CLOSE WINDOW

N4387: chos mngon pa la 'jug pa rgya cher 'grel pa snying po kun las btus pa zhes bya ba
Wyliee-texts based on the ACIP/ALL Input

བ་ཞིག་གོ། །ཆོས་མངོན་པ་ལ་འཇུག་པ་རྒྱ་ཆེར་འགྲེལ་པ་སྙིང་པོ་ཀུན་ལས་བཏུས་བཞུགས་སོ།། །།རྒྱ་གར་སྐད་དུ། སཱ་ར་ས་མུཙྪནཱ་མཱ་བྷ་དྷིརྨ་བ་ཏཱ་ར་ཊཱི་ཀ། བོད་སྐད་དུ། ཆོས་མངོན་པོ ་ལ་འཇུག་པ་རྒྱ་ཆེར་འགྲེལ་པ་སྙིང་པོ་ཀུན་ལས་བཏུས་པ་ཞེས་བྱ་བ་ལ། བམ་པོ་དང་པོ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །ཆོས་མངོན་པའི་འགྲེལ་བ་དང། །དགོས་པ་བརྗོད་པར་བྱའོ། །འགྲེལ་བ་གང ་གིས་རབ་ཏུ་བྱེད་པ་འདི་བརྩམས། རྩོམ་པ་འདིའི་དགོས་པ་ནི་གང་ཞེ་ན། དེ་བརྗོད་པར་བྱ་སྟེ། འདིའི་འགྲེལ་པ་ནི་རབ་ཏུ་བྱེད་པ་ཉིད་ལས་བསྟན་ཏེ། ཇི་སྐད་དུ་ཤེས་རབ་ཅན་དག་ནི་འཕྲལ་གྱི་བྱ་བ་ལ་ཐོགས་པས་མ ་ཐོབ་པའི་ཉམས་པས་ཀྱང་སྐྲག་པར་འགྱུར་ཞེས་འབྱུང་བའི་འགྲེལ་པ་འདིས་རབ་ཏུ་བྱེད་པ་འདི་བརྩམས་སོ། །འགྲེལ་པ་བཤད་ཟིན་ཏོ། །དགོས་པ་ནི་ཤེས་རབ་ཞན་པ་དང། ཡིད་མི་གཞུངས་པའི་སེམས་ཅན་རྣམས་ཅི་ནས ་ཚིག་གི་ཚོགས་ཉུངས་ཞིང་གསལ་བས་ཆོས་མངོན་པ་ལ་འཇུག་པར་བྱ་བའི་ཕྱིར་རོ། །ཕྱག་བྱ་བ་ཡང་དགོས་པ་ཡིན་ཏེ། བགེགས་ཞི་བར་བྱ་བའི་རྒྱུར་འགྱུར་བ་དང། གུས་པ་བསྐྱེད་པའི་ཕྱིར་རོ། །གང་དུ་གནས་པ་དང་འབྱུང་བ ་དང། འཇིག་པ་དཔྱད་པ་དེ་ནི་བསྟན་བཅོས་སོ། །དེའི་ཕྱོགས་གཅིག་ཏུ་གྱུར་པ་ནི་རབ་ཏུ་བྱེད་པ་དེ་གང་ཞེ་ན་སྨྲས་པ། སྙིང་གི་མུན་པ་ཞེས་བྱ་བ་ལ་སོགས་པའོ། །དེ་ལ་སེམས་དང་སེམས་ལས་བྱུང་བ་རྣམས་ནི་སྦྱིར་སྙིང་ཞེས ་བརྗོད་དུ་ཟིན་ཀྱང་སེམས་ལས་བྱུང་བའི་ཆོས་མཛའ་དག་སེམས་ལ་གནས་པས་གནས་པ་རྣམས་ནི་གཙོ་བོ་མ་ཡིན་གྱི་གནས་གཙོ་བོ་ཡིན་པའི་ཕྱིར་སེམས་ཉིད་ལ་སྙིང་ཞེས་བྱ་བར་འདོགས་སོ། །དེ་ལ་ཡོད་པས་སྙིང་གི་སྟེ། ་དེ་གང་ཞེ་ན། དེའི་ཕྱིར་སྨས་པ། མུན་པ་ཞེས་བྱའོ། །དེ་ལ་མུན་པ་ཞེས་བྱ་བ་ནི་མི་ཤེས་པ་ལ་བྱའོ། །ཇི་ལྟར་མུན་པ་ཞེས་བྱ་བ་མི་ཤེས་པ་ལ་བྱ་ཞེ་ན། ཆོས་མཐུན་པའི་ཕྱིར་ཏེ། དཔེར་ན་མུན་པ་ནི་མ་ནོར་བར་མཐོང་བ་ལ་ཕྱིར་འཇིལ་བ ་མི་ཤེས་པ་ཡང་དེ་བཞིན་ཏེ། དེ་དང་ཆོས་མཐུན་པའི་ཕྱིར་དེ་སྐད་ཅེས་བྱའོ། །མུན་པ་ཅི་འདྲ་བ་ལ་བྱ་ཞེ་ན། དེའི་ཕྱིར་སྨྲས་པ། ངན་སོང་རྩ་ཞེས་བྱ་བའོ། །ངན་པར་འགྲོ་བས་ངན་སོང་སྟེ། ངན་སོང་ནི་སེམས་ཅན་དམྱལ་བ་དང། ་དུད་འགྲོ་དང་ཡིད་དགས་ལ་སོགས་བའོ། །མི་འདོད་པའི་ལས་སྐྱེས་བ་དང། འཕགས་པའི་ལམ་གྱི་བར་ཆད་བྱེད་བའི་ཕྱིར་སྡུག་བསྔལ་བའོ། །དེ་དག་གི་རྩ་བ་ནི་བྱེད་རྒྱུ་སྟེ་རྒྱུར་གྱུར་ཅེས་བྱ་བའི་ཐ་ཚིག་གོ། དེ་དག་ཏུ་གང་འགྲོ་བ་དེ ་ནི་ངན་པར་འགྲོ་བ་སྟེ། དགེ་བའི་ཆོས་རྣམས་ལས་ངན་པར་འགྲོ་ཞེས་བྱ་བའི་ཐ་ཚིག་གོ། དགེ་བ་ཞེས་བྱ་བ་ནི་འདིར་འཕགས་པའི་ལམ་དང་སོ་སོར་བརྟགས་པས་འགོག་པ་ལ་བྱའོ། །དེ་དག་ནི་དགེ་བ་ཡང་ཡིན་ལ་ཆོས་ཀྱང་ཡིན ་པས་དགེ་བའི་ཆོས་རྣམས་སོ། །དེ་ལ་སེམས་ཅན་དམྱལ་བ་ལ་སོགས་པ་ངན་འགྲོ་ལོག་པར་ལྟུང་བའི་སྡུག་བསྔལ་གྱི་རྒྱུར་གྱུར་པའི་ཕྱིར་འདི་ནི་ངན་སོང་གི་རྩ་བའོ། །འདིས་དེའི་ཕྱི་རོལ་གྱི་མུན་པ་དང་མཚུངས་བར་སྟོན་ཏེ། དེ་ནི ་ཚེར་མ་ལ་སོགས་པར་རྟེག་འཆའ་བ་ལ་སོགས་པ་ངན་བར་སོང་བའི་རྩ་བ་ཡིན་ནོ། །གསུང་ཉིད་འོད་ཟེར་ཡིན་པས་གསུང་གི་འོད་ཟེར་ཏེ། མི་ཤེས་པའི་མུན་པ་དྲུང་ནས་འབྱིན་པའི་མཐུའི་ཁྱད་པར་གྱིས་འོད་ཟེར་དང་འདྲ་བས ་འོད་ཟེར་དག་གོ། གསུང་ཞེས་བྱ་བ་ནི་གང་གིས་བྱ་བ་དང་ཡོན་ཏན་དང་དུས་དང་འབྲེལ་པ་ཅན་གྱི་ཁྱད་པར་རྣམས་ཁོང་དུ་ཆུད་པར་བྱེད་པའོ། །དེ་ནི་སྒྲ་ལས་དོན་གཞན་དུ་གྱུར་བ་སྟེ། ཇི་སྐད་དུ་ཚིག་ནི ་ཡན་ལག་མེད་པ་དོན་གོ་བར་བྱེད་ནུས་པའོ། །སྒྲ་ནི་རྡུལ་ཕྲ་རབ་བསགས་པ་ཡིན་པས་ཡན་ལག་མེད་པར་མི་འཐད་དོ་ཞེས་སྨྲས་པ་ལྟ་བའོ། །གསུང་གི་འོད་ཟེར་དག་གིས་ཤེས་བྱ་བ་ནི་བྱེད་བའོ། །གང་གིས་ཞེས་བྱ་བ་ནི ་མཛད་པ་པོའི་མཚན་ཉིད་དེ། མཛད་པ་པོ་གང་གིས་གསུང་གི་འོད་ཟེར་བྱེད་པར་གྱུར་དེ་རྣམས་ཀྱིས་མུན་པ་བཅོམ་སྟེ་བཅད་པའོ། །སུ་དག་གི་ཞེ་ན། ལྷ་མི་རྣམས་ཀྱིའོ། །ལྷ་ཞེས་བྱ་བ་ནི་མི་འཆི་བ་ལ་བྱ་སྟེ། དེ་དག་ཕལ་ཆེར་གཞན ་གྱི་གནོད་བའི་རྒྱུས་འཆི་བ་མེད་པས་མི་འཆི་བ་ཞེས་བྱའི་མི་འཆི་བ་ཉིད་མ་ཡིན་ཏེ། འདུ་བྱེད་ཐམས་ཅད་མི་རྟག་གོ་ཞེས་གསུངས་བའི་ཕྱིར་རོ། །འདིས་ནི་ལྷ་དང་མི་རྣམས་འཕགས་པའི་བདན་པ་བཞི་ལ་འཇུག་ནུས་བར་སྟོན་ཏོ།། ་ཚོགས་སུ་བཅད་པ་ཕྱེད་པོ་འདིས་ནི་བཅོམ་ལྡན་འདས་ཀྱི་གཞན་གྱི་དོན་སྒྲུབ་པ་ཕུན་སུམ་ཚོགས་པར་བརྗོད་དོ། །ཕྱེད་འོག་མས་རང་གི་དོན་ཕུན་སུམ་ཚོགས་པ་བསྟན་པའི་ཕྱིར། ཐམས་ཅད་མཁྱེན་ཉིད་དཀྱིལ་འཁོར་དྲི་མེད་བ་བྱ ་བ་སྨྲས་སོ། །ཤེས་པར་བྱ་བ་དངོས་པོ་ཐམས་ཅད་ཀྱི་རྣམ་པ་ཐམས་ཅད་ཡོངས་སུ་མཁྱེན་པའི་ཕྱིར་བཅོམ་ལྡན་འདས་ནི་ཐམས་ཅད་མཁྱེན་པའོ། །ཐམས་ཅད་མཁྱེན་པའི་དངོས་པོ་ནི་ཐམས་ཅད་མཁྱེན་པ་ཉིད་དོ། །དེ་ཡང ་བག་ཆགས་དང་བཅས་པའི་ཉོན་མོངས་པའི་དྲི་མ་དང་བྲལ་བའི་ཕྱིར་དྲི་མ་སྟེ། གང་གིས་ཐམས་ཅད་མཁྱེན་པ་ཉིད་དྲི་མ་མེད་པའི་དཀྱིལ་འཁོར་དུ་གྱུར་པ་དེ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དཀྱིལ་འཁོར་དྲི་མ་མེད་པའོ།། ་དེ་བས་ན་ཐམས་ཅད་མཁྱེན་པ་ཉིད་ཀྱི་དཀྱིལ་འཁོར་དྲི་མ་མེད་པ་དེ་ལ་ཕྱག་འཚལ་ལོ། །འདི་ནི་གཞན་གྱི་དོན་བསྒྲུབ་པའི་ཐབས་སུ་ཡང་སྟོན་ཏེ། ཐམས་ཅད་མཁྱེན་པ་མ་ཡིན་པས་ནི་གཞན་གྱི་མི་ཤེས་པའི་མུན་པ་མང་པོ་ཐོག་མ ་མེད་པའི་དུས་ནས་བསགས་པ་དབྲལ་བར་དཀའ་བ་སེལ་བར་མི་ནུས་སོ། །མི་ཤེས་པའི་གཉིད་དང་བྲལ་པའི་ཕྱིར་སྐྱེས་བུ་སད་པ་དང་འདྲ་བས་སངས་རྒྱས་སོ། །ཡང་ན་འདས་པ་དང་ང་ལྟར་བ་དང་ད་ལྟར་བྱུང་བ་དང་དུས་ལས་རྣམ་པར་གྲོལ ་བ་ཤེས་བྱ་རྣམ་པ་བཞི་ཇི་ལྟ་བ་བཞིན་དུ་ཕྱིན་ཅི་མ་ལོག་པར་ཐུགས་སུ་ཆུད་པའི་ཕྱིར་སངས་རྒྱས་སོ། །མུན་པ་སེལ་བ་ལ་སོགས་པ་དང་འདྲ་བའི་ཕྱིར་ཉི་མ་དང་འདྲ་བས་ཉི་མའོ། །སངས་རྒྱས་ཉིད་ཉི་མ་ཡིན་པས་སངས་རྒྱས་ཉི་མ་སྟེ། ་ནད་དང་ཕྱིའི་མུན་པ་སེལ་བའི་ཕྱིར་རོ། །ཚིགས་སུ་བཅད་པ་འདི་ལས་བདག་དང་གཞན་ལ་ཕན་བར་བསྒྲུབ་པས་ཕུན་སུམ་ཚོགས་པ་ལ་ཕྱག་བྱ་བར་ཁོང་དུ་ཆུད་པར་བྱའོ། །ཕྱག་འཚལ་ལོ་ཞེས་བྱ་བ་ནི་ལུས་དང་ངག་དང་སེམས་བཏུད་བའི་མཚན ་ཉིད་དོ། །བཅོམ་ལྡན་འདས་ལ་ཕྱག་འཚལ་བས་བསོད་ནམས་ཀྱི་ཚོགས་བསྐྱེད་ཀྱི་འོག་ཏུ་ངེས་གསུངས་པའི་གསུང་གི་ལམ་གྱི་རྗེས་སུ་འགྲོ་བ་སློབ་མ་དམ་པ་རྣམས་ལ་གུས་པ་དང། དགའ་བ་སྐྱེས་ནས་རི་མོ་བྱེད་པར་འདོད་པས་ཚིགས་སུ ་བཅད་པ་གཞན། གང་དག་ཆོས་མངོན་ཚུལ་གྱིས། ཞེས་བྱ་བ་ལ་སོགས་པ་འདི་ཉེ་བར་བཀོད་དོ། །དེ་ལ་དོན་དམ་པའི་ཆོས་མྱ་ངན་ལས་འདས་པ་མངོན་དུ་གྱུར་པས་ཤེས་རབ་འཁོར་དང་བཅས་པ་ནི་ཆོས་མངོན་པའོ། །དེའི་ཚུལ་ནི་ལ་མོ།། ་ཆོས་ནི་གཟུགས་ལ་སོགས་པའོ། །མཚན་ཉིད་ནི་རང་དང་སྤྱི་ལ་སོགས་པའོ། །ཆོས་མངོན་པ་ཉིད་ཚུལ་ཡིན་པས་ཆོས་མངོན་པའི་ཚུལ་ཏེ་ཆོས་མངོན་བའི་ལུགས་སོ། །ཚུལ་དང་ལུགས་དང་རིགས་པ། ཞེས་བྱ་བ་ནི་རྣམ་གྲངས་སུ་གཏོགས ་པའོ། །རྨོངས་པ་ནི་མགོ་མྱོས་པ་སྟེ། རང་དང་སྤྱིའི་མཚན་ཉིད་ཁོང་དུ་མ་ཆུད་ཅེས་བྱ་བའི་ཐ་ཚིག་གོ། ཆོས་ཀྱི་མཚན་ཉིད་ལ་རྨོངས་པ་དེ་གང་དག་གིས་དང་གང་གི་ཡིན་པ་ཆོས་མངོན་པའི་ཆུལ་གྱིས ་དྲུང་ནས་ཕྱུང་ཞིང་བཏོན་པ་དེ་དག་ཆོས་མངོན་པའི་ཚུལ་གྱིས་ཆོས་ཀྱི་མཚན་ཉིད་ལ་རྨོངས་པ་དྲུངས་ནས་ཕྱུང་བ་ཡིན་ཏེ། རྣམ་པ་དེ་ལྟ་བུ་དེ་དག་ལ་བདག་ཕྱག་འཚལ་ཏེ། རབ་ཏུ་ཕྱག་འཚལ་བའོ། །མགོ་བོས་ཞེས་བྱ་བ་ནི་སྤྱི་བོས་སོ།། ་ཅིའི་ཕྱིར་ཞེ་ན། དེ་དག་ལུང་དང་རྟོགས་པའི་བདག་ཉིད་ཀྱི་ཆོས་དེའི་གཞིར་གྱུར་པའི་ཕྱིར་ཏེ། ཐམས་ཅད་མཁྱེན་པའི་བཀའ་ཨི་གནས་གྱུར་པ། ཞེས་བྱ་བ་དེ་ཉིད་གནས་ཀྱི་དངོས་པོར་སྟོན་ཏོ། །ཐམས་ཅད་མཁྱེན་པ་ནི་བདེ་བར་གཤེགས ་པ་སྟེ། དེའི་བཀའ་ནི་ཐམས་ཅད་མཁྱེན་པའི་བཀའ་ཨོ། །གནས་ནི་གཞིའོ། །ཐམས་ཅད་མཁྱེན་པའི་བཀའ་ཨི་གནས་ནི་ཐམས་ཅད་མཁྱེན་པའི་བཀའ་ཨི་རྟེན་དུ་གྱུར་ཅེས་བྱ་བའི་ཐ་ཚིག་གོ། ཆོས་མངོན་པའི་རྒྱ་མཚོའི་ཕ།། ་རོལ་ཏུ་ཕྱིན་པ་མཛའ་དག་ལ་བྱེ་བྲག་མེད་པར་ཕྱག་བྱ་བ་སྔར་བྱ་སྟེ་ཡོན་ཏན་རྣམས་བརྗོད་ནས་རང་གི་བླ་མ་ལ་ཕྱག་བྱ་བ་སྤྱོད་པ་བཟང་པོ་བྱ་བར་འདོད་པས། བློ་ཞེ་ན་རྣམས་ཀྱིས། ཞེས་བྱ་བ་ལ་སོགས་པ་འདི་རྩོམ་མོ།། ་བློ་ཞེན་པ་གང་ཡིན་པ་དེ་དག་བློ་ཞན་པ་རྣམས་ཏེ་ཤེས་རབ་ཞན་པའི་ཐ་ཚིག་གོ། ཤེས་རབ་ཞན་པ་དེ་དག་གིས་བཤད་མ་ལེགས་པ་ནི་མ་ལེགས་བཤད་པའོ། །མ་ལེགས་པད?་བཤད་པ་ཉིད་མུན་པ་ཡིན་པས་མ་ལེགས་བཤད་པའི ་མུན་པའོ། །སྐུ་དང་གསུངས་དང་ཐུགས་ཐུབ་པ་དང་ལྡན་པས་ཐུབ་པ་སྟེ། སངས་རྒྱས་བཅོམ་ལྡན་འདས་ཀྱི་གསུང་ངོ། །མ་ལེགས་པར་བཤད་པའི་མུན་པས་ཁེབས་པ་ནི་ཕྱིན་ཅི་ལོག་ཏུ་བཤད་བའི་མུན་པས་ཁེབས་པ ་སྟེ། བསྒྲིབས་པའོ། །གང་གིས་ལེགས་པར་བཤད་པ་སྒྲོན་མས་སྣང་པར་མཛད་པ་ནི་གསལ་བར་མཛད་པ་ཀུན་ཏུ་བསྟན་པའོ།། བསྟན་བཅོས་གང་གིས་མི་ཤེས་པ་བསལ་བ་དང། བདེན་ཡང་དག་པའི་དངོས་པོ་བརྗོད་པའི་ཕྱིར ་བསྟན་བཅོས་ལ་སྒྲོན་མ་ཞེས་བྱའོ། །ཡང་ན་ཆོས་མངོན་བའི་སྒྲོན་མ་མཛད་པ་ཞེས་བྱའོ། །སྒྲོན་མ་མཛད་པས་སྒྲོན་མ་མཛད་དེ། དེའི་ཕྱིར་སྒྲོན་མ་མཛད་པ་དེ་ལ་ཕྱག་འཚལ་ལོ།། དེས་ལེག་པར་བཤད་པའི་མུན་པ་བསལ་བས ་སྒྲོན་མ་དང་འདྲ་བའི་ཕྱིར་སྒོན་མ་ཞེས་བྱ་སྟེ། ཆོས་ཀྱི་ངོ་བོ་ཉིད་མ་ནོར་བར་བསྟན་པ་བསྟན་བཅོས་མཛད་པ་དེ་ལ་ཤིན་ཏུ་གུས་པར་གྱུར་ནས་བསྟོད་དོ། །དེ་ལྟར་ཚིགས་སུ་བཅད་པ་གསུམ་གྱིས་ཇི་ལྟར་འདོད་པ་རྣམས་ལ་ཕྱག་འཚལ ་ནས། ལ་ལ་དག་ནི་ཞེས་བྱ་བ་ལ་སོགས་པའི་རབ་ཏུ་བྱེད་པ་རྩོམ་མོ། །བློ་ཆུང་བ་དང་འབྲིང་དང་ཆེན་པོ་ཐ་དད་པའི་ཕྱིར་མིང་མ་སྨོས་སོམ། །ནི་ཞེས་བྱ་བ་ནི་གང་གི་ཕྱིར་ཞེས་བྱ་བའི་དོན་ཏོ། །ཐུབ་པའི་དབང་པོ་ནི་ཐུབ་པ་རྣམས་ཀྱི་དབང ་པོ་ཡིན་པས་ཐུབ་པའི་དབང་བོའོ། །ཟག་པ་མེད་པའི་ལུས་དང་ངག་དང་ཡིད་ཐུབ་པ་ཡོད་པའི་ཕྱིར་ཉན་ཐོས་རྣམས་དང། རང་སངས་རྒྱས་རྣམས་ནི་ཐུབ་པ་ཞེས་བྱ་བར་རྣམ་བར་བཞག་གོ། བཅོམ་ལྡན་འདས་ནི་ཆོས་ཐམས་ཅད་ལ་མངའ་ ་བརྙེས་པའི་ཕྱིར་དེ་དག་གི་རྗེ་དང་རྒྱལ་པོ་ཡིན་ནོ། །ཇི་སྟེ་ཐུབ་པ་དག་གི་རྣམ་པར་བཞག་པ་གང་ཡིན་པ་བསྟན་ཀྱང་གང་གིས་ཐུབ་པ་དེ་དག་རྣམ་པར་བཞག་པ་དེ་མི་ཤེས་སོ་ཞེ་ན། ཆོས་ཉིད་ཀྱིས་སོ། །འདིར་ནི་ཆོས་ཉིད་ཅེས་བྱ་བ་འཕགS ་པའི་ལམ་ལ་བྱའོ། །འདི་ནི་ཐུབ་པའི་དབང་པོའི་ཡིན་པས་ཐུབ་པའི་དབང་པོའོ། །དེ་གང་ཞེ་ན། གསུང་རབ་སྟེ་གསུང་རབ་ཏུ་གཏོགས་པ་ཡན་ལག་བཅུ་གཉིས་སོ། །མཛའ་དག་ནི་མ་ལུས་པའོ། །དོན་དང་ཚིག་ཅེས་བྱ་བ་ལ་གོད་མས ་ནི་བཤད་པ་གཟུངས་སྟོན་ཏོ། །འོག་མས་ནི་ཡི་གེའོ།། ཡང་ན་དོན་གྱིས་ནི་ངེས་པར་ལེགས་པ་བསྒྲུབ་པའོ། །ཚིག་གིས་ནི་རང་དང་སྤྱིའི་མཚན་ཉིད་ཁོང་དུ་ཆུད་བའོ། །སྐལ་པ་ཡོད་བའི་དང་ཚུལ་ཅན། ཞེས་བྱ ་བ་ནི་ནུས་པར་སྟོན་ཏོ། །སྐལ་པ་ཉིད་སྐལ་པ་ཡོད་པའི་དང་ཚུལ་ཅན་ཏེ། ལེན་པ་དང་འཛིན་པ་དང་ཁོང་དུ་ཆུད་པར་བྱེད་ནུས་ཞེས་བྱ་བའི་ཐ་ཚིག་གོ། དགེ་བ་དག་ཅེས་བྱ་བ་ནི་སྐྱེས་བུ་དམ་པ་སྙེ་ཚུལ་བཟང་པོ་ལ་མངོན་པར་དགའ་བ ་སོ་སོའི་སྐྱེ་བོ་དགེ་བ་དག་གོ། ཡིན་ཞེས་བྱ་བ་ནི་དེ་ལྟར་གྱུར་བའོ། །ཟིན་ཀྱང་ཞེས་བྱ་བ་ནི་སྲེད་པ་སྟེ་ཕྱི་རོལ་གྱི་རྐྱེན་གྱི་སྤྱོད་བ་སྟོན་ཏོ། །ཇི་སྐད་དུ་འཇིག་རྟེན་གྱི་མགོན་པོས། ཡང་དག་པའི་ལྟ་བ་སྐྱེ་བའི་རྒྱུ་གཉིས་རྐྱེན་གཉིས ་ཏེ། གཞན་གྱི་སྒྲ་དང་ནད་དུ་ཚུལ་བཞིན་ཡིན་ལ་བྱེད་བའོ་ཞེས་གསུངས་པ་ལྟ་བུའོ། །དེའི་ཕྱིར་བསྐལ་བ་ཡོད་ཅེས་བྱ་བ་ནི་ནང་གི་རྒྱུའོ། །ཡིན་ཞེས་བྱ་བ་ནི་གཞན་གྱི་མན་ངག་གོ།། གང་ལ་ཞེན་ཐུབ་པའི་དབང་པོའི་གསུང་རབ ་མཛའ་དག་ལའོ། །དེ་ལྟར་ནུས་པ་ཐོབ་པ་དག་ཅིའི་ཕྱིར་ཡོངས་སུ་ཉམས་བར་འགྱུར་ཞེ་ན། སྨྲས་པ་ཕྲལ་གྱི་བྱ་བ་ལ་ཐོགས་པས་ཞེས་བྱ་བ་སྨོས་ཏེ། བྱ་བས་བྲལ་བའི་ཐ་ཚིག་གོ། མ་གྲོབ་པའི་ཉམས་པའི་ནི་མཐོབ་པ་ཡོངས་སུ ་ཉམས་བའོ། །དེ་ལ་ཡོངས་སུ་ཉམས་པ་རྣམ་པ་གསུམ་སྟེ། ཐོབ་པ་ཡོངས་སུ་ཉམས་པ་དང། མ་ཐོབ་པ་ཡོངས་སུ་ཉམས་པ་དང། ལོངས་སྤྱོད་པ་ཡོངས་སུ་ཉམས་བའོ། །དེ་ལ་བསམ་གཏན་ལ་སོགས་པ་ཐོབ་བའི་ཡོན་ཏན་དག་ལS ་ཉམས་པ་ནི་ཐོབ་པ་ཡོངས་སུ་ཉམས་པའོ། །ནུས་པ་ལ་མ་ཐོབ་པ་ནི་མ་ཐོབ་པ་ཡོངས་སུ་ཉམས་པའོ། །ཐོབ་པ་མངོན་དུ་མི་བྱེད་པ་ནི་ལོངས་སྤྱོད་པ་ཡོངས་སུ་ཉམས་པའོ། །ཅིའི་ཕྱིར་མ་ཐོབ་པ་ཡོངས་སུ་ཉམས་པ་དེས་ཡོངས་སུ ་ཉམས་པར་གྱུར་བ་དག་སྟེ། ལེན་པ་དང་འཛིན་པ་ལ་སོགས་པའི་སྐལ་པ་མེད་པར་འགྱུར་ཞེས་བྱ་བའི་ཐ་ཚིག་གོ། ཤེས་རབ་ཞན་པ་ལ་ལ་དག་ནི་བློ་ཞན་པ་ལ་དག་གོ། ཚིག་དང་དོན་དཀའ་སྟེ་ཐིབS་བོ་དང་འདྲ་བ་གླག་གླག་པ་སྟེ། ཆོས་མངོན་པ་ཉིད་? ་གླག་པ་ཡིན་པས་ཆོས་མངོན་བ་གླག་གླག་བའོ། །གླག་གླག་པ་དང་སྟུག་པོ་ཞེས་བྱ་བ་ནི་རྣམ་གྲངས་སུ་གཏོགས་པའོ། །ཆོས་མངོན་པ་གླག་གླག་པ་མིང་ཐོས་པ་ཙམ་གྱིས་ཀྱང་སྐྲག་པར་འགྱུར་ཞེས་བྱ་བ་ལ། སྐྲག་པ་ནི་སྒྱིད་ལུག་པ་དང་ཁོད་དང? ་ཞེས་བྱ་བའི་ཐ་ཚིག་སྟེ། ཁོང་དུ་ཆུད་པར་མི་ནུས་པས་རྒྱ་མཚོ་སྐམས་པ་དང་འདྲའོ། །ཁོང་དུ་ཆུད་པར་འདོད་པ་ཡང་ཡོད་དེ། ཞེས་བྱ་བ་ནི་ཤེས་པར་འདོད་པའོ། །དེ་བས་ན་དེ་དག་དགའ་བར་བྱ་བའི་ཕྱིར་ཞེས་བྱ་བ་ལ། དེ་བས་ན་ཞེས ་བྱ་བ་ནི་དེའི་ཕྱིར་རོ། །དེ་དག་ཅེས་བྱ་བ་ནི་འདིར་གཉིས་ག་དང་སྦྱར་ཏེ་སྐལ་བ་ཡོད་པའི་དང་ཚུལ་ཅན་དང། སྐལ་བ་མེད་བའི་དང་ཚུལ་ཅན་རྣམས་སོ། །དེ་དག་དགའ་བར་བྱེད་པའི་དོན་ནི། དེ་དག་དགའ་བར་བྱ་བའི་ཕྱིར་རོ། །བདག་གིས ་ཞེས་བྱ་བ་ནི་བདག་གི་བྱ་བ་སྟོན་ཏོ། །ཆོས་མངོན་པའི་མཚན་ཉིད་ཀྱི་རྒྱུ་མཚོ་ནི་ཆོས་མངོན་བའི་མཚན་ཉིད་རྒྱ་མཚོའོ། །འཇུག་པ་ནི་འཇུག་པར་བྱེད་པའོ། །ཙམ་ནི་དེ་ཙམ་མོ། །གོང་དུ་བཤད་པའི་སློབ་མ་ཕན་གདགས་པར་བྱ་བ་གཉིས་ལ ་ཕན་གདགས་པའི་ཕྱིར་ཆོས་མངོན་བའི་མཚན་ཉིད་དེ་ལ་འཇུག་པ་ཙམ་འདིའོ། །འདི་ཞེས་བྱ་བ་ནི་བརྗོད་པར་བྱ་བ་རབ་ཏུ་བྱེད་པ་བློ་ལ་བཞག་པས་མངོན་སུམ་དང་འདྲ་བར་སྟོན་ཏོ། །བརྩམ་མོ་ཞེས་བྱ་བ་ནི་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། ་འདི་ཞེས་བྱ་བ་ནི་ནང་གི་དེ་ཁོ་ནའོ། །བརྩམ་མོ་ཞེས་བྱ་བ་ནི་ཕྱིའི་དེ་ཁོ་ནའོ། །དེ་གང་ཞེན་སྨྲས་པ་འདི་ལྟ་སྟེ་བདེ་བར་གཤེགས་པ་རྣམས་ཀྱི་ཞེས་བྱ་བ་ལ་སོགས་པའོ། །འདི་ལྟ་སྟེ་ཞེས་བྱ་བ་ནི་ཉེ་བར་བསྟན་པའི་དོན་ཏོ། །འདི་དག་བདེ་བར ་གཤེགས་པའི་ཡིན་པས་བདེ་བར་གཤེགས་པ་བ་སྟེ། དེ་དག་གི་བདེ་བར་གཤེགས་པ་པ་རྣམས་ཀྱིའོ། །འདི་ལ་སློབ་དཔོན་གྱིས་གྲངས་དང་མིང་དང་རབ་ཏུ་དབྱེ་བ་དང་མཚན་ཉིད་དང་རྣམ་པ་འདི ་བཞིས་རྣམ་པ་བརྒྱད་བཀོད་དེ། དེ་ལ་གྲངས་ནི་དངོས་པོ་བརྒྱད་ཅེས་བྱའོ། །མིང་ནི་གཟུགས་ཞེས་བྱ་བ་ལ་སོགས་པའོ། །རབ་ཏུ་དབྱེ་བ་ནི་དེ་ལ་གཟུགས་ནི་རྣམ་པ་གཉིས་ཏེ་ཞེས་བྱ་བའོ།། མཚན་ཉིད་ནི་སྲ་བ་ཞེས་བྱ་བ་ལ་སོགས ་པའོ། །དེ་ལ་ཚིག་ཧ་ཅང་འདོར་བསྡུས་པ་དང་རྒྱས་པ་ལ་མི་དགའ་བ་རྣམས་ཀྱི་ཆེད་དུ་བདེ་བར་གཤེགས་པ་པའི་དངོས་པོ་བསྡུ་བའི་ཕྱིར་ཧ་ཅང་མདོར་བསྡུས་པ་དང་རྒྱས་པ་ཡང་མ་ཡིན་པའི་རྣམ་པ་བརྒྱད་ཅེས་གྲངས་བསྟན་ཏོ།། ་གྲངས་བསྟན་པ་རྣམས་ཀྱི་བགྲང་བར་བྱ་བ་རྣམས་ཡོངས་སུ་ཤེས་པར་བྱ་བའི་ཕྱིར་གཟུགས་དང་ཚོར་བ་དང་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །མིང་སྨོས་པ་རྣམས་ཀྱི་མིང་ཅན་དག་གི་ཚད་ཡོངས་སུ་ཤེས་པར་བྱ་བའི་ཕྱིར་གཟུཌ ་ནི་རྣམ་པ་གཉིས་ཏེ་ཞེས་བྱ་བ་སྨྲས་སོ། །དེ་ལ་ཞེས་བྱ་བ་ནི་མ་ཕྱེ་བའི་ཕྱོགས་ལ་ཚིག་ཉེ་བར་དགོད་པའི་དོན་ཏོ། །ཕྱེ་བའི་ཕྱོགས་ལ་དགར་བའི་དོན་ཏོ། །རྣམ་པ་གཉིས་ཏེ་ཞེས་བྱ་བ་ནི་རྣམ་པ་གཉིས་སོ། །རྣམ་པ་གཉིས་པོ་དེ ་ཉིད་གསལ་བར་བྱ་བའི་ཕྱིར་འབྱུང་བ་དང་འབྱུང་བ་ལས་གྱུར་པའི་གཟུགས་སོ་ཞེས་བྱ་བ་སྨོས་སོ། །དེ་ལ་འབྱུང་བ་རྣམས་ཀྱིས་ནི་རྒྱུའི་གཟུགས་ཏེ་གནས་ཀྱི་གཟུགས་སྟོན་ཏོ། །འབྱུང་བ་ལས་གྱུར་བ་ཞེས་བྱ་བ་འདིས ་ནི་འབྲས་བུའི་གཟུགས་ཏེ་གནས་པའི་གཟུགས་སྟོན་ཏོ། །འབྱུང་བ་དག་ནི་བཞི་སྟེ། ཞེས་བྱ་བ་ནི་གྲངས་དེས་པ་སྟེ། ནམ་མཁའ་ནི་འགྱུར་བ་ཆེན་པོས་ཡིན་ནོ་ཞེས་དགག་པའི་དོན་ཏོ། །རང་གི་མཚན་ཉིད་ནི་དེ་རང་ཡང ་ཡིན་ལ་མཚན་ཉིད་ཀྱང་ཡིན་པས་རང་གི་མཚན་ཉིད་དོ། །དངོས་པོ་གཞན་ཐམས་ཅད་ལས་བཟློག་པའི་ངོ་བོ་སྟེ། དཔེར་ན་ས་ནི་སྲ་བའོ་ཞེས་བྱ་བ་ལྟ་བུའོ། །གང་མང་པོ་དག་ལ་བླ་མ་དང་པར་ཡོད་པའི་ངོ་བོ་དེ་ནི་སྤྱིར་མཚན ་ཉིད་དེ་དཔེར་ན་མི་རྟག་པ་ཞེས་བྱ་བ་ལ་སོགས་པ་ལྟ་བུའོ།། རྒྱུར་བྱས་པའི་གཟུགས་ཞེས་བྱ་བ་སྨོས་པ་ལ་རྒྱུར་བྱས་པའི་གཟུགས་ཀྱི་དོན་གང་ཡིན་ཞེ་ན། རྒྱུའི་དོན་ནི་རྒྱུར་བྱས་པའི་དོན་ཏོ། །འབྱུང་བ་ཆེན་པོ་བཞིའི་རྒྱུ་ལས ་བྱུང་བའི་གཟུགས་ནི་རྒྱུར་བྱས་པའི་གཟུགས་ཏེ། འབྱུང་བ་ལས་གྱུར་པའི་གཟུགས་ཞེས་བྱ་བའི་ཐ་ཚིག་གོ། སྲ་བ་དང་གཤེར་བ་དད་ཚ་བ་དང་གཡོ་བ་ཉིད་དག་གོ། ཞེས་བྱ་བ་ལ། ཉིད་ནི་དེའི་དངོས་པོའོ། །དེ་གླ་སྲ་བ་ཉིད་ནི ་བརྟན་པ་དང། མཁྲད་བ་ཞེས་བྱ་བ་དང་དོན་གཅིག་གོ། གཤེར་བ་ཉིད་ནི་འཛག་པའི་བདག་ཉིད་ཅེས་བྱ་བའི་ཐ་ཚིག་གོ། ཚ་བ་ཉིད་ནི་བསྲེག་པ་ཚིག་པར་བྱེད་ཅེས་བྱ་བའི་ཐ་ཚིག་གོ། གཡོ་བ་ཉིད་ནི་འགྲོ་བར་བྱེད་ཅེས་བྱ་བའི་ཐ ་ཚིག་གོ། ལས་ནི་བརྟེན་པ་དང། ཞེས་བྱ་བ་ལ་སོགས་པ་སྟེ། དེ་ལ་འཛིན་པ་ནི་སའི་ལས་སོ། །སྦྱོར་བ་ནི་ཆུའི་ལས་སོ་སྦྱིན་པར་བྱེད་པ་ནི་མེའི་ལས་སོ། །བསྐྱོད་པ་ནི་རླུང་གི་ལས་སོ། ། དེ་ལ་བསྐྱོད་པ་ནི་འཕེལ་བ་དད་འགྲོ་བར ་བྱེད་པའོ། །འདི་ནི་འདིར་གྲངས་ཇི་ལྟ་བ་བཞིན་ནོ་ཞེས་བྱ་བའི་དོན་ཏོ། །སྐྱེད་པ་དང་བརྟེན་པ་དང་གནས་པ་དང་བརྟེན་པ་དང་འཕེལ་བར་བྱེད་པའི་དོན་གྱིས་རྒྱུར་བྱས་པའི་གཟུགས་ཐམས་ཅད་འཛིན་པའི་ཕྱིར་བྱེད་པའི་རྒྱུ ་འདི་ནི་རྣམ་པ་ལྔར་དབྱེའོ། །དེ་དག་ནི་ཆེན་པོ་ཡང་ཡིན་ལ། འབྱུང་བར་ཡང་འགྱུར་བས་ན་ཞེས་བྱ་བ་ལ་སོགས་པས་ནམ་མཁའ་ལ་ཆེན་པོ་ཡོད་ཀྱང་འབྱུང་བ་མེད་པ་སྔོན་ཏོ། །ཅིའི་ཕྱིར་ཞེ་ན། ནམ་མཁའ་ནི་མ་བྱས་པའི་ཕྱིར།། ་གང་དག་གི་ལྟ་བ་ལས་གང་ཁོང་སྟོང་དེ་ནི་ནམ་མཁའ་ཨོ་ཞེས་ཟེར་བ་ནི་ནམ་མཁའ་ཨི་ཁམས་མི་ཤེས་པར་སྨྲས་པ་ཡིན་ནོ། །ནམ་མཁའ་ནི་ཡུལ་ལ་གནས་པ་ཡིན་ཏེ། ཇི་སྐད་དུ་འདས་པ་དང་མ་འོངས་པ ་དང་ནམ་མཁའ་དང་རྣམ་པར་རིག་བྱེད་མ་ཡིན་པ་དང་གཟུགས་མེད་པའི་ཆོས་རྣམས་ནི་ཡུལ་ལ་མི་གནས་པའོ་ཞེས་གསུངས་པའི་ཕྱིར་རོ། །དེ་བས་ན་ནམ་མཁའ་ནི་འབྱུང་བ་ཆེན་པོ་མ་ཡིན་ནོ། །འདི་དག་ནི་ཆེ་བ་ནི་རྒྱུར་བྱས་པའི ་གཟུགས་ཐམས་ཅད་ལ་ཁྱབ་བའི་ཕྱིར་རོ། །ཁྱབ་པ་ནི་གནས་ཀྱི་དངོས་པོ་ཡིན་གྱི་གཞན་གྱི་དངོས་པོ་མ་ཡིན་ཏེ། གཟུགས་མེད་པའི་ཁམས་སུ་ཡང་འཕགས་པའི་གང་ཟག་གིས་འདས་པ་དང་མ་འོངས་པའི་ཟག་པ་མེད ་པའི་སྡོམ་པ་ཐོབ་པའི་ཕྱིར་རོ། །ཡང་ན་འབྱུང་བ་རྣམས་ཀྱི་གནས་པའི་ཁྱད་པར་ཆེ་བའི་ཕྱིར་ཤས་ཆེ་བ་སྟེ། ཇི་སྐད་དུ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ། ཀུན་དགའ་བོ་ས་ཆེན་པོ་འདི་ནི་ཆུ་ལ་བརྟེན་ཏོ། །ཆུ་ནི་རླུང་ལའོ ་ཞེས་གསུངས་པ་ལྟ་བུའོ། །འདི་ལྟར་ཡང་མེའི་ཁམས་ཀྱི་ཤས་ཆེ་ན་ཚངས་པའི་འཇིག་རྟེན་མན་ཆད་ཚིག་པའི་ཕྱིར་རོ།། ཆུའི་ཁམས་ཀྱི་ཤས་ཆེན་འོད་གསལ་མན་ཆད་ལ་གནོད་པའི་ཕྱིར་རོ། །རླུང་གི་ཁམས་ཀྱི ་ཤས་ཆེན་དགེ་རྒྱས་མན་ཆད་རྣམ་པར་འཇིག་པའི་ཕྱིར་རོ།། ཡང་གསུངས་པ། སའི་ཁམས་རབ་ཏུ་འཁྲུགས་ན་རྒྱུན་རྣམS་འགོག། རྒྱུན་རྣམས་འགག་ན་རླུང་མི་རྒྱུའོ། །རླུང་དེ་དག་མི་རྒྱུ་ན་གནད་རྣམས་སྐམ་མོ་སྐམས ་པ་དང་ཆུས་རུལ་བར་བྱེད་དོ། །མེས་ཚིག་པར་བྱེད་དོ་ཞེའོ། །དེ་ལྟར་ཁྱབ་པར་ཁོང་དུ་ཆུད་པར་བྱའོ། །མི་དགོས་པ་དང་མི་ནུས་པའི་ཕྱིར་བཞི་ཁོ་ན་ཏེ་ཁྲིའི་རྐང་པ་བཞིན་ནོ། །ཞེས་བྱ་བ་ནི་སྔར་ནི་མི་དགོས་སོ། གསུམ ་གྱིས་ནི་མི་ནུས་སོ། །ཁྲིའི་རྐང་པ་སྤོས་པ་ནི་གོ་སླ་བར་བྱ་བའི་ཕྱིར་རོ། །འབྱུང་བ་ཆེན་པོ་བཞི་པོ་དག་རྒྱུར་བྱས་པ་ཞེས་བྱ་བ་ལ་འབྱུང་བ་ཆེན་པོ་བཞི་པོ་དག་དང་དེ་དག་རྒྱུར་བྱས་པ་ཞེས་བྱ་བ་རིགས་སོ་ཞེ་ན། འབྱུང་བ་ཆེན་པོ ་བཞི་སྨོས་པ་ནི་ཚོགས་ནས་བྱ་བ་འབྱུང་བར་བསྟན་པ་དང། རྒྱུ་དང་འབྲས་བུ་གཞན་ཡིན་པར་ཤེས་པར་བྱ་བའི་ཕྱིར་རོ།། འབྱུང་བ་ཆེན་པོ་བཞི་པོ་དག་འདུས་ན་རྒྱུར་བྱས་པའི་གཟུགས་མངོན་པར་འགྲུབ་བོ། །འབྱུང་བ་ཆེན་པོ ་བཞི་པོ་དག་ནི་འབྱུང་བ་ཆེན་པོ་དག་འདུས་ནས་མངོན་པར་འགྲུབ་པ་མ་ཡིན་གྱི། རེ་རེ་ཡང་འབྱུང་བ་ཆེན་པོ་གཞན་གསུམ་པོ་དག་ལ་བལྟོས་པ་སྟེ། གཅིག་གིས་རྒྱུ་གཅིག་ཅེས་གསུངས་པའི་ཕྱིར་རོ། །མངལ་དུ་འཇུག་པའི ་མདོ་ལས་རང་བཞིན་ལ་བལྟོས་པ་མ་ཡིན་པ་དང། ཆ་འདྲ་བའི་རྫས་ལ་བལྟོས་པ་མ་ཡིན་པའི་ཕྱིར་རང་བཞིན་དང་ཆ་འདྲ་བའི་རྫས་ལ་མི་བལྟོས་པའི་ཞེའོ། །འབྱུང་བ་ཆེན་པོ་དག་ནི་ཚོགས་པ་མི་འབྲལ་བ་དག་གོ། ཅི་མངོན ་ཞེ་ན། མདོ་ལས་མངོན་ཏེ། མངལ་དུ་འཇུག་པའི་མདོ་ལས་གསུངས་པ། དགའ་བོ་དེ་ལ་ཕ་མའི་མི་གཙང་བ་ལ་མེར་མེར་པོར་གྱུར་བའི་ལུས་ལ་སྲ་བ་ཉིད་ནི་སའི་ཁམས་ཉེ་བར་གནས་པ་ཡིན་ནོ། །གཤེར་བ་ཉིད་ནི་ཆུའི་ཁམS ་སོ། །ཚ་བ་ཉིད་ནི་མེའི་ཁམས་སོ། །ཡང་ཞིང་གཡོ་བ་ཉིད་ནི་རླུང་གི་ཁམས་སོ། །དགའ་བོ་གལ་ཏེ་དེ་ལ་སའི་ཁམས་ཡོད་ལ་ཆུའི་ཁམས་མེད་པར་གྱུར་ན་སྐམ་པ་འམ་འགྱེས་པར་འགྱུར་ཏེ། དགའ་བོ་དཔེར་ན་ཕྱེ་འམ་ཐབ?་བཅངས ་པ་ལྟ་བུའོ། །དགའ་བོ་དེ་ནི་ཆུའི་ཁམས་ཀྱིས་གཟུང་བས་མི་འགྱས་སོ། །དགའ་བོ་གལ་ཏེ་དེ་ལ་ཆུའི་ཁམས་ཡོད་ལ་སའི་ཁམས་མེད་པར་གྱུར་ན་སླ་བས་ཟག་པར་འགྱུར་ཏེ། དགའ་བོ་དཔེར་ན་འབྲུ་མར་རམ་ཆུ་ལྟ་བུའོ།། ་དགའ་བོ་དེ་ལྟར་ན་ཆུའི་ཁམས་ཀྱིས་སའི་ཁམས་བཟུང་ན་མི་འཛག་གོ། དགའ་བོ་གལ་ཏེ་དེ་ལ་སའི་ཁམས་དང་ཆུའི་ཁམས་ཡོད་ལ་མེའི་ཁམས་མེད་པར་གྱུར་ན་འདྲུལ་ཞིང་འཇིག་ལ་འདགས་བར ་འགྱུར་ཏེ། དགའ་བོ་དཔེར་ན་དབྱར་གྱི་དུས་ན་ཤ་རྣག་ཏུ་འདྲུལ་ཞིང་འཇིག་ལ་འདགས་པར་འགྱུར་བ་དེ་བཞིན་དུ། དགའ་བོ་གལ་ཏེ་དེ་ལ་སའི་ཁམས་དང་ཆུའི་ཁམས་ཡོད་ལ་མེའི་ཁམས་མེད་ན་འདྲུལ་ཞིང་འཇིག་ལ་འདག་བར་འགྱུར་རོ།། ་དགའ་བོ་གལ་ཏེ་དེ་ལ་སའི་ཁམས་དང་ཆུའི་ཁམས་དང་མེའི་ཁམས་ཡོད་ལ་རླུང་གི་ཁམས་མེད་པར་གྱུར་ན་དེ་ཙམ་དུ་འདུག་སྟེ། སྐྱེ་བ་དང་འཕེལ་བ་དང་རྒྱས་པར་མི་འགྱུར་རོ། །ནང་གི་འབྱུང་བ་ཆེན་པོ་སྔོན་གྱི་ལས་ཀྱི་རྣམ་པར ་སྨིན་པ་ལས་བྱུང་བ་གཅིག་གི་རྒྱུ་གཅིག་ཡིན་པ་ལྡན་བ་ཟིན་པ་འདི་དག་སའི་ཁམས་ཀྱིས་བརྟན། ཆུའི་ཁམས་ཀྱིས་བསྡུས། མེའི་ཁམས་ཀྱིས་རྣམ་པར་སྨིན་པར་བྱས། རླུང་གི་ཁམས་ཀྱིས་བསྐྱོད་ན་སྐྱེ་བ་དང་རྒྱས་པར་འགྱུར་རོ ་ཞེའོ། །དེའི་ཕྱིར་འབྱུང་བ་ཆེན་པོ་དག་ནི་འདུས་པ་ཚོགས་པ་མི་འབྲལ་བའོ་ཞེས་བྱའོ། །དེ་ལྟར་རེ་ཞིག་འབྱུང་བའི་གཟུགས་ཇེ་བཤད་ནས་འབྱུང་བ་ལས་གྱུར་པ་བརྗོད་དོ། །རེག་བྱའི་ཕྱོགས་གཅིག་དང་རྣམ་པར་རིག་བྱེད་མ ་ཡིན་པ་ཞེས་བྱ་བ་ལ། རེག་བྱའི་ཕྱོགས་གཅིག་ཏུ་གྱུར་བ་ནི་རེག་བྱའི་ཕྱོགས་གཅིག་གོ། རེག་པར་བྱ་བ་ཡིན་པས་རེག་བྱའོ། །རྫས་སུ་བཅུ་གཅིག་གི་རང་བཞིན་ནོ་ཞེས་བྱ་བའི་ཐ་ཚིག་སྟེ། འབྱུང་བ་ཆེན་པོ་བཞི་དང། ་འཇམ་པ་ལ་སོགས་པ་བདུན་ནོ། །དེ་ལ་འབྱུང་བ་ལས་གྱུར་བའི་གཟུགས་བཤད་པས་ན་འབྱུང་བ་ཆེན་པོ་བཏོན་ཏེ། རེག་བྱའི་ཕྱོགས་གཅིག་སྨོས་སོ། །འབྱུང་བ་ལས་གྱུར་བ་ནི་མིག་ལ་སོགས་པ་ནས་རྣམ་པར་རིག་བྱེད་མ ་ཡིན་པ་ལ་ཐུགS་པའི་བར?་དག་གོ། འབྱུང་བ་དག་ལས་བྱུང་བས་ན་འབྱུང་བ་ལས་གྱུར་བ་སྟེ་ཞེས་བྱ་བ་ནི་གནས་པའི་དངོས་པོར་སྟོན་ཏོ། །དེ་ལ་མིག་ནི་ཞེས་བྱ་བ་ལ་སོགས་པ་ལ་དེ་ལ་ཞེས་བྱ་བ་ནི་དཀར་བའི་དོན་ཏོ། །མིག་ནི ་འདིར་རྣ་བ་ལ་སོགས་པ་གཞན་དག་ལས་བཟློག་པ་སྟེ་མངོན་སུམ་ཉིད་དོ། །སྔོན་མ་བྱུང་བ་དང་ལྷ་དང་མཐོ་རིས་ལ་སོགས་པའི་ཡུལ་ཡོངས་སུ་གཅོད་པའི་ཕྱིར་དེ་རྣ་བའི་དབང་པོ་ལ་སོགས་བབས་སྔར་སྨོས་སོ། །དེ་ལྟར་དེ་རྒྱང ་རིང་དུ་འཇུག་པའི་ཕྱིར་རོ་ཞེས་བྱ་བ་དེ་ནི་ཡང་དག་པའི་ཤ་དང་ལྷའི་དང་འཕགས་པའི་ཤེས་རབ་ཀྱི་མིག་དང་གསུམ་གྱི་སྤྱོད་ཡུལ་ཡིན་པའི་ཕྱིར་རོ། །མིག་གི་རྣམ་པར་ཤེས་པའི་རྟེན་ལྟ་བུ་ཞེས་བྱ་བ་ནི་རྟེན་འདྲ་བས་རྟེན་ལྟ་བུའོ། ་དོན་གྱི་དངོས་པོ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཁོང་དུ་ཆུད་པའི་རྟེན་བྱེད་པས་ནང་གི་ཡན་ལག་ནི་རྟོགS་པ་ཉིད་དོ། །རྣམ་པར་ཤེས་པའི་གནས་ཀྱི་དངོས་པོ་ནི་འདིར་མིག་གི་འགྱུར་བ་གསལ་བ་དང་མི་གསལ་བ་ལ་སོགས་པས་རྗེས་སུ ་འགྱུར་བའི་ཕྱིར་ཏེ། ཤིང་འགྱུར་བས་གྲིབ་མ་འགྱུར་བ་བཞིན་ནོ། །དངོས་པོ་གང་དག་དབང་པོ་ལས་འདས་པ་དེ་དག་མི་རྒྱུ་དང་འབྲས་བུའི་དངོས་པོས་ཡོད་པར་རྗེས་སུ་དཔག་ཏུ་རུང་སྟེ་དབང་པོ་ལས་འདས་པ་དག་ནི་མིག་ལ ་སོགས་པ་སྟེ། དེ་དག་ནི་མིག་གི་རྣམ་པར་ཤེས་པ་ལ་སོགས་པ་འབྲས་བུའི་དམིགས་པའི་ཕྱིར་ཡོད་དོ་ཞེས་བརྗོད་དོ། །མིག་ལ་སོགས་པའི་རྣམ་པར་ཤེས་པ་འབྱུང་བ་གཉིས་ལ་རག་ལས་སུ་ཟིན་ཀྱང་མིག་གི་རྣམ་པར་ཤེས་པ་ལ ་སོགས་པ་མིག་ལ་སོགས་པས་བསྟན་གྱི་གཟུགས་ལ་སོགས་པས་མ་ཡིན་པ་ནི་ཐུན་མོང་མ་ཡིན་པའི་ཕྱིར་རྔའི་སྒྲ་བཞིན་ནོ། །དཔེར་ན་ལག་པ་ལ་སོགས་པ་ནི་རྔ་པ་ཊ་ཧ་ལ་སོགས་པའི་སྒྲའི་ཐུན་མོང་གི་རྒྱུ་ཡིན་གྱི་རྔ་ནི་དེ་ལྟ ་ཡིན་ཏེ། རྔ་ཉིད་ཀྱི་སྒྲའི་རྒྱུ་ཡིན་ནོ།། དེ་ལྟ་བས་རྔའི་སྒྲའོ་ཞེས་དེ་ཉིད་ཀྱིས་བསྟན་ཏོ། །དེ་བཞིན་དུ་གཟུགས་ལ་སོགས་པ་ནི་མིག་གི་རྣམ་པར་ཤེས་པ་ལ་སོགས་པའི་ཐུན་མོང་གི་རྒྱུ་ཡིན་གྱི་མིག་ལ་སོགས ་པ་ནི་ཐུན་མོང་གི་རྒྱུ་མ་ཡིན་ནོ། །དེ་བས་ན་དེ་དག་ཉིད་ཀྱིས་བསྟན་ཏོ། །མིག་གི་རྣམ་པར་ཤེས་པའི་རྟེན་ལྟ་བུ་གཟུགས་ལ་ལྟ་བའི་བྱ་བ་ཅན་གཟུགས་དང་པའོ་ཞེས་བྱ་བ་ནི་འབྲས་བུས་རྒྱུ་གསལ་བར་བྱེད་པའོ། །གཟུགས་ལ ་ལྟ་བའི་བྱ་བ་ཅན་ཞེས་བྱ་བ་ནི་འདི་ལྟར་མིག་གིས་གཟུགས་རྣམས་མཐོང་གི་རྣམ་པར་ཤེས་པས་མ་ཡིན་ཏེ། དེ་ཡོད་ན་ཡོད་པས་མིག་དང་ལྡན་པས་མཐོང་བ་དང། ལོང་བས་མི་མཐོང་བའི་ཕྱིར་རོ།། གཟུགས་ལ་ལྟ་བ་ནི་གཟུགས ་སྣང་བར་འགྱུར་ཞེས་བྱ་བའི་ཐ་ཚིག་གོ། བྱ་བ་ནི་ལས་སོ།། གཟུགས་ལ་ལྟ་བའི་བྱ་བ་སྟེ་།ལས་གང་གི་ཡིན་པ་དེ་གཟུགས་ལ་ལྟ་བའི་བྱ་བ་ཅན་ནོ།། གཟུགས་དང་ཞེས་བྱ་བ་ལ་གཟུགས་ཀྱི་བདག་ཉིད་དང་བ་ནི་གཟུགས་དང་བ་སྟེ ་རྡུལ་ཕྲ་རབ་རྣམས་པ་སགས་པའོ།། མིག་ནི་སྨྲ་བས་ན་མིག་སྟེ་ཡུལ་བརྗོད་ཅེས་བྱ་བའི་ཐ་ཚིག་གོ། མིག་གི་དབང་པོའི་རྡུལ་ཕྲ་རབ་རྣམས་ནི་གནག་བཀྲ་དང་ཉེ་བར་གནས་པ་ཡུལ་མངོན་དུ་ཕྱོགས་པ་ཤེལ་ལྟར་དང་བ་གཟུགས་ལ ་འཛིན་པར་ནུས་པ་སྟེ་སྣོད་ཆུས་གང་བའི་ནང་དུ་ཕྱེ་གཏོར་བ་ལྟ་བུའོ་ཞེས་ཁ་ཅིག་འཛེར་ཏོ།། ཁ་ཅིག་ན་རེ་གོ་སྙོད་ཀྱི་མེ་ཏོག་ལྟར་གནས་པ་སྟེ། འབྱུང་བ་ཆེན་པོ་མདོག་གསལ་བས་ཁེབས་པའི་ཕྱིར་མི་འགྱེས་ཞེའོ། །ཁ་ཅིག ་ན་རེ་དགོངས་པ་ལྟར་གནས་ལ་དད་པའི་ཕྱིར་གཅིག་ལ་གཅིག་གིས་མི་སྒྲིབ་སྟེ་སྟོན་ཀའི་ཆུ་དང་བ་འདུས་པ་བཞིན་ནོ། །ཞེའོ། །འདིས་སྒྲ་རྣམ་པ་མང་པོ་ཉན་པས་རྣ་བའོ། །རྣ་བའི་དབང་པོ་རྡུལ་ཕྲ་རབ་རྣམས་ནི་ཤེལ་ལྟར་དང་བ ་སྒྲ་ལ་འཛིན་པར་ནུས་པ་འགྲོ་བའི་འཛེར་བུ་ལྟར་གནས་པ་དག་གོ། འདིས་དྲི་བསྲུང་རྣམ་པ་མང་པོ་སྙོམ་པས་སྣ་སྟེ་སྣོམ་པ་ཞེས་བྱ་བའི་ཐ་ཚིག་གོ། སྣའི་དབང་པོའི་རྡུལ་ཕྲ་རབ་རྣམས་ནི་ཤེལ་ལྟར་དང་པའོ། །རོ་ལ་འཛིན་པར་ནུས ་པ་འཚོ་བྱེད་འབོད་པས་ལྕེའོ།། ལྕེའི་དབང་པོའི་རྡུལ་ཕྲ་རབ་རྣམས་ནི་ཤེལ་ལྟར་དང་བའོ་མྱང་བར་ནུས་པ་ཟླ་བ་ཁམ་པ་ལྟར་གནས་པ་དག་སྟེ། ལྕེའི་དབུས་སྐྲའི་རྩེ་མོའི་ཁྱོན་ཙམ་ཞིག་ལ་ལྕེའི་དབང་བོའི་རྡུལ་ཕྲ་རབ་དག་གིས་མ་ཁྱབ ་སྟེ་མཛའ་ལྷག་མ་རྣམས་ནི་ཁྱབ་པོ།། དེ་ལྟ་མ་ཡིན་ན་གླང་པ་འཛག་པའི་རོ་མྱོང་བར་འགྱུར་རོ།། བསགས་པ་དང་སོགས་པར་འགྱུར་བ་དང་སོགས་པས་ལུས་ཏེ། བཅོས་མ་དང་བྱ་བ་དང་བྱེད་དུ་གཞུག་པའོ་ཞེས་ངེས་པའི་ཚིག་གོ། བསྟན ་བཅོས་ལས་ནི་དེའི་རྒྱུ་སྨད་པ་ཡིན་པས་ན་ལུས་སོ་ཞེས་བྱུང་སྟེ། ས་བོན་དང་གནས་དང་སྟོན་པ་དང་འཛག་པ་དང་འཆི་བའི་ཡིད་དུ་མི་འོང་བའི་ངོ་བོ་ཉིད་ཀྱི་ཕྱིར་རོ། །མི་གཙང་བའི་རྫས་རྣམ་པ་སྣ་ཚོགས་འདུས་པའི་མཆན་ཉིད་ཀྱི་ཕྱིར་རཀྟ? ་གི་ཚོགས་བཞིན་ནོ་ཞེས་ཁ་ཅིག་འཛེར་ཏོ།། ལུས་ཀྱི་དབང་པོའི་རྡུལ་ཕྲ་རབ་རྣམས་ནི་རིམ་གྱིས་མངོན་པར་གྲུབ་པས་ལུས་བཞིན་དུ་གནས་པ་དག་གོ། མོའི་དབང་པོའི་རྡུལ་ཕྲ་རབ་རྣམས་ནི་རྔའི་ཁོག་པའི་སྦུབས་ལྟར་གནས་པ་དག་གོ། ཕོའི ་དབང་པོའི་རྡུལ་ཕྲ་རབ་རྣམས་ནི་མཐེ་བོའོ་ངོས་ཀྱི་ཚུལ་ལྟར་གནས་པ་དག་གོ། ཡུལ་རེག་བྱ་ཐུན་མོང་བའི་ཕྱིར་དེ་དག་ནི་ལུས་ཀྱི་དབང་པོ་ལ་གནས་པས་ལོགས་ཤིག་ཏུ་མ་སྨོས་སོ། །དབང་པོ་གོང་མ་གསུམ་ནི་ཕྲེང་བའི་རྒྱུད་བཞིན་དུ ་གནས་པ་དག་གོ། མིག་གི་རྣམ་པར་ཤེས་པའི་རྟེན་ཡིན་ལ་གཟུགས་དང་བ་མ་ཡིན་པ་ཡང་ཡོད་དེ། འགོགS་མ་ཐག་པའི་ཡིད་དོ། །གཟུགས་དང་བ་ཡིན་ལ་མིག་གི་རྣམ་པར་ཤེས་པའི་རྟེན་མ་ཡིན་པ་ཡང་ཡོད་དེ། རྣ་བ་ལ་སོགས་པའི ་དབང་པོ་བཞིའོ། །དེ་ལ་མིག་གི་རྣམ་པར་ཤེས་པའི་རྟེན་ཅེས་བྱ་བ་འདི་རྣ་བ་ལ་སོགས་པའི་དབང་པོ་དགག་པར་བྱེད་དོ།། གཟུགས་དང་བ་ཞེས་བྱ་བ་འདིས་ནི་འགག་མ་ཐག་པའི་ཡིད་དགག་པར་བྱེད་དོ། །ཡང་ན ་གཟུགས་སྨོས་པས་དད་པའི་དབང་པོ་ལ་སོགས་པ་སེལ་ཏོ།། དད་བ་སྨོས་པས་ནི་འབྱུང་བ་ཆེན་པོའི་གཟུགས་སེལ་ཏོ།། དེ་ནི་འདི་སྐད་དུ་གང་མིག་གི་རྣམ་པར་ཤེས་པའི་རྟེན་ལྟ་བུ་གཟུགས་ལ་ལྟ་བའི་བྱ་བ་ཅན་གཟུགས་དང་བ་དེ་ནི་མིག ་གི་དབང་པོའོ་ཞེས་བྱ་བའི་ཐ་ཚིག་གོ་ཞེས་བསྟན་པར་འགྱུར་རོ།། དབང་པོའི་དོན་གང་ཞེ་ན། དབང་བྱེད་པའི་དོན་ནི་དབང་པོའི་དོན་ཏོ།། ཡུལ་སོ་སོར་ངེས་པའི་དབང་པོ་རྣམས་ནི་རང་གི་དོན་ལ་ལྷག་པར་དབང་བྱེད་པ་སྟེ། ཐུན་མོང་མ་ཡིན ་པའི་རྣམ་པར་ཤེས་པ་བསྐྱེད་པའི་རྒྱུར་གྱུར་པའི་ཕྱིར་རོ།། དེ་ལྟར་དབང་པོ་དག་བསྟན་ནས་རྒྱུར་བྱས་པའི་གཟུགས་ཡུལ་དུ་གྱུར་པ་རྣམས་བརྗོད་དོ།། དེ་ལ་གཟུགས་ནི་རྣམ་པ་གཉིས་ཏེ་ཞེས་བྱ་བ་ནི་རྣམ་གཉིས་སོ།། ཁ་དོག་གི་བདག ་ཉིད་ནི་ཁ་དོག་གི་རང་བཞིན་ནོ།། དབྱིབས་ཀྱི་བདག་ཉིད་ནི་དབྱིབས་ཀྱི་རང་བཞིན་ནོ།། འདི་ལ་ཁ་ཅིག་ཁ་དོག་དང་དབྱིབས་གཉིས་ཐ་མི་དད་དོ་ཞེས་རྟོག་པ་དེ་དག་གི་ལོག་པར་རྟོགས་པ་བསལ་བའི་ཕྱིར་ཚད་མར་གྱུར་བའི་ལུང་གིས ་ཐ་དད་པར་རབ་ཏུ་བསྒྲུབ་སྟེ། ཁ་དོག་ངན་པ་དང་དབྱིབས་ངན་པར་འགྱུར་རོ་ཞེས་གང་སྨོས་པའོ།། གཟུགས་ཀྱི་སྐྱེ་མཆེད་བསྟན་པ་རྣམ་པ་ཉི་ཤུ་པོ་འདི་ཡང་མིག་གི་རྣམ་པར་ཤེས་པས་ནི་རང་གི་མཚན་ཉིད་རིག་གོ། ཡིད་ཀྱི་རྣམ་པར་ཤེS ་པས་ནི་རང་དང་སྤྱིའི་མཚན་ཉིད་རིག་གོ། ངེས་གྲངས་པ་ཞེས་བྱ་བ་ནི་མིག་གི་རྣམ་པར་ཤེས་པས་དྲངས་པ་སྟེ། དྲངས་པ་ནི་འདིར་དེ་མ་ཐག་པའི་རྐྱེན་གྱི་དངོས་པོར་གནས་པའོ།། སྒྲ་ནི་ཟིན་པ་དང་མ་ཟིན་པའི་འབྱུང་པ་ཆེན་པོའི་བྱེ ་བྲག་གིས་རྣམ་པ་གཉིས་སོ་ཞེས་བྱ་བ་ནི་རྣམ་པ་གཉིས་སོ།། སྒྲར་འབྱིན་ཅིང་འདིས་དངོས་པོ་འབོད་པས་ན་སྒྲའོ།། ཟིན་པ་དང་མ་ཟིན་པའི་འབྱུང་བ་ཆེན་པོའི་སྐུའི་བྱེ་བྲག་འདིས་རྒྱུ་རྣམ་པ་གཉིས་བསྟན་ཏོ།། ཟིན་པའི་ཞེས་བྱ་བའི ་དོན་ཅེ་ཞེ་ན། གང་ཤ་དང་ཁྲག་དང་ཚིལ་དང་ལྡན་པའོ།། དེ་ལྟ་ན་ནི་གཟུགས་ཀྱི་ཁམས་ཀྱི་ཟིན་པ་མ་ཡིན་པའི་སྐྱོན་དུ་འགྱུར་རོ།། སེམས་དང་སེམས་ལས་བྱུང་བ་བདག་གིས་ཕན་པ་དང་གནོད་པ་?་གཉིས་ཀྱིས་བཟུང་བའོ་ཞེ་ན། དེ་ལྟར་ན ་ཡང་འགོག་པ་དང་འདུ་ཤེས་མེད་པ་ལ་སྙོམས་པར་ཞུགས་པ་རྣམས་ཀྱི་ཟིན་པ་མ་ཡིན་པར་འགྱུར་རོ།། དེའི་ཕྱིར་གང་དབང་པོ་དང་མ་བྲལ་པར་གྱུར་པ་དེ་ཟིན་པའོ། །དེ་ལ་མ་གཏོགས་པ་ནི་མ་ཟིན་པའོ།། དེ་ལྟར་བྱས་ནས་ལུས་སུ་གཏོགS ་པ་ཞེས་བྱ་བ་སྨོས་སོ།། བདག་གི་ལུས་ལ་ལུས་ཞེས་བྱ་སྟེ། བདག་ཉིད་ཅེས་བྱ་བའི་ཐ་ཚིག་གོ། དེ་ལ་འདིར་ནི་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་དག་ལ་བདག་ཅེས་བྱ་བར་གདགས་སོ།། ལུས་སུ་གཏོགས་པ་ཞེས་བྱ་བ་ནི་ལུས་སུ་གྱུར་པའི ་ཐ་ཚིག་གོ། དེ་དག་ཀྱང་ད་ལྟར་བྱུང་བའི་ལུས་ཀྱི་དབང་པོ་དང་མ་བྲལ་བ་རྣམS་ལ་ཟིན་པ་དག་ཅེས་བྱ་སྟེ། དེ་དག་ནི་ཕྱིས་པ་རྣམས་ཀྱིས་བདེ་བའི་དོན་དུ་བཟུང་བས་ཟིན་པ་ཞེས་བྱ་བའི་ཐ་ཚིག་གོ། གང་སྔ་མS་ལ་སྐྱེད་པ་ཞེས་བྱ་བ་ནི་བསྒྲུབས་པའོ། ་དེ་ནི་ཟིན་པའི་འབྱུང་པ་ཆེན་པོའི་རྒྱུ་ལས་བྱུང་བ་སྟེ། འདི་ལྟ་སྟེ་ལག་པ་དང་དག་གི་སྒྲའོ།། ཕྱི་མ་སྟེ་མ་ཟིན་པས་གང་བསྐྱེད་པ་ནི། འདི་ལྟ་སྟེ་རླུང་དང་ནགས་ཚལ་དང་འབབ་ཆུའི་སྒྲའོ། །སེམས་ཅན་དུ་སྟོན་པ་དང་སེམས་ཅན་དུ་སྟོན་པ ་མ་ཡིན་པ་རྣམ་པ་བཞིའོ།། སེམས་ཅན་དུ་ནི་བུམ་པ་དང་སྣམ་བུ་ལ་སོགས་པའི་རྫས་ཏེ། དེ་སྟོན་པ་ལ་སེམས་ཅན་དུ་སྟོན་པ་ཞེས་བྱའོ།། ཅི་སེམས་ཅན་དུ་སྟོན་པ་ཞེས་བྱའོ། །ཅི་གང་སེམས་ཅན་དུ་སྟོན་པ་དེ་སེམས་ཅན་དུ་སྟོན་པ་ཡིན་ཏེ། ཇི་ལྟར་གང ་ལ་ཨ་ཞེས་བྱ་བ་ལ་སོགས་པའི་ཡི་གེའི་འབྲུ་གསལ་བ་ཡོད་པ་སེམས་ཅན་དུ་སྟོན་པ་ཡིན་ནམ། འོན་ཏེ་གང་སེམས་ཅན་གྱི་བློ་སྐྱེད་པར་བྱེད་པ་ཡིན། དེས་ཅིར་འགྱུར་ཞེ་ན། གལ་ཏེ་དེ་སེམས་ཅན་དུ་སྟོན་པ ་ཡིན་ན་ནི། དེ་ལྟ་ན་རྟ་ལ་སོགས་པ་སྒྲ་འབྱིན་པའི་སྒྲ་སེམས་ཅན་དུ་སྟོན་པ་མ་ཡིན་པའི་སྐྱོན་དུ་འགྱུར་རོ། །ཅི་སྟེ་གང་སེམས་ཅན་གྱི་བློ་བསྐྱེད་པ་ཡིན་ན་ནི། ལོག་པའི་སྒྲ་ཡང་སེམས་ཅན་དུ་སྟོན་པར་འགྱུར་རོ། །དེ་ལྟར་དྲི་བ་བྱས་ནS ་སྨྲས་པ། གང་སེམས་ཅན་གྱི་བློ་བསྐྱེད་པ་དེ་སེམས་ཅན་དུ་སྟོན་པ་སྟེ། ཇི་ལྟར་སྨྲ་པའི་སྒྲས་མངོན་སུམ་དུ་རྟོག་པར་བྱེད་པ་དེ་ལྟར་ལག་པའི་སྒྲས་ནི་མ་ཡིན་ནོ།། གཞན་ནི་མ་ཟིན་པའི་འབྱུང་བ་ཆེན་པོའི་རྒྱུ་ལས་འབྱུང་བའོ། །བར་དུ་ཆོག་ཀྱང ་ཐམས་ཅད་ཀྱི་མིང་གི་ཚུལ་གྱིས་མངོན་ཏེ། ཁྱོད་ཀྱི་ཁ་བཞིན་དེ་ནི་ཨུཏཔལ་མདབ?