CLOSE WINDOW

N4393: tshigs su bcad pa'i don bsdus pa zhes bya ba'i bstan bcos
Wyliee-texts based on the ACIP/ALL Input

བསྒྱུར་ཏེ། ཞུ་ཆེན་གྱི་ལོ་ཙཱ་བ་བནདེ་དཔལ་བརྩེགས་ཀྱིས་ཞུས།། (།།ཚིགས་སུ་བཅད་པའི་དོན་བསྡུས་པའི་འགྲེལ་པ་སློབ་དཔོན་དབྱིག་གཉེན་གྱིས་མཛད་པ་གོང་མའི་འགྲེལ་པ་བཞུགས།།)་།།རྒྱ་གར་སྐད་དུ། ཤཱ་སྟྲནྒཱ་ཐཱ་སོཾ་གྲ་དྷ་ན་ནཱ་མ། བོད་སྐད་དུ། ཚིགས་སུ ་བཅད་པའི་དོན་བསྡུས་པ་ཞེས་བྱ་བའི་བསྟན་བཅོས། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །སྐྱེས་བུ་ཁྱུ་མཆོག་ཁྱོད་འདྲའི་དགེ་སྦྱོང་ཆེན་པོ་གཞན་དག་ལྷ་ཡུལ་ས་ལ་མེད། །འཇིག་རྟེན་འདི་ན་ཡོད་པ་མ་ཡིན་རྣམ་ཐོས ་བུ་ཡི་གནས་ནའང་ཡོད་མ་ཡིན། །ལྷའི་ཕོ་བྲང་གནས་མཆོག་དག་ནའང་མེད་ལ་ཕྱོགས་སམ་ཕྱོགས་མཚམས་དག་ནའང་མེད། རི་དང་ནགས་སུ་བཅས་པའི་ས་སྟེང་རྒྱས་པ་ཀུན་ཏུ་བསྐོར་ཡང་ག་ལ་ཡོད། །ཅེས་ཚིགས་སུ་བཅད་པའོ།། ་ཚིགས་སུ་བཅད་པ་འདིས་ནི་ཅི་རིགས་པར་སོ་སོར་ངེས་པའི་གནས་ཀྱི་ཁྱད་པར་གྱི་བདག་པོར་གྱུར་པ་སྐྱེས་བུ་ཁྱུ་མཆོག་ཏུ་འདོད་པ་དག་ལས་ཁྱད་པར་དུ་བྱ་བའི་ཕྱིར་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་བྱང་ཆུབ་སེམས་དཔར་གྱུར་པས ་ཉིན་ཞག་བདུན་དུ་རྣམ་པར་རྗེས་སུ་དྲན་པ་དང་ལྟ་བ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་འགྲུབ་པའི་རང་བཞིན་ཅན་ཡིན་ཏོ། བཅོམ་ལྡན་འདས་དཀར་རྒྱལ་གྱི་ཡོན་ཏན་ཕུན་སུམ་ཚོགས་པ་ཐམས་ཅད་བརྗོད་པས་ཐུན་མོང་མ་ཡིན་པའི ་ཕུན་སུམ་ཚོགས་པ་བརྗོད་པར་མངོན་ནོ། །དེ་ལ་སོ་སོར་ངེས་པའི་གནས་ཀྱི་ཁྱད་པར་གྱི་བདག་པོར་གྱུར་པ་ན་འཇིག་རྟེན་རྣམས་ཀྱི་ནང་ན་ཁྱད་པར་དུ་འཕགས་པར་འདོད་པ་ལྷ་ཡུལ་ན་ཚངས་པ་དང། མཚེ་མ་དང། དགའ་ལྡན་དང། ། ་གཞན་འཕྲུལ་དབང་བྱེད་དོ། །ས་དང་འབྲེལ་པའི་ཕྱིར་ས་ལ་སྟེ། རི་རབ་ཀྱི་རྩེ་མོ་བརྒྱ་བྱིན་ནོ། །དེ་ཉིད་ཕྱོགས་གཅིག་ན་ལྷ་སྟེ། དེ་བས་ཀྱང་གནས་མཆོག་ཅེས་བྱ་བ་གསུངས་སོ། །བང་རིམ་བཞིའི་བྱང་ཕྱོགས་ཀྱི་ངོས་ན་ནི་རྣམ་ཐོས་ཀྱི་བུའོ། །ཕྱོགས ་ན་ཞེས་བྱ་བ་ནི་རྣམ་ཐོས་སྲས་དང། མིག་མི་བཟང་དང། འཕགས་སྐྱེས་པོ་དང། ཡུལ་འཁོར་སྲུང་གིའོ། །ཕྱོགས་མཚམས་ནི་རི་རབ་ཀྱི་སྟེང་ཁང་པ་བརྩེགས་པ་བཞིན་ལག་ན་རྡོ་རྗེ་དབང་བྱེད་པ་ཡིན་ཏེ། དེ་དག་ན་སྙིང་རྗེ་དང། སྤངས་པ་དང་? ་ཡེ་ཤེས་དང་བྲལ་བ་ཡིན་ལ། བཅོམ་ལྡན་འདས་ནི་དེ་དག་གིས་རྙེད་པའི་དགེ་བའི་འབྲས་བུ་དང་རྣམ་པ་ཐམས་ཅད་བུ་འབྲས་བུ་འདྲ་བ་མ་ཡིན་ན་ཁྱད་པར་དུ་ལྟ་ག་ལ་ལགས། མ་ངེས་པའི་གནས་ཀྱི་ཁྱད་པར་གྱི་བདག་པོར་གྱུར་པ་དག་ནི ་སྐྱེས་བུའི་མཆོག་ཏུ་འདོད་པ་ཡིན་ཏེ། འཇིག་རྟེན་འདི་ན་སྐེམ་བྱེད་དང་དབང་ཕྱུག་དང། སྐྱེས་བུ་ལ་སོགས་པའོ། །དེ་དག་ཀྱང་ཉོན་མོངས་པ་དང། སྡུག་བསྔལ་དང་ལྡན་པས་ལུས་དང་སེམས་རབ་ཏུ་མ་ཞི་བོ་ཡིན་ཏེ། དེ་ཉན་ཐོས་རྣམས་དང་འདྲ ་བ་མ་ཡིན་ན། བཅོམ་ལྡན་འདས་དང་ལྟ་སྨོས་ཀྱང་ཅི་དགོས། སྐྱེས་བོ་མང་པོ་དང། ལོ་ཐོག་ཕུན་སུམ་ཚོགས་པ་དང། རྣམ་པར་བརྒྱན་པའི་ས་རྒྱས་པ་དང། མ་རྒྱས་པ་ན་སྐྱེས་བུ་གཙོ་བོ་བཀུར་བ་ནི་བྲམ་ཟེ་དང། རྒྱལ་པོ་དག་སྟེ། དེ་དག་ཀྱང་བསམ ་པ་དང། སྦྱོར་བ་ངན་པས་དེའི་ཉན་ཐོས་ཀྱི་ཉན་ཐོས་དག་དང་?་འདྲ?་བ་མ་ཡིན་ནོ། །གང་དག་སྤྱིར་རྣམ་པར་གྲོལ་བ་རང་སངས་རྒྱས་དང། ཉན་ཐོས་རི་དང། བླ་གབ་མེད་པ་དང། དུང་ཁྲོད་དང། ཚལ་གྱི་ནང་ན་གནས་པ་དེ་བཞིན་གཤེགས་པས་བསྔགས ་པའི་བདག་ཉིད་ཆེན་པོ་བསྟན་པ་དང། ཀུན་བརྗོད་པ་དང། རྗེས་སུ་བསྟན་པའི་ཆོ་འཕྲུལ་རྣམས་ཀྱིས་སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པ་སྐྱོབ་པར་ནུས་པ་དག་དང། དགེ་སྦྱོང་ཆེན་པོར་འདོད་པ་སེར་སྐྱ་དང། འུག་པ་པ་ལ་སོགས་པ་དེ་དག ་ཀྱང་སྤངས་པ་དང། ཡེ་ཤེས་དང། ཐུགས་རྗེའི་ཁྱད་པར་དང་བྲལ་བའི་ཕྱིར་བཅོམ་ལྡན་འདས་དང་འདྲ་བ་མ་ཡིན་ཏེ། དེ་ཉིད་ཀྱི་ཕྱིར། ཁྱོད་ཀྱི་སངས་རྒྱས་ཆོས་ནི་མཚུངས་མེད་པས། །ཁྱད་པར་འཕགས ་པ་ཁྱད་པར་ཆེན་པོས་འཕགས། ཤེས་བཤད་དོ། །རྣམ་པ་གཅིག་ཏུ་ན་བཅོམ་ལྡན་འདས་ཀྱི་ཡོན་ཏན་བསྟན་པ་དང། །བཤད་པ་དག་གིས་ཅི་རིགས་པར་སེམས་ཅན་ཐམས་ཅད་ཀྱི་བླ་མ་ཉིད་དུ་བསྟན་ཏེ། སྐྱེས་བུ་ཁྱུ་མཆོག་ཁྱོད་འདྲའི ་དགེ་སྦྱོང་ཆེན་པོ་གཞན་དག་ལྷ་ཡུལ་ས་ལ་མེད་ཅེས་བྱ་བ་ནི་བསྟན་པའོ། །ལྷག་མ་ནི་དེ་གཉིས་ཀྱི་སོ་སོའི་བཤད་པ་སྟེ། འཇིག་རྟེན་འདི་ནའང་ཡོད་མ་ཡིན་ཞེས་བྱ་བ་ནི་ས་ལའོ། །རྣམ་ཐོས་བུའི་གནས་ནའང་ཡོད་མ་ཡིན། ལྷ་ཡི། ་ཕོ་བྲང་གནས་མཆོག་དག་ནའང་མེད་ལ་ཞེས་བྱ་བ་ནི་ལྷ་ཡུལ་ནའོ། །ཕྱོགས་དང་ཕྱོགས་མཚམས་དག་ནའང་མེད། ཅེས་བྱ་བ་ནི་ས་སྟེང་ན་སྟེ། ཕྱོགས་ནི་གླིང་བཞི་པ་རྣམས་སོ། །ཕྱོགས་མཚམས་ནི་བར་གྱི་གླིང་བརྒྱད་དོ། །དག་ནའང ་མེད་ཅེས་བྱ་བ་ནི་ས་སྟེང་ནའོ། །རི་དང་ནགས་སུ་བཅས་པའི་ས་སྟེང་རྒྱས་པ་ཀུན་ཏུ་བསྐོར་ཡང། ཞེས་བྱ་བ་ནི་རི་གཉའ་ཤིང་འཛིན་ནས་གཟུང་སྟེ་ཁོར་ཡུག་ཆེན་པོའི་བར་ཐམས་ཅད་དོ། །བསྡུས་པའི་དོན་ནི་ཚིགས་སུ་བཅད་པ་འདིས་བཅོམ ་ལྡན་འདས་ཁམས་གསུམ་ལས་ཁྱད་པར་དུ་འཕགས་པ་ཉིད་བསྟན་ཏེ། ལྷ་ཡུལ་ས་ལ་མེད་ཅེས་བྱ་བས་ནི་ས་གསུམ་ལས་ཁྱད་པར་དུ་འཕགས་པ་ཉིད་དོ། །གཞན་གྱིས་ནི་འདོད་པའི་ཁམས་ལས་ཁྱད་པར་དུ་འཕགས་པ་བསྟན་པའོ།། ་ཚིགས་སུ་བཅད་པའི་དོན་བསྡུས་པ་ལས་དང་པོའི་དོན་བསྡུས་པའོ།། །།གང་དག་སངས་རྒྱས་སྐྱབས་སོང་ནས། །གང་དག་ཉིན་དང་མཚན་རྣམས་སུ། །རྟག་ཏུ་སངས་རྒྱས་དྲན་བྱེད་པ། །དེ་དག ་མི་ཡི་རྙད་པ་ཡིན། །གང་དག་ཆོས་ལ་སྐྱབས་སོང་ནས། །གང་དག་ཉིན་དང་མཚན་རྣམས་སུ། །རྟག་ཏུ་ཆོས་ནི་དྲན་བྱེད་པ། །དེ་དག་མི་ཡི་རྙེད་པ་ཡིན། །གང་དག་དགེ་འདུན་སྐྱབས་སོང་ནས། །གང་དག་ཉིན་དང་མཚན་རྣམས་སུ། །རྟག་ཏུ་དགེ་འདུན་དྲན ་བྱེད་པ། །དེ་དག་མི་ཡི་རྙེད་པ་ཡིན། ཞེས་བྱ་བས་ནི་ཚིགས་སུ་བཅད་པ་གསུམ་མོ། །བཅོམ་ལྡན་འདས་ཀྱིས་འདི་ཅིའི་ཕྱིར་གསུངས་ཤེ་ན། མ་དང་པ་རྣམས་དད་པར་བྱ་བའི་ཕྱིར་དང། དད་པ་རྣམས་ཀྱང་རྟག་ཏུ་སྤྱད་པ་དང། གུས་པར་བྱེད་པ་ལ་སྒྲུབ ་པ་ལ་ཡང་དག་པར་སྦྱོར་བའི་ཕྱིར་གསུངས་པར་མངོན་ནོ། །གང་དག་སངས་རྒྱས་ཞེས་བྱ་བ་ནི་གང་གི་རྒྱུད་ལ་རྒྱུ་བཞི་པོ་ཡོད་པ་དེ་ནི་སངས་རྒྱས་ཏེ། རྣམ་པ་ཐམས་ཅད་དུ་འཇིག་རྟེན་པ་མངོན་པར་རྫོགས་པར་མཁྱེན་པ་དང། རྣམ་པ་ཐམས་ཅད་དུ ་འཇིག་རྟེན་ལས་འདས་པ་མངོན་པར་རྫོགས་པར་མཁྱེན་པ་དང། བག་ཆགས་དང་བཅས་པའི་ཉོན་མོངས་པ་ཐམས་ཅད་སྤངས་པ་དང། རྣམ་པ་ཐམས་ཅད་དུ་སེམས་ཅན་གྱི་དོན་བྱེད་ནུས་པའོ། །རྣམ་པ་གཅིག་པུ་ན་གང་ལ་ཡོན་ཏན་ཕུན་སུམ ་ཚོགས་པ་རྣམ་པ་ལྔ་ཡོད་པ་དེ་སངས་རྒྱས་ཡིན་ཏེ། ཡེ་ཤེས་ཕུན་སུམ་ཚོགས་པ་དང། སྤངས་པ་ཕུན་སུམ་ཚོགས་པ་དང། ཐུགས་རྗེ་ཕུན་སུམ་ཚོགས་པ་དང། མི་ཟད་པ་ཉིད་ཕུན་སུམ་ཚོགས་པ་དང། མཚུངས་པ་མེད་པ་ཕུན་སུམ ་ཚོགས་པའོ། །དེ་ལ་ཡེ་ཤེས་ཕུན་སུམ་ཚོགས་པ་ནི་ཐོགས་པ་མེད་པའི་ཡེ་ཤེས་དང་ལྡན་པའི་ཕྱིར་ཏེ། འཕགས་པ་ཉན་ཐོས་དང། རང་སངས་རྒྱས་རྣམས་ཀྱི་ཡེ་ཤེས་འདིར་སྐྱེས་པ་ཡང་སངས་རྒྱས་ཀྱི་ཡུལ་ཐོགས་པ་མེད་པས་ན ་ཤེས་བྱ་ཐམས་ཅད་ལ་འཇུག་པ་མེད་དོ། །དེ་བས་ན་འདི་སྐད་དུ། དེ་བཞིན་གཤེགས་པའི་ཡེ་ཤེས་ནི་འདས་པའི་དུས་ལ་ཆགས་པ་མེད་ཅིང་ཐོགས་པ་མེད་པ་དང། ད་ལྟར་བྱུང་བ་དང་མ་འོངས་པའི་དུས་ལ་ཆགས་པ་མེད་ཅིང་ཐོགས་པ ་མེད་པའི་ཡེ་ཤེས་ཞེས་གསུངས་སོ། །སྤང་པ་ཕུན་སུམ་ཚོགས་པ་ནི་བག་ཆགས་ཕྲ་རྒྱས་དང་བཅས་པ་སྤངས་པ་ཡིན་ཏེ། ཇི་སྐད་དུ། སྐྱོབ་ཁྱོད་བག་ཆགས་བཅས་པ་ཡིས། །ཉེས་པ་དག་ནི་གཅིག་མི་མངའ་ ་ཞེས་འབྱུང་བ་ལྟ་བུའོ། །ཐུགས་རྗེ་ཕུན་སུམ་ཚོགས་པ་ནི་ཐུགས་རྗེ་ཆེན་པོ་དེས་ཉིན་ལན་གསུམ་མཚན་གསུམ་དུ་འཇིག་རྟེན་ལ་གཟིགས་ནས་སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པ་ཡོངས་སུ་སྐྱོབ་པར་མཛད་པ་ཡིན་ཏེ། ཐུགས་རྗེ་ཚེ་དང ་ལྡན་པས་ན། འཇིག་རྟེན་ཀུན་ལ་ཉིན་མཚན་དུ། །རྣམ་པ་དྲུག་ཏུ་ཉིན་མཚན་གཟིགས། །ཕན་མཛད་ཐུགས་ལ་ཕྱག་འཚལ་ལོ་ཞེས་བྱ་བ་ལྟ་བུའོ། །འོ་ན་སྙིང་རྗེ་ཆེན་པོ་གཉིས་ལ་བྱེ་བྲག་ཅི་ཡོད་ཅེ་ན། སྨྲས་པ། རྣམ་པ ་བརྒྱད་ཡོད་དེ། ངོ་བོ་ཉིད་དང། རྣམ་པ་དང། དམིགས་པ་དང། ས་དང། རྒྱུད་དང། འདོད་ཆགས་དང་བྲལ་བ་ཐོབ་པ་དང། མི་མཚུངས་པ་དང་མཚུངས་པའི་ཐུགས་རྗེ་འབྱུང་བ་དང། སྐྱོབ་པ་དང། མི་སྐྱོབ་པའོ། །དེ་ལ་ངོ་བོ་ཉིད ་ནི་ཞེ་སྡང་མེད་པ་དང། གཏི་མུག་མེད་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །རྣམ་པ་ནི་སྡུག་བསྔལ་གྱི་རྣམ་པ་དང་གསུམ་ལ་འབྱུང་བའི་ཕྱིར་རོ། །དམིགས་པ་ནི་ཁམས་གཅིག་དང་གསུམ་ལ་དམིགས་པའི་ཕྱིར་རོ། །ས་ནི་བསམ་གཏན་བཞི ་དང་བསམ་གཏན་བཞི་པ་ཡིན་པའི་ཕྱིར་རོ། །རྒྱུད་ནི་ཉན་ཐོས་དང། རང་སངས་རྒྱས་དང། རང་སངས་རྒྱས་ཀྱི་རྒྱུད་ལ་སྐྱེ་བའི་ཕྱིར་རོ། །འདོད་ཆགས་དང་བྲལ་བའི་ཐོབ་པ་ནི། འདོད་པའི་ཁམས་དང། སྲིད་པའི་རྩེ་མོའི་འདོད་ཆགས ་དང་བྲལ་བས་ཐོབ་པའི་ཕྱིར་རོ། །མི་མཚུངས་པ་དང་མཚུངས་པ་ཐུགས་རྗེས་འབྱུང་བ་དང། ཡོངས་སུ་སྐྱོབ་པ་དང། ཡོངས་སུ་མི་སྐྱོབ་པའོ། །མི་ཟད་པ་ཉིད་དུ་ཕུན་སུམ་ཚོགས་པ་ནི་སྐྱེ་བ་དང། ཤི་བ་དང། ན་བ་དང། མྱ་ངན་དང། ཟད? ་པ་དང་བྲལ་ཞིང་འཇིག་རྟེན་གྱི་མཐར་ཕྱིན་པ་ཡང་དག་པར་ཐོབ་པའི་ཕྱིར་ཏེ། ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་ཐོབ་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ་།མཚུངས་པ་མེད་པ་ཉིད་ཕུན་སུམ་ཚོགས་པ་ནི་སེམས་ཅན་ཐམས་ཅད་ཀྱི་བླ ་མར་གྱུར་པའི་ཕྱིར་ཏེ། ཆོས་ཐམས་ཅད་ལ་དབང་ཐོབ་པའི་ཕྱིར་བཞེད་པ་ཙམ་དང་འབྲེལ་བའི་ཡོན་ཏན་ཕུན་སུམ་ཚོགས་པ་ཐམས་ཅད་མངོན་དུ་གྱུར་ཞེས་བྱ་བའི་ཐ་ཚིག་གོ་།ཅི་སངས་རྒྱས་ཐམས་ཅད་ཡོན་ཏན་འདི་དག་ཐམས་ཅད་བྱེ་བྲག་མེད་པར་མདའ ་བ་འམ་ཞེ་ན། མ་ཡིན་ཏེ། འོན་ཀྱང། ཚོགས་དང། ཆོས་ཀྱི་སྐུ་དག་དང། འགྲོ་བའི་དོན་ནི་སྤྱོད་པ་ཡིས། །སངས་རྒྱས་ཐམས་ཅད་མཉམ་ཉིད་དེ། །ཚེ་དང་རིགས་དུས་ཚད་ཀྱིས་མིན། །རྒྱ་གསུམ་གྱིས་མཉམ་སྟེ། སྔོན་བསོད་ནམས་དང་ཡེ་ཤེས ་ཀྱི་ཚོགས་ཡང་དག་པར་ཐོབ་པ་དང། ཆོས་ཀྱི་སྐུ་ཡོངས་སུ་རྫོགས་པ་དང། འཇིག་རྟེན་གྱི་སྤྱོད་པས་སོ། །སྐུ་ཚེ་དང། རིགས་དང། རུས་དྲང། ཚད་ཀྱི་བྱེ་བྲག་ཡོད་དེ། ཡུན་རིང་པོ་དང་ཐུང་དུད་འཚོ་བ་དང། རྒྱལ་རིགས་དང། བྲམ་ཟེའི་རིགས ་ཀྱི་བྱེ་བྲག་དང། འོད་སྲུངས་དང། གཽ་ཏ་མ་ལ་སོགས་པའི་རུས་ཀྱིས་བྱེ་བྲག་དང། ཆེན་པོ་དང་ཆུང་ངུའི་ཚད་ཀྱི་བྱེ་བྲག་ནི་དུས་ཇི་ལྟ་བཞིན་ནོ། །དེ་དག་མིའི་ཞེས་བྱ་བ་ནི་རྒྱུའི་སྟོབས་དང་ལྡན་པ་དང། རྐྱེན་གྱི་སྟོབས་དང་ལྡན་པའོ། །དེ་ལ་རྒྱུའི ་སྟོབས་དང་ལྡན་པ་ནི་གང། རྐྱེན་གྱི་སྟོབས་དང་ལྡན་པ་ནི་གང་ཞེ་ན། གང་དག་དགེ་བའི་སྟོབས་བསྐྱེད་པ་ལས་ནང་གི་ཚུལ་བཞིན་ཡིད་ལ་བྱེད་པ་ལས་རབ་ཏུ་བསྐྱེད་པ་དེ་དག་ནི་རྒྱུའི་སྟོབས་དང་ལྡན་པ་ཡིན་ནོ། །གང་དག་དགེ་བའི་བཤེས ་གཉེན་དང་ཕྲད་པ་ལས་ཆོས་བསྟན་པ་ཐོབ་པ་དེ་དག་ནི་རྐྱེན་གྱིས་སྟོབས་དང་ལྡན་པ་ཡིན་ནོ། །དེ་བས་ན་བཅོམ་ལྡན་འདས་ཀྱིས་འདི་སྐད་དུ་ཡང་དག་པའི་ལྟ་བ་བསྐྱེད་པའི་ཕྱི་རྒྱུ་དང་རྐྱེན་གཉིས་ཏེ། ནང་གི་ཚུལ་བཞིན་ཡིད་ལ་བྱེད་པ་དང། ་གཞན་གྱིས་བསྟན་པའོ་ཞེས་གསུངས་སོ། །རྙེད་པ་ཡིན་ཞེས་བྱ་བ་ནི་རྙེད་པ་རྣམ་པ་བཞི་སྟེ། བསོད་ནམས་རྙེད་པ་དང། མཆོག་ཏུ་དགའ་བ་རྒྱ་ཆེན་པོ་རྙེད་པ་དང། ཏིང་ངེ་འཛིན་རྙེད་པ་དང། རྣམ་པར ་དག་པ་རྙེད་པའོ། །དེ་ལ་བསོད་ནམས་རྙེད་བས་ནི་ཇི་ལྟར་འདོད་པ་བཞིན་འཇིག་རྟེན་ཕ་རོལ་གྱི་མཁོ་བའི་དོན་ཕུན་སུམ་ཚོགས་པ་ཐམས་ཅད་ཐོབ་པའོ། །མཆོག་ཏུ་དགའ་བ་རྒྱ་ཆེ་བ་དང། ཏིང་འཛིན་རྙེད་པ་དག་གིས་མཐོང་བའི ་ཆོས་ལ་བདེ་བར་གནས་པ་ཕུན་སུམ་ཚོགས་པ་ཐོབ་པའོ། །རྣམ་པར་དག་པ་རྙེད་པས་ནི་སྡུག་བསྔལ་ཐམས་ཅད་གཏན་དུ་ཟད་པ་ཕུན་སུམ་ཚོགས་པ་ཐོབ་པའོ། །གང་དག་ཆོས་ལ་ཞེས་བྱ་བ་ནི་ཆོས་ནི་རྣམ་པ་གསུམ་སྟེ། འབྲས་བུའི ་ཆོས་དང། བསྒྲུབ་པའི་ཆོས་དང། བཤད་པའི་ཆོས་སོ། །དེ་ལ་འབྲས་བུའི་དོན་གྱི་ཆོས་ནི་འབྲས་བུའི་ཆོས་ཏེ། གང་མ་སྐྱེད་པ་དང། མ་གྱུར་པ་དང། མ་བྱས་པ་དང། འདུས་མ་བྱས་པ་དང། མ་བྱུང་བ་དང། ཞི་བ་དང། གནས ་ཞེས་བྱ་བ་དེ་ནི་མྱ་ངན་ལས་འདས་པའོ། །དེ་ལ་མ་སྐྱེས་པ་ནི་ཉེ་བར་ལེན་པའི་ཕུང་པོ་ཉིང་མཚམས་སྦྱོར་བའི་འབྲེལ་པ་དང་མི་ལྡན་པའི་ཕྱིར་རོ། །མ་གྱུར་པ་ནི་བདག་གི་དངོས་པོ་ཡོངས་སུ་རྫོགས་པ་མངལ་དང། བྱིས་པ་དང། དར་ལ ་བབ་པ་དང། གར་མ་དང། རྒན་པོའི་ངོ་བོས་ཇེ་ཆེ་ཇེ་ཆེར་སྐྱེ་བ་དང་མི་ལྡན་པའི་ཕྱིར་ཏེ། གྱུར་པ་ནི་རྒས་པ་ལ་བྱའོ། །མ་བྱས་པ་ནི་སྔོན་གྱི་མཛའ་ཨི་ལས་དང་ཉོན་མོངས་པའི་ཤུགས་དང་མི་ལྡན་པའི་ཕྱིར་རོ། །འདུས་མ་བྱས་ལ ་ནི་ད་ལྟར་གྱི་ལས་དང་ཉོན་མོངས་པ་མངོན་པར་འདུ་བྱེད་པ་དང་མི་ལྡན་པའི་ཕྱིར་རོ། །མ་བྱུང་བ་ནི་མ་འོངས་པའི་སྐྱེ་བ་འབྱུང་བ་དང་མི་ལྡན་པའི་ཕྱིར་རོ། །ཞི་བ་ནི་སྡུག་བསྔལ་རྒྱུ་དང་གཅས་པ་ཞི་བའི་ཕྱིར་རོ། །གནས་ནི ་དེ་ལས་མ་ཉམས་པའི་ཡིན་ནོ། །བསྒྲུབ་པའི་ཆོས་ནི་བསྒྲུབ་པའི་ཆོས་ཉིད་ཡིན་ལ། དེ་ཡང་འཕགས་པའི་ལམ་བརྒྱད་ལ་བྱ་སྟེ། འདི་ལྟ་སྟེ། ཡང་དག་པའི་ལྟ་བ་དང། ཡང་དག་པའི་རྟོགས་པ་དང། ཡང་དག་པའི་དག་དང། ཡང་དག་པའི་ལས་ཀྱི་མཛའ་ ་དང། ཡང་དག་པའི་འཚོ་བ་དང། ཡང་དག་པའི་རྩོལ་བ་དང། ཡང་དག་པའི་དྲན་པ་དང། ཡང་དག་པའི་ཏིང་ངེ་འཛིན་ཏོ། །བསྒྲུབ་པ་འདིས་ཇི་སྐད་དུ་བསྟན་པའི་སློབ་མ་རྣམས་འབྲས་བུ་རྟོགས་པར་བྱེད་དེ། དེ་ལ་ཡང་དག་པའི་ལྟ ་བ་ནི་ཡོངས་སུ་གཅོད་པའི་ཡན་ལག་ཡིན་ཏེ། དེས་ཇི་ལྟར་མྱོང་བ་དེ་ཁོ་ན་ངེས་པར་འཛིན་ཏོ། །ཡང་དག་པའི་རྟོག་པ་ནི་གཞན་གོ་བར་བྱེད་པའི་ཡན་ལག་ཡིན་ཏེ། དེས་ཇི་ལྟར་ཁོང་དུ་ཆུད་པ་ཡིད་ལ་བཞག་ནས་དག་ཀུན་ཏུ་སྦྱོར་བར་བྱེད ་པའོ། །ཡང་དག་པའི་དག་དང། ལས་ཀྱི་མཛའ་དང། འཚེ་བ་ནི་གཞན་ཡིད་ཆེས་པར་བྱེད་པའི་ཡན་ལག་ཡིན་ཏེ། དེ་རྣམས་ཀྱི་གོ་རིམ་བཞིན་ཁོང་དུ་ཆུད་ནས་ལྟ་བ་ལ་སོགས་པ་རྣམ་པར་དག་པར་ཡིད་ཆེས་སོ། །དེ་ལ་ཡང་དག་པའི་དག ་གིས་ནི་ཁོང་དུ་ཆུད་པ་དང། མཐུན་པར་དྲིས་པས་ལུང་བསྟན་པ་ལ་འབེལ་པའི་གཏམ་རྣམ་པར་ངེས་པས་ལྟ་བ་རྣམ་པར་དག་པར་རིག་པར་བྱེད་དོ། །ཡང་དག་པའི་ལས་ཀྱི་མཛའ་ནི་འཇུག་པ་དང་ལྡོག་པ་ལ་སོགས་པ་ལ་སྤྱོད་པ་ཕུན་སུམ་ཚོགས་པའི ་ཚུལ་ཁྲིམས་རྣམ་པར་དག་པར་རིག་པར་བྱའོ། །ཡང་དག་པའི་འཚོ་བས་ནི་ཇི་ལྟར་སྣང་བ་བཞིན་ཆོས་ཀྱི་ཆོས་གོས་ལ་སོགས་པ་འཚོལ་བ་ལས་འཚོ་བ་རྣམ་པར་དག་པར་རིག་པར་བྱེད་དོ། །ཡང་དག་པའི་རྩོལ་བ་ནི་ཉོན་མོངས་པའི་སྒྲིབ་པ ་རྣམ་པར་སྤྱོད་པའི་ཡན་ལག་ཡིན་ཏེ། དེས་ཀུན་ཏུ་སྦྱོར་བ་མ་ལུས་པར་སྤོང་བར་བྱེད་དོ། །ཡང་དག་པའི་དྲན་པ་ནི་ཉེ་བའི་ཉོན་མོངས་པའི་སྒྲིབ་པ་རྣམ་པར་སྤྱོད་པའི་ཡན་ལག་ཡིན་ཏེ། དྲན་པ་ཤིན་ཏུ་ཉེ་བར་གནས་ནས་མཚན་མ་ལ་རྨོངས ་པ་མེད་པས་ཞུམ་པའི་ཉེ་བའི་ཉོན་མོངས་པའི་སྐབས་མི་བྱེད་པའི་ཕྱིར་རོ། །ཡང་དག་པའི་ཏིང་ངེ་འཛིན་ནི་ཡོན་ཏན་ཁྱད་པར་ཅན་གྱི་སྒྲིབ་པ་རྣམས་སྤྱོད་པའི་ཡན་ལག་ཡིན་ཏེ། དེས་མངོན་པར་ཤེས་པར ་སོགས་པའི་ཡོན་ཏན་མངོན་པར་སྒྲུབ་ཅིང། མཇུག་ཏུ་ཡང་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པ་ཐོབ་པར་བྱེད་དོ། །ལངས་པའི་ཚེ་ནི་ཡན་ལག་འདི་དག་རུང་ན་ལམ་ལ་སྙོམས་པར་ཞུགས་པ་ན་ཡང་དག་པའི་དག་དང། ལས་ཀྱི་མཛའ་ ་དང། འཚེ་བ་དག་མི་འབྱུང་སྟེ། དེ་ཁོ་ན་ཉིད་ངེས་པར་བཟུང་བ་ལ་སོགས་པ་ཡང་མེད་ན་ལམ་ལ་སྙོམས་པར་འཇུག་པའི་ཚེ་བསྒྲུབ་པའི་ཡན་ལག་བརྒྱད་པར་ཇི་ལྟར་འགྱུར་བཤད་པ། དེ་འཇིག་རྟེན་ལས་འདས་པའི་ཆོས་དམིགས་པ ་ལས་དེའི་ངོ་བོ་ཟག་པ་མེད་ཅིང་རྣམ་པར་རིག་བྱེད་པ་མ་ཡིན་པ་ཐོབ་སྟེ། གང་ཐོབ་པ་ལས་ལངས་པའི་ཚེ་ཡང་ལོག་པའི་དག་ལ་སོགས་པ་ལ་མི་འཇུག་གི་།ཡང་དག་པའི་དག་ལ་སོགས་པ་ལ་འཇུག་གོ་།དེ་བས་ན་རྒྱུ་དང་རྒྱུ་ཅན་ཉེ་བར ་གདགས་པ་ལས་ཡན་ལག་བརྒྱད་ཉིད་དུ་འགྱུར་རོ། །གཞན་དུ་ན་ལམ་ལ་སྙོམས་པར་ཞུགས་པའི་ཚེ་དེ་ཁོ་ན་ཉིད་ངེས་པར་བཟུང་བ་དང། རྟོག་པ་དང། དག་སྨྲ་བ་དང། ལས་ཀྱི་མཛའ་དང། ཆོས་གོས་ལ་སོགས་པ་བཙལ་བ་དག་འགལ་བར ་འགྱུར་རོ། །དེ་ལྟར་སྒྲུབ་པའི་ཆོས་འདིས་འབྲས་བུའི་ཆོས་ཇི་སྐད་བསྟན་པ་ཐོབ་པར་བྱེད་ལ། བསྒྲུབ་པའི་ཆོས་དེ་ཡང་བཤད་པའི་ཆོས་ལ་བརྟེན་ནས་འབྱུང་སྟེ། བཤད་པའི་ཆོས་ནི་མདོའི་སྡེ་དང། དབྱངས་ཀྱིས ་བསྙད་པའི་སྡེ་དང། ལུང་དུ་བསྟན་པའི་སྡེ་དང། ཚིགས་སུ་བཅད་པའི་སྡེ་དང། ཆེད་དུ་བརྗོད་པའི་སྡེ་དང། གླིང་བཞི་སྡེ་དང། རྟོགས་པ་བརྗོད་པའི་སྡེ་དང། དེ་ལྟ་བུ་བྱུང་བའི་སྡེ་དང། སྐྱེས་པ་རབས་ཀྱི་སྡེ་དང། ཤིན་ཏུ་རྒྱལ་པའི ་སྡེ་དང། རྨད་དུ་བྱུང་བའི་ཆོས་ཀྱི་སྡེ་དང། གཏན་ལ་བབ་པར་བསྟན་པའི་སྡེ་དང། གསུང་རབ་ཡན་ལག་བཅུ་གཉིས་སུ་རྟོགས་པ་རྣམས་སོ། །དེ་ལ་མདོ་སྡེ་ནི་བཅོམ་ལྡན་འདས་ཀྱིས་གང་མདོར་སྨོས་པའི་རྣམ་པ་རྐང་པར་གསུངས་པའོ། །དབྱངས་ཀྱིས ་བསྙད་པའི་སྡེ་ནི་མདོ་སྡེ་ཉིད་ཀྱི་བ་ང་དང་མཛའ་དག་ཏུ་ཚིགས་སུ་བཅད་དེ་དབྱངས་ཀྱིས་བརྙད་པའི་ཕྱིར་རོ། །ཡང་ན་དྲང་བའི་དོན་ནི་མདོའི་སྡེ་ཡིན་ལ། རྟོགས་པའི་ཕྱིར་དབྱངས་ཀྱི་བརྙེད་པའི་སྡེའོ། །ལུང་དུ་བསྟན་པའི་སྡེ་ནི་གང་དུ་འཕགས་པ་དག ་འདས་པའི་དུས་སུ་ཚེ་འདས་པ་དང། སྐྱེ་བར་ལུང་སྟོན་པའོ། །རྣམ་པ་གཅིག་ཏུ་ན་ངེས་པའི་དོན་གྱི་མདོ་སྡེ་ནི་ལུང་བསྟན་པའི་སྡེ་སྟེ། དེས་དགོངས་པ་སྒྲིབ་པ་མེད་པར་ལུང་སྟོན་ཏོ། །ཚིགས་སུ་བཅད་པའི་སྡེ་ནི་གང་ཚིགས་སུ་སྦྱར་ནས་གསུངས་པའོ།། ་ཆེད་དུ་བརྗོད་པའི་སྡེ་ནི་གང་ཐུགས་རངས་ནས་བརྗེད་པ་ཡིན་ཏེ་འདི་ལྟ་སྟེ། གང་གི་ཚེ་ན་བྲམ་ཟེ་བསམ་གཏན་པས་རྟུན?་པར་བྱེད་པའི་ཆོས་འདི་འབྱུང་འགྱུར་ཏེ། །དེ་ཡི་སོམ་ཉི་ཐམས་ཅད་རྣམ་འཇིག་ཅིང། །བདེ་བ་འདོད་པའི་དྲི་མ་སེར་སྣ་སེལ་ཞེས་བྱ་བ ་ལྟ་བུའོ། །གླེང་བཞིའི་སྡེ་ནི་གང་ཟག་གི་ཕྱིར་གང་ཡང་རུང་བ་དག་གསུངས་པ་འམ། བྱུང་བ་དང་བཅས་པའི་བསླབ་པ་གཅའ་བ་གསུངས་པ་ཡིན་ཏེ། འདི་ལྟ་སྟེ། གཞི་འདི་ལ་སྐབས་འདི་ཞེས་རྒྱ་ཆེར་འབྱུང་བའོ། །རྟོགས་པ་བརྗོད་པའི ་སྡེ་ནི་དཔེར་གསུངས་པ་ཡིན་ཏེ། ངེས་དོན་རྣམ་པར་བྱད་པ་ལས་མངོན་པར་གསལ་ལོ་ཞེས་བྱ་བའི་ཐ་ཚིག་གོ་།དེ་ལྟ་བུ་བྱུང་བའི་སྡེ་ནི་གང་སྔོན་གྱི་སྦྱོར་བ་དང་ལྡན་པའོ། །སྐྱེས་པ་རབས་ཀྱི་སྡེ་ནི་གང་བྱང་ཆུབ་སེམས་དཔའ་ཨི་སྤྱོད་པ་དང་ལྡན་པའོ། ་ཤིན་ཏུ་རྒྱས་པའི་སྡེ་ནི་དོན་རྒྱས་པར་སྟོན་པའོ། །གཞན་དག་ནི་གཞན་དག་ཏུ་བརྗོད་དེ། འཕགས་པ་དགེ་འདུན་ཕལ་ཆེན?