| Wylie | e-texts based on the ACIP/ALL Input |
རྒྱ་གར་གྱི་མཁན་པོ་ཛིན་མི་ཏྲ་དང། ཞུ་ཆེན་གྱི་ལོཙྪ་བ་བནདེ་དཔལ་བརྩེགས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། །།!།།ཆེས་མངོན་བ་མཛད་ཀྱི་འགྲེལ་བ་མདོ་དང་མཐུན་བ་ཞེས་བྱ་བ་སློབ་དཔོན་འདུས་བཟང་གིས་མཛད་པ་བཞུགས། ། ་རྒྱ་གར་སྐད་དུ། ཨ་བྷི་དྷརྨམ་ཀོ་ཥ་ཀཱ་རི་ཀཱ་ཤཱསྟྲ་བྷཱ་ཥྱཾ། བོད་སྐད་དུ། ཆོས་མངོན་པ་མཛད་ཀྱི་བསྟན་བཅོས་ཀྱི་ཚིག་ལེའུར་བྱས་པའི་རྣམ་པར་བཤད་པ། བམ་པོ་དང་པོ། །འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ ་ལོ། །གང་གི་མུན་པ་ཐམས་ཅད་གཏན་བཅོམ་ཞིང། །འཁོར་བའི་འདམ་རྫབ་ལས་ནི་འགྲོ་བ་དྲངས། །ཇི་བཞིན་དོན་སྟོན་དེ་ལ་ཕྱག་འཚལ་ནས། །བསྟན་བཅོས་ཆོས་མངོན་མཛོད་རབ་བཤད་པར་བྱ། །བསྟན་བཅོས་མཛད་པར་བཞེད་པས་རང་གི ་སྟོན་པའི་ཆེ་བའི་བདག་ཉིད་ཤེས་པར་བྱ་བའི་ཕྱིར་ཡོན་ཏན་ཐོག་མར་སྨོས་ཏེ་དེ་ལ་ཕྱག་འཚལ་བ་བརྩོམ་མོ། །གང་གིས་ཞེས་བྱ་བ་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱི་དབང་དུ་བྱས་ནས་སྨྲས་པའོ། །འདིའི་འམ་འདིས་མུན་པ་བཅོམ་བས ་མུན་པ་བཅོམ་པའོ། །ཐམས་ཅད་ལ་རྣམ་པ་ཐམས་ཅད་དུ་མུན་པ། བཅོམ་པས་མུན་པ་ཐམས་ཅད་བཅོམ་པའོ། །མི་ཤེས་པ་ནི་ཡང་དག་པའི་དོན་མཐོང་བ་ལ་གེགས་བྱེད་པའི་ཕྱིར་མུན་པ་སྟེ། དེ་ཡང་སངས་རྒྱས་བཅོམ ་ལྡན་འདས་ཀྱིས་གཉེན་པོ་བརྙེས་ནས་ཤེས་བྱ་ཐམས་ཅད་ལ་ཕྱིས་མི་སྐྱེ་བའི་ཆོས་ཅན་དུ་གྱུར་པས་ཤིན་ཏུ་གཏན་བཅོམ་པ་སྟེ། དེའི་ཕྱིར་དེ་ནི་མུན་པ་ཐམས་ཅད་གཏན་བཅོ་པའོ། །དེ་ལྟར་བདག་ལ་ཕན་པ་སྒྲུབ་པ་ཕུན་སུམ་ཚོགས་པས་བསྟོད་ནས། ་ཡང་བཅོམ་ལྡན་འདས་དེ་ཉིད་ལས་གཞན་ལ་ཕན་པ་སྒྲུབ་པ་ཕུན་སུམ་ཚོགས་པ་བསྟོང་བ་ནི། འཁོར་བའི་འདམ་རྫབ་ལས་ནི་འགྲོ་བ་དྲངས་ཞེས་བྱ་བ་ལ། འཁོར་བ་ནི་འགྲོ་བ་ཀུན་དུ་ཆགས་པའི་གནས་ཡིན་པའི་ཕྱིར་དང། བརྒལ་བར་དཀའ་བའི ་ཕྱིར་འདམ་རྫབ་ཏུ་གྱུར་པ་ཡིན་ཏེ། འགྲོ་བ་དེར་བྱིད?་བ་སྐྱབས་མེད་པ་ལ་བཅོམ་ལྡན་འདས་ཐུགས་བརྩེ་བ་དང་ལྡན་པས་དམ་པའི་ཆོས་བསྟན་པའི་ཕྱག་བརྐྱང་ནས། སྐལ་བ་ཇི་ལྟ་བ་བཞིན་དུ་དྲངས་སོ། །འདི་ནི་གཞན་ལ་ཕན་པ་སྒྲུབ་པའི་ཐབས་ཡིན ་པར་སྟོན་ཏེ། དེ་ནི་སྟོན་པ་ན་ཡང་དག་པ་ཇི་ལྟ་བ་བཞིན་དུ་བསྟན་པས་འཁོར་བའི་འདམ་རྫབ?་ལས་འགྲོ་བ་དྲངས་ཀྱི། རྫུ་འཕྲུལ་དང་དམ་པ་སྦྱིན་པ་དང་མཐུས་ནི་མ་ཡིན་ནོ། །དོན་ཇི་ལྟ་བ་བ་བཞིན་དུ་ཕྱིན་ཅི་མ་ལོག་པར་སྟོན་པས་ན་ཇི་བཞིན་དོན་སྟོན ་པའོ། །དེ་དག་དང་གཞན་ལ་ཕན་པ་སྒྲུབ་པ་ཕུན་སུམ་ཚོགས་པ་དེ་དག་དང་ལྡན་པ་གང་ཡིན་པ་དེ་ལ་ཕྱག་འཚལ་ཏེ་ཞེས་བྱ་བ་ནི་མགོས་གཏུགས་པའོ། །ཇི་བཞིན་དོན་སྟོན་དེ་ལ་ཕྱག་འཚལ་ནས་ཅི་ཞིག་བྱ་ཞེ་ན། སྨྲས་པ། བསྟན་བཅོས་རབ་བཤད ་བྱ། སློབ་མ་བཅས་པའི་ཕྱིར་བསྟན་བཅོས་སོ། །བསྟན་བཅོས་གང་ཞེ་ན། སྨྲས་པ། ཆོས་མངོན་མཛོད་འདིར་ཆོས་མངོན་པ་ཞེས་བྱ་བ་ཅི་ཞིག་ཡིན། ཆོས་མངོན་ཤེས་རང་དྲི་མེད་རྗེས་འབྲང་བཅས། དེ་ལ་ཤེས་རབ་ཅེས་བྱ་བ་ནི་ཆོས་རབ་ཏུ ་རྣམ་པར་འབྱེད་པའོ། །དྲི་མེད་ཅེས་བྱ་བ་ཟག་པ་མེད་པའོ། །རྗེས་འབྲང་བཅས་ཞེས་བྱ་བ་ནི་འཁོར་དང་བཅས་པ་སྟེ། དེ་ལྟར་ན་ཟག་པ་མེད་པའི་ཕུང་པོ་ལྔ་པོ་ཅན་རྣམས་ལ་ཆོས་མངོན་པ་ཞེས་བསྟན་པར་འགྱུར་ཏེ། དེ་དག་ནི་རི་ཞིག་དོན་དམ་པའི་ཆོས་མངོན ་པའོ། །བརྡར་བརྟགས་པ་ནི། དེ་ཐོབ་བྱ་ཕྱིར་གང་དང་བསྟན་བཅོས་གང། །གང་དང་ཞེས་བྱ་བ་ནི་ཐོས་པ་དང། བསམ་པ་དང། བསྒོམ་པ་ལས་བྱུང་བ་དང། སྐྱེས་ནས་ཐོབ་པའི་ཤེས་རབ་ཟག་པ་དང་བཅས་པ་འཁོར་དང་བཅས་པའོ། །བསྟན་བཅོས་གང་ཞེས ་བྱ་བ་ནི་དེ་ཡང་ཟག་པ་མེད་པའི་ཤེས་རབ་དེ་དག་འཐོབ་པར་བྱེད་པའི་ཕྱིར་དེའི་ཚོགས་སུ་གྱུར་པས་ཆོས་མངོན་པ་ཞེས་བྱ་བ་ཡིན་ནོ། །ངེས་པའི་ཚིག་ཏུ་ན་རང་གི་མཚན་ཉིད་འཛིན་པའི་ཕྱིར་ཆོས་སོ། །དེ་བས་ན་འདི་ནི་དོན་དམ་པའི་ཆོས་མྱ་ངན་ལས་འདས ་པ་འམ་ཆོས་ཀྱི་མཚན་ཉིད་ལ་མངོན་དུ་ཕྱོགས་པའི་ཕྱིར་ཆོས་མངོན་པའོ། །ཆོས་མངོན་པ་ནི་བཤད་ཟིན་ཏོ། །བསྟན་བཅོས་འདི་ནི་ཇི་ལྟར་ན་ཆོས་མངོན་པའི་མཛོད་ཡིན་ཞེ་ན། དེའི་དོན་འདིར་ཡང་དག་ཆུད་ཕྱིར་དམ། འདིའི་གནས་དེ་ལ་ནི་ཆོས ་མངོན་མཛོད། བསྟན་བཅོས་ཆོས་མངོན་པ་ཞེས་བྱ་བ་དེའི་དོན་གཙོ་བོ་ཇི་ལྟ་བ་རྣམས་འདིར་ཆུད་པས་དེ་ལྟར་ན་བསྟན་བཅོས་འདི་ནི་དེའི་མཛོད་ལྟ་བུ་ཡིན་ནོ། །ཡང་ན་དེ་ལས་འདི་ཕྱུང་བས་བསྟན་བཅོས་འདིའི་གནས་སུ་གྱུར་བ་ནི་ཆོས་མངོན་པ་དེའི་ཕྱིར་ན་ཆོས ་མངོན་པར་དེ་ཉིད་འདིའི་མཛོད་ཡིན་ནོ། །དེ་བས་ན་བསྟན་བཅོས་འདི་ནི་ཆོས་མངོན་པའི་མཛོད་དོ། །ཡང་ཅིའི་ཕྱིར་མཆོས་མངོན་པ་བསྟན། འདི་དང་པོ་ཉིད་དུ་སུས་བསྟན་ན། གང་གི་ཕྱིར་སློབ་དཔོན་ཆོས་མངོན་པ་འཆད་པར་གུས་ཤེ་ན། སྨྲས་པ། ཆོས་རྣམས ་རབ་ཏུ་རྣམ་འབྱེད་མེད་པར་ཉོན་མོངས་རྣམས། །གང་གིར་ཉེ་བར་ཞི་བར་བྱ་བའི་ཐབས་མེད་ལ། །འཇིག་རྟེན་ཉོན་མོངས་རྣམས་ཀྱི་སྲིད་པའི་རྒྱ་མཚོ་འདིར། །འཁྱམས་ཏེ་དེ་ཕྱིར་དི་ན་སྟོན་པས་གསུངས་ཞེས་གྲག། གང་གི་ཕྱིར་ཆོས་རབ་ཏུ་རྣམ་པར ་འབྱེད་པ་མེད་པར་ཉོན་མོངས་པ་ཉེ་བར་ཞི་བར་བྱ་བའི་ཐབས་མེད་ལ། ཉོན་མོངས་པ་རྣམས་ཀྱིས་ཀྱང་འཁོར་བའི་རྒྱ་མཚོ་ཆེན་པོ་འདིར་འཇིག་རྟེན་འཁྱམས་ཏེ་དེའི་ཕྱིར་ཆོས་རབ་ཏུ་རྣམ་པར་དབྱེ་བའི་དོན་དུ་སྟོན་པ་སངས་རྒྱས་བཅོམ ་ལྡན་འདས་ཀྱིས་ཆོས་མངོན་པ་གསུམ་སོ་ཞེས་གྲག་གོ་ཆོས་མངོན་པ་བསྟན་པ་མེད་པར་ནི་སློབ་མས་རབ་ཏུ་རྣམ་པར་དབྱེ་བར་མི་ནུས་སོ། །གང་དག་ཆོས་མངོན་པ་བསྟན་པས་རབ་ཏུ་རྣམ་པར་དབྱེ་བའི་བྱ་བའི་ཆོས་དེ་དག་ཀྱང་གང་ཞེ་ན། སྨྲས ་པ། ཆོས་རྣམས་ཟག་བཅས་ཟག་པ་མེད། །འདི་ནི་ཆོས་ཐམས་ཅད་མདོར་བསྡུས་ཏེ་བསྟན་པའོ། །དེ་ལ་ཟག་པ་དང་བཅས་པའི་ཆོས་གང་ཞེ་ན། སྨྲས་པ། ལམ་མ་གཏོགས་པའི་འདུས་བྱས་རྣམས་ཟག་བཅས། ལམ་གྱི་བདེན་པ་མ་གཏོགས་པ ་གཞན་འདུས་བྱས་ཀྱི་ཆོས་རྣམས་ནི་ཟག་པ་དང་བཅས་པ་དག་གོ། ཅིའི་ཕྱིར་ཞེ་ན། གང་ཕྱིར་དེ་དག་ལ། ཟག་རྣམས་ཀུན་ཏུ་རྒྱས་པར་འགྱུར། །ཟག་པ་དང་བཅས་པ་བཤད་ཟིན་ཏོ། །ཟག་པ་མེད་པ་རྣམས་གང་ཞེ་ན། ཟག་མེད་ལམ་གྱི་བདེན་པ ་དང། །འདུས་མ་བྱས་རྣམས་གསུམ་ཡང་སྟེ། །རྣམ་གསུམ་གང་ཞེ་ན། ནམ་མཁའ་དང་ནི་འགོག་པ་གཉིས། གཉིས་གང་ཞེ་ན། སོ་སོར་བརྟགས་པའི་འགོག་པ་དང། སོ་སོར་བརྟགས་པ་མ་ཡིན་པའི་འགོག་པ་སྟེ། དེ་ལྟར་ནམ་མཁའ་ལ་སོགས ་པ་འདུས་མ་བྱས་གསུམ་པོ་དེ་དག་དང། ལམ་གྱི་བདེན་པ་ནི་ཟག་པ་མེད་པའི་ཆོས་རྣམས་ཏེ། དེ་དག་ལ་ཟག་པ་ཀུན་དུ་རྒྱས་པར་འགྱུར་བ་མེད་པའི་ཕྱིར་རོ། །དེ་ལྟར་འདུས་མ་བྱས་རྣམ་པ་གསུམ་བསྟན་པ་གང་ཡིན་པ་དེ་ལ་ནམ་མཁའ་མི་སྒྲིབ ་པ། དེ་ལ་ནམ་མཁའ་མི་སྒྲིབ་པ་ནི་མཁའ་ཨི་ནི་སྒྲིབ་པ་མེད་པའི་རང་བཞིན་ཏེ་གང་དུ་གཟུགས་འགྲོར་རུང་བའོ། །སོ་སོར་རྟོག་པའི་འགོག་པ་གང། བྲལ་ལ། གང་ཟག་པ་དང་བཅས་པའི་ཆོས་རྣམས་དང་བྲལ་བ་དེ་ནི་སོ་སོར་བརྟགས་པའི་འགོག་པ་སྟེ། སྡུག ་བསྔལ་ལ་སོགས་པ་འཕགས་པའི་བདེན་པ་རྣམས་ལ་ཡང་དང་ཡང་དུ་བརྟགས་པ་ནི་སོ་སོར་བརྟགས་པ་སྟེ་ཤེས་རབ་ཀྱི་ཁྱད་པར་རོ། །དེས་ཐོབ་པར་བྱ་བའི་འགོག་པ་ནི་སོ་སོར་བརྟགས་པའི་འགོག་པ་སྟེ། ཅི་ཟག་པ་དང་བཅས་པའི་ཆོས་རྣམས ་ཐམས་ཅད་སོ་སོར་བརྟགས་པས་འགོག་པ་གཅིག་ཁོ་ན་འམ། ཞེ་ན། སྨྲས་བ་མ་ཡིན་ནོ། །འོ་ན་ཅི་ཞིག་ཡིན། སོ་སོ་རེ་རེ་ཡིན། ཀུན་དུ་སྦྱོར་བའི་རྫས་རྣམས་ཇི་སྙེད་པ་བྲལ་བའི་རྫས་རྣམས་ཀྱང་དེ་སྙིང་དོ། །སོ་སོར་བརྟགས་པའི་འགོག་པ་བཤད་ཟིན ་ཏོ། །སྐྱེ་ལ་གཏན་དུ་གེགས་ཁྱེད་པ། །སོ་སོ་རབ་རྟགས་པས་འགོག་མིན་གཞན། མ་འོངས་པའི་ཆོས་རྣམས་སྐྱེ་བ་ལ་གཏན་ཏུ་གེགས་སུ་གྱུར་པ་བྲལ་བ་ལས་གཞན་པའི་འགོག་པ་གང་ཡིན་པ་དེ་སོ་སོར་བརྟགས་པ་མ་ཡིན་པའི་འགོག་པ་སྟེ། དཔེར ་ན་གཟུགས་གཅིག་ལ་སྐྱེས་བུའི་མིག་ལྷག་པར་ཞེན་པ་ན་གང་དག་གཟུགས་གཞན་རྣམས་དང། སྒྲ་དང། དྲི་དང། རོ་དང། རེག་བྱ་རྣམས་འདས་པས་དེ་ལ་དམིགས་པའི་རྣམ་པར་ཤེས་པའི་ཚོགས་ལྔ་རྣམས་ཡང་སྐྱེ་བར་མི་ནུས་ཏེ། དེ་དག་འདས ་པའི་ཡུལ་ལ་དམིགས་པའི་མཐུ་མེད་དོ། །དེའི་ཕྱིར་དེ་དག་གི་སོ་སོར་བརྟགས་པ་མ་ཡིན་པའི་འགོག་པ་དེ་ནི་རྐྱེན་མ་ཚང་བས་འཐོབ་བོ། །འདུས་མ་བྱས་རྣམ་པ་གསུམ་བཤད་ཟིན་ཏོ། །ལམ་མ་རྟོགས་པའི་འདུས་བྱས་རྣམས་ཟག་བཅས་ཞེས་གང ་སྨྲས་པ་ལ། འདུས་བྱས་དེ་དག་གང་ཞེ་ན། འདུས་བྱས་པའི་ཆོས་དེ་ཡང། གཟུགས་སོགས་ཕུང་པོ་ལྔ་པོ་སྟེ། གཟུགས་ཀྱི་ཕུང་པོ་དང། ཚོར་བའི་ཕུང་པོ་དང། འདུ་ཤེས་ཀྱི་ཕུང་པོ་དང། འདུ་བྱེད་ཀྱི་ཕུང་པོ་དང། རྣམ་པར་ཤེས་པའི་ཕུང་པོའོ། །དེ་དག་ནི་འདུས ་བྱས་ཀྱི་ཆོས་རྣམས་ཏེ་རྐྱེན་རྣམས་ཀྱི་འདུས་ཤིང་ཕྲད་ནས་བྱས་པ་ནི་འདུས་བྱས་རྣམས་སོ། །དེ་ཉིད་དུས་དང་གཏན་གཞི་དང། །ངེས?་པར་འབྱུང་བཅས་གཞིར་བཅས་དག། དེ་ཉིད་ཅེས་བྱ་བ་ནི་འདུས་བྱས་ཀྱི་ཆོས་རྣམས་སོ། །ངེས?་པ་དང་འགྲོ་བ་དང། འགྲོ་བར་འགྱུར་བའི་ཕྱིར ་རམ། མི་རྟག་པ་ཉིད་ཀྱིས་ཟོས་པའི་ཕྱིར་དུས་སོ། །གཏམ་ནི་ངག་གོ། དེའི་གཞི་ནི་མིང་སྟེ། དོན་དང་བཅས་པའི་དངོས་པོ་འཛིན་པའི་ཕྱིར་འདུས་བྱས་ནི་གཏམ་གྱི་གཞི་ཞེས་བྱའོ། །ངེས་པར་འབྱུང་བ་ནི་ངེས་པར་འབྱུང་བ་སྟེ། ་འདུས་བྱས་ཐམས་ཅད་ཀྱི་མྱ་ངན་ལས་འདས་པའོ། །དེ་འདི་དག་ལ་ཡོད་པས་ངེས་པར་འབྱུང་བ་དང་བཅས་པ་དག་གོ། རྒྱུ་དང་བཅས་པའི་ཕྱིར་གཞིར་བཅས་དག་སྟེ། གཞིའི་སྒྲ་ནི་རྒྱུའི་ཚིགས་ཡིན་པའི་ཕྱིར་རོ། །དེ་ལྟར་ན་དེ་དག་ནི་འདུས་བྱས་ཀྱི་ཆོས ་ཀྱི་རྣམ་གྲངས་སོ། །ཡང་འདུས་བྱས་ཀྱི་ཆོས་དེ་དག་ཉིད་ནི། །གང་དག་ཟག་དང་བཅས་དེ་དག། །ཉེར་ལེན་ཕུང་པོ། འདིས་ཅི་ཞིག་གྲུབ་པར་འགྱུར་ཞེ་ན། ཉེ་བར་ལེན་པའི་ཕུང་པོ་གང་ཡིན་པ་དེ་དག་ནི་ཕུང་པོ་ཉིད་ཡིན་ལ་ཉེ་བར་ལེན་པའི་ཕུང་པོ་མ་ཡིན ་པ་དག་ཀྱང་ཡོད་དེ་།ཟག་པ་མེད་པའི་འདུས་བྱས་རྣམས་སོ། །དེ་ལ་ཉེ་བར་ལེན་པ་ནི་ཉོན་མོངས་པ་རྣམས་སོ། །དེ་ལས་བྱུང་བའི་ཕྱིར་ཉེ་བར་ལེན་པའི་ཕུང་པོ་དག་སྟེ། དཔེར་ན་རྩ་དང་སོག་མའི་མེ་བཞིན་པ་འམ། དེ་ལ་རག་ལུས་པའི་ཕྱིར་རྒྱལ ་པོའི་མི་བཞིན་ནོ། །ཡང་ན་དེ་དག་ལས་ཉེ་བར་ལེན་འབྱུང་བས་ཉེ་བར་ལེན་པའི་ཕུང་པོ་རྣམས་ཏེ། མེ་ཏོག་དང་འབྲས་བུའི་ལྗོན་ཤིང་བཞིན་ནོ། །ཟག་པ་དང་བཅས་པའི་ཆོས་དེ་དག་ཉིད། འཐབ་བཅས་ཀྱང་ཞེས་བྱ་སྟེ། འཐབ་པ་ནི་ཉོན་མོངས་པ ་རྣམས་ཏེ། བདག་དང་གཞན་ལ་གནོད་པའི་ཕྱིར་རོ། །དེ་ལ་ཕྲག་རྒྱས་གནས་པའི་ཕྱིར་འཐབ་བཅས་དག་སྟེ་ཟག་པ་དང་བཅས་པ་བཞིན་ནོ། །དེ་དག་སྡུག་བསྔལ་ཀུན་འབྱུང་དང། །འཇིག་རྟེན་ལྟ་གནས་སྲིད་པའང་ཡིན་འཕགས་པ་རྣམས་དང་མི ་མཐུན་པའི་ཕྱིར་སྡུག་བསྔལ་ལོ། །འདི་ལ་སྡུག་བསྔལ་ཀུན་འབྱུང་བས་ཀུན་འབྱུང་ངོ། འཇིག་པས་ན་འཇིག་རྟེན་ནོ། །འདི་ལ་ལྟ་བ་ཕྲ་རྒྱས་སུ་གནས་པའི་ཕྱིར་ལྟ་བའི་གནས་སོ། །འབྱུང་བས་ན་སྲིད་པ་སྟེ། དེ་ལྟར་ན་འདི་དག་ནི་ཟག་པ་དང་བཅས ་པའི་ཆོས་རྣམས་ཀྱི་དོན་དང་མཐུན་པའི་རྣམ་གྲངས་སོ། །གཟུགས་ལ་སོགས་པའི་ཕུང་པོ་ལྔ་སྨྲས་པ་དེ་ལ། གཟུགས་ནི་དབང་པོ་ལྔ་དང་དོན། །ལྔ་དང་རྣམ་རིག་མ་ཡིན་ཉིད། །དབང་པོ་ལཱ་ནི་མིག་དང། རྣ་བ་དང་སྣ་དང། །ལྕེ་དང། ལུས་ཀྱི་དབང་པོ་རྣམས ་སོ། །དོན་ལྔ་ནི་མིག་ལ་སོགས་པ་དེ་དག་ཉིད་ཀྱི་ཡུལ་གང་ཡིན་པ་གཟུགས་དང། སྒྲ་དང། དྲི་དང། རོ་དང། རེག་བྱ་དང། རྣམ་པར་རིག་བྱེད་མ་ཡིན་པ་སྟེ། དེ་སྙེད་གཅིག་ནི་གཟུགས་ཀྱི་ཕུང་པོའོ། །དེ་ལ་གང་དག་མིག་ལ་སོགས་པ་སྨྲས་པ་དེ་དག་ནི། མིག་ལ ་སོགས་པ་གཟུགས་དང་བ། དེ་ནི་རྣམ་པར་ཤེས་པའི་རྟེན། གང་དག་མིག་གི་རྣམ་པར་ཤེས་པ་ལ་སོགས་པའི་རྟེན་གཟུགས་དང་བའི་བདག་ཉིད་ལྔ་པོ་དེ་དག་ནི་རིམ་བཞིན་དུ། མིག་དང། རྣ་བ་དང། སྣ་དང། ལྕེ་དང། ལུས་སུ་རིག་པར་བྱའོ། །དབང་པོ་ལྔ་རྣམས ་བཤད་ཟིན་ཏོ། །དོན་ལྔ་པོ་རྣམས་བཤད་པར་བྱ་སྟེ། དེ་ལ་རེ་ཞིག་གཟུགས་རྣམས་གཉིས་པ། གཟུགས་ཞེས་བྱ་བ་ནི་གཟུགས་ཀྱི་སྐྱེ་མཆེད་དེ། རྣམ་གཉིས་ཞེས་བྱ་བ་ནི། ཁ་དོག་དང་དབྱིབས?་སོ། །དེ་ལ་ཁ་དོག་ནི་སྔོན་པོ་ལ་སོགས་པ་རྣམ་བཞིའོ། །གཞན ་དག་ནི་དེའི་དབྱེ་བ་ལས་སོ། །དབྱིབས་ནི་རྣམ་པ་བརྒྱད་དེ། རིང་པོ་ལ་སོགས་པ་ནས་ཕྱག་ལེ་མ་ཡིན་པའི་བར་དག་གོ། ཡང་གཟུགས་ཀྱི་སྐྱེ་མཆེད་དེ་ཉིད། རྣམ་པ་ཉི་ཤུ་ཞེས་བྱ་སྟེ། ཁ་དོག་དང། དབྱིབས་གཉིས་སྔོན་པོ་དང་སེར་པོ་ལ་སོགས་པའི་བྱེ་བྲག་གི ་རྣམ་པ་བཅུ་གཉིས་དང། རྣམ་པ་བརྒྱད་དུ་དབྱེ་བའི་ཕྱིར་ཏེ། གོ་རིམ་བཞིན་ནོ། །སྒྲ་ནི་རྣམ་པ་བརྒྱད་དང་ནི། །ཟིན་པ་དང་མ་ཟིན་པའི་འབྱུང་བ་ཆེན་པོའི་རྒྱུ་ལས་བྱུང་བ་སེམས་ཅན་དང་སེམས་ཅན་མ་ཡིན་པར་སྟོན་པ་སྟེ། རྣམ་པ་བཞིའོ། །དེ་ཡང་ཡིད་དུ་འོང་བ་དང ་ཡིད་དུ་མི་འོང་བའི་བྱེ་བྲག་ལས་རྣམ་པ་བརྒྱད་དུ་འགྱུར་རོ། །རོ་རྣམ་དྲུག་དང་ཞེས་བྱ་བ་ནི། མངར་བ་དང། སྦྱར་བ་དང། ལན་ཚྭ་དང། ཚ་བ་དང། ཁ་བ་དང། བསྐ་བར་དབྱེ་བ་ལས་སོ། །དྲི་རྣམ་བཞི་ཞེས་བྱ་བ་ནི། དྲི་ཞིམ་པ་དང། དྲི་ང་བ་གཉིས་མཉམ་པ་དང་མི་མཉམ ་པའི་ཕྱིར་རོ། །བསྟན་བཅོས་དག་ལས་ནི་རྣམ་པ་གསུམ་དུ་འབྱུང་སྟེ། དྲི་ཞིམ་པ་དང། དྲི་ང་བ་དང། དྲི་མཉམ་པའོ། །རེག་བྱ་བཅུ་གཅིག་བདག་ཉིད་དོ། །རེག་པ་བྱ་བའི་རྫས་ཀྱི་རང་བཞིན་ནི་བཅུ་གཅིག་སྟེ། འབྱུང་བ་ཆེན་པོ་བཞི་དག་དང། འཇམ ་པ་ཉིད་དང། རྩུབ་པ་ཉིད་དང། ལྕི་བ་ཉིད་དང། གྲང་བ་ཉིད་དང། ཡང་པ་ཉིད་དང། བཀྲེས་པ་དང། སྐོམ་པའོ། །དབང་པོ་ལྔ་པོ་དང་དོན་ལྔ་དག་ནི་བཤད་ཟིན་ཏོ། །ད་ནི་རྣམ་པར་རིག་བྱེད་མ་ཡིན་པ་བཤད་པར་བྱ་སྟེ། དེ་ནི་འདི་སྐད་ཅེས་བྱའོ། །རྣམ་པར་གཡེང ་སེམས་མེད་པའི་ཡང། །དགེ་དང་མི་དགེ་རྗེས་འབྲེལ་གང། །འབྱུང་བ་ཆེ་རྣམས་རྒྱུར་བྱས་པ། །དེ་ནི་རྣམ་རིག་མིན་ཞེས་ཟེར། །སེམས་རྣམ་པར་གཡེངས་པའི་ཞེས་བྱ་བ་ནི་དེ་ལས་གཞན་པའི་སེམས་ཀྱི་ཡང་ཡིན་ནོ། །སེམས་མེད་པའི་ཞེས་བྱ་བ་ནི་འདུ ་ཤེས་མེད་པ་པ་དང། འགོག་པའི་སྙོམས་པར་འཇུག་པ་ཡིན་ནོ། །ཡང་ཞེས་བྱ་བའི་སྒྲས་ནི་རྣམ་པར་མ་གཡེངས་པ་དང། སེམས་དང་བཅས་པའི་ཡང་ཡིན་པར་མངོན་ནོ། །དགེ་བ་དང་མི་དགེ་བ་ཞེས་བྱ་བ་ནི་མཁས་པ་དང་མི་མཁས་པའོ། །རྗེས་འབྲེལ་ཅེས ་བྱ་བ་ནི་རྒྱུན་ནོ། །འཐོབ་པའི་རྒྱུན་ཡང་འདི་ལྟ་བུ་ཡོད་པས་ཁྱད་པར་དུ་བྱ་བའི་ཕྱིར་འབྱུང་བ་ཆེན་པོ་རྒྱུར་བྱས་པ་ཞེས་བྱའོ། །སྐྱེད་པ་ལ་སོགས་པ་རྒྱུའི་དངོས་པོ་ཡིན་པའི་ཕྱིར་རྒྱུར་བྱས་པའི་དོན་ནི་རྒྱུའི་དོན་ནོ། །དེ་ནི་རྣམ་རིག་མིན་ཞེས་བྱ་བ་ལ་ནི་ཞེས་བྱ་བའི་སྒྲ ་ནི་དེའི་མིང་ཤེས་པར་བྱ་བའི་ཕྱིར་ཏེ། གཟུགས་དང་བྱེད་པའི་རང་བཞིན་ཡིན་ཡང་རྣམ་པར་རིག་བྱེད་བཞིན་དུ་གཞན་ལ་རིག་པར་མི་བྱེད་པས་རྣམ་པར་རིག་བྱེད་མ་ཡིན་པ་ཞེས་བྱའོ། །ཟེར་ཞེས་བྱ་བ་ནི་སློབ་དཔོན་གྱི་ཚིག་ཡིན་པར་སྟོན་པའོ། །མདོར་བསྡུས ་ན་རྣམ་པར་རིག་བྱེད་དང། ཏིང་ངེ་འཛིན་ལས་བྱུང་བའི་དགེ་བ་དང་མི་དགེ་བ་ནི་རྣམ་པར་རིག་བྱེད་མ་ཡིན་པའོ། །གང་དག་འབྱུང་བ་ཆེན་པོ་རྒྱུར་བྱས་པ་ཞེས་སྨྲས་པ་དེ་དག་གང་ཞེ་ན། འབྱུང་བ་དག་ནི་ས་ཁམས་དང། ཆུ་དང་མེ་དང་རླུང་ཁམས་རྣམས་དེ་ལྟར་ན ་ཁམས་བཞི་པོ་དེ་དག་ནི་འབྱུང་བ་ཆེན་པོ་བཞི་རྣམས་ཞེས་བྱའོ། །ཡང་ཁམས་དེ་དག་གི་ལས་ནི་ཅིར་གྲུབ་རང་བཞིན་ནི་ཅི་ཞིག་ན། སྨྲས་པ། འཛིན་པ་ལ་སོགས་ལས་སུ་གྲུབ། །འཛིན་པ་དང། སྡུད་པ་དང། སྨིན་པ་དང། རྒྱས་པ་སྟེ། ལས་འདི་རྣམས་ནི། ས་དང། ཆུ ་དང་མེ་དང། རླུང་གི་ཁམས་དེ་དག་གི་ལས་སུ་གོ་རིམ་བཞིན་དུ་གྲུབ་པོ། །རང་བཞིན་ནི་གོ་རིམ་བཞིན་དུ། སྲ་དང་གཤེར་དྲོ་གཡོ་བ་རྣམས། སའི་ཁམས་ནི་སྲ་བའོ། །ཆུའི་ཁམས་ནི་གཤེར་བའོ། །མེའི་ཁམས་ནི་དྲོ་བ་ཉིད་དོ། །རླུང་གི་ཁམས་ནི་གཡོ་བའོ། །ས ་ལ་སོགས་པ་དང། སའི་ཁམས་ལ་སོགས་པ་ལ་བྱེ་བྲག་ཅི་ཞིག་ཡོད་ཅེ་ན། འཇིག་རྟེན་གྱི་ནི་ཐ་སྙད་ཀྱིས་ཁ་དོག་དབྱིབས་ལས་ཞེས་བརྗོད། འདི་ལྟར་ས་སྟོན་པ་ན་རོ་ཁ་དོག་དང། དབྱིབས་ལ་སྟོན་ཏོ། །ས་ལ་ཇི་ལྟ་བར། ཆུ་དང་མེ་ཡང། འཇིག་རྟེན་པའི་ཐ་སྙད་ཀྱི་ཁ ་དོག་དང་དབྱིབས་ཉིད་ལ་བརྗོད་དོ། །རླུང་ཁམས་ཉིད། རླུང་གི་ཁམས་ཉིད་གང་ཡིན་པ་དེ་ཉིད་ལ་འཇིག་རྟེན་དག་ན་རླུང་ཞེས་འདོགས་སོ། །དེ་ལྟ་ན་མོད་ཀྱི་འཇིག་རྟེན་གྱི་ཐ་སྙད་ཀྱི་ཁ་དོག་དང། དབྱིབས་ལས་ཞེས་བརྗོད་པ་དེ་བཞིན་དུ། རླུང་ལ་ཡང་རླུང་སྔོན་པོའོ། ། ་རླུང་ཟླུམ་པོའོ། །ཞེས་བརྗོད་དོ། །འབྱུང་བ་ཆེན་པོ་དག་བཤད་ཟིན་ཏོ། །གང་ཟག་གཟུགས་ཀྱི་ཕུང་པོའི་རང་བཞིན་སྨྲས་པ་དེ་དག་ཉིད་དབང་པོ་དོན་རྣམས་དེ་ཉིད་ལ། སྐྱེ་མཆེད་ཁམས་དག་བཅུར་འདོད་དོ། །སྐྱེ་མཆེད་རྣམ་པར་བཞག་པ་ནི་སྐྱེ་མཆེད་བཅུ་དག་སྟེ། ་མིག་གི་སྐྱེ་མཆེད་དང། གཟུགས་ཀྱི་སྐྱེ་མཆེད་ནས་ལུས་ཀྱི་སྐྱེ་མཆེད་དང། རེག་བྱའི་སྐྱེ་མཆེད་ཀྱི་སྐྱེ་མཆེད་ཀྱི་བར་དུའོ། །ཁམས་རྣམ་པར་བཞག་པ་ནི་ཁམས་བཅུ་དག་སྟེ། མིག་གི་ཁམས་དང། གཟུགས་ཀྱི་ཁམས་ནས། ལུས་ཀྱི་ཁམས་དང། ་རེག་བྱའི་ཁམས་ཀྱི་བར་དུའོ། །གཟུགས་ཀྱི་ཕུང་པོ་དང། དེའི་སྐྱེ་མཆེད་དང། ཁམས་རྣམ་པར་བཞག་པ་བཤད་ཟིན་ཏོ། །ཚོར་བ་ལ་སོགས་པ་བརྗོད་པར་བྱ་སྟེ། དེ་ལ་ཚོར་བ་མྱོང་བ་སྟེ། བདེ་བ་དང། སྡུག་བསྔལ་བ་དང། བདེ་བ་ཡང་མ་ཡིན་སྡུག་བསྔལ ་བ་ཡང་མ་ཡིན་པ་མྱོང་བ་རྣམ་པ་གསུམ་ནི་ཚོར་བའི་ཕུང་པོའོ། །འདུ་ཤེས་ནི། མཚན་མར་འཛིན་པའི་བདག་ཉིད་དེ། གང་སྔོན་པོ་དང། སེར་པོ་དང། རིང་པོ་དང། ཐུང་ངུ་དང། སྐྱེས་པ་དང། བུད་མེད་དང། མཛའ་བོ་དང། དགྲ་དང་བདེ ་བ་དང། སྡུག་བསྔལ་བ་ལ་སོགས་པའི་མཚན་མར་འཛིན་པ་འདི་ནི་འདུ་ཤེས་ཀྱི་ཕུང་པོའོ། །བཞི་ལས་གཞན་ན་འདུ་བྱེད་ཕུང། གཟུགས་དང་ཚོར་བ་དང་འདུ་ཤེས་དང། འོག་ནས་འབྱུང་བའི་རྣམ་པར་ཤེས་པའི་ཕུང་པོ་ལས་གཞན་པའི་འདུ་ཤེས་རྣམ ་ནི་འདུ་བྱེད་ཀྱི་ཕུང་པོའོ། །འདི་དག་ལས་གསུམ་ཚོར་བ་དང། འདུ་ཤེས་དང། འདུ་བྱེད་ཀྱི་ཕུང་པོ་དག་སྟེ། སྐྱེ་མཆེད་དང་ཁམས་རྣམ་པར་བཞག་པར་ནི་རིག་བྱེད་མིན། འདུས་མ་བྱས་སུ་བཅས་པ་ནི། །ཆོས་ཀྱི་སྐྱེ་མཆེད་ཁམས་ཞེས་བྱ། །དེ་ལྟར ་ན་རྫས་བདུན་པོ་འདི་དག་ནི་ཆོས་ཀྱི་སྐྱེ་མཆེད་དང་ཁམས་སུ་བསྟན་ཏོ། །རྣམ་ཤེས་སོ་སོ་རྣམས་རིག་པ། །ཡུལ་དང་ཡུལ་སོ་སོ་ལ་དམིགས་ཤིང་རྣམ་པར་རིག་པ་ཞིན་མེ?་པ་ན?་ཤེས་པའི་ཕུང་པོ་ཞེས་བྱའོ། །དེ་ཡང་རྣམ་པར་ཤེས་པའི་ཚོགས་དྲུག་སྟེ། ་མིག་གི་རྣམ་པར་ཤེས་པ་ནས་ཡིད་ཀྱི་རྣམ་པར་ཤེས་པའི་བར་དུའོ། །གང་འདི་ལྟར་རྣམ་པར་ཤེས་པའི་ཕུང་པོ་བཤད་པ་དག་སྐྱེ་མཆེད་རྣམ་པར་བཞག་པ་ནི། ཡིད་ཀྱི་སྐྱེ་མཆེད་ཀྱང་དེ་ཡིན། ཁམས་རྣམ་པར་བཞག་པར་ཡང་དེ་ཉིད་དེ། ཁམས ་བདུན་དག་དཱུང། འདོད་པ་ཡིན། བདུན་པོ་དག་གང་ཞེ་ན། རྣམ་པར་ཤེས་པ་དྲུག་དང་ཡིད། མིག་གི་རྣམ་པར་ཤེས་པའི་ཁམས་ནས་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་དང་ཡིད་ཀྱི་ཁམས་ཀྱི་བར་དུའོ། །དེ་ལྟར་ན་འདིར་ཕུང་པོ་ལྔ་དང། སྐྱེ་མཆེད ་བཅུ་གཉིས་དང། ཁམས་བཅོ་བརྒྱད་དག་ཏུ་རྣམ་པར་བསྟན་པར་འགྱུར་ཏེ། རྣམ་པར་རིག་བྱེད་མ་ཡིན་པ་མ་གཏོགས་པ་གཟུགས་ཀྱི་ཕུང་པོ་ནི་སྐྱེ་མཆེད་བཅུ་དག་དང། ཁམས་བཅུ་དག་གོ་།ཚོར་བ་ལ་སོགས་པའི་ཕུང་པོ་དང། རྣམ་པར་རིག་བྱེད ་མ་ཡིན་པ་དང། འདུས་མ་བྱས་དག་ནི་སྐྱེ་མཆེད་དང། ཆོས་ཀྱི་ཁམས་སོ། །རྣམ་པར་ཤེས་པའི་ཕུང་པོ་ནི་ཡིད་ཀྱི་སྐྱེ་མཆེད་དང། རྣམ་པར་ཤེས་པའི་ཁམས་དྲུག་དང་ཡིད་ཀྱི་ཁམས་སོ། །འོ་ན་རྣམ་པར་ཤེས་པའི་ཚོགས་དྲུག་ནི་རྣམ་པར ་ཤེས་པའི་ཕུང་པོར་བཤད་ན་འདིར་དེ་དག་ལས་གཞན་པའི་ཡིད་ཀྱི་ཁམས་གང་ཡིན་ཞེ་ན། གཞན་ནི་གང་ཡང་མེད་མོད་ཀྱི་འོན་ཀྱང་དེ་དག་ཉིད། དྲུག་པོ་འདས་མ་ཐག་པ་ཡི། །རྣམ་ཤེས་གང་ཡིན་དེ་ཡིད་དོ། །འདས་མ་ཐག་པའི་རྣམ་པར་ཤེས ་པ་གང་དང་གང་ཡིན་པ་དེ་དང་དེ་ནི་ཡིད་ཀྱི་ཁམས་ཞེས་བྱ་སྟེ། དཔེར་ན་བུ་དེ་ཉིད་གཞན་གྱི་པར་གྱུར་པ་དང། འབྲས་བུ་དེ་ཉིད་གཞན་གྱིས་ས་བོན་ཡིན་པ་ལྟ་བུའོ། །དེ་ལྟ་ན་ཡང་རྣམ་པར་ཤེས་པའི་ཁམས་དྲུག་དང། ཡིད་ཀྱི་ཁམས་རྣམས་གཅིག ་ནང་དུ་གཅིག་འདུས་པའི་ཕྱིར་རྫས་ཉིད་དུ་ནི་ཁམས་བཅུ་བདུན་ནམ་བཅུ་གཉིས་སུ་གྱུར་ན། ཅིའི་ཕྱིར་ཁམས་བཅོ་བརྒྱད་དུ་རྣམ་པར་བཞག་ཅེ་ན། དེ་ལྟ་ཡིན་མོད་ཀྱི་འོན་ཀྱང། དྲུག་པའི་རྟེན་ནི་རབ་བསྒྲུབ་ཕྱིར། །ཁམས་ནི་བཅོ་བརྒྱད་དག་ཏུ་འདོད། །རྣམ ་པར་ཤེས་པའི་ཁམས་ལྔ་པོ་དག་གི་།གནས་དག་ནི་མིག་གི་ཁམས་ལ་སོགས་པ་ཡིན་ན། དྲུག་པ་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ནི་གནས་གཞན་མེད་དེ། དེའི་ཕྱིར་དེའི་གནས་རབ་ཏུ་གྲུབ་པར་བྱ་བའི་ཕྱིར་ཡིད་ཀྱི་ཁམས་བསྟན་ཏོ། །དེ་ལྟར་ན ་གནས་དང། གནས་པ་དང། དམིགས་པ་རྣམ་པར་བཞག་པས་ཁམས་བཅོ་བརྒྱད་དག་ཏུ་འགྱུར་རོ། །དེ་ལ་ཕུང་པོ་དག་གི་ནི་འདུས་བྱས་ཐམས་ཅད་བསྡུས་སོ། །ཉེ་བར་ལེན་པའི་ཕུང་པོ་དག་གི་ནི་ཟག་པ་དང་བཅས་པའི་ཆོས་ཐམས་ཅད་བསྡུས་སོ། །སྐྱེ་མཆེད ་དང། ཁམས་ཀྱི་ནི་ཆོས་ཐམས་ཅད་དེ། །མདོར་བསྡུས་ཏེ་རྣམ་པར་ཤེས་པར་བྱ་བ་ནི། ཕུང་པོ་དང་ནི་སྐྱེ་མཆེད་དང། །ཁམས་གཅིག་གིས་ནི་ཐམས་ཅད་བསྡུས། །གཟུགས་ཀྱི་ཕུང་པོ་དང། ཡིད་ཀྱི་སྐྱེ་མཆེད་དང། ཆོས་ཀྱི་ཁམས་ཀྱི་ཆོས་ཐམས་ཅད་བསྡུས་པར་རིག ་པར་བྱའོ། །ཡང་འདི་ལྟར་བསྡུ་བ་དེ་ནི་གང་དང་གང་ནས་འབྱུང་ཡང་རུང་གང་གི་ངོ་བོ་ཉིད་ཀྱིས་ཏེ། གཞན་གྱི་དངོས་པོས་ནི་མ་ཡིན་པར་རིག་པར་བྱའོ། །ཅིའི་ཕྱིར་ཞེ་ན། གཞན་གྱི་དངོས་དང་མི་ལྡན་ཕྱིར། །ཆོས་གཞན་གྱི་དངོས་པོ་དང ་མི་ལྡན་པས། དེ་བས་ན་གང་དང་མི་ལྡན་པ་དེ་ཉིད་ཀྱི་བསྡུས་པར་ནི་མི་རུང་སྟེ། དཔེར་ན་མིག་གི་དབང་པོ་ནི་གཟུགས་ཀྱི་ཕུང་པོ་དང། མིག་གི་སྐྱེ་མཆེད་དང་ཁམས་དང། སྡུག་བསྔལ་པ་དང། ཀུན་འབྱུང་གི་བདེན་པ་དག་གི་བསྡུས་ཏེ། དེའི་བདག་ཉིད ་ཡིན་པའི་ཕྱིར་རོ། །དེའི་ངོ་བོ་དང་མི་ལྡན་པའི་ཕྱིར་ཕུང་པོ་ལ་སོགས་པ་གཞན་དག་གིས་ནི་མ་ཡིན་ནོ། །འོ་ན་མིག་དང། རྣ་བ་དང། སྣ་དག་གཉིས་གཉིས་ཡོད་པས་ཁམས་ཉི་ཤུ་རྩ་གཅིག་ཏུ་མི་འགྱུར་རམ་ཞེ་ན། མི་འགྱུར་ཏེ། གང་གི་ཕྱིར། མིག་ལ ་སོགས་པ་གཉིས་མོད་ཀྱི། །རིགས་དང་སྤྱོད་ཡུལ་རྣམ་པར་ཤེས། །འདྲ་བའི་ཕྱིར་ན་ཁམས་གཅིག་ཉིད། །དེ་ལ་རིགས་སུ་འདྲ་བ་ནི། །གཉི་ག་ཡང་མིག་གི་རང་བཞིན་ཡིན་པའི་ཕྱིར་རོ། །སྤྱོད་ཡུལ་འདྲ་བ་ནི་གཉི་ག་མི་ཡུལ་གཟུགས་ཡིན་པའི་ཕྱིར་རོ། ། ་རྣམ་པར་ཤེས་པ་འདྲ་བ་ནི་གཉི་ག་ཡང་མིག་གི་རྣམ་པར་ཤེས་པ་གཅིག་གི་གནས་ཡིན་པའི་ཕྱིར་ཏེ། དེ་བས་ན་མིག་གི་ཁམས་ནི་གཅིག་པ་ཉིད་དོ། །དེ་བཞིན་དུ་རྣ་བ་དང་སྣ་ལ་ཡང་སྦྱར་བར་བྱའོ། །མཛེས་པའི་ཕྱིར་ན་གཉིས་འབྱུང་སྟེ། མིག་ལ ་སོགས་པ་ཁམས་གཅིག་པ་ཉིད་ཡིན་ཡང་གནས་མཛེས་པའི་ཕྱིར་གཉིས་འབྱུང་ངོ། །དེ་ལྟ་མ་ཡིན་ན་མིག་དང། རྣ་བའི་རྟེན་གཅིག་པ་དང། སྣའི་བུ་ག་གཅིག་ཏུ་གྱུར་ན་ཤིན་ཏུ་མི་མཛེས་པའི་ཕྱིར་རོ། །ཕུང་པོ་དང། ཁམས་དང། སྐྱེ་མཆེད་དག་བཤད ་ཟིན་ཏོ། །ཕུང་པོ་དང། སྐྱེ་མཆེད་དང། ཁམས་ཀྱི་དོན་ཅི་ཡིན་པ་འདི་བརྗོད་པར་བྱ་སྟེ། སྤུངས་དང་སྐྱེ་སྒོ་རིགས་ཀྱི་དོན། །ཕུང་པོ་སྐྱེ་མཆེད་ཁམས་རྣམས་ཡིན། །སྤུངས་པའི་དོན་ནི་ཕུང་པོའི་དོན་ཏོ། །སྐྱེ་བའི་སྒོའི་དོན་ནི་སྐྱེ་མཆེད་ཀྱི་དོན་ཏེ། རིགས་ཀྱི་དོན་ནི ་ཁམས་ཀྱི་དོན་ཏོ། །ཡང་ཅིའི་ཕྱིར་བཅོམ་ལྡན་འདས་ཀྱི་ཕུང་པོ་ལ་སོགས་པའི་སྒོ་ནས་རྣམ་པ་གསུམ་སྟོན་པར་མཛད་ཅེ་ན། གདུལ་བྱ་རྣམས་ཀྱི་ཕྱིར་ཏེ། རྨོངས་དབང་དད་རྣམ་གསུམ་གྱི་ཕྱིར། །ཕུང་པོ་ལ་སོགས་གསུམ་བསྟན་ཏོ། །གསུམ་ཞེས་བྱ ་བ་ནི་རྣམ་པ་གསུམ་མོ། །སེམས་ཅན་རྣམས་རྨོངས་པ་རྣམ་པ་གསུམ་གྱི་ཕྱིར་ཏེ། ཁ་ཅིག་ནི་རིལ་བོས་བདག་ཏུ་འཛིན་པས་སེམས་ལས་འབྱུང་བ་རྣམས་ལས་རྨོངས་སོ། །ཁ་ཅིག་ནི་གཟུགས་ཉིད་ལའོ། །ཁ་ཅིག་ནི་གཟུགས་དང་སེམས་གཉི་ག ་ལའོ། །དབང་པོ་དག་ཀྱང་གསུམ་སྟེ། དབང་པོ་རྣོན་པོ་དང། འབྲིང་དང་རྟུལ་པོའི་ཕྱིར་རོ། །དད་པ་ལ་ཡང་རྣམ་པ་གསུམ་སྟེ། གཞུང་བསྡུས་པ་དང། བར་མ་དང། རྒྱ་ཆེན་པོ་ལ་དད་པའི་ཕྱིར་ཏེ། དེ་དག་ནི་ཕུང་པོ་དང། སྐྱེ་མཆེད་དང། ཁམས་གསུམ་བསྟན ་པ་དང་གོ་རིམ་བཞིན་ནོ། །ཡང་ཅིའི་ཕྱིར་སེམས་ལས་བྱུང་བ་གཞན་ནི་འདུ་བྱེད་ཀྱི་ཕུང་པོར་གཅིག་ཏུ་བྱས་ལ་ཚོར་བ་དང་འདུ་ཤེས་དག་ནི་ལོགས་ཤིག་དུ་ཕུང་པོར་བྱས་ཤེ་ན། སྨྲས་པ། རྩོད་པའི་རྩ་བ་དག་དང་ནི། །འཁོར་བའི་རྒྱུ་ཕྱིར་རིམ་གྱི ་ཕྱིར། །སེམས་འབྱུང་དག་ལས་ཚོར་བ་དང། །འདུ་ཤེས་ལོགས་ཤིག་ཕུང་པོ་བསྟན། །རྩོད་པའི་རྩ་བ་དག་ནི་གཉིས་ཏེ་འདོད་པ་ལ་ལྷག་པར་ཞེན་པ་དང། ལྟ་བ་ལ་ལྷག་པར་ཞེན་པའོ། །དེ་ཉིད་ཀྱི་གཙོ་བོའི་རྒྱུ་ནི་རིམ་བཞིན་དུ་ཚོར་བ་དང། འདུ་ཤེས་དག ་སྟེ། ཚོར་བ་རོ་མྱང་བའི་དབང་གིས། འདོད་པ་ལ་མངོན་པར་ཞེན་པའི་ཕྱིར་དང། འདུ་ཤེས་ཕྱིན་ཅི་ལོག་གི་དབང་གི་ལྟ་བ་རྣམས་སུ་གྱུར་པའི་ཕྱིར་རོ། །འཁོར་བའི་རྒྱུའི་གཙོ་བོ་ཡང་དེ་དག་ཡིན་ཏེ། ཚོར་བ་ལ་ཞེན་པ་དང། འདུ་ཤེས་ཕྱིན་ཅི་ལོག་ཏུ་གྱུར ་པས་ནི་འཁོར་རོ། །གང་ཡང་ཕུང་པོའི་གོ་རིམ་གྱི་རྒྱུ་འོག་ནས་སྟོན་པའི་གོ་རིམ་གྱི་རྒྱུ་དེའི་ཕྱིར་ཡང་འདི་གཉིས་ལོག་ཤིག་ཏུ་ཕུང་པོར་བྱས་པར་རིག་པར་བྱ་སྟེ། དེ་ནི་དེ་ཉིད་དུ་བཤད་པར་བྱའོ། །ཡང་ཅིའི་ཕྱིར་སྐྱེ་མཆེད་དང། ཁམས་དག་དུ་ནི་འདུས ་མ་བྱས་བཤད་ལ། ཕུང་པོ་དག་ཏུ་ནི་འདུས་མ་བྱས་མ་ཡིན་ཞེ་ན། ཕུང་པོ་དག་ཏུ་འདུས་མ་བྱས། །དོན་དུ་མི་རུང་ཕྱིར་མ་བཤད། །དེ་ཕུང་པོ་དག་གི་ནང་དུ་བརྗོད་ན། རེ་ཞིག་དེ་གཟུགས་མ་ཡིན་ཞིང་རྣམ་པར་ཤེས་པའི་བར ་དུ་ཡང་མ་ཡིན་པས་དོན་དུ་མི་རུང་བའི་ཕྱིར་ཏེ། དེ་ཉིད་དུ་བསྡུ་བ་ནི་མི་ནུས་སོ། །དོན་དུ་མི་རུང་བའི་ཕྱིར་ཕུང་པོ་དྲུག་པ་བརྗོད་པར་ཡང་ག་ལ་ནུས་ཏེ། སྤུངས་པའི་དོན་ནི་ཕུང་པོ་ཞེས་བཤད་ན། འདུས་མ་བྱས་ནི་སྤུངས་པའི་དོན་དུ་མི་འཐད་དོ། །ཡང་ཀུན ་ནས་ཉོན་མོངས་པའི་དངོས་པོ་ཤེས་པར་བྱ་བའི་ཕྱིར་ཉེ་བར་ལེན་པའི་ཕུང་པོ་ཞེས་བྱ་ལ། ཀུན་ནས་ཉོན་མོངས་པ་དང། རྣམ་པར་བྱང་བའི་དངོས་པོ་ཤེས་པར་བྱ་བའི་ཕྱིར་ཕུང་པོ་ཞེས་ཀྱང་བྱ་ན། འདུས་མ་བྱས་ནི་དོན་དུ་མི་རུང་བའི་ཕྱིར་གཉི་ག་ཡང ་མ་ཡིན་ཏེ། དེའི་ཕྱིར་དེ་དག་ཏུ་རྣམ་པར་མ་བཞག་གོ་།ཕུང་པོའི་རྣམ་པ་གཞན་དག་ནི་བཤད་ཟིན་ཏོ། །རིམ་ནི་རགས་དང་ཀུན་ཉོན་མོངས། །སྣོད་སོགས་ཁམས་ཀྱི་དོན་ལས་སོ། །གཟུགས་ནི་ཐམས་ཅད་པས་རགས་པ་དང་ཐོགས་པ་དང་བཅས་པའི་ཕྱིར ་རོ། །གཟུགས་ཅན་མ་ཡིན་པ་རྣམ་པ་ཡང་ཚོར་བ་ནི་རྒྱུ་བ་རགས་པ་སྟེ། འདི་ལྟར་བའི་གླད་པ་ལ་ཚོར་རོ། །ངའི་གླད་པ་ཕྱེད་ལ་ཚོར་རོ་ཞེས་བརྗོད་དོ། །འདུ་ཤེས་ནི་གཉིས་པས་ཆེས་རགས་སོ། །རྣམ་པར་ཤེས་པ་པས་ནི་འདུ་བྱེད་དེ། དེའི་ཕྱིར ་གང་ཆེས་རགས་པ་དེ་སྔར་བཤད་དོ། །ཡང་ན་ཐོག་མ་མེད་པ་ཅན་གྱི་འཁོར་བ་ན་སྐྱེས་པ་དང་བུད་མེད་དག་གཟུགས་ལ་ཕན་ཚུན་མངོན་པར་དགའ་སྟེ། དེ་དག་ཀྱང་ཚོགས་པའི་རོ་མྱང་བ་ལ་ཆགས་པའི་ཕྱིར་རོ། །ཆགས་པ་དེ་ཡང་འདུ་ཤེས ་ཕྱིན་ཅི་ལོག་ཏུ་གྱུར་པའི་ཕྱིར་རོ། །ཕྱིན་ཅི་ལོག་དེ་ཡང་ཉོན་མོངས་པ་དག་གིས་སོ། །སེམས་དེ་ནི་ཀུན་ནས་ཉོན་མོངས་པ་ཅན་ཡིན་པས་ཇི་ལྟར་ཉོན་མོངས་པའི་གོ་རིམས་བཞིན་ནོ། །ཡང་ན་སྣོད་ལ་སོགས་པའི་དོན་གྱིས་ཏེ། གཟུགས་ལ་སོགས ་པའི་ཕུང་པོ་ནི་སྣོད་དང། ཟས་དང། ཚོད་མ་དང། བྱེད་པ་པོ་དང། ཟ་བ་པོ་ལྟ་བུར་གྱུར་བའོ། །ཡང་ན་ཁམས་ལས་ཏེ། འདོད་པའི་ཡོན་ཏན་གཟུགས་ཀྱི་རབ་ཏུ་ཕྱེ་བ་ནི་འདོད་པའི་ཁམས་སོ། །ཚོར་བས་རབ་ཏུ་ཕྱེ་བ་ནི་བསམ་གཏན་རྣམས་སོ། །འདུ་ཤེས་ཀྱི་རབ་ཏུ་ཕྱེ་བ ་ནི་གཟུགས་མེད་པ་གསུམ་མོ། །འདུ་བྱེད་ཙམ་གྱིས་རབ་ཏུ་ཕྱེ་བ་ནི་སྲིད་པའི་རྩེ་མོའོ། །དེ་དག་ལ་རྣམ་པར་ཤེ་པ་གནས་པས་འདི་དག་ནི་རྣམ་པར་ཤེས་པ་གནས་པ་དག་སྟེ། ཕུང་པོའི་གོ་རིམ་ནི་ཞིང་དང་ས་བོན་ལྟ་བུའི་གོ་རིམས་སུ་བསྟན་པའི་ཕྱིར་རོ། །དེའི་ཕྱིར ་ཕུང་པོ་རྣམས་ནི་ལྔ་ཁོ་ན་སྟེ་མི་ཉུང་མི་མང་ངོ། །དེ་བས་ན་དེ་དག་ནི་ཆེས་རགས་པ་དང། ཉོན་མོངས་པའི་རྒྱུའི་རིམ་པ་དང། ཟས་དང་ཚོད་མ་ལྟ་བུར་གྱུར་པ་དང། དེས་ཁམས་གཉིས་རབ་ཏུ་ཕྱེ་བའི་ཕྱིར་གོ་རིམ་གྱི་རྒྱུས་ཚོར་བ་དང། འདུ་ཤེས་ནི་འདུ་བྱེད་རྣམས་ལས་ལོགས ་ཤིག་ཏུ་ཕུང་པོར་བྱས་སོ། །མིག་ལ་སོགས་པ་ཁམས་དང་སྐྱེ་མཆེད་དྲུག་གི་གོ་རིམས་དག་བརྗོད་པར་བྱ་སྟེ། དེ་བསྟན་པ་ཉིད་ཀྱིས་དེའི་ཡུལ་དང་རྣམ་པར་ཤེས་པའི་གོ་རིམས་ཀྱང་ཡིན་ནོ། །དྲུག་པོ་དེ་དག་ཀྱང། དེ་ལྟའི་དོན་ཕྱིར་དང་དང་པོ་ལྔ། མིག་ལ་སོགས་པ་ལྔའི ་ཡུལ་ནི་ད་ལྟའི་ཡིན་པའི་ཕྱིར་དང་པོར་བཤད་དོ། །ཡིད་ནི་མ་ངེས་ཏེ། ཁ་ཅིག་གི་ཡུལ་ནི་ད་ལྟར་རོ། །ཁ་ཅིག་གི་ཡུལ་ནི་དུས་གསུམ་དང་དུས་མ་ཡིན་པའོ། །འབྱུང་བ་ལས་གྱུར་དོན་ཕྱིར་བཞི། །དང་པོར་ཞེས་བྱ་བར་སྦྱར་རོ། །ལྔ་རྣམས་ལས་ཀྱང་བཞི། སྔར་བཤད?་པ་ནི་ཡུལ ་འབྱུང་བ་ལས་གྱུར་པའི་ཕྱིར་རོ། །ལུས་ཀྱི་ཡུལ་ནི་མ་ངེས་ཏེ། རེས་འགའ་ན་འབྱུང་བ་དག་གོ་།རེས་འགའ་ན་འབྱུང་བ་ལས་གྱུར་པའོ། །རེས་འགའ་ནི་གཉི་གའོ། །གཞན་ནི་རི་དང་རབ་མྱུར་འཇུག་།ཡང་ལྷག་མ་གཞན་ནི་ཅི་རིགས་པར་རིང་བ་དང། རབ་ཏུ་མྱུར་བར་འཇུག ་པར་སྔར་སྨོས་ཏེ། མིག་དང། རྣ་བ་ནི་ཡུན་རིང་པའི་ཕྱིར་གཉིས་པས་སྔར་སྨོས་སོ། །དེ་གཉིས་ལས་ཀྱང། མིག་ནི་ཤིན་ཏུ་རིང་བ་ལ་འཇུག་སྟེ། རླུང་རྒྱང་རིང་པོ་ནས་མཐོང་ཡང་དེའི་སྒྲ་མི་ཐོས་པས། དེའི་ཕྱིར་དེ་སྔར་སྨོས་སོ། །སྣ་དང་ལྕེ་ནི་རིང་པོ་ལ་འཇུག་པ་མེད་མོད ་ཀྱི། དེ་གཉིས་ལས་ཀྱང་སྣ་རབ་ཏུ་མྱུར་བར་འཇུག་པའི་ཕྱིར་སྔར་སྨོས་ཏེ། སྣ་ཟས་མ་ཕྲད་པ་ཉིད་དུ་དྲི་འཛིན་པའི་ཕྱིར་རོ། །ཡང་ན་ཇི་ལྟར་གནས་བཞིན་རིམ། ཡང་ན་ལུས་འདི་ལ་མིག་གི་རྟེན་ནི་དང་པོ་ན་གནས་སོ། །དེའི་འོག་ན་ནི་རྣ་བའི་འོ། །དེའི་འོག ་ན་ནི་སྣའིའོ། །དེའི་འོག་ན་ནི་ལྕེའི་འོ། །ལུས་ཀྱི་ནི་ཕལ་ཆེར་དེའི་འོག་ནའོ། །ཡིད་ནི་དེ་དག་ལ་བརྟེན་པ་དང། ཡུལ་ན་མི་གནས་པའི་ཕྱིར་ཏེ། དེ་དག་གི་གོ་རིམ་ནི་ཇི་ལྟར་གནས་པ་བཞིན་ཡིན་ནོ། །ཡང་ཅིའི་ཕྱིར་གཟུགས་ཀྱི་བདག་ཉིད་ཀྱི་སྐྱེ་མཆེད་བཅུ་པོ་དེ་དག་ལས ་གཅིག་ནི་གཟུགས་ཀྱི་སྐྱེ་མཆེད་དུ་བསྟན་ལ། ཐམས་ཅད་ཀྱང་ཆོས་ཀྱི་རང་བཞིན་ཡིན་ན་གཅིག་ཆོས་སྐྱེ་མཆེད་ཅེས་བྱ་ཞེ་ན། སྨྲས་པ། ཁྱད་པར་དོན་དང་གཙོ་བོའི་ཕྱིར། །ཆོས་མང་མཆོག་རྣམས་བསྡུས་པའི་ཕྱིར། །གཟུགས་ཀྱི་སྐྱེ་མཆེད་གཅིག་དང་ནི། ་གཅིག་ནི་ཆོས་ཞེས་བཤད་པ་ཡིན། །ཁྱད་པར་གྱི་དོན་ཇི་ལྟ་བུ་ཞེ་ན། འདི་ལྟར། ཡུལ་ཅན་དང། ཡུལ་ཉིད་དུ་རྣམ་པར་བཞག་པའི་ཕྱིར་སྐྱེ་མཆེད་བཅུ་གཉིས་པོ་དེ་དག་ནི་ཐ་དད་པ་ཡིན་གྱི་བསྡུས་པ་ནི་མ་ཡིན་ནོ་ཞེས་རྟོགས་པར་བྱ་སྟེ། མིག་ལ་སོགས་པ་ཁྱད ་བར་དུ་བྱས་པ་ལ་གང་མིག་ལ་སོགས་པར་ནི་མ་བཤད་ཅིག་།གཟུགས་ནི་ཡིན་ལ་དེའི་མིང་གཞན་མ་སྨོས་པ་དེ་ནི་གཟུགས་ཀྱི་སྐྱེ་མཆེད་དུ་ཤེས་པར་བྱའོ། །ཡང་ན་གཟུགས་ཀྱི་སྐྱེ་མཆེད་ནི་གཙོ་བོ་ཡིན་པའི་ཕྱིར་ཏེ། དེ་ནི་ཐོགས་པ་དང་བཅས་པའི་ཕྱིར་དང། ལག ་པ་ལ་སོགས་པའི་རེག་པ་དང་དག་གི་རེག་ན་གཟུགས་སུ་རུང་བ་དང། བསྟན་དུ་རུང་བའི་ཕྱིར་ཏེ། འདི་ནི་འདི་ནའོ། །ཆེ་གེ་མོ་ཞིག་ནའོ་ཞེས་བརྟག་ཏུ་རུང་བའི་ཕྱིར་རོ། །འཇིག་རྟེན་དག་ན་ཡང། དེ་ནི་གཟུགས་སོ་ཞེས་གྲགས་ཀྱི་གཞན་དག་ནི་མ་ཡིན་ནོ། །ཁྱད་པར་གྱི ་དོན་ཉིད་ཀྱི་སྐྱེ་མཆེད་གཅིག་ཏུ་བཤད་ཀྱི་ཐམས་ཅད་ནི་མ་ཡིན་ནོ། །ཡང་འདིར་ཚོར་བ་ལ་སོགས་པ་ཆོས་མང་པོ་རྣམས་བསྡུས་ཏེ། དེའི་ཕྱིར་ཆོས་ཀྱི་སྒྲར་སྤྱིར་བརྗོད་པར་བྱེད་དོ། །ཆོས་ཀྱི་མཆོག་མྱ་ངན་ལས་འདས་པ་ཡང་བསྡུས་ཏེ། གཞན་དག་ཏུ་ནི་མ་ཡིན་ནོ།། ་མདོ་དག་ལས་ཀྱང། ཕུང་པོ་དང། ཁམས་དང། སྐྱེ་མཆེད་ཅེས་བྱ་བ་གཞན་དང་གཞན་དག་ཀྱང་དམིགས་ན། ཅི་དེ་རྣམས་འདི་དག་ཉིད་ཀྱིས་བསྡུས་སམ་འོན་ཏེ་ཐ་དད་པ་ཞིག་ཡིན་པར་རིག་པར་བྱ་ཞེ་ན། འདི་དག་གིས་བསྡུས་ཀྱི་ཐ་དད་པ་ནི་མ་ཡིན་ཏེ། དེ་ལ ་རེ་ཞིག་།ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་དག་།གང་རྣམས་ཐུབ་པས་གསུངས་དེ་དག་།དེ་དག་ཚིག་གམ་མིང་ན་ཡང། །གཟུགས་སམ་འདུ་བྱེད་དག་ཏུ་འདུས། །གང་དག་གི་སངས་རྒྱས་ཀྱི་གསུང་དག་གི་རང་བཞིན་ཡིན་པ་དེ་དག་གི་དེ་རྣམས་ནི་གཟུགས་ཀྱི་ཕུང་པོ ་དག་གིས་བསྡུས་སོ། །གང་དག་གི་མིང་རང་བཞིན་ཡིན་པ་དེ་དག་གིས་ནི་འདུ་བྱེད་ཀྱི་ཕུང་པོས་སོ། །ཡང་ཆོས་ཀྱི་ཕུང་པོའི་སཚད་ཇི་ཙམ་ཞེ་ན། ཁ་ཅིག་བསྟན་བཅོས་ཚད་ཅེས་ཟེར། རེ་ཞིག་ཁ་ཅིག་ཆོས་ཀྱི་ཕུང་པོ་ཞེས་བྱ་བ་བསྟན་བཅོས་ཆོས་མངོན་པའི་ཚད་ཙམ ་མོ་ཞེས་ཟེར་ཏེ། དེ་ནི་སྟོང་ཕྲག་དྲུག་གོ་།ཡང་ན་གཞན་དག་ན་རེ། ཕུང་སོགས་བཤད་པ་རེ་རེའོ། །ཕུང་པོ་དང། ཁམས་དང། སྐྱེ་མཆེད་དང། རྟེན་ཅིང་འབྲེལ་པར་འབྱུང་དང། བདེན་པ་དང། ཟས་དང། བསམ་གཏན་དང། ཚད་མེད་པ་དང། གཟུགས ་མེད་པ་དང། རྣམ་པར་ཐར་བ་དང། ཟིལ་གྱིས་གནོན་པའི་སྐྱེ་མཆེད་དང། ཟད་པར་གྱི་སྐྱེ་མཆེད་དང། བྱང་ཆུབ་ཀྱི་ཕྱོགས་དང། མངོན་པར་ཤེས་པ་དང། སོ་སོར་ཡང་དག་པར་རིག་པ་དང། སྨོན་ནས་ཤེས་པ་དང། ཉོན་མོངས་པ་མེད་པ་རྣམས་ཀྱི་བཤད ་བ་རེ་རེ་ནི་ཆོས་ཀྱི་ཕུང་པོའོ་ཞེས་ཟེར་རོ། །སྤྱོད་པ་རྣམས་ཀྱི་གཉེན་པོར་ནི། ཆོས་ཀྱི་ཕུང་པོ་མཐུན་པར་གསུངས། འདི་ལྟར་སེམས་ཅན་རྣམས་ཀྱི་སྤྱོད་པ་འདོད་ཆགས་དང། ཞེ་སྡང་དང། གཏི་མུག་དང། ང་རྒྱལ་ལ་སོགས་པ་བརྒྱད་ཁྲི་ཐ་དད་པས་དེ་དག ་གི་གཉེན་པོར་བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་གསུངས་སོ། །ཞེས་བརྗོད་དོ། །ཇི་ལྟར་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བོ་དེ་དག་ཕུང་པོ་ལྔ་དག་ཏུ་བསྡུས་པ། དེ་བཞིན་གཞན་ཡང་ཅི་རིགས་པར། །ཕུང་པོ་སྐྱེ་མཆེད་ཁམས་རྣམས་ནི། །རང་གི ་མཚན་ཉིད་ལེགས་སྤྱད་དེ། །ཇི་སྐད་བཤད་པར་བསྡུ་བར་བྱ། །གང་ཡང་མདོ་གཞན་དག་ལས་ཕུང་པོ་དང། ཁམས་དང། སྐྱེ་མཆེད་གཞན་གསུངས་པ་དེ་དག་ཀྱང་བསྟན་བཅོས་འདིར་ཇི་སྐད་བཤད་པ་བཞིན་དེ་དག་གི་རང་རང་གི་མཚན་ཉིད་ལེགས ་པར་དཔྱད་ནས་ཕུང་པོ་ལ་སོགས་པ་ཇི་སྐད་དུ་བཤད་པ་འདི་དག་ཉིད་དུ་བསྡུ་པར་བྱ་སྟེ། དེ་ལ་རེ་ཞིག་ཚུལ་ཁྲིམས་ལ་སོགས་པའི་ཕུང་པོ་ལྔ་རྣམས་ལ། ཚུལ་ཁྲིམས་ཀྱི་ཕུང་པོ་ནི་གཟུགས་ཀྱི་ཕུང་པོས་བསྡུས་སོ། །ལྷག་མ་རྣམས་ནི་འདུ་བྱེད་ཀྱི་ཕུང་པོས་སོ། །ཟད ་པར་གྱི་སྐྱེ་མཆེད་བཅུ་རྣམས་ལས་བརྒྱད་ནི་མ་འཆགས་པའི་རང་བཞིན་ཡིན་པའི་ཕྱིར་ཆོས་ཀྱི་སྐྱེ་མཆེད་ཀྱིས་སོ། །འཁོར་རྣམས་དང་བཅས་ན་ནི་ཕུང་པོ་ལྔའི་རང་བཞིན་ཡིན་པའི་ཕྱིར་ཡིད་དང་ཆོས་ཀྱི་སྐྱེ་མཆེད་གཉིས་ཀྱིས་སོ། །ཟིལ་གྱིས་གནོན་པའི་སྐྱེ ་མཆེད་རྣམས་ཀྱང་དེ་བཞིན་ནོ། །ཟད་པར་གྱི་སྐྱེ་མཆེད་ལས་ནི་ནམ་མཁའ་མཛའ་ཡས་སྐྱེ་མཆེད་ལ་སོགས་པ་བཞི་རྣམས་ནི་ཕུང་པོ་བཞིའི་རང་བཞིན་ཡིན་པའི་ཕྱིར་ཡིད་དང་ཆོས་ཀྱི་སྐྱེ་མཆེད་གཉིས་ཀྱིས་སོ། །རྣམ་པར་གྲོལ་བའི་སྐྱེ་མཆེད་ལྔ་རྣམས ་ནི་ཤེས་རབ་ཀྱི་རང་བཞིན་ཡིན་པའི་ཕྱིར་ཆོས་ཀྱི་སྐྱེ་མཆེད་ཀྱིས་སོ། །དེ་འཁོར་རྣམས་དང་བཅས་ན་ནི་སྒྲ་དང། ཡིད་དང། ཆོས་ཀྱི་སྐྱེ་མཆེད་རྣམས་ཀྱིས་སོ། །སྐྱེ་མཆེད་གཉིས་ལས་འདུ་ཤེས་མེད་པའི་སེམས་ཅན་གྱི་ནི་དྲི་དང་རོའི་སྐྱེ་མཆེད་མེད་པའི་ཕྱིར ་སྐྱེ་མཆེད་བཅུ་རྣམས་ཀྱིས་སོ། །འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་སྐྱེ་མཆེད་དུ་ཉེ་བར་འགྲོ་བ་ནི་ཡིད་དང་ཆོས་ཀྱི་སྐྱེ་མཆེད་གཉིས་ཀྱིས་སོ། དེ་བཞིན་དུ་ཁམས་མང་པོ་པའི་མདོ་ལས། ཁམས་དྲུག་ཅུ་རྩ་གཉིས་བསྟན་པ་དེ་དག་ཀྱང་ཅི་རིགས་པར་བསྡུ་བར་རིག ་པར་བྱའོ། །དེར་གང་དག་སའི་ཁམས་ལ་སོགས་པ་ནས་རྣམ་པར་ཤེས་པའི་ཁམས་ཀྱི་བར་དུ་བསྟན་པ་ལ། འདི་དག་གཉིས་ཀྱི་མཚན་ཉིད་མ་བཤད་ན་དེ་ཅི་ནམ་མཁའ་ཉིད་ནམ་མཁའ་ཨི་ཁམས་ཡིན་ལ། རྣམ་པར་ཤེས་པ་ཐམས་ཅད་ཀྱང་རྣམ་པར ་ཤེས་པའི་ཁམས་སུ་རིགས་པར་བྱ་འམ། སྨྲས་པ། དེ་མ་ཡིན་ཏེ། འདི་ལྟར་སྒོ་དང། སྐར་ཁུང་དང། ཁ་དང། སྣ་ལ་སོགས་པའི་བུག་ནམ་མཁའ་ཨི་ཁམས་ཞེས་བྱ། བུ་ག་ཞེས་བྱ་བ་ཇི་ལྟ་བུར་རིག་པར་བྱ། དེ་ནི་སྣང་དང་མུན་པ་གཉིས། ཇི་ལྟར་ཤེས་པར་བྱ་ཞེ ་ན། བུ་ག་ནི་སྣང་བ་དང་མུན་པ་གཉིས་ལས་གཞན་དུ་གཟུང་དུ་མེད་དོ། །དེ་ཉིད་ཐོགས་པའི་ཉེ་བར་བསྐོར་བའི་གཟུགས་ཞེས་བྱ་སྟེ། ཐོགས་པ་ཞེས་བྱ་བ་ནི་བསགས་པར་གནས་པའོ། །ཤིན་ཏུ་གནོད་པ་བྱར་རུང་བའི་ཕྱིར་གཟུགས་ཏེ་དེ་ཉེ་བར་བསྐོར་བའོ། །ཡང་ན་དེ ་ལ་དེ་ལས་གཞན་པའི་གཟུགས་ཐོག་མ་མེད་པའི་ཕྱིར་ཐོག་པ་མེད་པའོ། །གཟུགས་གཞན་ལ་ཉེ་བར་བསྐོར་བ་ཡང་ཡིན་པས་ཐོགས་པ་མེད་པས་ཉེ་བར་སྐོར་བའོ། །རྣམ་ཤེས་ཟག་དང་བཅས་པ་ལ། །རྣམ་ཤེས་ཁམས་ཡིན་སྐྱེ་བའི་རྟེན། ཅིའི་ཕྱིར་ཟག ་པ་མེད་པ་མི་བྱ་ཞེ་ན། གང་གི་ཕྱིར་ཁམས་དྲུག་པོ་དེ་དག་ནི། སྐྱེ་བའི་རྟེན། ཡིན་པར་འདོད་དེ། དེ་དག་ནི་ཉིང་མཚམས་སྦྱོར་བའི་སེམས་ནས་འཆི་བའི་སེམས་ཀྱི་བར་དུ་སྐྱེ་བའི་གཞིར་གྱུར་པ་སྟེ། ཟག་པ་མེད་པའི་ཆོས་ནི་དེ་ལྟ་མ་ཡིན་ནོ། །དེའི་ཕྱིར་དེ་ལྟར ་ན་ཁམས་བཞི་པོ་དག?་ནི་རེག་བྱའི་ཁམས་ཀྱི་ནང་དུ་འདུས་སོ། །ལྔ་པ་ནི་གཟུགས་ཀྱི་ཁམས་སུ་འདུས་སོ། །དྲུག་པ་ནི་རྣམ་པར་ཤེས་པའི་ཁམས་བདུན་རྣམས་སུ་འདུས་སོ། །སྐྱེ་མཆེད་དང་ཁམས་རྣམས་བཀོད་ཟིན་ཏོ། །ཡང་ཁམས་བཅོ་བརྒྱད ་པོ་འདི་དག་ལས་བསྟན་ཏུ་ཡོད་པ་རྣམས་ནི་དུ། བསྟན་དུ་མེད་པ་རྣམས་ནི་དུ་ཞིན་བསྟན་ཡོད་འདིར་ནི་གཟུགས་གཅིག་པུ། གཟུགས་འདི་ནི་འདི་ནའོ། །ཆེ་གེ་མོ་ཞིག་ནའོ་ཞེས་དེ་བསྟན་པར་ནུས་པས། ལྷག་མ་རྣམས་ནི་བསྟན་དུ་མེད་པར་བཤད་པར ་འགྱུར་རོ། །ཐོགས་པ་དང་བཅས་པ་རྣམས་ནི་དུ། །ཐོགས་པ་མེད་པ་རྣམས་ནི་དུ་ཞེ་ན། ཐོགས་དང་བཅས་པ་གཟུགས་ཅན་བཅུ། །གང་འདི་གཟུགས་ཀྱི་ཕུང་པོས་བསྡུས་པའི་ཁམས་བཅུ་བཤད་པ་དེ་དག་ནི་ཐོགས་པ་དང་བཅས་པ་ཡིན་པས། ་བརྒྱད་པོ་དེ་དག་ནི་ཐོགས་པ་མེད་པར་བཤད་པར་འགྱུར་རོ། །དགེ་བ་རྣམས་ནི་དུ། མི་དགེ་བ་རྣམས་ནི་དུ། ལུང་དུ་མ་བསྟན་པ་རྣམས་ནི་དུ་ཞེ་ན། ལུང་བསྟན་མིན་བརྒྱད། བརྒྱད་པོ་དག་གང་ཞེ་ན། གང་འདི་ཐོགས་པ་དང ་བཅས་པ་བཅུ་བཤད་པ། དེ་ཉིད་ལས། གཟུགས་དང་སྒྲ་མིན། དབང་པོ་ལྔ་རྣམས་དང། དྲི་དང། རོ་དང་རེག་བྱའི་ཁམས་བརྒྱད་པོ་དེ་དག་ནི་དགེ་བ་དང་མི་དགེ་བའི་དངོས་པོར་ལུང་དུ་མ་བསྟན་པའི་ཕྱིར་ལུང་དུ་མ་བསྟན་པའོ། །གཞན་རྣམས ་གསུམ། གཞན་ཁམས་བཅུ་པོ་དེ་དག་ནི་དགེ་བ་དང། མི་དགེ་བ་དང། ལུང་དུ་མ་བསྟན་པ་ཡང་ཡིན་ཏེ། དེ་ལ་རྣམ་པར་ཤེས་པའི་ཁམས་བདུན་ནི་མ་ཆགས་པ་ལ་སོགས་པ་དང་མཚུངས་པར་ལྡན་པ་ནི་དགེ་བ་ཡིན་ནོ། །ཆགས་པ་ལ་སོགས ་པ་དང་མཚུངས་པར་ལྡན་པ་ནི་མི་དགེ་བ་ཡིན་ནོ། །གཞན་དག་ནི་ལུང་དུ་མ་བསྟན་པ་ཡིན་ནོ། །ཆོས་ཀྱི་ཁམས་ནི་མ་ཆགས་པ་ལ་སོགས་པའི་རང་བཞིན་དང་མཚུངས་པར་ལྡན་པ་དང། ཀུན་ནས་བསླང་བ་དང། སོ་སོར་རྟགས་པའི་འགོག་པ ་ནི་དགེ་བའོ། །ཆགས་པ་ལ་སོགས་པའི་རང་བཞིན་དང་མཚུངས་པར་ལྡན་པ་དང། ཀུན་ནས་བསླང་བ་ནི་མི་དགེ་བའོ། །གཞན་དག་ནི་ལུང་དུ་མ་བསྟན་པ་ཡིན་ནོ། །གཟུགས་དང་སྒྲའི་ཁམས་ནི་ལུས་དང་ངག་གི་རྣམ་པར་རིག་པས་བསྡུས ་དགེ་བ་དང་མི་དགེ་བའི་སེམས་ཀྱིས་ཀུན་ནས་བསླང་བ་ནི་དགེ་བ་དང་མི་དགེ་བ་ཡིན་པ་ཡིན་ནོ། །དེ་ལས་གཞན་པ་དག་ནི་ལུང་དུ་མ་བསྟན་པ་ཡིན་ནོ། །དགེ་བ་ལ་སོགས་པའི་དངོས་པོ་བཤད་ཟིན་ཏོ། །ཁམས་བཅོ་བརྒྱད་པོ་དེ་དག་ལས་འདོད་པར ་དང། གཟུགས་དང། གཟུགས་མེད་པར་གཏོགས་པ་ནི་དུ་ཞེ་ན། འདོད་ཁམས་གཏོགས་པ་ཐམས་ཅད་དོ། །གཏོགས་པ་ནི་མ་བྲལ་བ་སྟེ། འདོད་པའི་ཁམས་དང་ལྡན་ཞེས་བྱ་བའི་ཐ་ཚིག་གོ་།གཟུགས་ཀྱི་ཁམས་ན་བཅུ་བཞིའོ། །གཟུགས་ཀྱི ་ཁམས་ན་ནི་ཁམས་བཅུ་བཞི་རྣམས་ཏེ། དྲི་དང་རོ་དང་སྣ་དང་ནི། །ལྕེའི་རྣམ་ཤེས་ཁམས་མ་གཏོགས། །དེ་ནི་དྲི་དང་རོ་གཉིས་མེད་དེ། དེ་གཉིས་མེད་དེ། དེ་གཉིས་ནི་ཁམ་གྱི་ཟས་ཡིན་པའི་ཕྱིར། དེའི་འདོད་ཆགས་དང་བྲལ་བ་རྣམས་ནི་དེ་དག་ཏུ ་སྐྱེའོ། །དེ་བས་ན་དམིགས་པ་མེད་པའི་ཕྱིར། སྣ་དང་ལྕེའི་རྣམ་པར་ཤེས་པ་ཡང་མེད་དོ། །གཟུགས་མེད་གཏོགས་པ་ཡིད་དང་ནི། །ཆོས་དང་ཡིད་ཀྱི་རྣམ་ཤེས་ཁམས་གཟུགས་ཀྱི་འདོད་ཆགས་དང་བྲལ་བ་རྣམས་ནི་དེར་སྐྱེ་སྟེ། དེའི་ཕྱིར། དེ་ན་གཟུགས ་ཀྱི་རང་བཞིན་གྱི་ཁམས་བཅུ་དང། གནས་དང། དམིགས་པ་དེ་དག་གི་རྣམ་པར་ཤེས་པའི་ཁམས་ལྔ་ཡང་མེད་དོ། །ཟག་པ་དང་བཅས་པ་རྣམས་ནི་དུ། ཟག་པ་མེད་པ་རྣམས་ནི་དུ་ཞེ་ན། གང་དག་ཡིད་དང། ཆོས་དང། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས ་བཤད་པ་དེ་དག་ནི། དེ་གསུམ་ཟག་བཅས་ཟག་པ་མེད། །གང་དག་ལམ་གྱི་བདེན་པ་དང་འདུས་མ་བྱས་ཀྱིས་བསྡུས་པ་དེ་དག་ནི་ཟག་པ་མེད་པ་ཡིན་ནོ། །གཞན་དག་ནི་ཟག་པ་དང་བཅས་པ་ཡིན་ནོ། །ལྷག་མ་རྣམས་ནི་ཟག་བཅས་སོ། །ལྷག་མ་ཁམས ་བཅོ་ལྔ་པོ་དེ་དག་ནི་གཅིག་ཏུ་ཟག་པ་དང་བཅས་པ་ཡིན་ནོ། །རྟོག་པ་དང་བཅས་ཤིང་སྤྱོད་པ་དང་བཅས་པ་ནི་དུ། རྟོག་པ་མེད་ཅིང་སྤྱོད་པ་ཙམ་ནི་དུ། རྟོག་པ་མེད་ཅིང་དཔྱོད་པ་མེད་པ་ནི་དུ་ཞེ་ན། རྟོག་དང་དཔྱོད་དང་བཅས་པ་ནི། །རྣམ་པར་ཤེས་པའི་ཁམས་ལྔ ་ཡིན། །འདི་དག་ནི་རྟག་ཏུ་རྟོག་པ་དང། དཔྱོད་པ་དང་མཚུངས་པར་ལྡན་ནོ། །ཐ་མ་གསུམ་ནི་རྣམ་གསུམ་མོ། །ཐ་མ་གསུམ་ནི་ཡིད་ཀྱི་ཁམས་དང། ཆོས་ཀྱི་ཁམས་དང། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་རྣམས་ཏེ། གསུམ་པོ་དེ་དག་ནི་རྣམ་པ་གསུམ་སྟེ། ་དེ་ལ་ཡིད་ཀྱི་ཁམས་དང། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་དང། རྟོག་པ་དང། བཅས་པ་གཉིས་ལས་གཞན་པ་ཆོས་ཀྱི་ཁམས་མཚུངས་པར་ལྡན་པ་དག་ནི་འདོད་པའི་ཁམས་དང། བསམ་གཏན་དང་པོ་དག་ཏུ་རྟོག་པ་དང་བཅས་ཤིང་དཔྱོད་པ་དང་བཅས ་པ་ཡིན་ནོ། །བསམ་གཏན་ཁྱད་པར་ཅན་དག་ན་ནི་རྟོག་པ་མེད་ཅིང་དཔྱོད་པ་ཙམ་ཡིན་ནོ། །དེའི་གོང་མ་དང་མཚུངས་པར་ལྡན་པ་མ་ཡིན་པ་ཐམས་ཅད་དང། བསམ་གཏན་ཁྱད་པར་ཅན་དག་གི་དཔྱོད་པ་ནི་རྟོག་པ་མེད་ཅིང་དཔྱོད་པ་མེད་པ ་ཡིན་ནོ། །རྟོག་པ་ནི་རྟོག་པ་གཉིས་མེད་པའི་ཕྱིར་དང། དཔྱོད་པ་དང་མཚུངས་པར་ལྡན་པའི་ཕྱིར་རྟག་ཏུ་རྟོག་པ་མེད་ཅིང་དཔྱོད་པ་ཙམ་ཡིན་ནོ། །འདོད་པའི་ཁམས་བསམ་གཏན་དང་པོ་དག་གི་སྤྱོད་པ་ནི་རྣམ་པ་གསུམ་པོ་འདི་དག་གི་ནང་དུ་མ་བཤད་ན་དེ་ཇི ་སྙེད་དུ་བརྗོད་པར་ཞེ་ན། དཔྱོད་པ་གཉིས་མེད་པའི་ཕྱིར་དང། རྟོག་པ་དང་མཚུངས་པ་ལྡན་པའི་ཕྱིར་དཔྱོད་པ་མེད་ཅིང་རྟོག་པ་ཙམ་ཡིན་ནོ། །ལྷག་མ་གཉི་ག་སྤངས་པའོ། །ལྷག་མ་ནི་གཟུགས་ཀྱི་ཁམས་བཅུ་པོ་རྣམས་ཏེ། དེ་དག་ནི་མཚུངས་པར་ལྡན ་པ་མ་ཡིན་པའི་ཕྱིར་རྟག་ཏུ་རྟོག་པ་མེད་ཅིང་དཔྱོད་པ་མེད་པའོ། །གལ་ཏེ་རྣམ་པར་ཤེས་པའི་ཚོགས་ལྔ་པོ་རྣམས་རྟོག་པ་དང་བཅས་ཤིང་དཔྱོད་པ་དང་བཅས་པ་ཡིན་ནོ། །ཇི་ལྟར་རྣམ་པར་རྟོག་པ་མེད་པ་ཞེས་བྱ་ཞེ་ན། ངེས་པར་རྟོག་དང་རྗེས་དྲན་པའི།། ་རྣམ་པར་རྟོག་པས་རྣམ་མི་རྟོག་།རྣམ་པར་རྟོག་པ་ནི་རྣམ་པ་གསུམ་སྟེ། རང་བཞིན་དང་ངེས་པར་རྟོག་པ་དང། རྗེས་སུ་དྲན་པའི་རྣམ་པར་རྟོག་པའོ། །དེ་ལ་རང་བཞིན་གྱི་རྟོག་པ་ནི་ཡོད་ཀྱི་གཞན་དག་ནི་མ་ཡིན་ཏེ། དེའི་ཕྱིར་རྣམ་པར་མི་རྟོག་པ་ཞེས་བྱ་སྟེ། ་དཔེར་ན་ཁྲི་རྐང་པ་གཅིག་པ་ལ་རྐང་མེད་བྱ་བ་བཞིན་ནོ། །དེ་ལ་རང་བཞིན་གྱི་རྣམ་པར་རྟོག་པ་དང་དཔྱོད་པ་ནི་འོག་ནས་སེམས་ལས་བྱུང་བ་དག་གི་ནང་ནས་སྟོན་པ་གང་ཡིན་པའོ། །ཡང་ན་གཞན་དག་གི་རང་བཞིན་ཇི་ལྟ་བུ་ཞེ་ན། རང་བཞིན་དུ། དེ་ཡིད། ་ཤེས་རབ་མ་མཉམ་དང། །ཡིད་ཀྱི་དྲན་པ་ཐམས་ཅད་དོ། །ཡིད་ཀྱི་རྣམ་པར་ཤེས་པ་དང་མཚུངས་པར་ལྡན་པའི་ཤེས་རབ་ནི་ཡིད་ཀྱི་ཞེས་བྱའོ། །མཉམ་པར་བཞག་པ་མ་ཡིན་པ་ནི་མ་མཉམ་པ་ཞེས་བྱ་སྟེ། དེ་ནི་ངེས་པར་རྟོག་པའི་རྣམ་པར་རྟོག ་པའོ། །ཡིད་ཀྱི་དྲན་པ་མཉམ་པར་བཞག་པ་དང། མཉམ་པར་བཞག་པ་མ་ཡིན་པ་ཐམས་ཅད་ནི་རྗེས་སུ་དྲན་པའི་རྣམ་པར་རྟོག་པའོ། །དམིགས་པ་དང་བཅས་པ་རྣམས་ནི་དུ། དམིགས་པ་མེད་པ་རྣམས་ནི་དུ་ཞེ་ན། དམིགས་བཅས་སེམས་ཀྱི་ཁམས ་བདུན་ནོ། །མིག་དང་རྣ་བ་དང། སྣ་དང། ལྕེ་དང། ལུས་དང། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་དང། ཡིད་ཀྱི་ཁམས་ཏེ། སེམས་ཀྱི་ཁམས་བདུན་པོ་དེ་དག་ནི་ཡུལ་འཛིན་པའི་ཕྱིར་དམིགས་པ་དང་བཅས་པའོ། །ཆོས་ཀྱི་ཕྱོགས་དང། དམིགས ་པ་དང་བཅས་པ་སྟེ། སེམས་ལས་བྱུང་བའི་རང་བཞིན་གང་ཡིན་པའོ། །ལྷག་མ་གཟུགས་ཅན་བཅུ་དག་དང། ཆོས་ཀྱི་ཁམས་ཀྱི་ཕྱོགས་ལྡན་པ་མ་ཡིན་པ་རྣམས་ནི་དམིགས་པ་མེད་པ་ཞེས་བྱ་བར་གྲུབ་པོ། ཟིན་པ་རྣམས་ནི་དུ། མ་ཟིན་པ་རྣམས་ནི་དུ་ཞེ་ན། ་མ་ཟིན་པ་དགུ་།དགུ་གང་ཞེ་ན། གང་དག་དམིགས་པ་དང་བཅས་པར་བཤད་པར་བདུན་དང། བརྒྱད་པའི་ཕྱོགས་དང་བཅས་པར་བཤད་དེ། བརྒྱད་པོ་དེ་དག་རྣམས་དང་སྒྲ། དེ་ལྟར་ན་ཁམས་བདུན་དང། ཆོས་ཀྱི་ཁམས་དང། སྒྲའི་ཁམས་ཏེ་དགུ་པོ་དེ་དག ་ནི་མ་ཟིན་པ་ཡིན་ནོ། །དགུ་པོ་གཞན་ནི་རྣམ་པ་གཉིས་ཟིན་པ་དང་མ་ཟིན་པ་སྟེ། དེ་ལ་མིག་དང། རྣ་བ་དང། སྣ་དང། ལྕེ་དང། ལུས་ད་ལྟར་བྱུང་བ་རྣམས་ནི་ཟིན་པ་ཡིན་ནོ། །འདས་པ་དང་མ་འོངས་པ་རྣམས་ནི་མ་ཟིན་པའོ། །གཟུགས་དང། སྒྲ་དང། དྲི་དང ་རོ་དང། རེག་བྱའི་ཁམས་ད་ལྟར་འབྱུང་བ་དབང་པོ་དང། ཐ་མི་དད་པ་རྣམས་ནི་ཟིན་པའོ། །གཞན་དག་ནི་མ་ཟིན་པ་སྟེ། འདི་ལྟ་སྟེ། རྩ་བ་མ་གཏོགས་པའི་སྐྲ་དང། བ་སྤུ་དང། སོ་དག་གི་དང། ཕྱི་ས་དང་གཅིན་དང་མཆིལ་མ་དང། སྣབས་དང་ཁྲག་ལ་སོགས་པ ་དག་གི་དང། ས་དང་རྡོ་བ་ལ་སོགས་པ་དག་གིའོ། །ཁམས་རྣམས་ལས་བྱུང་བའི་རང་བཞིན་ནི་དུ། འབྱུང་བ་ལས་གྱུར་པ་རྣམས་ནི་དུ། ཞེ་ན། རེག་བྱ་རྣམ་པ་གཉིས་ཡིན་ཏེ། འབྱུང་བ་དང་འབྱུང་བ་ལས་གྱུར་པའོ། །དེ་ལ་འབྱུང་བ་ནི་བཞིའོ། །འབྱུང་བ་ ་བ་ལས་གྱུར་པ་ནི་འཇམ་པ་ལ་སོགས་པ་རྣམ་པ་བདུན་ཏེ་འབྱུང་བ་དག་ལ་ཡོད་པའི་ཕྱིར་རོ། །ལྷག་མ་གཟུགས་ཅན་དགུ་པོ་ནི། འབྱུང་གྱུར་དབང་པོ་ལྔའི་ཁམས་དང། ཡུལ་བཞི་པོ་དེ་དག་ནི་འབྱུང་བ་ལས་གྱུར་པ་ཉིད་དོ།། ་ཆོས་ཁམས་ཕྱོགས་གཅིག་ཀྱང། འབྱུང་བ་ལས་གྱུར་པ་སྟེ། རྣམ་པར་རིག་བྱེད་མ་ཡིན་པ་ཞེས་བྱའོ། །དེའི་ཕྱིར་གཞན་དག་ནི་གཉི་ག་མ་ཡིན་པར་གྲུབ་པོ། །བསགས་པ་རྣམས་ནི་དུ། བསགས་པ་མ་ཡིན་པ་རྣམས་ནི་དུ་ཞེ་ན། གཟུགས ་ཅན་བཅུ་ནི་བསགས་པའོ། །དབང་པོ་ལྔའི་ཁམས་དང། ཡུལ་ལྔ་དག་ནི་རྡུལ་ཕྲ་རབ་འདུས་པ་ཡིན་པའི་ཕྱིར་བསགས་པའོ། །ཁམས་བཅོ་བརྒྱད་རྣམས་ལས་གཅོད་པར་བྱེད་པ་ནི་གང། བཅད་པར་བྱ་བ་ནི་གང་ཞིག་།སྲེད་པར་བྱེད་པ་ནི་གང། ་བསྲེག་པར་བྱ་བ་ནི་གང་ཞིག་།འཇལ་བར་བྱེད་པ་ནི་གང་།གཞལ་བར་བྱ་བ་ནི་གང་ཞིག་ཅེ་ན། གཅོད་བྱེད་བཅད་པར་བྱ་བ་ཉིད། །ཕྱི་རོལ་ཁམས་ནི་བཞི་ཡིན་ནོ། །གཟུགས་དང། སྒྲ་དང། དྲི་དང། རོ་དང། རེག་བྱ་ཞེས་བྱ་བ་ནི་དགྲ་སྟ་དང། ཤིང་ལ ་སོགས་པ་ཞེས་བྱ་བའོ། །ཇི་ལྟར་གཅོད་བྱེད་བཅད་པར་བྱ་བ་ཉིད། །ཕྱི་རོལ་ཁམས་བཞི་ཡིན་པ་ལྟར། དེ་བཞིན་བསྲེག་བྱ་འཇལ་བའོ། །དེ་ཉིད་སྲེག་པར་བྱ་བ་ཡིན་ལ། དེ་ཉིད་འཇལ་བར་བྱེད་པ་ཡང་ཡིན་ནོ། །སྲེག་དང་འཇལ་ལ་མི་མཐུན་སྨྲ། ཁ ་ཅིག་ནི་ཁམས་བཞི་པོ་དེ་ཉིད་སྲེག་པར་བྱེད་པ་དང་གཞལ་བར་བྱ་བ་ཡང་ཡིན་ནོ་ཞེས་བརྗོད་དོ། །ཁ་ཅིག་ནི་མེའི་ཁམས་ཉིད་སྲེག་པར་བྱེད་པ་ཡིན་ལ། ལྕི་བ་ཉིད་གཞལ་བར་བྱ་བ་ཡིན་ནོ་ཞེས་བརྗོད་དོ། །ཁམས་རྣམས་ལས་རྣམ་པར་སྨིན་པ་ལ ་བསྐྱེས་པ་རྣམས་ནི་དུ། རྒྱས་པ་ལས་བྱུང་བ་རྣམས་ནི་དུ། རྒྱུ་མཐུན་པ་ལས་བྱུང་བ་རྣམས་ནི་དུ། རྫས་དང་ལྡན་པ་རྣམས་ནི་དུ། སྐད་ཅིག་མ་རྣམས་ནི་དུ་ཞིག་ཅེ་ན། སྨྲས་པ། རྣམ་པར་སྨིན་ལས་སྐྱེས་པ་དང། རྒྱས་པ་ལས་བྱུང་ནང་གི་ལྔ། །རེ་ཞིག ་མིག་ལ་སོགས་པ་ནང་གི་ཁམས་ལྔ་པོ་དག་ནི་རྣམ་པར་སྨིན་པ་ལས་སྐྱེས་པ་ཡང་ཡིན་ལ། རྒྱས་པ་ལས་བྱུང་བ་ཡིན་ནོ། །སྒྲ་ནི་རྒྱས་པ་ལས་བྱུང་བ་དང། རྒྱུ་མཐུན་ལས་བྱུང་བ་ནི་ཡོད་ཀྱི། རྣམ་སྨིན་ལས་སྐྱེས་སྒྲ་མ་ཡིན། །ཅིའི་ཕྱིར་ཞེ་ན། འདོད ་དགུར་འཇུག་པའི་ཕྱིར་རོ། །རྒྱུ་མཐུན་ལས་བྱུང་རྣམ་སྨིན་སྐྱེས། །ཐོགས་པ་མེད་བརྒྱད། བརྒྱད་གང་ཞེ་ན། སེམས་ཀྱི་ཁམས་བདུན་དང། ཆོས་ཀྱི་ཁམས་ཏེ། སྐལ་བ་མཉམ་པ་དང། ཀུན་དུ་འགྲོ་བའི་རྒྱུས་བསྐྱེད་པ་ནི་རྒྱུ་མཐུན་པ་ལས་འབྱུང་བའོ།། ་རྣམ་པར་སྨིན་པའི་རྒྱུས་བསྐྱེད་པ་ནི་རྣམ་པར་སྨིན་པ་ལས་སྐྱེས་པའོ། །རྒྱས་པ་ལས་བྱུང་བ་ནི་མེད་དེ། ཐོགས་པ་མེད་པ་ལ་སོགས་པ་མེད་པའི་ཕྱིར་རོ། །གཞན་རྣམས་གསུམ། གཞན་ནི་ལྷག་མ་བཞི་སྟེ། གཟུགས་དང། དྲི་དང་རོ་དང། ་རེག་བྱའི་ཁམས་རྣམས་སོ། །དེ་དག་ནི་རྣམ་པར་སྨིན་པ་ལས་སྐྱེས་པ་ཡང་ཡིན། རྒྱས་པ་ལས་བྱུང་བ་ཡང་ཡིན། རྒྱུ་མཐུན་པ་ལས་བྱུང་བ་ཡང་ཡིན་ནོ། །རྫས་དང་ལྷན་ཅིག་།འདུས་མ་བྱས་ནི་བསྟན་པའི་ཕྱིར་རྫས་སོ། །དེ་ཡང་ཆོས་ཀྱི་ཁམས་དང། ་ལས་ཡོད་པས་དེའི་ཕྱིར་ཆོས་ཀྱི་ཁམས་ཀྱི་ཕྱོགས་གཅིག་ནི་རྫས་དང་ལྡན་པའོ། །ཐ་མ་གསུམ། སྐད་ཅིག་པ་སྟེ། ཡིད་ཀྱི་ཁམས་དང་ཆོས་ཀྱི་ཁམས་དང། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ནི་ཟག་པ་མེད་པའི་དང་པོ་ཆོས་ཤེས་པའི་བཟོད་པའི ་ཚོགས་ལ་སྐད་ཅིག་མ་གཅིག་རྒྱུ་མཐུན་པ་ལས་བྱུང་བ་མ་ཡིན་པར་འགྱུར་ཏེ། དེའི་ཕྱིར་སྐད་ཅིག་པ་ཞེས་བྱའོ། །དེ་ལ་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པའི་སེམས་མཚུངས་པར་ལྡན་པ་ནི་ཡིད་ཀྱི་ཁམས་དང། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས ་སོ། །དེ་དང་ལྷན་ཅིག་འབྱུང་བ་ནི་ཆོས་ཀྱི་ཁམས་སོ། །འདི་དཔྱད་པར་བྱ་སྟེ། གང་མིག་གི་ཁམས་ཀྱིས་མི་ལྡན་པ་ལྡན་པ་འཐོབ་པ་ན། མིག་གི་རྣམ་པར་ཤེས་པའི་ཁམས་ཀྱིས་ཀྱང་དེ་འམ་མིག་གི་རྣམ་པར་ཤེས་པའི་ཁམས་ཀྱི་གང་ཡིན་པ་མིག་གི ་ཁམས་ཀྱང་དེ་འམ་ཞེ་ན། སྨྲས་པ། མིག་དང་ནི། རྣམ་པར་ཤེས་ཁམས་སོ་སོ་དང། ལྷན་ཅིག་ཏུ་ནི་འཐོབ་པའང་ཡོད། རེ་ཞིག་སོ་སོ་བ་ཡང་ཡོད་དེ། འདོད་པའི་ཁམས་ན་རིམ་གྱིས་མིག་གི་དབང་པོ་འཐོབ་པ་དང། གཟུགས ་མེད་པ་ནས་ཤི་འཕོས་ནས་བསམ་གཏན་གཉིས་པ་ལ་སོགས་པར་སྐྱེ་བ་ན་མིག་གི་ཁམས་ཀྱིས་ཡིན་ལ་མིག་གི་རྣམ་པར་ཤེས་པའི་ཁམས་ཀྱིས་ནི་མ་ཡིན་ནོ། །མིག་གི་རྣམ་པར་ཤེས་པའི་ཁམས་ཀྱིས་ན་ཡིན་ལ། མིག་གི་ཁམས ་མ་ཡིན་པ་ཡང་ཡོད་དེ། བསམ་གཏན་གཉིས་པ་ལ་སོགས་པར་སྐྱེས་པ་དག་སྟེ། མིག་གི་རྣམ་པར་ཤེས་པ་མངོན་དུ་བྱེད་པ་དང། དེ་ནས་ཤི་འཕོས་ནས་འོག་མར་སྐྱེ་བ་ནའོ། །ཅིག་ཅར་གཉིས་ཀས་ལྡན་པར་འཐོབ་པ་ཡང་ཡོད་དེ། གཟུགས ་མེད་པ་ནས་ཤི་འཕོས་ནས་འདོད་པའི་ཁམས་དང། ཚངས་པའི་འཇིག་རྟེན་དུ་སྐྱེ་བ་ནའོ། །གཉི་ག་མ་ཡིན་པ་ནི་རྣམ་པར་འདི་དག་མ་གཏོགས་པའོ། །ཁམས་རྣམས་ལས་ནང་གི་རྣམས་ནི་དུ། ཕྱི་རོལ་གྱི་རྣམས་ནི་དུ་ཞིག་ཅེ་ན། ནང་གི་བཅུ ་གཉིས། བཅུ་གཉིས་གང་ཞེ་ན། གཟུགས་ལ་སོགས། མ་གཏོགས། རྣམ་པར་ཤེས་པ་དྲུག་དང། གནས་དྲུག་སྟེ་ཁམས་བཅུ་གཉིས་པོ་དེ་དག་ནི་ནང་གིའོ། །གཟུགས་ལ་སོགས་པ་ཡུལ་གྱི་ཁམས་དྲུག་ནི་ཕྱི་རོལ་གྱིའོ། །ཁམས་རྣམས ་ལས་བརྟེན་པ་དང་བཅས་པ་རྣམས་ནི་དུ་།དེའི་བརྟེན་པ་དང་བཅས་པ་རྣམས་ནི་དུ་ཞིག་ཅེ་ན། རེ་ཞིག་ངེས་པར། ཆོས་ཞེས་བྱ་བ་ནི། བརྟེན་པ་དང་བཅས། རྣམ་པར་ཤེས་པ་གང་གི་ཡུལ་དུ་གང་དེས་ལ། གལ་ཏེ་རྣམ་པར་ཤེས་པ་དེ་སྐྱེས་པ་འམ ་སྐྱེ་བའི་ཆོས་ཀྱི་ཡུལ་དེ་ནི་བརྟེན་པ་དང་བཅས་པ་ཞེས་བྱ་ལ། ཆོས་ཀྱི་ཁམས་གང་ལ་ཡིད་ཀྱི་རྣམ་པར་ཤེས་པ་མཛའ་ཡས་པ་སྐྱེས་པ་འམ་སྐྱེ་བར་མི་འགྱུར་བ་དེ་ནི་གང་ཡང་མེད་དེ། འདི་ལྟར་འཕགས་པའི་གང་ཟག་ཐམས་ཅད་ལ་ནི ་ཆོས་ཐམས་ཅད་བདག་མེད་པའི་སེམས་འདི་ངེས་པར་སྐྱེ་སྟེ་དེ་ཡང་རང་གི་ངོ་བོ་དང་ལྷན་ཅིག་འབྱུང་བ་མ་གཏོགས་པར་ཆོས་ཐམས་ཅད་དམིགས་པ་ཡིན་ལ། སྐད་གཉིས་པའི་དམིགས་པར་ནི་ཆོས་ཐམས་ཅད་འགྱུར་བས་དེ་བས་ན་ཆོས་ཀྱི་ཁམས ་ནི་བརྟག་པར་བསྟེན་པ་དང་བཅས་པའོ། །ལྷག་མ་ནི། དེའི་རྟེན་དང་བཅས་པ་ཡང་གི་སྒྲས་ནི་བརྟེན་པ་དང་བཅས་པ་ཡང་ཡིན་ནོ། །དེའི་བསྟེན་པ་དང་བཅས་པ་འདི་ཅི་ཞིག་།གང་ཞིག་རང་གི་ལས་མི་བྱེད། གང་རང་གི་ལས་བྱེད་པ་དེ་ནི་བསྟེན་པ་དང་བཅས ་པར་བསྟེན་པར་འགྱུར་རོ། །དེ་ལ་མིག་གང་གིས་གཟུགས་རྣམས་མཐོང་བ་འམ་ལྟ་བ་འམ་ལྟ་བར་འགྱུར་བ་དེ་ནི་བསྟེན་པ་དང་བཅས་པ་ཞེས་བྱ་སྟེ། མིག་ལ་ཇི་ལྟ་བ་བཞིན་དུ་ཡིད་ཀྱི་བར་དུ་ཡང་རང་གི་ཡུལ་ལ་བྱེད་པས་བརྗོད་པར་བྱའོ། །དེའི་བསྟེན་པ ་དང་བཅས་པ་ནི་མིག་གང་གིས་གཟུགས་རྣམས་མ་མཐོང་བར་འགགས་པ་འམ་འགག་པ་འམ། འགགས་པར་འགྱུར་བ་འམ་གང་ཡང་མི་སྐྱེ་བའི་ཆོས་ཅན་ཏེ། དེ་བཞིན་དུ་ལུས་ཀྱི་བར་དུ་ཡང་རིག་པར་བྱའོ། །ཡིད་ནི་མི་སྐྱེ་བའི་ཆོས་ཅན་ཉིད་དེ་དེའི ་བསྟེན་པ་དང་བཅས་པའོ། །ཡང་གཟུགས་རྣམས་ནི་མིག་གང་དག་གིས་མཐོང་བ་འམ་ལྟ་བ་འམ་ལྟ་བར་འགྱུར་བ་དེ་དག་ནི་བསྟེན་པ་དང་བཅས་པའོ། །དེའི་བསྟེན་པ་དང་བཅས་པ་ནི་རྣམ་པ་བཞི་སྟེ། གང་རྣམས་མ་མཐོང་བ་ཉིད་དུ་འགགས་པ་དང། ་འགག་པ་དང། འགགས་པར་འགྱུར་བ་དང། གང་དག་མི་སྐྱེ་བའི་ཆོས་རྣམས་ཏེ། དེ་བཞིན་དུ་རེག་བྱའི་བར་དུ་ཡང་རང་གི་དབང་པོ་ལ་བྱེད་པས་བསྟེན་པ་དང་བཅས་པ་དང། དེའི་བསྟེན་པ་དང་བཅས་པར་རིག་པར་བྱའོ། །མིག་གི་རྣམ་པར་ཤེས་པ་ལ ་སོགས་པའི་བསྟེན་པ་དང་བཅས་པ་དང། དེའི་བསྟེན་པ་དང་བཅས་པ་ཉིད་ནི་སྐྱེ་བ་དང་མི་སྐྱེ་བའི་ཆོས་ཡིན་པའི་ཕྱིར་ཡིད་ཀྱི་ཁམས་ཇི་ལྟ་བ་བཞིན་ནོ། །ཁམས་རྣམས་ལས་མཐོང་བས་སྤང་བར་བྱ་བ་རྣམས་ནི་དུ། བསྒོམ་པས་སྤང་བར་བྱ་བ་རྣམས་ནི་དུ། སྤང ་བར་བྱ་བ་མ་ཡིན་པ་རྣམས་ནི་དུ་ཞིག་ཅེ་ན། རེ་ཞིག་གཟུགས་ཅན། བཅུ་ནི་བསྒོམ་པའི་སྤང་བྱ་ཡིན། ལྔ་ཡང། ཡིན་ཏེ་རྣམ་པར་ཤེས་པའི་ཁམས་ལྔའོ། །ཐ་མ་གསུམ་རྣམ་གསུམ། དེ་ལ་བག་ལ་ཉལ་བརྒྱད་ཅུ་རྩ་བརྒྱད་དང། ་དེ་དང་ལྷན་ཅིག་བྱུང་བ་དང། དེའི་འཐོབ་པ་འཁོར་དང་བཅས་པ་རྣམས་ནི་མཐོང་བས་སྤང་བར་བྱ་བའོ། །ཟག་པ་དང་བཅས་པ་ལྷག་མ་རྣམས་ནི་བསྒོམ་པས་སྤང་བར་བྱ་བའོ། །ཟག་པ་མེད་པ་རྣམས་ནི་སྤང་བར་བྱ་བ་མ་ཡིན་པའོ། །སོ་སོ་སྐྱེ་བོ་ཉིད་དང། ་ངན་སོང་བའི་ལུས་དང་ངག་གི་ལས་ཀྱང་འཕགས་པའི་ལམ་དང་འགལ་བའི་ཕྱིར་མཐོང་བས་སྤང་བར་བྱ་བ་གཞན་ཡང་ཡོད་པ་མ་ཡིན་ནམ་ཞེ་ན། དེ་ནི་མཐོང་བས་སྤང་བར་བྱ་བ་མ་ཡིན་ཏེ། འདི་ལྟར་བསྡུ་ན། ཉོན་མོངས་ཅན་མིན་མཐོང་སྤང་མིན། །གཟུགས ་མིན་དྲུག་པས་མ་སྐྱེད་མིན། །ཉོན་མོངས་པ་ཅན་མ་ཡིན་པ་ནི་མཐོང་བས་སྤང་བར་བྱ་བ་ཅུང་ཟད་ཀྱང་མེད་ལ། དགེ་བའི་རྩ་བ་ཡང་དག་བར་ཆད་པ་དང་འདོད་ཆགས་དང་བྲལ་བ་རྣམས་ཀྱང་དེ་དང་ལྡན་པའི་ཕྱིར་སོ་སོའི་སྐྱེ་བོ་ཉིད་ནི་ཉོན་མོངས་པ་ཅན་མ ་ཡིན་ལ་ལུང་དུ་མ་བསྟན་པའོ། །སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་ཡང་སོ་སོའི་སྐྱེ་བོ་ཉིད་དུ་ཐལ་བར་འགྱུར་བའི་ཡང་ཕྱིར་རོ། །གཟུགས་ཀྱང་མ་ཡིན་ཏེ། ལུས་དང་ངག་གི་ལས་ནི་གཟུགས་ཡིན་ན་བདེན་པ་རྣམས་ལ་ལོག་པར་མི་རྟོག་པའི་ཕྱིར། ་དེ་བས་ན་དེ་ཡང་མཐོང་བས་སྤང་བར་བྱ་བ་མ་ཡིན་ནོ། །དྲུག་པ་ལས་མ་སྐྱེས་པ་ཡང་མ་ཡིན་ཏེ། ཡིད་ཀྱི་སྐྱེ་མཆེད་ནི་དྲུག་པ་ཞེས་བྱ། དེ་ལས་གཞན་པ་ལས་སྐྱེས་པ་ནི་དྲུག་པ་ལས་སྐྱེས་པ་མ་ཡིན་པ་སྟེ། དབང་པོ་ལྔ་ལས་སྐྱེས་པའོ། །གང་དེ་ཡང་མཐོང ་བས་སྤང་བར་བྱ་བ་མེད་དོ། །ཁམས་བཅོ་བརྒྱད་རྣམས་ལས་ལྟ་བ་ནི་དུ?་ལྟ་བ་མ་ཡིན་པ་ནི་དུ་ཞིག་ཅེ་ན། མིག་དང་ཆོས་ཀྱི་ཁམས་ཕྱོགས་ནི། ལྟ་བ་ཡིན་ཏེ། དེ་གང་ཞེ་ན། སྨྲས་པ། རྣམ་པ་བརྒྱད། འཇིག་ཚོགས་ལ་ལྟ་བ་ལ་སོགས་པ་ལྟ་བ་ལྔ་རྣམས ་དང། འཇིག་རྟེན་པའི་ཡང་དག་པའི་ལྟ་བ་དང། སློབ་པ་དང། མི་སློབ་པའི་ལྟ་བ་སྟེ། རྣམ་པ་བརྒྱད་པོ་འདི་དག་ནི་ཆོས་ཀྱི་ཁམས་ཀྱི་ལྟ་བའོ། །ལྷག་མ་རྣམས་ནི་ལྟ་བ་མ་ཡིན་ནོ། །དེ་ལ་འཇིག་ཚོགས་ལ་ལྟ་བ་ལ་སོགས་པ་རྣམས་ནི་མཛོད་ཀྱི་གནས་ལྔ ་པ་ནས་བཤད་པར་བྱའོ། །འཇིག་རྟེན་པའི་ཡང་དག་པའི་ལྟ་བ་ནི་ཡིད་ཀྱི་རྣམ་པར་ཤེས་པ་དང་མཚུངས་པར་ལྡན་པ་ནི་ཤེས་རབ་ཟག་པ་དང་བཅས་པ་དགེ་བའོ། །སློབ་པའི་ཟག་པ་མེད་པའི་ལྟ་བ་ནི་སློབ་པའི་འོ། །མི་སློབ་པ་ནི་མི་སློབ་པའི་འོ། །ཡང་ཅིའི ་ཕྱིར་ཡིད་ཀྱི་རྣམ་པར་ཤེས་པ་དང་མཚུངས་པར་ལྡན་པ་འབའ་ཞིག་ལ་འཇིག་རྟེན་པའི་ལྟ་བ་ཞེས་བྱ་ཞེ་ན། གང་གི་ཕྱིར། རྣམ་ཤེས་ལྔ་དང་མཚུངས་སྐྱེས་བློ། །ངེས་རྟོག་མེད་ཕྱིར་ལྟ་མ་ཡིན། །ངེས་པར་རྟོག་པ་ནི་ལྟ་བ་སྟེ་ངེས་པར་སེམས་པ་ལ་ཞུགས ་པ་ཡིན་ནོ། རྣམ་པར་ཤེས་པ་ལྔ་དང་ལྷན་ཅིག་སྐྱེས་པའི་ཤེས་རབ་ནི་དེ་ལ་མ་ཡིན་ཏེ། དེ་བས་ན་དེ་ནི་ལྟ་བ་མ་ཡིན་ནོ། །དེ་ནི་མིག་ཀྱང་ངེས་པར་རྟོག་པ་མེད་པ་ཉིད་ན་ཇི་ལྟ་བ་ཡིན་ཞེ་ན། གཟུགས་ལ་ལྟ་བའི་དོན་གྱིས་ཏེ། གང་གི་ཕྱིར་མིག་ནི་གཟུགས ་རྣམས་ལྟ། གལ་ཏེ་མིག་གིས་གཟུགས་མཐོང་ན། །རྣམ་པར་ཤེས་པ་གཞན་དང་ལྡན་པ་ན་ཡང་མཐོང་བར་འགྱུར་རོ། །ཞེ་ན། མིག་ཐམས་ཅད་ཀྱིས་ལྟ་བ་ནི་མ་ཡིན་ཏེ། འདི་ལྟར། བདེན་བཅས། གང་གི་ཚེ་རྣམ་པར་ཤེས་པ་དང་བཅས་པ་དེའི་ཚེ་མཐོང་གི་གཞན ་དག་གིས་ནི་མ་ཡིན་ནོ། །དེ་ལྟ་ན་ཡང་མིག་དེ་ཉིད་ལ་གནས་པའི་རྣམ་པར་ཤེས་པས་མཐོང་བར་འགྱུར་རོ་ཞེ་ན། དེ་ལ་གནས་པའི་རྣམ་པར་ཤེས་པས་མཐོང་ངོ་ཞེས་ངེས་པར་བྱ་མི་ནུས་ཏེ། ཅིའི་ཕྱིར་ཞེ་ན། གང་ཕྱིར་རེ་ལྡེས་བར་ཆོད་པ་མི་མཐོང། གལ་ཏེ་རྣམ ་པར་ཤེས་པས་མཐོང་བ་ཡིན་ན་དེ་ནི་ཐོགས་པ་མེད་པའི་ཕྱིར། རེ་ལྡེ་ལ་སོགས་པ་ལ་ཡང་ཐོགས་པ་མེད་པས། རེ་ལྡེ་ལ་སོགས་པའི་བསྒྲིབས་པ་ལ་ཡང་མཐོང་བ་ཞིག་ན་མི་མཐོང་སྟེ། དེ་ལྟ་བས་ན་བརྟེན་པ་དང་བཅས་པའི་མིག་ཉིད་ཀྱིས་མཐོང་གི་དེ་ལ་གནས ་པའི་རྣམ་པར་ཤེས་པ་ནི་མ་ཡིན་ནོ། །ཅི་མིག་གཅིག་གིས་གཟུགས་རྣམས་ལྟ་འམ་འོན་ཏེ་གཉིས་ཀས་ཤེ་ན། འདི་ལ་ངེས་པ་མེད་དེ། མིག་ནི་གཉིས་ཀས་མཐོང་ཇི་ལྟར་རྟོགས་ཤེ་ན། གསལ་བར་མཐོང་ཕྱིར། འདི་ལྟར་གཉི ་ག་ཕྱེ་ན་རབ་ཏུ་གསལ་བར་མཐོང་བར་འགྱུར་ཏེ། དེའི་ཕྱིར་མིག་གཉི་གས་ཀྱང་མཐོང་ངོ། །ཡང་ཅི་མིག་ལ་སོགས་པ་དེ་དག་ཡུལ་དང་ཕྲད་ནས་སམ་འོན་ཏེ་མ་འཕྲད་པར་ཞེ་ན། མིག་དང་ནི། ཡིད་དང་རྣ་བ་མ་ཕྲད་ཡུལ། ལྷག་མ་སྣ་དང་ལྕེ་དང་ལུས་ཞེས ་བྱ་བའི། གསུམ་གཞན། ཡུལ་དང་ཕྲད་ནས་ཞེས་བྱ་བའི་ཐ་ཚིག་གོ་།ཡང་ཅི་མིག་ལ་སོགས་པ་འདི་དག་གིས་རང་གི་ཚད་དང་མཉམ་པའི་དོན་ལ་མགལ་མེའི་འཁོར་ལོ་བཞིན་དུ་མྱུར་བར་འཇུག་པའི་ཕྱིར་རི་ལ་སོགས་པ་འཛིན་ཏམ། འོན་ཏེ་མཉམ་པ ་དང་མི་མཉམ་པ་ཞིག་ལ་འཛིན་ཅེ་ན། རེ་ཞིག་གང་དག་ཡུལ་དང་ཕྲད་པར་བཤད་པ་དེ་དག་གིས་ནི། སྣ་ལ་སོགས་པ་གསུམ་གྱིས་ནི། །ཡུལ་ནི་མཉམ་པར་འཛིན་པར་འདོད། །དབང་པོའི་རྡུལ་ཕྲ་རབ་རྣམས་ཇི་སྙེད་པ་དེ་སྙེད་ཀྱིས་ཡུལ་གྱི་རྡུལ་ཕྲ་རབ ་རྣམས་དང། ཕྲད་ནས་རྣམ་པར་ཤེས་པ་བསྐྱེད་དོ། །མིག་དང་རྣ་བ་གཉིས་ནི་མ་ངེས་ཏེ་རེས་འགའ་སྐྲའི་རྩེ་མོ་མཐོང་ན་ནི་ཆུང་ངོ། །རེས་འགའ་རྒུན་འབྲུམ་མཐོང་ན་ནི་མཉམ་མོ། །རེས་འགའ་མིག་ཕྱེ་བ་ཙམ་གྱིས་རི་ཆེན་པོ་མཐོང་ན་ནི་ཆེའོ། །དེ་བཞིན་དུ་རྣ ་བས་སྦྲང་བུ་སོགས་པའི་སྒྲ་ཐོས་པ་ལ་སྦྱར་བར་བྱའོ། །ཡིད་ནི་ལུས་མེད་པས་འདིའི་ཚད་ཡོངས་སུ་དཔྱད་པ་མ་ཡིན་ནོ། །ཅི་མིག་གི་རྣམ་པར་ཤེས་པ་ནས་ཡིད་ཀྱི་རྣམ་པར་ཤེས་པའི་བར་གྱི་ཁམས་དྲུག་བཤད་པ་གང་ཡིན་པ་དེ་དག་།ཇི་ལྟར་ལྔ་རྣམས་ཀྱི ་ཡུལ་ད་ལྟའི་ཡིན་ཞིང་ཐ་མའི་དུས་གསུམ་ཡིན་པ་ལྟར་གནས་ཀྱང་དེ་ལྟ་ཡིན་ནམ་ཞེ་ན། སྨྲས་པ། མ་ཡིན་ཏེ། འདི་ལྟར། ཐ་མའི་གནས་འདས། ཐ་མ་ཞེས་བྱ་བ་ནི་ཡིད་ཀྱི་རྣམ་པར་ཤེས་པ་སྟེ། དེའི་གནས་ནི་འགགས་མ་ཐག་པའི་ཡིད་ཡིན་ནོ། །ལྔ ་རྣམས་ནི། དེ་དང་ལྷན་ཅིག་སྐྱེས་པ་ཡང། ཡང་གི་སྒྲས་ནི་འདས་པ་ཡང་ཡིན་ནོ། །དེ་ལ་མིག་གི་རྣམ་པར་ཤེས་པའི་ལྷན་ཅིག་སྐྱེས་པའི་གནས་ནི་མིག་ཡིན་པ་ནས་ལུས་ཀྱི་རྣམ་པར་ཤེས་པའི་ལུས་ཡིན་པའི་བར་དུའོ། །དེ་དག་གི་འདས་པའི་གནས་ནི ་ཡིད་ཡིན་ནོ། །ཡང་ཅིའི་ཕྱིར་མིག་གི་རྣམ་པར་ཤེས་པ་ནི་གཉི་ག་ལ་རག་ལུས་ཏེ་སྐྱེ་ན་མིག་ལ་སོགས་པ་ཉིད་ལ་གནས་ཞེས་བྱའི་གཟུགས་ལ་སོགས་པ་ནི་མ་ཡིན་ཞེ་ན། དེ་གྱུར་པ་ལས་འགྱུར་བའི་ཕྱིར། གནས་ནི་མིག་ལ་སོགས་པ་ཡིན། ཁམས ་དག་གི་དབང་དུ་བྱས་པ་སྟེ། མིག་ལ་སོགས་པ་རྣམས་གྱུར་བས་རྣམ་པར་ཤེས་པ་རྣམས་གྱུར་ཏེ། ཕན་པ་དང། གནོད་པ་དང། གསལ་བ་དང། མི་གསལ་བའི་རྗེས་སུ་འབྲེལ་བའི་ཕྱིར་རོ། །གཟུགས་ལ་སོགས་པ་གྱུར་པ་མ་ཡིན་ཏེ། དེ་བས་ན་དེ་ལ ་རིག་ལུས་པའི་ཕྱིར་དེ་ཉིད་གནས་ཡིན་གྱི་གཟུགས་ལ་སོགས་པ་མ་ཡིན་ནོ་ཞེས་བྱ་བ་ནི་ལེགས་པ་ཡིན་ནོ། །ཡང་དེ་དག་གིས་ནི་གཟུགས་ལ་སོགས་པ་རྣམ་པར་ཤེས་ན། ཅིའི་ཕྱིར་མིག་གི་རྣམ་པར་ཤེས་པ་ཞེས་བྱ་བ་ནས་ཡིད་ཀྱི་རྣམ་པར་ཤེས ་པ་ཞེས་བྱ་བའི་བར་ཡིན་གྱི། གཟུགས་ཀྱི་རྣམ་པར་ཤེས་པ་ཞེས་བྱ་བ་ནས་ཆོས་ཀྱི་རྣམ་པར་ཤེས་པ་ཞེས་བྱ་བའི་བར་དུ་མ་ཡིན་ཞེ་ན། གང་གི་ཕྱིར་དེ་དག་གི་གནས་ནི་མིག་ལ་སོགས་པ་དེ་དག་ཡིན་པ་དེའི་ཕྱིར། ཐུན་མོང་མ་ཡིན་ཕྱིར། རྣམ་ཤེས ་དེའི་ཞེས་ངེས་པར་བཤད། ཇི་ལྟར་ན་ཐུན་མོང་མ་ཡིན་ཞེ་ན། མིག་ལས་གཞན་པ་ནི་མིག་གི་རྣམ་པར་ཤེས་པའི་གནས་སུ་འགྱུར་བར་ནི་མི་ནུས་ལ། གཟུགས་ནི་ཡིད་ཀྱི་རྣམ་པར་ཤེས་པའི་དམིགས་པར་ཡང་འགྱུར་ཏེ། དེ་བཞིན་དུ་ལུས་ཀྱི་བར་དུ ་ཡང་རིག་པར་བྱའོ། །དེ་བས་གནས་སུ་གྱུར་པ་དང། ཐུན་མོང་མ་ཡིན་པའི་ཕྱིར། དེ་དག་ཉིད་ཀྱི་རྣམ་པར་ཤེས་པར་བསྟན་གྱི་གཟུགས་ལ་སོགས་པའི་ནི་མ་ཡིན་ནོ། །དཔེར་ན་རྔ་བོ་ཆེའི་སྒྲ་དང། ནས་ཀྱི་མྱུ་གུ་བཞིན་ནོ། །ཡང་ལུས་གང་ལ་གནས་ཏེ་མིག ་གིས་གཟུགས་རྣམས་ལྟ་བ་ན་ཅི་ལུས་དང་མིག་དང། གཟུགས་དང། རྣམ་པར་ཤེས་པ་དེ་དག་ས་པ་གཅིག་ཁོ་ནར་གྱུར་ཏམ། འོན་ཏེ་གཞན་གྱི་ས་པ་ཡང་ཡིན་ཞེ་ན། སྨྲས་པ། དེ་དག་ཐམས་ཅད་བྱེ་བྲག་ཡོད་དེ ་འདོད་པའི་ཁམས་སུ་སྐྱེས་པའི་རང་བཞིན་གྱི་མིག་གིས་རང་གི་གཟུགས་རྣམས་ལ་ལྟ་བ་ཐམས་ཅད་རང་གིས་ས་པར་འགྱུར་རོ། །དེ་ཉིད་རང་གི་གཟུགས་རྣམས་ལ་བསམ་གཏན་དང་པོའི་མིག་གིས་ལྟ་བ་ན། ལུས་དང་གཟུགས་ནི་རང་གིས་པ་ཡིན ་ལ། རྣམ་པར་ཤེས་པ་དང་མིག་ནི་དེའི་ས་པའོ། །བསམ་གཏན་དང་པོ་དག་ཏུ་ལྟ་བ་ན། གཟུགས་ཀྱང་དེའི་ས་པའོ། །རང་གི་གཟུགས་རྣམས་ལ་བསམ་གཏན་གཉིས་པའི་མིག་གིས་ལྟ་བ་ན། ལུས་དང་གཟུགས་ནི་རང་གི་ས་པ་ཡིན་ལ། མིག་ནི ་དེའི་ས་པའོ། །བསམ་གཏན་གཉིས་པའི་བསམ་གཏན་དང་པོའི་ས་དག་ཏུ་ལྟ་བ་ན་རྣམ་པར་ཤེས་པ་དང་གཟུགས་ནི་དེའི་ས་པ་ཡིན་ལ། ལུས་ནི་འདོད་པ་ན་སྤྱོད་པའི་འོ། །མིག་ནི་བསམ་གཏན་གཉིས་པའི་ས་པའི་འོ། །བསམ་གཏན་གཉིས་པའི་ས ་དག་ལ་ལྟ་བ་ན་མིག་དང་གཟུགས་ནི་དེའི་ས་པ་ཡིན་ལ་ལུས་ནི་འདོད་པ་ན་སྤྱོད་པའི་འོ། །རྣམ་པར་ཤེས་པ་ནི་བསམ་གཏན་དང་པོའི་ས་པའི་འོ། །དེ་བཞིན་དུ་བསམ་གཏན་གསུམ་པ་དང། བསམ་གཏན་བཞི་པའི་ས་པའི་མིག་གིས་དེའི་ས་པ་དང། ་འོག་མའི་ས་པའི་གཟུགས་རྣམས་ལ་ལྟ་བ་ལ་ཡང་སྦྱར་བར་བྱ་ཞིང། བསམ་གཏན་དང་པོ་ལ་སོགས་པར་སྐྱེས་པ་ཡང་བདག་དང་གཞན་གྱི་མིག་གིས་བདག་དང་གཞན་གྱི་ས་པའི་གཟུགས་རྣམས་ལ་ལྟ་བ་ལ་ཡང་ཅི་རིགས་པར་སྦྱར་བར་བྱའོ། །འདི ་ནི་དེས་པ་སྟེ། ལུས་ལ་འོག་མའི་མིག་མ་ཡིན། ལུས་དང་མིག་དང་གཟུགས་རྣམས་ནི་འདོད་པ་ན་སྤྱོད་པ་ནས་བསམ་གཏན་བཞི་པའི་ས་པའི་བར་ས་ལྔ་པོ་དག་གིའོ། །མིག་གི་རྣམ་པར་ཤེས་པའི་ས་གཉིས་པོའི་ཡིན་ཏེ། འདོད་པ་ན་སྤྱོད་པ་དང། ་བསམ་གཏན་དང་པོའི་ས་པའི་འོ། །དེ་ལ་ས་པ་གང་གི་ལུས་ལ་དེའི་ས་པ་དང། ས་གོང་མ་པའི་མིག་ཏུ་འགྱུར་གྱི། ས་འོག་མ་པའི་ནི་མ་ཡིན་ནོ། །ས་པ་གང་གི་མིག་ཡིན་པ་དེའི་ཡུལ་དུ་ནི་དེའི་ས་པ་འམ་ས་འོག་མ་པའི་གཟུགས་སུ་འགྱུར་རོ། །མིག་གིས ་གོང་མའི་གཟུགས་མ་ཡིན། ས་གོང་མ་པའི་གཟུགས་ས་འོག་མ་པའི་མིག་གིས་མཐོང་བར་ནི། ནམ་ཡང་མི་ནུས་སོ། །རྣམ་པར་ཤེས་པ་འང། གོང་མའི་ནི་མིག་གི་མ་ཡིན་ཏེ། གཟུགས་བཞིན་ནོ། །གཟུགས་ནི་འདིའོ། །ལུས་ནི་གཉི་ག་ཐམས་ཅད་དུ། འདིའི ་ཞེས་བྱ་བ་ནི་བཤད་མ་ཐག་པའི་མིག་གི་རྣམ་པར་ཤེས་པའི་ཡུལ་ནི་སྟེང་དང་འོག་དང་རང་གི་ས་པའི་གཟུགས་ཐམས་ཅད་ཡིན་ལ། ལུས་ཀྱང་ཐམས་ཅད་དུ་གཉི་ག་ལའོ། །ཇི་ལྟར་མིག་དེ་རྒྱ་ཆེར་བཤད་པ། དེ་བཞིན་རྣ་བ། རྣ་བ་ལ་ཡང་རིག་པར་བྱ་སྟེ། ལུས ་ས་འོག་མའི་རྣ་བ་མིན། གོང་མའི་སྒྲ་ཡང་མི་ཐོས་སོ། །རྣམ་པར་ཤེས་པའང་སྒྲ་ནི་འདིའི། ལུས་ནི་གཉི་ག་ཐམས་ཅད་དུ་ཞེས། རྒྱ་ཆེར་སྦྱར་བར་བྱའོ། །གསུམ་དག་ནི། ཐམས་ཅད་རང་གི་ས་པ་ཉིད། སྣ་དང། ལྕེ་དང། ལུས་ཀྱི་ཁམས་རྣམས་སོ། །ལུས་དང ་རང་གི་ཡུལ་དང་རྣམ་པར་ཤེས་པ་རྣམས་ནི་རང་གི་ས་པ་ཉིད་དོ་ཞེས་བྱེ་བྲག་ཏུ་དབྱེ་བ་མ་བྱས་པར་སྤྱིར་བསྟན་ནས་ཡང་བྱེ་བྲག་ཏུ་དབྱེ་བའི་ཕྱིར་དམིགས་ཀྱིས་བསྟན་པ་རྩོམ་སྟེ། ལུས་ཀྱི་རྣམ་ཤེས་འོག་དང་ནི། རང་གིས། ལུས་ཞེས་བྱ་བ་ནི་ལུས་ཀྱི་ཁམས ་ཏེ། རེག་བྱ་ནི་རྟག་ཏུ་རང་གི་ས་པ་ཉིད་དུ་འགྱུར་རོ། །ལུས་ཀྱི་རྣམ་པར་ཤེས་པ་ནི་ལ་ལ་ནི་རང་གི་ས་བར་འགྱུར་ཏེ། འདི་ལྟར་འདོད་པའི་ཁམས་དང་བསམ་གཏན་དང་པོར་སྐྱེས་པ་རྣམས་ཀྱིའོ། །ལ་ལ་ནི་ས་འོག་མ་བའི་སྟེ། འདི་ལྟར། བསམ་གཏན་གཉིས་པ་ལ ་སོགས་པར་སྐྱེས་པ་རྣམས་ཀྱིའོ། །ཡིད་མ་ངེས་ཏེ། རེས་འགའ་ལུས་དང། ཡིད་དང། རྣམ་པར་ཤེས་པ་དང། ཆོས་ཀྱིས་མཚུངས་པའི་ཡིད་དུ་འགྱུར་རོ། །རེས་འགའ་སྟེང་དང་འོག་མའི་ས་པ་སྟེ། ས་ལྔ་པའི་ལུས་ལ་ཡང་སྙོམས་པར་འཇུག་པ་དང། སྐྱེ་བའི་ཚེ ་ཡིན་ལ་སོགས་པ་ཅི་རིགས་པར་ས་ཐམས་ཅད་པར་འགྱུར་ཏེ། དེ་དག་རྒྱ་ཆེར་ནི་སྙོམས་པར་འཇུག་པ་བསྟན་པའི་མཛོད་ཀྱིས་གནས་སུ་བཤད་པར་བྱའོ། །ཡང་ཁམས་བཅོ་བརྒྱད་པོ་དེ་དག་ལས། གང་ཞིག་རྣམ་པར་ཤེས་པ་དྲུག ་བོ་གང་གིས་ཤེས་པར་བྱ་བ་ཡིན་ཞེ་ན། སྨྲས་པ། གཉིས་ཀྱིས་ཞེས་བྱ་བའི་ཕྱི་རོལ་ལྔ། གཟུགས་དང། སྒྲ་དང། དྲི་དང། རོ་དང། རེག་བྱའི་ཁམས་རྣམས་ནི་གྲངས་བཞིན་དུ་མིག་དང། རྣ་བ་དང། སྣ་དང། ལྕེ་དང། ལུས་ཀྱི་རྣམ་པར་ཤེས་པས ་ཉམས་སུ་མྱོང་ཞིང། ཡིད་ཀྱི་རྣམ་པར་ཤེས་པས་རྣམ་པར་ཤེས་ཏེ། དེ་ལྟར་ན་དེ་དག་རེ་རེ་ཞིང་ཡང་རྣམ་པར་ཤེས་པ་གཉིས་ཀྱི་ས་རྣམ་པར་ཤེས་པར་བྱ་བ་ཡིན་པར་འགྱུར་རོ། །ཁམས་ལྷག་མ་བཅུ་གསུམ་དག་ནི་རྣམ་པར་ཤེས་པ་ལྔའི་ཡུལ་མ ་ཡིན་པའི་ཕྱིར། ཡིད་ཀྱི་རྣམ་པར་ཤེས་པ་གཅིག་པུས་ཤེས་པར་བྱ་བའོ། །ཞེས་བསྟན་པར་འགྱུར་རོ། །རྟག་པ་རྣམས་ནི་དུ། མི་རྟག་པ་རྣམས་ནི་དུ་ཞིག་ཅེ་ན། ཁམས་མཛའ་དག་རྟག་པ་ནི་གང་ཡང་མེད་མོད་ཀྱི། འོན་ཀྱང། འདུས་མ་བྱས་ཆོས ་རྟག་པའོ། །དེས་ན་ཆོས་ཀྱི་ཁམས་ཀྱི་ཕྱོགས་གཅིག་རྟག་ལ། ལྷག་མ་རྣམས་མི་རྟག་པའོ། །དབང་པོ་ནི་དུ། དབང་པོ་མ་ཡིན་པ་ནི་དུ་ཞིག་ཅེ་ན། ཆོས་ཀྱི་ཕྱེད་དང་གང་དག་ནི། །བཅུ་གཉིས་ནང་གིར་བཤད་དབང་པོ། །མདོ་ལས། མིག་ལ་སོགས ་པ་ནས་ཀུན་ཤེས་པ་དང་ལྡན་པའི་དབང་པོའི་བར་དུ་དབང་པོ་ཉི་ཤུ་རྩ་གཉིས་གསུངས་པ། དེ་ལ་སྲོག་གི་དབང་པོ་ལ་སོགས་པ་དབང་པོ་བཅུ་གཅིག་དང། གསུམ་པོ་དག་གི་ཆ་ནི་ཆོས་ཀྱི་ཁམས་ཀྱི་ཕྱོགས་ཡིན་པའི་ཕྱིར་ཆོས་ཀྱི་ཕྱེད་ཡིན་ནོ། ། ་མིག་ལ་སོགས་པ་ནང་གི་བཅུ་གཉིས་རྣམས་ལ་ལྔ་པོ་རང་གི་མིང་གིས་སྨོས་པ་དག་དང། སེམས་ཀྱི་ཁམས་བདུན་རྣམས་ནི་ཡིད་ཀྱི་དབང་པོ་ཡིན་ནོ། །སྐྱེས་པ་དང། བུད་མེད་ཀྱི་དབང་པོ་ནི་ལུས་ཀྱི་ཕྱོགས་ཡིན་ནོ་ཞེས་འོག་ནས་སྟོན་ནོ། །ཁམས ་ལྔ་པོ་ལྷག་མ་དག་དང། ཆོས་ཀྱི་ཁམས་ཀྱི་ཕྱོགས་ནི་དབང་པོ་མ་ཡིན་པར་གྲུབ་བོ། །ཆོས་མངོན་པ་མཛོད་ཀྱི་འགྲེལ་པ་མདོ་དང་མཐུན་པ་ལས་དང་པོ་དགོང་པ་ཞེས་བྱ་བ་མཛོད་ཀྱི་གནས་དང་པོའོ། །།དབང་པོ་རྣམས་བསྟན་པ་ལ། དབང ་པོའི་དོན་ཅི་ཡིན་ཞེ་ན། དབང་བྱེད་པའི་དོན་ཏོ། །ཡང་དེ་དག་གང་ཞིག་གང་ལ་དབང་བྱེད་ཅེ་ན། ལྔ་པོ་རྣམས་ནི་དོན་བཞི་ལ་དབང་བྱེད། རེ་ཞིག་མིག་དང་རྣ་བ་གཉིས་དོན་བཞི་བཞི་ལ་དབང་བྱེད་པ་ནི་ལོང་བ་དང་འོན་པ་གཉིས་ནི་གཟུགས་མི་མཛེས་པའི་ཕྱིར་ལུས ་མཛེས་པར་བྱ་བ་དང། མཐོང་བ་དང་ཐོས་པ་ན་ཡང་བ་ཡོངས་སུ་སྤོང་བའི་ཕྱིར་ལུས་ཡོངས་སུ་བསྲུང་བ་དང། མིག་དང་རྣ་བའི་རྣམ་པར་ཤེས་པ་གཉིས་མཚུངས་པར་ལྡན་པ་དང་བཅས་པ་བསྐྱེད་པ་དང། གཟུགས་ལ་ལྟ་བ་དང་སྒྲ་སྙན་པ་གཉིས་ལ་ཡང་ཐུན ་མོང་མ་ཡིན་པའི་རྒྱུད་ཉིད་ལའོ། །སྣ་དང་ལྕེ་དང་ལུས་ནི་དེ་དང་མི་ལྡན་པ་དང། མ་ཚང་བ་ནི་གཟུགས་མི་མཛེས་པའི་ཕྱིར་ལུས་མཛེས་པར་བྱ་བ་དང། དེ་དག་གིས་ཁམ་གྱི་ཟས་ལ་ཡོངས་སུ་སྤྱོད་པའི་ཕྱིར་ལུས་ཡོངས་སུ་བསྲུང་བ་དང། སྣ་ལ་སོགས་པའི ་རྣམ་པར་ཤེས་པ་རྣམས་མཚུངས་པར་ལྡན་པ་དང་བཅས་པ་བསྐྱེད་པ་དང། དྲི་བསྣམ་པ་དང། རོ་མྱང་བ་དང། རེག་བྱ་ལ་རེག་པ་རྣམས་ལ་ཡང་ཐུན་མོང་མ་ཡིན་པའི་རྒྱུ་ཉིད་ལའོ། །བཞི་རྣམས་གཉིས་དག་ལ། ཕོ་དང། མོ་དང། སྲོག་དང། ཡིད་ཀྱི་དབང་པོ་རྣམས ་ནི་དོན་གཉིས་གཉིས་ལ་སོ་སོར?་དབང་བྱེད་དེ། རེ་ཞིག་ཕོ་དང། མོའི་དབང་པོ་གཉིས་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱ་བ་ལ་དབང་བྱེད་པ་ནི། འདི་ལྟར་དེ་དང་མི་ལྡན་པ་དང་མ་ཚང་བར་མ་ནིང་ལ་སོགས་པ་ལ་ནི་སྡོམ་པ་མ་ཡིན་པ་དང། མཚམས་མེད་པ་དང། ་དགེ་བའི་རྩ་བ་ཡང་དག་བར་ཆད་བ་དང། སྡོམ་པ་དང་འབྲས་བུ་ཐོབ་པ་དང། འདོད་ཆགས་དང་བྲལ་བ་རྣམས་མེད་དོ། །སྲོག་གི་དབང་པོ་ནི་རིས་མཐུན་པར་མཚམས་སྦྱོར་བ་དང། ཡང་དག་པར་འཛིན་པ་གཉིས་ལའོ། །ཡིད་ཀྱི་དབང་པོ་ནི་སྲིད་པར་མཚམས་སྦྱོར་བ་དང། ་དབང་སྒྱུར་བ་ལའོ། །གང་ཡང་བདེ་བ་ལ་སོགས་པའི་དབང་པོ་ལྔ་དང། གང་དག་དད་པ་ལ་སོགས་པ་བརྒྱད་པོ་དེ་དག་ནི། ལྔ་པོ་དག་དང་བརྒྱད་རྣམས་ནི། །ཀུན་ནས་ཉོན་མོངས་རྣམ་བྱང་ལ། རིམ་བཞིན་དུ་དབང་བྱེད་དེ། བདེ་བ་ལ ་སོགས་པ་ལྔ་པོ་རྣམས་ནི་ཀུན་ནས་ཉོན་མོངས་པ་ལ་སྟེ། འདོད་ཆགས་ལ་སོགས་པ་དེའི་བག་ལ་ཉལ་བའི་ཕྱིར་རོ། །དད་པ་ལ་སོགས་པ་ནི་རྣམ་པར་བྱང་བ་ལ་སྟེ། དེ་དག་གིས་རྣམ་པར་བྱང་བར་བྱེད་པའི་ཕྱིར་རོ། །གཞན་དག་ལྟ་བ་ནི། རང་གི་དོན། ་ཐམས་ཅད་ལ། དམིགས་པར་དབང་བྱེད་ཕྱིར་དབང་དྲུག་།མིག་ལ་སོགས་པ་ལྔ་ནི་རང་གི་དོན་དམིགས་པ་ལ་དབང་བྱེད་དོ། །ཡིད་ནི་དོན་ཐམས་ཅད་དམིགས་པ་ལ་དབང་བྱེད་དེ། དེའི་ཕྱིར་དྲུག་པོ་དེ་དག་ནི་དབང་པོ་རེ་རེའོ། །ཕོ་མོ་ཉིད་དུ་དབང་བྱེད་ཕྱིར། །ལུས་ལ ་ཕོ་དང་མོའི་དབང་པོ། །ལུས་ཀྱི་དབང་པོ་ཉིད་ལས། ཕོ་དང། མོའི་དབང་པོ་དག?་ཅུ་རྣམ་པར་བཞག་སྟེ། དོན་ཐ་དད་དུ་གྱུར་བ་ནི་མེད་ཀྱི་འགའ་ལ་སྟེ། ལུས་ཀྱི་དབང་པོའི་ཆ་འདོམས་ཀྱི་ཕྱོགས་གང་ཡིན་པ་དེ་ནི་ཕོ་དང་མོའི་དབང་པོ་མིང་འཐོབ་བོ། །དེ་གཉིས ་ནི་རིམ་བཞིན་དུ་ཕོ་ཉིད་དང་མོ་ཉིད་དུ་དབང་བྱེད་དེ། དེ་ལ་མོའི་ངོ་བོ་ནི། མོའི་ཤ་ཚུགས་དང། ང་རོ་དང། སྤྱོད་བ་དང། བསམ་པ་དེ་ལྟའི་མོ་ལ་མོ་ཉིད་དོ། །ཕོའི་ངོ་བོ་ནི་ཕོའི་ཤ་ཚུགས་དང། ང་རོ་དང། སྤྱོད་པ་དང། བསམ་པ་དེ་ལྟ་བུའི་ཕོ་ལ་ཕོ་ཉིད་དོ། ། ་རིས་གནས་ཀུན་ནས་ཉོན་མོངས་དང། །རྣམ་པར་བྱང་ལ་དབང་བྱེད་ཕྱིར། །སྲོག་དང་ཚོར་དང་ངད?་ལ་སོགས། །དབང་པོ་དག་ནི་ལྔར་འདོད་དེ། །སྲོག་གི་དབང་པོ་ནི་རིགས་མཐུན་པར་གནས་པ་དག་ལ་དབང་བྱེད་དོ། །ཚོར་བ་རྣམས་ནི་ཀུན་ནས་ཉོན་མོངས་པ ་ལ་སྟེ། འདི་ལྟར་བདེ་བའི་ཚོར་བ་ལ་ནི་འདོད་ཆགས་རྒྱས་བར་འགྱུར་ལ། སྡུག་བསྔལ་ལ་ནི་ཁོང་ཁྲོ་བ། །སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པ་ལ་ནི་མ་རིག་པའོ་ཞེས་མོད?་?བས་གསུངས་སོ། །དད་པ་ལ་སོགས་པ་ལྔ་རྣམས་ནི་རྣམ་པར ་བྱང་བ་ལ་སྟེ། འདི་ལྟར་དེ་དག་གིས་ཉོན་མོངས་པ་རྣམས་རྣམ་པར་སིལ་ཅིང་ལམ་དག་ཀྱང་འདྲེན་པ་བྱེད་དེ། དེའི་ཕྱིར་དེ་དག་ཀྱང་དབང་པོ་རེ་རེ་འདོད་དོ། །མྱ་ངན་འདས་སོགས་འཐོབ་པ་ལ། །གོང་ནས་གོང་དུ་དབང་བྱེད་ཕྱིར། །ཀུན་ཤེས་བྱེད་དང་ཀུན་ཤེས་དང། ། ་དེ་བཞིན་ཀུན་ཤེས་ལྡན་དབང་པོ། །དེ་བཞིན་ཞེས་བྱ་བའི་སྒྲ་ནི་དབང་པོ་རེ་རེ་བསྟན་པ་འདོད་པའི་དོན་ཏོ། །དེ་ལ་ཀུན་ཤེས་པར་བྱེད་པའི་དབང་པོ་ནི་ཀུན་ཤེས་པའི་དབང་པོ་ཐོབ་པ་ལ་དབང་བྱེད་དོ། །ཀུན་ཤེས་པའི་དབང་པོ་ནི་ཀུན་ཤེས་པ་དང་ལྡན་པའི་དབང་པོ་འཐོབ ་པ་ལའོ། །ཀུན་ཤེས་པ་དང་ལྡན་པའི་དབང་པོ་ནི་ཡོངས་སུ་མྱ་ངན་ལས་འདས་པ་ལ་སྟེ། སེམས་རྣམ་བར་མ་གྲོལ་བ་ལ་ནི་ཡོངས་སུ་མྱ་ངན་ལས་འདས་པ་མེད་པའི་ཕྱིར་རོ། །ཡང་ཅིའི་ཕྱིར་བཅོམ་ལྡན་འདས་ཀྱིས་དབང་པོ་དེ་དག་ཉི་ཤུ་རྩ་གཉིས་ལས་མི ་མང་ཉུང་བར་གསུངས་ཤེ་ན། གང་གི་ཕྱིར་འདི་ལྟར་འདོད་དེ་སེམས་ཀྱི་རྟེན་དང་དེ་རྣམས་དབྱེ། གནས་དང་ཀུན་ནས་ཉོན་མོངས་ཉིད། །ཚོགས་དང་རྣམ་བྱང་ཇི་སྙེད་པ། །དབང་པོ་དག་ཀྱང་དེ་སྙེད་དོ། །དེ་ལ་སེམས་ཀྱི་རྟེན་ནི་དབང་པོ་དྲུག་སྟེ། སེམས་ཅན་གྱི་རྫས་ཀྱི་གཞི ་ཡང་དབང་པོ་དེ་དྲུག་ཡིན་ནོ། །དེ་ནི་ཕོ་དང་མོའི་དབང་པོ་གཉིས་ཀྱིས་ཕོ་དང་མོར་རྣམ་པར་འབྱེད་དོ། །སྲོག་གི་དབང་པོས་ནི་གནས་པ་ལའོ། །ཚོར་བ་རྣམས་ཀྱིས་ནི་ཀུན་ནས་ཉོན་མོངས་པ་ལའོ། །ལྔས་ནི་རྣམ་པར་བྱང་བའི་ཚོགས་ལའོ། །གསུམ་གྱིས་ནི་རྣམ་པར ་བྱང་བ་ལ་སྟེ། དེའི་ཕྱིར་དབང་པོ་རྣམས་ནི་དེ་སྙེད་གཅིག་གོ་།འཇུག་པའི་རྟེན་དང་སྐྱེ་བ་དང། །གནས་དང་ལོངས་པར་སྤྱོད་བའི་ཕྱིར། །བཅུ་བཞི་འམ་དེ་བཞིན་ལྡོག་པ་ལ། །དབང་པོ་རྣམས་ནི་གཞན་ཡིན་ནོ། །འམ་ཞེས་བྱ་བའི་སྒྲ་ནི་བྱེ་བྲག་དུ་རྟོག་པར་འདོད་པའི་དོན ་ཏོ། །ཡང་གཞན་དག་ན་རེ་འཇུག་པའི་གནས་ནི་དབང་པོ་དྲུག་གོ་།སྐྱེ་བ་ནི་ཕོ་དང་མོའི་དབང་པོ་ལས་སྐྱེས་པའི་ཕྱིར་རོ། །གནས་པ་ནི་སྲོག་གི་དབང་པོ་སྟེ། དེས་གནས་པའི་ཕྱིར་རོ། །ལོངས་སྤྱོད་ནི་ཚོར་བ་སྟེ། དེའི་ཕྱིར་དེ་དག་ནི་དབང་པོ་བཅུ་བཞིའོ། །རྣམ་པ་དེ ་ཉིད་ཀྱིས་གཞན་དག་ནི་ལྡོག་པ་ལ་སྟེ། ལྡོག་པའི་གནས་ནི་དད་པ་ལ་སོགས་པའོ། །རབ་ཏུ་སྐྱེ་བའི་ནི་ཀུན་ནས་ཤེས་པར་བྱེད་པའི་དབང་པོའོ། །གནས་པ་ནི་ཀུན་ཤེས་པའི་དབང་པོའོ། །ལོངས་སྤྱོད་པ་ནི་ཀུན་ཤེས་པ་དང་ལྡན ་བའི་དབང་པོ་སྟེ། དེའི་ཕྱིར་ནི་དབང་པོ་རྣམས་ནི་དེ་སྙེད་ཅིག་ཡིན་ལ། དེ་དག་གི་གོ་རིམས་ཀྱང་དེ་ལྟ་བུ་ཡིན་ནོ། །དབང་པོའི་དོན་དང། དེ་དག་འདི་སྙེད་དུ་བསྟན་པའི་དགོས་པ་བཤད་ཟིན་ཏོ། །ད་ནི་དེ་དག་རེ་རེ་ནས་མཚན་ཉིད་ཀྱིས་བསྟན་པར་བྱ་སྟེ། ་དེ་ལ་མིག་ལ་སོགས་པ་ནས་ཕོའི་དབང་པོའི་བར་དག་དང། ཡིད་ནི་བསྟན་ཟིན་ཏོ། །སྲོག་གི་དབང་པོ་དང་དད་པ་ལ་སོགས་པ་རྣམས་ནི་ལྡན་པ་མ་ཡིན་པ་དང། སེམས་ལས་བྱུང་བ་དག་གི་ནང་ནས་བསྟན་པར་བྱའོ། །བདེ་བ་ལ་སོགས་པ་དང་ཀུན ་ཤེས་པར་བྱེད་པ་ལ་སོགས་པ་བསྟན་དགོས་པས། དེ་བརྗོད་པར་བྱ་སྟེ། ལུས་ཚོར་སིམ་པ་མ་ཡིན་གང། །སྡུག་བསྔལ་དབང་པོ། སིམ་པར་མ་ཡིན་པ་ཞེས་བྱ་བ་ནི་གནོད་པར་བྱེད་པ་སྟེ། སྡུག་བསྔལ་བ་ཞེས་བྱ་བའི་ཐ་ཚིག་གོ་།བདེ་བ་ནི། སིམ ་པ། ལུས་ཀྱི་ཚོར་བ་སིམ་པ་ནི་བདེ་བའི་དབང་པོའོ། །སིམ་པ་ཞེས་བྱ་བ་ནི་ཕན་འདོགས་པ་སྟེ་བདེ་བ་ཞེས་བྱ་བའི་ཐ་ཚིག་གོ་།བསམ་གཏན་གསུམ་པའི། སེམས་ཀྱི་དེ་ནི་བདེ་བའི་དབང། བསམ་གཏན་གསུམ་པའི་ནི་སེམས་ཀྱི་ཚོར་བ ་སིམ་པ་སྟེ་ཉིད་བདེ་བའི་དབང་པོ་སྟེ་དེ་ན་རྣམ་པར་ཤེས་པའི་ཚོགས་ལྔ་མེད་པའི་ཕྱིར་ལུས་ཀྱི་ཚོར་བ་ནི་མེད་དོ། །གཞན་ན་དེ་ཉིད་བདེ་བ་སྟེ། བསམ་གཏན་གསུམ་པ་ལས་གཞན་པ་འདོད་པའི་ཁམས་དང། བསམ་གཏན་དང་པོ་དང། གཉིས་པ ་སེམས་ཀྱི་ཚོར་བ་སིམ་པ་དེ་ནི་ཡིད་ཀྱི་དབང་པོའོ། །བསམ་གཏན་གསུམ་པ་དག་ན་ནི་དགའ་བའི་འདོད་ཆགས་དང་བྲལ་བའི་ཕྱིར་ཡིད་བདེ་བའི་དབང་པོ་མེད་ཀྱི། བདེ་བའི་དབང་པོ་ཉིད་དེ། ཡིད་བདེ་བ་ནི་དགའ་བའི་ཕྱིར་རོ། །སེམས་ཀྱི་སིམ་པ ་མ་ཡིན་པ། །ཡིད་མི་བདེ་བ་བཏང་སྙོམས་ནི། །བར་མ། སིམ་པ་ཡང་མ་ཡིན་སིམ་པ་མ་ཡིན་པ་ཡང་མ་ཡིན། སྡུག་བསྔལ་བ་ཡང་མ་ཡིན། བདེ་བ་ཡང་མ་ཡིན་པའི་ཚོར་བ་ནི་བར་མ་ཉིད་ཅེས་བྱའོ། །ཅི་བཏང་སྙོམས་ཀྱི་དབང་པོ་དེ་ལུས་ཀྱི་རྣམ?་སེམས ་ཀྱི་ཞེ་ན། སྨྲས་པ་གཉི་ག་།འདི་ཅིའི་ཕྱིར་འདྲ་བར་དབང་པོ་གཅིག་ཏུ་བྱས་ཤེ་ན། མི་རྟོག་ཕྱིར། སེམས་དང་སེམས་ལས་བྱུང་བའི་ཕལ་ཆེར་རྣམ་པར་རྟོག་པ་ལས་བདེ་བ་དང་སྡུག་བསྔལ་འབྱུང་ལ། ལུས་ནི་དེ་ལྟ་མ་ཡིན་ཡང་ཡུལ་གྱི་དབང་གིས་དགྲ ་བཅོམ་པ་ལ་ཡང་འབྱུང་བས། དེའི་ཕྱིར་དེ་གཉིས་ན་དབང་པོ་ཉིད་དུ་ཐ་དད་ཀྱི། བཏང་སྙོམས་ནི་རྣམ་པར་མི་རྟོག་པ་ཉིད་དུ་རང་གི་ངང་གིས་འབྱུང་བས། ལུས་དང་སེམས་ཀྱི་དབང་པོ་གཅིག་ཏུ་བྱས་སོ། །མཐོང་སྒོམ་མི་སློབ་ལམ་ལ་ནི། །དགུ་གསུམ་ཡིད་དང་བདེར ་དང། །ཡིད་བདེ་བ་དང་བཏང་སྙོམས་དང། །དད་པ་ལ་སོགས་པ་ལྔ་དང། དབང་པོ་དགུ་པོ་དེ་དག་གི་ནི་ལམ་གསུམ་དག་ཏུ། དབང་པོ་གསུམ་ཞེས་བྱ་སྟེ། མཐོང་བའི་ལམ་ལ་ནི་མི་ཤེས་པར་ཀུན་ཤེས་པར་བྱེད་པའི་དབང་པོའོ། །སྒོམ་པའི་ལམ་ལ་ནི་ཀུན ་ཤེས་པའི་དབང་པོའོ། །མི་སློབ་པའི་ལམ་ལ་ནི་ཀུན་ཤེས་པ་དང་ལྡན་པའི་དབང་པོའོ་ཞེས་བྱའོ། །རང་གི་ངོ་བོ་བསྟན་ནས། དབང་པོ་རྣམས་ལས་ཟག་པ་དང་བཅས་པ་ནི་དུ་།ཟག་པ་མེད་པའི་རྣམས་ནི་དུ་ཞེས་བྱ་བ་ལ་སོགས་པ་རྣམ་པའི་དབྱེ་བ་བརྗོད་པར ་བྱ་སྟེ། དེ་ལ་རེ་ཞིག་ཀུན་ཤེས་པར་བྱེད་པའི་དབང་པོ་ལ་སོགས་པ་བཤད་མ་ཐག་པ་དེ་དག་།གསུམ་ནི་དྲི་མ་མེད། ཟག་པ་མེད་པ་ཞེས་བྱ་བའི་དོན་ཏེ། དྲི་མ་རྣམས་ནི་ཟག་པའི་རྣམ་གྲངས་ཡིན་པའི་ཕྱིར་རོ། །གཟུགས་ཅན་སྲོག་དང་སྡུག་བསྔལ་དག་།ཟག་བཅས ་གཟུགས་ཅན་དབང་པོ་བདུན་དང། སྲོག་གི་དབང་པོ་དང། སྡུག་བསྔལ་དང། ཡིད་མི་བདེ་བ་རྣམས་ནི་གཅིག་ཏུ་ཟག་པ་དང་བཅས་པའོ། །གཟུགས་ཅན་ཞེས་བྱ་བ་ནི་མིག་དང། རྣ་བ་དང། སྣ་དང། ལྕེ་དང། ལུས་དང། ཕོ་དང། མོའི་དབང་པོ་དང་བདུན་ ་ཏེ། གཟུགས་ཀྱི་ཕུང་པོས་བསྡུས་པའི་ཕྱིར་རོ། །དགུ་རྣམ་གཉིས། ཡིད་དང། བདེ་བ་དང། ཡིད་བདེ་བ་དང། བཏང་སྙོམས་དང། དང་བ་པ་ལ་སོགས་པ་ལྔ་དང། དབང་པོ་དགུ་པོ་དེ་དག་ནི། ཟག་པ་དང་བཅས་པ་ཡང་ཡིན་ཟག ་པ་མེད་པ་ཡང་ཡིན་ནོ། །དབང་པོ་རྣམས་ལས་རྣམ་པར་སྨིན་པ་ནི་དུ། རྣམ་པར་སྨིན་པ་མ་ཡིན་པ་ནི་དུ་ཞིག་ཅེ་ན། སྲོག་ནི། རྣམ་སྨིན། སྲོག་གི་དབང་པོ་ནི་གཅིག་ཏུ་རྣམ་པར་སྨིན་པའོ། །བཅུ་གཉིས་རྣམ་པ་གཉིས། བཅུ་གཉིས་གང་ཞེ་ན། ཐ་མ་བརྒྱད ་དང་ཡིད་མི་བདེ། །རྣམ་མ་གཏོགས་པ་སྟེ། དད་པ་ལ་སོགས་པ་ཐ་མ་བརྒྱད་དང། ཡིད་མི་བདེ་བ་དང། སྲོག་གི་དབང་པོ་མ་གཏོགས་ལ། གཞན་བཅུ་གཉིས་ནི་རྣམ་པར་སྨིན་པ་ཡང་ཡིན། རྣམ་པར་སྨིན་པ་མ་ཡིན་པ་ཡང་ཡིན་ཏེ། དེ་ལ་མིག་ལ ་སོགས་པ་བདུན་རྒྱས་པ་ལས་བྱུང་བ་རྣམས་ནི་རྣམ་པར་སྨིན་པ་མ་ཡིན་ནོ། །ལྷག་པ་རྣམས་ནི་རྣམ་པར་སྨིན་པའོ། །ཡིད་དང་སྡུག་བསྔལ་དང། བདེ་བ་དང། ཡིད་བདེ་བ་དང། བཏང་སྙོམས་ཀྱི་དབང་པོ་རྣམས་དགེ་བ་དང། ཉོན་མོངས་པ་ཅན་དང། ་སྤྱོད་ལམ་པ་དང། བཟོའི་གནས་པ་དང། སྤྲུལ་པ་རྣམས་ནི་ཅི་རིགས་པར་རྣམ་པར་སྨིན་པ་མ་ཡིན་ནོ། །ལྷག་མ་རྣམས་ནི་རྣམ་པར་སྨིན་པའོ། །མིག་ལ་སོགས་པ་བཅུ་གཉིས་དང། སྲོག་གི་དབང་པོ་མ་གཏོགས་པ་ལྷག་མ་རྣམས་ནི་རྣམ་པར་། ་སྨིན་པ་མ་ཡིན་པར་གྲུབ་པོ། །དབང་པོ་རྣམས་ལ་རྣམ་པར་སྨིན་པ་དང་བཅས་པ་རྣམས་ནི། རྣམ་པར་སྨིན་པ་མེད་པ་རྣམས་ནི་དུ་ཞིག་ཅེ་ན། བཤད་མ་ཐག་པའི་ཡིད་མི་བདེ་བ་གང་ཡིན་པ་དང། དེ་གཅིག་ནི། རྣམ་པར་སྨིན་བཅས། གཅིག་པོ་དེ ་ནི་རྣམ་པར་སྨིན་པ་དང་བཅས་པ་ཉིད་དོ། །ནི་ཞེས་བྱ་བའི་སྒྲ་ནི་ཉིད་ཅེས་བྱ་བ་དང། རིམ་པ་གཞན་དུ་སྦྱར་བར་རིག་པར་བྱ་སྟེ། དེ་ནི་ལུང་དུ་མ་བསྟན་པ་ཡང་མེད་ལ། མཉམ་པར་བཞག་པ་མེད་པའི་ཕྱིར། ཟག་པ་མེད་པ་ཡང་མེད་དེ། དེའི་ཕྱིར་ཡིད་མི་བདེ ་བ་ལ་ནི་རྣམ་པར་སྨིན་པ་མེད་པ་མེད་དོ། །བཅུ་རྣམ་གཉིས། རྣམ་པར་སྨིན་པ་ཡང་ཡིན། རྣམ་པར་སྨིན་པ་མེད་པ་ཡང་ཡིན་ནོ། །བཅུ་གང་ཞེ་ན། ཡིད་དང་ཚོར་གཞན་དད?