་འདྲ་ཡི། །མིག་དང་དེ་ཡི་རྡུལ་དང་འདྲ་བའི་གསུང་དང་ལྡན་ཞེས་བརྗོད་པའི་ཕྱིར་རོ། །སྤྲུལ་པ་ནི་འདོད་པ་ན་སྤྱོད་པ་བསམ་གཏན་བཞི་པའི་བར་གྱིས ་འབྲས་བུའོ། །དེ་ལ་འདོད་པ་ན་སྤྱོད་པ་ནི་སྐྱེ་མཆེད་བཞིའི་བདག་ཉིད་དེ། གཟུགས་དང་དྲི་དང་རོ་དང་རེག་བྱའི་རང་བཞིན་ནོ། །གཟུགས་ན་སྤྱོད་པ་ནི་སྐྱེ་མཆེད་གཉིས་ཀྱི་བདག་ཉིད་གཟུགས་དང་རེག་བྱའི་རང་བཞིན་ནོ། །དེ་ནི་དྲི་དང་རོ་གཉིས་མེད་དེ ་ཁམ་གྱི་ཟ་བའི་ཟས་ཀྱི་འདོད་ཆགས་དང་བྲལ་པའི་ཕྱིར་རོ།། དེ་ནི་དངོས་གཞི་བསམ་གཏན་གྱི་འབྲས་བུ་ཡིན་གྱི་ཉེར་བསྡོགས་ཀྱིས་ཐོབ་པར་བྱ་བ་མ་ཡིན་ཏེ། མཆོག་ཏུ་དགའ་བའི་དངོས་པོ་ཡིན་པའི་ཕྱིར་རོ། །དེ་ལ་སངས་རྒྱས་ཀྱི ་སྤྲུལ་པ་དག་ནི་དེ་བཞིན་གཤེགས་པ་ཅང་མི་གསུང་བར་ཡང་ཆོས་སྟོན་པར་ནུས་སོ། །ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་དེ་དག་ནི་ལྷན་ཅིག་ཏུ་སྨྲ་བ་སྟེ། ཇི་སྐད་དུ་གཅིག་པོ་སྨྲ་ན་སྦྲུལ་པ་ཐམས་ཅད་སྨྲ་བར་འགྱུར། དེ་བཞིན་གཤེགS་པ་མི ་གསུང་སྤྲུལ་པ་ཐམས་ཅད་སྨྲ་ཞེས་གསུང་པ་ལྟ་བུའོ།། ཡིད་དུ་འོང་བ་དང་ཡིད་དུ་མི་འོང་བའི་བྱེ་བྲག་གིས་ཞེས་བྱ་བ་ལ་ཡིད་དང་མཐུན་པ་ནི་ཡིད་དུ་འོང་བའོ།། ཡིད་དང་མི་མཐུན་པ་ནི་ཡིད་དུ་མི་འོང་བ་སྟེ། དཔེར་ན་པ་ཡིད་དུ་འོད་པ་ནི་ཕར་འཛིན ་པ་ཞེས་བརྗོད་པ་ལྟ་བུའོ།། དེ་ལྟར་ན་རྒྱུའི་བྱེ་བྲག་དང་རྫས་ཀྱི་བྱེ་བྲག་དང་ཡོན་ཏན་གྱི་བྱེ་བྲག་གིས་སྒྲ་ནི་རྣམ་པ་བརྒྱད་དུ་འགྱུར་རོ།། རྣམ་པ་བརྒྱད་པོ་དེ་ཡང་རྣ་བའི་རྣམ་པར་ཤེས་པས་ནི་རང་གི་མཚན་ཉིད་རིག་གོ། ཡིད་ཀྱི་རྣམ་པར་ཤེས ་པས་ནི་རང་དང་སྤྱིའི་མཚན་ཉིད་རིག་གོ། སྒྲའི་སྐྱེ་མཆེད་བཤད་ཟིན་ཏོ།། དྲི་ནི་རྣམ་པ་གསུམ་སྟེ། དྲི་ཞིམ་པ་དང། དྲི་ང་བ་དང། དྲི་མཉམ་པའོ་ཞེས་བྱ་བ་ལ་བསུང་ཞིམ་པ་ནི་དྲི་ཞིམ་པའོ། །སྨད་པའི་དྲི་ནི་དྲིང་བའོ།། ངན་པ་ནི་སྡིག་པ་སྟེ། དཔེར ་ན་བྲམ་ཟེ་ངན་པ་ཞེས་བྱ་བ་ལྟ་བུའོ།། གཉི་ག་ལས་བཟློག་པ་ནི་དྲི་མཉམ་པ་སྟེ། དྲི་ཞིམ་པ་དང་དྲི་ང་བ་ལ་མ་གཏོགས་པ་ནི་དྲི་མཉམ་པའོ། །དོན་དེ་ཉིད་གཞུང་གིས་སྟོན་ཏེ། དྲི་ཞིམ་པ་ན་དབང་པོའི་འབྱུང་བ་ཆེན་པོ་རྒྱས་པར་བྱེད་པའོ་ཞེས་བྱ་བ ་སྟེ། དབང་པོ་རྣམས་ཀྱི་འབྱུང་བ་ཆེན་པོ་དག་ནི་དབང་པོའི་འབྱུང་བ་ཆེན་པོའོ།། དེ་དག་རྒྱས་པར་བྱེད་པ་ནི་རྟས་པར་བྱེད་པའི་ཐ་ཚིག་གོ། དེ་དང་མི་མཐུན་པ་ནི་དྲིང་པའོ།། ཕན་པར་བྱེད་པ་དང་གནོད་པར་བྱེད་བའི་རྒྱུ་ལས་རྣམ་པར་གྲོལ་བ ་ནི་དྲི་མཉམ་པའོ། །རྣམ་པ་གསུམ་པོ་འདི་ཡང་སྣའི་རྣམ་པར་ཤེས་པས་ནི་རང་གི་མཚན་ཉིད་རིག་གོ། ཡིད་ཀྱི་རྣམ་པར་ཤེས་པས་ནི་རང་དང་སྤྱིའི་མཚན་ཉིད་རིག་གོ། རོ་ནི་མངར་བ་དང། སྐྱུར་བ་དང། ལན་ཚྭ་བ་དང། ཁ་བ་དང། བསྐ་བའི ་བྱེ་བྲག་གིས་རྣམ་པ་དྲུག་སྟེ། ཞེས་བྱ་བ་ལ་རོ་ནི་མྱང་བར་བྱ་བ་ཞེས་བྱ་བའི་དོན་གང་ཡིན་པའོ། །དེ་ལ་མངར་བ་ནི་བུ་རམ་ལ་སོགས་པའོ། །ཚ་བ་ནི་བཅའ་ལྒ་ལ་སོགས་པའོ།། སྐྱུར་བ་ནི་བི་ཙ་པུརྞ་ཀ་ལ་སོགས་པའོ། །ཁ་བ་ནི་ནི་མ་པ་ལ ་སོགས་པའོ།། ལན་ཚྭ་པ་ནི་ལྕེ་ཚྭ་ལ་སོགས་པའོ།། བསྐ་བ་ནི་ཨ་རུ་ར་ལ་སོགས་པའོ།། དེ་ཐམས་ཅད་ནི་ལྕེའི་རྣམ་པར་ཤེས་པ་དང་དིས་དྲངས་པའི་ཞེས་བྱ་པ་ནི་སྔ་མ་བཞིན་ནོ།། རེག་བྱའི་ཕྱོགས ་གཅིག་ན་རྣམ་པ་བདུན་སྟེ་ཞེས་བྱ་བ་ནི་རྣམ་པ་བདུན་ཏེ། འཇམ་པ་ཉིད་ཅས་བྱ་བ་ལ་སོགས་པའོ།། འཇམ་པའི་དངོས་པོ་ནི་འཇམ་པ་ཉིད་དེ་ཐ་མི་དད་པའི་དངོས་པོའི་རྐྱེན་ཏེ། ཇི་སྐད་དུ་དངོས་པོ་ཐམས་ཅད་ནི་རང་གི་དངོས་པོར་འབྱུང་བ ་ཞེས་བྱ་བའི་ཕྱིར་རོ། །རྩུབ་པ་ཞེས་བྱ་བ་ལ། རྩུབ་ཅེས་བྱ་བ་དག་ནི་འབྱུང་བ་ཆེན་པོ་དག་ལ་བྱའོ། །དེ་ལ་གནས་པའི་རྩུབ་པ་སྟེ། དཔེར་ན་རི་ལ་ཉལ་བ་ལ་རི་ཉལ་བཞེས་བྱ་བ་ལྟ་བུའོ། །དེ་ལྟ་ཡིན་ན་ནི་རྒྱུར་བྱས་པའི་གཟུགས་ཐམས་ཅད ་རྩུབ་པར་འགྱུར་རོ། །འདི་ལ་ཉེས་མེད་དེ་རང་གི་ཡན་ལག་གི་ཆོས་སྟོན་དུ་ཟིན་ཀྱང་རྣམ་པ་གཞན་ལ་བརྗོད་དེ། དཔེར་ན་ལོ་མ་བདུན་པ་དང། གོམ་པ་བརྒྱད་པ་ཞེས་བྱ་བ་ལྟ་བུའོ།། དེའི་དངོས་བ་ནི་རྩུབ་པ་ཉིད་དོ། །ལྕི་བ་ཉིད་དང། ཡང་བ་ཉིད་དང ་ཕྲང་བ་རྣམས་ནི་འབྱུང་ལས་ཇི་སྐད་དུ་འགྱུང་བར་ཟ་ད་དོ།། འབྱུང་བ་འདུས་པ་ལ་ཆུ་དད་མེའི་ཤས་ཆེ་བ་ནི་འཇམ་པའོ།། ཤས་ཆེ་བ་ནི་ལྷག་པ་ལ་བྱའོ།། ལྷག་མ་རྣམས་ནི་འབྱུང་ལས་ཇི་སྐད་དུ་འབྱུང་བར་ཟད་དོ། །དེ་ལ་འདོད་པའི་ཁཾས་ན་ནི ་ཐམས་ཅད་ཡོད་དོ། །གཟུགས་ཀྱི་ཁམས་ན་ནི་བཀྲོས་པ་དང་སྐོམ་པ་མེད་དོ། །གྲང་བ་ཡང་གནོད་པར་འགྱུར་བ་ནི་མེད་ཀྱི་ཕན་པར་འགྱུར་བ་ནི་ཡོད་དོ། །འདིར་ཁ་ཅིག་འདི་སྐད་དུ་ཏིང་ངེ་འཛིན་མ་གཏོགས་པར་ཕན་པར་འགྱུར་པའི་དངོས་པོ་གཞན ་མེད་པའི་ཕྱིར་རོ་ཞེས་རྒོལ་ལོ། །དེ་ལྟ་ན་ནི་ཏིང་ངེ་འཛིན་མ་གཏོགས་པར་ཕན་པར་འགྱུར་བའི་དངོས་པོ་མེད་པའི་ཕྱིར་གཞལ་མེད་ཁང་དགོས་པར་མི་འགྱུར་རོ། །རྒྱས་པར་བྱེད་པ་ཞེས་བྱ་བའི་རླུང་གི་རྒྱུན་དེས་ལུས་ཐམས་ཅད་རྒྱས་པར་བྱེད ་ཅེས་ཀྱང་འབྱུང་ངོ། །དེ་བས་ན་ཏིང་ངེ་འཛིན་ལས་བྱུང་བའི་རེག་བྱའི་ཁྱད་པར་གྱིས་ལས་ལ་ཕན་འདོགས་པར་ཟད་དེ། རྒྱུར་བྱས་པའི་གཟུགས་དེ་ལས་གཞན་ཡོད་དམ་ཅིའི་ཕྱིར་བཀྲེས་པ་དང་སྐོམ་པ་མེད་ཅེ་ན། ཁམ་གྱི་ཟ་བའི་ཐས་ཀྱི ་འདོད་ཆགས་དང་བྲལ་བའི་ཕྱིར་རོ།། ཟས་འདོད་པའི་རྒྱུའི་ཆོས་ནི་བཀྲེས་པའོ། །རྒྱུའི་སྒྲ་ནི་མི་མངོན་པར་བྱས་ཏེ། དཔེར་ན་ཚོད་མ་བཙོ་བར་བྱེད་པའི་རྒྱལ་པོ་ལ་ཚོད་མའི་རྒྱལ་པོ་ཞེས་བྱ་བ་ལྟ་བའོ། །ཡང་ན་རྒྱུ་ལ་འབྲས་བུ་གདགས་པའི ་ཕྱིར་ཏེ། བརྗོག་པར་བྱ་བའི་གཙོ་བོ་ཡིན་པས་དེས་ན་བཀྲེས་པ་དང་སྐོམ་པ་གཟུགས་ཀྱི་རང་བཞིན་མ་ཡིན་ནོ། །དེ་ལ་ལྟོ་ཀུན་ཏུ་རླུང་གི་རྡུལ་ཕྲ་རབ་རྣམས་ཀྱིས་རེག་ན་བཀྲེས་པར་འགྱུར་རོ། །མ་རེག་ན་སྐོམ་པར་འགྱུར་རོ། །དེའི་ཕྱིར་རྒྱུ་ལ ་འབྲས་བུ་སྒྲོ་གཏགས་ནས་བཀྲེས་པ་དང་སྐོམ་པའི་སྒྲར་བརྗོད་དོ།། ཇི་སྐད་དུ་སངས་རྒྱས་རྣམས་ནི་འབྱུང་བ་བདེ་ཞེས་བྱ་བ་ལྟ་བུའོ།། དབང་པོ་རྣམས་ཀྱི་ཡུལ་སོ་སོར་ངེས་པའི་ཕྱིར་སྐྱེ་མཆེད་ཀྱི་རང་གི་མཚན་ཉིད་ཡུལ་ཡིན་གྱི་རྫས ་ཀྱི་རང་གི་མཚན་ཉིད་ནི་ཡུལ་མ་ཡིན་ནོ།། དེ་བས་ན་རེག་བྱ་ཡང་ངེས་པར་སྔར་འབྱུང་སྟེ། འབྱུང་པ་ཆེན་པོ་བཞི་དང། འཇམ་པ་ལ་སོགས་པའི་ནང་ནས་གང་ཡང་རུང་བའོ། །དེ་བཞིན་དུ་དམག་ལ་སོགས་པའི་ཚོགས་དང། ནོར་བུའི་ཁ ་དོག་དང་རྟག་དབྱིབས་དུ་མར་སྣང་བ་རྣམས་ཀྱི་གཟུགས་ལ་སོགས་པའི་རྣམ་པ་ཡང་ཡོངས་སུ་གཅོད་པར་སྦྱར་བར་བྱའོ།། དེ་ཡང་ལུས་ཀྱི་རྣམ་པར་ཤེས་པས་ནི་རང་གི་མཚན་ཉིད་རིག་གོ་།ངེས་དྲངས་པའི་ཡིད་ཀྱི་རྣམ་པར་ཤེས་པས་ནི ་རང་དང་སྤྱིའི་མཚན་ཉིད་རིག་གོ། རེག་བྱའི་སྐྱེ་མཆེད་བཤད་ཟིན་ཏོ། །ད་ནི་རྣམ་པར་རིག་བྱེད་མ་ཡིན་པ་བརྗོད་པར་བྱའོ། །སེམས་དང་སེམས་ལས་བྱུང་བའི་འབྱུང་བ་རྣམ་པ་ཐ་དད་པ་དག་གིས་ཞེས་བྱ་བ་ནི་རྣམ་པ་དུ་མ་དག་སྟེ། དགེ ་བ་དད་མི་དགེ་བ་དང། ལུང་དུ་མ་བསྟན་པའི་སེམས་དེས་སེམས་ལས་བྱུང་བའི་སྐྱེས་པ་རྣམས་ཀྱི་ཞེས་པའི་ཐ་ཚིག་གོ། གཞན་ལ་རིག་པར་བྱེད་པ་ནི་ཁོང་དུ་ཆུད་པར་བྱེད་ཤེས་པར་བྱེད་ཡོངས་སུ ་གཅོད་བར་བྱེད་པའོ། །ཇི་ལྟར་ན་འདིར་སེམས་དང་སེམས་ལས་བྱུང་བ་འབྱུང་བ་རྣམས་རྒྱུར་འགྱུར་ཞེ་ན། དེ་དག་འབྱུང་བ་མེད་པར་རིག་བྱེད་མི་སྐྱེ་པའི་ཕྱིར་རོ། །དེ་ནི་འདི་སྐད་དུ་སེམས་དང་སེམས་ལས་བྱུང་བའི་འབྱུང་པ ་རྣམ་པ་མང་པོས་བསླད་པའི་ལུས་དང་ངག་གི་རྣམ་པར་རིག་བྱེད་རྣམས་ཀྱིས་གཞན་ལ་ཤེས་པར་བྱེད་དེ། དེའི་ཕྱིར་རྣམ་པར་རིག་བྱེད་དོ། །ཞེས་བསྟན་པར་འགྱུར་ཏེ། འདི་ལྟ་སྟེ། དཔེར་ན་ཁུ་ཚུར་དད་ཐལ་ལྕག་ལ་སོགས་པ ་དམིགས་པའི་ཕྱིར་ནང་དུ་སྦས་པའི་སེམས་ཀྱང་འཁྲུག་པ་དང་ལྡན་ནོ་སྙམ་དུ་གཞན་དག་གི་རྗེས་སུ་དཔག་པ་ལྟ་བུའོ།། དེ་བཞིན་དུ་ཞེས་བྱ་བ་ནི་རྣམ་པར་རིག་བྱེད་བཞིན་དུ་གཞན་ལ་རིག་པར་མི་བྱེད་པས་རྣམ་པར་རིག་བྱེད་མ ་ཡིན་པའོ།། ཇི་ལྟར་རྣམ་པར་རིག་བྱེད་གཟུགས་ཀྱི་རང་བཞིན་དང་བྱེད་པའི་རང་བཞིན་ཡིན་པ་དེ་བཞིན་དུ་རྣམ་པར་རིག་བྱེད་མ་ཡིན་པ་ཡང་གཟུགས་ཀྱི་རང་བཞིན་དང་བྱེད་པའི་རང་བཞིན་ཡིན་མོད་ཀྱི། འོན་ཀྱང་འདི་ལ་རིག ་པར་བྱ་བ་མེད་པས་རྣམ་པར་རིག་བྱེད་མ་ཡིན་པའོ།། མ་ཡིན་པ་འདི་ནི་མེད་པ་ལ་སོགས་པ་དོན་ལྔ་ལ་འཇུག་པར་སྣང་སྟེ། མེད་པ་ནི་ཕྱོགས་དད་མཐུན་པ་མེད་པ་དང་བརྗོད་པར་བྱ་བ་མེད་པའོ།། འགལ་བ་ནི་ཕྱོགས་མ ་ཡིན་པ་དང་དོན་མེད་པའོ།། སྨད་པ་ནི་བྲམ་ཟེར་མི་རུང་བ་སྟེ། གང་འགྲེང་ཞིང་གཅིན་གཅིལ་འགྲོ་ཞིང་ཟ་བའོ། །གཞན་ལ་ནི་བྲམ་ཟེ་མ་ཡིན་པ་བོད་པའོ། །འདྲ་བ་ནི་འདིར་ཇི་ལྟ་བ་བཞིན་ནོ། །རྣམ་པར་རིག་བྱེད་མ་ཡིན་པ་ཞེས ་བྱ་བ་འདིས་ནི་རྣམ་པར་རིག་བྱེད་དང་འགལ་བའི་ཆོས་དང་རྣམ་པར་རིག་བྱེད་མེད་པ་དང། རྣམ་པར་རིག་བྱེད་ལས་གཞན་པ་དང་སྨད་པ་ནི་ཡོངས་སུ་མི་གཟུང་གི་རྣམ་པར་རིག་བྱེད་དང་འདྲ་བ་ཉིད་དོ། །རྣམ་པར་རིག་བྱེད་མ་ཡིན་པ་དང ་འདྲ་བ་གང་ཞེ་ན། གཟུགས་ཉིད་དེ། དེས་ན་སེམས་དང་སེམས་ལས་བྱུང་བ་གཟུགས་ཅན་མ་ཡིན་པ་ནི་རྣམ་པར་རིག་བྱེད་མ་ཡིན་པ་ཉིད་ལས་བཀག་པ་ཡིན་ནོ།། འདིའི་མཚན་ཉིད་བརྗོད་པར་བྱ་སྟེ། རྣམ་པར་རིག་བྱེད་ཀྱི་བྱེ་བྲག ་དང། སེམས་ཀྱི་བྱེ་བྲག་དང། འབྱུང་བ་ཆེན་པོའི་བྱེ་བྲག་གིས་སོ།། དེ་ལ་ཉོན་མོངས་པ་དང་དད་པ་དྲག་པོའི་ཤུགས་ཀྱིས་ཀུན་ནས་བསླང་བའི་རྣམ་པར་རིག་བྱེད་ནི་རྣམ་པར་རིག་བྱེད་ཀྱི་བྱེ་བྲག་གོ། རྣམ་པར་རིག་བྱེད་ཀུན་ནས་སློང་བའི ་སེམས་ནི་སེམས་ཀྱི་བྱེ་བྲག་གོ། ཡང་ན་བསམ་གཏན་དད་ཟག་པ་མེད་པའི་སེམས་སོ།། རྒྱུ་མཐུན་པའི་ཟིན་པའི་འབྱུང་བ་རྣམས་དང་རྒྱས་པར་འགྱུར་བ་མ་ཟིན་པའི་འབྱུང་བ་རྣམས་ནི་འབྱུང་པའི་བྱེ་བྲག་གོ། དེ་ལ་འདྲ་བར་འབྱུང ་བ་ནི་རྒྱུ་མཐུན་པ་སྟེ། རྣམ་པར་སྨིན་པ་ལས་བྱུང་བའི་འབྱུང་བ་ལས་གཞན་པ་སྔ་མའི་དངོས་པོའི་རྒྱུན་གྱི་རྒྱུད་དུ་འབྲེང་བ་དང་ནི་རྒྱུ་མཐུན་པའོ།། དེ་དག་ནི་ཟིན་པ་དག་གོ། དེ་དག་ཀྱང་སོ་སོར་ཐར་པའི་སྡོམ་པ་དང་སྡོམ་པ་མ ་ཡིན་མི་སྡོམ་པ་ཡང་མ་ཡིན་པ་སྐྱེད་པ་དག་གོ། ཟས་དང་ཉལ་བ་དང་ཏིང་ངེ་འཛིན་གྱི་ཁྱད་པར་རྣམས་ཀྱིས་རྒྱས་པར་གྱུར་པ་དག་ནི་རྒྱས་པར་འགྱུར་བདག་གོ། དེ་དག་གི་རྒྱས་པར་འགྱུར་བ་ཡང་ཡིན་ལ་མ་ཟིན་པ་ཡང་ཡིན་བས ་རྒྱས་པར་འགྱུར་བ་མ་ཟིན་པ་དག་སྟེ། འདིས་ནི་ཁ་ཟས་དང་ཉལ་བའི་རྒྱས་པར་འགྱུར་བ་སེལ་ཏོ།། འཕངས་པ་དང་རྣམ་པར་མ་གཡེངས་པ་ཞེས་བྱ་བ་ལ་སོགས་པ་དེ་ལ་འཕངས་པ་ནི་འཕང་པ་བྱས་པ་སྟེ། རྒྱུ་མཐུན་པའི ་འབྱུང་བ་ཆེན་པོ་ལས་འབྱུང་བའོ། །རྣམ་པར་རིག་བྱེད་དེ་ཡང་ལུས་ཀྱི་དབྱིབས་ཀྱི་རང་བཞིན་ནོ།། དག་གི་ནི་སྒྲའི་རང་བཞིན་ནོ།། རྣམ་པར་མ་གཡེངས་པ་ཞེས་བྱ་བ་ནི་དགེ་བའི་སེམས་ཞེས་བྱ་བའི་ཐ ་ཚིག་གོ། དེ་མ་ཡིན་པས་སེམས་ཞེས་བྱ་བ་ནི་མི་དགེ་བ་དང་ལུང་དུ་མ་བསྟན་པའི་སེམས་ཏེ། དེ་ལས་གཞན་པའི་སེམས་གང་ཡིན་པ་ནི་རྣམ་པར་རིག་བྱེད་ཀུན་ཏུ་སློང་བ་ལས་གང་གཞན་དུ་གྱུར་པའོ། །སེམས་མེད ་པ་ཞེས་བྱ་ནི་འགོག་པ་དང་འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་ལ་གནས་པའོ། །དགེ་བ་དང་མི་དགེ་པ་ཞེས་བྱ་བ་འདིས་ནི་ལུང་དུ་མ་བསྟན་པ་བཀག་གོ། དགེ་བ་ནི་སོ་སོར་ཐར་པའི་སྡོམ་པ་ལ་སོགས་པའོ། །མི་དགེ་བ ་ནི་སྡོམ་པ་མ་ཡིན་པ་ལ་སོགས་པའོ། །རྒྱུན་ནི་རྒྱུན་ཏུ་འབྱུང་བའོ།། གཟུགས་སྨོས་པ་ནི་ཐོབ་པའི་རྒྱུན་བསལ་པའི་ཕྱིར་རོ།། དགེ་སློང་ལ་སོགས་པའི་རྣམ་པར་བཞག་པའི་རྒྱུ་ཞེས་བྱ་བ་ནི་དགེ་སློང་ལ་སོགས་པར་བསྟན ་པའི་རྒྱུ་མཚན་ནོ།། དེ་བས་ན་འབྲས་བུས་རྣམ་པར་རིག་བྱེད་མ་ཡིན་པ་ཡོད་པར་བསྒྲུབ་བོ།། དེ་སྐད་དུ་འོག་ནས་ཀྱང་དེ་མེད་དུ་ཟིན་ཀྱང་དགེ་སློང་ལ་སོགས་པར་བཞག་པ་མེད་པར་འགྱུར་ཏེ་ཞེས་འབྱུང་ངོ། །བསགས་པ་མ ་ཡིན་པ་ཞེས་བྱ་བ་ནི་རྡུལ་ཕྲ་རབ་ཀྱི་བདག་ཉིད་མ་ཡིན་པ་ཞེས་བྱ་བའི་ཐ་ཚིག་གོ། རྣམ་པར་རིག་བྱེད་མ་ཡིན་པ་རིགས་པས་ཡོད་པར་བསྟན་ནས་ལུང་གིས་བསྟན་པའི་ཕྱིར། བཅོམ་ལྡན་འདས་ཀྱིས་ཀྱང་རྫས་ལས་བྱུང ་བའི་ཞེས་བྱ་བ་ལ་སོགས་པ་གསུངས་སོ་ཞེས་བྱ་བ་སྨོས་སོ།། རྫས་ལས་བྱུང་བ་ཞེས་བྱ་བ་ནི་རྫས་བཏང་བའི་རྒྱུ་ལས་བྱུང་བའི་བསོད་ནམས་ལ་རྫས་ལས་བྱུང་བ་ཞེས་བྱ་སྟེ། རྫས་ལས་བྱུང་བ་གཙུག་ལག་ཁང་ལ་སོགས ་བ་ཕུལ་བ་ལ་སོགས་པ་དེ་དག་ལས་སོ།། བསོད་ནམས་ཞེས་བྱ་བ་ནི་དགེ་བ་ལ་བྱའོ། །བསོད་ནམས་ཉིད་ཀྱི་བྱ་བ་ནི་བསོད་ནམས་བྱ་བ་སྟེ། དེའི་གནས་ནི་བསོད་ནམས་བྱ་བའི་གཞིའོ། །དེ་དག་ལ་རྟག་པར་རྒྱུན་ཏུ་ཞེས་བྱ་བ་ལ། ་རྟག་པ་ནི་ཉི་མ་རེ་རེའོ། །རྒྱུན་ཏུ་ནི་རྒྱུན་མི་འཆད་པའོ། །དེ་ལ་སེམས་ལ་སོགས་པ་རྟག་པར་རྒྱུན་ཏུ་དགེ་བའི་རྫས་སུ་འབྲང་བ་མེད་པའི་ཕྱིར་བསོད་ནམས་ཀྱི་སྒྲ་ནི་རྣམ་པར་རིག་བྱེད་མ་ཡིན་པ་ཉིད་གཟུང་པར་ཁོང་དུ་ཆུད་པར་བྱའོ།། ་སྡོམ་པ་དང་སྡོམ་པ་མ་ཡིན་པ་དང་གཉིས་ཀ་ལས་བཟློག་པས་བསྡུས་པའི་ཕྱིར་ཞེས་བྱ་བ་ནི་སྡོམ་པ་ལ་སོགས་པའི་རང་བཞིན་གྱི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ། དགེ་ཚུལ་པ་ནི་དགེ་སྦྱོད་གི་ཕྱོགས་སོ། །དགེ་སློབ་མ་ནི་གང ་དགེ་ཚུལ་མའི་སྡོམ་པ་ལས་ཆོས་དྲུག་དང་རྗེས་སུ་མཐུན་པའི་ཆོས་དྲུག་སྤོང་བའི་ངོ་བོས་ལྷག་པའི་སྡོམ་པ་དེ་ནི་དགེ་སློབ་མ་ཞེས་བྱའོ། །ཆོས་དྲུག་གང་ཞེ་ན། གཅིག་པུ་ལམ་དུ་འགྲོ་བར་མི་བྱ་བ་དང། འབབ་ཆུ་རྒལ ་བར་མི་བྱ་བ་དང། སྐྱེས་པ་ལ་རེག་པར་མི་བྱ་བ་དང། སྐྱེས་པ་དང་ལྷན་ཅིག་འདུག་པར་མི་བྱ་བ་དང། སྨྱན་མི་བྱ་བ་དང། སྡིག་པ་བཅབ?་པར་མི་བྱའོ།། རྗེས་སུ་མཐུན་པའི་ཆོས་དྲུག་གང་ཞེ་ན། གསེར་མི་བཟུང་བ་དང་། ་གསང་བའི་སླུ་བྲེག་པར་མི་བྱ་བ་དང། ས་རྐོ་བར་མི་བྱ་བ་དང། སྔོན་པོ་མ་རུངས་པར་མི་བྱ་བ་དང། བྱིན་ལེན་མ་བྱས་པར་མི་ཟ་བ་དང། བཞག་པའི་ཟས་མི་ཟ་བའོ།། དེ་ནི་འདོད་པར་རྟོགས་པ་ཁོ་ནའོ་ཞེས་བྱ་བ་ནི་འདོད་པའི་ཁམས ་སུ་གཏོགས་པའོ། །གཏོགས་པ་ནི་མི་ལྡན་པ་མ་ཡིན་པ་སྟེ། འདོད་པ་ན་སྤྱོད་པའི་སྲེད་པས་བདག་གིར་བྱས་ཞེས་བྱ་བའི་ཐ་ཚིག་གོ། ཏིང་ངེ་འཛིན་གྱི་རྗེས་སུ་འབྲང་བ་ཞེས་བྱ་བ་ལ་ཏིང་ངེ་འཛིན་ནི་མི་ལྕོགས་པ་མེད་པ་དང། བསམ་གཏན ་ཁྱད་པར་ཅན་དང། བསམ་གཏན་བཞི་པོ་དག་གོ། རྗེས་སུ་འབྲང་བ་ནི་གནས་པ་དང་འགོག་པ་གཅིག་པས་རྗེས་སུ་འབྲང་བའོ། །གཟུགས་ཏེ་ཞེས་བྱ་བ་ནི་རྣམ་པར་རིག་བྱེད་མ་ཡིན་པར་གཟུགS ་ཏེ། རྣམ་པ་བདུན་སྤངས་པའི་མཚན་ཉིད་འབྱུང་བ་ཆེན་པོ་ཐ་མི་དད་པའི་རྒྱུ་ལས་བྱུང་བ་དང། སྦྱོར་བ་དང་མཇུག་སྤངས་བ། དངོས་ཀྱི་ལས་ཀྱི་ལམ་གྱིས་བསྡུས་པའོ།། དེ་ཡང་གཟུགས་སུ་གཏོགས་པ་ཁོ་ནའོ་ཞེས་བྱ་བ་ནི ་གཟུགས་ཀྱི་ཁམས་སུ་གཏོགས་པ་ཉིད་དོ་ཞེས་བྱ་བའི་ཐ་ཚིག་གོ། ཟག་པ་མེད་པའི་ཏིང་ངེ་འཛིན་གྱི་རྗེས་སུ་འབྲང་བ་ཞེས་བྱ་བ་ནི་མི་ལྕོགས་པ་མེད་པ་ལ་སོགས་བ་ས་དྲུག་བོ་དེ་དག་ཏུ་འཕགས་པ་རྣམས་ཀྱི་ཟག་པ་མེད་པའི ་ཏིང་ངེ་འཛིན་དང་ལྷན་ཅིག་བྱུང་བའི་གཟུགས་སོ།། དེ་ཡང་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པའི་སྐད་ཅིག་ནས་བཟུང་སྟེ་མི་སྐྱེ་པ་ཤེས་པའི་བར་དུའོ། །འདི་ནི་ཁམས་སུ་ལྟུང་བ་མ་ཡིན་པའི་ཕྱིར་བཏང་བས་བཏང་བ་མ ་ཡིན་ཏེ། ཁམས་ནི་སྲེད་པས་ཡོངས་སུ་བཅང་པའོ། །མི་ལྡན་པ་ཉིད་དོ་ཞེས་བྱ་བ་ནི་འདོད་ཆགས་ལ་སོགས་པས་བདག་གིར་མ་བྱས་ཞེས་བྱ་བའི་ཐ་ཚིག་གོ། དགེ་བ་དང་མི་དགེ་བའི་གཟུགས་ཀྱི་རྒྱུན་ལ་རྣམ་པར་རིག་བྱེད་མ ་མ་ཡིན་པ་སྐད་ཅིག་མ་ཡིན་ན་གཟུགས་ཀྱི་རྒྱུན་ལ་རྣམ་པར་རིག་བྱེད་མ་ཡིན་པ་ཞེས་ཇི་སྐད་དུ་བཤད་སྙམ་པ་ལ། དེའི་ཕྱིར་རིགས་སྨོས་པ་ན་དེ་སྐད་དུ་བརྗོད་དོ་ཞེས་སྨོས་སོ། །རྣམ་པར་རིག་བྱེད་མ་ཡིན་པའི་རིགས་གང་ཡིན་པ ་དེ་སྐད་ཅིག་དང་པོ་དང་བྱེ་བྲག་མེད་པས་རྒྱུན་ལ་རྣམ་པར་རིག་བྱེད་མ་ཡིན་པ་ཞེས་བཤད་དོ། །རྣམ་པར་རིག་བྱེད་མ་ཡིན་པ་ཇི་ལྟར་འཐོབ་ཅེ་ན་སྨྲས་བ། སོ་སོར་ཐར་པའི་སྡོམ་པ་འཐོབ་པ་ནི་ཡང་དག་པར་བླངས་པས་སོ་ཞེས་བྱ་བ་ལ ་སོགས་བ་སྟེ། གང་གི་ཚེ་འདི་སྐད་དུ་བདག་དགེ་བསྙན་དུ་ཟུད་དུ་གསོལ་ཅིག་ཅེས་བྱ་བ་དང། བདག་ལ་བསྙེན་གནས་བར་ཟུང་ཞིག་ཅེས་ཁས་བླངས་པ་ནའོ།། འདི་ནི་དཔེར་སྨྲས་པ་ཙམ་དུ་ཟད་དོ། དཔེར་ན་གཟུགས་ཅན་འགྲོའི ་རྒྱལ་མཚན་ཅན་འགྲོའི་ཞེས་བྱ་བ་ལྟ་བུའོ།། འདི་ལྟ་སྟེ་འཆར་བ་བཟང་པོའི་ནི་ཞུ་བས་མཉེས་པར་བྱས་པས་སོ། །ཆོས་སྦྱིན་མ་ཡིས་ནི་ཕོ་ཉས་སོ།། འཕགས་པ་འོད་སྲུངས་ཆེན་པོ་ནི་སྟོན་པར་ཁས་བླངས་པས་སོ། །སྲིད་པ་ཐམ ་པ་རྣམས་ཀྱི་ནི་དགེ་སློང་ཚུར་ཤོག་ཅེས་བྱས་བསོ། །ལྔ་སྡེ་དག་ནི་ངེས་པ་ལ་ཞུགས་པས་སོ།། དབུ་མ་ཀྱི་ཡུལ་ནི་བཅུ་འདུས་པས་སོ།། མཛའ་འཁོབ་དུ་ནི་འདུལ་བ་འཛིན་པ་དང་ལྔས་སོ།། སངས་རྒྱས་བཅོམ་ལྡན་འདས་རྣམས ་ཀྱི་ནི་རང་བྱུང་བས་སོ།། ཐར་པའི་བསམ་པས་སེམས་ཀྱི་རྒྱུད་ཡོངས་སུ་བསྒོས་ན་འགྱུར་རོ།། བདུན་གྱི་ནི་ཇི་སྲིད་འཚོའི་བར་དུའོ། །བརྒྱད་བའི་ནི་ཉིན་ཞག་གཅིག་པའོ།། སྐྱབས་སུ་འགྲོ་བ་མེད་པར་ནི་མ་ཡིན་ནོ།། འོ་ན་སྐྱབས་ཀྱི་དོན ་གང་ཞེ་ན། ཡོངས་སུ་བསྐྱང་བའི་དོན་ནི་སྐྱབས་ཀྱི་དོན་ཏེ། །ཡོངས་སུ་བསྐྱང་བ་ནི་མཚམས་ལས་མི་འདའ་བར་བྱ་པའོ། །མཚམས་ནི་བསླབ་པ་བཅས་པའོ།། དེ་ལ་སངས་རྒྱས་ལ་སྐྱབས་སུ་འགྲོ་བ་གང་ཡིན་པ་དེ་ནི་ཟད་པ་དང ་མི་སྐྱེ་བ་ཤེས་པ་ལ་སྐྱབས་སུ་འགྲོ་བའོ། །ཆོས་ལ་སྐྱབས་སུ་འགྲོ་བ་གང་ཡིན་པ་དེ་ནི་མྱ་ངན་ལས་འདས་པ་ལ་སྐྱབས་སུ་འགྲོ་བའོ། །དགེ་འདུན་ལ་སྐྱབས་སུ་འགྲོ་བ་གང་ཡིན་པ་དེ་ནི་སློབ་པ་དང་མི་སློབ་པའི་ལམ་ལ་སྐྱབS ་སུ་འགྲོ་བའོ།། གཟུགས་ཀྱི་སྐུ་ནི་སྔ་ཕྱི་བྱེ་བྲག་མེད་པའི་ཕྱིར་རོ།། ཅི་ད་ལྟར་བྱུང་བའི་སངས་རྒྱས་གཅིག་པུ་ལ་སྐྱབས་སུ་འགྲོ་བ་འམ། འོན་ཏེ་འདས་པ་དང་མ་བྱིན་པའི་སངས་རྒྱས་ཐམས་ཅད་ལ ་སྐྱབས་སུ་འགྲོ་ཞེ་ན། སངས་རྒྱས་ཐམས་ཅད་ལ་སྐྱབས་སུ་འགྲོ་བར་བྱ་སྟེ། ཆོས་ཀྱི་སྐུ་སྦྱོར་འདྲ་བའི་ཕྱིར་རོ།། རིགས་དང་ཚེ་དང་ཚད་ཀྱི་བྱེ་བྲག་གིས་ན་བཅོམ་ལྡན་འདས་ཐ་དད་དོ།། བདུན་པོའི་བཏང་བ་ནི་བསླབ་པ་ཕུལ་པ ་ཞེས་བྱ་བ་ནི་རིག་པའི་མིང་ལ་སངས་རྒྱས་འབུལ་ལོ་ཞེས་བྱ་བ་ལ་སོགས་པ་སྟེ། ཐ་ན་ཚངས་པ་མཚུངས་པོ་འདི་ལྟ་བུ་དག་དང་འགྲོགས་པས་ཆོག་གོ་ཞེས་བྱ་བའོ།། ཤི་འཕོས་པ་ནི་ཤི་བའོ། །དགེ་བའི་རྩ་བ་ཆད་པ་ནི། ད་ལ ་སྐྱེས་ནས་ཐོབ་པ་ནི་སྦྱོར་བ་ཅན་གྱི་དགེ་བའི་ཆོས་རྣམས་ཀྱི་རྒྱུར་གྱུར་པ་སྟེ། དེ་དག་གི་ཐོབ་པ་ཆད་ན་སྡོམ་པ་བཏང་བར་འགྱུར་རོ།། ཁ་ཅིག་ན་རེ་སྔར་སྡོམ་པ་བཏང་བས་དེའི་འོག་ཏུ་སྐྱེ་ནས་ཐོབ་པ་རྣམས་ཀྱི་འཐོབ་པ ་འཆད་ཅེས་ཟེར་རོ།། མཚན་གཉིས་ཀྱི་སྐྱེས་བ་ནི་ཕོའི་དབང་པོ་དང་མོའི་དབང་པོ་ཅིག་ཅར་བྱུང་བ་སྟེ། བ་ཚྭ་ཅན་གྱི་ས་ལྟར་ཞིང་དུ་མི་རུང་བའི་ཕྱིར་རོ།། བརྒྱད་པའི་ནི་དེ་རྣམས་ཉིན་དང་མཚན་མོ་འདས་པས་སོ།། ཞེས་བྱ་བ་ནི ་ཉིན་ཞག་གཅིག་ཏུ་ངེས་པའི་ཕྱིར། །གཟུགས་ན་སྤྱོད་པའི་དགེ་བའི་སེམས་ཐོབ་པས་བསམ་གཏན་གྱི་སྡོམ་པ་འཐོབ་སྟེ་ཞེས་བྱ་བ་ལ། དགེ་པའི་སེམས་ནི་དངོས་གཞི་འམ་ཉེར་བསྡོགས་སོ།། ད་ཉིད་བཏང་བས་ད་གཏོང་ངོ ་ཞེས་བྱ་བ་ནི་ཏིང་ངེ་འཛིན་ལས་ལངས་ན་འདས་པ་དང་མ་འོངས་པ་དང་ལྡན་ནོ། །སྙོམས་པར་ཞུགས་ན་ད་ལྟར་གྱི་དང་ལྡན་ནོ།། ཡོངས་སུ་ཉམས་པ་དང་གོང་མར་སྐྱས་པའོ། །ཟག་པ་མེད་པའི་སྡོམ་པ་ཡང་དེ་བཞིན་ནོ། །དེ་བཏང་བའི ་རྒྱུ་བརྗོད་པར་བྱ་སྟེ། འབྲས་བུ་ཐོབ་པ་དང། ཡོངས་སུ་ཉམས་པ་དང། དབང་པོ་ཤིན་ཏུ་སྦྱངས་པས་སོ།། དགེ་བའི་རྩ་བ་ཆད་པ་ནི་ཞེས་བྱ་བ་ནི་ལོག་པར་ལྟ་བ་སྤྱོད་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ། བྱེད་པ་དང་ཁས་བླངས་པས ་སྡོམ་པ་མ་ཡིན་པ་འཐོབ་ཞེས་བྱ་བ་དེ་ལ་བྱེད་པས་འཐོབ་པ་མི་དེའི་རིགས་སུ་སྐྱེས་པ་རྣམས་ཀྱིས་སོ།། ཁས་བླངས་པས་འཐོབ་པ་ནི་དེའི་རིགས་སུ་སྐྱེས་པ་མ་ཡིན་པ་རྣམས་ཀྱིའོ།། ཆོས་ཉིད་འཐོབ་པ་གཟུགས་ན་སྤྱོད་པའི་དགེ་བའི ་སེམས་ཐོབ་པས་སོ་ཞེས་བྱ་བ་ལ། ཆོས་ཉིད་ནི་འཕགས་པའི་ལམ་སྟེ། ཆོས་ཉིད་དེ་ཐོབ་པར་བྱེད་རྙེད་པར་བྱེད་བའི་ཐ་ཚིག་གོ། དེ་གང་ཞེ་ན། གཟུགས་ན་སྤྱོད་པའི་དགེ་བའི་སེམས་ཐོབ་པའོ།། འདི་ལ་ཚེ་ཀའི་རྟོགས་?་བརྗོད་བའི་དཔེ ་ཡོད་དེ། དཔེར་ན་ཤཱཀྱ་རྣམས་ཀྱི་བསྒོ་བ་བཞིན་དུ་བྱེད་པ་ཚེ་ག་ཞེས་བྱ་བ་དེ་དག?་རི་དགས་ཤོར་ཞིང་འཚོ་བྱེད་པའོ།། རེ་ཞིག་ཅིག་ན་དེ་དག་རྒྱུད་ཡོངས་སུ་སྨིན་པར་བཅོམ་ལྡན་འདས་ཀྱིས་གཟིགས་ནས་བདེན་པ་རྣམས་ལ ་བཀོད་པར་གྱུར་པ་དང། དེ་དག་གཟུགས་ན་སྤྱོད་པའི་དགེ་པའི་སེམས་ཐོབ་པས་སྡོམ་པ་མ་ཡིན་པའི་རྒྱུད?་འཆད་པ་ལྟ་བུའོ།། རྒྱུན་ཆད་པ་ནི་སྡོམ་པ་ཡང་ངེས་པར་བླངས་པས་སོ། འདི་ལྟ་སྟེ། དཔེར་ན་སེང་གེ་གནས་པའི་ཕུག་ཏུ ་སྲོག་ཆགས་རི་དགས་ཕྲ་མོ་བཅས་བར་མི་ནུས་པ་བཞིན་ནོ་།།མཚན་གཉིས་སྐྱེས་པ་ནི་ཞིང་གི་དངོས་པོར་མི་རུང་པའི་ཕྱིར་རོ།། ཤི་བ་ནི་རིས་མཐུན་པ་ཡོངས་སུ་བཏང་བའོ། །ཆོས་ཉིད་ཐོབ་པ་གཟུགས་ན་སྤྱོད་པ་དགེ་བའི་སེམས ་ཐོབ་པས་ཞེས་བྱ་བ་ནི་འཇིག་པའི་དུས་ན་སེམས་ཅན་ཐམས་ཅད་མན་ངག་མེད་པར་བསམ་གཏན་བསྐྱེད། དེའི་དུས་ན་སྒོམ་པ་མ་ཡིན་པ་གཏོང་ངོ།། རྣམ་པར་རིག་བྱེད་མ་ཡིན་པར་མ་ཐོབ་པ་ནི་ཉོན་མོངས་པ་དད་དང་པ་དྲག་པ་ཞེས་བྱ ་བ་ལ་དྲག་པོའི་སྒྲ་ནི་སོ་སོ་ན་སྦྱར་ཏེ་ཉོན་མོངས་པ་དྲག་པོའི་ཤུགས་དང་དད་པ་དྲག་པོའི་ཤུགས་ཀྱིས་ཁུ་ཚུར་དང་ཐ་ལ་ལྕགས་ལ་སོགས་པ་དང། མཚོན་རྟེན་ལ་ཕྱག་བྱ་བ་ལ་སོགས་བ་ཅི་རིགS་པ ་རིག་པར་བྱའོ། །ཡི་དམ་འཛིན་པ་ཞེས་བྱ་བས་ནི་དྲག་པོ་མེད་པར་ཡང་འགྱུར་རོ་ཞེས་བྱ་བ་དེ་སྟོན་ཏོ། །གཙུག་ལག་ཁང་ལ་སོགས་པ་ཕུལ་བས་སོ་ཞེས་བྱ་བས་ནི་རྫས་ལས་བྱུང་བ་ཉིད་སྟོན་ཏོ། །རྒྱུན་ཆད་པ་ནི་སློབ་པར་བྱེད་དེ་དེ ་དག་ཉིད་བཏང་བས་སོ་ཞེས་བྱ་བ་ནི་ཉོན་མོངས་བ་དང་དད་པ་དྲག་པོའི་ཤུགས་བཏང་སྟེ་བསལ་བའི་ཕྱིར་རོ། །རང་དང་མཐུན་པ་ནི་རང་གི་སྤྱིའོ། །ཕྱོགས་གཅིག་དང་མཐུན་པ་ནི་ཕྱོགས་ཀྱི་སྦྱིའོ། །ཟད་བར་དང་མཐུན་པ་ནི་ཟད་པར ་གྱི་སྦྱིའོ། །ཕྱོགས་ཀྱི་སྦྱི་ནི་མི་རྟག་པ་ཉིད་དང་སྡུག་བསྔལ་བ་ཉིད་དོ་ཞེས་བྱ་བ་དེ་ལ་འདུས་བྱས་རྣམས་ནི་མི་རྟག་པ་ཉིད་དོ། །ཟག་པ་དང་བཅས་པ་རྣམས་ནི་སྡུག་བསྔལ་བ་ཉིད་དོ། །ཟད་པར་གྱི་སྦྱི་ནི་སྟོང་པ་དང་བདག་མེད་པ་ཉིད་དེ ་ཞེས་བྱ་བ་དེ་ལ་།བདག་མེད་ལ་ཉིད་ན་ཆོས་ཐམས་ཅད་བདག་མེད་པའི་ཐ་སྟོང་པ་ཉིད་ནི་མུ་སྟེགས་བྱེད་ཀྱིས་ཡོངས་སུ་བརྟགས་པའི་བདག་གིས་སྟོང་ཞེས་བྱ་བ་ལ་སོགས་པའོ། །ཅིའི་ཕྱིར་ས་ལ་སོགས་པ་ནས་ཐ་མ་རྣམ་པར ་རིགས་བྱེད་མ་ཡིན་པ་ལ་ཐུག་པའི་དངོས་པོ་དེ་དག་གཟུགས་ཞེས་བརྗོད་ཅེ་ན། གཟུགས་སུ་རུང་བའི་ཕྱིར་ཏེ། འདི་ལྟར་བཅོམ་ལྡན་འདས་ཀྱིས་དགེ་སློང་དག་གཟུགས་པས་གཟུགས་པ་མ་ཡིན་པས་དེའི་ཕྱིར་གཟུགས་ཉེ་བར་ལེན ་པའི་ཕུང་པོ་ཞེས་བྱའོ། །ཅེས་གཟུགས་པར་འགྱུར་ཞེ་ན། ལག་པའི་ཀུན་ཏུ་རེག་པས་རེག་ན་གཟུགས་སོ། །བོད་པའི་ཀུན་ཏུ་རེག་པ་དང། དབྱིག་པའི་ཀུན་ཏུ་རེག་པ་དང། མཚོན་ཆའི་ཀུན་ཏུ་རེག་པ་དང། གྲང་བ་དང། ཚ་བ་དང་།བཀྲེས་པ ་དད་བསྒོམ་པ་དང། སྦྲང་བུ་དང། ཤ་སྦྲང་དང། རླུང་དང། ཉི་མ་དང། གདུག་པའི་ཀུན་ཏུ་རེག་པ་རྣམས་ཀྱིས་རེག་ན་གཟུགས་པས་གཟུགས་པར་འགྱུར་རོ། །གནོད་པར་འགྱུར། སྣང་བར་འགྱུར་ཏེ། ལག་པ་ལ་སོགས་པས་རྣམ་པར ་འགྱུར་ཞེས་གསུངས་པ་ཡིན་ནོ། །དེའི་གནོད་པ་ནི་གང་རྣམ་བར་འགྱུར་བ་ནི་གང་ཞེ་ན། གང་རྐྱེན་རྣམས་ཀྱིས་དེ་བཞིན་དུ་འགྱུར་བ་དེ་ལྟ་བུ་དེ་ནི་གནོད་པ་དང་རྣམ་པར་འགྱུར་བ་ཞེས་བྱའོ། །དེ་ལྟ་གཟུགས་མེད་པ་ལ་ནི་སྐྱོན་འདི་འབྱུང ་བ་མ་ཡིན་ཏེ། དེ་དག་ལས་རྣམ་པར་འགྱུར་བའི་ཚད་མི་དམིགས་པའི་ཕྱིར་རོ། །དེས་ན་དེའི་རྣམ་པར་འགྱུར་བ་རྗེས་སུ་དཔག་ཏུ་རུང་བའི་ཕྱིར་རོ། །འདས་པ་དང་མ་འོངས་པ་དང་རྡུལ་ཕྲ་རབ་ཙམ་དང་རྣམ་པར་རིག་བྱེད་མ་ཡིན་པ་ནི་དབྱུག་པ་ལ ་སོགས་པས་གཟུགས་སུ་མེད་ན་ཇི་ལྟར་གཟུགས་ཞེས་བྱ། དེ་ཡང་གཟུགས་ཡིན་ཏེ། དེའི་མཚན་ཉིད་ཐོབ་པའི་ཕྱིར་རོ། །འདས་པ་ནི་ད་ལྟར་གཟུགས་སུ་མེད་ཀྱང་དེ་གཟུགས་ཡིན་ནོ། །མ་འོངས་པ་འབྱུང་བའི་ཆོས་ཅན་ནི་གཟུགས་སུ་འགྱུར་པའོ།། ་མི་འབྱུང་བའི་ཆོས་ཅན་ཡང་དེའི་རིགས་ཡིན་པས་གཟུགས་ཏེ། བསྲེག་པར་བྱ་བ་བཞིན་ནོ། །དཔེར་ན་མ་ཚིག་པ་ཡང་བསྲེག་པར་བྱ་བ་ཞེས་བྱ་སྟེ། ཤིང་ལ་སོགས་པ་བསྲེག་པར་བྱ་བའི་རིགས་ཡིན་པའི་ཕྱིར་རོ། །རྡུལ་ཕྲ་རབ་ཀྱི་གཟུགས ་ནི་གཅིག་པུ་སོ་སོ་ནས་མི་འབུང་གི་སྔོན་གྱི་ལས་ཀྱིས་འཕངས་བ་རྒྱུ་དད་འབྲས་བུར་གྱུར་པའི་འབྱུང་བ་དང། འབྱུང་བ་ལས་གྱུར་པའི་རྡུལ་ཕྲ་རབ་རྣམས་ཕན་ཚུན་བལྟོས་ནས་སྐྱེ་བའི་ཕྱིར་ཏེ། དེའི་ཕྱིར་སོ་སོ་ནས་སྐྱེ་བ་མེད་པས ་བསགས་པར་གནས་པ་ལ་གཟུགས་པར་འགྱུར། ཐོགས་པར་འགྱུར་པའི་ཕྱིར། རྡུལ་ཕྲ་རབ་བསགས་པར་གནས་པའི་གཟུགས་སོ། །ཐོགས་སོ། །རྣམ་པར་རིག་པར་བྱེད་པ་མ་ཡིན་པ་ནི་ཐོགས་པ་མེད་པའི་ཕྱིར་དབྱུག་པ་ལ་སོགས ་པས་གཟུགས་སུ་མེད་དུ་ཟིན་ཀྱང་དེ་སྐྱེད་པའི་གནས་སུ་གྱུར་པ་འབྱུང་བ་ཆེན་པོ་རྣམས་ལ་གཟུགས་སོ། །དེ་ལ་གཙུགས་པས་དེ་ལ་ཡང་གཙུགས་པ་ཡིན་ཏེ། ཤིང་འགུལ་ན་གྲིབ་མ་འགུལ་བ་བཞིན་ནོ།། ་མིག་གི་རྣམ་པར་ཤེས་པ་ལ་སོགས་པའི་གནས་མིག་ལ་སོགས་པ་ལ་གཙུགས་པས་གཙུགས་པར་འགྱུར་པའི་སྐྱོན་དུ་མི་འགྱུར་ཏེ། རྣམ་པར་རིག་བྱེད་མ་ཡིན་པའི་གནས་ནི་འབྱུང་བ་རྣམས་ཏེ། དེ་དང་རྟག་ཏུ་ལྷན་ཅིག་སྐྱེས ་བ་དང། རྣམ་པར་རིག་བྱེད་མ་ཡིན་པ་ལ་གནས་གཞན་མེད་པའི་ཕྱིར་རོ། །མིག་ལ་སོགས་པའི་ཆ་མཚུངས་པ་དང། དེ་དང་ཆ་མཚུངས་བའི་བྱེ་བྲག་གིས་རྟག་ཏུ་རྣམ་པར་ཤེས་པ་དང་ལྷན་ཅིག་སྐྱེ་བ་མ་ཡིན་ལ། མིག་ལ ་སོགས་པའི་རྣམ་པར་ཤེས་པ་རྣམས་ཀྱི་གནས་མིག་ལ་སོགས་པ་འབའ་ཞིག་མ་ཡིན་གྱི། ལྷན་ཅིག་སྐྱེས་པ་མིག་ལ་སོགས་པ་དང་འགགས་མ་ཐག་པའི་ཡིད་ཀྱང་དེ་དག་གི་གནས་ཡིན་ཏེ། དེའི་ཕྱིར་གཟུགས་ཅན་དང་གཟུགS ་མ་ཡིན་པའི་དབང་པོ་གཉིས་ཀ་གནས་སུ་གྱུར་པས་དེ་དག་གཟུགས་སུ་འགྱུར་བའི་སྐྱོན་དུ་མི་འགྱུར་རོ། །གཟུགས་མདོར་བསྡུས་ཏེ་རྣམ་པར་དབྱེ་བ་བྱས་པའོ།། །།ཆོས་མངོན་པ་ལ་འཇུག་པ་རྒྱུ་ཚོར་འགྲེལ་པའི་སྙིང་པོ ་ཀུན་ལས་བཏུས་པ་ཞེས་བྱ་བ། བམ་པོ་གཉིས་པ། འདོད་པ་དང་མི་འདོད་པ་དང་གཉི་ག་ལ་སོགས་པ་བཟློག་པ་སྟེ། རེག་པའི་སྐྱེ་གནས་ཅན་ཞེས་བྱ་བ་དེ་ལ། རེག་པ་ནི་སེམS་ཡུལ་ལ་རེག་པའོ། །འདོད་པ་ཞེས་བྱ་བ་ནི་བདེ་བ་མྱོང་བར་འགུར་བའི་རེག ་བའོ། །བདེ་བར་ཚོར་བ་དང་མཐུན་པ་ནི་བདེ་བ་མྱོང་བར་འགྱུར་བ་སྟེ་དོད?་པ?་ཚོར་བ་སྐྱེད་པ་ཞེས་བྱ་བའི་ཐ་ཚིག་གོ། དེ་བཞིན་དུ་མི་འདོད་པ་དང་གཉིས་ཀ་ལས་བཟློག་པ་ཡང་ཤེས་པར་བྱའོ། །སྐྱེ་གནས་དེ་ནི་རྒྱུ་སྟེ། ཚོར་བ་གང་གི་ཡིན་པ་དེ་རེག་པའི་སྐྱེ ་གནས་ཅན་ཞེས་བྱའོ། །ལུས་དང་སེམས་ཀྱི་གནས་སྐབས་ཀྱི་བྱེ་བྲག་ཅེས་བྱ་བ་ནི་གནས་སྐབས་སྔ་མ་ལས་གཞན་དུ་གྱུར་པའོ།། དོན་དེ་ནི་སིམ་པ་དང། གདུང་པ་དང། གཉི་ག་ལས་བཟློག་པ་སྟེ་ཞེས་བྱ་བས་སྟོན་ཏོ། །ཉི?་མ ་པ་ནི་བདེ་བའོ། །གདུང་བ་ནི་སྡུག་བསྔལ་བའོ། །གཉི་ག་ལས་བཟློག་པ་ནི་བཏང་སྙོམས་སོ། །ཚོར་བའི་རྐྱེན་གྱིས་སྲེད་པ་ཞེས་བྱ་བ་ནི་ཚོར་བའི་རྒྱུ་ལས་འབྱུང་བའི་མངོན་པར་ཚགས་པ་སྟེ། ཆགས་པ་ཞེས་བྱ་བའི་ཐ་ཚིག་གོ། དེ་ཡང ་རྣམ་པར་ཤེས་པའི་བྱེ་བྲག་གིས་རྣམ་པ་དྲུག་སྟེ་ཞེས་བྱ་བ་ནི་རྣམ་པར་ཤེས་པ་ཐམས་ཅད་དང་ལྡན་པའི་ཕྱིར་རོ། །རྣམ་པར་ཤེས་པའི་བྱེ་བྲག་ནི་རྣམ་པར་ཤེས་པའི་རྒྱུད་ཀྱི་མཚན་ཉིད་གཅིག་མོད་ཀྱི་གནས་དང་དམིགས་པའི་བྱེ ་བྲག་གིས་རྣམ་པ་དྲུག་ཏུ་འགྱུར་རོ། །མིག་གི་འདུས་ཏེ་རེག་པ་ལས་སྐྱེས་པ་ཞེས་བྱ་བ་ནི་མིག་དང་ཡུལ་དང་རྣམ་པར་ཤེས་པ་གསུམ་དུ་འདུས་ནས་རེག་པ་གང་ཡིན་པ་དེ་ལས་སྐྱེས་པ་ནི་མིག་གི་འདུས་ཏེ་རེག་པ་ལས་སྐྱེས་པའོ།། ་རྣམ་པར་ཤེས་པ་ལྔ་དང་ལྷན་ཅིག་སྐྱེས་པ་ཞེས་བྱ་བ་ནི་རྣམ་པར་ཤེས་པ་ལྔ་དང་ལྷན་ཅིག་བྱུང་བ་སྟེ། དེ་ནི་ལུས་ཀྱིའོ། །ཚོར་བ་ཐམས་ཅད་ནི་སེམས་ཀྱི་ཡིན་ན་ཅིའི་ཕྱིར་ལུས་ཀྱི་ཞེས་བྱ་ཞེ་ན། སྨྲས་པ་ལུས་ལ་གནས་པའི་ཕྱིར ་ལུས་ཀྱིའོ། །ལུས་ནི་བསགས་པ་སྟེ་འདུས་པའོ། །དེས་མིག་ལ་སོགས་པ་སྦྱིར་ཡོངས་སུ་བསྡུས་སོ། །ཅིག་ཤོས་ནི་སེམས་ཀྱིའོ་ཞེས་བྱ་བ་ནི་ཡིད་ཀྱི་རྣམ་པར་ཤེས་པ་ལྔ་དང་ལྷན་ཅིག་སྐྱེས་པའོ། །དེ་ལ་ལུས་ཀྱི་སེམས ་པ་ཞེས་བྱ་བ་དེ་ནི་བདེ་བའོ། །དེ་ཡང་འདོད་པའི་ཁམས་ན་རྣམ་པར་ཤེས་པའི་ཚོགས་ལྔ་དང་ལྷན་ཅིག་སྐྱེ་པ་དང། བསམ་གཏན་དང་བོར་མིག་དང་རྣ་བ་དང་ལུས་ཀྱི་རྣམ་པར་ཤེས་པ་དང་ལྷན་ཅིག་སྐྱེས་པའོ། །བསམ་གཏན ་གསུམ་ལ་ནི་ཡིད་ཀྱི་ངེས་ཉིད་ཉིད་དོ། །ལུས་ཀྱི་སིམ་པ་མ་ཡིན་པ་ནི་འདོད་པའི་ཁམས་ཉིད་ནའོ། །བསམ་གཏན་གསུམ་པ་ལ་མ་གཏོགས་པ་ཞེས་བྱ་བ་འདིས་ནི་བསམ་གཏན་དང་པོ་དང། གཉིས་པ ་དང། འདོད་པའི་ཁམས་གཟུང་ངོ། །དེ་ལས་བཟློག་པ་ནི་ཡིད་མི་བདེ་བའི་དབང་པོའོ་ཞེས་བྱ་བ་དེ་ལ། སིམ་པ་ནི་ཡིད་བདེ་བའི་དབང་པོའོ་ཞེས་བཤད་པས། དེ་ལས་བཟློག་པ་སྟེ། གང་ཡིད་ཀྱི་སིམ་པ་མ་ཡིན་པ་དེ ་ཡིད་མི་བདེ་བའི་དབང་པོའོ། །དེ་ཡང་འདོད་པའི་ཁམས་ཉིད་ནའོ། །ལུས་ཀྱི་ཞེས་བྱ་བ་ནི་རྣམ་པར་ཤེས་པ་ལྔ་ལ་ལུས་ཀྱི་ཞེས་བྱའོ། །སེམས་ཀྱི་ཞེས་བྱ་བ་ནི་ཡིད་ཀྱི་སྟེ། དེ་ནི་བཏང་སྙོམས་ཀྱི་དབང་པོའོ། །དེ་ནི་ཁམས ་གསུམ་པའོ། །དེ་ལ་རབ་ཏུ་ནི་ཞིང་ཡོངས་སུ་མི་སྐྱོ་བའི་ཕྱིར་བསམ་གཏན་གསུམ་པ་ལས་སྐྱེས་པའི་ཡིད་ཀྱིས་ནི་བདེ་བ་ཞེས་བསྟན་ཏོ། །གཡེང་བར་བྱེད་དེ་ཡོངས་སུ་སྐྱོ་བའི་ཕྱིར་ས་གསུམ་ལས་སྐྱེས་པའི་ཡིད་ཀྱི ་ནི་བདེ་བའི་དབང་པོའོ། །ལུས་ཀྱི་བདེ་བའི་ཚོར་བ་ནི། །དཔྱོད་པ་དང་རྗེས་སུ་དྲན་པའི་རྣམ་པར་རྟོག་པ་མེད་པའི་ཕྱིར་རོ། །ཚོར་བ་བཤད་ཟིན་ཏོ། །མཚན་མ་དང་མིང་དང་དོན་གྱི་བརྡ་ཤེས་པ་ཞེས་བྱ་བ་དེ་ལ། མཚན་མ་དང ་མངོན་བརྟགས་དང་མཚན་ཉིད་ནི་རྣམ་གངས་སུ་གཏོགས་པའོ། །མིང་ནི་འདུ་ཤེས་སོ། །དོན་ནི་སྐྱེ་མཆེད་བཅུ་གཉིས་སོ། །བརྡའ་ནི་གཅིག་ཏུ་བསྡུས་པའི་གནས་སོ། །ཀུན་ཏུ་ཤེས་པ་ནི་འདུ་ཤེས་སོ། །འདིའི་ཡུལ་བསྟན ་པའི་ཕྱིར། སྔོན་པོ་དང་སེར་པོ་དང་།རིང་པོ་ཐུང་དུ་ཞེས་བྱ་བ་སྨྲས་ཏེ། མིག་གི་རྣམ་པར་ཤེས་པ་དང་ལྡན་པ་ནི་ཁ་དོག་དང་དབྱིབས་ལ་དམིགས་པར་སྟོན་ཏོ། །དུད་ཞེས་བྱ་བ་འདིས་ནི་སྒྲ་ལ་དམིགས་པའོ། །པདྨའི་དྲི་ཞེས ་བྱ་བ་ནི་དྲི་ལ་དམིགས་པའོ། །ཁ་བ་དང་ལན་ཚ་ཞེས་བྱ་བ་ནི་རོ་ལ་དམིགས་པའོ། །འཇམ་པ་དང་རྩུབ་པ་ཞེས་བྱ་བ་ནི་རེག་བྱ་ལ་དམིགས་པའོ། །བུད་མེད་དང་སྐྱེས་པ་ལ་སོགས་པ་ཞེས་བྱ་བ་འདིས་ནི་ཡིད་ཀྱི་རྣམ་པར་ཤེས་པའི ་ཡུལ་དག་ཏུ་སྟོན་ཏོ། །རྣམ་པར་རྟོག་པའི་རྒྱུ་ཞེས་བྱ་བ་ནི་རྣམ་པར་རྟོག་པའི་རྒྱུའོ། །རྣམ་པར་ཤེས་པ་ཀུན་ལ་ཡང་འདུ་ཤེས་ཡོད་དེ། དེའི་ཡུལ་ནི་སྤྱིའི་མཚན་ཉིད་དོ། །འོ་ན་ཆོས་མངོན་པ་ལས་མིག་གི་རྣམ་པར་ཤེས་པ་དང ་ལྡན་པས་ནི་སྔོན་པོར་ཤེས་ཀྱིས་སྔོན་པོའོ་ཞེས་བྱ་བ་ནི་མ་ཡིན་ནོ། །ཡིད་ཀྱིས་རྣམ་པར་ཤེས་པ་དང་ལྡན་པས་ནི་སྔོན་པོར་ཤེས་ལ། སྔོན་པོའོ་ཞེས་བྱ་བར་ཡང་ཤེས་སོ་ཞེས་འབྱུང་བ་ཞེ་ཇི་ལྟ་བུ་ཞེ་ན། རྣམ་པར་ཤེས་པ་ལྔ་ནི་རྣམ ་པར་རྟོག་པ་གཉིས་མེད་པས་མི་གསལ་བའི་ཕྱིར་དེ་སྐད་ཅེས་བྱའོ། །རྣམ་པ་གསུམ་སྟེ། ཆུང་དུ་ནི་རྡུལ་ཕྲ་རབ་ལ་སོགས་པ་ལ་དམིགས་པའོ། །ཆེན་པོར་གྱུར་པ་ནི་རི་རབ་ལ་སོགས་པ་ལ་དམིགས་པའོ། །སོགས་པ་སྨོས་པS་ནི ་རྒྱ་མཚོ་ལ་སོགས་པ་བསྟན་ཏོ། །ཚད་མེད་པ་ནི་ནམ་མཁའ་མཛའ་ཡས་སྐྱེ་མཆེད་ལ་སོགས་པ་ལའོ། །སོགས་པས་སྨོས་པས་ནི་རྣམ་ཤེས་མཛའ་ཡས་སྐྱེ་མཆེད་ལ་སོགས་པ་བསྟན་ཏོ། །འདུ་ཤེས་བཤད་ཟིན་ཏོ། །དེ་ལ་གནས ་དང་དམིགས་པ་དང་རྣམ་པ་དང། དུས་དང་རྫས་མཚུངས་པ་ཉིད་དེ། མཚུངས་པ་ལ་དག་གིས་སེམས་མཚུངས་པར་ལྡན་པས་ཞེས་བྱ་བ་ལ་སོགས་པ་དེ་ལ་མཚུངས་པ་ཞེས་བྱ་བའི་སྒྲ་ནི་སོ་སོར་སྦྱང་ཏེ་གནས་མཚུངས་པ་ནས་རྫས ་མཚུངས་པའི་བར་དུའོ། དེ་ལ་གནས་མཚུངས་པ་ནི་འདི་ལྟ་སྟེ། མིག་གི་རྣམ་པར་ཤེས་པ་དང། ཚོར་བ་ལ་སོགས་པའི་གནས་ནི་མིག་གོ། གཟུགས་ནི་དམིགས་པ་སྟེ། འདི་ནི་གནས་པར་དམིགས་པ་མཚུངས་པའོ། །ཡུལ་གྱི་རྣམ་པ་གང ་ཡིན་པ་དེའི་རྣམ་པར་རྣམ་པར་ཤེས་པ་འབྱུང་ངོ། །འདས་པ་ལ་སོགས་པ་དུས་ཐམས་ཅད་དུ་སེམས་དང་ལྷན་ཅིག་སྟེ། དེ་དད་འགྲོགས་པའི་ཕྱིར་རོ། །རྫས་མཚུངས་པ་ནི་སེམས་གཅིག་ལ་ཚོར་བ་ལ་སོགས་པ ་ལ་རྫས་གཉིས་ལྷན་ཅིག་མི་འབྱུང་བའི་ཕྱིར་རོ། །རྣམ་པ་ལྔ་པོ་དེ་དག་གིས་མཉམ་དུ་མཚུངས་པར་ལྡན་པ་སྟེ། ཞུགས་ཞེས་བྱ་བའི་ཐ་ཚིག་གོ། སེམས་སྨོས་པ་ནི་གནས་མཚུངས་པར་བསྟན་པའི་ཕྱིར་རོ། །དེ་བས་ན་ཞེས་བྱ་བ་ནི ་གང་གི་ཕྱིར་མཚུངས་པར་ལྡན་པ་དང་མི་ལྡན་པ་མང་པོ་བསྡུས་ཏེ། འདུ་བྱེད་ཀྱི་ཕུང་པོ་ཞེས་བསྟན་པའོ། །འདུ་བྱེད་མོས་པ་ནི་འདུས་བྱས་བསལ་བའི་ཕྱིར་རོ། དེ་བས་ན་མང་ཞིང་སྙིང་པོ་མེད་པར་བསྟན་པའི་ཕྱིར། ཆུ་ཤིང་གི་ཕུང་པོའི ་དཔེས་ཆོས་མང་པོ་དུ་མར་སྟོན་ཏོ། །ཇི་སྐད་སྨོས་པའི་གོ་རིམས་བཞིན་དུ་སེམས་པ་བསྙད་དོ། །སེམས་པ་ཞེས་བྱ་བ་ནི་རང་བཞིན་བསྟན་པའོ། །སེམས་མངོན་པར་འདུ་བྱེད་པ་ཞེས་བྱ་བ་ནི་བྱེད་པར་བསྟན་པ་སྟེ། མངོན་དུ་བྱེད་པས ་མངོན་པར་འདུ་བྱེད་པའོ། སེམས་བྱེད་པ་མེད་པ་ལས་སེམས་པའི་དབང་གིས་བྱེད་པ་དང་བཅས་པར་འགྱུར་ཏེ། དེའི་ཕྱིར་སེམས་ཀུན་ཏུ་གཡོའོ་ཞེས་བྱ་བའི་དོན་གང་ཡིན་པའོ་ཞེས་བྱ་བ་སྨོས་སོ། །དེ་ནི་འདི་སྐད་དུ་གང་སེམས་མངོན ་པར་འདུ་བྱེད་ཅིང་ལས་སུ་རུང་བར་བྱེད་པ་སྟེ། སེམས་པའི་དབང་གིས་དམིགས་པ་ལ་སེམས་གཡོ་བར་འགྱུར་བས་ཁབ་ལོང་གི་དབང་གིས་ལྕགས་གཡོ་བ་བཞིན་ནོ་ཞེས་བསྟན་པར་འགྱུར་རོ། །ཡིད་ཀྱི་ལས་ཞེས་བྱ་བ་ནི་སེམས་ཀྱི་འཇུག ་བ་ཞེས་བྱ་བའི་ཐ་ཚིག་སྟེ། དཔེར་ན་ལུས་ཀྱི་འཇུག་པ་ལ་ལུས་ཀྱི་ལས་ཞེས་བྱ་བ་དེ་བཞིན་དུ་ཡིད་དང་ལྡན་པའི་ལས་ལ་ཡིད་ཀྱི་ལས་ཞེས་བྱའོ། །དེ་ཡང་དགེ་བ་ཞེས་བྱ་བ་ནི་མ་ཆགས་པ་ལ་སོགས་པ་དང་ལྡན་པ་སྟེ། དེ་ལ་རྣམ ་པར་ཤེས་པ་ལྔ་དང་ལྷན་ཅིག་སྐྱེས་པའི་མ་ཆགས་པ་དང། ཞེ་སྡང་མེད་པ་དང་མཚུངས་པར་ལྡན་པ་དང། ཡིད་ཀྱི་རྣམ་པར་ཤེས་པ་དང་ལྷན་ཅིག་སྐྱེས་པའི་མ་ཆགས་པ་དང་ཞེ་སྡང་མེད་པ་དང་མཚུངས་པར་ལྡན་པ་དང། ཡིད་ཀྱི་རྣམ ་པར་ཤེས་པ་དང་ལྷན་ཅིག་སྐྱེས་པ་ཟག་པ་དང་བཅས་པ་དང། ཟག་པ་མེད་པའི་མ་ཆགས་པ་དང། ཞེ་སྡང་མེད་བ་དང། གཏི་མུག་མེད་བ་དང་ལྡན་པའོ། །འཇིག་རྟེན་གསུམ་ལ་དབང་བྱེད་པ་ཡིན་མོད་ཀྱི་འདི་དབང་པོ་ཞེས་ནི་མི་བྱ་སྟེ། འབྲས ་བུ་མངོན་སུམ་མ་ཡིན་པ་དང། རྩོད་པའི་གནས་སུ་གྱུར་པའི་ཕྱིར་རོ། །གཉིས་ཡོད་ན་ལྡན་པ་ཞེས་བྱ་བ་ན། ཅིའི་ཕྱིར་མ་ཆགས་པ་ལ་སོགས་པའི་ཆོས་ཅན་ནི་སེམས་ཡིན་ལ། སེམས་ནི་མ་ཆགས་པ་ལ་སོགས་པའི་ཆོས་མ་ཡིན ་ཞེ་ན། དཔེར་ན་ཉེ་བར་གནས་པའི་དབང་གིས་ཤེ་ལ་གཞན་དུ་འགྱུར་གྱི། ཤེས་གྱི་ཉེ་བར་གནས་པ་བསྒྱུར་བ་ནི་མ་ཡིན་པར་མཐོང་བ་ལྟ་བུའོ། །དེ་གཉིས་ནི་རིགས་ཏེ། ཉེ་བར་གནས་པ་ལོགས་ཤིག་ཏུ་དམིགས་པའི་ཕྱིར་རོ།། ་སེམས་པ་ལ་སོགས་པའི་ཆོས་བསལ་ན་མ་ཆགས་པ་ལ་སོགས་པ་ལོགས་ཤིག་ན་མེད་དོ། །དེ་བས་ན་གྲུབ་པའི་མཛའ་ལས་ཚོགས་གཞན་དག་འབྱུང་ངོ་ཞེའོ། །གལ་ཏེ་དེ་ལྟ་ན་དོན་དམ་པ་དང། རང་བཞིན་དང་ལྡན་པ་དང། ་ཀུན་ནས་བསླད་པའི་དགེ་བ་སྟེ། དགེ་བ་རྣམ་པ་བཞི་ལ་སོགས་པ་ཉམས་བར་འགྱུར་རོ། །དེ་ལ་དོན་དམ་པར་དགེ་བ་ནི་མྱ་ངན་ལས་འདས་པའོ། །དེ་བཞིན་དུ་དོན་དམ་པར་མི་དགེ་བ་ནི་འཁོར་བའོ། །མིག་ལ་སོགས་པ་ལུང ་དུ་མ་བསྟན་པ་གང་ཡིན་པ་དེ་ནི་རྣམ་པར་སྨིན་པ་མངོན་པར་མི་འགྲུབ་པའི་ཕྱིར་རོ། །རང་བཞིན་གྱིས་དགེ་བ་ནི་མ་ཆགས་པ་ལ་སོགས་པའོ།། དེ་དང་མི་མཐུན་པ་ནི་མི་དགེ་བའོ། ལྡན་པ་ནི་ཚོར་བ་ལ་སོགས་པའོ། །ཀུན་ ་ནས་བསླང་བ་ནི་ལུས་དང་དག་གི་ལས་སོ། །འདིས་ནི་མི་དགེ་བ་ཡང་བཤད་དོ། །དོན་དམ་པར་ལུང་དུ་མ་བསྟན་པ་གཉིས་ཏེ། ནམ་མཁའ་དང་སོ་སོར་བརྟགས་པ་མ་ཡིན་པས་འགོག་པའོ། །དེ་ལྟར་ན ་ཚར་བ་ལ་སོགས་པ་ནི་གསུམ་དུ་དམིགས་ཀྱི། མ་ཆགས་པ་ལ་སོགས་པ་དེ་ལྟ་མ་ཡིན་ཏེ། དེས་ན་ལྡན་པ་ཞེས་བསྟན་ཏོ། །སྤྱོད་ལམ་དང། བཟོའི་གནས་དང། སྤྲུལ་པར་བྱེད་པའི་རྣམ་པར་སྨིན་པའི་སེམས་དང་མཚུངས ་པར་ལྡན་པ་ནི་ལུང་དུ་མ་བསྟན་པ་རྣམས་སོ། །རེག་པ་ནི་ཡུལ་དང་དབང་པོ་དང་རྣམ་པར་ཤེས་པ་ལས་བྱུང་བ་ཞེས་བྱ་བ་ནི་ཡུལ་དང་དབང་པོ་དང་རྣམ་པར་ཤེས་པ་དེ་ལས་བྱུང་བ་སྟེ། ཡུལ་དང་དབང་པོ་དང་རྣམ་པར་ཤེས་པ་ལས་བྱུང ་བའི་རིག་པའོ། །གང་གི་སེམས་དེ་ཡུལ་ལ་རེག་པ་དང་འདྲ་བའི་སེམས་ལས་འབྱུང་བའི་ཆོས་ཏེ། སེམས་ལས་དོན་གཞན་དུ་གྱུར་པའོ། །ཚོར་བའི་མཚན་ཉིད་ཅེས་བྱ་བ་ནི་འདིས་ཚོར་བ་ལ་སོགས་པའི་རྒྱུའི་དངོས་པོར་སྟོན་ཏོ།། ་འདི་ལ་འདུས་པའི་དོན་གང་ཡིན་ཞེ་ན། འབྲས་བུ་གཅིག་པའི་དོན་ནི་འདུས་པའི་དོན་ཏོ། །གསུམ་པ་དེ་དག་ནི་རེག་པ་ལས་འབྱུང་བ་དང་མཐུན་པར་གནས་པའི་ཕྱིར་རོ། །ཇི་ལྟ་ཞེ་ན། འདི་ལྟར་རེག་པ་ནི་སེམས་ལས་བྱུང་བའི་ཚོར ་བ་ཞེས་བཤད་པས་རེག་པའི་རྒྱུ་ལས་བྱུང་བར་ཤེས་སོ། །དེ་སྐད་དུ་བཅོམ་ལྡན་འདས་ཀྱིས་རེག་པའི་རྐྱེན་གྱིས་ཚོར་བའོ། །སེམས་པའོ། །འདུ་ཤེས་སོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །བདེ་བ་ལ་སོགས་པ་མྱོང་བར ་འགྱུར་བ་ཞེས་བྱ་བ་ནི་བདེ་བར་ཚོར་བ་དང་མཚུངས་པར་ལྡན་པ་ཞེས་བྱ་བའི་ཐ་ཚིག་གོ། སྡུག་བསྔལ་མྱོང་བར་འགྱུར་བ་དང། སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པ་མྱོང་བར་འགྱུར་པ་ཡང་དེ་བཞིན་ནོ། །ཡང་ན་བདེ ་བར་ཚོར་བ་དང་མཐུན་པ་ནི་བདེ་བ་མྱོང་བར་འགྱུར་བ་སྟེ། བདེ་བའི་ཚོར་བ་སྐྱེ་བ་དང་རྗེས་སུ་མཐུན་པ་ཞེས་བྱ་བའི་ཐ་ཚིག་གོ། ཡིད་ལ་བྱེད་པ་ནི་སེམས་ཀྱི་འཇུག་པ་ཞེས་བྱ་བ་ལ་འཇུག་པ་ཞེས་བྱ་བ་ནི་རྣམ་པར་ཤེས་པ་ཡུལ ་ལ་གཏོད་པ་སྟེ། དོན་དེ་ནི་གང་སེམས་ཡུལ་རྣམས་ལ་གཏོང་པ་ཞེས་བྱ་བས་སྟོན་ཏེ། གང་སེམས་ཡུལ་ལ་འཇུག་ཅེས་བྱ་བའི་ཐ་ཚིག་གོ། སྔོན་མྱོང་བ་ལ་སོགས་པ་ཞེས་བྱ་བ་ལ་།སྔོན་གྱི་མྱོང་བ་ཞེས་བྱ་བ་འདིས་ནི་འདས་པའི ་དུས་ཡོངས་སུ་འཛིན་ཏོ། །སོགས་པ་སྨོས་པ་ནི་མྱོང་བ་དང་མྱོང་བར་འགྱུར་བ་ལ་སོགས་པ་བསྡུ་པའོ། །སེམས་པར་བྱེད་པས་སེམས་པ་སྟེ། སྔོན་བྱེད?་པ་ལ་སོགས་པའི་ཡུལ་ལ་འཇུག་ཅེས་བྱ་བའི་ཐ་ཚིག་གོ། ཡུལ་གཞན་ལ་ཞུགས ་པའི་རྣམ་པར་ཤེས་པའི་རྒྱུན་ཡུལ་ལ་གཏོང་པ་ནི་ཡིད་ལ་བྱེད་པའི་ལས་སོ། །གཏད་ནས་ཡུལ་འཛིན་པར་གཞོལ་བ་ནི་སེམས་པའི་ལས་སོ། །གཞོལ་ནས་ཉེ་བར་འདྲེ་བར་བྱེད་པ་ནི་རྣམ་པར་རྟོག་པའི་ལས་སོ། །ཉེ་བར་འདྲེས?་ནས ་མི་འཕྱར་བར་བྱེད་བ་ནི་ཏིང་ངེ་འཛིན་གྱི་ལམ་སོ། །དབང་པོ་ནི་མ་ཡིན་ཏེ། སེམས་གཏོད་པའི་ཕྱིར་རོ། །ཡན་ལག་ཏུ་གྱུར་པ་ཞེས་བྱ་བ་ལ། ཡན་ལག་ཏུ་གྱུར་པ་ནི་རྒྱུར་གྱུར་ཅེས་བྱ་བའི་ཐ་ཚིག་གོ། དེའི་ཕྱིར་འདི་ཞེས་བྱ་བ་བྱའོ ་སྙམ་པ་གང་ལས་འབྱུང་ཞེས་བྱ་བའོ། །འདོད་པ་ནི་སེམས་ཐམས་ཅད་དུ་འཇུག་ཏུ་ཟིན་ཀྱང་དགེ་བ་སྤྱད་པ་ལ་འདི་གཙོ་བོར་གྱུར་པས་དེའི་ཕྱིར་བརྩོན་འགྲུས་ཀྱི་ཡན་ལག་ཏུ་གྱུར་པ་སྟེ་ཞེས་སྨོས་སོ། །ཡུལ་ལམ་ཞུགས་པ་ཞེས ་བྱ་བ་ནི་གང་ཡུལ་ལ་སེམས་རྒྱས་པར་བྱེད་པའོ། །དེ་ནི་མོས་པ་སྟེ། ལྷག་པར་མོས་ཤིང་ཡུལ་ལ་རྣམ་པར་ཤེས་པ་ཞུགས་པའོ། །དོན་དེ་ནི་ཡུལ་ལ་མ་ཞུམ་པ་ཞེས་བྱ་བས་སྟོན་ཏོ། མོས་པ་འདུས་བྱས་ཀྱི་རྣམ་པར ་གྲོལ་བར་སྟོན་པ་སྟེ། རྣམ་པར་གྲོལ་བ་འདུས་བྱས་དང། འདུས་མ་བྱས་རྣམ་པ་གཉིས་སོ། །དེ་ལ་འདུས་མ་བྱས་ནི་འདོད་ཆགས་དང་བྲལ་བས་མྱ་ངན་ལས་འདས་པའོ། །འདུས་བྱས་ཀྱི་རྣམ་པར ་གྲོལ་བ་ནི་མོས་པ་སྟེ། གང་དང་ལྡན་པས་རྟ་སྲབ་ཕུང་པ་བཞིན་དུ་སེམས་ཡུལ་ལ་མ་ཞུམ་པར་རྒྱུག་པ་དེ་ལྟ་བུ་དེ་མོས་པའོ། །དད་པ་ནི་སེམས་དད་པ་སྟེ། ཞེས་བྱ་བ་དེ་ལ་དད་པ་ནི་ཡོན་ཏན་ལ་ཡིད་ཆེས་པ་དང། དེ་སྔོན་དུ་སོང ་པའི་དགའ་བ་སྟེ། དེ་བས་ན་བོན་གཞན་དུ་གྱུར་པའོ། །དང་བ་ནི་སེམས་དད་པའོ། །དཀོན་མཆོག་གསུམ་ནི་སངས་རྒྱས་དང། ཆོས་དང་དགེ་འདུན་ནོ། །རྒྱུ་དང་འབྲས་བུར་འབྲེལ་བ་ཞེས་བྱ་བ་ནི་རྒྱུ་དང་འབྲས་བུ་གཉིས་ལ་འབྲེལ་པའོ།། ་སེམས་ཀྱི་རྙོག་པ་དེ་སེལ་བའི་དང?་ཚུལ་ཅན་ཡིན་པས་དཔེ་དེ་བསྟན་ཏོ། །སངས་རྒྱས་རྣམས་ཀྱི་བྱང་ཆུབ་ནི་ཟད་པ་ཤེས་པ་དང་མི་སྐྱེ་བ་ཤེས་པ་དང། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དང། སྟོབས་བཅུ་དང ་མི་འཇིག་པ་བཞི་དང། དྲན་པ་ཉེ་བར་གཞག་པ་གསུམ་དང། ཐུགས་རྗེ་ཆེན་པོའོ། །ཆོས་ཀྱི་ལེགས་པར་སྒྲུབ་པ་ཉིད་ཅེས་བྱ་བ་ནི་ཉོན་མོངས་པ་སྤོང་བར་བསླུ་བ་མེད་པ་སྟེ། འགྲོ་བའི་བླ་མས་ཇི་སྐད་དུ། ངས་ཁྱོད་ལ་གང ་ཉན་ཐོས་རྣམས་ཀྱི་ལམ་བཤད་པ་དེ་ནི་ངེས་པར་འབྱུང་བ་མ་ཡིན་པ་སྙམ་ཞེས་བྱ་བའི་གནས་མེད་དོ། །ཞེས་གསུངས་པ་ལྟ་བུའོ། །ཡང་དག་པར་སྦྲུལ་པ་ནི་འཕགས་པར་དགྱེས་པའི་ཚུལ་ཁྲིམས་ཡོད་པའོ། །འདི་ལས་ཕྱི ་རོལ་ཏུ་གྱུར་པ་ཐམས་ཅད་འཁྲུལ་པར་བྱེད་པ་རྟེན་ཅིང་འབྲེལ་པར་འབྱུང་བའི་ཆོས་ཉིད་ལ་ཞེས་བྱ་བ་དང། དཀོན་མཆོག་གསུམ་ལ་སོགས་པ་དེ་དག་ཡོད་པ་ཉིད་ལ་དེ་ཡོད་པ་ཉིད་དུ་མངོན་པར་ཡིད་ཆེས་པ་ནི་ངེས་པ་སྟེ། མངོན་པར་ཡིད ་ཆེས་པའི་རྣམ་པ་དེ་ལ་མངོན་པར་དད་ཅིང་ངེས་སོ་ཞེས་བྱ་བའི་ཐ་ཚིག་གོ། འོ་ན་རྒྱལ་པོ་མ་སྐྱེས་དགྲ་རྩ་བ་མེད་པའི་དད་པ་དང་ལྡན་ཞེས་གང་ཡང་གསུངས་པ་ལ། རྩ་བ་མེད་པའི་དད་པ་གང་ཞེ་ན། འཕགས་པའི་བདེན་པ་དང་བྲལ་བའོ།། ་འོ་ན་སོ་སོའི་སྐྱེ་བོ་ཐམས་ཅད་ཀྱི་རྒྱུད་ཀྱི་ཡང་རྩ་བ་མེད་པར་འགྱུར་རོ་ཞེ་ན། དེ་ལ་ཉེས་པ་མེད་དེ། ཁྱད་ཞུགས་པ་དང་ལྡན་པ་ལ་དེ་སྐད་ཅེས་བརྗོད་པའི་ཕྱིར་རོ། །དེ་བས་ན་གང་བདེན་པ་མཐོང་བ་དང་མཐུན་པར་སེན་པ་ཉིད་རྩ་བ་མེད་པའོ།། ་དད་པ་བཤད་ཟིན་ཏོ། །བརྩོན་འགྲུས་ནི་ཞེས་བྱ་བ་ལ་སོགས་པ་ལ། དགེ་བའི་ཆོས་ལ་མངོན་པར་སྤྲོ་བ་ནི་དེ་ལ་མངོན་དུ་ཕྱོགས་ཤིང་མཐོར་འགྲོ་བར་རྩེ་ལ་བ་ནི་སྤྲོ་པའོ། །འདིར་དགེ་བ་རྣམས་བསྐྱེད་པ་དང་གནས་པར་བྱེད་པ་དང ་མི་དགེ་བ་རྣམས་མི་བསྐྱེད་པ་དང་འགོག་པར་བྱེད་པ་དང། གོ་རིམས་བཞིན་དུ་ལྟའོ། །འཁོར་བའི་འདམ་ཞེས་བྱ་ནི་འཁོར་བར་བྱེད་པས་འཁོར་པ་སྟེ། ཉེ་བར་ལེན་པའི་ཕུང་པོ་ལྔའི་མཚན་ཉིད་འབྱུང་ཞེས་བྱ་བའི་ཐ་ཚིག་གོ། འཁོར ་བའི་འདམ་ཡིན་པས་འཁོར་བའི་འདམ་མོ། །འཁོར་བའི་འདམ་ནི་འཁོར་བ་ལས་འབྱུང་བར་དཀའ་བའི་ཕྱིར་འདམ་མོ། །དེར་བྱེད་པའི་སེམས་མངོན་པར་འབྱུང་པའི་ཞེས་བྱ་བ་ནི་འབྱིན་པའོ། །དེ་ནི་བརྩོན་འགྲུས་ཏེ་མངོན་པར་འབྱུང་བ་ལ ་སོགས་པའི་རྣམ་པར་རྟོག་པའི་རྒྱུན་གནས་པར་བྱེད་པའི་ཕྱིར་རོ། །བརྩོན་འགྲུས་བཤད་ཟིན་ཏོ། །དྲན་པ་ཞེས་བྱ་བ་ནི་དྲན་པར་བྱེད་པས་དྲན་པའོ། །དེ་ནི་སེམས་གསལ་བ་ཉིད་དེ?