་སྡེ་བ་རྣམས་ཀྱི་འདོན་པ་ཁོ་ན་ལྟ་བུའོ་ཞེའོ། །རྨད་དུ་བྱུང་བའི་ཆོས་ཀྱི་སྡེ་ནི་མདོའི་སྡེ་ཇི་ལྟ་བ་བཞིན་ནོ། །གཏན ་ལ་དད་པར་བསྟན་པའི་སྡེ་ནི་ཇི་ལྟར་ཆོས་ཀྱི་མཚན་ཉིད་ཕྱིན་ཅི་མ་ལོག་པས་མདོ་སྡེ་ལ་སོགས་པའི་དོན་སྟོན་པའོ། །དེའི་འཁོར་དང་བཅས་པ་དེ་དག་སྡེ་སྣོད་གསུམ་དུ་འགྱུར་ཏེ། གང་མདོའི་སྡེ་དང་? ་དབྱངས་ཀྱིས་བསྙད་པའི་སྡེ་དང། ལུང་དུ་བསྟན་པའི་སྡེ་དང། ཚིགས་སུ་བཅད་པའི་སྡེ་དང། ཆེད་དུ་བརྗོད་པའི་སྡེ་དང། དེ་ལྟ་བུ་བྱུང་བའི་སྡེ་དང། ཤིན་ཏུ་རྒྱས་པའི་སྡེ་དང། རྨད་དུ་བྱུང་བའི་ཆོས་ཀྱི་སྡེ་འཁོར་དང་བཅས་པའི་དག་ནི་མདོ ་སྡེའི་སྡེ་སྣོད་དོ། །གླིང་གཞིའི་སྡེ་དང། རྟོགས་པ་བརྗོད་པའི་སྡེ་དང། སྐྱེས་པ་རབས་ཀྱི་སྡེ་འཁོར་དང་བཅས་པ་དེ་དག་ནི་འདུལ་བའི་སྡེ་སྣོད་དོ། །གཏན་ལ་བབ་པར་བསྟན་པའི་སྡེ་ནི་ཆོས་མངོན་པའི་སྡེ་སྣོད་དོ། །དེ་ཅིའི་ཕྱིར་སངས་རྒྱས་བཅོམ ་ལྡན་འདས་སྡེ་སྣོད་རྣམ་པ་གསུམ་རྣམ་པར་འཇོག་ཅེ་ན། ཐེ་ཚོམ་དང་ཉེ་བའི་ཉོན་མོངས་པ་དང་བཅས་པའི་གཉེན་པོ་ཉིད་དུ་བྱ་བའི་ཕྱིར་དང། སེམས་ཉིད་སྐྱེས་པ་བཅད་པའི་ཕྱིར་མདོ་སྡེའི་སྡེ་སྡོང་རྣམ་པར་འཇོག་གོ་།མཛའ་གཉིས་སུ? ་སྦྱོར་བའི་ཉེ་བའི་ཉོན་མོངས་པ་གཉེན་པོ་ཉིད་དུ་བྱ་བའི་ཕྱིར་འདུལ་བའི་སྡེ་སྣོད་རྣམ་པར་འཇོག་གོ་།རང་གི་ལྟ་བ་མཆོག་ཏུ་འཛིན་པའི་ཏེ་བའི་ཉོན་མོངས་པའི་གཉེན་པོ་ཉིད་དུ་བྱ་བའི་ཕྱིར་ཆོས་མངོན་པའི་སྡེ་སྣོད་རྣམ་པར་འཇོག་གོ ་རྣམ་པ་གཅིག་ཏུ་བསླབ་པ་གསུམ་བརྗོད་པ་ཉིད་ཀྱི་ཕྱིར་མདོ་སྡེའི་སྡེ་སྣོད་རྣམ་པར་འཇོག་གོ་།ལྷག་པའི་ཚུལ་ཁྲིམས་དང། ལྷག་པའི་སེམས་ཀྱི་བསླབ་པ་མངོན་པར་བསྒྲུབ་པ་ཉིད་ཀྱི་ཕྱིར་འདུལ་བའི་སྡེ་སྣོད་རྣམ་པར་འཇོག་གོ་།ལྷག ་པའི་ཤེས་རབ་ཀྱི་བསླབ་པ་མངོན་པར་བསྒྲུབ་པ་ཉིད་ཀྱི་ཕྱིར་ཆོས་མངོན་པའི་སྡེ་སྣོད་རྣམ་པར་འཇོག་གོ་།རྣམ་པ་གཅིག་ཏུ་ན་ཆོས་བརྗོད་པ་ཉིད་ཀྱི་ཕྱིར་མདོ་སྡེའི་སྡེ་སྣོད་རྣམ་པར་འཇོག་གོ་།ཆོས་ཀྱི་དོན་མངོན་སུམ་དུ་བྱ་བའི་བཞིའི ་གནས་སུ་བྱ་བ་ཉིད་ཀྱི་ཕྱིར་འདུལ་བའི་སྡེ་སྣོད་རྣམ་པར་འཇོག་གོ་།འབེལ་བའི་གཏམ་རྣམ་པར་ངེས་པས་ཆོས་ཀྱི་ལོངས་སྤྱོད་ལ་རེག་པར་གནས་པ་ཉིད་ཀྱི་ཕྱིར་ཆོས་མངོན་པའི་སྡེ་སྣོད་རྣམ་པར་འཇོག་གོ་།གང་དག་དགེ་འདུན་ཞེས་བྱ་བ་ནི་ཡན་ལག ་བཅུ་དང། བརྒྱད་ཀྱི་བྱེ་བྲག་དང། སློབ་པ་དང་མི་སློབ་པའི་བྱེ་བྲག་དང། ལམ་དང་འབྲས་བུའི་བྱེ་བྲག་རྣམ་པ་བརྒྱད་ཀྱིས་དགེ་འདུན་རྣམ་པ་གཉིས་སོ། །སྐྱབས་སོང་ནས་ཞེས་བྱ་བ་ནི་རྒྱུ་བཞི་དག་གིས་སྐྱབས་སུ་འགྲོ་བར་རག་པར་བྱ་སྟེ། ཡོན ་ཏན་ཤེས་པ་ཉིད་དང། ཁྱད་པར་ཤེས་པ་ཉིད་དང། ཁས་བླངས་པ་དང། སྟོན་པ་གཞན་མི་བསྟེན་པའོ། །སྐྱབས་སུ་སོང་བ་དེ་རྣམས་ཀྱི་རྣམ་པར་གཞག་པ་ནི་གོང་མ་གོང་མའི་རྒྱུ་ཉིད་དུ་གྱུར་པའི་ཕྱིར་ཏེ། རྐྱེན་གཞན་གཟུང་བ་ལས་ཡོན ་ཏན་ཤེས་པ་ཉིད་ནི་ཁྱད་པར་ཅན་དུ་ཤེས་པ་ཉིད་ཀྱི་རྒྱུ་ཡིན་ནོ། །གཉིས་སྔོན་དུ་སོང་བ་ནི་ཁས་ལེན་པའོ། །དེ་སྔོན་དུ་སོང་བ་ནི་སྟོན་པ་གཞན་སྟོན་པར་མི་འགྱུར་བ་ཡིན་ཏེ། གང་གི་ཕྱིར་སྙིང་ནས་དམ་པའི་ཆོས་རྟོགས་ནས་སངས་རྒྱས་ལ་སྐྱབས་སུ ་འགྲོ་བ་དེ་ཉིད་ཀྱི་ཕྱིར་ཏེ། སྐྱབས་ཀྱི་དོན་ནི་སྐྱོབ་པའི་དོན་ཏོ། རྣམ་པ་གཅིག་ཏུ་ན་ཡོན་ཏན་ཤེས་པ་ཉིད་ནི་ཐེག་པའི་འབྲས་བུའོ། །ཁྱད་པར་ཤེས་པ་ཉིད་ནི་བསམས་པའི་འབྲས་བུའོ། །གཉི་གའི་འབྲས་བུ་ནི་ཁས་ལེན་པའོ། །དེའི་འབྲས་བུ ་ནི་འཕགས་པ་དགྱེས་པའི་ཚུལ་ཁྲིམས་ཐོས་པ་དང། དད་པ་མི་ཕྱེད་པའོ། །རྣམ་པ་གཅིག་ཏུ་ནི་གསུམ་ནི་ཚོགས་ཀྱི་ལམ་མོ། །བཞི་པ་ནི་མཐོང་བའི་ལམ་མོ། གང་དག་ཉིན་དང་མཚན་རྣམས་སུ། །རྟག་ཏུ་སངས་རྒྱས་དྲན་བྱེད་པ་ཞེས་བྱ་བ་ལ ་ཇི་ལྟར་ན་ཉིན་པར་དང། ཇི་ལྟར་མཚན་མོ་རྟག་ཏུ་སངས་རྒྱས་དྲན་པར་བྱེད་པར་འགྱུར་ཞེ་ན། རྒྱུ་བཞིས་བྱེད་དེ། དགེ་བའི་ཕྱོགས་ལ་མངོན་པར་བརྩོན་པ་དང། མཆོད་པ་བྱེད་པ་དང། རྣམ་པ་རྗེས་སུ་དྲན་པ་དང། ཕན་འདོགས་པར་རྗེས་སུ་དྲན་པའི ་ཅི་ལྟར་ཉིན་པར་གཉིད་མ་ལོག་པར་སངས་རྒྱས་རྗེས་སུ་དྲན་ན་དེ་གོམས་པས་གཉིད་ལོག་པ་ནས་ཀྱི་རྨི་ལམ་དུ་ཡང་དེ་བཞིན་མཐོང་ངོ། །དེ་ལྟར་སངས་རྒྱས་ལ་སོགས་པ་རྗེས་སུ་དྲན་པ་བསྒོམས་པ ་རྣམས་ཀྱི་ཕན་ཡོན་བདུན་དུ་རིག་པར་བྱ་སྟེ། ཚེ་རབས་དྲན་པ་དང། དད་པ་མང་བ་དང། ཆོས་དམན་པ་རྣམས་ལ་སེམས་མི་འཇུག་པ་དང། གཞན་དག་ལ་འཚེ་བའི་རང་བཞིན་ཅན་མ་ཡིན་པ་དང། གཞན་དག་གིས་དེ་ལ་མི་འཚེ་བ ་དང། ཡིད་ལ་བཅགས་པ་མེད་པས་འཆི་བའི་དུས་བྱེད་པ་དང། ལུས་དང་བྲལ་ནས་ཀྱང་བདེ་འགྲོ་མཐོ་རིས་ལྷའི་འཇིག་རྟེན་རྣམས་སུ་སྐྱེ་བར་འགྱུར་རོ། །ཚིགས་སུ་བཅད་པའི་དོན་བསྡུས་པ་ལས་གཉིས་པའི་དོན་བསྡུས་པའོ།། །། ་བསོད་ནམས་བྱས་ཤིང་སྡིག་པ་མ་བྱས་ལ། །མཁས་པ་རྣམས་ཀྱི་སྔོན་གི་ཆོས་སྤྱོད་པ། །དེ་ནི་བདག་སྟེ་ནམས་ཀྱང་འཆིས་མི་འཇིགས། །བསྟན་པའི་གྲུ་ཡིས་ཕ་རོལ་འགྲོ་བ་བཞིན། ཞེས་ཚིགས་སུ་བཅད་པའོ། །བཅོམ་ལྡན་འདས ་ཀྱིས་འདི་ཅིའི་ཕྱིར་གསུངས་ཤེ་ན་འཆི་བའི་འཇིགས་པས་གཉེན་པའི་སེམས་ཅན་རྣམས་ཀྱི་འཇིགས་པའི་རྒྱུ་དེ་མེད་པར་བསྟན་པའི་ཕྱིར་རོ། །རྣམ་པ་གཅིག་ཏུ་ན་ཤིན་ཏུ་ཡོངས་སུ་དག་པའི་མངོན་པར་མཐོ་བ་དང། ངེས་པར ་ལེགས་པའི་རྒྱུ་རབ་ཏུ་བསྟན་པའི་ཕྱིར་རོ། །བསོད་ནམས་བྱས་ཤིང་སྡིག་པ་མ་བྱས་ལ། ཞེས་བྱ་བ་ནི་ཡོངས་སུ་དག་པའི་མངོན་པར་མཐོ་བའི་རྒྱུ་ཡང་དག་པར་བསྟན་པ་སྟེ། འདི་ལྟར་སྡིག་པ་དང་བྲལ་བའི་བསོད་ནམས་ནི ་རྣམ་པར་དག་པའི་མངོན་པར་མཐོ་བའི་རྒྱུ་ཡིན་ཏེ། ཉེས་པར་སྤྱོད་པའི་ས་ཐམས་ཅད་ལས་འདས་པའི་ཕྱིར་རོ། །ལྷག་མས་ནི་འཇིག་རྟེན་ལས་འདས་པའི་ལམ་ཁོ་ན་མ་ཐོབ་མེད་པ་ངེས་པར་ལེགས་པའི་རྒྱུ་ཡིན་ཏེ། དྲི་མ་དང ་བྲལ་བའི་ཕྱིར་རོ། །གཞན་ཡང་ཚིགས་སུ་བཅད་པ་འདིས་དབུལ་བ་དང། ངན་འགྲོ་དང་འཁོར་བའི་འཇིགས་པས་ཉེན་པ་རྣམས་འཆི་བ་ལས་འཇིགས་པར་གྱུར་པ་ན་འཇིགས་པ་དེ་ལས་ཡང་དག་པར་འདས་པར་བདག་ཉིད་དཔང་དུ་སྟོན་ཏེ། བསོད ་ནམས་བྱས་ཤིང་ཞེས་བྱ་བ་ནི་དབུལ་བའི་འཇིགས་པ་ལས་ཡང་དག་པར་འདས་པ་སྟོན་ཏེ། སྦྱིན་པའི་འབྲས་བུ་ལོངས་སྤྱོད་ཆེ་བའི་ཕྱིར་རོ། །སྡིག་པ་མ་བྱས་ལ་ཞེས་བྱ་བ་ནི་ངན་འགྲོའི་འཇིགས་པ་ལས་ཡང་དག་པར་འདས་པ་སྟོན་ཏེ། ཚུལ ་ཁྲིམས་ནི་འབྲས་བུ་བདེ་འགྲོའི་རྒྱུར་གྱུར་པའི་ཕྱིར་ཏེ། སྡིག་པ་མི་བྱ་བ་དང་བྲལ་བ་དང་ཚུལ་ཁྲིམས་ཞེས་བྱ་བ་ནི་རྣམ་གྲངས་སོ། །མཁས་པ་རྣམས་སྔོན་གྱི་ཆོས་སྤྱོད་པ་ཞེས་བྱ་བ་ནི་མི་མཐུན་པའི་ཕྱོགས་ཤིན་ཏུ་ཐུལ་ཅིང་གཉེན་པོ་རྙེད ་པ་ཁ་ན་མ་ཐོ་བ་མེད་པར་སྟོན་ཏེ། དེ་ཡང་འཕགས་པའི་ལམ་ཡན་ལག་བརྒྱད་པ་ཡིན་ནོ། །སྔོན་གྱི་ནི་སྔོན་གྱི་སངས་རྒྱས་རྣམས་ཀྱིས་བགྲོད་པ་ཞེས་བྱ་བའི་ཐ་ཚིག་སྟེ། ཇི་སྐད་དུ། ངས་སྔོན་གྱི་ལམ་རྟོགས་སོ་ཞེས་གསུངས་པ་ལྟ་བུའོ།། ་ལྷག་སྤྱོད་ལ་སོགས་གཞན་མུ་སྟེགས་པ་རྣམས་ཀྱིས་དེ་མངོན་པར་རྫོགས་པར་སངས་རྒྱས་པའི་ཕྱིར་ཐུན་མོང་མ་ཡིན་པ་ཉིད་དུ་སྟོན་ཏོ། །ཡང་རྒྱུ་གསུམ་གྱིས་འཆི་བ་ལ་འཇིགས་པར་འགྱུར་ཏེ། བསོད་ནམས་དང་བྲལ་བས་སྔོན་གྱི་དགེ་བ ་བྱས་པའི་རྒྱུན་མི་རྙེད་པའི་ཕྱིར་དང། སྡིག་པ་མང་པོས་བསོད་ནམས་བྱས་པ་ཟིལ་གྱིས་གནོན་པའི་ཕྱིར་དང། ལྟ་བ་ངན་པ་ལ་མངོན་པར་ཞེན་པས་བསམ་པ་མངོན་དུ་གྱུར་པའི་ཕྱིར་ཏེ། ཚིགས་སུ་བཅད་པ་འདིས་གསུམ་པོ་དེ་དག ་མེད་དོ་ཞེས་རབ་ཏུ་བསྟན་ཏོ། །ཚིགས་སུ་བཅད་པའི་དོན་བསྡུས་པ་ལས་གསུམ་པའི་དོན་བསྡུས་པའོ།། །།འཇིག་རྟེན་ཐམས་ཅད་རབ་ཏུ་འགུལ། །འཇིག་རྟེན་ཐམས་ཅད་རབ་ཏུ་གཡོས། །འཇིག ་རྟེན་ཐམས་ཅད་རབ་ཏུ་བསྲེགས། །འཇིག་རྟེན་ཐམས་ཅད་དུད་པས་བདུགས། །འགུལ་བ་མེད་ཅིང་གཡོ་མེད་ལ། །སོ་སོའི་སྐྱེ་བོས་མ་བསྟེན་ཅིང། །གང་ན་བདུད་ཀྱི་རྟེན་མེད་པ། །དེར་ནི་བདག་ཉིད་མངོན ་པར་དགའ་། ཞེས་ཚིགས་སུ་བཅད་པ་གཉིས་སོ། །བཅོམ་ལྡན་འདས་ཀྱིས་ཅིའི་ཕྱིར་གསུངས་ཤེ་ན། འཁོར་བ་དང་མྱ་ངན་ལས་འདས་པ་དག་གི་ཡོན་ཏན་ཡང་དག་པར་བསྟན་པའི་ཕྱིར་རོ། །རྣམ་པ་གཅིག་ཏུ་ན་ཉོན་མོངས་པ་དང། ་གནོད་པ་དང། ནད་མགོ་པ་ཐམས་ཅད་སྤངས་པ་མྱ་ངན་ལས་འདས་པ་ལ་དེ་དོན་དུ་གཉེར་བ་རྣམས་རྟག་ཏུ་བྱེད་པ་དང། གུས་པར་བྱེད་པའི་སྤྱོད་པ་ལ་ཡང་དག་པར་སྐྱོང་བའི་ཕྱིར་དང། དོན་མི་གཉེར་བ་རྣམས་འདོད་པ་སྐྱེད་པའི་ཕྱིར་ཏེ། འཇིག་རྟེན་ཐམས་ཅད ་ཅེས་བྱ་བ་ནི་སྣོད་ཀྱི་འཇིག་རྟེན་དང། སེམས་ཅན་གྱི་འཇིག་རྟེན་ནོ། །དེ་ལ་སྣོད་ཀྱི་འཇིག་རྟེན་ནི་རླུང་གི་དཀྱིལ་འཁོར་ལ་སོགས་པ་འོག་མིན་གྱི་གནས་ལ་ཐུག་པ་འདི་ལྟ་སྟེ། རླུང་གི་དཀྱིལ་འཁོར་ལ་ཆུའི་དཀྱིལ་འཁོར་བརྟེན་ནོ།། ་ཆུའི་དཀྱིལ་འཁོར་ལ་སའི་དཀྱིལ་འཁོར་རོ། །དེ་ལ་རི་རབ་དང། གསེར་གྱི་རི་བདུན་པོ་གཉའ་ཤིང་འཛིན་དང། གཤོལ་མདའའཛིན་དང། སེང་ལྡེང་ཅན་དང། བལྟ་ན་སྡུག་དང། རྟ་རྣ་དང། རྣམ་པར་འདུད་དང། རི་མུ་ཁྱད་འཛིན ་དང། གླིང་བཞི་དང། བར་གྱི་གླིང་བརྒྱད་དང། ནང་གི་རྒྱ་མཚོ་དང། རི་རབ་ཀྱི་བང་རིམ་བཞི་དང། རྒྱལ་ཆེན་བཞིའི་གནས་དང། སུམ་ཅུ་རྩ་གསུམ་དང། ནམ་མཁའ་ལ་གཞལ་མེད་ཁང་གི་ནང་ན་གནས་ལ། འཐབ་བྲལ་དང། དགའ་ལྡན་དང ་འཕྲུལ་དགའ་དང། གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་དང། གཟུགས་ན་སྤྱོད་པའི་ལྷ་རྣམས་དང། ལྷ་མ་ཡིན་གྱི་གནས་གཞན་དང། སེམས་ཅན་དམྱལ་བ་རྣམས་ཀྱི་འོག་གི་གནས་གཞན་ཆེ་བའི་སེམས་ཅན་དམྱལ་བ་བརྒྱ ་དང། གྲང་བའི་སེམས་ཅན་དམྱལ་བ་བརྒྱད་དང། ཉི་ཚེ་བའི་སེམས་ཅན་དམྱལ་བ་རྣམས་ཀྱི་གནས་གཞན་དང། དེ་དག་གི་ཕྱོགས་གཅིག་ན་དུད་འགྲོ་དང། ཡི་དགས་རྣམས་ཀྱི་གནས་གཞན་རྣམས་སོ། །སེམས་ཅན་གྱི་འཇིག་རྟེན་ནི་ལས་ཀྱི་དབང ་གི་ཅི་རིགས་པར་དེ་ན་གནས་པའི་སེམས་ཅན་རྣམས་དང། གཟུགས་མེད་པ་ན་སྤྱོད་པ་རྣམས་ཏེ། འདི་ལྟ་སྟེ། སེམས་ཅན་དམྱལ་བ་དང། དུད་འགྲོ་དང། ཡི་དགས་དང། མི་དང། ལྷ་དང། རྒྱལ་ཆེན་བཞི་དང། སུམ་ཅུ་རྩ་གསུམ་དང། ་འཐབ་བྲལ་དང། དགའ་ལྡན་དང། འཕྲུལ་དགའ་དང། གཞན་འཕྲུལ་དབང་བྱེད་དང། ཚངས་རིས་དང། ཚངས་པའི་མདུན་ན་འདོན་པ་དང། ཚངས་པ་ཆེན་པོ་དང། འོད་ཆུང་དང། ཚད་མེད་འོད་དང། འོད་གསལ་དང། དགེ་ཆུང་དང་། ་ཚད་མེད་དགེ་དང། དགེ་རྒྱས་དང། སྤྲིན་མེད་དང། བསོད་ནམས་སྐྱེས་པ་དང། འདུ་ཤེས་མེད་པའི་སེམས་ཅན་དང། མི་ཆེ་བ་དང། མི་གདུང་བ་དང། ཤིན་ཏུ་མཐོང་བ་དང། གྱ་ནོམ་སྣང་བ་དང། འོག་མིན་དང། ནམ་མཁའ་མཛའ་ཡས ་སྐྱེ་མཆེད་དུ་ཉེ་བར་འགྲོ་བ་དང། རྣམ་ཤེས་མཛའ་ཡས་སྐྱེ་མཆེད་དུ་ཉེ་བར་འགྲེ་བ་དང། ཅི་ཡང་མེད་པའི་སྐྱེ་མཆེད་དུ་ཉེ་བར་འགྲོ་བ་དང། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་དུ་ཉེ་བར་འགྲོ་བ་རྣམས་སོ། །ཇི་སྙེད་དུ་ཉི་མ་ཡོངས་སུ ་རྒྱུ་ཞིང་འོད་ཀྱི་ཕྱོགས་རྣམས་སྣང་བར་བྱེད་དེ་སྙེད་ཀྱི་སྟོང་གི་འཇིག་རྟེན་ན་ཟླ་བ་སྟེང་དང། ཉི་མ་སྟོང་ནས་ཚངས་པའི་འཇིག་རྟེན་སྟོང་གི་བར་འདི་ནི་སྟོང་སྤྱི་ཕུད་ཀྱི་འཇིག་རྟེན་གྱི་ཁམས་ཞེས་བྱའོ། །སྟོང་སྤྱི་ཕུད་ཀྱི་འཇིག་རྟེན་གྱི་ཁམས ་སྟོང་གང་ཡིན་པ་འདི་ནི་སྟོང་པ་གཉིས་པ་བར་མའི་འཇིག་རྟེན་གྱི་ཁམས་ཤེས་བྱའོ། །སྟོང་གཉིས་པ་བར་མའི་འཇིག་རྟེན་གྱི་ཁམས་སྟོང་གང་ཡིན་པ་འདི་ནི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཞེས་བྱའོ། །དེ་ནི ་མཉམ་དུ་འཇིག་ཅིང་ཆགས་ཏེ། འདི་ལྟ་སྟེ། བར་སྣང་ལས་ཆར་གྱི་རྒྱུན་གཤོལ་མདའ་ཙམ་བབ་པའི་ཆུའི་རྒྱུན་བབ་པ་རྣམས་ལ་བར་མཚམས་སམ་བར་ཆད་མེད་པ་དེ་བཞིན་དུ་ཤར་ཕྱོགས་སུ་འཇིག་རྟེན་གྱི ་ཁམས་འཇིག་པ་རྣམས་དང། ཆགས་པ་རྣམས་ལ་བར་མཚམས་དང་བར་ཆད་མེད་དེ། གཞན་དག་ནི་འཇིག་།གཞན་དག་ནི་ཞིག་ནས་འདུག་།གཞན་དག་ན་འཆགས། གཞན་དག་ན་ཆགས་ནས་འདུག་གོ་།ཤར་ཕྱོགས་ཇི་ལྟ ་བར་ཕྱོགས་ཐམས་ཅད་དུ་ཡང་དེ་དང་འདྲའོ། །འཇིག་པ་ནི་གསུམ་སྟེ། མེ་དང། ཆུ་དང། རླུང་གིས་སོ། །འཇིག་པ་གསུམ་གྱིས་མགོ་ནི་བསམ་གཏན་གཉིས་པ་དང། །བསམ་གཏན་གསུམ་པ་དང། བཞི་པའོ། །བར་གྱི་བསྐལ ་པ་ཉི་ཤུར་ནི་འཇིག་རྟེན་འཇིག་གོ་།བར་གྱི་བསྐལ་བ་ཉི་ཤུར་ཞིག་ནས་འདུག་གོ་།བར་གྱི་བསྐལ་པ་ཉི་ཤུར་འཇིག་རྟེན་འཆགས་སོ། །བར་གྱི་བསྐལ་པ་ཉི་ཤུར་ཆགས་ནས་འདུག་གོ་།དེ་དག་ནི་བར་གྱི་བསྐལ་པ་བརྒྱད་ཅུར ་འགྱུར་ཏེ། དེ་ནི་བསྐལ་པ་ཆེན་པོ་ཡིན་ནོ། །བསྐལ་པ་བགྲང་བའི་ཚུལ་དེ་ནི་གཟུགས་ན་སྤྱོད་པ་དང། གཟུགས་མེད་པ་ན་སྤྱོད་པའི་ལྷ་རྣམས་ཀྱིས་ཚེའི་ཚང་ཡིན་ཏེ། བར་གྱི་བསྐལ་པ་དཔག་མེད་ནས། །ཚེ་ལོ་བཅུ་ཡིས་བར་དུའོ། །འཇིག ་པའི་བསྐལ་པ་དམྱལ་བ་པའི། །སྲིད་པ་མེད་ནས་སྣང་ཟད་པ། །ཆགས་བསྐལ་དང་བར་རླུང་ནས་ནི། །དམྱལ་བ་སྲིད་པའི་བར་དུའོ། །འཇིག་རྟེན་ཐམས་ཅད་ནི་མི་རྟག་པ་གཉིས་དང་འབྲེལ་བ་ཡིན་ཏེ། འཇིག་པའི་མི་རྟག་པ་ཉིད་དང། ་སྐད་ཅིག་མའི་འཇིག་པའི་མི་རྟག་པ་ཉིད་ཀྱིས་སོ། །དེ་ལ་ཐམས་ཅད་རབ་ཏུ་འགུལ་བ་ན། འཇིག་པའི་མི་རྟག་པའི་ཉིད་ཀྱིས་ཏེ། འདི་ལྟར་དེ་ནི་སྲིད་པའི་རྩེ་མོའི་ཕར་དུ་འབྲེལ་ཏེ། །འགུལ་བ་ཞེས་བྱ་བ་ནི་རང་གི་གནས་ལས ་ཉམས་པར་བྱེད་པའོ། །རབ་ཏུ་གཡོས་པ་ནི་སྐད་ཅིག་མའི་འཇིགས་པ་མི་རྟག་པ་ཉིད་ཀྱིས་ཏེ། རྒྱུན་མི་འཆད་པར་འཇུག་པས་འབྲས་བུ་མི་འདྲ་བ་སྐྱེད་པའི་ཕྱིར་རོ། །རབ་ཏུ་གཡོས་དང་འདྲ་བས་རབ་ཏུ་གཡོས་ཏེ། རབ་ཏུ་གཡོས་པ་ཞེས ་བྱ་བ་ནི་འབྲས་བུ་མི་འདྲ་བ་སྐྱེད་པ་ཡིན་ནོ། །འཇིག་རྟེན་ཐམས་ཅད་རབ་ཏུ་བསྲེགས་ཞེས་བྱ་བ་ནི་རབ་ཏུ་བསྲེགས་པ་དང་འདྲ་བས་རབ་ཏུ་བསྲེགས་པ་སྟེ། སེམས་ཅན་གྱི་འཇིག་རྟེན་གྱི་དབང་དུ་མཛད་ནས་ཉོན་མོངས་པ་ཀུན་ཏུ་སྤྱོད་པའི་གནས ་སྐབས་རྣམས་ཀྱིས་གསུངས་སོ། །དུ་བས་བདུག་པ་ནི་བག་ཆགས་ཀྱི་གནས་སྐབས་རྣམས་ཀྱིས་སོ། །དུ་བས་འདུག་པ་དང་འདྲ་བས་དུ་བས་བདུག་པ་ཡིན་ཏེ། དེ་དག་ཀྱང་རྐྱེན་དང་ཕྲད་ན་དུ་བ་ལ་མེ་འབྱུང་བ་བཞིན་དུ་འབྱུང་ངོ། །རྣམ་པ་གཅིག་ཏུ ་ན་དེ་འབྱུང་བ་ནི་གཉི་ག་ལ་རག་ལས་པ་ཡིན་པས་གཉིས་ཀའི་དབང་དུ་བྱས་ནས་གསུངས་ཏེ། རྒྱུ་ལ་འབྲས་བུ་བཏགས་པའི་ཕྱིར་རོ། །ཚིགས་སུ་བཅད་པ་གཉིས་པ་ནི་མྱ་ངན་ལས་འདས་པའི་དབང་དུ་མཛད་ནས་གསུངས་པ་ཡིན་ཏེ། འགུལ ་བ་མེད་ལ་ཞེས་བྱ་བ་ནི་ཐམས་ཅད་དུ་མི་རྟག་པ་ཉིད་དང་བྲལ་བ་ཡིན་ནོ། །སོ་སོའི་སྐྱེ་བོས་མ་བསྟེན་ཅིང། །ཞེས་བྱ་བ་ནི་དེའི་ཐབས་འཕགས་པ་རྣམས་ཀྱི་ཀུན་ཏུ་སྤྱོད་པའི་ཕྱིར་རོ། །གང་ན་བདུད་ཀྱི་རྟེན་མེད་པ། ཞེས་བྱ་བ་ནི་གནས་དང། བྱེད ་པ་དང། ངོ་བོ་དང། བར་དུ་གཅོད་པའི་བདུད་རྣམས་ཏེ། དེར་ཀུན་ཏུ་མི་སྤྱོད་པའི་ཕྱིར་རོ། །དེ་ལ་གནས་ཀྱི་བདུད་ནི་ཕུང་པོའི་བདུད་དེ། འདི་ལྟར་དེ་རྣམས་སུ་འཆི་བའི་ཕྱིར་རོ། །བྱེད་པའི་བདུད་ནི་ཉོན་མོངས་པའི་བདུད་དེ། འདི་ལྟར་དེ ་རྣམས་ཀྱིས་འཆིད་པའི་ཕྱིར་རོ། །ངོ་བོ་ཉིད་ཀྱི་བདུད་ནི་འཆི་བདག་གི་བདུད་ཉིད་དོ། །བར་དུ་གཅོད་པའི་བདུད་ནི་ལྷའི་བདུད་དེ། བདུད་རྣམ་པ་གསུམ་སྤང་བའི་ཕྱིར་རབ་ཏུ་བརྩོན་པ་རྣམས་ཀྱི་བར་དུ་གཅོད་པར་བྱེད་པའི་ཕྱིར་རོ། །སོ་སོའི ་སྐྱེ་བོས་མ་བསྟེན་ཅིང། ཞེས་གསུངས་པ་ལ། གང་ན་བདུད་ཀྱི་རྟེན་མེད་པ། ཞེས་སྨོས་པ་ལ་རྒྱུན་ཏུ་ཞུགས་པ་ལ་སོགས་པ་ལ་ཀུན་ཏུ་སྦྱོར་བ་ལྷག་མ་དང་བཅས་པ་ཉིད་ཡིན་ན་དུ་བ་ཆུང་ངུ་ཡོད་པའི་ཕྱིར ་བདུད་ཀྱི་གླགས་ཡོད་དོ་ཞེ་ན། དེར་ནི་བདག་ཡིད་མངོན་པར་དགའ་། ཞེས་བྱ་བས་སྐྱོན་དེ་དག་དང་བྲལ་མྱ་ངན་ལས་འདས་པ་སྟོན་ཏོ། །ཚིགས་སུ་བཅད་པ་བསྡུས་པ་ལས་བཞི་པའི་དོན་བསྡུས་པའོ།། །།གང ་དག་རྒྱལ་བ་རྣམ་འདྲེན་ལ། །བྱེད་པ་ཆུང་ངཱུང་བྱེད་འགྱུར་བ། །དེ་དག་མཐོ་རིས་སྣ་ཚོགས་པ། །བགྲོད་ན་འཆི་མེད་གནས་ཐོབ་པ། །ཞེས་ཚིགས་སུ་བཅད་པའོ། །བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་འདི་ཅིའི་ཕྱིར ་གསུངས་ཤེ་ན། ཚེགས་ཆུང་ངུས་བསོད་ནམས་ཆེན་པོ་སྐྱེད་པར་བྱེད་དོ། །ཞེས་ཡང་དག་པར་བསྟན་པའི་ཕྱིར་རོ། །རྣམ་པ་གཅིག་ཏུ་ན་དབུལ་པོ་དང་བག་མེད་པ་དང། སེར་སྣ་ལ་མངོན་པར་དགའ་བའི་སེམས་ཅན་རྣམས་ཀྱི་རྒྱུད ་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་གསུངས་པར་མངོན་ནོ། །གང་དག་རྒྱལ་བ་རྣམ་འདྲེན་ལ། །བྱེད་པ་ཆུང་ངུ་བྱེད་འགྱུར་བ། ཞེས་བྱ་བ་ནི། གང་དག་དད་པ་ཙམ་གྱིས་ཀྱང། །གཅིག་ཏུ་མངོན་པར་དད་པར་བྱེད། །ཅེས་བྱ་བའི་དོན་ཏོ།། ་ཉོན་མོངས་པ་ཐམས་ཅད་ལས་རྒྱལ་བ་ཉིད་ཀྱིས་སྐྱོན་མེད་པའི་ཕྱིར་རྒྱལ་བའོ། །གཞན་དག་ནི་ཉོན་མོངས་པ་དང་འགྱོད་པ་སེལ་བས་རྣམ་འདྲེན་ནོ། །དེ་དག་མཐོ་རིས་སྣ་ཚོགས་པ་བགྲོང་ནས་ཞེས་བྱ་བ་ནི་རིམ་གྱིས་ལྷའི་རིས་དྲུག ་ཏུ་སྐྱེས་པར་མངོན་པར་མཐོབ་པ་རྒྱུ་ཉིད་དུ་སྟོན་ཏོ། །འཆི་མེད་གནས་འཐོབ་བོ་ཞེས་བྱ་བ་ནི་མཐར་མྱ་ངན་ལས་འདས་པ་འཐོབ་པའི་ཚོགས་སོགས་པས་ངེས་པར་ལེགས་པ་ཉིད་དུ་སྟོན་ཏོ། །མྱ་ངན་ལས་འདས་པ་ནི་འཆི་བ་མེད ་པའི་གནས་ཏེ། དེ་ན་བདུད་ཐམས་ཅད་མེད་པས་སླར་ལྡོག་པ་མེད་པའི་ཕྱིར་ངོས་སོ་བཅོམ་ལྡན་འདས་ནི་ཚོགས་ཆུང་ངུས་བསོད་ནམས་ཆེན་པོ་སྐྱེ་བའི་སྐྱེ་མཆེད་ཡིན་ནོ་ཞེས་བྱ་བ་འདི་ཅི་རྒྱལ་པོའི་བཀའ་ལར་ཤེས་པར་བྱ་ཞིག་གམ། ། ་འོན་ཏེ་ཁུངས་ཡོད་ཅེ་ན་ཁུངས་ཡོད་དེ། ག་ལས་ཤེ་ན། རྒྱུ་དང་འབྲས་བུ་དང་ཕན་འདོགས་པའི་ཡོན་ཏན་ཕུན་སུམ་ཚོགས་པ་དང་ལྡན་པའི་ཕྱིར་བཅོམ་ལྡན་འདས་ནི་བསོད་ནམས་ཆེ་བའི་སྐྱེ་བའི་སྐྱེ་མཆེ་ཡིན་ནོ་ཞེས་ཁོང་དུ་ཆུད་པར་གྱིས ་ཤིག་།ཕུན་སུམ་ཚོགས་པ་ནས་ཕན་འདོགས་པ་ཕུན་སུམ་ཚོགས་པའི་བར་གང་ཡིན་པ་བརྗོད་གོས་པས་རྒྱུ་ཕུན་སུམ་ཚོགས་པ་ནི་རྣམ་པ་བཞི་སྟེ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཐམས་ཅད་ལས་གོམས་པ་དང། ཡུན་རིང་པོར་གོམས ་པ་དང། རྟག་ཏུ་གོམས་པ་དང། གུས་པར་བྱས་ཏེ་གོམས་པའོ། །འབྲས་བུ་ཕུན་སུམ་ཚོགས་པ་ནི་རྣམ་པ་བཞི་སྟེ། མཁྱེན་པ་ཕུན་སུམ་ཚོགས་པ་དང། སྤངས་པ་ཕུན་སུམ་ཚོགས་པ་དང། མཐུ་ཕུན་སུམ་ཚོགས་པ་དང། གཟུགས་ཀྱི ་སྐུ་ཕུན་སུམ་ཚོགས་པའོ། །ཕན་འདོགས་པ་ཕུན་སུམ་ཚོགས་པ་རྣམ་པ་བཞི་སྟེ། ངན་སོང་གསུམ་ལས་སྐྱོབ་པ་ཕུན་སུམ་ཚོགས་པ་དང། བདེ་འགྲོ་ལ་འཇོག་པ་ཕུན་སུམ་ཚོགས་པ་དང་ཐེག་པ་གསུམ་ལ་འཇོག་པ་ཕུན་སུམ་ཚོགས ་པ་དང། འཁོར་བའི་སྡུག་བསྔལ་ལས། །ཏན་དུ་ངེས་པར་ཐར་པ་ལ་འཇོག་པ་ཕུན་སུམ་ཚོགས་པའོ། །མཁྱེན་པ་ཕུན་སུམ་ཚོགས་ཡང་རྣམ་པ་བཞི་སྟེ། །མ་བསྟན་པར་མཁྱེན་པ་དང། ཐམས་ཅད་མཁྱེན་པ་དང། །རྣམ་པ་ཐམས་ཅད ་མཁྱེན་པ་དང། མ་བསྒྲིབས་པར་མཁྱེན་པའོ། །སྤངས་པ་ཕུན་སུམ་ཚོགས་པ་ཡང་རྣམ་པ་བཞི་སྟེ། ཉོན་མོངས་པ་ཐམས་སྤངས་པ་དང། གཏན་དུ་སྤངས་པ་དང། ཉོན་མོངས་པ་བག་ཆགས་དང་བཅས་པ་སྤངས་པ་དང། ཏིང་ངེ་འཛིན་དང ་སྙོམས་པར་ཞུགས་པ་ཐམས་ཅད་ཀྱི་སྒྲིབ་པ་སྤངས་པའོ། །མཐུ་ཕུན་སུམ་ཚོགས་པ་ཡང་རྣམ་པ་བཞི་སྟེ། ཚངས་པའི་ཡུལ་དུ་སྤྲུལ་པ་དང། བསྒྱུར་པ་དང། བྱིན་གྱིས་བརླབས་ལ་དབང་པ་ཕུན་སུམ་ཚོགས་པ་དང ་སྐུ་ཚེ་གཏོང་བ་དང། བྱིན་གྱིས་རློབ་པ་ལ་དབང་བ་ཉིད་ཕུན་སུམ་ཚོགས་པ་དང། ནམ་མཁའ་ཁམས་སྒྲིབ་དང། ཤིན་ཏུ་རིང་བར་མྱུར་དུ་བཞུད་པ་དང། ཆུང་ངུ་ཆེན་པོར་འཇུག་པའི་དབང་ཉིད་ཕུན་སུམ་ཚོགས་པ་དང། ངོ་མཚར་རྨད་དུ་བྱུང་བའི་ཆོས ་གཉུག་མ་སྣ་ཚོགས་པའོ། །གཟུགས་ཀྱི་སྐུ་ཕུན་སུམ་ཚོགས་པ་ཡང་རྣམ་པ་བཞི་སྟེ། མཚན་ཕུན་སུམ་ཚོགས་པ་དང། དཔེ་བྱད་ཕུན་སུམ་ཚོགས་པ་དང། སྟོབས་ཕུན་སུམ་ཚོགས་པ་དང། སྐུ་གདུང་རུས་པ་རྡོ་རྗེ་ལྟར་སྲ་བ་ཕུན་སུམ་ཚོགས ་པའོ། །དེ་ལྟར་དེ་བཞིན་གཤེགས་པ་ནི་མཁྱེན་པ་དང། མཐུ་དང་ཕན་འདོགས་པའི་ཡོན་ཏན་རྨད་དུ་བྱུང་བའི་མཛའ་ཡས་པ་རིན་པོ་ཆེ་ཆེན་པོའི་འབྱུང་གནས་ཡིན་ཏེ། དེ་ནི་བཅོམ་ལྡན་འདས་ཀྱིས་བདག་ཉིད་ཆེན་པོ་མདོར་བསྡུས་པ་ཡིན་ནོ། །ཐ་དད་དུ་དབྱེ་ན ་ལྟ་དུ་མ་ཡོད་མོད་ཀྱི་དེ་ཙམ་གྱི་ཆོག་གོ་།ཚིགས་སུ་བཅད་པའི་དོན་བསྡུས་པ་ལས་ལྔ་པའི་དོན་བསྡུས་པའོ།། །།དགོན་པ་འདིར་ནི་གནས་པ་དང། ཞི་ཞིང་ཚངས་པར་སྤྱོད་པ་དང། །ཟས་གཅིག་ཟ་བར་བྱེད ་རྣམས་ཀྱི། །མདོག་ནི་གང་གིས་གསལ་བར་འགྱུར། །འདས་པ་ལ་ནི་མ་ཆགས་ཤིང། །མ་འོངས་པ་ལ་མངོན་མི་དགའ་། །ད་ལྟར་བྱུང་བ་ལ་ཐོབ་ནས་འདིར། །ཤེས་བཞིན་སོ་སོར་དྲན་ལྡན་པ། །སོ་སོར་བརྟགས་ནས་ཟ་བྱེད་པ། །དེ་ཡིས་མདོག ་ནི་གསལ་བར་འགྱུར་ཞེས་ཚིགས་སུ་བཅད་པ་གཉིས་སོ། །ཚིགས་སུ་བཅད་པ་གཅིག་ནི་ཞུས་པའོ། །ཚིགས་སུ་བཅད་པ་གཉིས་པ་ནི་ལན་བཏབ་པའོ། །ཚིགས་སུ་བཅད་པ་ཞུས་པའི་བརྩམས་པ། དགོན་པ་འདིར་ནི་གནས་པ་དང། ་ཞེས་བརྗོད་ན། ཞི་ཞིང་ཞེས་བྱ་བ་མ་བརྗོད་ཀྱང་གྲུབ་སྟེ། འདི་ལྟར་རབ་ཏུ་ཞི་བའི་གནས་མལ་ན་གནས་པ་རྣམས་ཀྱི་ལུས་དང་ངག་དང་སེམས་རབ་ཏུ་ཞི་བར་ཀུན་ཏུ་སྤྱོད་པར་ངེས་སོ། །ཞི་ཞིང་ཞེས་བརྗོད་ནས་ཚངས་པར་སྤྱོད་པ་ཞེས་མི་བྱ་སྟེ། ཇི་ལྟར ་ན་ཞི་བ་ཚངས་པར་སྤྱོད་པ་མ་ཡིན། ཟས་གཅིག་ཟ་བར་བྱེད་པ་རྣམས་ཀྱི་ཞེས་བྱ་བ་འདི་ཡང་བརྗོད་པར་མི་བྱའོ། །ཡོན་ཏན་དེ་རྣམས་དང་ལྡན་པ་ནི་ཟས་ལ་ཆོད?་རིག་པ་ཡིན་ན་རོ་ལ་སྲེད་པ་དང་དུ་ལེན་པར་ཇི་ལྟར་ནུས་པར་མི་འགྱུར། མདོག་ནི ་གང་གིས་གསལ་བར་འགྱུར། ཞེས་བྱ་བ་ཡང་ཅིའི་ཕྱིར་ཞེ་ན། ཚིགས་སུ་བཅད་པ་འདི་ནི་གསལ་བའི་རྒྱུ་ཉེ་བར་ཉོན་མོངས་པ་ལས་བྱུང་བའི་བདེ་བ་རྣམ་པ་བཞིའི་གཉེན་པོར་རྣམ་པར་གཞག་པར་རིག་པར་བྱ་སྟེ། མདོག་གསལ་བའི་རྒྱུ ་ཉེ་བའི་ཉོན་མོངས་པ་ལས་བྱུང་བ་རྣམ་པ་བཞི་ནི་སྐྱེ་བོ་སྡུག་པ་དང་འགྲོགས་པ་ལས་བྱུང་བ་དང། རྒོད་པ་ལས་བྱུང་བ་དང། ཁྲིག་པ་གཅོད་པ་ལས་བྱུང་བ་དང། ཟས་འདོད་དགུའི་དུས་སུ་ཟ་བའོ། །དགོད?་པ་འདིར་ནི་གནས་པ་དང། ཞེས་བྱ ་བ་ནི་སྐྱེ་བོ་སྡུག་པ་དང། འགྲོགས་པ་ལས་བྱུང་བའི་བདེ་བའི་གཉེན་པའོ། །ཞི་ཞིང་ཞེས་བྱ་བ་ནི་རྒོད་པ་ལས་བྱུང་བའི་བདེ་བའི་གཉེན་པོ་ཡིན་ཏེ། དགོན་པར་གནས་ཀྱང་སྔོན་དགོད་པ་དང། རྩེ་བ་ལ་སོགས་པའི་རྗེས་སུ་དྲན་པ་ལས་རྣམ ་པར་མ་ཞི་བར་འགྱུར་བ་ཡང་ཡོད་ཚངས་པར་སྤྱོད་པ་དང་ཞེས་བྱ་བ་ནི་འཁྲིག་པ་སྤྱོད་པ་ལས་བྱུང་བའི་གཉེན་པོ་ཡིན་ཏེ། དགོན་པར་གནས་ཀྱང་ཚངས་པར་སྤྱོད་པ་མ་ཡིན་པ་ཡོད་དེ། འདི་ལྟར་དེ་དག་ནི་བུ་སྐྱེད་པའི་ཕྱིར་མི་ཚངས་པར་སྤྱོད་པར ་བྱེད་དོ། །ཟས་གཅིག་ཟ་བར་བྱེད་པ་རྣམས་ཀྱིས་ཞེས་བྱ་བ་ནི་ཟས་འདོད་དགུའི་དུས་སུ་ཟ་བ་ལས་བྱུང་བའི་བདེ་བའི་གཉེན་པོ་ཡིན་ཏེ། འདི་ནི་རེ་ཞིག་ཞུས་པའི་ཚིགས་སུ་བཅད་པའོ། །ལན་གྱི་ཚིགས་སུ་བཅད་པ་ནི། འདས་པ་ལ་ནི་མ ་ཆགས་ཤིང། ཞེས་རྒྱ་ཆེར་འབྱུང་བའོ། །ཉེ་བའི་ཉོན་མོངས་པའི་རྣམ་པ་བཤད་པ་ཡོངས་སུ་སྤངས་ཤིང་སྲེད་པ་རྣམ་པ་གསུམ་དང་བྲལ་བ་དག་ནི་མདོག་གསལ་བར་འགྱུར་རོ། །དེ་ལ་སྲེད་པ་རྣམ་པ ་གསུམ་ནི་དུས་ཀྱི་བྱེ་བྲག་གིས་ལྟ་བའི་སྲེད་པ་དང། མངོན་པར་དགའ་བའི་སྲེད་པ་དང། ལྷག་པར་ཞེན་པའི་སྲེད་པ་སྟེ། མཐོང་བ་དང། ཐོས་པ་དང། བྱེ་བྲག་ཕྱེད་པ་དང། རྣམ་པར་ཤེས་པ་ཞིག་པ་རྣམས་ལ་ནི་ལྟ་བའི་སྲེད་པའོ། །མ་འོངས ་པ་རྣམས་བདག་གི་ངོ་བོ་དང། ཡོ་བྱད་སྣ་ཚོགས་པ་ནི་མངོན་པར་དགའ་བའི་སྲེད་པའོ། །ད་ལྟར་བྱུང་བར་ལྟར་གྱི་ཕུང་པོ་དང། ཡོ་བྱད་ཡོངས་སུ་མི་གཏོང་བའི་མཚན་ཉིད་ནི་ལྷག་པར་ཞེན་པའི་སྲེད་པའོ། །རྣམ་པ་གཅིག་ཏུ་ན་སྲེད་པ་རྣམ ་པ་བཞི་དང་བྲལ་བ་དག་མདོག་གསལ་བར་འགྱུར་བ་ནི་བཅོམ་ལྡན་འདས་ཀྱིས་གང་གི་དབང་དུ་མཛད་ནས་མདོ་སྡེ་གཞན་དག་ལས་སྲེད་པ་དང། ཡང་བྱུང་བ་པ་དང། དགའ་བའི་འདོད་ཆགས་དང་ལྡན་པ་དང། དེ་དང་དེ་ལ་མངོན་པར ་དགའ་ཨོ་ཞེས་གསུངས་པ་ཡིན་ཏེ། དེ་ལ་སྲེད་པ་ནི་འདས་པ་ལའོ། །ཡང་བྱུང་བ་བ་ནི་མ་འོངས་པ་ལའོ། །དགའ་བའི་འདོད་ཆགས་དང་ལྡན་པ་ནི་ད་ལྟར་བྱུང་བ་ལ་སྟེ། དགའ་བ་ནི་དགའ་བར་བྱེད་པ། ཉོན་མོངས་པ་ཅན་གྱི་ཡིད་བདེ ་བའི་འདོད་ཆགས་དང་ལྡན་པ་ཞེས་བྱ་བའི་ཐ་ཚིག་གོག་དེ་དང་དེ་ལ་མངོན་པར་དགའ་ཨོ་ཞེས་བྱ་བ་ནི་འདས་པར་དང?