་ལ་སོགས། ཚོར་བ་གཞན་ཞེས་སྨོས་པས་ནི་ཡིད་མི་བདེ་བ་ལས་གཞན་པའི་ཚོར་བ ་དང། དད་པ་ལ་སོགས་པ་དད་པ་དང། བརྩོན་འགྲུས་དང། དྲན་པ་དང། ཏིང་ངེ་འཛིན་དང། ཤེས་རབ་རྣམས་གཟུང་བར་བྱ་སྟེ། དེ་ལ་ཡིད་དང། བདེ་བ་དང། ཡིད་བདེ་བ་དང། བཏང་སྙོམས་ནི་མི་དགེ་བ་དང། དགེ་བ་ཟག་པ་དང་བཅས་པ་རྣམས་ནི་རྣམ ་པར་སྨིན་པ་དང་བཅས་པའོ། །ཟག་པ་མེད་པ་དང་ལུང་དུ་བསྟན་པ་རྣམས་ནི་རྣམ་པར་སྨིན་པ་མེད་པ་ཡིན་ནོ། །སྡུག་བསྔལ་གྱི་དབང་པོ་ནི་དགེ་བ་དང། མི་དགེ་བ་ནི་རྣམ་པར་སྨིན་པ་དང་བཅས་པའོ། །ལུང་དུ་མ་བསྟན་པ་ནི་རྣམ་པར་སྨིན་པ་མེད་པ་ཡིན ་ནོ། །དད་པ་ལ་སོགས་ཟག་པ་དང་བཅས་པ་རྣམས་ནི་རྣམ་པར་སྨིན་པ་དང་བཅས་པའོ། །ཟག་པ་མེད་པ་རྣམས་ནི་རྣམ་པར་སྨིན་པ་མེད་པ་ཡིན་ནོ། །གཞན་དག་ནི་རྣམ་པར་སྨིན་པ་མེད་པར་གྲུབ་པོ། །དགེ་བ་རྣམས་ནི་དུ། མི་དགེ་བ་རྣམས་ནི་དུ། ལུང་དུ་མ ་བསྟན་པ་རྣམས་ནི་དུ་ཞིག་ཅེ་ན། རེ་ཞིག་དགེ་བ་བརྒྱད། དད་པ་ལ་སོགས་པ་ལྔ་དང་ཀུན་ཤེས་པར་བྱེད་པའི་དབང་པོ་ལ་སོགས་པ་གསུམ་ནི་གཅིག་ཏུ་དགེ་བའོ། །ཡིད་མི་བདེ་བ་ནི་རྣམ་པ་གཉིས། དགེ་བ་དང་མི་དགེ་བའོ། །ཡིད་དང་ཆེར་གཞན་ནི། རྣམ ་གསུམ། དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པ་རྣམས་སོ། །གཞན་ནི་རྣམ་པ་གཅིག་།གཞན་ཞེས་བྱ་བ་དེ་གང་ཞེ་ན། མིག་ལ་སོགས་པ་དང། བརྒྱད་པ་སྲོག་དང། དེ་དག་ནི་ལུང་དུ་མ་བསྟན་པ་ཉིད་དོ། །དབང་པོ་འདི་རྣམས་ལས། དབང་པོ་གང་དག ་ཁམས་གང་དུ་གཏོགས་ཤེ་ན། འདོད་གཏོགས་དྲི་མ་མེད་མ་གཏོགས། །རེ་ཞིག་འདོད་པ་དང་ལྡན་པའི་དབང་པོ་ནི་ཀུན་ཤེས་པར་བྱེད་པའི་དབང་པོ་ལ་སོགས་པ་གཅིག་ཏུ་ཟག་པ་མེད་པ་རྣམས་མ་གཏོགས་ཏེ། དེ་ནི་མི་ལྡན་པ་ཉིད་དོ། །ཕོ་དང་མོའི ་དང་སྡུག་བསྔལ་དབང། མ་གཏོགས་གཟུགས་གཏོགས། དྲི་མ་མེད་པ་ཡང་མ་གཏོགས་ཞེས་བྱ་བར་སྦྱར་རོ། །སྡུག་བསྔལ་ཞེས་བྱ་བ་ནི་སྡུག་བསྔལ་བ་དང། ཡིད་མི་བདེ་བའོ། །དེ་ལ་གཟུགས་ཀྱི་ཁམས་དག་ན་འཁྲིག་པའི་ཆོས་ཀྱི ་འདོད་ཆགས་དང་བྲལ་བའི་ཕྱིར་དང། མི་མཛེས་པར་གྱུར་པའི་ཕྱིར་ཕོ་དང་མོའི་དབང་པོ་མེད་དོ། །ལུས་དང་བ་དང་མི་དགེ་བ་མེད་པའི་ཕྱིར་སྡུག་བསྔལ་གྱི་དབང་པོ་མེད་དོ། །ཞིག་ནས་ཀྱི་སེམས་བརླན་པ་དང། ཀུན་ནས་མནར་སེམས་ཀྱི་དངོས་པོ ་མེད་པའི་ཕྱིར་ཡིད་མི་བདེ་བའི་དབང་པོ་ཡང་མེད་དོ། །གཟུགས་མེད་གཏོགས། གཟུགས་དང་བདེ་བའང་སྤངས་པའོ། །ཕོ་དང་མོའི་དབང་པོ་དང། སྡུག་བསྔལ་ཡང་སྤངས་ཞེས་བྱ་བར་སྦྱར་རོ། །ཅི་ཞིག་ལུས་ཞེ་ན། ཡིད་དང། སྲོག་དང། བཏང་སྙོམས ་དང། དད་པ་ལ་སོགས་པ་ལྔ་སྟེ། གཟུགས་མེད་པ་ནི་དེ་དག་དང་ལྡན་གྱི་གཞན་ནི་མ་ཡིན་ནོ། །དབང་པོ་རྣམས་ལས་མཐོང་བས་སྤང་བར་བྱ་བ་རྣམས་ནི་དུ། བསྒོམ་པས་སྤང་བར་བྱ་བ་རྣམས་ནི་དུ། སྤང་བར་བྱ་བ་མ་ཡིན་པ་རྣམས་ནི་དུ་ཞིག་ཅེ་ན། ཡིད ་དང་ཚོར་གསུམ་རྣམ་པ་གསུམ། ཚོར་བ་གསུམ་གང་ཞེ་ན། བདེ་བ་དང། ཡིད་བདེ་བ་དང། བཏང་སྙོམས་རྣམས་སོ། །གཉིས་ཀྱིས་སྤང་བྱ་ཡིད་མི་བདེ། ཡིད་མི་བདེ་བ་ནི་མཐོང་བ་དང་བསྒོམ་པ་གཉིས་ཀྱིས་སྤང་བར་བྱའོ། །དགུ་ནི་བསྒོམ་པས་སྤང ་བར་བྱ་བ་ཞེས་བྱ་བའི་དབང་དུ་བྱས་ཏེ། མིག་ལ་སོགས་པ་དང། བརྒྱད་པ་སྲོག་དང། སྡུག་བསྔལ་གྱི་དབང་པོ་རྣམས་ནི་བསྒོམ་པས་སྤང་བར་བྱ་བ་ཉིད་དོ། །ལྔ་དག་ནི་སྤང་བར་བྱ་མིན་ཡང། དད་པ་ལ་སོགས་པ་ལྔ་ནི་ཟག་པ་དང་བཅས་པ་དང། ཟག ་པ་མེད་པ་ཡང་ཡིན་པའི་ཕྱིར་སྤང་བར་བྱ་བ་ཡང་ཡིན་སྤང་བར་བྱ་བ་མ་ཡིན་པ་ཡང་ཡིན་ནོ། །གསུམ་ལ་ནི། ཀུན་ཤེས་པར་བྱེད་པའི་དབང་པོ་ལ་སོགས་པ་གསུམ་ནི་ཟག་པ་མེད་པའི་ཕྱིར། སྤང་བར་བྱ་བ་མ་ཡིན་པ་ཉིད་དེ། ཉེས་པ་མེད་པ ་ནི་སྤང་བར་འོས་པ་མ་ཡིན་ནོ། །རྣམ་པའི་དབྱེ་བ་བཤད་ཟིན་ཏོ། །ད་ནི་རྙེད་པ་བརྗོད་པར་བྱ་སྟེ། ཁམས་གང་དག་ཏུ་དབང་པོ་རྣམས་ལས་དང་པོ་ཉིད་དུ་རྣམ་པར་སྨིན་པ་ཉིད་དུ་རྙེད་ཅེ་ན། འདོད་པར་དང་པོར་རྣམ་སྨིན་གཉིས་རྙེད་དེ། ལུས་ཀྱི་དབང་པོ ་དང། སྲོག་གི་དབང་པོའོ་དེ་དག་ནི། བརྫུས་ཏེ་སྐྱེ་བ་ལ་མིན། བརྫུས་ཏེ་སྐྱེ་བ་ལ་བཀག་པས། སྒོ་ང་ལས་སྐྱེ་བ་དང། མངལ་ནས་སྐྱེ་བ་དང། དྲོད་གཤེར་ལས་སྐྱེ་བར་རིག་པར་བྱའོ། །ཅིའི་ཕྱིར་ཡིད་དང། བཏང་སྙོམས་ཀྱི་དངོས་པོ་མ་ཡིན་ཞེ་ན། དེ ་གཉིས་ནི་ཉིང་མཚམས་སྦྱོར་བའི་ཚེ་ངེས་པར་ཉོན་མོངས་པ་ཅན་ཡིན་པའི་ཕྱིར་རོ། །འོ་ན་བརྫུས་ཏེ་སྐྱེ་བདག་གིས་དུ་ཞིག་འཐོབ་ཅེ་ན། དེ་ཡིས་དྲུག་གམ། ཞེས་བྱ་བ་ནི་གལ་ཏེ་མཚན་མེད་པ་ཞིག་ཡིན་ན་སྟེ། འདི་ལྟར་བསྐལ་པ་དང་པོ་པ་རྣམས་ལྟ ་བུའོ། །དྲུག་གང་ཞེ་ན། མིག་དང། རྣ་བ་དང། སྣ་དང། ལྕེ་དང། ལུས་དང། སྲོག་གི་དབང་པོ་རྣམས་སོ། །བདུན་ནམ་ཞེས་བྱ་བ་ནི་གལ་ཏེ་མཚན་གཅིག་པ་ཞིག་ཡིན་ན་སྟེ། འདི་ལྟར་ལྷ་ལ་སོགས་པ་དག་ནའོ། །བརྒྱད་དམ། ཞེས་བྱ་བ་ནི་གལ་ཏེ ་མཚན་གཉིས་པ་ཞིག་ཡིན་ན་སྟེ། འདི་ལྟར་ངན་སོང་དག་ནའོ། །རེ་ཞིག་འདོད་པའི་ཁམས་དག་གི་ནི་དེ་ལྟ་བུའོ། །གཟུགས་ཀྱི་ཁམས་དང་གཟུགས་མེད་པའི་ཁམས་དག་གི་སྨྲས་པ། གཟུགས་ན་དྲུག་སྟེ། གཟུགས་ཀྱི་ཁམས་དག་ན་ནི་དང་པོ་ཉིད་དུ ་དབང་པོ་དྲུག་གི་རྣམ་པར་སྨིན་པ་འཐོབ་སྟེ། འདོད་པའི་ཁམས་དག་ཏུ་མཚན་མེད་པ་བརྫུས་ཏེ་སྐྱེ་བ་གང་ཡིན་པ་དེ་དག་ཉིད་དོ། །གོང་མར་གཅིག་།གཟུགས་ཀྱི་ཁམས་པས་ནི་གཟུགས་མེད་པའི་ཁམས་སྙོམས་འཇུག་པས་རིང་བའི་ཕྱིར་བ་དང། སྐྱེ་བ ་ཆེས་མཆོག་ཏུ་འགྱུར་བའི་ཕྱིར་གོང་མ་སྟེ། དེར་ནི་དང་པོ་ཉིད་དུ་སྲོག་གི་དབང་པོ་འབའ་ཞིག་གིས་རྣམ་པར་སྨིན་པ་འཐོབ་སྟེ། གཞན་ནི་མ་ཡིན་ནོ། །རྙེད་པ་བཤད་ཟིན་ཏོ། །ད་ནི་ཁམས་གང་དག་ཏུ་འཆི་བ་ན་དབང་པོ་རྣམས་ལས་དུ་ཞིག་ཐམས་ཅད་ཀྱི་ཐ་མར ་འགག་ཅེས་བྱ་བ་གཏོང་པ་བརྗོད་པར་བྱ་སྟེ། གཟུགས་མེད་དག་ཏུ་འཆི་བ་ནི། །སྲོག་དང་ཡིད་དང་བཏང་སྙོམས་ཉིད། །འགག་པར་འགྱུར་ཏེ། གཟུགས་མེད་པའི་ཁམས་དག་ཏུ་ནི་དབང་པོ་གསུམ་པོ་དེ་དག་ཐ་མར་འགག་གོ་། ་གཟུགས་ན་བརྒྱད། གཟུགས་ཀྱི་ཁམས་དག་ཏུ་འཆི་བ་ན་གསུམ་པོ་དེ་དག་དང་མིག་ལ་སོགས་པ་ལྔ་དང་དབང་པོ་བརྒྱད་འགག་སྟེ། བརྫུས་ཏེ་སྐྱེ་བ་ཐམས་ཅད་ནི་དབང་པོ་སྣམས་ཚོགས་པར་འཆི་ཞིང་སྐྱེའོ། །འདོད་པར་དགུ་འམ་བཅུ་འམ ་བརྒྱད། འདོད་པའི་ཁམས་དག་ཏུ་འཆི་ན་མཚན་གཉིས་པ་ཞིག་ཡིན་ན་ནི་བརྒྱད་པོ་དེ་དག་དང། ཕོ་དང། མོའི་དབང་པོ་དང་དབང་པོ་བཅུ་འགག་གོ་།མཚན་གཅིག་པ་ཞིག་ཡིན་ན་ནི་དགུའོ། །མཚན་མེད་པ་ཞིག་ཡིན་ན་ནི་བརྒྱད་དེ། ཅིག ་ཅར་འཆི་བའི་ཚུལ་ནི་དེ་ལྟ་བུ་ཡིན་ནོ། །རིམ་གྱིས་འཆི་བ་དག་ལ་བཞི། རིམ་གྱིས་འཆི་བ་ནི་ལུས་དང། སྲོག་དང། ཡིད་དང། བཏང་སྙོམས་ཀྱི་དབང་པོ་དང། དབང་པོ་བཞི་འགག་སྟེ། དེ་རྣམས་ལ་ནི་སོ་སོར་འགག་པ་མེད་དོ། །ཉོན་མོངས་པ ་ཅན་དང། ལུང་དུ་མ་བསྟན་པའི་སེམས་ཀྱིས་འཆི་བའི་ཚུལ་ནི་དེ་ལྟ་བུ་ཡིན་པར་རིག་པར་བྱའོ། །དགེ་ལ་ཐམས་ཅད་དག་དུ་ལྔ། །གང་གི་ཚེ་དགེ་བའི་སེམས་ལ་གནས་ཏེ། འཆི་བ་དེའི་ཚེ་དགེ་བ་ལ་ཐམས་ཅད་དུ་ལྔ་སྟེ། དགེ་བའི་སེམས ་ཀྱིས་འཆི་བ་ན། །ཇི་སྐད་དུ་བཤད་པའི་དབང་པོ་རྣམས་དང། ལྷག་པར་དད་པ་ལ་སོགས་པ་ལྔ་འགག་སྟེ། དེ་རྣམས་ནི་དགེ་བའི་སེམས་ལ་ངེས་པར་ཡོད་དོ། །དེ་ལྟར་ན་གཟུགས་མེད་པ་ན་ནི་བརྒྱད་དོ། །གཟུགས་ན་ནི་བཅུ་གསུམ་མོ། ། ་འདོད་པའི་ཁམས་དག་ན་ནི་བཅོ་ལྔ་འམ། བཅུ་བཞི་འམ། བཅུ་གསུམ་མམ། རིམ་གྱིས་འཆི་ན་ནི་དགུ་འགག་གོ་།དབང་པོའི་སྐབས་སུ་དབང་པོའི་ཆོས་ཐམས་ཅད་དཔྱད་པར་བྱ་སྟེ། དགེ་སྦྱོང་གི་འབྲས་བུ་གང་ཞིག་དབང་པོ་དུ་ཞིག་གིས ་འཐོབ་ཅེ་ན། དགུས་འཐོབ་ཐ་མའི་འབྲས་བུ་གཉིས། ཐ་མ་ཞེས་བྱ་བ་གང་ཞིག་ཅེ་ན། རྒྱུན་དུ་ཞུགས་པ་དང། དགྲ་བཅོམ་པའི་འབྲས་བུའོ། །པར་མ་ཞིག་ཅེ་ན། ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང། ཕྱིར་མི་འོང་བའི་འབྲས་བུའོ། །དེ་ལ་རྒྱུན་དུ ་ཞུགས་པའི་འབྲས་བུ་ནི་ཀུན་ཤེས་པ་དང་ལྡན་པ་མ་གཏོགས་པ། དད་པ་ལ་སོགས་པ་དང། ཡིད་དང། བཏང་སྙོམས་ཀྱི་དབང་པོ་དང་དགུས་སོ། །དགྲ་བཅོམ་པའི་ནི་ཀུན་ཤེས་པར་བྱེད་པའི་དབང་པོ་མ་གཏོགས་པ་དང། དད་པ་ལ་སོགས་པ ་དང། ཡིད་ཀྱི་དབང་པོ་དང། བདེ་བ་དང་ཡིད་བདེ་བ་དང། བཏང་སྙོམས་ཀྱི་དབང་པོ་རྣམས་ལས་གང་ཡང་རུང་བ་ཞིག་དང་དགུས་སོ། །བདུན་དང་བརྒྱད་དང་དགུ་ཡིས་གཉིས། །ལན་ཅིག་ཕྱིར་འོང་བ་དང། ཕྱིར་མི་འོང་བའི་འབྲས་བུ་གཉིས་ནི་རེ་རེ་ཞིང་ཡང ་དབང་པོ་བདུན་ནམ། བརྒྱད་དམ་དགུས་འཐོབ་སྟེ། ཇི་ལྟ་ཞེ་ན། རེ་ཞིག་གལ་ཏེ་ལན་ཅིག་ཕྱིར་འོང་བའི་འབྲས་བུ་མཐར་གྱིས་འཐོབ་ལ། དེ་ཡང་འཇིག་རྟེན་པའི་ལམ་གྱིས་ན་ནི། དེ་དད་པ་ལ་སོགས་པ་ལྔ་དང། བཏང་སྙོམས་དང། ཡིད་ཀྱི་དབང་པོ་དང ་དབང་པོ་བདུན་གྱིས་འཐོབ་བོ། །གལ་ཏེ་འཇིག་རྟེན་ལས་འདས་པ་ན་ནི་དེ་དབང་པོ་བརྒྱད་ཀྱིས་འཐོབ་སྟེ། བརྒྱད་པ་ནི་ཀུན་ཤེས་པའི་དབང་པོ་ཡིན་ནོ། །གལ་ཏེ་འདོད་ཆགས་དང་ཕལ་ཆེར་བྲལ་བ་ཞིག་འཐོབ་ན་ནི་དེ་དགུས་ཏེ། རྒྱུན་ཏུ་ཞུགས་པའི་འབྲས་བུའི ་གང་ཡིན་པ་དག་གིས་སོ། །ཕྱིར་མི་འོང་བའི་འབྲས་བུ་མཐར་གྱིས་འཐོབ་ལ། དེ་ཡང་འཇིག་རྟེན་པའི་ལམ་གྱིས་ན་ནི་དབང་པོ་བདུན་གྱིས་འཐོབ་སྟེ། ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཇི་ལྟ་བ་བཞིན་ནོ། །གལ་ཏེ་འཇིག་རྟེན་ལས་འོངས་པའི་ལམ་གྱིས་ན་ནི་དེ ་དེ་བཞིན་དུ་དབང་པོ་བརྒྱད་ཀྱིས་སོ། །གལ་ཏེ་འདོད་ཆགས་བྲལ་བ་ཞིག་འཐོབ་ན་ནི་དགུས་ཏེ། རྒྱུན་དུ་ཞུགས་པའི་འབྲས་བུ་ཇི་ལྟ་བ་བཞིན་འདི་ནི་ཁྱད་པར་ཡིན་ཏེ། རྟེན་གྱི་བྱེ་བྲག་ལས་བདེ་བ་དང། ཡིད་བདེ་བ་དང། བཏང་སྙོམས་ཀྱི་དབང་པོ་རྣམས་ལས་གང ་ཡང་རུང་བ་ཞིག་དུ་འགྱུར་རོ། །གལ་ཏེ་ཡང་འདིར་མཐར་གྱིས་གནས་པ་ཞིག་ཡིན་ལ་རྣམ་པར་གྲོལ་བའི་ལམ་དགུ་པ་ལ་འཇིག་རྟེན་པའི་ལམ་གྱིས། བསམ་གཏན་ལ་འཇུག་པ་ནི་ཕྱིར་མི་འོང་བའི་འབྲས་བུ་དེ་དབང་པོ་བརྒྱད་ཀྱིས ་འཐོབ་སྟེ། རྣམ་པར་གྲོལ་བའི་ལམ་དུ་དགུ་པ་པ་དེར། ཡིད་བདེ་བའི་དབང་པོ་བརྒྱད་པ་ཡིན་ནོ། །བར་ཆད་མེད་པའི་ལམ་ལ་ནི་རྟག་ཏུ་བཏང་སྙོམས་ཀྱི་དབང་པོ་ཏེ། དེ་ལྟར་ན་དེ་ནི་གཉིས་ཀྱིས་འཐོབ་བོ། །གལ་ཏེ་འཇིག་རྟེན་ལས་འདས་པས་འཇུག ་ན་ནི་དབང་པོ་དགུས་འཐོབ་སྟེ། ཀུན་ཤེས་པའི་དབང་པོ་ནི་དགུ་པ་ཡིན་ནོ། །ཆོས་མངོན་པ་ལས་དབང་པོ་དུ་ཞིག་གིས་དགྲ་བཅོམ་པ་ཉིད་འཐོབ་ཅེ་ན། སྨྲས་པ། བཅུ་གཅིག་གིས་སོ་ཞེས་བཤད་པ་གང་ཡིན་པ་དེ། ཇི་ལྟར་ན་དགུས་ཤེས་བཤད་ཅེ ་ན། དེ་ནི་དགུས་འཐོབ་པ་ཉིད་དེ། བཅུ། བཅུ་གཅིག་དག་གིས་དགྲ་བཅོམ་པ། །འགའ་ཞིག་སྲིད་ཕྱིར་བཤད་པ་ཡིན། །གང་ཟག་གང་ཡོངས་སུ་ཉམས་ཤིང་ཡོངས་སུ་ཉམས་ནས། བདེ་བ་དང། ཡིད་བདེ་བ་དང། བཏང་སྙོམས་ཀྱི་དབང་པོ་དག་གིས ་དགྲ་བཅོམ་པ་ཉིད་འཐོབ་པ་འགའ་ཞིག་སྲིད་པ་དེའི་ཕྱིར་བཅུ་གཅིག་གིས་ཤེས་བཤད་ཀྱི། བདེ་བ་ལ་སོགས་པ་དུས་གཅིག་དུ་མི་སྲིད་དོ། །དབང་པོ་གང་དང་ལྡན་ན་གདོན་མི་ཟ་བར་དབང་པོ་དུ་ཞིག་དང་ལྡན་པ་འདི་དཔྱད་པར་བྱ་སྟེ། དེ་ལ་བཏང ་སྙོམས་དང་ནི་སྲོག་དང་ནི། །ཡིད་དང་ལྡན་ལ་ངེས་གསུམ་ལྡན། །གང་བཏང་སྙོམས་ལ་སོགས་པ་འདི་དག་ལས་གང་ཡང་རུང་བ་ཞིག་དང་ལྡན་པ་དེ་གདོན་མི་ཟ་བར་གསུམ་དང་ལྡན་ཏེ་དེ་དག་གཉིད་དང་ངོ། །འདི་དག་ནི་ཕན་ཚུན་མེད་ན་མི་ལྡན་པ ་ཉིད་ཡིན་གྱི། ལྷག་པ་རྣམས་དང་ནི་ལྡན་པ་ཡང་ཡོད། མི་ལྡན་པ་ཡང་ཡོད་བསམ་ངེས་ཏེ། དེ་ལ་རེ་ཞིག་གཟུགས་མེད་པར་སྐྱེས་པ་དག་ནི་མིག་དང། རྣ་བ་དང། སྣ་དང། ལྕེའི་དབང་པོ་རྣམས་དང་མི་ལྡན་ནོ། །འདོད་པའི་ཁམས་དང། ན་ནི་གང་གིས་མ ་ཐོབ་པ་དང། རྣམ་པར་ཉམས་པ་རྣམས་སོ། །ལུས་ཀྱི་དབང་པོ་ནི་གཟུགས་མེད་པར་སྐྱེས་པ་དག་དང་མི་ལྡན་ནོ། །གཟུགས་དང་གཟུགས་མེད་པར་སྐྱེས་པ་རྣམས་ནི་མོའི་དབང་པོ་དང་མི་ལྡན་ནོ། །འདོད་པའི་ཁམས་དག་ན་ནི་གང་གིས་མ་ཐོབ་པ་དང་རྣམ ་པར་ཉམས་པ་སྟེ། ཕོའི་དབང་པོ་ཡང་དེ་བཞིན་ནོ། །བསམ་གཏན་བཞི་པར་སྐྱེས་པའི་སོ་སོའི་སྐྱེ་བོ་ནི་བདེ་བའི་དབང་པོ་དང་མི་ལྡན་ནོ། །བསམ་གཏན་གསུམ་པར་སྐྱེས་པའི་སོ་སོའི་སྐྱེ་བོ་ཉིད་ནི་བདེ་བ་དང་ངོ། །གཟུགས་མེད་པར་སྐྱེས་པ་དག་ནི་སྡུག ་བསྔལ་གྱི་དབང་པོ་དང་ངོ། །འདོད་པའི་འདོད་ཆགས་དང་བྲལ་བ་ནི་ཡིད་མི་བདེ་བ་དང་ངོ། །དགེ་བའི་རྩ་བ་ཡང་དག་པར་ཆད་པ་ནི་དད་པ་ལ་སོགས་པ་དང་ངོ། །སོ་སོའི་སྐྱེ་བོ་དང་འབྲས་བུ་ལ་གནས་པ་ནི་ཀུན་ཤེས་པར་བྱེད་པའི་དབང་པོ་དང་མི་ལྡན ་ནོ། །ཀུན་ཤེས་པའི་དབང་པོ་ནི་སོ་སོའི་སྐྱེ་བོ་དང། མཐོང་བ་དང། མི་སློབ་པའི་ལམ་ལ་གནས་པ་རྣམས་དང་ངོ། །ཀུན་ཤེས་པ་དང་ལྡན་པའི་དབང་པོ་ནི་སོ་སོའི་སྐྱེ་བོ་དང། སློབ་པའི་ལམ་ལ་གནས་པ་དང་མི་ལྡན་ཏེ། མ་བཀག་པའི་གནས་སྐབས་དག ་ཏུ་ནི་ཇི་ལྟར་བཤད་པ་དང་ལྡན་པར་རིག་པར་བྱའོ། །བདེ་དང་ལུས་ནི་བཞི་དང་ངོ། །གང་བདེ་བའི་དབང་པོ་དང་ལྡན་པ་དེ་ངེས་པར་གསུམ་པོ་དེ་དག་དང་བདེ་བའི་དབང་པོ་སྟེ་དབང་པོ་བཞི་དང་ངོ། །གང་ལུས་ཀྱི་དབང་པོ་དང་ལྡན་པ་དེ་ཡང་གསུམ་པོ་དེ་ངག་དང ་ལུས་ཀྱི་དབང་པོ་སྟེ་དབང་པོ་བཞི་དང་ངོ། །མིག་གི་ལ་སོགས་པ་དང་ལྡན་ལྔ། གང་མིག་གི་དབང་པོ་དང་ལྡན་པ་དེ་གདོན་མི་ཟ་བར་དེ་དང། བཏང་སྙོམས་དང། སྲོག་དང། ཡིད་དང། ལུས་ཀྱི་དབང་པོ་སྟེ་ལྔ་དང་ངོ། །དེ་བཞིན་དུ་རྣ་བ་དང། སྣ་དང། ལྕེ་དང། ་ལུས་ལ་ཡང་རིག་པར་བྱའོ། །ཡིད་བདེ་བ་ཡང། གང་ཡང་ཡིད་བདེ་བའི་དབང་པོ་དང་ལྡན་པ་དེ་གདོན་མི་ཟ་བར་བཏང་སྙོམས་དང། སྲོག་དང། ཡིད་དང། བདེ་བ་དང། ཡིད་བདེ་བ་དང་ལྔ་དང་ངོ། །སྡུག་བསྔལ་ནི། བདུན་དང། གང་སྡུག་བསྔལ་གྱི་དབང་པོ་དང་ལྡན ་པ་དེ་གདོན་མི་ཟ་བར་ལུས་དང། སྲོག་དང། ཡིད་དང། ཚོར་བའི་དབང་པོ་བཞི་སྟེ་བདུན་དང་ངོ། །མོའི་དབང་སོགས་ལྡན། བརྒྱད་དང། གང་མོའི་དབང་པོ་དང་ལྡན་པ་དེ་གདོན་མི་ཟ་བར་བདུན་པོ་དེ་དག་དང་མོའི་དབང་པོ་སྟེ་བརྒྱད་དང ་ངོ། །སོགས་པའི་སྒྲས་ནི་ཕོའི་དབང་པོ་དང། ཡིད་མི་བདེ་བ་དང། དད་པ་ལ་སོགས་པ་གཟུང་ངོ། །དེ་དག་དང་ལྡན་པ་ནི་རེ་རེ་ཞིང་ཡང་བརྒྱད་དང་ལྡན་པར་འགྱུར་ཏེ། བདུན་པོ་དེ་དག་དང། བརྒྱད་པ་ཕོའི་དབང་པོ་དང་ངོ། །ཡིད་མི་བདེ་བའི་དབང་པོ ་ཡང་དེ་བཞིན་ནོ། །དད་པ་ལ་སོགས་པ་དང་ལྡན་པ་ནི་ལྔ་པོ་དེ་དག་དང། བཏང་སྙོམས་དང། སྲོག་དང། ཡིད་དང་ངོ། །ཀུན་ཤེས་ཀུན་ཤེས་ལྡན་པ་ཡི། །དབང་དང་ལྡན་པ་བཅུ་གཅིག་དང། །ཀུན་ཤེས་པའི་དབང་པོ་དང། ཀུན་ཤེས་པ་དང་ལྡན་པའི་དབང ་པོ་ནི་གང་ཀུན་ཤེས་པའི་དབང་པོ་དང་ལྡན་པ་དེ་ངེས་པར་བདེ་བ་དང། ཡིད་བདེ་བ་དང། བཏང་སྙོམས་དང། སྲོག་དང། ཡིད་དང། དད་པ་ལ་སོགས་པ་དང། ཀུན་ཤེས་པའི་དབང་པོ་སྟེ་བཅུ་གཅིག་དང་ངོ། །དེ་བཞིན་དུ་ཀུན་ཤེས་པ་དང་ལྡན་པའི་དབང་པོ ་ཡང་བཅུ་པོ་དེ་དག་དང། ཀུན་ཤེས་པ་དང་ལྡན་པའི་དབང་པོ་དང། ཀུན་ཤེས་བྱེད་པའི་དབང་ལྡན་ནི། །བཅུ་གསུམ་དག་དང་ལྡན་པ་སྟེ། །བཅུ་གསུམ་གང་ཞེ་ན། ཡིད་དང། སྲོག་དང། ལུས་ཀྱི་དབང་པོ་དང། ཚོར་བ་བཞི་དང། དད་པ་ལ་སོགས་པ་དང། ་ཀུན་ཤེས་པར་བྱེད་པའི་དབང་པོ་དང་ངོ། །ཡང་གང་ཞིག་ནང་ན་ཉུང་བ་དང་ལྡན་ན་དེ་དུ་དང་ཞེ་ན། དགེ་མེད་ནང་ན་ཉུང་བརྒྱད་དེ། །ལུས་ཚོར་ཡིད་དང་སྲོག་དང་ལྡན། །དགེ་མེད་ཅེས་བྱ་བ་ནི་དགེ་བའི་རྩ་བ་ཡང་དག་པར་ཆད་པའོ། །དེ་ཡང་ནང་ན་ཉུང་བ་ནི། ཚོར་བ ་རྣམས་དང། ལུས་དང་ཡིད་དང། སྲོག་སྟེ་དབང་པོ་བརྒྱད་དང་ལྡན་ནོ། །ཚོར་བ་ནི་ཚོར་བའོ། །ཚོར་བར་བྱེད་པས་ཚོར་བ་སྟེ། དཔེར་ན་ཕུན་སུམ་ཚོགས་པར་བྱེད་པས་ཕུན་སུམ་ཚོགས་པ་ཞེས་བྱ་བ་བཞིན་ནོ། །ཇི་ལྟར་དགེ་བ་མེད་པ་ནང་ན་ཉུང་བ་དབང་པོ ་བརྒྱད་དང་ལྡན་པ། དེ་བཞིན་གཟུགས་མེད་བྱིས་པ་ཡང། །བྱིས་པ་ཞེས་བྱ་བ་ནི་སོ་སོའི་སྐྱེ་བོའོ། །བརྒྱད་གང་ཞེ་ན། བཏང་སྙོམས་སྲོག་དང་ཡིད་དང་དགེ་།བཏང་སྙོམས་དང། སྲོག་དང། ཡིད་དང། དད་པ་ལ་སོགས་པ་དང་ངོ། །ཡང་གང་ཞིག་དབང་པོ་ནང ་ན་མང་པོ་དང་ལྡན་ན། དེ་དུ་ཞིག་དང་ཞེ་ན། མང་པོར་ལྡན་ན་བཅུ་དགུ་སྟེ། །དྲི་མ་མེད་རྣམས་མ་གཏོགས་པའོ། །དྲི་མ་མེད་པ་གསུམ་མ་གཏོགས་པ་སྟེ། དེ་ཡང་མཚན་གཉིས། མཚན་གཉིས་པ་དགེ་བའི་རྩ་བ་ཡང་དག་པར་ཆད་པ་མ་ཡིན་པ་དབང་པོ ་ཚོགས་པ་ཞིག་ཡིན་ན་ནི་བཅུ་དགུ་དང་ལྡན་ནོ། །གཞན་ཡང་གང་ཞིག་ཅེ་ན། འཕགས་པ་ཆགས་བཅས་ནི། སློབ་པ་འདོད་ཆགས་དང་མ་བྲལ་བ་ཡང་ནང་ན་མང་ན་བཅུ་དགུ་དང་ལྡན་ཏེ། མཚན་གཅིག་དྲི་མེད་གཉིས་མ་གཏོགས། མཚན་གཅིག་དང། ཟག ་པ་མེད་པ་གཉིས་ཏེ་ཀུན་ཤེས་པའི་དབང་པོ་དང། ཀུན་ཤེས་པ་དང་ལྡན་པའི་དབང་པོ་དང་གཉིས་ལས་གང་ཡང་རུང་བ་ཞིག་མ་གཏོགས་སོ། །ཁམས་རབ་ཏུ་བྱེ་བའི་ཞར་ལ་འོངས་པའི་དབང་པོ་རྣམས་ཀྱི་བར་དུ་དབྱེ་བ་རྒྱ་ཆེར་བཤད་ཟིན་ཏོ། །ད་ནི་འདི་དཔྱད ་པར་བྱ་སྟེ། ཅི་འདུས་བྱས་ཀྱི་ཆོས་འདི་དག་ཇི་ལྟར་མཚན་ཉིད་ཐ་དད་པ་བཞིན། སྐྱེ་བ་ཡང་ཐ་དད་དམ། འོན་ཏེ་འགའ་ཞིག་ངེས་པར་ལྷན་ཅིག་སྐྱེ་བ་འང་ཡོད་ཅེ་ན། སྨྲས་པ། ཡོད་དེ། ཆོས་འདི་དག་ཐམས་ཅད་ནི་གཟུགས་དང། སེམས་དང། སེམས་ལས ་བྱུང་བ་དང། སེམས་དང་ལྡན་པ་མ་ཡིན་དང། འདུས་མ་བྱས་དང་རྣམ་པ་ལྔར་འགྱུར་རོ། །དེ་ལ་འདུས་མ་བྱས་ལ་ནི་སྐྱེ་བ་མེད་དོ། །གཟུགས་ཅན་གྱི་ཆོས་རྣམས་ནི་ངེས་པ་ནི་འདི་ཡིན་ཏེ། འདོད་པའི་དབང་པོ་མེད་པ་དང། སྒྲ་མེད་རྡུལ་ཕྲན་རྫས་བརྒྱད་དོ། །བསགས ་པའི་གཟུགས་ཀྱི་ནང་ན་ཕྲ་རབ་རྡུལ་ཕྲན་ཞེས་བྱ་བ་སྟེ། དེ་བས་ཆུང་བ་ནི་མི་མངོན་ནོ། །དེ་ཡང་དབང་པོ་ཡང་མེད་སྒྲ་ཡང་མེད་པ་ཞིག་ཡིན་ན་ནི་འདོད་པའི་ཁམས་ངག་ཏུ་རྫས་བརྒྱད་དང་ལྡན་པར་སྐྱེ་སྟེ། གང་ཡང་རུང་བ་ཞིག་མེད་པར་ནི་མ་ཡིན་ནོ། །བརྒྱད་ནི་འབྱུང་བ ་ཆེན་པོ་བཞི་དང། འབྱུང་བ་ལས་གྱུར་པ་གཟུགས་དང། དྲི་དང། རོ་དང། རེག་བྱ་དང་བཞིའོ། །གལ་ཏེ་རྡུལ་ཕྲ་རབ་སྒྲ་མེད་ལ་དབང་པོ་དང་བཅས་པ་ཞིག་ཡིན་ན་ནི་རྫས་དགུ་འམ་བཅུ་དང་ལྡན་པར་སྐྱེ་སྟེ། དེ་ལ་རེ་ཞིག་།རྫས་དགུ ་ལུས་ཀྱི་དབང་ལྡན་ལ། ལུས་ཀྱི་དབང་པོ་འདི་ལ་ཡོད་པས་དེ་ནི་ལུས་ཀྱི་དབང་ལྡན་ཞེས་བྱ་སྟེ། དེ་ལ་རྫས་དགུ་ནི་བརྒྱད་པོ་དེ་དག་དང་ལུས་ཀྱི་དབང་པོའོ། །རྫས་བཅུ་དབང་པོ་གཞན་ཞིག་ན། དབང་པོ་གཞན་རྡུལ་ཕྲ་མོ་གང་ལ་ཡོད་པ་དེ ་ལ་རྫས་བཅུ་སྟེ། དགུ་པོ་དེ་དག་ཉིད་དང། མིག་དང་རྣ་བ་དང། སྣ་དང། ལྕེའི་དབང་པོ་རྣམས་ལས་གང་ཡང་རུང་བ་ཞིག་གོ་།ཡང་རྡུལ་ཕྲ་མོ་དེ་དག་སྒྲ་དང་བཅས་པ་ཞིག་ཏུ་སྐྱེ་ན་ནི་གོ་རིམ་བཞིན་དུ་རྫས་དགུ་འམ་བཅུ་འམ་བཅུ་གཅིག ་དང་ལྡན་པར་སྐྱེ་བ་ན་སྐྱེའོ། །གཟུགས་ཀྱི་ཁམས་དག་ན་ནི་དྲི་དང། རོ་གཉིས་མེད་པར་བཤད་པས་ངེས་ན་དེ་བའི་རྡུལ་ཕྲ་མོ་དག་རྫས་དྲུག་གམ་བདུན་ནམ་བརྒྱད་དང་ལྡན་པར་ཞེས་བཤད་ཟིན་པས་ཡང་མི་བརྗོད་དོ། །གཟུགས་ཅན་རྣམས་ཀྱི ་ངེས་པར་ལྷན་ཅིག་སྐྱེས་པ་བཤད་ཟིན་ཏོ། །ལྷག་མ་རྣམས་བརྗོད་པར་བྱ་སྟེ། དེ་ལ་རེ་ཞིག་།སེམས་དང་སེམས་བྱུང་ལྷན་ཅིག་ངེས། །འདི་དག་ནི་ཕན་ཚུན་མེད་ན་སྐྱེ་བར་མི་ནུས་སོ། །ཐམས་ཅད་འདུས་བྱས་མཚན་ཉིད་དང། ངེས་པར་ལྷན ་ཅིག་ཅེས་བྱ་བར་སྦྱར་ཏེ། གང་གཟུགས་དང། སེམས་དང། སེམས་ལས་བྱུང་བ་དང། མི་ལྡན་པ་ཅུང་ཟད་ཅིག་སྐྱེ་བ་ཐམས་ཅད་ནི་འདུས་བྱས་ཀྱི་མཚན་ཉིད་དང་ལྷན་ཅིག་སྐྱེའོ། །འཐོབ་པ་འམ་ཐོབ་པ་ནི་སེམས་ཅན་དུ་སྟོན་པ་འབའ་ཞིག་དང ་ལྷན་ཅིག་སྐྱེའི། གཞན་དང་ནི་མ་ཡིན་ནོ། །འམ་ཞེས་བྱ་བ་ནི་བྱེ་བྲག་ཏུ་གཏོགས་པའི་དོན་ཏོ། །སེམས་ལས་འབྱུང་བ་ཞེས་བརྗོད་པ་ལ། སེམས་ལས་བྱུང་བ་ཞེས་བྱ་བ་དེ་དག་གང་ཞིག་ཅེ་ན། སེམས་བྱུང་རྣམ་པ་ལྔ། ཇི་ལྟར་ཞེ་ན། ས ་མང་ལ་སོགས་ཐ་དད་ཕྱིར། སེམས་ལས་བྱུང་བ་ནི་ས་མང་པོ་པ་རྣམས་དང། དགེ་བའི་ས་མང་པོ་པ་རྣམས་དང། མི་དགེ་བའི་ས་མང་པོས་རྣམས་དང། ཉོན་མོངས་པའི་ས་མང་པོ་པ་རྣམས་དང། ཉོན་མོངས་པ་ཆུང་ངུའི་ས་མང་པོ་པ་རྣམས ་དང་རྣམ་པ་ལྔའོ། །ས་ཞེས་བྱ་བ་ནི་སྐྱེ་བའི་གནས་ཏེ། གང་ཞིག་གང་གི་སྐྱེ་བའི་གནས་ཡིན་པ་དེ་ནི་དེའི་སེམས་ལས་བྱུང་བས་ས་ཞེས་བྱའོ། །དེ་ལ་འདི་དག་ནི་ས་མང་པོ་ཡིན་པས་ས་མང་པོ་པ་རྣམས་ཏེ། སེམས་ཅན་ཐམས་ཅད་ལས་བྱུང་བ ་གང་ཡིན་པ་རྣམས་སོ། །གང་དག་སེམས་ཅན་ཐམས་ཅད་ལ་འབྱུང་བ་དེ་དག་ཀྱང་གང་ཞིག་ཅེ་ན། ཚོར་དང་སེམས་པ་འདུ་ཤེས་དང། །འདུན་དང་རེག་དང་བློ་གྲོས་དྲན། །ཡིད་ལ་བྱེད་དང་མོས་པ་དང། །ཏིང་ངེ་འཛིན་སེམས་ཐམས་ཅད་ལ། །ཆོས ་བཅུ་པོ་འདི་དག་ནི་སྐད་ཅིག་ཅིང་སེམས་ཐམས་ཅད་ལ་ཚོར་བར་འགྱུར་རོ། །དེ་ལ་ཚེར་བ་ནི་མྱོང་བ་རྣམ་པ་གསུམ་སྟེ། བདེ་བ་དང། སྡུག་བསྔལ་དང། བདེ་བ་ཡང་མ་ཡིན་སྡུག་བསྔལ་ཡང་མ་ཡིན་པའོ། །སེམས་པ་ནི་སེམས་མངོན་པར་འདུ་བྱེད་པའོ།། ་འདུ་ཤེས་ནི་འདུས་ནས་ཤེས་པ་སྟེ་ཡུལ་ལ་མཚན་མར་འཛིན་པའོ། །འདུན་པ་ནི་བྱེད་འདོད་པའོ། །རེག་པ་ནི་ཡུལ་དང། དབང་པོ་དང་རྣམ་པར་ཤེས་པ་འདུས་པ་ལས་སྐྱེས་པ་ནི་རེག་པའོ། །བློ་གྲོས་ནི་ཤེས་རབ་སྟེ། ཆོས་རབ་ཏུ་རྣམ་པར་འབྱེད་པའོ། ་དྲན་པ་ནི་དམིགས་པ་མ་བརྗེད་པའོ། །ཡིད་ལ་བྱེད་པ་ནི་སེམས་ཀྱི་འཇུག་པའོ། །མོས་པ་ནི་མོས་པར་བྱེད་པའོ། །ཏིང་ངེ་འཛིན་ནི་སེམས་རྩེ་གཅིག་པའོ། །སེམས་དང་སེམས་ལས་བྱུང་བའི་བྱེ་བྲག་ནི་ཕྲ་བས་དེ་ནི་རེ་ཞིག་འདི་ལྟར་རྒྱུན་རྣམས་ལ ་ཡང་ཡོངས་སུ་གཅད་པར་དཀའ་ན་སྐད་ཅིག་མ་ལ་སྨོས་ཀྱང་ཅི་དགོས། གཟུགས་ཅན་རྣམས་ལ་ཡང་རེ་ཞིག་དབང་པོའི་གཟུང་བ་སྨན་ལ་སོགས་པ་རོ་མང་པོ་དང་ལྡན་པ་འབའ་ཞིག་ལ་ཡང་རོའི་བྱེ་བྲག་ངེས་པར་གཟུང་བར་དཀའ་ན་གང་ཟག་གཟུགས ་ཅན་མ་ཡིན་པའི་ཆོས་བློས་གཟུང་བ་རྣམས་ལ་ལྟ་སྨོས་ཀྱང་ཅི་དགོས། ས་མང་པོ་པ་རྣམས་བཤད་ཟིན་ཏོ། །དགེ་བའི་ས་མང་པོ་པའི་སྐབས་ཡིན་པས། དད་དང་བག་ཡོད་ཤིན་ཏུ་སྦྱངས། །བཏང་སྙོམས་ངོ་ཚ་ཤེས་ཁྲེལ་ཡོད།། ་རྩ་བ་གཉིས་རྣམ་མི་འཚེ་དང། །བརྩོན་འགྲུས་རྟག་ཏུ་དགེ་བ་ལའོ། །ཆོས་འདི་དག་ནི་དགེ་བའི་སེམས་ལས་བྱུང་བས། དེའི་ཕྱིར་དགེ་བའི་ས་མང་པོ་པ་ཞེས་བྱ་སྟེ། དེ་ལ་དད་པ་ནི་སེམས་དང་པའོ། །བག་ཡོད་པ་ནི་དགེ་བའི་ཆོས་རྣམས་བསྒོམ་པའོ།། ་ཤིན་ཏུ་སྦྱངས་པ་ནི་སེམས་ལས་སུ་རུང་བ་ཉིད་དོ། །བཏང་སྙོམས་ནི་སེམས་མཉམ་པ་ཉིད་དོ། །ངོ་ཚ་ཤེས་པ་དང་ཁྲེལ་ཡོད་པ་ནི་འོག་ནས་འཆད་དོ། །རྩ་བ་གཉིས་ནི་མ་ཆགས་པ་དང། ཞེ་སྡང་མེད་པའི་དགེ་བའི་རྩ་བ་གཉིས་སོ། །གཏི་མུག ་མེད་པ་ཡང་ཡོད་མོད་ཀྱི་དེ་ནི་ཤེས་རབ་ཀྱི་བདག་ཉིད་ཡིན་ལ་ཤེས་རབ་ནི་ས་མང་པོ་པ་ཡིན་པས་དེ་ནི་དགེ་བའི་ས་མང་པོ་པ་ཉིད་ཅེས་མི་བྱའོ། །རྣམ་པར་མི་འཚེ་བ་ནི་རྣམ་པར་འཐོ་མི་འཚམ་པའོ། །བརྩོན་འགྲུས་ནི་སེམས་ཀྱི་མངོན་པར་ཕྲོ་བའོ།། ་དགེ་བའི་ས་མང་པོ་པ་རྣམས་བཤད་ཟིན་ཏོ། །རྨོངས་དང་བག་མེད་ལེ་ལོ་དང། །མ་དད་པ་དང་རྨུགས་དང་རྒོད། །རྟག་ཏུ་ཉོན་མོངས་ཅན་ཉིད་ལ། །ཆོས་འདི་དག་ནི་རྟག་ཏུ་ཉོན་མོངས་པ་ཅན་གྱི་སེམས་ལས་འབྱུང་བས། དེའི་ཕྱིར་ཉོན་མོངས་པ་ཅན་གྱིས་མང ་པོ་བ་ཞེས་བྱ་སྟེ། དེ་ལ་རྨོངས་པ་ཞེས་བྱ་བ་ནི་མ་རིག་པ་དང། མི་ཤེས་པ་དང། མི་གསལ་བའོ། །བག་མེད་པ་ནི་དགེ་བའི་ཆོས་རྣམས་མི་སྒོམ་པ་སྟེ། བསྒོམ་པའི་མི་མཐུན་པའི་ཕྱོགས་སོ། །ལེ་ལོ་ནི་སེམས་ཀྱིས་མངོན་པར་མི་སྤྲོ་བ་སྟེ། བརྩོན་འགྲུས ་ཀྱི་མི་མཐུན་པའི་ཕྱོགས་སོ། །མ་དད་པ་ནི་སེམས་མ་དང་བ་སྟེ། དད་པའི་མི་མཐུན་པའི་ཕྱོགས་སོ། །རྨུགས་པ་ནི་ལུས་ཀྱི་དང་སེམས་ཀྱི་དང་གཉིས་ཏེ། ལུས་ཀྱི་རྨུགས་པ་དང། སེམས་ཀྱི་རྨུགས་པ་ཞེས་འབྱུང་བའི་ཕྱིར་རོ། །ཇི་ལྟར་ན་སེམས་ལས་བྱུང་བའི ་ཆོས་ལུས་ཀྱི་ཞེས་བྱ་ཞེ་ན། ཚོར་བ་བཞིན་ནོ། །རྒོད་པ་ནི་སེམས་ཀྱི་རྣམ་པར་མ་ཞི་བ་སྟེ། འདི་དག་ནི་ཉོན་མོངས་པ་ཅན་གྱི་ས་མང་པོ་པའི་ཆོས་སོ། །བརྗེད་ངས་པ་དང། རྣམ་པར་གཡེང་བ་དང། ཤེས་བཞིན་མ་ཡིན་པ་དང། ཚུལ་བཞིན་མ་ཡིན ་པ་ཡིད་ལ་བྱེད་པ་དང། ལོག་པར་མོས་པ་ནི་ས་མང་པོ་པ་ཡིན་པའི་ཕྱིར། །ཉོན་མོངས་པའི་ས་པ་ཉིད་དུ་ངེས་པར་མ་གཟུང་སྟེ། དཔེར་ན་གཏི་མུག་མེད་པ་དགེ་བའི་ས་མང་པོ་པར་ངེས་པར་མ་བཟུང་བ་བཞིན་ནོ། །ཉོན་མོངས་པའི་ས་མང་པོ་པ་བཤད་ ་ཟིན་ཏོ། །ངོ་ཚ་མེད་དང་ཁྲེལ་མེད་པ། །མི་དགེ་བ་ལ་ངོ་ཚ་མེད་པ་དང། ཁྲེལ་མེད་པ་ནི་མི་དགེ་བའི་སེམས་ལ་རྟག་ཏུ་འབྱུང་བས་ཆོས་འདི་གཉིས་ནི་མི་དགེ་བའི་ས་མང་པོ་པ་ཞེས་བྱ་སྟེ། དེ་གཉིས་ཀྱི་མཚན་ཉིད་ནི་འོག་ནས་བཤད་པར་བྱའོ། །ཁྲོ་བ་དང། ་ཁོན་དུ་འཛིན་དང་གཡོ་དང་ནི། །ཕྲག་དོག་ཚིག་འཆབ་སེར་སྣ་དང། །སྒྱུ་དང་རྒྱགས་དང་རྣམ་འཚེ་ནི། །ཉོན་མོངས་ཆུ་ངུའི་ས་པ་རྣམས། །འདི་དག་ནི་ཉོན་མོངས་པ་ཆུང་ངུའི་ས་པ་རྣམས་ཏེ། མ་རིག་པ་ཙམ་དང། བསྒོམ་པས་སྤང་བ་དང། ཡིད་ཀྱི ་ས་པ་ཉིད་དང། མཚུངས་པར་ལྡན་པའི་ཕྱིར་རོ། །འདི་དག་ནི་ཉེ་བའི་ཉོན་མོངས་པ་རྣམས་ཀྱི་ནང་ནས་བཤད་པར་བྱའོ། །སེམས་འབྱུང་བ་རྣམ་པ་ལྔ་བཤད་ཟིན་ཏོ། །གཞན་ཡང་རྟོག་པ་དང། དཔྱོད་པ་དང། འགྱོད་པ་དང། ཉིད་ལ་སོགས་པ་མ ་ངེས་པ་ཡང་ཡོད་པས། དེ་ལ་སེམས་གང་ཞིག་སེམས་ལས་བྱུང་བ་དུ་ཞིག་དང་ངེས་པར་ལྷན་ཅིག་འབྱུང་བ་བརྗོད་པར་བྱ་སྟེ། རེ་ཞིག་འདོད་པ་ནི་སྤྱོད་པའི་སེམས་ནི་དགེ་བ་དང། མི་དགེ་བ་རྣམ་པ་གཉིས་ཏེ། མ་འདྲེས་པ་དང། ཉོན་མོངས་པ་གཞན་དང ་མཚུངས་པར་ལྡན་པ་དང། ལུང་དུ་མ་བསྟན་པ་རྣམ་པ་གཉིས་ཏེ། བསྒྲིབས་ལ་ལུང་དུ་མ་བསྟན་པ་དང། མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་དང་རྣམ་པ་ལྔའོ། །དེ་ལ་རེ་ཞིག་འདོད་པ་ན་སྤྱོད་པའི་སེམས་ནི། ངེས་པར་རྟོག་པ་དང་བཅས་ཤིང་དཔྱོད་པ ་དང་བཅས་པ་ཡིན་པས། དེའི་ཕྱིར་འདིར། འདོད་པ་དགེ་བའི་སེམས་ལ་ནི། །རྟོག་དང་དཔྱོད་དང་བཅས་པའི་ཕྱིར། །ངེས་པར་ས་མང་པོ་པ་བཅུ་དང། དགེ་བའི་ས་མང་པོ་པ་བཅུ་དང། རྟོག་པ་དང་དཔྱོད་པ་གཉིས་ཏེ། སེམས ་ལས་བྱུང་བ་ཉི་ཤུ་རྩ་གཉིས་འབྱུང་ངོ། །ལ་ལ་རབ་ཏུ་འགྱོད་པ་བསྣན། །དགེ་བའི་སེམས་ཐམས་ཅད་ལ་ནི་འགྱོད་པ་མེད་པར་གང་ལ་ཡོད་པར་དེར་དེ་ཉིད་ཀྱིས་བཀླགས་ན་སེམས་ལས་བྱུང་བ་ཉི་ཤུ་རྩ་གསུམ་འབྱུང་ངོ། །འགྱོད་པ་ཞེས་བྱ ་བ་འདི་ཅི་ཞིག་ཅེ་ན། ངན་པར་བྱས་པ་ཡོད་པ་ནི་འགྱོད་པའོ། །དེ་ལ་དམིགས་པའི་སེམས་ནི་འགྱོད་པ་ཞེས་བྱ་སྟེ། སེམས་ལ་གཅགས་པའོ། །དཔེར་ན་མི་སྡུག་པ་ལ་དམིགས་པའི་མ་ཆགས་པ་ལ་མི་སྡུག་པ་ཞེས་བྱ་བ་བཞིན་ནོ། །འཇིག ་རྟེན་ནས་ཡང་གྲོང་ཐམས་ཅད་ལྷགས་སོ། །ཡུལ་ཐམས་ཅད་ལྷགས་སོ། །ཞེས་གནས་ཀྱི་གནས་པ་སྟོན་པ་ཡང་མཐོང་སྟེ། ཡིད་ལ་གཅགས་པའི་གནས་ནི་འགྱོད་པ་ཡིན་པ་འམ་ཡང་འདི་ནི་འབྲས་བུ་ལ་རྒྱུར་བཏགས་པ་སྟེ། དཔེར་ན་རེག ་པའི་སྐྱེ་མཆེད་དྲུག་པོ་འདི་དག་ནི་སྔོན་གྱི་ལས་ཡིན་པར་རིག་པར་བྱའོ་ཞེས་བྱ་བ་བཞིན་ནོ། །མི་དགེ་བ་ནི་མ་འདྲེས་དང། །ལྟ་བར་ལྟ་ན་འང་ཉི་ཤུ་སྟེ། །གང་མི་དགེ་བའི་སེམས་མ་འདྲེས་པ་དེ་ལས་མང་པོ་པ་བཅུ་དང། ཉོན་མོངས་པའི་ས་མང ་པོ་པ་དྲུག་དང། མི་དགེ་བའི་རྩ་བའི་ས་མང་པོ་པ་གཉིས་དང། རྟོག་པ་དང། དཔྱོད་པ་སྟེ། སེམས་ལས་བྱུང་བ་ཉི་ཤུ་འབྱུང་ངོ། །མ་འདྲེས་པ་ཞེས་བྱ་བ་ནི་སེམས་གང་ལས་མ་རིག་པ་འབའ་ཞིག་ཡིན་གྱི་འདོད་ཆགས་ལ་སོགས་པ་ཉོན་མོངས་པ ་གཞན་མེད་པའོ། །མི་དགེ་བའི་སེམས་ལ་ལྟ་བ་དང་ལྡན་ན་ཡང་ཉི་ཤུ་སྟེ། མ་འདྲེས་པའི་གང་ཡིན་པ་ཉིད་དག་གོ་།ལྟ་བ་ནི་ཤེས་རབ་ཀྱི་རང་བཞིན་ཡིན་པའི་ཕྱིར་དེར་ལྟ་བས་མ་བསྟན་ནོ། །དེ་ལ་མི་དགེ་བ་ལྟ་བ་དང་ལྡན་པ་ནི་གང་ལ་ལོག་པར་ལྟ་བ ་འམ། ལྟ་བ་མཆོག་ཏུ་འཛིན་པ་འམ། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་ཡོད་པའོ། །ཉོན་མོངས་པ་ཞི་དང་ཁོང་ཁྲོ་སོགས། །འགྱོད་པ་དག་དང་ཉི་ཤུ་གཅིག་།གང་འདོད་ཆགས་དང། ཁོང་ཁྲོ་དང། ང་རྒྱལ་དང། ཐེ་ཚོམ་སྟེ། ཉོན ་མོངས་པ་བཞི་རྣམས་ལས་ཉོན་མོངས་པ་གང་ཡང་རུང་བ་ཞིག་དང་མཚུངས་པར་ལྡན་པའི་སེམས་དེ་ལ་ཉོན་མོངས་པ་དེ་དང་མ་འབྲལ་བར་བཤད་པ་ཉི་ཤུ་སྟེ་ཉི་ཤུ་རྩ་གཅིག་འབྱུང་ངོ། །ཁྲོ་བ་ལ་སོགས་པ་ཉེ་བའི་ཉོན་མོངས་པ་ཇི་སྐད་དུ་བཤད་པ ་དང་མཚུངས་པར་ལྡན་པའི་སེམས་ལས་ནི་ཉི་ཤུ་པོ་དེ་དག་དང་ཉེ་བའི་ཉོན་མོངས་པ་དེ་དང་ཉི་ཤུ་རྩ་གཅིག་ཏུ་འགྱུར་རོ། འགྱུར་པ་དང་ལྟ་ན་ནི་ཡང་འགྱོད་པ་དེ་ཉིད་དང་ཉི་ཤུ་རྩ་གཅིག་པར་འགྱུར་རོ། །མདོར་བསྡུ་ན་མི་དགེ་བའི་སེམས་མ་འདྲེས་པ་དང ་ལྡན་པ་དང་མཚུངས་པར་ལྡན་པ་ནི་ཉི་ཤུའོ། །ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་གཞན་དང་མཚུངས་པར་ལྡན་པ་ནི་ཉི་ཤུ་རྩ་གཅིག་གོ་།བསྒྲིབས་པ་བཅོ་བརྒྱད། འདོད་པའི་ཁམས་དག་ན་འཇིག་ཚོགས་ལྟ་བ་དང། མཐར་འཛིན་པར་ལྟ་བ་དང ་མཚུངས་པར་ལྡན་པའི་སེམས་ནི་བསྒྲིབས་ལ་ལུང་དུ་མ་བསྟན་པ་སྟེ། དེ་ལ་ནི་ས་མང་པོ་པ་བཅུ་དང། ཉོན་མོངས་པའི་ས་མང་པོ་པ་དྲུག་དང། རྟོག་པ་དང་དཔྱོད་པ་གཉིས་ཏེ། སེམས་ལས་བྱུང་པ་བཅོ་བརྒྱད་དོ། །ལྟ་བས་ནི་སྔ་མ་བཞིན་ཏེ་མ ་བསྣན་ཏེ། །ལུང་མ་བསྟན། གཞན་ནི་བཅུ་གཉིས་དག་ཏུ་འདོད། །བསྒྲིབས་ལ་ལུང་དུ་མ་བསྟན་པ་ལས་གཞན་པ་ནི་མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་སྟེ། དེ་ལ་ནི་ས་མང་པོ་པ་བཅུ་དང། རྟོག་པ་དང་དཔྱོད་པ་སྟེ། སེམས་ལས་བྱུང་བ་བཅུ ་གཉིས་སུ་འདོད་དོ། །གཉིད་ནི་ཀུན་ལ་མི་འགལ་ཕྱིར། །གང་ལ་ཡོད་པ་ངེས་བསྣན་ནོ། །གཉིད་ནི་བདེ་བ་དང་མ་ལྡན་པ་དང་ལུང་དུ་མ་བསྟན་པ་ཇི་སྐད་དུ་བཤད་པའི་སེམས་ཐམས་ཅད་ལ་མི་འགལ་བས། དེའི་ཕྱིར་གང་ལ་ཡོད་པ་དེ་ལ་དེས་བསྣན་ ་པར་རིག་པར་བྱའོ། །གང་ལ་ཉི་ཤུ་རྩ་གཉིས་ཡིན་པ་དེ་ལ་ཉི་ཤུ་རྩ་གསུམ་མོ། །གང་ལ་ཉི་ཤུ་རྩ་གསུམ་ཡིན་པ་དེ་ལ་ཉི་ཤུ་རྩ་བཞི་ཞེས་བྱ་བ་ལ་སོགས་པའོ། །གང་དེ་ལྟར་འདོད་པའི་ཁམས་དག་གི་སེམས་ལས་བྱུང་བ་མ་ངེས ་པར་བཤད་པ། དེ་ལས་འགྱོད་གཉིད་མི་དགེ་རྣམས། །བསམ་གཏན་དང་པོ་དག་ན་མེད། །བསམ་གཏན་དང་པོ་ན་ནི་ཇི་སྐད་དུ་བཤད་པ་དེ་དག་ལས་འགྱོད་པ་དང། གཉིད་དང། གང་ཡང་ཆུང་ཟད་མི་དགེ་བ་དང། འདི་ལྟ་སྟེ་གཡོ་དང། སྒྱུ་དང་རྒྱགས་པ ་མ་གཏོགས་པ་ཁྲོ་བ་ལ་སོགས་པ་དང། ཁོང་ཁྲོ་བ་དང། ངོ་ཚ་མེད་པ་དང། ཁྲེལ་མེད་པ་རྣམས་ཐམས་ཅད་དུ་མེད་དོ། །གཞན་ཐམས་ཅད་ནི་དེ་བཞིན་ནོ། །བསམ་གཏན་དང་པོ་ན་མེད་པ་གང་ཡིན་པ་དེ་དག་དང། རྟོག་པ་འདི་བསམ་གཏན་ཁྱད་པར་ཅན་ལ ་མེད་དོ། །ལྷག་མ་ནི་དེ་བཞིན་ནོ། །དེའི་གོང་ན་སྤྱོད་པ་ཡང། བསམ་གཏན་ཁྱད་པར་ཅན་ལས་གོང་མ་བསམ་གཏན་གཉིས་པ་ལ་སོགས་པ་དང། གཟུགས་མེད་པ་དག་ན་ནི་ཇི་སྙེད་དུ་བཀག་པ་དང། དཔྱོད་པ་དང། ཡང་གི་སྒྲས་ནི་གཡོ་དང་སྒྱུ་ཡང ་མེད་དོ། །ལྷག་མ་ནི་དེ་བཞིན་ནོ། །ནང་གང་དག་ན་སེམས་ལས་བྱུང་བ་ཇི་སྙེད་ཅིག་པ་འདི་ནི་བཤད་ཟིན་ཏོ། །ད་ནི་གཞུང་ལས་སེམས་ལས་པ་གང་དག་གི་ཐ་དད་དུ་བྱ་བ་གསུངས་པ་བརྗོད་པར་བྱ་སྟེ། ངོ་ཚ་མེད་པ་དང་ཁྲེལ་མེད་པ་ལ་ཐ་དད་དུ་བྱ་བ ་ཅི་ཞིག་ཡོད་ཅེ་ན། མ་གུས་ངོ་ཚ་མེད། ཡོན་ཏན་དང། ཡོན་ཏན་ཅན་དག་ལ་མི་གུས་པ་ནི་ངོ་ཚ་མེད་པ་སྟེ། གུས་པའི་མི་མཐུན་པའི་ཆོས་སོ། །ཁྲེལ་མེད། ཁ་ན་མ་ཐོས་འཇིགས་མི་ལྟ། །ཁ་ན་མ་ཐོ་བ་ཞེས་བྱ་བ་ནི་དམ་པ་རྣམས་ཀྱིས་སྨད་པའོ། །དེ་ལ ་འཇིག་པར་མི་ལྟ་བ་ནི་ཁྲེལ་མེད་པའོ། །བྱམས་པ་དང་གུས་པ་ལ་ཐ་དད་དུ་བྱ་བ་ཅི་ཞིག་ཡོད་ཅེ་ན། བྱམས་པ་ནི་ཉོན་མོངས་པ་ཅན་དང། ཉོན་མོངས་པ་ཅན་མ་ཡིན་པ་རྣམ་པ་གཉིས་སོ། །དེ་ལ་ཉོན་མོངས་པ་ཅན་ནི་དཔེར་ན་བུ་དང་ཆུང་མ་ལ་སོགས ་པ་ལ་སྲིད་པའོ། །ཉོན་མོངས་པ་ཅན་མ་ཡིན་པ་ནི་དཔེར་ན་སྟོན་པ་དང། བླ་མ་དང་ཡོན་ཏན་ཅན་རྣམས་ལ་དད་པའོ། །གུས་པ་ངོ་ཚ་ཤེས། གུས་པ་ནི་ཇི་སྐད་དུ་བཤད་པའི་ངོ་ཚ་ཤེས་པ་ལྟ་བུའོ། །དེ་གཉིས་འདོད་དང་གཟུགས་དག་ན། །གཟུགས་མེད་པའི་ཁམས ་དག་ན། བྱམས་པ་དང་གུས་པ་མེད་དོ། །རྟོག་པ་དང་སྤྱོད་པ་གཉིས་ཐ་དད་དུ་བྱ་བ་ཅི་ཞིག་ཡོད་ཅེ་ན། རྟོག་དང་དཔྱོད་པ་རྩིང་ཞིབ་པོ། །གང་གི་ཞེ་ན། སེམས་ཀྱིའོ་ཞེས་ཕྱིས་འཆད་དེ། རྟོག་པ་ནི་སེམས་རྩིང་བའོ། །དཔྱོད་པ་ནི་སེམས་ཞི་བ་པའོ། །ང་རྒྱལ་དང་རྒྱགས ་པ་གཉིས་ལ་ཐ་དད་དུ་བྱ་བ་ཅི་ཞིག་ཡོད་ཅེ་ན། ང་རྒྱལ་ཁེངས་པ། གང་ཡང་རུང་བའི་ཁྱད་པར་ཅི་ཞིག་ཡོངས་སུ་བརྟགས་པས་སེམས་ཁེངས་པ་ནི་ང་རྒྱལ་ལོ། །རྒྱགས་པ་ནི། བདག་གི་ཆོས་ལ་ཆགས་པ་ཡི། །སེམས་ནི་ཡོངས་སུ་གཏུགས་པའོ། །རྒྱགས ་པ་ནི་བདག་གི་ཆོས་རྣམས་ལ་ཆགས་པས་སེམས་ཡོངས་སུ་གཏུགས་པ་གང་ཡིན་པའོ། །སེམས་དང་ལྷན་ཅིག་པའི་སེམས་ལས་བྱུང་བའི་རྣམ་པ་བཤད་ཟིན་ཏོ། །ཡང་དེ་དག་ནི་གསུང་རབ་ལས་ཐ་སྙད་གདགས་པའི་ཕྱིར་དེ་དག་གི་མིང་འདི་དག་ཡོངས ་སུ་བསྟན་པར་བྱ་སྟེ། སེམས་དང་ཡིད་ནི་རྣམ་ཤེས་ནི། དོན་གཅིག་བསགས་པས་ན་སེམས་སོ། །རློམ་པས་ན་ཡིད་དོ། །རྣམ་པར་ཤེས་པས་ན་རྣམ་པར་ཤེས་པའོ། །ཇི་ལྟར་སེམས་ཡིད་དང་རྣམ་པར་ཤེས་པ་ཞེས་བྱ་བ་དོན་གཅིག་པ་དེ་བཞིན་དུ། སེམས ་དང་སེམས་བྱུང་བ། བརྟེན་བཅས་དམིགས་དང་རྣམས་དང། །མཚུངས་པར་ལྡན་པ་འང་དོན་གཅིག་སྟེ། །སེམས་དང་སེམས་ལས་བྱུང་བ་དེ་དག་ཉིད་དབང་པོ་ལ་བརྟེན་པའི་ཕྱིར། རྟེན་དང་བཅས་པ་ཞེས་བྱས་སོ། །ཡུལ་ལ་འཛིན་པའི་ཕྱིར། དམིགས་པ་དང ་བཅས་པ་ཞེས་ཀྱང་བྱའོ། །དམིགས་པ་དེ་ཉིད་རྣམ་པ་ཀུན་ཏུ་སྤྱོད་པའི་ཕྱིར་རྣམ་པ་དང་བ་ཞེས་ཀྱང་བྱའོ། །མཉམ་པར་ལྡན་པའི་ཕྱིར་མཚུངས་པར་ལྡན་པ་ཞེས་ཀྱང་བྱའོ། །རྣམ་པ་གང་གིས་མཉམ་པར་ལྡན་ཞེ་ན། སྨྲས་པ། རྣམ་ལྔ། གནས་དང། དམིགས ་པ་དང། རྣམ་པ་དང། དུས་དང། རྫས་མཉམ་པ་སྟེ། རྣམ་པ་ལྔ་མཉམ་པས་སོ། །སེམས་དང་སེམས་ལས་བྱུང་བ་རྒྱ་ཆེར་རབ་ཏུ་དབྱེ་བ་དང་བཅས་པ་བཤད་ཟིན་ཏོ། །མི་ལྡན་པའི་འདུ་བྱེད་རྣམས་སོ། །ཐོབ་དང་མ་ཐོབ་སྐལ ་མཉམ་དང། །འདུ་ཤེས་མེད་དང་སྙོམས་འཇུག་དང། །སྲོག་དང་མཚན་ཉིད་རྣམས་དང་ནི། །མིང་གི་ཚོགས་ལ་སོགས་པའོ། །འདི་དག་འདུ་བྱེད་ནི་ཡིན་ལ་སེམས་དང་ནི་མཚུངས་པར་མི་ལྡན་ཞིང་གཟུགས་ཀྱི་རང་བཞིན་ཡང་མ་ཡིན་པས ་སེམས་དང་མི་ལྡན་པ་ཞེས་བྱ་སྟེ། དེ་ལ་རེ་ཞིག་།ཐོབ་པ་ཉིད་དང་ལྡན་པའོ། །ཐོབ་པ་ནི་རྣམ་པ་གཉིས་ཏེ། མ་ཐོབ་པ་དང། རྣམ་པར་ཉམས་པ་ལས་རྙེད་པ་དང། ཐོབ་ནས་ལྡན་པའོ། །བཟློག་པ་ནི་མ་ཐོབ་པ་ཞེས་བྱ་བར་གྲུབ་པོ། །ཐོབ་པ་དང་མ ་ཐོབ་པ་འདི་དག་གང་ཞིག་གི་ཞེ་ན། ཐོབ་དང་མ་ཐོབ་རང་རྒྱུད་དུ། །གཏོགས་པ་རྣམས་ཀྱང་གཞན་གྱི་རྒྱུད་དུ་གཏོགས་པ་རྣམས་ཀྱི་མ་ཡིན་ཏེ། གཞན་གྱི་དབང་དང་ལྡན་པ་ནི་འགའ་ཡང་མེད་དོ། །རྒྱུད་དུ་མ་གཏོགས་པ་རྣམས་ལ་ཡང་མེད་ལ་སེམས ་ཅན་དུ་མི་འགྲང་བ་དང་ལྡན་པ་ཡང་མེད་དེ། རེ་ཞིག་འདུས་བྱས་དག་གི་ངེས་པ་ནི་དེ་ལྟའོ། །འདུས་མ་བྱས་ཀྱི་ཐོབ་པ་དང་མ་ཐོབ་པ་ནི། འགོག་གཉིས་ཀྱི། སོ་སོར་མ་བརྟགས་པའི་འགོག་པ་དང་ནི་སེམས་ཅན་ཐམས་ཅད་ལྡན་ནོ། །དེ་བས་ན་དེའི ་ཕྱིར་ཆོས་མངོན་པ་ལས་ཟག་པ་མེད་པའི་ཆོས་རྣམས་དང་སུ་ཞིག་ལྡན་ཞེ་ན། སྨྲས་པ། སེམས་ཅན་ཐམས་ཅད་དོ་ཞེས་བྱུང་ངོ། །སོ་སོར་བརྟགས་པའི་འགོག་པ་དང་ནི་སྐད་ཅིག་མ་དང་པོ་ལ་གནས་པ་ཐམས་ཅད་དུ་བཅིངས་པ་མ་གཏོགས་པ། ་འཕགས་པ་རྣམས་དང། སོ་སོའི་སྐྱེ་བོ་རྣམས་ལས་ཀྱང་ཁ་ཅིག་ལྡན་ནོ། །ནམ་མཁའ་དང་ལྡན་པ་ནི་འགའ་ཡང་མེད་དེ། དེ་བས་ན་འདི་ལ་ཐོབ་པ་མེད་དོ། །གང་ལ་ཐོབ་པ་མེད་པ་དེ་ལ་ནི་མ་ཐོབ་པ་ཡང་མེད་ཅེས་བྱ་བའོ། །ཐོབ་པ་དེ་ནི་འདི་ལྟར། ་དུས་གསུམ་རྣམས་ལས་རྣམ་པ་གསུམ། །འདས་པའི་ཆོས་རྣམས་ལ་འདས་པའི་ཐོབ་པ་དང། མ་འོངས་པ་དང། ད་ལྟར་བྱུང་བའི་ཐོབ་པ་ཡང་ཡོད་ལ། དེ་བཞིན་དུ་མ་འོངས་པ་དང་ད་ལྟར་བྱུང་བ་རྣམས་ཀྱི་ཡང་སོ་སོར་རྣམ་པ་གསུམ་མོ། །དགེ་ལ་སོགས ་ཀྱི་དགེ་ལ་སོགས། དགེ་བ་དང། མི་དགེ་བ་དང། ལུང་དུ་མ་བསྟན་པ་རྣམས་ཀྱི་ཐོབ་པ་ཡང་རིམ་པ་བཞིན་དུ་དགེ་བ་དང། མི་དགེ་བ་དང། ལུང་དུ་མ་བསྟན་པ་ཉིད་དོ། །རང་གི་ཁམས་པ་དེར་གཏོགས་རྣམས། །ཆོས་གང་དག་འདོད་པ་དང་གཟུགས་དང། གཟུགས་མེད ་པ་ན་སྤྱོད་པའི་ཁམས་གང་དུ་མ་གཏོགས་པ་དེ་དག་གི་ཐོབ་པ་ནི་གོ་རིམས་བཞིན་དུ་འདོད་པ་དང། གཟུགས་དང། གཟུགས་མེད་པ་ན་སྤྱོད་པ་ན་རང་གི་ཁམས་པ་ཉིད་དོ། །མ་གཏོགས་པ་རྣམས་རྣམ་བཞི། ཟག་པ་བ་མེད་པའི་ཆོས་རྣམས་ཀྱི་ཐོབ་པ་ནི་མདོར་བསྡུ ་ན་ཁམས་གསུམ་པ་དང། ཟག་པ་མེད་པ་དང་རྣམ་པ་བཞི་སྟེ། དེ་ལ་སོ་སོར་མ་བརྟགས་པའི་འགོག་པ་ནི་ཁམས་གསུམ་པའོ། །སོ་སོར་བརྟགས་པའི་ནི་གཟུགས་དང། གཟུགས་མེད་པ་ན་སྤྱོད་པ་དང། ཟག་པ་མེད་པའོ། །ལམ་གྱི་བདེན་པའི་ནི་ཟག་པ ་མེད་པ་ཉིད་དེ། དེ་དག་ནི་བསྡུ་ན་རྣམ་པ་བཞིར་འགྱུར་རོ། །སློབ་པའི་ཆོས་རྣམས་ཀྱི་ཐོབ་པ་ནི་སློབ་པ་ཉིད་དོ། །མི་སློབ་པ་རྣམས་ཀྱི་ནི་མི་སློབ་པ་ཉིད་དོ། །སློབ་པ་ཡང་མ་ཡིན་མི་སློབ་པ་ཡང་མ་ཡིན་པ་རྣམས་ཀྱི་ནི་བྱེ་བྲག་ཡོད་པས་དེར་བསྟན་པར་བྱའོ།། ་སློབ་མིན་མི་སློབ་མིན་རྣམ་གསུམ། །ཟག་པ་དང་བཅས་པའི་ཆོས་དང། འདུས་མ་བྱས་ནི་སློབ་པ་ཡང་མ་ཡིན་མི་སློབ་པ་ཡང་མ་ཡིན་ནོ། །དེ་དག་ཀྱང་སློབ་པ་ལ་སོགས་པའི་བྱེ་བྲག་གིས་ཐོབ་པ་རྣམ་པ་གསུམ་སྟེ། རེ་ཞིག་ཟག་པ་དང་བཅས་པ་རྣམས་དང། སོ ་སོར་བརྟགས་པ་མ་ཡིན་པའི་འགོག་པའི་ཐོབ་པ་དང། སོ་སོར་བརྟགས་པའི་འགོག་པ་འཕགས་པ་མ་ཡིན་པས་ཐོབ་པའི་ནི་མི་སློབ་པའི་ཡང་མ་ཡིན། མི་སློབ་པའི་ཡང་མ་ཡིན་ནོ། །དེ་ཉིད་སློབ་པའི་ལམ་གྱིས་ཐོབ་པའི་ནི་སློབ་པའོ། །མི་སློབ་པ་རྣམས་ཀྱི་ནི་མི་སློབ ་པའོ། །མཐོང་བ་དང། བསྒོམ་པས་སྤང་བར་བྱ་བ་རྣམས་ཀྱི་ཐོབ་པ་ནི་རིམ་བཞིན་དུ་མཐོང་བ་དང། བསྒོམ་པས་སྤང་བྱ་བ་ཉིད་དོ། །སྤང་བར་བྱ་བ་མ་ཡིན་པ་རྣམས་ཀྱི་ནི་བྱེ་བྲག་ཡོད་པས་དེ་བསྟན་པར་བྱ་སྟེ། སྤང་མིན་རྣམ་པ་གཉིས་སུ་འདོད། ཟག་པ ་མེད་པ་རྣམས་ནི་སྤང་བར་བྱ་བ་མ་ཡིན་པའི་ཆོས་ཏེ། དེ་དག་ལས་སོ་སོར་མ་བརྟགས་པའི་འགོག་པ་དང། འཕགས་པ་མ་ཡིན་པས་ཐོབ་པ་སོ་སོར་བརྟགས་པའི་འགོག་པའི་ཐོབ་པ་ན་བསྒོམ་པས་སྤང་བར་བྱ་བའོ། །དེ་ཉིད་འཕགས་པའི་ལམ་གྱིས་ཐོབ་པ་དང ་ལམ་གྱི་བདེན་པའི་ནི་སྤང་བར་བྱ་བ་མ་ཡིན་པའོ། །དུས་གསུམ་རྣམས་ལ་རྣམ་པ་གསུམ་ཞེས་བཤད་པ་གང་ཡིན་པ་དེ་ནི་སྤྱིར་བསྟན་པའོ། །འདི་ནི་དམིགས་ཀྱིས་བསྟན་པ་སྟེ། ལུང་བསྟན་མིན་ཐོབ་ལྷན་ཅིག་སྐྱེས། །མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་རྣམས ་ཀྱི་ཐོབ་པ་ནི། སྟོབས་ཆུང་བའི་ཕྱིར་སྔར་སྐྱེ་བ་དང། ཕྱིས་སྐྱེ་བ་ནི་མེད་ཀྱི་ལྷན་ཅིག་སྐྱེ་བ་ཉིད་དེ། དེས་ན་དེ་དག་གི་འདས་པ་རྣམས་ཀྱི་ཡང་འདས་པ་ཉིད་ཡིན་པ་ནས་ད་ལྟར་བྱུང་བ་རྣམས་ཀྱི་འདི?་ད་ལྟར་བྱུང་ཉིད་ཡིན་པའི་བར་དུའོ། །ཅི་མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་ཐམས་ཅད་ཀྱི་དེ ་བཞིན་ནམ་ཞེ་ན། མངོན་ཤེས་སྤྲུལ་པ་མ་གཏོགས་སོ། །ཐམས་ཅད་ཀྱི་དེ་བཞིན་ཏེ། ལུང་དུ་མ་བསྟན་པ་མངོན་པར་ཤེས་པ་གཉིས་དང་སྤྲུལ་པའི་སེམས་མ་གཏོགས་ཏེ། དེ་དག་ནི་སྦྱོར་བ་ཁྱད་པར་ཅན་གྱིས་འགྲུབ་པས་སྟོབས་དང་ལྡན་པའི་ཕྱིར་ཐོབ་པ་སྔར ་ཡང་སྐྱེ་ཕྱིས་ཀྱང་སྐྱེ་ལྷན་ཅིག་དུ་ཡང་སྐྱེའོ། །ཅི་མ་བསྒྲིབས་ལུས་ལུང་དུ་མ་བསྟན་པའི་ཐོབ་པ་འབའ་ཞིག་ལྷན་ཅིག་སྐྱེ་བ་ཡིན་ནམ་ཞེ་ན། སྨྲས་པ། བསྒྲིབས་པ་ལ་ཡང་གཟུགས་ཀྱིས། བསྒྲིབས་ལ་ལུང་དུ་མ་བསྟན་པ་ཡང་གཟུགས་ཀྱི་རྣམ་པར་རིག་བྱེད་ཀྱིས ་ནི་ཆེན་པོས་ཀྱང་རྣམ་པར་རིག་བྱེད་མ་ཡིན་པ་ནི་སྐྱེ་བས་སྟོབས་ཆུང་བར་གྲུབ་པའི་ཕྱིར་ལྷན་ཅིག་སྐྱེ་བ་ཉིད་དོ། །ཇི་ལྟར་ལུང་དུ་མ་བསྟན་པའི་ཆོས་རྣམས་ཀྱི་ཐོབ་པའི་ངེས་པ་འདི་ཡིན་པ་ལྟ་བ་ཁ?་ཅི་དགེ་བ་དང་མི་དགེ་བ་རྣམས་ཀྱི་ཡང་དེ་བཞིན་ནམ། འོན་ཏེ་ཐོབ ་པའི་ཁྱད་པར་འགའ་ཞིག་ཡོད་ཅེ་ན། སྨྲས་པ། ཡོད་དེ། འདོད་པའི་གཟུགས་ཀྱི་སྔ་མི་སྐྱེ། འདོད་པ་ན་སྤྱོད་པའི་གཟུགས་ཀྱིས་ཐོབ་པ་ནི་ལྷན་ཅིག་སྐྱེ་བ་དང་ཕྱིས་སྐྱེ་བ་ནི་ཡོད་ཀྱི། སྔར་སྐྱེ་བ་ནི་ཐམས་ཅད་དུ་མེད་དོ། །ཅི་མ་ཐོབ་པ་ཡང་ཐོབ་པ་བཞིན་དུ་ཁྱད་པར་ཡོད་དམ་ཞེ་ན། སྨྲས་པ། ་མ་ཡིན་ནོ། །འོ་ན་ཇི་ལྟ་བུ་ཞིག་ཅེ་ན། མ་ཐོབ་པ་མ་བསྒྲིབས་ལུང་མ་བསྟན། མ་ཐོབ་པ་ཐམས་ཅད་ནི་མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་ཉིད་དོ། །ཡང་དུས་ཀྱི་བྱེ་བྲག་ལས་ནི། དེ་འདས་མ་སྐྱེས་གཉིས་རྣམ་གསུམ། །དེ་ལྟར་བྱུང་བ་ལ་ནི་ད་ལྟར་བྱུང་བའི་མ་ཐོབ་པ་མེད་དོ། །འདས་པ་དང ་མ་འོངས་པ་གཉིས་ཀྱི་ནི་དུས་གསུམ་པའོ། །འདོད་སོགས་གཏོགས་དང་དྲི་མེད་ཀྱང། །རྣམ་པ་གསུམ་ཞེས་བྱ་བར་སྦྱར་ཏེ། འདོད་པ་ནི་སྤྱོད་པ་རྣམས་ཀྱི་ནི་འདོད་པ་དང། གཟུགས་དང་གཟུགས་མེད་པ་ན་སྤྱོད་པ་སྟེ། གཟུགས་དང་གཟུགས་མེད་པར་གཏོགས་པ་དང། ་ཟག་པ་མེད་པ་རྣམས་ཀྱི་ཡང་དེ་བཞིན་ནོ། །མ་ཐོབ་པ་ཟག་པ་མེད་པ་ནི་ནམ་ཡང་མེད་དེ། འདི་ལྟར། ལམ་མ་ཐོབ་པ་སོ་སོ་ཡི། །སྐྱེ་བོར་འདོད་དེ། བསྟན་བཅོས་ལས། སོ་སོའི་སྐྱེ་བོ་ཉིད་གང་ཞེ་ན། འཕགས་པའི་ཆོས་རྣམས་མ་རྙེད་པའོ་ཞེས་འདོན་པའི་ཕྱིར་ཏེ། མ ་རྙེད་པ་ཞེས་བྱ་བ་ནི་མ་ཐོབ་པ་ཡིན་པས་སོ་སོའི་སྐྱེ་བོ་ཉིད་ནི་ཟག་པ་མེད་པར་འོངས་པ་མ་ཡིན་ནོ། །དེ་བས་ནི་མ་ཐོབ་པ་མེད་པ་ཞེས་བྱའོ། །མ་ཐོབ་པ་འདི་ཇི་ལྟར་རྣམ་པར་ཉམས་པར་འགྱུར་ཞེ་ན། ཆོས་གང་ཞིག་མ་ཐོབ་པ་འདི་ནི། དེ་ཐོབ་དང་ས་འཕོས ་ནས་ནི་རྣམ་ཉམས་འགྱུར་འདི་ལྟ་སྟེ་སོ་སོའི་སྐྱེ་བོ་ཉིད་ནི་འཕགས་པའི་ལམ་གྱིས་མ་རྙེད་པའོ། །དེ་ནི་དེ་རྙེད་པ་དང་ས་འཕོས་ནས་རྣམ་པ་ཉམས་པར་འགྱུར་ཏེ། དེ་བཞིན་དུ་གཞན་ལ་ཡང་སྦྱར་བར་བྱའོ། །རྣམ་པར་ཉམས་ཞེས་བྱ་བ ་ནི་མ་ཐོབ་པ་དེའི་མ་ཐོབ་པ་སྐྱེ་ཞིང་འཐོབ་པ་བཤད་ཟིན་ཏོ། །སྐལ་ཉམས་སེམས་ཅན་མཚུངས་པའོ། །སྐལ་པ་མཉམ་པ་ཞེས་བྱ་བའི་རྫས་ནི་སེམས་ཅན་རྣམས་ཀྱི་འདྲ་བའོ། ། ་བསྟན་བཅོས་ཀྱི་ཐ་སྙད་ལས་ནི་དེ་རིས་མཐུན་པ་ཞེས་འབྱུང་ངོ། །དེ་ཡང་ཐ་དད་པ་དང་ཐ་དད་པ་མ་ཡིན་པ་སྟེ། ཐ་དད་པ་མ་ཡིན་པ་ནི་སེམས་ཅན་སོ་སོའི་སྐྱེ་བོ་ཐམས་ཅད་ལ་ཡོད་པའི་སེམས་ཅན་ཐ་དད་ཀྱི་སྐལ་པ་མཉམ་པའོ། །ཐ་དད ་པའི་སེམས་ཅན་དེ་དག་ཉིད་ཀྱི་ཁམས་དང། ས་དང། འགྲོ་བ་དང། སྐྱེ་གནས་དང། རེགས་དང། སྐྱེས་པ་དང། བུད་མེད་ལ་སོགས་པ་བྱེ་བྲག་སོ་སོར་ངེས་པའོ། །སྐལ་པ་ཉམས་པ་བཤད་ཟིན་ཏོ། །འདུ་ཤེས་མེད་པ་པ་གང་ཞེ་ན། འདུ་ཤེས་མེད་པ ་འདུ་ཤེས་མེད་པར་སེམས་དང་སེམས་བྱུང་རྣམས་འགོག་པ། འདུ་ཤེས་མེད་པའི་ལྷ་དག་གི་ནང་དུ་སྐྱེས་པ་རྣམས་ཀྱི་སེམས་དང་སེམས་ལས་བྱུང་བ་རྣམས་འགོག་པ་གང་ཡིན་པ་དེ་ནི་འདུ་བྱེད་མེད་པ་པ་ཞེས་བྱ་བའི་རྫས་ཏེ། ཆུ་ཀླུང་འགག་པ་བཞིན ་དུ་གང་གི་སེམས་དང་སེམས་ལས་བྱུང་བ་རྣམས་མ་འོངས་པའི་དུས། དུས་གཞན་གྱི་བར་དུ་རྒྱུན་དུ་འགོག་ཅིང་སྐྱེར་མི་སྟེར་བའོ། །དེ་ཡང་གཅིག་ཏུ། རྣམ་སྨིན། གང་གི་རྣམ་པར་སྨིན་པ་ཡིན་ཞེ་ན། འདུ་ཤེས་མེད་པའི་སྙོམས་པར་འཇུག་པའི་འོ། །གང ་དག་ན་འདུ་ཤེས་མེད་པའི་སེམས་ཅན་གནས་པའི་སེམས་ཅན་དེ་དག་ཀྱང་གང་ཞེ་ན། དེ་འབྲས་ཆེ། དེ་རྣམས་ནི་འབྲས་བུ་ཆེ་བ་ཞེས་བྱ་བའི་ལྷའོ། །དེ་དག་ལས་ལ་ལ་ཞིག་འདུ་ཤེས་མེད་པའི་སེམས་ཅན་ཏེ། བསམ་གཏན་ཁྱད་པར་ཅན་བཞིན་དུ་ཕྱོགས ་གཅིག་སྐྱེའོ། །ཇི་ལྟར་སེམས་དང་སེམས་ལས་བྱུང་བ་རྣམས་འགོག་པ་འདུ་ཤེས་མེད་པ་པ་ཞེས་བཤད་པ། དེ་བཞིན་འདུ་ཤེས་མེད་སྙོམས་འཇུག་།འདུ་ཤེས་མེད་པ་རྣམས་ཀྱི་འམ། འདུ་ཤེས་མེད་པས་སྙོམས་པར་འཇུག་པས་འདུ་ཤེས་མེད་པའི ་སྙོམས་པར་འཇུག་སྟེ། དེ་ཡང་དེ་བཞིན་ཞེས་བྱ་བའི་སྒྲས་ནི་སེམས་དང་སེམས་ལས་བྱུང་བ་རྣམས་འགོག་པ་དེ་ཙམ་ཞིག་མཐུན་པར་དྲངས་སོ། །སྙོམས་པར་འཇུག་པ་དེ་ནི། བསམ་གཏན་ཐ་མར། བསམ་གཏན་ཐ་མ་ཞེས་བྱ་བ་ནི་བཞི་པའི། །དེ་ནི་དེར ་གཏོགས་ཀྱིས་གཞན་པ་ནི་མ་ཡིན་ནོ། །ཅིའི་ཕྱིར་འདི་ལ་སྙོམས་པར་འཇུག་ཅེ་ན། འབྱུང་འདོད་པས། འདི་ལ་ངེས་པར་འབྱུང་བ་ཡིན་པར་སེམས་པས་དེ་དག་ནི་ཐར་པའི་འདུ་ཤེས་ཀྱིས་སྙོམས་པར་འཇུག་གོ་།འདུ་ཤེས་མེད་པ་པ་ནི་རྣམ་པར་སྨིན་པ་ཡིན ་པའི་ཕྱིར་ལུང་དུ་མ་བསྟན་པར་གྲུབ་ཀྱི། འདི་ནི། སྡུག་པ་དགེ་བ་ཞེས་བྱ་བའི་དོན་ཏེ། དགེ་བ་ཡིན་ཡང་སྐྱེས་ནས་མྱོང་འགྱུར་ཉིད། མཐོང་བའི་ཆོས་དང་ལན་གྲངས་གཞན་ལ་མྱོང་བར་འགྱུར་བ་ཡང་མ་ཡིན་ལ། མ་ངེས་པ་ཡང་མ་ཡིན་ནོ་དེ་ནི་སོ་སོའི་སྐྱེ ་བོ་ཉིད་ཀྱི་ཡིན་པར་འདོད་ཀྱི། འཕགས་པའི་མ་ཡིན་ཡང་ཅི་འཕགས་པ་མ་ཡིན་པས་བསམ་གཏན་བཞི་པ་ཐོབ་པའི་ཕྱིར། བསམ་གཏན་བཞིན་དུ་འདས་པ་དང། མ་འོངས་པའི་ཡང་སོ་སོར་འཐོབ་བམ་ཞེ་ན། སྨྲས་པ། མ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། དེ ་དག་ལ་གོམས་པ་ཡིན་ཡང་འབད་པ་ཆེན་པོས་བསྒྲུབ་པར་བྱ་བ་ཡིན་པས། འཐོབ་ཏུ་ས་གཅིག་།དུས་གཅིག་པ་ཞེས་བྱ་བའི་དོན་ཏེ། སོ་སོར་ཐར་པའི་སྡོམ་པ་ཇི་ལྟ་བ་བཞིན་དུ་ད་ལྟར་གྱི་དུས་པ་འབའ་ཞིག་གི་འཐོབ་པོ། །འཐོབ་ནས་ནི་སྐད་ཅིག་མ ་གཉིས་པ་ཕན་ཆད་ནས་ཇི་སྲིད་མ་བཏང་གི་བར་དུ་འདས་པ་དང་ཡང་ལྡན་ནོ། །འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་བཤད་ཟིན་ཏོ། །འགོག་པའི་སྙོམས་པར་འཇུག་པ་གང་ཞེ་ན། འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་ཇི་ལྟ་བར། འགོག་པ་ཞེས ་པ་འང་དེ་བཞིན་ནོ། །དེ་བཞིན་ཞེས་བྱ་བའི་སྒྲས་རྣམ་པ་གང་ཞིག་གཟུང་ཞེ་ན། སེམས་དང་སེམས་ལས་བྱུང་བ་རྣམས་འགོག་ཅེས་བྱ་བའོ། །དེའི་ཁྱད་པར་ནི་འདི་ཡིན་ཏེ། འདི་གནས་དོན་དུ། ཞི་བར་གནས་པའི་འདུ་ཤེས་སྔོན་དུ་བཏང?་བའི་ཡིད་ལ་བྱེད་པས ་སྙོམས་པར་འཇུག་གི་ངེས་པར་བྱུང་བའི་འདུ་ཤེས་སྔོན་དུ་བཏང་སྟེ་ནི་མ་ཡིན་ནོ། །ཡང་དེ་ནི་བསམ་གཏན་བཞི་པའི་ས་པ་ཡིན་གྱི་འདི་ནི། སྲིད་རྩེ་སྐྱེས་འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་སྐྱེ་མཆེད་ཀྱི་ས་པ་ཉིད་དོ། །ཡང་དེ?་ནི?། སྡུག་པ། དགེ་བ་ཞེས ་བྱ་བའི་དོན་ཏེ་དགེ་བ་ཡིན་ཡང། མྱོང་བ་གཉིས་དང་ནི། མ་ངེས། སྐྱེས་ནས་མྱོང་བར་འགྱུར་བ་དང། ཡན་གྲངས་གཞན་ལ་མྱོང་བར་འགྱུར་བ་སྟེ། དུས་གཉིས་ཀྱིས་མྱོང་བ་ཡིན་པ་རྣམ་པར་སྨིན་པ་ནི་མ་ངེས་ཏེ། གལ་ཏེ་འདིར ་ཡོངས་སུ་མྱ་ངན་ལས་འདས་ན་རྣམ་པར་སྨིན་པ་ཉིད་དོ། །འདིའི་རྣམ་པར་སྨིན་པ་ནི་སྲིད་པའི་རྩེ་མོའི་ཕུང་པོ་བཞི་ཡིན་ལ། དེ་ཡང་གཅིག་ཏུ་འཕགས་པའི་ཡིན་གྱི། སོ་སོའི་སྐྱེ་བོ་ཡི་ནི་མ་ཡིན་ཏེ། ཆད་པས་འཇིགས་པའི་ཕྱིར་དང། འཕགས ་པའི་ལམ་གྱི་སྟོབས་ཀྱིས་བསྐྱེད་པར་བྱ་བ་ཡིན་པའི་ཕྱིར་རོ། །འཕགས་པ་འང། འདི་ནི་འདོད་ཆགས་དང་བྲལ་བས་འཐོབ་པ་ནི་མ་ཡིན་ཏེ། ཇི་ལྟར་ཞེན་སྦྱོར་བས་འཐོབ། འདི་ནི་སྦྱོར་བས་ཐོབ་པ་ཉིད་ཡན་པས་འདས་པའི་ཡང་མི་འཐོབ་ལ། མ་འོངས་པའི ་ཡང་མི་འཐོབ་བོ། །ཅི་བཅོམ་ལྡན་འདས་ཀྱི་ཡང་སྦྱོར་བ་མ་ཡིན་ནམ་ཞེ་ན། སྨྲས་པ། མ་ཡིན་ཏེ། ཐུབ་པའི་བྱང་ཆུབ་ཐོབ་པ་ན། སངས་རྒྱས་བཅོམ་ལྡན་འདས་ནི་ཟད་པ་ཤེས་པ་དང་དུས་མཉམ་དུ་འདི་འཐོབ་པོ། །སངས་རྒྱས་རྣམས་ཀྱི་ནི་སྦྱོར་བ་པ་ཞེས ་བྱ་བ་ཅུང་ཟད་ཀྱང་མེད་དེ། དེ་དག་གི་ཡོན་ཏན་འབྱོར་པ་ཐམས་ཅད་མངོན་དུ་འགྱུར་པ་ནི་བཞེད་པ་ཙམ་ལ་རག་ལུས་སོ། །དེ་བས་ན་དེ་དག་གི་ཐམས་ཅད་འདོད་ཆགས་དང་བྲལ་བས་འཐོབ་པར་ཅིའི་ཕྱིར་མི་འདོད། ནུབ་ཕྱོགས་པ་དག་ན་དེ་འདི་ནི་དང་པོ ་ཉིད་དུ་སྟེ། བྱང་ཆུབ་སེམས་པ་སློབ་པའི་གནས་སྐབས་སུ་སྐྱེད་པར་བྱེད་དོ་ཞེས་པ་ལ་ཁ་ཆེ་བ་དག་ན་རེ། དང་པོར་མིན་ཏེ། དེ་ནི་སྔར་བསྐྱེད་པར་རུང་བ་མ་ཡིན་ནོ་ཞེས་ཟེར་རོ། །ཅིའི་ཕྱིར་ཞེ་ན། སྐད་ཅིག་མ། སུམ་ཅུ་རྩ་བཞིས་འཐོབ་པའི་ཕྱིར་རོ། །བྱང་ཆུབ་སེམས ་དཔའ་ནི་སྐད་ཅིག་མ་སུམ་ཅུ་རྩ་བཞིས་བྱང་ཆུབ་རྗེས་སུ་འཐོབ་སྟེ། བདེན་པ་མངོན་པར་རྟོགས་པའི་བཅུ་དྲུག་དང་སྲིད་པའི་རྩེ་མོའི་འདོད་ཆགས་དང་བྲལ་བ་ཉོན་མོངས་པའི་རྣམ་པ་དགུ་སྤངས་པའི་ཕྱིར་བར་ཆད་མེད་པ་དང་རྣམ་པར་གྲོལ་བའི་ལམ ་དགུ་དགུ་སྟེ། བཅོ་བརྒྱད་སྐྱེ་བས་དེ་ལྟར་དེ་དག་ནི་སུམ་ཅུ་རྩ་བཞིར་འགྱུར་རོ། །འདི་ནི་ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་འདོད་ཆགས་དང་བྲལ་ནས། སྐྱོན་མེད་པར་འཇུག་པའི་ཕྱིར་ས་འོག་མ་པའི་ཡང་སྤང་བར་བྱ་བ་མ་ཡིན་པའོ། །དེ་བས་ན་འདི་དག་གི་བར་དུ ་ནི་མི་འདྲ་བའི་སེམས་མི་སྲིད་པས་སྔར་འགོག་པའི་སྙོམས་པར་འཇུག་པ་མི་སྲིད་ཅེས་བྱའོ། །གལ་ཏེ་སྙོམས་པར་འཇུག་པ་འདི་གཉིས་ཀྱི་ཁྱད་པར་མང་ཡང། གཉིས་ཀའང་འདོད་དང་གཟུགས་ལ་བརྟེན། འདུ་ཤེས་མེད་པ་དང། འགོག་པའི་སྙོམས ་པར་འཇུག་པ་འདི་གཉི་ག་ཡང། འདོད་པའི་ཁམས་དང་གཟུགས་ཀྱི་ཁམས་དག་ཏུ་སྐྱེས་པར་བྱེད་དོ། །དེ་ལ་ཡང་འདི་ནི་བྱེ་བྲག་ཡིན་ཏེ། འགོག་པ་དང་པོར་མིའི་ནང་དུ། འགོག་པའི་སྙོམས་པར་འཇུག་པ་ནི་དང་པོ་ཉིད་དུ་མི་དག་གི་ནང་དུ་བསྐྱེད་དོ་ཕྱིས ་སྔ་མ་ལས་ཡོངས་སུ་ཉམས་ན་ནི་གཟུགས་ཀྱི་ཁམས་དག་ཏུ་སྟེ། དེ་ལྟར་ན་སྙོམས་པར་འཇུག་པ་འདི་གཉིས་ནི་ས་དང། སྦྱོར་བ་དང། རྒྱུ་དང། འབྲས་བུ་དང། མྱོང་བར་འགྱུར་བ་དང། དང་པོར་བསྐྱེད་པ་ལ་ཡང་བྱེ་བྲག་ཡོད་དོ། །སྙོམས་པར་འཇུག ་པ་བཤད་ཟིན་ཏོ། །སྲོག་གང་ཞེ་ན། སྲོག་ནི་ཚེ་ཡིན། ཆོས་མངོན་པ་ལས་འདི་སྐད་དུ་སྲོག་གི་དབང་པོ་གང་ཞེ་ན། ཁམས་གསུམ་པའི་ཚེ་ཡིན་ནོ་ཞེས་འབྱུང་སྟེ། ཚེ་ཞེས་བྱ་བའི་ཆོས་ནི་འདི་ལྟར། དྲོད?་དང་ནི། རྣམ་ཤེས་རྟེན་གང་ཡིན་པའོ། །བཅོམ་ལྡན་འདས ་ཀྱི་འདི་སྐད་དུ། །ཚེ་དང་དྲོད་དང་རྣམ་ཤེས་ཀྱིས། །གང་ཚེ་ལུས་འདི་མདོར་བྱེད་ཅིང། །བོར་ནས་དེ་ཚེ་སེམས་མེད་པར། །འདུག་པ་སྡོང་དུམ་ཇི་བཞིན་ནོ། །ཞེས་གསུངས་ཏེ་དེ་བས་ན་དྲོད་དང་རྣམ་པར་ཤེས་པའི་རྟེན་དུ་གྱུར་པའི་ཆོས་གནས་པའི་རྒྱུ་གང་ཡིན་པ་དེ་ནི ་ཚེ་ཡིན་ནོ། །སོག་བཤད་ཟིན་ཏོ། །མཚན་ཉིད་དག་ནི་སྐྱེ་བ་དང། རྒ་དང་གནས་དང་མི་རྟག་ཉིད་བཞི་པོ་འདི་དག་ནི་འདུས་བྱས་ཀྱི་མཚན་ཉིད་དེ། གང་ལ་མཚན་ཉིད་བཞི་པོ་འདི་དག་ཡོད་པའི་ཆོས་དེ་ནི་འདུས་བྱས་ཞེས་བྱ་བར་མངོན་ནོ། །བཟློག་པ་ནི་འདུས ་མ་བྱས་སོ། །དེ་ལ་སྐྱེ་བས་ནི་ཆོས་དེ། སྐྱེད་པར་བྱེད་དོ། །གནས་པས་ནི་གནས་པར་བྱེད་དོ། །རྒ་བས་ནི་རྙིངས་པར་བྱེད་དོ། །མི་རྟགས་པས་ནི་འཇིག་པར་བྱེད་དོ་སྐྱེ་བ་ལ་སོགས་པ་དེ་ཡང་འདི་ལྟར་འདུས་བྱས་ཡིན་པའི་ཕྱིར་སྐྱེ་བ ་ལ་སོགས་པ་གཞན་ཡང་ཡོད་པར་འགྱུར་རོ། །ཞེ་ན། ཡོད་པ་ཉིད་དེ། དེ་དག་སྐྱེ་བའི་སྐྱེ་བ་ལ་སོགས། དེ་དག་ལ་ཡང་སྐྱེ་བའི་སྐྱེ་བ་དང། གནས་པའི་གནས་བདག?་རྒ?་བས?་རླབ?་བདག་གི་རྟག་པ་ཉིད་ཀྱིས་མི་རྟག་པ་ཉིད་དེ། རྗེས་སུ་མཐུན་པའི་མཚན་ཉིད་བཞིར་འགྱུར་རོ། །དེ ་ལྟ་ན་ཡང་སྐྱེ་བ་གཞན་ལ་སོགས་པར་ཐལ་བའི་ཕྱིར་མཐར་ཐུག་པ་མེད་པའི་སྐྱོན་དུ་འགྱུར་ལ། རེ་རེ་ཞིང་ཡང་མཚན་ཉིད་བཞི་བཞི་འཐོབ་པོ་ཞེ་ན། ཐོབ་པ་མ་ཡིན་ཏེ། གང་གི་ཕྱིར། དེ་ཆོས་བརྒྱད་དང་གཅིག་ལ་འཇུག་།སྐྱེ་བ་ལ་སོགས་པ་དེ་དག་ནི ་ཆོས་བརྒྱད་ལ་འཇུག་གོ་།འཇུག་ཅེས་བྱ་བ་ནི་བྱེད་པ་སྟེ། སྐྱེས་བུའི་རྩལ་ལོ། །སྐྱེ་བའི་སྐྱེ་བ་ལ་སོགས་པ་ནི་ཆོས་གཅིག་ལ་ལོ། །ཇི་ལྟ་ཞེ་ན། མཚན་ཉིད་དང་རྗེས་སུ་མཐུན་པའི་མཚན་ཉིད་བརྒྱད་ནི། དགུ་པ་པ་དག་དང་ལྷན་ཅིག་ཏུ་སྐྱེ་ལ། དེ་ལ་སྐྱེ ་བ་ནི་བདག་མ་གཏོགས་པ་དག་ན་བརྒྱད་པར་བྱེད་དོ། །སྐྱེ་བའི་སྐྱེ་བ་ནི་སྐྱེ་དེ་ཉིད་བསྐྱེད་དེ། དཔེར་ན། ཁྱིམ་བྱ་ལ་ལ་ནི་སྒོ་ང་མང། ལ་ལ་ནི་ཉུང་དང་འབྲིང་བ་བཞིན་ནོ། །དེ་བཞིན་དུ་གནས་པ་ལ་སོགས་པ་དང། གནས་པའི་གནས་པ་ལ་སོགས་ལ ་ཡང་སྦྱར་རོ། །དེ་བས་ན་ཐུག་པ་མེད་པར་མི་འགྱུར་རོ། །གལ་ཏེ་སྐྱེ་བས་བསྐྱེད་པར་བྱ་བ་མ་འོངས་པ་ཞིག་བསྐྱེད་ན། ཅིའི་ཕྱིར་མ་འོངས་པ་ཐམས་ཅད་ཅིག་ཅར་དུ་མི་སྐྱེ་ན། འདི་ལྟར། སྐྱེ་བས་བསྐྱེད་བྱ་བསྐྱེད་པ་ནི། རྒྱུ་དང་རྐྱེན་དང་མེད་པར་མིན། །རྒྱུ ་རྐྱེན་ཚོགས་པ་མེད་པར་ནི་སྐྱེ་བས་བསྐྱེད་པར་བྱ་བ་སྐྱེད་པར་མི་འགྱུར་རོ། །མཚན་ཉིད་རྣམས་བཤད་ཟིན་ཏོ། །མིང་ཚོགས་ལ་སོགས་པ་ནི། མིང་དང་ངག་དང་ཡིད་འབྲུའི་ཚོགས། །སོགས་པ་སྨོས་པས་ནི་ཚིག་དང་ཡི་གེའི་ཚོགས་གཟུང་ངོ། །དེ ་ལ་མིང་ནི་མིང་སྟེ། དཔེར་ན་གཟུགས་དང་སྒྲ་ཞེས་བྱ་བ་ལ་སོགས་པའོ། །ཚིག་ནི་དག་སྟེ་དཔེར་ན། ཀྱེ་མ་འདུ་བྱེད་མི་རྟག་སྟེ། ཞེས་བྱ་བ་ལ་སོགས་པ་ཇི་ཙམ་གྱིས་དོན་ཡོངས་སུ་རྫོགས་པ་སྟེ། གང་གི་བྱ་བ་དང། ཡོན་ཏན་དང། དུས་ཀྱི་འབྲེལ་པའི ་ཁྱད་པར་རྟོགས་པར་འགྱུར་བའོ། །ཡི་གེ་ནི་ཡིག་འབྲུ་སྟེ། དཔེར་ན། ཨ་ཨ་ཞེས་བྱ་བ་ལ་སོགས་པའོ། །མིང་ལ་སོགས་པ་དེ་དག་གི་ཚོགས་ནི་མིང་ལས་སོགས་པའི་ཚོགས་རྣམས་ཏེ། དེ་ལ་མིང་གི་ཚོགས་ནི་དཔེར་ན་གཟུགས་སྒྲ་དྲི་རོ་རེག་བྱ་ཞེས་བྱ ་བ་ལ་སོགས་པའོ། །ཚིག་གི་ཚོགས་ནི་དཔེར་ན་འདུས་བྱས་ཐམས་ཅད་མི་རྟག་པའོ། །ཆོས་ཐམས་ཅད་ནི་བདག་མེད་པའོ། །མྱ་ངན་ལས་འདས་པ་ནི་ཞི་བའོ། །ཞེས་བྱ་བ་ལ་སོགས་པ་ལྟ་བུའོ། །ཡི་གེའི་ཚོགས་ནི་དཔེར་ན་ཀ་ཁ་ག་གྷ་ང་ཞེས ་བྱ་བ་ལ་སོགས་པའོ། །མིང་གི་ཚོགས་ལ་སོགས་པ་དེ་དག་གང་དང་ལྡན་པ་དང་སེམས་ཅན་དུ་སྟོན་པ་འམ། སེམས་ཅན་དུ་མི་སྟོན་པ་འམ། རྣམ་པར་སྨིན་པ་ལས་སྐྱེས་པ་འམ། རྒྱས་པ་ལས་བྱུང་བ་འམ། རྒྱུ་མཐུན་པ་ལས་བྱུང་བ་འམ། དགེ་བ ་འམ། མི་དགེ་བ་འམ། ལུང་དུ་མ་བསྟན་པ་ཞིག་ཡིན་པ་ཡང་བརྗོད་དགོས་སོ་ཞེ་ན། སྨྲས་པ། འདོད་དང་གཟུགས་གཏོགས་སེམས་ཅན་སྟོན། །རྒྱུ་མཐུན་འབྲས་བུར་ལུང་བསྟན་མིན། འདི་དག་ནི་འདོད་པར་གཏོགས་པ་དང། གཟུགས་སུ་གཏོགས ་པ་དང། སེམས་ཅན་དུ་སྟོན་པ་དང། རྒྱུ་མཐུན་པ་ལས་བྱུང་བ་དང། མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་ཡིན་ནོ། །ཇི་ལྟར་མིང་གི་ཚིགས་ལ་སོགས་པ་འདི་དག་སེམས་ཅན་དུ་སྟོན་པ་དང། རྒྱུ་མཐུན་པ་ལས་བྱུང་བ་དང། མ་བསྒྲིབས་ལ་ལུང་དུ་མ ་བསྟན་པ་ཡིན་པ། དེ་བཞིན་སྐལ་ཉམ། དེ་ནི་རྒྱུ་མཐུན་པ་ལས་བྱུང་བ་འབའ་ཞིག་མ་ཡིན་གྱི། རྣམ་པར་སྨིན་པའང་ཡིན། ཁམས་གསུམ་པ་སྟེ། འདོད་པ་དང། གཟུགས་དང། གཟུགས་མེད་པ་ན་སྤྱོད་པ་ཡང་ཡིན་ནོ། །ཐོབ་རྣམ་གཉིས། ཐོབ་པ་ནི ་རྒྱུ་མཐུན་པ་ལས་བྱུང་བ་དང། རྣམ་པར་སྨིན་པ་ལས་སྐྱེས་པའོ། །མཚན་ཉིད་རྣམས་ཀྱང། ཐོབ་པ་བཞིན་དུ་རྣམ་གཉིས་ཞེས་བྱ་བར་སྦྱར་རོ། །སྙོམས་འཇུག་དང། མི་ལྡན་པ་དག་རྒྱུ་མཐུན་པ། སེམས་མེད་པའི་སྙོམས ་པར་འཇུག་པ་གཉིས་དང། མི་ལྡན་པའི་རྒྱུ་མཐུན་པ་ལས་བྱུང་བ་ཉིད་དེ་དེ་དག་གི་བརྗོད་པར་བྱ་བ་ལྷག་མ་དང། ལྷག་མ་འདུ་བྱེད་པ་པ་དང། སྲོག་གི་དབང་པོ་ནི་བཤད་ཟིན་པས་ཡང་མི་བརྗོད་དོ། །མི་ལྡན་པ་རྣམས་ཀྱང་བཤད་ཟིན་ཏོ། །སྐྱེ་བས ་བསྐྱེད་བྱ་སྐྱེད་པ་ནི། རྒྱུ་དང་རྐྱེན་དག་མེད་པར་མིན་ཞེས་བཤད་པ་གང་ཡིན་པ་དེ་ལ། རྒྱུ་ཞེས་བྱ་བ་འམ་རྐྱེན་ཞེས་བྱ་བ་དེ་དག་གང་ཞིག་ཅེ་ན། དབང་བྱེད་ལྷན་ཅིག་འབྱུང་བ་དང། །སྐལ་མཉམ་མཚུངས་པར་ལྡན་པ་དང། །ཀུན་དུ་འགྲོ་དང་རྣམ་སྨིན ་དང། །རྒྱུ་ནི་རྣམ་པ་དྲུག་ཏུ་འདོད། །རྒྱུ་དྲུག་ནི་བྱེད་པའི་རྒྱུ་དང། ལྷན་ཅིག་འབྱུང་བའི་རྒྱུ་དང། སྐལ་བ་མཉམ་པའི་རྒྱུ་དང། མཚུངས་པར་ལྡན་པའི་རྒྱུ་དང། ཀུན་དུ་འགྲོ་བའི་རྒྱུ་དང། རྣམ་པར་སྨིན་པའི་རྒྱུ་ཞེས་བྱ་བ་འདི་རྣམས་སོ། །དེ་ལ་བདག་མ ་གཏོགས་པ་བྱེད་པའི་རྒྱུ། འདུས་བྱས་ཀྱི་ཆོས་ནི་རང་གི་ངོ་བོ་མ་གཏོགས་པ་ཆོས་ཐམས་ཅད་བྱེད་པའི་རྒྱུ་སྟེ། སྐྱེ་བ་ལ་གེགས་མི་བྱེད་པའི་ངོ་བོར་གནས་པའི་ཕྱིར་རོ། །ལྷན་ཅིག་བྱུང་གང་ཕན་ཚུན་འབྲས། །ཕན་ཚུན་ཞེས་བྱ་བ་ནི་གཅིག་ལ་གཅིག་སྟེ།། ་ཆོས་གང་དག་ཕན་ཚུན་གྱི་འབྲས་བུ་ཡིན་པ་དེ་དག་ནི་ཕན་ཚུན་ལྷན་ཅིག་འབྱུང་བའི་རྒྱུའོ། །ཇི་ལྟ་ཞེ་ན། འབྱུང་བཞིན་སེམས་ཀྱི་རྗེས་འཇུག་དང། སེམས་དང་མཚན་ཉིད་མཚན་གཞི་བཞིན་འབྱུང་བ་ཆེན་པོ་བཞི་དག་ནི། ཕན་ཚུན་ལྷན་ཅིག་བྱུང་བའི ་རྒྱུའོ། །སེམས་ནི་སེམས་ཀྱི་རྗེས་སུ་འཇུག་པའི་ཆོས་རྣམས་ཀྱིའོ། །དེ་དག་ཀྱང་སེམས་ཀྱིའོ། །འདུས་བྱས་ཀྱི་མཚན་ཉིད་རྣམས་ནི་མཚན་གཞིའོ། །དེ་ཡང་དེ་དག་གི་སྟེ། དེ་ལྟར་ན་འདུས་བྱས་ཐམས་ཅད་ནི་ཅི་རིགས་པར་ལྷན་ཅིག་འབྱུང་བའི་རྒྱུ ་ཉིད་དོ། །ཡང་སེམས་ཀྱི་རྗེས་སུ་ལྷན་ཅིག་འཇུག་པའི་ཆོས་དེ་དག་ཀྱང་གང་ཞིག་ཅེ་ན། སེམས་ལས་བྱུང་དང་སྡོམ་གཉིས་དང། །སེམས་དང་དེ་དག་གི་མཚན་ཉིད། སེམས་ཀྱི་རྗེས་འཇུག་།སེམས་དང་མཚུངས་པར་ལྡན་པ་ཐམས་ཅད་པ། བསམ ་གཏན་གྱི་སྡོམ་པ་དང། ཟག་པ་མེད་པའི་སྡོམ་པ་དང། དེ་དག་གི་དང། སེམས་ཅན་གྱི་སྐྱེ་བ་ལ་སོགས་པ་སྟེ། དེ་རྣམས་ནི་སེམས་ཀྱི་རྗེས་སུ་འཇུག་པ་ཞེས་བྱའོ། །ཇི་ལྟར་འདི་དག་སེམས་ཀྱི་རྗེས་སུ་འཇུག་ཅེ་ན། མདོར་བསྡུ་ན། དུས་དང་ནི། འབྲས་སོགས ་དགེ་ལ་སོགས་པའོ། །རེ་ཞིག་དུས་ཀྱི་ནི་སེམས་དང་གཅིག་དུ་སྐྱེ་བ་དང། གནས་པ་དང། འགག་པ་དང། དུས་གཅིག་ཏུ་གཏོགས་པ་ཉིད་དོ། །འབྲས་བུ་ལ་སོགས་པས་ནི་སྐྱེས་བུ་བྱེད་པའི་འབྲས་བུ་དང། རྣམ་པར་སྨིན་པ་དང། རྒྱུ་མཐུན་པ་གཅིག ་པའོ། །གཅིག་ཏུ་ཞེས་བྱ་བའི་སྒྲ་སྔ་མ་ནི་ལྷན་ཅིག་པའི་དོན་ཏུ་རིག་པར་བྱའོ། །དགེ་བ་ལ་སོགས་པས་ནི་དགེ་བ་དང། མི་དགེ་བ་དང། ལུང་དུ་མ་བསྟན་པའི་སེམས་ལ་དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པ་སྟེ། དེ་ལྟར་ན་རྒྱུ་བཅུས་སེམས ་ཀྱི་རྗེས་སུ་འཇུག་པ་ཞེས་བྱའོ། །ལྷན་ཅིག་འབྱུང་བའི་རྒྱུ་བཤད་ཟིན་ཏོ། །སྐལ་མཉམ་རྒྱུ་ནི་འདྲ་བའོ། །འདྲ་བ་རྣམས་ཆོས་འདྲ་བ་རྣམས་ཀྱི་སྐལ་བ་མཉམ་པའི་རྒྱུ་སྟེ། འདི་ལྟ་སྟེ། དགེ་བའི་ཕུང་པོ་ལྔ་རྣམས་ནི་དགེ་བ་རྣམས་ཀྱིའོ། །ཉོན་མོངས་པ་ཅན་རྣམས ་ནི་ཉོན་མོངས་པ་ཅན་གྱིའོ། །ལུང་དུ་མ་བསྟན་པ་རྣམས་ནི་ལུང་དུ་མ་བསྟན་པ་རྣམས་ཀྱིའོ། །ནུར་ནུར་པོ་ནི་ནུར་ནུར་པོ་ལ་སོགས་པ་གནས་སྐབས་བཅུ་གཉིས་ཀྱིའོ། །མེར་མེར་པོ་ལ་སོགས་པ་ནི་མེར་མེར་པོ་ལ་སོགས་པའི་སྟེ། རིས་མཐུན་པ་གཅིག ་ལ་ནི་རེ་རེ་དོར་རོ། །རིས་མཐུན་གཞན་དག་ནི་བཅུ་ཆར་ཡང་གནས་སྐབས་བཅུ་རྣམས་ཀྱིའོ། །ཕྱིའི་ལ་ཡང་ཅེས་ནི་ནས་ཀྱིའོ། །སཱ་ལུའི་སཱ་ལུའི་འོ་ཞེས་རྒྱ་ཆེར་སྦྱར་རོ། །ཅི་འདྲ་བ་ཐམས་ཅད་འདྲ་བ་རྣམས་ཀྱི་སྐལ་པ་མཉམ་པའི་རྒྱུ་ཡིན་ནམ་ཞེ་ན། སྨྲས་པ། ་མ་ཡིན་ནོ། །འོ་ན་ཇི་ལྟ་བུ་ཞིག་ཅེ་ན། རང་རིས་སའི་འདི་དག་ནི་རང་གི་རིས་དང་ས་ཡིན་པས་དེ་དག་ནི་རང་གི་རིས་དང་ས་པ་ཞེས་བྱ་བ་སྟེ། རིས་རྣམས་ནི་སྡུག་བསྔལ་མཐོང་བས་སྤང་བར་བྱ་བའི་རིས་ནས་བསྒོམ་པས་སྤང ་པར་བྱ་བའི་བར་དུ་ལྔའོ། །ས་པ་རྣམས་ནི་བསམ་གཏན་པ་དང། གཟུགས་མེད་པ་བརྒྱད་དང། འདོད་པའི་ཁམས་དང་དགུའོ། །དེ་ལ་སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་རྣམས་ནི་སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་རྣམས་ཀྱི་སྐལ་པ ་མཉམ་པའི་རྒྱུ་ཡིན་པ་རྣམ་དེ་བཞིན་དུ་བསྒོམ་པར་སྤང་བར་བྱ་བ་རྣམས་ཀྱི་ཡིན་པའི་བར་དུའོ། །དེ་དག་ཀྱང་འདོད་པ་ན་སྤྱོད་པ་རྣམས་ནི་འདོད་པ་ན་སྤྱོད་པ་རྣམས་ཀྱི་ཡིན་ལ། བསམ་གཏན་དང་པོའི་ས་པ་རྣམས་ཀྱང། བསམ་གཏན་དང་པོའི་ས་པ ་རྣམས་ཀྱི་ཡིན་པ་ནས་སྲིད་པའི་རྩེ་མོའི་ས་པའི་བར་དུ་ཡང་དེའི་ས་པ་རྣམས་ཉིད་ཀྱི་ཡིན་གྱི་གཞན་དག་གི་ནི་མ་ཡིན་ནོ། །དེ་དག་ཀྱང་ཐམས་ཅད་ཀྱི་ནི་མ་ཡིན་ཏེ། འདི་ལྟར་སྔར་སྐྱེས་རྣམས། སྔར་སྐྱེས་པ་རྣམས་ནི་ཕྱིས་སྐྱེས་པ་དང་མ་སྐྱེས་པ་རྣམས ་ཀྱི་འདི་སྐལ་པ་མཉམ་པའི་རྒྱུའོ། །ཅི་རང་གི་ས་པ་ནི་སྐལ་པ་མཉམ་པའི་རྒྱུར་འགྱུར་རོ་ཞེས་གང་བཤད་པ་དེ་འདི་ལྟར་ངེས་སམ་ཞེ་ན། ཟག་པ་དང་བཅས་པའི་ནི་དེ་ལྟར་ངེས་སོ། །ས་དགུའི་ལམ་ནི་ཕན་ཚུན་དུ། སྐལ་པ་མཉམ་པའི་རྒྱུ་ཞེས་བྱ་བའི ་དབང་དུ་བྱས་པ་སྟེ། མི་ལྕོགས་པ་མེད་པ་དང། བསམ་གཏན་ཁྱད་པར་ཅན་དང། བསམ་གཏན་བཞི་དང། གཟུགས་མེད་པ་གསུམ་གྱི་ལམ་གྱི་བདེན་པ་ནི་ཕན་ཚུན་དུ་སྐལ་པ་མཉམ་པའི་རྒྱུ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། འདི་ནི་ས་དེ་དག་ཏུ་གློ་བུར ་དུ་འོངས་པ་ཡིན་ལ། ས་པ་དེའི་སྲེད་པས་བདག་གིར་མ་བྱས་པའི་ཕྱིར་ཁམས་དེར་གཏོགས་པ་མ་ཡིན་ཏེ། དེ་བས་ན་ས་གཞན་དུ་ཡང་རིགས་མཐུན་པའི་སྐལ་པ་མཉམ་པའི་རྒྱུར་རོ། །དེ་ཡང། མཉམ་དང་ཁྱད་པར་ཅན་གྱི་ཡིན། ཆུང་ངུའི་རྒྱུར་ནི ་མི་འགྱུར་ཏེ། དཔེར་ན་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་ནི་དེ་ཉིད་ཀྱི་མ་འོངས་པ་རྣམས་དང། མི་སྐྱེ་བ་ཤེས་པའི་བར་དུ་ཁྱད་པར་ཅན་གྱི་རྒྱུ་ཡང་ཡིན་ནོ། །མི་སྐྱེ་བ་ཤེས་པ་ནི་ཁྱད་པར་ཅན་གཞན་མེད་པའི་ཕྱིར་མི་སྐྱེ་བ་ཤེས་པ་དེ་དག་ཉིད་ཀྱིའོ། །མཐོང་བ་དང། ་སྒོམ་པ་དང། མི་སློབ་པའི་ལམ་ནི་གསུམ་དང། གཉིས་དང་གཅིག་རྣམས་ཏེ། དེ་དག་ཏུ་ཡང་དབང་པོ་རྟུལ་པོའི་ལམ་ནི་དབང་པོ་འདྲིང་དང་རྣོན་པོའི་རྒྱུ་ཡིན་ལ། དབང་པོ་རྣན་པའི་ལམ་ནི་དབང་པོ་རྣོན་པོ་ཉིད་ཀྱིའོ། །དེ་བཞིན་དུ་དད་པས་རྗེས་སུ་འབྲང་བ་དང། ་དང་པས་མོ་ས་པ་དང། དུས་ཀྱི་རྣམ་པར་གྲོལ་བའི་ལམ་རྣམས་ནི་དྲུག་དང་བཞི་དང་གཉིས་ཀྱིའོ། །ཆོས་ཀྱི་རྗེས་སུ་འབྲང་བ་དང། མཐོང་བས་ཐོབ་པ་དང། དུས་དང་མི་སྦྱོར་བས་གྲོལ་བའི་ལམ་རྣམས་ནི་གསུམ་དང་གཉིས་དང་གཅིག་གིའོ། །ཡང་ཅི་ལམ ་འབའ་ཞིག་མཉམ་པ་དང་ཁྱད་པར་ཅན་གྱི་སྐལ་པ་མཉམ་པའི་རྒྱུར་འགྱུར་རམ་ཞེས། སྨྲས་པ། མ་ཡིན་ཏེ། འཇིག་རྟེན་པ་ལ་ཡང། སྦྱོར་ལས་སྐྱེས་པ་ཡང་དེ་བཞིན་ཉིད། མཉམ་པ་དང་ཁྱད་པར་ཅན་གྱི་རྒྱུར་འགྱུར་གྱི་ཆུང་ངུའི་ནི་མ་ཡིན་ནོ། །འདི་ལྟ་བུའོ ་ཞེས་བྱ་བ་གང་ཞེ་ན། སྨྲས་པ། ཐོས་དང་བསམས་ལས་བྱུང་ལ་སོགས། ཐོས་པ་དང། བསམས་པ་དང། བསྒོམས་པ་ལས་བྱུང་བའི་སྦྱོར་བ་པའི་ཡོན་ཏན་དེ་དག་ཀྱང་མཉམ་པ་དང། ཁྱད་པར་ཅན་གྱི་རྒྱུ་ཉིད་དུ་འགྱུར་གྱི། ཆུང་ངུ་རྣམས་ཀྱི་ནི་མ་ཡིན ་ཏེ། དཔེར་ན་འདོད་པ་ན་སྤྱོད་པའི་ཐོས་པ་ལས་བྱུང་བ་རྣམས་ནི་ཐོས་པ་ལས་བྱུང་བ་དང། བསམས་པ་ལས་བྱུང་བ་རྣམས་ཀྱིའོ། །བསམས་པ་ལས་བྱུང་བ་རྣམས་ནི། བསམས་པ་ལས་བྱུང་བ་རྣམས་ཉིད་ཀྱིའོ། །བསྒོམས་པ་ལས་བྱུང་བ་ནི་མེད་པའི་ཕྱིར་རོ།། ་གཟུགས་ན་སྤྱོད་པའི་ཐོས་པ་ལས་བྱུང་བ་རྣམས་ནི་ཐོས་པ་ལས་བྱུང་བ་དང། བསྒོམས་པ་ལས་བྱུང་བ་རྣམས་ཀྱིའོ། །བསམས་པ་ལས་བྱུང་བ་ནི་མེད་པའི་ཕྱིར་རོ། །བསྒོམས་པ་ལས་བྱུང་བ་ནི་བསྒོམས་པ་ལས་བྱུང་བ་རྣམས་ཀྱིའོ། །དེ་དག་ཀྱང་རྣམ ་པ་དགུས་ཐ་དད་པའི་ཕྱིར་ཆུང་ངུའི་ཆུང་ངུ་ནི་ཐམས་ཅད་ཀྱིའོ། །ཆུང་ངུའི་འབྲིང་པོ་ནི་བརྒྱད་ཀྱིས་ཏེ། ལུགས་ནི་དེ་ལྟ་བུའོ། །སྐལ་པ་མཉམ་པའི་རྒྱུ་བཤད་ཟིན་ཏོ། །མཚུངས་ལྡན་རྒྱུ་ནི་སེམས་དག་དང། སེམས་ལས་བྱུང་བ། ་དེ་ལྟ་ན་ནི་དུས་དང། རྒྱུད་ཐ་དད་པར་སྐྱེས་པ་རྣམས་ཀྱང་ཕན་ཚུན་མཚུངས་པར་ལྡན་པའི་རྒྱུར་ཐལ་བར་འགྱུར་རོ་ཞེ་ན། དེ་ལྟ་མོད་ཀྱི་རྣམ་པ་དང། དམིགས་པ་གཅིག་པའོ། །དེ་ལྟ་ན་ཡང་ཟླ་བ་ཚེས་པ་ལ་སོགས་པ་ལ་ལྟ་བ་ནི། དེ་ཉིད ་དུ་ཐལ་བར་འགྱུར་རོ་ཞེ་ན། དེའི་ཕྱིར། འདི་ལྟར། རྟེན་ཉམས་རྣམས། སེམས་དང་སེམས་ལས་བྱུང་བ་གང་དག་རྟེན་མཚུངས་པ་དེ་དག་ནི་ཕན་ཚུན་མཚུངས་པར་ལྡན་པའི་རྒྱུའོ། །མཚུངས་པ་ཞེས་བྱ་བ་ནི་ཐ་མི་དད་པ་སྟེ། དཔེར་ན་མིག་གི་རྣམ ་པར་ཤེས་པའི་གནས་མིག་གི་དབང་པོའི་སྐད་ཅིག་མ་གང་ཡིན་པ་ཉིད་དེ་དང་མཚུངས་པར་ལྡན་པའི་ཚོར་བ་ལ་སོགས་པའི་ཡང་ཡིན་པ་ནས་དེ་བཞིན་དུ་ཡིད་ཀྱི་དབང་པོ་སྐད་ཅིག་མ་ཡང་ཡིད་ཀྱི་རྣམ་པར་ཤེས་པ་དང་དེ་དང་མཚུངས་པར་ལྡན ་པ་རྣམས་ཀྱི་ཡིན་པའི་བར་དུ་རིག་པར་བྱའོ། །ཀུན་ཏུ་འགྲོ་བའི་རྒྱུ་བརྗོད་པར་བྱ་སྟེ། ཀུན་འགྲོ་ཞེས་བྱ་ཉོན་མོངས་ཅན། །རང་གི་ས་པར་སྔར་ཀུན་འགྲོ། རང་གི་ས་པའི་ཀུན་དུ་འགྲོ་བ་སྔར་བྱུང་བ་རྣམས་ནི་ཉོན་མོངས་པའི་ཆོས་ཕྱི་མ་རྣམས་ཀྱི་ཀུན་ཏུ་འགྲོ ་བའི་རྒྱུ་སྟེ། དེ་ནི་ཕྱིས་ཕྲ་རྒྱས་ཀྱི་མཛོད་ཀྱི་གནས་ཉིད་ནས་བཤད་པར་བྱའོ། །འདི་ནི་ཉོན་མོངས་པ་ཅན་གྱི་ཆོས་ཀྱི་ཐུན་མོང་གི་རྒྱུ་ཡིན་པ། སྐལ་པ་མཉམ་པའི་རྒྱུ་ལས་ལོགས་ཤིག་ཏུ་རྣམ་པར་འཇོག་གོ་།རིས་གཞན་དག་གི་རྒྱུ་ཡང་ཡིན་པའི ་ཕྱིར་ཏེ་འདི་དག་གི་མཐུས་རིས་པ་གཞན་གྱིས་ཉོན་མོངས་པ་ཡང་སྐྱེ་བར་འགྱུར་རོ། །རྣམ་པར་སྨིན་པའི་རྒྱུ་གང་ཞེ་ན། རྣམ་སྨིན་རྒྱུ་ནི་མི་དགེ་དང། དགེ་བ་ཟག་བཅས་ཉིད་རྣམས་སོ། །མི་དགེ་བ་རྣམས་དང། དགེ་བ་ཟག་པ་དང་བཅས་པའི་ཆོས་རྣམས ་ནི་རྣམ་པར་སྨིན་པའི་འབྲས་བུ་སྐྱེད་པའི་ཕྱིར་རྣམ་པར་སྨིན་པའི་རྒྱུའོ། །ལུང་དུ་མ་བསྟན་པ་ནི་སྟོབས་ཆུང་བའི་ཕྱིར་རྣམ་པར་སྨིན་པའི་འབྲས་བུ་མི་བསྐྱེད་དེ་ས་བོན་རུལ་བ་བཞིན་ནོ། །ཟག་པ་མེད་པ་ཡང་སྲིད་པས་མ་བརླན་པའི་ཕྱིར་མི་བསྐྱེད་དེ་མ་བརླན ་པའི་ས་བོན་དྲུང་པོ་བཞིན་ནོ། །ལྡན་པ་མ་ཡིན་པ་ནི་ལྡན་པའི་འབྲས་བུ་ཅི་ཞིག་བསྐྱེད་པར་འགྱུར། དེ་ལས་གཞན་པ་དག་ནི་གཉི་ག་དང་ཆོས་མི་མཐུན་པའི་ཕྱིར་རྣམ་པར་སྨིན་པའི་རྒྱུ་ཡང་ཡིན་ནོ། །ཡང་རྒྱུ་འདི་རྣམས་ཀྱི་དུས་ངེས་པ་གང་ཡིན་ཞེ་ན། ཀུན་འགྲོ ་སྐལ་མཉམ་དུས་གཉིས་པ། དེ་དག་ནི་འདས་པ་དང་ད་ལྟར་བྱུང་བ་ཡིན་གྱི་མ་འོངས་པ་ནི་མེད་དོ། །གསུམ་པོ་དག་ནི་དུས་གསུམ་པ། ལྷན་ཅིག་འབྱུང་བ་དང། མཚུངས་བར་ལྡན་པ་དང་རྣམ་པར་སྨིན་པའི་རྒྱུ་དག་ནི། དུས་གསུམ་པའོ། །བྱེད་པའི་རྒྱུ་ནི་དུས་ངེས ་པར་མ་བསྟན་པས་དུས་ཐམས་ཅད་དུ་འགྲོ་བ་དང། དུས་དང་མི་ལྡན་པར་ཡང་རིག་པར་བྱའོ། །རྒྱུ་རྣམས་བཤད་ཟིན་ཏོ། །འབྲས་བུ་བརྗོད་པར་བྱ་སྟེ། འདུས་བྱས་འབྲལ་བཅས་འབྲས་བུའོ། །འདི་གང་ལས་ཤེ་ན། བསྟན་བཅོས་ལས་འབྲས་བུའི་ཆོས་རྣམས་གང་ཞེ་ན། ་འདུས་བྱས་ཀྱི་ཆོས་ཐམས་ཅད་དང། སོ་སོར་བརྟགས་པའི་འགོག་པའོ་ཞེས་འབྱུང་ངོ། །ད་ལྟར་ཡང་འབྲས་བུ་ཡིན་པའི་ཕྱིར་འབྲས་བུ་དེ་གང་གི་ཡིན་པ་འདུས་མ་བྱས་ལ་རྒྱུར་ཡང་འགྱུར་ལ་རྒྱུར་གྱུར་པའི་ཕྱིར་རྒྱུ་དེ་གང་གི་ཡིན་པ་འབྲས་བུར་ཡང་འགྱུར་རོ། །ཞེ་ན། འདུས ་བྱས་ཀྱི་ཆོས་འབའ་ཞིག་ལ་རྒྱུ་དང་འབྲས་བུ་དག་ཏུ་འགྱུར་གྱི། འདུས་མ་བྱས་ལ་དེ་དག་མིན། ཅིའི་ཕྱིར་ཞེ་ན། རྒྱུ་དྲུག་ཏུ་མི་སྲིད་པའི་ཕྱིར་བ་དང། འབྲས་བུ་སྔར་མི་སྲིད་པའི་ཕྱིར་རོ། །ཡང་འབྲས་བུ་འདི་རྣམས་ལས་རྒྱུ་གང་གི་འབྲས་བུ་གང་ཞིག་ཅེ་ན། རྣམ་སྨིན ་འབྲས་བུ་ཐ་མའི་ཡིན། རྣམ་པར་སྨིན་པའི་རྒྱུ་ནི་ཐ་མར་འདོན་པའི་ཕྱིར་ཐ་མ་སྟེ། རྣམ་པར་སྨིན་པའི་འབྲས་བུ་ནི་དེའི་འོ། །བདག་པོའི་འབྲས་བུ་དང་པོའི་ཡིན། རྒྱུ་མཐུན་སྐལ་མཉམ་ཀུན་འགྲོ་ཡིན། །འདི་གཉིས་དང་མཐུན་པའི་འབྲས་བུ་ཡིན་པའི་ཕྱིར་རྒྱུ་མཐུན ་པའི་འབྲས་བུའོ། །སྐྱེས་བུ་པ་ནི་གཉིས་ཀྱི་ཡིན། སྐྱེས་བུ་བྱེད་པའི་འབྲས་བུ་ནི་ལྷན་ཅིག་འབྱུང་བ་དང་མཚུངས་པར་ལྡན་པའི་རྒྱུའི་འོ། སྐྱེས་བུའི་ངོ་བོ་ཉིད་ལས་ཐ་མི་དད་པའི་ཕྱིར་སྐྱེས་བུའི་བྱེད་པ་ནི། སྐྱེས་བུ་ཉིད་ཡིན་ལ་དེའི ་འབྲས་བུ་ནི་སྐྱེས་བུའོ། །སྐྱེས་བུའི་བྱེད་པ་ཞེས་བྱ་བ་འདི་ཅི་ཞིག་ཅེ་ན། ཆོས་གང་གི་བྱེད་པ་གང་ཡིན་པ་སྐྱེས་བུའི་བྱེད་པ་ལྟ་བུའི་ནི་སྐྱེས་བུའི་བྱེད་པ་སྟེ། དཔེར་ན་སྨན་བྱ་རོག་རྐང་ཞེས་བྱ་བ་དང། མི་གླང་པོ་སྨྱོས་པ་ཞེས་བྱ་བ་བཞིན་ནོ། །ཡང་རྣམ ་པར་སྨིན་པའི་འབྲས་བུ་ནས་བདག་པོའི་འབྲས་བུ་ཞེས་པའི་བར་འདི་དག་ཅི་ཞིག་ཅེ་ན། །རྣམ་སྨིན་ལུང་དུ་མ་བསྟན་ཆོས། །རྣམ་པར་སྨིན་པ་ནི་མ་བསྒྲིབས་ལ། ལུང་དུ་མ་བསྟན་པའི་ཆོས་སོ། །སེམས་ཅན་མ་ཡིན་པར་སྟོན་པ་ཡང་ཡོད་པས། དེའི ་ཕྱིར་སྨྲས་པ། སེམས་ཅན་ཞེས་བྱ། རྒྱས་པ་ལས་བྱུང་བ་དང། རྒྱུ་མཐུན་པ་ལས་བྱུང་བ་ཡང་ཡོད་པས། དེའི་ཕྱིར་སྨྲས་པ་ལུང་བསྟན་བྱུང། དགེ་བ་དང་མི་དགེ་བའི་ལས་ནི་རྣམ་པར་སྨིན་པའི་ཕྱིར་ལུང་བསྟན་པས་ལུང་དུ་བསྟན་པའོ། །སེམས་གང ་ཞིག་དེ་ལས་དུས་ཕྱི་མ་ལ་འབྱུང་ཞིང་དེ་མ་ཐག་ཏུ་མ་ཡིན་པ་དེ་ནི་རྣམ་པར་སྨིན་པ་སྟེ། འདི་ནི་རྣམ་པར་སྨིན་པའི་མཚན་ཉིད་དོ། །རྒྱུ་མཐུན་རྒྱུ་དང་འདྲ་བའོ། །རྒྱུ་དང་འདྲ་བའི་ཚེས?་གང་ཡིན་པ་དེ་ནི་རྒྱུ་མཐུན་པའི་འབྲས་བུ་སྟེ། འདི་ལྟ་སྟེ། སྐལ་པ་མཉམ ་མ་དང་ཀུན་ཏུ་འགྲོ་བའི་རྒྱུའོ། །བྲལ་བ་བློ་ཡིས་ཟད་བྱས་པ། བློ་ནི་ཤེས་རབ་བོ། །ཟད་པ་ན་འགོག་པ་སྟེ། དེ་ན་སོ་སོར་བརྟགས་ཏེ་འགོག་པ་ནི་བྲལ་བའི་འབྲས་བུ་ཞེས་བྱའོ། །གང་གི་སྟོབས་ཀྱི་སྐྱེ་བ་གང། །འབྲས་དེ་སྐྱེས་བུ་བྱེད་ལས་སྐྱེས། །དཔེར་ན ་ས་འོག་མ་པའི་སྦྱོར་བའི་སེམས་ཀྱི་ནི་ས་གོང་མ་པའི་ཏིང་ངེ་འཛིན་ནོ། །ཟག་པ་དང་བཅས་པ་ནི་ཟག་པ་མེད་པའོ། །བསམ་གཏན་གྱི་སེམས་ཀྱིས་ན་སྤྲུལ་པའི་སེམས་སོ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པའོ། །སྔོན་བྱུང་མ་ཡིན་འདུས་བྱས་ཀྱི། །འདུས ་བྱས་བདག་པོའི་འབྲས་བུ་ཡིན། སྔར་བྱུང་བ་ལས་གཞན་པའི་འདུས་བྱས་ཀྱི་ཆོས་ནི་འདུས་བྱས་ཀྱི་ཆོས་ཐམས་ཅད་ཀྱི་བདག་པོའི་འབྲས་བུའོ། །ཡང་རྒྱུ་འདི་དག་ལས་རྒྱུ་གང་ཞིག་གང་གི་དུས་སུ་འབྲས་བུ་འཛིན་ཅིང་འབྱིན་ཅེ་ན། ལྔ་ནི་ད་ལྟའི་དུས་དག ་དུ། འབྲས་བུ་འཛིན་ཏེ། ཡོངས་སུ་བཟུང་ཟིན་པའི་ཕྱིར་འདས་པ་རྣམས་ཀྱང་མ་ངེས་ཀྱང་མ་ཡིན་ལ། སྐྱེས་བུ་བྱེད་པ་མེད་པའི་ཕྱིར་མ་འོངས་པ་ཡང་མ་ཡིན་ནོ། །བྱེད་པའི་རྒྱུ་ཡང་དེ་དང་འདྲ་མོད་ཀྱི་དེ་ནི་རྣམ་པར་སྨིན་པ་དང་བཅས་པར་མ་ངེས་པས་མི ་བརྗོད་དོ། །གཉིས་འབྱིན་ཏོ། །ལྷན་ཅིག་འབྱུང་བ་དང་མཚུངས་བར་ལྡན་པའི་རྒྱུ་ནི་ད་ལྟའི་དུས་སུ་འབྲས་བུ་འབྱིན་ཏེ། འདི་གཉིས་ནི་འབྲས་བུ་འཛིན་པ་དང། འབྱིན་པ་དུས་མཉམ་པ་ཉིད་དོ། །གཉིས་ནི་འདས་དང་ད་ལྟར་ལས། འབྲས་བུ་འབྱིན་ཏེ་སལ ་པ་མཉམ་པ་དང། ཀུན་ཏུ་འགྲོ་བའི་རྒྱུའོ། །གཅིག་ནི་འདས་ལས་འབྱིན་པར་འགྱུར། རྣམ་པར་སྨིན་པའི་རྒྱུ་ནི་འདས་པ་ཉིད་ལས་འབྲས་བུ་འབྱིན་ཏེ། འདི་ལྟར་ལྷན་ཅིག་པ་འམ་དེ་མ་ཐག་ཏུ་རྣམ་པར་སྨིན་པ་ནི་མེད་དོ། །རྒྱུ་རྣམས་དང་འབྲས་བུ་བཤིང ་ཟིན་ཏོ། །ད་ནི་ཆོས་གང་ཞིག་རྒྱུད་དུ་ཞིག་གིས་བསྐྱེད་པ་འདི་བརྗོད་དགོས་སོ་ཞེ་ན། སྨྲས་པ། མདོར་བསྡུ་ན། ཆོས་ནི་རྣམ་པ་འདི་བཞི་སྟེ། ཉོན་མོངས་པ་ཅན་དང། རྣམ་པར་སྨིན་པ་ལས་སྐྱེས་པ་དང། ཟག་པ་མེད་པའི་དང་པོ་དང་དེ་དག་གི་ལྷག་མ་རྣམས ་སོ། །ལྷག་མ་ཡང་གང་དག་གཅིག་ཅེ་ན། རྣམ་པར་སྨིན་པ་ལ་མ་གཏོགས་པ་ལུང་དུ་མ་བསྟན་པ་རྣམས་དང། ཟག་པ་མེད་པའི་དང་པོ་མ་གཏོགས་པ་དགེ་བ་རྣམས་སོ། །ཆོས་རྣམ་པ་བཞི་པོ་དེ་དག་ནི། ཉོན་མོངས་ཅན་དང་རྣམ་སྨིན་སྐྱེས། །ལྷག་དད་དང ་པོ་འཕགས་རིམ་བཞིན། །རྣམ་སྨིན་ཀུན་འགྲོ་དེ་གཉིས་དང། །སྐལ་མཉམ་མ་གཏོགས་ལྷག་ལས་སྐྱེ། །ཉོན་མོངས་པ་ཅན་གྱི་ཆོས་ནི་རྣམ་པར་སྨིན་པའི་རྒྱུ་མ་གཏོགས་པ་རྒྱུ་ལྷག་མ་རྣམས་ལས་སྐྱེའོ། །རྣམ་པར་སྨིན་པ་ལས་སྐྱེས་པ་ནི་ཀུན་དུ་འགྲོ་བའི ་རྒྱུ་མ་གཏོགས་པ་ལྷག་མ་ལྔ་ཉིད་ལས་སོ། །ཆོས་ལྷག་མ་རྣམས་ནི་རྣམ་པར་སྨིན་པ་དང། ཀུན་ཏུ་འགྲོ་བའི་རྒྱུ་དེ་གཉིས་མ་གཏོགས་པ་ལྷག་མ་བཞི་ལས་སྐྱེའོ། །ཟག་པ་མེད་པའི་དང་པོ་ནི་རྣམ་པར་སྨིན་པ་དང། ཀུན་ཏུ་འགྲོ་བའི ་རྒྱུ་དེ་གཉིས་དང། སྐལ་པ་མཉམ་པའི་རྒྱུ་མ་གཏོགས་པ་ལྷག་མ་གསུམ་ལས་སྐྱེའོ། །ཆོས་རྣམ་པ་བཞིར་བསྟན་པ་འདི་དག་གང་ཞེ་ན། སྨྲས་པ། སེམས་དང་སེམས་ལས་བྱུང་བ་ཡིན། འོ་ན་གང་དག་སེམས་དང་མི་ལྡན་པ་དང། གཟུགས་ཅན ་གྱི་ཆོས་དེ་དག་ཇི་ལྟ་བུ་ཞིག་ཅེ་ན། མཚུངས་ལྡན་མ་གཏོགས་གཞན་དེ་བཞིན་མཚུངས་པར་ལྡན་པའི་རྒྱུ་གཅིག་བུ་མ་གཏོགས་པར་ཉོན་མོངས་པ་ཅན་ལ་སོགས་པ་ཆོས་གཞན་དག་ནི་སེམས་དང་སེམས་ལས་བྱུང་བ་རྣམས་ཇི་ལྟ་བ་དེ་བཞིན་དུ ་སྐྱེ་སྟེ། དེ་ལ་ཉོན་མོངས་པ་ཅན་དང་རྣམ་པར་སྨིན་པ་ལས་སྐྱེ་བ་ནི་བཞི་ལས་སོ། །ལྷག་མ་རྣམས་ནི་གསུམ་ལས་སོ། །ཟག་པ་མེད་པའི་དང་པོ་ནི་གཉིས་ལས་ཏེ། རྒྱུ་གཅིག་ལས་བྱུང་བའི་ཆོས་ནི་མེད་དོ། །རྒྱུའི་དབང་དུ་བྱས་པ་རྫོགས་སོ།། །། ་རྐྱེན་རྣམས་གང་ཞེ་ན། རྐྱེན་ནི་བཞི་པོ་དག་ཏུ་གསུངས། གང་ནས་གསུངས་ཤེ་ན། མདོ་ལས་རྐྱེན་ནི་བཞི་ཉིད་དེ། རྒྱུའི་རྐྱེན་ཉིད་དང། དེ་མ་ཐག་པའི་རྐྱེན་ཉིད་དང། དམིགས་པའི་རྐྱེན་ཉིད་དང། བདག་པོའི་རྐྱེན་ཉིད་དོ་ཞེས་གསུངས་སོ། །རྐྱེན་དུ་འདྲ ་བས་ནི་རྐྱེན་ཉིད་ཅེས་བྱའོ། །དེ་ལ། རྒྱུ་ཞེས་བྱ་བ་རྒྱུ་ལྔ་ཡིན། བྱེད་བའི་རྒྱུ་མ་གཏོགས་པ་རྒྱུ་ལྔ་ནི་རྒྱུའི་རྐྱེན་ཏོ། །སེམས་དང་སེམས་ལས་བྱུང་བ་རྣམས་ལས། ཐ་མ་མ་གཏོགས་དེ་མ་ཐག་དགྲ་བཅོམ་པའི་སེམས་དང་སེམས་ལས་བྱུང་བ་ཐ་མ་མ ་གཏོགས་པ་ནི་དེ་མ་ཐག་པའི་རྐྱེན་ཏོ། །དམིགས་པ་ཆོས་རྣམས་ཐམས་ཅད་དོ། །རིམ་བཞིན་དུ་མིག་གི་རྣམ་པར་ཤེས་པ་མཚུངས་པར་ལྡན་པ་དང། བཅས་པའི་ནི་གཟུགས་སོ། །རྣ་བའི་རྣམ་པར་ཤེས་པའི་ནི་སྒྲའོ། །སྣའི་རྣམ་པར་ཤེས་པའི་ནི ་དྲིའོ། །ལྕེའི་རྣམ་པར་ཤེས་པའི་ནི་རོའོ། །ལུས་ཀྱི་རྣམ་པར་ཤེས་པའི་ནི་རེག་བྱའོ། །ཡིད་ཀྱི་རྣམ་པར་ཤེས་པའི་ནི་ཆོས་ཐམས་ཅད་དེ། སེམས་དང་སེམས་ལས་བྱུང་བའི་ཡུལ་དུ་མ་གཏོགས་པ་གཞན་ནི་མེད་དོ། །དམིགས་པའི་རྐྱེན་བཤད་ཟིན་ཏོ། །བྱེད ་པ་ཞེས་བྱ་བདག་པོར་བཤད། བྱེད་པའི་རྒྱུ་གང་ཡིན་པ་དེ་ཉིད་བདག་པོའི་རྐྱེན་ནོ། །འདི་ནི་ལྷག་མའི་རྐྱེན་ཡིན་པས་བདག་པོའི་རྐྱེན་ཏོ། །དམིགས་པའི་རྐྱེན་ཡང་ཆོས་ཐམས་ཅད་ཡིན་པར་ནི་འདོད་མོད་ཀྱི་ལན་ཅིག་འབྱུང་བའི་ཆོས་ནི་ནམ་ཡང་དམིགས་པར ་མི་འགྱུར་ལ། བདག་པོའི་རྐྱེན་དུ་ནི་འགྱུར་བས་ལྷག་པ་ཉིད་དུ་ཡོད་པ་འམ། ལྷག་པའི་རྐྱེན་ཡིན་པ་སྟེ། རང་གི་ངོ་བོ་མ་གཏོགས་པ་ཐམས་ཅད་ནི་འདུས་བྱས་ཐམས་ཅད་ཀྱིའོ། །ཡང་རྐྱེན་འདི་དག་བྱ་བ་བྱེད་པ་ན་གནས་སྐབས་གང་དག་གི་ཆོས་ལ་བྱེད་ཅེ་ན། ་རེ་ཞིག་རྒྱུའི་རྐྱེན་རྣམ་པ་ལྔ་བཤད་པ་དེ་ལས། འགག་པའི་ཚེ་ལ་བྱེད་པ་ནི། རྒྱུ་གཉིས་ཀྱིས་བྱེད། འགག་པའི་ཚེ་ཞེས་བྱ་བ་ནི་འགག་པ་ལ་མངོན་དུ་ཕྱོགས་པའི་ཕྱིར་ད་ལྟར་ཏེ། དེར་ནི་ལྷན་ཅིག་འབྱུང་བ་དང། མཚུངས་པར་ལྡན་པའི་རྒྱུའི་བྱ་བ་བྱེད་དེ་དེ ་གཉིས་ཀྱི་བྱ་བ་ནི་ལྷན་ཅིག་བྱུང་བའི་འབྲས་བུ་ལ་བྱེད་དོ། །སྐྱེ་ཚེ་ལ། གསུམ་ཏེ། སྐྱེ་ཚེ་ཞེས་བྱ་བ་ནི་སྐྱེ་བ་མངོན་དུ་ཕྱོགས་པའི་ཕྱིར་མ་འོངས་པ་སྟེ། དེར་ནི་སྐལ་པ་མཉམ་པ་དང། ཀུན་དུ་འགྲོ་བ་དང། རྣམ་པར་སྨིན་པའི་རྒྱུ་རྣམས་བྱ་བ་བྱེད། རེ་རེ་ཞིག་རྒྱུའི ་རྐྱེན་ནི་དེ་ལྟའོ། །དེ་ལས་གཞན་པ་ཡིན་རྐྱེན་གཉིས་དེ་ལས་བཟློག་པའོ། །བྱེད་པའི་རྒྱུ་གང་གིས་རྒྱུའི་རྐྱེན་རྣམ་པ་གཉིས་སུ་བཤད་པ་དེ་ལས་བཟློག་པ་ནི་དེ་མ་ཐག་པའི་རྐྱེན་དང། དམིགས་པའི་རྐྱེན་དུ་རིག་པར་བྱ་སྟེ། དེ་མ་ཐག་པའི་རྐྱེན་ནི་གོ་སྐབས ་བྱེད་པའི་ཕྱིར་སྐྱེ་བའི་ཚེ་བྱ་བ་བྱེད་ལ། དམིགས་པའི་རྐྱེན་ནི་ད་ལྟར་གྱི་སེམས་དང་སེམས་ལས་བྱུང་བ་གཉིས་ཀྱི་འཛིན་པའི་ཕྱིར་འགག་པའི་ཚེའོ། །བདག་པོའི་རྐྱེན་ནི་གནས་སྐབས་ཐམས་ཅད་དུ་མ་སྒྲིབ་པའི་ངོ་བོར་གནས་པ་འདི་ནི་དེ་ཉིད་བྱེད་དོ། །རྐྱེན་རྣམས ་བྱེད་བ་དང་བཅས་པ་བཤད་ཟིན་ཏོ། །ཡང་ཆོས་གང་ཞིག་རྐྱེན་དུ་ཞིག་གིས་བསྐྱེད་ཅེ་ན། གཞི་ཡིས་སེམས་དང་སེམས་ལས་བྱུང་རྣམས། དེ་ལ་འདི་དག་གི་རྒྱུའི་རྐྱེན་ནི་རྒྱུ་ལྔ་བོ་ཐམས་ཅད་དོ། །དེ་མ་ཐག་པའི་རྐྱེན་ནི་སེམས་དང ་སེམས་ལས་བྱུང་བ་སྔ་མ་གཞན་གྱིས་བར་མ་མཆོད་པ་རྣམས་སོ། །དམིགས་པའི་རྐྱེན་ནི་ཅི་རིགས་པར་ཡུལ་ལྔ་དང། ཆོས་ཐམས་ཅད་དོ། །བདག་པོའི་རྐྱེན་ནི་རང་གི་ངོ་བོ་མ་གཏོགས་པ་ཆོས་ཐམས་ཅད་དོ། །གསུམ་གྱིས་སྙོམས་པར་འཇུག ་བ་གཉིས། །འགོག་པའི་སྙོམས་པར་འཇུག་པ་དང། འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་དེ་གཉིས་ནི་དམིགས་པར་བྱེད་པ་མེད་པས་དམིགས་པའི་རྐྱེན་མེད་དོ། །དེ་གཉིས་ཀྱི་རྒྱུའི་རྐྱེན་ནི་རྒྱུ་རྣམ་པ་གཉིས་ཏེ། ལྷན་ཅིག་འབྱུང་པའི་རྒྱུ་ནི་སྐྱེ ་བ་ལ་སོགས་པའོ། །སྐལ་པ་མཉམ་པའི་རྒྱུ་ནི་ས་མཚུངས་པའི་དགེ་བའི་ཆོས་སྔར་འབྱུང་བ་རྣམས་སོ། །དེ་མ་ཐག་པའི་རྐྱེན་ནི་སྙོམས་པར་འཇུག་པའི་སེམས་མཚུངས་པར་ལྡན་པ་དང་བཅས་པའོ། །བདག་པོའི་རྐྱེན་འདི་སྔ་མ་བཞིན་ནོ། །སྙོམས ་པར་འཇུག་པ་དེ་དག་གི་སེམས་ཀྱི་མངོན་པར་འདུ་བྱེད་པ་ལས་སྐྱེ་བའི་ཕྱིར་སེམས་ཀྱི་དེ་མ་ཐག་པ་ནི་ཡིན་གྱི་སེམས་སྐྱེ་བ་ལ་གེགས་བྱེད་པའི་ཕྱིར་དེ་མ་ཐག་པའི་རྐྱེན་ནི་མ་ཡིན་ནོ། །གཞན་ནི་གཉིས་པོ་དག་ལ་སྐྱེས་གཞན་མི་ལྡན་པ་དང། ། ་གཟུགས་ཅན་གྱི་ཆོས་རྣམས་ནི་རྒྱུ་དང་བདག་པོའི་རྐྱེན་ལས་སྐྱེའོ། །ཇི་སྐད་དུ་དངོས་པོ་རྣམས་ནི་རྒྱུ་དང་རྐྱེན་ལས་སྐྱེ་བའི་འགྲོ་བ་ཐམས་ཅད་ལ་དབང་ཕྱུག་དང་སྐྱེས་བུ་དང་གཙོ་བོ་ལ་སོགས་པ་རྒྱུ་གཅིག་བུ་ནི་མེད་དེ་ཞེས་བཤད་པ་འདི་ལ་གཏན་ཚིགས ་ཅི་ཡོད་ཅེ་ན། དབང་ཕྱུག་སོགས་མིན་རིམ་སོགས་ཀྱིས། །གལ་ཏེ་དབང་ཕྱུག་གམ་གཞན་ཡང་རུང་བ་རྒྱུ་གཅིག་བུ་ཞིག་ཡོད་ན་ནི་འགྲོ་བ་ཐམས་ཅད་ཅིག་ཅར་དུ་སྐྱེ་བར་འགྱུར་བ་ཞིག་ན་དངོས་པོ་རྣམས་རིམ་གྱིས་འབྱུང་བ་ཡང་མཐོང་སྟེ། དེ་བས ་ན་འཇིག་རྟེན་གྱི་རྒྱུ་དབང་ཕྱུག་ལ་སོགས་པ་ཡོད་པ་མ་ཡིན་ནོ། །སོགས་པ་སྨོས་པ་ནི་མི་དམིགས་པ་དང། རྒྱུ་མེད་པ་མི་སྣང་བ་དང། རིགས་སྣ་ཚོགས་དུ་མའི་ཕྱིར་ཞེས་བྱ་བ་ལ་སོགས་པ་བསྟན་པའི་ཕྱིར་རོ། །གཞན་ནི་གཉིས་པོ་དག་ལས་སྐྱེས། གང ་དེ་སྐད་དུ་བཤད་དེ་ཐལ་བ་དེ་ཇི་ལྟར་ན་འབྱུང་བ་རྣམ་འབྱུང་བ་རྣམས་ཀྱི་རྒྱུའི་རྐྱེན་ཡིན་ཞེ་ན། དེའི་རྒྱུ་འབྱུང་བ་རྣམ་གཉིས་སོ། །འབྱུང་བའི་རྒྱུ་ཞེས་བྱ་བའི་དོན་ཏེ། སྐལ་པ་མཉམ་པ་དང་ལྷན་ཅིག་འབྱུང་བ་གཉིས་ལས་སོ། །འབྱུང་ལས་གྱུར་པ་རྣམ་པ་ལྔ། ། ་འབྱུང་བ་ལས་གྱུར་པ་ལ་ནི་འབྱུང་བ་རྣམས་རྣམ་པ་ལྔས་རྒྱུ་བྱེད་དེ་ཇི་ལྟ་ཞེ་ན། སྐྱེད་པ་དང། རྟེན་པ་དང། གནས་པ་དང། རྟོན?