་གསལ་བའི་དངོས་པོ་ནི་གསལ་བ་ཉིད་དོ། །གཟུགས ་ལ་སོགས་པ་ནི་ཤེས་པར་མི་བྱ་བ་ཡིན་པས་དོན་དེ་གསལ་བ་ཉིད་དོ། །དེ་ཡང་བྱས་པ་ལ་སོགས་པ་མ་བརྗོད་པའོ། །ཅིའི་ཕྱིར་མ་བརྗོད་པས་གསལ་བ་ཉིད་ཅེས་བྱ་ཞེ་ན། འདི་ལྟར་མྱོང་བའི་དོན་དྲན་པས་གསལ་བར་བྱེད་དེ། ་སལ་སལ་པོར་བྱེད་ཅེས་བྱ་བའི་ཐ་ཚིག་གོ། མྱོང་བའི་ཡུལ་རན་པ་དྲན་པ་གཞན་གྱི་དབང་གིས་སེམས་དང་སེམས་ལས་བྱུང་བ་རྣམས་ཀྱིས་ཡུལ་གྱི་དངོས་པོར་འགྱུར་ཞེས་བྱ་བར་དགོངས་པའོ། །བྱས་པ ་དང་བྱ་བ་དང་བྱེད་པའི་ཡུལ་དེ་དག་ཀྱང་དྲན་མོའི་ཀྱི་ཕལ་ཆེར་འདས་པའི་ཡུལ་ལ་འཇུག་པས་འདས་པ་ཡུལ་ཉིད་དུ་བསྟན་ཏོ། །ཏིང་ངེ་འཛིན་སེམས་རྩེ་གཅིག་པ་སྟེ་ཞེས་བྱ་བ་ནི་སེམས་སྤྲེའུ་དང་འདྲ་བས་ན་སྤྲེའུ་སྨོས་ཏེ། གྲོང་བར ་གྲགས་པའི་ཕྱིར་དཔེར་སྨོས་ཀྱི། འདྲ་བ་ཙམ་གྱི་ཕྱིར་ནི་མ་ཡིན་ནོ། །གཞན་ནས་ཀྱང་དགེ་སློང་དག་འདི་ལྟར་མྱུར་དུ་འགྱུར་བ་ནི་ཆོས་གཅིག་ལས་ངས་མ་མཐོང་སྟེ། དེ་ནི་སེམས་སོ་ཞེས་གསུངས་སོ། །དམིགས་པ་གཅིག་ཅེས་བྱ་བ་ནི ་ཡུལ་ལ་འཛིན་བར་ནུས་པ་སྟེ་དེ་ཉིད་ཡུལ་གཅིག་ལ་འཛིན་པ་ཉིད་དུ་སྟོན་ཏོ། །དཔེར་ན་སྦྲུལ་རང་བཞིན་གྱིས་གྱ་གྱུར་འགྲོ་བ་འོང་མའི་སྤུབས་སུ་བཅུག་པ་དེ་བཞིན་དུ་སེམས་ཀྱང་རང་བཞིན་གྱིས་གྱ་གྱུ་པ་སྟེ། ཏིང་ངེ་འཛིན་གྱི་དབང་གིS ་དེ་དམིགས་པ་གཅིག་ལ་གནས་སོ། །གང་དག་གི་ལྟ་བ་ལས་དགེ་སློང་དག་རྣམ་པར་ཤེས་པ་ནི་རང་བཞིན་གྱིས་དང་བ་ཡིན་ན། དེ་གློ་བུར་གྱི་ཉོན་མོངས་པ་རྣམས་ཀྱིས་ཉེ་བར་ཉོན་མོངས་པར་གྱུར་ཏོ་ཞེས་འབྱུང་བ་དེ་སྐད་དུ་བརྗོད ་པ་ནི་ཐོག་མ་ཡོད་པ་ཅན་གྱི་སྐྱོན་དུ་འགྱུར་རོ། །འདིས་སེམས་དང་སེམས་ལས་བྱུང་བ་རྣམས་སྙོམས་པར་བྱེད་པས་ཏིང་ངེ་འཛིན་ཏེ། དམིགས་པ་གཅིག་ལ་འཇོག་ཅེས་བྱའི་ཐ་ཚིག་གོ། དེ་བས་ན་སེམས་སྤྲེའུ་ལྟ་བུ་དམིགས ་པ་གཅིག་ལ་འཇུག་ཅེས་བྱ་བ་སྨྲས་སོ། །འདིར་ནི་སེམས་དང་སེམས་ལས་བྱུང་བ་མཛའ་དག་ལ་སེམས་ཤེས་བྱའོ། །སེམས་རྩེ་གཅིག་པ་ཞེས་བྱ་བ་ནི་སེམས་ཀྱི་རྩེ་གཅིག་པ་ལ་སེམས་རྩེ་གཅིག་པ་ཞེས་བྱའོ། །རྩེ་ཞེས་བྱ་བ ་ནི་དམིགས་པ་ལ་བྱ་སྟེ། དམིགས་པ་གཅིག་ལ་འཇུག་པ་ཞེས་གང་སྨྲས་པའོ། །ཤེས་རབ་ནི་ཆོས་རབ་ཏུ་རྣམ་པར་འབྱེད་པ་སྟེ། ཞེས་བྱ་བ་ནི་མཆོག་ཏུ་ཤེས་པས་ན་ཤེས་རབ་བོ། །ཡང་ན་རབ་ཏུ་ཤེས་པས་ཤེས་རབ་སྟེ། ཁོང་དུ ་ཆུད་པའོ། །རབ་ཀྱི་སྒྲ་ནི་འདུ་ཤེས་ལས་གཞན་དུ་བསྟན་པའི་ཕྱིར་རོ། །རབ་ཏུ་རྣམ་པར་འབྱེད་པ་ཞེས་བྱ་བ་ལ་ཆུང་དུ་རྟོགས་པ་ནི་འབྱེད་པའོ། །འབྲིང་ནི་རྣམ་པར་འབྱེད་པའོ། །ཆེར་རྟོགས་པ་ནི་རབ་ཏུ་རྣམ་པར་འབྱེད་པའོ། །དེ་བས་ན ་ཐམས་ཅད་ཁོང་དུ་ཆུད་པར་བསྡུ་པའི་ཕྱིར་ཉེ་བར་བསྒྱུར་པ་གཉི་ག་སྨོས་སོ། །རབ་ཏུ་རྣམ་པར་འབྱེད་པ་དེ་ཡང་ཤིན་ཏུ་རྣམ་པར་འབྱེད་པས་རབ་ཏུ་རྣམ་པར་འབྱེད་པའོ། །རབ་དེ་ཇི་ལྟ་བུ་ཡིན་པ་བསྟན་པའི་ཕྱིར། ཆོས་རྣམ་པ་བརྒྱད་པོ་དེ་དག ་གི་ཞེས་བྱ་བ་སྨོས་ཏེ། གཟུགས་ལ་སོགས་པའི་ཆོས་རྣམས་ནས་སོ་སོར་བརྟག་པས་འགོག་པ་ལ་ཐུག་པ་དག་གོ། ཇི་ལྟར་མཐུན་མཐུན་དུ་ཞེས་བྱ་བ་ནི་གང་ལ་གང་འཐད་པའོ། །དེ་གང་ཞེ་ན། སྡུག་པ་ལ་སོགས་པའོ། །དེ་ལ་སྡུད་པར་བྱེད ་པས་སྡུད་པ་སྟེ། རང་བཞིན་ཞེས་བྱ་བའི་ཐ་ཚིག་གོ། འདི་ལྟ་སྟེ་ས་ནི་སྲ་བས་བསྡུས་པ་སྟེ། སྲ་བའི་རང་བཞིན་ཞེས་བྱ་བར་ཤེས་སོ། །འཇིག་རྟེན་ན་དངོས་པོ་གཞན་གྱི་སར་མཐོང་བ་མེད་དམ། དཔེར་ན་སྐུད་པས་གོས་ཀྱི་གཟུགས་བྱས་པ་དང ་གདུང་རྟེན་གྱིས་གདུང་གི་གཟུངས་བྱས་པ་ལྟ་བུའོ། །དེ་ནི་རེས་འགའ་ཙམ་དང་རྒྱུ་ལ་རག་ལས་ཏེ་འབྱུང་བའི་ཕྱིར་སྡུད་པ་སྟེ་བརྡ་ཅན་ནོ། །གང་རང་བཞིན་གྱིས་སྡུད་པ་དེ་ནི་ཇི་སྲིད་དུ་རྫས་མེད་པར་མ་གྱུར་གྱི་བར་དུ་ཡོད་པ་དང། རྒྱུ་གཞན ་ལ་མི་བལྟོས་པའི་ཕྱིར་དོན་དམ་པའི་སྡུད་པ་སྟེ། སློབ་དཔོན་གྱི་ཉེ་གནས་བཞིན་དུ་དངོས་པོས་རང་བཞིན་གྱིས་བཟུང་ནས་མཁྱུད་པ་བཞིན་དུ་གནས་པ་སྟེ། ས་ནི་རྫས་གཞན་དུ་འགྲོ་བ་བཀག་པའི་ངོ་བོས་སྲ་བ་བཟུང་ནས་གནས་པའོ། ་མཚུངས་པར་ལྡན་པ་ནི་མཚུངས་པར་འཇུག་པ་སྟེ། དེ་ནི་སེམས་དང་སེམས་ལས་བྱུང་བ་རྣམས་ཀྱིའོ། ལྡན་པ་ནི་ཐོབ་པ་ལ་བྱའོ། །རྒྱུ་ནི་དྲུག་སྟེ། མཚུངས་པར་ལྡན་བ་དང། ལྷན་ཅིག་འབྱུང ་བ་དང། སྐལ་པ་མཉམ་པ་དང། ཀུན་ཏུ་འགྲོ་བ་དང་རྣམ་པར་སྨིན་པ་དང། བྱེད་རྒྱུ་ཞེས་བྱའོ། །རྐྱེན་ནི་རྒྱུ་དང། དེ་མ་ཐག་པ་དང། དམིགས་པ་དང། བདག་པོའི་རྐྱེན་གྱི་བྱེ་བྲག་གིས་བཞིའོ། །འབྲས་བུ་ནི་ལྔ་སྟེ། སྐྱེས ་བུའི་བྱེད་པ་དང། རྒྱུ་མཐུན་པ་དང། རྣམ་པར་སྨིན་པ་དང། བདག་པོ་དང། བྲལ་བ་ཞེས་བྱ་བའོ། །མཚུངས་པར་ལྡན་པ་ལ་སོགས་པ་དེ་དག་ནི་འོག་ཏུ་རྒྱས་པར་བཤད་པར་བྱའོ། །རང་དང་སྤྱི་ནི་རབ་དང་སྤྱི་སྟེ། དེ་གཉིས་ཀྱི ་མཚན་ཉིད་ནི་རང་དང་སྤྱིའི་མཚན་ཉིད་དོ། །དེ་ལ་ཆོས་རྣམས་ཀྱི་རང་གི་མཚན་ཉིད་ཆོས་གཞན་ཐམས་ཅད་ལས་བཟློག་པའི་ངོ་བོ་སྟེ། དཔེར་ན་མའི་ངོ་བོ་ཚ་བ་ལྟ་བུའོ། །སྤྱིའི་མཚན་ཉིད་ནི་ཆོས་ཐམས་ཅད་ཀྱི་ཐུན་མེད་གི ་ངོ་བོ་སྟེ། འདི་ལྟ་སྟེ་སྟོང་པ་ཉིད་ལ་སོགས་པའོ། །འདིས་རྟོག་པར་བྱེད་པས་ན་རྟོག་པ་སྟེ་ཤེས་རབ་བོ། །རྟོག་པ་ཞེས་བྱ་བའི་སྒྲ་ནི་སོ་སོར་སྦྱར་ཏེ། སྡུད་པ་ལ་རྟོག་པ་དང། མཚུངས་པར་ལྡན་པ་ལ་རྟོག་པ་ལ་སོགས་པ ་ཞེས་བྱ་བར་སྦྱར་རོ། །དེ་དག་རང་གི་ངོ་བོ་ཇི་ལྟ་བ་བཞིན་དཔྱོད་དེ་རྟོག་པ་ཞེས་བྱ་བའི་ཐ་ཚིག་གོ། རྟོག་པ་ནི་སེམས་རྩིང་བའི་མཚན་ཉིད་དོ་ཞེས་བྱ་བ་ལ་སེམས་ཀྱི་རྩིང་བ་ནི་སེམས་རྩིང་བའོ། །དེ་ཉིད་མཚན་ཉིད་དོ། སེམས ་རྩིང་པའི་མཚན་ཉིད་དེ་གང་ཡིན་པའོ། །གང་གི་དབང་གིས་སེམས་རྩིང་བར་གྱུར་པ་ཡིན་གྱི། སེམས་དང་སེམས་ལས་བྱུང་བ་གཞན་དག་གི་རྩིང་བ་མ་ཡིན་ཏེ། རང་བཞིན་གཞན་པའི་ཕྱིར་རོ། །དེ་ལ་རྩིང་བ་ནི་གསལ་བར ་གྱུ་ཉིད་དེ་ལུས་ཀྱི་ཚང་ཙམ་ནི་མ་ཡིན་ནོ། །འདི་ལྟར་ཡང་འཇིག་རྟེན་ན་ཡང་གཟུགས་མེད་པ་ལ་བློ་རྩིང་ངོ། །བློ་ཞིམ་པོ་ཞེས་ཐ་སྙད་འདོགས་པ་སྣང་ངོ། །བསྟན་བཅོས་ལས་ཀྱང་རྣམ་པར་ཤེས་པ་རྩིང་ངོ། །ཞིབ་བོ་ཞེས་འབྱུང་ངོ། ་གཉིས་སུ་ན་ཀུན་ཏུ་རྟོག་པ་ཞེས་ཀྱང་བྱ་སྟེ། ཞེས་བྱ་བ་ནི་གཉིས་སུ་ན་ཀུན་ཏུ་རྟོག་པ་གང་ཡིན་པ་དེའོ། །འདུ་ཤེས་ཉིད་རླུང་ཡིན་པས་འདུ་ཤེས་ཀྱི་རླུང་སྟེ། འདུ་ཤེས་ཀྱི་རླུང་གིས་བསྐྱོད་ནས་འཇུག་པ་གང་ཡིན་པ་དེ་འདུ་ཤེས་ཀྱི? ་རླུང་གིས་བསྐྱོད་ནས་འཇུག་པ་སྟེ། འདུ་ཤེས་ཀྱི་བཏང་ཞེས་བྱ་བའི་ཐ་ཚིག་གོ། འདུ་ཤེས་ཀྱི་ཡུལ་གྱི་མཚན་མ་ཡོངས་སུ་བཅད་ནས་རྣམ་པར་རྟོག་པ་སེམས་ཡུལ་ལ་གཏོང་བར་ནུས་སོ། །ཚོགས་ནི་འདུས་པ་སྟེ། རྣམ་པར་ཤེས་པ་ལྔ ་པོ་དག་གི་ཚོགས་ནི་རྣམ་པར་ཤེས་པའི་ཚོགས་ལྔ་སྟེ། དེ་དག་ནི་རྩིང་བ་ཡང་ཡིན་ལ་རྣམ་པར་ཤེས་པའི་ཚོགས་ལྔ་ཡང་ཡིན་པས་རྣམ་པར་ཤེས་པ་རྩིང་བའི་ཚོགས་ལྔ་སྟེ། དེ་དག་གི་རྒྱུའོ། །དེ་ཡང་ལྡན་ན་དེ་དག་རྩིང་ངོ་ཞེས་བྱ་བ ་བརྗོད་དོ། །སེམས་ཞིབ་པ་ཉིད་ཀྱི་མཚན་ཉིད་དེ་ཞེས་བྱ་བ་ལ། ཞིབ་པའི་དངོས་པོ་ནི་ཞིབ་པ་ཉིད་དེ། སེམས་ཀྱི་ཞིབ་པ་ཉིད་ནི་ཞིབ་པ་ཉིད་དོ། །དེའི་མཚན་ཉིད་ནི་སེམས་ཞིབ་པ་ཉིད་ཀྱི་མཚན་ཉིད་གང་ཡིན་དེའོ། །དེ་ལ་ཞིབ་པ་ཉིད་ནི་མི ་གསལ་བ་མི་རྣོ་བའོ། །ཡིད་ཀྱི་རྣམ་པར་ཤེས་པའི་འཇུག་པ་དང་མཐུན་པ་ནི་ཡིད་ཀྱི་རྣམ་པར་ཤེས་པའི་འཇུག་པ་དང་མཐུན་པའོ། །མཐུན་པ་ནི་མི་འགལ་བ་སྟེ། འགགས་བྱེད་པ་མ་ཡིན་ཞེས་བྱ་བའི་ཐ་ཚིག་གོ། འདིས་རྣམ་པར་དཔྱོད་པའི ་ཡུལ་ལ་ཡང་དཔྱོད་དོ། །བག་མེད་པ་ནི་དགེ་བའི་ཆོས་མི་བསྒོམ་པ་སྟེ། ཞེས་བྱ་བ་ནི་བག་ཡོད་པ་མ་ཡིན་པས་བག་མེད་པ་སྟེ། གང་དང་ལྡན་པས་དགེ་བའི་ཆོས་ལ་ཀུན་ཏུ་བསྟེན་པ་ཟད་པར་བྱེད་པའོ། དོན་དེ་ཉིད་མི་འཇུག་པ་ཞེས་ ་བྱ་བའི་དོན་གང་ཡིན་པའོ་ཞེས་བྱ་བས་སྟོན་ཏོ། །དེ་ལ་བདག་ལ་ཕན་པ་ལ་མངོན་པར་མི་བརྩོན་ཞིང་ཡལ་བར་འདོར་བ་ནི་བག་མེད་པ་སྟེ། རང་ལ་ཕན་པ་ནི་དགེ་བའི་ཆོས་གོམས་པར་བྱེད་པའོ།། ་དེ་ལ་མངོན་པར་མི་བརྩོན་པ་ནི་དེ་ལ་མི་གཞོལ་པ་སྟེ་ཡལ་བར་འདོར་བའོ། །གང་ཡོད་ན་དེ་འབྱུང་བ་དེ་ནི་བག་མེད་པའོ། །བག་ཡོད་པ་ནི་དགེ་བའི་ཆོས་རྣམས་བསྒོམ་པ་སྟེ་ཞེས་བྱ་བ་དེ་ལ་འདི་ཡོད་ན་བག་མེད་པར་མི་བྱེད་པས་བག་ཡོད་པ་སྟེ། ་དགེ་བའི་ནོར?་བསྲུང་བའི་ཕྱིར་གང་གིས་འཇུག་པར་འགྱུར་བ་དེ་བག་ཡོད་པའོ། །བག་མེད་པའི་ཕྱིར་འཇིལ་བ་ཞེས་བྱ་བ་ནི་གཉེན་པོའོ་ཞེས་བྱ་བའི་ཐ་ཚིག་གོ། སྐྱེ་བ་ནི་འཁོར་བའི་ཉེས་པ་ལ་རྟོགས་པས་ཞེས་བྱ་བ་ལ་སོགས་པ་ལ ་འཁོར་བའི་ཉེས་པ་ནི་འདོད་ཆགས་ལ་སོགས་པ་དང། རྒ་ཤི་དང་མྱ་ངན་ལ་སོགས་པ་སྟེ། དེ་དག་ལ་རྟོག་པ་ནི་འབྱེད་པའོ།། དེ་བས་ན་གང་སྐྱོ་བ་དེ་འདོད་ཆགས་དང་བྲལ་བ་དད་མཐུན་ཏེ། འདོད་ཆགས་དང་བྲལ་བའི ་རྒྱུར་གྱུར་ཅེས་བྱ་བའི་ཐ་ཚིག་གོ། ཡིད་བྱུང་ན་མི་ཆགས་སོ་ཞེས་གསུངས་པའི་ཕྱིར་རོ།། དེ་ཉིད་རྣམ་པར་དགྲོལ་བའི་ཕྱིར་སེམས་ལས་བྱུང་བའི་ཆོས་གང་བྱུང་ན་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །གང་དང་ལྡན་པས་ཞེས་བྱ་བ་ནི ་གང་དང་འབྲེལ་བས་སོ། །ཡིད་འབྱུང་བ་ཡིད་ལ་བྱེད་པ་ཞེས་བྱའོ་ཞེས་བྱ་བ་ནི་ཡིད་འབྱུང་བ་དང་ལྡན་པའི་ཡིད་ལ་བྱེད་པའོ། །རབ་ཏུ་དགའ་བ་ནི་མགུ་བ་དང་མཆོག་ཏུ་དགའ་བ་སྟེ། དགེ་བའི་སེམས་ལ་གནོད་པ་ལས་བྱུང ་བར་གཉེན་པོ་འཚོལ་བ་ཅན་ནོ།། དེ་རྙེད་ནས་དེ་ལ་ཡིད་ཚིམ་པ་གང་ཡིན་པ་དེ་ནི་མཆོག་ཏུ་དགའ་བའོ་ཞེས་བྱ་བ་དེ་ལ། འདོད་པའི་ཁམས་ནི་སྡུག་བསྔལ་ཐམས་ཅད་ཀྱི་གནས་སུ་གྱུར་པའི་ཕྱིར་གནོད་པ་སྟེ། དེ་ལས་བྱུང་བ ་ནི་འདོད་པའོ། །འབྱུང་བའི་གཉེན་པོ་ནི་གནོད་པར་བྱེད་པའི་ཕྱོགས་ཏེ། འདོར་པའི་རྒྱུ་ཞེས་བྱ་བའི་ཐ་ཚིག་གོ། དེ་ནི་ལམ་མོ།། གཉེན་པོ་འཚོལ་བ་ཅན་གྱི་དང་ཚུལ་ཅན་གང་ཡིན་པ་དེ་ནི་གཉེན་པོ་འཚོལ་པ་ཅན་ནོ། །གཉེན་པོ ་འཚོལ་བ་ཅན་དེས་དེ་རྙེད་ནས་ཞེས་བྱ་བ་ནི་རྙེད་པ་ནི་ཐོབ་པ་སྟེ། ལམ་དེ་རྙེད་ཅེས་བྱ་བའི་ཐ་ཚིག་གོ། དེ་ལ་ལམ་དེ་རྙེད་ནས་ཡིད་ཡོངས་སུ་ཚིམ་པ་སྐྱེ་བ་གང་ཡིན་པ་དེ་མཆོག་ཏུ་དགའ་བ་སྟེ་དེ་དང་བྲལ་བ་མི་ལྕོགས་པ་མེད ་པ་ལ་སོགས་པ་ལ་མཆོག་ཏུ་དགའ་བ་ཡིད་ལ་བྱེད་པ་ཞེས་བྱའོ།། དེ་ལ་རབ་ཏུ་དགའ་བ་ནི་མགུ་བ་ཞེས་བྱ་བ་ལ་རབ་ཏུ་དགའ་བ་ནི་ཡིད་བདེ་བ་སྟེ། དེ་དང་ལྷན་ཅིག་སྐྱེས་པ་ནི་མགུ་བ་དང་རེངས་པའོ། །ཡང་དེ་ནི་རྣམ་གྲངས་སུ་བརྗོད་པའོ ་ཤིན་ཏུ་སྦྱངས་པ་ནི་སེམས་ལས་སུ་རུང་བ་ཉིད་དོ་ཞེས་བྱ་བ་ལ་ལས་དང་མཐུན་པ་ནི་ལས་སུ་རུང་བའོ།། ལས་སུ་རུང་བའི་དངོས་པོ་ནི་ལས་སུ་རུང་བ་ཉིད་དོ།། སེམས་ཀྱི་ལས་སུ་རུང་བ་ཉིད་ནི་སེམས་ལས་སུ་རུང་བ་ཉིད་དེ། སེམས་འོས་སུ་གྱུར་ཅེས ་བྱ་བའི་ཐ་ཚིག་སྟེ། གསེར་དུལ་མ་བཞིན་ནོ།། དཔེར་ན་གསེར་དུལ་མ་ནི་ཅི་དང་ཅིར་བརྡུང་བ་དེ་དང་དེར་ལས་སུ་རུང་བ་ཡིན་ནོ། །དེ་བཞིན་དུ་ཤིན་ཏུ་སྦྱངས་པའི་དབང་གིས་མཐོ་རིས་དང་ཐར་པ་ལ་སོགས་པ་གང་དང་གང་དུ་སེམས། ་སྦྱོར་བ་དེ་དང་དེར་དགོས་པ་སྒྲུབ་བར་ནུས་པའི་ཕྱིར་ལས་སུ་རུང་བ་ཞེས་བྱའོ།། རྣམ་པར་མི་འཚེ་བ་ནི་གཞན་ལ་གནོད་པར་བྱེད་པ་ལ་མངོན་པར་དགའ་བ་དང་མི་མཐུན་པ་སེམS་བཟང་པོ་ཉིད་དེ་ཞེས་བྱ་བ་ལ། གཞན་དག་ལ ་གནོད་པར་བྱེད་པ་ནི་གཞན་ལ་གནོད་པར་བྱེད་པའོ།། གཞན་ལ་གནོད་པར་བྱེད་པ་དག་ལ་མངོན་པར་དགའ་བ་ནི་གཞན་ལ་གནོད་པར་བྱེད་པ་ལ་མངོན་པར་དགའ་བ་སྟེ། དེ་དང་མི་མཐུན་པའོ།། གང་གི་དབང་གིས ་གཞན་ལ་རྣམ་པར་ཐོ?་མི་འཚམ་པའོ་ཞེས་བྱ་བ་ནི་གནོད་པར་མི་བྱེད་མི་མཐུན་པར་མི་བྱེད་ཅེས་བྱ་བའི་ཐ་ཚིག་གོ། དེ་ལས་འབྱུང་པར་གཉེན་པོ་འཚོལ་བ་ཅན་ནི་དེ་དང་མི་མཐུན་པའི་སེམས་བཟང་པོ་ཉིད ་ཅེས་བྱ་བའོ། །རིགས་པ་ལ་གཞོལ་པ་ནི་རིགས་པ་དང་མཐུན་པའོ།། རིགས་པ་ནི་འཕགས་པའི་ལམ་མོ།། དེ་ལ་གཞོལ་བ་ནི་དེར་གཞོལ་བ་སྟེ། དེར་ཕྱོགས་ཞེས་བྱ་བའི་ཐ་ཚིག་གོ། དེ་ནི་བདག་གི་དབང་དུ་བྱས་པ་དང། ཆོས་ཀྱི ་དབང་དུ་བྱས་པ་ལས་བྱུང་བས་བདག་དང་ཆོས་ཀྱི་དབང་དུ་བྱས་པ་ལས་བྱུང་བའོ། །དེ་ལ་བདག་ཅེས་བྱ་བ་ནི་རང་གི་རྒྱུད་ཡོངས་སུ་བཟུང་བའོ།། བདག་གི་ཆོས་རྣམས་ནི་བདག་གི་ཡོན་ཏན་རྣམས་ཏེ་ཚུལ་ཁྲིམས་ལ་སོགས་བའོ?། ་དེ་དག་གི་དབང་དུ་བྱས་པ་ནི་བདག་གི་ཆོས་ཀྱི་དབང་དུ་བྱས་པ་སྟེ། དབང་དུ་བྱས་པ་ནི་ནུས་ཞེས་བྱ་པའི་ཐ་ཚིག་གོ། དེ་ལས་བྱུང་བ་ནི་བདག་དང་ཆོས་ཀྱི་དབང་དུ་བྱས་པ་ལས་བྱུང་བ་སྟེ། མདོ་སྡེ་ལས་ཇི་སྐད་དུ་བསྟན་པ་ལྟ་བུ ་སྟེ། བདག་ཉིད་ཀྱི་དབང་དུ་བྱས་ནས་མི་དགེ་བ་སྤོང་ཞིང་དགེ་བ་བསྒོམ་པའི་ཞེས་འབྱུང་བའི་ཕྱིར་རོ།། ཡང་ན་བདག་གི་ཆོས་ན་རིགས་ཀྱི་བུ་ལ་སོགས་པའོ།། ཇི་ལྟར་བདག་གི་ཆོས་ལས་བྱུང་སྨྲས་པ། གང་གི་ཕྱིར་བདག་ནི ་རིགས་ཀྱི་བུར་འགྱུར་ཏེ། འཕགས་པའི་ཆེས་ཤེས་ཀྱིས་དེ་སྒྲུབ་པ་ལ་མི་ཕྱོགས་པ་ནི་བདག་གི་ཆ་མ་ཡིན་ནོ་སྙམ་མོ།། སྲེད་པ་ནི་མངོན་པར་ཆགས་པའོ།། སྲེད་པའི་རྒྱུ་ལས་བྱུང་བ་ནི་རྒྱུ་མཐུན་པ་སྟེ། སྲེད་པའི་རྒྱུ་མཐུན་པའོ།། སྲེད ་པའི་རྒྱུ་མཐུན་པ་དེ་ནི་ངོ་ཚ་མི་ཤེས་པ་ཞེས་བྱ། དེ་དང་མི་མཐུན་པ་ནི་དེ་ཀུན་དུ་འབྱུང་བ་དང་འགལ་བའི་ཕྱིར་རོ། །སེམས་ཀྱི་དབང་སྟེ་ཞེས་བྱ་བ་ནི་སེམས་ལ་དབང་བྱེད་པའོ། །དེའི་བྱེད་པའི། རང་གི་ངོ་བོ་བསྟན་པའི་ཕྱིར། ་གང་གི་དབང་གིས་ཡོན་ཏན་རྣམས་དང་ཡོན་ཏན་ཅན་རྣམས་ལ་གུས་པ་དང་བཅས་པར་གནས་པའོ་ཞེས་བྱ་བ་སྨྲས་ཏེ། །ཡོན་ཏན་ཅན་རྣམས་ནི་རང་གི་རྒྱུ་དང་འབྲེལ་པ་ཚུལ་ཁྲིམས་ལ་སོགས་པ་ལའོ།། ཡོན་ཏན་ཅན་རྣམ་།ནི་སློབ ་དཔོན་དང་མཁན་པོ་ལ་སོགས་པ་ལའོ། །ཁྲེལ་ཡོད་པ་ནི་ཡོན་ཏན་ལ་གོམས་པར་བྱེད་པ་སྔོན་དུ་གཏོང་པ་ཞེས་བྱ་བ་ལ་སོགས་པ་ལ་གོམས་པར་བྱེད་པས་གོམས་པར་བྱེད་པའོ། །ཡོན་ཏན་རྣམས་གོམས་པར་གང་བྱེད་པ་ནི ་ཡོན་ཏན་གོམས་པ་བྱེད་པ་སྔོན་དུ་གཏོང་བའོ།། གཏི་མུག་ནི་མི་ཤེས་པའོ། །དེའི་རྒྱུན་མཐུན་པ་ནི་ཁྲེལ་མེད་པ་སྟེ། རྨོངས་པར་གྱུར་ན་སྲོག་གཅོད་པ་ལ་སོགས་པའི་བྱ་བ་ལ་འཇུག་པས་འཁྲེལ་མེད་པར་འགྱུར་རོ། ། ་དེའི་དགྲར་གྱུར་པས་ཆོས་ངན་པ་ལ་སྨོས་ཏེ། ཆོས་ངན་པ་ནི་སྲོག་གཅོད་པ་ལ་སོགས་པའོ། །དེ་དག་ལ་སྨོས་པ་ནི་བཤུད་པའོ། །གང་ཡང་ན་ཞེས་བྱ་བ་ནི་ཆོས་གང་སྐྱེས་ན་ཁ་ན་མ་ཐོ་བ་སྟེ་སྡིག་པ་ལས་འཇིག་པར་ལྟ་བ་ཡིན ་ནོ་གཏང་སྙོམས་ནི་མི་རིགས་པ་ཡང་མི་སེལ་བས་ཞེས་བྱ་བ་ལ་སོགས་པ་ལ་མི་རིགས་པ་ལ་སོགས་པ་ལ་འཇུག་པའི་ཕྱིར་དེ་མི་རིགས་པ་སེལ་བ་ནི་བརྩོན་འགྲུས་ཀྱི་བྱེད་པའོ། །རིགS་པ་ལ་འཇུག་པ་ཡང་བརྩོན་འགྲུས ་ཀྱི་བྱེད་པ་ཉིད་དོ། །དེ་ལ་བཏང་སྙོམས་སུ་བྱེད་པ་ནི་བཏང་སྙོམས་སོ།། བཏང་སྙོམས་ཞེས་བྱ་བའི་ཆོས་དེ་ཡོད་པས་སེམས་དེ་བཏང་སྙོམས་དང་ལྡན་པ་ཞེས་བྱའོ།། བཏང་སྙོམས་ནི་རྣམ་པ་གསུམ་སྟེ་ཚང་མེད་པའི་བཙང་སྙོམS ་ནི་འདི་ལྟ་སྟེ། བྱམས་པ་དང། སྙིང་རྗེ་དང་དགའ་བ་དང་བཏང་སྙོམས་སོ།། དེ་ལ་བྱམས་པ་ནི་བདེ་བ་ཉེ་བར་སྒྲུབ་པའི་མཚན་ཉིད་དོ། །སྙིང་རྗེ་ནི་སྡུག་བསྔལ་བའི་རྣམ་པའོ།། དགའ་བ་ནི་དགའ་པར་གྱུར་ཅིག་པའོ།། བཏང་སྙོམS ་ནི་སེམས་ཅན་གྱི་རྣམ་པའོ།། ཚོར་བའི་བཏང་སྙོམས་ནི་སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པའི་ཚོར་བའོ། །འདི་ནི་འདུ་བྱེད་ཀྱི་བཏང་སྙོམས་ཏེ། དེ་ཉིད་འདུ་བྱེད་ཀྱི་བཏང་སྙོམས་ཉིད་དུ་སྟོན ་ཏོ། །དེ་ཡོད་པས་མི་རིགས་པ་ཡང་མི་སེལ་རིགས་པ་ལ་ཡང་མི་འཇུག་ཅེས་བྱ་བ་འདིས་ནི། བཏང་སྙོམས་ཀྱི་ལས་སྟོན་ཏོ་སྲང་འཛིན་པའི་རིགས་པས་མཉམ་པ་ཉིད་དུ་གནས་པའོ་ཞེས་བྱ་བ་ལ་སྲང་འཛིན་པས་སྲང ་འཛིན་པའི་སྐྱེས་བུ་སྟེ། སྲང་དྲང་པོར་གྱུར་པ་ན་རྫས་སྣོན་པ་དང་འབྲིང་པ་མི་བྱེད་ཀྱི། བཏང་སྙོམས་འབའ་ཞིག་ཏུ་བྱེད་པ་དེ་བཞིན་དུ་བཏང་སྙོམས་སུ་བྱེད་ཅེས་བྱ་བའི་ཐ་ཚིག་གོ། དཔེར་ན་བ་ལང་རྫིས་བ་ལང་ས་ནར་མི་བདེ ་པ་ལས་བླན་ཏེ་ས་ན་ར་བདེ་བར་རྒྱུ་ཞིང་སྟོང་པ་ལ་ཡལ་བར་འཇོག་པ་ལྟར་བཏང་སྙོམས་ཀྱང་དེ་བཞིན་ཏོ། བརྩོན་འགྲུས་ཀྱིས་སྡིག་པ་ལས་སེམས་བླ་ན་ནས་རིགས་པ་ལ་རྒྱུ་བ་ན་བཏང་སྙོམས་སུ་འཇོག་སྟེ། མཐུན་པ་ལ ་གནས་སོ་ཞེས་བྱ་པའི་ཐ་ཚིག་གོ། དགེ་བའི་རྩ་བ་གསུམ་སྟེ་ཞེས་བྱ་བ་ལ་ཀུ་ཤ་ཞེས་བྱ་བ་ནི་ཤེས་རབ་པོ།། ལ་ནི་དེ་འཛིན་པ་སྟེ་ཤེས་རབ་འཛིན་པ་ནི་དགེ་བའོ།། དེ་ལ་མ་ཆགས་པ་ན་ཡོ་བྱད་དང་ལུས་དང་སྐྱེ་བ་ལ ་མངོན་པར་མཆགས་པའོ། །མ་རིག་པ་དང་མི་འཛའ་བ་ལ་སོགས་པ་ལྟ་བུའི་དངོས་པོ་ཡིན་གྱི་ཆགས་པ་མེད་པ་ཙམ་ནི་མ་ཆགས་པ་མ་ཡིན་ནོ།། དགེ་བ་གཞན་རྣམས་ཏེ་དད་པ་ལ་སོགས་པ་འབྱུང་བའི་རྒྱུའི་དངོས་པོ ་ཡིན་པས་རྩ་བར་གྱུར་ཅེས་བྱ་བའོ། །བདེ་བའི་དོན་ནི་དགེ་བའི་དོན་ཏེ། དཔེར་ན་དགེ་བར་འོངས་པ་ལ་བདེ་བར་འོངས་པར་ཤེས་པ་ལྟ་བུའོ།། བདེ་བར་ཡང་སྲིད་པའི་ཡིད་དུ་འོང་བ་དང། ཐར་པའི་མྱུ་གུ་མངོན་པར་འགྲུབ ་པར་བྱེད་པས་ཞེས་བྱ་བར་སྟོན་ཏོ།། སྲིད་པ་ཡིད་དུ་འོང་པ་ནི་ལྷ་དང་མིར་སྐྱེ་པའོ། །ཐར་པའི་མྱུ་གུ་ཞེས་བྱ་བ་ནི་ཐར་པའི་ཆ་དང་མཐུན་པ་འཕངས་པ་གང་ཡིན་པའོ། །འཕངས་པ་དེའི་རྟགས་བརྗོད་པར་བྱ་སྟེ། གང་དམ་པའི་ཆོས་ཐོས ་ནས་མཆི་མ་འབྱུང་བ་དང་སྤྲུ་ཟིངས་ཞེས་བྱེད་པའོ།། ཡང་ན་བྱང་བ་ལ་དགེ་བ་ཞེས་བྱའོ། །འགྲུབ་པས་ཞེས་བྱ་བ་ལ། གཟུགས་བཟང་པོ་ནི་མཛེས་པ་སྟེ། ཇི་སྐད་དུ་བཟོད་པས་མཛེས་བར་འགྱུར་ཞེས་བྱ་བ་ལྟ་བུའོ།། དེ་ལ་འདོད་པར ་གཏོགས་པའི་སྲེད་པ་རྣམ་པ་ལྔ་ནི་སྡུག་བསྔལ་དང་ཀུན་འབྱུང་བ་དང་འགོག་པ་དང། ལམ་མཐོང་བ་དང། བསྒོམ་པས་སྤང་བར་བྱ་བ་རྣམས་སོ། །འདོད་པར་གཏོགས་པ་ནི་འདོད་པའི་ཁམས་དང་ལྡན་པའོ།། ཁོང་ཁྲོ་བ་ནི་ལྔ་ནི ་སྡུག་བསྔལ་ལ་སོགས་པ་མཐོང་བ་དང་བསྒོམ་པས་སྤང་བར་བྱ་བའི་ཞེ་སྤང་ངོ།། འདོད་པ་ན་སྤྱོད་པའི་ཉོན་མོངས་པ་སུམ་ཅུ་རྩ་དྲུག་འོག་ནས་འབྱུང་བ་དེ་དག་དང་ལྡན་པའི་མ་རིག་པ་ལས་འཇིག་ཚོགས་དང་མཐར་འཛིན་པར ་ལྟ་བའི་གཏི་མུག་མ་གཏོགས་པ་གཞན་མ་རིག་པ་སུམ་ཅུ་རྩ་བཞི་པོ་གང་ཡིན་པ་དེ་ནི་གཏི་མུག་གོ། གཟུགས་དང་གཟུགས་མེད་པར་གཏོགས་པའི་སྲེད་པ་རྣམ་པ་བཅུ་ནི་སྡུག་བསྔལ་ལ་སོགས་པ་མཐོང་བའི་བྱེ་བྲག་གིས་སོ།། ་དེ་ན་འབྱུང་བ་ནི་དེ་ན་ཡོད་པ་སྟེ། གཟུགས་དང་གཟུགས་མེད་པར་གཏོགས་ཞེས་བྱ་བའི་ཐ་ཚིག་གོ། དེ་དག་ནི་འོག་ནས་འཆང་བའོ།། དེར་གཏོགས་པ་ཞེས་བྱ་བ་ནི་གཟུགས་དང་གཟུགས་མེད་པར་གཏོགས་ཉིད་དེ། སྡུག ་བསྔལ་ལ་སོགས་པ་མཐོང་བའི་བྱེ་བྲག་གིས་ང་རྒྱལ་རྣམ་པ་བཅུའོ?། །འདིར་འབྱུང་ནི་འདི་ནི་ཡོད་པ་སྟེ། འདོད་པར་གཏོགས་ཞེས་བྱ་བའི་ཐ་ཚིག་གོ། དེ་ལ་ཁ་ཅིག་ན་རེ་ཁེངས་པའི་མཚན་ཉིད་ཀྱི་ཕྱིར་མཐོ་བར་འགྲོ་བ་ནི་ང་རྒྱལ་ཡིན་ལ། རྩ་བ་ནི ་བརྟན་པ་དང་ཐུར་དུ་ཟུག་པ་ཡིན་ན་རྩ་བ་དང་མི་མཐུན་པའི་ཆོས་ཀྱི་ཕྱིར་ང་རྒྱལ་ནི་ལུང་དུ་མ་བསྟན་པའི་རྩ་བ་ཡིན་ནོ། ཞེས་ཟེར་བ་དེའི་ཕྱིར་ང་རྒྱལ་ཡང་ལུང་དུ་མ་བསྟན་པའི་རྩ་བ་ཉིད་དུ་བསྒྲུབ་པར་འདོད ་ནས། བསམ་གཏན་པ་གསུམ་གྱི་ཕྱིར་ཏེ། འདི་ལྟར་བསམ་གཏན་པ་གསུམ་ནི། སྲེད་པ་དང། ལྟ་བ་དང། ང་རྒྱལ་གྱི་ཤས་ཆེ་བའི་བསམ་གཏན་པ་སྟེ་ཞེས་བྱ་བ་སྨོས་སོ།། སྲེད་པའི་ཤས་ཆེ་བའི་བསམ་གཏན་དུ་བྱེད ་པའི་དང་ཚུལ་ཅན་དེ་དག་ནི་སྲེད་པ་ཤས་ཆེ་བའི་བསམ་གཏན་པ་སྟེ། སྲེད་པ་ལ་གནས་ཞེས་བྱ་བའི་ཐ་ཚིག་གོ། ལྟ་བ་དང་ང་རྒྱལ་གྱི་ཤས་ཆེ་བའི་བསམ་གཏན་པ་ཡང་དེ་བཞིན་དུ་བརྗོད་པར་བྱའོ། །ཀུན་ཏུ་སྦྱོར་བ ་ནི་རྣམ་པ་དགུ་སྟེ། ཞེས་བྱ་བ་ནི་དེ་དག་གིས་སེམས་ཅན་རྣམས་ཁམས་དང་འགྲོ་བ་དང་སྐྱེ་གནས་རྣམས་སུ་ཀུན་ཏུ་སྦྱོར་བས་ཀུན་ཏུ་སྦྱོར་པ་རྣམས་སོ།། ཡང་ན་དེ་དག་ཡོད་ན་སྡུག་བསྔལ་གྱི་བྱེ་བྲག་དེ་དང་དེ་དག་དང ་ཀུན་ཏུ་སྦྱོར་བས་ཀུན་ཏུ་སྦྱོར་བ་རྣམས་ཏེ། དེ་དག་སྡུག་བསྔལ་ཐམས་ཅད་ཀྱི་གནས་སུ་གྱུར་པའི་ཕྱིར་རོ།། རྗེས་སུ་ཚགས?་པའི་ཀུན་ཏུ་སྦྱོར་བ་ཞེས་བྱ་བ་ནི་འདིས་ཡུལ་དེ་ལ་རྗེས་སུ་ཆགས་པར་བྱེད་པས་རྗེས་སུ་ཆགས་པ་སྟེ ་ཀུན་ཏུ་སྦྱར་ཀུན་ཏུ་ཆགས་ཞེས་བྱ་བའི་ཐ་ཚིག་གོ། ཁམས་གསུམ་པའི་འདོད་ཆགས་ཏེ། གནས་དང་དམིགས་པས་སོ། །རྒྱ་སྐྱེགས་ཞུ་བ་ལྟར་འབྱར་ཞིང་ཀུན་ཏུ་སྦྱོར་ཞེས་བྱ་བའི་ཐ་ཚིག་གོ། སེམས་ཅན་རྣམས་ལ་ཀུན་ནས ་མནར་སེམས་པ་ཞེས་བྱ་བ་ནི་སེམས་ཅན་རྣམས་དང་མི་མཐུན་པའི་འདུ་ཤེས་ཅན་ཏེ། དེ་དག་དང་བྲལ་བར་འདོད་པ་དང་ལྡན་པ་སེམས་མི་ཚོགS་པ་ནི་ཁོང་ཁྲོ་བའོ།། དེ་ནི་འདོད་པ་ན་སྤྱོད་པ་ཉིད་དེ་རྣམ་པ་ལྔའོ།། འདིས་གནོད ་པར་བྱེད་པའམ་འདི་ཡོད་པས་འདིས་གནོད་པར་བྱེད་པ་འམ་འདི་ཡོད་པས་ན་ཀུན་ནས་མནར་སེམས་པའོ། །ཚ་བའི་ས་བོན་ལ་བུ་ཞེས་བྱ་བ་ནི་དེ་ཚ་བ་ཡང་ཡིན་ལ་ས་བོན་ཡང་ཡིན་པས་ཚ་བའི་ས་བོན་ཏེ། གནོད་པའི་བདག་ཉིད ་ཡིན་པས་དེ་དང་འདྲའོ། །བདག་དང་གཞན་ལ་དམིགས་ནས་ཞེས་བྱ་བ་ནི་ཀུན་ཏུ་གཏི་མུག་ལས་ཡོད་པ་དང་མེད་པ་ལ་གནས་པ་སྔོན་ལས་བཏང་སྟེ། བདག་དད་གཞན་གྱི་ཁྱད་པར་ལ་བལྟོས་ཞེས་སེམས་ཁེངས་པ་ནི་ང་རྒྱལ་ལོ།། ་སྐྱེས་བུ་རེངས་པ་ལྟ་བུ་ཞེས་བྱ་བ་ནི་དཔེར་ན་རླུང་ལ་སོགས་པས་རེངས་པར་འགྱུར་བའི་སྐྱེས་བུས་རྒྱུ་མི་ནུས་པ་དེ་བཞིན་དུ་ང་རྒྱལ་གྱི་དབང་གིས་བླ་མ་རྣམས་ལ་མི་འདུད་པའོ། །དེ་ཡང་ཕྱེ་ན་རྣམ་པ་དུ་ཡོད་ཅེ་ན། དེའི་གྲངས ་བསྟན་པའི་ཕྱིར་རྣམ་པ་བདུན་ཏེ་ཞེས་བྱ་བ་སྨོས་སོ།། བདག་ཏུ་འཛིན་པའི་རྗེས་ལས་བྱུང་བ་ཞེས་བྱ་བ་ནི་འཇིག་ཚོགས་ལས་ལྟ་བ་སྔོན་དུ་བཏང་བ་སྟེ། བདག་ཡོད་པ་ཉིད?་དུ་སྡུག་པ་ལ་སོགས་པའི་རྣམ་པར་སེམས་ཁེངS ་པའོ། །ངའོ་སྙམ་པའི་ང་རྒྱལ་དེ་ཡང་འཇིག་ཚོགས་ལ་ལྟ་བ་དང་ཡུལ་གཅིག་སྟེ། གཉི་གའི་ཡང་བདག་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་སོགས་པ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ནི་ལན་ཅིག ་ཕྱིར་འོང་བ་དང། ཕྱིར་མི་འོང་བ་དང། དགྲ་བཅོམ་པ་ཉིད་དང། བསམ་གཏན་དང། ཚང་མེད་པ་དང། གཟུགས་མེད་པ་དང། འཕགས་པའི་ལམ་དང། མྱ་ངནལས་འདས་པ་བསྡུ་བའོ། །རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་སོགས ་པ་དེ་ཉིད་གོང་མའི་བྱེ་བྲག་སྟེ། དེ་འཐོབ་པ་ནི་རྙེད་པའོ་།རིགས་ལ་སོགས་པ་ནི་ཞེས་བྱ་བ་ལ། རིགས་ནི་ཁྱིམ་པ་དང་རབ་ཏུ་བྱུང་བའོ། །སོགས་པ་སྨོས་པས་ནི་འདིར་བཟོ་དང་ཚུལ་ཁྲིམས་ལ་སོགས་པ་བསྡུ་པའོ། །ཁྱད ་པར་ཆེས་འཕགས་པ་བས་བདག་ཅུང་ཟད་གཅིག་གིས་ཆུད་བར་ཞེས་བྱ་བར་ཡང་རིགས་ལ་སོགས་པ་དེ་བཞིན་དུ་བསྟན་ཏོ།། བྱེ་བྲག་ཆེར་ཞུགས་ཀྱང་བྱེ་བྲག་ཅུང་ཟད་གཅིག་གིས་ཆུང་བར ་ལྟའི་ཇི་ལྟར་ཆུང་བ་དེ་ལྟར་བདག་ལ་མི་ལྟ་སྟེ་དེ་བས་ཅུང་ཟད་གཅིག་གིས་ཆུང་བར་ལྟའོ། །ཆུད་བ་ཞེས་བྱ་བ་འདིར་ཇི་ལྟར་ཁེངས་པའི་གནས་ཡིན་ཞེ་ན། སེམས་ཅན་གྱི་ཕུང་པོ་འདོད་པ་ཆེ་ག་རྣམས་པས་རྣམ་པར་ཆུང་ཡང ་ཆོས་མང་དུ་རློམ་སེམས་བྱེད་པ་སྟེ་འདི་ནི་ཅུང་ཟད་སྙམ་པའི་ང་རྒྱལ་ལོ། །ཡོན་ཏན་མ་ཡིན་པ་དང་ལྡན་ཡང་ཞེས་བྱ་བ་དེ་ལ། ཡོན་ཏན་གྱི་དགྲར་གྱུར་པ་ནི་ལུས་དང་ངག་དང་ཡིད་ཀྱི་ཉེས་པར་སྤྱོད་པ་རྣམས་ཏེ། ཡོན་ཏན་མ ་ཡིན་པའོ།། དེ་དག་སུ་ལ་ཡོད་པ་དེ་ནི་ཡོན་ཏན་མ་ཡིན་པ་དང་ལྡན་པ་སྟེ། དེ་ལྟར་གྱུར་ཀྱང་བདག་ཡོན་ཏན་དང་ལྡན་ནོ་སྙམ་ན་རློམ་སེམས་སུ་བྱེད་པའོ།། ཉེས་པར་སྤྱོད་པ་དེས་ཁེངས་པ་ནི་ལོག་པའི་ང་རྒྱལ་ལོ། །བདག་ལ་ཡོན ་ཏན་མེད་བཞིན་དུ་སེམས་ཁེངས་པ་མངོན་པའི་ང་རྒྱལ་དང། ལོག་པའི་ང་རྒྱལ་གཉིས་ལ་ཁྱད་པར་ཅི་ཡོད་ཅེ་ན། ཡོན་ཏན་འདྲ་བའི་བག་གས་ཁེངས་པ་ན་མངོན་པའི་ང་རྒྱལ་ལོ།། ཡོན་ཏན་མེད་པར་ཡོན་ཏན་དུ་ཡོངས་སུ ་བརྟགས་ནས་དེས་ཁེངས་པ་ནི་ལོག་པའི་ང་རྒྱལ་ལོ།། ཁམས་གསུམ་པའི་མི་ཤེས་པ་ཞེས་བྱ་བ་ནི། ཁམས་གསུམ་ལ་གནས་པ་ཡིན་གྱི། ཁམས་གསུམ་ལ་དམིགས་པ་ནི་མ་ཡིན་ནོ།། གཞན་དུ་ན་ཟག་པ་མེད་པའི་འགོག ་པ་དང། ལམ་ལ་སོགས་པ་ཁམས་སུ་མ་ལྟུང་བ་ཡིན་ན། ཡུལ་དེ་མི་ཤེས་པ་ནི་འདིར་བཟུང་བར་མི་འགྱུར་བའི་སྐྱོན་དུ་འགྱུར་རོ། །མི་རྟག་པའི་མཚན་ཉིད་ཅེས་བྱ་བ་ནི་དངོས་པོའི་རང་གི་ངོ་བོ་མི་རྟོགས་པའི་མཚན ་ཉིད་དེ། དེ་ཁོ་ནའི་མཚན་ཉིད་ཁོང་དུ་ཆུད་པ་ལ་མ་ཕྱོགས་པ་ཡང་དག་པའི་དོན་མཐོང་བའི་གེགས་བྱེད་པའི་ཆོས་སོ། །ལོང་བ་ལྟ་བུ་སྟེ་ཞེས་བྱ་བ་ལ་ལྟ་བུ་ཞེས་བྱ་བ་ནི་འདྲ་བ་ལ་བྱ་སྟེ། དཔེར་ན་ལོང་བ་ལས་ནར་བདེ་བ་དང་མི་བདེ་པ་ལ? ་སོགས་པ་མཐོང་བའི་མཐུ་མེད་པ་ལྟར་མ་རིག་པ་ཡང་དེ་བཞིན་ནོ། །དགག་པའི་གཉེན་པོ་ལ་བཞག་པའི་ཕྱིར་ཞེས་བྱ་བ་ལ་སོགས་པ་ལ། རིག་པ་མེད་པ་ལམ་རིག་ཅེས་བྱ་ན་ནི་རྫས་མེད་པར་འགྱུར་རོ། །སྨད་པའི་རིག་པ་ལ་མ་རིག ་ཅེས་བྱ། ནི་ལྟ་བའི་ངོ་བོ་ཉིད་དུ་འགྱུར་ཏེ། དེ་བས་ན་ལྟ་བ་དང་མཚུངས་པར་ལྡན་པར་མི་འགྱུར་རོ། །རིག་པ་མ་ཡིན་པ་ལ་བྱ་ན་ནི་མིག་ལ་སོགས་པ་ཡང་ཐལ་བར་འགྱུར་རོ།། དེ་བས་ན་མི་མཐུན་པ་ཉིད་དུ་སྟོན་ཏེ། རིག་པ་ལ་ཕྱིར་འཇལ་བ་སྟེ། ་ཆོས་མ་ཡིན་པ་དང། དོན་མ་ཡིན་པ་དང། མི་འཛའ་པ་དང་དོགས་པ་མ་ཡིན་པ་ལྟ་བུའོ།། དེ་བས་ན་དགག་པ་འདི་ནི་མི་མཐུན་པ་ལ་རྙེགས་སོ།། ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་ཞེས་བྱ་བ་དེ་ལ། ཉེ་བར་ལེན་པ་ནི་ཉོན་མོངས་པ་རྣམས་སོ། །དེ་ལས་ ་བྱུང་བའི་ཕུང་པོ་རྣམས་ནི་ཉེ་བར་ལེན་པའི་ཕུང་པོ་རྣམས་ཏེ་དེ་དག་ཀྱང་གཟུགས་ལ་སོགས་པའོ།། འདིས་ནི་ཟག་པ་མེད་པའི་ཕུང་པོ་སེལ་ཏོ།། བདག་མེད་པ་ཞེས་བྱ་བ་ནི་བདག་གི་རང་བཞིན་ཡིན་པའོ།། བདག་གི་མེད་པ་ཞེས ་བྱ་བ་ནི་བདག་གཞན་གྱི་ཡོ་བྱང་དུ་མ་གྱུར་པའོ།། འཇིག་ཚོགས་ལ་ལྟ་བ་ཞེས་བྱ་བ་ནི་འཇིག་པའི་ཚོགས་ལ་ལྟ་བས་འཇིག་པའི་ཚོགས་ལ་ལྟ་བ་སྟེ་ཉེ་བར་ལེན་པའི་ཕུང་པོ་ལྔ་ཡུལ་ཡིན་པའི་ཐ་ཚིག་གོ། བདག་ཡོད་པ་ཉིད ་དུ་ཞུགས་སུ་ཟིན་ཀྱང་དེ་མེད་པའི་ཕྱིར་བདག་ཏུ་ལྟ་བ་ཞེས་ནི་མི་བྱའོ། །ཡུལ་མེད་པ་མ་ཡིན་པར་བསྟན་པའི་ཕྱིར་འཇིག་ཚོགས་ལ་ལྟ་བ་ཞེས་བྱ་བར་སྨྲས་སོ། །དེ་ནི་འཇིག་པ་ཡང་ཡིན་ལ་ཚོགས་ཀྱང་ཡིན་པས་འཇིག་ཚོགས་ཏེ ་འཇིག་པ་ནི་འགྱུར་བའི་བདག་ཉིད་དོ། །ཆོགས་ནི་འདུས་པ་ཞེས་བྱ་པའི་ཐ་ཚིག་གོ། ཡང་ན་སྤྱོད་པ་སྟེ་དུ་མ་ཡོད་ཅེས་བྱ་བའི་ཐ་ཚིག་གོ། དེ་ནི་བདག་ཡོད་པ་ཉིད་དུ་ཞུགས་ལ་དེ་ནི་མེད་པས་དེའི་དམིགས་པ་མེད ་པར་འགྱུར་དུ་འོང་ཞེས་ཏེ་དེའི་དོན་དུ་ཡོད་པ་སྨོས་སོ།། དེ་ཡུལ་ཡོད་པར་གྱུར་ན་བདག་ཡོད་པར་གྲུབ་པོ་སྙམ་པ་དེ་བསལ་བའི་ཕྱིར་ཚོགས་ཞེས་བྱ་བ་སྨོས་སོ།། བདག་ཏུ་སྨྲ་བ་རྣམས་ཀྱིས་ལུས་སོ་སོ་ལ་བདག་རེ་རེ་ཡོད་པར ་བརྟགས་པ་དང། ལུས་ཐམས་ཅད་ལ་གཅིག་ཡོད་པར་རྟོགས་པས་དེ་ནི་ཚོགས་མ་ཡིན་ནོ།། ཆད་པ་མ་ཡིན་ཞེས་བྱ་བ་ནི་ཕུང་པོ་མ་ལུས་པའི་མྱ་ངན་ལས་འདས་པ་མ་ཐོབ་ཀྱི་བར་དུ་རྒྱུད་ཀྱི་རྒྱུན་རྣམ་པར་འཇིག་པས་ཆད་བ་མ ་ཡིན་ནོ་ཞེས་བཤད་དོ།། རྟག་བ་མ་ཡིན་པ་ཞེས་བྱ་བ་ནི་ཟེར་ཟུག་མ་ཡིན་པ་སྟེ། སྐད་ཅིག་སོ་སོ་ལ་རྣམ་པར་འཇིག་པའི་ཕྱིར་རོ། །དེ་དག་ཉིད་ལ་ཞེས་བྱ་བ་ནི་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་བདག་ཅེས་བྱ་བར་འདོད་པ་རྣམས་སོ།། ་ཆད་པ་ཞེས་བྱ་བ་ནི་ཤི་ཕན་ཆད་བདག་འབྱུང་བར་མི་འགྱུར་རོ་ཞེས་མངོན་པར་ཞེན་པ་དེ་ཆད་པའི་མཛའ་ཨོ།། རྟག་པ་ཞེས་བྱ་བ་ནི་ཐེར་ཟུག་སྟེ། བདག་དེ་འཆི་བ་མེད་ཀྱི་དེའི་ཕུང་པོ་རྣམས་སྦྲུལ་གྱི་པགས་པ་དང་འདྲ་བས ་དེས་ཡོངས་སུ་འདོད་རོ་སྙམ་དུ་སེམས་པས་མཐར་འཛིན་པའོ།། དེ་ལྟར་གྱུར་པ་ལ་ཆད་པ་དང་རྟག་པའི་རྣམ་པའི་བློའི་ཁྱད་པར་གང་ཡིན་པ་ནི་ཤེས་རབ་ཀྱི་ཁྱད་པར་རོ།། འདི་ནི་ཐར་པ་དད་མཐུན་པའི་ཕྱིར་ལུང་དུ་མ་བསྟན་པ ་སྟེ། བཅོམ་ལྡན་འདས་ཀྱིས་ཀྱང་འདི་ལྟ་སྟེ། འབྱུང་བར་མ་གྱུར་ཅིག། འབྱུང་བར་མི་འགྱུར་རོ་སྙམ་པ་འདི་ནི་ཕྱི་རོལ་པའི་ལྟ་བར་གྱུར་པ་རྣམས་ཀྱི་ནང་ན་མཆོག་གོ་ཞེས་གསུངས་སོ། །མཛའ་གཉིས་ནི་ཆད་པ་དང་རྟག་པའི ་མཛའ་ཨོ།། ལས་མེད་དོ་ཞེས་བྱ་བ་ནི་ཀུན་འབྱུང་བདེན་པ་ལ་སྐུར་པ་འདེབས་པའོ།། ལས་ཀྱི་འབྲས་བུ་མེད་དོ་ཞེས་བྱ་བ་ནི་སྡུག་བསྔལ་གྱི་བདེན་པ་ལ་སྐུར་པ་འདེབས་པའོ།། ཐར་པ་མེད་དོ་ཞེས་བྱ་བ་ནི་འགོག་པའི་བདེན་པ་ལ་སྐུར་པ ་འདབས་པའོ།། དེ་ཐོབ་པར་བྱེད་པའི་ལམ་ཡང་མེད་དོ་ཞེས་བྱ་བ་ནི་ལམ་གྱི་བདེན་པ་ལ་སྐུར་པ་འདེབས་པའོ།། དངོས་པོ་ཡོད་པ་ཡང་དག་བ་ཆུད་བཟོན་པ་ཞེས་བྱ་བ་ནི་དོན་དམ་པར་ཡོད་པའི་བདེན་པ་བཞི་པོ་ཡོད་ཡང་དག ་པའི་དངོས་པོ་ཞེས་བརྗོད་པ་དེ་ལ་སྐུར་པ་འདེབས་པ་ཡོད་ཡང་དག་པར་ཆུད་གཟོན་པའོ། །ལྟ་བ་ལྔ་པོ་དེ་དག་ཐམས་ཅད་ཀྱང་ལོག་པ་ཉིད་ཡིན་མེད་ཀྱི་འདི་ཡོད་ཡང་དག་པའི་དངོས་པོ་ལ་སྐུར་བ་འདེབས་པའོ།། གཞན་ནི་སྒྲོ ་འདོགས་པའོ།། དེ་བས་ན་འདི་ཉིད་ལ་ལོག་པར་ལྟ་བ་ཞེས་བརྗོད་དེ་ཤིན་ཏུ་ལོག་པར་ཞུགས་པས་གདོལ་པ་སྡིག་ཅན་བཞིན་ནོ། །དེ་ལ་འཇིག་ཚོགས་ལ་སོགས་པ་ལ་ལྟ་བ་དེ་དག་དོན་དམ་པར་ན་མཆོག་མ་ཡིན་ཏེ། ཟག་པ ་དང་བཅས་པའི་ཕྱིར་རོ།། ཟག་པ་དང་བཅས་པ་ནི་དངོས་པོ་ངན་པ་སྟེ། སྤང་པར་བྱ་བའི་ཕྱིར་རོ།། ཉེ་བར་ལེན་པའི་ཕུང་པོ་ལྔ་ནི་ལྟ་བའི་གནས་སོ།། ལྟ་བ་མཆོག་ཏུ་འཛིན་པ་ཞེས་བྱ་བ་ནི་སོགས་པ་ཞེས་བྱ་བའི་སྒྲ་ཞིག་མི ་མངོན་པར་བྱས་པའི་ཕྱིར་ཏེ། ལྟ་བ་ལ་སོགས་པ་མཆོག་ཏུ་འཛིན་པ་བསྡུ་བར་བལྟའོ།། དེ་བས་ན་ལྟ་བ་མཆོག་མ་ཡིན་པ་དེ་དག་དང་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་མཆོག་མ་ཡིན་པ་དེ་དག་ལ་མཆོག་ཏུ་འཛིན་པ་ཞེས་བྱ་བ ་སྨོས་སོ།། འདི་རྣམས་ཇི་ལྟར་མཆོག་མ་ཡིན་ཞེ་ན། འཕགས་པ་རྣམས་ཀྱིས་སྤང་བར་བྱ་བའི་ཕྱིར་རོ།། ཅིའི་ཕྱིར་སྤང་བར་བྱ་ཞེ་ན། སྡུག་བསྔལ་གསུམ་ཡོད་པའི་ཕྱིར་རོ།། བློའི་བྱེ་བྲག་གང་ཡིན་པ་ནི། ཤེས་རབ ་ཀྱི་བྱེ་བྲག་གང་ཡིན་པ་སྟེ། དེ་ནི་ལྟ་བ་མཆོག་ཏུ་འཛིན་པའོ། །རྟོག་པ་ཞེས་བྱ་བ་ནི་དཔྱོད་པའོ། །ཚུལ་ཁྲིམས་ནི་རྒྱུའོ། །བརྟུལ་ཞུགས་ནི་ལམ་མོ། །དེས་ན་རྒྱུ་མ་ཡིན་པ་ལ་རྒྱུར་ལྟ། ལམ་མ་ཡིན ་ལ་ལམ་དུ་ལྟ་བ་ནི་ཚུལ་ཁྲིམས་དང་རྟུལ་ཞུགས་མཆོག་ཏུ་འཛིན་པའོ།། འདི་ལྟ་སྟེ་དཔེར་ན་དབང་ཕྱུག་དང་སྐྱེས་བུ་དང། གཙོ་བོ་དང་དུས་ལ་སོགས་པ་འགྲོ་བའི་རྒྱུ་མ་ཡིན་པ་དེ་དག་ལ་ཡང་རྒྱུ་ཉིད་དུ་མཐོང་བས་རྒྱུ་མ་ཡིན་པ ་ལ་རྒྱུར་ལྟ་བའོ།། ལམ་ནི་རྣམ་པ་གཉིས་ཏེ། མངོན་པར་མཐོ་བའི་དང། ངེས་པར་ལེགས་པའོ།། དེ་ལ་མེ་དང་ཆུའི་ནང་དུ་འཇུག་པ་ལ་སོགས་པ་མཐོ་རིས་ཀྱི་ལམ་མ་ཡིན་པ་དེ་དག་ལ་ཡང་ལམ་དུ་མཐོང་བ་སྟེ། ཚུལ ་ཁྲིམས་དང་བརྟུལ་ཞུགས་ཙམ་དུ་ཟད་དོ།། རང་བཞིན་དང་སྐྱེས་བུའི་བྱེ་བྲག་ཤེས་པ་ལ་སོགས་པའི་ཐར་བའི་རྒྱུ་ཡིན་པ་དེ་དག་ལ་ཡང་ལམ་དུ་མཐོང་བས་ལམ་མ་ཡིན་པ་ལ་ལམ་དུ་ལྟའོ། །ཚུལ་ཁྲིམས་དང་རྟུལ་ཞུགས ་མཆོག་ཏུ་འཛིན་པ་བྲམ་ཟེ་ཆོག་ཅན་གཙང་སྦྲ་འདོད་པ་ལྟ་བུ་ཞེས་བྱ་བ་ནི་དཔེར་ན་བྲམ་ཟེ་ཆོག་ཅན་གཙང་སྦྲ་འདོད་པ་ལ་སོགས་པས་གཙང་སྦྲ་བྱེད་པ་དག་མ་ཡིན་པའི་བདག་ཉིད་ཀྱིས་དག་པར་སེམས་པ་ལྟར་ཆོས་དེ་ཡང ་Fདེ་དང་འདྲ་བར་ཤེས་པར་བྱའོ། །གཟུང་བ་དང་འཛིན་པའི་བྱེ་བྲག་གིས་ལྟ་བ་གསུམ་གཅིག་ཏུ་འཛིན་པ་གཉིས་ནི་མཆོག་ཏུ་འཛིན་པའི་ཀུན་ཏུ་སྦྱོར་བ་ཞེས་བཤད་དོ།། དེ་ལ་གཟུང་བ་ནི་ལྟ་བ་གསུམ་མོ།། འཛིན་པ་ནི་མཆོག ་ཏུ་འཛིན་པ་གཉིས་ཏེ། གཅིག་ནི་མཆོག་ཏུ་འཛིན་པའོ།། ཅིག་ཤོས་ནི་དག་པར་འཛིན་པའོ།། འབྲས་བུ་རྣམ་པ་དེ་གསུམ་སྤང་ན་ངེས་པར་ལེགས་པར་རྟོགས་པར་འགྱུར་གྱི། ཤེས་རབ་མེད་པར་ནི་ཐར་པ་མེད་དེ། དེ ་ནི་མདོ་ལས་ཀྱང། དགེ་སློང་དང། དེ་ལྟར་ན་སེམས་ནི་གློག་ལྟ་བུའོ། །ཏིང་ངེ་འཛིན་ནི་རྡོ་རྗེ་ལྟ་བུའོ། །ཡེ་ཤེས་ནི་ཉོན་མོངས་པ་རྣམས་འབིགས་པའོ་ཞེས་གསུངས་སོ། །སྡུག་བསྔལ་དང། ཀུན་འབྱུང་བ་དང་འགོག་པ་དང། ལམ་ཞེས་བྱ་བ ་བདེན་པ་རྣམས་ལ་ཞེས་བྱ་བའི་སྒྲ་ནི་རེ་རེ་དང་སྦྱར་རོ།། ཡིད་གཉིས་ཟ་བ་ནི་བློ་གྲོས་རྣམ་པ་གཉིས་འབྱུང་བས་ཡིད་གཉིས་ཟ་བའོ།། བདེན་པ་རྣམས་ལ་ཞེས་བྱ་བ་ནི་འདི་བདེན་པའི་ཡུལ་ལ་ནི་ཡིན་གྱི་ཡུལ་གཞན་ལ་ནི་མ་ཡིན ་ནོ། །དེ་བས་ན་སྡོང་དུམ་ལ་མི་ལ་སོགས་པར་སོམ་ཉི་ཟ་བས་ཐེ་ཚོམ་ཞེས་བྱའོ།། ཉོན་མོངས་པའི་ནང་གསོ་བ་ནི་ཤེས་རབ་ཉིད་དོ། གསོ་བ་ཞེས་བྱ་བ་དེའི་མི་མཐུན་པའི་ཕྱོགས་ཆོས་ནི་ཐེ་ཚོམ་མོ།། ལམ་ཁ་བྲག་དང་རྩ་མི་འདྲ ་བ་ཞེས་བྱ་བ་ནི་དཔེར་ན་ལམ་ཁ་བྲག་ཏུ་བྱིན་པའི་མི་ལམ་འདིར་འགྲོ་འམ། འོན་ཏེ་ལམ་འདིར་འགྲོ་སྙམ་དུ་སོམ་ཉི་ཟ་བ་ལྟར་ཐེ་ཚོམ་ཡང་དེ་བཞིན་དུ་ཤེས་པར་བྱའོ།། རྩ་མི་རྒྱང་རིང་བ་དང་མུན་པའི་ནང་ན་མཐོང་བ་ལ་གཞག་སྟེ། འདི་ནི ་ཐེ་ཚོམ་མོ།། ཁོང་ནས་འཁྲུགས་པ་ཞེས་བྱ་བའི་ཁྲོ་བ་ལས་ཆོས་གཞིན་དུ་སྟོན་ཏོ།། གཞན་ལ་མི་གཏོང་ངོ་སྙམ་དུ་ཞེས་བྱ་བ་ནི་ངེས་པའི་ཚིག་གི་རིགS་པའོ།། སེམས་ཀྱི་ཀུན་ཏུ་འཛིན་པ་ཞེས་བྱ་བ་ནི་ཀུན་ཏུ་འཛིན་པས་ཀུན་ཏུ ་འཛིན་པ་སྟེ། ཆོས་དང་ཟང་ཟིང་དང་མཁས་པ་ལ་མངོན་པར་ཆགས་པས་མངོན་དུ་འགྲོ་བ་ཆོས་ལ་སོགས་པ་དང་མི་འབྲལ་བར་འདོད་ལ། སྦྱིན་པ་དང་མི་མཐུན་པ་སྲེད་པའི་རྒྱུ་མཐུན་པའི་གྲོས་ནི་སེར་སྣའོ།། ཀུན་ཏུ་སྦྱོར་བའི ་དོན་ནི་འཆིང་བའི་དོན་ཏེ། ཞེས་བྱ་བ་ནི་ཀུན་ཏུ་འདྲེ་བར་བྱེད་པས་ཀུན་ཏུ་སྦྱོར་བ་རྣམས་སོ།། མིག་གཟུགས་རྣམས་ལ་ཀུན་ཏུ་མི་སྦྱོར་ལ། ཞེས་བྱ་བ་ནི་འཆིང་ཞེས་བྱ་བའི་ཐ་ཚིག་གོ། འདུན་པའི་འདོད་ཆགས་ཞེས་བྱ་བ་ལ ་འདུན་པ་ནི་མངོན་པར་འདོད་པའོ།། འདོད་ཆགས་ནི་མངོན་པར་ཆགས་པའོ།། མངོན་པར་འདོད་པ་ངོན་དུ་སོང་བའི་མངོན་པར་ཆགས་པ་ནི་འདུན་པའི་འདོད་ཆགས་སོ། །དཀར་པོ་ཡང་ནག ་པོ་ལ་མ་ཡིན་མོད་ཀྱི་གང་དེ་ན་འབྲེང་པ་ལ་སོགས་པ་ཡོད་པ་དེ་ཀུན་ཏུ་སྦྱོར་བ་ཞེས་བྱའོ།། བཅོམ་ལྡན་འདས་ཀྱིས་ཀྱང་འདུལ་བའི་དབང་གི་ཕྱིར་མདོ་ལས་འཆིང་བ་རྣམ་གསུམ་གསུངས་སོ། །དེ་ལ་འདི་དག་གིས་སྲིད་པའི ་བཙོན་རར་བཅིངས་པས་འཆིང་བ་རྣམས་ཏེ། འདོད་ཆགས་དང་བྲལ་བའི་རྒྱུད་ཀྱི་གགས་ཞེས་བྱ་བའི་ཐ་ཚིག་གོ། དེ་ལ་འཆིང་བ་གསུམ་བསྟན་པས་ནི་དགའ་བ་དང་དམའ་བའ་ཨི་རྣམ་པ་དང། གཉི་ག་ལས་བཟློག་པར ་ཞུགས་པ་ཉོན་མོངས་པ་ཐམས་ཅད་རབ་ཏུ་བསྟན་ཏོ།། དེ་ལ་དགའ་བའི་རྣམ་པར་ཞུགས་པ་ནི་ང་རྒྱལ་ལ་སོགས་པ་སྟེ། འདོད་ཆགས་ཀྱིས་སྟོན་ཏོ།། དམའ་བའ་ཨི་རྣམ་པར་ཞུགS་པ་ནི་ཐེ་ཚོམ་ལ་སོགས་པ་སྟེ། ཞེ་སྡང ་གིས་སྟོན་ཏོ།། གཉི་ག་ལས་བཟློག་བ་ནི་རྨུགས་པ་ལ་སོགས་པ་སྟེ། གཏི་མུག་གིས་སྟོན་ཏོ།། འདོད་པ་རྣམས་ལ་ཞེས་བྱ་བ་ནི་གཟུགས་ལ་སོགས་པ་ལ་འདོད་ཆགས་པས་འདོད་པ་ལ་འདོད་ཆགས་པའོ།། སྡུག་བསྔལ ་མཐོང་བ་ཞེས་བྱ་བ་ནི་སྡུག་བསྔལ་གྱི་ཡུལ་ལམ་སྡུག་བསྔལ་གྱི་རྣམ་པར་མཐོང་བས་སྡུག་བསྔལ་མཐོང་བའོ།། དེ་དག་ནི་སྡུག་བསྔལ་མཆོས་ཤེས་པ་དང། རྗེས་སུ་རྟོགས་པའི་ཤེས་པའི་བཟོད་པའོ།། དེ་གཉིས་ཀྱི་སྤོང ་བ་ནི་སྡུག་བསྔལ་མཐོང་བས་སྤང་བར་བྱའོ།། སྤོང་བ་ཞེས་བྱ་བ་ནི་དེའི་རྒྱུད་ལས་སེལ་བ་སྟེ། བརྙེད་པའི་རྒྱུན་གཅོད་པ་དང། དེ་ལ་བྲལ་བའི་རྙེད་པ་བསྐྱེད་པའོ།། སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་ནི་ལྟ་བར ་ལམ་མཐོང་བས་སྤང་བར་བྱ་བའི་བར་ཡང་དེ་བཞིན་ནོ།། བསྒོམ་པ་ནི་དམིགས་པ་མ་ངེས་ཤིང་འབྲས་བུ་ཁྱད་པར་ཅན་ལ་བལྟོས་ནས་ཤེས་པ་གོམས་པར་བྱེད་པ་སྟེ། དེས་སྤང་བར་བྱ་བའི་འདོད་ཆགས་ནི་བསྒོམ་པས་སྤང་བར ་བྱ་བའོ།། ནང་དུ་ལྟས་པར་གྱུར་པ་ཞེས་བྱ་བ་ནི་འདོད་པའི་ཁམས་ཀྱི་འདོད་ཆགས་ནི་ཕལ་ཆེར་ཡུལ་ལ་མངོན་པར་ཕྱོགས་པར་གྱུར་བས་ཕྱིར་ལྟས་པར་གྱུར་བའོ། །གཟུགས་དང་གཟུགས་མེད་པའི་ཁམས་ཀྱི་སྙོམས་པར་འཇུག་པ ་ཡུལ་ཡིན་པས་ནང་དུ་བལྟས་པ་ཞེས་བྱའོ། །འཇིག་ཚོགས་ལ་ལྟ་བ་དང་མཐར་འཛིན་པར་ལྟ་བ་གཉིས་ལ་སྡུག་བསྔལ་མཐོང་བ་མ་སྨོས་པ་ནི་བདེན་པ་གཞན་མཐོང་བས་སྤང་བར་བྱ་བ་མ་ཡིན་པའི་ཕྱིར་རོ།། ཐར་པར་འདུ་ཤེས་པ་བཟློག ་པའི་ཕྱིར་ཞེས་བྱ་བ་ནི་རྣམ་པར་ཐར་པར་འདུ་ཤེས་པ་དོར་བའི་ཕྱིར་ཁམས་གཉིས་ནས་སྐྱེས་པའི་འདོད་ཆགས་ནི་སྲིད་པའི་འདོད་ཆགས་ཞེས་བྱའོ། །རྣམ་པས་ཐ་དད་པ་ཉིད་ཞེས་བྱ་བ་ནི་སྡུག་བསྔལ་ལ་སོགས་པ་མཐོང་བས་སྤང ་བར་བྱ་བའི་ཕྱིར་རྣམ་པ་སོ།། ཁམས་དང་རྣམ་པ་སྟེ་ཞེས་བྱ་བ་ནི་གཟུགས་དང་གཟུགས་མེད་པའི་ཁམས་ཐ་དད་པའི་ཕྱིར་རོ།། ཚུལ་གྱིས་ནི་མ་ཡིན་ནོ་ཞེས་བྱ་བ་ལ་འདོད་ཆགས་ནི་ཆགས་པར་ཚུལ་གཅིག་པའི་ཕྱིར་རོ།། ཕྲ་རྒྱས ་ཀྱི་དོན་གང་ཞེ་ན། ཕྲ་བའི་དོན་ཡིན་ན་ཚོར་བ་ལ་སོགས་པ་ལ་ཡང་ཐལ་བར་འགྱུར་རོ།། དེ་ལ་ཉེས་པ་མེད་དེ་ཡོད་པ་དང། འཁྲུལ་པ་ཡོད་པས་བྱེ་བྲག་དང་བྱེ་བྲག་གི་གཞིའི་དངོས་པོ་ཡིན་ནོ།། དེ་དག་ནི་འབྲས་བུ་ཆེ་བར་མངོན་པར་བྱང ་ཡོད་དེ། དབེན་ན་མི་ཞིག་ཆགས་པར་གྱུར་ན་མིག་རྒོད་པ་དང། སྐད་ཀྱིས་གདངས?་ཤྭ་ཤྭ་པོར་འགྱུར་བ་དང། མི་ཞིག་ཁྲོས་པར་གྱུར་ན། མི་ཚུགས་མེད་པ་དང། སྲ་གྲག་པ་ལྟ་བུའོ།། དེ་སྐད་དུ་འཕགས་པ་ཀུན་དགའ་བོས་ཀྱང།། ་ཚེ་དང་ལྡན་པ་དག་བདག་གིས་ནི་རབ་ཏུ་བྱུང་ནས་ལོ་ཉི་ཤུ་ལྷག་ཅིག་ལོན་གྱི་བར་དུ་སྔོན་འདོད་པའི་འདུ་ཤེས་བྱུང་བར་མ་དྲན་ནོ་ཞེས་གསུངས་སོ། །དེ་ལྟར་སེམས་ཅན་འདོད་ཆགས་ཀྱི་བསམ་བ ་ཅན་ལ་ཞེ་སྡང་ལ་སྦྱོར་བ་དག་ཀྱང་ཡོད་དོ།། དེ་བཞིན་དུ་གཅིག་ལ་སྦྱར་བས་ཉོན་མོངས་པ་དྲུག་ཅར་ལ་སྦྱར་བར་བྱའོ། །འདོད་ཆགས་བཅོས་མ་ཅན་ལ་ཚར་བཅད་པ་ཞེ་སྡང་ཡིན་པ་དག་ཀྱང་དེ་བཞིན་ནོ།། རྣམ་པ་འདིས་ཉོན ་མོངས་བ་དྲུག་ཅར་ལ་སྦྱར་བར་བྱའོ། །དེས་ན་ཕྲ་བའི་དོན་ཞེས་བཤད་དོ།། ཡང་ན་ལུས་དང་སེམས་ཀྱི་རྒྱུན་རྗེས་སུ་སྙེགས་པ་སྟེ་ཞེས་བྱ་བ་ལུས་ཀྱི་ཀུན་ཏུ་འབྱུང་བ་ནི་དབང་པོ་གཞན་རྣམ་པར་བཟློག་པའོ། །སེམས་ཀྱི་རྒྱུན ་གྱི་རྗེས་སུ་སྙེགས་པ་ནི་འདི་ལྟ་སྟེ་འདོད་ཆགས་ཤས་ཆེ་བའོ།། ཞེ་སྡང་གིས་ནི་ལུས་རྣམ་པར་སྒྱུར་རོ། །སེམས་ཀྱི་རྒྱུད་ནི་འདི་ལྟ་སྟེ། ཞེ་སྡང་ཤས་ཆེ་བའོ། །དེ་ནི་བཅོམ་ལྡན་འདས་ཀྱིས་ཉོན་མོངས་པའི་སྒྲིབ་པར་གསུངས་སོ། ། ་ཆུ་ན་རྒྱུ་བས་ནམ་མཁའ་ལ་རྒྱུ་བའི་གྲིབ་མ་ལ་སྙེགས་པ་ལྟ་བུའི་ཕྱིར་བག་ལ་ཉལ་ལོ་ཞེས་བྱ་བས་ནི་དོན་དེ་ཉིད་དཔེས་སྟོན་ཏོ། །མཁའ་ལ་རྒྱུ་བས་ནམ་མཁའ་ལ་རྒྱུ་བ་སྟེ་འདབ་ཆགས་སོ། །ཇི་ལྟར་དེ་དག་ཟས་ལ་ཆགས་པས ་ཆུ་?