། མ་འོངས་པ་དང། ད་ལྟར་བྱུང་བ་རྣམས་ལའོ། །རྣམ་པ་གཅིག་ཏུ་ན་ཚིག་བཞིའི་དོན་ནི་བདག་གི་ངོ་བོ་དང?་ཡོ་བྱད་ཀྱི་དངོས ་པོ་ཐོབ་པ་དང། མ་ཐོབ་པ་ལས་རིགས་པར་བྱ་སྟེ། སྲེད་པ་མི?་སྟེ། ?་ཐོབ་པ་ལའོ། །?་?་བ་ནི་?་?་ལའོ། །དགའ་བའི་འདོད་ཆགས་དང་ལྡན་པ་ནི་ད་ལྟ་བྱུང་བའི་ཡུལ་རྣམས་ལའོ། །དེ་དང་དེ་ལ་མངོན་པར་དགའ་བ་ནི་མ་འོངས ་པའི་ཡུལ་རྣམས་ལའོ། །ཤེས་བཞིན་སོ་སོར་དྲན་ལྡན་པ། ཞེས་བྱ་བ་ནི་ཤེས་རབ་དང་དྲན་པ་དང་ལྡན་པ་རྣམས་ནི་ཡང་དག་པར་རབ་ཏུ་བྱུང་བ་ཞེས་བྱ་བ་སྟེ། ཤེས་བཞིན་ནི་ཉོན་མོངས་པ་ཅན་མ་ཡིན་པའི་ཤེས་རབ་སྟེ། གང་གིས་ལུས་དང། ་ངག་དང། སེམས་ཀྱི་སྤྱོད་པ་ཤེས་བཞིན་དུ་འཇུག་པའོ། །དེ་ལ་དྲན་པ་ནི་འགྲོ་བ་དང་འོང་བ་ལ་སོགས་པ་ལ་གཏོད་པའོ། །དེ་ལྟར་མ་འོངས་པ་ལ་འདོད་པ་དང་ད་ལྟར་བ་ལ་རྟག་པར་ཆགས་པ་དང། འདས་པ་ལ་རྗེས་སུ་དྲན་པའི་ཉོན་མོངས་པ་དང ་བྲལ་བ་རྣམས་ནི། སོ་སོར་བརྟགས་ནས་ཟ་བྱེད་པ་ཡིན་ཏེ། ཇི་ལྟར་དགའ་བོའི་མདོ་ལས། འདི་ན་རིགས་ཀྱི་བུ་དགའ་བོ་ནི་སོ་སོར་རྟགས་ནས་ཟས་ཟ་བར་བྱེད་དེ། རྒོད་པའི་ཕྱིར་མ་ཡིན། རྒྱགས་པའི་ཕྱིར་མ་ཡིན། ཆ་བའི་ཕྱིར་མ་ཡིན། བརྒྱན ་པའི་ཕྱིར་མ་ཡིན་གྱི། ཇི་ཙམ་དུ་ལུས་འདི་གཉིས་གནས་པ་དང། འཚོ་བ་དང། བཀྲེས་པ་མེད་པར་བྱ་བ་དང། ཚངས་པར་སྤྱོད་པ་ལ་ཕན་གདགས་པར་བྱ་བའི་ཕྱིར་ཏེ། འདི་ལྟར་སྔོན་གྱི་ཚོར་བ་ནི་སྤང་བར་བྱ་བ་དང། ཚོར་བ་གསར་བ་ནི་སྐྱེད་པར ་བྱ་ཞིང་བདག་འཚོ་བ་དང། སྟོབས་བདེ་བ་དང། ཁ་ན་མ་ཐོ་བ་མེད་པ་ཉིད་ཀྱི་རེག་པ་ལ་གནས་སོ་ཞེས་འབྱུང་ངོ། །རྒོད་པའི་ཕྱིར་མ་ཡིན་པ་ནི་གཞོན་ནུ་རྣམས་ཇི་ལྟ་བ་བཞིན་དུའོ། །རྒོད་པ་ནི་རྒོད་བག་ཅན་ཏེ། དེ་དག་ནི་མཛེས་པར་བྱ་བའི་བསམ ་པས་ཟ་བར་བྱེད་དོ། །རྒྱགས་པའི་ཕྱིར་ནི་མ་ཡིན་ཞེས་བྱ་བ་ནི་གྱང་དག་ལྟ་བུ་སྟེ། ཇི་ལྟར་དེ་དག་ནི་ལུས་ཀྱི་སྟོབས་ཆེན་དགའ་བའི་བསམ་པས་ཟ་བར་བྱེད་དོ། །ཆ་བའི་ཕྱིར་མ་ཡིན། བརྒྱན་པའི་ཕྱིར་མ་ཡིན་ཞེས་བྱ་བ་ནི་འདོད་པ་ལ་ལོངས ་སྤྱོད་པ་ལྟ་བུར་སྟེ། དེ་དག་ནི་མཛེས་པར་བྱ་བའི་བསམ་པས་ཆ་པའི་ཕྱིར་དང། ད??་པའི་ཕྱིར་ཟ་བར་བྱེད་དེ། དེ་ལ་ཆ་བ་ནི་ཁྲུས་དང། བསྐུ་བ་དང། ཕྱི་བདར་བྱེད་པའོ། །བརྒྱན་པ་ཞེས་བྱ་བ་ནི་གོས་དང་ཕྲེང་བ་ལ་སོགས་པ་རྒྱན་བྱང་བ ་ཡིན་ཏེ། དེ་ལྟ་བུའི་བསམ་པས་ཟས་ཟ་བར་འགོག་པར་མཛད་དོ། མི་མ་དུ་དེའི་ལུས་ཉིད་གནས་པ་དང། འཚོ་བར་བྱ་བའི་ཕྱིར་ཞེས་བྱ་བ་ནི་སྲོག་གི་རྒྱུན་ཁོ་ནའི་ཕྱིར་དང། སྟོབས་ཀྱི་རྒྱུན་ཁོ་ནའི་ཕྱིར་ཏེ། ་སྲོག་ནི་ཚེ་གནས་པའོ། །སྟོབས་ནི་འཚོ་བའོ། །དེའི་ཕྱིར་ཞེས་བྱ་བ་ནི་ཤིང་རྟའི་ལྟེ་བའི་མིག་བསྐུ་བ་ལྟ་བུར་རོ། །བཀྲེས་པ་མེད་པ་ཞེས་བྱ་བ་ནི་རྟོགས་པའི་སྡུག་བསྔལ་ལས་ཟློག་པའི་དོན་ཏེ། །ཇི་ལྟར་མ་གསོ་བར་བྱ་བ་ལྟ་བུར་རོ། ་ཚངས་པར་སྤྱོད་པ་ལ་ཕན་གདགས་པར་བྱ་བའི་ཕྱིར་ཞེས་བྱ་བ་ནི་ལུས་གནས་པ་དང། ལུས་ཀྱི་སྟོབས་དང། ལུས་ལ་གདུང་བ་མེད་པ་ལ་བརྟེན་ནས་འཕགས་པའི་ལམ་བསྒྲུབ་པའི་དོན་ཏེ། ཚངས་པར་སྤྱོད་པ་གང་ཡིན་ཞེ་ན། ་འཕགས་པའི་ལམ་ཡན་ལག་བརྒྱད་པའོ། །ཞེས་མདོ་ལས་འབྱུང་བའི་ཕྱིར་རོ། །འདི་ལྟར་སྔོན་གྱི་ཚོར་བ་སྤང་བར་བྱའོ་ཞེས་བྱ་བ་ནི་གང་བཀྲེས་པ་ལས་བྱུང་བའོ། །ཚོར་བ་གསར་བ་བསྐྱེད་པར་མི་བྱ་སྟེ། འདིས་ཉུང་བ་དང་ལྷག་པའི ་ཁ་ཟས་སྤོང་བར་བྱེད་དོ། །འདི་ལྟར་ཞེས་སྨོས་པ་ནི་ཚོད་རིག་པ་ཡང་དག་པར་བསྟན་པའི་ཕྱིར་རོ། །སྔོན་གྱི་ཚོར་བ་དག་སྤངས་པས་ཅི་བྱེད་ཅེ་ན། བདག་འཚེ་བ་དང། སྟོབས་དང། བདེ་བར་འགྱུར་བར་སོ་སོར་རྟོག་གོ་།ཚོར་བ་གསར་པ ་བསྐྱེད་པར་མི་བྱ་བས་ཅི་བྱེད་ཅེ་ན། ཁ་ན་མ་ཐོ་བ་མེད་པའི་རེགས་པ་ལས་གནས་སོ་ཞེས་སོ་སོར་རྟོག་པར་བྱེད་དོ། །དེ་ལ་ཁ་བས་མང་པོར་ཟ?་བའི་སྐྱོན་མེད་པའི་བྱེད་ཁ་ན་མ་ཐོ་བ་མེད་པར་རིག་པར་བྱའོ། །སྐྱོན་དེ་དག་ཀྱང་ལྔ་སྟེ། ་གསང?་བ་དང། མི་དགའ་བ་དང། གླལ?་བ་དང། ཟས་མ་སྙོམས་པ་དང། སེམས་ཞུམ་པ་ཉིད་དོ། །སྦྱངས་པ་དང་རྗེས་སུ་མཐུན་པའི་ལུས་ཡང་བས་ནི་བདེ་བར་གནས་པའི་ཕྱིར་ཏེ། རེག་པས་གནས་པར་རིག་པར་བྱའོ། །བསམ ་པ་གང་གིས་བཟའ་བར་མི་བྱ་བ་དང། བསམ་པ་གང་གིས་བཟའ་བར་བྱ་བ་དང། ཚོད་ཅི་ཙམ་ཟ་བའི་ཕན་ཡོན་དེ་ལས་སོ་སོར་བརྟགས་ནས་ཁ་ཟས་ཟ་བ་ཡིན་ནོ། །རྣམ་པ་གཅིག་ཏུ་ན་བསྡུས་པའི་དོན་འདི་ནི་གཞན་ཏེ། བདེ་བ་དང། ཡིད ་བདེ་བ་དང། དགའ་བ་དང། འགྲོགས་པ་དང། རྒོད་པ་དང། འཁྲིག་པ་དང། ཡོངས་སུ་སྤྱོད་པ་ལས་བྱུང་བ་རྣམ་པ་བཞིས་ཁྱིམ་པ་རྣམས་ཀྱི་མདོག་གསལ་བར་འགྱུར་ལ། དེ་དང་བྲལ་བས་ལོག་པར་རབ་ཏུ་བྱུང་བ་གཞན་རྣམས ་ནི་འདོད་པ་བོར་བ་ལ་དགའ་བ་ཉིད་དང། འདོད་པ་མ་ཐོབ་པ་ཉིད་དང། དོན་དུ་གཉེར་བ་དང། ཡོ་བྱད་ཐོབ་པ་ལ་ལྷག་པར་ཆགས་ཏེ་ཡོངས་སུ་སྤྱད་པ་ཉིད་ཀྱི་མདོག་ངན་པར་སྣང་ལ། ཉེ་བའི་ཉོན་མོངས་པ་དེ་དག་སྤངས་པས་ཡང་དག་པར ་རབ་ཏུ་བྱུང་བ་རྣམས་ཀྱི་མདོག་གསལ་བར་མཐོང་ནས་མདོག་གསལ་བའི་རྒྱུ་ལྷས་ཞུས་སོ། །མདོག་གསལ་བའི་རྒྱུ་ཉོན་མོངས་པ་ཅན་དེ་མེད་ཀྱང་ཇི་ལྟར་ཡང་དག་པར་རབ་ཏུ་བྱུང་བ་རྣམས་ཀྱི་མདོག་གསལ་བར་འགྱུར་བ་སྟེ། འདས་པ་ལ་ནི་མ་ཆགས ་ཤིང། ཞེས་བཅོམ་ལྡན་འདས་ཀྱིས་ལུང་བསྟན་ཏོ། །ཚིགས་སུ་བཅད་པའི་དོན་བསྡུས་པ་ལས་དྲུག་པའི་དོན་བསྡུས་པའོ།། །།ཆོས་ལ་ཀུན་དགའ་ཆོས་ལ་དགའ་། །ཆོས་རྣམས་རྗེས་སུ་རྣམས་སེམས་ཤིང ་ཆོས་རྣམས་དྲིན་པའི་དགེ་སློང་ནི། །ཆོས་ལས་ཡོངས་སུ་ཉམས་མི་འགྱུར། ཞེས་ཚིགས་སུ་བཅད་པའོ། །ཚིགས་སུ་བཅད་པ་འདི་ཅིའི་ཕྱིར་གསུངས་ཞེ་ན། ལུས་དང་རྟོགས་པའི་ཆོས་ལས་མི་ཉམས་པའི་རྒྱུ་ལས་བསྟན་པའི་ཕྱིར་རོ། ། ་དེ་ལ་ཆོས་ལ་ཀུན་དགའ་བ་ནི་མདོ་སྡེ་ལ་སོགས་པ་བསྟན་པའི་ཆོས་བཟུང་བ་དང། །བཏོན་བྱ་བ་དང། བསྟན་པ་རྣམས་ཀྱིས་དེ་ལ་གཞོལ་བའི་སྒོ་ནས་རིགས་པར་བྱའོ། །ཆོས་ལ་དགའ་བ་ནི་བསྒྲུབ་པའི་ཆོས་ཏེ། ཡང་དག་པའི་ལྟ ་བ་ལ་སོགས་པའི་སྦྱོར་བ་ཉོན་མོངས་པ་ཉེ་བར་ཞི་བའི་ཐབས་སྐྱེད་པ་ལ་མངོན་པར་དགའ་བའི་སྒོ་ནས་རིགས་པར་བྱའོ། །དེ་ནས་ཀུན་ནས་ཉོན་མོངས་པ་དང། རྣམ་པར་བྱད་པའི་ཆོས་རྣམས་མདོ་སྡེ་ལས ་ཇི་སྐད་དུ་འབྱུང་བ་བཞིན། རྣམ་པ་སེམས་ཤིང་གོམས་པར་བྱེད་པ་ནི་དྲན་པ་ཉེ་བར་གནས་པས་འབྲས་བུའི་ཆོས་ལས་ཉམས་པར་མི་འགྱུར་རོ། །རྣམ་པ་གཅིག་ཏུ་ན་ཚིགས་སུ་བཅད་པ་འདིས་ཐོས་པ་དང། བསམ་པ་དང། བསྒོམ ་པ་བསྒྲུབ་པའི་རྒྱུ་དང། ཕན་ཡོན་སྟོན་པར་བྱེད་དེ། འདིར་ཆོས་ལ་ཀུན་དགའ་བ་ནི་གཟུང་བ་དང། ཁ་ཏོན་དང། བསྟན་པ་ལ་བརྩོན་པའི་སྒོ་ནས་རིགས་པར་བྱའོ། །ཆོས་ལ་དགའ་བ་ནི་དེ་ལ་གཞོལ་བའི་ཕྱིར་རོ། །ཆོས་ལ་ཀུན་དགའ་བ་དང ་ཆོས་ལ་དགའ་བས་ནི་ཐོས་པ་ལས་བྱུང་བའི་ཤེས་རབ་བསྒྲུབ་པར་བྱེད་དེ། མ་ཐོས་པ་ཐོས་པར་བྱེད་ཅིང། ཐོས་པ་ཡང་བྱང་བར་བྱེད་དེ། དྲི་མ་མེད་པར་བྱེད་ཅེས་བྱ་བའི་ཐ་ཚིག་གོ་།ཆོས་རྣམས་རྗེས་སུ་རྣམ་སེམས་ཤིང། ཞེས་བྱ་བས་ནི ་བསམས་པ་ལས་བྱུང་བའི་ཤེས་རབ་སྒྲུབ་པར་བྱེད་དོ། །ཆོས་རྣམས་རྗེས་སུ་དྲན་པར་བྱེད་པས་ནི་བསྒོམ་པ་ལས་བྱུང་བའི་ཤེས་པར་སྒྲུབ་པར་བྱེད་དོ། །དེ་དག་ནི་ཤེས་རབ་གསུམ་གྱི་རྒྱུ་ཡིན་ནོ། ཡོན་ཏན་དེ་ལྟ་བུ་དང་ལྡན་པའི་དགེ་སློང་ལུང་དང ་རྟོགས་པའི་ཆོས་ལས་ཡོངས་སུ་ཉམས་པར་མི་འགྱུར་བ་ནི་ཕན་ཡོན་ཡིན་ནོ། །འདིར་དགེ་སློང་ནི་ཉོན་མོངས་པ་བཅོམ་པ་འམ། གཞོམ་པར་ཞུགས་པ་ལ་བྱ་བར་འདོད་དོ། །ཚིགས་སུ་བཅད་པ་བསྡུས་པ་ལས་བདུན་པའི་དོན་བསྡུས་པའོ།། །། ་བམ་པོ་གཉིས་པ།། །མཁས་གང་འཚོ་བའི་འཇིག་རྟེན་དུ། །དང་དང་ཤེས་རབ་རྙད་པ་ནི། །དེ་ཉིད་འདི་ཡི་ནོར་མཆོག་སྟེ། འདི་ཡི་ནོར་གཞན་དམན་པ་ཡིན། ཞེས་ཚིགས་སུ་བཅད་པའོ། །བཅོམ་ལྡན་འདས་ཀྱིས་འདི ་ཅིའི་ཕྱིར་གསུངས་ཤེ་ན། ནོར་བུ་དང། དབུལ་དང། གསེར་ལ་སོགས་པའི་ཕྱི་རོལ་གྱི་ནོར་ངན་པ་ལ་ལྷག་པར་ཆགས་པ་ལས་རྣམས་ནང་གི་ནོར་བཟང་པོ་ལ་ཡང་དག་པར་སྦྱར་བའི་ཕྱིར་རོ། །མཁས་པ་སྨོས་པ་ནི་དད་པ་དང། ཤེས་རབ་དག་ཐོབ་པའི ་གཞིར་བསྟན་པའི་ཕྱིར་ཏེ། རང་བཞིན་གྱིས་མཁས་པ་དང་ལྡན་པས་ནི་ལེགས་པར་བཤད་པ་དང་ཉེས་པར་བཤད་པ་རྣམས་ཀྱི་དོན་ཀུན་ཤེས་པར་ནུས་ཤིང། དད་པ་དང་ཤེས་རབ་ཀྱང་ཐོས་ཏེ། ནུས་པ་མེད་པ་འམ། ལེགས་པར་ལྟ་བས་ནི་མ་ཡིན ་ནོ། །གང་ཞེས་བྱ་བ་ནི་དུས་གསལ་ཏེ། རིགས་བཞི་ལས་གང་ཡང་རུང་བའོ། །འཚོ་བའི་འཇིག་རྟེན་དུ་ཞེས་བྱ་བ་ནི་འཚོ་བའི་འཇིག་རྟེན་འཕགས་པ་འབྱུང་བའི་གནས་འདིར་རོ། །མི་འཇིག་རྟེན་དུ་བལྟ་སྟེ། དེར་དེ་དག་རྙེད་པར་སྲིད་པར ་དགོངས་པའི་ཕྱིར་དང་མི་རྣམས་ནོར་ལ་ལྷག་པར་ཆགས་པའི་ཕྱིར་ཏེ། ཇི་སྐད་དུ། བཅོམ་ལྡན་འདས་ཀྱིས་འཛམྦུའི་གླིང་གི་མི་དག་ནི་བྱང་གི་སྒྲ་མི་སྙན་གྱི་མི་དང། ལྷ་ངག་ལས་ཁྱད་པར་གསུམ་གྱིས་ཁྱད་དུ་འཕགས་ཏེ། དཔའ་བ་དང། དྲན་པ ་དང་ལྡན་པ་ཞེས་རྒྱ་ཆེར་གསུངས་པ་ལྟ་བུའོ། །གཞན་དག་ན་རེ་འདིར་ཚངས་པར་སྤྱོད་པ་གནས་པ་དང། སྐྱོ་བ་མང་བ་དང་ཤེས་རབ་རྣོ་བས་སོ་ཞེས་པའོ། །དད་པས་ནི་ཡོད་པ་ཉིད་དང། ཡོན་ཏན་དང་ལྡན་པ་ཉིད་དང། ནུས་པ་ཉིད་ལ་རིམ་པ་བཞིན ་དུ་མངོན་པར་ཞེན་པ་དང། ངང་བ་དང་འདོད་པ་སྟེ་སངས་རྒྱས་དང་ཆོས་དང་དགེ་འདུན་ཡོད་པ་ཉིད་དུ་མངོན་པར་ཡིད་ཆེས་པའི་རྣམ་པ་དང། ཡོན་ཏན་དང་ལྡན་པ་ཉིད་ལ་དད་པའི་རྣམ་པ་དང། ནུས་པ་ཉིད་ལ་བདག་གིས་ཐོས་པ་འམ། བསྒྲུབ་པར་ནུས ་སོ་སྙམ་པ་འདོད་པའི་རྣམ་པའི་དད་པའོ། །ཤེས་རབ་ནི་ཆོས་རྣམས་རབ་ཏུ་རྣམ་པར་འབྱེད་པ་སྟེ། ཐེ་ཚོམ་བཟློག་པའི་ལས་ཅན་ནོ། །དད་པས་ནི་དམ་པའི་ཆོས་ལ་འཇུག་པའི་རྒྱུར་སྟོན་ལ། ཤེས་རབ་གྱིས་ནི་དེ་མི་འཕྲོགས?་པ་ཉིད་ཀྱི་རྒྱུར་སྟོན་ཏེ། ་འདི་སྐད་དུ་བཅོམ་ལྡན་འདས་ཀྱིས། སྐྲ་དང། ཁ་སྤུ་བྲེགས་ཏེ་གོས་ངུར་སྨིག་དག་བགོས་ནས་ཡང་དག་པ་ཉིད་དུ་དད་པས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ངོ། ཞེས་གསུངས་པ་ལྟ་བུའོ། །མདོ་སྡེའི་དུམ་བུ་འདིས ་ནི་དགེ་སློང་གི་ཕུན་སུམ་ཚོགས་པ་རྣམ་པ་བཞིས་བསྡུས་པ་བསྟན་པ་ལ་འཇུག་པའི་རྒྱུ་དང་པ་ཡོངས་སུ་བསྟན་ཏོ། །དེ་ལ་དགེ་སློང་གི་ཕུན་སུམ་ཚོགས་པ་རྣམ་པ་བཞི་ནི་ཆ་བྱད་ཕུན་སུམ་ཚོགས་པ་འམ། ལས་ཕུན་སུམ ་ཚོགས་པ་དང། བསམ་པ་ཕུན་སུམ་ཚོགས་པ་དང། གནས་ཕུན་སུམ་ཚོགས་པ་སྟེ། སྐྲ་དང་ཁ་སྤུ་བྲེགས་ཏེ། གོས་ངུར་སྨིག་དག་བགོས་ནས་ཞེས་བྱ་བ་ནི་ཆ་བྱད་ཕུན་སུམ་ཚོགས་པ་སྟེ། ཆ་བྱད་འདི་ནི་ཉོན་མོངས་པ་དང། ་ཉེ་བའི་ཉོན་མོངས་པ་དང་མི་མཐུན་པའི་ཕྱིར་ཁྱིམ་པའི་ཆ་བྱད་ལས་ཕུན་སུམ་ཚོགས་པ་ཡིན་ནོ། །ཡང་དག་པ་ཉིད་དུ་ཞེས་བྱ་བ་ནི་ལས་ཕུན་སུམ་ཚོགས་པ་སྟེ། གསོལ་པ་དང་བཞིའི་ལས་ཀྱིས་རབ་ཏུ་བྱུང་བ་ཡང་དག་པར་རབ ་ཏུ་བྱུང་བ་ཡིན་གྱི། བསྙེན་པར་མ་རྫོགས་པ་དང། རང་གིས་རྟགས་བླངས་པ་ནི་མ་ཡིན་ནོ། །དད་པས་ཞེས་བྱ་བ་ནི་བསམ་པ་ཕུན་སུམ་ཚོགས་པ་སྟེ། བུ་ལོན་གྱིས་སྐྲག་པའི་ཕྱིར་མ་ཡིན། འཇིགས་པས་སྐྲག་པའི་ཕྱིར་མ་ཡིན། རྒྱལ་པོས ་བསྒོ་བའི་ཕྱིར་མ་ཡིན་གྱི། འོ་ན་ཅི་ཞེ་ན། དད?་བས་སོ། །ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ཞེས་བྱ་བ་ནི་གནས་ཕུན་སུམ་ཚོགས་པ་སྟེ། ཁྱིམ་ནི་ཁྱིམ་པའི་གནས་སོ། །གནས་ཉམས་པ་དེ་ལས་གནས་འདི་ཕུན་སུམ་ཚོགས་པ་ཡིན་ཏེ། ་ཁྱིམ་མེད་པ་ནི་ཤིང་དྲུང་ལ་སོགས་པའོ། །དད་པས་དམ་པའི་ཆོས་ལ་འཇུག་པའི་རྒྱུ་བསྟན་ཟིན་ཏོ། །དེའི་འོག་ཏུ་ཤེས་རབ་ཀྱིས་དེ་མི་འཕྲོགས་པ་ཉིད་ཀྱི་རྒྱུ་ཅི་ལྟར་སྟེན་ཅེ་ན། འདི་ལྟར་ཤེས་རབ་ཅན་ནི་བདག་ཉིད་ཀྱི་བདེན་པའི ་དབང་དུ་བྱས་པའི་ཆོས་རྗེས་སུ་དྲན་ནས་སྦྱོར་བར་བྱེད་པ་ཡིན་ཏེ། གཞན་ལ་རེག་མ་ལས་པའི་ཕྱིར་རོ། །རྙེད་པ་ནི་ཡང་དག་པར་ཐོབ་པའོ། །འདི་ནི་རྣམ་པ་གཞན་ན་སྟེ། གང་གི་སེམས་མཉམ་པར་མ་བཞག་པའི་མཉམ་པར་འཇོག་པ་དང། ་མཉམ་པར་བཞག་པ་རྣམ་པར་གྲོལ་བར་བྱེད་པ་ཡོངས་སུ་བསྟན་ཏེ། དད་པས་མཆོག་ཏུ་དགའ་བའི་དངོས་པོ་ཡིད་ལ་བྱས་པ་ལས་མཉམ་པར་མ་བཞག་པའི་སེམས་མཉམ་པར་འཇོག་ལ། ཤེས་རབ་ཀྱིས་ཡང་དག་པ་ཇི་ལྟ་བ་བཞིན་མཐོང་བ ་རྣམ་པར་གྲོལ་བར་བྱེད་དེ། ཅི་སྐད་དུ་རབ་ཏུ་དགའ་བ་ལ་དགའ་བ་སྐྱེ་ལ། ཡིད་དགའ་བས་ལུས་སྦྱངས་པར་འགྱུར་ལ། ལུས་སྦྱངས་པ་ན་བདེ་བ་མྱོང་བར་འགྱུར། བདེ་བར་གྱུར་པས་སེམས་མཉམ་པར་འཇོག་ལ། སེམས་མཉམ་པར ་བཞག་པས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ་ཞེས་གསུངས་པ་ལྟ་བུའོ། །རྣམ་པ་གཅིག་ཏུ་དབང་པོ་ལྟའི་དབང་དུ་མཛད་ནས། དོན་ཅིག?་པར་བྱ་སྟེ། དད་ན་བརྩོན་འགྲུས་རྩོམ་པར་བྱེད་ལ། བརྩོན་འགྲུས་བརྩམས་པས་དྲན་པ་ཉེ་བར་གནས་སོ། ། ་དྲན་པ་ཉེ་བར་གནས་པས་སེམས་མཉམ་པར་བཞག་ལ། སེམས་མཉམ་པར་བཞག་པས་ནི་ཡང་དག་པ་ཅི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ་ཞེས་འབྱུང་སྟེ། ཐོག་མ་དང་ཐ་མ་ལྷན་ཅིག་གཟུང་བས་དེའི་བར་རྣམས་ཀྱང་གཟུང་པར་འགྱུར་རོ།། ་ཡང་གང་ཟག་གཉིས་ནི་དེ་བཞིན་གཤེགས་པ་ལ་མི་སྙན་པར་བརྗོད་པ་ཡིན་ཏེ། དད་པ་ནི་ཉེ་བར་གཟུང་བས་སོ། །མ་དད་པ་ནི་ཞེ་སྡང་གི་ཁྱད་པར་རོ་ཞེས་འབྱུང་བ་འདིའི་གཉེན་པོའི་དོན་དུ་རིག་པར་བྱ་སྟེ། དད་པ་ནི་ཉེ་བར་གཟུང་པས་སོ ་ཞེས་བྱ་བ་འདིའི་གཉེན་པོར་ནི་ཤེས་རབ་བོ། །མ་དད་པ་ནི་ཞེ་སྡང་གི་ཁྱད་པར་རོ། །ཞེས་བྱ་བ་འདིའི་གཉེན་པོར་དད་པའོ། །ཡང་གང་ཟག་དད་པའི་རྗེས་སུ་འབྲང་བའི་རིགས་དང། ཆོས་ཀྱི་རྗེས་སུ་འབྲང་བའི་རིགས་ཀྱི་དབང་དུ ་མཛད་ནས་དོན་འདི་རིག་པར་བྱའོ། །ཡང་དད?་པ་དང་ཤེས་རབ་ཀྱིས་མཐོ་རིས་དང། བྱང་གྲོལ་གྱི་ལམ་ཐོབ་པར་བསྟན་ཏོ། །དད་པ་དང་ཤེས་རབ་དག་ནི་ནོར་ཉིད་དད་མཆོག་ཡིན་ཏེ། ནོར་པས་དད་པ་ནོར་མཆོག ་སྟེ། མི་ཡི་རིན་ཆེན་ཤེས་རབ་ཡིན། །ཞེས་འབྱུང་ངོ། །ནང་གི་མཆོག་ཉིད་དང། དེ་ལས་གཞན་པའི་ནོར་བུ་དང། མུ་ཏིག་ལ་སོགས་པ་ནི་དམན་པ་ཉིད་དུ་རྣམ་གྲངས་མང་པོའི་སྒོ་ནས་རིག་པར་བྱ་སྟེ། ཕྱིའི་ནོར་ནི་ཕལ་ཆེར ་ཉེས་པར་སྤྱོད་པ་འབྱུང་བ་དང། མི་ཆོག་པ་དང། འཇིགས་པ་དང་བཅས་པ་དང། གནོད་པ་དང་བཅས་པ་དང། ལྔ་དང་ཐུན་མོང་པ་དང། དུས་ཐམས་ཅད་མ་ཡིན་པ་དང། སྤྱད་པ་ལས་ཟད་པར་འགྱུར་གྱི། ནད་གི་ནི་མ་ཡིན་ནོ། ་ཚིགས་སུ་བཅད་པའི་དོན་བསྡུས་པ་ལས་བརྒྱད་པའི་དོན་བསྡུས་པའོ།། །།ཆོས་གནས་ཚུལ་ཁྲིམས་ཕུན་སུམ་ཚོགས། །ངོ་ཚ་ཤེས་ཤིང་བདེན་པར་སྨྲ། །བདག་ཉིད་བྱེད་པར་གྱུར་པ་ནི། །དེ་ལ་སྐྱེ་བོ ་དགའ་བར་བྱེད། །ཅེས་ཚིགས་སུ་བཅད་པའོ། །འདིར་འདི་སྐད་རྒོལ་ཏེ། ཆོས་གནས་ཞེས་སྨྲས་ནས་ཚུལ་ཁྲིམས་ཕུན་སུམ་ཚོགས་ཤེས་བརྗོད་པར་མི་བྱ་སྟེ། ཆོས་ལ་གནས་པ་གང་ཡིན་པ་དེ་ཅི་ལྟར་ན་ཕུན་སུམ་ཚོགས་པ་མ་ཡིན། ་ཚུལ་ཁྲིམས་ཕུན་སུམ་ཚོགས་པ་ཞེས་སྨྲས་ནས། ངོ་ཚ་ཤེས་ཤིང་ཞེས་བརྗོད?་པར་མི་བྱ་སྟེ། ཇི་ལྟར་ན་ཚུལ་ཁྲིམས་དང་ལྡན་པ་ངོ་ཚ་ཤེས་པར་མི་འགྱུར། བཅོམ་ལྡན་འདས་ཀྱིས་ཀྱང་ཆོས་གཉིས་ནི་འཇིག་རྟེན་སྐྱོང་བ་ཡིན་ཏེ། ་ངོ་ཚ་ཤེས་པ་དང་ཁྲེལ་ཡོད་པའོ་ཞེས་གསུངས་སོ། །བདེན་པར་སྨྲ་བ་ཞེས་བྱ་བ་འདི་ཡང་བརྗོད་པར་མི་བྱ་སྟེ། བདེན་པའི་ཚུལ་ཁྲིམས་ཀྱིས་བསྡུས་པའི་ཕྱིར་རོ། །འདིར་འདི་རྣམ་པར་འཇོག་སྟེ། ཚིགས་སུ་བཅད་པ་འདིར་ནི་རྣམ་པ ་བཞི་པོ་ཡང་དག་པར་བླངས་པ་དང། མཉམས་པ་དང། ཉོན་མོངས་པ་འབྱུང་བའི་རྒྱུ་སྤངས་པ་དང། ཡང་དག་པ་ཇི་ལྟ་བ་སྨྲ་བས་རྣམ་པར་བཞག་པར་རིག་པར་བྱའོ། །ཆོས་གནས་ཞེས་བྱ་བ་ནི་ཡང་དག་པར་བླངས་པ་སྟེ། གལ་ཏེ་ཚུལ་ཁྲིམས ་ཡང་དག་པར་བླངས་ན་ཆོས་ལ་གནས་པ་ཞེས་བྱའོ། །ཆོས་ལ་འདུག་པ་ནི་ཆོས་ལ་གནས་པ་སྟེ། ཆོས་ཀྱི་ཕྱིར་གནས་ཞེས་བྱ་བའི་ཐ་ཚིག་གོ་།རྒྱུ་མཚན་གྱི་བདུན་པ་སྟེ། དཔེར་ན་པགས་པའི་ཕྱིར་ནི་གུང་གསོད་དོ། །སོའི་ཕྱིར་ནི་གླང ་པོ་གསོད?། རྩེད་པའི་ཕྱིར་ནི་འབྲི་བསོད་ཅིང། །བུད་མེད་ཕྱིར་ནི་བུམ་ལེན་བསད། ཅེས་བྱ་བ་ལྟ་བུའོ། །ཚུལ་ཁྲིམས་ཕུན་སུམ་ཚོགས་ཞེས་བྱ་བ་ནི་མ་ཉམས་པ་སྟེ། གལ་ཏེ་ཚུལ་ཁྲིམས་ཡང་དག་པར་བླངས་པ་ཉམས་པར་མི་བྱེད་ན ་ཚུལ་ཁྲིམས་ཕུན་སུམ་ཚོགས་པ་ཡིན་གྱི། གཞན་དུ་ན་ཉམས་པའོ། །ངོ་ཚ་ཤེས་ཤིང་ཞེས་བྱ་བ་ནི་ཉོན་མོངས་པ་འབྱུང་བའི་རྒྱུ་སྤངས་པ་སྟེ། ཉོན་མོངས་པ་འབྱུང་བའི་རྒྱུ་ནི་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པའོ། །གལ་ཏེ་ངོ་ཚ་ཤེས ་པ་དང་ལྡན་པ་ཉོན་མོངས་པ་འབྱུང་བའི་རྒྱུ་སྤོང་བར་བྱེད་དེ། བདག་དང་གཞན་གྱི་རྒྱུད་ལ་བལྟས་ནས་ངོ་ཚ་བ་ཀུན་ཏུ་མི་སྤྱོད་པའི་ཕྱིར་རོ། །བདེན་པར་སྨྲ་ཞེས་བྱ་བ་ནི་ཡང་དག་པར་ཇི་ལྟ་བ་བཞིན་སྨྲ་བ་ཏེ། །བག་མེད་པའི་ཉེས་པ་འོང་བ་དང། ་འགྲོ་བ་ལ་སོགས་པ་ཉེས་པ་འབྱུང་བ་ཚངས་པ་མཚུངས་པར་སྤོང་པ་དག་གིས་བསྲབ་པའི་གནས་རྣམས་ལ་བསྐུལ་བ་ན་གལ་ཏེ་བདག་ཉིད་ཡང་དག་པ་ཇི་ལྟ་བ་བཞིན་སྨྲ་ན་ཡིན་པ་སྨྲ་བ་ཡིན་གྱི་གཞན་དུ་ན་བརྫུན་དུ་སྨྲ་བ་ཡིན་ནོ། །བདག་ཉིད ་བྱེད་པར་གྱུར་པ་ནི་ཞེས་བྱ་བ་ནི་ངལ?་ཡོན་ཏན་དེ་དག་རྣམས་ཀྱིས་སྐྱེ་བོ་དགའ་བར་བྱེད་དེ། ཡང་དག་པའི་ཡོན་ཏན་ཇི་ལྟ་བ་བཞིན་བརྗོད་པས་སོ། །རྣམ་པ་གཅིག?་པུ་ནི་བདག་ཉིད་ཅེས་བྱ་བ་ཚིག་ལྷག་མ་དང་སྦྱར་ཏེ། ཇི་སྐད་དུ། ་རྒྱལ་པོ་ཆེན་པོ་གང་ལུས་ཀྱིས་ལེགས་པར་སྤྱད་པ་སྤྱོད་པ་དང། དག་གི་ལེགས་པར་སྤྱད་པ་སྤྱོད་པ་དེ་དག་གི་དགའ་བ་ནི་བདག་ཉིད་དོ། །ཞེས་རྒྱ་ཆེར་གསུངས་པ་ལྟ་བུའོ། །ཚིགས་སུ་བཅད་པའི་དོན་བསྡུས་པ་དགུ ་པའོ།། །།ཐོས་པས་ཆོས་ཀྱི་བྱེ་བྲག་ཤེས། །ཐོས་པས་སྡིག་ལས་ལྡོག་པར་བྱེད། །ཐོས་པས་དོན་མ་ཡིན་པ་སྤོང། །ཐོས་པས་མྱ་ངན་འདས་པ་ཐོབ། ཅེས་ཚིགས་སུ་བཅད་པའོ། །བཅོམ་ལྡན་འདས་ཀྱིས་འདི་ཅིའི་ཕྱིར་གསུངས ་ཤེ་ན། ཡང་དག་པའི་ལྟ་བ་སྐྱེད་པའི་ཕྱིར་དང། བསླབ་པ་གསུམ་ལ་བརྟན་ཏེ་སྡིག་པ་དང། འདོད་པ་དང། ཡང་སྲིད་པ་ལས་ཡང་དག་པར་འདའ་བར་བྱ་བའི་ཕྱིར་རོ། །དེ་ལས་ཐོས་པས་ཆོས་ནི་བྱེ་བྲག་ཤེས། །ཞེས་བྱ་བ་ནི་ཇི་སྐད་དུ་འདི་ན་ལ་ལ་དེ་བཞིན ་གཤེགས་པས་ཆོས་འདུལ་བ་བསྟན་པ་ཐོས་ནས་ཡང་དག་པའི་ཚུལ་ཁྲིམས་དང། ཏིང་ངེ་འཛིན་དང་ཤེས་རབ་སྟོན་པར་བྱེད་པའི་ཆོས་གང་ཡིན་པ་དེ་ནི་འདི་ཁོ་ན་ཡིན་གྱི། གཞན་མུ་སྟེགས་པས་སྨྲས་པ། མེ་དང་ཆུར་འཇུག་པ་དང། ཟས་མི་ཟ ་བ་དང། དཀའ་ཐུབ་དྲག་པོ་དང། འཚེ་བ་ནི་སྟོན་པ་མ་ཡིན་པར་བྱེ་བྲག་ཏུ་ཤེས་སོ་ཞེས་འབྱུང་བ་ལྟ་བུའོ། །ཐོས་པས་སྡིག་ལས་ལྡོག་པར་བྱེད་པ་ནི་འདི་སྐད་དུ་འདི་ན་ལ་ལ་དེ་བཞིན་གཤེགས་པས་ཆོས་འདུལ་བ་གསུངས་པ་ལས་ལྷག་པའི་ཚུལ ་ཁྲིམས་ཀྱིས་བསླབ་པ་ཐོས་ནས་དེ་ལ་བརྟེན་ཏེ། ལུས་དང་ངག་དང་ཡིད་ཀྱི་སྤྱོད་པ་ངན་པ་ལས་ལྡོག་སྟེ། ལོག་པར་བྱེད་པ་ནི་ལྡོག་པའོ། །སྡིག་པ་ནི་ཉེས་པར་སྤྱད་པའི་མི་དགེ་བ་བཅུའི་ལས་ཀྱི་ལམ་སྟེ། ལུས་ཀྱི་གསུམ་པོ་སྲོག་གཅོད་པ་དང། མ་བྱིན ་པར་ལེན་པ་དང། འདོད་པས་ལོག་པར་གཡེམ་པ་དང། ངག་གི་བཞི་པོ་བརྫུན་དུ་སྨྲ་བ་དང། ཕྲ་མ་དང། ཚིག་རྩུབ་པོ་དང། ངག་འཁྱལ་པ་དང། ཡིད་ཀྱི་གསུམ་པོ་བསྣབ་སེམས་དང། གནོད་སེམས་དང། ལོག་པར་ལྟ་བའོ། །དེ་དག?་གི ་རྣམ་པར་བཞག་པ་ནི་བཞི་དང། བསམ་པ་དང། སྦྱོར་བ་དང། ཉོན་མོངས་པ་དང། མཐར་ཕྱིན་པ་ལས་ཀྱང་རིག་པར་བྱ་སྟེ། སྲོག་གཅོད་པ་ལ་སོགས་པའི་གཞི་ནི་སེམས་ཅན་དུ་བགྲང་བ་དང། སེམས་ཅན་དུ་བགྲང་པ་མ་ཡིན་པ་སྟེ། གང་ལ་བརྟེན་ནས་སྲོག་གཅོད ་པ་ལ་སོགས་པ་འབྱུང་བའོ། །བསམ་པ་ནི་དངོས་པོ་དེ་ལ་དེར་འདུ་ཤེས་པའི་བསམ་པ་དང། ལས་ཀྱི་ལམ་དེ་བྱེད་འདོད་པའི་བསམ་པའོ། །སྤྱོད་བ་ནི་དེ་བྱ་བའི་ཕྱིར་རང་དམ?