་པ་དང། འཕེལ་བར་བྱེད་པའི་ཕྱིར་ཏེ། དེ་དག་ཀྱང་བྱེད་པའི་རྒྱུ་ཉིད་དོ། །ཡང་ན་རྣམ་པ་ལྔ་ཐ་དད་བ་ནི་སྐྱེད་པའི་རྒྱུ་ནི་དེ་དག་ལས ་སྐྱེ་བའི་ཕྱིར་རོ། །རྟེན་བའི་རྒྱུ་ནི་སྐྱེས་ནས་འབྱུང་བའི་རྗེས་སུ་མཐུན་པའི་ཕྱིར་ཏེ། སློབ་དཔོན་ལ་སོགས་པ་ལ་བརྟེན་པ་བཞིན་ནོ། །གནས་པའི་རྒྱུ་ནི་རྟེན་དུ་གྱུར་ཏེ། རི་མོའི་རྩིག་པ་བཞིན་ནོ། །རྟོན་པའི་རྒྱུ་ནི་རྒྱུན་མི་འཆད་པའི་རྒྱུ་ཡིན་པའི་ཕྱིར་རོ། །འཕེལ་བར ་བྱེད་པའི་རྒྱུ་ནི་འཕེལ་བའི་རྒྱུ་མཚན་ཡིན་པའི་ཕྱིར་ཏེ། དེ་ལྟར་ན་དེ་དག་ནི་སྐྱེ་བ་དང། འགྱུར་བ་དང། བརྟེན་པ་དང། གནས་པ་དང། འཕེལ་བའི་རྒྱུ་ཉིད་དུ་བསྟན་པར་འགྱུར་རོ། །འབྱུང་འགྱུར་རྣམ་གསུམ་ཕན་ཚུན་དུ། །རྒྱུ་ཡིན་ཏེ་ལྷན་ཅིག་འབྱུང་བ་དང། སྐལ ་པ་མཉམ་པ་དང། རྣམ་པར་སྨིན་པའི་རྒྱུས་སོ། །བྱེད་པའི་རྒྱུ་ནི་བྱེ་བྲག་མེད་བར་གནས་པས་ཐམས་ཅད་མི་གྲང་ངོ?། །དེ་ལ་ལྷན་ཅིག་འབྱུང་བའི་རྒྱུ་ནི་ལུས་དང། དག་གི་ལས་སེམས་ཀྱི་རྗེས་སུ་ཡོངས་སུ་འཇུག་པ་རྣམས་ཕན་ཚུན་དུ་སྟེ། ་རྒྱུར་བྱས་པའི་གཟུགས་གཞན་ནི་མ་ཡིན་ནོ། །སྐལ་པ་མཉམ་པའི་རྒྱུ་ནི་སྔར་བྱུང་བ་ཐམས་ཅད་སྐལ་པ་མཉམ་པའི་འོ། །རྣམ་པར་སྨིན་པའི་རྒྱུ་ནི་ལུས་དང་ངག་གི་ལས་གང་གི་རྣམ་པར་སྨིན་པ་མིག་ལ་སོགས་པའོ། །འབྱུང་བ་རྣམས་ལ་དེ ་རྣམས་གཅིག་།འབྱུང་བ་རྣམས་ལ་ནི་འབྱུང་བ་ལས་གྱུར་བའི་གཟུགས་རྣམ་པར་སྨིན་པའི་རྒྱུ་འབའ་ཞིག་བྱེད་དེ། ལུས་དང་ངག་གི་ལས་གང་གི་རྣམ་པར་སྨིན་པ་འབྱུང་བ་རྣམས་སོ། །སེམས་དང་སེམས་ལས་བྱུང་བ་རྣམས་བྱེ ་བྲག་མེད་པར་དེ་མ་ཐག་པའི་རྐྱེན་དུ་བཤད་ཀྱི། སེམས་གང་གི་འཇུག་པ་ཐོགས་སུ་སེམས་གང་འབྱུང་མ་ངེས་པར་ནི་མ་བཤད་པས། དེ་ནི་དེ་བརྗོད་པར་བྱ་སྟེ། དེ་ལ་རེ་ཞིག་མདོར་བསྡུ་ན། སེམས་ནི་བཅུ་གཉིས་སོ། །ཇི་ལྟ་ཞེ་ན། སྨྲས་པ། འདོད་ཡིད ་དགེ་དང་མི་དགེ་དང། །བསྒྲིབ་པ་དང་ནི་མ་བསྒྲིབས་པ། །འདོད་པའི་ཁམས་དག་ན་ནི་སེམས་བཞི་སྟེ། དགེ་བ་དང། མི་དགེ་བ་དང། བསྒྲིབས་ལ་ལུང་དུ་མ་བསྟན་པ་དང། མ་བསྒྲིབས་ལ་ལུང་དུ་མ་བསྟན་པའོ། །གཟུགས་དང་གཟུགས་མེད་པ་དག་ན། ་མི་དགེ་བའི་ལས་གཞན། གཟུགས་ཀྱི་ཁམས་དག་ན་མི་དགེ་བ་ནི་མེད་ཀྱི་གསུམ་ཡོད་དོ། །གཟུགས་མེད་པའི་ཁམས་དག་ན་ཡང་དེ་བཞིན་ཏེ། བཅུ་པོ་འདི་དག་ནི་ཟག་པ་དང་བཅས་པའི་སེམས་སོ། །ཟག་མེད་གཉིས། ཞེས་བྱ་བ་ནི་སློབ་པ་དང། མི ་སློབ་པ་སྟེ། དེ་ལྟར་ན་དེ་དག་ནི་སེམས་བཅུ་གཉིས་སུ་འགྱུར་རོ། །དེ་ལ་འདོད་སེམས་དགེ་བ་ལས་སེམས་དགུ་།དེ་མ་ཐག་ཏུ་འོ་ཞེས་ཕྱིས་འཆད་དོ། །འདོད་པའི་ཁམས་དག་གི་དགེ་བའི་སེམས་གང་ཡིན་པ་དེའི་མཇུག་ཐོགས་སུ་སེམས་དགུ་འབྱུང་སྟེ། ་རང་གི་ས་བ་བཞི་དང། སློབ་པ་དང། མི་སློབ་པ་དང། གཟུགས་ན་སྤྱོད་པ་གཉིས་ཏེ། སྙོམས་པར་འཇུག་པའི་ཚེ་དགེ་བ་དང་ཉིང་མཚམས་སྦྱོར་བའི་ཚེ་བསྒྲིབས་པའོ། །གཟུགས་མེད་པ་ན་སྤྱོད་པའི་ཉིང་མཚམས་སྦྱོར་བའི་ཚེ་བསྒྲིབས་པ་ཉིད་དོ། །ཤིན ་ཏུ་རིང་བའི་ཕྱིར་དགེ་བ་ནི་མ་ཡིན་ཏེ། འདོད་པའི་ཁམས་བས་ནི་གཟུགས་མེད་པའི་ཁམས་གནས་དང། རྣམ་པ་དང། དམིགས་པ་དང་གཉེན་པོའི་རིང་བ་ཉིད་ཀྱིས་རིང་ངོ། །དེ་ནི་བརྒྱད་པོ་ཉིད་ལས་སོ། །འདོད་པ་ན་སྤྱོད་པ་དགེ་བའི་སེམས་དེ་ནི་རང་གི་ས ་པ་བཞི་དང། གཟུགས་མེད་པ་ནི་སྤྱོད་པ་གཉིས་ལས་ཏེ། ལྡང་བའི་ཚེ་དགེ་བ་དང། ཉོན་མོངས་པ་ཅན་གྱི་ཏིང་ངེ་འཛིན་གྱིས་གཟིགས་པས་འོག་མའི་དགེ་བ་ལ་བརྟེན་པའི་ཕྱིར་བསྒྲིབས་པ་དང། ལྡང་བའི་ཚེ་སློབ་པ་དང། མི་སློབ་པ་ལས་ཏེ། སེམས ་བརྒྱད་ཀྱི་འཇུག་ཐོགས་སུ་འབྱུང་ངོ། །མི་དགེ་བ་ནི་བཅུ་པོ་དག་ལས། སློབ་པ་དང་མི་སློབ་པ་མ་གཏོགས་ཏེ། འདོད་པའི་ཁམས་དག་ཏུ་ཉིང་མཚམས་སྦྱོར་བ་ན་གཟུགས་དང་གཟུགས་མེད་པའི་སེམས་ཐམས་ཅད་ཀྱི་མཇུག་ཐོགས་སུ་མི་དགེ་བ་འབྱུང ་ངོ། །དེ་ལས་བཞི་སྟེ། མི་དགེ་བའི་སེམས་ཀྱི་མཇུག་ཐོགས་སུ་ནི་རང་གིས་པའི་སེམས་བཞི་པོ་འབའ་ཞིག་འབྱུང་ངོ། །སྒྲིབས་དེ་བཞིན་འདོད་པའི་ཁམས་དག་ནི་མི་དགེ་བ་ཇི་སྐད་དུ་བཤད་པ་དེ་བཞིན་ཏེ་བཅུའི་མཇུག་ཐོགས་སུ་འབྱུང་ལ་དེ་ལས ་ནི་བཞི་ཉིད་དོ། །མ་བསྒྲིབས་རྣམ་པ་ལྔ་ལས་སོ། །འདོད་པའི་ཞེས་བྱ་བར་སྦྱར་ཏེ། མ་བསྒྲིབས་ལ་ལུང་དུ་མ་བསྟན་པའི་སེམས་ནི་རང་གི་ས་པ་བཞི་དང། གཟུགས་ན་སྤྱོད་པའི་དགེ་བ་ལས་སྤྲུལ་པའི་སེམས་ཏེ་ལྔའི་མཇུག་ཐོགས་སུ་འབྱུང་ངོ། །དེ་ལས ་དེ་མ་ཐག་པའི་སེམས་བདུན། འདོད་པ་ན་སྤྱོད་པའི་མ་བསྒྲིབས་པ་ལུང་དུ་མ་བསྟན་པ་ལས་ནི་རང་གི་ས་པ་བཞི་དང། གཟུགས་ན་སྤྱོད་པའི་གཉིས་ཏེ། ཉིང་མཚམས་སྦྱོར་བའི་ཚེ་ཉོན་མོངས་པ་ཅན་དང། སྤྲུལ་པའི་སེམས་ཀྱི་མཇུག་ཐོགས་སུ་དགེ་བ་དང ་ཉིང་མཚམས་སྦྱོར་བའི་ཚེ་གཟུགས་མེད་པ་ཉོན་མོངས་པ་ཅན་ཉིད་དོ། །གཟུགས་ན་དགེ་ལས་བཅུ་གཅིག་གོ་།གཟུགས་ཀྱི་ཁམས་ཀྱི་དགེ་བ་གང་ཡིན་པ་དེའི་མཇུག་ཐོགས་སུ་ནི་གཟུགས་མེད་པ་ན་སྤྱོད་པའི་མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་མ་གཏོགས ་པ་སེམས་བཅུ་གཅིག་གོ་།དགུའི་དེ་མ་ཐག་ལས་ཏེ། གཟུགས་ན་སྤྱོད་པའི་དགེ་བའི་སེམས་ནི་འདོད་པ་ན་སྤྱོད་པའི་ཉོན་མོངས་པ་ཅན་གཉིས་དང། གཟུགས་མེད་པ་ན་སྤྱོད་པའི་མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་གཏོགས་པ་དགུའི་མཇུག་ཐོགས་སུ་བྱུང ་ངོ། །བསྒྲིབས་པ་བརྒྱད་ལས། གཟུགས་ན་སྤྱོད་པའི་བསྒྲིབས་ལ་ལུང་དུ་མ་བསྟན་པའི་སེམས་ནི་འདོད་པ་ན་སྤྱོད་པ་ཉོན་མོངས་པ་ཅན་གཉིས་དང་སློབ་པ་དང། མི་སློབ་པ་མ་གཏོགས་པ་བརྒྱད་ཀྱི་མཇུག་ཐོགས་སུ་འབྱུང་ངོ།། ་དེ་ལས་དྲུག་གཟུགས་ན་སྤྱོད་པའི་བསྒྲིབས་ལ་ལུང་དུ་མ་བསྟན་པའི་མཇུག་ཐོགས་སུ་ནི་རང་གི་ས་པ་རྣམས་དང། འདོད་པའི་ཁམས་པ་གསུམ་སྟེ། མ་བསྒྲིབས་ལུང་དུ་མ་བསྟན་པ་མ་གཏོགས་པ་དྲུག་འབྱུང་ངོ། །མ་བསྒྲིབས་པ་ནི་གསུམ ་ལས་སོ། །གཟུགས་ན་སྤྱོད་པའི་མ་བསྒྲིབས་ལ་ལུང་དུ་མ་བསྟན་པའི་རང་གི་ས་པ་གསུམ་ལས་སོ། །དེ་ལས་དྲུག་སྟེ། རང་གི་ས་པ་གསུམ་དང། འདོད་པ་ན་སྤྱོད་པའི་དང། གཟུགས་མེད་པ་ན་སྤྱོད་པའི་ཉོན་མོངས་པ་ཅན་ནོ། །གཟུགས་ཀྱི ་ཁམས་དག་གིས་མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་ཇི་ལྟར་བཤད་པ་ལྟར། གཟུགས་མེད་པ་ཡང། ཚུལ་དེ་བཞིན་ཏེ། དེའི་མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་ཡང་རང་གི་ས་པ་གསུམ་པོ་འབའ་ཤིག་ལ་འབྱུང་ལ། དེ་ལས་ནི་རང་གི་ས ་པ་གསུམ་དང། ས་འོག་མ་བའི་ཉོན་མོངས་པ་ཅན་རྣམས་དང་དྲུག་འབྱུང་ངོ། །དགེ་བ་ལས། སེམས་དགུ་དག་སྟེ། གཟུགས་མེད་པ་ན་སྤྱོད་པའི་དགེ་བའི་སེམས་ཀྱི་མཇུག་ཐོགས་སུ་ནི་འདོད་པ་ན་སྤྱོད་པའི་དགེ་བ་དང་འདོད་པ་དང་གཟུགས ་ན་སྤྱོད་པའི་མ་བསྒྲིབས་ལ་ལུང་བུ་མ་བསྟན་པ་མ་གཏོགས་པའི་སེམས་དགུ་འབྱུང་ངོ། །དྲུག་ལས་ཏེ། གཟུགས་མེད་པ་ན་སྤྱོད་པའི་དགེ་བ་ནི་རང་གི་གསུམ་དང། གཟུགས་ན་སྤྱོད་པའི་དགེ་བ་དང། སློབ་པ་དང། མི་སློབ་པ་ལས་སོ། ། ་བསྒྲིབས་པ་ལས་བདུན། གཟུགས་མེད་པ་ན་སྤྱོད་པའི་བསྒྲིབས་པ་ལས་ནི་རང་གི་ས་པ་གསུམ་དང་གཟུགས་ན་སྤྱོད་པའི་དགེ་བ་དང། བསྒྲིབས་པ་དང་འདོད་པ་ན་སྤྱོད་པའི་ཉོན་མོངས་པ་ཅན་གཉིས་སོ། །དེ་དེ་བཞིན། དེ་ཡང་འདོད་པ་དང་གཟུགས ་ན་སྤྱོད་པའི་ཉོན་མོངས་པ་ཅན་རྣམས་དང། སློབ་པ་དང། མི་སློབ་བ་མ་གཏོགས་པ་བདུན་ལས་འབྱུང་བ་ཉིད་དོ། །སློབ་པ་བཞིན་ལས། ཁམས་གསུམ་པའི་དགེ་བ་དང་སློབ་པ་ལས་སོ། །དེ་ལས་ལྔ། བཞི་པོ་དེ་དག་ཉིད་དང་མི་སློབ་པའོ། །མི་སློབ་པ་ནི ་ལྔ་ལས་སོ། །འདས་མ་ཐག་པའི་ལྔ་པོ་ཉིད་ལས་སོ། །དེ་ལས་སེམས་ནི་བཞི་རྣམས་ཏེ། མི་སློབ་པའི་སེམས་དེའི་མཇུག་ཐོགས་སུ་ནི་ཁམས་གསུམ་པའི་དགེ་བ་དང། མི་སློབ་པ་དང་སེམས་བཞི་འབྱུང་ངོ། །སེམས་བཅུ་གཉིས་རྫོགས་སོ།། །། ་ཡང་བཅུ་གཉིས་དེ་དག་ཉི་ཤུར་ཡང་དབྱེ་སྟེ། ཇི་ལྟར་ཞེ་ན། གསུམ་དུ་སྐྱེས་ནས་ཐོབ་པ་དང། སྦྱོར་བྱུང་དགེ་རྣམས་གཉིས་སུ་དབྱེ། ཁམས་གསུམ་པོ་དག་ཏུ་སྐྱེས་ནས་འཐོབ་པ་དང། སྦྱོར་བ་ལས་བྱུང་བ་སྟེ་དགེ་བའི་སེམས་རྣམ་པ་གཉིས ་སུ་དབྱེའོ། །རྣམ་སྨིན་སྐྱེས་དང་སྤྱོད་ལམ་པ་བཟོ་གནས་པ་དང་སྤྲུལ་པ་སྟེ། འདོད་པའི་ལུང་བསྟན་མིན་རྣམ་བཞིར་དབྱེ་ཞེས་བྱ་བར་སྦྱར་ཏེ། འདོད་པ་ན་སྤྱོད་པའི་མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་ནི་རྣམ་པར་སྨིན་པ་ལས་སྐྱེས་པ་ལས་སྐྱེས་པ་དང། ་སྤྱོད་ལམ་པ་དང། བཟོའི་གནས་པ་དང་སྤྲུལ་པའི་སེམས་དང་རྣམ་པ་བཞིར་དབྱེའོ། །གཟུགས་དག་ན་ནི་བཟོ་མ་གཏོགས། གཟུགས་ཀྱི་ཁམས་དག་ན་ནི་རྣམ་པ་གསུམ་དུ་དབྱེ་སྟེ། དེ་ལ་བཟོ་མེད་པའི་ཕྱིར་བཟོ་ནི་གནས་པ་མ་གཏོགས་སོ། །དེ་ལྟར་ན ་དགེ་བ་དྲུག་དང། མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་བདུན་དུ་ཕྱེ་བས་སེམས་བཅུ་གཉིས་པོ་དེ་དག་ལས་ཉི་ཤུར་འགྱུར་རོ། །ཞར་ལ་འོངས་པ་འདི་དག་གི་དེ་མ་ཐག་པའི་རྐྱེན་ངེས་པ་ནི་ཆོས་མངོན་པ་མཛོད་ཀྱི་འགྲེལ་པ་ལས་བཤད་དོ། །འདིར་ནི་གཞུང ་དཀའ་བ་ཡོངས་སུ་སྤངས་པའི་ཕྱིར་མི་བརྗོད་དོ། །གང་དག་སེམས་བཅུ་གཉིས་སུ་བཤད་པ་འདི་དག་ལས་སེམས་གང་ཞིག་ལ་རྙེད་པ་དུ་ཞིག་ཅེ་ན། ཁམས་གསུམ་པོའི་ཉོན་མོངས་པ་ཅན་རྙེད་པ་དྲུག་དང་དྲུག་དང་གཉིས། འདོད་པ་ན་སྤྱོད་པའི་ཉོན ་མོངས་པ་ཅན་གྱི་སེམས་མངོན་དུ་འགྱུར་ན། སེམས་དྲུག་པོ་འདི་དག་དང་མི་ལྡན་པ་ལས་ཐོབ་སྟེ། ཐེ་ཚོམ་གྱི་དགེ་བའི་རྩ་བ་ཉིང་མཚམས་སྦྱོར་བ་ལས་འདོད་པའི་ཁམས་ཀྱི་དགེ་བ་དང། ཁམས་སུ་སླར་ལོག་པ་ལས་མི ་དགེ་བ་དང། བསྒྲིབས་ལ་ལུང་དུ་མ་བསྟན་པའི་དང། ཁམས་སུ་སླར་ལོག་པ་ལས་གཟུགས་ན་སྤྱོད་པའི་ཉོན་མོངས་པ་ཅན་དང། ཡོངས་སུ་ཉམས་པ་ལས་གཟུགས་མེད་པ་ན་སྤྱོད་པའི་ཉོན་མོངས་པ་ཅན་དང། ཡོངས་སུ་ཉམས་པ་ལས་སློབ་པའི་འོ།། ་གཟུགས་ན་སྤྱོད་པའི་ཉོན་མོངས་པ་ཅན་ལས་ཡང་རྙེད་པ་དྲུག་སྟེ། ཁམས་སུ་སླར་ལོག་པ་ལས་གཟུགས་ན་སྤྱོད་པ་གསུམ་དང། འདོད་པ་ན་སྤྱོད་པའི་མ་བསྒྲིབས་ལ་ལུང་དུ་མ་བསྟན་པའི་དང། ཡོངས་སུ་མཉམ་པ་ལས་གཟུགས་མེད་པ་ན་སྤྱོད་པའི་ཉོན ་མོངས་པ་ཅན་དང་སློབ་པའི་འོ། །གཟུགས་མེད་པ་ན་སྤྱོད་པའི་ཉོན་མོངས་པ་ཅན་ལ་ནི་རྙེད་པ་གཉིས་ཏེ། ཡོངས་སུ་ཉམས་པ་ལས་དེ་ཉིད་ཉོན་མོངས་པ་ཅན་དང་སློབ་པའི་འོ། །གཟུགས་སྐྱེས་དགེ་ལ་གསུམ་དག་གི་།གཟུགས་ན་སྤྱོད་པའི་དགེ་བ་ལམ ་སེམས་གསུམ་གྱི་རྙེད་པ་སྟེ་དགེ་པ་དེ་ཉིད་ཀྱི་དང། འདོད་པ་དང། གཟུགས་ན་སྤྱོད་པའི་མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་གཉིས་ཀྱིའོ། །སློབ་པ་ལ་བཞི། སློབ་པ་དེ་ཉིད་ཀྱི་དང། གཟུགས་ན་སྤྱོད་པའི་མ་བསྒྲིབས་ལ་ལུང་དུ་མ་བསྟན་པའི་དང། ལམ་གྱི ་འདོད་པ་དང། གཟུགས་ཀྱི་ཁམས་ཀྱི་འདོད་ཆགས་དང་བྲལ་བ་ལ་གཟུགས་མེད་པའི་དགེ་བའི་འོ། །ལྷག་ལ་དེའི། ལྷག་པར་བྱས་པས་ལྷག་མ་སྟེ། སེམས་གང་གི་རྙེད་པ་མ་བཤད་པ་དེ་ལ་དེ་ཉིད་ཀྱི་རྙེད་པར་ལྟའོ། །ཡང་སྨྲས་པ། སྐྱེ་དང་སྙོམས ་པར་འཇུག་པ་དང། །འདོད་ཆགས་བྲལ་དང་ཡོངས་ཉམས་དང། །དགེ་བའི་ཉིང་མཚམས་སྦྱོར་བའི་ཚེ། །སེམས་དེ་ལྡན་པ་མིན་ལས་རྙེད། །ཅེས་བྱའོ། །ཆོས་མངོན་པའི་མཛོད་ཀྱི་འགྲེལ་པ་མདོ་དང་མཐུན་པ་ལས། དབང་པོ་བསྟན་པ ་ཞེས་བྱ་བ་མཛོད་ཀྱི་གནས་གཉིས་པའོ།། །།ད་ནི་འདོད་པ་ན་དང་གཟུགས་དང། གཟུགས་མེད་པའི་ཁམས་ཀྱི་ངེས་པ་ནི་བསྟན་ན། དེ་ལ་འདོད་པ་དང། གཟུགས་དང་གཟུགས་མེད་པའི་ཁམས་རྣམས་གང་ཡིན་པ་དེ་བརྗོད་པར་བྱའོ་ཞེ་ན། དེའི ་ཕྱིར་འདིར་སྨྲས་པ། དམྱལ་བ་ཡི་དྭགས་དུད་འགྲོ་དང། །མི་རྣམས་དང་ནི་ལྷ་རྣམ་དྲུག་།འདོད་པའི་ཁམས་ཏེ། འགྲོ་བ་བཞི་དང། ལྷའི་རིས་དྲུག་ལས་འདི་ལྟ་སྟེ། རྒྱལ་ཆེན་བཞི་པ་རྣམས་དང། སུམ་ཅུ་རྩ་གསུམ་པ་རྣམས་དང། འཐབ་བྲལ་དང། དགའ་ ་ལྡན་དང། འཕྲུལ་དགའ་དང། གཞན་འཕྲུལ་དབང་བྱེད་དེ། དེ་ལྟར་ན་དེ་དག་སྣོད་ཀྱི་འཇིག་རྟེན་དང་བཅས་པ་ནི་འདོད་པའི་ཁམས་སོ། །དེ་གནས་དུ་ཞིག་ཅེ་ན། སྨྲས་པ། དམྱལ་བ་དང། གླིང་དབྱེ་བ་ལས་དེ་ཉི་ཤུ། གནས་རྣམས་སོ་ཞེས་ཚིག་གི་ལྷག་མ ་སྤྱར་རོ། །དམྱལ་བ་ཆེན་པོ་བརྒྱད་དེ། ཡང་སོས་དང། ཐིག་ནག་དང། བསྡུས་གཞོམ་དང། ངུ་འབོད་དང། ངུ་འབོད་ཆེན་པོ་དང། ཚ་བ་དང། རབ་ཏུ་ཚ་བ་དང། མནར་མེད་པའོ། །གླིང་བཞི་སྟེ་ཛམྦུའི་གླིང་དང། ཤར་གྱི་ལུས་འཕགས་དང། ནུབ་ཀྱི་བ་ ་ལང་སྤྱོད་དང། བྱང་གི་སྒྲ་མི་སྙན་དང། བཤད་མ་ཐག་པའི་ལྷའི་རིས་དྲུག་སྟེ། དེ་ལྟར་ན་གཞན་འཕྲུལ་དབང་བྱེད་ནས་མནར་མེད་པའི་གནས་ཉི་ཤུ་པོ་དེ་དག་ནི་འདོད་པའི་ཁམས་སོ། །སྣོད་དང་བཅས་པར་བཟུང་ན་ནི་རླུང་གི་དཀྱིལ་འཁོར་ལ་ཐུག་གི ་བར་དུའོ། །འདོད་པའི་ཁམས་འདི་ནས། གོང་མའི་གནས་དག་བཅུ་བདུན་ནི། །གཟུགས་ཀྱི་ཁམས། ཇི་ལྟ་ཞེ་ན། སྨྲས་པ། དེར་སོ་སོ་ཡི། བསམ་གཏན་ལ་ནི་ས་གསུམ་པ། བསམ་གཏན་དང་པོ་དང་གཉིས་པ་དང་གསུམ་པ་ནི་རེ་རེ་ཞིང་ས་གསུམ ་གསུམ། བཞི་པ་ལ་ནི་ས་བརྒྱད་པ་དེ་ལ་བསམ་གཏན་དང་པོ་ནི། ཚངས་རིས་པ་དང། ཚངས་པའི་མདུན་ན་འདོན་དང། ཚངས་ཆེན་པ་རྣམས་སོ། གཉིས་པ་ལ་ནི་འོད་ཆུང་དང། ཚད་མེད་འོད་དང། འོད་གསལ་བ་རྣམས་སོ། །གསུམ་པ་ནི། དགེ་ཆུང་དང། ཚད ་མེད་དགེ་དང་དགེ་རྒྱས་རྣམས་སོ། །བཞི་པ་ནི་སྤྲིན་མེད་རྣམས་དང། བསོད་ནམས་སྐྱེས་རྣམས་དང། འབྲས་བུ་ཆེ་བ་རྣམས་དང། མི་ཆེ་བ་དང། མི་གདུང་བ་དང། གྱ་ནོམ་སྣང་དང། ཤིན་ཏུ་མཐོང་དང། འོག་མིན་རྣམས་ཏེ། དེ ་ལྟར་ན་གནས་བཅུ་བདུན་པོ་འདི་དག་གནས་པའི་སེམས་ཅན་དང་བཅས་པ་དེ་ནི་གཟུགས་ཀྱི་ཁམས་སོ། །གཟུགས་མེད་ཁམས་ན་གནས་མེད་དེ། གཟུགས་ཅན་མ་ཡིན་པ་རྣམས་ལ་ནི་གནས་མེད་ལ། འདས་པ་དང་མ་འོངས་པ་དང་རྣམ་པར ་རིག་བྱེད་མ་ཡིན་པ་དང། གཟུགས་ཅན་མ་ཡིན་པའི་ཆོས་རྣམས་ཀྱང་ཡུལ་ན་ཡང་མི་གནས་ཕྱོགས་ན་ཡང་མི་གནས་ཞེས་བྱ་བར་ངེས་སོ། །དེ་ཡང། སྐྱེ་བ་ལས་ནི་དེ་རྣམ་བཞི། གཟུགས་མེད་པའི་ཁམས་ནི་འདི་ལྟ་སྟེ། ནམ་མཁའ་མཛའ་ ་ཡས་སྐྱེ་མཆེད་དང། རྣམ་ཤེས་མཛའ་ཡས་སྐྱེ་མཆེད་དང། ཅི་ཡང་མེད་པའི་སྐྱེ་མཆེད་དང། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་དང། དེ་དག་ཡུལ་གྱི་བྱེ་བྲག་ཏུ་བྱས་ནས་བླ་འོག་ཏུ་ཡོད་པ་ནི་མ་ཡིན་གྱི། ཡུལ་གང་དུ་སྙོམས་པར ་འཇུག་པ་དེ་རྙེད་པ་ཉིད་དུ་ཤི་འཕོས་ནས་དེ་ཉིད་དུ་སྐྱེ་ལ། དེ་ནས་ཤི་འཕོས་པ་ནས་ཡང་དེ་ཉིད་དུ་སྲིད་པ་བར་མ་མངོན་པར་གྲུབ་པོ། །ཇི་ལྟར་སེམས་ཅན་གཟུགས་ཅན་རྣམས་གཟུགས་ལ་བརྟེན་ནས་སེམས་ཀྱི་རྒྱུད་རྣམ་པ་བཞིན་དུ་གཟུགས་མེད ་པ་རྣམས་ཀྱི་རྒྱུད་ཅི་ལ་བརྟེན་ཏེ་གནས་ཤེ་ན། དེར་ནི་རིས་དང་སྲོག་དག་ལ། །སེམས་ཀྱི་རྒྱུད་ནི་ངེས་པར་བརྟེན། །རིས་མཐུན་པ་དང་སྲོག་གི་དབང་པོ་ལས་དེ་དག་གི་སེམས་དང་སེམས་ལས་བྱུང་བའི་རྒྱུད་བརྟེན་ཏེ་གནས་སོ། །ཁམས་གསུམ་པ་བཤད ་ཟིན་ཏོ། །དམྱལ་སོགས་འགྲོ་ལྔ་དེ་དག་ཏུ། །རང་གི་མིང་གིས་སྨོས། དམྱལ་བ་དང། དུད་འགྲོ་དང། ཡི་དྭགས་དང། ལྷ་དང་མི་ཞེས་བྱ་བ་རང་གི་མིང་གིས་སྨོས་པ་ནི་དེ་དག་ཏུ་འགྲོ་བ་ལྔར་བཤད་དོ། །གང་གི་ཕྱིར་ཁམས་དག་ཏུའོ་ཞེས་བཤད་ན། ཅི་འགྲོ ་བ་ལ་མ་གཏོགས་པའི་ཁམས་ཞིག་ཡོད་དམ་ཞེ་ན། ཡོད་དེ། ཁམས་རྣམས་ནི་དགེ་བ་དང། ཉོན་མོངས་པ་ཅན་དང། སྣོད་དང། སྲིད་པ་བར་མའི་རང་བཞིན་ཡང་ཡིན་གྱི་འགྲོ་བ་ལྔ་གང་ཡིན་པ་དེ་དག་།ཉོན་མོངས་ཅན་མིན་ལུང་བསྟན་མིན། །སེམས་ཅན ་ཞེས་བྱ་བར་སྲིད་མིན། འགྲོ་བ་ལྔ་ནི་མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་ཉིད་དོ། །དེ་ལྟ་མ་ཡིན་འགྲོ་བ་ཆོལ་བར་འགྱུར་རོ། །སེམས་ཅན་ཞེས་བྱ་བ་ཉིད་ཡིན་ཡང་སྲིད་པ་བར་མའི་རང་བཞིན་ནོ། །ལུས་དང་འདུ་ཤེས་ཐ་དད་དང། ཐ་དད་ལུས་དང་འདུ་ཤེས ་འདྲ། །བཟློག་དང་ལུས་དང་འདུ་ཤེས་ནི། འདྲ་དང་གཟུགས་མེད་གསུམ་པོ་དག་།རྣམ་ཤེས་གནས་པ་བདུན། ཞེས་མདོ་ལས་གསུངས་པ་ནི་འགྲོ་བ་ལྔ་པའི་ཁམས་གསུམ་འདི་ཉིད་དུ་རིམ་བཞིན་དུ་རིག་པར་བྱ་སྟེ། སེམས་ཅན་གཟུགས་ཅན་ལ ་ལུས་ཐ་དད་ཅིང། འདུ་ཤེས་ཐ་དད་པ་ཡང་ཡོད་དེ། འདི་ལྟ་སྟེ་མི་རྣམས་དང། ལྷ་ཁ་ཅིག་གེ་།འདི་ནི་རྣམ་པར་ཤེས་པ་གནས་པ་དང་པོའི་ལྷ་ཁ་ཅིག་ཅེས་བྱ་བ་དེ་དག་གང་ཞེ་ན། འདོད་པ་ན་སྤྱོད་པ་རྣམས་དང། བསམ་གཏན་དང་པོའི་ས་པ་རྣམས་ལས ་དང་པོར་སྐྱེས་པ་མ་གཏོགས་པ་རྣམས་སོ། །དེ་དག་གི་ལུས་ཐ་དད་པའི་ཕྱིར་རམ། དེ་དག་གི་ལུས་ཐ་དད་བས་ན་ལུས་ཐ་དད་པ་སྟེ། ཁ་དོག་དང་རྟགས་དང། དབྱིབས་དུ་མའི་ཕྱིར་རོ། །འདུ་ཤེས་དུ་མའི་ཕྱིར་འདུ་ཤེས་ཐ་དད་པའོ། །དེ་འདི་དག་ལ་ཡོད་པས ་འདུ་ཤེས་ཐ་དད་པ་སྟེ། བདེ་བ་དང་སྡུག་བསྔལ་བ་དང། སྡུག་བསྔལ་བ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པར་འདུ་ཤེས་པའི་ཕྱིར་རོ། །སེམས་ཅན་གཟུགས་ཅན་ལ་ལུས་ཐ་དད་ཅིང་འདུ་ཤེས་འདྲ་བ་ཡང་ཡོད་དེ། འདི་ལྟ་སྟེ། ཚངས་རིས་ཀྱི་ལྷ་གང་དག ་དང་པོར་བྱུང་བ་དེ་དག་གོ་།འདི་ནི་རྣམ་པར་ཤེས་པ་གནས་པ་གཉིས་པ་སྟེ། དང་པོར་བྱུང་བ་དེ་དག་ཐམས་ཅད་ནི་འདི་སྙམ་དུ་བདག་ཅག་ནི་ཚངས་པ་འདིས་རབ་ཏུ་ཕྱུང་ངོ་སྙམ་དུ་ཤེས་པར་འགྱུར་ལ། ཚངས་པ་ཡང་འདི་སྙམ་དུ་འདི་དག་ནི་བདག་གིས ་ཕྱུང་ངོ་སྙམ་དུ་སེམས་ཏེ། འདུ་ཤེས་ཀྱི་རྒྱུ་ཐ་མི་དད་པའི་ཕྱིར་འདུ་ཤེས་འདྲ་བའོ། །ཚངས་པ་ནི་ཆུ་ཞེང་དང་ལུས་ཀྱི་ཤ་ཚུགས་དང་ཚིག་ཏུ་བརྗོད་པ་དང། བགོ་བའི་གོས་གཞན་པ་ཉིད་ཡིན་ལ་དེའི་འཁོར་ཡང་གཞན་པས་ན་ལུས་ཐ་དད ་པའོ། །སེམས་ཅན་གཟུགས་ཅན་ལ་ལུས་འདྲ་ཞིང་འདུ་ཤེས་ཐ་དད་པ་ཡང་ཡོད་དེ། འདི་ལྟ་སྟེ། འོད་གསལ་གྱི་ལྷ་རྣམས་སོ། །འདི་ནི་རྣམ་པར་ཤེས་པ་གནས་པ་གསུམ་པའོ། །འདིར་ནི་མཛའ་སྨོས་པས་བསམ་གཏན་གཉིས་པ་མཛའ་དག་སྨོས་པར ་རིགས་པར་བྱ་སྟེ། དེ་ལྟར་མ་ཡིན་ན་འོད་ཆུང་དང། ཚད་མེད་འོད་རྣམས་གང་གི་རྣམ་པར་ཤེས་པ་གནས་པར་རྣམ་པར་བཞག་དེ་ལ་ཁ་དོག་དང། རྟགས་དང། དབྱིབས་ཐ་མི་དད་པའི་ཕྱིར་ལུས་འདྲ་བའོ། །བདེ་བར་འདུ་ཤེས་པའི་ཕྱིར་བ་དང་བདེ་བ ་ཡང་མ་ཡིན་སྡུག་བསྔལ་ཡང་མ་ཡིན་པར་འདུ་ཤེས་པའི་ཕྱིར་འདུ་ཤེས་པ་ཐ་དད་པ་སྟེ། དེ་དག་ནི་དངོས་གཞིའི་ས་ལ་ཡིད་བདེ་བའི་དབང་པོས་ཡོངས་སུ་སྐྱོ་ནས། ཉེར་བསྡོགས་ལ་བཏང་སྙོམས་ཀྱི་དབང་པོ་མངོན་སུམ་དུ་བྱེད་དོ། །ཉེར་བསྡོགས ་ཀྱི་བཏང་སྙོམས་ཀྱི་དབང་པོས་ཡོངས་སུ་སྐྱོ་ནས་ནི་ཡང་དངོས་གཞིའི་སའི་ཡིད་བདེ་བའི་དབང་པོ་མངོན་དུ་བྱེད་དེ། དེའི་ཕྱིར་དེ་དག་འདུ་ཤེས་ཐ་དད་པའི་ཞེས་གྲག་གོ་།ཡང་ན་འོད་གསལ་བའི་ལྷའི་རིས་ན་སེམས་ཅན་ཡང་གང་དག་སྐྱེས་ནས་རིང ་པོ་མ་ལོན་པ་འཇིག་རྟེན་པའི་འཇིག་པ་ལ་མི་མཁས་ཤིང་འཆགས་པ་ལ་མི་མཁས་པ་དེ་དག་མེ་ལྕེ་དེ་མཐོང་ནས་སྐྲག་སྟེ། མེ་ལྕེ་དེས་ཚངས་པའི་གཞལ་མེད་ཁང་སྟོང་པ་བསྲེགས་ནས་འདིར་འོང་བར་མི་འགྱུར་རམ་ཞེས་ཡི་ཆད་ཅིང་སྐྱོ་བར ་འགྱུར་རོ། །དེ་ལ་འོད་གསལ་བའི་ལྷའི་རིས་ན་སེམས་ཅན་གང་དག་སྐྱེས་ནས་རིང་དུ་ལོན་པ་འཇིག་རྟེན་འདིའི་འཇིག་པ་ལ་མཁས་ཤིང་འཆགས་པ་ལ་མཁས་པ་དེ་དག་སེམས་ཅན་སྐྲག་པ་དེ་དག་ལ་གྲོགས་པོ་དག་མ་འཇིགས་ཤིག་།མེ་ལྕེ་འདི ་ནི་སྔོན་ཡང་ཚངས་པའི་གཞལ་མེད་ཁང་སྟོང་པ་བསྲེགས་ནས་དེ་ཉིད་དུ་མེད་པར་གྱུར་ཏོ་ཞེས་དབུགས་འབྱིན་པར་བྱེད་དོ། །དེ་བས་ན་དེ་དག་མེ་ལྕེ་འོངས་པ་དང་ལྡོག་པར་འདུ་ཤེས་པའི་ཕྱིར་བ་དང། སྐྲག་པ་དང་མི་སྐྲག་པར་འདུ་ཤེས་པའི་ཕྱིར་འདུ་ཤེས་ཐ ་དད་པ་ཞེས་བྱའོ། །སེམས་ཅན་གཟུགས་ཅན་ལ་ལུས་འདྲ་ཞིང་འདུ་ཤེས་འདྲ་བ་ཡང་ཡོད་དེ། འདི་ལྟ་སྟེ་དགེ་རྒྱས་ཀྱི་ལྷ་རྣམས་སོ། །འདི་ནི་རྣམ་པར་ཤེས་པ་གནས་པ་བཞི་པའོ། །འདུ་ཤེས་འདྲ་བ་ཞེས་བྱ་བ་ནི་བདེ་བར་འདུ་ཤེས་པའོ། །དེ་ལྟ་ན་གཟུགས ་མེད་པ་གསུམ་པོ་མདོ་ལས་ཇི་སྐད་གསུངས་པ་དང། བདུན་པོ་དེ་དག་ནི་རྣམ་པར་ཤེས་པ་གནས་པ་བདུན་ནོ། །ཅིའི་ཕྱིར་ལྷག་མ་རྣམས་རྣམ་པར་ཤེས་པ་གནས་པས་མ་ཡིན་ཞེ་ན། གང་གི་ཕྱིར། ལྷག་མ། དེ་ཡོངས་དབྱེ་ལྡན། ལྷག་མ་གང་ཞིག ་ཅེ་ན་ངན་འགྲོ་རྣམས་དང། བསམ་གཏན་བཞི་པ་དང། སྲིད་པའི་རྩེ་མོ་སྟེ། འདི་དག་ནི་རྣམ་པར་ཤེས་པ་ཡོངས་སུ་དབྱེ་བ་ཡོད་པས་དེའི་ཕྱིར་དེ་དག་ནི་རྣམ་པར་ཤེས་པ་གནས་པ་མ་ཡིན་ནོ། །ཡོངས་སུ་དབྱེ་བ་ཞེས་བྱ་བ་ཅི་ཞིག་ཅེ་ན། གང་གི་རྣམ་པར ་ཤེས་པ་ཡོངས་སུ་འཇིག་པར་བྱེད་པ་སྟེ། དེ་ལ་ངན་སོང་དག་ན་ནི་ཚོར་བ་ཡོངས་སུ་འབྱེད་དེ། གནོད་པར་བྱེད་པ་ཡིན་པའི་ཕྱིར་རོ། །བསམ་གཏན་བཞི་ན་ནི་འདུ་ཤེས་མེད་པ་པ་དང། འདུ་ཤེས་མེད་པའི་སྙོམས་པར་འཇུག་པའོ། །སྲིད་པའི་རྩེ ་མོ་ན་ནི་འགོག་པའི་སྙོམས་པར་འཇུག་པ་སྟེ། སེམས་ཀྱི་རྒྱུན་ཆད་པའི་ཕྱིར་རོ། །ཡང་སྨྲས་པ། གང་དུ་འདི་ན་གནས་པ་རྣམས་ནི་འགྲོ་བར་འདོད་ལ། དེ་ན་གནས་པ་རྣམས་ནི་འཕོ་བར་མི་འདོད་པ་དེ་ནི་རྣམ་པར་ཤེས་པར་གནས་པར་བཤད་ན། ངན ་སོང་དག་ན་གཉི་ག་མེད་དོ། །བསམ་གཏན་བཞི་པ་དག་ན་ནི་སེམས་ཅན་རྣམས་འཕོ་བ་ཡིད་ཀྱི་སོ་སོར་སྐྱེ་བོ་རྣམས་ན་འདུ་ཤེས་མེད་པར་འཇུག་འདོད་ལ། འཕགས་པ་རྣམས་ནི་གནས་གཙང་མར་རོ། །སྲིད་པའི་རྩེ་མོ་ནི་རྒྱུ་བ་མི་གསལ་བའི་ཕྱིར་ཏེ། ་དེ་དག་ནི་རྣམ་པར་ཤེས་པ་གནས་པ་ཞེས་མི་བྱའོ། །རྣམ་པར་ཤེས་པ་གནས་པ་བདུན་པོ་ཇི་སྐད་བཤད་པ་དེ་དག་དང། སྲིད་རྩེ་དང། འདུ་ཤེས་མེད་པའི་སེམས་ཅན་རྣམས། སེམས་ཅན་གྱི་ནི་གནས་དགུར་བཤད། འདི་དག་ཏུ ་སེམས་ཅན་རང་དགར་ཀུན་ཏུ་གནས་པས་སོ། །གནས་དང་མི་འདོད་ཕྱིར་གཞན་མིན། །གཞན་ཞེས་བྱ་བ་གང་དག་ཅིག་ཅེ་ན། ངན་སོང་རྣམས་ཏེ། དེ་དག་ཏུ་ནི་སེམས་ཅན་རྣམས་མི་འདོད་བཞིན་དུ་ལས་ཀྱི་སྲིན་པོས་ཀུན་ཏུ་གནས་སུ་འཇུག་གོ་།དེ་བས་ན་མི་དད ་པ་བཞིན་དུ་གནས་པས་དེ་དག་ནི་སེམས་ཅན་གྱི་གནས་མ་ཡིན་ཏེ། བཙོན་ར་བཞིན་ནོ། །མདོ་གཞན་དག་ལས་ནི་རྣམ་པར་ཤེས་པ་གནས་པ་བདུན་ཞེས་གསུངས། གཞན་དག་ལས་ནི། གནས་པ་དག་ནི་ཡང་བཞི་སྟེ། ཞེས་བྱ་བ་གསུངས་པ་ལ ་བཞི་གང་ཞེ་ན། རྣམ་པར་ཤེས་པ་གནས་པས་གཟུགས་སུ་ཉེ་བར་འགྲོ་བ་དང། ཚོར་བར་ཉེ་བར་འགྲོ་བ་དང། འདུ་ཤེས་སུ་ཉེ་བར་འགྲོ་བ་དང། འདུ་བྱེད་དུ་ཉེ་བར་འགྲོ་བའོ། །དེ་དག་གི་རང་བཞིན་ཅི་ཞེ་ན། དེ་དག་ནི་རིམ་བཞིན་དུ་ཟག་བཅས་ཕུང ་པོ་བཞི་རྣམས་སོ། །དེ་དག་ཀྱང་རང་གི་ས་པ་ཉིད། ས་གཞན་དུ་ནི་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། གནས་པ་ནི་རྟེན་ཡིན་ན། སྐལ་པ་མི་ཉམ་པའི་སའི་ཕུང་པོ་ལ་ནི་རྣམ་པར་ཤེས་པ་མི་རྟེན་ཏོ། །ཅིའི་ཕྱིར་རྣམ་པར་ཤེས་པ་ལ་རྣམ་པར་ཤེས་པ་གནས ་པ་ཞེས་མི་བྱ་ཞེ་ན། གནས་པ་པོ་ཡོངས་སུ་སྤངས་པ་ནི་གནས་པ་ཡིན་པའི་ཕྱིར་གནས་པ་པོ་ཉིད་ལ་གནས་པ་ཞེས་མི་བྱ་སྟེ། དཔེར་ན་རྒྱལ་པོ་ཉིད་རྒྱལ་པོའི་སྟེན་མ་ཡིན་པ་བཞིན་ནོ། །འོན་ཀྱང་བྱེ་བྲག་ཏུ་མ་བྱེད་ནི་སྐྱེ་པའི་སྐྱེ་མཆེད་ཀྱིས ་བསྡུས་པའི་ཕུང་པོ་དག་ཏུ་མངོན་པར་དགའ་བ་དང་བཅས་པའི་རྣམ་པར་ཤེས་པ་འཇུག་པ་ལ་ནི་རྣམ་པར་ཤེས་པའི་གནས་པ་རྣམ་པར་ཤེས་པ་ཡིན་ནོ། །སོ་སོ་དབྱེ་ན་ནི། ཇི་ལྟར་གཟུགས་ལ་སོགས་པ་ནི་རྣམ་པར་ཤེས་པ་ཀུན་ནས་ཉོན་མོངས་པར ་བྱེད་པར་འགྱུར་གྱི་རྣམ་པར་ཤེས་པ་འབའ་ཞིག་ནི་མ་ཡིན་ནོ། །དེ་བས་ན་རྣམ་པར་ཤེས་པ་གནས་པ་བཞི་དག་ཏུ། རྣམ་ཤེས་འབའ་ཞིག་གནས་པ་མ་བཤད་དོ། །ཡང་བཅོམ་ལྡན་འདས་ཀྱིས་རྣམ་པར་ཤེས་པ་གནས་པ་བཞི་ནི་ཞིང་གི་ངོ་བོའོ། །ཉེ་བར ་ལེན་པ་དང་བཅས་པའི་རྣམ་པར་ཤེས་པ་ཟག་པར་ནི་ས་བོན་གྱི་ངོ་བོ་ཞེས་གསུངས་པའི་དགོངས་པ་ཡང། ས་བོན་ཉིད་ས་བོན་གྱི་ཞིང་གི་ངོ་བོར་རྣམ་པར་བཞག་པར་གྱུར་པ་ནི་མ་ཡིན་པར་སྣང་ངོ། །ཡང་ཅི་རྣམ་པར་ཤེས་པ་གནས་པ་བཞིས་བདུན་བསྡུས་སམ་བདུན ་གྱིས་བཞི་ཞེ་ན། བདུན་གྱིས་བཞི་ཡང་མ་ཡིན་ལ། བཞིས་ཀྱང་བདུན་མ་ཡིན་གྱི། བསྡུ་བ་དག་ནི་མུ་བཞི་ཡིན། བསྡུ་བ་སྤྱད་ན་མུ་བཞིར་རིག་པར་བྱ་སྟེ། བདུན་གྱིས་བསྡུས་ལ་བཞིས་མ་ཡིན་པ་ཡང་ཡོད་དེ་ཞེས་བྱ་བ་ལ་སོགས་པའོ། །དང་པོ་ནི་བདུན་དག་ཏུ་རྣམ་པར་ཤེས ་པ་གང་ཡིན་པའོ། །གཉིས་པ་ནི་ངན་སོང་དང། བསམ་གཏན་བཞི་པ་དང། སྲིད་པའི་རྩེ་མོ་དག་ཏུ་རྣམ་པར་ཤེས་པ་མ་གཏོགས་པའི་ཕུང་པོ་རྣམས་སོ། །གསུམ་པ་ནི་བདུན་དག་ཏུ་ཕུང་པོ་བཞི་རྣམས་སོ། །བཞི་པ་ནི་རྣམ་པ་དེ་དག་མ་གཏོགས་པའོ། །གང་འགྲོ་བ ་ལ་སོགས་པའི་བྱེ་བྲག་ཐ་དད་པ་འདི་དག་ཁམས་གསུམ་པར་བཤད་དེར་ནི་མངལ་ནས་སྐྱེ་ལ་སོགས། སེམས་ཅན་སྐྱེ་ནས་བཞི་དག་ཏུ། རིག་པར་བྱ་སྟེ། སྒོ་ངའི་སྐྱེ་གནས་ལས་སྐྱེ་བ་དང། མངལ་ནས་སྐྱེ་བ་རྣམས་དང། དྲོད་གཤེར་ལས་སྐྱེ་བ ་རྣམས་དང། བརྫུས་ཏེ་སྐྱེ་བ་རྣམས་ཀྱི་སྐྱེ་གནས་ཀྱི་གནས་སོ། །སྐྱེ་གནས་ཞེས་བྱ་བ་ནི་འདིར་སེམས་ཅན་རྣམས་ཐུན་མོང་དུ་འདྲིས་ཤིང་ཚོལ་བར་སྐྱེ་བའི་ཕྱིར་རོ། །སྒོང་ངའི་སྐྱེ་གནས་ལས་སྐྱེ་གང་ཞེ་ན། སེམས་ཅན་གང་དག་སྒོ་ང་ལས་སྐྱེ་བ་རྣམས ་ཏེ། འདི་ལྟ་སྟེ། ངང་པ་དང། ཁྲུང་ཁྲུང་དང། རྨ་བྱ་དང། ནེ་ཚོ་དང། རི་ཀྱགས་ལ་སོགས་པའོ། །མངལ་གྱི་སྐྱེ་གནས་ལས་སྐྱེ་བ་གང་ཞེ་ན། སེམས་ཅན་གང་དག་མངལ་ནས་སྐྱེ་བ་རྣམས་ཏེ། འདི་ལྟ་སྟེ་གླང་པོ་དང་རྟ་དང། བོང་བུ་དང། ཕག་ལ་སོགས ་པའོ། །དྲོད་གཤེར་ལས་སྐྱེ་བ་གང་ཞེ་ན། སེམས་ཅན་གང་དག་འབྱུང་བའི་དྲོད་གཤེར་ལས་སྐྱེ་བ་གནས་ཏེ། འདི་ལྟ་སྟེ་སྲིན་བུ་དང། གྲོག་སྤུར་བ་དང། སྦྲང་བུ་དང། ཕྱེ་མ་ལེབ་ལ་སོགས་པའོ། །བརྫུས་ཏེ་བྱུང་བའི་སྐྱེ་གནས ་གང་ཞེ་ན། སེམས་ཅན་གང་དག་དབང་པོ་ཚང་བ་དང། ནད་པ་མ་ཡིན་པ་དང། ཡན་ལག་དང་ཉིང་ལག་ཐམས་ཅད་དང་ལྡན་པར་ཅིག་ཅར་དུ་སྐྱེ་བ་རྣམས་སོ། །དེའི་ཕྱིར་དེ་ནི་སྐྱེ་བ་ན་མཛེས་པའི་ཕྱིར་བརྫུས་ཏེ་བྱུང་བ་ཞེས་བྱ་སྟེ། འདི་ལྟ་སྟེ། ལྷ ་དང། དམྱལ་བ་དང། སྲིད་པ་བར་མ་ལ་སོགས་པའོ། །ཡང་འགྲོ་བ་གང་དག་ལ་སྐྱེ་གནས་དུ་ཞིག་ཡོད་ཅེ་ན། སྨྲས་པ། མི་དང་དུད་འགྲོའི་རྣམ་པ་བཞི། མི་རྣམས་ཀྱི་རྣམ་པ་བཞི་ལ་སྒོ་ང་ལས་སྐྱེ་བ་ནི་འདི་ལྟ་སྟེ། རི་བྲག་དང། ཉེ་བའི་རི་བྲག ་གཉིས་ཁྲུང་ཁྲུང་ལས་སྐྱེས་པ་དང། རི་དགས་འཛིན་གྱི་མའི་བུ་སུམ་ཅུ་རྩ་གཉིས་དང། རྒྱལ་པོ་ལྔ་ལེན་གྱི་བུ་ལྔ་བརྒྱ་རྣམས་སོ། །མངལ་ནས་སྐྱེ་བ་ནི་ད་ལྟར་གྱི་རྣམས་སོ། །དྲོད་གཤེར་ལས་སྐྱེ་བ་ནི། འདི་ལྟ་སྟེ། ང་ལས་ནུས་དང། མཛེས་པ ་བ་དང། ཉེ་མཛེས་དང། ཐི་བའི་ཕྲེང་བ་ཅན་དང། ཨ་མྲ་སྐྱོང་མ་ལ་སོགས་པའོ། །བརྫུས་ཏེ་སྐྱེ་བ་ནི་བསྐལ་བ་དང་པོ་པ་རྣམས་འབའ་ཞིག་གོ་།དུད་འགྲོ་ལ་ཡང་རྣམ་པ་བཞི་སྟེ། རྣམ་པ་གསུམ་ནི་སྣང་བ་ཉིད་དོ། །བརྫུས་ཏེ་སྐྱེ་བ་ནི་ཀླུ་དང་ནམ་མཁའ་ ་ལྡིང་ལ་སོགས་པའོ། །དམྱལ་བ་དང་ནི་ལྷ་རྣམས་དང། །སྲིད་པ་བར་མ་བརྫུས་ཏེ་སྐྱེ། །དམྱལ་བ་ཐམས་ཅད་དང། ལྷ་རྣམས་དང། སྲིད་པ་བར་མ་ནི་བརྫུས་ཏེ་སྐྱེ་བ་ཉིད་དོ། །ཡི་དགས་མངལ་ནས་སྐྱེ་བ་འང་ཡིན། འེད?་གི་སྒྲས་ནི་བརྫུས་ཏེ་སྐྱེ་བའང ་ཡིན་ཏེ། ཚེ་དང་ལྡན་པ་མཽངྒལ་གྱི་བུ་ཆེན་པོ་ལ། ཡི་དྭགས་མོ་ཞིག་ན་རེ། བདག་ནི་མཚན་མོ་ཡང་བུ་ལྔ། དེ་བཞིན་དུ་ཉིན་མོ་ཡང་བུ་ལྔ་བསྐྱེད་ནས་ཟོས་ཀྱང་བདག་དེ་དག་གིས་ཡོངས་སུ་ཚམ?་པ་མེད་དོ་ཞེས་སྨྲས་སོ། །ཡང་སྐྱེ་གནས་ཐམས་ཅད་ཀྱི ་ནང་ན་མང་བ་གང་ཞེ་ན་སྨྲས་པ། བརྫུས་ཏེ་སྐྱེ་བ་ཉིད་དོ། །དེ་ནི་འགྲོ་བ་གཉིས་དང་གསུམ་གྱི་ཕྱོགས་དང་སྲིད་པ་བར་མ་ཐམས་ཅད་དོ། །སྲིད་པ་བར་མ་ཞེས་བྱ་བ་འདི་ཅི་ཞིག་ཅེ་ན། འཆི་དང་སྐྱེ་བ་སྲིད་གཉིས་ཀྱི། །གང་འདིར་སྲིད་པ་བར་མ་ཡིན། །འཆི ་བ་དང་སྐྱེ་བའི་སྲིད་པ་བར་དུ་ལུས་མངོན་པར་འགྲུབ་སྟེ། ཡུལ་གཞན་དུ་ཐོབ་པར་བྱ་བའི་ཕྱིར་འགྲོ་བའི་བར་མ་ཡིན་པས། དེ་ནི་སྲིད་པ་བར་མ་ཞེས་བྱའོ། །སྐྱེས་ཟིན་པ་འདི་ཇི་ལྟར་སྐྱེས་བ་མ་ཡིན་ཞེ་ན། བགྲོད་པའི་ཡུལ་དུ་མ་ཕྱིན་ཕྱིར། །སྲིད་པ་བར་མ ་སྐྱེས་པ་མིན། །ཉེ་བར་སོང་བ་ནི་སྐྱེ་ཞེས་བྱ་བ་ན་སྲིད་པ་བར་མ་འདི་ནི་བགྲོད་པའི་ཡུལ་དུ་ཉེ་བར་མ་སོང་བས་དེ་བས་ན་སྐྱེས་པ་མ་ཡིན་ནོ། །འདིའི་བགྲོད་པར་བྱ་བའི་ཡུལ་གང་ཞིག་ཅེ་ན། གང་དུ་རྣམ་པར་སྨིན་པ་འཕངས་པ་མངོན་ཞིང་རྫོགས་པའོ།། ་སྡེ་པ་གཞན་དག་ན་རེ་འཆི་བའི་སྲིད་པ་ནས་སྐྱེ་བ་བར་ཆད་ཀྱང་སྐྱེའོ་ཞེས་པ་ལ་དེ་ནི་མི་འདོད་དོ། །ཅིའི་ཕྱིར་ཞེ་ན། རིག་པ་དང། ལུང་ལས་ཏེ་རེ་ཞིག་རིགས་པ་ལ་བརྟེན་ནས་བརྗོད་པ། འབྲུ་ཡི་རྒྱུན་པ་ཆོས་མཐུན་ཕྱིར། །སྲིད་པ་ཆད་ལས་འབྱུང་མ ་ཡིན། །རྒྱུན་ལ་སྲིད་པའི་ཆོས་རྣམས་ནི་རྒྱུན་མི་ཆད་པར་ཡུལ་གཞན་དག་ཏུ་འབྱུང་བ་མཐོང་སྟེ། དཔེར་ན་འབྲུའི་རྒྱུན་ལྟ་བུའོ། །དེ་བས་ན་སེམས་ཅན་གྱི་རྒྱུན་འདི་ལ་ཡང་རྒྱུན་མི་འཆད་ཕྱིར་ཡུལ་གཞན་དག་ཏུ་འབྱུང་བ་དང་ལྡན་ནོ། །རྒྱུན་ཆད་ན ་ཡང་དཔེར་ན་མེ་ལོང་ལ་སོགས་པའི་ནང་དུ་གཟུགས་ཀྱི་གཟུགས་བརྙན་འབྱུང་བ་ཡང་མཐོང་སྟེ། དེ་བཞིན་དུ་འཆི་བའི་སྲིད་པ་ལས་སྐྱེ་བའི་སྲིད་པའི་བར་ཡང་སྲིད་དོ། །ཞེ་ན། གཟུགས་བརྙན་མ་གྲུབ་ཕྱིར་བ་དང། མི་འདྲ་བའི་ཕྱིར་ན་དཔེ་མ ་སྤྲིན། གཟུགས་བརྙན་ཞེས་བྱ་བ་ནི་ཁ་དོག་གཞན་པ་ཉིད་དུ་ཡང་འབྱུང་བས་དེ་ནི་མ་གྲུབ་པོ། །གྲུབ་ཏུ་ཟིན་ཀྱང་མི་འདྲ་བའི་སྲིད་ཕྱིར་དཔེ་མ་ཡིན་ནོ། །རེ་ཞིག་ཇི་ལྟར་མ་གྲུབ་ཅེ་ན། གཅིག་ཏུ་ལྷན་ཅིག་གཉིས་མེད་ཕྱིར། ཡུལ་དེ་ཉིད་དུ་མེ་ལོང་གི་གཟུགས ་དང། གཟུགས་བརྙན་གཉིས་ཀ་སྣང་དུ་ནི་རྟེན་གྱི་འབྱུང་བ་ཐ་དད་པའི་ཕྱིར་རོ། །ཡུལ་གཅིག་ཏུ་གཟུགས་གཉིས་ལྷན་ཅིག་པ་ནི་མེད་དོ། །དེ་དག་ཚོགས་ན་དེ་འདྲ་བའི་མཐུ་གང་ཡིན་པ་དེ་བཞིན་དུ་སྣང་སྟེ། ཆོས་རྣམས་ཀྱི ་མཐུའི་བྱེ་བྲག་ནི་བསམ་གྱིས་མི་ཁྱབ་པའི་ཕྱིར་རོ། །རེ་ཞིག་མ་གྲུབ་པའི་ཕྱིར་ཞེས་བྱ་བ་ནི་དེ་ལྟ་བུའོ། །ཇི་ལྟར་མི་འདྲ་བའི་ཕྱིར་དཔེ་མ་ཡིན་ཞེ་ན། རྒྱུན་མིན་ཕྱིར། གཟུགས་ལ་ནི་གཟུགས་བརྙན་གྱི་རྒྱུན་དུ་གྱུར་པ་མེད་ཀྱི་མེ་ལོང་གི་རྒྱུན་ལ ་ཡོད་པའི་ཕྱིར་རོ། །ཅིག་ཅར་དུ་ཡོད་པ་ཕྱིར་འཆི་བ་དང་སྐྱེ་བའི་སྲིད་པ་ཇི་ལྟ་བ་ཞིག་ཏུ་ནི་མ་ཡིན་ནོ། །རྒྱུན་ལ་རྒྱུན་མི་འཆད་པར་ཡུལ་གཞན་དག་ཏུ་འབྱུང་བར་བརྗོད་ཀྱི་རྒྱུན་མ་ཡིན་པ་ནི་མ་ཡིན་པས་གཟུགས་བརྙན་གྱི་དཔེ་ནི་འདྲ་བ་མ་ཡིན་ནོ། ། ་གཉིས་ལས་འབྱུང་ཕྱིར། གཟུགས་དང་མེ་ལོང་དང་རྒྱུ་གཉིས་ལས་གཟུགས་བརྙན་འབྱུང་བར་འགྱུར་བ་ལ། གཙོ་བོ་རྒྱུ་གང་ཡིན་པ་དེ་ལ་བརྟེན་ཏེ་འབྱུང་ངོ། །དེ་བཞིན་དུ་སྐྱེ་བའི་སྲིད་པ་ནི་འཆི་བའི་སྲིད་པ་ལས་གཞན་པ། གཙོ་བོའི་རྒྱུ་ཞིག་དང་གཉིས་ལས ་བྱུང་བ་ནི་མ་ཡིན་ཏེ། འདིས་ཀྱང་དཔེ་མི་འདྲ་བ་ཡིན་ནོ། །ཕྱིའི་ཁུ་བ་དང་ཁྲག་ལ་སོགས་པ་སེམས་མེད་པ་ཡང་གཙོ་བོའི་རྒྱུ་ཞེས་བྱ་བར་མི་རིགས་ཏེ། གང་དུ་བརྫུས་ཏེ་སྐྱེ་བ་རྣམས་ནམ་མཁའ་ལ་འབྱུང་བ་དེར་ཅི་ཞིག་ཡོངས་སུ་བརྟག་།རེ་ཞིག ་རིགས་པ་ལས་ནི་འཆི་བའི་སྲིད་པའི་བར་ཆད་ནས་སྐྱེ་བའི་སྲིད་པ་འབྱུང་བར་ནི་དེ་ལྟར་མི་འདོད་དེ། དེ་བས་ན་སྲིད་པ་བར་མ་ཡོད་པ་ཉིད་དོ། །ཡོད་པར་མགུར་ནས་གསུངས། སྲིད་པ་བདུན་གྱི་མདོ་ལས་དམྱལ་བའི་སྲིད་པ་དང། དུད་འགྲོའི་སྲིད་པ་དང ་ཡི་དྭགས་ཀྱི་སྲིད་པ་དང། ལྷའི་སྲིད་པ་དང། མིའི་སྲིད་པ་དང། ལས་ཀྱི་སྲིད་པ་དང། སྲིད་པ་བར་མའོ་ཞེས་གསུངས་སོ། །མདོ་དེ་ནི་དེ་དག་མི་འདོན་ཏོ་ཞེ་ན། འོ་ན་དྲི་ཟ་ཞེས་བྱ་བ་འདི་ལས་གནས་གསུམ་མངོན་དུ་འགྱུར་ན་མའི་མངལ་དུ་བུ་འཆགས ་པར་འགྱུར་ཏེ། མ་ཡང་རུང་བ་ཟླ་མཚན་དང་ལྡན་པ་དང། ཕ་མ་ཆགས་པར་གྱུར་པ་དང། འདུས་པ་དང། དྲི་ཟ་ཡང་ཉེ་བར་གནས་པར་གྱུར་ནའོ་ཞེས་གསུངས་པ་དང། སྲིད་པ་བར་མ་མ་གཏོགས་པ་དྲི་བ་ཞེས་བྱ་བ་གཞན་གང་ཞིག་ཡིན་ཕུང་པོ་ཞིག་པར ་ཉེ་བར་གནས་པར་འགྱུར་རོ་ཞེས་འདོན་ཏོ་ཞེ་ན། མི་རུང་སྟེ། རྟ་ལེན་གྱི་བུའི་མདོ་དང་འགལ་བའི་ཕྱིར་རོ། །ཡང་དེ་ཡང་མི་འདོན་ཏོ་ཞེ་ན། འོ་ན་སྔར་གསུངས་པ་ལས། ཕྱིར་མི་འོང་བ་ལྔ་ཞེས་བྱ་བ་འདི་ལས་ཕྱིར་མི་འོང་བ་བར་མ་དོར་ཡོངས་སུ་མྱ་ངན་ལས ་འདའ་བ་ཞེས་གསུངས་པ་སྲིད་པ་བར་མ་མེད་ན་ཇི་ལྟར་བར་མ་དོར་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར། འགྲོ་མོད་ལས་སྐྱེས་བུ་དམ་པའི་འགྲོ་བ་ལྔ་སྟེ། བྱ་བའི་མདོ་འདི་ལས་དུས་དང་ཡུལ་གྱིས་བསྐལ་པའི་བྱེ་བྲག་གིས་བར་མ་དོར་ཡོངས་སུ ་མྱ་ངན་ལས་འདའ་བ་ཞེས་གསུངས་ལྟ་སྟེ། མི་སྟག་མངོན་པར་འགྲུབ་པའི་མདོ་བཞིན་དུ་འཆི་བར་འགྱུར་བ་དེ་ལྟ་བུ་དང་པོ་ཉིད་དོ། །དེ་བཞིན་དུ་འདི་ལྟ་སྟེ། ལྕགས་ཀྱི་ཚ་ཚ་གནམ་དུ་ཡར་བའི་མདོ་ཉིད་དུ་འཆི་བར་འགྱུར་བ་དེ་ལྟ་བུ་ནི་གཉིས་པའོ། །དེ་བཞིན ་དུ་འདི་ལྟ་སྟེ་ལྕགས་ཀྱི་ཚ་ཚ་གནམ་དུ་ཡར་ནས་ས་ལ་མ་ལྷུང་བ་ཉིད་དུ་འཆི་བར་འགྱུར་བ་དེ་ལྟ་བུ་ནི་གསུམ་པའོ་ཞེས་གསུངས་པས། དེའི་ཕྱིར་འགྲོ་བའི་མདོ་འདི་ལས་ཀྱང་སྲིད་པ་བར་མ་གྲུབ་པོ། །ཡང་འགྲོ་བ་གང་དུ་འགྲོ་བར་འགྱུར་བ་ན་སྲིད་པ་བར་མའི ་ཤ་ཚུགས་ཇི་ལྟ་བུ་ཞིག་མངོན་པར་འགྲུབ་ཅེ་ན། དེ་ནི་འཕེན་པ་གཅིག་པའི་ཕྱིར། སྲིད་པ་ཕྱི་མའི་ཤ་ཚུགས་འགྱུར་ལས་གསུངས་པས། ལས་གང་ཞིག་འགྲོ་བ་འཕེན་པ་དེ་དག་ཉིད་ཀྱིས་འཐོབ་པར་བྱེད་པའི་སྲིད་པ་བར་མ་སྟེ། དེའི་ཕྱིར་འགྲོ་བ་གང་དུ ་འགྲོ་བར་འགྱུར་བའི་འགྲོ་བ་དེར་སྲིད་པ་ཕྱི་མ་ཅིར་འགྱུར་བ་དེའི་ཤ་ཚུགས་སུ་འགྱུར་རོ། །ཡང་སྲིད་པ་ལ་ཕྱི་མ་ཞེས་བྱ་བ་འདི་གང་ཞིག་ཅེ་ན། དེ་ནི་འཆི་བ་ཚུན་ཆད་ནས་སྐྱེ་བའི་སྐད་ཅིག་ཕན་ཆད་དོ། །སྲིད་པ་ཞེས་བྱ་བ་ནི་བྱེ་བྲག་མེད་པར་ཉེ་བར་ལེམ་པའི་ཕུང ་པོ་ལྔ་རྣམས་སོ། །དེ་ནི་རྣམ་པ་བཞིར་དབྱེ་སྟེ། སྲིད་པ་བར་མ་ནི་ཇི་སྐད་དུ་བཤད་པའོ། །སྐྱེ་བའི་སྲིད་པ་ནི་འགྲོ་བ་དག་ཏུ་ཉིང་མཚམས་སྦྱོར་བའི་སྐད་ཅིག་མའོ། །དེ་ཕན་ཆད་འཆི་བའི་སྲིད་པ་མ་གཏོགས་པའི་སྲིད་པ་གཞན་ཐམས་ཅད་ནི ་སྲིད་པ་ཕྱི་མའོ། །སྐད་ཅིག་མ་ཐ་མ་ནི་འཆི་བའི་སྲིད་པའོ། །གལ་ཏེ་སེམས་ཅན་གཟུགས་ཅན་དག་གི་ནང་དུ་སྐྱེ་བ་ནི་དེ་ཕན་ཆད་སྲིད་པ་བར་མའོ། །སྲིད་པ་བར་མ་དེ་ནི་རིགས་མཐུན་ལྷ་མིག་དག་པས་མཐོང། སྲིད་པ་བར་མ་པ་ནི་རིས་མཐུན་པ་ཉིད་ཀྱིས ་མཐོང་བ་དང། གང་དག་གི་ལྷའི་མིག་ཤིན་ཏུ་དག་པ་མངོན་པར་ཤེས་པའི་རྒྱུ་ལས་འབྱུང་བ་དེས་ནི་འདི་མཐོང་གི་།ཤིན་ཏུ་དང་བའི་ཕྱིར་སྐྱེས་ནས་ཐོབ་པའི་མིག་གིས་ནི་མི་མཐོང་ངོ། །གཞན་དག་ན་རེ་ལྷའི་སྲིད་པ་བར་མ་བས་ནི། ཐམས་ཅད་མཐོང་ངོ།། ་མི་དང་ཡི་དྭགས་དང་དུད་འགྲོ་དང། དམྱལ་བའི་སྲིད་པ་བར་མ་པས་ནི་གོང་མ་གོང་མ་བོར་ནས་སོ་ཞེས་ཟེར་རོ། །ལས་ཀྱི་རྫུ་འཕྲུལ་ཤུགས་དང་ལྡན། རྫུ་འཕྲུལ་ནི་ནམ་མཁའ་ལ་འགྲོ་བའོ། །ལས་ཀྱི་རྫུ་འཕྲུལ་ཡིན་པས་ན་ལས་ཀྱི་རྫུ་འཕྲུལ་ལོ།། ་དེའི་ཤུགས་ནི་ལས་ཀྱི་རྫུ་འཕྲུལ་གྱི་ཤུགས་ཏེ། མགྱོགས་པ་ཉིད་དོ། །དེ་འདི་ལ་ཡོད་པས་ན་ལས་ཀྱི་རྫུ་འཕྲུལ་གྱི་ཤུགས་དང་ལྡན་པ་སྟེ། གང་གིས་འདི་ནི་ལས་ཀྱི་སྟོབས་དང་ལྡན་པའི་ཕྱིར་སངས་རྒྱས་ཀྱིས་ཀྱང་དགག་པར་མི་སྤྱོད་པའོ། །དབང ་པོ་ཀུན་ཚད?་དབང་པོ་ལྔ་ཆར་ཚོགས་པའོ། །ཐོགས་མེད་ལྡན། ཐོགས་པས་ན་ཐོགས་པའོ། །དེ་འདི་ལ་ཡོད་པས་ན་ཐོགས་པ་དང་ལྡན་པའོ། །ཐོགས་པ་མེད་པས་ཐོགས་པ་མེད་པ་དང་ལྡན་པས་དེ། རྡོ་རྗེ་ལ་སོགས་པས་ཀྱང་མི་བཟློག་པའི་ཕྱིར་རོ། །འདི་ལྟར ་ལྕགས་ཀྱི་ཐུ་ལུམ་འབར་བ་གཤེགས་པའི་ནང་ན་དེ་ལས་བྱུང་བའི་སྲིན་བུ་དམིགས་སོ་ཞེས་ཐོས་སོ། །དེ་འགྲོ་བ་གང་དག་ཏུ་སྐྱེ་བ་དེ་ལས་ནི་ཐམས་ཅད་དུ་ཡང་མི་བཟློག་སྟེ། མིའི་སྲིད་པ་བར་མ་མེད་པར་འགྱུར་ནས་ལྷའི་སྲིད་པ་བར་མ་འམ། གཞན་དུ ་སྐྱེ་བ་ནི་ནམ་ཡང་མེད་པས། འདི་འགྲོ་བ་གང་གི་ཕྱིར་གྲུབ་པ་དེ་ཉིད་དུ་སྐྱེ་བར་འགྱུར་གྱི་གཞན་དུ་ནི་མ་ཡིན་ནོ་ཞེས་བྱ་བར་ངེས་སོ། །ཡང་ཅི་འདོད་པ་ན་སྤྱོད་པའི་སྲིད་པ་བར་མ་ཡང་ཁམ་གྱི་ཟས་ཟ་འམ། ཞེ་ན་སྨྲས་པ། དེ་བཞིན་ནོ། །རགས་པ་ནི་མ་ཡིན ་ཏེ། འདི་ལྟར་འདི་ནི་དྲི་ཟ་སྟེ། དེའི་ཕྱིར་དྲི་ཟ་ཞེས་བྱའོ། །དབང་ཆུང་བའི་ཟས་ནི་དྲི་མི་ཞིམ་པའོ། །དབང་ཆེ་བའི་ཟས་ནི་དྲི་ཞིམ་པའོ། །ཡང་འགྲོ་བའི་ཡུལ་དུ་ཕྱིན་པར་བྱ་བའི་ཕྱིར་འབྱུང་བའི་སྲིད་པ་བར་མ་དེ་ནི། རྩེ་དགས་འགྲོ་བའི་ཡུལ་དུ་ནི། ཕྱིན་ཅི་ལོག་གི་བློས ་འགྲོའོ། །དེ་ནི་ལས་ཀྱི་མཐུས་བྱུང་བའི་མིག་གི་རང་གིས་སྐྱེ་བའི་གནས་ཐག་རིང་པོ་ནི་འཇུག་ཀྱང་མཐོང་སྟེ། དེ་ལ་ངེས་པ་མ་དེ་གཉིས་ལོག་པར་གྲུབ་པ་མཐོང་ནས་ཕོར་གྱུར་པ་ཞིག་ཡིན་ན་ནི་མ་ལ་ཕོའི་འདོད་ཆགས་འབྱུང་ངོ། །མོར?་འགྱུར་བ་ཞིག་ཡིན་ན་ནི ་ཕ་ལ་མོའི་འདོད་ཆགས་འབྱུང་ངོ། །བཟློག་པ་ནི་ཁོང་ཁྲོ་བའོ། །གདགས་པ་ལས་ཀྱང་འདི་སྐད་དུ་དྲི་ཟ་ལ་རྗེས་སུ་ཆགས་པ་དང། ལྷན་ཅིག་པ་འམ། ཁོང་ཁྲོ་བ་དང་ལྷན་ཅིག་པའི་སེམས་གཉིས་ལས་གང་ཡང་རུང་བའི་སེམས་མངོན་དུ་གྱུར་ནའོ་ཞེས་འདོན་ཏེ། དེ ་ཕྱིན་ཅི་ལོག་དེ་གཉིས་ཀྱིས་དགའ་བར་འདོད་པས། ཡུལ་དེ་ཡང་ཕྲད་ནས། གནས་སྐབས་དེར་བདག་ཉིད་མོས་སོ། །མའི་མངལ་གྱི་གནས་མི་གཙང་བ་དེར་ཕྱིན་ནས། དགའ་བ་སྐྱེ་ཞིང་མངོན་པར་ཞེན་ཏོ། །དེ་ནས་ནི་དེའི་ཕུང་པོ་མཁྲང་པོར་འགྱུར་ལ། སྲིད་པ་བར་མ ་ཡང་འགགས་ནས་སྐྱེ་བ་ཡིན་ནོ། །རེ་ཞིག་སྒོ་ང་ལས་སྐྱེ་བ་དང། མངལ་ནས་སྐྱེ་བའི་སྐྱེ་གནས་སུ་འགྲོ་བ་ནི་དེ་ལྟ་བུའོ། །གཞན་ཅི་རིགས་པར་བརྗོད་པར་བྱའོ། །དེ་ལ་འདི་ནི་རིགས་པ་ཡིན་པར་སྣང་སྟེ། དྲི་དང་གནས་ལ་འདོད་པ་གཞན། དྲོད་གཤེར་ལས་སྐྱེ་བའི་སྐྱེ ་གནས་ས་འགྲོ་བ་ན་དྲི་ལ་ཆགས་པས། སྐྱེ་བའི་གནས་གཙང་མ་འམ་མི་གཙང་བར་རང་གི་ལས་ཇི་ལྟ་བ་བཞིན་དུ་འགྲོའོ། །རྫུས་ཏེ་སྐྱེ་བའི་སྐྱེ་གནས་སུ་འགྲོ་བ་ན་ནི་གནས་ལ་ཆགས་པས་སོ། །དེ་ལ་ལྷའི་སྲིད་པ་བར་མ་ནི། སྟན་ལས་ལྡང་བ་བཞིན་དུ་གྱེན་དུ ་འགྲོའོ། །མི་དང་དུད་འགྲོ་དང། ཡི་དྭགས་ལ་སོགས་པ་ནི་མི་ལ་སོགས་པ་བཞིན་ནོ། །དམྱལ་བ་དག་ནི་སྤྱིའུ་ཚུགས་སོ། །ཡང་དག་སྡོམ་དང་དཀའ་ཐུབ་ཅན། །དྲང་སྲོང་རྣམས་ལ་སྐུར་འདེབས་པ། །དེ་རྣམས་སྤྱིའུ་ཚུགས་དག་ཏུ་ནི།། ་དམྱལ་བ་ཉིད་དུ་སྐྱེ་བར་འགྱུར། །ཞེས་ཚིགས་སུ་བཅད་པ་ལས་འབྱུང་བའི་ཕྱིར་རོ། །མདོ་ལས་མངལ་དུ་འཇུག་པ་ནི་བཞིའོ། །ཞེས་གསུངས་པ་ལ་བཞི་གང་ཞེ་ན། གཅིག་ནི་ཤེས་བཞིན་དུ་འཇུག་ལ། གནས་པ་དང་འབྱུང་བ་ནི་ཤེས་བཞིན་མ་ཡིན ་པའོ། །གཞན་ནི་གནས་པ་ཡང། ཤེས་བཞིན་དུ་ཞེས་བྱ་བར་སྦྱར་ཏེ། ཡང་གི་སྒྲས་ནི་འཇུག་པ་ཡང་ངོ། །གཞན་ནི། འབྱུང་བ་འང། ཤེས་བཞིན་དུ་སྐྱེ། ཡང་གི་སྒྲས་ནི་འཇུག་པ་དང། གནས་པའོ། །གཞན་ནི་ཀུན་རྨོངས། ལ་ལ་ནི་འཇུག་པ་ཡང་ཤེས ་བཞིན་མ་ཡིན་ལ་གནས་པ་དང་འབྱུང་བ་ཐམས་ཅད་དུ་ཡང་ཤེས་བཞིན་མ་ཡིན་པར་བྱེད་དོ། །མངལ་དུ་འཇུག་པ་འདི་བཞི་ནི་ཚིགས་སུ་བཅད་པ་དང་མཐུན་པའི་ཕྱིར་བཟློག་སྟེ་བསྟན་ཏོ། །སྒོ་ང་ལས་སྐྱེས་རྟག་ཏུའོ། །སྒོ་ང་ལས་སྐྱེ་བའི་སེམས་ཅན་ནི ་རྟག་ཏུ་ཐམས་ཅད་དུ་རྨོངས་སོ། །འདིར་ཡང་བསྟན་པ། མངལ་དུ་འཇུག་པ་གསུམ་དག་སྟེ། འཁོར་ལོས་སྒྱུར་དང་རང་འབྱུང་ངོ། །འཁོར་ལོས་སྒྱུར་བ་དང། རང་འབྱུང་རང་སངས་རྒྱས་དང། སངས་རྒྱས་གཉིས་ཏེ། གོ་རིམ་ཇི་ལྟ་བ་བཞིན་ནོ་ཞེས ་འོག་ནས་འཆད་དོ། །དེ་ལ་དང་པོ་ནི་འཁོར་ལོས་སྒྱུར་བ་སྟེ། དེ་ནི་འཇུག་པ་འབའ་ཞིག་ཤེས་བཞིན་དུ་ཡིན་གྱི། གནས་པ་དང་འབྱུང་བ་ནི་མ་ཡིན་ནོ། །རང་སངས་རྒྱས་ནི་གནས་པ་ཡང་ངོ། །སངས་རྒྱས་ནི་འབྱུང་བ་ཡང་ངོ། །ཕྱིས་འགྱུར་བའི་མིང་གི ་འཁོར་ལོས་སྒྱུར་བ་ལ་སོགས་པ་འདི་དག་ཏུ་བསྟན་ཏེ། དཔེར་ན་འབྲས་ཆན་འཚོད་དོ། །ཕྱེ་འཐག་གོ་ཞེས་བྱ་བ་ནི་བཞིན་ནོ། །ལས་སམ་ཡེ་ཤེས་སམ་གཉི་ག། རྒྱ་ཆེའི་ཕྱིར་ན་གོ་རིམ་བཞིན། །ལས་རྒྱ་ཆེ་བ་ནི་བསོད་ནམས་རྒྱ་ཆེན་པོ་བྱེད་པ་རྣམས་ཀྱི་སྟེ ་དང་པོའོ། །ཡེ་ཤེས་རྒྱ་ཆེ་བ་ནི་ཐོས་པ་མང་པོ་རབ་ཏུ་རྣམ་པར་འབྱེད་པ་བྱས་པ་རྣམས་ཀྱི་སྟེ། གཉིས་པའོ། །བསོད་ནམས་དང་ཡེ་ཤེས་རྒྱ་ཆེ་བ་ནི་གསུམ་པ་སྟེ། དེ་ལྟར་ན་དེ་ལྟ་བུ་ནི་གོ་རིམ་བཞིན་དུ་འཁོར་ལོས་སྒྱུར་བ་ལ་སོགས་པ་འི་དག་ཏུ་རིགས་སོ།། ་ལྷག་མ་རྣམས་ནི་བཞི་པ་ཞེས་བྱ་བར་གྲུབ་པོ། །ད་ནི་འདིར་ཕྱི་རོལ་པ་དག་ཏུ་སྨྲས་པ། ཡོངས་སུ་བཟུང་ནས་གླེང་སྟེ་གལ་ཏེ་སེམས་ཅན་འཇིག་རྟེན་གཞན་དུ་འཕོ་བར་དམ་བཅའ་ན་ནི་བདག་གྲུབ་པོ་ཞེ་ན། དེ་དགག་པར་བྱ་སྟེ་བདག་མེད། བདག་ཇི་ལྟ་བུ་ཞིག ་གང་ཕུང་པོ་འདིར་བོར་ནས། ཕུང་པོ་གཞན་དུ་ཉིང་མཚམས་སྦྱོར་བ་ཡོངས་སུ་བརྟགས་པ་སྟེ། དེ་ལྟ་བུའི་ནང་གི་བྱེད་པའི་སྐྱེས་བུ་ནི་མེད་དོ། །བཅོམ་ལྡན་འདས་ཀྱིས་ཀྱང་འདི་སྐད་དུ་ལས་ནི་ཡོད་དོ། །རྣམ་པར་སྨིན་པ་ནི་ཡོད་དོ། །ཆོས་ཀྱི་འདུ་འཕྲོད་ལ་མ་གཏོགས ་པ། གང་ཕུང་པོ་འདི་བོར་ནས་གཞན་དུ་ཉིང་འཚམས་སྦྱོར་བའི་བྱེད་པ་པོ་ནི་མི་དམིགས་སོ་ཞེས་གསུངས་སོ། །དེ་ལ་ཆོས་ཀྱི་འདུ་འཕྲོད་ནི་འདི་ཡིན་ཏེ། འདི་ལྟ་སྟེ་འདི་ཡོད་པས་ན་འདི་འབྱུང་ཞེས་བྱ་བ་རྟེན་ཅིང་འབྲེལ་བར་འབྱུང་བ་རྒྱ་ཆེར་རོ། །འོ་ན་ཇི་ལྟ་བུ་དག ་ཅིག་མི་དགག་ཅེ་ན། ཕུང་པོ་ཙམ་ཉིད་དོ། །གལ་ཏེ་ཕུང་པོ་ཙམ་ཉིད་ལ་བདག་ཅེས་ཟེར་ན་ནི་དེ་ལ་དགག་པ་མེད་དེ། །དེ་ལྟ་ན་ཡང་ཕུང་པོ་ཉིད་འཇིག་རྟེན་གཞན་དུ་འཕྲོ་བར་འགྱུར་རོ་ཞེ་ན། ཕུང་པོ་དེ་དག་མི་འཕོ?་སྟེ། ཉོན་མོངས་ལས་ཀྱིས་མངོན་དུ་བྱས། །སྲིད ་པ་བར་མའི་རྒྱུན་གྱིས་ན། །མར་མེ་བཞིན་མངལ་དུ་འཇུག་།ཕུང་པོ་སྐད་ཅིག་མ་དེ་དག་ལ་ནི། འཕོ་བའི་མཐུ་མེད་ཀྱི་ཉོན་མོངས་པ་དང་ལས་ཀྱིས་ཡོངས་སུ་བསྒོམ་པའི་ཕུང་པོ་ཙམ་སྲིད་པ་བར་མ་ཞེས་བྱ་བ་ནི་རྒྱུན་གྱིས་མའི་མངལ་དུ་འགྲོ་སྟེ། དཔེར་ན་མར་མེ ་སྐད་ཅིག་མའི་རྒྱུན་གྱིས། ཡུལ་གཞན་དུ་འགྲོ་ཞེས་བྱ་བ་བཞིན་པས་འདི་ལ་ཉེས་པ་མེད་དོ། །དེ་བས་ན་བདག་ནི་མེད་ཀྱི། ཉོན་མོངས་པ་དང་ལས་ཀྱིས་མངོན་པར་འདུས་བྱས་པའི་ཕུང་པོ་རྣམས་ཀྱི་རྒྱུན་མའི་མངལ་དུ་འགྲོ་ཞེས་བྱ་བ་འདི་གྲུབ་པོ། །དེ་ཡང ་རྒྱུད་ལ་ཇི་ལྟར་འཕགས་རིམ་བཞིན། །འཕེལ་ནས་ལས་དང་ཉོན་མོངས་ཀྱིས། །འཇིག་རྟེན་ཕ་རོལ་དག་ཏུ་འགྲོ། ཚེ་ཡི་ལས་ཐ་དད་པའི་ཕྱིར། ཕུང་པོའི་རྒྱུན་ཐམས་ཅད་ཀྱི་འཕེན་པ་འདྲ་བ་ནི་མ་ཡིན་ཏེ། དེའི་ཕྱིར་གང་ལ་ཇི་སྲིད་དུ་འཕངས ་པ་དེ་སྲིད་དུ་རིམ་གྱིས་འཕེལ་ལོ། །རིམ་གང་ཞེ་ན། ནུར་ནུར་པོ་དང། མེར་མེར་པོ་དང། ནར་ནར་བོ་དང། མཁྲང་གྱུར་པ་དང། རྐང་ལག་འགྱུས་པ་ལ་སོགས་པའི་རིམ་གྱིས་སོ། །འཕེལ་བའི་རྗེས་སུ་མཐུན་པ་ལས་དབང་པོ་ཡོངས་སུ་སྨིན་ནས་ནི། ཡང ་ཉོན་མོངས་པ་རྣམས་ཀུན་དུ་སྤྱོད་ཅིང་ལས་རྣམས་ཀྱང་སོགས་པར་འགྱུར་རོ། །དེ་དག་གིས་དེ་དག་གི་ལུས་བཤིག་ནས་ཡང་སྲིད་པ་བར་མའི་རྒྱུན་གྱིས་སྔ་མ་བཞིན་དུ་འཇིག་ཅིང་ཕ་རོལ་ཏུ་འགྲོ་བས་ན། སྲིད་པའི་འཁོར་ལོ་ཐོག་མ་མེད། རྣམ་པ ་དེས་ན་ལས་དང་ཉོན་མོངས་པའི་རྒྱུ་ལས་བྱུང་བའི་ཚེ་དང། ཡང་དེའི་རྒྱུ་ལས་དང་ཉོན་མོངས་པ་རྣམས་དང། ཡང་དེ་དག་ལས་ཆེ་ཞེས་བྱ་བ་ལ་སོགས་པ་སྟེ། སྲིད་པའི་འཁོར་ལོ་ཐོག་མ་མེད་པར་རིག་པར་བྱའོ། །ཐོག་མ་རྟག་ན་ནི་དེ་རྒྱུ་མེད་པ་ཉིད་དུ ་ཐལ་བར་འགྱུར་རོ། །དེ་རྒྱུ་མེད་པ་ཞིག་ཡིན་ན་ནི་འདི་དག་ཐམས་ཅད་ཀྱང་རྒྱུ་མེད་པ་ཞིག་ལས་འབྱུང་བར་འགྱུར་བ་ཞིག་ལ། ཡུལ་དང་དུས་སོ་སོར་ངེས་པ་ལ་ལས་མྱུ་གུ་ལ་སོགས་པ་ལ་ས་བོན་ལ་སོགས་པ་དང། ཚོས་པ་ལ་སོགས་པ་ལ་མེ་ལ་སོགས་པའི ་ནུས་པ་ཡང་མཐོང་བས་རྒྱུ་མེད་པ་ལས་བྱུང་བ་ཡང་མེད་ལ། རྒྱུ་རྟག་པ་ཡོད་པར་སྨྲས་པ་ཡང་དང་པོ་ཉིད་དུ་བཀག་ཟིན་པས་དེ་བས་ན་འཁོར་བ་ལ་ཐོག་མ་མེད་པ་ཉིད་དོ། །ཚེ་ནི་རྒྱུ་ལ་རག་ལུས་པའི་ཕྱིར་རྒྱུ་ཟག་པ་ལས་མཛའ་དང་ལྡན་པར་ནི་རིགས ་ཏེ། ས་བོན་ཟད་པ་ལས་མྱུ་གུ་བཞིན་ནོ། །དེ་ལྟར་ཕུང་པོའི་རྒྱུན་ཆེའི་གནས་སྐབས་གསུམ་དུ་བསྟན་པ་གང་ཡིན་ལ། དེ་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་ཡིས། །ཡན་ལག་བཅུ་གཉིས་རབས་གསུམ་མོ། །དེ་ལ་ཡན་ལག་བཅུ་གཉིས་ནི་མ་རིག ་པ་ལ་སོགས་པ་ནས། རྒ་ཤི་ལ་ཐུག་པའི་བར་རོ། །རབས་གསུམ་ནི་སྔོན་གྱི་མཛའ་དང། ཕྱི་མའི་མཛའ་དང། དབུས་ཏེ། འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བའི་ཚེའོ། །ཇི་ལྟར་ན་ཡན་ལག་བཅུ་གཉིས་རབས་གསུམ་དག་ཏུ་རྣམ་པར་བཞག ་ཅེ་ན། སྔོན་དང་ཕྱི་མཛའ་གཉིས་གཉིས་དང། བར་གྱི་བརྒྱད་དེ། མ་རིག་པ་དང་འདུ་བྱེད་རྣམས་ནི་སྔོན་གྱི་མཛའ་ཨོ། །སྐྱེས་པ་དང། རྒ་ཤི་ནི་ཕྱི་མའི་མཛའ་ཨོ། །ལྷག་མ་བརྒྱད་ནི་བར་གྱིའོ། །ཅི་ཡན་ལག་བརྒྱད་པོ་འདི་དག་ཐམས་ཅད་ཀྱི་སྐྱེས་པ་འདི་ལ་ཡོད ་དམ་ཞེས། སྨྲས་པ་མ་ཡིན་ནོ། །འོ་ན་སུ་ལ་ཞེ་ན། ཡོངས་རྫོགས་ལ། ཡོངས་སུ་རྫོགས་པར་འདི་ལ་ཡོད་པས་ཡོངས་རྫོགས་ཏེ། འདིར་ནི་གནས་སྐབས་ཀྱི་བྱེ་བྲག་འདི་དག་ཐམས་ཅད་ལ་རེག་པའི་གང་ཟག་འདི་ལ་དགོངས་ཀྱི། བར་མ་དོར་འཆི་བ ་ཡང་མ་ཡིན་ནོ། །གཟུགས་དང་གཟུགས་མེད་པ་ན་སྤྱོད་པ་ཡང་མ་ཡིན་ཏེ། འདི་ལྟར་གླེང་གཞི་ཆེན་པོའི་རྣམ་གྲངས་ལས། འདོད་པ་ན་སྤྱོད་པའི་གང་ཟག་ཉིད་བསྟན་པ། ཀུན་དགའ་བོ་གལ་ཏེ་རྣམ་པར་ཤེས་པ་མའི་མངལ་དུ་མ་ཞུགས་ན་ཞེས་འབྱུང ་བའི་ཕྱིར་རོ། །གང་གི་ཚེ་རྟེན་ཅིང་འབྲེལ་པར་འབྱུང་བ་སྔོན་གྱི་མཛའ་དང་ཕྱི་མའི་མཛའ་རྣམ་པ་གཉིས་སུ་བརྗོད་པ་དེའི་ཚེ་ནི་ཚོར་བ་ལ་ཐུག་པའི་བར་ཡན་ལག་བདུན་སྔོན་གྱི་མཛའ་ཨོ། །ལྔ་ནི་ཕྱི་མའི་མཛའ་སྟེ། རྒྱུ་དང་འབྲས་བུར་བཅས་པ་ལ་སྔོན་གྱི ་མཛའ་དང་ཕྱི་མའི་མཛའ་སྨོས་པའི་ཕྱིར་རོ། །ཡང་མ་རིག་པ་ལ་སོགས་པ་འདི་དག་གང་ཞིག་ཅེ་ན། མ་རིག་ཉོན་མོངས་སྔོན་གནས་སྐབས། །ཚེ་སྔ་མའི་ཉོན་མོངས་པའི་གནས་སྐབས་གང་ཡིན་པ་ནི་འདིར་མ་རིག་པ་ཞེས་བྱའོ། །ལྷན་ཅིག་སྦྱོར་བ་དང། ་དེའི་དབང་གིས་དེ་དག་ཀུན་དུ་འབྱུང་བའི་ཕྱིར་ཏེ། རྒྱལ་པོ་གཤེགས་སོ་ཞེས་བྱ་བའི་ཚིག་གིས། དེའི་ཞམ་འབྲིང་པ་ཡང་འོངས་པར་གྲུབ་པ་བཞིན་ནོ། །འདུ་བྱེད་སྔོན་གྱི་ལས་དག་གིས། གནས་སྐབས་ཞེས་བྱ་བར་སྦྱར་ཏེ། ཚེ་སྔ་མའི་བསོད་ནམས་ལ་སོགས ་པའི་ལས་ཀྱི་གནས་སྐབས་གང་ཡིན་པ་དེ་ནི་འདིར་འདུ་བྱེད་ཅེས་བྱ་སྟེ། ལས་གང་གིས་འདིར་རྣམ་པར་སྨིན་པའོ། །རྣམ་ཤེས་ཕུང་པོའི་མཚམས་སྦྱོར་བ། །མའི་མངལ་ཉིང་མཚམས་སྦྱོར་བ། །མའི་མངལ་དུ་ཉིང་མཚམས་སྦྱོར ་བའི་སྐད་ཅིག་མ་ལ་ཕུང་པོ་སྔ་ནི་རྣམ་པར་ཤེས་པའོ། །མིང་དང་གཟུགས་ནི་དེ་ཕན་ཆད། །སྐྱེ་མཆེད་དྲུག་དོད་སྔ་རོལ་ལོ། །མཚམས་སྦྱོར་བའི་སེམས་ཕན་ཆད་ནས། སྲིད་དུ་སྐྱེ་མཆེད་དྲུག་མ་དོད་པའི་བར་གྱི་གནས་སྐབས་དེར་ནི་མིང་དང་གཟུགས ་ཞེས་བྱའོ། །སྐྱེ་མཆེད་བཞི་དོད་པའི་སྔ་རོལ་ན་ཞེས་བརྗོད་པར་བྱའོ་ཞེ་ན། དེ་ནི་དེའི་ཚེ་སྐྱེ་མཆེད་དྲུག་ཅེས་བྱ་བར་རྣམ་པར་འཇོག་པའི་ཕྱིར་རོ། །དེ་ནི་གསུམ་འདུས་སྔ་རོལ་ལོ། །སྐྱེ་མཆེད་དྲུག་ནི་དོད་ལ། ཇི་སྲིད་དུ་དབང་པོ་དང་ཡུལ་དང་རྣམ་པར ་ཤེས་པ་གསུམ་འདུས་པ་དེ་སྲིད་ཀྱི་ཇི་ནས་སྐབས་དེ་ལ་ནི་སྐྱེ་མཆེད་དྲུག་ཅེས་བྱའོ། །རེག་པ་བདེ་སྡུག་ལ་སོགས་པའི། །རྒྱུ་ཤེས་ནུས་པའི་སྔ་རོལ་ལོ། །གསུམ་འདུས་པ་ལས་རེག་པར་འགྱུར་ལ། དེ་ནི་ཇི་སྲིད་དུ་ཚོར་བ་གསུམ་གྱི་རྒྱུ་ཡོངས་སུ ་གཅོད་པར་མི་ནུས་པའི་གནས་སྐབས་དེ་ལ་རེག་པ་ཞེས་བྱའོ། །ཚོར་བ་འཁྲིགས་ལས་སྔར། ཚོར་བའི་གནས་སྐབས་ནི་ཇི་སྲིད་དུ་འཁྲིག་པའི་འདོད་ཆགས་ཀུན་དུ་མི་སྤྱོད་པའི་ཕྱིར་རོ། །ཐོབ་པར་བྱ་ཕྱིར་རོ། །སྲིད་པ། ལོངས་སྤྱོད་འཁྲིག་ལ ་ཆགས་པ་ཅན། འཁྲིག་པའི་འདོར་བ་ནི་ཀུན་ཏུ་སྤྱོད་ལ། ཇི་སྲིད་དུ་ཡུལ་ཡོངས་སུ་ཚོལ་བ་འམ། ཞུགས་པའི་བར་སྐབས་དེ་ལ་ནི་སྲིད་པ་ཞེས་བྱའོ། །ཉེ་བར་ལེན་པ་ལོངས་སྤྱོད་རྣམས། ཐོབ་པར་བྱ་ཕྱིར་ཡོངས་རྒྱུག་པའོ། །གནས་སྐབས་གང ་ལ་ཡུལ་ཐོབ་པར་བྱ་བའི་ཕྱིར་ཡོངས་སུ་ཚོལ་བ་ལ་ཞུགས་ནས་ཐམས་ཅད་དུ་རྒྱུག་པ་དེ་ནི་ལེན་པ་ཞེས་བྱའོ། །དེ་ལྟར་ཡོངས་སུ་རྒྱུག་པ། དེ་སྲིད་འབྲས་བུར་འགྱུར་བ་ཡི། །ལས་དེ་བྱེད་པ་སྲིད་པ་ཡིན། དེ་ཡུལ་རྣམས་ཐོབ་པར་བྱ་བའི་ཕྱིར ་ཡོངས་སུ་རྒྱུག་པ་ན། ཡང་སྲིད་པའི་ལས་སོགས་པ་སྟེ་ནི་སྲིད་པའོ། །ལས་དེ་ཡང་འདི་ནས་ཤི་འཕོས་ནས་ཚེ་ཕྱི་མར་ཉིང་མཚམས་སྦྱོར་བར་འགྱུར་རོ། །དེ་ནི་ཉིང་མཚམས་སྦྱར་བ་སྐྱེ་བ་ཡིན། འདི་ནི་རྣམ་པར་ཤེས་པའི་ཡན་ལག་ཡིན་པ ་དེ་ཉིད་ཚེ་གཞན་དུ་སྐྱེ་བའོ། །དེ་ཕན་ཆད་ཚོར་བའི་བར་ནི་རྒ་ཤིའོ། །སྐྱེ་བ་ཕན་ཆད་ནས་ཚོར་བ་ལ་ཐུག་པའི་གནས་སྐབས་ནི་རྒ་ཤི་སྟེ། འདིའི་ཡང་བཞི་པོ་མིང་དང་གཟུགས་སྐྱེ་མཆེད་དྲུག་དང་རེག་པ་དང་ཚོར་བ་གང་ཡིན་པ་དེ་དག་ཉིད་གཞན་དུ་ན ་རྒ་ཤིའོ། །རྟེན་ཅིང་འབྲེལ་པར་འབྱུང་བའི་ཡན་ལག་བཅུ་གཉིས་སོ་དེ་དག་ནི་རྣམ་པ་བཞིར་བརྗོད་དེ། འདི་ལྟར་སྐད་ཅིག་པ་དང། རྒྱུན་ཆགས་པ་དང། འབྲེལ་པ་ཅན་དང། གནས་སྐབས་པའོ། །དེ་ལ་སྐད་གཅིག་པ་ཇི་ལྟ་བུ་ཞེ་ན། སྐད་ཅིག་མ ་གཅིག་ལ་ཡན་ལག་བཅུ་གཉིས་ཡོད་པ་སྟེ། འདི་ལྟ་སྟེ། ཆགས་པའི་དབང་གིས་སྲོག་ཆགས་ཀྱི་སྲོག་གཅོད་པ་ལ་རྨོངས་པ་གང་ཡིན་པ་དེ་ནི་མ་རིག་པའོ། །སེམས་པ་གང་ཡིན་པ་ནི་འདུ་བྱེད་དོ། །དངོས་པོར་སོ་སོར་རྣམ་པར་རིག་པ་ནི་རྣམ་པར ་ཤེས་པའོ། །རྣམ་པར་ཤེས་པ་དང་ལྷན་ཅིག་འབྱུང་བའི་ཕུང་པོ་གཞི་ནི་མིང་དང་གཟུགས་སོ། །མིང་དང་གཟུགས་རྣམ་པར་བཞག་པའི་དབང་པོ་རྣམས་ནི་སྐྱེ་མཆེད་དྲུག་གོ་།སྐྱེ་མཆེད་དྲུག་འདུས་པ་ནི་རེག་པའོ། །རེག་པ་ཉམས་སུ་མྱོང་བ་ནི་ཚོར་བའོ། །ཆགས ་པ་གང་ཡིན་པ་ནི་སྲེད་པའོ། །དེ་དང་མཚུངས་པར་ལྡན་པའི་ཀུན་ནས་དཀྲིས་པ་ནི་ལེན་པའོ། །དེས་ཀུན་ནས་བསླང་བའི་ལུས་ཀྱི་ལས་དང། ངག་གི་ལས་ནི་སྲིད་པའོ། །ལས་དེ་རྣམས་ཀྱི་སྐྱེ་བ་ནི་སྐྱེ་བའོ། །ཡོངས་སུ་སྨིན་པ་ནི་རྒ་བའོ། །ཞིག་པ་ནི་ཤི་བའོ། །རྒྱུན ་ཆགས་པ་ནི་ཡན་ལག་བཅུ་གཉིས་པའི་ཕུང་པོ་ལྔ་ཚེ་གནས་སྐབས་གསུམ་དུ་བར་ཆད་མེད་པར་འབྲེལ་བ་རྣམས་ཏེ། རྒྱུན་ཆགས་པ་དང་ལྡན་པའི་ཕྱིར་རོ། །ཚེ་རབས་གསུམ་དུ་འབྲེལ་པའི་ཕྱིར་འབྲེལ་པ་ཅན་ནོ། །ཡན་ལག་བཅུ་གཉིས་པའི་ཕུང་པོ་ལྔའི་གནས ་སྐབས་ཡིན་པའི་ཕྱིར་གནས་སྐབས་པ་སྟེ། དེ་རྣམས་ལས་བཅོམ་ལྡན་འདས་ཀྱིས་འདི་གང་ལས་དགོངས་ཤེ་ན། འདིར་ནི་གནས་སྐབས་བར་འདི་འདོད་ཅེས་གྲག་།འདིར་ནི་ཡན་ལག་བཅུ་གཉིས་པའི་ཕུང་པོ་ལྔ་པ་ཚེ་རབས་གསུམ ་དུ་བར་ཆད་མེད་པར་འབྲེལ་བའི་རྟེན་ཅིང་འབྲེལ་པར་འབྱུང་བར་འདོད་དོ། །གལ་ཏེ་ཡན་ལག་རིལ་ལ་ཕུང་པོ་ལྔ་ཆར་ཡོད་ན། ཅིའི་ཕྱིར་མ་རིག་པ་ལ་སོགས་དེའི་ཆོས་འབའ་ཞིག་ལས་བསྒྲགས་ཤེ་ན། གཙོ་བོའི་ཡན་ལག་ཉིད་ལས་བསྒྲགས། །མ་རིག་པ ་གཙོ་བོའི་ཚེ་ནི་མ་རིག་པར་བཤད་ལ། འདུ་བྱེད་རྣམས་གཙོ་བོའི་ཚེ་ན་འདུ་བྱེད་དོ། །དེ་བཞིན་དུ་རྒ་ཤིའི་གཙོ་བོའི་ཚེ་ཡང་རྒ་ཤིའི་བར་དུ་སྟེ། ཉེས་པ་མེད་དོ། །ཡང་ཅིའི་ཕྱིར་མདོ་སྡེ་ལས་ནི་ཡན་ལག་བཅུ་གཉིས་ས་བོན་མེད་ལ། རབ་ཏུ་བྱེད་པ་ལས་ནི་རྟེན་ཅིང ་འབྲེལ་པར་འབྱུང་བ་གང་ཞེ་ན། འདུས་བྱས་ཀྱི་ཆོས་ཐམས་ཅད་དོ་ཞེས་གཞན་དུ་འབྱུང་ཞེ་ན། མདོ་ལས་ནི་སེམས་ཅན་ཞེས་བྱ་བའོ། །རབ་ཏུ་བྱེད་པ་ལས་ནི་སེམས་ཅན་དང། སེམས་ཅན་མ་ཡིན་པ་ཞེས་བྱ་བའོ། །ཡང་ཅིའི་ཕྱིར་མདོ་ལས་སེམས་ཅན ་ཞེས་བྱ་བ་འབའ་ཞིག་བཤད་ཅེ་ན། སྔོན་དང་ཕྱི་མ་བར་མཛའ་ལ། རྨོངས་པ་རྣམ་པར་བཟློག་པའི་ཕྱིར། དེ་ལ་སྔོན་གྱི་མཛའ་ལ་རྨོངས་པ་རྣམ་པར་བཟློག་པའི་ཕྱིར་མ་རིག་པ་དང། འདུ་བྱེད་བསྟན་ཏོ། །ཕྱི་མའི་མཛའ་ལ་རྨོངས་པ་རྣམ་པར་བཟློག་པའི ་ཕྱིར་སྐྱེ་བ་དང། རྒ་ཤི་བསྟན་ཏོ། །བར་གྱི་མཛའ་ལ་རྨོངས་པ་རྣམ་པར་བར་བཟློག་པའི་ཕྱིར་རྣམ་པར་ཤེས་པ་དང། མིང་དང་གཟུགས་དང། སྐྱེ་མཆེད་དྲུག་དང། རེག་པ་དང། ཚོར་བ་དང། སྲེད་པ་དང། ལེན་པ་དང། སྲིད་པ་བསྟན་ཏེ། དེའི་ཕྱིར་རབས ་གསུམ་མོ། །ཡང་རྟེན་ཅིང་འབྲེལ་པར་འབྱུང་བ་དེ་ནི་འདི་ལྟར་ཉོན་མོངས་པ་དང་ལས་དང། གཞི་དང་གསུམ་གྱི་རང་བཞིན་དུ་རིག་པར་བྱ་སྟེ། དེ་ལ་ཉོན་མོངས་པ་གསུམ་ནི་མ་རིག་པ་དང། སྲིད་པ་དང། ལེན་པའོ། །ལས་གཉིས་ནི། འདུ་བྱེད་དང། སྲིད ་པའི་ཡན་ལག་གཉིས་ནི་ལས་ཀྱི་རང་བཞིན་ནོ། །གཞི་བདུན། རྣམ་པར་ཤེས་པ་རྣམ་པར་ཤེས་པ་དང། མིང་དང་གཟུགས་དང། སྐྱེ་མཆེད་དྲུག་དང། རེག་པ་དང། ཚོར་བ་དང། སྐྱེ་བ་དང། རྒ་ཤི་སྟེ། ཡན་ལག་བདུན་ནི་ལས་དང། ཉོན་མོངས་པའི་རྟེན་ཡིན་པའི ་ཕྱིར་གཞི་ཞེས་བྱའོ། །ཇི་ལྟར་ཡན་ལག་བདུན་གཞི་ཡིན་པ། དེ་བཞིན་འབྲས་བུ་སྟེ། ཡན་ལག་བདུན་པོ་ཉིད་འབྲས་བུར་གྱུར་པའོ། །ལྷག་མ་ལྔ་ནི་ལས་དང་ཉོན་མོངས་པའི་རང་བཞིན་ཡིན་པའི་ཕྱིར་རྒྱུའོ། །ཡང་ཅིའི་ཕྱིར་གཞི་རྣམ་པ་ལྔ་དང་ཉོན་མོངས་པ ་རྣམ་པ་གཉིས་ཐ་དད་པའི་ཕྱིར་ལུས་ཀྱི་རྒྱུ་དང་འབྲས་བུའི་ནི་རྒྱ་ཆེར་བསྟན་ཅིང་རྣམ་པ་གཉིས་ཐ་དད་པའི་ཕྱིར། མ་འོངས་པའི་དུས་ཀྱི་འབྲས་བུ་ནི་མདོར་བསྡུས་ལ་འདས་པའི་དུས་ཀྱི་རྒྱུ་ནི་ཉོན་མོངས་པ་གཅིག་གི་སྒོ་ནས་བསྟན་ཅེ་ན། གཉིས་ཀྱི་རྒྱུ ་འབྲས་བུ་བསྡུས་བ་ནི། བར་མའི་རྗེས་སུ་དཔག་པ་ལས། བ་མ་ཉིད་ཀྱི་སྔོན་གྱི་མཛའ་དང་ཕྱི་མའི་མཛའ་གཉི་གའི་རྒྱུ་དང། འབྲས་བུ་ཡང་རྒྱ་ཆེར་རྗེས་སུ་དཔག་བསམ་བཤད་དེ། ཡང་དོན་མེད་པའི་འབད་པ་ནི་མི་བྱའོ། །གལ་ཏེ་ཡང་རྟེན་ཅིང་འབྲེལ ་པར་འབྱུང་བ་ཡན་ལག་བཅུ་གཉིས་འབའ་ཞིག་ཏུ་ཟད་ན་དེ་ལྟར་ན་ནི། མ་རིག་པའི་རྒྱུ་མ་བསྟན་པའི་ཕྱིར་འཁོར་བ་ལ་ཐོག་མ་ཅན་དུ་འགྱུར་ལ། རྒ་ཤིའི་འབྲས་བུ་མ་བསྟན་པའི་ཕྱིར་མཛའ་དང་ལྡན་པར་ཡང་འགྱུར་བས། ཡང་ན་ཡན་ལག་གཞན་ཞིག་གིས ་ཁ་བསྐང་བར་བྱ་དགོས་ལ། དེ་ལ་ཡང་གཞན་ན་ནི་ཐུག་པ་མེད་པར་འགྱུར་རོ་ཞེ་ན། གང་གི་ཕྱིར་ཁ་བསྐང་མི་དགོས་ཏེ། གང་གི་ཕྱིར་བཅོམ་ལྡན་འདས་ཀྱིས། ཉོན་མོངས་པ་ལས་ཉོན་མོངས་དང། །བྱ་བ་ཉིད་དེ་དེ་ལས་གཞི། །དེ་ལས་གཞི་དང་ཉོན ་མོངས་སྐྱེ། །འདི་ནི་སྲིད་པའི་ཡན་ལག་ལུགས། །ཞེས་བསྟན་པ་ལ། ཉོན་མོངས་པ་ལས་ཉོན་མོངས་པ་སྐྱེ་སྟེ། སྲེད་པ་ལས་ལེན་པའོ། །ཉོན་མོངས་པ་ལས་ལས་ཏེ། ལེན་པ་ལས་སྲིད་པ་དང། མ་རིག་པ་ལས་འདུ་བྱེད་རྣམས་སོ། །ལས་ལས་གཞི་སྟེ། ་འདུ་བྱེད་ལས་རྣམ་པར་ཤེས་པ་དང། སྲེད་པ་ལས་སྐྱེ་པའོ། །གཞི་ལས་གཞི་སྟེ། རྣམ་པར་ཤེས་པ་ལས། མིང་དང་གཟུགས་ནས་རེག་པ་ལས་ཚོར་བའི་བར་དང། སྐྱེ་བ་ལས། རྒ་ཤིའི་པར་རོ། །གཞི་ལས་ཉོན་མོངས་པ་སྟེ། ཚོར ་བ་ལས་སྲེག་པའོ། །གང་གི་ཕྱིར་སྲིད་པའི་ཡན་ལག་རྣམས་ཀྱི་ལུགས་དེ་ལྟར་རྣམ་བར་བཞག་པ་དེའི་ཕྱིར་ཉོན་མོངས་པའི་རང་བཞིན་མ་རིག་པ་ཡང་གཞི་འམ། ཉོན་མོངས་པ་ལས་སྐྱེ་བར་བསྟན་པར་འགྱུར་ལ། རྒ་ཤི་ཚོར་བ་ལ་ཐུག་པའི་གཞི་ལས ་ནི་ཡང་ཉོན་མོངས་པར་འབྱུང་བས། ཡང་འདི་ལ་ཆུང་ཟད་ཀྱང་ཁ་བསྐང་བ་བྱ་བ་མེད་དོ། །དེ་ལྟ་ན་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འདི་འབའ་ཞིག་ཡང་དག་པར་འབྱུང་བར་འགྱུར་རོ་ཞེས་གསུངས་པའི་ཕྱིར་རོ། །དེ་ལྟ་མ་ཡིན་ན་འདིའི་ནུས་པ་ཅི་ཞིག་ཏུ་འགྱུར། ་བཅོམ་ལྡན་འདས་ཀྱིས་དགེ་སློང་དག་ཁྱེད་ལ་རྟེན་ཅིང་འབྲེལ་བར་འབྱུང་བ་དང། རྟེན་ཅིང་འབྲེལ་པར་འབྱུང་བའི་ཆོས་ཀྱང་བསྟན་པར་བྱའོ། །ཞེས་གང་གསུངས་པ་ལ་འདི་དག་གི་ཁྱད་པར་གང་ཞེ་ན། རྒྱུ་འདི་རྟན་ཅིང་འབྲེལ་འབྱུང་སྟེ། རྟེན་ཅིང་འབྱུང་བ། ་འབྲས་བུར་འདོད། །རྒྱུར་གྱུར་བའི་ཡན་ལག་ནི་འདི་ལས་འབྱུང་བས་ན་རྟེན་ཅིང་འབྲེལ་པར་འབྱུང་བའོ། །འབྲས་བུར་གྱུར་པའི་ཡན་ལག་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་སྟེ། དེ་ལྟ་ན་རྒྱུ་དང་འབྲས་བུར་གྱུར་བའི་ཕྱིར་ཡན་ལག་ཐམས་ཅད་ལ་ཡང་གཉི་གར། ་གྲུབ་པོ། །ཡང་མ་རིག་ཅེས་བྱ་བའི་དོན་ཅི་ཞིག་ཡིན། གལ་ཏེ་གང་མ་རིག་བ་མ་ཡིན་པ་ཞིག་ཡིན་ནོ་ཞེ་ན། མིག་ལ་སོགས་པ་ལ་ཡང་ཐལ་བར་འགྱུར་རོ། །གལ་ཏེ་རིག་པ་མེད་པ་ཞིག་ཡིན་ནོ་ཞེ་ན། ད་ལྟ་ན་ཆུང?་ཟད་ཀྱང་མ་ཡིན་པར་འགྱུར་བ་ཞིག་ན། དེ་ཡང ་མི་རུང་བས། དེ་བས་ནས། རིག་པའི་མི་མཐུན་ཕྱོགས་ཆོས་གཞན། མ་རིག་མི་མཛའ་རྫུན་སོགས་བཞིན། ཇི་ལྟར་མཛའ་བོ་ལས་བཟློག་ན་འགའ་ཞིག་དེའི་གཉེན་པོར་འགྱུར་པ་མི་མཛའ་བ་ཡོད་ཀྱི་གང་མཛའ་བ་གང་ཞིག་ཀྱང་མ་ཡིན་ལ་མཛའ་བ་མེད ་བར་ཡང་མ་ཡིན་པ་ལྟ་བུའོ། །དྲང་པོ་ཞེས་བྱ་བ་ནི་བདེན་པའོ། །དེའི་མི་མཐུན་པའི་ཕྱོགས་སུ་གྱུར་པའི་ཚིག་ནི་རྫུན་ཡིན་ཏེ། ཆོས་མ་ཡིན་པ་དང། དོན་མ་ཡིན་པ་དང། བྱ་བ་མ་ཡིན་པ་རྣམས་ནི་ཆོས་ལ་སོགས་པའི་མི་མཐུན་པར་གྱུར་པ་དེ་བཞིན་དུ་མ་རིག་བ ་ཡང་རིག་པའི་མི་མཐུན་པར་གྱུར་པ་ཆོས་གཞན་དུ་བལྟ་བར་བྱའོ། འདི་ག་ལས་ཤེ་ན། རྐྱེན་གྱི་ངོ་བོར་བསྟན་པ་ལས་སོ། །གཞན་ཡང་ཀུན་ཏུ་སྦྱོར་བ་སོགས་ཚིག་གི་ཕྱིར། མདོ་ལས་མ་རིག་པ་ནི་ཀུན་ཏུ་སྦྱོར་བ་དང། འཆིང་བ་དང། ཕྲ་རྒྱས་དང། ཟག་པ ་དང། ཆུ་བོ་དང། སྤྱོར་བ་ཞེས་བྱའོ་ཞེས་གསུངས་པ་ཡང་མེད་པ་ཙམ་ལ་དེ་ལྟ་བུར་འགྱུར་བ་ནི་འོས་པ་མ་ཡིན་ལ་མིག་ལ་སོགས་པ་ཡང་མ་ཡིན་པས་དེ་བས་ན་མ་རིག་པ་མི་ཚེས་གཞན་པ་ཉིད་དེ། དཔེར་ན་ཆུང་མ་ངན་པ་ལ་ཆུང་མ་མ་ཡིན་ཞེས་བྱ་བ་དང། བུ ་ངན་པ་ལ་བུ་མ་ཡིན་ཞེས་བྱ་བ་ལྟར་མ་རིག་པ་ཡང་དེ་བཞིན་ནོ། །ལྟ་ཕྱིར་ཤེས་རབ་ངན་པ་མིན། །སྨད་པའི་ཤེས་རབ་ཀྱི་ཉོན་མོངས་པ་ཅན་ཏེ། དེ་ཡང་ལྟ་བའི་རང་བཞིན་ཡིན་ན་མ་རིག་པ་ནི་མི་འཐད་དོ། །འོ་ན་གང་ལྟ་བ་མ་ཡིན་པ་དེ་ཡིན་པར་འགྱུར་རོ་ཞེ་ན། དེ་ཡང ་ཡིན་པར་འོས་པ་མ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། ལྟ་བ་དེ་དང་མཚུངས་ལྡན་ཕྱིར། །གལ་ཏེ་མ་རིག་པ་ཤེས་རབ་ཏུ་གྱུར་ན། ཤེས་རབ་ཀྱི་རྫས་གཉིས་མི་ལྡན་པའི་ཕྱིར་ཏེ། དེ་དང་ལྟ་བར་མཚུངས་པར་ལྡན་པ་མ་ཡིན་ཏེ། འདི་ལས་ཀྱང། ཤེས་རབ་ཉོན་མོངས ་བསྟན་པའི་ཕྱིར། མདོ་ལས་འདོད་ཆགས་ཀྱིས་ཉེ་བའི་ཉོན་མོངས་པ་ཅན་དུ་བྱས་པའི་སེམས་ནི་རྣམ་པར་མི་འགྲོལ་ལོ། །མ་རིག་པས་ཉེ་བའི་ཉོན་མོངས་པ་ཅན་དུ་བྱས་པའི་ཤེས་རབ་ནི་མི་འདག་གོ་ཞེས་གསུངས་པ་ཡང་ཤེས་རབ་དེ་ཉིད་པྲཛྙཱ་དེའི་ཉོན ་མོངས་པ་ཡིན་པར་ནི་མི་རིགས་ཀྱི། ཇི་ལྟར་ཉེ་བའི་ཉོན་མོངས་པ་འདོད་ཆགས་སེམས་ལས་གཞན་ཡིན་ཞིང་རིགས་ཐ་དད་པ་ལྟར་ཤེས་རབ་དང་མ་རིག་པ་ཡང་དེ་བཞིན་ནོ། །མ་རིག་པའི་དོན་བཤད་ཟིན་ཏོ། །ཡང་མིང་དང། གཟུགས་ཞེས་བྱ་བའི་དོན?་ཅི ་ཞེ་ན། གཟུགས་ནི་རྒྱ་ཆེར་ཇི་སྐད་དུ་བཤད་པའོ། །མིང་ནི་གཟུགས?་ཅན་མིན་ཕུང་པོ། ཅིའི་ཕྱིར་ཞེ་ན། མིང་དང་དབང་པོ་དང་དོན་གྱི་དབང་གིས་དོན་ལ་འཇུག་པའི་ཕྱིར་མིང་གང་གིས་དབང་གིས་ཤེ་ན། གང་འཇིག་རྟེན་འདི་ན་གྲགས ་པ་སྟེ། དེ་ན་དེ་དང་དེ་དག་གི་རྐྱེན་དུ་འགྱུར་བ་ལ་བ་ལང་དང། རྟ་དང་གཟུགས་དང་རོ་ཞེས་བྱ་བ་ལ་སོགས་པའོ། །དེ་དག་ཀྱང་ཅིའི་ཕྱིར་མིང་ཡིན་ཞེ་ན། དོན་དེ་དང་དེ་དག་ལ་མིང་འཇུག་པར་བྱེད་པའི་ཕྱིར་རོ། །གཞན་དག་ན་རེ་འདིར་ལུས་བོར་ནས་སྐྱེ་པ ་གཞན་དུ་གཞོལ་བར་བྱེད་པའི་ཕྱིར་མིང་ནི་གཟུགས་ཅན་མ་ཡིན་པའི་ཕུང་པོ་ཞེས་ཟེར་རོ། །སྐྱེ་མཆེད་དྲུག་བཤད་ཟིན་ཏོ། །རེག་པ་བརྗོད་པར་བྱ་སྟེ། རེག་དྲུག་མིག་གི་འདུས་ཏེ་རེག་བ་ནས་ཡིད་ཀྱི་འདུས་ཏེ་རེག་བའི་བར་དུ་སྟེ། དེ་དག་ཀྱང། འདུས་ཏེ་བྱུང ་པའོ། །དབང་པོ་དང་དོན་དང་རྣམ་པར་ཤེས་པ་རྣམས་འདུས་པ་ལས་བྱུང་བའོ། །རེག་པ་དྲུག་པོ་དེ་དག་ལས། །ལྔ་ནི་ཐེགས་པའི་རེག་པ་ཡིན། དྲུག་པ་བླ་དགས་ཚིག་ཅེས་བྱ། །མིག་དང། རྣ་བ་དང། སྣ་དང། ལྕེ་དང། ལུས་ཀྱི་འདུས་ཏེ་རེག་པ་ལྔ་ནི ་ཐོགས་པ་དང་བཅས་པའི་དབང་པོ་ལ་བརྟེན་པའི་ཕྱིར་ཐོགས་པའི་རེག་པ་ཞེས་བྱའོ། །དྲུག་པ་ཡིད་ཀྱི་འདུས་ཏེ་རེག་པ་རྣམས་ནི་ཚིག་བླ་དགས་ཀྱི་རེག་པ་ཞེས་བྱའོ། །ཅིའི་ཕྱིར་བླ་དག་ས་ལ་མིང་ཞེས་བྱ་ཞེ་ན། དེ་ནི་ལྷག་མ་ལ་དམིགས་པས་དེའི་ཕྱིར་ཚིག ་བླ་དགས་ཀྱི་རེག་པ་ཞེས་བྱའོ་ཞེས་གྲག་གོ། །ཡང་རེག་པ་དྲུག་པོ་དེ་དག་ཉིད་གསུམ་དུ་འགྱུར་ཏེ། རིག་དང་མི་རིག་དང་གཞན་རེག་།རེག་པའི་རེག་པ་དང། མ་རིག་པའི་རེག་པ་དང། དེ་གཉིས་ལས་གཞན་པ་རིག་པ་ཡང་མ་ཡིན་མ་རིག་པ་ཡང་མ་ཡིན ་པའི་རེག་པའོ། །དེ་དག་ཀྱང་རིམ་བཞིན་དུ། དྲི་མེད་ཉོན་མོངས་ཅན་ལྷག་མ། །རིག་པའི་རེག་པ་ནི་ཟག་པ་མེད་པའི་རེག་པའོ། །མ་རིག་པའི་རག་པ་ནི་ཉོན་མོངས་པ་ཅན་གྱི་རེག་པ་སྟེ། རིག་པ་དང་མ་རིག་པ་དང་ལྡན་པའི་ཕྱིར་རོ། །ལྷག་མ་ནི་གཉི་ག་དང་མཚུངས ་པར་མི་ལྡན་པའི་ཕྱིར་རིག་པ་ཡང་མ་ཡིན་མ་རིག་པ་ཡང་མ་ཡིན་པའི་རེག་པའོ། །ལྷག་མ་ཡང་གང་ཞི་ཅེ་ན། དགེ་བ་ཟག་པ་དང་བཅས་པ་དང་མ་བསྒྲིབས་ལ་ལུང་དུ་མ་བསྟན་པའོ། །ཡང་མ་རིག་པའི་རེག་པ་ནི་ཡང་དང་ཡང་དུ་ཀུན་དུ་འབྱུང་བས་ཕྱོགས ་གཅིག་སྨོས་པས་རེག་པ་གཉིས་སུ་གྱུར་ཏེ། གནོད་སེམས་རྗེས་སུ་ཆགས་པའི་རེག། གནོད་སེམས་དང། རྗེས་སུ་ཆགས་པ་དང་མཚུངས་པར་ལྡན་པའི་ཕྱིར་རོ། །ཡང་ཐམས་ཅད་བསྡུ་ན། བདེ་བ་ཚོར་བ་འགྱུར་སོགས་གསུམ། །བདེ་བ་ཚོར་བར་འགྱུར་བའི་རེག ་པ་སྡུག་བསྔལ་ཚོར་བར་འགྱུར་བ་དང། བདེ་བ་ཡང་མ་ཡིན་སྡུག་བསྔལ་ཡང་མ་ཡིན་པ་ཚོར་བར་འགྱུར་བ་སྟེ། བདེ་བ་ལ་སོགས་པ་དང་འཐུན་པའི་ཕྱིར་རོ། །དེ་ལྟར་ན་རེག་པ་དེ་དག་ནི་བཅུ་དྲུག་ཏུ་འགྱུར་རོ། །རེག་པ་བཤད་ཟིན་ཏོ། །ཚོར་བ་བརྗོད་པར་བྱ་སྟེ། དེ་ལ ་སྔར་རེག་པའི་དྲུག་བཤད་པ་གང་ཡིན་པ། དེ་ལས་བྱུང་བ་ཚོར་བ་དྲུག་།མིག་གི་འདུས་ཏེ་རེག་པ་ལས་བྱུང་པའི་ཚོང་བ་ནས་ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ལས་བྱུང་བའི་བར་ཏེ། དེ་དག་ལས། ལྔ་ནི་ལུས་ཀྱི་སེམས་ཀྱི་གཞན། མིག་དང། རྣ་བ་དང། ་སྣ་དང། །ལྕེ་དང། ལུས་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ལྔ་ནི་དབང?་པོ་གཟུགས་ཅན་ལ་བརྟེན་པའི་ཕྱིར་ལུས་ཀྱི་ཚོར་བ་ཞེས་བྱའོ། །ཡིད་ཀྱི་འདུས་ཏེ་རག་པ་ལས་བྱུང་བའི་ནི་སེམས་ཙམ་ལ་བརྟེན་པའི་ཕྱིར་སེམས་ཀྱི་ཞེས་བྱའོ། །དེ་ཉིད་ཉེ་བར་རྒྱུ་བ་ལ?། ་རྣམ་པར?་ག?་ནི་ཡང་བཅོ་བརྒྱད། ཡང་སེམས་ཀྱི་ཚོར་བ་དེ་ཉིད་ནི། ཡིད་ཀྱི་ཉེ་བར་རྒྱུ་བ་བཅོ་བརྒྱད་རྣམ་པར་བཞག་པ་ལས་རྣམ་པ་བཅོ་བརྒྱད་དུ་དབྱེའོ། །ཡིད་ཀྱི་ཉེ་བར་རྒྱུ་བ་བཅོ་བརྒྱད་གང་ཞེ་ན། ཡིད་བདེ་བའི་ཉེ་བར་རྒྱུ་བ་དྲུག་དང། ཡིད་མི་བདེ་བའི་ཉེ་བར་རྒྱུ་བ་དྲུག ་དང། བཏང་སྙོམས་ཀྱི་ཉེ་བར་རྒྱུ་བ་དྲུག་སྟེ། ཡིད་ཀྱི་བདེ་བ་ལ་སོགས་པ་དེ་དག་ཡིད་ལ་བརྟེན་ནས་དེ་དག་ཡུལ་ལ་ཉེ་བར་རྒྱུ་བའི་ཕྱིར་ཡིད་ཀྱི་ཉེ་བར་རྒྱུ་བ་འམ། ཡུལ་དག་ལ་ཉེ་བར་རྒྱུ་བའི་ཡིད་ཀྱི་ཉེ་བར་རྒྱུ་བ་སྟེ། ཚོར་པའི་དབང་གིས་ཡུལ་རྣམས་ལ་ཡིད་ཡང་དང ་ཡང་དུ་རྣམ་པར་རྒྱུ་བའི་ཕྱིར་རོ། །ཡང་ཡིད་ཀྱི་ཉེ་བར་རྒྱུ་བ་འདི་དག་ལས་འདོད་པ་དང་ལྡན་པ་ནི་དུ་ཞེ་ན། དེ་དག་ལས་དུའི་དམིགས་པ་ནི་ཅི་ཞིག་ཡིན་ཞེས་བྱ་བ་ནས་དེ་བཞིན་གཟུགས་མེད་པ་དང་ལྡན་པའི་བར་དུ་ཡང་བརྗོད་པར་བྱའོ ་ཞེ་ན། སྨྲས་པ། འདོད་པར་རང་ལ་དམིགས་ཐམས་ཅད། །འདོད་པའི་ཁམས་དག་ན་ནི་བཅོ་བརྒྱད་རིལ་གྱི་ཡོད་དེ། དེ་ཡང་དེ་དག་ཐམས་ཅད་ཀྱི་དམིགས་པ་ཡང་དེ་ཡིན་ནོ། །དེ་རྣམས་ཉིད་ལས་གཟུགས་ཅན་བཅུ་གཉིས་ཡོད?་ཡུལ་ལོ། །གཟུགས་ཀྱི ་ཁམས་སུ་ནི་དྲི་དང་རོ་དང་ཉེ་བར་རྒྱུ་བ་དྲུག་མ་གཏོགས་པ་བཅུ་གཉིས་ལ་དམིགས་པ་སྟེ། དེ་ན་དེ་གཉིས་མེད་པའི་ཕྱིར་རོ། །གོང་མའི་གསུམ་དག། སྤྱོད་ཡུལ་ཞེས་བྱ་བ་སྦྱར་ཏེ། གཟུགས་ཅན་བཅུ་གཉིས་ནི་གསུམ་སྟེ། དེ་ན་གཟུགས་ལ་སོགས་པ ་མེད་པའི་ཕྱིར་དམིགས་པ་ཆོས་ལ་ཉེ་བར་རྒྱུ་བའོ། །འདོད་པའི་ཁམས་དང་ལྡན་པ་བཤད་ཟིན་ཏོ། །གཟུགས་དང་ལྡན་པ་བརྗོད་པར་བྱ་སྟེ། དེ་ལ་རེག་ཞིག་།བསམ་གཏན་གཉིས། བཅུ་གཉིས། ཡིད་མི་བདེ་བ་ཉེ་བར་རྒྱུ་བ་མ་གཏོགས་སོ། །བཅུ་གཉིས ་པོ་དེ་དག་ཀྱང། འདོད་པར་འགྲོ་བ་རྣམས། འདོད་པར་འགྲོ་པས་ན་འདོད་པར་འགྲོ་བ་སྟེ། འདོད་པའི་ཁམས་ལ་དམིགས་ཞེས་བྱ་བའི་ཐ་ཚིག་གོ། ཇི་ལྟར་རྟགས་པར་བྱ་ཞེ་ན། ཡུལ་རྣམས་ལ་འཛིན་པའི་དོན་ལ་འགྲོ་བར་སྤྱོད་པ་ཡང་མཐོང་སྟེ། དེ་ལྟར ་རྟོགས་པར་བྱའོ། །རང་ལ་དམིགས་བརྒྱད། གཟུགས་ཀྱི་ཁམས་དེ་ཉིད་ན་ནི་ཡིད་ཀྱི་ཉེ་བར་རྒྱུ་བ་བརྒྱད་དེ་དེ་དག་གི་དམིགས་པ་རང་གི་སྟེ། དྲི་དང་རོ་ལ་ཉེ་བར་རྒྱུ་བ་བཞི་མ་གཏོགས་སོ། །གཟུགས་མེད་གཉིས། དམིགས་པོ་ཆོས་ལ་ཉེ་བར་རྒྱུ་བའོ། །བསམ ་གཏན་གཉིས་དྲུག་།བསམ་གཏན་གསུམ་པ་དང་བཞི་པ་གཉིས་ན་ནི་བཏང་སྙོམས་ཀྱི་ཉེ་བར་རྒྱུ་བ་དྲུག་འབའ་ཞིག་ཡོད་ཀྱི་གཞན་དག་ནི་མ་ཡིན་ནོ། །དེ་དག་གི་དམིགས་པ་ཡང། འདོད་པའི་དྲུག་སྟེ། འདོད་པའི་ཁམས་ཀྱི་དྲུག་ཅར་ཡང་དམིགས་པ་ཡིན ་ནོ། །རང་གི་བཞི་ཡིན་ནོ། །གཟུགས་ཀྱི་ཁམས་ན་ནི་བཞི་སྟེ། དེ་ནི་དྲི་དང་རོ་མེད་པའི་ཕྱིར། །གོང་མའི་དམིགས་པ་གཅིག་ཡིན་ནོ། །གཟུགས་མེད་པའི་ཁམས་སུ། དམིགས་པ་ཆོས་ལ་ཉེ་བར་རྒྱུ་བ་གཅིག་པུའོ། །གཟུགས་དང་ལྡན་པ་བཤད་ཟིན་ཏོ། །དེ་ན་གཟུགས་མེད ་པ་དང་ལྡན་པ་བརྗོད་པར་བྱ་སྟེ། གཟུགས་མེད་ཉེ་བར་བསྡོགས?་ལ་བཞི། འདིར་ནི་ནམ་མཁའ་མཛའ་ཡས་སྐྱེ་མཆེད་ལ་ཉེ་བར་བསྡོགས?་པས་ན། ཉེ་བར་བསྡོགས?་པ་སྟེ། དེ་ནི་གཟུགས་དང། སྒྲ་དང། རེག་བྱ་ལ་ཆོས་ལ་ཉེ་བར་རྒྱུ་བ་བཞིའོ། །དེ་དག་ཀྱང། གཟུགས་འགྲོ ་དེ་དག་གི་དམིགས་པ་ནི་བསམ་གཏན་བཞི་པའོ། །གོང་མར་འགྲོ་བ་གཅིག། གཟུགས་མེད་པའི་ཁམས་ལ་དམིགས་ན་ནི་དེར་ཆོས་ལ་ཉེ་བར་རྒྱུ་བ་གཅིག་པུའོ། །དངོས་གཞི་ལ་གཅིག། གཟུགས་མེད་པའི་དངོས་གཞི་ལ་ནི་ཆོས་ལ་ཉེ་བར་རྒྱུ་འབའ་ཞིག ་ཡོད་ཀྱི་གཞན་ནི་མ་ཡིན་ནོ། །དེ་ཡང་རང་གི་ཡུལ་གཟུགས་མེད་པ་ལ་དམིགས་པ་ཉིད་དོ། །གཟུགས་མེད་པའི་ཁམས་ཀྱི་དངོས་གཞིའི་ནི་འོ་མ་ལ་མི་དམིགས་སོ། །ཞེས་འོག་ནས་འཆད་དོ། །ཡིད་ཀྱི་ཉེ་བར་རྒྱུ་བ་འདི་དག་ཀྱང། བཅོ་བརྒྱད་ཐམས་ཅད ་ཟག་དང་བཅས། །ཟག་པ་མེད་པ་ནི་འགའ་ཡང་མེད་དོ། །དེ་ལྟར་ན་ཚོར་བ་ཞེས་བྱ་བའི་ཡན་ལག་ནི་རྣམ་པ་དུ་མར་རིག་པར་བྱའོ། །ཡན་ལག་ལྷག་མ་རྣམས་ནི་ཡང་མི་བརྗོད་དོ། །དེ་ཅིའི་ཕྱིར་ཞེ་ན། བཤད་དང?་ཆད?་པར་འགྱུར་ལ་གཞན། འདིའི་ཡན་ལག་ཁ་ཅིག ་ནི་བཤད་ཟིན་ཏོ། །ཁ་ཅིག་ནི་འོག་ནས་འཆད་དེ། དེ་ལ་རེ་ཞིག་རྣམ་པར་ཤེས་པ་ནི། རྣམ་ཤེས་སོ་སོར་རྣམ་རིག་པ། །ཡིད་ཀྱི་སྐྱེ་མཆེད་ཀྱང་དེ་ཡིན། །ཞེས་བཤད་ཟིན་ཏོ། །སྐྱེ་མཆེད་དྲུག་ཀྱང་མིག་ལ་སོགས་པ་གཟུགས་དང་བ་དེ་ནི་རྣམ་པར་ཤེས་པའི་རྟེན་ཞེས ་བཤད་ཟིན་ཏོ། །འདུ་བྱེད་དང་སྲིད་པ་ནི་ལས་ཀྱི་མཛོད་ཀྱི་གནས་ནས་འཆད་དོ། །སྲེད་པ་དང། ལེན་པ་ནི་ཕྲ་རྒྱས་ཀྱི་མཛོད་ཀྱི་གནས་ནས་འཆད་དོ། །རྟེན་ཅིང་འབྲེལ་པར་འབྱུང་བ་དེ་དག་ཀྱང་མདོར་བསྡུ་ན་ཉོན་མོངས་པ་དང། ལས་དང་གཞི་རྣམས་སོ་ཞེས་སྔར ་བསྟན་པ་ལ། འདིར་ནི་ཉོན་མོངས་པ་འདོད་པ། །ས་བོན་གཞི་ཀླུ་རྩ་བ་དང། །ལྗོན་ཤིང་དེ་བཞིན་ཕུབ་མ་བཞིན། །ས་བོན་ལ་སོགས་པ་དང་ཆོས་འཐུན་པ་ཇི་ལྟ་བུ་ཞེ་ན། དཔེར་ན་ས་བོན་ལས་ནི་མྱུ་གུ་དང། སྡོང་བུ་དང། ལོ་མ ་ལ་སོགས་པ་སྐྱེ་བར་འགྱུར་པ་དེ་བཞིན་དུ་ཉོན་མོངས་པ་ལས་ཀྱང་ཉོན་མོངས་པ་དང་ལས་དང་གཞི་རྣམས་འབྱུང་ངོ། །དཔེར་ན་ཆུ་ཀླུང་གནས་པའི་མཚོ་ནི་སྐམས་པར་མི་འགྱུར་བ་ལྟར། ཉོན་མོངས་པའི་ཀླུ་གནས་པའི་ཚེ་ཡང་དེ་བཞིན་ནོ།། ་དཔེར་ན་ནགས་ཀྱི་ཚལ་དྲུང་ནས་མ་ཕྱུང་བ་ཡང་དང་ཡང་དུ་བཅད་ཀྱང་སླར་སྐྱེ་བ་ལྟར། ཉོན་མོངས་པ་རྩ་ནས་མ་བཏོན་པའི་འགྲོ་བ་རྣམས་ཀྱང་དེ་བཞིན་ནོ། །དཔེར་ན་ཤིང་ལྗོན་པ་དུས་དུས་སུ་མེ་ཏོག་དང་འབྲས་བུ་རྣམས་འཕེལ་བ་དེ་བཞིན་དུ ་ཉོན་མོངས་པ་ཡང་ལན་ཅིག་མ་ཡིན་པར་ཉོན་མོངས་པ་དང། ལས་དང། གཞིའི་རྒྱུར་འགྱུར་རོ། །དཔེར་ན་ཕུབ་མ་དང་བཅས་པའི་འབྲས་ཐུག་པོ་ཆེ་ནི་སྐྱེ་བར་ནུས་ཀྱི་འབའ་ཞིག་ནི་མ་ཡིན་པ་དེ་བཞིན་དུ་ཉོན་མོངས་པའི་ཐོབ་པ་དང་འབྲེལ་པའི ་ལས་ཀྱང་ཚེ་གཞན་སྐྱེད་པར་ནུས་པར་འགྱུར་གྱི་འབའ་ཞིག་ནི་མ་ཡིན་ཏེ། དེ་ལྟར་ན་ཉོན་མོངས་པ་ནི་ས་བོན་ལ་སོགས་པ་ལྟ་བུར་རིག་པར་བྱའོ། །ལས་ནི་ཕུབ་བཅས་འབྲས་དང་འདྲ། །དེ་བཞིན་སྨན་དང་མེ་ཏོག་བཞིན། །ཕུབ་མ་འདི་ལས་ཡོད་པས ་ཕུབ་མ་དང་བཅས་པ་སྟེ། ཕུབ་མ་ལྟ་བུའི་ཉོན་མོངས་པ་ནི་བཤད་ཟིན་ཏོ། །ད་ནི་ཕུབ་མ་དང་བཅས་པའི་འབྲས་བུའི་ལས་བརྗོད་པར་བྱ་སྟེ། དཔེར་ན་ནས་དང་སྨན་འབྲས་བུ་མཐར་སྨིན་པ་ལྟར། ལས་ཀྱང་རྣམ་པར་སྨིན་ཟིན་ནས་ཡང་རྣམ་པར་སྨིན ་མི་ནུས་པའི་ཕྱིར་རོ། །དཔེར་ན་མེ་ཏོག་ནི་འབྲས་བུ་བསྐྱེད་པའི་ཉེ་བའི་རྒྱུ་ཡིན་པ་ལྟར། ལས་རྣམས་ཀྱི་རྣམ་པར་སྨིན་པ་སྐྱེད་པ་ལ་ཡང་དེ་བཞིན་དུ་རིག་པར་བྱའོ། །གཞི་ནི་གྲུབ་པའི་བཟའ་བཏུང་བཞིན། །དཔེར་ན་གྲུབ་ཟིན་པའི་བཟའ་བ་དང་བཏུང་བ་ནི ་ཡོངས་སུ་ལོངས་སྤྱད་པར་བྱ་བ་འབའ་ཞིག་ཡིན་གྱི་ཡང་བསྐྱེད་པར་བྱ་བ་མ་ཡིན་པ་ལྟར། རྣམ་པར་སྨིན་པ་ཞེས་བྱ་བའི་གཞི་ཡང་ཡང་རྣམ་པར་སྨིན་པ་ལས་ཚེ་རབས་གཞན་དུ་རྣམ་པར་སྨིན་པ་གཞན་དང་འབྲེལ་པ་ནི་མ་ཡིན་ཏེ། གལ་ཏེ་འབྲེལ་ན་ནི་ཐར་པར ་མི་འགྱུར་རོ། །ཡང་ཚེའི་རྒྱུན་ཏེ་དེ་ལྟར་རྟེན་ཅིང་འབྲེལ་པར་འབྱུང་བ་ན། འདི་ལྟ་སྟེ། སྲིད་པ་བར་མ་དང། སྐྱེ་བའི་སྲིད་པ་དང། སྲིད་པ་ཕྱི་མ་དང། འཆི་བའི་སྲིད་པ་དང། སྲིད་པ་བཞི་ལས་མི་འདའ་སྟེ་དེ་དག་ནི་བཤད་ཟིན་ཟིན་ཏོ། །སྲིད་པ་བཞི་པོ་དེ་དག་ལས། །སྐྱེ ་བའི་སྲིད་པ་ཉོན་མོངས་ཅན། །གཅིག་ཏུ་སྟེ། ཉོན་མོངས་པ་གང་གིས་ཤེ་ན། ཉོན་མོངས་ཀུན་གྱི་རང་ས་པས། །སྐྱེ་བའི་སྲིད་པ་ས་གང་བའི་ཡིན་པ་ས་དེ་པའི་ཉོན་མོངས་པ་ཐམས་ཅད་ཀྱིས་ཏེ། གང་གིས་ཉིང་མཚམས་སྦྱར་པའི་ཆད་བར་དགག་པའི་ཉོན་མོངས ་པའི་ནི་མེད་དོ། །གཞན་རྣམ་གསུམ་སྟེ། སྲིད་པ་བར་མ་ལ་སོགས་པ་སྲིད་པ་གཞན་གསུམ་ནི་དགེ་བ་དང། ཉོན་མོངས་པ་ཅན་དང། ལུང་དུ་མ་བསྟན་པ་རྣམ་པ་གསུམ་ག་ཡིན་ནོ། །ཡང་སྲིད་པ་འདི་རྣམས་ལས་གང་ཞིག་གང་དང་ལྡན་ཞེ་ན། གཟུགས ་མེད་གསུམ། སྲིད་པ་བར་མ་གཏོགས་ཏེ། གཟུགས་མེད་པའི་ཁམས་ན་ནི་གང་དུ་ཕྱིན་པར་བྱ་བའི་ཕྱིར་སྲིད་པ་བར་མ་ལ་མངོན་པར་འགྲུབ་པའི་གནས་གཞན་ཡོངས་སུ་འཆར་བ་མེད་དོ། །འདོད་པ་དང་གཟུགས་ཀྱི་ཁམས་ཀྱི་ནི་གྲངས་མ་སྨོས་པས་སྲིད ་པ་བཞི་པོ་རིལ་གྱིས་ཡོད་དོ་ཞེས་གནང་བར་འགྱུར་རོ། །སེམས་ཅན་རྣམས་ཀྱི་རྟེན་ཅིང་འབྱུང་བ་ཇི་བཞིན་དུ་རྒྱ་ཆེར་བཤད་ཟིན་ཏོ། །ཡང་སེམས་ཅན་རྣམས་ཇི་ལྟར་གནས་པར་འགྱུར་ཞེ་ན། སྨྲས་པ། ཟས་ཀྱི་འགྲོ་བ་གནས་པ་ཡིན། །བཅོམ་ལྡན ་འདས་ཉིད་ཀྱི་མཁྱེན་པས་མངོན་པར་སངས་རྒྱས་ནས་ཆོས་གཅིག་བཀའ་སྩལ་བ་ནི། འདི་ལྟ་སྟེ། སེམས་ཅན་ནི་ཟས་ཀྱིས་གནས་པ་ཡིན་ནོ་ཞེས་བྱ་བ་ནི་མདོའི་ཚིག་གོ་།ཟས་རྣམས་ཀྱང་གང་དག་ཅིག་ཅེ་ན། ཟས་ནི་བཞི་སྟེ། ཁམ་གྱི་ཟས་དང། རགས ་པ་དང་ཕྲ་བའོ། །ཕྲ་བ་ནི་སྲིད་པ་བར་མ་རྣམས་དྲི་ཟ་བའི་ཕྱིར་བ་དང། ལྷ་རྣམས་དང་བསྐལ་པ་དང་པོ་པ་རྣམས་རྒྱུ་མཐུན་པ་མེད་པའི་བྱེ་མའི་ནང་དུ་ཏིལ་མར་བླུགས་པ་བཞིན་པ་འམ། ཕྲ་མོ་རྣམས་ཀྱི་ཡིན་པས་ཕྲ་མོ་སྟེ། བྱིས་པ ་དང་དྲོང་གཤེར་ལས་སྐྱེ་བ་རྣམས་ཀྱིའོ། །རེག་པ་ནི་གཉིས་པའོ། །ཡིད་ལ་སེམས་པ་ནི་གསུམ་པའོ། །རྣམ་པར་ཤེས་པ་ནི་བཞི་པའོ། །ཡང་དེ་ལ། འདོད་པ་ཁམས་ཀྱི་ཟས་ཡིན་ནོ། །གཟུགས་དང་གཟུགས་མེད་པའི་ཁམས་དག་ན་ནི་དེའི་འདོད ་ཆགས་དང་བྲལ་བ་རྣམས་དེར་སྐྱེ་བའི་ཕྱིར་མ་ཡིན་ནོ། །དེ་ཡང་སྐྱེ་མཆེད་གསུམ་གྱི་བདག་ཉིད་དོ། འདོད་པ་ན་སྤྱོད་པའི་རོ་དང། དྲི་དང། རེག་བྱ་རྣམས་ཏེ། ཁ་དང་སྣས་ཁམ་དུ་བཅད་ནས་ཁམ་དུ་བྱ་སྟེ། མིང་པའི་ཕྱིར་ཐམས་ཅད་ཀྱང་ཁམ་གྱི་ཟས་སོ།། ་གཟུགས་ཀྱི་སྐྱེ་མཆེད་མ་ཡིན། ཅིའི་ཕྱིར་ཞེ་ན། དེས་རང་དབང་གྲོལ་བ་མི་འཛིན་ཕྱིར། ཟས་ཞེས་པ་ནི་གང་རང་གི་དབང་པོ་དང་འབྱུང་བ་ཆེན་པོ་རྣམས་ལ་ཕན་འདོགས་པ་ཡིན་ནོ། གཟུགས་ནི་མིང་བའི་ཚེ་རང་གི་དབང་པོ་འམ། དེའི་འབྱུང་བ་ཆེན་པོ ་རྣམས་ལ་ཡང་ཕན་མ་འདོགས་ན་ཡུལ་མ་ཡིན་པའི་ཕྱིར་གཞན་ལ་ལྟ་སྨོས་ཀྱང་ཅི་དགོས། གང་གི་ཚེ་མཐོང་བ་ན་བདེ་བ་དང། ཡིད་བདེ་བ་བསྐྱེད་པ་དེའི་ཚེ་ཡང་དེ་ལ་དམིགས་པ་ལས་བདེ་བ་མྱོང་པར་འགྱུར་བའི་རེག ་པའི་ཟས་སུ་འགྱུར་གྱི་གཟུགས་ནི་མ་ཡིན་ནོ། །ཕྱིར་མི་འོང་བ་དང་དགྲ་བཅོམ་གྲོལ་བ་རྣམས་ཟས་ཤིན་ཏུ་ཡིད་དུ་འོང་བ་མཐོང་ཡང་ཕན་འདོགས་པ་མེད་པའི་ཡང་ཕྱིར་རོ། །རེག་དང་སེམས་པ་རྣམ་ཤེས་ནི། །ཟག་བཅས་ཟས་རྣམས་གསུམ་དག ་ཏུ། །གསུམ་འདུས་པ་ལས་བྱུང་པའི་རེག་པ་དང། ཡིད་ཀྱི་ལས་སེམས་པ་དང། རྣམ་པར་ཤེས་པ་སྟེ། ཟག་པ་དང་བཅས་པ་རྣམས་ནི་ཁམས་གསུམ་དག་ན་ཡོད་དོ། །ཅིའི་ཕྱིར་ཟག་པ་མེད་པ་མ་ཡིན་ཞེ་ན། ཟས་ཀྱི་ཆོས་ལས་འདས་པའི་ཕྱིར་རོ།། ་སྲིད་པ་གསོ་བར་བྱེད་པའི་དོན་ནི་ཟས་ཀྱི་དོན་ཏེ། མདོ་ལས་ཇི་སྐད་དུ། ཟས་བཞི་པོ་འདི་དག་ནི་སེམས་ཅན་བྱུང་བ་རྣམས་གནས་པར་བྱ་བ་དང། སྲིད་པ་ཚོལ་བ་རྣམས་ལ་ཕན་འདོགས་པར་བྱེད་པའོ། ཞེས་གསུངས་ན། ཟག་པ་མེད་པའི་ཆོས་ནི་དེ་ལྟ ་མ་ཡིན་པས་ཟས་མ་ཡིན་པའོ། །རེ་ཞིག་བྱུང་བ་ནི་སེམས་ཅན་སྐྱེད་པ་ཡིན་པར་ཡང་མངོན་ན། སྲིད་པ་ཚོལ་བ་གང་ཞེ་ན། ཡིད་ལས་བྱུང་དང་སྲིད་ཚོལ་དང། །དྲི་ཟ་སྲིད་པ་བར་མ་དང། འགྲུབ་པའོ། །བཅོམ་ལྡན་འདས་ཀྱིས་སྲིད་པ་བར་མ་ནི་འདི་དག་ཏུ ་བརྗོད་པར་གསུངས་སོ། །དེ་ནི་ཡིད་ལས་སྐྱེས་པའི་ཕྱིར་ཡིད་ལས་བྱུང་བ་ཞེས་བྱ་སྟེ། ཁུ་བ་དང་ཁྲག་ལ་སོགས་པས་ནི་ཅུང་ཟད་ཀྱང་རྒྱུར་བྱས་པ་མེད་དོ། །སྲིད་པ་ཚོལ་བའི་རང་ཚུལ་ཅན་ཡིན་པའི་ཕྱིར་སྲིད་པ་ཚོལ་བའོ། །དྲི་ཟའི་ཕྱིར་དྲི་ཟ་བའོ། །སྐྱེ་བ་ལ། ་མངོན་དུ་ཕྱོགས་པའི་ཕྱིར་མངོན་པར་འགྲུབ་པ་སྟེ། མདོ་ལས་གནོད་པ་དང་བཅས་པའི་ལུས་མངོན་པར་གྲུབ་བོ། །གནོད་པ་དང་བཅས་པའི་འཇིག་རྟེན་ན་སྐྱེ་བོ་ཞེས་གསུངས་པའི་ཕྱིར་བ་དང། གཞན་ཡང་མདོ་ལས་གང་གི་མངོན་པར་འགྲུབ་པའི་ཀུན་དུ ་སྦྱོར་བ་ནི་སྤངས་ལ། སྐྱེ་བའི་ཀུན་དུ་སྦྱོར་བ་ནི་མ་ཡིན་པའི་གང་ཟག་ཀྱང་ཡོད་དེ་ཞེས་བྱ་བ་མུ་བཞི་གསུངས་པའི་ཕྱིར་རོ། །ཡང་གང་ཟག་པ་དང་བཅས་པའི་ཆོས་ཐམས་ཅད་ཀྱང་སྲིད་པ་རྣམས་གསོ་བར་བྱེད་པ་ཡིན་ན། ཅིའི་ཕྱིར་བཞི་འབའ་ཞིག ་ཡིན་ཞེ་ན། གལ་ཏེ་དེ་ལྟ་མོད་ཀྱི་འོན་ཀྱང་གཙོ་བོ་ལས་བཤད་དེ། འདི་ལ་གནས་དང་ནི། གནས་པ་དོན་དུ་གཉིས་ཡིན་ནོ། །གཉིས་ནི་སྲིད་པ་གཞན་འཕེན་དང། །གྲུབ་བའི་དོན་དེ་གོ་རིམ་བཞིན། །གནས་ནི་དབང་པོ་བཅས་པའི་ལུས་སོ། །དེ་རྒྱས་པར་བྱེད ་པ་ནི་ཁམ་གྱི་ཟས་སོ། །གནས་པ་ནི་སེམས་དང་སེམས་ལས་བྱུང་བ་རྣམས་ཏེ། དེ་དག་རྒྱས་པར་བྱེད་པ་ནི་རེག་པ་སྟེ། རེ་ཞིག་འདི་གཉིས་ནི་འདིར་སྐྱེས་པའི་སྲིད་པ་གསོ་བ་ལ་གཙོ་བོ་ཡིན་ནོ། །ཡིད་ལ་སེམས་པ་ནི་ཡང་སྲིད་པར་འཕེན་པར་བྱེད་པའོ།། ་འཕངས་ནས་ནི་ཡང་ལས་ཀྱིས་ཡོངས་སུ་བསྐོས་པའི་རྣམ་པར་ཤེས་པའི་ས་བོན་ལས་མངོན་པར་གྲུབ་སྟེ། འདི་གཉིས་ནི་མ་སྐྱེས་པའི་སྲིད་པ་བསྐྱེད་པ་ལ་གཙོ་བོ་ཡིན་ཏེ། དེའི་ཕྱིར་བཞིར་གསུངས་སོ། །སྔ་མ་གཉིས་ནི་གང་སྐྱེས ་པ་གསོ་བར་བྱེད་པ་ཡིན་པའི་ཕྱིར་མ་མ་ལྟ་བུའོ། །ཕྱི་མ་གཉིས་ནི་སྐྱེད་པར་བྱེད་པ་ཡིན་པའི་ཕྱིར་མ་ལྟ་བུའོ། །སེམས་ཅན་རྣམས་ཀྱི་རྟེན་ཅིང་འབྲེལ་པར་བྱུང་བ་ཇི་ལྟ་བ་དང་ཇི་ལྟར་གནས་པ་དང། འཆི་འཕོ་བ་ཡང་བཤད་ཟིན་ཏོ། །ད་ནི་སེམས་གང་ལ ་གནས་ཏེ་འཆི་འཕོ་བ་དང་སྐྱེ་བ་བརྗོད་པར་བྱ་སྟེ། སྨྲས་པ། ཆད་དང་མཚམས་སྦྱོར་འདོད་ཆགས་བྲལ། །ཉམས་དང་འཆི་འཕོ་སྐྱེ་བ་ལ། །ཡིད་ཀྱི་རྣམ་ཤེས་ཉིད་དུ་འདོད། །དགེ་བའི་རྩ་བ་ཡང་དག་པར་ཆད་པ་དང། དགེ་བའི་རྩ་བ་ཉིང་མཚམས་སྦྱོར ་བ་དང། ཁམས་དང་ས་ལ་འདོད་ཆགས་དང་བྲལ་བ་དང། ཡོངས་སུ་ཉམས་པ་དང། འཆི་འཕོ་དང། སྐྱེ་བ་དང། ཆོས་འདི་དྲུག་ནི་ཡིད་ཀྱི་རྣམ་པར་ཤེས་པ་ཉིད་དུ་འདོད་ཀྱི་གཞན་ནི་མ་ཡིན་ནོ། །སྐྱེ་བའི་ཚིགས་གིས་ནི་སྲིད་པ་བར་མར་ཉིང་མཚམས ་སྦྱོར་བ་ཡང་བཤད་པའི་ངོ་བོར་རིག་པར་བྱའོ། །ཚོར་བ་ནི་འཆི་འཕོ་སྐྱེ་བ་བཏང་སྙོམས་སོ། །འཆི་འཕོ་བ་ཉིད་བས་ན་འཆི་འཕོ་བའོ། །སྐྱེ་བས་ན་སྐྱེ་བ་སྟེ། དེ་གཉིས་ལ་ནི་བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པས་ཚོར་བ་ཡིན་ཏེ། དེ་ནི་མི་གསལ ་བའི་ཕྱིར་རོ། །གཞན་དག་ནི་གསལ་བ་སྟེ། རྣམ་པར་ཤེས་པ་གསལ་བས་འཆི་འཕོ་བ་དང་སྐྱེ་བར་མི་རུང་ངོ། །ཡིད་ཀྱི་རྣམ་པར་ཤེས་པ་དེ་ལ་ཡང། རྩེ་གཅིག་སེམས་ལ་དེ་གཉིས་མིན། །འཆི་འཕོ་དང་སྐྱེ་བ་ཞེས་བྱ་བར་སྦྱར་ཏེ། སྐལ་པ་མི་མཉམ ་པའི་ཕྱིར་བ་དང། མངོན་པར་འདུ་བྱ་བ་ལས་བྱུང་བ་ཡིན་པའི་ཕྱིར་བ་དང། ཕན་འདོགས་པར་བྱེད་པ་ཡིན་པའི་ཕྱིར་མཉམ་པར་བཞག་པ་ལ་ནི་འཆི་འཕོ་བ་འམ། སྐྱེ་བ་མེད་དོ། །སེམས་མེད་པ་ཡང་མ་ཡིན་ཏེ། སེམས་མེད་པ་ལ་ནི་གནོད་པར་བྱ་བ ་མི་ནུས་ཏེ། གང་གི་ཚེ་དེའི་ལུས་ཡོངས་སུ་འཇིག་པར་རྩོམ་པ་དེ་ནི་ཚེ་ཡང་ངེས་པར་ལུས་དང་འབྲེལ་པའི་སེམས་མངོན་དུ་གྱུར་པར་བྱས་ནས་འཆི་འཕོའི་གཞན་དུ་ནི་མ་ཡིན་ནོ། །སྐྱེ་བ་ལ་ཡང་སེམས་འཆད་པའི་རྒྱུ་མེད་པའི་ཕྱིར་བ་དང། ཉོན་མོངས་པ ་མེད་པར་མི་སྐྱེ་བའི་ཕྱིར་སེམས་མེད་པ་ལ་ཡང་མི་རིགས་སོ། །འཆི་བའི་སྲིད་པ་རྣམ་པ་གསུམ་དུ་བཤད་པ་ལ་དགྲ་བཅོམ་པ་ནི། མྱ་ངན་འདས་ལུང་བསྟན་མིན་གཉིས། །གལ་ཏེ་འདོད་པའི་ཁམས་དག་ན་ནི་བཏང་སྙོམས་ཡོད་ན་ནི་སྤྱོད་ལམ་པའམ ་རྣམ་པར་སྨིན་པ་ཡིན་ནོ། །གལ་ཏེ་མེད་ན་ནི་སྤྱོད་ལམ་པ་འབའ་ཞིག་གོ་།ཅིའི་ཕྱིར་ལུང་དུ་མ་བསྟན་པ་འབའ་ཞིག་ཡིན་གྱི་གཞན་མ་ཡིན་ཞེ་ན། དེ་ནི་སེམས་འཆད་པའི་རྗེས་སུ་འཐུན་པ་དང། ཉམ་ཆུང་བའི་ཕྱིར་རོ། །ཡང་འཆི་བ་ན་ལུས་ཀྱི་ཕྱོགས་གང ་དུ་རྣམ་པར་ཤེས་པ་འགག་ཅེ་ན། ཅིག་ཅར་དུ་འཆི་བ་པ་ནི་ལུས་ཀྱི་དབང་པོ་རིལ་གྱིས་ཅིག་ཅར་དུ་ནུབ་པར་འགྱུར་རོ། །གལ་ཏེ་རིམ་གྱིས་འཆི་འཕོ་ན་མི་དེའི་ཚེ། འོག་མི་ལྷར་འགྲོ་མི་སྐྱེས་རྣམས། །རིམ་གྱིས་འཆི་ལ་རྐང་པ་དང། །ལྟེ་བ་སྙིང་གར་ཡིད་འཆི ་འཕོ། །འོག་ཏུ་འགྲོ་བས་ན་འོག་ཏུ་འགྲོ་བས་ཏེ། ངན་སོང་དུ་འགྲོ་བ་རྣམས་སོ། །མིའི་ནང་དུ་འགྲོ་བས་ན་མིར་འགྲོ་བ་སྟེ། མིར་འགྲོ་རྣམས་སོ། །ལྷའི་ནང་དུ་འགྲོ་བས་ན་ལྷར་འགྲོ་བ་སྟེ། ལྷར་འགྲོ་བ་རྣམས་སོ། །དེ་དག་ནི་གྲངས་བཞིན་དུ་རྣམ་པར་ཤེས་པ་རྐང ་པ་དང། ལྟེ་བ་དང་སྙིང་གར་འགག་གོ་།ཡང་མིར་སྐྱེ་བས་ན་མིར་སྐྱེ་བ་སྟེ། དགྲ་བཅོམ་པའོ། །དེ་དག་གི་རྣམ་པར་ཤེས་པ་ཡང་སྙིང་གར་འགག་གོ་།གཞན་དག་ན་རེ་སྤྱི་བོར་རོ་ཞེས་ཟེར་ཏེ། དེ་དག་ཏུ་ལུས་ཀྱི་རྣམ་པར་ཤེས་པ་འགག་པའི་ཕྱིར་རོ། །ལུས་ཀྱི་རྣམ ་པར་ཤེས་པ་ནི་འཆི་བའི་ཚེ་རྔོ་ལེབ་བསྲེག་པའི་ཐོག་ཏུ་ཆུ་བཏབ་པ་བཞིན་དུ་ཞུ་བར་གྱུར་ནས་རྐང་པ་ལ་སོགས་པ་མེད་པར་འགྱུར་རོ། །སེམས་ཅན་རྣམས་དེ་ལྟར་རིམ་གྱི་འཆི་བ་ན་ཕལ་ཆེར་གནད་ཆད་པས་ཉེན་པའི་ཚོར་བ་སྐྱེ་སྟེ། ཆུ་ལ་སོགས་པས་གནང ་གཅོད་དོ། །ལུས་ཀྱི་ཕྱོགས་འགའ་ཞིག་ཉམས་ན་འཆི་བར་འགྱུར་བ་དེ་ནི་གནད་ཅེས་བྱ་སྟེ། དེ་ཡང་ཆུ་དང་མེ་དང་རླུང་གི་ཁམས་རྣམས་ལས་གང་ཡང་རུང་བ་ཞིག་དྲག་ཏུ་འཁྲུགས་པར་གྱུར་པས་མཚོན་ཆ་བདར་བས་བཏབ་སྟེ། རེག ་པ་བཞིན་དུ་མི་བཟང་པའི་ཚོར་བས་གཅོད་ཀྱི་དེ་དག་ཤིང་བཅད་པ་བཞིན་དུ་ནི་མ་ཡིན་པའམ་འཆད་པ་བཞིན་དུ་སེམས་མེད་པས་ན་འཆད་པ་ཞེས་བྱའོ། །ཅིའི་ཕྱིར་སའི་ཁམས་ཀྱིས་མ་ཡིན་ཞེ་ན། སྐྱོན་བཞི་པ་མེད་པའི་ཕྱིར་ཏེ། རླུང་དང་མཁྲིས་པ་དང། བད ་ཀན་གསུམ་ནི་སྐྱོན་ཡིན་ལ། དེ་དག་གི་གཙོ་བོ་ནི་ཅི་རིག་པར་ཆུ་དང་མེ་རླུང་གི་ཁམས་ཡིན་པ་འམ་སྣོད་ཀྱི་འཇིག་རྟེན་འཇིག་པའི་ཆོས་དང་འཐུན་པའི་ཕྱིར་རོ། །སེམས་ཅན་གྱི་འཇིག་རྟེན་འདི་དེ་ལྟར་སྐྱེ་བ་དང་གནས་པ་དང་འཆི་འཕོ་བ་ན་བཅོམ་ལྡན ་འདས་ཀྱིས་ཕུང་པོ་གསུམ་དུ་རྣམ་པར་བཞག་སྟེ། ཕུང་པོ་གསུམ་ནི་ཡང་དག་པ་ཉིད་དུ་ངེས་པའི་ཕུང་པོ་དང། ལོག་པ་ཉིད་དུ་ངེས་པའི་ཕུང་པོ་དང། མ་ངེས་པའི་ཕུང་པོའོ། །དེ་ལ། འཕགས་དང་མཚམས་མེད་བྱེད་པ་རྣམས། །ཡང་དག་ལོག་པ ་ཉིད་དུ་དེས། །ཡང་དག་པ་ཉིད་གང་ཞེ་ན། གང་འདོད་ཆགས་གཏན་ནས་སྤོང་བ་དང། ཞེས་སྡང་གཏན་ནས་སྤོང་བ་དང། གཏི་མུག་གཏན་ནག་སྤོང་པ་དང། ཉོན་མོངས་པ་ཐམས་ཅད་གཏན་སྤོང་བ་འདི་ནི་ཡང་དག་པ་ཉིད་དོ། །འཕགས་པ་གང་ཞེ་ན། གང ་དག་ཟག་པ་མེད་པའི་ལམ་སྐྱེས་པ་དང། སྡིག་པའི་ཆོས་ལས་རིང་དུ་སོང་བ་དེ་ནི་འཕགས་པ་སྟེ། གཏན་དུ་བྲལ་བའི་ཐོས་པ་དང་ལྡན་པའི་ཕྱིར་རོ། །དེ་དག་ནི་ཉོན་མོངས་པ་ཟད་པར་ངེས་པའི་ཕྱིར་རོ། །ད་ནི་སྣོད་ཀྱི་འཇིག་རྟེན་བཤད་པར་བྱ་སྟེ། དེ་ལ་སྣོད་ཀྱི ་འཇིག་རྟེན་གྱི། །གནས་པར་འདོད་པའི་འོག་དག་གི་།རླུང་གི་དཀྱིལ་འཁོར་རྣམས་སུ་ནི། །ས་ཡ་དྲུག་འབུམ་གྲངས་མེད་དོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ནི་འདི་ལྟར་གནས་པར་འདོད་དེ། འདི་ལྟ་སྟེ་སེམས་ཅན་རྣམས་ཀྱི་ལས་ཀྱི ་དབང་གི་འོག་ནམ་མཁའ་ལ་བརྟེན་པ་རླུང་གི་དཀྱིལ་འཁོར་མངོན་པར་འགྲུབ་སྟེ། དེའི་རྔམས་སུ་ནི་དཔག་ཚད་ས་ཡ་འབུམ་ཕྲག་དྲུག་གོ་།རྒྱར་ནི་གྲངས་མེད་དེ། འདི་ལྟར་མཚན་པོ་ཆེ་ཆེན་པོ་རྡོ་རྗེས་ཀྱང་གཞིག་པར་མི་ནུས་པར་སྲའོ། །དེའི་སྟེང་ན། ཆུ་སྟེ། རྔམས ་ནི་བཅུ་གཅིག་དང། སྟོང་ཕྲག་དག་ནི་ཉི་ཤུའོ། །དཀྱིལ་འཁོར་ཞེས་བྱ་བར་སྦྱར་ཏེ། སེམས་ཅན་རྣམས་ཀྱི་ལས་ཀྱི་རླུང་གིས་དཀྱིལ་འཁོར་དེར་སྤྲིན་རྣམས་འདུས་ནས་ཆར་གྱི་རྒྱུན་གཉའ་ཤིང་ཙམ་བབ་པ་དེ་ཆུའི་དཀྱིལ་འཁོར་དུ་འགྱུར་ཏེ། དེའི་རྔམས་སུ་ནི ་དཔག་ཚད་འབུམ་ཕྲག་བཅུ་ཅིག་དང་ཉི་ཁྲིའོ། །ཡང་སེམས་ཅན་རྣམས་ཀྱི་ལས་ཀྱི་མཐུ་ལས་བྱུང་བའི་རླུང་གིས་ཆུ་དེ་ཀུན་དཀྲུགས་པ་ན་འོ་མ་བསྐོལ་བའི་སྤྲིས་མ་ཆགས་པའི་ཚུལ་དུ་སྟེང་མ་གསེར་དུ་འགྱུར་རོ། །ཆུའི་དཀྱིལ་འཁོར་དེ་ནི། ཕྱིས་ནི ་རྔམས་སུ་འབུམ་ཕྲག་བརྒྱད། །ལྷག་མ་དག་ནི་གསེར་དུ་འགྱུར། །ལྷག་མ་གང་ཞིག་ཅེ་ན། ཆུའི་སྟེང་དུ་དཔག་ཚད་འབུམ་ཕྲག་གསུམ་དང་ཉི་ཁྲི་གསེར་གྱི་ས་གཞིར་གྱུར་ཏོ། །ཆུ་དང་རླུང་གི་དཀྱིལ་འཁོར་གྱི་ཚད་བཤད་ཟིན་ཏོ། །ཆུ་དང་གསེར་གྱི་དཀྱིལ ་འཁོར་གྱི། །ཐད་ཀར་འབུམ་ཕྲག་བཅུ་གཉིས་དང། །སྟོང་ཕྲག་གསུམ་དང་བརྒྱ་ཕྲག་ནི། །ཕྱེད་དང་ལྔ་རྣམས་ཁོ་ནའོ། །འདི་གཉིས་ཀའི་རྒྱར་ནི་མཉམ་མོ། །འཁོར་ཡུག་ཏུ་ནི་སུམ་འགྱུར་རོ། །འཁོར་ཡུག་ཏུ་ནི་བརྩི་ན་ནི་སུམ་འགྱུར་དུ་འགྱུར་རོ། །དཔག་ཚད་ས་ཡ ་ཕྲག་གསུམ་དང། འབུམ་ཕྲག་དྲུག་དང་ཁྲི་སུམ་བརྒྱ་ལྔ་བཅུའོ། །གང་ཡང་གསེར་གྱི་ས་གཞིའི་དཀྱིལ་འཁོར་དེའི་སྟེང་དུ་ནི། དེ་ལ་རི་རབ་གཉའ་ཤིང་འཛིན། །གཤོལ་མངའ་འཛིན་དང་སེང་ལྡེང་ཅན། །དེ་བཞིན་ལྟ་ན་སྡུག་པ་དང། །རྟ་རྣ་དང་ནི་རྣམ་འདུད་དང། །མུ ་ཁྱུད་འཛིན་རིའོ། །རི་ཆེན་པོ་བརྒྱད་པོ་འདི་དག་ནི་རི་རབ་ནི་དབུས་ནའོ། །ལྷག་མ་རྣམས་ཀྱིས་ནི་རི་རབ་བསྐོར་ཏེ་གནས་པའོ། །དེ་ལ་རི་བདུན་གྱི་ར་བས་ཡོངས་སུ་བསྐོར་བའི་ཐ་མ་གང་ཡིན་པ་དེ་ནི་མུ་ཁྱུད་འཛིན་ཏོ། །དེའི་ཕྱི་རོལ་གྱི་གླིང་སྟེ། དེའི་ཕྱི་རོལ་ན་ནི་གླིང་གཞིའོ།། ་དེ་དག་གི་ཡང་ཕྱི་རོལ་ན་ནི་འཁོར་ཡུག་སྟེ། དེས་གླིང་གཞི་ཁོར་ཡུག་ཏུ་བསྐོར་ཏོ། །དེ་དག་ལས་ཀྱང། བདུན་ནི་གསེར་ཡིན་དེ་ལྕགས་སོ། །དེ་གཉའ་ཤིང་འཛིན་པ་ལ་སོགས་པ་རི་བདུན་ནི། །སེར་གྱི་རྒྱུ་ལས་བྱུང་བའོ། །ཁོར་ཡུག་ནི་ལྕགས ་ཀྱི་རྒྱུ་ལས་བྱུང་བའོ། །རི་རབ་རིན་ཆེན་བཞིའི་རྒྱུ། གསེར་གྱི་རྒྱུ་དང་དངུལ་གྱི་རྒྱུ་དང་བེ་ཌཱུརྱའི་རྒྱུ་དང་ཤེལ་གྱི་རྒྱུ་སྟེ། ངོས་བཞི་དག་ཏུ་གྲངས་བཞིན་ནོ། །རི་རབ་ལ་སོགས་པ་ནས་ཁོར་ཡུག་ལ་ཐུག་པའི་བར་དེ་དག་ཀྱང་སྟོང་ཕྲག་བརྒྱད་ཅུ་ཆུའི་ནང་དུ་ནུབ་སྟེ། དེ་དག་ཀྱང ་གསེར་གྱི་ས་གཞིའི་སྟེང་ནས་དཔག་ཚད་བརྒྱད་ཁྲི་ཆུའི་ནང་དུ་ནུབ་བོ། །ཆུའི་སྟེང་དུ་ཡང། དཔག་ཚད་དག་ནི་བརྒྱད་ཁྲིའོ། །དེ་ལྟར་ན་རི་རབ་ནི་འཕང་དུ་དཔག་ཚད་བརྒྱད་ཁྲིའོ། །བརྒྱད་པོའི་འཕང་དུ་ཕྱེད་ཕྱེད་དབྲི། རི་རབ་ཆུའི་སྟེང་དུ་ཇི་ཙམ་འཕགས་པ་དེའི་ཕྱེད ་ནི་གཉའ་ཤིང་འཛིན་ཏེ། དཔག་ཚད་བཞི་ཁྲི་ཡིན་ལ་དེའི་ཕྱེད་གཤོལ་མངའ་འཛིན་ཅེས་བྱ་བ་ལ་སོགས་པ་ནས་མུ་ཁྱུང་འཛིན་གྱི་ཕྱེད་ནི་དཔག་ཚད་སུམ་བརྒྱ་རྩ་ཕྱེད་དང་གསུམ་མོ་ཞེས་བྱ་བའི་བར་དུ་ཕྱེད་ཕྱེད་ཀྱིས་དབྲི་བར་རིག་པར་བྱའོ། །དེ་དག ་རྔམས་སུ་འཕང་དང་མཉམ། །དེ་དག་ཆུ་ལས་ཇི་ལས་འཕངས་པ་རྔམས་སུ་ཡང་དེ་ཙམ་སྟེ། རྒྱར་ཞེས་བྱ་བའི་དོན་ཏོ། །དེ་དག་པར་བདུན་རོལ་མཚོ་ཡིན། མུ་ཁྱུང་འཛིན་ལ་ཐུག་གི་བར་དུ་རི་བདུན་པོ་དེ་དག་གི་བར་ནི་རོལ་མཚོ་བདུན་ཞེས་བྱ་སྟེ། ་ཡན་ལག་བརྒྱད་དང་ལྡན་པའི་ཆུས་གང་ངོ། །ཆུ་དེ་ནི་བསིལ་བ་དང། མངར་བ་དང། ཡང་བ་དང། འཇམ་པ་དང། དད་པ་དང། དྲི་བབ་མེད་པ་དང། འཐུངས་ན་མགྲིན་པ་ལ་མི་གནོད་པ་དང། འཐུངས་ན་ལྟོ་བ་ལ་མི་གནོད་པ་དང། ཡང་དེ་དག་ལས། ་དང་པོ་སྟོང་ཕྲག་བརྒྱད་ཅུའོ། །རི་རབ་དང་གཉའ་ཤིང་འཛིན་གྱི་བར་གྱི་རོལ་མཚོ་དང་པོ་ནི་ཁ་ཚོན་དུ་དཔག་ཚད་བརྒྱད་ཁྲིའོ། །དེའི་ངོས་ལ་སུམ་འགྱུར་རོ། །ངོས་ལ་ནི་ཁ་ཚོན་དཔག་ཚད་བརྒྱད་ཁྲིར་བཤད་པའི་སུམ་འགྱུར་ཡིན་ནོ། །གཉའ་ཤིང་འཛིན་གྱི ་འགྲམ་ནས་སྲིད་དུ་འགྲང་ན་དཔག་ཚད་འབུམ་ཕྲག་བཅུ་གཉིས་དང་ཁྲི་ཁྲག་བཞིའོ། །རོལ་མཚོ་གཞན་ནི་ཕྱེད་ཕྱེད་ཀྱིས། གཉའ་ཤིང་འཛིན་ནས་གཤོལ་མངའ་འཛིན་གྱི་བར་གྱི་རོལ་མཚོའི་དང་པོའི་ཕྱེད་དེ་དཔག་ཚད་བཞི་ཁྲིའོ། །གསུམ་པ་ནི་དེའི་ཕྱེད ་དེ་ཞེས་བྱ་བ་ནས་རོལ་མཚོ་བདུན་པ་དཔག་ཚད་སྟོང་ཉིས་བརྒྱ་ལྔ་བཅུའོ་ཞེས་བྱ་བའི་བར་དུ་རོལ་མཚོ་གཞན་རྣམས་ཕྱེད་ཕྱེད་ཀྱིས་དབྲིའོ། །དེ་དག་གི་སྲིད་དུ་ནི་ཤིན་དུ་རྒྱ་སྐྱེས་པའི་ཕྱིར་མ་བགྲངས་སོ། །དེ་དག་ནང་གི་རྒྱ་མཚོ་ཡིན། །ནང་དང་ཕྱིའི་རྒྱ་མཚོ་ལ་གཉིས ་ལ་རོལ?