་རྒྱུ་ཞིང་གྲིབ་མ་ལ་སྙེགས་ཏེ་འདི་ལྷུང་མ་ཐག་ཏུ་བཟའ་ཨོ་སྙམ་ནས་རྟག་ཏུ་རྗེས་སུ་འབྲང་བ་ལྟར་བག་ལ་ཉལ་བ་འདི་རྣམས་ཀྱང་དེ་བཞིན་ཏེ། ཐོག་མ་མེད་པའི་འཁོར་བ་ན་རྙེད་པའི་རྒྱུན་མི་འཆད་པར་རྗེས་སུ་སྙེགས ་པ་སྟེ་མི་གཏོང་ཞེས་བྱ་བའི་ཐ་ཚིག་གོ། སེམས་ཅན་གྱི་རྒྱུད་ལ་ཁྱབ་པའི་ཕྱིར་ཏིལ་རྣམས་ལ་ཏིལ་མར་ལྟ་བུ་གནས་ཏེ་དེའི་ཕྱིར་བག་ལ་ཉལ་ལོ། །དམིགས་པ་དང་ལྡན་པ་གཉིས་ཀྱིས་ཞེས་བྱ་བ་དེ་ལ། བག་ལ་ཉལ་རྣམས་ཀྱི ་དམིགས་པ་ནི་ཡུལ་བུད་མེད་ལ་སོགས་པའོ། །ལྡན་པ་ནི་སེམས་གང་དང་ལྷན་ཅིག་སྐྱེ་བའོ། །འདོད་པ་ན་སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་བཅུ་སྟེ། ཞེས་བྱ་བ་དེ་ལ་འཇིག་ཚོགས་དང་མཐར་འཛིན་པར་ལྟ་བ་ནི་སྡུ་བསྔལ་མཐོང ་བས་སྤང་བར་བྱ་བ་ཉིད་དེ། སྡུག་བསྔལ?་ཉིད་ལ་བདག་ཏུ་ལོག་པར་རྟོགས་པའི་ཕྱིར་རོ། །སྡུག་བསྔལ་ལ་གཞན་དག་གིས་བདག་ཏུ་བརྟགS་པ་དེ་ཉིད་ལ་ཆད་པ་དང་རྟག་པའི་རྣམ་པར་འཛིན་པའི་ཕྱིར་རོ། །ཚུལ་ཁྲིམས་དང་བརྟུལ ་ཞུགས་མཆོག་ཏུ་འཛིན་པ་ནི་སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་དང། ལམ་མཐོང་བས་སྤང་བར་བྱའོ། །ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་ནི་རྒྱུ་མ་ཡིན་པ་ལ་རྒྱུར་ལྟ་བར་བཤད་པ་སྙམ་ན། ཅིའི་ཕྱིར་ཀུན ་འབྱུང་བ་མཐོང་བས་སྤང་བར་བྱ་བ་མ་ཡིན་འདིར་སྨྲས་པ། གང་རྒྱུར་མངོན་པར་ཞེན་པ་དེ་ནི་རང་བཞིན་དང་སྐྱེས་བུ་ལ་སོགས་པ་རྟག་པ་དང་བདག་ཏུ་འཛིན་པ་ལས་འབྱུང་ངོ། །རང་བཞིན་ལ་སོགས་པ་དེ་དག་ལ་རྟག་པ་དང ་བདག་ཏུ་འཛིན་པ་ནི་སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་ཉིད་དོ།། དེ་བས་ན་དེས་བྱས་པ་རྒྱུར་མངོན་པར་ཞེན་པ་ཡང་དེ་ཉིད་ཀྱི་སྤོང་བར་འགྱུར་རོ། །དེའི་ཕྱིར་བདེན་པ་གཞན་མཐོང་བས་སྤང་བར་བྱ་བ་མ་ཡིན་ནོ། །ལམ་ལ་ལོག ་པར་རྟོགས་པའི་ཕྱིར་ལམ་མཐོང་བས་སྤང་བར་བྱའོ།། བསྒོམ་པས་སྤང་བར་བྱ་བ་བཞི་སྟེ་ཞེས་བྱ་བ་ནི་སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་བཅུ་བསྟན་པ་དག་ལས་ལྟ་བ་རྣམས་དང་ཐེ་ཚོམ་བཏོན་ན་བཞིར་འགྱུར་རོ། ། ་བརྒྱད་ཅུ་རྩ་བརྒྱད་ནི་མཐོང་བས་སྤང་བར་བྱའོ་ཞེས་བྱ་བ་ནི་མཐོང་བའི་ཐ་ཚིག་གོ། བཅུ་ནི་བསྒོམ་པས་སྤང་བར་བྱ་བའོ་ཞེས་བྱ་བ་ནི་བསྒོམ་པའི་ལམ་གྱིས་སྤང་བར་བྱའོ། །ཁམས་ཁམས་ཀྱི་ཞེས་བྱ་བ་ནི་སོ་སོའི་འོ།། ་སྡུག་བསྔལ་དང་རྒྱུ་མཐོང་བས་སྤང་བར་བྱ་བ་ནི་སྡུག་བསྔལ་དང་ཀུན་འབྱུང་བས་མཐོང་བས་སྤང་བར་བྱ་བའོ།། དེ་ལ་སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་ནི་ལྟ་བ་ལྔ་དང་ཐེ་ཚོམ་མོ། །ཀུན་འབྱུང ་བ་མཐོང་བས་སྤང་བར་བྱ་བ་ནི་ལྟ་བ་གཉིས་དང་ཐེ་ཚོམ་མོ། །དེ་དག་ཉིད་དང་ལྡན་པའི་མ་རིག་པ་གང་ཡིན་པ་དང་མ་འདྲེས་པ་ནི་སྡུག་བསྔལ་དང་ཀུན་འབྱུང་བ་མཐོང་བས་སྤང་བར་བྱ་བའོ། །མ་འདྲེས་པ་ཞེས་བྱ་བ་ནི་འབའ་ ་ཞིག་སྟེ། ཉོན་མོངས་པ་གཞན་དང་མི་ལྡན་པ་ཞེས་བྱ་བའི་ཐ་ཚིག་གོ། ཀུན་ཏུ་འགྲོ་བ་ཞེས་བྱ་བ་ནི་སྡུག་བསྔལ་དང། ཀུན་འབྱུང་བ་དང། འགོག་པ་དང། ལམ་མཐོང་བ་དང་བསྒོམ་པས་སྤང་བར་བྱ་བའི་དངོས་པོ་རྣམ་པ་ལྔ ་ལ་དམིགས་ནས་འགྲོ་ཞིང་འབྱུང་བས་ཀུན་ཏུ་འགྲོ་བའོ། །དེ་བཞིན་དུ་ཞེས་བྱ་བ་ནི་ཁམས་ཁམས་ཞེས་བྱ་བའི་ཐ་ཚིག་གོ། དེ་ལ་གང་དག་ཟག་པ་དང་བཅས་པ་ལ་དམིགས་པ་ཞེས་བྱ་བ་ལ་ཟག་པ་ནི་ཉོན་མོངས་པ ་རྣམས་སོ།། དེ་འབྱུང་བ་དང་མཐུན་པའི་དངོས་པོ་ནི་ཟག་པ་དང་བཅས་པའོ། །དེ་ལ་དམིགས་པ་ནི་འདོད་ཆགས་ལ་སོགས་པའོ།། དམིགས་པ་དང་ལྡན་པ་གཉིས་ཀིས་ཞེས་བྱ་བ་དེ་ལ་དམིགས་པ་ནི་ཡུལ་གཟུགས་ལ་སོགS ་པའོ། །ཚོར་བ་ལ་སོགས་པ་གང་དག་དང་ལྷན་ཅིག་འབྱུང་བ་དེ་ལྡན་པས་འཕེལ་བར་བྱེད་དོ།། དེ་དག་ནི་ལྡན་པ་སྟེ། ཞེས་བྱ་བ་ནི་དམིགས་པས་མ་ཡིན་པའོ། ཅིའི་ཕྱིར་ཞེ་ན་འདོད་ཆགས་ལ་སོགས་པའི་གཉེན་པོ་ཡིན ་པའི་ཕྱིར་རོ།། ཟག་པ་མེད་པའི་དངོས་པོ་ལ་ནི་ཉོན་མོངས་པ་པ་དག་གནས་པར་མི་འགྱུར་ཏེ། རྡོ་བསྲེགS་པ་ལ་རྐང་ཐིལ་བཞག་པ་བཞིན་ནོ།། དེ་རྣམས་སྡུག་བསྔལ་ནས་ལམ་གྱི་བར་དག་མི་འདོད་དོ་ཞེས་བྱ་བ་ནི་དཔེར ་མི་ཁ་ཟས་ངན་པས་སྤོས་ན་ཁ་ཟས་ཞིམ་པོ་ལ་ཡང་མི་འདོད་པ་དེ་བཞིན་བྱིས་པ་མ་རིག་པས་སྤོས་པ་ཡང་བདེན་པ་བཞི་པོ་དག་ཡོད་བཞིན་དུ་མི་རྟག་པ་ལ་སོགས་པའི་རྣམ་པ་མི་འདོད་དེ། སྡུག་བསྔལ་ལ་སོགས་པའི་རྣམ ་པར?་མི་འཛིན་ཅེས་བྱ་བའི་ཐ་ཚིག་གོ། གལ་ཏེ་བག་ལ་ཉལ་མ་སྤངས་པ་དང། ཞེས་བྱ་བ་ནི་དེའི་རྙེད་པ་དང་བྲལ་བའི་ཕྱིར་རོ། །ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ནི་ཡིད་ལ་བྱེད་པ་ཉོན་མོངས་པ་ཅན་མངོན་དུ་བྱེད་པའོ། །རྒྱུ་དང་ཡུལ ་དང་སྦྱོར་བའི་བསྟོབས་ཞེས་བྱ་བ་ལ། རྒྱུའི་སྟོབས་ནི་བག་ལ་ཉལ་མ་སྤངས་པའི་ཕྱིར་རོ།། ཡུལ་གྱི་སྟོབས་ནི་ཡུལ་མངོན་དུ་གྱུར་པའོ།། སྦྱོར་བའི་སྟོབས་ནི་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པའོ།། དེ་ལ་ཚོར་བ་གང་ཉོན ་མོངས་པ་གང་དང་ལྡན་པ་དེ་དཔྱད་པར་བྱ་སྟེ། དེ་ལ་འདོད་པ་ལ་འདོད་ཆགས་ནི་བདེ་བ་དང་ཡིད་བདེ་བ་གཉིས་དང་ལྡན་ནོ། །ཞེ་སྡང་ནི་སྡུག་བསྔལ་བ་དང་ཡིད་མི་བདེ་བ་གཉིས་དང་ལྡན་ནོ། །ང་རྒྱལ་ནི་འདོད་པའི་ཁམས་དང?་བསམ ་གཏན་གཉིས་དད་ས་གསུམ་པོ་དག་ནི་ཡིད་བདེ་བའི་དབང་པོ་དང་ལྡན་ནོ།། བསམ་གཏན་གསུམ་པར་ནི་བདེ་བའི་དབང་པོ་དང་ལྡན་ནོ།། གོང་མ་རྣམས་སུ་ནི་བཏང་སྙོམས་ཀྱི་དབང་པོ་དང་ལྡན་ནོ། །འཇིག་ཚོགས་ལ་ལྟ་བའི་ས་གསུམ ་པོ?་དག་ན་ནི་ཡིད་བདེ་བའི་དབང་པོ་དང་ལྡན་ནོ། །བསམ་གཏན་གསུམ་པར་ནི་བདེ་བའི་དབང་པོ་དང་ལྡན་ནོ།། གོང་མ་རྣམས་སུ་ནི་བཏང་སྙོམས་ཀྱི་དབང་པོ་དང་ལྡན་ནོ། །ལོག་པར་ལྟ་བ་ནི་ཡིད་བདེ ་བ་དང། ཡིད་མི་བདེ་བ་གཉིས་དང་ལྡན་ནོ།། བསོད་ནམས་བྱེད་པ་རྣམས་ཀྱི་ནི་ཡིད་མི་བདེ་བའི་དབང་པོ་དང་ལྡན་ནོ།། བསོད་ནམས་མ་ཡིན་པ་བྱེད་པ་རྣམས་ཀྱི་ནི་ཡིད་བདེ་བའི་དབང་པོ་དང་ལྡན་ནོ།། མཐར་འཛིན་བར་ལྟ་བའི ་ནི་ཡིད་བདེ་བའི་དབང་པོ་དང་ལྡན་ནོ།། ས་ལྷག་མ་རྣམས་ན་ནི་ཚོར་བའི་རྫས་གང་ཡོང?་པ་དང་ལྡན་པར་ཁོང་དུ་ཆུང་བར་བྱའོ། །ཐམས་ཅད་ཀྱང་རྒྱུན་ཆད་པའི་ཆེ་བཏང་སྙོམས་དང་ལྡན་ཏེ། རྒྱུན་ཆད ་པ་ན་བཏང་སྙོམས་ཡོང་པའི་ཕྱིར་རོ། །ཉོན་མོངས་པ་གང་རྣམས་ཡིན་པ་ཞེས་བྱ་བ་ནི་བག་ལ་ཉལ་རྣམས་སོ། །ཉེ་བའི་ཉོན་མོངས་པ་རྣམས་ཀྱང་དེ་རྣམས་ཡིན་མོང་ཀྱི་ཞེས་བྱ་བ་ནི་ཉེ་བའི་ཉོན་མོངས་པ་ཞེས་ཀྱང་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། ་གང་དག་དེ་རྣམས་ལས་གཞན་པ་ཞེས་བྱ་བ་ནི་བག་ལ་ཉལ་བ་རྣམས་ལས་སོ།། ཉོན་མོངས་པ་ཅན་ཀུན་ནས་ཉོན་མོངས་པའི་བདག་ཉིད་དུ་གྱུར་པའི་ཕྱིར་རོ།། འདུ་བྱེད་རྣམས་ཀྱི་པུང་པོར་བསྡུས་པ་ཞེས་བྱ་བ་ནི་འདུ་བྱེད་ཀྱི་ཕུང་པོའི་བདག ་ཉིད་དོ། །ཉེ་བའི་ཉོན་མོངས་པ་ཉིད་དེ་ཞེས་བྱ་བ་ནི་ཉོན་མོངས་པ་འབྱུང་བ་དང་མཐུན་པར་འཇུག་པའོ།། ཉེ་བའི་ཉོན་མོངས་པ་རྣམས་ནི་ཉོན་མོངས་པའི་མཚན་ཉིད་མ་རྫོགས་པའི་ཕྱིར་རོ།། ཕ་རོལ་ལ་བས?་པའོ་ཞེས་བྱ་བ་ནི་འཐོབ་པ་དང ་བཀུར་སྟི་ལ་ཆགས་པས་གཞན་ལ་འདྲིད་པ་སྟེ་སྒྱུའོ། །གཞན་ལ་མི་ལྟོས་པ་ཞེས་བྱ་བ་འོངས་ནི་ང་རྒྱལ་ལས་ཁྱད་པར་དུ་སྟོན་ཏོ།། སེམས་ཡོངས་སུ་འཛིན་པའོ་ཞེས་བྱ་བ་ནི་སེམས། ཁེངས་པར་བྱེད་ཅེས་བྱ་བའི་ཐ་ཚིག་སྟེ། དེའི ་དབང་གིས་སེམས་ཁེངས་པ་བཞིན་དུ་དགེ་བའི་བྱ་བ་ཐམས་ཅད་དང་མི་མཐུན་པ་ཡིན་ནོ། །ཕ་རོལ་ལ་རྣམ་པར་མཐོ་འཚམ་པའོ་ཞེས་བྱ་བ་ནི་ཕ་རོལ་ལ་གནོད་པ་སྟེ་ཡོངས་སུ་བཏང་བའི་བསམ་པ་མེད་པ་ནི་རྣམ་པར་འཚོ་བའོ། ་ཁ་ན་མ་ཐོ་བ་དང་བཅས་པ་ནི་ལོག་པར་ལྟ་བ་ལ་སོགས་པས་འདི་ཉིད་བདེན་གྱི་གཞན་ནི་བརྫུན་པའོ་ཞེས་བྱ་བར་རྣམ་པར་དམ?་དུ་འཛིན་པའོ། །བསྒྲོ་བ་ནི་སྙེད་པ་སྟེ་རིགས་པ་བརྗོད་ཅེས་བྱ་བའི་ཐ་ཚིག་གོ། ཁོན་དུ་འཛིན་པ་ནི་ཀུན ་ནས་མནར་སེམས་ཀྱི་དངོས་པོ་མང་དུ་བྱེད་པའོ་ཞེས་བྱ་བ་དེ་ལ། ཀུན་ནས་མནར་སེམས་ནི་ཁོང་ཁྲོ་པ་སྟེ་དེའི་དངོས་པོ་ནི་མི་མཛའ་བ་ལ་སོགས་པའོ། །འདི་བདག་ལ་གདོད་པ་བྱེད་པའོ་ཞེས་རྐྱེན་གྱིས་གནོད་པ་བྱེད་པའི་གསམ་པ་མི་འདོར་བ ་ནི་མང་དུ་བྱེད་པ་སྟེ། འདིས་མདུད་བར་འཛིན་པས་ཁོན་དུ་འཛིན་པ་སྟེ། ངེས་དེ་དཀྲིས་པ་ལྟ་བུར་སྣང་ངོ། །སེམས་གྱ་གྱུ་བ་ཞེས་བྱ་བ་ནི་སེམས་མ་དྲང་བ་སྟེ། རང་གི་རྒྱུད་སྦས་ཞེས་བྱ་བའི་ཐ་ཚིག་གོ། དེས་ཡང་དག་པར་ཇི་ལྟ་བ་བཞིན་དུ ་མི་བརྗོད་དོ།། གྱ་གྱུ་བ་ཇི་ལྟ་བུ་ཞེ་ན་ཞེས་བྱ་བ་ལ་སོགས་པ་ནི། རྟག་པ་གང་ཡིན་མྱ་ངན་འདས་པའོ། །མི་རྟག་གང་ཡིན་འདུས་བྱས་ཆོས་ཀུན་།དྲང་པོ་གང་ཡིན་འཕགས་པའི་ལམ་ཡིན་ནོ། །གྱ་བྱུ་གང་ཡིན་སྡིག་ནན་ལྟ་བའོ།། ཞེས ་ཚིགས་སུ་བཅད་པ་ལས་འབྱུང་བའོ། །ཆོས་མངོན་པ་ལ་འཇུག་པ་རྒྱ་ཆེར་འགྲེལ་པ་སྙིང་པོ་ཀུན་ལས་བཏུས་པ་ཞེས་བྱ་བ།། །།བམ་པོ་གསུམ་པ།། །།ཀུན་ནས་དཀྲིས་ཏེ་འདུག་པ་ཞེས་བྱ་བ་ནི་འདི་དག་གིས་ཀུན ་ནས་དཀྲིས་ཏེ། སེམས་ཅན་རྣམས་སྲིད་པའི་བཙོན་རན་འདུག་པས་ཀུན་ནས་དཀྲིས་ཏེ་འདུག་པ་རྣམས་སོ། །རྨུགས་པ་ཞེས་བྱ་བ་འདིས་དགེ་བའི་བྱ་བ་རྣམས་ལ་རྨུགས?་པར་བྱེད་པས་རྨུགས་པ་སྟེ། ཞུལ?་ཞེས་བྱ་བའི་ཐ་ཚིག་གོ་ཡུར་བ་དང་མི ་དགའ་པ་ལ་སོགས་པ་ལས་བྱུང་བ་ལུས་དང་སེམས་ལྕི་བར་གྱུར་བར་རྨུགས་པ་སྟེ། ངེས་ནོན་ན་ལུས་དང་སེམས་ཞུམ་ཞིང་བླུན་པོའི་དངོས་པོའི་ཚུལ་གྱིས་ལས་སུ་མི་རུང་བར་འགྱུར་རོ།། གཉིད་ནི་ལུས་དང་སེམས་འཛིན་པར་མི་ནུས་པ་དང་སྡུད་པ ་སྟེ་ཞེས་བྱ་བ་ལ་ལུས་འཛིན་མི་ནུས་པ་ནི་རང་བཞིན་དུ་མི་གནས་པའི་ཕྱིར་རོ། །སེམས་འཛིན་མ་ནུས་པ་མི་བརྩོན་འགྲུས་ཉམས་པར་བྱེད་པའི་ཕྱིར་རོ། སེམས་སྡུད་བ་ནི་རྣམ་པར་ཤེས་པའི་ཚོགས་ལྔ་སྡུད་པའོ། །དེ་ནི་དགེ་བ་དང་ཉོན་མོངས་པ་ཅན ་དང་ལུང་དུ་མ་བསྟན་པའི་བྱེ་བྲག་གིས་རྣམ་པ་གསུམ་མོ། །དེ་ལ་ཉོན་མོངས་པ་ཅན་གང་ཡིན་པ་དེ་ནི་ཀུན་ནས་དཀྲིས་ཏེ་འདུག་པའོ། །སེམས་མ་ཞི་བའོ། །ཞེས་བྱ་བ་ནི་གཟུགས་དང་སྟོབས་དང ་རིགས་དང་ལང་ཚོ་དང་ཕྱུག་པ་ལ་སོགས་པའི་རྒྱགས་པས་བསྐྱེད་པ་ནི་སེམས་མ་ཞི་བའི་རྒྱུ་སྟེ། གང་དང་ལྡན་ན་སེམས་ཞི་བ་དང་མི་མཐུན་པར་གྱུར་བའི་ཆོས་དེ་ནི་རྒོད་པའོ།། ངན་པ་བྱས་པའི་དངོས་པོ་ནི་འགྱོད་པའོ་ཞེས ་བྱ་བ་ལ། སྨད་བ་བྱས་པ་ནི་ངན་པ་བྱས་པ་སྟེ་ཞེས་བྱ་བ་ངན་པ་ཞེས་བྱ་བའི་ཐ་ཚིག་གོ། འདིར་ནི་དེ་ལ་དམིགས་པ་སེམས་ལས་བྱུང་བའི་ཆོས་ལ་འགྱོད་པ་ཞེས་བྱ་སྟེ་ཞེས་བྱ་བ་ནི་སྲོག་གཅོད་པ་ལ་སོགས་པ་ཉེས་པར་སྤྱོད ་པ་བྱས་ལ། སྦྱིན་པ་ལ་སོགས་པ་ལེགས་པར་སྤྱོད་པ་མ་བྱས་པས་གང་ཡིད་ལ་བཅགས་པ་དེ་ནི་འགྱོད་པ་དགེ་བའོ།། གང་སྦྱིན་པ་ལ་སོགས་པ་ལེགས་པར་སྤྱོད་པ་བྱས་ལ། དགྲ་བསད་པ་ལ་སོགས་པ་ཉེས་པར་སྤྱོད་པ་མ ་བྱས་པས་ཡིད་ལ་བཅགས་པ་གང་ཡིན་པ་དེ་ནི་འགྱོད་པ་ཉོན་མོངས་སྒྲར་བརྗོད་པ་ནི་དེའི་ཕྱིར་རྒྱུ་ལ་འབྲས་བུ་བཏགས་ཏེ་ཞེས་སྒྲར་བརྗོད་པ་ནི་དེའི་ཕྱིར་རྒྱུ་ལ་འབྲས་བུ་བཏགས་ཏེ་ཞེས་བྱ་བ་སྨྲས་ཏེ། འབྲས་བུ་ནི་ཡིད་ལ ་བཅགས་པའོ།། རྒྱུ་ནི་འགྱོད་པའོ། །འཇིག་རྟེན་ན་ཡོད་གནས་ཀྱིས་གནས་པ་སྟོན་ཏེ། ཞེས་བྱ་བ་ལ་ཡིད་ལ་བཅགས་པའི་གནས་ལྟ་བུ་ནི་འགྱོད་པའོ། །ཁ་ན་མ་ཐོབ་ལ་འཇིག་པར་མི་ལྟ་བའོ་ཞེས་བྱ་བ་ནི་ཉེས་པར་སྤྱོད་པ ་ཀུན་ཏུ་འབྱུང་བ་ལ་ཡིད་འཕྲིག་མེད་ཅེས་བྱ་བའི་ཐ་ཚིག་གོ། ཞེ་སྡང་དང་རྣམ་པར་འཚོ་བ་མ་གཏོགས་ཏེ་ཞེས་བྱ་བ་དེ་ལ། ཞེ་སྡང་ནི་ཁོང་ཁྲོ་བའོ། །རྣམ་པར་འཚེ་བ་ནི་ཕ་རོལ་ལ་གནོད་པར་བྱེད་པའོ། །དེ་དག་ལས་གཞན་དུ ་གྱུར་པ་སེམས་ཅན་དང་སེམས་ཅན་མ་ཡིན་པའི་ཡུལ་ལ་ཀུན་ནས་མནར་སེམས་པ་སྟེ། འདིས་བདག་ལ་འདི་བྱས་སོ།། མི་ཕན་བ་བྱས་སོ་ཞེས་རྟོག་ཅིང་ཡོངས་སུ་གཏོད་པ་དང་ལྡན་པ་ཅན་མ་ཡིན་པའི་སེམས་འཁྲུག་པ་དེ་ནི་ཁྲོ་བའོ།། ་ཁ་ན་མ་ཐོ་བ་མཁྱུད་པའོ་ཞེས་བྱ་བ་ནི་ཁ་ན་མ་ཐོ་བ་བརྗོད་པར་བྱ་བ་དགེ་བ་སྟེ། བརྗོད་པར་བྱ་བའི་ཕྱིར་རོ། །བརྗོད་པར་བྱ་བ་མ་ཡིན་པ་ནི་ཁ་ན་མ་ཐོ་བ་སྟེ། ཚུལ་ཁྲིམས་དང་ཆོ་ག་དང་འཚོ་བ་དང་ལྟ་བ་ལོག་པར་ཞུགས་པའོ། །དེ་སྤེང་ཅིང ་མཁྱུང་པའི་རྒྱུ་ནི་འཆབ་པ་སྟེ། སྡིག་པ་ནང་དུ་སྦེད་ཅིང་ཕྱི་རོལ་ལ་གཙང་བ་ལྟར་སྟོན་ཅེས་བྱ་བའི་ཐ་ཚིག་གོ། སེམས་ལས་བྱུང་བ་རྣམས་ཀྱི་རྒྱུ་བ་ཕྲ་སྟེ་ཞེས་བྱ་བ་ལ་ཕྲ་བ་ཇི་ལྟ་བུ་ཞེ་ན། བྱེ་བྲག་ཕྱེད་པར་དཀའ་སྟེ་རང་གི་ངོ་བོ་ངེས་པར ་བྱེད་མི་ནུས་ཞེས་བྱ་བའི་ཐ་ཚིག་གོ། རྒྱུ་བ་ནི་རྒྱུན་ཏུ་འབབ་པ་སྟེ་རབ་ཏུ་འགྲོ་བའོ། །རྒྱུན་ཏུ་འབབ་པ་རྒྱུན་བྱེ་བྲག་ཕྱེད་བར་མི་ནུས་ཏེ་རྟོགས་པར་མི་ནུས་ན་སྐུད་ཅིག་རྣམས་ལྟ་སྨོས་ཀྱང་ཅི་དགོས་ཞེས་བྱ་བ་དེ་ལ། སྐད་ཅིག་གི་ཆོད་བརྗོད ་བར་བྱ་སྟེ། པདྨའི་རྩ་བྲན་དྲུག་ཅུ་རྩ་ལྔ་བ་ཤིབས་པ་རྣམས་ཀྱི་དང་པོ་ཆད་པ་ལ་སྐད་ཅིག་ཅེས་བྱའོ། །དེ་བས་ན་སྐྱེས་བུ་སྟོབས་དང་ལྡན་པས་སོ་གོལ་གཏོགས་པ་ཙམ་ལ་སྐད་ཅིག་དྲུག་ཅུ་རྩ་ལྔ་འདའ་ཨོ། །བཅོམ་ལྡན་འདས་ཀྱིས ་གསུངས་པའི་ཆོས་ཀྱི་མཚན་ཉིད་ལ་ནི་མཁས་པའི་བློ་ཅན་དག་གིས་ནི་ཞེས་བྱ་བ་ལ་སོགས་པ་ལ། བཅོམ་ལྡན་འདས་ཞེས་བྱ་བའི་སྒྲ་ནི་དོན་དྲུག་ལ་སྙེགས་ཏེ། དབང་དང་རབ་ཏུ་ལྡན་པ་དང། གཟུགས་བཟང་བ་དང་གྲགས་པ་དང། ་དང་ལ་དང་ཡེ་ཤེས་ནན་ཏན་དང། དྲུག་པོ་རྣམས་ལ་ལེགས་ཞེས་བྱ་བ་དེ་ལ་མངའ་བས་བཅོམ་ལྡན་འདས་སོ། །བཅོམ་ལྡན་འདས་ཀྱིས་གསུངས་པ་དེ་ཅི་ཞིག་ཅེ་ན། ཆོས་ཀྱི་མཚན་ཉིད་དོ། །ཆོས་ཀྱི་མཚན་ཉིད་ལ་མཁས་པའི ་བློ་ཅན་གང་ཡིན་པ་དེ་དག་བཅོམ་ལྡན་འདས་ཀྱིས་གསུངས་པའི་ཆོས་ཀྱི་མཚན་ཉིད་ལ་མཁས་པའི་བློ་ཅན་དག་གོ། ནི་ཞེས་བྱ་བའི་སྒྲ་ནི་ཉིད་ཅེས་བྱ་བའི་དོན་ཏོ། །ཆོས་ཀྱི་མཆན་ཉིད་ལ་མཁས་པའི ་བློ་ཅན་ཉིད་དོ།། སེམས་དང་སེམས་ལས་བྱུང་བ་དེ་དག་གི་འབྲས་བུ་ནི་དེའི་འབྲས་བུའོ།། དེའི་འབྲས་བུའི་ཁྱད་པར་ནི་བྱེ་བྲག་གོ། དེའི་འབྲས་བུའི་ཁྱད་པར་མཐོང་བ་ནི་དེའི་འབྲས་བུའི་ཁྱད་པར་མཐོང་བ་སྟེ། དེའི་བྱེ་བྲག ་མཐོང་ཅེས་བྱ་བའི་ཐ་ཚིག་གོ། དཔེར་ན་གཡེངས་པ་ནི་གླུ་ལེན། ཁྲོས་པ་ནི་ཚིག་རྩུབ་པོ་སྨྲ། རྒྱུ་དང་ལྡན་པ་ནི་གཞན་ལ་འདྲིད་པ་ལྟ་བུའོ། །རྣམ་པ་འདས་ན་རིགས་གཞན་ཞེས་བྱ་བ་ནི་སེམས་དང་སེམས་ལས་བྱུང་བ་དེ་རྫས ་གཞན་ཡོད་པ་ཉིད་དོ།། སྐྱོན་མེད་པ་ཞེས་བྱ་བ་ནི་ཉེས་པ་མེད་པ་སྟེ། ཐེ་ཚོམ་མེད་ཅེས་བྱ་བའི་ཐ་ཚིག་གོ། རྟོགས་ཞེས་བྱ་བ་ནི་ཁོང་དུ་ཆུད་དོ་ཤེས་སོ།། བདེ་བར་གཤེགས་པའི་གསུང་རབ?་ཅེས་བྱ་བ་ལ་སོགས་པ་ལ། ་ལེགས་པར་གཤེགས་པས་ནི་བདེ་བར་གཤེགས་པ་སྟེ། བདེ་བར་གཤེགས་པའི་གསུང་རབ་འཆད་པའི་སློབ་དཔོན་དེ་དག་ལ་གང་དག་གིས་བསྙེན་བཀུར་མ་བྱས་པ་དེ་དག་འཁྲུལ་བའི་བློ་གྲོས་ཅན་དག་སྟེ། རིགས ་གཞན་ཁོང་དུ་མི་ཆུད་མི་རྟོགས་ཞེས་བྱ་བའི་ཐ་ཚིག་གོ། ཟག་པ་ནི་གསུམ་སྟེ་ཞེས་བྱ་བ་ནི་འདུལ་བའི་བསམ་པ་ཐ་དད་པའི་ཕྱིར་ཉོན་མོངས་པ་འདི་དག་ཟག་པ་ལ་སོགས་པས་མིང་ཐ་དད་པར་མདོ་ལས་གསུངས་པ་དེ་ཡོངS ་སུ་བསྟན་པའི་ཕྱིར་།ཟག་པ་ནི་གསུམ་སྟེ། ཞེས་བྱ་བ་འདི་བརྗོད་དོ།། རྫས་ལྔ་བཅུ་རྩ་བཞི་ནི་སྲིད་པའི་ཟག་པ་ཞེས་བྱ་བ་འདི་ལ་གཟུགས་མེད་པ་ན་སྤྱོད་པའི་རྨུགས་པ་དང་རྒོད་བ་ཅིའི་ཕྱིར་མ་སྨོས་ཞེ་ན། འདིར་སྨྲས་པ ་རང་དབང་ནི་རང་གཙོ་བོའོ།། དེ་གཉིས་ནི་དེར་ཉོན་མོངས་པ་གཞན་དག་གིས་ཟིལ་གྱིས་ནོན་པའི་ཕྱིར་རང་དབང་མེད་པ་ཞེས་བྱའོ།། ཟག་པ་ཐམས་ཅད་ཀྱི་རྩ་བ་མ་རིག་པ་ཡིན་པས། མ་རིག་པའི་ཟག་པ་ལོགས་ཤིག་ཏུ་སྨོས་སོ།། འཇོག ་ཅེས་བྱ་བ་ནི་གཞོག་པའོ།། ཟག་པ་ནི་དེའི་སྒོ་ནས་འབྱུང་བར་བྱེད་པའོ།། དེ་དག་མ་ཡིན་པ་ཉོན་མོངས་པ་གཞན་དང་ལྡན་པ་རྣམས་ཞེས་བྱ་བ་ལ། དེ་ཞེས་བྱ་བ་འདིས་ནི་ལྟ་བ་དང་ལྡན་པའི་མ་རིག་པ་གཟུང་ངོ།། ཉོན་མོངས་པ་གཞན་ཞེས ་བྱ་བ་འདིས་ནི་འདོད་ཆགས་ལ་སོགས་པ་དང་ལྡན་པ་རྣམས་སོ།། རྫས་བརྒྱ་རྩ་བརྒྱད་པོ་དེ་ནི་མ་འདྲེས་པའི་མ་རིག་པ་བཅོ་ལྔ་དང་བྲལ་བ་བག་ལ་ཉལ་བ་བརྒྱད་ཅུ་རྩ་གསུམ་དང། ཀུན་ནས་དཀྲིས་ཏེ་འདུག་པ་བཅུ་པོ་དེ་དག་དང་ལྡན་པའི ་མ་རིག་པ་དང་མ་འདྲེས་པ་གང་ཡིན་པ་དེ་གཉི་ག་ནི་རྫས་བརྒྱ་རྩ་བརྒྱད་ཡིན་ནོ།། སྦྱོར་བ་རྣམས་ཀྱང་ཚུལ་འདི་དང་འདྲ་སྟེ་ཞེས་བྱ་བ་ནི་འདོད་པའི་སྦྱོར་བ་དང། སྲིད་པའི་སྦྱོར་བ་དང། ལྟ་བའི་སྦྱོར་བ་དང། མ་རིག་པའི་སྦྱོར་བ་རྣམས་སོ།། ཡང་ནི་འཁྲི་བའི་ཛིན?་ཏེ། ཞེས་བྱ་བ་ནི་དཔེར་ན་དར་གྱིས་སྲིན་བུས་བདག་གིས་བདག་དཀྲིས་ནས་འཆི་བར་གཏོད་པ་དེ་བཞིན་དུ་སེམས་ཅན་འདི་དག་ཀྱང་རང་གིས་ལས་དང་ཉོན་མོངས་པ་རྣམས་ཀྱིས་བདག་དཀྲིས་ནས་དོན་སོང་རྣམས་སུ ་གཏོད་པར་བྱེད་དོ།། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་རྫས་དྲུག་ནི་ཞེས་བྱ་བ་ནི་ཁམས་ཀྱི་བྱེ་བྲག་གོ། ལྟ་བ་མཆོག་ཏུ་འཛིན་པ་རྫས་བཅུ་གཉིས་ཀྱང་དེ་བཞིན་ནོ།། སྒྲིབ་པ་ནི་ལྔ་སྟེ་ཞེས་བྱ་པ་ལ་འདོད་པ་ལ་འདུན ་པའི་སྒྲིབ་པ་དང། གནོད་སེམས་ཀྱི་སྒྲིབ་པ་དང། རྨུགས་པ་པ་དང་གཉིད་ཀྱི་སྒྲིབ་པ་དང། རྒོད་པ་དང་འགྱོད་པའི་སྒྲིབ་པ་དང། ཐེ་ཚོམ་གྱི་སྒྲིབ་པའོ།། དེ་ལ་ཁ་ཅིག་ཁམས་གསུམ་པའི་རྨུགས་པ་དང་རྒོད་པ་དང། ཐེ་ཚོམ་རྣམས ་གཟུང་ངམ། འོན་ཏེ་འདོད་པ་དང་ལྡན་པ་ཉིད་ཅེ་ན། སྨྲས་པ་དགེ་སློང་དག་འདི་ལྟ་སྟེ། སྒྲིབ་པ་ལྔ་པོ་འདི་འབའ་ཞིག་གིས་མི་དགེ་བའི་ཕུང་པོ་ཡོངས་སུ་རྫོགས་སོ། །ཞེས་མདོ་ལས་འབྱུང་ངོ། །མི ་དགེ་པའི་སྒྲ་བསྟན་པ་ནི་འདོད་པ་ན་སྤྱོད་པ་ཉིད་གཟུང་ངོ། །ཅིའི་ཕྱིར་རྨུགས་པ་དང་གཉིད་ཅེས་གཅིག་ཏུ་བསྡུས། རྒོད་པ་དང་འགྱོད་པ་གཉིས་ལ་སྒྲིབ་པ་གཅིག་ཏུ་བཤད། སྨྲས་པ་བྱ་བ་གཅིག་པའི་ཕྱིར་ཏེ། རྨུགས་པ ་དང་གཉིད་དེ་གཉིས་ཀྱིས་ནི་སེམས་ཞུམ་པར་བྱེད་དོ།། རྒོད་པ་དང་འགྱོད་པས་ནི་སེམས་མ་ཞི་བར་བྱེད་དོ།། འདོད་པ་ན་སྤྱོད་པའི་ཐེ་ཚོམ་རྣམ་པ་བཞི་སྟེ། སྡུག་བསྔལ་དང་ཀུན་འབྱུང་བ་དང། འགོག་པ་དང། ལམ་མཐོང ་པས་སྤང་བར་བྱ་བ་ངག་གོ། འཕགས་པའི་ལམ་དང་གནས་ཞེས་བྱ་བ་ནི་འཕགས་པའི་ལམ་ཡན་ལག་བརྒྱད་དང། དེའི་གནས་བསམ་གཏན་ལ་སོགས་པའོ།། འདོད་ཆགས་དང་བྲལ་བ་ཞེས་བྱ་བ་ནི་ཉོན་མོངས ་པ་སྤོང་བ་སྟེ། མི་རྟག་པ་ལ་སོགས་པའི་རྣམ་པ་རྣམས་ཀྱི་བདེན་པ་བཞི་རྟོགས་པའོ།། དེ་དག་གང་ཞེ་ན། བཟོང?་པ་རྣམས་སོ། །དེ་ལ་སྦྱོར་བ་ཞེས་བྱ་བ་ནི་འཕགས་པའི་ལམ་ལ་སྦྱོར་བ་རྣམས་ཀྱིའོ།། དེ་དག་གང་ཞེ་ན། ་དགེ་བའི་ཆོས་རྣམས་ཏེ། དྲོ་བར་གྱུར་པ་དང། རྩེ་མོ་དང། བཟོད་པ་རྣམས་དང། འཇིག་རྟེན་པའི་ཆོས་ཀྱི་མཆོག་རྣམས་སོ།། དེ་ལ་དྲོ་བར་གྱུར་པའི་དགེ་བའི་རྩ་བ་ནི་བདེན་པ་བཞི་ལ་དམིགས་པ་སྟེ། རྣམ་པ་དྲུག་གོ། ་དྲོ་བར་གྱུར་བ་དང། འདྲ་པས་དྲོ་བར་གྱུར་པ་སྟེ། འཕགས་པའི་ལམ་གྱི་མེའི་སྔ་ལྟས་སོ།། དེ་དག་ཆེ་བའི་དུས་ན་ནི་རྩེ་མོའོ།། ཡང་ན་ཐོག་པ་དང་བསམས་པ་དང་བསྒོམས་པ་ལས་བྱུང་བ་སྐྱེས་ནས་ཐོབ་པའི ་དགེ་བའི་རྩ་བ་རྣམས་ཀྱིའོ། །དེ་དང་དེ་ནས་ཁམས་དང། འགྲོ་པ་དང་སྐྱེ་གནས་དང། སའི་བྱེ་བྲག་བཤད་པའི་ཁམས་དེ་གང་ཞེ་ན། འདོད་པ་ལ་སོགས་པ་ཁམས་གསུམ་མོ།། གནས་གཞན་དག་བསྟན་པ་ལ་འདོད་པ་དང་གཟུགས ་དང་གཟུགས་མེད་པའི་འདོད་ཆགས་རྒྱས་པར་འགྱུར་བས་དེ་དག་གོ་རིམས་བཞིན་དུ་ཁམས་གསུམ་མོ།། དེ་ལ་འདོད་པ་གཙོ་བོར་བྱེད་པའི་རྣམས་ནི་འདོད་པའི་ཁམས་སོ།། འདོད་པ་ནི་འདོད་པའི་ཡོན་ཏན་ལྔ་པོ་དག་སྟེ། གཟུགས་དང ་སྒྲ་དང་དྲི་དང་རོ་དང་རེག་བྱ་རྣམས་སོ།། དེ་བཞིན་དུ་གཟུགས་གཙོ་བོར་བྱེད་པའོ། །གཟུགས་མེད་པ་དག་ནི་གཟུགས་ཡོད་པ་མ་ཡིན་པས་གཟུགས་མེད་པའོ།། དེ་ལ་འདོད་པའི་ཁམས་ན་གནས་རྣམ་པ་ཉི་ཤུ་ལ་སེམས་ཅན་དམྱལ་བ ་ཆེན་པོ་བརྒྱད་ཅེས་བྱ་བ་ལ། དེ་དག་ན་ཆགས་སུ་རུང་བ་ཅུང་ཟད་ཀྱང་མེད་པས་སེམས་ཅན་དམྱལ་བ་དག་གོ། དེ་དག་ཀྱང་གང་ཞེ་ན། ཡང་མཚོ་ལ་སོགས་པའོ། །སེམས་ཅན་གང་དག་དེར་སྐྱེས་པ་དེ་དག་ཕན་ཚུན་དུ་གནོད་པ་བྱོས་ནས ་བརྒྱལ་ཏེ། འཁོང་པ་དང་དེ་དག་ལ་བསིལ་བའི་རླུང་ལངས་ཤིང་ཀྲའི་སེམས་ཅན་དག་ཡང་སོས་ཤིག་ཅེས་སྒྲ་འབྱུང་སྟེ། དེ་དག་དེར་བསང་ཅིང་བསད་ཅིང་དེར་ཡང་འཚོ་བས་ཡང་འཚོའོ། །ཐིག་ནག་ཅེས་བྱ་བ་ནི་ཐིག་སྐུད་ནག ་པོས་བཏབ་སྟེ། ཤིང་བཞིན་དུ་གཤེགས་པས་ཐིག་ནག་གོ། བསྡུས་འཇོམས་ཞེས་བྱ་བ་ནི་སེམས་ཅན་མང་དུ་བསྡུས་ནས་ཁང་པ་ལ་སོགས་པར་འཇོམས་པས་བསྡུས་འཇོམས་སོ།། དུ་འབོད་ནི་སེམས་ཅན་དག་ལས་ཀྱི་འབྲས་བུ་མ ་རུང་པས་གཙོས་པའི་སྡུག་བསྔལ་གྱི་ཉམ་ཐག་ནས་ཀུ་ཅོ་འདོན་པས་དུ་འབོད་དོ།། དུ་འབོད་ཆེན་པོ་ནི་གང་ན་དེ་འདྲ་བའི་ཤས་ཆེ་བའི་ཕྱིར་དུ་འབོང་ཆེན་པོའོ། །ཚ་བ་ནི་མི་ལྕེ་མང་པོས་བསྐོར་ཏེ་ལུས་ཀུན་ཏུ་གདུངས་པའི་ཕྱིར་ཚ་བའོ།། ་རབ་ཏུ་ཚ་བ་ནི་ལུས་ཆེན་པོར་མངོན་པར་གྲུབ་ལ་སྡུག་བསྔལ་ཆེན་པོས་ལུས་དང་སེམས་ཀུན་ཏུ་གདུང་བ་ཆེན་པོ་མྱོང་བས་རབ་ཏུ་ཚ་བའོ། །རབ་ཅེས་བྱ་བའི་སྒྲ་ནི་ཡུན་རིང་བ་དང་མི་བཟང་པའི་ཕྱིར་རོ། ་བདུན་པོ་དེ་དག་ནི་རྣམ་པར་སྨིན་པའི་བདེ་བ་ནི་མེད་མོད་ཀྱི་བསིལ་བའི་རླུང་ལ་སོགས་པས་རེག་པའི་ཕྱིར་རྒྱུ་མཐུན་པའི་བདེ་བ་ནི་ཡོད་དོ། །གང་ན་དེའི་སྐབས་ཀྱང་མེད་པ་དེ་བདེ་བའི་སྐབས་མེད་པའི་ཕྱིར་མནར་མེད་པའོ། །ཡང ་ན་དེ་ན་སྡུག་བསྔལ་ལ་བར་སྐབས་མེད་པས་མནར་མེད་པ་སྟེ། བར་ཆད་མེད་ཅིང་སྐབས་མེད་པར་དེ་ན་སྡུག་བསྔལ་མྱོང་ཞེས་བྱ་བའི་ཐ་ཚིག་གོ། འདི་ལྟར་དེ་ན་ཕྱོགས་བཅུ་ནས་མེ་ལྕེ་བྱུང་སྟེ། སེམས་ཅན་གྱི་ལུས་ལ་རྒྱུན་མི་ཆད་པར ་རབ་ཏུ་འབར་ཞིང་ཤི་བར་མི་འགྱུར་རོ།། བཀྲེས་པ་དང་སྐོམ་པའི་མེ་ཡང་རྟག་པར་ཡོད་དོ།། དེའི་ངོས་རེ་རེ་ལ་ནི་དཔག་ཚད་ཉི་ཁྲི་ཉི་ཁྲི་ཡོད་དོ།། འདིའི་འོག་ན་ཡོད་དེ་དེ་འཛམྦུའི་གླིང་ནས་འོག་ཏུ་དཔག་ཚད་ཉི་ཁྲི་ན་དེའི་སྟེང་གི་ངོས་ལ ་ཐུག་གོ། འཛམྦུའི་གླིང་ནི་འོག་ཡངས་ཏེ་འབྲུའི་ཕུང་པོ་ལྟར་གནས་སོ།། དེ་བས་ན་རྒྱ་མཚོ་ཆེན་པོ་ནི་བགས་ཀྱིས་གཞོལ་ལོ།། དུང་འགྲོ་ནི་དུད་དེ་འགྲོ་བ་སྟེ། འདོད་ཞེས་བྱ་བའི་དོན་གང་ཡིན་པའོ།། དེ་དག་གི་ནང་ནས་ཀླུ་རྣམS་ནི་བསྐལ་བར ་གནས་ཤིང་ཁ་ཅིག་ས་ལ་བརྟེན་ཏོ།། ཡི་དགས་ནི་སྐོམས་པ་དང་ལྡན་པས་ཡི་དགས་ཏེ་ཁ་ཅིག་ནི་མཐུ་ཆེའོ།། ཁ་ཅིག་ནི་མཐུ་ཆུང་ངོ།། འཛམ་བུའི་གླིང་ནི་སོག་ཁ་སྟེ་བྱང་ཕྱོགས་ཁ་ཚོན་ཆེའོ། །དེའི་ངོས་རིང་པོ་གསུམ་གྱི ་ངོས་རེ་རེ་ལ་ནི་དཔག་ཚད་ཉིས་སྟོང་ཉེས་སྟོང་ཡོད་དོ།། ངོས་ཐུང་དུ་ལ་ནི་དཔག་ཚད་ཕྱེ་དང་བཞི་ཡོད་དོ།། དེ་བས་ན་བྱེ་བྲག་ཏུ་བཤྡ་པ་ལས་རྫུ་འཕྲུལ་དང་མི་ལྡན་པས་ཉི་མ་གཅིག་གཅིག་གིས་འོས་གཅིག་ཏུ་འགྲོ་བ་ཡོད་དམ ་ཞེས་དྲིས་པ་དེ་ལ་དེའི་ཚད་ཀྱིས་ལན་བཏབ་བོ།། ཤར་གྱི་ལུས་འཕགས་ནི་ཟླ་བ་ཁམ་པ་འདྲའོ། །སུ?་ཀྱི་བ་ལང་སྤྱོད་ནི་ཟླ་བ་ཉ་བ་འདྲའོ།། བྱང་སྒྲ་མི་སྙན་ནི་རྫིང་བུ་འདྲའོ།། དེ་ལ་གླིང་གི་དབྱིབས་ཅི་འདྲ་བར་མི་རྣམས་ཀྱི་བཞིན ་གྱི་དབྱིབས་ཀྱང་དེ་དང་འདྲའོ།། དེ་ལ་འཛམྦུའི་གླིང་ན་ནི་ཚེ་ལ་ངེས་པ་མེད་དེ་དཔག་ཏུ་མེད་པ་ནས་ལོ་བཅུ་ལ་ཐུག་པའི་བར་དུ་འགྱུར་རོ།། ཤར་གྱི་ལུས་འཕགས་ན་ནི་ལོ་ཉིས་བརྒྱ་ལྔ་བཅུའོ།། ནུབ་ཀྱི་པ་ལང་སྤྱོད་ན་ནི་ལྔ་བརྒྱའོ།། ་བྱང་གི་སྒྲ་མི་སྙན་ན་ནི་ལོ་སྟོང་སྟེ། བར་མ་དོར་འཆི་བ་མེད་དོ། །གཞན་ན་ནི་པར་མ་དོར་འཆི་བ་ཡོད་དོ་ཞེས་བཤད་པ་ཡིན་ཏེ། དེ་དག་ཀྱང་ང་ཡི་བ་མེད་ཅིང་ཡོངས་སུ་འཛིན་བ་མེད་དོ། །འདོད་པ་སྤྱོད་པའི་ལྷ་དྲུག་སྟེ། རྒྱལ ་ཆེན་བཞིའི་རིས་ཞེས་བྱ་བ་ནི་དེ་དག་རྒྱལ་ཆེན་བཞིའི་གནས་སུ་སྐྱེས་པའི་ཕྱིར་རྒྱལ་ཆེན་བཞིའི་རིས་སོ།། ཡང་ན་རྒྱལ་ཆེན་བཞི་པོ་སྟེ་རྒྱལ་པོ་ཆེན་པོ་བཞི་པོ་དག་དེ་དག་གི་དབང་པོ་ཡིན་པའི་ཕྱིར་རོ། སུམ་ཅུ་རྩ་གསུམ་ཞེས་བྱ་བ ་ནི་ཉེ་བའི་དབང་པོ་སུམ་ཅུ་རྩ་གཉིས་དང་སུམ་ཅུ་རྩ་གསུམ་པོ་བརྒྱ་བྱིན་ཡོད་པས་སུམ་ཅུ་རྩ་གསུམ་མོ།། འཐབ་བྲལ་ཞེས་བྱ་བ་ནི་ལྷ་མ་ཡིན་དང་འཐབ་པའི་སྡུག་བསྔལ་ལས་འདས་ཏེ་མེད་པའི་ཕྱིར་འཐབ་བྲལ་ལོ། ། ་དགའ་ལྡན་ཞེས་བྱ་བ་ནི་དགའ་བ་ཐོབ་པ་དང་ལྡན་པར་གནས་པས་དགའ་ལྡན་ནོ།། འཕྲུལ་དགའ་ཞེས་བྱ་བ་ནི་འདོད་པ་དག་རང་གིས་སྤྲུལ་ཏེ་སྤྱོད་པས་འཕྲུལ་དགའ་ཨོ།། གཞན་འཕྲུལ་དབང་བྱེད་ཅེས་བྱ་བ་ནི་གཞན་གྱིས ་སྦྲུལ་པའི་འདོད་པ་རྣམས་ལ་དབང་བྱེད་ཅིང་དབང་སྒྱུར་བས་གཞན་འཕྲུལ་དབང་བྱེད་དོ།། དེ་ལ་གྲང་བའི་སེམས་ཅན་དམྱལ་བ་མ་སྨོས་པ་ནི་ཚ་བའི་སེམས་ཅན་དམྱལ་བ་དག་གི་ཕྱོགས་གཅིག་ཏུ་གྱུར་པའི་ཕྱིར་རོ། །ཚ་བའི ་སེམས་ཅན་དམྱལ་པ་ལ་ཤས་ཆེ་བ་བཅུ་དྲུག་སྟེ། མེ་མ་མུར་དང། སྟུག་ས་དང། སྤུ་གྲིའི་སོས་གང་བའི་ལམ་པོ་ཆེ་དང། རལ་གྲིའི་སོའི་ལོ་མ་ཅན་གྱི་ནགས་ཚལ་དང། ལྕགས་ཀྱི་ཤལ་མ་ལའི ་ནགས་ཚལ་རྣམས་ནི་སྤྱིར་ན་མཚོན་ཆར་འདྲ་བས་གཅིག་ཏུ་བསྡུས་པ་དང། ཆུ་ཀླུང་རྒལ་དཀའ་བ་སྟེ་རྗེས་སུ་ནི་བཞི་སྒོའི་བྱེ་བྲག་གིས་ནི་བཅུ་དྲུག་གོ། གནོད་པ་ལྷག་པར་ཆེ་བའི་གནས་སུ་གྱུར་པའི་ཕྱིར་ཤས་ཆེ་བ ་ཞེས་བྱའོ།། གླིང་དེ་དག་གླིང་ཕྲན་ལ་གཡག་རྔ་དང་གཡག་རྔ་གཞན་ནི་འཛམ་བུའི་གླིང་གི་འཁོར་ཏོ།། ལུས་དང་ལུས་འཕགས་ནི་ཤར་གྱི་ལུས་འཕགས་ཀྱི་འཁོར་ཏོ།། གཡོ་དན་དང་ལམ་མཆོག་འགྲོ་ནི་ནུབ་གྱི་པ ་ལང་སྤྱོད་ཀྱི་འཁོར་ཏོ།། སྒྲ་ངན་དང་སྒྲ་ངན་ཅན་ནི་བྱང་གི་སྒྲ་མི་སྙན་གྱི་འཁོར་ཏོ།། གཡག་རྔ་དང་གཡག་རྔ་ཅན་དེ་གཅིག་ན་སྲིན་པོ་དག་གནས་སོ།། དེ་ལ་རི་རབ་ནི་རིན་པོ་ཆེ་སྣ་བཞིའི་རང་བཞིན་ཏེ། གསེར་དང་དངུལ་དང ་བཻ་ཌཱུརྱ་དང་ཤེལ་གྱི་རང་བཞིན་ཏེ། ངེས་གང་རིན་པོ་ཆེ་གང་གི་རང་བཞིན་ཡིན་པ་དེའི་ནམ་མཁའ་ཡང་དེའི་རྣམ་པར་སྣང་ངོ།། དེ་ནི་རིམ་པས་མཐོ་སྟེ། གྲུ་བཞི་?་ལམ་པ་ནི་མ་ཡིན་ནོ། །དེ་སྐད་བཤད་པའི་འཐད་པ་ནི་འདུལ ་པའི་གཞུང་ལས་འབྱུང་སྟེ། ཉེ་སྦྱོར་གྱིས་ཞུས་པ་ལས་བཙུན་པ་མཆོད་རྟེན་ཇི་ལྟར་བགྱི་ཞེས་གསོལ་ན། རི་རབ་ཀྱི་ཚུལ་དུ་བྱའོ་ཞེས་བཀའ་སྩལ་ཏོ།། དེའི་འཁོར་རི་བོ་བདུན་སྟེ། གཉའ་ཤིང་འཛིན་དང། གཤོལ ་མདའའཛིན་དང། སེང་ལྡེང་ཅན་དང། ལྟ་ན་སྡུག་དང་ལྟ་རྣ་དང། རྣམ་པར་འདུད་དང། མུ་འཁྱུད་འཛིན་ཏོ། དེ་དག་ནི་གསེར་གྱི་རེ་སྟེ་ཕྱེད་ཕྱེད་ཀྱི་དམའ་བར་རིག་པར་བྱའོ། །དེ་ལ་འཛམ་བུའི་གླིང་གི་མི་གང་ལུས་ཆེ་བ ་དེའི་ལུས་ཀྱི་ཚད་ནི་ཁྲུ་བཞི་སྟེ། ཤིང་ནྱ་གྲོ་དྷ་ལྟར་ཆུ་ཞེད་གབ་པའོ།། ཤར་གྱི་ལུས་འཕགས་པོ་དག་ནི་དེ་ལས་ཉིས་འགྱུར་ཉིས་འགྱུར་གྱིས་ཆེའོ། །ནུབ་ཀི་བ་ལང་སྤྱད་བ་དག་ཀྱང་དེ་ལས་ཉིས་འགྱུར་རོ། །བྱང་གི་སྒྲ་མི་སྙན་པ ་དག་ཀྱང་དེ་ལས་ཉིས་འགྱུར་རོ།། རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་ནི་ཁྲུ་ལྔ་བརྒྱའོ།། ཁྲུའི་ཚུལ་གྱི་ལོ་གྲངས་ཀྱང་རིག་པར་བྱ་སྟེ། རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་ཀྱི་ཚེ་ཚད་མཱི་ལོ་ལྔ་ཅུ་ལ་ཞག་ཏུ་བརྩིས་པའི་ལོ་ལྔ ་བརྒྱ་ཐུབ་བོ།། སུམ་ཅུ་རྩ་གསུམ་པ་རྣམས་ཀྱི་ལུས་ཀྱི་ཚད་ནི་ཁྲུ་སྟོང་ངོ།། ཚེའི་ཚད་ནི་མིའི་ལོ་བརྒྱ་ལ་ཞག་གཅིག་ཏུ་རྩིས་པའི་ལོ་སྟོང་ཐུབ་བོ། །དེ་བཞིན་དུ་ཉིས་འགྱུར་ཉིས་འགྱུར་གྱིས་ཞག་གཅིག་ཏུ་བརྩིས་ཏེ་ཚེའི་ཚད ་ནི་ལོ་དྲུག་སྟོང་གི་བར་དུ་སྦྱར་རོ།། ལུས་ཀྱི་ཚད་བརྗོད་པར་བྱ་སྟེ། ལུས་ཀྱི་ཚད་ནི་རྒྱང་གྲགས་ཕྱེད་དང་གཉིས་སོ།། འདི་དག་ནི་འདོད་པའི་ཁམས་ཀྱི་གནས་ཉི་ཤུ་སྟེ། གཞན་འཕྲུལ་དབང་བྱེད་ནས་མནར་མེད་པ་ལ་ཐུག་གི་བར་དུ ་སྣོད་དང་བཅས་པ་སྨོས་པས་རླུང་གི་དཀྱིལ་འཁོར་ལ་ཐུག་གི་བར་དུའོ།། འདོད་པའི་ཁམས་བཤད་ཟིན་ཏོ།། འདི་ཡན་ཆད་གནས་བཅུ་བདུན་ནི་གཟུགས་ཀྱི་ཁམས་ཏེ། ཇི་ལྟ་བུ་ཞེ་ན་སྨྲས་པ་དེ་ལ་བསམ་གཏན་དང་པོ་དང། ་གཉིས་པ་དང་གསུམ་པ་ནི་སོ་སོར་ས་གསུམ་གསུམ་པ་དག་གོ། བཞི་པ་ས་ནི་བརྒྱད་པའོ།། དེ་ལ་ཚངས་རིས་ཞེས་བྱ་བ་ནི་ཚངས་པའི་རིས་ན་ཡོད་པས་ཚངས་རིས་སོ།། གཞན་ནི་ཚངས་འཁོར་ཏེ་ཚངས་པའི་ཡོངས་སུ་སྤྱོད་པ ་བྱེད་ཅེས་བྱ་བའི་ཐ་ཚིག་གོ། དགེ་བའི་རྩ་བ་ཆེན་པོ་ལས་ངེས་པར་འབྱུང་བའི་ཕྱིར་ཚངས་ཆེན་ནོ། །འདི་ནི་ཆེན་པོ་ཡང་ཡིན་ལ་ཚངས་པ་ཡང་ཡིན་པས་ཚངས་ཆེན་ནོ། །དེའི་ཆེ་བ་ཉིད་ནི་བསམ་གཏན་ཁྱད་པར་ཅན་ཐོབ་པ་དང། ་སྔར་སྐྱེས་ལ་ཕྱིས་འཆི་འཕོ་བི་དང། མཐུའི་ཁྱད་པར་ལ་སོགས་པས་ཀྱང་ངོ། །དེ་ཉིད་ཀྱི་རིས་བཤད་པ་དེ་དག་གི་གནས་ཀྱང་ཡིན་པས་ཚངས་རིས་རྣམས་སོ།། རིས་ཞེས་བྱ་བ་ནི་འདིར་གནས་ཉིད་དུ ་འདོད་དོ། ཚངས་བའི་མདུན་ན་འདུག་ཅེས་བྱ་བ་ནི་ཚངས་པའི་མདུན་ན་གནས་པས་ཚངས་པའི་མདུན་ན་འདུག་པ་སྟེ། བསམ་གཏན་ཁྱད་པར་ཅན་ལས་ལངས་བ་ན་དེ་ཉིད་ཀྱི་མདུན་ན་འདུག་པའོ།། ཡང་ན་ཚངས་བ་ཆེན་པོ་ལྔ་ལ ་དེའི་འོག་ཏུ་སྨོས་ཞེས་བྱ་བའི་ཐ་ཚིག་གོ། འོད་ཆུང་ཞེས་བྱ་བ་ནི་ས་གོང་མ་དག་ལ་བལྟོས་ན་དེ་དག་འོད་ཆུང་བས་འོད་ཆུང་ངོ། །ཚད་མེད་འོད་ཅེས་བྱ་བ་ནི་དེ་དག་གི་འོད་ཚད་གཟུང་བར་མི་ནུས་པས་ཚད་མེད་འོད་དོ།། འོད་གསལ་ཞེས ་བྱ་བ་ནི་གནས་མ་ལུས་བར་སྣང་བའི་ཕྱིར་འོད་གསལ་ལོ།། དགེ་ཆུང་ཞེས་བྱ་བ་ནི་ཡིད་ཀྱིས་པའི་དགེ་བ་ལ་བདེ་བ་ཞེས་བྱ་སྟེ། དེ་དག་གི་དེས་གོང་མ་ལ་བལྟོས་ན་ཆུང་བས་དགེ་ཆུང་ངོ།། ཚད་མེད་དགེ་ཞེས་བྱ་བ་ནི་དེ་དག་གི་དགེ་བ་ཚད་མེད ་བས་ཚད་མེད་དགེའོ། །དགེ་རྒྱས་ཞེས་བྱ་བ་ནི་དེ་དག་གི་དགེ་བ་རྒྱས་བས་དགེ་རྒྱས་ཏེ། དེ་བས་གཞན་བདེ་བ་མཆོག་ཏུ་གྱུར་བ་མེད་དེ་ཞེས་བྱ་བར་དགོངས་སོ།། སྤྲིན་མེད་ཅེས་བྱ་བ་ནི་དེ་དག་གི་གོང་ནས་གཞན་གྱིས་མཆོད་པ་མེད་པས་སྤྲིན ་མེད་དེ། ས་གོང་མ་གོང་མ་དང་འབྲེལ་བའི་ནི་སྤྲིན་ལྟ་བུ་ཞེས་ཟེར་ཏེ། དེ་ནས་དེ་དང་འབྲེལ་བའི་བར་མེད་པའི་ཕྱིར་རོ།། བསོད་ནམས་འཕེལ་བ་ཞེས་བྱ་བ་ནི་དེ་དག་ལས་སོ་སོའི་བསོད་ནམས་བྱེ་བྲག་ཅན་གྱི་འགྲོ་བའི་གནས་ཡོད་པས ་བསོད་ནམས་འཕེལ་ཏེ། དེ་དག་ལ་བསོད་ནམས་འཕེལ་བས་ཀུན་འབྱུང་བ་བཞིན་ནོ།། འབྲས་བུ་ཆེ་ཞེས་བྱ་བ་ནི་དེ་དག་གི་འབྲས་བུ་གནས་གཞན་དང་འབྲེལ་བའི་སོ་སོའི་སྐྱེ་བོ་ཐམས་ཅད་བས་མཆོག་ཏུ་གྱུར་བ་འབྱུང་བས ་འབྲས་བུ་ཆེའོ། །གནས་གཙང་མ་ཞེས་བྱ་བ་ནི་ལམ་གྱི་ཆུས་ཉོན་མོངས་པའི་དྲི་མ་བཀྲུས་པའི་ཕྱིར་རྒྱུད་དག་པ་རྣམས་གནས་པས་གནས་གཙང་མའོ།། ཡང་ན་དེ་དག་གི་འཁོར་བ་ན་གནས་པ་དག་པས་ཆུ་ལོན་ཁོར་བ་བཞིན་ནོ། ་ཡང་ན་དག་པ་ཤ་དག་གནས་པས་གནས་གཙང་མ་སྟེ། དེ་ནས་སོ་སོའི་སྐྱེ་བོ་མེད་པའི་ཕྱིར་རོ། །མི་ཆེ་བ་ཞེས་བྱ་བ་ནི་གནས་གཅོད?་མ་བས་མཆོག་ཏུ་མ་གྱུར་པའི་ཕྱིར་མི་ཆེ་བས་མི་ཆ་བའོ།། ཡང་ན་གཟུགས་མེད་པར་འཇུག ་བ་ལ་འདོད་པ་མེད་བའི་ཕྱིར་མི་འདོད་བའོ།། མི་གདུད་བ་ཞེས་བྱ་བ་ནི་བསམ་པ་དགེ་བའི་ཕྱིར་འོག་མར་སྐྱེས་པ་རྣམས་ཀྱིས་མཐུའི་ཁྱད་པར་དག་གིས་ཟིལ་གྱིས་མི་ནོན་པས་མེ་གདུང་བའོ། །ཡང་ན་བསམ་གཏན་མཆོག་གི ་འབྲས་བུའི་ཆེ་མ་ཐོབ་ཀྱང་གདུང་བ་མེད་པས་མི་གདུད་བའོ།། གྱ་ནོན་སྣང་ཞེས་བྱ་བ་ནི་རབ་ཏུ་ཞི་བའི་ཁྱད་པར་དང་ལྡན་ཏེ་བདེ་བར་སྣང་བས་གྱ་ནོམ་སྣང་ངོ།། ཤིན་ཏུ་མཐོང་ཞེས་བྱ་བ་སྤེལ་མར་སྒོམ་བ་ལ་སྒྲིག་པའི་ལྷག་མ ་ཅུང་ཟད་ཙིག་ལས་སུ་ཟད་དེ། དེ་དག་ཤིན་ཏུ་རྣམ་པར་དག་པ་མཐོང་བས་ཤིན་ཏུ་མཐོང་ངོ།། འོག་མིན་ཞེས་བྱ་བ་ནི་དེ་དག་གི་གོང་ན་རང་གི་ཁམས་ལས་མཆོག་ཏུ་གྱུར་བའི་གནས་གཞན་མེད་པས་འོག་མིན་ནོ། །གཞན་དག་ན་རེ ་བསགས་པར་གནས་པ་ནི་གཟུགས་ཏེ་ཕུང་པོའོ་ཞེས་བྱའོ། །དེའི་མཐར་ཕྱིན་པས་ཕུང་པོའི་མཛའ་ཞེས་བྱའོ་ཞེའོ།། ཡང་ན་ཨ་གྷ་ཞེས་བྱ་བ་ནི་སྡིག་པ་སྟེ་དེའི་མཐར་ཕྱིན་བས་སྡིག་མེད་མཛའ་ཨོ།། གནས་བཅུ་བདུན་པོ་དེ་ན ་གནས་པའི་སེམས་ཅན་དང་བཅས་པ་དེ་དག་ནི་གཟུགས་ཀྱི་ཁམས་སོ། །གཞན་དག་ནི་བསམ་གཏན་དང་པོ་ལ་ནི་གཉིས། བསམ་གཏན་བཞི་པ་ལ་ནི་འདུ་ཤེས་མེད་པའི་སེམས་ཅན་ལྷག་བར་བྱས་ཏེ་གནས་བཅུ་བདུན་པོ་གཞན་དུ་སྨྲའོ?།། ་དེ་གཉི་ག་ཡང་མི་རིགས་ཏེ། ཚངས་བ་ཆེན་པོ་ནི་གཅིག་ཡིན་ངའི་ཕྱིར་རོ། །དེ་ལ་ཆེ་ལ་སོགས་པའི་བྱེ་བྲག་ཡོད་དུ་ཟིན་ཀྱང་དེ་ལྷའི་རིས་སུ་མི་ཐད་དེ། གཅིག་བུ་ནི་རིས་སུ་མི་རུང་ངོ། །ཚངས་པའི་མདུན་འདོན་གྱི ་སེམས་ཅན་རྣམས་དང་དེ་སྐལ་བ་མཉམ་པའི་ཕྱིར་གནས་ཐ་དད་པ་མ་ཡིན་ནོ། །འདུ་ཤེས་མེད་པའི་སེམས་ཅན་རྣམས་ཀྱང་འབྲས་བུ་ཆེ་བ་དག་དང་ཚེ་ལ་སོགས་པ་ཁྱད་པར་མེད་པས་དེའི་རྒྱུའི་ཁྱད་པར་མེད་བའི་ཕྱིར་དེ་དག་བཞི་བའི་གསུམ ་པ་ལས་གནས་གཞན་དུ་མི་འཐད་པས་གཟུགས་ཀྱི་ཁམས་ནི་རྣམ་པ་བཅུ་དྲུག་གོ་ཞེས་ཁ་ཆེ་བའི་བྱེ་བྲག་ཏུ་སྨྲ་བ་རྣམས་སོ།། དེ་བས་ན་ཚངས་པ་ཆེན་པོ་ཡང་འདུ་ཤེས་མེད་པའི་སེམས་ཅན་བཞིན་དུ་ས་གཞན་མེད་དོ་ཞེས་བརྗོད ་དོ། །སྐྱེ་གནས་རྣམ་པ་བཞི་སྟེ་ཞེས་བྱ་བ་ནི་སེམས་ཅན་རྣམས་འདྲེན་པར་གྱུར་ཏེ་འབྱུང་བ་ཐུན་མོང་དུ་གྱུར་པའི་ཕྱིར་རོ།། དེ་ལ་སྐྱེ་གནས་མངལ་ནས་སྐྱེ་བ་ནི་མི་དང། བ་ལང་དང། རྟ་དང། རྔ་མོ་རྣམས་ཕལ་ཆེར་རོ། མ ་རྣམས་ཀྱི་ནང་ན་སྒོ་ང་ལས་སྐྱེ་བ་ཡང་ཡོད་དེ། དཔེར་ན་དུད་འགྲོ་དག་གི་ནང་ནས་ཁྲུང་ཁྲུང་མོ་ལས་བྱུང་བ། རི་འདི་ཉིད་ལྟ་བུ་དང། ལྔ་ལེན་གྱི་རྒྱལ་པོའི་བུ་ལྔ་བརྒྱ་ལྟ་བུའོ།། དྲོད་གཤེར་ལས་སྐྱེས་པ་ནི་ང་ལ་ནུ་ལ་སོགས་པའོ།། ་རྫུས་ཏེ་བྱུང་བ་ནི་བསྐལ་བ་དང་པོ་རྣམས་སོ།། ཀླུ་རྣམས་ལ་ཡང་སྐྱེ་བ་རྣམ་པ་བཞི་ཡོད་དོ།། འཇིག་རྟེན་གདགས་པ་ལས་ཇི་སྐད་དུ། སྒོ་ང་ལས་སྐྱེས་བའི་ནམ་མཁའ་ལྡིང་གིས་སྒོ་ང་ལས་སྐྱེས་པའི་ཀླུ་བཟའ་བའི་ཕྱིར་འབྱིན ་ཏེ། །དེ་བཞིན་དུ་རྫུས་ཏེ་བྱུང་བའི་ནམ་མཁའ་ལྡིང་གོས་རྫུས་ཏེ་བྱུང་བའི་ཀླུ་འབྱིན་ཅེས་བྱ་བའི་བར་དུ་གསུངས་པ་ལྟ་བུའོ།། རྫུས་ཏེ་བྱུང་བ་རྣམས་ལུས་ཤིན་ཏུ་མི་སྣང་བར་འགྱུར་ཏེ། ཏི་ལ་མང་གྱི་མར་མེ་ཟད་བ་ལྟ་བུ་མ་ཡིན ་ནམ་མི་ཤེས་པའི་ཕྱིར་ན་འབྱིན་གྱི་བཟར་ནི་མེད་དོ།། ཡི་དགས་རྣམས་ནི་མངལ་ནས་སྐྱེས་པ་དང་རྫུས་ཏེ་བྱུང་བ་དག་སྟེ། ཇི་སྐད་དུ་ཡི་དགས་ཉིད་ཀྱིས་བདག་ཅག་ནི་ལས་ཀྱི་སྐྱེས་པ་ཡིན་གྱི། སྐྱེ་གནས་ལས་སྐྱེས་པ་ནི་མ་ཡིན་ནོ་ཞེས་བརྗོད ་པ་ལྟ་བུའོ།། འོ་ན་ཅིའི་ཕྱིར་བྱང་ཆུབ་སེམས་དཔའ་དབང་བརྙེས་པ་མངལ་ནས་སྐྱེས་པའི་སྐྱེ་གནས་ལ་བརྟེན་ཅེ་ན། ཤཱཀྱའི་རིགས་ཆེན་པོ་གཉེན་གྱི་འབྲེལ་པས་ཆོས་ལ་རབ་ཏུ་དགོད་བའི་ཕྱིར་རོ།། མིར་གྱུར་ཀྱང་ཕུན་སུམ་ཚོགས་པ ་ཐོབ་བོ་ཞེས་གདུལ་བ་སྤྲོ་བ་བསྐྱེད་པའི་ཕྱིར་རོ། །ས་ནི་བཅུ་གཅིག་སྟེ་ཞེས་བྱ་བ་ནི་དེ་དག་ཀྱང་སྙོམས་པར་འཇུག་པ་རྣམས་ཀྱིས་སྟོན་ཏོ།། འདོད་པའི་ཁམས་ནི་ས་བོན་ཐམས་ཅད་ཡིན་པའི་ཕྱིར་ས་ཞེས་བྱ་བར་བཤད་དེ། དབང་པོ ་སྦྱངས་པ་ལ་སོགས་པའི་ཡོན་ཏན་རྣམས་དེ་དད་འབྲེལ་བའི་ཕྱིར་རོ། །མི་ལྕོགས་པ་མེད་པ་ཞེས་བྱ་བ་ལ་འོད་པར་བྱ་བ་ནི་འོད་པར་བྱའོ།། འོད་པར་བྱ་བ་མེད་པ་ནི་འོད་བར་བྱ་བ་མེད་པ་སྟེ། སྐྱེ་བས་ཐོབ་པར་བྱ་བ་མ་ཡིན་ཞེས་བྱ་བའི་ཐ ་ཆིག་སྟེ། བསམ་གཏན་དང་བོར་འཇུག་པའི་སེམས་སོ།། དེ་ནི་རྣམ་པ་གསུམ་སྟེ། ཉོན་མོངས་པ་ཅན་དང། ཟག་པ་པ་དང་བཅས་པ་དང། ཟག་པ་མེད་པའོ།། བསམ་གཏན་དང་པོ་ལ་ཡན་ལག་ལྡང་རིག་པར་བྱ་སྟེ། རྣམ་པར་རྟོག་པ་དང ་རྣམ་པར་དཔྱོད་པ་དང། དགའ་བ་དང་བདེ་བ་དང་སེམས་རྩེ་གཅིག་པ་སྟེ། དཔེར་ན་ཡན་ལག་ལྔ་བའི་ཕྱི་མ་ལྟར་ཡན་ལག་ལྔ་པའི་བསམ་གཏན་ཡང་དེ་བཞིན་ནོ། བསམ་གཏན་གཉིས་པ་ལ་ནི་རབ་ཏུ་དད་པའོ། །དེ་ཡང་དད ་པའི་ངོ་བོ་ཉིད་ཀྱི་ཆོས་ཏེ། ཆོས་དེ་མཉམ་བར་བཞག་པ་དག་ལས་ཀྱང་འབྱུང་བ་ཡོད་དོ།། ཞེས་ལྷག་པར་ཤེས་ཆེ་བའི་ཕྱིར་ཡན་ལག་ཏུ་རྣམ་པར་བཞག་པ་དང། དགའ་བ་དང་བདེ་བ་དང་སེམས་རྩེ་གཅིག་པའོ། །དེ་ནི་ཤིན་ཏུ་སྦྱངS ་བའི་བདེ་བར་རིག་པར་བྱའོ།། བསམ་གཏན་གསུམ་པ་ལས་ཡན་ལག་ལྔ་སྟེ། བཏང་སྙོམས་དང། དྲན་པ་དང། ཤེས་བཞིན་དང། བདེ་བ་དང། ཏིང་ངེ་འཛིན་ཏོ། །བསམ་གཏན་བཞི་པ་ལ་ཡན་ལག་བཞི་སྟེ། སྡུག་བསྔལ་ཡང ་མ་ཡིན། བདེ་བ་ཡང་མ་ཡིན་པའི་ཚོར་བ་དང། བཏང་སྙོམས་ཡོངས་སུ་དག་པ་སྟེ། དེ་ནི་འདུ་བྱེད་ཀྱི་བཏང་སྙོམས་དང། དྲན་པ་ཡོངས་སུ་དག་པ་དང། ཏིང་ངེ་འཛིན་ཏོ། །བསམ་གཏན་བཞི་པ་ནི་ཉེས་པ་བརྒྱད་ལས ་རྣམ་པར་གྲོལ་བ་སྟེ། ཉེས་པ་དག་གང་ཞེ་ན། རྣམ་པར་རྟོག་པ་དང། རྣམ་པར་དཔྱོད་པ་དང། དབུགS་རྡུབ་པ་དང། འབྱིན་པ་དང། བདེ་བ་དང། སྡུག་བསྔལ་བ་དང། ཡིད་བདེ་བ་དང། ཡིད་མི་བདེ་བའོ།། བསམ་གཏན ་དེ་དག་ཀྱང་ཉོན་མོངས་པ་ཅན་དང། ཟག་པ་དང་བཅས་པ་དང། ཟག་པ་མེད་པ་དང། ཕུང་པོ་ལྔ་དང་ལྡན་པར་རིག་པར་བྱའོ།། དེ་ལ་རྣམ་པར་རྟོག་པ་དང་རྣམ་པར་དཔྱོད་པའི་ཉེས་པས་ནི་མེས་འཇིག་པའོ། །དགའ་ ་བའི་ཉེས་པས་ནི་ཆུས་འཇིག་པའོ། །དབུགས་རྡུབ་པ་དང་འབྱིན་པའི་ཉེས་པས་ནི་རླུང་གི་འཇིག་པའོ།། དེ་ལ་མེས་འཇིག་པ་ལན་བདུན་འདས་པ་དང་ཆུས་འཇིག་གོ། དེ་ལྟར་བྱས་ན་འོད་གསལ་གྱི་ལྷ་རྣམས་ཀྱི་ཚེ་བསྐལ་བ་བརྒྱད ་ཐུབ་བོ་ཞེས་བྱ་བ་དེ་འཐད་པར་འགྱུར་རོ།། དེ་ལྟར་མེས་འཇིག་པ་ནི་ལན་བཞི་ཅུ་རྩ་དགུའོ། །ཆུས་འཇིག་པ་ནི་ལན་བདུན་ཏེ་འཇིག་པ་དེ་དག་ནི་ལན་ལྔ་ཅུ་རྩ་རྩ་དྲུག་ཡིན་ནོ།། དེའི་འོག་ཏུ་མེས་ལན་བདུན་འཇིག་གོ། དེའི་འོག་ཏུ་རླུང་གིས ་འཇིག་བར་འགྱུར་རོ། །དེ་ལྟར་བྱས་ན་གདགས་པར་བཤད་པ་ལས་དགེ་རྒྱས་ཀྱི་ལྷ་རྣམས་ཀྱི་ཚེ་བསྐལ་པ་དྲུག་ཅུ་རྩ་བཞི་ཐུབ་བོ་ཞེས་བྱ་བ་ལེགས་པར་བཤད་པ་ཡིན་ནོ། །གཟུགས་པ་མེད་པ་གསུམ་ནི་ཉོན་མོངས་པ་ཅན་དང། ་དགེ་བ་ཟག་པ་དང་བཅས་པ་དང། ཟག་པ་མེད་པ་དང། ཕུང་པོ་བཞིའི་ངོ་བོ་ཉིད་དང། ས་འོག་མའི་གཉེན་པོ་ཡིན་ནོ།། དེ་ལ་འདོད་པའི་ཁམས་དང་སྲིད་བའི་རྩེ་མོ་ནི་གཅིག་ཏུ་ཟག་པ་དང་བཅས་པའོ་ཞེས་བྱ་བ་ལ། འདོད་པའི་ཁམས་ནི་མིང་? ་བའི་རྩ་བས་དྲི་མ་ཅན་དུ་བྱས་པ་དང། མཉམ་པར་མ་བཞག་པའི་ས་པ་ཡིན་པའི་ཕྱིར་ཟག་པ་དང་བཅས་པར་རུང་ན། སྲིད་པའི་རྩེ་མོ་ཇི་ལྟར་ཟག་པ་དང་བཅས་པ་ཁོ་ནར་འགྱུར་ཞེ་ན། འདུ་ཤེས་ཞན་པའི་ཕྱིར་རོ། །ལྷག་མ་ནི་ཟག་པ་དང་བསམ? ་པ་དང། ཟག་པ་མེད་པ་ཞེས་བྱ་བར་གྲུབ་བོ།། གལ་ཏེ་སྲིད་པའི་རྩེ་མོ་གཅིག་ཏུ་ཟག་པ་དང་བཅས་པའི་ཡིན་ན་ཇི་ལྟར་འཕགས་པའི་གང་ཟག་དེར་སྒྱེས་པ་ཉོན་མོངས་པ་སྤོང་ཞེ་ན། དེ་ཡང་མེད་པའི་སྐྱེ་མཆེད་ཀྱི་སའི་ལམ་མངོན་དུ་བྱས་ཏེ ་ཉོན་མོངས་པ་སྤང་ངོ། །སྡེ་བ་གཞན་གང་དག་ན་རེ། མགོ་མཉམ་ཞེས་བྱ་བའི་དགྲ་བཅོམ་པ་ནི། ལས་ཀྱི་མཛའ་ལ་མེ་ཞེན་ཡིན་ནས་ཚིག་པ་བཞིན་ནོ་ཞེས་ཟེར་བ་དེ་དག་ནི། དགེ་སློང་དག་ཇི་ཙམ་དུ་འདུ་ཤེས་ལ་སྙོམས་པ་དེ་ཙམ་དུ་ཀུན་ཤེས ་པར་རབ་ཏུ་རྟོགས་སོ། །གང་ཡང་འདི་འདུ་བྱེད་ཀྱི་ལྷག་མ་སྲིད་པའི་རྩེ་མོ་དེ་ལ་ནི་དགེ་སློང་བསམ་གཏན་པ་རྣམས་ཀྱིས་སྙོམས་པར་ཞུགས་ཤིང་ལངས་ནས་རབ་ཏུ་རྟོག་པར་འགྱུར་བར་སྨྲའོ་ཞེས་བྱ་བ་འདི་དང་འགལ་ལོ།། སྐབས་སུ་བཤྡ་པ ་རྫོགས་ཞེས་བྱ་བ་ནི་སྐབས་ནས་བྱུང་བ་ལ་སྐབས་སུ་བཤད་བ་ཞེས་བྱའོ། །རྫོགས་ཞེས་བྱ་བ་ནི་མཐར་ཕྱིན་ཅེས་བྱ་བའི་ཐ་ཚིག་གོ། འཁོར་དུ་ཉེ་བར་བསྡོགས་གཏོགས་པ་ཐམས་ཅད་ལ་ནི་བཏང་སྙོམས་སོ། །དངོས་གཞི་བསམ་གཏན ་དང་པོ་དང། གཉིས་པ་ལ་ནི་ཡིད་བདེ་བའི་དབང་པོའོ།། གསུམ་པ་ལ་ནི་བདེ་བའོ།། བཞི་པ་ལ་ནི་བཏང་སྙོམས་སོ།། ཅིའི་ཕྱིར་བཟོད་པ་རྣམ་པས་ཤེས་པ་རྣམས་སྔར་བསྟན་ཅེ་ན། ཉོན་མོངས་པ་ཐམས་ཅད་ཀྱི་གཉེན་པོ་ཡིན ་པའི་ཕྱིར་རོ།། བཟོད་པ་རྣམས་ནི་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པའི་གཉེན་པོ་ཉིད་དོ།། དེ་ལ་རྫས་སུ་ན་ཤེས་པ་གཉིས་ཏེ། ཟག་པ་དང་བཅས་པ་དང། ཟག་པ་མེད་པའོ། །རྣམ་པ་བདུན་ཀྱིས་ན ་བཅུར་རྣམ་པར་བཞག་སྟེ། རང་བཞིན་གྱིས་ནི་ཀུན་རྫོབ་ཤེས་པའོ། །གཉེན་པོས་ནི་ཆོས་དང་རྫས་སུ་རྟོགས་པའི་ཤེས་པའི། །ཚོས་ཤེས་པ་ནི་འདོད་པའི་ཁམས་མཛའ་དག་གི་གཉེན་པའོ། །རྗེས་སུ་རྟོགས་པའི་ཤེས་པ་ནི་གཟུགས་དང ་གཟུགས་མེད་པའི་ཁམས་ཀྱི་གཉེན་པོའོ། །སྡུག་བསྔལ་དང་ཀུན་འབྱུང་བ་ཤེས་པ་ནི་རྣམ་པའི་བྱེ་བྲག་གིས་སོ། །འགོག་པ་དང་ལམ་ཤེས་པ་ནི་རྣམ་པ་དང་དམིགས་པའི་བྱེ་བྲག་གིས་སོ།། གཞན་གྱི་སེམས་ལ་སྦྱོར་བས་ཕ་རོལ་གྱི་སེམས་ཤེས ་པའོ། །ཉོན་མོངས་པ་སྤངས་པའི་རྒྱུད་ལ་སྐྱེ་བས་བྱ་བ་བྱས་པའི་ཕྱིར་ཟད་པ་ཤེས་པའོ། །སྐལ་བ་མཉམ་པའི་རྒྱུས་ཤེས་པ་ཐམས་ཅད་ཀྱིས་བསགས་པའི་ཕྱིར་མི་སྐྱེ་བ་ཤེས་པའོ། །ཅིའི་ཕྱིར་ཆོས་ཤེས་པ་སྔར་བཤད་ཅེ་ན། འདོད་པའི ་ཁམས་ཀྱི་གཉེན་པོ་ཡིན་པའི་ཕྱིར་རོ།། ཅིའི་ཕྱིར་འདོད་པའི་ཁམས་ཀྱི་སྔར་སྤོང་ཞེ་ན། དེ་ནི་མངོན་སུམ་དུ་གྱུར་པའི་ཕྱིར་ཏེ། ཟིན་པ་མངོན་སུམ་དང་རྫས་མངོན་སུམ་གྱིས་སོ། །ཁམས་གཞན་ཀྱི་ནི་རྫས་མངོན་སུམ་ཉིད་ཀྱིས་སོ། ། ་ཡང་འགོག་པ་དང་ལམ་ལ་ཆོས་ཤེས་པ་ནི་ཁམས་གསུམ་ཆར་གྱི་གཉེན་པོ་ཡིན་ནོ།། ཅིའི་ཕྱིར་སྡུག་བསྔལ་དང་ཀུན་འབྱུང་བ་ལ་ཆོས་ཤེས་པ་ཁམས་གསུམ་ཆར་གྱི་གཉེན་པོ་མ་ཡིན་ཞེ་ན། གཞན་དུ་ཡིད་འབྱུང་ལ་གཞན་དུ་འདོད ་ཆགས་དང་བྲལ་བར་འགྱུར་དུ་འོང་བའི་ཕྱིར་རོ།། འདོད་པར་གཏོགས་པའི་འདུ་བྱེད་རྣམས་ཞེས་བྱ་བ་ནི་འདི་སྐད་དུ་འབྲས་བུར་གྱུར་པ་ཉེ་བར་ལེན་པའི་ཕུང་པོ་ལྔ་རྣམས་ཞེས་བསྟན་པར་འགྱུར་ཏེ། དེ་ལ་མི་རྟག་པ་དང། སྡུག ་བསྔལ་བ་དང། སྟོང་པ་དང། བདག་མེད་པའི་རྣམ་པར་ཤེས་པ་མ་ཡིན་པའོ། །དེའི་རྒྱུད་ཞེས་བྱ་བ་ནི་ཀུན་འབྱུང་བའི་བདེན་པའོ། །དེ་འགོག་པ་ཞེས་བྱ་བ་ནི་འགོག་པའི་བདེན་པའོ། །དེ་སྤོང་བ་ཞེས་བྱ་བ་ནི་ལས་གྱི་བདེན་བའོ། །དེ་ལྟར་རྣམ་པ ་བཅུ་དྲུག་ཏུ་ཤེས་པ་གང་ཡིན་པ་དེ་ཆོས་ཤེས་པ་གང་ཡིན་པ་དེ་ཆོས་ཤེས་པའོ། །དེ་ལྟར་ཆོས་ཤེས་པ་ནི་ཕུང་པོ་ལྔ་ཞེས་བསྟན་པར་འགྱུར་རོ། །ཆོས་ཤེས་པ་ཞེས་བྱ་བ་འདིས་ནི་བཟོད་པ་རྣམས་ཡོངས་སུ་བསྡུད་དེ། གཙོ་བོར་བསྟན་པའི་ཕྱིར་རྒྱལ? ་པོ་གཤེགས་སོ་ཞེས་བྱ་བ་བཞིན་ནོ། །ས་ཞེས་བྱ་བ་ནི་བདེན་པ་རྣམས་སོ། །སྔར་ནི་བྱེ་བྲག་ཏུ་ཕྱེ་སྟེ་བཤད་པའོ།། ད་ནི་བྱེ་བྲག་ཏུ་མ་ཕྱེ་བའོ། །ཡང་ན་ཆོས་ཞེས་བྱ་བ་ནི་དོན་གཞན་དུ་བཤད། སྦྱོར་བ་དང་རྣམ་པར་གྲོལ་བ་དང་ཁྱད་པར་གྱི་ལམ ་རྣམས་ཡོངས་སུ་སྡུད་བའོ། །དེ་ལ་སྦྱོར་བའི་ལམ་ནི་གང་གི་འོག་ཏུ་སྤོང་བའི་ལམ་མངོན་དུ་བྱེད་པའོ། །རྣམ་པར་གྲོལ་བའི་ལམ་ནི་གང་གིས་བྲལ་བའི་རྙེད་པ་སྐྱེད་པའོ། །ཁྱད་པར་གྱི་ལམ་ནི་ཁྱད་པར་ཐོབ་པར་བྱ་བའི་ལམ་ཡིན་པས་ཁྱད་པར ་གྱི་ལམ་མོ།། དེ་ནི་དྲན་པ་ཉེ་བར་གཞག་པ་ལ་སོགས་པ་སྟེ། གང་གིས་དབང་པོ་སྦྱོར་བ་ལ་སོགས་པའི་ཡོན་ཏན་མངོན་པར་སྒྲུབ་པར་བྱེད་པའོ། །ཆོས་ཤེས་པའི་ས་ཞེས་བྱ་བ་ལ། ས་ཞེས་བྱ་བ་ནི་ས་དྲུག་ཏུ་སྟོན་ཏེ། ད་ནི་ཆོས་ཤེས་པའོ། །གང ་དག་འདུ་བྱེད་སྨོས་པ་ནི་འདུས་མ་བྱས་བརྩལ་བར་འདོད་པ་དེ་དག་གི་ལྟར་ན་དོན་འདི་གཉེན་པོར་འགྱུར་ཏེ། ཟག་པ་མེད་པ་ནི་ཉེས་པ་མེད་པའི་ཕྱིར་སྤང་བར་འོས་པ་མ་ཡིན་ནོ། །ཅིའི་ཕྱིར་དེ་ཆོས་ཤེས་པ་ཞེས་བྱ་ཞེ་ན། དེའི་ཕྱིར་དོན་དང ་མཐུན་པའི་མིང་དུ་སྟོན་ཏོ། །ཐོག་མ་མེད་པ་དང་ལྡན་པའི་འཁོར་བ་ཞེས་བྱ་བ་ཇི་ལྟར་ཐོག་མ་མེད་པ་དང་ལྡན་ཞེ་ན། དགེ་སློང་དག་འཁོར་བ་ནི་ཐོག་མ་མེད་དོ་ཞེས་སྨྲའོ་ཞེས་འབྱུང་བའི་ཕྱིར་རོ། །རྟག་ཏུ་ཞེས་བྱ་བ་ནི་དུས་ཐམས་ཅད་དུའོ། ་བདག་གི་ཆུ་སྲིན་གྱི་ཆུ་སྲིན་འཛིན་ཁྲི་ཞེས་བྱ་བ་ནི་བདག་དང་བདག་གིར་མངོན་པར་ཞེ་ན་པ་སྟེ། བདག་དང་བདག་གིར་མངོན་པར་ཞེན་པའི་ཆུ་སྲིན་འཛིན་ཁྲི་དེས་ཟིན་པ་ནི་བཟུང་བའོ།། དེ་ཐོག་མ་ཁོ་ནར་ཞེས་བྱ་བ་ནི ་དང་པོ་ཉིད་དུའོ།། ཆོས་ཙམ་དུ་མཐོང་བའི་ཕྱིར་ཞེས་བྱ་བ་ལ། ཙམ་གྱི་སྒྲ་ནི་བདག་དང་བདག་གི་དགག་པར་སྟོན་ཏོ།། ཆོས་ཤེས་པ་བཤད་ཟིན་ཏོ།། རྗེས་སུ་རྟོགས་པའི་ཤེས་པ་གང་ཞེ་ན། གཟུགས་དང་གཟུགས་མེད་པར་རྟོགས་པའི ་འདུ་བྱེད་རྣམས་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། རྗེས་སུ་ཞེས་བྱ་བ་ནི་ཕྱི་ནས་ཞེས་བྱ་བའི་དོན་སྟོན་ཏོ། རྗེས་ལས་རྟོགས་པ་ནི་རྗེས་སུ་རྟོགས་པ་སྟེ་ཕྱི་ཤེས་ཞེས་བྱ་བའི་དོན་གང་ཡིན་པའོ།། ཅིའི་ཕྱིར་རྗེས་སུ་རྟོགས་པའི་ཤེས་པ་ས ་འོག་མའི་གཉེན་པོ་མ་ཡིན་ཞེ་ན། འདི་ལྟ་སྟེ་དཔེར་ན་སྐྱེས་བུ་གོང་དུ་ཡང་ལྟ་བ་ཐུར་དུ་མི་ལྟ་བ་བཞིན་ནོ།། ཕ་རོལ་གྱི་སེམས་ཤེས་པ་གང་ཞེ་ན། ཤེས་པ་གང་སྒོམས་པ་ལས་བྱུང་བ་ནི་སྒོམ་བའི་རང་བཞིན་ཏེ། དཔེར་ན་སའི ་སྣོད་ལྟ་བུའོ།། བསྒོམས་པའི་འབྲས་བུ་ནི་རྣམ་པར་གྲོལ་བའི་ལམ་གྱིས་བསྡུས་པའོ། །བསྒོམ་པ་ལ་བརྟེན་ནས་ཐོབ་པ་ནི་སྔོན་ཐོབ་ཀྱང་དེ་བསྒོམ་པ་སྔོན་དུ་བྱེད་པ་ལས་འབྱུང་ངོ། །ཡང་ན་བསྒོམ་པ་ལ་བརྟེན་ནས་ཞེས་བྱ་བ་ནི ་སྐྱེ་བས་འཐོབ་པ་དང། རྟོག་གེའི་རིགས་པས་བསྐྱེད་པ་དགག་པ་སྟེ། དེའི་ཕྱིར་ཏིང་ངེ་འཛིན་ལས་སྐྱེས་པ་ཞེས་བྱ་བ་སྨོས་སོ།། ཏིང་ངེ་འཛིན་ལས་བྱུང་བས་ཏིང་ངེ་འཛིན་ལས་སྐྱེས་པ་སྟེ། བསམ་གཏན་ལ་སྐྱེས་ཞེས་བྱ་བའི་ཐ ་ཚིག་གོ། ཤེས་པ་ཟག་པ་དང་བཅས་པ་དང། ཟག་པ་མེད་པ་གཉིས་ཀྱི་བར་དུ་སྨོས་པ་ནི་གཉི་གའི་རང་བཞིན་དུ་བསྟན་པའི་ཕྱིར་རོ།། གཞན་དག་གིས་ཀུན་རྫོབ་ཤེས་བའི་འོག་ཏུ་སྨོས་པ་དེ་དག་གིས་ནི་གསུམ་པོ་དག་གིས ་སྐབས་ཀྱིས་སྦྱོར། །དེ་ལྟར་རང་བཞིན་བསྙད་ནས་ལས་སྟོན་ཏོ། །གང་གིས་གཞན་ཞེས་བྱ་བ་ལ། གཞན་སྨོས་པས་ནི་རང་གི་སེམས་མ་གཏོགས་པར་སྟོན་ཏེ། བདག་ཉིད་ལ་བྱེད་པ་འགལ་བའི་ཕྱིར་རོ། །འདོད་པ་དང་གཟུགས་སུ་གཏོགས་པ ་ཞེས་བྱ་བས་ནི་ཁམས་གཉིས་ཀྱིས་སྟོན་ཏོ།། ཟག་པ་མེད་པ་ཁ་ཅིག་ཅེས་བྱ་བ་སྨོས་པས་ནི་གཟུགས་མེད་པ་ན་སྤྱོད་པའི་ཟག་པ་མེད་པ་རྣམས་མི་ཤེས་པའོ། །མི་ལྡན་པ་ཉིད་ཡིན་བཞིན་དུ་ཡང་ཅིའི་ཕྱིར་མིག་ཤེས་གཟུགས་ཀྱི་འབབ? ་སྟེགས་ཀྱི་སྒོ་ནས་སྐྱེ་བའི་ཕྱིར་རོ།། ཟག་པ་དང་བཅས་པ་ནི་ཤིན་ཏུ་ཡང་མི་ཤེས་སོ་ཞེས་བསྟན་པར་འགྱུར་ཏེ། ས་ལས་ཤིན་ཏུ་འདས་པའི་ཕྱིར་རོ།། ད་ལྟར་བྱུང་བ་སྨོས་པས་ནི་འདས་པ་དང་མ་འོངས་པ་སེལ་ཏོ། །ཡང་ན་མ་སྒོམ་པ ་ལས་བྱུང་བ་ནི་པ་སྒམས?་པའི་རྒྱུ་ལས་བྱུང་བ་སྟེ། དཔེར་ན་ཟས་ལས་བྱུང་བའི་སྲོག་དང་རྩཝ?་ལས་གྱུར་བའི་བ་ལང་ཞེས་བྱ་བ་ལྟ་བུའོ། །ཉེ་བར་བསྡོགས་ཀྱིས་དངོས་གཞི་བསམ་གཏན་གྱི་འབྲས་བུ་ཐོབ་པ་སྟེ། ཇི་སྐད་དུ་བསམ་གཏན་ལས ་སམ་ཉེར་བསྡོགས་ལས་རྣམ་པར་གྲོལ་བ་དགུ་བའི་ལམ་སྐྱེའོ་ཞེས་གསུངས་བ་ལྟ་བུ་ཡིན་དུ་ཟན་གྱང་དབང་པོ་འཕོ་བ་ཤིན་ཏུ་དཀའ་བའི་ཕྱིར་ཏེ། ཕ་རོལ་གྱི་སེམས་ཤེས་པ་ནི་དངོས་གཞི་བསམ་གཏན་གྱི་འབྲས་བུ་ཉིད་དོ།། ཤེས་པ ་དང་འདྲ་བ་ཞེས་བྱ་བ་ནི་རང་གི་མཚན་ཉིད་དང་འདྲ་བ་སྟེ། ཟག་བ་དང་བཅས་བས་ཟག་པ་དང་བཅས་པ་ཤེས་ལ། ཟག་པ་མེད་པས་ཟག་པ་མེད་པའི་སེམས་དང་སེམས་ལས་བྱུང་བ་ཤེས་པའོ།། དེ་ལྟ་མོད་ཀྱི་སེམས་ལ་སྦྱོར་བའི ་ཕྱིར་སེམས་ཀྱི་སྒོ་ནས་དེ་སྐད་སྟོན་ཏོ།། གང་གི་ཚེ་སེམས་ཤེས་པ་དེའི་ཚེ་སེམས་ལས་གྱུང་བའི་ཆོས་རྣམས་མ་ཡིན་ཏེ། རྫས་རེ་རེ་སྤྱོད་ཡུལ་ཡིན་པའི་ཕྱིར་རོ།། ཇི་ལྟར་ན་འདོད་ཆགས་དང་བཅས་པའི་སེམས་སུ་ཤེས་ཞེ་ན། ་འདོད་ཆགས་དང་བཅས་པ་རྣམ་པ་གཉིས་ཏེ། ལྡན་པའི་འདོད་ཆགས་དང་བཅས་པ་དང། འདྲེས་པའི་འདོད་ཆགས་དང་བཅས་པའོ། དེ་ལ་འདུས་པའི་འདོད་ཆགས་དང་བཅས་པ་ནི་མངོན་དུ་གྱུར་པའོ། །ལྡན་པའི་འདོད ་ཆགས་དང་བཅས་པ་ནི་རྙེད་པའི་འབྲེལ་པའོ། །འདི་ནི་འདྲེས་པའི་འདོད་ཆགས་དང་བཅས་པ་གཟུང་བར་རིག་པར་བྱ་སྟེ། གོས་དང་དྲི་མ་ཅིག་ཅར་མི་འཛིན་པ་བཞིན་ནོ།། འདི་ནི་དམིགས་པ་ལ་ལྟ་བ་མ་ཡིན་ཏེ། བསྟན་བཅོས་ལས་ཀྱང་ཆགས་བར? ་ཤེས་ཀྱི་ཆེ་གེ་མོ་ཞེས་བྱ་བའི་དམིགས་པ་ལ་ཆགས་པར་ནི་མ་ཡིན་ནོ་ཞེས་འབྱུང་ངོ། །ཟག་པ་མེད་པ་ལ་ནི་ལམ་གྱི་བདེན་པའི་རྣམ་པར་རོ། །བར་ཆད་མེད་པའི་ལམ་ཐམས་ཅད་ནི་མ་གཏོགས་ཏེ། མཆོག་ཏུ་དགའ་བ་ཡིད་ལ་བྱེད་པ་དང་ལྡན ་པའི་ཕྱིར་རོ། །དེ་བྱས་ན་མཐོང་བའི་ལམ་ལ་བསྒོམ་པ་མ་ཡིན་ཏེ། མཐོང་བའི་ལམ་ནི་ཡིད་འབྱུང་བ་དང་ལྡན་པའི་ཕྱིར་རོ།། དེ་ལ་བསམ་གཏན་དང་པོའི་ས་པས་ནི་ས་གཉིས་ཀྱི་ཤེས་སོ།། དེ་བཞིན་དུ་བསམ་གཏན་བཞི་བའི་ས་བས་ནི་ས་ལྡའི ་ཤེས་པའི་བར་དུའོ།། ཟག་པ་མེད་པ་ཡང་རྣམ་པ་གཉིས་ཏེ་ཞེས་བྱ་བ་ནི་རྣམ་པ་གཉིས་ཏེ། ཆོས་ཤེས་པའི་ཕྱོགས་དང། རྗེས་སུ་རྟོགས་པའི་ཤེས་པའི་ཕྱོགས་སོ།། དེ་ལ་ཆོས་ཤེས་པའི་ཕྱོགས་ཀྱིས་ནི་ཆོས་ཤེས་པའི་ཕྱོགས་ཀྱི་རྗེས་སུ ་རྟོགས་པའི་ཕྱོགས་ཀྱི་མ་ཡིན་ཏེ། ཆོས་ཤེས་པས་འོག་མ་ལ་གནས་བའི་ཕྱིར་རོ།། རྗེས་སུ་རྟོགས་པའི་ཤེས་པ་ནི་ས་གོང་མ་ལ་དམིགས་པའི་ཕྱིར་རོ།། ཆོས་ཤེས་པ་ནི་ས་གོང་མ་ལ་དམིགས་པའི་ཕྱིར་རོ། །ཆོས་ཤེས་པའི་ཕྱོགས་ཀྱི་མ་ཡིན་ནོ།། ་ཟག་པ་མེད་པ་ནི་མཆོག་ཏུ་གྱུར་པས་ཟག་པ་དང་བཅས་པས་མི་ཤེས་པ་ནི་རིགས་ན། ཟག་པ་མེད་པས་ཅིའི་ཕྱིར་ཟག་པ་དང་བཅས་པ་མ་ཤེས་ཞེ་ན། ཟག་པ་མེད་པ་མཆོག་ཏུ་དགའ་བ་ཡིད་ལ་བྱེད་པ་དང་ལྡན་པའི་ཕྱིར་རོ། ། ་ཟག་པ་དང་བཅས་པ་ནི་ཡིད་འབྱུང་བའི་དངོས་པོའོ།། གཟུགས་དང་མི་ལྡན་པ་རྣམས་དང་འདུས་མ་བྱས་མི་ཤེས་ཏེ། གཞན་གྱི་སེམས་ཤེས་པའི་ཕྱིར་རོ།། ས་མཆོག་ཏུ་གྱུར་བ་མི་ཤེས་ཏེ། བསམ་གཏན་དང་པོའི་ས་པས་བསམ་གཏན ་གཉིས་པའི་མི་ཤེས་སོ།། དབང་པོ་མཆོག་ཏུ་གྱུར་པ་ནི་ས་མཚུངས་ཀྱང་དབང་པོ་རྟུལ་པོས་དབང་པོ་རྣོན་པའི་རྒྱུད་ལས་བྱུང་བ་མི་ཤེས་སོ།། གང་ཟག་མཆོག་གི་མི་ཤེས་ཏེ། ཇི་ལྟར་ཉན་ཐོས་ཀྱིས་རང་སངས་རྒྱས་ཀྱི་རྒྱུད་མི་ཤེས་པ་དང། ་རང་སངས་རྒྱས་ཀྱིས་དེ་བཞིན་གཤེགས་པའི་རྒྱུད་མི་ཤེས་པ་ལྟ་བུའོ།། དེའི་དོན་ནི་དབང་པོ་མཆོག་ཉིད་ཀྱིས་གོ་བར་འགྱུར་རོ་ཞེ་ན། འདི་ལ་ཉེས་པ་མེད་དེ་དབང་པོ་ནི་རང་གི་སར་གཏོགས་པ་རྣམས་དང་སློབ་པ་རྣམས་ཀྱིའོ། །གང་ཟག ་སྨོས་པ་ནི་ས་མ་གཏོགས་པ་དང། འདས་པ་དང་མ་འོངས་པ་ཡང་སྟོན་ཏོ།། ཉན་ཐོས་ཀྱིས་ནི་མཐོང་བའི་ལམ་ལས་སྐད་ཅིག་གཉིས་ཤེས་ཏེ། སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་དང། ལམ་ལ་རྗེས་སུ་རྟོགས་པར་ཤེས་པའི་བཟོད་པའོ ་ཅིའི་ཕྱིར་ཞེ་ན། མཐོང་བའི་ལམ་ཤིན་ཏུ་མགྱོགས་པར་འགྲོ་བའི་ཕྱིར་ཏེ། ཇི་ཙམ་དུ་གཞན་དུ་སྦྱོར་བ་རྩོམ་པ་དེ་ཙམ་དུ་དེའི་སྐད་ཅིག་དེ་སྙེད་འདའ་ཨོ། རང་སངས་རྒྱས་ཀྱིས་ནི་སྐད་ཅིག་གསུམ་ཤེས་ཏེ། གསུམ་པ་ནི་ཀུན་འབྱུང་བ་ལ་རྗེས་སུ ་རྟོགས་པའི་ཤེས་པའི་སྐད་ཅིག་གོ། བཅོམ་ལྡན་འདས་ཀྱིས་ནི་སྦྱོར་བ་མ་མཛད་པར་ཡང་སྐད་ཅིག་ཐམས་ཅད་མཁྱེན་ཏོ།། མཐོང་བའི་ལམ་ལ་གནས་པ་འདི་ནི་བསྟན་བཅས་ལས་མཚན་མ་མེད་པར་གནས་པ་ཞེས་བྱ་བ་བསྟན་ཏོ། །ཡང་ན ་གང་ཟག་སྨོས་པ་ཉིད་ཀྱི་དབང་པོ་ཐ་དད་པ་སྲོས་ཏེ་བསྟན་ཏོ།། གལ་ཏེ་དེ་ལྟ་ན་ལྷ་རྣམས་ཀྱིས་དགེ་སློང་འདི་ནི་རྒྱུན་ཏུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱ་བའི་ཕྱིར་ཞུགས་སོ་ཞེས་སྨྲས་པའི་མདོའི ་ཚིག་འདི་ཇི་ལྟར་སྦྱར། བྱེ་བྲག་ཏུ་སྨྲ་བ་རྣམས་ན་རེ་དགའ་བར་བྱ་བའི་ཕྱིར་བྱས་སོ་ཞེའོ། །འོ་ན་གང་རྒྱུན་ཏུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱ་བའི་ཕྱིར་ཞུགས་པ་ལ་ཟས་སྦྱིན་ཞེས་བྱ་བའི་ལྟ་ཞེ་ན། དེའི་ཕྱིར ་ཁ་ཟས་བྱིན་པ་ལ་ཟས་གྱི་སྒྲར་བསྟན་ཏོ། །ཀུན་རྫོབ་ཤེས་བ་གང་ཞེ་ན། ལན་བཏབ་པ། ཤེས་རབ་ཟག་པ་དང་བཅས་པ་སྟེ་ཞེས་བྱ་བ་སྟེ། རང་བཞིན་བསྟན་པའོ། །ཀུན་རྫོབ་ནི་སྒྲིབ་པ་སྟེ་ཤེས་པ་སྒྲིབ་པའོ། །མ་རིག་བ་མ་སྤངས ་བའི་ཕྱིར་ཏེ་རང་བཞིན་དང་རྒྱུད་རྣམ་པར་གྲོལ་བ་གཉིས་ཀྱིས་རྣམ་པར་མ་གྲོལ་བའི་ཕྱིར་རོ།། ཡང་ན་ཀུན་རྫོབ་ནི་ཐ་སྙད་དེ་དེར་ལྟུང་བའི་ཤེས་པ་ནི་ཀུན་རྫོབ་ཤེས་བའོ།། གཞན་ན་རེ་རྒྱུན་གྱི་ཤེས་པའོ་ཞེའོ། །ཀུན་རྫོབ་ནི་ཕལ་ཆེར ་བུམ་པ་དང། སྣམ་བུ་ལ་སོགས་པ་ཞེས་བྱ་བ་ལ། ཕལ་ཆེར་ཞེས་བྱ་བ་སྨོས་པས་ལྷག་པར་བསྟན་པའི་ཕྱིར་རོ།། ཤེས་པ་འདི་རེས་འགའ་ནི་དོན་དམ་པ་ལའང་འཇུག་སྟེ། ཇི་ལྟར་ཆོས་ཐམས་ཅད་བདག་མེད་པ་ལྟ་བུའོ། །ཤེས ་པ་འདི་ནི་ཟག་པ་རང་བཅས་པ་སྟེ། འཇིག་རྟེན་ལས་འདས་པ་ནི་གཉན་པོར་གྱུར་པའི་ཕྱིར་དམིགས་པ་ཡོངས་སུ་གཅོད་པ་ཉིད་དོ།། རང་བཞིན་དང་ལྷན་ཅིག་འབྱུང་བ་མ་གཏགས་པར་ཆོས་ཐམས་ཅད་ནི་རང་བཞིན་གྱི་དམིགS ་པ་ཡིན་ནོ།། སེམས་ཀྱི་སྐད་ཅིག་དེ་ནི་གཞན་གྱིའོ། །དེ་ལ་རང་བཞིན་ནི་མི་ཤེས་ཏེ་བདག་ཉིད་ལ་བྱེད་པ་འགལ་བའི་ཕྱིར་རོ།། གང་དག་མར་མེའི་དཔེས་རང་མྱོང་བ་བརྗོད་པ་དེ་དག་གི་ལྟར་ན་མེ་ནི་སྣང་བར་བྱ་བ་ཡིན་གྱི་སྣང་བར ་བྱེད་པ་མ་ཡིན་པར་འགྱུར་རོ།། རས་དང་མར་མེ་མ་གཏོགས་པར་སྣང་བར་བྱ་བ་རྫས་གཞན་ནི་མེད་དོ།། ཚོར་བ་ལ་སོགས་པ་ལ་ཡང་ཤེས་ཏེ་ཧ་ཅང་ཉེ་བའི་ཕྱིར་རོ། །ཡང་དམིགས་བ་མཚུངས་པ་ཉིད་ཉམས་པར་འགྱུར་རོ། ་བདག་མེད་པའི་རྣམ་པར་ཞུགས་པ་ཡིན་ན་ཅིའི་ཕྱིར་དོན་དམ་པ་ཤེས་པར་མི་འགྱུར། གར་མཁན་གྱིས་ཤིན་ཏུ་བསླབས་ཀྱང་རྒྱལ་པོའི་རོལ་པ་དང་འདྲ་བར་མི་ནུས་པ་ལྟར་དོ་ལྟར་གྱུར་བ་ལ་ཡང་ཤིན་ཏུ་གནས་པ་མ་ཡིན་པའི་ཕྱིར་རོ།། ་ཀུན་རྫོབ་ཤེས་པ་དེ་ཡང་ཉོན་མོངས་བ་ཅན་དང་ཉོན་མོངས་པ་ཅན་མ་ཡིན་པའོ། །ཉོན་མོངས་པ་ཅན་ཡང་རྣམ་པ་གཉིས་ཏེ་ཞེས་བྱ་བ་ནི་རྣམ་པ་གཉིས་ཏེ། ལྟ་བའི་བདག་ཉིད་ནི་ལྟ་བའི་རང་བཞིན་ནོ།། ལྟ་བ་ལྔ་པོ་རྣམས་ནི་ཇི་སྐད་དུ ་བསྟན་པ་རྣམས་སོ།། ལྟ་བའི་བདག་ཉིད་མ་ཡིན་པ་ནི་ལྟ་བའི་རང་བཞིན་མ་ཡིན་པ་སྟེ། ཐེ་ཚོམ་ལ་སོགས་པའི་ཚིགས་དང་ལྡན་པའོ།། དེ་ནི་ཤེས་རབ་ཉིད་ཡིན་ཞེས་བྱ་བ་ནི་གྲུབ་པའི་མཛའ་ལས་སོ།། ཉོན་མོངས་པ་ཅན་ཡང་ཡིན་པ ་ཡང་རྣམ་པ་གཉིས་ཏེ། དགེ་བ་དང་མ་བསྒྲིབས་ལ་ལུང་དུ་མ་བསྟན་པའོ། །རྣམ་པར་སྨིན་པ་ལས་སྐྱེས་པ་ལ་སོགས་པ་རྣམ་པ་བཞི་སྟེ། དེ་ནི་ཡོངས་སུ་ཚོལ་བའི་བསམ་པ་མ་ཡིན་པ་དང། ཕྱི་རོལ་ཏུ་ལྟས་པའི་རྣམ་པའི་ཕྱིར ་ལྟ་བ་མ་ཡིན་ནོ།། དགེ་བ་ནི་གང་རྣམ་པར་ཤེས་པ་ལྔ་དང་ལྷན་ཅིག་རྒྱུ་བ་སྟེ། དེ་ནི་ཤེས་རབ་ཉིད་ཡིན་ཏེ། རྣམ་པར་མི་རྟོག་པའི་ཕྱིར། །མ་ཆགས་པ་དང་ཞེ་སྡང་མེད་པ་དང་ལྡན་པའི་ཕྱིར་རོ། །ཡིད་ཀྱིས་གང་ཡིན་པ་དེ་ནི་འཇིག ་རྟེན་པའི་ཡང་དག་པའི་ལྟ་བའོ། དེ་ཡང་མཉམ་པར་བཞག་པ་དང། མཉམ་པར་མ་བཞག་པའོ། །མཉམ་པར་མ་བཞག་པ་ནི་རྣམ་པ་གསུམ་སྟེ། སྐྱེ་བས་འཐོབ་པ་དང། ཐོས་པ་དང། བསམ་པ་ལས་བྱུང་བའོ། །དེ་ལ་ཐོས་པ ་ལས་བྱུང་བའི་ཤེས་པ་ནི་མིང་ལ་དམིགས་བའོ།། བསམS་པ་ལས་བྱུང་བ་ནི་མིང་དང་དོན་ལ་དམིགས་པ་སྟེ། དཔེར་ན་རྒྱལ་མ་བསླབ་པ་དང། ཅུང་ཟད་བསླབS་པ་ལྟ་བུ་སྟེ། གོ་རིམ་བཞིན་ནོ།། དེ་ལ་སྐྱེས་པས་ཐོབ་པ་ནི་ཁམས ་གསུམ་ཆར་ནའོ། །ཐོས་པ་ལས་བྱུང་བ་ནི་བསམ་གཏན་དང་པོ་དང། འདོད་པའི་ཁམས་ནའོ།། གོང་མ་ན་རྣམ་པར་རྟོག་པ་དང། རྣམ་པར་དཔྱོད་པ་མེད་བའི་ཕྱིར་མི་དགེ་བ་མེད་དོ། །མ་བསྒྲིབས་ལ ་ལུང་དུ་མ་བསྟན་པ་ནི་མི་དག་གོ། བསམ་པ་ལས་བྱུང་བ་ནི་འདོད་པའི་ཁམས་ཉིད་ནའོ། །དེ་དག་ནི་གང་གི་ཚེ་བསམ་པར་རྩོམ་པ་དེའི་ཚེ་དེ་དག་གི་བསྒོམ་པ་འགྲུབ་བོ། །མཉམ་པར་མ་བཞག་པའི་ཤེས་པ་ནི་དོན་ལ་དམིགས ་བ་ཉིད་དོ།། དེ་ནི་རྣམ་པ་བཞི་སྟེ། ཉམ་པར་འགྱུར་བའི་ཆ་དང་མཐུན་པ་ནི་ཉོན་མོངས་པ་འབྱུང་བ་དང་མཐུན་པའོ།། གནས་པའི་ཆ་དང་མཐུན་པ་ནི་ངེས་པར་འབྱེད་པའི་ཆ་དང་མཐུན་པའོ།། ངེས་པར་འབྱེད་པའི་ཆ་དང་མཐུན་པ་ནི ་ཟག་པ་མེད་པ་དང་མཐུན་པའོ།། གཟུགས་ན་སྤྱོད་པའི་ཕུང་པོ་ལྔའི་རང་བཞིན་ཏེ། རྗེས་སུ་འབྲང་བའི་གཟུགས་ཡོད་པའི་ཕྱིར་རོ།། གཟུགས་མེད་པ་ན་སྦྱོད་པའི་ཕུང་པོ་བཞིའི་རང་བཞིན་ཏེ་གཟུགས་ཀྱི་འདུ་ཤེས་དང་བྲལ ་བའི་ཕྱིར་རོ།། ཅིའི་ཀུན་རྫོབ་ཤེས་པ་གནས་འདིར་བརྗོད་ཅེ་ན། འཕགས་པའི་ལམ་གྱི་སྒོ་རྣམ་པར་དཔྱད་པ་དང། འཕགས་པའི་ལམ་གྱི་འཁོར་ཡིན་པའི་ཕྱིར་ཏེ། ཇི་སྐད་དུ་མངོན་པར་རྟོགས་པའི་མཛའ་ལས་བྱུང་བའི ་ཀུན་རྫོབ་ཤེས་པ་རྣམས་ནི་བདེན་པ་གསུམ་གྱི་མཛའ་ལས་རྙེད་པ་སྟེ་མི་སྐྱེ་བའི་ཆོས་ཅན་ནོ་ཞེས་འབྱུང་བ་ལྟ་བུའོ།། ལམ་གྱི་བདེན་པ་ལ་ནི་མེད་དེ་མཛའ་དག་མངོན་པར་རྟོགས་པ་མེད་པའི་ཕྱིར་རོ།། སྡུག་བསྔལ་ཤེས་པ ་ནི་ཉེ་བར་ལེན་པའི་ཕུང་པོ་འབྲས་བུར་གྱུར་བ་དེ་ལྟར་བྱུང་བ་རྣམས་ལའོ། །ཉེ་བར་ལེན་པའི་ཁ་ན་ལས་པའི་ཕུང་པོ་རྣམས་ནི་ཉེ་བར་ལེན་པའི་ཕུང་པོ་རྣམས་ཏེ། དཔེར་ན་རྒྱལ་པོ་ལ་བརྟེན་པའི་མི་ལ་རྒྱལ་པོའི་སྐྱེས་བུ ་ཞེས་བྱ་བ་ལྟ་བུའོ། །གལ་ཏེ་དེ་ལྟ་ན་དགྲ་བཅོམ་པ་མཉམ་པར་མེ་བཞག་པའི་ཕུང་པོ་རྣམས་ཉེ་བར་ལེན་པའི་ཁམས་ལས་པ་མ་ཡིན་བར་འགྱུར་རོ།། འདི་ལ་ཉེས་པ་མེད་དོ། །དེ་དག་ཀྱང་ཉེ་བར་ལེན་བའི་ཁ་ན་ལས་པ་ཡིན་ཏེ། ཉོན་མོངས་པའི་དབང་གིས ་འཕངས་པའི་ལས་དེའི་ཁ་ན་ལས་པའི་ཕྱིར་རོ།། དཔེར་ན་དག་བཅོམ་པ་ལ་སྔོན་གྱི་ལས་ཀྱིས་འཕངས་པ་ཡོད་པས་བསད་པ་ལྟ་བུའོ། །རྣམ་པ་དེས་ན་དེ་ལས་བྱུང་བར་བརྗོད་པར་ནུས་ཏེ། ཇི་སྐད་དུ། ཇི་ལྟར་སྲེང་བ་དང་མ་རིག་པ་གཉིས་ཀྱིས་བྱིས་པའི་ལུས ་ཡང་དག་པར་འཐོབ་པ་ལྟར་ཁས་བའི་ཡང་དེ་བཞིན་ནོ་ཞེས་བསྟན་པ་ལྟ་བུའོ།། ཡང་ན་དེ་དག་ཡོད་པས་ཉེ་བར་ལེན་པ་འབྱུང་བར་འགྱུར་ཏེ། མེ་ཏོག་དང་འབྲས་བུའི་ཤིང་ལྟ་བུའོ། །གཞན་གྱི་རྒྱུད་ཀྱི་ཉེ་བར་ལེན་པ་བསྐྱེད་པའི་ཕྱིར་རོ། །མི་རྟག་པ ་ནི་འབྱུང་བ་དང་འཇིག་པའི་ཆོས་ཅན་གྱི་ཕྱིར་མི་རྟག་པར་མཐོང་ངོ།། གནོད་པའི་བདག་ཉིད་ཀྱི་ཕྱིར་སྡུག་བསྔལ་དུ་མཐོང་ངོ། །སྡུག་བསྔལ་གྱི་བདག་ཉིད་ཇི་ལྟ་བུ་ཞེ་ན། སྡུག་བསྔལ་གསུམ་ཡོད་པའི་ཕྱིར་ཏེ། སྡུག་བསྔལ་གྱི་སྡུག་བསྔལ ་ནི་འདོད་པའི་ཁམས་ནའོ།། འགྱུར་བའི་སྡུག་བསྔལ་ནི་གཟུགས་ཀྱི་ཁམས་ནའོ།། འདུ་བྱེད་ཀྱི་སྡུག་བསྔལ་ནི་གཟུགས་མེད་པའི་ཁམས་ནའོ།། དེ་བཞིན་དུ་ཡིད་དུ་འོད་བ་ལ་སོགས་པ་ཡང་ཅི་རིགས་སུ་རང་ག་ཁམས་སུ་བརྗོད་བར་བྱའོ།། ་ནང་ན་བྱེད་བའི་སྐྱེས་བུ་མེད་བའི་ཕྱིར་བདག་མེད་པར་མཐོང་ངོ། །ཁ་ཅིག་ན་རེ་བདག་མེད་པ་རྣམ་པ་གཉིས་ཏེ། གང་ཟག་ལ་བདག་མེད་པ་དང། ཆོས་ལ་བདག་མེད་པའོ་ཞེས་འཛེར་ཏེ། ཆོས་ལ་བདག་མེད་པ་དེ་ནི་མདོ་སྡེ་དང་འགལ་ལོ། །ཀུན་དགའ་ ་བོ?་རིགས?་འཛིན་གྱི་མའི་ཁང་བཟངས་འདི་ནི་གླང་པོ་དང་རྟ་དང་བ་ལང་དང་ལུག་དང་ཕག་གིS་སྟོང་ངོ། །འདི་ནི་མི་སྟོང་བ་ཡང་ཡོད་དེ། འདི་ལྟར་དགེ་སློང་གེ་དགེ་འདུན་གྱིས་སོ། །ཀུན་དགའ་བོ་དེ་བཞིན་དུ་འདུ་བྱེད་ཐམས་ཅད་ནི་བདག་དང་བདག་གིས་སྟོང་ངོ། །འདི་ན་ལྷག་མ་ཡོད་པ་དེ་ནི་འདིར་ཡོད ་པའོ་ཞེས་གསུངས་བའི་ཕྱིར་རོ། །ཇི་སྟེ་སྟོང་པ་ཉིད་རྣམ་པ་བཅུ་དྲུག་ཅེ་ན། དེ་ནི་སྟོང་པ་ཉིད་ཅེས་བྱ་བ་དང་རྣམ་བ་ཞེས་བྱ་བ་དེ་སྔ་ཕྱི་འགལ་ལོ། །མི་རྟག་པ་ལ་སོགས་པར་བཤད་བཞིན་དུ་ཅིའི་ཕྱིར་སྡུག་བསྔལ་ཉིད་དུ་བརྗོད་ཅེ་ན། སྐྱེ་བ་བསྐྱེད་བའི་ཕྱིར་རོ། །དཔལ་འཛིན་གྱིས་བདེ ་བར་ཚོར་བ་མེད་དེ། གང་ཅི་ཚོར་ཡང་དེ་ནི་འདིར་སྡུག་བསྔལ་བའོ་ཞེས་བཤད་པའི་ཕྱིར་རོ། །དེའི་དོན་ནི་གཏན་ལ་དབབ་པའི་ཕྱིར། རང་བཞིན་སྡུག་བསྔལ་བར་ཁས་བླང་བར་མི་བྱ་སྟེ། ཀུན་དགའ་བོ་དེ་ནི་ངས་འདུ་བྱེད་མི་རྟག་པ་དང། འགྱུར་ལ་མི་རྟོག་པ་ལ་དགོངས་ཏེ་བསྟན་ཏོ་ཞེས་འགྱུར ་བའི་ཕྱིར་རོ། །འདུ་བྱེད་རྣམས་དང་འགྱུར་བ་དག་།མི་རྟག་པར་ནི་མཁྱེན་ནས་སུ། །རབ་མཁྱེན་རྫོགས་པའི་སངས་རྒྱས་ཀྱིས། །ཚོང་བ་སྡུག་བསྔལ་རབ་ཏུ་གསུངས། ཞེས་འབྱུང་ངོ། །ཀུན་འབྱུང་བ་ཤེས་པ་ནི། ཉེ་བར་ལེན་པའི་ཕུང་པོ་ལྔ་བོ་རྒྱུར་གྱུར་པ་ལས་དང་ཉོན་མོངས་བ་དད་ལྷན ་ཅིག་རྒྱུ་བ་དེ་དག་ཉིད་འདྲེས་པ་རྣམས་ལ་སྟེ། འདི་ལྟར་ལས་དང་ཉོན་མོངས་པ་གཉིས་ལས་སྲིད་པ་འབྱུང་བའི་ཕྱིར་རོ། །འདི་ལྟར་ཉོན་མོངས་པ་ནི་ཤུན་པ་ལྟ་བུའོ། །ལས་ནི་འབྲས་བུ་ལྟ་བུ་སྟེ། དཔེར་ན་འབྲས་ཤུན་པ་དང་ལྡན་ན་མྱུ་གུ་འབྱིན་པ་དེ་བཞིན་དུ་ཉོན་མོངས་པ ་དང་ལྡན་པའི་ལས་སྲིང་པའི་མྱུ་གུ་འབྱིན་ནོ། །རྒྱུ་མེད་པར་སྨྲ་བ་རྣམ་པ་གཉིས་ཏེ། ཁ་ཅིག་ནི་ཐམས་ཅད་རྒྱུ་མེད་པར་ཁོང་དུ་ཆུད་དེ། འདི་ལྟ་སྟེ་མེད་པ་པ་རྣམས་སོ། །ཁ་ཅིག་ནི་ལ་ལ་རྒྱུ་ཡོད་ལ། ལ་ལ་མེད་པར་ཏེ། འདི་ལྟ་སྟེ་ཚངས་པ་ཆེན་པོ་ནི་རྒྱུ་མེད་པའོ། །གང་དེས་སྤྲུལ ་པ་དེ་དག་ནི་རྒྱུ་དང་བཅས་པའོ། །དེ་བཞིན་དུ་བྱེད་པ་མེད་པར་སྨྲ་བ་པ་འང་རྣམ་པ་གཉིས་ཏེ། ཁ་ཅིག་ན་རེ་ལ་ལ་ནི་བྱེད་པ་དང་བཅས་པ། ལ་ལ་ནི་བྱེད་པ་མེད་པ་སྟེ། འདི་ལྟ་སྟེ། དབང་ཕྱུག་ནི་སྡིག་པ་གང་གིས་ཀྱང་མི་གོས་སོ། གཞན་དག་ནི་སྡིག་པ་དང་ལྡན་ནོ་ཞེའོ། །དེའི་ཕྱིར ་དེ་དག་གི་གཉེན་པོར་རྒྱུ་དང། ཀུན་འབྱུང་བ་དང་རབ་ཏུ་སྐྱེ་བ་དང་རྐྱེན་གྱི་རྣམ་པའོ། །ཡང་ན་གང་འཕེན་པར་བྱེད་པ་ལས་དང་ཉོན་མོངས་པ་ལྷན་ཅིག་རྒྱུ་བ་དེ་ནི་རྒྱུ་དང་ཀུན་འབྱུང་བ་ཞེས་བྱའོ། །གང་སྐྱེད་པ་དེ་ནི་རབ་ཏུ་སྐྱེ་བ་དང་རྐྱེན་ཅེས་བྱའོ། །དེ་བཞིན་དུ་སངས་རྒྱས ་པ་རྣམས་ལ་འགག་པ་མེད་དོ་ཞེས་སྙམ་པ་དེའི་གཉེན་པོར་འགོག་པ་ལ་འགོག་པའོ། །དབང་པོ་གཅིག་འགག་ནི་སྡུག་བསྔལ་དབང་པོ་ཐམས་ཅད་འགོག་པ་ལྟ་ཅི་སྨོས་སྙམ་པ་དེའི་གཉེན་པོར་ཞི་བ་སྟེ། མེ་གསུམ་ཤི་བའི་ཕྱིར་རོ། །རྟག་ཏུ་དགེ་བའི་ཕྱིར་གྱི་ནོམ་པའོ། །སྡུག་བསྔལ་ཐམས ་ཅད་མེད་པའི་ཕྱིར་ངེས་པར་འབྱུང་བ་སྟེ། དེ་དང་ལྡན་ན་འདུས་བྱས་ཀྱི་དངོས་པོ་ཐམས་ཅད་སྟོང་པའི་ཕྱིར་རོ། །ཡོངས་སུ་མྱ་ངན་ལས་འདས་པའི་དུས་ན་ལམ་ཡང་གཟེངས་དང་འདྲ་བར་འདོད་དོ། །ཤེས་པ་རྣམ་པ་དེ་ལྟ་བུ་ནི་འགོག་པ་ཞེས་བྱའོ། །སངས་རྒྱས་པ་རྣམས་ལ་ལ་མེད་དོ་སྙམ་པ ་དེའི་གཉེན་པོར་ལམ་ལ་ལམ་མོ། །ལམ་ནི་རིགས་པ་མ་ཡིན་ཏེ། འདི་ལྟར་མི་གཙང་བ་ཉོན་མོངས་པ་དེ་དག་ལམ་གྱིས་གཞིག་པའི་ཕྱིར་ཏེ། དཔེར་ན་སྦྱང་གང་གིས་རྨ་དྲལ་བ་དེ་ཡང་མི་གཙང་བ་སྔགས་པ་བཞིན་སྙམ་པའི་གཉེན་བོང་རིགས་པའོ། །འདི་ལྟར་ལམ་སྐྱེ་བར ་མངོན་དུ་གྱུར་བ་ན་ཉོན་མོངས་པ་གལ་ཏེ་མུན་པ་དང་མེར་མ་གཉིས་སྐད་ཅིག་གཅིག་གི་བར་དུ་ལྷན་ཅིག་གནས་པར་གྱུར་ན་ནི་སྐད་ཅིག་བརྒྱར་ཡོད་གནས་པར་འགྱུར་རོ། །སྒྲུབ་པ་ནི་ཡང་དག་པར་བསྒྲུབ་པའི་ཕྱིར་རོ། །ཇི་ལྟར་ན་ཡང་དག་པར་སྒྲུབ་པ་འཕགས་པའི་ལམ ་ཡིན་ཞེ་ན། གནས་མ་ཡིན་ཏེ་གོ་སྐབས་མེད་དོ། །གང་ལྟ་བ་ཕུན་སུམ་ཚོགས་པའི་གང་ཟག་ཆེད་དུ་བསམས་ཏེ། བསླབ་པ་ལས་འདའ་བ་དང། ངན་སོང་དུ་འགྲོ་བ་དང། མ་ནིང་དུ་འགྱུར་བ་ནས་སྲིད་བརྒྱད་པ་མངོན་པར་འགྲུབ་པའི་བར་དུ་གནས་མེད་དེ་ཞེས་འབྱུང་བ་ལྟ ་བུའོ། །འདིས་སངས་རྒྱས་རྣམས་དང་སངས་རྒྱས་ཀྱི་ཉན་ཐོས་རྣམས་ངེས་པར་འབྱུང་བར་འགྱུར་བས་ངེས་པར་འབྱིན་པ་སྟེ། ཤེས་པ་རྣམ་པ་དེ་ལྟ་བུ་ཟག་པ་མེད་པ་དེ་ནི་ལམ་ཤེས་པའོ། །དེ་ལ་ཤེས་རབ་ནི་རྟོག་པ་དང། བརྟག་པར་བྱ་བ་དང་རྣམ་པ་དང་བཅས་པའོ། ་དེ་ལྟར་ཤེས་རབ་རྣམ་པ་དང་བཅས་པར་འགྱུར་ཏེ། ཤེས་རབ་གཞན་དང་ལྡན་པར་འགྱུར་བའི་ཕྱིར་རོ་ཞེ་ན། ཡུལ་ལ་འཛིན་པར་ཞུགས་པའི་ཕྱིར་རོ། །སེམས་དང་སེམས་ལས་བྱུང་བ་ནི་རྣམ་པ་དང་བཅས་པ་དང། བརྟག་པར་བྱ་བ་ཡིན་གྱི་རྟོག་པ་ནི་མ་ཡིན་ཏེ། ཚོར་བ་ལ ་སོགས་པ་མུན་པ་དང་མཚུངས་པའི་ཕྱིར་རོ། །གཟུགས་དང་སེམས་དང་མི་ལྡན་པའི་འདུ་བྱེད་རྣམས་ནི་བརྟག་པར་བྱ་བ་ཉིད་དོ། །དེ་བས་ན་ཤེས་རབ་ནི་མངོན་པར་རྟོགས་པ་རྣམ་པ་གསུམ་སྟེ། མཐོང་བས་མངོན་པར་རྟོགས་པ་དང། དམིགས་པ་མངོན ་པར་རྟོགས་པ་དང། བྱེད་པ་མངོན་པར་རྟགས་པའོ། །དེ་དང་ལྡན་པ་རྣམས་ནི་དམིགས་པ་མངོན་པར་རྟོགས་པ་དང། བྱེད་པ་མངོན་པར་རྟོགས་པ་སྟེ། དེ་དང་མི་ལྡན་པ་རྣམས་ནི་བྱེད་པ་མངོན་བར་རྟོགས་པ་ཉིད་དོ། །བདག་གིས་སྡུག་བསྔལ་ཡོངས་སུ་ཤེས་སོ་ཞེས ་བྱ་བ་ནི་མི་རྟག་པ་དང་སྡུག་བསྔལ་བའི་རྣམ་པར་རོ། །བདག་གིས་ཞེས་བྱ་བ་ནི་རྗེས་སུ་ཐ་སྙད་བཏགས་པའི་ཕྱིར། སྟོང་པ་དང་བདག་མེད་པའི་རྣམ་པ་མ་ཡིན་ནོ། །ཀུན་འབྱུང་བ་སྤངས་སོ་ཞེས་བྱ་བ་ནི་དེ་བཞིན་དུ་རྣམ་པ་བཞི་པོ་དག་གིས་སོ།། །འགོག་པ་དང་ལམ་ལ་ཡང ་དེ་བཞིན་ནོ། །དེ་ལྟར་རྣམ་པ་བཅུ་བཞི་ནི་ཟད་པ་ཤེས་པ་ཡིན་ཏེ། ཟད་པ་ལ་ཟད་པ་ཤེས་པས་ཟད་པ་ཤེས་པའོ།། མི་སྐྱེ་བ་ཤེས་པ་ཡང་དེ་བཞིན་ནོ། །བདག་གིས་སྡུག་བསྔལ་ཡོངས་སུ་ཤེས་ཏེ། ཡང་ཡོངས་སུ་ཤེས་པར་བྱ་བ་མེ་ངོ། །དེ་བཞིན་དུ་བསྒོམ་པར་བྱ་བ་མེད་དོ་ཞེས ་བྱ་བའི་བར་དུའོ། །ཤེས་པ་འདི་དག་ཉིད་ནི་ལྟ་བའི་རང་བཞིན་མ་ཡིན་ཏེ། ཡོངས་སུ་འཚོལ་བའི་གསམ་པ་མ་ཡིན་པའི་ཕྱིར་རོ། །ཤེས་པ་ལྷག་མ་བརྒྱད་ནི་ལྟ་བའི་རང་བཞིན་ཡིན་ནོ། །ཤེས་པ་ཡིན་ལ་ལྟ་བ་མ་ཡིན་པ་ཡང་ཡོད་དེ། ཟད་པ་ཤེས་པ་དང། མི་སྐྱེ་བ་ཤེས ་པ་དང། ཐེ་ཚོམ་ལ་སོགས་དང་ལྡན་པའི་ཤེས་རབ་བོ། །ལྟ་བ་ཡིན་ལ་ཤེས་པ་མ་ཡིན་པ་ཡོད་དེ། མངོན་པར་རྟོགས་པའི་མཛའ་ལས་བྱུང་བའི་བཟོད་པ་རྣམས་སོ། །ལྟ་བ་ཡང་ཡིན་ལ་ཤེས་པ་ཡིན་པ་ཡང་ཡོད་དེ། དེ་ཤེས་རབ་བདུན་དང་ཀུན་རྫོབ་ཤེས་པའི་ཕྱོགས ་ཏེ། ལྟ་བ་ལྔའི་རང་བཞིན་ནོ། །ལྔ་བ་ཡང་མ་ཡིན་ཤེས་པ་ཡང་མ་ཡིན་པ་ཡང་ཡོད་དེ། གཟུགས་དང་ཚོར་བ་དང། འདུ་ཤེས་དང་མི་ལྡན་པའི་འདུ་བྱེད་རྣམས་སོ། །ཟད་པ་མེད་པའི་ཤེས་པ་འདི་དག་ནི་མི་ལྕོགས་པ་མེད་པ་དང། བསམ་གཏན་ཁྱད་པར་ཅན ་དང། གཟུགས་མེད་པ་གསུམ་པ་དག་ན་དབང་པོ་རྟུལ་པོ་ནི་དཀའ་ལ་མངོན་པར་ཤེས་པ་བུལ་བའི་ལམ་ལོ། །དབང་པོ་རྣོན་པོ་ནི་དཀའ་ལ་མངོན་པར་ཤེས་པ་མྱུར་བའི་ལམ་ལོ། །ཅིའི་ཕྱིར་ཞེ་ན། མི་ལྕོགས་པ་མེད་པ་དང། བསམ་གཏན་ཁྱད་པར་ཅན་ནི་ཤེས་རབ་ཀྱི ་ཤས་ཆེ་བ་ཞི་གནས་ཆུང་ངོ། །གཟུགས་མེད་པ་གསུམ་ནི་ཞི་གནས་ཀྱི་ཤས་ཆེ་ལ་ཤེས་རང་ཆུང་ངོ། །དངོས་གཞི་བསམ་གཏན་བཞི་པོ་དག་ལ་དབང་པོ་རྟུལ་པོ་ནི་སླ་ལ་མངོན་པར་ཤེས་པ་བུལ་བའི་ལམ་མོ། །དབང་པོ་རྣོན་པོ་སླ་ལ་མངོན་པར་ཤེས་པ་མྱུར་བའི་ལམ ་སྟེ། ཞི་གནས་དང་ལྷག་མཐོང་ཟུང་དུ་འབྲལ་བར་འཇུག་པའི་ཕྱིར་རོ། །དངོས་གཞི་བསམ་གཏན་གྱིས་བསྡུས་པའི་ལམ་ནི་སླ་བའི་སྒྲར་བསྟན་ཏོ། །དབང་པོ་བྱེད་བྲག་གིས་ནི་བུལ་བ་དང་མགྱོགས་པའི་སྒྲ་སྨོས་སོ། །ཀུན་རྫོབ་ཤེས་པ་ལ་འཁོར་བའི་སྒྱུར་ལྟུང་བའི་ཕྱིར་ཅིག ་ཏུ་ཟག་པ་དང་བཅས་ཕ་རོལ་གྱི་སེམས་ཤེས་པ་ནི་ཟག་པ་དང་བཅས་པ་དང་ཟག་པ་མེད་པ་སྟེ། ཀུན་རྫོབ་ཤེས་པའི་རང་བཞིན་གང་ཡིན་པ་དེ་ནི་ཟག་པ་དང་བཅས་པའོ། །ཆོས་དང་རྗེས་སུ་རྟོགས་པའི་ཤེས་པའི་རང་བཞིན་གང་ཡིན་པ་དེ་ནི་ཟག་པ་མེད་པའོ། །ལྷ ་ཆོས་ཤེས་པ་དང། རྗེས་སུ་རྟོགས་པའི་ཤེས་པ་དང། སྡུག་བསྔལ་ཤེས་བ་དང། ཀུན་འབྱུང་བ་ཤེས་པ་དང། འགོག་པ་ཤེས་པ་དག། ལམ་ཤེས་པ་དང། ཟད་པ་ཤེས་པ་དང། མི་སྐྱེ་བ་ཤེས་པ་རྣམས་ནི་ཟག་པ་མེད་པ་ཉིད་དོ། །ཕ་རོལ་གྱི་སེམས་དང། སྡུག ་བསྔལ་དང། ཀུན་འབྱུང་བ་དང། ལམ་ཤེས་པ་རྣམས་ནི་འདུས་བྱས་ལ་དམིགས་པའོ། །འགོག་པ་ཤེས་པ་ནི་འདུས་མ་བྱས་ལ་དམིགས་པ་སྟེ། འགོག་པ་འདུས་མ་བྱས་ཡིན་པའི་ཕྱིར་རོ། །ལྷག་མ་ནི་གཉིས་ལ་དམིགས་པའོ། །སྡུག་བསྔལ་དང། ཀུན ་འབྱུང་བའི་ཤེས་པའི་སྤྱོད་ཡུལ་ནི་ཟག་པ་དང་བཅས་པའོ། །སྦྱོད་ཡུལ་ནི་དམིགས་པ་ལ་བྱའོ། །འགོག་པ་དང་ལམ་ཤེས་པའི་སྤྱོད་ཡུལ་ནི་ཟག་པ་མེད་པའོ། །ལྷག་མ་རྣམས་ཀྱི་སྤྱོད་ཡུལ་ནི་གཉི་གའོ། །སོ་སོ་བྱེ་བྲག་ཏུ་འགྱུར་བ་ནི་གཞུང་ལས་འབྱུང ་བ་བཞིན་ནོ།། །།ཆོས་མངོན་པ་ལ་འཇུག་པ་རྒྱ་ཆེར་འགྲེལ་པ་སྙིང་པོ་ཀུན་ལས་བཏུས་པ་ཞེས་བྱ་བ། །བམ་པོ་བཞི་པ། །བཟོད་པ་ནི་བརྒྱད་དེ། བཟོད་པ་ཞེས་བྱ་བའི་སྒྲའི་དོན་ཅི་ཞེ་ན། བདེན ་པ་བཞིལ་ཆེར་བཟོད་པའི་ཕྱིར་བཟོད་པའོ། །ཤེས་པའི་བྱེ་བྲག་ཉིད་དུ་དེ་ཟག་པ་མེད་པ་བསྟན་པའི་ཕྱིར་རོ།། དེ་ནི་ཞེས་བྱ་བ་བཟོད་པ་དང་སྦྱར་རོ། །དེས་པའི་ཤེས་པ་རྣམས་ནི་ཤེས་པ་བརྒྱད་དོ། །ཆོས་ཤེས་པ་བཞི་དང། རྗེས་སུ་རྟོགས་པའི་ཤེས ་པ་བཞི་པོ་དེ་དག་གོ། །སྐལ་པ་འདྲ་བའི་རྒྱུར་གནས་པ་དང། གནས་ཡིན་པ་དང། དེ་མ་ཐག་པའི་རྐྱེན་གྱིས་དྲངས་པའི་ཕྱིར། དེའི་སྐྱེད་པ་སྟེ་འབྱུང་བར་བྱེད་པོ། །རྣམ་པ་བརྒྱད་པོ་དེ་དག་ནི་ལྟ་བ་ཉིད་དེ་ཤེས་པ་ནི་མ་ཡིན་ནོ། །ངེས་པའི་དོན་ནི་ཤེས ་པའི་དོན་ཏོ། །ཡོངས་སུ་ཞེས་བྱ་བ་ནི་ཀུན་ནས་ཏེ། ཀུན་ཚོལ་ཞེས་བྱ་བའི་ཐ་ཚིག་གོ་།ཤེས་པ་ནི་ངེས་པར་གནས་པ་ཉིད་དོ། །དེ་ལ་སྡུག་བསྔལ་ཆོས་ཤེས་པའི་བཟོད་པའི་ལས་ནི་གསུམ་དུ་བརྗོད་དེ། ཁམས་གསུམ་པའི་རྙེད་པ་རྒྱུན་འཆད ་པའི་ཕྱིར་མ་འོངས་པའི་སོ་སོའི་སྐྱེ་བ་ཉིད་སྤང་ངོ། །ལོག་པ་ཉིད་སྤོང་སྟེ་ལོག་པ་ཉིད་ཀྱང་རྣམ་པ་གསུམ་སྟེ། འགྲོ་བ་ལོག་པ་ཉིད་དང། ལས་ལོག་པ་ཉིད་དང། ལྟ་བ་ལོག་པ་ཉིད་དོ། །མི་འགྲོ་བ་དང། མི་བྱེད་པ་དང། ཀུན་འབྱུང་བ་མེད་པའི ་ཕྱིར་དེ་གསུམ་འཇིག་རྟེན་པའི་བཟོད་པ་ཉིད་ཀྱིས་རྒྱང་བ་སྲིངས་མ་ཟིན་ཏམ་དེ་ལྟ་ཡིན་ཡང་གནས་གསལ་བས་ཤིན་ཏུ་རྒྱང་རིན་དུ་བྱེད་པའི་ཕྱིར་དེའི་ཚེ་སྤོང་ཞེས་བསྟན་ཏོ། །ད་ལྟ་བྱུང་བ་ནི་མི་སྐྱེ་བ་ཤེས་པའི་བར་ངག་དང། སྐལ་པ་འདྲ་བའི ་རྒྱུ་ཉིད་དུ་གནས་སོ། །འགག་པ་ན་སྡུག་བསྔལ་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་བཅུའི་རྙེད་པ་ནས་གཟུང་སྟེ་འགག་གོ། མི་རྟག་པའི་རྣམ་པར་མཐོང་བས་སྐྱེའོ། །རྣལ་འབྱོར་པ་དེ་དག་ནི་རྣམ་པ་གཉིས་ཏེ། འདོད་ཆགས་སྤྱོད་པ་དང། ལྟ ་བ་སྦྱོང་བའོ། །འདོད་ཆགས་སྤྱོད་པ་ཡང་རྣམ་པ་གཉིས་ཏེ། ངའོ་སྙམ་པའི་ང་རྒྱལ་གྱི་ནོན་པ་དང། ལེ་ལོ་མངོན་པར་ཞེན་པའི། །ལྟ་ང་ལ་སྤྱོད་པ་ཡང་རྣམ་པ་གཉིས་ཏེ། བདག་དང་བདག་གིར་འཛིན་པ་ལ་མངོན་པར་ཞེན་པའོ། །དེ་ལ་ངའོ་སྙམ་པའི་དེ་རྒྱལ་གྱིས་རྣོན ་པ་ནོ་མི་རྟག་པ་ཉིད་ཀྱིས་སྡུག་བསྔལ་གྱི་བདེན་པ་མཐོང་ངོ། །ལ་ལོ་ལ་མངོན་པ་ཞེན་པ་ནི་སྡུག་བསྔལ་གྱིས་སྡུག་བསྔལ་གྱི་བདེན་པ་མཐོང་ངོ། །བདག་ཏུ་འཛིན་པ་ལ་མངོན་པར་ཞེན་པ་ནི་བདག་མེད་བསམ། །བདག་གིར་འཛིན་པ་ལ་མངོན་པར་ཞེན་པ ་ནི་སྟོང་པས་སོ། །བྱང་ཆུབ་སེམས་དཔའ་ནི་འདོད་ཆགས་སྦྱོར་དེ། །དེ་ལྟ་ཡོད་ཀྱི་སྟོང་པ་ཉིད་སྟེ། དབང་པོ་རྣམ་པའི་ཕྱིར་རོ། །དེ་ལ་དེ་ལྟར་གྱུར་བའི་རྣམ་པ་ནི་བསྒོམ་པ་རྣམ་པ་གཉིས་ཏེ། ཐོས་པར་དེ་ངེས་པར་བརྟེན་པའི་བསྒོམས་པས་སོ། །མ་འོངས་པའི་བཞིན་ཐོབ ་པ་བསྒོམ་པ་དག་ཉིད་ཀྱིས་སོ། །རྣམ་པ་ཐམས་ཅད་ནི་སྐལ་པ་འདྲ་སྟེ། རིགས་རྣམས་མ་ཐོབ་པའི་ཕྱིར་རོ། །ཆོས་ཤེས་པ་ཡང་དེ་དག་གཞེས་བྱ་བ་ནི་སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་དེ་དག་ཉིད་ཀྱི་མྱ་ངན་ལས་འདས་པའི་རྙེད་པ་སྟེ། མྱ་ངན་ལས ་འདས་པ་ནི་བྲལ་བའི་མཚན་ཉིད་དོ། །བཟོད་པ་ནི་འདིར་བར་ཆད་མེད་པའི་ལམ་མོ་ཞེས་བྱ་བ་ལ། འདིར་ཞེས་བྱ་བ་ནི་མཐོང་བའི་ལམ་དང་སྦྱར་ཏེ། འདི་ལྟར་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་རྣམས ་བཟེད་པ་དག་གི་སྤོང་ངོ། །བསྟན་བཅོས་ལས་ཀུན་ཏུ་སྦྱོར་བའི་རིས་དགུ་ཏེ། ཀུན་ཏུ་སྦྱོར་བའི་རིས་ནི་སྡུག་བསྔལ་ཆོས་ཤེས་པས་སྤང་བར་བྱ་བ་དང། སྡུག་བསྔལ་རྗེས་སུ་རྟགས་པའི་ཤེས་པས་སྤང་བར་བྱ་བའོ། །དེ་བཞིན་དུ་ཀུན་འབྱུང་བ ་མང་འགོག་པ་དང། ལམ་ཤེས་པ་གཉིས་གཉིས་དང། བསྒོམ་པར་སྤོང་བར་བྱ་བའི་ཞེས་འབྱུང་ནི་བསྟན་པ་ཆོས་དང་མི་འགལ་ལམ། འདི་ལ་ཉེས་པ་མེད་དེ། བཟོད་པ་རྣམས་ནི་ཤེས་པའི་འཁོར་ཡིན་པའི་ཕྱི་ཏེ། དཔེར་ན་དམག་མི་སི ་རྒྱལ་ན་རྒྱལ་པོ་རྒྱལ་པོ་ཞེས་རྒྱལ་པོ་ལ་འདོགས་པ་དང་འདྲའོ། །དོན་དེ་དཔེར་ན་མི་གཅིག་གིས་རྐུན་པོ་བཟུང་ནས་ཕྱུང་བ་དེ་བཞིན་དུ་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་ཡང་ཉོན་མོངས་པའི་རྐུན་པོ་རྙེད་པ་ནས་བཟུང་སྟེ ་འགོག་གོ། །དཔེར་ན་མི་ཅིག་ཤེས་ཀྱིས་སྒོ་བཅང་པ་དེ་བཞིན་དུ། །ཆོས་ཤེས་པ་ལ་ཡང་བྲལ་བའི་རྙེད་པ་ཐོབ་པས་སྤངས་པ་རྣམས་དེའི་རྒྱུད་ལ་ཡང་ཤིན་ཏུ་མི་འབྱུང་བའི་ཕྱིར་གཏན་པ་བཞིན་དུ་གནས་སོ། །དེ་བཞིན་དུ་རྗེས་སུ་རྟོགས་པའི ་ཤེས་པའི་བཟོད་པ་སྐྱེས་ནས་གཟུགས་དང་གཟུགས་མེད་པ་དང་ལྡན་པའི་ཉོན་མོངས་པ་སྡུག་བསྔལ་མཐོང་པས་སྤང་བར་བྱ་བ་བཅོ་བརྒྱན་ཀྱིས་རྙེད་པ་ནས་བཟུང་སྟེ་འགག་གོ། །མཉམ་པར་བཞག་པའི་ས་ཡིན་པ་དང། །ཡིས་པ་ཡིན་པའི་ཕྱིར་རོ།། ་ས་གོ་མའི་ཉོན་མོངས་པ་དག་རྗེས་སུ་རྟོགས་པའི་ཤེས་པའི་བཟོད་པ་གཅིག་པུས་སེལ་བ་ལྟར་རྗེས་སུ་རྟོགས་པའི་ཤེས་པས་ཀྱང་དེ་བཞིན་ཏེ། ཇི་ལྟར་ཆོས་ཤེས་པ་བཞིན་ནོ། །བཞི་པོ་རེ་རེ་ངག་གིས་ཞེས་བྱ་བ་བ་ནི་སྐད་ཅིག་གཉིས་ཀྱི་འདོད་པ་ན ་སྤྱོད་པའི་སྡུག་བསྔལ་གྱི་བདེན་པ་མངོན་པར་རྟོགས་པ་དང། གཉིས་ཀྱི་ཁམས་གོང་མ་མངོན་པར་རྟོགས་པའོ། །མངོན་པ་མངོན་དུའོ། །རྟོགས་པའི་དོན་ཐམས་ཅ་དེ་ནི་ཤེས་པའི་དོན་དུ་གྲགས་སོ། །དེས་ནི་འདིའི་སྤྱིའི་དེ་ནི་ནི་སྡུག་བསྔལ་གྱི ་བདེན་པ་མ་དོན་དུ་ཁོང་དུ་ཆུད་པའོ། །དེ་བཞིན་དུ་ཀུན་འབྱུང་བ་ལ་ཡང་ཆོས་ཤེ་པའི་བཟོད་པ་ཡང་ཀུན་འབྱུང་བ་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་བདུན་གྱི་རྙེད་པ་ནས་བཟུང་སྟེ་འགག་གོ། །ཀུན་འབྱུང་བ་ལ་ཆོས་ཤེས་པ་ནི་དེ་དག་ཉིད་ཀྱི ་བྲལ་བའི་རྙེད་པ་ནས་གཟུང་སྟེ་སྐྱེའོ། །དེ་བཞིན་དུ་གཟུགས་དང་གཟུགས་མེད་པ་ན་སྤྱོད་པ་ལ་ཡང་ཀུན་འབྱུང་བ་ལ་རྗེས་སུ་རྟོགས་པར་ཤེས་པའི་བཟོད་པ་ནི་གཟུགས་དང་གཟུགས་མེད་པ་ནི་སྤྱོད་པའི་ཉོན་མོངས་པ་ཀུན་འབྱུང་བ་མཐོང་བས་སྤང ་བར་བྱ་བ་བཅུ་གཉིས་ཀྱི་རྙེད་པ་ནས་གཟུང་སྟེ་འགག་གོ། ཀུན་འབྱུང་བ་ལ་རྗེས་སུ་རྟེགས་པའི་ཤེས་པ་ནི་དེ་དག་གི་བྲལ་བའི་རྙེད་པ་ནས་གཟུང་སྟེ་སྐྱེའོ། །དེ་བཞིན་དུ་འགོག་པ་ལ་ཆོས་ཤེས་པའི་བཟོད་པ་སྐྱེས་ན་འགོག་པ་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་འདུན ་གྱི་རྙེད་པ་ནས་གཟུང་སྟེ་འགག་གོ་། འགོག་པ་ལ་ཆོས་ཤེས་པ་ནི་དེ་དག་ཉིད་ཀྱི་བྲལ་བ་ན་རྙེད་པ་ནས་བཟུང་སྟེ་སྐྱེའོ། །དེ་བཞིན་དུ་འགོག་པ་ལ་རྗེས་སུ་རྟོགས་པར་ཤེས་པའི་བཟོད་པ་ནི་གཟུགས་དང་གཟུགས་མེད་པ་ན་སྤྱོད་པའི་ཉོན་མོངས་པ་འགོག་པ་མཐོང་བ ་སྤང་བར་བྱ་བ་བཅུ་གཉིས་ཀྱི་རྙེད་པ་ནས་གཟུང་སྟེ་འགག་གོ། །འགོག་པ་ལ་རྗེས་སུ་རྟོགས་པའི་ཤེས་པ་ནི་དེ་དག་ཉིད་ཀྱི་བྲལ་བའི་རྙེད་པ་ནས་གཟུང་སྐྱེའོ། །དེ་བཞིན་དུ་ལམ་ལ་ཆོས་ཤེས་པའི་བཟོད་པ་ནི་ལམ་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་བརྒྱད་གྱི ་རྙེད་པ་ནས་གཟུང་སྟེ་འགག་གོ་།ཆོས་ཤེས་པ་ནི་དེ་དག་ཉིད་ཀྱི་བྲལ་བའི་རྙེད་པ་ནས་གཟུང་སྟེ་སྐྱེའོ། །དེ་བཞིན་དུ་གཟུགས་དང་གཟུགས་མེད་པ་ན་སྤྱོད་པ་རྣམས་ལ་ཡང་ལམ་མཐོང་བས་སྤང་བར་བྱ་བ་བཅུ་བཞི་ནི་ལམ་ལ་རྗེས་སུ་རྟོགས་པར་ཤེས་པའི ་བཟོད་པའི་རྙེད་པ་ནས་གཟུང་སྟེ་འགག་གོ་།ལམ་ལ་རྗེས་སུ་རྟོགས་པའི་ཤེས་པ་ནི་དེ་དག་ཉིད་ཀྱི་བྲལ་བའི་རྙེད་པ་ནས་བཟུང་སྟེ་སྐྱེའོ། །དེ་ལ་སྐད་ཅིག་བཅོ་ལྔ་ནི་མཐོང་བའི་ལམ་མོ། །ལམ་ལ་རྗེས་སུ་རྟོགས་པའི་ཤེས་པའི་སྐད་ཅིག་ནི་བསྒོམ་པའི་ལམ་གྱིས ་བསྡུས་པའོ། །དེ་ལ་རིམ་གྱིས་བསྒྲེས་པའི་སྐད་ཅིག་མ་བཅུ་དྲུག་པ་ནི་རྒྱུན་ཏུ་ཞུགས་པ་སྟེ། དེ་ལྟར་ཐོགས་ན་སྲིང་པ་བདུན་ཏེ། ལྷོའི་ནང་དུ་ལན་བདུན། མིའི་ནང་དུ་ལན་བདུན་ནོ། །སངས་རྒྱས་འབྱུང་བ་མེད་ན་རང་བྱང་ཆུབ་འཐོབ་པར་འགྱུར་རོ། །དེ་ཉིད་འཇིག ་རྟེན་པའི་ལམ་གྱིས་རྣམ་པ་བདུན་ནམ་བརྒྱད་སྤངས་ན་བདེན་པ་མངོན་པར་རྟོགས་མ་ཐག་ཏུ་ལན་ཅིག་ཕྱིར་འོང་བར་འགྱུར་རོ། །འཇིག་རྟེན་པའི་ལམ་གྱིས་འདོད་བའི་འདོད་ཆགས་དང་བྲལ་ལམ། གཟུགས་ཀྱི་འདོད་སོགས?་དང་བྲལ་ལམ། ཅི་ཡང་མེད ་པའི་སྐྱེ་མཆེད་ཀྱི་བར་གྱི་འདོད་ཆགས་དང་བྲལ་ན་བདེན་པ་མངོན་པར་རྟོགས་མ་ཐག་ཏུ་ཕྱིར་མི་འོང་བའོ། །གང་དག་མངོན་པར་རྟོགས་པ་གཅིག་པུར་སྨྲ་བདེ་དག་གི་བསམ་པ་བཙལ་བར་བྱ་སྟེ། གལ་ཏེ་འབྲས་བུ ་མངོན་པར་རྟོགས་པ་ལས་བསམས་ནས་སྨྲས་ན་ནི་རིགས་པར་བསམ་པར་བྱ་སྟེ། གང་སྡུག་བསྔལ་མཐོང་ནས་རྙེད་པ་རྒྱུན་འཆད་པ་ནི་ཀུན་འབྱུང་སྤངས་པའོ། །བྲལ་བའི་རྙེད་པ་ཐོབ་པ་ནི་འགོག་པ་མངོན་དུ་བྱེད་པའོ། །ལམ་མངོན་དུ་གྱུར་བ ་ནི་ལམ་བསྒོམ་པའོ། །མི་རྟག་པ་ལ་སོགས་པར་མཐོང་བས་སྡུག་བསྔལ་གྱི་བདེན་པ་ཡོངས་སུ་ཤེས་སོ། །ཇི་སྟེ་མཐོང་བའི་མངོན་པར་རྟོགས་པ་ལ་བྱ་ན་ནི་མི་རིགས་པས་བསམ་པར་བྱ་སྟེ། འདི་ལྟར་བཅོམ་ལྡན་འདས་ཀྱིས་རྣམ་པར ་ཕྱེ་བ་ཁྱིམ་བདག་བདེན་པ་རྣམས་ནི་རིམ་གྱིས་མངོན་པར་རྟོགས་པར་འགྱུར་རོ་ཞེས་གསུངས་ཏེ། ཐེམ་སྐས་ཀྱི་ཐེམ་པའི་དཔེ་བསྟན་པའི་ཕྱིར་རོ། །མཐོང་བའི་ལམ་འདི་ནི་ཀྱི་རྟོག་པ་དང། ཡང་དག་པའི་རྩོལ་བ་དང། ཡང་དག ་དང། ལས་ཀྱི་མཛའ་དང། འཚོ་བ་ནི་ལྟེ་བ་ལྟ་བུ་སྟེ། ཚུལ་ཁྲིམས་ཀྱི་ཡན་ལག་ཡིན་པའི་ཕྱིར་རོ། །ཏིང་ངེ་འཛིན་ནི་མུ་ཁྱུད་ལྟ་བུའོ། །ཡང་དག་པའི་ལྟ་བ་དང། ཡང་དག་པའི་རྟོག་པ་དང། ཡང་དག་པའི་རྩོལ་བ་དང། ཡང་དག ་པའི་དྲན་པ་ནི་རྩིབས་ལྟ་བུའོ། །ཅིའི་ཕྱིར་འཁོར་ལོ་རིན་པོ་ཆེ་འདིའི་ཆོས་མཐུན་ཞེ་ན། དཔེར་ན་ད་ནི་ཡུལ་གཞན་འདོར་ཞིང་གཞན་གནོན་ཏོ། །དེ་བཞིན་དུ་འདི་ཡང་བར་ཆད་མེད་པའི་ལམ་གཞན་འདོར་ཞིང་རྣམ་པར་གྲོལ་བའི་ལམ་མངོན ་སུམ་དུ་བྱེད་པས་གནོན་ཏོ། །བདོན་པ་ལ་དམིགས་པ་གཞན་འདོར་ཞིང་གནོན་པའི་ཕྱིར་རོ་?