན་གྱིས་བརླབས་ཏེ། གསོ་སྦྱོང་བགྱིའོ། །སང་ནང་པར་དགེ་སློང་མདོ་སྡེ་འཛིན་པ་དང་འདུལ་བ་འཛིན་པ་དང་མ་མོ་འཛིན་པ་རྣམས་ལ་དྲིས་ཏེ་དོགས ་པ་དང་ཡིད་གཉིས་བསལ་ལ་ལྟུང་བ་དེ་ཆོས་བཞིན་དུ་སླར་བགྱིའོ་ཞེས་ལན་ཅིག་བཟླས་པར་བྱའོ། །གསོ་སྦྱོང་བཅོ་ལྔ་པ་དེ་ཉིད་ལ་དགེ་སློང་ལས་བྱེད་པས་དགེ་འདུན་གྱི་ནང་དུ་ལྟུང་བ་དྲན་ན་དེས་རང་གི་སེམས་ཀྱིས་བྱིན་གྱིས་བརླབ་པར་བྱའོ། །འདི་ལྟར་བྱ་སྟེ། དེས ་འདུག་བཞིན་དུ་སེམས་ཀྱིས་འདི་སྐད་ཅེས་བརྗོད་པར་བྱའོ། །དེང་དགེ་འདུན་གྱི་གསོ་སྦྱོང་བཅོ་ལྔ་པ་ཡིན་ལ། བདག་དགེ་སློང་གི་ལས་བྱེད་པ་མིང་འདི་ཞེས་བྱ་བའི་གསོ་སྦྱོང་ཡང་བཅོ་ལྔ་པ་ཡིན་ཏེ། བདག་དགེ་སློང་ལས་བྱེད་པ་མིང་འདི་ཞེས་བྱ་བ་དགེ་འདུན་གྱི ་ནང་དུ་ལྟུང་བ་མིང་འདི་དང་རིགས་འདི་དང་འདི་ལྟ་བུ་དྲན་ཏེ། བདག་དགེ་སློང་ལས་བྱེད་པ་མིང་འདི་ཞེས་བྱ་བས་དེང་ལྟུང་བ་དེ་རང་གི་སེམས་ཀྱིས་བྱིན་གྱིས་བརླབས་ཏེ་གསོ་སྦྱོང་བྱའོ། །སང་ནང་པར་ལྟུང་བ་དེ་ཆོས་བཞིན་དུ་ཕྱིར་བྱའོ། །ཞེས་ལན་ཅིག་བརྗོད་པར་བྱའོ།། ་གསོ་སྦྱོང་བཅོ་ལྔ་པ་དེ་ཉིད་ལ། དགེ་སློང་ལས་བྱེད་པ་དགེ་འདུན་གྱི་ནང་དུ་ལྟུང་བ་ལ་ཡིད་གཉིས་དང་བཅས་པར་གྱུར་ན། དེས་ལྟུང་པ་དེ་རང་གི་སེམས་ཀྱིས་བྱིན་གྱིས་བརླབ་པར་བྱའོ། །འདི་ལྟར་བྱ་སྟེ། དེར་འདུག་བཞིན་དུ་སེམས་ཀྱིས་འདི་སྐད་ཅེས་བརྗོད་པར་བྱའོ། །དེང ་དགེ་འདུན་གྱི་གསོ་སྦྱོང་བཅོ་ལྔ་པ་ལགས་ལ། བདག་དགེ་སློང་ལས་བྱེད་པ་མིང་འདི་ཞེས་བྱ་བའི་གསོ་སྦྱོང་བཅོ་ལྔ་པ་ཡིན་ཏེ། བདག་དགེ་སློང་ལས་བྱེད་པ་མིང་འདི་ཞེས་བྱ་བ་དགེ་འདུན་གྱི་ནང་དུ་ལྟུང་བ་མིང་དེང་རུས་འདི་ལྟ་བུ་ལ་ཡིད་གཉིས་སུ་གྱུར་ན། བདག་དགེ ་སློང་ལས་བྱེད་པ་མིང་འདི་ཞེས་བྱ་པས་དེང་ལྟུང་བ་དེ་རང་གི་སེམས་ཀྱིས་བྱིན་གྱིས་བརླབས་ཏེ་གསོ་སྦྱོང་བྱའོ། །སང་ནང་པར་དགེ་སློང་མདོ་སྡེ་འཛིན་པ་དང། འདུལ་པ་འཛིན་པ་དང། མ་མོ་འཛིན་པ་རྣམས་ལ་དྲིས་ཏེ། དོགས་པ་དང་ཡིད་གཉིས་བསལ་ལ་ལྟུང་བ་དེ ་ཆོས་བཞིན་དུ་ཕྱིར་བྱའོ། །ཞེས་ལན་ཅིག་བརྗོད་པར་བྱའོ། །གསོ་སྦྱོང་བཅོ་ལྔ་པ་དེ་ཉིད་ལ་དགེ་འདུན་ཐམས་ཅད་ལྟུང་བ་མཐུན་པ་དང་བཅས་པར་གྱུར་ན་དགེ་སློང་དེ་རྣམས་ཀྱིས་ཀྱང་གང་གི་མདུན་དུ་ལྟུང་བ་བྱུང་བ་དེ་ཆོས་བཞིན་དུ་ཕྱིར་བྱ་བའི་ཕྱིར་དགེ་སློང ་འགའ་ཞིག་གནས་གཞན་དུ་སོང་ལ་དགེ་སློང་གི་མདུན་དུ་ལྟུང་བ་དེ་ཆོས་བཞིན་དུ་ཕྱིར་བྱེད་པ་དེ་ལྟ་བུར་སྤྲོ་བར་བྱའོ། །གལ་ཏེ་གྲུབ་ན་དེ་ལྟ་ན་ལེགས། ཅི་སྟེ་མ་གྲུབ་ན་དགེ་སློང་དེ་རྣམས་ཀྱིས་གསོལ་བ་འབའ་ཞིག་གི་ལས་ཀྱིས་བྱིན་གྱིས་བརླབ་པར་བྱའོ། ་འདི་ལྟར་བྱ་སྟེ། གལ་ཏེ་གསོ་སྦྱོང་གི་དུས་སུ་དགེ་འདུན་ཐམས་ཅད་ཀྱིས་ལྟུང་བ་མཐུན་པ་དང་བཅས་པར་ཤེས་པར་གྱུར་ན། དགེ་སློང་ཅིག་མཚམས་གཞན་གྱི་དགེ་སློང་གི་དྲུང་དུ་འདུག་སྟེ། དེས་དེར་ལྟུང་བ་དྲན་པ་ཕྱིར་བཅོས་ཏེ་ཕྱིར་འོངས་ན། དེའི་མདུན་དུ ་ཐམས་ཅད་ཀྱིས་ལྟུང་བ་ཤེས་པ་ཕྱིར་བཅོས་ཏེ་གསོ་སྦྱོང་བྱའོ། །གལ་ཏེ་ཆོ་ག་དེ་མ་གྲུབ་ན་དགེ་སློང་གིས་གསོལ་བ་འབའ་ཞིག་གིས་ལས་ཀྱིས་བྱིན་གྱིས་བརླབ་པར་བྱའོ། །འདི་ལྟར་བྱ་སྟེ། འདུག་ལ་འདི་སྐད་ཅེས་བརྗོད་པར་བྱའོ། །དགེ་འདུན་བཙུན་པ་རྣམས ་དགོངས་སུ་གསོལ། དེང་དགེ་འདུན་གྱི་གསོ་སྦྱོང་བཅོ་ལྔ་པ་ལ་གསལ། བདག་ཅག་དགེ་འདུན་ཐམས་ཅད་ནི་ལྟུང་བ་དང་བཅས་པར་གྱུར་ན་གང་གི་མདུན་དུ་ལྟུང་བ་ཆོས་བཞིན་དུ་སླར་བགྱི་བ་བདག་ཅག་ལས་དགེ་སློང་རྣམས་གཞན་དུ་མཆིས ་ལ། དགེ་སློང་གི་མདུན་དུ་ལྟུང་བ་དེ་ཆོས་བཞིན་དུ་སླར་བགྱིད་པར་སྤྲོ་བ་སུ་ཡང་མ་མཆིས་ན་གལ་ཏེ། དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང། དགེ་འདུན་གྱིས་དེར་ལྟུང་བ་དེ་བྱིན་གྱིས་བརླབས་ཏེ་གསོ་སྦྱོང་མཛད་ལ། ་སླད་ཀྱིས་དགེ་སློང་གི་མདུན་དུ་ལྟུང་བ་དེ་ཆོས་བཞིན་དུ་སླར་མཛད་དོ། །འདི་ནི་གསོལ་བའོ། །གསོ་སྦྱོང་བཅོ་ལྔ་པ་དེ་ཉིད་ལ་དགེ་འདུན་ཐམས་ཅད་ལྟུང་བ་ལ་ཡིད་གཉིས་དང་བཅས་པར་གྱུར་ན་དེ་རྣམས་གང་གི་མདུན་དུ་དེ་རྣམས་ཀྱིས་ལྟུང་བ་དེ་ཆོས་བཞིན་དུ ་བྱ་བའི་དགེ་སློང་འགའ་ཞིག་གནས་གཞན་དུ་སོང་ལ། དགེ་སློང་མདོ་སྡེ་འཛིན་པ་དང། འདུལ་བ་འཛིན་པ་དང། མ་མོ་འཛིན་པ་རྣམས་ལ་དྲིས་ཏེ་ལྟུང་བ་ལ་ཡིད་གཉིས་བསལ་ནས་ཆོས་བཞིན་དུ་ཕྱིར་བྱེད་པ་དེ་ལྟ་བུ་ལ་སྤྲོ་བར་བྱའོ། །གལ་ཏེ་ཆོ་ག་དེ་གྲུབ་ན་དེ ་ལྟ་ན་ལེགས། ཅི་སྟེ་མི་འགྲུབ་ན། དགེ་སློང་དེ་རྣམས་ཀྱི་གསོལ་བ་འབའ་ཞིག་གི་ལས་ཀྱིས་བྱིན་གྱིས་བརླབ་པར་བྱའོ། །འདི་ལྟར་བྱ་སྟེ། གལ་ཏེ་གསོ་སྦྱོང་གི་དུས་སུ་དགེ་འདུན་ལྟུང་བ་ལ་ཡིད་གཉིས་དང་བཅས་པར་གྱུར་ན་དགེ་སློང་ཅིག་མཚམས་གཞན་གྱི་དགེ ་སློང་མདོ་སྡེ་དང་འདུལ་བ་དང་མ་མོ་འཛིན་པ་རྣམས་ཀྱི་དྲུང་དུ་བཏང་སྟེ། དེས་ལྟུང་བ་ལ་དོགས་པ་དང་ཡིད་གཉིས་བསལ་ཏེ་ཕྱིར་འོངས་ནས་དེའི་མདུན་དུ་ཐམས་ཅད་ཀྱིས་ལྟུང་བ་ལས་ཡིད་གཉིས་དང་བཅས་པར་གྱུར་པ་བསལ་ཏེ་གསོ་སྦྱོང་བྱའོ། །གལ་ཏེ་ཆོ་ག ་དེ་མ་གྲུབ་ན་དགེ་སློང་གཅིག་གིས་གསོལ་བ་འབའ་ཞིག་གི་ལས་ཀྱིས་བྱིན་གྱིས་བརླབ་པར་བྱའོ། །འདི་ལྟར་བྱ་སྟེ། འདུག་ལ་འདི་སྐད་ཅེས་བརྗོད་པར་བྱའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དེང་དགེ་འདུན་གྱི་གསོ་སྦྱོང་བཅོ་ལྔ་པ་ལགས་ལ། ་བདག་ཅག་དགེ་འདུན་ཐམས་ཅད་ནི་ལྟུང་བ་ལ་དོགས་པ་དང་ཡིད་གཉིས་དང་བཅས་པར་གྱུར་ན། གང་གི་མདུན་དུ་བདག་ཅག་ལྟུང་བ་དེ་ཆོས་བཞིན་དུ་སླར་བགྱི་བ་བདག་ཅག་ལས་དགེ་སློང་གནས་གཞན་དུ་མཆིས་ལ། དགེ་སློང་མདོ་སྡེ་འཛིན་པ་དང། འདུལ ་བ་འཛིན་པ་དང། མ་མོ་འཛིན་པ་རྣམས་ལ་དྲིས་ཏེ། དོགས་པ་དང་ཡིད་གཉིས་བསལ་ནས་ལྟུང་བ་དེ་ཆོས་བཞིན་དུ་སླར་བགྱིད་པར་སྤྲོ་བ་སུ་ཡང་མ་མཆིས་ན། གལ་ཏེ་དགེ་འདུན་གྱིས་དུས་ལ་བབ་ཅིང་བཟོད་ན། དགེ་འདུན་གྱི་གནང་བར་མཛོད་ཅིག་དང། དགེ་འདུན ་གྱིས་དེང་ལྟུང་བ་དེ་བྱིན་གྱིས་བརླབས་ཏེ། གསོ་སྦྱོང་མཛད་ལ། སླད་ཀྱིས་དགེ་སློང་མདོ་སྡེ་འཛིན་པ་དང། འདུལ་བ་འཛིན་པ་དང། མ་མོ་འཛིན་པ་རྣམས་ལ་བྲིས་ཏེ། དོགས་པ་དང་ཡིད་གཉིས་བསལ་ལ་ལྟུང་བ་དེ་ཆོས་བཞིན་དུ་སླར་མཛད་དོ། །འདི་ནི་གསོལ་བའོ། །གསོ ་སྦྱོང་བཅོ་ལྔ་པ་དེ་ཉིད་ལ་དགེ་འདུན་ཐམས་ཅད་ལྟུང་བ་དང་བཅས་པའི་ཕྱིར་རྩོད་པར་གྱུར་ན། གསོལ་བ་འབའ་ཞིག་གིས་ལས་ཀྱིས་བྱིན་གྱིས་བརླབས་པ་དེ་གསོ་སྦྱོང་བྱའོ། །འདི་ལྟར་བྱ་སྟེ། གསོ་སྦྱོང་བཅོ་ལྔ་པ་དེ་ཉིད་ལ་དགེ་སློང་གཉུག་མར་གནས་པ་གཅིག་པུ ་མ་གཏོགས་པ་དགེ་འདུན་ཐམས་ཅད་ལྟུང་བ་དང་བཅས་པར་གྱུར་ན། དགེ་སློང་དེ་དགེ་སློང་གཏམ་འདྲེས་པ་དང། ཕེབས་པར་སྨྲ་བ་དང། སྨོས་འདྲིན་དང། འགྲོགས་བཤེས་གང་ཡིན་པའི་དྲུང་དུ་སོང་སྟེ། ཅི་ནས་ཀྱང་དགེ་སློང་གཞན་དག་དང་ལྟུང་བ་འཆགས་པར ་འགྱུར་བ་དེ་ལྟར་བྱའོ། །གླེང་བ་དང་དྲན་པར་བྱའོ། །གལ་ཏེ་གྲུབ་ན་དེ་ལྟར་ན་ལེགས། ཅི་སྟེ་མ་གྲུབ་ཅིང་དགེ་འདུན་ཐམས་ཅད་ལྟུང་བའི་ཕྱིར་རྩོད་པར་གྱུར་ན། དགེ་སློང་གཅིག་གིས་གསོལ་བ་འབའ་ཞིག་གི་ལས་ཀྱིས་བྱིན་གྱིས་བརླབ་པར་བྱའོ། །འདི་ལྟར་བྱ་སྟེ། འདུག ་ལ་འདི་སྐད་ཅེས་བརྗོད་པར་བྱའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། །དེང་དགེ་འདུན་གྱི་གསོ་སྦྱོང་བཅོ་ལྔ་པ་ལགས་ལ། བདག་ཅག་དགེ་འདུན་ཐམས་ཅད་ནི་ལྟུང་བའི་སླད་དུ་རྩོད་པར་གྱུར་ན། གལ་ཏེ་དགེ་འདུན་གྱིས་དུས་ལ་བབ་ཅིང་བཟོད་ན། དགེ་ ་འདུན་གྱི་གནང་བར་མཛོད་ཅིག་དང། དགེ་འདུན་གྱིས་དེང་ལྟུང་བའི་སླད་དུ་རྩོད་པ་དེ་བྱིན་གྱིས་བརླབས་ཏེ་གསོ་སྦྱོང་མཛད་ལ། སླད་ཀྱི་དགེ་སློང་མདོ་སྡེ་འཛིན་པ་དང། འདུལ་བ་འཛིན་པ་དང། མ་མོ་འཛིན་པ་རྣམས་ལ་དྲིས་ཏེ། རྩོད་པ་ཞི་བར ་བགྱིས་ལ། ལྟུང་བ་དེ་ཆོས་བཞིན་དུ་སླར་མཛད་དོ། །འདི་ནི་གསོལ་བའོ། །གསོ་སྦྱོང་བཅོ་ལྔ་པ་དེ་ཉིད་ལ། དགེ་འདུན་ཐམས་ཅད་ལྟུང་བ་ལ་ངེས་པ་ཉིད་མ་ཡིན་པར་གྱུར་ན། གསོལ་བ་འབའ་ཞིག་གི་ལས་ཀྱིས་བྱིན་གྱིས་བརླབས་ཏེ། གསོ་སྦྱོང་བྱའོ། །འདི་ལྟར་བྱ ་སྟེ། གསོ་སྦྱོང་བཅོ་ལྔ་པ་དེ་ཉིད་ལ། དགེ་སློང་བློ་བུར་དུ་འོངས་པ་གཅིག་པུ་མ་གཏོགས་པ་དགེ་འདུན་ཐམས་ཅད་ལྟུང་བ་དང་བཅས་པར་གྱུར་ན། དགེ་སློང་དེས་དགེ་སློང་གཏམ་འདྲེས་པ་དང། ཕེབས་པར་སྨྲས་པ་དང། སྨྲོས་འདྲིན་དང ་འགྲོགས་བཤེས་གང་ཡིན་པ་དེའི་དྲུང་དུ་སོང་སྟེ་ཇི་ནས་ཀྱང་དགེ་སློང་གཞན་དག་ཀྱང་འཆགས་པར་འགྱུར་བ་དེ་ལྟར་གླེང་བ་དང་དྲན་པར་བྱའོ། །གལ་ཏེ་གྲུབ་ན་དེ་ལྟ་ན་ལེགས། ཅི་སྟེ་མི་གྲུབ་ཅིང་དགེ་འདུན་ཐམས་ཅད་ལྟུང་བ་དེ་ནི་གང་ཡིན་པ་ལྟུང་བ་དེ་ལ་ཇི་ལྟར ་ལྟ་བར་འགྱུར་ཞེས་ངེས་པ་ཉིད་མ་ཡིན་པར་གྱུར་ན། དགེ་སློང་གཅིག་གིས་གསོལ་བ་འབའ་ཞིག་གིས་ལས་ཀྱིས་བྱིན་གྱིས་བརླབ་པར་བྱའོ། །འདི་ལྟར་བྱ་སྟེ། འདུག་ལ་འདི་སྐད་ཅེས་བརྗོད་པར་བྱའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དེང་དགེ་འདུན་གྱི་གསོ་སྦྱོང་ ་བཅོ་ལྔ་པ་ལགས་ལ། བདག་ཅག་དགེ་འདུན་ཐམས་ཅད་ནི་ལྟུང་བ་ལ་ངེས་པ་ཉིད་མ་ཡིན་པར་གྱུར་ན་གལ་ཏེ་དགེ་འདུན་གྱིས་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང། དགེ་འདུན་གྱིས་དེང་ལྟུང་བ་ལ་ངེས་པ་ཉིད་མ་ལགས་པ ་དེ་བྱིན་གྱིས་བརླབས་ཏེ་གསོ་སྦྱོང་མཛད་ལ་སླད་ཀྱིས་དགེ་སློང་མདོ་སྡེ་འཛིན་པ་དང། འདུལ་བ་འཛིན་པ་དང། མ་མོ་འཛིན་པ་རྣམས་ལ་དྲིས་ཏེ་ངེས་པ་ཉིད་མ་ལགས་པ་བསལ་ལ་ལྟུང་བ་དེ་ཆོས་བཞིན་དུ་སླར་མཛད་དོ། །འདི་ནི་གསོལ་བའོ། །ལྟུང་བ་མེད་ན་ཅང ་མ་སྨྲ་ཞིག་ཅེས་བྱ་བ་ནི་བཤགས་པར་བྱ་བ་དང། བསྡམ་པར་བྱ་བ་དང། བྱིན་གྱིས་བརླབ་པར་བྱ་བའི་ལྟུང་བ་མེད་ན་དེ་དག་ཕྱི་བཅོས་པའི་བྱ་བ་མེད་དོ་ཞེས་བྱ་བའི་ཐ་ཚིག་གོ་།ཅང་མི་སྨྲ་བ་བདག་གིས་ཚེ་དང་ལྡན་པ་དག་ཡོངས་སུ་དག་པར་རིག་པར་བྱའོ་ཞེས་བྱ་བ་ནི་དེ ་ལྟར་ན་འཁོར་རྣམ་པར་དག་པ་ཡིན་པས། བདག་གིས་ཁྱེད་ཅག་གསོ་སྦྱོང་གི་སྣོད་དུ་གྱུར་པར་རིག་པར་བྱའོ། །ཞེས་བྱ་བའི་ཐ་ཚིག་གོ་།དེ་ལྟར་གླེང་གཞི་རྣམ་པར་བཞག་པའི་རྒྱུ་ལུང་དབོག་པ་ཇི་སྐད་བསྟན་པ་དེ་ལས། ཚེ་དང་ལྡན་པ་དག་བདག་ཅག་གསོ་སྦྱོང་བྱ་སྟེ། སོ ་སོར་ཐར་པའི་མདོ་གདོན་པ་གདོན་གྱིས་ཁྱེད་ཅག་སུ་ལ་ལྟུང་བ་ཡོད་པ་དེས་མཐོལ་ཅིག་ཅེས་བྱ་བའི་ལུང་དབོག་པ་འདིའི་གླེང་གཞི་རྣམ་པར་བཞག་པ་བསྒྲག་པར་བྱ་བ་ནི་ལོག་ལས་དེ་ལ་བདག་གིས་ཚེ་དང་ལྡན་པ་དག་ལ་ཅི་འདི་ལ་ཁྱེད་ཡོངས་སུ་དག་གམ་ཞེས་ལན ་གཉིས་ལན་གསུམ་དུ་དྲིའོ། །ཞེས་འབྱུང་བ་ཡིན་ནོ། །ལྟུང་བ་མེད་ན་ཅང་མ་སྨྲ་ཤིག་ཅེས་བྱ་བ་ནི་ལུང་དབོག་པ་འདིའི་གླེང་གཞི་རྣམ་པར་བཞག་པ་བསྒྲག་པར་བྱ་བ་ནི་འོག་ནས་འདི་ལྟར་ཚེ་དང་ལྡན་པ་དག་ཡོངས་སུ་དག་ན་ཞེས་འབྱུང་བ་ཡིན་ནོ། །ཅང་མི་སྨྲ་ན་བདག ་གིས་ཚེ་དང་ལྡན་པ་དག་ཡོངས་སུ་དག་པར་རིག་པར་བྱའོ། །ཞེས་ལུང་དབོག་པ་འདིའི་གླེང་གཞི་རྣམ་པར་གཞག་པ་བསྒྲག་པ་ནི་འོག་ནས་འདི་ལྟར་ཅང་མི་སྨྲ་བས་དེ་དེ་བཞིན་དུ་ཛིན་ཏོ། །ཞེས་འབྱུང་བ་ཡིན་པར་རིག་པར་བྱའོ། །དེའི་འོག་ཏུ་གླེང་གཞི་ནོད་བཞག་པའི ་ཐབས་བསྟན་པའི་ཡན་ལག་གི་དོན་བཤད་པར་བྱ་སྟེ། ཇི་ལྟར་སོ་སོར་དྲིས་ནས་དགེ་སློང་གིས་ལན་བཏབ་པ་ཞེས་བྱ་བ་ནི་གླེང་གཞི་རྣམ་པར་བཞག་པའི་ཐབས་བསྟན་པའི་དཔེ་སྟེ། དཔེར་ན་གསོ་སྦྱོང་གི་ཆེ་དགེ་སློང་གསོ་སྦྱོང་གི་གནས་སུ་འདུ་བའི་མདུན་རོལ་ཁོ ་ནར་གསོ་སྦྱོང་སྔ་མ་འདས་པའི་མཛའ་ཚུན་ཆོད་ཀྱི་ཟླ་བ་ཕྱེད་ཀྱི་ལྟུང་བ་ལ་སོ་སོར་བརྟག་པར་བྱེད་ཅིང་ལྟུང་བ་ཤེས་ཤིང་མཐོང་ན་དགེ་སློང་གཅིག་གི་མདུན་དུ་སྐབས་དབྱེ་བར་གསོལ་ཏོ། །ལྟུང་བའི་དབྱེ་བ་ནི་དག་པ་སྦྱིན་པའི་དགེ་སློང་དེས་ལྟུང་བ་མཐོང་བས ་ཞེས་དྲིས་པ་ན་མཐོང་ངོ་ཞེས་ལན་གདབ་པ་དང་ཕྱིན་ཆད་སྡོམ་མོ་ཞེས་ལན་གདབ་པ་དང། ལན་གཉིས་དྲིས་ནས་དགེ་སློང་གིས་ཀྱང་ལན་གསུམ་གདབ་པའོ། །དེ་བཞིན་དུ་དགེ་སློང་གི་འཁོར་འདི་ལྟར་བུར་ཡང་ལན་གསུམ་གྱི་བར་དུ་བསྒྲག་པར ་བྱ་བ་ཡིན་ནོ་ཞེས་བྱ་བ་ནི་གླེང་གཞི་རྣམ་པར་གཞག་པའི་ཐབས་བསྟན་པའི་དོན་ཡིན་ཏེ། དགེ་སློང་འཁོར་འདི་ལྟ་བུར་ཡང་ཞེས་བྱ་བ་ནི་སོ་སོར་ཐར་པའི་མདོ་གདོན་པའི་འཁོར་འདིར་ཡང་ངོ། །ལན་གསུམ་གྱི་བར་དུ་བསྒྲག་པར་བྱ་བ་ཡིན་ནོ་ཞེས་བྱ་བ་ནི་གླེང་གཞི ་རྣམ་པར་བཞག་པ་བསྒྲག་པར་བྱ་བའི་ཚིག་འདི་སྐད་ཅེས་དེ་ལ་བདག་ཅག་གིས་ཚེ་དང་ལྡན་པ་དག་ལ་ཅི་འདི་ལ་ཁྱེད་ཡོངས་སུ་དག་གམ་ཞེས་དྲིའོ། །ཅི་འདི་ལ་ཁྱེད་ཡོངས་སུ་དག་གམ་ཞེས་ལན་གཉིས་ལན་གསུམ་དྲིའོ། །འདི་ལ་ཚེ་དང་ལྡན་པ་ཡོངས་སུ་དག་ན ་འདི་ལྟར་ཅང་མི་སྨྲ་བས་དེ་དེ་བཞིན་དུ་འཛིན་ཏོ་ཞེས་འབྱུང་བ་དེ་ཉིད་སོ་སོར་ཐར་པའི་གཞུང་ལས་ཇི་སྐད་དུ་འབྱུང་བ་བཞིན་དུ་གོ་རིམ་དང་ཚིག་མ་འཁྲུགས་པར་ལན་ཅིག་གདོན་པར་བྱ་བ་ཡིན་ཏེ། དེ་ལན་ཅིག་བཏོན་པ་ཉིད་ནི་དྲིའོ། །ཞེས་བྱ་བ་དང། ལན་གཉིས ་ལན་གསུམ་དུ་དྲིའོ་ཞེས་སྨོས་པ་དེ་ཉིད་ཀྱིས་ལན་གསུམ་བསྒྲག་པ་ཡིན་ནོ། །ཚིག་དེ་སྐབས་འདིར་གོང་དུ་སྤར་ཏེ་བསྒྲག་པ་ཡང་མ་ཡིན་ལ་སྔར་གླེང་གཞི་རྣམ་པར་གཞག་པའི་ལུང་དབོག་པའི་ཚིག་ཇི་སྐད་བསྟན་པ་དེས་སྐབས་འདིར་ལན་གསུམ་བསྒྲག་པར་ ་བྱ་བ་ཡང་མ་ཡིན་ནོ། །དེའི་འོག་ཏུ་མ་དག་པའི་ཉེས་དམིགས་ཀྱིས་ཡན་ལག་གི་དོན་བཤད་པར་བྱ་སྟེ། ཡང་དགེ་སློང་གང་ཞེས་བྱ་བ་ནི་བྱུང་བའི་དབང་གིས་བཅས་པ་མ་ཡིན་གྱིས། གང་ཡང་རུང་བ་ཕྱིར་བསྟན་པའོ། །དགེ་སློང་གི་འཁོར་འདི་ལྟ་བུ་ལན་གསུམ ་གྱི་བར་དུ་བསྒྲག་པར་བྱས་པ་ན་ཞེས་པ་ནི་སོ་སོར་ཐར་པའི་མདོ་གདོན་པའི་ནང་དུ་གླེང་གཞི་རྣམ་པར་བཞག་པ་བསྒྲག་པར་བྱའི་ཚིགས་འོག་ནས་བྱུང་བ་ལན་ཅིག་བཏོན་པ་ན་སྟེ་དེ་ལན་ཅིག་བཏོན་པ་ན་དྲིའོ། །ལན་གཉིས་ལན་གསུམ་དུ་དྲིའོ་ཞེས་སྨོས་པ ་ཉིད་ལན་གསུམ་བསྒྲག་པ་ཡིན་གྱི། གླེང་གཞི་རྣམ་པར་བཞག་པ་བསྒྲག་པའི་ཚིག་དེ་ལན་གསུམ་བཟླས་པར་མི་བྱའོ། །ལྟུང་བ་ཡོད་ལ་ཞེས་བྱ་བ་ནི་སྔར་ཆོས་བཞིན་དུ་ཕྱིར་མ་བཅོས་པའོ། །དྲན་བཞིན་དུ་མི་མཐོལ་ན་ཞེས་བྱ་བ་ནི་འདིར་འདུ་ཤེས་གཙོ་ཆེར་བྱེད་པ་པོ་ཡིན་པས ་མི་དྲན་པ་ལ་ལྟུང་བ་མེད་ཀྱིས་དྲན་བཞིན་དུ་མི་མཐོལ་ན་ལྟུང་བར་འགྱུར་རོ། །ཡིད་གཉིས་ནི་འདུ་ཤེས་དང་འདྲ་བས་ཡིད་གཉིས་ཟ་བ་བྱིན་གྱིས་མི་རློབ་ན་ཡང་ལྟུང་བ་འདིར་འགྱུར་རོ། །དེ་ཤེས་བཞིན་དུ་རྫུན་དུ་སྨྲ་བ་ཡིན་ནོ་ཞེས་བྱ་བ་ནི་རྫུན་ལ་རྣམ་པ་ལྔ་ཏེ། ཕམ་པར་འགྱུར ་བ་དང། དགེ་འདུན་ལྷག་མར་འགྱུར་བ་དང། ཉེས་པ་སྦོམ་པོར་འགྱུར་བ་དང། ལྟུང་བྱེད་དུ་འགྱུར་བ་དང། ཉེས་བྱས་སུ་འགྱུར་བའོ། །དེ་ལ་ཕམ་པར་འགྱུར་བའི་རྫུན་ནི་འདུ་ཤེས་བསྒྱུར་ཏེ་མིའི་ཆོས་བླ་མ་སྨྲ་བའོ། །དགེ་འདུན་ལྷག་མར་འགྱུར་བའི་རྫུན་ནི་འདུ་ཤེས་བསྒྱུར་ཏེ ་གཞི་མེད་པ་དང་བག་ཙམ་གྱིས་སྐུར་པ་འདེབས་པའོ། །ཉེས་པ་སྦོམ་པོར་འགྱུར་བའི་རྫུན་ནི་དགེ་འདུན་འབྱེད་པའི་ཚེ་དགེ་འདུན་འདུས་པ་ལ་ཤེས་བཞིན་དུ་ཆོས་མ་ཡིན་པ་ཆོས་སུ་སྟོན་པ་དང། ཆོས་ཆོས་མ་ཡིན་པར་སྟོན་པ་སྟེ། རྫུན་དུ་སྨྲ་བའི་ཕམ་པར་འགྱུར་བའི ་སྐབས་ཀྱི་ཉེས་པ་སྦོམ་པོའོ། །ལྟུང་བྱེད་དུ་འགྱུར་བའི་རྫུན་ནི་སྔ་མ་གསུམ་དང། ཉེས་བྱས་སུ་འགྱུར་བའི་བརྫུན་དང། བཞི་ལས་གཞན་པའི་རྫུན་དུ་སྨྲ་བའི་དོན་ཤེས་པའི་ཡུལ་ལས་འདུ་ཤེས་གཞན་དུ་བསྒྱུར་བའོ། རྫུན་སྨྲ་བ་ནི་འདུ་ཤེས་ཀྱི་དབང་གིས?་རྣམ ་པར་བཞག་གི་དངོས་པོ་ཡོད་པ་དང་མེད་པའི་དབང་གིས་ནི་མ་ཡིན་པའི་ཕྱིར་རོ། །ཉེས་བྱས་སུ་འགྱུར་བའི་རྫུན་ནི་སྐབས་འདི་ཉིད་ཀྱིས་བསྟན་ཏེ། གསོ་སྦྱོང་ལ་ཅི་འདི་ལ་ཁྱེད་ཡོངས་སུ་དག་གམ་ཞེས་ལན་གསུམ་གྱི་བར་དུ་དྲིས་པ་ལས་མ་དག་པར་ཤེས་བཞིན ་དུ་ཅང་མི་སྨྲ་བར་འདའ་བར་བྱེད་ན་ཉེས་བྱས་སོ། །ཞེས་གསུངས་པའི་ཕྱིར་རོ། །དེས་ཀྱང་ཉེས་བྱས་ཡོངས་སུ་རྫོགས་པ་ཡིན་ནོ། །ཡིད་ཀྱི་ནི་མ་ཡིན་ཏེ་ཁ་རྣམ་པར་འགྱུར་བ་ལ་སོགས་པའི་རྣམ་པར་རིག་བྱེད་དེ་ལ་ཡོད་པའི་ཕྱིར་རོ། །དེ་ལྟར་ཤེས་བཞིན་དུ ་རྫུན་དུ་སྨྲ་བ་དེ་ནི་མདག་པ་ཡིན་ལ། མ་དག་པའི་ཉེས་དམིགས་གང་ཞེ་ན། དེའི་ཕྱིར་ཚེ་དང་ལྡན་པ་དག་ཤེས་བཞིན་དུ་རྫུན་དུ་སྨྲ་བ་ནི་བཅོམ་ལྡན་འདས་ཀྱིས་བར་དུ་གཅོད་པའི་ཆོས་སུ་གསུངས་སོ་ཞེས་བྱ་བ་གསུངས་ཏེ། རྫུན་དུ་སྨྲ་བ་ནི ་རང་བཞིན་གྱི་ཁ་ན་མ་ཐོ་བ་དང་བཅས་པ་ཡིན་པས་བསྙེན་པར་མ་རྫོགས་པ་དང། ཉམས་པ་དང། མཚམས་མེད་པ་ལྔ་བྱས་པ་དང། སྡིག་པའི་ལྟ་བ་ཅན་དང། ས་གཞན་ན་གནས་པ་དང། ཐ་དད་དུ་གནས་པ་རྣམས་ཀྱིས་སྨྲས་ན་ཡང་མངོན་པར་མཐོ་བ་དང། ངེས་པར ་ལེགས་པའི་བར་དུ་གཅོད་པ་ཡིན་པས་དགེ་སློང་རང་བཞིན་དུ་གནས་པས་སྨྲས་པ་ནི་རང་བཞིན་གྱི་ཁ་ན་མ་ཐོ་བ་དང་བཅས་པའི་ཁ་ན་མ་ཐོ་བ་དང་གཉི་ག་ལྷག་པར་སྤྱད་པ་ཡིན་པས་ལྷག་པར་ཡང་མངོན་པར་མཐོ་བ་དང་ངེས་པར་ལེགས་པའི་བར་དུ་གཅོད ་པ་ཡིན་པར་གསུངས་སོ། །སྐབས་འདིར་ནི་ཆོ་ག་ལས་འདས་ན་ལས་མི་འཆགས་སོ་ཞེས་གསུངས་ཏེ། ལས་ནི་གསོལ་བ་དང་བརྗོད་པ་དང་སོ་སོར་ཐར་པ་འདོན་པ་དང། དགག་དབྱེའི་ལས་ཏེ་ལས་བརྒྱ་རྩ་གཅིག་བསྡུས་པའོ། །ཆོ་ག་ནི་དགེ་འདུན་ཚང་བ་དང། ལས ་བརྗོད་པ་དང། ལས་བྱེད་པ་ཉིད་ཀྱི་ཆོས་མ་ཡིན་པས་མི་བྱ་བ་དང་མི་མཐུན་པ་དག་གིས་མི་བྱ་བ་དང། ཚོགས་ཀྱིས་མི་བྱ་བ་ཡིན་པས་འདིར་སོ་སོར་ཐར་པའི་མདོ་གདོན་པ་ནི་གསོ་སྦྱོང་གི་ལས་ཡིན་ལ་དེ་ཆོས་མ་ཡིན་པས་མི་བྱའོ་ཞེས་བྱ་བ་ནི་འཁྲུལ་པ་དང་བཅས ་བ་བདག་གིས་ལས་མི་བྱ་བ་ལ་སོགས་པ་ཡིན་ནོ། །འདིར་ལྟུང་བ་ཡོད་པ་ནི་འཁྲུལ་པ་དང་བཅས་པ་ཡིན་ལ། དེ་དྲན་བཞིན་དུ་མི་མཐོལ་མ་ཤེས་བཞིན་དུ་རྫུན་དུ་སྨྲ་བ་ཡང་རང་བཞིན་ལས་ཉམས་པ་ཡིན་པས་དེ་མ་བཤགས་སམ་བྱིན་གྱིས་མ་རླབས་པ་དག་གིས ་གསོ་སྦྱོང་གི་ལས་བྱས་ན་ལས་དེ་མི་འཆག་པའི་ཉེས་དམིགས་གཞན་ཡང་ཡོད་དོ། །དེའི་འོག་ཏུ་དག་པའི་ཕན་ཡོན་གྱི་ཡན་ལག་གི་དོན་བཤད་པར་བྱ་སྟེ། དེ་བས་ན་དགེ་སློང་ལྟུང་བ་བྱུང་བ་རྣམ་པར་དག་པར་འདོད་པས་ཞེས་བྱ་བ་ནི་ཤེས་བཞིན་དུ ་རྫུན་དུ་སྨྲ་བའི་ཉེས་བྱས་ཙམ་ཡང་རྣམ་པར་དག་པར་འདོད་པས་སོ། །ལྟུང་བ་ཡོད་ལ་དྲན་ཞིང་མཐོང་ལ་མཐོལ་བར་བྱའོ་ཞེས་བྱ་བ་ནི་བཤགས་པ་དང། བསྡམ་པ་དང། བྱིན་གྱིས་བརླབ་པ་གང་བྱ་བར་འོས་པ་དེ་བྱའོ། །དེ་ལྟར་མཐོལ་བ་དེ་ནི་དག་པ་ཡིན་ནོ། །དག ་པའི་ཕན་ཡོན་གང་ཞེ་ན། དེའི་ཕྱིར་མཐོལ་ན་བདེ་བ་ལ་རེག་པར་གནས་པར་འགྱུར་རོ་ཞེས་བྱ་བ་གསུངས་ཏེ། མཐལ་ན་ཚུལ་ཁྲིམས་ཀྱི་ཕན་ཡོན་བཅུ་འཐོབ་པ་དང་མངོན་པར་མཐོ་བ་དང་ངེས་པར་ལེགས་པའི་བདེ་བ་ལ་རེག་པར་གནས་པར་འགྱུར་རོ། །ཚུལ་ཁྲིམས་ཀྱི ་ཕན་ཡོན་བཅུ་ནི་འགྱོད་པ་མེད་པའི་རིམས་ཀྱིས་མཆོག་ཏུ་དགའ་བ་སྔོན་དུ་འགྲོ་བའི་ཆོས་འཐོབ་པར་འགྱུར་བ་ལ་སོགས་སྔར་བསྟན་པ་དག་གོ་།མངོན་པར་མཐོ་བ་ནི་མཐོ་རིས་སོ། །ངེས་པར་ལེགས་པ་ནི་མྱ་ངན་ལས་འདས་པའོ། །སྐབས་འདིར་འཕྲལ་དུ་ཆོག་ལས་མ་འདས ་པས་འཆགས་པའི་ཕན་ཡོན་གཞན་ཡང་ཡོད་དོ། །མ་མཐོལ་མ་ཤགས་ན་ནི་མི་འགྱུར་རོ་ཞེས་བྱ་བ་ནི་རྗེས་སུ་འགྲོ་བ་སྔར་བསྟན་པ་དེ་ཉིད་ལྡོག་པའི་སྒོ་ནས་བསྟན་ཏོ། །དེའི་འོག་ཏུ་འདོན་པའི་མཇུག་བསྡུ་བ་ཡན་ལག་གི་དོན་བཤད་པར་བྱ་སྟེ། ཚེ་དང་ལྡན་པ་དག ་བདག་གིས་སོ་སོར་ཐར་པའི་མདོ་གདོན་པའི་གླེང་གཞི་གཏོན་ཟིན་ཏོ་ཞེས་བྱ་བ་ལ། གླེང་གཞི་ཞེས་བྱ་བ་ནི་མདོ་གདོན་པ་འབྱུང་བའི་རྒྱུའོ། །བཏོན་ཟིན་ཏོ་ཞེས་བྱ་བ་ནི་དམ་བཅས་པའི་དོན་གྱིས་མཇུག་བསྡུ་པའི་ཕྱིར་དང། ཉན་པ་པོ་རྣམས་སྤྲོ་བར་བྱ་བའི་ཕྱིར་སྨོས་སོ།། ་དེའི་འོག་ཏུ་གླེང་གཞི་རྣམ་པར་བསྒྲག་པར་བྱ་བའི་ཡན་ལག་གི་དོན་བཤད་པར་བྱ་སྟེ། དེ་ལ་ཞེས་བྱ་བ་ནི་གླེང་གཞི་བཏོན་པ་དེ་ལའོ། །ཅི་ཞེས་བྱ་བ་ནི་ཡོངས་སུ་དྲི་བའོ། །འདི་ལ་ཞེས་བྱ་བ་ནི་གསོ་སྦྱོང་ལའོ། །ཁྱེད་ཞེས་བྱ་བ་ནི་ཁྱེད་ཅག་གོ་།ཡོངས་སུ་དག་གམ ་ཞེས་བྱ་བ་ནི་ལྟུང་བ་མ་བྱུང་ངམ་ཞེས་བྱ་བའོ། །ཞེས་ཞེས་བྱ་བ་ནི་དྲི་བ་སྤྱི་ལ་བསྙེགས་སོ་དྲིའོ་ཞེས་བྱ་བ་ནི་དྲི་བ་དང་པོའོ། །ལན་གཉིས་ལན་གསུམ་དྲིའོ་ཞེས་བྱ་བ་ནི་ལན་གསུམ་ཁོ་ནར་དྲི་བར་བྱ་དགོས་པས་ལན་གཉིས་ལན་གསུམ་དུ་ཞེས་བྱ་བ་སྨོས་ཏེ། ཉུངས ་ན་ཡང་ལ་ལས་མི་ཐོས་ལ། མངས་ནས་ཡང་དུས་ཡོལ་བ་ལ་སོགས་པའི་ཉེས་དམིགས་ཡོད་པས་དེའི་ཕྱིར་ལན་གསུམ་ནི་རན་པར་དགོངས་ཏེ། བཤགས་པ་དང་བྱིན་གྱིས་བརླབ་པ་གཉིས་ཀྱིས་ལྟུང་བ་མ་བབས་པས་ཤ་སྟག་ཚོགས ་པ་ཡིན་ནམ་ཞེས་བྱ་བའི་ཐ་ཚིག་གོ་།ཅད་མི་སྨྲ་བས་བརྔ་བྱས་པས་གླེང་གཞི་རྣམ་པར་བཞག་པ་བསྒྲག་པའི་མཇུག་བསྡུ་བ་བསྟན་པའི་ཕྱིར་འདི་ལ་ཚེ་དང་ལྡན་པ་དག་ཡོངས་སུ་དག་ན་འདི་ལྟར་ཅད་མི་སྨྲ་བས་དེ་དེ་བཞིན་དུ་འཛིན་ཏོ་ཞེས་པ་གསུངས་ཏེ ་བཤགས་པ་བྱིན་གྱིས་བརླབ་པ་གཉིས་ཏེ། ལྟུང་བ་མ་བཅབ་པ་ཤ་སྟག་ཚོགས་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ་།གླེང་གཞི་གདོན་པ་བཤད་ཟིན་ཏོ། །མདོ་གདོན་པའི་བསྡུས་པའི་དོན་རྣམ་པ་དྲུག་ལས་གསོལ་པ་དང་གླེང་གཞི་གདོན་པ་ནི་གཞུང ་གཞན་ལས་མི་འབྱུང་བས་སྐབས་འདིར་རྒྱ་ཆེར་བཤད་དོ། །ཕམ་པར་འགྱུར་བ་གདོན་པ་དང། དགེ་འདུན་ལྷག་མ་གདོན་པ་དང། མ་ངེས་པ་གདོན་པ་དང། རིལ་གྱི་གདོན་པ་རྣམས་ཀྱི་མཚན་ཉིད་ནི། སྡོམ་ལ། མི་ཚངས་སྤྱོད་དང་རྐུ་འཕྲོག་དང། མི་ལ་བསད་པར ་མི་བྱ་བ། །བརྫུན་དུ་སྨྲ་དང་བཅས་པ་ཡི། །ཆོས་བཞི་འདིར་ནི་གསུངས་པ་ཡིན། །ཞེས་བྱ་བ་ནས། གང་གཞན་ནས་འབྱུང་བའི་ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་དེ་ལ་ཁྱེད་རྣམས་འདུལ་བ་དང་མཐུན་པ་དང་དགའ་བ་དང་མི་རྩོད་པར་སེམས་ཀུན་ཏུ་བསྲུང་བ་དང་བག ་ཡོད་པས་རྣལ་འབྱོར་དུ་བྱའོ་ཞེས་གསུངས་པའི་བར་དང། གོ་རིམ་མ་བཞིན་དུ་སྦྱར་རོ། །དེ་དག་གི་ཡན་ལག་གི་དོན་བཤད་པ་ནི་སོ་སོར་ཐར་པ་རྣམ་པར་འབྱེད་པའི་གཞུང་ཉིད་དང། འདུལ་བའི་མདོ་ལས་རྒྱས་པར་འབྱུང་ངོ། །ལས་ཀྱི་མཚན་ཉིད་ནི་ལས་བརྒྱ ་རྩ་གཅིག་ལས་འབྱུང་བས་འདིར་ཚིག་གི་བརྗེད་བྱང་མ་བྲིས་ཏེ། གཞུང་དེ་དག་ལས་འབྱུང་བ་བཞིན་དུ་ཤེས་པར་བྱའོ། །དེ་དག་གི་མཚན་ཉིད་ནི་གླེང་གཞི་དང། བསླབ་པ་བཅས་པ་དང། ལྟུང་བ་རྣམ་པར་བཞག་པ་སྟོན་ཏོ། །དེ་ལ་གླེང་གཞི་ནི་ཡུལ ་དང། གང་ཟག་དང། ཉོན་མོངས་པ་དང། ཉེས་པའི་གཞིའི་བྱེ་བྲག་གིས་རྣམ་པ་བཞིའོ། །བསླབ་པ་བཅས་པ་ནི་འཇིག་རྟེན་དང་འགལ་བ་དང་འདུལ་བ་དང་འགལ་བ་བཟློག་པའི་དབང་གིས་རང་བཞིན་གྱི་ཁ་ན་མ་ཐོ་བ་དང་བཅས་པ་དང། བཅས་པའི་ཁ་ན་མ་ཐོ་བ་དང་བཅས ་པ་དགག་པའི་ལྟུང་བ་སྡེ་ལྔའོ། །ལྟུང་བ་རྣམ་པར་བཞག་པ་ནི་བསམ་པ་དང་སྦྱོར་བའི་སྒོ་ནས་དངོས་གཞི་དང། སྦྱོར་བ་དང་སྦྱོར་བའི་སྦྱོར་བ་ཐམས་ཅད་དུ་ཅི་རིགས་པར་རྣམ་པར་ཤེས་པར་བྱའོ། །གཞུང་རྒྱས་པའི་མཚན་ཉིད་བཤད་ཟིན་ཏོ། །དེའི་འོག་ཏུ་བསྡུ་བའི་མཚན ་ཉིད་བཤད་པར་བྱ་སྟེ། བསྡུ་བའི་མཚན་ཉིད་ཅེས་བྱ་བ་ནི་སོ་སོར་ཐར་པའི་མདོ་མདོར་བསྡུས་ཏེ་གདོན་པའི་སྒོ་ནས་དེ་བཞིན་གཤེགས་པ་རིགས་བདུན་གྱི་འདུལ་བ་མདོར་བསྡུས་པ་བསྟན་པའོ། །དེ་ལ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམ་པར་གཟིགས་ཀྱི་སློབ ་མ་རྣམས་ནི་ཉེས་པ་ཆུང་བར་འགྱུར་ཏེ་ཆོས་ལ་དགའ་བའི་འདོད་ཆགས་དང་དམ་པ་མ་ཡིན་པའི་ཆོས་ལ་ཞུགས་པའི་མུ་སྟེགས་ཅན་རྣམས་པ་འཚེ་བ་ལ་མངོན་པར་དགའ་བ་ཙམ་ཞིག་ཡོད་པས་དེ་དག་ཉེས་པ་དེ་ཡོངས་སུ་སྤང་བའི་ཕྱིར་བཅོམ་ལྡན་འདས་དེས་སོ་སོར ་ཐར་པའི་མདོ་འདི་ལྟར་བསྡུས་ཏེ་ཟླ་བ་ཕྱེད་ཕྱེད་ཅིང་འདོན་པར་འགྱུར་ཏེ། བཟོད་པ་དཀའ་ཐུབ་དམ་པ་བཟོད་པ་ནི། མྱ་ངན་འདས་པ་མཆོག་ཅེས་སངས་རྒྱས་གསུངས། །རབ་ཏུ་བྱུང་བ་གཞན་ལ་གནོད་པ་དང། །གཞན་ལ་འཚེ་བ་དགེ་སྦྱོང་མ་ཡིན་ནོ། །ཞེས་བྱ་བ་དེ ་ལ་བཟོད་པ་ཞེས་བྱ་བ་ནི་བཟོད་པར་བྱེད་པ་སྟེ། གཞན་གྱི་ཉེས་པ་དང་དུ་ལེན་པ་འམ། གཞན་ལ་ཞེ་སྡང་མེད་པའོ། །དེ་ཉིད་དཀའ་ཐུབ་དམ་པ་ཡིན་ཏེ། སེམས་ཀྱི་ཞེ་སྡང་སྤྱོད་པར་བྱེད་པའི་ཕྱིར་དང་སྙིང་རྗེ་སྐྱེད་པའི་ཕྱིར་རོ། །བཟོད་པའི་མྱ་ངན་ལས་འདས་པ་ཞེས་བྱ་བ་ལ་བཟོད ་པ་ཞེས་བྱ་བ་ནི་བཟོད་པར་བྱེད་པ་སྟེ། སྡུག་བསྔལ་གྱི་བདེན་པའི་ཡུལ་གྱི་རྣམ་པ་མི་རྟག་པ་དང། སྡུག་བསྔལ་བ་དང། སྟོང་པ་དང། བདག་མེད་པ་དག་བཟོད་པའི་ཤེས་རབ་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པའོ། །དེ་སྔོན་དུ་བཏང་བ་འམ། དེས་ཉེ་བར་བསྟན་ ་པའི་མྱ་ངན་ལས་འདས་པ་སྟེ། ཟག་པ་མེད་པའི་ལམ་གྱིས་ཐོབ་པའི་མྱ་ངན་ལས་འདས་པའོ། །དེ་མཆོག་ཅེས་སངས་རྒྱས་གསུང་ཞེས་བྱ་བ་ནི་བཟོད་པ་མྱ་ངན་ལས་འདས་པ་དེ་དངོས་པོ་ཐམས་ཅད་ཀྱི་མཆོག་ཡིན་ནོ་ཞེས་སངས་རྒྱས ་བཅོམ་ལྡན་འདས་ཀྱིས་བསྔགས་པ་སྟེ། འཇིག་རྟེན་པའི་ལམ་གྱི་ཐོབ་པའི་མྱ་ངན་ལས་འདས་པ་ནི་གཏན་དུ་བ་མ་ཡིན་ལ། ཟག་པ་མེད་པའི་ལམ་གྱིས་ཐོབ་པར་མྱ་ངན་ལས་འདས་པ་ནི་གཏན་དུ་བ་ཡིན་ཏེ། ཞི་བའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །ཇི་ལྟར་ན་བཟོད ་པ་དཀའ་ཐུབ་དམ་པ་ཞེ་ན། དེའི་ཕྱིར་རབ་ཏུ་བྱུང་བ་གཞན་ལ་གནོད་པ་དང། གཞན་ལ་འཚེ་བ་དགེ་སྦྱོང་མ་ཡིན་ནོ་ཞེས་གསུངས་ཏེ། གཞན་ལ་གནོད་པ་བྱེད་པ་ཞེས་བྱ་བ་ནི་ཡིད་ཀྱིས་གནོད་པ་བྱེད་པའོ། །གཞན་ལ་འཚེ་བ་ཞེས་པ་ནི་ལུས་དང་ངག་གཉིས ་ཀྱིས་འཚེ་བའོ། །དགེ་སྦྱོང་ཞེས་བྱ་བ་ནི་ཞི་བའི་བདག་ཉིད་དོ། །འདི་སྐད་བསྟན་ཏེ། གང་གི་ཕྱིར་གཞན་ལ་གནོད་པ་དང། གཞན་ཡང་ཚེ་བ་རབ་ཏུ་བྱུང་བའི་དགེ་སློང་རྫོགས་པ་མ་ཡིན་པ་དེའི་ཕྱིར་བཟོད་པ་ནི་དཀའ་ཐུབ་དམ་པ་ཡིན་ལ། དེའི་འབྲས་བུ་བཟོད་པས ་ཐོབ་པའི་མྱ་ངན་ལས་འདས་པ་ཡང་མཆོག་ཡིན་པས་དེའི་ཕྱིར་རབ་ཏུ་བྱུང་བས་བཟོད་པ་བསྟེན་པར་བྱའོ་ཞེས་བསྟན་ཏེ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་གཙུག་ཏོར་ཅན་གྱི་སློབ་མ་རྣམས་ཀྱང་ཉེས་པ་ཆུང་བར་འགྱུར་ཏེ། གཞན་གྱི་ཉེས་པ་སྒྲོག ་པ་མང་བ་ཙམ་ཞིག་ཡོད་པས་དེ་དག་གི་ཉེས་པ་དེ་ཡོངས་སུ་སྤང་བའི་ཕྱིར་བཅོམ་ལྡན་འདས་དེས་སོ་སོར་ཐར་པའི་མདོ་འདི་ལྟར་མདོར་བསྡུས་ཏེ་ཟླ་བ་ཕྱེད་ཕྱེད་ཅིང་སྟོན་པར་འགྱུར་ཏེ། མིག་ལྡན་འགྲོ་བ་ཡོད་པ་ཡི། །ཉམ་ང་བ་དག་ཇི་བཞིན་དུ། །མཁས་པ ་འཚོ་བའི་འཇིག་རྟེན་འདིར། །སྡིག་པ་དག་ནི་ཡོངས་སུ་སྤོང། །སྐུར་བ་མི་གདབ་གནོད་མི་བྱ། །སོ་སོར་ཐར་པ་འད?་བསྡམ་པར་བྱ། །ཟས་ཀྱི་ཚོད་ཀྱང་རིག་པར་བྱ། །རབ་མཛའ་ཨི་གནས་སུ་གནས་པར་བྱ། །ལྷག་པའི་སེམས་ལ་ཡང་དག་སྦྱོར་རོ། །འདི་ནི་སངས་རྒྱས་བསྟན ་ཡིན་ཞེས་བྱ་བའོ། །དེ་ལ་མིག་ལྡན་འགྲོ་བ་ཡོད་པ་ཡིས། །ཉམ་ང་བ་དག་ཇི་བཞིན་དུ་ཞེས་བྱ་བ་ནི་ཇི་ལྟར་མིག་དང་ལྡན་པ་ཡོད་པ་མ་ཡིན་པ་འགྲོ་བ་ཡོད་པ་འགྲོ་ཤེས་པས་དམ་གྲོག་དང། ཚེར་མ་དང། སྡིག་སྤྲུལ་ལ་སོགས་པ་ཉམ་ང་བ་སྡུག་བསྔལ་གྱི་རྒྱུར་འགྱུར ་བའི་གནས་མི་མཉམ་པ་དག་ཡོངས་སུ་སྡང་བར་བྱེད་པ་དེ་བཞིན་དུ། མཁས་པ་འཚོ་བའི་འཇིག་རྟེན་འདིར། །སྡིག་པ་དག་ནི་ཡོངས་སུ་སྤོང་ཞེས་བྱ་བ་གསུངས་ཏེ། མཁས་པ་བློ་དང་ལྡན་པ་རྟོག་པ་སེལ་ནུས་པ་ཡང་འཚེ་བའི་འཇིག་རྟེན་འདི་ནི་སྡིག་པ་གང་དག་ཡིན་པ ་དེ་དག་ཡོངས་སུ་སྤོང་བར་བྱེད་དོ། །ཇི་ལྟར་སྡིག་པ་དེ་དག་ཡོངས་སུ་སྤོང་བར་བྱ་ཞེ་ན། དེའི་ཕྱིར་སྐུར་བ་མི་གདབ་གནོད་མི་བྱ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྐུར་པ་མི་གདབ་ཞེས་བྱ་བ་ནི་གཞན་ལ་ཡང་དག་པ་དང། ཡང་དག་པ་མ་ཡིན་པ་ཡང་རུང་བ་སྐུར་བ ་མི་གདབ་པའོ། །གནོད་པར་མི་བྱ་ཞེས་བྱ་བ་ནི་གཞན་ལ་རྡེག་པ་དང། ཚིག་རྩུབ་མོ་ལ་སོགས་པས་གནོད་པར་མི་བྱའོ། །སོ་སོར་ཐར་པ་འང་བསྡམ་པར་བྱ་ཞེས་བྱ་བ་ལ། སོ་སོར་ཐར་པ་ཞེས་བྱ་བ་ནི་སྲོག་གཅོད་པ་དང། མ་བྱིན་པར་ལེན་པ་དང། མི་ཚངས་པར ་སྤྱོད་པ་དང། བརྫུན་དུ་སྨྲ་བ་དང། ཚིག་ཀྱལ་བ་དང། ངག་རྩུབ་པོ་དག་སྤངས་པའི་སྡོམ་པ་རིགས་བདུན་པོ་དག་གོ་།དེ་བསྡམ་པར་བྱ་བ་ནི་ཡོངས་སུ་སྲུང་བར་བྱ་བ་སྟེ། དེས་ཟློག་པའི་མཚན་ཉིད་དང། སྤྱད་པའི་མཚན་ཉིད་རྣམ་པ་གཉིས་ཀྱིས་ཚུལ་ཁྲིམས་ཀྱིས ་ལྷག་པའི་ཚུལ་ཁྲིམས་བསྟན་པར་ཤེས་པར་བྱའོ། །ཟས་ཀྱི་ཚོད་ཀྱང་རིག་པར་བྱ་ཞེས་བྱ་བ་ནི་འདི་ལྟར་དགེ་སློང་རྣམས་ཀྱིས་ཟས་རུང་བ་དེ་ལ་ཟས་ཀྱི་ཚོད་ཀྱང་ཤེས་པར་བྱ་སྟེ། ཇི་ཙམ་གྱི་ལུས་ལྕི་བ་དང། རྨ་བར་མི་འགྱུར་བ་དེ་ཙམ་གྱི་ཚོད་ཡོངས་སུ་ཤེས ་པར་བྱའོ། །རབ་མཛའ་ཨི་གནས་སུ་གནས་པར་བྱ་བ་ནི་རབ་ཀྱི་མཐར་ཐུག་པའི་གནས་དབེན་པར་གནམ་པར་བྱ་བ་སྟེ། འདིས་ནི་ལུས་དང་ཡུལ་ལེགས་པར་འཐུན་པ་དག་གིས་ལམ་བསྒོམ་པའི་ཚོགས་བསྟན་པར་བྱ་ཤེས་པར་བྱའོ། །ལྷག་པའི་སེམས་ལ་ཡང་དག ་སྦྱོད?་ཞེས་བྱ་བ་ནི་ལྷག་པའི་སེམས་ཞེས་བྱ་བ་ནི་སེམས་ཡོངས་སུ་སྦྱོད་པར་བྱེད་པ་སྟེ། གང་གིས་འདོད་ཆགས་ཀྱི་སྒྲིབ་པ་དང། གཏི་མུག་གི་སྒྲིབ་པ་ལས་སེམས་རྣམ་པར་སྦྱོད་བའོ། །དེ་ཡང་ཟག་པ་དང་བཅས་པ་དང་ཟག་པ་མེད་པའི ་བསམ་གཏན་ནོ། །དེ་ལ་ཡང་དག་པར་སྦྱོར་བ་ནི་ཡང་དག་པར་རྣལ་འབྱོར་དུ་བྱ་བ་སྟེ། འདིས་ནི་ལྷག་པའི་སེམས་ཀྱི་བསླབ་པ་དང། ལྷག་པའི་ཤེས་རབ་ཀྱི་བསླབ་པ་བསྟན་པར་ཤེས་པར་བྱའོ། །འདི་ནི་སངས་རྒྱས་བསྟན་པ་ཡིན་ཞེས་བྱ་བ་དེ་བཞིན་གཤེགས ་བས་མདོར་བསྟན་པ་འདི་ནི་ཚོགས་དང་བཅས་པའི་ལམ་བསྟན་པ་ཡིན་ཏེ། དེ་ཉིད་སངས་རྒྱས་ཀྱི་བསྟན་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ་།བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་སྐྱོབ་ཀྱི་སློབ་མ་རྣམས་ཀྱང་ཉེས་པ་ཆུང་བར་འགྱུར་ཏེ། འདི་ལྟར ་ཁྱིམ་པའི་སྐྱེ་བོ་དང་འགྲོགས་པར་གྱུར་པ་ཙམ་ཞིག་ཡོད་པས་དེ་དག་གི་ཉེས་པ་དེ་ཡོངས་སུ་སྤང་བར་བྱ་བའི་ཕྱིར་བཅོམ་ལྡན་འདས་དེས་སོ་སོར་ཐར་པའི་མདོ་འདི་ལྟར་མདོར་བསྡུས་ཏེ་ཟླ་བ་ཕྱེད་ཕྱེད་ཅིང་བསྟན་པར་གྱུར་ཏེ། ཇི་ལྟར་བུང་བ་མེ་ཏོག་ལས། །ཁ་དོག ་དྲི་ལ་མི་གནོད་པར། །ཁུ་བ་བཞིབས་ནས་འཕུར་བ་ལྟར། །དེ་བཞིན་ཐུབ་པ་གྲོང་དུ་རྒྱུ་ཞེས་བྱ་བའོ། །དེ་ལ་ཇི་ལྟར་སྲོག་ཆགས་བུང་བ་མེ་ཏོག་ལས་ཁ་དོག་དང་དྲི་ལ་མི་གནོད་པར་ཁུ་བ་བཞིབས་ཏེ་འཕུར་བ་དེ་བཞིན་དུ་ཐུབ་པར་རབ་ཏུ་བྱུང་བ་བསོད་སྙོམས ་ཀྱི་ཕྱིར་གྲོང་དུ་རྒྱུ་བས་ཀྱང་གྲོང་ནས་ཁ་དོག་དང་དྲི་ལྟ་བུས་སེམས་ངང་ཚུལ་ཁྲིམས་ལ་མི་གནོད་བར་ཁུ་བ་ལྟ་བུའི་སེམས་དང་ཚུལ་ཁྲིམས་ལ་མི་གནོད་པར་ཁུ་བ་ལྟ་བུའི་ཁ་ཟས་བླངས་ཏེ་འགྲོ་བར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ་།བཅོམ་ལྡན་འདས་དེ་བཞིན་གཤེགས ་པ་འཁོར་བ་འཇིག་གི་སློབ་མ་རྣམས་ཉེས་པ་ཆུང་བར་འགྱུར་ཏེ། གཞན་གྱི་སྐྱོན་དང་ཡོན་ཏན་ལ་རྟོག་པ་ཙམ་ཞིག་ཡོད་པ་དེ་དག་གི་ཉེས་པ་ཡོངས་སུ་སྤང་བར་བྱ་བའི་ཕྱིར་བཅོམ་ལྡན་འདས་དེས་སོ་སོར་ཐར་པའི་མདོ་འདི་ལྟར་མངོན་པར་བསྡུས་ཏེ་ཟླ་བ ་ཕྱེད་ཕྱེད་ཅིང་བཏོན་པར་འགྱུར་ཏེ། བདག་གིས་རིགས་དང་བརྟག་མི་རིགས་དང་བརྟག་པར་བྱ་སྟེ། གཞན་རྣམས་ཀྱིས་མི་མཐུན་པ་དག་གཞན་དག་གིས། བྱས་དང་མ་བྱས་རྣམས་ལ་མིན་ཞེས་བྱ་བའོ། །དེ་ལ་བདག་གི་རིག་དང་མི་རིགས་ལ་བརྟག་པར་བྱ་ཞེས་བྱ་བ་ནི ་བདག་ཉིད་ཀྱི་རིགས་པ་དང་མི་རིགས་པ་སོ་སོར་བརྟག་པར་བྱའོ། །གཞན་རྣམས་ཀྱི་མི་མཐུན་པ་ཞེས་བྱ་བ་ནི་གཞན་རྣམས་ཀྱི་མི་རིགས་སོ། །གཞན་དག་གིས་བྱས་དང་མ་བྱས་ལ་མིན་ཞེས་བྱ་བ་ནི་གཞན་དག་གི་རྫོགས་པ་དང་མ་རྫོགས་པ་རྣམས་ལ་བརྟག་པར་མི ་བྱའོ། །འདི་སྐད་བསྟན་ཏོ། །གཞན་དག་གི་ཡོན་ཏན་དང་སྐྱོན་ལ་རྟོག་པ་ལ་ནི་རྗེས་སུ་ཆགས་པ་དང། ཁོང་ཁྲོ་བ་འབྱུང་བས་དེའི་ཕྱིར་གཞན་ལ་རྟོག་པ་སྤངས་ཏེ། བདག་ཉིད་ལ་རྟག་ཅིང་བདག་ཉིད་སེམས་པ་འདོད་པར་བྱས་ན། ཕྱིས་གཞན་ལ་རྟག་པའི་སྐབས ་ཡོད་པར་འགྱུར་རོ་ཞེས་བསྟན་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་གསེར་ཐུབ་ཀྱི་སློབ་མ་རྣམས་ཀྱང་ཉེས་པ་ཆུང་བར་འགྱུར་ཏེ། སྲེད་པ་དང་བཅས་པར་བསམ་གཏན་བསྐྱེད་པར་བྱེད་པ་ཙམ་ཡོད་པས། དེ་དག་གི་ཉེས་པ་དེ་ཡོངས་སུ་སྤང་བར་བྱ་བའི་ཕྱིར ་བཅོམ་ལྡན་འདས་དེས་སོ་སོར་ཐར་པའི་མདོ་འདི་ལྟར་མདོར་བསྡུས་ཏེ་ཟླ་བ་ཕྱེད་ཕྱེད་ཅིང་བཏོན་པར་གྱུར་ཏེ། ལྷག་པའི་སེམས་ལ་བག་བྱ་སྟེ། ཐུབ་པའི་ཐུབ་གཞི་རྣམས་ལ་བསླབ། །ཉེར་ཞི་རྟག་ཏུ་དྲན་ལྡན་པའི། །སྐྱོ་བ་པ་མྱ་ངན་མེད་པ་ཡིན་ཞེས་བྱའོ། །དེ་ལ་ལྷག ་པའི་སེམས་ཞེས་བྱ་བ་བསམ་གཏན་བཞི་པོ་དག་གོ་།དེ་ལ་བྱ་སྟེ་ཞེས་བྱ་བ་ནི་སྲེད་པ་དང། ང་རྒྱལ་དང་ལྟ་བ་མཆོག་ཏུ་འཛིན་པ་སྤང་ཞིང་བག་གིས་ཤིག་ཅེས་བྱའོ། །སྤང་བ་བསྟན་ནས་བསླབ་པ་བསྟན་པའི་ཕྱིར། ཐུབ་པའི་ཐུབ་གཞི་རྣམས་ལ་བསླབ་ཅེས ་བྱ་བ་གསུངས་ཏེ། ཐུབ་པ་ཞེས་བྱ་བ་ནི་མཁྱེན་པ་དང་ལྡན་པ་ཏེ། ཡང་དང་ཡང་དུ་མཛད་པའི་ཕྱིར་ཐུབ་པ་སྟེ། སངས་རྒྱས་བཅོམ་ལྡན་འདས་སོ། །ཐུབ་པ་དེའི་ཐུབ་གཞི་ནི་འཕགས་པའི་བདེན་པ་བཞི་པོ་དག་སྟེ། ཡང་དག་གིས་ཐུབ་པ་སྐྱེད་པའོ། །དེ་ལ་བསླབ་པ ་ནི་མཆོག་ཏུ་བསླབ་ཅིང་ནན་ཏན་གྱིས་ཅེས་བྱ་བའི་ཐ་ཚིག་གོ་།དེ་ལ་བསླབ་པ་ནི་ཅི་ཞེ་ན་འབྲས་བུ་བསྟན་པའི་ཕྱིར། ཉེར་བཞི་རྟག་ཏུ་དྲན་ལྡན་པའི། སྐྱོབ་པ་མྱ་ངན་མེད་པ་ཡིན་ཞེས་བྱ་བ་གསུངས་ཏེ། ཉེ་བར་ཞི་བ་དང་རྟག་ཏུ་དྲན་པ་དང་ལྡན་པ ་གཉིས་ཀྱིས་སྐྱོབ་པ་ཉིད་དུ་བསྟན་པར་ཤེས་པར་བྱའོ། །དེ་ཉེར་ཞི་བ་ཞེས་བྱ་བ་ནི་མཉམ་བར་བཞག་པ་སྟེ། ལུས་དང་ངག་གཉིས་ཀྱིས་བསྡམས་པའོ། །རྟག་ཏུ་དྲན་ལྡན་པའི་ཞེས་བྱ་བ་ནི་རྟག་ཏུ་དྲན་པ་ཉེ་བར་གཞག་པའོ། །སྐྱོབ་པ་ཞེས་བྱ་བ་ནི་རང་གི་རང་གི ་སེམས་རྗེས་སུ་བསྲུང་བའོ། །མྱ་ངན་མེད་པ་ཡིན་ཞེས་བྱ་བ་འདིས་ནི་སྐྱེ་བ་ཟད་པ་བསྟན་ཏོ། །མྱ་ངན་ལས་འདས་པ་ཡིན་པར་ཤེས་པར་བྱའོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་འོད་སྲུང་གི་སློབ་མ་རྣམས་ཀྱང་ཉེས་པ་ཆུང་བར་འགྱུར་ཏེ། སྦྱིན་པ་ལ་མ་གུས ་པ་དང། དགྲ་མང་བར་ལྟ་བ་ཙམ་ཞིག་ཡོད་པས་དེ་དག་གི་ཉེས་པ་ཡོངས་སུ་སྤང་བར་བྱ་བའི་ཕྱིར་བཅོམ་ལྡན་འདས་དེས་མཐར་ཐུག་པའི་ཆོས་བསྟན་པས་སོ་སོར་ཐར་པའི་མདོ་འདི་ལྟར་མདོར་བསྡུས་པས་ཟླ་བ་ཕྱེད་ཕྱེད་ཅིང་བཏོན་པར་གྱུར་ཏེ། སྦྱིན་པས་བསོད ་ནམས་རབ་ཏུ་འཕེལ། །ལེགས་བསྡམ་དགྲ་སོགས་མི་འགྱུར་རོ། །དགེ་དང་ལྡན་པས་སྡིག་པ་སྤོང། །ཉོན་མོངས་ཟད་པ་མྱ་ངན་འདའ་། །ཞེས་བྱའོ། །དེ་ལ་སྦྱིན་པ་ཞེས་བྱ་བ་ནི་སྦྱིན་པར་བྱེད་པའི་མིང་སྟེ། དེས་ནི་ལོངས་སྤྱོད་ཀྱི་འབྲས་བུ་ཅན་གྱི་བསོད་ནམས་ཀྱི་ལས་རབ ་ཏུ་འཕེལ་བར་འགྱུར་རོ། །ཚུལ་ཁྲིམས་ལེགས་པར་བསྡམས་པས་ནི་དགྲ་སོགས་མི་འགྱུར་ཏེ་ཚུལ་ཁྲིམས་ཀྱིས་དགྲའི་རྒྱུ་གསོད་པ་དང་བསྐུ་བ་དང་བུད་མེད་ལ་ཆགས་པ་ལ་སོགས་པ་མི་སྐྱེད་པའི་ཕྱིར་རོ། །དགེ་དང་ལྡན་པས་ཞེས་བྱ་བ་ནི་བསམ་གཏན་བཞི་ཐོབ ་པས་སོ། །དེས་ནི་འདོད་པ་ན་སྤྱོད་པའི་སྡིག་པའི་ཁོང་ཁྲོ་བ་ལ་སོགས་པ་རྣམ་པ་སྨིན་པ་མི་འདོད་པར་འགྱུར་བ་དག་ཡོངས་སུ་སྤོང་བར་འགྱུར་རོ། །འཕགས་པའི་ལམ་གྱིས་ཉོན་མོངས་པ་ཐམས་ཅད་ཡོང་སུ་ཟད་པས་ནི་ཕུང་པོ་ལྷག་མ་དང་བཅས་པ་དང། ་ལྷག་མ་མེད་པའི་མྱ་ངན་ལས་འདས་པ་ཐོབ་པར་འགྱུར་རོ། །དེ་ལྟ་བས་ན་སྦྱིན་པ་ནི་འཁོར་བའི་འབྲས་བུ་ཅན་ཡིན་པས་དེ་ལ་གདུང་བར་མི་བྱ་ཞིང་དགྲ་མང་བ་ནི་སྡོམ་བརྩོན་དང་མི་མཐུན་པ་ཡིན་པས་དེ་མི་བྱའོ་ཞེས་བྱ་བའི་ཐ་ཚིག་གོ་།བཅོམ་ལྡན་འདས་དེ་བཞིན་གཤེགས ་པ་ཤཱཀྱ་ཐུབ་པའི་བསྟན་པ་ལ་ཆུ་བུར་མ་བྱུང་བའི་ཚེ་ན་དེའི་ཚེ་ན་སློབ་མ་རྣམས་ཀྱང་ཉེས་པ་ཆུང་བར་འགྱུར་བས་བཅོམ་ལྡན་འདས་ཀྱིས་དེ་དག་ལ་སོ་སོར་ཐར་པའི་མདོ་འདི་ལྟར་ལྟར་མདོར་བསྡུས་ཏེ་ཚིགས་སུ་བཅད་པ་གསུམ་གྱིས་བཏོན་པར་འགྱུར་རོ། །སྡིག་པ་ཐམས ་ཅད་མི་བྱ་སྟེ། དགེ་བ་ཕུན་སུམ་ཚོགས་པར་བྱ། །རང་གི་སེམས་ནི་ཡོངས་སུ་གདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །ལུས་ཀྱི་སྡོམ་པ་ལེགས་པ་སྟེ། དག་གི་སྡོམ་པ་ལེགས་པ་ཡིན། །ཡིད་ཀྱི་སྡོམ་པ་ལེགས་པ་སྟེ། །ཐམས་ཅད་དུ་ནི་སྡོམ་པ་ལེགས། །ཀུན་ཏུ ་བསྡམ་པའི་དགེ་སློང་ནི། །སྡུག་བསྔལ་ཀུན་ལས་རབ་ཏུ་གྲོལ། །ངག་རྣམས་སྲུང་ཞིང་ཡིད་ཀྱིས་ར་བ་བསྡམས་ཏེ། །ལུས་ཀྱིས་མི་དགེ་བ་དག་མི་བྱེད་ཅིང། །ལས་ལམ་གསུམ་པོ་འདི་དག་རབ་བསྡམས་ན། །དྲང་སྲོང་གསུངས་པའི་ལམ་ནི་ཐོབ་པར་འགྱུར་ཞེས་བྱའོ། །དེ་ལ་སྡིག ་བ་ཐམས་ཅད་མི་བྱ་སྟེ་ཞེས་བྱ་བ་འདིས་ནི་ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་བསྟན་ཏོ། །དགེ་བ་ཕུན་སུམ་ཚོགས་པར་བྱ་ཞེས་བྱ་བ་འདིས་ནི་ལྷག་པའི་ཤེས་རབ་ཀྱི་བསླབ་པ་བསྟན་ཏེ། ཉོན་མོངས་པ་ཐམས་ཅད་སྤངས་པ་ནི་དོན་དམ་པར་དགེ་བའི་ཕྱིར་རོ། །རང་གི ་སེམས་ནི་ཡོངས་སུ་གདུལ་ཞེས་བྱ་བ་འདི་ནི་ལྷག་པའི་སེམས་ཀྱི་བསླབ་པ་བསྟན་ཏོ། །ལུས་ཀྱི་སྡོམ་པ་ལེགས་པ་སྟེ། ཞེས་བྱ་བ་ལ་སོགས་པ་སྡོམ་པ་རྣམ་པ་བཞིས་ནི་ཚུལ་ཁྲིམས་ཕུན་སུམ་ཚོགས་པ་བསྟན་ཏོ། །སྡུག་བསྔལ་ཀུན་ལས་རབ་ཏུ་གྲོལ་ཞེས་བྱ་བ ་འདིས་ནི་ཚུལ་ཁྲིམས་ཀྱི་སྐྱེས་བུ་བྱེད་པའི་འབྲས་བུ་ཐག་མི་རིང་བ་བསྟན་ཏོ། །དེ་ལྟར་ཚུལ་ཁྲིམས་ཀྱི་སྡུག་བསྔལ་ཀུན་ལས་རབ་ཏུ་གྲོལ་བར་འགྱུར་ཞེ་ན། དེའི་ཕྱིར་ངག་རྣམས་བསྲུང་ཞིང་ཡིད་ཀྱིས་རབ་བསྡམས་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་གི ་ཕྱིར་ཚུལ་ཁྲིམས་ཕུན་སུམ་ཚོགས་པ་ངན་སོང་གི་སྒོ་སྤྱོད་ཞིང་འཕགས་པའི་ལམ་ཐོབ་པ་དེས་སྡུག་བསྔལ་ཐམས་ཅད་ལས་གྲོལ་བ་དེའི་ཕྱིར་འདི་ནི་ཚུལ་ཁྲིམས་ཀྱི་སྐྱེས་བུ་བྱེད་པའི་འབྲས་བུ་ཐག་རིང་བ་ཡིན་ནོ། །དེ་ལྟར་མདོར་བསྡུས་པ? ་དང་རྒྱས་པར་བཤད་པ་དག་གིས་སངས་རྒྱས་བདུན་གྱི་སོ་སོར་ཐར་པ་གདོན་པ་བསྟན་ནས། ད་ནི་འཇུག་བསྡུ་བའི་སྒོ་ནས་ནན་ཏན་དུ་བྱ་བ་བསྟན་པའི་ཕྱིར། སངས་རྒྱས་རྣམས་གཟིགས་གཙུག་ཏོར་ཐམས་ཅད་སྐྱོབ། །འཁོར་བ་འཇིག་དང་གསེར་ཐུབ་འོད་སྲུངས་དང། ་ཤཱཀྱ་ཐུབ་པ་གཽ་ཏམ་ལྷ་ཡི་ལྷ། །མི་འདུལ་ཁ་ལོ་སྒྱུར་བ་བླ་ན་མེད། །འཇིག་རྟེན་མགོན་པོ་སྐྱོབ་པ་མཆོག་།སངས་རྒྱས་དཔའ་བོ་བདུན་པོ་དག་།གྲགས་ལྡན་རྣམས་ཀྱི་སོ་སོར་ཐར། །འདི་ནི་རབ་ཏུ་རྒྱས་པར་སྟོན། །འདི་ལས་སངས་རྒྱས་རྣམས་ཀྱང་གང། །སངས་རྒྱས ་ཉན་ཐོས་རྣམས་ཀྱང་གུས། །འདི་ལས་གུས་དང་བཅས་གྱུར་པས། །འདུས་མ་བྱས་པ་ཐོབ་པར་བགྱིས་ཞེས་བྱ་བ་ཚིགས་སུ་བཅད་པ་གསུམ་ཡང་དག་པར་སྡུད་པར་བྱེད་པས་སྨྲས་སོ། །དེ་ལ་སངས་རྒྱས་རྣམ་གཟིགས་གཙུག་ཏོར་ཐམས་ཅད་སྐྱོབ། །འཁོར་བ་འཇིག་དང ་གསེར་ཐུབ་འོད་སྲུངས་དང། །ཤཱཀྱ་ཐུབ་པ་ཞེས་བྱ་བ་རྣམས་སངས་རྒྱས་བདུན་གྱི་མཚན་ཏེ། གོ་རིམ་བཞིན་ནོ། །གཽ་ཏམ་ལྷ་ཡི་ལྷ། མི་འདུལ་ཁ་ལོ་སྒྱུར་བ་བླ་ན་མེད། །ཅེས་བྱ་བ་དག་ནི་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་གདུང་དང་ཡོན་ཏན་ཏེ། གཽ་ཏམ་ཞེས་བྱ ་བ་ནི་གདུང་སྟེ། དྲང་སྲོང་གཽ་ཏ་མའི་རྒྱུད་ཡིན་པའི་ཕྱིར་རོ། །ལྷའི་ལྷ་ཞེས་བྱ་བ་ནི་ཆོས་ཉིད་ཀྱིས་གྲགས་པའི་སྒོ་ནས་ནི་སྙིགས་མ་ལྔ་ཤས་ཆེ་བའི་དུས་ན་སེམས་ཅན་ལ་ཕན་པར་རྫོགས་པར་མཛད་པའི་ཕྱིར་རོ། །འཇིག་རྟེན་གྱི་གྲགས་པའི་སྒོ་ནས་ནི་ལྷ་རྣམས་ཀྱིས ་ཀྱང་ཞབས་ལ་བཏུད་ཏེ་ཕྱག་བྱས་པའི་ཕྱིར་རོ། །མི་འདུལ་ཁ་ལོ་སྒྱུར་བ་བླ་ན་མེད་པ་ཞེས་བྱ་བ་ནི་འཇམ་པ་དང། རྩུབ་པ་དང། གཉི་གའི་རང་བཞིན་གྱི་འདུལ་བ་རྣམ་པ་གསུམ་གྱིས་གདུལ་བ་སྐྱེས་བུ་ལྟ་བུ་དག་ཕྱིན་ཅི་མ་ལོག་པར་འདུལ་བར་མཛད་པའི་ཕྱིར་རོ ་འཇིག་རྟེན་མགོན་པོ་ཞེས་བྱ་བ་ནི་ཁམས་གསུམ་པའི་མགོན་པོ་སྟེ། ཕན་པ་དཔག་ཏུ་མེད་པ་མཛད་པས་ཡོངས་སུ་སྐྱོབ་པར་མཛད་པའི་ཕྱིར་རོ། །སྐྱོབ་པ་ཞེས་བྱ་བ་ནི་མདའ་དབང་གིས་ཆོས་ཐམས་ཅད་ལ་དབང་ཕྱུག་བརྙེས་པ་ཕྱིར་རམ། འདུལ་བའི་སྐྱེ་བོ་དུས་མི་གཡོ་བར ་སྐྱོབ་པར་མཛད་པའི་ཕྱིར་རོ། །མཆོག་ཅེས་བྱ་བ་ནི་གཙོ་བོ་སྟེ་བླ་ན་མེད་པའི་མཁྱེན་པ་དང་ལྡན་པའི་ཕྱིར་རམ། རྗེས་སུ་མཐུན་པའི་ཕན་པ་མཛད་པ་ཡོངས་སུ་མཁྱེན་པའི་ཕྱིར་རོ། །སངས་རྒྱས་དཔའ་བོ་ཞེས་བྱ་བ་ནི་ཡེ་ཤེས་ལ་སོགས་པ་དག་གིས་འགྲོ་བ་ཐམས་ཅད་པས ་དཔའ་བོའི་སངས་རྒྱས་ཞེས་བྱ་བའི་ཐ་ཚིག་གོ་།གྲགས་པ་ལྡན་པ་ཞེས་བྱ་བ་ནི་སྙན་པ་དང་ལྡན་པ་སྟེ། འཇིག་རྟེན་གསུམ་ལས་ཤིན་ཏུ་འདས་པའི་སྙན་པའི་ཚོགས་དང་ལྡན་པ་ཞེས་བྱ་བའི་ཐ་ཚིག་གོ་།རྒྱས་པར་བཏོན་ཞེས་བྱ་བ་དུས་དང་པོར་བྱ་བ་དང། གསོལ་བ ་བྱས་ནས་གདོན་པ་ལྔ་པོ་དག་བཏོན་པའོ། །འདི་ལ་སངས་རྒྱས་རྣམས་དང་གང། །སངས་རྒྱས་ཉན་ཐོས་རྣམས་དང་གུས་ཞེས་བྱ་བ་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཆོས་འདུལ་བ་གཙོ་བོར་མཛད་དོ། །སངས་རྒྱས་ཀྱི་ཉན་ཐོས་རྣམས་ཀྱང་འདུས་པ་ལ་གུས་པའི་ཕྱིར་རོ།། ་འདི་ལ་གུས་དང་བཅས་གྱུར་བས། །འདུས་མ་བྱས་པ་ཐོབ་པར་བགྱི་ཞེས་བྱ་བ་ནི་སོ་སོར་ཐར་པ་འདི་ལ་གུས་པ་དང་བཅས་པས་མྱ་ངན་ལས་འདས་པ་འདུས་མ་བྱས་ཐོབ་པར་གྱིས་ཤིག་ཅེས་བྱ་བའི་ཐ་ཚིག་གོ་།ཇི་ལྟར་འདི་ལ་གུས་པ་དང་བཅས་པས་འདུས་མ་བྱས་ཐོབ ་པར་བྱ་ཞེས། དེའི་ཕྱིར་བརྩམ་པར་བྱ་ཞིང་འབྱུང་བར་བྱ། །སངས་རྒྱས་བསྟན་པ་ལ་འཇུག་པར་བྱ། །འདམ་བུའི་ཁྱིམ་ལ་གླང་ཆེན་བཞིན། །འཆིད་དག་སྡེ་ནི་གཞོན་པར་བྱ། །གང་ཞིག་རབ་ཏུ་བག་ཡོད་པས། །ཆོས་འདུལ་འདི་ལ་སྤྱོད་གྱུར་པ། །སྐྱེ་བའི་འཁོར་བ་རབ་སྤངས་ནས།། ་སྡུག་བསྔལ་ཐ་མར་བྱེད་པར་འགྱུར་ཞེས་གསུངས་ཏེ། བརྩམ་པར་བྱ་ཞིང་ཞེས་བྱ་བ་ནི་རྩོམ་པར་གྱིས་ཤིག་པའོ། །འབྱུང་བར་བྱ་ཞིང་ཞེས་བྱ་བ་ནི་འཁོར་བ་ལས་ངེས་པར་འབྱུང་བའི་ཕྱིར་དགོན་པ་ལ་སོགས་པ་དབེན་པར་སོང་ཤིག་ཅེས་བྱ་བའི་ཐ་ཚིག་གོ་།སངས་རྒྱས ་བསྟན་ལ་ཞེས་བྱ་བ་ནི་བདེན་པ་བཞི་བསྟན་པ་ལའོ། །འཇུག་པར་བྱ་ཞེས་བྱ་བ་ནི་མགོ་དང་གོས་ལ་མེ་འབར་བ་ལྟར་མངོན་པར་བརྩོན་པར་གྱིས་ཤིག་པའོ། །འདམ་བུ་ཁྱིམ་ལ་གླང་ཆེན་བཞིན་ཞེས་བྱ་བ་ནི་འཆི་བདག་སྡེ་ཆེན་གཞོམ་པར་བྱ་ཞེས་བྱ་བའི་དཔེ ་ཡིན་ཏེ། འདམ་བུའི་ཁྱིམ་གླང་པོ་ཆེས་འཇོམས་པ་བཞིན་དུའོ། །འཆི་བདག་ཞེས་བྱ་བ་ནི་འཆི་བའོ། །སྡེ་ཞེས་བྱ་བ་ནི་སྲེད་པ་ལ་སོགས་པ་འཁོར་རོ། །གཞོམ་པར་བྱ་ཞེས་བྱ་བ་ནི་གཞིག་པར་གྱིས་ཤིག་ཅེས་བྱ་བའོ། །ཕན་ཡོན་བསྟན་པའི་ཕྱིར་རོ། །གང་ཞིག་རབ་ཏུ ་བག་ཡོད་པས། ཆོས་འདུལ་བ་འདི་ལ་སྤྱོད་པར་གྱུར་ང། སྐྱེ་བ་འཁོར་བ་རབ་སྤངས་ནས། སྡུག་བསྔལ་ཐ་མ་བྱེད་པར་འགྱུར་ཞེས་བྱ་བ་གསུངས་ཏེ། རབ་ཏུ་བག་ཡོད་པར་ཞེས་བྱ་བ་ནི་རབ་ཏུ་བག་མེད་སྤངས་པའོ། །ཆོས་ཞེས་བྱ་བ་ནི་འཕགས་པའི་ལམ་ཡན་ལག་བརྒྱད་པའོ།། ་འདུལ་བ་ཞེས་བ་ནི་ཡང་དག་པར་བསྒྲུབ་པའི་མཚན་ཉིད་དོ། །སྤྱོད་འགྱུར་བ་ཞེས་བྱ་བ་ནི་རྗེས་སུ་བསྒྲུབ་པར་འགྱུར་བའོ། །འཁོར་ཞེས་བྱ་བ་ནི་སྐྱེ་བའི་འཁོར་བ་གཙོ་བོ་ཡིན་པས་སྐྱེ་བའི་འཁོར་བ་སྟེ་འཁོར་བའི་སྡུག་བསྔལ་གྱི་རྩ་བ་ནི་སྐྱེ་བ་ཡིན་པའི་ཕྱིར་རོ། །དེ་ལྟར་འདི་དོན ་མེད་ཕྱིར་སྐྱེ་བ་ཡོད་ན་རྒ་ཤི་དང། །ནད་དང་སྡུག་བསྔལ་གསད་དང་བཅིང་ལ་སོགས་པ་གྲང་དག་ཡོད། །གལ་ཏེ་འཇིགས་མང་སྐྱེ་བ་མེད་ན་དོན་མེད་ན་མི་འབྱུང། །ཤིང་སྐྱེ་བ་མེད་ན་ནགས་མེད་རླུང་གི་བསྒྱེལ་བར་མི་འགྱུར་བཞིན། ཞེས་གསུངས་པའི་ཕྱིར་རོ། །ཡང ་ན་སྐྱེ་བའི་འཁོར་བ་ཞེས་བྱ་བ་ནི་སྐྱེ་བ་དག་ཏུ་འགྱུར་བའི་ཕྱིར་རོ། །རབ་སྤངས་ནས་ཞེས་བྱ་བ་ནི་ནན་ཏན་དུ་སྤངས་ནས་སོ། །སྡུག་བསྔལ་ཞེས་བྱ་བ་ནི་སྐྱེ་བ་ལ་སོགས་པའོ། །ཐ་མར་བྱེད་པར་འགྱུར་ཞེས་བྱ་བ་ནི་རྒྱུན་ཆད་པར་འགྱུར་བའོ། །ད་ནི་སོ་སོར་ཐར་པའི་མདོ ་གདོན་པའི་མཇུག་བསྡུ་བའི་ཡང་དག་པར་བསྡུད་པར་བྱེད་པ་དང། ཕན་ཚུན་ཚུལ་ཁྲིམས་བསྲུང་བ་དང། བསྟན་པ་འཕེལ་བར་བྱ་བའི་ཕྱིར་རོ། །སོ་སོ་ཐར་པ་འདི་བཏོན་པས། དགེ་འདུན་གྱིས་ནི་གསོ་སྦྱོང་བྱས་ཞེས་བྱ་བ་སྨྲས་ཏེ། དེ་ལ་ཕན་ཚུན་ཚུལ ་ཁྲིམས་སྲུང་བ་ཞེས་བྱ་བ་ནི་གཅིག་ལ་གཅིག་འདོམས་ཤིང་རྗེས་སུ་སྟོན་པ་དང། གཅིག་ལ་གཅིག་ལྟུང་བ་ལས་བསླང་བའོ། །བསྟན་པ་འཕེལ་བར་བྱ་བའི་ཕྱིར་ཞེས་བྱ་བ་ནི་ཕན་ཚུན་ཚུལ་ཁྲིམས་བསྲུང་བ་ཉིད་དོ། །དེ་ལྟ་བུས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དེའི་འཁོར ་འདི་འཕེལ་བར་འགྱུར་བའི་སྔར་རིམ་གྱིས་སྟོན་པའི་བསྟན་པ་འཕེལ་ཞིང་ཡུན་རིང་དུ་གནས་པའི་ཕྱིར་རོ། །སོ་སོར་ཐར་པ་འདི་བཏོན་པས་ཞེས་བྱ་བ་ནི་སེམས་དྲང་པོར་བསྒྲུབ་པ་དང། འགལ་བའི་བཟློག་པ་ལ་སོགས་པའི་རྣམ་པ་གཞན་གྱིས་གསོ་སྦྱོང་བྱ་བ་ཡོད་མོད ་ཀྱི། སྐབས་འདིར་སོ་སོར་ཐར་པའི་མདོ་གདོན་པ་རྣམ་པ་ལྔ་པོ་གླེང་གཞི་གདོན་པ་དང། ཕམ་པར་འགྱུར་བ་གདོན་པ་དང། དགེ་འདུན་ལྷག་མ་གདོན་པ་རྣམ་དེས་པ་གདོན་པ་དང། རིལ་གྱི་སྡོམ་པ་དག་གིས་གསོ་སྦྱོང་བྱ་དགོས་པས་སོ་སོར་ཐར་པ་འདི་བཏོན་པས་ཞེས་བྱ་བ་གསུངས་སོ། །དགེ་འདུན་གྱིས་ནི ་གསོ་སྦྱོང་ཞེས་བྱ་བ་ནི་ཞི་གནས་ཀྱི་གསོ་སྦྱོང་དང། མཐུན་པའི་གསོ་སྦྱོང་ལས་འདིར་ནི་འཐུན་པའི་གསོ་སྦྱོང་སྦྱར་རོ། །མཐུན་པའི་གསོ་སྦྱོང་རྣམ་པ་ལྔ་པོ་བཅུ་བཞི་པ་དང། བཅོ་ལྔ་པ་དང། བཀྲ་ཤིས་ཀྱིས་གསོ་སྦྱོང་དང། གནོད་པ་བྱུང་བའི་གསོ་སྦྱོང་དང། སྡུམ་པའི་གསོ ་སྦྱོང་དག་ལས་འདིར་ཅི་རིགས་པར་སྦྱར་ཏེ། གཙོ་ཆེར་ནི་བཅུ་བཞི་པ་འམ་བཅོ་ལྔ་པ་དང་སྦྱར་རོ། །དེའི་འོག་ཏུ་མཇུག་བསྡུ་པའི་སྒོ་ནས་ནན་ཏན་བྱ་བ་བསྟན་པའི་ཕྱིར། །གང་གི་ཕྱིར་ནི་མདོ་བཏོན་པ་དང། །གང་ཕྱིར་གསོ་སྦྱོང་བྱས་གྱུར་པ། །ཚུལ་ཁྲིམས་དེ་ནི་བསྲུང་བྱ་སྟེ་གཡག ་རྔའི་རྩེ་མོ་ཇི་བཞིན་ནོ་ཞེས་བྱ་བ་གསུངས་ཏེ། དེ་ལ་གང་གི་ཕྱིར་ནི་མདོ་བཏོན་དང། །གང་ཕྱིར་གསོ་སྦྱོང་བྱས་འགྱུར་པ་ཞེས་བྱ་བ་ནི། །ཕན་ཚུན་ཚུལ་ཁྲིམས་བསྲུང་བ་དང། །བསྟན་པ་འཕེལ་བར་བྱ་བའི་ཕྱིར་ཞེས་གོང་དུ་སྨོས་པ་དེའི་ཕྱིར་རོ། །ཚུལ་ཁྲིམས་དེ་ནི་བསྲུང་བྱ་སྟེ་ཞེས ་བྱ་བ་ནི་སོ་སོར་ཐར་པའི་སྡོམ་པ་ནི་སྡུས་པའི་ཚུལ་ཁྲིམས་རྣམ་པ་དྲུག་པོ་རྣམ་པར་དབྱེ་བ་དང། བསྡུ་བ་དང། ཕུན་སུམ་ཚོགས་པ་དང། རྣམ་གྲངས་དང། རྣམ་པར་དག་པ་དང། ཕན་ཡོན་དེ་དག་སྦྱོར་བ་དང། དངོས་གཞི་དང།། །།མཇུག་དག་གི་སྒོ་ནས་བག ་ཡོད་པར་བསྲུང་བར་གྱིས་ཤིག་ཅེས་བྱ་བའི་ཐ་ཚིག་གོ་།གཡག་རྔའི་རྩེ་མོ་ཇི་བཞིན་ནོ་ཞེས་བྱ་བ་ནི་བག་ཡོད་པས་བསྲུང་བར་བྱ་བའི་དཔེ་སྟེ། ཇི་ལྟར་བསིལ་རུང་གངས་ཁྲོད་ན་གནས་པའི་གཡག་རྔ་ལ་བག་ཡོད་པས་བསྲུང་བ ་རྔ་མའི་རྩེ་མོ་ལྟ་བུར་གཟར་ཏེ། འགྲོ་བ་དེ་བཞིན་དུ་ཚུལ་ཁྲིམས་འདི་ཡང་བག་ཡོད་པས་བསྲུང་བར་གྱིས་ཤིག་ཅེས་བྱ་བའི་ཐ་ཚིག་གོ། །ང་ནི་ཡང་དག་པར་སྡུད་པར་བྱེད་པས་འདུལ་བའི་སྡེ་སྣོད་ཡང་དག་པར་བསྡུ་བ་མཐར་ཕྱིན་ནས་དགེ་བའི་རྩ་བ་བསྔོ་བའི ་ཕྱིར། སོ་སོར་ཐར་པ་བཏོན་པ་ཡི། །བསོད་ནམས་གྲུབ་པ་གང་ཡོད་པ། །དེས་ནི་འཇིག་རྟེན་མ་ལུས་པ། །ཐུབ་དབང་གོ་འཕང་ཐོབ་པར་ཤོག་།ཅེས་བྱ་བ་གསུངས་ཏེ། ཐུབ་པ་ནི་ཉན་ཐོས་དང་རང་སངས་རྒྱས་སོ། །དེའི་དབང་པོ་ནི་དེ་བཞིན་གཤེགས་པ་སྟེ།། ་སོ་སོར་ཐར་པ་འདི་བཏོན་པའི་བསོད་ནམས་གྲུབ་པ་གང་ཡོད་པ་དེས། འཇིག་རྟེན་མ་ལུས་ཐམས་ཅད་ཐུབ་པའི་དབང་པོ་སངས་རྒྱས་བཅོམ་ལྡན་འདས་ཀྱི་གོ་འཕང་ཐོབ་པར་ཤོག་།ཅེས་བྱ་བའི་ཐ་ཚིག་གོ་།དེ་ལྟར་ཡང་དག་པར་སྡུད་པར་བྱེད་པས་སོ ་སོར་ཐར་པའི་མདོ་ཡང་དག་པར་བསྡུ་བ་འདི་ཡང་རྒྱུད་ཆགས་པའི་གསུམ་པའི་ཚུལ་དུ་བརྩམས་པ་ཡིན་ཏེ། དང་པོར་སྙན་པའི་བ་དན་འཇིག་རྟེན་གསུམ་དུ་གྲགས། །དམ་པའི་ཆོས་སྒྲ་སེང་གེའི་སྒྲ་བསྒྲགས་པ། ཐམས་ཅད་མཁྱེན་པ་དཀོན་མཆོག་མཛོད ་བརྙེས་པ། ཞབས་ལ་ཚངས་དབང་གཙུག་གི་ནོར་བུ་གཏུགས། །སྡུག་བསྔལ་རྒྱ་མཚོ་གཏིང་མཛའ་མེད་རྒལ་བ། འགྲོ་བའི་གཙོ་ལ་སྤྱི་བོས་ཕྱག་འཚལ་ཏེ། ཞེས་སྨོས་པས་དེ་ནི་ཕྱག་འཚལ་བའི་རྒྱུ་བསྟན་ཏོ། །དེའི་འོག་ཏུ་ཐམས་ཅད་མཁྱེན་པའི ་བསླབ་གཞི་དཀོན་མཆོག་སྣོད། འཕགས་པའི་ཚོགས་ཀྱི་དབུས་སུ་དབྱེ་བར་བྱ་ཞེས་བྱ་བ་ནས་ཚུལ་ཁྲིམས་འདི་ནི་བསྲུང་བྱ་སྟེ། གཡག་རྔའི་རྩེ་མོ་ཇི་བཞིན་ནོ་ཞེས་གསུངས་པའི་བར་གྱིས་ནི་མདོ་གདོན་པའི་རྒྱུ་བསྟན་ཏོ། །མཇུག་ཏུ་སོ་སོར་ཐར་པ ་བཏོན་པ་ཡི། །བསོད་ནམས་གྲུབ་པ་གང་ཡོད་པ། །དེས་ནི་འཇིག་རྟེན་མ་ལུས་པ། །ཐུབ་དབང་གོ་འཕང་ཐོབ་པར་ཤོག་།ཅེས་གསུངས་པས་ནི་བསྔོ་བའི་རྒྱུད་བསྟན་ཏོ། །བསྡུ་བའི་མཚན་ཉིད་བཤད་ཟིན་ཏོ། །སོ་སོར་ཐར་པའི་ཚིག་གི་བརྗོད་བྱ་རྫོགས་སོ།། །། ་དབང་ཕྱུག་དམ་པའི་མངའ་བདག་དཔལ་ལྷ་བཙན་པོའི་བཀའ་ལུང་གིས་འཕགས་པ་གཞི་ཐམས་ཅད་ཡོད་པར་སྨྲ་བར་འདུལ་བ་འཛིན་པ་ཁ་ཆེ་བྱེ་བྲག་ཏུ་སྨྲ་བའི་སློབ་དཔོན་ཛི་ན་མི་ཏྲ་དང། ཞུ་ཆེན་གྱི་ལོ་ཙ་བ་བནདེ་ཀླུའི་རྒྱལ་མཚན་གྱིས་ཞུས་ཏེ་གཏན་ལ་ཕབ ་པའོ།། །།སོ་སོ་ཐར་པའི་འགྲེལ་པ་ཚིག་གི་དགའ་བ་བསྐྱེད་པ་ཀ་ལྱཱ་མི་ཏྲས་མཛད་པའི་དུམ་བུའོ། །ཆགས་ལ་སོགས་པ་གཞན་དུ་ཕུལ་བ་བརྗོད་པ་ཡོད་པའི་ཕྱིར་རོ། །ཡང་འགའ་ཞིག་ནི་མདུན་དུ་བསླབ་པ་ཕུལ་ན་ཕུལ་བ་མ་ཡིན་པར་བརྗོད་པར་བྱ་བའི་ཕྱིར ་