་མཚོ་ལ་དེ་དག་ནི་ནང་གི་རྒྱ་མཚོའོ། །ལྷག་མ་ཕྱིའི་རྒྱ་མཚོའོ། །ལྷག་མ་ཅི་ཞིག་ཅེ་ན། མྱུ་ཁྱུང་འཛིན་དང་ཁོར་ཡུགས་པར?་དེ་ནི་ཕྱིའི་རྒྱ་མཚོ་ཆེན་པོ་སྟེ། ཚ་སྒོའི་ཚ་ཆུས་གང་ངོ། །འབུམ་ཕྲག་གསུམ་དང་སྟོང་ཕྲག་ནི། །ཉི་ཤུ་གཉིས་ཏེ་དེ་ལ་ནི། །ངོས་བཞི་ལ་ནི་གླིང་བཞི་སྟེ། །དེ་ནི ་ཛམྦུའི་གླིང་སྟེ་ངོས་གསུམ་ལ། །སྟོང་ཕྲག་གཉིས་སོ་ཤིང་རྟའི་དབྱི་བས། །དེའི་དབུས་སུ་གསེར་གྱི་ས་གཞི་ལ་རྡོ་རྗེའི་གདན་གང་དུ་བྱང་ཆུབ་སེམས་དཔའ་བཞུགས་ནས་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་སྐྱེད་པར་བྱེད་པ་མངོན་པར་འགྲུབ་སྟེ། དེ་ལས་གཞན་པའི ་ཕྱོགས་ཀྱིས་ནི་བཟོད་པ་མེད་དོ། །གཅིག་ལ་དཔག་ཚད་ཕྱེད་དང་བཞི། །འདིའི་ངོས་བཞི་པ་ནི་དཔག་ཚད་ཕྱེད་དང་བཞི་སྟེ། དེའི་ཕྱིར་འདི་ནི་ཤིང་རྟའི་དབྱིབས་ལྟ་བུའོ། །ཤར་གྱི་ལུས་འཕགས་ཟླ་གམ་འདྲ། །འདི་ནས་ཤར་ཕྱོགས་ཀྱི་རི་རབ་ཀྱི་ངོས་རོལ་ན་ཤར་གྱི ་ལུས་འཕགས་ཀྱི་གླིང་སྟེ། དེ་ནི་ཟླ་གམ་ལྟ་བུར་མངོན་པར་གྲུབ་པོ། །རྒྱར་ནི་དེ་བཞིན་དེའི་ངོས་གསུམ། །ཇི་ལྟར་ཛམྦུའི་གླིང་དཔག་ཚད་ཉིས་སྟོང་ཉིས་སྟོང་པ་བཞིན་ནོ། །གཅིག་ལ་རྒྱ་ཕྲག་ཕྱེད་དང་བཞི། ངོས་བཞི་པ་ལ་ནི་དཔག་ཚད་སུམ་བརྒྱ་ལྔ་བཅུའོ། །བ་ལང ་སྤྱོད་ནི་ཟླུམ་པོ་སྟེ། སྟོང་ཕྲག་ཕྱེད་དང་བརྒྱད་ཡིན་ནོ། །འདི་ནས་ནུབ་ཕྱོགས་ཀྱི་རི་རབ་ཀྱི་ངོས་རོལ་ན་བ་ལང་སྤྱོད་ཀྱི་གླིང་སྟེ། དཔག་ཚད་སྟོང་ཕྲག་བདུན་དང་ལྔ་བརྒྱའོ། །དེ་ནི་ཟླ་བ་ཉ་གང་པ་བཞིན་དུ་ཀུན་ནས་ཟླུམ་པའོ། །དེ་ཡི་དབུས་ལ་ཕྱེད་དང་གསུམ། དབུས་ལ་ནི་དཔག ་ཚད་སྟོང་ཕྲག་ཕྱེད་དང་གསུམ་མོ། །སྒྲ་མི་སྙན་ངོས་བཞི་མཉམ་བརྒྱད། འདི་ནས་བྱང་ཕྱོགས་ཀྱི་རི་རབ་ཀྱི་ངོས་རོལ་ན་བྱང་གི་སྒྲ་མི་སྙན་གྱི་གླིང་དཔག་ཚད་སྟོང་ཕྲག་ཕྱེད་དང་བརྒྱད་ཡིན་ལ། ཇི་ལྟར་ངོས་གཅིག་ལ་དཔག་ཚད ་ཉིས་སྟོང་པ་ལྟར་དེ་བཞིན་དུ་གཞན་ལ་ལྷག་པ་ཡང་མེད་ཀྱི་ངོས་ཐམས་ཅད་མཉམ་སྟེ། གླིང་གི་དབྱིབས་ནི་ཁྲིའུ་བཞིན་ནོ། །གླིང་གི་དབྱིབས་གང་ཡིན་པ་དེའི་མི་རྣམས་ཀྱི་གདོང་ཡང་དེའི་དབྱིབས་ལྟ་བུའོ། །ཡང་གླིང་དེ་དག་གི་བར་བར་ན་གང་གི ་གླིང་མངོན་པར་གྲུབ་པ་དེ་དག་ནི་ཅི་དག་ཅིག་ཡིན། དུ་ཞིག་ཡོད་ཅེ་ན། སྨྲས་པ། དེའི་བར་གྱི་གླིང་བརྒྱད་དག་ནི། ལུས་དང་ལུས་འཕགས་སྒྲ་མི་སྙན། །སྒྲ་མི་སྙན་གྱི་ཟླ་དང་ནི། །རྔ་ཡབ་དང་ནི་རྔ་ཡབ་གཞན། །གཡོ་ལྡན་དང་ནི་ལམ་མཆོག ་འགྲོ་།དེ་ལ་ལུས་དང་ལུས་འཕགས་ནི་ཤར་གྱི་ལུས་འཕགས་ཀྱི་འཁོར་རོ། །སྒྲ་མི་སྙན་དང་སྒྲ་མི་སྙན་གྱི་ཟླ་ནི་བྱང་གི་སྒྲ་མི་སྙན་གྱིའོ། །གཡོ་ལྡན་ཅན་དང་ལམ་མཆོག་འགྲོ་ནི་ནུབ་ཀྱི་བ་ལང་སྤྱོད་ཀྱིའོ། །རྔ་ཡབ་དང་ནི་རྔ་ཡབ་གཞན་ནི་ཛམྦུའི ་གླིང་གི་སྟེ། ཐམས་ཅད་ན་ཡང་མི་རྣམས་གནས་སོ། །འདི་ནས་བྱང་ན་རི་ནག་པོ། དགུ་འདས་གངས་ཅན?། ཛམྦུའི་གླིང་འདི་ཉིད་ཀྱི་ཛམྦུའི་གླིང་གི་བྱང་ཕྱོགས་ན་རི་ནག་པོ་གསུམ་མོ། །དེ་འདས་པའི་ཕ་རོལ་ན་ཡང་གསུམ། དེ་འདས་པའི་ཕ ་རོལ་ན་ཡང་གསུམ་སྟེ་དགུ་འདས་པའི་ཕ་རོལ་ན་གངས་རིའོ། །དེ་ནས་ནི། སྤོས་དང་ལྡན་པའི་ཚུ་རོལ་ན། །ཆུ་ཞེང་ལྔ་བཅུ་ཡོད་པའི་མཚོ། །རི་གངས་ཅན་དེའི་ཕ་རོལ་ན་མཚོ་མ་དྲོས་པ་ཞེས་བྱ་བ་ལས་ཆུ་བོ་ཆེན་པོ་བཞི་སྟེ། གངྒཱ་དང། སིནདྷུ?་དང། ་བཀྵུ་དང། སི་ཏ་རྣམས་འབབ་པ་ཡོད་དེ། དེ་ནི་ཞེང་དུ་དཔག་ཚད་ལྔ་བཅུ་ཆུར་ཡང་དཔག་ཚད་ལྔ་བཅུ་སྟེ། ཡན་ལག་བརྒྱད་དང་ལྡན་པའི་ཆུས་གང་བའོ། །དེར་ནི་རྫུ་འཕྲུལ་དང་མི་ལྡན་པ་རྣམས་ཀྱིས་བགྲོད་པར་དཀའ་ཨོ། །དམྱལ་བ་རྣམས་ནི་ཕྱོགས ་གང་ན། །ཆེད་ནི་ཇི་ཙམ་ཞིག་ཅེ་ན། འདི་ནས་སྟོང་ཕྲག་ཉི་ཤུའི་འོག་།མནར་མེད་པ་ནི་དེ་ཙམ་མོ། །འདི་ནས་ཞེས་བྱ་བ་ནི་ཛམྦུའི་གླིང་འདི་ནས་དཔག་ཚད་ཉི་ཁྲིའི་འོག་ན་མནར་མེད་པའི་སེམས་ཅན་དམྱལ་བ་གནས་ཏེ། གནམ་འཕང་དང་ཆུ་ཞིང་གི་ཚད ་དང། དེ་བཞིན་དུ་འོག་གི་གཞི་དང་དཔག་ཚད་ཉི་ཁྲི་སྟེ། འདི་ནས་ནི་དཔག་ཚད་བཞི་ཁྲིར་འགྱུར་རོ། །སྡུག་བསྔལ་བར་ཆད་མེད་པའི་ཕྱིར་མནར་མེད་པའོ། །གཞན་དག་ནི་སྡུག་བསྔལ་བར་ཆད་དང་བཅས་པ་སྟེ། འདི་ལྟ་སྟེ། ཡང་སོས་ནི་བཅད་ཅིང་ཕུག་ལ ་བཏགས་ཀྱང་རུང། རླུང་གྲང་མོ་ལངས་པ་ལས་སེམས་ཅན་དེ་དག་ཡང་སོས་བར་འགྱུར་བས་ན་དེའི་ཕྱིར་ཡང་སོས་ཞེས་བྱའོ། །དེ་ཡི་སྟེང་ན་དམྱལ་བ་བདུན། མནར་མེད་པ་དེའི་སྟེང་ན་དམྱལ་བ་བདུན་ཏེ། རབ་ཏུ་ཆེ་བ་དང། ཚ་བ་དང། ངུ་འབོད་ཆེན་པོ ་དང། ངུ་འབོད་དང། བསྡུས་འཇོམས་དང། རི་ནག་པོ་དང། ཡང་སོས་རྣམས་གོང་ནས་གོང་དུ་གནས་སོ། །བརྒྱད་པོ་ཀུན་ལ་འང་ལྷག་བཅུ་དྲུག་།བཅོམ་ལྡན་འདས་ཀྱིས་ཀྱང་དེ་ལྟར་དམྱལ་བ་དེ་བརྒྱད་དུ། བཤད་པ་ལས་ནི་བརྒལ་བར་དཀའ་། ། ་དྲག་པོའི་ལས་ཀྱིས་ཀུན་དུ་གང། །རེ་རེ་ལ་ཡང་ལྷག་བཅུ་དྲུག་།ཅེས་གསུངས་པ་ལ། ལྷག་པ་བཅུ་དྲུག་གང་ཞེ་ན། དེ་དག་གི་ནི་ངོས་བཞིན། །མེ་མ་མུར་དང་རོ?་མྱགས་དང། །སྤུ་གྲིའི་ལམ་སོགས་ཆུ་བོའོ། །དེ་དག་གི་ངོས་བཞི་བཞི་སྒོ་སྒོ་ན་ལྷག ་པ་བཞི་སྟེ། མེ་མ་མུར་པུས་མོ་ནུབ་པ་ཙམ་དང། ཕྱིས་སའི་འདམ་རྫབ་དང། སྤུ་གྲིའི་སོ་གཏམས་པའི་ལོ་མ་དང། ལོ་མ་རལ་གྲི་ལྟ་བུའི་ནགས་དང། ལྕགས་ཀྱི་ཤལ་མ་རིའི་ནགས་ཏེ། སྤུ་གྲིའི་ལམ་ལ་སོགས་པ་མཚོན་ཆ་མངོན་པར་འབབ་སྟེ། ་གསུམ་ནི་སྤྱིར་བརྩིས་པ་གཅིག་ཏུ་བྱའོ། །ལྷག་པ་བཞི་པོ་ནི་ཆུ་བོ་རབ་མེད་དེ་ཐལ་ཆུས་གང་བའོ། །དེས་ཀྱང་དམྱལ་བ་ཆེན་པོ་འོབས་བཞིན་དུ་བསྐོར་ཏེ། །ལྷག་པ་བཞི་པོ་འདི་དག་ནི་ཕྱོགས་ཀྱི་དབྱེ་བས་བཅུ་དྲུག་ཅེས་བྱའོ། །གནོད་པ་ལྷག་པའི་གནས ་ཡིན་པའི་ཕྱིར་ལྷག་པ་བཞི་ཞེས་བྱ་སྟེ། དམྱལ་བ་དག་ཏུ་གནོད་པ་བྱས་ནས་ཡང་འདི་དག་ཏུ་གནོད་པ་བྱེད་པའོ། །དམྱལ་བ་དག་གི་འཆི་བ་འོག་ཏུ་ཡང་འདི་དག་ཏུ་འབྱིང་བས་ན་ལྷག་བ་ཞེས་བྱའོ། །རེ་ཞིག་དེ་དག་ནི་ཚ་བའི་དམྱལ ་བ་ཆེན་པོ་ཡིན་ནོ། །ཆུ་བུར་ཅན་སོགས་གྲང་བརྒྱད་གཞན། །གཞན་ན་གྲང་བའི་སེམས་ཅན་དམྱལ་བ་བརྒྱད་ལ་འདི་ལྟ་སྟེ། ཆུ་བུར་ཅན་དང། ཆུ་བུར་རྡོལ་བ་དང། སོ་ཐམ་ཐམ་དང། ཨ་ཆུ་ཟེར་བ་དང། ཀྱི་ཧུད་ཟེར་བ་དང། ཨུཏཔ་ལ་ལྟར་གས ་དང། པདྨ་ལྟར་གས་པ་དང། པདྨ་ལྟར་གས་པ་ཆེན་པོ་སྟེ། སེམས་ཅན་དེ་དག་ནི་གྲང་བ་མི་བཟོད་པས་ཉེན་ཏེ། ལུས་དང་སྒྲ་འགྱུར་བ་དང་འཐུན་པར་མིང་དེ་དག་ཏུ་བཏགས་པའོ། །དེ་དག་ཀྱང་ཛམྦུའི་གླིང་འདི་ཉིད་ཀྱི་འོག་སེམས་ཅན་དམྱལ ་བ་ཆེན་པོ་རྣམས་ཀྱི་གྲང་ཐད་ན་གནས་ཏེ། སེམས་ཅན་དམྱལ་བ་བཅུ་དྲུག་པོ་འདི་དག་ཐམས་ཅད་ཀྱང་སེམས་ཅན་ཐམས་ཅད་ཀྱི་ལས་ཀྱི་དབང་གིས་འབྱུང་ངོ། །དུད་འགྲོའི་སྤྱོད་ཡུལ་ནི་སྐམ་དང་ཆུ་དང་ནམ་མཁའ་འོ། །ཡི་དགས་ནི ་དུད་འགྲོ་དང་མི་དང་ལྷའི་ཤ་ཚུགས་ཏེ། ལོངས་སྤྱོད་མེད་པ་དང། ལོངས་སྤྱོད་ཆུང་བ་དང། ལོངས་སྤྱོད་ཆེ་བ་རྣམས་ཡིན་ནོ། །གང་ཉི་མ་དང་ཟླ་བ་འདི་གཉིས་ཅི་ལ་གནས་ཤེ་ན། རླུང་ལ་སྟེ་སེམས་ཅན་ཐམས་ཅད་ལས་ཀྱི་དབང་གིས་འབྱུང ་བའི་རླུང་གླིང་བཞིན་དུ་རི་རབ་ཡོངས་སུ་འཁོར་ཞིང་ཉི་མ་དང་ཟླ་བ་དང་སྐར་མ་རྣམས་འཕུལ་ལོ། །ཉི་མ་དང་ཟླ་བ་འདི་གཉིས་འདི་ནས་ཐག་ཇི་སྲིད་ཅེ་ན། རི་རབ་ཕྱེད་ན་ཉི་ཟླ་སྟེ། གཉའ་ཤིང་འཛིན་གྱིས་རྩེ་མོ་ནས་རྒྱུའོ། །ཚད་ཇི་ཙམ་ཞེ་ན། དཔག ་ཚད་ལྔ་བཅུ་དང་གཅིག་བཅས། ཟླ་བའི་དཀྱིལ་འཁོར་གྱི་ཚད་ནི་དཔག་ཚད་ལྔ་བཅུའོ། །ཉི་མའི་དཀྱིལ་འཁོར་གྱི་ནི་གཅིག་དང་བཅས་པའི་ལྔ་བཅུ་སྟེ། ལྔ་བཅུ་རྩ་གཅིག་ཅེས་བྱ་བའི་དོན་ཏོ། །ཅི་གླིང་བཞི་པོ་དག་དུ་ཉི་མས་ཅིག་ཅར་དུ་བྱ་བ་བྱེད་དམ་ཞེ ་ན། སྨྲས་པ་མ་ཡིན་ཏེ། འདི་ལྟར་དེ་དག་ཏུ། ནམ་ཕྱེད་ཉི་མ་ནུབ་པ་དང། ཉི་མ་ཕྱེད་དང་འཆར་དུས་གཅིག་།གང་གི་ཚེ་བྱང་གི་སྒྲ་མི་སྙན་དུ་ནམ་ཕྱེད་པ་དེའི་ཚེ་ཤར་གྱི་ལུས་འཕགས་སུ་ཉི་མ་ནུབ་བོ། །ཛམྦུའི་གླིང་དུ་ནི་ཉི་མ་ཕྱེད་དོ། །བ་ལང་སྤྱོད་དུ་ནི་ཉི ་མ་འཆར་ཏེ། དེ་བཞིན་དུ། གཞན་དག་ལ་ཡང་སྦྱར་རོ། །ཉིན་མོ་དང་མཚན་མོ་ནི་ཉི་མའི་འགྲོས་ཀྱིས་རིང་ཐུང་ངུ་འགྱུར་ཏེ། དེ་ལ་དབྱར་གྱི་ཟླ་བ་གཉིས་པ་ཡི་ཐ་མའི་ཚེས་དགུ་ནས་མཚན་རིང། དབྱར་གྱི་ཟླ་བ་གཉིས་པ་དབྱར་ཟླ་ཐ་ཆུང་གི་ཡར་ངོའི་ཚེས ་དགུ་ནས་མཚན་རིང། རྒུན་རྣམས་ཀྱི་ནི་བཞི་པ་ལ། ཐུང་ངུ་འགྱུར་ཏེ། དེ་ཉིད་རྒུན་གྱི་ཟླ་བ་བཞི་པའི་མར་གྱི་ཚེས་དགུ་ནས་ཐུང་ངུར་འགྱུར་རོ་ཞེས་བྱ་བ་སྦྱར་ཏེ། རྒུན་ཟླ་ཐ་ཆུང་གི་ཡར་ངོའི་ཚེས་དགུ་ནས་སོ། །ཉིན་མོ་བཟློག་།གང་གི་ཚེ་ནམ་རིང་བ་དེའི་ཚེ་ཉིན ་མོ་ཐུང་ངོ། །གང་གི་ཚེ་ནམ་ཐུང་བ་དེའི་ཚེ་ཉིན་མོ་རིང་ངོ། །ཇི་ཙམ་ཞིག་རིང་དུ་འགྱུར་ཞེ་ན་ཉིན་མཚན་རིང་བ་ཐང་ཅིག་གོ་།ཐང་ཅིག་ཐང་ཅིག་ལ་ཉིན་མོ་འམ་མཚན་མོ་རིང་པོར་འགྱུར་རོ། །རིང་ཐུང་ངུ་གྱུར་པ་དེ་དག་ཀྱང་རིམ་བཞིན་དུ་ཉི་མ་ལྷོ་བྱང་འགྲོ་བ་ལས་ཉི ་མ་འཛམྦུའི་གླིང་གི་ལྷོ་ཕྱོགས་ཀྱི་ངོས་སུ་འགྲོ་བ་ན་མཚན་མོ་རིང་ངོ། །བྱང་གི་ངོས་སུ་འགྲོ་ན་ཉིན་མོ་རིང་ངོ། །དང་པོ་ཟླ་བ་ཉ་བ་ནས་འགྲིབ་པར་སྣང་བ་དེ་ལ་རྒྱུ་ཅི་ཡོད་ཅེ་ན། ཉི་མ་དང་ཟླ་བ་ཉེ་བ་ལས། རང་གི་གྲིབ་མས་འགྲིབ་པར་སྣང་གང་གི་ཚེ་ཉི་མའི་གཞལ ་མེད་ཁང་ཟླ་བའི་གཞལ་མེད་ཁང་དང་ཉེ་བར་རྒྱུ་བ་དེའི་ཚེ། ཉི་མའི་འོད་ཀྱིས་དེའི་གཞལ་མེད་ཁང་ལ་འབབ་སྟེ། དེའི་ཕྱིར་དེའི་ངོས་ཕྱི་རོལ་དུ་གྲིབ་མ་འབབ་པས་འགྲིབ་པར་སྣང་ངོ་ཞེས་བཏགས་པ་ལས་བསྟན་ཏོ་ཞེས་གྲག་གོ་།གཞན་དག་ན་རེ་རྒྱུ་བའི་ཚུལ ་ལས་རེས་འགའ་དེ་ལྟ་བུར་གཞལ་མེད་ཁང་གི་ཕྱེད་སྣང་ངོ་ཞེས་ཟེར་ཏོ། །ཉི་མ་ལ་སོགས་པའི་གཞལ་མེད་ཁང་འདི་རྣམས་ནི་རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་གཞལ་མེད་ཁང་ན་གནས་པའི་རྣམས་ཀྱི་གནས་ཡིན་ནོ། །ས་ལ་གནས་པ་རྣམས་ཀྱི་ནི་རི་རབ་ཀྱི་བང?་རིམ ་ལ་སོགས་པའོ། །ཡང་གང་རིམ་དེ་དག་ནི་དུ་དག་ཅིག་།བར་ཆ་ནི་ཇི་སྲིད་ཅིག་ཅེ་ན། འདི་ལ་བང་རིམ་བཞི་དག་སྟེ། བར་གྱི་ཐག་ནི་སྟོང་ཕྲག་བཅུ། གཅིག་གི་འཕང་དུ་ནི་དཔག་ཚད་ཁྲི་ཡིན་ནོ། །བཞི་པའི་བར་དུ་ཡང་དེ་དང་འདྲ ་སྟེ། དེ་དག་གི་ནི་རི་རབ་ཀྱི་ཕྱེད་མན་ཆོད་དུ་ཕྱིན་ཏོ། །དེ་དག་ཀྱང་གྲངས་བཞིན་དུ་དེ་ལས། སྟོང་ཕྲག་དག་ནི་བཅུ་དྲུག་དང། བརྒྱད་དང་བཞི་དང་གཉིས་འཕགས་སོ། །དང་པོ་དང་གཉིས་པ་དང་གསུམ་པ་དང་བཞི་པ་དང་རིམ་བཞིན་ནོ། །དེས་ལས་ལག ་ན་གཞོང་ཐོགས་དང་ཕྲེང་བ་འཛིན་དང་རྟག་མྱོས་དང། །རྒྱལ་ཆེན་བཞི་པའི་ལྷ་རྣམས་སོ། །དང་པོ་དང་གཉིས་པ་དང་གསུམ་པ་དང། བཞི་པ་དག་ཏུ་རིམ་བཞིན་ནོ། །རྒྱལ་ཆེན་བཞི་པའི་ལྷ་ཞེས་བྱ་བ་ནི་རྒྱལ་པོ་ཆེན་པོ་བཞི་པོ་དག་བདག་ཉིད་སོ་སོར ་གནས་པ་དེའི་འཁོར་རྣམས་ཏེ། དེའི་ཕྱིར་དེ་དག་ཏུ་རྒྱལ་ཆེན་བཞི་པའི་ལྷ་ཞེས་བྱའོ། །ཇི་ལྟར་བང་རིམ་བཞི་དག་ལ་རྒྱལ་ཆེན་བཞི་པའི་ལྷ་རྣམས་གནས་པ་དེ་བཞིན་དུ། །རི་ནི་བདུན་པོ་དག་ལ་ཡང། མུ་ཁྱུད་འཛིན་ལ་སོགས་པ་དག་ལའོ། །དེའི་ཕྱིར་ལྷའི ་རིས་དེ་ནི་ཐམས་ཅད་པས་ཆེའོ། །རི་རབ་རྩེ་ན་སུམ་ཅུ་གསུམ། །བང་རིམ་དང་རི་རབ་ཀྱི་ཚད་ཇི་ཙམ་ཞེན། དེ་ནི་སྟོང་ཕྲག་ཉི་ཤུ་ཡིན། ཕྱོགས་བཞི་ངོས་བཞི་ལ་ངོས་རེ་རེ་ཞིང་ཡང་དཔག་ཚད་ཉི་ཁྲི་སྟེ། ཁོ་ར་ཁོར་ཡུག་ཏུ་ནི་བརྒྱད་ཁྲིའོ། །ཕྱོགས་མཚམས ་བརྩེགས་པ་བཞི་ལ་ནི། །ལག་ན་རྡོ་རྗེ་གནས། རི་རབ་ཀྱི་རྩེ་མོ་ནི་ཕྱོགས་མཚམས་ཀྱི་གྲཝ་དེ་དག་ལས་གང་དག་ལ་གནོད་སྦྱིན་ལག་ན་རྡོ་རྗེ་ཞེས་བྱ་བ་གནས་པ་དཔག་ཚད་ལྔ་བརྒྱའི་ཚད་ཙམ་གྱི་བརྩེགས་པ་བཞི་གྱེན་དུ་འཕགས་སོ། །རི་རབ་ཀྱི་རྩེ་མོ ་ཉིད་ཀྱི། དབུས་ན། ངོས་ལ་ཉིས་སྟོང་ལྔ་བཅུ་པ། །དཔག་ཚད་ཕྱེད་དང་གཉིས་པ་ཡི། །གྲོང་ཁྱེར་ལྷན་སྡུག་ཅེས་པ། །གཞི་བཀྲ་གསེར་ལས་བྱས་མཉེན་པ། །ངོས་ལ་ཉིས་སྟོང་ལྔ་བརྒྱ་པ། ཞེས་བྱ་བ་ནི་ངོས་རེ་རེ་ཞིང་ཡང་དཔག་ཚད་ཉིས་སྟོང་ལྔ་བརྒྱ་ཡིན ་ནོ། །དཔག་ཚད་ཕྱེད་དང་གཉིས་ཡིན་ནོ། །ཞེས་བྱ་བ་ནི་གྲོང་ཁྱེར་དེའི་འཕང་དུ་དཔག་ཚད་ཕྱེད་དང་གཉིས་ཏེ་དེ་ནི་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱི་རྒྱལ་པོའི་ཕོ་བྲང་འཁོར་ཡིན་ནོ། །ཞེས་གྲག་གོ་།དེ་ན་རྣམ་པར་རྒྱལ་བྱེད་དེ། །ངོས་ལ་ཉིས་སྟོང་ལྔ་བཅུ་པ། །གྲོང ་ཁྱེར་གྱི་དབུས་ན་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱི་ཁང་བཟངས་རྣམ་པར་རྒྱལ་བྱེད་ཅེས་བྱ་བ་ངོས་ངོས་ཀྱི་སྲིད་དུ་དཔག་ཚད་ཉིས་བརྒྱ་ལྔ་བཅུ་ཡོད་དོ། །འདི་ནི་རེ་ཞིག་ནང་གི་གནས་སོ། །དེའི་ཕྱི་རོལ་ཤིང་རྟ་སྣ་ཚོགས་དང། རྩུབ་འགྱུར་འདྲེས་པ་དགའ་བས་བརྒྱན།། ་གྲོང་ཁྱེར་དེའི་ཕྱི་རོལ་ནི། །ངོས་བཞི་དག་ནི་ལྷ་རྣམས་ཀྱི་རྩེད་མོའི་གནས་སྐྱེད་མོས་ཚལ་བཞི་ཡོད་དེ། འདི་ལྟ་སྟེ་སྐྱེད་མོས་ཚལ་ཤིང་རྟ་སྣ་ཚོགས་ཅན་དང། རྩུབ་འགྱུར་དང། འདྲེས་པ་དང། དགའ་བའི་ཚལ་ཏེ། དེ་དག་གིས་གྲོང་ཁྱེར་དེའི་ཕྱི་རོལ་བརྒྱན་ཏོ། ། ་ཉི་ཤུས་བཅད་པའི་ངོས་བཞི་ན། །ས་གཞི་བཟང་པོ་གཞན་ཡོད་དེ། སྐྱེད་མོས་ཚལ་དེ་དག་གི་ངོས་བཞི་དཔག་ཚད་ཉི་ཤུས་བཅད་པའི་ན། ལྷ་རྣམས་ཀྱི་རྩེ་བའི་གནས་ས་གཞི་བཟང་པོ་བཞི་ཡོད་དོ། །གྲོང་ཁྱེར་གྱི་ཕྱི་རོལ་གྱི་ངོས། བྱང་ཤར་མཚམས་ན་ཡོངས ་འདུ་སྟེ། གྲོང་ཁྱེར་གྱི་བྱང་ཤར་གྱི་ཕྱོགས་མཚམས་ན་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་འདོད་པའི་དགའ་བ་མཆོག་གི་གནས་ཤིང་ཡོངས་འདུས་རྟོལ་ཞེས་བྱ་བ་ཡོད་དེ། ལྷོ་ནུབ་མཚམས་ན་ཆོས་བཟང་ངོ། །ལྷོ་ནུབ་ཀྱི་མཚམས་ན་གང་དུ་ལྷ་རྣམས་འཁོད་ན་བྱ ་པ་མི་བྱ་བ་བགྲོད་པར་བྱེད་པའི་ལྷའི་འདུན་ས་ཆོས་བཟང་ཞེས་བྱ་བ་ཡོད་དོ། །རེ་ཞིག་སུམ་ཅུ་རྩ་གསུམ་པ་རྣམས་ཀྱི་གནས་པ་ནི་དེ་ལྟ་བུའོ། །དེ་སྟེང་གཞལ་མེད་ཁང་གི་ལྷ། འཐབ་བྲལ་དང། དགའ་ལྡན་དང། འཕྲུལ་དགའ་དང། གཞན་འཕྲུལ་དབང་བྱེད་རྣམས ་དང། ཚངས་རིས་ལ་སོགས་པ་གནས་ཀྱི་བྱེ་བྲག་བཅུ་དྲུག་ཏུ་འགྲོ་བ་རྣམས་ཏེ། གང་དག་གི་གནས་མངོན་པར་ནི་མདོར་བསྡུ་ན། ལྷའི་རིས་ཉི་ཤུ་རྩ་གཉིས་པོ་དག་ཡིན་ནོ། །འདོད་པ་སྤྱོད་པ་དྲུག་ཡིན་ནོ། །དེ་དག་ལས་འདི་ལྟ་སྟེ། རྒྱལ་ཆེན་བཞི་པ་ནས་གཞན་འཕྲུལ ་དབང་བྱེད་ཀྱི་བར་འདོད་པ་སྤྱོད་པའི་ལྷ་རིས་དྲུག་ན་འདོད་པ་ཡོངས་སུ་སྤྱོད་ཀྱི་ལྷག་མ་རྣམས་ནི་མ་ཡིན་ནོ། །དེ་དག་ཀྱང། གཉིས་ཀྱི་གཉིས་དང་འཁྱུད་པ་དང། ལག་པ་སྤྲེལ་དང་རྒོད་པ་དང། །བལྟས་པ་ཡིས་ནི་འཁྲིག་པ་ཡིན། ། ་གཉིས་ཀྱི་གཉིས་ཀྱིས་འཁྲིག་པ་ནི་ས་དང་འབྲེལ་པར་གནས་པ་རྒྱལ་ཆེན་བཞི་པ་དང་སུམ་ཅུ་རྩ་གསུམ་པ་རྣམས་ཏེ་མི་ཇི་ལྟ་བ་བཞིན་ནོ། །དེ་དག་ཀྱང་ཁུ་བ་མེད་པའི་ཕྱིར་རླུང་ཡོངས་སུ་བཏང་ཡོངས་སུ་གདུང་བ་དང་འབྲལ་བའི་ཕྱིར་རོ། །འཁྱུད་པས་འཁྲིག ་པ་དང་ནི་འཐབ་བྲལ་རྣམས་ཏེ། འཁྱུད་པ་ཙམ་གྱིས་ཡོངས་སུ་གདུད་བ་དང་འབྲལ་བའི་ཕྱིར་རོ། །ལག་པ་འབྲེལ་པས་ནི་དགའ་ལྡན་པ་རྣམས་ཀྱིའོ། །རྒོད་པས་ནི་འཕྲུལ་དགའ་པ་རྣམས་ཀྱིའོ། །བལྟས་པས་ནི་གཞན་འཕྲུལ་དབང་བྱེད་པ་རྣམས་ཀྱིའོ། །ལྷ ་འམ་ལྷ་མོ་འམ་གང་ཕང་དུ་གཞན་གཞོན་ནུ་ལྷའི་བུ་མོ་སྐྱེ་བ་དེ་ནི་དེ་གཉིས་ཀྱི་བུ་འམ་བུ་མོ་ཡིན་ནོ། །བོང་ཚོད་ཇི་ཙམ་སྐྱེ་ཞེ་ན། བྱིས་པ་ལོ་ལྔ་ལོན་པ་ནས། ལོ་བཅུ་ལོན་པ་ལྟ་བུའི་པར། དེ་དག་ཏུ་སྐྱེ། ལྷའི་རིས་དྲུག་དག་ཏུ་གྲངས་བཞིན་དུ་དེ་དག་ཀྱང་མྱུར་བ་ཉིད ་སྐྱེའོ། །གཟུགས་ཅན་རྣམས་ཀུན་རྫོགས་གོས་དང་བཅས་པ་ཉིད། གཟུགས་ན་སྤྱོད་པའི་ལྷ་རྣམས་ལུས་རྫོགས་པ་དང། གོས་གྱོན་པ་བཞིན་སྐྱེའོ། །ལྷ་ཐམས་ཅད་ནི་འཕགས་པའི་སྐད་དུ་སྨྲའོ། །དེ་ལ་འདོད་པ་སྐྱེ་བ་གསུམ་པོ་ནི། འདོད་པ་ལྷ་དང་མིར་བཅས ་རྣམས། །འདོད་པའི་ཁམས་སུ་རིག་པར་བྱ་སྟེ། ཇི་ལྟ་བུ་ཞེ་ན། སེམས་ཅན་འདོད་པ་ཉེ་བར་གནས་པ་རྣམས་འདོད་པ་ཉེ་བར་གནས་པ་དག་ལ་དབང་ཕྱུག་གི་དབང་བྱེད་པ་དག་ཀྱང་ཡོད་དེ། འདི་ལྟ་སྟེ། མི་རྣམས་དང་ལྷ་ཁ་ཅིག་གོ་།དེ་རྣམས་ཀྱང་ལྷའི ་རིས་རྣམས་སོ། །སེམས་ཅན་ཡོད་པ་སྤྲུལ་ཞིང་འདོད་པ་ལ་དབང་ཕྱུག་ལ་དབང་བྱེད་པ་དག་ཀྱང་ཡོད་དེ། འདི་ལྟ་སྟེ་འཕྲུལ་དགའ་བ་རྣམས་སོ། །སེམས་ཅན་འདོད་པ་གཞན་གྱིས་སྤྲུལ་ཏེ། གཞན་གྱིས་སྤྲུལ་པའི་འདོད་པ་ལ་དབང་ཕྱུག་གི་དབང་བྱེད་པ་དག་ཀྱང ་ཡོད་དེ། འདི་ལྟ་སྟེ། གཞན་འཕྲུལ་དབང་བྱེད་པ་རྣམས་སོ། །དེ་ལྟར་དེ་དག་ནི་ཇི་ལྟར་སྐྱེས་པའི་འདོད་པ་ལ་ཡོངས་སུ་ལོངས་སྤྱོད་པའི་ཕྱིར་དང། བདག་ཇི་ལྟར་འདོད་པ་བཞིན་དུ་སྤྲུལ་ནས་ཡོངས་སུ་ལོངས་སྤྱོད་པའི་ཕྱིར་དང། ཇི་ལྟར་འདོད་པ་བཞིན ་གཞན་གྱིས་སྤྲུལ་པ་ལ་ཡོངས་སུ་ལོངས་སྤྱོད་པའི་ཕྱིར་འདོད་པ་སྐྱེ་བ་གསུམ་ཞེས་བྱའོ། །གཟུགས་ཀྱི་ཁམས་དག་ན་ནི། བདེ་བ་སྐྱེ་བ་གསུམ་པོ་ནི། །བསམ་གཏན་གསུམ་ལ་ས་དགུ་ཡིན། །དེ་ནི་བདེ་བ་སྐྱེ་བ་གསུམ་ཡིན་ཏེ། ལྷ་དེ་དག་ནི་དབེན་པ ་ལས་སྐྱེས་པ་དང། ཏིང་ངེ་འཛིན་ལ་སྐྱེས་པའི་དགའ་བ་དང། བདེ་བ་དང་དགའ་བ་མེད་པ་ལས་སྐྱེས་པའི་བདེ་བ་བར་གནས་སོ། །གང་དག་ལྷ་དེ་དག་གི་གནས་ཉི་ཤུ་རྩ་གཉིས་སུ་བཤད་བ་དེ་རྣམས་ལ། འོག་མ་ནས་གོང་མར་ཐག་ཇི་ཙམ་ཞིག་ཅེ་ན། དེ་དག་ཐམས ་ཅད་ཀྱི་དཔག་ཚད་ཀྱི་གྲབས་ཡོངས་སུ་བགྲང་བར་ནི་སླ་བ་མ་ཡིན་མོད་ཀྱི། འོན་ཀྱང། གནས་ནས་འོག་ཇི་སྲིད་བར། སྟེང་དུ་འང་དེར་དེ་ཙམ་མོ། །ཛམྦཱཱིུ་གླིང་ནས་གནས་འོག་མར་ཇི་སྲིད་པར་དེའི་འོག་མར་ཡང། དེ་ནས་གནས་འོག་མ་ཛམྦཱཱིུ་གླིང་དུ་ཇི ་སྲིད་པ་དེ་སྲིད་དེ། འདི་ལྟ་སྟེ། འདི་ནས་དཔག་ཚད་བཞི་ཁྲི་ན་རྒྱལ་པོ་ཆེན་པོ་བཞི་རྩེ་བའི་གནས་བང་རིམ་བཞི་པ་ཡོད་པ་ལྟར། དེའི་གོང་མ་སུམ་ཅུ་རྩ་གསུམ་པ་རྣམས་ཀྱི་གནས་སུ་ཡང་དེའི་འོག་མ་ཛམྦུའི་གླིང་དུ་ཇི་སྲིད་པ་དེ་སྲིད་དོ། །དེ་ནས་ཀྱང ་འོག་མ་ཛམྦུའི་གླིང་དུ་ཇི་སྲིད་པར་གོང་མ་འཐབ་བྲལ་བ་རྣམས་ཀྱི་གནས་སུ་ཡང་དེ་སྲིད་དོ། །དེ་ནས་ཀྱང་འོག་མ་ཛམྦུའི་གླིང་དུ་ཇི་སྲིད་པར་གོང་མ་དགའ་ལྡན་པ་རྣམས་ཀྱི་གནས་སུ་ཡང་དེ་སྲིད་དོ་ཞེས་བྱ་བ་སྟེ། དེ་བཞིན་དུ་རྒྱ་ཆེར་ཐམས་ཅད་གོ་རིམ་དང་མི ་མཐུན་པར་ཤིན་ཏུ་མཐོང་ནས་འོག་མ་འཛམྦུའི་གླིང་དུ་སྲིད་པས། གོང་མ་འོག་མིན་པ་རྣམས་ཀྱི་གནས་སུ་ཡང་དེ་སྲིད་དོ། །དེའི་གོང་ན་ནི་གནས་གཞན་མེད་པས། དེའི་ཕྱིར་དེ་ནི་ཐུ་བོར་གྱུར་པའི་ཕྱིར་འོག་མིན་ཞེས་བྱའོ། །ཡང་ཅི་གནས་འོག་མར་སྐྱེས་པའི་གོང ་མའི་གཞལ་མེད་ཁང་དག་ཏུ་འགྲོ་ཞིང་མཐོང་ངམ་ཞེ་ན། རྫུ་འཕྲུལ་གཞན་བརྟེན་མ་གཏོགས་པ། དེ་དག་གོང་མར་འགྲོ་བ་མེད། །རྫུ་འཕྲུལ་དང་ལྡན་པ་འམ། གལ་ཏེ་རྫུ་འཕྲུལ་ཅན་གཞན་ལ་བརྟེན་ནས་སམ། དེ་པའི་ལྷས? ་ཁྲིད་ན་ནི་སུམ་ཅུ་རྩ་གསུམ་ཡང་འཐབ་བྲལ་བའི་ནང་དུ་འགྲོ་བར་འགྱུར་ཏེ། ལྷག་མ་བརྒྱད་ཀྱང་དེ་བཞིན་ནོ། །ཡང་འཐབ་དྲལ་བ་རྣམས་ལ་སོགས་པ་དེ་དག་གི་གཞལ་མེད་ཁང་རྣམས་ཀྱི་ཚད་ཇི་ཙམ་ཞེ་ན། རེ་ཞིག་ཁ་ཅིག་ན་རེ་རྒྱལ་ཆེན་བཞི ་རྣམས་ཀྱི་ནི་རི་རབ་ཀྱི་རྩེ་མོའི་ཚད་ཙམ་མོ་ཞེས་ཟེར་རོ། །གཞན་དག་ན་རེ་ཉིས་འགྱུར་རོ་ཞེས་ཟེར་རོ། །བསམ་གཏན་དང་པོ་ནི་གླིང་བཞི་བ་ཙམ་མོ། །གཉིས་པ་ཡང་ནི་སྟོང་ཆུང་ངུའི་འཇིག་རྟེན་གྱི་ཁམས་ཙམ་མོ། །བཞི་བའི་ནི་སྟོང་གསུམ་བ་ཙམ ་མོ། །ཡང་སྟོང་ཆུང་ངུའི་འཇིག་རྟེན་གྱི་ཁམས་ནི་ཅི་སྟོང་གཉིས་པའམ་སྟོང་གསུམ་པ་ནི་ཅི་ཞིག་ཅེ་ན། གླིང་བཞི་པ་དང་ཉི་མ་དང། རི་རབ་དང་ནི་འདོད་ལྟ་དང། །ཚངས་པའི་འཇིག་རྟེན་སྟོང་ལ་ནི། །སྟོང་ནི་ཆུང་ངུ་དག་ཏུ་འདོད། །ཛམྦཱཱིུ་གླིང་དང། ཤར་གྱི ་ལུས་འཕགས་དང། ནུབ་གྱི་བ་ལང་སྤྱོད་དང། བྱང་གྱི་སྒྲ་མི་སྙན་སྟོང་དང། ཟླ་བ་སྟོང་དང། ཉི་མ་སྟོང་དང། རི་རབ་སྟོང་དང། རྒྱལ་ཆེན་བཞི་བའི་ལྷ་རྣམས་ནས་གཞན་འཕྲུལ་དབང་བྱེད་ཀྱི་བར་སྟོང་དང། ཚངས་བའི་འཇིག་རྟེན་གྱི་ཁམས་སྟོང་གང ་ཡིན་པ་འདི་ནི་སྟོང་ཆུང་ངུའི་འཇིག་རྟེན་གྱི་ཁམས་ཞེས་བྱའོ། །དེ་སྟོང་ལ་ནི་སྟོང་གཉིས་པའི། །བར་མའི་འཇིག་རྟེན་ཁམས་ཡིན་ནོ། །སྟོང་ཆུང་ངུའི་འཇིག་རྟེན་གྱི་ཁམས་དེ་དག་སྟོང་ནི་སྟོང་གཉིས་པའི་བར་མའི་འཇིག་རྟེན་གྱི་ཁམས་ཡིན་ནོ། །དེ་སྟོང་ལ་ནི ་སྟོང་གསུམ་མོ། །སྟོང་བར་མའི་འཇིག་རྟེན་གྱི་ཁམས་དེ་དག་སྟོང་ལ་ནི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཡིན་ཏེ། དེ་ནི་འདི་ལྟར་ཅིག་ཅར་དུ། །མཉམ་དུ་འཇིག་ཅིང་འབྱུང་བ་ཡིན། །མཉམ་དུ་འཇིག་པ་ལ་ཡང་མཉམ་དུ་འབྱུང་སྟེ་ཆགས་ཞེས་བྱ་བའི ་དོན་ཏོ། །ཡང་སྣོད་རྣམས་ཀྱི་ཚད་ཀྱི་དབྱེ་བ་ཇི་ལྟ་བ་དེ་བཞིན་དུ་དེ་ན་གནས་པའི་སེམས་ཅན་རྣམས་ཀྱི་ཚད་ཀྱང་དབྱེ་བ་ཡོད་དམ་ཞེ་ན། སྨྲས་པ། ཡོད་དོ། །དེ་ལ་རེ་ཞིག་།འཛམ་བུའི་གླིང་གི་ཚད་དག་ནི། ཁྲུ་བཞི་པ་དང་ཕྱེད་དང་བཞི། །ཛམྦཱཱིུ་གླིང་བའི་མི་རྣམས་ནི ་ཕལ་ཆེར་ཁྲུ་བཞི་པ་སྟེ། ལ་ལ་ནི་ཁྲུ་ཕྱེད་དང་བཞི་ཡང་ཡོད། ཤར་དང་བ་ལང་སྤྱོད་པ་དང། བྱང་ཞེས་བྱ་བ་ཉིས་འགྱུར་འཕེལ། །ཤར་གྱི་ལུས་འཕགས་པ་རྣམས་དང། བ་ལང་སྤྱོད་པ་རྣམས་དང། བྱང་གི་སྒྲ་མི་སྙན་བའི་མི་རྣམས་ནི་རིམ་བཞིན་ཁྲུ་བརྒྱད ་པ་དང། བཅུ་དྲུག་བ་དང་སུམ་ཅུ་རྩ་གཉིས་པའོ། །འདོད་པའི་ལྟའི་ལུས་འཕེལ་བ། །རྒྱང་གྲགས་ཀྱི་ནི་བཞི་ཆ་ནས། །རྒྱང་གྲགས་ཕྱེད་དང་གཉིས་ཀྱི་བར། །རྒྱང་གྲགས་ཀྱི་བཞི་ཆ་ཞེས་བྱ་བ་ནི་རྒྱང་གྲགས་ཀྱི་བཞི་ཆ་སྟེ། རྒྱལ་ཆེན་བཞི་བ་རྣམས་ཀྱི་ཚད་ནི ་དེ་ཙམ་མོ། །དེ་བཞིན་དུ་རྒྱང་གྲགས་བཞི་ཆས་ཀླགས་ན་གཞན་འཕྲུལ་དབང་བྱེད་བ་རྣམས་ཀྱི་རྒྱང་གྲགས་ཕྱེད་དང་གཉིས་སོ། །གཟུགས་ཅན་དང་པོ་དཔག་ཚད་ཕྱེད། གཟུགས་ཅན་གྱི་ལྷ་རྣམས་ཀྱི་གནས་དང་པོ་ལ་ཚངས་རིས་བ་རྣམས་ཀྱི་ལུས་ཀྱི ་ཆད་ནི་དཔག་ཚད་ཕྱེད་དོ། །ལུས་ནི་ཉིས་འགྱུར་ཉིས་འགྱུར་ཏེ། །དེ་ཡན་ཆད་དུ་ཕྱེད་ཕྱེད་འཕེལ། །གནས་གསུམ་དག་ཏུ་ཆངས་པའི་མདུན་ན་འདོན་པ་རྣམས་ཀྱི་ནི་ཕྱེད་དང་གཉིས་སོ། །འོང་ཆུང་བ་རྣམས་ཀྱི་ནི་དཔག་ཚད་གཉིས་སོ། །འོང་ཆུང་གི་ནི་ལྷག ་ཡན་ཆད། །ལུས་ནི་ཉིས་འགྱུར་ཉིས་འགྱུར་ཏེ། །སྤྲིན་མེད་དཔག་ཚད་གསུམ་འདོར་རོ། །ཚད་མེད་འོད་པ་རྣམས་ཀྱི་ནི་དཔག་ཚད་བཞིའོ། །འོད་གསལ་བ་རྣམས་ཀྱི་ནི་བརྒྱད་དོ། །དེ་བཞིན་དུ་དགེ་རྒྱས་བ་རྣམས་ཀྱི་དྲུག་ཅུ་རྩ་བཞི་མིན་པའི་བར་དུ་ཉིས ་འགྱུར་གྱིས་བསྐྱེད་དོ། །སྤྲིན་མེད་པ་རྣམས་ཀྱི་ནི་ཉིས་འགྱུར་དུ་བསྒྱུར་ནས་དེ་ལས་དཔག་ཚད་གསུམ་པོར་ན་དཔག་ཚད་བརྒྱ་ཉི་ཤུ་རྩ་ལྔའོ། །དེ་ཡན་ཆད་བསོད་ནམས་སྐྱེས་ལ་སོགས་པ་ནས་འོག་མིན་གྱི་བར་དུ་ཉིས་འགྱུར་ཉིས་འགྱུར་དུ་བྱས་ནས། ་ལུས་དཔག་ཚད་ཁྲི་དྲུག་སྟོང་ཡིན་ནོ། །ཅི་དེ་ལྟར་ཚད་འཐད་པ་རྣམས་ཀྱི་ཚེ་ཡང་དབྱེ་བ་ཡོད་དམ་ཞེ་ན། སྨྲས་པ། ཡོད་དེ། སྒྲ་མི་སྙན་ན་ཚེ་སྟོང་སྟེ། ལོ་རྣམས་ཡིན་ནོ། །གཉིས་པ་ཕྱེད་ཕྱེད་སྤངས་པའོ། །གླིང་གཉིས་པ་ལ་ནི་ཕྱེད ་ཕྱེད་སྤངས་པ་སྟེ། པ་ལང་སྤྱོད་པ་རྣམས་ཀྱི་ནི་ལྔ་བརྒྱའོ། །ཤར་གྱི་ལུས་འཕགས་རྣམས་ཀྱི་ནི་ཉིས་བརྒྱ་ལྔ་བཅུའོ། །འདིར་ནི་མ་ངས་ཛམྦུའི་གླིང་ན་ནི་རེས་འགའ་རིང་པོར་འགྱུར་རེས་འགའ་ནི་ཐུང་ངུར་འགྱུར་པས་ཚེ་ལ་ངེས་པ་མེད་དེ། ཐ་མར ་ལོ་བཅུ། ལོ་ཞེས་བྱ་བ་ནི་ལོ་ཡིན་ནོ། །ཐ་མ་ཚེ་ཐུང་ངུའི་ཚེ་ནི་ལོ་བཅུར་འགྱུར་རོ། །དང་པོ་དཔག་ཏུ་མེད། བསྐལ་པ་དང་པོ་པའི་མི་རྣམས་ཀྱི་ཚེ་ནི་སྟོང་ཞེས་བྱ་བ་ལ་སོགས་པའི་ཡོངས་སུ་གཟུང་བར་མི་ནུས་པས་དཔག་ཏུ་མེད་པ་ཡིན་ནོ། །མི ་རྣམས་ཀྱི་བཤད་ཟིན་ཏོ། །ལྷ་རྣམས་ཀྱི་བཤད་པར་བྱ་སྟེ། དེ་ཡང་ཉིན་ཞག་རྣམ་པར་བཞག་ན་བརྗོད་པར་ནུས་པས། རེ་ཞིག་དེ་ཉིད་རྣམ་པར་བཞག་པར་བྱ་སྟེ། མི་རྣམས་ཀྱི་ལོ་ལྔ་བཅུ་ལ། ལྷ་དག་གི་ནི་ཉིན་ཞག་གཅིག་།འདོད་པའི་འོག་མའི ་རྣམས་ཀྱི་ཡིན། མི་རྣམས་ཀྱི་ལོ་ལྔ་བཅུ་གང་ཡིན་པ་དེ་དག་ནི། འདོད་པའི་ཁམས་ཀྱི་འོག་མ་རྒྱལ་ཆེན་བཞི་པ་རྣམས་ཀྱི་ཉིན་ཞག་གཅིག་ཡིན་ཏེ། དེས་ན་ཚེ་ལོ་ལྔ་བརྒྱའོ། །དེ་པའི་ཉིན་ཞག་དེས་ན་དེ་རྣམས་ཀྱི་ཚེའི་ཚད་ནི་ཉིན་ཞག་སུམ་ཅུ་ལ་ཟླ ་བ། ཟླ་བ་བཅུ་གཉིས་ལ་ལོ་གཅིག་པའི་ལྷའི་ལོ་ལྔ་བརྒྱ་ཐུབ་བོ། །གོང་མ་གཉིས་ཀ་ཉིས་འགྱུར་རོ། །ལྷ་གོང་མ་རྣམས་ནི་ཉིན་ཞག་དང་ཆ་གཉིས་གཉིས་འགྱུར་ཏེ། ཇི་ལྟར་ཞེ་ན། མི་རྣམས་ཀྱི་ལོ་བརྒྱ་གང་ཡིན་པ་དེ་ནི་སུམ་ཅུ་རྩ་གསུམ་པ་རྣམས་ཀྱི ་ཉིན་ཞག་གཅིག་སྟེ། དེས་ན་དེ་རྣམས་ཀྱི་ཚ་ནི་ལོ་སྟོང་ངོ། །དེ་བཞིན་དུ་མི་རྣམས་ཀྱི་ལོ་ཉིས་བརྒྱ་དང། བཞི་བརྒྱ་བརྒྱད་བརྒྱ། སྟོང་དྲུག་བརྒྱ་ལ་ཉིན་ཞག་ཅིག་ཏུ་བྱས་ལ། དེས་ན་དེ་རྣམས་ཀྱི་ཚེའི་ཚད་ལྷའི་ལོ་ཉིས་སྟོང་དང། བཞི་སྟོང་དང། བརྒྱ་སྟོང ་དང་ཁྲི་དྲུག་སྟོང་སྟེ། འཐབ་བྲལ་བ་རྣམས་དང་གོ་རིམ་བཞིན་ནོ། །འདོད་པ་རྣམས་ཀྱི་ཚེའི་ཚད་བཤད་ཟིན་ཏོ། །གཟུགས་ཅན་རྣམས་ལ་ཉིན་མཚན་མེད། །ཚེ་ནི་བསྐལ་བར་རང་ལུས་མཉམ། །གང་དག་གི་ལུས་དཔག་ཚད་ཕྱེད་ཡིན་པ་དེ་དག་གི་ཆ་ནི ་བསྐལ་པ་ཕྱེད་ཡིན་ནོ། །གང་དག་གི་དཔག་ཚད་ཡིན་པ་དེ་དག་གི་ནི་བསྐལ་པ་སྟེ། དེ་བཞིན་དུ་འོག་མིན་པ་རྣམས་ཀྱི་ཚེའི་ཚད་བསྐལ་པ་ཁྲི་དྲུག་སྟོང་ཡིན་པའི་བར་དུ་ལུས་ཀྱི་ཚད་དཔག་ཚད་ཇི་ཙམ་པ་ཚེ་ཡང་བསྐལ་པ་དེ་ཙམ་མོ། །གཟུགས་མེད་བསྐལ་པ ་སྟོང་ཕྲག་ནི། ཉི་ཤུ་ལྷག་པ་ལྷག་པར་རོ། །ནམ་མཁའ་མཛའ་ཡས་སྐྱེ་མཆེད་པ་རྣམས་ཀྱི་ཚེའི་ཚད་ནི་བསྐལ་པ་ཉི་ཁྲིའོ། །རྣམ་ཤེས་མཛའ་ཡས་སྐྱེ་མཆེད་པ་རྣམས་ཀྱི་ནི་དེ་ལས་ཉི་ཁྲིས་ལྷག་གོ་།ཅི་ཡང་མེད་པའི་སྐྱེ་མཆེད་པ་རྣམས་ཀྱི་ནི་དེ་ལས་ཉི་ཁྲིས ་ལྷག་གོ་།འདུ་ཤེས་མེད་འདུ་ཤེས་མེད་མིན་པའི་སྐྱེ་མཆེད་རྣམས་ཀྱི་ནི་དེ་ལས་ཉི་ཁྲིས་ལྷག་སྟེ། དེ་ལྟར་ཚེའི་ཚད་བསྐལ་པ་ཉི་ཁྲི་དང། བཞི་ཁྲི་དང། དྲུག་ཁྲི་དང། བརྒྱད་ཁྲི་སྟེ་རིམ་པ་བཞིན་ནོ། །འདིར་བསྐལ་པ་གང་ཞིག་ཡིན་པར་རིག་པར་བྱ། ཅི་པར་གྱི ་བསྐལ་པ་འམ། འཇིག་པའི་བསྐལ་པ་འམ། ཆགས་པའི་བསྐལ་པ་འམ། བསྐལ་པ་ཆེན་པོ་ཡང་ཞེ་ན། འོད་ཆུང་ལ་སོགས་ཆེན་པོ་སྟེ། །དེའི་འོག་མ་ཕྱེད་ཡིན་ནོ། །འོད་ཆུང་ལ་སོགས་པའི་ཚེ་ནི་བསྐལ་པ་ཆེན་པོར་རིག་པར་བྱའོ། །དེའི་འོག་མ་ཚངས་ཆེད་ལ ་སོགས་པའི་ཚེ་ཚད་ནི་བསྐལ་མ་ཆེན་པོའི་ཕྱེད་ལ་བསྐལ་པར་བྱས་ནས་རྣམ་པར་བཞག་སྟེ། ཇི་ལྟར་ཞེ་ན། གང་ཡང་འཇིག་རྟེན་ཆགས་པ་བར་གྱི་བསྐལ་པ་ཉི་ཤུ་དང། གང་ཡང་ཆགས་ནས་འདུག་པའི་བར་གྱི་བསྐལ་པ་ཉི་ཤུ་དང། གང་ཡང་འཇིག་པའི་བར་གྱི ་བསྐྱལ་བ་ཉི་ཤུ་སྟེ། བར་གྱི་བསྐལ་པ་དྲུག་ཅུ་པོ་དེ་དག་ལ་ཚངས་བ་ཆེན་པོའི་བསྐལ་པ་ཕྱེད་དང་གཉིས་སུ་བཤད་དེ། དེ་ལྟར་ན་བསྐལ་པ་ཆེན་པོའི་བར་གྱི་བསྐལ་པ་བཞི་བཅུ་ལ་བསྐལ་པར་བྱས་ནས་དེ་དག་ཚེའི་ཚད་དུ་བཤད་པ་ཡིན་ནོ། །བདེ་འགྲོ་རྣམས་ཀྱི་ཚེའི ་ཚད་བཤད་ཟིན་ཏོ། །ད་ནི་ངན་འགྲོ་བ་རྣམས་ཀྱི་བརྗོད་པར་བྱ་སྟེ། དེ་ལ་རེ་ཞིག་།འདོད་ལྷའི་ཚེ་དང་ཉིན་ཞག་མཉམ། །ཡང་སོས་དག་ཏུ་རིམ་བཞིན་ནོ། །ལྷ་དྲུག་པོ་དེ་དག་གི་ཚེ་ཇི་ཙམ་བཤད་པ་དེ་དང་ནི་རིམ་བཞིན་ཡང་སོས་དང། ཐིག་ནག ་དང། བསྡུས་འཇོམས་དང། ངུ་འབོད་དང། ངུ་འབོད་ཆེན་པོ་དང། ཚ་བ་སྟེ། དམྱལ་བ་དྲུག་དག་གི་ཉིན་ཞག་དང་མཉམ་པར་རིག་པར་བྱ་སྟེ། དེས་ན་དེ་དག་རྣམས་ཀྱི་ཚེ། འདོད་པའི་ལྷ་དང་འདྲ་བ་ཡིན། ད་ནི་རང་གི་ཉིན་ཞག་དེ་ན། དེ་དག་གི་ནི་རིམ་བཞིན་དུ ་འདོད་པ་ན་སྤྱད་པའི་ལྷ་རྣམས་ཀྱི་ཇི་ལྟ་བ་བཞིན་དུ་རིག་པར་བྱ་སྟེ། ཇི་ལྟ་ཞེ་ན། རྒྱལ་ཆེན་བཞི་པ་རྣམས་ཀྱི་ཚེའི་ཚད་གང་ཡིན་པ་དེ་ནི། དམྱལ་བ་ཆེན་པོ་ཡང་སོས་ཀྱི་ཉིན་ཞག་གཅིག་ཡིན་ལ། ཉིན་ཞག་དེས་དེ་པ་རྣམས་ཀྱི་ཚེའི་ཚད་ནི་ཞག་སུམ་ཅུ་ལ ་ཟླ་བ་གཅིག། ཟླ་བ་བཅུ་གཉིས་ལ་ལོ་གཅིག་པའི་ལོ་ལྔ་བརྒྱ་ཐུབ་སྟེ། དེ་བཞིན་དུ་གཞན་དག་ལ་ཡང་རིམ་བཞིན་དུ་སྦྱར་བར་བྱའོ། །རབ་ཏུ་ཚ་བ་ཕྱེད་ཡིན་ནོ། །སེམས་ཅན་དམྱལ་བ་རབ་ཏུ་ཚ་བའི་ཚེའི་ཚད་ནི་བར་གྱི་བསྐལ་པ་ཕྱེད་དོ། །མནར་མེད་པ་ནི་བསྐལ ་པ་གཅིག་།དུད་འགྲོ་རྣམས་ནི་ངེས་པ་མེད་དེ། དུད་འགྲོ་མཆོག་ཏུ་རིང་བ་ནི་བསྐལ་པ་ཡིན་ཏེ། དུད་འགྲོ། མཆོག་ཏུ་ཚེ་རིང་བསྐལ་པའོ། །དེ་ཡང་ཀླུ་དགའ་བ་དང་ཉེ་དགའ་བོ་ལ་སོགས་པ་སྟེ། བཅོམ་ལྡན་འདས་ཀྱིས་དགེ་སློང་དག་ཀླུ་དང་ཀླུ་ཆེན་པོ་བརྒྱད་པོ ་འདི་དག་ནི། བསྐལ་པར་གནས་པ་ས་འཛིན་པའོ། །ཞེས་རྒྱ་ཆེར་གསུངས་སོ། །ཡི་དྭགས་རྣམས་ཟླ་བ་ཉིན་ཞག་ལོ་ལྔ་བརྒྱ། མི་རྣམས་ཀྱི་ཟླ་བ་གང་ཡིན་པ་དེ་ནི་ཡི་དྭགས་རྣམས་ཀྱི་ཉིན་ཞག་ཡིན་ལ། ཉིན་ཞག་དེས་ན་དེ་དག་གི་ཚེའི་ཚད་ལོ་ལྔ་བརྒྱའོ ་གྲང་བའི་དམྱལ་བ་དག་ནི་ཚེའི་ཚད་ཇི་ཙམ་ཞེ་ན། ཏིལ་སྦྱངས་ནས་ནི་ལོ་བརྒྱ་ཞིང། །ཏིལ་གཅིག་ཕྱུང་ནས་ཟད་འགྱུར་བ། །ཆུ་བུར་ཅན་གྱི་ཚེ་ཡིན་ཏེ། །གཞན་གྱི་ཚེ་ནི་ཉི་ཤུ་བསྒྱུར། །བཅོམ་ལྡན་འདས་ཀྱིས་དེ་དག་གི་ཚེའི་ཚད་ཀྱི་དཔེ་ཙམ་དུ་བཀའ་སྩལ་པ ་ནི། དགེ་སློང་དག་འདི་ལྟ་སྟེ། དཔེར་ན་ཡུལ་མ་ག་དྷའི་ཏིལ་གྱི་རྫད་ཁལ་ཉི་ཤུ་བ་ཞིག་ཏིལ་གྱིས་བཀང་སྟེ། དེ་ནས་ལ་ལ་ཞིག་གིས་ལོ་བརྒྱ་བརྒྱ་འདས་ཤིང། ཏིལ་རེ་རེ་པོར་ན་དགེ་སློང་དག་རིམ་པ་དེས་ན་ཡུལ་མ་ག་དྷའི་ཏིལ་གྱིས་རྫད་བལ་ཉི་ཤུ་པ་དེ་མ ་ལུས་པར་ཟད་པར་འགྱུར་བ་ནི་ཆེས་མྱུར་གྱི། ཆུ་བུར་ཅན་དུ་སྐྱེས་པའི་སེམས་ཅན་རྣམས་ཀྱི་ཚེ་ཡོངས་སུ་གཏུགས་པར་ནི་ང་མི་སྨྲའོ། །དགེ་སློང་དག་ཆུ་བུར་ཅན་ཉི་ཤུ་ཇི་ལྟ་བ་དེ་བཞིན་དུ་ཆུ་བུར་རྡོལ་པའི་ཚེ་གཅིག་གོ་།ཞེས་བྱ་བ་ནས། ཡང་དགེ་སློང་དག ་པདྨ་ལྟར་གས་པའི་ཉི་ཤུ་ཇི་ལྟ་བ་དེ་བཞིན་དུ་པདྨ་ལྟར་གས་པ་ཆེན་པོའི་ཚེ་གཅིག་གོ་ཞེས་བྱ་པའི་བར་དུ་རྒྱ་ཆེར་གསུངས་སོ། །ཅི་ཚེ་དེ་ལྟ་བུ་དང་ལྡན་པའི་སེམས་ཅན་རྣམས་ཚེ་ཡོངས་སུ་མ་རྫོགས་པར་བར་མ་དོར་འཆི་བ་ཡོད་དམ། འོན་ཏེ་མ་ཡིན་ཞེ་ན། ཐམས ་ཅད་ལ་ཡོད་དེ། སྒྲ་མི་སྙན་མ་གཏོགས་པར་བར་མ་དོར་འཆི་བ་ཡོད་དོ། །བྱང་གི་སྒྲ་མི་སྙན་གྱི་སེམས་ཅན་གྱི་ཚེ་ནི་ངེས་ཀྱི་གཞན་ནི་མ་ངེས་སོ། །གང་ཟག་རྣམས་ལས་བར་མ་དོར་འཆི་བ་མེད་པ་མང་སྟེ། འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་དགའ་ལྡན་ན་བཞུགས ་པ་རྣམས་སྐྱེ་བ་གཅིག་གིས་ཐོགས་པ་དང། སྲིད་པ་ཐ་མ་པ་དང། ཆོས་ཀྱི་རྗེས་སུ་འབྲང་བ་རྣམས་དང། བྱང་ཆུབ་སེམས་དཔའ་དང། ཁོར་ལོས་སྒྱུར་བའི་རྒྱལ་པོ་ལྷུམས་སུ་བལྟམས་པའི་ཡུམ་དང། དེ་ལ་སོགས་པ་རྣམས་སོ། །དེ་ལྟར་ན་དཔག་ཚེད་དང ་རྒྱང་གྲགས་ཀྱི་ཚད་ཀྱིས་གནས་རྣམས་དང། ལུས་རྣམས་བསྟན། ལོའི་ཚད་ཀྱིས་ཚེ་ཡང་བསྟན་ན། དེ་གཉིས་ཀྱི་ཚད་ནི་མ་བསྟན་པས་བརྗོད་པར་བྱ་ལ། དེ་དག་ཐམས་ཅད་ཀྱི་རྣམ་པར་བཞག་པ་ཡང་མིང་ཡིན་པས་དེའི་ཕྱིར་དེའི་མཛའ་ཡང་བརྗོད་དགོས་ཏེ། ་དེ་རྣམས་ཡང་དག་པར་བསྟན་པའི་ཕྱིར་དང་པོའི་རིམ་པ་ཙམ་མོ། །གཟུགས་དང་མིང་དང་དུས་མཛའ་ནི། །ཕྲ་རབ་རྡུལ་ཡིག་སྐད་ཅིག་གོ་།གཟུགས་ཀྱི་ནང་ན་ཕྲ་བའི་མཛའ་ནི་རྡུལ་ཕྲ་རབ་བོ། །དུས་ཀྱི་མཛའ་ནི་སྐད་ཅིག་གོ་།མིང་གི་མཛའ་ནི་ཡི་གེའི་འབྲུ་སྟེ་དཔེར་ ་ན་བ་ཞེས་བྱའོ། །དེ་ཡང་སྐད་ཅིག་མའི་ཚད་ཇི་ཙམ་ཞེ་ན། རྐྱེན་རྣམས་ཚོགས་པ་ན་ཇི་སྲིད་དུ་ཆོས་ཀྱི་བདག་ཉིད་ཐོབ་པའོ། །དེ་ལ། ཕྲ་རབ་རྡུལ་དང་རྡུལ་ཕྲན་དང། །དེ་བཞིན་ལྕགས་ཆུ་རི་བོང་དང། །ལུག་དང་གླང་དང་ཉེ་ཟེར་རྡུལ།། ་སྲོ་མ་དེ་ལས་བྱུང་དང་ནས། །དེ་བཞིན་སོར་ཚིགས་ཞེས་བྱ། །གོང་ནས་གོང་དུ་བདུན་འགྱུར་རོ། །རྡུལ་ཕྲ་རབ་ལ་སོགས་པ་འདི་དག་ནི་གོང་ནས་གོང་དུ་བདུན་འགྱུར་དུ་རིག་པར་བྱ་སྟེ། རྡུལ་ཕྲ་རབ་བདུན་ལ་ནི་རྡུལ་ཕྲན་ནོ། །དེ་བདུན་ལ་ནི་ལྕགས་རྡུལ་ལོ།། ་དེ་བདུན་ལ་ནི་ཆུ་རྡུལ་ལོ། །དེ་བདུན་ལ་ནི་རི་བོང་རྡུལ་ལོ། །དེ་བདུན་ལ་ནི་ལུག་རྡུལ་ལོ། །དེ་བདུན་ལ་ནི་གླང་རྡུལ་ལོ། །དེ་བདུན་ལ་ནི་ཉེ་ཟེར་རྡུལ་ལོ། །དེ་བདུན་ལ་ནི་སྲོ་མའོ། །དེ་བདུན་ལ་ནི་དེ་ལས་བྱུང་བ་སྟེ། སྲོ་མ་ལས་བྱུང་བ་ནི་ཤིག་ཅེས་བྱ་བའི་དོན་ཏོ།། ་ཤིག་བདུན་ལ་ནས་སོ། །ནས་བདུན་ལ་ནི་སོར་མོའི་ཚིགས་སོ། །སོར་མོའི་ཚིགས་གསུམ་ལ་ནི་སོར་མོར་གྲགས་པས་འདི་ནི་མ་བཤད་དོ། །ངོས་སུ་བྱ་ན་ནི། སོར་ཚིགས་ཉི་ཤུ་བཞི་ལ་ཁྲུ། ཁྲུ་བཞི་ལ་ནི་གཞུ་ཡིན་ནོ། །གཞུ་འདི་འདོམ་ཞེས་བྱ ་བའི་དོན་ཏོ། །དེ་དག་ལྔ་བརྒྱ་རྣམས་ལ་ནི། རྒྱང་གྲགས་དེ་ལ་དགོན་པར་འདོད། །གཞུ་ལྔ་བརྒྱ་ལ་ནི་རྒྱང་གྲགས་ཏེ། གྲོང་ནས་རྒྱང་གྲགས་ཙམ་གྱི་ཐག་ལ་དགོན་པར་འདོད་དོ། །དེ་བརྒྱད་དཔག་ཚད་ཅེས་བྱའོ། །རྒྱང་གྲགས་དེ་བརྒྱད་དཔག་ཚད་ཅེས ་བྱའོ། །དཔག་ཚད་ཀྱི་ཚད་བཤད་ཟིན་ཏོ། །ད་ནི་ལོ་བརྗོད་པར་བྱ་སྟེ། སྐད་ཅིག་མ་བརྒྱ་ཉི་ཤུ་ལ། དེའི་སྐད་ཅིག་།སྐད་ཅིག་མ་བརྒྱ་ཉི་ཤུ་ལ་དེའི་སྐད་ཅིག་གོ་།དེ་དག་ཀྱང། དྲུག་ཅུ་ལ་ནི་ཐང་ཅིག་གོ་།དེའི་སྐད་ཅིག་མ་དྲུག་ཅུ་ལ་ཐང་ཅིག་ཅེས་བྱའོ། །ཡུད་ཙམ་ཉིན ་ཞིག་ཟླ་གསུམ་ནི། །གོང་ནས་གོང་དུ་སུམ་ཅུར་འགྱུར། །ཐང་ཅིག་སུམ་ཅུ་ལ་ནི་ཡུད་ཙམ། ཡུད་ཙམ་སུམ་ཅུ་ལ་ནི་ཉིན་ཞག་སྟེ། རེས་འགའ་ནམ་རིང་ངོ། །རེས་འགའ་ཐུང་ངོ། །རེས་འགའ་ནི་མཉམ་སྟེ། ཉིན་ཞག་སུམ་ཅུ་ལ་ཟླ་བའོ། །ཟླ་བ་བཅུ་གཉིས ་དག་པ་ནི། །ལོ་གཅིག་ཞག་ནི་ཤོལ་དང་བཅས། །དགུན་གྱི་ཟླ་བ་བཞི་དང། དཔྱིད་ཀྱི་ཟླ་བ་བཞི་དང། དབྱར་གྱི་ཟླ་བ་བཞི་སྟེ། ཟླ་བ་བཅུ་གཉིས་པོ་དེ་དག་ཤོལ་ཞག་དང་བཅས་པ་ལ་ལོ་གཅིག་གོ་།ལོ་ལ་ཞག་གི་ཤོལ་དྲུག་དོར་ཏེ། ཇི་ལྟར་ཞེ་ན། དགུན་དང་དཔྱིད་དང? ་དབྱར་རྣམས་ཀྱིས། །ཟླ་བ་ཕྱེད་དང་གཉིས་འདས་ནས། །ཟླ་བ་ཕྱེད་ནི་ལོན་པའི་ཚེ། །མཁས་པ་རྣམས་ཀྱིས་ཞག་ཤོལ་དོར་ཞེས་འབྱུང་སྟེ། ལོའི་ཚད་བཤད་ཟིན་ཏོ། །ད་ནི་བསྐལ་པ་བརྗོད་པར་བྱ་སྟེ། བསྐལ་པ་རྣམ་པ་མང་བཤད་པ། །བར་གྱི་བསྐལ་པ་དང། འཇིག ་པའི་བསྐལ་པ་དང། ཆགས་པའི་བསྐལ་པ་དང། བསྐལ་པ་ཆེན་པོའོ། །དེ་ལ་འཇིག་པའི་བསྐལ་པ་དམྱལ་བ་ཡི། །སྲིད་པ་མེད་ནས་སྣོད་ཟད་པ། །དམྱལ་བ་དག་ན་སེམས་ཅན་མི་སྲིད་པ་ནས་སྣོད་ཟད་པའི་བར་གྱི་དུས་དེ་ལ་ནི་འཇིག་པའི་བསྐལ་པ་ཞེས་བྱའོ།། ་འཆགས་པ་དང་པེ་རླུང་ནས་ནི། །དམྱལ་བའི་སྲིད་པའི་བར་དུའོ། །དང་པོ་རླུང་ནས་བཟུང་སྟེ། དམྱལ་བ་དག་ན་སེམས་ཅན་སྲིད་པའི་བར་གྱི། དུས་དེ་ལ་བསྐལ་པའི་འཆགས་པ་ཞེས་བྱའོ། །བར་གྱི་བསྐལ་པ་དཔག་མེད་ནས། །ཚེ་ལོ་བཅུ་པའི་བར་དུའོ། །འཇིག་རྟེན་ཆགས ་པ་ནས་མི་རྣམས་ཀྱི་ཚེ་དཔག་ཏུ་མེད་པའི་བར་གྱི་བསྐལ་པ་བཅུ་དགུ་འདས་པར་འགྱུར་རོ། །ཚེ་ལོ་དཔག་ཏུ་མེད་པ་ཉིད་ནས་འགྲིབ་སྟེ། ཚེ་ལོ་བཅུ་པའི་བར་དུ་གྱུར་པ་དེ་ནི་ཆགས་ནས་གནས་པའི་བར་གྱི་བསྐལ་པ་དང་པོ་ཡིན་ནོ། །དེ་ནས་ཡར་སྐྱེ་མར ་འབྲི་བའི། །བསྐལ་པ་གཞན་ནི་བཅོ་བརྒྱད་དོ། །བར་གྱི་བསྐལ་པ་ཡར་སྐྱེ་བ་བཅོ་བརྒྱད་དང་མར་འགྲིབ་བཅོ་བརྒྱད་དུ་འགྱུར་ཏེ། ཇི་ལྟ་ཞེ་ན། ཚེ་ལོ་བཅུ་པ་དེ་དག་ལས་ཡར་སྐྱེ་བ་ནི་རིམ་གྱི་ཚེ་ལོ་བརྒྱད་ཁྲི་བར་འགྱུར་ལ། དེ་ནས་ཡར་མར་འགྲིབ་པར་འགྲོ་བ་ན ་ཚེ་ལོ་བཅུ་པར་འགྱུར་ཏེ། འདི་ནི་བར་གྱི་བསྐལ་བ་གཉིས་པ་སྟེ། དེ་ལྟ་ན་བཅོ་བརྒྱད་ཡར་སྐྱེ་བ་གཅིག་།བར་གྱི་བསྐལ་པ་ཉི་ཤུ་གཅིག་ནི་ཡར་སྐྱེ་བ་ཉིད་དམར་འགྲིབ་པ་ནི་མ་ཡིན་ནོ། །ཡད?་ཡར་སྐྱེ་བ་དེ་དག་ཇི་ཙམ་གྱི་ཚད་དུ་ཡར་སྐྱེ་བར་འགྱུར་རོ་ཞེ་ན། དེ ་དག་ཚེ་ནི་བརྒྱད་ཁྲི་བར། །དེ་ལས་ཡར་ནི་མི་སྐྱེའོ། །བར་གྱི་བསྐལ་པ་གཞན་དག་གི་ཡར་སྐྱེ་བ་དང་མར་འགྲིབ་པ་ཇི་སྲིད་པར་དང་པོའི་མར་འགྲིབ་པའི་དུས་དང། ཐ་མར་ཡར་སྐྱེ་བའི་དུས་ཀྱང་དེ་སྲིད་དོ། །དེ་ལྟར་ན་ཐམས་ཅད་དུ་མཉམ ་པར་འགྱུར་རོ། །དེ་ལྟ་འཇིག་རྟེན་ཆགས་པ་འདི། །གནས་པ་བསྐལ་པ་ཉི་ཤུ་ཡིན། །དེ་ལྟར་ན་བར་གྱི་བསྐལ་པའི་ཚུལ་ངེས་འཇིག་རྟེན་འདི་བར་གྱི་བསྐལ་པ་ཉི་ཤུར་ཆགས་ནས་གནས་སོ། །དུས་དེ་སྲིད་དུ། ཆགས་དང་ཞིག་ནས་འདུག་པ་དང། །དེ ་བཞིན་འཇིག་པ་དང་བདག་མཉམ་མོ། །བར་གྱི་བསྐལ་པ་ཉི་ཤུ་ཁོ་ནར་འཆགས་སོ། །ཉི་ཤུར་འཇིག་གོ་།ཉི་ཤུར་ཞིག་ནས་འདུག་གོ་།གལ་ཏེ་ཡང་ཡར་སྐྱེ་བ་དང་མར་འགྲིབ་པ་མི་འཇུག་ཏུ་ཟིན་ཀྱང་དུས་ནི་མཉམ་པར་ཡོངས་སུ་བརྩིའོ། །དེ་ལ ་བར་གྱི་བསྐལ་བ་གཅིག་ཏུ་སྣོད་ཆགས་སོ། །བཅུ་དགུར་གནས་སོ། །བཅུ་དགུར་སྟོང་པར་འགྱུར་རོ། །བར་གྱི་བསྐལ་པ་གཅིག་ཏུ་སྣོད་འཇིག་གོ་།དེ་ལྟར་ན་བར་བསྐལ་པ་ཉི་ཤུ་ཕྲག་བཞི་པོ་དེ་དག་ནི་བརྒྱད་ཅུར་འགྱུར་རོ། །དེ་དག་བརྒྱད་ཅུ་བསྐལ་ཆེན ་ཏེ། །བསྐལ་པ་ཆེན་པོའི་ཚད་ནི་དེ་ཡིན་ནོ། །བསྐལ་བ་གྲངས་མང་པ་དག་གིས་སངས་རྒྱས་ཉིད་འཐོབ་པོ་ཞེས་གསུངས་པའི་བསྐལ་པ་དེ་དག་གང་ཞེ་ན། བསྐལ་པ་ཆེན་པོར་བཤད་པ་གང་ཡིན་པ་སྟེ། གྲངས་མེད་གསུམ་ལ་སངས་རྒྱས་འབྱུང་ངོ། །ཅི ་སངས་རྒྱས་ཡར་སྐྱེ་བའི་ཚེ་འབྱུང་ངམ་འོན་ཏེ་མར་འགྲིབ་པའི་ཚེ་ཞེ་ན། མར་འགྲིབ་པའི། བརྒྱའི་བར་ལ་དེ་འབྱུང་ངོ། །སྐྱེ་དགུ་རྣམས་ནི་ཚེ་ལོ་བརྒྱད་ཁྲི་པ་མར་འགྲིབ་པར་བརྩམས་པ་ནས་ཚེ་ལོ་བརྒྱ་པའི་བར་དེས་སངས་རྒྱས་འབྱུང་བར་འགྱུར་རོ། །ཡང ་རང་སངས་རྒྱས་རྣམས་གང་གི་དུས་ལ་འབྱུང་ཞེ་ན། རང་སངས་རྒྱས་རྣམས་གཉི་ག་ལ། ཡར་སྐྱེ་བ་དང་མར་འགྲིབ་པའི་ཚེ་གཉི་ག་ལ་ཡང་འབྱུང་ངོ། །རང་སངས་རྒྱས་རྣམས་ནི་རྣམ་པ་གཉིས་ཏེ། ཚོགས་ཤིང་སྦྱོང་བ་རྣམས་དང། བསེ་རུ་ལྟ་བུ ་རྣམས་སོ། །དེ་དག་ལས། བསེ་རུ་བསྐལ་པ་བརྒྱ་ཡི་རྒྱུས། །བསྐལ་པ་བརྒྱར་བྱང་ཆུབ་ཚོགས་ལ་ཡང་ཡོངས་སུ་སྦྱོར་པས་བསེ་རུ་ལྟ་བུར་འགྱུར་ཏེ། བསྟན་པ་མེད་པར་བདག་གིས་སོ་སོར་སངས་རྒྱས་པས་ན་རང་སངས་རྒྱས་ཞེས་བྱའོ། །ཡང་འཁོར་ལོས་སྒྱུར ་བ་རྣམས་ནམ་འབྱུང་ཞེ་ན། འཁོར་ལོས་སྒྱུར་བ་འབྱུང་བ་ནི། །སྟོང་ཕྲག་བརྒྱད་ཅུ་ལས་མི་འཕྱི། །མི་རྣམས་ཀྱི་ཚེ་ལོ་དཔག་ཏུ་མེད་པ་ནས་བརྒྱད་ཁྲིའི་བར་དུ་འཁོར་ལོས་སྒྱུར་བ་རྣམས་འབྱུང་སྟེ། དེ་ལས་མི་འཕྱིའོ། །དེ་དག་ཀྱང་རྣམ་པ་བཞི་སྟེ། འཁོར་ལོ ་གསེར་དངུལ་ཟངས་དང་ལྕགས། །དེ་དག་ལ་གསེར་དངུལ་དང་ཟངས་དང་ལྕགས་འཁོར་ལོ་ཡོད་དེ། དེ་དག་གི་དང་པོ་ནི་མཆོག་ཡིན་ནོ། །གཉིས་པ་ནི་ཉེ་བའི་མཆོག་གོ་།གསུམ་པ་ནི་འབྲིང་ངོ། །བཞི་པ་ཐ་མ་སྟེ། དེ་དག་གླིང་གཅིག་གླིང་གཉིས ་དང། གསུམ་དང་བཞི་ལ་མས་རིམ་བཞིན། །བཏགས་པ་ལས་ནི་དེ་ལྟར་བསྟན་ཏོ། །མདོ་ལས་ནི་གཙོ་བོ་སྨོས་པའི་ཕྱིར་གསེར་གྱི་འཁོར་ལོ་འབའ་ཞིག་ཏུ་བཤད་དོ། །དེ་ལྟ་བུའི་འཁོར་ལོས་སྒྱུར་བ་དག་འབྱུང་བ་ནི། ལྷན་ཅིག་གཉིས་མིན་སངས་རྒྱས ་བཞིན། །དེ་བཞིན་གཤེགས་པ་རྣམས་ཇི་ལྟ་བར་འཁོར་ལོས་སྒྱུར་བ་ཡང་དེ་བཞིན་ནོ་ཞེས་མདོའི་ཚིགས་ལས་འབྱུང་ངོ། །ཡང་འཁོར་ལོས་སྒྱུར་བའི་རྒྱལ་པོ་དེ་དག་དང་གསེར་ལ་སོགས་པའི་འཁོར་ལོས་ས་ལས་རྒྱལ་བ་ན་ཇི་ལྟར་རྒྱལ་བར་བྱེད་ཅེ་ན། ་རིམ་བཞིན་དུ། ཕས་བསུ་བ་དང་རང་འགྲོ་དང། གཡུལ་བཤམས་པ་དང། མཚོན་བརྩམས་དང། ཕེབས་ཏེ། གང་གི་གསེར་གྱི་འཁོར་ལོ་ཡིན་པ་དེ་ནི་ཁམས་ཀྱི་རྒྱལ་ཕྲན་རྣམས་རང་བསུ་ཞིང་འདི་དག་ནི་ལྷའི་འབངས་སོ་ཞེས་བྱ་བ་ཇི་སྐད་དུ་མདོ ་ལས་འབྱུང་བ་དང། མཐུན་པར་རིག་པར་བྱའོ། །གང་དུ་དངུལ་གྱི་རྒྱུ་ཡིན་པ་དེ་ནི་བདག་ཉིད་དེ་དག་གི་གནས་སུ་འགྲོ་ཞིང་ཕྱིས་འདུད་པར་འགྱུར་རོ། །གང་གི་ཟངས་ཀྱི་རྒྱུ་ཡིན་པ་དེ་ནི་བདག་ཉིད་དེ་དག་གི་གན་དུ་སོང་ནས་གཡུལ་བཤམས་བ་ལས་ཕྱིས་རྒྱལ ་བར་འགྱུར་རོ། །གང་གི་ལྕགས་ཀྱི་རྒྱུ་ཡིན་པ་དེ་ནི་དེ་དག་གན་དུ་སོང་ནས་ཕན་ཚུན་མཚོན་བརྩམས་པ་ལས་ཕྱིས་འདུད་པར་བྱེད་དོ། །འཁོར་ལོས་སྒྱུར་བ་ཐམས་ཅད་ཀྱིས་ཀྱང་གནོད་པ་མེད་པ་ཡིན་ནོ། །མཚོན་ཆས་ཐིགས? ་ཀྱང་གནོད་པ་མི་འཇུག་གོ་།ཅི་འཁོར་ལོས་སྒྱུར་བའི་རྒྱལ་པོ་གཞན་ལས་ཁྱད་པར་དེ་འབའ་ཞིག་ཡོད་དམ་ཞེ་ན། གཞན་ཡང་ཡོད་དེ། དེ་དག་ལས་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཡོད་དེ། དཔེར་ན་སངས་རྒྱས་བཞིན་ནོ། །དེ་ལ་ནི། ཐུབ ་པའི་མཚན་རྣམས་འཕགས་པ་དང། ཡུལ་ན་གནས་ཤིང་གསལ་ལ་རྫོགས། །སངས་རྒྱས་ཀྱི་མཚན་ཡུལ་ན་གནས་ཤིང་གསལ་བར་ཀུན་རྫོགས་པ་ཡིན་ཏེ། དེ་དག་ནི་ཁྱད་པར་དེ་ཡིན་ནོ། །ཡང་ཅི་བསྐལ་པ་དང་པོའི་མི་རྣམས་ཀྱང་རྒྱལ་པོ ་དང་བཅས་པར་གྱུར་ཏམ་ཞེ་ན་སྨྲས་པ། མ་ཡིན་ཏེ། འདི་ལྟར་གཟུགས་ཅན་སེམས་ཅན་བཞིན་སྔར་འགྱུར། བསྐལ་པ་དང་པོའི་མི་རྣམས་ནི་གཟུགས་ན་སྤྱོད་པའི་སེམས་ཅན་བཞིན་དུ་གྱུར་ཏོ། །དེ་ནས་རིམ་གྱིས་རོལ་ནི། །ཆགས་ཤིང་སྙོམས ་ལས་ཕྱིར་བསགས་ཤིང། འཛིན་བཅས་རྣམས་ཀྱི་ཞིང་དཔོན་བཀུར། །དེ་དག་དེ་བཞིན་དུ་བྱུང་བ་རྣམས་ལ་སའི་རོ་སྦྲང་རྩིའི་རོ་བྲོ་བར་འབྱུང་བར་གྱུར་པ་ལས། སེམས་ཅན་བརྐམ་པའི་རང་བཞིན་ཅན་གང་ཡང་རུང་བ་ཞིག་གིས་དྲི་བསྣམས ་ཤིང་རོ་མྱང་ནས་ཟས་པ་དང། དེ་ནས་སེམས་ཅན་གཞན་དག་ཀྱང་དེ་བཞིན་དུ་ཕྱེད་པར་འགྱུར་ཏེ། ཁམ་གྱི་ཟས་ཀྱི་རྩོམ་པ་དེ་ནི་དེ་ཡིན་ནོ། །དེ་དག་ཀྱང་ཁམ་གྱི་ཟས་དེ་ལ་གོམས་པའི་ཕྱིར་རོ། །ལུས་རྩུབ་པ་ཉིད་དང། ལྕི་བ་ཉིད་དུ་འགྱུར་ཞིང ་འོད་ཀྱང་ནུབ་པ་དང། དེ་ནས་མུན་པ་བྱུང་བའི་ཚེ་ཉི་མ་དང་ཟླ་བ་དག་དང་བྱུང་ངོ། །དེ་དག་གི་སའི་རོ་ལ་ཆགས་པ་རྣམས་ལ་རིམ་གྱིས་ནུབ་པར་གྱུར་ནས་དེ་ནས་ས་ཞག་བྱུང་ངོ། །དེ་ལ་ཆགས་པས་དེ་ཡང་ནུབ་པ་དང་མྱུ་གུའི་ཚལ་བྱུང་བར ་གྱུར་ཏོ། །དེ་ལ་ཆགས་པས་དེ་ཡང་ནུབ་པར་གྱུར་པ་དང་མ་སྨོས་མ་བཏབ་པའི་འབྲས་ས་ལུ་བྱུང་བར་གྱུར་ནས་དེ་ཟ་བའི་ཚེ་ནས་ནི་དེ་ཆེས་རགས་པ་ཡིན་པའི་ཕྱིར་རྒྱུ་འཐུན་པ་འབྱུང་བར་བྱ་བའི་ཕྱིར་སེམས་ཅན་རྣམས་ཀྱི་གཅིན་དང་ཕྱིས་ས་དང། ཕོ་དང ་མོའི་དབང་པོ་དང་བཅས་པ་དང། དབྱིབས་ཐ་དད་པ་ཡང་བྱུང་བར་གྱུར་ནས། དེ་དག་ཕན་ཚུན་མཐོང་བ་དང་སྔོན་གོམས་པའི་དབང་གིས་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པའི་གདོན་གྱིས་ཟིན་པར་གྱུར་པ་རྣམས་འདོད་ཆགས་སྐྱེས་པའི་ཕྱིར་ལོག་པར ་ཞུགས་ཏེ། འདོད་པ་རྣམས་འདོད་པའི་འབྱུང་པོའི་གདོན་གྱིས་བབ་པའི་རྩོམ་པ་ནི་དེ་ལྟ་བུ་ཡིན་ནོ། །ཡང་དེ་དག་ནད་བཟའ་བའི་འབྲས་ས་ལུ་ཡང་ནང་བླངས། ནུབ་ཟ་བ་ཡང་ནུབ་ལེན་པ་ལས་སེམས་ཅན་ལེ་ལོའི་རང་བཞིན་ཅན་གང་ཡང་རུང་བ་ཞིག ་གིས་བསགས་བ་དང། སེམས་ཅན་གཞན་དག་ཀྱང་སོགས་བར་བྱེད་དེ། དེ་དག་དེ་ལ་བདག་ཏུ་འཛིན་པ་སྐྱེས་པ་དང་འབྲས་བུ་བསྡུས་ཤིང་བརྔས་པ་དང་ཡང་མི་སྐྱེ་བར་གྱུར་ཏོ། །དེ་ནས་ཞིང་རྣམས་བགོས་ཏེ། བདག་གིར་ཀུན་ཏུ་བཟུང་ནས?་གཞན ་གྱིས་འཕྲོག་པར་རྩོམ་པའི་དང་པོ་ནི་དེ་ཡིན་ནོ། །དེ་ནས་དེ་དག་གིས་དེ་དག་ཆད་པས་གཅད་པའི་ཕྱིར་འདུས་ནས་གང་ཡང་རུང་བའི་མི་ཞིག་ཞིང་རྣམས་ཀྱི་དཔོན་པོར་བྱེད་པའི་ཕྱིར་དྲུག་ཆས་བསྟབས་ཏེ། ཞིང་རྣམས་ཀྱི་དཔོན་པོ་དེ་ལ་རྒྱལ་རིགས་རྒྱལ ་རིགས་ཞེས་བྱ་བའི་མིང་བྱུང་ངོ། །སྐྱེ་བོ་ཚོགས་ཕལ་པོ་ཆེས་བཀུར་བ་དང་སྐྱེ་དགུ་ཀུན་གྱིས་དགའ་བར་བྱས་པས་རྒྱལ་པོ་མང་པོས་བཀུར་ཞེས་པའི་མིང་འབྱུང་སྟེ། རྒྱལ་པོ་གཅིག་ནས་གཅིག་དུ་བརྒྱུད་པའི་རྩོམ་པ་ནི་དེ་ཡིན་ནོ། །དེ་ནས་གང་ཡང་རུང ་བའི་རྒྱལ་པོ་ཞིག་འགམ་པའི་ཕྱིར་བགོ་བར་མ་བྱས་པས་སེམས་ཅན་རྣམས་རྐུན་མོ་མང་པོ་དག་བྱུང་བ་དང། དེས་དེ་དག་ལ་མཚོན་གྱིས་གསོད་པར་བྱེད་དེ། །དེ་ནས་གཞན་ཞིག་དག་ཀྱང་བདག་གིས་མ་བྱས་སོ་ཞེས་རྫུན་སྨྲ་བར་བསམས་སོ། །དེ་ནས ་ལས་ཀྱི་ལམ་ལྷག་པས། ཚེ་ཐུང་ལོ་ནི་བཅུ་དག་གོ་།དེ་ནས་ད་ལྟར་ལས་ཀྱི་ལམ་རྣམས་འཕེལ་བ་ན་མི་རྣམས་ཀྱི་ཚེ་ཁང་གྱིས་ཐུང་ངུར་གྱུར་པ་དང། ཐ་མར་ཚེ་ལོ་བཅུ་པ་དག་ཏུ་གྱུར་ཏེ། མི་རྣམས་ཀྱི་ཚེ་ལོ་བཅུ་པ་ན་བར་གྱི་བསྐལ ་པའི་ཚར་ཕྱིན་ཡིན་ནོ། །ཇི་ལྟ་བུ་ཡིན་ཞེ་ན། སྨྲས་པ། བསྐལ་པ་མཚོན་དང་ནད་དང་ནི། །མུ་གེ་དག་གིས་ཚར་ཕྱིན་ཏོ། །བཅོམ་ལྡན་འདས་ཀྱིས་འདི་སྐད་མཚོན་དང་ནད་དང་མུ་གེ་གསུམ་གྱིས་བསྐལ་པའི་ཚར་ཕྱིན་ཏོ། ཞེས་གསུངས་སོ། །ཡང་མཚོན ་ཆས་གསོད་པ་དང། ནད་དང། མུ་གེ་དག་སེམས་ཅན་རྣམས་ལ་ཇི་སྲིད་ཅིག་འབྱུང་ཞེ་ན། ཞག་ལས་བདུན་དང་ཟླ་བ་དང། །ལོ་རྣམས་དག་སྟེ་གོ་རིམ་བཞིན། །མཚོན་ཆས་གསོད་པ་དང་ནད་དང་མུ་གེ་རྣམས་ཡིན་ནོ། །འཇིག་པའི་བསྐལ་པ་དམྱལ ་བ་ཡི། །སྲིད་པ་མེད་ནས་སྣོད་ཟད་པ་ཞེས་གང་བཤད་པ་ལ་ཡང་འཇིག་རྟེན་འཇིག་པ་ནི་དུ་ཞིག་།རྩོམ་པ་ནི་དུ་ཞིག་ཅེ་ན། འཇིག་པ་དག་ནི་གསུམ་ཡིན་ཏེ། །མེ་དང་ཆུ་དང་རླུང་དག་གིས། །སེམས་ཅན་རྣམས་བསམ་གཏན་གཅིག་ཏུ་རྗེ་བས་ན་འདི་ནི ་འཇིག་རྟེན་པ་སྟེ། ཉི་མ་བདུན་གྱིས་ནི་མེས་འཇིག་པ་ཡིན་ནོ། །ཆར་པའི་ཆུས་ནི་ཆུའི་འཇིག་པའོ། །རླུང་གི་རབ་ཏུ་འཁྲུགས་པས་ནི་རླུང་གིས་འཇིག་པའོ། །ཡང་འཇིག་པའི་རྩེ་མོ་གང་ཡིན་ཞེ་ན། བསམ་གཏན་གཉིས་སོགས་གསུམ་པོ་ནི། །དེ ་དག་དག་གི་རྩེ་བཞིན་ནོ། །བཅོམ་ལྡན་འདས་ཀྱིས་ཇི་སྐད་དུ་འཇིག་པ་གསུངས་པའི་འཇིག་པའི་རྩེ་མོ་གསུམ་སྟེ། གང་གི་ཚེ་མེས་འཇིག་པར་འགྱུར་བ་དེའི་ཚེ་ནི་འོད་གསལ་བའི་ལྷ་རྣམས་འཇིག་པའི་རྩེ་མོ་ཡིན་ནོ། །གང་གི་ཚེ་ཆུས་འཇིག་པར་འགྱུར ་བ་དེའི་ཚེ་ནི་དགེ་རྒྱས་ཀྱི་ལྷ་རྣམས་འཇིག་པའི་རྩེ་མོ་ཡིན་ནོ། །གང་གི་ཚེ་རླུང་གིས་འཇིག་པར་འགྱུར་བ་དེའི་ཚེ་ནི་འབྲས་བུ་ཆེ་བའི་ལྷ་རྣམས་འཇིག་པའི་རྩེ་མོ་ཡིན་ནོ། །ཡང་ཅི་བསམ་གཏན་དང་པོ་དང་གཉིས་པ་དང་གསུམ་པ་རྣམས་མེ་དང་ཆུ་དང་རླུང་གིས ་འཇིག་པ་ན། དེ་དང་སྐྱོན་དུ་ཆོས་མཐུན་ཕྱིར། །བསམ་གཏན་དང་པོ་ན་ནི་རྟོག་དང་དཔྱོད་པ་སྐྱོན་ཡིན་ཏེ། དེ་དག་ཀྱང་ཡིད་ཀྱི་གདུད་པ་ཡིན་པའི་ཕྱིར་མེའི་བསྐལ་པའོ། །གཉིས་པ་ན་ནི་དགའ་བ་སྐྱོན་ཡིན་ཏེ། དེ་ཡང་ཤིན་ཏུ་བསླབས་པ་དང་ལྡན་པས་ལུས་མཉེན་པར ་བྱེད་པའི་ཕྱིར་ཆུའི་བསྐལ་པའོ། །བསམ་གཏན་གསུམ་པ་ན་ནི་དབུགས་འབྱུང་བ་ཡིན་པས་དེ་དག་ལ་ནི་རླུང་ངོ་ཞེས་གསུངས་ཏེ། བསམ་གཏན་གང་ལ་སྙོམས་པར་འཇུག་པའི་ནང་གི་སྐྱོན་ཇི་ལྟ་བུར་བསམ་གཏན་དེ་ལ་སྙོམས་པར་འཇུག་པའི་སྐྱོན་ཡང་དེ་ལྟ་བུ ་ཉིད་དོ། །ཡང་བསམ་གཏན་བཞི་པ་དག་ན་ཇི་ལྟར་འཇིག་ཅེ་ན། བཞི་པ་ལ་མེད་མི་གཡོའི་ཕྱིར། བསམ་གཏན་བཞི་བ་ན་ནི་ནང་གི་སྐྱོན་དང་བྲལ་བའི་ཕྱིར་བཅོམ་ལྡན་འདས་ཀྱིས་མི་གཡོ་བར་གསུངས་ཏེ། དེའི་ཕྱིར་དེར་སྤྱིའི་སྐྱོན་ཡང་མི་འཇུག་པས་འཇིག་པ་མེད ་དོ། །འོ་ན་བསམ་གཏན་བཞི་བའི་སྣོད་རྟག་པར་འགྱུར་རོ་ཞེ་ན། རྟག་པ་མ་ཡིན་སེམས་ཅན་དང། །གཞལ་མེད་ཁང་བཅས་འབྱུང་ཞིང་འཇིག་།བསམ་གཏན་བཞི་པ་ལས་གཅིག་དུ་འབྲེལ་པ་ནི་མ་ཡིན་ཏེ། ཇི་ལྟ་བུ་ཞེ་ན། དེ་ནི་གནས་གཞན་དུ་ཆད་བ་ཡིན་པས ་དེའི་ཕྱིར་སེམས་ཅན་དེའི་གཞལ་མེད་ཁང་བཅས་ཏེ། འབྱུང་ཞིག་པར་འགྱུར་རོ། །ཡང་ཅི་མེས་འཇིག་པའི་འཇུག་ཐོགས་སུ་ཆུས་འཇིག་པ་ཡིན་ནམ་ཞེ་ན། སྨྲས་པ། མ་ཡིན་ཏེ། འདི་ལྟར་མེ་བདུན་གྱིས་ཏེ། མེས་འཇིག་པ་བདུན་ཡིན་ལ་དེ་ནས་ནི། ཆུ་གཅིག ་གིས། ཆུས་འཇིག་པ་བདུན་ཐལ་ནས་ཡང། །མེས་འཇིག་བདུན་ཡིན་དེ་ནས་ནི། །ཐ་མར་རླུང་གིས་འཇིག་པའོ། །ཕྱིས་ནི་རླུང་གིས་འཇིག་པ་གཅིག་ཡིན་ནོ། །ཅིའི་ཕྱིར་ཞེ་ན། སེམས་ཅན་དེ་དག་གི་སྙོམས་པར་འཇུག་པའི་ཁྱད་པར་ལུས་རྣམས་གནས་པའི་ཁྱད ་ཇི་ལྟ་བར་སྣོད་རྣམས་ཀྱང་དེ་བཞིན་ནོ། །དེ་ལྟར་ན་དེ་དག་གི་མེས་འཇིག་པ་ལྔ་བཅུ་རྩ་དྲུག་དང། ཆུས་འཇིག་པ་བདུན་དང། རླུང་གིས་འཇིག་པ་གཅིག་ཏུ་འགྱུར་ཏེ། དེ་ལྟར་བྱས་ན་བཏགས་པ་ལས། །དགེ་རྒྱས་ཀྱི་ལྷ་རྣམས་ཀྱི་ཚེའི་ཚད་ནི་བསྐལ་པ་དྲུག་ཅུ་རྩ ་བཞིའོ། །ཞེས་བཤད་པ་ལེགས་པར་དྲངས་པ་ཡིན་ནོ། །ཆོས་མངོན་པ་མཛོད་ཀྱི་བསྟན་བཅོས་འཇིག་རྟེན་བསྟན་པའི་འགྲེལ་པ་མདོ་དང། འཐུན་པ་ལས་འཇིག་རྟེན་བསྟན་པ་ཞེས་བྱ་བ་མཛོད་ཀྱི་གནས་གསུམ་པའོ། ། ་ཡང་དེ་ལྟར་སེམས་ཅན་དང་སྣོད་ཀྱི་འཇིག་རྟེན་རྣམ་པ་སྣ་ཚོགས་པ་བཤད་པ་གང་ཡིན་པ་དེ་སུས་བྱས་ཤེ་ན། སུས་ཀྱང་བློ་སྔོན་དུ་བཏང་སྟེ་བྱས་པ་ནི་མེད་དོ། །འོ་ན་ཇི་ལྟ་བུ་ཞེ་ན། སེམས་ཅན་རྣམས་ཀྱི་ལས་ལས་འཇིག་རྟེན་སྣ་ཚོགས་སྐྱེས། གལ་ཏེ་ལས་ལས ་སྐྱེས་ན་ཅིའི་ཕྱིར་སེམས་ཅན་རྣམས་ཀྱི་ལས་དག་གིས་གུར་ཀུམ་དང། ཙན་དན་ལ་སོགས་པ་ཆོས་དགའ་དགའ་ལྟ་བུ་སྐྱེ་བར་འགྱུར་ལ་དེ་དག་གི་ལུས་མ་ཡིན་ཞེ་ན། སེམས་ཅན་འདྲེན་མར་བྱེད་པ་རྣམས་ཀྱི་ལས་དེ་ལྟ་བུ་དག་ཁོ་ནས་གང་རྨ་ལྟ ་བུར་འགྱུར་བའི་ལུས་ངག་དང། དེའི་གཉེན་པོར་འགྱུར་བ་ལོངས་སྤྱོད་དགའ་དགའ་ལྟ་བུ་དག་སྐྱེའི། ལྷ་འདྲེན་མར་བྱེད་མ་མ་ཡིན་པ་རྣམས་ཀྱི་གཉི་ག་ཡང་དགའ་དགའ་ལྟ་བུ་ངག་ཡིན་ནོ། །ལས་དེ་ཡང་གང་ཞིག་ཅེ་ན། དེ་ནི་སེམས་པ་དང་ངེས་བྱས། མདོ ་ལས། ལས་ནི་གཉིས་ཏེ། སེམས་པ་དང། བསམས་པའི་ལས་སོ་ཞེས་གང་གསུངས་པ་ལ། བསམ་པ་གང་ཡིན་པ་དེ་ནི་སེམས་པས་བྱས་པ་དེ་ཡིན་ནོ། །ལས་གཉིས་པོ་དེ་དག་ནི་གསུམ་ཡིན་སྟེ། ལུས་དང་ངག་དང་ཡིད་ཀྱི་ལས་རྣམས་སོ།། ་ལས་འདི་དག་ཇི་ལྟར་རྣམ་པར་བཞག་།ཅི་སྟེ་ལས་སམ། འོན་ཏེ་ངོ་བོ་ཉིད་ལས་སམ། འོན་ཏེ་ཀུན་ནས་སློང་བ་ལས། གལ་ཏེ་རྟེན་ལས་ཡིན་ན་ནི་ཐམས་ཅད་ལུས་ལ་བརྟེན་པའི་ཕྱིར་ལུས་ཀྱི་ལས་གཅིག་པུར་འགྱུར་རོ། །ཡིན་ན་ནི་དེ་དག་གི་ལས་གཅིག ་བུར་འགྱུར་རོ། །གལ་ཏེ་ཀུན་ནས་སློང་བ་ལས་ཡིན་ན་ནི་ཐམས་ཅད་ཀྱང་ཀུན་ནས་བསླང་བའི་ཕྱིར་ཡིད་ཀྱི་ལས་གཅིག་པུར་འགྱུར་རོ་ཞེ་ན། བྱེ་བྲག་ཏུ་སྨྲ་བ་རྣམས་ན་རེ་རྒྱུ་གསུམ་གྱི་གོ་རིམ་བཞིན་དུ་གསུམ་རྣམ་པར་བཞག་གོ་ཞེས་ཟེར་རོ། །དེ་ལ་། ་སེམས་པ་ཡིད་ཀྱི་ལས་ཡིན་ནོ། །སེམས་པ་ནི་ཡིད་ཀྱི་ལས་ཡིན་ནོ། །ཞེས་བྱ་བར་རིག་པར་བྱའོ། །དེས་བསྐྱེད་ལུས་དང་ངག་གི་ལས། སེམས་པས་བསྐྱེད་པ་གང་ཡིན་པ་བསམས་པའི་ལས་ཞེས་གསུངས་པ་དེ་དག་ནི་ལུས་དང་ངག་གི་ལས་སུ་རིག་པར ་བྱའོ། །དེ་དག་རྣམ་རིག་རྣམ་རིམ་མིན། །ལུས་དང་ངག་གི་ལས་དེ་དག་ནི་སོ་སོར་རྣམ་པར་རིག་བྱེད་དང། རྣམ་པར་རིག་བྱེད་མ་ཡིན་པའི་རང་བཞིན་དག་ཏུ་རིག་པར་བྱའོ། །དེ་ལ། ལུས་རྣམ་རིབ་བྱེད་དབྱིབས་སུ་འདོད། སེམས་ཀྱི་དབང་གིས་ལུས་དེ་དང་དེ་ལྟར ་གནས་པ་ནི་ལུས་ཀྱི་རྣམ་པར་རིག་བྱེད་ཡིན་ནོ། །གཞན་དག་ན་ནི་ལུས་ཀྱི་རྣམ་པ། རིག་བྱེད་འགྲོ་བ་ཡིན་པར་འདོད་དེ། ཅིའི་ཕྱིར་ཞེ་ན། ལུས་གཡོ་བ་ན་ལུས་ཀྱི་ལས་ཡིན་གྱི་མི་གཡོ་བ་ནི་མ་ཡིན་ནོ། །དེ་ལ་འགྲོ་བ་ཡིན་པར་སྨྲ་བ་རྣམས་ལ་དབྱིབས་སུ་སྨྲ་བས ་ལན་བཏབ་པ། འགྲོ་བ་མ་ཡིན་གང་གི་ཕྱིར། འདུས་བྱས་སྐད་ཅིག་།འདུས་བྱས་ཐམས་ཅད་ནི་བདག་ཉིད་ཐོབ་པ་ལས་ཕན་ཆད་དུ་མི་གནས་ཏེ། གང་དུ་སྐྱེས་པ་དེ་ཉིད་དུ་འཇིག་པ་དེ་ལ་ནི་ཡུལ་གཞན་དུ་འཕོ་བར་མི་རིགས་པས། དེ་བས་ན་ལུས་ཀྱི་རྣམ་པར ་རིག་བྱེད་ནི་འགྲོ་བ་མ་ཡིན་ནོ། །གལ་ཏེ་ཐམས་ཅད་སྐད་ཅིག་མ་ཉིད་དུ་གྲུབ་པར་འགྱུར་ན་ནི་དེ་དེ་བཞིན་དུ་འགྱུར་བ་ཞིག་ན། མ་གྲུབ་པའི་ཕྱིར་མ་ཡིན་ནོ་ཞེ་ན། དེ་ནི་གྲུབ་པ་ཉིད་ཁོང་དུ་ཆུད་པར་བྱའོ། །གང་ལས་ཤེ་ན། འདུས་བྱས་ལ་ནི་རྒྱུ་མེད་པར་འཇིག་ཕྱིར་རོ། །འཇིག ་པ་ནི་བྱ་བ་མ་ཡིན་པའི་ཕྱིར་བྱུང་བ་ཐམས་ཅད་ནི་རྒྱུ་མེད་པར་འཇིག་གོ་།རྒྱུ་མེད་པར་འཇིག་པ་གང་ཡིན་པ་དེ་གལ་ཏེ་དངོས་པོ་བྱུང་བ་ཙམ་ལ་མ་ཡིན་ན་ནི་བྱེ་བྲག་མེད་པའི་ཕྱིར་ཕྱིས་ཀྱང་མ་འགྱུར་བ་ཞིག་ན། དེ་ནི་མཐོང་བ་སྟེ་དེ་དག་ནི་སྐད་ཅིག་མ་ཉིད་དུ་གྲུབ་པོ། །དངོས ་པོ་རྣམས་རྒྱུ་མེད་པར་འཇིག་གོ་།ཞེས་བྱ་བ་འདི་ག་ལས་ཤེ་ན། བཤད་ཟིན་ཏོ། །ཇི་སྐད་དུ་བཤད་ཅེ་ན། འཇིག་པ་ནི་བྱ་བ་མ་ཡིན་པའི་ཕྱིར་བཤད་དོ། །གཞན་ཡང་འགའ་ཡང་མེད་མི་འགྱུར་རོ། །གལ་ཏེ་འཇིག་པ་ལས་རྒྱུ་ཅན་ཞིག་ཏུ་གྱུར་ན་ནི་སྐྱེ་བ་བཞིན་དུ་འགའ་ ་ཡང་རྒྱུ་མེད་པར་མི་འགྱུར་བ་ཞིག་ན། བློ་དང་སྒྲ་དང་མེ་ལྕེ་དག་གི་སྐད་ཅིག་མ་རྣམས་ལ་རྒྱུ་མེད་པར་འཇིག་པ་ཡང་མཐོང་བས་འདི་ནི་རྒྱུ་ལ་བལྟོས་པ་མ་ཡིན་ནོ། །གལ་ཏེ་ཡང་ཤིང་ལ་སོགས་པ་མེ་དང་འབྲེལ་བའི་རྒྱུ་ཅན ་ཞིག་ཏུ་འཇིག་པར་འགྱུར་ན་ཅིང་འགྱུར་ཞེ་ན། ཚོས་པ་ལས་སྐྱེས་པ་བཞིན་དུ་འཇིག་པ་ལ་ཡང་འཇིག་པ་ཅན་དུ་འགྱུར་རོ། །རྒྱུ་ཡང་འཇིག་པ་པོར་འགྱུར་རོ། །གལ་ཏེ་ཤིང་ལ་སོགས་པའི་གཟུགས་ལ་སོགས་པའི་མེ་དང་འབྲེལ་བའི་རྒྱུ་ཅན་དུ་འཇིག་པར ་འགྱུར་ན་ནི། དེ་ལྟ་ཡིན་ན་ནི་ཚོས་པ་ལས་སྐྱེས་པའི་ཚོས་པ་དང། ཆེར་ཚོས་པ་དང། ཆེས་ཆེར་ཚོས་པ་དག་ལ་རྒྱུ་ཉིད་འཇིག་པ་པོར་འགྱུར་ཏེ། ཇི་ལྟ་ཞེ་ན། མེ་དང་འབྲེལ་པ་གང་ལས་ཚོས་པ་ལས་སྐྱེས་འབྱུང་བ་རྣམས་དེ་ཉིད་ལས་སམ་དེ་དང་འདྲ ་པ་ལས། ཡང་ཚོས་པ་དང། ཆེར་ཚོས་པ་དང། ཆེས་ཆེར་ཚོས་པ་བྱུང་ན་དེ་དག་འཇིག་པས་རྒྱུ་ཉིད་དེ་དག་གི་འཇིག་པ་པོ་འམ་རྒྱུ་བྱེ་བྲག་མེད་པར་འགྱུར་བ་ཞིག་ན། གང་ཉིད་ལས་སམ་གང་དང་འདྲ་བ་ལས་སྐྱེས་པ་ནི་དེ་ཉིད་ལས་སམ་དེ་དང་འདྲ ་བ་ལས་མེད་པར་འགྱུར་བར་འཇིག་པ་མ་ཡིན་པས། དེའི་ཕྱིར་དངོས་པོ་རྣམས་ཀྱི་འཇིག་པ་ལ་རྒྱུ་མེད་དོ། །བདག་ཉིད་འཇིག་པ་མིན་པའི་ཕྱིར་འཇིག་ན་ནི་བྱུང་བ་ཙམ་ཉིད་དུ་རིག་པས་འདི་དག་སྐད་ཅིག་མང་འཇིག་པར་གྲུབ་པོ། །སྐད་ཅིག་མར་ཞིག ་པའི་ཕྱིར་འགྲོ་བ་མེད་དོ། །རྩ་མེད་བཞིན་དུ་ཡུལ་གཞན་དུ་བར་ཆད་མེད་པར་འབྱུང་བ་ལ་འགྲོ་བ་ཡིན་པར་མངོན་པའི་ང་རྒྱལ་བྱེད་དོ། །འགྲོ་བ་མེད་ན་ལུས་ཀྱི་རྣམ་པར་རིག་བྱེད་ནི་དབྱིབས་ཡིན་པར་གྲུབ་པོ། །ཡང་དེ་སྐད་དུ་སྨྲ་བ་དག་དབྱིབས་རྫས་སུ་སྨྲ ་པ་རྣམས་ལ་དཔེས་སྟོན་པ་ངག་གིས་སྨྲས་པ། །བདོག་ལ་སོགས་པ་ལས་རིགས་གཞན་པའི་དབྱིབས་རྫས་ནི་ཡོད་པ་མ་ཡིན་ནོ། །གལ་ཏེ་ཡོད་ན་ནི་དེ་གཉིས་གཟུང་འགྱུར། མིག་གིས་མཐོང་ན་ཡང་རིང་པོའོ་ཞེས་བྱ་བ་རྟོག་པར་འགྱུར་ལ་ལུས་ཀྱི ་དབང་པོས་རེག་ན་ཡང་རིང་པོའོ་ཞེས་བྱ་བར་རྟོག་པར་འགྱུར་ཏེ། དེའི་ཕྱིར་འདི་ནི་དབང་པོ་ཉིད་ཀྱིས་འཛིན་པར་འགྱུར་བ་ཞིག་ན། གཟུགས་ཀྱི་སྐྱེ་མཆེད་ལ་ནི་གཉིས་ཀྱིས་འཛིན་པ་མེད་དེ། དེ་བས་ན་དབྱིབས་ནི་རྫས་ཉིད་དུ་མེད་དོ། །གང་ཡང་ཆུང་ཟད་ཐོགས ་པ་དང་བཅས་པའི་གཟུགས་ཡོད་པ་དེ་ནི་གདོན་མ་ཟོས་པར་ཕྲ་རྡུལ་ཕྲ་མོ་དག་ལ་ཡོད་པར་འགྱུར་བ་ཞིག་ན། རིང་པོ་ལ་སོགས་པའི་དབྱིབས། དེ་རྡུལ་ལ་མེད། དེ་བས་ན་མང་པོ་དེ་ལྟར་གནས་པ་ཉིད་ལ་རིང་པོ་ལ་སོགས་པར་གདགས་སོ། །ད་ནི་ལུས་ཀྱི ་འགྲོ་བ་དང་དབྱིབས་ཀྱང་བརྩལ་ན། དེ་ལ་དཔེས་སྟོན་པ་ཁྱེད་རྣམས་ཇི་ལ་ལུས་ཀྱི་རྣམ་པར་རིག་བྱེད་དུ་འདོགས་ཤེ་ན། དེ་དག་ནི་དབྱིབས་ཉིད་ལ་ལུས་ཀྱི་རྣམ་པར་རིག་བྱེད་དུ་དོགས་པར་བྱེད་ལ་རྫས་སུ་ནི་མ་ཡིན་ནོ། །དེར་འདོགས་པ་ན་ཇི་ལྟར་ལུས་ཀྱི ་ལས་སུ་འདོགས་པར་བྱེད་ཅེ་ན། ལུས་ལ་བརྟེན་པའི་ལས་ནི་ལུས་ཀྱི་ལས་ཏེ། དེ་དང་དེར་ལུས་འཇུག་པར་བྱེད་པའི་སེམས་པ་གང་ཡིན་པའོ། །དེ་བཞིན་དུ་ངག་དང་ཡིད་ཀྱི་ལས་དག་ལ་ཡང་ཅི་རིགས་པར་བྱའོ། །གཞུང་ངག་པ་ན་རེ་དབྱིབས་ནི་རྫས ་ཉིད་ཡིན་ལས། ལུས་ཀྱི་རྣམ་པར་རིག་བྱེད་ནི་དབྱིབས་ཀྱི་བདག་ཉིད་ཅན་ནོ་ཞེས་བརྗོད་དོ། །ངག་གི་རྣམ་རིག་ངག་གི་སྒྲ། །ངག་གི་རང་བཞིན་སྒྲ་གང་ཡིན་པ་དེ་ཉིད་ངག་གི་རྣམ་པར་རིག་བྱེད་ཡིན་ནོ། །རྣམ་པར་རིག་བྱེད་མ་ཡིན་པ་ནི་སྔར་བཤད་པ་ཉིད་དོ།། ་དཔེས་སྟོན་པ་དག་ན་རེ། དེ་ཡང་མི་བྱ་བར་ཁས་འཆེས་པ་ཙམ་ཡིན་པའི་ཕྱིར་རྫས་ཉིད་དུ་མདོ་ཞེས་ཟེར་རོ། །གཞུང་པ་ངག་ན་རེ་ཡོད་དོ་ཞེས་ཟེར་རོ། །ཇི་ལྟར་ཤེས་ཤེ་ན། རྣམ་གསུམ་དྲི་མེད་གཟུགས་གསུངས་དང། །འཕེལ་དང་མ་བྱས་ལམ་སོགས་ལས།། ་མདོ་ལས་གཟུགས་རྣམ་པ་གསུམ་གསུངས་པ་ལ། བསྟན་དུ་ཡོད་ལ་ཐོགས་པ་དང་བཅས་པའི་གཟུགས་ཀྱང་ཡོད། བསྟན་དུ་མེད་ལ་ཐོགས་པ་དང་བཅས་པའི་གཟུགས་ཀྱང་ཡོད། བསྟན་དུ་ཡང་མེད་ལ་ཐོགས་པ་ཡང་མེད་པའི་གཟུགས་ཀྱང་ཡོད་ཅེས་བྱ ་བྱ་གནས་གསུམ་དག་གི་གཟུགས་ཁོ་ནར་གཟུགས་བསྡུ་བར་འགྱུར་རོ། །ཟག་པ་མེད་པའི་གཟུགས་ཀྱང་གསུངས་ཏེ། ཟག་པ་མེད་པའི་ཆོས་རྣམས་གང་ཞེ་ན། འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བའི་གཟུགས་གང ་ལ་རྗེས་སུ་ཆགས་པ་འམ་ཁོང་ཁྲོ་ང་མི་སྐྱེ་བ་རྣམ་པར་ཤེས་པ་གང་ལ་མི་སྐྱེ་བ་ཞེས་བྱ་བའི་བར་འདི་ནི་ཟག་པ་མེད་པའི་ཆོས་ཞེས་བྱའི་ཞེས་པ་ལ། རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་མ་གཏོགས་པར་ནི་བསྟན་དུ་མེད་ཅིང་ཐོགས་པ་མེད་པའི ་གཟུགས་མེད་ལ་ཟག་པ་མེད་པ་ཡང་མེད་དོ། །འཕེལ་བར་ཡང་གསུངས་ཏེ། རྫས་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་བདུན་གྱི་མདོ་ལས། རྟག་ཏུ་རྒྱུན་མི་འཆད་པར་བསོད་ནམས་མངོན་པར་འཕེལ་ཞིང་སྐྱེ་བར་འགྱུར་བ་ཉིད་དོ་ཞེས་གསུངས་པའང ་རྣམ་པར་རིག་བྱེད་མ་ཡིན་པ་ལས་གཞན་པ་ཡིད་ཀྱིས་ན་བསོད་ནམས་མངོན་པར་འཕེལ་བ་མ་ཡིན་ནོ། །བདག་གིས་མ་བྱས་ལ་གཞན་གྱིས་བྱེད་དུ་བཅུག་པའི་ལས་ཀྱི་ལམ་ཀུན་ནས་ལྡང་བ་ཡང་མཐོང་སྟེ། དེ་ཡང་རྣམ་པར་རིག་བྱེད་མ་ཡིན་པ་མེད་པར་ནི ་མི་རིགས་སོ། །བཅོམ་ལྡན་འདས་ཀྱིས་ཀྱང། དགེ་སློང་དག་ཆོས་ནི་ཕྱིའི་སྐྱེ་མཆེད་དེ། སྐྱེ་མཆེད་བཅུ་གཅིག་གིས་མ་བསྡུས་པ་བསྟན་དུ་མེད་ཅིང་ཐོགས་པ་མེད་པའོ་ཞེས་གསུངས་ཀྱི་གཟུགས་ཅན་མ་ཡིན་པའོ་ཞེས་ནི་མ་གསུངས་པས། གལ་ཏེ་ཆོས ་ཀྱི་སྐྱེ་མཆེད་ཀྱི་ཁོངས་སུ་གཏོགས་པའི་གཟུགས་མ་གཟིགས་ན། དེ་ལ་དགོངས་པ་ཅི་ཞིག་ཏུ་འགྱུར། སྙོམས་པར་ཞུགས་པ་ལ་ངག་དང། ལས་ཀྱི་མཛའ་དང། འཚོ་བ་མེད་པའི་ཕྱིར་རྣམ་པར་རིག་བྱེད་མ་ཡིན་པ་མ་གཏོགས་པར་འཕགས་པའི་ལམ་ཡན ་ལག་བརྒྱད་དུ་མི་འགྱུར་པས་དེ་བས་ན་རྣམ་པར་རིག་བྱེད་མ་ཡིན་པས་ཡོད་པ་ཉིད་དོ། །གལ་ཏེ་ཡོད་པ་དེ་ཡང་འབྱུང་བ་ཆེན་པོ་རྣམས་རྒྱུར་བྱས་པའོ། །ཞེས་བཤད་ན། དེ་ཅི་རྣམ་པར་རིག་བྱེད་ཀྱི་འབྱུང་བ་ཆེན་པོ་རྣམས་ཉིད་རྒྱུར་བྱས་ནས་རྣམ་པར་རིག་བྱེད་མ ་ཡིན་པ་སྐྱེ་བ་འམ་ཞེ་ན། སྨྲས་པ། མ་ཡིན་ཏེ། ཚོགས་པ་དེ་ཉིད་ལས་འབྲས་བུ་ཕྲ་མོ་དང། འབྲས་བུ་རགས་པ་དེ་གཉིས་འབྱུང་བར་ནི་མི་རུང་ངོ། །ཇི་རྣམ་པར་རིག་བྱེད་གང་གིས་དུས་པ་ཉིད་ཡིན་པ་དེའི་དུས་པ་ཉིད་ཀྱིས་འབྱུང་བ་ཆེན་པོ་དག་རྒྱུར་བྱས་པ་ཡིན ་ནམ་ཞེ་ན། རྒྱུར་བྱས་པའི་གཟུགས་ཐམས་ཅད་ནི་ཕལ་ཆེར་དེ་བཞིན་ནོ། །དེ་ལྟར་དང་མ་འོངས་པ་ཆུང་ཟད་ཅིག་ནི་འདས་པའི་འབྱུང་བ་ཆེན་པོ་རྣམས་རྒྱུར་བྱས་པ་ཡིན་ཏེ། དེ་ཡང་གང་ཞེ་ན། འདོད་གཏོགས་རྣམ་རིག་མིན་སྐད་ཅིག་།ཕྱིན་ཆད་འདས་པའི་འབྱུང ་ལས་སྐྱེས། །འདོད་གཏོགས་རྣམ་རིག་མིན་ཞེས་བྱ་བ་ནི་འདོད་པ་ན་སྦྱོད་པའོ། །སྐད་ཅིག་ཕྱིན་ཆད་ཅེས་བྱ་བ་ནི་སྐད་ཅིག་མ་དང་པོ་ལས་དུས་ཕྱི་མའོ། །འདས་པའི་འབྱུང་ལས་སྐྱེ་ཞེས་བྱ་བ་འདས་པའི་འབྱུང་བ་ཆེན་པོ་རྣམས་རྒྱུར་བྱས་ནས་སྐྱེ་བ་སྟེ། དེ་དག་ནི་འདིའི ་གཞིའི་དོན་དུ་འགྱུར་ལ། ད་ལྟར་བྱུང་བའི་འབྱུང་བ་ཆེན་པོ་རྣམས་རྟན་གྱི་དོན་དུ་འགྱུར་རོ། །རབ་ཏུ་འཇུག་པ་དང་རྗེས་སུ་འཇུག་པའི་རྒྱུ་ཡིན་པའི་ཕྱིར་གོ་རིམས་བཞིན་ཏེ། འཁོར་ལོ་ས་ལ་འདྲིལ་བའི་ལག་པས་ཕུབ་པ་དང། སའི་ཕྱོགས་བཞིན་ནོ། །ཡང་ས་གང་བའི ་ལུས་དང་ངག་གི་ལས་ས་གང་བའི་འབྱུང་བ་རྣམས་རྒྱུར་བྱས་པ་ཡིན་ཞེ་ན། ཟག་བཅས་ལུས་དང་ངག་གི་ལས། རང་གི་འབྱུང་བ་རྒྱུར་བྱས་པའོ། །འདོད་པ་ན་སྤྱོད་པའི་ལུས་དང་ངག་གི་ལས་ནི་འདོད་པ་ན་སྤྱོད་པ་ཉིད་ཀྱི་འབྱུང་བ་ཆེན་པོ་རྒྱུ་བྱས་པ་ཡིན་ལ། དེ་བཞིན་དུ ་བསམ་གཏན་བཞི་པའི་ས་པའི་བར་དུ་ཡང་དེའི་ས་པ་ཉིད་རྣམས་རྒྱུར་བྱས་པ་ཡིན་ནོ། །ཟག་མེད་གང་དུ་སྐྱེས་པ་ཡིན། །ཟག་པ་མེད་པའི་ལུས་དང་ངག་གི་ལས་དེ་ནི་ས་གང་དུ་སྐྱེས་པར་བྱེད་པས་དེ་ནི་ས་དེ་པའི་འབྱུང་བ་ཆེན་པོ་རྣམས་རྒྱུར་བྱས་པ་ཡིན་པར་རིག་པར ་བྱས་ཏེ། ཁམས་སུ་མ་གཏོགས་པའི་ཕྱིར་བ་དང། ཟག་པ་མེད་པ་རྣམས་ལ་འབྱུང་བ་ངག་མེད་པའི་ཕྱིར་བ་དང། དེའི་སྟོབས་ཀྱིས་སྐྱེ་བའི་ཕྱིར་རོ། །དེ་ལ་རྣམ་པར་རིག་བྱེད་དང། རྣམ་པར་རིག་བྱེད་མ་ཡིན་པ་ཞེས་བྱ་བའི་ལས་ལ། རྣམ་རིག་མ་ཡིན་རྒྱུ་འཐུན་འབྱུང།། ་མ་ཟིན་སེམས་ཅན་ཞེས་བྱ་བར། །རིག་པར་བྱའོ། །གཞན་ཡང། རྒྱུ་འཐུན་ཟིན་པའི་འབྱུང་ལས་སྟེ། རྣམ་པར་རིག་བྱེད་མ་ཡིན་པ་ནི་རྒྱུ་འཐུན་པ་ལས། བྱུང་བ་དང། ཟིན་པའི་འབྱུང་བ་ཆེན་པོ་རྣམས་ཉིད་རྒྱུར་བྱས་ནས་སྐྱེ་སྟེ ་མཉམ་པར་བཞག་མ་ཡིན་པའི་ས་པ་ལ་རྣམས་ནི་དེ་ལྟའོ། །ཏིང་འཛིན་ལས་སྐྱེས་རྒྱུ་ལས་བྱུང། །མ་ཟིན་འབྱུང་བ་གཅིག་ལས་སྐྱེས། །ཏིང་ངེ་འཛིན་ལས་སྐྱེས་བསམ་གཏན་དང། ཟག་པ་མེད་པའི་སྡོམ་པ་རྣམ་པར་རིག་བྱེད་མ་ཡིན་པ་ནི་ཏིང་ངེ ་འཛིན་སྐྱེས་པ་དང། རྒྱས་པ་ལས་བྱུང་དང། མ་ཟིན་པ་དང་ཐ་དད་པ་མ་ཡིན་པའི་འབྱུང་བ་ཆེན་པོ་རྣམས་རྒྱུར་བྱས་ནས་སྐྱེས་ཏེ། འབྱུང་བ་ཆེན་པོ་རྣམས་རྒྱུར་བྱས་ནས་སྐྱེས་ཏེ། འབྱུང་བ་གང་དག་རྒྱུར་བྱས་ནས་སྲོག་གཅོད་པ་སྤངས་པ་སྐྱེ་བ་དེ ་དག་ཉིད་ལས་ཆོག་ཁྱལ་པ་སྤངས་པའི་བར་དུ་སྐྱེའོ། །ཅིའི་ཕྱིར་ཞེ་ན། སེམས་བཞིན་དུ་འབྱུང་བ་ཐ་དད་པའི་ཕྱིར་རོ། །སོ་སོར་ཐར་བའི་སྡོམ་པ་ནི་འབྱུང་བ་ཆེན་པོ་གཞན་དང་གཞན་དག་རྒྱུར་བྱས་ནས་རྣམ་པར་རིག་བྱེད་མ་ཡིན་པ་བདུན་སྐྱེའོ། །རྣམ ་པར་རིག་བྱེད་ནི་རྒྱུ་འཐུན་པ་ལས་བྱུང་བ་སྟེ། ལུས་ཀྱི་ཟིན་པ་ཡིན་ནོ། །དེ་ལྟར་ལས་རྣམ་པ་གཉིས་དང། རྣམ་པ་གསུམ་དང། རྣམ་པ་ལྔར་བཤད་པ་དེ་ལ་རྣམ་པར་རིག་བྱེད་མ་ཡིན་པ་ནི། དགེ་བ་དང་མི་དགེ་བ་རྣམ་པ་གཉིས་སོ། །ལུང་བསྟན་མིན་རྣམ ་རིག་མེད། ཅིའི་ཕྱིར་ཞེ་ན། ལུང་མ་བསྟན་པའི་སེམས་ནི་སྟོབས་ཆུང་བས་དེའི་ཕྱིར་གང་འགག་ཀྱང་དེའི་རྗེས་སུ་འཐུན་པར་བྱེད་པའི་ལས་སྟོབས་དང་ལྡན་པ་འཕེན་པར་མི་ནུས་སོ། །གཞན་ནི་རྣམ་གསུམ། ལས་གཞན་ནི་དགེ་བ་དང་མི་དགེ་བ་དང ་ལུང་དུ་མ་བསྟན་པ་དང་གསུམ་མོ། །གཞན་གང་ཞིག་ཅེ་ན། རྣམ་པར་རིག་བྱེད་དང་སེམས་དཔའ་ཨོ། །མི་དགེ་ནི། འདོད་པའི་མི་དགེ་བའི་ལས་ནི་འདོད་པའི་ཁམས་འབའ་ཞིག་ན་ཡོད་ཀྱི་གཞན་ནི་མ་ཡིན་ཏེ། མི་དགེ་བའི་རྩ་བ་རྣམས་དང། ངོ་ཚ ་མེད་པ་དང། ཁྲེལ་མེད་པ་སྤངས་པའི་ཕྱིར་རོ། །དགེ་བ་དང་ལུང་དུ་མ་བསྟན་པ་ནི་མ་བཀག་པའི་ཕྱིར་ཐམས་ཅད་ན་ཡོད་དོ། །དེ་ལ། གཟུགས་ནའང་རྣམ་རིག་མིན། ཡང་གི་སྒྲས་ནི་འདོད་པ་ན་ཡོད་དོ། །གཟུགས་མེད་པ་དག་ནི་འབྱུང་བ་མེད་པའི་ཕྱིར་མེད ་དེ། གང་དུ་ལུས་དང་ངག་འཇུག་པ་དེར་ལུས་དང་ངག་གི་སྡོམ་པ་ཡིན་ནོ། །རྣམ་རིག་སྤྱོད་དང་བཅས་པ་ཡི། །ས་གཉིས་ཉིད་ན་སྟེ། འདོད་པའི་ཁམས་དང་བསམ་གཏན་དང་པོ་ན་ཡོད་ཀྱི་དེ་ཡན་ཆད་ན་ནི་མེད་དོ། །འདོད་པ་ན་ཡང་བསྒྲིབས་པ་མེད། བསྒྲིབས་པའི ་རྣམ་པར་རིག་བྱེད་ནི་འདོད་པའི་ཁམས་དག་ན་ཡང་མེད་དོ། །ཚངས་པའི་འཇིག་རྟེན་འབའ་ཞིག་ན་ཡོད་དོ། །ཚངས་པ་ཆེན་པོའི་ལུས་དང་ངག་གི་ལས་ནི་གཡོས་ཀུན་ནས་བསླང་བའོ། །ཞེས་གྲག་གོ་།ཅིའི་ཕྱིར་ཚངས་པའི་འཇིག་རྟེན་ཡན་ཆད་ན་རྣམ་པར་རིག་བྱེད ་མེད་ལ་འདོད་པའི་ཁམས་དག་ན་ཡང་བསྒྲིབས་ལ་ལུང་དུ་མ་བསྟན་པ་མེད་ཅེ་ན། གང་ཕྱིར་ཀུན་སློང་མེད། རྟོག་པ་དང་དཔྱོད་པ་དང་བཅས་པའི་སེམས་ཀྱིས་རྣམ་པར་རིག་བྱེད་ཀུན་སློང་བར་བྱེད་ན། དེ་ཡང་བསམ་གཏན་གཉིས་པ་ལ་སོགས་པ་དག ་ན་མེད་ལ། བསྒོམས་ཏེ་སྤང་བར་བྱ་བས་ཡིན་ན། བསྒྲིབས་ལ་ལུང་དུ་མ་བསྟན་པའི་སེམས་དེ་ཡང་འདོད་པའི་ཁམས་དག་ན་མེད་ལ། མཐོང་བས་སྤང་བར་བྱ་བ་ནི་ཁ་ནང་དུ་བལྟས་པའི་ཕྱིར་རོ། །ཡང་ཅི་ཀུན་ནས་སློང་བའི་དབང་འབའ་ཞིག་གིས་ཆོས ་རྣམས་ཀྱི་དགེ་བ་དང་མི་དགེ་བར་རིག་པར་བྱ་བ་འམ་ཞེ་ན། སྨྲས་པ་མ་ཡིན་ཏེ། ཇི་ལྟར་ཞེ་ན། རྣམ་པ་བཞི་སྟེ། དོན་དམ་པ་དང། རང་བཞིན་དང་མཚུངས་པར་ལྡན་པ་དང། ཀུན་ནས་སློང་བས་སོ། །དེ་ལ་རེ་ཞིག་ཐར་པ་དམ་པའི་དོན་དུ་དགེ་།སྡུག་བསྔལ ་ཐམས་ཅད་རྣམ་པར་ཞི་བ་ནི་མྱ་ངན་ལས་འདས་པ་ཡིན་ཏེ། དེ་ནི་མཆོག་ཏུ་བདེ་བ་ཡིན་པས་དོན་དམ་པར་དགེ་བ་སྟེ། ནད་མེད་པ་བཞིན་ནོ། །རྩ་བ་ངོ་ཚ་ཁྲེལ་ཡོད་བདག་ཉིད་ཀྱིས། །དགེ་བའི་རྩ་བ་གསུམ་དང། ངོ་ཚ་ཤེས་པ་དང། ཁྲེལ་ཡོད་པ་ནི་རང་བཞིན་གྱིས ་དགེ་བ་སྟེ། མཚུངས་པར་ལྡན་པ་གཞན་གྱིས་ཀུན་ནས་བསླང་བ་ལ་མི་བལྟོས་པའི་ཕྱིར་ཏེ། འཕྲོད་པའི་སྨན་བཞིན་ནོ། །དེ་དང་ལྡན་རྣམས་མཚུངས་ལྡན་གྱིས། །དགེ་བའི་རྩ་བ་དང་ངོ་ཚ་ཤེས་པ་དང། ཁྲེལ་ཡོད་པ་དེ་དག་ཉིད་དང་མཚུངས ་པར་ལྡན་པའི་ཆོས་རྣམས་ནི་མཚུངས་པར་ལྡན་པས་དགེ་བ་ཡིན་ཏེ། དེ་དག་དང་མི་ལྡན་པ་རྣམས་ལ་དགེ་བ་མེད་པའི་ཕྱིར་སྨན་དང་བསྲེས་པའི་བཏུང་བ་བཞིན་ནོ། །ཀུན་ནས་བསླང་བས་བྱ་ལ་སོགས། དགེ་བའི་རྩ་བ་ལ་སོགས་པ་དེ་དག་ཉིད་དང ་མཚུངས་པར་ལྡན་པའི་ཆོས་རྣམས་ཀྱི་ཀུན་ཏུ་བསླང་བའི་ལུས་དང་ངག་གི་ལས་དང་སེམས་དང་མི་ལྡན་པའི་འདུ་བྱེད་རྣམས་ནི་ཀུན་ནས་བསླང་བས་དགེ་བ་སྟེ། སྨན་དང་བཏུང་བ་ལས་བྱུང་བའི་འོ་མ་བཞིན་ནོ། །དགེ་བ་ཇི་སྐད་དུ་བཤད་པ་དེ་ལས། ་བཟློག་པ་མི་དགེ་།ཇི་ལྟར་ཞེ་ན། འཁོར་བ་ནི་སྡུག་བསྔལ་ཐམས་ཅད་འཇུག་པའི་བདག་ཉིད་ཀྱིས་མཆོག་ཏུ་མི་བདེ་བ་ཡིན་པའི་ཕྱིར་དོན་དམ་པར་མི་དགེ་བའོ། །མི་དགེ་བའི་རྩ་བ་དང་ངོ་ཚ་མེད་པ་དང་ཁྲེལ་མེད་པ་ནི་རང་བཞིན་གྱིས་སོ། །དེ་དང་མཚུངས ་པར་ལྡན་པའི་ཆོས་རྣམས་ནི་མཚུངས་པར་ལྡན་པས་སོ། །དེས་ཀུན་ནས་བསླང་བའི་ལུས་དང་ངག་གི་ལས་དང། ཐོབ་པ་དང་སྐྱེ་བ་ལ་སོགས་པ་ནི། ཀུན་ནས་བསླང་བ་སྟེ། ནད་མི་འཕྲོད་པའི་སྨན་ལ་སོགས་པས་དཔེར་བྱའོ། །གལ་ཏེ་དེ་ལྟར་ན་འཁོར ་བའི་ཁོངས་སུ་གཏོགས་པའི་ཕྱིར་ཟག་པ་དང་བཅས་པ་ནི་ཅུང་ཟད་ཀྱང་ལུང་དུ་མ་བསྟན་པའམ་དགེ་བར་མི་འགྱུར་རོ་ཞེ་ན། དོན་དམ་པར་དེ་སྐད་དུ་བཤད་ཀྱི་རྣམ་པར་སྨིན་པའི་ཕྱིར་ལུང་དུ་མ་བསྟན་པ་གང་ཡིན་པ་དེ་ནི་ལུང་དུ་མ་བསྟན་པ་ཞེས་བྱ་ལ། ་རྣམ་པར་སྨིན་པ་ཡིད་དུ་འོང་བ་ལ་ནི་དགེ་བ་ཞེས་བྱའོ། །གལ་ཏེ་དོན་དམ་པར་ལུང་དུ་མ་བསྟན་པ་ཙམ་ལ་ནི་དེའི་ཕྱིར་དོན་དམ་པར་ལུང་དུ་མ་བསྟན་པ་བརྟན་པ་དག་།འདུས་མ་བྱས་གཉིས་ཏེ། ནམ་མཁའ་དང་སོ་སོར་མ་བརྟགས་པའི་འགོག་པ་ནི་རྣམ ་གྲངས་མེད་པར་ལུང་དུ་མ་བསྟན་པ་ཡིན་ནོ། །མཐོང་སྟེ། སྤང་བར་བྱ་བ་ཇི་སེམས་ནི་རྣམ་པར་རིག་བྱེད་ཀྱི་ཀུན་ནས་སློང་བར་བྱེད་པ་མ་ཡིན་ནོ། །ཞེས་གང་བཤད་པ། འོ་ན་ཅིའི་ཕྱིར་བཅོམ་ལྡན་འདས་ཀྱིས་ལོག་པར་ལྟ་བ་ལས་ནི་ལོག་པར་རྟོག་པ་དང། ་ལོག་པའི་ངག་དང། ལོག་པའི་ལས་ཀྱིས་མཛའ་ལ་སོགས་པ་འབྱུང་ངོ་ཞེས་གསུངས་ཤེ་ན། འདི་ནི་མི་འགལ་བ་ཉིད་དེ། གང་གི་ཕྱིར་ཀུན་སློང་རྣམ་གཉིས་རྒྱུ་དང་ནི། དེ་ཡི་དུས་ཀྱི་སློང་ཞེས་བྱ། །ཀུན་ནས་སློང་བ་ནི་རྣམ་པ་གཉིས་ཏེ། རྒྱུའི་ཀུན་ནས ་སློང་བ་དང། དེའི་དུས་ཀྱི་ཀུན་ནས་སློང་བའོ། །དུས་དེ་ཉིད་དུ་དེ་སྐྱེ་བའི་ཕྱིར་རོ། །གཉིས་ཀྱི་དང་པོ་རང་འཇུག་བྱེད། །གཉིས་པ་རྗེས་སུ་འཇུག་བྱེད་ཡིན། རྒྱུའི་ཀུན་ནས་སློང་བ་ནི་འཕེན་པར་བྱེད་པ་ཡིན་པའི་ཕྱིར་རབ་ཏུ་འཇུག་པར་བྱེད་པའོ། །དེའི་དུས་ཀྱི ་ཀུན་ནས་སློང་བ་ནི་བྱ་བའི་དུས་སུ་འཐུན་པར་འཇུག་པའི་ཕྱིར་རྗེས་སུ་འཇུག་ཕྱིར་འཇུག་པར་བྱེད་པ་སྟེ། དེ་ལ་ཡང། མཐོང་བས་སྤང་པའི་རྣམ་ཤེས་ནི། རབ་ཏུ་འཇུག་བྱེད་ཡིན། མཐོང་སྟེ་སྤང་བར་བྱ་བའི་སེམས་ནི་དེ་ཀུན་ནས་སློང་བར་བྱེད་པ་རྟོག་པ་དང་དཔྱོད་པ་གཉིས་ཀྱི ་གཞིར་གྱུར་པའི་ཕྱིར་རྣམ་པར་རིག་བྱེད་ཀྱི་རབ་ཏུ་འཇུག་པར་བྱེད་པ་ནི་ཡིན་གྱི། ཁ་ཕྱིར་བལྟས་པའི་བྱ་བའི་དུས་ན། དེ་མེད་པའི་ཕྱིར་རྗེས་སུ་འཇུག་པར་བྱེད་པ་ནི་མ་ཡིན་ཏེ། དེའི་ཕྱིར་མདོ་ལས་རྒྱུའི་ཀུན་ནས་སློང་བའི་དབང་དུ་མཛད་ནས་གསུངས ་པས་འགལ་བ་མེད་དོ། །ཡིད་ནི། གཉི་ག་བསྒོམས་པས་སྤང་བྱ་ཡིན། །རབ་ཏུ་འཇུག་པར་བྱེད་པ་དང། རྗེས་སུ་འཇུག་པར་བྱེད་པའི་རྣམ་པར་ཤེས་པ་ནི་གཉི་ག་ཡང་བསྒོམས་པས་སྤང་བར་བྱ་བ་ཡིན་ནོ། །ལྔ་ནི་རྗེས་སུ་འཇུག་བྱེད་པའོ། །རྣམ་པར ་ཤེས་པ་ལྔའི་ཚོགས་ནི་རྗེས་སུ་འཇུག་པ་ཉིད་དོ། །དེ་བས་ན་འདི་ནི་མུ་བཞིར་འགྱུར་ཏེ། མཐོང་བས་སྤང་བར་བྱ་བ་ནི་རབ་ཏུ་འཇུག་པར་བྱེད་པ་ཉིད་དོ། །རྣམ་པར་ཤེས་པ་ལྔའི་ཚོགས་རྗེས་སུ་འཇུག་པར་བྱེད་པ་ཉིད་དོ། །ཡིད་ཀྱི་རྣམ་པར་ཤེས་པ ་བསྒོམས་པས་སྤང་བར་བྱ་བ་ནི་གཉི་གའོ། །ཟག་པ་མེད་པ་ནི་གཉི་ག་མ་ཡིན་པའོ། །ཡང་ཅི་རབ་ཏུ་འཇུག་པར་བྱེད་པ་ཇི་ལྟ་བར་རྗེས་སུ་འཇུག་པར་བྱེད་པ་ཡང་དེ་བཞིན་ཡིན་ནམ་ཞེ་ན། འདི་ལ་ངེས་པ་མེད་དེ། རབ ་འཇུག་བྱེད་དགེ་ལ་སོགས་ལ། །རྗེས་འཇུག་བྱེད་ཀྱང་རྣམ་གསུམ་འགྱུར། །རབ་ཏུ་འཇུག་པར་བྱེད་པ་དགེ་བ་ལ་རྗེས་སུ་འཇུག་པར་བྱེད་པ་དགེ་བ་དང། མི་དགེ་བ་དང་ལུང་དུ་མ་བསྟན་པ་ཡོད་ལ། མི་དགེ་བ་དང་ལུང་དུ་མ་བསྟན་པ་ལ་ཡང ་དེ་བཞིན་ནོ། །ཐུབ་པའི་འདྲ་བ་འམ། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ནི་རབ་ཏུ་འཇུག་པར་བྱེད་པ་དང། རྗེས་སུ་འཇུག་པར་བྱེད་པ་འདྲ་སྟེ། དགེ་བ་ལ་ཡང་དགེ་བ་ལུང་དུ་མ་བསྟན་པ་ཡང་ལུང་དུ་མ་བསྟན་པའི། དེ་དགེ་བ་རབ་ཏུ་འཇུག་པར་བྱེད་པ། ལུང ་དུ་མ་བསྟན་པ་དེ་ལ་ཡང་རྗེས་སུ་འཇུག་པར་བྱེད་པ་དགེ་བ་ཡིན་གྱི་རབ་ཏུ་འཇུག་པར་བྱེད་པ་དགེ་བ་ལ་རྗེས་སུ་འཇུག་པར་བྱེད་པ་ལུང་དུ་མ་བསྟན་པར་ནི་ནམ་ཡང་མི་འགྱུར་ཏེ། སངས་རྒྱས་རྣམས་ཀྱི་སྟོན་པ་ནི་ནམ་ཡང་ཞུམ་པར་འགྱུར ་བ་མ་ཡིན་ནོ་ཞེས་འབྱུང་ངོ། །རབ་ཏུ་འཇུག་པར་བྱེད་པ་དང། རྗེས་སུ་འཇུག་པར་བྱེད་པའི་ཡིད་བསྒོམས་ཏེ་སྤང་བར་བྱ་བར་བཤད་པ་དེ་ནི་དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པ་ཐམས་ཅད་དུ་རིག་པར་བྱའོ། །རྣམ་སྨིན་ལས་ནི་གཉི ་ག་མིན། །རྣམ་པར་སྨིན་པ་ལས་སྐྱེས་པའི་སེམས་ནི་མངོན་པར་འདུ་བྱ་བ་མེད་པར་འཇུག་པའི་ཕྱིར་རབ་ཏུ་འཇུག་པར་བྱེད་པ་ཡང་མ་ཡིན་ལ་རྗེས་སུ་འཇུག་པར་བྱེད་པ་ཡང་མ་ཡིན་ནོ། །ཞར་ལ་འོངས་པའི་སྐབས་བཤད་ཟིན་ཏོ། །སྔར ་བཤད་པ་དེ་ཡང། རྣམ་རིག་མིན་རྣམ་གསུམ་ཞེས་བྱ། སྡོམ་དང་སྡོམ་པ་མིན་དང་གཞན། །སྡོམ་པ་དང་སྡོམ་པ་མ་ཡིན་པ་དང། དེ་གཉིས་ལས་གཞན་པ་སྡོམ་པ་ཉིད་ཀྱང་མ་ཡིན་པ་ཡང་མ་ཡིན་པའོ། །ཚུལ་ཁྲིམས་འཆལ་པའི་ཤུགས ་སྡོམ་ཞིང་འགོག་པས་ན་སྡོམ་པའོ། །ཡང་དེ་ལ། སྡོམ་པ་སོ་སོར་ཐར་ཅེས་བྱ། །དེ་བཞིན་ཟག་མེད་བསམ་གཏན་སྐྱེས། །རྣམ་པ་གསུམ་སྟེ། སོ་སོར་ཐར་པའི་སྡོམ་པ་ནི་འདི་པ་འདོད་པ་ན་སྤྱོད་པ་རྣམས་ཀྱི་ཚུལ་ཁྲིམས་ཡིན་ནོ། །བསམ་གཏན་གྱི ་སྡོམ་པ་ནི་གཟུགས་ན་སྤྱོད་པའི་ཚུལ་ཁྲིམས་ཡིན་ནོ། །ཟག་པ་མེད་པའི་སྡོམ་པ་ནི་ཟག་པ་མེད་པའི་ཚུལ་ཁྲིམས་ཡིན་ནོ། །ཡང་དེ་ལ། སོ་སོར་ཐར་ཅེས་བྱ་རྣམ་བརྒྱད། །དགེ་སློང་གི་སྡོམ་པ་དང། དགེ་སློང་མའི་སྡོམ་པ་དང། དགེ་སློབ་མའི་སྡོམ་པ ་དང། དགེ་སྦྱོང་གི་སྡོམ་པ་དང། དགེ་སྦྱོང་མའི་སྡོམ་པ་དང། དགེ་བསྙེན་གྱི་སྡོམ་པ་དང། དགེ་བསྙེན་མའི་སྡོམ་པ་དང། བསྙེན་ནས་ཀྱི་སྡོམ་པ་དང། སྡོམ་པ་རྣམ་པ་བརྒྱད་ནི་སོ་སོར་ཐར་པའི་སྡོམ་པ་ཞེས་བྱ་སྟེ། མིང་དུ་ནི་རྣམ་པ་དེ་བརྒྱད་ཡིན་ནོ། །རྫས། ཉིད ་དུ་ནི་རྣམ་པ་བཞི། །དགེ་སློང་གི་སྡོམ་པ་དང། དགེ་སྦྱོང་གི་སྡོམ་པ་དང། དགེ་བསྙེན་གྱི་སྡོམ་པ་དང། བསྙེན་གནས་ཀྱི་སྡོམ་པ་སྟེ། དེ་ལྟར་ན་སོ་སོར་ཐར་པའི་སྡོམ་པ་ནི་མཚན་ཉིད་སོ་སོར་ངེས་པའི་ཕྱིར་རྫས་ཉིད་དུ་ནི་རྣམ་པ་དེ་བཞི་ཡིན་ནོ། །དགེ་སློང་གི་སྡོམ་པ ་ལས་ནི་དགེ་སློང་མའི་སྡོམ་པ་གཞན་མ་ཡིན་ལ། དགེ་སྦྱོང་གི་སྡོམ་པ་ལས་ནི། དགེ་སྦྱོང་མ་དང། དགེ་སློབ་མ་དགེ་བསྙེན་གྱི་སྡོམ་པ་ལས་ནི་དགེ་བསྙེན་མའི་སྡོམ་པ་གཞན་མ་ཡིན་ཏེ། ཇི་ལྟར་ཤེས་ཤེ་ན། མཚན་ལས་ནི་མིང་ནི་འཕོ་བའི་ཕྱིར། མཚན་ཞེས་བྱ་བ་ནི ་རྟགས་ཞེས་བྱ་བ་སྟེ། གང་གི་སྐྱེས་པ་དང་བུད་མེད་དག་ཏུ་མཚོན་པར་བྱེད་པའོ། །མཚན་ལས་ནི་དགེ་སློང་ལ་སོགས་པའི་མིང་འཕོ་བར་འགྱུར་ཏེ། ཇི་ལྟར་ཞེ་ན། མཚན་ཡོངས་སུ་འགྱུར་ན། དགེ་སློང་ནི་དགེ་སློང་མ་ཞེས་བྱ་ལ། དགེ་སློང་མ་ཡང་དགེ་སློང་ཞེས་བྱའོ། ། ་དགེ་སྦྱོང་ནི་དགེ་སྦྱོང་མ་ཞེས་བྱ་ལ། དགེ་སྦྱོང་མ་དང་དགེ་སློབ་མ་ཡང་དགེ་སྦྱོང་ཞེས་བྱའོ། །དགེ་བསྙེན་ནི་དགེ་བསྙེན་མ་ཞེས་བྱ་ལ། དགེ་བསྙེན་མ་ཡང་དགེ་བསྙེན་ཞེས་བྱ་སྟེ། མཚན་ཡོངས་སུ་འགྱུར་བ་ལ་སྔོན་གྱི་སྡོམ་པ་གཏོད་པའི་རྒྱུ་ཡང་ཡོད་པ་མ་ཡིན་ལ། ་སྔོན་མེད་པའི་སྡོམ་པ་ཐོབ་པ་ཡང་མ་ཡིན་པས། དེ་བས་ན་སྡོམ་པ་མང་པོ་དེ་དག་ཀྱང་གསུམ་པོ་ལས་རང་བཞིན་ཐ་མི་དད་དོ། །གང་དགེ་བསྙེན་གྱི་སྡོམ་པ་ལས་དགེ་སྦྱོང་གི་སྡོམ་པ་བླངས་ལ། དེ་ལས་ཡང་དགེ་སློང་གི་སྡོམ་པ ་ཡང་དག་པར་བླངས་ན། ཅི་སྤོང་བའི་འཕེལ་བ་དང་འབྲེལ་པའི་ཕྱིར་སྡོམ་པ་དེ་དག་ཉི་ཤུ་རྩ་ལྔ་ཞེས་བྱ་བ་དང། དོང་རྩེ་གཅིག་དང་དོང་རྩེ་གཉིས་ཞེས་བྱ་བ་བཞིན་དུ་གཞན་དང་གཞན་ཞེས་བྱ་བར་དེ་དག་ཐམས་ཅད་སྐྱེ་འམ། འོན་ཏེ་དེ་དག་ཐམས་ཅད་ཐ ་དད་པ་ཉིད་གཅིག་ཏུ་སྐྱེ་ཞེ་ན། སྨྲས་པ། ཐ་དད་དེ་དག་ནི་མ་འདྲེས་པ་ཉིད་དེ། སྡོམ་པ་གསུམ་དག་ལ་སྲོག་གཅོད་པའི་སྤངས་པ་གསུམ་ནས་ཆད་འཐུང་བའི་བར་དུ་མཚན་ཉིད་ཐ་དད་པར་སྐྱེ་སྟེ། ལྷག་མ་རྣམས་ཀྱང་དེ་བཞིན་ནོ། །དེ་དག་འགལ་བ་མེད། ་དེ་དག་གསུམ་ཆར་ཡང་ལྷན་ཅིག་པར་འགྱུར་གྱི། སྡོམ་པ་ཕྱི་མ་ཡང་དག་པར་བླངས་པས་སྔ་མ་གཏོང་བ་ནི་མ་ཡིན་ཏེ། དགེ་སློང་གི་སྡོམ་པ་ཡོངས་སུ་བཏང་བས་དགེ་བསྙེན་ཡང་མ་ཡིན་པར་འགྱུར་དུ་འོང་ངོ། །ཇི་ལྟ་ན་དགེ་བསྙེན་ཡང་མ་ཡིན་པར ་གནས་པར་འགྱུར་བ་ནས་དགེ་སློང་གི་བར་དུ་འགྱུར་ཞེ་ན། ལྔ་བརྒྱད་བཅུ་དང་ཐམས་ཅད་ཀྱི། །སྤངས་པའི་སྤོང་བ་འཛིན་པ་ལས། །དགེ་བསྙེན་དང་ནི་བསྙེན་གནས་དང། །དགེ་སྦྱོང་དང་ནི་དགེ་སློང་རྣམས། །གྲངས་བཞིན་དུ་འཐུན་པར་བསྟན་པར་རིག་པར ་བྱ་སྟེ། སྲོག་གཅོད་པ་དང། མ་བྱིན་པར་ལེན་པ་དང། འདོད་པས་ལོག་པར་གཡེམ་པ་དང། རྫུན་དུ་སྨྲ་བ་དང། འབྲུའི་ཆང་དང་སྦྱར་བའི་ཆད་བག་མེད་པའི་གནས་དང་ལྔ་རྣམས་སྤངས་པའི་སྤོང་བ་ཡང་དག་པར་བླངས་པས་ནི་དགེ་བསྙེན་དུ་འགྱུར་རོ། །སྲོག་གཅོད་པ ་དང། མ་བྱིན་པར་ལེན་པ་དང། མི་ཚངས་པར་སྤྱོད་པ་དང། རྫུན་དུ་སྨྲ་བ་དང། ཆང་འཐུང་བ་དང། དྲི་དང་ཕྲེང་བ་དང་བྱུག་པ་དང། གར་དང་གླུ་དང་རོལ་མོ་དང། མལ་སྟན་མཐོན་པོ་དང་མལ་སྟན་ཆེན་པོ་དང། དུས་མ་ཡིན་པའི་ཁ་ཟས་དང་བརྒྱད་ཀྱི་སྤོང་བ་ཡང ་དག་པར་བླངས་པས་ནི་བསྙེན་གནས་པར་འགྱུར་རོ། །དེ་དག་ཉིད་དང་གསེར་དང་དངུལ་ཡོངས་སུ་འཛིན་པ་དང། གར་དང་གླུ་དང་རོལ་མོ་དང། དྲི་དང་ཕྲེང་བ་དང་བྱུག་པ་འདིར་གཉིས་སུ་བྱས་ན་བཅུར་འགྱུར་ཏེ། བཅུའི་སྡོམ་པ་ཡང་དག་པར་བླངས་པས་ནི་དགེ་སྦྱོང་དུ ་འགྱུར་རོ། །ལུས་ལ་སོགས་པའི་ལས་ཐམས་ཅད་ཀྱི་སྤངས་པའི་སྤོང་བ་ཡང་དག་པར་བླངས་པས་ནི་དགེ་སློང་དུ་འགྱུར་རོ། །སོ་སོར་ཐར་པའི་སྡོམ་པ་དེ་དག་ནི། ཚུལ་ཁྲིམས་དང་ནི་ལེགས་སྤྱད་དང། །ལས་དང་སྡོམ་པ་ཞེས་བྱའོ། །ལས་མི་མཉམ་པ་རྣམས། ་མཉམ་པར་འཇོག་པའི་ཕྱིར་ཚུལ་ཁྲིམས་ཞེས་བྱ་ལ། ངེས་པའི་ཚིག་ཏུ་ནི་བསིལ་བའི་ཕྱིར་ཞེས་བྱ་བ་སྟེ། ཚིགས་སུ་བཅད་པ་ལས་ཀྱང་ཚུལ་ཁྲིམས་ཡང་དག་བླངས་པ་བདེ། །ལུས་ལ་ཡོངས་སུ་གདུང་བ་མེད། །ཅེས་བྱ་བའི་ཕྱིར་རོ། །མཁས་པ་རྣམས་ཀྱིས ་བསྔགས་པའི་ཕྱིར་ལེགས་པར་སྤྱད་པའོ། །བྱ་བའི་རང་བཞིན་ཡིན་པའི་ཕྱིར་ལས་སོ། །ཡང། དང་པོའི་རྣམ་རིག་རྣམ་རིག་མིན། །སོ་སོར་ཐར་དང་བྱ་བའི་ལམ། །སྡོམ་པ་ཡང་དག་པར་བླངས་པའི་དང་པོ་རྣམ་པར་རིག་བྱེད་དང། རྣམ་པར་རིག་བྱེད་མ་ཡིན་པ་ན་སོ ་སོར་ཐར་པ་ཞེས་བྱ་སྟེ། དེས་སྡིག་པ་ལས་སོ་སོར་ཐར་པའི་ཕྱིར་ཏེ། སྤངས་པ་ཞེས་པའི་དོན་ཏོ། །ལུས་དང་ངག་སྡོམ་པའི་ཕྱིར་སྡོམ་པ་ཞེས་ཀྱང་བྱའོ། །ལས་ཀྱི་ལམ་ཞེས་ཀྱང་བྱའོ། །སྐད་ཅིག་མ་གཉིས་པ་ལ་སོགས་པ་ལ་ནི་སོ་སོར་ཐར་པའི་སྡོམ་པ་ཉིད་ཡིན་གྱི། ་སོ་སོར་ཐར་པ་ནི་མ་ཡིན་ནོ། །མཇུག་ཡིན་གྱི་དངོས་ཀྱི་ལམ་ནི་མ་ཡིན་ནོ། །ཡང་སྡོམ་པ་འདི་རྣམས་ལས། གང་ཞིག་གང་དང་ལྡན་ཞེ་ན། སོ་སོར་ཐར་དང་ལྡན་པ་བརྒྱད། །སོ་སོར་ཐར་པའི་སྡོམ་པ་དང་ནི། དགེ་སློང་དང། དགེ་སློང་མ་དང། དགེ་སློབ་མ་དང། དགེ ་ཚུལ་དང། དགེ་ཚུལ་མ་དང། དགེ་བསྙེན་དང། དགེ་བསྙེན་མ་དང། བརྒྱད་པ་བསྙེན་གནས་ཏེ། རིས་བརྒྱད་དང་ལྡན་ནོ། །བསམ་གཏན་སྐྱེས་དང་དེ་ལྡན་ལ། །བསམ་གཏན་ལས་སམ་བསམ་གཏན་གྱིས་བསྐྱེད་པས་ན་བསམ་གཏན་ལས་སྐྱེས་པའོ། །གང་བསམ ་གཏན་དང་ལྡན་པ་དེ་དག་གདོན་མི་ཟ་བར་བསམ་གཏན་གྱི་སྡོམ་པ་དང་ལྡན་ནོ། །འདིར་ནི་ཉེར་བསྡོགས་ཀྱང་བསམ་གཏན་བྱས་ནས་བརྗོད་དོ། །དཔེར་ན་གྲོང་འདི་ན་འབྲས་ཀྱི་ཞིང་ཡོད་དོ། །འབྲུའི་ཞིང་ཡོད་དོ་ཞེས་གྲོང་གི་ཉེན་འཁོར་ལ ་ཡང་གྲོང་ཁྱེར་ཞེས་བྱ་བ་བཞིན་ནོ། །ཟག་མེད་འཕགས་པའི་སེམས་ཅན་དང། ཟག་པ་མེད་པའི་སྡོམ་པ་དང་ནི་འཕགས་པའི་གང་ཟག་རྣམས་དང་ལྡན་ཏེ། དེ་དག་ཀྱང་སློབ་དང། མི་སློབ་པའོ། །ལྷན་ཅིག་འབྱུང་བའི་རྒྱུ་ནི་སེམས་ཀྱི་རྗེས་སུ་འབྲང་བའི་སྡོམ ་པ་གཉིས་སོ་ཞེས་གང་བཤད་པ་ལ། དེ་གཉིས་གང་ཞེ་ན། གསུམ་པོ་འདི་དག་ཉིད་ལས། ཐ་མའི་གཉིས་ནི་སེམས་རྗེས་འབྲང། །བསམ་གཏན་གྱི་སྡོམ་པ་དང། ཟག་པ་མེད་པའི་སྡོམ་པའོ། །སོ་སོར་ཐར་པའི་སྡོམ་པ་ནི་མ་ཡིན་ཏེ། སེམས་གཞན ་དང་སེམས་མེད་པ་ལ་ཡང་རྗེས་སུ་འཇུག་པའི་ཕྱིར་རོ། །ཡང་བསམ་གཏན་གྱི་སྡོམ་པ་དང། ཟག་པ་མེད་པའི་སྡོམ་པ་དེ་དག་ཉིད་སྤོང་བའི་སྡོམ་པ་ཞེས་བྱ་བའི་མིང་འཐོབ་སྟེ། གང་གི་གནས་སྐབས་དག་ཏུ་སྐྱེ་ཞེ་ན། བར་ཆད་མེད་ལས་སྐྱེས་ཏེ་གཉིས།། ་མི་ལྕོགས་མེད་ལ་སྤོང་ཞེས་བྱ། །མི་ལྕོགས་པ་མེད་པ་ལ་བསམ་གཏན་གྱི་སྡོམ་པ་དང་ཟག་པ་མེད་པའི་སྡོམ་པ་གཉིས་ནི་བར་ཆད་མེད་པའི་ལམ་དགུ་དག་ཏུ་དེ་གཉིས་ཀྱིས་ཚུལ་ཁྲིམས་འཆལ་པ་དག་།དེ་ཀུན་ནས་སློང་བར་བྱེད་པའི་ཉོན་མོངས་པ ་རྣམས་སྤོང་བའི་ཕྱིར་ཡང་སྡོམ་པ་ཞེས་བྱའོ། །ཡང་བཅོམ་ལྡན་འདས་ཀྱིས་ཡིད་ཀྱི་སྡོམ་པ་ལེགས་པ་སྟེ། ཞེས་བཤད་པ་དང། མིག་གི་དབང་པོའི་སྡོམ་པས་བསྡམས་ཏེ་གནས་སོ་ཞེས་གང་བཤད་པ་ལ་ཡིད་དང་དབང་པོའི་སྡོམ་པ་འདི་གཉིས ་ཀྱི་རང་བཞིན་ཅི་ཞིག་ཡིན། འདི་གཉིས་རྣམ་པར་རིག་བྱེད་མ་ཡིན་པ་ནི་མ་ཡིན་པ་ཇི་ལྟ་བུ་ཞིག་ཡིན་ཞེ་ན། ཤེས་བཞིན་པ་དང་དྲན་པ་གཉིས། །ཡིད་དང་དབང་པོ་སྡོམ་དག་ཡིན། །ཡིད་ཀྱི་སྡོམ་པ་ནི་དྲན་པ་དང་ཤེས་བཞིན་གྱི་རང་བཞིན་ཡིན་ལ། དབང ་པོའི་སྡོམ་པ་ཡང་དྲན་པ་དང་ཤེས་བཞིན་ཡིན་པས། རེ་རེ་ལ་ཡང་གཉིས་ཀྱི་རང་བཞིན་དུ་བསྟན་པར་བྱ་བའི་ཕྱིར། ཡང་གཉིས་ཞེས་བྱ་བ་སྨོས་ཏེ། གྲངས་བཞིན་དུ་གོ་བར་འགྱུར་དུ་དོགས་པའི་ཕྱིར་རོ། །ད་ནི་གང་ཞིག་རྣམ་པར་རིག་བྱེད་དམ། རྣམ་པར་རིག་བྱེད ་མ་ཡིན་པ་གང་ཡང་དུས་ཇི་སྲིད་གཅིག་ཏུ་ལྡན་པ་འདི་དཔྱད་པར་བྱ་སྟེ། དེ་ལ་སོ་སོར་ཐར་ལ་གནས་པ་ནི། །མ་བཏང་བས་རྟག་དེ་ལྟར་གྱི། རྣམ་རིག་མིན་ལྡན། སོ་སོར་ཐར་པའི་སྡོམ་པ་ལ་གནས་པར་བཤད་པའི་གང་ཟག་གང་ཡིན་པ་དེ་ཇི་སྲིད་དུ་རྣམ་པར་རིག ་བྱེད་མ་ཡིན་པ་དེ་སྤོང་བ་དེ་སྲིད་དུ་རྟག་ཏུ་ད་ལྟར་གྱི་དེ་དང་ལྡན་ནོ། །དང་པོའི་སྐད་ཅིག་ཕྱིན་ཆད་འདས་པ་དང། སྐད་ཅིག་མ་དང་པོ་ཕྱིན་ཆད་ནི་འདས་པ་དང་ཡང་ལྡན་ཏེ། ཐམས་ཅད་དུ་ཡང་མ་བཏང་བ་ལས་ཞེས་བྱ་བའི་དབང་དུ་བྱས་པར་རིག་པར་བྱ་བའི་དབང་དུ ་བྱས་པར་རིག་པར་བྱའོ། །སོ་སོར་ཐར་པའི་སྡོམ་པ་ཇི་སྐད་དུ་བཤད་པ། སྡོམ་མིན་གནས་པའང་དེ་བཞིན་ནོ། །སྡོམ་པ་མ་ཡིན་པ་ལ་གནས་པ་ཇི་སྲིད་དུ་སྡོམ་པ་མ་ཡིན་པ་མི་སྤོང་བ་དེ་སྲིད་དུ་སྡོམ་པ་མ་ཡིན་པ་མི་སྤོང་བ་དེ་སྲིད་དུ་རྟག་ཏུ་ད་ལྟར་གྱི་རྣམ་པར ་རིག་བྱེད་མ་ཡིན་པ་དང་ལྡན་ལ། སྐད་ཅིག་མ་གཅིག་ཕྱིན་བཅད་ནི་འདས་པ་ཡང་མ་ཡིན་ནོ། །བསམ་གཏན་སྡོམ་དང་ལྡན་པ་ནི། །རྟག་ཏུ་འདས་དང་མ་འོངས་དང། །བསམ་གཏན་གྱི་སྡོམ་པ་རྙེད་ལ་མ་བཏང་བས་ནི་རྟག་ཏུ་འདས་པ་དང་མ་འོངས་པའི་རྣམ་པར ་རིག་བྱེད་མ་ཡིན་པ་དང་ལྡན་ནོ། །སྐད་ཅིག་མ་དང་པོ་ལ་ཡང་དེ་ཚེ་རབས་གཞན་དུ་བོར་བའི་བསམ་གཏན་གྱི་སྡོམ་པ་འདས་པ་འཐོབ་བོ། །འཕགས་ནི་དང་པོ་འདས་དང་མིན། །འཕགས་པའི་གང་ཟག་ཀྱང་ཟག་པ་མེད་པ་དང། དེ་བཞིན་དུ་འདས་ལ་འདི་ནི་ཁྱད་པར ་ཡིན་ཏེ། ལམ་ནི་སྔར་མ་བསྐྱེད་པའི་ཕྱིར་སྐད་ཅིག་མ་དང་པོ་ལ་ནི་འདས་པ་དང་མི་ལྡན་ནོ། །མཉམ་བཞག་འཕགས་ལམ་གནས་དེ་གཉིས། །ད་ལྟར་དང་ལྡན་བསམ་གཏན་དང། །ཟག་པ་མེད་པའི་སྡོམ་པ་དང་ལྡན་པ་གཉིས་ནི་རིམ་བཞིན་དུ་མཉམ་པར་བཞག་པ ་དང། འཕགས་པའི་ལམ་ལ་ཞུགས་པ་སྟེ། ད་ལྟར་རྣམ་པར་རིག་བྱེད་མ་ཡིན་པ་དང་ལྡན་པ་ལ་ལངས་པ་ནི་མ་ཡིན་ནོ། །རེ་ཤིག་སྡོམ་པ་དང་སྡོམ་པ་མ་ཡིན་པ་གནས་པ་རྣམས་ནི་དེ་ལྟར་བཤད་དོ། །ཡང་དེ་ནི་བར་མ་ལ་གནས་པ་ལ ་བརྗོད་པར་བྱ་སྟེ། བར་གནས་ལ། ཡོད་ན་དང་པོ་དེ་ལྟར་དང། གང་སྡོམ་པ་ཡང་མ་ཡིན་སྡོམ་པ་མ་ཡིན་པ་ཡང་མ་ཡིན་པ་ལ་གནས་པ་དེ་ནི་བར་མར་གནས་པ་སྟེ། དེ་ལ་ནི་རྣམ་པར་རིག་བྱེད་མ་ཡིན་པ་གདོན་མི་ཟ་བར་ཡོད་པ་མ་ཡིན་པས། གང་ལ་ཚུལ ་ཁྲིམས་འཆལ་བ་དང། ཚུལ་ཁྲིམས་ཀྱི་ཡན་ལག་གིས་བསྡུས་པ་ཡོད་པ་དེ་ལ་ནི་དང་པོ་དེ་ལྟར་གྱི་རྣམས་དང་ལྡན་ནོ། །དེ་ལྟར་གྱི་རྣམ་པར་རིག་བྱེད་མ་ཡིན་པ་ཞེས་བྱ་བ་ནི་འདས་པ་དང་མ་འོངས་པ་གཉིས་ཀྱི་བར་མ་ཡིན་ནོ། །ཕྱིན་ཆད་དུས་ནི་གཉིས་དང་པོ།། ་སྐད་ཅིག་མ་དང་པོ་ཕྱིན་ཆད་ནི་འདས་པ་དང། མ་འོངས་པ་དང་ཡང་ལྡན་ཏེ། མ་བཏང་ན་ཞེས་བྱ་བར་སྦྱར་རོ། །ཇི་སྡོམ་པ་མ་ཡིན་པ་ལ་གནས་པ་ལ་ཡང་རེས་འགའ་དགེ་བའི་རྣམ་པར་རིག་བྱེད་མ་ཡིན་པ་དང་ལྡན་པར་འགྱུར་ཞིང་སྡོམ་པ་ལ་གནས་པ ་ལ་ཡང་མི་དགེ་བ་དང་ལྡན་པར་འགྱུར་རམ་ཞེ་ན་འགྱུར་རོ། །དུས་ཇི་སྲིད་ཅིག་དུ་ཞེ་ན། སྨྲས་པ། སྡོམ་མིན་གནས་ལ་དགེ་བ་དང། །སྡོམ་ལ་གནས་ལ་མི་དགེ་བའི། །རྣམ་རིག་མིན་ལྡན་ཇི་སྲིད་དུ། །རང་དང་ཉོན་མོངས་ཤུགས་ལྡན་བར། །མཆོད་རྟེན ་ལ་ཕྱག་འཚལ་བ་ལ་སོགས་པའི་བྱ་བ་བྱེད་པའི་ཤུགས་གང་གིས་སྒོམ་པ་མ་ཡིན་པ་ལ་ཡང་དགེ་བའི་རྣམ་པར་རིག་བྱེད་མ་ཡིན་པ་སྐྱེ་ཞིང་གསོད་པ་དང། འཆིང་བ་དང་རྡེག་པ་ལ་སོགས་པའི་བྱ་བ་བྱེད་པའི་ཤུགས་གང་གིས་སྡོམ་པ་ལ་གནས་པ ་ལ་ཡང་མི་དགེ་བའི་རྣམ་པར་རིག་བྱེད་མ་ཡིན་པ་སྐྱེ་ལ། དེ་གཉིས་ཇི་སྲིད་དུ་རྗེས་སུ་འབྲང་བ་དེ་སྲིད་དུ་རྣམ་པར་རིག་བྱེད་མ་ཡིན་པ་དེ་གཉིས་ཀྱང་རྗེས་སུ་འབྲང་སྟེ། དེ་ཡང་སྐད་ཅིག་མ་དང་པོ་ལ་ནི་ད་ལྟར་གྱི་རྣམ་པར་རིག་བྱེད་མ་ཡིན་པ་འབའ་ཞིག ་དང་ལྡན་པར་འགྱུར་ལ། གཞན་དག་ཏུ་ནི་འདས་པ་དང་ཡང་ལྡན་ནོ། །རྣམ་པར་རིག་བྱེད་མ་ཡིན་པའི་དབང་དུ་བྱས་པ་རྫོགས་སོ།། །།རྣམ་རིག་བྱེད་ནི་ཐམས་ཅད་ལ། །བྱེད་པ་དག་ལ་ད་ལྟར་ལྡན། །སྡོམ་པ་དང་སྡོམ་པ་མ་ཡིན་པ ་དང་བར་མ་ལ་གནས་པ་ཐམས་ཅད་ཀྱང་།ཇི་སྲིད་དུ་རྣམ་པར་རིག་བྱེད་བྱེད་པ་དེ་སྲིད་དུ་ད་ལྟར་གྱི་དེ་དང་ལྡན་ནོ། །མ་བཏང་ན་ན་ནི་སྐད་ཅིག་མ། །ཕྱིན་ཆད་འདས་ལྡན། མ་བཏང་ན་སྒྲན་གཅིག་མ་དང་པོ་ཕྱིན་ཆད་ནི་འདས་པའི་རྣམ་པར་རིག་བྱེད་དང་ཡང་ལྡན་པར ་འགྱུར་རོ། །མ་འོངས་མེད། མ་འོངས་པའི་རྣམ་པར་རིག་བྱེད་དང་ལྡན་པ་ནི་འགའ་ཡང་མེད་དོ། །བསྒྲིབས་དང་མ་བསྒྲིབས་གཉིས་ཡི། །འདས་པའི་དག་དང་ལྡན་པ་མེད། །བསྒྲིབས་པ་དང་མ་བསྒྲིབས་པའི་རྣམ་པར་རིག་བྱེད་འདས་པ་ཡང་འགའ་ཡང ་ལྡན་པ་མེད་དེ། ཆོས་ཉམས་ཆུང་བའི་ཐོག་པ་ཡང་ཉམས་ཆུང་བ་ཡིན་པས་རྗེས་སུ་འབྲེལ་པ་མ་ཡིན་ནོ། །སྡོམ་པ་མ་ཡིན་པ་ལ་གནས་པ་ཞེས་གང་བཤད་པ། སྡོམ་པ་མ་ཡིན་པ་ཞེས་བྱ་བ་གང་ཞིག་ཅེ་ན། སྡོམ་པ་མིན་དང་ཉེས་སྤྱད་དང། །འཆལ ་པའི་ཚུལ་ཁྲིམས་ལས་དེའི་ལམ། །སྡོམ་པ་མ་ཡིན་པའི་རྣམ་གྲངས་ཀྱི་སྒྲ་ནི་དེ་དག་སྟེ། དེ་ལ་ལུས་དང་ངག་མི་སྡོམ་པའི་ཕྱིར་སྡོམ་པ་མ་ཡིན་པའོ། །དམན་པའི་ཕྱིར་བ་དང། འབྲས་བུ་ཡིད་དུ་མི་འོང་བའི་ཕྱིར་ཉེས་པར་སྤྱད་པ་ཡིན་ནོ། །ཚུལ་ཁྲིམས་ཀྱི་མི ་མཐུན་བའི་ཕྱོགས་ཡིན་པའི་ཕྱིར་འཆལ་པའི་ཚུལ་ཁྲིམས་ཡིན་ནོ། །ལུས་དང་ངག་གི་ལས་ཡིན་པའི་ཕྱིར་ལས་སོ། །དངོས་ཀྱི་བསྡུས་པའི་ཕྱིར་ལས་ཀྱི་ལམ་མོ། །ཡང་རྣམ་པར་རིག་བྱེད་དང་ལྡན་ལ་རྣམ་པར་རིག་བྱེད་མ་ཡིན་པ་དང། མ་ཡིན་པ་ཡང ་ཡོད་དེ་ཞེས་བྱ་བ་མུ་བཞི་སྟེ། དེ་ལ་རེ་ཞིག། བར་མ་དེར་གནས་སེམས་ཞེན་པས། །བྱད་ན་རྣམ་རིག་ཉིད་དང་ལྡན། །སྡོམ་པ་ཡང་མ་ཡིན་ལ་སྡོམ་པ་མ་ཡིན་པ་ལ་གནས་པ་ཞིག་སེམས་ཞན་པས་དགེ་བའམ་མི་དགེ་ལ་ཞིག་བྱེད་ན། རྣམ་པར་རིག་བྱེད་འབའ་ ་ཞིག་དང་ལྡན་གྱི་རྣམ་པར་རིག་བྱེད་མ་ཡིན་པ་དང་ནི་མ་ཡིན་ན་ལུང་དུ་མ་བསྟན་པ་ལྟ་སྨོས་ཀྱང་ཅི་དགོས། རྫས་ལས་བྱུང་བའི་བསོད་ནམས་བྱ་བའི་ལས་ཀྱི་ལམ་མ་གཏོགས་སོ། །རྣམ་རིག་བོར་དང་མ་སྐྱེས་པའི། །འཕགས ་པའི་གང་ཟག་རྣམ་རིག་མིན། །འཕགས་པའི་གང་གག་གང་ཞིག་ཚེ་གཞན་དུ་ཡོངས་སུ་གྱུར་ནས་ད་དུང་དུ་རྣམ་པར་རིག་བྱེད་མ་བྱུང་བའམ་རྣམ་པར་རིག་བྱེད་རྣམ་པར་ཉམས་ན། རྣམ་པར་རིག་བྱེད་མ་ཡིན་པ་འབའ་ཞིག་དང་ལྡན་གྱི་རྣམ་པར་རིག ་བྱེད་དང་ནི་མ་ཡིན་ནོ། །སྡོམ་པ་དང་སྡོམ་པ་མ་ཡིན་པ་དང། པར་མ་ལ་གནས་པ་རྣམས་དང། སྡོམ་པ་དང། སྡོམ་པ་མ་ཡིན་པ་དང་ལྡན་པ་རྣམ་པར་བཞག་པ་བཤད་ཟིན་ཏོ། །ཡང་སྡོམ་པ་དེ་དག་ཇི་ལྟར་འཐོབ་ཅེ་ན། བསམ་གཏན་ལས་སྐྱེས ་བསམ་གཏན་གྱི། ས་ཉིད་ཀྱི་འཐོབ། གང་གི་ཚེ་བསམ་གཏན་གྱི་ས་པའི་སེམས་ཟག་པ་དང་བཅས་པ་དངོས་གཞི་པའམ། ཉེར་བསྡོགས་པ་ཐོབ་པ་དེའི་ཚེ་བསམ་གཏན་གྱི་སྡོམ་པ་ཡང་འཐོབ་སྟེ། ལྷན་ཅིག་འབྱུང་བ་ཡིན་པའི་ཕྱིར་རོ། །ཟག ་མེད་ནི། འཕགས་བས། བསམ་གཏན་གྱི་ས་དེ་ཉིད་ཀྱི་ཟག་པ་མེད་པའི་སྡོམ་པ་ཡང་ཐོབ་བོ། །དེ་ལ་ཟག་པ་མེད་པའི་བསམ་གཏན་གྱི་ས་དྲུག་པའོ། །བསམ་གཏན་བཞི་དང། མི་ལྕོགས་པ་མེད་པ་དང། བསམ་གཏན་ཁྱད་པར་ཅན ་དགན?་ཡོད་དེ། དེ་ནི་འོག་ནས་བཤད་པར་བྱའོ། །སོ་སོར་ཐར་ཅེས་གཞན་གྱི་རྣམ་རིག་བྱེད་སོགས་ལས། སོ་སོར་ཐར་པའི་སྡོམ་པ་ནི་གལ་ཏེ་འདི་ལ་གཞན་གྱི་རྣམ་པར་རིག་པར་བྱེད་ལ། འདི་ཡང་གཞན་ལ་རྣམ་པར་རིག་པར་བྱེད་ན། གཞན་གྱི ་རྣམ་པར་རིག་བྱེད་ལས་འཐོབ་སྟེ། དེ་ཡང་དགེ་འདུན་ནམ་གང་ཟག་ལས་སོ། །དགེ་འདུན་ལས་ནི་དགེ་སློང་དང། དགེ་སློང་མ་དང། དགེ་སློབ་མའི་སྡོམ་པ་རྣམས་སོ། །གཞན་དག་ནི་གང་ཟག་ལས་སོ། །རང་འབྱུང་ལ་སོགས་པ་ལས་ནི ་སངས་རྒྱས་དང་རང་སངས་རྒྱས་ལ་སོགས་པ་ཡིན་ནོ་ཞེས་རབ་ཏུ་བསྟན་པར་བྱ་བའི་ཕྱིར་སོགས་པའི་སྒྲ་སྨོས་སོ། །ཡང་སོ་སོར་ཐར་པའི་སྡོམ་པ་དེ་དེ་ལྟར་ཡང་དག་པར་ལེན་བ་ན་དུས་ཇི་སྲིད་ཅིག་གི་བར་དུ་ཡང་དག་པར་བླངས་པར་བྱ་ཞེ་ན། ཇི་སྲིད ་འཚོ་དང་ཉིན་ཞག་ཏུ། །སྡོམ་པ་ཡང་དག་བླངས་པ་ཡིན། རིས་བདུན་གྱི་སོ་སོར་ཐར་བའི་སྡོམ་པ་ནི་ཇི་སྲིད་འཚོའི་བར་དུ་ཡང་དག་པར་བླངས་པའོ། །བསྙེན་གནས་ཀྱི་སྡོམ་པ་ནི་ཉིན་ཞག་ཅུའོ་ཞེས་བྱ་བར་ངེས་སོ། །ད་ནི་སྡོམ་པ་མ་ཡིན་པའི་དུས་ཅི ་ཞིག་ཡིན་ཞེ་ན། སྡོམ་པ་མིན་པ་ཉིན་ཞག་མེད། ཇི་སྲིད་འཚོའི་བར་དུ་སྡིག་པའི་ལས་ཁས་བླངས་པ་ལས་སྡོམ་པ་མ་ཡིན་པ་སྐྱེའི། ཇི་ལྟར་བསྙེན་གནས་པ་བཞིན་དུ་ཉིན་ཞག་པ་ནི་མེད་དོ། །ཅིའི་ཕྱིར་ཞེ་ན། འདི་ལྟར། དེ་ལྟ་བུ་ལེན་མེད་ཅེས ་གྲག། གང་གི་ཕྱིར་བསྙེན་གནས་པ་ལྟར་བདག་ནི་ཉིན་ཞག་གཅིག་ཏུ་སྡོམ་པ་མ་ཡིན་པར་གྱུར་ཅིག་ཅེས་སྡོམ་པ་མ་ཡིན་པ་ཡང་དག་པར་ལེན་པར་སྨོན་པ་ནི་སུ་ཡང་མེད་དེ། དམན་པའི་ལས་ཡིན་པའི་ཕྱིར་རོ། །ཡང་བསྙེན་གནས་ཉིན་ཞག ་ཏུ་ལེན་པ་ན་ཇི་ལྟར་བླང་བར་བྱ་ཞེ་ན། །དམའ་བར་འདུག་སྨྲས་བླངས་པ་ཡིས། །ནད་པར་གཞན་ལས་བླངས་པ་ནི། །བསྙེན་གནས་ཡན་ལག་ཚང་པ་དང། །མི་བརྒྱན་མཚན་མོ་མ་ཟད་པར། །དམའ་བར་འདུག་པ་ཙོག་ཙོག་པོ་འམ་པུས་མོ་བཙུགས་ལ ་ཐལ་མོ་ཁོང་དུ་སྦྱར་ནས་ཏེ། ནད་པ་ནི་མ་གཏོགས་སོ། །འབོགས་པ་པོས་ཚིག་མ་སྨྲས་པར་སྔར་ཡང་སྨྲ་བར་མི་བྱ་ལ། ཁ་མ་ཉམས་ཏེ་སྨྲ་བ་ཡང་མི་བྱའོ། །ཉིན་ཞག་གི་སྡོམ་པ་ཡིན་པའི་ཕྱིར་ནད་པར་ཞེས་བྱ་བ་ནི་རེ་ཞིག་ཉི་མ་ཤར་བའི་ཚེའོ། ། ་གཞན་ལས་མནོད?་པར་བྱ་བའི་བདག་ཉིད་ལས་ནི་མ་ཡིན་ཏེ། གཞན་ལ་བལྟོས་པས་ནི་རྐྱེན་ཡོད་ཀྱང་མི་འདྲལ་བར་བྱ་བའི་ཕྱིར་རོ། །ཡན་ལག་ཚང་བ་སྟེ། ཡན་ལག་བརྒྱད་རིལ་གྱིས་མནོད?་པར་བྱའི་མཚང་བ་ནི་མ་ཡིན་ནོ། །མི་བརྒྱན་པས་སྟེ། རྒྱན་ནད? ་མ་ནི་མ་གཏོགས་སོ། །མཚན་མོ་མ་ཟད་ཀྱི་བར་དུ་སྟེ། ཇི་སྲིད་དུ་ཉི་མ་མ་ཤར་གྱི་བར་དུའོ། །དེ་ལྟ་མ་ཡིན་པར་མ་ནོས་པ་ནི་ལེགས་པར་སྤྱང་པ་ཙམ་དུ་འགྱུར་གྱི་བསྙེན་གནས་ཀྱི་སྡོམ་པ་ནི་མ་ཡིན་ནོ། །ཅིའི་ཕྱིར་ཡན ་ལག་བརྒྱད་ནོད་ཅེ་ན། འདི་ལྟར། ཚུལ་ཁྲིམས་ཡན་ལག་བག་ཡོད་པའི། །ཡན་ལག་བརྟུལ་ཞུགས་ཡན་ལག་སྟེ། །བཞི་གཅིག་དེ་བཞིན་གསུམ་རིམ་བཞིན། །རེ་ཞིག་བརྫུན་དུ་སྨྲ་བ་སྤོང་བའི་བར་དུ་བཞི་ནི་རང་བཞིན་གྱི་ཁ་ན་མ་ཐོ་བ་སྤོང་བའི ་ཕྱིར། ཚུལ་ཁྲིམས་ཀྱི་ཡན་ལག་ཡིན་ནོ། །ཆང་འཐུང་བ་སྤོང་བ་གཅིག་པུ་ནི་བག་ཡོད་པའི་ཡན་ལག་ཡིན་ནོ། །ཡན་ལག་གསུམ་ནི་བཅས་པའི་ཁ་ན་མ་ཐོ་བ་སྤོང་བའི་ཕྱིར་བརྟུལ་ཞུགས་ཀྱི་ཡན་ལག་ཡིན་ནོ། །ཅི་བག་ཡོང་པའི་ཡན་ལག ་དང་བརྟུལ་ཞུགས་ཀྱི་ཡན་ལག་འདི་དག་མ་མནོས་ན་ཅིར་འགྱུར་ཞེ་ན། དེའི་ཡིས་དྲན་ཉམས་རྒྱས་འགྱུར་རོ། །ཆང་འཐུངས་པས་ནི་བྱ་བ་དང་བྱ་བ་མ་ཡིན་པའི་དྲན་པ་ཉམས་པ་ཉིད་དུ་འགྱུར་རོ། །མལ་སྟན་ཐོན་པོ་དང། མལ་སྟན་ཆེན་པོ་དང། གར ་དང་གླུ་ལ་སོགས་པ་བསྟེན་པ་ནི་དྲེགས་པར་འགྱུར་ན་དྲེགས་པར་གྱུར་ནས་ནི་ཚུལ་ཁྲིམས་འཆལ་བ་ཡང་ཐག་མི་རིང་བར་འགྱུར་རོ། །དུས་སུ་ཟ་ཞིང་ཟས་ནར་མའི་དུས་ཡོངས་སུ་སྤང་བ་ལས་ནི་བསྙུང་བའི་དྲན་པ་དང། ཡིད་བྱུང་བ་ཉེ་བར་གནས ་བར་འགྱུར་ཏེ། དེ་མེད་ན་གཉི་ག་ཡང་མེད་དོ། །ཡང་ཅི་བསྙེན་གནས་འདི་དགེ་བསྙན་འབའ་ཞིག་གི་ཡིན་ནམ། འོན་ཏེ་གཞན་གྱི་ཡང་ཡིན་ཞེ་ན། གཞན་ལའང་བསྙེན་གནས་ཡོད་མོད་ཀྱི། སྐྱབས་སུ་མ་སོང་བར་ཡིན་ནོ། །དགེ་བསྙེན་མ་ཡིན་པ་ཡང་ཉིན ་ཞག་དེ་ལས་སངས་རྒྱས་དང། ཆོས་དང། དགེ་འདུན་ལ་སྐྱབས་སུ་སོང་སྟེ། བསྙེན་གནས་རྒོད?་ན་དེ་ལ་བསྙེན་གནས་ཀྱི་སྡོམ་པ་སྐྱེ་བར་འགྱུར་ཏེ། གཞན་དུ་ནི་མ་ཡིན་ནོ། །ཅི་སྐྱབས་སུ་འགྲོ་བ་འབའ་ཞིག་གིས་དགེ་བསྙེན་བས་འགྱུར་ན་མ་ཞེ་ན། རྒྱ་གར ་གྱི་ཡུལ་པ་རྣམས་ན་རེ་ནི་འགྱུར་རོ་ཞེས་ཟེར་རོ། །ཁ་ཆེ་རྣམས་ན་རེ་སྡོམ་པ་མེད་པར་མ་ཡིན་ནོ་ཞེས་ཟེར་རོ། །གང་ཡང་གང་མདོ་ལས་འདི་སྐད་དུ་མིང་ཆེན་གང་གི་ཕྱིར་ཁྱིམ་པ་གོས་དཀར་པོའི་གྱོན་པ། སྐྱེས་པ་སྐྱེས་པའི་མཚན་དང་ལྡན་པ་ཞིག་སངས ་ལ་སྐྱབས་སུ་འགྲོ། ཆོས་ལ་སྐྱབས་སུ་འགྲོ། དགེ་འདུན་ལ་སྐྱབས་སུ་འགྲོ་ཞིང། བདག་ལ་དགེ་བསྙེན་པར་གཟུང་དུ་གསོལ་ཞེས་ཚིག་ཏུ་ཡང་སྨྲ་ན། དེ་ཙམ་གྱིས་དགེ་བསྙེན་པར་འགྱུར་རོ་ཞེས་གསུངས་སོ། །འདི་ལ་འགལ་བ་མེད་དེ། གང་གི་ཕྱིར་འདི ་སྐྱེ་བར་འགྱུར་བ་དེ་ཉིད་ལས། དགེ་བསྙེན་ཉིད་དུ་ཁས་བླངས་ལས་སྡོམ་པ། དགེ་བསྙེན་ཉིད་དུ་ཁས་བླངས་པ་འབའ་ཞིག་གིས་འདིའི་དགེ་བསྙེན་གྱི་སྡོམ་པ་ཡང་སྐྱེ་བར་འགྱུར་ཏེ། གང་གི་ཚེ་བདག་ལ་དགེ་བསྙེན་ཕར་གཟུང་དུ་གསོལ་ཞེས་ཁས་ལེན ་པ་ཉིད་ནའོ། །དེ་ཕྱིན་ཆད་སྲོག་གཅོད་པ་སྤོང་ངོ་ཞེས་པ་ནི་སྲོག་གཅོད་པ་ལ་སོགས་པ་སྤོང་ཞེས་བྱ་བའི་ཐ་ཚིག་སྟེ། བར་གྱི་ཚིག་མི་མངོན་པར་བྱས་པའི་ཕྱིར་རོ། །སྡོམ་པ་ཐོབ་ཀྱང་བརྡས་སྤྲད་པར་བྱ་བའི་ཕྱིར་བསླབ་པའི་གཞི་རྣམས། སྨྲ་བ་དགེ ་སློང་བཞིན། ཇི་ལྟར་དགེ་སློང་དང་དགེ་སྦྱོད་སྡོམ་པ་ཐོབ་ཟིན་ཀྱང། བརྡས་སྤད་པར་བྱ་བའི་ཕྱིར་ཁྱོད་ཀྱི་སྡོམ་པ་ནི་འདི་དང་འདིའོ་ཞེས་ཡང་བསླབ་པའི་གཞི་རྣམ་ནོད་དུ་གཞུག་པ་ལྟར་དགེ་བསྙེན་པ་ཡང་དེ་དང་འདྲ་བས་སྡོམ་པ་མེད་པར་དགེ་བསྙེན ་བ་ཡོད་དོ་ཞེས་བྱ་བ་ནི་མི་རུང་ངོ། །གལ་ཏེ་ཐམས་ཅད་བསྡམས་ན་ནི། །སྣ་གཅིག་སྤྱོད་ལ་སོགས་ཅི་ལྟར། །གལ་ཏེ་དགེ་བསྙེན་ཐམས་ཅད་དགེ་བསྙེན་གྱི་སྡོམ་པ་ལ་གནས་པ་ཡིན་ན། བཅོམ་ལྡན་འདས་ཀྱིས་སྣ་གཅིག་སྤྱོད་པ་དང་།ཕྱོགས ་གཅིག་སྤྱོད་པ་དང། ཕལ་ཆེར་སྤྱོད་པ་དང། ཡོངས་སུ་རྫོགས་པར་སྤྱོད་པའི་དགེ་བསྙེན་ཞེས་གསུངས་པ་ཇི་ལྟ་བུ་ཞེ་ན། དེ་ཡང་མི་འགལ་ཏེ། གང་གི་ཕྱིར་དེ་སྲུང་བ་ལས་གསུངས་གང་ཞིག་བསླབས་པའི་གཞི་གང་སྲུང་བར་བྱེད་པ་དེ་ནི། སྤྱོད་པ ་ཞེས་གསུངས་ཀྱི་ཐམས་ཅད་ཀྱང་སྡོམ་པ་ལ་མནོས་པར་ནི་འདྲའོ། །སྡོམ་པ་ཐམས་ཅད་ཀྱང། ཆུང་ལ་སོགས་ཉིད་ཡིད་ཇི་བཞིན། །ཆུང་ངུ་དང་འབྲིང་དང་ཆེན་པོ་ཉིད་ནི་ཡང་དག་པར་ལེན་པ་སེམས་ཀྱི་དབང་ལས་ཏེ། དེ་ལྟར ་བཤད་ན་དགྲ་བཅོམ་པ་ལ་ཡང་སོ་སོར་ཐར་བའི་སྡོམ་པ་ཆུང་ངུ་སྲིད་ལ། སོ་སོའི་སྐྱེ་བོ་ལ་ཡང་ཆེན་པོ་སྲིད་དོ། །ཡང་གང་ཞིག་སངས་རྒྱས་དང་ཆོས་དང་དགེ་འདུན་ལ་སྐྱབས་སུ་འགྲོ་ན། འདིའི་སྐྱབས་སུ་འགྲོ་བ་ཅི་ཞིག་ཡིན་ཞེ་ན། སངས་རྒྱས ་དགེ་འདུན་བྱེད་པའི་ཆོས། །མི་སློབ་པ་དང་གཉི་ག་དང། མྱ་ངན་འདས་ལ་སྐྱབས་འགྲོ་གང། །དེ་ཡི་སྐྱབས་ནི་གསུམ་ཡིན་ནོ། །གང་ཞིག་སངས་རྒྱས་ལ་སྐྱབས་སུ་འགྲོ་བ་དེ་ནི་སངས་རྒྱས་སུ་བྱེད་པའི་ཆོས་མི་སློབ་པ་ལ་སྐྱབས་སུ་འགྲོ་བ་ཡིན ་ཏེ། གཙོ་བོ་གང་དག་གིས་དེའི་ལུས་སངས་རྒྱས་ཞེས་བརྗོད་པའོ། །གཟུགས་ཀྱི་སྐུ་ནི་སྔ་མ་དང་ཕྱི་མར་ཡང་བྱེ་བྲག་མེད་པའི་ཕྱིར་རོ། །གང་ཞིག་དགེ་འདུན་ལ་སྐྱབས་སུ་འགྲོ་བ་དེ་ནི་དགེ་འདུན་བྱེད་པའི་ཆོས་སློབ་པ་དང་མི་སློབ་པ་ལ་སྐྱབས་སུ ་འགྲོ་བ་ཡིན་ཏེ། གང་དག་ཐོབ་པས་གང་ཟག་བརྒྱད་པོ་དབྱེ་བར་མི་ནུས་པའི་ཕྱིར་མི་ཕྱེད་པར་འགྱུར་བའོ། །གང་ཞིག་ཆོས་ལ་སྐྱབས་སུ་འགྲོ་བ་དེ་ནི་སོ་སོར་བརྟགས་པའི་འགོག་པ་མྱ་ངན་ལས་འདས་པ་ལ་སྐྱབས་སུ་འགྲོ་བ་ཡིན་ཏེ། བདག་དང ་གཞན་གྱི་རྒྱུ་ཀྱི་ཉོན་མོངས་པ་དང། སྡུག་བསྔལ་ཞི་བའི་མཚན་ཉིད་དུ་གཅིག་པ་ཡིན་པའི་ཕྱིར་རོ། །ཡང་ཅིའི་ཕྱིར་སྡོམ་པ་གཞོན་དག་ཏུ་ནི་མི་ཆངས་པར་སྤྱོད་པ་སྤོང་བ་བསླབ་པའི་གཞིར་རྣམ་པར་བཞག་ལ། དགེ་བསྙེན་ལ་ནི་འདོད་པས་ལོག་པར ་གཡེམ་པ་སྤོང་བ་བསླབ་པའི་གཞིར་རྣམ་པར་བཞག་ཅེ་ན། ལོག་གཡེམ་རབ་ཏུ་སྨད་ཕྱིར་དང། སླ་ཕྱིར་མི་བྱ་རྙེད་པའི་ཕྱིར། །འདོད་པས་ལོག་པར་གཡེམ་པ་ནི་གཞན་དག་གི་ཆུང་མ་སུན་ཕྱུང་བའི་ཕྱིར་བ་དང། ངན་སོང་བའི་རྒྱུ་ཡིན་པའི་ཕྱིར ་འཇིག་རྟེན་ཤིན་ཏུ་སྨད་པ་ལྟར། །མི་ཚངས་པར་སྤྱོད་པ་ནི་དེ་ལྟར་མ་ཡིན་པའམ། ཁྱིམ་ན་གནས་པ་དག་གིས་སྤོང་བ་འདོད་པས་ལོག་པར་གཡེམ་པ་སྤོར་བ་སྲུང་བར་སླའི་མི་ཚངས་པར་སྤྱོད་པ་ནི་སྲུང་བར་དཀའ་བས་སྲུང་མི་ནུས་པའམ། འཕགས་པ་ཚེ ་རབས་གཞན་དག་ཏུ་ཡང་བྱ་བ་མ་ཡིན་པ་མི་སྤྱོད་པའི་ཕྱིར་མི་བྱ་བའི་སྡོམ་པ་ལ་འདོད་པས་ལོག་པར་གཡེམ་པ་སྤོང་བ་ཐོབ་པས་ན། དགེ་བསྙེན་ལ་ཡང་མི་ཚངས་པར་སྤྱོད་ཅེས་མ་སྨོས་ལ། དེ་སྤོང་བ་འབའ་ཞིག་བསླབ་པའི་གཞིར་རྣམ་པར་བཞག་སྟེ། ་སློབ་པ་ཆེས་གཞན་དུ་གྱུར་ན། དགེ་བསྙེན་གྱི་སྡོམ་པའི་ཡན་ལག་དག་ལ་བསྡམས་པ་མ་ཡིན་པར་འགྱུར་དུ་འོང་ངོ། །བྱ་བ་མ་ཡིན་པ་ནི་མི་བྱ་བར་ངེས་པའི་སྡོམ་པའོ། །གང་ཞིག་དགེ་བསྙེན་པར་གྱུར་ནས་ཆུང་མ་ལེན་ན་ཅི་དེ་དག་གིས་དེ་དག་ལ་ཡང ་སྡོམ་བ་ཐོབ་པ་མ་མ་ཐོབ་ཅེ་ན་ཐོབ་བོ། །དེ་ལྟ་མ་ཡིན་ན་ཉི་ཚེ་བའི་སྡོམ་པ་ཐོབ་པར་འགྱུར་དུ་འོང་ངོ། །ཇི་ལྟར་ན་སྡོམ་པ་ཞིག་པར་མི་འགྱུར་ཞེ་ན། གང་གི་ཕྱིར། ཇི་ལྟར་ཁས་བླངས་བཞིན་སྡོམ་པ། །རྙེད་དེ་རྒྱུ་ལས་མ་ཡིན་ནོ། །ཇི་ལྟར་ཁས་བླངས་པ་དེ ་བཞིན་དུ་དེ་དག་གི་སྡོམ་བརྙེད་དེ། དེ་དག་གིས་ཇི་ལྟར་ཁས་བླངས་ཞེ་ན། བདག་འདོད་པས་ལོག་པར་གཡེམ་པ་སྤོང་ངོ་ཞེས་ཁས་བླངས་ཀྱི། བདག་གིས་རྒྱུད་འདི་ལ་མི་ཚངས་པར་སྤྱོད་པ་མི་བྱའོ། །ཞེས་ནི་མ་སྨྲས་སོ། །དེའི་ཕྱིར་དེ་དག་གིས་དེའི ་གཞི་ལས། འདོད་པས་ལོག་པར་གཡེམ་པའི་ཡན་ལག་གི་སྡོམ་པ་འབའ་ཞིག་ཐོབ་ཀྱི་མི་ཚངས་པར་སྤྱོད་པ་ནི་མ་ཡིན་པས། ཆུང་མར་གྱུར་པ་ལ་སྡོམ་པ་ཞིག་པ་མེད་དོ། །ཡང་ཅིའི་ཕྱིར་བརྫུན་དུ་སྨྲ་བ་སྤོང་བ་འབའ་ཞིག་དགེ་བསྙེན་གྱི་སྡོམ་པ་ལ ་བསླབ་པའི་གཞིར་བྱས་ལ། ཕྲ་མ་སྤོང་བ་ལ་སོགས་པ་ནི་མ་ཡིན་ཞེ་ན། རྒྱུ་གསུམ་པོ་དེ་ཉིད་ཀྱི་ཕྱིར་ཏེ། རྫུན་དུ་སྨྲ་བ་ནི་ཤིན་ཏུ་སླང་པ་ཡིན་པའི་ཕྱིར་བ་དང། བསྲུང་བར་སླ་བའི་ཕྱིར་པ་དང། མི་བྱ་བ་ཐོབ་པའི་ཕྱིར་རོ། །བསླབ་པ་ཐམས་ཅད་འདས་པ་ལས། ་རྫུན་ཡང་ཟླ་ལ་སྨྲ་བ་ཡི། །བསླབ་བ་ཐམས་ཅད་དུ་འདས་པ་ལ་དྲིས་པ་དང། བདག་གིས་དེ་ལྟ་བུ་མ་བྱས་སོ་ཞེས་ཞར་ལ་རྫུན་དུ་སྨྲ་བ་འདི་ཉེ་བར་གནས་པ་ལ་འགྱུར་བས། དེའི་ཕྱིར་རྫུན་དུ་སྨྲ་བ་སྤོང་བ་ཞེས་བྱ་སྟེ། ཇི་ལྟར་འདས ་པར་བྱས་ཀྱང། བདག་ཉིད་ཆགས་པར་འགྱུར་རོ། ཡང་ཅིའི་ཕྱིར་བཅད་པའི་ཁ་ན་མ་ཐོ་བ་འདིའི་བསླབ་པའི་གཞིར་མ་བཞག་ཅེ་ན། གཞག་སྟེ། བཅད་པའི་ཁ་ན་མ་ཐོ་བ། ཆང་ཉིད། ཅིའི་ཕྱིར་ཆད་འབའ་ཞིག་ཡིན་ལ་གཞན་གྱི་མ་ཡིན་ཞེ་ན། གཞན་ནི ་སྲུང་བའི་ཕྱིར། ཆང་འཐུང་ན་ཡན་ལག་གཞན་དག་མི་སྲུང་བར་འགྱུར་བས། དེའི་ཕྱིར་དེ་འབའ་ཞིག་གིས་བསླབ་པའི་གཞི་རྣམ་པར་བཞག་གི་གཞན་དག་གིས་ནི་མ་ཡིན་ནོ། །སོ་སོར་ཐར་པ་དག་བསམ་གཏན་དང། ཟག་པ་མེད་པའི་སྡོམ་པ་གང་ཡིན་པ་གསུམ ་པོ་འདི་དག་ཇི་འདི་དག་ལས་གང་ལས་གཅིག་འཐོབ་པ་དེ་ལས་ལྷག་མ་རྣམས་ཀྱང་འཐོབ་བམ་ཞེ་ན། སྨྲས་པ། མ་ཡིན་ཏེ། ཇི་ལྟ་ཞེ་ན། འདོད་གཏོགས་ཐམས་ཅད་གཉི་ག་དང། ད་ལྟར་གྱི་ལས་ཐོབ་པར་འགྱུར། འདོད་གཏོགས་ཞེས་བྱ་བ་ནི་སོ་སོར་ཐར ་པའི་སྡོམ་པ་ཡིན་ནོ། །ཐམས་ཅད་ལས་ཞེས་བྱ་བ་ནི་སྦྱོར་བ་དང། དངོས་དང། མཇུག་ལས་སོ། །གཉིས་ག་ལས་ཞེས་བྱ་བ་ནི་སེམས་ཅན་དང། སེམས་ཅན་མ་ཡིན་པ་དང། རང་བཞིན་དང་བཅས་པའི་ཁ་ན་མ་ཐོ་བ་ལས་སོ། །སེམས་ཅན་གྱི་རྟེན་དུ་ཐ ་སྙད་བཏགས་པའི་ཕྱིར་ད་ལྟར་གྱི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་འབའ་ཞིག་ལས་འཐོབ་ཀྱི། འདས་པ་དང་མ་འོངས་པ་ལས་ནི་མ་ཡིན་ཏེ། དེ་དག་ནི་སེམས་ཅན་དུ་མི་བགྲང་བའི་ཕྱིར་རོ། །བསམ་གཏན་ཟག་མེད་སྡོམ་གཉིས་ནི། །དངོས་དང་དུས་ནི་ཐམས ་ཅད་ལས། བསམ་གཏན་དང། ཟག་པ་མེད་པའི་སྡོམ་པ་གཉིས་ནི་དངོས་དངོས་ཀྱི་ལམ་འབའ་ཞིག་ལས་འཐོབ་ཀྱི། སྦྱོར་བ་དང་མཇུག་ལས་ཀྱང་མ་ཡིན་ན་བཅས་པའི་ཁ་ན་མ་ཐོ་བ་ལས་ལྟ་སྨོས་ཀྱང་ཅི་དགོས། དུས་ཐམས་ཅད་ལས་འདས་པ་དང་མ ་འདས་པའི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལས་ཀྱང་འཐོབ་བོ། །ཡང་ཅི་སྡོམ་པ་དང་སྡོམ་པ་མ་ཡིན་པ་གཉིས་སེམས་ཅན་ཐམས་ཅད་དང། ཡན་ལག་ཐམས་ཅད་དང། རྒྱུ་ཐམས་ཅད་ལས་འཐོབ་བམ། འོན་ཏེ་བྱེ་བྲག་ཡོད་ཅེ་ན། སྨྲས་པ། ཡོད་དེ། ་རེ་ཞིག་ངེས་པར་འཐོབ་པ་ནི། །སྡོམ་པ་སེམས་ཅན་ཐམས་ཅད་ལས། །ཡན་ལག་རྒྱུ་ལས་དབྱེ་བ་ཡོད། །སྡོམ་པ་ནི་སེམས་ཅན་ཐམས་ཅད་ལས་འཐོབ་པ་ཉིད་དེ། འགའ་ལས་ནི་མ་ཡིན་ནོ། །ཡན་ལག་ལས་ནི་དཔེ་བ་ཡོད་དེ། ཁ་ཅིག་ནི་ཐམས་ཅད ་ལས་འཐོབ་སྟེ། དགེ་སློང་གི་སྡོམ་པའོ། །ཁ་ཅིག་ནི་བཞི་ལས་ཏེ། དེ་ལས་གཞན་པའོ། །ལས་ཀྱི་ལམ་རྣམས་ནི་སྡོམ་པའི་ཡན་ལག་ཡིན་ནོ། །རྒྱུ་ལས་ཀྱང་ཁ་ཅིག་ནི་རྣམ་གྲངས་ཐམས་ཅད་ཀྱིས་སོ། །ཁ་ཅིག་ནི་གཅིག་གི་སྟེ། རེ་ཞིག་ཐམས་ཅད ་ཀྱིས་ཞེས་བྱ་བ་གང་གིས་ཤེ་ན། གལ་ཏེ་མ་ཆགས་པ་དང། ཞེ་སྡང་མེད་པ་དང། གཏི་མུག་མེད་པ་རྣམས་ལ་རྒྱུ་དག་ཏུ་འདོད་པ་ནའོ། །གཅིག་ཤེས་བྱ་བ་གང་གིས་ཤེ་ན། གལ་ཏེ་སེམས་ཆུང་ངུ་དང། འབྲིང་དང། ཆེན་པོ་རྣམས་ལས་རྒྱུ་དག་ཏུ་འདོད ་པ་ནའོ། །གང་ལས་སྡོམ་པ་ཐོབ་པ་བཤད་ཟིན་ཏོ། །སྡོམ་པ་མིན་པ་ཐམས་ཅད་དང། །ཡན་ལག་ཀུན་ལ་རྒྱུས་མིན་ནོ། །སེམས་ཅན་ཐམས་ཅད་དང། ལས་ཀྱི་ལམ་ཐམས་ཅད་ལས་འཐོབ་སྟེ། སྡོམ་པ་མ་ཡིན་པ་མ་ཚངས་པའི་སྡོམ་པ་མ་ཡིན ་པ་ཅན་ནི་མེད་དོ། །རྒྱུ་ཐམས་ཅད་ཀྱིས་ནི་མ་ཡིན་ཏེ། སེམས་ཆུང་ངུ་ལ་སོགས་པ་ཅིག་ཅར་དུ་འབྱུང་བ་མེད་པའི་ཕྱིར་རོ། །སྡོམ་པ་མ་ཡིན་པ་གང་ལས་འཐོབ་པ་བཤད་ཟིན་ཏོ། །ཇི་ལྟར་འཐོབ་པ་ནི་མ་བཤད་པས་དེའི་ཕྱིར་བརྗོད་པར་བྱ་སྟེ། སྡོམ་པ ་ཡིན་པའི་སྡོམ་པ་འམ། །ཁས་ལེན་པ་ལས་ཐོབ་པར་འགྱུར། སྡོམ་པ་མ་ཡིན་པ་ནི་རྒྱུ་རྣམ་པ་གཉིས་ཀྱིས་འཐོབ་སྟེ། དེའི་རིགས་ཅན་རྣམས་ནི་གསོད་པར་སྦྱོར་བའི་བྱ་བའི་ལས་སོ། །དེའི་རིགས་ཅན་མ་ཡིན་པ་རྣམས་ནི་འདི་སྐད་དུ་བདག་ཅག་ཀྱང་འཚོ ་བ་འདིས་འཚོ་བར་བྱའོ་ཞེས་ཁས་ལེན་པ་ལས་སོ། །ལྷག་མའི་རྣམ་རིག་མིན་འཐོབ་པ། །ཞིང་དང་ལེན་དང་གུས་བྱེད་པས། །ལྷག་མ་གང་ཞིག་ཅེ་ན། སྡོམ་པའང་མ་ཡིན་སྡོམ་པ་མ་ཡིན་པའང་མ་ཡིན་པ་ཞེས་བྱ ་བའོ། །དེ་དག་གི་ཞིང་ལ་སོགས་པའི་དབང་གིས་འཐོབ་སྟེ། ཀུན་དུ་ཀུན་དགའ་ཨི་ར་བ་ལ་སོགས་པ་ཕུལ་བ་ཙམ་གྱིས་རྣམ་པར་རིག་བྱེད་མ་ཡིན་པ་སྐྱེ་བ་ནི་དེ་དང་འཐུན་པའི་ཞིང་ཡིན་ཏེ། འདི་ལྟ་སྟེ་རྫས་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས ་པོ་དག་ལས་སམ། ཡང་ན་སངས་རྒྱས་ལ་ཕྱག་མ་འཚལ་གྱི་བར་དུ་ཟན་མི་ཟའོ་ཞེས་བྱ་བ་དང། ཚེས་སམ་ཟླ་བ་ཕྱེད་དམ་ཟླ་བ་གཅིག་ཅིང་ཡང་རྟག་ཏུ་མཆོད་སྟོན་བྱའོ་ཞེས་བྱ་བ་སོགས་པའི་ཡི་དམ་ཡང་དག་པར་བླངས་པའམ། ་དགེ་བ་འམ་མི་དགེ་བ་དག་ལས་རྣམ་པར་རིག་བྱེད་མ་ཡིན་པ་སྐྱེ་བར་འགྱུར་བ་དེ་དང་འཐུན་པའི་ལས་གུས་པར་བྱེད་པ་ལས་སོ། །སྡོམ་པ་དང་སྡོམ་པ་མ་ཡིན་པ་རྣམས་ཇི་ལྟར་འཐོབ་པ་འདི་ནི་བཤད་ཟིན་ཏོ། །ད་ནི་གཏོང་བ་བརྗོད་པར་བྱ ་སྟེ། དེ་ལ་རེ་ཞིག་།སོ་སོར་ཐར་པའི་འདུལ་གཏོང་བ། །བསླབ་པ་ཕུལ་དང་ཤི་འཕོས་དང། །མཚན་གཉིས་དག་ནི་བྱུང་བ་དང། །རྩ་བ་ཆད་དང་མཚན་འདས་དང། །དེས་འདུལ་བར་བྱེད་པས་ན་འདུལ་བ་སྟེ། སོ་སོར་ཐར་པའི་སྡོམ་པ་ཡིན ་པར་དགོངས་པའོ། །བསྙེན་གནས་ཀྱི་སྡོམ་པ་མ་གཏོགས་པར། །དེ་ནི་རྒྱུ་རྣམ་པ་བཞིས་གཏོང་སྟེ། མི་བརྡ་ཕྲད་པའི་དྲུང་དུ་བསླབ་པའི་གཞི་རྣམས་བསམ་པ་ཐག་པ་ནས་སླར་ཕུལ་བའམ། རིས་འཐུན་པ་བཏང་བའམ། མཚན་གཉིས་ཅིག ་ཅར་དུ་བྱུང་བའམ། དགེ་བའི་རྩ་བ་ཆད་པ་ལས་སོ། །བསྙེན་གནས་ཀྱི་སྡོམ་པ་ནི་དེ་དག་དང་མཚན་མོ་ཟད་པ་ལས་ཏེ། དེ་ལྟར་ན་དེ་དག་ནི་བསྡུས་ན་གཏོང་བའི་རྒྱུ་ལྔར་འགྱུར་རོ། །ཅིའི་ཕྱིར་རྒྱུ་དེ་གང་གིས་གཏོང་བར་འགྱུར་ཞེ་ན། ཡང་དག་པར ་བླངས་པ་དང་འགལ་བའི་རྣམ་པར་རིག་བྱེད་བསྐྱེད་པའི་ཕྱིར་བ་དང། ལུས་བོར་བའི་ཕྱིར་བ་དང། རྟེན་ཉམས་པའི་ཕྱིར་བ་དང། གཞི་ཆད་པའི་ཕྱིར་བ་དང། དེ་སྲིད་དུ་འཕངས་པའི་ཕྱིར་རོ། །ཁ་ཅིག་ལྟུང་བར་འགྱུར་ལས་སྨྲ། །གཞན་དག་ན་རེ ་ལྟུང་བར་འགྱུར་བ་ཞིག་ལས་གང་ཡང་རུང་བ་ཞིག་གིས་དགེ་སློང་དང། དགེ་སློང་གི་སྡོམ་པ་གཏོང་ངོ་ཞེས་ཟེར་རོ། །གཞན་དག་དམ་ཆོས་ནུབ་པ་ལས། གཞན་དག་ན་རེ་དམ་པའི་ཆོས་ནུབ་པ་ལས་སྡོམ་པ་གཏོང་ངོ་ཞེས་ཟེར་རོ། །བུ་ལོན་ནོར ་བཞིན་ཁ་ཆེ་རྣམས། །བྱུང་བ་ལ་ཡང་གཉིས་སུ་འདོད། །ཁ་ཆེ་བྱེ་བྲག་ཏུ་སྨྲ་བ་རྣམས་ན་རེ། རྩ་བའི་ལྟུང་བ་བྱུང་བ་ལ་སྡོམ་པ་གཏོང་བ་མེད་དེ། ཅིའི་ཕྱིར་ཞེ་ན། ཕྱོགས་གཅིག་ཞིག་པས་སྡོམ་པ་ཟད་པར་གཏོང་བ་མི་རིགས་སོ་ཞེས་ཟེར་རོ།། ་ལྟུང་བ་གཞན་བྱུང་བ་ལ་ཡང་ཚུལ་ཁྲིམས་འཆལ་བ་ནི་མེད་དེ། ཇི་ལྟ་ཞེ་ན། འདི་ལ་ཚུལ་ཁྲིམས་དང། འཆལ་བའི་ཚུལ་ཁྲིམས་གཉི་ག་ཡང་ཡོད་པས། དཔེར་ན་འགའ་ཞིག་ལ་ནོར་ཡང་བདོག་བུ་ལོན་ཡང་ཆགས་པ་བཞིན་ནོ། །ལྟུང་བ་དེ ་བཤགས་པ་ལས་ཚུལ་ཁྲིམས་དང་ལྡན་པར་འགྱུར་ལ། ཚུལ་ཁྲིམས་འཆལ་བ་ནི་མ་ཡིན་ཏེ། དཔེར་ན་བུ་ལོན་བཅལ་ནས་ནོར་དང་ལྡན་པར་འགྱུར་བ་བཞིན་ནོ། །སོ་སོར་ཐར་པའི་སྡོམ་པ་ཇི་ལྟར་གཏོང་བ་བཤད་ཟིན་ཏོ། །ཡང་བསམ ་གཏན་དང། ཟག་པ་མེད་པའི་སྡོམ་པ་གཉིས་ཇི་ལྟར་གཏོང་ཞེ་ན། བསམ་གཏན་གཏོགས་པའི་དགེ་བ་ནི། །ས་འཕོས་ཉམས་པ་གཉིས་ཀྱིས་གཏོང་ངོ། །བསམ་གཏན་དུ་གཏོགས་པའི་དགེ་བ་ཐམས་ཅད་ནི་རྒྱུ་གཉིས་ཀྱིས་གཏོང་སྟེ། སྟེང ་མ་འོག་ཏུ་སྐྱེ་བ་ལས་ཏེ། ས་འཕོས་པ་ལས་སམ་སྙོམས་པར་འཇུག་པར་འཇུག་པ་ལས་ཏེ། ཡོངས་སུ་ཉམས་པ་ལས་སོ། །ཇི་ལྟར་གཟུགས་སུ་གཏོགས་པའི་དགེ་བ་ས་འཕོ་དང་ཡོངས་སུ་ཉམས་པ་གཉིས་ཀྱིས་གཏོང་བ་ལྟར། དེ་བཞིན ་གཟུགས་མེད་གཏོགས་འཕགས་པ། འབྲས་བུ་ཐོབ་སྦྱངས་ཉམས་པ་ལས། །ཟག་པ་མེད་པའི་དགེ་བ་ནི་རྒྱུ་གསུམ་གྱིས་གཏོང་བར་འགྱུར་ཏེ། འབྲས་བུ་ཐོབ་པ་ལས་ནི་ལམ་སྔ་མ་གཏོང་བར་འགྱུར་རོ། །དབང་པོ ་རྟུལ་པོའི་ལམ་གཏོང་ངོ། །ཡོངས་སུ་ཉམས་པ་ལས་ནི་འབྲས་བཱུམ་འབྲས་བུ་ཁྱད་པར་ཅན་གཏོང་བར་འགྱུར་ཏེ། སྡོམ་པ་ནི་རེ་ཞིག་དེ་ལྟར་གཏོང་ངོ། །སྡོམ་མིན་སྡོམ་པ་ཐོབ་པ་དང། ཤི་དང་མཚན་ཉིད་བྱུང་བ་ལས། །རྒྱུ་གསུམ་གྱིས་སྡོམ་པ་མ་ཡིན ་པ་འཆད་དེ། སྡོམ་པ་ཐོབ་ལས་ནི་གལ་ཏེ་སྡོམ་པ་བླངས་པའམ་རྒྱུ་དང་རྐྱེན་གྱི་སྟོབས་ཀྱིས་ཏིང་ངེ་འཛིན་ཐོབ་པས་བསམ་གཏན་གྱི་སྡོམ་པ་ཐོབ་ན་གཉེན་པོ་སྟོབས་དང་ལྡན་པའི་ཕྱིར་དེ་དག་གི་སྡོམ་པ་མ་ཡིན་པ་འཆད་པར་འགྱུར་བ་འམ། ་ལུས་པོར་བའི་ཕྱིར་འཆི་བ་ལས་སམ། རྟེན་ཉམས་པའི་ཕྱིར་མཚན་གཉིས་བྱུང་བ་ལས་སོ། །ཡང་སྡོམ་པ་དང་སྡོམ་པ་མ་ཡིན་པ་ལ་མ་གཏོགས་པའི་རྣམ་པར་རིག་བྱེད་མ་ཡིན་པ་ཇི་ལྟར་འཆད་ཅེ་ན། བར་མ་ཤུགས་ལྡན་བྱ་བ་དང། །དོན ་ཚེ་རྩ་བ་འཆད་པ་ལས། །རབ་ཏུ་དང་བ་དང་ཉོན་མོངས་པའི་ཤུགས་གང་གིས་རྣམ་པར་རིག་བྱེད་མ་ཡིན་པ་འདི་འཕངས་པ་ཡིན་ལ། དེ་ཆད་པས་དེ་ཡང་འཆད་པར་འགྱུར་ཏེ། དཔེར་ན་རྫ་མཁན་གྱི་འཁོར་ལོའི་ཤུགས་བཞིན་ནོ། །ཡང་དག་པར ་བླངས་པ་བཏང་བ་ལས་ཀྱང་འཆད་པར་འགྱུར་ཏེ། གལ་ཏེ་ཡང་དག་པར་བླངས་པ་མི་བྱའོ་ཞེས་ཡིད་མ་གཏོང་བའམ་བྱ་བ་རྣམ་པར་འཆད་པ་ལས་ཀྱང་འཆད་པར་འགྱུར་ཏེ། ཇི་ལྟ་བ་བཞིན་མཐར་ཕྱིན་པར་མ་བྱས་པ་ལས་སམ། དོན་ཆད་པ་ལས་ཀྱང ་རྣམ་པར་བཅད་པར་འགྱུར་ཏེ། དོན་གང་ཞེ་ན། མཆོད་རྟེན་དང་ཀུན་དགའ་ར་བ་དང། གཙུག་ལག་ཁང་དང། མལ་སྟན་དང། གོས་དང། རྒྱན་ལ་སོགས་པའི་དངོས་པོ་རྣམས་ཀྱིའོ། །ཚེ་ལས་ཀྱང་འཆད་པར་འགྱུར་རོ། །དགེ་བའི་རྩ་བ་རྣམས་རྣམ་པར་ཆད ་པ་ལས་འཆད་པར་འགྱུར་ཏེ། གང་གི་ཚེ་དགེ་བའི་རྩ་བ་རྣམས་ཡང་དག་པར་གཅོད་པར་རྩོམ་པ་ན་སྟེ། དེ་ལྟར་ན་རྣམ་པར་རིག་བྱེད་མ་ཡིན་པ་བར་མ་ནི་རྒྱུ་དེ་དུག་གིས་གཏོང་བར་འགྱུར་རོ། །འདོད་གཏོགས་དགེ་བ་གཟུགས་མེད་ནི། །རྩ་ཆད་གོང་དུ ་སྐྱེས་པ་ལས། འདོད་པ་ན་སྤྱོད་པའི་དགེ་བ་གཟུགས་མེད་པའི་རང་བཞིན་ནི་རྒྱུ་གཉིས་ཀྱིས་གཏོང་སྟེ། དགེ་བའི་རྩ་བ་ཡང་དག་པར་འཆད་པའམ། གཟུགས་དང་གཟུགས་མེད་པའི་ཁམས་སུ་སྐྱེ་བ་ལས་སོ། །ཉོན་མོངས་པ་ཅན་གཟུགས་མེད་ནི། །གཉེན ་པོ་སྐྱེས་པས་རྣམ་ཉམས་འགྱུར། །ཉོན་མོངས་པ་ཅན་གཟུགས་ཅན་མ་ཡིན་པ་ཐམས་ཅད་ནི་གཉེན་པོ་སྐྱེས་པས་རྣམ་པར་ཉམས་པར་འགྱུར་ཏེ། ཉོན་མོངས་པར་དང་ཉེ་བའི་ཉོན་མོངས་པ་གང་གིས་སྤོང་བའི་ལམ་གང་ཡིན་པ་དེས?་འདིར་འཁོར་དང ་བཅས་པ་ཡོངས་སུ་སྤོང་པར་བྱེད་དེ། གཞན་དུ་ནི་མ་ཡིན་ནོ། །ཡང་སྡོམ་པ་ནི་སེམས་ཅན་གང་དག་ལ་ཡོད། སྡོམ་པ་མ་ཡིན་པ་ནི་གང་དག་ལ་ཡོད་ཅེ་ན། ཟ་མ་མ་ནིང་སྒྲ་མི་སྙན། །མཚན་གཉིས་མ་གཏོགས་མི་རྣམས་ལ། སྡོམ་མིན། སྡོམ་པ་མ ་ཡིན་པ་ནི་མིའི་འགྲོ་བ་འབའ་ཞིག་ལ་ཡོད་ཀྱི་གཞན་དག་ལ་ནི་མ་ཡིན་ནོ། །དེ་ལ་ཡང་ཟ་མ་དང། མ་ནིང་དང། བྱང་གི་སྒྲ་མི་སྙན་པ་དང། མཚན་གཉིས་པ་རྣམས་མ་གཏོགས་སོ། །སྡོམ་པའང་དེ་བཞིན་ལ། ལྷ་ལའང་སྡོམ་པ་ཡང་ཇི་སྐད་དུ་བཤད་པ་མ ་གཏོགས་པའི་མི་རྣམས་དང་ལྷ་རྣམས་ལ་ཡང་ཡོད་དོ། །འགྲོ་བ་གཉིས་ན་སྡོམ་པ་ཡོད་པ་དེ་ལ་ཡང། མི་རྣམས་ལ་གསུམ་མོ། །མི་རྣམས་ལ་ནི་སོ་སོར་ཐར་པ་ལ་སོགས་པའི་སྡོམ་པ་གསུམ་པོ་ཐམས་ཅད་ཡོད་དེ། །འདོད་དང་གཟུགས་སྐྱེས་ལྷ ་རྣམས་ལ། །བསམ་གཏན་ལས་སྐྱེས། བསམ་གཏན་གྱི་སྡོམ་པ་ནི་འདོད་པ་དང། གཟུགས་ཀྱི་ཁམས་སུ་སྐྱེས་པ་རྣམས་ལ་ཡོད་ཀྱི་གོང་མ་ན་ནི་མེད་དོ། །ཟག་མེད་ནི། བསམ་གཏན་ཁྱད་པར་འདུ་ཤེས་མེད། སེམས་ཅན་མ་གཏོགས་གཟུགས་མེད ་ནའང། ཟག་པ་མེད་པའི་སྡོམ་པ་ནི་བསམ་གཏན་ཁྱད་པར་ཅན་དང། འདུ་ཤེས་མེད་པའི་སེམས་ཅན་དུ་སྐྱེས་པ་རྣམས་མ་གཏོགས་པ་འདོད་པ་དང། གཟུགས་ཀྱི་ཁམས་སུ་སྐྱེས་པ་རྣམས་ལ་ཡོད་ལ། གཟུགས་མེད་པའི ་ཁམས་སུ་སྐྱེས་པ་རྣམས་ལ་ཡང་ཡོད་དེ། དེ་དག་གིས་ནི་ལྡན་པའི་སྒོ་ནས་ཡོད་ཀྱི། མངོན་སུམ་དུ་གྱུར་པ་ལས་ནི་མ་ཡིན་ནོ། །ལས་བསྟན་པའི་དབང་དུ་བྱས་པ་ཡིན་པའི་ཕྱིར་འདི་མན་ཆད་ནི་མདོ་ལས་བསྟན་པའི་ལས་རྣམས་བཤད་པར ་བརྩམས་ཏེ་ལས་ནི་གསུམ་སྟེ། དགེ་བའི་ལས་དང། མི་དགེ་བ་དང། ལུང་དུ་མ་བསྟན་པའི་ལས་སོ་ཞེས་འབྱུང་བ་དེ་ལ། བདེ་དང་མི་བདེ་དང་གཞན་ལས། །དགེ་དང་མི་དགེ་དང་གཞན་ནོ། །འདི་ནི་དགེ་བ་ལ་སོགས་པའི་མཚན་ཉིད་ཡིན་ཏེ། བདེ ་བའི་ལས་ནི་དགེ་བ་སྟེ། །དུས་དེ་སྲིད་དུ་སྡུག་བསྔལ་ལས་ཤིན་དུ་སྐྱོབ་པའི་ཕྱིར་འབྲས་བུ་ཡིད་དུ་འོང་བ་དང། མྱ་ངན་འདས་པ་ཐོབ་པར་བྱེད་པ་གང་ཡིན་པའོ། །མི་མཐུན་པའི་ཕྱོགས་ཡིན་པའི་ཕྱིར་མི་བདེ་བ་ནི་མི་དགེ་བ་སྟེ། གང་གི་འབྲས་བུ ་ཡིད་དུ་མི་འོང་བའོ། །དེ་གཉིས་ལས་གཞན་བའི་ལས་བདེ་བ་ཡང་མ་ཡིན་མི་བདེ་བ་ཡང་མ་ཡིན་པ་གང་ཡིན་པ་དེ་ནི་དགེ་བ་དང་མི་དགེ་བ་གཉིས་ལས་གཞན་པར་རིག་པར་བྱ་སྟེ། ལུང་དུ་མ་བསྟན་པ་ཞེས་བྱ་བའི་ཐ་ཚིག་གོ་།ཡང། བསོད་ནམས ་བསོད་ནམས་མིན་མི་གཡོ། །བདེ་བ་མྱོང་འགྱུར་ལ་སོགས་གསུམ། །ལས་ནི་གསུམ་སྟེ། བསོད་ནམས་དང་བསོད་ནམས་མ་ཡིན་པ་དང་མི་གཡོ་བའོ། །ཡང་གསུམ་སྟེ། བདེ་བ་མྱོང་བར་འགྱུར་བའི་ལས་དང། སྡུག་བསྔལ་མྱོང་བར་འགྱུར ་བ་དང། བདེ་བ་ཡང་མ་ཡིན་སྡུག་བསྔལ་ཡང་མ་ཡིན་པ་མྱོང་བར་འགྱུར་བའོ། །དེ་ལ་རེ་ཞིག་།འདོད་ཁམས་དགེ་བའི་ལས་བསོད་ནམས། །གོང་མ་ལས་སྐྱེས་མི་གཡོ་བ། །དགེ་བ་ཞེས་བྱ་བར་སྦྱར་ཏེ། གཟུགས་དང་གཟུགས་མེད་པ་ན་སྤྱོད་པའི ་ལས་དགེ་བ་ནི་མི་གཡོ་བ་ཡིན་ནོ། །ཅིའི་ཕྱིར་དེ་ལ་མི་གཡོ་བ་ཞེས་བྱ་ཞེ་ན། གང་ཕྱིར་ས་ནི་དེ་དག་ཏུ། །ལས་རྣམ་སྨིན་ཕྱིར་མི་གཡོའི་ཕྱིར། །འདོད་པ་ན་སྤྱོད་པའི་ལས་དགེ་བ་ནི་རྣམ་པར་སྨིན་པའི་ཕྱིར་གཡོ་བའོ། །ཇི་ལྟར་གཡོ་བ་ཡིན་ཞེ་ན། མ ་ངེས་པའི་ཕྱིར་ཏེ། འགྲོ་བ་གཞན་དག་ཏུ་རྣམ་པར་སྨིན་པར་འགྱུར་ལ། ལྷའི་རིས་གཞན་པའི་ཡང་ལྷའི་རིས་གཞན་དུ་རྣམ་པར་སྨིན་པར་འགྱུར་རོ། །གཟུགས་དང་གཟུགས་མེད་པ་ན་སྤྱོད་པའི་ལས་ནི་ས་གཞན་པའི་ས་གཞན་དག་ཏུ་རྣམ་པར་སྨིན ་པར་ནི་ནམ་ཡང་མི་ནུས་ཏེ། དེ་བས་ན་རྣམ་པར་སྨིན་པ་ངེས་པའི་ཕྱིར་མི་གཡོ་བ་ཞེས་བྱའོ། །བསོད་ནམས་མ་ཡིན་པའི་ལས་ནི་མི་གཡོ་བའོ་ཞེས་འཇིག་རྟེན་ན་གྲགས་པས། འཇིག་རྟེན་ན་གྲགས་པའི་དོན་གང་ཡིན་པ་དེ་ལ་འབད་པས་མི ་ཞིག་བྱ། བདེ་བ་མྱོང་བར་འགྱུར་བ་ལ་སོགས་པ་བཤད་པར་བྱ་སྟེ་འདི་སྐད་ཅེས་བརྗོད་དོ། །བསམ་གཏན་གསུམ་གྱི་བར་དགེ་བ། །བདེ་བ་མྱོང་འགྱུར། བསམ་གཏན་གསུམ་པའི་བར་དེ་དག་ནི་བདེ་བ་མྱོང་བར་འགྱུར་བའི་ས་ཡིན་ཏེ། འདི་ལྟ་སྟེ་འདོད་པའི ་ཁམས་དང་བསམ་གཏན་གསུམ་པོ་རྣམས་སོ། །དེ་ཡན་ཆད་སྡུག་བསྔལ་བདེ་བ་མིན་མྱོང་འགྱུར། དགེ་བ་ཞེས་བྱ་བར་སྦྱར་ཏེ། བསམ་གཏན་གསུམ་པ་ཡན་ཆད་ཀྱི་ལས་དགེ་བ་ནི་བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པ་མྱོང་བར་འགྱུར ་བ་སྟེ། བདེ་བ་དང་སྡུག་བསྔལ་གྱི་ཚོར་བ་མེད་པའི་ཕྱིར་རོ། །སྡུག་བསྔལ་མྱོང་འགྱུར་འདི་ཡི་དགེ་།མི་དགེ་བའི་ལས་ནི་སྡུག་བསྔལ་མྱོང་བར་འགྱུར་བའོ། །འདིའི་ཞེས་སྨོས་པ་ནི། འདོད་པའི་ཁམས་འབའ་ཞིག་ན་རེ་ཡོད་པར་བསྟན་པའི་ཕྱིར་རོ། །འདི་དག ་གི་འབྲས་བུ་ནི་ཚོར་བ་འབའ་ཞིག་ཏུ་ཟད་དེ། འདི་ལྟར་ཕུང་པོ་ལྔ་འཁོར་དང་བཅས་པ་ཡང་ཡིན་ནོ། །འོག་ནའང་བར་མ་ཡོད་དེ་ཞེས། ཁ་ཅིག་ཟེར་ཏེ། གཞན་དག་ན་རེ་བདེ་བ་ཡང་མ་ཡིན་སྡུག་བསྔལ་ཡང་མ་ཡིན་པ་མྱོང་བར་འགྱུར་བ་བཤད་པའི ་ལས་སམ་ལས་དེ་ནི་བསམ་གཏན་བཞི་པ་མན་ཆད་ན་ཡང་ཡོད་དོ་ཞེས་ཟེར་རོ། །ཅིའི་ཕྱིར་ཞེ་ན། གང་གི་ཕྱིར། བསམ་གཏན་ཁྱད་པར་རྣམ་སྨིན་ལས། །དེ་ལྟ་མ་ཡིན་ན་བསམ་གཏན་ཁྱད་པར་ཅན་གྱི་ལས་ཀྱི་རྣམ་པར ་སྨིན་པ་ཡང་མེད་པར་འགྱུར་ལ། ལས་གང་གིས་ཀྱང་བསམ་གཏན་ཁྱད་པར་ཅན་དུ་རྣམ་པར་སྨིན་པར་མི་འགྱུར་ཏེ། དེ་ནས་བདེ་བ་སྡུག་བསྔལ་གཉིས་ནི་མེད་པའི་ཕྱིར་རོ། །སྔ་ཕྱི་མེད་གསུམ་མིན་འདོད་ཕྱིར། །འདི་ལྟར་ལས་གསུམ་པོ་རྣམ་པར ་སྨིན་པ་སྔ་ཕྱི་མེད་པར་རྣམ་པར་སྨིན་པར་འགྱུར་རམ་ཞེས་པ་ལ་འགྱུར་ཏེ། བདེ་བ་མྱོང་བར་འགྱུར་བའི་ནི་གཟུགས་སོ། །སྡུག་བསྔལ་མྱོང་བར་འགྱུར་བའི་ནི་སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་སོ། །བདེ་བ་ཡང་མ་ཡིན་སྡུག་བསྔལ ་བ་ཡང་མ་ཡིན་པ་མྱོང་བར་འགྱུར་བ་ནི་སེམས་དང་མི་ལྡན་པའི་འདུ་བྱེད་རྣམས་སོ་ཞེས་བཤད་པའི་ཕྱིར། འོག་མ་ཡང་བདེ་བ་ཡང་མ་ཡིན་སྡུག་བསྔལ་ཡང་མ་ཡིན་པའི་ལས་ཡོད་དོ། །འདོད་པའི་ཁམས་ལས་གཞན་ན་ནི་ལས་གསུམ་པོ་ཅིག ་ཅར་དུ་རྣམ་པར་སྨིན་པའི་འབྲེལ་པ་མེད་དོ། །ལས་ནི་ཚོར་བའི་རང་བཞིན་མ་ཡིན་ན། ཇི་ལྟར་ན་བདེ་བ་མྱོང་བར་འགྱུར་བ་ཞེས་བརྗོད་ཅེ་ན། རྣམ་པར་སྨིན་པ་མྱོང་བར་འགྱུར་བ་ལས་དགོངས་ཏེ་གསུངས་པས་ཉེས་པ་མེད་དོ། །གཞན་ཡང། རང་བཞིན ་དང་ནི་མཚུངས་ལྡན་དང། །དམིགས་པ་དང་ནི་རྣམ་སྨིན་དང། །མངོན་སུམ་དུ་ནི་གྱུར་པ་ལས། །མྱོང་བར་འགྱུར་བ་རྣམ་པ་ལྔ། །དེ་ལ་རང་བཞིན་གྱི་མྱོང་བར་འགྱུར་བ་ནི་ཚོར་བ་རྣམས་སོ། །མཚུངས་པར་ལྡན་པས་མྱོང་བར་འགྱུར་བ་ནི་རེག་པའི་སྟེ། བདེ་བ ་མྱོང་བར་འགྱུར་བའི་རེག་པ་ཞེས་བྱ་བའོ། །དམིགས་པ་མྱོང་བར་འགྱུར་བ་ནི་ཡུལ་རྣམས་ཏེ། ཇི་སྐད་དུ་མིག་གིས་གཟུགས་མཐོང་ན་གཟུགས་སོ་སོར་ཡང་དག་པར་མྱོང་བར་འགྱུར་གྱི། གཟུགས་ལས་འདོད་ཆགས་སོ་སོར་ཡང་དག་པར་མྱོང་བ་ནི ་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་སྟེ། ཚོར་བས་དམིགས་པ་དེ་དག་ཡང་དག་པར་སོ་སོར་རིག་པར་བྱེད་དོ། །རྣམ་པར་སྨིན་པ་མྱོང་བར་འགྱུར་བའི་ལས་ཀྱི་ནི་མཐོང་བའི་ཆོས་ལ་མྱོང་བར་འགྱུར་བའི་ལས་ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་འབྱུང་བའོ།། ་མངོན་སུམ་དུ་གྱུར་པའི་མྱོང་བར་འགྱུར་བ་ནི་ཇི་སྐད་དུ་གང་གི་ཚེ་བདེ་བའི་ཚོར་བ་མྱོང་བར་བྱེད་པ་དེའི་ཚེ་ཚོར་བ་གཉིས་འགག་པར་འགྱུར་ཏེ། གང་དུ་བདེ་བའི་ཚོར་བ་འཇུག་པ་དེར་དེ་དག་ཏུ་གང་གི་མྱོང་བར་འགྱུར་བའི་ཚོར་བ་གཞན་ནི་མེད་ཀྱི་དེའི ་མངོན་སུམ་དུ་བྱེད་པ་ཞེས་བརྗོད་དེ། དེ་བས་ན་རྣམ་པར་སྨིན་པ་མྱོང་བར་འགྱུར་བ་ཡིན་པའི་ཕྱིར་ལས་ཀྱང་བདེ་བ་མྱོང་བར་འགྱུར་བ་ཞེས་བྱ་བ་ལ་སོགས་པར་བརྗོད་དོ། །དེ་ཡང་ངེས་དང་མ་ངེས་པ། །བདེ་བ་མྱོང་བར་འགྱུར་བ་ལ་སོགས་པའི ་ལས་རྣམ་པ་གསུམ་པོ་དེ་དག་ཀྱང་ངེས་པ་དང་མ་ངེས་པར་རིག་པར་བྱ་སྟེ། གདོན་མི་ཟ་བར་འགྱུར་བ་མ་ཡིན་ནོ། །མཐོང་བའི་ཆོས་ལ་སོགས་པ་ལ། །མྱོང་འགྱུར་ཕྱིར་ན་ངེས་རྣམ་གསུམ། །མཐོང་བའི་ཆོས་ལ་མྱོང་བར་འགྱུར་བ་དང། སྐྱེས་ནས་མྱོང་བར ་འགྱུར་བ་དང། ལན་གྲངས་གཞན་ལས་མྱོང་བར་འགྱུར་བ་སྟེ། ལས་རྣམ་པ་འདི་གསུམ་ནི་དེས་པའོ། །དེ་ལྟར་ན་དེ་དག་ནི་མྱོང་བར་འགྱུར་བ་མ་ངེས་པ་དང་བཅས་ཏེ། རྣམ་པ་བཞིར་འགྱུར་རོ། །ཁ་ཅིག་ལས་རྣམ་ལྔ་ཞེས་ཟེར། གཞན་དག་ནི་མྱོང ་བར་འགྱུར་བ་མ་ངེས་པ་ལ་རྣམ་པར་སྨིན་པར་ངེས་པ་དང། མ་ངེས་པ་རྣམ་པ་གཉིས་སུ་ཕྱེ་ནས་ལས་རྣམ་པ་ལྔར་འདོད་དོ། །དེ་ལ་མཐོང་བའི་ཆོས་ལ་མྱོང་བར་འགྱུར་བ་ནི་སྐྱེ་བ་གང་དུ་བྱས་པ་དེ་ཉིད་དུ་རྣམ་པར་སྨིན་པའོ། །སྐྱེས་ནས་མྱོང་བར་འགྱུར་བ ་ནི་སྐྱེས་པ་གཉིས་པའོ། །ལན་གྲངས་གཞན་ལ་མྱོང་བར་འགྱུར་བ་ནི་དེ་ཕན་ཆད་དུའོ། །མུ་བཞི་ཞེས་ནི་ཁ་ཅིག་སྨྲ། གཞན་དག་ནི་གནས་སྐབས་ངེས་ལ་རྣམ་པར་སྨིན་པ་མ་ངེས་པའི་ལས་ཀྱང་ཡོད་དེ། མཐོང་བའི་ཆོས་ལ་སོགས་པ་ལ་མྱོང་བར་འགྱུར ་ལ་རྣམ་པར་སྨིན་པར་ནི་མ་ངེས་པའི་ལས་གང་ཡིན་པའོ། །རྣམ་པར་སྨིན་པར་ངེས་ལ་གནས་སྐབས་དག་ཏུ་མ་ཡིན་པ་ཡོད་དེ། རྣམ་པར་སྨིན་པར་དེས་ལ་མྱོང་བར་འགྱུར་བར་ནི་མ་ངེས་པའི་ལས་ཡིན་པའོ། །གཉི་ག་ངེས་པ ་ཡང་ཡོད་དེ། མཐོང་བའི་ཆོས་ལ་སོགས་པ་ལ་མྱོང་བར་ཡང་འགྱུར་ལ་རྣམ་པར་སྨིན་པར་ཡང་ངེས་པའི་ལས་གང་ཡིན་པའོ། །གཉི་ག་མ་ངེས་པ་ཡང་ཡོད་དེ། མྱོང་བར་འགྱུར་བར་ཡང་མ་ངེས་ལ་རྣམ་པར་སྨིན་པར་ཡང་མ་ངེས་པའི་ལས ་གང་ཡིན་པའོ། །ཞེས་བྱ་བ་མུ་བཞིར་འཆད་དོ། །ལས་བཞི་པོ་དེ་དག་ལས་གསུམ་གྱིས་རིས་སུ་འཕེན་པར་བྱེད། མཐོང་བའི་ཆོས་ལ་མྱོང་བར་འགྱུར་བའི་ལས་ཀྱིས་རིས་འཐུན་པར་འཕེན་པར་མི་བྱེད་དོ། །ཡང་ཁམས་གང་དག་གམ་འགྲོ་བ་གང་དག ་ན་ལས་ཀྱི་འཕེན་པ་དུ་ཞིག་ཡོད་ཅེ་ན། ཐམས་ཅད་ན་ནི་འཕེན་པ་བཞི། ཁམས་གསུམ་པོ་ཐམས་ཅད་དང་འགྲོ་བ་ཐམས་ཅད་དགེ་བ་དང་མི་དགེ་བ་རྣམས་ལས་ཇི་ལྟར་སྲིད་པར་ལས་བཞི་འཕེན་པ་ཡོད་དེ། དེ་ནི་ཕྱིར་བསྟན་པའོ། །འདི་ནི་དམིགས ་ཀྱིས་བསྟན་པ་སྟེ། དམྱལ་བ་ན་ནི་དགེ་བ་གསུམ། །དམྱལ་བ་ན་ནི་ལས་དགེ་བའི་འཕེན་པ་རྣམ་པ་གསུམ་ཡོད་ཀྱི་མཐོང་བའི་ཆོས་ལ་མྱོང་བར་འགྱུར་བ་ནི་མེད་དེ། དེ་ན་རྣམ་པར་སྨིན་པ་ཡིད་དུ་འོང་བ་མེད་པའི་ཕྱིར་རོ། །གང་ལ་འདོད་ཆགས་བྲལ་བརྟན་པའི།། ་བྱིས་པ་དེར་སྐྱེ་མྱོང་མི་བྱེད། །བྱིས་པ་ཞེས་བྱ་བ་ནི་སོ་སོའི་སྐྱེ་བོའོ། །བརྟན་པ་ཞེས་བྱ་བ་ནི་ཡོངས་སུ་མི་ཉམས་པའི་རིགས་ཅན་ཏེ། དེ་ནི་ས་གང་ལ་འདོད་ཆགས་དང་འབྲལ་བར་གྱུར་པ་དེར་སྐྱེས་ནས་མྱོང་བར་འགྱུར་བའི་ལས་ནི་མི་བྱེད་དེ་གཞན་རྣམ ་པ་གསུམ་བྱེད་དོ། །འཕགས་པ་གཞན་དུ་འང་མྱོང་མི་བྱེད། །བརྟན་པ་ཞེས་བྱ་བར་སྦྱར་ཏེ། གང་ལ་འདོད་ཆགས་དང་བྲལ་བ་ཡོངས་སུ་མི་ཉམས་པའི་ཆོས་ཅན་གྱི་འཕགས་པའི་གང་ཟག་ནི་དེར་སྐྱེས་ནས་མྱོང་བར་འགྱུར་བ་དང། ལན་གྲངས་གཞན ་ལ་མྱོང་བར་འགྱུར་བའི་ལས་ཀྱང་མི་བྱེད་དེ། འདི་ནི་འོག་མར་སྐྱེ་བར་རིགས་པ་མ་ཡིན་ནོ། །གང་དུ་སྐྱེས་པར་ངེས་པ་མ་ཡིན་པ་དང། མཐོང་བའི་ཆོས་ལ་མྱོང་བར་འགྱུར་བ་ནི་བྱེད་དོ། །འདོད་རྩེའི་མི་བརྟན་པ་ཡང་མིན། །འདོད་པའི་ཁམས་སམ ་སྲིད་པའི་རྩེ་མོའི་འདོད་ཆགས་དང་བྲལ་བའི་འཕགས་པའི་གང་ཟག་དེ་གཉིས་ནི་ཡོངས་སུ་ཉམས་པའི་ཆོས་ཅན་ཡིན་ཡང་སྐྱེས་ནས་མྱོང་བར་འགྱུར་བ་དང། ལན་གྲངས་གཞན་ལ་མྱོང་བར་འགྱུར་བའི་ལས་བྱེད་པར་ནི་མི་རིགས་པ་མ ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། དེ་ནི་འབྲས་བུ་ལས་ཡོངས་སུ་ཉམས་པ་ཡིན་ལ། འབྲས་བུ་ལས་ཡོངས་སུ་ཉམས་པ་ལ་ནི་འཆི་བ་མེད་དོ་ཞེས་འོག་ནས་འཆད་དོ། །ཅི་སྲིད་པ་བར་མ་དག་ན་ཡང་ལས་ཀྱི་འཕེན་པ་ཡོད་དམ་ཞེ་ན། སྨྲས་པ་ཡོད་དེ། ་སྲིད་པ་བར་མ་འདོད་ཁམས་སུ། །འཕེན་པ་རྣམ་པ་ཉི་ཤུ་གཉིས། །འདོད་པ་ན་སྤྱོད་པའི་སྲིད་པ་བར་མ་ནི་ལས་རྣམ་པ་ཉི་ཤུ་རྩ་གཉིས་འཕེན་ཏེ། ཇི་ལྟ་ཞེ་ན། མངལ་གྱི་གནས་སྐབས་ལྔ་སྟེ། ནུར་ནུར་པོ་དང། མེར་མེར་པོ་དང། ནར་ནར་པོ་དང། ་གོར་གོར་པོ་དང། རྐང་ལག་འགྱུས་པ་རྣམས་དང། སྐྱེས་པའི་གནས་སྐབས་ལྔ་སྟེ། བྱིས་པ་དང། གཞོན་ནུ་དང། དེར་ལ་བབ་པ་དང། དར་ཡོལ་བ་དང། རྒན་པོའི་གནས་སྐབས་རྣམས་སོ། །དེ་ལ་སྲིད་པ་བར་མ་ནི་ནུར་ནུར་པོ་མྱོང་བར་འགྱུར་བར་ངེས ་པ་དང། མ་ངེས་པའི་ལས་ཀྱང་འཕེན་པར་བྱེད་ལ། དེ་བཞིན་དུ་རྒན་པོའི་བར་དུ་མྱོང་བར་འགྱུར་བ་དང། སྲིད་པ་བར་མ་མྱོང་བར་འགྱུར་པ་ཡང་འཕེན་པར་བྱེད་དོ། །དེ་ཡང་མཐོང་བའི་ཆོས་འབྲས་བུ། སྲིད་པ་བར་མ་པའི་ལས་དེ་དག་ལས་ངེས་པ་བཅུ ་གཅིག་ཏུ་བཤད་པ་གང་ཡིན་པ་དེ་ནི་མཐོང་བའི་ཆོས་ལ་མྱོང་བར་འགྱུར་བར་རིག་པར་བྱའོ། །ཅིའི་ཕྱིར་ཞེ་ན། དེ་ནི་རིས་འཐུན་གཅིག་པ་ཉིད། དེ་ནི་རིས་འཐུན་པ་གཅིག་པ་ཉིད་དེ། གང་ཡང་སྲིད་པ་བར་མ་དང། གང་ལས་དེའི་རྒྱུ་ལས་བྱུང་བ་གནས ་སྐབས་བཅུ་རྣམས་ནི་ལས་གཅིག་གིས་འཕངས་པ་ཡིན་ཏེ། དེའི་ཕྱིར་སྲིད་པ་བར་མ་མྱོང་བར་འགྱུར་བའི་ལས་གཞན་དུ་མ་བཤད་པ་ཡང། སྐྱེས་ནས་མྱོང་བར་འགྱུར་བ་ཉིད་ཀྱིས་དེའི་ཡང་བཤད་ཟིན་པའི་ཕྱིར་རོ།། ་ཡང་ངེས་པའི་ལས་ཅི་འདྲ་བར་རིག་པར་བྱ་ཞེ་ན། ཉོན་མོངས་པ་དང་དྲག་པོ་དང། །ཡོན་ཏན་ཞིང་དང་རྒྱུན་ཆགས་ཀྱིས། །བྱས་པ་གང་ཞིག་ཡིན་པ་དང། །ཕ་མ་གསོད་གང་དེ་ངེས་སོ། །ཉོན་མོངས་པ་དྲག་པོས་བྱེད་པའི་ལས་གང་ཡིན ་པའམ། དང་བ་དྲག་པོས་བྱེད་པའི་ལས་གང་ཡིན་པའམ། རྒྱུན་དུ་བྱེད་པ་གང་ཡིན་པའམ། ཡོན་ཏན་གྱི་ཞིང་ལ་བྱེད་པ་གང་ཡིན་པ་དེ་དག་ནི་ངེས་པར་རིག་པར་བྱ་སྟེ། དེ་ལ་ཡོན་ཏན་གྱི་ཞིང་ནི་དཀོན་མཆོག་གསུམ་མམ། འགའ་ཞིག་གིས ་འབྲས་བུ་ཁྱད་པར་ཅན་དང། སྙོམས་པར་འཇུག་པ་ཁྱད་པར་ཅན་ཐོབ་པའི་གང་ཟག་ཁྱད་པར་ཅན་ཏེ། དེ་དག་ལ་ནི་ཉོན་མོངས་པ་དང། དང་བ་དྲག་པོ་དང་རྒྱུན་དུ་བྱེད་པ་མེད་པར་དགེ་བའམ་མི་དགེ་བའི་ལས་ངེས་པར་འགྱུར་རོ། །ཕ་མ་ལ ་ནི་ཕ་དང་མ་གཉིས་གསོད་པའི་ལས་ཇི་ལྟ་བུ་ཡང་རུང་སྟེ། དེ་ནི་ངེས་པར་འགྱུར་གྱི་གཞན་དུ་ནི་མ་ཡིན་ནོ། །ཡང་མཐོང་བའི་ཆོས་ཀྱི་འབྲས་བུ་ཅི་འདྲ་བར་རིག་པར་བྱ་ཞེ་ན། མཐོང་བའི་ཆོས་ཀྱི་འབྲས་བུ་ནི། །ཞིང་དང་བསམ་པའི་ཁྱད་པར་ལས།། ་མཐོང་བའི་ཆོས་ལ་མྱོང་བར་འགྱུར་བའི་ལས་ཞིང་གི་ཁྱད་པར་ལས་འགྱུར་བ་ནི་དཔེར་ན་དགེ་སློང་གི་དགེ་འདུན་ལ་བུད་མེད་དོ་ཞེས་རྩོད་པ་ཀུན་དུ་སྤྱོད་པ་ལས་མཚན་ཡོངས་སུ་གྱུར་ཏོ། །ཞེས་ཡོངས་གྲགས་པ་ལྟ་བུའོ། །བསམ་པའི་ཁྱད ་པར་ལས་ནི་དཔེར་ན་ཉུང་རུམ་ཞིག་གིས་གླང་གི་རླིག་པ་འབྱིན་པ་ལས་ཐར་པར་བྱ་བའི་ཕྱིར་སྐྱེས་པ་ཉིད་དུ་གྱུར་ཏོ་ཞེས་བྱ་བ་ལྟ་བུའོ། །ས་དེར་འདོད་ཆགས་གཏན་བྲལ་ཕྱིར། །དགེ་བའམ་མི་དགེ་བའི་ལས་གང་ཡིན་པ་དེར་གཏན་དུ་འདོད ་ཆགས་དང་བྲལ་བའི་ཕྱིར་ལས་དེ་མཐོང་བའི་ཆོས་ལ་མྱོང་བར་འགྱུར་རོ། །ལས་ཇི་ལྟ་བུ་ཞིག་ཅེ་ན། སྨྲས་པ། དེ་ནི་རྣམ་སྨིན་ངེས་པའོ། །དེ་ད་ལྟར་ངེས་པའི་ལས་གང་ཡིན་པ་དེ་ནི་རྣམ་པར་སྨིན་པར་ངེས་ཀྱི། གནས་སྐབས་དག ་ཏུ་ནི་མ་ཡིན་ཏེ། གནས་སྐབས་ཀྱི་བྱེ་བྲག་ཏུ་ངེས་པ་གང་ཡིན་པ་དེའི་ནི་དེ་དང་ལྡན་བཞིན་དུ་གཏན་དུ་འདོད་ཆགས་དང་བྲལ་མི་སྲིད་པས་དེ་ཉིད་དུ་རྣམ་པར་སྨིན་པར་འགྱུར་རོ། །གང་ཡང་མ་ངེས་པ་དེའི་ནི་གཏན་དུ་འདོད་ཆགས་དང་བྲལ་བའི ་ཕྱིར་རྣམ་པར་སྨིན་པ་ཉིད་དོ། །ཡང་གང་དུ་གདོན་མི་ཟ་བར་མཐོང་བའི་ཆོས་ལ་མྱོང་བར་འགྱུར་བའི་ལས་སུ་འགྱུར་པའི་ཞིང་ཡང་ཇི་ལྟ་བུ་ཞིག་ཅེ་ན། སྨྲས་པ། སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་དང་གང་ཟག་ལྔ་རྣམས་ཏེ། གང ་རྣམས་འགོག་བྱམས་ཉོན་མོངས་མེད། །མཐོང་དང་དགྲ་བཅོམ་འབྲས་ལངས་རྣམས། །དེ་ལ་ཕན་གནོད་བྱེད་པ་ཡི། །འབྲས་བུ་འཕྲལ་དུ་མྱོང་བར་འགྱུར། གང་ཟག་ལྔ་པོ་དེ་དག་ལ་ཕན་པ་དང། གནོད་པ་བྱས་པ་རྣམས་ཀྱི་འབྲས་བུ་ནི་ངེས ་པར་མཐོང་བའི་ཆོས་ཉིད་ལ་ཐོབ་པར་འགྱུར་རོ། །རྣམ་པར་སྨིན་པའི་གཙོ་བོ་ནི་ཚོར་བ་ཡིན་པས་དེའི་ཕྱིར་འདི་སྤྱད་པར་བྱ་སྟེ། ལས་ཀྱི་རྣམ་པར་སྨིན་པ་སེམས་ཀྱི་ཚོར་བ་འབའ་ཞིག་ཡིན་ལ། ལུས་ཀྱི་མ་ཡིན་པ་ཡང་ཡོད་དམ་ཞེ་ན། སྨྲས་པ། ་ཡོད་དེ། རྣམ་པར་རྟོག་པ་མེད་པ་ཡི། །དགེ་བའི་ལས་ཀྱི་རྣམ་སྨིན་ནི། །སེམས་ཀྱི་ཚོར་བ་ཉིད་དུ་འདོད། །རྣམ་པར་རྟོག་པ་མེད་པའི་ལས་ནི་བསམ་གཏན་ཁྱད་པར་ཅན་དག་ནས་སྲིད་པའི་རྩེ་མོའི་བར་དག་ན་ཡོད་དེ། དགེ་བའི་ལས་རྟོག་པ་མེད་པ་དེའི་རྣམ ་པར་སྨིན་པ་ནི་སེམས་འབའ་ཞིག་གི་ཚོར་བ་ཡིན་ནོ། །ཅིའི་ཕྱིར་ལུས་ཀྱི་མ་ཡིན་ནོ་ཞེ་ན། དེའི་ནི་གདོན་མི་ཟ་བར་རྟོག་པ་དང། དཔྱོད་པ་དང་བཅས་པ་ཡིན་པའི་ཕྱིར་རོ། །མི་དགེ་བ་ནི་ལུས་ཀྱི་ཉིད་མི་དགེ་བའི་ལས་ཀྱི་རྣམ་པར་སྨིན་པ་ནི་ལུས་འབའ་ཞིག ་གི་ཚོར་བ་ཡིན་ནོ། །ཅིའི་ཕྱིར་སེམས་ཀྱི་མ་ཡིན་ཞེ་ན། དེའི་རྣམ་པར་སྨིན་པ་ནི་སྡུག་བསྔལ་གྱི་ཚོར་བ་ཡིན་ལ། སེམས་ཀྱི་སྡུག་བསྔལ་གྱི་ཚོར་བ་ནི་ཡིད་མི་བདེ་བ་ཡིན་ཏེ། ཡིད་མི་བདེ་བ་ནི་རྣམ་པར་སྨིན་པ་མ་ཡིན ་ནོ་ཞེས་དེ་ནི་བཤད་ཟིན་ཏོ། །སེམས་ཅན་རྣམས་ཀྱི་སེམས་སྨྱོན་པར་འགྱུར་བ་གང་ཡིན་པ་སྟེ། སེམས་ནི་གང་ཞིག་ཡིན། རྒྱུ་ནི་ཅི་ཞིག་གིས་འགྱུར་ཞེ་ན། སྨྱོ་བའི་སེམས་ནི་ཡིད་སེམས་སོ། །ཡིད་ཀྱི་རྣམ་པར་ཤེས་པ་ཞེས་བྱ་བའི་ཐ་ཚིག ་གོ་།དེ་ཡང་རྣམ་པར་སྨིན་པ་ལས་སྐྱེས། སྨྱོ་བའི་སེམས་དེ་ནི་སེམས་ཅན་རྣམས་ཀྱི་ལས་ཀྱི་རྣམ་པར་སྨིན་པ་ལས་སྐྱེས་པ་ཡིན་པར་རིག་པར་བྱའོ། །སྐྲག་གནོད་མ་མཉམས་མྱ་ངན་གྱི། །དེ་སྐྲག་པས་ནི་མི་མ་ཡིན་པ་གཟུགས་མི ་སྡུག་བ་མཐོང་བ་ལས་སོ། །གནོད་པས་ནི་དེ་ཉིད་འཁྲུགས་ནས་གནད་དུ་སྣུན་པར་བྱེད་པའོ། །འབྱུང་བ་ཆེན་པོ་མི་ཉམ་པ་ལས་སོ། །མྱ་ངན་གྱིས་ནི་སྡུག་པ་དང་བྲལ་བ་ལ་སོགས་པས་ཀུན་ནས་བསླང་བ་སྟེ། རྒྱུ་དེ་དག་གིས་སེམས་སྨྱོ་བར ་འགྱུར་རོ། །སེམས་ཅན་གང་དག་གི་སེམས་སྨྱོ་བར་འགྱུར་ཞེ་ན། སྒྲ་མི་སྙན་མི་འདོད་ཆགས་རྣམས་བྱང་གི་སྒྲ་མི་སྙན་པ་རྣམས་མ་གཏོགས་ཞེས་བྱ་བ་ནི། འདོད་པ་ན་སྤྱོད་པ་ཡིན་ཞེས་བྱ་བའི་ཐ་ཚིག་སྟེ། སངས་རྒྱས་རྣམས་ཀྱང་མ་གཏོགས་ཞེས་བྱ་བར་ཁ་བསྐང་བར་བྱའོ།། ་ཡང་མདོ་ལས་ཡོན་པོ་གསུམ་དུ་གསུངས་པ་ནི་ལུས་ཀྱི་ཡོན་པོ་ལ་སོགས་པའོ། །སྐྱོན་གསུམ་ནི་ལུས་ཀྱི་སྐྱོན་ལ་སོགས་པའོ། །སྙིགས་མ་གསུམ་ནི་ལུས་ཀྱི་སྙིགས་མ་ལ་སོགས་པའོ། །དེ་དག་ཀྱང་རིམ་བཞིན་དུ། ཡོན་སྐྱོན་སྙིགས་མར ་གསུངས་པ་ནི། །གཡོ་དང་ཞེ་སྡང་འདོད་ཆགས་སྐྱེས། །རིམ་བཞིན་དུ་རིག་པར་བྱ་སྟེ། ལུས་ཀྱི་ལས་གཡོ་ལས་སྐྱེས་པ་ནི་གྱ་གྱུ་དང་འཐུན་པའི་ཕྱིར་ལུས་ཀྱི་ཡོན་པོ་ཞེས་བཤད་དེ། ངག་དང་ཡིད་ཀྱི་ཡོན་པོ་ཡང་དེ་བཞིན་ནོ། །ལུས་ཀྱི་ལས ་ཞེ་སྡང་ལས་སྐྱེས་པ་ནི་སེམས་སྡང་བ་དང་འཐུན་པའི་ཕྱིར་ལུས་ཀྱི་སྐྱོན་ཞེས་བཤད་དེ། ངག་དང་ཡིད་ཀྱི་སྐྱོན་ཡང་དེ་བཞིན་ནོ། །ལུས་ཀྱི་ལས་འདོད་ཆགས་ལས་སྐྱེས་པ་ནི། ཆགས་པ་དང་འཐུན་པའི་ཕྱིར་ལུས་ཀྱི་སྙིགས་མ་ཞེས་བཤད་དེ། ངག ་དང་ཡིད་ཀྱི་སྙིགས་མ་ཡང་དེ་བཞིན་ནོ། །དཀར་གནག་ལ་སོགས་དབྱེ་བ་ལས། །ལས་ནི་རྣམ་པ་བཞི་ཡིན་ནོ། །གནག་ཅིང་རྣམ་པར་སྨིན་པ་གནག་པའི་ལས་ཀྱང་ཡོད། དཀར་ལ་རྣམ་པར་སྨིན་པ་དཀར་པའི་ལས་ཀྱང་ཡོད། དཀར་གནག་ལ་རྣམ ་པར་སྨིན་པ་དཀར་གནག་པའི་ལས་ཀྱང་ཡོད། མི་གནག་མི་དཀར་ལ་རྣམ་པར་སྨིན་པ་མི་གནག་མི་དཀར་བའི་ལས་ཀྱང་ཡོད་དེ། ལས་སོ་ཅོག་ཟད་པར་བྱེད་པར་འགྱུར་པའོ། །དེ་ལ། མི་དགེ་གཟུགས་དང་འདོད་གཏོགས་པའི། །དགེ་བ་ཉིད་དེ་རིམ ་བཞིན་དུ། །གནག་དང་དཀར་དང་གཉི་གའི་ལས། །དེ་ཟད་བྱེད་ཕྱིར་ཟག་པ་མེད། །མི་དགེ་བའི་ལས་ནི་ཉོན་མོངས་པ་ཅན་ཡིན་པའི་ཕྱིར་གཅིག་ཏུ་གནག་པའོ། །རྣམ་པར་སྨིན་པ་ཡིད་དུ་མི་འོང་བའི་ཕྱིར་རྣམ་པར་སྨིན་པ་གནག་པ་ཡིན་ནོ། །གཟུགས་སུ ་གཏོགས་པའི་དགེ་བ་ནི་མི་དགེ་བ་དང་མ་འདྲེས་པའི་ཕྱིར་གཅིག་ཏུ་དཀར་བའོ། །རྣམ་པར་སྨིན་པ་ཡིད་དུ་འོང་བའི་ཕྱིར་རྣམ་པར་སྨིན་པ་དཀར་པའོ། །འདོད་པར་གཏོགས་པའི་དགེ་བ་ནི་མི་དགེ་བ་དང་འདྲེས་པའི་ཕྱིར་དཀར་གནག་ཡིན་ནོ། །རྣམ་པར་སྨིན་པ ་འདྲེས་པའི་ཕྱིར་རྣམ་པར་སྨིན་པ་དཀར་གནག་ཡིན་ནོ། །ཟག་པ་མེད་པའི་ལས་ནི་ལས་གསུམ་པོ་འདི་དག་ཟད་པར་བྱ་བ་དང་སྤང་བར་བྱ་བ་ནུས་པ་སྟེ། དེ་ནི་ཉོན་མོངས་པ་ཅན་མ་ཡིན་པའི་ཕྱིར་མི་གནག་པའོ། །རྣམ་པར་སྨིན་པ་དཀར་པོ་ཉིད་མེད་པའི་ཕྱིར་མི ་དཀར་བའོ། །ཁམས་སུ་མ་གཏོགས་པའི་ཕྱིར་བ་དང། འཇུག་པ་དང་མི་མཐུན་པའི་ཕྱིར་རྣམ་པར་སྨིན་པ་མེད་པའོ། །ཅི་ཟག་པ་མེད་པའི་ལས་ཐམས་ཅད་ལས་གསུམ་པོ་འདི་དག་ཐམས་ཅད་ཟད་པར་བྱེད་པ་ཡིན་ནམ་ཞེ་ན། སྨྲས་པ། མ་ཡིན་ཏེ། ཇི་ལྟར་ཞེ ་ན། ཆོས་བཟོད་འདོད་ཆགས་བྲལ་བ་ཡི། །བར་ཆད་མེད་ལམ་བརྒྱད་དག་ལ། །སེམས་པ་རྣམ་པ་བཅུ་གཉིས་གང། །ནག་པོའི་ལས་དག་ཟད་པར་བྱེད། །མཐོང་བའི་ལམ་ལ་ཆོས་ཤེས་པའི་བཟོད་པ་བཞི་དག་དང ་འདོད་པ་ལ་འདོད་ཆགས་དང་བྲལ་བ་ལ་བར་ཆད་མེད་པའི་ལམ་བརྒྱད་དག་ཏུ་སེམས་པ་གང་ཡིན་པ་སྟེ། སེམས་པ་རྣམ་པ་བཅུ་གཉིས་པོ་དེ་དག་ནི་ནག་པོའི་ལས་ཟད་པར་བྱེད་པའི་ལས་ཡིན་ནོ། །དགུ་པའི་སེམས་པ་གང་ཡིན་པ། དེ་ནི་དཀར ་ནག་ཟད་བྱེད་པའོ། །འདོད་པའི་འདོད་ཆགས་དང་བྲལ་བར་བར་ཆད་མེད་པའི་ལམ་དགུ་པ་གང་ཡིན་པ་དེ་ནི་དགེ་བའི་ལས་དང་མི་དགེ་བ་ནག་པོའི་ལས་ཏེ། དཀར་ནག་རྣམ་པ་དགུ་པ་སྐོང་བར་བྱེད་པ་ཡིན་ནོ། །དཀར་པོ་བསམ་གཏན་ཆགས་བྲལ ་བར། བར་ཆད་མེད་ལམ་ལས་སྐྱེས་པ། །བསམ་གཏན་ནས་བསམ་གཏན་དུ་འདོད་ཆགས་དང་བྲལ་བར་བྱེད་པ་ན། བར་ཆད་མེད་པའི་ལམ་དགུ་པ་ཐ་མ་གང་ཡིན་པ་དེར་སེམས་པ་གང་ཡིན་པ་སྟེ། སེམས་པ་རྣམ་པ་དེ་བཞི་ནི་དཀར་པོའི་ལས ་སྤོང་བར་བྱེད་པ་ཡིན་ནོ། །གཞན་ནི་དམྱལ་བ་མྱོང་འགྱུར་དང། །འདོད་གཞན་མྱོང་འགྱུར་གཉིས་སུ་རིག་།ཡང་སློབ་དཔོན་གཞན་དག་ནི་དམྱལ་བ་མྱོང་བར་འགྱུར་བ་དང། དམྱལ་བ་ལས་གཞན་པ་འདོད་པའི་ཁམས་སུ་མྱོང་བར་འགྱུར་བའི་ལས ་ནི་རིམ་བཞིན་དུ་ནག་པོ་དང་དཀར་གནག་ཡིན་ཏེ། དམྱལ་བ་དག་ན་ནི་མི་དགེ་བའི་ལས་འབའ་ཞིག་གི་རྣམ་པར་སྨིན་པ་ཡིན་པས་ན། དཔེར་དེ་མྱོང་བར་འགྱུར་བ་ནི་ནག་པོ་ཞེས་བྱའོ། །དེ་ལས་གཞན་པའི་འདོད་པའི་ཁམས་དག་ན་ནི་དགེ་བ་དང ་མི་དགེ་བའི་ལས་ཀྱི་རྣམ་པར་སྨིན་པ་ཡིན་པས་ན། དེས་ན་མྱོང་བར་འགྱུར་བ་ནི་དཀར་ནག་ཅེས་བྱའོ་ཞེས་ཟེར་རོ། །གཞན་ནི་མཐོང་བས་སྤང་བྱ་གནག་།གཞན་དག་ན་རེ་མཐོང་བས་སྤང་བར་བྱ་བ་ནི་དགེ་བ་དང་མ་འདྲེས་པའི་ཕྱིར་ནག་པོ་ཡིན་ནོ ་ཞེས་ཟེར་རོ། །འདོད་པ་ལས་སྐྱེས་གཞན་དཀར་གནག་།འདོད་པ་ན་སྤྱོད་པའི་ལས་གཞན་ནི་དཀར་གནག་ཡིན་ནོ། །དེ་ལས་གཞན་པ་ཅི་ཞིག་ཡིན། ཞེ་ན། བསྒོམ་པས་སྤང་བར་བྱ་བ་སྟེ། དེ་ནི་དགེ་བ་དང་མི་དགེ་བ་ཡིན་ནོ། །མདོ་ལས་ཐུབ ་པའི་གསུམ་སྟེ། ཐུབ་པའི་ལུས་དང། ཐུབ་པའི་ངག་དང། ཐུབ་པའི་ཡིད་དོ་ཞེས་གསུངས་པ་དེ་ལ། མི་སློབ་ལུས་ངག་ལས་ཡིད་ཉིད། །ཐུབ་པ་གསུམ་དེ་གོ་རིམས་བཞིན། །མི་སློབ་པའི་ལུས་དང་ངག་གིས་ལས་དག་ནི་ཐུབ་པའི་ལུས་དང་ངག་ཡིན་ནོ།། ་མི་སློབ་པའི་ཡིད་ཉིད་ཡིད་ཀྱི་ཐུབ་པ་སྟེ། ཡིད་ཀྱི་ལས་ནི་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ། སེམས་ནི་དོན་དམ་པ་ཐུབ་པ་ཡིན་ལ། དེ་ནི་ལུས་དང་ངག་གཉིས་ཀྱི་སྒོ་ནས་རྗེས་སུ་དཔག་པར་བྱ་བ་ཡིན་ནོ། །གཞན་ཡང་སྤོང་བའི་དོན་གྱིས་ཐུབ་པ་སྟེ། ལུས་དང་ངག ་གི་ལས་དག་ནི་སྤོང་བའི་རང་བཞིན་ཡིན་ནོ། །སེམས་ལ་རྣམ་པར་རིག་བྱེད་མ་ཡིན་པ་མེད་པའི་ཕྱིར་ཡིད་ཀྱི་ལས་ནི་མ་ཡིན་ཏེ། དེའི་ཕྱིར་ཡིད་ཀྱི་སྤོང་བ་ཡིན་པས་ཐུབ་པ་ཞེས་བརྗོད་དོ། །ཅིའི་ཕྱིར་མི་སློབ་པ་འབའ་ཞིག་ཡིན་གྱི་གཞན་ནི་མ་ཡིན་ཞེ ་ན། དགྲ་བཅོམ་པ་ནི་ཉོན་མོངས་པའི་བརྗོད་པ་ཐམས་ཅད་མེད་པས་དོན་དམ་པར་ཐུབ་པ་ཡིན་པའི་ཕྱིར་རོ། །མདོ་ལས་གཙང་བའི་གསུམ་གསུངས་པ་དེ་དག་གང་ཞེ་ན། དེ་དག་ཀྱང། གཙང་བ་རྣམ་གསུམ་ཐམས་ཅད་ཀྱི། །ལེགས་པར་སྤྱད་པ་གསུམ་ཡིན ་ནོ། །ཐམས་ཅད་ནི་ལུས་ཀྱི་ལེགས་པར་སྤྱད་པ་ནི་གཙང་མའི་ལུས་ཡིན་ནོ། །ཐམས་ཅད་ཀྱི་ངག་དང་ཡིད་ཀྱི་ལེགས་པར་སྤྱད་པ་ནི་གཙང་བའི་ངག་དང་ཡིད་ཡིན་ཏེ་དུས་དེ་སྲིད་དམ། གཏན་དུ་ཉེས་པར་སྤྱད་པའི་དྲི་མ་སྤོང་བའི་ཕྱིར་རོ། །དེ་ལྟར་བསྟན་པ ་ནི་ལོག་པའི་ཐུབ་པ་དང་གཙང་སྦྲ་ལ་མོས་པ་རྣམས་ལས་རྣམ་པར་དབྱེ་བའི་ཕྱིར་རོ། །ཉེས་པར་སྤྱད་པ་གསུམ་ལ། དེ་ལ་ལུས་ཀྱི་ལས་སོགས་མི་དགེ་བ། །ཉེས་པར་སྤྱད་པ་གསུམ་དུ་འདོད། །ལུས་དང་ངག་དང་ཡིད་ཀྱི་ལས་མི་དགེ་བ་ནི་རིམ་བཞིན་དུ ་ལུས་དང་ངག་དང་ཡིད་ཀྱི་ཉེས་པར་སྤྱད་པའོ། །བརྣབ་སེམས་ལ་སོགས་ལས་མིན་ཡང། ཡིད་ཀྱི་ཉེས་སྤྱད་རྣམ་གསུམ་མོ། །ལས་ཀྱི་རང་བཞིན་མ་ཡིན་ཡང་ཡིད་ཀྱི་ཉེས་པར་སྤྱད་པ་རྣམ་པ་གསུམ་ཡོད་དེ། སེམས ་པ་ལས་དོན་གཞན་དུ་གྱུར་པ། བརྣབ་སེམས་དང། གནོད་སེམས་དང། ལོག་པར་ལྟ་བའོ། །བཟློག་པ་ལེགས་པར་སྤྱད་པའོ། །ཉེས་པར་སྤྱད་པ་ལས་བཟློག་པ་ནི་ལེགས་པར་སྤྱད་པར་འདོད་དེ། ལུས་དང་ངག་དང་ཡིད་ཀྱི་ལས་དགེ་བ་དང། བརྣབ ་སེམས་མེད་པ་དང། གནོད་སེམས་མེད་པ་དང་ཡང་དག་པའི་ལྟ་བ་རྣམས་སོ། །དེ་ལས་ཆེ་ལོང་བསྡུས་ནས་ནི། །ལས་ཀྱི་ལམ་ནི་བཅུར་གསུངས་ཏེ། །དགེ་དང་མི་དགེ་ཅི་རིགས་པར། །ཉེས་པར་སྤྱད་པ་དང་ལེགས་པར་སྤྱད་པ་དེ་དག་ཉིད་ལས་ཆེ ་ལོང་བསྡུས་ཏེ། མདོ་ལས་ལས་ཀྱི་ལམ་བཅུར་གསུངས་པ་ནི། ཅི་རིགས་པར་ལེགས་པར་སྤྱད་པ་ལས་ནི་དགེ་བ་རྣམས་སོ། །ཉེས་པར་སྤྱད་པའི་ལས་ནི་མི་དགེ་བ་རྣམས་སོ། །ལས་ཀྱི་ལམ་དེ་རྣམས་ལས། མི་དགེ་དྲུག་ནི་རྣམ་རིག་མིན། །མི་དགེ ་བའི་ལས་དྲུག་པོ་སྲོག་གཅོད་པ་དང། མ་བྱིན་པར་ལེན་པ་དང། རྫུན་དུ་སྨྲ་བ་དང། ཕྲ་མ་དང། ཚིག་རྩུབ་པོ་དང། ཚིག་འཁྱལ་བ་རྣམས་ནི་གཞན་གྱིས་བྱེད་དུ་བཅུག་ན། དངོས་ཀྱི་རྣམ་པར་རིག་བྱེད་མེད་པའི་ཕྱིར་གདོན་མ་ཟོས་པར་རྣམ་པར་རིག ་བྱེད་མ་ཡིན་པའི་རང་བཞིན་ནོ། །གཅིག་རྣམ་གཉིས་ཏེ། འདོད་པར་ལོག་པར་གཡེམ་པ་དེ་ནི་བདག་ཉིད་ཀྱིས་མཐར་ཕྱིན་པར་བྱེད་པའི་ཕྱིར་རྟག་ཏུ་རྣམ་པར་རིག་བྱེད་དང། རྣམ་པར་རིག་བྱེད་མ་ཡིན་པ་གཉི་གའི་རང་བཞིན་ཡིན་ཏེ། དེ་གཞན ་གྱི་བྱེད་དུ་བཅུག་པ་ནི་དེ་འདྲ་བར་དགའ་བར་འགྱུར་བ་མ་ཡིན་ནོ། །དེ་དག་ཀྱང་བྱེད་ན། ལས་ཀྱི་ལམ་དྲུག་པོ་དེ་དག་ཀྱང་བདག་ཉིད་བྱེད་པ་ན་ནི་རྣམ་པར་རིག་བྱེད་དང་རྣམ་པར་རིག་བྱེད་མ་ཡིན་པ་རྣམ་པ་གཉིས་སུ་འགྱུར་ཏེ། སྲོག་གཅོད་པ་དུས་དེ ་ཉིད་དུ་ཤི་ན་རྣམ་པ་གཉིས་སུ་འགྱུར་རོ། །ཕྱིས་ཤི་ན་ནི་རྣམ་པར་རིག་བྱེད་མ་ཡིན་པ་འབའ་ཞིག་ཡིན་ནོ། །དགེ་བའི་ལས་ཀྱི་ལམ་རྣམས་ལས། དགེ་བ་བདུན་རྣམ་གཉིས། ཡང་དག་པར་བླངས་པའི་ཚུལ་ཁྲིམས་ནི་རྣམ་པར་རིག་བྱེད་ལ་ངག ་ལུས་པའི་ཕྱིར་གཟུགས་ཅན་བདུན་གྱི་ལས་ཀྱི་ལམ་རྣམས་ནི། ངེས་པར་རྣམ་པར་རིག་བྱེད་དང་རྣམ་པར་རིག་བྱེད་མ་ཡིན་པ་རྣམ་གཉི་ག་ཡིན་ནོ། །ཏིང་འཛིན་ལས་སྐྱེས་རྣམ་རིག་མིན། བསམ་གཏན་དང་ཟག་པ་མེད་པའི་སྡོམ་པས་བསྡུས ་པའི་སྡོམ་པ་ནི་ཏིང་ངེ་འཛིན་ལས་སྐྱེས་པ་ཞེས་བྱ་སྟེ། དེ་དག་ནི་སེམས་ཙམ་ལ་རག་ལུས་པའི་ཕྱིར་རྣམ་པར་རིག་བྱེད་མ་ཡིན་པ་ཉིད་དོ། །ཉེ་བར་བསྡོགས་ལ་རྣམ་རིག་བྱེད། །ལས་ཀྱི་ལམ་ཉེ་བསྡོགས་ལ་ནི་གདེན་མི་ཟ་བར་རྣམ་པར་རིག་བྱེད་ཀྱི་རང ་བཞིན་ཉིད་ཡིན་ནོ། །རྣམ་པར་རིག་བྱེད་མིན་མ་ངེས། །གལ་ཏེ་ཀུན་ནས་དཀྲིས་པ་དྲག་པོ་འམ། དང་བ་ལྷུར་ལེན་པ་ཆེན་པོས་སྦྱོར་བ་རྩོམ་ན་ནི། རྣམ་པར་རིག་བྱེད་མ་ཡིན་པར་འགྱུར་གྱི། གཞན་དུ་ན་ནི་མི་འགྱུར་རོ། །བཟློག་པ་ལས་ནི་འཇུག་ཡིན ་ནོ། །ཉེར་བསྡོགས་ལས་བཟློག་པའི་ལས་ཀྱི་ལམ་རྣམས་ནི་མཇུག་ཡིན་པར་རིག་པར་བྱ་སྟེ། དེ་དག་ནི་རྣམ་པར་རིག་བྱེད་མ་ཡིན་པའི་རང་བཞིན་ནོ། །རྣམ་པར་རིག་བྱེད་ནི་མ་ངེས་ཏེ། གལ་ཏེ་ལས་ཀྱི་ལམ་བྱས་ནས། ཡང་དེའི་རྗེས་འཐུན་པའི ་ཆོས་སྤྱོད་ན་ནི་རྣམ་པར་རིག་བྱེད་དུ་འགྱུར་གྱི་གཞན་དུ་ན་ནི་མི་འགྱུར་རོ། །མདོ་ལས། དགེ་སློང་དག་སྲོག་གཅོད་པ་ནས་ལོག་པར་ལྟ་བའི་རྣམ་པ་གསུམ་སྟེ། ཆགས་པ་ལས་སྐྱེས་པ་དང། ཞེ་སྡང་ལས་སྐྱེས་པ་དང། གཏི་མུག་ལས་སྐྱེས་པའོ ་ཞེས་གསུངས་པ། དེ་ལ་སྲོག་གཅོད་པ་ཆགས་པ་ལས་སྐྱེས་པ་ནི་ཅི་འདྲ་བ་ཞིག་ཅེས་བྱ་བ་ལ་སོགས་པ་བརྗོད་པར་བྱ་སྟེ། འདི་ལ་ལས་ཀྱི་ལམ་ཐམས་ཅད་ལ་ཆགས་པ་ལ་སོགས་པས་མཐར་ཕྱིན་པར་བྱེད་པ་ནི་མ་ཡིན་གྱི། སྦྱོར་བ་རྩ་བ་གསུམ ་ལས་སྐྱེས། དེ་དག་གི་སྦྱོར་བ་ནི་དགེ་བའི་རྩ་བ་གསུམ་ལས་སྐྱེས་པ་ཡིན་པས། དེ་བས་ན་དང་པོའི་ཀུན་ནས་སོད་པའི་ཚིག་ལས་དེ་སྐད་ཅེས་བཤད་དེ། དེ་བརྣབ་སེམས་ལ་སོགས་པ་ལ་ནི་མ་ཡིན་ནོ། །དེ་ལ ་སྲོག་གཅོད་པ་ཆགས་པ་ལས་སྐྱེས་པ་འདི་ལྟ་སྟེ། དེའི་ལུས་ཀྱི་ཡན་ལག་གི་ཕྱིར་རམ། རྩེད་མོའི་ཕྱིར་རམ། ནོར་གྱི་ཕྱིར་རམ། བདག་གམ་མཛའ་བོ་ཡོངས་སུ་བསྐྱབ་པའི་ཕྱིར་སྲོག་གཅོད་པར་བྱེད་པའོ། །ཞེ་སྡང་ལས་སྐྱེས་པ་ནི ་འདི་ལྟ་སྟེ་ཁོན་ལས་ངེས་པར་འབྱུང་བར་བྱ་བའི་ཕྱིར། གསོད་པར་བྱེད་པའོ། །གཏི་མུག་ལས་སྐྱེས་པ་ནི་འདི་ལྟ་སྟེ་མཆོད་སྦྱིན་བ་རྣམས་དང། རྒྱལ་པོས་ཆོས་འདོད་པ་ཚད་པར་བྱས་ན། ཆོས་ཀྱི་བློ་གྲོས་དགྲ་བོ་དང་མི་བགྲུངས?་པ་རྣམས ་ཆད་པས་བཅད་ན། རྒྱལ་པོ་བསོད་ནམས་ཀྱི་སྣོད་དུ་འགྱུར་རོ་ཞེས་གྲགས་པ་ལྟ་བུའོ། །མ་བྱིན་པར་ལེན་པ་ཆགས་པ་ལས་སྐྱེས་པ་ནི་གང་གིས་གང་དོན་དུ་གཉེར་བ་དེ་ངེས་འཕོག་པར་བྱེད་པའོ། །ཞེ་སྡང་ལས་སྐྱེས་པ་ནི་ཁོན་ལས་ངེས ་པར་འབྱུང་བར་བྱ་བའི་ཕྱིར་གང་ཡིན་པའོ། །གཏི་མུག་ལས་སྐྱེས་པ་འདི་ནི་འདི་ལྟ་སྟེ། རྒྱལ་པོས་ཆོས་འདོན་པ་ཚད་མར་བྱས་ནས་མི་བགྲུངས་པ་རྣམས་ཆད་པས་གཅོད་པའོ། །འདོད་པས་ལོག་པར་གཡེམ་པ་ཆགས་པ་ལས་སྐྱེས་པ་ནི ་གཞན་གྱི་ཆུང་མ་ལ་སོགས་པ་དེ་དག་ལ་ཀུན་དུ་ཆགས་པ་འམ། རྙེད་པ་དང་བཀུར་བསྟིའི་ཕྱིར་རམ། བདག་དང་མཛའ་བོ་ཡོངས་སུ་བསྐྱབ་པའི་ཕྱིར་མི་ཚངས་པར་སྤྱོད་པའོ། །ཞེ་སྡང་ལས་སྐྱེས་པ་ནི་ཁོ་ན་ལས་ངེས་པར་འབྱུང་བར་བྱ ་བའི་ཕྱིར་འདོད་པས་ལོག་པར་གཡེམ་པའོ། །གཏི་མུག་ལས་སྐྱེས་པ་ནི་འདི་ལྟ་སྟེ། པར་སྡིག་ལ་སོགས་པ་མ་ལ་སོགས་པའི་གན?་དུ་འགྲོ་བའོ། །རྫུན་དུ་སྨྲ་བ་ལ་སོགས་པ་ཆགས་པ་ལས་སྐྱེས་པ་དང། ཞེ་སྡང་ལས་སྐྱེས་པ་དང་ཡང་སྡང ་མ་བཞིན་ནོ། །གཏི་མུག་ལས་སྐྱེས་པ་ནི་ཇི་སྐད་དུ། རྒྱལ་པོ་བཞད་གད་ལྡན་དང་བུད་མེད་དང། །བག་མ་ལེན་པའི་ཚེ་དང་གསོད་པ་དང། །ནོར་ཀུན་འཕྲོག་ཚེ་རྫུན་སྨྲས་གནོད་མེད་དེ། རྫུན་ལྔ་སྡིག་ཏོ་ཅན་མིན་ཞེས་བཤད་དོ། །ཞེས་སྨྲ་བ་དང། ་གང་ཡང་ལོག་པར་ལྟ་བ་ལ་ཞུགས་པའི་བརྫུན་དང། ལོག་པར་ལྟ་བ་ལ་ཞུགས་པའི་ཕྲ་མ་ལ་སོགས་པ་ནི་གཏི་མུག་ལས་སྐྱེས་པའོ། །ཇི་ལྟར་ན་བརྣབ་སེམས་ལ་སོགས་ཆགས་པ་ལ་སོགས་པ་ལས་སྐྱེས་པ་ཡིན་ཞེ་ན། དེའི་མཇུག་ཐོགས་ལས ་བྱུང་བའི་བརྣབ་སེམས་སོགས་རྩ་གསུམ་ལས་སྐྱེས། ཆགས་པའི་མཇུག་ཐོགས་སུ་བྱུང་བ་ནི་ཆགས་པ་ལས་སྐྱེས་པའོ། །ཞེ་སྡང་གི་མཇུག་ཐོགས་སུ་བྱུང་བ་ནི་ཞེ་སྡང་ལས་སྐྱེས་པའོ། །གཏི་མུག་གི་མཇུག་ཐོགས་སུ་བྱུང་བ་ནི་གཏི་མུག་ལས་སྐྱེས ་པའོ། །མི་དགེ་བའི་ལས་ཀྱི་ལམ་རྣམས་བཤད་ཟིན་ཏོ། །དགེ་བའི་ལས་ཀྱི་ལམ་ཇི་ལྟ་བུ་ཞེ་ན། སྨྲས་པ། དགེ་རྣམས་སྦྱོར་དང་མཇུག་བཅས་པར། །ཆགས་སྡང་གཏི་མུག་མེད་ལས་སྐྱེས། །དགེ་བའི་ལས་ཀྱི་ལམ་རྣམས་ནི་དགེ་བའི་སེམས་ཀྱིས ་ཀུན་ནས་བསླང་བའི་ཕྱིར་བ་དང། དེ་ཡང་གདོན་མི་ཟ་བར་མ་ཆགས་པ་ལ་སོགས་པ་དང་མཚུངས་པར་ལྡན་པ་ཡིན་པའི་ཕྱིར་སྦྱོར་བ་དང་མཇུག་དང་བཅས་པར་མ་ཆགས་པ་དང། ཞེ་སྡང་མེད་པ་དང། གཏི་མུག་མེད་པ་ལས་སྐྱེས་པ་ཡིན་ཏེ། དེ་ལ ་མི་དགེ་བར་སྦྱོར་བའི་ལས་ཀྱི་ལམ་སྤོང་བ་ནི་དགེ་བར་སྦྱོར་བའི་ལས་ཀྱི་ལམ་ཡིན་ནོ། །དངོས་སྤོང་བ་ནི་དངོས་ཡིན་ནོ། །མཇུག་སྤོང་བ་ནི་མཇུག་ཡིན་ནོ། །ཇི་སྐད་དུ་ལས་ཀྱི་ལམ་ཐམས་ཅད་ཆགས་པ་ལ་སོགས་པས་མཐར་ཕྱིན་པར་བྱེད་པ་ནི་མ ་ཡིན་ནོ་ཞེས་བཤད་པ་གང་ཡིན་པ་ལ། ཡང་གང་གིས་གང་ཞིག་མཐར་ཕྱིན་པར་བྱེད་ཅེ་ན། གསོད་དང་གནོད་སེམས་ཚིག་རྩུབ་ནི། །ཞེ་སྡང་གིས་ནི་མཐར་འབྱིན་བྱེད། །སྲོག་གཅོད་པ་ལ་སོགས་པ་འདི་དག་ནི་ཞེ་སྡང་གིས་རྫོགས་པར་བྱེད་དེ།། ་ཡོངས་སུ་འདོར་བ་དང་རྩུབ་པའི་སེམས་མངོན་དུ་འགྱུར་བའི་ཕྱིར་རོ། །ལོག་གཡེམ་བརྣབ་སེམས་མ་བྱིན་ལེན། །ཆགས་པ་ཡིས་ནི་རྫོགས་པར་བྱེད། །འདོད་པས་ལོག་པར་གཡེམ་པ་དང། །བརྣབ་སེམས་དང་མ ་བྱིན་པར་ལེན་པ་རྣམས་ནི་ཆགས་པས་རྫོགས་པར་བྱེད་དོ། །ལོག་པར་ལྟ་དང་གཏི་མུག་གི་།ཆེར་རྨོངས་པར་གྱུར་ན་དེ་མཐར་ཕྱིན་པར་བྱེད་དོ། །ལྷག་མ་གསུམ་གྱིས་རྫོགས་པར་འདོད། ལྷག་མ་ཡང་གང་དག་གཅིག་ཅེ་ན། །རྫུན་དུ་སྨྲ ་བ་དང། ཕྲ་མ་དང། ཚིག་བཀྱལ་པ་སྟེ། དེ་དག་ནི་ཆགས་པ་འམ། ཞེ་སྡང་ངམ། གཏི་མུག་གསུམ་གས་ཀྱང་མཐར་ཕྱིན་པར་བྱེད་དོ། །ལས་ཀྱི་ལམ་རྣམ་པ་བཞིར་བཤད་པ་གང་ཡིན་པ་དེ་དག་ནི་གསུམ་དང། གསུམ་དང་གཅིག་དང ་གསུམ་སྟེ་དེ་དག་ཀྱང་རིམ་བཞིན་དུ། གཞི་ནི་སེམས་ཅན་ལོངས་སྤྱོད་དང། མིང་དང་གཟུགས་དང་མིང་ཡིན་ནོ། །སྲོག་གཅོད་པ་ལ་སོགས་པའི་གཞི་ནི་སེམས་ཅན་ཡིན་ནོ། །གཞན་གྱི་བུད་མེད་ཀྱི་གན་དུ་འགྲོ་བ་ལ་སོགས་པའི་གཞི་ནི ་ལོངས་སྤྱོད་ཡིན་ནོ། །ལོག་པར་ལྟ་བའི་གཞི་ནི་མིང་དང་གཟུགས་ཡིན་ནོ། །རྫུན་དུ་སྨྲ་བ་ལ་སོགས་པའི་གཞི་ནི་མིང་གི་ཚོགས་ལ་སོགས་པ་ཡིན་ནོ། །གང་ཞིག་གི་གཞན་གསད་པའི་ཕྱིར་ངེས་པར་བྱས་ལ། ངེས་ན་མགོ་མཉམ་དུ་འམ་སྔར ་ཤི་ན། ཇི་འདི་ལ་དངོས་ཀྱི་ལས་ཀྱི་ལམ་ཡོད་དམ་འོན་ཏེ་མེད་ཅེ་ན། མཉམ་པའམ་སྔར་ནི་ཤི་བ་ལ། དངོས་མེད་དེ་ཉིད་ཀྱི་ཕྱིར་སྦྱོར་བ་ཡང་བྱས་ལ་འབྲས་བུ་ཡང་ཡོངས་སུ་རྫོགས་པར་གྱུར་ཀྱང་སྲོག་གཅོད་པའི་ཁ་ན་མ་ཐོ་པས་མི་རེག་པ ་ལྟ་མཆིས་སམ། བཀའ་སྩལ་བ། ཡོད་དེ། འདི་ལྟ་སྟེ། དེ་དང་གསོད་པ་པོ་མགོ་མཉམ་དུ་འམ། སྔར་ཤི་ནའོ་ཞེས་གསུངས་སོ། །དེ་ལ་རྒྱུ་ཅི་ཞིག་ཡོད་ཅེ་ན། གསད་པར་བྱ་བ་གསོད་བཞིན་དུ་གསོད་པ་པོ་ལས་ཁ་ན་མ་ཐོ་བ་དང་ལྡན་པ་ཡང་མེད ་ལ། མགོ་མཉམ་དུ་ཤི་ན་ཡང། གསོད་པ་པོ་ལ་ཁ་ན་མ་ཐོ་བ་དང་ལྡན་པ་མེད་དེ། ལུས་གཞན་སྐྱེས་ཕྱིར་རོ། །ལུས་གང་གིས་དེར་སྦྱོར་བ་བྱས་པ་དེ་ནི་ཆད་ནས་རིས་འཐུན་པ་གཞན་གྱི་ལུས་གཞན་པ་ཉིད་དུ་བྱུང་སྟེ། དེ་ནི་སྦྱོར་བ་པོ་མ་ཡིན་པའི་ཕྱིར ་ལས་ཀྱི་ལམ་དང་ལྡན་པ་མེད་དོ། །གང་དམག་གིས་གདབ་པ་དང། ལིངས་གདབ་པ་དང། མི་འཕྲིག་པར་བཏབ་པ་དག་ཏུ་གཞན་དག་གསད་བར་བྱ་བའི་ཕྱིར་མང་པོ་ཚོགས་པས་བཏབ་ལ། གཅིག་གིས་སྲོག་གཅོད་ན་དེ་དང་སུ་ཞིག་ལྡན་པར་འགྱུར ་ཞེ་ན། དམག་ལ་སོགས་པར་བྱ་གཅིག་ཕྱིར། །ཐམས་ཅད་བྱེད་པ་པོ་བཞིན་ལྡན། །བྱ་བ་གཅིག་པའི་ཕྱིར་བྱེད་པ་པོ་ཇི་ལྟ་བ་དེ་བཞིན་དུ་ཐམས་ཅད་ལ་ཡང་ལྡན་པར་འགྱུར་ཏེ། དེ་དག་ནི་དོན་གྱིས་ན་ཕན་ཚུན་དུ་སྦྱོར་བར་བྱེད་པ་ཡིན་ནོ། །རང་གི་སྲོག ་གཅོད་པར་བྱེད་ན། ཇི་ཙམ་གྱིས་ན་ལས་ཀྱི་ལམ་དུ་འགྱུར་ཞེས་བྱ་བ་ནས་ལོག་པར་ལྟ་བའི་ལས་ཀྱི་ལམ་དུ་འགྱུར་ཞེས་བྱ་བའི་བར་གྱི་མཚན་ཉིད་བཤད་པར་བྱ་སྟེ། དེ་བརྗོད་པའོ། །སྲོག་གཅོད་པ་ནི་བསམ་བཞིན་དུ། །མ་ནོར་བ་ནི་གཞན་གསད་པའོ། །གལ ་ཏེ་འདི་གསད་དོ་ཞེས་བསམས་ཏེ། གཞན་དུ་མ་ནོར་བར་གཞན་བསད་ན་དེ་ཙམ་གྱིས་ན་སྲོག་གཅོད་པ་ཡིན་ནོ། །གལ་ཏེ་ཇི་འདི་སེམས་ཅན་ནམ་སེམས་ཅན་མ་ཡིན་དེ་འམ་གཞན་ཞིག་ཡིན་ཞེས་ཐེ་ཚོམ་ཟོས་ཏེ། གསོད་པར་བྱེད་ན་དེ་ཡང་གདོན་མི་ཟ ་བར་གང་ཡིན་ཞེས་ངེས་པ་རྙེད་ནས་དེ་ལ་སྣུན་པར་བྱེད་པས་ངེས་ན་འདོར་བའི་སེམས་སུ་བྱས་པ་ཉིད་ཡིན་ནོ། །སྲོག་གཅོད་པ་བཤད་ཟིན་ཏོ། །མ་བྱིན་ལེན་པ་གཞན་དག་གི་།མཐུ་དང་རྐུ་བས་བདག་གིར་བྱེད། །མ་ནོར་བ་ཞེས་བྱ་བར་སྦྱར་ཏེ། གལ་ཏེ་གཞན ་གྱིས་བདག་གིས་བྱས་པ་ལ་མཐུ་འམ་རྐུ་བའམ་འདྲིད་པས། བདག་གིར་བྱེད་ཅིང། གང་དུ་མཐུ་དང་རྐུ་བ་དང་བྲིད་པའི་བསམ་པ་དེ་ཉིད་ལས་གཞན་དུ་འདུ་ཤེས་མ་ནོར་ན་དེ་ཙམ་གྱིས་ན་མ་བྱིན་པར་བླངས་པ་ཡིན་ནོ། །མཆོད་རྟེན་ལས་ཕྲོགས་པ་ནི་སངས ་རྒྱས་ལས་མ་བྱིན་པར་བླངས་པ་ཡིན་ཏེ། བཅོམ་ལྡན་འདས་མྱ་ངན་ལས་འདས་པའི་ཚེ་དེ་དག་ཐམས་ཅད་ཡོངས་སུ་གཟུང་བའི་ཕྱིར་རོ། །ཁ་ཅིག་ན་རེ་སྲུང་མ་གང་དག་ཡིན་པ་ལས་སོ་ཞེས་ཟེར་རོ། །བདག་པོ་མེད ་པའི་གཏེར་བླུས་ན་ནི་ཡུལ་གྱི་བདག་པོ་ལས་སོ། །ཤི་བའི་ནོར་ཕྲོགས་ན་གསོལ་བའི་ལས་བྱས་པ་ཞིག་ཡིན་ན་ནི་མཚམས་ཀྱི་ནང་དུ་གཏོགས་པ་རྣམས་ལས་སོ། །མ་བྱས་པ་ཞིག་ཡིན་ན་ནི་སངས་རྒྱས་ཀྱི་སློབ་མ་ཐམས་ཅད་ལས་སོ།། ་བགྲོད་མིན་བགྲོད་པར་འདོད་པ་ཡི། །ལོག་པར་གཡེམ་པ་རྣམ་པ་བཞི། །བགྲོད་པར་བྱ་བ་མ་ཡིན་པར་འགྲོ་བ་སྟེ་འདོད་པས་ལོག་པར་གཡེམ་པ་རྣམ་པ་བཞི་སྟེ། བགྲོད་པར་བྱ་བ་མ་ཡིན་པ་གཞན་གྱིས་ཡོངས་སུ་བཟུང་བའམ་མ་འམ་བུ ་མོ་འམ་མ་དང་འབྲེལ་བའི་གན་དུ་འགྲོ་བའོ། །རང་གི་ཆུང་མ་ཡིན་ཡང་ཡན་ལག་མ་ཡིན་པར་འགྲོ་བའོ། །ཡུལ་མ་ཡིན་པར་འགྲོ་བ་སྟེ། སྣང་བ་འམ་མཆོད་རྟེན་གྱི་དྲུང་དུ་འགྲོ་བའོ། །དུས་མ་ཡིན་པར་འགྲོ་བ་སྟེ། སྦྲུམ་པ་འམ། ནུ་ཞོ་འཐུང་བ་འམ། ་ངེས་པ་དང་བཅས་པའི་གན་དུ་འགྲོ་བའོ། །ཁ་ཅིག་ན་རེ་གལ་ཏེ་ཁྱོས་གནང་ན་ངེས་པ་དང་བཅས་པ་ཡིན་ནོ་ཞེས་ཟེར་ཏེ་མ་ནོར་ན་ཞེས་བྱ་བར་སྦྱར་རོ། །གཞན་དག་ན་རེ་གལ་ཏེ་བདག་གི་ཡིན་པའི་འདུ་ཤེས་ཀྱི་གཞན་གྱི་ཆུང་མའི་གན་དུ་སོང་ན ་ལས་ཀྱི་ལམ་དུ་མི་འགྱུར་གྱི། གལ་ཏེ་གཞན་གྱི་ཆུང་མ་ཡིན་པའི་འདུ་ཤེས་ཀྱི་གཞན་ཞིག་གི་གན་དུ་སོང་ན་གཞན་གྱི་ཆུང་མ་ལ་སྦྱོར་བ་བྱས་པའི་ཕྱིར་བ་དང། དངོས་པོ་ཡང་ཡོངས་སུ་ལོངས་སྤྱད་པའི་ཕྱིར་འགྱུར་རོ་ཟེར་རོ། །གཞན་དག་ན་རེ་སྦྱོར ་བ་གཞན་དུ་བྱས་པའི་ཕྱིར་མི་འགྱུར་ཏེ། སྲོག་གཅོད་པ་བཞིན་ནོ་ཞེས་ཟེར་རོ། །རྫུན་ཚིག་འདུ་ཤེས་གཞན་བསྒྱུར་བའི། །ཚིག་དོན་མངོན་པར་གོ་བའོ། །མངོན་པར་མགོན་ཅིར་འགྱུར་ཞེ་ན། ཚིག་བརྐྱལ་བར་འགྱུར་རོ། །མདོ་ལས། མ་མཐོང་བ ་ལ་མཐོང་ངོ་ཞེས་སྨྲ་བ་དང། མ་ཐོས་པ་དང། མ་རྟོགས་པ་དང། རྣམ་པར་མ་ཤེས་པ་ལ་རྣམ་པར་ཤེས་སོ། །ཞེས་སྨྲ་བ་ལ་སོགས་པ་ཐ་སྙད་བཅུ་དྲུག་རྒྱ་ཆེར། གསུངས་པ་དེ་ལ། མཐོང་བ་དང། ཐོས་པ་དང། རྟོགས་པ་དང། རྣམ་པར་ཤེས་པ་དེ ་དག་གི་མཚན་ཉིད་ཅི་ཡིན་ཞེ་ན། མིག་སྣ་ཡིད་ཀྱི་རྣམ་ཤེས་དང། །གསུམ་གྱིས་ཉམས་སུ་མྱོང་གང་དེ། །མཐོང་ཐོས་རྣམ་པར་ཤེས་པ་དང། །རྟོག་པར་འདོད་དེ་རིམ་བཞིན་བཤད། །མིག་གི་རྣམ་པར་ཤེས་པས་ཉམས་སུ་མྱོང་བ་གང་ཡིན་པ་དེ་ནི ་མཐོང་བ་ཞེས་བཤད་དོ། །རྣ་བའི་རྣམ་པར་ཤེས་པས་ཉམས་སུ་མྱོང་བ་གང་ཡིན་པ་དེ་ནི་ཐོས་པ་ཞེས་བཤད་དོ། །ཡིད་ཀྱི་རྣམ་པར་ཤེས་པས་ཉམས་སུ་སྤྱོད་པ་གང་ཡིན་པ་དེ་ནི་རྣམ་པར་ཤེས་པ་ཡིན་ནོ། །སྣ་དང་ལྕེ་དང་ལུས་ཀྱི་རྣམ་པར་ཤེས ་པས་ཉམས་སུ་མྱོང་བ་གང་ཡིན་པ་དང། དེ་དག་ནི་རྟོག་པ་ཡིན་ནོ། །རྫུན་དུ་སྨྲ་བ་རྫོགས་སོ། །ཕྲ་མ་ཕ་རོལ་དབྱེ་བའི་ཕྱིར། །ཉོན་མོངས་ཅན་གྱི་སེམས་ཀྱི་ཚིག་།ཕ་རོལ་པོ་དག་དབྱེ་བའི་ཕྱིར་བ་དང། མི་མཛའ་བར་བྱ་བའི་ཕྱིར་སེམས་ཉོན་མོངས་པ ་ཅན་གྱི་ཚིག་གང་ཡིན་པ་དེ་ཕྲ་མ་ཡིན་ཏེ། དོན་མངོན་པར་གོ་བ་དང། མ་ནོར་ན་ཞེས་བྱ་བར་སྦྱར་རོ། །ཉོན་མོངས་ཅན་ཀུན་ཀྱལ་བ་ཡིན། །དག་ཅེས་བྱ་བའི་དབང་དུ་བྱས་པར་སྦྱར་ཏེ། ཉོན་མོངས་པ་ཅན་གྱི་ཚིག་ཐམས་ཅད་ནི་ཚིག་བཀྱལ་པ་སྟེ། དེ ་ཉིད་བཀྱལ་བ་ཡིན་ལ་དེ་དང་ལྡན་པའི་ཚིག་བཀྱལ་བ་ཅན་ཡིན་ནོ། །གཞན་ནི་དེ་ལ་གཞན་ཉོན་མོངས། །གཞན་དག་ན་རེ་ནི་དག་ལས་རྫུན་དུ་སྨྲ་བ་ལ་སོགས་པ་དེ་དག་ལས་གཞན་པ་ཉོན་མོངས་པ་ཅན་གྱི་ཚིག་གང་ཡིན་པ་དེ་ནི་ཚིག་བཀྱལ ་པ་ཡིན་ནོ་ཞེས་ཟེར་ཏེ། ཁ་གསག་དགའ་དང་གར་དང་ནི། །བསྟན་བཅོས་བཞིན། །འདི་ལྟ་སྟེ། དགེ་སློང་ལོག་པས་འཚོ་བར་འདོད་པས་ཁ་གསགས་བྱེད་པ་དང། ཁ་ཅིག་གཞན་དག་མགུ་བར་བྱ་བའི་ཕྱིར་ཆགས་པ་གླུ་ལེན་ཅིང་གར་བྱེད་པ་ན་འཁྱལ ་པ་དང། དེའི་ལྟ་བར་གྱུར་ནས་བསྟན་བཅོས་ངན་པ་འདོན་པ་དང། དེ་བཞིན་དུ་སྨྲེ་སྔགས་འདེན་པ་དང། འདུན་གཏམ་ལ་སོགས་པ་ལས་གཞན་པ་ཉོན་མོངས་པ་ཅན་གྱིས་ངག་གང་ཡིན་པ་དེ་དག་ནི་ཚིག་བཀྱལ་བ ་ཡིན་ནོ། །ཇི་ལྟར་ན་འཁོར་ལས་སྒྱུར་བ་དག་གི་ཚེ་གླུ་ཡང་ཡོད་ལ་ཚིག་བཀྱལ་བ་ཡང་མ་ཡིན་ཞེ་ན། དེའི་ཚན་ནི་ངེས་པར་འབྱུང་བ་དང་ལྡན་པའི་གླུ་དག་ལེན་པར་འགྱུར་རོ། །གཞན་དག་ན་རེ་དེའི་ཚེ་བག་མ་ལེན་པ་དང་གཏོང་བ་ལ་སོགས་པའི ་རྗོད་པའི་ཚིག་བཀྱལ་པ་ཡོད་ཀྱང་ལས་ཀྱི་ལམ་ནི་མ་ཡིན་ནོ་ཞེས་ཟེར་ཏོ། །བརྣབ་སེམས་ནི། ལོག་པས་གཞན་གྱི་བྱེད་ལ་ཆགས་།གཞན་དག་གི་གང་ཡིན་པ་དེ་དག་གི་ཡིན་པར་ལེགས་སུ་སྨོན་པ་སྟེ། གཞན་གྱིས་བདག་གིར་བྱས་པ ་ལ་མཐུ་འམ་རྐུ་བ་ལོག་པའི་ཚུལ་གྱི་ཆགས་ནས་བདག་གིར་བྱེད་འདོད་པ་གང་ཡིན་པ་དེ་ནི་བརྣབ་སེམས་ཀྱི་ལས་ཀྱི་ལམ་ཡིན་ནོ། །གནོད་སེམས་སེམས་ཅན་ལ་སྡང་བ། །སེམས་ཅན་ངག་ལ་རྣམ་པར་སྡང་བ་ནི་གནོད་སེམས་ཡིན་ཏེ། གནོད ་གར་ཞུགས་པའོ། །དགེ་དང་མི་དགེ་མེད་ལྟ་བ། །ལོག་པར་ལྟ་བ་ཡིན། དགེ་བ་དང་མི་དགེ་བའི་ལས་མེད་དོ་ཞེས་ལྟ་གང་ཡིན་པ་དེ་ནི་ལོག་པར་ལྟ་བ་ཡིན་ཏེ། མི་དགེ་བ་བཅུའི་ལས་ཀྱི་ལམ་དེ་དག་གི་མཚན་ཉིད་ནི་དེ་ལྟ་བུ་ཡིན་ནོ། །ལས ་ཀྱི་ལམ་ཞེས་བྱ་བའི་དོན་ཅི་ཞིག་ཡིན་ཞེ་ན། འདི་ལ་གསུམ་ལས་བདུན་ནི་ལས་ཀྱང་ཡིན། བརྣབ་སེམས་ལ་སོགས་པ་གསུམ་ནི་ལས་ཀྱི་ལམ་ཡིན་པས་ལས་ཀྱི་ལམ་སྟེ། དེ་དག་དང་མཚུངས་པར་ལྡན་པ་ཅན་གྱི་སེམས་པ་ནི་དེ་དག་གི ་རྒྱུ་བས་རྒྱུ་སྟེ། དེ་དག་གི་འགྲོས་ཀྱིས་འགྲོ་བའོ། །དེའི་དབང་གི་དེ་དག་མངོན་པར་འདུ་བྱེད་པའི་ཕྱིར་རོ། །སྲོག་གཅོད་པ་ལ་སོགས་པ་བདུན་ནི་ལུས་དང་ངག་གི་ལས་ཡིན་པའི་ཕྱིར་ལས་ཀྱང་ཡིན་ལ་ལས་ཀྱི་ལམ་ཡིན་པས་ན་ལས་ཀྱི་ལམ་སྟེ། དེ་དག ་ཀུན་ནས་སློང་བའི་སེམས་པ་ནི་དེ་དག་ལ་བརྟེན་ནས་འཇུག་པའི་ཕྱིར་རོ། །དེ་ལྟར་ན་ལས་ཀྱི་ལམ་དང། ལས་ཀྱི་དང་ལམ་ཡིན་པས་ན་ལས་ཀྱི་ལམ་སྟེ། བརྣབ་སེམས་མེད་པ་ལ་སོགས་པ་དང། སྲོག་གཅོད་པ་སྤོང་བ་ལ་སོགས་པ་ཡང་དེ་བཞིན་དུ ་འདུ་ཤེས་པར་བྱའོ། །མི་དགེ་བ་བཅུའི་ལས་ཀྱི་ལམ་གང་ཡིན་པ་དེ་དག་ཐམས་ཅད་ནི་དགེ་བའི་ཆོས་དེ་དག་གི་ཡང་དག་པར་ལེན་པ་དང་འགལ་བ་ཡིན་ལ། མེད་པར་ལྟ་བས་རྩ་བ་གཅོད། དགེ་བའི་རྩ་བ་གཅོད། དགེ་བའི་རྩ་བ་གཅོད་པ་ནི་མེད་པར ་ལྟ་བ་ཆེན་པོ་ཡོངས་སུ་རྫོགས་པས་གཅོད་དོ། །དགེ་བའི་རྩ་བ་གང་དག་ཅིག་གཅོད་པར་འགྱུར་ཞེ་ན། འདོད་གཏོགས་སྐྱེས་ནས་ཐོབ་པ་རྣམས། །འདོད་པ་ན་སྤྱོད་པའི་དགེ་བའི་རྩ་བ་རྣམས་གཅོད་པར་འགྱུར་ཏེ། གཟུགས་དང་གཟུགས་མེད་པ་ན་སྤྱོད་པ ་དང་ནི་མི་ལྡན་པའི་ཕྱིར་རོ། །སྐྱེས་ནས་ཐོབ་པ་འབའ་ཞིག་གཅོད་པར་འགྱུར་གྱི་སྦྱོར་བ་ལས་འབྱུང་བ་ནི་སྔར་ཡོངས་སུ་ཉམས་པའི་ཕྱིར་རོ། །ཅི་ལ་དམིགས་པས་ལོག་པར་ལྟ་བས་གཅོད་པར་བྱེད་ཅེ་ན། རྒྱུ་དང་འབྲས་ལ་སྐུར་པ་ཡིས། །ཁ་ཅིག་ན་རེ ་ཟག་པ་དང་བཅས་པ་ལ་དམིགས་པ་འབའ་ཞིག་གིས་ཡིན་གྱི་ཟག་མེད་པ་ལ་ནི་དམིགས་པས་ནི་མ་ཡིན་ལ་སྐལ་པ་མཉམ་པའི་ཁམས་ལ་དམིགས་པ་འབའ་ཞིག་གིས་ནི་ཡིན་གྱི་སྐལ་པ་མི་མཉམས་པའི་ཁམས་དམིགས་ཀྱང་མ་ཡིན་ཏེ ་མཚུངས་པར་ལྡན་པ་ཙམ་གྱི་བག་ལ་ཉལ་བས་ན་སྟོབས་ཆུང་བའི་ཕྱིར་རོ། །ཞེས་ཟེར་རོ། །འདི་སྐད་དུ། ཀུན་གྱི་ཞེས་བརྗོད་དོ། །ཁ་ཅིག་ན་རེ་དགེ་བའི་རྩ་བ་རྣམ་པ་དགུ་ཆར་ཡང་ཅིག་ཅར་དུ་གཅོད་དེ། མཐོང་བས་སྤང་བར་བྱ་བ་བཞིན་ནོ་ཞེས་ཟེར ་རོ། །འདི་སྐད་དུ། རིམ་གྱིས་ཞེས་བརྗོད་དེ། །ལོག་པར་ལྟ་བ་རྣམ་པ་དགུས་དགེ་བའི་རྩ་བ་རྣམ་པ་དགུ་གཅོད་པར་བྱེད་དེ། བསྒོམ་པས་སྤང་བར་བྱ་བ་བཞིན་དུ་ཆེན་པོའི་ཆེན་པོས་ཆུང་ངུའི་ཆུང་ངུ་གཅོད་དོ། །ཞེས་ཟེར་རོ། །གང་དུ་དགེ་བའི་རྩ་བ་རྣམས ་གཅོད་ཅེ་ན། མིའི་ནང་དུ། མིའི་ནང་འབའ་ཞིག་ཏུ་ཡིན་གྱི་ངན་སོང་དག་ན་ནི་མེད་དེ། དེ་ཤེས་རབ་ཉོན་མོངས་པ་ཅན་དང་ཉོན་མོངས་པ་ཅན་མ་ཡིན་པ་གཉི་ག་ཡང་མི་བརྟན་པའི་ཕྱིར་རོ། །འབྲས་བུ་མངོན་དུ་གྱུར་པའི ་ཕྱིར་ལྷ་དག་གི་ནང་ན་ཡང་མེད་དོ། །གླིང་གསུམ་དག་ན་ཡང་བྱང་གི་སྒྲ་མི་སྙན་དག་ན་ཡང་མེད་དེ། སྡིག་པའི་བསམ་པ་མ་ཡིན་པའི་ཕྱིར་རོ། །དེ་དག་ཀྱང། སྐྱེས་པ་བུད་མེད་རྣམས་ཀྱི་འཆད། དེ་དག་ལས་ཀྱང་སྲེང་བ་སྤྱོད་པ་དག་གི་འཆད་པ་མེད་དེ། ་བསམ་པ་གཡོ་བ་ཡིན་པའི་ཕྱིར་རོ། །འོ་ན་ཇི་ལྟ་བུ་ཞིག་ཅེ་ན། ལྟ་སྤྱད། བསམ་པ་བརྟན་པ་དང་མཁྱུད་པའི་བསམ་པ་ཡིན་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་མ་ནི་ང་ལ་སོགས་པ་ནི་མ་ཡིན་ཏེ། སྲེད་པ་སྤྱོད་པའི་ཕྱོགས་ཅན་ཡིན་པའི་ཕྱིར་བ་དང། ངན ་སོང་བ་བཞིན་ནོ། །དགེ་བའི་རྩ་བ་ཡང་དག་པར་ཆད་པའི་རང་བཞིན་ཇི་ལྟ་བུ་ཞིག་ཡིན་ཞེ་ན། དེ་དང་མི་ལྡན་པ། གང་གི་ཚེ་དགེ་བའི་རྩ་བ་རྣམས་ཀྱི་ཐོབ་པ་ཡང་མི་སྐྱེ་ལ། མ་ཐོབ་པ་ཡང་སྐྱེ་བ་སྟེ། མི་ལྡན་པ་སྐྱེས་པ་དེང་དགེ་བའི་རྩ་བ་རྣམས་ཡང ་དག་པར་ཆད་པ་ཞེས་བྱའོ། །དེ་དག་གི་ཡང་དག་པར་ཆད་པ་རྣམས་ཇི་ལྟར་ན་ཡང་ཉིང་མཚམས་སྦྱོར་ཞེ་ན། མཚམས་ནི་ཐེ་ཚོམ་ཡོད་ལྟ་བས། །ནམ་ཞིག་འདི་ལ་རྒྱུ་དང་འབྲས་བུ་ལ་ཐེ་ཚོམ་སྐྱེས་པའམ་ཡང་དག་པར་ལྟ་བ་ཞེས་བྱ་བའི་དོན་ཏེ། ་ཡོད་པར་ལྟ་བ་སྐྱེས་པ་དེའི་ཚེ་ཡང་ཐོབ་པ་སྐྱེས་པའི་ཕྱིར་དགེ་བའི་རྩ་བ་རྣམས་ཀྱི་ཉིང་མཚམས་སྦྱོར་བ་ཞེས་བྱ་བའོ། །ཉིང་མཚམས་ནི་རྣམ་པར་དགུ་ཅིག་ཅར་དུ་སྦྱོར་ལ། མངོན་སུམ་དུ་ནི་རིམ་གྱིས་འགྱུར་ཏེ། ནད་མེད་ན་སྟོབས་རྙེད་པར་འགྱུར ་བ་བཞིན་ནོ། །ཡང་དེ་དག་གི་མཚམས་སྦྱོར་བ་ནི། མཚམས་མེད་བྱེད་པས་འདི་ལ་མིན། །མཚམས་མེད་པ་བྱེད་པ་རྣམས་ཀྱི་ནི་མ་ཡིན་གྱི་གཞན་གྱི་ནི་འདི་ཉིད་ལ་ཡང་འགྱུར་རོ། །འདི་ནི་ལས་ཀྱི་སྐབས་ཡིན་པས། དེ་ལ་ལས་ཀྱི་ལམ་དུ་ཞིག ་དང་སེམས་པ་ལྷན་ཅིག་ཏུ་འབྱུང་བར་འགྱུར་བ་བརྗོད་པར་བྱ་སྟེ། མི་དགེ་བརྒྱད་ཀྱི་བར་དག་དང། སེམས་པ་ལྷན་ཅིག་འབྱུང་བར་འགྱུར། རེ་ཞིག་ཅིག་དང་ལྷན་ཅིག་འབྱུང་བ་ནི་གཞན་མེད་པར་བརྣབ་སེམས་ལ་སྲོགས་པ་མངོན་དུ་གྱུར་པའམ། ། ་ཀུན་ནས་ཉོན་མོངས་པ་ཅན་མ་ཡིན་པའི་སེམས་ཡིན་ལ། དེའི་སྦྱོར་བས་གཟུགས་ཅན་རྣམས་ལས་གང་ཡང་རུང་བ་ཞིག་གི་མཐར་ཕྱིན་པར་བྱེད་པའོ། །གཉིས་དང་ལྷན་ཅིག་འབྱུང་བ་ནི། །གནོད་སེམས་སྐྱེས་པའི་སེམས་ཀྱི་སྲོགས་གཅོད་པའམ། ་བརྣབ་སེམས་སྐྱེས་པས་མ་བྱིན་པར་ལེན་པའམ། འདོད་པས་ལོག་པར་གཡེམ་པའམ། ཚིག་བཀྱལ་བ་སྣ་བའོ། །གསུམ་དང་ལྷན་ཅིག་ཏུ་འབྱུང་བ་ནི་གནོད་སེམས་སྐྱེས་པའི་སེམས་ཀྱི་དུས་གཅིག་ཏུ་གཞན་གྱི་སྲོག་གཅོད་ཅིང་དུ་ནའོ། །བརྣབ ་སེམས་སྐྱེས་ལ་དེའི་སྦྱོར་བས་གཟུགས་ཅན་གཉིས་ཀྱི་མཐར་ཕྱིན་པར་བྱེད་ན་ཡར་གསུམ་ཉིད་དོ། །བཞི་དང་ལྷན་ཅིག་ཏུ་འབྱུང་བ་ནི་བརྣབ་སེམས་ལ་སོགས་པར་འགྱུར་ལ་དེའི་སྦྱོར་བས་གཞལ་གསུམ་གྱི་མཐར་ཕྱིན་པར་བྱེད་ན་སྟེ། དེ་བཞིན ་དུ་ལྔ་དང་དྲུག་དང་བདུན་དང་ཡང་སྦྱར་བར་བྱའོ། །བརྒྱད་དང་ལྷན་ཅིག་ཏུ་འབྱུང་བ་ནི་བརྣབ་སེམས་ལ་སོགས་པར་གྱུར་པ་ཉིད་ཀྱིས་དྲུག་མི་སྦྱོར་བ་བྱས་ལ། འདོད་པས་ལོག་པར་གཡེམ་པ་བདག་ཉིད་ཀྱི་བྱེད་ཅིང་བདག་ཉིད་ཀྱིས ་མཐར་ཕྱིན་པར་བྱེད་ནའོ། །དེ་ཞིག་མི་དགེ་བ་ངག་དང་ནི་དེ་ལྟ་བུ་ཡིན་ནོ། །དགེ་བ་བཅུའི་བར་དག་དང། དགེ་བའི་ལས་ཀྱི་ལམ་དག་དང་ནི་བཅུའི་བར་དང་སེམས་པ་ལྷན་ཅིག་ཏུ་འབྱུང་ངོ་ཞེས་སྤྱིར་བསྟན་ནས་དམིགས་ཀྱིས་སྟོན་པར་བྱེད ་དེ། གཅིག་དང་ལྔ་དང་བརྒྱད་དང་མིན། །དེ་ལ་ལས་ཀྱི་ལམ་གཉིས་དང་ལྷན་ཅིག་ཏུ་འབྱུང་བ་ནི་དགེ་བའི་རྣམ་པར་ཤེས་པ་སྔ་ལ་གནས་པའོ། །གསུམ་དང་ནི་ཡང་དག་པའི་ལྟ་བ་དང་མཚུངས་པར་ལྡན་པའི་ཡིད་ཀྱི་རྣམ་པར་ཤེས་པ་ལ ་གནས་པའོ། །བཞི་དང་ནི་མི་དགེ་བའམ། ལུང་དུ་མ་བསྟན་པའི་སེམས་ཀྱིས་དགེ་སྤྱོད་ངམ་དགེ་བསྙེན་གྱི་སྡོམ་པ་ཡང་དག་པར་ལེན་ནའོ། །དྲུག་དང་ནི་དགེ་བའི་རྣམ་པར་ཤེས་པ་ལྔ་ལ་གནས་པ་དེ་ཉིད་ཡང་དག་པར ་ལེན་ནའོ། །བདུན་དང་ནི་དགེ་བའི་ཡིད་ཀྱི་རྣམ་པར་ཤེས་པ་ལ་གནས་ཏེ། དེ་ཉིད་ཡང་དག་གནོད་པ་དང། མི་དགེ་བའམ་ལུང་དུ་མ་བསྟན་པའི་སེམས་ཀྱི་དགེ་སློང་གི་སྡོམ་པ་ཡང་དག་པར་ལྡན་ནའོ། །དགུ་དང་ནི་དགེ་བའི་རྣམ་པར་ཤེས་པ་ལྔ ་འམ། ཟད་ལ་མི་སྐྱེ་བ་དང་མཚུངས་པར་ལྡན་པའི་ཡིད་ཀྱི་རྣམ་པར་ཤེས་པ་ལ་གནས་ཏེ་དེ་ཉིད་ཡང་དག་པར་ལེན་ནའོ། །བཅུ་དང་ནི་དེ་ལས་གཞན་པའི་ཡིད་ཀྱི་རྣམ་པར་ཤེས་པ་ལ་གནས་ཏེ་དགེ་སློང་གི་སྡོམ་པ་ཉིད་ཡང་དག་པར་ལེན ་ནའོ། །འགྲོ་བ་གང་དག་ན་དགེ་བའམ། མི་དགེ་བའི་ལས་ཀྱི་ལམ་དུ་ཞིག་མངོན་སུམ་དུ་གྱུར་པའམ་ལྡན་པའི་སྒོ་ནས་ཡོད་ཅེ་ན། དམྱལ་བ་དག་ན་བཀྱལ་བ་དང། ཚིག་རྩུབ་གནོད་སེམས་རྣམ་གཉིས་སོ། །དམྱལ་བ་དག་ན་ནི་ལས་ཀྱི་ལམ ་འདི་གསུམ་མངོན་སུམ་དུ་གྱུར་པ་དང་ལྡན་པའི་སྒོ་དང་རྣམ་པ་གཉི་ག་ནས་ཡོད་དེ། སྨྲེ་སྔགས་འདོན་པའི་ཕྱིར་ན་ཚིག་བཀྱལ་བ་ཡིན་ནོ། །ཕན་ཚུན་སྦྱོར་བར་བྱེད་པའི་ཕྱིར་ན་ཚིག་རྩུབ་པོ་ཡིན་ནོ། །གཅིག་ལ་གཅིག་སེམས་ཀྱི་རྒྱུད་རྩུབ་པོས ་ཞེ་སྡང་བའི་ཕྱིར་ན་གནོད་སེམས་ཡིན་ནོ། །བརྣབ་སེམས་ལོག་ལྟ་ལྡན་པས་སོ། །ཆགས་པར་བྱ་བའི་དངོས་པོ་མེད་པའི་ཕྱིར་བ་དང། ལས་མངོན་སུམ་དུ་གྱུར་པའི་ཕྱིར་མངོན་སུམ་གྱུར་པའི་སྒོ་ནས་ནི་མེད་དོ། །ལས་ཟད་ནས་འཆི་བའི ་ཕྱིར་བ་དང། རྫས་དང་བུད་མེད་ཡོངས་སུ་བཟུང་བ་མེད་པའི་ཕྱིར་སྲོག་གཅོད་པ་དང། མ་བྱིན་པར་ལེན་པ་དང། འདོད་པས་ལོག་པར་གཡེམ་པ་དག་མེད་དོ། །དགོས་པ་མེད་པའི་ཕྱིར་རྫུན་དུ་སྨྲ་བ་མེད་དོ། །དེ་ཉིད་ཀྱི་ཕྱིར་བ་དང། རྟག་ཏུ་བྱེ་ཟིན ་བའི་ཕྱིར་ཕྲ་མ་མེད་དོ། །སྒྲ་མི་སྙན་ན་གསུམ་ཡིན་ནོ། །བརྣབ་སེམས་དང་གནོད་སེམས་དང་ལོག་པར་ལྟ་བ་སྟེ། མངོན་སུམ་དུ་མ་གྱུར་པའི་སྒོ་ནས་ནི་མ་ཡིན་གྱི་ལྡན་པའི་སྒོ་ནས་ཞེས་བྱ་བར་སྤྱད་ཏེ། ང་ཡིར་འཛིན་པ་མེད་པའི་ཕྱིར་བ་དང། ཀུན་དུ་གནོད ་པའི་དངོས་པོ་མེད་ཕྱིར་བ་དང། སྡིག་པའི་བསམ་པ་མ་ཡིན་པའི་ཕྱིར་རོ། །དེར་ནི་བདུན་པ་དངོས་སུ་ཡང། དེ་ནི་ཚིག་བཀྱལ་པ་ནི་མངོན་སུམ་དུ་གྱུར་པའི་སྒོ་ནས་ཀྱང་ཡོད་དོ། །དེ་དག་ནི་རེས་འགའ་ཉོན་མོངས་པ་ཅན་གྱི་སེམས་ཀྱི་གླུ་དག་ཀྱང་ལེན་ཏོ། ། ་སྡིག་པའི་བསམ་པ་ཡིན་པའི་ཕྱིར་བ་དང། ཚེ་ངེས་པ་དང་རྫས་དང་བུད་མེད་ཡོངས་སུ་གཟུང་བ་མེད་པའི་ཕྱིར་བ་དང། དགོས་པ་མེད་པའི་ཕྱིར་སྲོག་གཅོད་པ་ལ་སོགས་པ་མེད་དོ། །འདོད་པ་གཞན་ན་མི་དགེ་བཅུ། །དངོས་སུ་ཡང་ཞེས་བྱ་བར་སྦྱར་ཏེ། དམྱལ ་བ་དང་སྒྲ་མི་སྙན་ལས་གཞན་པ་འདོད་པའི་ཁམས་དག་ན་ནི་མི་དགེ་བ་བཅུ་ལས་ཀྱི་ལམ་རྣམས་མངོན་སུམ་དུ་གྱུར་པའི་སྒོ་ནས་ཀྱང་ཡོད་དེ། དུད་འགྲོ་ཡི་དགས་དང་ལྷ་དག་གི་ནང་ན་ནི་སྡོམ་པ་མ་ཡིན་པ་མ་གཏོགས་པའོ། །མི་དག་གི་ནང་ན་ནི་སྡོམ་པ ་མ་ཡིན་པས་བསྡུས་པ་ཡང་ཡོད་དོ། །གལ་ཏེ་ཡང་ལྷས་ལྷ་མི་གསོད་ཀྱང་འགྲོ་བ་གཞན་ན་གནས་པ་ནི་གསོད་པར་བྱེད་དོ། །གཞན་དག་ན་དེ་ལྷ་ཡང་མགོ་དང་རྐང་པ་གཅད་ན་འཆིའོ་ཞེས་ཟེར་རོ། །མི་དགེ་བ་རྣམས་བཤད་ཟིན་ཏོ། །དགེ་ལ་གསུམ་ནི་ཐམས ་ཅད་ན། །རྙེད་དང་མངོན་དུ་གྱུར་སྒོ་ནས། །བརྣབ་སེམས་མེད་པ་དང། གནོད་སེམས་མེད་པ་དང། ཡང་དག་པའི་ལྟ་བ་རྣམས་ནི་ཁམས་གསུམ་དང། འགྲོ་བ་ལྔ་པོ་ཐམས་ཅད་ན་ཡང་མངོན་དུ་གྱུར་པ་དང་ལྡན་པའི་སྒོ་ནས་ཡོད་དོ། །གཟུགས་མེད་འདུ་ཤེས ་མེད་སེམས་ཅན། །རྙེད་པར་བདུན་ཡོད། གཟུགས་མེད་པ་དག་དང། འདུ་ཤེས་མེད་པའི་སེམས་ཅན་དག་ན་ནི་ལུས་དང་ངག་གི་ལས་དགེ་བའི་ལས་ཀྱི་ལམ་བདུན་པོ་ལྡན་པའི་སྒོ་འབའ་ཞིག་ནས་ཡོད་དེ། གཟུགས་མེད་པར་སྐྱེས་པའི་འཕགས་པ་རྣམས ་ལ་ཡང་ཟག་པ་མེད་པའི་སྡོམ་པ་འདས་པ་དང་མ་འོངས་པ་དང་ལྡན་པའི་སྒོ་ནས་ཡོད་ལ། འདུ་ཤེས་མེད་པའི་སེམས་ཅན་རྣམས་ལ་ཡང་བསམ་གཏན་གྱི་སྡོམ་པ་ལྡན་པའི་སྒོ་ནས་ཡོད་དོ། །ལྷག་མ་ནི་མངོན་དུ་གྱུར་པའི་སྒོ་ནས་ཀྱང།། ་དམྱལ་བཅས་སྒྲ་མི་སྙན་མ་གཏོགས། །ལྷག་མ་བྱས་པ་ལྷག་མ་སྟེ། །དམྱལ་བ་དང་བྱང་གི་སྒྲ་མི་སྙན་པ་ལ་མ་གཏོགས་པ་ཁམས་དང་འགྲོ་བ་གཞན་གང་ཡིན་པ་སྟེ། དེ་དག་ནི་དགེ་བའི་ལས་ཀྱི་ལམ་བདུན་པོ་འདི་དག་མངོན་དུ་གྱུར་པའི་སྒོ་ནས་ཀྱང?