་མ་རྒྱལ་བ་ལས་རྒྱལ་བར་བྱེད་ཅིང་རྒྱལ་བ་ལས་གནས་པའི་ཕྱིར་འཁོར་ལོ་རིན་པོ་ཆེ་དང་འདྲའོ། །དཔེར་ན་དེ་ནི་གྲོང་དང་གྲོང་རྡལ་མ་རྒྱལ་བ་ལས་རྒྱལ་བར་བྱེད་ཅིང་རྒྱལ ་བྲལ?་གནས་སོ། །དེ་བཞིན་དུ་འདི་ཡང་འཇིག་ཚོགས་ལ་ལྟ་བ་ལ་སོགས་བ་ཉོན་མོངས་པ་དག་ལས་མ་རྒྱལ་བ་ལས་ནི་བར་ཆད་མེད་པའི་ལམ་གྱིས་རྒྱལ་བར་བྱེད་དེ། དེའི་རྙེད་པ་རྒྱུན་འཆད་པའི་ཕྱིར་རོ། །རྒྱལ་བ་ལ་ནི་གནས་ཏེ། རྣམ་པར་གྲོལ་བའི་ལམ་ཉོན་མོངས་པ་དང་བྲལ་བའི་རྙེད ་པ་དང་ལྷན་ཅིག་སྐྱེས་པའི་ཕྱིར་རོ། །འཕར་བ་དང་འབབ་པའི་ཕྱིར་ཡང་ཡིན་དེ་དཔེར་ན་འཁོར་ལོ་རིན་པོ་ཆེ་ཁ་ཅིག་ཏུ་ན་འཕར་ཁ་ཅིག་ཏུ་ནི་འབབ་པོ། དེ་བཞིན་དུ་འདི་ཡང་རྣམ་པར་གྲོལ་བའི་ལམ་གྱི་འོག་ཏུ་བར་ཆད་མེད་པའི་ལམ་མངོན་སུམ་དུ་གྱུར་པ་དང། བར་ཆད་མེད ་པའི་ལམ་གྱི་འོག་ཏུ་ཡང་རྣམ་པར་གྲོལ་བའི་ལམ་མངོན་སུམ་དུ་འགྱུར་བའི་ཕྱིར་རོ། །ཅི་རིགས་སུ་སྦྱར་གྱི་གོ་རིམ་བཞིན་དུ་མ་ཡིན་ཏེ། རྣམ་པར་གྲོལ་བའི་ལམ་མངོན་སུམ་དུ་འགྱུར་བས་འཕར་བའོ། །བར་ཆད་མེད་པའི་ལམ་མངོན་སུམ་དུ་འགྱུར་བས་འབབ་པའོ། །ཡང་ན་འདོད་པ་ལ ་སོགས་པར་བདེན་པ་ལ་དམིགས་པའི་ཕྱིར་རོ། །དེ་འདི་ལྟར་རྗེས་སུ་རྟོགས་པའི་བཟོད་པ་དག་ཤེས་པ་རྣམས་ཀྱིས་ནི་འཕར་བ་སྟེ། གཟུགས་དང་གཟུགས་མེད་པའི་ཁམས་ལ་དམིགས་པའི་ཕྱིར་རོ། །དེའི་འོག་ཏུ་ཆོས་ཤེས་པའི་བཟོད་པ་དང་ཤེས་པ ་རྣམས་ཀྱིས་ནི་འབབ་པ་སྟེ། འདོད་པའི་ཁམས་ལ་དམིགས་པའི་ཕྱིར་རོ། །མཐོང་བའི་ལམ་འདི་ལ་ཡིད་འབྱུང་བ་ཡིད་ལ་བྱེད་པ་དང། ཤེས་རབ་ཀྱི་ཤས་ཆེ་བ་དང་ལྡན་པའི་ཕྱིར་རྡོ་གཤག་པའི་ཚུལ་གྱིས་ཉོན་མོངས་པ་སྤང་ངོ། །རབ་ཏུ་བྱེད ་པ་འདིར་ནི་ཉེ་བར་མཚོན་པའི་ཕྱིར་གཅིག་གིས་རིམས་བཞིན་དུ་བསྟན་ཏེ། དཔེར་ན་གཟུགས་ཅན་དག་དང་ང། །རྒྱལ་མཚན་ཅན་དག་དོང་ངོ་ཞེས་བྱ་བ་ལྟ་བུའོ། །དེ་ལྟར་རྒྱུན་ཏུ་ཞུགས་པའི་འབྲས་བུ་ཐོབ་ན་བསྒོམ་པས་སྤང་བར་བྱ་བ་བཅུ་སྟེ། གཞུང་ལས ་བཤད་པ་བཞིན་ནོ། །དེ་ལ་འདོད་པ་ན་སྤྱོད་པའི་ཉོན་མོངས་པ་འདོད་ཆགས་དང་ཁོང་ཁྲོ་བ་དང། ང་རྒྱལ་དང་མ་རིག་པ་བཞི་འདམ་དུ་སྤགས་པའི་ཚུལ་དུ་བསྡུས་ནས་ཆུང་དུའི་ཆུང་དུ་ལ་སོགས་པའི་བྱེ་བྲག་གིས་ཐ་དད་པར་འགྱུར་རོ། །དེ་དག་གི་གཉེན་པོ་ནི་ཤེས ་པ་བཞི་པོ་སྡུག་བསྔལ་དང། ཀུན་འབྱུང་བ་དང་འགོག་པ་དང་ལམ་ཤེས་པ་དང། འགོག་པ་དང་ལམ་ལ་ཆོས་ཤེས་པ་དང། ཀུན་རྫོབ་ཤེས་པ་གང་ཡང་རུང་བས་ཉོན་མོངས་པ་སྤོང་ངོ། །གང་གི་སྤོང ་བ་དེ་ཉིད་བར་ཆད་མེད་པའི་ལམ་དང། རྣམ་པར་གྲོལ་བའི་ལམ་ཡིན་པར་ཁོང་དུ་ཆུད་པར་བྱའོ། །རྣམ་པ་གསུམ་འམ་བཞི་སྤངས་པ་ནི་རིགས་ནས་རིགས་སུ་སྐྱེ་བ་སྟེ། ཆེའི་ལྷག་མ་གཉིས་སམ་གསུམ་ལུས་པའི་ཕྱིར་རོ། །ཉོན་མོངས ་པའི་རྣམ་པ་དྲུག་པ་སྤངས་པ་ནི་ཞེས་བྱ་བ་ནི་འབྲིང་པོའི་ཆུང་ངུའོ་ཞེས་བྱ་བ་ནི་འཇིག་རྟེན་འདིར་ལན་ཅིག་ཕྱིར་འོང་བའི་ཕྱིར་རོ། །ཉོན་མོངས་པ་རྣམ་པ་བདུན་ནམ་བྲཡད་སྤངས་པ་ན་བར་ཆད་གཅིག་པའོ། །རྣམ་པ་དགུ་པ་སྟེ་ཆུང་ངུའི་ཆུང ་སྤངས་པ་ནི་ཕྱིར་མི་འོང་བ་སྟེ། ཡང་འཇིག་རྟེན་འདིར་མི་འོང་བར་དེ་ཉིད་དུ་ཡོངས་སུ་མྱ་ངན་ལས་འདས་པའི་ཕྱིར་རོ། །དེ་ལྟར་ས་དང་སར་བར་ཆད་མེད་པ་དང། རྣམ་པར་གྲོལ་པའི་ལམ་དགུ་རིམ་གྱིས་སྲིད་པའི་རྩེ་མོའི་སའི་བར་གྱི་ཉོན་མོངས ་པའི་རྣམ་པ་ལ་བར་ཆེད་མེད་པའི་ལམ་དགུ་པ་སྐྱེས་པར་གྱུར་པ་དེ་ཉིད་རྗོ?་རྗེ་ལྟ་བུ་ཞེས་བྱ་སྟེ་འདི་ནི་ཉོན་མོངས་པ་ཐམས་ཅད་ཀྱི་གཉེན་པོར་གྱུར་པའི་ཕྱིར་རྡོ་རྗེ་དང་མཚུངས་ཤིང་འདྲའོ། །དེ་ལ་རྣམ་པར་རྟོག་པ་མང་སྟེ། དེ་ལ་སྡུག་བསྔལ ་ལ་རྗེས་སུ་རྟོགས་པའི་ཤེས་པའི་རྣམ་པ་བཞི་དང། དེ་བཞིན་དུ་ཀུན་འབྱུང་བ་ལ་རྗེས་སུ་རྟོགས་པའི་རྣམ་པ་བཞི་དང། འགོག་པ་ལ་རྗེས་སུ་རྟོགས་པའི་ཤེས་པའི་རྣམ་པ་བསམ་གཏན་དང། གཟུགས་མེད་པ་དག་ནས་བྱེ་བྲག་གིས་སུམ་ཅུ་རྩ ་གཉིས་དང། འགོག་པ་དང་ལམ་ལ་ཆོས་ཤེས་པའི་རྣམ་པ་བརྒྱད་དང། ལམ་ལ་རྗེས་སུ་རྟོགས་པའི་ཤེས་པའི་རྣམ་པ་བཞི་པོ་དག་ནི་རྡོ་རྗེ་ལྟ་བུ་ལྔ་བཅུ་རྩ་གཉིས་ཡིན་ནོ། །གང་དག་སའི་བྱེ་བྲག་གིས་ལ་ཐ་དད་པ་དེ་དག་གི་ལྟར་ནས་བདུན ་གྱི་ལམ་ལ་ཉི་ཤུ་རྩ་བརྒྱད་ཀྱིས་ལྷག་པར་བསྣན་ན་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་བརྒྱད་ཅུར་འགྱུར་རོ། །དེ་དག་ཐམས་ཅད་འདིར་རིག་པར་བྱ་སྟེ། འཕགས་པའི་ལམ་ཆུང་ངུའི་ཆུང་དུས་ཉོན་མོངས་པའི་རྣམ་པ་ཆེན་པོའི་ཆེན་པོ་སྤྲོད་ངོ། །དེ་ལ་རྡོ་རྗེ་ལྟ་བུའོ ་ཏིང་འཛིན་ནི་འཕགས་པའི་ལམ་དེ་ནི་ཆེ་བའི་ཕྱིར་སྲིད་པའི་རྩེ་མོའི་ཉོན་མོངས་པ་ཆུང་དུའི་ཆུང་དུའི་གཉེན་པོ་སྟེ། དེ་སྤངས་ན་དགྲ་བཅོམ་པར་འགྱུར་རོ། །འདོད་ཆགས་དང་བཅས་པ་ཐམས་ཅད་ཀྱིས་མཆད་པར་འོས་པའི་ཕྱིར་འོངས་པའོ། །ཡང་ན ་དགྲ་ཞེས་བྱ་བ་ནི་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་དག་སྟེ། ད་དག་འདིས་བཅོམ་པའི་ཕྱིར་དགྲ་བཅོམ་པ་ཞེས་བྱའོ་།འབྲས་བུ་བཞི་བ་རྣམས་ཞེས་བྱ་བ་ལ་ཅི་ཕྱིར་འབྲས་བུ་བཞི་པ་དགེ་སྦྱོང་གི་འབྲས་བུ་འགྱུར། །འདི་ལྟ་སྟེ་དགེ་སྦྱོང་ཞེས་བྱ་བ་ནི་འཕགས ་པའི་ལམ་ཡན་ལག་བརྒྱད་པ་བར་ཆད་མེད་པའི་ལམ་གྱིས་བསྡུས་པའོ། །དེའི་འབྲས་བུ་དག་ནི་དགེ་སྦྱོང་གི་འབྲས་བུ་དག་སྟེ། དེ་དག་ནི་བརྒྱད་ཅུ་རྩ་དགུའོ། །དེ་ལྟ་ཡིན་དུ་ཟིན་ཀྱང་རྣམ་པར་བཞིར་བཞག་སྟེ། ཞུགས་པའི་ལམ་བར་བ་དང། འབྲས ་བུའི་ལམ་ཐོབ་པ་དང། ཉོན་མོངས་པ་སྤངས་ཟིན་པ་རྣམས་ཀྱིས་བྲལ་བའི་ཐོབ་པ་རོ་གཅིག་ཏུ་ཡང་ཐོབ་པ་དང། ཆོས་ཤེས་པ་བཞི་དང་རྗེས་སུ་རྟོགས་པའི་ཤེས་པ་བཞི་སྟེ། ཤེས་པ་བརྒྱད་ཐོབ་པ་དང། མི་རྟག་པ་ལ་སོགས་པ་རྣམ་པ ་བཅུ་དྲུག་ཡང་བསྒོམ་པ་ལ་ལ་ནི་མངོན་དུ་བྱེད་ལ། ཁ་ཅིག་ནི་འཐོབ་པ་ཡོད་པས་རྣམ་པ་འདིས་ན་རྣམ་པ་བཞིར་རྣམ་པར་བཞིར་རྣམ་པར་བཞག་།འབྲས་བུ་དེ་དག་གི་ལམ་ལ་གནས་པ་རྣམས་ཞེས་བྱ་བ་དེ་ལ་མཐོང་བའི་ལམ་ལ་གནས་པ་ཉོན་མོངས ་པ་མ་བཅོམ་པ་ནི་རྒྱུན་ཏུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱ་བའི་ཕྱིར་ཞུགས་པའོ། །བསྒོམ་པའི་ལས་ལ་བསྒོམ་པས་སྤང་བར་བྱ་བ་འདོད་པ་ན་སྤྱོད་པ་དག་ལས་རྣམ་པ་ལྔའི་བར་དག་སྤངས་པ་ནི་ལན་ཅིག་ཕྱིར་འོང་བའི་འབྲས་བུ ་མངོན་སུམ་དུ་བྱ་བའི་ཕྱིར་ཞུགས་པའོ། །རྣམ་པ་བདུན་ནམ་བརྒྱད་སྤངས་པ་ནི་ཕྱིར་མི་འོང་པའི་འབྲས་བུ་མངོན་སུམ་དུ་བྱ་བའི་ཕྱིར་ཞུགས་པའོ། །བསམ་གཏན་དང་པོ་ནས་བཟུང་སྟེ། །རྡོ་རྗེ་ལྟ་བུའི་ཏིང་ངེ ་འཛིན་གྱི་བར་དག་ནི་དག་བཅོམ་པ་མངོན་དུ་བྱ་བའི་ཕྱིར་ཞུགས་པའོ། །དེ་ལྟར་དེ་དག་ནི་འཕགས་པའི་གང་ཟག་བརྒྱད་ཡིན་ཏེ། བཞི་ནི་ཞུགས་པའོ། །བཞི་ནི་འབྲས་བུ་ལ་གནས་པའོ། །རིགས་ཀྱི་རིག་བྱེ་བྲག་གིས་དྲུག་ཏུ་འགྱུར་ཏེ། དབང ་པོ་རྟུལ་པོ་དང་རྣོན་པོའི་རིགས་ཅན་གྱི་སོ་སོའི་སྐྱེ་བ་གང་ཡིན་པ་དེ་གཉིས་མཐོང་བའི་ལམ་ལ་སེམས་ཀྱི་སྐད་ཅིག་བཅོ་ལྔ་རྣམས་ལ་ཐ་དད་པས་རྗེས་སུ་འབྲང་བ་ཅན་ནི་དེ་དད་པས་རྗེས་སུ་འབྲང་བའི་དང་ཚུལ་ཅན་ཡིན་པའི་ཕྱིར་རོ། །ཡང་ན ་རྗེས་སུ་འབྲང་བའི་ནི་རྗེས་སུ་འབྲང་བ་སྟེ། དད་པས་རྗེས་སུ་འབྲང་བ་ནི་རྗེས་སུ་འགྲོ་བའོ། །དེ་དེ་ལ་ཡོད་པས་དད་པས་རྗེས་སུ་འབྲང་བ་ཅན་ནོ། །གཞན་གྱི་མན་ངག་གིས་བདེན་པ་རྣམས་ཀྱི་རྗེས་སུ་འབྲང་བའི་ཕྱིར་རོ། །ཆོས་ཀྱི་རྗེས་སུ་འདྲ་དང་ཅན་ནི་དེ་ཆོས་ཀྱི ་རྗེས་སུ་འབྲང་བའི་ཕྱིར་ཆོས་ཀྱི་རྗེས་སུ་འབྲང་བ་ཅན་ཏེ། རང་གི་རྐྱེན་གྱི་སྟོབས་ཀྱིས་ཆོས་རྣམས་ལ་རྣམ་པར་འབྱེད་པའི་ཕྱིར་རོ། །དེ་ཉིད་བསྒོམ་པའི་ལམ་ལ་ནི་གཞུང་ལས་འབྱུང་བ་བཞིན་ཏེ། མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་སྤོང་བ་ནི ་དད་པས་སྨོས་པའོ། །ཉོན་མོངས་པ་སྤོང་བར་ཤེས་རབ་ཀྱིས་མོས་པ་ནི་ལྟ་བས་ཐོབ་པའོ། །དེ་ལ་བསྒོམ་པའི་ལམ་གྱིས་བསྡུས་པའི་གང་ཟག་དེ་དག་ནི་ཕལ་ཆེ་སྟེ་རྒྱུན་ཏུ་ཞུགས་པ་ལ་སོགས་པའོ། །འདོད་ཆགས་དང་མ་བྲལ་བ་ནི ་ལྔའོ། །འདོད་ཆགས་བྲལ་བ་ནི་དགུ་སྟེ། སྐྱེ་ནས་ཡོངས་སུ་མྱ་ངན་ལས་འདའ་བ་རྣམ་པ་གསུམ་ལ་ཉོན་མོངས་པ་ཆུང་ཞིང་ལམ་ཆེ་བ་ལ་ལ་ནི་སྐྱེས་མ་ཐག་ཏུ་ཡོངས་སུ་མྱ་ངན་ལས་འདའ་བ་དང། མངོན་པར་འདུ་བྱེད་པ་དང་བཅས ་པས་ཡོངས་སུ་མྱ་ངན་ལས་འདའ་བ་ནི་རབ་ཏུ་སྒྲིམས་ཏེ། ཉོན་མོངས་པ་རྣམས་སྤོང་ངོ། །མངོན་པར་འདུ་བྱེད་པ་མེད་པར་ཡོངས་སུ་མྱ་ངན་ལས་འདའ་བ་ནི་གང་སྒྲིམ་མི་དགོས་པར་ཉོན་མོངས་པ་སྤོང་ངོ། །གཡེན་དུ་འཕོ་བ་ནི་འཕར་བ་དང། ཕྱེད ་དུ་འཕར་བ་དང་ཐམས་ཅད་དང་བྲལ་བའོ། །དེ་ལ་འཕར་བ་ནི་གང་བསམ་གཏན་གསུམ་ལས་ཡོངས་སུ་ཉམས་ནས་བསམ་གཏན་དང་པོར་སྐྱེས་པ་ལས་སྔོན་གོམས་པའི་དབང་གིས་བསམ་གཏན་རྣམས་འདྲན་པར་བྱེད་ཏེ་འོག་མིན་དུ་སྐྱེའོ།། ་ཕྱེད་དུ་འཕར་བ་ནི་གང་གནས་གཙང་མ་རྣམས་སུ་སྐྱེས་ནད་གནས་གཞན་བར་དུ་བོར་ཏེ་འོག་མིན་དུ་སྐྱེ་བའོ། །ཐམས་ཅད་དང་བྲལ་བ་ནི་རྣམ་པ་གཉིས་ཏེ། སྲིད་པའི་རྩེ་མོར་འགྲོ་བ་དང། འོག་མིན་དུ་འགྲོ་བའོ། །དེ་ལ་ལག་མཐོང་ལ་སྦྱོང ་པ་ནི་འོག་མིན་དུ་སོང་ནས་ཡོངས་སུ་མྱ་ངན་ལས་འདའ་ཨོ། །ཞི་གནས་ལ་སྤྱོད་པ་ནི་སྲིད་པའི་རྩེ་མོར་སོང་ནས་ཡོངས་སུ་མྱ་ངན་ལས་འདའ་ཨོ། །བར་མདོར་ཡོངས་སུ་མྱ་ངན་ལས་འདའ་བ་ནི་ལ་ལ་ནི་འགྲུབ་པ་དང། མངོན་པར་འགྲུབ་པ་དང། ་སྐྱེ་བའི་ཡུལ་ཐོབ་པ་ན་སྟེ། མདོ་ལས་མེ་སྟག་ལ་སོགས་པ་དཔེ་གསུམ་བརྗོད་པ་བཞིན་ནོ། །གཟུགས་མེད་པ་རྣམས་སུ་བར་མ་དོར་ཡོངས་སུ་མྱ་ངན་ལས་འདའ་བ་མ་གཏོགས་པར་གང་ཟག་བདུན་དུ་འགྱུར་རོ། །མི་སློབ་པའི་ལམ ་ལ་ཐད་པ་ཤེས་པ་ནས་སྐད་ཅིག་ཐ་མ་མྱ་ངན་ལས་འདའ་བའ་ཨི་བར་དུ་སྟེ། དབང་པོ་རྟུལ་པོ་ནི་དུས་ཀྱིས་རྣམ་པར་གྲོལ་བ་སྟེ། ཡུལ་དང་དུས་དང་རྐྱེན་ལ་བལྟོས་ནས་གང་དགྲ་བཅོམ་པ་ཉིད་དུ་འགྱུར་བའོ། །དེ་ལས་བཟློག་པ་ནི་དུས ་དང་མི་སྦྱོར་བར་རྣམ་པར་གྲོལ་བའོ། །དེ་ཉིད་རྣམ་པ་དྲུག་ཏུ་འགྱུར་ཏེ། ཡོངས་སུ་ཉམས་པའི་ཆོས་ཅན་དང། འཆི་བར་སེམས་པའི་ཆོས་ཅན་དང། རྗེས་སུ་བསྲུང་བའི་ཆོས་ཅན་དང། གནས་པ་ལ་མི་གཡོ་བ་དང། རབ་ཏུ་རྟོགས ་པར་བྱེད་པའི་སྐལ་པ་ཅན་དང། མི་གཡོ་བའི་ཆོས་ཅན་མོ། །དེ་ལ་ཡོངས་སུ་ཉམས་པའི་ཆོས་ཅན་ནི། གུས་པར་བྱིད་པ་དང་རྟག་ཏུ་མི་ལྡན་པ་དང། དབང་པོ་རྟུལ་པོའོ། །འཆི་བར་སེམས་པའི་ཆོས་ཅན ་གུས་པར་བྱེད་པ་དང་མི་ལྡན་པའོ། །རྗེས་སུ་བསྲུང་བའི་ཆོས་ཅན་ནི་རྟག་ཏུ་བྱེད་པ་དང་མི་ལྡན་པའོ། །བཞི་པ་ནི་གཉིས་དང་ལྡན་ལ་དབང་པོ་རྟུལ་བའོ། །རྟག་པར་བྱེད་པའི་སྐལ་པ་ཅན་ནི་དབང་པོ་རྣོལ་གཉིས་ཀ་དང་བྲལ་བའོ། །མི ་གཡོ་བའི་ཆོས་ཅན་ནི་ཐམས་ཅད་དང་ལྡན་པའོ། །དེ་ལ་གང་ཟག་ལྔའི་སེམས་རྣམ་པར་གྲོལ་བ་ནི་དུས་དང་སྦྱོར་བ་དང་འདོད་པའོ། །དྲུག་པའི་སེམས་རྣམ་པར་གྲོལ་བ་ནི་མི་གཡོ་བའོ། །དེ་ལ་ཕྲ་རྒྱས་བརྒྱད་ཅུ་རྩ་བརྒྱད་སྤངས་ན་རྒྱུན་ཏུ་ཞུགས ་པའོ། །དེ་དག་ལས་རྣམ་པ་དྲུག་པ་སྤངས་པ་ནི་ལན་ཅིག་ཕྱིར་འོང་བའོ། །དམ་པ་མ་ཡིན་པའི་ཆ་དང་མཐུན་པའི་ཀུན་ཏུ་སྦྱོར་བ་ལྔ་སྤངས་པ་ནི་ཕྱིར་མི་འོང་བའོ། །དམ་པ་མ་ཡིན་པའི་ཆ་དང་མཐུན་པའི་ཀུན་ཏུ་སྦྱོར་བ་གང་ཞེ་ན། འདོད་པ་ལ ་འདུན་པ་དང། གནོད་སེམས་དང། འཇིག་ཚོགས་ལ་ལྟ་བ་དང། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་དང། ཐེ་ཚོམ་མོ། །གལ་ཏེ་རིམ་གྱིས་ལྟར་ན་སྔར་གསུམ་སྤངས་ལ་ཕྱིས་ནི་ཀུན་ཏུ་སྦྱོར་བ་གཉིས་སོ། །ཇི་སྟེ ་འདོད་ཆགས་དང་བྲལ་ལ་སྔར་མཐོང་བའི་ལམ་དུ་ཞུགས་ན་ནི། སྔར་ཀུན་ཏུ་སྦྱོར་བ་གཉིས་སྤངས་ཏེ། ཕྱིས་གསུམ་མོ། །དེ་ལ་ཀུན་ཏུ་སྦྱོར་བ་གཉིས་ནི་ལྕགས་སྒྲོགས་ལྟ་བུ་སྟེ་ཕྱིར་འོང་བའི་ཕྱིར་རོ། །དམ་པ་ཞེས་བྱ་བ་ནི་ཆེ་གོ། །དམ ་བ་མ་ཡིན་པ་ནི་དམ་པ་མ་ཡིན་པ་སྟེ་ངན་པའོ། །དེ་གང་ཞེ་ན་འདོད་པའི་ཁམས་སོ། །དེ་ཉིད་ཆ་སྟེ་ཁམས་གསུམ་དུ་བགྲངས་ནས་ཆེའི་སྒྲར་བསྟན་ཏེ། དེ་དང་མཐུན་པ་ནི་དམ་པ་མ་ཡིན་པའི་ཆ་དང་མཐུན་པའོ། །དེའི་དམ་པ་མ ་ཡིན་པ་ཇི་ལྟ་བུ་ཞེ་ན། མདོ་སྡེ་ཚད་མར་ཡོད་པའི་ཕྱིར་ཏེ། སེམས་པ་ངན་པ་ལ་རྣམ་པར་ཤེས་པ་གནས་པ་སྟེ། འདི་ལྟར་འདོད་པའི་སྲིད་པ་ལའོ་ཞེའོ། །ཅིའི་ཕྱིར་གཅིག་ཏུ་བགྲང་ཞེ་ན། སྤོང་པའི ་གྲངས་ཀྱི་ཕྱིར་ཏེ། ཁམས་གསུམ་གྱི་ཉོན་མོངས་པ་སྤངས་ན་དགྲ་བཅོམ་པ་ཉིད་དུ་འགྱུར་བ་བཞིན་ནོ། །མཚུངས་པར་ལྡན་པའི་འདུ་བྱེད་ཀྱི་ཕུང་པོ་བཤད་ཟིན་ཏོ། །གལ་ཏེ་ཕྲ་རྒྱས་བརྒྱད་ཅུ་རྩ་བརྒྱད་སྤངས་པ་རྒྱན་ཏུ་ཞུགས་པ ་ཡིན་ན་བཅོམ་ལྡན་འདས་ཀྱིས་ཀུན་ཏུ་སྦྱོར་བ་གསུམ་སྤངས་པར་བསྟན་པ་དེ་ཇི་ལྟ་བུ་ཞེ་ན། འདི་ལ་ཉེས་པ་མེད་དེ། འདི་སྒོ་གཅིག་དང། སྒོ་གཉིས་དང། སྒོ་བཞི་བའི་ཉོན་མོངས་པ་ཞེས་བྱ་བ་བསྟན་ཏེ། ཉེ་བར་མཚན་པའི་ཕྱིར་རོ། ། ་ཡང་ན་རྩ་བའི་ཕྱིར་ཏེ། འཇིག་ཚོགས་ལ་ལྟ་བའི་རྒྱུ་ལས་བྱུང་བ་ནི་མཐར་འཛིན་པར་ལྟ་བའོ། །ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པའི་རྒྱུ་ལས་བྱུང་བ་ནི་ལྟ་བ་མཆོག་ཏུ་འཛིན་པའོ། །ཐེ་ཚོམ་གྱི་རྒྱུ་ལས་བྱུང་བ་ནི་ལོག་པར ་ལྟ་བའོ། །ཡང་ན་དེ་དག་ཉིད་ཐར་པ་ལ་རབ་ཏུ་བར་ཆད་བྱེད་པ་སྟེ། བཅོམ་ལྡན་འདས་ཀྱིས་ཀྱང་དེ་ལ་འཇིག་ཚོགས་ལ་ལྟ་བས་ནི་འགྲོ་མི་འདོད་པར་འགྱུར་ཏེ། བདག་བར་ཆད་ཀྱིས་འཇིགས་པའི་ཕྱིར་རོ། །ཚུལ་ཁྲིམས་དང་བརྟུལ་ཞུགས ་མཆོག་ཏུ་འཛིན་པ་ནི་གྲངས་ཅན་ལ་སོགས་པའི་ལམ་མཐོང་བའི་ཕྱིར་ཏེ། དེ་དག་པར་འགྱུར་དུ་རེ་བས་ལམ་ནོར་བར་འགྱུར་རོ། །ཐེ་སོམ་གྱིས་ནི་ཡིད་གཉིས་ཟ་བར་འགྱུར་རོ། །དཔེར་ན་མི་ཞིག་ལམ་དུ་ཞུགས་ཏེ་འགྲོ་བ་ལ་བར་ཆད་གསུམ ་ཡོད་དེ། ལེ་ལོ་དང་ནོར་པ་དང་ཡིད་གཉིས་ཟ་བའོ། །དེ་བཞིན་དུ་འདིར་ཡང་རིག་པར་བྱའོ་ཞེས་གསུངས་སོ། །གོང་མའི་ཆ་དང་མཐུན་པ་ལྔ་གང་ཡིན་པ་དེ་དག་ནི་ཕྱིར་མི་འོང་བའི་རྒྱུན་ལ་ཡོད་དེ། གཟུགས་ཀྱི་འདོད་ཆགས་དང། ་གཟུགས་མེད་པའི་འདོད་ཆགས་དང། རྒོད་པ་དང་ང་རྒྱལ་དང། མ་རིག་པའོ། །མི་ལྡན་པ་རྣམས་ཀྱིས་སྐབས་སུ་བབ་གོ?། །དེ་དག་ཀྱང་འཐོབ་པ་ལ་སོགས་པ་སྟེ། བསྟན་བཅོས་ལས་འབྱུང་བ་རྣམས་སོ།། ་ཆོས་འདི་དང་ལྡན་པ་ཉིད་དོ་ཞེས་བྱ་བ་འདི་དག་ནི་དེ་དག་ཀྱང་ཡིན་ལ་ཆོས་ཀྱང་ཡིན་པས་?་དའོ། །འདི་ཞེས་བྱ་བ་ཐམས་ཅད་ཀྱི་མིང་འདིས་ནི་དེའི་ཡོངས་སུ་གྲུབ་པ་ཉིད་དང། བྱེད་པའི་རྒྱུ་ཉིད་དུ་སྟོན་ཏོ། །གང་ལ་ཞེ་ན། དེ་ངེས་པར་བསྙང་བ ་ལའོ། །རྙེད་པར་ངེས་བ་ནི་ངེས་བར་རྙེད་བ་སྟེ། འདིས་རྙེད་པར་འགྱུར་བས་བསྙེད་པ་སྟེ། རྙེད་བ་གང་ཡིན་པ་དེ་ནི་འཐོབ་པ་ཡོད་པའི་ཕྱིར་ཏེ་འབྱུང་སྟེ་དེ་ནི་འགྲེལ་བ་ལས་སྟོན་ཏོ། །འདི་ན་ནི་ཞེས་བྱ་བ་ནི་འཁོར་བ་ནའོ། །གདོན་མི་ཟ་ཞེས ་བྱ་བའི་སྒྲ་ནི་གསུམ་ལས་འཁྲུལ་པ་མེད་པ་སྟེ། འདི་ལྟར་གདོན་མི་ཟ་བ་ཞེས་བྱ་བའི་སྒྲ་ནི་གོར་མ་ཆག་ཅེས་བྱ་བར་སྙེགས་སོ། །གསུམ་པོ་དག་གང་ལ་གོར་མ་ཆགས་པར་སྲིད་ཅེ་ན། སེམས་ཅན་དུ་བསྒྲང་བའི་ཆོས་རྣམས་ལའོ། །སོ་སོར ་བརྟགས་པས་འགོག་པ་དང། སོ་སོར་བརྟགས་པ་མ་ཡིན་པས་འགོག་བ་ཡང་སེམས་ཅན་དུ་བགྲང་བ་ཉིད་ལ་དེ། འདི་ལྟར་སེམས་ཅན་རྣམས་ཀྱིས་ཉོན་མོངས་པ་སྤོང་བ་ནི་སོ་སོར་བརྟགས་པས་འགོག་པའོ། །དེ་མ་ཐག་པའི ་རྐྱེན་མེད་པ་ནི་སོ་སོར་བརྟགས་པས་མ་ཡིན་པས་འགོག་བའོ། །དེས་ན་རང་གི་རྒྱུད་དང་འབྲེལ་བ་རྣམས་དང་སོ་སོར་བརྟག་བ་དང། སོ་སོར་བརྟགས་པ་མ་ཡིན་པས་འགོག་པའི་འཐོབ་བ་དང་འཐོབ་བ་མེད་པའོ། །ནམ་མཁའ་དང་སེམས ་ཅན་དུ་བགྲང་བ་མ་ཡིན་པའི་དངོས་པོ་ལ་ནི་གཉི་ག་མེད་པར་དམ་བཅས་པ་ཡིན་ནོ། །དེ་ལ་དགེ་བ་ནི་དད་པ་ལ་སོགས་པའོ་ཞེས་བྱ་བ་ལ་སོགས་པ་སྐོས་པས་ནི་བརྩོན་འགྲུས་ལ་སོགས་པ་སྟོན་ཏེ། །མི་དགེ་བ་ནི་འདོད་ཆགས་པའོ ་ཞེས་བྱ་བ་སྨོས་པས་ནི་ཞེ་སྡང་དང་གཏི་མུག་ལ་སོགས་སྟོན་ཏོ། །ལུང་དུ་མ་བསྟན་པ་ནི་སྦྲུལ་པའི་སེམས་ལ་སོགས་པའོ་ཞེས་བྱ་བ་ལ་སོགས་པས་ནི་རྣམ་པར་སྨིན་པ་ལས་བྱུང་བ་ལ་སོགས་པ་སྟོན་ཏོ། །དེ་རྣམས་ཞེས་བྱ་བའི་སྒྲ་འདིས་ནི་སྔར ་བསྟན་པ་དང་སྦྱར་རོ། །གང་དག་ལ་ཞེས་བྱ་བ་འདི་ནི་གང་ཟག་རྣམས་དང་སྦྱར་ཏེ་དགེ་བ་སྨོས་བས་ཟག་པ་རྣམས་ལས་འཕངས་པའི་ཕྱིར་རོ། །དེ་དག་ནི་གང་ཟག་རྣམས་སོ། །ཆོས་འདི་དང་ལྡན་པ་ནི་དད་པ་ལ་སོགས་པའི་ཡོན་ཏན་དང་ལྡན་པ ་ཞེས་བྱ་བའི་ཐ་ཚིག་གོ། དེ་དག་གི་དངོས་པོ་ནི་ཆོས་ཉིད་དང་ལྡན་པ་ཉིད་དོ། །ཆོས་འདི་དང་ལྡན་པའི་ངེས་པར་བརྙེད་པའི་རྒྱུའི་ཆོས་གང་ཡིན་པ་དེ་ནི་འཐོབ་པ་སྟེ། རྙེད་པ་དང་ལྡན་ཞེས་ཀྱང་བྱའོ་ཞེས་བྱ་བ་དེ་ལ་སྐད་ཅིག་དང་པོ་ལ་ནི་ཐོབ་བ་དང ་འཐོབ་བ་དང་རྙེད་བའོ། །སྐད་ཅིག་གཉིས་ལ་སོགས་པའི་རྗེས་སུ་འབྲང་བ་ནི་ལྡན་པ་དང་རྙེད་པའོ། །དེ་བས་ན་བྱེ་བྲག་ཏུ་སྨྲ་བ་ལས་ཀྱང་ལྡན་པ་གང་ཡིན་པ་དེ་ཐོབ་པ་ཡང་ཡིན་པ་དེ་ཐོབ་བ་འདི་ཡོན། །ཐོབ་པ་ཉིད་ཡིན་ལ་ལྡན་པ་མ་ཡིན་པ་ཡང་ཡོད་དེ་ཐོག ་མའི་ཐོབ་བྱེད་དོ་ཞེས་བཤད་དོ། །དེ་མེད་དུ་ཟིན་ན་ཞེས་བྱ་བ་ལ། དེ་ཞེས་བྱ་བའི་སྒྲ་ནི་ཐོབ་པ་དང་སྦྱར་རོ། །ཐོབ་པ་མེད་མ་འདི་ལྟར་ས་བོན་མེད་པར་འགྱུར་རོ། །འདོད་ཆགས་ལ་སོགས་པས་ཀུན་ནས་དཀྲིས་ཏེ་འདུག་བའི་འཕགས་པ་རྣམས ་ནི་གང་དག་འདོད་ཆགས་དང་མ་བྲལ་བའི་འཕགས་པའི་གང་ཟག་རྣམས་སོ། །ཀུན་ནས་དཀྲིས་ཏེ་འདུག་པ་ནི་འདོད་ཆགས་ལ་སོགས་པ་མངོན་དུ་གྱུར་པའོ། །ཟག་པ་མེད་པའི་སེམས་མེད་པས་ཞེས་བྱ་བ་ནི་ཉོན་མོངས་པ་མངོན་དུ་གྱུར ་ན་ཟག་པ་མེད་པའི་སེམས་མངོན་དུ་འགྱུར་བ་མེད་དེ། ཕན་ཚུན་འགལ་བའི་ཕྱིར་རོ། །དགེ་སློང་དག་སེམས་ཅན་རྣམས་ཀྱི་སེམས་ཀྱི་རྒྱུད་ནི་རེ་འབྱུང་ངོ་ཞེས་གསུངས་པའི་ཕྱིར་རོ། །འཕགས་པ་ཉིད་པ་ཡིན་པར་འགྱུར་རེ་ཞེས་བྱ་བ་ནི་རེང་པའོ། །བྱིས་བ ་ཞེས་བྱ་བ་ལ། བྱིས་པ་རྣམས་ནི་སོ་སོའི་སྐྱེའོ་རྣམས་ཏེ། དགེ་བའི་སེམས་དང། ལུང་དུ་མ་བསྟན་པའི་སེམས་དང་ལྡན་པ་དེ་དག་ལ་འདོད་ཆགས་ལ་སོགས་པ་མངོན་དུ་འགྱུར་བ་མེད་པ་དང། དེའི་རྗེས་སུ་འབྲེལ་བའི ་ངོ་བོ་ཡང་ཁས་མི་ལེན་པའི་ཕྱིར་འཕགས་པ་ཉིད་དུ་ཐལ་བར་འགྱུར་རོ། །འདྲན་ནི་ཞེས་བྱ་བ་ནི་མཚུངས་པ་སྟེ། འདྲ་བ་སྨོས་པ་ནི་འཕགས་པ་དང་སོ་སོའི་སྐྱེ་བོ་དང་སྦྱར་རོ། །སོ་སོའི་སྐྱེ་བོ་རྣམས་ལ་ནི་མྱ་ངན་ལས་འདས་པའི་ཐོབ་པ་མེད་དོ།། ་ཉོན་མོངས་པ་མ་སྤངས་པའི་ཕྱིར་འཕགས་པ་རྣམས་ལ་མེད་དེ། ཁྱོད་ཀྱིས་ཁས་བླངས་པའི་རོ། །དེ་ལ་ནི་འདིར་འགྱུར་ཏེ། ཉོན་མོངས་སྤངས་དང་མ་སྤངས་པའི་ཁྱད་པར་གྱིས་དར་འགྱུར་རོ་ཞེ་ན། ཉོན་མོངས་པ་སྤངས་པ་དང་མ་སྤངS ་པ་དེའི་མངོན་བརྟགས་སུ་གྱུར་པའི་ཆོས་གཞན་དགོས་སོ། །ས་བོན་ནི་སྔར་བཀག་པའི་ཕྱིར་རོ། །མ་འདྲེས་པ་ཞེས་བྱ་བ་ནི་ཐར་པའོ། །ཐར་པར་འགྱུར་རོ་ཞེས་བྱ་བ་ནི་དེ་དག་ཀྱང་གྲོལ་བར་འགྱུར་རོ། །རིགས་པས་འཐོབ་པ་བསྟན་ནས་ད་ནི་ལུང་གཞན ་གྱིས་སྟོན་ཏེ། ཆོས་ཀྱི་རྗེས་ཀྱང་ཞེས་བྱ་བ་ནི་ཐམས་ཅད་ལ་མངའ་བརྙེས་པའི་ཕྱིར་བཅོམ་ལྡན་འདས་ནི་ཆོས་ཀི་རྗེའོ། །མི་སློབ་པའི་ཆོས་བཅུ་པོ་འདི་དག་ཅེས་བྱ་བ་ལ་མི་སློབ་པའི་ཆོས་བཅུ་པོ་གང་ཞེ་ན། མི་སློབ་པའི་ཡང་དག་པའི་ལྟ ་བ་དང། ཡང་དག་པའི་རྟོག་པ་དང། ཡང་དག་པའི་ངག་དང། ཡང་དག་པའི་ལས་ཀྱི་མཛའ་དེ་ལ་ཞེ་སྡང་དང་གཏི་མུག་ལས་བྱུང་བའི་དག་དང། ལས་ཀྱི་མཛའ་སྤངས་པ་ནི་ཡང་དག་པའི་དག་དང། ལས་ཀྱི་མཛའ་ཨི་སྒྲར་བསྟན་ཏོ། །ཆགས ་པ་ལས་བྱུང་བ་རྣམ་པ་བདུན་སྤངས་པ་ནི་ཡང་དག་པའི་འཚོ?་བའི་སྒྲར་བསྟན་ཏོ། །ཅིའི་ཕྱིར་དེ་ལྟ་ན། ཆགས་པའི་ཆོས་སྤྱད་བར་དཀའ་བའི་ཕྱིར་རོ། །རྟག་ཏུ་སྣ་ཚོགས་ལྡན་གྱི། ཁྱིམ་པས་ལྟ་བ་སྤྱད་པར་དཀའ་། །གཞན་ལ་རབ་ལS ་འཚོ་བ་ཡི། །དགེ་སློང་གིས་ནི་འཚོ་སྦྱད་དཀའ་ཞེས་ཚིགས་སུ་བཅད་པ་ལས་འབྱུང་བའི་ཕྱིར་རོ། །ཡང་དག་པའི་རྩོལ་བ་དང་ཡང་དག་པའི་དྲན་པ་དང། ཡང་དག་པའི་ཏིང་ངེ་འཛིན་དང། ཡང་དག་པའི་རྣམ་པར་གྲོལ་བ་ལ་རྣམ་པར་གྲོལ་བ་ནི་རྣམ་པ ་གཉིས་ཏེ། འདུས་བྱས་དང། འདུས་མ་བྱས་སོ། །འདུ་བྱས་ནི་མོས་པའི་རང་བཞིན་ནོ། །འདུས་མ་བྱས་ནི་མྱ་ངན་ལས་འདས་པའོ། །འདིར་ནི་འདུས་བྱས་ཡན་ལག་ཉིད་དུ་བསྟན་ཏོ། །སློབ་པ་ལ་རྣམ་པར་གྲོལ་བ་ཡོད་དུ་ཟིན་ཀྱང་དེ་ནི་ངོ་བོ་ཉིད ་ཀྱིས་རྣམ་པར་གྲོལ་བ་ཡིན་གྱི། རྒྱུད་རྣམ་པར་གྲོལ་བ་ནི་མ་ཡིན་ཏེ། རྒྱུད་ནི་བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་བཅིངས་པའི་ཕྱིར་རོ། །མི་སློབ་པ་ནི་ངོ་བོ་ཉིད་དང་རྒྱུད་རྣམ་པར་གྲོལ་བའི་ཕྱིར་ཡན་ལག་ཉིད་དུ་བསྟན་ཏོ། །ཡང ་དག་པའི་ཤེས་པ་ནི་ཟད་པ་ཤེས་པ་དང་མི་སྐྱེ་བ་ཤེས་པའོ། །དེ་གཉིས་ཀྱི་མཚན་ཉིད་ནི་བཤད་ཟིན་ཏོ། །རྙེད་པ་དང་འཐོབ་པ་དང་ལྡན་པ་ཞེས་བྱ་བའི་སྒྲ་དེ་དག་གིས་བརྗོད་དོ་ཞེས་བྱེ་བྲག་ཏུ་སྨྲ་བ་རྣམས་སོ། །ཡན་ལག་ལྔ་སྤངས་པའོ་ཞེས ་བྱ་བ་ནི་དམ་པ་མ་ཡིན་པའི་ཆ་དང་མཐུན་པའི་ཀུན་ཏུ་སྦྱོར་བ་རྣམས་ཏེ། འདོད་པའི་ཁམས་ཀྱི་འདོད་ཆགས་དང་བྲལ་བའི་ཕྱིར་རོ། །གོང་མའི་ཆ་དང་མཐུན་པའི་ཀུན་ཏུ་སྦྱོར་བ་ལྔ་ནི་ཁམས་གོང་མའི་འདོད་ཆགས་དང་བྲལ་བའི་ཕྱིར་རོ། །ཡན ་ལག་དྲུག་དང་ལྡན་ཏེ་མངོན་པར་ཤེས་པ་དྲུག་གོ་ཞེས་རྒྱ་ཆེར་བཤད་དོ། །ཡང་གང་ཟག་འདི་ནི་ཆོས་དགེ་བ་རྣམས་དང་མི་དགེ་བ་རྣམས་དང་ཡང་ལྡན་ནོ་ཞེས་ཀྱང་གསུངས་ཏེ་ཞེས་བྱ་བ་ནི་ཐོབ་པ་ཉིད་དོ། །སེམས་ཅན་གྱི་སེམས་ཀྱི་རྒྱུན་ལ་དགེ་བའི་ཐོབ་པ་བསགས་པ་དཔག་ཏུ་མེད་པ་དག་གཟིགས་ནས་ཞེས་བྱ་བ་ལ། དཔག་ཏུ་མེད་པ་ཇི་ལྟ་བུ་ཞེ་ན། སྐད་ཅིག་གཅིག་ལ་ཐོབ་པ་དང། ཆོས་དང་ཐོབ་པའི་ཐོབ་པའོ། །དེ་ལ་ཐོབ་པ་སྐྱེས་ནས་ཆོས་དང་ཐོབ་པའི་ཐོབ་པ་དང་ལྡན་པ་ཡིན ་ནོ། །ཐོབ་པའི་ཐོབ་པ་སྐྱེས་ནས་ཐོབ་པ་ཉིད་དང་ལྡན་པ་ཡིན་ནོ། །སྐད་ཅིག་གཉིས་པ་ལ་ནི་ཐོབ་པ་གསུམ་དང་རྗེས་སུ་ཐོབ་པ་གསུམ་མོ། །དེ་བཞིན་དུ་སྐད་ཅིག་ཕྱི་མ་ཕྱི་མ་ལ་རྣམ་པར་འཕེལ་བས་རྫས་ཐ་དང ་མཛའ་ཡས་པ་དང་སྐྱེའོ། །དེ་ཡང་རྣམ་པ་གཉིས་ཞེས་བྱ་བ་ནི་རྣམ་པ་གཉིས་སོ། །ཐོབ་པ་མེད་པ་ནི་མ་རྙེད་པ་སྟེ། དཔེར་ན་ཐོབ་པ་ལས་བྱུང་བ་ལ་སོགས་པའི་ཡོན་ཏན་ལྟ་བུའོ། །རྣམ་པར་ཉམས་པ་ནི་སྔོན་བཏང་བ་སྟེ། དཔེར་ན་འདོད ་པའི་འདོད་ཆགས་དང་བྲལ་བ་ལས་ཡོངས་སུ་ཉམས་ནས་ཡང་འདོད་པ་ན་སྤྱོད་པའི་ཉོན་མོངས་པ་རྣམས་ཀྱི་ཐོབ་པ་དག་སྐྱེ་བ་ལྟ་བུའོ། །དེ་ཉིད་རྙེད་ནས་སྐད་ཅིག་གཉིས་པ་ལ་སོགས་པའི་རྗེས་སུ་འབྲང་བ་ནི་ལྡན་པ་ཞེས་བྱའོ། །དེ་ལས ་བཟློག་བ་ནི་ཐོབ་པ་མེད་པ་སྟེ་སྔ་ནས་མེད་པའི་རྙེད་པ་མེད་ཅིང་ཉམས་པའི་རྙེད་པ་ཡང་མེད་པར་ཁོང་དུ་ཆུད་པར་བྱའོ། །ཐོབ་པ་དང་ཐོབ་པ་མེད་པ་དེ་གཉིས་ཀྱང་རང་གི་རྒྱུད་ལ་གནས་པའི་ཆོས་རྣམས་ཉིད་ཀྱིའོ་ཞེས་བྱ་བ་ནི་གཞན་གྱི ་རྒྱུད་ལ་གནས་པ་མ་ཡིན་པ་དང། སེམས་ཅན་དུ་བགྲང་བ་མ་ཡིན་པ་རྣམས་ཀྱི་ཡང་མ་ཡིན་པའོ། །ཅི་ཐམས་ཅད་ཀྱི་ངེས་པ་འདི་ཡིན་ནམ། དེའི་ཕྱིར་སྦྱིར་བཏང་བ་བྱས་ནས་དམིགས་རྩོམ་སྟེ། སོ་སོར་དངོས་སོར་བརྟགས་པ་མ་ཡིན ་བས་འགོག་པ་ཞེས་བྱ་བ་ལ་བརྟགས་པ་དང་འགོག་པ་ཞེས་བྱ་བའི་སྒྲ་ནི་རེ་རེ་དང་སྦྱར་ཏེ། སོ་སོར་བརྟགས་པས་འགོག་པ་དང། སོ་སོར་བརྟགས་པ་མ་ཡིན་པས་འགོག་པར་ཤེས་བར་བྱའོ། །དེ་གཉིས་ཀྱང་རྒྱུ་ལ་མི་གནས་པའི ་ཕྱིར་ལོགས་ཤིག་ཏུ་སྨོས་སོ། །སེམས་ཅན་དུ་བགྲང་བ་མ་ཡིན་བ་ནི་ས་ལ་སོགས་པ་སྟེ། དེ་དང་ལྡན་པ་ཞེས་བྱ་བའི་ཆོས་དེ་དག་དང་ལྡན་པ་སུ་ཡང་མེད་དོ། །ནམ་མཁའ་དང་ཡང་མ་ཡིན་ནོ་ཞེས་བྱ་བ་ནི་ལྡན་པའོ། །གང་གི་ཕྱིར་དེ ་དག་དང་མི་ལྡན་པ་དེའི་ཕྱིར་དེ་རྣམས་ཀྱི་ཐོབ་པ་དང་ཐོབ་པ་མེད་པ་མེད་དོ། །དེའི་ཕྱིར་ཆོས་མངོན་པ་ལས་ཟག་པ་མེད་པའི་ཆོས་རྣམས་དང་ལྡན་པ་སུ་ཞེ་ན། སེམས་ཅན་ཐམས་ཅད་དོ། །གང་དང་ཞེན་བ་སོ་སོར་བརྟགས་པ་མ་ཡིན་པས་དགོང ་པ་དང་ངོ། །སོ་སོར་བརྟགས་པས་འགོག་པ་དང་ལྡན་སུ་ཞེ་ན། འཕགས་པ་ཐམས་ཅད་དང། སོ་སོའི་སྐྱེ་བོ་ཁ་ཅིག་གོ་ཞེས་འབྱུང་ངོ། །གང་ཡང་གླང་པོ་ཆེ་དང་རྟ་ལ་སོགས་པ་དང་ལྡན་པར་ཐ་སྙད་བཏགས་པ་དེ་དང་དེར་ལྡན་པའི་སྒྲ་ནི ་དབང་ལ་བྱའོ། །དེ་ལ་ཐོབ་པ་ནི་རྣམ་པ་གསུམ་སྟེ་ཞེས་བྱ་བ་ནི་རྣམ་པ་གསུམ་མོ། །གྲིབ་མ་རྗེས་སུ་འབྲང་བ་ལྟ་བུ་དང། ཁྱུ་མཆོག་གི་རྗེས་སུ་འབྲང་བ་ལྟ་བུ་དང། བེའུ་རྗེས་སུ་འབྲང་བ་ལྟ་བུའོ། །དེ་ནི་གྲིབ་མ་ལྟ་བུར་རྗེས་སུ་འབྲང་བའི་ངང་ཚུལ་ཅན་ནོ།། ་གཞན་ཡང་དེ་བཞིན་དུ་བརྗོད་པར་བྱའོ། །དང་པོ་གྲིབ་མ་རྗེས་སུ་འབྲང་བ་ལྟ་བུ་ནི་འདི་ལྟ་སྟེ་ལུང་དུ་མ་བསྟན་པའི་ཆོས་རྣམས་ཀྱི་ཉིད་དེ་དེ་དག་དང་ལྷན་ཅིག་འབྱུང་པའི་ཕྱིར་རོ། །ལུང་དུ་མ་བསྟན་པའི་ཆོས་རྣམས་ནི་ཉམས་ཆུང་བའི་ཕྱིར་སྔར་དང ་ཕྱིས་སྐྱེ་བ་མེད་དོ། །གཉིས་པ་ནི་འདི་ལྟ་སྟེ་གོང་ནས་ཞེས་བྱ་བ་ལ་གོང་མའི་སྒྲ་ནི་གཟུགས་ཀྱི་ཁམས་དང་སྦྱར་རོ།། ཅིའི་ཕྱིར་དེ་ལྟར་ཞེ་ན། གང་ནས་ཤི་འཕོགས་པ་དེ་ཉིད་དུ་བར་ན། དེའི་ཕྱིར་པ་མངོན་པར་འགྲུབ་སྟེ། ཕྱི་རོལ་གྱི་ས་བོན་དང་ཆོས་མཐུན་པའི་ཕྱིར་རོ། །གང? ་དུ་ས་བོན་?་པ་དེ་ཉིད་དུ་མྱུ་གུ་སྐྱེའོ། །མཚམས་སྦྱོར་བའི་དུས་ན་འདོད་པར་གཏོགས་པའི་དགེ་བ་ལ་སོགས་པ་དད་པ་ལ་སོགས་པ་དང། མི་དགེ་བ་ལ་སོགས་པ་འདོད་ཆགས་ལ་སོགས་པ་སྐྱེས་ནས་ཐོབ་པ་རྣམ་ཀྱིའོ། །དཔེར་ན་ཁྱུ ་མཆོག་ནི་བའི་ཚོགས་ཀྱི་མདུན་དུ་འགྲོའོ། །དེ་བཞིན་དུ་ཐོབ་པ་རྣམས་སྔར་སྐྱེའོ། །གསུམ་པ་ནི་འདི་ལྟ་སྟེ་ཐོས་པ་དང་བསམས་པ་ལས་བྱུང་བ་ལ་ཚོགས་པ་རྣམས་ཀྱི་སྟེ་ཞེས་བྱ་བ་ལ་སོགS་པ་སྨོས་པ་ན་བསྒོམས་པ་ལས ་བྱུང་བ་རྣམས་དང་སྦྱར་རོ། །དེ་ལ་སྐྱེས་ནས་ཐོབ་པའི་ཤེས་རབ་ལ་བརྟེན་ནས་ཐོས་པ་ལས་བྱུང་བ་སྐྱེའོ། །ཐོས་པ་ལས་བྱུང་བ་ལ་བརྟེན་ནས་བསམས་པ་ལས་བྱུང་བ་སྐྱེའོ། །བསམས་པ་ལས་བྱུང་བ་ལས ་བརྟེན་ནས་བསྒོམས་པ་ལས་བྱུང་བ་སྐྱེའོ། །མིང་ལ་བརྟེན་ནས་དོན་གོ་བ་ན་ཐོས་པ་ལས་བྱུང་བའོ། །མིང་དང་དོན་ལ་དམིགས་པ་ནི་བསམས་པ་ལས་བྱུང་བ་སྟེ། ཆེད་འགའ་ནི་ཡི་གེས་དོན་འབྲན་གཏོགས་སོ་ཞེས་བྱ་བ་ནི་ཐོས་པ་ལས་བྱུང་བ་ལ་སོགས་པའི་ཆོས ་ཏོ། །དོན་ལ་དམིགས་པ་ཁོ་ན་ནི་བསྒོམས་པ་ལས་བྱུང་བ་སྟེ། དེ་ནི་ཡི་གེ་ལ་ནི་བལྟོས་པར་དོན་ལ་འཇུག་གོ། ལྷན་ཅིག་སྐྱེས་པ་མ་གཏོགས་སོ་ཞེས་བྱ་བ་ནི་ཐོས་པ་ལས་བྱུང་བ་ལ་སོགས་པའི་ཆོས་རྣམས་དང་ལྷན་ཅིག་སྐྱེས་པ་གང ་ཡིན་པ་དང། ད་ལྟར་བྱུང་བ་གང་ཡིན་པ་དེ་བཀོལ་ཏེ། དེ་མ་ཡིན་པ་གཞན་ནི་མ་འོངས་པ་སྟེ། དཔེར་ན་བེའུ་མའི་ཕྱི་བཞིན་འབྲང་བ་བཞིན་དུ་ཤེས་པར་བྱའོ། །དེ་ལ་ཞེས་བྱ་བ་ནི་ཐོབ་པ་རྣམས་ལའོ། །མདོར་བསྟན་ན་ཞེས་བྱ་བ་ནི་མདོར ་བཤད་པའོ། །འདོད་པ་སྨོས་པས་ནི་གཟུགས་ན་སྤྱོད་པ་བསལ་བར་འགྱུར་རོ། །དགེ་བ་དང་མི་དགེ་བ་སྨོས་པས་ནི་འབྱུང་བ་ཆེན་པོའི་གཟུགས་བསལ་བར་འགྱུར་རོ། །སྡོམ་པ་དང་སྡོམ་པ་མ་ཡིན་པ་དང་གཉི་ག་ལས་བཟློག་པའི་རྣམ་པར ་རིག་བྱེད་ཀྱི་ནི་ལྷན་ཅིག་སྐྱེས་པ་སྟེ་དེ་ལྟར་བྱུང་བའོ། །ཕྱི་ནས་སྐྱེས་པ་ནི་འདས་པའི་སྟེ། མ་འོངས་པ་ནི་མ་ཡིན་ནོ། །ཆོ་ཕྱི་མས་ཡང་ཚེ་ཕྱི་མ་པ་མ་ཡིན་པར་འགྱུར་ལ། ཚེ་ཕྱི་མ་པ་མ་ཡིན་པ་ཡང་ཚེ་ཕྱི་མ་པར་འགྱུར་རོ། །དེ ་ལྟར་བྱེ་བྲག་ཏུ་བྱས་ན་རྣམ་པར་སྨིན་པ་ལས་བྱུང་བ་ལ་སོགས་པའི་གཟུགས་གཞན་གྱི་ལྷན་ཅིག་སྐྱེས་པའི་ཐོབ་པར་འགྲུབ་པར་འགྱུར་རོ། །ཅི་ལུང་དུ་མ་བསྟན་པའི་ཆོས་ཐམས་ཅད་ཀྱི་ངེས་པ་འདི་ཡིན་ནམ། སྨྲས་པ་མ་ཡིན་ཏེ། མངོན ་པར་ཤེས་པའི་སེམས་དང་སྤྲུལ་པའི་སེམས་མ་གཏོགས་སོ། །དེ་ལ་མངོན་པར་ཤེས་པ་གཉིས་ནི་ལུང་དུ་མ་བསྟན་པ་སྟེ། ལྷའི་མིག་དང་ལྷའི་རྣ་བའོ། །སྤྲུལ་པའི་སེམས་ཀྱང་ཡིན་ནོ། །སྤྲུལ་པའི་སེམས་དེ་དག་ཀྱང་བཅུ་བཞི་སྟེ། བསམ་གཏན ་དང་པོའི་ས་པ་ལ་སྤྲུལ་པའི་སེམས་གཉིས་ཏེ། བསམ་གཏན་དང་པོའས་པ་དང། འདོད་པ་ན་སྤྱོད་པའོ། །བསམ་གཏན་གཉིས་པའི་ས་པ་ལ་གསུམ་མོ། །བསམ་གཏན་གསུམ་པོའི?་ས་པ་ལ་བཞིའོ། །བསམ་གཏན་བཞི་པའི་ས་པ་ལ ་ལྔའོ། །ཅིའི་ཕྱིར་དེ་དག་གི་ཐོབ་པ་འོངས་པ་དང་མ་འོངས་པ་ཡིན་ཞེ་ན། སྟོབས་དང་ལྡན་པའི་སྦྱོར་བའི་ཁྱད་པར་ལས་གྲུབ་པའི་ཕྱིར་རོ། །བཟོའི་གནས་ལས་ཀྱང་ཅུང་ཟད་ཡིན་ཏེ་ཤིན་ཏུ་གོམས་པའོ། །འདི་ལྟ་སྟེ། ལྷའི་བུ་ལས་སྣ་ཚོགས་པ ་དང། ལྷ་མ་ཡིན་ཞེས་ལྡན་ནོ། །སྤྱོད་ལམ་པ་ཡང་ཡིན་ཏེ། སངས་རྒྱས་བཅོམ་ལྡན་འདས་རྣམས་དང། འདི་ལྟ་སྟེ་ཚེ་དང་ལྡན་པ་རྟ་ཐུལ་ལོ། །དེའི་ཐོབ་པ་ནི་འདས་པ་དང་ད་ལྟར་བྱུང་བ་དང་མ་འོངས་པའོ། །སངས་རྒྱས་བཅོམ་ལྡན་འདས ་རྣམས་ཀྱི་ཐོབ་པ་ནི་དུས་གསུམ་སྟེ། དབང་པོ་རྣོ་བའི་ཕྱིར་རོ། །རྣམ་པར་སྨིན་པ་ལས་བྱུང་བ་དང། སྦྱོར་ལམ་དང། བཟོའི་གནས་གཞན་ཐམས་ཅད་ཀྱི་ནི་ལྷན་ཅིག་སྐྱེས་པའོ། །བསྒྲིབས་པའི་རྣམ་པར་རིག་བྱེད་ཀྱི་གཟུགས་ཀྱི་ནི་བསྒྲིབ ་བའི་རྣམ་པར་རིག་བྱེད་ཀྱི་གཟུགས་ཏེ། ཚངས་པའི་འཇིག་རྟེན་ནའོ། །ཚེ་དང་ལྡན་པ་རྟ་ཐུལ་གྱིས་དྲིས་ན་མ་ཤེས་ལ། དེ་འཁོར་རང་འབྲེལ་པའི་ཕྱིར་གཡོ་བྱས་ཏེ་ལག་པ་གཉིས་ནས་གཟུང་ནས་བྱུང་བར་གྱུར་ཏེ། དེའི་གཡོ་ལས ་བྱུང་བའི་རྣམ་པར་རིག་བྱོང་གྱི་གཟུགས་སོ། །ཅིའི་ཕྱིར་དེ་ལྷན་ཅིག་སྐྱེས་བ་ཡིན་ཞེ་ན། མཐུ་ཆུང་བའི་ཕྱིར་རོ། །ཅིའི་ཕྱིར་མཐུ་ཆུང་བ་ཉིད་ཡིན་ཞེ་ན་སྦྱོར་པ་ཆུང་བའི་ཕྱིར་རོ། །ཅིའི་ཕྱིར་འདོད་པའི་ཁམས་ན་བསྒྲིབས་པའི་རྣམ་པར་རིག་བྱེད་ ་ཀྱི་གཟུགས་མེད་ཅེ་ན། ཀུན་ནས་སློང་བ་པོ་མེད་པའི་ཕྱིར་རོ། །འདི་ན་འཇིག་ཚོགས་དང་འཛིན་པར་ལྟ་བ་ནི་བསྒྲིབས་པ་ཡིན་ནོ། །དེ་གཉིས་ནི་རྣམ་པར་རིག་བྱེད་ཀུན་ནས་སློང་བ་པོར་མི་འགྱུར་ཏེ། ་དེ་གཉིས་ནང་དུ་ལྟས་ཏེ་འཇུག་པའི་ཕྱིར་རོ། །ཕྱི་རོལ་ཏུ་བལྟས་པའི་སེམས་ཀྱིས་ནི་རྣམ་པར་རིག་བྱེད་སྐྱེད་དོ། །གལ་ཏེ་ད་ལྟ་ན་ལོག་པང?་ལྟ་བ་ལས་ལོག་བར་རྟོག་པ་འབྱུང་ངོ། །ལོག་བར་རྟོགས་པས་ལོག་པའི་ཚིག་སྨྲའོ། །ལོག ་བའི་ཚིག་ལས་ལོག་པའི་ལས་ཀྱི་མཛའ་ཨོ། །ལོག་པའི་ལས་ཀྱི་མཛའ་ལས་ལོག་བའི་འཚོ་བ་འབྱུང་ངོ་ཞེས་བྱ་བ་མདོའི་ཚིག་འདི་ཇི་ལྟར་སྦྱར། འདི་ལ་ཉེས་པ་མེད་དེ་རྒྱུ་འབྱུང་བ་ནི་རྣམ་པ་གཉིས་ཏེ། རྒྱུ་འབྱུང་བ་དང་དེའི་སྐད་ཅིག ་ལ་འབྱུང་བའོ། །དེ་ལ་མཐོང་བས་སྤང་བར་བྱ་བའི་སེམས་ནི་རྒྱུ་ཀུན་ནས་སློང་བ་སྟེ། བསྒོམ་པས་སྤང་བར་བྱ་བ་སློང་བའི་ཕྱིར་རོ། །བསྒོམ་པས་སྤང་བར་བྱ་བ་ནི་རྒྱུ་ཀུན་ནས་སློང་བ་དང། དེའི་སྐད་ཅིག་ལ་ཀུན་ནས་སློང་བའོ། ་དེ་ལྟར་གཅིག་ནས་གཅིག་ཏུ་རྒྱུད་དེ་བརྗོད་པའི་ཕྱིར་དེ་ལ་ཉེས་པ་མེད་དོ། །ལྷག་མ་གང་ཞེ་ན། སེམས་ལས་བྱུང་བ་དགེ་བ་དང་མི་དགེ་བ་སྟེ། འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བ་རྣམས་ཀྱི་ནི་སོ་སོར་དུས་གསུམ་པའོ།། ་དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པ་རྣམས་ཀྱི་ཡང་གོ་རིམས་བཞིན་ནོ་ཞེས་བྱ་བ་ནི་ཇི་ལྟར་མཐུན་མཐུན་དུའོ། །དེ་ལ་དགེ་བ་རྣམས་ཀྱི་རྙེད་པ་ནི་དགེ་བའོ། །མི་དགེ་བ་རྣམས་ཀྱི་ནི་མི་དགེ་བའོ། །ལུང་དུ་མ་བསྟན་པ ་རྣམས་ཀྱི་ནི་ལུང་དུ་མ་བསྟན་པའོ། །འདོད་པ་ན་སྤྱོད་པའི་ཆོས་རྣམས་ཀྱི་ཐོབ་པ་ནི་འདོད་པ་ན་སྤྱོད་པའོ། །གཟུགས་ན་སྤྱོད་པ་རྣམས་ཀྱི་ནི་གཟུགས་ན་སྤྱོད་པའོ། །གཟུགས་མེད་པ་ན་སྤྱོད་པ་རྣམས་ཀྱི་ནི་གཟུགས་མེད ་པ་ན་སྤྱོད་པའོ། །དྲི་མ་མེད་པ་ནི་ཁམས་གསུམ་པ་དང་ཟག་པ་མེད་པ་སྟེ་ལམ་གྱི་བདེན་པ་དང། འདུས་མ་བྱས་ནི་དྲི་མ་མེད་པའི་ཆོས་རྣམས་སོ། །དེ་ལ་སོ་སོར་བརྟགས་པ་མ་ཡིན་པས་འགོག་པའི་ཐོབ་པ་ནི་ཁམས་གསུམ་པའོ། །འདིའི་ནི ་འདི་ལྟར་རྐྱེན་མེད་པའི་ཕྱིར་ཐོབ་བོ། །རྐྱེན་མེད་པས་དེ་ཡང་ཁམས་གསུམ་ཆར་ན་སྲིད་དོ། །སོ་སོར་བརྟགས་པས་འགོག་པ་གཟུགས་དང་གཟུགས་མེད་པའི་ལམ་གྱིས་ཐོབ་པའི་ནི་དེར་གཏོགས་པ་ཉིད་དོ་ཞེས་བྱ་བ་ནི་གཟུགས་དང་གཙུགས? ་མེད་པར་གཏོགས་པ་ཉིད་དོ། །ཟག་པ་མེད་པའི་ལམ་གྱི་ཐོབ་པ་དང་ལམ་གྱི་བདེན་པའི་ཟག་པ་མེད་པའོ། །གོང་མ་རྣམ་པ་ལྔ་ནི་མདོར་བསྡུ་ན་ཁམས་གསུམ་པའོ། །རྣམ་པ་འདི་གཉིས་མདོར་བསྡུ?་ན་ཟག་པ་མེད་པའོ། །དེ་ཡང་ཞེས་བྱ ་པ་ནི་ཐོབ་པའོ། །བསྡུ་ན་ཞེས་བྱ་བ་ནི་མདོར་བསྡུ་པའོ། །རྣམ་པ་བཞི་ཞེས་བྱ་བ་ནི་རྣམ་པ་བཞི་སྟེ། ཁམས་གསུམ་པ་དང་ཟག་པ་མེད་པའོ། །སློབ་པ་དང་མི་སློབ་པ་རྣམས་ཀྱི་ནི་ཞེས་བྱ་བ་དེ་ལ་སློབ་པ་རྣམས་ཀྱི་ནི་སློབ་པའོ། །མི་སློབ ་པ་རྣམས་ཀྱི་ནི་མ་སློབ་པའོ། །སློབ་པ་ཡང་མ་ཡིན་མི་སློབ་པ་ཡང་མ་ཡིན་པ་རྣམས་ཀྱི་ནི་རྣམ་པ་གསུམ་སྟེ། སློབ་པ་ཡང་མ་ཡིན་མི་སློབ་པ་ཡང་མ་ཡིན་པའི་ཆོས་དེ་དག་གང་ཞེ་ན། ཟག་པ་དང་བཅས་པ་རྣམས་ཏེ་བསླབ ་བ་གསུམ་ལ་མི་སློབ་པའི་ཕྱིར་རོ། །མྱ་ངན་ལས་འདས་པ་སློབ་པ་ཞེས་བྱ་འམ། མི་སློབ་པ་ཞེས་བྱ་འམ། སློབ་པ་ཡང་མ་ཡིན་མི་སློབ་པ་ཡང་མ་ཡིན་ཞེས་བྱ་བ་སྨྲས་པ། སློབ་པ་ཡང་མ་ཡིན་མི་སློབ་པ་ཡང་མ་ཡིན ་པའོ་ཞེས་བསྟན་བཅོས་ལས་འབྱུང་ངོ། །ཅིའི་ཕྱིར་དེ་ལྟ་ཞེ་ན། བྲལ་བའི་འབྲས་བུ་ཡིན་པའི་ཕྱིར་རོ། །དེ་ལ་ཟག་པ་དང་བཅས་པ་རྣམས་ངར། སོ་སོར་བརྟགས་པ་མ་ཡིན་པས་འགོག་པ་རྣམས་དང། སོ་སོར་བརྟགས་པས ་འགོག་པ་དང། འཇིག་རྟེན་པའི་ལམ་གྱིས་ཐོབ་པ་དེ་ཐམས་ཅད་ནི་སློབ་པ་ཡང་མ་ཡིན་མི་སློབ་པ་ཡང་མ་ཡིན་པའི་སློབ་པའོ། །སློབ་པ་དང་མི་སློབ་པའི་ལམ་གྱིས་ཐོབ་པའི་ནི་སློབ་པ་དང་མི་སློབ་པ་དང ་མི་སློབ་པའོ། །སློབ་པའི་ལམ་གྱིས་སོ་སོར་བར་བརྟགས་པས་འགོག་པ་འཐོབ་པ་ནི་རིགས་ན། མི་སློབ་པས་གོ་སོ་སོར་བརྟགས་པས་འགོག་པ་ཇི་ལྟར་འཐོབ། །དེས་ཀྱང་སོ་སོར་བརྟགས་པས་འཐོབ་སྟེ། དུས་བཞི་པོ་དག་ན་བྲལ་བའི་ཐོབ ་པའི་རྙེད་པ་ཐོབ་བ་རྙེད་དོ། །དེ་ལ་མཐོང་བས་སྤང་བྱེ་བ་རྣམས་ཀྱི་བྲལ་བའི་ཐོབ་པའི་རྙེད་པ་ནི་དུས་བཞི་པོ་དག་ནའོ། །འདོད་པ་ན་སྤྱོད་པ་བསྒོམ་པས་སྤང་བར་བྱ་བ་རྣམས་ཀྱི་ནི་དུས་གསུམ་པོ་དག་ནའོ། །གཟུགས་ན་སྤྱོད་པ་དང་གཟུགས ་མེད་པ་ན་སྤྱོད་པ་བསྒོམ་པས་སྤང་བར་བྱ་བ་རྣམས་ཀྱི་དགྲ་བཅོམ་པའི་དུས་ནའོ། །གང་བར་མདོའི་སྤོང་བདེ་ནི་འབྲས་བུའི་ལམ་གྱིས་བསྡུས་པར་རིག་པར་བྱའོ།། མཐོང་བས་སྤང་བར་བྱ་བའི་ཕྲ་རྒྱས་བརྒྱད་ཅུ་རྩ་བརྒྱད་དང་དེ། ་དང་ལྡན་པ་ལ་སོགས་པ་ནི་མཐོང་བས་སྤང་བར་བྱ་བའི་ཐོབ་པའོ། །བསྒོམ་པས་སྤང་བར་བྱ་བ་ཉོན་མོངས་པ་བཅུ་པོ་ངག་དང་དེ་དག་དང་ལྡན་པའི་ཚོར་བ་ལ་སོགས་པ་དང། རྣམ་པར་སྨིན་པ་ལས་བྱུང་བ་དང། སྤྱོད་ལམ ་པ་དང། བཟོའི་གནས་དང། སྤྲུལ་པའི་སེམས་དང། གང་དགེ་བ་ཟག་པ་དང་བཅས་པ་དེ་དག་ཐམས་ཅད་ཀྱི་ནི་བསྒོམ་པས་སྤང་བར་བྱ་བའི་ཐོབ་པའོ། །སྤང་བར་བྱ་བ་མ་ཡིན་པ་ཡང་རྣམ་པ་གཉིས་ཏེ། དེ་ལ་སོ ་སོར་བརྟགས་པ་མ་ཡིན་པས་འགོག་པ་དང་འཇིག་རྟེན་པའི་ལམ་གྱིས་ཐོབ་པ་སོ་སོར་བརྟགས་པས་འགོག་པའི་ནི་བསྡུས་ཏེ་བསྒོམ་པས་སྤང་བར་བྱ་བའོ། །དྲི་མ་མེད་པའི་ལམ་གྱིས་ཐོབ་པའི་སོ་སོར་བརྟགས ་པས་འགོག་པའི་ནི་སྤང་བར་བྱ་བ་མ་ཡིན་པ་ཁོ་ནའོ། །དེ་ནི་འཐོབ་པ་མེད་པ་བརྗོད་པར་བྱ་སྟེ། དེའི་མཚན་ཉིད་བཤད་པར་བྱའོ། །ཐོབ་པ་མེད་པ་ནི་ཐམས་ཅད་ཀྱང་ཉོན་མོངས་པ་ཅན་མ་ཡིན་ལ་ལུང་དུ་མ་བསྟན་པའོ། །དགེ་བ་མ་ཡིན་ཏེ ་དགེ་བའི་རྩ་བ་ཆད་པའི་དགེ་བའི་རྩ་བ་ཡང་ཆད་པར་མི་འགྱུར་ཏེ། དགེ་བའི་ཐོབ་པ་མེད་པ་ཡོད་པའི་ཕྱིར་རོ། །མི་དགེ་པ་ཡང་མ་ཡིན་ཏེ། འདོད་པའི་འདོད་ཆགས་དང་བྲལ་བ་ལ་ཐོབ་པ་མེད་པའི་ཕྱིར་རོ། །མི་དགེ་བའི་ཆོས་དང་ལྡན་པར་འགྱུར ་རོ། །དེའི་ཕྱིར་ཐོབ་པ་མེད་པ་དེ་ནི་ཐོབ་པ་བཞིན་དུ་བྱེ་བྲག་མང་དུ་མེད་རྣམ་པའི་ཁྱད་པར་དུ་མ་མེད་དོ། །འོན་ཀྱང་ཞིག་པ་ཞེས་བྱ་བ་ནི་འདས་པའི་ཆོས་རྣམས་ཏེ། ད་ལྟར་གྱི་དུས་ལས་རབ་ཏུ་ཞིག་པའི་ཕྱིར་རོ། །མ་སྐྱེས་པ་ཞེས་བྱ་བ་ནི་མ ་འོངས་པ་རྣམས་ཏེ། ད་ལྟར་གྱི་དུས་སུ་མ་ཕྱིན་པའི་ཕྱིར་རོ། །འདི་ལྟར་ཚོགས་ན་གནས་སྐབས་ཀྱི་འབྲས་བུ་འབྱིན་གྱི་རྫས་ཀྱི་འབྲས་བུ་ནི་མ་ཡིན་ནོ། །དེ་ལ་འདས་པ་སྤངས་པ་རྣམས་ཀྱི་ཐོབ་པ་མེད་པ་ནི་དུས་གསུམ་པའོ། །དེ་བཞིན་དུ་མ་འོངས ་པ་མ་ཕྱིན་པ་རྣམས་ཀྱི་ཡོང་དུས་གསུམ་པའོ། །ད་ལྟར་བྱུང་བ་རྣམས་ཀྱི་ནི་དུས་གཉིས་པ་སྟེ་འདས་པ་དང་མ་འོངས་པའོ། །དེ་དང་ལུང་དུ་མ་བསྟན་པར་ཤེས་པར་བྱའོ། །འདོད་པ་དང་གཟུགས་དང་གཟུགས་མེད་པར་རྟོགས་པ་རྣམས ་ཀྱི་ནི་སོ་སོར་ཁམས་གསུམ་པའོ། །འདོད་པར་གཏོགས་པ་རྣམས་ཀྱི་ཁམས་གསུམ་པ་ནི་དེ་ལ་ཐོས་པ་དང་བསམས་པ་ལས་བྱུང་བའི་ཡོན་ཏན་མ་ཐོབ་པ་རྣམས་ཀྱིས་དང། འདོད་ཆགས་དང་མ་བྲལ་བས་མ་ཐོབ་བ་གཟུགས་ན། ་སྤྱོད་པའི་སྐྱེ་བས་འཐོབ་པ་རྣམས་ཀྱི་དང། ཐོས་པ་ལས་བྱུང་བ་རྣམས་ཀྱིས་དང། བསྒོམ་པ་ལས་བྱུང་བ་རྣམས་ཀྱི་དང། གཟུགས་མེད་པ་ན་སྤྱོད་པའི་སྐྱེ་བས་འཐོབ་པ་རྣམས་ཀྱི་དང། བསྒོམས་པ་ལས་བྱུང་བ་རྣམས་ཀྱིའོ། །འདོད ་པ་ན་སྤྱོད་པའི་གང་ཟག་ནི་ཁམས་གསུམ་པའི་ཉོན་མོངས་པ་ཅན་གྱི་ཆོས་རྣམས་དང་ཡང་ལྡན?་ནོ། །དེ་བཞིན་དུ་གཟུགས་ཀི་ཁམས་སུ་སྐྱེས་པའི་གང་ཟག་ནི་འདོད་པ་ན་སྤྱོད་པའི་ཉོན་མོངས་པ་རྣམས་དང་ལྡན་པ ་མ་ཡིན་ནོ། །དབང་པོ་རྟུལ་པོ་ཡང་དབང་པོ་རྣོན་པོས་བསྡུས་པའི་དགེ་བ་རྣམས་དང་ལྡན་པ་མ་ཡིན་ནོ། །གཟུགས་མེད་པ་ན་སྤྱོད་པའི་སྐྱེ་བས་འཐོབ་པ་རྣམས་ཀྱང་བསྒོམ་པ་ལས་བྱུང་བ་རྣམས་དང་ལྡན་པ་མ་ཡིན་ནོ། །དེ་བཞིན་དུ ་གཟུགས་མེད་པ་ན་སྤྱོད་པར་ཡང་ཇི་ལྟར་མཐུན་མཐུན་དུ་བརྗོད་པར་བྱའོ། །ཁམས་གསུམ་པའི་དེ་ནི་ངོ་བོ་ཉིད་དུ་ན་གང་དུ་སྐྱེས་པ་དེ་ཉིད་ཡིན་པར་རིག་པར་བའོ། །ཆོས་ཀྱི་གནས་ཀྱི་དབང་གིས་ནི་ཁམས་གསུམ་པར་རྣམ་པར་བཞག་གོ། ་ཐོབ་པ་མེད་པ་ལ་ནི་དྲི་མ་མེད་པ་གང་ཡང་མེད་དོ། །གལ་ཏེ་ཡོད་པ་ལྟ་ན་ཟག་པ་མེད་པའི་ཆོས་དང་ལྡན་པའི་ཕྱིར་འཕགས་པ་ཉིད་དུ་འགྱུར་རོ། །སོ་སོའི་སྐྱེ་བོ་ཉིད་ཅེས་བྱ་བ་ལ། སོ་སོའི་སྐྱེ་བོ་ཉིད་གང་ཞེ་ན། འཕགས་པའི་ཆོ་ག ་རྣམས་མ་ཐོབ་པའོ་ཞེས་བྱ་བ་དེ་ལ་འཕགས་པའི་ཆོས་ནི་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་ནས་བཟུང་ནས་མི་སྐྱེ་བ་ཤེས་པའི་བར་དག་སྟེ། དེ་དག་མ་ཐོབ་པའོ། །དེ་དག་ཀྱང་རིགས་གསུམ་གྱི་ཕྱིར་འཕགས་པ་ཉན ་ཐོས་ནི་རང་སངས་རྒྱས་དང་དེ་བཞིན་གཤེགས་པའི་རྒྱུན་དང་མི་ལྡན་པས་དེ་སོ་སོའི་སྐྱེ་བོར་འགྱུར་བ་དེ་བཞིན་དུ་རང་སངས་རྒྱས་དང་དེ་བཞིན་གཤེགས་པ་ཡང་སོ་སོའི་སྐྱེ་བོ་ཡིན་པར་འགྱུར་རམ། དེ་ནི་ཐོབ་པ་མེད་པས་གང ་མ་ཐོབ་པའོ། །ཉིད་ཅེས་བྱ་བའི་སྒྲ་བརྗོད་དགོས་སོ། །མི་དགོས་ཏེ་ཚིག་གིས་བསྣན་པ་ཡང་ཡོད་དེ། དཔེར་ན་ཆུ་ཟ་རླུང་ཟ་ཞེས་བྱ་བ་ལྟ་བུའོ། །གང་དག་རྒྱུན་ལ་འཕགས་པའི་ཆོས་མ་སྐྱེས་པ་ནི་སོ་སོའི་སྐྱེ་བོ་ཉིད་དུ་འདོད་པ་དེ ་དག་གི་ལྟར་ན་རྒྱུན་ལ་འཕགས་པའི་ཆོས་ཀྱི་རྒྱུན་གཞན་མེད་དེ། བདག་ཉིད་ལ་བྱེད་པ་འགལ་བའི་ཕྱིར་དེ་དག་ཉིད་སོ་སོའི་སྐྱེ་བོ་ཉིད་དུ་འགྱུར་རོ། །ཇི་སྟེ་མ་སྐྱེས་པ་ཙམ་རྫས་མེད་པ་ཡིན་ན་ནི། དེ་ལྟ་ན་གོ་མདོ་ལས་དགེ་སློང་དག་བྱིས་དང་སོ་སོའི ་སྐྱེ་བོ་ཐོས་པ་དང་མི་ལྡན་པ་ནི་སྡིག་པའི་ལས་མི་བྱེད་པ་ཅི་ཡང་མེད་དོ། །ཞེས་ང?