CLOSE WINDOW

N4388: chos mngon pa mdzod kyi 'grel bshad mtshan nyid kyi rjes su 'brang ba zhes bya ba
Wyliee-texts based on the ACIP/ALL Input

text in 2 volumes

volume 1 - volume 2 -

གཏན་ལ་ཕབ་པའོ།། །། *་། །རབ་ཏུ་བྱེད་པ་ཆོས་མངོན་པ་ལ་འཇུག་པ་བཞུགས་སོ། །།རྒྱ་གར་སྐད་དུ། པྲ་ཀ་ར་ཎཱ་བྷི་དྷརྨཱ་བ་ཏ་ར་ནཱ་མ། བོད་སྐད་དུ། ་རབ་ཏུ་བྱེད་བ་ཆོས་མངོན་པ་ལ་འཇུག་པ་ཞེས་བྱ་བ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །ལྷ་མི་སྙིང་པོ་མུན་པ་ངན་སོང་རྩ། །གསུང་གི་འོད་ཟེར་དག་གིས་གང་གིས་བཅོམ། །ཐམས་ཅད་མཁྱེན་ཉིད་ཀིལ་འཁོར་དྲི་མེད་པ། ་སངས་རྒྱས་ཉི་མ་དེ་ལ་ཕྱག་འཚལ་ལོ། །གང་དག་ཆོས་མངོན་ཚུལ་གྱིས་ཆོས་རྣམས་ཀྱིས། །མཚན་ཉིད་རྣམས་ལ་རྨོངས་པ་དྲུངས་བྱུང་ཞིང། །ཐམས་ཅད་མཁྱེན་པའི་བཀའ་ཡི་གནས་གྱུར་པ། །དེ་དག་ལ་ནི་མགོ་བོས་བདག་ཕྱག ་འཚལ། །བློ་ཞན་རྣམས་ཀྱིས་མ་ལེགས་བཤད་པ་ཡིས། །མུན་པ་ཐུབ་པའི་གསུང་གིས་ཁེབས་པ་ལ། །གང་གི་སྒྲོན་མS་གསལ་བར་མཛད་པ་ཡི། །སྒྲོན་མ་མཛད་པ་དེ་ལ་ཕྱག་འཚལ་ལོ། །ལ་ལ་དག་ནི་ཐུབ་པའི་གསུང་རབ་མཛའ་ ་དག་གི་དོན་དང། ཚིག་གཟུང་བའི་སྐལ་བ་ཡོད་པའི་དང་ཚུལ་ཅན་དགེ་བ་དག་ཡིན་དུ་ཟིན་ཀྱང། འཕྲལ་གྱི་བྱ་བ་ལ་ཐོགས་པས་མ་ཐོབ་པའི་ཉམས་པས་ཡོངས་སུ་ཉམས་པར་འགྱུར་བ་དང། ཤེས་རབ་ཞན་པ་ལ་དག་ཆོས་མངོན་པ་ཀླགས ་པའི་ཐོས་པ་ཙམ་ཀྱིས་སྐྲག་པར་འགྱུར་ལ། དེ་དག་རྟག་ཏུ་ཁོང་དུ་ཆུད་པར་འདོད་པ་ཡང་ཡོད་དེ། དེ་བས་ན་དེ་དགའ་བར་བྱ་བའི་ཕྱིར། བདག་གིས་ཆོས་མངོན་པའི་མཚན་ཉིད་ཀྱི་རྒྱ་མཚོ་ལ་འཇུག་པ་འདི་བརྩམ་མོ། །འདི་ལྟར་བདེ་བར ་གཤེགས་པ་རྣམས་ཀྱི་དངོས་པོ་བརྒྱད་དེ། གཟུགས་དང་ཚོར་བ་དང་འདུ་ཤེས་དང། འདུ་བྱེད་རྣམས་དང། རྣམ་པར་ཤེས་པ་དང། ནམ་མཁའ་དང། སོ་སོར་བརྟགས་པ་མ་ཡིན་པས་འགོག་པ་དང། ་སོ་སོར་བརྟགས་པས་འགོག་པའོ། །དེ་ལ་གཟུགས་ནི་རྣམ་པ་གཉིས་ཏེ་འབྱུང་བ་དང། འབྱུང་བ་ལས་གྱུར་པའི་གཟུགས་སོ། །འབྱུང་བ་དག་ནི་བཞི་སྟེ་ས་དང་ཆུ་དང་མེ་དང་རླུང་གི་ཁམས་རྣམས་སོ། །ཁམས་དག་ནི་རང་དང་སྤྱིའི་མཚན་འཛིན ་བ་དང། རྒྱུར་བྱས་པའི་གཟུགས་ཐམས་ཅད་འཛིན་པའི་ཕྱིར་རོ། །དེ་དག་གི་རང་བཞིན་ནི་སྲ་བ་དང་གཤེར་བ་དང་ཚ་བ་དང་གཡོ་བ་ཉིད་དག་གོ། ལས་ནི་བརྟེན་པ་དང་སྦྱོར་བ་དང་སྨིན་པར་བྱེད་པ་དང་སྐྱོད་པ་དག་སྟེ། གྲངས་ཇི་ལྟ་བ་བཞིན་ནོ།། དེ་དག་ནི་ཆེན་པོ་ཡང་ཡིན་ལ་འབྱུང་བར་འགྱུར་བས་ན་འབྱུང་བ་ཆེན་པོ་དག་སྟེ། ནམ་མཁའ་ནི་འབྱུང་བ་ཆེན་པོ་མ་ཡིན་ནོ། །དེ་དག་ནི་རྒྱུར་བྱས་པའི་གཟུགས་ལ་ཁྱབ་པའི་ཕྱིར་རོ། །མི་དགོས་པ་དང་མི་ནུས་པའི་ཕྱིར་བཞི་ཁོ་ན ་སྟེ་ཁྲིའི་རྐང་པ་བཞིན་ནོ། །འབྱུང་བ་ལས་གྱུར་པ་ནི་མིག་དང་རྣ་བ་དང་སྣ་དང་ལྕེ་དང་ལུས་དང། གཟུགས་དང་སྒྲ་དང་དྲི་དང་རོ་དང་རེག་བྱའི་ཕྱོགས་གཅིག་དང་རྣམ་པར་རིག་བྱེད་མ་ཡིན་པའོ། །འབྱུང་བ་དག་ལས་འབྱུང་བས ་ན་འབྱུང་བ་ལས་གྱུར་པ་སྟེ་འབྱུང་བ་ལ་བརྟེན་པའི་དོན་གང་ཡིན་པའོ། །དེ་ལ་མིག་ནི་མིག་གི་རྣམ་པར་ཤེས་པའི་རྟེན་ལྟ་བུ་གཟུགས་ལ་ལྟ་བའི་བྱ་བ་ཅན་གཟུགས་དང་བའོ། །འདིས་ནི་རྣ་བ་དང་སྣ་དང་ལྕེ་དང་ལུས་ཀྱི་དབང་པོ ་རྣམས་ཀྱང་སོ་སོར་བསྟན་ཏོ། །གཟུགས་ནི་རྣམ་པ་གཉིས་ཏེ་ཁ་དོག་གི་བདག་ཉིད་དང་དབྱིབས་ཀྱི་བདག་ཉིད་དེ། ཇི་སྐད་དུ་བཅོམ་ལྡན་འདས་ཀྱི་ཁ་དོག་ངན་པ་དང་དབྱིབས་ངན་པར་འགྱུར་རོ་ཞེས་གསུངས་པ་ལྟ་བུའོ། །དེ་ལ་ཁ ་དོག་གི་གཟུགས་ནི་རྣམ་བ་བཅུ་གཉིས་ཏེ། སྔོན་པོ་དང་སེར་པོ་དང། དམར་པོ་དང། དཀར་པོ་དང། སྤྲིན་དང་དུ་བ་དང། རྡུལ་དང་ཁུག་རྣ་དང། གྲིབ་མ་དང་ཉི་མ་དང་སྣང་བ་དང་མུན་པའོ། །དབྱིབས་ནི་རྣམ་པ་བརྒྱད་དེ་རིང་པོ་དང། ཐུང་དུ་དང་བ ་ལྷམ་པ་དང་དཀྱིལ་འཁོར་དང། ཕྱ་ལེ་བ་དང་ཕྱ་ལེ་བ་མ་ཡིན་པ་དང། སྒང་དང་གཤོང་ངོ། །དེ་ལ་ཁུག་རྣ་ནི་ལྷོ་བུར་རོ། །སྣང་བ་ནི་ཟླ་བ་དང་སྐར་མ་དང་མེ་དང་སྨན་དང་ནོར་བུ་རྣམས་ཀྱི་འོད་དོ། །གྲིབ་མ་ནི་གང་ན་གཟུགས་དག་སྣང་བའོ ་དེ་ལས་བཟློག་པ་ནི་མུན་པའོ།། ལྷམ་པ་ནི་གྲུ་བཞིའོ། །དཀྱིལ་འཁོར་ནི་ཟླུམ་པོའོ། །ཕྱ་ལེབ་ནི་དབྱིབས་མཉམ་པའོ།། ཕྱ་ལེ་བ་མ་ཡིན་པ་ནི་དབྱིབས་མི་མཉམ་པར། །ལྷག་མ་ནི་བརྡ་ཕྲད་པར་བླ་བས་མ་བཤད་དོ། །རྣམ་པ་ཉི་ཤུ་པོ ་འདི་དག་མིག་གི་རྣམ་པར་ཤེས་པ་དང། དེས་གྲངས་པའི་ཡིད་ཀྱི་རྣམ་པར་ཤེས་པས་རྣམ་པར་རིག་གོ། སྒྲ་ནི་ཟིན་པ་དང་མ་ཟིན་པའི་འབྱུང་བ་ཆེན་པོའི་བྱེ་བྲག་གིས་རྣམ་པ་གཉིས་སོ། །དེ་ལ་ལུས་སུ་གཏོགས་པ་རྣམས་ནི་ཟིན་པ་དག ་སེམས་པ་དང་བཅས་པའི་དོན་གང་ཡིན་པའོ། །བཟློག་པ་ནི་མ་ཟིན་པ་དག་གོ། གང་སྔ་མས་བསྐྱེད་པ་དེ་ནི་ཟིན་པའི་འབྱུང་བ་ཆེན་པོའི་རྒྱུ་ལས་བྱུང་བ་སྟེ། འདི་ལྟ་སྟེ་ལག་པ་དང་སྨྲ་བའི་སྒྲའོ། །གང་ཕྱི་མ་ས་བསྐྱེད་པ་དེ་ནི་མ་ཟིན་པའི་འབྱུང ་བ་ཆེན་པོའི་རྒྱུ་ལས་བྱུང་བ་སྟེ། འདི་ལྟ་སྟེ་རླུང་དང་ནགས་ཚལ་དང་འབབ་ཆུའི་སྒྲ་སྟེ། སེམས་ཅན་དུ་སྟོན་པ་དང། སེམས་ཅན་དུ་སྟོན་པ་མ་ཡིན་པ་རྣམ་པ་བཞིའོ། །འདི་ལྟ་སྟེ་སྨྲ་བའི་སྒྲ་ནི་སེམས་ཅན་དུ་སྟོན་པའོ། །ལྷག་མ་ནི ་སེམས་ཅན་དུ་སྟོན་པ་མ་ཡིན་པའོ། །གཞན་ཡང་སྤྲུལ་པའི་སྨྲ་བའི་སྒྲ་ནི་སེམས་ཅན་དུ་སྟོན་པའོ། །ལྷག་མ་ནི་སེམས་ཅན་དུ་སྟོན་པ་མ་ཡིན་པའོ། །དེ་ཡང་ཡིད་དུ་འོང་བ་དང་ཡིད་དུ་མི་འོང་བའི་བྱེ་བྲག་གིས་རྣམ་པ ་བརྒྱད་དུ་འགྱུར་རོ། །རྣམ་བ་བརྒྱད་པོ་དེ་ཡང་རྣ་བའི་རྣམ་པར་ཤེས་པ་དང་ངེས་བྲངས་པའི་ཡིད་ཀྱི་རྣམ་པར་ཤེས་པས་རྣམ་པར་རིག་གོ། དྲི་ནི་རྣམ་པ་གསུམ་སྟེ་དྲི་ཞིམ་པ་དང་དྲེངས་བ་དང་དྲི་མཉམ་པའོ ་དྲི་ཞིམ་པ་ནི་དབང་པོའི་འབྱུང་བ་ཆེན་པོ་རྒྱས་པར་བྱེད་པའོ། །དེ་ལས་བཟློག་པ་ནི་དྲིང་བའོ།། གཉི་ག་ལས་བཟློག་པ་ནི་དྲི་མཉམ་པ་སྟེ་རྣམ་པ་གསུམ་པོ་འདི་ཡང་སྨའི་རྣམ་པར་ཤེས་པ་དང་ངེས་དྲེངས?་བའི་ཡིད་ཀྱི་རྣམ་པར་ཤེས་པས ་རྣམ་པར་རིག་གོ། རོ་ནི་མངར་བ་དང་སྒྱུར་བ་དང་ལན་ཚྭ་དང་ཁ་བ་དང་བསྐ་བའི་བྱེ་བྲག་གིས་རྣམ་པ་དྲུག་སྟེ། དྲུག་བོ་དེ་དག་ཀྱང་ལྕེའི་རྣམ་པར་ཤེས་པ་དང་ངེས་གྲངས་པའི་ཡིད་ཀྱི་རྣམ་པར་ཤེས་པས་རྣམ་པར་རིག་གོ། རེག་བྱའི་ཕྱོགས ་གཅིག་ནི་རྣམ་བདུན་ཏེ། འཇམ་པ་ཉིད་དང། རྩུབ་བ་ཉིད་དང་ལྕི་བ་ཉིད་དང་ཡང་བ་ཉིད་དང། གྲང་བ་དང་བཀྲེས་པ་དང་སྐོམ་པའོ། །དེ་ལ་འཇམ་པ་ནི་མཉེན་པ་སྟེ་རེག་ཏུ་མི་བཟོད་པའི་དོན་གང་ཡིན་པའོ། །རྩུབ་པ་ནི་རུང་རུང་པོའོ ་ལྕི་བ་ནི་གང་གིས་སྲང་གི་མགོ་དམའ་བར་འགྱུར་རོ། །ཡང་བ་ནི་དེ་ལས་བཟློག་པའོ། །གྲང་བ་ནི་གང་གིས་ཉེན་པས་ཚ་བ་འདོད་བའོ། །བཀྲེས་པ་ནི་ཟས་འདོད་པའི་རྒྱུའོ། །སྐོམ་པ་ནི་འཐུང་བ་འདོད་པའི་རྒྱུའོ། །རྒྱུ་ལ་འབྲས་བུ ་བདགས་བར་བྱ་སྟེ། ཇི་སྐད་དུ་སངས་རྒྱས་རྣམས་ནི་འབྱུང་བ་ཞེས་བྱ་བ་ལ་སོགས་པ་ལྟ་བུའོ། །འབྱུང་བ་ཆེན་པོ་འདུས་པ་མེ་དང་ཆུའི་ཤས་ཆེན་འཇམ་བའོ། །ས་དང་རླུང་གི་ཤས་ཆེན་རྩབ་པའོ། །ས་དང་ཆུའི་ཤས་ཆེན ་ལྕི་བའོ། །མེ་དང་རླུང་གི་ཤས་ཆེན་ཡང་བའོ། །ཆུ་དང་རླུང་གི་ཤས་ཆེན་གྲང་བའོ། །རླུང་གི་ཤས་ཆེན་བཀྲེས་པའོ། །མེའི་ཁམས་ཀྱི་ཤས་ཆེན་སྐོམ་བའོ། །བདུན་པོ་དེ་དག་དང་འབྱུང་བ་ཆེན་པོ་བཞི་རྣམས་ནི་ལུས་ཀྱི ་རྣམ་པར་ཤེས་པ་དང་དེས་གྲངས་པའི་ཡིད་ཀྱི་རྣམ་པར་ཤེས་པས་རྣམ་པར་རིག་གོ། སེམས་དང་སེམས་ལས་བྱུང་བའི་འབྱུང་བ་རྣམ་པ་ཐ་དད་པ་དག་གིས་གཞན་ལ་རིག་པར་བྱེད་པས་ན་རྣམ་པར་རིག་བྱེད་དོ། །དེ་བཞིན་དུ་གཞན ་ལ་རིག་པར་མི་བྱེད་པས་རྣམ་པར་རིག་བྱེད་མ་ཡིན་པ་སྟེ་བྲམ་ཟེ་མ་ཡིན་ནོ་ཞེས་བྱ་བ་བཞིན་དུ་དེ་དང་འདྲ་བ་ལ་མ་ཡིན་པར་བརྗོད་དོ། །དེའི་མཚན་ཉིད་ནི་རྣམ་པར་རིག་བྱེད་དང་སེམས་དང་འབྱུང་བ་ཆེན་པོའི་བྱེ་བྲག་གིས་འཕངས་པ་རྣམ ་པར་མ་གཡེངས་པ་དང། དེ་མ་ཡིན་པའི་སེམས་དང་སེམས་མེད་བ་ཡང་རུང་སྟེ། གང་དགེ་བ་དང་མི་དགེ་བའི་གཟུགས་ཀྱི་རྒྱུན་དགེ་སློང་ལ་སོགས་པ་རྣམ་པར་བཞག་པའི་རྒྱུ་བ་སོགས་པ་མ་ཡིན་པ་དེ་ནི་རྣམ་པར་རིག་བྱེད་མ་ཡིན་པའོ། །དེ་མེད ་དུ་ཟིན་ན་དགེ་སློང་ལ་སོགས་པར་བཞག་པ་མེད་པར་འགྱུར་ཏེ། བཅོམ་ལྡན་འདས་ཀྱིས་ཀྱང་རྫས་ལས་བྱུང་བའི་བསོད་ནམས་བྱ་བའི་གཞི་དག་ལས་བསོད་ནམས་རྟག་པར་རྒྱུན་དུ་མངོན་པར་འཕེལ་ལོ་ཞེས་གསུངས་སོ། །དེ་ཡང་སྡོམ་བ་དང ་སྡོམ་པ་མ་ཡིན་པ་དང། གཉི་ག་ལས་བཟློག་བས་བསྡུས་པའི་ཕྱིར་རྣམ་པ་གསུམ་མོ། །སྡོམ་པ་ཡང་སོ་སོར་ཐར་པ་དང་བསམ་གཏན་དང། ཟག་པ་མེད་པའི་སྡོམ་པའི་བྱེ་བྲག་གིས་རྣམ་པ་གསུམ་མོ།། སོ་སོར་ཐར་པའི་སྡོམ་པ་ནི་དགེ ་སློང་དང་དགེ་སློང་མ་དང་དགེ་ཚུལ་མ་དང་དགེ་ཚུལ་མ་དང་དགེ་བསྙན་དང་དགེ་བསྙེན་མ་དང། ཚུལ་ཁྲིམས་པའི་སྡོམ་པའི་བྱེ་བྲག་གིས་རྣམ་པ་བརྒྱད་དེ། དེ་ནི་འདོད་པར་གཏོགས་པ་ཁོ་ནའོ། །བསམ་གཏན་གྱི་སྡོམ་པ་ནི་ཏིང་ངེ་འཛིན་གྱི་རྗེས་སུ ་འབྲང་བའི་གཟུགས་ཏེ་གཟུགས་སུ་གཏོགས་པ་ཁོ་ནའོ། །ཟག་པ་མེད་པའི་སྡོམ་པ་ཡང་ཟག་པ་མེད་བའི་ཏིང་ངེ་འཛིན་གྱི་རྗེས་སུ་འབྲང་བའི་གཟུགས་ཏེ་མི་ལྡན་པ་ཉིད་དོ། །སྡོམ་པ་མ་ཡིན་པ་ནི་རི་དགས་ཀྱི་སྔོན་པ་དང་བྱ་པ་དང ་ཉ་བ་དང་བཙོན་སྲུངས་དང། བ་གླང་འཛིན་པ་དང་གསོང་བའི་གཤེད་མ་ལ་སོགས་སེ་བའི་རྒྱུད་ལ་གང་མི་དགེ་བའི་གཟུགས་ཀྱི་རྒྱུན་པའོ། །སྡོམ་པ་མ་ཡིན་མི་སྡོམ་པ་ཡང་མ་ཡིན་པ་ནི་གཙུག་ལག་ཁང ་དང་མཆོད་རྟེན་དང་དགེ་བདུན་གྱི་ཀུན་དགའ་ར་བ་བྱེད་པ་དང་མཆོད་རྟེན་ལ་ཕྱག་བྱ་བ་དང་བདུག་པ་གསོལ་པ་ལ་སོགས་པ་ཡི་དམ་དུ་འཛིན་པ་དང། ཁུ་ཚུར་དང་ཐལ་ལྕག་ལ་སོགས་པ་ལས་བྱུང་བ། དགེ་བ་དང་མི་དགེ་བའི ་གཟུགས་ཀྱི་རྒྱུན་གང་ཡིན་པའོ། །རྣམ་པར་རིག་བྱེད་མ་ཡིན་པ་སྐད་ཅིག་པ་ཡིན་ཡང་རིགས་སྨོས་པས་ན་དེ་སྐད་དུ་བརྗོད་དོ། །སོ་སོར་ཐར་བའི་སྡོམ་པ་འཐོབ་པ་ནི་ཡང་དག་པར་བླངས་པས་སོ། །བདུན་པ་ནི་ཇི་སྲིད་འཚོའི ་བར་དུའོ། །བརྒྱད་པ་ནི་ཞག་གཅིག་པའོ། །བདུན་པོའི་བཏོང་བ་ནི་བསླབ་པ་ཕུལ་བ་དང། ཤི་འཕོས་པ་དང། དགེ་བའི་རྩི་བ་ཆད་པ་དང་མཚན་གཉིས་སྐྱེས་པས་སོ། །བརྒྱད་པའི་ནི་དེ་རྣམས་ཉིད་དང། མཚན་མོ་འདས་པས་སོ། ། ་གཟུགས་ན་སྤྱོད་བའི་སེམས་ཐོས་བས་བསམ་གཏན་གྱི་སྡོམ་པ་འཐོབ་སྟེ་སེམས་དང་འབྲེལ་པས་ན་དེ་ཉིད་བཏང་བས་དེ་གཏོང་ངོ། །ཟག་པ་མེད་པའི་སྡོམ་པ་ཡང་དེ་བཞིན་ནོ། །བྱེད་བ་དང་ཁས་བླངས་པས་རྔོན་པ་ཡིན་པ ་འཐོབ་བོ། །རྒྱུན་ཆད་པ་ནི་སྡོམ་པ་ཡང་དག་པར་གཟུང་བ་དང། མཚན་གཉིས་སྐྱེས་པ་དང་ཤིང་དང། ཆོས་ཉིད་འཐོབ་པ་གཟུགས་ན་སྦྱོང་པའི་དགེ་པའི་སེམས་འཐོབ་པས་སོ། །རྣམ་པར་རིག་བྱེད་མ་ཡིན་བ་སར་མ་འཐོབ་པ ་ནི། ཉོན་མོངས་པ་དང་དད་པ་དྲག་བོའི་ཤུགས་ཁུ་ཚུར་དང་ཐལ་ལྕག་ལ་སོགས་པའི་བྱ་བ་བྱེད་པ་དང། གང་ཡང་བཅོམ་ལྡན་འདས་ལ་དཀྱིལ་འཁོར་མ་བྱས་པར་ཟན་མི་བཟའ་ཞེས་བྱ་བ་ལ་སོགས་པའི་ཡིད་མི་འཛིན་པ་དང ་གཙུག་ལག་ཁང་ལ་སོགས་པ་ཕུལ་བོ་རྒྱུན་ཆད་བ་ནི་སློང་བར་བྱེད་བ་དེ་དག་ཉིད་བཏང་བས་སོ། །རྣམ་པར་རིག་བྱེད་མ་ཡིན་པ་རྣམ་པ་དུ་མ་པོ་འདི་དང། མིག་ལ་སོགས་པའི་དབང་པོ་ལྔ་རྣམས་ནི་རྣམ་པར་ཤེས་པའི་སྤྱོད་ཡུལ་ཉིད་དེ་གཟུགས ་ཀྱི་དངོས་པོ་འདི་སྙོད?་དོ། །འདིའི་མཚན་ཉིད་ནི་རྣམ་པ་གསུམ་སྟེ། རང་གི་སྤྱི་དང་ཕྱོགས་ཀྱི་སྦྱི་དང་ཟད་པར་གྱི་སྤྱིའོ། །དེ་ལ་རང་གི་སྦྱི་ནི་གཟུགས་པའོ། །དེ་ལ་གཟུགས་སུ་རུང་བས་ན་གཟུགས་ཞེས་བྱ་སྟེ་གཞིག་པར་འགྱུར ་བ་ཞེས་བྱ་བའི་དོན་གང་ཡིན་པའོ། །ཇི་སྐད་དུ་ཆོས་ཀྱི་རྗེས་ཀྱང་དགེ་སློང་དག་གཟུགས་པ་གཟུགས་སུ་རུང་བས་དེའི་ཕྱིར་གཟུགས་ཉེ་བར་ལེན་པའི་ཕུང་པོ་ཞེས་གསུངས་པ་ལྟ་བུའོ། །ཅིས་གཟུགས་པར་འགྱུར་ཞེ་ན། ལག་པ་དང ་བོང་བ་དང་དབྱུག་བས་རེག་པ་དག་གིས་སོ། །དཔེར་ན་མགྱོགས་པར་འགྲོ་བས་རྟའོ། །འགྲོ་བས་ན་བ་ལང་ངོ་ཞེས་བྱ་བ་ལྟ་བུ་ལ་སོགས་པའོ། །ཕྱོགས་ཀྱི་སྦྱི་ནི་མི་རྟག་པ་ཉིད་དང་སྡུག་བསྔལ་བ་ཉིད་དོ། །ཟད་པར་གྱི་སྤྱི་ནི་སྟོང་པ་དང ་བདག་མེད་པ་ཉིད་དེ་ཕྱོགས་འདིས་ཆོས་ཐམས་ཅད་ཀྱི་མཚན་ཉིད་གསུམ་ཅི་རིགས་སུ་མངོན་པར་བརྟག་གོ། གཟུགས་ཀྱི་དངོས་པོའོ། །ཚོར་བ་ནི་མྱོང་བ་རྣམ་བ་གསུམ་སྟེ་བདེ་བ་དང་སྡུག་བསྔལ་བ་དང་བདེ་བ་ཡང་མ་ཡིན་སྡུག་བསྔལ་བ ་?