་ཡོད་དོ།། ་དེ་དག་ཀྱང་དུད་འགྲོ་དང་ཡི་དགས་ནི་སྡོམ་པ་མ་གཏོགས་ལ། གཟུགས་ཀྱི་ཁམས་དག་ན་ནི་སྡོམ་པས་བསྡུས་པ་མ་གཏོགས་ཏེ་གཞན་ནི་གཉིས་ཡོད་དོ། །མི་དགེ་བའི་ལས་ཀྱི་ལམ་བཅུ་དང། དགེ་བའི་ལས་ཀྱི་ལམ་བཅུ་པོ་འདི་དག་ནི། ཐམས་ཅད ་བདག་པོ་རྒྱུ་འཐུན་དང། རྣམ་སྨིན་འབྲས་བུ་སྦྱིན་པར་བྱེད། །རེ་ཞིག་མི་དགེ་བ་དག་གིས་ནི་ཀུན་བསྟེན་པ་དང། གོམས་པར་བྱས་པ་དང། ལན་མང་དུ་བྱས་པས་ནི་དམྱལ་བ་དག་ཏུ་སྐྱེ་བར་འགྱུར་ཏེ། འདི་ནི་དེ་དག་གི་རྣམ་པར་སྨིན་པའི་འབྲས་བུ་ཡིན་ནོ།། ་བརྒྱ་ལ་འདིར་མི་རྣམས་དང་སྐལ་པ་མཉམ་པའི་རྣམ་པར་སྐྱེ་ན་ཡང་སྲོག་གཅོད་པས་ནི་ཚེ་ཐུང་ངུར་འགྱུར་རོ། །མ་བྱིན་པར་ལེན་པས་ནི་ལོངས་སྤྱོད་ཀྱི་ཕོངས་པར་འགྱུར་རོ། །འདོད་པས་ལོག་པར་གཡེམ་པས་ནི་དགྲ་དང་བཅས་པའི་ཆུང་མ་ཅན་དུ་འགྱུར ་རོ། །རྫུན་དུ་སྨྲ་བས་ནི་སྐུར་པ་མང་བར་འགྱུར་རོ། །ཕྲ་མས་ནི་མཛའ་བོ་དང་འབྱེར་བར་འགྱུར་རོ། །ཚིག་རྩུབ་པོས་ནི་ཡིད་དུ་མི་འོང་བའི་སྒྲ་ཐོས་པར་འགྱུར་རོ། །ཚིག་འཁྱལ་བས་ནི་ཚིག་བཟུང་བར་མི་འོས་པར་འགྱུར་རོ། །བརྣབ་སེམས་ཀྱིས་ནི་འདོད་ཆགས ་ནི་བཟད་པར་འགྱུར་རོ། །གནོད་སེམས་ཀྱིས་ནི་ཞེ་སྡང་དྲག་པོར་འགྱུར་རོ། །ལོག་པར་ལྟ་བས་ནི་གཏི་མུག་ཤས་ཆེ་བར་འགྱུར་ཏེ། དེ་ལ་ནི་གཏི་མུག་མང་པའི་ཕྱིར་རོ། །དེ་དག་ནི་རྒྱུ་འཐུན་པའི་འབྲས་བུ་ཡིན་ནོ། །སྲོག་གཅོད་པ་ཀུན་དུ་བསྟེན་པས་ནི་ཕྱིར་དངོས ་པོ་མཐུ་ཆུང་བར་འགྱུར་རོ། །མ་བྱིན་པར་ལེན་པས་ནི་སེར་བ་དང་རྡུལ་མང་པོར་འགྱུར་རོ། །འདོད་པས་ལོག་པར་གཡེམ་པས་ནི་རྡུལ་གྱི་འཁྲིག་པར་འགྱུར་རོ། །རྫུན་དུ་སྨྲ་བས་ནི་དྲིང་བར་འགྱུར་རོ། །ཕྲ་མས་ནི་མཐོན་དམན་དུ་འགྱུར་རོ། །ཚིག་རྩུབ་པོས་ནི་ཚྭ ་སྒོ་ཅན་དང། དགོན་དུང་དག་དག་ཐ་ཆད་པ་དང། སྡིག་པ་ཐམས་ཅད་ཀྱི་སར་འགྱུར་རོ། །ཚིག་བཀྱལ་པས་ནི་དུས་ལོག་པར་འགྱུར་རོ། །བརྣབ་སེམས་ཀྱིས་ནི་འབྲས་བུ་ཕྲ་མོར་འགྱུར་རོ། །གནོད་སེམས་ཀྱིས་ནི་འབྲས་བུ་ཁ་བར་འགྱུར་རོ། །ལོག་པར་ལྟ་བས་ནི ་འབྲས་བུ་ཆུང་ངུ་འམ་འབྲས་བུ་མེད་པར་འགྱུར་རོ། །འདི་ནི་དེ་དག་གི་བདག་པོའི་འབྲས་བུ་ཡིན་ནོ། །ཅིའི་ཕྱིར་ལས་ཀྱི་ལམ་འདི་དག་གི་འབྲས་བུ་རྣམ་པ་གསུམ་པོ་དེ་དག་ཏུ་མངོན་པར་འགྱུར་ཅེ་ན། རེ་ཞིག་སྲོག་གཅོད་པ་ནི་གསོད་པར་བྱེད་པ་ན་སྡུག་བསྔལ ་བསྐྱེད་པ་དང། བསད་པ་དང། སྟོབས་མེད་པར་བྱས་པ་དེའི་ཕྱིར། སྡུག་བསྔལ་ཕྱིར་དང་བསད་ཕྱིར་དང། སྟོབས་མེད་བྱས་ཕྱིར་འབྲས་རྣམ་གསུམ། །ཕ་རོལ་པོ་སྡུག་བསྔལ་བར་བྱས་པའི་རྣམ་པར་སྨིན་པའི་འབྲས་བུ་ནི་དམྱལ་བ་དག་ཏུ་སྡུག་བསྔལ་བར ་འགྱུར་རོ། །བསད་པའི་རྒྱུ་འཐུན་པའི་འབྲས་བུས་ནི་ཚེ་ཐུང་ངུར་འགྱུར་རོ། །སྟོབས་མེད་པར་བྱས་པའི་བདག་པོའི་འབྲས་བུས་ནི་ཕྱིར་བདག་སྨན་རྣམས་སྟོབས་ཆུང་བར་འགྱུར་ཏེ། དེ་བཞིན་དུ་གཞན་དག་ལ་ཡང་སྦྱར་བར་བྱའོ། །དགེ་བའི་ལས་རྣམས་ལ ་ཡང་དེ་བཞིན་དུ་འབྲས་བུ་གསུམ་དུ་རིག་པར་བྱ་སྟེ། སྲོག་གཅོད་པ་སྤོང་བ་ནི་ཀུན་དུ་བསྟེན་པ་དང། གོམས་པར་བྱས་པ་དང། ལན་མང་དུ་བྱས་པས་ནི་ལྷ་དག་གི་ནང་དུ་སྐྱེ་བར་འགྱུར་རོ། །བརྒྱ་ལ་འདིར་མི་རྣམས་དང་རིས་འཐུན་པའི་རྣམ་པར་སྐྱེ་ན་ཡང ་ཚེ་རིང་པོར་འགྱུར་ཞེས་བྱ་བ་ལ་སོགས་པ་དང་ཐམས་ཅད་ཀྱང་མི་དགེ་བ་ལས་བཟློག་སྟེ་སྦྱར་བར་བྱའོ། །བཅོམ་ལྡན་འདས་ཀྱིས་ལོག་པའི་དག་དང། ལོག་པའི་ལས་ཀྱི་མཛའ་དང། ལོག་པའི་འཚོ་བ་ཞེས་བཤད་པ་གང་ཡིན་པ་དེ་གཉིས་ལས ་གཞན་པའི་ལོག་པའི་འཚོ་བ་གང་ཞིག་ཡིན་ཞེ་ན། འདི་གཞན་དུ་འགྱུར་བ་ནི་མེད་ཀྱི། དེ་ཉིད་དེ། ལུས་དང་ངག་ལས་ཆགས་ལས་སྐྱེས། །ལོག་པའི་འཚོ་བ་ཞེ་སྡང་ལས་སྐྱེས་པ་དང། གཏི་མུག་ལས་སྐྱེས་པ་ནི་ལོག་པའི་ལས ་ཀྱི་མ་ཡིན་ནོ། །དེ་ཉིད་ལས། སྤྱང་དཀའ་ཨི་ཕྱིར། ཐ་དད་དུ་བསྟན། ཆགས་པའི་ནི་འཕྲོག་པར་བྱེད་པ་ཡིན་ལ། དེས་ཀུན་ནས་བསླངས་པའི་ལས་ནི་སེམས་ཤིན་དུ་བསྲུང་བར་དཀའ་བས་དེའི་ཕྱིར་ཇི་སྲིད་འཚོའི་བར་དུ་ཡང་སྦྱང་བར་དཀའ་བས་གུས་པ་བསྐྱེད ་པར་བྱ་བའི་ཕྱིར་དེ་ནི་དེར་ལོགས་ཤིག་ཏུ་བསྟན་ཏོ། །འདིར་སྨྲས་པ། རྟག་ཏུ་ལྟ་བ་སྣ་ཚོགས་ཕྱིར། །ཁྱིམ་པས་ལྟ་བ་སྤྱད་བར་དཀའ་། །གཞན་ལས་འཚོ་བ་རག་ལུས་ཕྱིར། །དགེ་སློང་འཚོ་བ་སྦྱར་བར་དཀའ་། །ཞེས་བྱ་བའོ། །གང་དག་ཡོ་བྱད་ལ། ་ཆགས་བསླང། མ་ཡིན་པར་སེམས་པ་དག་ནི་འཚོ་བའི་ཡོ་བྱད་ལ་ཆགས་པས་བསླང་བའི་ལུས་དང། ངག་གི་ལས་འབའ་ཞིག་།ལོག་པའི་འཚོ་བ་ཡིན་གྱི། གཞན་ནི་མ་ཡིན་ཏེ། བདག་དགའ་བར་བྱ་བའི་ཕྱིར་གར་དང་གླུ་ལ་སོགས་པ ་དག་ནི་ལོག་པའི་འཚོ་བ་མ་ཡིན་ནོ་སྙམ་དུ་སེམས་པ་དེ་ནི། མདོ་དང་འགལ་ཕྱིར་མིན། བཅོམ་ལྡན་འདས་ཀྱི་ཚུལ་ཁྲིམས་ཀྱི་ཕུང་པོའི་མདོ་ལས་གླང་པོ་ཆེ་འཐབ་པ་ལྟ་བ་ལ་སོགས་པ་ཡང་ལོག་པའི་འཚོ་བར་བཞག་སྟེ། ཅིའི་ཕྱིར་ཞེ་ན། ལོག ་པའི་ཡུལ་ལ་ཡོངས་སུ་ལོངས་སྤྱོད་པའི་ཕྱིར་རོ། །གོང་དུ་འབྲས་བུ་སྔར་བཤད་དེ། ཐལ་བ་གང་ཡིན་ལ། དེ་དག་ལས་ལས་གང་ཞིག་གིས་འབྲས་བུ་དུ་ཞིག་གི་འབྲས་བུར་བཅས་པ་ཡིན་ཞེ་ན། དྲིར་བཅས་སྤོང་བའི་ལམ་དག་གི། ལས་ནི་ལྔ ་ཡི་འབྲས་བུར་བཅས། །སྤོང་བའི་ཕྱིར་ལམ་ཡིན་པ་འམ། །འདིས་ཉོན་མོངས་པ་སྤོང་བར་བྱེད་པས་ན་སྤོང་བའི་ལམ་སྟེ། བར་ཆད་མེད་པའི་ལམ་ཡིན་ནོ། །ཟག་པ་དང་བཅས་པའི་དེར་ལས་གང་ཡིན་པ་དེ་ནི་འབྲས་བུ་ལས་འབྲས་བུ་དང་བཅས ་པ་ཡིན་ཏེ། དེའི་རྣམ་པར་སྨིན་པའི་འབྲས་བུ་ནི་རང་གི་སར་གཏོགས་པ་དག་གི་རྣམ་པར་སྨིན་པ་ཡིད་དུ་འོང་བའོ། །རྒྱུ་འཐུན་པའི་འབྲས་བུ་ནི་ཏིང་ངེ་འཛིན་ལས་སྐྱེས་པའི་ཆོས་འདྲ་བ་ཕྱི་མ་རྣམས་སོ། །བྲལ་བའི་འབྲས་བུ་ནི་བྲལ་བ་ཉིད་ཡིན་ཏེ་སྤངས ་པ་གང་ཡིན་པ་དེ་ཡིན་ནོ། །སྐྱེས་བུ་བྱེད་པའི་འབྲས་བུ་ནི་དེས་དྲངས་པའི་ཆོས་རྣམས་ཏེ། འདི་ལྟ་སྟེ་རྣམ་པར་གྲོལ་བའི་ལམ་དང། དེ་དང་ལྷན་ཅིག་འབྱུང་བ་དང། གང་ཡང་མ་འོངས་པ་ཐོབ་པ་སྟེ། དེ་ཡང་སྤངས་པ་ཡིན་ནོ། །བདག་པོའི་འབྲས་བུ་ནི་སྔར ་བྱུང་བ་མ་གཏོགས་པ་རང་གི་ངོ་བོ་ལས་གཞན་པ་འདུ་བྱེད་ཐམས་ཅད་དོ། །བཞི་ཡིས་དྲི་མེད། སྤོང་བའི་ལམ་ཟག་པ་མེད་པའི་ལས་གང་ཡིན་པ་དེ་ནི་འབྲས་བུ་བཞིས་འབྲས་བུ་དང་བཅས་པ་ཡིན་ཏེ། རྣམ་པར་སྨིན་པའི་འབྲས་བུ་མ་གཏོགས་སོ། །ཟག ་བཅས་པ། དགེ་དང་མི་དགེ་གང་གཞན་ཡང། །གང་ཡང་སྤོང་བའི་ལམ་ལས་གཞན་པ་ཟག་པ་དང་བཅས་པའི་དགེ་བ་དང། གང་ཡང་མི་དགེ་བ་དེ་དག་ཀྱང་འབྲས་བུ་བཞིས་འབྲས་བུ་དང་བཅས་པ་སྟེ། བྲལ་བའི་འབྲས་བུ་མ་གཏོགས་སོ། །ཟག་པ་མེད ་པ་ལྷག་པ་དང། གང་ཞིག་ལུང་མ་བསྟན་གསུམ་གྱིས། སྤོང་བའི་ལམ་ལས་གཞན་པའི་ཟག་པ་མེད་པ་དང། ལུང་དུ་མ་བསྟན་པ་གང་ཡིན་པ་དེ་དག་ཀྱང་འབྲས་བུ་གསུམ་གྱི་འབྲས་བུ་དང་བཅས་པ་སྟེ། རྣམ་པར་སྨིན་པ་དང་བྲལ་བའི་འབྲས་བུ་མ་གཏོགས ་སོ། །དགེ་བ་དགེ་ལ་སོགས་པ་ནི། །བཞི་དང་གཉིས་དང་དེ་བཞིན་གསུམ། །གོ་རིམས་བཞིན་ནོ་ཞེས་འོག་མ་ནས་འཆད་དོ། །དགེ་བའི་ལས་ལ་འབྲས་བུ་དགེ་བ་བཞི་སྟེ། རྣམ་པར་སྨིན་པའི་འབྲས་བུ་མ་གཏོགས་སོ། །མི་དགེ་བ་གཉིས་ཏེ་སྐྱེས་བུ་བྱེད་པ་དང། ་བདག་པོའི་འབྲས་བུའོ། །ལུང་དུ་མ་བསྟན་པ་གསུམ་སྟེ། རྒྱུ་འཐུན་པ་དང་བྲལ་བའི་འབྲས་བུ་མ་གཏོགས་སོ། །མི་དགེ་དགེ་ལ་སོགས་པ་ནི། གཉིས་གསུམ་བཞི་སྟེ་གོ་རིམས་བཞིན། །མི་དགེ་བའི་ལས་ཀྱི་ནི་དགེ་བའི་ལས་གཉིས་ཏེ། སྐྱེས་བུ་བྱེད་པ་དང ་བདག་པོའི་འབྲས་བུའོ། །མི་དགེ་བ་གསུམ་སྟེ། རྣམ་པར་སྨིན་པའི་འབྲས་བུ་ནི་མ་གཏོགས་སོ། །ལུང་དུ་མ་བསྟན་པ་བཞི་སྟེ། བྲལ་བའི་འབྲས་བུ་མ་གཏོགས་སོ། །ལུང་དུ་མ་བསྟན་པ་འཇིག་ཚོགས་དང་མཐར་འཛིན་པར་ལྟ་བ ་གཉིས་ནི་སྡུག་བསྔལ་མཐོང་བས་སྤང་པར་བྱ་བ་མི་དགེ་བ་ཀུན་དུ་འགྲོ་བ་རྣམས་ཀྱི་རྒྱུ་འཐུན་པའི་འབྲས་བུ་ཡིན་ནོ། །ལུང་མ་བསྟན་གྱི་དགེ་ལ་སོགས། དེ་དག་གཉིས་དང་གསུམ་དང་གསུམ། །ལུང་དུ་མ་བསྟན་པའི་ལས་ཀྱི་ནི་དགེ་བའི་ལས་གཉིས ་ཏེ། སྐྱེས་བུ་བྱེད་པ་དང་བདག་པོའི་འབྲས་བུའོ། །མི་དགེ་བ་གསུམ་སྟེ། རྣམ་པར་སྨིན་པ་དང་བྲལ་བའི་འབྲས་བུ་མ་གཏོགས་སོ། །སྡུག་བསྔལ་མཐོང་བས་སྤང་བར་བྱ་བའི་མི་དགེ་བ་ནི་ལུང་དུ་མ་བསྟན་པའི་ལྟ་བ་གཉིས་ཀྱི་རྒྱུ་འཐུན་པའི་འབྲས་བུ་ཡིན ་ནོ། །ལུང་དུ་མ་བསྟན་པའི་ཆོས་གསུམ་སྟེ། གསུམ་པོ་དེ་དག་ཉིད་དོ། །འདས་པའི་ཐམས་ཅད་བཞི་ཡིན་ནོ། །ཐམས་ཅད་ཅེས་བྱ་བ་ནི་དུས་གསུམ་པ་རྣམས་ཏེ། འདས་པའི་ལས་ཀྱི་འབྲས་བུ་དུས་གསུམ་པའི་ཆོས་ནི་བཞི་ཡིན་ཏེ། བྲལ ་བའི་འབྲས་བུ་མ་གཏོགས་སོ། །བར་མ་ཡི་ནི་མ་འོངས་པ་འང། ད་ལྟར་བྱུང་བའི་ལས་ཀྱི་འབྲས་བུ་མ་འོངས་པ་འང་བཞི་སྟེ། དེ་དག་ཉིད་དོ། །བར་མ་གཉིས་ཏེ། ད་ལྟར་བྱུང་བའི་འབྲས་བུ་ད་ལྟར་བྱུང་བའི་ཆོས་ནི་གཉིས་ཏེ། སྐྱེས་བུ་བྱེད་པ་དང། བདག ་པོའི་འབྲས་བུའོ། །མ་སྐྱེས་པའི། འབྲས་བུ་མ་འོངས་གསུམ་ཡིན་ནོ། །མ་འོངས་པའི་འབྲས་བུ་མ་འོངས་པའི་ཆོས་ནི་གསུམ་སྟེ་རྒྱུ་མཐུན་པ་དང་བྲལ་བའི་འབྲས་བུ་མ་གཏོགས་སོ། །རང་གིས་པའི་ཆོས་བཞིའོ། །རང་གི་ས་པའི་ལས་ཀྱི་འབྲས་བུ ་ནི་ས་པའི་ཆོས་ནི་བཞི་སྟེ། བྲལ་བའི་འབྲས་བུ་མ་གཏོགས་སོ། །གཞན་གྱི་ས་པའི་གསུམ་དང་གཉིས། །གལ་ཏེ་གཞན་གྱི་ས་པའི་ཆོས་ཟག་པ་མེད་པ་ཞིག་ཡིན་ན་ནི་ཁམས་གསུམ་མ་གཏོགས་པའི་ཕྱིར་འབྲས་བུ་གསུམ་སྟེ། རྣམ་པར ་སྨིན་པ་དང་བྲལ་བའི་འབྲས་བུ་མ་གཏོགས་སོ། །གལ་ཏེ་ཟག་པ་དང་བཅས་པ་ཞིག་ཡིན་ན་ནི། །གཉིས་ཏེ་སྐྱེས་བུ་བྱེད་པ་དང་བདག་པོའི་འབྲས་བུའོ། །སློབ་པའི་འབྲས་བུ་ལ་སོགས་གསུམ། །སློབ་པའི་ལས་ཀྱིས་འབྲས་བུ་སློབ་པའི་ཆོས་ནི་གསུམ་སྟེ། རྣམ ་པར་སྨིན་པ་དང་བྲལ་བའི་འབྲས་བུ་མ་གཏོགས་སོ། །མི་སློབ་པ་ཡང་དེ་བཞིན་ནོ། །སློབ་པ་ཡང་མ་ཡིན་མི་སློབ་པ་ཡང་མ་ཡིན་པ་ཡང་གསུམ་སྟེ། རྣམ་པར་སྨིན་པ་དང་རྒྱུ་འཐུན་པ་མ་གཏོགས་སོ། །མི་སློབ་ལས་ཀྱི་འབྲས་བུ་ནི། །སློབ་པ་ཡི་ནི་ཆོས་ལ ་སོགས། །གཅིག་དང་གསུམ་དང་གསུམ་ཡིན་ནོ། །མི་སློབ་པའི་ལས་ཀྱི་འབྲས་བུ་སློབ་པའི་ཆོས་ནི་གཅིག་སྟེ། བདག་པོའི་འབྲས་བུའོ། །མི་སློབ་པ་གསུམ་སྟེ། རྣམ་པར་སྨིན་པ་དང་བྲལ་བའི་འབྲས་བུ་མ་གཏོགས་སོ། །སློབ་པ་ཡང་མ་ཡིན་མི་སློབ་པ་ཡང་མ ་ཡིན་པ་གཉིས་ཏེ། སྐྱེས་བུ་བྱེད་པ་དང་བདག་པོའི་འབྲས་བུའོ། །དེ་ལས་གཞན་པའི་འབྲས་བུ་ནི། །སློབ་སོགས་གཉིས་དང་གཉིས་དང་ལྔ། །སློབ་པ་དང་མི་སློབ་པ་དག་ལས་གཞན་པ་སློབ་པ་ཡང་མ་ཡིན་མི་སློབ་པ་ཡང་མ་ཡིན་པའི་ལས་ཀྱི་འབྲས་བུ་སློབ ་པའི་ཆོས་གཉིས་ཏེ། སྐྱེས་བུ་བྱེད་པ་དང་བདག་པོའི་འབྲས་བུའོ། །མི་སློབ་པ་ཡང་དེ་བཞིན་ནོ། །འབྲས་བུ་སློབ་པ་ཡང་མ་ཡིན་མི་སློབ་པ་ཡང་མ་ཡིན་པ་ནི་ལྔའོ། །མཐོང་བས་སྤང་བྱའི་དེ་ལ་སོགས། །གསུམ་དང་བཞི་དང་གཅིག་ཡིན་ནོ། །མཐོང་བས ་སྤང་བར་བྱ་བའི་ལས་ཀྱི་འབྲས་བུ་མཐོང་བས་སྤང་བར་བྱ་བའི་གསུམ་སྟེ། རྣམ་པར་སྨིན་པ་དང། བྲལ་བའི་འབྲས་བུ་མ་གཏོགས་སོ། །བསྒོམ་པས་སྤང་བར་བྱ་བ་ནི་བཞི་སྟེ། བྲལ་བའི་འབྲས་བུ་མ་གཏོགས་སོ་།སྤང་བར་བྱ་བ་མ་ཡིན་པ་ནི་གཅིག ་སྟེ། བདག་པོའི་འབྲས་བུའོ། །བསྒོམ་པས་སྤང་བར་བྱ་ལས་ནི། །དེ་དག་གཉིས་དང་བཞི་དང་གསུམ། །བསྒོམ་པས་སྤང་བར་བྱ་བའི་ལས་ཀྱི་འབྲས་བུ་མཐོང་བས་སྤང་བར་བྱ་བ་གཉིས་ཏེ། སྐྱེས་བུ་བྱེད་པ་དང་བདག་པོའི་འབྲས་བུའོ། །བསྒོམ་པས་སྤང་བར ་བྱ་བ་ནི་བཞི་སྟེ། བྲལ་བའི་འབྲས་བུ་མ་གཏོགས་སོ། །སྤང་བར་བྱ་བ་མ་ཡིན་པ་དེ་ནི་གསུམ་སྟེ། རྣམ་པར་སྨིན་པ་དང། རྒྱུ་འཐུན་པའི་འབྲས་བུ་མ་གཏོགས་སོ། །དེ་དག་སྤང་བྱ་མ་ཡིན་པའི། །གཅིག་གཉིས་བཞི་སྟེ་གོ་རིམ ་བཞིན། །སྤང་བར་བྱ་བ་མ་ཡིན་པའི་ལས་ཀྱི་འབྲས་བུ་མཐོང་བས་སྤང་བར་བྱ་བའི་ཆོས་ནི་གཅིག་སྟེ། བདག་པོའི་འབྲས་བུའོ། །བསྒོམ་པས་སྤང་བར་བྱ་བ་ནི་གཉིས་ཏེ་སྐྱེས་བུ་བྱེད་པ་དང། བདག་པོའི་འབྲས་བུའོ། །སྤང་བར་བྱ་བ་མ་ཡིན་པ་ནི་བཞི ་སྟེ། རྣམ་པར་སྨིན་པའི་འབྲས་བུ་མ་གཏོགས་སོ། །ཡང་གོ་རིམ་བཞིན་ཞེས་སྨོས་པ་ནི་དབུས་ཀྱང་ཐོག་མ་དང་ཐ་མ་དང་འདྲ་བར་ཤེས་པར་བྱ་བའི་ཕྱིར་ཏེ། དེ་ལྟ་བུ་ནི་དེ་བཞིན་དུ་སྦྱར་བའི་ཆོས་ཡིན་ནོ། །ལས་བསྟན་པའི་སྐབས་ཡིན་ནོ། །འདི་ཡོངས ་སུ་དྲི་བར་བྱ་སྟེ། བསྟན་བཅོས་ལས་རིགས་པས་བསྐྱེད་པ་དང། རིགས་པ་མ་ཡིན་པས་བསྐྱེད་པ་དང། རིགས་པ་ཡང་མ་ཡིན་པ་རིགས་པ་མ་ཡིན་པ་ཡང་མ་ཡིན་པས་བསྐྱེད་པའི་ལས་ཞེས་གསུངས་པ་དེའི་མཚན་ཉིད་ཇི་ལྟ་བུ་ཞེ་ན། རིགས ་མིན་བསྐྱེད་པ་ཉོན་མོངས་ཅན། །ཁ་ཅིག་ན་རེ་ཉོན་མོངས་པ་ཅན་གྱི་ལས་ནི་རིགས་པ་མ་ཡིན་པས་བསྐྱེད་པ་སྟེ། ཚུལ་བཞིན་མ་ཡིན་པའི་ཡིད་ལ་བྱེད་པ་ལས་བྱུང་བའོ་ཞེས་ཟེར་རོ། །ཁ་ཅིག་ན་རེ་ཆོ་ག་ཉམས་པའོ་ཞེས་ཟེར་ཏེ། གང་གི་ཇི་ལྟར ་འགྲོ་བར་བྱ་བ་དང། གནས་པར་བྱ་བ་དང། གོས་བགོ་བ་ལ་སོགས་གཞན་དུ་བྱེད་ན། དེ་ནི་རིགས་པ་མ་ཡིན་པར་བྱེད་པའི་ཕྱིར། རིགས་པ་མ་ཡིན་པས་བསྐྱེད་པ་ཞེས་བྱའོ། །དགེ་བའི་ལས་ནི་རིགས་པས་སྐྱེད་པའོ། །ཁ་ཅིག་ན་རེ་ཆོ་ག་ཉམས ་པའོ་ཞེས་ཟེར་རོ། །ཅིག་ལས་གཅིག་འབའ་ཞིག་གི་ཚེ་གཅིག་འཕེན་ཏམ། འོན་ཏེ་དུ་མས་ཀྱང་འཕེན། དེ་བཞིན་དུ། ལས་དུ་མས་ཀྱང་ཚེ་དུ་མ་འཕེན་ཏམ། འོན་ཏེ་གཅིག་འབའ་ཞིག་གིས་ཀྱང་འཕེན་ཅེ་ན། གྲུབ་པའི་མཛའ་ལས་ནི་འདི་སྐད་དུ ་འབྱུང་སྟེ། གཅིག་གི་ཚ་གཅིག་འཕེན་པར་བྱེད། །ལས་གཅིག་འབའ་ཞིག་གི་ཚེ་གཅིག་འཕེན་གྱི་དུ་མས་ནི་མ་ཡིན་ནོ། །ཚེ་ཞེས་བྱ་བ་ནི་རིས་འཐུན་པ་ལས་བྱས་ཏེ། དེར་ཕྱིན་ཆད་སྐྱེས་པ་ཞེས་བརྗོད་དོ། །ལས་གཅིག་འབའ་ཞིག་གི་འཕངས་པའི ་རིས་འཐུན་པ་ལ་ཡང་ལས། དུ་མས་ཡོངས་སུ་རྫོགས་བྱེད་པར། །འདོད་དེ་དཔེར་ན་རི་མོ་མཁན་གྱི་རིལ་ལུ་གཅིག་གི་གཟུགས་ཀྱི་བཅད་ནས་མང་པོས་ཡོངས་སུ་རྫོགས་པར་བྱེད་པ་དེ་བཞིན་དུ། མིར་མཚུངས་མོད་ཀྱི་ཁ་དོག་དང། ཤ་ཚུགས་དང། ་བོང་ཚོད་དང། ཉམས་སྟོབས་ཕུན་སུམ་ཚོགས་པས་རྣམ་པར་མཛེས་ན། ཁ་ཅིག་ནི་ཡན་ལག་དང་ཉིང་ལག་ཐམས་ཅད་ཚང་བ་ཡིན་ལ། ཁ་ཅིག་ནི་དེ་དག་ལས་ལ་ལ་མ་ཚང་བ་ཡིན་ནོ། །ལས་འབའ་ཞིག་གི་ཚེ་འཕེན་པ་ཡང་མ་ཡིན་ཏེ། ཇི་ལྟ་ཞེ་ན། ་རྣམ་པར་སྨིན་པ་དང་བཅས་པ་གཞན་གྱིས་ཀྱང་འཕེན་ཏོ། །ཐམས་ཅད་དུ་ཡང་།སེམས་མེད་སྙོམས་པར་འཇུག་གཉིས་ཀྱིས། །འཕེན་མེད་འཐོབ་པའང་མ་ཡིན་ནོ། །རྣམ་པར་སྨིན་པ་དང་བཅས་པ་ཡིན་ཡང། སེམས་མེད་པའི་སྙོམས་པར་འཇུག་པ ་གཉིས་ཀྱིས་ནི་རིས་འཐུན་པ་མི་འཕེན་ཏེ། ལས་དང་ལྷན་ཅིག་མི་འབྱུང་བའི་ཕྱིར་རོ། །ཐོབ་པས་ཀྱང་འཕེན་པ་མ་ཡིན་ཏེ། ལས་པས་འབྲས་བུ་མང་པའི་ཕྱིར་རོ། །བཅོམ་ལྡན་འདས་ཀྱིས་ལས་ཀྱི་སྒྲིབ་པ་དང། ཉོན་མོངས་པའི་སྒྲིབ་པ་དང། རྣམ་པར་སྨིན ་པའི་སྒྲིབ་དང། སྒྲིབ་པ་གསུམ་གསུངས་པ་དེ་དག་གི་རང་བཞིན་ཇི་ལྟ་བུ་ཞེ་ན། མཚམས་མེད་པའི་ལས་རྣམས་དང། ཉོན་མོངས་ཤས་ཆེ་ངན་འགྲོ་དང། །འདུ་ཤེས་མེད་པའི་སེམས་ཅན་དང། །སྒྲ་མི་སྙན་སྒྲིབ་གསུམ་དུ་འདོད། །མཚམས་མེད་པའི་ལས ་རྣམས་ནི་ལས་ཀྱིས་སྒྲིབ་པ་སྟེ། འདི་ལྟ་སྟེ། མ་གསོད་པ་དང། ཕ་གསོད་པ་དང། དགྲ་བཅོམ་པ་གསོད་པ་དང། དགེ་འདུན་གྱི་དབྱེན་བྱེད་པ་དང། དེ་བཞིན་གཤེགས་པའི་སྐུ་ལ་ངན་སེམས་ཀྱི་ཁྲག་འབྱིན་པའོ། །ཉོན་མོངས་པ་ཤེས་ཆེན་པོ་ནི་ཉོན་མོངས་པའི ་སྒྲིབ་པའོ། །ཉོན་མོངས་པ་ནི་རྣམ་པ་གཉིས་ཏེ། ཉོན་མོངས་པ་ཤས་ཆེ་བ་དང། ཉོན་མོངས་པ་རྣོ་བའོ། །ཉོན་མོངས་པ་ཤས་ཆེ་བ་ནི་རྒྱུན་དུ་འབྱུང་བ་གང་ཡིན་པའོ། །རྣོ་བ་ནི་དྲག་པོ་གང་ཡིན་པ་སྟེ། དེ་ལ་ཤས་ཆེ་བ ་གང་ཡིན་པ་དེ་ནི་སྒྲིབ་བ་ཡིན་ཏེ། འདི་ལྟར་ཟ་མ་ལ་སོགས་པ་རྣམས་ཀྱིའོ། །ཉོན་མོངས་པའི་ཤུགས་དྲག་ཀྱང་རེས་འགའ་གཞོམ་པར་ནུས་ཀྱི་རྒྱུན་དུ་འབྱུང་བ་ནི་ཤུགས་དལ་ཡང་མི་ནུས་ཏེ། ཉོན་མོངས་པ་རྒྱུན་དུ་འབྱུང་བ་དེ་ནི་ངེས་པར་གཞོམ ་བར་བྱ་བའི་རྩོལ་བའི་དུས་མི་རྙེད་དེ། དེ་ནི་ཆུང་ངུ་ལས་བརྟེན་ཏེ་འབྲིང་པོ་སྟེའོ། །འབྲིང་ལ་བརྟེན་ནས་ཆེན་པོ་སྐྱེ་སྟེ། དེའི་ཕྱིར་དེ་ཉིད་སྒྲིབ་པ་ཡིན་ནོ། །ངན་འགྲོ་རྣམ་པ་གསུམ་དང། བདེ་འགྲོའི་ཕྱོགས་གཅིག་སྟེ། བྱང་གི་སྒྲ་མི་སྙན་དང་འདུ་ཤེས ་མེད་པའི་སེམས་ཅན་ནི་རྣམ་པར་སྨིན་པའི་སྒྲིབ་པ་ཡིན་ནོ། །སྒྲིབ་པ་འདི་དག་གང་ཞིག་ལ་ཡིན་ཞེ་ན། འཕགས་པའི་ལམ་དང། འཕགས་པའི་ལམ་དུ་སྦྱོར་བ་ལས་བྱུང་བའི་དགེ་བའི་རྩ་བ་རྣམས་ཀྱིའོ། །མཚམས་མེད་པ་ཞེས་པའི་དོན་ཅི ་ཞེ་ན། ཚེ་རབས་གཞན་གྱིས་འབྲས་བུ་ཅན་གྱི་ལས་ཀྱི་རྣམ་པར་སྨིན་པར་འགྱུར་བའི་བར་དུ་བཅད་པར་མི་ནུས་པས་ན་མཚམས་མེད་པ་ཞེས་བྱས་ཏེ། ཟིལ་གྱིས་མནན་པར་མི་ནུས་ཞེས་བྱ་བའི་ཐ་ཚིག་གོ་།ཡང་སྒྲིབ་པ་འདི་དག་ལས་གང ་ཞིག་ཁམས་གང་ན་ཡོད་པར་རིག་པར་བྱ་ཞེ་ན། རེ་ཞིག་གཅིག་ཏུ། གླིང་གསུམ་དག་ན་མཚམས་མེད་དོ། །བྱང་གི་སྒྲ་མི་སྙན་དང་འགྲོ་བ་གཞན་དག་ན་ཡང་མེད་ན་ཁམས་གཞན་དག་ན་ལྟ་སྨོས་ཀྱང་ཅི་དགོས་དེ་དག་ནི་ཡང་སྐྱེས་པ་དང ་བུད་མེད་རྣམས་འབའ་ཞིག་ལ་ཡིན་གྱི། ཟ་མ་ལ་སོགས་མི་འདོད་དོ། །ཅིའི་ཕྱིར་ཞེ་ན། ཕན་ཚུན་ངོ་ཚ་ཆུང་བའི་ཕྱིར། ཕ་མ་དང་དེ་དག་གི་རིམ་བཞིན་ཏེ། ལུས་མ་ཚང་པའི་བདག་པོར་འགྱུར་པའི་ཕྱིར་བ་དང། བྱམས་པ་ཆུང་བའི་ཕྱིར་ཕ་མ་ནི ་དེ་དག་ལ་ཕན་པར་ཆུང་ངོ། །ཞེས་གྲག་གོ་།དེ་དག་ཀྱང་ཕ་མ་ལ་ངོ་ཚ་བ་དང་ཁྲེལ་བའི་འདུ་ཤེས་ཆུང་ངུར་གནས་ཏེ། གང་མེད་པར་བྱས་པས་མཚམས་མེད་པར་ཁ་ན་མ་ཐོ་བ་རེག་པར་འགྱུར་ཏེ། དེ་ཉིད་ཀྱི་ཕྱིར་ཡི་དགས་རྣམས་ལ་ཡང་མི་འདོད ་དོ། །བཙུན་པ་དག་ན་རེ། བློ་གསལ་བ་རྣམས་ལ་ནི་འགྱུར་ཏེ། རྟ་ཅང་ཤེས་བཞིན་ནོ། །ཞེས་ཟེར་རོ། །མིའི་ཡང་ཕ་མ་མི་མ་ཡིན་པ་བསད་ན་མཚམས་མེད་པར་མི་འགྱུར་རོ། །ལས་ཀྱི་སྒྲིབ་པ་བཤད་ཟིན་ཏོ། །ལྷག་མ་འགྲོ་བ་ལྔ་དག་ན། ལྷག་མ ་ཡང་དག་གཅིག་ཡིན་ཞེ་ན། ཉོན་མོངས་པ་དང་རྣམ་པར་སྨིན་པའི་སྒྲིབ་པ་སྟེ། མི་དག་གི་ནང་ན་ནི་རྣམ་པར་སྨིན་པའི་སྒྲིབ་པ་ནི་སྒྲ་མི་སྙན་པ་རྣམས་སོ། །ལྷ་དག་གི་ནང་ན་ནི་འདུ་ཤེས་མེད་པའི་སེམས་ཅན་རྣམས་སོ། །མཚམས་མེད་པ་རྣམས ་ཀྱི་རང་བཞིན་ཅི་ཞེ་ན། བཞི་ནི་ལུས་ཀྱི་ལས་སོ། །གཅིག་ནི་དག་ཨེགི་ལས་སོ། །གསུམ་ནི་སྲོག་གཅོད་པའོ། །གཅིག་ནི་རྫུན་དུ་སྨྲ་བའོ། །གཅིག་ནི་སྲོག་གཅོད་པར་སྦྱོར་བ་སྟེ། དེ་བཞིན་གཤེགས་པ་རྣམས་ནི་མི་རྫི་བའི་ཆོས་ཅན་ཡིན་པའི་ཕྱིར་རོ། །རྒྱུ་ལ ་འབྲས་བུ་བཏགས་པ་འམ་འདི་འབྱེད་པར་བྱེད་པས་ན། དགེ་འདུན་གྱི་དབྱེན་ལ་མཚམས་མེད་པ་ཞེས་བཤད་དོ། །དགེ་འདུན་དབྱེན་ལ་མི་འཕྲོད་པའི། །རང་བཞིན་ལྡན་མ་ཡིན་པའི་ཆོས། །ཉོན་མོངས་ཅན་མིན་ལུང་མ་བསྟན། །དགེ་འདུན་གྱི་དབྱེན་ནི་མི་འཕྲོད ་པ་ཞེས་བྱ་བ་སེམས་དང་ལྡན་པ་མ་ཡིན་པ་མ་སྒྲིབ་ལ་ལུང་དུ་མ་བསྟན་པ་ཡིན་ན། དེ་ཇི་ལྟར་ན་མཚམས་མེད་པར་འགྱུར། དེ་དང་འབྱེད་པ་པོར་ཡང་མི་ལྡན་ནོ། །ཇི་ལྟ་ཞེ་ན། དེ་དང་དགེ་འདུན་ཡང་དག་ལྡན། །གང་བྱེད་པ་དེ་ལ་དབྱེན་དང་ལྡན་གྱི་འབྱེད་པ་པོ་དང ་ནི་མ་ཡིན་ནོ། །འོན་ན་འབྱེད་པ་པོ་དང་ཇི་ཞིག་ཏུ་ལྡན་ཞེ་ན། དེ་ཡི་ཁ་ན་མ་ཐོ་བརྫུན། །དེ་དང་འབྱེད་པ་པོར་ལྡན་ནོ། །འབྱེད་པ་པོ་ནི་དགེ་འདུན་གྱི་དབྱེན་གྱི་ཁ་ན་མ་ཐོ་བ་དང་ལྡན་ཏེ། དེ་ནི་བརྫུན་ཡིན་ནོ། །དེ་ཡང་དགེ་འདུན་གྱི་དབྱེན་དང་ལྡན་གྱི། འབྱེད་པ་པོ་གཅིག ་སྐྱེས་པའོ། །ངག་གི་རྣམ་པར་རིག་བྱེད་དང་རིག་བྱེད་མ་ཡིན་པ་སྟེ། འབྱེད་པ་པོ་ཁ་ན་མ་ཐོ་བ་དེ་དང་ལྡན་ནོ། །བསྐལ་པ་མནར་མེད་དག་ཏུ་སྨིན། །བར་གྱི་བསྐལ་པར་མནར་མེད་པ་དག་ཏུ་སྨིན་པར་འགྱུར་རོ། །གཞན་དག་གི་ནི་མནར ་མེད་པ་དག་ཏུ་མ་ངེས་སོ། །ཡང་གང་ཞིག་གི་མཚམས་མེད་པ་མང་པོ་བྱས་པ་དེ་དག་བར་ཆད་མེད་པར་རྣམ་པར་སྨིན་ན། དེ་ལ་དེས་ཅི་ཞིག་ཏུ་འགྱུར་ཞེ་ན། ལྷག་པས་གནོད་པ་ལྷག་པར་འགྱུར། །དེ་མཚམས་མེད་པ་མང་པོས་མནར་མེད་པ་དེར་ལུས ་ཆེན་པོ་དང། ཤིན་ཏུ་གཞོན་ཤ་ཅན་གྱི་ལུས་ཐོབ་ཅིང་གནོད་པ་ཡང་རབ་ཏུ་མང་བ་དང། མི་བཟད་པར་འགྱུར་ཏེ། གང་གི་གཉིས་དང་གསུམ་དང་བཞི་དང་ལྔར་འགྱུར་གྱི་ཚོར་བར་མྱོང་བར་འགྱུར་བའོ། །སུ་ཞིག་གིས་དེ་ལྟར་དགེ་འདུན་འབྱེད་པར་བྱེད ་ཅེ་ན། དགེ་སློང་ལྟ་སྤྱོད་ཚུལ་ལྡན་པས། །འབྱེད་དོ། །གང་དུ་འབྱེད་ཅེ་ན། ཡང་ན་བཅོམ་ལྡན་འདས་དང་ཉེ་བ་ལས་གཞན་དུའོ། །དེ་བཞིན་གཤེགས་པ་རྣམས་ནི་ཟིལ་གྱིས་མནན་པར་དཀའ་བའི་ཕྱིར་དང། བཀའ་གཉན་པའི་ཕྱིར་སྟོན་པ་དང། ཉེ་བ་ཉིད་དུ ་དབྱེ་བར་མི་ནུས་སོ། །སུ་དག་ཅིག་འབྱེད་ཅེ་ན། བྱིས་པ་རྣམས་བྱིས་པ་ཉིད་ཡིན་གྱི་འཕགས་པ་ནི་མ་ཡིན་ཏེ། ཆོས་མངོན་སུམ་དུ་གྱུར་པའི་ཕྱིར་རོ། །ཇི་ཙམ་གྱིས་ན་དགེ་འདུན་བྱེ་བ་ཡིན་ཞེ་ན། བྱེ་བ་སྟོན་དང་ལམ་གཞན་ལ་བཟོད་པའོ། །དུས་ཇི་སྲིད་ཅིག ་ཏུ་བྱེ་ནས་འདུག་ཅེ་ན། དེ་ཉིད་ཀྱི་ནུབ་མོ་ལས། དེ་ནི་མི་གནས་སོ། །མཚན་མོ་མ་འདས་པ་ཉིད་དུ་གདོན་མི་ཟ་བར་ཕྱིར་སྡུམ་པར་བྱེད་དོ། །དགེ་འདུན་གྱི་དབྱེན་དུ་བཤད་པ་གང་ཡིན་པ་འདི་ནི། འདི་ནི་འཁོར་ལོའི་དབྱེན་དུ་འདོད། །དེའི་ཚེ་བཅོམ་ལྡན་འདས་ཀྱི ་ཆོས་ཀྱི་འཁོར་ལོ་ཡང་ཕྱེ་བ་ཡིན་ཏེ། ལམ་སྐྱེ་བའི་གོགས་སུ་གྱུར་པས་དེའི་ཕྱིར་དེ་ལྟ་བུ་ནི་འཁོར་ལོའི་དབྱེན་དང། དགེ་འདུན་གྱི་དབྱེན་ཞེས་བྱའོ། །འཁོར་ལོའི་དབྱེན་ཡང་གང་དུ་ཡིན་ཞེ་ན། ཛམྦུའི་གླིང་དུའོ། །གླིང་གཞན་དག་ཏུ་ནི་མ་ཡིན་ནོ། །དགེ་སློང ་དུ་ཞིག་གིས་ཤེ་ན། དགུ་སོགས་ཀྱིས། དགུ་ལ་སོགས་བ་སྨོས་པས་ཡན་ཆད་ནི་མ་ཡིན་ཏེ། དགེ་སློང་བརྒྱད་ནི་དགེ་འདུན་ཡིན་ནོ། །གཅིག་ནི་འབྱེད་པ་ཡིན་ནོ། །ངེས་པར་དགེ་འདུན་ཕྱོགས་གཉིས་གནས་པ་དེ་ནི་བྱ་བ་ཡིན་ནོ། །དགེ་འདུན་གྱི་དབྱེན་གཞན་ནི ་ལས་ཀྱི་དབྱེན་ཡིན་ཏེ། གལ་ཏེ་མཚམས་གཅིག་གི་ནང་དུ་ལས་མི་མཐུན་པ་བྱེད་ནའོ། །དེ་ལྟ་བུའི་ལས་ཀྱི་དབྱེན་ནི་གླིང་གསུམ་ན། གང་དག་ན་སངས་རྒྱས་ཀྱི་བསྟན་པ་ཡོད་པ་ཉིད་ནའོ། །དགེ་སློང་དུ་ཞིག་གིས་ཤེ་ན། དེ་ནི་བརྒྱད་དག་ཡན་ཆད་ཀྱིས། འཁོར ་ལོའི་དབྱེན་མི་དུས་དྲུག་དག་ཏུ་མ་ཡིན་ཏེ། གང་དག་ཏུ་ཞེ་ན། དང་པོ་མཛའ་སྐྱོན་ཟུང་ཅིག་གིས། སྔ་རོལ་ཐུབ་པ་ནོངས་པ་དང། མཚམས་མ་བཅད་པ་དག་ཏུ་ཡང། འཁོར་ལོའི་དབྱེན་ནི་མི་སྐྱེའོ། །དང་པོ་ཆོས་ཀྱི་འཁོར་ལོ་བསྐོར་ནས་ནི་རིང་པོ་མ་ལོན་པ ་དང་ཐ་མ་སངས་རྒྱས་མྱ་ངན་ལས་འདའ་བ་དེ་གཉིས་ཀྱི་གནས་སྐབས་དག་ཏུ་ནི་དགེ་འདུན་དྲང་གིས་གཅིག་པ་ཡིན་ནོ། །བར་མ་དག་ཏུ་ཡང་སྐྱོན་མ་བྱུང་པའི་སྔོན་རོལ་དུ་མི་དབྱེ་སྟེ། ཇི་སྲིད་དུ་ཚུལ་ཁྲིམས་ཀྱི་སྐྱོན་དང། ལྟ་བའི་སྐྱོན་མ་བྱུང་གི་བར་དུའོ། །ཟུང? ་གཅིག་མ་བྱུང་བའི་སྔོན་རོལ་དུ་ཡང་མི་འབྱེད་དེ། ཇི་སྲིད་དུ་ཉན་ཐོས་ཟུང་ཅིག་མ་བྱུང་གི་བར་དུའོ། །བྱེ་བ་ན་ཡང་མི་གནས་པའི་ཕྱིར་བ་དང། དེའི་ཕྱིར་སྡུམ་པར་བྱེད་པའི་ཕྱིར་རོ། །སྟོན་པ་ཐུབ་པ་ནོངས་ཏེ་མྱ་ངན་ལས་འདས་ན་ཡང་འགྲན་ཟླ་མེད་པའི་ཕྱིར་རོ། ། ་མཚམས་མ་བཅས་པ་དག་ཏུ་ཡང་ཇི་སྲིད་དུ་མཚམས་མ་བཅས་པ་སྟེ། མཚམས་གཅིག་གི་ནང་དུ་ནི་ཕྱོགས་གཉིས་སུ་གནས་པའི་ཕྱིར་དགེ་འདུན་གྱི་དབྱེན་ཞེས་བྱ་སྟེ། དུས་དྲུག་པོ་དེ་དག་ཏུ་འཁོར་ལོའི་དབྱེན་མ་ཡིན་ལ། ལས་ལ་རག་ལུས་པའི་ཕྱིར་སངས ་རྒྱས་ཐམས་ཅད་ཀྱི་འཁོར་ལོ་ལ་ཡང་དབྱེན་མི་འབྱུང་ངོ། །ཅིའི་ཕྱིར་མ་གསང་པ་ལ་སོགས་པ་འགའ་ཞིག་ལ་མཚམས་མེད་པ་ཡིན་གྱི་གཞན་དུ་ནི་མ་ཡིན་ཞེ་ན། ཕན་བཏགས་པ་དང་ཡོན་ཏན་ཞིང། །སྤངས་དང་མེད་པར་བྱས་ཕྱིར་རོ། །རེ་ཞིག་ཕ་དང་མ ་གསོད་པ་ནི་དེ་གཉིས་ཀྱི་ཕན་བཏགས་པ་སྤངས་པའི་ཕྱིར་རོ། །ཇི་ལྟར་ན་དེ་གཉིས་ཀྱི་ཕན་བཏགས་པ་ཡིན་ཞེ་ན། ལུས་བསྐྱེད་པའི་ཕྱིར་རོ། །དེ་གཉིས་སྤངས་པ་ཇི་ལྟ་བུ་ཞེ་ན། ཡོངས་སུ་བོར་བའོ། །ཡོན་ཏན་གྱི་ཞིང་ཡིན ་བའི་ཕྱིར། དགྲ་བཅོམ་པ་བསོད་པ་ལ་སོགས་པ་ལ་ཡང་མཚམས་མེད་པ་ཡིན་ནོ། །གལ་ཏེ་མ་མཚན་ཡོངས་སུ་གྱུར་ན་འགྱུར་ཞེ་ན། ལུས་གཅིག་པ་དེར་ནི། མཚན་ནི་གཞན་དུ་གྱུར་ཀྱང་འགྱུར། །དེ་ཉིད་ཀྱི་ཕྱིར་འདི་སྐད་དུ་ཕ་ཡང་མ་ལགས་དགྲ ་བཅོམ་པ་ཡང་མ་ལགས་པའི་སྐྱེས་པ་ཞིག་བཀུམ་ན་མཚམས་མེད་པའི་ཁ་ན་མ་ཐོ་བས་རེག་པར་འགྱུར་བ་ལྟ་མཆིས་སམ་ཞེ་ན། ཡོད་དེ། མ་མཚན་ཡོངས་སུ་གྱུར་པ་ཞིག་གསད་ན་མཚམས་མེད་པའི་ཁ་ན་མ་ཐོ་བས་རེག་པར་འགྱུར ་རོ། །མ་ཡང་མ་ལགས་དགྲ་བཅོམ་མ་ཡང་མ་ལགས་པའི་བུད་མེད་གཅིག་བཀུམ་ན། མཚམས་མེད་པའི་ཁ་ན་མ་ཐོ་བས་རེག་པར་འགྱུར་བ་ལྟ་མཆིས་སམ་ཞེ་ན། ཡོད་དེ། ཕ་མཚན་ཡོངས་སུ་གྱུར་པ་བསད་ན་མཚམས་མེད་པའི་ཁ་ན་མ ་ཐོ་བས་རེག་པར་འགྱུར་རོ་ཞེས་གསུངས་སོ། །གཞན་གྱི་བུད་མེད་ལས་ནུར་ནུར་པོར་ཟགས་ནས་གཞན་གྱི་མངལ་དུ་བླུགས་ན་དེའི་མ་ནི་གང་ཡིན་གང་གསད་པས་ནི་མཚམས་མེད་པར་འགྱུར་ཞེ་ན། གང་ལ་ཟླ་མཚན་བྱུང་བ་མ། སེམས་ཅན་དེ ་གང་གི་ཟླ་མཚན་ལས་བྱུང་བ་དེ་ནི་དེའི་མ་ཡིན་ནོ། །གཉིས་པ་ནི་བྱ་བ་ཐམས་ཅད་ལ་གཡར་ཟས་ཀྱི་བཙས་པ་དང་དེའི་ནུ་ཞོ་བླུད་པ་དང། གསོས་པ་དང། བསྐྱེད་པ་ནི་དེ་ཡིན་ནོ། །ཇི་དེ་བཞིན་གཤེགས་པའི་སྐུ་ལ་ངན་སེམས་ཀྱི་ཁྲག་ཕྱུང་བ་ཐམས ་ཅད་གདོན་མི་ཟ་བར་མཚམས་མེད་པར་འགྱུར་རམ་ཞེ་ན། བསད་པར་སེམས་པ་ལ་ནི་འགྱུར་གྱི། སངས་རྒྱས་བརྡེག་པར་སེམས་ལ་མིན། །གལ་ཏེ་དགྲ་མ་ཆོམས་པའི་ཚེ་བསྣུན་ལ་བསྣུན་པའི་འོག་ཏུ་དགྲ་བཅོམ་པར་འགྱུར་ན་ཡང། བསྣུན་པའི ་འོག་ཏུ་དགྲ་བཅོམ་ལ་མིན་ཏེ། མཚམས་མེད་པར་འགྱུར་བ་མ་ཡིན་ཞེས་བྱ་བར་སྦྱར་ཏེ། དེས་དེར་ནི་སྦྱོར་བ་མ་བྱས་སོ། །ཇི་མཚམས་མེད་པའི་སྦྱོར་བ་བྱས་ཏེ། དེ་ཡང་མ་བཟློག་པར་འདོད་ཆགས་དང་བྲལ་བའི་འབྲས་བུ་ཐོབ་པར་འགྱུར་རམ་ཞེ་ན། མཚམས ་མེད་པ་དང་ལྡན་པ་ལ། འདོད་ཆགས་འབྲལ་འབྲས་མི་སྲིད་དོ། །ཅིའི་ཕྱིར་ཞེ་ན། བསམ་པ་ཤིན་ཏུ་འགལ་བའི་ཕྱིར་རོ། །མཚམས་མེད་པ་དེ་དག་ལས་གང་ཞིག་ཐམས་ཅད་ཀྱི་ནང་ན། ཁ་ན་མ་ཐོ་བ་དང་བཅས་པ་ཆེན་པོ་ཡིན་ཞེ་ན། དགེ་འདུན་དབྱེ་ཕྱིར ་བརྫུན་སྨྲས་པ། ཁ་ན་མ་ཐོ་རབ་ཆེར་འདོད། །གང་གི་དགེ་འདུན་དབྱེ་བའི་ཕྱིར་ཆོས་དང་ཆོས་མ་ཡིན་པ་ཤེས་བཞིན་དུ། ལོག་པར་བརྫུན་དུ་སྨྲས་པ་བརྗོད་པའི་ཕྱིར། དེ་ནི་ཉེས་པར་སྤྱད་པ་ཐམས་ཅད་ཀྱི་ཁ་ན་མ་ཐོ་བ་དང་བཅས་པ་རབ་ཏུ་ཆེ་བ་ཡིན་ནོ། །དེ་ཅིའི ་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་རྣམས་ཀྱི་ཆོས་སྐུ་ལ་བསྣུན་པའི་ཕྱིར་བ་དང། འཇིག་རྟེན་རྣམས་ཀྱི་མཐོ་རིས་དང་བྱང་གྲོལ་གྱི་ལམ་གྱི་བར་དུ་གཅོད་པར་བྱེད་པའི་ཕྱིར་རོ། །ལེགས་པར་སྤྱད་པ་རྣམས་ལས་ཐམས་ཅད་ཀྱི་ནང་ན་འབྲས་བུ་རབ་ཏུ་ཆེ་བ་གང་ཡིན ་ཞེ་ན། འཇིག་རྟེན་པ་ཡི་དགེ་བ་ལ། །སྲིད་རྩེའི་སེམས་པ་འབྲས་བུ་ཆེ། །དེའི་རྣམ་པར་སྨིན་པ་ནི་བསྐལ་པ་ཆེན་པོ་བརྒྱད་ཁྲིའི་བར་དུ་ཞི་བ་ཡིན་ནོ། །རྣམ་པར་སྨིན་པའི་འབྲས་བུའི་དབང་དུ་བྱས་ནས་དེ་སྐད་བཤད་ཀྱི། བྲལ་བའི་འབྲས་བུའི་དབང་དུ་བྱས་ན་ནི་རྡོ་རྗེ ་ལྟ་བུའི་ཏིང་ངེ་འཛིན་གྱི་སེམས་པ་ནི་ཐམས་ཅད་ཀྱི་ནང་ན་འབྲས་བུ་ཆེན་པོ་ཡིན་དེ། ཀུན་དུ་སྦྱོར་བ་ཐམས་ཅད་གཏན་དུ་གཏུགས་པའི་འབྲས་བུ་ཡིན་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་འཇིག་རྟེན་པའི་ཞེས་བཤད་དོ། །ཇི་མཚམས་མེད་པ་འབའ་ཞིག་གི་གདོན་མི་ཟ་བར ་དམྱལ་བ་དག་ཏུ་སྐྱེ་བ་ཡིན་ན་མི་ཞེ་ན་མཚམས་མེད་པ་དང་ཆ་འདྲ་བས་ཀྱང་གདོན་མི་ཟ་བར་སྐྱེ་བར་འགྱུར་རོ། །ཁ་ཅིག་ན་རེ་བར་ཆད་མེད་པ་ཉིད་དུ་ནི་མ་ཡིན་ནོ་ཞེས་ཟེར་རོ། །དེ་དག་ཀྱང་གང་ཞེ་ན། སྨྲས་པ། མ་དགྲ་བཅོམ་མ་སུན་བྱས་དང། བྱང་ཆུབ་སེམས ་དཔའ་ངེས་གནས་དང། །སློབ་པ་བསད་དང་དགེ་འདུན་གྱི། །འདུ་བའི་སྒོ་ནི་ཕྲོགས་པ་དག་།མཚམས་མེད་པ་དང་ཆ་འདྲ་སྟེ། །ལྔ་པ་མཆོད་རྟེན་འཇིག་པ་ཡིན། །འདི་དག་ནི་མཚམས་མེད་པ་རྣམས་དང་ཆ་འདྲ་སྟེ། གལ་ཏེ་མ ་དགྲ་བཅོམ་མ་སུན་པར་བྱེད་དེ། མི་ཚངས་པར་སྤྱོད་པའི་ཕྱིར་བ་དང། ངེས་པར་གཏོགས་པའི་བྱང་ཆུབ་སེམས་དཔའ་གསོད་པ་དང། སློབ་པ་གསོད་པ་དང། དགེ་འདུན་གྱི་འདུ་བའི་སྒོ་འཕྲོག་པ་དང་མཆོད་རྟེན་འཇིག་པར་བྱེད་པ་སྟེ། ལྔ་དང་ལྔ་དང ་གོ་རིམས་བཞིན་ནོ། །གཞན་ཡང་རྣམ་པར་སྨིན་པ་དང་བཅས་པའི་ལས་ནི་དུས་གསུམ་པོ་དག་ཏུ་གེགས་བྱེད་དེ། གསུམ་པོ་གང་དག་ཏུ་ཞེ་ན། བཟོད་དང་ཕྱིར་མི་འོད་དགྲ་བཅོམ། །འཐོབ་ལ་ལས་གེགས་ཤིན་དུ་བྱེད། རྩེ་མོ་ལས་བཟོད་པས་སྐྱེ་བ ་ལ་ནི་ངན་སོང་བའི་ལས་རྣམས་གེགས་བྱ་བའི་ཕྱིར་ཉེ་བར་གནས་ཏེ། དེའི་རྣམ་པར་སྨིན་པའི་ས་ལས་འདའ་བའ་ཨི་ཕྱིར་ཏེ། དཔེར་ན་མི་ཞིག་གིས་ཡུལ་འདོར་བར་བྱེད་པ་ལ་བུ་ལོན་པ་དག་ལྡང་བ་བཞིན། དེ་བཞིན་དུ་ཕྱིར་མི་འོང་བའི་འབྲས་བུ་ཐོབ ་པ་ལས་ནི་འདོད་པ་ན་སྤྱོད་པའི་ལས་གེགས་བྱ་བའི་ཕྱིར་ཉེ་བར་གནས་ཏེ། མཐོང་བའི་ཆོས་ལ་མྱོང་བར་འགྱུར་བའི་ལས་ནི་མ་གཏོགས་སོ། །དེ་བཞིན་དུ་དགྲ་བཅོམ་པ་ཉིད་འཐོབ་པ་ལ་ནི་གཟུགས་དང་གཟུགས་མེད་པ་ན་སྤྱོད་པའི་ལམ་རྣམས ་སོ། །བྱང་ཆུབ་སེམས་དཔའ་གསད་པ་ཞེས་བཤད་པ་གང་ཡིན་པ། ཇི་ཙམ་ནས་ནི་བྱང་ཆུབ་སེམས། །གང་ནས་གཟུང་སྟེ་བྱང་ཆུབ་སེམས་དཔའ་ཞེས་བརྗོད་ཅེ་ན། གང་ནས་མཚན་གྱི་ལས་བྱེད་པ། གང་ཡན་ཆད་ནས་མཚན་གྱི་རྣམ་པར་སྨིན་པར་འགྱུར ་པའི་ལས་རྣམས་བྱེད་པར་རྩོམ་པ་དེའི་ཚེ་ནས་དེ་ནི་ངེས་པར་གཏོགས་པ་ཡིན་ཏེ། ཇི་ལྟ་ཞེ་ན། དེ་ནི་དུས་དེ་ཕན་ཆད་རྟག་ཏུ། བདེ་འགྲོ་རིགས་སུ་སྐྱེ་དབང་ཚང། །སྐྱེས་པ་ཚེ་རབས་དྲན་མི་ལྡོག་།ཡིན་ནོ། །འདིའི་འགྲོ་བ་རབ་ཏུ་བསྔགས་པ་ཡིན་པས་ན ་བདེ་འགྲོ་སྟེ། ལྷ་དང་མི་དག་གི་ནང་དུ་སྐྱེ་བའི་ཕྱིར་རོ། །འགྲོ་བ་དེ་དག་ཏུ་ཡང་རྒྱལ་རིགས་དང། བྲམ་ཟེ་དང། ཁྱིམ་བདག་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུར་སྐྱེས་པ་ཡིན་གྱི་རིགས་ངན་པ་ནི་མ་ཡིན་ནོ། །འདིའི་དབང་པོ་རྣམས་ཚང་བས་ན་དབང་པོ་ཚང ་བའོ། །དབང་པོ་ཚང་བས་ན་དབང་པོ་ཚང་བ་སྟེ། དབང་པོ་མ་ཚང་བ་མེད་ཅེས་བྱ་བའི་ཐ་ཚིག་གོ་།སྐྱེས་པ་ཉིད་ཡིན་གྱི་བུད་མེད་དུ་ཡང་མ་ཡིན། ཟ་མ་ལ་སོགས་པ་ལྟ་ཞིག་སྨོས་ཀྱང་ཅི་དགོས། འགྲོ་བ་ཐམས་ཅད་དུ་ཡང་ཚོར་བས་དྲན་པར་འགྱུར་རོ། །ལྡོག་པས ་ལྡོག་པའོ། །མི་ལྡོག་པས་ན་མི་ལྡོག་པས་སྟེ། ལྡོག་པ་མེད་ཅེས་བྱ་བའི་ཐ་ཚིག་སྟེ། སེམས་ཅན་ཐམས་ཅད་ལ་ཕན་པའི་དོན་དུ་སྡུག་བསྔལ་གྱི་རྣམ་པ་ཐམས་ཅད་ལོག་པར་བསྒྲུབ་པ་ཐམས་ཅད་ཀྱིས་སྐྱོབ་མེད་པའི་ཕྱིར་རོ། །འཇིག་རྟེན་ན་ཟོང་གི་མ་ཉོས་པའི་བྲན ་ཞེས་བརྗོད་པ་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའ་དེ་དག་ཡིན་ཏེ། བདག་ཉིད་ཆེན་པོ་དེ་དག་ནི་འབྱོར་པའི་མཆོག་ཁྱད་པར་ཅན་ཐམས་ཅད་བརྙེས་ཀྱང། ཐུགས་རྗེ་ཡིས་གཞན་གྱི་དབང་དུ་གྱུར་པའི་ཕྱིར་རྒྱུ་མེད་པར་སེམས་ཅན་ཐམས་ཅད་ཀྱི་དྲུང་དུ་བདག་ཉིད་ཁྱི་དང ་འདྲ་བར་ང་རྒྱལ་མེད་པར་འདུག་སྟེ། སེམས་ཅན་གྱི་གནོད་པར་བྱས་པ་ཐམས་ཅད་ལ་བཟོད་ཅིང་ངལ་བ་དང་ཉམ་ང་བ་ཐམས་ཅད་ཀྱང་ཉམས་སུ་ལེན་པ་ཡིན་ནོ། །དེ་ལྟར་མཚན་གྱི་རྣམ་པར་འགྱུར་བའི་ལས་སུ་བཤད་པ་གང་ཡིན་པ་དེ་ནི་འཛམ་གླིང་སྐྱེས་པ་ཉིད། མངོན ་སུམ་སངས་རྒྱས་ལ་སེམས་པ། བསམ་པ་ལས་བྱུང་བསྐལ་པ་བརྒྱ། །ལུས་པ་དག་ཏུ་འཕེན་པར་བྱེད། །ཛམྦུའི་གླིང་པ་དག་ནི་བློ་རྣོ་བའི་ཕྱིར་བྱང་ཆུབ་སེམས་དཔའ་ཡང་ཛམྦུའི་གླིང་ཉིད་དུ་མཚན་གྱི་རྣམ་པར་སྨིན་པར་འགྱུར་བའི་ལས་འཕེན་པར་བྱེད་ཀྱི་གཞན་དག ་ཏུ་ནི་མ་ཡིན་ནོ། །སྐྱེས་པ་ཉིད་ཡིན་པ་དང། བུད་མེད་མ་ཡིན་པ་དང། སྟོན་པ་མངོན་སུམ་དུ་འགྱུར་བ་དང། སངས་རྒྱས་ལ་དམིགས་པའི་སེམས་པས་བསྐལ་བརྒྱར་འཕེན་པར་བྱེད་ཀྱི། མང་པོར་ནི་མ་ཡིན་ནོ། །ལས་དེ་ཡང་བསམ་པ་ལས་བྱུང་བ་ཡིན་གྱི་ཐོས་ ་པ་ལས་བྱུང་བ་དང། བསྒོམ་པ་ལས་བྱུང་བ་ནི་མ་ཡིན་ནོ། །བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་ནི་བརྩོན་འགྲུས་སྦྱངས་པས་དགུ་བཟློག་ནས་བསྐལ་པ་དགུ་བཅུ་རྩ་གཅིག་ཏུ་འཕངས་ཏེ། དེ་ཉིད་ཀྱི་ཕྱིར་འདི་སྐད་དུ་གྲོང་དཔོན་ངས་འདི་ནས ་བསྐལ་བ་དགུ་བཅུ་རྩ་གཅིག་ཚུན་ཆད་ཡང་དག་པར་རྗེས་སུ་དྲན་སྟེ། རིགས་འགའ་ལ་ཡང་ཟས་ཚོལ་བ་སྟེར་བར་བྱ་བའི་ཕྱིར་མི་བདེ་བའམ་གནོད་པར་འགྱུར་བ་གང་ཡིན་པ་ནི་མངོན་པར་མ་མཁྱེན་ཏོ་ཞེས་གསུངས་ཏེ། དེ་ཚུན་ཆད་རང་བཞིན་གྱི་ཚེ་རབས ་དྲན་པའི་ཕྱིར་རོ། །མཚན་དེ་དག་ཀྱང། རེ་རེའང་བསོད་ནམས་བརྒྱ་ལས་སྐྱེས། །བསོད་ནམས་ཀྱི་ཚང་ཇི་ཙམ་ཞེ་ན། ཁ་ཅིག་ན་རེ་བྱང་ཆུབ་སེམས་དཔའ་ཉེ་བ་མ་གཏོགས་པ་སེམས་ཅན་ཐམས་ཅད་ཀྱི་ལོངས་སྤྱོད་ཀྱི་འབྲས་བུའི་ཚད་ཇི་ཙམ་མོ་ཞེས་ཟེར་རོ།། ་ཁ་ཅིག་ན་རེ་སེམས་ཅན་ཐམས་ཅད་ཀྱི་ལས་ཀྱི་དབང་གི་སྟོང་གསུམ་འགྲུབ་པ་སྙེད་དོ་ཞེས་ཟེར་རོ། །ཁ་ཅིག་ན་རེ་དེའི་ཚད་ནི་སངས་རྒྱས་ཉིད་ཀྱི་མཁྱེན་ཏོ་ཞེས་ཟེར་རོ། །ཡང་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔར་གྱུར་པ་ན། སངས་རྒྱས་ཇི་སྙེད ་ཅིག་ལ་བསྙེན་བཀུར་བྱས་ཤེ་ན་བསྐལ་པ་གྲངས་མེད་པ་དང་པོ་ལ་སངས་རྒྱས་བདུན་ཁྲི་ལྔ་སྟོང་ལ་བསྙེན་བཀུར་བྱས་སོ། །གཉིས་པ་ལ་བདུན་ཁྲི་དྲུག་སྟོང་ལ་བསྙེན་བཀུར་བྱས་སོ། །གསུམ་པ་ལ་བདུན་ཁྲི་བདུན་སྟོང་ལ་བསྙེན་བཀུར་བྱས་སོ། །བསྐལ ་བ་གྲངས་མེད་པ་གང་གི་མཇུག་ཏུ་སངས་རྒྱས་གང་ཞིག་འབྱུང་བར་འགྱུར་ཞེ་ན། གོ་རིམས་ལས་བཟློག་ནས་རིམ་བཞིན་དུ། རྣམ་གཟིགས་མར་མེར་ནི་ཚན་གཙུག་།གྲངས་མེད་གསུམ་གྱི་མཇུག་ཏུ་འབྱུང། །བསྐལ་བ་གྲངས་མེད་པ་དང་པོ་ནི ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་གཙུག་ཏོར་ཅན་དུ་རྫོགས་སོ། །གཉིས་པ་ནི་བཅོམ་ལྡན་འདས་མར་མེ་མཛད་དུ་རྫོགས་སོ། །གསུམ་པ་ནི་དེ་བཞིན་གཤེགས་པ་རྣམ་པར་གཟིགས་སུ་རྫོགས་སོ། །དེ་དག་ཐམས་ཅད་ཀྱི། དང་པོ་ཤཱཀྱ ་ཐུབ་པོ་ཡིན། གནའ་ཤཱཀྱ་ཐུབ་པ་ཞེས་བྱ་བ་ཡང་དག་པར་རྫོགས་པའི་སངས་རྒྱས་གང་ལ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔར་གྱུར་པའི་ཚེ་བདག་ཀྱང་འདི་འདྲ་བའི་རྣམ་པ་ཉིད་དུ་སྣགས་རྒྱས་པར་ཤོག་ཅིག་ཅེས་ཡང་དང་པོར་སྨོན་ལམ ་བཏབ་པར་གྱུར་ཏེ། དེ་ཡང་འདི་བཞིན་དུ་རྩོད་པའི་དུས་ཉིད་ལ་བྱུང་བར་གྱུར་པ་དེའི་བསྟན་པ་ལ་ཡང་འདི་བཞིན་དུ་ལོ་སྟོང་གི་མཛའ་ཨི་བར་དུ་གནས་པར་གྱུར་ཏོ། །ཡང་བྱང་ཆུབ་སེམས་དཔའ་གནས་སྐབས་གང་དག་ཏུ། །ཕ་རོལ་ཏུ་ཕྱིན་པ་གང་རྫོགས་པར་བྱེད ་ཅེ་ན། ཀུན་ལ་སྦྱིན་དང་ཐམས་ཅད་དང། །སྙིང་རྗེའི་སྦྱིན་པས་སྦྱིན་པ་རྫོགས། །གང་གི་ཐམས་ཅད་ལ་མིག་གི་བར་དང་རྐང་བའི་བར་ཐམས་ཅད་མངོན་པར་མཐོང་བའི་ཁྱད་པར་གྱི་ལན་ལ་?་བར་སྙིང་རྗེས་སྦྱིན་པར་བྱེད་པ་ཙམ་གྱིས་ན། སྦྱིན་པའི་ཕ ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པ་ཡིན་ནོ། །ཆགས་བཅས་ཡན་ལག་བཅད་ཀྱང་ནི། །མི་འཁྲུག་བཟོད་དང་ཚུལ་ཁྲིམས་ཀྱི། །གང་གི་ཚེ་འདོད་ཆགས་དང་མ་བྲལ་བ་བཞིན་དུ་ཡན་ལག་བཅད་ཀྱང་ཆུང་ཟད་ཀྱང་མི་འཁྲུག་པ་དེའི་ཚེ་འདིའི་ཚུལ་ཁྲིམས་དང། བཟོད་པའི་ཕ་རོལ ་ཏུ་ཕྱིན་པའི་ཡོངས་སུ་རྫོགས་པ་ཡིན་ནོ། །སྐར་རྒྱལ་བསྟོང་བས་བརྩོན་འགྲུས་ཀྱི། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔར་གྱུར་པའི་ཚེ། དེ་བཞིན་གཤེགས་པ་སྐར་རྒྱལ་ཕུག་ན་མེའི་ཁམས་སུ་སྙོམས་པར་ཞགས་པ་མཐོང་ནས་རྐང་པ་གཅིག་གི ་འགྲེང་སྟེ། ཞག་བདུན་གྱི་བར་དུ། སྐྱེས་བུ་ཁྱུ་མཆོག་ཁྱོད་འདྲའི་དགེ་སྤྱོད་ཆེན་པོ་གཞན་དག་ལྷ་ཡུལ་ས་ལ་མེད། །འཇིག་རྟེན་འདི་ནའང་ཡོད་པ་མ་ཡིན་རྣམ་ཐོས་བུ་ཡི་གནས་ནའང་ཡོད་མ་ཡིན། །ལྷ་ཡི་ཕོ་བྲང་གནས་མཆོག་དག་ནའང་ཡོད་མིན་ཕྱོགས ་སམ་ཕྱོགས་མཚམས་དག་ནའང་མེད། །རི་དང་ནགས་སུ་བཅས་པའི་ས་སྟེང་རྒྱས་པ་ཀུན་དུ་བསྐོང་བས་ག་ལ་ཡོད། །ཅེས་བྱ་བའི་ཚིགས་སུ་བཅད་པ་གཅིག་གིས་བསྟོད་པ་དེའི་ཚེ་བརྩུན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་ཏེ། བསྐལ་པ་དགུ ་ཡང་བཟློག་གོ་ཞེས་གྲག་གོ་།བར་ཆད་མེད་ལ་ཏིང་འཛིན་བློའི། །བྱང་ཆུབ་དང་པོའི་དེ་མ་ཐག། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལ་བསམ་གཏན་དང། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཉིས་ཡོངས་སུ་རྫོགས་ཏེ། རང་རང་གི་ཕུན་སུམ ་ཚོགས་པའི་ཕ་རོལ་ཏུ་ཕྱིན་པས་ན་ཕ་རོལ་ཏུ་ཕྱིན་པ་ཡིན་ནོ། །མདོ་ལས། སྦྱིན་པ་ལས་བྱུང་བའི་བསོད་ནམས་བྱ་བའི་གཞི་དང། ཚུལ་ཁྲིམས་ལས་བྱུང་བ་དང་བསྒོམ་པ་ལས་བྱུང་བའི་བསོད་ནམས་བྱ་བའི་གཞི་དང། བསོད་ནམས་བྱ ་བའི་གཞི་གསུམ་དུ་གསུངས་པ་ཇི་ལྟར་ན་གསུམ་པོ་འདི་དག་བསོད་ནམས་བྱ་བའི་གཞི་ཡིན་ཞེ་ན། བསོད་ནམས་བྱ་དང་དེ་གཞི་དང། །གསུམ་པོ་ཇི་ལྟར་ལས་ལམ་བཞིན། །གསུམ་པོ་འདི་དག་ནི་ཅི་རིགས་པར་བསོད་ནམས་ཀྱང་ཡིན་གཞི ་ཡང་ཡིན་པས་ན་བསོད་ནམས་བྱ་བའི་གཞི་སྟེ། དཔེར་ན་དེ་དག་ནི་ལས་ཀྱང་ཡིན་ལ་ལས་ཀྱི་ལམ་ཡང་ཡིན་པ་དང། ལས་ཀྱི་ལམ་འབའ་ཞིག་ཡིན་པས་ན་ལས་ཀྱི་ལམ་མོ་ཞེས་བཤད་པ་བཞིན་ནོ། །དེ་ལ་རེ་ཞིག་སྦྱིན་པ་ལས་བྱུང་བའི་བསོད ་ནམས་བྱ་བའི་གཞི་ལུས་དང་ངག་གི་ལས་ནི་རྣམ་པ་གསུམ་ཚར་ཡིན་ནོ། །དེས་ཀུན་ནས་བསླང་བའི་སེམས་པ་ནི་བསོད་ནམས་དང་བྱ་བ་ཡིན་ནོ། །དེ་དང་ལྷན་ཅིག་བྱུང་བའི་ཆོས་རྣམས་ནི་བསོད་ནམས་འབའ་ཞིག་ཡིན་ནོ། །ཚུལ་ཁྲིམས་ལས ་བྱུང་བ་ཡང་ལུས་དང་ངག་གི་ལས་འབའ་ཞིག་ནི་རྣམ་པ་གསུམ་ཆར་ཡིན་ནོ། །བསྒོམ་པ་ལས་བྱུང་བའི་བྱམས་པ་ནི་བསོད་ནམས་བྱ་བའི་གཞི་ཡིན་ཏེ། བྱམས་པའི་སྒོ་ནས་དེ་དང་མཚུངས་པར་ལྡན་པའི་སེམས་པ་མངོན་པར་འདུ་བྱེད་པའི་ཕྱིར་རོ་བདེ་དང ་ལྷན་ཅིག་འབྱུང་བའི་སེམས་པ་ནི་ཚུལ་ཁྲིམས་དང་བསོད་ནམས་བྱ་བ་ཡིན་ནོ། །དེ་དང་ལྷན་ཅིག་འབྱུང་བ་གཞན་དག་ནི་བསོད་ནམས་འབའ་ཞིག་ཡིན་ནོ། །སྦྱིན་པ་ཞེས་བྱ་བ་འདི་ཅི་ཡིན་གང་སྦྱིན་པར་བྱ་བ་དེ་ཡང་སྦྱིན་པ་ཡིན། འདིར་ནི། གང་གི་སྒྲིབ་བྱེད་དེས ་སྦྱིན་པ། །འདིར་ནི་འཇིག་པ་དང། ལན་ལ་རེ་བ་དང། ཆགས་པ་ལ་སོགས་པ་སྦྱིན་པ་ནི་མི་འདོད་པས་དེའི་ཕྱིར་ཁྱད་པར་དུ་བྱ་བའི་ཕྱིར་སྨྲས་པ། མཆོད་དང་ཕན་བཏགས་འདོད་པ་ཡིས། །གང་གིས་གཞན་དག་ལ་མཆོད་པ་དང། །ཕན་བཏགས་པར་འདོད་པ ་གཉིས་ཀྱིས་སྦྱིན་པར་བྱེད་པའོ། །གང་གི་སྦྱིན་པར་བྱེད་པ་ཞེས་པ་དེ་གང་ཞིག་ཅེ་ན། ལུས་དང་ངག་ལས་སློང་དང་བཅས། །སློང་བ་ཡང་གང་ཞིག་ཅེ་ན། སེམས་དང་སེམས་ལས་བྱུང་བའི་ཚོགས་གང་གི་དེ་སློང་བར་བྱེད་པའི། །འདིར་སྨྲས་པ། གང་ཚེ་སྐྱེས་བུ་དག ་ཡིད་ཀྱིས། །རང་གི་རྫས་དག་སྦྱིན་བྱེད་པའི། །དེ་ཚེ་དགེ་བའི་ཕུང་པོ་རྣམས། །སྦྱིན་པ་ཞེས་ནི་བརྗོད་པ་ཡིན། ཞེས་བྱ་བའོ། །དེ་འབྲས་ལོངས་སྤྱོད་ཆེན་པོ་ཉིད། །སྦྱིན་པ་དེ་ལྟ་བུ་དེ་ཡང། བདག་གཞན་དོན་ཕྱིར་གཉིས་དོན་ཕྱིར། །གཉིས་ཀའི་དོན་དུ་མིན་ཕྱིར་སྦྱིན།། ་དེ་ལ་འདོད་ཆགས་དང་མ་བྲལ་བ་འམ། སོ་སོའི་སྐྱེ་བོ་འདོད་ཆགས་དང་མ་བྲལ་བ་གང་ཞིག་མཆོད་རྟེན་ལ་སྦྱིན་པ་སྦྱིན་པར་བྱེད་ན། དེས་ཕ་རོལ་པོ་དག་ལ་ཕན་འདོད་པ་མེད་པའི་ཕྱིར་དེ་ནི་དེའི་བདག་ཉིད་ཀྱི་དོན་འབའ་ཞིག་གི་ཕྱིར་ཡིན་ནོ། །འཕགས་པ་འདོད ་ཆགས་དང་བྲལ་བ་གང་ཞིག་སེམས་ཅན་ཕ་རོལ་པོ་དག་ལ་སྦྱིན་པ་སྦྱིན་པར་བྱེད་ན། དེས་དེ་དག་ཕན་བཏགས་པའི་ཕྱིར་སྦྱིན་བ་དེ་གཞན་གྱི་དོན་གྱི་ཕྱིར་ནི་ཡིན་གྱི་དེའི་རྣམ་པར་སྨིན་པའི་ས་ལས་ཤིན་དུ་ཡང་དག་པར་འདས་པའི་ཕྱིར་མཐོང་བའི་ཆོས་ལ་མྱོང་བར ་འགྱུར་བ་མ་གཏོགས་པར་བདག་གི་དོན་གྱི་ཕྱིར་ན་མ་ཡིན་ནོ། །འཕགས་པ་འདོད་ཆགས་དང་མ་བྲལ་བའམ་སོ་སོའི་སྐྱེ་བོ་འདོད་ཆགས་དང་མ་བྲལ་བ་གང་ཞིག་སེམས་ཅན་ཕ་རོལ་པོ་དག་ལ་སྦྱིན་པར་བྱེད་ན། སྦྱིན་པ་དེ་གཉི་གའི་དོན་གྱི་ཕྱིར་ཡིན་ནོ། །འཕགས་པ་འདོད ་ཆགས་དང་བྲལ་བ་གང་ཞིག་མཆོད་རྟེན་ལ་སྦྱིན་པ་སྦྱིན་པར་བྱེད་ན། སྦྱིན་པ་དེ་ནི་མཐོང་བའི་ཆོས་ལ་མྱོང་བར་འགྱུར་བ་མ་གཏོགས་པར་གཉིས་ཀའི་དོན་གྱི་ཕྱིར་ཡང་མ་ཡིན་ཏེ། དེ་ནི་བཀུར་སྟི་དང་བྱས་པ་གཟོ་བ་འབའ་ཞིག་གིས་སྦྱིན་པར་བྱེད་དོ། །སྦྱིན་པའི་འབྲས ་བུ་ལོངས་སྤྱོད་ཆེན་པོའོ་ཞེས་བྱ་བ་ནི་ཕྱིར་བསྟན་པའོ། །དེ་ཡི་ཁྱད་པར་སྦྱིན་བདག་དང། དངོས་དང་ཞིང་གི་ཁྱད་པར་ལས་དེ་ལ་རེ་ཞིག་།སྦྱིན་བདག་ཁྱད་འཕགས་དང་སོགས་ཀྱིས། །སྦྱིན་བདག་གི་ཁྱད་པར་ནི་དད་པ་དང་ཚུལ་ཁྲིམས་དང ་ཐོས་པ་ལ་སོགས་པའི་ཡོན་ཏན་དང་ལྡན་པ་ཡིན་ནོ། །སྦྱིན་བདག་དེ་ལྟ་བུའི་སྤྱིད་པ་དེའི་ཁྱད་པར་གྱིས་སྦྱིན་པའི་འབྲས་བུའི་ཕྱིར་ཁྱད་པར་དུ་འཕགས་པར་འགྱུར་ཏེ། སྦྱིན་བདག་དེ་ལྟ་བུ་དེ་ནི། གུས་ལ་སོགས་པས་སྦྱིན་པར་བྱེད། གུས་པ་དང། རང་གི་ལག ་པ་དང། དུས་དང། གཞན་ལ་མི་གནོད་པར་སྦྱིན་པར་བྱེད་དེ། དེའི་ཕྱིར་བཀུར་སྟི་རྒྱ་ཆེན་དང། །དུས་དང་བར་ཆད་མེད་པར་རྙེད། །དེའི་ཕྱིར་སྦྱིན་བདག་དེའི་སྦྱིན་པ་དེ་ལྟ་བུ་བྱིན་པ་རིམ་པ་བཞིན་དུ་ཁྱད་པར་བཞིར་འགྱུར་ཏེ། བཀུར་སྟི་རྙེད་པར་འགྱུར། ལོངས ་སྤྱོད་རྒྱ་ཆེན་པོ་ལ་དད་པ་རྙེད་པར་འགྱུར། ལོངས་སྤྱོད་དུས་ལས་མི་ཡོལ་བར་དུས་སུ་རྙེད་པར་འགྱུར། ལོངས་སྤྱོད་བར་ཆད་མེད་པར་རྙེད་པར་འགྱུར་ཏེ། འདིའི་ལོངས་སྤྱོད་གཞན་དག་གི་བར་མི་ཆོད་པར་འགྱུར། མེ་ལ་སོགས་པས་མེད་པར་མི་འགྱུར་རོ། ། ་ཇི་ལྟར་ན་སྦྱིན་བདག་ཁྱད་པར་དུ་འཕགས་པ་ཡིན་པ་དང། དེའི་ཁྱད་པར་གྱིས་སྦྱིན་པའི་ཁྱད་པར་ཡང་བཤད་ཟིན་ཏོ། །ཡང་ཇི་ལྟར་ན་དངོས་པོ་ཁྱད་པར་དུ་འཕགས་པ་ཡིན་ཞེ་ན། ཁ་དོག་ལ་སོགས་ཕུན་སུམ་དངོས། །ཁྱད་པར་ཅན་ཞེས་བྱ་བར་སྦྱར་ཏེ། གལ ་ཏེ་གང་སྦྱིན་པར་བྱེད་པ་དེ་ཁོ་དོག་དང་དྲི་དང་རོ་དང་རེག་བྱ་ཕུན་སུམ་ཚོགས་པ་ཡིན་ན། དེ་ལྟ་བུ་ནི་དངོས་པོ་ཁྱད་པར་དུ་འཕགས་པ་ཡིན་ནོ། །དངོས་པོ་དེ་འདྲ་བ་བྱིན་པས་ཇི་འགྱུར་ཞེ་ན། རིམ་པ་བཞིན་དུ། གཟུགས་བཟང་གྲགས་དང་ལྡན་པ་དང། དགའ་དང ་ཤིན་ཏུ་གཞོན་པ་དང། །དུས་སུ་རེག་ན་བདེ་ལུས་ཕྱིར། ཁ་དོག་ཕུན་སུམ་སོགས་པ་བྱིན་པས་ནི་ཟུགས་བཟང་པོར་འགྱུར་རོ། །དྲི་ཕུན་སུམ་ཚོགས་པ་བྱིན་པས་ནི་དྲི་བཞིན་དུ་གྲགས་པས་ཕྱོགས་སུ་རྒྱས་པར་འགྱུར་རོ། །རོ་ཕུན་སུམ་ཚོགས་པ་བྱིན་པས ་ནི་རོ་མ་དར་བཞིན་དུ་དགའ་བར་འགྱུར་རོ། །རེག་པ་ཕུན་སུམ་ཚོགས་པ་བྱིན་པས་ནི་ལུས་ཤིན་དུ་གཞོན་པ་དང། བུད་མེད་རིན་པོ་ཆེ་ཇི་ལྟ་བ་བཞིན་དུ་དུས་སུ་རེག་ན་བདེ་བའི་ལུས་སུ་འང་འགྱུར་རོ། །ཡང་ཇི་ལྟར་ན་ཞིང་ཁྱད་པར་དུ་འཕགས་པ་ཡིན་ཞེ་ན། འགྲོ་དང་སྡུག ་བསྔལ་ཕན་འདོགས་དང། །ཡོན་ཏན་རྣམས་ཀྱི་ཞིང་ཁྱད་འཕགས། །རེ་ཞིག་འགྲོ་བའི་ཁྱད་པར་གྱི་ཁྱད་པར་དུ་འཕགས་པ་ནི། བཅོམ་ལྡན་འདས་ཀྱིས་ཇི་སྐད་དུ་དུད་འགྲོའི་སྐྱེ་གནས་སུ་སོང་བ་ལ། སྦྱིན་པ་སྦྱིན་སླར་རྣམ་པར་སྨིན་པ་བརྒྱ་འགྱུར་དུ་རེ་བར་བྱའོ། །ཚུལ ་ཁྲིམས་འཆལ་བར་འགྱུར་བའི་མི་ལ་སྦྱིན་པ་བྱིན་པ་ན་སྟོང་འགྱུར་དུ་རེ་བར་བྱའོ་ཞེས་གསུངས་པ་ལྟ་བུའོ། །སྡུག་བསྔལ་གྱི་ཁྱད་པར་གྱི་ཁྱད་པར་དུ་འཕགས་པ་ནི་འདི་ལྟ་སྟེ། ནད་པ་དང་ནད་གཡོག་ལ་སྦྱིན་པ་སྦྱིན་ན་ཞེས་བྱ་བ་ལ་སོགས་པའོ། །ཕན་འདོགས་པའི ་ཁྱད་པར་ནི་འདི་ལྟ་སྟེ། ཕ་མ་དང་གཞན་ཡང་ཕན་འདོགས་པ་རྣམས་ལའོ། །ཡོན་ཏན་གྱི་ཁྱད་པར་ནི་འདི་ལྟ་སྟེ། ཚུལ་ཁྲིམས་དང་ལྡན་པ་ལ་བྱིན་ན་རྣམ་པར་སྨིན་པ་འབུམ་འགྱུར་རོ་ཞེས་བྱ་བ་ལ་སོགས་པའོ། །སྦྱིན་པ་ཐམས་ཅད་ཀྱི་ནང་ན། མཆོག་ནི་གྲོལ་བས་གྲོལ ་བ་ལའམ། བྱང་ཆུབ་སེམས་དཔའ་ལ། སེམས་ཅན་ཐམས་ཅད་ལ་ཕན་པའི་རྒྱུར་བྱང་ཆུབ་སེམས་དཔའ་ལ་སྦྱིན་པ་གང་བྱིན་པ་ནི་དེ་གྲོལ་བ་མ་ཡིན་ཡང་མ་གྲོལ་བ་ལ་སྦྱིན་པ་མཆོག་ཡིན་ཏེ། དེ་ཡང་བཅོམ་ལྡན་འདས་ཀྱིས་གང་དག་སྦྱིན་པ་བརྒྱད་དུ་གསུངས་པ ་དེ་དག་ལས། བརྒྱད་པ། མ་གཏོགས་ཏེ་མཆོག་ཡིན་ཞེས་བྱ་བར་སྦྱར་རོ། །བརྒྱད་པ་གང་ཞེ་ན། ཉེ་བ་ལ་སྦྱིན་པ་དང། འཇིགས་པས་སྦྱིན་པ་དང། བདག་ལ་སྦྱིན་པས་སྦྱིན་པ་དང། བདག་ལ་སྦྱིན་པར་འགྱུར་བས་སྦྱིན་པ་དང། སྔོན་བདག་གི་ཕ་དང་མེས་པོ་དག་གིས་སྦྱིན ་པ་བྱིན་པས་སྦྱིན་པ་བྱིན་པ་དང། མཐོ་རིས་དོན་དུ་སྦྱིན་པ་དང། གྲགས་པའི་དོན་དུ་སྦྱིན་པ་དང། སེམས་ཀྱི་རྒྱན་གྱི་དོན་དུ་སྦྱིན་པ་སྦྱིན་པ་དང། སེམས་ཀྱི་ཡོ་བྱད་ཀྱི་དོན་དང། རྣལ་འབྱོར་གྱི་ཚོགས་ཀྱི་དོན་དང། དོན་གྱི་མཆོག་ཐོབ་པར་བྱ་བའི་ཕྱིར་སྦྱིན་པ་སྦྱིན་པ་དང། དེ་ལ་ཉེ་བ ་ལ་སྦྱིན་པ་ནི། སྔ་མ་དག་ན་རེ། ནམ་དྲུང་དུ་ཉེ་བར་འོངས་པ་ལ། སྦྱིན་པ་སྦྱིན་པའོ་ཞེས་ཟེར་རོ། འཇིགས་པས་སྦྱིན་པ་ནི་གང་མེད་པར་བྱེད་པ་མངོན་སུམ་དུ་མཐོང་ནས་དམ་པ་སྦྱིན་ནོ་ཞེས་བྱ་བ་བྱེད་དོ། །ལྷག་མ་ནི་གོ་སླ་བས་རྣམ་པར་མ ་ཕྱེའོ། །མདོ་ལས་རྒྱུན་དུ་ཞུགས་པའི་འབྲས་བུ་ཞུགས་པ་དེ་ལ་སྦྱིན་པ་སྦྱིན་ནོ། རྣམ་པར་སྨིན་པ་གཞལ་དུ་མེད་དོ། །དེ་བས་ཀྱང་རྒྱུན་དུ་ཞུགས་པ་ལ་བྱིན་ན་གཞལ་དུ་མེད་དོ་ཞེས་རྒྱ་ཆེར་གསུངས་མོད་ཀྱི་གཞན་ཡང། ཕ་དང་མ་དང་ནད་པ་དང། ཆོས་སྨྲ་སྐྱེ་བ ་བ་ཐ་མ་ཡི། །བྱང་ཆུབ་སེམས་དཔའ་འཕགས་མིན་ལའང། སྦྱིན་པ་གཞལ་དུ་མེད་པ་ཡིན། །ལྔ་པོ་འདི་དག་ནི་སོ་སོའི་སྐྱེ་བོ་ཡིན་ཡང་འབྲས་བུའི་སྒོ་ནས་སྦྱིན་པ་གཞལ་དུ་མེད་པ་ཡིན་ནོ། །དེ་ལ་སྐྱེ་བ་ཐ་མའི་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ནི་སྲིད་པ་ཐ་མ ་བ་ཡིན་ནོ། །ཞིང་གི་ཁྱད་པར་རྣམ་པ་བཞི་ལ། ཆོས་སྨྲ་བའི་ཕྱོགས་གང་དུ་གཏོགས་པར་ལྟ་ཞེ་ན། དེ་ནི་སྐྱེ་དགུ་མ་རིག་པས་ལྡོངས་པར་གྱུར་པ་རྣམས་ལ་ཤེས་རབ་ཀྱི་མིག་སྦྱིན་པར་བྱེད་པ་དང། འཐུན་པ་དང་མི་མཐུན་པ་རབ་ཏུ་སྟོན་པར་བྱེད་པ་དང། ཆོས་ཀྱི ་སྐུ་ཟག་པ་མེད་པ་ཡང་མངོན་པར་གྲུབ་པར་བྱེད་པ་དང། མདོར་ན་སངས་རྒྱས་ཀྱིས་མཛད་པ་ཐམས་ཅད་བྱེད་པ་ཡིན་པས་དགེ་བའི་བཤེས་གཉེན་ཆེན་པོ་སྟེ། ཕན་འདོགས་པའི་ཕྱོགས་སུ་བལྟ་བར་བྱའོ། །ལས་རྣམས་ཀྱིས་ལྕི་བ་དང། ཡང་བ་ཤེས་པར ་འདོད་པས་མདོར་བསྡུས་ན་རྒྱུ་དྲུག་ཤེས་པར་བྱ་སྟེ། འདི་ལྟ་སྟེ། མཇུག་དང་ཞིང་དང་བཞི་དང་ནི། །སྦྱོར་དང་སེམས་པ་བསམ་པ་དག་།དེ་དག་ཆུང་དང་ཆེ་བ་ལས། །ལས་ཀྱང་ཆུང་དང་ཆེ་བ་ཉིད། །མཇུག་ཅེས་བྱ་བ་ནི་བྱས་པའི་རྗེས་ལ་བྱེད་པ་གང་ཡིན་པའོ། །ཞིང ་ཞེས་བྱ་བ་དེ་གང་དུ་ཕན་པ་དང་གནོད་པ་བྱེད་པའོ། །གཞི་ཞེས་བྱ་བ་ནི་ལས་ཀྱི་ལམ་མོ། །སྦྱོར་བ་ཞེས་བྱ་བ་ནི་དེའི་དོན་དུ་ལུས་དང་ངག་གིས་ལས་བྱེད་པའོ། །སེམས་པ་ཞེས་བྱ་བ་ནི་ལས་ཀྱི་ལམ་མཐར་ཕྱིན་པར་བྱེད་པ་གང་ཡིན་པའོ། །བསམ་པ་ནི་དེ ་དག་ཏུ་དེ་དང་དེ་ལྟ་བུ་ཞིག་ནི་བྱའོ། །དེ་དང་དེ་ལྟ་བུ་ཞིག་ནི་ཕྱིས་བྱའོ་ཞེས་སེམས་པ་སྟེ། ལ་ལ་ནི་མཇུག་གིས་ཡོངས་སུ་བསྡུས་པ་ཉིད་ཀྱི་ལས་ལྕི་བར་འགྱུར་ཏེ། རྣམ་པར་སྨིན་པ་ངེས་པར་གནས་པའི་ཕྱིར་རོ། །ལ་ལ་ནི་ཞིང་གི་ཁྱད་པར་ཉིད་ཀྱི་ལྕི་བར་འགྱུར་རོ།། ་ལ་ལ་ནི་ཞིང་དེ་ཉིད་ལ་བཞིའི་དབང་གིས་ལྕི་བར་འགྱུར་གྱི་གཞན་དུ་ནི་མ་ཡིན་ནོ། །ཇི་ལྟར་ཕ་དང་མ་ལ་སྲོག་གཅོད་པ་ལྟར་མ་བྱིན་པར་ལེན་པ་ལ་སོགས་པ་ནི་དེ་ལྟ་མ་ཡིན་པ་བཞིན་ཏེ། དེ་བཞིན་དུ་གཞན་དག་ལ་ཡང་སྦྱར་བར་བྱའོ། །གང་གི་ཐམས་ཆད་ཆེ་བ ་ཡིན་པ་དེའི་ལས་ཀྱང་ཤིན་ཏུ་ཆེས་ལྕི་བ་ཡིན་པར་རིག་པར་བྱའོ། །གང་ཆུང་ངུ་ཡིན་པ་དེའི་ལས་ཀྱང་ཤིན་དུ་ཆུང་བ་ཡིན་པར་རིག་པར་བྱའོ། །ལས་བྱས་པ་དང་བསགས་པ་ཞེས་འབྱུང་བ་ལ། ཇི་ལྟར་ན་ལས་བསགས་པ་ཡིན་ཞེ་ན། རྒྱུ་ལས་ཡིན་ཏེ། བསམ་བཞིན ་པ་དང་རྫོགས་པ་དང། །མི་འགྱུར་གཉེན་པོ་མེད་པ་དང། །འཁོར་དང་རྣམ་པར་སྨིན་པ་ལྟས། །བསགས་པའི་ལས་ཞེས་བྱ་བ་ཡིན། ཇི་ལྟར་ན་བསམ་བཞིན་གྱིས་ཡིན་ན། ཆེད་དུ་བསམས་ནས་བྱས་པ་ཡིན་གྱིས་བློ་སྔོན་དུ་མ་བཏང་བ་ཡང་མ་ཡིན་ལ། བབ་ཅོལ་དུ ་བྱས་པའང་མ་ཡིན་ནོ། །ཇི་ལྟར་ན་རྫོགས་པས་ཡིན་ཞེ་ན། ཁ་ཅིག་ནི་ཉེ་བར་སྤྱད་པ་གཅིག་གིས་ངན་སོང་དུ་འགྲོ་བ་ལ་ཁ་ཅིག་ནི་གསུམ་གྱིས་བར་གྱི་འགྲོ་བ་དང། ཁ་ཅིག་ནི་ལས་ཀྱི་ལམ་གཅིག་གིས་ངན་སོང་དུ་འགྲོ་བ་ཁ་ཅིག་ནི་བཅུའི་བར་གྱིས་འགྲོ་བ་དེ་ལ ་གང་ཞིག་གི་ཇི་ཙམ་གྱིས་དེར་འགྲོ་བར་འགྱུར་བའི་ལས་དེ་རྫོགས་པར་མ་བྱས་ན་ནི་མ་བསགས་པ་ཡིན་ནོ། །རྫོགས་ན་ནི་བསགས་པ་ཡིན་ནོ། །ཇི་ལྟར་ན་མི་འགྱོད་པ་དང། གཉེན་པོ་མེད་པས་ཡིན་ཞེ་ན། ལས་དེ་ལ་འགྱོད་པར་མི་བྱེད་ཅིང། གཉེན་པོ་ལ་མི ་བསྟེན་པ་ཡིན་ནོ། །ཇི་ལྟར་ན་འཁོར་ལས་ཡིན་ཞེ་ན། ལས་ཀྱི་ལམ་མི་དགེ་བ་ལ་ཡང་མི་དགེ་བའི་འཁོར་བསྟན་པ་ཡིན་ནོ། །ཇི་ལྟར་ན་རྣམ་པར་སྨིན་པ་ལས་ཡིན་ཞེ་ན། རྣམ་པར་སྨིན་པ་རྣམ་པར་ངེས་པ་ཡིན་ཏེ། དེ་བཞིན་དུ་དགེ་བ་ལ་ཡང་སྦྱར་བར་བྱའོ། །དེ་ལས་གཞན ་དུ་བྱས་པའི་ལས་ནི་མ་བསགས་པ་ཡིན་ནོ། །འདོད་ཆགས་དང་བཅས་པའི་མཆོད་རྟེན་ལ་སྦྱིན་པ་བྱིན་བ་ནི། བདག་གིས་དོན་དུའོ་ཞེས་བཤད་པ། དེ་ལ་སྤྱོད་པ་པོ་མེད་ན་ཇི་ལྟར་བསོད་ནམས་སུ་འགྱུར་ཞེ་ན། །བསོད་ནམས་ནི་རྣམ་པ་གཉིས ་ཏེ། ཡོངས་སུ་བཏང་བའི་རྒྱུ་ལས་བྱུང་བ་ནི་ཡོངས་སུ་བཏང་བ་ཉིད་ལས་བྱུང་བ་གང་ཡིན་པའོ། །ཡོངས་སུ་སྤྱད་པའི་རྒྱུ་ལས་ནི་ཡོངས་སུ་སྤྱད་པ་ཉིད་ལས་བྱུང་བ་གང་ཡིན་པ་དེ། དེ་ལ་མཆོད་རྟེན་ལས་གཏང་རྒྱུས་བྱུང་བའི། བསོད་ནམས། ཡོངས་སུ་སྤྱོད་པའི་རྒྱུ ་ལས་བྱུང་བ་ནི་མེད་དོ། །དེ་ལ་ལེན་པ་སུ་ཡང་མེད་ན་ཇི་ལྟར་ན་བསོད་ནམས་ཡིན་བླངས་པ་ཡོད་ན་ནི་བསོད་ནམས་ཡིན་གྱིས་མེད་ན་ནི་མ་ཡིན་ནོ་ཞེས་བྱ་བ་ལ། རྒྱུ་ཅི་ཞིག་ཡོངས་སུ་ལ་ཡང་ཕན་བཏགས་པ་མེད་པའི་ཕྱིར་རོ། །འདི་ནི་རྒྱུ་མ་ཡིན་ཏེ། གལ་ཏེ ་གཞན་ལ་ཕན་བཏགས་པ་འབའ་ཞིག་ལས་བསོད་ནམས་སུ་འགྱུར་ན་ནི་བྱམས་པ་ལ་སོགས་པ་ཚད་མེད་པ་དང། ཡང་དག་པའི་ལྟ་བ་བསྒོམ་པ་དག་ལ་མི་འགྱུར་རོ། །དེ་བས་ན་མཆོད་རྟེན་ལ་ཡང་བསོད་ནམས་སུ་འདོད་པར་བྱའོ། །ལེན་མེད་བྱམས་སོགས ་བཞིན། དཔེར་ན་བྱམས་པ་ལ་སོགས་པ་ལ་ལེན་པ་འམ་གཞན་ལ་ཕན་འདོགས་པ་མེད་ཀྱང། རང་གི་སེམས་པ་ལ་བསོད་ནམས་སྐྱེ་བ་ལྟར་དེ་བཞིན་དུ་ཡོན་ཏན་ཅན་འདས་ཀྱང་དེ་ལ་དད་པར་བྱས་ན་རང་གི་སེམས་ལ་བསོད་ནམས་སྐྱེ་བར་འགྱུར་རོ། །དེ་ལྟར ་ན་ནི་སྦྱིན་པ་བྱིན་པ་ན་དོན་མེད་པར་འགྱུར་རོ་ཞེ་ན། མ་ཡིན་ཏེ། ལས་ངེས་ཀུན་ནས་བསླང་བའི་དང་བ་ནི་ཆོས་མཆོག་ཡིན་པའི་ཕྱིར་ཏེ། དཔེར་ན་དགྲ་ཤི་ཡང་དག་བསད་པའི་བསམ་པ་དེས་ཀུན་ནས་བསླང་བའི་ལུས་དང་ངག་གི་ལས་དགྲ་ཡི་འདུ་ཤེས་ཀྱིས་དེ་དེ? ་ཡང་བྱེད་ན། བསོད་ནམས་མ་ཡིན་པ་ཆེས་མང་དུ་སྐྱེ་བར་འགྱུར་གྱི་བསམ་པ་ཙམ་གྱིས་ནི་མ་ཡིན་པ་དེ་བཞིན་དུ་སྔོན་པ་འདས་ཀྱང་དེ་ལ་དད་པས་ཀུན་ནས་བསླང་བའི་སྦྱིན་པའི་བྱ་བ་དག་བྱེད་ན། བསོད་ནམས་ཆོས་མང་དུ་སྐྱེ་བར་འགྱུར་གྱི་བསམ་པ་ཙམ ་གྱིས་ནི་མ་ཡིན་ནོ། །གལ་ཏེ་ཞིང་བཟད་པོ་ལ་སྦྱིན་པ་བྱས་པས་འབྲས་བུ་ཡིད་དུ་འོང་པ་ཡིན་ན། དེ་ལྟར་ན་ཞིང་ངན་པ་ལ་ནི་འབྲས་བུ་ཡིད་དུ་འོང་པར་འགྱུར་རོ་ཞེ་ན། རྒྱུ་ལ་འབྲས་བུ་མི་འཁྲུལ་ཕྱིར། །ངན་པའི་ཞིང་ལའང་འབྲས་ཡིད་འོང་།ཞིང་ངན་པ་ལ་ཡང་ས་བོན་ལས ་འབྲས་བུ་མི་འབྲུལ་བ་མཐོང་སྟེ། རྒུན་གྱིས་ས་བོན་ལས་ནི་འབྲས་བུ་མདར་བ་ཉིད་སྐྱེ། ནིམ་པའི་ས་བོན་ལས་ནི་ནིམ་པའི་འབྲས་བུ་ཁ་བ་ཉིད་སྐྱེ་པ་ལྟར། དེ་བཞིན་དུ་ཞིང་ངན་པ་ལ་ཡང་གཞན་ལ་ཕན་པར་ཞུགས་པའི་ལྷག་པའི་བསམ་པ་སྦྱིན་པའི་ས་བོན་ལས་ནི ་འབྲས་བུ་ཡིད་དུ་འབབ་ཉིད་དུ་འགྲུབ་ཀྱིས་ཡིད་དུ་མི་འོང་བ་ནི་མ་ཡིན་ནོ། །ཞིང་ངན་པའི་སྐྱོན་གྱིས་ནི་ས་བོན་དེའི་འབྲས་བུ་ཆུང་བ་འམ། འབྲས་བུ་མེད་པར་ནི་འགྱུར་རོ། །སྦྱིན་པ་ལས་བྱུང་བའི་བསོད་ནམས་བྱ་བའི་གཞིའི་ཞར་ལ་འོངས་པ་རྫོགས་སོ། །ཚུལ་ཁྲིམས ་ལས་བྱུང་བ་བརྗོད་པར་བྱ་སྟེ། དེ་སྨྲས་པ། འཆལ་པའི་ཚུལ་ཁྲིམས་མི་དགེའི་གཟུགས། །དེ་སྤོང་ཚུལ་ཁྲིམས། མི་དགེ་བའི་གཟུགས་ནི་འཆལ་པའི་ཚུལ་ཁྲིམས་ཞེས་བྱའོ། །དེའི་སྤོང་བ་ནི་ཚུལ་ཁྲིམས་ཡིན་ནོ། །སྤོང་བའི་ཚུལ་ཁྲིམས་དེ་ཡང། རྣམ་པ་གཉིས་སོ། །རྣམ ་པར་རིག་བྱེད་གང་གིས་སྤོང་བར་བྱེད་པ་དང། རྣམ་པར་རིག་བྱེད་མ་ཡིན་པ་སྤོང་བ་གང་ཡིན་པའོ། །ཚུལ་ཁྲིམས་ནི་འཆལ་པའི་ཚུལ་ཁྲིམས་འབའ་ཞིག་ཀྱང་མ་ཡིན་ཏེ། ཇི་ལྟ་ཞེ་ན། སངས་རྒྱས་ཀྱི་ནི་བཅད་ལས་ཀྱང། གང་རང་བཞིན་གྱིས་འཆལ་པའི་ཚུལ་ཁྲིམས་མ་ཡིན ་ཡང། སངས་རྒྱས་ཀྱི་བཅད་བ་དུས་མ་ཡིན་པའི་ཁ་ཟས་ལ་སོགས་ཏེ། དེ་བས་ན་ཚུལ་ཁྲིམས་ནི་སྤོང་བ་རྣམ་པ་གཉིས་ཡིན་ཏེ། བསླབ་པ་མནོས་པས་དེ་ལས་འདས་ན། འཆལ་པའི་ཚུལ་ཁྲིམས་སྐྱེ་བར་འགྱུར་རོ། །ཚུལ་ཁྲིམས་མདོར་བཤད་ཟིན་ཏོ། །ཡོན་ཏན་བཞིས ་ནི་རྣམ་པར་དག་།ཚུལ་ཁྲིམས་དེ་ནི་ཡོན་ཏན་བཞིས་རྣམ་པར་དག་པ་ཡིན་ནོ། །བཟློག་པ་ནི་རྣམ་པར་དག་པ་མ་ཡིན་ནོ། །ཇི་ལྟར་ན་ཡོན་ཏན་བཞི་ཡིན་ཞེ་ན། སྨྲས་པ། ཚུལ་ཁྲིམས་དེ་རྒྱུས་མ་རྨས?་དང། །དེའི་གཉེན་པོ་དང་གཞི་ལ་བརྟེན། །དེ་ཞིག་འཆལ་པའི་ཚུལ་ཁྲིམས ་ཀྱིས་འཕན་མ་བྱུང་པ་ཡིན་པ་དང། འཆལ་པའི་ཚུལ་ཁྲིམས་ཀྱི་རྒྱུ་ཆགས་པ་ལ་སོགས་པ་ཉོན་མོངས་པ་དང། ཉེ་བའི་ཉོན་མོངས་པ་རྣམས་ཀྱིས་ཀྱང་འཕན་མ་བྱུང་བ་ཡིན་པ་དང། དྲན་པ་ཉེ་བར་གཞག་པ་ལ་བརྟེན་པའི་ཕྱིར་འཆལ་པའི་ཚུལ ་ཁྲིམས་ཀྱི་གཉེན་པོ་ལ་ཡང་བརྟེན་པ་ཡིན་པ་དང། མི་སྐྱེ་བའི་ཁྱད་པར་ལ་བརྟེན་པ་དང། མྱ་ངན་ལས་འདས་པར་ཡོངས་སུ་བསྔོས་པའི་ཕྱིར་ཞི་བ་ལ་ཡང་བརྟེན་པ་ཡིན་ནོ། །གཞན་དག་ན་དེ་རྒྱུ་ལྔས་ཏེ། དངོས་ཀྱི་ལས་ཀྱི་ལམ་གྱི་རྣམ་པར་དག་པ་ཡིན་པ ་དང། ཉེར་བསྡོགས་ཀྱི་རྣམ་པར་དག་པ་ཡིན་པ་དང། རྣམ་པར་རྟོག་པས་འཕན་མ་བྱུང་བ་ཡིན་པ་དང། དྲན་པས་ཡོངས་སུ་བཟུང་བ་ཡིན་པ་དང། མྱ་ངན་ལས་འདས་པར་ཡོངས་སུ་བསྔོས་པ་ཡིན་ནོ་ཞེས་ཟེར་རོ། །ཁ་ཅིག་ན་རེ་ཚུལ་ཁྲིམས་ནི་རྣམ་པ་བཞིའོ ་ཞེས་ཟེར་ཏོ། །འཇིགས་པའི་ཚུལ་ཁྲིམས་ནི་ནམ་འཚེ་བ་མེད་པ་དང། མི་སྙན་པ་དང། ཆད་པ་དང། ངན་འགྲོས་འཇིགས་པས་བསྲུང་བའོ། །ལེགས་སུ་སྨོན་པའི་ཚུལ་ཁྲིམས་ནི་སྲིད་པ་དང། ལོངས་སྤྱོད་དང། བཀུར་སྟི་ལ་ཆགས་ནས་བསྲུང་བ་གང་ཡིན ་པའོ། །བྱང་ཆུབ་ཀྱི་ཡན་ལག་གི་རྗེས་སུ་འཐུན་པའི་ཚུལ་ཁྲིམས་ནི་ཐ་ཡང་དོན་དུ་གཉེར་བ་ཡང་དག་པའི་ལྟ་བ་ཅན་རྣམས་ཀྱི་གང་ཡིན་པའོ། །ཡོངས་སུ་དག་པའི་ཚུལ་ཁྲིམས་ནི་དྲི་མ་མེད་པའི་ཕྱིར་ཟག་པ་མེད་པའོ། །ཚུལ་ཁྲིམས་རྫོགས་སོ། །བསྒོམ ་པ་མཉམ་པར་བཞག་པ་ཡིན། །དགེ་བ་མཉམ་པར་བཞག་པ་ཞེས་བྱ་བ་འདི་ཇི་ཞིག་ཡིན་ཞེ་ན། ཏིང་ངེ་འཛིན་གྱི་རང་བཞིན་དེ་དང་ལྷན་ཅིག་འབྱུང་བ་གང་ཡིན་པའོ། །འདི་ཅིའི་ཕྱིར་བསྒོམ་པ་ཞེས་བྱ་ཞེ་ན། སེམས་ལ་བསྒོམས་པའི་ཕྱིར་རོ། །ཏིང་ངེ་འཛིན་དེ་ནི ་སེམས་ལ་དགེ་བ་ཤིན་ཏུ་བསྒོ་པར་བྱེད་ཅིང་སེམས་ཀྱིས་རྒྱུད་ཡོན་ཏན་གྱིས་དེའི་བདག་ཉིད་དུ་བྱེད་དེ་མེ་ཏོག་གིས་ཏིལ་འབྲུ་བསྒོས་པ་བཞིན་ནོ། །རེ་ཞིག་སྦྱིན་པ་ནི་ལོངས་སྤྱོད་ཆེན་པོའི་ཕྱིར་འགྱུར་རོ་ཞེས་བཤད་ན། ཚུལ་ཁྲིམས་དང་སྒོམ་པ་ཅིར་འགྱུར ་ཞེ་ན། མཐོ་རིས་དོན་དང་ཚུལ་ཁྲིམས་དང། །འབྲལ་བའི་དོན་དུ་སྒོམ་གཙོའི་ཕྱིར། །སྦྱིན་པ་ཡང་མཐོ་རིས་ཀྱི་དོན་དུ་མི་འགྱུར་མོད་ཀྱིས་ཚུལ་ཁྲིམས་ནི་གཙོ་བོའི་ཡིན་པའི་ཕྱིར་རོ། །ཚུལ་ཁྲིམས་ཀྱང་བྲལ་བའི་འགྱུར་བའི་ཕྱིར་ནི་ཡིན་མོད་ཀྱི་སྒོམ་པ་ན་གཙོ་བོ ་ཡིན་པའི་ཕྱིར་རོ། །མདོ་ལས་གང་ཟག་བཞི་ནི་ཚངས་པའི་བསོད་ནམས་བསྐྱེད་དོ་ཞེས་གསུངས་པ། ཚངས་པའི་བསོད་ནམས་གང་ཞིག་ཡིན་ན། བྱེ་བྲག་ཏུ་སྨྲ་བ་རྣམས་ན་རེ། མཚན་ཉིད་ཀྱི་རྣམ་པར་སྨིན་པར་འགྱུར་བའི་ལས་ཀྱི་ཚད་དུ་བཤད་པ་གང་ཡིན ་པ་ཙམ་མོ་ཞེས་ཟེར་རོ། །སྔོན་གྱི་སློབ་དཔོན་དག་འཆད་པ་ནི། བསྐལ་པར་མཐོ་རིས་གནས་པའི་ཕྱིར། །ཚངས་པའི་བསོད་ནམས་བཞི་ཡིན་ནོ། །ཞེར་ཟེར་ཏེ། བསོད་ནམས་ཇི་ཙམ་གྱིས་ནི་བསྐལ་པར་མཐོ་རིས་སུ་གནས་པར་འགྱུར་བ་འདི་ནི་ཚངས་པའི ་བསོད་ནམས་ཏེ། དེ་ལ་ཚངས་པའི་མདུན་ན་འདོན་རྣམས་ཀྱི་ཚེ་ནི་བསྐལ་པ་ཡིན་པའི་ཕྱིར་རོ། །སྡེ་པ་གཞན་དག་གི་ཚིགས་སུ་བཅད་པ་ལས་ཀྱང། ཚངས་པའི་བསོད་ནམས་བསྐྱེད་པ་ཡིན། །བསྐལ་པར་མཐོ་རིས་དག་ཏུ་གནས། །ཟང་ཟིང་གི་སྦྱིན་པ ་བཤད་ཟིན་ཏོ། །ཆོས་ཀྱི་སྦྱིན་པ་བཤད་པར་བྱ་སྟེ། དེ་ལ་འདི་སྐད་ཅེས་བརྗོད་དོ། །མདོ་སོགས་ཉོན་མོངས་ཅན་མིན་པས། །ཡང་དག་ཇི་ལྟར་སྟོན་ཆོས་སྦྱིན། །ཉོན་མོངས་པ་ཅན་མ་ཡིན་པས་དག་པ་ཇི་ལྟ་བ་བཞིན་སྟོན་པ་ནི་ཆོས་ཀྱི་སྦྱིན་པའོ། །དེའི་ཕྱིར་གང ་དག་ཆོས་ལེག་པར་འཆད་པ་དང། རྙེད་པ་དང། བཀུར་སྟི་དང། གྲགས་པ་འདོད་པས་ཉོན་མོངས་པ་ཅན་གྱི་སེམས་ལྡན་གྱི་ཆོས་འཆད་པ་ནི་བདག་ཉིད་ཀྱི་བསོད་ནམས་ཆེར་ཉམས་པར་བྱེད་པ་ཡིན་ནོ། །བསོད་ནམས་བྱ་བའི་གཞིའི་བྱེ་བྲག་གིས་དགེ ་བ་དང་རྣམ་པ་གསུམ་བཤད་ཟིན་ཏོ། །ཡང་བསོད་ནམས་མྱ་ངན་འདས་པ་དང། །དེས་འབྱེད་ཆ་འཐུན་དགེ་རྣམ་གསུམ། །བསོད་ནམས་ཀྱི་ཆ་དང་མཐུན་པ་ནི་རྣམ་པར་སྨིན་པ་ཡིད་དུ་འོང་བའོ། །ཐར་པའི་ཆ་དང་མཐུན་པ་ནི་གང་སྐྱེས་ན་མྱ་ངན་ལས་འདའ་ ་པར་འགྱུར་བ་སྟེ། གང་ལ་འཁོར་བའི་ཉེས་དམིགས་དང། མྱ་ངན་ལས་འདས་པའི་ཡོན་ཏན་བསྡགས་པའི་གཏམ་ཐོས་ནས་སྤུ་ཟིང?་བྱེད་པ་དང། མཆི་མ་འཁྲུག་ཅེས་བྱེད་པ་དེ་ལ་ནི་ཐར་པའི་ཆ་དང་མཐུན་པའི་དགེ་བའི་རྩ་བ་ཡོད་བར ་ཤེས་བར་བྱས་ཏེ། དབྱར་ཡུལ་གྱི་སར་གནས་མྱུ་གུ་སྐྱེ་བ་ལས་ན་ས་བོན་ཡོད་པར་ཤེས་བཞིན་ནོ། །དེས་པར་འབྱེད་པའི་ཆ་དང་མཐུན་པ་དྲོ་བ་གྱུར་པ་ལ་སོགས་པ་རྣམ་པ་བཞི་ཡིན་ཏེ། འོག་ནས་བཤད་པར་བྱའོ། །འཇིག་རྟེན་འདི་ན་ཡིག་འབྲུ་དང། བརྒྱ ་དང། བགྲང་བ་དང། སྙན་དངགས་དང། གྲངས་ཞེས་བྱ་བ་གང་ཡིན་པ་དེ་དག་གི་རང་བཞིན་ཅི་ཡིན་ཞེ་ན། སྦྱོར་བས་རབ་ཏུ་བཅུག་པའི་ལས། །ཀུན་ནས་སློང་བཅས་རྣམ་པ་གསུམ། །ཡིག་འབྲུ་བརྒྱ་དང་གྲངས་བཅས་དང། །སྙན་དངགས་གྲངས་ཏེ་གོ་རིམས ་བཞིན། །སྦྱོར་བས་རབ་ཏུ་བཅུག་པ་ཞེས་བྱ་བ་ནི་ཐབས་ཀྱི་བྱེ་བྲག་གིས་རབ་ཏུ་བཅུག་པའོ། །ལས་རྣམ་པ་གསུམ་ཞེས་བྱ་བ་ནི་ལུས་དང་ངག་དང་ཡིད་ཀྱི་ལས་སོ། །དེ་ལ་རེ་ཞིག་ཡིག་འབྲུ་བརྒྱ་ནི་ལུས་ཀྱི་ལས་སྦྱོར་བས་རབ་ཏུ་བཅུག་པ་ཀུན་ནས ་སློང་བ་དང་བཅས་པ་ཡིན་ནོ། །བགྲད་བ་དང་སྙན་དངགས་ནི་དག་གི་ལས་ཏེ། དེ་དག་ནི་ཕུང་པོ་ལྔའི་རང་བཞིན་ནོ། །བགྲད་བ་ནི་ཡིད་ཀྱི་ལས་ཏེ་ཡིད་ལ་སྡོམ་པའོ། །དེ་ནི་ཆོས་རྣམས་ཀྱི་རྣམ་གྲངས་འགའ་ཞིག་བརྗོད་པར་བྱ་སྟེ། སྒྲིབ་ངན་ཁ་ན་མ་ཐོ ་བཅས། །ཉོན་མོངས་ཅན་ཁ་ན་མ་ཐོ་བ་དང་བཅས་པ་དང་བསྒྲིབ་པ་དང། ངན་པ་ཞེས་བྱ་བའི་ནི་ཉོན་མོངས་པ་ཅན་གྱི་ཆོས་ཀྱི་རྣམ་གྲངས་ཡིན་ནོ། །དྲི་མེད་དགེ། གྱ་ནོམ། གྱ་ནོམ་པ་ཞེས་བྱ་བ་ནི་དགེ་བ་རྣམས་དང་ཟག་པ་མེད་པ་རྣམས་ཀྱི་རྣམ་གྲངས ་ཡིན་ནོ། །ངན་པ་དང་གྱ་ནོམ་པ་གཉིས་ལས་གཞན་པ་ནི་བར་མ་ཞེས་བྱ་བར་གྲུབ་པོ། །འདུས་བྱས་དགེ་བརྟེན་བྱ། བརྟེན་པར་བྱ་བ་ཞེས་བྱ་བ་ནི་འདུས་བྱས་ཀྱི་ཆོས་དགེ་བའི་རྣམ་གྲངས་ཡིན་ན། །ལྷག་མ་རྣམས་ནི་བརྟེན་པར་བྱ་བ་མ་ཡིན་པ་ཞེས་བྱ་བར ་འགྲུབ་བ། །ཅིའི་ཕྱིར་བ་དུས་མ་བྱས་བརྟེན་པར་བྱ་བ་མ་ཡིན་ཞེ་ན། གོམས་པར་བྱར་མི་རུང་བའི་ཕྱིར་དང། འབྲས་བུ་དོན་དུ་བརྟེན་པ་ཡིན་ན་འབྲས་བུ་ཡང་མེད་པའི་ཕྱིར་རོ། །ཆོས་གཞན་ཐམས་ཅད་ནི་བླ་མ་དང་བཅས་པ་ཡིན་ནོ། །ཐར་བ་བླ་ན་མེད་པ་ཡི། །མྱ་ངན་ལས་འདབ་ལས་ཁྱད་པར་ཅན་ནི་ཡོད་པ་མ་ཡིན ་ཏེ། དེ་ནི་དགེ་བ་དང་དགེ་བ་ཡིན་པའི་ཕྱིར་ཐམས་ཅད་པས་ཁྱད་པར་ཅན་ཡིན་ནོ། །ཆོས་མངོན་པ་མཛོད་ཀྱི་འགྲེལ་པ་མདོ་དང་མཐུན་པ་ལས་ལས་བསྟན་བ་ཞེས་བྱ་བ་མཛོད་ཀྱི་གནས་བཞི་པའོ།། །།ལས་ལས་འཇིག་རྟེན་སྣ་ཚོགས་སྐྱེས། །ཤས ་བཤད་པ་ལས་དེ་དག་ཀྱང་ཕྲ་རྒྱས་ཀྱི་དབང་གིས་བསགས་པར་འགྱུར་གྱི་ཕྲ་རྒྱས་མེད་པར་ནི་སྲིད་པ་མངོན་པར་མི་བསྒྲུབ་པས་དེའི་ཕྱིར། སྲིད་པའི་རྩ་བ་ཕྲ་རྒྱས་ཡིན་པར་རིག་པར་བྱའོ། །དེ་དག་ཀྱང་མདོར་བསྡུ་ན། དྲུག་གང་ཞེ་ན། འདོད་ཆགས་དེ་བཞིན་ཁོང་ཁྲོ ་དང། །ང་རྒྱལ་མ་རིག་ལྟ་བ་དང། །ཐེ་ཚོམ་དག་སྟེ་དེ་དག་ཀྱང། །འདོད་ཆགས་དབྱེ་བས་བདུན་དུ་བཤད། །མདོ་ལས་འདོད་ཆགས་ཕྱེ?་ནས་ཕྲ་རྒྱས་དྲུག་པོ་དེ་དག་ལས་བདུན་དུ་བཤད། འདོད་པའི་འདོད་ཆགས་ཀྱི་ཕྲ་རྒྱས་དང། ཁོང་ཁྲོ་བའི་འདོད་ཆགས་ཀྱི་ཕྲ་རྒྱས ་དང། སྲིད་པའི་འདོད་ཆགས་ཀྱི་ཕྲ་རྒྱས་དང། ང་རྒྱལ་གྱི་ཕྲ་རྒྱས་དང། མ་རིག་པའི་ཕྲ་རྒྱས་དང། ལྟ་བའི་ཕྲ་རྒྱས་དང། ཐེ་ཚོམ་གྱི་ཕྲ་རྒྱས་སོ། །སྲིད་པའི་འདོད་ཆགས་ཞེས་བྱ་བ་འདི་ཅི་ཞིག་ཡིན་ཞེ་ན། ཁམས་གཉིས་ལས་སྐྱེས་སྲིད་འདོད་ནགས། །གཟུགས ་དང་གཟུགས་མེད་པའི་ཁམས་ལས་སྐྱེས་པ་ནི་སྲིད་པའི་འདོད་ཆགས་སུ་བཤད་དོ། །ཅིའི་ཕྱིར་དེ་སྐད་དུ་བཤད་ཅེ་ན། ནང་དུ་ཁ་བལྟས་ཕྱིར་དང་དེར། །ཐར་པའི་འདུ་ཤེས་བཟློག་ཕྱིར་བཤད། །དེ་དག་ནི་ཕལ་ཆེར་སྙོམས་པར་འཇུག་པ་ལས་འདོད་ཆགས་པ་ཡིན་ལ། ་དེ་ཡང་ཁ་ནང་དུ་བལྟས་པ་ཡིན་པ་དང། ཁ་ཅིག་ཁམས་དེ་ཉིད་ལ་ཐར་པར་འདུ་ཤེས་པ་བཟློག་པའི་ཕྱིར་དེ་བས་ན་སྲིད་པའི་འདོད་ཆགས་ཞེས་བཤད་དོ། །ཡང་ཆོས་མངོན་པ་ལས་ནི་ཕྲ་རྒྱས་དྲུག་པོ་དེ་དག་ཕྱེ་ལས་བཅུར་ཡང་བཤད་དེ། ཇི་ལྟར་བྱས་པས་ཤེ་ན།?་།ལྟ ་བ་ལྔ་སྟེ་འཇིག་ཚོགས་དང། །ལོག་དང་མཐར་འཛིན་ལྟ་བ་དང། །ལྟ་བ་དང་ནི་ཚུལ་ཁྲིམས་དང། །བརྟུལ་ཞུགས་མཆོག་ཏུ་འཛིན་དང་བཅུ། །ཕྲ་རྒྱས་དྲུག་ལས་ལྟ་བ་ལ་རྣམ་པ་ལྔར་བྱས་ན་བཅུར་འགྱུར་ཏེ། ལྟ་བའི་རང་བཞིན་ལྔ་ནི། ་འཇིག་ཚོགས་ལ་ལྟ་བ་དང། མཐར་འཛིན་པར་ལྟ་བ་དང། ལོག་པར་ལྟ་བ་དང། ལྟ་བ་མཆོག་ཏུ་འཛིན་པ་དང། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པའོ། །ལྟ་བའི་རང་བཞིན་མ་ཡིན་པ་ལྔ་སྟེ། འདོད་ཆགས་དང་ཁོང་ཁྲོ་བ་དང། ང་རྒྱལ་དང ་མ་རིག་པ་དང། ཐེ་ཚོམ་མོ། །ཡང་ཆོས་མངོན་པ་ལས་ཕྲ་རྒྱས་བཅུ་པོ་དེ་དག་ལས་འདོད་པའི་ཁམས་དང་ལྡན་པ་སུམ་ཅུ་རྩ་དྲུག་དང། གཟུགས་ཀྱི་ཁམས་དང་ལྡན་པ་སུམ་ཅུ་རྩ་གཅིག་དང། གཟུངས་མེད་པའི་ཁམས་དང་ལྡན་པ་སུམ་ཅུ་རྩ་གཅིག ་སྟེ། དགུ་བཅུ་རྩ་བརྒྱད་དུ་འང་འཆད་དོ། །ཇི་ལྟ་ཞེ་ན། ཁམས་གསུམ་པའི་ཕྲ་རྒྱས་དེ་དག་ནི་མདོར་བསྡུ་ན་མཐོང་བས་སྤང་བར་བྱ་བ་དང། བསྒོམ་པས་སྤང་བར་བྱའོ། །དེ་ལ་རེ་ཞིག་འདོད་པའི་ཁམས་ན་སྤྱོད་པ་མཐོང་བར་བྱ་བ་སྤང་བར་བྱ་བ་ནི་སུམ་ཅུ་རྩ ་གཉིས་ཏེ། གང་ཞེ་ན། སྨྲས་པ། དེ་དག་བཅུ་དང་བདུན་བདུན་བརྒྱད། །ལྟ་བ་གསུམ་གཉིས་མ་གཏོགས་པ། །འདོད་པའི་སྡུག་བསྔལ་ལ་སོགས་པ། །མཐོང་བས་རིམ་བཞིན་སྤོང་བར་བྱེད། །དེ་ལྟར་ཕྲ་རྒྱས་བཅུ་བཅུར་བཤད་པ་གང་ཡིན་པ་དེ་དག་ལས། ་འདོད་པའི་ཁམས་དག་ན། སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་བཅུ་ཆར་ཡང་ཡོད་དོ། །ཀུན་འབྱུང་མཐོང་བས་སྤང་བར་བྱ་བ་ནི་དེ་ཉིད་ལས་བདུན་ཡིན་ལ། འགོག་པ་མཐོང་བས་སྤང་བར་བྱ་བ་ཡང་བདུན་ཏེ། འཇིག་ཚོགས་ལ་ལྟ་བ་དང། མཐར་འཛིན ་པར་ལྟ་བ་དང། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་མ་གཏོགས་སོ། །ལམ་མཐོང་བས་སྤང་བར་བྱ་བ་ནི་བརྒྱད་དེ། འཇིག་ཚོགས་ལ་ལྟ?་བ་དང། མཐར་འཛིན་པར་ལྟ་བ་མ་གཏོགས་སོ། །དེ་ལྟར་ན་འདོད་པའི་ཁམས་ཀྱི་ཕྲ་རྒྱས་མཐོང་བས ་སྤང་བར་བྱ་བ་ནི་སུམ་ཅུ་རྩ་གཉིས་པོ་དེ་དག་ཡིན་ཏེ། བདེན་པ་རྣམས་མཐོང་བ་ཙམ་གྱིས་སྤོང་བའི་ཕྱིར་རོ། །བཞི་ནི་བསྒོམ་པས་སྤང་བྱ་སྟེ། །འདི་ལྟ་སྟེ་འདོད་ཆགས་དང། ཁོང་ཁྲོ་བ་དང། མ་རིག་པ་དང། ང་རྒྱལ་ལོ། བདེན་པ་མཐོང་བས་འོག་ཏུ་ལམ་གོམས ་པར་བྱས་པས་སྤོང་བའི་ཕྱིར་རོ། །དེའི་ཕྱིར་དེ་ལྟར་ན་འཇིག་ཚོགས་ལ་ལྟ་བ་ནི་རྣམ་པ་གཅིག་སྟེ། སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་ཡིན་ལ། མཐར་འཛིན་བར་ལྟ་བའང་དེ་བཞི་ཡིན་ནོ། །ལོག་པར་ལྟ་བ་ནི་རྣམ་པ་བཞི་སྟེ། སྡུག་བསྔལ་དང་ཀུན་འབྱུང་བ་དང། ་འགོག་བ་དང། ལམ་མཐོང་བས་སྤང་བར་བྱ་བ་ཡིན་ལ། ལྟ་བ་མཆོག་ཏུ་འཛིན་པ་དང། ཐེ་ཚོམ་ཡང་དེ་བཞིན་ནོ། །ཚུལ་ཁྲིམས་དང། བརྟུལ་ཞུགས་མཆོག་ཏུ་འཛིན་པ་ནི་རྣམ་པ་གཉིས་ཏེ། སྡུག་བསྔལ་དང་ལམ་མཐོང་བས་སྤང་བར་བྱ་བ་ཡིན་ནོ། །འདོད ་ཆགས་དང། ཁོང་ཁྲོ་བ་དང། ང་རྒྱལ་དང། མ་རིག་པ་རྣམས་ནི་རྣམ་པ་ལྔ་སྟེ། བདེན་པ་བཞི་མཐོང་བས་སྤང་བར་བྱ་བ་དང། བསྒོམ་པས་སྤང་བར་བྱ་བ་ཡིན་ཏེ། དེ་བས་ན་དེ་དག་ནི་ལྟ་བ་བཅུ་གཉིས་ཡིན་ནོ། །ཐེ་ཚོམ་ནི་བཞི་ཡིན་ནོ། །འདོད་ཆགས་ནི་ལྔ་ཡིན ་ནོ། །ཁོང་ཁྲོ་བ་ཡང་ལྔ་ཡིན་ནོ། །ང་རྒྱལ་ཡང་ལྔ་ཡིན་ནོ། །མ་རིག་པ་ཡང་ལྔ་ཡིན་ཏེ། དེ་ལྟར་ན་འདོད་པ་ན་སྤྱོད་པའི་ཕྲ་རྒྱས་ནི་སུམ་ཅུ་རྩ་དྲུག་སོ་དེ་དག་ཡིན་ནོ། །དེ་ཉིད་ཁོང་ཁྲོ་མ་གཏོགས་ལ། །གཟུགས་ཁམས། དེ་དག་ཉིད་ལས་ཁོང་ཁྲོ་བ་རྣམ་པ་ལྔ་བོར ་།གཟུགས་ཀྱི་ཁམས་ཀྱི་ཕྲ་རྒྱས་ནི་སུམ་ཅུ་རྩ་གཅིག་ཡིན་ནོ། །གཟུགས་ཀྱི་ཁམས་ཀྱི་ཇི་ལྟ་བར། །དེ་བཞིན་གཟུགས་མེད་ཁམས། བརྒྱ་ཕྲག་སུམ་ཅུ་རྩ་གཅིག་ཡིན་ཏེ། དེ་ལྟར་དགུ་བཅུ་བརྒྱད་དུ་འདོད། །དེ་ལྟར་ན་ཆོས་མངོན་པ་དག་ནི་ཕྲ་རྒྱས་དྲུག་པོ་དེ་དག ་ལས་བྱེ་བྲག་དང། རྣམ་པ་དང། ཁམས་ཀྱི་དབྱེ་བས་དགུ་བཅུ་རྩ་བརྒྱད་དུ་འདོད་དོ། །ཇི་དེ་ལྟར་མཐོང་སྟེ། སྤང་བར་བྱ་བའི་ཕྲ་རྒྱས་སུ་བཤད་པ་གང་ཡིན་པ་དེ་དག་མཐོང་པ་འབའ་ཞིག་གི་སྤོང་ངམ་ཞེ་ན། སྨྲས་པ། མ་ཡིན་ནོ། །འོ་ན་ཇི་ལྟ་བུ་ཞེ་ན། སྲིད་རྩེ་ལས་ ་སྐྱེས་བཟོད་པ་ཡིས། །སྤང་བྱ་མཐོང་བས་སྤང་བྱ་ཉིད། །གང་དག་སྲིད་པའི་རྩེ་མོའི་ས་ལས་སྐྱེས་པ་རྗེས་སུ་ཤེས་པའི་བཟོད་པས་སྤང་བར་བྱ་བ་དེ་དག་ནི་མཐོང་བས་སྤང་བར་བྱ་བ་ཉིད་ཡིན་གྱི། བསྒོམ་པས་སྤང་བར་བྱ་བ་ནི་མ་ཡིན་ནོ། །ལྷག ་སྐྱེས་མཐོང་དང་བསྒོམ་གཉིས་ཀྱིས། །བཟོད་པས་སྤང་བར་བྱ་བ་ཞེས་སྦྱར་ཏེ། ས་ལྷག་མ་དག་གིས་ཕྲ་རྒྱས་ཆོས་དང་རྗེས་སུ་ཤེས་པའི་བཟོད་པས་སྤང་བར་བྱ་ནི་ཅི་རིགས་པར་འཕགས་པ་རྣམས་ཀྱིས་ནི་མཐོང་བས་སྤང་བར་བྱ་བ་ཡིན་ནོ། །སོ་སོའི་སྐྱེ ་བོ་རྣམས་ཀྱིས་ནི་བསྒོམ་པས་སྤང་བར་བྱ་བ་ཡིན་ནོ། །བཟོད་མིན་སྤང་བྱ་བསྒོམ་གཉིས་ཀྱིས། །ས་ཐམས་ཅད་ཀྱི་ཕྲ་རྒྱས་གང་དག་ཤེས་པས་སྤང་བར་བྱ་བ་དེ་དག་ནི་གཉི་གའི་ཡང་རྟག་ཏུ་བསྒོམ་པས་སྤང་བར་བྱ་བ་ཡིན་ནོ། །ལྟ་བ་ལྔ་པོ་རྣམས་མིང་གི ་སྒོ་ནས་བསྟན་གྱི་རང་བཞིན་གྱི་སྒོ་ནས་ནི་མ་བསྟན་པས། དེ་དག་གི་རང་བཞིན་ཅི་ཞེ་ན། བདག་དང་བདག་གི་རྟག་ཆད་དང། མེད་དང་དམན་ལ་མཆོག་ལྟ་དང། །རྒྱུ་མིན་ལམ་མིན་དེར་ལྟ་བས། །དེ་དག་ལྟ་བ་ལྔ་ཡིན་ནོ། །བདག་གམ་བདག་གིར་ལྟ་བ་ནི ་འཇིག་ཚོགས་ལ་ལྟ་བ་ཡིན་ནོ། །འཇིག་པས་ན་འཇིག་པའོ། །བསགས་པས་ན་ཚོགས་པ་སྟེ། མང་པོ་ཞེས་བྱ་བའི་དོན་ཏོ། །འདི་ནི་འཇིག་པ་ཡང་ཡིན་ལ་ཚོགས་པ་ཡིན་བས་ན་འཇིག་ཚོགས་ཏེ། ཉེ་བར་ལེན་པའི་ཕུང་པོ་ལྔ་རྣམས་སོ། །རྟག་པར་འདུ་ཤེས ་པ་དང་རིལ་པོར་འདུ་ཤེས་པ་སྒོང་བའི་ཕྱིར་དེ་སྐད་དུ་བཤད་དེ། འདི་དག་གི་སྔོན་དུ་འགྲོ་བ་ནི་དེ་དག་ལ་བདག་ཏུ་འཛིན་པ་ཡིན་ནོ། །འཇིག་ཚོགས་ལ་ལྟ་བས་ན་འཇིག་ཚོགས་ལ་ལྟ་བའོ། །ཟག་པ་དང་བཅས་པ་ལ་དམིགས་པའི་ལྟ་བ་ཐམས་ཅད་ཀྱང་འཇིག ་ཚོགས་ལ་ལྟ་བ་ཡིན་ན། ཅིའི་ཕྱིར་བདག་དང་བདག་གིར་ལྟ་བ་འབའ་ཞིག་འཇིག་ཚོགས་ལ་ལྟ་བ་ཞེས་བཤད་ཅེ་ན། ཅི་ནས་ཀྱང་ལྟ་བ་འདི་ནི་འཇིག་ཚོགས་ལ་ཡིན་གྱི། བདག་གམ་བདག་གི་ལ་ནི་མ་ཡིན་ནོ་ཞེས་རྟོག་པར་བྱ་བའི་ཕྱིར་རོ། །བདག་ཏུ་མངོན ་བར་དགའ་བའི་དངོས་པོ་དེ་ཉིད་ལས་རྟག་པར་ལྟ་བ་འམ་ཆད་པར་ལྟ་བ་འམ་མཐར་འཛིན་པར་ལྟ་བ་སྟེ། སྡུག་བསྔལ་ལ་སོགས་པའི་བདེན་པ་ཡོད་ན་མེད་དོ་ཞེས་བྱ་བ་ནི་ལོག་པར་ལྟ་བའོ། །དམན་པ་ལ་མཆོག་ཏུ་ལྟ་བ་ནི་ལྟ་བ་མཆོག་ཏུ་འཛིན་པའོ། །རྒྱུ་ལ ་ཡིན་པ་ལ་རྒྱུར་ལྟ་བ་འདི་དང་ལམ་མ་ཡིན་པ་ལ་ལམ་དུ་ལྟ་བ་ནི་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པའོ། །གལ་ཏེ་རྒྱུ་མ་ཡིན་པ་ལ་རྒྱུར་ལྟ་བ་ཚུལ་ཁྲིམས་དང་བརྟུལ་ཞུགས་དུ་འཛིན་པ་ཡིན་ནོ། ཅིའི་ཕྱིར་ཀུན་འབྱུང་མཐོང་བས་སྤང་བར ་བྱ་བ་མ་ཡིན་ཞེ་ན། གང་ལ་ལ་དག?