་སྨྲའོ་ཞེས་འབྱུང་བ་དང་འགལ་ལོ། །སོ་སོའི་སྐྱེ་བོ་ཉིད་ནི་མ་བསྒྲིབ་ལ་ལུང་དུ་མ་བསྟན་པའོ་ཞེས་མ་ཡིན་མ་ཡིན་ནམ། འདི་ལ་ཉེས་པ་མེད་དེ་དཔེར་ན་སེང་གེ་མ་བསྒྲིབས ་ཤིང་ལུང་དུ་མ་བསྟན་པའི་ཕུག་ཏུ་གནས་ཏེ། སྲོག་ཆགས་རྣམས་ལ་གནོད་པར་བྱེད་པ་དེ་བཞིན་དུ་སོ་སོའི་སྐྱེ་པོ་ཉིད་ལ་གནས་ཏེ་སྡིག་པ་དག་རྩོམ་མོ། །ཐོབ་པ་མེད་པ་དེ་ནི་ཆོས་གང་གིས་ཐོབ་པ་མེད་པ་དེ་འདི་རྙེད་ནས་རྣམ་པར་ཉམས་སོ། ་སོ་སོའི་སྐྱེ་བ་ཉིད་ཁམས་གསུམ་པ་ནི་འཕགས་པའི་ཆོས་ཐོབ་ནས་རྣམ་པར་ཉམས་སོ། །ཕྱི་རོལ་གྱི་ལམ་གྱིས་ནི་གོང་དུ་སྐྱེས་ནས་འདོད་པ་ན་སྤྱོད་པའི་སོ་སོའི་སྐྱེ་བོ་ཉིད་རྣམ་པར་ཉམས་ཏེ་འདོད་པའི་འདོད་ཆགས་དང་བྲལ་བས་སྤོང་ངོ། །དེ ་བས་ན་བྱེ་བྲག་ཏུ་སྨྲ་བ་ལས་ཀྱང་འཕགས་པ་ནི་སྔར་སོ་སོའི་སྐྱེ་བོ་ཉིད་རྣམ་པར་ཉམས་ལ་ཕྱིས་སྤོང་ངོ། །སོ་སོའི་སྐྱེ་བོ་ནི་སྔར་སོ་སོའི་སྐྱེ་བོ་ཉིད་སྤངས་ལ་ཕྱིས་རྣམ་པར་ཉམས་སོ་ཞེས་འབྱུང་ངོ། །དེ་ལ་ཐོབ་པ་བཅད་པ་ནི་རྣམ་པར་ཉམས་པའོ ་ཆོས་བཅས་པ་ནི་སྤངས་པའོ། །འདུ་ཤེས་མེད་པའི་སྙོམས་པར་འཇུག་ལ་བརྗོད་པར་བྱ་སྟེ། སྙོམས་པར་འཇུག་པ་འདི་ལ་འདུ་ཤེས་མེད་པས་ན་འདི་ནི་འདུ་ཤེས་མེད་པས་སྙོམས་པར་འཇུག་པའོ། །ཡང་ན་འདུ་ཤེས་མེད་པར་སྙོམས་པར་འཇུག ་པས་འདུ་ཤེས་མེད་པའི་སྙོམས་པར་འཇུག་པའོ། །བསམ་གཏན་གསུམ་པའི་འདོད་ཆགས་དང་བྲལ་བ་ནི་བསམ་གཏན་གསུམ་པ་ལས་འདོད་ཆགས་དང་བྲལ་བ་བསམ་གཏན་གསུམ་པའི་འདོད་ཆགས་དང་བྲལ་བའོ། །བསམ་གཏན ་བཞི་པ་ནི་འབྲས་བུ་ཆེས་པས་བསྡུས་པ་སྟེ། སེམས་དང་སེམས་ལས་བྱུང་བའི་ཆོས་དགེ་བ་རྣམས་སོ། །དེ་དག་ནི་འཇུག་ཐོགས་སུ་སེམས་དང་སེམས་ལས་བྱུང་པ་འཇུག་པ་དང་མི་མཐུན་པའི ་ཆོས་ཏེ་དེ་དང་མི་ལྡན་པའོ། །ཅིའི་ཕྱིར་ཞེ་ན། གང་གི་ཕྱིར་སེམས་དང་མི་མཐུན་པའི་ཆ་སེམས་འབྱུང་བ་ནི་མ་ཡིན་ཏེ། འདི་ལྟ་རྒྱུ་ཟད་པས་འཇིག་པ་འམ་མི་མཐུན་པའི་རྐྱེན་ཡོད་པའི་ཕྱིར་གྲང་ན། རྒྱུ་ཟད་བ་ནི་མི་རིགས་ཏེ། སྙོམས་པར ་འཇུག་པ་ཟག་པ་དང་བཅས་པའི་ཕྱིར་རོ། །སེམས་དང་མི་མཐུན་པའི་རྐྱེན་ཡོད་པ་ཡང་མི་འཐད་དེ། དེ་ཆུང་བའམ་ཁྱད་པར་ཅན་ཞིག་ཏུ་འབྱུང་གྲང་ན་ཆུང་བ་ནི་ཉམ་ཆུང་བའི་ཕྱིར་མི་མཐུན་པ་མི་སྐྱེད་དོ། །ཁྱད་པར་ཅན་ནི་རིགས་འདྲ་བའི ་ཕྱིར་དངོས་པོ་མི་བསྐྱེད་དོ། །དཔེར་ན་མེ་ལྕེ་བདག་ཉིད་འགག་པར་མི་བྱེད་དེ་བདག་ཉིད་ལ་བྱེད་པ་འགལ་བའི་ཕྱིར་རོ། །དེ་བས་ན་འགལ་བའི་ཆོས་གཞན་གང་གིས་དུས་གཞན་ན་མི་སྐྱེ་བ་ཐོབ་པ་སྟེ། དེ་སྙོམས་པར་འཇུག་པ་སྟེ། སེམས ་དང་སེམས་ལས་བྱུང་བའི་ཆོས་ཐམས་ཅད་འགག་གོ། ཅིའི་ཕྱིར་འདུ་ཤེས་ཀྱི་སྒོ་ནས་བསྟན་ཅེ་ན། འདུ་ཤེས་གཞིག་པའི་ཕྱིར་དེ་བསྐྱེད་པའི་ཕྱིར་རོ། །མདོ་སྡེ་ལས་ཀྱང་འདུ་ཤེས་ནི་ནང་ལྟ་བུའོ། །འདུ་ཤེས་ནི་འབྲས་ལྟ་བུའོ། །འདུ ་ཤེས་ནི་གསལ་ཤིང་ལྟ་བུའོ། །དེ་ལྟར་འདུ་ཤེས་མེད་པ་དེ་ནི་ཞི་བའོ། །དེ་ནི་གྱ་ནོམ་པའོ་ཞེས་གསུངས་སོ། །དཔེས་སྟོན་ཏེ། ཕ་རོལ་གྱི་སེམས་ཤེས་པ་བཞིན་ནོ། །དེ་ཡང་དགེ་བ་ཟག་པ་དང་བཅས་པ་སྟེ། ཡིད་དུ་འོང་བའི་སྲིད ་པ་མངོན་པར་འགྲུབ་པའི་ཕྱིར་རོ། །རྫས་མེད་པ་ནི་དགེ་བ་ཉིད་དུ་མི་རུང་ངོ། །བསམ་གཏན་བཞི་པས་བསྡུས་པ་ནི་བསམ་གཏན་བཞི་པའི་ངོ་བོ་ཉིད་དེ། ས་དེའི་རྣམ་པར་སྨིན་པའི་འབྲས་བུ་ཡིན་པའི་ཕྱིར་རོ། །འཕགས་པའི་རྒྱུད་མ ་ཡིན་ནོ། །ཅིའི་ཕྱིར་དེ་འཕགས་པའི་རྒྱུད་ལ་མེད་ཅེ་ན། དེའི་ཕྱིར་འཐད་པ་གཞན་བརྗོད་དེ། བྱིས་པ་ཐར་པའི་འདུ་ཤེས་ཅན་དག་དེ་སྐྱེད་དེ། འཕགས་པ་དག་ནི་སྲིད་པ་ལས་འབྱུང་པའི་འདུ་ཤེས་ཅན་དུ་མི་འགྱུར་ཏེ། སྲིད་པས་སྲིད་པ་ལས་མི་འབྱུང་བ་དང ་ཐར་པ་དང་ཐར་པའི་ལམ་མངོན་སུམ་དུ་གྱུར་པའི་ཕྱིར་རོ།། འཕགས་པའི་ལམ་གྱི་བར་དུ་གཅོད་པའི་ཕྱིར་རོ། །འཕགས་པ་རྣམས་ཀྱིས་ནི་དེ་ངན་སོང་གི་གནས་ལྟ་བུར་དགོངས་པའོ། །དེའི་ཕྱིར་དེ་ཐོབ་པ་ནི་ངེས་པར་གྱུར་པ་ལ་མི་འཇུག་གོ། དེའི ་རྣམ་པར་སྨིན་པ་མྱོང་བར་ངེས་པས་འདི་ནི་མྱོང་བར་འགྱུར་བས་ངེས་པ་སྟེ། གདོན་མི་ཟ་བར་འབྲས་བུ་འབྱིན་པའི་ཕྱིར་རོ། །འདིས་ནི་འདིའི་མྱོང་བར་འགྱུར་བ་མ་ངེས་པ་ཉིད་སྤོང་ངོ། །སྐྱེས་ནས་མྱོང་བར་འགྱུར་བ་ཉིད་དེ་དུས་གཞན ་མ་ཡིན་ནོ། །འདི་ཡི་ཡོངས་སུ་རྫོགས་པར་བྱེད་པ་ཡིན་གྱི་འཕེན་པ་མ་ཡིན་ཏེ། སེམས་མེད་པའི་ཕྱིར་རོ། །སེམས་དང་སེམས་ལས་བྱུང་བ་འགོག་པའི་བདག་ཉིད་དུ་འདུ་ཤེས་མེད་པའི་འབྲས་བུ་གང་ཡིན་པ་མྱོང་བ་དེ་སྐྱེས་ནས ་མྱོང་བར་འགྱུར་པ་སྟེ། འདིས་ནི་འདིའི་ལན་གྲངས་གཞན་ལ་མྱོང་བར་འགྱུར་བ་སྤོང་ངོ། །འདི་ནི་འབང་པས་འཐོབ་ཀྱི་ཞེས་བྱ་བ་ནི་སྦྱོར་བའི་སྟོབས་ཀྱིས་བསྒྲུབས་པའི་ཕྱིར་རོ། །འདོད་ཆགས་དང་བྲལ་བསམ་ནི་མ་ཡིན་ནོ་ཞེས་བྱ་བ ་ནི་འདི་བསམ་གཏན་གསུམ་པའི་འདོད་ཆགས་དང་བྲལ་བ་ཙམ་གྱིས་འཐོབ་པ་མ་ཡིན་ཏེ་མ་གོམས་པའི་ཕྱིར་རོ། །འགོག་པའི་སྙོམས་པར་འཇུག་པ་ཞེས་བྱ་བ་ནི་འགོག་པ་ནས་འགོག་པའོ། །སེམས་དང་སེམས་ལས་བྱུང་བའི ་ཆོས་རྣམས་ནི་དགག་པར་བྱའོ། །འགོག་པའི་སྙོམས་པར་འཇུག་པ་ནི་རྫས་ཡིན་ཏེ་སྙོམས་པར་འཇུག་པའི་རྫས་ངེས་མ་འོངས་པའི་དུས་གཞན་ན་སེམས་དང་སེམས་ལས་བྱུང་བ་རྣམས་ཡང་དག་པར་འགག་སྟེ། འབྱུང་ ་བ་མི་རྙེད་ཅེས་བྱ་བའི་ཐ་ཚིག་གོ། ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་འདོད་ཆགས་དང་བྲལ་བ་ཞེས་བྱ་བ་ནི་གཟུགས་མེད་པ་གསུམ་པའི་འདོད་ཆགས་དང་བྲལ་བའོ། །སྲིད་པའི་རྩེ་མོའི་ཞེས་བྱ་བ་ནི་འདུ་ཤེS་མེད ་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱིས་པའོ།། ཇི་ལྟར་ན་སེམས་མེད་པའི་སྙོམས་པར་འཇུག་པར་འགྱུར། སྨྲས་པ་འབྱུང་བ་ཆེན་པོའི་མཉམ་པ་ཉིད་དུ་བྱེད་པས་སོ། །འབྱུང་བ་ཆེན་པོ་མཉམ་པ་ཉིད་ནི་གཅིག་ཏུ་མཁྲེགས་པར་གྱུར་པ་སྟེ། དེའི་ཕྱིར ་རྡོ་རྗེས་ཀྱང་ཤིགས་པར་མི་ནུས་སོ། །ཇེ་ཕྲ་ཇེ་ཕྲ་ནས་སྲིད་པའི་རྩེ་མོའི་སེམས་ཀྱི་འོག་ཏུ་རྙེད་པ་ཡིན་ཏེ། དེའི་ཕྱིར་སྲིད་པའི་རྩེ་མོ་པ་སྟེ། དགེ་བ་དང་སྐྱེས་གནས་པ་དང་ལན་གྲངས་གཞན་ལ་མྱོང་བར་འགྱུར་བ་དང། མྱོང་བར་འགྱུར་བར ་མ་ངེས་པ་སྟེ་ཞེས་བྱ་བ་སྨོས་ཏེ། །དགེ་བ་དང་དགེ་བ་ཟག་པ་དང་བཅས་པའོ།། སྐྱེས་ནས་མྱོང་བ་ནི་ཕྱིར་མི་འོང་བ་ཡོངས་སུ་མི་ཉམས་པའི་ཆོས་ཅན་ནོ། །ལན་གྲངས་གཞན་ལ་མྱོང་བར་འགྱུར་བ་ནི་ཕྱིར་མི་འོང་བ་ཡོངས་སུ་ཉམས ་པའི་ཆོས་ཅན་གྱིའོ། །ཚེ་འདི་ལ་བདེ་བར་གནས་པར་བྱ་བའི་ཕྱིར་ཞེས་བྱ་བ་ནི་སེམས་དང་སེམས་ལས་བྱུང་བ་འབྱུང་བས་སྐྱོ་ནས་ཚེ་འདི་ལ་བདེ་བར་གནས་པར་བྱ་བའི་ཕྱིར་དེ་ལ་འཇུག་སྟེ། བདེ་བ་འཐོབ་པར་བྱ་བའི་ཕྱིར་རྣལ ་འབྱོར་པ་སྙོམས་པར་འཇུག་གོ། དེ་མེད་པ་ཞེས་བྱ་བ་ནི་འཕགས་པའི་ལམ་མེད་པའི་ཕྱིར་རོ། །ཆད་ཀྱིས་འཇིགས་པའི་ཕྱིར་ཞེས་བྱ་བ་ནི་དེ་ལ་ཐར་པའི་འདུ་ཤེས་མེད་པས་སེམས་དང་སེམས་ལས་བྱུང་བའི་འགོག་པ་ལ་བྱིས ་པ་དག་ཆད་པར་སེམས་ཏེ་སྐྲག་གོ། ཆོས་གཞན་ཞེས་བྱ་བ་འདིས་ནི་སེམས་དང་སེམས་ལས་བྱུང་བ་འགོག་པ་ཙམ་ལ་འདུ་ཤེས་མེད་པ་པར་མི་འདོད་དོ། །རྣམ་པར་སྨིན་པ་ལས་བྱུང་པ་ཞེས་བྱ་བ་ནི་རྒྱུ་ལ་འབྲས་བུས ་བཏགས་པའི་ཕྱིར་ཏེ། འདིར་རྣམ་པར་སྨིན་པའི་རྒྱུ་ལ་རྣམ་པར་སྨིན་པའི་སྒྲར་བརྗོད་དོ། །དེ་ལས་བྱུང་བ་ནི་རྣམ་པར་སྨིན་པ་ལས་བྱུང་བའོ། །དེ་ཉིད་དཔྱད་པའི་ཕྱིར་འདུ་ཤེས་མེད་པའི་སྙོམས་པར་འཇུག་པའི་རྣམ་པར་སྨིན་པའི་འབྲས་བུ ་ཞེས་བྱ་བ་སྨོས་སོ། །བསམ་གཏན་དང་པོའི་ཕྱོགས་གཅིག་ཅེས་བྱ་བ་ནི་བསམ་གཏན་ཐོག་མའི་ཕྱོགས་གཅིག་སྟེ། བསམ་གཏན་དང་པོའི་ཕྱོགས་གཅིག་ཉིད་ལ་བསམ་གཏན་ཁྱད་པར་ཅན་ཞེས་བྱའོ། །འདུ་ཤེས་པ་ཡང་དེ་དང་འདྲའོ།། ་གཞན་ཀྱི་ཚེ་ཞེས་བྱ་བ་ནི་འཆི་འཕོ་དང་སྐྱེ་བའི་དུས་ལས་གཞན་གྱི་དུས་ནའོ། །ཡུན་རིང་དུ་གཉིད་ཀྱིས་ལོག་པ་ལས་ལངས་པ་བཞིན་དུ་ཞེས་བྱ་བ་འདིས་ནི་སྙོམས་པར་འཇུག་པ་འདི་ལས་ལངས་པ་རྣམས་ཀྱི་བྱ་བ་མི་གསལ་བར་སྟོན་ཏོ།། ་འདོད་པའི་ཁམས་རྣམས་སུ་སྐྱེ་པའི་རྒྱུ་བསྟན་པའི་ཕྱིར་དེར་སྐྱེས་པ་རྣམས་ལ་ཞེས་བྱ་བ་སྨོས་ཏེ། འབྲས་བུ་ཆེ་བ་རྣཾས་སུ་སྐྱེས་པ་རྣམ་པ་ལ་ལན་གྲངས་གཞན་ལ་མྱོང་བར་འགྱུར་བའི་ལས་ཡོང་བའི་ཕྱིར་ཏེ་ཞེས་བྱ་བ་ནི་དེ་ལན་གྲངས་ཀྱང་ཡིན་ལ ་གཞན་ཡང་ཡིན་པས་ལན་གྲངས་གཞན་ནོ། །དེ་འདོད་པ་ཡང་ཡིན་ལ་ལན་གྲངས་གཞན་ན་མྱོང་བར་འགྱུར་བ་ཡང་ཡིན་པས་འདོད་པར་གཏོགས་པ་ལན་གྲངས་གཞན་ལ་མྱོང་བར་འགྱུར་བ་སྟེ། ཚེ་གཉིས་ལ་སོགས་པ་ན ་སྤྱོད་པར་འགྱུར་ཞེས་བྱ་བའི་ཐ་ཚིག་གོ། དེ་ནི་འདི་སྐད་དུ་འདོད་པའི་ཁམས་སུ་རྣམ་པར་སྨིན་པ་འཕེན་པའི་ལས་ཡོད་པའི་ཕྱིར་རོ་ཞེས་བྱ་བར་བསྟན་པར་འགྱུར་རོ། །སྲོག་གི་དབང་པོ་གང་ཞེ་ན། ཁམས་གསུམ་པའི་ཚེ་ཡིན་ནོ་ཞེས་བྱ་བ་ལ? ་ཁམS་རྣམ་པ་གསུམ་ནི་ཁམས་གསུམ་པའོ། །འགྲོ་བའི་ཕྱིར་ཚེ་ཞེས་བྱ་སྟེ། ཤིན་ཏུ་མྱུར་འགྲོ་ཞེས་བྱ་བའི་ཐ་ཚིག་གོ། ཇི་སྐད་དུ་ཚེའི་འདུ་བྱེད་ནི་ལྷའི་བུ་འགྲོ་བའི་སྙིང་པོ་ཅན་རྣམས་ཀྱི་ཤུགས་བས་ཀྱང་ཆེས་མྱུར་དུ་འགག་ཞེས། ་མདོ་ལས་འབྱུང་བའི་ཕྱིར་རོ། །སྔོན་གྱི་ལས་ཞེས་བྱ་བ་ལ་སོགས་པ་ནི་ཚེ་རབས་སྔ་མ་དག་ན་ལས་གང་བྱས་པ་ངེས་འཕགས་པ་ནི་སྐྱེད་དེ་བཏང་བའོ། །དེ་གང་ཞེ་ན། སྐྱེ་མཆེད་དྲུག་མིག ་ལ་སོགས་པའོ།། སྐྱེ་མཆེད་དྲུག་གི་རྒྱུན་ཅེས་བྱ་བ་འདིས་སྟོན་ཏོ།། རྒྱུན་ནི་རབ་ཏུ་འབབ་པ་སྟེ་རྒྱུད་དོ། །རིས་མཐུན་པས་བསྡུས་པ་འདྲ་བའི་ཕུང་པོ་འབྱུང་ངོ། །དེའི་འབྲེལ་པ་ནི་རྒྱུན་མི་འཆད་པའོ། །དེའི་གནས་པ་ནི་འབྲེལ་པས་? ་བསྡུས་པ་རབ་ཏུ་འབད་པ་གནས་པའོ།། དེའི་རྒྱུར་གྱུར་པ་ནི་བྱེད་རྒྱུར་གྱུར་པའོ། །འགྲོ་བར་གདགས་པའི་རྒྱུ་ཞེས་བྱ་བ་ལ། འགྲོ་བ་ནི་སེམས་ཅན་དམྱལ་བ་ལ་སོགས་པའོ། །དེ་གདགས་པ་ནི་འགྲོ་བར་གདགས་པའོ།། ་འདོགས་པའི་ཕྱིར་འདོགས་པ་དང། །གདགས་པར་བྱ་བའི་ཕྱིར་དེ་གདགས་པ་སྟེ་འགྲོ་བ་བསྟན་པའོ། །གང་དང་ལྡན་ན་འབྱུང་བ་དང་འཇིག་པ་སྐད་ཅིག་ལ་གནས་པའི་འདུ་བྱེད་རྣམས་ལ་ཡང་སེམས་ཅན་དམྱལ་བ་ལ་སོགས ་པར་བསྟན་པ་འཐོབ་པ་དེ་ནི་སྲོག་གི་དབང་པོ་ཞེས་བྱའོ།། འདིར་ཆོས་མངོན་པ་ལས་ཀྱང་ཞེས་བྱ་བས་ནི་ལུང་གིས་བསྟན་ཏོ། །སྐྱེ་མཆེད་དྲུག་གི་རྒྱུན་འབྲེལ་པ་གནས་པའི་རྒྱུད་ནི། ཚེ་དང་དྲོད་དང་རྣམ་པར་ཤེས་ཞེས ་བྱ་བ་འདིས་བསྟན་ཏོ། །འགྲོ་བར་གདགས་པའི་རྒྱུ་ཉིད་བསྟན་པའི་ཕྱིར་རོ། རྣམ་པར་སྨིན་པ་མངོན་པར་གྲུབ་ན་ཞེས་བྱ་བ་སྨོས་ཏེ། འདིར་རྣམ་པར་སྨིན་པའི་སྒྲ་ནི་སྲོག་གི་དབང་པོར་བསྟན་ཏོ། །རིགས་པས་སྲོག་གི་དབང ་པ་རྗེས་སུ་ཡོད་པར་བསྟན་པར་འདོད་ནས་སྲོག་གི་དབང་པོ་མ་གཏོགས་པར་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དབང་པོ་གཞན་ཞེས་བྱ་བ་ནི་མིག་ལ་སོགས་པ་སྟེ། དེ་དག་ནི་གཟུགས་མེད་པའི་ཁམས་ན་མེད་པའི ་ཕྱིར་ཁམས་གསུམ་པ་ལ་ཁྱབ་པ་མ་ཡིན་ནོ། །དད་པ་ལ་སོགས་པའི་དབང་པོ་ཁམས་གསུམ་པ་ལ་ཁྱབ་པ་ཡིན་དུ་ཟིན་ཀྱང་ཉོན་མོངས་པ་ཅན་ལ་སོགས་པའི་སེམས་ཀུན་ཏུ་འགྱུར་བ་ན་དེ་དག་མེད་པའི་ཕྱིར་ཚེའི་རྒྱན་ནི་འཆད ་པར་འཇུག་པ་མ་ཡིན་ནོ། །ཚེ་ནི་ཁམས་གསུམ་པ་ལ་ཁྱབ་པ་ལ་སྐྱེ་བརྒྱུན་མི་འཆད་པར་ཡང་འཇུག་པ་སྟེ། དེའི་ཕྱིར་དེའི་དབང་པོ་གཞན་དག་ལས་དོན་གཞན་རྗེས་སུ་ཡོད་པ་ཉིད་དོ་།གཟུགས་མེད་པར་སྐྱེས་པ་རྣམ་ཤེས་བྱ་བ་ལ ་སོགས་ལ་དགེ་པའི་སེམས་མངོན་དུ་བྱེད་པ་ནི་དད་པ་ལ་སོགས་པའོ།། བསྒྲིབས་པའི་སེམས་མངོན་དུ་བྱེད་པ་ནི་འདོད་ཆགས་ལ་སོགས་པའི་སེམས་མངོན་དུ་བྱེད་པའོ། །ས་འོག་མ་པའི་ཟག་པ་མེད་པའི་སེམས་མངོན ་དུ་བྱེད་པ་ནི་སྲིད་པའི་རྩེ་མོར་སྐྱེས་པ་ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་ས་པའི་ཟག་པ་མེད་པའི་སེམས་མངོན་དུ་བྱེད་པའོ། འགྲོ་བར་གདགས་པའི་རྒྱུའི་ཆོས་ཉིད་འགྲོ་བར་གདགས་པའི་རྒྱུའི་ཆོས་ཉིད་ཏེ་སྲོག་གི་དབང་པོའི། །མེད་དུ ་ཟིན་ན་ཞེས་བྱ་བ་ནི་གལ་ཏེ་སྲོག་གི་དབང་པོ་མེད་པར་གྱུར་ན་དེའི་ཚེ་གཟུགས་མེད་པའི་ཁམས་ཀྱི་དགེ་བ་ལ་སོགས་པའི་གནས་སྐབས་ན་འཇིག་པ་དང་སྐྱེ་བར་ཐལ་བར་འགྱུར་རོ། །འདོད་པ་དད་གཟུགས་ཀྱི་ཁམས་སུ་ལུས ་ཀྱི་དབང་པོ་ལ་སོགས་པ་འཐོབ་པ་དང། དེའི་རྒྱུན་འཆད་པའི་གཉིས་ཀྱིས་སྐྱེ་བ་དང་འཆི་འཕོ་བ་བརྟག་པར་ནུས་ལ། གཟུགས་མེད་པ་ན་མ་ཡིན་པས་དེའི་ཕྱིར་གཟུགས་མེད་པ་བརྗོད་དོ།། །། ་ཆོས་མངོན་པ་ལ་འཇུག་པ་རྒྱ་ཆེར་འགྲེལ་བ་སྙིང་པོ་ཀུན་ལས་བཏུས་པ་ཞེས་བྱ་བ། བམ་པ་ལྔ་པ་སྟེ་ཐ་མ། སྐལ་པ་མཉམ་པ་ཉིད་ནི་སེམས་ཅན་རྣམས་ཀྱི་དོན་གཅིག་ལ་འདོད་པའི་རྒྱུའོ་ཞེས་བྱ་བ་ལ་སེམS ་རྣམས་ཞེས་བྱ་བ་འདིས་ནི་སེཾས་ཅན་ཞེས་བརྗོད་པ་མ་ཡིན་པ་རྩ་ལ་སོགས་པ་སེལ་ཏོ། །དེ་ནི་དོན་ཀྱང་ཡིན་ལ་གཅིག་ཀྱང་ཡིན་པས་དོན་གཅིག་སྟེ། དེ་ནི་བདག་ལ་ཆགས་པ་ལ་སོགས་པའོ། །དེ་ལ་འདོད་པ་ནི་མངོན་པར་འདོད་པའོ།། ་འདོད་པའི་རྒྱུ་གང་ཡིན་པ་ཉིད་ནི་བསྐལ་པ་མཉམ་པ་ཉིད་དོ། །དེ་ལ་སྟེན་པ་མཐུན་པ་ནི་སྐལ་བ་མཉམ་པ་སྟེ་སྤྱོད་པ་མཐུན་པའི་རང་བཞིན་ནོ། །དེའི་དབང་པོ་ནི་སྐལ་བ་མཉམ་པ་ཉིད་དེ་འགྲོ་བ་གཅིག་ཏུ་སྐྱེས་པའི་སེམས་ཅན་རྣམS ་ཀྱི་ལུས་དང་དབང་པོ་དང་དབྱིབས་དང་སྤྱོད་པ་དང་ཁ་ཟས་ལ་སོགས་པ་འདྲ་བའི་རྒྱུ་སྟེ། ཕན་ཚུན་མངོན་པར་དགའ་བ་འབྲལ་པ་ཞེས་བྱ་བའི་ཐ་ཚིག་གོ། བདག་ལ་ཆགས་པ་ཞེས་བྱ་བ་ནི་བདག་ལ་སྲེད་པའོ། །ཁ་ཟས་ནི་རྣམ་པ ་བཞི་སྟེ་ཁམ་གྱིས་ཟ་བ་དེ་རགས་པ་དང་ཕྲ་བའོ། །རགས་པ་ནི་ཁམ་དུ་བྱས་ནས་ཟ་བའོ།། ཕྲ་བ་ནི་བཀྲུ་བ་དང་བསྐུ་བ་དང་གཏོར་བ་ལ་སོགས་པ་སྟེ། དེ་ནི་དྲི་དང་རོ་དང་རེག་བྱའི་ངོ་བོ་ཉིད་དོ། །རེག་པ་ནི་ཡུལ་དང་དབང་པོ་དང ་རྣམ་པར་ཤེས་པ་ལས་སྐྱེས་པའི་རེག་པའོ། །ཡིད་ཀྱིས་ཀུན་ཏུ་སེམས་པ་ནི་ཡིད་ཀྱི་ལས་སྟེ། གདགས་པ་ལས་ཇི་སྐད་དུ་སྒོ་དགང་དག་མ་ལ་དྲན་པ་བརྗེད་པ་མེད་པ་དེ་དག་རུལ་བར་མི་འགྱུར་རོ། །རྣམ་པར ་ཤེས་པ་ནི་གང་སྲིད་པ་མངོན་པར་འགྲུབ་པར་བྱེད་པའོ། །དེ་ལ་ཁམ་གྱིས་ཟ་བ་ནི་དབང་པོ་རྣམས་རྒྱས་བར་བྱེད་པའོ། །རིག་པ་ནི་རྟེན་པའི་རྣམ་པར་ཤེས་པ་རྒྱས་བར་བྱེད་པའོ། །དེ་གཉིས་ཀྱིས་བཙས་པར ་འགྱུར་བ་ལ་ཕན་པར་བྱེད་པའི་ཕྱིར་མ་མ་ལྟ་བུའོ། །ཡིད་ཀྱིས་ཀུན་ཏུ་སེམས་པ་ནི་ཡང་སྲིད་པ་འཕེན་པའོ། །དེ་ལྟར་འཕངས་པར་ཟད་ལ་ཐོབ་པ་ནི་མ་ཡིན་ཏེ། རྒྱུན་ལ་ཡོངས་སུ་བསྒོས་པའི་ཕྱིར ་ཡང་སྲིད་པར་སྐྱེ་བར་རྣམ་པར་ཤེས་པའི་ནུས་པ་སྟེ། དེ་གཉིས་ནི་སྐྱེད་པའི་མ་ལྟ་བུ་སྟེ་ཇི་ལྟར་མཐུན་མཐུན་དུ་སྦྱར་རོ། །ཁ་ཟས་འདོད་པར་སེམས་ཅན་སོ་སོར་མཐུན་པ་ཞེས་བྱ་བ་འདིས་ནི་སེམས་ཅན་སྐལ་པ་མཉམ་བ་ཉིད་ཐ་དད ་པ་མ་ཡིན་པར་སྡུད་དོ། །སོ་སོར་ཞེས་བྱ་བའི་སྒྲ་ནི་ཁྱབ་པར་འདོད་པའི་ཚིག་སྟེ། སེམས་ཅན་སེམས་ཅན་ཞེས་སོ་སོར་གནས་པའོ། །གལ་ཏེ་གཅིག་པར་གྱུར་དུ་ཟིན་ན་ནི་སེམས་ཅན་རྣམས་ཀྱི་འགྲོ་བ་འདྲེན་པར་འགྱུར་རོ། །ཐ་དད་པ ་ནི་ཞེས་བྱ་བ་ནི་སེཾས་ཅན་ཁམ་ལ་སོགས་པ་ཐ་དད་པ་རྣམས་ཀྱི་སོ་སོ་བ་སྟེ་རྣམ་པར་སྨིན་པ་ལས་བྱུང་བའི་སྤྱོད་པ་སྟོན་པའོ། །དགེ་སློང་ལ་སོགས་པའི་བྱེ་བྲག་གི་ཐ་དད་པ་དེ་རྣམས་ཀྱི། ཞེས་བྱ་བ་ནི་རྒྱུ་མཐུན་པ་སྟོན་ཏོ། །དོན་གཅིག་ལ ་འདོད་པའི་ངེས་པའི་རྒྱུའོ་ཞེས་བྱ་བ་ནི་ཐཾས་ཅད་?་ཐཾས་ཅད་འདོད་བ་མ་ཡིན་ཏེ། དཔེར་ན་བྲམ་ཟེ་རྣམས་ནི་མཆོད་སྦྱིན་ལ་སོགས་པའི་ཆོ་ག་འདོད་ཀྱི། གཞན་དག་ནི་མ་ཡིན་པ་ལྟ་བུའོ། །རྣམ་པར་དབྱེ་བའི་རྒྱུ་ནི་སྐལ་བ་མཉམ་པའི་ཉིད་དོ། ། ་དེ་མེད་དུ་ཟིན་ན་ནི་འཕགས་བ་དང་འཕགས་བ་མ་ཡིན་པ་བྱེ་བྲག་མེད་པར་འགྱུར་རོ། །འཕགས་པའི་སྐལ་བ་མཉམ་པ་ཉིད་ནི་འཕགས་པ་མ་ཡིན་པ་རྣཾས་ལ་མེད་དེ། དེའི་ཕྱིར་འཕཌ་བ་མ་ཡིན་པ་འཕགས་པའི་གྲངས་སུ་མི་ཆུད་དོ། །སོ་སོའི་སྐྱེ་བོ་ཉིད་ནི་སྐྱེ་བོ་རྣམས་ཀྱི་ཡིན ་གྱི་འཕགས་པ་རྣམས་ཀྱི་ནི་མ་ཡིན་ནོ། །སོ་སོའི་སྐྱེ་བོའི་སྐལ་བ་མཉམ་པ་ཉིད་ཀྱང་སོ་སོའི་སྐྱེ་བོ་རྣམས་ཉིད་ཀྱི་ཡིན་གྱི་འཕགས་པ་རྣམས་ཀྱི་མ་ཡིན་ཏེ། དེའི་ཕྱིར་སོ་སོའི་སྐྱེ་བོ་ཉིད་དོ། །སོ་སོའི་སྐྱེ་བོ་རྣམས་ཀྱི་སྐལ ་བར་མཉམ་པར་འགྱུར་རོ། །དེའི་ཕྱིར་སྐལ་བ་མཉམ་པ་ཉིད་བསྟན་པའི་ཕྱིར། དོན་གཅིག་ལ་འདོད་པའི་ངེས་པའི་རྒྱུའི་ཞེས་བྱ་བ་སྨོས་ཏེ། མཐུན་པའི་བྱེད་པའོ། །དེ་ཞེས་བྱ་བ་ནི་སྐལ་བ་མཉམ་པ་ཉིད་དོ།། ་མེད་དུ་ཟིན་ན་ཞེས་བྱ་བ་ནི་ཡོད་པར་མ་གྱུར་ནའོ། །འཕགས་པ་ཞེས་བྱ་བ་ལ་འཕགས་པ་ནི་སངས་རྒྱས་དང། སངས་རྒྱས་ཀྱི་ཉན་ཐོས་རྣམས་ཏེ། སྡིག་པ་མི་དགེ་བའི ་ཆོས་རྣམས་ལས་རིང་དུ་སོང་བས་འཕགས་པ་ཞེས་བྱའོ། །འཕགས་པ་མ་ཡིན་པ་ནི་སོ་སོའི་སྐྱེ་བོ་རྣམས་སོ། །འཇིག་རྟེན་གྱི་ཐ་སྙད་ལ་གནས་པ་ཟག་པ་དང་བཅས་པའི་སེམས་ཡོད་པ་རྣམས་འདྲེས་པའི་སྐྱོན་དུ་འགྱུར་རོ། །དེ་བས ་ན་འཆི་འཕོ་ཞིང་སྐྱེ་ལ། དེ་སྐལ་པ་མཉམ་པ་ཉིད་མི་འདོར་ཡང་ཡོད་དེ། གང་དུ་ཤི་བ་དེ་ཉིད་དུ་སྐྱེ་བའོ། །འཆི་འཕོ་བ་ཡང་མེད་ཅིང་སྐྱེ་བ་ཡང་མེད་ལ། དེ་སྐལ་བ་མཉམ་པ་ཉིད་མའི་འདོར་བ་ཡང་ཡོད་དེ་ངེས་པར་གྱུར་པ་ལ་ཞུགས ་པའོ་?་དེ་ནི་སོ་སོའི་སྐྱེ་བོའི་སྐལ་བ་མཉམ་པ་ཉིད་བོར་ཏེ། འཕགས་པའི་སྐལ་བ་མཉམ་པ་ཉིད་ཐོབ་པའོ། །འཆི་འཕོ་ཞིང་སྐྱེ་ལ་སྐལ་བ་མཉམ་པ་ཉིད་འདོར་བ་ནི་མིའི་ནང་ནས་ཤི་འཕོས་ནས་ལྷའི་ནང་དུ་སྐྱེ་བའོ། །འཆི་འཕོ་ཡང ་མེད་ཅིང་སྐྱེ་བ་ཡང་མེད་ལ་སྐལ་པ་མཉམ་པ་ཉིད་ཀྱང་མི་འདོར་ཞིང། འཐོབ་པ་ཡང་མེད་པ་ནི་རྣམ་པ་དེ་དག་མ་གཏོགས་པའོ་ཞེས་གསུངས་སོ། །བསྟན་བཅོས་ལས་ངེས་བར་གྱུར་པ་ལ་ཞུགས་པ་ནི་སོ་སོའི་སྐྱེ་བོའི་སྐལ་བ་མཉམ ་པ་ཉིད་འདོར་ཞིང་འཕགས་པའི་སྐལ་བ་མཉམ་པ་ཉིད་འཐོབ་བོ་ཞེས་འབྱུང་བས་དེའི་ཕྱིར། སོ་སོའི་སྐྱེ་བོ་ཉིད་དང། སོ་སོའི་སྐྱེ་བོའི་སྐལ་བ་མཉམ་པ་ཉིད་ལ་ཐ་དད་དུ་བྱེད་པ་ཅི་ཡོད་ཅེས་དྲིས་སོ། །འདོད་པ་མཐུན་པ་ནི་འདོད་པ་འདྲ ་བ་སྟེ། སྐལ་བ་མཉམ་བ་ཉིད་ཅེས་བཤད་དོ། །སོ་སོའི་སྐྱེ་བོ་ཉིད་ནི་གནོད་པ་ཐམས་ཅད་ཀྱི་འབྱུང་གནས་སུ་གྱུར་པའོ་ཞེས་བྱ་བ་ནི་རིགས་སུ་གྱུར་པའོ། །དོན་དེ་ཉིད་བསྟན་པའི་ཕྱིར། དགེ་སློང་དག་བྱིས་པ་ཞེས་བྱ་བ་ལ་སོཌ ་པ་སྨོས་སོ། །གཞན་ནས་ཀྱང་གལ་ཏེ་འདིར་འོང་ན་ནི་ཞེས་འབྱུང་བ་ནི་འཇིག་རྟེན་འདིར་འོང་བ་སྟེ། ལྷའི་སྐལ་བ་མཉམ་པ་ཉིད་བོར་ནས་ལྷའི་ནང་ནས་ཤི་འཕོས་ནས་མིའི་སྐལ་བ་མཉམ་པ་ཉིད་འཐོབ་བོ། །དེ་ལྟར་སྐལ་བ་མཉམ་པས? ་ཉིད་ནི་ཐོབ་ཅིང་འདོར་རོ། །སོ་སོའི་སྐྱེ་བོ་ཉིད་ནི་སྐལ་བ་མཉམ་པ་ཉིད་གཞན་ཐོབ་པ་འམ། ཐོབ་པར་འདོར་བ་འམ། མ་ཐོབ་པ་འཐོབ་པ་མེད་དེ། སོ་སོའི་སྐྱེ་བོ་ཉིད་འདུས་བྱས་ཐམས་ཅད་ལ་ཁྱབ་པའི་ཕྱིར་རོ། །དེ་ནི་རིགས་མཐུན་པ་ཉིད ་བཏང་བས་གཏོང་བ་མེད་དེ། དེའི་ཕྱིར་སྐལ་བ་མཉམ་པ་ཉིད་དང། སོ་སོའི་སྐྱེ་བོ་ཉིད་བྱེ་བྲག་ཆེར་ཡོད་པར་ཤེས་པར་བྱའོ། །མཚན་ཉིད་ཀྱི་སྐབས་སུ་བབ་སྟེ། ཆོས་སྐྱེ་བའི་ནང་གི་ཡན་ལག་སྟེ། ཞེས་བྱ་བ་ལ། སྐྱེ་བ་ནི་མ་འོངས་བ ་སྐྱེ་བར་མངོན་དུ་ཕྱོགས་པའོ། །དེ་ནི་སྐྱེ་བ་འང་ཡིན་ལ་ཆོས་ཀྱང་ཡིན་པས་ཆོས་སྐྱེ་བའོ། །ཆོས་ཀྱི་སྒྲས་ནི་གཟུགས་ལ་སོགས་པ་ཡོངས་སུ་འཛིན་ཏོ། །དེ་ནི་རང་གི་ཡིན་ལ་ནུས་པ་ཡང་ཡིན་ལ་རང་གི་ནུས་པ་སྟེ། མ་འོངས་བའི་ཆོས་སྐྱེད་ནུས་པའོ། །རང ་གི་ནུས་པ་འཐོབ་བ་ནི་རང་རང་གི་ནུས་པ་རྙེད་པའོ། །དེའི་རྒྱུ་ནི་ནུས་པ་འཐོབ་པའི་རྒྱུ་སྟེ། མ་འོངས་པའི་ཆོས་ད་ལྟར་བྱུང་བའི་གནས་སུ་འབྱིན་པའི་རྒྱུ་ཞེས་བྱ་བའི་ཐ་ཚིག་གོ། དེ་ནི་ནང་གི་ཡན་ལག་ཀྱང་ཡིན་ལ་རང་གི་ནུས་པ་འཐོབ ་པའི་རྒྱུ་ཡིན་པས་ནང་གི?་ཡན་ལག་སྟེ། རང་གི་ནུས་པ་འཐོབ་པའི་རྒྱུའོ། །ཐུན་མོང་གི་རྒྱུ་མ་ཡིན་པས་ནང་གི་ཡན་ལག་སྟེ། ཆོས་སྐྱེ་བའི་ནང་གི་ཡན་ལག་གི་ནུས་པ་འཐོབ་པའི་རྒྱུའོ། །ཆོས་སྐྱེ་བའི་ནང་གི་ཡན་ལག་རང་གི་ནུས་པ་འཐོབ་པའི་རྒྱུ་གང་ཡིན་པ་དེ་ནི་སྐྱེ་བའོ། །ཕྱིའི་ཡན་ལག་ནི་རྒྱུ ་དང་རྐྱེན་རྣམས་ཏེ་འོག་ནས་འབྱུང་ངོ། །རྒྱུ་དང་རྐྱེན་རྣམས་ནི་ཕྱིའི་ཡན་ལག་རྒྱུའི་དངོས་པོ་སྟེ། དེ་དག་གཟུགས་ལ་སོགས་པའི་སྐྱེ་བའི་ཐུན་མོང་གི་རྒྱུ་ཡིན་པས་གཙོ་བོ་མ་ཡིན་ནོ། །རིགས་པས་ཡོད་པ་ཉིད་དུ་བསྟན་པའི་ཕྱིར ་དེ་མེད་དུ་ཟིན་ན་བྱ་བ་ལ་སོགས་པ་སྨོས་སོ། །སྐྱེ་བ་མེད་དུ་ཟིན་ན་རྒྱུ་དང་རྐྱེན་རྣམས་ཡོད་ཀྱང་ནམ་མཁའ་བཞིན་དུ་ཆོས་སྐྱེ་བར་མི་འགྱུར་བ་དང། ནམ་མཁའ་ལ་སོགས་པ་ཡང་ཞེས་བྱ་བ་ནི་ཇི་ལྟར་སྐྱེ་བ ་མེད་ན། གཟུགས་ལ་སོགས་པ་འདུས་བྱས་ཉིད་ཡིན་པ་དེ་བཞིན་དུ་ནམ་མཁའ་ལ་སོགས་པ་ཡང་འདུས་བྱས་ཉིད་དུ་འགྱུར་རོ། །སྐྱེ་བ་མེད་དུ་འདྲ་ན་ཅིའི་ཕྱིར་གཟུགས་ལ་སོགས་པ་ནི་འདུས་བྱས་ཡིན་ལ། ནམ་མཁའ་ལ་སོགས་པ་ནི ་མ་ཡིན་པ་དེ་བས་སྐྱེ་བ་ཉིད་དུ་གྲུབ་བོ། །གནས་པའི་མཚན་ཉིད་དབྱད་པའི་ཕྱིར། །འབྲས་བུ་གཞན་འཕེན་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འབྲས་བུ་འདི་ལས་འབྲས་བུ་གཞན་ནི་འབྲས་བུ་གཞན་ནོ།། འབྲས་བུ་གཞན་གྱི་འཕེན ་པ་ནི་འབྲས་བུ་གཞན་འཕེན་པའོ།། འཕེན་པར་བྱེད་པས་འཕེན་པ་སྟེ། ཆོས་སྐྱེ་བ་ཡོངས་སུ་འཛིན་པའོ། །དེའི་དབང་གིས་ཆེས་སྐྱེ་བའི་སྐྱེ་བ་ལ་བགེགས་སུ་མ་གྱུར་པའོ། །འབྲས་བུ་གཞན་འཕེན་པའི་དུས་དེའི་གནས་ནི་འབྲས་བུ་གཞན ་འཕེན་པའི་དུས་ཀྱི་གནས་ཏེ་དུས་ཇི་སྲིད་དུ་འབྲས་བུ་གཞན་འཕེན་ནུས་པར་གྱུར་པའོ།། གནས་པར་མ་གྱུར་ན་འབྲས་བུ་འཕེན་མི་ནུས་སོ།། གནས་པར་འགྱུར་བ་དེའི་རྒྱུ་གང་ཡིན་པ་དེ་ནི་གནས་པ་ཞེས་བྱའོ། །གང་གི་དབང་གིས ་ཞེས་བྱ་བ་ནི་གང་གིས་མཐུས་སོ། །རྒ་བའི་མཚན་ཉིད་བརྗོད་པར་བྱ་བ་དེ་བརྗོད་དེ་འབྲས་བུ་གཉིས་པ་འཕེན་ཞེས་བྱ་བ་ལ་སོགས་པ་ལ། འབྲས་བུ་གཉིས་པ་འཕེན་ནུས་པ་ལ་གནོད་པའི་རྒྱུ་ནི་ཉམ་ཆུད་བར་བྱེད་པ་སྟེ་རྒ་བའོ། །དེ་ལྟ་ན་ནི ་སྐད་ཅིག་པར་མི་འགྱུར་རོ་ཞེས་བྱ་བ་ནི་ཆོས་དེ་སྐད་ཅིག་དུ་མར་ཡང་འདུག་པའོ། །རྒ་བའི་དབང་གིས་འབྲས་བུ་གཅིག་འཕེན་པའི་ནུས་པ་ཡོངས་སུ་ཉམས་ན་འབྲས་བུ་གཞན་འཕེན་པའི་དུས་སུ་གནས་པ་མི་ཐོབ་བོ། །མི་རྟག ་བའི་མཆན་ཉིད་ཀྱི་སྐབས་སུ་བབ་ནས། །གནོད་བ་བྱེད་ནུས་པ་ཞེས་བྱ་བ་ལ་སོགས་པ་འདི་སྨོས་ཏེ། རྒ་བས་འབྲས་བུ་གཉིས་པ་ལ་སོགས་པ་འཕེན་པ་ལ་གནོད་བར་ཕྱེད་ནུས། ཆོས་འདས་པའི་དུས་སུ་འཕེན་བའི་རྒྱུ་ནི་མི་རྟག་པ་ཉིད་དོ། ། ་འདུས་བྱས་ཞེས་བྱ་བ་ནི་རྒྱུ་དང་རྐྱེན་རྣམས་འདུས་ཏེ་ཚོགས་ནས་བྱས་པ་འདུས་བྱས་སོ། །དེ་ནི་གཟུགས་ལ་སོགས་པའི་དངོས་པོ་སྟེ་གང་དག་གིས་གཟུགས་ལ་སོགས་པར་རྟོགས་པ་ཡོངས་སུ་གཅད་པ་དེ་དག་ནི་འདུས་བྱས་ཀྱི་མཚན་ཉིད ་རྣམས་ཞེས་བྱའོ། །འདུས་བྱས་ཀྱི་མཚན་ཉིད་རྣམས་ཞེས་བྱ་བའི་དོན་འདི་ལ་ཁོངས་སུ་མདོ་སྡེ་འབྱིན་ཏེ། གསུམ་པོ་འདི་དག་ནི་ཞེས་བྱ་བ་ལ་སོགས་པའོ། །གནས་པ་དང་གཞན་དུ་འགྱུར་བ་ནི་གནས་པ་དང་གཞན་དུ་འགྱུར་བ་སྟེ་རྒ་བའོ ་གནས་པ་དང་གཞན་དུ་འགྱུར་བ་དེ་ནི་མཚན་ཉིད་གཅིག་བསྟན་ཏོ། །ཅིའི་ཕྱིར་ཞེ་ན། གནས་པ་ནི་ཀུན་ཏུ་ཆགས་པའི་གནས་ཡིན་པའི་ཕྱིར་རོ། །རྒ་བས་གནས་པ་ཟིན་ན་དེ་ལ་ཀུན་ཏུ་ཆགས་པ་ལོག་པར་འགྱུར་རོ། །དཔལ་ཅན་མ་དང་ཞེས་བྱ་བ ་ལ་སོགས་པ་ལ་སྣ་ནག་མ་ཞེས་བྱ་བའི་སྒྲས་ནི་རྒྱུད་པ་བསྟན་ཏོ། །དེ་སྐད་དུ་འབྱོར་པ་ཐམས་ཅད་ཀྱི་མཛའ་ནི་རྒུད་པ་ཞེས་ཀྱང་གསུངས་སོ། །ཆོས་ནི་གཟུགས་ལ་སོགས་པའོ། །བདག་ཉིད་དུ་གྱུར་པ་མ་ཡིན་པ་ནི་དོན་གཞན་དུ་གྱུར་བ་དག་གོ། ་དེ་ནི་འདི་སྐད་དུ་གཟུགས་ལ་སོགས་པ་ཉིད་སྐྱེ་བ་ལ་སོགས་པ་མ་ཡིན་ནོ་ཞེས་བསྟན་པར་འགྱུར་རོ། །གལ་ཏེ་བདག་ཉིད་དུ་གྱུར་ན་ནི་གཞན་ཡིན་པར་འགྱུར་ཏེ། འདིས་ནི་གཞན་མ་ཡིན་པར་སྨྲ་བའི་ཉེས་པ་བརྗོད་དོ། །མཚན་ཉིད་ཀྱི་གཞི ་ནི་གཟུགས་ལ་སོགས་བའོ། མཚན་ཉིད་རྣམས་ནི་སྐྱེ་བ་ལ་སོགས་པའོ། །ཐ་དད་པ་མ་ཡིན་པ་ནི་གཅིག་པའོ། །དེ་ལྟར་ན་ནི་རྒ་བ་དང་གནས་པ་ཡང་གཅིག་ཏུ་འགྱུར་ཏེ། ཐ་དད་པ་མ་ཡིན་པ་ཉིད་དོ། །དེ་ནི་མ་མཐོང་སྟེ་འགལ་བའི ་ཕྱིར་རོ། །མི་སྐྱེ་བ་ཁོ་ནར་འགྱུར་རོ་ཞེས་བྱ་བ་ནི་གལ་ཏེ་ཡོད་པར་མ་གྱུར་མཆོས་སྐྱེ་བར་ཇི་ལྟར་འགྱུར་ཏེ་རྒྱུ་མེད་པར་འབྲས་བུ་འབྱུང་བ་མ་མཐོང་ངོ། དེ་ལ་སྐྱེ་བས་ནི་ཆོས་སྐྱེས་གནས་པས་ནི ་གནས་པར་བྱེད། རྒ་བས་ནི་རྒ་བར་བྱེད། མི་རྟག་པས་ནི་རྣམ་པར་འཇིག་པར་བྱེད་ན་མཚན་ཉིད་ཀྱི་གཞི་དང་ལྷན་ཅིག་སྐྱེས་པའི་མཚན་ཉིད་རྣམས་ཇི་ལྟར་བྱ་བ་བྱེད། དེའི་ཚེ་འདི་སྐྱེ་འམ། གནས་སམ། རྒ་འམ་རྣམ་པར་འཇིག ་གམ། ཇི་ལྟ་བུ་ཞིག་སྨྲས་པ་མ་འོངས་པའི་སྐྱེ་བས་བྱ་བ་བྱེད་དེ། བྱ་བ་ཞེས་བྱ་བ་ནི་ནུས་བ་ལ་བྱའོ། །དེ་ལ་ཆོས་གསུམ་ནི་མ་འོངས་པའི་བྱ་བར་འདོད་དོ།། སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་དང་མར་མེ་དང་སྐྱེ་བའོ།། ་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་སྐྱེ་བའི་ཚེན?་སོ་སོའི་སྐྱེ་བོ་ཉིད་རྣམ་པར་སྤོང་ངོ། །སྐྱེས་པའི་ཚེ་ནི་རྣམ་པར་སྤངས་སོ། །མར་མེ་སྐྱེ་པའི་ཚེ་ནི་མུན་པ་སེལ་ཏོ། །སྐྱེས་པའི་ཚེ་ནི་བསལ་ཏོ། །སྐྱེ་བ་སྐྱེ་བའི་ཚེ་ནི་ལྷན་ཅིག ་འབྱུང་བ་རྣམས་ལ་སྐྱེ་བ་དང་མཐུན་པའི་དངོས་པོས་བསྐྱེད་པར་བྱ་བ་སྐྱེད་དོ། །སྐྱེ་བ་སྐྱེས་པའི་ཚེ་ནི་སྐྱེས་སོ། །སྐྱེས་པར་གྱུར་པ་ནི་སྐྱེ་བས་བསྐྱེད་དོ། །གནས་པའི་དབང་གིས་ནི་གནས་སོ། །གནས་པའི་དབང་གིས་གནས་པ་ན་རྒ་བས ་ནི་རྒ་བར་བྱེད། མི་རྟག་པས་ནི་རྣམ་པར་འཇིག་གི། རྒས་ནས་མ་ཡིན་རྣམ་པར་ཞིག་ནས་མ་ཡིན་ཏེ་རྒ་འོ། །འཇིག་གོ་དེའི་ཕྱིར་ད་ལྟར་གནས་པ་ལ་སོགས་པ་དུས་གཅིག་ཏུ་བྱ་བར་འགལ་བ་མེད་དེ། གནས་པའི་རྒ་བས ་རྒ་བར་བྱེད། །མི་རྟག་པས་རྣམ་པར་འཇིག་གོ། མཚན་ཉིད་རྣམས་ཀྱི་ཞེས་བྱ་བ་ལ་སོགས་པ་ལ་སྐྱེ་བ་ལ་སོགས་པ་མཚན་ཉིད་རྣམས་ཀྱི་སྐྱེ་བའི་སྐྱེ་བ་ནི་སྐྱེ་པའོ། །སོགས་པ་གང་དག་གི་ཡིན་པ་དེ་དག་སྐྱེ་བའི ་སྐྱེ་བ་ལ་སོགས་པ་དག་གོ། སོགས་པས་སྨོས་པས་ནི་གནས་པའི་གནས་པ་དང། རྒ་བའི་རྒ་བ་དང། མི་རྟག་པ་ཉིད་ཀྱི་མི་རྟག་པ་ཡོངས་སུ་སྡུད་དོ། །བཞི་པོ་དེ་དག་ནི་མཚན་ཉིད་རྣམས་ཀྱི་རྗེས་སུ་འགྲོ་བས་རྫས་སུ་མཐུན་པའི་མཚན་ཉིད་རྣམས་སོ ་གལ་ཏེ་རྒ་བ་ལ་ཡང་ན་པ་འདོད་ན་དེ་ལྟ་ན་ནི་དེའི་ཡང་གཞན་ཏེ་ཐུག་པ་མེད་པར་འགྱུར་རོ། །དེ་ལྟ་བས་ན་འདི་ལས་ཐུག་པ་མེད་པར་ཡང་མི་འགྱུར་ཏེ། ཞེས་བྱ་བ་སྨོས་སོ། །ཅིའི་ཕྱིར་ཞེ་ན་སྨྲས་པ། འདི་ལྟར་རྩ་བའི་མཚན་ཉིད་དག་ནི ་ཞེས་བྱ་བ་ནི་ཆོས་ཀྱི་མཚན་ཉིད་རྣམས་སོ། །ཆོས་བརྒྱད་པོ་དག་ལ་འཇུག་གོ་ཞེས་བྱ་བ་ནི་རྐྱེན་གྱི་དངོས་པོར་གནས་སོ། །རྩ་བའི་ཆོས་བར་མཚན་ཉིད་གསུམ་པ་རྣམས་དང་རྗེས་སུ་མཐུན་པའི་མཚན་ཉིད་བཞི་པ་རྣམས་ལའོ། །ཞེས་བྱ་བ ་ལྟ་བུ་བརྒྱད་པོ་དག་ལ་འཇུག་གོ། རྗེས་སུ་མཐུན་པའི་མཚན་ཉིད་རྣམས་ནི་རེ་རེ་ལའོ། །ཞེས་བྱ་བ་ནི་འཇུག་གོ་ཞེས་བྱ་བར་སྙེགས་སོ། །ཇི་ལྟར་ཞེ་ན། སྐྱེ་བའི་སྐྱེ་བ་ནི་སྐྱེ་བ་ཉིད་ཀྱི་ཡིན་ཞེས་བྱ་བ་ལ་སོགས་པ་སྨོས་སོ།། མཚན་ཉིད་རྣམས ་ནི་རྩ་བའི་ཆོས་ལ་གནས་སོ། །རྗེས་སུ་མཐུན་པའི་མཚན་ཉིད་དག་ནི་མཚན་ཉིད་རྣམས་ལ་གནས་སོ། །འདི་ལྟར་དེའི་ཕྱིར་ཞེས་བྱ་བ་འདིས་ཐུག་པ་མེད་པའི་སྐྱོན་མེད་པས་ཇི་སྐད་དུ་སྨྲས་པ་རིགས་པ་ཉིད་དུ་སྟོན་ཏོ། །མིང་གི་ཚོགS ་ལ་སོགས་པ་བརྗོད་པར་བྱ་བ་དེ་བརྗོད་དོ། མིང་གི་ཚོགས་ལ་སོགས་པས་ཞེས་བྱ་བ་ལ་སོགས་པ་སྨོས་བས་ནི་ཚིག་གི་ཚོགས་དང། ཡི་གེའི་ཚོགས་ཡོངས་སུ་སྡུད་དོ། །མི་ལྡན་པ་དེ་དག་ཀྱང་དོན་གོ་བར་བྱེད་པའོ། །ཅིའི་ཕྱིར ་སྒྲ་དོན་གོ་བར་བྱེད་པ་མ་ཡིན་ཞེ་ན། མི་ནུས་པའི་ཕྱིར་རོ། །ཡི་གེའི་འབྲུ་འམ་ཚིག་ཡོངས་སུ་བཅད་པའི་སྒྲ་དོན་གོ་བར་བྱེད་པར་འགྱུར་གྲང་ན། དཔེར་ན་གོ་ཞེས་བྱ་བ་ཉིད་ཀྱི་སྒྲ་ནི་དོན་དགུ་ལ་འཇུག་སྟེ། ཚིག་དང། ཕྱོགས་དང། ས་དང ་འོད་ཟེར་དང། རྡོ་རྗེ་དང། རིག་དང། ཕྱུག་དང། མཐོ་རིས་དང། ཆུ་རྣམས་དོན་དག་ལ་འཇུག་སྟེ། གོ་ཞེས་བྱ་བའི་སྒྲ?་ནི་མཁས་པ་གཟུང་ངོ། །དེ་ལ་ཡི་གེའི་འབྲུ་ནི་དོན་གོ་བར་བྱེད་པ་མ་ཡིན ་ཏེ། ཡི་གེའི་འབྲུ་སོ་སོ་ལ་དོན་མེད་པ་དང། ཅིག་ཅར་དུ་འབྱུང་བ་མེད་པའི་ཕྱིར་རོ། །ཚིག་ཡོངས་སུ་བཅད་པའི་སྒྲ་ཡང་མ་ཡིན་ཏེ། དེ་ལ་ཡང་ཚིགས་ཀྱི་སྒྲ་གཞན་བརྗོད་པ་འབྱུང་སྟེ། དེ་ལ་ཡང་སྒྲ་གཞན་གྱི་བརྗོད་པ་འབྱུང་བས་ཐུག ་པ་མེད་པར་འགྱུར་རོ།། ཇི་ལྟར་ཚིག་གིས་མིང་བརྗོད་ནུས་པ་དེ་བཞིན་དུ་དོན་ཀྱང་བརྗོད་པར་འགྱུར་རོ་ཞེས་བྱ་བ་དང། སྒྲ་རྣམས་ནི་ཚོགས་པ་མེད་དོ་ཞེས་བྱ་བ་དེའི་ཕྱིར་སུས་ཡི་གེ་འབྲུ་གཅིག་པོ་དེ་ཐོས་པ་ངེས་དོན་དེ་ཉིད་རྟོགས་པར ་འགྱུར་རོ། །འདི་ནི་སྐྱོན་དུ་མི་འགྱུར་ཏེ་ཆོས་རྣམས་ཀྱི་ནུས་པ་སོ་སོར་ངེས་པར་སྣང་ངོ། །དཔེར་ན་རོ་ལས་མངའ་རྒྱུ་སྐྱེའི་དེ་ལས་ཙན་དན་མི་སྐྱེ་བ་ལྟ་བུའོ།། གང་ཚོགས་པ་མེད་པས་སུས་གཅིག་པོ་དེ་ཐོས་པ་ངེས་དོན་དེ་ཉིད་རྟོགས ་པར་འགྱུར་རོ་ཞེས་སྨྲས་པ་དེ་དང་སྒྲས་དོན་རྟོགས་པར་འགྱུར་རོ་ཞེས་བྱ་བ་དེ་ནི་མཚུངས་པ་ཉིད་དེ། དེའི་ཕྱིར་གོ་བར་བྱེད་པ་ནི་དོན་དུ་གྱུར་པས་བྱེད་དོ། །དེ་ལ་གང་དག་ཅེས་བྱ་བ་ནི་མིང་དང་ཚིག་དང་ཡི་གེ་རྣམས་སོ།། དག་རྣམས་ལ་རག ་ལས་ཏེ་སྐྱེ་བ་ཞེས་བྱ་བ་ལ། དག་གི་བདག་ཉིད་ཀྱི་སྒྲ་ནི་དག་གོ། དག་དག་ངག་ལ་རག་ལས་ཏེ་སྐྱེ་བ་དེ་དག་ནི་དག་ལ་རག་ལས་ཏེ་སྐྱེ་བ་དག་གོ། རག་ལས་པ་ནི་ཁ་ན?་ལས་པའོ། །དེ་ནི་འདི་སྐད་དུ་དག་ཡོད་ན་འདི་དག ་འབྱུང་ངོ་ཞེས་བསྟན་པར་འགྱུར་རོ། །ཤེས་པ་བཞིན་དུ་དོན་གྱི་ཚུལ་གྱི་གནས་ལྟ་བུའི་ཞེས་བྱ་བ་ལ་དོན་ནི་གཟུགས་ལ་སོགས་པ་སྟེ་ཡུལ་ལོ། །ཚུལ་ནི་རང་བཞིན་ཏེ་ངོ་བོ་ཉིད་ཅེས་བྱ་བའི་ཐ་ཚིག་གོ། དོན་གྱི་ཚུལ་གྱི ་གནས་ནི་ངག་ལས་དོན་གྱི་ཚུལ་འབྱུང་བའོ། །དོན་གྱི་ཚུལ་གྱི་གནས་དང་འདྲ་བས་དོན་གྱི་ཚུལ་གྱི་གནས་ལྟ་བུའོ། །དེས་ན་འདི་ལྟར་དོན་གྱི་ཚུལ་གནས་ལྟ་བུའི་རྣམ་པ་གང་དག་ཡིན་པ་དེ་དག་དོན་གྱི་ཚུལ་གྱི་གནས་ལྟ་བུའི་རྣམ ་པ་དག་སྟེ། དོན་ལྟ་བུར་སྣང་ཞེས་བྱ་བའི་ཐ་ཚིག་གོ། ཤེས་པ་དང་མཚུངས་པས་ཤེས་པ་བཞིན་ནོ། །དཔེར་ན་སྔོན་པོ་ལ་སོགས་པ་ཕྱི་རོལ་གྱི་ཡུལ་གྱིས་བསྒྱུར་བའི་རྣམ་པར་ཤེས་པ་སྐྱེ་པ་ལྟར་དེ་དག་ཀྱང་དེ་བཞིན་ཏེ། བུམ་པ་ལ ་སོགས་པའི་མིང་ལ་སོགས་པ་ནི་མགུལ་གྱེན་དུ་འདུག་པ་ལ་སོགས་པའི་རྣམ་པའི་གཟུགས་བརྙན་ཉིད་དོ།། དེ་བས་ན་ཤེས་བྱ་རྣམས་ཀྱང་ཤེས་པ་བཞིན་ནོ།། རང་གི་དོན་ཁོང་དུ་ཆུད་པར་བྱེད་པ་ཞེས་བྱ་བ་ལ། དེ་ནི་རང་ཡང་ཡིན་ལ ་དོན་ཡང་ཡིན་པས་རང་གི་དོན་ཏེ། ཕྱི་རོལ་གྱི་ཡུལ་ལོ།། ཁོང་དུ་ཆུད་པ་ནི་རྟོགས་པ་སྟེ་ངེས་ཞེས་བྱ་བའི་ཐ་ཚིག་གོ། རང་གི་དོན་ཁོང་དུ་ཆུད་པ་ཉིད་བྱེད་པ་གང་ཡིན་པ་དེ་དག་གོ། དེ་ནི་འདི་སྐད་དུ་མིང་ལ་སོགས་པ་ནི་སྐད་ཅིག་དེའི་ཕྱིར ་མེད་པ་དག་ཀྱང་དེ་ལས་གུང་ན་མེད་དེ། དེ་དག་གི་སྐྱེ་བ་ཙམ་ནི་བྱེད་པའོ་ཞེས་བསྟན་པར་འགྱུར་རོ། །དེ་སྐད་དུ་འདུ་བྱེད་ཐམས་ཅད་སྐད་ཅིག་པ། །མི་བརྟན་བྱེད་པ་ག་ལ་ཡོང། །གང་དག་འབྱུང་བ་དེ་བྱེད་དེ། བྱེད་པའོ་ཞེས་དེ་ལ ་བྱ། །ཞེས་གསུངས་སོ། །འདུ་ཤེས་དང་ངག་དང་ཡི་གེའི་འབྲུ་ཞེས་རྣམ་གྲངས་གཞན་གྱིས་བརྗོད་པར་བྱ་བ་ཞེས་བྱ་བ་ལ། འདུ་ཤེས་དང་ངག་དང་ཡི་གེའི་འབྲུ་རྣམས་ནི་འདུ་ཤེས་དང་དག་དང་ཡི་གེའི་འབྲུ་རྣམས་སོ། །དེ ་ནི་རྣམ་གྲངས་ཀྱང་ཡིན་ལ་གཞན་ཀྱང་ཡིན་པས་རྣམ་གྲངས་གཞན་ཏེ། མིང་གཞན་ཞེས་བྱ་བའི་ཐ་ཚིག་གོ། འདུ་ཤེས་དད་དག་དང་ཡི་གེའི་འབྲུ་རྣམས་ཉིད་རྣམ་གྲངས་གཞན་ཡིན་པས་འདུ་ཤེས་དང་དག་དང་ཡི་གེའི ་འབྲུའི་རྣམ་གྲངས་གཞན་ནོ། །འདུ་ཤེས་དང་དག་དང་ཡི་གེའི་འབྲུའི་རྣམ་གྲངས་གཞན་དག་གིས་བརྗོད་པར་བྱ་བ་དག་ནི་ཤེས་དང་ངག་དང་ཡི་གེའི་འབྲུའི་རྣམ་གྲངས་གཞན་གྱིས་བརྗོད་པ ་དག་གོ། གང་དག་ཅེ་ན། དེ་དག་ཅེས་བྱ་བ་རྣམས་ཏེ་མིང་དང་ཚིག་དང་ཡེ་གེའི་འབྲུ་རྣམས་སོ། །དེ་དག་ཀྱང་རྣམ་གྲངས་འདྲི་བཞིན་དུ་ཁོང་དུ་ཆུད་པར་བྱའོ། །ངེས་ན་མིང་དང་འདུ་ཤེས་ནི་གཅིག་ཏུ་བརྗོད་དོ།། ཚིག་ནི་དགྲ་གོ། ཡི་གེ་ནི་ཡི ་གེའི་འབྲུ་རྣམས་སོ། །སྔར་སྨོས་པའི་དོན་དེ་ཉིད་དཔེས་བརྟན་པོར་བྱ་བའི་ཕྱིར། དཔེར་ན་མིག་ལ་སོགས་པ་ལ་རག་ལས་ཏེ། ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མིག་ལ་སོགས་པ་ལ་རག་ལས་ཏེ་རྣམ་པར་ཤེས་པ་དེ་དག་སྐྱེ་བ་ནི ་གཉི་གའི་ཁ་ན་ལས་ཏེ་རྣམ་པར་ཤེས་པ་འབྱུང་མོད་ཀྱི་ཐུན་མོང་མ་ཡིན་པའི་རྒྱུ་ཡིན་པས་དབང་པོ་རྣམས་ཀྱི་བརྗོད་དོ། །གཟུགས་ལ་སོགས་པའི་དོན་ཅེས་བྱ་བ་ལ་སོགས་པའི་སྒྲས་ནི་སྒྲ་ལ་སོགས་པ་སྡུད་དོ། །ཚུལ་གྱི ་གནས་ལྟ་བུའི་རྣམ་པ་ཞེས་བྱ་བ་གང་དག་ཅེ་ན། རྣམ་པར་ཤེས་པ་རྣམས་སོ། །རང་གི་དོན་ཁོང་དུ་ཆུད་པར་བྱེད་པ་ནི་གཟུགས་ལ་སོགས་པ་ཁོང་དུ་ཆུད་པར་བྱེད་པ་དག་གོ། དག་གི་སྒྲས་ནི་དོན་བརྗོད་པར་མི་འགྱུར་ཏེ། ཞེས ་བྱ་བ་ལ། ངག་ཉིད་སྒྲ་ཡིན་པས་དག་གི་སྒྲ་སྟེ་དག་གི་སྒྲ་ངེས་དོན་བརྗོད་པར་མི་འགྱུར་ཏེ་བསྙད་པར་མི་འགྱུར་རོ། །ཅིའི་ཕྱིར་ཞེ་ན་མེ་ཞེས་བརྗོད་པས་ཚིག་པར་གྱུར་ཏ?་རེ་འདི་ལ་ངག་གི་སྒྲ་ནི་མངོན་པར་བརྗོད་པའོ། །བརྗེད་པར་བྱ ་བ་ནི་མིང་ངོ། །དོན་ནི་བྲོང་པར་བྱ་བ་ཡང་མ་ཡིན་པར་བརྗོད་པ་ཡང་མ་ཡིན་ནོ། །གལ་ཏེ་ངག་གི་སྒྲ་བརྗོད་པར་བྱ་བ་དོན་དུ་གྱུར་ན་ནི་དེའི་ཕྱིར་ཚིག་པར་འགྱུར་རོ། །ཇི་ལྟ་ཞེ་ན་འདི་ལ་སྒྲས་དོན་ཕྲད་ནས་འཛིན་ཏམ་མ་ཕྲད་པར ་འཛིན། དེ་ལ་མ་ཕྲད་པར་དོན་འཛིན་པར་མི་རུང་སྟེ། སྒྲ་ནི་ཐོགས་པ་དང་བཅས་པའི་ཕྱིར་ལག་པ་ལ་སོགས་པ་བཞིན་ནོ། །ལག་ཕལ?་སོགས་བ་ནི་མ་ཕྲད་པར་རེག་པ་འཛིན་པའི་མཐུ་མེད་དོ། །ཅི་སྟེ་སྣ་ལ་སོགས་པ་བཞིན་དུ ་ཕྲད་ནས་དོན་འཛིན་པར་འདོད་ན། དེ་ལྟ་ན་ནི་མི་དང་ཕྲད་པས་སྒྲ་ཚིག་པའི་སྐྱོན་དུ་འགྱུར་ཏེ། སྒྲ་ནི་རྡུལ་ཕྲ་རབ་འདུས་པའི་བདག་ཉིད་ཡིན་པའི་ཕྱིར་རོ། །དེ་བས་ན་ངག་གིས་དོན་བརྗོད་པར་མི་འགྱུར་བར་གྲུབ་བོ། །གལ་ཏེ་དོན ་བརྗོད་པར་བྱ་བ་མ་ཡིན་ན་གང་ཡིན་སྙམ་པ་ལ་དེའི་ཕྱིར་དག་ཅེས་བྱ་བ་སྨོས་ཏེ། དག་གི་སྒྲས་ནི་མི་བརྗོད་དོ། །མིང་གིས་ནི་དོན་གོ་བར་བྱེད་དོ། །དེའི་བློ་བསྐྱེད་པའི་ཕྱིར་རོ། །མིང་ནི་བརྗོད་བར་བྱེད་པ་མ་ཡིན་པར་བརྗོད་པ་མ་ཡིན་ནོ།? ་མིང་གིས་རྣམ་པར་ཤེས་པ་ལ་སོགས་པ་བཞིན་དུ་ཐོགས་པ་མེད་པའི་ཕྱིར་མིང་གིས་དོན་ཁོང་དུ་ཆུད་པར་བྱེད་པ་ནི་རིགས་ཀྱི་སྒྲས་ནི་མ་ཡིན་ཏེ། མིག་ལ་སོགས་པ་ལྟར་ཐོགས་པ་དང་བཅས་པའི་ཕྱིར་རོ། །དེ་ལས་གཞན ་དུ་ཞེས་བྱ་བ་ནི་སྒྲ་ལས་གཞན་དུ་སྟེ། སངས་རྒྱས་པ་ལ་རྟག་པར་མ་གྲུབ་པའི་ཕྱིར་རོ། །ཆོས་བཞི་པོ་འདི་དག་ནི་ཞེས་བྱ་བ་ནི་བུམ་པའི་སྒྲ་དང། བུམ་པའི་མིང་དང། བུམ་པའི་དོན་དང། བུམ་པ་ཤེས་པའོ། །ཐ་སྙད་འདོགས ་པའི་དུས་ན་ནི་ངོ་བོ་དུ་མ་ཡང་ངོ་བོ་གཅིག་པ་དང་འདྲ་བར་ཐ་དད་པ་མེད་པ་ཉིད་དུ་རྟོགས་སོ། །རྣམ་པར་ཕྱེ་ན་ནི་ཐ་དད་པར་རྟོགས་སོ། །མདེ་གི་དཔེ་བསྟན་པའི་ཕྱིར། དེ་ལ་མིང་ནི་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དོན་རྣམས ་ལ་ཚིག་གིས་གཞོལ་བར་བྱེད་པས་མིང་ལྟེ། དོན་གྱི་ཡུལ་ལ་གཞོལ་བར་བྱེད་ཅེས་བྱ་བའི་ཐ་ཚིག་གོ། འདི་ལྟ་སྟེ་གཟུགས་སྒྲ་ཞེས་བྱ་པའོ། །ཚིག་ཅེས་བྱ་བ་ནི་འདིས་བརྗོད་པར་འདོད་པའི་དོན་རྟོགས་པར་བྱེད་པས་ཚིག ་སྟེ། ཁོང་དུ་ཆུད་པར་བྱེད་ཅེས་བྱ་བའི་ཐ་ཚིག་གོ། འདོད་པའི་དོན་ནི་བརྗོད་པར་འདོད་པའི་དོན་ཏོ། །ཡོངས་སུ་རྫོགས་པར་འགྱུར་པ་ནི་ཡོངས་སུ་ཆུད་པར་འགྱུར་ཞེས་བྱ་བའི་ཐ་ཚིག་གོ། འདིར་སྡིག་པ ་ཐམས་ཅད་མི་བྱའོ་ཞེས་བྱ་བ་ནི་རང་གི་གྲུབ་པའི་མཛའ་ལས་དཔེ་བསྟན་པའོ། །གཉིས་པ་ལྷ་བྱིན་པ་དཀར་མོ་ཞེས་བྱ་བ་ལ་སོགས་པ་ནི་འཇིག་རྟེན་པ་ལས་དཔེར་བཀོད་པའོ། །ཡི་གེ་ཞེས་བྱ་བ་ནི་དེ་ཡོད་ན་དོན་གསལ་བར ་འགྱུར་བ་དང། འདེས་འབྱེད་པར་བྱེད་པས་ན་ཡི་གེའོ། །འདི་ལྟ་སྟེ་མང?་ཞེས་བྱ་བའོ། །སོ་སོ་ན་ཞེས་བྱ་བ་གཅིག་གཅིག་མིང་སོ་སོ་ན་འདུག་པས་སོ་སོའི། །ཆགས་ཞེས་བྱ་བའི་སྒྲ་ནི་མང་པོའི་དོན་ཏེ། དེས་ན་མིང་གི་ཚོགS ་དང། ཚོག?་གི་ཚགས་དང། ཡི་གེའི་ཚོགས་རྣམས་ཞེས་བྱའོ། །འདིར་དྲང་སྲོང་ཚན་པོས་ཀྱང་ཞེས་བྱ་བ་ལ་སོགས་པས་ན་ལུང་ལས་འབྱུང་བ་སྟོན་ཏོ། །དེ་བཞིན་གཤེགས་པ་རྣམས་བྱུང་ཡང་དུད་མ་བྱུང་ཡང་རུང་སྟེ། མིང ་དང་ཚིག་དང་ཡི་གེའི་ཚོགས་རྣམས་ཤེས་པ་ཉིད་ཡིན་ན་དེ་དག་ནི་དེ་བཞིན་གཤེགས་པ་བྱུང་ནས་ཤེས་སོ་ཞེས་བྱ་བ་དེ་ལ་དགོངས་པ་ནི་འདི་ཡིན་ཏེ། ཕུང་པོ་དང་སྐྱེ་མཆེད་ལ་སོགས་པའི་མིང་དང་ཚིག་གི་ཚོགས ་ལ་སོགས་པ་གང་དག་ཡིན་པ་དེ་དག་ནི་དེ་བཞིན་གཤེགས་པ་བྱུང་ནས་ཤེས་སོ་ཞེས་དགོས་པའོ། །རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་སོགས་པ་བཞི་ནི་དགེ་སྦྱོང་གི་འབྲས་བུ་ཞེས་བྱའོ། །རྟེན་ཅིང་འབྲེལ་པར ་འབྱུང་བ་ནི་འདི་ལྟ་སྟེ་མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས། འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ། རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས། མིང་དང་གཟུགས་ཀྱི་རྐྱེན་གྱིས་སྐྱེ་མཆེད་དྲུག་སྐྱེ ་མཆེད་དྲུག་གི་རྐྱེན་གྱིས་རེག་པ། རེག་པའི་རྐྱེན་གྱིས་ཚོར་བ། ཚོར་བའི་རྐྱན་གྱིས་སྲེད་པ། སྲེད་པའི་རྐྱེན་གྱིས་ལེན་པ། ལེན་པའི་རྐྱེན་གྱིས་སྲེད་པ། སྲིད་པའི་རྐྱེན་གྱིས་སྐྱེ་བ། སྐྱེ་བའི་རྐྱེན་གྱིས་རྒ་ཤི་དང། མྱ་ངན་དང། སྨྲེ ་སྔགས་འདོན་པ་དང། སྡུག་བསྔལ་བ་དང། ཡིད་མི་བདེ་བ་དང། འཁྲུག་པ་རྣམས་འབྱུང་སྟེ། དེ་ལྟར་སྡུག་བསྔལ་གྱི་ཕུང་པོ་ཆེན?