་ཡང་མ་ཡིན་པ་སྟེ། གསུམ་ཚོར་བར་གྱུར་བའི་དོན་གང་ཡིན་པའོ། །འདོད་པ་དང་མི་འདོད་པ་དང་གཉི་ག་ལས་བཟློག་པ་སྟེ་རེག་པའི་སྐྱེ་གནས་ཅན་ལུས་དང་སེམས་ཀྱི་གནས་སྐབས་ཀྱི་བྱེ་བྲག་སིམ་པ་དང་གདུང་བ་དང ་གཉི་ག་ལས་བཟློག་པ་སྟེ། སྲེད་པའི་རྒྱ་ནི་ཚོར་བ་ཞེས་བྱའོ། །ཇི་སྐད་དུ་བཅོམ་ལྡན་འདས་ཀྱིས་ཀྱང་རིག་བའི་རྐྱེན་གྱིས་ཚོར་བ། ཚོར་བའི་རྐྱེན་གྱིས་སྲེད་པ་ཞེས་གསུངས་བ་ལྟ་བུའོ། །དེ་ཡང་རྣམ་པར་ཤེས་པའི་བྱེ་བྲག་གིས་རྣམ ་པ་དྲུག་སྟེ། མིག་གིའ་དུས་ཏེ་རེག་པ་ལས་སྐྱེས་བ་དང། རྣ་བ་དང་སྣ་དང་ལྕེ་དང་ལུས་དང་ཡིད་ཀྱི་འདས་ཏེ་རེག་པ་ལས་སྐྱེས་པའོ། །དེ་ཡང་རྣམ་པ་གཉིས་ཏེ་ལུས་ཀྱི་དང་སེམས་ཀྱིའོ། །དེ་ལ་རྣམ་པར་ཤེས་པ་ལྔ ་དང་ལྷན་ཅིག་སྐྱེས་པ་ནི་ལུས་ཀྱིའོ།། ཅིག་ཤོས་ནི་སེམས་གྱིའོ། །དབང་པོའི་བྱེ་བྲག་གིས་རྣམ་པ་ལྔ་སྟེ། བདེ་བའི་དབང་པོ་དང་སྡུག་བསྔལ་གྱི་དབང་པོ་དང། ཡིད་བདེ་བའི་དབང་པོ་དང་ཡིད་མི་བདེ་བའི་དབང་པོ་དང་བཏང་སྙོམས་ཀྱི་དབང ་བོའོ། །དེ་ལ་ལུས་ཀྱི་སིམ་པ་གང་ཡིན་པ་དང། བསམ་གཏན་གསུམ་པ་ལས་སྐྱེས་པའི་ཡིད་ཀྱི་སིམ་པ་གང་ཡིན་པ་དེ་ནི་བདེ་བའི་དབང་པོ་སྟེ་ཕམ་པར་བྱེད་པའི་དོན་གང་ཡིན་པའོ། །གང་ལུས་ཀྱི་སིམ་བ་མ་ཡིན་པ་དེ་ནི་སྡུག ་བསྔལ་གྱི་དབང་པོ་སྟེ་གནོད་པར་བྱེད་པའི་དོན་གང་ཡིན་པའོ། །བསམ་གཏན་གསུམ་པ་མ་གཏོགས་པ་འོག་མའི་ཡིད་ཀྱི་སིམ་པ་གང་ཡིན་པ་དེ་ནི་ཡིད་བདེ་བའི་དབང་པོའོ། །དེ་ལས་བཟློག་པ་ནི་ཡིད་མི་བདེ་བའི་དབང་པོའི ་གང་ལུས་དང་སེམས་ཀྱི་སིམ་པ་ཡང་མ་ཡིན་མི་སིམ་པ་ཡང་མ་ཡིན་པ་དེ་ནི་བཏང་སྙོམས་ཀྱི་དབང་པོའོ། །ཚོར་བའི་དབང་པོའོ། །མཚན་མ་དང་མིང་དང་དོན་དང་བརྡ་ཞེས་པའི་འདུ་ཤེས་ཏེ། སྔོན་པོ་དང་སེར་པོ་དང། རིང་པོ ་དང་ཟུང་དུ་དང། དུད་དང་རྫུ་དང། པདྨ་དང་སྣ་མའི་མེ་ཏོག་དང། ཨུཏཔ་ལའི་དྲི་དང། ཁ་བ་དང་ལན་ཚྭ་དང། འཇམ་པ་དང་རྩུབ་བ་དང། བུད་མེད་དང་སྐྱེས་པ་ལ་སོགས་པའི་མཚན་མ་དང། མིང་དང་དོན་གཅིག་ཏུ་ཤེས་པའི་ཆོས ་གང་ཡིན་པ་དེ་ནི་རྣམ་པར་རྟོག་བའི་རྒྱུ་སྟེ་འདུ་ཤེས་ཞེས་བྱའོ། །དེ་ཡང་རྣམ་པར་ཤེས་པའི་བྱེ་བྲག་གིས་ཚོར་བ་བཞིན་དུ་རྣམ་པ་དྲུག་གོ། ཡང་ཆུང་དུ་དང་ཆེན་པོར་གྱུར་བ་དང་ཚད་མེད་པ་དང་རྣམ་པ་གསུམ་སྟེ། དེ་ལ་ཡུལ ་ཆུང་དུ་ལ་དམིགས་པ་ནི་ཆུང་དུའོ། །རི་རབ་ལ་སོགས་པ་ལ་དམིགས་པ་ནི་ཆེན་པོར་གྱུར་པའོ། །ནམ་མཁའ་མཛའ་ཡས་སྐྱེ་མཆེད་ལ་སོགས་པ་དག་ལ་ནི་ཚང་མེད་པའོ།། འདུ་ཤེས་ཀྱི་དངོས་པོའོ། །འདུ་བྱེད་ཀྱི་ཕུང་པོ་ནི་རྣམ་པ་གཉིས་ཏེ ་མཚུངས་པར་ལྡན་པ་ཡིན་པའོ། །དེ་ལ་མཚུངས་པར་ལྡན་པ་ནི་སེམས་པ་དང་རེག་པ་དང་ཡིད་ལ་བྱེད་པ་དང། འདུན་པ་དང་མོས་བ་དང་དང་པ་དང་བརྩོན་འགྲུས་དང། དྲན་པ་དང་ཏིང་ངེ་འཛིན་དང། ཤེས་རབ་དང་རྟོགས་པ་དང་དཔྱོད་པ་དང་བག ་ཡོད་པ་དང་བག་མེད་པ་དང་སྐྱོ་བ་དང། ཤིན་ཏུ་སྦྱངས་པ་དང་རྣམ་པར་མི་འཚེ་བ་དང། ངོ་ཚ་ཤེས་པ་དང་ཁྲེལ་ཡོད་པ་བཏང་སྙོམས་དང་དགེ་བའི་རྩ་བ་རྣམས་དང། མི་དགེ་བའི་རྩ་བ་རྣམས་དང། ཀུན་ཏུ་སྦྱོར་བ་རྣམས་དང། འཆི་བ ་རྣམས་དང། ཕྲ་རྒྱས་རྣམས་དང། ཉེ་བའི་ཉོན་མོངས་པ་རྣམས་དང། ཀུན་ནས་བཀྲིས་ཏེ་འདུག་པ་རྣམས་དང། ཟག་པ་རྣམས་དང། ཆུ་བོ་རྣམས་དང། སྦྱོར་བ་རྣམས་དང། ལེན་པ་རྣམས་དང། སྒྲིབ་པ་རྣམས་དང། ཤེས་པ་རྣམS ་དང། བཟོད་པ་རྣམས་སོ། །དེ་ལ་གནས་དང། དམིགས་བ་དང། རྣམ་པ་དང་དུས་དང། རྫས་དང་མཚུངས་པ་ཉིད་།མཚུངས་པ་ལྔ་དག་གིS་སེམས་དང་མཚུངས་བར་ལྡན་བས་དེ་བས་ན་མཚུངས་པར་ལྡན་པ་དག་ཅེས་བྱའོ། །སྡུད་?་བཟློག་ད་རྩིS?་པ་བཟློག་བ་ནི་ལྡན་པ་མ་ཡིན་པ་དག ་སྟེ། འདི་ལྟ་སྟེ་འཐོབ་པ་དང་འཐོབ་བ་མེད་པ་དང། འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་དང། འགོག་པའི་སྙོམས་པར་འཇུག་པ་དང། འདུ་ཤེས་མེད་པ་དང་སྲག་གི་དབང་པོ་དང། སྐལ་བ་འདྲ་པ་དང། སྐྱེ་བ་དང་རྒ་བ་དང་། ་གནས་པ་དང་མ་རྟག་པ་ཉིད་དང། མིང་གི་ཚོགས་རྣམས་དང། ཚིག་གི་ཚོགས་རྣམས་དང། ཡི་གེའི་ཚོགས་རྣམས་ཏེ། དེ་གཉིས་བསྡུས་ནས་འདུ་བྱེད་ཀྱི་ཕུང་པོ་ཞེས་བྱའོ། །དེ་བས་ན་དྲང་སྡོང་ཆེན་པས་ཀྱང་འདུ་བྱེད་ཀྱི ་ཕུང་པོ་ནི་ཆུ་ཤིང་གི་ཕུང་པོ་ལྟ་བུའོ་ཞེས་གསུངས་སོ། །དེ་ལ་སེམས་པ་ནི་སེམས་མངོན་པར་འདུ་བྱེད་པ་ཡིད་ཀྱི་ལས་སེམས་ཀུན་ཏུ་གཡོའོ་ཞེས་བྱ་བའི་དོན་གང་ཡིན་པའོ། །དེ་ཡང་དགེ་བ་དང་མི་དགེ་?་དང། ལུང ་དུ་མི་སྟོན་པའི་བྱེ་བྲག་གིས་རྣམ་པ་གསུམ་མོ། །རེག་པ་ནི་ཡུལ་དང་དབང་པོ་དང་རྣམ་པར་ཤེས་བ་ལས་བྱུང་བའི་སེམས་ཡུལ་ལ་རེག་བར་བྱེད་པ་སྟེ་སེམས་ལས་བྱུང་བའི་ཆོས་འཚོ་བར་བྱེད་བའི་མཚན་ཉིད་དོ། །དེ་ཡང་བདེ་བ་ལ་སོགས ་བ་མྱོང་བར་འགྱུར་བའི་བྱེ་བྲག་གིས་རྣམ་པ་གསུམ་མོ། །ཡིད་ལ་བྱེད་པ་ནི་སེམས་ཀྱི་འཇུག་པ་གང་སེམས་ཡུལ་རྣམས་ལ་གཏོང་པ་སྟེ། སྔོན་མྱོང་བ་ལ་སོགས་པ་སེམས་པ་ཞེས་བྱ་བའི་དོན་གང?་མིན་པའོ། །དེ་ཡང་རྨམ་པ་གསུམ ་སྟེ། སློབ་བའི་དང་མི་སློབ་པའི་དང་སློབ་པ་ཡང་མ་ཡིན་མི་སློབ་པ་ཡང་མ་ཡིན་པའོ། །དེ་ལ་འཕཌ་པའི་གང་ཟག་བདུན་གྱི་རྒྱུད་ལས་བྱུང་བ་དྲི་མ་མེད་པ་ནི་སློབ་པའོ།། དགྲ་བཅོམ་པའི་རྒྱུད་ལས་བྱུང་བ་ནི་མི་སློབ་པའོ། །ག་པ་དང་?་ནི་སློབ་པར?་མ་ཡིན་?་སློབ་པ་ཡང ་མ་ཡིན་པའོ།། བདུན་པ་ནི་བྱེད་འདོད་པའི་བརྩོན་འགྲུས་ཀྱི་ཡན་ལག་ཏུ་གྱུར་པ་སྟེ། འདི་ཞེས་བྱ་བ་བྱའོ་སྙམ་པ་གང་ལས་བྱུང་བའོ། །མོས་པ་ནི་སེམས་ཡུལ་རྣམས་ལ་སྨོན་པ་སྟེ་ཡུལ་མ་ཞུམ་པ་ཞེས་བྱ་བའི་དོན་གང་ཡིན་པའོ། །དང ་པ་ནི་སེམས་དང་པ་སྟེ་དཀོན་མཆོག་གསུམ་དང་རྒྱུ་དང་འབྲས་བུར་འབྲེལ་བ་ལ་མངོན་པར་ཡིད་ཆེས་པའི་རྣམ་པ་སེམས་ཀྱི་རྙོག་པ་སེལ་བར་བྱེད་པའི་ཆོས་སྟོན་ཏོ། དཔེར་ན་ཆུ་དང་བར་བྱེད་པའི་ནོར་བུ་མཚོའི་ནང་དུ་བཅུག་ན། རྫབ?་ཀྱི ་རྙོག་པ་ཐམས་ཅད་བསལ་ནས་ཆུ་གསལ་བར་བྱེད་པ་དེ་བཞིན་དུ། དང་པའི་ནོར་བུ་སེམས་ཀྱི་མཚོ་ལས་བྱུང་བས་ཀྱང་སེམས་ཀྱི་རྙོག་པ་ཐམས་ཅད་བསལ་ནས་སངས་རྒྱས་རྣམས་ཀྱི་བྱང་ཆུབ་དང། ཆོས་ཀྱི་ལེགས་བར ་གསུངས་བ་ཉིད་དང། དགེ་འདུན་གྱི་ལེགས་པར་བསྒྲུབ་པ་ཉིད་དང། འདི་ལས་ཕྱི་རོལ་ཏུ་གྱུར་པ་ཐམས་ཅད་འཁྲུལ་བར་བྱེད་དེ། རྟེན་ཅིང་འབྲེལ་པར་འབྱུང་བའི་ཆོས་ཉིད་ལ་མངོན་པར་དད་པའོ། །བརྩོན་འགྲུས་ནི་དགེ་བ་དང་མི་དགེ་བ་དང་མི ་།དགེ་བའི་ཆོས་སྐྱེད་པ་དང་འགོག་པར་སྤྲོ་བ་སྟེ། འཁོར་བའི་འདམ་དུ་བྱིང་བའི་སེམས་མངོན་པར་འབྱུང་བའི་དོན་གང་ཡིན་པའོ། །དྲན་པ་ནི་སེམས་ཀྱི་མངོན་པར་བརྗོད་པ་ཉིད་དེ། བྱས་བ་དང། བྱ་བ་དང། བྱེད་བའི་ལས་མ་བརྗེད་ཅེས ་བྱ་བའི་ཐ་ཚིག་གོ། །ཏིང་ངེ་འཛིན་ནི་སེམས་རྩེ་གཅིག་བ་སྟེ། སེམས་སྤྲེའུ་ལྟ་བུ་དམིགས་བ་གཅིག་ལ་འཇུག་ཅེས་བྱ་བའི་དོན་གང་ཡིན་པ་སྟེ། དཔེར་ན་སྤྲུལ་འོད་མའི་སྦུབས་སུ་བཅུག་ན་གྱ་གྱུར་མི་འགྱུར་བ་དེ་བཞིན་དུ། སེམས ་ཏིང་ངེ་འཛིན་གྱི་སྦྲུབས་སུ་བཅུག་ནས་དྲང་སྲོང་འགྲོའོ་ཞེས་བྱེ་བྲག་ཏུ་སྨྲ་བ་རྣམས་སོ། །ཤེས་རབ་ནི་ཆོས་རབ་ཏུ་རྣམ་པར་འབྱེད་བ་སྟེ། ཆོས་རྣམ་པ་བརྒྱད་པོ་དེ་དག་གི་སྡུད་པ་དང་མཚུངས་པར་ལྡན་པ་དང། རྒྱུ་དང་རྐྱེན་དང་འབྲས་བུ་དང ་རང་དང་སྤྱིའི་མཚན་ཉིད་ལ་ཇི་ལྟར་མཐུན་མཐུན་དུ་རྟོག་པའི་དོན་གང་ཡིན་པའོ། །རྟོག་པ་ནི་སེམས་རྩིང་བའི་མཚན་ཉིད་དོ། །གཉིས་སུ་ན་རྟོག་པ་ཞེས་ཀྱང་བྱ་སྟེ། འདུ་ཤེས་ཀྱི་རླུང་གིས་བསྐྱེད་ན། འཇུག་པ་རྣམ་པར་ཤེས་པ་བརྩིང་བའི་ཚོགS ་ལྔ་འཇུག་པའི་རྒྱུའི་ཆོས་སོ། །དཔྱོད་བ་ནི་སེམས་ཞིབ་པ་ཉིད་ཀྱི་མཚན་ཉིད་དེ། ཡིད་ཀྱི་རྣམ་པར་ཤེས་པའི་འཇུག་པ་དང་མཐུན་པའི་ཆོས་སོ། །བག་མེད་བ་ནི་དགེ་བའི་ཆོས་རྣམས་མི་བསྒོམ་པ་སྟེ་མི་འཇུག་པ་ཞེས་བྱ་བའི་དོན་གླང ་ཡིན་པའོ། །བག་ཡོད་བ་ནི་དགེ་བའི་ཆོས་རྣམས་བསྒོམ་པ་སྟེ། བག་མེད་པ་ལས་ཕྱིར་འཇིལ་བའི་ཆོས་སོ། །སྐྱེ་བ་ནི་འཁོར་བའི་ཉེས་པ་ལ་རྟོགས་པས་འདོད་ཆགས་དང་བྲལ་བ་དང། མཐུན་པའི་ཆོས་ཡོད་འབྱུང་བའི ་མཚན་ཉིད་དེ། སེམས་ལས་བྱུང་བའི་ཆོས་གང་བྱུང་ན་འཁོར་བ་ལ་སེམས་སྐྱོ་བར་འགྱུར་བ་དང། གང་དང་ལྡན་པས་ཡིད་འབྱུང་བ་ཡིད་ལ་བྱེད་བ་ཞེས་བྱའོ། །མཆོག་ཏུ་དགའ་བ་ནི་མགུ་བ་དང་རབ་ཏུ་དགའ་བ་སྟེ། དགེ ་བའི་སེམས་ལ་གནོད་པ་ལས་འབྱུང་བར་གཉེན་པོ་འཚོལ་བ་ཅན་ནོ། །དེ་རྙེད་ནས་དེ་ལ་ཡིད་ཚིམ་པ་དེ་གང་ཡིན་པ་དེ་ནི་མཆོག་ཏུ་དགའ་བའོ། །ཤིན་ཏུ་སྦྱངས་པ་ནི་སེམས་ལས་སུ་རུང་བ་ཉིད་དོ། །རྣམ་པར་མི་འཚེ་བ་ནི་གཞན་ལ ་གནོད་པ་བྱེད་བ་ལ་མངོན་པར་དགའ་བ་དང་མི་མཐུན་བའི་སེམས་བཟང་པོ་ཉིད་དེ། གང་གི་དབང་གིས་གཞན་ལ་རྣམ་པར་ཐོ་མི་འཚམ་པའོ། །ངོ་ཚ་ཤེས་པ་ནི་རིགས་བ་ལ་གཞོལ་བ། བདག་དང་ཆོས་ཀྱི་དབང་དུ་བྱས་པ་ལས ་བྱུང་བ། སྲད་བའི་རྒྱུ་མཐུན་པ་དང་མི་མཐུན་པའི་སེམས་ཀྱི་དབང་སྟེ། གང་གི་དབང་གིས་ཡོན་ཏན་རྣམས་དང། ཡོན་ཏན་ཅན་རྣམས་ལ་གུས་པ་དང་བཅས་བར་གནས་བའོ། །ཁྲེལ་ཡོད་པ་ནི་ཡོན་ཏན་ལ་གོམས་པར་བྱེད་པ་སྔོན ་དུ་གཏོང་བ། །གཏི་མུག་གི་རྒྱུ་མཐུན་པའི་དགྲར་གྱུར་པས་ཆོས་ངན་པ་ལ་སྨོས་པ་སྟེ། གང་ཡོང་མཁན་མ་ཐོ་བ་ལ་འཇིག་པར་ལྟ་བ་ཡིན་ནོ། །བཏང་སྙོམས་ནི་མ་རིག་པ་སེལ་བ་དང་རིགས་པ་ལས་འཇུག་པར་བྱེད་པ་ལ་བཏང་སྙོམS ་སུ་བྱེད་བ་སྟེ། ད་ཡོད་པས་སེམས་དེ་མ་རིག་པ་ཡང་མི་སེལ། རིགས་པ་ལ་ཡང་མི་འཇུག་པར་སྲང་འཛིན་བའི་རིགས་པས་མཉམ་པ་ཉིད་དུ་གནས་བའོ། །དགེ་བའི་རྩ་བ་ནི་གསུམ་སྟེ། མ་ཆགས་པ་དང་ཞེ་སྡང་མེད་བ་དང ་གཏི་མུག་མེད་པའོ། །དེ་ལ་མ་ཆགས་པ་ནི་ཆགས་པར་གྱུར་པའི་གཉེན་པོའི་ཆོས་སོ། །ཞེ་སྡང་མེད་པ་ནི་ཁོང་ཁྲོ་བ་དང་མི་མཐུན་པའི་ཆོས་སོ། །གཏི་མུག་མེད་པ་ནི་ཤེས་རབ་ཀྱི་རང་བཞིན་ཏེ་མི་ཤེས་པ་དང་མི་མཐུན་པའི་ཆོས་སོ། ་དེ་དག་ནི་བདག་ཉིད་ཀྱིས་ཀྱང་དགེ་ལ། དགེ་བ་གཞན་རྣམས་ཀྱི་རྩ་བར་ཡང་གྱུར་པས་ན། དེའི་ཕྱིར་དགེ་བའི་རྩ་བ་རྣམས་ཏེ། སྲིད་པ་ཡིད་དུ་འོང་བ་དང་ཐར་བའི་མྱུ་གུ་མངོན་བར་སྒྲུབ་པར་བྱེད་པས་བདེ་བའི་དོན་ནི་དགེ་བའི་དོན་ཏོ ་ཡང་ན་གཟུགས་བཟང་པོ་མངོན་པར་གྲུབ་པར་བྱེད་པས་ལེགས་པར་ལོབས་པའི་དོན་ཏེ། རི་མོ་མཁན་ལེགས་པར་ལོབས་པ་བཞིན་ནོ། །མི་དགེ་བའི་རྩ་བ་ནི་གསུམ་སྟེ། དེ་དག་ཉིད་ཀྱི་མི་མཐུན་པའི་ཕྱོགས་སུ་གྱུར་པ། ཆགས་བ་དང ་ཞེ་སྡང་དང་གཏི་མུག་གོ། དེ་ལ་འདོད་པར་གཏོགས་བའི་སྲེད་པ་རྣམ་པ་ལྔ་ནི་ཆགས་པའོ། །ཁོང་ཁྲོ་བ་ལྔ་ནི་ཞེ་སྡང་ངོ། །འཇིག་ཚོགས་དང་མཐར་འཛིན་པ་དང་ལྡན་པའི་གཏི་མུག་མ་གཏོགས་པ་གཞན་འདོད་པར་གཏོགས་བ་མ ་རིག་པའི་རྣམ་པ་སུམ་ཅུ་རྩ་བཞི་པོ་གང་ཡིན་པ་དེ་ནི་གཏི་མུག་གོ། དེ་དག་ནི་བདག་ཉིད་ཀྱིས་ཀྱང་མི་དགེ་ལ། མི་དགེ་བ་གཞན་རྣམས་ཀྱི་རྩ་བར་ཡང་གྱུར་བས་ན་དེའི་ཕྱིར་མི་དགེ་བའི་རྩ་བ་རྣམས་ཏེ། སྲིད་པ་ཡིད་དུ་མི་འོང་བའི་མྱུ ་གུ་མངོན་པར་འགྲུབ་པར་བྱེད་པས་མི་བདེ་བའི་དོན་ནི་མི་དགེ་བའི་དོན་ཏོ། །ཡང་གཟུགས་བཟང་པོ་མ་ཡིན་པ་མངོན་པར་འགྲུབ་པར་བྱེད་པས། །མ་ལོབས་པའི་དོན་དེ་སྔ་མ་ལས་བཟློག་པའོ། །ལུང་དུ་མི་སྟོན་པའི་རྩ་བ་ནི་བཞི་སྟེ། ་སྲེད་བ་དང་ལྟ་བ་དང་ང་རྒྱལ་དང་མ་རིག་པ་ཞེས་བྱ་བ་རྣམས་སོ། །ད་ལ་དང་པོ་ནི་གཟུགས་དང་གཟུགས་མེད་པར་གཏོགས་པའི་སྲེད་པ་རྣམ་པ་བཅུའོ། །གཉིས་པ་ནི་དེ་ན་ཡོད་པ་ཉིད་ཀྱི་ལྟ་བ་ཉི་ཤུ་རྩ་བཞི་དང་འདོད་པར་གཏོགས ་པའི་འཇིག་ཚོགས་ལ་ལྟ་བ་དང། མཐར་འཛིན་པར་ལྟ་བ་གཉིས་སོ། །གསུམ་པ་ནི་དེར་གཏོགས་པ་ཉིད་ཀྱི་ང་རྒྱལ་རྣམ་པ་བཅུའོ། །བཞི་པ་ནི་དེ་ན་ཡོད་པའི་མ་རིག་པ་ཉིད་དང་འདི་ན་ཡོད་པའི་འཇིག་ཚོགས་དང། ། ་མཐར་འཛིན་པར་ལྟ་བ་དང་ལྡན་བའི་མ་རིག་པ་གཉིས་སོ། །བཞི་པོ་དེ་དག་ནི་ལུང་དུ་མི་སྟོན་པའི་རྩ་བ་རྣམས་སུ་འདོད་དོ། །བསམ་གཏན་གསུམ་གྱི་ཕྱིར་ཏེ། འདི་ལྟར་བསམ་གཏན་གསུམ་ནི་སྲེད་པ་དང ་ལྟ་བ་དང་ང་རྒྱལ་གྱི་ཤས་ཆེ་བའི་བསམ་གཏན་པ་སྟེ། དེ་དག་ནི་མ་རིག་པའི་དབང་གིས་འབྱུང་ངོ། །དགེ་བ་དང་མི་རིག་པའི་དོན་དུ་ལུང་བསྟན་དུ་མེད་པ་དང། ཡིད་དུ་འོང་བ་དང་ཡིད་དུ་མི་འོང་བའི་འབྲས་བུ་མངོན་པར་འགྲུབ་པར་མི་བྱེད ་བ་སྟེ། དེ་དག་ནི་རྩ་བ་ཡང་ཡིན་ལ་ལུང་དུ་མི་སྟོན་པ་གཞན་རྣམས་ཀྱི་རྩ་བར་ཡང་གྱུར་པས་ལུང་དུ་མི་སྟོན་པ་རྣམས་སོ། །ཀུན་ཏུ་སྦྱོར་བ་ནི་རྣམ་པ་དགུ་སྟེ། རྗེས་སུ་ཆགས་པ་དང་ཁོང་ཁྲོ་བ་དང་ང་རྒྱལ་དང་མ་རིག་པ་དང། ལྟ་བ་དང་མཆོག ་ཏུ་འཛིན་བ་དང། ཐེ་ཚོམ་དང་ཕྲག་དོག་དང། སེར་སྣ་ཞེས་བྱ་བ་རྣམས་སོ། །དེ་ལ་ཁམས་གསུམ་པའི་འདོད་ཆགས་ཆགས་པའི་མཚན་ཉིད་རྒྱ་སྐྱེགས་ཞུ་བ་འབྱར་བ་ལྟ་བུའི་ཆོས་ཀྱིས་རྗེས་སུ་མ་ཆགས་པ་སྟེ། རྗེས་སུ་ཆགས་བ་ཉིད་ཀུན་ཏུ་སྦྱོར ་བས་རྗེས་སུ་ཆགས་པའི་ཀུན་ཏུ་སྦྱོར་བའོ། །སེམས་ཅན་རྣམས་ལ་ཀུན་ནས་མནར་སེམས་གནོད་སེམས་ཀྱི་མཚན་ཉིད་ཚ་བའི་ས་བོན་ལྟ་བུའི་ཆོས་ནི་ཁོང་ཁྲོ་བ་སྟེ། ཁྲོ་བ་ཉིད་ཀུན་ཏུ་སྦྱོར་བས་ཁོང་ཁྲོ་བའི་ཀུན་ཏུ་སྦྱོར་བའོ། །བདག་དང་གཞན་ལ ་དམིགས་ནས་སེམས་ཁེངས་པའི་མཚན་ཉིད་སྐྱེས་བུ་རེངས་པ་ལྟ་བུའི་ཆོས་ནི་ང་རྒྱལ་ལོ། །དེ་ཡང་རྣམ་པ་བདུན་ཏེ། ང་རྒྱལ་དང་ཆེ་བའི་ང་རྒྱལ་དང་ང་རྒྱལ་ལས་ཀྱང་ང་རྒྱལ་དང། ངའོ་སྙམ་པའི་ང་རྒྱལ་དང། མངོན་བའི་ང་རྒྱལ་དང། ་ཅུང་ཟད་སྙམ་བའི་ང་རྒྱལ་དང། ལོག་བའི་ང་རྒྱལ་ལོ། །དེ་ལ་ང་རྒྱལ་ནི་ཆུང་དུ་བས་བདག་རུས་དང་རིགས་དང་གཟུགས་དང། ནོར་དང་ཐོས་བ་དང། ཚུལ་ཁྲིམས་དང། བཟོ་ལ་སོགས་པ་དག་གིས་བྱེ་བྲག་ཏུ་འཕགས་པ་འམ། ་རུས་ལ་སོགས་པ་འདྲ་བ་དང། མཚུངས་སོ་སྙམ་པ་དེའི་རྒྱུ་ལས་བྱུང་བའི་སེམས་དེ་ནི་ང་རྒྱལ་ཞེས་བྱའོ། །ཆེ་བའི་ང་རྒྱལ་ནི་མཚུངས་པ་བས་བདག་རུས་ལ་སོགས་བ་དག་གིས་བྱེ་བྲག་ཏུ་འཕགས་པ་འམ། ཆེ་བ་དང་མཚུངས་སོ་སྙམ་པ་ངེས་དྲག?་གོ? ་པོའི་སེམས་ཁེངས་བ་ནི་ཆེ་བའི་ང་རྒྱལ་ལོ། །ང་རྒྱལ་ལས་ཀྱང་ང་རྒྱལ་ནི་ཆེ་བ་བས་ཀྱང་བདག་ཆེས་ཆེ་བའོ། །སྙམ་པ་ངེས་དྲངས་པའི་སེམས་ཁེངས་པའོ། །དའོ་སྙམ་བའི་ང་རྒྱལ་ནི་བདག་ཏུ་ལྟ་བའི་རྗེས་ལས་བྱུང་བའི་སེམས་ཁེངས་པའོ། །མངོན ་པའི་ང་རྒྱལ་ནི་རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་སོགས་པ་གོང་མའི་ཁྱད་པར་ཐོབ་བར་བྱ་བ་མ་ཐོབ་བར་བདག་གིས་ཐོབ་བོ་སྙམ་བ་དེའི་རྒྱུ་ལས་བྱུང་བའི་སེམས་ཀྱི་རློམ་སེམས་སོ། །ཆུང་ཟད་སྙམ་པའི་ང་རྒྱལ་ནི་རིགས་ལ་སོགས་པ་ཁྱད་ཆེས ་འཕགས་བ་བས་བདག་ཅུང་ཟད་ཅིག་གིས་ཆུང་བར་ལྟ་ཞིང་དེས་རློམ་སེམས་པའོ། །ལོག་པའི་ང་རྒྱལ་ནི་ཡོན་ཏན་མ་ཡིན་པ་དང་ལྡན་ཡང་བདག་ཡོན་ཏན་དང་ལྡན་པར་ལྟ་ཞིང་དེས་རློམ་སེམས་པའོ། །ང་རྒྱལ་བདུན་པོ་འདི་དག་ནི་ང་རྒྱལ་གྱི་ཀུན་ཏུ ་སྦྱོར་བཞེས་བྱའོ། །མ་རིག་པ་ཞེས་བྱ་བ་ནི་ཁམས་གསུམ་བའི་མི་ཤེས་པ་མི་རྟོགས་པའི་མཚན་ཉིད་ལོང་བ་ལྟ་བུ་སྟེ། རིག་པའི་གཉེན་པོ་ནི་མ་རིག་པ་ཞེས་བྱའོ། །དགག་བ་ནི་གཉེན་པོ་གཞག་པའི་ཕྱིར། མི་མཛའ་བ་ལ་སོགས་པ་བཞིན་ནོ།། ་མ་རིག་པ་ཉིད་ཀུན་ཏུ་སྦྱོར་བས་ན་མ་རིག་པའི་ཀུན་ཏུ་སྦྱོར་བའོ། །འཇིག་འཚོགས་དང་མཐར་འཛིན་པ་དང་ལོག་པར་ལྟ་བ་གསུམ་ནི་ལྟ་བའི་ཀུན་ཏུ་སྦྱོར་བའོ། །དེ་ལ་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་བདག་མེད་པ་བདག་གི་མེད་པ་རྣམས ་ལ། བདག་དང་བདག་གི་ཚུལ་གྱིས་ཞུགས་པ། ཉོན་མོངས་པ་ཅན་གྱི་བློ་ནི་འཇིག་ཚོགས་ལ་ལྟ་བའོ། །དེ་ནི་འཇིག་བ་ཡང་ཡིན་ལ་ཚོགས་ཀྱང་ཡིན་པས་འཇིག་ཚོགས་སོ། །དེ་ལྟ་བས་ན་འཇིག་ཚོགས་ལ་ལྟ་བའོ། །ཆད་པ་མ་ཡིན་རྟག་པ ་མ་ཡིན་པ་དེ་དག་ཉིད་ལ། ཆད་པ་དང་རྟག་པའི་ཚུལ་གྱིས་ཞུགས་པ་ཉོན་མོངས་པ་ཅན་གྱི་བློ་ནི་མཐར་འཛིན་པར་ལྟ་སྟེ། མཛའ་གཉིས་སུ་ཞུགས་པའི་ཕྱིར་རོ། །ལས་མེད་དེ་ལས་ཀྱི་འབྲས་བུ་མེད་དོ། །ཐར་བ ་མེད་དེ། །དེ་ཐོབ་བར་བྱེད་བའི་ལམ་ཡང་མེད་དོ་སྙམ་དུ་དེ་ལྟར་དངོས་པོ་ཡང་ཡང་དག་པར་འཇིག་པར་ཞུགས་པ་ཉོན་མོངས་པ་ཅན་གྱི་བློ་གར་ཡིན་པ་དེ་ནི་ལོག་པར་ལྟའོ། །ལྟ་བ་གསུམ་པོ་དེ་དག་ནི་ལྟ་བའི་ཀུན་ཏུ་སྦྱོར་བའོ། །མཆོག་ཏུ་འཛིན ་བ་གཉིས་སོ། །ལྟ་བ་མཆོག་ཏུ་འཛིན་པ་དང་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་ནི་མཆོག་ཏུ་འཛིན་པའི་ཀུན་ཏུ་སྦྱོར་བའོ། །དེ་ལ་ལྟ་བ་མཆོག་ཡིན་པ་དེ་དག་དང། ནེ་བར་ལེན་བའི་བུང་པོ་ལྔ་པོ་མཆོག་མ་ཡིན་བ་རྣགས?་ལ། མཆོད་མཉམ་དུ་མཆོག ་འཛིན་བའི་བློའི་བྱེ་བྲག་གང་ཡིན་པ་དེ་ནི་ལྟ་བ་མཆོག་ཏུ་འཛིན་པ་སྟེ། རྟོགས་པ་ཞེས་བྱ་བའི་དོན་གང་ཡིན་པའོ། །ཚུལ་ཁྲིམས་ནི་འཆལ་བའི་ཚུལ་ཁྲིམས་སྤངས་པའོ། །བརྟུལ་ཤུགས་ནི་ཁྱི་དང་རི་དགས་དང། བ་ལང་གི་བརྟུལ་ཤུགས ་དང། གཅེར་བུ་དང་ཐལ་བའི་ནང་ན་ཉལ་བ་དང། སྐྲ་འབལ་བ་དང་འབབ་སྟེགས་སུ་བཞུ་བ་དང། འབྲས་བུ་དང་རྩ་བ་ཟ་བ་དང་རལ་པ་ཐོགས་པ་ལ་སོགས་པ་སྟེ། དག་པའི་བདག་ཉིད་མ་ཡིན་པ། དེ་གཉི་ག་ལ་དག་པར་ཡིད་ཆོས་པའི ་བློའི་བྱེ་བྲག། བྲམ་ཟེ་ཆོག་ཅན་གཙང་སྦྲ་འདོད་བ་ལྟ་བུའི་ཆོས་གང་ཡིན་པ་དེ་ནི་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པའོ། །མཆོག་ཏུ་འཛིན་པ་གཉིས་པོ་དེ་དག་ནི་མཆོག་ཏུ་འཛིན་པའི་ཀུན་ཏུ་སྦྱོར་བའོ། །ཐེ་ཚོམ་ནི་སྡུག ་བསྔལ་དང་ཀུན་འབྱུང་བ་དང། འགོག་པ་དང་ལམ་ཞེས་བྱ་བ་བདེན་པ་རྣམས་ཡང་གཉིས་ཟ་བ། ལམ་ཁ་བྲག་དང་རྩཝ་མི་འདྲ་བའི་ཆོས་ཡིན་ཏེ། འདི་སྡུག་བསྔལ་ཡིན་ནམ་འདི་སྡུག་བསྔལ་མ་ཡིན་སྙམ་པ་ལ་སོགས་པའོ། །ཐེ ་ཚོམ་ཉིད་ཀུན་ཏུ་སྦྱོར་བས། ཐེ་ཚོམ་ཀྱི་ཀུན་ཏུ་སྦྱོར་བའོ། །ཕྲག་དོག་ནི་ཕ་རོལ་ཏུ་འབྱོར་བ་ལ་མི་བཟོད་པ་སྟེ། ཕ་རོལ་ནོར་དང་ལྡན་ནམ་མཁའ་ནས་བཀུར་བ་རྣམས་ལ། སེམས་ཁོང་ནས་འཁྲུག་བ་ཞེས་བྱ་བའི་དོན་གང་ཡིན་པའོ། །ཕྲག་དོག་ཉིད ་ཀུན་ཏུ་སྦྱོར་བས་ཕྲག་དོག་གི་ཀུན་ཏུ་སྦྱོར་བའོ། །དངོས་པོ་འདི་དག་ལས་གཞན་ལ་མི་གཏོང་ངོ་སྙམ་པའི་སེམས་ཀྱི་ཀུན་ཏུ་འཛིན་བ་གང་ཡིན་པ་དེ་ནི་སེར་སྣ་སྟེ། དེ་ཉིད་ཀུན་ཏུ་སྦྱོར་བས་སེར་སྣའི་ཀུན་ཏུ་སྦྱོར་བའོ། །ཀུན་ཏུ་སྦྱོར་བའི་དོན་ནི་འཆིང་བའི་དོན ་ཏེ། ཇི་སྐད་དུ་འཇིག་རྟེན་མགོན་བོས་ཀྱང། མིག་གཟུཌ་རྣམས་ལ་ཀུན་ཏུ་མི་སྦྱོར་ལ། གཟུགས་རྣམས་ཀྱང་མིག་ལ་མ་ཡིན་མོད་ཀྱི། དེ་ལ་འདོད་པ་ལ་འདོད་ཆགས་གང་ཡིན་པ་དེ་ནི་འདིར་ཀུན་ཏུ་སྦྱོར་བ་སྟེ། དཔེར་ན་བ་ལང་ན་གང་པོ་ཡང་བ་ལང ་དཀར་པོ་ལ་ཀུན་ཏུ་མི་སྦྱོར་ལ། བ་ལང་དཀར་པོ་ཡང་བ་ལང་ནག་པོ་ལམ་ཡིན་ནོ་ཞེས་རྒྱ་ཆེར་གསུངས་པ་ལྟ་བུའོ། །ཀུན་ཏུ་སྦྱོར་བ་རྣམས་ནི་འཆིང་བའི་དོན་ཡིན་ལ། ཀུན་ཏུ་སྦྱོར་བ་གང་དག་ཡིན་པ་དེ་དག་འཆིང་བ་ལ་ཡང་ཡིན་མོད་ཀྱི ་འོན?་ཀྱང་གཙོ་བོར་གྱུར་པའི་ཕྱིར་དེ་བཞིན་གཤེགས་པས་མདོ་ལས། འདོད་ཆགས་ནི་འཆིང་བ། ཞེ་སྡང་ནི་འཆིང་བ། གཏི་མུག་ནི་འཆིང་བ་ཞེས་འཆིང་བ་གསུམ་གསུངས་ཏེ། དེ་དག་གི་མཚན་ཉིད་ནི་བཤད་ཟིན་ཏེ། །ཕྲ་རྒྱས་ནི་བདུན་ཏེ། ་འདོད་པ་ལ་ཁོང་ཁྲོ་བ་དང། སྲིད་པའི་འདོད་ཆགས་དང། ང་རྒྱལ་དང་མ་རིག་པ་དང་ལྟ་བ་དང་ཐེ་ཚོམ་གྱི་ཕྲ་རྒྱས་སོ། །དེ་རྣམས་ཀྱི་མཚན་ཉིད་ནི་ཀུན་ཏུ་སྦྱོར་བ་བསམ་པའི་སྐབས་སུ་བཤད་ཟིན་ཏོ། །ཁམས་དང་ཚུལ་དང་རྣམ་པའི་བྱེ ་བྲག་དེ་དབྱེ་བར་བྱའོ། །དེ་ལ་འདོད་ཆགས་དང་འདོད་པ་རྣམས་ལ་འདོད་ཆགས་ནི་འདོད་པའི་འདོད་ཆགས་སོ། །དེ་ཉིད་ཕྲ་རྒྱས་ཡིན་པས་འདོད་པ་ལ་འདོད་ཆགས་ཀྱི་ཕྲ་རྒྱས་སོ། །དེ་ལ་འདོད་པར་གཏོགས་པའི་འདོད་ཆགས་སྡུག་བསྔལ ་དང་ཀུན་འབྱུང་པ་དང། འགོག་པ་དང་ལམ་མཐོང་བ་དང། བསྒོམ་པ?་སྤང་བར་བྱ་བ་ནི་འདོད་པ་ལ་འདོད་ཆགས་ཀྱི་ཕྲ་རྒྱས་སོ། །སྡུག་བསྔལ་ལ་སོགས་པ་མཐོང་བ་དང་བསྒོམ་པས་སྤང་བར་བྱ་བའི་ཁོང་ཁྲོ་བ་ལྔ། ་ནི་ཁོང་ཁྲོ་བའི་ཕྲ་རྒྱས་སོ། །གཟུགས་དང་གཟུགས་མེད་པའི་འདོད་ཆགས་བཅུ་པོ་སྡུག་བསྔལ་ལ་སོགས་པ་མཐོང་བ་དང། བསྒོམ་པས་སྤང་བར་བྱ་བ་ནི་སྲིད་པའི་འདོད་ཆགས་ཀྱི་ཕྲ་རྒྱས་སོ། །ང་དུ་ལྟས་བར་གྱུར་པ་དང་བསམ་གཏན ་དང་གཟུགས་མེད་པ་རྣམས་ལ་ཐར་པ?་འདུ་ཤེས་པ་བཟློག་པའི་ཕྱིར་ཁམས་གཉིས་ནས་སྐྱེས་པའི་འདོད་ཆགས་སོ་ཞེས་བདེ་བར་གཤེགས་པས་གསུངས་སོ། །དེ་བཞིན་དུ་ཁམས་གསུམ་པའི་ང་རྒྱལ་བཅོ་ལྔ། སྡུག་བསྔལ་ལ་སོགས ་པ་མཐོང་བ་དང། བསྒོམ་པས་སྤང་བར་བྱ་བ་ནི་ང་རྒྱལ་གྱི་ཕྲ་རྒྱས་སོ། །མ་རིག་པའི་ཕྲ་རྒྱས་ཀྱང་དེ་བཞིན་དུ་ཁོང་དུ་ཆུད་པར་བྱའོ། །ཁམས་གསུམ་པའི་ལྟ་བ་སུམ་ཅུ་རྩ་དྲུག་པོ་དག་ནི་ལྟ་བའི་ཕྲ་རྒྱས་ཏེ། དེ་ལས་འདོད་པར་གཏོཌ ་པའི་འཇིག་ཚོགས་ལ་ལྟ་བ་དང། མཐར་འཛིན་པར་ལྟ་བ་དང། སྡུག་བསྔལ་མཐོང་བས་སྤང་བར་བྱ་བའི་ལོག་པར་ལྟ་བ་དང། ལྟ་བ་མཆོག་ཏུ་འཛིན་པ་དང། ཚུལ་ཁྲིམས་དང་བརྟུལ་ཤུགས་མཆོག་ཏུ་འཛིན་པ་དང། རྒྱུ ་མཐོང་བས་སྤང་བར་བྱ་བའི་ལོག་པར་ལྟ་བ་དང། ལྟ་བ་མཆོག་ཏུ་འཛིན་པ་དང། འགོག་པ་མཐོང་པས་སྤང་བར་བྱ་བའི་ལོག་པར་ལྟ་བ་དང། ལྟ་བ་མཆོག་ཏུ་འཛིན་པ་དང། ལམ་མཐོང་བས་སྤང་བར་བྱ་བའི་ལོག ་པར་ལྟ་བ་དང། ལྟ་བ་མཆོག་ཏུ་འཛིན་པ་དང། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་དེ་དག་ནི་ལྟ་བ་བཅུ་གཉིས་སོ། །གཟུགས་དང་བཟུཌ་མེད་པ་ཡང་དེ་བཞིན་ཏེ། ལྟ་བ་སུམ་ཅུ་རྩ་དྲུག་པོ་དེ་དག་ནི་ལྟ་བའི ་ཕྲ་རྒྱས་སོ། །ཁམས་ཀྱི་ཐེ་ཚོམ་བཅུ་གཉིས་ནི། ཐེ་ཚོམ་གྱི་ཕྲ་རྒྱས་ཏེ། དེ་ལ་འདོད་པར་གཏོགས་པ་སྡུག་བསྔལ་ལ་སོགས་པ་མཐོང་བས་སྤང་བར་བྱ་བ་བཞི་དང། དེ་བཞིན་དུ་གཟུགས་དང་གཟུགས་མེད་པ་དག་གོ། འདོད་པ་ལ་འདོད་ཆགS ་དང། ཁོང་ཁྲོ་བའི་ཕྲ་རྒྱས་དག་ནི་རྣམ་པ་ཐ་དད་པ་ཉིད་དེ། ཁམས་ཀྱིས་མ་ཡིན་ཚུལ་གྱིས་མ་ཡིན་ནོ། །སྲིད་པའི་འདོད་ཆགས་ཀྱི་ཕྲ་རྒྱས་ནི་ཁམས་དང་རྣམ་པ་སྟེ་ཚུལ་གྱིས་མ་ཡིན་ནོ། །ང་རྒྱལ་དང་མ་རིག་པ་དང། ཐེ་ཚོམ་གྱི་ཕྲ་རྒྱས ་ཀྱང་ཁམས་དང་རྣམ་པ་སྟེ་ཚུལ་གྱིས་མ་ཡིན་ནོ། །ལྟ་བའི་ཕྲ་རྒྱས་ནི་ཁམས་དང་རྣམ་པ་དང་ཚུལ་གྱི་བྱེ་བྲག་གིས་ཐ་དད་དོ། །དེ་ལ་ལྟ་བ་རྣམས་ཀྱི་ཁམས་དང་རྣམ་པའི་བྱེ་བྲག་ནི་བཤད་ཟིན་ཏོ། །ཚུལ་གྱི་བྱེ་བྲག་ནི་མ་བཤད་དོ་དེ་བརྗོད་པར་བྱའོ ་དེ་ལ་བདག་དང་བདག་གི་ཚུལ་གྱིས་ཞུགས་པ་ནི་འཇིག་ཚོགས་ལ་ལྟ་བའོ། །ཆད་པ་དང་རྟག་པའི་ཚུལ་གྱིས་ཞུགས་པ་ནི་མཐར་འཛིན་པར་ལྟ་བའོ། །མེད་པའི་ཚུལ་གྱིས་ལྟ་བ་ནི་ལོག་པར་ལྟ་བའོ། །མཆོག་གི་ཚུལ་གྱིས་ཞུགས་པ་ནི་ལྟ་བ་མཆོག་ཏུ་འཛིན་པའོ། །དག་པའི་ཚུལ་གྱིས ་ཞུཌ་པ་ནི་ཚུལ་ཁྲིམS་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པའོ། །ཕྲ་རྒྱས་ཀྱི་དོན་ནི་ཕྲ་བའི་དོན་ཏོ། །ཡང་ན་ལུས་དང་སེམས་ཀྱི་རྒྱུན་གྱི་རྗེས་སུ་བསྙགས་པ་སྟེ། ཆུ་ན་རྒྱུ་བས་ནམ་མཁའ་ལ་རྒྱུ་བའི་གྲིབ་མ་བསྙགས་པ་ལྟ་བུའི་ཕྱིར་ཕྲ་རྒྱས་སོ། །ཡང་ན་རྗེས་སུ ་ཞུགས་པ་སྟེ་ཏིལ་རྣམས་ཏིལ་མར་ལྟ་བུའི་ཕྱིར་ཕྲ་རྒྱས་སོ། །ཡང་ན་ཉེ་པར་ལེན་པའི་ཕུང་པོ་ལྔ་རྣམས་ལ་དམིགས་པ་དང་ལྡན་པ་གཉིས་ཀྱིས་རྒྱས་པར་འགྱུར་བས་ཕྲ་རྒྱས་སོ། །ཅིའི་ཕྱིར་རྒྱས་པར་འགྱུར་ཞེས་བྱ་ཞེ་ན། དམིགས་པ་དང ་ལྡན་པ་གཉིས་ཀྱིས་རྟས་པར་འགྱུར་ཞེས་བྱ་བའི་ཐ་ཚིག་གོ། དེ་ལྟར་ཕྲ་རྒྱས་བདུན་པོ་ཁམས་དང་ཚུལ་དང། རྣམ་པའི་བྱེ་བྲག་གིས་ཐ་དད་པ་དེ་དག་བརྒྱད་ཅུ་རྩ་བརྒྱད་དུ་འགྱུར་ཏེ། འདོད་པ་ན་སྡུག་བསྔལ་མཐོང་བས་སྤང་བར ་བྱ་བ་བཅུ་སྟེ། འཛིན་ཚོགས་ལ་ལྟ་བ་དང། མཐར་འཛིན་པར་ལྟ་བ་དང། ལོག་པར་ལྟ་བ་དང། ལྟ་བ་མཆོག་ཏུ་འཛིན་པ་དང། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་དང། ཐེ་ཚོམ་དང ་འདོད་ཆགས་དང། ཁོང་ཁྲོ་བ་དང་ང་རྒྱལ་དང་མ་རིག་པའོ། །ཀུན་འབྱུང་བ་མཐོང་བས་སྤང་བར་བྱ་བ་བདུན་ཏེ། དེ་དག་གི་དང་ནས་འཇིག་ཚོགས་ལྟ་བ་དང། ཐར་འཛིན་པར་ལྟ་བ་དང། ཚུལ་ཁྲིམས་དང་བརྟུལ་ཤུགས་མཆོག་ཏུ་འཛིན་པ་མ ་གཏོགས་པ་རྣམས་སོ། །འགོག་པ་མཐོང་བས་སྤང་བྱ་བ་བདུན་ཏེ་དེ་དག་ཉིད་དོ། །ལམ་མཐོང་བས་སྤང་བར་བྱ་བ་བརྒྱད་དེ་བདུན་པོ་དེ་དག་ཉིད་དང། ཚུལ་ཁྲིམས་དང་བརྟུལ་ཤུགས་མཆོག་ཏུ་འཛིན་པའོ། །བསྒོམ་པས་སྤང་བར་བྱ་བ་བཞི ་སྟེ། ལྟ་བ་རྣམས་དང། ཐེ་ཚོམ་མ་གཏོགས་སོ། །དེ་ལྟར་དེ་དག་ནི་འདོད་པར་གཏོགས་པའི་ཕྲ་རྒྱས་སུམ་ཅུ་རྩ་དྲུག་གོ་།གཟུགས་ཀྱི་ཁམས་རྣམས་ན་ནི་དེ་དག་ཉིད་ལས་ཁོང་ཁྲོ་བ་ལྔ་མ་གཏོགས་སོ། །གཟུགས་མེད་པ་རྣམས་ན་ཡང ་དེ་བཞིན་སྟེ། དེ་དག་ནི་དགུ་བཅུ་རྩ་བརྒྱད་ཡིན་ནོ། །དེ་ལ་དེ་དག་གཅིག་ཏུ་བསྡུས་ན་བརྒྱད་ཅུ་རྩ་བརྒྱད་ནི་མཐིང་བས་སྤང་བར་བྱ་བའོ། །བཅུ་ནི་བསྒོམ་པས་སྤང་བར་བྱ་བའོ། །ཁམས་ཁམས་ཀྱིས་སྡུག་བསྔལ་དང་རྒྱུ་མཐོང་བས ་སྤང་བར་བྱ་བའི་ལྟ་བ་དང། ཐེ་ཚོམ་དང་དགུ་དང་དེ་དང་ལྡན་པའི་མ་རིག་པ་དང་མའ?