་གཞན་གྱི་ལུས་དང་ངག་དང་ཡིད་ཀྱིས་རྩོམ་པའོ། །ཉོན་མོངས་པ་ནི་ཆགས་པ ་དང། ཞེ་སྡང་དང། གཏི་མུག་བསྡུས་པ་དང་སོ་སོའོ། །མཐར་ཕྱིན་པ་ནི་སྦྱོར་བ་དེ་དང་དེས་ལས་དེ་དང་དེའི་ཚེ་འམ། ཕྱིས་ཡོངས་སུ་རྫོགས་པའོ། །དེ་ལ་སྲོག་གཅོད་པའི་གཞི་ནི་སེམས་ཅན་རྣམས་སོ། །བསམ་པ་ནི་དེ་ལ་དེར་འདུ་ཤེས་པའི་གསོད ་པའི་བསམ་པའོ། །སྦྱོར་བ་ནི་བསད་པའི་ཕྱིར་འདེབས་པ་ལ་སོགས་པ་སྟེ། འདི་ལྟར་ཕྱུགས་གཅོད་པར་འདོད་པ་ཁ་ཅིག་སྟན་ལས་ལྡང། རིན་ལེན། འགྲོ་བར་བྱེད། ཕྱུགས་ནོམ་པར་བྱེད། ཉོ་བར་བྱེད། ཁྲིད་དེ་འོང་བར་བྱེད། གནོད་པར་བྱེད། མཚོན ་ལེན་པར་བྱེད་གམ་ཚོན་ལན་ཅིག་ལན་གཉིས་འདེབས་པ་ནས། ཇི་སྲིད་དུ་སྲོག་དང་བྲལ་བར་བྱེད་པ་དེ་སྲིད་དུ་སྦྱོར་བའོ། །ཉོན་མོངས་པ་ནི་ཆགས་པ་དང། ཞེ་སྡང་དང། གཏི་མུག་རྣམས་ཏེ། ཆགས་པས་སྲོག་གཅོད་པ་ནི་ཤ་ལ་སོགས་པ་འདོད་པ ་རྣམས་ཀྱི་སྟེ། དཔེར་ན་ལུས་ཀྱི་ཡན་ལག་གི་དོན་དང། ནོར་གྱི་དོན་དང། རྩེད་མོའི་དོན་དུ་སྲོག་ཆགས་རྣམས་སྲོག་དང་བྲལ་བར་བྱེད་པ་ལྟ་བུ་དང། ཡང་ན་བདག་གི་སྙིང་དུ་སྡུག་པ་བསྐྱབ་པའི་ཕྱིར་ཡིན་ནོ། །ཞེ་སྡང་ལས་བྱུང་བ་ནི་ཁོན་ལས་ངེས་པར ་དབྱུང་བར་བྱ་བའི་ཕྱིར་རོ། །གཏི་མུག་ལས་བྱུང་བ་ནི་ཇི་ལྟར་མཆོད་པ་རྣམས་ཀྱི་ཆོས་ཀྱི་བློ་དང། རྒྱལ་པོའི་ཆོས་ཁྲིམས་འདོད་པ་ཚད་མར་བྱེད་པ་སྟེ། འཚེ་བ་དང། སྡང་བ་རྣམས་ཆད་པས་གཅོད་པར་བྱེད་པའི་རྒྱལ་པོ་དག་ནི་བསོད་ནམས་ཀྱི་སྐལ ་བ་ཅན་དུ་འགྱུར་རོ། ཞེས་གྲགས་པ་དང། པར་སིག་རྣམས་ཀྱི་ལྟ་བུ་སྟེ། དེ་དག་ནི་ཕ་མ་རྒན་རྒོན་འཁོགས་ཤིང་སྡུག་བསྔལ་ནད་ཚབས་ཆེ་བ་དག་བསད་པར་བྱའོ་ཞེས་སྨྲ་བའོ། །མཐར་ཕྱིན་པ་ནི་སྲོག་ཆགས་དེ་སྦྱོར ་བ་དེས་དེ་མ་ཐག་གམ་ཕྱིས་ཤི་བའོ། །མ་བྱིན་པར་ལེན་པའི་གཞི་ནི་གཞན་གྱིས་ཡོངས་སུ་བཟུངས་པ་སེམས་ཅན་དུ་བགྲང་བ་འམ། སེམས་ཅན་དུ་བགྲང་བ་མ་ཡིན་པའོ། །བསམ་པ་ནི་དེར་འདུ་ཤེས་པ་འམ་དེ་བདག་གིར་བྱ་བར་འདོད་པའོ། །སྦྱོར་བ ་ནི་སྟན་ལས་ལྡང་བ་ནས་མ་བླངས་པའི་བར་དུའོ། །ཉོན་མོངས་པ་ནི་ཆགས་པ་དང། ཞེ་སྡང་དང། གཏི་མུག་རྣམས་ཏེ། ཆགས་པ་ལས་བྱུང་བའི་མ་བྱིན་པར་ལེན་པ་ནི་གང་ཞིག་གང་དོན་དུ་གཉེར་བ་དེ་རྐུ་བ་འམ། གཞན་གྱི་རྙེད་པ་དང། བཀུར་སྟི ་དང་གྲགས་པའི་ཕྱིར་རམ། བདག་གི་སྙིང་དུ་སྡུག་པ་ཡོངས་སུ་བསྐྱབ་པའི་ཕྱིར་རྐུ་བའོ། །ཞེ་སྡང་ལས་བྱུང་བ་ནི་ཁོ་ན་ལས་ངེས་པར་དབྱུང་བར་བྱ་བའི་ཕྱིར་རོ། །གཏི་མུག་ལས་བྱུང་བ་ནི་ཇི་ལྟར་རྒྱལ་པོའི་ཆོས་ཁྲིམས་འདོད་པ་ཚད་མར་བྱས་ནས་ངན་པ ་ཆད་པས་བཅད་པའི་ཕྱིར་དང། ཇི་ལྟར་བྲམ་ཟེ་དག་ཐམས་ཅད་ཚངས་པས་བྲམ་ཟེ་རྣམས་ལ་བྱིན་པ་ཡིན་ན། བྲམ་ཟེ་རྣམས་གུང་ནས་དམངས་རིགས་དག་ཡོངས་སུ་སྤྱོད་དེ། དེ་བས་ན་བྲམ་ཟེ་འཕྲོག་པར་བྱེད་པ་རང་གི་ལེན་པར་ཟད་དེ། བྲམ་ཟེ་དག་བདག ་ཉིད་ཀྱི་ནོར་པ་སྤྱོད་ཅིང་གནས་ལ་རང་གི་སྦྱིན་པར་བྱེད་དོ། །ཞེས་སྨྲས་པ་ལྟ་བུ་སྟེ། དེ་དག་ལ་བདག་དང་གཞན་གྱི་བ་འདུ་ཤེས་པ་མེད་པ་ནི་མ་ཡིན་ནོ། །མཐར་ཕྱིན་པ་ནི་བདག་གིར་བྱ་བ་དེ་མཐུ་འམ་འཛམ་བུའི་བློས་སོ། །འདོད་པས་ལོག་པར་གཡོན ་པའི་གཞི་ནི་སེམས་ཅན་དུ་བགྲང་བ་ཉིད་དེ་འོས་པ་མ་ཡིན་པ་ལའོ། བསམ་པ་ནི་འོས་པ་མ་ཡིན་པ་ལ་སེམས་པའོ། །སྦྱོང?་བ་ནི་དེའི་དོན་དུ་རྩོམ་པའོ། །ཉོན་མོངས་པ་ནི་ཆགས་པ་དང། ཞེ་སྡང་དང། གཏི་མུག་རྣམས་ཏེ། ཆགས་པ་ལས་བྱུང་བའི ་འདོད་པ་ལས་ལོགས་པར་གཡེམ་པ་ནི་གཞན་གྱི་བུད་མེད་ལ་སོགས་པ་ལས་དོར?་ཀུན་ཏུ་འདོད་ཆགས་པའི་ཕྱིར་རོ། །ཞེ་སྡང་ལས་བྱུང་བ་ནི་ཁོན་ལས་ངེས་པ་དང་བྱུང་བར་བྱ་བའི་ཕྱིར་རོ། །གཏི་མུག་ལས་བྱུང་བ་ནི་ཇི་ལྟར་པར་སིག་མ་ལ་སོགས་པ་ལ་ཉལ ་བ་དང། མཆོད་སྦྱིན་པ་རྣམས་ཀྱི་མཆོད་སྦྱིན་ལ་བ་ལང་གསོད་པ་ན་སྤྱོད་པ་དང། གང་དག་བུད་མེད་ནི་གཏུན་དང། མེ་ཏོག་དང། འབྲས་བུ་དང། འཇུག་ངོགས་དང། ལམ་དང་མཚུངས་སོ་ཞེས་སྨྲ་བ་ལྟ་བུའོ། །མཐར་ཕྱིན་པ་ནི་གཉིས་ཀྱིས་གཉིས་སྤྲོད་པའོ། ་བརྫུན་དུ་སྨྲ་བའི་གཞི་ནི་སེམས་ཅན་དུ་བགྲང་བ་དང། མཐོང་བ་དང། ཐོས་པ་དང། བྱེ་བྲག་ཕྱེད་པ་དང། རྣམ་པར་ཤེས་པ་དང། མ་མཐོང་བ་དང། མ་ཐོས་པ་དང། བྱེ་བྲག་མ་ཕྱེད་པ་དང། ཡོངས་སུ་ཤེས་པའོ། །བསམ་པ་ནི་འདུ་ཤེས་གཞན ་པའི་གཞན་དུ་སྨྲ་བར་འདོད་པ་ཉིད་དོ། །སྦྱོར་བ་ནི་དེའི་དོན་དུ་རྩོམ་པའོ། །ཉོན་མོངས་པ་ནི་ཆགས་པ་དང། ཞེ་སྡང་དང། གཏི་མུག་རྣམས་ཏེ། ཆགས་པ་ལས་བྱུང་བ་ནི་དོན་གྱི་ཕྱིར་རམ། བདག་གི་སྙིང་དུ་སྡུག་པ་ཡོངས་སུ་བསྐྱབ་པའི་ཕྱིར་རོ། ། ་ཞེ་སྡང་ལས་བྱུང་བ་ནི་ཁོན་ལས་ངེས་པར་དབྱུང་བའི་ཕྱིར་རོ། །གཏི་མུག་ལས་བྱུང་བ་ནི་བརྫུན་དུ་སྨྲ་བ་ནི། རྒྱལ་པོ་ཀུ་རི་ལྡན་ཚིག་གནོད་མ་ཡིན། །བུད་མེད་ལ་མིན་བག?་ལེན་དུས་དང། །སྲོག་ལ་བབ་དང་ནོར་ཀུན་འཚོལ་ཚེ་མིན། །བརྫུན ་ལྔ?་ལྟུང་བར་བྱེད་པ་མིན་ཞེས་བཤད། ཅེས་སྨྲ་བ་ལྟ་བུའོ། །མཐར་ཕྱིན་པ་ནི་འཁོར་རམ་ཟླ་བོས་གོ་བའོ། །ཕྲ་མའི་གཞི་ནི་སེམས་ཅན་མཐུན་པ་དང་མི་མཐུན་པ་དག་གོ་།བསམ་པ་ནི་དེ་དག་ཉིད་དབྱེ་ཞིང་མི་འདུམ་པར་སེམས་པའོ།། །། ་སྦྱོར་བ་ནི་དེ་དོན་དུ་རྩོམ་པའོ། །ཉོན་མོངས་པ་ནི་ཆགས་པ་ལ་སོགས་པ་སྟེ། ཆགས་པ་དང། ཞེ་སྡང་ལས་བྱུང་བ་ནི་སྔ་མ་བཞིན་ནོ། །གཏི་མུག་ལས་བྱུང་བ་ནི་ཕྲ་མ་བྱས་པས་ཉེས་པ་ཅི་ཡང་མེད་དོ་སྙམ་པའོ། །མཐར་ཕྱིན་པ་ནི་དབྱེ་བས་གོ ་བའོ། །ཚིག་རྩུབ་པོའི་གཞི་ནི་ཀུན་ནས་མནར་སེམས་ཀྱི་རྒྱུར་གྱུར་པའི་སེམས་ཅན་རྣམས་སོ། །བསམ་པ་ནི་ལས་ཀྱི་ལམ་སྟེ་འབྱེ་འདོད་པའི་བསམ་པའོ། །སྦྱོར་བ་ནི་དེའི་དོན་དུ་རྩོམ་པའོ། །ཉོན་མོངས་པ་ནི ་ཕྲ་མ་དང་འདྲའོ། །མཐར་ཕྱིན་པ་ནི་ཚིག་རྩུབ་པོ་སྨྲས་པའོ། །ཚིག་འཁྱལ་བའི་གཞི་ནི་དོན་མེད་པ་དང་ལྡན་པའི་དོན་ཏོ། །བསམ་པ་དང་སྦྱོར་བ་ནི་སྔ་མ་བཞིན་ནོ། །ཉོན་མོངས་པ་ནི་ཆགས་པ་ལ་སོགས་པ་སྟེ། ཆགས་པ་དང་ཞེ་སྡང་ལས་བྱུང ་བའི་ཚིག་འཁྱལ་ནི་སྔ་མ་བཞིན་ནོ། །གཏི་མུག་ལས་བྱུང་བ་ནི་གླུ་ལེན་པ་དང། བསྟན་བཅོས་བཟང་པོ་མ་ཡིན་པ་སྨྲ་བའོ། །མཐར་ཕྱིན་པ་ནི་སྨྲས་པའོ། །བརྣབ་སེམས་ཀྱི་གཞི་ནི་གཞན་གྱི་ནོར་ཟས་དང་ཡོ་བྱད་དོ། །བསམ་པ་ནི་དེ་ལ་དེར ་འདུ་ཤེས་པ་འམ། དེ་བཞིན་དུ་འདོད་པའོ། །སྦྱོར་བ་ནི་དེ་བདག་གིར་བྱ་བར་ཡང་དག་པར་འཛིན་པའོ། །ཉོན་མོངས་པ་ནི་སྔ་མ་དང་འདྲ། མཐར་ཕྱིན་པ་ནི་བདག་གིར་བྱ་བར་སེམས་པར་བྱས་པའོ། །གནོད་སེམས་ཀྱི་གཞི་ནི་ཀུན་ནས་མནར་སེམས ་ཀྱི་སྒྱུར་བ་སེམས་ཅན་རྣམས་སོ། །བསམ་པ་དང་སྦྱོར་བ་དང་ཉོན་མོངས་པ་དག་ནི་སྔ་མ་བཞིན་ནོ། །མཐར་ཕྱིན་པ་ནི་བརྡེག་པ་ལ་སོགས་པར་ངེས་པའོ། །ལོག་པར་ལྟ་བའི་གཞི་ནི་དོན་ཡོད་པ་རྒྱུ་དང་འབྲས་བུ་དང། བྱེད་པ་ལ་སོགས་པ་ཡིན་ཏེ། ་གང་ལ་དམིགས་ནས་རྒྱུ་དང་འབྲས་བུ་དང། བྱེད་པ་ལ་སྐུར་པ་འདེབས་པ་དང། ཡོད་པའི་དངོས་པོ་འཇིག་པའི་ལོག་པར་ལྟ་བར་འཇུག་པ་ཡིན་ནོ། །དེ་ལ་སྦྱིན་པ་མེད་དོ། །མཆོད་སྦྱིན་མེད་དོ། །སྦྱིན་སྲེག་མེད་དོ། །ལེགས་པར་བྱས་པ་མེད་དོ། །ཉེས་པར་བྱས་པ་མེད་དོ།། ་ཞེས་བྱ་བ་ནི་རྒྱུ་ལ་སྐུར་པ་འདེབས་སོ། །ལེགས་པར་བྱས་པ་དང་ཉེས་པར་བྱས་པའི་ལས་རྣམས་ཀྱི་འབྲས་བུ་མེད་དོ་ཞེས་ཟེར་བ་ནི་འབྲས་བུ་ལ་སྐུར་པ་འདེབས་པའོ། །འཇིག་རྟེན་འདི་མེད་དོ། །འཇིག་རྟེན་ཕ་རོལ་མེད་དོ། ཞེས་ཟེར་བ་ནི་འཇིག ་རྟེན་གཞན་དུ་འོང་པ་དང་འགྲོ་བའི་བྱེད་པ་ལ་སྐུར་པ་འདེབས་པའོ། །མ་མེད་དོ། །ཕ་མེད་དོ། ཞེས་ཟེར་བ་ནི་ས་བོན་འདེབས་པའི་བྱེད་པ་ལ་སྐུར་བ་འདེབས་པའོ། །རྫུས་ཏེ་སྐྱེས་བའི་སེམས་ཅན་མེད་ཞེས་ཟེར་བ་ནི་ཉིང་མཚམས་སྦྱོར་བའི་སྦྲེལ་པའི་བྱེད ་པ་ལ་སྐུར་བ་འདེབས་པའོ། །འཇིག་རྟེན་འདི་ན་དགྲ་བཅོམ་པ་མེད་དོ་ཞེས་ཟེར་བ་ནི་ཡོད་པའི་དངོས་པོ་འཇི་གང་ཡིན་ཏེ། གཞན་ཡང་དམ་པའི་ཆོས་མ་ཡིན་པ་ཉན་པ་ལ་སོགས་པ་མངོན་དུ་བཏང་བའི་ལོག་པར་ལྟ་བ་ཡང་བརྗོད་དོ། །བསམ་པ་དང ་སྦྱོར་བ་དང། ཉོན་མོངས་པ་དག་ནི་སྔ་མ་བཞིན་ནོ། །བྱེ་བྲག་ནི་འདི་ཡོད་དེ། བརྣབ་སེམས་པ་ལ་སོགས་པ་ནི་ཆགས་པ་ལ་སོགས་པ་དེ་མ་ཐག་ཏུ་འབྱུང་བ་ལ་དེ་ལས་བྱུང་བ་ཞེས་བྱའོ། །མཐར་ཕྱིན་པ་ནི་སྐུར་པ་འདེབས་པར་ངེས་པའོ།། ་དེ་ལྟར་མི་དགེ་བ་བཅུའི་ལས་ཀྱི་ལམ་དེ་དག་དང་བྲལ་པ་ནི་ལོག་པར་བྱེད་པའོ། །ཡང་ལས་ཀྱི་ལམ་ཞེས་བྱ་བའི་དོན་ཅི་ཞེ་ན། བརྣབ་སེམས་ལ་སོགས་པ་གསུམ་ནི་ལས་ཀྱི་ལམ་ཡིན་པས་ལས་ཀྱི་ལམ་སྟེ། དེ་དག་དང་མཚུངས་པར་ལྡན་པའི ་སེམས་ལས་བྱུང་བ་ནི་དེ་དག་གི་གྲོགས་སུ་འགྲོ་བ་སྟེ། དེའི་དབང་གིས་མངོན་པར་འདུ་བྱེད་པའི་ཕྱིར་རོ། །སྲོག་གཅོད་པ་ལ་སོགས་པ་བདུན་ནི་ལུས་དང་ངག་གི་ལས་ཡིན་པའི་ཕྱིར་ལས་ཀྱང་ཡིན་ལ་ལས་ཀྱི་ལམ་ཡང་ཡིན་ཏེ། ལས་ཀྱི་ལམ་ནི ་དེ་དག་ཀུན་ཏུ་སློང་བའི་སེམས་པ་དེ་དག་ལ་བརྟེན་ནས་འཇུག་པའི་ཕྱིར་རོ། །དེ་ལྟར་ལས་ཀྱི་ལམ་དང་ལས་ཀྱང་ཡིན་ལ་ལས་ཀྱི་ལམ་ཡང་ཡིན་པས་ལས་ཀྱི་ལམ་རྣམས་སོ། །ཐོས་པས་དོན་མ་ཡིན་པ་སྤོང་ཞེས་བྱ་བ་ནི་ཇི་ལྟར་འདི་ན་ལ་ལས ་དེ་བཞིན་གཤེགས་པས་ཆོས་འདུལ་བ་བསྟན་པ་ལས་ལྷག་པའི་སེམས་ཀྱི་བསླབ་པ་ཐོས་ནས་དེ་ལ་བརྟེན་ཏེ་གང་ལ་བྱིས་པ་རྣམས་ཀྱི་དོན་དུ་འདུ་ཤེས་པ་དོན་མ་ཡིན་པར་གྱུར་པ་འདོད་པ་རྣམས་སྤོང་བར་བྱེད་པ་ལྟ་བུའོ། །ཐོས་པས་མྱ? ་ངན་འདས་པ་ཐོབ་ཅེས་བྱ་བ་ནི་ཇི་ལྟར་འདི་ན་ལ་ལ་དེ་བཞིན་གཤེགས་པས་ཆོས་འདུལ་བ་བསྟན་པ་ལས་ལྷག་པའི་ཤེས་རབ་ཀྱི་བསླབ་པ་ཐོས་ནས་དེ་ལ་བརྟེན་དེ་ཉོན་མོངས་པ་ཟད་པ་མྱ་ངན་ལས ་འདས་པ་ཐོབ་པ་ལྟ་བུའོ། །བསྡུས་པའི་དོན་ནི་ཚིགས་སུ་བཅད་པ་འདིས་ཡང་དག་པའི་ལྟ་བ་རྙེད་པ་དང་བསླབ་པ་གསུམ་ལ་བརྟེན་ཏེ་སྡིག་པ་ལས་ཡང་དག་པར་འདས་པ་དང། འདོད་པ་ལས་ཡང་དག་པར་འདས་པ་དང། སྲིད་པ་ལས་ཡང ་དག་པར་འདས་པ་དང་བསྟན་ཏོ། །རྣམ་པ་གཅིག་ཏུ་ན་བསྟན་པ་ལ་འཇུག་པའི་རྒྱུ་དང། ལས་དང་ཉོན་མོངས་པ་དང། ཚེའི་ཀུན་ནས་ཉོན་མོངས་པ་ལས་ཡང་དག་པར་འདས་པ་བསྟན་ཏོ། །དེ་ལྟ་བས་ན་བདག་ཉིད་ལེགས་སུ་འདོད་པའི ་ཕན་ཡོན་དེ་ལྟ་བུ་འདོད་པས་སངས་རྒྱས་ཀྱི་བཀའ་མཉན་པར་བྱའོ། །སངས་རྒྱས་ཀྱི་བཀའ་འདི་ནི་མེ་དང་ཆུ་དང་འཇུག་ངོགས་ལ་སོགས་པ་ལྟ་བུར་བལྟ་བར་བྱ་སྟེ། ཇི་ལྟར་ན་མེ་ལྟ་བུ་ཡིན་ཞེ་ན། འདི་ལྟར་མེས་ནི་བྱ་བ་བཞི་བྱེད་དེ། ་སྲགས་པ་དང། སྨིན་པ་དང། གདུད་པར་བྱེད་པ་དང། སྨད?་བར་བྱེད་པའོ། །དེ་བཞིན་དུ་སངས་རྒྱས་ཀྱི་གསུང་གི་མེས་བྱ་བ་བཞི་བྱེད་དེ། རྒྱུད་སྨིན་པ་ལས་ཉོན་མོངས་པ་སྲེག་པ་དང། རྒྱུད་མ་སྨིན་པ་ལ་དགེ་བའི་རྩ་བ་རྣམས་སྨིན་པ་དང། ་གདུལ་བྱ་བག་མེད་པ་རྣམས་བདུད་ཀྱི་འདོད་པ་བར་དུ་གཅོད་བ་སྐྱེད་པའི་ཕྱིར་གདུང་བར་བྱེད་པ་དང། ཐེ་ཚོམ་ཅན་དང་ལམ་ངན་པར་གནས་པ་རྣམས་ལ་སྣང་བར་བྱེད་པ་ཡིན་ཏེ། ལམ་དང་ལམ་མ་ཡིན་པ་སྟོན་པའི་ཕྱིར་རོ། །ཇི་ལྟར་ན་ཆུ་ལྟ་བུ ་ཡིན་ཞེ་ན། ཆུ་ནི་ཕན་པ་རྣམ་པ་ལྔ་བྱེད་དེ། སྤང་བར་བྱ་བ་འབྲས་ས་ལུ་ལ་སོགས་པ་སྤོངས་པར་བྱེད་པ་དང། ལུས་དང་གོས་དང་སྣོད་དག་གི་དྲི་མ་འཁྲུ་བར་བྱེད་པ་དང། ལུས་ཀྱི་ཡོངས་སུ་གདུང་བ་ཞི་བར་བྱེད་པ་དང། སྐོམ་པ་ལ་སྲེད ་བ་རྣམ་པར་ཞི་བར་བྱེད་པ་དང། རྩཝ་དང་ལོ་ཐོག་དང་ནགས་ཚལ་སྐྱེད་པར་བྱེད་ཅིང་འཕེལ་བར་བྱེད་དོ། །དེ་བཞིན་དུ་སངས་རྒྱས་ཀྱི་གསུང་གི་ཆུ་ཡང་དང་པ་སྐྱེད་པས་གདུལ་བར་བྱ་བའི་རྒྱུད་སྤངས་པ་དང། འཆལ་བའི་ཚུལ་ཁྲིམས་ཀྱི་དྲི་མ་འཁྲུ་བར ་བྱེད་པ་དང། འདོད་པས་ཡོངས་སུ་གདུང་བ་ཞི་བར་བྱེད་པ་དང། ཡང་སྲིད་པའི་སྲེད་པ་གདུལ་བར་བྱེད་པ་དང། བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཡོན་ཏན་གྱི་རྩཝ་དང་ལོ་ཐོག་དང་ནགས་ཚལ་སྐྱེད་པར་བྱེད་ཅིང་འཕེལ་པར་བྱེད་དོ། །ཅི་ལྟར་འཇུག ་དོགས་བདེ་བ་ལྟ་བུ་ཡིན་ཞེ་ན། རྒྱུ་ལྔ་དག་གིས་འཇུག་དོགས་བདེ་བ་ལ་བསྟེན་པར་བྱེད་དོ། དྲི་མ་བཀྲུ་པའི་ཕྱིར་དང། གདུང་བ་རབ་ཏུ་ཞི་བར་བྱ་པའི་ཕྱིར་དང། དགའ་བའི་རྩེ་བ་མྱོང་བར་བྱ་བའི་ཕྱིར་དང། ཚུ་རོལ་ནས་ཕ་རོལ་ཏུ་འགྲོ་པའི་ཕྱིར་རོ།། ་དེ་བཞིན་དུ་སངས་རྒྱས་ཀྱི་གསུང་འཇུག་ངོགས་བདེ་བ་ལ་བརྟེན་པ་ནི་འཆལ་པའི་ཚུལ་ཁྲིམས་ཀྱི་དྲི་མ་བཀྲུ་བའི་ཕྱིར་དང། འདོད་པའི་གདུང་བ་རབ་ཏུ་ཞི་བར་བྱ་བའི་ཕྱིར་དང། །ཡང་སྲིད་པའི་སྲེད་པ་གདུལ་བར་བྱ་བའི་ཕྱིར་དང། བསམ་གཏན་དང། ་མངོན་པར་ཤེས་པ་དང། ཚད་མེད་པ་དང་རྣམ་པར་ཐར་པ་ལ་སོགས་པ་ཡོན་ཏན་ཁྱད་པར་ཅན་ལ་དགའ་བའི་རྩེ་བ་མྱོང་པར་བྱ་བའི་ཕྱིར་དང། ཕྱི་རོལ་འཇིགས་ཚོགས་ལས་ཕ་རོལ་མྱ་ངན་ལས་འདས་པར་འགྲོ་བའི་ཕྱིར་རོ། །རྒྱུ་རྣམ་པ་གསུམ ་པོ་དག་གིས་རས་ཡུག་ལ་གཟུགས་མངོན་པར་འགྲུབ་པར་མི་ནུས་ཏེ། རས་ཡུག་མི་བརྟན་པ་དང། དྲི་མ་ཅན་དང་མ་སྙོམས་པའི་སྐྱོན་ཡོད་པའི་ཕྱིར་དང། ཚོན་རྩི་མི་བཟང་བའི་ཕྱིར་དང། རི་མོ་མཁན་མ་བསླབས་པའི་ཕྱིར་རོ། །དེ་བཞིན་དུ་ཉན་པ་པོའི ་སྐྱེ་བོའི་ཡིད་ཀྱི་རས་ཡུག་ལ་རྒྱུ་གསུམ་དག་གིས་ཡང་དག་པའི་ཡེ་ཤེས་ཀྱི་གཟུགས་མངོན?་པར་འགྲུར?་བར་མི་འགྱུར་ཏེ། དེ་མི་བརྟན་པ་དང། དྲི་མ་ཅན་དང། མ་སྙོམས་པའི་སྐྱོན་ཡོད་པའི་ཕྱིར་ཏེ། རྣམ་པར་གཡེང་བ་དང། སྒྲིབ ་པ་དང། སྔོན་གྱི་སྒྲིབ་པའི་ཕྱིར་དང། ཉེས་པར་བཤད་པའི་ཆོས་ཀྱི་ཚོན་རྩི་མི་ཟད་པའི་ཕྱིར་དང། ཆོས་སྨྲ་བའི་ཕྱི་མོ་མཁན་མ་བསླབས་པའི་ཕྱིར་རོ། །འདི་ལ་ཚོན་རྩིའི་སྐྱོན་མེད་དེ། ཆོས་ཀྱི་ཚོན་རྩི་ལེགས་པར་བཤད ་པའི་ཕྱིར་རོ། །ཁྱེད་དམ་ང་ལ་སྐྱོན་དུ་གྱུར་པ་དེ་ཡོངས་སུ་སྤངས་པའི་ཕྱིར་ཁྱེད་ཀྱིས་ཀྱང་གུས་པར་བྱས་ཏེ། སངས་རྒྱས་ཀྱི་བཀའ་མཉན་པར་བྱ་བ་ལ། ངས་ཀྱང་སྨྲ་བར་བྱའོ། །བོང་བུ་ཞིག་ཁེལ་གྱིས་དུབ་པ་ལ་རྟེའུ་ཞིག་ན་རེ་བྲོ་བརྡུང་ངོ་ཞེས་སྨྲས ་པ་དང། ངེས་ཁྱོད་བྲོ་བརྡུངས་ཤིག་།ངས་རྣ་བ་སྒུལ་ལོ་ཞེས་སྨྲས་སོ། །དེར་རྟེའུ་བྲོ་བརྡུངས་པ་དང་མཐུན་པར་བོང་བུ་རྣ་བ་བསྒུལ་ལོ། །དེ་བཞིན་ངས་ཆོས་བཤད་པའི་ཁུར་ཁྱེར་བ་དང་རྗེས་སུ་མཐུན་པར་ཁྱེད་ལ་རྣ་བཏང་པས་རྣ་བ་བསྒུལ་བར ་ཡང་སྤྲོ་བ་མེད་དོ། །རྒན་པོ་ཞིག་གིས་མི་རིགས་པ་བསྐྱེད་ནས་བུད་མེད་གཉར་བ་ལས་ངེས་མ་འདོད་པ་དང། ངེས་མདོ་སྡེ་དང་འགལ་ཏེ། གང་བཅོམ་ལྡན་འདས་ཀྱིས་བུད་མེད་ནི་སྐྱེས་པ་སེམས་པ་ཡིན་ནོ། ཞེས་སྨྲས་སོ། །དེ་བཞིན་དུ་ཁྱེད་དང་ཀྱང ་དམ་པའི་ཆོས་ཉན་པ་མི་འདོད་པ་ནི་མདོ་སྡེ་དང་འགལ་ཏེ། ཇི་སྐད་དུ་དང་པའི་རྟགས་ལས་དམ་པའི་ཆེས་ཉན་འདོད་པ་དང། འཕགས་པ་རྣམས་མཐོང་བར་འདོད་པ་ཡིན་ནོ། ཞེས་རྒྱ་ཆེར་གསུངས་སོ། །བུད་མེད་དབུལ་མོ་རྒོད་བག་ཅན་ཞིག ་སྔོན་ཕྱུག་པོར་གྱུར་པའི་ཁྱིམ་ཞིག་ན་འདུག་གོ་།དེར་ཆོམ་རྐུན་པ་ཞིག་གིས་མཚན་མོ་གླགས་ལྟ་བའི་ཕྱིར་ཁྱིམ་ཕུག་སྟེ་ནང་དུ་ཞུགས་པ་དང། མུན་ཁྲོད་དུ་རྫ་སྣོད་སྟོང་པ་དག་ཅིག་ལ་བབ་ནས་སྒྲ་བྱུང་བ་དང། བུད་མེད་དེས་བུ་བདག་གིས ་ཉི་མའི་གུང་ལ་ཀུན་ཏུ་བཙལ་ཀྱང་ཅི་ཡང་མ་རྙེད་ན་ཁྱོད་ཀྱིས་མུན་པའི་ནང་དུ་རྙེད་པར་ལྟ་གལ་འགྱུར་ཞེས་སྨྲས་སོ། །དཔེ་འདིས་ཅི་བསྟན་ཅེ་ན། བློ་གསལ་ཞིང་སྣང་བ་དང་བཅས་པས་ཀྱང་སངས་རྒྱས་ཀྱི་བཀའ་ཨི་དགོངས་པའི་དོན་རིག་པ་རྙེད་པར ་དཀའ་ན་ལོག་པ་མུན་པའི་ཡིད་ཀྱིས་ལྟ་སྨོས་ཀྱང་ཅི་དགོས་ཞེས་གུས་པར་བྱས་ནས་སངས་རྒྱས་ཀྱི་བཀའ་མཉན་པར་བྱའོ་ཞེས་བསྟན་པ་ཡིན་ན། །བྷ་ར་ཏ་ལས་བྱུང་བའི་གཏམ་བརྗོད་པ་མུ་སྟེགས་ཐལ་བ་ཞིག་དུས་པ་དང། གཅིག་ཅིག་གིས་ལེགས? ་ལྡན་ཅིའི་ཕྱིར་དུ་ཞེས་སྨྲས་སོ། །རོལ་རྙེད་མ་ཉོན་མོངས་དེས་སྡུག་བསྔལ་ཅི་རྙེད་ཅིག་ཉམས་སུ་མྱོང་བར་གྱུར་པ་མཐོང་ངམ་ཞེས་སྨྲས་སོ། །འདི་མི་བྷ་ར་ཏ་ལས་བྱུང་བ་ཡིན་གྱི། ར་མ་ཡ་ནའི་ནི་མ་ཡིན་ནོ་ཞེས་སྨྲས་སོ། །བདག་གིས་རུས་པ་ནི་དོན་མེད ་དུ་ཞེས་སྨྲས་སོ། །དེ་བཞིན་དུ་བདག་ནི་ཆོས་འཆད་དེ། གལ་ཏེ་གཉིད་ལོག་ན་བདག་གིས་བཤད་པའི་དོན་མེད་དོ། །ཝ་ཞིག་སེང་གེས་ཤ་ཟོས་པའི་ལྷག་མ་འདོད་པའི་ཕྱིར་དེའི་ཕྱི་བཞིན་འབྲངས་པ་དང། དུས་གཅིག་ཅིག་ན་སེང་གེ་བཀྲེས ་པས་ཕག་ཆེན་པོ་ཞིག་བསད་ནས། དེས་ཝ་དེ་ལ་འདི་ཁུར་དུ་ཁྱེར་ཞེས་སྨྲས་པ་དང། དེ་ཉམས་སྟོབས་ཆུང་ནས་ཁུར་དེ་བཀུར་བར་མ་ནུས་ལ་ཁྲོས་ནས་བདག་ལ་བསོད་པར་མི་འགྱུར་གྲང་སྙམ་ནས་ནའི་ཚིག་ག་ལན་སྨྲ་བར་ཡང་སྤྲོ་བ་མེད་དོ། །འདི ་ནི་བླུན་ལ?་ང་རྒྱལ་ཅན་ཡིན་པར་ཤེས་ནས་འདིས་ཁུར་འདི་ཁྱེར་བ་ནི་བྱ་བ་གཉིས་པ་འཁུན་པ་དང། ཁུར་བཀུར་བར་བྱ་དགོས་ན་བདག་གིས་དུས་གཅིག་ཏུ་ལས་གཉིས་མི་ནུས་ཏེ། གཅིག་ཁྱོད་ཀྱིས་མཛོད་ཅིག་ཅེས་སྨྲས་སོ། །དེ་ང་བརྒྱལ ་ཅན་ཡིན་པས་འཁུན་པ་མི་འདོད་ནས་ཁྱོད་ཀྱིས་དེ་འཁུན་པ་ཕྱུར་ཤིག་དང། ངས་ཁུར་བཀུར་རོ་ཞེས་སྨྲས་སོ། །སེང་གེ་ནི་ཁུར་ཁྱེར། ཝ་ནི་འཁུན་འབྱིན་ཅིང་སེང་གེའི་ཕྱི་བཞིན་འབྲང་ངོ། །དེ་བཞིན་དུ་ངས་ཆོས་བཤད་པའི་ཁུར་ཁྱེར་ན་ཁྱེར ་ང་དང་མཐུན་པར་དེ་བཞིན་ནོ་ཞེས་ཀྱང་སྨྲ་མི་ནུས་སོ། །དེ་ལྟ་བས་ན་རྣ་བཏང་ཅིང་གཟུང་ལ་དོན་དུ་བསྒྲུབ་པས་ཡང་དག་པར་བསྒྲུབས་ཤིག་།བཅོམ་ལྡན་འདས་ཀྱིས་ཀྱང་ཆོས་ཉན་པའི་ཡོན་ཏན་ལྔ་གསུངས་ཏེ། མི་ཤེས་པ་ལ་ཤེས་པ་དང། ལོག ་པར་གཟུང་བས་འདོར་བ་དང། ཐེ་ཚོམ་དུ་གྱུར་པ་ངེས་པར་འཛིན་པ་དང། ངེས་པར་འབྱིན་པ་བརྟན་པར་བྱེད་པ་དང། འཕགས་པའི་ཤེས་རབ་ཀྱི་མིག་རྣམ་པར་འབྱེད་པའོ། །ཉི་མ་ནམ་མཁའ་ལ་འགྲོ་བས་བྱ་བ་ལྔ་བྱེད་དེ ་མི་རྣམས་ཀྱི་མཐོང་བ་སྐྱེད་པ་དང། འུག་པ་རྣམས་ཀྱི་མཐང་བ་བཟློག་པ་དང། ལོ་ཐོག་ལ་སོགས་པ་སྨིན་པར་བྱ་བ་སྨིན་པར་བྱེད་པ་དང། འདམ་ལ་སོགས་པ་སྐམ་པར་བྱ་བ་སྐེམས་པར་བྱེད་པ་དང། ལུས་དང་ཆུ་ལ་སོགས་པའི་གདུང་བར་བྱེད ་དེ་བཞིན་དུ་སངས་རྒྱས་ཀྱི་གསུང་གི་ཉི་མ་ནི་ཡང་དག་པའི་ལྟ་བ་སྐྱེད་པར་བྱེད་པ་དང། ལོག་པའི་ལྟ་བ་ཟློག་པར་བྱེད་པ་དང། གདུལ་བའི་ཞིང་རྣམས་ལ་དགེ་བའི་རྩ་བའི་ལོ་ཐོག་ཡོངས་སུ་སྨིན་པར་བྱེད་པ་དང། སྲིད་པའི་འདམ་སྐེམས་པར ་པར་བྱེད་པ་དང། བདུང་དང་གདུལ་བྱ་བག་མེད་པ་རྣམས་གདུང་བར་བྱེད་པ་ཡིན་ཏེ། དེའི་ཕྱིར་སངས་རྒྱས་ཀྱི་བཀའ་མཉན་པར་བྱའོ། །རྣམ་པ་གཅིག་ཏུ་ན་ཉི་མ་ནི་བྱ་བ་བརྒྱད་བྱེད་དེ། མུན་པ་སེལ་བར་བྱེད་པ་དང། སྣང་བ་སྐྱེད་པར་བྱེད་པ་དང ་གཟུགས་སྣ་ཚོགས་སྟོན་པར་བྱེད་པ་དང། མཆོག་ཏུ་དགའ་བ་སྐྱེད་པར་བྱེད་པ་དང། ཐ་སྙད་འཇུག་པར་བྱེད་པ་དང། ལས་ཀྱི་མཛའ་ལ་སྦྱོར་བར་བྱེད་པ་དང། ལོ་ཐོག་རྣམས་ཡོངས་སུ་སྨིན་པར་བྱེད་པ་དང། གནོད་པ་རབ་ཏུ་ཞི་བར་བྱེད་པའོ།། ་དེ་བཞིན་གཤེགས་པའི་བཀའ་ཨི་ཉི་མ་ནི་མ་རིག་པའི་མུན་པ་སེལ་བར་བྱེད་པ་དང། བཤད་པའི་ཆོས་སྣང་བར་བྱེད་པ་དང། སྡུག་བསྔལ་ལ་སོགས་པའི་བདེན་པ་སོ་སོར་རྟོགས་པའི་དེ་ཁོ་ན་ཉིད་སྟོན་པར་བྱེད་པ་དང། དམ་ང་རྣམས་ཀྱི་ཆོས་དགའ་ ་བས་ཆོག་ཏུ་དགའ་བ་སྐྱེད་པར་བྱེད་པ་དང། ཕུང་པོ་དང། ཁམས་དང། སྐྱེ་མཆེད་དང། རྟེན་ཅིང་འབྲེལ་བར་འབྱུང་བ་ལ་སོགས་པའི་ཐ་སྙད་འཇུག་པ་དང། ཚུལ་ཁྲིམས་དང། དབང་པོའི་སྒོ་བསྲུང་བ་ལ་སོགས་པ་ལས་ཀྱི་མཛའ་ལ་སྦྱོར་བ་དང། ་སེམས་ཅན་རྣམས་ཀྱི་དགེ་བའི་རྩ་བའི་ལོ་ཐོག་ཡོངས་སུ་སྨིན་པར་བྱེད་པ་དང། ཉོན་མོངས་པ་དང། སྡུག་བསྔལ་ཐམས་ཅད་ཀྱི་གནོད་པ་ཞི་བར་བྱེད་པའོ། །ཚིག་མང་དུ་ལོབས་ཀྱིས་ཀྱང་དོན་མི་ཤེས་ན་ངན་དེ་ཐོབ་པར་མི་འགྱུར་ཏེ། ཇི་ལྟར་བུས་པའི ་མགུལ་དུ་ནོར་ཁུག་བཏགས་པ་བཞིན་ནོ། །དེ་ལྟ་བས་ནི་མང་དུ་ཐོས་པ་ལས་ཀྱང་དོན་དེ་ཤེས་པར་བྱ་བའི་ཕྱིར་སངས་རྒྱས་ཀྱི་བཀའ་ཨི་དོན་མཉམ་པ་ལ་འབད་པ་དང་ལྡན་པར་བྱའོ། །མེལ་ཚེ་བ་སོ་སོར་རྟོག་པ་མེད་པ་གཉིད་མ་ལོག་ཅིང་སྒྲ་འབྱིན་པ ་ནི་རྐུན་མ་རྣམས་ཀྱིས་བརྐུས་པ་དེ་བཞིན་དུ་སྒྲ་ཙམ་ལ་མངོན་པར་བརྩོན་པའི་མང་དུ་ཐོས་པ་སོ་སོར་རྟག་མེད་པ་ཡང་ཉོན་མོངས་པའི་རྐུན་མ་རྣམས་ཀྱི་བརྐུ་བར་འགྱུར་རོ། །དོན་ཤེས་པ་མེད་པར་ཡང་སོ་སོར་རྟོག་པ་མང་ངོ། །ཅི་ལྟར་ལོང་བ་མར་མ་ཁྱེར ་བ་གཞན་དག་ལ་ཕན་པར་བྱེད་པར་ཟད་དེ། དོན་མངོན་པར་མི་ཤེས་པའི་མང་དུ་ཐོས་པ་འཛིན་པ་ཡང་དེ་དང་འདྲའོ་དེ་ལྟ་བས་ན་སངས་རྒྱས་ཀྱི་བཀའ་དོན་དུ་གཉེར་བས་དགེ་བའི་བཤེས་གཉེན་ལེགས་པར་སྟོན་པ་ལ་བརྟེན་པར་འབད་པར་བྱའོ། ། ་ལེགས་པར་སྟོན་པ་ལ་རྟེན་པ་ལ་ཕན་ཡོན་ལྔ་ཡོད་དེ། ལམ་ངན་པ་ཡོངས་སུ་སྤོང་བ་དང། ལམ་བཟང་པོ་ལ་ཡང་དག་པར་གནས་པ་དང། དགོན་པ་ལས་བརྒལ་ཞིང་དབུགས་འབྱིན་པ་དང། བདེ་བར་འགྲོ་བ་དང། ཡུལ་སྡུག་པ་ཀུན་ཏུ་ཐོབ ་པའོ། །དེ་བཞིན་དུ་དམ་པའི་ཆོས་ལེགས་པར་སྟོན་པ་ལ་ལེགས་པར་བརྟེན་པ་ལོག་པའི་ལྟ་བ་ལ་སོགས་པའི་ལམ་ངན་པ་ཡོངས་སུ་སྤོང་བ་དང། ཡང་དག་པའི་ལྟ་བ་ལ་སོགས་པ་ལམ་བཟོད་པ་ཀུན་ཏུ་ཐོས་པ་དང། འཁོར་བའི་དགོན་པ་ལས་སྒྲོལ་ཞིང་དབུགས ་འབྱིན་པ་དང། ངན་སོང་ལ་སོགས་པ་ལས་བརྒལ་བ་ལ་སོགས་པས་བདེ་བར་འགྲོ་བ་དང། ཡུལ་སྡུག་པ་མྱ་ངན་ལས་འདས་པ་ཐོབ་པའོ། །ནད?