་པོ་འདི་འབའ་ཞིག་འབྱུང་བར་འགྱུར་རོ་ཞེས་བྱ་བའོ། །འདུ་བྱེད་ཀྱི་དངོས་པོ་ནི་འདི་སྙེད་དེ ་ཞེས་བྱ་བ་ནི་འདུ་བྱེད་ཀྱི་ཕུང་པོ་ཡོངས་སུ་རྫོགས་པར་བརྗོད་པའོ།། ཇི་ལྟར་བསྟན་པ་དེ་ལྟར་བཤད་པར་བྱ་སྟེ། དེའི་ཕྱིར་དེ་ནི་རྣམ་པར་ཤེས་པ་བརྗོད་པར་བྱའོ་ཞེས་བྱ་བ་སྨོས་སོ། །གཟུགས་ལ་སོགས་པ་ཡུལ་གྱི་དངོས་པོ ་ཞེས་བྱ་བ་ལ། དངོས་པོ་སྨོས་པས་ནི་རྣམ་པར་ཤེས་པ་དམིགས་པ་མེད་པ་མ་ཡིན་ནོ། ཞེས་དེ་སྐད་སྟོན་ཏོ། །གང་ཟླ་བ་གཉིས་མཐོང་བ་ཡང་ཡིན་ནམ། ད་ནི་བླ་བའི་གཟུགས་ལ་སོགས་པ་དེ་ཉིད་ལ་དམིགས་ནས་འཁྲུལ ་པའི་རྣམ་པར་ཤེས་པ་འབྱུང་ངོ། །གལ་ཏེ་དམིགས་པ་ལ་མེ་བལྟོས་པར་རྣམ་པར་ཤེས་པ་འབྱུང་ན་དེ་ལྟར་གྱུར་ན་ནི་གནས་ལ་མི་བལྟོས་པ་ཡང་འབྱུང་བར་འགྱུར་ཏེ། དེ་ལྟ་ན་ནི་རྣམ་པར་ཤེས་པ་དྲུག་རྣམ་པར་བཞག ་པ་མེད་པར་འགྱུར་རོ། །མདོ་ལས་གཉིས་ལ་བརྟེན་ནས་རྣམ་པར་ཤེས་པ་འབྱུང་བར་འགྱུར་རོ། །དེ་ལ་འབྱུང་བ་དང་ཡང་འགལ་བར་འགྱུར་རོ། །ཙམ་ཞེས་བྱ་བ་སྨོས་པ་ནི་སྤྱིའི་མཚན་ཉིད་བསལ་བའི་དོན་ཏོ། །ངེས་ན ་རྣམ་པར་ཤེས་པ་ཐམས་ཅད་ཀྱི་ཡུལ་ནི་རང་གི་མཚན་ཉིད་ཡིན་ནོ་ཞེས་བྱ་བར་དོན་དེར་འགྱུར་རོ། །སོ་སོར་ཞེས་བྱ་བའི་ཚིག་ནི་ཁྱབ་པར་འདོད་པའི་ཐ་ཚིག་གོ། དོན་དང་དོ་ནི་སོ་སོ་རང་མིགས་བ་ནི?་སོ་སོར་རྣམ ་བང་རིག་པའོ་ཞེས་གལ་ཏེ་རྣམ་པར་ཤེས་པ་ཐམས་ཅད་ཀྱི་ཡུལ་རང་གི་མཚན་ཉིད་ཡིན་ན། ཆོས་མངོན་པ་ལས་ཡིད་ཀྱི་རྣམ་པར་ཤེས་པ་དང་ལྡན་པས་སྔོན་པོའོ་ཞེས་རྣམ་པར་ཤེས་སོ ་ཞེས་འབྱུང་བ་དེ་ཇི་ལྟ་བུ་འདུ་ཤེས་དང་ལྡན་པས་དེ་སྐད་དུ་སྟོན་ཏོ། །མིག་གི་རྣམ་པར་ཤེས་པ་ལ་སོགས་པ་ཡང་སྐྱོན་འདི་ཇི་ལྟར་མི་འབྱུང་ཞེ་ན། འདུ་ཤེས་གཞན་པའི་ཕྱིར་རོ། །དེ་ཉིད་ཀྱི་དོན་ནི་འགྲེལ་པ་ལས་སྟོན་ཏེ། མིག ་ལ་སོགས་པ་ལྷན་ཅིག་བྱེད་པ་ཞེས་བྱ་བ་ནི་ཚོར་བ་ལ་སོགས་པ་དང། སྣང་བ་ལ་སོགས་པ་གང་དུ་བྱུང་བའོ། །དེ་ཡོངས་སུ་ཟིན་ན་འབྱུང་བ་ནི་དཔེར་ན་གཟུགས་བརྙན་འབྱུང་ནུས་པ་ལྟ་བུའོ། །གཟུགས་དང། སྒྲ་དང་དྲི ་དང། རོ་དང་རེག་བྱ་དང། ཆོས་རྣམས་ལ་དངོས་པོ་ཙམ་ཁོང་དུ་ཆུད་པའི་ཆོས་གང་ཡིན་པ་ནི། རང་གི་སེམས་ཉིད་ཙམ་ཁོང་དུ་ཆུད་པའོ། །དེ་བྱེ་བྲག་ཁོང་དུ་ཆུད་པ་ནི་མ་ཡིན་ནོ། །བྱེ་བྲག་ཁོང་དུ་ཆུད་པར་བྱེད་བ་ནི་ཚོར་བ་ལ ་སོགས་པ་ཆོས་རྣམས་ཀྱི་གནས་སུ་གྱུར་པ་སྟེ། དེ་ལྟར་གྱི་དུས་ཀྱི་སྐད་ཅིག་ཙམ་ལ་དམིགས་པ་ཞེས་བྱ་བ་ལ། འདུ་བྱེད་ཐམས་ཅད་ཀྱང་ད་ལྟར་གྱི་དུས་ཀྱི་སྐད་ཅིག་ཙམ་ལ་དམིགས་པ་ཡིན་ན། ཅིའི་ཕྱིར་རྣམ་པར་ཤེས་པ ་བྱེ་བྲག་ཏུ་སྨོས། འདི་ནི་ད་ལྟར་གྱི་སྐད་ཅིག་སྐལ་པ་མཉམ་པ་མ་ཡིན་པ་ཡོད་དེ། སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པའི་དུས་ན་སྟེ་གཟུགས་ནི་ད་ལྟ་མ་ཡིན་ན། །ཟག་པ་མེད་པའི་སྡོམ་པས་བསྡུས་པའི་རྣམ་པར་རིག་བྱེད་མ ་ཡིན་པའི་གཟུགས་ལ་ཡང་སྐལ་པ་མཉམ་པ་མ་ཡིན་པའི་སྐད་ཅིག་ཡོད་པ་མ་ཡིན་ནམ། དེ་ལྟ་ཡིན་དུ་ཟིན་ཀྱང་དེ་ཡོང་ན་ནི་ཡོད་པར་རྣམ་པར་ཤེས་པ་གཙོ་བོ་ཡིན་ནོ། །ཡང་ན་ཡོངས་སུ་མྱ་ངན་ལས་འདས་པའི་དུས་ན་རྣམ ་པར་ཤེས་པའི་སྐད་ཅིག་པ་གཅིག་སྟེ། གཟུགས་ནི་རྒྱུ་མཐུན་པ་མ་ཡིན་པས་འགལ་བ་མེད་དོ། །དགེ་བ་དང་མི་དགེ་བའི་ཁམས་རྣམས་ཀྱིས་རྒྱས་པར་སེམས་སོ། །ཤེས་པས་ན་ཡོད་དོ། །སྣ་ཚོགས་ཤེས་པས་རྣམ་པར་ཤེས ་པ་སྟེ། དཔེར་ན་ལག་བ་དང་འཐོར་བྱེད་དང། འཐུ་བྱེད་ཅེས་བྱ་བ་ལྟ་བུའོ། །ཡང་ན་གང་འདས་པ་དེ་ནི་ཡོད་དོ། །གང་ད་ལྟར་བྱུང་བ་དེ་ནི་རྣམ་པར་ཤེས་པའོ། །གང་མ་འོངས་པ་དེ་ནི་སེམས་སོ། དང་པོའི་སེམས་ཀྱི་རྫས་གདགས་པའི་རྒྱུ ་ཞེས་བྱ་བ་ནི་སེམས་ཅན་གྱི་གདགས་པ་ཞེས་བྱ་བར་སྦྱར་རོ། །དང་པོའི་སེམས་ཅན་གྱི་རྫས་གང་ཡིན་པ་ནི་ཐོག་མའི་སེམས་ཅན་གྱི་རྫས་ཏེ། ཀུན་དགའ་པོ་གལ་ཏེ་རྣམ་པར་ཤེས་པ་མའི་མངལ་དུ་མ་ཞུགས་ན། །བུ་ཆུ་དང་ཁྲག་མེར ་མེར་བོར་ཆགས་པར་འགྱུར་རམ། ཞེས་གསུངས་པའི་ཕྱིར་རོ། །ཡང་ན་སེམས་ཅན་ཉིད་རྫས་ཡིན་པས་སེམས་ཅན་གྱི་རྫས་སོ། །འདོགས་པས་ན་གདགས་པ་སྟེ། འཇིག་རྟེན་གྱི་ཐ་སྙད་ཅེས་བྱ་བའི་ཐ་ཚིག་གོ། སེམས་ཅན་གྱི ་རྫས་གདགས་པ་དེའི་རྒྱུ་ནི་བྱེད་རྒྱུའོ། །དང་པོ་ནི་གཙོ་བོ་ཞེས་བྱ་བའི་ཐ་ཚིག་གོ། དེ་ནི་སེམས་ཅན་གྱི་རྫས་གདགས་པའི་རྒྱུ་ཡང་ཡིན་ལ་དང་པོ་ཡང་ཡིན་པས་སེམས་ཅན་གྱི་རྫས་གདགས་པའི་དང་པོའི་རྒྱུའོ། །དེ་ནི ་འདི་སྐད་དུ་མིག་ལ་སོགས་པ་ཡང་སེམས་ཅན་དུ་གདགས་པའི་རྒྱུར་གྱུར་པ་ཡིན་མོད་ཀྱི། འོ་ན་ཀྱང་དངོས་སུ་ན་རྣམ་པར་ཤེS་པ་ཉིད་དེ་གདགས་པའི་རྒྱུ་ཡིན་གྱི་མིག་ལ་སོགས་པ་ནི་མ་ཡིན་ཏེ། དེ་དང་མི་ལྡན་ཡང་སེམས ་ཅན་དུ་གདགས་པའི་ཐ་སྙད་འདོགས་ཏེ། རྣམ་པར་ཤེས་པར་ཤེས་པ་མེད་ན་སེམས་ཅན་དུ་གདགས་པའི་ཐ་སྙད་འདོགས་པ་མེད་དོ། །གཟུགས་?་ཡུལ་སོ་སོར་རྣམ་པར་རིག་པ་ནི་གཟུགས་ལ་སོགས་པ་སོ་སོར ་ཡོངས་སུ་གཅོད་ཅེས་བྱ་བའི་ཐ་ཚིག་གོ། སོ་སོར་རྣམ་པར་རིག་པར་བྱེད་པ་ཉིད་གང་ཡིན་པ་དེ་སོ་སོར་རྣམ་པར་རིག་པར་བྱེད་པ་སྟེ། འདི་ལྟར་མིག་གིS་བལྟས་ནས་རྣམ་པར་ཤེས་པས་རྣམ་པར་ཤེས་སོ།། ་རྣམ་པར་ཤེས་པ་དེ་ཡང་ཡུལ་གྱི་བྱེ་བྲག་གིས་རྣམ་པ་དྲུག་ཏུ་འགྱུར་ཏེ། དཔེར་ན་ཐུད་ཤིང་གི་བྱེ་བྲག་གིས་ཐ་དད་ཏེ། རྩཝ་དང་སོགས་མའི་མེ་ཞེས་བྱ་བ་ལྟ་བུའོ། །དེའི་མཚན་ཉིད་ནི་བཅོམ་ལྡན་འདS་ཉིད་ཀྱི་སྟེ། ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱིས ་གསུངས་པ་ཞེས་བྱ་བའི་ཐ་ཚིག་གོ། དེ་གང་ཞེ་ན། སྣ་ཚོགས་ཤེས་པས་རྣམ་པར་ཤེས་པའོ་ཞེས་སྨོས་པའོ། །མཚན་ཉིད་བསམ་པའི་སྐབས་སུ་སྨོས་པ། ཞེས་བྱ་བ་ནི་སྐྱེ་བ་ལ་སོགས་པ་མཚན་ཉིད་བསམ་པའི་སྐབས་སུའོ། །ཅི་སྨོས་ཞེ་ན། ་ནང་གི་ཡན་ལག་ནི་སྐྱེ་པའོ། །ཕྱིའི་ཡན་ལག་ནི་རྒྱུ་དང་རྐྱེན་རྣམས་སོ་ཞེས་སྨོས་སོ། །དེ་ལ་རྒྱུ་དེ་དག་ནི་གང། རྐྱེན་རྣམས་ནི་གང་ཞེ་ན། དེ་དག་བརྗོད་པ་རྒྱུ་ནི་དྲུག་སྟེ། ཞེས་བྱའོ། །མདོ་ལས་རྐྱེན་བཞི་སྟེ། རྒྱུའི་རྐྱེན་དང། དེ་མ་ཐག་པའི་རྐྱེན ་དང། དམིགས་པའི་རྐྱན་དང། བདག་པོའི་རྐྱེན་ཏེ། རྐྱེན་བཞི་ནི་གསུངས་ཀྱི་།རྒྱུ་རྣམས་ནི་མ་གསུངས་པ་མ་ཡིན་ནམ། འདི་ནི་ཉེས་པ་མ་ཡིན་ཏེ། དྲུག་པའི་སྐབས་སུ་རྒྱུའི་མདོ་གསུངས་པ་ལས་དེ་ནི་ནུབ་པར་འགྱུར་ཏེ། ལྷ་རྣམས་ཀྱིས ་བསྙད་དོ། །ཡང་ན་མདོ་གཞན་དག་ལས་རྒྱུ་རྣམས་གསུངས་ཏེ། མཚུངས་པར་ལྡན་པའི་རྒྱུ་གསུངས་པ་ནི་མཐོང་བའི་རྩ་བ་ལས་བྱུང་བའི་དང་པ་ནི་རྟོགས་ནས་ཤེས་པ་དང་མཚུངས་པར་ལྡན་ནོ་ཞེས་འབྱུང་བའི་དད་པ་ནི་རྟོགས་ནས ་ཤེས་པ་དང་མཚུངས་པར་ལྡན་ནོ་ཞེས་འབྱུང་བའོ། །དེ་བཞིན་དུ་ལྷན་ཅིག་འབྱུང་བའི་རྒྱུ་བསྟན་ཏེ། གཟུགས་གང་ཅི་ཡང་རུང་དེ་ཐམས་ཅད་འབྱུང་བ་ཆེན་པོ་བཞི་དག་ཅེས་འབྱུང་བའོ། །སྐལ་བ་མཉམ་པའི་རྒྱུ་ཡང་གསུངས་ཏེ། དེ་དགེ་བའི ་རྩ་བ་ཆུང་རབ་ཙམ་དང་ལྡན་པ་ཡོད་དེ། དེའི་དགེ་བའི་རྩ་བ་དེ་ལས་དགེ་བའི་རྩ་བ་གཞན་འབྱུང་ཞེས་བྱ་བའོ། །ཀུན་ཏུ་འགྲོ་བའི་རྒྱུ་ཡང་གསུངས་ཏེ། ལོག་པར་ལྟ་བ་ལ་སོགས་པ་ལོག་པར་རྟོག་པ་འབྱུང་ངོ་ཞེས་བྱ་བའོ། །རྣམ་པར་སྨིན་པའི་རྒྱུ་ཡང་གསུངS ་ཏེ། དགེ་སློང་དག་ཁྱེད་ཀྱིས་སོག་གཅོད་པའི་སེམས་ཅན་མཐོང་ན་དེ་ལ་ཁྱེད་ཀྱིས་ཀྱེ་མའོ། །སེམས་ཅན་དམྱལ་བ་འམ་སེམས་ཅན་དམྱལ་བ་གང་ཡང་རུང་བ་ཞིག་མཐོང་ངོ་སྩམ?་དུ་ངེས་པར་ཤེས་པར་བྱའོ། །དགེ་སློང་དག་ཁྱེད་ཀྱིས་སྲོག ་གཅོད་པ་སྤངས་པའི་སེམས་ཅན་མཐོང་ན། དེ་ལ་ཁྱེད་ཀྱིས་ལྷ་འམ་ལྷ་གང་ཡང་རུང་བཞིག་མཐོང་དོ་སྙམ་དུ་སེམས་པར་ཤེས་བར་བྱའོ་ཞེས་འབྱུང་བའོ། །ཕྲེང་པའི་རྒྱུ་ཡང་གསུངས་ཏེ། མིང་དང་གཟུགས་ལ་རྟེན་ནས་མིག་གི་རྣམ་པར་ཤེས ་པ་འབྱུང་སྟེ། དགེ་སློང་དག་དེ་ལྟར་ན་མིག་ནི་བདག་པོའོ། །གཟུགས་རྣམས་ནི་དམིགས་པའོ་ཞེས་འབྱུང་བའོ། །དེ་ལ་སེམས་དང་སེམས་ལས་བྱུང་བ་རྣམས་ནི་ཞེས་བྱ་བ་ནི་སེམས་དང་སེམས་ལས་བྱུང་བ་རྣམས་ཡིན་པས་སེམས་དང ་སེམས་ལས་བྱུང་བ་རྣམས་སོ། །ཕན་ཚུན་ཞེས་བྱ་བ་ནི་གཅིག་ལ་གཅིག་གོ་།མཚུངས་པར་ལྡན་པའི་ཡུལ་འཛིན་པའི་ཕྱིར་མཉམ་དུ་འཇུག་པས་དེའི་ཕྱིར་མཚུངས་པར་ལྡན་པ་དག་གོ། མཚུངས་པར་ལྡན་པ་ཉིད་མཚུངས་པར་ལྡན་པ་སྟེ ་དེ་ནི་མཚུངས་པར་ལྡན་པ་ཡང་ཡིན་ལ། རྒྱུ་ཡང་ཡིན་པས་མཚུངས་པར་ལྡན་པའི་རྒྱུའོ། །དཔེ་བསྟན་པའི་ཕྱིར། འདི་ལྟ་སྟེ་སེམས་ནི་ཚོར་བ་ནས་ཤེས་རབ་ཀྱི་བར་དག་གིའོ། །ཞེས་བྱ་བ་སྨོས་ཏེ་མཚུངས་པར་ལྡན་པའི་རྒྱུའོ། ། ་པར་དག་གི་ཞེས་བྱ་བའི་སྒྲས་ནི་སེམས་ལ་སོགས་པ་ཡོངས་སུ་སྡུད་དོ། །ཚོར་བ་ལ་སོགས་པ་དེ་དག་ཀྱང་སེམས་ཀྱི་མཚུངས་པར་ལྡན་པའི་རྒྱུའོ། །དཔེར་ན་ཉི་མའི་དཀྱིལ་འཁོར་ནི་འོད་ཟེར་དང་བྲལ་བར་མི་འབྱུང་ངོ། །དེ་བཞིན ་དུ་སེམས་ཀྱང་ཚོར་བ་ལ་སོགས་པ་དང་བྲལ་བར་མི་འབྱུང་ངོ། །ཕན་ཚུན་འབྲས་བུ་ཞེས་བྱ་བ་ལ་སོགས་པ་ལ། གང་དག་ཕན་ཚུན་དུ་འབྲས་བུ་ཡིན་པ་དེ་དག་ནི་ཕན་ཚུན་འབྲས་བུ་སྟེ། གཅིག་གི་འབྲས་བུ ་གཅིག་གོ་ཞེས་བསྟན་པར་འགྱུར་རོ། །ལྷན་ཅིག་འབྱུང་བས་ལྷན་ཅིག་འབྱུང་བ་སྟེ་ལྷན་ཅིག་སྐྱེ་ཞེས་བྱ་བའི་ཐ་ཚིག་གོ། ལྷན་ཅིག་འབྱུང་བ་ཉིད་རྒྱུ་ཡིན་པས་ལྷན་ཅིག་འབྱུང་བའི་རྒྱུའོ། །འདིར་དཔེ་བསྟན་པའ་ཕྱིར། འདི་ལྟ་སྟེ་འབྱུང་བ་རྣམས་གཅིག? ་གི་རྒྱུ་གཅིག་ཡིན་པ་ཞེས་བྱ་བ་སྨོས་ཏེ། དེ་ལ་སའི་ཁམས་ནི་ཆུ་ལ་སོགས་པ་གསུམ་ལ་བལྟོས་ཏེ་འབྱུང་ངོ། །ཆུལ་སོགས་པ་ཡང་ས་ལ་བལྟོས་ནས་འབྱུང་སྟེ། དེ་དག་གི་འདི་ནི་རྒྱུ་དང་འབྲས་བུའི་དངོས་པོའོ། །མཚན་གྱི་གཞི་ནི་གཟུགས ་ལ་སོགས་པའོ། །མཚན་ཉིད་རྣམས་ནི་སྐྱེ་བ་ལ་སོགས་པའོ། །སེམས་ཀྱང་སེམས་ཀྱི་རྗེས་སུ་འབྲང་བ་རྣམས་ཀྱིའོ་ཞེས་བྱབ་ལ་སེམས་ཀྱི་རྗེས་སུ་འབྲང་བའི་ངང་ཚུལ་ཅན་དེ་དག་ནི་སེམས་ཀྱི་རྗེས་སུ་འབྲང་བའོ། །ལྷན་ཅིག་འབྱུང་བ་དང་མཚུངས ་བར་ལྡན་པའི་རྒྱུ་འདྲ་མོང་ཀྱི་འོན་ཀྱང་ཁྱད་པར་བསྟན་པའི་ཕྱིར་ཕན་ཚུན་གྱི་སྟོབས་ཀྱིས་ཞེས་བྱ་བ་སྨོས་ཏེ། གཅིག་གི་སྟོབས་ཀྱིས་གཅིག་གོ། དཔེར་ན་འགྲོན་པོ་མང་པོ་དག་གཅིག་ལ་གཅིག་མི་བལྟོས་པར་ལམ་གྱི་དགོས་པ་ལས་འདའ་ ་བར་མི་ནུས་པ་དེ་བཞིན་དུ་ཆོས་འདི་དག་ཀྱང་སྐད་ཅིག་པའི་ཕྱིར་གཅིག་ལ་གཅིག་མ་བལྟོས་པར་སྐྱེ་མི་ནུས་ཏེ། དེ་ནི་ལྷན་ཅིག་འབྱུང་བའི་རྒྱུའོ། །འགྲོན་པོ་མང་པོ་ནི་ལམ་གྱི་དགོན་པ་ལས་འབྱུང་བར་ཞུགས་པ་དེ་དག་ཉིད་གཅིག ་ལ་གཅིག་ལམ་རྒྱགས་ཀྱིས་འཐུད་པའི་ཚུལ་དུའོ་ཞེས་བྱ་བ་ནི་གཅིག་ལ་གཅིག་ལམ་རྒྱགS་ཀྱིས་འཐུད་པ་དང། གཞན་དང་གཞན་ལའོ། །དེ་ལྟར་གཅིག་ལ་གཅིག་ཉེ་བར་སྒྲུབ་པར་བྱེད་པ་ལྟ་བུས་འབྱུང་བ་སྟེ། དེ་ལྟར་ན་དེ་དག་ནི་ལམ ་རྒྱགས་ཀྱིས་འཐུང་པའི་ཆོས་དང་མཐུན་པའོ། །ད་ནི་འདི་སྐད་དུ་སེམས་དང་སེམས་ལས་བྱུང་པ་རྣམས་ནི་ཕན་ཚུན་ཉེ་བར་གནས་པའི་ཕྱིར་ཡིད་བཅུགས་པས་ལུས་གཅིག་གི་ལྟ་བུར་གྱུར་པའི་ཕྱིར་རྒྱུད་དེ་འབྲས་བུའི་དངོས་པོ་ལས་ཁོང་དུ ་ཆུང་ངོ་ཞེས་སྟོན་པར་འགྱུར་རོ། །དེ་བས་ན་དེ་དག་ནི་མཚུངས་པར་ལྡན་པའི་ཞེས་བརྗོད་ཀྱི་སྐྱེ་བ་ལ་སོགས་པ་ནི་མ་ཡིན་ནོ། །དེ་དག་ནི་མི་ལྡན་པའི་ཕྱིར་ཡིད་བཅུགས་པ་མ་ཡིན་པ་ལྟར་གཅིག་ལ་གཅིག་ཉེ་བར་སྒྲུབ་ཅིང་ཕན་འདོགས་པ་ལ ་མི་བལྟོས་པའོ། །འདིར་ནི་ལྷན་ཅིག་འབྱུང་བ་ཙམ་འབའ་ཞིག་གིས་རྒྱུར་ཁོང་དུ་ཆུད་དོ། །སེམས་ཀྱི་རྗེས་སུ་འབྲང་བ་རྣམས་ཞེས་སྨོས་པ་དེ་དག་གང་ཞེ་ན། དེའི་ཕྱིར་སེམས་ལས་བྱུང་བ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ་ཚོར་བ་ལ ་སོགས་པའོ། །འདུས་བྱས་ཀྱི་མཚན་ཉིད་ཅེས་བྱ་བ་ནི་སྐྱེ་བ་ལ་སོགས་པའོ། །འདུས་བྱས་ཀྱི་མཚན་ཉིད་སེམས་ཀྱི་རྗེས་སུ་འབྲང་བ་གང་དག་ཡིན་སྙམ་པ་ལ། དེའི་ཕྱིར་གང་དག་སེམས་དེའི་ཡིན་པ་དག་གོ་ཞེས་བྱ་བ་སྨོས་ཏེ། གོང་བུ ་བརྗོད་མ་ཐག་པའི་སེམས་ལས་བྱུང་བ་རྣམས་དང། བསམ་གཏན་དང་ཟག་པ་མེད་པའི་སྡོམ་པ་རྣམས་དང། སེམས་དེའི་སྐྱེ་བ་ལ་སོགས་པའོ།། གང་གི་ཕྱིར་དེ་དག་སེམས་ཀྱི་རྗེས་སུ་འབྲང་བ་ཞེས་བྱ་སྙམ་པ་ལ། དེ་དག་གི་སེམས་དང ་ལྷན་ཅིག་ཏུ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དུས་གཅིག་པ་དང། སྐྱེ་བ་གཅིག་པ་དང་གནས་པ་གཅིག་པ་དང། འགག་པ་གཅིག་པའོ། །དེ་ལ་དུས་གཅིག་ཅེས་བྱ་བ་ལ་སོགས་པ་ལ། འདས་པའི་སེམས་ནི་འདས་པ་རྣམས་དང། ད ་ལྟར་བྱུང་བ་རྣམས་ནི་དེ་ལྟར་བྱུང་བ་རྣམས་དང། མ་འོངས་པ་རྣམས་ནི་མ་འོངས་པ་རྣམས་དང་སྟེ། དེ་དག་ནི་དུས་གཞན་ན་འཇུག་པ་མ་ཡིན་ནོ། །དུས་གཅིག་ཏུ་སྐྱེ་བས་སྐྱེ་བ་གཅིག་པ་དང། དུས་གཅིག་ཏུ་གནས་པ་དང། དུས་གཅིག ་ཏུ་འགག་པ་ནི་དུས་དང་སྐྱེ་བ་དང་གནས་པ་དང་འགག་པ་གཅིག་སྟེ། དེ་དག་གང་དག་ལ་ཡོད་པ་དེ་དག་དུས་ངང་སྐྱེ་བ་དང་གནས་པ་དང་འགག་པ་གཅིག་པའོ། །འབྲས་བུ་གཅིག་པ་རྣམས་དང། རྒྱུ ་མཐུན་པ་གཅིག་པ་རྣམས་དང། རྣམ་པར་སྨིན་པ་གཅིག་པ་རྣམས་ཏེ། དེ་ལ་འབྲས་བུ་གཅིག་པ་ནི་སེམས་ཀྱི་འབྲས་བུ་གང་ཡིན་པ་དེ་ཉིད་དེ་དག་གིའོ། །དེ་དག་གི་གང་ཡིན་པ་དེ་ཉིད་སེམས་ཀྱིའོ། །འདི་ལྟ་སྟེ་སེམས་ཀྱི་འབྲས་བུ ་ཚོར་བ་ལ་སོགས་པ་གང་ཡིན་པ་དེ་ཉིད་དེའི་རྗེས་སུ་འབྲང་བ་རྣམས་ཀྱིའོ། །རྒྱུ་མཐུན་པ་གཅིག་པ་གང་དག་ཡིན་པ་དེ་དག་ནི་རྒྱུ་མཐུན་པ་གཅིག་པ་སྟེ། འབྲས་བུ་འདྲ་བ་ཞེས་བྱ་བའི་ཐ་ཚིག་གོ། དེ་ནི་འདི་སྐད་དུ་སེམས་ཀྱི་རྒྱུ་མཐུན ་པ་དགེ་བ་ལ་སོགས་པ་གང་ཡིན་པ་དེ་ཉིད་དེའི་རྗེས་སུ་འབྲང་བ་རྣམས་ཀྱིའོ་ཞེས་བསྟན་པར་འགྱུར་རོ། །རྣམ་པར་སྨིན་པ་གཅིག་པ་གང་དག་ཡིན་པ་དེ་དག་རྣམ་པར་སྨིན་པ་གཅིག་པ་དག་སྟེ། རྣམ་པར་སྨིན་པ་ནི་མི་ཉིད་ལ་སོགས ་པའོ། །སེམས་ཀྱི་རྣམ་པར་སྨིན་པ་གང་ཡིན་པ་དེ་ཉིད་དེའི་རྗེས་སུ་འབྲང་བ་རྣམས་ཀྱིའོ། །སྐལ་པ་མཉམ་པ་གང་ཞེ་ན། རང་གི་ས་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རང་གི་ས་པ་རྣམས་ནི་རང་གི་ས་པ་རྣམས་ཉིད་ཀྱིའོ། །དེ ་ལ་གང་དག་འདོད་པར་གཏོགས་པའི་ཆོས་དེ་དག་ནི་འདོད་པར་གཏོགས་བ་རྣམས་ཀྱི་རྒྱུའོ། །དེ་བཞིན་དུ་གཟུགས་དང་གཟུགས་མེད་པར་གཏོགས་པའི་ཆོས་རྣམས་ནི་གཟུགས་དང་གཟུགས་མེད་པར་གཏོགས་པ་ ་རྣམས་ཀྱིའོ།། རིས་སྨོས་པ་ནི་རིས་ལྔ་ཡོངས་སུ་བསྡུད་དེ། སྡུག་བསྔལ་མཐོང་བས་སྤང་བར་བྱ་བའི་རིས་ནས་བསྒོམ་པས་སྤང་བར་བྱ་བའི་བར་དུའོ། །དེ་ལ་སྡུག་བསྔལ་མཐོང་ངེས་སྤང་བར་བྱ་བ་ནི། སྡུག་བསྔལ ་མཐོང་བས་སྤང་པར་བྱ་བའི་ཆོས་རྣམས་ཀྱི་སྟེ། དེ་དག་སྔར་སྐྱེས་པ་རྣམས་ཀྱིས་སྐྱེ་བ་རྣམས་ཀྱིའོ། །ཆོས་འདྲ་བ་ནི་དགེ་བ་ཡང་དགེ་བ་རྣམས་ཀྱི་ཡིན་པ་ལ་སོགས་པའོ། །ས་བོན་གྱི་ཆོས་ཀྱི་ཚུལ་གྱིས་ཞེས་བྱ་བ་ནི་དཔེར་ན་འབྲས་སཱ་ལུའི་ས་བོན་ལས་འབྲས་བུའི། ་མྱུ་གུ་ཉིད་འབྱུང་བ་ལྟ་བུ་སྟེ། ས་བོན་གྱི་ཆོས་ཀྱི་ཚུལ་འདིས་འདྲ་བར་ཁོང་དུ་ཆུད་པར་བྱའོ། །སྐལ་པ་མཉམ་པ་ནི་སྐལ་པ་མཚུངས་པ་སྟེ་འདྲ་ཞེས་བྱ་བའི་ཐ་ཚིག་གོ། དེ་ནི་སྐལ་པ་མཉམ་པ་ཡང་ཡིན་ལ་རྒྱུ་ཡང་ཡིན་པས་སྐལ་པ་མཉམ་པའི ་རྒྱུའོ། །རང་གིས་བ་ཞེས་བྱ་བ་ལ། ས་ནི་དགུ་སྟེ་འདོད་པའི་ཁམས་དང། བསམ་གཏན་དང། གཟུགས་མེད་པ་རྣམས་སོ། །ཀུན་ཏུ་འགྲོ་བ་ཞེས་བྱ་བ་ནི་ཐམས་ཅད་དུ་འགྲོ་བས་ཀུན་ཏུ་འགྲོ་བའོ།། དེ་དག་ཀྱང་སྔར་བཤད་པ་ཡིན་ཏེ། ་ཐམས་ཅད་ལ་དམིགས་པའི་དངོས་པོར་འགྲོ་བའི་ཕྱིར་རོ། །ཉོན་མོངས་པ་ཅན་ཞེས་བྱ་བ་ནི་འདོད་ཆགས་ལ་སོགས་པ་རྣམས་ཉིད་ཀྱིའོ། །ཀུན་ཏུ་འགྲོ་བ་རྣམས་ཉིད་རྒྱུ་ཡིན་པས་ཀུན་ཏུ་འགྲོ་བའི་རྒྱུའོ། །སྐལ་པ་མཉམ་པའི་རྒྱུ་ནི ་རང་གི་རིས་པ་རྣམས་ཉིད་ཀྱིའོ། །འདི་ནི་རིས་ཐ་དད་པ་རྣམས་ཀྱི་ཡང་ཡིན་ཏེ། འདི་ནི་དེ་གཉིས་ཀྱི་བྱེ་བྲག་གོ་།མི་འདྲ་བར་སྨིན་པ་ནི་རྣམ་པར་སྨིན་པ་སྟེ་མི་ཉིད་ལ་སོགས་པའོ། །དེའི་རྒྱུ་ནི་རྣམ་པར་སྨིན་པའི་རྒྱུའོ། །དེ་ཡང་མི་དགེ ་བ་རྣམས་ནི་འདོད་ཆགས་ལ་སོགས་པའོ། །དགེ་བ་ནི་དང་པ་ལ་སོགས་པའོ། །དེ་དག་ནི་དགེ་བ་ཡང་ཡིན་ལ་ཟག་པ་དང་བཅས་པ་ཡང་ཡིན་པས་དགེ་བ་ཟག་པ་དང་བཅས་པ་རྣམས་ཏེ། འདོད་ཆགས་ལ་སོགས་པ་རྒས ་པར་འགྱུར་བས་ཟག་པ་དང་བཅས་པ་རྣམས་སོ། །ཅིའི་ཕྱིར་ལུང་དུ་མི་སྟོན་པར་རྣམ་པར་སྨིན་པའི་རྒྱུ་མ་ཡིན་ཞེ་ན། མཐུ་ཆུང་བའི་ཕྱིར་ཏེ་ས་བོན་རུལ་བ་བཞིན་ནོ། །ཟག་པ་མེད་པ་ཅིའི་ཕྱིར་མ་ཡིན་ཞེ་ན། སྲེད་པས་མ་བསློན་པའི ་ཕྱིར་ཏེ། ས་བོན་དྲུང་པོ་བཞིན་ནོ། །དེ་དག་ཅེས་བྱ་བ་མི་དགེ་ལ་སོགས་པའོ། །རྣམ་པར་སྨིན་པར་འགྱུར་བའི་ཆོས་དེ་དག་གི་རྣམ་པར་སྨིན་པར་འགྱུར་བའི་ཆོས་ལ་རྣམ་པར་སྨིན་པར་ཞེས་བརྗོད་པས ་རྣམ་པར་སྨིན་པར་འགྱུར་བའི་ཆོས་ཅན་ནོ། །ཆོས་ནི་མིག་གི་རྣམ་པར་ཤེས་པ་ལ་སོགས་པ་སྟེ། དེ་དག་སྐྱེ་བ་ནའོ། །རང་བཞིན་མ་གཏོགས་པ་ཞེས་བྱ་བ་ནི་བདག་ལ་བདག་ཉིད་བྱེད་པ་འགལ་བའི་ཕྱིར་ངོ་བོ་ཉིད་མ་གཏོགས ་ཏེ། དེ་ཉིད་དེའི་སྐྱེད་པ་པོར་མ་མཐོང་ངོ། །ཆོས་ཐམས་ཅད་ཆོས་ཐམས་ཅད་ཅེས་བྱ་བ་ནི་འདུས་བྱས་དང་འདུས་མ་བྱས་རྣམས་སོ། །ཅིའི་ཕྱིར་རྒྱུ་ཞེས་བྱ་སྙམ་པ་ལ། དེའི་ཕྱིར་སྐྱེ་བ་ལ་བགེགས་མི་བྱེད་ཅིང་མི་སྒྲིབ་པའི་དངོས་པོས ་ཞེས་བྱ་བ་སྨོས་ཏེ། བགེགས་ནི་བར་དུ་གཅོད་པའོ།། བགེགས་བྱེད་པ་མ་ཡིན་པ་ནི་བགེགས་མི་བྱེད་པའོ།། སྒྲིབ་པ་ནི་ཆོད་པ་སྟེ་འགག་པའོ།། སྒྲིབ་པར་མི་བྱེད་པ་ནི་མི་སྒྲིབ་པའོ།། སྐྱེ་བ་ལ་སྒྲིབ་པར་མི་བྱེད་པས་སྐྱེ ་བ་ལ་མི་སྒྲིབ་པའོ། །བགེགས་མེད་པར་སྐྱེ་ཞིང་སྒྲིབ་པ་མེད་པ་ནི་སྐྱེ་བ་ལ་བགེགས་མེད་ཅིང་མི་སྒྲིབ་པ་སྟེ། སྐྱེ་བ་ལ་བགེགས་མི་བྱེད་ཅིང་མི་སྒྲིབ་པའི་གནས་སྐབས་ངེས་སོ། །དེ་ནི་འདི་སྐད་དུ། ཇི་སྙེད་ཆོས་སྐྱེ་བའི ་བགེགས་མི་བྱེད་པ་དེ་དག་ཐམས་ཅད་བྱེད་པའི་རྒྱུ་ཞེས་བྱའོ་ཞེས་བསྟན་པར་འགྱུར། །གང་གི་ཚེ་བྱེད་པ་ཉིད་རྒྱུ་ཡིན་པའི་ཕྱིར་རྒྱུ་ཐམས་ཅད་ཀྱང་བྱེད་པའི་རྒྱུའི་སྒྲར་བརྗོད་པར་འགྱུར་ན་ཅིའི་ཕྱིར་འདི་ཁོ་ན་ལ་བྱེད་པའི ་རྒྱུ་ཞེས་བྱ། སྨྲས་པ་དེ་དག་ནི་མིང་གཞན་གྱིས་བརྗོད་དོ། །གང་ལ་མིང་གཞན་མེད་བ་དེ་ནི་སྒྲ་ཉིད་ཀྱིས་བརྗོད་དེ། །གཟུགས་ཀྱི་སྐྱེ་མཆེད་བཞིན་ནོ། །རྒྱུ་རྣམས་ནི་བཤད་ཟིན་ཏོ། །འབྲས་བུ་དེ་དག་བཤད་པར་བྱའོ། །གང་གི་ཡིན ་གང་ཡིན་སྙམ་པ་།།དེའི་ཕྱིར་དེ་ལ་ལྷན་ཅིག་འབྱུང་བ་དང་མཉམ་དུ་ལྡན་པའི་རྒྱུའི་ནི་སྐྱེས་བུ་བྱེད་པའི་འབྲས་བུ་སྟེ་ཞེས་བྱ་བ་སྨོས་ཏེ། རྣམ་པར་བཞག་པའོ། །ཇི་ལྟར་ཞེ་ན། ན་ཞེས་བྱ་བ་སྨོས་ཏེ། ནའི་སྒྲ་ནི་གང་གི་ཕྱིར་ཞེས་བྱ་བའི་དོན་ཏེ། གང་གི་ཕྱིར ་གང་གི་སྟོབས་ཀྱི་ནུས་པས་གང་སྐྱེ་བ་དེ་དེའི་སྟེ། འཇིག་རྟེན་ན་སྐྱེས་བུ་བྱེད་པའི་འབྲས་བུ་ཞེས་སྟོན་ཏོ། །དཔེར་ན་འབྲས་བུ་ལ་སོགས་པ་ནི་ཞིང་པ་རྣམས་ཀྱི་སྐྱེས་བུའི་བྱེད་པའི་འབྲས་བུ་ཡིན་པ་དེ་བཞིན་དུ་སེམས་ལ་སོགས་པའི ་སྟོབས་ཀྱིས་བྱུང་བ་རྣམས་སྐྱེས་བུ་བྱེད་པའི་འབྲས་བུར་རྣམ་པར་བཞག་གོ། མི་འདྲ་བ་སྨིན་པ་ནི་རྣམ་པར་སྨིན་པ་སྟེ། མི་འདྲ་བ་ཇི་ལྟ་བུ་ཞེ་ན། དགེ་བ་དང། མི་དགེ་བའི་རྒྱུ་ལས་ལུང་དུ་མ་བསྟན་ཅེས་བྱ་བའི་ཐ་ཚིག་གོ། སེམས་ཅན ་མི་ལ་སོགས་པ་སྟེ། གང་ལ་སེམས་ཅན་ཞེས་བརྗོད་པ་དེ་སེམས་ཅན་ཞེས་བྱའོ། །མ་བསྒྲིབས་ལ་ལུང་དུ་སྟོན་ཏོ་ཞེས་བྱ་བ་ནི་ཉོན་མོངས་པས་མ་ནོན་ཞེས་བྱ་བའི་ཐ་ཚིག་སྟེ། དེ་ནི་ངོ་བོ་ཉིད་དོ།། སྐྱེས་བུའི་བྱེད་པ་དང། བདག་པོའི་འབྲས ་བུ་གཉིས་ལ་བྱེ་བྲག་ཅི་ཡོད་ཅེ་ན། སྨྲས་པ་སྐྱེས་བུའི་བྱེད་པའི་འབྲས་བུ་ནི་བྱེད་པའིའོ། །བདག་པོའི་འབྲས་བུ་ནི་བྱེད་པ་མ་ཡིན་པའི་ཡང་ཡིན་ནོ།། དཔེར་ན་བཟོ་བོ་རྣམས་ཀྱི་བཟོ་ནི་སྐྱེས་བུ་བྱེད་པའི་འབྲས་བུ་དང། བདག་པོའི་འབྲས ་བུ་ཡང་ཡིན་པ་དང། དེ་མ་ཡིན་པ་གཞན་ནི་བདག་པོའི་འབྲས་བུ་ཉིད་ཡིན་པ་ལྟ་བུའོ། །དེ་ལྟར་བསྐྱེད་པར་བྱ་བ་དང། སྐྱེད་པའི་དངོས་པོས་རྒྱུ་དང་འབྲས་བུ་རྣམ་པར་བཞག་པ་བཤད་ཟིན་ཏོ། །ད་ནི་ཐོབ་པར་བྱ་བ་དང། ཐོབ་པར་བྱེད ་པའི་རྒྱུ་དང་འབྲས་བུའི་དངོས་པོས་འབྲས་བུ་གཞན་བརྗོད་པར་བྱ་བའི་ཕྱིར། མྱ་ངན་ལས་འདས་པ་ནི་བྲལ་བའི་འབྲས་བུ་ཞེས་བྱ་སྟེ། ཞེས་བྱ་བ་སྨོས་སོ། །འབྲལ་བས་ན་བྲལ་བ་སྟེ། ཉོན་མོངས་པ་གཏན་དུ་མི་འབྱུང་པ་ཞེས་བྱ་བའི ་ཐ་ཚིག་གོ། བྲལ་བའི་འབྲས་བུ་ཉིད་བྲལ་བའི་འབྲས་བུའོ། །དེ་ནི་ཐོབ་པར་བྱ་བ་ཡིན་གྱི། ཞེས་བྱ་བ་ནི་ལམ་གྱིས་ཐོབ་པར་བྱ་བ་ཡིན་པའི་ཕྱིར་རོ། །སྐྱེད་བས་བམ?། ཡིན་པ་ནི་དག་པའི་ཕྱིར་རོ། །རྐྱེན? ་བརྗོད་པར་བྱ་སྟེ། དེའི་ཕྱིར་རྐྱེན་ནི་བཞི་སྟེ། རྒྱུའི་རྐྱེན་དང་དེ་མ་ཐག་པའི་རྐྱེན་དང། དམིགས་པའི་རྐྱེན་དང། བདག་པོའི་རྐྱེན་ཏོ?་ཞེས་བྱ་བ་སྨོས་སོ། །རྟོགས་པར་བྱེད་པས་རྐྱེན་ཏེ། རང་གིས་དགོས་བ་སྐྱེ་བ་གསལ་བར་བྱེད་པའི ་ཕྱིར་རོ།། འདས་པ་དང་ད་ལྟར་བྱུང་བའི་སེམས་དང་སེམས་ལས་བྱུང་བའི་རྣམས་སོ། །མ་འོངས་པ་རྣམས་ནི་མ་ཡིན་ཏེ། མ་འོངས་པ་ནི་འཁྲུག་པའི་ཕྱིར་སྔ་ཕྱི་མེད་དོ། །དེ་མ་ཐག་པའི་རྐྱེན་ཅེས་བྱ་བ་ལ། དེ་ནི་དེ་མ་ཐག་པ་ཡིན་པS ་དེ་མ་ཐག་པ་སྟེ། དེ་ནི་འདི་སྐད་དུ་སེམས་ལ་སོགས་པའི་རྫས་གཅིག་ལས་སེམས་ལ་སོགས་པའི་རྫས་གཅིག་འབྱུང་གི་དུ་མ་ནི་མ་ཡིན་ནོ་ཞེས་བསྟན་པར་འགྱུར། །དེ་མ་ཐག་པ་ཞེས་བྱ་བ་ནི་རིགས་གཅིག་པའི་རྫས་ཀྱིས ་བར་དུ་གཅོད་ཅེས་བྱ་བའི་ཐ་ཚིག་གོ། དམིགས་པའི་རྐྱེན་ཅེས་བྱ་བ་ནི་དེ་དམིགས་པར་བྱ་བ་ཡིན་པས་དམིགས་པའོ། །དམིགས་པ་ཉིད་རྐྱེན་ཡིན་པས་དམིགས་པའི་རྐྱེན་ཏེ། དེ་ལ་དམིགས་ནས་སེམས་དང་སེམས་ལས་བྱུང ་བ་དག་འབྱུང་བའི་ཕྱིར་རོ། །ཆོས་ཐམས་ཅད་དོ་ཞེས་བྱ་བ་ནི་འདུས་བྱས་དང་འདུས་མ་བྱས་རྣམས་སོ། །བྱེད་པའི་རྒྱུར་བ་བཞིན་ནོ་ཞེས་བྱ་བ་དེ་ནི་འདི་སྐད་དུ་རྒྱུའི་རྐྱེན་གང་ཡིན་པ་དེ་ཉིད་བདག་པོའི་རྐྱེན་ཅེས་བྱ་བའི་ཐ་ཚིག ་གོ་ཞེས་བསྟན་པར་འགྱུར་རོ། །ནམ་མཁའ་ནི་བསགས་པའི་རྫས་ཀྱི་གོ་འབྱེད་པའི་མཚན་ཉིད་དེ། ཞེས་བྱ་བ་ལ་བསགས?་པའི་རྡུལ་ཕྲ་མོ་འདུས་པའི་བདག་ཉིད། །དེ་ནི་བསགས་པ་ཡང་ཡིན་ལ་རྫས་ཀྱང་ཡིན་པས་བསགS ་པའི་རྫས་སོ། །བསགས་པའི་རྫས་ཀྱི་གོ་འབྱེད་པས་བསགས་པའི་རྫས་ཀྱི་གོ་འབྱེད་པའོ། །དེ་ཉིད་དེའི་མཚན་ཉིད་དེ། དེ་ནི་ནམ་མཁའ་ཞེས་བྱའོ། །དེའི་ནང་དུ་དངོས་པོ་ཤིན་ཏུ་བསལ་བསན་མཁའ་ཨོ། །བསྐྲམ?་བ་ནི་སལ་སལ་པོ་སྟེ། མངོན ་ནོ་རབ་ཏུ་གསལ་ལོ་ཞེས་བྱ་བའི་ཐ་ཚིག་གོ། གང་གི་དབང་གིས་ཞེས་བྱ་བ་ནི་གང་གིས་མཐུས་དངོས་པོ་ཐམས་ཅད་ནམ་མཁའ་ལ་གནས་པའོ། །ཐོགས་པ་དང་བཅས་པ་རྣམས་ནི་ཡུལ་གནོན་པས་གནས་སོ། །ཐོགས་པ་མེད་པ་རྣམས་ནི ་ཉེ་བར་གནས་པས་གནས་སོ། །གལ་ཏེ་ནམ་མཁའ་སྒྲིབ་པའི་བདག་ཉིད་དུ་གྱུར་ན་ནི་དེ་ལ་ཐོགས་པ་དང་བཅས་པ་རྣམས་དང་ཐོགས་པ་མེད་པ་རྣམས་འབྱུང་བ་དང་གནས་བ་མེད་པར་འགྱུར་རོ། །འདིར་བདེ་བར་གཤེགས་པས་ཀྱང ་གསུངས་ཞེས་བྱ་བ་ལ་སོགས་པས་ནི་ལུང་ལས་འབྱུང་བས་སྟོན་ཏོ། །བྲམ་ཟེ་རླུང་གི་ནམ་མཁའ་ལ་བརྟེན་ཏོ། །ཞེས་བྱ་བས་ནི་ནམ་མཁའ་ཡོད་པར་བརྗོད་དེ། འདི་ལྟར་དངོས་པ་མེད་པ་ནི་དངོས་པོ་མེད་པའི་རྟེན་དུ་མི་རུང་ངོ། ་སྣང་བའི་རྟགས་ཀྱིས་ཀྱང་ཡིན་ཏེ། སྨང་བ་ཡོད་པས་ན་ནམ་མཁའ་ཤེས་སོ་ཞེས་གསུངས་པའི་ཕྱིར་རོ། །དེའི་དོན་ནི་འདི་ལྟ་སྟེ། རླུང་གི་ནམ་མཁའ་ལ་བརྟན་པར་གསུམ་སོ།། ནམ་མཁའ་ནི་གནས་མེད་པར་གསུངས་སོ། །དེའི་ཕྱིར་བྲམ ་ཟེ་གང་རླུང་རྟེན་པར་བརྟགས་པའི་ནམ་མཁའ་དེ་ཡོད་པར་ཅི་མངོན་སྙམ་དུ་གྱུར་དུ་འོང་ཞེས་དེའི་ཕྱིར་བཅོམ་ལྡན་འདས་ཀྱིས་སྣང་བ་ཡོད་པས་ན་ནམ་མཁའ་ཤེས་སོ་ཞེས་གསུངས་ཏེ་དེ་ནི་ཡོད་དོ། །སྨད་བ་ནི་གཟུགས་ཅན་ཏེ་བསྟན་དུ ་ཡང་བ་ཐོགས་པ་དང་བཅས་པའོ། །གལ་ཏེ་ནམ་མཁའ་དེ་མེད་དུ་ཟིན་ན་དེ་གོ་སྐབས་འབྱེད་པ་ཡང་མེད་པར་འགྱུར་ཏེ། དེའི་ཕྱིར་སྣང་བ་ནི་དེ་ཡོད་པའི་རྟགས་ཡིན་ནོ། །སོ་སོར་རྟགས་པས་འགོག་པར་སྡུག་བསྔལ་སྤོང་བའོ་ཞེས ་བྱ་བ་ནི་ཇི་ལྟར་བསྟན་པ་དེ་བཞིན་བཤད་པས་དེའི་ཕྱིར་སོ་སོར་བརྟགས་པ་མ་ཡིན་བས་འགོག་པའི་རིམ་པ་ལ་བབ་པ་ལས་གོ་བསྣོར་ཏེ། སོ་སོར་བརྟགས་པས་འགོག་པའི་རང་གི་ངོ་བོས ་ཡོངས་སུ་ཤེས་པའི་འོག་ཏུ་དེ་དགག་པ་རྣམ་པར་སྤོ་བ་བླ་བར་འགྱུར་བས་དེའི་ཕྱིར་སོ་སོར་བརྟགས་པས་འགོག་པ་སྔར་བཤད་དོ། །སྡུག་བསྔལ་འདོར་བ་ནི་སྡུག་བསྔལ་སྤོང་བའོ། །མདོར་བསྡུ་ན་ཞེས་བྱ་བ་ནི་ན་བ་ལ་སོགS ་བ་སྡུག་བསྔལ་རྣམ་པ་མང་དུ་ཡོད་མོད་ཀྱི་ཐམས་སོ་ཅད་ཀྱང་སྐྱེ་བ་ལས་བྱུང་བའི་ཕྱིར་མདོར་ན་སྐྱེ་བ་ཉིད་སྡུག་བསྔལ་ཞེས་སྨོས་སོ། །སྲིད་པ་མངོན་པར་འགྲུབ་བོ་ཞེས་བྱ་བ་དང། འཇུག་པ་ཞེས་བྱ་བ་ལ། སྲིད་པ་ནི་སྐྱེ་བའོ། །དེ་མངོན ་པར་འགྲུབ་པ་ནི་མངོན་པར་འགྲུབ་པ་སྟེ། སྲིད་པ་འབྱུང་བའོ། །དེའི་འཇུག་པ་ནི་འཇུག་པ་སྟེ་ཡང་དང་ཡང་འབྱུང་བ་ཞེས་བྱ་བའི་ཐ་ཚིག་གོ། དེའི་འཇུག་པ་མེད་བ་ནི་སྐྱེ་བ་དང་འབྲལ་བའོ། །སྤོང་བ་ཞེས་བྱ་སྟེ་ཞེས་བྱ་པ ་ནི་སྤོང་བ་ཞེས་མིང་དུ་གདགས་པའོ། །ཆུ་འབབ་པ་བཅད་པ་ལྟ་བུ་ནི་འདྲ་བའོ། །རླུང་རྒྱུ་བ་ལ་ཐོགས་པར་བྱེད་པ་ནི་རླུང་རྒྱུ་བ་ལ་ཐོགས་པར་བྱད་པ་སྟེ། འདིས་ཐོགས་པར་བྱེད་པས་ཐོགས་པར་བྱེད་པའོ།། དེ་ནི་རླུང་རྒྱུ་བ ་ཐོགས་པར་བྱེད་པ་ཡང་ཡིན་ལ་བྲག་ཀྱང་ཡིན་པས་རླུང་རྒྱུ་བ་ཐོགས་པར་བྱེད་པའི་བྲག་གོ། དཔེར་ན་བྲག་ནི་རླུང་རྒྱུ་བ་ཐོགས་པར་བྱེད་པའོ། །དེ་བཞིན་དུ་སྐྱེ་བའི་རྒྱུད་གཅོད་པར་བྱེད་པ་གང་ཡིན་པ་དེ་ནི་སོ་སོར་བརྟགས ་པས་འགོག་པ་ཞེས་བྱའོ། །འདིས་ནི་རྫས་སུ་ཡོད་པ་ཉིད་རབ་ཏུ་སྟོན་ཏོ། །བརྟགས་འགོག་པ་ནི་ཤེས་རབ་སྟེ་འདིས་རྟོགས་པས་བརྟགས་པའོ། །ཐ་དད་དུ་ཡོངས་སུ་བགྲང་པས་བརྟགས་པའོ།། དཔེར་ན་གཅིག་ལ་སོགས ་པའི་གྲངས་ཀྱིས་དངོས་པོ་ཡོངས་སུ་གཅོད་པར་འགྱུར་བ་དེ་བཞིན་དུ་ཤེས་རབ་འདིས་ཀྱང་དངོས་པོ་ཡོངས་སུ་གཅོད་དོ།། །ཇི་ལྟར་དངོས་པོ་ཡོངས་སུ་གཅོད་ཅེ་ན། སོ་སོར་ཞེས་བྱ་བའི་སྒྲར་ཁྱབ་པར་འདོད་པའི་ཚིག་གི་བདེན་པ ་བཞི་ལ་མི་རྟག་པ་ལ་སོགས་པའི་རྣམ་པར་དམིགས་པ་སྟེ། དེའི་ཕྱིར་སོ་སོར་བརྟགས་པའོ། །བློའི་བྱེ་བྲག་དགེ་བའོ་ཞེས་བྱ་བ་འདིས་ནི་ལམ་རྗོད་པར་བྱེད་དེ། ལམ་གྱིས་འདི་འཐོབ་བོ། །དེས་ཞེས་བྱ་བ་ནི་བློས་སོ། །འཐོབ་པ་ཞེས་བྱ་བ་ནི་རྙེད? ་པའོ། །དེ་གང་ཡིན་སྙམ་པ་ལ། འགོག་པ་ཞེས་བྱ་བ་སྨོས་ཏེ། ཞོའི་བུམ་པ་བཞིན་དུ་ཚིག་བར་མ་མི་མངོན་པར་བྱས་པའོ། །རྟག་པའི་ཕྱིར་བསྐྱེད་པར་བྱ་བ་ནི་མ་ཡིན་ནོ།། སྤང་བར་བྱ་བ་མཛའ་ཡས་པ་བཞིན་དུ་ཞེས་བྱ་བ་ནི་ཇི་ལྟར་འདོད་ཆགས ་ལ་སོགས་པ་སྤང་བར་བྱ་བ་དག་མཛའ་ཡས་པ་དེ་བཞིན་དུ་སྤོང་བའི་རྫས་དེ་ཡང་མཛའ་ཡས་པར་བལྟ་བར་བྱའོ། །གལ་ཏེ་གཅིག་པ་ཞིག་ཡིན་ཏེ། སྤང་བར་བྱ་བ་བཞིན་དུ་མཛའ་ཡས་པར་མ་གྱུར་ན་ཉེས་པ་ཅི་ཞིག་ཡོད་ཅེ་ན། འཕགས ་པའི་ལམ་གྱི་སྐད་ཅིག་སྔ་མ་ཉིད་ཀྱིས་ཞེས་བྱ་བ་སྨོས་ཏེ། སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་ཉིད་ཀྱིས་སོ། །དེ་ཞེས་བྱ་བ་ནི་འགོག་པའོ། །མངོན་སུམ་དུ་བྱས་ཞེས་བྱ་བ་ནི་ཐོབ་པ་མངོན་སུམ་དུ་བྱས་པའི་ཕྱིར་རོ། །ཕྱི་མ་ཞེས ་བྱ་བ་འདིས་ན་ཀུན་འབྱུང་བ་ལ་སོགས་པ་སྡུད་དོ། །འགོག་པ་གཅིག་པུ་ཞིག་ཡོད་ན་ནི་དེ་སྔ་མ་ཉིད་ཀྱིས་མངོན་སུམ་དུ་བྱས་པས་ནི་དེ་སྤང?་བར་བྱ་བའི་ཕྱིར་ལམ་བསྒོམ་པར་ནོ་མེད་པར་འགྱུར་ཏེ། དེ་བས་ན་དུ་མ་ཉིད་དུ་གྲུབ་བོ། ཅུང་ཟད ་ཞེས་བྱ་བ་ནི་མྱ་ངན་ལས་འདས་པ་སྟེ། རྫས་གཅིག་པུ་ཁོ་ན་ཡིན་མོད་ཀྱི། འོན་ཀྱང་འཕགས་པའི་ལམ་གྱི་སྐད་ཅིག་སྔ་མས་མ་ལུས་བ་མངོན་སུམ་དུ་བྱེད་བ་མ་ཡིན་གྱི་ལམ་བསྒོམ་པ་ཕྱི་མ་དག་གིས་མ་ལུས་བར་མདོ་ནི་སུམ ་དུ་བྱེད་པར་འདོད་ན་དེ་ལྟ་ན་ནི་ཅུང་ཟད་མངོན་སུམ་དུ་བྱེད་པས་མྱ་ངན་ལས་འདས་པ་སྟེ་ཡན་ལག་དང་བཅས་པར་འགྱུར་ཏེ། རྟག་པ་བསྟན་དུ་མེད་པ་ཐོགས་པ་མེད་པ་ཡིན་པས་ཡན་ལག་མེད་དུ? ་པར་འདོད་དོ། །འབྲས་བུའི་བྱེ་བྲག་གིས་ཞེས་བྱ་བ་རྒྱུན་ཏུ་ཞུགས་བྱ་ལ་སོགས་པའི་འབྲས་བུའི་བྱེ་བྲག་གིས་སོ། །སྤོང་བའི་ཁམས་དང། འདོད་ཆགས་དང་བྲལ་བའི་ཁམས་དང། འགོག་པའི་ཁམས་གྱི་བྱེ་བྲག་གི་རྣམ་པ་གསུམ་མོ། །དེ ་ལ་འདོད་ཆཌ་མ་གཏོགས་པའི་ཉོན་མོངས་པ་རྣམས་སྤོང་བ་ནི་སྤོང་བའི་ཁམས་སོ། །འདོད་ཆགS་སྤོང་བ་ནི་འདོད་ཆགས་དང་བྲལ་བའི་ཁམས་སོ། །སྔར་བཤད་པ་མ་གཏོགས་པ་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་དག་སྤོང་བ་ནི་འགོག་པའི་ཁམས་སོ། །བདེན་པ་གཉིས་པོ་སྤོང།། ་བའི་བྱེ་བྲག་ཅེས་བྱ་བ་ནི་སྡུག་བསྔལ་དང་ཀུན་འབྱུང་བ་སྤོང་བའི་བྱེ་བྲག་གིས་སོ། །ཕུང་པོ་དང་བཅས་པ་དང་ཕུང་པོ་ལྷག་མ་མེད་པའི་དབྱིངས་ཀྱི་བྱེ་བྲགས་གིས་ཡང་རྣཾ་པ་གཉིས་སོ་ཞེས་བྱ་བ་ལ། ཕུང་པོ་ཞེས་བྱ་བ་ནི་ཕུང་པོ་རྣམས་སོ། །ཕུང་པོ་རྣམས་དང་ལྡན་ཏེ་ལྷག་མ་ལུས་བ། ་ནི་ཕུང་པོའི་ལྷག་མ་དང་བཅས་པའོ། །དེ་ནི་འདི་སྐད་དུ་ཉོན་མོངས་པ་ཐཾས་ཅད་སྤངས་བས་ཕུང་པོ་ཙམ་ཞིག་ལུས་ཞེས་བྱ་བའི་ཐ་ཚིག་གོ་ཞེས་བསྟན་པར་འགྱུར་རོ། །གང་དང་ཕུང་པོ་རྣམས་བྲལ་བ་དེ་ནི་ཕུང་བོའི་ལྷག་མ་མེད་བའི་མྱ་ངན་ལས་འདས་པའི་དབྱིངས་སོ།། ་དེ་ནི་ཕུང་པོ་མེད་པ་ཡང་ཡིན་ལ་ལྷག་མ་ཡང་ཡིན་པས་ཕུང་པོ་མེད་པའི་ལྷག་མ་སྟེ། ཕུང་པོ་དང་ནི་བྲལ་ལ། དེ་ཙམ་ཞིག་ལུས་སོ་ཞེས་བྱ་བའི་ཐ་ཚིག་གོ། མཚམ་སྦྱོར་བ་མེད་པ་ཞེས་བྱ་བ་ལ། སོ་སོར་མཚམས་སྦྱོར་བ་ནི་མཚམ་སྦྱོར་བ་སྟེ། སྐྱེ་བ་ཡོངས་སུ ་འཛིན་ཅེས་བྱ་བའི་ཐ་ཚིག་གོ། འདི་ལ་ནི་མཚམས་སྦྱོར་བ་མེད་པ་མཚམས?་མི་སྦྱོར་བ་སྟེ། མཚམས་མི་སྦྱོར་བ་ཉིད་མཚམ་སྦྱོར་བ་མེད་པའོ། །སྐྱེ་བ་འགག་བ་ནི་སྐྱེ་བ་འགོག་པའོ། །དེ་ནི་མཚམས་སྦྱོར་བ་མེད་བ་ཡང་ཡིན་ལ། སྐྱེ་བ་འགོག་པ་ཡིན་པS་མཚམ་སྦྱོར་བ ་མེད་བ་སྟེ་སྐྱེ་བ་འགོག་བའོ། དེ་རྣམ་པར་གཞག་བས་ན་གཅིག་གོ། ཞེས་བྱ་བ་ནི་རྣམ་པ་གཅིག་གོ་ཞེས་བྱ་བའི་ཐ་ཚིག་གོ། དེ་ནི་འདི་སྐད་དུ། དུ་མ་ཡིན་ཡང་སྤྱིར་ན་མཚམས་སྦྱོར་བ་མེད་བ་སྐྱེ་བ་འགོག་པ་ཡིན་པས་གཅིག་ཁོ་ན་ཞེས་བྱ་འོ། །དེ་ལ་ཟད་བ་ནི ་སྐྱེ་བ་མི་འབྱུང་བའོ། །འདོད་ཆགས་དང་བྲལ་བ་ནི་རྒ་བ་མི་འབྱུང་བའོ། །འགོག་པ་ནི་ནང་རྣམས་བཅོམ་པའོ། །རྣམ་པར་ཞི་བ་ནི་འཆི་བ་མེད་པའོ། །ནུབ་པ་ནི་སྡུག་བསྔལ་དང་བྲལ་བ་ལ་སོགས་པ་མེད་པའོ། །ཡང་ན་འདུལ་བའི་བྱེ་བྲག་གིས་ཚིག་ཕྱི ་མ་ནི་སྔ་མའི་བཤད་པའོ། །དེའི་རྣམ་གྲངས་ཀྱི་སྒྲ་ནི་ཟད་པ་དང་འདོད་ཆགས་དང་བྲལ་བ་ཞེས་བྱ་བ་ལ་སོགས་བ་འདི་དག་གི་ཚེ་རྣམ་གྲངས་སུ་གཏོགས་བ་མ་ཡིན་གྱི། མིང་ངོ་གཞན་ལས་ཇི་སྙེད་བསྟན་པའོ། །དེ་བསྟན་པའི་ཕྱིར་དེ་སླད་དུ། ཞེས་བྱ ་བ་སྨོས་སོ། །ཕུང་པོ་གཟུགས་ཅན་མ་ཡིན་པ་བཞི་པོ་ནི་ཚོར་བ་ལ་སོགས་པའོ། །མིག་གི་དབང་པོ་གཟུགས་ཀྱི་ཕུང་པོ་ཞེས་བྱ་བའི་ཐ་ཚིག་གོ། འདི་ལ་འདི་ནི་དམ་བཅའ་བའོ་ཞེས་བྱ་བ་ནི་ཕུང་པོ་ལྔ་བོ་དེ་དག་ལ་བདག་གིས་མཐོང་ངོ་ཞེས ་བརྗོད་པའོ། །ཚེ་དང་ལྡན་པ་དེའི་ཞེས་བྱ་བ་ནི་ཕུང་པོ་ལྔ་ཡོངས་སུ་འཛིན་ཏེ། །དགེ་སློང་དག་དེ་ལྟར་ན་འདི་ནི་མིང་ཙམ་མོ། །ཞེས་བྱ་བ་ལ་སོགས་པས་ནི་བདག་བསལ་སྟོན་ཏོ། །དགེ་སློང་དག་ཆོས་ཐམས་ཅད་ནི་མི་རྟག་པ་ཞེས་བྱ་བ་ནི ་སྐྱེ་བ་དང་ལྡན་པའི་ཕྱིར་རོ། །སེམས་པས་འཕངས་པའི་ལས་ཀྱི་འབྲས་བུ་ཡིན་པའི་ཕྱིར་རོ། །འདུས་བྱས་ནི་མཚན་ཉིད་དང་ལྡན་པའི་ཕྱིར་རོ། །རྟེན་ཅིང་འབྲེལ་པར་འབྱུང་བ་ནི་རྒྱུ་དང། རྐྱེན་ལས་འབྱུང་བའི་ཕྱིར་རོ། །མི་རྟག་པ་ནས་ཞེས་བྱ ་བ་དང། སྡུག་བསྔལ་སྐྱེ་བ་ཡང་སྡུག་བསྔལ་ཞེས་བྱ་བ་ནི་སྔོན་གྱི་དུས་ན་རྒྱུ་ལས་བྱུང་བའི་ཕྱིར་རོ། །གནས་བ་ནི་སྐྱེ་བ་ལ་སོགས་པ་ལ་གནས་པའི་ཕྱིར་རོ། །མངོན་པར་གྲུབ་པ་ནི་མཚམས་སྦྱོར་བའི་སྐད་ཅིག་གི་རྒྱུ་ལས་བྱུང་བའི ་ཕྱིར་རོ། །འབྱུང་བ་ཡང་སྡུག་བསྔལ་ཞེས་བྱ་བ་ནི་རྒྱུན་ཏུ་གནས་པའི་ཕྱིར་རོ། །འདི་ཡོད་ན་ཕུང་པོ་ཐམས་ཅད་སོ་སོར་འདོར་ཏེ་གཏོང་ཞེས་བྱ་བའི་ཐ་ཚིག་གོ། མྱ་ངན་ལས་འདས་པ་དངོས་པོ་མེད་པ་ཡིན་ན། ་ཅིའི་ཕྱིར་རྟག་པ་ཞེས་བསྟན་ལ། དངོས་བོ་མེད་པ་གཞན་ནི་མ་ཡིན། ཚིགས་སུ་བཅད་པ་ལས། རྟག་པ་གང་ཡིན་མྱ་ངན་འདས་པའོ། །མི་རྟག་གང་ཡིན་འདུས་བྱས་ཆོས་ཀུན་ནོ། །དྲང་བོ་གང་ཡིན་འཕགས་པའི་ལམ་ཡིན་ནོ། །གྱ་གྱུ་གང་ཡིན ་སྡིག་ཅན་ལྟོ་བའོ། །ཞེས་གསུངས་ཏེ། དེ་བས་ན་མྱ་ངན་ལས་བྱུངས་པ་བརྟག་པར་གྲུབ་བོ། །སོ་སོར་བརྟགས་བས་འགོག་པ་བཤད་ཟིན་ཏོ། །ད་ནི་སོ་སོར་བརྟགས་པ་མ་ཡིན་བས་འགོག་པ་བརྗོད་པར་བྱའོ། །དེ་ལས་གཞན་པ་ཞེས་བྱ ་བ་གང་ལས་ཞེ་ན། སོ་སོར་བརྟགས་པས་འགོག་པ་ལས་སོ། །གཞན་པ་ཞེས་བྱ་བ་ནི་འགོག་པའོ། །མ་འོངས་པའི་ཆོས་ནི་གཟུགས་ལ་སོགས་པའོ། །སྐྱེ་བ་ལ་ཤིན་ཏུ་བ་ཤེགས་སུ་གྱུར་པ་ནི་གཅོད་པར་གྱུར་བའོ། །མ་འོངས་པ་སྨོས་པ ་ནི་མི་རྟག་པ་ཉིད་ཀྱི་འགོག་པ་བསལ་བ་སྟོན་ཏོ། །གཏན་དུ་ཞེས་བྱ་བ་སྨོས་པས་ནི་འགོག་པ་དང། འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་དང། སྐྱེ་བའི་འགོག་པ་བསལ་བ་སྟོན་ཏོ། དེ་ནི་མ་འོངས་བ་མི་སྐྱེ་བའི་ཆོས་ཅན་དུ་ངེས་པ་རྣམས་ལ་འཐག། སོ་སོ་བརྟགས ་པས་འགོག་པ་ནི་དུས་གསུམ་ཆར་ལས་འཐོབ་བོ། །སོ་སོར་བརྟགས་པས་འགོག་པ་མེད་པར་ཞེས་བྱ་བ་ནི་བློ་སྔོན་དུ་བཏང་པ་མེད་ཅེས་བྱ་བའི་ཐ་ཚིག་གོ། རྐྱེན་མ་ཚང་བས་ཞེས་བྱ་བ་ནི། དེ་མ་ཐག་པའི་རྐྱེན་མེད་པའོ། །དེ་ནི་དཔེར་བྱས་ཏེ་བསྟན་པ་སྟེ། དཔེར ་ན་མིག་དང་ཡིད་གཟུགས་ཞིག་ལ་ཡེང་ས་ན་ཞེས་བྱ་བ་ལ་སོགས་པ་ལ། མིག་དང་ཡིད་ཅེས་བྱ་བ་ནི། མིག་གི་རྣམ་པར་ཤེས་པ་ཞེས་བྱ་བའི་ཐ་ཚིག་བོ། །དེ་མ་ཡིན་པ་ཞེས་བྱ་བ་ལ། གཟུགས་དེ་ལས་གཞན་དུ་གྱུར་པ་ནི་དེ་མ ་ཐག་བ་ནི་དེ་མ་ཡིན་པ་གཞན་ནོ། །ཆོས་རྣམས་ཞེས་བྱ་བ་ནི་ཚོར་བ་ལ་སོགས་པའོ། །གཟུགས་ལ་སོགས་པ་དེ་དག་ལ་དམིགས་པ་གང་ཡིན་པ་དེ་དག་ནི་དེ་ལ་དམིགས་པའོ། །དམིགས་པའི་སེམས་དང་སེམས་ལས་བྱུང་བ་དེ་དག་བསྐྱེད་པར་བྱ་བ་ཞེS་བྱ ་ནི་ཡུལ་ངེས་པར་གཟུང་བར་བྱའོ། །དེ་དག་གིས་དེ་ཐོབ་ན་ཞེས་བྱ་བ་ནི་སོ་སོར་བརྟགས་པ་མ་ཡིན་པས་འགོག་པ་ཐོབ་ནའོ། །མི་སྐྱེ་སྟེ་ངེས་དག་འགག་པར་འགྱུར་བའོ?་ཞེས་བྱ་བ་ནི་བགེགས་སུ་གྱུར་ཅེས་བྱ་བའི་ཐ་ཚིག་གོ། དེའི་ཚོར་བ་གཉིས་འགག་གོ་ཞེས ་བྱ་བ་ནི་འདི་ལ་འདི་བ་ལ་སོགས་ལ་ཚོར་བ་གསུམ་པོ་དེ་དག་མི་མཐུན་པས་ཅིག་ཅར་མངོན་དུ་གྱུར་པར་མི་འབྱུང་ངོ། །དེ་ལ་གང་གི་ཚེ་བདེ་བའི་ཚོར་བ་ད་ལྟར་བྱུང་བར་གྱུར་པ་དེའི་ཚེས་སོ་སོར་བརྟགས་པ་མ་ཡིན་པས་འགོག་པ་ཐོབ་བས་ཚོར་བ ་གཉིས་འགག་པར་འགྱུར་རོ། །ཅི་མངོན་ཞེ་ན། དགོངས་པ་ནི་འདི་ཡིན་ནོ།། འགོག་པ་ནི་གསུམ་སྟེ། མི་རྟག་པ་ཉིད་ཀྱི་འགོག་པ་དང། སོ་སོར་བརྟགས་པ་མ་ཡིན་པས་འགོག་པ་དང། སོ་སོར་བརྟགས་པས་འགོག་པའོ། །དེ་ལ་མི ་རྟག་པ་ཉིད་ཀྱིས་འགོག་པ་ནི་བྱུང་བའི་ཆོས་རྣམས་ཀྱི་སྟེ། བྱུང་ནས་མི་རྟག་པས་རྣམ་པར་འཇིག་གི། མ་བྱུང་བ་རྣམས་ཀྱི་མ་ཡིན་ནོ། །སོ་སོར་བརྟགས་པས་འགོག་པ་ནི་དུས་གསུམ་ཆར་གྱི་ཟག་པ་དང་བཅས་པ་རྣམས་ཀྱི་འགོག་པའོ།། ་དེ་བས་ན་དེ་ལྟ་བུ་གཉིས་མེད་པའི་སོ་སོར་བརྟགས་པ་མ་ཡིན་པས་འགོག་པ་ཉིད་འདིར་གཟུང་བར་རིགས་སོ། །རྣམ་པར་ཤེས་པའི་ཚོགས་ལྔ་ཉི་ཆ་སོ་སོར་བརྟགས་པ་མ་ཡིན་པས་འགོག་པ་མ་ཡིན་གྱི། ཕུང་པོ་ལྔ་པོ་དེ་དག་ཀྱང་སོ་སོར ་བརྟགས་བ་མ་ཡིན་པས་འགོག་པ་འཐོབ་བོ།། ཇི་སྐད་དུ་དགེ་སློང་འདིའི་སེམས་ཅན་དམྱལ་བ་རྣམས་ཟད་དོ། །དུད་འགྲོ་རྣམས་ཟད་དོ། །ཡི་དགས་རྣམས་ཟང?་དེ་ཞེས་གསུངས་པ་སྟེ། བཟོད་པ་ཐོབ་པས་རྒྱུན་ཏུ་ཞུགས་པར་གྱུར་པའི་དབང ་དུ་བྱས་ཏེ་གསུངས་ཀྱི། འདོད་པ་ལ་འདོད་ཆགས་དང་མ་བྲལ་བའི་ཕྱིར་དེ་སེམས་ཅན་དམྱལ་བ་ལ་སོགས་པ་མ་སྤངས་པ་ནི་མ་ཡིན་ཏེ། དེའི་འདོད་ཆགས་དང་བྲལ་ནས་ངན་སོང་རྣམས་སྤོང་ངོ། ། ་དེ་ལ་མ་སྐྱེས་པའི་ཕྱིར་ཡིན་གྱི་མི་རྟག་པ་ཉིད་ཀྱི་འགོག་པས་ཟད་པ་ནི་མ་ཡིན་ནོ། །དེ་བས་ན་ཆོས་གང་ལ་ལ་ཐོབ་པས་ངན་སོང་རྣམས་སྤོང་ངོ། །དེ་ལ་མ་སྐྱེས་པའི་ཕྱིར་མི་རྟག་པ་ཉིད་ཀྱི་འགོག་པས་ཟད་པ་ནི་མ་ཡིན་ནོ། །དེ་བས་ན་ཆོས ་གང་ལ་ལ་ཐོབ་པས་ངན་སོང་རྣམས་མི་སྐྱེ་བའི་ཆོས་ཉིད་དུ་ཆོས་དེ་ཡོད་དེ། དེ་ནི་སོ་སོར་བརྟགས་པ་མ་ཡིན་པས་འགོག་པའོ། །ཅིའི་ཕྱིར་དེར་ངན་སོང་དང། ངན་འགྲོ་དང། ལོག་པར་ལྟུང་བ་ཟློས་བུ་བསྟན་ཅེ་ན། ངན་སོང་ཞེས་བྱ་བའི ་སྒྲས་ནི་མཚམས་མེད་པ་ལྔ་མི་བྱེད་པའོ། །ངན་འགྲོ་ཞེས་བྱ་བའི་སྒྲས་ནི་ལྟ་བ་ལྔ་ཀུན་ཏུ་མི་འབྱུང་བའོ། །ལོག་པར་ལྟུང་བའི་སྒྲས་ནི་ཟམ་དང། མ་ནིང་དང། མཚན་གཉིས་པ་དང། བུད་མེད་དང། སྲིད་པ་བརྒྱད་པ་མངོན ་པར་འགྲུབ་པ་ཡོངས་སུ་སྤངས་པ་ཡིན་ནོ། །འདིར་མཛའ་བཞི་པར་འགྱུར་ཏེ། ཆོས་གང་སོ་སོར་བརྟགས་པས་འགོག་པ་ཉིད་ཐོབ་པ་དེ་དག་ཀྱང་ཡོད་དེ། འདི་ལྟ་སྟེ་འདས་པ་དང་ད་ལྟར་བྱུང་བ་དང། འབྱུང་བའི་ཆོས་ཟག་པ་དང ་བཅས་པ་རྣམས་སོ། །གང་དག་སོ་སོར་བརྟགས་པ་མ་ཡིན་པས་འགོག་པ་ཉིད་ཀྱང་ཡོད་དེ། འདི་ལྟ་སྟེ་མི་འབྱུང་བའི་ཆོས་ཟག་པ་མེད་པའི་འདུས་བྱས་རྣམས་སོ། །གང་དག་གཉི་གར་འགྱུར་བ་ཡང་ཡོད་དེ། འདི་ལྟ་སྟེ་ཟག་པ ་དང་བཅས་པ་ལ་སྐྱེ་བའི་ཆོས་རྣམས་སོ། །གང་དག་གཉི་ག་མ་ཡིན་པ་ཡང་ཡོད་དེ། འདི་ལྟ་སྟེ་འདས་པ་དང་ད་ལྟར་བྱུང་བ་དང། །འབྱུང་བའི་ཆོས་ཟད་པ་མེད་པ་རྣམས་སོ། །ཆོས་མངོན་པ་ལ་འཇུག་པ་རྒྱ་ཆེར་འབྲེལ ་བ། སྙིང་པོ་ཀུན་ལས་བཏུས་པ་ཞེས་བྱ་བ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཛིན?་མི་ཏྲ་དང། དཱ་ན་ཤཱི་ལ་དང། ཞུ་ཆེན་གྱི་ལོ་ཙཱ་བ་བནདེ་ཡེ་ཤེས་སྡེ་ལ་སོགས་པས་བསྒྱུར་ཅིང་ཞུས་ཏེ ་གཏན་ལ་ཕབ་པའོ།། །། *་། །རབ་ཏུ་བྱེད་པ་ཆོས་མངོན་པ་ལ་འཇུག་པ་བཞུགས་སོ། །།རྒྱ་གར་སྐད་དུ། པྲ་ཀ་ར་ཎཱ་བྷི་དྷརྨཱ་བ་ཏ་ར་ནཱ་མ། བོད་སྐད་དུ། ་