་འདྲེས་པའི་མ་རིག་པ་དང། དེ་དག་ནི་ཀུན་ཏུ་འགྲོ་བ་ཞེས་བྱའོ། །ལྷག་མ་རྣམས་ནི་ཀུན་ཏུ་འགྲོ་བ་མ་ཡིན་བ་ཞེས་བྱའོ། །དེ་བཞིན་དུ་འགེག་པ་དང། ལམ ་མཐོང་བས་སྤང་པར་བྱ་བའི་ལོག་པར་ལྟ་བ་དང། ཐེ་ཚོམ་དང། དེ་དང་ལྡན་པ་རིམ་རིག་པ་དང། མ་འདྲེས་པའི་མ་རིག་པ་དང། དེ་དག་ནི་ཟག་པ་མེད་པ་ལ་དམིགས་པ་སྟེ། འགོག་པ་དང། ལམ་ལ་དམིགས་པ་དང། དེ་གཉིས་ཀྱང ་ངག?་བ་མེད་པའི་ཕྱིར་རོ། །ལྷག་མ་རྣམས་ནི་ཟག་པ་དང་བཅས་པ་ལ་དམིགས་པའོ། །དེ་ལ་གང་དག་ཟག་པ་དང་བཅས་པ་ལ་དམིགས་པ་དེ་དག་ནི་དམིགས་པ་དང་ལྡན་པ་གཉིས་ཀྱིས་རྒྱས་བར་འགྱུར་རོ། །གང་ཟག་པ་མེད་པ་ལ་དམིགས་པ་དེ་དག ་ནི་ལྡན་པ་སྟེ་འདག་ཚོགས?་རྣམས་སོ། །དེ་བཞིན་དུ་ཁཾས་ཁཾས་ཀྱི་འགོག་པ་མཐོང་བས་སྤང་བར་བྱ་བའི་ལོག་པར་ལྟ་བ་དང། ཐེ་ཚོམ་དང་དེ་དང་ལྡན་པའི་མ་རིག་པ་དང། མ་རིག་པ་འབའ་ཞིག་དང། དེ་དག་ནི་འདས་མ་བྱས་ལ་དམིགས་པའོ། །ལྷག་མ ་རྣམས་ནི་འདུས་བྱས་ལ་དམིགས་པའོ། །དེ་དག་བྱུང་བའི་གོ་རིམས་ནི་དང་པོ་ཁོ་ནར་མ་རིག་པ་དང་ལྡན་པས་སེམས་ཅན་བདེན་པ་རྣམས་རྨོངས་ཏེ། དེ་རྣམས་སྡུག་བསྔལ་ནས་ལམ་གྱི་བར་དག་མི་འདོད་དོ། །དེ་གླེན་པ་རྣམས་ཡང་དག ་པ་དང། ལོག་པའི་ཕྱོགས་གཉིས་ཐོས་ནས་འདི་སྡུག་བསྔལ་ཡིན་ནམ་སྡུག་བསྔལ་མ་ཡིན་སྙམ་པ་ལ་སོགས་པའི་ཐེ་ཚོམ་སྐྱེའོ། །དེ་ནས་དམ་པའི་བློས་དམ་པ་མ་ཡིན་པ་དང། བསྙན་ནས་ལོག་པར་ཐོས་པ་དང། ལོག་པར་སེམས ་པས་ལོག་པར་ངེས་པར་འབྱུང་སྟེ། སྦྱིན་པ་མེད་དོ། །མཆོད་སྦྱིན་མེད་དོ་སྙམ་པ་ལ་སོགས་པའོ། །དེ་ནས་ལོག་པར་ལྟ་བ་ལས་འཇིག་ཚོགས་ལ་ལྟ་བ་འབྱུང་སྟེ་དེས་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་རྣམས་ལ་སྡུག་བསྔལ་བསལ་ནས ་བདག་ཏུ་མངོན་པར་ཞེན་ཏོ། །དེ་ལས་མཐར་འཛིན་བར་ལྟ་བ་འབྱུང་སྟེ། དེས་བདག་ཆད་པ་འམ་རྟག་པར་མཛའ་གཉིས་བཟུང་བའི་ཕྱིར་རོ། །མཐར་འཛིན་པ་ལས་ཚུལ་ཁྲིམས་དང། བརྟུལ་ཤུགས་མཆོག་ཏུ་འཛིན་པ་འབྱུང་ངོ། །མཐར་འཛིན་པ་གང་ཡིན་པ ་དེ་ཉིད?་ཀྱིS་དག་པར་ཡིད་ཆེས་སོ།། དེ་ལས་ཀྱང་ལྟ་བ་མཆོག་ཏུ་འཛིན་པ་འབྱུང་ངོ། །གང་གིས་དག་པར་ཡིད་ཆེས་བ་དེ་ལ་མཆོག་ཏུ་འཛིན་ཏོ། །དེའི་འོག་ཏུ་རང་གྲི་ལྟ་བ་འདོད་ཆགས་སྐྱེའོ། །ལྟ་བ་དེ་ཉིད་ཀྱིས་ཀྱང་རློམ་སེམས་སུ་བྱེད་ཅིང་ཕ་རོལ་གྱི ་ལྟ་བ་འམ། རང་གི་རྒྱུད་ཀྱིས་སྔོན་བཟུང་བ་ལས་བཏང་བ་དག་ལ་ཞེ་སྡང་སྐྱེས?་ཏེ། དེ་དག་གི་གོ་རིམ་དེ་ལྟའོ། །ཉོན་མོངས་པ་རེ་རེ་ཡང་རྒྱུ་གསུམ་གསུམ་ལས་སྐྱེས་ཏེ། གལ་ཏེ་ཕྲ་རྒྱས་མ་སྤངས་པ ་དང། ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་དང། ཡུལ་ཉེ་བར་གནས་པར་གྱུར་ན། རྒྱུ་དང་ཡུལ་དང་སྦྱོར་བའི་སྟོབས་དེ་དག་ལས་ཉོན་མོངས་པ་སྐྱེའོ། །དེ་དག་ནི་ལུས་དང་སེམས་ཀྱི་རྒྱུད་ཉོན་མོངས་པར་བྱེད་པས་ཉོན་མོངས་པ་རྣམས་ཞེས ་བྱ་སྟེ་། ཉོན་མོངས་པ་རྣམས་གང་ཡིན་པ་དེ་དག་ནི་ཉེ་བའོ་ཉོན་མོངས་པ་ཡང་ཡིན་ནོ་།གང་དག་དེ་རྣམས་ལས་གཞན་པ་སེམས་ལས་བྱུང་བའི་ཆོས་ཉོན་མོངས་པ་ཅན་འདུ་བྱེད་ཀྱི་ཕུང་པོར་བསྡུས་པ་དེ་དག་ནི་ཉེ་བའི་ཉོན་མོངས་པ་ཉིད་དོ། ་དེ་དག་ཀྱང་གང་ཞེ་ན་རྒྱུ་དང། རྒྱགས་པ་དང། རྣམ་པར་འཚེ་བ་དང་དུས་ཆེ་བ་དང། ཁོན་དུ་འཛིན་བ་དང། གཡོ་ལ་སོགས་པ་རྣམ་པ་དུ་མ་རྒྱུད་ལས་འབྱུང་བ་རྣམས་སོ། །དེ་ལ་རྒྱུ་ནི་ཕ་རོལ་ལ་བསླུ་བའོ། །རྒྱགས་པ་ནི་གཟུགས་དང ་ལང་ཚོ་དང། རིགས་དང་ཚུལ་ཁྲིམས་དང། མང་དུ་ཐོས་པ་ལ་སོགས་པ་རང་གི་ཆོས་རྣམས་ལ་ཆགས་ཏེ། གཞན་ལ་མི་བལྟོས་པར་སེམས་ཡོངས་སུ་གཏུགས་པའོ། །རྣམ་པར་འཚེ་བ་ནི་ལག་པ་དང་བོང་བ་དང་དབྱུག་པས་བརྡེག ་པ་དང། ཚིག་རྩུབ་བོས་ཕ་རོལ་ལ་རྣམ་པར་མཐོ་འཚམ་པའོ། །དུས་ཆེ་བ་ནི་ཁ་ན་མ་ཐོ་བ་དང་བཅས་པའི་དངོས་པོ་མང་དུ་འཛིན་པ་སྟེ། དེའི་དབང་གིས་རིགས་པར་བསྒོ་བ་མི་འཛིན་པའོ། །ཁོན་དུ་འཛིན་པ་ནི་ཀུན་ཏུ་མནར་སེམས ་ཀྱི་དངོས་པོ་མང་དུ་བྱེད་པའོ། །གཡོ་ནི་སེམས་གྱ་གྱུ་བ་སྟེ། དེའི་དབང་གིས་གཞན་ནས་གཞན་བརྒྱུད་ཅིང་གུང་དུ་འདྲེན་ཏེ་གསལ་བར་མི་རྟགས་པར་བྱེད་པའོ། །དེ་ལ་དེ་དག་གི་ནང་ནས་རྒྱུ་དང་རྒྱགས་པ་གཉིས་ནི་འདོད་ཆགས་ཀྱི ་རྒྱུ་མཐུན་པས་འདོད་ཆགས་ཀྱིས་རྗེས་སུ་འགྲོ་བ་སྟེ། འདོད་ཆགས་ཀྱི་རིགས་ལ་སྟེན་ཅེས་བྱ་བའི་ཐ་ཚིག་གོ། ཁོན་དུ་འཛིན་པ་དང་རྣམ་པར་འཆེ་བ་ནི་ཁོང་ཁྲོ་བའི་རྗེས་སུ་འགྲོ་བའོ། །དུས་ཆེ་བ་ནི་ལྟ་བ་བསྙེམས་པའི་རྒྱུ་མཐུན་པའོ། །གཡོ་ནི་ལོག་པ་ད་ལྟ་བའི ་རྒྱུད་མཐུན་པ་སྟེ་གྱ་གྱུ་བ་ཇི་ལྟ་བུ་ཞེ་ན། སྡིག་བ་ཅན་གྱི་ལྟ་བའོ་ཞེས་ཚིགས་སུ་བཅད་པ་ལས་འབྱུང་ངོ། །ཀུན་ནས་དཀྲིས་ཏེ་འདུག་པ་བཅུ་སྟེ། རྨུགས་པ་དང། གཉིད་དང་རྒོད་པ་དང། འགྱོད་པ་དང། ཕྲག་དོག་དང། སེར་སྣ་དང། ངོ་ཚ་མེད་པ་དང། ་ཁྲེལ་མེད་པ་དང། ཁྲོ་བ་དང་འཆབ་པའོ། །དེ་ལ་རྨུགས་པ་ནི་ལུས་དང་སེམས་ལ་སུ་མི་རུང་སྟེ། སློང་བ་ཞེས་བྱ་བའི་ཐ་ཚིག་གོ། གཉིས་ནི་ལུས་དང་སེམས་འཛིན་མི་ནུས་པ་དང། སེམས་སྡུད་པ་སྟེ་དེ་ཡང་ཉོན་མོངས་པ་ཅན་ཉིད་ཡིན་པས་ཀུན ་ནས་དཀྲིས་ཏེ་འདུག་པའོ། །རྒོད་པ་ནི་སེམས་མ་ཞི་བའོ། །ངན་པ་བྱས་པའི་དངོས་པོ་ནི་འགྱོད་བ་ནི་འགྱོད?་པའོ། །འདིར་ནི་དེ་ལ་དམིགས་པ་སེམས་ལས་བྱུང་བའི་ཆོས་ལ་འགྱོད་པ་ཞེས་བྱ་སྟེ། ཡིད་ལ་བཅགས་ཞེས་བ་བའི་ཐ་ཚིག་གོ། རྒྱུ་ལ་འབྲ ་བུ་བཏགས་ཏེ་དཔེར་ན་མི་སྡུག་པ་ལ་དམིགས་པའི་ཆོས་ལ་མི་སྡུག་ཅེས་བྱ་བ་ལྟ་བུའོ། །འཇིག་རྟེན་ན་ཡང་གནས་ཀྱིས་གནས་པ་སྟོན་ཏེ། དཔེར་ན་གྲོང་ཐམས་ཅད་ལྷགས་སོ་ཞེས་བྱ་བ་ལྟ་བུའོ།། དེ་ཡང་ཉོན་མོངས་པ་ཅན་ཉིད་ཀུན་ནས ་དཀྲིས་ཏེ་འདུག་པའོ། །ཕྲག་དོག་དང་སེར་སྣ་མཚན་ཉིད་ནི་བཤད་ཟིན་ཏོ། །ངོ་ཚ་མེད་པ་ནི་ཡོན་ཏན་ཅན་རྣམས་དང། ཡོན་ཏན་ཅན་རྣམས་ལ། མི་གུས་པ་སྟེ། གུས་པའི་གཉེན་པོའི་ཆོས་སོ། །ཁྲེལ་མེད་བ་ནི་ཁ་ན་མ་ཐོ་བ ་པ་འཇིགས་པར་མི་ལྟ་བའོ། །ཁ་ན་མ་ཐོ་བ་ནི་གང་དམ་པ་རྣམས་ཀྱིས་སྨད་པ་ངན་སོང་དུ་འགྲོ་བའོ། །ཁྲོ་བ་ནི་ཞེ་སྡང་དང་རྣམ་པར་འཚེ་བ་མ་གཏོགས་ཏེ། སེམས་ཅན་དང་སེམས་ཅན་མ་ཡིན་པ་དག་ལ་ཀུན་ནས་མནར་སེམས་པའོ ་འཆབ་པ་ནི་ཁ་ན་མ་ཐོབས་མཁྱུད?་པའོ། །སེམས་ལས་ཀུན་ནས་དཀྲིས་ཏེ་གནས་པས་ཀུན་ནས་དཀྲིས་ཏེ། འདུག་གནས་པས་ཀུན་ནས། དཀྲིས་ཏེ་འདུག་པ་རྣམས་སོ། །དེ་དག་ལ་རྨུགས ་པ་དང་གཉིད་དང་ཁྲེལ་མེད་པ་ནི་མ་རིག་པའི་རྒྱུ་མཐུན་པའོ། །འགྱོད་པ་ནི་ཐེ་ཚོམ་གྱི་རྒྱུ་ལས་བྱུང་བའོ། །ངོ་ཚ་མེད་པ་དང་རྒོད་པ་དང། སེར་སྣ་ནི་འདོད་ཆགས་ཀྱི་རྒྱུ་མཐུན་པའོ། །ཁྲོ་བ་དང་ཕྲག་དོག་ནི་ཁོང་ཁྲོ་བ་ལས་བྱུང་བའོ།། ་འཆབ་བ་ནི་སྲེད་པ་དང་མ་རིག་པའི་རྒྱུ་མཐུན་པའོ། །དྲི་མ་རྣམ་པ་བཅུ་པ་དེ་དག་རྣམས་ཀྱང་ཉེ་བའི་ཉོན་མོངས་པ་ཞེས་བྱའོ། །སེམས་ལས་བྱུང་བ་རྣམས་ཀྱི་རྒྱུ་བ་ཕྲ་སྟེ། དེ་རྒྱུན་ཏུ་འབབ་པ་ཡང་བྱེ་བྲག་ཕྱེད་པར་མི་ནུས་ན་སྐད་ཅིག་རྣམS ་ལྟ་སྨོས་ཀྱང་ཅི་དགོས། བཅོམ་ལྡན་འདས་ཀྱིས་གསུངས་པའི་ཆོས་ཀྱི་མཚན་ཉིད་ལ་མཁས་པའི་བློ་ཅན་དག་གིས་ནི་དེའི་འབྲས་བུའི་ཁྱད་པར་མཐོང་བས། དེ་དགྲ་གི་རིགས་གཞན་སྐྱོན་མེད་པས་རྟོགས་ཀྱི། བདེ་བར་གཤེགས ་པའི་གསུང་རབ་འཆད་པའི་སློབ་དཔོན་བསྙེན་བཀུར་མ་བྱས་པ་འཁྲུལ་པའི་བློ་གྲོས་ཅན་དག་གིས་ན་མ་ཡིན་ནོ། །ཟག་པ་ནི་གསུམ་སྟེ་འདོད་པའི་ཟག་པ་དང། སྲིད་པའི་ཟག་པ་དང། མ་རིག་པའི་ཟག་པའོ། །དེ་ལ་འདོད་པ་ན་སྤྱོད་པའི་མ་རིག་པ ་མ་གཏོགས་པ། གཞན་འདོད་པར་གཏོགས་པའི་ཉོན་མོངས་པ་ཀུན་ནས་དཀྲིས་ཏེ་འདུག་པ་དང་བཅས་པ་རྫས་བཞི་བཅུ་རྩ་གཅིག་པོ་གང་ཡིན་པ་འདི་ནི་འདོད་པའི་ཟག་པ་སྟེ་མ་རིག་པ་ལྔ་མ་གཏོགས་པ། ཕྲ་རྒྱས་སུམ་ཅུ་རྩ ་གཅིག་དང་ཀུན་ནས་དཀྲིས་ཏེ་འདུག་པ་བཅུའོ། །གཟུགས་དང་གཟུགས་མེད་པའི་མ་རིག་པ་མ་གཏོགས་པའི་ཕྲ་རྒྱས་ཀུན་ནས་དཀྲིས་ཏེ་འདུག་པ་དང་བཅས་པས་རྫས་ལྔ་བཅུ་རྩ་བཞི་ནི་སྲིད་པའི་ཟག་པ་སྟེ། གཟུགས་སུ་གཏོགས ་པའི་ཕྲ་རྒྱས་ཉི་ཤུ་རྩ་དྲུག་དང། དེ་བཞིན་དུ་གཟུགས་མེད་པའི་དང། རྨུགས་པ་དང་རྒོད་པའོ། །ལུང་དུ་མི་སྟོན་པར་མཚུངས་པ་དད་ནང་དུ་ལྟས་བར་གྱུར་པ་དང་མཉམ་བར་བཞག་པའི་ས་པ་ཡིན་པའི་ཕྱིར་ཁམས་གཉིས་ནས་སྐྱེས་པ ་གཅིག་ཏུ་བསྡུས་སོ། །ཁམས་གསུམ་པའི་མ་རིག་པ་བཅོ་ལྔ་ནི་མ་རིག་པའི་ཟག་པའོ། །ཁམས་གསུམ་དུ་འཇོག་སྟེ་མྱ་ངན་ལས་འདའ་བའ་ཨི་བར་ཆད་བྱེད་པའི་ཕྱིར་ཟག་པ་དང། སྲིད་པའི་རྩེ་མོ་ནས་མནར་མེད་པའི་བར་དག་ཏུ་སྐྱེ ་མཆེད་དྲུག་གི་སྒོ་ནས་ཟག་བས་ཟག་པའོ། ཆུ་བོ་ནི་བཞི་སྟེ་འདོད་པའི་ཆུ་བོ་དང། སྲིད་པའི་ཆུ་བོ་དང། ལྟ་བའི་ཆུ་བོ་དང། མ་རིག་པའི་ཆུ་བོའོ། །དེ་ལ་འདོད་པའི་ཟག་པ་ཉིད་ལས་ལྟ་བའི་རྣམས་བཏོན་ཏེ། རྫས་ཉི་ཤུ ་རྩ་དགུ་ནི་འདོད་པའི་ཆུ་བོའོ། །སྲིད་པའི་ཟག་པ་ཉིད་ལས་ལྟ་བ་རྣམས་མ་གཏོགས་པ་རྫས་སུམ་ཅུ་ནི་སྲིད་པའི་ཆུ་བོའོ། །ཁམས་གསུམ་པའི་ལྟ་བ་རྫས་སུམ་ཅུ་རྩ་དྲུག་ནི་ལྟ་བའི་ཆུ་བོའོ། །དེ་དག་མ་ཡིན་པའི་ལྟ་བ ་ཉོན་མོངས་པ་གཞན་དང་ལྡན་པ་རྣམས་དང། ཁམས་གསུམ་པའི་མ་རིག་པ་མ་འདྲེས་པ་རྫས་བརྒྱ་རྩ་བརྒྱད་པོ་དེ་དག་ནི་མ་རིག་པའི་ཆུ་བོའོ། །དགེ་བ་ལས་སེམས་ཅན་རྣམས་དེང་པས་ཆུ་བོ་སྟེ་ཆུའི་ཆུ་བོ་ལྟ་བུའོ། །སྦྱོར ་བ་རྣམས་ཀྱང་ཚུལ་འདི་དང་འདྲ་སྟེ། ངེས་པའི་ཚིག་ཏུ་ན་སེམས་ཅན་ཆུ་བོས་གངས་པ་རྣམས་ཁམས་དང་འགྲོ་བ་དང། སྐྱེས་གནས་དང་ས་རྣམས་སུ་སྦྱོར་བར་བྱེད་པས་སྦྱོར་བ་སྟེ། སྡུག་བསྔལ་རྣམ་པ་སྣ་ཚོགས་དག ་ལ་སྦྱོར་བར་བྱེད་ཅེས་བྱ་བའི་ཐ་ཚིག་གོ། །ལེན་པ་ནི་བཞི་སྟེ། །འདོད་པའི་ལེན་པ་དང། ལྟ་བའི་ལེན་པ་དང། ཚུལ་ཁྲིམས་དང་བརྟུལ་ཤུགས་ཀྱི་ལེན་པ་དང། བདག་ཏུ་སྨྲ་བའི་ལེན་པའོ། །དེ་ལ་འདོད་པའི་ཆུ ་བོ་ཉིད་ཀྱི་སྟེང་དུ། མ་རིག་པ་རྣམས་ཏེ་རྫས་སུམ་ཅུ་རྩ་བཞི་ནི་འདོད་པའི་ལེན་པ་སྟེ། འདོད་ཆགས་དང་ཁོང་ཁྲོ་བ་དང་ང་རྒྱལ་དང་མ་རིག་པ་ཉི་ཤུ་དང་ཐེ་ཚོམ་བཞི་དང། ཀུན་ནས་དཀྲིས་ཏེ་འདུག་པ་བཅུའོ ་སྲིད་བའི་ཆུ་བོ་ཉིད་ཀྱི་སྟེ། དུ་མ་རིག་པས་བསྣན་ཏེ། རྫས་བཞི་བཅུ་ནི་བདག་ཏུ་སྨྲ་བའི་ལེན་བ་སྟེ་ཁམས་གཉིས་ནས་སྐྱེ་པའི་འདོད་ཆགས་དང། ང་རྒྱལ་དང་མ་རིག་པ་སུམ་ཅུ་དང། ཐེ་ཚོམ་བརྒྱད་དང། རྨུགས་པ་དང་རྒོད ་པའོ། །ཚུལ་ཁྲིམས་དང་བརྟུལ་ཤུགས་མཆོག་ཏུ་འཛིན་པ་མ་གཏོགས་པ་ཁམས་གསུམ་པའི་ལྟ་བའི་རྫས་སུམ་ཅུ་ནི་ལྟ་བའི་ལེན་པའོ། །ཚུལ་ཁྲིམས་དང་བརྟུལ་ཤུགས་མཆོག་ཏུ་འཛིན་པ་རྫས་དྲུག་ནི་ཚུལ་ཁྲིམས་དང་བརྟུལ ་ཤུགས་ཀྱི་ལེན་པའོ། །དེ་ནི་ལམ་གྱི་དགྲར་གྱུར་པ་དང། ཁྱིམ་པ་དང་རབ་ཏུ་བྱུང་བའི་ཕྱོགས་ལ་བསླུ་བའི་ཕྱིར་ལྟ་བ་རྣམས་ལས་ལོགས་ཤིག་ཏུ་བཤད་དོ། །འདི་ལྟར་ཁྱིམ་པ་རྣམས་ལ་འདིས་བསླུ་བ་ནི་ཟས་མི་ཟ་བ་དང ་འབབ་སྟེགས་སུ་འཁྲུ་བ་དང། རི་ཁ་ནས་གཡང་དུ་མཆོད་བ་ལ་སོགས་པས་མཐོ་རིས་སུ་རེ་བའོ། །རབ་ཏུ་བྱུང་བ་རྣམས་ནི་ཡིད་དུ་འོང་བའི་ཡུལ་ཡོངས་སུ་སྤོང་བ་དང། །ཆོས་འདི་ལ་ཞུགས་པ་ཡ་ཨང་སྦྱངས་པའི ་ཡོན་ཏན་ཡང་དག་པར་བླངས་པས་ཡང་དག་པར་རྟོགས་པའོ། །ལེན་པའི་དོན་ནི་ཤིང་གི་དོན་ཏེ་ལས་ཀྱི་མེ་འབར་བའི་རྒྱུན་བསྐྱེད་པའི་ཕྱིར་རོ། །དཔེར་ན་ཤིང་གི་རྒྱུས་ལས་ཀྱི་མེ་འབར་བ་དེ་བཞིན་དུ་ཉོན་མོངས ་པའི་ཤིང་གི་རྒྱུས་ལས་ཀྱི་མེ་འབར་རོ། །ཡང་ན་ཁྲི་བའི་དོན་ཏེ། དར་གྱི་སྲིན་བུས་དཀྲིས་པ་བཞིན་ནོ། །མདུད་པ་ནི་བཞི་སྟེ་བརྣབ་སེམས་ལུས་ཀྱི་མདུད་པ་དང། །གནོད་སེམས་ལུས་ཀྱི་མདུད་པ་དང། ཚུལ ་ཁྲིམས་དང་བརྟུལ་ཤུགས་མཆོག་ཏུ་འཛིན་པ་ལུས་ཀྱི་མདུང་བ་དང། འདི་བདེན་ནོ་སྙམ་དུ་མངོན་བར་ཞེན་ཅིང་མཆོག་ཏུ་འཛིན་པ་ལུས་ཀྱི་མདུད་པའོ། །དེ་ལ་འདོད་པར་གཏོགས་པའི་འདོད་ཆགས་སྡུག་བསྔལ་ལ་སོགས་པ་མཐོང ་བས་སྤང་བར་བྱ་བ་དང། །བསྒོམ་པས་སྤང་བར་བྱ་བ་ལྔ་ནི་དང་པོའོ། །ཁོང་ཁྲོ་བ་ལྔ་ནི་གཉིས་པའོ། །ཚུལ་ཁྲིམས་དང་བརྟུལ་ཤུགས་མཆོག་ཏུ་འཛིན་པ་རྫས་དྲུག་ནི་གསུམ་པའོ། །ལྟ་བ་མཆོག་ཏུ་འཛིན་ལ་རྫས་བཅུ་གཉིས ་ནི་བཞི་པའོ། །བཞི་པོ་དེ་དག་ནི་རྫས་ཉི་ཤུ་རྩ་བརྒྱད་དོ། །ལུས་ཐ་དད་པ་སྣ་ཚོགས་སུ་མདུད་པར་བྱེད་པས་མདུད་པ་སྟེ་འཆིང་ངོ་འོད་གགས?་སོ་ཞེས་བྱ་བའི་ཐ་ཚིག་གོ། སྒྲིབ་པ་ནི་ལྔ་སྟེ་འདོད་པ་ལ་འདུན་པ་དང། གནོད་སེམས་དང། རྨུགས ་པ་དང་གཉིད་དང་རྒོད་པ་དང་འགྱོད་པ་ཐེ་ཚོམ་མོ། །འདོད་པ་ན་སྤྱོད་པའི་སྲིད་བ་སྡུག་བསྔལ་ལ་སོགས་པ་མཐོང་བ་དང། བསྒོམ་པས་སྤང་བར་བྱ་བ་ལྔ་ནི་དང་པོའོ།། ཁོང་ཁྲོ་བ་ལྔ་ནི་གཉིས་པའོ། །རྨུགས་པ་དང་གཉིད་གཅིག་ཏུ ་བསྡུས་པ་ནི་གསུམ་པ་སྟེ། དེ་དག་གི་མཚན་ཉིད་བཤད་ཟིན་ཏོ། །རྒོད་པ་དང་འགྱོད་པ་གཅིག་ཏུ་བསྡུས་པ་ནི་བཞི་པ་སྟེ། དེ་དག་གི་མཚན་ཉིད་ཀྱང་བཤད་ཟིན་ཏོ། །འདོད་བ་ན་སྤྱོད་པའི་ཐེ་ཚོམ་ནི་ལྔ་པའོ། །དེ་ལྟར་སྦྱིར་སྡོམས་ན་རྫས ་བཅོ་བརྒྱད་དོ།། འཕགས་པའི་ལམ་དང་གནས་དང་འདོད་ཆགས་དང་བྲལ་བ་དང། དེ་ལ་སྦྱོར་བ་དགེ་བའི་རྩ་བ་རྣམས་ལ་སྒྲིབ་པར་བྱེད་པས་སྒྲིབ་པ་རྣམས་ཏེ། །བར་གཅོད་པའི་ཐ་ཚིག་གོ། དེ་དང་དེ་ནས་ཁམས་དང། འགྲོ་བ་དང ་སྐྱེ་གནས་དང། སའི་བྱེ་བྲག་བཤད་པའི་ཁམས་དེ་གང་ཡིན་པ་དང། འགྲོ་བ་དང་སྐྱེ་གནས་དང། ས་གང་ཡིན་པ་དེ་དག་བརྗོད་པར་བྱའོ། །དེ་ལ་ཁམས་ནི་གསུམ་སྟེ། འདོད་པའི་ཁམས་དང། གཟུཌ་ཀྱི་ཁམས་དང། གཟུགས་མེད ་པའི་ཁམས་སོ། །འདོད་པའི་ཁམས་ན་གནས་པ་ཉི་ཤུ་ལ། སེམས་ཅན་དམྱལ་བ་ཆེན་པོ་བརྒྱད་དེ། ཡང་བསོས་དད་ཐིག་ནག་དང། བསྡུས་འཇོམ་དང། དུ་འབོད་དང། དུ་འབོད་ཆེན་པོ་དང། ཚ ་བ་དང་རབ་ཏུ་ཚ་བ་དང། མནར་མེད་བའོ། །དུད་འགྲོ་དང་ཡི་དགས་དང། གླིང་བཞི་སྟེ། འཛམ་བུ་གླིང་དང། ཤར་གྱི་ལུས་འཕགས་དང། ནུབ་ཀྱི་བ་ལང་སྤྱོད་དང། བྱང་གི་སྒྲ་མི་སྙན་ནོ། །འདོད་པ་ལ་སྤྱོད་པའི་ལྷ་དྲུག་སྟེ། རྒྱལ་ཆེན ་བཞིའི་རིས་དང། སུམ་ཅུ་རྩ་གསུམ་དང། འཐབ་བྲལ་དང་དགའ་ལྡན་དང་འཕྲུལ་དགའ་དང། གཞན་འཕྲུལ་དབང་བྱེད་རྣམས་སོ། །དེ་ཡན་ཆ་གཟུགས་ཀྱི་ཁམས་ཏེ། གནས་རྣམ་པ་བཅུ་དྲུག་གོ། དེ་ལ་བསམ་གཏན་དང་པོ ་ལ་རྣམ་པ་བསན།?་སྟེ། ཚངས་རིS་དང་ཚངས་ཆེན་དང་ཚངས་པའི་མདུན་ན་འདོན་ནོ། །གཉིས་པ་ལ་གསུམ་སྟེ། འོད་ཆུང་དང་ཚད་མེད་འོད་དང། འོད་གསལ་ལོ། །གསུམ་པ་ལ་ཡང་གསུམ་སྟེ། དགེ་ཆུ་ད་ཚད་མེད་དགེ་དང། ་དགེ་རྒྱས་སོ། །བཞི་པ་ལ་གནས་པ་བརྒྱད་དེ། སྤྲིན་མེད་དང། བསོད་ནམས་སྐྱེས་དང། འབྲས་བུ་ཆེ་བ་དང་མི་ཆེ་བ་དང། མི་གདུང་དང་གྱ་ནོམ་སྣང་དང། ཤིན་ཏུ་མཐོང་དང་འོག་མིན་རྣམས་སོ། །ཚངས་ཆེན་ནི ་འདུ་ཤེས་མེད་པའི་སེམས་ཅན་བཞིན་དུ་ས་གཞན་མེད་དོ། །གཟུགས་མེད་པའི་ཁམས་ནི་ལྟ་འོག་གི་རིམ་པ་མེད་དེ། དེ་བས་ན་འདི་དག་གནས་མེད་པ་ཉིད་དོ། །སྐྱེ་བ་ནི་རྣམ་པ་བཞི་སྟེ། ནམ་མཁའ་མཛའ་ཡས་སྐྱེ ་མཆེད་དང། རྣམ་ཤེས་མཛའ་ཡས་སྐྱེ་མཆེད་དང། ཅི་ཡང་མེད་པའི་སྐྱེ་མཆེད་དང། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་དོ། །ཁམས་གསུམ་པོ་འདི་རྣམས་ལ་འགྲོ་བ་ལྔ་དག་རྣམ་པར་བཞག་སྟེ། སེམས ་ཅན་དམྱལ་བ་དང། དུད་འགྲོ་དང་ཡི་དགས་དང། ལྷ་དང་མི་ཞེས་བྱ་བ་རྣམས་སོ། །སྐྱེ་གནས་རྣམ་པ་བཞི་སྟེ། སྒོ་ང་ལས་སྐྱེས་པ་དང། མངལ་ནས་སྐྱེས་པ་དང། དྲོད་གཤེར་ལས་སྐྱེས་པ་དང། བརྫུས་ཏེ་སྐྱེ་བ་ཞེས་བྱ་བ་རྣམས་སོ། །ས་ནི ་བཅུ་གཅིག་སྟེ། འདོད་པའི་ཁམས་དང་མི་ལྕོགས་པ་མེད་པ་དང། བསམ་གཏན་དང་པོ་དང་བསམ་གཏན་ཁྱད་པར་ཅན་དང། གཉིས་པ་དང་གསུམ་པ་དང། བསམ་གཏན་བཞི་པ་རྣམས་དང། གཟུགས་མེད་པ་རྣམས་སོ། །དེ ་ལ་འདོད་པའི་ཁམས་དང། སྲིད་པའི་རྩེ་མོ་ནི་གཅིག་ཏུ་ཟག་པ་དང་བཅས་པའོ། །ལྷག་མ་རྣམས་ནི་ཟག་པ་དང་བཅས་པ་དད་ཟག་པ་མེད་པའོ། །སྐབས་སུ་བཤད་པ་རྫོགས་ཏེ་དཀྱུས་མ་ལ་བབ་པོ། །ཤེས་པ་རྣམས་ཞེས་བྱ་བ་ནི་ཤེས་པ ་བཅུ་སྟེ། ཆོས་ཤེས་པ་དང། རྗེས་སུ་རྟོགས་པའི་ཤེས་པ་དང། ཕ་རོལ་གྱི་སེམས་ཤེས་པ་དང། ཀུན་རྫོབ་ཤེས་པ་དང། སྡུག་བསྔལ་ཤེས་པ་དང། ཀུན་འབྱུང་བ་ཤེས་པ་དང། འགོག་པ་ཤེས་པ་དང། ལམ་ཤེས་པ་དང། ཟད་པ་ཤེས་པ ་དང། མི་སྐྱེ་བ་ཤེས་པའོ། །དེ་ལ་འདོད་པར་གཏོགས་པའི་འདུ་བྱེད་རྣམས་དང། དེའི་རྒྱུ་དང་འགོག་པ་དང་སྤོང་བ་དང་སྦྱོར་བ་དང་རྣམ་པར་གྲོལ་བ་དང། ཁྱད་པར་གྱི་ལམ་རྣམས་དང་ཆོས་ཤེས་པའི་ས་ལ་ཤེས་པ་དྲི་མ་མེད་པ་གང་ཡིན་པ་དེ ་ནི་ཆོས་ཤེས་པ་སྟེ། ཐོག་མ་མེད་པ་དང་ལྡན་པའི་འཁོར་བ་ན་རྟག་ཏུ་བདག་གིས་ཆུ་སྲིན་འཛིན་འཁྲིས་ཟིན་པའི་རྒྱུད་ཅན་གྱིས་དེ་ཐོག་མ་ཁོ་ནར་ཆོས་ཙམ་དུ་མཐོང་བའི་ཕྱིར་ཆོས་ཤེས་པ་ཞེས་བྱའོ། །གཟུགས་དང་གཟུགས་མེད་པར་གཏོགS ་པའི་འདུ་བྱེད་རྣམས་དང། དེའི་རྒྱུ་དང་འགོག་པ་དང་སྤོང་བ་དང། སྦྱོར་བ་དང་རྣམ་པར་གྲོལ་བ་དང་ཁྱད་པར་གྱི་ལམ་རྣམས་དང། རྗེས་སུ་གཏོགས་པའི་ཤེས་པའི་ས་ལ་ཤེས་པ་ཟག་པ་མེད་པ་གང་ཡིན་པ་དེ་ནི་རྗེས་སུ་རྟོགས་པའི་ཤེས་པ ་སྟེ། ཆོས་ཤེས་པའི་རྗེས་ལས་སྐྱེ་བས་རྗེས་སུ་རྟོགས་པའི་ཤེས་པའོ། །ཏིང་ངེ་འཛིན་ལས་སྐྱེས་པའི་ཤེས་པ་གང་གིས་གཞན་དག་སེམས་དང་སེམས་ལས་བྱུང་བ་ད་ལྟར་བྱུང་བ་ཤེས་པ་དང་འདྲ་བ་འདོད་པ ་དང་གཟུགས་སུ་གཏོགས་པ་རྣམས་དང། ཟག་པ་མེད་པ་ཁ་ཅིག་ཤེས་པ་གང་ཡིན་པ་དེ་ནི་ཕ་རོལ་གྱི་སེམས་ཤེས་པའོ། །དེ་ཡང་རྣམ་པ་གཉིས་ཏེ་ཟག་པ་དང་བཅས་པ་ཟག་པ་མེད་པའོ། །དེ་ལ་ཟག་པ་དང་བཅས་པས་ནི་འདོད ་པ་དང་གཟུགས་སུ་རྟོགས་པ་རྣམས་ཤེས་སོ། །ཟག་པ་མེད་པ་ཡང་རྣམ་པ་གཉིས་ཏེ། ཆོས་ཤེས་པའི་ཕྱོགས་དང། རྗེས་སུ་རྟོགས་པའི་ཤེས་པའི་ཕྱོགས་སོ། །དེ་ལ་དང་པོ་ནི་ཆོས་ཤེས་པ་དང། ལྷན་ཅིག་རྒྱུ་བ་ཤེས་སོ། ་འོག་མས་ནི་རྗེས་སུ་རྟོགས་པ་ཤེས་པ་དང་ལྷན་ཅིག་རྒྱུ་བ་ཤེས་སོ། །གཟུགས་དང་མི་ལྡན་པ་རྣམས་དང། འདུས་མ་བྱས་དང་འདས་པ་དང་མ་བྱོན་པ་དང་གཟུགས་མེད་པར་གཏོགས་པ་རྣམས་དང། ས་དང་དབང་པོ་དང། ་གང་ཟག་མཆོག་རྣམས་ཀྱི་ནི་མི་ཤེས་སོ། །ཀུན་རྫོབ་ཤེས་པ་ནི་ཤེས་རབ་ཟག་པ་དང་བཅས་པ་སྟེ། ཀུན་རྫོབ་ནི་ཕལ་ཆེར་བུམ་པ་དང། སྣམ་བུ་ལ་སོགས་པ་ལ་འཇུག་པས་ཀུན་རྫོབ་ཤེས་པའོ། །དེ་ཡང་ཉོན་མོངས་པ་ཅན་དང་ཉོན་མོངས ་པ་ཅན་མ་ཡིན་པའོ། །ཉོན་མོངས་པ་ཅན་དེ་ཡང་རྣམས་གཉིས་ཏེ། ལྟ་བའི་བདག་ཉིད་དང། ལྟ་བའི་བདག་ཉིད་མ་ཡིན་པའོ། །ལྟ་བའི་བདག་ཉིད་ནི་ལྟ་བ་ལྔ་པོ་རྣམས་ཏེ། འཇིག་ཚོགས་ལ་ལྟ་བ་དང། མཐར་འཛིན་པར ་ལྟ་བ་དང། ལོག་པར་ལྟ་བ་དང། ལྟ་བ་མཆོག་ཏུ་འཛིན་པ་དང། ཚུལ་ཁྲིམས་དང་བརྟུལ་ཤུགས་མཆོག་ཏུ་འཛིན་པ་ཞེས་བྱ་བ་རྣམས་སོ། །ལྟ་བའི་བདག་ཉིད་མ་ཡིན་པ་ཐེ་ཚོམ་དང། འདོད་ཆགས་དང་ཁོང་ཁྲོ་བ་དང། ་ང་རྒྱལ་དང་མ་རིག་པ་དང། ཁྲོ་བ་ལ་སོགས་པའི་ཚོགས་དང་ལྡན་པའི་ཤེས་རབ་བོ། །ཉོན་མོངས་པ་ཅན་མ་ཡིན་པ་ཡང་རྣམ་པ་གཉིས་ཏེ། དགེ་བ་དང་མ་བསྒྲིབས་ལ་ལུང་དུ་མི་སྟོན་པའོ། །དེ་ལ་ལུང་དུ་མི་སྟོན་པ་ནི་ལྟ་བ་མ ་ཡིན་གྱི་ཤེས་རབ་ཉིད་དོ། །དགེ་བ་ནི་གང་རྣམ་པར་ཤེས་པ་ལྔ་དང་ལྷན་ཅིག་རྒྱུ་བ་དེ་ནི་ཤེས་རབ་ཀྱི་ཡིན་གྱི་ལྟ་བ་མ་ཡིན་ཏེ། མི་རྟོགས་པའི་ཕྱིར་རོ། །ཡིད་ཀྱིས་གང་ཡིན་པ་དེ་ནི་འཇིག་རྟེན་པའི་ཡང་དག་པའི་ལྟ་བའོ། །ཉེ་བར་ལེན ་པའི་ཕུང་པོ་ལྔ་པོ་འབྲས་བུར་གྱུར་པ་རྣམས་ལ། མི་རྟག་པ་དང། སྡུག་བསྔལ་བ་དང། སྟོང་བ་དང་བདག་མེད་པའི་རྣམ་པས་ཞུགས་པའི་ཤེས་པ་གང་ཡིན་པ་དེ་ནི་སྡུག་བསྔལ་ཤེས་པའོ། །ཉེ་བར་ལེན་པའི་ཕུང་པོ་ལྔ་རྒྱུར་གྱུར་པ ་ལས་དང་ཉོན་མོངས་པ་ལྷན་ཅིག་རྒྱུ་བ་དེ་དག་ཉིད་ལ། རྒྱུ་དང་ཀུན་འབྱུང་བ་དང་རབ་ཏུ་སྐྱེ་བ་དང། རྐྱེན་གྱི་རྣམ་པར་ཤེས་པ་ཟག་པ་མེད་པ་གང་ཡིན་པ་དེ་ནི་ཀུན་འབྱུང་བ་ཤེས་པའོ། །དེ་དག་འགོག་པ་ལས་འགོག་པ་དང། ཞི་བ་དང ་གྱ་ནོམ་པ་དང་ངེས་པར་འབྱུང་བའི་རྣམ་པར་ཤེས་པ་དྲི་མ་མེད་པ་གང་ཡིན་པ་དེ་ནི་འགོག་པ་ཤེས་པའོ། །དེ་དག་ཉིད་ཀྱི་མྱ་ངན་ལས་འདས་པ་ཐོབ་པར་བྱེད་པའི་ལམ་ལ། ལམ་དང་རིག་པ་དང། སྒྲུབ་པ་དང་ངེས་པར་འབྱིན་པའི་རྣམ ་པར་ཤེས་པ་དྲི་མ་མེད་པ་གང་ཡིན་པ་དེ་ནི་ལམ་ཤེས་པའོ། །བདག་གིས་སྡུག་བསྔལ་ཡོངས་སུ་ཤེས་སོ། །ཀུན་འབྱུང་བ་སྤངས་སོ། །འགོག་པ་མངོན་སུམ་དུ་བྱས་སོ། །བདག་གིས་ལམ་བསྒོམས་སོ་སྙམ་དུ་དེ་ལྟར་ཟད ་པའི་ཚུལ་གྱིས་ཞུགས་པའི་ཤེས་པ་ཟག་པ་མེད་པ་གང་ཡིན་པ་དེ་ནི་ཟད་པ་ཤེས་པའོ། །དེ་དག་ཉིད་གོ་རིམ་བཞིན་སྦྱར་ཏེ། ཡང་ཡོངས་སུ་ཤེས་པར་བྱ་བ་དང། སྤང་བར་བྱ་བ་དང། མངོན་སུམ་དུ་བྱ་བ་དང། བསྒོམ ་པར་བྱ་བ་མེད་དོ། །སྙམ་དུ་དེ་ལྟར་མི་སྐྱེ་བའི་ཚུལ་གྱིས་ཞུགས་ཤེས་པ་དྲི་མ་མེད་པ་གང་ཡང་ཡིན་པ་དེ་ནི་མི་སྐྱེ་བ་ཤེས་པའོ། །ཤེས་པ་འདི་གཉིས་རྟོག་པ་མ་ཡིན་པས་ལྟ་བའི་བདག་ཉིད ་མ་ཡིན་ནོ། །ལྷག་མ་གཞན་ནི་ལྟ་བའི་བདག་ཉིད་དུ་འགྲུབ་བོ། །དེ་རྣམས་ཀྱི་ནང་ནས་ཀུན་རྫོབ་ཤེས་པ་ནི་གཅིག་ཏུ་ཟག་པ་དང་བཅས་སོ། །གཞན་གྱི་སེམས་ཤེས་པ་ནི་ཟག་པ་དང་བཅས་པ་དང་ཟག་པ་མེད་པའོ། །ལྷག་པ་རྣམས ་ནི་ཟག་པ་མེད་པ་ཁོ་ནའོ། །ཕ་རོལ་གྱི་སེམས་དང་སྡུག་བསྔལ་དང། ཀུན་འབྱུང་བ་དང་ལམ་ཤེས་པ་བཞི་པོ་འདི་དག་ནི་འདུས་བྱས་ལ་དམིགས་པའོ། །འགོག་པ་ཤེས་པ་ནི་འདུས་པ་བྱས་ལ་དམིགས་པའོ། །ལྷག་མ་རྣམས ་ནི་གཉི་ག་ལ་དམིགས་པའོ། །དེ་དག་གི་ནང་ནས་སྡུག་བསྔལ་དང། ཀུན་འབྱུང་བ་ཤེས་པའི་སྤྱོད་ཡུལ་ནི་ཟག་པ་དང་བཅས་པའོ། །འགོག་པ་དང་ལམ་ཤེས་པའི་སྤྱོད་ཡུལ་ནི་ཟག་པ་མེད་པའོ། །ལྷག་མ་རྣམས་ཀྱི་སྤྱོད་ཡུལ་ནི ་གཉི་གའོ། །ཆོས་ཤེས་པས་དྲུག་ལ་སྟེ། མི་ལྕོགས་པ་མེད་པ་དང། བསམ་གཏན་ཁྱད་པར་ཅན་དང། བསམ་གཏན་བཞི་པོ་རྣམས་ལའོ། །རྗེས་སུ་རྟོགས་པའི་ཤེས་པ་ནི་ས་དགུ་ལ་སྟེ། ས་དྲུག་པོ་དག་ཉིད་དང། གཟུགས ་མེད་པ་གསུམ་ལའོ། །ཕ་རོལ་གྱི་སེམས་ཤེས་པ་ནི་བསམ་གཏན་བཞི་པོ་རྣམས་ལའོ། །ལྷག་མའི་ནང་ནས་ཆེས་ཤེས་པའི་ཕྱོགས་གང་ཡིན་པ་དེ་ནི་ས་དྲུག་པའོ། །རྗེས་སུ་རྟོགས་པའི་ཕྱོགས་གང་ཡིན་པ་དེ་ནི་ས་དགུ་ལའོ། ་ཀུན་རྫོབ་ཤེས་ཕ་ནི་ཐམས་ཅད་ལའོ། །བཟོད་པ་ནི་བརྒྱད་དེ། སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་དང། སྡུག་བསྔལ་ལ་རྗེས་སུ་རྟོགས་པར་ཤེས་པའི་བཟོད་པ་དང། ཀུན་འབྱུང་བ་ལ་ཆོས་ཤེས་པའི་བཟོད་པ་དང་།ཀུན ་འབྱུང་བ་ལ་རྗེས་སུ་རྟོགས་པའི་ཤེས་པའི་བཟོད་པ་དང། འགོག་པ་ལ་ཆོས་ཤེས་པའི་བཟོད་པ་དང། འགོག་པ་ལ་རྗེས་སུ་རྟོགས་པར་ཤེས་པའི་བཟོད་པ་དང། ལམ་ལ་ཆོས་ཤེས་པའི་བཟོད་པ་དང། ལམ་ལ་རྗེས་སུ་རྟོགས ་པར་ཤེས་པའི་བཟོད་པའོ། །དེ་ནི་ངེས་པའི་ཤེས་པ་བསྐྱེད་པའི་བློའི་བྱེ་བྲག་གོ། བདེན་པ་བཞི་ལ་བཟོད་པས་དེའི་ཕྱིར་བཟོད་པ་ཞེས་བྱའོ། །རྣམ་པ་བརྒྱད་པོ་དེ་དག་གི་ལྟ་བ་ཉིད་དེ་ཤེས་པ་ནི་མ་ཡིན་ནོ། །ངེས་པའི་དོན་ནི་ཤེས ་པའི་དོན་ཏོ། །བསམ་པ་ཡོངས་སུ་འཚོལ་བ་ལ་ཞུགས་པ་དག་ཀྱང་བཟོད་པའོ། །དེ་ལ་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་སྐྱེས་ནས། སྡུག་བསྔལ་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་འདོད་པར་རྟོགས་པ་བཅུའི་རྙེད་པ་ནས་བཟུང ་སྟེ་འགག་གོ། ཆོས་ཤེས་པ་ཡང་དེ་དག་གི་མྱ་ངན་ལས་འདས་པའི་པའི་རྙེད་པ་ནས་བཟུང་སྟེ་སྐྱེའོ། །བཟོད་པ་ནི་འདིར་བར་ཆད་མེད་པའི་ལམ་མོ། །ཤེས་པ་ནི་རྣམ་པར་གྲོལ་བའི་ལམ་སྟེ། དཔེར་ན་མི་གཉིས་ལས་གཅིག་གིས་ནི་ཁྱིམ་ནས་རྐྱན་པོ་བཟུང ་སྟེ་ཕྱུང་གཅིག་གིས་ནི་སྒོ་བཅད་པ་དང་འདྲའོ། །སྡུག་བསྔལ་ལ་རྗེས་སུ་རྟོགས་པར་ཤེས་པའི་བཟོད་པ་སྐྱེས་ནས། གཟུགས་དང་གཟུགས་མེད་པར་གཏོགས་པའི་ཉོན་མོངས་པ་སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་བཅོ་བརྒྱད་ཀི་རྙེད་པ་ནས ་བཟུང་སྟེ་འགག་གོ། རྗེས་སུ་རྟོགས་པའི་ཤེས་པ་ཡང་དེ་དག་གི་མྱ་ངན་ལས་འདས་པའི་རྙེད་པ་ནས་བཟུང་སྟེ་སྐྱེའོ། །སེམས་བཞི་པོ་དེ་དག་གིས། ཁམས་གསུམ་པོའི་སྡུག་བསྔལ་གྱི་བདེན་པ་མངོན་པར་རྟོགས་པར་འགྱུར་རོ། །ཇི ་ལྟར་སྡུག་བསྔལ་གྱི་བདེན་པ་སེམས་བཞིས་མངོན་པར་རྟོགས། དེ་བཞིན་དུ་ཀུན་འབྱུང་བ་དང་འགོག་པ་དང། ལམ་གྱི་བདེན་པ་རྣམས་ཀྱང། སེམས་བཞི་བཞིར་ཁོང་དུ་ཆུད་བར་བྱའོ། །སེམས་བཅུ་དྲུག་གིས་ཕྲ་རྒྱས་བརྒྱད་ཅུ ་རྩ་བརྒྱད་སྤངས་ནས། བདེན་པ་བཞི་མངོན་པར་རྟོགས་ཏེ། རྒྱུན་ཏུ་ཞུགས་པའི་འབྲས་བུ་ཡང་ཐོབ་པར་འགྱུར་རོ། །བསྒོམ་པས་སྤང་བར་བྱ་བ་བཅུ་ཞིག་ལུས་ཏེ། འདོད་པར་རྟོགས་པ་བཞི་དང། གཟུགས་སུ་གཏོགས་པ་གསུམ་དང། གཟུགས་མེད་པར་གཏོགས་པ་གསུམ་མོ། །དེ་ལ་རེ་ཞིག་འདོད་པར་གཏོགས་བའི་འདོད་ཆགས་དང། ཁོང་ཁྲོ་བ་དང་ང་རྒྱལ་དང། མ་རིག་པ་འདམ་དུ་སྦམས་པའི ་ཚུལ་བུ་བསྡུས་ནས་རིམ་པ་དགུར་ཕྱེ་སྟེ། ཆེན་པོའི་ཆེན་པོ་དང། ཆེན་པའི་འབྲིང་པོ་དང། ཆེན་པོའི་ཆུང་དུ་དང། འབྲིང་པོའི་ཆེན་པོ་དང། འབྲིང་པོའི་འབྲིང་པོ་དང། འབྲིང་པོའི་ཆུང་དུ་དང། ཆུང་དུའི་ཆེན་པོ་དང། ཆུང ་དུའི་འབྲིང་པོ་དང། ཆུང་དུའི་ཆུང་དུའོ། །དེ་དག་གི་གཉེན་པོ་བར་ཆད་མེད་པའི་ལམ་དང། རྣམ་པར་གྲོལ་བའི་ལམ་ཡང་དེ་བཞིན་དུ་རིག་པ་གུ་དགུང་རིག་པར་བྱའོ། །དེ་ལ་ཉེས་པའི་རྣམ་པ་ཆེན་པོའི་ཆེན་པོའི་གཉེན་པོ་ནི་འཕགས ་པའི་ལམ་གྱི་རྣམ་པ་ཆུང་དུའི་ཆུད་དུ་སྟེ། དེ་བཞིན་དུ་ཉེས་པའི་རྣམ་པ་ཆུང་དུའི་ཆུང་དུའི་གཉེན་པོ་ནི་ཆེན་པོ་ཆེན་པོའི་བར་དུའོ། །དེ་ལ་ཉོན་མོངས་པའི་རྣམ་པ་དྲུག་སྤངས་ནས། ལན་ཅིག་ཕྱིར་འོང་བར་འགྱུར་རོ། །དགུ་ཆར་སྤངས་ན་ཕྱིར ་མི་འོང་བར་འགྱུར་རོ། །ཇི་ལྟར་འདོད་པར་རྟོགས་པའི་ཉོན་མོངས་པ་བཞི་ལ་རྣམ་པ་དགུ་སྟེ། དེ་དག་གི་གཉེན་པོ་བར་ཆད་མེད་པ་དང། རྣམ་པར་འགྲེལ་བའི་ལམ་ཞེས་བྱ་བ་ཡང། རྣམ་པ་དགུ་དགུར་འགྱུར་བ་དེ་ལྟར་སོ་སོའི ་ཉེས་པ་ཡང་རྣམ་པ་དགུ་དགུ་སྟེ། དེ་དག་གི་གཉེན་པོ་ཡང་དེ་བཞིན་དུ་ཁོང་དུ་ཆུད་པར་བྱའོ། །དེ་ལྟར་ཉོན་མོངས་པ་རྣམས་མཐར་གྱིས་སྤངས་པར་གནས་ཏེ། སྲིད་པའི་རྩེ་མོ་པའི་ཉེས་པའི་རྣམ་པ། ཆུང་དུའི་ཆུང་དུ་སྤངས ་ན་དགྲ་བཅོམ་པར་འགྱུར་རོ། །འབྲས་བུ་བཞི་པོ་རྣམས་ཀྱི་བར་གྱི་ལམ་ལ་གནས་པ་རྣམས་ནི་ཞུགས་པ་ཞེས་བྱ་སྟེ། འབྲས་བུ་གང་དང་གང་གི་ཚུ་རོལ་གྱི་ལམ་ལ་གནས་པ། དེ་ནི་འབྲས་བུ་དེ་ལ་ཞུགས་པའོ། །ད་ལྟར་དེ་དག་ནི ་འཕགས་པའི་གང་ཟག་བརྒྱད་ཡིན་ཏེ། བཞི་ནི་ཞུགས་པའོ། །བཞི་ནི་འབྲས་བུ་ལ་གནས་པའོ། །འདི་ལྟ་སྟེ་རྒྱུན་ཏུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱ་བའི་ཕྱིར་ཞུགས་པ་དང། རྒྱུན་ཏུ་ཞུགས་པ་དང་ལན་ཅིག ་ཕྱིར་འོང་བའི་འབྲས་བུ་མངོན་སུམ་དུ་བྱ་བའི་ཕྱིར་ཞུགས་པ་དང། ལན་ཅིག་ཕྱིར་འོང་བ་དང། ཕྱིར་མི་འོང་བའི་འབྲས་བུ་མངོན་སུམ་དུ་བྱ་བའི་ཕྱིར་ཞུགས་བ་དང། ཕྱིར་མི་འོང་བ་དང་དགྲ་བཅོམ་པ་ཉིད་ཀྱི ་འབྲས་བུ་མངོན་སུམ་དུ་བྱ་བའི་ཕྱིར་ཞུགས་པ་དང། དགྲ་བཅོམ་པའོ། །རིགས་ཀྱི་ས་དྲུག་ཏུ་འགྱུར་ཏེ། དབང་པོ་བརྟུལ་པོ་དང་རྣོན་པའི་རིགས་ཅན་གྱི་སོ་སོའི་སྐྱེ་བོ་གང་ཡིན་པ་དེ་གཉིས་མཐོང་བའི་ལམ ་ལ་སེམས་ཀྱི་སྐད་ཅིག་བཅོ་ལྔ་རྣམས་ལ་དད་པས་རྗེས་སུ་འབྲང་བ་དང། །ཆོས་ཀྱི་རྗེས་སུ་འབྲིང་བ་ཅན་ཞེས་བྱ་བ་གཉིས་དང། དེ་ཉིད་བསྒོམ་པའི་ལམ་ལ་སེམས་ཀྱི་སྐད་ཅིག་མ་བཅུ་དྲུག་པ་ནས་བཟུང ་སྟེ། སྲིད་པའི་རྩེ་མོའི་ཉེས་པའི་རྣམ་པ་ཆུང་དུའི་ཆུང་དུ་དང། བར་ཆད་མེད་ལམ་གྱི་བར་སྟེ། བར་དེར་དད་པས་མོས་པ་དང་ལྟ་བ་ཐོབ་བཞེས་བྱ་བ་གཉིས་དང། དེ་དག་ཉིད་ཡང་མི་སློབ་པའི་ལམ་ལ་ཟད་པ་ཤེས ་ནས་བཟུང་སྟེ་སེམས་ཀྱི་སྐད་ཅིག་པ་ཐ་མ་མྱ་ངན་ལས་འདའ་བའ་ཨི་བར་དུ་སྟེ། བར་དེར་དུས་ཀྱིས་རྣམ་པར་གྲོལ་བ་ཞེས་བྱ་བ་དག་གོ། ཆོས་འདི་དང་ལྡན་པ་ཉིད་དུ་ཞེས་ངེས་པར་བསྙད་པའི་རྒྱུ་ནི་འཐོབ་པའོ། །འདི་ན་ནི་གདོན་མི་ ་ཟ་བར་ཆོས་རྣམ་པ་གསུམ་སྟེ། དགེ་བ་དང་མི་དགེ་བ་དང། ལུང་དུ་མ་བསྟན་པའོ། །དེ་ལ་དགེ་བ་ནི་དད་པ་ལ་སོགས་པའོ། །མི་དགེ་བ་ནི་འདོད་ཆགས་ལ་སོགས་པའོ། །ལུང་དུ་མ་བསྟན་པ་ནི་སྤྲུལ་པའི ་སེམས་ལ་སོགས་པའོ། །དེ་རྣམས་གང་དག་ལ་ཡོད་པ་དེ་དག་ནི་ཆོས་འདི་དང་ལྡན་པའོ། །དེའི་དངོས་པོ་ནི་ཆོས་འདི་དང་ལྡན་པ་ཉིད་དོ། །དེའི་ངེས་པར་བསྙད་པའི་རྒྱུའི་ཆོས་གང་ཡིན་པ་དེ་ནི་འཐོབ་པ་སྟེ་།རྙེད་པ་དང་ལྡན་པ་ཞེས་ཀྱང་བྱའོ། །དེ་མེད་དུ ་ཟིན་ན་འདོད་ཆཌ་ལ་སོགས་པས་ཀུན་ནས་དཀྲིས་ཏེ་འདུག་པའི་འཕགས་པ་རྣམས་ལ་ཟག་པ་མེད་པའི་སེམས་མེད་པས་འཕགས་པ་ཉིད་མ་ཡིན་པར་འགྱུར་རོ། །བྱིས་པ་དགེ་བ་དང་ལུང་དུ་མ་བསྟན་པའི་སེམས་ལ་གནས་པ་རྣམས་ཀྱང་འདོད་ཆགས་དང ་བྲལ་བར་འགྱུར་རོ། །མྱ་ངན་ལས་འདས་པའི་འཐོབ་པ་མེད་བར་འདྲ་བ་ནི་བྱིས་པ་རྣམས་ཀྱང་མ་འདྲེས་པར་ཐལ་བར་འགྱུར་རོ། །ཆོས་ཀྱི་རྗེས་ཀྱང་དེ་མི་སློབ་པའི་ཆོས་བཅུ་པོ་འདི་དག་བསྐྱེད་པ་དང་འཐོབ་པ་དང་ལྡན་པས་འཕགས་པར་འགྱུར་ཏེ། ཡན་ལག ་ལྔ་སྤངས་པའོ་ཞེས་རྒྱ་ཆེར་གསུངས་སོ། །ཡང་དགེ་སློང་དག་གང་ཟག་འདི་ནི་ཆོས་དགེ་བ་རྣམས་དང་མི་དགེ་བ་རྣམས་དང་ཡང་ལྡན་ནོ་ཞེས་གསུངས་ཏེ་སོན་དག་གི་སེམས་ཀྱི་རྒྱུན་ལ་དགེ་བ་དང་མི་དགེ་བའི་ཐོབ་བ་བསགས་པ་དཔག་ཏུ་མེད་པ ་གཟིགས་ནས་།གཙོ་བོ་མཚོ?་གིས་དགེ་སློང་དག་གང་ཟག་གིས་ཚོད་མ་བཟུང་ཞིང། གང་ཟག་ལ་ཚད་ཀྱང་མ་འཛིན་ཅིག་ཅེས་རྒྱ་ཆེར་གསུངས་སོ། །དེ་ཡང་རྣམ་པ་གཉིས་སུ་བལྟ་བར་བྱ་སྟེ། མ་ཐོབ་པ་དང་རྣམ་པར་ཉམས་པ་ལས་ཐོབ་པ་དང། ཐོབ་ནས་ལྡན ་པའོ། །དེ་ལས་བཟློག་པ་ནི་འཐོབ་པ་མེད་པར་རིག་པར་བྱའོ། །འཐོབ་པ་དང་འཐོབ་པ་མེད་པར་དེ་གཉིས་ཀྱང་རང་གི་རྒྱུད་ལ་གནས་པའོ་ཆོས་རྣམས་ཉིད་ཀྱི་འོ?། །སོ་སོ་དང་སོ་སོར་བརྟགས་བ་མ་ཡིན་པས ་འགོག་པ་གཉིས་ཀྱི་ཡང་ཡོད་དོ། །སུ་ཡང་གཞན་གྱི་རྒྱུ་ལ་གནས་པ་དང། སེམས་ཅན་དུ་བགྲང་བ་མ་ཡིན་པའི་ཆོས་དེ་དག་དང་ལྡན་པ་མ་ཡིན་ནོ། །ནམ་མཁའ་ཡང་མ་ཡིན་ནོ། །དེའི་ཕྱིར་དེ་རྣམས་ཀྱི་ཐོབ་པ ་དང་མ་ཐོབ་པ་མེད་དོ། །དེ་ལས་འཐོབ་པ་རྣམ་པ་གསུམ་སྟེ། གྲིབ་མ་རྗེས་སུ་འབྲང་བ་ལྟ་བུ་དང། ཁྱུ་མཆོག་རྗེས་སུ་འབྲང་བ་ལྟ་བུ་དང། བེའུ་རྗེས་སུ་འབྲང་བ་ལྟ་བུའོ། །དེ་ལ་དང་པོ་ནི་འདི་ལྟ་སྟེ་ལུང་དུས་བསྟན་པ ་རྣམས་ཀྱིའོ། གཉིས་པ་ནི་འདི་ལྟ་སྟོ་གོང་ནས་ཤི་འཕོས་ཏེ་འདོད་པའི་ཁམས་སུ་སྐྱེ་བའི་མཚམས་སྦྱོར་བའི་དུས་དང། འདོད་པར་གཏོགས་པའི་དགེ་བ་དང་མི་དགེ་བ་རྣམས་ཀྱིའོ། །གསུམ་པ་ནི་འདི་ལྟ་སྟེ། ཐོས་པ་དང ་བསམ་པ་ལས་བྱུང་བ་ལ་སོགས་བ་རྣམས་ཀྱིས་ཏེ། ལྷན་སྐྱེས་བ་མ་གཏོགས་སོ། །དེ་ལ་འདོར་བསྟན་ན་འདོད་པར་གཏོགས་བའི་དགེ་བ་དང་མི་དགེ་བའི་གཟུགས་ཀྱི་འཐོབ་བ་ནི་སྔར་སྐྱེས་པ་མེད ་དོ། །ལྷན་ཅིག་སྐྱེས་བ་དང། ཕྱི་ན་སྐྱེས་བ་ནི་ཡོད་དོ། །མངོན་པར་ཤེས་པ་དང་སྤྲུལ་པའི་སེམས་མ་གཏོགས་སོ། །བཟོའི་གནས་དང་སྤྱོད་ལམ་ལས་ཀྱང་ཅུང་ཟད་མ་གཏོགས་ཀྱི་གཞན་མ་བསྒྲིབས ་ལ་ལུང་དུ་མི་སྟོན་པ་དང། བསྒྲིབས་པའི་རྣམ་པར་རིག་བྱེད་ཀི་གཟུགས་ཐམས་ཅད་ཀྱི་འཐོབ་པ་ནི་མཐུ་ཆུང་བའི་ཕྱིན་ལྷན་ཅིག་སྐྱེས་པ་ཉིད་དེ། སྔར་རམ་ཕྱི་ནས་སྐྱེ་བ་མ་ཡིན་ནོ། །ལྷག་མ་དུས་གསུམ ་པ་རྣམས་ཀྱི་ནི་སོ་སོར་དུས་གསུམ་པའོ། །དགེ་བ་དང། མི་དགེ་བ་དང་ལུང་དུ་མི་སྟོན་པ་རྣམས་ཀྱི་ཡང། དགེ་བ་དང། མི་དགེ་བ་དང་ལུང་དུ་མི་སྟོན་པ་ཉིད་དེ་གོ་རིམ་བཞིན་ནོ། །འདོད་པ་དང ་གཟུགས་མེད་པར་གཏོགས་པ་རྣམས་ཀྱི་ནི་རང་རང་གི་ཁམས་སུ་གཏོགས་པ་ཉིད་དོ། །དྲི་མ་མེད་པ་ནི་ཁམས་གསུམ་བ་དང?། ཟག ་པ་མེད་པ་སྟེ་ལམ་གྱི་བདེན་པ་དང། འདུས་མ་བྱས་ནི་དྲི་མ་མེད་པའི་རྣམས་སོ། །དེ་ལ་སོ་སོར་བརྟགས་པ་མ་ཡིན་པས་འཐོབ་པ་ནི་ཁམས་རྣམས་གསུམ་པའོ།། ་སོ་སོར་བརྟགས་པས་འགོག་པ་གཟུགས་དང་གཟུགས་མེད་པའི་ལམ་གྱིས་ཐོབ་པ་ནི་དེར་གཏོགས་པ་ཉིད་དོ་།ཟག་པ་མེད་པའི་ལམ་གྱིས་ཐོབ་པ་དང། ལམ་གྱི་བདེན་པ་ནི ་ཟག་པ་མེད་པའོ། །དེ་ཡང་བསྡུ་ན་རྣམ་བ་བཞིར་འགྱུར་ཏེ། ཁམས་གསུམ་དང་ཟག་པ་མེད་པའོ། །སློབ་པ་དང་མི་སློབ་པ་རྣམས་ཀྱི་ནི་སློབ་པ་དང། མི་སློབ་པའོ།། ་སློབ་པ་ཡང་མ་ཡིན་མི་སློབ་པ་ཡང་མ་ཡིན་པ་རྣམས་ཀྱི་ནི་རྣམ་པ་གསུམ་མོ། །ཟག་པ་དང་བཅས་པ་དང་འདུས་མ་བྱས་དག་ནི་སློབ་པ་ཡང་མ་ཡིན་མི་སློབ་པ་ཡང་མ་ཡིན་པའི་ཆོས་རྣམས ་སོ། །དེ་ལ་ཟག་པ་དང་བཅས་བ་རྣམས་དང། སོ་སོར་བརྟགས་པ་མ་ཡིན་པས་འགོག་པ་དང། སོ་སོར་བརྟགས་པས་འགོག་པ་འཇིག་རྟེན་པའི་ལམ་གྱིས་འཐོབ་པ་ནི་མ་ཡིན་མི ་སློབ་པ་ཡང་མ་ཡིན་པའོ། །སློབ་པ་དང་མི་སློབ་པའི་ལམ་གྱིས་ཐོབ་པ་ནི་སློབ་པ་དང་མི་སློབ་པའོ། །མཐོང་བ་དང་བསྒོམ་པས་སྤང་བར་བྱ་བ་རྣམས་ཀྱི་ནི་མཐོང་བ་དང་བསྒོམ་བས་སྤང ་བར་བྱའོ། །སྤང་བར་བྱ་བ་མ་ཡིན་པ་ཡང་རྣམ་པ་གཉིས་ཏེ། བསྒོམ་པས་སྤང་བར་བྱ་བ་དང་སྤང་བར་བྱ་བ་མ་ཡིན་པའོ། །སྤང་བར་བྱ་བ་མ་ཡིན་པའི་ཆོས་རྣམས་ནི་ལམ་གྱི་བདེན་པ་དང་འདུས ་མ་བྱས་སོ། །དེ་ལ་སོ་སོར་བརྟགས་པ་མ་ཡིན་བས་འགོག་པ་དང། །འཇིག་རྟེན་པའི་ལམ་གྱིས་ཐོབ་པ་ཅིག་ཤོས་ཀི་ནི་བསྒོམ་པས་སྤང་པར་བྱའོ། །དྲི་མ་མེད་པའི་ལམ་གྱིས་ཐོབ་པའི་སོ་སོར་བརྟགས ་པའི་འགོག་བ་དང། ལམ་གྱི་བདེན་པའི་སྤང་བར་བྱ་བ་མ་ཡིན་པ་ཁོ་ནའོ་།འཐོབ་པ་མེད་པ་ནི་ཐམས་ཅད་ཀྱང་ཉོན་མོངས་པ་ཅན་ཡིན་ལ་ལུང་དུ་མི་སྟོན་པ་སྟེ་དེ་པས་ན་འདི་ནི་འཐོབ་པ་བཞིན ་དུ་བྱེ་བྲག་མང་དུ་མེད་དེ། ཞིག་པ་དང་མ་སྐྱེས་པ་རྣམས་ཀྱི་ནི་དུས་གསུམ་པའོ། །ད་ལྟར་བྱུང་བ་རྣམས་ཀྱི་ནི་དུས་གཉིས་པ་སྟེ། ལྷན་ཅིག་སྐྱེས་པ་མེད་དོ། །འདོད་པ་དང་གཟུགས ་དང་གཟུགས་མེད་པར་གཏོགས་པ་རྣམས་ཀྱི་ནི། སོ་སོར་ཁམས་གསུམ་པའོ། །འཐོབ་པ་མེད་པ་ལ་ནི་དྲི་མ་མེད་པ་གང་ཡང་མེད་དོ། །སོ་སོའི་སྐྱེ་བོ་ཉིད་གང་ཞེ་ན། གང་འཕགས་པའི ་ཆོས་རྣམས་མ་ཐོབ་པའོ་ཞེས་ཆོས་མངོན་པ་ལས་འབྱུང་ངོ། །བསམ་གཏན་གསུམ་པའི་འདོད་ཆགས་དང་བྲལ་བ། བསམ་གཏན་བཞི་པའི་ས་བ་སེམས་དང་སེམས་ལས་བྱུང་བ་འཇུག་པ་དང ་མི་མཐུན་པ་མི་ལྡན་པའི་ཆོས་ནི་འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་ཞེས་བྱའོ། །སེམས་དང་སེམས་ལས་བྱུང་བ་ཐམས་ཅད་འགག་ཀྱང་འདུ་ཤེས་འཇིག་པའི་སྒོ་ནས་དེ་བསྐྱེད་པས་འདུ་ཤེས ་ཉིད་དུ་སྟོན་ཏེ། ཕ་རོལ་གྱི་སེམས་ཤེས་པ་བཞིན་ནོ། །དེ་ཡང་དགེ་བ་བསམ་གཏན་བཞི་པས་བསྡུས་པ། སོ་སོའི་སྐྱེ་བོའི་རྒྱུད་དེ་འཕགས་པའི་རྒྱུད་མ་ཡིན་ནོ།། ་འཕགས་པ་མ་ཡིན་པ་ཐར་པའི་འདུ་ཤེས་ཅན་དག་དེ་བསྐྱེད་དོ། །འཕགས་པ་རྣམས་ཀྱིས་ནི་ངན་སོང་གི་གནས་ལྟ་བུར་དགོངས་སོ། །མྱོང་བར་འགྱུར་བ་ངེས་པ་དང། སྐྱེས་ནས་མྱོང་བར་འགྱུར་བ་ལང་ཡིན ་ནོ། དེ་ནི་འབང་པས་འཐོབ་ཀྱི། འདོད་ཆགས་དང་བྲལ་བས་མ་ཡིན་ནོ། །འགོག་པའི་སྙོམས་པར་འཇུག་བ་ནི་ཅི་ཡང་མེད་པའི་སྐྱེ་མཆོག་ཀྱི་འདོད་ཆགས་དང་བྲལ་བ་སྲིད་པའི་རྩོ་མོའི་སེམས་དང་སེམས ་ལས་བྱུང་བ་འཇུག་པ་དང་མི་མཐུན་པའི་ཆོས་སོ། །འབྱུང་བ་ཆེན་པོ་མཉམ་པ་ཉིད་དུ་བྱེད་པས་སྙོམས་པར་འཇུག་པའོ། །འདི་ནི་སྲིད་པའི་རྩེ་མོ་པ་སྟེ། དགེ་བ་དང་། སྐྱེས་གནས་པ་དང་ལན ་གྲངས་གཞན་ན་མྱོང་བར་འགྱུར་བ་དང། མྱོང་བར་འགྱུར་བར་མ་ངེས་པ་སྟེ། འདི་ནི་བསྐྱེད་ནས་མྱ་ངན་ལས་འདའ་བར་བྱེད་ན། དེས་དེའི་རྣམ་པར་སྨིན་བ་མྱོང་བར་མི་འགྱུར་རོ། །དེའི་རྣམ་པར་སྨིན་པ་སྲིད ་པའི་རྩེ་མོའི་ཕུང་པོ་བཞིར་ཡང་འགྱུར་ཏེ། དེ་ནི་འཕགས་པ་ཉིད་ཀྱི་ཡིན་གྱི། བྱིས་པ་ཡི་ནི་མ་ཡིན་ནོ། །འཕགས་པས་ནི་ཚེ་འདི་ལ་བདེ་བར་གནས་པར་བྱ་བའི་ཕྱིར་འཕགས་པའི་ལམ་གྱི་སྟོབས་ཀྱིས་འདི་བསྐྱེད ་དོ་?