་པ་གསུམ་གྱིས་ལ་གནོད་པར་བྱེད་དོ། གང་ཟས་མི་ཟ་བ་དང། ཟས་མི་མཐུན་པ་ཟོས་པ་དང། གང་ཟས་མཐུན ་པ་ཟོས་པ་སྐྱུག་པའོ། །དེ་བཞིན་དུ་ཉོན་མོངས་པའི་ནད་པ་སེམས་ཅན་གསུམ་གྱིས་དམ་པའི་ཆོས་ཀྱི་ཡབ་སངས་རྒྱས་ལ་གནོད་པར་བྱེད་དེ། གང་ཆོས་འཆར་ཕན་ཉན་པར་མི་བྱེད་པ་དང། གང་ཚུལ་བཞིན་མ་ཡིན་པ་ཉམ ་པ་དང། གང་ཡང་དག་པར་ཐོས་པ་འཛིན་པར་མི་བྱེད་པ་སྟེ། ཇི་ལྟར་ཟས་མི་ཟ་བ་དེ་ལྟར་ཉན་པར་མི་བྱེད་དེ། དེ་ལ་མི་འཇུག་པའི་ཕྱིར་རོ། །ཅི་ལྟར་ཟས་མི་མཐུན་པ་ཟ་བ་དེ་ལྟར་ཚུལ་བཞིན་མ་ཡིན་པར་ཉན་པར་བྱེད་དོ། །ཚིག་དང་དོན་ཕྱིན་ཅི་ལོག་ཏུ་འཛིན ་པའི་ཕྱིར་རོ། །ཅི་ལྟར་ཁ་ཟས་མཐུན་པར་ཟོས་མ་སྐྱུགས་ལ་དེ་ལྟར་ཡང་དག་པར་ཐོས་པ་འཛིན་པར་མི་བྱེད་དེ། འདུན་པ་གཞན་པའི་ཉེས་པ་ཡོད་པའི་ཕྱིར་རོ། །རྣམ་པ་གཅིག་ཏུ་ན་རྒྱུ་གསུམ་གྱིས་བཤད་པ་འབྲས་བུ་དང་བཅས་པར་མི་འགྱུར་ཏེ། གཡེང ་བའི་ཉེས་པས་ཚིག་ཐོས་པར་མི་བྱེད་པའི་ཕྱིར་དང། ཤེས་རབ་ཀྱི་ཉེས་པས་ཚིག་དང་དོན་ལོག་པར་བཟུང་བའི་ཕྱིར་དང། འདུན་པ་ཞན་པའི་ཉེས་པས་གུས་པར་མཉན་པ་མི་འཛིན་པའི་ཕྱིར་ཏེ། བྲམ་ཟེ་ས་ག་དང། འཆི་ལྟས་ལ་སོགས་པ་བཞིན་ནོ། །སྣོད་ཁ ་བུག་པ་དང། མི་གཙང་བ་དང། རྡོལ་བར་ཆར་བབ་པ་དང་མི་འཇུག་པ་དང། བཅོག་པ་དང། མི་གནས་པས་དོན་མེད་པ་དང་འདྲ་སྟེ། དེ་བས་བཅོམ་ལྡན་འདས་ཀྱི་སྣོད་དེ་དག་སྤང་བའི་ཕྱིར། ཉོན་ལ་ལེགས་པར་རབ་ཏུ་ཡིད་ལ་ཟུང་ཤིག་ཅེས་དེ་སྐད་བཀའ་སྩལ ་ཏེ། དེ་ཉོན་ལ་ཞེས་བྱ་བ་ནི་རྣ་བ་བཏང་པ་ལ་ཡང་དག་པར་སྦྱར་བའི་ཕྱིར་རོ། །ལེགས་པར་ཞེས་བྱ་བ་ནི་དོན་ཕྱིན་ཅི་མ་ལོག་པར་གཟུང་བ་ལ་ཡང་དག་པའི་སྦྱར་བའི་ཕྱིར་རོ། །རབ་ཏུ་ཡིད་ལ་ཟུང་ཅིག་ཅེས་བྱ་བ་ནི་གུས་པར་གཟུང་བ་ལ་ཡང་དག་པར ་སྦྱར་བའི་ཕྱིར་རོ། །བཅོམ་ལྡན་འདས་ཀྱིས་བཀའ་འདི་ཉན་པ་ན་དགའ་བར་བྱེད། སེམས་པར་བྱེད། ཁོང་དུ་ཆུད་པར་བྱེད། ཁོང་དུ་ཆུད་ན་གྲོལ་བར་བྱེད། གྲོལ་ན་བཟང་བ་ཡིན་ཏེ། དེ་ལྟར་མདོར་ན་སངས་རྒྱས་ཀྱིས་བཀའ་ཨི་ཡོན་ཏན་མཛའ་ཡས་སོ། ་ཉེས་པ་ཆེན་པོ་ནི་གཉིས་ཏེ། གང་ཤིན་ཏུ་རྙེད་པར་དཀའ་བ་དང། གང་ཡུན་རིང་དུ་མི་གནས་པའོ། གང་དེ་ལྟ་བས་རིངས་པར་གུས་པར་མཉན་པར་བྱའོ། །ཚོགས་སུ་བཅད་པའི་དོན་བསྡུས་པ་བཅུ་པའོ།། །།སྡིག་པ་ཐམས་ཅད་མི་བྱ་སྟེ།། ་དགེ་བ་ཕུན་སུམ་ཚོགས་པར་བྱ། །རང་གི་སེམས་ནི་ཡོངས་སུ་གདུལ། །འདི་ནི་སངས་རྒྱས་བསྟན་པའོ། །ཞེས་ཚིགས་སུ་བཅད་པའོ། །བཅོམ་ལྡན་འདས་ཀྱིས་འདི་ཅིའི་ཕྱིར་གསུངས་ཤེ་ན། མདོར་ན་བཅོམ་ལྡན་འདས་ཀྱིས་བསྟན་པ་བསྒྲུབ་པ་ལ་ཡང་དག ་པར་སྦྱར་བའི་ཕྱིར་རོ། །བྱ་བ་མང་པོ་ཉིད་ཀྱིས་འཇིགས་པའི་སེམས་ཅན་རྣམས་བྱ་བ་ཉུང་བ་ཉིད་ལ་ཡང་དག་པར་སྦྱོར་བའི་ཕྱིར་དང། གཞུང་མང་པོ་མཉན་པ་དང་གཟུང་བས་འཇིགས་པ་རྣམས་མཉན་པ་ལ་སོགས་པ་ལ་མངོན་དུ་ཕྱོགས་པར་བྱ་བའི་ཕྱིར་རོ། ་དེ་ལ་སྡིག་པ་ཐམས་ཅད་མི་བྱ་བ་ནི་གང་ཡང་དག་པའི་ངང་པ་ཉིད་ཀྱིས་རབ་ཏུ་བྱུང་བ་ལུས་དང་ངག་ངག་གི་བསྡམས་ཏེ་གནས་ཤིང་ཆོས་ཀྱིས་ཆོས་གོས་ལ་སོགས་པ་འཚོལ་བས་འཚོ་བ་ཡོངས་སུ་སྦྱོང་བ་ཡིན་ཏེ། སྡིག་པ་ཐམས་ཅད་ནི་ཚུལ་ཁྲིམས་སུ ་གཏོགས་པའི་ཕྱིར་ལུས་དང་ངག་གི་ཡིན་གྱིས། ཡིད་ཀྱི་ནི་མ་ཡིན་ནོ། །སྡིག་པ་མི་བྱ་ཏེ་ཞེས་བརྗོད་པ་ལས་ཐམས་ཅད་ཅེས་སྨོས་པས་ནི་ཡུལ་དང་དུས་ཐམས་ཅད་དང་སྡིག་པ་ཐམས་ཅད་ཅེས་བྱ་བ་དེ་མི་བྱ་བར་ཤེས་པར་བྱ་བའི་ཕྱིར་རོ། །བཅོམ་ལྡན་འདས ་ནི་ཡུལ་ཐམས་ཅད་དུ་སྡིག་པ་མི་བྱ་བར་སྟོན་ཏེ། ཅི་ལྟར་གཙར?་བུ་པ་རྣམས་དཔག་ཚད་བརྒྱ་བན་ཆད་སྡིག་པ་བྱའོ་ཞེས་བརྗོད་པ་དང། དེ་བཞིན་དུ་དཔག་ཏུ་ཡོད་པར་དཔག་མེད་མཛའ་ཡས་ལས། །འབྱུང་བ་ཉེས་མེད་ཡོངས་སུ་སྤོང་བ་ནི། །འཇིག་རྟེན ་གཞན་དུ་བདེ་བ་དཔག་མེད་ཅིང། །མཛའ་ཡས་འབྱུང་བར་འགྱུར་བ་ཡིན་ཞེས་ཟེར་བ་ལྟ་བུ་ཡིན་ནོ། །དུས་ཐམས་ཅད་དུ་སྡིག་པ་མི་བྱ་བར་སྟོན་པ་ནི་ཇི་སྲིད་འཚོའི་བར་དུ་ཡང་དག་པར་བླངས་པ་མ་ཉམས་པ་ཡིན་གྱིས། ཇི་ལྟར་བྲམ་ཟེ་ལ་སོགས ་པ་སྡིག་པ་མི་བྱ་བར་སྟོན་པ་གཙང་བ་ལ་སོགས་པ་ལ་ཕྱུགས་གསོད་པ་དང། དེ་བཞིན་དུ་དཔེར་ན། རྒྱལ་པོ་ཀུ་རེ་ལྡན་ཚིག་གནོད་མ་ཡིན། །བུད་མེད་ལ་མིན་བག་མ་ལེན་དུས་དང། །སྲོག་ལ་བབ་དང་ནོར་ཀུན ་འཚོལ་ཚེ་མིན། །བརྫུན་ལྔ་ལྟུང་བར་བྱེད་པ་མིན་ཞེས་བཤད། ཅེས་ཟེར་བ་ལ་སོགས་པ་དང། དེ་བཞིན་དུ་བ་གླང་གསོད་པའི་མཆོད་སྦྱིན་བྱེད་པ་ན་མཆོད་སྦྱིན་བྱེད་པ་རྣམས་ཀྱིས་འདོམས་སུ་ཆུ་བླུགས་ནས་བཏུང་ངོ་ཞེས་ཟེར་བ་ལ་སོགས་པ་ལྟ་བུ ་མ་ཡིན་ནོ། །བཅོམ་ལྡན་འདས་ནི་སྡིག་པ་ཐམས་ཅད་མི་བྱ་བར་སྟོན་ཏེ། ཇི་ལྟར་ཁྱིམ་པ་རྣམས་སྡིག་པ་ཅུང་ཟད་མི་བྱེད་ལ་ཐམས་ཅད་མ་ཡིན་པ་ལྟ་བུ་མ་ཡིན་ཏེ། བསླབ་པའི་གཞི་ལྔ་རང་བརྒྱད་ཡང་དག་པར་ལེན་པའི་ཕྱིར་རོ། །དེ་བས་དགེ་སློང་རྣམས ་ཀྱི་སྤོང་བ་ཁྱད་པར་དུ་བསྟན་པའི་ཕྱིར། སྡིག་པ་ཐམས་ཅད་མི་བྱ་སྟེ་ཞེས་གསུངས་སོ། །མི་བྱ་ཞེས་བྱ་བའི་ཆོས་འདི་ཅི་ཞེ་ན། སྡིག་པ་བྱེད་པའི་གཉེན་པོ་སྟེ། ཚུལ་ཁྲིམས་དང། མ་ཆགས་པ་ལ་སོགས་པ་བཞིན་ནོ། །དགེ་བ་ཞེས་བྱ་བས་ནི ་ངོ་བོ་ཉིད་དང། འབྲེལ་པ་དང། རྗེས་སུ་འབྲེལ་པ་དང། བསླང་བ་དང། སྐྱེས་རྙེད་པ་དང། དོན་དམ་པ་དང། སྦྱོར་བ་དང། ཕན་གདགས་པ་དང། ཡོངས་སུ་འཛིན་པ་དང། མདུན་དུ་བྱེད་པ་དང། གཉེན་པོ་དང། ཉེ་བར་ཞི་བ་དང། རྒྱུ་མཐུན་པས ་དགེ་བའོ། །དེ་ལ་ངོ་བོ་ཉིད་ཀྱིས་ནི་དད་པ་ལ་སོགས་པ་སེམས་ལས་བྱུང་བའི་ཆོས་བཅུའོ། །འབྲེལ་པ་ནི་དེ་རང་མཚུངས་པར་ལྡན་པའི་ཆོས་རྣམས་སོ། །རྗེས་སུ་འབྲེལ་པས་ནི་དེ་དག་ཉིད་ཀྱི་བག་ཆགས་གང་ཡིན་པའོ། །བསླང་བས་ནི་དེས་ལུས ་དང་ངག་གི་ལས་ཀུན་ནས་བསླང་བའོ། །སྐྱེ་བ་རྙེད་པས་ནི་དགེ་བའི་ཆོས་དེ་དག་ཉིད་སྔོན་གོམས་པ་ལ་བསྟེན་ནས་དེ་དང་མཐུན་པའི་རྣམ་པར་སྨིན་པ་མངོན་པར་གྲུབ་པ་སྟེ། གང་གིས་དེ་དག་ཉིད་ལ་སོ་སོར་མི་བརྟགས་པར་འདོད་པ་གནས་པའོ།། ་དོན་དམ་པས་ནི་དེ་ཁོ་ན་ཉིད་དོ། །སྦྱོར་བས་ནི་སྐྱེས་བུ་དམ་པ་ལ་བརྟེན་ནས་དམ་པའི་ཆོས་མཉན་པ་དང། ཚུལ་བཞིན་ཡིད་ལ་བྱེད་པ་དང། ཆོས་དང་མཐུན་པར་ཆོས་བསྒྲུབ་པའོ། །ཕན་གདགས་པས་ནི་བསྒྲུབ་པའི་དངོས་པོ་བཞིས་སེམས་ཅན་ལ་ཕན ་འདོགས་པའི་དགེ་བ་གང་ཡིན་པའོ། །ཡོངས་སུ་འཛིན་པས་ནི་སྦྱིན་པ་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོས་སམ། ཚུལ་ཁྲིམས་ལས་བྱུང་བས་སམ། བསྒོམ་པ་ལས་བྱུང་བས་ཕྱུག་ཅིང་རིས་མཐོ་བར་སྐྱེ་བ་ཡོངས་སུ་འཛིན་པ་འམ་མཐོ ་རིས་སུ་སྐྱེ་བ་ཡོངས་སུ་འཛིན་པ་འམ། རྣམ་པར་བྱང་བ་དང་རྗེས་སུ་མཐུན་པར་ཡོངས་སུ་འཛིན་པས་སོ། །མདུན་དུ་བྱེད་པ་ནི་དེ་བཞིན་གཤེགས་པ་འམ། མཆོད་རྟེན་ནམ་གཟུགས་བརྙན་མདུན་དུ་བྱས་པ་འམ། ཆོས་སམ་ཆོས་ལ་གནས་པའི ་གང་ཟག་གམ། གླེགས་བམ་མདུན་དུ་བྱས་ནས་མཆོད་པ་བྱེད་པས་སོ། །གཉེན་པོས་ནི་གང་རྣམ་པར་སུན་འབྱིན་པའི་གཉེན་དང། རྣམ་པར་གནོན་པའི་གཉེན་པོ་དང། སྤོང་བའི་གཉེན་པོ་དང། ཐག་བསྲིང་བའི་ངོ་བོའི་གཉེན་པོ་དང་། ་ཉོན་མོངས་པའི་སྒྲིབ་པའི་གཉེན་པོ་དང། ཤེས་བྱའི་སྒྲིབ་པའི་གཉེན་པོའོ། །ཉེ་བར་ཞི་བས་ནི་འདོད་ཆགས་གཏན་སྤོང་བ་དང། ཞེ་སྡང་གཏན་སྤོང་བ་དང། གཏི་མུག་བསྟན་སྤོང་བ་དང། ཉོན་མོངས་པ་དག་ཐམས་ཅད་གཏན་སྤོང་བ་དང། འདུ ་ཤེས་དང་ཚོར་བ་འགོག་པ་དང། ཕུང་པོ་ལྷག་མ་དང་བཅས་པ་དང། ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་གང་ཡིན་པའོ། །རྒྱུ་མཐུན་པས་ནི་དེའི་དབང་གིས་འཇིག་རྟེན་དང། འཇིག་རྟེན་ལས་འདས་པ་དང་ཐུན་མོང་དང། ཐུན་མོང་? ་ཡིན་པའི་མངོན་པར་ཤེས་པ་ལ་སོགས་པའོ། །དེ་ལ་དགེ་བ་ནི་བསམ་གཏན་དང་མཚུངས་པར་ལྡན་པ་དང་བཅས་པ་བདེ་བའི་དོན་གྱི་མི་དགེ་བའི་ཆོས་ཐམས་ཅད་ཀུན་ཏུ་སྤྱོད་པའི་གཉེན་པོར་གྱུར་པའི་ཕྱིར་རོ། །རང་གི་སེམས་ནི་ཡོངས་སུ ་གདུལ། ཞེས་བྱ་བས་ནི་ཚུལ་ཁྲིམས་དང། ཏིང་ངེ་འཛིན་ལ་བརྟེན་ནས་གཞན་གྱི་སེམས་གདུལ་བ་ལ་མངོན་པར་བརྩོན་པ་རྣམས་རང་གི་སེམས་གདུལ་བ་ལ་ཡང་དག་པར་སྦྱོར་བའི་ཕྱིར་རོ། །འདི་ནི་སངས་རྒྱས་བསྟན ་པའོ། །ཞེས་བྱ་བ་ནི་དོན་ཇི་ལྟ་བ་བཞིན་རྟོགས་ནས་རྗེས་སུ་སྟོན་པ་ནི་བསྟན་པ་ཡིན་ནོ། །ཚིགས་སུ་བཅད་པ་འདི་ནི་བཅོམ་ལྡན་འདས་ཀྱིས་སོ་སོར་ཐར་པ་མདོར་བསྡུས་པ་བསྟན་པ་ལས་འབྱུང་ངོ། །ཚིགས་སུ་བཅད་པའི་དོན་བསྡུས་པ་བཅུ ་གཅིག་པའོ།། །།བསོད་ནམས་དག་ནི་བྱ་བ་སྟེ། །བསོད་ནམས་མ་བྱས་སྡུག་བསྔལ་ལོ། །འཇིག་རྟེན་འདི་དག་གཞན་དག་ཏུ། །བསོད་ནམས་བྱས་པ་དགའ་བར་འགྱུར། ཞེས་ཚིགས་སུ་བཅད་པའོ། །བཅོམ ་ལྡན་འདས་ཀྱིས་ཅིའི་ཕྱིར་གསུངས་ཤེ་ན། ཡང་དག་པར་འཛིན་དུ་གཞུགས་པའི་ཕྱིར་དང། བསོད་ནམས་མ་བྱས་སྡུག་བསྔལ་ལ། །ཀུན་ཏུ་སྐྱོ་བར་བྱ་བའི་ཕྱིར་དང། ཡང་དག་པར་རབ་ཏུ་དགའ་བར་བྱ་བའི་ཕྱིར་གསུངས་པར་མངོན་ནོ།། ་གདུལ་བར་བྱ་བ་ཅི་འདྲ་བ་རག་ཅིག་སྙམ་ན། ལེ་ལོ་དང་བག་མེད་པ་དང། ཡང་དག་པར་རབ་ཏུ་བརྩོན་པ་རྣམས་ལའོ། །བསོད་ནམས་དག་ནི་བྱ་བ་སྟེ། ཞེས་བྱ་བ་ནི་ལེ་ལོ་བྱེད་པ་ཡང་དག་པར་འཛིན་དུ་གཞུག་པའི་ཕྱིར་རོ། །བསོད་ནམས་མ་བྱས ་སྡུག་བསྔལ་ལོ། །ཞེས་བྱ་བ་ནི་བག་མེད་པ་རྣམས་ཀུན་ཏུ་སྐྱོ་བར་བྱ་བའི་ཕྱིར་རོ། །འཇིག་རྟེན་འདི་དང་གཞན་དག་ཏུ། །བསོད་ནམས་བྱས་པ་དགའ་བར་འགྱུར། ཞེས་བྱ་བ་ནི་ཡང་དག་པར་རབ་ཏུ་བརྩོན་པ་རྣམས་ཡང་དག་པར་དགའ་བར་བྱ་བའི ་ཕྱིར་རོ། །ཚེ་འདི་ལ་བདེ་འགྲོའི་རྒྱུ་དགེ་བའི་རྩ་བ་སོགས་པའི་ཕྱིར་དང། གཞན་དུ་རང་གིས་བྱས་པའི་ལས་ཀྱི་རྣམ་པར་སྨིན་པ་སོ་སོར་མྱོང་བའི་ཕྱིར་དགའ་བར་འགྱུར་རོ། །དེ་ལ་བསོད་ནམས་ནི་སྦྱིན་པ་དང། ཚུལ་ཁྲིམས་དང་བསྒོམས ་པ་ལས་བྱུང་བ་དག་གོ་།སྦྱིན་པ་ལས་བྱུང་བ་དག་ནི་སྦྱིན་པའི་རྒྱུ་ལས་བྱུང་བའོ། །དེ་བཞིན་དུ་ཚུལ་ཁྲིམས་དང། བསྒོམས་པའི་རྒྱུ་ལས་བྱུང་བའི་ཚུལ་ཁྲིམས་ལས་བྱུང་བ་ནི་བསྒོམ་པ་ལས་བྱུང་བ་སྟེ། ཇི་ལྟར་ཟས་ལས་བྱུང་བའི་སྲོག་དང། ་རྩཝ་ལས་བྱུང་བའི་བ་ལང་དག་བཞིན་ནོ། །ཡང་ན་སྦྱིན་པའི་རང་གི་ངོ་བོའི་བསོད་ནམས་ནི་སྦྱིན་པ་ལས་བྱུང་བའོ། །དེ་བཞིན་དུ་ཚུལ་ཁྲིམས་ལས་བྱུང་བ་དང། བསྒོམས་པ་ལས་བྱུང་བ་སྟེ་ཇི་ལྟར་འཇིམ་པ་ལས་བྱུང་བའི་གནོད་བཞིན་ནོ། །བསོད ་ནམས་ཞེས་བྱ་བའི་དོན་ཅི་ཞེ་ན། ཡང་དང་ཡང་དུ་དགེ་བར་འགྱུར་བའི་ཕྱིར་བསོད་ནམས་སོ། །ཡང་ན་མི་དག་སྦྱིན་པར་བྱེད་པ་འམ། སེལ་བར་བྱེད་པའི་ཕྱིར་བསོད་ནམས་སོ། །དེ་ཡང་འདོད་པ་དང་ལྡན་པའི་དགེ་བ་སྟེ། སྡུག་པའི་རྣམ་པར་སྨིན ་པའི་ཕྱིར་རོ། །སྦྱིན་པ་ཞེས་བྱ་བ་འདི་ཅི་ཞེ་ན། གང་སྦྱིན་པར་བྱ་བ་མ་ཡིན་ནམ། དེ་ནི་དེ་ལྟར་མ་ཡིན་ཏེ། དེ་ནི་སྦྱིན་པར་བྱ་བ་ཉིད་ཡིན་ནོ། །འོན་ཀྱང་གང་གིས་སྦྱིན་པར་བྱ་བ་དེ་སྦྱིན་པ་མ་ཡིན་པར་ཁོང་དུ་ཆུད་པར་བྱ་ཏེ། གཞལ་བ་ཡིན་ནོ།། ་འགྲན་པ་དང་གྲགས་པ་དང། འདོད་པ་དང་འཇིགས་པ་དང། སྡུག་པ་དང། བརྟེན་པས་ཀྱང་སྦྱིན་པར་བྱེད་དེ། དེ་དག་ལས་ཁྱད་པར་དུ་བྱ་བའི་ཕྱིར་བཤད་པ་ནི་མཆོད་པ་དང། ཕན་འདོགས་པའི་དོན་དུ་སྟེ། ཡོངས་སུ་མྱ་ངན་ལས་འདས ་པ་ལ་སོགས་པས་མཆོད་པའི་བསམ་པས་སྦྱིན་པར་བྱེད་པ་དང། དེ་ལས་གཞན་པ་དག་ལ་ནི་དབང་པོའི་འབྱུང་བ་ཆེན་པོ་ལ་ཕན་འདོག་པར་འདོད་པ་སྟེ། གང་གིས་དོན་དུ་སྦྱིན་པར་བྱེད་པ་བཤད་ཟིན་ཏོ། །ཡང་གང་གིས་སྦྱིན་པར་བྱེད ་ཅེ་ན། སེམས་ཀྱི་ཚོགས་ཀྱི་ཀུན་ནས་བསླང་པའི་ལུས་དང་ངག་གི་ལས་ཀྱིས་སོ། །འདི་ནི་སྦྱིན་པའི་མཚན་ཉིད་ཡིན་ཏེ་གང་ཚེ་སྐྱེས་བུ་དགེ་ཡིད་ཀྱིས། །རང་གི་རྫས་ནི་སྦྱིན་བྱེད་པ། །དེ་ཚེ་ཕུང་པོ་དགེ་བ་རྣམས། །སྦྱིན་པ་ཞེས་ནི་མངོན་པར ་བརྗོད། ཅེས་གསུངས་སོ། །སྦྱིན་པ་ལས་བྱུང་བའི་བསོད་ནམས་ཀྱི་འབྲས་བུ་ཅི་ཞེ་ན། མྱ་ངན་ལས་འདས་པ་དང་སེམས་ཅན་ཐམས་ཅད་ལ་སྔོས་པའི་འབྲས་བུ་ཐར་པ་དང། འབྲས་བུ་ལོངས་སྤྱོད་ཆེན་པོ ་སྟེ། འབྲས་བུ་ལོངས་སྤྱོད་ཆེན་པོ་ཉིད་ནི། འབྲས་བུ་ལོངས་སྤྱོད་རྒྱ་ཆེ་ཞིང་གྱ་ནོམ་པར་ཚད་མེད་པའི་ཕྱིར་རོ། །ཡང་སྦྱིན་པ་དེ་ཅིའི་ཕྱིར་སྦྱིན་པར་བྱེད་ཅེ་ན། བདག་དང་གཞན་གྱི་དོན་དང། གཉི་གའི་དོན་དུ་སྦྱིན་པར་བྱེད་དེ། དོན་གཉིས ་མཐོང་ནས་སྦྱིན་པ་སྦྱིན་པར་བྱེད་པ་ནི་བདག་ཉིད་ཀྱིས་དགེ་བའི་རྩ་བ་བསགས་པར་བྱ་བའི་ཕྱིར་དང། ལེན་པ་པོའི་དབང་པོའི་འབྱུང་བ་ཆེན་པོ་ལ་ཕན་གདགས་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་མིང་དོན་དང་མཐུན་པ་ཡིན་ཏེ། སྦྱིན་པ་པོ་དང ་ལེན་པ་པོ་དག་གི་དབུལ་བའི་གདུང་བ་སེལ་བའི་ཕྱིར་བྱིན་པའོ། །སྦྱིན་པ་པོ་ནི་རྣམ་པ་གཉི་ཏེ་ཉོན་མོངས་པ་དང་བཅས་པ་དང། ཉོན་མོངས་པ་མེད་པའོ། །ཉོན་མོངས་པ་དང་བཅས་པ་ཡང་རྣམ་པ་གཉིས་ཏེ། འདོད་པའི་འདོད་ཆགས ་དང་མ་བྲལ་བ་དང། འདོད་པའི་འདོད་ཆགས་དང་བྲལ་བའོ། །འདོད་པའི་འདོད་ཆགས་དང་མ་བྲལ་བ་ཡང་རྣམ་པ་གཉིས་ཏེ། འཕགས་པ་དང། སོ་སོའི་སྐྱེ་བོའོ། །དེ་ལ་གང་འདོད་པའི་འདོད་ཆགས་དང་མ་བྲལ་བའི་འཕགས ་པ་དང། འདོད་ཆགས་དང་བྲལ་བའི་སོ་སོའི་སྐྱེ་བོས་མཆོད་རྟེན་ལ་སྦྱིན་པ་དེའི་དགེ་བའི་རྩ་བ་ལ་སོགས་པ་རྣམ་པ་གཉིས་སུ་འགྱུར་ཏེ། འབྲས་བུ་ལོངས་སྤྱོད་ཆེ་བ་ཉིད་དང། དོན་གྱི་མཆོག་ཐོབ་པའི་ཚོགས་སུ་འགྱུར་བའོ། །འཕགས ་པ་འདོད་ཆགས་དང་བྲལ་བ་ནི་འབྲས་བུ་ལོངས་སྤྱོད་ཆེ་བ་ཉིད་མེད་དེ། དེ་རྣམ་པར་སྨིན་པའི་ས་ལས་ཤིན་ཏུ་འདས་པའི་ཕྱིར་རོ། །གང་ལ་ཡང་ཕན་པ་མེད་པའི་ཕྱིར་རང་གི་དོན་ཁོ་ནར་ཟད་དེ། དོན་གྱི་མཆོག་ཐོབ་པོ་ཞེས་བྱ་བའི་ཐ་ཚིག་གོ། ་གང་ཉོན་མོངས་པ་མེད་པས་སེམས་ཅན་གཞན་དག་ལ་སྦྱིན་པར་བྱེད་པ་ནི་དེ་ལ་ནི་དགེ་བའི་རྩ་བ་ལ་སོགས་པ་རྣམ་པ་གཉིས་གང་ཡང་མེད་པའི་ཕྱིར་རང་གི་དོན་གང་ཡང་མེད་མོད་ཀྱི་དེ་གཞན་གྱི་དོན་དུ་ཟད་དོ། །ཉོན་མོངས་པ་དང་བཅས་པའི་སྲོག་ཆགས་རྣམས ་ལ་སྦྱིན་པ་ནི་གཉི་གའི་དོན་དུ་འགྱུར་རོ། །ཉོན་མོངས་པ་མེད་པ་དག་གི་མཆོད་རྟེན་ལ་སོགས་པ་ལ་སྦྱིན་པ་ནི་གཉི་གའི་དོན་དུ་མི་འགྱུར་རོ། །ཁྱད་པར་མེད་པར་སྦྱིན་པའི་འབྲས་བུ་ལོངས་སྤྱོད་ཆེ་བ་ཉིད་དོ་ཞེས་བཤད་པ་དེའི་ཁྱད་པར་ནི་རྒྱུ་བརྒྱུད་ཀྱིས་ཏེ། ་ཞིང་དང་དངོས་པོ་དང། ཡིད་ལ་བྱེད་པ་དང་བསམ་པ་དང། དེ་ལ་གཞན་པའི་ཡོངས་སུ་བཟུང་བ་དང་རྟེན་པ་དང། མང་དུ་བྱེད་པ་དང། སྐྱེ་བོ་མང་པོས་སོ། །དེ་ལ་ཞིང་གི་ནི་གལ་ཏེ་ཞིང་སྦྱིན་གནས་ཡོན་ཏན་དང་ལྡན་པ་ཞིག་ཡོད་ན་དེ་སྦྱིན་པའི་འབྲས་བུ ་ཆེ་བ་ཡིན་ཏེ། ཞིང་ཡོན་ཏན་དང་ལྡན་པ་དང་ཡང་སངས་རྒྱས་དང། ཆོས་དང་དགེ་འདུན་ནམ། གང་ཟག་ཁྱད་པར་ཅན་གཞན་དག་གོ་།གཉིས་ཀྱི་ཞིང་མཚུངས་ན་གང་གི་ལས་སྟོབས་དང་ལྡན་པར་རིག་པར་བྱ་ཞེ་ན། དངོས་པོ་ཏེ་གང་གི་དངོས་པོ་ནོར་བུ ་དང། གསེར་དང་དངུལ་ལ་སོགས་པ་བཟང་ཞིང་མང་ན་དེའི་དངོས་པོ་ཁྱད་པར་ཅན་གཟུང་བའི་ཕྱིར་ཏེ་ལས་སྟོབས་དང་ལྡན་པ་འགྲུབ་སྟེ། ཅིག་ཤོས་ཀྱིས་ནི་མ་ཡིན་ནོ། །གཉིས་ཀྱི་དངོས་པོ་དང་ཞིང་ཡང་མཚུངས་ན་གང་གི་ལས་སྟོབས་དང་ལྡན་པར་རིག? ་པར་བྱ་ཞེ་ན། ཡིད་ལ་བྱེད་པ་སྟེ་གང་བྱེད་པ་དང་དྲག་པོ་དང་ལྡན་པས་སྦྱིན་པ་ནི་ཡིད་བྱེད་པས་ཟིན་པའི་ཕྱིར་ལས་སྟོབས་དང་ལྡན་པར་རིག་པར་བྱས་ཏེ། ཅིག་ཤོས་ཀྱིས་ནི་མ་ཡིན་ནོ། །གཉིས་ཀྱི་དེ་དག་ཀྱང་མཚུངས་ན་གང་གི་ལས་སྟོབས་ལྡན་པར ་རིག་པར་བྱ་ཞེ་ན། བསམ་པ་སྟེ་གང་མྱ་ངན་ལས་འདས་པའི་བསམ་པ་དང། སེམས་ཅན་ཐམས་ཅད་ལ་ཡོངས་སུ་བསྔོས་ནས་སྦྱིན་པ་ནི་དེའི་བསམ་པར་ཟིན་པའི་ཕྱིར་ལས་སྟོབས་དང་ལྡན་པར་རིག་པར་བྱ་སྟེ། ཅིག་ཤོས་ནི་མ་ཡིན་ནོ། །གང་མཐོ? ་རིས་ཀྱི་རྒྱུར་རམ། ལོངས་སྤྱོད་ཀྱི་རྒྱུར་རམ། འབྲས་བུའི་རྒྱུར་སྦྱིན་པ་སྦྱིན་པ་ནི་སློབ་དཔོན་ལྷས་ཀུན་ནས་འཛིན་པའི་བསམ་པ་ཡོད་པའི་ཕྱིར་ཚོད་པ་ལྟར་སྨད་པ་ཡིན་ནོ་ཞེས་གསུངས་སོ། །ཅི་སྟེ་འདི་ཡང་མྱ་ངན་ལས་འདས ་པའི་བསམ་པ་ཅན་ཡིན་ལ། འདི་ཡང་སེམས་ཅན་ཐམས་ཅད་ལ་ཡོངས་སུ་བསྔོས་ཏེ། སྔར་བསྟན་པའི་རྣམ་པ་རྣམས་མཚུངས་པ་ལ་སྦྱིན་ན་གང་གི་ལས་སྟོབས་དང་ལྡན་པར་རིག་པར་བྱ་ཞེ་ན། གཉིས་པོ་དེ་ལས་གཞན་པ་ཡོངས་སུ་བཟུང་བ་སྟེ། ་དེ་ལས་གཞན་པ་ནི་དེ་ལས་གཞན་པ་སྟེ། སྦྱིན་པ་ལས་གཞན་པ་ནི་ཚུལ་ཁྲིམས་སོ། །སྦྱིན་པ་དེ་གང་ཡིན་པ་ཚུལ་ཁྲིམས་ཡོངས་སུ་བཟུང་བར་གྱུར་ན་དེའི་དེ་དག་ལས་གཞན་པས་གཟུང་བའི་ཕྱིར་ལས་སྟོབས་དང་ལྡན་པར་རིག་པར་བྱའི། ་སྦྱིན་པ་འབའ་ཞིག་ནི་མ་ཡིན་ནོ། །ཅི་སྟེ་འདིའི་སྦྱིན་པ་ཡང་ཚུལ་ཁྲིམས་ཀྱི་ཡོངས་སུ་བཟུང་བ་ཡིན་འདིའི་སྦྱིན་པ་པོ་ཡང་ཚུལ་ཁྲིམས་ཀྱིས་ཡོངས་སུ་བཟུང་བ་ཡིན་ལ། གཉིས་ཀའི་སྔར་བསྟན་པའི་རྣམ་པ་དེ་དག་ཀྱང་མཚུངས་ན། གང ་གི་ལས་སྟོབས་དང་ལྡན་པར་རིག་པར་བྱ་ཞེ་ན། རྟེན་གྱིས་ཏེ། ཅི་སྟེ་བསོད་ནམས་ཀྱི་བྱེད་པ་པོ་འཇིག་རྟེན་པའི་ལམ་གྱི་འདོད་ཆགས་དང་བྲལ་བ་ཞིག་ཡིན་ན་དེའི་བསྒོམས་པ་ལས་བྱུང་བའི་དགེ་བ་ཡོངས་སུ་སྒོམ་པའི་ཕྱིར་རྟེན་གྱི་ལས་སྟོབས ་དང་ལྡན་པར་འགྱུར་རོ། །ཇི་སྟེ་གཉིས་ཀ་ཡང་འདོད་པའི་ཁམས་ཀྱི་འདོད་ཆགས་དང་བྲལ་ལ་སྔར་བསྟན་པའི་རྣམ་པ་དག་ཀྱང་མཚུངས་ན། གཉིས་ཀ་ལས་གང་གིས་ལས་སྟོབས་དང་ལྡན་པར་རིག་པར་བྱ་ཞེ་ན་མང་དུ་བྱེད་པ་སྟེ། གལ་ཏེ ་ཡང་དང་ཡང་དུ་གོམས་པ་འམ་རྗེས་སུ་རྣམ་པར་བརྟགས་པ་ཡིན་ན་དེའི་ལས་སྟོབས་དང་ལྡན་གྱི། ཅིག་ཤོས་ཀྱིས་ནི་མ་ཡིན་ཏེ། ལན་འགའ་ཀུན་ཏུ་སྤྱད་པའི་ཕྱིར་རོ། །ཅི་སྟེ་གཉིས་ཀའི་མང་དུ་བྱེད་པ་ཡང་འདྲ་ལ་ཞིང་དང་དངོས་པོ ་དང་ཡིད་ལ་བྱེད་པ་དང། དེ་ལས་གཞན་པ་ཡོངས་སུ་བདག་ཀྱང་མཚུངས་ན་གཉིས་ལས་གང་གི་ལས་སྟོབས་དང་ལྡན་པར་རིག་པར་བྱ་ཞེ་ན། སྐྱེ་བོ་མང་པོ་སྟེ་གང་གིས་བདག་ཉིད་ཀྱང་བྱས་ལ་གཞན་ཡང་བྱེད་དུ་འཇུག་ན་རྒྱུད་དུ་མའི་བསོད་ནམས་བསྐྱེད ་པའི་ཕྱིར་དེ་ལས་སྟོབས་དང་ལྡན་པར་རིག་པར་བྱའོ། །འདི་ནི་སྦྱིན་པའི་ཁྱད་པར་ཏེ་སྦྱིན་པ་ལས་བྱུང་བའི་བསོད་ནམས་བསྟན་ཟིན་ཏོ། །དེ་ནས་ཚུལ་ཁྲིམས་ལས་བྱུང་བ་བརྗོད་པར་བྱ་སྟེ། རང་བཞིན་དང་བཅས་པའི་ཁ་ན་མ་ཐོ་བ་དང་བཅས་པ་ལས ་ལྡོག་པ་ནི་ཚུལ་ཁྲིམས་སོ། །དེ་ལ་རང་བཞིན་གྱི་ཁ་ན་མ་ཐོ་བ་དང་བཅས་པ་ནི་སྲོག་གཅོད་པ་ནས་ཚིག་འཁྱལ་བའི་བར་རོ། །བཅས་པའི་ཁ་ན་མ་ཐོ་བ་དང་བཅས་པ་ནི་དུས་མ་ཡིན་པའི་ཟས་ལ་སོགས་པ་སྟེ། འདི་ནི་རང་བཞིན་གྱི་འཚལ་བའི ་ཚུལ་ཁྲིམས་མ་ཡིན་ནོ། །གང་ཞིག་བསླབ་པ་ཡང་དག་པར་བླངས་པ་དེ་ལས་ལྷག་པར་འདས་པ་དེའི་ཚུལ་ཁྲིམས་དེ་ནི་འཆལ་བར་འགྱུར་རོ། །ལྡོག་པ་ཞེས་བྱ་བ་ནི་ཅི་ཞེ་ན། འདིས་ལྡོག་པས་ན་ལྡོག་པ་ཡིན་ཏེ་རྣམ་པར་རིག་པར་བྱེད་དོ། །ཡང་ན་ལྡོག་པ་འདི་ལྡོག་པ་སྟེ། ་རྣམ་པར་རིག་བྱེད་མ་ཡིན་ནོ། །དེ་བས་ན་གཉིས་ཀ་ལས་ལྡོག་པ་ནི་ཚུལ་ཁྲིམས་སོ། །དེ་ཉིད་ཀྱི་ཕྱིར་བཅོམ་ལྡན་འདས་ཚུལ་ཁྲིམས་ཡོངས་སུ་རྫོགས་པའི་མཚན་ཉིད་མངོན་པར་རྫོགས་པར་མཛད་པས་ཚུལ་ཁྲིམས་དང་ལྡན་པར་གནས་པ་དང། ་སོ་སོར་ཐར་པའི་སྡོམ་པས་བསྡམས་པ། ཆོ་ག་དང་སྤྱོད་ཡུལ་ཕུན་སུམ་ཚོགས་པ། ཁ་ན་མ་ཐོ་བ་ཕྲ་རབ་ཙམ་ལ་ཡང་འཇིགས་པར་ལྟ་བ། བསླབ་པའི་གཞི་རྣམས་ཡང་དག་པར་བླངས་ཏེ་སློབ་པོ་ཞེས་གསུངས་སོ། །དེ་ལ་ཚུལ་ཁྲིམས་དང་ལྡན ་པར་གནས་པ་ནི་བསླབ་པ་ཡང་དག་པར་བླངས་པ་སྲུང་བ་ཉིད་ཀྱི་ཕྱིར་ཚུལ་ཁྲིམས་དང་ལྡན་པས་ཚུལ་ཁྲིམས་དང་ལྡན་པའོ། །སོ་སོར་ཐར་པའི་བསྡོམས་པས་བསྡམས་པ་ནི་ངེས་པར་འབྱུང་བའི་ཚུལ་ཁྲིམས་ཀྱི་ཕྱིར་རོ། །སོ་སོར་ཐར་པས་སོ་སོར ་ཐར་པ་སྟེ། འདི་ལྟར་སྡོམ་པ་དེ་ནི་འཁོར་བ་ལས་ངེས་པར་འབྱིན་པར་བྱེད་པ་ཡིན་ནོ། །ཆོ་ག་དང་སྤྱོད་ཡུལ་ཕུན་སུམ་ཚོགས་པ་ནི། གཤེ་བ་མེད་པའི་ཚུལ་ཁྲིམས་མ་ཡིན་པའི་ཕྱིར། ཆོ་ག་ཕུན་སུམ ་ཚོགས་པ་ཡིན་ལ། དམ་པ་རྣམས་ཀྱི་སྤྱོད་པ་ལམ་ན་སྨད་པའི་ཕྱིར་སྤྱོད་ཡུལ་ཕུན་སུམ་ཚོགས་པ་ཡིན་ཏེ། སྤྱོད་ཡུལ་རྣམ་པ་ལྔ་སྤངས་པའི་ཕྱིར་རོ། །དགེ་སློང་གི་སྤྱོད་ཡུལ་མ་ཡིན་པ་ལྔ་སྟེ། སྒྲ་སྒྲོགས་པ་དང། ཆ་བྱད་དང་ཆང་འཚོང ་གི་གནས་དང། རྒྱལ་པོའི་འཁོར་དང། ལྔ་པ་རྐུན་པོའི་གནས་ཉིད་དོ། །དེ་ལ་སྒྲ་སྒྲོགས་པ་ནི་གང་དུ་སྒྲ་སྒྲོགས་ཤིང་བསྒྲགས་ཤིང་ལུག་ལ་སོགས་པ་བསོད་པའོ། །རྐུན་པོའི་གནས་ནི་ཆོམ་རྐུན་པ་འདུ་བའོ། །ལྷག་མ་ནི་གོ་སླ་པའི་ཕྱིར་མ ་སྨོས་སོ། །ཁ་ན་མ་ཐོ་བ་ཕྲ་རབ་ཙམ་ལ་འཇིགས་པར་ལྟ་བ་ནི་ཤིན་ཏུ་གུས་པས་སློབ་པའི་ཕྱིར་རོ། །ཁ་ན་མ་ཐོ་བ་ཕྲ་རབ་ཙམ་ནི་བཅས་པའི་ཁ་ན་མ་ཐོ་བ་དང་བཅས་པ་སྟེ། དེ་དག་ལ་རང་བཞིན་ཁ་ན་མ་ཐོ་བ་བཅས་པ་འདྲ་བར་ཤིན་ཏུ ་གུས་པས་སློབ་པའི་ཕྱིར་ཁ་ན་མ་ཐོ་བ་ཕྲ་རབ་ཙམ་ལ་འཇིགས་པར་ལྟ་ཞིང་གནས་སོ། །བསླབ་པའི་གཞི་རྣམས་ཡང་དག་པར་བླངས་ཏེ་སློབ་པོ་ཞེས་བྱ་བ་ནི་བསླབ་པ་ཀུན་ནས་རྫོགས་པར་བླངས་ཏེ། སློབ་པའི་ཕྱིར་བསླབ་པའི་གཞི ་རྣམས་ལ་ཡང་དག་པར་བླངས་ནས་སློབ་པའོ། །ཚུལ་ཁྲིམས་བཤད་ཟིན་ཏོ། །བསྒོམ་པ་ལས་བྱུང་བ་ནི་མཉམ་པར་གཞག་པའི་དགེ་བ་ལས་བྱུང་བ་ཡིན་ཏེ། ཏིང་ངེ་འཛིན་གྱི་ངོ་བོ་རྒྱུ་དང་བཅས་པའི་བསོད་ནམས་གང་ཡིན་པ་དེ་ནི ་སྒོམས་པ་ཞེས་བྱའོ། །ཅིའི་ཕྱིར་ཞེ་ན། སེམས་ཀྱི་བག་ཆགས་ཀྱི་ཕྱིར་ཏེ། འདི་ལྟར་མཉམ་པར་བཞག་པའི་དགེ་བ་ནི་མེ་ཏོག་དག་གི་ཏིལ་བཞིན་དུ་ཡོན་ཏན་རྣམས་ཀྱི་སེམས་གོས་པར་བྱེད་དེ། རྒྱུ་དེའི་ངོ་བོར་བྱེད་པའི་ཕྱིར་རོ།། ་རེ་ཞིག་སྦྱིན་པའི་འབྲས་བུ་ནི་ལོངས་སྤྱོད་ཆེན་པོ་ཉིད་དོ། །ཞེས་བསྟན་ཚུལ་ཁྲིམས་དང་བསྒོམ་པའི་འབྲས་བུ་ཅི་ཞེ་ན། གཙོ་བོར་མཐོ་རིས་དང་བྲལ་བའི་འབྲས་བུའོ། །སྦྱིན་པས་ཀྱང་མཐོ་རིས་སུ་འགྱུར་མོད་ཀྱི་གཙོར་ཚུལ་ཁྲིམས་ཞེས་བསྟན་ཏོ། །ཚུལ་ཁྲིམས་ཀྱང ་བྲལ་བར་འགྱུར་མོད་ཀྱི་གཙོར་བསྒོམས་པ་ཉིད་བསྟན་ཏོ། །དེ་བཞིན་དུ་ཚུལ་ཁྲིམས་ཀྱང་ལོངས་སྤྱོད་ཆེན་པོ་ཉིད་དུ་འགྱུར་མོད་ཀྱིས་གཙོར་བོར་སྦྱིན་པ་ཉིད་བསྟན་ཏོ། །དེ་ལྟར་རེ་རེའི་དོན་དུ་བསྟན་ལ་དབབ་པ་སྤྲོས་ནས་བརྗོད་པར་བྱ་བ་མང་དུ་འགྱུར་བས་ཞར་ལ་འོངས ་བས་ཆོག་གོ་།ཚིགས་སུ་བཅད་པའི་དོན་བསྡུས་པ་ལས་བཅུ་གཉིས་སོ། །།བདེན་པར་སྨྲ་བྱ་ཁྲོ་མི་བྱ། སློང་ལ་ཆུང་ཡང་སྦྱིན་པར་བྱ། །འདིར་ནི་གནས་གསུམ་དེ་དག་གིས། །ལྷ་རྣམས་ཀྱིས་ནི་ནང་དུ་འགྲོ་ཞེས ་ཚིགས་སུ་བཅད་པའོ། །བཅོམ་ལྡན་འདས་ཀྱིས་འདི་ཅིའི་ཕྱིར་གསུངས་ཤེ་ན། ཅི་རིགས་པར་ཆགས་པ་དང། ཞེ་སྡང་དང་གཏི་མུག་སྤངས་པའི་ཐབས་ཡང་དག་པར་བསྟན་པའི་ཕྱིར་རོ། །གདུལ་བྱ་ཅི་འདྲ་བ་དག་ཅིག་ཅེ་ན། ཕ་རོལ་བསླུ་བ་ལ་མངོན ་པར་དགའ་བ་དང། ཞེ་སྡང་ལ་མངོན་པར་དགའ་བ་དང། སེར་སྣ་ལ་མངོན་པར་དགའ་བ་དང། རྒྱུ་མེད་པ་དང་རྒྱུ་མི་མཐུན་པ་ལ་མངོན་པར་དགའ་བ་རྣམས་སོ། །བདེན་པར་སྨྲ་བྱ་ཞེས་བྱ་བ་ནི་ཕ་རོལ་བསླུ་བ་ལ་མངོན་པར་དགའ་བ་རྣམས་ཀྱིས་ཆགས ་པ་དང། ཞེ་སྡང་དང་གཏི་མུག་སྤངས་པའི་ཐབས་ཡང་དག་པར་བསྟན་པའི་ཕྱིར་རོ། །ཁྲོ་མི་བྱ་ཞེས་བྱ་བ་ནི་ཞེ་སྡང་ལ་མངོན་པར་དགའ་བ་རྣམས་ཀྱིས་ཞེ་སྡང་སྤང་བའི་ཐབས་ཡང་དག་པར་བསྟན་པའི་ཕྱིར་རོ། །སློང་ལ་ཆུ་ཡང་སྦྱིན་པར་བྱ། ཞེས་བྱ་བ་ནི ་སེར་སྣ་ལ་མངོན་པར་དགའ་བ་རྣམས་ཀྱི་ཆགས་པ་སྤང་བའི་ཐབས་ཡང་དག་པར་བསྟན་པའི་ཕྱིར་རོ། །འདིར་ནི་གནས་གསུམ་འདི་དག་གིས། ལྷ་རྣམས་ཀྱི་ནི་ནང་དུ་འགྲོ་།ཞེས་བྱ་བ་ནི་རྒྱུ་མེད་པ་དང། རྒྱུ་མི་མཐུན་པ་ལ་མངོན་པར་དགའ་པ་རྣམས ་ཀྱི་གཏི་མུག་སྤང་བའི་ཐབས་ཡང་དག་པར་བསྟན་པའི་ཕྱིར་རོ། །རྣམ་པ་གཅིག་ཏུ་ན་ཚིགས་སུ་བཅད་པ་འདིས་ཡོངས་སུ་དག་པ་རྣམ་པར་བསྟན་ཏེ། ངག་གི་ལས་ཡོངས་སུ་དག་པ་དང་ཡིད་ཀྱི་ལས་ཡོངས་སུ ་དག་པ་དང། ལུས་ཀྱི་ལས་ཡོངས་སུ་དག་པ་དང། གནས་དང་གནས་མ་ཡིན་པ་ལ་མཁས་པ་ཡོངས་སུ་དག་པའོ། །བདེན་པར་སྨྲ་ཞེས་བྱ་བ་ནི་ངག་གི་ལས་ཡོངས་སུ་དག་པའོ། །ཁྲོ་མི་བྱ་ཞེས་བྱ་བ་ནི་ཡིད་ཀྱི་ལས་ཡོངས་སུ་དག་པའོ། །སློང་ལ ་ཆུང་ཡང་སྦྱིན་པར་བྱ་ཞེས་བྱ་བ་ནི་ལུས་ཀྱི་ལས་ཡོངས་སུ་དག་པའོ། །འདིར་ནི་གནས་གསུམ་འདི་དག་གིས། །ལྷ་རྣམས་ཀྱི་ནི་ནང་དུ་འགྲོ་།ཞེས་བྱ་བ་ནི་གནས་དང་གནས་མ་ཡིན་པ་ལ་མཁས་པ་ཡོངས་སུ་དག་པའོ། །རྣམ་པ་གཅིག་ཏུ་ན་འཕགས ་པའི་ལམ་ཡན་ལག་བརྒྱད་པའི་དབང་དུ་བྱས་ནས་ཚིགས་སུ་བཅད་པ་འདི་གསུངས་པར་མངོན་ཏེ། ཞལ་ནས་གསུངས་པའི་འཕགས་པའི་ལམ་ཡན་ལག་བཞི་པོ་དག་ནི་ཅི་རིག་པར་འཕགས་པའི་ལམ་ཡན་ལག་བཞི་པོ་དག་ཉིད་ཀྱི་ནང་དུ་འདུས་ཏེ། ་བདེན་པར་སྨྲ་བྱ་ཞེས་བྱ་བ་ནི་ཡང་དག་པའི་ངག་གོ་།ཁྲོ་མི་བྱ་ཞེས་བྱ་བ་ནི་ཡང་དག་པའི་རྟོག་པའོ། །སློང་ལ་ཆུང་ཡང་སྦྱིན་པར་བྱ། ཞེས་བྱ་བ་ནི་ཡང་དག་པའི་ལས་ཀྱི་མཛའ་ཨོ། །འདིར་ནི་གནས་གསུམ་འདི་དག་གིས། །ལྷ་རྣམས་ཀྱི་ནི་ནང་དུ་འགྲོ། ་ཞེས་བྱ་བ་ནི་ཡང་དག་པའི་ལྟ་བའོ། །ཡན་ལག་བཞི་པོ་འདི་དག་གིས་ཡང་དག་པའི་འཚོ་བ་དང། ཡང་དག་པའི་རྩོལ་བ་བསྡུས་པར་རིག་པར་བྱའོ། །ཡང་དག་པའི་ལྟ་བས་ནི་ཡང་དག་པའི་དྲན་པ་དང། ཡང་དག་པའི་ཏིང་ངེ་འཛིན་བསྡུས་ཏེ། འདི ་གཉིས་ནི་ས་མང་པོ་བ་མ་ཡིན་པའི་ཕྱིར་རོ། །རྣམ་པ་གཅིག་ཏུ་ན་རྒྱུ་རྣམ་པ་བདུན་གྱི་དབང་དུ་མཛད་ནས་དོན་རིག་པར་བྱ་སྟེ། མི་བསླུ་བའི་རྒྱུ་དང། ཚིག་བཟུང་བར་འོས་པའི་རྒྱུ་དང། གཟུགས་བཟང་བའི་རྒྱུ་དང། འཁོར་མང་པོའི་རྒྱུ་དང། ལོངས ་སྤྱོད་ཆེ་བ་ཉིད་ཀྱི་རྒྱུ་དང། ཕྱིན་ཅི་མ་ལོག་པའི་རྒྱུ་དང། དེས་ཉོན་མོངས་པ་མེད་པའི་རྒྱུ་ཅི་རིགས་པར་སྦྱར་ཏེ། བདེན་པར་སྨྲ་བྱ་ཞེས་བྱ་བས་ནི་ཚེ་འདི་དང། ཕ་རོལ་ལ་མི་སླུ་བའི་རྒྱུ་དང། ཚིག་བཟུང་བར་འོས་པ་ཉིད་ཀྱི་རྒྱུ་བསྟན་ཏོ། །ཁྲོ་མི་བྱ་ཞེས་བྱ་བ་ནི་ཚེ་འདི་དང ་ཕ་རོལ་ཏུ་གཟུགས་བཟང་བའི་རྒྱུ་དང། འཁོར་མང་བའི་རྒྱུ་བསྟན་ཏོ། །སློང་ལ་ཆུང་ཡང་སྦྱིན་པར་བྱ་ཞེས་བྱ་བས་ནི་ལོངས་སྤྱོད་ཆེ་བ་ཉིད་ཀྱི་རྒྱུ་བསྟན་ཏོ། །འདིར་ནི་གནས་གསུམ་འདི་དག་གིས། །ལྷ་རྣམས་ཀྱི་ནི་ནང་དུ་འགྲོ་།ཞེས་བྱ་བས་ནི་ཕྱིན་ཅི་མ་ལོག་པའི ་རྒྱུ་དང། དེས་ཉོན་མོངས་པ་མེད་པའི་ཐབས་ཀྱི་རྒྱུ་བསྟན་ཏོ། །བསྡུས་པའི་དོན་ནི་ལྔ་པོ་དག་གིས་མངོན་པར་མཐོ་བའི་ལམ་བསྟན་ལ། གཉིས་པོས་ནི་ངེས་པར་ལེགས་པའི་ལམ་བསྟན་ཏོ། །ཡང་སྦྱིན་པ་རྣམ་པ་གསུམ་བསྟན་པའི་ཕྱིར་རྣམ་གྲངས་བཞི་སྟེ ་སྦྱིན་པ་རྣམ་པ་གསུམ་ནི། མི་འཇིགས་པའི་སྦྱིན་པ་དང། ཟང་ཟིང་གི་སྦྱིན་པ་དང། ཆོས་ཀྱི་སྦྱིན་པའོ། །དེ་བསྟན་པ་ནི་ཚིག་གཉིས་དང་རེ་རེས་སོ། །ཡང་ཚིགས་སུ་བཅད་པ་འདིས་རྟོན་པ་རྣམ་པ་གསུམ་བསྟན་ཏེ། སེམས་རྟོན་པ་དང་ལུས་རྟོན་པ་དང། ་དགེ་བ་རྟོན་པ་སྟེ་ཚིག་གཉིས་དང་རེ་རེའི་གོ་རིམས་བཞིན་ནོ། །ཡང་བྱིན་གྱི་བསླབས་བཞིའི་དབང་དུ་མཛད་ནས་དོན་རིག་པར་བྱ་སྟེ། བདེན་པ་དང་ཉེ་བར་ཞི་བ་དང། གཏོང་བ་དང་ཤེས་རབ་ཀྱིས་བྱིན་གྱིས་བརླབས་ཏེ། རིམ་བཞིན་སེམས་ཅན་དམྱལ་བ་དང། དུད་འགྲོ ་དང་ཡིད་དགས་དང། མི་ཁོམ་པར་སྐྱེ་བའི་རྒྱུ་ལས་ཡང་དག་པར་འདའ་བའ་ཨི་ཐབས་སུ་བསྟན་པའི་ཕྱིར་རོ། །ཚིགས་སུ་བཅད་པའི་དོན་བསྡུས་པ་བཅུ་གསུམ་པའོ།། །།བམ་པོ་གསུམ་པ་སྟེ་ཐ་མ། །བསོད་ནམས་དག་གི་རྣམ ་སྨིན་བདེ། །བསམ་པ་ཡང་དག་འགྲུབ་འགྱུར་ཞིང། །མྱུར་དུ་བྱང་ཆུབ་དམ་པ་དང། །མྱ་ངན་འདས་པ་ཐོབ་པར་འགྱུར། ཞེས་ཚིགས་སུ་བཅད་པའོ། །བཅོམ་ལྡན་འདས་ཀྱིས་འདི་ཅིའི་ཕྱིར་གསུངས་ཤེ་ན། རྣམ་པར་སྨིན་པ་ནི་རྒྱུ་མེད་པ་ཅན་ཡང་མ ་ཡིན་ལ། རང་བཞིན་དང་དབང་ཕྱུག་ལ་སོགས་པ་རྒྱུ་མི་མཐུན་པ་ཅན་ཡང་མ་ཡིན་ཏེ། རྒྱུ་མེད་པ་དང་རྒྱུ་མི་མཐུན་པར་སྨྲ་བ་དགག་པའི་ཕྱིར་གསུངས་པར་མངོན་ཏེ། འདི་སྐད་དུ་རང་བཞིན་གྱི་འབྱུང་རང ་བཞིན?་གྱི། །ལྡོག་སྟེ་འབྱུང་བ་པོ་རྣམས་ཀྱིས། །བྱེད་པ་པོ་ན་མེ་ཡིན་ཞེས། །གང་གིས་མཐོང་བ་དེས་མཐོང་ངོ། ཞེས་བྱ་བ་དང་དེ་བཞིན་དུ་ཡོན་ཏན་འདི་དག་རང་བཞིན་ལས་བྱུང་ན། མུན་གྱིས་བསྒྲིབས་ཕྱིར་ཕྱིན་ཅི་ལོག་སེམས་ཅན། །མི་མཁས་བདག ་གིས་བྱ་སྙམ་མངོན་རློམ་སྟེ། །རྩཝ་དགུག་བྱ་བའི་དབང་ཡང་ཡོད་མ་ཡིན། ཞེས་བྱ་བ་དང་དེ་བཞིན་དུ། མི་ཤེས་སྐྱེ་བོ་འདི་དག་ཉིད། །བདེ་སྡུག་འགའ་ལ་དབང་མེད་དེ། །ཆོས་དོན་འདོད་དང་ཐར་རྣམས་ཀྱིས། །རྒྱུ་ནི་སྐྱེས་བུ་ཡིན་པར་བཤད།། ་ཅེས་བྱ་བ་དང། རེ་བཞིན་དུ། དབང་ཕྱུག་གིས་ཀྱང་མཐོ་རིས་སམ། །དམ་གྲོག་ཉིད་དུ་འགྲོ་བར་འགྱུར། །ཞེས་སྨྲས་པ་ལྟ་བུ་ཡིན་ནོ། །རྣམ་པ་གཅིག་ཏུ་ན་བསོད་ནམས་བྱ་བའི་དངོས་པོ་འབྲས་བུ་དང་བཅས་པ་གསུམ་གྱི་དབང་དུ་བྱས་ནས་དོན་རིག ་པར་བྱ་སྟེ། བསོད་ནམས་དག་གི་རྣམ་སྨིན་བདེ། ཞེས་བྱ་བ་ནི་སྦྱིན་པ་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་འབྲས་བུ་དང་བཅས་པའི་དབང་དུ་བྱས་ནས་གསུངས་སོ། །བསམ་པ་ཡང་དག་འགྲུབ་འགྱུར་ཞིང། ཞེས་བྱ་བ་ནི་ཚུལ་ཁྲིམས ་ལས་བྱུང་བའོ། །ཚུལ་ཁྲིམས་ཀྱི་ཤེས་ཚིག་ལྷག་མ་སྦྱར་བར་བྱ་སྟེ། ཚུལ་ཁྲིམས་དང་ལྡན་པའི་སྨོན་ལམ་འགྲུབ་པར་འགྱུར་རོ་ཞེས་འགྱུར་པའི་ཕྱིར་རོ། །མྱུར་དུ་བྱང་ཆུབ་དམ་པ་དང། །མྱ་ངན་འདས་པ་ཐོབ་པར་འགྱུར། །ཞེས་བྱ་བ་ནི ་བསྒོམས་པ་ལས་བྱུང་བ་སྟེ། འདི་ཡང་རྒྱུན་དུ་བྱུང་བ་དང། གུས་པར་བྱ་བའི་སྤྱོད་པའི་བསྒོམས་པ་ལས་བྱུང་བས་ཞེས་བྱ་བར་མངོན་ནོ། །བྱང་ཆུབ་ནི་ཕུང་པོ་ལྷག་པ་དང་བཅས་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་མྱ་ངན་ལས ་འདས་པ་ནི་ཕུང་པོ་ལྷག་མ་མེད་པའོ། །འབྱུང་བ་འདི་ནི་རང་གི་ངོ་བོར་རིག་པར་བྱ་སྟེ། དཔེར་ན་རྩཝ་ལས་བྱུང་བའི་ཁྱིམ་དང། ལོ་མ་ལས་བྱས་པའི་སྣོད་ལྟ་བུའོ། །ཡང་བསོད་ནམས་བྱ་བའི་དངོས་པོའི་དོན་ཅི་ཞེ་ན། གསུམ་པོ་འདི་དག་ནི་ཅི་རིགས་པར་བསོད ་ནམས་དང། བྱ་བ་དང་དངོས་པོ་ཡིན་པས་བསོད་ནམས་བྱ་བའི་དངོས་པོ་སྟེ། རེ་ཞིག་སྦྱིན་པ་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་ལ་ལུས་དང་ངག་དང། ཡིད་ཀྱི་རྣམ་པ་གསུམ་ཆར་ཡིན་ཏེ། བསོད་ནམས་དང་བྱ་བ་དང། བསོད་ནམས་བྱ་བའི་དངོས ་པོ་ཡིན་པས་བསོད་ནམས་བྱ་བའི་དངོས་པོའོ། །དེ་ཀུན་ནས་སློང་བའི་སེམས་པ་ནི་བསོད་ནམས་དང་བྱ་བའོ། །དེ་དང་ལྷན་ཅིག་བྱུང་བའི་ཆོས་རྣམས་ནི་བསོད་ནམས་ཉིད་དོ། །དངོས་པོ་ནི་ལུས་དང་ངག་གི་ལས་དེ་ཉིད་དོ། །ཚུལ་ཁྲིམས་ལས་བྱུང་བ་ནི་ལུས ་དང། ངག་གི་ལས་ཁོ་ན་རྣམ་པ་གསུམ་ཡིན་ནོ། །བསྒོམས་པ་ལས་བྱུང་བ་ལས་བྱམས་པ་དང། སྙིང་རྗེ་ནི་བསོད་ནམས་དང་བྱ་བའི་དངོས་པོ་ཡང་ཡིན་ཏེ། དེ་དང་མཚུངས་པར་ལྡན་པའི་སེམས་པ་བྱམས་པ་དང་སྙིང་རྗེའི་སྒོ་ནས་མངོན་པར་འདུ་བྱེད་པའི ་ཕྱིར་རོ། །ཡང་ན་བསོད་ནམས་ཀྱི་བྱེད་པ་ནི་བསོད་ནམས་བྱ་བ་སྟེ། བསོད་ནམས་ཀྱི་སྦྱོར་པའོ། །དེའི་དངོས་པོ་ནི་དེ་དག་སྟེ། དེ་དག་བསྒྲུབ་པའི་དོན་དུ་བསོད་ནམས་ཀྱི་སྦྱོར་བ་བརྩོམ་པའི་ཕྱིར་རོ། །ཡང་སྦྱིན་པ་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོའི ་རྣམ་པར་སྨིན་པའི་ཁྱད་པར་ཅི་ལྟ་བུ་ཞེ་ན། སྦྱིན་པ་པོ་དང། དངོས་པོ་དང་ཞིང་གི་ཁྱད་པར་གྱིས་འབྲས་བུའི་ཁྱད་པར་དུ་འགྱུར་ཏེ། དེ་ལ་སྦྱིན་པ་པོའི་ཁྱད་པར་ནི་དད་པ་དང། ཚུལ་ཁྲིམས་དང། ཐོས་པ་ལ་སོགས་པའི་ཡོན་ཏན་དང་ལྡན་པའི ་ཕྱིར་དང། གུས་པ་དང་རང་གི་ལག་དང། དུས་སུ་དང། གནོད་པ་མེད་པའི་སྦྱིན་པ་དང་ལྡན་པའི་ཕྱིར་ཏེ། དད་པས་སྦྱིན་པ་བྱིན་པས་ནི་ཡོ་བྱད་ཐམས་ཅད་ཕུན་སུམ་ཚོགས་སོ། །གུས་པར་སྦྱིན་པས་ནི་བཀུར་སྟི་ཐོབ་པར་ཕུན་སུམ་ཚོགས ་སོ། །རང་གི་ལག་ནས་སྦྱིན་པས་ནི་ཡོངས་སུ་སྤྱོད་པ་རྒྱ་ཆེན་པོ་ལ་མོས་པ་ཕུན་སུམ་ཚོགས་སོ། །དུས་སུ་སྦྱིན་པས་ནི་དུས་སུ་ཐོབ་པའི་ལོངས་སྤྱོད་ཕུན་སུམ་ཚོགས་སོ། །གནོད་པ་མེད་པར་བྱིན་པས་ནི་བར་ཆད་མེད ་པའི་ལོངས་སྤྱོད་ཕུན་སུམ་ཚོགས་པ་སྟེ། དགེ་སློང་དག་ལྔ་པོ་འདི་དག་ནི་སྐྱེས་བུ་དམ་པའི་སྦྱིན་པ་ཡིན་ནོ་ཞེས་འབྱུང་བའི་མདོ་དང་མཐུན་ནོ། །དེ་ལྟ་བུ་ནི་རེ་ཞིག་སྦྱིན་པ་པོའི་ཁྱད་པར་ཏེ། དེའི་ཁྱད་པར་ལས་རྣམ་པར་སྨིན་པའི་ཁྱད་པར་དུ་འགྱུར་རོ། ་དངོས་པོའི་ཁྱད་པར་ནི་ཁ་དོག་ལ་སོགས་པ་ཕུན་སུམ་ཚོགས་པ་སྟེ། གལ་ཏེ་སྦྱིན་པར་བྱ་བ་གང་ཡིན་པ་དེ་ཁ་དོག་དང་དྲི་དང་རོ་དང། རེག་བྱ་གང་ཡང་རུང་བ་ཕུན་སུམ་ཚོགས་པ་ཡིན་ན་དངོས་པོ་དེ་ཁྱད་པར་དུ་འགྱུར་རོ། །དངོས་པོ ་ཁྱད་པར་ཅན་དེ་ལྟ་བུ་བྱིན་པའི་རྣམ་པར་སྨིན་པ་ཅི་འདྲ་བ་ཞིག་ཅེ་ན། རིམ་བཞིན་དུ་གཟུགས་བཟང་བ་ཉིད་དང། གྲགས་པ་ཉིད་དང། དགའ་བ་ཉིད་དང། ཤིན་ཏུ་གཞོན་ཞིང་དུས་ཚིགས་སུ་རེག་ན་བདེ་བའི་ལུས་སོ་ཞེས་གསུངས་ཏེ། ཁ ་དོག་ཕུན་སུམ་ཚོགས་པ་བྱིན་པས་ནི་གཟུགས་བཟང་བར་འགྱུར་རོ། །དྲི་ཕུན་སུམ་ཚོགས་པ་སྦྱིན་པས་ནི་གྲགས་པ་དང་ལྡན་པར་འགྱུར་ཏེ། དྲི་བཞིན་དུ་གྲགས་པས་ཕྱོགས་སུ་ཁྱབ་པའི་ཕྱིར་རོ། །རོ་ཕུན་སུམ་ཚོགས་པ་བྱིན་པས་ནི་རོ ་ཞིམ་པ་དང་འདྲ་བར་དགའ་བར་འགྱུར་རོ། །རེག་པ་ཕུན་སུམ་ཚོགས་པ་བྱིན་པས་འདིའི་ལུས་ཤིན་ཏུ་གཞོན་ཤ་ཅན་དང། དུས་ཚིགས་སུ་རེག་ན་བདེ་བར་འགྱུར་ཏེ། བུད་མེད་རིན་པོ་ཆེའི་བཞིན་ནོ། །ཞིང་ནི་འགྲོ་བ་དང། སྡུག་བསྔལ་བ ་དང། ཕན་པ་བྱེད་པ་ཉིད་ཀྱི་ཡོན་ཏན་དག་གིས་ཁྱད་པར་དུ་འགྱུར་ཏེ། འགྲོ་བའི་ཁྱད་པར་ལས་རེ་ཞིག་ཁྱད་པར་དུ་འགྱུར་བ་ནི་ཇི་སྐད་དུ། བཅོམ་ལྡན་འདས་ཀྱིས་དུད་འགྲོའི་སྐྱེ་གནས་སུ་སྐྱེས་པ་ལ་སྦྱིན་པ་བྱིན་ན་རྣམ་པར་སྨིན་པ ་བརྒྱ་འགྱུར་དུ་རེ་བར་བྱའོ། །ཚུལ་ཁྲིམས་འཆལ་པའི་མི་ལ་སྦྱིན་པ་བྱིན་རྣམ་པར་སྨིན་པ་སྟོང་འགྱུར་དུ་རེ་བར་བྱའོ། ཞེས་གསུངས་པ་ལྟ་བུའོ། །སྡུག་བསྔལ་བའི་བྱེ་བྲག་ལས་ཁྱད་པར་དུ་འགྱུར་པ་ནི་ཇི་ལྟར་རྫས་ལས་བྱུང་བའི་བསོད་ནམས་བྱ ་བའི་དངོས་པོ་དག་ལ་བློ་བུར་དུ་འོངས་པ་དག་ལ་སྦྱིན་པ་དང་འགྲོ་བ་ལ་སྦྱིན་པ་དང། ནད་པ་ལ་སྦྱིན་པ་དང། ནད་གཡོག་ལ་སྦྱིན་པ་དང། གྲང་བ་ལ་སོགས་པ་སྦྱིན་པ་གསུངས་ནས་རྫས་ལ་བྱུང་བའི་བསོད་ནམས་དངོས་པོ་བདུན་པོ་འདི་དག་ལྡན ་པའི་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་ནི་འགྲོ་བ་འམ། འདུག་གམ་གཉིད་ལོག་གམ། སད་པ་ན་རྟག་ཏུ་རྒྱུན་མི་འཆད་པར་བསོད་ནམས་མངོན་པར་འཕེལ་པ་ཉིད་དང། བསོད་ནམས་ཉེ་བར་སྐྱེ་བ་ཉིད་དོ། །ཞེས་གསུངས་པ་ལྟ་བུའོ། །འདིར ་ནི་རྐྱེན་གྱི་བྱེ་བྲག་ལས་སྡུག་བསྔལ་གྱི་ཁྱད་པར་ཏེ། ལེན་པའི་སྡུག་བསྔལ་གྱི་ཁྱད་པར་མེད་པར་བྱས་པ་ལས་སྦྱིན་པ་པོའི་འབྲས་བུའི་ཁྱད་པར་དུ་འགྱུར་རོ། །ཕན་པར་བྱེད་པ་ཉིད་ཀྱི་ཁྱད་པར་ནི་ཇི་ལྟར། མ་དང་ཕ་དང་གཞན་ཡང་ཕན་པ་བྱང ་བ་དག་སྟེ། དོམ་གྱི་སྐྱེས་པའི་རབས་ལྟ་བུར?་ཕ?་མ་བྱེད་པ་ལ་གནོད་པའི་འབྲས་བུ་མཐོང་བའི་ཕྱིར་ཕན་པའི་ལན་ལོན་པའི་འབྲས་བུ་རྗེས་སུ་དཔག་པར་བྱའོ། །ཡོན་ཏན་གྱི་ཁྱད་པར་ལས་ནི་ཇི་ལྟར་ཚུལ་ཁྲིམས་ཅན་ལ་སྦྱིན་པ་སྦྱིན་ན་རྣམས་པར་སྨིན་པ ་འབུམ་འགྱུར་དུ་འགྱུར་རོ་ཞེས་བྱ་བ་ལ་སོགས་པའོ། །བསོད་ནམས་དག་ནི་རྣམ་སྨིན་པ་དེ། །ཞེས་བྱ་བ་སྦྱིན་པ་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོའི་ཁྱད་པར་བཤད་ཟིན་ཏོ། །ཚུལ་ཁྲིམས་ལས་བྱུང་འབྲས་བུ་ནི་བདེ་འགྲོ་དང་བྱང ་གྲོལ་བ་ཐོབ་པ་སྟེ། སྒྲུབ་པ་དང་ཐོབ་པར་བྱེད་པའི་རྒྱུ་ཡིན་པའི་ཕྱིར་རོ། །ཅི་ལྟར་ན་བྱང་གྲོལ་ཚུལ་ཁྲིམས་དང་ལྡན་པ་ནི་སྨན་པ་འགྲུབ་སྟེ། དེ་རྣམ་པར་དག་པའི་ཕྱིར་དེ་ཚུལ་ཁྲིམས་ཀྱིས་ཞེས་སྟོན་ཏོ། །ཚུལ་ཁྲིམས་རྣམ་པར་དག་པ་ནི ་ཐར་པ་སྒྲུབ་པའི་ཚོགས་ཡིན་ཏེ། འདི་ལྟ་སྟེ་དབང་པོའི་སྒོ་བསྲུང་བ་ཉིད་དང། ཁ་ཟས་ལ་ཚོད་རིག་པ་ཉིད་དང། ནམ་གྱི་ཆ་སྟོང་ཉིད་དང། ནམ་གྱི་ཆ་སྨད་ལ་མི་ཉལ་བར་རྣལ་འབྱོར་ལ་བརྩོན་པ་ཉིད་དང།། ་ཤེས་བཞིན་དུ་གནས་པ་ཉིད་དོ་ཞེས་འབྱུང་ངོ། །རྣམ་པར་དག་པ་དེ་ཇི་ལྟ་བུ་ཞེ་ན། གནོད་པ་གཞི་པོ་དག་གི་གནོད་པ་མེད་པའི་ཕྱིར་ཏེ། གནོད་པ་བཞི་ནི་གང་དག་གིས་གནོད་ན། ཚུལ་ཁྲིམས་ཡོངས་སུ་མ་དག་པ་ལ་གནོད་ན་ཡོངས་སུ་མ་དག ་པར། རྣམ་པར་རྟོག་པའི་གནོད་པ་དང། རྟེན་ལས་སུ་རུང་བ་ལ་གནོད་པ་དང། མངོན་པར་མི་བརྩོན?་པའི་གནོད་པ་དང། འགྱོད་པའི་གནོད་པའོ། །དེ་ལ་རྣམ་པར་རྟོག་པའི་གཉེན་པོར་དབང་པོའི་སྒོ་བསྲུང་བ་ཉིད་དོ། །རྟེན་ལས་སུ་རུང་བ་ལ་གནོད ་པའི་གཉེན་པོར་ནི་ཁ་ཟས་ལ་ཆོད་རིག་པ་ཉིད་དེ། ཆོད་སྨོས་པ་ནི་ཁ་ཟས་ཉུང་བ་དང་མང་བ་སྤང་པའི་དོན་ཏོ། །ཁ་ཟས་ཉུངས་ན་ནི་ཅན?་ཉམ་ཆུང་བས་མངོན་པར་མི་སྤྲོ་ལ་ཁ་ཟས་མང་ན་ནི་སྙོམ་པ་ལ་སོགས་པའི་སྐྱོན་ལྔ་ཀུན་ཏུ་སྤྱོད་པས་རྟེན་ལས ་སུ་མི་རུང་བ་ཉིད་དེ། དེ་ལྟར་ན་དེ་གཉིས་ཀྱིས་ནི་རྟེན་ལས་སུ་མི་རུང་བ་ཉིད་ལ་དེ་མེད་ན་ནི་བ་དགེ་བའི་ཕྱོགས་ཀྱི་རྗེས་སུ་མཐུན་པ་ཡིན་ནོ། །མངོན་པར་མི་བརྩོན་པའི་གནོད་པའི་གཉེན་པོར་ནི་ནམ་གྱི་ཆ་སྟོང་དང་ནམ་གྱི་ཆ་སྨད་ལ་མི་ཉལ་བར་བརྩོན ་པ་ཉིད་དོ། །འགྱོད་པའི་གནོད་པའི་གཉེན་པོར་ནི་ཤེས་བཞིན་དུ་གནས་པ་ཉིད་དོ། དེ་ལྟ་བུ་ནི་ཚུལ་ཁྲིམས་ཀྱི་ཁྱད་པར་ཡིན་ནོ། །བསྒོམས་པ་ལས་བྱུང་བ་ནི་མདོར་བསྡུ་ན། འཇིག་རྟེན་པ་དང། འཇིག་རྟེན་ལས་འདས་པའི་ལམ་མོ། །དེ་ལ ་འཇིག་རྟེན་པའི་ལམ་ནི་བསམ་གཏན་དང་གཟུགས་མེད་པའོ། །དེ་དག་ནི་ཀུན་ནས་ཉོན་མོངས་པ་དང། རྣམ་པར་བྱང་བ་དང། རྣམ་པར་བཞག་པ་དང། རྣམ་པར་དག་པས་རིག་པར་བྱའོ། །ཀུན་ནས་ཉོན་མོངས་པས་ཇི་ལྟ་བུ་ཞེ་ན། ལུང་དུ་མ་བསྟན ་པའི་རྩ་བ་བཞི་པོ་སྲེད་པ་དང། ལྟ་བ་དང། ང་རྒྱལ་དང། མ་རིག་པ་ལ་སྲེད་པས་ནི་རོ་མྱང་བའི་ཀུན་ནས་ཉོན་མོངས་པས་ཀུན་ནས་ཉོན་མོངས་པ་སྟེ། ཤིན་ཏུ་སྦྱངས་པའི་བདེ་བའི་རོ་མྱང་བར་བྱེད་པའི་ཕྱིར་རོ། །ལྟ་བས་ནི་ལྟ་བ་ཤས་ཆེ་བའི་བསམ་གཏན ་པས་ཀུན་ནས་ཉོན་མོངས་པ་སྟེ། བསམ་གཏན་ལ་བརྟེན་ནས་སྔོན་གྱི་མཛའ་ལ་རྟོག་པ་ལ་སོགས་པའི་ལྟ་བ་ཀུན་ནས་སློང་བའི་ཕྱིར་རོ། །ང་རྒྱལ་གྱིས་ནི་ང་རྒྱལ་ཆེ་བའི་བསམ་གཏན་པས་ཀུན་ནས་ཉོན་མོངས་པ་སྟེ། ཁྱད་པར་རྟོགས་པ་དེས ་ཁེངས་པར་འགྱུར་བའི་ཕྱིར་རོ། །མ་རིག་པས་ནི་ཐེ་ཚོམ་ཤས་ཆེ་བའི་བསམ་གཏན་པས་ཀུན་ནས་ཉོན་མོངས་པ་སྟེ། དེ་ཁོ་ན་ཉིད་མ་རྟོགས་ནས་ཐར་པ་འདོད་པའི་ཁྱད་པར་རྟོགས་པ་དེ་ལ་ཐར་པ་འམ་ཐར་པ་མ་ཡིན་སྙམ་དུ་ཐེ་ཚོམ་སྐྱེ་བའི་ཕྱིར་རོ།། ་རྣམ་པར་བྱང་བས་ཇི་ལྟ་བུ་ཞེ་ན། བསམ་གཏན་དང་གཟུགས་མེད་པའི་དག་པའི་རྣམས་ནི་འཇིག་རྟེན་པ་ཡིན་ཡང་དགེ་བའི་ཕྱིར་ཀུན་ནས་འགྲིབ་པའི་དྲི་མ་དང་བྲལ་བ་ཉིད་ཀྱིས་རྣམ་པར་བྱང་བ་ཞེས་བྱའོ། །རྣམ་པར་བཞག་པས་ཅི་ལྟ་བུ་ཞེ་ན། ་བསམ་གཏན་དང་པོ་ལ་ཡན་ལག་ལྔ་སྟེ། རྟོག་པ་དང། དཔྱོད་པ་དང། དགའ་བ་དང། བདེ་བ་དང། སེམས་བརྩེ་གཅིག་པ་ཉིད་དོ། །བསམ་གཏན་གཉིས་པ་ལ་ཡན་ལག་བཞི་སྟེ། ནད་ཡོངས་སུ་དག་པ་དང། དགའ་བ་དང། བདེ་བ་དང། ་སེམས་རྩེ་གཅིག་པ་ཉིད་དོ། །བསམ་གཏན་གསུམ་ལ་ཡན་ལག་ལྔ་སྟེ། བཏང་སྙོམས་དང། དྲན་པ་དང། ཤེས་བཞིན་དང། བདེ་བ་དང། སེམས་རྩེ་གཅིག་པ་ཉིད་དོ། །བསམ་གཏན་བཞི་པ་ལ་ཡང་ཡན་ལག་བཞི་སྟེ། བཏང་སྙོམས ་ཡོངས་སུ་དག་པ་དང། དྲན་པ་ཡོངས་སུ་དག་པ་དང། བདེ་བ་ཡང་མ་ཡིན་སྡུག་བསྔལ་ཡང་མ་ཡིན་པའི་ཚོར་བ་དང། སེམས་རྩེ་གཅིག་པ་ཉིད་དོ། །གཟུགས་མེད་པ་དག་ལ་ནི་ཡན་ལག་རྣམ་པར་བཞག་པ་མེད་དེ། ཞི་གནས་སུ་རོ་གཅིག ་པའི་ཕྱིར་རོ། །བསམ་གཏན་རྣམས་ཀྱི་ཡན་ལག་དབྱེ་བ་ནི། གཉེན་པོ་དང། ཕན་ཡོན་དང། གཉི་གའི་རྟེན་གྱི་བྱེ་བྲག་གིས་ཉེས་བསམ་གཏན་དང་པོ་ལ་རྟོག་པ་དང། སྤྱོད་པ་ནི་གཉེན་པོའི་ཡན་ལག་སྟེ། བདག ་གིས་འདོད་པ་དང། གནོད་སེམས་དང། རྣམ་པར་འཚེ?་བའི་རྟོག་པ་སྤོང་བའི་ཕྱིར་རོ། །དགའ་བ་དང། བདེ་བ་ནི་ཕན་ཡོན་གྱི་ཡན་ལག་སྟེ། རྟོག་པ་དང། སྤྱོད་པ་དག་གིས་མི་མཐུན་པའི་ཕྱོགས་སྤངས་ནས་དེས་དབེན་པ་ལས་སྐྱེས་པའི་དགའ་ ་བ་དང་བདེ་བ་འཐོབ་པའི་ཕྱིར་རོ། །སེམས་རྩེ་གཅིག་པ་ཉིད་ནི་དེ་གཉི་གའི་རྟེན་གྱི་ཡན་ལག་སྟེ། ཏིང་ངེ་འཛིན་ལ་བརྟེན་པའི་སྟོབས་ཀྱིས་དགེ་བའི་རྟོག་པ་ལ་སོགས་པ་འཇུག་པའི་ཕྱིར་རོ། །བསམ་གཏན་གཉིས་པ་ལ་ནད་ཡོངས་སུ་དད་པ་ནི ་གཉེན་པོའི་ཡན་ལག་སྟེ། དེས་རྟོག་པ་དང། སྤྱོད་པ་སྤོང་བའི་ཕྱིར་རོ། །བདེ་བ་དང་དགའ་བ་ནི་ཕན་ཡོན་གྱི་ཡན་ལག་གོ་།སེམས་རྩེ་གཅིག་པ་ཉིད་ནི་དེ་གཉི་གའི་རྟེན་གྱི་ཡན་ལག་གོ་།བསམ་གཏན་གསུམ་པ་ལ་ནི་བཏང་སྙོམས་དང། ་དྲན་པ་དང། ཤེས་བཞིན་ནི་གཉེན་པོའི་ཡན་ལག་སྟེ། དེ་དག་གིས་དགའ་བ་སྤོང་བའི་ཕྱིར་རོ། །བདེ་བ་ནི་ཕན་ཡོན་གྱི་ཡན་ལག་གོ་།སེམས་རྩེ་གཅིག་པ་ཉིད་ནི་གཉི་གའི་རྟེན་གྱི་ཡན་ལག་གོ་།རྗེས་སུ་ངན་པ་ནི་དམིགས་པ་མི ་བརྗེད་པའོ། །ཤེས་བཞིན་ནི་བྱིད་བ་དང་རྒོད་པ་རྟོགས་པའོ། །བཏང་སྙོམས་ནི་ཉེ་བའི་ཉོན་མོངས་པ་སྤངས་ནས་རྣལ་དུ་འཇུག་པ་ཉིད་དོ། །བསམ་གཏན་བཞི་པ་ལ་བཏང་སྙོམས་ཡོངས་སུ་དག་པ་དང། དྲན་པ་ཡོངས་སུ་དག་པ་ནི་གཉེན ་པོའི་ཡན་ལག་སྟེ། དེ་དག་གི་བདེ་བ་སྤོང་བའི་ཕྱིར་རོ། །སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པའི་ཚོར་བ་ནི་ཕན་ཡོན་གྱི་ཡན་ལག་གོ་།སེམས་བརྩེ་གཅིག་པ་ཉིད་ནི་དེ་གཉི་གའི་རྟེན་གྱི་ཡན་ལག་གོ་།རྣམ་པར་དག་པས ་ཇི་ལྟ་བུ་ཞེ་ན། རབ་ཀྱི་མཐར་ཕྱིན་པ་སྟེ། བསམ་གཏན་དང་པོ་ནས་འདུ་ཤེས་མེད་མིན་གྱི་སྐྱེ་མཆེད་ཀྱི་བར་རྣམ་པར་དག་པའོ། །འཇིག་རྟེན་ལས་འདས་པའི་ལམ་ནི་མཐོང་པའི་ལམ་དང།། །།སྒོམ་པའི་ལམ་མོ། །མཐོང་བའི་ལམ ་ནི་སྡུག་བསྔལ་ལས་ཆོས་ཤེས་པའི་བཟོད་པ་དང། སྡུག་བསྔལ་ལས་ཆོས་ཤེས་པ་དང། སྡུག་བསྔལ་ལ་རྗེས་སུ་རྟོག་པར་ཤེས་པའི་བཟོད་པ་དང། སྡུག་བསྔལ་ལ་རྗེས་སུ་རྟོགས་པའི་ཤེས་པ?