| Wylie | e-texts based on the ACIP/ALL Input |
རྒྱ་གར་གྱི་མཁན་པོ་ཡེ་ཤེས་སྙིང་པོ་དང། ཞུ་ཆེན་གྱི་ལོ་ཙ་བ་བནདེ་དཔལ་རྩེགས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། (།།ཚིགས་སུ་བཅད་པ་བསྡུས་པ་དབྱིག་གཉེན་གྱིས་མཛད་པ་བཞུགས།)་།རྒྱ་གར་སྐད་དུ། ཤཱསྟྲནྒཱ ་ཐཱ་ས་མརྠ་ནཱ་མ། །བོད་སྐད་དུ། བསྟན་བཅོས་ཚིགས་སུ་བཅད་པ་བསྡུས་པ་ཞེས་བྱ་བ། འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །སྐྱེས་བུ་ཁྱུ་མཆོག་ཁྱོད་འདྲའི་དགེ་སྦྱོང་ཆེན་པོ་གཞན་དག་ལྷ་ཡུལ་ས་ལ་མེད། ། ་འཇིག་རྟེན་འདི་ནའང་ཡོད་པ་མ་ཡིན་རྣམ་ཐོས་བུའི་གནས་ན་འང་ཡོད་མ་ཡིན། །ལྷ་ཡི་ཕོ་བྲང་གནས་མཆོག་དག་ནའང་མེད་ལ་ཕྱོགས་སམ་ཕྱོགས་མཚམས་དག་ནའང་མེད། །རི་དང་ནགས་སུ་བཅས་པའི་ས་སྟེང་རྒྱས་པ་ཀུན་ཏུ་བསྐོར་ཡང ་གལ་ཡོད། །གང་དག་སངས་རྒྱས་སྐྱབས་སོང་ནས། །གང་དག་ཉིན་དང་མཚན་རྣམས་སུ། །རྟག་ཏུ་སངས་རྒྱས་དྲན་བྱེད་པ། །དེ་དག་མི་ཡི་རྙེད་པ་ཡིན། །གང་དག་ཆོས་ལ་སྐྱབས་སོང་ནས། །གང་དག་ཉིན་དང་མཚན་རྣམས་སུ། ་རྟག་ཏུ་ཆོས་ནི་དྲན་བྱེད་པ། །དེ་དག་མི་ཡི་རྙེད་པ་ཡིན། །གང་དག་དགེ་འདུན་སྐྱབས་སོང་ནས། །གང་དག་ཉིན་དང་མཚན་རྣམས་སུ། །རྟག་ཏུ་དགེ་འདུན་དྲན་བྱེད་པ། །དེ་དག་མི་ཡི་རྙེད་པ་ཡིན། །བསོད་ནམས་བྱས་ཤིང ་སྡིག་པ་མ་བྱས་ལ། །མཁས་པ་རྣམས་ཀྱིས་སྔོན་གྱི་ཆོས་སྤྱོད་པ། །དེ་ནི་བདག་སྟེ་ནམ་ཡང་མཆིས་མི་འཇིགས། །བསྟན་པའི་གྲུ་ཡིས་ཕ་རོལ་འགྲོ་བ་བཞིན། །འཇིག་རྟེན་ཐམས་ཅད་རབ་ཏུ་འགུལ། །འཇིག་རྟེན་ཐམས་ཅད་རབ་ཏུ་གཡོས། ། ་འཇིག་རྟེན་ཐམས་ཅད་རབ་ཏུ་བསྲེགས། །འཇིག་རྟེན་ཐམས་ཅད་དུ་བས་འདུག་།འགུལ་བ་མེད་ཅིང་གཡོས་མེད་ལ། །སོ་སོའི་སྐྱེ་བོས་མ་བསྟེན་ཅིང། །གང་ནའང་བདུད་ཀྱི་རྟེན་མེད་པ། །དེ་ནི་བདག་ཡིད་མངོན་པར་དགའ་། །གང་དག་རྒྱལ་བ ་རྣམ་འདྲེན་ལ། །བྱེད་པ་ཆུང་ངཱུང་བྱེད་འགྱུར་ལ། །དེ་དག་མཐོ་རིས་སྣ་ཚོགས་པ། །བགྲོད་ནས་འཆི་མེད་གནས་འཐོབ་པོ། །དགོན་པ་འདིར་ནི་གནས་པ་དང། །ཞི་ཞིང་ཚངས་པར་སྤྱོད་པ་དང། །ཟས་གཅིག་ཟ་བར་བྱེད་རྣམས་ཀྱི། །མདོག ་ནི་གང་གིས་གསལ་བར་འགྱུར། །འདས་པ་ལ་ནི་མ་ཆགས་ཤིང། །མ་འོངས་པ་ལའང་མངོན་མི་དགའ་། །ད་ལྟར་བྱུང་བ་ཐོབ་ནས་འདིར། །ཤེས་བཞིན་སོ་སོར་དྲན་ལྡན་པ། །སོ་སོར་བརྟགས་ནས་ཟད་བྱེད་པ། །དེ་ཡི་མདོག་ནི་གསལ་བར ་འགྱུར། །ཆོས་རྣམས་རྗེས་སུ་རྣམ་སེམས་ཤིང། །ཆོས་རྗེས་དྲན་པའི་དགེ་སློང་ནི། །ཆོས་ལས་ཡོངས་སུ་ཉམས་མི་འགྱུར། །མཁས་གང་འཚོ་བའི་འཇིག་རྟེན་དུ། །དད་དང་ཤེས་རབ་རྙེད་པ་ནི། །དེ་ཉིད་འདི་ཡི་ནོར་མཆོག་སྟེ། ། ་འདི་ཡིས་ནོར་གཞན་དམན་པ་ཡིན། །ཆོས་འགས་ཤེས་རབ་ཕུན་སུམ་ཚོགས། །ངོ་ཚ་ཤེས་ཤིང་བདེན་པར་སྨྲ། །བདག་ཉིད་བྱེད་པར་གྱུར་པ་ནི། །དེ་ལ་སྐྱེ་བ་དགའ་བར་བྱེད། །ཐོས་པས་ཆོས་ནི་བྱེ་བྲག་ཤེས། །ཐོས་པས་སྡིག་ལས ་ལྡོག་པར་བྱེད། །ཐོས་པས་དོན་མ་ཡིན་པ་སྤོང། །ཐོས་པས་མྱ་ངན་འདས་པ་ཐོབ། །སྡིག་པ་ཐམས་ཅད་མི་བྱ་སྟེ། །དགེ་བ་ཕུན་སུམ་ཚོགས་པར་བྱ། །རང་གི་སེམས་ནི་ཡོངས་སུ་གདུལ། །འདི་ནི་སངས་རྒྱས་བསྟན་པའོ། །བསོད་ནམས་དག་ནི་བྱ་བ་སྟེ།། ་བསོད་ནམས་མ་བྱས་སྡུག་བསྔལ་ལོ། །འཇིག་རྟེན་འདི་དང་གཞན་དག་ཏུ། །བསོད་ནམས་བྱས་པ་དགའ་བར་འགྱུར། །བདེན་པར་སྨྲ་བ་ཁྲོ་མི་བྱ། །སློང་ལ་ཆུང་ཡང་སྦྱིན་པར་བྱ། །འདིར་ནི་གནས་གསུམ་འདི་དག་གིས། །ལྷ་རྣམས་ཀྱིས་ནི་ནང་དུ་འགྲོ། ། ་བསོད་ནམས་དག་ནི་རྣམ་སྨིན་བདེ། །བསམ་པ་ཡང་དག་འགྲུབ་འགྱུར་ཞིང། །མྱུར་དུ་བྱང་ཆུབ་དམ་པ་དང། །མྱ་ངན་འདས་པ་ཐོབ་པར་འགྱུར། །སྦྱིན་པས་བསོད་ནམས་རབ་ཏུ་འཕེལ། །ཡང་དག་སྡོམ་པས་དགྲ་མ་སོགས། །དགེ་དང་ལྡན་པས་སྡིག ་པ་སྤོང། །ཉོན་མོངས་ཟད་པས་མྱ་ངན་འདས། །བརྒྱན་པ་བྱས་ཀྱང་ཆོས་ནི་སྤྱོད་བྱེད་ལ། །དུལ་ཞིང་ཡང་དག་བསྡམས་པ་ཚངས་པར་སྤྱོད། །འབྱུང་པོ་ཀུན་ལ་ཆད་པ་སྤངས་པ་དེ། །བྲམ་ཟེ་དགེ་སྦྱོང་དེ་ཡིན་དགེ་སློང་དེ། །དད་དང་ངོ་ཚ་ཚུལ་དང་སྦྱིན་པ་ཡང ་ཆོས་འདི་དག་ནི་སྐྱེས་བུ་དམ་པས་བསྔགས། །ལམ་འདི་ནས་ནི་ལྷ་ཡུལ་འགྲོ་བར་གསུངས། །དེ་ཡིས་ལྷ་ཡི་འཇིག་རྟེན་དག་ཏུ་འགྲོ། །བོར་བ་འདི་དག་གང་ཡིན་དང། །ཕྱོགས་དང་ཕྱོགས་མཚམས་མཐོང་བ་དང། །རུས་པར?་ཐི་བའི་མདོག་ལྟ་བུ། ། ་དེ་མཐོང་འདི་ལ་ཅི་ཞིག་དགའ་། །ཀྱེ་མ་འདུས་བྱས་རྣམས་མི་རྟག་།སྐྱེ་ཞིང་འཇིག་པའི་ཆོས་ཅན་ཡིན། །སྐྱེས་ནས་འཇིག་པར་འགྱུར་བ་སྟེ། །དེ་དག་ཉེ་བར་ཞི་བ་བདེ། །བསགས་པ་ཀུན་མཛའ་མཛད་པ་སྟེ། །མཐོན་པོའི་མཛའ་ནི་ལྷུང་བ་ཡིན།། ་འདུ་བའི་མཛའ་ནི་འབྲལ་བ་སྟེ། །འཚོ་བའི་མཛའ་ནི་འཆི་བ་ཡིན། །འཇིག་རྟེན་བདེ་ཞིང་ལོ་ལེགས་གྱུར། །འབྲུ་རྣམས་འབྱོར་ཞིང་ཆོས་རྒྱལ་ཤོག་།ནད་དང་གནོད་པ་གང་ཡོད་པ། །ཐམས་ཅད་རབ་ཏུ་ཞི་གྱུར་ཅིག་།བསྟན་བཅོས ་ཚིགས་སུ་བཅད་པ་བསྡུས་པ་ཞེས་བྱ་བ། སློབ་དཔོན་དབྱིག་གཉེན་གྱིས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་དྷརྨཱ་ཀ་ར་དང་ལོ་ཙཱ་བ་བནདེ་ཡེ་ཤེས་སྙིང་པོས ་བསྒྱུར་ཏེ། ཞུ་ཆེན་གྱི་ལོ་ཙཱ་བ་བནདེ་དཔལ་བརྩེགས་ཀྱིས་ཞུས།། (།།ཚིགས་སུ་བཅད་པའི་དོན་བསྡུས་པའི་འགྲེལ་པ་སློབ་དཔོན་དབྱིག་གཉེན་གྱིས་མཛད་པ་གོང་མའི་འགྲེལ་པ་བཞུགས།།)་།།རྒྱ་གར་སྐད་དུ། ཤཱ་སྟྲནྒཱ་ཐཱ་སོཾ་གྲ་དྷ་ན་ནཱ་མ། བོད་སྐད་དུ། ཚིགས་སུ ་