་བྱིས་པ་ལ་ནི་དེ་མེད་པ་དང་ཆད་ཀྱིས་འཇིག་པའི་དེ་མི་སྲིད་དོ། །འཕགས་པ་ཡང་སྦྱོར་བར་འགྱུར་ཏེ། འདོད་ཆགས་དང་བྲལ་བས་ནི་མ་ཡིན་ནོ། །བཅོམ་ལྡན་འདས་ཀྱིས་ནི་འདོད་ཆགས་དང་བྲལ་བས་བརྙེས་ཏེ། སངས་རྒྱས་བཅོམ ་ལྡན་འདས་རྣམས་ཀྱིས། ཟག་པ་ཤེས་པ་དང་དུས་མཉམ་དུ་འདི་བརྙེས་སོ། །སངས་རྒྱས་བཅོམ་ལྡན་འདས་རྣམས?་ཀྱི་གང་ཅུང་ཟད་ཐོབ་བར་བྱ་བ་ནི་སྦྱོར་བ་ཅུང་ཟད་ཀྱང་མི་དགོས་ཏེ། བཞེད་པ་ཙམ་གྱིས་ཡོན་ཏན་ཕུན་སུམ་ཚོགས་པ་ངག་ཐམས་ཅད ་མངོན་དུ་འགྱུར་རོ། །འདུ་ཤེས་མེད་པའི་སེམས་ཀི་ཁྲོད། ལྷ་རྣམས་ཀྱི་ནང་དུ་སྐྱེས་པ་རྣམས་ཀྱི་སེམས་དང་སེམས་ལས་བྱུང་བའི་གཅོད་པའི་ཆོས་གཞན་རྣམ་པར་སྨིན་པའི་འབྲས་བུ་གང་ཡིན་པ་དེ་ནི་འདུ་ཤེས་པ་སྟེ། ལྷ་འབྲས་བུ་ཆེ་བ ་ཞེས་བྱ་བ་གང་ཡིན་པ་དེ་དག་གི་ཕྱོགས་གཅིག་པ་ནི་འདུ་ཤེས་མེད་པ་སྟེ། དཔེར་ན་བསམ་གཏན་དང་པོའི་ཕྱོགས་གཅིག་ནི་བསམ་གཏན་ཁྱད་པར་ཅན་ལྟ་བུའོ། །དེར་སྐྱེས་བ་དེ་དག་ཀྱང་འཆི་འཕོ་བ་དང་སྐྱེ་བའི་དུས་ན་ནི་འདུ་ཤེས་ཡོད་དོ། ་གཞན་གྱི་ཚེ་ནི་སེམས་མེད་བར་གནས་སོ། །ནམ་འཆི་འཕོ་བ་དེའི་ཚེ་ན་ཡང་ཡུན་རིང་དུ་གཉིད་ཀྱིས་ལོག་ལོག་པ་ལས་སངས་པ་བཞིན་དུ། དེ་ནས་ཤི་འཕགས་ནས་འདོད་བའོ་ཁམས་ཁོ་ནར་སྐྱེས་ཏེ། གཞན་དུ་ནི་མ་ཡིན་ནོ། །དེར་སྐྱེས ་པ་རྣམས་ལ་འདོད་པར་གཏོགས་པའི་ལན་གྲངས་གཞན་ན་མྱོང་བར་འགྱུར་བའི་ལས་གདོན་ཐི?་ཟ་བར་ཡོད་པའི་ཕྱིར་ཏེ། དཔེར་ན་བྱང་གི་སྒྲ་མི་སྙན་པ་རྣམས་ལ་ལྷར་སྐྱེ་པ་མྱོང་བར་འགྱུར་བའི་ལས་ཡོད་པ་ལྟ་བུའོ། །ཁམས་གསུམ་པའི་ཚ ་སྔོན་གྱི་ལས་ཀྱིས་འཕངས་པ་སྐྱེ་མཆེད་དྲུག་གི་རྒྱུན་འབྲེལ་པ་གནས་པའི་རྒྱུར་གྱུར་པ། འགྲོ་བར་གདགས་པའི་རྒྱུ་གང་ཡིན་པ་དེ་ནི་སྲོག་གི་དབང་པོ་ཞེས་བྱའོ། །ཆོས་མངོན་པ་ལས་ཀྱང་སྲོག་གི་དབང་པོ་གང་ཞེ་ན། ཁམས་གསུམ ་པའི་ཚ་ཡིན་ནོ་ཞེས་གསུངས་སོ། །ཚིགས་སུ་བཅད་པ་ལས་ཀྱང། ཚེ་དང་དྲོང་དང་རྣམ་པར་ཤེས། །དེ་དག་ནམ་ཞིག་ལུས་བོར་བ། །དེ་ཚེ་སྤངས་ནས་ཤི་བ་ནི། །དཔེར་ན་ཤིང་ལ་སེམས་བཞིན་ཞེས་འབྱུང་ངོ། །མདོ་ལས་ཀྱང་རྣམ་པར ་སྨིན་པ་མངོན་པར་གྲུབ་ན་སེམས་ཅན་དམྱལ་བ་ཞེས་བྱ་བའི་གྲངས་སུ་འགྲོ་བ་དེ་བཞིན་དུ། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་དུ་འགྲོ་བའི་བར་གྱི་གྲངས་སུ་འགྲོའོ་ཞེས་འབྱུང་ངོ། །སྲོག་གི ་དབང་པོ་མ་གཏོགས་བར་གང་སྐྱེ་བའི་རྒྱུན་མི་འཆད་པར་འགྱུར་བ་འགྲོ་བར་གདགས་པའི་རྒྱུ་ཁམས་གསུམ་ལ་ཁྱབ་པའི་དབང་པོ་གཞན་མེད་དོ། །འགྲོ་བར་གདགས་པའི་རྒྱུའི་ཆོས་མེད་དུ་ཟིན་ན་གཟུགས་མེད་པར ་སྐྱེས་བ་རྣམས། དགེ་བ་དང་བསྒྲིབས་པ་དང། ས་འོག་མ་པའི་ཟག་པ་མེད་པའི་སེམས་མངོན་དུ་བྱེད་བ་ན་འཆི་འཕོ་དང་སྐྱེ་པར་ཐར་བར་འགྱུར་རོ། །སྐལ་པ་མཉམ་པ་ཉིད་ནི་སེམས་ཅན་རྣམས་ཀྱི་དོན་གཅིག་ལ་འདོད་པའི་རྒྱུའོ།། ་དེ་ཡང་ཐ་དད་པ་མ་ཡིན་པ་དང་ཐ་དད་པའོ། །དེ་ལ་ཐ་དད་པ་མ་ཡིན་པ་ནི་སེམས་ཅན་ཐམས་ཅད་བདག་ལ་ཆགས་པ་དང། ཁ་ཟས་འདོད་པར་སེམས་ཅན་སོ་སོར་མཐུན་པ་གང་ཡིན་པའོ། །ཐ་དད་པ་ནི་ཁམས་དང་ས་དང་འགྲོ་བ་དང ་སྐྱེ་གནས་དང། རིགས་དང་བུད་མེད་དང་སྐྱེས་པ་དང་དགེ་སློང་དང་དགེ་བསྙེན་དང། སློབ་པ་དང་མི་སློབ་པ་ལ་སོགས་པའི་བྱེ་བྲག་གིས་ཐ་དད་པ་དེ་རྣམས་ཀྱི་དོན་གཅིག་ལ་འདོད་པའི་ངེས་པའི་རྒྱུའོ་།དེ་མེད་དུ་ཟིན་ན་འཕགས ་པ་དང་འཕགས་པ་མ་ཡིན་པ་དང། འཇིག་རྟེན་གྱི་ཐ་སྙད་ཐམས་ཅད་འདྲེས་བའི་སྐྱེན་དུ་འགྱུར་རོ། །སོ་སོའི་སྐྱེ་བོ་ཉིད་དང། སོ་སོའི་སྐྱེ་བོའི་སྐལ་བ་མཉམ་པ་ཉིད་ལ། ཐ་དད་དུ་དབྱེ་བ་ཅི་ཡོད། འདོད་བ་རྒྱུ་ནི་སྐལ་བ ་མཉམ་པ་ཉིད་ཅེས་བཤད་དོ། །སོ་སོའི་སྐྱེ་བོ་ཉིད་ནི་གནོད་པ་ཐམས་ཅད་ཀྱི་འབྱུང་གནས་སུ་གྱུར་པའོ། །འདི་ལྟ་སྟེ་འགྲོ་བའི་གཙོ་བོས་ཀྱང། །དགེ་སློང་དག་བྱིས་པ་སོ་སོའི་སྐྱེ་བོ་ཐོས་པ་དང་མི་ལྡན་པ་ནི་སྡིག་པ་མི་དགེ ་བའི་ལས་མི་བྱེད་པ་ཅི་ཡང་མེད་དོ་ཞེས་ད་སྨྲའོ་ཞེས་གསུངས་སོ། །གདན་ནས་ཀྱང་གལ་ཏེ་འདི་འོང་ན་ནི་མི་རྣམས་དང་སྐལ་བ་མཉམ་པ་ཉིད་རབ་ཏུ་ཐོབ་བོ་ཞེས་རྒྱ་ཆེར་གསུངས་སོ། །སོ་སོའི་སྐྱེ་བོ་ཉིད་ལ་ནི་དེ་ལྟར་ཐོབ་པ་དང་འདོར་བ་མེད་དེ། དེ་བས ་ན་དེ་བྱེ་བྲག་ཤིན་ཏུ་ཆེའོ། །སྐྱེ་བ་ནི་ཆོས་སྐྱེ་བའི་ནང་གི་ཡན་ལག་སྟེ། རང་གི་ནུས་པ་འཐོབ་པའི་རྒྱུའོ། །ཆོས་སྐྱེ་བའི་རྒྱུ་གཉིས་ཏེ། ནང་གི་ཡན་ལག་དང་ཕྱིའི་ཡིན་ལག་གོ། དེ་ལ་ནང་གི་ཡན་ལག་ནི་སྐྱེ་བའོ། །ཕྱིའི་ཡན་ལག་ནི་རྒྱུ་དང ་རྐྱེན་རྣམས་སོ། །དེ་?་མེད་དུ་ཟིན་ན་ཕྱིའི་ཡན་ལག་རྣམས་བསྐྱོད་ཀྱང། ནམ་མཁའ་བཞིན་དུ་ཆོས་སྐྱེ་བར་མི་འགྱུར་བ་དང། ནམ་མཁའ་ལ་སོགས་བ་ཡང་འདུས་བྱས་སུ་འགྱུར་བའི་སྐྱོན་དུ་འགྱུར་རོ། །གནས་པ་ནི་འབྲས་བུ་གཞན་འཕེན་པའི་དུས ་ཀྱི་གནས་ཀྱི་རྒྱུ་སྟེ། ཆོས་གནས་ན་འབྲས་བུ་གཞན་འཕེན་ནུས་པར་འགྱུར་རོ། །དེ་བས་ན་གང་གི་དབང་གིས་འབྲས་བུ་འཕེན་པའི་ཆོས་དེ་ནི་གནས་པ་ཞེས་བའོ། །དེ་མེད་དུ་ཟིན་ན་འཕེན་བར་མི་འགྱུར་རོ། །དགའ་བ་ནི་འབྲས་བུ་གཉིས ་པ་འཕེན་ནུས་པ་ལ་གནོད་པའི་རྒྱུའོ། །གལ་ཏེ་ཆོས་གང་འབྲས་བུ་འཕེན་ནུས་པ་དེ་ལ་གནོང་པའི་རྒྱུ་མེད་དུ་ཟིན་ན་ཆོས་དེ་འབྲས་བུ་མ་འཕེན་ནུས་བར་འགྱུར་ཏེ། དེ་ལྟ་ན་ནི་སྐད་ཅིག་བར་མི་འགྱུར་རོ། །མི་རྟག་པ་ཉིད་ནི ་གནོད་པར་བྱེད་ནུས་པ་འདས་པར་བྱེད་པའི་རྒྱུ་སྟེ། ཆོས་གང་གིས་ད་ལྟར་ལས་སྤོས་ནས་འདས་པར་བྱེད་པའི་ཆོས་དེ་ནི་མི་རྟག་པ་དེ་ཉིད་ཅེས་བའོ། །དེ་མེད་དུ་ཟིན་ན་ཆོས་འཇིག་པ་མེད་པ་ཉིད་དུ་འགྱུར་བ་དང། ་ནམ་མཁའ་ལ་སོགས་པ་ཡང་འཇིག་པར་འགྱུར་རོ། །བཞི་པོ་དེ་དག་ནི་འདུས་བྱས་དག་གི་འདུས་བྱས་ཀྱི་མཚན་ཉིད་དོ།། ཆོས་གང་ལ་འདི་བཞི་ཡོད་དེ་ནི་འདུས་བྱས་ཀྱི་མཚན་ཉིད་དང་ལྡན་པས་འདུ་བྱས་ཤེས་ ་བྱའོ། །ཇི་སྐད་དུ་འཇིག་རྟེན་གྱི་མགོན་པོས་ཀྱང་དགེ་སློང་དག་གསུམ་པོ་འདི་དག་ནི་འདུས་བྱས་དག་གི་འདུས་བྱས་ཀྱི་མཚན་ཉིད་དེ། འདུས་བྱས་ལ་སྐྱེ་བ་དང། འཇིག་པ་དང་གནས་པ་གཞན་དུ་འགྱུར་བ་ཡང ་སྣང་ངོ་ཞེས་གསུངས་པ་ལྟ་བུའོ། །གནས་པ་ནི་འདིར་འདུལ་བའི་དབང་གིས་ཕྱིར་ཏེ། སྐྱེ་བ་སྐྱེད་པའི་ཕྱིར་བཅོམ་ལྡན་འདས་ཀྱིས་དཔལ་ཅན་མ་དང་རྣ་ནག་མ་འགྲོགས་པ་བཞིན་དུ་གནས་པ་དང། དགའ་བ་འགྲོགས་པར་གཅིག ་ཏུ་བསྡུས་ཏེ་གནས་པ་གཞན་དུ་འགྱུར་བ་ཞེས་གསུངས་སོ། །དེ་དག་ནི་ཆོས་ཀྱི་བདག་ཉིད་དུ་གྱུར་པ་མ་ཡིན་ནོ། །གལ་ཏེ་བདག་ཉིད་དུ་གྱུར་ན་ནི་དེས་ན་ཇི་ལྟར་མཚན་ཉིད་ཀྱི་གཞི་དང། མཚན་ཉིད་རྣམས་ཐ་དད་པ་མ་ཡིན་པ་དེ་བཞིན་དུ ་མཚན་ཉིད་རྣམས་ཀྱང་ཕན་ཚུན་ཐ་དད་པར་མི་འགྱུར་རོ། །དེ་ལྟར་གྱུར་ན་ཡང་སྐྱེ་བ་གང་ཡིན་པ་དེ་ཉིད་འཇིག་པར་འགྱུར། འཇིག་པ་གང་ཡིན་པ་དེ་ཉིད་འཇིག་པར་འགྱུར། འཇིག་པ་གང་ཡིན་པ་དེ་ཉིད་སྐྱེ་བར་འགྱུར་བ་དང། ་ཆོས་མི་སྐྱེ་བ་ཁོ་ནར་འགྱུར་རོ། །མཚན་ཉིད་རྣམས་ཀྱི་རྗེས་སུ་མཐུན་པའི་མཚན་ཉིད་ཀྱང་བཞི་སྟེ། སྐྱེ་བའི་སྐྱེ་བ་ཞེས་བྱ་བ་ལ་སོགས་པ་རིག་པར་བྱའོ། །འདི་ལས་ཐུག་པ་མེད་པར་ཡང་མི་འགྱུར་ཏེ། །འདི་ལྟར་རྩ་བའི ་མཚན་ཉིད་དག་ནི་ཆོས་བརྒྱད་པོ་དག་ལ་འཇུག་གོ། རྗེས་སུ་མཐུན་པའི་མཚན་ཉིད་རྣམས་ནི་རེ་རེ་ལའོ། །དེ་ལ་སྐྱེ་བ་ནི་བདག་མ་གཏོགས་པ་ཆོས་བརྒྱད་པོ་དག་ག་ནང་གི་ཡན་ལག་རང་གི་ནུས་པ་འཐོབ་པའི་རྒྱུ་ཡིན ་ཏེ། བརྩ་བའི་ཆོས་དང་མཚན་ཉིད་གསུམ་པོ་རྣམས་དང་རྗེས་སུ་མཐུན་པའི་མཚན་ཉིད་བཞི་པོ་རྣམས་ལའོ། །མི་རྟག་པ་ཉིད་ཀྱི་བར་དུ་དེ་བཞིན་ཏེ། བདག་མ་གཏོགས་པ་ཆོས་བརྒྱད་པོ་རྣམས་ཀྱི་རྣམ་པར་འཇིག་པའི་རྒྱུའོ། །སྐྱེ་བའི ་སྐྱེ་བ་ནི་སྐྱེ་བ་ཉིད་ཀྱི་ཡིན་པ་ནས་མི་རྟག་པ་ཉིད་ཀྱི་མི་རྟག་པ་ཉིད་ཀྱང་མི་རྟག་པ་ཉིད་ཀྱི་ཡིན་པའི་བར་དུའོ། །མཚན་ཉིད་རྣམས་ནི་རྩ་པའི་ཆོས་ལ་གནས་པའོ། །རྗེས་སུ་མཐུན་པའི་མཚན་ཉིད་དག་ནི་མཚན་ཉིད་རྣམས་ལ་གནས་སོ་།མཚན་ཉིད?་རྣམས ་ནི་བཤད་ཟིན་ཏོ། །ད་ནི་མིང་གི་ཚོགས་ལ་སོགས་པ་བརྗོད་པར་བྱའོ། །དེ་ལ་གང་དག་པས་རྣམས་ལ་རག་ལས་ཏེ་སྐྱེ་བ། ཤེས་བ་བཞིན་ཏུ་དོན་གྱི་ཚུལ་གྱི་གནས་ལྟ་བུའི་རྣམ་པ་རང་གི་དོན་ཁོང་དུ་ཆུད་པར་བྱེད་པ་འདུ་ཤེས་དང། དག་དང་ཡི? ་གེའི་འབྲུ་ཞེས་རྣམ་གྲངས་གཞན་གྱིས་བརྗོད་པར་བྱ་བ་དེ་དག་ནི། གོ་རིམས་བཞིན་དུ་མིང་དང་ཚིག་དང་ཡི་གེ་རྣམས་ཤེས་པར་བྱའོ། །དཔེར་ན་མིག་ལ་སོགས་པ་ལ་རག། ལས་ཏེ། སྐྱེ་བ་མིག་གི་རྣམ་པར་ཤེས་པ་ལ་སོགས་པ་གཟུགས་ལ ་སོགས་པའི་དོན་གྱི་ཚུལ་གྱི་གནས་ལྟ་བུའི་རྣམ་པར་རང་གི་དོན་ཁོང་དུ་ཆུད་པ་བྱད་པ་རྣམས་བཞིན་ནོ། །དག་གི་སྒྲས་ནི་དོན་བརྗོད་པར་མི་འགྱུར་ཏེ། མ་ཞེས་བརྗོད་པས་ཚིག་པར་གྱུར་ཏེ་རེ། །དག་ཏུ་བརྗོད་པས་ནི་མེའི་མིང་བརྗོད་པ ་ཡིན་ནོ། །མིག་གིས་ནི་མེའི་དོན་ཁོང་དུ་ཆུད་པར་བྱེད་ངེས་པའི་བློ་སྐྱེད་དོ་ཞེས་བྱ་བའི་ཐ་ཚིག་གོ། སྒྲ་ནི་ཐོགས་པ་དང་བཅས་པ་དང། །དེ་ལས་གཞན་དུ་བརྡ་སྤྲོད་པ་བས་བརྟག་གོ་ཞེས་ཡོངས་སུ་བརྟགས་པ་ཡང ་མ་གྲུབ་བའི་ཕྱིར་།དེ་ལས་དོན་ཁོང་དུ་ཆུད་པར་བརྟགས་པ་མི་རིགས་སོ། །ཤེས་པ་ཆོས་བཞི་པོ་འདི་དག་ནི་ངོ་བོ་གཅིག་པ་འདྲ་བར་སྣང་ངོ། །དེ་ལ་གཟུགས་སྒྲ་ཞེས་བྱ་བ་ལ་སོགས་པའོ། །ཚིག་ནི་ཡི་གེའི ་འབྲུ་ཇི་སྙེད་ཀྱིས། འདོད་པའི་དོན་ཡོངས་སུ་རྫོགས་པར་འགྱུར་བ་སྟེ་།དཔེར་ན་སྡིག་པ་ཐམས་ཅད་མི་བའོ་ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་དང། འཇིག་རྟེན་ན་ཡང་ལྷས་བྱིན་པ་དཀར་མོ་ཁྲིད་དེ་ཤོག ་ཅེས་བྱ་བ་ལ་སོགས་པ་ལྟ་བུའོ། །ཡི་གེའི་ནི་འདི་ལྟ་སྟེ། ཨང་ཞེས་བྱ་བ་ཡི་གེ་འབྲུ་གཅིག་གོ་མིང་དང་ཚིག་དང་ཡི་གེའི་ཚོགས་རྣམས་ཞེས་བའོ། །དྲང་སྲོང་ཆེན་པོས་ཀྱང་དགེ་སློང་དག་དེ་བཞིན ་གཤེགས་པ་འཇིག་རྟེན་དུ་བྱུང་ནས་མིང་དང་ཚིག་དང་ཡི་གེའི་ཚོགས་རྣམས་ཤེས་སོ་ཞེས་གསུངས་ཏེ་ཕུང་པོ་དང་སྐྱེ་མཆེད་དང། ཁམས་དང་བདེན་པ་དང། དགེ་སྦྱོང་གི་འབྲས་བུ་དང་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་སོགས ་པའི་ཞེས་བྱ་བར་དགོངས་སོ། །ཡང་དེ་བཞིན་གཤེགས་པས་མིང་དང་ཚིག་དང་ཡི་གེའི་ཚོགས་དེ་དང། དེ་དག་བརྙེས་སོ་ཞེས་ཀྱང་གསུངས་སོ། །དེ་བས་ན་མིང་གི་ཚོགས་ལ་སོགས་པ་ཡོད་པ་ཉིད་དོ། །འདུ་བྱེད་ཀྱི་དངོས་པོ་ནི ་འདི་སྙེད་དོ། །ད་ནི་རྣམ་པར་ཤེས་པ་བརྗོད་བར་བྱའོ། །གཟུགས་ལ་སོགས་པ་ཡུལ་ལ་སོགས་པ་ཡུལ་གྱི་དངོས་པོ་ཙམ་སོ་སོར་རྣམ་པར་རིག་པ་ནི་རྣམ་པར་ཤེས་པ་སྟེ། མིག་ལ་སོགས་པ་ལྷན་ཅིག་བྱེད་པའི་རྒྱུས་ཡོངས ་སུ་ཟིན་ན་འབྱུང་ནུས་པ། གཟུགས་ལ་སོགས་པ་ཡུལ་དྲུག་པོ་རྣམས་ལ། དངོས་པོ་ཙམ་ཁོང་དུ་ཆུད་པའི་ཆོས་གང་ཡིན་པ་དེ་ནི་རྣམ་པར་ཤེས་པའོ། །དེ་བྱེ་བྲག་ཁོང་དུ་ཆུད་པ་ནི་མ་ཡིན་གྱི། བྱེ་བྲག་ཁོང་དུ་ཆུད་པར ་བྱེད་པ་ནི་རབ་ལ་སོགས་པའི་ཆོས་རྣམས་ཀྱི་གནས་སུ་གྱུར་པ་སྟེ། ད་ལྟར་གྱི་དུས་ཀྱི་སྐད་ཅིག་ཙམ་ལ་དམིགས་པ། ཡིད་དང་སེམས་ཀྱི་རྣམ་གྲངས་སུ་བརྗོད་པའོ། །དང་པོའི་སེམས་ཅན་གྱི་རྫས་གདགས་པའི་རྒྱུ་དང ་གཟུགས་ལ་སོགས་པ། ཡུལ་སོ་སོར་རྣམ་པར་རིག་པ་ཡང་བྱེད་པའོ། །དེ་ཡང་ཡུལ་གྱི་བྱེ་བྲག་གིས་རྣམ་པ་དྲུག་ཏུ་འགྱུར་ཏེ། མིག་གི་རྣམ་པར་ཤེས་པ་ནས་ཡིད་ཀྱི་རྣམ་པར་ཤེས་པའི་བར་དག་གོ། དེའི་མཚན་ཉིད་ནི་བཅོམ་ལྡན ་འདས་ཉིད་ཀྱི་སྟེ། སྣ་ཚོགས་ཤེས་པས་རྣམ་པར་ཤེས་པའོ། །རྣམ་པར་ཤེས་པའི་དངོས་པོའོ། །མཚན་ཉིད་བསམ་པའི་སྐབས་སུ་ཕྱིའི་ཡན་ལག་གི་བྱེད་པ་ནི་རྒྱུ་དང་རྐྱེན་རྣམས་སོ་ཞེས་སྨོས་པ་དེ་ལ་རྒྱུ་དེ་དག་ནི་གང། རྐྱེན་རྣམས་ནི་གང་ཞེ་ན། རྒྱུ་ནི་དྲུག ་སྟེ་མཚུངས་པར་ལྡན་པའི་རྒྱུ་དང། ལྷན་ཅིག་འབྱུང་བའི་རྒྱུ་དང། སྐལ་བ་མཉམ་པའི་རྒྱུ་དང། ཀུན་ཏུ་འགྲོ་བའི་རྒྱུ་དང། རྣམ་པར་སྨིན་པའི་རྒྱུ་དང། བྱེད་པའི་རྒྱུའོ་དེ་ལ་སེམས་དང་སེམས་ལས་བྱུང་བ་རྣམས་ནི་ཕན་ཚུན་དུ་མཚུངས་པར་ལྡན་པའི ་རྒྱུ་ཡིན་ཏེ། འདི་ལྟ་སྟེ་སེམས་ནི་ཚོར་བ་ནས་ཤེས་རབ་ཀྱི་བར་དག་གིའོ། །ཤེས་རབ་ཀྱང་སེམས་ཀྱིའོ། །ལྷན་ཅིག་འབྱུང་བའི་རྒྱུ་ནི་ཕན་ཚུན་འབྲས་བུ་ཆོས་རྣམས་ཏེ། འདི་ལྟ་སྟེ། འབྱུང་བ་རྣམས་གཅིག་གི་གཅིག་ཡིན་པ ་དང། མཚན་གྱི་གཞི་ཡང་མཚན་ཉིད་རྣམས་ཀྱི་མ་ཡིན་ལ། དེ་དག་ཀྱང་དེའི་ཡིན་པ་ལྟར། སེམས་ཀྱང་སེམས་ཀྱི་རྗེས་སུ་འབྲང་བ་རྣམས་ཀྱིའོ། །དེ་དག་ཀྱང་དེའིའོ། །དེ་ལ་ལྷན་ཅིག ་འབྱུང་བའི་རྒྱུ་ནི་ཕན་ཚུན་གྱི་སྟོབས་ཀྱིས། ལམ་གྱི་དགོན་པ་ལས་བྱུང་བའི་ཚུལ་དུའོ། །མཚུངས་པར་ལྡན་པའི་རྒྱུ་ནི་ཅིག་ལམ་བརྒྱགས་ཀྱིས་མཐུང་པའི་ཚུལ་དུའོ། །སེམས་ཀྱི་རྗེས་སུ་འབྲང་བ་རྣམས ་ནི་སེམས་ལས་བྱུང་བ་ཐམས་ཅད་དང། བསམ་གཏན་དང་ཟག་པ་མེད་པའི་སྡོམ་པ་དག་དང། འདུས་བྱས་ཀྱི་མཚན་ཉིད་པར་དག་སེམས་དེའི་ཡིན་པ་དག་གོ། དེ་དག་ནི་སེམས་དང་ལྷན་ཅིག་ཏུ། དུས་དང་སྐྱེ་བ་དང་གནས་དང་འགག་པ་གཅིག་དང། ་འབྲས་བུ་དང་རྒྱུ་མཐུན་པ་དང་རྣམ་པར་སྨིན་པ་གཅིག་དང། དགེ་བ་དང་མི་དགེ་བ་དང། ལུང་དུ་མ་སྟོན་པའི་སེམས་སུ་གྱུར་དགེ་བ་ལ་སོགས་པ་སྟེ། །དེ་ལྟར་རྒྱུ་བཅུ་པོ་དེ་དག་གི་སེམས་ཀྱི་རྗེས་སུ་གཟུང་བ་རྣམས་ཤེས་བྱའོ། ་རང་གི་ས་དང་རང་གི་རིས་པའི་ཆོས་འདྲ་བ་སྔར་སྐྱེས་པ་རྣམས་ནི། ཆོས་འདྲ་བ་ཕྱིས་སྐྱེ་བ་རྣམས་ཀྱི། ས་བོན་གྱི་ཆོས་ཀྱི་ཚུལ་གྱིས་སྐལ་བ་མཉམ་པའི་རྒྱུ་ཡིན་ནོ། །རང་གིས་པ་ཀུན་ཏུ་འགྲོ་བ་སྔར་སྐྱེས་པ་རྣམས་ནི་ཉོན་མོངས་པ་ཅན་གྱི་ཆོས་ཕྱིས་སྐྱེས་པ་རྣམS ་ཀྱི་ཀུན་ཏུ་འགྲོ་བའི་རྒྱུའོ། །མི་དགེ་བ་རྣམས་དང། དགེ་བ་ཟག་པ་དང་བཅས་པ་རྣམས་ནི། རྣམ་པར་སྨིན་པའི་རྒྱུ་སྟེ། དེ་དག་རྣམ་པར་སྨིན་པར་འགྱུར་བའི་ཆོས་ཅན་ཡིན་པའི་ཕྱིར་རོ། །ཆོས་སྐྱེ་བ་ནི་རང་བཞིན་མ་གཏོགས་པ་ཆོས་ཐཾས་ཅད་ནི་སྐྱེ་བ་ལ་བགེགས་མི་བེད་ཅིང། སྒྲིབ་པའི ་དངོས་པོས་བྱེད་པའི་རྒྱུ་ཡིན་ནོ། །དེ་དག་གི་འབྲས་བུ་ནི་འདུས་བྱས་ཀྱི་ཆོས་ཐམས་ཅད་དང། འདུས་མ་བྱས་ལ་གཅིག་གོ། དེ་དག་ཀྱང་ལྔ་སྟེ། སྐྱེས་བུའི་བྱེད་པའི་འབྲས་བུ་དང། རྒྱུ་མཐུན་པའི་འབྲས་བུ་དང། བདག་པོའི་འབྲས་བུ་དང། བྲལ་བའི་འབྲས་བུའོ། །དེ་ལྷན ་ཅིག་འབྱུང་བ་དང་མཚུངས་པར་ལྡན་པའི་རྒྱུ་ནི་སྐྱེས་བུ་བྱེད་པའི་འབྲས་བུའོ། །གང་གི་སྟོབས་ཀྱིས་ན་གང་འབྱུང་བ་དེའི་སྟེ། སྐྱེས་བུ་བྱེད་པའི་འབྲས་བུ་ཞེས་བྱའོ། །སྐལ་བ་མཉམ་པ་དང་ཀུན་ཏུ་འགྲོ་བའི་རྒྱུའི་ནི་རྒྱུ་མཐུན་པའི་འབྲས་བུ་སྟེ། རྒྱུ་དང་འདྲ་བའི་ཆོས་ནི་རྒྱུ་མཐུན ་པ་ཞེས་བྱའོ། །རྣམ་པར་སྨིན་པའི་རྒྱུ་ནི་རྣམ་པར་སྨིན་པའི་འབྲས་བུའོ། །རྒྱུ་དང་མི་འདྲ་བར་སྨིན་པ་ནི་རྣམ་པར་སྨིན་པ་སྟེ། སེམས་ཅན་ཞེས་བྱ་བ་མ་བསྒྲིབས་ལ་ལུང་དུ་མི་སྟོན་པའི་རང་བཞིན་ནོ། །བྱེད་པའི་རྒྱུ་ནི་འབྲས་བུ་སྟེ། དཔེར་ན་མིག་གི་རྣཾ་པར་ཤེས་པ་མིང་དང་གཟུགས་ལ་སོགས ་པའི་ཡིན་པ་དང། ཞིང་པ་ལ་སོགས་པའི་ལོ་ཏོག་ལ་སོགས་པ་ལྟ་བུར་དེའི་དབང་གིས་དེ་སྐྱེད་པའི་ཕྱིར་རོ། །མྱ་ངན་ལས་འདས་པ་ནི་བྲལ་བའི་འབྲས་བུ་ཞེས་བྱ་སྟེ། དེ་ནི་ཐོབ་པར་བྱ་བ་ཡིན་གྱི་བསྐྱེད་པར་བྱ་བ་མ་ཡིན་ནོ། །རྐྱེན་ནི་བཞི་སྟེ། རྒྱུའི་རྐྱེན་དང། དེ་མ་ཐག་པའི་རྐྱེན་དང ་དམིགས་པའི་རྐྱེན་དང། བདག་པོའི་རྐྱེན་ནོ། །དེ་ལ་བྱེད་པའི་རྒྱུ་མ་གཏོགས་པ་རྒྱུ་ལྔ་པོ་དག་ནི་རྒྱུའི་རྐྱེན་ཏོ། །འདས་པ་དང་ད་ལྟར་བྱུང་བའི་སེམས་དང་སེམས་ལས་བྱུང་བ་རྣམས་ཀྱི་ཐ་མ་མ་གཏོཌ་པ་ནི་འབྲས་བུའི་དེ་མ་ཐག་པའི་རྐྱེན་ནོ། །དམིགས་པའི་རྐྱེན་ནི་ཆོས་ཐམས་ཅད་དོ།། ་བདག་པོའི་རྐྱེན་ནི་བྱེད་པའི་རྒྱུའི་རང་བཞིན་ནོ། །ནམ་མཁའ་ནི་བསགས་པའི་རྫས་སྐྱེ་བ་དེའི་སྐབས་འབྱེད་པའི་བདག་ཉིད་དོ། །དེ་མེད་དུ་ཟིན་ན་བསགས་པའི་རྫས་མི་སྐྱེ་བ་ཁོ་ནར་འགྱུར་རོ། །ཀྱེ་གཽ་ཏ་མས་ཅི་ལ་བརྟེན། བྲམ་ཟེ་གསེར་གྱི་དཀྱིལ་འཁོར་ལའོ། །གསེར ་གྱི་དཀྱིལ་འཁོར་ཅི་ལ་བརྟེན། ཆུ་ལའོ། །ཆུ་ཅི་ལ་བརྟེན། རླུང་ལའོ། །རླུང་ཅི་ལ་བརྟེན། རླུང་ནམ་མཁའ་ལའོ། །ཀྱེ་གཽ་ཏ་མ་ནམ་མཁའ་ཅི་ལ་བརྟེན། བྲམ་ཟེ་ཧ་ཅང་ཐལ་ཆེས་ཏེ། དྲི་བ་རྣམས་ཀྱི་མཛའ་རྟོགས་པར་མི་ནུས་པར་འགྱུར་རོ་།འོན་ཀྱང་སྣང་བ ་ཡོད་པས་ནམ་མཁའ་མངོན་ནོ། །ནམ་མཁའ་ནི་གཟུགས་མེད་པ། བསྟན་དུ་མེད་པ། ཐོགས་པ་མེད་པ་ཡིན་ན། དེ་ཅི་ལ་བརྟེན་པར་འགྱུར་འོན་ཀྱང་སྣང་བ་ཡོད་པས་ནམ་མཁར་ཤེས་སོ་ཞེས། བདེ་བར་གཤེགས་པས་ཀྱང་གསུངས་སོ། །ནམ་མཁའ་ཨི ་དངོས་པོའོ། །སོ་སོར་བརྟགས་པས་འགོག་པ་ནི་སྡུག་བསྔལ་སྤོང་བའོ། །སྡུག་བསྔལ་གང་ཞེ་ན་མདོར་བསྡུ་ན། སྐྱེ་བ་ནི་སྡུག་བསྔལ་ལོ། །འདི་ལྟ་སྟེ། དགེ་སློང་དག་སྡུག་བསྔལ་ནི་སྲིད་པ་མངོན་པར་འགྲུབ་པའོ་ཞེས་རྒྱ་ཆེར་གསུངས་སོ། །སྲིད་པ ་མངོན་པར་འགྲུབ་པའི་འཇུག་པ་དེའི་འཇུག་པ་མེད་པ་ནི་སྤོང་བ་ཞེས་བྱ་སྟེ། རླུང་རྒྱུ་བ་ཐོགས་པར་བྱེད་པ་བྲག་ལྟ་བུར་གནས་པ་གང་ཡིན་པ་དེ་ནི། སོ་སོར་བརྟགས་པས། འགོག་པ་ཞེས་བྱའོ། །འདིས་བདེན་པ་བཞིན་པོ་དག་ལ་སོ་སོར་རྟོགས་པས། སོ་སོར་བརྟགས་པ་སྟེ། བློའི ་བྱེ་བྲག་དགེ་བའོ། །དེས་འགོག་པ་ཐོབ་པ་གང་ཡིན་པ་དེ་ནི་སོ་སོར་བརྟགས་པས་འགོག་པའོ། །དེ་ནི་སྤང་བར་བྱ་བ་མཛའ་ཡས་པ་བཞིན་དུ་མཛའ་ཡས་ཏེ། གཅིག་པ་མ་ཡིན་ནོ། །གལ་ཏེ་གཅིག་པ་ཞིག་ཡིན་ན་ནི་འཕགས་པའི་ལམ་གྱི་སྐད་ཅིག་མ་སྔ་མ་ཉིད་ཀྱིས་དེས ་མངོན་སུམ་དུ་བྱས་པའི་ཕྱིར། ལམ་བསྒོམ་པ་ཕྱི་མངོན་དམ་པར་འགྱུར་རོ། །ཅུང་ཟད་མངོན་སུམ་དུ་བྱེད་པར་རྟོགས་ན་ནི་ཡན་ལག་དང་བཅས་པར་འགྱུར་རོ། །དེ་བས་ན་ཟག་པའི་རྫས་ཇི་ལྟར་རྙེད་པར། སྤོང་བའི་རྫས་ཀྱང་དེ་སྙེད་ཁོ་ནར་རྟོག་བ་འདི་ནི་ལེགས་སོ།། ་འདི་ནི་འབྲས་བུའི་བྱེ་བྲག་གིས་རྣམ་པ་བཞིར་བཞག་སྟེ། རྒྱུན་ཏུ་ཞུགས་པའི་འབྲས་བུ་དང། ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང། དགྲ་བཅོམ་པའི་འབྲས་བུའོ། །སྤོང་བ་དང་འདོད་ཆགས་དང་བྲལ་བ་དང། འགོག་པའི་ཁམས་ཀྱི་བྱེ ་བྲག་གིས་རྣམ་པ་གསུམ་མོ། །སྡུག་བསྔལ་དང་ཀུན་འབྱུང་བའི་བདེན་པ་གཉིས་པོའི་སྤོང་པའི་བྱེ་བྲག་གམ། ཕུང་པོ་དང་བཅས་པ་དང། ཕུང་པོའི་ལྷག་མ་མེད་པའི་དབྱིངས་ཀྱི་བྱེ་བྲག་གིས་རྣམ་པ་གཉིས་སོ། །མཚམས་སྦྱོར་བ་མེད་པ་སྐྱེ་བ་འགོག ་པར་རྣམ་པར་བཞག་པས་ན་གཅིག་གོ། དེའི་རྣམ་གྲངས་ནི་ཟད་པ་དང། འདོད་ཆགས་དང་བྲལ་བ་དང། འགོག་པ་དང་མྱ་ངན་ལས་འདས་པ་ཞེས་བྱ་བ་ལ་སོགས་པའོ། །དེ་སྐད་དུ་མིའི་མདོ་ལས་ཀྱང། དགེ་སློང་དག་ཕུང་པོ་གཟུར་ཅན་མ་ཡིན་པ་བཞི་པོ་འདི་དག ་དང། མིག་གི་དབང་པོ་གཟུགས་ཅན་དང། དེ་དག་ནི་མི་ཉིད་དེ་འདི་ལ་སེམས་ཅན་དང། མི་དང་ཤེས་ལས་སྐྱེས་ཏེ། ཤེད་བུ་ཞེས་བྱ་བ་འདི་ནི་མིང་ངོ། །འདི་ལ་བདག་གིས་གཟུགས་རྣམས་མཐོང་ངོ་སྙམ་པ་འདི་ནི་དམ་འཆའ་བའ་ཨོ། །འདི་ལ་ཚེ་དང་ལྡན་པ ་དེའི་མིང་ནི་འདི་ཞེས་བྱ་བ་ཞེས་བྱ་བ་འདི་ནི་ཐ་སྙད་དོ་ཞེས་རྒྱ་ཆེར་བརྗོད་ཅིང་དགེ་སློང་དག་དེ་ལྟར་ན། འདི་ནི་མིང་ཙམ་མོ། །འདི་ནི་ཐ་སྙད་ཙམ་མོ། །དགེ་སློང་དག་ཆོས་འདི་དག་ཐམས་ཅད་ནི་མི་རྟག་པ་དང། སེམས་པས་འཕངས་པ་དང། འདུས་བྱས་དང། སེམས་པ ་ལས་བྱུང་བ་དང། རྟེན་ཅིང་འབྲེལ་ཅིང་འབྱུང་བ་དག་སྟེ། མི་རྟག་པ་ནས་རྟེན་ཅིང་འབྲེལ་བར་འབྱུང་བའི་བར་དུ་གང་ཡིན་པ་དེ་ནི་སྡུག་བསྔལ་ལོ། །སྡུག་བསྔལ་དེ་སྐྱེ་བ་ཡང་སྡུག་བསྔལ་ལོ། །གནས་པ་དང་མངོན་པར་འགྲུབ་པ་དང། འབྱུང་བ་ཡང ་སྡུག་བསྔལ་ཏེ། སྡུག་བསྔལ་འདི་མ་ལུས་པར་སྤངས་པ་དང། ངེས་པར་སྤངས་པ་དང། བྱང་བར་གྱུར་པ་དང། ཟད་པ་དང། འདོད་ཆགས་དང་བྲལ་བ་དང། འགོག་པ་དང། རྣམ་པར་ཞི་བ་དང། ནུབ་པ་དང། སྡུག་བསྔལ་གཞན་གྱི་མཚམས་མི་སྦྱོར་བ ་དང། ལེན་པ་མེད་པ་དང། མི་འབྱུང་བ་གང་ཡིན་པ་དེ་ཞི་བ་དེ་གྱ་ནོམ་པ་སྟེ། འདི་ལྟ་སྟེ་ཕུང་པོ་ཐམས་ཅད་ངེས་པར་སྤངས་པ་དང། སྲིད་པ་ཟད་པ་དང། འདོད་ཆགས་དང་བྲལ་བ་དང། འགོག་པ་དང། མྱ་ངན་ལས་འདས་པའོ་ཞེས་གསུངས་སོ། །དེས་འདིས་ཕུང་པོ་ཐམས ་ཅད་དུ?་རབ་ཏུ་འདོར་བས་ཕུང་པོ་ཐམས་ཅད་དང་བྲལ་བའོ། །འདི་མཐོང་དམ?་ཐོས་ནས་སྲེད་པ་ཟད་པར་འགྱུར་བས་སྲེད་པ་ཟད་པའོ། །འདི་ཐོབ་ནས་འདོད་ཆགས་མེད་པར་འགྱུར་བས་འདོད་ཆགས་དང་བྲལ་བའོ། །འདི་མངོན་སུམ་དུ་བྱས་ན། སྡུག་བསྔལ ་འགག་པས་འགོག་པའོ། །འདི་ཐོབ་ན་གནོད་པ་ཐམས་ཅད་དང། འཚོ་བ་ཐམས་ཅད་དང། ཉོན་མོངས་པ་ཐམས་ཅད་ལས་འདས་པས། མྱ་ངན་ལས་འདས་པའོ། །སོ་སོར་བརྟགས་པའི་དངོས་པོའོ། །སོ་སོར་བརྟགས་པས་འགོག་པ་ལས་གཞན་པ། མ ་འོངས་པའི་ཆོས་ཀྱི་སྐྱེ་བ་ལ་གཏན་དུ་བགེགས་སུ་གྱུར་བའི་ཆོས་སོ་སོར་བརྟགས་པས། འགོག་པ་མེད་པར་རྐྱེན་མ་ཚང་བ་ཉིད་ཀྱིས་ཐོབ་པ་གང་ཡིན་པ་དེ་ནི་སོ་སོར་བརྟགས་པ་མ་ཡིན་པས་འགོག་པ་ཞེས་བྱ་སྟེ། དཔེར་ན་མིག་གི་ཡིད་གཟུགས་ཤིག་ལ ་ཕེངས?་ནས། ད་མ་ཡིན་པའི་གཟུགས་གཞན་དག་དང། སྒྲ་དང་དྲི་དང་རོ་དང་རེག་བྱ་རྣམས་དང། ཆོས་རྣམས་ལས་ཁ་ཅིག་འགག་བ་ནི་དེ་ལ་དམིགས་པའི་སེམས་དང། སེམས་ལས་བྱུང་བ་གང་དག་སྐྱེ་བར་འགྱུར་བ་དེ་དག་གིས་ཐོས་ན་མི་སྐྱེ་སྟེ། དེས་དེ་དག ་འགག་པ་འགྱུར་བ་ལྟ་བུའོ། །བཅོམ་ལྡན་འདས་ཀྱིས་ཀྱང་གང་གི་ཚེ་བདེ་བ་ཚོར་བ་མངོན་དུ་གྱུར་པ་དེའི་ཚེ། འདི་སྡུག་བསྔལ་དང། སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པའི་ཚོར་བ་གཉིས་འགོག་གོ་ཞེས་གསུངས་སོ། །ཡང་དགེ་སློང་འདིའི ་སེམས་ཅན་དམྱལ་བ་རྣམས་ཟད་དོ། །དུད་འགྲོ་རྣམས་ཟད་དོ། །ཡི་དགས་རྣམས་ཟད་དོ་ཞེས་གསུངས་སོ། །སོ་སོར་བརྟགས་པ་མ་ཡིན་པས་འགོག་པའི་དངོས་པོའོ། །འདི་ནི་ལས་དང་པོ་པ་དགའ་བར་བྱ་བའི་ཕྱིར། དཔྱད་པ་མང་པོ་མེད་བར་བཀོད་པ ་ཡིན་ཏེ། གང་དག་ཆོས་མངོན་པའི་མཚན་ཉིད་ལ་མཁས་པར་མི་ཤེས་བཞིན་དུ། རང་གི་བློ་གྲོས་ཀྱིས་མཚན་དུ་བརྗོད་པ་མང་པོ་རྣམ་པར་བསྒྲུབས་ནས། མདུན་དུ ་བཞག་སྟེ། ཀླན་ཀ་དན་པའི་མདའ་རྣམས་ཀྱིས་འབིགས་པར་འདོད་པ་དེ་ནི། སངས་རྒྱས་བཅོམ་ལྡན་འདས་ལ་སྐུར་པ་འདེབས་པ་ཡིན་ཏེ། འགྲོ་བའི་མགོན་པོས་ཀྱང་དེ་བཞིན་གཤེགས ་པ་ལ་སྐུར་པ་འདེབས་པའི་གང་ཟག་གཉིས་ཏེ། མ་དད་པ་ནི་ཞེ་སྡང་གིས་སོ། །དད་པ་ནི་ལོག་པར་ཟིན་པས་སོ་ཞེས་གསུངས་སོ།། ་རབ་ཏུ་བྱེད་པ་ཆོས་མངོན་པ་ལ་འཇུག་པ་ཞེས་བྱ་བ་རྫོགས་སོ།། །།སརྦ་མངྒ་ལཾ། །དགེའོ།། ་