་དང། ཀུན་འབྱུང་བ་ལ་ཆོས་ཤེས་པའི་བཟོད་པ ་དང། ཀུན་འབྱུང་བ་ལ་ཆོས་ཤེས་པ་དང། ཀུན་འབྱུང་བ་ལ་རྗེས་སུ་རྟོག་པར་ཤེས་པའི་བཟོད་པ་དང། ཀུན་འབྱུང་ལ་རྗེས་སུ་རྟོགས་པའི་ཤེས་པ་དང། འགོག་པ་ལ་ཆོས་ཤེས་པའི་བཟོད་པ་དང། འགོག་པ་ལ་ཆོས་ཤེས་པ་དང། ་འགོག་པ་ལ་རྗེས་སུ་རྟོགས་པར་ཤེས་པའི་བཟོད་པ་དང། འགོག་པ་ལ་རྗེས་སུ་རྟོག་པའི་ཤེས་པ་དང། ལམ་ལ་ཆོས་ཤེས་པའི་བཟོད་པ་དང། ལམ་ལ་ཆོས་ཤེས་པ་དང། ལམ་ལ་རྗེས་སུ་རྟོགས་པར་ཤེས་པའི་བཟོད་པ་དང། ལམ་ལ ་རྗེས་སུ་རྟོག་པའི་ཤེས་པ་སྟེ། ལམ་ལ་རྗེས་སུ་རྟོགས་པའི་ཤེས་པ་ནས་བཟུང་བ་ནི་སྒོམ་པའི་ལམ་མོ། །འཇིག་རྟེན་པའི་ཆོས་ཀྱི་མཆོག་གི་འོག་ཏུ་ཟག་པ་མེད་པའི་ཤེས་བ་ཆོས་ཤེས་པའི་བཟོད་པ་སྐྱེའོ། །དམིགས་པ་གང་ལ་ཞེ་ན། འདོད ་པ་ན་སྤྱོད་པ་ལ་སྟེ། སྡུག་བསྔལ་ལ་ཆོས་ཤེས་པར་བྱ་བའི་ཕྱིར་བཟོད་པ་ནི་ཆོས་ཤེས་པའི་བཟོད་པ་སྟེ། འབྲས་བུ་དང་མེ་ཏོག་གི་ཤིང་བཞིན་ནོ། །དེས་ནི་སྡུག་བསྔལ་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་བཅུ་པོ་འདོད་ཆགས་དང། ་ཁོང་ཁྲོ་བ་དང། ང་རྒྱལ་དང། མ་རིག་པ་དང། ཐེ་ཚོམ་དང། འཇིག་ཚོགས་ལ་ལྟ?་བ་དང། མཐར་འཛིན་པར་ལྟ་བ་དང། ལྟ་བ་དང། ཚུལ་ཁྲིམས་དང། བརྟུལ་ཞུགས་མཆོག་ཏུ་འཛིན་པ་དང། ལོག་པར་ལྟ་བ་སྤོང་ངོ། །དེ་ནི་རྣམ་པར ་གྲོལ་བའི་ལམ་སྟེ། བར་ཆད་མེད་པར་ཉོན་མོངས་པ་སྤོང་བའི་ཕྱིར་རོ། །དེ་ནས་སྡུག་བསྔལ་ལས་ཆོས་ཤེས་པའི་བཟོད་པའི་འོག་ཏུ་འདོད་པ་ན་སྤྱོད་པའི་སྡུག་བསྔལ་དེ་ཉིད་ལ་ཆོས་ཤེས་པ་སྐྱེ་བ་སྟེ། དེ་ནི་སྡུག ་བསྔལ་ལ་ཆོས་ཤེས་པ་ཞེས་བྱའོ། །དེ་ན་རྣམ་པར་གྲོལ་བའི་ལམ་སྟེ། ཟག་པ་མེད་པར་གཏོགས་པ་ཐམས་ཅད་དུ་རིག་པར་བྱའོ། །སྡུག་བསྔལ་ལ་ཆོས་ཤེས་པའི་འོག་ཏུ་གཟུགས་དང་གཟུགས་མེད་པ་ན་སྤྱོད་པའི་སྡུག་བསྔལ་མཛའ་ ་དག་ལ་དམིགས་པ་སྡུག་བསྔལ་ལ་རྗེས་སུ་རྟོག་པར་ཤེས་པའི་བཟོད་པ་སྟེ། དེས་ནི་ཁོང་ཁྲོ་བ་མ་གཏོགས་པ་གཟུགས་དང་གཟུགས་མེད་པ་ན་སྤྱོད་པ་སྡུག་བསྔལ་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་དགུ་དགུ་སྤོང་ངོ། །དེ་ནས ་རྗེས་སུ་རྟོགས་པའི་བཟོད་པ་སྐྱེའོ། །དང་པོར་ཆོས་ཀྱི་དེ་ཁོ་ན་ཤེས་པའི་ཕྱིར་ཆོས་ཤེས་པའོ། །དེའི་རྗེས་སུ་རྟོགས་པར་ཤེས་པའི་ཕྱིར་གོང་མའི་སྡུག་བསྔལ་ལ་སོགས་པ་དམིགས་པ་ནི་རྗེས་སུ་རྟོགས་པའི་ཤེས་པ་སྟེ། དེ་ཉིད་ཀྱི་རྗེས ་སུ་འགྲོ་བའི་ཕྱིར་རོ། །སྡུག་བསྔལ་གྱི་བདེན་པ་ལ་བཟོད་པ་དང། ཤེས་པ་བཞི་པོ་དག་ཀྱང་སྐྱེ་བ་ཇི་ལྟ་བར་ཀུན་འབྱུང་བ་དང། འགོག་པ་དང་ལམ་གྱི་བདེན་པ་དག་ལ་ཡང་དེ་དང་འདྲ་སྟེ། སྡུག་བསྔལ་རྗེས་སུ་རྟོགས་པའི་ཤེས ་པའི་འོག་ཏུ་འདོད་པ་ན་སྤྱོད་པའི་ཀུན་འབྱུང་བ་ལ་ཆོས་ཤེས་པའི་བཟོད་པ་སྐྱེ་བ་སྟེ། དེས་ནི་འཇིག་ཚོགས་དང། མཐར་འཛིན་པར་ལྟ་བ་དང། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་མ་གཏོགས་པ་ཀུན་འབྱུང་བ་མཐོང་བས ་སྤང་པའི་ཉོན་མོངས་པ་བདུན་སྤོང་ངོ། །དེ་ནས་ཀུན་འབྱུང་བ་ལ་ཆོས་ཤེས་པའོ། །དེ་བཞིན་དུ་སྐྱེ་པའི་རིམ་གྱིས་ཀུན་འབྱུང་བ་ལྷག་མ་རྗེས་སུ་རྟོགས་པར་ཤེས་པའི་བཟོད་པ་སྐྱེ་སྟེ། དེས་ནི་ཁོང་ཁྲོ་མ་གཏོགས་པ་གཟུགས་དང་གཟུགས ་མེད་པ་སྤྱོད་པའི་ཉོན་མོངས་པ་དྲུག་དྲུག་པོ་དེ་དག་ཉིད་སྤོང་ངོ། །དེ་ནས་ཀུན་འབྱུང་བ་ལ་རྗེས་སུ་རྟོགས་པའི་ཤེས་པའོ། །དེ་ནས་འདོད་པ་ན་སྤྱོད་པའི་སྡུག་བསྔལ་འགོག་པ་ལ་ཆོས་ཤེས་པའི་བཟོད་པ་སྐྱེ་སྟེ། དེས་ནི་འགོག་པ་མཐོང་བས་སྤང་བར་བྱ་བའི་ཉོན ་མོངས་པ་བདུན་སྤོང་སྟེ། གང་ཀུན་འབྱུང་བ་བཞིན་ནོ། །དེ་ནས་དེ་ཉིད་ལ་འགོག་པ་ལ་ཆོས་ཤེས་པའོ། །དེ་ནས་གཟུགས་དང་གཟུགས་མེད་པ་ན་སྤྱོད་པའི་ཉོན་མོངས་པའི་འགོག་པ་ལ་རྗེས་སུ་རྟོགས་པར་ཤེས་པའི་བཟོད་པ་སྐྱེ་སྟེ། དེ་ནི་ཁོང་ཁྲོ་མ ་གཏོགས་པར་གཟུགས་དང་གཟུགས་མེད་པ་ན་སྤྱོད་པའི་འགོག་པ་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་དྲུག་དྲུག་སྟེ། དེ་དག་ཉིད་སྤོང་ངོ། །དེ་ནས་འགོག་པ་ལ་རྗེས་སུ་རྟོགས་པའི་ཤེས་པའོ། །དེ་ནས་འདོད་པ་ན་སྤྱོད་པའི་སྡུག་བསྔལ་གྱི་གཉེན ་པོར་ལམ་ལ་ཆོས་ཤེས་པའི་བཟོད་པ་སྐྱེ་སྟེ། དེས་ནི་འཇིགས་ཚོགས་དང་མཐར་འཛིན་པའི་ལྟ་བ་མ་གཏོགས་པ་ཉོན་མོངས་པ་རྣམས་སྤོང་ངོ། །དེ་ནས་ལམ་ལ་ཆོས་ཤེས་པའོ། །དེ་ནས་ལམ་ལ་རྗེས་སུ་རྟོགས་པར་ཤེས་པའི་བཟོད་པ་སྐྱེ་སྟེ། དེ་ནི་ཁོང ་ཁྲོ་མ་གཏོགས་པར་གཟུགས་དང་གཟུགས་མེད་པ་ན་སྤྱོད་པའི་ཉོན་མོངས་པའི་ལམ་མཐོང་བས་སྤང་བར་བྱ་བ་བདུན་བདུན་སྤོང་ངོ། །དེ་ནས་ལམ་ལ་རྗེས་སུ་རྟོགས་པའི་ཤེས་པའོ། །ལམ་ལ་རྗེས་སུ་རྟོགས་པའི་ཤེས་པ་དང་བཅས་པ་སེམས་བཅུ ་དྲུག་པོ་འདི་ནི་བདེན་པ་མངོན་པར་རྟོག་བ་སྟེ། བར་ཆད་མེད་པ་དང་རྣམ་པར་གྲོལ་བའི་ལམ་གྱིས་བསྡུས་པའོ། །མ་མཐོང་མཐོང་ཕྱིར་མཐོང་བའི་ལམ། །དེ་ལ་སྐད་ཅིག་བཅོ་ལྔའོ། །བདེན་པ་མ་མཐོང་རྣམས་མཐོང་བའི་ཕྱིར་གང་གི་དབང་དུ ་མཛད་ནས། བཅོམ་ལྡན་འདས་ཀྱིས་མདོ་སྡེ་དེ་དང་ལས་གང་ཟག་དེ་དང་དེའི་དབང་དུ་མཛད་ནས་ཆོས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་སྐྱེས་སོ་ཞེས་གསུངས་པ་དང། དེ་བཞིན་དུ་ཆོས་མཐོང་བ། ཆོས་ཐོས་པ་ཆོས་རྟོགས་པ། །ཆོས་ཀུན ་ནས་བསྟན་པ་སོམ་ཏེ་ལས་བརྒལ་བ། ཐེ་ཚོམ་ལས་བརྒལ་བ། གཞན་ལ་རག་མ་ལས་པ། གཞན་གྱི་ཁ་དྲང་དུ་མི་རུང་བ། སྟོན་པའི་བསྟན་པ་དང་ཆོས་རྣམས་ལ་མི་འཇིག་པ་ཐོབ་པོ། །ཞེས་གསུངས་པ་ཡིན་ནོ།། ་ཐོག་མ་ཉིད་དུ་བདེན་པ་རྣམས་ལས་འཕགས་པའི་ཤེས་རབ་ཀྱི་མིག་ནི་ཆོས་རྣམ་ལ་ཆོས་ཀྱི་མིག་སྟེ། ངོ་བོ་ཉིད་ཀྱི་ཕྱིར་རོ། །དེ་ལ་ཆོས་ལ་བཟོད་པ་རྣམས་ཀྱིས་རྡུལ་མེད་དེ་དེ་རྣམས་ཀྱིས་ཉོན་མོངས་པའི་རྡུལ་སྤོང་བའི་ཕྱིར་རོ། །ཆོས་ཤེས་པ་རྣམས ་ཀྱིས་དྲི་མ་དང་བྲལ་བ་སྟེ། དེ་དག་གི་སྒྲིབ་པ་དང་དྲི་མ་སྤངས་པ་དེའི་གནས་སྐྱེད་པའི་ཕྱིར་རོ་ཆོས་ལ་བཟོད་པ་ཐོབ་པ་རྣམས་ཀྱི་ཆོས་མཐོང་བ་སྟེ། དེ་རྣམས་ཀྱིས་དེ་ཁོ་ན་ཉིད་རྟོགས་པའི་ཕྱིར་རོ། །ཆོས་ཤེས་པ་རྣམས་ཀྱིས་ཐོབ་པ་སྟེ། དེ་རྣམས་ཀྱི་ཉོན ་མོངས་པ་ལས་རྣམ་པར་གྲོལ་བ་མངོན་དུ་བྱེད་པའི་ཕྱིར་རོ། །རྗེས་སུ་རྟོགས་པའི་བཟོད་པ་རྣམས་ཀྱིས་ཆོས་རྟོགས་པ་སྟེ། དེ་རྣམས་ཀྱིས་འཕགས་པའི་ཆོས་རྗེས་སུ་རྟོགས་པ་ཉིད་དེ། དེ་གཉི་ག་ཡང་དག་པར་རིག་པའི་ཕྱིར་རོ། །རྗེས་སུ་རྟོགས་པའི ་ཤེས་པ་རྣམས་ཀྱིས་ཆོས་ཀུན་ནས་བསྟན་པ་ཡིན་ནོ། །བཟོད་པ་དང་ཤེས་པ་ཐམས་ཅད་ཀྱིས་སོ་མ་ཉིད་ལས་བརྒལ་བ་སྟེ། འཇིག་རྟེན་ལས་འདས་པའི་ལམ་གྱིས་འབྲས་བུ་རྟོགས་པ་ནི་ཡུན་རིང་པོ་ནས་བརྣ?་གེ་བ་རང་གིས་རྟོགས་པས་ཐེ་ཚོམ ་མེད་པའི་ཕྱིར་རོ། །ཐམས་ཅད་ཀྱིས་ཐེ་ཚོམ་ལས་བརྒལ་བ་སྟེ། གཞན་གྱིས་རྟོགས་པ་དེའི་གནས་སྐབས་གཞན་ཀྱང་ཁྱད་པར་རྟོགས་པ་ལ་ཡིད་གཉིས་མེད་པའི་ཕྱིར་རོ། །གཞན་ལ་རག་མ་ལས་པ་ནི་ལམ་བསྒོམས་པ་ལ་གཞན་གྱི་ལུང?་མེད ་ཀྱང་རང་མཁས་པའི་ཕྱིར་རོ། །གཞན་གྱིས་ཁ་དྲང་དུ་མི་རུང་བ་ནི་དད་པ་མི་ཕྱེད་པ་ཐོབ་པས་སོ། །སྟོན་པའི་བསྟན་པ་ནི་གཞན་མུ་སྟེགས་ཅན་རྣམས་ཀྱིས་ཚེ་རབས་གཞན་དུ་ཡང་མེ་འཕྲོགས་པའི་ཕྱིར་རོ། །ཆོས་?་ལ་མི་འཇིགས་པ་ཟབ ་པ་ནི་རྟོགས་པ་ལས་བརྩམས་ཏེ་དྲི་མ་དང་ལུང་བསྟན་པའི་ཆོས་རྣམས་ལ་སྡིག་པ་འདོད་པའི་མངོན་པའི་ང་རྒྱལ་ཅན་བཞིན་དུ་སེམས་ནུམ་པ་མེད་པའི་ཕྱིར་རོ། །འཇིག་རྟེན་ལས་འདས་པའི་ལས་བསྒོམ་པ་ནི་ཉོན་མོངས་པ་ལྷག་མ་སྤང་པའི་ཕྱིར་ཏེ། ་དེས་ནི་སྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་བཅུ་པོ་འདོད་པ་ན་སྤྱོད་པ་གཞི་སྟེ་འདོད་ཆགས་དང། ཁོང་ཁྲོ་བ་?ང་རྒྱལ་དང། མ་རིག་པ་དང། གཟུགས་དང་གཟུགས་མེད་པ་ན་སྤྱོད་པ་ཁོང་ཁྲོ་བ་མ་གཏོགས་པ་གསུམ་གསུན་སྤོང་ངོ། །སྡུག་བསྔལ་དང་ཀུན་འབྱུང ་པ་དང། འགོག་པ་དང། ལམ་ཤེས་པ་དེ་ཉིད་ཆོས་ཤེས་པ་དང། རྗེས་སུ་རྟོགས་པ་ཤེས་པའི་ཕྱོགས་ཡིན་ཏེ། དེ་དང་ཚུངས་པར་ལྡན་པའི་ཏིང་ངེ་འཛིན་བསམ་གཏན་དང་པོ་ནས་ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་ཕྱིར་རོ། །གཟུགས་མེད་འདུ་ཤེས་མེད ་མིན་གྱི་སྐྱེ་མཆེད་ནི་འཇིག་རྟེན་པ་ཉིད་དེ། འདུ་ཤེས་གསལ་བར་མི་འགྱུར་བའི་ཕྱིར་རོ། །དེ་བས་ན་བཅོམ་ལྡན་འདས་ཀྱིས་ཅི་སྲིད་དུ་འདུ་ཤེས་སྙོམས་པར་འཇུག་པ་དེ་སྲིད་དུ་ཀུན་ཤེས་པ་བཀག་གོ་།ཞེས་གསུངས་སོ། །རྣམ་པ་གཅིག ་ཏུ་ན་ཚིགས་སུ་བཅད་པ་འདིས་ཞིང་གི་ཁྱད་པར་ལ་བྱེད་པའི་འབྲས་བུ་རྣམ་པ་གསུམ་སྟོན་ཏེ། བསོད་ནམས་དག་གི་རྣམ་སྨིན་བདེ། །ཞེས་བྱ་བས་ནི་ཡོ་བྱད་ཀྱི་རྒྱུ་ལས་བྱུང་བའི་འབྲས་བུ་སྟོན་ཏོ། །བསམ་པ་ཡང་དག་འགྲུབ་པར་འགྱུར། །ཞེས ་བྱ་བས་ནི་བསམ་པ་ཡོངས་སུ་རྫོགས་པར་བྱེད་པའི་རྒྱུ་ལས་བྱུང་པའི་འབྲས་བུ་སྟོན་ཏོ། །མྱུར་དུ་བྱང་ཆུབ་དམ་པ་དང། །མྱ་ངན་འདས་པར་ཐོབ་པར་འགྱུར། །ཞེས་བྱ་བས་ནི་མྱ་ངན་ལས་འདས་པ་དང་མཐུན་ཞིང་ཕུལ་དུ་བྱུང་བས་བྱས་པའི ་ཆོས་དགེ་བའི་རྒྱུ་ལས་བྱུང་པའི་འབྲས་བུ་སྟོན་ཏོ། །ཚིགས་སུ་བཅད་པའི་དོན་བསྡུས་པ་ལས་དོན་བསྡུས་པ་བཅུ་བཞི་པའོ།། །།སྦྱིན་པས་བསོད་ནམས་རབ་ཏུ་འཕེལ། །ཡང་དག་སྡམ་པས་དགྲ་མི་སོགས།། ་དགེ་དང་ལྡན་པས་སྡིག་པ་སྤོང། །ཉོན་མོངས་ཟད་པས་མྱ་ངན་འདས། ཞེས་ཚིགས་སུ་བཅད་པའོ། །བཅོམ་ལྡན་འདས་ཀྱིས་འདི་ཅིའི་ཕྱིར་གསུངས་ཤེ་ན། སྦྱིན་པ་དང། ཚུལ་ཁྲིམས་དང། ཡེ་ཤེས་ཀྱི་ཡོན་ཏན་རབ ་ཏུ་བསྟན་པའི་ཕྱིར་དང། ལམ་རྣམ་པ་གསུམ་ལས་བརྩམས་ནས་གསུངས་པར་མངོན་ནོ། །དེ་ལ་སྦྱིན་པས་བསོད་ནམས་རབ་ཏུ་འཕེལ། ཞེས་བྱ་བ་ནི་སྦྱིན་པའི་ཡོན་ཏན་རབ་ཏུ་བསྟན་པའི་ཕྱིར་ཏེ། ཇི་སྐད་དུ། རྫས་ལས་བྱུང་བའི་བསོད་ནམས ་བྱ་བའི་དངོས་པོ་བདུན་ནི་རྟག་ཏུ་རྒྱུན་མི་འཆད་པར་བསོད་ནམས་མངོན་པར་འཕེལ་བར་བྱ་བ་ཉིད་དང། བསོད་ནམས་ཉེ་བར་སྐྱེ་བ་ཉིད་དོ་ཞེས་གསུངས་པ་ལྟ་བུའོ། །ཡང་དག་སྡོམ་པས་དགྲ་མི་སོགས། ཞེས་བྱ་བ་ནི་ཚུལ་ཁྲིམས་ཀྱི་ཡོན་ཏན ་རབ་ཏུ་བསྟན་པའི་ཕྱིར་ཏེ། དགྲ་མི་སོགས་པ་ནི་བཟོད་པ་ཡིན་ལ། ཚུལ་ཁྲིམས་ནི་བཟོད་པ་དང་ལྷན་ཅིག་པའི་ཕྱིར་རོ། །ལྷག་མས་ནི་ཡེ་ཤེས་ཀྱི་ཡོན་ཏན་རབ་ཏུ་བསྟན་པའི་ཕྱིར་ཏེ། མཐོང་བའི་ལམ་གྱིས། དགེ་དང་ལྡན་པས་སྡིག་པ་སྤོང།། ་བསྒོམ་པའི་ལམ་གྱི་འདོད་ཆགས་དང། །ཞེ་སྡང་དང། གཏི་མུག་ཟད་པ་ལས་ལེགས་པར་མྱ་ངན་འདས་ཏེ། མདོར་བསྡུས་ནས་མཐོང་བ་དང་བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་སྤོང་བ་བསྟན་ཏོ། །དེ་ལྟར་ཚིགས་སུ་བཅད་པ་འདི་ནི་སྦྱིན ་བ་དང། ཚུལ་ཁྲིམས་དང། ཡེ་ཤེས་དག་གི་ཕན་ཡོན་བསྟན་པའི་ཕྱིར་གསུངས་པར་མངོན་ནོ། །ལས་རྣམ་པ་གསུམ་ལས་བརྩམས་ནས་ཞེས་བྱ་བ་ནི་ལོངས་སྤྱོད་དུ་འགྱུར་བ་དང། བདེ་འགྲོར་འགྱུར་བ་དང། ངན་འགྲོ་དང་བདེ་འགྲོ་ལྡོག་པར་འགྱུར་བ་སྟེ། སྦྱིན་པས ་བསོད་ནམས་རབ་ཏུ་འཕེལ། ཞེས་བྱ་བ་ནི་ལོངས་སྤྱོད་དུ་འགྱུར་བའི་ལ་མ་ལས་བརྩམས་པའོ། །ཡང་དག་སྡོམ་པས་དགྲ་མི་སོགས་ཞེས་བྱ་བ་ནི་བདེ་འགྲོར་འགྲོ་བའི་ལམ་ལས་བརྩམས་པའོ། །ལྷག་མ་ནི་ངན་འགྲོ་དང་བདེ་འགྲོར ་ལྡོག་པར་འགྱུར་བའི་ལམ་ལས་བརྩམས་པའོ། །རྣམ་པ་གཅིག་ཏུ་ན་གང་ཟག་བཞིའི་ཕན་ཡོན་རྣམ་པ་བཞི་བསྟན་པས་ཡང་དག་པའི་ལམ་རྣམ་པ་བཞི་ལ་སྤྱད?་བའི་ཕྱིར་གསུངས་པར་མངོན་ཏེ། གང་ཟག་བཞི་ནི་ཁྱིམ་པ་དང། རབ་ཏུ་བྱུང་བ་དང ་ངེས་པར་འབྱེད་པའི་ཆ་དང་མཐུན་པ་འཐོབ་པ་སོ་སོའི་སྐྱེ་བོ་དང། སླབ་པའོ། །ཕན་ཡོན་རྣམ་པ་བཞི་ནི་འཕེལ་བའི་ཕན་ཡོན་དང། འགྲིབ་པའི་ཕན་ཡོན་དང། གཏོང་བའི་ཕན་ཡོན་དང། རྟོགས་པའི་ཕན་ཡོན་ཏེ། སྦྱིན་པས་བསོད་ནམས་རབ ་ཏུ་ཕེལ། ཞེས་བྱ་བ་ནི་ཁྱིམ་པ་རྣམས་ཀྱི་འཕེལ་བའི་ཕན་ཡོན་བསྟན་པའི་ཕྱིར་ཏེ། བཅོམ་ལྡན་འདས་ཀྱིས་ཁྱིམ་པ་རྣམས་ནི་སོགས་ན་བདེའོ་ཞེས་གསུངས་སོ། ཡང་དག་སྡོམ་པས་དགྲ་མི་སོགས། ཞེས་བྱ་བ་ནི་རབ་ཏུ་བྱུང་བ་རྣམས་ཀྱི་འགྲིབ ་པའི་ཕན་ཡོན་བསྟན་པའི་ཕྱིར་ཏེ། བཅོམ་ལྡན་འདས་ཀྱིས་རབ་ཏུ་བྱུང་བ་རྣམས་ནི་འགྲིབ་ན་བདེའོ་ཞེས་གསུངས་སོ། ནག་དང་ལྡན་པས་སྡིག་པ་སྤོང། ཞེས་བྱ་བ་ནི་ངེས་པར་འབྱེད་པའི་ཆ་དང་མཐུན་པ་འཐོབ་པ་རྣམས་ཀྱི་གཏོང་བའི་ཕན་ཡོན ་བསྟན་པའི་ཕྱིར་རོ། །འདོད་ཆགས་དང། ཞེ་སྡང་དང། གཏི་མུག་ཟད་པ་ལས་ལེགས་པར་མྱ་ངན་ལས་འདས་ཞེས་བྱ་བ་ནི་སློབ་པ་རྣམས་ཀྱི་རྟོགས་པའི་ཕན་ཡོན་བསྟན་པའི་ཕྱིར་རོ། །ཡང་དག་པའི་སྒྲུབ་པ་ནི་རྣམ་པ་བཞི་སྟེ། སྦྱིན་པ་དང། ་བཟོད་པ་དང། བདེན་པ་མངོན་པར་རྟོགས་པ་དང། ཉོན་མོངས་པ་མ་ལུས་པར་སྤངས་པ་ལ་བག་ཡོད་པ་སྟེ། སྦྱིན་པས་བསོད་ནམས་རབ་ཏུ་འཕེལ་བ་ཞེས་བྱ་བ་ནི་ཡང་དག་པའི་སྒྲུབ་པ་སྦྱིན་པར་བྱ་བ་ལ་སྦྱོར་བར་བྱེད་པའོ། །ཡང་དག་སྡོམ ་པས་དགྲ་མི་སོགས་ཞེས་བྱ་བ་ནི་བཟོད་པ་ལའོ། །དགེ་དང་ལྡན་པས་སྡིག་པ་སྤོང། ཞེས་བྱ་བ་ནི་བདེན་པ་མངོན་པར་རྟོགས་པའོ། །འདོད་ཆགས་དང། ཞེ་སྡང་དང། གཏི་མུག་ཟད་པ་ལས་ལེགས་པར་མྱ་ངན་ལས་འདས་པ་ནི་ཉོན ་མོངས་པ་མ་ལུས་པ་སྤོང་བ་ལ་བག་ཡོད་པའོ། །ཚིགས་སུ་བཅད་པའི་དོན་བསྡུས་པ་ལས་དོན་བསྡུས་པ་བཅོ་ལྔ་པའོ།། །།བརྒྱན་པ་བྱས་ཀྱང་ཆོས་ནི་སྤྱོད་བྱེད་ལ། །དུལ་ཞིང་ཡང ་དག་བསྡམས་པ་ཚངས་པར་སྤྱོད། །འབྱུང་པོ་ཀུན་ལ་ཆད་པ་སྤངས་པ་སྟེ། །བྲམ་ཟེ་དགེ་སྦྱོང་དེ་ཡིན་དགེ་སློང་དེ། ཞེས་ཚིགས་སུ་བཅད་པའོ། །བཅོམ་ལྡན་འདས་ཀྱིས་འདི་ཅིའི་ཕྱིར་གསུངས་ཤེ་ན། རྟགས་བླང་བས་དགེ་སྦྱོང་ལ་སོགས་པ ་མངོན་པའི་ང་རྒྱལ་བྱེད་པ་སྤང་བའི་ཕྱིར་རོ། །དེ་ལ་ཆོས་སྤྱོད་པ་ནི་གཉིས་ཀྱིས་རབ་ཏུ་ཕྱེ་སྟེ། བདག་གི་ཡོན་ཏན་སྒྲུབ་པ་དང། གཞན་གྱི་ཡོན་ཏན་བསྒྲུབ་པའོ། །དུལ་ཞིང་ཡང་དག་བསྡམས་པ་ཚངས་པར་སྤྱོད། ཅེས་བྱ་བ་ནི་བདག་གི་ཡོན ་ཏན་བསྒྲུབ་པའོ། །འབྱུང་པོ་ཀུན་ལ་ཆད་པ་སྤངས་པ་ཞེས་བྱ་བ་ནི་ཆད་པ་སྤངས་པས་གཞན་གྱི་ཡོན་ཏན་བསྒྲུབ་པའོ། །བསྒོམ་པ་ལ་རྟེན་ནས་བདག་གི་ཡོན་ཏན་བསྒྲུབ་པ་རྣམ་པ་བཞི་སྟེ། ལུས་བསྒོམ་པ་དང། ཚུལ་ཁྲིམས་བསྒོམ་པ་དང། ་སེམས་བསྒོམ་པ་དང། ཤེས་རབ་བསྒོམ་པའོ། །ལུས་བསྒོམས་པ་ལ་བརྟེན་ནས་དབང་པོའི་སྒོ་བསྲུངས་པས་དུལ་བའོ། །ཚུལ་ཁྲིམས་བསྒོམས་པ་ལ་བརྟེན་ནས་ལུས་དང་ངག་དང་ཡིད་ཀྱི་ལས་ཁ་ན་མ་ཐོ་བ་མེད་པས་ཞི་བའོ། །སེམས་བསྒོམས ་པ་ལ་བརྟེན་ནས་ཉོན་མོངས་པ་ཀུན་ཏུ་སྤྱོད་པ་རྣམ་པར་གནོད་པས་ཡང་དག་བསྡམས་པའོ། །ཤེས་རབ་བསྒོམས་པ་ལ་བརྟེན་ནས་འཕགས་པའི་ལམ་ཡན་ལག་བརྒྱད་པའི་ཚངས་པར་སྤྱོད་པ་དང་ལྡན་པ་ཚངས་པར་སྤྱོད་པའོ། །གཞན་གྱི ་ཡོན་ཏན་བསྒྲུབ་པ་ལ་ཆད་པ་སྤོང་བ་རྣམ་པ་བཞིར་རིག་པར་བྱ་སྟེ། ལུས་བསྒོམས་པས་དྲན་པ་ཉེ་བར་གཞག་པའི་ཆད་པ་སྤོང་བ་དང། ཚུལ་ཁྲིམས་བསྒོམས་པས་བྱས་པ་སྡོམ་པ་ཡང་དག་པར་ལེན་པའི་ཆད་པ་སྤོང་བ་དང། སེམས ་བསྒོམས་པས་བྱས་པ་རྣམ་པར་གནོན་པའི་ཆད་པ་སྤོང་བ་དང། ཤེས་རབ་བསྒོམས་པས་བྱས་པ་བྲལ་བའི་ཆད་པ་སྤོངས་པའོ། །བྲམ་ཟེ་དགེ་སྦྱོང་དེ་ཡིན་དགེ་སློང་དེ། ཞེས་བྱ་བ་ནི་སྡིག་པ་སྤངས་པའི་ཕྱིར་དང། ཟག་པ་ཟད་པ་བསྐྱེད་པའི་ལམ་ཐོབ ་པའི་ཕྱིར་དང། ཉོན་མོངས་པ་བཅོམ་པའི་ཕྱིར་ཏེ་གོ་རིམས་བཞིན་ནོ། །ཚིགས་སུ་བཅད་པའི་དོན་བསྡུས་པ་ལས་དོན་བསྡུས་པ་བཅུ་དྲུག་པའོ།། །།དད་དང་ངོ་ཚ་ཚུལ་དང་སྦྱིན་པ་ཡོད?། །ཆོས་འདི་དག་ནི་སྐྱེས་བུ ་དམ་པས་བསྔགས། ལམ་འདི་ནས་ནི་ལྷ་ཡུལ་འགྲོ་བར་གསུངས། འདི་ཡིས་ལྷ་ཡི་འཇིག་རྟེན་ཉིད་དུ་འགྲོ་།ཞེས་ཚིགས་སུ་བཅད་པའོ། །བཅོམ་ལྡན་འདས་ཀྱིས་འདི་ཅིའི་ཕྱིར་གསུངས་ཤེ་ན། མངོན་པར་མཐོ་བ་འདོད་པ་དག་མེ་དང་ཆུར ་འཇུག་པ་དང། ཟས་མི་ཟ་ལ་སོགས་པ་ལམ་ངན་པ་སྤང་བའི་ཕྱིར་ཏེ། དད་པ་དང་ངོ་ཚ་ཤེས་པས་བསམ་པ་ཕུན་སུམ་ཚོགས་པ་དང། ཚུལ་ཁྲིམས་དང་སྦྱིན་པས་སྦྱོར་བ་ཕུན་སུམ་ཚོགས་པ་དང། ལྷག་མས་དེ་གཉིས་ཀྱི་ཕན་ཡོན་མཐོང ་བའི་ཆོས་དང། ཚེ་ཕྱི་མ་སྟོན་སྟེ། སྐྱེས་བུ་དམ་པས་བསྔགས་པ་ནི་མཐོང་བའི་ཆོས་ཀྱི་ཕན་ཡོན་ཡིན་ནོ། །ལམ་འདི་ནས་ནི་ལྷ་ཡུལ་འགྲོ་བར་གསུངས། །ཞེས་བྱ་བ་ནི་སྐྱེས་བུ་དམ་པས་བསྔགས་པའི་ནང་དུ་གཏོགས་སོ། །འདི་ཡིས་ལྷའི ་འཇིག་རྟེན་ཉིད་དུ་འགྲོ་།བྱ་བ་ནི་ཚེ་ཕྱི་མའི་ཕན་ཡོན་ནོ། །གཉིས་ཀྱི་གོ་རིམས་ནི་སྔ་མ་སྔ་མ་རྒྱུ་ཡིན་པའི་ཕྱིར་ཏེ། དད་ན་འཆལ་བའི་ཚུལ་ཁྲིམས་དང། སེར་སྣའི་སྐྱོན་དག་གིས་འཛེམ་མོ། །འཛེམ་པ་དང་བཅས་ན་དེའི་གཉེན་པོའི་སྦྱིན་པ་དང།། ་ཚུལ་ཁྲིམས་བརྟེན་ཏོ། །དེ་གཉིད་ཀྱི་ཕྱིར་དང་ཞེས་བྱ་བའི་སྒྲ་གཉིས་སྨོས་སོ། །ཡང་ཞེས་བྱ་བའི་སྒྲ་ནི་སྦྱིན་པ་ཡང་ངོ་ཚ་ཤེས་པའི་དེ་མ་ཐག་ཏུ་འབྱུང་བ་ཉིད་དུ་བསྟན་པའི་ཕྱིར་རོ། །དེ་ལ་དད་པ་ནི་སེམས་དད་བའོ། །ངོ་ཚ་ཤེས་པ་ནི་བདག་ཉིད ་ཁ་ན་མ་ཐོ་བ་ལ་འཛེམ་པའོ། །ཚུལ་ཁྲིམས་ནི་ལེགས་པར་སྤྱོད་པའི་ལས་དང་སྡོམ་པ་ཞེས་བྱའོ། །སྦྱིན་པ་ནི་གཞི་དང། ཀུན་ནས་སློང་བ་དང། རྟེན་དང། ངོ་བོ་ཉིད་ཀྱིས་སོ། །སྦྱིན་པའི་གཞི་ནི་གསུམ ་སྟེ། མ་ཆགས་པ་དང། ཞེ་སྡང་མེད་པ། གཏི་མུག་མེད་པའོ། །གཞི་དང། བྱེད་རྒྱུ་དང། རྒྱུ་དང། རྒྱུ་མཚན་ནི་རྣམ་གྲངས་སོ། །ཇི་ལྟར་སྦྱིན་པའི་གཞི་མ་ཆགས་པ་ཡིན་ཞེ་ན། གལ་ཏེ་དངོས་པོ་དེ་ལ་མ་ཆགས་ན་དེས་སྦྱིན་པར་བྱེད་དོ།། ་ཇི་ལྟར་ན་སྦྱིན་པའི་གཞི་ཞེ་སྡང་མེད་པ་ཡིན་ཞེ་ན། གལ་ཏེ་དངོས་པོ་དེ་ལ་མ་ཆགས་པར་གྱུར་ཀྱང་ལེན་པ་པོ་ལ་ཞེ་སྡང་བར་གྱུར་ན་དེའི་ཕྱིར་སྦྱིན་པར་བྱེད་པར་མི་འགྱུར་བ་ཉིད་དོ། །གལ་ཏེ་ལེན་པ་པོ་ལ་ཡང་ཞེ་སྡང་མེད་ལ་དངོས་པོ ་དེ་ལ་ཡང་ལྷག་པར་ཆགས་པ་མེད་ན་དེ་ལྟ་ན་སྦྱིན་པ་སྦྱིན་པར་བྱེད་དོ། །ཇི་ལྟར་ན་སྦྱིན་པའི་གཞི་གཏི་མུག་མེད་པ་ཡིན་ཞེ་ན། གལ་ཏེ་དངོས་པོ་དེ་ལྷག་པར་ཆགས་པ་མེད་པར་གྱུར་ལ་ལེན་པ་པོ་ལ་ཡང་ཞེ་སྡང་མེད་ཀྱང་སྦྱིན་པའི་འབྲས ་བུ་ནི་ལོངས་སྤྱོད་ཆེན་པོ་ཉིད་དོ་ཞེས་རྒྱུ་དང་འབྲས་བུ་འབྲེལ་བ་མི་ཤེས་ན་སྦྱིན་བར་མི་འགྱུར་བ་ཉིད་དོ། །གལ་ཏེ་རྒྱུ་དང་འབྲས་བུ་འབྲེལ་པ་ལ་རྨོངས་པ་མེད་ཅིང་ལེན་པ་པོ་ལ་ཡང་ཞེ་སྡང་མེད་ལ་དངོས་པོ་དེ་ལ་ཡང་ལྷག་པར་ཆགས ་པ་མེད་ན་དེའི་ཕྱིར་སྦྱིན་པ་བྱེད་དེ། གཞི་ལས་ནི་དེ་ལྟ་བུ་ཡིན་ནོ། །ཀུན་ནས་སློང་བ་ནི་དེ་ལྟ་བུ་དང་མི་ལྡན་པའི་སེམས་པ་གཏན་ལ་འབེབས་པའི་དུས་ན་སྤྱོད་པའོ། །རྟེན་ནི་སྦྱིན་པར་བྱ་བའི་དངོས་པོ་སྟེ། གང་ལ་བརྟེན་ནས་སྦྱིན་པ་བྱེད ་པར་འཇུག་པའོ། །ངོ་བོ་ཉིད་ནི་ལུས་དང་ངག་གིས་ལས་ཀྱིས་བསྒྲུབ་པའོ། ཇི་ལྟར་ན་དེ་ཕུན་སུམ་ཚོགས་པ་ཡིན་ཞེ་ན། ཡང་ནས་ཡང་དང། ཕྱོགས་མེད་པ་དང། འདོད་པ་ཡོངས་སུ་རྫོགས་པར་སྦྱིན་པའི་ཕྱིར་ཏེ། དེ་ཉིད་ཀྱི་ཕྱིར ་བཅོམ་ལྡན་འདས་ཀྱིས་འདི་ལ་རིགས་ཀྱི་བུ་སྦྱིན་བདག་ཏུ་གྱུར་པ་ནི་དགེ་སྦྱོང་ངམ། བྲམ་ཟེ་འམ། ལམ་དུ་ཞུགས་པ་འམ། སློང་བ་འམ། བཀྲེས་པ་འམ། སྡུག་ཕོངས་རྣམས་ལ་འདི་ལྟ་སྟེ། ཟས་དང། སྐོམ་དང། གོས་དང། གཞོན་པ་ཞེས་བྱ ་ཆེར་གསུངས་སོ། །སྦྱིན་པའི་སྦྱིན་བདག་ཏུ་གྱུར་པ་ཞེས་བྱ་བ་ནི་དེའི་དད་དུ་གྱུར་པ་ཉིད་ཀྱི་ཕྱིར་ཕྱིར་ཞིང་སྦྱིན་པར་བྱེད་པའི་ཕྱིར་ཡང་ནས་ཡང་དུ་སྦྱིན་པ་ཉིད་བསྟན་ཏོ། །དགེ་སློང་ངམ་བྲམ་ཟེ་རྣམས་ལ་ཞེས་བྱ་བ་ནི་དོན་དུ་གཉེར་བ་ཐམས་ཅད ་ལ་སྦྱིན་པའི་ཕྱིར་ཕྱོགས་མེད་པའི་སྦྱིན་པ་ཉིད་བསྟན་ཏོ། །ཟས་དང། སྐོམ་དང། གོས་དང། གཞོན་པ་ཞེས་བྱ་བ་ནི། དེ་ལ་སོགས་པ་ནི་བསམ་པ་ཇི་ལྟ་བ་བཞིན་ཡོ་བྱད་ཀྱི་གཞི་ཡོངས་སུ་གཏོང་བ་ལ་སྦྱིན་པའི་ཕྱིར་འདོད་པ་ཡོངས་སུ་རྫོགས ་པའི་སྦྱིན་པ་ཉིད་བསྟེན་ཏོ། །རྣམ་པར་གཏན་ལ་དབབ་པའི་གཏམ་འདི་སྤྲོ་ན་རྣམ་པ་མང་དུ་འཕྲོ་བས་ཞར་ལ་འོངས་པ་བཞག་གོ་།ཚིགས་སུ་བཅད་པའི་དོན་བསྡུས་པ་ལས་དོན་བསྡུས་པ་བཅུ་བདུན་པའོ།། །།བོར་བ་འདི་དག ་གང་ཡིན་དང། །ཕྱོགས་དང་ཕྱོགས་མཚམས་འཐོར་བ་དང། །རུས་པ་ཐི་བའི་མདོག་ལྟ་བུ། །དེ་མཐོང་འདི་ལ་ཅི་ཞིག་དགའ་། ཞེས་ཚིགས་སུ་བཅད་པའོ། །བཅོམ་ལྡན་འདས་ཀྱིས་འདི་ཅིའི་ཕྱིར་གསུངས་ཤེ་ན། འདོད་ཆགས་རྣམ་པ་བཞིའི ་གཉེན་པོར་གསུངས་པར་མངོན་ཏེ། འདོད་ཆགས་རྣམ་པ་བཞི་ནི་བསྙེན་བཀུར་གྱི་འདོད་ཆགས་དང། དབྱིབས་ཀྱི་འདོད་ཆགས་དང། ཁ་དོག་གི་འདོད་ཆགས་དང། རེག་པའི་འདོད་ཆགས་སོ། །བོར་བ་འདི་དག་གང་ཡིན་དང། ཞེས་བྱ་བ་ནི ་བསྙེན་བཀུར་གྱི་འདོད་ཆགས་ཀྱི་གཉེན་པོའོ། །ཕྱོགས་དང་ཕྱོགས་མཚམས་འཐོར་བ་དང། ཞེས་བྱ་བ་ནི་དབྱིབས་ཀྱི་འདོད་ཆགས་ཀྱི་གཉེན་པོའོ། །རུས་པ་ཞེས་བྱ་བ་ནི་རེག་པའི་འདོད་ཆགས་ཀྱི་གཉེན་པོའོ། །ཐི་བའི་མདོག་ལྟ་བུ ་ཞེས་བྱ་བ་ནི་ཁ་དོག་གི་འདོད་ཆགས་ཀྱི་གཉེན་པོའོ། །རྣམ་པ་གཅིག་ཏུ་ནི་ཚིགས་སུ་བཅད་པ་འདིས་མི་རྟག་པ་ཉིད་རྣམ་པ་ལྔ་བསྟན་ཏེ། འཇིག་པ་མི་རྟག་པ་ཉིད་དང། བྲལ་བ་མི་རྟགས་ཉིད་དང། ་འགྱུར་བ་མི་རྟག་པ་ཉིད་དང། ཉེ་བའི་རྣམ་པ་མི་དག་པ་ཉིད་དང། ཆོས་ཉིད་ཀྱི་རྣམ་པ་མི་རྟག་པ་ཉིད་དོ། །བོར་བ་འདི་དག་གང་ཡིན་དང། ཞེས་བྱ་བ་ནི་འཇིག་པ་མི་རྟག་པ་ཉིད་བསྟན་ཏེ། སྲོག་གི་དབང་པོ་འཇིག་པ་ལས་དེ་དག་པོར ་བར་འགྱུར་རོ། །ཕྱོགས་དང་ཕྱོགས་མཚམས་མཐོང་བ་དང། ཞེས་བྱ་བས་ནི་བྲལ་བ་མི་རྟག་པ་ཉིད་དུ་བསྟན་ཏོ། །རུས་པ་ཐི་བའི་མདོག་ལྟ་བུ། ཞེས་བྱ་བ་ནི་འགྱུར་བ་མི་རྟག་པ་ཉིད་དེ། ཁ་དོག་གཞན་དུ་འགྱུར་བའི་ཕྱིར་རོ།། ་དེ་མཐོང་ཞེས་བྱ་བ་ནི་ཉེ་བའི་རྣམ་པ་མི་རྟག་པ་ཉིད་དོ། །མི་རྟག་པ་རྣམ་པ་གསུམ་པོ་འདི་དག་ཉིད་དེ་ལྟར་གྱི་དུས་སུ་ཉེ་བ་ཞེས་བྱའོ། །འདི་ལ་ཅི་ཞིག་དགའ་ཨོ་ཞེས་བྱ་བ་ནི་ཆོས་ཉིད་ཀྱི་རྣམ་པ་མི་རྟག་པ་ཉིད་དེ། འདི་ཡང་དེ་ལྟ་བུའི ་ཆོས་ཅན་ཡིན་ཏེ། དེ་བས་ན་ཤི་བའི་ལུས་ལ་མི་རྟག་པ་ཉིད་རྣམ་པ་གསུམ་ཉེ་བར་མཐོང་ནས་རང་གི་ལུས་འཚོ་བ་དེ་ལྟ་བུའི་ཆོས་ཅན་ཉིད་འདི་ལ་ཡངས་ཞིག་དགའ་ཞེས་དེ་ལྟར་ཚིགས་སུ་བཅད་པ་འདི་བཅོམ་ལྡན་འདས་ཀྱིས་ལུས་ལ་ལྷག ་པར་ཆགས་པ་རྣམས་སྐྱོ་བར་བྱ་བའི་ཕྱིར་གསུངས་པར་མངོན་ནོ། །ཚིགས་སུ་བཅད་པའི་དོན་བསྡུས་པ་ལས་དོན་བསྡུས་པ་བཅོ་བརྒྱད་པའོ།། །།ཀྱེ་མ་འདུས་བྱས་རྣམས་མི་རྟག་།སྐྱེ་ཞིང་འཇིག་པའི ་ཆོས་ཅན་ཡིན། །སྐྱེས་ནས་འཇིགས་པར་འགྱུར་བ་སྟེ། །དེ་དག་ཉེ་བར་ཞི་བ་བདེ། །ཞེས་ཚིགས་སུ་བཅད་པའོ། །བཅོམ་ལྡན་འདས་ཀྱིས་འདི་ཅིའི་ཕྱིར་གསུངས་ཤེ་ན། འཁོར་བ་ལ་མངོན་པར་དགའ་བ་རྣམས་འཁོར་བ་དང་མྱ་ངན་ལས ་འདས་པའི་སྐྱོན་དང་ཡོན་ཏན་བསྟན་པས་ཐར་པའི་ཆ་དང་མཐུན་པར་བསྐྱེད་པའི་ཕྱིར་གསུངས་པར་མངོན་ནོ། །འདིར་ནི་འདི་སྐད་རྒོལ་ཏེ། ཀྱེ་མ་འདུ་བྱེད་རྣམས་མི་རྟག་ཅེས་བརྗོད་ནས། སྐྱེ་ཞིང་འཇིག་པའི་ཆོས་ཅན་ཡིན་ཞེས་བརྗོད་པར་མི་བྱ ་སྟེ། རྟག་པ་ནི་འགའ་ལ་ཡིད་སྐྱེ་བ་དང་འཇིག་པ་མེད་དོ། །སྐྱེས་ནས་འཇིགས་པར་འགྱུར་བ་སྟེ། ཞེས་བྱ་བ་འདི་ཡང་བརྗོད་པར་མི་བྱ་སྟེ། གང་ཟློས་པའི་ཕྱིར་རོ་ཞེ་ན། འདི་ཀླན་ཀར་མི་རུང་སྟེ། འདི་ལྟར་ཚིགས་སུ་བཅད་པ་འདིས་དུས་གསུམ ་དུ་རྟོག་པའི་འདུ་བྱེད་རྣམས་མི་རྟག་པ་ཉིད་དང། སྡུག་བསྔལ་བ་ཉིད་དང། དེ་ལ་འདོད་པ་དང། མངོན་པར་དགའ་བ་དང། ལྷག་པར་ཆགས་པའི་སྲེད་པའི་གཉེན་པོར་དེ་འགོག་པའི་ཞི་བ་ཉིད་བསྟན་ཏེ། འདས་པའི་འདུ་བྱེད་རྣམས་སྐྱེས ་ནས་འཇིག་པའི་ཕྱིར་རྟག་པ་མ་ཡིན་པ་ནི་མི་རྟག་པའོ། །མ་འོངས་པ་རྣམས་སྐྱེ་བ་དང་འཇིག་ཏུ་དུར་བའི་ཕྱིར་རོ། །སྐྱེ་ཞིང་འཇིག་པའི་ཆོས་ཅན་ཡིན་ནོ། །ད་ལྟར་བྱུང་བ་རྣམས་སྐྱེས་པའི་ཕྱིར་དང། འཇིག་པ་ལ་མངོན་དུ་ཕྱོགས་པའི་ཕྱིར། སྐྱེས་ནས་ ་འཇིག་པར་འགྱུར་བ་སྟེའོ། །དེ་དག་རྣམ་པར་ཞི་བ་བདེ་ཞེས་བྱ་བ་ནི་ཉིང་མཚམས་སྦྱོར་བ་མེད་པའི་འགོག་པ་སྟེ། མྱ་ངན་ལས་འདས་པའོ། །དེའི་རྣམ་པར་བཞག་པ་ཡང་རྣམ་པ་བཅུ་གསུམ་གྱིས་རིག་པར་བྱ་སྟེ། མཚན་ཉིད་དང། ཟབ་པ་དང། ་ཀུན་ནས་ཉོན་མོངས་པ་དང། དོན་དམ་པ་དང། ཡོངས་སུ་མ་རྟོགས་པ་དང། ཡོངས་སུ་རྫོགས་པ་དང། རྒྱན་མེད་དང། རྒྱན་དང་བཅས་པ་དང། ཁྱད་པར་མེད་པ་དང། ཁྱད་པར་དུ་འཕགས་པ་དང། ལྷག་མ་དང་བཅས་པ་དང། ལྷག་མ་མེད ་པ་དང། རྣམ་གྲང་བགྱིས་སོ། །དེ་ལ་མཚན་ཉིད་ཀྱི་ནི་གང་གིས་འགག་པ་དང། གང་འགག་པ་དང། གང་དུ་འགག་པ་སྟེ། གང་གིས་འགག་ཅེ་ན། ལམ་གྱིས་ཏེ། འདིས་འཕགས་པས་སོ། །གང་འགགས་ཤེ་ན། སྒྲིབ་པ་དང། གནས ་དོན་ཐམས་ཅད་སྤངས་ལ། གཞན་སྐྱེ་བ་མེད་པ་ནི་འགགས་པའོ། །གང་དུ་འགག་ཅེ་ན། ཟག་པ་མེད་པའི་དབྱིངས་སུ་སྟེ། ཅི་སྐད་དུ་གང་དུ་མི་འགག་ཅིང་ཁ་དོག་གི་འདུ་ཤེས་དང་བྲལ་བ་ནས་ཡིད་ཀྱི་བར ་དུ་འགག་ལ་ཆོས་ཀྱི་འདུ་ཤེས་དང་བྲལ་བར་འགྱུར་བ་ཞེས་བྱ་བ་དང། དེ་བཞིན་དུ། གང་དུ་མིག་དང་རྣ་བ་དང། །དེ་བཞིན་སྣ་ལྕ་ལུས་ཡིད་དང། །དེ་བཞིན་མིག་དང་གཟུགས་དག་ཀྱང། །མ་ལུས་པ་པ་ནི་འགག་པར་འགྱུར། ཞེས་གསུངས ་པ་ལྟ་བུའོ། །ཟབ་པས་ནི་འདུ་བྱེད་དེ་དག་ཉེ་བར་ཞི་བ་ལས་འགོག་པ་སྟེ། གཞན་དང་གཞན་མ་ཡིན་པ་དང། གཉི་ག་དང་གཉི་ག་མ་ཡིན་པར་བརྗོད་པར་མ་བྱ་སྟེ། གཞན་ཉིད་ཡིན་ན་ནི་ང་དང། འབྲེལ་པ་མེད་པ་ཉིད་ཀྱི་དོན་གཞན་། ་དུ་གྱུར་པར་འགྱུར་རོ། །གཞན་མ་ཡིན་པ་ཉིད་ཡིན་ན་ནི་ཀུན་ནས་ཉོན་མོངས་པའི་བདག་ཉིད་དུ་འགྱུར་རོ། །གཉི་ག་ཡིན་ན་ནི་གཉི་གར་རོ། །གཉི་ག་མ་ཡིན་ན་ནི་མེད་པར་འགྱུར་རོ། །དེ་ནི་དག་གི་ལམ་ཐམས་ཅད་ལ་ཡང་དག་པར་འདས་པ ་སྤྲོས་པ་མེད་པ་སྟེ། ཇི་སྐད་དུ། གནས་གཏན་ཤཱ་རཱི་བུས་རེག་པའི་སྐྱེ་མཆེད་དྲུག་ཟད་པ་ལས་འདོད་ཆགས་དང་བྲལ་བ་དང། འགོག་པ་དང། ཉེ་བར་ཞི་བ་དག་གཞན་ཡོད་དོ་སྙམ་ན་མ་སྤྲོས་པ་སྤྲོ་བར་བྱེད་དོ། །གཞན་མེད་དོ་སྙམ་ན་མ ་སྤྲོས་པ་སྤྲོ་བར་བྱེད་དོ། །གཞན་ཡོད་ཀྱང་ཡོད་ལ་མེད་ཀྱང་མེད་པ་དང། གཞན་ལ་ཡོད་པ་ཡང་མ་ཡིན་མེད་པ་ཡང་མ་ཡིན་སྙམ་ན་མ་སྤྲོས་པ་སྤྲོས་པར་བྱེད་པ་སྟེ། ཅི་ཙམ་དུ་སྐྱེ་མཆེད་དྲུག་པོ་དེ་ཙམ་དུ་སྤྲོས་པའོ། །བཅོམ་ལྡན་འདས་ཀྱིས ་ནི་སྐྱེ་མཆེད་དྲུག་འགོགས་ནས་སྤྲོས་པ་མེད་པ་ནི་མྱ་ངན་ལས་འདས་པའོ་ཞེས་གསུངས་སོ་ཞེས་བཤད་པ་ལྟ་བུའོ། །ཀུན་ནས་ཉོན་མོངས་པས་ནི་དེའི་ཡན་ལག་མྱ་ངན་ལས་འདས་པ་ཏེ། དེའི་ཡན་ལག་ཉོན་མོངས་པའི་རྣམ་པ་ཀུན་ཏུ ་སྤྱོད་པའི་གནས་སྐབས་སྤངས་པའི་ཕྱིར་རོ། །འཇིག་རྟེན་པའི་ལམ་གྱི་ས་བོན་བཅོམ་པའི་འགོག་པ་གང་ཡིན་པ་ཞེས་བྱ་བའི་ཐ་ཚིག་སྟེ། ཇི་སྐད་དུ་འདོད་པ་དགེ་ལས་དབེན་པ་ཞེས་རྒྱ་ཆེར་འབྱུང་བ་ལྟ་བུའོ། །དོན་དམ་པས་ནི་འཕགས་པའི་ཤེས་རབ་ཀྱི་ས་བོན ་བཅོམ་པའོ། །ཡོངས་སུ་མ་རྫོགས་པ་ནི་རྒྱུན་དུ་ཞུགས་པའི་འབྲས་བུས་བསྡུས?་པ་ནས། དགྲ་བཅོམ་པ་ལ་འཇུག་པའི་བར་གྱིས་བསྡུས་པ་སྟེ། ཀུན་ཏུ་སྦྱོར་བ་ལྟ་མ་དང་བཅས་པའི་ཕྱིར་རོ། །ཡོངས་སུ་རྫོགས་པས་ནི་དགྲ་བཅོམ་པའི་འབྲས་བུས་བསྡུས་པ་སྟེ། ་ཀུན་ཏུ་སྤྱོད་པའི་ལྷག་མ་མེད་པའི་ཕྱིར་རོ། །རྒྱན་མེད་པས་ནི་ཤེས་རབ་ཀྱིས་རྣམ་པར་གྲོལ་བདག་གོ། རྒྱན་དང་བཅས་པས་ནི་གཉི་གའི་ཆ་ལས་རྣམ་པར་གྲོལ་བདག་སྟེ། ཡོན་ཏན་གྱི་ཁྱད་པར་ཅན་ཡོད་པའི་ཕྱིར་རོ། །ཁྱད་པར་ཡོད་པས་ནི་ཉོན་མོངས་པའི་སྒྲིབ ་པ་ལས་རྣམ་པར་གྲོལ་བ། ཉན་ཐོས་དང། རང་སངས་རྒྱས་དག་གོ་།ཁྱད་པར་དུ་འཕགས་པས་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ཤེས་བྱའི་སྒྲིབ་པ་ལས་རྣམ་པར་གྲོལ་བས་སོ། །ལྷག་མ་དང་བཅས་པས་ནི་ཕུང་པོ་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས ་པའི་དབྱིངས་སོ། །ལྷག་མ་མེད་པས་ནི་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སོ། །རྣམ་གྲངས་ཀྱིས་ནི་ཇི་སྐད་དུ། བཅོམ་ལྡན་འདས་ཀྱིས་མ་ལུས་པར་སྤངས་པ། སོ་སོར་སྤངས་པ། མཐར་བྱས་པ། ཟད་པ། འདོད་ཆགས་དང་བྲལ་བ། ་འགོག་པ། ཉེ་བར་ཞི་བ་དང། ནུབ་པ་དང། འདུས་མ་བྱས་པ། མཐོང་བར་དཀའ་བ། མི་གཡོ་བ། མདུད་པ་མེད་པ། འཆི་བ་མེད་པ། ཟག་པ་མེད་པ། གནས། གླིང། སྐྱོབ་པ། དཔུང་གཉེན། མ་ཉམས་པ། རིམས་ནད་མེད་པ། ཡོངས་སུ་གདུང་བ་མེད་པ ་བདེ་བ་ཞི་བ། གཞི་བཟང་པོ། བདེ་ལེགས་སུ་བྱེད་པ། ནད་མེད་པ། མི་གཡོ་བ། མྱ་ངན་ལས་འདས་པ་ཞེས་གསུངས་པ་སྟེ། མ་ལུས་པར་སྤངས་པ་ཞེས་བྱ་བ་ནི་བསྟན་པ་ཡིན་ལ། ལྷག་མ་བཤད་པ་ཡིན་ནོ། །སོ་སོར་སྤངས་པ་ནི་ཀུན་ནས་དཀྲིས་པའི ་དབང་དུ་མཛད་ནས་སྐྱེས་པ་སྤོང་བའི་ཕྱིར་ཏེ། སྤངས་པ་ནི་འདོར་བ་དང་སྤོང་བ་ཞེས་བྱ་བའི་ཐ་ཚིག་གོ་།མཐར་བྱས་པ་ནི་ལག་ལ་ཉལ་མཐར་བྱེད་པའི་ཕྱིར་ཏེ། བག་ལ་ཉལ་བའི་དབང་དུ་མཛད་ནས་རྩ་བ་མེད་ན་གཏན་དུ ་མི་སྐྱེ་བའི་ཕྱིར་ཞེས་བྱ་བའི་ཐ་ཚིག་གོ་།དེ་ཡང་མཐོང་བ་དང་སྒོམ་པའི་ལམ་གྱི་གཉེན་པོའི་བྱེ་བྲག་ལས་རྣམ་པ་གཉིས་སུ་བཞག་གོ་།ཟད་པ། འདོད་ཆགས་དང་བྲལ་བ་ཞེས་བྱ་བ་ནི་དེ་ལ་མཐོང་བའི་ལམ་གྱིས་བྲལ་བའི་དབང་དུ་མཛད་ནས་ཟད་ལ་སྟེ། ་ཉོན་མོངས་པའི་ཕུང་པོ་ཆུད་དུ་ཙམ་ལུས་པའི་ཕྱིར་རོ། །བསྒོམ་པའི་ལམ་གྱིས་འདོད་ཆགས་དང་བྲལ་ཏེ། དེའི་ས་ནི་འདོད་ཆགས་དང་བྲལ་བར་གྱུར་པས་རབ་ཏུ་ཕྱེ་བའི་ཕྱིར་རོ། །གྲལ་བ་དེ་གཉིས་ཡོད་ན་ཕྱི་མ་ལ་ཡང་སྡུག་བསྔལ་འགག་པར་འགྱུར་ཏེ ་མི་སྐྱེ་བའི་ཆོས་ཉིད་དུ་བྱས་པའི་ཕྱིར་རོ། །མཐོང་བའི་ཆོས་ལ་ཡིད་མི་བདེ་བ་ཉེ་བར་ཞི་བ་ནི་ཀུན་ཏུ་སྤྱོད་པ་མེད་པའི་ཕྱིར་ཏེ། དེ་བས་ན་དེའི་འབྲས་བུར་གྱུར་པ་སྡུག་བསྔལ་རྣམ་པ་གཉིས་སྤང་པའི་དབང་དུ་མཛད་ནས། འགག་པ་ཉེ་བར་ཞི་བ་ཞེས་གསུངས་སོ། ་ལྷག་མ་གནོད་པ་མེད་པའི་ཕྱིར་ནུབ་པ་ཞེས་བྱ་སྟེ། དེ་ལྟར་བྱས་ནམ་ལུས་པ་སྤོང་བ་བསྟན་པར་རིག་པར་བྱའོ། །འདུག་མ་བྱས་ནི་མཚན་ཉིད་གསུམ་དང་མི་ལྡན་པའི་ཕྱིར་འདུག་བྱས་ལས་ལོག་པས་སོ། །མཐོང་བར་དཀའ་བ་ནི་ཤ་དང་ལྷའི་མིག་གིས ་སྤྱོད་ཡུལ་ལས་ཡང་དག་པར་འདས་པའི་ཕྱིར་རོ། །མི་གཡོ་བ་ནི་འགྲོ་བ་རྒྱུ་བ་དང་མི་ལྡན་པའི་ཕྱིར་རོ། མདུད་པ་མེད་པ་ནི་སྲེད་པ་གསུམ་དང་མི་ལེན་པའི་ཕྱིར་ཏེ། འདོད་པ་དང། གཟུགས་དང། གཟུགས་མེད་པའི་སྲེད་པ་མེད་པས ་སྤང་པ་ལ་མདུད་པ་མེད་པའི་ཕྱིར་རོ། །མི་འཆི་བ་ནི་ཕུང་པོའི་བདུད་དང་བྲལ་བའི་ཕྱིར་ཏེ། འཆི་བའི་རྟེན་ཕུང་པོ་མེད་པ་ཅེས་བྱ་བའི་ཐ་ཚིག་གོ་།ཟག་པ་མེད་པ་ནི་ཉོན་མོངས་པའི་བདུད་དང་བྲལ་བའི་ཕྱིར་རོ། །གནས་ནི ་རྣམ་པར་གྲོལ་བའི་བདེ་བ་དང་དགའ་བ་ལ་བརྟེན་པའི་ཕྱིར་རོ། །གླིང་ནི་ཁམས་གསུམ་ལས་ཡོངས་སུ་ཆད་པའི་ཕྱིར་ཏེ། །འཁོར་བའི་རྒྱ་མཚོ་ཆེན་པོ་ནས་སྐམ་སར་གྱུར་པའི་ཕྱིར་རོ། ཞེས་བྱ་བའི་ཐ་ཚིག་གོ་།སྐྱོབ་པ་ནི་གནོད ་པ་ཐམས་ཅད་བཟློག་པའི་ཕྱིར་ཏེ། དེ་ཐོབ་ན་སྐྱེ་བ་ལ་སོགས་པའི་གནོད་པ་ཐམས་ཅད་དང་བྲལ་བའི་ཕྱིར་ཞེས་བྱ་བའི་ཐ་ཚིག་གོ་།སྐྱབས་ནི་དེའི་བསམ་པ་དང། སྦྱོར་བ་དོན་ཡོད་པ་ཉིད་ཀྱི་གཞིའི་གནས་སུ་གྱུར་པའི་ཕྱིར་ཏེ ་དེར་བསམས་པ་དང་སྦྱོར་བ་བྱས་པ་དོན་ཡོད་པ་ཉིད་ཀྱི་གཞིའི་གནས་ཀྱི་རྟེན་དུ་རུང་བར་གྱུར་ཞེས་བྱ་བའི་ཐ་ཚིག་གོ་།དཔུང་གཉེན་ནི་འཕགས་པ་མཆོག་གི་ཀུན་ནས་བགྲོད་པ་ལ་གཞིའི་གནས་སུ་གྱུར་པའི་ཕྱིར་ཏེ། དགྲ་བཅོམ་པ་ཉིད་ཐོབ ་པའི་ཐུགས་ཀྱི་དམིགས་པར་གྱུར་པ་ཞེས་བྱ་བའི་ཐ་ཚིག་གོ་།མ་ཉམས་པ་ནི་མ་སྐྱེས་པ་ཉིད་ཀྱི་ཉམས་པ་མེད་པའི་ཕྱིར་རོ། །རིམས་ནད་མེད་པ་ནི་འདོད་ཐམས་ཅད་ཀྱི་གནོད་པ་དང་གདུང་བ་མེད་པའི་ཕྱིར་རོ། ཡོངས་སུ་གདུང་བ་མེད ་པ་ནི་མྱ་ངན་དང། སྨྲེ་སྔགས་འདོན་པ་དང། སྡུག་བསྔལ་བ་དང། ཡིད་མི་བདེ་བ་དང། འཁྲུག་པའི་ཡོངས་སུ་གདུང་བ་མེད་དོ། །གསིལ་བའི་ཕྱིར་རོ། །བདེ་བ་ནི་ནད་དང། རྒ་བ་དང། འཆི་བའི་འཇིགས་པ་དང ་བྲལ་བ་འཕགས་པ་གནས་པའི་རྟེན་དུ་གྱུར་པའི་ཕྱིར་རོ། །ཞི་བ་ནི་དགེ་བའི་ཆོས་ཐམས་ཅད་ཀྱི་རྟེན་དུ་གྱུར་པའི་ཕྱིར་རོ། །གཞི་བཟང་པོ་ནི་འཇིག་རྟེན་ལས་འདས་པའི་བདེ་བའི་གཞིར་གྱུར་པའི་ཕྱིར་རོ། །བདེ་ལེགས་སུ ་བྱེད་པ་ནི་སྦྱར་བ་བདེ་བས་དེ་ཐོབ་པར་བྱ་བ་ལ་དམིགས་པའི་ངོ་བོར་གྱུར་པའི་ཕྱིར་རོ། །ནད་མེད་པ་ནི་ཉོན་མོངས་པ་ལ་སོགས་པའི་སྒྲིབ་པའི་ནད་དང་བྲལ་བའི་ཕྱིར་རོ། །མི་གཡོ་བ་ནི་ཡུལ་ལ་སྤྲོས་པའི་གཡང་བ་ཐམས་ཅད ་དང་བྲལ་བའི་ཕྱིར་རོ། །མྱ་ངན་ལས་འདས་པ་ནི་གཟུགས་ལ་སོགས་པའི་འདུ་ཤེས་ཐམས་ཅད་དང་བྲལ་ཞིང་ཞི་བ་དང་བདེ་བར་གནས་པའི་དམིགས་པ་ཡིན་པའི་ཕྱིར་རོ། །ཀྱེ་མ་ཞེས་བྱ་བའི་སྒྲའི་དོན་ཅི་ཞེ་ན། ་མི་དགའ་བ་དང། སྙིང་རྗེ་དང། གདུང་བ་དང། དེས་པ་ལ་སོགས་པ་དོན་མང་ཞིག་ལ་སྣངས་ཏེ། ཀྱེ་མ་ཚེ་དང་ལྡན་པ་དག་འདི་ནི་བྱ་བ་མ་ཡིན་ནོ། །ཞེས་མ་དགའ་བ་ལ་བྱའོ། །ཀྱེ་མ་འཇིག་རྟེན་འདི་ནི་ཉམ་ང་བར་ཞུགས ་སོ་ཞེས་སྙིང་རྗེ་ལའོ། །ཀྱེ་མ་བདག་གི་ལུས་དང་ངག་དང་ཡིད་ཀྱིས་སྡིག་པ་བྱས་སོ་ཞེས་ཡོངས་སུ་གདུང་བ་ལ་བྱའོ། །ཀྱེ་མ་འཇིག་རྟེན་ན་གང་མེད་པ་དེ་དག་གིས་ཤེས་པར་བྱའོ་ཞེས་དེས་པ་ལའོ། །འདིར་ན་ཀྱེ་མའི་སྒྲ་ངེས་པ་ལའོ།། ་འདུ་བྱེད་རྣམས་ཤེས་བྱ་བ་ལ་འདུ་བྱེད་ཀྱི་སྒྲ་འདི་ནི་བསོད་ནམས་མ་ཡིན་པ་དང། མི་གཡོ་བའི་གསལ་འཇུག་པ་ཡོད་དེ། ཇི་སྐད་དུ་མ་རིག་པའི་རྐྱེན་གྱིས་འདུ་བྱེད་བསོད་ནམས་དང། བསོད་ནམས་མ་ཡིན་པ་དང་མི་གཡོ་བ ་རྣམས་ཞེས་གསུངས་པ་ལྟ་བུའོ། །ཚོའི་འདུ་བྱེད་རྣམས་ལ་ཡང་ཡོད་དེ། ཇི་སྐད་དུ་སེམས་ཅན་ཐམས་ཅད་འདུ་བྱེད་ཀྱི་གནས་སོ་ཞེས་གསུངས་པ་ལྟ་བུའོ། །འཇུག་པའི་ཁྱད་པར་ལ་ཡང་ཡོད་དེ། ཇི་སྐད་དུ། གལ ་ཏེ་ཏིང་ངེ་འཛིན་འདུ་བྱེད་ཀྱིས་མངོན་པར་ཟིན་ན་ཞེས་གསུངས་པ་ལྟ་བུའོ། །ཕུང་པོ་བཞི་ལས་གཞན་པ་འདུས་བྱས་དང་བཅས་པ་ལ་ཡང་ཡོད་དོ། །ཟག་པ་དང་བཅས་པ་ཆོས་ལ་ཡང་ཡོད་ཏེ། ཇི་སྐད་དུ་ངེ་བས ་ན་དགེ་སློང་དག་འདུ་བྱེད་རྣམས་མི་སྡུག་བསྔལ་ལོ། །མྱ་ངན་ལས་འདས་པ་ནི་ཞི་བའོ་ཞེས་གསུངས་པ་ལྟ་བུའོ། །འདུས་བྱས་ཐམས་ཅད་ལ་ཡང་ཡོད་དེ། ཇི་སྐད་དུ་སྨྲས་པ་ཐམས་ཅད་ནི་ཟད་པར་འགྱུར་ཏེ ་འདུ་བྱེད་རྣམས་ལ་རྟག་པ་མེད་དོ་ཞེས་གསུངས་པ་ལྟ་བུའོ། །ཚིགས་སུ་བཅད་པ་འདི་ནི་འདུ་བྱེད་རྣམས་ནི་སྡུག་བསྔལ་གྱི་མཚན་ཉིད་ལ་བྱ་བར་དགོངས་ཏེ། དེ་དག་ཉེ་བར་ཞི་བ་བདེ་ཞེས་འབྱུང་བའི་ཕྱིར་རོ། །རྣམ་པ་གཅིག ་ཏུ་ན། ཀྱེ་མ་འདུ་བྱེད་རྣམས་མི་རྟག་།ཅེས་བྱ་བ་ནི་འདས་པ་རྣམས་སོ། །སྐྱེས་ནས་འཇིག་པའི་ཆོས་ཅན་ཡིན་ཞེས་བྱ་བ་ནི་མ་འོངས་པ་རྣམས་ཏེ། སྐྱེ་བར་འདོད་པ་དེ་དག་ཀྱང་མི་རྟག་པ་ཉིད་དུ་འགྱུར་རོ། །སྐྱེས་ནས་འཇིག ་པར་འགྱུར་པ་སྟེ། ཞེས་བྱ་བ་ནི་དེ་ལྟར་བྱུང་བ་རྣམས་ཏེ། དེ་དག་སྐད་ཅིག་མ་ཡིན་པའི་ཕྱིར་ཆོས་གཉིས་ཡོད་དེ་སྐྱེ་བ་དང་འཇིག་པའོ། །ཚིགས་སུ་བཅད་པ་འདིས་ནི་མི་རྟག་པ་ཉིད་དང་སྡུག་བསྔལ་བ་ཉིད་རྣམ་པ་གསུམ ་བསྟན་ཏེ། དེ་ལ་མི་རྟག་པ་ཉིད་ནམ་པ་གསུམ་མི་སྐྱེ་བའི་ཆ་དང། འཇིག་པའི་ཆ་དང། སྐྱེ་འཇིག་གི་ཆའོ། །འདས་པའི་གཅིག་སྟེ་འཇིག་པའི་ཆའོ། །མ་འོངས་པའི་གཅིག་སྟེ་སྐྱེ་བའི་ཆའོ། ད་ལྟར་བྱུང་བའི ་གཉིས་ཏེ། སྐྱེ་བའི་ཆ་དང་འཇིག་པའི་ཆའོ། །དེ་གཉིས་ཀྱི་ཕྱིར་འདི་སྐད་དུ། དགེ་སློང་དག་འདས་པའི་གཟུགས་མི་རྟག་ན་མ་འོངས་པ་དང། ད་ལྟར་བྱུང་བ་ལྟ་སྨོས་ཀྱང་ཅི་དགོས་ཞེས་བྱ་བ་ནས། རྣམ་པར ་ཤེས་པའི་བར་རྒྱས་པར་གསུངས་སོ། །འདུ་བྱེད་འདི་དག་གི་སྡུག་བསྔལ་ཉིད་ཇི་ལྟར་བརྗོད་ཅེ་ན། སྡུག་བསྔལ་ཉིད་རྣམ་པ་གསུམ་གྱི་མི་རྟག་པ་གང་ཡིན་པ་དེ་སྡུག་བསྔལ་ལོ་ཞེས་བྱ་བ་འབྱུང་བའི་ཕྱིར་རོ། ། ་འདི་ལ་སྐྱེ་བའི་ཆའི་མི་རྟག་པ་ཉིད་ལ་བརྟེན་ནས་སྡུག་བསྔལ་གྱི་སྡུག་བསྔལ་ཉིད་མངོན་ནོ། །འཇིག་པའི་ཆའི་མི་རྟག་པ་ཉིད་ལ་བརྟེན་ནས་འགྱུར་བའི་སྡུག་བསྔལ་མངོན་ནོ། །སྐྱེ་འཇོག་མི་རྟག་པ་ཉིད་ལ་བརྟེན་ནས་འདུ ་བྱེད་ཀྱི་སྡུག་བསྔལ་ཉིད་མངོན་ནོ། །དེ་བས་ན་བཅོམ་ལྡན་འདས་ཀྱིས། ཀུན་དགའ་བོ་ངས་འདུ་བྱེད་མི་རྟག་པ་ཉིད་དང། །འགྱུར་བའི་སྡུག་བསྔལ་ཉིད་ལས་དགོངས་ནས་གང་མི ་རྟག་པར་སྡུག་བསྔལ་བའོ། །ཞེས་གསུངས་སོ། །ཚིགས་སུ་བཅད་པའི་དོན་བསྡུས་པ་ལས་དོན་བསྡུས་པ་བཅུ་དགུ་པའོ།། །།བསགས་པ་ཀུན་མཛའ་ ་ཟད་པ་སྟེ། མཐོན་པོའི་མཛའ་ནི་ལྟུང་བ་ཡིན། །འདུ་བའི་མཛའ་ནི་འབྲལ་བ་སྟེ། །འཚོ་བའི་མཛའ་ནི་འཆི་བ་ཡིན། །ཞེས་ཚིགས་སུ་བཅད་པའོ། །ཚིགས་སུ་བཅད་པ་འདིས་ནི་དངོས་པོ་རྣམ་པ་བཞིའི་མི ་རྟག་པ་ཉིད་བསྟན་ཏེ། དངོས་པོ་རྣམ་པ་བཞི་ནི་གང་སྤྱོད་པ་དང། གང་དུ་སྤྱོད་པ་དང། གང་རྣམས་དང་ལྷན་ཅིག་ཏུ་སྤྱོད་པ་དང། །གང་གི་དོན་དུ་སྤྱོད་པའོ། །ཅི་སྤྱོད་ཅེ་ན། བསགས་པ་རྣམས་ཏེ། འབྲུ་དང། ་ནོར་དད་པ། །གོས་ལ་སོགས་པའོ། །གོང་དུ་སྤྱོད་ཅེ་ན། ཁྱིམ་རྣམས་སུའོ། །གང་རྣམས་དང། ལྷན་ཅིག་སྤྱོད་ཅེ་ན། མཛའ་བཤེས་དང། བློན་པོ་དང། ཉེ་དུ་དང། སྨག་གི་གཉེན་མཚམས་དང་ངོ། །ཅིའི ་ཕྱིར་སྦྱོར་ཅེ་ན། སྲོག་གི་ཕྱིར་རོ། །བསགས་པ་ཀུན་མཛའ་ཟད་པ་ཡིན། །ཞེས་བྱ་བ་ནི་གང་སྤྱོད་པ་སྟེ། དེ་མི་རྟག་པ་ཉིད་དུ་བསྟན་པ་ནི། འདི་ལྟར་དེའི་མཛའ་ཟད་པ་ཡིན་ནོ། །མཐོན་པོའི་མཛའ་མི་ལྟུང་བ་ཡིན། ་ཞེས་བྱ་བ་ནི་གང་དུ་སྤྱོད་པ་སྟེ། དེ་དག་མི་རྟག་པ་ཉིད་དུ་བསྟན་པ་ནི་འདི་ལྟར་དེ་དག་གི་མཛའ་ལྟུང་བ་ཡིན་ནོ། །འདུ་བའི་མཛའ་ནི་འབྲལ་བ་སྟེ། ཞེས་བྱ་བ་ནི་གང་རྣམས་དང་ལྷན་ཅིག་སྤྱོད་པ་སྟེ། དེ་དག་མི་རྟག་པ་ཉིད་དུ ་བསྟན་པ་ནི་འདི་ལྟར་དག་གི་མཛའ་བྲལ་བ་ཡིན་ནོ། །འཚོ་བའི་མཛའ་ནི་འཆི་བ་ཡིན། །ཞེས་བྱ་བ་ནི་གང་གི་དོན་དུ་སྤྱོད་པ་སྟེ། དེ་མི་རྟག་པ་ཉིད་དུ་བསྟན་པ་ནི་འདི་ལྟར་འཚོ་བ་ཐམས་ཅད་ཀྱི་མཛའ་འཆི་བ་ཡིན་ནོ། །དངོས་པོ་རྣམ་པ ་བཞི་པོ་འདི་མི་རྟག་པ་ཉིད་ཡིན་ན་གཞན་གང་འཇིག་རྟེན་ན་ལྷག་མ་རྟག་པ་ཞེས་བྱ་བ་ཅི་ཞིག་ཡོད། རྣམ་པ་གཅིག་ཏུ་ན་ལོངས་སྤྱོད་ལ་ལྷག་པར་ཆགས་པ་རྣམས་ཀྱི་ལྷག་པར་ཆགས་པ་དེ་སྤང་བའི་ཕྱིར་གསུངས་པ་མངོན་ནོ། ། ་ལོངས་སྤྱོད་ནི་གཙོ་བོར་ནོར་དང། ཁྱིམ་དང། སྡུག་པའི་བུ་དང། ཆུང་མ་ལ་སོགས་པ་ཡིན་ཏེ། དེ་ཉིད་ཀྱི་ཕྱིར་བཅོམ་ལྡན་འདས་ཀྱིས། ཀྱེ་མ་སེམས་ཅན་འདི་དག་ནི་ནོར་དང། ཁྱིམ་དང། བུ་དང། ཆུང་མ་དང། ་བྲན་ལ་སྲིད་པས་འཁོལ་བའོ་ཞེས་གསུངས་པའོ། །དེ་དག་ལ་གོ་རིམས་བཞིན་དུ། །བསགས་པ་དང། མཐོན་པོ་དང། འདུ་བའི་སྒོ་དང། བདག་ཉིད་ཀྱི་ལུས་ཀྱི་འཚོ་བའི་སྒོ་ནས་སེམས་ཅན་རྣམས་སྲེད་དེ། དེའི་ཕྱིར ་འདི་དག་ཐམས་ཅད་མི་རྟག་གོ་ཞེས་བསྟན་ཏོ། །རྣམ་པ་གཅིག་ཏུ་ན་ཚིགས་སུ་བཅད་པ་འདིས་ཅི་རིགས་པར་ཁམས་གསུམ་པའི་མི་རྟག་པ་ཉིད་བསྟན་ཏེ། བསགས་པ་ཀུན་མཛའ་མཛད་པ་སྟེ། འདོད་པའི་ཁམས ་ཀྱི་ཕྱོགས་གཅིག་གི་རྣམ་པ་ཉིད་བསྟན་ཏེ། འདོད་པ་ན་སྤྱོད་པའི་མི་དག་པ་ཕལ་ཆེར་ནོར་དང་འབྲུ་ལ་སོགས་པ་ལ་ལོངས་སྤྱོད་པ་ལ་སོགས་པས་སོ། །མཐོན་པོའི་མཛའ་ནི་ལྟུང་བ་ཡིན། ཞེས་བྱ་བ་ནི་མཐོ ་བ་རྣམས་ཀྱི་རྩེ་མོ་ནི་སྲིད་པའི་རྩེ་མོ་སྟེ། གཟུགས་མེད་པའི་ཁམས་ཀྱི་མི་རྟག་པ་ཉིད་བསྟན་ཏོ། །འདུ་བའི་མཛའ་ནི་བྲལ་བ་སྟེ། ཞེས་བྱ་བ་ནི་འདོད་པ་ན་སྤྱོད་པའི་ལྷ་རྣམས་མི་རྟག་པ་ཉིད་བསྟན་ཏེ། དེ་དག་ནི་འདོད་པ་དང་ལྡན ་པའི་དགའ་བས་རབ་ཏུ་ཕྱེ་བ་ཡིན་ནོ། །འཚོ་བའི་མཛའ་ནི་འཆི་བ་ཡིན། ཞེས་བྱ་བ་ནི་གཟུགས་ཀྱི་ཁམས་ཀྱི་མི་རྟག་པ་ཡིན་ཏེ། དེ་དག་ནི་རྟག་པ་ཚངས་པ་ལ་རྟག ་པའི་འདུ་ཤེས་དང། བྱེད་པ་བོར་འདུ་ཤེས་སོ། །ཚིགས་སུ་བཅད་པའི་དོན་བསྡུས་པ་ལས་དོན་བསྡུས་པ་ཉི་ཤུ་པའོ།། །།འཇིག་རྟེན་བདེ་ཞིང་ལོ་ལེགས ་འགྱུར། །འབྲུ་རྣམས་འབྱོར་ཞིང་ཆོས་རྒྱལ་ཤོག་།ནད་དང་གནོད་པ་གང་ཡོད་པ། །ཐམས་ཅད་རབ་ཏུ་ཞི་གྱུར་ཅིག་།ཅེས་ཚིགས་སུ་བཅད་པ་དགྲ་བཅོམ་པ་པས་གསུངས་སོ། །འདི་ཅིའི་ཕྱིར་གསུངས ་ཤེ་ན། གནོད་པའི་འཇིགས་པ་རྣམ་པ་གསུམ་མེད་པར་སྨོན་པའི་ཕྱིར་དང། དེའི་རྒྱུའི་གཉེན་པོར་རྙེད་པར་སྨོན་པའི་ཕྱིར་རོ། །འདི་ན་ལས་འདྲན་མ་བྱེད་པའི་སེམས་ཅན་རྣམས་ཀྱི་གནོད་པའི་འཇིགས་པ་རྣམ་པ ་གསུམ་དང། །དེའི་རྒྱུའི་ཆོས་མ་ཡིན་པ་ནི་ཕ་རོལ་གྱི་སྡེའི་གནོད་པའི་འཇིགས་པ་དང། ལོ་ཉེས་པས་གནོད་པའི་འཇིགས་པ་དང། ནང་གྱི་གནོད་པས་འཇིགས་པ་དང། དེ་རྒྱུ་ལུས་དང་ངག་དང ་ཡིད་ཀྱི་ཉེས་པར་སྤྱོད་པ་དག་པ་སྟེ། འཇིག་རྟེན་བདེ་ཞིང་ཞེས་བྱ་བ་ནི་ཕ་རོལ་གྱི་སྡེའི་གནོད་པའི་འཇིགས་པ་མེད་པར་སྨོན་པའོ། །ལོ་ལེགས་འགྱུར། འབྲུ་རྣམས་འབྱོར་ཞིང་ཞེས་བྱ་བ་ནི། ལོ་ཉེས ་པའི་གནོད་པའི་འཇིགས་པ་མེད་པ་རབ་ཏུ?་སྨོན་པའོ། །ནད་དང་གནོད་པ་གང་ཡོད་པ། །ཐམས་ཅད་མྱུར་དུ་ཞི་གྱུར་ཅིག་།ཅེས་བྱ་བ་ནི་ནང་ཀྱི་གནོད་པའི་འཇིགས་པ་ཐམས་ཅད་མེད་པར་སྨོན་པའོ།། ་ཆོས་རྒྱལ་ཤོག། །ཅེས་བྱ་བ་ནི་དེའི་རྒྱུའི་གཉེན་པོ་རྙེད་པར་སྨོན་པའོ། །རྣམ་པ་གཅིག་ཏུ་ན་རབ་ཏུ་བྱུང་བའི་ཕྱོགས་དང། ཁྱིམ་པའི་ཕྱོགས་དང། གཉིས་ཀའི་ཕྱོགས་ལས་བརྩམས་ནས་གསུངས་པར་མངོན་ནོ།། ་འཇིག་རྟེན་བདེ་ཞིང་ལོ་ལེགས་འགྱུར། ཅེས་བྱ་བ་ནི་རབ་ཏུ་བྱུང་བའི་ཕྱོགས་ལས་བརྩམས་པ་སྟེ། ལོ་ལེགས་པ་ནི་སློངས་མོ་ལེགས་པར་རྙེད་པའོ། །ཆོམ་ཀུན་ལ་སོགས་པའི་འཇིགས་པའི་གཡང ་བ་དང་བྲལ་ཞིང་ལུས་དང་སེམས་རྟེན་པར་གྱུར་པའི་ཟས་ཀྱིས་ལུས་དང་སེམས་ཚིམ་པ་དེ་དག་རང་གི་དགེ་བའི་ཕྱོགས་འཕེལ་བ་དང་ལྡན་པའི་ཕྱིར་བདེ་བར་གནས་ཤིང་རང་གི་དོན་ཡང་ཉེ་བར་སྒྲུབ་པོ ་འབྲུ་འབྱོར་རྒྱལ་བ་རྒྱལ་བར་ཤོག་།ཅེས་བྱ་བ་ནི་ཁྱིམ་པའི་ཕྱོགས་ལས་བརྩམས་ཏེ། ཁྱིམས་བདག་གི་འབྲུ་རྣམས་འབྱོར་པ་དང། རྒྱལ་པོ་ཆོས་བཞིན་བྱེད་ན་ཚུལ་བར ་ཚུལ་མ་ཡིན་པ་རྣམས་དང། བྱ་བ་ཤེས་པ་ནི་ཆོས་ཀྱི་རྒྱལ་བ་ཡིན་ཏེ། མ་དང། ཕ་དང། སྙིང་དུ་སྡུག་པ་དང། འཁོར་གྱི་སྐྱེ་བོ་མཚུངས་པ་ཉིད་དུ་བདེ་བར་གནས་པ་དང ་རང་གི་ཆོས་དང། ལས་ཀྱི་མཛའ་བསྒྲུབ་པ་མཆོག་ཏུ་འགྱུར་རོ། ནད་དང་གནོད་པ་གང་ཡོད་པ། །ཐམས་ཅད་མྱུར་དུ་ཞི་གྱུར་ཅིག་།ཅེས་བྱ་བ་ནི་གཉི་གའི ་ཕྱོགས་ལས་བརྩམས་ཏེ། གཉི་གའི་ཕྱོགས་ཀྱི་ལུས་དང། སེམས་ཀྱི་ནང་དང་གྲལ་བར་སྨོན་པའོ། །ཚིགས་སུ་བཅད་པའི་དོན་བསྡུས་པ་ལས་དོན་བསྡུས་པ་ཉི་ཤུ་རྩ་གཅིག་པའོ།། ་བསྟན་བཅོས་ཀྱི་ཚིགས་སུ་བཅད་པའི་དོན་བསྡུས་པ་ཞེས་བྱ་བ་སློབ་དཔོན་དབྱིག་གཉེན་གྱིས་མཛད་པ ་རྫོགས་སོ།། །རྒྱ་གར་གྱི་མཁན་པོ་དྷརྨཱ་ཀར་དང། ལོ་ཙཱ་བ་བནདེ་ཡེ་ཤེས་སྙིང་པོས་བསྒྱུར་ཏེ། ཞུ་ཆེན་གྱི་ལོ་ཙཱ་བ ་བནདེ་དཔལ་བརྩེགས་ཀྱིས་ཞུས།། །།བཀྲ་ཤིས་ཞལ་གྲོ་དགེའོ། ལེགས་སོ། ། ་