་དབང་ཕྱུག་གམ་སྐྱེ་དགུའི་བདག་པོ་ལ་རྒྱུར་ལྟ་བ་དེ་དག་དེ་ལ་རྟག་པ་དང། གཅིག་པ་དང་བདག་དང་བྱེད་པ་པོར་མངོན་པར་ཞེན་ནས་ལྟ་སྟེ། དེའི་ཕྱིར་དེ་ནི། ཕྱིན་ཅི་ལོག་ཕྱིར་དབང་ཕྱུག་སོགས་བ་བདག་ཏུ་རྒྱུར ་ནི་མངོན་ཞེན་པ། །བར་དུ་འཇུག་པས་དེ་ཕྱིར་དེ། །སྡུག་བསྔལ་མཐོང་བས་སྤང་བྱ་ཉིད། །དེ་དག་ལ་བདག་དང་རྟག་པར་འཛིན་པ་དེ་གཉིས་ནི་སྡུག་བསྔལ་མཐོང་བ་ཉིད་ཀྱིས་སྤངས་པས། །དེ་བས་ན་དེས་བྱས་སོ་ཞེས་རྒྱུར་མངོན་པར་ཞེན་ཡང་དེ་ཉིད ་ཀྱང་སྤོང་བར་བྱེད་དོ། །ཕྱིན་ཅི་ལོག་པའི་ཕྱིར་བདག་དང་རྟག་པར་མངོན་པར་ཞེན་ཏོ་ཞེས་བཤད་པ་གང་ཡིན་པ། ཅི་ཕྱིན་ཅི་ལོག་དེ་གཉིས་འབའ་ཞིག་ཏུ་ཟད་དམ་ཞེ་ན། ཕྱིན་ཅི་ལོག་ནི་བཞི་སྟེ། མི་རྟག་པ་ལ་རྟག་པ་དང། སྡུག་བསྔལ་བ་བདེ་བ་དང། མི་གཙང ་བ་ལ་གཙང་བ་དང། བདག་མེད་པ་ལ་བདག་ཏུ་ཕྱིན་ཅི་ལོག་པའོ། །ཡང་ཕྱིན་ཅི་ལོག་བཞི་པོ་འདི་དག་གི་རང་བཞིན་ཅི་ཡིན་ཞེ་ན། ལྟ་བ་གསུམ་ལས་ཕྱིན་ཅི་ལོག་བཞི་སྟེ། མཐར་འཛིན་པར་ལྟ་བ་དང། རྟག་པར་ལྟ་བ་ལས་ནི་རྟག་པར་ཕྱིན་ཅི་ལོག་གོ། ་ལྟ་བ་མཆོག་ཏུ་འཛིན་པ་ལས་ནི་བདེ་བ་དང་གཙང་བར་ཕྱིན་ཅི་ལོག་གོ་།འཇིག་ཚོགས་ལ་ལྟ་བ་ལས་ནི་བདག་ཏུ་ཕྱིན་ཅི་ལོག་གོ་།ཅིའི་ཕྱིར་ཉོན་མོངས་པ་གཞན་དག་ཀྱང་ཕྱིན་ཅི་ལོག་མ་ཡིན་ནམ་ཞེ་ན། འདི་ལྟར་རྒྱུ་གསུམ་དག་གིས་ཕྱིན་ཅི་ལོག ་དག་ཏུ་རྣམ་པར་བཞག་སྟེ། གསུམ་གང་གིས་ཤེ་ན། ཕྱིན་ཅི་ལོག་ཕྱིར་དང། ངེས་རྟོག་དང་སྒྲོ་འདོགས་ཕྱིར། དམིགས་པ་ལ་གཅིག་ཏུ་ཕྱིན་ཅི་ལོག་པའི་ཕྱིར་བ་དང། ངེས་པར་རྟོག་པའི་ཕྱིར་བ་དང། སྒྲོ་འདོགས་པའི་ཕྱིར་རོ། །དེ་ལ ་ཆད་པར་ལྟ་བ་དང་ལོག་པར་ལྟ་བ་ནི་མེད་པའི་སྒོར་ཞུགས་པའི་ཕྱིར་སྒྲོ་འདོགས་པ་མ་ཡིན་ནོ། །ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་དུ་འཛིན་པ་ནི་དག་པ་དེ་ཙམ་ཞིག་ལ་དམིགས་པའི་ཕྱིར་གཅིག་ཏུ་ཕྱིན་ཅི་ལོག་པ་མ་ཡིན་ནོ། །ཉོན་མོངས་པ ་གཞན་ནི་ངེས་པར་མི་རྟོག་པ་དང། ལྟ་བའི་རང་བཞིན་ནི་མ་ཡིན་པས་དེའི་ཕྱིར་ཕྱིན་ཅི་ལོག་མ་ཡིན་ནོ། །མདོ་ལས་མི་རྟག་པ་ལ་རྟག་པར་ལྟ་བ་ཞེས་བྱ་བ་ནི་འདུ་ཤེས་ཕྱིན་ཅི་ལོག་དང། ལྟ་བ་ཕྱིན་ཅི་ལོག་གོ་ཞེས་གསུངས་པ་གང་ཡིན་པ་འདིར་ནི ་ལྟ་བ་འབའ་ཞིག་ཕྱིན་ཅི་ལོག་ཡིན་གྱི། སེམས་དང་འདུ་ཤེས་དེའི་དབང་གིས། ལྟ་བ་ཕྱིན་ཅི་ལོག་པའི་དབང་ཉིད་ཀྱིས་དེ་དང་མཚུངས་པར་ལྡན་པའི་འདུ་ཤེས་དང། སེམས་ཀྱང་ཕྱིན་ཅི་ལོག་དུ་བཤད་དོ། །ཡང་ཇི་ལྟ་བའི་ཕྲ་རྒྱས་འབའ་ཞིག་ལ་དབྱེ ་པ་ཡོད་ཀྱི་གཞན་ལ་ནི་མ་ཡིན་ནམ་ཞེ་ན། ང་རྒྱལ་ལ་ཡང་ཡོད་དེ། ཇི་ལྟ་ཞེ་ན་སྨྲས་པ། ང་རྒྱལ་བདུན། ང་རྒྱལ་དང། ལྷག་པའི་ང་རྒྱལ་དང། ང་རྒྱལ་ལས་ཀྱང་ང་རྒྱལ་དང། ངའོ་སྙམ་པའི་ང་རྒྱལ་དང། མངོན་པའི་ང་རྒྱལ་དང། ཅུང་ཟད་སྙམ་པའི་ང་རྒྱལ ་དང། ལོག་པའི་ང་རྒྱལ་ལོ། །བྱེ་བྲག་མེད་པར་སེམས་ཁེངས་པ་ལ་ང་རྒྱལ་ཞེས་བཤད་དོ། །དེ་འཇུག་པའི་བྱེ་བྲག་ལས་ནི་རྣམ་པ་བདུན་དུ་འགྱུར་ཏེ། ཆུང་ངུ་བདག་ཆེ་བ་འམ། མཉམ་པ་དང་མཉམ་མོ་སྙམ་དུ་སེམས་ཤིང་ཁེངས་པ་ནི་ང་རྒྱལ་ལོ། །མཉམ ་པས་བདག་ཆེའོ་སྙམ་དུ་སེམས་པ་ནི་ལྷག་པའི་ང་རྒྱལ་ལོ། །ཆེ་བ་བས་ཀྱང་ཆེའོ་སྙམ་དུ་སེམས་པ་ནི་ང་རྒྱལ་ལས་ཀྱང་ང་རྒྱལ་ལོ། །ཉེ་བར་ལེན་པའི་ཕུང་པོ་ལྔ་ལ་བདག་གམ་བདག་གིར་སེམས་པ་ནི་ངའོ་སྙམ་པའི་ང་རྒྱལ་ལོ། །ཁྱད་པར་ཐོབ་པར་བྱ ་བ་མ་ཐོབ་པར་བདག་གིས་ཐོབ་བོ་སྙམ་དུ་སེམས་པ་ནི་མངོན་པའི་ང་རྒྱལ་ལོ། །ཁྱད་བར་ཆེས་འཕགས་པ་བས་བདག་ཅུང་ཟད་གཅིག་གིས་དམན་ནོ་སྙམ་དུ་སེམས་པ་ནི་ཆུང་ཟད་སྙམ་པའི་ང་རྒྱལ་ལོ། །ཡོན་ཏན་མ་ཡིན་པ་དང་ལྡན་པ་ལ་བདག་ཡོན་ཏན་དང ་ལྡན་ནོ་སྙམ་དུ་སེམས་པ་ནི་ལོག་པའི་ང་རྒྱལ་ལོ། །བསྟན་བཅོས་ལས་ང་རྒྱལ་རྣམ་པ་དགུ་སྟེ། བདག་མཆོག་ཡིན་ནོ་སྙམ་པ་ང་རྒྱལ་གྱི་རྣམ་པ་དང། བདག་དང་འདྲའོ་སྙམ་པ་ང་རྒྱལ་གྱི་རྣམ་པ་དང། བདག་ཆུང་ངོ་སྙམ་པ་ང་རྒྱལ་གྱི་རྣམ་པ་དང། བདག་པས ་མཆོག་ཡོད་དོ། །བདག་དང་སྙམ་པ་ཡོད་དོ། །བདག་བསོད་ནམས་པ་ཡོད་དོ། །བདག་བས་མཆོག་མེད་དོ། །བདག་དང་མཉམ་པ་མེད་དོ། །བདག་བས་དམན་པ་མེད་དོ་ཞེས་བཤད་པ་གང་ཡིན་པ་ནི་ང་རྒྱལ་འདི་དག་ཉིད་ལས། དེ་དག། རྣམ་དགུ་གསུམ་ལས་གསུམ་གང་ལས ་ཤེ་ན། ང་རྒྱལ་དང། ལྷག་པའི་ང་རྒྱལ་དང། ཆུང་བའི་ང་རྒྱལ་ལས་ཏེ། དེ་ལས་དང་པོའི་གསུམ་ནི། ལྟ་བ་ལ་རྟེན་པའི་ང་རྒྱལ་གསུམ་སྟེ། ལྷག་མའི་ང་རྒྱལ་དང། ང་རྒྱལ་དང། ཆུང་བའི་ང་རྒྱལ་རྣམས་སོ། །གཉིས་པའི་གསུམ་ནི་ཆུང་བའི་ང་རྒྱལ་དང་ང་རྒྱལ་དང་ལྷག ་པའི་ང་རྒྱལ་རྣམས་སོ། །གསུམ་པའི་གསུམ་ནི་ང་རྒྱལ་དང། ལྷག་པའི་ང་རྒྱལ་དང། ཆུང་བའི་ང་རྒྱལ་རྣམས་སོ། །ཡང་ང་རྒྱལ་བདུན་པོ་དེ་དག་ཅིག་ཞིག་གིས་སྤང་བར་བྱ་བ་ཡིན་ཞེ་ན། སྨྲས་པ། མཐོང་དང་བསྒོམ་པས་ཟས་བྱ་བ། །དེ་དག་ནི་མཐོང་བ་དང་བསྒོམ་པ ་གཉིས་ཀྱི་ཟད་པར་བྱ་བ་སྟེ། དེ་ནི་འདི་སྐད་དུ་ཐམས་ཅད་ཀྱང་མཐོང་བ་དང་བསྒོམ་པས་སྤང་བར་བྱ་བ་མ་ཡིན་ནོ་ཞེས་བསྟན་པར་འགྱུར་རོ། །བསྒོམ་པས་སྤང་བར་བྱ་བ་མ་སྤངས་པ་གང་ཡིན་པ་དེ་འཕགས་པ་རྣམ་པར་གདོན་མི་ཟ་བར་ཀུན་དུ་སྤྱོད་དམ་ཞེ་ན། ངེས ་པ་མེད་དེ། འདི་ལྟ་སྟེ། བསྒོམ་པས་སྤང་བར་བྱ་བ་ནི། གསོད་སོགས་ཀུན་ནས་དཀྲིས་པའོ། །ཉོན་མོངས་པ་ཀུན་ནས་དཀྲིས་པ་གང་གིས་བསམ་པ་བཞིན་དུ་སྲོག་གཅོད་པར་བྱེད་པ་ནས་རྫུན་དུ་སྨྲ་བར་བྱེད་པའི་བར་དེ་དག་ནི་བསྒོམ་པས་སྤང་བར་བྱ་བའི ་ཆོས་ཀྱི་དམིགས་པ་ཡིན་པའི་ཕྱིར་བསྒོམ་པས་སྤང་བར་བྱའོ། །དེ་བཞིན་འཇིག་སྲེད། འཇིག་པའི་སྲེད་པ་ཡང་བསྒོམ་པ་སྤང་བར་བྱ་བ་ཡིན་ནོ། །འཇིགས་པའི་སྲེད་པ་ཞེས་བྱ་བའི་ཆོས་འདི་ཅི་ཞིག་ཡིན་ཞེ་ན། ཁམས་གསུམ་པའི་མི་རྟག་པ ་ཉིད་དེ་ལ་དོན་དུ་གཉེར་བ་ནི་འཇིགས་པའི་སྲིད་པའོ། །དེ་བཞིན་ཞེས་བྱ་བའི་སྒྲས་སྐྱེ་བོའི་སྲིད་པའི་ཕྱོགས་ཀྱང་གཟུང་སྟེ། བདག་ནི་བླང་པོ་ཆེས་བསྲུང་དུ་གྱུར་ཅིག་ཅེས་སྨོན་པ་ལ་སོགས་པའོ། །བསྒོམ་པས་སྤང་བར་བྱ་བ་ནི། །ང་རྒྱལ་གྱི་རྣམ་པ་ཡང་ཡོད ་ལ། ངའོ་སྙམ་པའི་ང་རྒྱལ་ཡང་ཡིན་མོད་ཀྱི། འཕགས་པ་ལ། རྣམ་སོགས་ངའོ་སྙམ་མི་མངའ་། །སོགས་པས་སྨོས་པས་ནི་འཇིགས་པའི་སྲིད་པའི་བར་དུ་གཟུང་ངོ། །ཅིའི་ཕྱིར་དེ་དག་མ་སྤངས་ཀྱང་མི་འབྱུང་ཞེ་ན། ལྟ་བས་རྒྱས་བར་འགྱུར་ཕྱིར་རོ། ་ང་རྒྱལ་གྱི་རྣམ་པ་དང། ངའོ་སྙམ་པའི་ང་རྒྱལ་ནི་འཇིག་ཚོགས་ལ་ལྟ་བས་རྒྱས་པར་འགྱུར་བ་ཡིན་ན། དེ་པས་ན་རྐེད་པ་བཅག་པའི་ཕྱིར་ཡང་ལྡང་བར་མི་ནུས་སོ། །གསོད་པ་ལ་སོགས་པ་ཀུན་ནས་དཀྲིས་པ་ནི་ལོག་པར་ལྟ་བས་རྒྱས་པར་འགྱུར་བའི ་ཕྱིར་རོ། །འཇིགས་པའི་སྲིད་པ་ནི་ཆད་པར་ལྟ་བས་རྒྱས་པར་འགྱུར་བའི་ཕྱིར་རོ། །སྐྱེ་པའི་སྲེད་པའི་ཕྱོགས་ནི་རྟག་པར་ལྟ་བས་རྒྱས་པར་འགྱུར་བའི་ཕྱིར་རོ། །མི་དགེ་བའི་འགྱོད་པ་ཡང་མ་ཡིན་ནོ། །མི་དགེ་བའི་འགྱིད?་པ་ཡང་བསྒོམ་པས་སྤང་བར་བྱ་བ ་ཡིན་མོད་ཀྱི། འཕགས་པ་ལ་ནི་དེ་མི་འབྱུང་སྟེ། ཐེ་ཚོམ་གྱིས་ཀུན་བསླང་བའི་ཕྱིར་རོ། །ཡང་ཕྲ་རྒྱས་དགུ་བཅུ་རྩ་བརྒྱད་པོ་དེ་དག་ལས། ཀུན་དུ་འགྲོ་བ་ནི་དུ་དག་ཅིག་ཡིན། ཀུན་དུ་འགྲོ་བ་མ་ཡིན་པ་ནི་དུ་དག་ཅིག་ཡིན་ཞེ་ན། སྡུག་བསྔལ་རྒྱུ ་མཐོང་སྤང་བྱ་བ། །ལྟ་དང་དེ་བཞིན་ཐེ་ཚོམ་དང། །གང་དེ་ལྷན་ཅིག་མ་འདྲེས་པ། །མ་རིག་གང་ཡིན་ཀུན་དུ་འགྲོ། སྡུག་བསྔལ་དང་ཀུན་འབྱུང་མཐོང་བས་སྤང་བར་བྱ་བའི་ལྟ་བ་རྣམས་དང། ཐེ་ཚོམ་དང། དེ་དག་དང་མཚུངས་པར་ལྡན་པ་དང། སྡུག་བསྔལ ་དང་ཀུན་འབྱུང་མཐོང་བ་འབའ་ཞིག་གིས་སྤང་བར་བྱ་བའི་མ་རིག་མ་འདྲེས་པ་སྟེ། དེ་ལྟར་ན་ལྟ་བ་བདུན་དང། ཐེ་ཚོམ་གཉིས་དང། མ་རིག་པ་གཉིས་དང། ཕྲ་རྒྱས་བཅུ་གཅིག་པོ་དེ་དག་ནི་རང་གི་ཁམས་མཛའ་དག་ལ་དམིགས་པའི་ཕྱིར་སྐལ་བ་མཉམ་པའི ་ཀུན་འགྲོ་བ་དག་ཡིན་ནོ། །དེ་དག་ལས་དབུ་གོང་དུ་དམིགས། །བསྐལ་པ་མཉམ་པའི་ཁམས་སུ་ཀུན་དུ་འགྲོ་བའི་ཕྲ་རྒྱས་བཅུ་གཅིག་པོ་དེ་དག་ལས་ཕྲ་རྒྱས་དགུ་ནི་སྐལ་པ་མི་ཉམས་པའི་ཁམས་སུ་ཡང་ཀུན་དུ་འགྲོ་བ་ཡིན་ཏེ། དགུ་གང་ཞེ་ན། ལྟ་བ ་གཉིས་ནི་མ་གཏོགས་སོ། །འཇིག་ཚོགས་ལ་ལྟ་བ་དང། མཐར་འཛིན་པར་ལྟ་བ་གཉིས་མ་གཏོགས་ཏེ། རེས་འགའ་ནི་སྐལ་པ་མི་མཉམ་པའི་ཁམས་གཅིག་ལ་དམིགས་སོ། །རེས་འགའ་ནི་གཉིས་ལ་དམིགས་སོ། །ཡང་ཅི་ཕྲ་རྒྱས་འབའ་ཞིག་ཀུན་དུ ་འགྲོ་བ་ཡིན་ནམ་ཞེ་ན། སྨྲས་པ། མ་ཡིན་ཏེ། དེ་དག་དང་ནི་ལྷན་ཅིག་གང། །དེ་ཡང་ཀུར?་འགྲོ་ཐོབ་མ་གཏོགས། །ཀུན་ཏུ་འགྲོ་བ་ཕྲ་རྒྱས་རྣམས་དང་ལྷན་ཅིག་འབྱུང་བའི་ཆོས་གང་དག་ཡིན་པ་དག་ཀུན་དུ་འགྲོ་བ་ཡིན་ནོ། །ཐོབ་པ་ནི་འབྲས་བུ་དུ་མའི་ཕྱིར་དེ་ལྟ ་མ་ཡིན་ནོ། །ཕྲ་རྒྱས་དགུ་བཅུ་རྩ་བརྒྱད་པོ་དེ་དག་ལས་ཟག་པ་དང་བཅས་པ་ལ་དམིགས་པ་ནི་དུ་དག་ཅིག་ཡིན། ཟག་པ་མེད་པ་ལ་དམིགས་པ་ནི་དུ་དག་ཅིག་ཡིན་ཞེ་ན། འགོག་དང་ལམ་མཐོང་སྤང་བྱ་བ། །ལོག་ལྟ་ཐེ་ཚོམ་དེ་དག་དང། །ལྡན་དང་?་འབའ་ ་ཞིག་དང། །དྲུག་ནུ་ཟག་མེད་སྤྱོད་ཡུལ་ལོ། །འགོག་པ་མཐོང་བས་སྤང་བར་བྱ་བའི་ཕྲ་རྒྱས་ནི་གསུམ་སྟེ། ལོག་པར་ལྟ་བ་དང། ཐེ་ཚོམ་དང། མ་རིག་བ་དང། དེ་དག་དང་མཚུངས་པར་ལྡན་པ་དང། མ་འདྲེས་པ་ཡིན་ལ། ལམ་མཐོང་བས་སྤང་བར་བྱ་བ་ནི་དེ ་དག་ཉིད་དེ། དེ་ལྟར་ན་དྲུག་པོ་དེ་དག་ནི་ཟག་པ་མེད་པ་ལ་དམིགས་པ་ཡིན་ནོ། །ལྷག་མ་རྣམས་ནི་ཟག་པ་དང་བཅས་པ་ལ་དམིགས་པ་ཞེས་བྱ་བར་གྲུབ་བོ། །དེ་ལ་ཡང་འགོག་པར་རང་གི་ས་པ་སྟེ། ས་དྲུག་དང་ནི་ས་དགུའི་ལམ། །དེ་ཡི་སྤྱོད་ཡུལ ་རྣམས་ཀྱི་ཡུལ། །ལམ་ནི་ཕན་ཚུན་རྒྱུ་ཡིན་ནོ། །འགོག་པ་ལ་དམིགས་པ་ལོག་པར་ལྟ་བ་ལ་སོགས་པ་རྣམས་ནི་རང་གི་ས་པའི་འགོག་པ་ཉིད་ལ་དམིགས་ཏེ། འདོད་པ་ན་སྤྱོད་པ་རྣམས་ནི་འདོད་པའི་ཁམས་ཉིད་ཀྱི་ལ་དམིགས ་ལ། སྲིད་པའི་རྩེ་མོའི་བར་གྱི་ཡང་སྲིད་བའི་རྩེ་མོ་ཉིད་ལ་དམིགས་སོ། །འདོད་པ་ན་སྤྱོད་བ་ལམ་ལ་དམིགས་པ་རྣམས་ནི་ས་དྲུག་གི་ཆོས་ཤེས་བའི་ཕྱོགས་ཀྱི་ལམ་དང། གང་ཡང་གཟུགས་དང་གཟུགས་མེད་པའི་གཉེན་པོ་ཐམས་ཅད་ལ་དམིགས ་པ་ཉིད་དོ། །གཟུགས་དང་གཟུགས་མེད་པ་དག་ན་སྤྱོད་པས་བརྒྱད་པོ་དག་ནི་ས་དགུའི་རྗེས་སུ་ཤེས་པའི་ཕྱོགས་ཀྱི་ལམ་ཐམས་ཅད་ལ་ཡང་དམིགས་ཏེ། ལམ་ནི་ཕན་ཚུན་དག་གི་རྒྱུ་ཡིན་པའི་ཕྱིར་རོ། །ཡང་ཅིའི་ཕྱིར་འདོད་ཆག་དང་ཁོང་ཁྲོ་བ ་དང། ང་རྒྱལ་དང། ལྟ་བ་མཆོག་ཏུ་འཛིན་པ་དང། ཚུལ་ཁྲིམས་དང། བརྟུལ་ཞུགས་མཆོག་ཏུ་འཛིན་པ་རྣམས་ཟག་པ་མེད་པ་ལ་དམིགས་པར་མི་འདོད་ཅེ་ན། འདོད་ཆགས་མིན་ཏེ་སྤང་བྱའི་ཕྱིར། །འདོད་ཆགས་ནི་སྡང་བར་བྱ་བ་ཡིན་ཏེ། གལ་ཏེ་དེ་ཟག ་བ་མེད་པ་ལ་དམིགས་པ་ཡིན་པར་གྱུར་ན། དགེ་བའི་ཆོས་ལ་བདུན་པ་བཞིན་དུ་སྤང་བར་བྱ་བ་མ་ཡིན་བར་འགྱུར་རོ། །གནོད་བྱེད་མེད་ཕྱིར་ཞེ་སྡང་མིན། །གནོད་པར་བྱེད་པའི་དངོས་པོ་ལ་ནི་ཁོང་ཁྲོ་བ་སྐྱེ་ན། འགོག་པའི་ལམ་ནི་དེ་ལྟ་མ་ཡིན་ནོ། །ཞི་དང ་དག་དང་མཆོག་འགྱུར་ཕྱིར། །ང་རྒྱལ་མ་ཡིན་མཆོག་འཛིན་མིན། །འགོག་པ་དང་ལམ་གཉིས་ནི་ཞི་བའི་ཕྱིར་དེ་གཉིས་ཀྱི་ཁེངས་པར་གྱུར་པར་འོངས་པ་ནི་མ་ཡིན་ལ་ཡང་དག་པའི་དོན་ནི་དག་པ་ཡིན་པའི་ཕྱིར་དེ་གཉིས་ལ་ཡང་དག་པར་འཛིན་པ་ནི་ཚུལ ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་ཡང་མ་ཡིན་ནོ། །དམན་པ་ལ་མཆོག་ཏུ་འཛིན་བ་ནི་ལྟ་བ་མཆོག་ཏུ་འཛིན་པ་ཡིན་ནོ། །དེ་ད་གཉིས་ནི་མཆོག་ཀྱང་ཡིན་པས་དེ་བས་ན་དེ་དག་ནི་ཟག་མེད་པ་ལ་དམིགས་པ་ཉིད་དུ་རིགས་པ་མ་ཡིན་ནོ། །ཕྲ་རྒྱས་དགུ ་བཅུ་རྩ་བརྒྱད་པོ་དེ་དག་ལས་དམིགས་པའི་སྒོ་ནས་རྒྱས་པར་འགྱུར་བ་ནི་དུ་དག་ཅིག་ཡིན་ཞེ་ན། མཚུངས་བར་ལྡན་པའི་སྒོ་འབའ་ཞིག་ནས་རྒྱས་པར་འགྱུར་བ་ནི་དུ་དག་ཅིག་ཡིན་ཞེ་ན། ཕྲ་རྒྱས་ཀུན་དུ་འགྲོ་རྣམས་ནི། །དམིགས་པའི་སྒོ་ནས་རང་གིས།། ་ཐམས་ཅད་དུ་ནི་རྒྱས་པར་འགྱུར། །ཀུན་འགྲོ་མ་ཡིན་རང་རིས་སུ། །ཕྲ་རྒྱས་དག་ཀུན་དུ་འགྲོ་བ་དེ་དག་རང་གི་ས་པའི་རྣམ་པ་ལྔ་པོ་ཐམས་ཅད་ལ་ཡང་དམིགས་པའི་སྒོ་ནས་རྒྱས་པར་འགྱུར་རོ། །ཀུན་དུ་འགྲོ་བ་མ་ཡིན་པ་རྣམས་ནི་རང་གིས་དག་ཏུ་ཡང། རང ་གི་རིས་འབའ་ཞིག་ལ་དམིགས་པའི་སྒོ་ནས་རྒྱས་པར་འགྱུར་གྱི་གཞན་དུ་ནི་མ་ཡིན་ཏེ། འདི་ལྟ་སྟེ། སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་རྣམས་ཀྱང་སྡུག་བསྔལ་མཐོང་བས་སྤང་བར་བྱ་བའི་རིས་ཉིད་ལ་རྒྱས་བར་འགྱུར་ལ། བསྒོམ་པས་སྤང་བར་བྱ་བའི་བར ་དུ་ཡང་བསྒོམ་པས་སྤང་བར་བྱ་བའི་རིས་ཉིད་ལ་རྒྱས་པར་འགྱུར་གྱི་གཞན་དུ་ནི་མ་ཡིན་ནོ། །སྤྱིར་བཏང་བ་བྱས་ནས་དམིགས་ཀྱིས་སྟོན་པར་བྱེད་དེ། ཟག་མེད་གོང་མའི་ཡུལ་ལས་མིན། །ཟག་པ་མེད་པ་དམིགས་པའི་ཕྲ་རྒྱས་རྣམས་ནི་དམིགས་པའི་སྒོ་ནས ་རྒྱས་བར་འགྱུར་བ་མ་ཡིན་ལ། ས་གོང་མ་ལ་དམིགས་པར་འགྱུར་བ་རྣམས་ཀྱང་དམིགས་པའི་སྒོ་ནས་རྒྱས་པར་འགྱུར་བ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། དེ་ལ་དམིགས་པའི་དངོས་པོ་ནི། །བདག་གིར་མ་བྱས་གཉེན་པོའི་ཕྱིར། །དངོས་པོ་གང་ཞིག་བདག་ཏུ་ལྟ་བ་དང ་སྲིད་པ་གཉིས་ཀྱི་བདག་གིར་བྱས་པ་དེ་ལ་ནི་ཕྲ་རྒྱས་གཞན་དག་ཀྱང་རྒྱས་པར་འགྱུར་བ་ནུས་ཏེ། དཔེར་ན་སྣམ་བུ་གཤེར་བརྡུལ་ཆགས་པ་བཞིན་དུ། ཟག་པ་མེད་པ་ནི་དེ་ལྟ་མ་ཡིན་ལ་ས་གོང་མ་ཡིན་ཏེ། དེ་ལྟ་མ་ཡིན་པས། དེའི་ཕྱིར་དེ་ལ་དམིགས་པ་རྣམས་ནི་དེ ་དག་ཏུ་རྒྱས་པར་འགྱུར་བ་མ་ཡིན་ནོ། །མྱ་ངན་ལས་འདས་པ་དང་ལམ་གཉིས་ནི་དེ་དག་ལ་དམིགས་པའི་ཉོན་མོངས་པ་རྣམས་ཀྱི་གཉེན་པོར་གྱུར་པ་གང་ཡིན་ལ། ས་གོང་མ་ཡང་འོག་མའི་གཉེན་པོར་གྱུར་པ་ཡིན་པས། དེའི་ཕྱིར་ཡང་དེ་དག་ཏུ་གནས་མི་རྙེད་དེ ་རྡོ་ལེབ་བསྲེགས་པ་ལ་རྐང་པ་དག་གི་གནས་མི་རྙེད་པ་བཞིན་ནོ། །དམིགས་པའི་སྒོ་ནས་རྒྱས་པར་འགྱུར་བ་གང་ཡིན་པ་དེ་དག་ནི་བཤད་ཟིན་ཏོ། །གང་དང་མཚུངས་པར་ལྡན་གང་ནི། །དེ་དེར་མཚུངས་པར་སྒོ་ནས་རྒྱས་པར་འགྱུར་ཞེས་བྱ ་བར་སྦྱར་ཏེ། ཕྲ་རྒྱས་གང་ཞིག་ཆོས་གང་དང་མཚུངས་པར་ལྡན་པ་དེ་དེར་མཚུངས་པར་ལྡན་པའི་སྒོ་ནས་རྒྱས་པར་འགྱུར་རོ། །ནི་ཞེས་བྱ་བའི་སྒྲས་ནི་ཇི་སྲིད་དུ་མ་སྤངས་ནའོ་ཞེས་ཁྱད་པར་དུ་བྱ་བའི་ཕྱིར་རོ། །ཕྲ་རྒྱས་དགུ་བཅུ་རྩ་བརྒྱད་པོ་དེ་དག་ལས་མི་དག ་པ་ནི་དུ་དག་ཅིག་ཡིན་ལུང་དུ་མ་བསྟན་པ་ནི་དུ་ངག?་ཅིག་ཡིན་ཞེ་ན། གོང་མའི་ཐམས་ཅད་ལུང་མ་བསྟན། །རེ་ཞིག་གཟུགས་དང་གཟུགས་མེད་པ་ན་སྤྱོད་པ་ཐམས་ཅད་ནི་ལུང་དུ་མ་བསྟན་པ་ཉིད་དོ། །འདོད་པའི་འཇིག་ཚོགས་ལྟ་བ་དང། །མཐར་འཛིན་དེ་དང་ལྷན་ཅིག ་རྨོངས། །འཇིག་ཚོགས་ལ་ལྟ་བ་དང་མཐར་འཛིན་པར་ལྟ་བ་དང་དེ་དག་དང་མཚུངས་པར་ལྡན་པའི་མ་རིག་པ་རྣམས་ནི་འདོད་པའི་ཁམས་དག་ཏུ་ལུང་དུ་མ་བསྟན་པ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། སྦྱིན་བ་ལ་སོགས་པ་དང་མི་འགལ་བའི་ཕྱིར་ཏེ་བདག་ཤི་ནས ་བདེ་བར་འགྱུར་བར་བྱའོ་ཞེས་སྦྱིན་པ་སྦྱིན་བར་བྱེད་ཅིང་ཚུལ་ཁྲིམས་སྲུང་བར་བྱེད་དོ། །ཆད་པར་ལྟ་བ་ཡང་ཐར་པའི་རྗེས་སུ་མཐུན་པས་དེ་ཡང་མི་དགེ་བ་མ་ཡིན་ནོ། །ལྷག་མ་རྣམས་འདིར་མི་དགེ་བ། །ཕྲ་རྒྱས་ལྷག་མ་རྣམས་ནི་འདོད་པའི་ཁམས་དག་ཏུ་མི་དགེ ་བ་ཡིན་ནོ། །མི་དགེ་བའི་རྩ་བ་ནི་དུ་དག་ཅིག་ཡིན་དུ་དག་ཅིག་ནི་མ་ཡིན་པ་བརྗོད་པར་བྱ་སྟེ། འདོད་པའི་མི་དགེ་རྩ་བ་ནི། །འདོད་ཆགས་ཁོང་ཁྲོ་རྨོངས་པ་ཡིན། །འདོད་ཆགས་ཐམས་ཅད་དང། ཁོང་ཁྲོ་བ་ཐམས་ཅད་དང། འཇིག་ཚོགས་ལ་ལྟ་བ་དང་མཐར ་འཛིན་པར་ལྟ་བ་དང་མཚུངས་པར་ལྡན་པ་ལས་གཞན་པའི་རྨོངས་པ་ཐམས་ཅད་ནི་འདོད་པའི་ཁམས་དག་དུ་མི་དགེ་བའི་རྩ་བ་གསུམ་ཡིན་ཏེ། ཆགས་པ་མི་དགེ་བའི་རྩ་བ་དང། ཞེ་སྡང་མི་དགེ་བའི་རྩ་བ་དང། གཏི་མུག་མི་དགེ་བའི་རྩ་བའོ། །གང་དགེ་བ ་ཡང་ཡིན་ལ་མི་དགེ་བའི་རྩ་བ་ཡང་ཡིན་པ་དེ་ཉིད་ལ་མི་དགེ་བའི་རྩ་བར་འདོད་དོ། །ཕྲ་རྒྱས་ལྷག་མ་རྣམས་ནི། མི་དགེ་བའི་རྩ་བ་མ་ཡིན་པ་ཞེས་བྱ་བར་གྲུབ་པོ། །ལུང་དུ་མ་བསྟན་པའི་རྩ་བ་དུ་དག་ཅིག་ཡིན་དུ་དག་ཅིག་ནི་མ་ཡིན་ཞེ་ན། ལུང་དུ་མ་བསྟན་པའི ་རྩ་བ་གསུམ། གསུམ་གང་ཞེ་ན། སྲེད་དང་མ་རིག་བློ་གྲོས་དེ། །དེ་ཞེས་བྱ་བ་ནི་ལུང་དུ་མ་བསྟན་པ་ཡིན་པར་སྟོན་པའོ། །ཁ་ཆེ་རྣམས་ན་རེ་སྲེད་པ་དང་མ་རིག་པ་དང་ཤེས་རབ་ནི་ཐ་ན་རྣམ་པར་སྨིན་པ་ལས་སྐྱེ་བ་ཡང་རུང་སྟེ། གང་ཅུང་ཟད་ལུང་དུ་མ་བསྟན་པ་དེ་དག ་ཐམས་ཅད་ནི་ལུང་དུ་བསྟན་པའི་རྩ་བ་ཡིན་ནོ་ཞེས་ཟེར་རོ། །རྣམ་གཉིས་མཐོ་ཕྱིར་དེ་དག་ལས། །གཞན་མི་ཐེ་ཚོམ་ནི་རྣམ་པ་གཉིས་སུ་གནས་པས་རྩ་བར་འོས་པ་མ་ཡིན་ཏེ། གཡོ་བའི་ཕྱིར་རོ། །ང་རྒྱལ་ནི་མཐོང་བའི་མཚན་ཉིད་ཀྱི་གནས་པ་མ་ཡིན་ཏེ། རྩ་བའི་ཆོས ་དང་མི་མཐུན་པའི་ཕྱིར་རོ། །རྩ་བ་ནི་འཇིག་རྟེན་ན་བསྟན་པ་དང། འོག་ན་གནས་པ་ཡིན་པར་མཐོང་ངོ། །བཞི་ཞེས་ནུབ་ཕྱོགས་པ། ནུབ་ཕྱོགས་བ་དག་ནི་ལུང་དུ་མ་བསྟན་པའི་རྩ་བ་བཞིར་འདོད་དེ། སྲེད་ལྟ་ང་རྒྱལ་རྨོངས་དེ་དག་།དེ་དག་ཅེས་བྱ་བ་ནི་ལུང་དུ་མ་བསྟན ་པའོ། ཅེས་སྟོན་པ་སྟེ། ལུང་དུ་མ་བསྟན་པའི་སྲེད་པ་དང་ལྟ་བ་དང་ཐེ་ཚོམ་དང་མ་རིག་པའོ། །ཅིའི་ཕྱིར་དེ་དག་འབའ་ཞིག་ལ་ལུང་དུ་མ་བསྟན་པ་རྩ་བར་འདོད་ཅེ་ན། རྨོངས་བས་བསམ་གཏན་བ་གསུམ་ཕྱིར། །འདི་ལྟར་བསམ་གཏན་ནི་གསུམ་སྟེ། སྲེད་པ་དང། ལྟ་བ ་དང་ང་རྒྱལ་ལྷག་པའི་བསམ་གཏན་པ་ཡིན་ལ་དེ་དག་ཀྱང་མ་རིག་པའི་དབང་གིས་འགྱུར་རོ། །མདོ་ལས། གང་དག་ལུང་དུ་མ་བསྟན་པའི་དངོས་པོ་བཅུ་བཞི་གསུངས་པ་དེ་དག་ལུང་དུ་མ་བསྟན་པ་ཡིན་ནམ་ཞེ་ན། སྨྲས་པ་མ་ཡིན་ནོ། །འོ་ན་ཇི་ལྟ་བུ་ཞེ་ན། བཞག ་པར་བྱ་བའི་འདྲི་བ་ལ་ལུང་དུ་ན་བསྟན་པ་ཞེས་བཤད་དོ། །འདྲི་བ་རྣམས་ནི་རྣམ་པ་བཞི་སྟེ། མགོ་ཅིག་དུ་ལུང་དུ་བསྟན་པར་བྱ་བ་དང། རྣམ་པར་ཕྱེ་སྟེ། ལུང་བསྟན་པར་བྱ་བ་དང། དྲིས་ནས་ལུང་དུ་བསྟན་པར་བྱ་བ་དང། བཞག་པར་བྱ་བའོ། །དེ་ལ་རིམ་བཞིན་དུ། མགོ ་གཅིག་དང་ནི་རྣམ་ཕྱེ་དང། །དྲི་དང་བཞག་པར་ལུང་བསྟན་པ། །འཆི་དང་སྐྱེ་དང་བཟང་བ་དང། །བདག་གཞན་ལ་སོགས་ལ་བུ་ཡིན་པར་རིག་པར་བྱ་སྟེ། ཅི་སེམས་ཅན་ཐམས་ཅད་འཆི་བ་འམ་ཞེས་མགོ་ཅིག་ཏུ་ལུང་བསྟན་པར་བྱའོ།། ་ཐམས་ཅད་སྐྱེ་འམ་ཞེས་འདྲིན་ཉོན་མོངས་པ་དང་བཅས་པ་ནི་སྐྱེ་བར་འགྱུར་གྱི་ཉོན་མོངས་པ་མེད་པ་ནི་མ་ཡིན་ནོ། །ཞེས་རྣམ་པར་ཕྱེ་སྟེ། །ལུང་དུ་བསྟན་པར་བྱའོ། །མི་འདི་བཟང་ངམ་ངན་ཞེས་འདྲི་ན་གང་ལས་བལྟོས་ཏེ་འདྲི་ཞེས་དྲིས་ནས་ལུང་བསྟན ་པར་བྱའོ། །གལ་ཏེ་ལྷ་ལས་བལྟོས་ཏེའོ་ཞེས་ཟེར་ན་ངན་ཏོ་ཞེས་ལུང་བསྟན་པར་བྱའོ། །གལ་ཏེ་ངན་སོང་ལས་བལྟོས་ཏེ་འོ་ཞེས་ཟེར་ན་བཟང་ངོ་ལུང་བསྟན་པར་བྱའོ། །ཅི་ཕུང་པོ་སེམས་ཅན་གཞན་ནམ་གཞན་མ་ཡིན་ཞེས་ཟེར་ན། སེམས་ཅན་གྱི་རྫས་མེད ་པའི་ཕྱིར་གཞག་པར་བྱ་སྟེ། མོ་གཤམ་གྱི་བུ་སྔོ་བསངས་སམ་དཀར་ཤམ་ཞེས་བྱ་བ་བཞིན་ནོ། །འདི་ལྟར་ན་ལུང་མ་བསྟན་པ་ཡིན་ཞེ་ན། དེ་ནི་ལུང་མ་བསྟན་པ་ཉིད་ཀྱིས་དེ་བཞིན་དུ་ལུང་མ་བསྟན་པའི་ཕྱིར་རོ། །གང་ཟག་གང་གིས་ཕྲ་རྒྱས་གང་ཞིག ་དམིགས་པ་གང་ལ་རྒྱས་པར་འགྱུར་བ་དེ་ནི་དེས་དངོས་པོ་དེ་དང་ལྡན་ཡིན་ནོ། །འདིར་ནི་འདས་པ་དག་གིས་ནི་གང་དང་ལྡན་ཞེས་བྱ་བ་ནས་ད་ལྟར་འབྱུང་བ་དག་གི་ནི་གང་དང་ལྡན་ཞེས་བྱ་བའི་བར་དུ་བརྗོད་པར་བྱ་སྟེ། མདོར་བསྡུ་ན་ནི་ཉོན་མོངས་པ་དག་ནི ་རྣམ་པ་གཉིས་ཏེ། རང་གི་མཚན་ཉིད་ཀྱི་ཉོན་མོངས་པ་ནི་འདོད་ཆགས་དང་ཁོང་ཁྲོ་བ་དང། ང་རྒྱལ་རྣམས་སོ། །སྤྱིའི་ཉོན་མོངས་པ་ནི་ལྟ་བ་དང། ཐེ་ཚོམ་དང་མ་རིག་པའོ། །དེ་ལ་རེ་ཞིག་།འདས་དང་ཉེ་བར་གནས་རྣམས་ཀྱི། །འདོད་ཆགས་ཁོང་ཁྲོ ་ང་རྒྱལ་གྱིས། །གང་ལ་སྐྱེས་ཤིང་མ་སྤངས་པ། །དེ་དག་དང་དངོས་དེ་ལྟར་འགྱུར། །དངོས་པོ་གང་ལས་འདས་པ་དང་ད་ལྟར་བྱུང་བའི་འདོད་ཆགས་དང་ཁོང་ཁྲོ་བ་དང་ང་རྒྱལ་རྣམས་ཀྱི་སྐྱེས་ཤིང་མ་སྤངས་པ་དེ་དག་གིས་དངོས་ཉིད་དང་ལྡན་ཏེ། དེ་དག་ནི ་རབ་གི་མཚན་ཉིད་ཀྱི་ཉོན་མོངས་པ་ནི་ཡིན་པའི་ཕྱིར་གདོན་མི་ཟ་བར་ཐམས་ཅད་ལས་འབྱུང་བ་ཡང་མ་ཡིན་ལ། ཐམས་ཅད་དུ་འབྱུང་བ་ཡང་མ་ཡིན་ནོ། །ཡིད་ཀྱི་དེ་དག་མ་འོངས་པས་ཀུན་དུ། དེ་གང་ལ་མ་སྤངས་ཞེས་བྱ་བར་སྦྱར་ཏེ། ཡིད་ཀྱི་ས་པའི་འདོད་ཆགས་དང། ་ཁོང་ཁྲོ་བ་དང། ང་རྒྱལ་མ་འོངས་པ་དེ་དག་ཉིད་ཀྱིས་ནི་དུས་གསུམ་པའི་དངོས་པོ་ཐམས་ཅད་དང་ལྡན་ཏེ། ཡིད་ཀྱིས་ཡུལ་ནི་དུས་གསུམ་པ་ཡིན་པའི་ཕྱིར་རོ། །གཞན་གྱི་རང་དུས་པ། འདོད་ཆགས་དང་ཁོང་ཁྲོ་བ་མ་འོངས་པ་གཞན་གྱིས་ནི་མ་འོངས་པའི་དངོས་པོ་ཉིད ་དང་ལྡན་ནོ། །གཞན་ཡང་གང་ཞིག་ཡིན་ཞེ་ན། གང་དག་རྣམ་པར་ཤེས་པའི་ཚོགས་ལྔ་པོའི་འདོད་ཆགས་དང། ཁོང་ཁྲོ་བ་སྟེ། སྐྱེ་བའི་ཆོས་དག་གི་ནི་དེ་ལྟ་བུ་ཡིན་ནོ། །དེ་དག་ཉིད། མི་སྐྱེ་རྣམས་ཀྱི་ཐམས་ཅད་དང། །རྣམ་པར་ཤེས་པའི་ཚོགས་ལྔ་པོ་མི་སྐྱེ་བའི ་ཆོས་དག་གི་ནི་དུས་པའི་དངོས་པོ་ཐམས་ཅད་དང་ལྡན་ནོ། །ལྷག་མ་ཀུན་གྱིས་ཐམས་ཅད་ལྡན། །ལྷག་མ་ཡང་གང་དག་ཅི་ཡིན་ཞེ་ན། ལྟ་བ་དེའི་འཚེ་མ་དང་མ་རིག་པ་དུས་གསུམ་པ་རྣམས་ཏེ། སྤྱིའི་ཉོན་མོངས་ཅན་ཡིན་པའི་ཕྱིར་དེ་དག་ཐམས་ཅད་ཀྱིས་ཀྱང་དངོས ་པོ་ཐམས་ཅད་དང་ལྡན་ཏེ། ཇི་སྲིད་དུ་མ་སྤངས་ནའོ། ཞེས་བྱ་བའི་དབང་དུ་བྱས་པ་ཉིད་དོ། །ཅི་འདས་དང་མ་འོངས་པ་འདི་རྫས་སུ་ཡོད་དམ་འོན་ཏེ་མེད། གལ་ཏེ་ཡོད་ན་ནི་དུས་ཐམས་ཅད་དུ་ཡོད་པའི་ཕྱིར་འདུས་བྱས་རྣམས་རྟག་པ་ཉིད་དུ་འགྱུར་རོ། །འོན་ཏེ་མེད ་ན་ནི་ཇི་ལྟར་ན་དེ་དེར་ལྡན་པ་འམ་བྲལ་བ་ཡིན་ཞེ་ན། བྱེ་བྲག་ཏུ་སྨྲ་བ་དག་ནི་འདུས་བྱས་ཀྱི་མཚན་ཉིད་དང་ལྡན་པའི་ཕྱིར་རོ། །འདུས་བྱས་རྣམས་རྟག་པ་ཉིད་དུ་དམ་བཅའ་ཨི་འདུས་བྱས་ཐམས་ཅད། དུས་རྣམས་ཀུན་དུ་ཡོད་པར་ནི་གསལ་བར་ཁས་འཆེ་སྟེ། ཅིའི ་ཕྱིར་ཞེ་ན། གསུངས་ཕྱིར། བཅོམ་ལྡན་འདས་ཀྱི་དགེ་སློང་དག་གལ་ཏེ་འདས་པའི་གཟུགས་ཤིག་མེད་ན་ནི་འཕྱགས་པ་ཉན་ཐོས་ཐོས་པ་ཕུན་སུམ་ཚོགས་པ་འདས་པའི་གཟུགས་ལ་ལྟ་བར་ཡང་མི་འགྱུར་བ་ཞིག་ན་གང་གི་ཕྱིར་འདས་པའི་གཟུགས་ཡོད ་པའི་དེའི་ཕྱིར་འཕགས་པ་ཉན་ཐོས་ཐོས་པ་ཕུན་སུམ་ཚོགས་པ་ཡང་འདས་པའི་གཟུགས་ལ་ལྟ་བར་འགྱུར་ཏེ། གལ་ཏེ་མ་འོངས་པའི་གཟུགས་ཤིག་མེད་ན་ཡང་འཕགས་པ་ཉན་ཐོས་ཐོས་པ་ཕུན་སུམ་ཚོགས་པ་མ་འོངས་པའི ་གཟུགས་ལ་མངོན་པར་དགའ་བ་མེད་པར་མི་འགྱུར་བ་ཞིག་ན། གང་གིས་ཕྱིར་མ་འོངས་པའི་གཟུགས་ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་གསུངས་སོ། །གཉིས་ཕྱིར། རྣམ་པར་ཤེས་པ་ནི་གཉིས་ལ་བརྟེན་ནས་སྐྱེ་སྟེ། གཉིས་གང་ཞེ་ན། མིག་དང ་གཟུགས་ནས་ཡིད་དང་ཆོས་ཀྱི་བར་རོ་ཞེས་གསུངས་པ། འདས་པ་དང་མ་འོངས་པའི་དམིགས་པ་མེད་ན་དེ་དག་ལ་དམིགས་པའི་རྣམ་པར་ཤེས་པ་ཡང་གཉིས་ལ་བརྟེན་པར་མི་འགྱུར་རོ། །རེ་ཞིག་ལུང་ལས་འདས་པ་དང་མ་འོངས་པ་ཡོད་ན་ནི་དེ་ལྟ ་བུ་ཡིན་ནོ། །རིགས་པ་ལས་ཀྱང་ཡུལ་ཡོད་ཕྱིར། །ཡུལ་ཡོད་ན་རྣམ་པར་ཤེས་པ་སྐྱེ་བར་འགྱུར་གྱིས། མེད་པར་ནི་མ་ཡིན་ན་གལ་ཏེ་འདས་པ་དང་མ་འོངས་པ་ཞིག་མེད་ན་ནི་དམིགས་པ་མེད་པའི་རྣམ་པར་ཤེས་པར་འགྱུར་ཏེ། དེ་བས་ན་དམིགས་པ ་མེད་པའི་ཕྱིར་རྣམ་པར་ཤེས་པ་ཉིད་དུ་ཡང་མི་འགྱུར་རོ། །འབྲས་ཕྱིར་གལ་ཏེ་འདས་པ་ཞིག་མེད་པར་གྱུར་ན་ནི་ཚེ་ཕྱི་མ་ལ་དགེ་བ་དང་གདོན་མི་ཟ་བར་མི་དགེ་བའི་ལས་ཀྱི་འབྲས་བུ་ཡང་ཇི་ལྟར་སྐྱེ་བར་འགྱུར་ཏེ། འབྲས་བུ་སྐྱེད་པའི་ཚེ་ནི་ད་ལྟར་གྱི་རྣམ་པར ་སྨིན་པའི་རྒྱུ་མེད་དོ། །དེ་བས་ན་བྱེ་བྲག་ཏུ་སྨྲ་བ་རྣམས་ནི་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བ་དང་ཡོད་པ་ཉིད་དོ་ཞེས་ཟེར་རོ། །ཐམས་ཅད་ཡོད་པར་སྨྲ་བ་ཡིན་ན་ནི་འདི་གདོན་མི་ཟ་བར་ཁས་བླངས་པར་བྱ་སྟེ། འདི་ལྟར། འདི་ཡོད་སྨྲ་བའི་ཕྱིར ་ཐམས་ཅད་ཡོད་པར་སྨྲ་བའི་འདོད། གང་དག་འདས་པ་དང། མ་འོངས་པ་དང་ད་ལྟར་བྱུང་བའི་དབང། དུས་ལ་གཏོགས་པ་ཐམས་ཅད་ཡོད་དོ། །ཞེས་སྨྲ་བ་དེ་དག་ནི་ཐམས་ཅད་ཡོད་པར་སྨྲ་བ་ཡིན་གྱིས། གང་དག་?་བྱུང་བ་དང། འབྲས་བུ་མ་བསྐྱེད ་པའི་འདས་པ་གང་ཡིན་པ་ཅུང་ཟད་ཅིག་ནི་ཡོད་དེ། མ་འོངས་པ་དང་འབྲས་བུ་སྐྱེས་ཟིན་པའི་ལས་འདས་པ་གང་ཡིན་པ་ཅུང་ཟད་ཅིག་ནི་མེད་དོ་ཞེས་རྣམ་པར་བྱེ་སྟེ། སྨྲ་བ་ཡིན་ནོ། །ཐམས་ཅད་ཡོད་པར་སྨྲ་བདག་ཀྱང་དུ་ཞིག་ཅེ་ན། སྨྲ་བ་དེ་དག་ནི་རྣམ་པ་བཞི། ་དངོས་དང་མཚན་ཉིད་དང། གནས་སྐབས་གཞན་གཞན་འགྱུར་ཞེས་བྱ། །དངོས་པོ་གཞན་དུ་འགྱུར་བ་དང་མཚན་ཉིད་གཞན་དུ་འགྱུར་བ་དང་གནས་སྐབས་གཞན་དུ་འགྱུར་བ་དང། གཞན་དང་གཞན་དུ་འགྱུར་བ་དང། དེ་ལ་དངོས་པོ་གཞན་དུ་འགྱུར་བ་ནི་གང ་དག་ཆོས་དུས་རྣམས་སུ་འཇུག་པ་ན། དངོས་པོ་གཞན་དུ་འགྱུར་གྱི་རྫས་གཞན་དུ་འགྱུར་བ་ནི་ཡང་ཡིན་པ་སྟེ། དེ་ནི་འདི་སྐད་དུ་བསྟན་པར་འགྱུར་ཏེ། ཆོས་མ་འོངས་པའི་དུས་ན་ད་ལྟར་བྱུང་བའི་དུས་སུ་འགྲོ་བ་ན་མ་འོངས་པའི་དངོས་པོ་འདོར་ལ་ད་ལྟར་བྱུང ་བའི་ནས་འདས་པར་འགྲོ་བ་ན་ཡང་ད་ལྟར་བྱུང་བའི་དངོས་པོ་ནོར་གྱི་རྫས་ཀྱི་དངོས་པོ་ནི་མ་ཡིན་ཏེ། དཔེར་ན་གསེར་གྱི་སྣོད་བཅོས་ནས་གང་དག་དུ་བྱེད་པ་ན་དབྱིབས་གང་དག་དུ་འགྱུར་གྱི་ཁ་དོག་གཞན་དུ་འགྱུར་བ་ནི་མ་ཡིན་པ་བཞིན་ནོ་ཞེས་ཟེར་བ་དག ་ཡིན་ནོ། །མཚན་ཉིད་གཞན་དུ་འགྱུར་བ་ནི་གང་དག་ཆོས་དུས་དག་དུ་འཇུག་པ་ན་འདས་པ་ནི་འདས་པའི་མཚན་ཉིད་དང་ལྡན་གྱི་མ་འོངས་མ་དང་ད་ལྟར་བྱུང་བའི་མཚན་ཉིད་དང་བྲལ་བ་ཡང་མ་ཡིན་ལ། དེ་བཞིན་དུ་མ་འོངས་པ་དང། ད་ལྟར་བྱུང་བ་དག་ལ་ཡང ་སྦྱར་ཏེ། དཔེར་ན་སྐྱེས་བུ་བུད་མེད་ཅིག་ལ་ཆགས་པ་ན་ལྷག་མ་རྣམས་ལ་འདོད་ཆགས་དང་བྲལ་བ་མ་ཡིན་པ་བཞིན་ནོ། ཞེས་སྨྲས་པ་དག་ཡིན་ནོ། །གནས་སྐབས་གཞན་དུ་འགྱུར་བ་ནི་གང་དག་ཆོས་དུས་དག་ཏུ་འཇུག་པ་ན་གནས་སྐབས་ནས་གནས་སྐབས ་སུ་འགྱུར་བ་ལ་གཞན་དང་གཞན་དུ་བསྟན་པའི་གནས་སྐབས་གཞན་ལས་ཡིན་གྱི་རྫས་གཞན་ལས་ནི་མ་ཡིན་ཏེ། དཔེར་ན་ཤོད་མིག་གཅིག་ལ་གཅིག་གི་མཚན་མ་བཏགས་ན་ཡང་གཅིག་བཅུའི་མཚན་མ་བཏགས་ན་ཡང་བཅུ་བརྒྱའི་མཚན་མ ་བཏགས་ན་ཡང་བརྒྱ་སྟོང་གི་མཚན་མ་བཏགས་ན་ཡང་སྟེང་སྟོང་ཞེས་བྱ་བ་བཞིན་ནོ་ཞེས་སྨྲ་བ་དག་ཡིན་ནོ། །གཞན་དག་གཞན་དུ་འགྱུར་བ་ནི་གང་དག་ཆོས་དུས?་དག་འཇུག་པ་ནི་སྔ་མ་དང་ཕྱི་མ་ལ་བལྟོས་ནས་གཞན་དང་གཞན་དུ ་བརྗོད་དེ། དཔེར་ན་བུད་མེད་ཅིག་མ་ཞེས་ཀྱང་བྱ། བུ་མོ་ཞེས་ཀྱང་བྱ་བ་བཞིན་ནོ། །ཞེས་སྨྲ་བ་དག་ཡིན་ཏེ། དེ་ལྟར་ན་རྣམ་པ་བཞི་པོ་དེ་དག་ཐམས་ཅད་ཡོད་པར་སྨྲ་བ་ཡིན་ནོ། །དེ་དག་ལས་ཀྱང། གསུམ་པ་བཟང་སྟེ། གནས་སྐབས་གཞན་དུ་འགྱུར་བ་དེའི ་ལུགས་གང་ཡིན་པ་འདི་བཟུང་སྟེ། ཅིའི་ཕྱིར་ཞེ་ན། དེའི་ནི་བྱེད་པའི་དུས་སུ་རྣམ་གཞན་གང་གི་ཚེ་ཆོས་བྱ་བ་མི་བྱེད་པ་དེའི་ཚེ་ནི་མ་འོངས་པའོ། །གང་གི་ཚེ་བྱེད་པ་དེའི་ཚེ་ནི་ད་ལྟར་བྱུང་བའོ། །གང་གི་ཚེ་བྱས་ནས་འགག་པ་དེའི་ཚེ་ནི་འདས་པའོ། །འདིར་དཔེས ་སྟོན་པ་དག་ཕྱིར་རྒོལ་བར་གནས་ཏེ། ཆས་དེའི་བདག་ཉིད་ཀྱིས་ཡོད་ན་རྟག་ཏུ་བྱེད་པ་ལས། གེགས་སུ་བྱེད། གང་གི་ན་རེས་ནི་འགའ་ནི་བྱ་བ་བྱེད་ལ་རེས་འགའ་ནི་བྱ་བ་མི་བྱེད་ཅེས་བྱ་བ་གང་ཡིན་པ་དེ་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བ་ཞེས་བྱ་བ། དེ་ཡང ་ཇི་ལྟར། བྱ་བ་ལ་ཡང་བྱ་བ་གཞན་ཞིག་ཡོད་དམ། ཅི་འོན་ཏེ་འདས་པ་ཡང་མ་ཡིན་མ་འོངས་པ་ཡང་མ་ཡིན་ད་ལྟར་བྱུང་བ་ཡང་མ་ཡིན་ལ། འོན་ཀྱང་ཡོད་ན་ནི་ངེས་པར་འདུས་མ་བྱས་ཡིན་པའི་ཕྱིར་རོ་རྟག་པར་ཡོད་པར་འགྱུར་ཏེ། དེ་བས ་ན་གང་གིས་ཚེ་ཆོས་བྱ་བ་བྱེད་པ་དེའི་ཚེ་ན་ད་ལྟར་བྱུང་བའོ་ཞེས་བརྗོད་པར་མི་བྱའོ། །གལ་ཏེ་ཆོས་ལས་བྱ་བ་གཞན་ཞིག་ཡིན་ན་ནི་སྐྱོན་དེ་ལྟ་བུ་འགྱུར་ན་དེ་ནི། གཞན་མ་ཡིན། དེའི་ཕྱིར་སྐྱོན་དེ་ལྟ་བུར་མི་འགྱུར་རོ་ཞེ་ན། དེ་ལྟ་ན་ཡང་དེ་ཉིད། ་དུས་སུ་མ་རུང། གལ་ཏེ་ཆོས་ཉིད་བྱ་བ་ཡིན་ན་ཅིའི་ཕྱིར་ཆོས་དེ་དེའི་བདག་ཉིད་ཀྱི་ཡོད་བཞིན་དུ་རེས་འགའ་ནི་འདས་ཞེས་བརྗོད། རེས་འགའ་ནི་མ་འོངས་པ་ཞེས་བརྗོད་དེ་དུས་གསུམ་རྣམ་པར་བཞག་པ་འགྲུབ་པོ། །ཆོས་གང་མ་སྐྱེས་པ ་དེ་ནི་མ་འོངས་པའོ། །གང་སྐྱེས་ལ་མ་ཞིག་པ་ད་ནི་ད་ལྟར་བྱུང་བའོ། །གང་ཞིག་པ་དེ་ནི་འདས་པའོ་ཞེས་བྱ་བ་མི་འགྲུབ་པ་མ་ཡིན་ནོ་ཞེ་ན་འདིར་ཡང་ཉིད་བརྗོད་པར་བྱ་སྟེ། གལ་ཏེ་ད་ལྟར་གྱི་ཇི་ལྟར་རྫས་སུ་ཡོད་པ་དེ་བཞིན་དུ་འདས་པ་དང་མ་འོངས་པ ་ཡང་ཡོད་ན་ནི་དེའོ། དེ་བཞིན་དུ། ཡོད་ན་གང་གིས་མ་སྐྱེས་ཤིག་།ཆོས་དེ་རང་གི་ངོ་བོར་ཡོད་ན་ནི་ཇི་ལྟར་ན་མ་སྐྱེས་པ་འམ་ཞིག་པ་ཞེས་བྱ་བ་འདི་འགྲུབ། འདིའི་སྔར་ནི་ཅི་ཞིག་མ་བྱུང་ན་ཡང་གང་མེད་པའི་ཕྱིར་མ་འོངས་པ་ཞེས་བྱ་ཕྱིས་ནི་ཅི་ཞིག་མེད ་ན་གང་མེད་པའི་ཕྱིར་ཞིག་པ་ཞེས་བྱ་སྟེ། དེ་བས་ན་གལ་ཏེ་མ་བྱུང་བ་དང། བྱུང་ནས་མི་བྱུང་བར་འདོད་ན་ནི་རྣམ་པ་ཐམས་ཅད་དུ་དུས་གསུམ་མི་འགྲུབ་པོ། །བྱེ་བྲག་ཏུ་སྨྲ་བ་དག་ནི་འདས་པ་དང་མ་འོངས་པ་ཡོད་པ་དེ་ཉིད་དོ་ཞེས་ཟེར་རོ། །བཤད་པར་མི་ནུས ་པ་གང་ཡིན་པ་དེས་ནི་བདག་ཉིད་ཀྱི་འདོད་པས་འདི་སྐད་དུ་འགྲུབ་པར་བྱ་སྟེ། ཆོས་ཉིད་དག་ནི་ཟབ་པ་ཡིན། གདོན་མི་ཟ་བར་རྟོག་པས་བསྒྲུབ་པ་མ་ཡིན་ནོ། །ཞར་ལ་འོངས་པ་རྫོགས་སོ།། །།ད་ནི་དངོས་པོ་གང་ཞིག་སྤངས་ན ་དངོས་པོ་དང་བྲལ་བ་ཡིན་ནམ་དངོས་པོ་གང་ཞིག་དང་བྲལ་ན་དངོས་པོ་དེ་སྤངས་པ་ཡིན་པ་འདི་དཔྱད་པར་བྱ་སྟེ། རེ་ཞིག་དངོས་པོ་གང་ཞིག་དང་བྲལ་ན་དེས་དངོས་པོ་དེ་སྤངས་པ་ནི་ཡིན་གྱི། སྤངས་ཀྱང་བྲལ་བ་མ་ཡིན་པ་ཡང་ཡོད་དེ་འདི་ལྟ་སྟེ། ་སྡུག་བསྔལ་མཐོང་སྤངས་བྱ་སྤངས་ཀྱང། །ཀུན་འགྲོ་ལྷག་མ་རྣམས་དང་ལྡན། །དང་པོའི་རྣམ་པ་སྤངས་ཟིན་ཀྱང། །དེ་ཡུལ་དྲི་མ་ལྷག་རྣམས་དང། །སྡུག་བསྔལ་ཤེས་པ་ནི་སྐྱེས་ལ་ཀུན་འབྱུང་བ་ཤེས་པ་ནི་མ་སྐྱེས་པའི་ཚེ་སྡུག་བསྔལ་མཐོང ་བས་སྤངས་པར་བྱ་བའི་རིས་ནི་སྤངས་པ་ཡིན་ལ། དེ་སྤངས་ཀྱང་དེ་ལ་དམིགས་པའི་ཀུན་དུ་འགྲོ་བ་ཀུན་འབྱུང་མཐོང་བས་སྤངས་པར་བྱ་བ་རྣམས་དང་ནི་དེར་ལྡན་ནོ། །བསྒོམ་པས་སྤངས་པར་བྱ་བའི་རིས་ལ་ཡང་རྣམ་པ་དགུ་རྣམས་ལས་དང་པོ ་པའི་རྣམ་པ་གང་ཡིན་སྤངས་པ་དེ་སྤངས་ཀྱང་དེ་ལ་དམིགས་པའི་ཉོན་མོངས་པ་ལྷག་མ་རྣམས་དང་དེར་ལྡན་པར་རིག་པར་བྱའོ། །དངོས་པོ་གང་ལས་ཕྲ་རྒྱས་དུ་ཞིག་རྒྱས་པར་འགྱུར་ཞེས་བྱ་བ་འདི་ཚིག་རེ་རེ་ནས་བཤད་ན་ནི ་བརྗོད་པ་མང་པོར་འགྱུར་བས་དེ་བས་ན་ཅི་ནས་ཀྱང་འབད་པ་ཆུང་ངོ། །ཆོས་ཀྱི་དྲི་བའི་ཚོགས་ཆེའོ་ཆོས་རྟོགས་པར་འགྱུར་བར་བྱ་བའི་ཕྱིར་བསྡུས་ནས་རྣམ་པར་བཤད་པར་བྱ་སྟེ། ཆོས་ནི་མདོར་བསྡུ་ན་བཅུ་དྲུག་པོ་འདི་དག་སྟེ་འདོད་པ་དང་གཟུགས ་དང་གཟུགས་མེད་པ་ན་སྤྱོད་པ་རྣམ་པ་ལྔ་ལྔ་དང་ཟག་པ་མེད་པའོ། །སེམས་ཀྱང་བཅུ་དྲུག་སྟེ། དེ་དག་ཉིད་དོ། །དེ་ལ་ཆོས་གང་ཞིག་སེམས་གང་གིས་དམིགས་པ་ཡིན་པར་ཤེས་པར་བྱས་ནས། འདི་ལ་ནི་ཕྲ་རྒྱས་འདི་སྙེད་ཅིག་རྒྱས་པར་འགྱུར་རོ། ཞེས ་བྱ་བ་འདི་ནི་བརྟག་པར་བྱས་ཏེ། དེ་ལ་རེ་ཞིག་།སྡུག་བསྔལ་རྒྱུ་མཐོང་གོམས་པ་ཡིས། །སྤངས་བྱ་འདོད་ཁམས་ལས་སྐྱེས་པ། །རང་གི་གསུམ་དང་གཟུགས་གཏོགས་དང། །དྲི་མེད་རྣམ་ཤེས་སྤྱོད་ཡུལ་གཅིག་།དེ་ནི་རང་གི་ཡང་ཡིན་པས་རང་གི་གསུམ་མོ། ། ་དེ་ནི་གཅིག་ཀྱང་ཡིན་ལ་གཟུགས་སུ་གཏོགས་པ་ཡང་ཡིན་པས་གཏོགས་གཅིག་སྟེ། ཚིག་རྣམ་པར་སྦྱར་བའི་ཚུལ་ནི་དེ་ལྟའོ། །རེ་ཞིག་འདོད་པ་ན་སྤྱོད་པའི་སྡུག་བསྔལ་ཀུན་འབྱུང་མཐོང་བས་སྤངས་པར་བྱ་བ་དང། བསྒོམ་པས་སྤངས་པར་བྱ་བའི་ཆོས ་ལྔ་ནི་སེམས་ལྔའི་དམིགས་པ་ཡིན་ཏེ་རང་གི་གསུམ་གྱི་སྟེ། དེ་དག་ཉིད་ཀྱི་དང། གཟུགས་ན་སྤྱོད་པའི་ནི་གཅིག་གི་སྟེ། བསྒོམ་པས་སྤངས་པར་བྱ་བ་ཉིད་ཀྱི་དང། ཟག་པ་མེད་པ་ཡང་གཅིག་གིའོ། །གཟུགས་ཁམས་ལས་སྐྱེས་དྲི་མ་རྣམས། །རང་དང ་འོག་གསུམ་གོང་མ་གཅིག་།གཟུགས་ན་སྤྱོད་པའི་ཆོས་རྣམ་པ་གསུམ་པོ་དེ་དག་ཉིད་ནི་སེམས་བརྒྱད་ཀྱི་དམིགས་པ་ཡིན་ཏེ། རང་གི་ཁམས་པ་གསུམ་གྱི་སྟེ། དེ་དག་ཉིད་ཀྱི་དང། ཁམས་འོག་མ་གསུམ་གྱི་ཡང་དེ་དག་ཉིད་ཀྱི་དང་ཁམས་གོང་མ་པའི་ནི ་གཅིག་།བསྒོམ་པས་སྤང་བར་བྱ་བ་ཉིད་ཀྱི་དང། ཟག་པ་མེད་པའི་ཡང་གཅིག་གིའོ། །གཟུགས་མེད་ལས་སྐྱེས་ཁམས་གསུམ་གཏོགས། །གསུམ་དང་ཟག་མེད་སྤྱོད་ཡུལ་ལོ། །གཟུགས་མེད་པ་ན་སྤྱོད་པའི་ཆོས་རྣམ་པ་གསུམ་པོ་དེ་དག་ཉིད་ནི་སེམས ་བཅུའི་དམིགས་པ་ཡིན་ཏེ། ཁམས་གསུམ་པའི་དེ་དག་ཉིད་ནི་སེམས་བཅུའི་དམིགས་པ་ཡིན་ཏེ། ཁམས་གསུམ་པའི་རྣམ་པ་གསུམ་གྱི་སྟེ། དེ་དག་ཉིད་ཀྱི་དང། ཟག་པ་མེད་པའི་ནི་གཅིག་གིའོ། །ཁམས་གསུམ་པའི་སྡུག་བསྔལ་དང་ཀུན་འབྱུང་མཐོང་བས ་སྤངས་པར་བྱ་བ་དང། བསྒོམ་པས་སྤངས་པར་བྱ་བའི་ཆོས་རྣམས་ཀྱང་བཤད་ཟིན་ཏོ། །འགོག་དང་ལམ་མཐོང་སྤང་བྱ་ཀུན། །ལྷག་པར་རང་གི་སྤྱོད་ཡུལ་ལོ། །འགོག་པ་དང་ལམ་མཐོང་བས་སྤངས་པར་བྱ་བའི་ཆོས་རྣམས་ནི་ལྷག་པར་ཆོས་དེ་དག་ནི། །རང་གིས ་སེམས་འགོག་པ་དང་ལམ་མཐོང་བས་སྤངས་པར་བྱ་བ་དེ་དག་གི་དམིགས་པ་ཡིན་པར་ཤེས་པར་བྱ་སྟེ། ཇི་ལྟར་བཤད་པས་ཤེ་ན། འགོག་པ་མཐོང་བས་སྤངས་པར་བྱ་བའི་ཆོས་འདོད་པ་ན་སྤྱོད་པ་རྣམས་ནི་སེམས་དྲུག་གི་དམིགས་པ་ཡིན་ཏེ། ལྔར་བཤད་པ ་ལྔ་དང། ལྷག་མར་འགོག་པ་མཐོང་བས་སྤང་བར་བྱ་བ་དེ་དག་ཉིད་ཀྱིའོ། །དེ་བཞིན་དུ་ལམ་མཐོང་བས་སྤང་བར་བྱ་བ་ཡང་སྔར་བཤད་པ་ལྔ་དང། ལྟག་པར་ལམ་མཐོང་བས་སྤང་བར་བྱ་བ་དེ་དག་ཉིད་ཀྱིའོ། །དེ་བཞིན་དུ་འགོག་པ་དང་ལམ་མཐོང་བས་སྤང་བར་བྱ ་བ་གཟུགས་དང་གཟུགས་མེད་པ་ན་སྤྱོད་པ་རྣམས་ཀྱང་ལྷག་པར་འགོག་པ་དང་ལམ་མཐོང་བས་སྤང་བར་བྱ་བའི་སེམས་དེ་དག་གི་དམིགས་པ་སྟེ། སེམས་དགུ་དང་སེམས་བཅུ་གཅིག་གི་དམིགས་པ་ཡིན་ནོ། །ཁམས་གསུམ་པོའི་ཆོས་རྣམ་པ་ལྔ་བཤད ་ཟིན་ཏོ། །ཟག་མེད་ཁམས་གསུམ་མཛའ་གསུམ་དང། །ཟག་པ་མེད་པའི་སྤྱོད་ཡུལ་ལོ། །ཟག་པ་མེད་པའི་སེམས་ནི་སེམས་བཅུའི་དམིགས་པ་ཡིན་ཏེ། ཁམས་གསུམ་པའི་ཐ་མ་རྣམ་པ་གསུམ་སྟེ། འགོག་པ་དང། ལམ་མཐོང་བ་དང། བསྒོམ་པས ་སྤང་བར་བྱ་བ་དང་ཟག་པ་མེད་པའོ། །ཡང་དོན་དེ་དག་ཉིད་ཚིགས་སུ་བཅད་པ་བྱེད་དང་གཉིས་སུ་འདུས་པར་འགྱུར་ཏེ། ཁམས་གསུམ་སྡུག་བསྔལ་རྒྱུ་མཐོང་དང། །གོམས་པས་སྤངས་བྱ་དང་ཟག་མེད། །རྣམ་ཤེས་ལྔ་དང་བརྒྱད་དང་ནི།། ་རྣམ་ཤེས་བཅུའི་སྤྱོད་ཡུལ་ཏེ། །འགོག་དང་ལམ་མཐོང་སྤངས་བྱ་ཀུན། །ལྷག་པར་རང་གི་སྤྱོད་ཡུལ་ལོ། ཞེས་བྱ་བའོ། །དེ་ལྟར་ན་སེམས་བཅུ་དྲུག་པོ་དེ་དག་གི་དམིགས་པར་ནི་ཆོས་བཅུ་དྲུག་རྣམ་པར་བཞག་པར་རིག་ནས་ཇི་ལྟར་ན་ཕྲ་རྒྱས་ཀྱི་དགོས་པ ་ཡིན་པར་སྦྱར་བར་བྱ་སྟེ། ཕྱོགས་ཙམ་ཞིག་བསྟན་པར་བྱའོ། །དཔེ་བདེ་དབང་པོ་ལ་དམིགས་པའི་རྣམ་པར་ཤེས་པ་ལ་ཕྲ་རྒྱས་དུ་ཞིག་རྒྱས་པར་འགྱུར་ཞེས་བྱ་བའི་དྲི་བ་འོངས་པ་ལ་སྤྱད་པར་བྱ་ན་བདེ་བའི་དབང་པོ་ནི་རྣམ་པ་བདུན་ཏེ། འདོད་པ་ན་སྤྱོད་པ ་བསྒོམ་པས་སྤངས་བར་བྱ་བ་དང། གཟུགས་ན་སྤྱོད་པ་རྣམ་པ་ལྔ་དང། ཟག་པ་མེད་པའོ། །དེ་དག་ཀྱང་མདོར་བསྡུ་ན་རྣམ་པར་ཤེས་པ་རྣམ་པ་བཅུ་གཉིས་པོ་འདི་དག་གི་དམིགས་པ་ཡིན་ཏེ། འགོག་པ་མཐོང་བས་སྤང་བར་བྱ་བ་མ་གཏོགས་པ ་འདོད་པ་ན་སྤྱོད་པ་རྣམ་པ་བཞི་དང། གཟུགས་ན་སྤྱོད་པ་རྣམ་པ་ལྔ་དང། གཟུགས་མེད་པ་ན་སྤྱོད་པ་ལམ་མཐོང་བས་སྤང་བར་བྱ་བ་དང། བསྒོམ་པས་སྤྱད་པར་བྱ་བ་དང། ཟག་པ་མེད་པ་སྟེ། རྣམ་པར་ཤེས་པ་རྣམ་པ་བཅུ་གཉིས་པོ་དེ་དག་ནི་བདེ་བའི ་དབང་པོ་ལ་དམིགས་པ་ཡིན་ནོ། །དེ་ལ་ཇི་ལྟར་སྲིད་པར་འདོད་པ་ན་སྤྱོད་པའི་རིས་ནི་བཞིའོ། །གཟུགས་ན་སྤྱོད་པའི་ནི་འདུས་བྱས་ལ་དམིགས་པ་རྣམས་སོ། །གཟུགས་མེད་པ་ན་སྤྱོད་པ་ནི་རིས་གཉིས་དང། ཕྲ་རྒྱས་ཀུན་དུ་འགྲོ་བ་རྣམས་ཀྱང་རྒྱས་པར ་འགྱུར་བར་རིག་པར་བྱའོ། །བདེ་བའི་དབང་པོ་ལ་དམིགས་པའི་རྣམ་པར་ཤེས་པ་ལ་ཕྲ་རྒྱས་དུ་དག་ཅིག་རྒྱས་པར་འགྱུར། བདེ་བའི་དབང་པོ་ལ་དམིགས་པ་ལ་དམིགས་པའི་རྣམ་པར་ཤེས་པ་རྣམ་པ་བཅུ་གཉིས་པོ་དེ་དག་ཀྱང་རྣམ་པར་ཤེས་པ་གང ་གིས་དམིགས་པ་ཡིན་ཞེ་ན། རྣམ་པ་བཅུ་གཉིས་པོ་དེ་དག་ཉིད་ཀྱི་ཡིན་ལ། ལྷག་པར་གཟུགས་མེད་པ་ན་སྤྱོད་པ་སྡུག་བསྔལ་དང་ཀུན་འབྱུང་མཐོང་བས་སྤངས་པར་བྱ་བ་རྣམ་པ་གཉིས་ཏེ། རྣམ་པ་བཅུ་བཞི་པོ་འདི་དག་ནི་བདེ་བའི་དབང་པོ་ལ་དམིགས ་པ་ལ་དམིགས་པའི་རྣམ་པར་ཤེས་པ་ཡིན་ནོ། །དེ་ལ་གཟུགས་མེད་པ་ན་སྤྱོད་པ་ལ་སྡུག་བསྔལ་དང་ཀུན་འབྱུང་མཐོང་བས་སྤངས་པར་བྱ་བ་དག་གི་གླགས་ན་འདོད་པ་ན་སྤྱོད་པ་དང། གཟུགས་མེད་ན་སྤྱོད་པ་རིས་བཞི་བཞི་དང། གཟུགས་ན་སྤྱོད་པ ་འདུས་བྱས་ལ་དམིགས་པ་རྣམས་རྒྱས་པར་འགྱུར་རོ། ཞེས་བྱ་བར་ཤེས་པར་བྱ་སྟེ། ལམ་འདིས་གཞན་དག་ལ་ཡང་རྟོག་པར་བྱའོ། །ཕྲ་རྒྱས་གང་དག་གི་སེམས་ཕྲ་རྒྱས་དང་བཅས་པ་ཕྲ་རྒྱས་དེ་དག་གི་སེམས་དེ་ལ་རྒྱས་པར་འགྱུར་རམ་ཞེ་ན། རྒྱས ་པར་འགྱུར་བ་ཡང་ཡོད་དེ། ཕྲ་རྒྱས་གང་དག་དང་སེམས་དེ་དག་ཏུ་མཚུངས་པར་ལྡན་པ་ཡང་མ་སྤངས་ལ། དེ་ལ་དམིགས་པ་རྣམས་ཀྱང་མ་སྤངས་པ་ཡིན་ནོ། །རྒྱས་པར་མི་འགྱུར་བ་ཡང་ཡོད་དེ་ཕྲ་རྒྱས་གང་དག་དང་སེམས་དག་དང་མཚུངས་པར་ལྡན ་པ་རྣམས་སྤངས་པའོ། །དེ་བས་ན་དེ་ལྟར་བཤད་ན་འདི་ལྟར། སྙོམས་འཇུག་ཕྲ་རྒྱས་བཅས་རྣམ་གཉིས། །ཉོན་མོངས་ཅན་མིན་རྒྱས་འགྱུར་གྱིས། །ཕྲ་རྒྱས་དང་བཅས་པ་ཡིན་ཏེ། ཉོན་མོངས་པ་ཅན་གྱི་སེམས་ནི་དེ་དང་མཚུངས་པར་ལྡན་པའི་ཕྲ་རྒྱས་སུ་འགྱུར ་པ་དང། དེ་དམིགས་པའི་ཕྲ་རྒྱས་མ་སྤངས་པ་རྣམས་ཀྱི་ཕྲ་རྒྱས་དང་བཅས་པ་དང། དེ་དང་མཚུངས་པར་ལྡན་པ་རྒྱས་པར་མི་འགྱུར་བ་རྣམས་ཀྱིས་ཀྱང་ཕྲ་རྒྱས་དང་བཅས་པ་ཡིན་ཏེ། དེ་དང་ལྷན་ཅིག་པའི་ཕྱིར་རོ། །ཉོན་མོངས་པ་ཅན་མ་ཡིན་པའི་སེམས་ནི་དེ་ལ ་དམིགས་པ་ཕྲ་རྒྱས་སུ་འགྱུར་བ་མ་སྤངས་པ་ཉིད་དག་གིས་ཕྲ་རྒྱས་དང་བཅས་པ་ཡིན་ནོ། །ཡང་ཕྲ་རྒྱས་བཅུ་པོ་ཇི་ལྟར་འཇུག་ཅེ་ན། རེ་ཞིག་དང་པོ་ཉིད་དུ་མ་རིག་པ་དང་ལྡན་པས་བདེན་པ་རྣམས་ཀུན་དུ་རྨོངས་ལ། ངེས་སྡུག་བསྔལ་མི་འདོད་ཅིང་ལམ་གྱི་བར ་དུ་མི་འདོད་དོ། །དེ་ནས། རྨོངས་ལ་ཐེ་ཚོམ་མེད། །རྨོངས་པས་ཕྱོགས་གཉིས་ཐོས་ནས། འདི་སྡུག་བསྔལ་ཡིན་ནམ་འདི་སྡུག་བསྔལ་མ་ཡིན་ཞེས་བྱ་བ་ལ་སོགས་ཐེ་ཚོམ་སྐྱེའོ། །དེ་ནས་ནི་ལོག་ལྟ། ཐེ་ཚོམ་ལས་ལོག་པའི་ལྟ་བ ་འཇུག་སྟེ། ཐེ་ཚོམ་སྐྱེ་བ་ལོག་པར་མཉན་པ་དང། ལོག་པར་བསམ་པ་ལས་སྡུག་བསྔལ་མེད་དེ་ཞེས་བྱ་བ་ལ་སོགས་པ་ལོག་པར་ངེས་པར་སྐྱེའོ། །དེ་ནས་འཇིག་ཚོགས་ལྟ། ལོག་པར་ལྟ་བ་ལས་འཇིག་ཚོགས་ལ་ལྟ་བ་འཇུག་སྟེ། སྡུག་བསྔལ་བ ་ཉིད་ལས་ཕུང་པོ་གསལ་ཏེ་བདག་ཏུ་མངོན་པར་ཞེན་ཏོ། །དེ་ནས་མཐར་འཛིན། འཇིག་ཚོགས་ལས་ལྟ་བ་ལས་མཐར་འཛིན་པར་ལྟ་བ་འཇུག་སྟེ། བདག་རྟག་པ་དང་ཆད་པའི་མཐར་འཛིན་པའི་ཕྱིར་རོ། །དེ་ནས་ནི། ཚུལ་ཁྲིམས་མཆོག་འཛིན། ་མཐར་འཛིན་པ་གང་ཡིན་པ་དེ་ཉིད་ཀྱི་དག་པར་ཡིད་ཆེས་པའི་ཕྱིར་རོ། །དེ་ནས་ལྟ། མཆོག་ཏུ་འཛིན་ཅེས་བྱ་བར་སྦྱར་ཏེ་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་ལས་ལྟ་བ་མཆོག་ཏུ་འཛིན་པ་སྟེ། འཇུག་སྟེ། གང་གིས་དག་པར་ཡིད་ཆེས ་པ་དེ་ལ་མཆོག་ཏུ་འཛིན་པའི་ཕྱིར་རོ། །རང་གི་ལྟ་བ་ཆགས་ང་རྒྱལ། །དེ་ལ་ཆགས་པའི་སྒོ་ནས་ངེས་ང་ཁེངས་པར་འགྱུར་བའི་ཕྱིར་རོ། །གཞན་ལ་ཞེ་སྡང། ལྟ་བ་ལྷག་པར་ཞེན་པ་དེའི་དགྲ་བོར་གྱུར་པ་གཞན་གྱི་ལྟ་བ་དག་ལ་ཞེ་སྡང་བ་འཇུག་གོ་།དེ་ལྟར་རིམས། ་ཕྲ་རྒྱས་བཅུ་པོ་དེ་དག་གི་འཇུག་པའི་རིམ་པ་ནི་དེ་ལྟའོ། །ཉོན་མོངས་པ་སྐྱེད་པ་གསུམ་གྱི་སྐྱེ་སྟེ། ཕྲ་རྒྱས་སྤངས་པ་མ་ཡིན་པ་དང། ཡུལ་དང་ཉེ་བར་གནས་པ་དང། ཚུལ་བཞིན་མ་ཡིན་བྱེད་པ་ལས། །ཉོན་མོངས། འདི་ལྟ་སྟེ། འདོད་པའི་འདོད་ཆགས ་ཀྱིས་ཕྲ་རྒྱས་མ་སྤངས་ཤིང་ཡོངས་སུ་མ་ཤེས་པ་ཡིན་ལ། འདོད་པའི་འདོད་ཆགས་ཀུན་ནས་དཀྲིས་པ་དང་མཐུན་པའི་ཆོས་ཀྱང་སྣང་བར་འགྱུར་བ་ཡིན་ཞིང། དེ་ལ་ཡང་ཚུལ་བཞིན་མ་ཡིན་པའི་ཡིད་ལ་བྱེད་ན་དེ་ལྟར་ན་འདོད་པའི་འདོད་ཆགས་སྐྱེ་སྟེ། དེ ་དག་ནི་རིམ་བཞིན་དུ་རྒྱུ་དང་ཡུལ་སྦྱོར་བའི་སྟོབས་དག་ཡིན་ནོ། །ཉོན་མོངས་པ་གཞན་དག་ཀྱང་དེ་བཞིན་དུ་སྐྱེ་བར་རིག་པར་བྱ་སྟེ་གང་ཞིག་།རྫོགས་པའི་རྒྱུ་ཡིན། རེས་འགའ་ཡུལ་གྱི་སྟོབས་འབའ་ཞིག་གིས་སྐྱེ་བ་ཡང་ཡོད་དེ། འདི་ལྟ་སྟེ། དགྲ་བཅོམ་པ ་ཡོངས་སུ་ཉམས་པའི་ཆོས་ཅན་ལྟ་བུའོ། །མདོ་ལས། བཅོམ་ལྡན་འདས་ཀྱི་ཕྲ་རྒྱས་དེ་དག་ཉིད་ཟག་པ་གསུམ་དུ་གསུངས་ཏེ། འདོད་པའི་ཟག་པ་དང་སྲིད་པའི་ཟག་པ་དང་མ་རིག་པའི་ཟག་པའོ། །ཆུ་བོ་བཞི་སྟེ། འདོད་པའི་ཆུ་བོ་ལ་སོགས་པའོ། །སྦྱོང་བ་བཞི་སྟེ་དེ ་དག་ཉིད་དོ། །ཉེ་བར་ལེན་པ་བཞི་སྟེ། འདོད་པའི་ཉེ་བར་ལེན་པ་ལ་སོགས་པའོ། །དེ་ལ་རེ་ཞིག་།གཏི་མུག་མ་གཏོགས་འདོད་པ་ཡིས། །ཉོན་མོངས་ཀུན་ནས་དཀྲིས་བཅས་རྣམས། །འདོད་ཟག། མ་རིག་མ་གཏོགས་པ་གཞན་འདོད་པ་ན་སྤྱོད་པའི་ཉོན་མོངས་པ ་དང་ཀུན་ནས་དཀྲིས་པ་བཅས་པ་རྣམས་ནི་འདོད་པའི་ཟག་པ་ཡིན་པར་རིག་པར་བྱ་སྟེ། མ་རིག་པ་རྣམ་པ་ལྔ་པོས་ནས་ཕྲ་རྒྱས་སུམ་ཅུ་རྩ་གཅིག་དང་ཀུན་ནས་དཀྲིས་པ་བཅུ་སྟེ། རྫས་བཞི་བཅུ་རྩ་གཅིག་གོ་།གཟུགས་དང་གཟུགས་མེད་པའི་ཕྲ་རྒྱས་འབའ་ ་ཞིག་སྲིད་པའི་ཟག་པ་གཏི་མུག་མ་གཏོགས་པ་ཞེས་བྱ་བར་སྦྱར་ཏེ། མ་རིག་མ་གཏོགས་པ་གཟུགས་དང་གཟུགས་མེད་པ་ན་སྤྱོད་པའི་ཕྲ་རྒྱས་རྣམས་ནི་སྲེད་པའི་ཟག་པ་མ་རིག་པའི་ཕྲ་རྒྱས་གཟུགས་དང་ལྡན་པ་ལྔ་དང། གཟུགས་མེད་པ་དང་ལྡན་པ་ལྔ ་པོར་ན། གཟུགས་ན་སྤྱོད་པ་ཉི་ཤུ་རྩ་དྲུག་།གཟུགས་མེད་པ་ན་སྤྱོད་པ་ཉི་ཤུ་རྩ་དྲུག་སྟེ། རྫས་ལྔ་བཅུ་རྩ་གཉིས་སོ། །ཅིའི་ཕྱིར་གཟུགས་དང་གཟུགས་མེད་པ་ན་སྤྱོད་པའི་ཕྲ་རྒྱས་རྣམས་བསྡུས་ནས་གཅིག་དུ་སྲིད་པའི་ཟག་པར་བཤད་ཅེ་ན། དེ་ལུང་མ་བསྟན་ཁ ་ནང་བལྟས། །མཉམ་གཞག་ས་པའི་ཕྱིར་གཅིག་བྱས། །དེ་གཉིས་ཀ་གཅིག་དུ་བྱས་པ་ནི་ཁ་ནང་དུ་བལྟས་པ་དང། མཉམ་པར་བཞག་པའི་ས་པ་ཡིན་པས་ཆོས་མཐུན་པ་རྣམ་པ་གསུམ་གྱིས་གཅིག་ཏུ་བྱས་སོ། །ད་ནི་མ་རིག་པ་ནི་ཁམས་གསུམ་པའི ་མ་རིག་པ་ཟག་པའོ་ཞེས་བྱ་བར་གྲུབ་སྟེ། རྫས་བཅོ་ལྔའོ། །ཅིའི་ཕྱིར་འདི་ལོགས་ཤིག་དུ་རྣམ་པར་བཞག་ཅེ་ན། དེ་དག་ཐམས་ཅད་ཀྱི། རྩ་བ་མ་རིག་ཡིན་པས་ན། །ལོགས་ཤིག་དག་དུ་ཟག་པར་བསྟན། །ཟག་པ་དེ་དག་ཇི ་སྐད་དུ་བཤད་པ། །དེ་བཞིན་ཆུ་བོ་སྦྱོར་ལྟ་རྣམས། །གསལ་ཕྱིར་ལོགས་ཤིག་དག་ཏུ་བསྟན། །ལྟ་བ་ལས་གཞན་པ་འདོད་པའི་ཟག་པ་ཉིད་ནི་འདོད་པའི་ཆུ་བོ་དང་སྲིད་པའི་སྦྱོར་བ་ཡིན་ལ་དེ་བཞིན་དུ་སྲིད་པའི་ཟག་པ་ཡང་སྲིད་པའི་ཆུ་བོ་དང། སྲིད་པའི་སྦྱོར་བ ་ཡིན་ཏེ། དེ་ནི་གསལ་བའི་ཕྱིར་ཆུ་བོ་དག་ལོགས་ཤིག་ཏུ་བཞག་གོ་།ཟག་པ་དག་ཏུ་མིན། ཅིའི་ཕྱིར་ཞེ་ན། གང་ཕྱིར། གྲོགས་མེད་འཇོག་པའི་རྗེས་མི་མཐུན། །འཇོག་པར་བྱེད་པས་ན་ཟག་པ་མེད་པས་སོ་ཞེས་འདིའི་ངེས་པའི་ཚིག་ནི་འོག་ནས་འཆད་ན། ་ལྟ་བ་རྣམས་ནི་གསལ་པའི་ཕྱིར་འཇོག་པ་དང་མཐུན་པ་ཡིན་པས། དེའི་ཕྱིར་ཟག་པ་དག་ནི་ནང་དུ་ལོགས་ཤིག་དུ་ནི་མ་བསྟན་གྱིས་བསྲེས་ཏེ་ནི་བསྟན་ཏོ། །ཆུ་བོ་དང་སྦྱོར་བ་བཤད་ཟིན་ཏོ། །ཇི་སྐད་དུ་བཤད་པ་ཉིད་མི་རིག་པ་དང་བཅས་པ་དང། ལྟ་བ་རྣམ ་པ་གཉིས་སུ་ཕྱེ་བ་ནི། ཉེ་བར་ལེན་རྣམས། ལྟ་བ་མ་གཏོགས་པ་འདོད་པའི་སྦྱོར་བ་མ་རིག་པ་དང་བཅས་པ་ནི་འདོད་པའི་ཉེ་བར་ལེན་པའོ། །ལྟ་བ་མ་གཏོགས་པ་སྲིད་པའི་སྦྱོར་བ་མ་རིག་པ་དང་བཅས་པ་ནི་བདག་ཏུ་སྨྲ་བའི་ཉེ་བར་ལེན་པའོ། །ལྟ་བའི་སྦྱོར ་བ་ལས་ཚུལ་ཁྲིམས་དང་བརྟུལ་ཞུགས་ཕྱུང་སྟེ། ལྟ་བའི་ཉེ་བར་ལེན་པ་དང། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་ནི་ཚུལ་ཁྲིམས་དང་བརྟུལ་ཞུགས་ལེན་པའོ། །ཅིའི་ཕྱིར་མ་རིག་པ་ཉེ་བར་ལེན་པ་དག་གི་ནང་དུ་ནི་བསྲེས་ཏེ་བཤད་ཀྱི་ཐ ་དད་དུ་མ་བསྟན་ཅེ་ན། སྲིད་པ་འཛིན་པའི་ཕྱིར་ཉེ་བར་ལེན་པ་ཡིན་ན། མ་རིག་པ་འཛིན་པ་མ་ཡིན་པའི་ཕྱིར་བསྲེས་སོ། །མི་མངོན་པའི་མཚན་ཉིད་དང་མི་གསལ་བའི་ཕྱིར་མ་རིག་པ་ནི་འཛིན་པ་མ་ཡིན་ནོ། །མདོ་ལས། ཕྲ་རྒྱས་ཉིད་ཟག་པ་དང་སྦྱོར་བ ་དང་ཉེ་བར་ལེན་པའི་མིང་དུ་བཤད་པ། ཡང་ཕྲ་རྒྱས་ཀྱི་དོན་ནི་ཅི་ཡིན། ཉེ་བར་ལེན་པའི་བར་གྱི་དོན་ནི་ཅི་ཡིན་ཞེ་ན། གང་ཕྱིར་དེ་དག་ཕྲ་བ་དང། །རྗེས་འབྲང་རྣམ་གཉིས་རྒྱས་འགྱུར་དང། །རྗེས་སུ་འབྲེལ་པ་དེ་ཡི་ཕྱིར། །ཕྲ་རྒྱས་དག་ཏུ་བཤད་པ་ཡིན། །རྒྱུ་བ་ཕྲ ་བ་དང་རྟོག་པར་དཀའ་བའི་ཕྱིར་ཕྲ་བའོ། །ཐོབ་པའི་རྗེས་སུ་འབྲེལ་པའི་ཕྱིར་རྗེས་སུ་འབྲང་བའོ། །དམིགས་པ་དང་སྦྱོར་བ་དང་རྒྱུ་རྣམ་གཉིས་ཀྱི་སྒོ་ནས་རྒྱས་པར་འགྱུར་རོ། །ཡང་དང་ཡང་དུ་བཟློག་ཀྱང་སྦྱོར་བ་མེད་བཞིན་དུ་ཡང་དང་ཡང་དུ་མངོན་དུ་གྱུར་པའི་ཕྱིར་རྗེས ་སུ་འབྲེལ་པ་སྟེ། རྒྱུ་དེ་དག་གི་ཕྲ་རྒྱས་ཞེས་བྱའོ། །དེ་དག་འཇོག་དང་ཟག་པ་དང། །འཕྲོག་དང་འབྱར་བར་བྱེད་པ་དང། །ཉེ་བར་འཛིན་པས་དེ་ལྟར་ན། །དེ་དག་ཟག་སོགས་དེས་ཚིག་གོ་།འཁོར་བར་འཇིག་པར་བྱེད་པ་དང། །སྲིད་པའི་རྩེ་མོ་ནས་མནར་མེད་པའི་བར ་དུ་སྐྱེ་མཆེད་དྲུག་གི་རྨ་དག་ནས་འཇོག་པས་ན་ཟག་པ་རྣམས་སོ། །འཕྲོག་པས་ན་ཆུ་བོའོ། །འབྱར་བར་བྱེད་པས་ན་སྦྱོར་བའོ། །ཉེ་བར་འཛིན་པས་ན་ཉེ་བར་ལེན་པ་སྟེ། དེ་ལྟར་ན་དེ་དག་ནི་ཟག་པ་ལ་སོགས་པ་ངེས་པའི་ཚིག་སྟེ། ཚིག་ངེས་པ་ཞེས་བྱ་བའི་ཐ་ཚིག་གོ། ་ཀུན་ནས་སྦྱོར་སོགས་དབྱེ་བ་ཡིས། །རྣམ་པ་དག་ནི་ཡང་ལྔར་བཤད། །ཕྲ་རྒྱས་དེ་དག་ཉིད་ཀུན་དུ་སྦྱོར་བ་དང། འཆིང་བ་དང་ཕྲ་རྒྱས་དང་ཉེ་བའི་ཉོན་མོངས་པ་དང། ཀུན་ནས་དཀྲིས་པའི་དབྱེ་བས་ཡང་རྣམ་པ་ལྔར་ཕྱེ་ནས་བཤད་དེ། དེ་ལ་ཀུན་དུ་སྦྱོར་བ་ནི་དགུ ་སྟེ། རྗེས་སུ་ཆགས་པ་དང། ཁོང་ཁྲོ་བ་དང། ང་རྒྱལ་དང། མ་རིག་པ་དང། ལྟ་བ་དང། མཆོག་ཏུ་འཛིན་པ་དང། ཐེ་ཚོམ་དང། ཕྲག་དོག་དང། སེར་སྣའི་ཀུན་དུ་སྦྱོར་བ་རྣམས་སོ། །དེ་ལ་རྗེས་སུ་ཆགས་པའི་ཀུན་དུ་སྦྱོར་བ་ནི་ཁམས་གསུམ་པའི་འདོད་ཆགས་སོ།། ་དེ་བཞིན་དུ་གཞན་ལ་ཡང་ཇི་ལྟར་སྲིད་པར་སྦྱར་བར་བྱའོ། །ལྟ་བའི་ཀུན་དུ་སྦྱོར་བ་ནི་ལྟ་བ་གསུམ་མོ། །མཆོག་ཏུ་འཛིན་པའི་ཀུན་དུ་སྦྱོར་བ་ནི་ལྟ་བ་གཉིས་སོ། །ཅིའི་ཕྱིར་ཀུན་དུ་སྦྱོར་བདག་གི་ནང་དུ་ལྟ་བ་གསུམ་ནི། ལོགས་ཤིག་དུ་ལྟ་བའི་ཀུན་དུ་སྦྱོར་བར་བཤད ་ལམ་གཉིས་ནི་ལོགས་ཤིག་ཏུ་མཆོག་ཏུ་འཛིན་པའི་ལྟ་བར་བཤད་ཅེ་ན། རྫས་དང་མཆོག་འཛིན་མཉམ་པའི་ཕྱིར། །ལྟ་གཉིས་ཀུན་དུ་སྦྱོར་གཞན་ནོ། །ལྟ་བ་གསུམ་ཡང་བཅོ་བརྒྱད་ཡིན་ལ། ལྟ་བ་གཉིས་ཀྱང་རྫས་བཅོ་བརྒྱད་ཉིད་ཡིན ་པས་དེའི་ཕྱིར་འདི་གཉིས་རྫས་མཉམ་པས་ཀུན་དུ་སྦྱོར་བ་གཞན་དུ་བྱས་ལ། འདི་གཉིས་ནི་མཆོག་ཏུ་འཛིན་པའི་རང་བཞིན་ཡིན་ལ། ལྷག་མ་ནི་མ་ཡིན་པས་མཆོག་ཏུ་འཛིན་པ་མཉམ་པའི་ཕྱིར་ཡང་འདི་གཉིས་ལོགས་ཤིག་དུ་བཤད་དེ། བཟུང་བ་དང ་འཛིན་པ་ཐ་དད་པའི་ཕྱིར་རོ། །ཡང་ཅིའི་ཕྱིར་ཕྲག་དོག་དང། སེར་སྣ་གཉིས་ཀུན་དུ་སྦྱོར་བ་དག་ནི་ལོགས་ཤིག་ཏུ་ཀུན་དུ་སྦྱོར་བར་བཤད་ལ། ཀུན་ནས་དཀྲིས་པ་གཞན་དག་ཏུ་ནི་མ་ཡིན་ཞེ་ན། གང་གི་ཕྱིར་གཉིག་གཅིག་དུ་ནི། མི་དགེ་བ་དང་རང་དབང་ཕྱིར།། ་ཕྲག་དོག་སེར་སྣ་དེ་དག་ཏུ། ཀུན་ནས་ལོགས་ཤིག་གཉིས་སུ་བཤད། །གང་ལ་གཅིག་ཏུ་མི་དགེ་བ་དང། རང་དབང་དང་འདི་གཉི་ག་ཡོད་པ་དེ་ལྟ་བུའི་རིགས་ཅན་གྱིས་ཀུན་ནས་དཀྲིས་པ་གཞན་ནི་མེད་དོ། །བཅོམ་ལྡན་འདས་ཀྱིས་གཞན་དག་ལས་ཀུན ་དུ་སྦྱོར་བ་ཐ་མའི་ཆ་དང་མཐུན་པ་སྔར་གསུངས་ཏེ། འདི་ལྟ་སྟེ། འཇིག་ཚོགས་ལྟ་བ་དང། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་དང། ཐེ་ཚོམ་དང། འདོད་པའི་འདུན་པ་དང། གནོད་སེམས་སོ། །ཅིའི་ཕྱིར་འདི་དག་ཐ་མའི་ཆ་དང་མཐུན་པ་ཞེས ་བྱ་ཞེ་ན། ཐ་མའི་ཆ་དང་མཐུན་པའི་ཕྱིར་ཏེ། ཐ་མའི་ཆ་ནི་འདོད་པའི་ཁམས་སོ། །འདི་དག་ནི་དེའི་རྗེས་སུ་མཐུན་པ་རྣམས་ཏེ། འདི་ལྟར། གཉིས་ཀྱིས་འདོད་ཁམས་མི་འདའ་སྟེ། གསུམ་གྱིས་ཀུན་དུ་འདྲེན་པར་བྱེད། །འདོད་པའི་འདུན་པ་དང། གནོད་སེམས ་དག་གི་ནི་འདོད་ཁམས་ལས་མི་འདའ་ཨོ། །འཇིག་ཚོགས་ལ་ལྟ་བ་ལ་སོགས་པ་དག་གི་ནི་འདས་ཀྱང་ཕྱིར་ཀུན་དུ་འདྲེན་པར་བྱེད་དེ། སྒོ་ནས་འཁོར་དང་ཆོས་མཐུན་པའི་ཕྱིར་རོ། །གང་གི་ཚེ་རྒྱུན་ཏུ་ཞུགས་པས་ཀུན་དུ་སྦྱོར་བ་གསུམ་གཏན་ནས་སྤངས ་པའི་ཕྱིར་ཉོན་མོངས་པ་དྲུག་སྤངས་པ་ཡིན་ན། ཅིའི་ཕྱིར་ལྟ་བ་གསུམ་པོར་ལ་འཇིག་ཚོགས་ལ་ལྟ་བ་དང། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་དང་ཐེ་ཚོམ་དང་གསུམ་ཉིད་དུ་བཤད་ཅེ་ན། དེ་དག་ཐམས་ཅད་ཀྱང་བརྗོད་པར་བྱ་བ་ནི་ཡིན ་མེད་ཀྱི་འོན་ཀྱང། གཙོ་དང་རྩ་བ་བསྡུས་ཕྱིར་གསུམ་དུ་བཤད་དེ། མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་རྣམ་པ་གསུམ་སྟེ། རྣམ་པ་གཅིག་དང། གཉིས་དང། བཞི་པ་དག་ཡིན་ལ། དེ་དག་གི་གཙོ་བོ་ནི་འདི་གསུམ་གྱིས་བསྡུས་སོ། །གཞན་ཡང ་མཐར་འཛིན་པར་ལྟ་བ་ནི་འཇིག་ཚོགས་ལ་ལྟ་བས་རབ་ཏུ་བཅུག་གོ་།ལྟ་བ་མཆོག་ཏུ་འཛིན་པ་ནི་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པས་རབ་ཏུ་བཅུག་གོ་།ལོག་པར་ལྟ་བ་ནི་ཐེ་ཚོམ་གྱིས་རབ་ཏུ་བཅུག་སྟེ། དེའི་ཕྱིར་རྩ་བ་བསྡུ་བའི་ཕྱིར་ཡང་གསུམ ་དུ་བཤད་དོ། །གཞན་དག་ན་ནི། འགྲོ་མི་འདོད་དང་ལམ་ནོར་དང། །ལམ་ལ་ཐེ་ཚོམ་དེ་ལྟར་ན། །དེ་དག་ཐར་པར་འགྲོ་བ་ལ། །བར་ཆད་བྱེད་ཕྱིར་གསུམ་དུ་བཤད། །ཡུལ་གཞན་དུ་འགྲོ་བ་ལ་བར་ཆད་བྱེད་པ་ནི་གསུམ་ཡིན་ཏེ། འགྲོ་བར་མི་འདོད་པ་དང། ལམ ་གཞན་ལ་ཡང་དག་པར་བརྟེན་པའི་ཕྱིར་ལམ་ནོར་བ་དང། ལམ་ལ་ཐེ་ཚོམ་སྐྱེ་བའོ། །དེ་བཞིན་དུ་ཐར་པར་འགྲོ་བ་ལ་ཡང་གསུམ་པོ་འདི་དག་ཉིད་བར་ཆད་བྱེད་དེ། དེ་ལ་འཇིག་ཚོགས་ལ་ལྟ་བས་ནི་ཐར་པ་ལ་སྐྲག་པར་གྱུར་ནས་འགྲོ་མི་འདོད་པ་ཉིད་དུ་འགྱུར ་རོ། །ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པས་ནི་ལམ་གཞན་ལ་ཡང་དག་པར་བརྟེན་པའི་ཕྱིར་ལམ་ནོར་བར་འགྱུར་རོ། །ཐེ་ཚོམ་གྱིས་ནི་ལམ་ལ་ཐེ་ཚོམ་ཟ་སྟེ། རྒྱུན་ཏུ་ཞུགས་པས་ཐར་པར་འགྲོ་བ་ལ་བར་ཆད་བྱེད་པ་དེ་དག་སྤང་བར་སྟོན་པ་ན། ་བཅོམ་ལྡན་འདས་ཀྱིས་ཉོན་མོངས་པ་གསུམ་འབའ་ཞིག་སྤངས་སོ་ཞེས་བཀའ་སྩལ་པ་ཡིན་ནོ་ཞེས་ལྟའོ། །བཅོམ་ལྡན་འདས་ཀྱིས་ཇི་ལྟར་ཐ་མའི་ཆ་དང་མཐུན་པའི་ཀུན་དུ་སྦྱོར་བ་སྔར་བཤད་པ་དེ་བཞིན་དུ། གོང་མའི་ཆ་མཐུན་རྣམ་ལྔ་ཉིད། །ཇི་ལྟ་ཞེ་ན། ་སྨྲས་པ། གཟུགས་དང་གཟུགས་མེད་ལས་སྐྱེས་པ། །འདོད་ཆགས་གཉིས་རྒོད་ང་རྒྱལ་རྨོངས། །འདི་དག་ནི་གོང་མའི་ཆ་དང་མཐུན་པའི་ཀུན་དུ་སྦྱོར་བ་ལྔ་ཡིན་ཏེ། འདི་ལྟ་སྟེ། གཟུགས་ཀྱི་འདོད་ཆགས་དང། གཟུགས་མེད ་པའི་འདོད་ཆགས་དང། རྒོད་པ་དང། ང་རྒྱལ་དང། མ་རིག་པ་སྟེ། དེ་དག་མ་སྤངས་ན་ཁམས་གོང་མ་ལས་མི་འདའ་བའ་ཨི་ཕྱིར་རོ། །ཀུན་ཏུ་སྦྱོར་བའི་སྐབས་རྫོགས་སོ།། །།འཆིང་བ་གང་དག་ཅེ་ན། འཆིང་བ་ནི་གསུམ་སྟེ། ་འཆིང་བ་འདོད་ཆགས་ཐམས་ཅད་དང། །འཆིང་བ་ཞེ་སྡང་དང། གཏི་མུག་ཐམས་ཅད་དོ། །ཅིའི་ཕྱིར་གསུམ་པོ་འདི་དག་འཆིང་བར་བཤད་ཅེ་ན། ཚོར་བའི་དབང་གིས་འཆིང་བ་གསུམ། ཚོར་བ་གསུམ་གྱི་དབང་གིས་འཆིང་བ་གསུམ་སྟེ། བདེ་བའི ་ཚོར་བ་ལ་དམིགས་པ་དང་མཚུངས་པར་ལྡན་པའི་སྒོ་ནས་འདོད་ཆགས་རྒྱས་པར་འགྱུར་ལ། སྡུག་བསྔལ་ལ་ནི་ཞེ་སྡང་ངོ། །བདེ་བ་ཡང་མ་ཡིན། སྡུག་བསྔལ་བ་ཡང་མ་ཡིན་པ་ནི་གཏི་མུག་སྟེ། འདོད་ཆགས་དང་ཞེ་སྡང་ནི་དེ་ལྟ་མ་ཡིན་ནོ། །ཕྲ་རྒྱས ་རྣམས་ནི་སྔར་བཤད་པ་ཉིད་དོ། །ཉེ་བའི་ཉོན་མོངས་པ་རྣམས་བརྗོད་པར་བྱ་སྟེ། དེ་ལ་རེ་ཞིག་གང་དག་ཉོན་མོངས་པ་ཡིན་དེ་དག་ནི་སེམས་ཉེ་བར་ཉོན་མོངས་པར་བྱེད་པའི་ཕྱིར་ཉེ་བར་ཉོན་མོངས་པ་ཡང་ཡིན་ལ། ཉོན་མོངས་ལས་གཞན་སེམས ་བྱུང་གང། །ཉོན་མོངས་འདུ་བྱེད་ཕུང་ཞེས་པ། །དེ་དག་ཉེ་བའི་ཉོན་མོངས་ཏེ། །དེ་དག་ཉོན་མོངས་མ་ཡིན་ནོ། །གང་དག་ཉོན་མོངས་པ་ལས་གཞན་ཉོན་མོངས་པ་ཅན་གྱི་ཆོས་སེམས་ལས་བྱུང་བ་འདུ་བྱེད་ཕུང་པོས་ཡང་དག་པར་བསྡུས་པ་དེ་དག་ནི ་ཉེ་བའི་ཉོན་མོངས་པ་ཉིད་ཡིན་གྱི་ཉོན་མོངས་པ་མ་ཡིན་ཏེ། དེ་དག་ཀྱང་གཞི་ཕྲན་ཚོགས་པ་ལས་འབྱུང་བ་གང་ཡིན་པ་དག་གོ་།འདིར་ནི་ཉོན་མོངས་པའི་དྲི་མའི་ཀུན་ནས་དཀྲིས་པས་ཡང་དག་པར་བསྡུས་པ་འབའ་ཞིག་བསྟན་པར་བྱ་སྟེ། ཀུན་ནས་དཀྲིས ་པ་རྣམས་ཀྱང་གང་དག་གཅིག་ཅེ་ན། སྨྲས་པ། ཀུན་ནས་དཀྲིས་པ་རྣམ་བརྒྱད་དེ། །ངོ་ཚ་མེད་དང་ཁྲེལ་མེད་དང། །ཕྲག་དོག་སེར་སྣ་རྒོད་པ་དང། །འགྱོད་པ་དང་ནི་རྨུགས་དང་གཉིད། །འདིར་ནི་རེ་ཞིག་རབ་ཏུ་བྱེད་པའི་ཚུལ་ཡིན་ནོ། །བྱེ་བྲག་ཏུ་སྨྲ་བའི་ལུགས ་ཀྱི་ནི་བཅུ་སྟེ། བརྒྱད་པོ་དེ་དག་དང། ཁྲོ་དང་འཆབ་པའོ། །དེ་ལ་ངོ་ཚ་མེད་པ་དང་ཁྲེལ་མེད་པ་ནི་བཤད་ཟིན་ཏོ། །ཕྲག་དོག་ནི་གཞན་གྱི་ཕུན་སུམ་ཚོགས་པས་སེམས་ཁོང་ནས་འཁྲུག་པའོ། །སེར་སྣ་ནི་ཆོས་དང་ཟང་ཟིང་དང། མཁས་པ་རབ་ཏུ་སྦྱིན་པ་དང།། ་འགལ་བར་གནས་པ་སེམས་ཀྱི་ཀུན་ཏུ་འཛིན་པའོ། །རྒོད་པ་ནི་སེམས་རྣམ་པར་མ་ཞི་བའོ། །འགྱོད་པ་དང་རྨུགས་པ་ནི་བཤད་ཟིན་ཏོ། །གཉིད་ནི་སེམས་མངོན་པར་སྡུད་པ་སྟེ། ལུས་ཡང་དག་པར་འཛིན་མི་ནུས་པའོ། །དེ་དང་འགྱོད་པ་ནི་ཉོན་མོངས་པ ་ཅན་འབའ་ཞིག་ཀུན་ནས་དཀྲིས་པ་ཡིན་ནོ། །ཁྲོ་བ་ནི་གནོད་སེམས་དང་རྣམ་པར་འཚེ་བ་མ་གཏོགས་པ་སེམས་ཅན་དང། སེམས་ཅན་མ་ཡིན་པ་ལ་ཀུན་དུ་གནོད་པའོ། །འཆབ་པ་ནི་ཁ་ན་མ་ཐོ་བ་མཁྱུད་པའོ། །ཀུན་ནས་དཀྲིས་པ་དེ་རྣམས་ལས། འདོད་ཆགས ་ཀྱིས། ངོ་ཚ་མེད་རྒོད་སེར་སྣ་བསླང། །ཉེ་བའི་ཉོན་མོངས་པ་གསུམ་པོ་དེ་དག་ནི། འདོད་ཆགས་ཀྱི་རྒྱུ་མཐུན་པའོ། །འཆབ་པ་རྩོད་དོ། །ཁ་ཅིག་ན་རེ་སྲིད་པའི་རྒྱུ་མཐུན་པ་ཞེས་ཟེར་རོ། །གཞན་དག་ན་རེ་མ་རིག་པའི་རྒྱུ་མཐུན་པའོ་ཞེས་ཟེར་རོ། །གཞན་དག་ན་རེ ་གཉི་གའི་ཡང་ཡིན་ནོ་ཞེས་ཟེར་ཏེ། རིམ་བཞིན་དུ་ཤེས་པ་དང། ཤེས་པ་མ་ཡིན་པ་རྣམས་ཀྱི་ཡིན་ནོ། །མ་རིག་ལས་རྨུགས་གཉིད་ཁྲེལ་མེད། །གསུམ་པོ་དེ་དག་ནི་མ་རིག་པའི་རྒྱུ་མཐུན་པའོ། །ཐེ་ཚོམ་ལས། འགྱོད་པ་ཁྲོ་དང་ཕྲག་དོག་ནི། །ཁོང་ཁྲོ ་བ་ཡི་རྒྱུ་ལས་བྱུང། །ཁོང་ཁྲོ་བའི་ཀུན་ནས་བསླང་ཞེས་བྱ་བའི་ཐ་ཚིག་སྟེ། དེ་ལྟར་ན་ཉེ་བའི་ཉོན་མོངས་པ་བཅུ་པོ་དེ་དག་ནི་ཉོན་མོངས་པ་དང། རྒྱུ་མཐུན་པ་ཡིན་ནོ། །གཞན་ཡང་ཉོན་མོངས་དྲི་མ་དྲུག་།འདི་ལྟ་སྟེ། སྒྱུ་དང་གཡོ་དང་རྒྱགས་པ་དང། །དེ་བཞིན ་ཚིག་དང་ཁོན་འཛིན་དང། །རྣམ་འཚེ། དེ་ལ་རྒྱུ་ནི་གཞན་ལ་འདྲིད་པའོ། །གཡོ་ནི་སེམས་གྱ་གྱུ་བ་སྟེ། གང་གིས་ཡང་དག་པ་ཇི་ལྟ་བ་བཞིན་དུ་མི་འཆགས་ཀྱི་གཏམ་རླུང་བསྐུར་བ་འམ་མི་གསལ་བར་སྨྲ་བའོ། །རྒྱགས་པ་ནི་སྔར་བསྟན ་ཟིན་ཏོ། །འཆིག་པ་ནི་ཁ་ན་མ་ཐོ་བ་དང་བཅས་པའི་དངོས་པོ་དམ་དུ་འཛིན་པ་སྟེ། གང་གིས་གཞན་གྱི་རྗེས་སུ་བསྒོ་བ་མི་ཉན་པའོ། །ཁོན་དུ་འཛིན་པ་ནི་ཀུན་དུ་གནོད་པའི་དངོས་པོ་ལན་མང་དུ་བྱེད་པའོ། །རྣམ་པར་འཚེ་བ་ནི་རྣམ་པར་མཐོ་འཆམ་བ་སྟེ། ་གང་གིས་མཚོན་ཆ་དང་ཚིག་རྩུབ་པོ་དག་གིས་གཞན་དག་ལ་ཐོ་འཚམས་པར་བྱེད་པའོ། །ཉོན་མོངས་པའི་དྲི་མ་དྲུག་པོ་དེ་དག་ཀྱང། འདོད་ཆགས་ལས་སྐྱེས་པ། སྒྱུ་རྒྱགས་ཁོན་དུ་འཛིན་པ་དང། །རྣམ་འཚོ་ཁོང་ཁྲོ་ལས་སྐྱེས་སོ། །འཚིག་པ་ལྟ་དང་མཆོག ་འཛིན་ལས། །གཡོ་ནི་ལྟ་བས་ཀུན་ནས་བསླང། །གྱ་གྱུ་ཅི་ཞིག་སྡིག་ཏོའི་ལྟ། ཞེས་ཚིགས་སུ་བཅད་པ་ལས་འབྱུང་བའི་ཕྱིར་རོ། །དེ་དག་ཅི་ཞིག་གིས་སྤང་བར་བྱ་བ་ཡིན་ཞེ་ན། རེ་ཞིག་ཀུན་ནས་དཀྲིས་པ་བཅུར་བཤད་པ་རྣམས་ལས། དེ་ལ་ངོ་ཚ ་མེད་པ་དང། ཁྲེལ་མེད་རྨུགས་གཉིད་རྒོད་རྣམ་གཉིས། །ཆོས་ལྔ་པོ་འདི་དག་ནི་ཉོན་མོངས་པའི་རྣམ་པ་གཉི་ག་དང་ལྡན་པའི་ཕྱིར་མཐོང་བས་སྤང་བར་བྱ་བ་དང་རྣམ་པ་གཉི་ག་ཡིན་ཏེ། གང་ཞིག་གང་མཐོང་བས་སྤངས་པར་བྱ་བ་དང་མཚུངས ་པར་ལྡན་པ་དེ་ནི་དེ་མཐོང་བས་སྤང་བར་བྱ་བ་ཡིན་ནོ། །དེ་ལས་གཞན་ནི་བསྒོམ་སྤང་བྱ། །དེ་དག་ལས་གཞན་པའི་ཉེ་བའི་ཉོན་མོངས་པ་ཀུན་ནས་དཀྲིས་པས་བསྡུས་པ་ཕྲག་དོག་དང་སེར་སྣ་དང་འགྱོད་པ་དང་ཁྲོ་བ་དང་འཆབ་པ་དང། ཉེ་བའི་ཉོན་མོངས་པ ་ལྔ་པོ་དེ་དག་ནི་མ་རིག་བ་ཙམ་དང་མཚུངས་པར་ལྡན་པའི་ཕྱིར་བསྒོམ་པས་སྤང་བར་བྱ་བ་ཉིད་དང། རང་དབང་ཡིན་ནོ། །ཇི་ལྟར་ཕྲག་དོག་ལ་སོགས་པ་ཉེ་བའི་ཉོན་མོངས་པ་ལྔ་པོ་དེ་དག་བསྒོམ་པས་སྤང་བར་བྱ་བ་དང་རང་དབང་ཅན་ཡང་ཡིན་པ་དང་།དེ ་བཞིན་དྲི་མ་རྣམས། ཉོན་མོངས་པའི་དྲི་མ་དྲུག་ཀྱང་བཞིན་ནོ། །ཡང་ཇི་སྐད་དུ་བཤད་པའི་ཉེ་བའི་ཉོན་མོངས་པ་དེ་དག་ནི། འདོད་པར་མི་དགེ། འདོད་པའི་ཁམས་དག་ཏུ་ནི་མི་དགེ་བ་ཡིན་ནོ། །དེ་ལ་ཡང། གསུམ་རྣམས་གཉིས། རྨུགས་པ་དང་རྒོད་པ་དང ་གཉིད་རྣམས་ནི་མི་དགེ་བ་དང་ལུང་དུ་མ་བསྟན་པ་ཡིན་ཏེ། འཇིག་ཚོགས་དང། མཐར་འཛིན་པར་ལྟ་བ་དང་མཚུངས་པར་ལྡན་པ་རྣམས་ནི་ལུང་དུ་མ་བསྟན་པའི་ཕྱིར་རོ། །དེ་ཡི་ཡན་ཆད་ལུང་མ་བསྟན། །འདོད་པའི་ཁམས་ཡན་ཆད་ན་ནི་ཉེ་བའི་ཉོན་མོངས ་པ་རྣམས་ཇི་ལྟར་སྲིད་པར་ལུང་དུ་མ་བསྟན་པ་ཡིན་ནོ། །ཡང་དེ་དག་ལས་དུ་ཞིག་གང་ལ་ཡོད་པར་རིག་པར་བྱ་ཞེ་ན། འདོད་དང་བསམ་གཏན་དང་པོ་ན། །གཡོ་སྒྱུ། འདི་གཉིས་ནི་འདོད་པའི་ཁམས་དང་བསམ་གཏན་དང་པོ་དག་ན་ཡོད་དོ། །ཚངས་པའི ་འཇིག་རྟེན་ན་སྒྱུ་ཇི་ལྟར་ཡོད་ཅེ་ན། ཚངས་པ་སླུ་བའི་ཕྱིར། ཚངས་པ་དེ་ནི་དེ་ན་བདག་ཉིད་ལོག་པར་ཀུན་དུ་སྟོན་པས་ཚེ་དང་ལྡན་པ་རྟ་ཐུལ་ལ་སླུ་བར་བྱེད་དོ། །གཡོ་ནི་བཤད་ཟིན་ཏོ། །ཞར་ལ་འོངས་བ་བཤད་ཟིན་ཏོ། །རྨུགས་རྒོད་རྒྱགས་པ་ཁམས་གསུམ ་པ། །གསུམ་པོ་དེ་དག་ནི་ཁམས་གསུམ་པ་ཡིན་ནོ། །གཞན་དག་འདོད་ཁམས་ལས་སྐྱེས་པ། །བཅུ་དྲུག་ལས་ལྔ་པོར་ཏེ་ཉེ་བའི་ཉོན་མོངས་པ་བཅུ་གཅིག་གི་འདོད་པ་ན་སྤྱོད་པ་ཡིན་ནོ། །ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་རྣམས་བཤད་ཟིན་ཏོ།། ་ཡང་དེ་རྣམས་ལས་ཡིད་ཀྱི་ས་པ་ནི་དུ་ཞིག་ཡིན་རྣམ་པར་ཤེས་པ་དྲུག་གི་ས་པ་ནི་དུ་ཞིག་ཡིན་ཞེ་ན། མདོར་བསྡུ་ན། མཐོང་སྤང་བྱ་གཉིད་ང་རྒྱལ་བཅས། །ཡིད་རྣམ་ཤེས་ཀྱི་ས་པ་ཡིན། །མཐོང་བས་སྤང་བར་བྱ་བ་ཐམས་ཅད་ནི་ཡིད་ཀྱི་ས་པ་ཡིན་ལ། ་བསྒོམ་པས་སྤང་བར་བྱ་བ་ལ་ཡང་གཉིད་དང་ང་རྒྱལ་དང་བཅས་དེ་དག་ཐམས་ཅད་ནི་ཡིད་ཀྱི་ས་པ་ཡིན་ནོ། །ཉེ་བའི་ཉོན་མོངས་རང་དབང་ཡང། །ཉེ་བའི་ཉོན་མོངས་པ་རང་དབང་ཅན་གང་ཡིན་པ་དེ་དག་ཐམས་ཅད་ཀྱང་བསྒོམ་པས་སྤང་བར་བྱ་བ་ཡང ་ཡིན་མོད་ཀྱི་ཡིད་ཀྱི་ས་པ་ཉིད་དུ་བལྟ་བར་བྱའོ། །གཞན་ནི་རྣམ་ཤེས་དྲུག་རྟེན་ནོ། །ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་གཞན་རྣམས་ནི་རྣམ་པར་ཤེས་པ་དྲུག་གི་ས་པ་ཡིན་པར་རིག་པར་བྱ་སྟེ། གཞན་ཡང་གང་དག་ཅིག་ཡིན ་ཞེ་ན། བསྒོམ་པས་སྤང་བར་བྱ་བའི་འདོད་ཆགས་དང། ཁོང་ཁྲོ་བ་དང། མ་རིག་པ་དང་དེ་དག་མཚུངས་པར་ལྡན་པ་ཉེ་བའི་ཉོན་མོངས་པ་རྣམས་དང། ངོ་ཚ་མེད་པ་དང། ཁྲེལ་མེད་པ་དང། རྨུགས་པ་དང། རྒོང་བ་རྣམས་དང། ཉོན་མོངས་པའི་ས་མང ་པོ་པའི་ནང་དུ་བཤད་པ་གང་ཡིན་པ་དག་གོ་།བདེ་བ་ལ་སོགས་པའི་དབང་པོ་ལྔ་པོ་གང་ཡིན་པ་དེ་རྣམས་ལས་དབང་པོ་དུ་ཞིག་དང། ཉོན་མོངས་པ་འམ་ཉེ་བའི་ཉོན་མོངས་པ་གཞན་ཞིག་ཏུ་མཚུངས་པར་ལྡན་ཞེ་ན། བདེ་བ་དག་དང་འདོད་ཆགས་སུ ་མཚུངས་ལྡན། འདོད་ཆགས་ནི་བདེ་བ་དང་ཡིད་བདེ་བར་མཚུངས་པར་ལྡན་ནོ། །ཞེ་སྡང་བཟློག་པའོ། །སྡུག་བསྔལ་དང་ཡིད་མི་བདེ་བ་དང་མཚུངས་པར་ལྡན་པ་ཞེས་བྱ་བའི་དོན་ཏོ། །གཏི་མུག་དག་ནི་ཐམས་ཅད་དང། མ་རིག་པ་དང་ནི་ཉོན་མོངས་པ ་ཐམས་ཅད་མཚུངས་པར་ལྡན་པའི་ཕྱིར་དབང་པོ་ལྔ་ཆར་ཡང་མཚུངས་པར་ལྡན་ནོ། །མེད་ལྟ་ཡིད་བདེ་སྡུག་བསྔལ་དང། །ལོག་པར་ལྟ་བ་ནི་ཡིད་ཀྱི་བདེ་བ་ཡིད་བདེ་བ་དང། ཡིད་ཀྱི་སྡུག་བསྔལ་ཡིད་མི་བདེ་བ་དང། འདི་གཉིས་དང་མཚུངས་པར་ལྡན ་ཏེ། ཅི་རིགས་པར་དགེ་བའི་ལས་རྣམས་དང་སྡིག་པའི་ལས་རྣམས་ཀྱི་ཡིན་ནོ། །ཡིད་མི་བདེ་བ་དང་ཐེ་ཚོམ་སྟེ། ཐེ་ཚོམ་ཟོས་པ་ངེས་པའི་དོན་དུ་གཉེར་བ་ན་ཡིད་མི་བདེ་བར་འགྱུར་རོ། །གཞན་ཡིད་བདེ་བ་དང། ཕྲ་རྒྱས་གཞན་དག་ནི་ཡིད་བདེ་བ་ཉིད་དང ་མཚུངས་པར་ལྡན་ནོ། །གཞན་ཡང་གང་དག་གཅིག་ཡིན་ཞེ་ན། ལྟ་བ་བཞི་དང་ང་རྒྱལ་ཏེ། །དགའ་བའི་རྣམ་པ་ཡིན་པའི་ཕྱིར་རོ། །ཕྲ་རྒྱས་མཚུངས་པར་ལྡན་པ་བཤད་པ་དེ་དག་ཀྱང་གང་ཞིག་ཡིན་ཞེ་ན། སྨྲས་པ། འདོད་ལས་སྐྱེས། རེ་ཞིག་དེ ་ལྟར་མཚུངས་པར་ལྡན་པ་སོ་སོར་ངེས་པར་བཤད་ནས་སྤྱིའི་སྨྲས་པ། བཏང་སྙོམས་དང་ཀུན་དུ་འགྲོ། ཕྲ་རྒྱས་འདི་དག་ཐམས་ཅད་ཀྱང་བཏང་སྙོམས་ཀྱི་དབང་པོ་དང་མཚུངས་པར་ལྡན་ཏེ། ཉོན་མོངས་པ་རྣམས་ཀྱི་རྒྱུན་ཆད་བའི་དུས་ན་གདོན་མི་ཟ་བར་བཏང་སྙོམས ་ཀྱི་དབང་པོ་ཀུན་དུ་གནས་སོ། །ཡང་གོང་མ་པ་རྣམས་དང་ཇི་ལྟར་མཚུངས་པར་ལྡན་ཞེ་ན། སྨྲས་པ་རང་རང་དང། གོང་མའི་ས་པ་ས་ཇི་བཞིན། ས་གོང་མ་པའི་ཕྲ་རྒྱས་རྣམས་ནི་ས་གང་དག་ན་དབང་པོ་ཇི་སྙེད་ཅིག་ཡོད་པར་རང་རང་གི་དབང་པོ་རྣམས་དང་མཚུངས ་པར་ལྡན་ཏེ། དེ་དག་དུ་ཡང་ཅི་རིགས་པར་རྣམ་པར་ཤེས་པའི་ཚོགས་བཞི་པ་རྣམས་ནི་རྣམ་པར་ཤེས་པའི་ཚོགས་བཞི་པ་རྣམས་དང་མཚུངས་པར་ལྡན་ནོ། །ཉོན་མོངས་པ་རྣམས་དབང་པོ་དང་མཚུངས་པར་ལྡན་པ་བཤད་ཟིན་ཏོ། །ཉེ་བའི་ཉོན་མོངས་པ་རྣམས་ནི། ་ཡིད་མི་བདེ་དང་འགྱོད་པ་དང། །ཕྲག་དོག་ཁྲོ་དང་རྣམ་འཚོ་དང། །ཁོན་དུ་འཛིན་དང་འཆབ་པ་དང་མཚུངས་པར་ལྡན་པ་ཞེས་བྱ་བར་སྦྱར་ཏེ། སྐྱོ་བའི་རྣམ་པར་གནས་པ་དང། དེ་དག་ནི་ཡིད་ཀྱི་ས་པ་ཡིན་པའི་ཕྱིར་རོ། །སེར་སྣ་དག་ནི་བཟློག་པའོ། །ཡིད་བདེ་བ་དང ་མཚུངས་པར་ལྡན་པ་ཞེས་བྱ་བའི་ཐ་ཚིག་སྟེ། ཆགས་པའི་རྒྱུ་ལས་བྱུང་བའི་དགའ་བའི་རྣམ་པར་གནས་པའི་ཕྱིར་རོ། །གཡོ་དང་སྒྱུ་དང་རྒྱགས་འཆབ་གཉིད། །གཉི་ག་དང་སྟེ། ཡིད་བདེ་བ་དང་ཡིད་མི་བདེ་བ་གཉི་ག་དང་མཚུངས་པར་ལྡན་ཏེ། རེས་འགའ་ནི་ཡིད ་བདེ་བས་གཞན་ལ་སླུ་བར་བྱེད་དོ། །རེས་འགའ་ནི་ཡིད་མི་བདེ་བས་སླུ་བར་བྱེད་དེ། གཉིད་ཀྱི་བར་དུ་ཡང་དེ་བཞིན་ནོ། །དེ་དག་དང། རྒྱགས་པ་དང། བསམ་གཏན་གསུམ་པ་ན་ནི་བདེ་བ་དང་མཚུངས་པར་ལྡན་ནོ། །མན་ཆད་ནི་ཡིད་བདེ་བ་དང་མཚུངས་པར་ལྡན་ནོ།། ་ཡན་ཆད་ནི་བཏང་སྙོམས་དང་མཚུངས་པར་ལྡན་ཏེ། འདི་ལྟར། བཏང་སྙོམས་ཀུན་དུ་འགྲོ། ཐམས་ཅད་བཏང་སྙོམས་དང་མཚུངས་པར་ལྡན་ཏེ། དེ་ནི་མ་རིག་པ་བཞིན་དུ་གང་དུ་འང་དགག་པར་བྱེད་དོ། །བཞི་པོ་གཞན་ནི་ལྔ་དག་དང། ངོ་ཚ་མེད་པ་དང། ཁྲེལ་མེད་པ ་དང། རྨུགས་པ་དང། རྒོད་པ་དང། ཀུན་ནས་དཀྲིས་པ་བཞི་པོ་དེ་དག་ནི་མི་དགེ་བའི་ས་མང་པོ་པའི་ཕྱིར་བ་དང། ཉོན་མོངས་པའི་ས་མང་པོ་པ་མ་ཡིན་པའི་ཕྱིར་དབང་པོ་ལྔ་ཆར་དང་ཡང་མཚུངས་པར་ལྡན་ནོ། །མདོ་ལས་འདོད་པའི་འདུན ་པ་དང། གནོད་སེམས་དང། རྨུགས་པ་དང་གཉིད་དང་རྒོད་པ་དང། འགྱོད་པ་དང། ཐེ་ཚོམ་དང་སྒྲིབ་པ་ལྔ་གསུང་པ་གང་ཡིན་པ་དེ་ལ། ཅི་ཁམས་གསུམ་པ་རྣམས་ཀྱི་རྨུགས་པ་དང་རྒོད་པ་བཟུང་ངམ་འོན་ཏེ་འདོད་བ་དང་ལྡན་པ་འབའ་ཞིག་གཟུང ་ཞེ་ན། འདི་སྐད་དུ་མི་དགེ་བའི་ཕུང་པོ་མ་འདྲེས་པ་ནི་འདི་ཡིན་ཏེ། འདི་ལྟ་སྟེ་སྒྲིབ་པ་ལྔའོ། ཞེས་འབྱུང་བས་གཅིག་དུ་མི་དགེ་བ་འབྱུང་བའི་ཕྱིར་འདོད་པའི་སྒྲིབ་པ། ཁམས་གཞན་དག་ན་མ་ཡིན་ནོ། །ཅིའི་ཕྱིར་རྨུགས་པ་དང་གཉིད་གཉིས་ཀྱང་སྒྲིབ་པ ་གཅིག་དུ་བཤད་ལ། རྒོད་པ་དང་འགྱོད་པ་གཉིས་ཀྱང་བཤད་ཅེ་ན། མི་མཐུན་པ་དང། ཟས་དང་བྱ་བ་གཅིག་པའི་ཕྱིར། གཉིས་གཅིག། གཉིས་ཀྱི་གཅིག་ཡིན་པས་ན་གཅིག་གོ། མི་མཐུན་པ་དང་གཉེན་པོ་དང་ཟས་མ་ཡིན་པ་ཞེས་བྱ་བ་ནི་དོན ་གཅིག་གོ། མདོ་ལས་རྨུགས་པ་དང་གཉིད་གཉིས་ཀྱི་ནི་ཟས་ཀྱང་གཅིག། ཟས་མ་ཡིན་པ་ཡང་གཅིག་ཏུ་གསུངས་ཏེ། རྨུགས་པ་དང་གཉིད་ཀྱི་སྒྲིབ་པའི་ཟས་ཅི་ཞིག་ཅེ་ན། ཆོས་ལྔ་སྟེ། རྨྱ?་བ་དང། མི་དགའ་བ་དང། བྱ་སྙངས་དང། ཁ་ཟས་མ་མཉམ ་པ་དང། སེམས་ཞུམ་པའོ། །རྨུགས་པ་དང་གཉིད་ཀྱི་སྒྲིབ་པའི་ཟས་མ་ཡིན་པ་ཅི་ཞིག་ཡིན་ཅེ་ན། སྣང་བ་ཡིད་ལ་བྱེད་པའོ། །འདི་གཉིས་ཀྱི་བྱ་བ་ཡང་གཅིག་སྟེ། འདི་གཉིས་ཀྱང་སེམས་ཞུམ་པར་བྱེད་པའོ། །རྒོད་པ་དང་འགྱོད་པ་གཉིས་ཀྱི་ཟས ་གང་གཅིག་སྟེ་།རྒོད་པ་དང་འགྱོད་པའི་སྒྲིབ་པའི་ཟས་ཅི་ཞིག་ཅེ་ན། ཆོས་བཞི་སྟེ། གཉེན་གྱི་རྣམ་པར་རྟོག་པ་དང། ཡུལ་གྱི་མིའི་རྣམ་པར་རྟོག་པ་དང། མི་འཆི་བའི་རྣམ་པར་རྟོག་པ་དང། རོགས་རྙིང་དང། རྒོད་པ་དང། རྩེས་པ་དང། དགའ་བ་དང ་ཡོངས་སུ་སྤྱད་པ་རྗེས་སུ་དྲན་པ་ཡིན་ནོ། །རྒོད་པ་དང་འགྱོད་པའི་སྒྲིབ་པའི་ཟས་མ་ཡིན་པ་ཅི་ཞིག་ཅེ་ན། ཞི་གནས་ཡིན་ནོ། །འདི་གཉིས་ཀྱི་བྱ་བ་ཡང་གཅིག་སྟེ། འདི་གཉིས་ཀས་ཀྱང་སེམས་ཉེ་བར་ཞི་བར་མི་བྱེད་དེ། དེའི་ཕྱིར་མི་མཐུན་པ་དང་ཟས་དང་བྱ ་བ་གཅིག་པའི་ཕྱིར་གཉི་ག་གཅིག་ཉིད་དུ་བཤད་དོ། །གང་གིས་ཚེ་ཉོན་མོངས་པ་ཐམས་ཅད་ཀྱང་སྒྲིབ་པ་ཉིད་ཡིན་ན། ཅིའི་ཕྱིར་ན་ལྔ་ཉིད་བུ་བཤད་ཅེ་ན། ཕུང་པོ་གེགས་བྱེད་དང། ཐེ་ཚོམ་ཕྱིར་ན་ལྔ་ཉིད་དོ། །འདོད་པའི་འདུན་པ་དང། གནོད་སེམས་གཉིས་ཀྱི་ནི ་ཚུལ་ཁྲིམས་ཀྱི་ཕུང་པོ་ལ་གེགས་བྱེད་དོ། །རྨུགས་པ་དང་གཉིད་གཉིས་ཀྱིས་ནི་ཤེས་རབ་ཀྱི་ཕུང་པོ་ལ་གེགས་བྱེད་དོ། །གོད་པ་དང་འགྱོད་པས་ནི་ཏིང་ངེ་འཛིན་གྱི་ཕུང་པོ་ལ་གེགས་བྱེད་དོ། །ཏིང་ངེ་འཛིན་དང་ཤེས་རབ་དག་མེད་ན། བདེན་པ་དག་ལ་ཐེ་ཚོམ ་ཟ་བར་འགྱུར་བས་དེའི་ཕྱིར་ལྔ་ཉིད་དུ་བཤད་དོ། །འདི་དབྱད་བར་བྱ་སྟེ། སྐལ་པ་མི་མཉམ་པའི་ཁམས་སུ་ཀུན་དུ་འགྲོ་བ་རྣམས་དང། འགོག་པའི་ལམ་མཐོང་བས་སྤང་བར་བྱ་བ་ཟག་པ་དང་བཅས་པ་ལ་དམིགས་པ་རྣམས་གང་གི་ཚེ་དམིགས་པ་ཡོངས་སུ ་ཤེས་པ་དེའི་ཚེ་ནི་མི་སྤོང་ལ། གང་གི་ཚེ་སྤོང་བ་དེའི་ཚེ་ནི་དམིགས་པ་ཡོངས་སུ་མི་ཤེས་ན་ཇི་ལྟར་དེ་དག་སྤོང་བ་ཡིན་ཞེ་ན། དམིགས་བ་ཡོངས་སུ་ཤེས་པས་གདོན་མི་ཟ་བར་ཉོན་མོངས་པ་རྣམས་ཟད་པ་ནི་མ་ཡིན་ནོ། །འོ་ན་ཇི་ལྟ་བུ་ཞེ་ན། རྣམ་པ་བཞི་ཟད་པ་ཡིན ་ཏེ། རྣམ་པ་བཞི་པོ་གང་དག་གིས་ཤེ་ན། རེ་ཞིག་མཐོང་བས་སྤང་བར་བྱ་བ་རྣམས་ནི། དམིགས་པ་ཡོངས་སུ་ཤེས་པ་དང། དེ་ལ་དམིགས་པ་ཡང་དག་པར། །ཟད་དང་དམིགས་པ་སྤངས་པས་སོ། །དེ་ལ་དམིགས་པ་ཡོངས་སུ་ཤེས་པས་ནི་སྡུག་བསྔལ་དང་ཀུན ་འབྱུང་མཐོང་བས་སྤང་བར་བྱ་བ་རང་གི་ས་ལ་དམིགས་པ་རྣམས་དང། འགོག་པ་དང་ལམ་མཐོང་བས་སྤང་བར་བྱ་བ་ཟག་པ་མེད་པ་ལ་དམིགས་པ་རྣམས་ཟད་པར་འགྱུར་རོ། །དེ་ལ་དམིགས་པ་ཡང་དག་པར་ཟད་པས་ནི་སྐལ་པ་མི་ཉམས་པའི་ཁམས་སུ་ཀུན ་དུ་འགྲོ་བ་རྣམས་ཟད་པར་འགྱུར་ཏེ། དེ་ལ་དམིགས་པ་ནི་སྐལ་པ་མཉམ་པའི་ཁམས་སུ་ཀུན་དུ་འགྲོ་བ་རྣམས་ཡིན་པས། དེ་དག་སྤངས་ན་དེ་དག་ཀྱང་སྤངས་པ་ཡིན་ནོ། །དམིགས་པ་སྤངས་པས་ནི་འགོག་པ་དང་ལམ་མཐོང་བས ་སྤང་བར་བྱ་བ་ཟག་པ་དང་བཅས་པ་ལ་དམིགས་པ་རྣམས་ཟད་པར་འགྱུར་ཏེ། ཟག་པ་མེད་པ་ལ་དམིགས་པ་དེ་དག་ནི་དེ་དག་གི་དམིགས་པ་ཡིན་པས་དེའི་ཕྱིར་དེ་དག་སྤངས་ན་དེ་དག་ཀྱང་སྤང་བ་ཡིན་ནོ། །བསྒོམ་པས་སྤངས་པར་བྱ་བ་རྣམས་ནི། ་གཉེན་པོ་སྐྱེས་ནས་ཟད་པར་འགྱུར། །ཉོན་མོངས་པའི་རྣམས་གང་གིས་གཉེན་པོ་གང་ཡིན་པ་ལམ་སྐྱེས་ན་དེས་དེ་སྤོང་བར་བྱེད་དོ། །གང་གི་གཉེན་པོ་ཡང་གང་ཞིག་ཅེ་ན། ཆེན་པོའི་ཆེན་པོའི་ན་ཆུང་ངུའི་ཆུང་ངུ་ཞེས་བྱ་བ་སྟེ། རྒྱས་པར་ནི་འོག་ནས་བཤད ་པར་བྱའོ། །གཉེན་པོ་ཡང་རྣམ་པ་དུ་ཞིག་ཅེ་ན། སྨྲས་པ། གཉེན་པོ་རྣམ་པ་བཞི་སྤོང་བ་དང། བཞི་དང་རིང་བ་ཉིད་དང་ནི། །སུན་འབྱིན་ཞེས་བྱ། སྤོང་བའི་གཉེན་པོ་ནི་བར་ཆད་མེད་པའི་ལམ་མོ། །གཞིའི་གཉེན་པོ་ནི་དེ་ཡན་ཆད་ཀྱི་ལམ་གང་ཡིན་པ་སྟེ། ་གང་གི་དེ་ཐོབ་པའི་བྲལ་བ་ཀུན་དུ་འཛིན་པའོ། །རིང་བ་ཉིད་ཀྱི་གཉེན་པོ་རྣམ་པར་གྲོལ་བའི་ལམ་ལས་གོང་མའི་ལམ་གང་ཡིན་པ་སྟེ། རྙེད་པ་ཆད་པ་རིང་དུ་བྱེད་པའི་ཕྱིར་རོ། །རྣམ་པར་སུན་འབྱིན་པའི་གཉེན་པོ་ནི་ལམ་གང་གིས་ཁམས་དང་དེ་ལ་སྐྱོན་དུ ་མཐོང་ནས་རྣམ་པར་སུན་འབྱིན་པར་བྱེད་པའོ། །ཉོན་མོངས་པ་སྤོང་བ་ན་གང་ལས་སྤང་བར་བྱ་ཞེ་ན། དམིགས་པ་ལས། ཉོན་མོངས་པ་ནི་སྤང་བར་འདོད། །མཚུངས་པར་ལྡན་པ་ལ་ནི་ཉོན་མོངས་པ་རྣམ་པར་དབྱེ་བར་མི་ནུས་ཀྱིས། དམིགས་པ་ལས་ནི ་ནུས་ཏེ། ཡང་དེ་ལ་དམིགས་ནས་མི་སྐྱེའོ། །ཇི་ཙམ་གྱིས་ན་ཉོན་མོངས་པ་སྤངས་པ་ཞེས་བརྗོད་ཅེ་ན། རང་གི་རྒྱུད་ལས་ཡོད་པའི་ཐོབ་པ་ཆད་པ་དང། གཞན་གྱི་རྒྱུད་ལ་ཡོང་བའི་ཉོན་མོངས་པ་རྣམས་དང། གཟུགས་ཐམས་ཅད་ཉོན་མོངས་པ་མ་ཡིན ་བའི་ཆོས་དེ་དག་ལ་དམིགས་པའི་ཉོན་མོངས་པ་རང་གི་རྒྱུད་ལ་ཡོད་པ་སྤངས་པའོ། །རིང་བ་ཉིད་ཅེས་བྱ་བ་རིང་བ་ཉིད་རྣམ་པ་དུ་ཞིག་ཅེ་ན། རིང་བ་ཉིད་རྣམ་པ་བཞི་ཞེས་གྲག་སྟེ། མཚན་ཉིད་མི་མཐུན་མི་མཐུན་ཕྱོགས། །ཡུལ་དང་དུས་རྣམ་ཆད་པ་སྟེ། །འབྱུང ་དང་ཚུལ་ཁྲིམས་ཕྱོགས་དང་ནི། །དུས་གཉིས་རིང་བ་ཉིད་ལྟ་བུའོ། །མཚན་ཉིད་རིང་བ་ཉིད་ནི་འདི་ལྟ་སྟེ། འབྱུང་བ་ཆེན་པོ་རྣམས་ལྷན་ཅིག་ཅེས་པ་ཡིན་ཡང་མཚན་ཉིད་མི་མཐུན་པའི་ཕྱིར་རིང་བ་ཉིད་དོ། །གཉེན་པོ་རིང་བ་ཉིད་ནི་འདི་ལྟ་སྟེ། འཆལ་པའི་ཚུལ ་ཁྲིམས་ལས་ཚུལ་ཁྲིམས་རིང་བ་ཉིད་དོ། །ཡུན་རིང་བ་ཉིད་ནི་འདི་ལྟ་སྟེ། བསྐལ་པའི་ཡུལ་རྣམས། ཡུལ་རྣམ་པར་ཆད་པ་ལས་རིང་བ་ཉིད་དེ་ཤར་དང་ནུབ་ཀྱི་རྒྱ་མཚོ་བཞིན་ནོ། །དུས་རིང་བ་ཉིད་ནི་འདི་ལྟར་འདས་པ་དང་མ་འོངས་པ་ནི་རིང་པོ་ཞེས་བྱ་བ་སྟེ། དེ་གང ་ལས་རིང་ཞེ་ན། ད་ལྟར་ལས་རིང་བ་ཉིད་དོ། །ཅི་ལས་ཁྱད་པར་དུ་འགྲོ་བའི་ཉིད་ཕྱིར་ཉོན་མོངས་པ་རྣམས་ཀྱི་སྤོང་བ་ཡང། ཡང་དང་ཡང་དུ་ཁྱད་པར་དུ་འགྲོ་བ་ཡིན་ནམ་ཞེ་ན། དེ་ནི་མེད་དེ། དེ་དག་གི་ཉོན་མོངས་པ་རྣམས་ནི། ཟད་པ་ལན་ཅིག། གང་གི་སྤོང་བའི་ལམ ་གང་ཡིན་པ་དེ་ཉིད་ཀྱིས་དེ་ཟད་པར་བྱེད་དོ། །དེ་དག་གི་བྲལ་བའི་ཐོབ་པ་ཡང་དང་ཡང། དུས་དུ་ཞིག་དུ་ཞེ་ན། སྨྲས་པ། དུས་དྲུག་དག་ཏུ་སྟེ། གཉེན་པོ་སྐྱེས་དང་འབྲལ་ཐོབ་དང། །དབང་པོ་རྣམ་པར་རྒྱས་རྣམས་སུ། །འདིར་ནི་གཉེན་པོ་རྣམ་པར་གྲོལ་བའི་ལམ་ཡིན ་པར་དགོངས་པའོ། །འབྲས་བུ་ནི་དགེ་སྦྱོང་གི་འབྲས་བུ་བཞི་རྣམས་སོ། །དབང་པོ་རྣམ་པར་རྒྱས་པ་ནི་དབང་པོ་འཕོ་བ་སྟེ། དུས་དེ་དག་ཏུ་ཉོན་མོངས་པ་དང་བྲལ་བའི་ཐོབ་པའོ། །དེ་དག་ཀྱང་འདི་ལྟར་ལ་ལ་ནི་དུས་དྲུག་དག་དུའོ། །ལ་ལ་ནི་གཉིས་ཀྱི་བར་དུ་སྟེ་ཅི་རིགས་པར ་བལྟ་བར་བྱའོ། །བྲལ་བ་དེ་ཉིད་གནས་སྐབས་དེ་དང་དེ་དག་ཏུ་ཡོངས་སུ་ཤེས་པ་ཞེས་བྱ་བའི་མིང་འཐོབ་བོ། །ཡོངས་སུ་ཤེས་པ་ནི་གཉིས་ཏེ། ཡེ་ཤེས་ཀྱི་ཡོངས་སུ་ཤེས་པ་དང། སྤོང་བའི་ཡོངས་སུ་ཤེས་པའོ། །དེ་ལ་ཡེ་ཤེས་ཀྱི་ཡོངས་སུ་ཤེས་པ་ནི། ཟག ་པ་མེད་པའི་ཡེ་ཤེས་སོ། །སྤོང་བའི་ཡོངས་སུ་ཤེས་པ་ནི་སྤོང་བ་ཉིད་དེ་འབྲས་བུ་ལ་རྒྱུ་བཏགས་པའི་ཕྱིར་རོ། །ཅི་སྤོང་བ་ཐམས་ཅད་ཡོངས་སུ་ཤེས་པ་ཅིག་འབའ་ཞིག་ཡིན་ནམ་ཞེ་ན་སྨྲས་པ། མ་ཡིན་ནོ། །འོ་ན་ཇི་ལྟར ་ཞེ་ན། ཡོངས་སུ་ཤེས་དགུ་དེ་ལ་རེ་ཞིག། འདོད་པའི། དང་པོ་རྣམ་གཉིས་ཟད་ལ་གཅིག། འདོད་པའི་ཁམས་དག་གི་དང་པོའི་རྣམ་པ་གཉིས་ཏེ། སྡུག་བསྔལ་དང་ཀུན་འབྱུང་མཐོང་བས་སྤང་བར་བྱ་བ་སྤང་བའི་ཡོངས་སུ་ཤེས་པ་ནི་གཅིག ་ཡིན་ནོ། །དེ་དག་གཉིས་ནི་ཟད་གཉིས་སོ། །འདོད་པའི་ཁམས་དག་གི་འགོག་པ་མཐོང་བས་སྤང་བར་བྱ་བའི་རྣམ་པ་ཡོངས་སུ་ཤེས་པ་ནི་གཅིག་ཡིན། ལམ་མཐོང་བས་སྤང་བར་བྱ་བའི་ཡང་གཅིག་གོ། །ཇི་ལྟར་འདོད་པ་ན་སྤྱོད་པ་མཐོང་བས ་སྤང་བར་བྱ་བ་རྣམས་སྤོང་བའི་ཡོངས་སུ་ཤེས་པ་གསུམ་ཡིན་པ་ལྟར་དེ་བཞིན་གོང་མའི་གསུམ་ཉིད་དོ། །དེ་བཞིན་དུ་གཟུགས་དང་གཟུགས་མེད་པ་ན་སྤྱོད་པ་མཐོང་བས་སྤང་བར་བྱ་བ་རྣམས་སྤོང་བའི་ཡོངས་སུ་ཤེས་པ་ཡང་གསུམ་ཡིན་ཏེ། ་སྡུག་བསྔལ་དང་ཀུན་འབྱུང་མཐོང་བས་སྤང་བར་བྱ་བ་རྣམས་སྤོང་བའི་ཡོངས་སུ་ཤེས་པ་ནི་གཅིག་གོ་།འགོག་པ་མཐོང་བས་སྤོང་བར་བྱ་བ་རྣམས་སྤོང་བའི་ཡོངས་སུ་ཤེས་པ་ནི་གཉིས་པའོ། །ལམ་མཐོང་བས་སྤང་བར་བྱ་བ་རྣམས་སྤོང ་བའི་ཡོངས་སུ་ཤེས་པ་ནི་གསུམ་པ་སྟེ། དེ་ལྟར་ན་ཁམས་གསུམ་པའི་མཐོང་བས་སྤང་བར་བྱ་བ་རྣམས་སྤོང་བའི་ཡོངས་སུ་ཤེས་པ་ནི་དྲུག་ཡིན་ནོ། །གཞན་ཡང་ཡོངས་སུ་ཤེས་གསུམ་སྟེ། ཐ་མའི་ཆ་མཐུན་དང་གཟུགས་དང། ཟག་པ་ཀུན ་ཟད། ཐ་མའི་ཆ་དང་མཐུན་བ་སྤོང་བ་ལ་ཡོངས་སུ་ཤེས་པ་གཅིག་གོ། གཟུགས་ཀྱི་ཟག་པ་སྤོང་བ་ལ་གཅིག་སྟེ། གཟུགས་ཀྱི་འདོད་ཆགས་ཟད་པའི་ཡོངས་སུ་ཤེས་པའོ། །ཟག་པ་ཐམས་ཅད་སྤོང་བ་ལ་གཅིག་སྟེ། ཀུན་དུ་སྦྱོར་བ་ཐམས་ཅད་སྤོང ་བའི་ཡོངས་སུ་ཤེས་པའོ། །ཅིའི་ཕྱིར་གཟུགས་དང་གཟུགས་མེད་པ་ནི་སྤྱོད་པ་བསྒོམ་པས་སྤང་བར་བྱ་བ་རྣམས་སྤོང་བའི་ཡོངས་སུ་ཤེས་པ་ནི་ཐ་དད་ལ། མཐོང་བས་སྤང་བར་བྱ་བ་རྣམས་ཀྱི་ནི་མ་ཡིན་ཞེ་ན། བསྒོམ་པས་སྤང་བར་བྱ་བ་རྣམས་ཀྱི་གཉེན ་པོ་མི་འདྲ་བའི་ཕྱིར་ཏེ། ད་ལྟར་ཡོངས་སུ་ཤེས་པ་ནི་དེ་དགུ་ཡིན་ནོ། །དེ་དག་ལས་ལྔ་མ་དྲུག་བཟོད་འབྲས། །མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་སྤོང་བའི་རང་བཞིན་གང་ཡིན་པའོ། །ལྷག་མ་རྣམས་ནི་ཤེས་བ་ཡི། །ཐ་མའི་ཆ་དང་མཐུན་པ་སྤོང་བ་ལ ་སོགས་པའི་ཡོངས་སུ་ཤེས་པ་སྟེ། བསྒོམ་པའི་ལམ་གྱི་འབྲས་བུ་ཡིན་པའི་ཕྱིར་རོ། །ཇི་ལྟར་ན་བཟོད་པའི་འབྲས་བུ་ཡོངས་སུ་ཞེས་པ་ནི་ཡིན་ཞེ་ན། ཤེས་དང་འབྲས་བུ་གཅིག་པའི་ཕྱིར་བ་དང། བཟོད་པ་རྣམས་ནི་ཤེས་པའི་འཁོར་ཡིན་པའི་ཕྱིར་ཏེ། རྒྱལ ་པོའི་འཁོར་ལ་རྒྱལ་པོ་ཞེས་འདོགས་པ་བཞིན་ནོ། །མི་ལྕོགས་མེད་འབྲས་ཐམས་ཅད་དོ། །བསམ་གཏན་རྣམས་ཀྱི་ལྔ་འམ་བརྒྱད། །བྱེ་བྲག་ཏུ་སྨྲ་བའི་ལུགས་ཀྱིས་ནི་བསམ་གཏན་གྱི་དངོས་གཞིའི་འབྲས་བུ་ཡོངས་སུ་ཤེས་པ་ལྔ་སྟེ། གཟུགས་དང་གཟུགས ་མེད་པ་ན་སྤྱོད་པའི་ཉོན་མོངས་པ་སྤོང་བའི་རང་བཞིན་གང་ཡིན་པ་རྣམས་སོ། །འདོད་པ་ན་སྤྱོད་པའི་ཉོན་མོངས་པ་སྤོང་བ་ནི་མི་ལྕོགས་བ་མེད་པའི་འབྲས་བུ་ཡིན་པའི་ཕྱིར་རོ། །བཙུན་པ་དབྱངས་སྒྲོགས་ཀྱི་ལུགས་ཀྱིས་ནི་བརྒྱད་དེ། དེ་ནི་འདོད་ཆགས་དང་བྲལ་པ ་ཡིན་ཡང་བྲལ་བ་ཟག་པ་མེད་པའི་ཐོབ་པ་རྙེད་པའི་ཕྱིར་འདོད་པ་ན་སྤྱོད་པའི་མཐོང་བས་སྤོང་བར་བྱ་བ་རྣམས་སྤོང་བ་ནི་མཐོང་བའི་ལམ་གྱི་འབྲས་བུར་འདོད་དོ། །ཐ་མའི་ཆ་དང་མཐུན་པ་སྤོང་བའི་ཡོངས་སུ་ཤེས་པ་ནི་མི་ལྕོགས་པ་མེད་པའི་འབྲས་བུ་ཉིད་ཡིན ་ནོ། །བསམ་གཏན་ཁྱད་པར་ཅན་ཡང་བསམ་གཏན་བཞིན་དུ་ལྟ་བར་བྱའོ། །གཟུགས་མེད་པ་རྣམས་ཀྱིས་ནི། ཉེ་བར་བསྡོགས་པའི་གཅིག་ཡིན་ཏེ། ནམ་མཁའ་མཛའ་ཡས་སྐྱེ་མཆེད་ལ་ཉེ་བར་བསྡོགས་པའི་འབྲས་བུ་ནི་གཅིག་ཉིད་དེ། གཟུགས་ཀྱི་འདོད ་ཆགས་དང་བྲལ་བའི་ཡོངས་སུ་ཤེས་པའོ། །གཟུགས་མེད་དངོས་གཞི་གསུམ་གྱི་ཡང། །གཟུགས་མེད་པའི་དངོས་གཞི་གསུམ་གྱིས་འབྲས་བུ་ཡང་གཅིག་ཉིད་དོ། །ཀུན་དུ་སྦྱོར་བ་ཐམས་ཅད་ཡོངས་སུ་གཏུགས་པའི་ཡོངས ་སུ་ཤེས་པའོ། །འཕགས་པའི་ལམ་གྱི་ཐམས་ཅད་དོ། །འབྲས་བུ་ཡོངས་སུ་ཤེས་པ་དགུ་ཚར་རོ། །འཇིག་རྟེན་པའི་གཉིས། འཇིག་རྟེན་པའི་ལམ་གྱི་འབྲས་བུ་ནི་གཉིས་ཏེ། ཐ་མའི་ཆ་དང་མཐུན་པ་དང་གཟུགས་ཀྱི་འདོད་ཆགས་ཟད་པའི་ཡོངས ་སུ་ཤེས་པའོ། །རྗེས་ཀྱི་ཡང། རྗེས་སུ་ཤེས་པའི་འབྲས་བུ་ཡང་ཡོངས་སུ་ཤེས་པ་ཐ་མ་གཉིས་སོ། །ཆོས་ཤས་པའི་གསུམ་ཡིན་ཏེ། ཐ་མ་གཉིས་དེ་ཁམས་གསུམ་པའི་བསྒོམ་པས་སྤང་བར་བྱ་བའི་གཉེན་པོ་ཡིན་པའི་ཕྱིར་རོ། །དེའི་ཕྱོགས་ཀྱི ་དྲུག་དང་ལྔ། ཆོས་ཤེས་པའི་ཕྱོགས་ཀྱི་འབྲས་བུ་ནི་ཡོངས་སུ་ཤེས་པ་དྲུག་སྟེ། ཆོས་ཀྱི་བཟོད་པ་དང། ཤེས་པ་རྣམས་ཀྱི་གང་ཡིན་པ་ཉིད་དོ། །རྗེས་སུ་ཤེས་པའི་ཕྱོགས་ཀྱི་ནི་ལྔ་སྟེ། རྗེས་སུ་བཟོད་པ་དང། ཤེས་པ་རྣམས་ཀྱི་གང་ཡིན་པ་དག་ཉིད་དོ།། ་ཕྱོགས་སྨོས་པས་ནི་བཟོད་པ་དང། ཤེས་པ་རྣམས་བསྡུས་པ་ཡིན་ནོ། །ཅིའི་ཕྱིར་སྤོང་བ་རེ་རེ་ཞིང་ཡང་ཡོངས་སུ་ཤེས་པ་རྣམ་པར་མི་བཞག་ཅན། འདི་ལྟར་རེ་ཞིག་བཟོད་པའི་འབྲས་བུར་རྣམ་པར་བཞག་པ་ནི་བྲལ་བ་ཟག་མེད་ཐོབ་པ་དང། སྲིད་པའི ་རྩེ་མོ་བཅོས་པ་དང། །རྒྱུ་གཉིས་ཡང་དག་བཅོམ་པའི་ཕྱིར། །ཡོངས་ཤེས་གང་ལ་རྒྱུ་འདི་གསུམ་ཡོད་པ་དེ་སྤོང་བའི་ཡོངས་སུ་ཤེས་པ་ཞེས་བྱ་སྟེ། རེ་ཞིག་སོ་སོའི་སྐྱེ་བོ་ལ་ནི་བྲལ་བའི་ཐོབ་པ་ཟག་པ་མེད་པ་དང། སྲིད་པའི་རྩེ་མོ་འཇོམས ་པར་བྱེད་པ་མེད་པས་དེས་སྤོང་བའི་ཡོངས་སུ་ཤེས་པ་ཞེས་བྱ་བའི་མིང་མི་འཐོབ་པོ། །འཕགས་པ་ལ་ཡང་བཟོད་པའི་འབྲས་བུ་སྤོང་བ་གང་ཡིན་པ་ནི། དེ་ཇི་སྲིད་དུ་སྡུག་བསྔལ་ལ་རྗེས་སུ་ཤེས་པའི་བཟོད་པ་དག་ལ་ནི་བྲལ་བའི་ཐོབ་པ་ཟག་པ ་མེད་པ་ཡོད་མོད་ཀྱི་སྲིད་པའི་རྩེ་མོ་ནི་མ་བཅོམ་མོ། །སྡུག་བསྔལ་ལ་རྗེས་སུ་ཤེས་པ་ལ་ནི་གཉི་ག་ཡང་ཡོད་མོད་ཀྱི། ཀུན་འབྱུང་མཐོང་བས་སྤང་བར་བྱ་བ་ཀུན་དུ་འགྲོ་བའི་རྒྱུ་མ་སྤངས་པའི་ཕྱིར་རྒྱུ་གཉིས་ཡང་དག་པར་བཅོམ་པ་ནི་མ་ཡིན་ནོ།། ་ཆོས་དང་རྗེས་སུ་ཤེས་པ་གཞན་དག་ལ་ནི་གསུམ་པོ་ཐམས་ཅད་ཡོད་པས་དེའི་ཕྱིར་གནས་སྐབས་དེ་དང་དེ་དག་ཏུ་སྤོང་བའི་ཡོངས་སུ་ཤེས་པའི་མིང་ཐོབ་པོ། །ཤེས་པའི་འབྲས་བུ་སྤོང་བ་ཡང་དེ་དང་འདྲ་བས། དེ་བས་ན་རྒྱུ་གསུམ་གྱིས་ཕྱིར་ཡང་ཡོངས ་སུ་ཤེས་པའི་མིང་ཐོབ་པ་ལ་བཞི་བ་ནི། ཁམས་ལས་འདས་པའི་ཕྱིར། གང་གི་ཚེ་ཁམས་ལས་ཡང་དག་པར་འདའ་བ་ན། ཁམས་མཛའ་དག་ལ་འདོད་ཆགས་དང་བྲལ་བའི་ཕྱིར་རོ། །གང་ཞིག་ཡོངས་སུ་ཤེས་པ་དུ་ཞིག་དང་ལྡན་ཞེ་ན། མཐོང ་ལ་གནས་པ་གཅིག་མིན་དང། །ལྔ་ཡི་བར་དང་ཡང་དག་ལྡན། །རེ་ཞིག་སོ་སོའི་སྐྱེ་བོ་དང་ནི་མི་ལྡན་པ་ཉིད་དོ། །མཐོང་བའི་ལམ་ལ་གནས་པའི་འཕགས་པའི་ཡང་ཇི་སྲིད་དུ་ཀུན་འབྱུང་ལ་ཆོས་ཤེས་པའི་བཟོད་པ་ལ་གནས་པ་དང་ནི་མི་ལྡན་པ ་ཉིད་དོ། །ཀུན་འབྱུང་ལ་ཆོས་ཤེས་པ་ནི་གཅིག་དང་ལྡན་ནོ། །ཀུན་འབྱུང་ལ་རྗེས་སུ་ཆོས་ཤེས་པ་ནི་གཉིས་དང་ལྡན་ནོ། །འགོག་པ་ལ་ཆོས་ཤེས་པ་ནི། སུམ་དང་ལྡན་ནོ། །འགོག་པ་ལ་རྗེས་སུ་ཤེས་པ་ནི་བཞི་དང་ལྡན་ནོ། །ལམ་ལ་ཆོས་ཞེས་བ་ནི་ལྔ་དང ་ལྡན་ནོ། །བསྒོམ་ལ་གནས་པ་དྲུག་གམ་ནི། །གཅིག་གམ་ཡང་ན་གཉིས་དང་ངོ། །འཕགས་པའི་གང་ཟག་བསྒོམ་པའི་ལམ་ལ་གནས་པ་ལམ་ལ་རྗེས་སུ་ཤེས་པ་ནི་ཇི་སྲིད་དུ་འདོད་ཆགས་དང་བྲལ་བ་མ་ཐོབ་པ་འམ། དེ་ལས་ཡོངས་སུ་ཉམས ་པ་ནི་ཡོངས་སུ་ཤེས་པ་དྲུག་དང་ལྡན་ནོ། །སྔར་རམ་ཕྱིས་འདོད་པའི་འདོད་ཆགས་དང་བྲལ་བ་ཐོབ་པ་ཞིག་ན་ནི་གཅིག་ལྡན་དུ། ཐ་མའི་ཆ་དང་མཐུན་པ་སྤོང་བ་ཡོངས་སུ་ཤེས་པ་དང་པོ། །དགྲ་བཅོམ་པ་ཉིད་ཐོབ་ན་ཡང་གཅིག་དང་ལྡན་ཏེ། ཀུན་དུ་སྦྱོར་བ་ ་ཐམས་ཅད་ཡོངས་སུ་གཏུགས་པའི་ཤེས་པ་ཉིད་དང་ངོ། །གཟུགས་ན་སྤྱོད་པའི་ཀུན་ནས་དཀྲིས་པས་ཡོངས་སུ་ཉམས་ན་ཡང་གཅིག་དང་ལྡན་ཏེ། ཐ་མའི་ཆ་དང་མཐུན་པ་སྤོང་བའི་ཡོངས་སུ་ཤེས་པ་ཉིད་དང་ངོ། །གཟུགས ་ལ་འདོད་ཆགས་དང་བྲལ་བ་ཐོབ་ན་ནི་གཉིས་དང་ལྡན་ཏེ། ཐ་མའི་ཆ་དང་འཐུན་པ་སྤོང་བ་དང། གཟུགས་ཀྱི་འདོད་ཆགས་ཟད་པའི་ཡོངས་སུ་ཤེས་པ་དང་ངོ། །གཟུགས་མེད་ན་སྤྱོད་པའི་ཀུན་ནས་དཀྲིས་པས་ཡོངས་སུ་ཉམས་ན་ཡང་དེ་གཉིས་དང ་ལྡན་ནོ། །ཅིའི་ཕྱིར་ཕྱིར་མི་འོང་བ་དང་དགྲ་བཅོམ་པ་ལ་ཡང་ཡོངས་སུ་ཤེས་པ་གཅིག་ཉིད་དུ་རྣམ་པར་བཞག་ལ། མེད་དུ་ནི་མ་ཡིན་ཞེ་ན། གང་གི་ཕྱིར། ཁམས་ལ་འདོད་ཆགས་དང་བྲལ་བ་དང། འབྲས་བུ་ཐོབ་ཕྱིར་དེ་དག་བསྡོམས། །ཁམས་ལ ་འདོད་ཆགས་དང་བྲལ་བ་དང། འབྲས་བུ་ཐོབ་པ་དང་རྒྱུ་གཉིས་ཀྱིས་ཡོངས་སུ་ཤེས་པ་རྣམས་བསྡོམས་པ་ཡིན་ཏེ། གཅིག་ཏུ་རྣམ་པར་བཞག་ལ་གནས་སྐབས་དེ་གཉིས་ན་ནི་འདི་གཉི་ག་སྲིད་པས་དེའི་ཕྱིར། སྤོང་བ་ཐམས་ཅད་བསྡོམ་ཏེ་ཡོངས ་སུ་ཤེས་པ་གཅིག་ཅེས་བྱའོ། །ཡང་གང་ཞིག་གིས་ཡོངས་སུ་ཤེས་པ་དུ་ཤིག་ཡོངས་སུ་གཏོང་ངམ་འཐོབ་ཅེ་ན། ལ་ལ་གཅིག་གཉིས་ལྔ་དང་དྲུག། གཏོང་སྟེ་ཐོབ་པ་ལྔ་མ་ཡིན། །དགྲ་བཅོམ་པ་ཉིད་དམ་འདོད་པའི་འདོད་ཆགས་དང་བྲལ་བ་ལས ་ཡོངས་སུ་ཉམས་ན་གཅིག་གཏོང་ངོ། །ཕྱིར་མི་འོང་བའི་གཟུགས་ཀྱི་འདོད་ཆགས་དང་བྲལ་བ་ཞིག་འདོད་པའི་འདོད་ཆགས་དང་བྲལ་བ་ལས་ཡོངས་སུ་ཉམས་ན་ཡོངས་སུ་ཤེས་པ་གཉིས་གཏོང་ངོ། །ལམ་ལ་རྗེས་སུ་ཤེས་པ་སྔོན་འདོད་ཆགས ་དང་བྲལ་བ་ཞིག་ཡིན་ན་ལྔ་གཏོང་ཏེ། དེ་ནི་ཐ་མའི་ཆ་དང་མཐུན་པ་སྤོང་བའི་ཡོངས་སུ་ཤེས་པ་ཐོབ་ན་སྔ་མའི་ཡོངས་སུ་ཤེས་པ་ལྔ་གཏོང་ངོ། །མཐར་གྱིས་འདོད་པ་ལས་འདོད་ཆགས་བྲལ་བར་བྱེར་ན་ནི་ཡོངས་སུ་ཤེས་པ་དྲུག་གཏོང་ངོ། །དེ་བཞིན་དུ ་འཐོབ་པ་ཡང་ལ་ལ་ནི་ཡོངས་སུ་ཤེས་པ་གཅིག་འཐོབ་སྟེ། གང་ལ་ལ་ཞིག་གི་སྔོན་མ་ཐོབ་པ་ལས་ཐོབ་པའོ། །ལ་ལས་ནི་གཉིས་འཐོབ་སྟེ། གཟུགས་མེད་པའི་ཁམས་ཀྱི་འདོད་ཆགས་དང་བྲལ་བ་ལས་ཡོངས་སུ་ཉམས་པའོ། །ཁ་ཅིག་གིས་ནི་དྲུག ་འཐོབ་སྟེ། གང་ཞིག་གི་ཕྱིར་མི་འོང་བའི་འབྲས་བུ་གང་ཡིན་པ་ལས་ཡོངས་སུ་ཉམས་པའོ། །སྔ་ཐོབ་པ་ནི་འགའ་ཡང་མེད་དོ། །ཆོས་མངོན་པ་མཛེད་ཀྱི་འགྲེལ་པ་མདོ་དང་མཐུན་པ་ལས་ཕྲ་རྒྱས་བསྟན་པ་ཞེས་བྱ་བ་མཛོད་ཀྱིས་གནས་ལྔ་བའོ། ། ་ཇི་སྐད་དུ་སྤོང་བ་ནི་ཡོངས་སུ་ཤེས་པའི་མིང་འཐོབ་བོ་ཞེས་བཤད་ལ། དེ་ཡང། བདེན་པ་མཐོང་དང་བསྒོམ་པ་ལས། །ཉོན་མོངས་སྤོང་བ་ཞེས་བཤད་དེ། །མཐོང་བས་སྤང་བར་བྱ་བ་དང། བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་རྣམས་ཞེས་རྒྱས་པར ་བཤད་པ་ཡིན་ནོ། །ད་ནི་མཐོང་བ་དང་བསྒོམ་པའི་ལམ་གཉིས་ཀྱང་ཅི་ཟག་པ་མེད་པ་འམ་ཟག་པ་དང་བཅས་པ་ཞེས་བརྗོད་པར་བྱ་ཞེ་ན། དེ་ཅིའི་ཕྱིར་འདི་སྐད་དུ་ཅེས་བརྗོད་དེ། བསྒོམ་པའི་ལམ་ནི་རྣམ་གཉིས་ཏེ། །མཐོང་བ་ཞེས་བྱ་ཟག་པ་མེད། །བསྒོམ ་པའི་ལམ་ནི་རྣམ་པ་གཉིས་ཏེ། འཇིག་རྟེན་པ་དང། འཇིག་རྟེན་ལས་འདས་པའོ། །མཐོང་བའི་ལམ་ནི་ཁམས་གསུམ་པའི་གཉེན་པོ་ཡིན་པ་དང། མཐོང་བས་སྤང་བར་བྱ་བའི་རྣམ་པ་དགུ་ཅིག་ཅར་དུ་སྤོང་བའི་ཕྱིར་འཇིག་རྟེན་ལས་འདས་པ་ཉིད་ཡིན ་གྱི། འཇིག་རྟེན་པ་དེ་ལ་ནི་དེ་འདྲ་བའི་མཐུ་མེད་དོ། །བདེན་པ་མཐོང་བ་ལས་ཤེས་བཤད་ན། བདེན་པ་རྣམས་ཀྱང་གང་ཞིག་ཡིན་ཞེ་ན། བདེན་པ་དག་ནི་བཞིར་བཤད་དོ། །གང་དུ་བཤད་ཅེ་ན་ཟག་པ་དང་བཅས་པ་དང། ཟག་པ་མེད་པ་བསྟན་པའི་སྐབས་སུ། ་ཟག་མེད་ལམ་གྱི་བདེན་པ་དང། །ཞེས་ལམ་གྱི་བདེན་པ་རང་གི་མིང་གིས་བསྟན་ཏོ། །སོ་སོར་རྟགས་པའི་འགོག་པ་གང། །འབྲལ་ལ་ཞེས་འགོག་པའི་བདེན་པ་བསྟན་ཏོ། །དེ་དག་སྡུག་བསྔལ་ཀུན་འབྱུང་དང། །འཇིག་རྟེན་ཞེས་བྱ་བ་དེར་སྡུག་བསྔལ་དང་ཀུན ་འབྱུང་གི་བདེན་པ་བསྟན་ཏོ། །ཅི་དེ་དག་གིས་རིམ་པ་འདི་ལྟར་རམ་ཞེ་ན། སྨྲས་བ་མ་ཡིན་ནོ། །འོ་ན་ཅི་ལྟ་བུ་ཡིན་ཞེ་ན། སྡུག་བསྔལ་ཀུན་འབྱུང་དེ་བཞིན་དུ། །འགོག་དང་ལམ་སྟེ་དེ་ལྟར་རོ། །དེ་དག་གི་རིམ་པ་ནི་དེ་ལྟའོ། ། ་རང་བཞིན་ནི་སྔར་ཇི་སྐད་དུ་བཤད་པ་དེ་བཞིན་ནོ་ཞེས་རབ་ཏུ་བསྟན་པའི་ཕྱིར་དེ་བཞིན་ཞེས་བྱ་བའི་སྒྲེ་སྨོས་སོ། །དེ་ཡང། དེ་དག་ཅི་ལྟར་མངོན་རྟོགས་རིམ། །བདེན་པ་གང་ཞིག་སྔར་མངོན་པར་རྟོགས་པ་དེ་སྔར་བསྟན་གྱི། དེ་ལྟ་མ་ཡིན་ན་རྒྱུ་ནི་སྔར ་བསྟན་ལ་འབྲས་བུ་ནི་ཕྱིས་བསྟན་པར་འགྱུར་རོ། །ཅིའི་ཕྱིར་བདེན་པ་རྣམས་འདི་ལྟར་མངོན་པར་རྟོགས་ཤེ་ན། གང་ལ་ཆགས་པ་དང། གང་གིས་གནོད་པར་བྱེད་པ་དང། གང་ལས་ཐར་བ་དོན་དུ་གཉེར་བ་དང། དང་པོའི་དེ་ཉིད་ལ་རྣམ་པར་སྤྱོད་པའི ་གནས་སྐབས་སུ་སྡུག་བསྔལ་གྱིས་བདེན་པ་ལ་ཡོངས་སུ་རྟོག་གོ་།ཕྱིས་འདིའི་རྒྱུ་ནི་གང་ཞིག་ཡིན་ཞེས་ཀུན་འབྱུང་གི་བདེན་པ་དང། འདིའི་འགོག་པ་ནི་གང་ཞིག་ཡིན་ཞེས་འགོག་པའི་བདེན་པ་དང། འདིའི་ལམ་ནི་གང་ཞིག་ཡིན་ཞེས་ལམ་གྱི་བདེ ་པ་ལ་ཡོངས་སུ་རྟོག་སྟེ། ནད་མཐོང་བ་དེའི་གཞི་དང་ཟད་པར་བྱ་བ་དང། སྨན་ཚོལ་བ་བཞིན་ནོ། །མདོ་ལས་ཀྱང་བདེན་པ་རྣམས་ཀྱི་དཔེ་དེ་ལྟར་བསྟན་ཏེ། མདོ་གང་ལས་ཤེ་ན། ཡན་ལག་བཞི་དང་ལྡན་པའི་སྨན་པ་ཟུག་དུ་འབྱིན་བ་ཞེས་འབྱུང་བ་དེ ་ལས་བསྟན་ཏོ། །སྔར་འཕངས་པའི་ཕྱིར་རྣམ་པར་དཔྱོད་པའི་གནས་སྐབས་སུ་བདེན་པ་རྣམས་ལ་ཇི་ལྟར་ཡོངས་སུ་རྟོག་པ་བཞིན་དུ་མངོན་པར་རྟོག་པའི་གནས་སྐབས་སུ་ཡང་བདེན་པ་རྣམས་ལས་དེ་བཞིན་དུ་མངོན་པར་རྟོག་སྟེ། ས་མཐོང་བའི་རྟ་ཐག ་ཐོག་མེད་པར་རྒྱུག་པ་བཞིན་ནོ། །མངོན་པར་རྟོགས་པ་ཞེས་བྱ་བའི་དོན་ཅི་ཞེ་ན། མངོན་པར་ཡང་དག་པར་བྱང་ཆུབ་པའོ། །ཅིའི་ཕྱིར་ཟག་པ་མེད་པ་ཉིད་ཡིན་གྱི་ཟག་པ་དང་བཅས་པ་མ་ཡིན་ཞེ་ན། ད་ནི་མྱ་ངན་ལས་འདས་པ་ལ་མངོན་དུ་ཕྱོགས་པ ་དང་།ཡང་དག་པར་བྱང་ཆུབ་བ་སྟེ། ཡང་དག་པ་ཞེས་བྱ་བ་ནི་དེ་ཁོ་ན་ཉིད་དུའོ། །གང་གི་ཚེ་ཚོར་བའི་ཕྱོགས་གཅིག་སྡུག་བསྔལ་གྱི་རང་བཞིན་ཡིན་པ་དེའི་ཚེ། ཇི་ལྟར་ན་འདུ་བྱེད་ཟག་པ་དང་བཅས་པ་ཐམས་ཅད་སྡུག་བསྔལ་ཞེས་བརྗོད་ཅེ་ན། ཡིད་འོང་ཡིད་དུ་མི ་འོང་དང། །དེ་ལས་གཞན་ཟག་བཅས་རྣམ་ཉིད། །སྡུག་བསྔལ་ཉིད་གསུམ་ལྡན་པའི་ཕྱིར། །ཅི་རིགས་མ་ལུས་སྡུག་བསྔལ་ལོ། །སྡུག་བསྔལ་གསུམ་སྟེ། སྡུག་བསྔལ་ཉིད་དང། འདུ་བྱེད་ཀྱི་སྡུག་བསྔལ་ཉིད་དང། རྣམ་པར་འགྱུར་བའི་སྡུག་བསྔལ་ཉིད་དེ། དེ ་དག་གི་ཅི་རིགས་བར་འདུ་བྱེད་ཟག་པ་དང་བཅས་པ་མ་ལུས་པར་སྡུག་བསྔལ་བ་ཡིན་ནོ། །དེ་ལས་ཡིད་དུ་འོང་བ་ནི་རྣམ་པར་འགྱུར་བའི་སྡུག་བསྔལ་གྱི་སྡུག་བསྔལ་ལོ། །ཡིད་དུ་མི་འོང་བ་ནི་སྡུག་བསྔལ་གྱི་སྡུག་བསྔལ་ལོ། །དེ་ལས་གཞན་པ་ནི་འདུ་བྱེད་ཀྱི ་སྡུག་བསྔལ་གྱི་སྡུག་བསྔལ་ལོ། །འཕགས་པའི་ལམ་ནི་མ་གཏོགས་ཏེ། མི་མཐུན་པ་ནི་སྡུག་བསྔལ་གྱི་མཚན་ཉིད་ཡིན་པའི་ཕྱིར། འཕགས་པའི་ལམ་ནི་སྡུག་བསྔལ་མ་ཡིན་ནོ། །ཡིད་དུ་འོང་བ་ནི་གང་དག་གི་ཅིག་ཡིན། །ཡིད་དུ་མི་འོང་བ་ནི་གང་དག་ཅིག་ཡིན། ་གཉི་ག་མ་ཡིན་པ་ནི་གང་དག་ཅིག་ཡིན་ཞེ་ན། ཚོར་བ་གསུམ་དང་རིམ་བཞིན་ཏེ། དེའི་དབང་གིས་བདེ་བ་མྱོང་བར་འགྱུར་བ་ལ་སོགས་པའི་འདུ་བྱེད་ཀྱང་ཡིད་དུ་མི་འོང་བ་ལ་སོགས་པའི་མིང་འཐོབ་བོ། །བཅོམ་ལྡན་འདས་ཀྱིས་བདེན་པ་བཞི་ཞེས་ཀྱང་གསུངས། ་དོན་དམ་པའི་བདེན་པ་དང། ཀུན་རྫོབ་ཀྱི་བདེན་པ་དང། བདེན་པ་གཉིས་ཞེས་ཀྱང་གསུངས་ན་དེ་གཉིས་ཀྱི་མཚན་ཉིད་ཅི་ཞེ་ན། གང་ཞིག་བཅོམ་དང་བློ་ཡིས་གཞན། །བསལ་ན་དེ་བློ་མི་འཇུག་པ། །བུམ་ཆུ་ལྟ་བུར་ཀུན་རྫོབ་ཏུ། དེ་ཡོད་དོན་དམ་ཡོད་གཞན་ནོ། །གང ་ཞིག་ཆ་ཤས་སུ་བཅོམ་ན་དེའི་བློ་མི་འཇུག་པ་དེ་ནི་ཀུན་རྫོབ་དུ་ཡོད་པ་སྟེ། དཔེར་ན་བུམ་པ་ལྟ་བུའོ། །དེ་ན་གྱོ་མོར་བཅོམ་ན་བུམ་པའི་བློ་མི་འཇུག་གོ་།གང་ཞིག་བློས་ཆོས་གཞན་པས་ཙམ་ན་དེའི་བློ་མི་འཇུག་པ་དེ་ཡང་ཀུན་རྫོབ་ཏུ་ཡོད་པར་རིག་པར་བྱ་སྟེ། །དཔེར ་ན་ཆུ་ལྟ་བུའོ། །དེ་ལ་ནི་བློས་གཟུགས་ལ་སོགས་པའི་ཆོས་བསལ་ན་ཆུའི་བློ་མི་འཇུག་གོ་།དེ་དག་ཉིད་ལ་ཀུན་རྫོབ་ཀྱིས་མིང་དེར་འདོགས་པས་ཀུན་རྫོབ་ཀྱི་དབང་གིས་བུམ་པ་དང་ཆུ་ཡོད་དོ་ཞེས་བརྗོད་པ་ན། བདེན་པ་ཉིད་དོ་ཞེས ་བརྗོད་ཀྱི་བསྟུན་པ་ནི་མ་ཡིན་ནོ། ཞེས་བྱ་བ་དེ་ནི་ཀུན་རྫོབ་ཀྱིས་བདེན་བའོ། །དེ་ལས་གཞན་པ་ནི་དོན་དམ་པའི་བདེན་པ་སྟེ། གང་ཞིག་བཅོམ་ཡང་རུང་བློས་ཆོས་གཞན་བསལ་ཡང་རུང། དེའི་བློ་འཇུག་པ་དེ་ནི་དོན་དམ་པ་ཉིད་དུ་ཡོད་དེ་དཔེར་ན་གཟུགས ་ལྟ་བུའོ། །དེ་ནི་རྡུལ་ཕྲ་རབ་ཏུ་བཅོམ་ལ་བློས་གཟུགས་ལ་སོགས་པའི་ཆོས་བཙལ་ཡང། གཟུགས་ཀྱི་རང་བཞིན་གྱི་བློ་ན་འཇུག་པ་ཉིད་དོ། །དེ་བཞིན་དུ་ཚོར་བ་ལ་སོགས་པར་ཡང་སྦྱར་བར་བྱ་སྟེ། དེ་དག་ནི་དོན་དམ་པར་ཡོད་པས་ན་དོན་དམ ་པའི་བདེན་པའོ། །བདེན་པ་རྣམས་བཤད་ཟིན་ཏེ། །ཇི་ལྟར་ན་དེ་དག་མཐོང་བར་འགྱུར་བ་བརྗོད་པར་བྱ་སྟེ། ཚུལ་གནས་ཐོས་དང་བསམ་གཞན་པ། །བསྒོམ་པ་ལ་ནི་རབ་ཏུ་སྦྱོར། །བདེན་པ་རྣམས་མཐོང་བར་འདོད་པ་དང་པོ་ཉིད་དུ་ཚུལ་ཁྲིམས ་སྲུང་བར་བྱེད་དོ། །དེ་ནས་བདེན་པ་མཐོང་བ་དང་མཐུན་པའི་ཐོས་པ་འཛིན་པའམ་དོན་ཉམས་པར་བྱེད་དོ། །ཐོས་ནས་ཕྱིན་ཅི་མ་ལོག་པར་སེམས་བར་བྱེད་དོ། །བསམ་ནས་བསྒོམ་པའི་ཏིང་ངེ་འཛིན་དག་ལ་རབ་ཏུ་སྦྱོར་ཏེ། དེ་ཐོས་པ་ལས་བྱུང་བའི་ཤེས ་རབ་ལ་བརྟེན་ནས་བསམས་པ་ལས་བྱུང་བའི་ཤེས་རབ་སྐྱེའོ། །བསམ་པ་ལས་བྱུང་བ་ལ་བརྟེན་ནས་བསྒོམ་པ་ལས་བྱུང་བ་སྐྱེའོ། །ཤེས་རབ་དེ་དག་གི་མཚན་ཉིད་ཀྱང་ཅི་ཞེ་ན། ཐོས་སོགས་བྱུང་བ་བློ་ཡི་ཡུལ། །མིང་དང་དོན་ངད་གཉི་གའོ། །མིང་ལ ་དམིགས་པ་ནི། ཐོས་པ་ལས་བྱུང་བའི་ཤེས་རབ་བོ་ཞེས་གྲག་གོ་།མིང་དང་དོན་གཉིས་ལ་དམིགས་པ་ནི་བསམ་པ་ལས་བྱུང་བའི་ཤེས་རབ་སྟེ། རེས་འགའ་ནི་ཡི་གེས་དོན་འདྲེན་པར་བྱེད་དོ། །རེས་འགའ་ནི་དོན་གྱིས་ཡི་གེ་འདྲེན་པར་བྱེད་དོ། །བསྒོམ་པ ་ལས་བྱུང་བ་ནི་དོན་ལ་དམིགས་པ་ཉིད་དེ་དེ་ནི་ཡི་གེ་ལ་མི་བརྟེན་པར་དོན་ལ་འཇུག་གོ་།ཡང་དེ་ལྟར་བསྒོམ་པ་ལ་རབ་ཏུ་བརྩོན་པ་དེ་ཇི་ལྟར་བསྒོམ་པ་རྫོགས་པ་ཡིན་ཞེ་ན། སྨྲས་པ་བསྲིངས་གཉིས་ལྡན། གལ་ཏེ་ལུས་དང་སེམས་གཉིས་ཀྱིས་བསྲིངས ་བ་ཡིན་ཏེ། འདུ་འཛི་དང་མི་དགེ་བའི་རྣམ་པར་རྟོག་པ་ཐག་བསྲིངས་པ་ལས་སོ། འོ་ན་བསྲིངས་པ་དེ་གཉིས་ཀྱང་སུ་ཞིག་ལ་བྱ་བར་སླུ་བ་ཡིན་ཞེ་ན། འདོད་བ་ཆུང་བ་དང། ཆོག་ཤེས་པར་བྱ་བར་སླའི། །ཆོག་མི་ཤེས་པ་དང། འདོད་ཆེན་ཅན་ལ་མ་ཡིན ་ནོ། །ཡང་ཆོག་མི་ཤེས་པ་དེ་ནི་གང་ཞིག་ཡིན་འདོད་ཆེན་ཆེ་བ་དེ་ནི་གང་ཞིག་ཡིན་ཞེ་ན། རྙེད་ལ་ཡང་སྲེད་ཆོག་མི་ཤེས། །མ་རྙེད་པ་འདོད་འདོད་ཆེན་ཅན། །ཆོས་མངོན་པ་དག་ན་ཆོས་གོས་ལ་བཟང་པོ་རྙེད་པ་དང་ཡང་དང་ཡང་དུ་འདོད་པ་ནི་ཆོག་མི་ཤེས ་པའོ། །མ་རྙེད་པ་དེ་དག་འདོད་པ་ན་འདོད་ཆེན་ཅན་ནོ་ཞེས་གྲག་གོ་།བཟློག་པ་དེ་ཡི་གཉེན་པོ་སྟེ། ཆོག་མི་ཤེས་པ་དང་འདོད་ཆེན་ལས་བཟློག་པ་དེ་ནི་དེ་དག་གི་གཉེན་པོར་རིག་པར་བྱ་སྟེ། ཆོག་ཤེས་པ་དང་འདོད་པ་ཆུང་བའོ། །གཉིས་ཁམས ་གསུམ་གཏོགས་དྲི་མེད། །དེའི་གཉེན་པོ་ཞེས་བྱ་བར་སྦྱར་ཏེ། གསུམ་དང་མི་ལྡན་པ་ན་ཡོད་དོ། །ཆོག་མི་ཤེས་པ་དང་འདོད་ཆེན་ཅན་ནི་འདོད་པ་ན་སྤྱོད་པ་ཉིད་དོ། །ཡང་ཆོག་ཤེས་པ་དང་འདོད་པ་ཆུང་བ་འདི་གཉིས་ཀྱི་རང་བཞིན་ཅི་ཞིག་ཅེ་ན། མ་ཆགས། ་འདི་གཉིས་ནི་མ་ཆགས་པའི་རང་བཞིན་ཡིན་ནོ། །འཕགས་རིགས། མ་ཆགས་པ་ཞེས་བྱ་བར་སྦྱར་ཏེ། འདི་ལས་འཕགས་པ་རྣམས་སྐྱེས་པས་ན། འཕགས་པའི་རིགས་བཞི་ཡིན་ཏེ། དེ་དག་ཀྱང་མ་ཆགས་པའི་རང་བཞིན་ཡིན་ནོ། །དེ་དག་ལས། གསུམ ་ནི་ཆོག་ཤེས་བདག་ཉིད་དོ། །དང་པོའི་གསུམ་ནི་ཆོག་ཤེས་པའི་རང་བཞིན་ཡིན་ཏེ། ཆོས་གོས་དང་བསོད་སྙོམས་དང་མལ་སྟན་དག་གིས་ཆོག་ཤེས་པ་དག་གོ་།འཕགས་པའི་རིགས་བཞི་པ་ནི་སོང་བ་དང་བསྒོམ་པ་ལ་དགའ་བའོ། །དེ་ཇི་ལྟར་ན་མ ་ཆགས་པའི་རང་བཞིན་ཡིན་ཞེ་ན། སྲིད་པ་དང་འདོད་ཆགས་ལ་རྒྱབ་ཀྱིས་བལྟས་པའི་ཕྱིར་རོ། །ཡང་བཅོམ་ལྡན་འདས་ཀྱིས་འཕགས་པའི་རིགས་བཞིས་ཅི་ཞིག་བསྟན་ཅེ་ན། གསུམ་གྱིས་ཚུལ་དེ་ཐ་མ་ལས། ཆོས ་ཀྱི་མངའ་བདག་བཅོམ་ལྡན་འདས་ཀྱིས་རང་གི་ཚུལ་དང་ལས་ཀྱི་མཛའ་ཡོངས་སུ་སྤངས་ཤིང་ཐར་པ་དོན་དུ་གཉེར་བས་ཁས་འཆེས་པའི་སློབ་མ་དག་ལ་ཚུལ་དང་ལས་ཀྱི་མཛའ་དང་གཉིས་བཅས་ཏེ། འཕགས་པའི་རིགས་གསུམ ་གྱིས་ནི་ཚུལ་བཅས་སོ། །བཞི་པས་ནི་ལམ་བཅས་སོ། །ཚུལ་འདི་ལས་འདི་བྱེད་ན་རིང་པོ་མི་ཐོགས་པར་ཐར་པ་ཐོབ་པར་འགྱུར་རོ། །ཞེས་གསུངས་སོ། །ཅིའི་ཕྱིར་འདི་འདྲ་བ་དང་ལས་འདི་འདྲ་བ་བཅས་ཤེ་ན། སྲེད་པ་སྐྱེ་བའི་གཉེན་པོའི ་ཕྱིར། མདོ་ལས་སྲེད་པ་སྐྱེ་བ་ནི་བཞིར་གསུངས་ཏེ། དགེ་སློང་སྲེད་པ་སྐྱེ་བ་ན་ཆོས་གོས་དང་བསོད་སྙོམས་དང་མལ་སྟན་གྱི་ཕྱིར་སྐྱེའོ། །གནས་པ་ན་གནས་སོ། །མངོན་པར་ཞེན་པ་ན་ཞེན་ཏོ། །དགེ་སློང་སྲེད་པ་སྐྱེ་བ་ན་སྐྱེ་བ་དང་འཇིག་པ་ལ ་སྐྱེའོ་ཞེས་བྱ་བ་རྒྱ་ཆེར་གསུངས་སོ། །དེ་དག་གིས་གཉེན་པོར་འཕགས་པའི་གཉེན་པོ་རིམ་བཞིན་བསྟན་ཏོ། །ང་དང་བདག་འཛིན་དངོས་ཆགས་པ། །དེ་ཡི་དངོས་དང་བཞི་བཞིའི་ཕྱིར། །དོན་དེ་ཉིད་རྣམ་གྲངས་ཀྱིས་སྟོན་པ་སྟེ། ང་ཡིར་འཛིན་པའི་དངོས ་པོ་ནི་ཆོས་གོས་ལ་སོགས་པའོ། །བདག་ཏུ་འཛིན་པའི་དངོས་པོ་ནི་ལུས་སོ། །དེ་དག་ལ་འདོད་པ་ནི་སྲེད་པའོ། །དེ་ལ་ང་ཡིར་འཛིན་པའི་དངོས་པོ་ལ་འདོད་པ་དེའི་དུས་སུ་ཞི་བར་བྱ་བའི་ཕྱིར་འཕགས་པའི་རིགས་གསུམ་བསྟན་པ་ཡིན་ནོ། །གཉི་ག ་ཤིན་ཏུ་ཞི་བར་བྱ་བའི་ཕྱིར་བཞི་པ་བསྟན་ཏོ། །ཇི་ལྟར་ན་བསྒོམས་པ་རྫོགས་པར་འགྱུར་པ་འདི་བཤད་ཟིན་ཏོ། །དེ་ལྟར་སྣོད་དུ་གྱུར་པ་དེ་ཇི་ལྟར་ན་བསྒོམས་པ་དེ་ལ་འཇུག་པ་ཡིན་ཞེ་ན། དེ་ལ་འཇུག་པ་མི་སྡུག་དང། །དབུགས་རྡུབ་འབྱུང་བ ་དྲན་པ་ཡིས། །གང་དག་གཅིག་ནི་མི་སྡུག་པས་འཇུག་གང་དག་གཅིག་ནི་དབུགས་རྡུབ་པ་དང་འབྱུང་བ་དྲན་པས་འཇུག་ཅེ་ན་རིམ་བཞིན་དུ་འདོད་ཆགས་རྣམ་རྟོག་ལྷག་རྣམས་ཀྱིས། འདི་དག་གི་འདོད་ཆགས་དང། རྣམ་པར་རྟོག་པ་ལྷག་པ་སྟེ། གང ་ཞིག་འདོད་ཆགས་སྤྱོད་པ་ཤིན་ཏུ་ཉེ་བ་དེ་ནི་མི་སྡུག་པས་འཇུག་གོ་།གང་ཞིག་རྣམ་པར་རྟོག་པ་སྤྱོད་པ་དེ་ནི་དབུགས་རྡུབ་པ་དང་འབྱུང་བ་དྲན་པས་འཇུག་གོ་།ཁ་ཅིག་ན་རེ་སྣ་ཚོགས་ལ་དམིགས་པའི་ཕྱིར་དེ་ནི་རྣམ་པར་རྟོག་པ་གཅད་པའི་ཕྱིར་ཡིན་གྱི། ་མི་སྡུག་པ་ནི་ཁ་དོག་དང་དབྱིབས་ཀྱི་བྱེ་བྲག་ལ་དམིགས་པའི་ཕྱིར་རྣམ་པར་རྟོག་པ་བསྐྱེད་དོ་ཞེས་ཟེར་རོ། །གཞན་དག་ན་རེ་ནི་ཁ་ནང་དུ་བལྟས་པའི་ཕྱིར་རོ་ཞེས་ཟེར་ཏེ། མི་སྡུག་པ་ནི་མིག་གི་རྣམ་པར་ཤེས་པ་བཞིན་དུ་ཁ་ཕྱིར་བལྟས་པ་ཡིན་ཏེ། དེའི་ཡུལ་ལ ་ཉེ་བར་རྟོག་པའི་ཕྱིར་རོ། །དེ་ལ་འདོད་ཆགས་ནི་རྣམ་པ་བཞི་སྟེ། ཁ་དོག་གི་འདོད་ཆགས་དང་དབྱིབས་ཀྱི་འདོད་ཆགས་དང་རེག་པའི་འདོད་ཆགས་དང་ཉེ་བར་སྤྱོད་པའི་འདོད་ཆགས་སོ། །དང་པོའི་གཉེན་པོར་ནི་མི་སྡུག་པ་རྣམ་པར་བསྔོས་པ་ལ་སོགས་པ་ལ ་དམིགས་པ་བརྗོད་དོ། །གཉིས་པའི་ནི་རྣམ་པར་ཟོས་པ་དང། རྣམ་པར་འཐོར་བའོ། །གསུམ་པའི་ནི་རྣམ་པར་འབུས་གཞིག་པ་དང། རྒྱུས་པས་བྲང་བྲེང་དུ་འབྲེལ་པ་པའི་ཀེང་རུས་ལ་དམིགས་པའོ། །བཞི་པས་ནི་ཤི་བའི་རོ་གཡོ་བ་མེད་པ་ལ་དམིགས་པའོ།། ་བྱེ་བྲག་མེད་པར་ནི། ཆགས་ཅན་ཀུན་ལ་ཀེང་རུས་སོ། །རུས་པའི་ཀེང་རུས་ལ་ནི་བརྗོད་དེ་ལས་དང་པོ་པ་དང། ཡོངས་སུ་སྦྱང་བ་བྱས་པ་དང། ཡིད་ལ་བྱེད་པ་རྫོགས་པའོ། །དེ་ལ་དང་པོའི་ལས་པ་རྒྱ་མཚོའི་བར། །ཀེང་རུས་བསྡུས་ཤིང་སྤྲོ་བའོ། །མི་སྡུག་པ་བསྒོམ ་པར་འདོད་པས་རྣལ་འབྱོར་སྤྱོད་པས་མོས་པ་སྐྱེད་པའི་ཕྱིར་དང་པོ་ཁོ་ནར་རང་གི་ཡན་ལག་རྐང་པའི་མཐེ་བོ་འམ། དཔྲལ་བའི་དབྱེས་སམ་ཡང་ན་གང་དགའ་བར་སེམས་འཇོག་པར་བྱེད་ལ། དེ་དེར་ཤ་མྱགས་ཤིང་ཟགས་པར་མོས་པ་ནས་རིམ་གྱི་རུས་པ་རྣམ ་པར་སྦྱོར་བ་ན་ཐམས་ཅད་དུ་རུས་པའི་ཀེང་རུས་སུ་ལྟ་སྟེ། དེ་བཞིན་དུ་གཉིས་པ་ལ་ཡང་མོས་པར་བྱེད་ཅིང་རིམ་གྱིས་གཙུག་ལག་ཁང་དང། ཀུན་དགའ་ཨི་ར་བ་དང། གྲོང་དང། ཞིང་དང་རྒྱ་མཚོའི་མཐས་ཀླས་པའི་བར་གྱིས ་གཞི་ཀེང་རུས་ཀྱིས་གང་བར་མོས་པར་བྱེད་དེ། ཡང་སྡུད་པ་ན་སེམས་བསྡུ་བའི་དོན་དུ་བདག་གཅིག་པོའི་བར་རུས་པའི་ཀེང་རུས་སུ་མོས་པར་བྱེད་དེ། འདི་ཙམ་གྱིས་ན་ནི་མི་སྡུག་པ་ཡོངས་སུ་རྫོགས་པ་ཡིན་ནོ་ཞེས་གྲགས་ཏེ། འདི་ནི་ལས་དང ་པོ་པའི་རྣལ་འབྱོར་སྤྱོད་པ་ཡིན་ནོ། །ཀེང་རུས་ནས་ནི་ཐོད་ཕྱེད་པར། །བཏང་བ་སྦྱང་བ་བྱས་པས་བཤད། །དེ་སེམས་བསྡུ་བ་ཁྱད་པར་དུ་བྱ་བའི་ཕྱིར། དེའི་རུས་པའི་ཀེང་རུས་ལས་རྐང་པའི་རུས་པ་བཏང་ནས་ལྷག་མ་ཡིད་ལ་བྱེད་ཅིང་དེ་བཞིན་དུ་རིམ ་གྱིས་ཡོད་པའི་ཕྱེད་པོར་ནས་ཐོད་པ་ཕྱེད་ཡིད་ལ་བྱེད་པ་འདི་ནི་ཡོངས་སུ་སྦྱང་བ་བྱས་པ་ཡིན་ནོ། །སྨིན་མའི་ནང་དུ་སེམས་འཛིན་པ། །ཡིད་ལ་བྱེད་པ་རྫོགས་པ་ཡིན། །དེ་ཐོང་བའི་ཕྱེད་ཀྱང་བཏང་ནས་སྨིན་མའི་ནང་དག་ཏུ་སེམས་འཛིན་པར་བྱེད་པ ་འདི་ནི་མི་སྡུག་པ་ཡོད་ལ་བྱེད་པ་རྫོགས་པའི་རྣལ་འབྱོར་སྤྱོད་པ་ཡིན་ནོ་ཞེས་གྲག་གོ་།ཡང་མི་སྡུག་པ་འདིའི་རང་བཞིན་ནི་ཅི་ཞིག་ཡིན། ས་ནི་དུ་ཞིག་དམིགས་པ་ནི་དུ་ཞིག་ཡིན། གང་དུ་ནི་སྐྱེས་པར་བྱེད་ཅེ་ན། རིམ་བཞིན་དུ་མ་ཆགས་བཅུ ་འདོད་སྣང་བ། དམིགས་པ་མིས་སྐྱེད་མི་སྡུག་པའོ། །རང་བཞིན་ནི་མ་ཆགས་པའོ་ས་ནི་བཅུ་སྟེ། བསམ་གཏན་བཞི་ཉེ་བར་བསྡོགས་པ་དང་བཅས་པ་དང། བསམ་གཏན་ཁྱད་པར་ཅན་དང། འདོད་པའི་ཁམས་རྣམས་སོ། །དམིགས་པ་ནི་འདོད ་པ་ན་སྤྱོད་པའི་སྣང་བ་ཡིན་ནོ། །སྣང་བ་ཞེས་བྱ་བ་ཅི་ཞེ་ན། ཁ་དོག་དང་དབྱིབས་ཡིན་ཏེ། དེ་ཉིད་ཀྱི་ཕྱིར་དོན་ལ་དམིགས་པའོ་ཞེས་བྱ་བར་གྲུབ་པོ། །མིའི་ནང་ཉིད་དག་ཏུ་སྐྱེད་ཀྱི་འགྲོ་བ་གཞན་དག་ཏུ་ཡང་མ་ཡིན་ན། ཁམས་གཞན་དག་དུ་ལྟ་སྨོས ་ཀྱང་ཅི་དགོས། དེ་དག་དུ་ཡང་བྱང་གི་སྒྲ་མི་སྙན་དག་ཏུ་ནི་མ་ཡིན་ནོ། །མིང་ཉིད་ཀྱིས་མི་སྡུག་པའི་རྣམ་པའོ་ཞེས་བྱ་བར་གྲུབ་པོ། །གང་གི་དུས་མ་ཡིན་པ་དེ་དེའི་དུས་པ་ལ་དམིགས་སོ། །མི་སྐྱེ་བའི་ཆོས་ཅན་ཞིག་ཡིན་ན་ནི་དམིགས་པ་དུས་གསུམ་ཡིན ་ནོ་མོས་པ་ཡིད་ལ་བྱེད་པའི་ཕྱིར། ཟག་པ་དང་བཅས་པའོ། །འདྲིས་པ་དང་མ་འདྲིས་པའི་ཕྱིར་འདོད་ཚིགས་དང་བྲལ་བས་ཐོབ་པ་དང། སྦྱོར་བ་ལས་བྱུང་བ་ཡིན་ནོ། །མི་སྡུག་པའི་མཚན་ཉིད་རབ་ཏུ་དབྱེ་བ་དང་བཅས་པར་བཤད་ཟིན་ཏོ། །དབུགས་རྡུབ་འབྱུང ་དྲན་ཤེས་རབ་སྟེ། །སོ་ལྔ་སྤྱོད་ཡུལ་རླུང་ཡིན་ནོ། །འདོད་ཡུལ་རྡུབ་པ་ནི་དབུགས་རྡུབ་པ་སྟེ། རླུང་འཇུག་པ་གང་ཡིན་པ་ཉིད་དོ། །འབྱུང་བ་ནི་དབུགས་འབྱིན་པ་སྟེ། རླུང་འབྱུང་བ་གང་ཡིན་པའོ། །དེ་གཉིས་ཀྱིས་དྲན་པ་ན་དབུགས་རྡུབ་པ་དང་འབྱུང་བ ་དྲན་པ་སྟེ། དེ་ནི་ཤེས་རབ་ཀྱི་རང་བཞིན་ནོ། །དྲན་པ་ཞེས་བྱ་བའི་ཚིག་ནི་དྲན་པ་ཉེ་བར་གཞག་པ་བཞིན་ཏེ། དེའི་སྟོབས་བསྐྱེད་པར་བྱ་བ་ཡིན་པའི་ཕྱིར་རོ། །ས་ནི་ལྔ་སྟེ། ཉེར་བསྡོགས་གསུམ་དང། བསམ་གཏན་ཁྱད་པར་ཅན་དང། འདོད་པའི་ཁམས་དག་སྟེ། ་བཏང་སྙོམས་དང་མཚུངས་པར་ལྡན་པའི་ཕྱིར་རོ། །དེའི་དམིགས་པ་ནི་རླུང་ངོ། །འདོད་པའི་ཁམས་ཀྱི་ལྷ་དང་མིའི་ལུས་ངག་གིས་བསྐྱེད་དོ། །འདྲིས་པ་དང་མ་འདྲིས་པའི་ཕྱིར་འདོད་ཆགས་དང་བྲལ་བས་ཐོས་པ་དང་སྦྱོར་བ་ལས་བྱུང་བ་ཡིན་ནོ། །འདི་ནི་དེ་ཁོ་ན ་ཡིད་ལ་བྱེད་པ་ཡིན་ན་ནི་ཆོས་འདི་པ་རྣམས་ཉིད་ཀྱི་ཡིན་གྱི། ཕྱི་བའི་མ་ཡིན་ནོ། །ལུང་མེད་པ་དང། བདག་ཉིད་ཀྱི་ཆོས་ཟབ་མོ་མི་རྟོག་པའི་ཕྱིར་རོ། །དེ་ཡང་བགྲང་བ་ལ་སོགས་རྣམ་དྲུག་གིས། །བགྲང་བ་དང་རྗེས་སུ་འགྲོ་བ་དང། འཇོག་པ་དང། ཉེ་བར ་རྟོག་པ་དང། བསྒྱུར་བ་དང། ཡོངས་སུ་དག་པ་སྟེ། རྒྱུ་དྲུག་དང་ལྡན་ན་འདི་ཡོངས་སུ་རྫོགས་པ་ཡིན་ཏེ། དེ་ལ་བགྲང་བ་ཞེས་བྱ་བ་ནི་དབུགས་རྡུབ་པ་དང་དབུགས་འབྱིན་པ་དག་ལ་སེམས་གཏང་ནས་མངོན་པར་འདུ་བྱ་བ་མེད་པར་ལུས་དང་སེམས་རྣལ་དུ ་བཞག་སྟེ། དྲན་པ་ཙམ་གྱིས་གཅིག་གཉིས་ཞེས་བྱ་བ་ནས་བཅུའི་བར་དུ་བགྲང་བར་བྱེད་པའོ། །སེམས་མངོན་པར་སྡུད་པ་དང། རྣམ་པར་གཡེང་བར་དོགས་པས་མང་བ་དང་ཉུང་བ་ནི་མ་ཡིན་ནོ། །དེ་ལ་སྐྱོན་ནི་གསུམ་སྟེ། ་གལ་ཏེ་གཅིག་ལ་གཉིས་སུ་བགྲང་ན་མ་ཚང་བར་བགྲང་བའོ། །གལ་ཏེ་གཉིས་ལ་གཅིག་ཏུ་བགྲང་ན་ལྷག་པར་བགྲང་བའོ། །གལ་ཏེ་དབུགས་རྡུབ་པ་ལ་དབུགས་འབྱིན་པར་འཛིན་ཏམ། དབུགས་འབྱིན་པ་ལ་དབུགས་འཛིན་ན་འཆོལ་བའོ།། ་དེ་ལས་གཞན་པ་ནི་ཡང་དག་པར་བགྲང་བའོ། །བར་སྐབས་སུ་གཡེང་ན་དང་པོ་ནས་ཡང་བགྲང་བར་བྱ་སྟེ་ཇི་སྲིད་དུ་ཏིང་ངེ་འཛིན་མ་ཐོབ་ཀྱི་བར་དུའོ། །རྗེས་སུ་འགྲོ་བ་ཞེས་བྱ་བ་འདི་འབྱུང་བ་འམ་འཇུག་པ་ནི་ཐག་ཇི་སྲིད་ཅིག་།ཅི་ལུས་འདི་ཐམས་ཅད ་ལ་ཁྱབ་པ་ཞིག་གམ། འོན་ཏེ་ཕྱོགས་འགའ་ཞིག་ན་རྒྱུ་བ་ཞིག་ཡིན་ཞེས་མངོན་པར་འདུ་བྱ་བ་མེད་པར་དབུགས་རྡུབ་པ་དང་དབུགས་འབྱིན་པ་འགྲོས་ཀྱི་རྗེས་སུ་འགྲོ་ཞིང། འཇུག་པ་ན་ཡང་རིམ་གྱིས་ལྐོག་མ་དང། སྙིང་ག་དང། ལྟེ་བ་དང། རྐེད་པ ་དང། བརླ་དང། བྱིན་བ་ནས་རྐང་བ་དག་གིས་བར་དུ་འཇུག་པའི་རྗེས་སུ་འགྲོ་ཞིང་འབྱུང་བ་ན་ཡང་མཐོ་གང་དང་འདོམ་གང་གི་བར་ཐག་ཙམ་དུ་རྗེས་སུ་འགྲོ་བའོ། །ཁ་ཅིག་ན་རེ་རླུང་གི་དཀྱིལ་འཁོར་དང། རྣམ་པར་འཐོར་བྱེད་ཀྱི་རླུང་གི་བར་དུའོ།། ་ཞེས་ཟེར་ཏེ་འདི་ནི་དེ་ཁོ་ན་ཡིད་ལ་བྱེད་པ་ཡིན་པའི་ཕྱིར་དེ་ནི་རིགས་པ་མ་ཡིན་ནོ། །འཇོག་པ་ཞེས་བྱ་བ་ནི་ནོར་བུའི་ཐག་པ་བཞིན་དུ་སྣའི་རྩེ་མོ་ནས་རྐང་པའི་མཐེ་བོའི་བར་དུ་གནས་པར་རྩ་བ་དང། ཅི་འདི་ཕན་འདོགས་པ་ཞིག་གམ། གྲང ་བ་འམ་ངོས་པ་ཞིག་ཅེས་རྟོག་པའོ། །ཉེ་བར་རྟོགས་པ་ནི་འདི་ནི་རླུང་འབའ་ཞིག་མ་ཡིན་འདི་ནི་འབྱུང་བ་ཆེན་པོ་བཞི་དང། འབྱུང་བ་དག་ལས་མངོན་པ་གྲུབ་པ་རྒྱུར་བྱས་པའི་གཟུགས་དང། དེ་ལ་བརྟེན་པ་སེམས་དང་སེམས་ལས་བྱུང་བ་ཡང ་ཡོད་དོ། །ཞེས་ཕུང་པོ་ལྔ་ལ་ཉེ་བར་རྟོག་པར་བྱེད་པའོ། །བསྒྱུར་བ་ནི་རླུང་ལ་དམིགས་པའི་བློ་བསྒྱུར་ཏེ་ཆོས་ཀྱི་མཆོག་གི་བར་དུ་གོང་ནས་གོང་དུ་དགེ་བའི་རྩ་བ་ལས་ཡང་དག་པར་སྦྱོར་བའོ། །ཡོངས་སུ་དག་པ་ནི་མཐོང་བའི་ལམ་ལ་སོགས་པ་ལ་འཇུག ་པའོ། །གཞན་དག་ན་རེ་བསྒྱུར་བ་ནི་དྲན་པ་ཉེ་བར་གཞག་པ་ལ་སོགས་པ་ནས། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་བར་ཡིན་ལ། ཡོངས་སུ་དག་པ་ནི་ཟད་མ་ཤེས་པ་ལ་སོགས་པ་ཡིན་ནོ་ཞེས་ཟེར་རོ། །བགྲང་དང་རྗེས་འགྲོ་གནས་པ་དང། རྟོག་པ་དང་ནི ་བསྒྱུར་བ་དང། །ཡོངས་དགེ་རྣམ་པ་འདི་དྲུག་ནི། དབུགས་རྡུབ་འབྱུང་བ་དྲན་པར་འདོད། ཅེས་བྱ་བ་ནི་བསྡུ་བའི་ཚིགས་སུ་བཅད་པ་ཡིན་ནོ། །དེ་ལ། དབུགས་རྡུབ་འབྱུང་བ་གང་གིས་ལུས། །ལུས་ཀྱི་ཕྱོགས་གཅིག་ཡིན་པའི་ཕྱིར། །ས་དྲུག་པའི་ལུས་ལ་དེ ་གཉིས་ཀྱང་ས་དེ་པ་ཡིན་པར་རིག་པར་བྱའོ། །དབུགས་རྡུབ་པ་དང་འབྱུང་བ་དེ་གཉིས་ཀྱང་སེམས་ཅན་ཞེས་བྱ། སེམས་ཅན་དུ་མི་བགྲང་བ་ནི་མ་ཡིན་ནོ། །མ་ཟིན་པ་དབང་པོ་དང་ཐ་དད་པའི་ཕྱིར་རོ། །རྒྱུ་མཐུན་ལས་བྱུང། ལུས་རྒྱས་པས་ཐུང་ངུར་འབྱུང ་བ་དང། ཆད་ནས་ཡང་ཉིང་མཚམས་སྦྱོར་བའི་ཕྱིར་རྒྱས་པ་ལས་འབྱུང་བ་དང། རྣམ་པར་སྨིན་པ་ལས་སྐྱེས་པ་ནི་མ་ཡིན་ཏེ། འདི་ལ་རྣམ་པར་སྨིན་པའི་གཟུགས་མེད་དོ། །འོག་མ་འམ་ཡིད་ཀྱིས་དེ་ཉིད་མི་རྟོགས་སོ། །རང་གི་ས་དང་ས་གོང་མ་སྟེ། དེ ་གཉིས་ཀྱི་སེམས་ཀྱིས་རྟོགས་ཀྱི་འོག་མས་ཀྱང་མི་རྟོགས་ལ་སྤྱོད་ལམ་པ་དང་སྤྲུལ་པ་ཕས་ཀྱང་མི་རྟོགས་སོ། །འཇུག་པའི་སྒོ་གཉིས་བཤད་ཟིན་ཏོ། །དེ་གཉིས་ཀྱིས་ཏིང་ངེ་འཛིན་ཐོབ་ནས་ལྷག་མཐོང་སྒྲུབ་པར་བྱ་བའི་ཕྱིར། ཞི་གནས་གྲུབ་པར་གྱུར ་ནས་ནི། །དྲན་པ་ཉེར་གཞག་བསྒོམ་པར་བྱ། །ཇི་ལྟར་བྱ་ཞེ་ན། ལུས་ཚོར་སེམས་དང་ཆོས་རྣམས་ལ། །མཚན་ཉིད་གཉིས་སུ་ཡོངས་བརྟགས་པས། །ལུས་དང་ཚོར་བ་དང་སེམས་དང་ཆོས་རྣམས་ལ་རང་དང་སྤྱིའི་མཚན་ཉིད་དུ་ཡོངས་སུ་བརྟགས་ཏེ ་ལྡན་ནི་ལུས་སུ་གཏོགས་པའི་དྲན་པ་དང་ལྡན་པའི་ཕྱིར་རོ། །ཤེས་བཞིན་ནི་ཕྱིན་ཅི་མ་ལོག་པར་ངེས་པར་རྟོག་པ་སྟེ། ཤེས་པ་ཁྱད་པར་ཅན་དང་ལྡན་པ་ཉིད་དོ། །དགའ་བ་ནི་ཚུལ་ཁྲིམས་ཕུན་སུམ་ཚོགས་པ་དེ་དང་ལྡན་པས་འགྱོད་པ ་མེད་ཅིང་རྟག་ཏུ་དགའ་བ་ཡིན་པའི་ཕྱིར་རོ། །རབ་ཏུ་དང་བ་ཞེས་བྱ་བ་ནི་དང་པའི་དབང་གིས་རྙེད་པ་རྣམས་བསལ་བ་ཡིན་ཏེ། སྟོན་གྱི་དུས་སུ་མཚོ་ཆེན་པོ་རབ་ཏུ་དང་བར་འགྱུར་བ་བཞིན་ནོ། །དེ་བཞིན་དུ་ཀུན་རྫོབ་ཀྱི་ཚོགས་ཏེ་དད་པ་ལ་སོགས་པའི་དབང ་པོ་ལ་སོགས་པ་ཕུན་སུམ་ཚོགས་པའི་ཕྱིར་རོ། །དུས་དུས་སུ་ཞེས་བྱ་བ་ནི་མཐར་གྱིས་མངོན་པར་རྟོགས་པར་འབྱུང་བའི་ཕྱིར་རོ། །ཆོས་ན་འཕགས་པའི་བདེན་པ་ལ་སོགས་པའོ། །དཔྱོད་པ་ནི་མཐོང་བའི་ལམ་ལ་སོགས་པས་ཡོངས་སུ་བརྟག་པ་སྟེ། དེའི ་སྟོབས་ཀྱིས་ཉོན་མོངས་པ་ཐམས་ཅད་སྤང་ཞིང། དེ་ལས་མི་སློབ་པའི་ལམ་ལ་གནས་པ་ཡིན་ནོ། །གདུལ་བའི་བྱ་བ་ལ་ནན་ཏན་དུ་གང་བྱེད་པ་དེ་ཉིད་སྨྲས་པ། རྒལ་བར་འགྱུར་ཞེས་སྨོས་ཏེ་རབ་ཏུ་སྤངས་པའི་ཕྱིར་རོ། །སྐྱེ་བ་དང་རྒ་བ་ནི་འཁོར་བའི ་ཕུང་པོ་སྟེ། ལྷག་མ་མེད་པའི་མྱ་ངན་ལས་འདས་པ་འཐོབ་པར་འགྱུར་བས་སོ། །གསུང་བ་ནི་འཇིགས་པ་མེད་པས་དེ་ཉིད་སྨྲས་ཏེ། ཕྱིན་ཅི་མ་ལོག་པའི་ཤེས་པ་ཐོབ་པའི་ཕྱིར་རོ། །གཞན་དག་གིས་བཤད་པ་ནི་ཕྱིན་ཅི་ལོག་དང་ལྡན་པའི་ཕྱིར་རོ།། ་གང་གི་ཕྱིར་ཡང་བརྩོན་འགྲུས་དང་ལྡན་པས་དེ་ཉིད་ལ་གཟུང་བའི་ཕྱིར། དེ་ལྟར་རྟག་ཏུ་མལ་ཚོ་བྱེད་སྟོན་ཅིང་ཞེས་བྱ་བ་སྨོས་ཏེ། དུས་རྟག་ཏུ་བརྩོན་འགྲུབ་བརྩམས་པར་གྱིས་ཤིག་པ་སྟེ། གང་གི་ཕྱིར་མེ་ལོ་ཚེ་ནི་བརྩོན་འགྲུས་ཡིན་ལ། ལེ ་ལོ་ནི་གཉིད་ཀྱི་རང་བཞིན་ཡིན་པའི་ཕྱིར་རོ། །བརྩོན་པ་ཡིས་ཞེས་བྱ་བ་ནི་བརྟུལ་པས་སྤྱོད་ཅིང་གུས་པ་སྟེ། དེ་གང་ལ་ཡོད་པ་དེ་ནི་བརྩོན་པ་ཅན་ཏེ། དབྱུག་པ་ཅན་བཞིན་ནོ། །སྡོད་པ་མེད་པར་རྟག་ཏུ་སྦྱོར་བས་ཉིན་མོ་ཆགས་པ་དང། འདུག་པ་གཉིས་ཀྱིས ་སེམས་སྒྲིབ་པ་དག་ལས་སྦྱང་བར་བྱའོ། །ཞེས་བྱ་བ་ལ་སོགས་པ་མདོ་ལས་གསུངས་སོ། །སྔ་མར་རྟག་ཏུ་སྦྱོར་བ་བསྟན་ནས། འདིས་ནི་གུས་པར་སྦྱོར་བ་བསྟན་ཏེ། དགེ་སློང་ཞེས་བྱ་བ་ནི་དད་པ་དང་ཚུལ་ཁྲིམས་ཕུན་སུམ་ཚོགས་པ་ཙམ་གྱིས་གང་ཟག་སྔ་མའི་གནས ་སྐབས་ཡིན་པའི་ཕྱིར་འདི་བྱས་པ་ཡིན་ཏེ། དེ་དང་ལྡན་པའི་ནི་དགེ་སློང་ཞེས་བྱ་བར་བརྗོད་པར་རིགས་པས་སོ། །མཁས་པ་ནི་རྟོགས་པ་སྟེ། ཤེས་བཞིན་དང་ལྡན་པའི་ཕྱིར་རོ། །དྲན་ལྡན་ཞེས་བྱ་བ་ནི་དྲན་པ་ཡོད་པ་སྟེ། དེ་ཉིད་དབང་པོའི་སྟོབས་ཀྱིས་ཉེ་བར ་བཀག་པའི་རྣལ་འབྱོར་ཅན་ནོ། །ཀུན་ཏུ་སྦྱོར་བ་སྤངས་ནས་སུ་ཞེས་བྱ་བ་ནི་རྗེས་སུ་ཆགས་པ་དང་ཁོང་ཁྲོ་བ་ལ་སོགས་པ་སྟེ། རྣམ་པ་དགུ་བྱེ་བྲག་མེད་པར་བསྟན་ཏོ། །སྐྱེ་རྒའི་ཞེས་བྱ་བ་འདིས་ནི་སྲིད་པའི་ཀུན་ཏུ་སྦྱོར་བའི་དངོས་པོ་ཐམས་ཅད་སྤངས་པར ་བསྟན་ཏོ། །དེས་ནི་འདི་ལ་མྱ་ངན་ལས་འདས་པ་འཐོབ་ཅེས་བྱ་བ་ནི་མཐོང་བའི་ཆོས་ཉིད་ལ་ངེས་ངེས་པར་ཐར་བ་སྒྲུབ་པ་ཡིན་ཏེ། ལེགས་པར་གསུང་བ་མཉན་པ་དང། འབྲེལ་བའི་བརྩོན་འགྲུས་ལ་སོགས་པས་སོ། །བསྟན་པས་ཉན་དུ་གཞུག་པའི་ཕྱིར ་སྨྲས་པ། གཉིད་ལོག་ཅེས་བྱ་བ་ལ་སོགས་པ་སྨོས་སོ། །མེལ་ཚེ་བདག་ལས་ཁྱོད་ཉོན་ཅིག་ཅེས་བྱ་བ་ནི་མེལ་ཚེ་བྱེད་བར་འགྱུར་པས་ཤིན་ཏུ་གུས་པ་དང་ཞེས་བྱ་བ་ངས་ཁྱེད་ལ་བསྟན་གྱི་ཉོན་ཅིག་པ་སྟེ། ཚད་མེད་པའི་བདེ་བའི་ཐབས་བསྟན་པའི ་ཕྱིར་རོ། །གུས་པར་མི་ཉན་པའི་དབང་དུ་བྱས་ནས་གཉིད་ལོག་དེ་དག་སང་བྱེད་པའི་ཞེས་བྱ་བ་རབ་ཏུ་སང་བར་གྱིས་ཤིག་པ་སྟེ། གང་དེ་དག་བག་མེད་པ་ལ་སོགས་པའི་གཉིད་ཀྱི་ཟིལ་གྱིས་ནོན་པ་དེ་དག་སད་པར་གྱིས་ཤིག་པའོ། །གཞན་དུ་ན ་སངས་རྒྱས་འབྱུང་བ་མེད་པར་ནི་འགྲོ་བ་དག་ཏུ་ཆོས་ཀྱི་ཕུན་སུམ་ཚོགས་པ་མེད་པའི་ཕྱིར་རོ། །གང་དག་བདག་དང་གཞན་གྱི་དོན་བྱ་བ་ལ་བརྩོན་འགྲུས་འཐོབ་པ་དེ་དག་ནི་གཉིད་མ་ལོག་པ་བཞིན་དུ་འཐོབ་པར་བྱས་པ་སྟེ། དེ་དང་རྗེས་སུ་མཐུན་པར ་རྩ་བ་གཡོ་བའི་རྩེ་མོ་ཡིན་པའི་ཕྱིར་རྩེ་མོ་རྣམས་ཏེ། འདི་ལས་ལྟུང་བ་འམ་ཡང་ན་འདའ་བའ་ཨི་ཕྱིར་རོ། །ཆོས་ཀྱི་གཉི་ག་རྣམ་པ་གཏོད། དྲོ་བར་གྱུར་པ་དང། རྩེ་མོ་འདི་གཉི་ག་ནི་ཆོས་དྲན་པ་ཉེ་བར་གཞག་ངས? ་རྣམ་པ་ལ་གཏོང་བར་བྱེད་དོ། །རྣམ་པ་ལ་གཏོད་པ་ཞེས་བྱ་བ་འདི་ཅི་ཞེ་ན། བདེན་པ་དག་གི་རྣམ་པ་རྣམས་ལ་དང་པོ་ཉིད་དུ་འགོད་དོ། །འཕེལ་བར་བྱེད་པ་གཞན་གྱིས་ཀྱང་དྲན་པ་ཉེ་བར་གཞག་པ་བཞི་བར་གྱིས་ཀྱང་དེ་དག་འཕེལ་བར ་བྱེད་དོ། །རྣམ་པར་འཕེལ་བ་ནི་སྔར་ཐོབ་ཟིན་པ་རྣམས་ནི་ཡང་མངོན་སུམ་དུ་མི་བྱེད་དེ། དགའ་བ་མེད་པའི་ཕྱིར་རོ། །རྩེ་མོ་ཆུང་ངུ་དང་འབྲིང་དང་ཆེན་པོའི་རིམ་གྱིས་འཕེལ་བ་ན་དེ་ལ་བཟོད་པ་ཡང་སྐྱེ་སྟེ། ཡོངས་སུ་མི་ཉམས ་པའི་སྒོ་ནས་བདེན་པ་ཚེར་བཟོད་པའི་ཕྱིར་རོ། །དེ་ཡང་ཆུང་ངུ་དང་འབྲིང་དང་ཆེན་པོ་དང་རྣམ་པ་གསུམ་སྟེ། དེ་ལ་རྣམ་གཉིས་དེ་བཞིན་རྩེ་མོ་ཇི་སྐད་དུ་བཤད་པ་དེ་བཞིན་དུ་བཟོད་པ་ཆུང་ངུ་དང་འབྲིང་ཡང་རྣམས་གཏོང་བར་བྱེད་པའི ་ཕྱིར་རོ། །རྣམ་པར་འཕེལ་བ་ལ་ནི་ཁྱད་པར་འདི་ཡིད་དེ་བཟོད་པ་ནི་ཐམས་ཅད་ཆོས་ཀྱི་འཕེལ་བར་བྱེད། ཆོས་དྲན་པ་ཉེ་བར་གཞག་པ་ཉིད་ཀྱིས་འཕེལ་བར་བྱེད་ཀྱི། གཞན་གྱིས་ནི་མ་ཡིན་ནོ་ཆེན་པོ་འདོད་རྟོགས་སྡུག་བསྔལ་ཡུལ། ་བཟོད་པ་ཞེས་བྱ་བར་སྦྱར་ཏེ། དེ་ནི་ཆོས་ཀྱི་མཆོག་དང་བྲེལ་བའི་ཕྱིར་འདོད་པ་ན་སྤྱོད་པའི་སྡུག་བསྔལ་ལ་དམིགས་པ་ཉིད་དོ། །དེ་ཉིད་ཀྱི་ཕྱིར་དྲོ་བར་གྱུར་པ་ལ་སོགས་པའི་ངེས་པ་མ་སྨོས་པའི་ཕྱིར་ཁམས་གསུམ་པའི་སྡུག་བསྔལ་ལ ་སོགས་པ་ལ་དམིགས་པ་ཉིད་དུ་གྲུབ་པོ་གང་གི་ཚེ་གཟུགས་དང་གཟུགས་མེད་པའི་གཉེན་པོ་ལ་སོགས་པའི་བདེན་པའི་རྣམ་པ་ལ་དམིགས་པ་རེ་རེ་ནས་འདོར་བ་ནས། འདོད་པ་ན་སྤྱོད་པ་ཉིད་ཀྱི་སྡུག་བསྔལ་ལ་སྐད་ཅིག་མ་གཉིས ་སུ་ཡིད་ལ་བྱེད་པའི་བར་དེ་དག་ཐམས་ཅད་ནི་བཟོད་པ་འབྲིང་ཡིན་ནོ། །སྐད་ཅིག་མ་གཅིག་གང་ཡིན་པ་དེ་ནི་ཆེན་པོ་ཡིན་ཏེ། དེ་ནི་སྐད་ཅིག་གཅིག་དེ་ནི་སྐད་ཅིག་མ་གཅིག་ཡིན་གྱི་རྒྱུན་ཆགས་པ་ནི་མ་ཡིན་ནོ། །དེ་བཞིན་ཆོས་མཆོག་དེ ་དག་ཀྱང་བཟོད་པ་ཆེན་པོ་ཇི་ལྟ་བ་བཞིན་དུ་འདོད་པ་ན་སྤྱོད་པའི་སྡུག་བསྔལ་ལ་དམིགས་ཤིང་སྐད་ཅིག་མ་གཅིག་ཡིན་ནོ། །དེ་དག་ནི་འཇིག་རྟེན་པ་ཡང་ཡིན་ཆོས་ཀྱང་ཡིན་མཆོག་ཀྱང་ཡིན་ལ། འཇིག་རྟེན་པ་ཐམས་ཅད་ཀྱི་གཙོ་བོ་ཡང ་ཡིན་པས་འཇིག་རྟེན་པའི་ཆོས་ཀྱི་མཆོག་སྟེ། སྐལ་བ་མཉམ་པའི་རྒྱུ་མེད་པར་དེའི་རྩལ་གྱི་འཕགས་པའི་ལམ་བདེན་པར་བྱེད་པའི་ཕྱིར་དྲོ་བར་གྱུར་པ་ལ་སོགས་པ་དེ་དག་ནི་དྲན་པ་ཉེ་བར་གཞག་པའི་རང་བཞིན་ཡིན་པའི་ཕྱིར་ཤེས་རབ་ཀྱི་བདག ་ཉིད་ཅེས་བྱའོ། །ཐམས་ཅད་ཕུང་པོ་ལྔ་འཁོར་དང་བཅས་ཏེ་སྨོས་པའི་ཕྱིར་རོ། །ཐོབ་པ་མ་གཏོགས་འཐོབ་པ་ནི་དྲོ་བར་གྱུར་པ་ལ་སོགས་པས་མ་བསྡུས་ཏེ། འཕགས་པས་དེ་མངོན་སུམ་དུ་བྱས་ན་དྲོ་བར་གྱུར་པ་ལ་སོགས་པ་ཡང་མངོན་སུམ ་དུ་འགྱུར་དུ་འོང་ངོ། །དེ་ལྟར་ན་ངེས་འབྱེད་ཆ་འཐུན་རྣམ་པ་བཞི། །དེ་ལྟར་ན་འདི་ལྟ་སྟེ། དྲོ་བར་གྱུར་པ་དང། རྩེ་མོ་དང་བཟོད་པ་དང། ཆོས་ཀྱི་མཆོག་རྣམས་དང་རྣམ་པ་བཞི་པོ་དེ་དག་ནི་ངེས་པར་འབྱེད་པའི་ཆ་དང་མཐུན་པའི་དགེ་བའི་རྩ་བ་རྣམས་ཡིན་ནོ།། ་དེ་དག་ལས་གཉིས་ནི་ཡོངས་སུ་ཉམས་པའི་སྒོ་ནས་གཡོ་བའི་ཕྱིར་ཆུང་ངུ་ཡིན་ནོ། །བཟོད་པ་ནི་འབྲིང་ངོ། །ཆོས་ཀྱི་མཆོག་ནི་ཆེན་པོའོ། །ངེས་པར་འབྱེད་པའི་ཆ་དང་མཐུན་པ་ཞེས་བྱ་བའི་དོན་ཅི་ཞེ་ན། འབྱེད་པ་ནི་ཆའོ། །ངེས་པར་འབྱེད་པས་ན་ངེས་པར ་འབྱེད་པ་སྟེ། འཕགས་པའི་ལམ་མོ། །དེས་ཐེ་ཚོམ་སྤོང་བའི་ཕྱིར་བ་དང། འདི་ནི་སྡུག་བསྔལ་ཞེས་བྱ་བ་ནས་འདི་ནི་ལམ་མོ་ཞེས་བྱ་བའི་བར་དུ་བདེན་པ་རྣམས་ལ་རྣམ་པར་འབྱེད་པའི་ཕྱིར་རོ། །དེའི་ཆ་ནི་མཐོང་བའི་ལམ་གྱི་ཕྱོགས་གཅིག་ཡིན་ཏེ། དེ་འདྲེན ་པ་དང་ལྡན་པའི་ཕྱིར་ངེས་པར་འབྱེད་པའི་ཆ་དང་འཐུན་པ་རྣམས་སོ། །ངེས་པར་འབྱེད་པའི་ཆ་དང་མཐུན་པ་རྣམ་པ་འདི་བཞི་ཆར་ཡང་བསྒོམས་བྱུང། ཐོས་པ་དང་བསམས་པ་ལས་བྱུང་བ་ནི་མ་ཡིན་ནོ། །ངེས་པར་འབྱེད་པའི་ཆ་དང ་མཐུན་པ་རྣམས་ས་དུ་པ་ཞིག་ཡིན་ཞེ་ན། མི་ལྕོགས་མེད་པ་དང། ཁྱད་པར་བསམ་གཏན་ས་པའོ། །མི་ལྕོགས་པ་མེད་པ་དང། བསམ་གཏན་ཁྱད་པར་ཅན་དང། བསམ་གཏན་བཞི་རྣམས་ཀྱི་ས་པ་ཡིན་ཏེ། དེ་དག་གིས་བསྡུས་པའི་ཕྱིར་རོ། །མཐོང ་བའི་ལམ་གྱི་འཁོར་ཡིན་པའི་ཕྱིར་གོང་མའི་ས་པ་ནི་མ་ཡིན་ནོ་འདོད་པའི་ཁམས་ལ་མི་དམིགས་པའི་ཕྱིར་དེ་ནི། དེ་ཡང་སྔར་ཡོངས་སུ་ཤེས་པར་བྱ་ཞིང་སྤང་བར་བྱ་བ་མ་ཡིན་པའི་ཕྱིར་རོ། །དེ་དག་གི་རྣམ་པར་སྨིན་པ་ནི་གཟུགས་ཀྱི་ཁམས་ཀྱི་ཕུང་པོ ་ལྔ་ཡིན་ནོ། །ཡོངས་སུ་རྫོགས་པར་བྱེད་པ་དག་ཉིད་ཡིན་གྱི། སྲིད་པའི་གཉེན་པོ་ཡིན་པའི་ཕྱིར་འཕེན་པར་བྱེད་པ་ནི་མ་ཡིན་ནོ། །གཉིས་ནི་འོག་ནའང་ཡོད་པ་འམ། །ཡང་ཤེས་བྱ་བའི་སྒྲ་ནི་བྱེ་བྲག་ཏུ་རྟོགས་པའི་དོན་ཏེ། བཙུན་པ་དབྱངས་ཅན་ནི་ངེས ་པར་འབྱེད་པའི་ཆ་དང་མཐུན་པ་དང་པོ་གཉིས་འདོད་པའི་ཁམས་ན་ཡང་ཡོད་པས་ས་བདུན་པ་ཡིན་ནོ་ཞེས་ཟེར་རོ། །བཞི་པ་དེ་དག་ཐམས་ཅད་ཀྱང། འདོད་ལུགས་གསུམ་ནི་མི་དག་གི་ནང་ཉིད་དང། གླིང་གསུམ་དག་ཏུ་སྐྱེ་བར་བྱེད་དོ། །སྔར་སྐྱེས་ཟིན་པ ་རྣམས་ནི་ལྷ་དག་གི་ནང་དུ་ཡང་མངོན་སུམ་དུ་བྱེད་དོ། །བཞི་པ་ནི་ལྷ་དག་གི་ནང་དུ་ཡང་སྐྱེད་པར་བྱེད་དོ། །གསུམ་ནི་སྐྱེས་པ་དང་བུད་མེད་གཉི་ག་ལ་བརྟེན་པ་ཡང་གཉི་གས་ཐོབ་བོ། །ཆོས་མཆོག་བུད་མེད་ཀྱིས། །གཉི་ག་ལ་ནི་བརྟེན་པ་ཐོབ། །ཆོས་ཀྱི་མཆོག ་ནི་བུད་མེད་འབའ་ཞིག་གིས་གཉི་ག་ལ་བརྟེན་པ་ཐོབ་ཀྱི། སྐྱེས་པས་ནི་སྐྱེས་པ་ལ་བརྟེན་པ་འབའ་ཞིག་འཐོབ་ཀྱི། བུད་མེད་ཉིད་ནི་སོ་སོར་མ་བརྟགས་པའི་འགོག་པ་ཐོབ་པའི་ཕྱིར་རོ། །ངེས་པར་འབྱེད་པའི་ཆ་དང་མཐུན་པ་རྣམས་ཇི་ལྟར་གཏོང་ཞེ་ན། འཕགས ་པའི་དེ་དག་ས་པོར་ནས་གཏོང་སྟེ། འཕགས་པ་དེས་ས་གང་དག་པའི་ཐོབ་བོ། །ས་དེ་དག་པོར་ན་དེ་དག་ཀྱང་གཏོང་ཞིང་གཞན་དུ་ནི་མ་ཡིན་ནོ། །ས་བོར་བ་ནི་ས་འཕོས་པས་སོ། །འཕགས་མིན་འཆི་བས་སོ། །སོ་སོའི་སྐྱེ་བོ་ནི་ས་འཕོས་ཀྱང་རུང་མ་འཕོས་ཀྱང་རུང ་སྟེ། རིགས་མཐུན་པ་གཏོང་བ་དེ་ཉིད་ཀྱིས་གཏོང་ངོ། །དང་པོའི་གཉིས་སྤོང་ཉམས་པས་ཀྱང། །གཏོང་བ་ལ་འཆི་བས་ཀྱང་གཏོང་སྟེ། སོ་སོའི་སྐྱེ་བོ་ཉིད་ཀྱིས་མིན་གྱི། འཕགས་པ་ནི་དེ་དག་ལས་ཡོངས་སུ་ཉམས་པ་མེད་དོ། །བཟོད་པ་དང་ཆོས་ཀྱི་མཆོག་དག ་ལས་ནི་སོ་སོའི་སྐྱེ་བོ་ཡོངས་སུ་ཉམས་པ་མེད་དོ། །དངོས་བཞི་དེ་ཉིད་ལ་བདེན་མཐོང། །བསམ་གཏན་དངོས་གཞི་པའི་ངེས་པར་འབྱེད་པའི་ཆ་དང་མཐུན་པ་རྣམས་སྐྱེད་པར་བྱེད་པ་གང་ཡིན་པ་དེ་ནི་གདོན་མི་ཟ་བར་ཚེ་འདི་ཉིད་ལ་བདེན་པ་རྣམས་མཐོང་བར་འགྱུར་ཏེ། ་ཡིད་བྱུང་བ་ཤས་ཆེ་བའི་ཕྱིར་རོ། །རྣམ་ཉམས་དག་གིས་སྔོན་མི་འཐོབ། །གང་གི་ཚེ་རྣམ་པར་ཉམས་པ་དག་གིས་ཡང་འཐོབ་བོ། །དེའི་ཚེ་ནི་མ་འདྲིས་པ་དང་འབད་པ་བསྒྲུབ་པར་བྱ་བ་ཡིན་པའི་ཕྱིར་སྔོན་གྱི་མ་ཡིན་པ་ཉིད་ཅིག་འཐོབ་ཀྱི། སྔོན་བཏང་བ་ནི་མི ་འཐོབ་སྟེ། སོ་སོར་ཐར་བའི་སྡོམས་པ་བཞིན་ནོ། །མཚམས་བསྟན་པ་ཞིག་ཡིན་ན་ནི་གོང་མ་དག་སྐྱེད་པར་བྱེད་དོ། །མ་ཡིན་ན་ནི་རྣམ་པ་བཞི་ཁོ་ནས་སྐྱེད་པར་བྱེད་དོ། །རྣམ་པ་ཉམས་དང་ཡོངས་སུ་ཉམས་དེ་དག་གི་རང་བཞིན་ཅི་ཞེ་ན། ཉམས་པ་གཉི་ག་མི་ལྡན ་པ། །ཉམས་པ་དེ་གཉི་ག་ཡང་མི་ལྡན་པའི་རང་བཞིན་ཡིན་ལ། ཡོངས་སུ་ཉམས་པ་ནི་ཉེས་པ་བྱས་པའོ། །རྣམ་པར་ཉམས་པ་ནི་ཡོན་ཏན་གྱི་བྱེ་བྲག་ཏུ་ཡང་བྱས་པའི་ཕྱིར་ངེས་པ་མེད་དོ། །དེ་ལ་དྲོ་བར་གྱུར་པ་ལས་ཡོངས་སུ་ཉམས་ཀྱང་ངེས་པར་མྱ་ངན ་ལས་འདས་པའི་ཆོས་ཅན་དུ་འགྱུར་རོ། །ཐར་པའི་ཆ་དང་མཐུན་པ་དག་ལས་ཁྱད་པར་ཅི་ཞུགས་ཤེ་ན་བར་ཆད་མེད་པར་བདེན་པ་མཐོང་བ་ལ་ཆེས་ཉེ་བ་ཉིད་དོ། །རྩེ་མོ་ཐོབ་པ་རྩ་མི་འཆད། །རྩེ་མོ་ཐོབ་པ་ལས་ཡོངས་སུ་ཉམས་ཀྱང་དགེ་བའི་རྩ་བ་རྣམས་ནི་ཀུན་ཏུ་མི་འཆད་ཀྱི། ངན་སོང ་དག་ཏུ་ཡང་འགྲོ་ལ་མཚམས་མེད་པ་དག་ཀྱང་བྱེད་དོ། །བཟོད་ཐོབ་ངན་སོང་མི་འགྲོའོ། །བཟོད་པ་དག་ལས་རྣམ་པར་ཉམས་ཀྱང་ཡང་ངན་སོང་དུ་མི་འགྲོ་སྟེ། དེར་འགྲོ་བའི་ལས་དང་ཉོན་མོངས་པ་དག་བསྲིངས་པའི་ཕྱིར་རོ། །བཟོད ་པ་ཐོབ་པ་ཉིད་ཀྱིས་འགྲོ་བ་དང། སྐྱེ་གནས་དང་སྐྱེ་བ་དང། ལུས་དང་སྲིད་པ་དང་ཉོན་མོངས་པ་རྣམས་ལས་ཁ་ཅིག་གིས་མི་སྐྱེ་བའི་ཆོས་ཉིད་འཐོབ་ཏེ་ངན་སོང་གི་འགྲོ་བ་རྣམས་དང་སྒོ་ང་ལས་སྐྱེ་བ་དང། དྲོད་གཤེར་ལས་སྐྱེ་བའི་སྐྱེ་གནས་རྣམས ་དང། འདུ་ཤེས་མེད་པའི་སེམས་ཅན་དང། བྱང་གི་སྒྲ་མི་སྙན་དང། ཚངས་པ་ཆེན་པོར་སྐྱེ་བ་རྣམས་དང། ཟམ་དང་མ་ནིང་དང། མཚན་གཉིས་པའི་ལུས་རྣམས་དང། སྲིད་པ་བརྒྱད་པ་ལ་སོགས་པ་དང་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ ་རྣམས་སོ། །དེ་གང་ལས་ཅི་རིགས་པར་ཆུང་ངུས་ནི་ངན་སོང་རྣམས་སུ་མི་སྐྱེ་བ་ཐོབ་ལ། ཆེན་པོས་ནི་གཞན་དག་དུ་ཡང་མི་སྐྱེ་བ་འཐོབ་པོ། །ཉན་ཐོས་ལ་སོགས་པའི་རིགས་ཐ་དད་པའི་ཕྱིར་ངེས་པར་འབྱེད་པའི་ཆ་དང་མཐུན་པ་རྣམས་ནི་རིགས ་གསུམ་མོ། །དེ་ལ་སློབ་མའི་རིགས་གཉིས་བཟློག་ནས་ནི། སངས་རྒྱས་སུ་འགྱུར། ཉན་ཐོས་ཀྱི་རིགས་ལས་འབྱུང་བའི་ངོ་བོར་གྱུར་པ་དང། རྩེ་མོ་གཉིས་བཟློག་སྟེ། སངས་རྒྱས་སུ་འགྱུར་བར་ནི་སྲིད་ཀྱི་བཟོད་པ་ཐོབ་པ་ངག་ཏུ་ནི་དེ་ལྟ་བུ་མི ་སྲིད་དེ་ཅིའི་ཕྱིར་ཞེ་ན། ངན་སོང་རྣམས་བཟློག་པའི་ཕྱིར་རོ། །བྱང་ཆུབ་སེམས་དཔའ་རྣམས་ནི་གཞན་ལ་ཕན་འདོགས་པའི་གཞན་གྱི་དབང་གིས་ངན་སོང་དག་ཏུ་ཡང་འགྲོའོ་ཞེས་གྲག་གོ་།ཡང་ན་དེའི་རིགས་ཉིད་མི་ལྡོག་པའི་ཕྱིར་མི་སྲིད་དོ། ། ་གཞན་གསུམ་ཡང། བཟློག་ནས་འགྱུར་ཞེས་བྱ་བར་སྦྱར་ཏེ། ཉན་ཐོས་ཀྱི་རིགས་ཀྱི་ངེས་པར་འབྱེད་པའི་ཆ་དང་མཐུན་པ་གསུམ་དང་བཟློག་ནས། སངས་རྒྱས་ལས་གཞན་པར་འགྱུར་ཏེ་རང་སངས་རྒྱས་སུ་ཞེས་བྱ་བའི་དོན་ཏོ། །རང་སངས་རྒྱས ་ཀྱི་རིགས་རྣམས་ནི་བཟློག་པར་མི་ནུས་ཏེ་འདི་ལྟར། སྟོན་དང་བསེ་རུ་བྱང་ཆུབ་པར། །བསམ་གཏན་མཛའ་བརྟེན་གཅིག་ལ་ཀུན། །སྟོན་པ་ནི་སངས་རྒྱས་བཅོམ་ལྡན་འདས་སོ། །བསེ་རུ་ལྟ་བུ་ནི་རང་སངས་རྒྱས་ཏེ། དེ་གཉིས་ནི་བསམ་གཏན་བཞི་པ ་ཉིད་ལས་བརྟན་ནས་ངེས་པར་འབྱེད་པའི་ཆ་དང་མཐུན་པ་རྣམས་ནས་བརྩམས་ཏེ། བྱང་ཆུབ་ཀྱི་བར་དུ་སྟན་ཅིག་ལ་འདུག་ཅིང་སྐྱེད་པར་བྱེད་དེ། ཏིང་ངེ་འཛིན་མི་གཡོ་བ་དང་གསལ་བའི་ཕྱིར་རོ། །ཟད་པ་དང་མི་སྐྱེ་བའི་ཡེ་ཤེས་ནི་བྱང་ཆུབ་པོ། །ཞེས ་འོག་ནས་བཤད་པར་བྱའོ། །ཁ་ཅིག་ན་རེ་མི་སྡུག་པ་ནས་བརྩམས་ཏེ། བྱང་ཆུབ་ཀྱི་བར་རོ་ཞེས་ཟེར་རོ་གང་དག་གི་བསེ་རུ་ལྟ་བུ་ལས་གཞན་པའི་རང་སངས་རྒྱས་ཡོད་པ་དེའི་རིགས་རྣམས་ནི་བཟློག་པར་དགག་པ་མེད་པའོ། །ཡང་ཅི་ཚེ་དང་པོ་ཉིད་ལ ་སྦྱོར་བར་བྱས་ཏེ། ངེས་པར་འབྱེད་པའི་ཆ་དང་མཐུན་པ་རྣམས་སྐྱེད་དམ་ཞེ་ན་དེ་ལྟ་བུ་ནི་མེད་ཀྱིས་ངེས་པར་དེའི་སྔོན་དུ་ཐར་ཆ་མཐུན་བསྐྱེད་པར་བྱའོ། །ཐམས་ཅད་པས་ཤིན་ཏུ་མྱུར་བ་སྲིད་པ་གསུམ་གྱི་ཐར། ཚེ་གཅིག་ལ་ཐར་པའི་ཆ་དང་མཐུན་པའི་དགེ ་བའི་རྩ་བ་རྣམས་བསྐྱེད་དོ་གཉིས་པ་ལ་ངེས་པར་འབྱེད་པའི་དགེ་བའི་རྩ་བའི་རྣམས་སྐྱེད་དོ། །གསུམ་པ་ལ་འཕགས་པའི་ལམ་བསྐྱེད་དོ། །ས་བོན་འདེབས་པ་དང་འབྲུ་སྐྱེ་བ་དང་འབྲས་བུ་འཆགས་པ་བཞིན་ནོ། །འདི་ནི་ཆོས་ཉིད་ཀྱི་རྒྱུད་ནི་རིམ་གྱིས་འཇུག ་པ་དང། ཡོངས་སུ་སྨིན་པ་དང། རྣམ་པར་གྲོལ་བར་འགྱུར་བ་ཡིན་ནོ། །ཐར་པའི་ཆ་དང་མཐུན་པ་དེ་ཡང། ཐོས་བསམ་ལས་བྱུང་ཞེས་བྱ་སྟེ། བསྒོམ་པ་ལས་བྱུང་བ་ནི་མ་ཡིན་ནོ། །ལམ་དུ་དག་ཅིག་ཅེ་ན་ལམ་གསུམ་སྟེ། གཙོ་བོར་ནི་ཡིད་ཀྱི་ལས་སོ། །དེའི ་སྨོན་ལམ་གྱིས་ཡོངས་སུ་ཟིན་པའི་ལུས་ངག་གིས་ལས་ཀྱང་ཐར་པའི་ཆ་དང་མཐུན་པ་ཡིན་ཏེ། ཟས་འགའ་ཙམ་བྱིན་པ་འམ་བསླབ་པ་འགའ་ཙམ་ཡང་མནོས་ཏེ། ཐར་པ་འདོད་པའི་སྟོབས་བསྐྱེད་པ་ལས་ཐར་པའི་ཆ་དང། མཐུན་པ་འཕེན་པར་འགྱུར་རོ། །དེ ་ཡང་མིའི་ནང་ནས་འཕེན་པར་བྱེད། མིའི་ནང་ཉིད་དག་དང་གླིང་གསུམ་དག་ནས་འཕེན་པར་བྱེད་ཀྱི་གཞན་དག་དུ་ནི་མ་ཡིན་ཏེ། ཅི་རིགས་པར་སྐྱོ་བ་དང་ཤེས་རབ་མེད་པའི་ཕྱིར་རོ། །ཐར་པའི་ཆ་དང་མཐུན་པ་ཟླ་ལ་བཤད་ཟིན་ཏོ། །ད ་ནི་དཀྱུས་མ་མངོན་པར་རྟོགས་པའི་རིམ་པ་བཤད་པར་བརྩམ་མོ། །དེ་ལ་ཡང་ཆོས་ཀྱི་མཆོག་གི་བར་དུ་བཤད་ཟིན་ཏོ། །ལྷག་མ་བརྗོད་པར་བྱ་སྟེ། དེའི་ཕྱིར་འདིར་སྨྲས་པ། འཇིག་རྟེན་པའི་ཆོས་མཆོག་ལས། །ཆེས་ཤེས་བཟོད་པ་ཟག་པ་མེད།། ་འཇིག་རྟེན་པའི་ཆོས་ཀྱི་མཆོག་གི་མཇུག་ཐོགས་སུ་ཆོས་ཤེས་པའི་བཟོད་པ་ཟག་པ་མེད་པ་སྐྱེའོ། །དམིགས་པ་གང་ལ་སྐྱེ་ཞེན་འདོད་སྡུག་བསྔལ་ལ། དེའི་དམིགས་པ་ནི་འདོད་པ་ན་སྤྱོད་པའི་སྡུག་བསྔལ་ཡིན་ཏེ། དེ་ནི་སྡུག་བསྔལ་ལ་ཆོས ་ཤེས་པའི་བཟོད་པ་ཞེས་བྱའོ། །ཟག་པ་མེད་པ་ཉིད་དུ་བསྟན་པའི་ཕྱིར་རྒྱུ་མཐུན་པས་བྱེ་བྲག་ཏུ་བྱས་པ་ཡིན་ནོ། །ཆོས་ཤེས་པར་བྱ་བའི་ཕྱིར་བཟོད་པ་ནི་ཆོས་ཤེས་པའི་བཟོད་པ་སྟེ། མེ་ཏོག་དང་འབྲས་བུའི་ལྗོན་ཤིང་བཞིན་ནོ། །དེ་ཉིད་ངེས་པར་ཞུགས ་པ་ཞེས་པའོ། །དེ་ནས་ནི། དེ་ཉིད་ལ་ནི་ཆོས་ཤེས་པ། །དེ་ནས་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པའི་མཇུག་ཐོགས་སུ་འདིར་འདོད་པ་ན་སྤྱོད་པའི་སྡུག་བསྔལ་ཉིད་ལ་ཆོས་ཤེས་པ་སྐྱེ་སྟེ། དེ་ནི་སྡུག་བསྔལ་ལ་ཆོས་ཤེས་པ་ཞེས་བྱའོ། །ཐམས་ཅད ་དུ་ཡང་ཟག་པ་མེད་པའི་དབང་དུ་བྱས་བར་རིག་པར་བྱའོ། །ཇི་ལྟར་འདོད་པ་ན་སྤྱོད་པའི་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་དང། ཆོས་ཤེས་པ་སྐྱེ་བ་དེ་བཞིན་དུ། སྡུག་བསྔལ་ལྷག་པར་རྗེས་བཟོད་དང། ཤེས་པ་སྡུག་བསྔལ་ལ་ཆོས་ཤེས་པའི ་མཇུག་ཐོགས་སུ་གཟུགས་དང་གཟུགས་མེད་པ་ན་སྤྱོད་པའི་སྡུག་བསྔལ་དམིགས་པ་སྤྱི་ལ་རྗེས་སུ་ཤེས་པའི་བཟོད་པ་སྐྱེ་སྟེ། དེ་ནི་སྡུག་བསྔལ་ལ་རྗེས་སུ་ཤེས་པའི་བཟོད་པ་ཞེས་བྱའོ། །དེ་ནས་ནི་རྗེས་སུ་ཤེས་པ་སྐྱེ་སྟེ། དེ་ནི་སྡུག་བསྔལ་ལ་རྗེས ་སུ་ཤེས་པ་ཞེས་བྱའོ། །དང་པོ་ཁོ་ན་ཆོས་ཀྱི་དེ་ཁོ་ན་ཉིད་ཤེས་པའི་ཕྱིར་ཆོས་ཤེས་པའོ། །དེ་དང་མཐུན་པའི་ཕྱིར་གོང་མའི་སྡུག་བསྔལ་ལ་སོགས་པ་ལ་དམིགས་པ་ནི་རྗེས་སུ་ཤེས་པ་སྟེ། དེ་བཞིན་དུ་རྟོགས་པའི་ཕྱིར་རོ། །ཇི་ལྟར་སྡུག་བསྔལ་ལ་བཟོད ་པ་དང་ཤེས་པ་བཞི་པོ་དེ་དག་སྐྱེ་བ་ལྟར། དེ་བཞིན་བདེན་པ་གསུམ། སྡུག་བསྔལ་ལ་རྗེས་སུ་ཤེས་པའི་མཇུག་ཐོགས་སུ་འདོད་པ་ན་སྤྱོད་པའི་ཀུན་འབྱུང་ལ་ཆོས་ཤེས་པའི་བཟོད་པ་སྐྱེ་ཞིང། དེ་ནས་ནི་ཀུན་འབྱུང་ལ་ཆོས་ཤེས་པ་སྐྱེ་ལ། དེ་བཞིན་དུ་མཇུག ་ཐོགས་སུ་སྐྱེ་བའི་རིམ་པས་ཀུན་འབྱུང་ལྷག་མ་ལ་རྗེས་སུ་ཤེས་པའི་བཟོད་པའི་དང། ཀུན་འབྱུང་ལ་རྗེས་སུ་ཤེས་པ་སྐྱེའོ། །འདོད་པ་ན་སྤྱོད་པའི་འགོག་པ་ལ་ཆོས་ཤེས་པའི་བཟོད་པ་དང། འགོག་པ་ལ་ཆོས་ཤེས་པ་སྐྱེ་ལ་འགོག་པ་ལྷག་མ་ལ ་ཡང་རྗེས་སུ་ཤེས་པའི་བཟོད་པ་དང་རྗེས་སུ་ཤེས་པ་སྐྱེའོ། །འདོད་པ་ན་སྤྱོད་པའི་སྡུག་བསྔལ་གྱི་གཉན་པོ་ལམ་ལ་ཆོས་ཤེས་པའི་བཟོད་པ་དང། ལམ་ལ་ཆོས་ཤེས་པ་སྐྱེ་ལ། ལམ་ལྷག་མ་ལ་ཡང་རྗེས་སུ་ཤེས་པའི་བཟོད་པ་དང་རྗེས་སུ་ཤེས་པ་སྐྱེ ་སྟེ། དེ་ལྟར་བདེན་པ་མངོན་རྟོགས་ལ། །སེམས་དེ་བཅུ་དྲུག་དེ་ལྟར་ན་རིམ་པ་དེས་ན་བདེན་པ་རྣམས་ཀྱི་མངོན་པར་རྟོགས་པ་དེ་ནི་སེམས་བཅུ་དྲུག་ཏུ་འགྱུར་རོ། །སྡེ་བ་གཞན་གང་དག་བདེན་པ་རྣམས་ཀྱི་མངོན་པར་རྟོགས་པ་གཅིག་གོ་།ཞེས་བརྗོད་པ་ལྟར་ན། ་དེ་དག་གི་བསམ་པ་བརྟག་པར་བྱ་སྟེ། བྱེ་བྲག་མེད་པར་ནི་མངོན་པར་རྟོག་པ་ཞེས་བྱའོ། །བྱེ་བྲག་ཏུ་དབྱེ་ན་ནི་དེ་རྣམ་གསུམ་སྟེ། གང་ཞེ་ན་མཐོང་དམིགས་བྱ་བ་ཞེས་བྱའོ། །མཐོང་བའི་མངོན་པར་རྟོགས་པ་ནི་ཟག་པ་མེད་པའི་ཤེས་རབ་ཀྱིས་བདེན་པ་རྣམས་མངོན ་པར་རྟོགས་པའོ། །དམིགས་པའི་མངོན་པར་རྟོགས་པ་ནི་དེ་དང་མངོན་པར་རྟོགས་པ་རྣམས་ཀྱིས་མངོན་པར་རྟོགས་པའོ། །བྱ་བའི་མངོན་པར་རྟོགས་པ་ནི་མི་ལྡན་པའི་ཚུལ་ཁྲིམས་དང། སྐྱེ་བ་ལ་སོགས་པས་མངོན་པར་རྟོགས་སོ་པའོ། །སྡུག་བསྔལ་མཐོང ་བ་ནི་དེའི་མངོན་པར་རྟོགས་པ་རྣམ་པ་གསུམ་སྟེ། སྤང་བ་དང་མངོན་དུ་བྱ་བ་དང་བསྒོམས་པར་བྱ་བའི་ཕྱིར། ཀུན་འབྱུང་ལ་སོགས་པའི་ནི་བྱ་བའི་མངོན་པར་རྟོགས་པ་ཡིན་ནོ། །དེ་གལ་ཏེ་བདེན་པ་རྣམ་མཐོང་བས་མངོན ་པར་རྟོགས་པར་བྱ་བ་ལ་མངོན་པར་རྟོགས་པ་གཅིག་གོ་།ཞེས་སྨྲ་ན་ནི་རྣམ་པ་ཐ་དད་པའི་ཕྱིར་མི་རིགས་པར་སྨྲ་བ་ཡིན་ནོ། །དེ་ལྟར་མངོན་པར་རྟོགས་པ་སེམས་བཅུ་དྲུག་པར་བཤད་པ་གང་ཡིན་པ། དེ་ནི་ཆོས་མཆོག་དང་ས་གཅིག་། ་ཆོས་ཀྱི་མཆོག་ས་གང་ཡིན་པ་སེམས་བཅུ་དྲུག་པ་དེ་དག་ཀྱང་ས་དེ་པ་སྟེ། དེ་དག་ནི་ས་དྲུག་པའི་ཞེས་སྔར་བཤད་ཟིན་ཏོ། །ཡང་ཅིའི་ཕྱིར་གདོན་མི་ཟ་བར་བཟོད་པ་ལས་ཤེས་པ་ཡིན་ཞེ་ན། གང་གི་ཕྱིར་བཟོད་དང་ཤེས་པ་རིམ་བཞིན་དུ། ་བར་ཆད་མེད་དང་རྣམ་གྲོལ་ལམ། ཉོན་མོངས་པ་རྣམ་པར་གཅོད་པའི་བར་དུ་བཅད་པར་མི་ནུས་པའི་ཕྱིར་བཟོད་པ་རྣམས་ནི་བར་ཆད་མེད་པའི་ལམ་ཡིན་ནོ། །ཉོན་མོངས་པའི་རྙེད་པ་ལས་རྣམ་པར་གྲོལ་བ་རྣམས་ཀྱི་བྲལ་བའི་ཐོབ་པ་དང། ་ལྷན་ཅིག་སྐྱེ་བའི་ཕྱིར་ཤེས་པ་རྣམས་ནི་རྣམ་པར་གྲོལ་བའི་ལམ་ཡིན་ཏེ། དེའི་ཕྱིར་གདོན་མི་ཟ་བར་གཉི་ཀར་ཡང་འགྱུར་རོ། །གཉིས་ཀྱིས་ནི་རིམ་བཞིན་དུ་རྐུན་པོ་ཕྱུང་བ་དང་སྒོ་འཕར་བཅད་པ་བཞིན་ནོ། །ཅི་སེམས་བཅུ་དྲུག་པོ་ཐམས་ཅད ་ཀྱིས་ཀྱང་བདེན་པ་མཐོང་བའི་ཕྱིར་མཐོང་བའི་ལམ་ཡིན་ནམ་ཞེ་ན། སྨྲས་པ་མ་ཡིན་ཏེ་ཇི་ལྟ་ཞེ་ན། མ་མཐོང་མཐོང་བ་མཐོང་བའི་ལམ། །དེར?་ནི་སྐད་ཅིག་བཅོ་ལྔའོ། །སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་ནས་བརྩམས་ཏེ། ལམ་ལ་རྗེས་སུ་ཤེས་པའི ་བཟོད་པའི་བར་གྱི་སྐད་ཅིག་མ་བཅོ་ལྔ་པའོ་དེ་དག་ནི་མཐོང་བའི་ལམ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། བདེན་པ་མ་མཐོང་བ་མཐོང་བའི་ཕྱིར་རོ། །བཅུ་དྲུག་པ་ལ་ནི་མངོན་མ་མཐོང་བ་ལྟ་བར་བྱ་བ་ནི་མེད་ཀྱི་ཇི་ལྟར་མཐོང་བ་གོམས་པར་བྱ་བ་ཡིན་པའི ་ཕྱིར་བསྒོམ་པའི་ལམ་ཉིད་ཡིན་ནོ། །ལོ་ན་དེས་ཀྱང་ལམ་ལ་རྗེས་སུ་ཤེས་པའི་བཟོད་པས་མཐོང་བ་མཐོང་བ་མ་ཡིན་ནམ་ཞེ་ན། བདེན་པའི་ཕྱིར་བསམ་གྱི་སྐད་ཅིག་མ་ལ་ནི་མ་ཡིན་ནོ། །སྐད་ཅིག་མ་གཅིག་མ་མཐོང་བར་བདེན་པ་མ་མཐོང་བར་མི་འགྱུར་ཏེ། ་དཔེར་ན་ཆད་པ་གཅིག་མ་བརྔས་པས་ཞིང་མ་བརྔས་པ་མ་ཡིན་པ་བཞིན་ནོ། །ཅིའི་ཕྱིར་ཤེས་པ་བདུན་མཐོང་བའི་ལམ་ཡིན་ཞེ་ན། མཐོང་བའི་ལམ་མ་རྫོགས་པའི་ཕྱིར་ཏེ། བདེན་པ་ཐམས་ཅད་མཐོང་བ་མ་རྫོགས་པས་དེའི་བར་མ་གྱུར་པ་དེ་དག་ཀྱང་མཐོང ་བའི་ལམ་ཡིན་ནོ། །མཐོང་བའི་ལམ་དང་བསྒོམ་པའི་ལམ་ཇི་ལྟར་སྐྱེ་བ་ནི་བཤད་ཟིན་ཏོ། །ད་ནི་ཇི་ལྟར་ན་འཕགས་པའི་ལམ་སྐྱེས་པའི་གང་ཟག་རྣམས་ཀྱི་རྣམ་པར་བཞག་པ་དེ་བཞིན་དུ་བཤད་པར་བྱ་སྟེ། དེ་ལྟར་མཐོང་བའི་ལམ་གྱི་རང་བཞིན་སྐད་ཅིག་མ ་བཅོ་ལྔར་བཤད་པ་གང་ཡིན་པ། དབང་པོ་རྣོ་རྟུལ་དེ་དག་ཏུ། །དད་དང་ཆོས་ཀྱི་རྗེས་འབྲང་བར། །རིག་པར་བྱ་སྟེ། དབང་པོ་རྟུལ་པོ་དེ་དག་ལ་གནས་པ་ནི་དད་པས་རྗེས་སུ་འབྲང་བ་ཞེས་བྱའོ། །དབང་པོ་རྣོན་པོ་ནི་ཆོས་ཀྱི་རྗེས་སུ་འབྲང་བའོ། །དད་པས་རྗེས་སུ ་འབྲང་བས་ན་དད་པས་རྗེས་སུ་འབྲང་བའོ། །དེ་འདི་ལ་ཡོད་པས་ན་དད་པས་རྗེས་སུ་འབྲང་བ་ཅན་ཏེ། སྔོན་གཞན་ལ་ཡིད་ཆེས་པས་དོན་གྱི་རྗེས་སུ་འབྲང་བའི་ཕྱིར་རོ་དེ་བཞིན་དུ་ཆོས་ཀྱི་རྗེས་སུ་འབྲང་བ་ཡང་སྔོན་བདག་ཉིད་ཀྱིས་མདོ་ལ་སོགས་པའི་ཆོས ་ཀྱི་དོན་གྱི་རྗེས་སུ་འབྲང་བའི་ཕྱིར་རོ་དེ་གཉིས་ནི་བསྒོམ་པས་སྤང་བྱ་མ་སྤངས་པ། འབྲས་བུ་དང་པོ་ལ་ཞུགས་པ། །འབྲས་བུ་རྣམས་ཀྱི་དང་པོ་ཡིན་པས་ན་འབྲས་བུ་དང་པོ་སྟེ། རྒྱུན་ཏུ་ཞུགས་པའི་འབྲས་བུའོ། །དེ་ནི་ཐོབ་པར་བྱ་བའི་འབྲས་བུ་ཐམས་ཅད ་ཀྱི་དང་པོ་ཡིན་པའི་ཕྱིར་རོ། །དད་པ་དང་ཆོས་ཀྱི་རྗེས་སུ་འབྲང་བ་དེ་དག་ཉིད་གལ་ཏེ་སྔོན་འཇིག་རྟེན་པའི་ལམ་གྱིས་བསྒོམ་པས་སྤང་བར་བྱའི། ཉོན་མོངས་པ་མ་སྤངས་ལ། ཀུན་ཏུ་བཅིངས་པ་ཞིག་ཡིན་ན་ནི། དེ་གཉིས་རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ ་ཞུགས་པ་ཞེས་བྱའོ། །རྣམ་ལྔའི་བར་བཅོམ། གལ་ཏེ་སྔོན་འཇིག་རྟེན་པའི་ལམ་གྱིས་བསྒོམས་ཏེ་སྤང་བར་བྱ་བའི་ཉོན་མོངས་པ་འདོད་པ་ན་སྤྱོད་པ་རྣམས་ལས་རྣམ་པ་ལྔའི་བར་དུ་སྤངས་པ་ཞིག་ཡིན་ན་ཡང་དེ་བཞིན་དུ ་དང་པོའི་འབྲས་བུ་ལ་ཞུགས་པ་ཞེས་བྱའོ། །གཉིས་པ་ལ་དགུ་པ་ཚུན་ཆད་ཟད་པ་ཡིས། གཉིས་པ་ཞེས་བྱ་བའི་གཉིས་པའི་ཕྱིར་ཏེ་གལ་ཏེ་དེ་གཉིས་ཀྱིས་དེ་ཡན་ཆད་རྣམ་པ་དྲུག་གམ་བདུན་ནམ་བརྒྱད་ཅིག་སྔོན་སྤངས་པ་ཡིན་ན་ནི་དེ ་གཉིས་འབྲས་བུ་གཉིས་པ་ལ་ཞུགས་པ་ཞེས་བྱའོ། །གཉིས་པ་གང་ཞེ་ན། ལན་ཅིག་ཕྱིར་འོང་བའི་འབྲས་བུའོ། །འདོད་པ་འམ་ནི་གོང་མ་ལས། །ཆགས་བྲལ་གསུམ་པ་ལ་ཞུགས་པ། །གལ་ཏེ་འདོད་པའི་ཁམས་ཀྱི་རྣམ་པ་དགུ་ཆར་ལས ་ཀྱང་འདོད་ཆགས་དང་བྲལ་བ་འམ། གོང་མ་ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་བར་ལས་འདོད་ཆགས་དང་བྲལ་བ་ཞིག་ཡིན་ན་ནི། དེ་གཉིས་འབྲས་བུ་གསུམ་པ་ལ་ཞུགས་པ་ཞེས་བྱའོ། །གསུམ་པ་གང་ཞེ་ན། ཕྱིར་མི་འོང་བའི་འབྲས ་བུའོ། །གང་ཞིག་གང་ལ་ཞུགས་པ་ནི། །བཅུ་དྲུག་པ་ལ་དེ་འབྲས་གནས། །སེམས་པ་བཅུ་དྲུག་སྐྱེས་ན་དེ་གཉིས་ལ་དད་པ་དང། ཆོས་ཀྱི་རྗེས་སུ་འབྲང་བ་ཞེས་ཀྱང་མི་བྱ་ལ་རྒྱུན་ཏུ་ཞུགས་པ་ཞེས་ཀྱང་མི་བྱའོ། །འོ་ན་ཇི་ལྟ་བུ་ཞེ་ན། འབྲས་བུ ་ལ་གནས་པ་སྟེ། གང་ཞིག་རྒྱུན་ཏུ་ཞུགས་པའི་འབྲས་བུ་འམ། ལན་ཅིག་ཕྱིར་འོང་བའི་འབྲས་བུ་འམ། ཕྱིར་མི་འོང་བའི་འབྲས་བུ་གང་ལ་ཞུགས་པར་གྱུར་པ་དེ་ནི་དེའི་ཚེ་འབྲས་བུ་ལ་གནས་པ་ཡིན་ནོ། །དགྲ་བཅོམ་པ་ཉིད་ནི་དང་པོ་ཁོ་ནར་ཐོབ་པར་མི ་ནུས་ཏེ། མཐོང་བའི་ལམ་གྱིས་བསྒོམས་ཏེ། སྤང་བར་བྱ་བ་མི་སྤོང་བའི་ཕྱིར་བ་དང། སྔར་ཡང་སྲིད་པའི་རྩེ་མོ་ལས་འདོད་ཆགས་དང་བྲལ་བ་མི་སྲིད་པའི་ཕྱིར་རོ། །དེ་ཚེ་དབང་པོ་རྣོ་རྟུལ་དག་།དད་པས་མོས་དང་མཐོང་བས་ཐོབ། །དབང་པོ་རྟུལ་པོ་སྔོན་དད་པས ་རྗེས་སུ་འབྲང་བ་གང་ཡིན་པ་དེ་ནི་དེའི་ཚེ་དད་པས་མོས་པ་ཞེས་བྱའོ། །དབང་པོ་རྣོན་པོ་སྔོན་ཆོས་ཀྱི་རྗེས་སུ་འབྲང་བ་གང་ཡིན་པ་དེ་ནི་དེའི་ཚེ་མཐོང་བས་ཐོབ་པ་ཞེས་བྱ་སྟེ། དད་པ་དང་ཤེས་རབ་ལྷག་པར་མོས་པ་དང། མཐོང་བས་རབ་ཏུ་ཕྱེ་བའི་ཕྱིར་རོ། ། ་ཅིའི་ཕྱིར་སེམས་བཅུ་དྲུག་སྐྱེས་ལ། ཉོན་མོངས་པའི་རྣམ་པ་ལྔ་སྤངས་ཀྱང་རྒྱུན་ཏུ་ཞུགས་པ་ཉིད་ཅེས་བྱ་ལ། ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་ཞུགས་པ་ཞེས་མི་བྱ་ཞེ་ན། གང་གི་ཕྱིར་འབྲས་ནས་འབྲས་བུ་ཁྱད་པར་གྱི། །ལམ་ཐོབ་མེད་པས་དེའི་ཕྱིར།། ་འབྲས་གནས་ཁྱད་པར་ཅན་གྱི་ཕྱིར། །མི་རྩོམ་པ་ནི་ཞུགས་མ་ཡིན། །འབྲས་བུ་ཐོབ་པ་འབྲས་བུ་ཁྱད་པར་ཅན་གྱི་ལམ་མི་ཐོབ་པ་དེ་ལྟར་ངེས་པས་དེའི་ཕྱིར་འབྲས་བུ་ལ་གནས་པ་ཇི་སྲིད་དུ་འབྲས་བུ་ཁྱད་པར་ཅན་དུ་བྱ་བའི་ཕྱིར་འབྲས་བུ་གཞན་ཐོབ་པ་ལ ་རབ་ཏུ་མི་སྦྱོར་བ་དེ་སྲིད་དུ་ཞུགས་པ་ཞེས་མི་བྱ་སྟེ། དེ་བཞིན་དུ་འབྲས་བུ་གཞན་དག་ལ་ཡང་རིགས་པར་མི་བྱའོ། །གང་ཞིག་བསམ་གཏན་གསུམ་པ་ལས་འདོད་ཆགས་དང་བྲལ་བས་འོག་མ་ལ་བརྟེན་ཏེ་ངེས་པར་འཇུག་ན་ནི། དེ་གདོན་མི་ཟ་བར་འབྲས་བུ ་ཁྱེད་པར་ཅན་གྱི་ལམ་མངོན་དུ་བྱེད་དོ། །དེ་ལྟ་མ་ཡིན་ན་དེའི་གོང་དུ་སྐྱེས་ན་བདེ་བའི་དབང་པོ་དང་མི་ལྡན་པར་འགྱུར་རོ། །རེ་ཞིག་ཕལ་ཆེར་ལས། འདོད་ཆགས་དང་བྲལ་བ་དང། འདོད་པ་ལས་འདོད་ཆགས་དང་བྲལ་བ་རྣམས་ཀྱི་ངེས་པར་འཇུག་པའི་གང ་ཟག་གི་རྣམ་པར་གཞག་པ་ནི་དེ་ལྟ་བུ་ཡིན་ནོ། །ད་ནི་རིམ་གྱིས་འཇུག་པ་བརྗོད་པར་བྱ་སྟེ། དེའི་ཕྱིར་རེ་ཞིག་འདི་རྣམ་པར་བཞག་པར་བྱའོ། །ཇི་ལྟར་འདོད་བའི་ཁམས་ཀྱི་ཉོན་མོངས་པ་རྣམ་པ་དགུ་པོ་དེ་དག་བསྟན་པ་དེ་བཞིན་དུ། ས་དང་ས་ལ་ཉེས་རྣམ་དགུ། ་སྲིད་པའི་རྩེ་མོའི་བར་དུའོ། །ཉེས་པ་རྣམས་ཇི་ལྟ་བར། །དེ་བཞིན་དུ་ནི་ཡོན་ཏན་རྣམས། །ས་དང་ས་ལ་དེའི་གཉེན་པོ་བར་ཆད་མེད་པའི་ལམ་དང་རྣམ་པར་གྲོལ་བའི་ལམ་ཞེས་བྱ་བ་ཡོན་ཏན་གྱི་རྣམ་པ་དག་ཀྱང་དགུ་དགུ་ཁོ་ནའོ། །ཇི་ལྟར་ཞེ་ན། ཆུང་དང་འབྲིང་དང ་ཆེ་རྣམས་ཀྱི། །ཆུང་ངུ་ལ་སོགས་ཐ་དད་ཕྱིར། །ཆུང་ངུ་དང་འབྲིང་དང་ཆེན་པོ་སྟེ། རྩ་བའི་རྣམ་པ་གསུམ་པོ་དེ་དག་ལས་རེ་རེ་ཞིང་ཡང་ཆུང་ངུ་དང་འབྲིང་དང་ཆེན་པོ་རྣམ་པ་གསུམ་ཐ་དད་པའི་ཕྱིར། དགུར་རྣམ་པར་བཞག་སྟེ། འདི་ལྟ་སྟེ་ཆུང ་ངུའི་ཆུང་ངུའི་རྣམ་པ་དང། ཆུང་ངུའི་ཆུང་ངུའི་འབྲིང་དང་ཆུང་ངུའི་ཆེན་པོ་དང། འབྲིང་གི་ཆུང་ངུ་དང། འབྲིང་གི་འབྲིང་དང། འབྲིང་གི་ཆེན་པོ་དང་ཆེན་པོའི་ཆུང་ངུ་དང། ཆེན་པོའི་འབྲིང་དང། ཆེན་པོའི་ཆེན་པོའི་རྣམ་པའོ། །དེ་ལ་ལམ་ཆུང་ངུའི་ཆུང་ངུས་ནི་ཉོན་མོངས་པ ་ཆེན་པོའི་ཆེན་པོ་སྤོང་ལ། དེ་བཞིན་དུ་ལམ་ཆེན་པོའི་ཆེན་པོས་ནི་ཉོན་མོངས་པ་ཆུང་ངུའི་ཆུང་ངུ་སྤོང་བའི་བར་དུ་སྟེ། དང་པོ་ཁོ་ནར་ལམ་ཆེན་པོ་སྐྱེ་མི་སྲིད་པའི་ཕྱིར་བ་དང། སྐྱེས་ནས་ནི་ཉོན་མོངས་པ་ཆེན་པོ་མི་སྲིད་པའི་ཕྱིར་རོ། །དཔེར་ན་གོས་ལ་དྲི་མ་ཆེ་ལོང་ནི ་སྔར་འཁྲུ་ལ། ཕྲ་མོ་ནི་ཕྱིས་འཁྲུ་བ་དང། མུན་པ་ཆེ་ལོང་ནི་སྒྲོན་མ་ཆུང་ངུས་སེལ་ལ། མུན་པ་ཕྲ་མོ་ནི་སྒྲོན་མ་ཆེན་པོས་སེལ་བ་ལྟ་བུའོ། །ཉོན་མོངས་པའི་རྣམ་པ་དགུ་པོ་དེ་དག་ལས་ཐམས་ཅད་དུ། བསྒོམ་པས་སྤང་བྱ་མ་སྤངས་པའི། །འབྲས་གནས་རེ་ལྟར ་ཐོགས་སྲིད་བདུན། །འབྲས་བུ་ལ་གནས་པ་གང་ཞིག་བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པའི་རྣམ་པ་གཅིག་ཀྱང་མ་སྤངས་པ་དེ་ནི་རྒྱུན་ཏུ་ཞུགས་པ་ཡིན་ལ་ཚེ་བདུན་གྱི་བར་དུ་འཁོར་བས་ན་སྲིད་པ་ལན་བདུན་པའོ། །རྒྱུན་ཏུ་ཞུགས་པ་ཐམས་ཅད་ནི་སྲིད་པ ་ལན་བདུན་པ་མ་ཡིན་པས་རེ་ལྟར་ཐོགས་ན་ཞེས་བྱ་བ་ནི་ཐམས་ཅད་ཀྱི་ཐ་མ་བཤད་དོ། །མྱ་ངན་ལས་འདས་པའི་རྒྱུན་ནི་ལམ་མོ། །དེ་ནས་དེར་འགྲོ་བའི་ཕྱིར་དེ་དེར་ཞུགས་པ་འམ་འོངས་པ་འམ་ཕྱིན་པ་ནི་རྒྱུན་དུ་ཞུགས་པའོ། །བྱེ་བྲག་ཏུ་སྨྲ་བ་དག་ན་རེ། དེ་ནི་དེ་ ་ལས་གཞན་པའི་སྐྱེ་བའི་སྲིད་པ་བདུན་དང། སྲིད་པ་བར་མ་བདུན་དུ་མི་རྣམས་ཀྱི་ནང་དུ་ཉིང་མཚམས་སྦྱོར་བ་བྱེད་ལ། དེ་བཞིན་དུ་ལྷ་དག་གི་ནང་དུ་ཡང་ཉིང་མཚམས་སྦྱོར་བར་བྱེད་དེ། དེ་ལྟར་ན་སྲིད་པ་ཉི་ཤུ་རྩ་བརྒྱད་ཀྱི་བར་དུ་ཉིང་མཚམས་སྦྱོར་བར་བྱེད ་བའོ། །སྲིད་པ་བདུན་པའི་སྤྱི་ཡིན་པའི་ཕྱིར་དེ་ལྟར་ཐོགས་ན་སྲིད་པ་ལན་བདུན་བ་ཞེས་བཤད་དེ། གནས་བདུན་ལ་མཁས་པ་ཞེས་བྱ་བ་དང། ཤིང་འདབ་མ་བདུན་པ་ཞེས་བྱ་བ་བཞིན་ནོ་ཞེས་ཟེར་རོ། །རེ་ཞིག་དེ་ལྟར་ན་འབྲས་བུ་ལ་གནས་པ་བསྒོམ་པས ་སྤང་བར་བྱ་བ་མ་སྤངས་པ་ནི་རེ་ལྟར་ཐོགས་ན་སྲིད་པ་ལན་བདུན་པ་ཡིན་ནོ། །རྣམ་གསུམ་བཞི་ལས་རྣམ་གྲོལ་བ། །ཚེ་གཉིས་གསུམ་དུ་རིགས་ནས་རིགས། །རྒྱུན་དུ་ཞུགས་པ་དེ་ཉིད་རྒྱུ་གསུམ་གྱིས་ན་རིགས་ནས་རིགས་སུ་སྐྱེ་བ་ཡིན་ཏེ། ཉོན་མོངས་པ ་སྤངས་པ་སྤངས་པ་ལས་ནི་རྣམ་པ་གསུམ་མམ་བཞི་སྤངས་པའི་ཕྱིར་རོ། །དབང་པོ་ལས་ནི་དེའི་གཉེན་པོ་ཟག་པ་མེད་པའི་དབང་པོ་ཐོབ་པའི་ཕྱིར་རོ། །སྐྱེ་བ་ལས་ནི་ཚེ་གཅིག་གམ། གཉིས་ཤིག་ལུས་པའི་ཕྱིར་རོ། །ཚིགས་སུ་བཅད་པ་བཤད་པ་ནི་ནང་དུ ་གཉིས་ཤིག་སྨོས་པ་ནི་རྒྱུན་དུ་ཞུགས་པ་ཕྱིས་ཉོན་མོངས་པ་སྤོང་བར་བྱེད་པ་དང་དེའི་གཉེན་པོ་ཟག་པ་མེད་པའི་དབང་པོ་ཐོབ་པ་ནི་མ་སྨོས་ཀྱང་གྲུབ་པའི་ཕྱིར་རོ། །རིགས་ནས་རིགས་སུ་སྐྱེ་བ་ནི་ལྷའི་རིགས་ནས་རིགས་སུ་སྐྱེ་བ་དང། མིའི་རིགས་ནས་རིགས་སུ ་སྐྱེ་བའོ། །དེ་ལ་ལྷའི་རིགས་ནས་རིགས་སུ་སྐྱེ་བ་ནི་ལྷ་རྣམས་ཀྱི་ནང་དུ་རིགས་གཉིས་སམ་གསུམ་དུ་འཁོར་ནས་ལྷའི་རིགས་དེ་ཉིད་དམ། གཞན་དག་ཏུ་ཡོངས་སུ་མྱ་ངན་ལས་འདའ་བ་གང་ཡིན་པའོ། །མིའི་རིགས་ནས་རིགས་སུ་སྐྱེ་བ་ནི་མི་རྣམས་ཀྱི་ནང་དུ ་ཉོན་མོངས་པ་སྤངས་པའི་གླིང་དེ་ཉིད་དམ་གཞན་དག་ཏུ་རིགས་གཉིས་སམ་གསུམ་དུ་འཁོར་ནས་ཡོངས་སུ་མྱ་ངན་ལས་འདས་པ་གང་ཡིན་པའོ། །ཡང་འབྲས་བུ་ལ་གནས་པ་དེ་ཉིད་རྣམ་པ་ལྔའི་བར་བཅོམ་པ། གཉིས་པ་ལ་ནི་ཞུགས་པ་འང་ཡིན། །འབྲས ་བུ་ལ་གནས་པ་ཉོན་མོངས་པའི་རྣམ་པ་གཅིག་ནས་ལྔའི་བར་དུ་སྤངས་པ་གང་ཡིན་པ་དེ་ཉིད་ནི་གཉིས་པ་ལ་ཞུགས་པ་ཡིན་པར་རིགས་པར་བྱའོ། །རྣམ་པ་དྲུག་པ་ཟད་གྱུར་པ། །དེ་ནི་ལན་ཅིག་ཕྱིར་འོང་བ། །དེ་ནི་འབྲས་བུ་གཉིས་པ་ཐོབ་པ་ཡིན་ཏེ། ལན་ཅིག། ་ལྷའི་ནང་དུ་སོད་ནས་མིའི་འཇིག་རྟེན་དུ་འོང་ལ་དེ་ཕན་ཆད་ནི་སྐྱེ་བ་མེད་པའི་ཕྱིར་ལན་ཅིག་ཕྱིར་འོང་བ་མ་ཡིན་ནོ། །འདོད་ཆགས་དང་ཞེ་སྡང་དང་གཏི་མུག་རྣམས་བསྲུབས་པར་ཕྱིར་ཡང་ལན་ཅིག་ཕྱིར་འོང་པ་ཞེས་བྱ་སྟེ། ཆུང་ངུའི་རྣམ ་པ་ལུས་པའི་ཕྱིར་རོ། །འབྲས་བུ་ལ་གནས་པ་དེ་ཉིད། ཉེས་ཆ་བདུན་དང་བརྒྱད་ཟད་པ་ཚེ་གཅིག་བར་ཆད་གཅིག་པ་དང། གསུམ་པ་ལ་ནི་ཞུགས་པའོ། །ལན་ཅིག་ཕྱིར་འོང་བ་དེ་ཉིད་རྒྱུ་གསུམ་གྱིས་ན་བར་ཆད་གཅིག་པ་ཡིན་པར་རིག་པར་བྱ་སྟེ། ཉོན་མོངས ་པའི་རྣམ་པ་བདུན་དང་བརྒྱད་སྤངས་པ་དང། དེའི་གཉེན་པོ་དབང་པོ་ཡང་ཐོབ་པ་དང། ཚེ་གཅིག་ལུས་པའི་ཕྱིར་རོ། །བར་ཆད་ཅེས་བྱ་བ་ནི་བར་དུ་གཅོད་པར་བྱེད་པ་སྟེ། དེ་ཡང་མྱ་ངན་ལས་འདའ་བ་ལ་ཚེ་གཅིག་གི་ཆོད་པའི་ཕྱིར་བ་འམ། ཕྱིར་མི་འོང་བའི ་འབྲས་བུ་ལ་ཉོན་མོངས་པའི་རྣམ་པ་གཅིག་གིས་ཆོད་པའི་ཕྱིར་རོ། །འདིའི་བར་ཆད་གཅིག་ཡིན་པས་ན་བར་ཆད་གཅིག་པའོ། །རྣམ་པ་བདུན་དང་བརྒྱད་སྤངས་པ་དེ་ནི་གསུམ་པ་ལ་ཞུགས་པ་ཡིན་པར་ཡང་རིགས་པར་བྱའོ། །སྔར་ཉོན་མོངས་པ་སྤངས་ཤིང ་འབྲས་བུ་ཐོབ་པ་ནི་ཇི་སྲིད་དུ་འབྲས་བུ་ཁྱད་པར་ཅན་གྱི་ལམ་སྔོན་དུ་མ་བྱས་པ་དེ་སྲིད་དུ་རིགས་ནས་རིགས་སུ་སྐྱེ་བ་འམ། བར་ཆད་གཅིག་པ་མ་ཡིན་ནོ། །དེ་དགུ་ཟད་པས་ཕྱིར་མི་འོང། །འབྲས་བུ་ལ་གནས་པ་དེ་ཉིད་ཉོན་མོངས་པའི་རྣམ་པ་དགུ་སྤངས་པ་ལས ་ཕྱིར་མི་འོང་བ་ཡིན་པར་བལྟ་བར་བྱ་སྟེ། འདོད་པའི་ཁམས་སུ་ཕྱིར་མི་འོང་བའི་ཕྱིར་རོ། །དེ་ནི་བར་སྐྱེས་འདུ་བྱེད་དང། །འདུ་བྱེད་མེད་པར་མྱ་ངན་འདའ་གོང་དུ་འཕོ་བའོ། །འདི་བར་མ་དོར་ཡོངས་སུ་མྱ་ངན་ལས་འདའ་བས་ན་བར་མ་དོར་ཡོངས་སུ་མྱ་ངན་ལས ་འདའ་བ་སྟེ། དེ་བཞིན་དུ་སྐྱེས་པ་དང། འདུ་བྱེད་པ་དང། འདུ་བྱེད་པ་མེད་པར་ཡོངས་སུ་མྱ་ངན་ལས་འདའ་བ་ལ་ཡང་སྦྱར་བར་བྱའོ། །ཕྱིར་མི་འོང་བ་དེ་ཉིད་རྣམ་པ་ལྔར་འགྱུར་ཏེ། བར་མ་དོར་ཡོངས་སུ་མྱ་ངན་ལས་འདའ་བ་ནི་སྲིད་པ་བར་མ་དོར་ཡོངས་སུ ་མྱ་ངན་ལས་འདའ་བ་གང་ཡིན་པའོ། །སྐྱེས་ནས་ཡོངས་སུ་མྱ་ངན་ལས་འདའ་བ་ནི་སྐྱེས་པ་ཙམ་ལས་མི་འཆི་བར་ཕུང་པོ་དང་བཅས་པའི་མྱ་ངན་ལས་འདའ་བས་ཡོངས་སུ་མྱ་ངན་ལས་འདའ་བ་གང་ཡིན་པ་སྟེ། མངོན་པར་བརྩོན་པ་དང། ལམ་ཉམས་འོག་ཏུ་ཆུང་པ་ཡིན་པའི་ཕྱིར་རོ། །མངོན་པར་འདུ་བྱེད་པ་དང་བཅས་པས་ཡོངས་སུ་མྱ་ངན་ལས་འདའ་བ་ནི་སྐྱེས་ནས་སྦྱོར་བ་མ་བཏང་ཞིང་མངོན་པར་འདུ་བྱེད་པ་དང་བཅས་པས་ཡོངས་སུ་མྱ་ངན་ལས་འདའ་པ་གང་ཡིན་པ་སྟེ། མངོན་པར་བརྩོན་པའི་ཉམས ་འོག་དུ་མ་ཆུང་པ་ཡིན་པའི་ཕྱིར་རོ། །མངོན་པར་འདུ་བྱེད་པ་མེད་པར་ཡོངས་སུ་མྱ་ངན་ལས་འདའ་བ་ནི་མངོན་པར་འདུ་བྱེད་པ་མེད་པར་ཡོངས་སུ་མྱ་ངན་ལས་འདའ་བ་གང་ཡིན་པ་སྟེ། མངོན་པར་བརྩོན་པ་དང་ལམ་ཉམས་འོག་ཏུ་ཆུང་པ་མེད་པའི་ཕྱིར་རོ།། ་གོང་དུ་འཕོ་བ་ནི་གང་དུ་སྐྱེས་པ་དེ་ཉིད་དུ་ཡོངས་སུ་མྱ་ངན་ལས་མི་འདའ་བར་གོང་དུ་འགྲོ་བ་གང་ཡིན་པ་སྟེ། འཕོ་བ་དང་འགྲོ་བ་ནི་དོན་ཅིག་གོ་།དེ་དག་ནི་བསམ་གཏན་སྤེལ་མས་འོག་མིན་འགྲོ་།གོང་དུ་འཕོ་བ་དེ་ནི་རྒྱུ་དང་འབྲས་བུའི་སྒོ་ནས་རྣམ་པ་གཉིས་ཏེ། རྒྱུའི ་སྒོ་ནས་ནི་བསམ་གཏན་སྤེལ་མ་དང་སྤེལ་མ་མ་ཡིན་པའི་ཕྱིར་རོ། །འབྲས་བུའི་སྒོ་ནས་ནི་འོག་མིན་དང་སྲིད་པའི་རྩེ་མོའི་མཐར་ཐུག་པར་འགྲོ་བའི་ཕྱིར་རོ། །དེ་ལ་གང་གི་བསམ་གཏན་སྤེལ་མར་བསྒོམ་པ་དེ་ནི་འོག་མིན་དུ་སོང་ནས་ཡོངས་སུ་མྱ་ངན་ལས ་འདའ་ཨོ། །དེ་འཕར་ཕྱེད་འཕར་ཐམས་ཅད་དུ། འཆི་འཕོ་དེ་ལྟར་འོག་མིན་གྱི་མཐར་ཐུག་པར་འགྲོ་བའི་གོང་དུ་འཕོ་བ་དེ་ནི་འཕར་བ་ལ་སོགས་པའི་བྱེ་བྲག་གི་རྣམ་པ་གསུམ་སྟེ། དེ་ལ་འཕར་བ་ཞེས་བྱ་བ་ནི་འདིར་བསམ་གཏན་རྣམས་སྤེལ་མོར་བསྒོམས་ཏེ ་བསམ་གཏན་གསུམ་ལས་ཡོངས་སུ་ཉམས་ནས་བསམ་གཏན་དང་པོའི་རོ་མྱངས་ཏེ། ཚངས་རིས་ཀྱི་ལྷ་རྣམས་ཀྱི་ནང་དུ་སྐྱེ་ལ། སྔོན་སྒོམས་པའི་དབང་གིས་བསམ་གཏན་སྤེལ་མར་བསྒོམས་ཏེ། དེ་ནས་ཤི་འཕོས་ནས་འོག་མིན་དུ་སྐྱེ་བ་གང་ཡིན ་པ་སྟེ། དེ་ནི་བར་དག་ཏུ་མི་འབྱིན་པས་ན་འཕར་བ་ཞེས་བྱའོ། །ཕྱེད་དུ་འཕར་བ་ཞེས་བྱ་བ་ནི་དེ་ནས་གནས་གཙང་མ་རྣམས་སུ་སྐྱེས་ལ། བར་ནས་གནས་འགའ་ཙམ་ཡང་བརྒལ་ཏེ་འོག་མིན་དུ་འཇུག་པ་གང་ཡིན་པའོ། ། ་འཕགས་པ་ནི་ཚངས་པ་ཆེན་པོའི་ནང་དུ་མི་སྐྱེ་སྟེ། ལྟ་བའི་གནས་ཡིན་པ་དང། གཙོ་བོ་གཅིག་ཏུ་ཟད་པའི་ཕྱིར་རོ། །གནས་ཐམས་ཅད་དུ་འཆི་ཤིན་ཏུ་འཕོ་བ་ཞེས་བྱ་བ་ནི་གནས་ཀྱི་བྱེ་བྲག་ཐམས་ཅད་ལས་ཤི་འཕོས་ནས་འོག་མིན་དུ་འཇུག་པ ་གང་ཡིན་པ་སྟེ། ཕྱིར་མི་འོང་བ་ནི་ནམ་ཡང་སྐྱེ་བའི་སྐྱེ་མཆེད་དེ་ཉིད་དུ། ཚེ་གཉིས་པ་མངོན་པར་གྲུབ་པར་མི་བྱེད་དེ། ཁྱད་པར་དུ་འགྲོ་བ་ཡིན་པའི་ཕྱིར་རོ། །འདི་ལྟར་གང་དུ་སྐྱེས་པ་དེའི་འོག་དང་དེ་ཉིད་དུ་ཕྱིར་མི་འོང་བའི་ཕྱིར་ན་དེའི་ཕྱིར་མི་འོང་བ་ཡོངས་སུ ་རྫོགས་པ་ཡིན་ནོ། །རེ་ཞིག་བསམ་གཏན་སྤེལ་མར་བསྒོམས་པས་འོག་མིན་དུ་འགྲོ་བ་ནི་དེ་ལྟ་བུ་ཡིན་པར་རིག་པར་བྱའོ། །དེ་ལས་གཞན་སྲིད་རྩེ་མོར་འགྲོ་།གོང་དུ་འཕོ་བ་བསམ་གཏན་སྤེལ་མར་མ་བསྒོམས་པ་ནི་སྲིད་པའི་རྩེ་མོའི་མཐར་ཕྱིན་པར ་འགྱུར་ཏེ། དེ་ནི་སྙོམས་པར་འཇུག་པའི་བྱེ་བྲག་རྣམས་རོ་མྱང་བར་བྱེད་ཅིང་གནས་ཀྱི་ཁྱད་པར་ཐམས་ཅད་དུ་སྐྱེས་ལ། གནས་གཙང་མ་རྣམས་སུ་མི་འཇུག་པ་ཉིད་དུ་གཟུགས་མེད་པར་སྐྱེ་བའི་རིམ་གྱིས་སྲིད་པའི་རྩེ་མོར་སོང་སྟེ། ཡོངས་སུ་མྱ་ངན་ལས ་འདའ་བའ་ཨོ། །འདི་ནི་ཞི་གནས་སྤྱོད་པའོ། །སྔ་མ་ནི་ལྷག་མཐོང་སྤྱོད་པའོ། །རེ་ཞིག་དེ་དག་ནི་གཟུགས་སུ་ཉེ་བར་འགྲོ་བའི་ཕྱིར་མི་འོང་བ་ལྔ་ཡིན་ནོ། །གཟུགས་མེད་འགྲོ་བ་རྣམ་བཞི་གཞན། །གཞན་གཟུགས་འགྲོ་བའི་ཕྱིར་མི་འོང་བ་གཟུགས་ཀྱི་འདོད་ཆགས ་དང་བྲལ་བ་འདི་ནས་ཤི་འཕོས་ནས་གཟུགས་མེད་པའི་ནང་དག་ཏུ་སྐྱེ་བ་གང་ཡིན་པ་ནི་སྐྱེས་ནས་ཡོངས་སུ་མྱ་ངན་ལས་འདའ་བ་ལ་སོགས་པའི་བྱེ་བྲག་གི་རྣམ་པ་བཞི་སྟེ། བར་མ་དོར་ཡོངས་སུ་མྱ་ངན་ལས་འདའ་བ་མ་གཏོགས་སོ། །དེ་ལྟར་ན་ཕྱིར་མི་འོང་བའི ་དྲུག་ཏུ་འགྱུར་རོ། །འདིར་ནི་མྱ་ངན་འདའ་འགྱུར་གཞན། །གཞན་ནི་ཚེ་འདི་ཉིད་ལ་ཡོངས་སུ་མྱ་ངན་ལས་འདའ་སྟེ། མཐོང་བའི་ཆོས་ལ་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་བ་གང་ཡིན་པ་དེ་ནི་བདུན་པ་ཡིན་ནོ། །གསུམ་པ་རྣམ་པ་གསུམ་ཕྱེ་ནས། ་གཟུགས་སུ་ཉེར་འགྲོ་དགུར་བཤད་དོ། །ཡང་ཕྱིར་མི་འགྲོ་བ་གསུམ་ལས། །རྣམ་པ་གསུམ་གསུམ་དུ་ཕྱེ་ན་གཟུགས་སུ་ཉེ་བར་འགྲོ་བའི་ཕྱིར་མི་འོང་བ་ནི་དགུར་འགྱུར་ཏེ། གསུམ་པོ་དེ་དག་གང་ཞེ་ན། བར་མ་དོར་ཡོངས་སུ་མྱ་ངན་ལས་འདའ་བ་དང། སྐྱེས་ནས ་ཡོངས་སུ་མྱ་ངན་ལས་འདའ་བ་དང། གོང་དུ་འཕོ་བའོ། །རྣམ་པ་གསུམ་དབྱེ་བ་ཇི་ལྟ་བུ་ཞེ་ན། རེ་ཞིག་བར་མ་དོར་ཡོངས་སུ་མྱ་ངན་ལས་འདའ་བ་ནི་མྱུར་བ་དང། མྱུར་བ་མ་ཡིན་པ་དང། ཡུལ་རེ་ཞིག་ན་ཡོངས་སུ་མྱ་ངན་ལས་འདའ་བ་སྟེ། དཔེ་གསུམ་གྱིས་བསྟན ་པ་ཡིན་ནོ། །སྐྱེས་ནས་ཡོངས་སུ་མྱ་ངན་ལས་འདའ་བ་ནི། སྐྱེས་ནས་ཡོངས་སུ་མྱ་ངན་ལས་འདའ་བ་དང། མངོན་པར་འདུ་བྱེད་པ་དང་བཅས་པས་ཡོངས་སུ་མྱ་ངན་ལས་འདའ་བ་དང། མངོན་པར་འདུ་བྱེད་པ་མེད་པར་ཡོངས་སུ་མྱ་ངན་ལས་འདའ་བ་སྟེ། ་དེ་དག་ཐམས་ཅད་ཀྱང་སྐྱེས་ནས་ཡོངས་སུ་མྱ་ངན་ལས་འདའ་བའ་ཨི་ཕྱིར་སྐྱེས་ནས་ཡོངས་སུ་མྱ་ངན་ལས་འདའ་བ་རྣམས་སོ། །གོང་དུ་འཕོ་བ་ནི་འཕར་བ་ལ་སོགས་པས་དབྱེ་བས་གསུམ་ཡིན་ནོ། །དེ་དག་གི་ནི་ཁྱད་པར་རྣམས། །ལས་དབང་ཉོན་མོངས་བྱེ་བྲག་ལས ་ཕྱིར་མི་འོང་བ་གསུམ་དང་དགུ་པོ་དེ་དག་ཁྱད་པར་ནི་ལས་དང་ཉོན་མོངས་པ་དང་དབང་པོའི་བྱེ་བྲག་ལས་རིགས་པར་བྱ་སྟེ། རེ་ཞིག་གསུམ་ནི། མངོན་པར་གྲུབ་པ་དང་སྐྱེས་པ་དང་ལན་གྲངས་གཞན་ལ་མྱོང་བར་འགྱུར་བའི་ལས་བསགས་པ་དང་ཉོན་མོངས་པའི ་ཀུན་ཏུ་སྤྱོད་པ་མི་ཆུང་ངུ་དང་འབྲིང་དང། ཆེན་པོ་ཡིན་པ་དང། དབང་པོ་རྣོན་པོ་དང། འབྲིང་དང་རྟུལ་པོ་ཡིན་པའི་ཕྱིར་ཏེ། གོ་རིམ་བཞིན་ནོ། །དེ་བས་ན་དེ་དག་ནི་དགུ་པོ་རེ་རེ་ལ་ཡང་ཅི་རིགས་པར་ཁྱད་པར་དུ་ལྟ་བར་བྱ་སྟེ། དང་པོ་གསུམ་པོ་གཉིས་ནི་སྔ་མ་བཞིན་ ་རིག་ལ་སོགས་པ་ཡང་འདིར་བརྗོད་པར་བྱའོ། །རབ་ཏུ་བྱུང་ནས་ཞེས་བྱ་བ་འདིས་ནི་བརྟུལ་ཞུགས་དབེན་པ་བླང་ཤིང་ཚུལ་ཁྲིམས་དང་ལྡན་པར་བསྟན་ཏོ། །ཚུལ་ཁྲིམས་ལ་གནས་ནས་གང་བྱ་བ་དེ་སྨྲས་པ། སངས་རྒྱས་བསྟན ་ལ་འཇུག་པ་དེ་ཞེས་བྱ་བ་སྨོས་ཏེ། འདིར་སངས་རྒྱས་ཀྱིས་བསྟན་པའི་སྒྲ་ནི་མཐོང་བའི་ལམ་ལ་བསྟན་ཏོ། །ཚིགས་བཅད་གཉིས་པས་ཀྱང་བསྒོམ་པའི་ལམ་བསྟན་ཏེ། དེ་གཉིས་གཅིག་ཏུ་བསྟན་པས་ནི་སྤྱོད་པ་མ་ཡིན་པ་ཐམས་ཅད་སྤོང་བའི་ཕྱིར་རོ། ་སངས་རྒྱས་ཀྱི་བསྟན་པའི་ལམ་བསྒོམ་པ་ནི་བག་ཡོད་པ་ལ་འབད་པས་ཐོབ་པར་འགྱུར་གྱི། དེ་མ་གཏོགས་པར་ནི་སྤང་བར་བྱ་བ་དང་བླང་བར་བྱ་བ་གཉིས་ཀྱི་སྤང་བ་དང་བླང་བ་མེད་དེ། དེས་ཉོན་མོངས་པ་མཛའ་དག་སྤངས་པས་ཐམས་ཅད་དུ་མཛས?་པ་ཡིན་ནོ།། ་ཡན་ལག་སྤངས་པས་ཀྱང་སྤྲིན་དང་བྲལ་བ་འམ། སྤྲིན་སྲབ་པའི་སྟོན་གྱི་ནམ་མཁའ་ལ་ཟླ་བ་གང་བ་བཞིན་ནོ། །ལྷག་མ་ནི་གོ་སླའོ། །གང་གིས་དགེ་བ་བསགས་པ་དེ་ཡང་ཐམས་ཅད་དུ་མཛེས་པ་ཡིན་ནོ། །ཞེས་བསྟན་པའི་ཕྱིར། གང་ཞིག་སྡིག་པའི་ཞེས ་བྱ་བ་ལ་སོགས་པ་སྨོས་སོ། །ལུས་འཕགས་ཀྱི་ཡུལ་ན་མཚམས་མེད་པ་ཞེས་བྱ་བའི་རབ་ཏུ་བྱུང་བ་ཞིག་སྡེ་སྣོད་གསུམ་པར་གྱུར་ཏེ། རིགས་པ་དང་གྲོལ་བའི་སྤོབས་པས་གང་རི་བྲགས་ན་གནས་པ་དེར་སྐྱེ་བོའི་ཚོགས་དེ་དག་མངོན་པར་དད་པར་བྱེད་དེ། དེའི ་སློབ་མ་རབ་ཏུ་མང་པོར་གྱུར་ཏོ། །ཇི་ཙམ་ན་རིམས་གྲངས་པས་ཉམས་ཐག་སྟེ། དེ་བསལ་བའི་ཕྱིར་ཛེན་ཏ་ཀ་ཞེས་བྱ་བའི་དགེ་འདུན་ལ་བཤོས་གསོལ་བར་གྱུར་ཏོ། །དེ་ཤི་སྡེ་མནར་མེད་པར་སྐྱེས་ནས་འདི་ནི་ཛེན་ཀ་ཏ་ཤིན་ཏུ་ཆེའོ། །ཞེས་སོ། །དེ་ནས ་གཤིན་རྗེའི་སྐྱེས་བུས་ཐོ་བས་བསྣུན་པས་དེ་ལས་ཤི་འཕོས་ཏེ། གྲང་བ་དག་ཏུ་སྐྱེས་སོ། །ཞེས་བྱ་བ་ལ་སོགས་པ་སྟེ། དེ་ལས་བརྩམས་ནས་ཚིགས་སུ་བཅད་པ་གཉིས་གསུངས་སོ། །གང་ཞིག་ཅེས་བྱ་བ་ནི་སེམས་ཅན་གྱི་རྒྱུད་དོ། །སྡིག་པའི་ལས་བྱས་པ ་ཞེས་བྱ་བ་ནི་སྔོན་བསགས་པ་སྟེ། ལུས་ལ་སོགས་པའི་ཉེས་པར་སྤྱོད་པའོ། །དགེ་བས་འགེབས་པར་བྱེད་པ་དེ་ཞེས་བྱ་བ་ནི་དུས་གཞན་ན་བྱས་པའི་ལེགས་པ་སྤྱོད་པ་མུན་པ་ལ་སྒྲོན་མ་བཞིན་དུ་སེལ་ཅིང་བསལ་བ་ཞེས་བྱ་བའི་དོན་ཏོ། །ལྷག་མ་ནི་སྔ་མ་བཞིན་ནོ། །གང ་ཡུལ་གྱིས་གཙེས?་པར་གྱུར་ཀྱང་དེ་མྱ་ངན་གྱི་དུས་སུ་མྱ་ངན་མེད་པར་བསྟན་པའི་ཕྱིར་རོ། །གང་ཞིག་གསོན་བ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཤཱཀྱ་རྣམས་བསད་ཀྱང་བཅོམ་ལྡན་འདས་ནི་མྱ་ངན་མི་མཛད་དོ། །དེ་ནས་སེར་སྐྱའི་གནས་ན་གནས་པའི་བྲམ་ཟེ་ཆེན་པོ ་དག་བཅོམ་ལྡན་འདས་ཀྱི་ཐད་དུ་ལྟགས་ཏེ་གསོལ་བ། ཅི་བཅོམ་ལྡན་འདས་ཤིན་ཏུ་མྱ་ངན་མཛད་དམ་ཞེས་གསོལ་བ་དང། ཅི་ཙམ་དུ་ཚིགས་སུ་བཅད་པ་གསུམ་པོ་འདི་གསུངས་སོ། །གང་ལ་ལ་ཞིག་གཙོ་བོ་ལ་ལྷག་པར་ཞེན་པའི་དངོས་པོ་བསྟན་ཏེ། གསོན ་ན་ཞེས་བྱ་བ་ནི་སྲོག་གི་དབང་པོ་ལ་སྟེ། རྒྱུ་མཚན་གྱི་བདུན་པ་པོ། མི་དགའ་བ་ནི་མི་གསལ་བ་དང། མི་མཛེས་པ་དང། དེ་ལ་ཡིད་མི་འཇུག་པ་སྟེ། ཤིན་ཏུ་སྡུག་བསྔལ་གྱི་དངོས་པོ་ཡིན་པའི་ཕྱིར། ཇི་སྐད་དུ་ཚངས་སྤྱོད་ལེགས་པར ་སྤྱོད་པ་དང། དེ་བཞིན་ལམ་ནི་ལེགས་བསྒོམས་པ། །ཚ་ཟད་དགའ་བར་འགྱུར་བ་སྟེ། །དུག་སྣོད་སྤངས་པ་ཇི་བཞིན་ནོ། །ཞེས་གསུངས་སོ། །ཤིན་ཞེས་བྱ་བ་ནི་འཆི་བའི་དུས་ན་མྱ་ངན་མི་བྱེད་ཅིང་གདུང་བ་དང་མི་འབྲེལ་ཏོ། གང་གི་ཕྱིར ་གང་ལ་མ་ཆགས་པ་དེས་ནི་བྲལ་བས་དགོས་པའི་མྱ་ངན་མེད་དོ། །འདིར་ཅི་ལྟ་བུ་ཞེ་ན། སྨྲས་པ། ཤིན་ཡང་ཞེས་བྱ་བ་སྟེ། ཐ་མར་ཤི་ན་ཡང་ངོ། །གང་མཁས་པ་ནི་དགའ་བ་འམ་རངས་པ་ཉིད་དེ་མི་འདོད་དེ། དེ་འཆི་ཞིང་འདི་ཞིག ་པར་གྱུར་ཀྱང་དམ་བ་རྣམས་ནི་མྱ་ངན་མི་བྱེད་དེ། དགའ་བའི་མཛའ་མྱ་ངན་ཡིན་པའི་ཕྱིར་རྒྱུ་མེད་པས་འབྲས་བུ་མེད་པ་སྟོན་ཏོ། །དེ་ཞེས་བྱ་བས་དེ་ཉིད་དེ། མྱ་ངན་དབུས་ན་ཞེས་བྱ་བ་ནི་མྱ་ངན་ལ་སོགས་པའི་རྣམ་པ་གསེས་པ་སྟེ། འཁོར་བའི་ནང ་བྱེད་དོ། །དང་པོ་ཉིད་དུ་ནི་འདོད་པའི་ཁམས་ཀྱི་གླིང་གསུམ་དག་ཏུ་སྤེལ་བར་བྱེད་ལ། ཕྱིས་ཡོངས་སུ་ཉམས་ནས་ནི་གཟུགས་ཀྱི་ཁམས་དག་ཏུ་ཡང་སྤེལ་མར་བྱེད་དོ། །ཅིའི་ཕྱིར་བསམ་གཏན་སྤེལ་མར་བྱེད་ཅེ་ན། སྐྱེ་དང་གནས ་པར་བྱ་ཕྱིར་དང། །ཉོན་མོངས་པས་ནི་འཇིག་ཕྱིར་ཡང། །རྒྱུ་གསུམ་གྱིས་ན་བསམ་གཏན་རྣམས་སྤེལ་མར་བྱེད་དེ། ཕྱིར་མི་འོང་བ་དབང་པོ་རྣོན་པོ་རྣམས་ནི་གནས་གཙང་མར་སྐྱེ་བར་བྱ་བ་དང། མཐོང་བའི་ཆོས་ལ་བདེ་བར་གནས་པར་བྱ ་བའི་ཆོས་སྤེལ་མར་བྱེད་ལ། དབང་པོ་རྟུལ་པོ་རྣམས་ནི་ཉོན་མོངས་པས་འཇིགས་པའི་ཕྱིར་ཡང་ཡིན། རོ་མྱང་བ་དང་མཚུངས་པར་ལྡན་པར་ཏིང་ངེ་འཛིན་ཐག་བསྲིངས་པའི་སྒོ་ནས་ཡོངས་སུ་མི་ཉམས་པར་བྱ་བའི་ཕྱིར་སྤེལ་མར ་བྱེད་དོ། །དགྲ་བཅོམ་པ་སྲིད་པའི་དབང་པོ་རྣོན་པོ་རྣམས་ནི་མཐོད་པའི་ཆོས་ལ་བདེན་པར་གནས་པའི་ཕྱིར་རོ། །དབང་པོ་རྟུལ་པོ་རྣམས་ནི་ཉོན་མོངས་པས་འཇིགས་པས་ཡོངས་སུ་མི་ཉམས་པར་བྱ་བའི་ཕྱིར་ཡང་ཡིན་ནོ། །ཡང་ཅིའི་ཕྱིར ་གནས་གཙང་མར་སྐྱེ་བ་རྣམས་ནི་ལྔ་ཁོ་ན་ཡིན་ཞེ་ན། དེ་ལྟར་བསམ་གཏན་བཞི་པ་སྤེལ་མར་བསྒོམས་པར་བཤད་པ་གང་ཡིན་པ། དེ་ནི་རྣམ་པ་ལྔ་ཡི་ཕྱིར། །གཙང་མའི་གནས་སུ་སྐྱེ་བ་ལྔ། །སྤེལ་མར་བསྒོམས་པ་དེ་ནི་ཆུང་ངུ་དང་འབྲིང་དང། ཆེན ་པོ་དང། ཤིན་ཏུ་ཆེ་བ་དང། ཤིན་ཏུ་ཆེས་ཆེ་བར་དབྱེ་བས་རྣམ་པ་ལྔ་ཡིན་ཏེ། དང་པོ་ལ་ནི་ཟག་པ་མེད་པ་དང་ཟག་པ་དང་བཅས་པ་དང། ཟག་པ་མེད་པ་དང། སེམས་གསུམ་མངོན་དུ་བྱེད་དོ། །གཉིས་པ་ལ་ནི་དྲུག་གོ། གསུམ་པ་ནི་དགུའོ། །བཞི་པ་ལ་ནི ་བཅུ་གཉིས་སོ། །ལྔ་བ་ལ་ནི་སེམས་བཅོ་ལྔ་མངོན་དུ་བྱེད་དེ། དེ་དག་གི་འབྲས་བུ་ནི་རིམ་བཞིན་དུ་གནས་གཙང་མ་ལྔ་ཡིན་ལ། དེ་དག་ལ་ཟག་པ་དང་བཅས་པ་གང་ཡིན་པ་དེའི་དབང་གིས་དེ་དག་ཏུ་སྐྱེའོ། །གཞན་དག་ན་རེ་དང་པ་ལ་སོགས་པ་ལྷག ་པས་ན་ལྔ་ཡིན་ནོ་ཞེས་ཟེར་རོ། །འགོག་པ་ཐོབ་པའི་ཕྱིར་མི་འོང། །ལུས་ཀྱི་མངོན་དུ་བྱེད་པར་འདོད། །ཕྱིར་མི་འོང་བ་གང་ལ་ལ་ཞིག་གིས་འགོག་པ་ཐོབ་པ་དེ་ནི་མྱ་ངན་ལས་འདའ་བ་དང་འདྲ་བའི་ཆོས་ལུས་ཀྱི་མངོན་སུམ་དུ་བྱས་པའི་ཕྱིར་ལུས་ཀྱི ་མངོན་གསུམ་དུ་བྱེད་པ་ཞེས་བྱའོ། །ཇི་ལྟར་ན་ལུས་ཀྱི་མངོན་སུམ་དུ་བྱེད་ཅེ་ན། སེམས་མེད་པའི་ཕྱིར་བ་དང། ལུས་ལ་བརྟེན་ནས་སྐྱེ་བའི་ཕྱིར་རོ། །སྲིད་རྩེའི་བར་ཆ་བརྒྱད་ཟད་པ། །དགྲ་བཅོམ་ཉིད་ལ་ཞུགས་པའོ། །ཡང་ཕྱིར་མི་འོང་བ་དེ་བསམ་གཏན་དང ་པོའི་རྣམ་པ་གཅིག་ལས་འདོད་ཆགས་དང་བྲལ་བ་ནས་བཟུང་སྟེ། སྲིད་པའི་རྩེ་མོའི་རྣམ་པ་བརྒྱད་ཀྱི་བར་དུ་སྤངས་པའི་ལམ་དགྲ་བཅོམ་པ་ཉིད་ལ་ཞུགས་པ་ཡིན་ནོ། །དགུ་པའི་བར་ཆད་མེད་ལམ་ཡང། དེ་ནི་སྲིད་པའི་རྩེ་མོ་པའི་རྣམ་པ་དགུ་པ་སྤོང་བའི་བར་ཆད་མེད ་པའི་ལམ་ལ་གནས་པ་ན་ཡང་དགྲ་བཅོམ་པ་ཉིད་ལ་ཞུགས་པ་ཁོ་ན་ཡིན་ནོ། །དེ་ནི་རྡོ་རྗེ་ལྟ་བུ་ཡིན། །བར་ཆད་མེད་པའི་ལམ་དེ་ནི་ཕྲ་རྒྱས་ཐམས་ཅད་འཇོམས་པ་ཡིན་པའི་ཕྱིར། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཅེས་བྱའོ། །བཅོམ་ཟིན་པའི་ཕྱིར་དེ་ཐམས་ཅད་འཇོམས་པར ་བྱེད་པ་ནི་མ་ཡིན་མོད་ཀྱི། ཐམས་ཅད་འཇོམས་པའི་མཐུ་ཡོད་ཅིང་བར་ཆད་མེད་པས་ལམ་ཐམས་ཅད་པས་ཆེས་ཆེ་བ་ཡིན་པའི་ཕྱིར་རོ། །གང་དེ་སྲིད་པའི་རྩེ་མོའི་རྣམ་པ་དགུ་པར་བཤད་པའི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་སྤང?་པར་བྱ་བ་གང་ཡིན་པ། དེ་ཟད་ཐོབ་དང ་ཟད་ཡེ་ཤེས། །རྣམ་པ་དགུ་པ་དེ་ཟད་པའི་ཐོབ་པ་དང། ལྷན་ཅིག་དུ་ཟད་པའི་ཡེ་ཤེས་སྐྱེ་སྟེ། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་མཇུག་ཐོགས་སུ་ཕྱི་མ་རྣམ་པར་གྲོལ་བའི་ལམ་སྐྱེ་བས་དེ་བས་ན་དེ་ནི་དང་པོ་ཁོ་ནར་ཟག་པ་ཐམས་ཅད་ཟད་པའི་ཐོབ་པ་དང་ལན་ཅིག་སྐྱེ་བའི་ཕྱིར ་ཟད་པའི་ཡེ་ཤེས་ཞེས་བྱའོ། །དེ་ཚེ་དེ་མི་སློབ་དགྲ་བཅོམ། །ཡང་དགྲ་བཅོམ་པ་ཉིད་ལ་ཞུགས་པ་དེ་ཟད་པའི་ཡེ་ཤེས་སྐྱེས་ན་འབྲས་བུ་གཞན་གྱི་ཕྱིར་སློབ་པ་མེད་པས་ན་མི་སློབ་པ་ཡིན་ནོ། །འདོད་ཆགས་དང་བཅས་པ་ཐམས་ཅད་ཀྱིས་མཆོད་པར་འོས་པའི་ཕྱིར ་དགྲ་བཅོམ་པ་སྟེ། དགྲ་བཅོམ་པའི་འབྲས་བུ་ཐོབ་པ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་སྔར་གང་ཟག་བདུན་དུ་བཤད་པ་གཞན་རྣམས་ནི་ཟག་པ་ཐམས་ཅད་ཟད་པར་བྱ་བའི་ཕྱིར། བསླབ་པ་གསུམ་པོ་ལྷག་པའི་ཚུལ་ཁྲིམས་དང། ལྷག་པའི་སེམས ་དང། ལྷག་པའི་ཤེས་རབ་ལ་སློབ་པའི་ངང་ཚུལ་ཅན་ཡིན་པའི་ཕྱིར་སློབ་པ་ཞེས་བྱ་བར་གྲུབ་སྟེ། དེ་དག་ནི་ཚུལ་ཁྲིམས་དང་ཏིང་ངེ་འཛིན་དང་ཤེས་རབ་ཀྱི་རང་བཞིན་ནོ། །བསྒོམ་པའི་ལམ་འཇིག་རྟེན་པ་དང། འཇིག་རྟེན་ལས་འདས་པ་རྣམ་པ་གཉིས་སུ་བཤད ་པ་ལ། ལམ་གང་གིས་ན་སློབ་པ་དེ་ཁམས་གང་དག་ལས་འདོད་ཆགས་དང་བྲལ་བ་འཐོབ་ཅེ་ན། འཇིག་རྟེན་འདས་ཀྱིས་སྲིད་རྩེ་ལས། །ཆགས་བྲལ་འཇིག་རྟེན་པས་ནི་མ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། དེའི་གོང་ན་འཇིག་རྟེན་པ་མེད་པའི་ཕྱིར་བ་དང། རང་གི་ས་པའི ་གཉེན་པོ་མ་ཡིན་པའི་ཕྱིར་རོ། །ཅིའི་ཕྱིར་གཉེན་པོ་མ་ཡིན་ཞེ་ན། ས་དེ་བའི་ཉོན་མོངས་པ་རྣམས་རྒྱས་པར་འགྱུར་བའི་ཕྱིར་ཏེ། ཉོན་མོངས་པ་གང་གིས་དངོས་པོ་ག་ལ་རྒྱས་པར་འགྱུར་བ་དེ་ནི་དངོས་པོ་དེས་སྤོང་བར་མི་འགྱུར་ལ། གང་གི་གཉེན་པོ་གང་ཡིན་པ ་དེའི་ནི་ཉོན་མོངས་པ་དེ་རྒྱས་པར་ཡང་མི་འགྱུར་རོ། །གཞན་ལས་རྣམ་པ་གཉིས། སྲིད་པའི་རྩེ་མོ་ལས་གཞན་པའི་ས་དག་ལས་ནི་འཇིག་རྟེན་པའི་ལམ་གྱིས་ཀྱང་འདོད་ཆགས་དང་བྲལ་བར་འགྱུར་ལ་འཇིག་རྟེན་ལས་འདས་པའི་ལམ་གྱིས་ཀྱང་འདོད ་ཆགས་དང་བྲལ་བར་འགྱུར་ཏེ། དེ་ལ་ཡང་འཇིག་རྟེན་པ་ཡིས་ཆགས་བྲལ་བའི། །འཕགས་པ་བྲལ་བའི་ཐོབ་རྣམ་གཉིས། །འཕགས་པ་འཇིག་རྟེན་པའི་ལམ་གྱི་འདོད་ཆགས་དང་བྲལ་བས་འགྲོ་བ་དག་ནི་བྲལ་བའི་ཐོབ་པ་འཇིག་རྟེན་དང་འཇིག་རྟེན་ལས ་འདས་པ་རྣམ་པ་གཉིས་སྐྱེའོ། །ཁ་ཅིག་འཇིག་རྟེན་འདས་ཀྱིས་ཀྱང། །གཞན་དག་ན་རེ་འཇིག་རྟེན་ལས་འདས་པའི་ལམ་གྱིས་ཀྱང་དེ་བཞིན་ནོ་ཞེས་ཟེར་རོ། །ཅིའི་ཕྱིར་ཞེ་ན། བཏང་ལ་ཉོན་མོངས་མི་ལྡན་ཕྱིར། །གལ་ཏེ་བར་ཆད་མེད་པའི་ལམ་གྱིས་འདོད ་ཆགས་དང་བྲལ་བ་ཐོབ་ནས་འཇིག་རྟེན་པའི་བྲལ་བའི་ཐོབ་པ་མི་སྐྱེ་ན། དེ་ལྟར་འཕགས་པའི་ལམ་གྱིས་ཅི་ཡང་མེད་པའི་སྐྱེ་མཆེད་ལས་འདོད་ཆགས་དང་བྲལ་བ་བསམ་གཏན་ལ་བརྟེན་ཏེ། དབང་པོ་འཕོ་བར་བྱེད་པ་གང་ཡིན་པ་དེ་ལམ་སྔ་མ་ཐམས་ཅད ་ནི་བཏང་ལ་འབྲས་བུའི་ལམ་འབའ་ཞིག་ཐོབ་པའི་ཕྱིར་ས་གོང་མའི་ཉོན་མོངས་པའི་བྲལ་བ་དང་མི་ལྡན་པར་འགྱུར་ཞིང་བཏང་བ་དེ་ལ་ཡང་ཉོན་མོངས་པ་དེ་དག་དང་ལྡན་པར་ཡང་འགྱུར་རོ། །སྲིད་རྩེའི་ཕྱེད་ལས་རྣམ་གྲོལ་དང། །གོང་མར་སྐྱེས་པ་བཞིན་མི་ལྡན། ། ་དེ་ལ་འཇིག་རྟེན་པའི་བྲལ་བ་ཐོབ་པ་མེད་དུ་ཟིན་ཀྱང་དེ་དག་དང་ལྡན་པར་མི་འགྱུར་ཏེ། དཔེར་ན་སྲིད་པའི་རྩེ་མོ་རྣམ་པ་ཕྱེད་ལས་རྣམ་པར་གྲོལ་བ་ལ། དེའི་བྲལ་བ་ཐོབ་པ་འཇིག་རྟེན་པ་མེད་མོད་ཀྱི། དབང་པོ་འཕོ་བས་འཇིག་རྟེན་ལས་འདས་པའི་བྲལ་བའི་ཐོབ་པ་བཏང ་ཡང། ཡང་ཉོན་མོངས་པ་དེ་དག་དང་ལྡན་པར་མི་འགྱུར་བ་དང། དཔེར་ན་སོ་སོའི་སྐྱེ་བོ་བསམ་གཏན་དང་པོའི་གོང་ཡན་ཆད་དུ་སྐྱེས་པ། འདོད་པ་ན་སྤྱོད་པའི་ཉོན་མོངས་པ་དང་བྲལ་བའི་ཐོབ་པ་བཏང་ཡང། ཡང་ཉོན་མོངས་པ་དེ་དག་དང་ལྡན་པར་མི་འགྱུར་བ ་བཞིན་པས་དེ་ནི་གཏན་ཚིགས་སུ་མི་རུང་ངོ། །ས་གང་ཞིག་གིས་ས་གང་དག་ལས་འདོད་ཆགས་དང་བྲལ་བར་འགྱུར་ཞེ་ན། ཟག་མེད་མི་ལྕོགས་མེད་པ་ཡིས། །ཐམས་ཅད་ལས་ནི་ཆགས་བྲལ་འགྱུར། །སྲིད་པའི་རྩེ་མོའི་བར་ལས་སོ། །ཡང་གང་ཞིག་ཉེར་བསྡོགས ་ལ་བརྟེན་ཏེ་ས་འོག་མ་ལས་འདོད་ཆགས་དང་བྲལ་བ་ཐོབ་ན། ཅི་དེའི་བར་ཆད་མེད་པའི་ལམ་བཞིན་དུ་རྣམ་པར་གྲོལ་བའི་ལམ་ཐམས་ཅད་ཀྱང་ཉེར་བསྡོགས་ལས་སྐྱེ་བར་འགྱུར་རམ་ཞེ་ན། སྨྲས་པ་མ་ཡིན་ཏེ། ཇི་ལྟར་ཞེ་ན་ས་གསུམ་རྒྱལ་ལས་བསམ་གཏན ་ནམ། ཉེར་བསྡོགས་ལས་མཛའ་ཨི་རྣམ་གྲོལ་ལམ། །སྐྱེ་བའི་ས་ཐམས་ཅད་ནི་དགུ་སྟེ། འདོད་པའི་ཁམས་དང་བསམ་གཏན་དང་སྙོམས་པར་འཇུག་པ་བརྒྱད་དོ། །དེ་ལས་བསམ་གཏན་གཉིས་པའི་བར་ལས་འདོད་ཆགས་དང་བྲལ་བས་གསུམ་ལས་རྒྱལ་བ་དེ་ལ ་ནི་ཐ་མ་རྣམ་པར་གྲོལ་བའི་ལམ་ཉེར་བསྡོགས་ལས་ཀྱང་སྐྱེ་ལ། བསམ་གཏན་དངོས་གཞི་ལས་ཀྱང་སྐྱེའོ། །གོང་མ་ཉེར་བསྡོགས་ལས་མིན་ས་གསུམ་ལས་རྒྱལ་བ་ཡན་ཆད་ནི་བཏང་སྙོམས་ཀྱི་དབང་པོ་མཐུན་མོང་ཡིན་པའི་ཕྱིར ་དངོས་གཞི་ཉིད་ལས་སྐྱེའི། ཉེར་བསྡོགས་ལས་ནི་མི་སྐྱེའོ། །བསམ་གཏན་གསུམ་དག་ལས་ནི་ཉེར་བསྡོགས་དང་དངོས་གཞི་ཉིད་ཀྱི་དབང་པོ་ཐ་དད་པའི་ཕྱིར་ཁ་ཅིག་བསམ་གཏན་དངོས་གཞི་ལ་འཇུག་མི་ནུས་ཏེ། དབང་པོ་འཕོ་བ་ནི་དཀའ་བའི་ཕྱིར་རོ།། ་དེ་བས་ན་ས་གསུམ་ལས་འདོད་ཆགས་དང་བྲལ་བ་ལས་ནི་ཉེར་བསྡོགས་ལས་ཀྱང་ཐ་མ་རྣམ་པར་གྲོལ་བའི་ལམ་སྐྱེའོ། །ཟག་པ་མེད་པའི་མི་ལྕོགས་པ་མེད་པས་ས་ཐམས་ཅད་ལས་འདོད་ཆགས་དང་བྲལ་བར་འགྱུར་རོ། ཞེས་བཤད་ཀྱི་གཞན ་དག་གིས་ནི་འདོད་ཆགས་དང་བྲལ་བར་འགྱུར་བར་མ་བཤད་པས་དེའི་ཕྱིར་སྨྲས་པ། འཕགས་བརྒྱད་རང་གོང་ས་ལས་རྒྱལ། །ཟག་པ་མེད་པའི་བསམ་གཏན་དང། བསམ་གཏན་ཁྱད་པར་ཅན་དང། གཟུགས་མེད་པ་དང་བརྒྱད་ཀྱིས་རང་གི་ས་དང་གོང་མ ་ལས་འདོད་ཆགས་དང་བྲལ་བར་འགྱུར་གྱི་འདོད་ཆགས་དང་བྲལ་ཟིན་པའི་ཕྱིར་འོག་མ་ལས་ནི་མ་ཡིན་ནོ། །དེ་ལ་འཇིག་རྟེན་ལས་འདས་པའི་བར་ཆད་མེད་པའི་ལམ་དང། རྣམ་པར་གྲོལ་བའི་ལམ་རྣམས་ནི་བདེན་པ་ལ་དམིགས་པ་ཡིན་པའི་ཕྱིར་བདེན ་པའི་རྣམ་པ་ལ་ཞུགས་པ་ཞེས་བྱ་བར་གྲུབ་པོ། །འཇིག་རྟེན་པ་ཡི་རྣམ་གྲོལ་དང། །བར་ཆད་མེད་ལམ་རིམ་བཞིན་དུ། །ཞི་དང་རགས་སོགས་རྣམ་པ་རྣམས། །རྣམ་པར་གྲོལ་བའི་ལམ་རྣམས་ནི། །ཞི་བ་ལ་སོགས་པའི་རྣམ་པར་བལྟ་བ་ཡིན་ལ། བར་ཆད ་མེད་པའི་ལམ་རྣམས་ནི་རགས་པ་ལ་སོགས་པའི་རྣམ་པར་བལྟ་བ་ཡིན་ཏེ། དེ་དག་ཀྱང་རིམ་བཞིན་དུ་།གོང་དང་འོག་མ་སྤྱོད་ཡུལ་ལོ། །རྣམ་པར་གྲོལ་བའི་ལམ་རྣམས་ནི་ས་གོང་མ་ལ་ཅི་རིགས་པར་ཞི་བ་དང། གྱ་ནོམ་པ་དང། ངེས་པར་འབྱུང་བའི ་རྣམ་པར་ལྟའོ། །བར་ཆད་མེད་པའི་ལམ་རྣམས་ནི་ས་འོག་མ་དག་ལ་རགས་པ་དང་སྡུག་བསྔལ་ལེན་པ་དང། རྩིག་པ་སྟུག་པོ་ལྟ་བུའི་རྣམ་པར་ལྟ་སྟེ་མ་ཞི་བ་དང། བརྩལ་བ་ཆེན་པོས་འབད་དགོས་པའི་ཕྱིར་རག?་པའོ། །གྱ་ནོམ་པ་མ་ཡིན་པ་དང་གནས་ངན་ལེན་རབ ་ཏུ་མང་བས་མི་མཐུན་པར་འགྱུར་བའི་ཕྱིར་སྡུག་བསྔལ་ལེན་པའོ། །རྩིག་པས་ངེས་པར་མི་འབྱུང་བ་དེ་བཞིན་དུ་དེ་ཉིད་ཀྱིས་སོ་དེ་ལས་ངེས་པར་མི་འབྱུང་བའི་ཕྱིར། རྩིག་པ་སྟུག་པོ་ལྟ་བུའོ་དེ་དག་ལ་བཟློག་པ་ནི་ཞི་བ་དང་གྱ་ནོམ་པ་དང། ངེས་པར་འབྱུང་བའི ་རྣམ་པ་དག་ཡིན་ནོ། །ཞར་ལ་འོངས་པ་རྫོགས་སོ།། །།དཀྱུས་མ་བརྗོད་པར་བྱ་སྟེ། ཟད་པའི་ཡེ་ཤེས་ཀྱི་མཇུག་ཐོགས་སུ་ཅི་ཞིག་སྐྱེ་ཞེ་ན། གལ་ཏེ་མི་གཡོ་ཟད་ཤེས་ལས། །མི་སྐྱེ་བློ་གྲོས་གལ་ཏེ་དགྲ་བཅོམ་པ་མི་གཡོ་ཆོས་ཅན ་ཞིག་ཡིན་ན། དེ་ལ་ཟད་པའི་ཡེ་ཤེས་ཀྱི་མཇུག་ཐོགས་སུ་མི་སྐྱེ་བའི་ཡེ་ཤེས་སྐྱེའོ། །འགོག་མིན་ཟད་ཤེས་སམ་ནི་མི་སློབ་ལྟར། །འོན་ཏེ་མི་གཡོ་བའི་ཆོས་ཅན་ཞིག་མ་ཡིན་ན་ནི་ཟད་པའི་ཡེ་ཤེས་ཀྱི་མཇུག་ཐོགས་སུ་ཟད་པའི་ཡེ་ཤེས་ཉིད་དམ་མི་སློབ་པའི ་ཡང་དག་པའི་ལྟ་བ་སྐྱེའོ། །ཡོངས་སུ་ཉམས་པ་ཡོད་པའི་ཕྱིར་མི་སྐྱེ་པའི་ཡེ་ཤེས་ནི་མི་སྐྱེའོ། །ཅི་མི་གཡོ་བའི་ཆོས་ཅན་རྣམས་ལ། དེ་མི་སྐྱེ་བ་ཁོ་ན་ཡིན་ནམ་ཞེ་ན། དེ་ནི་དགྲ་བཅོམ་པ་ཐམས་ཅད་ལ་མི་གཡོ་བའི་ཆོས་ཅན་ལ་ཡང་རེས་འགའ་ནི་མི་སྐྱེ་བའི་ཡེ ་ཤེས་ལས་མི་སྐྱེ་བའི་ཡེ་ཤེས་ཉིད་སྐྱེ་ལ། རེས་འགའ་ནི་མི་སློབ་པའི་ཡང་དག་པའི་ལྟ་བ་སྐྱེའོ། །དེ་ལྟར་འབྲས་བུ་བཞིར་བཤད་པ་གང་ཡིན་པ་དེ་དག་གང་གི་འབྲས་བུ་ཡིན་ཞེ་ན། དགེ་སྦྱོང་གི་འབྲས་བུ་ཡིན་ནོ། །དགེ་སྦྱོང་གི་འབྲས་བུ་ཞེས་བྱ་བ་འདི་ཅི་ཞིག་ཅེ ་ན་དགེ་སྦྱོང་དྲི་མ་མེད་པའི་ལམ་ཟག་པ་མེད་པའི་ལམ་ནི་སྐྱེ་ཞེས་བྱའོ། །དེས་ཉོན་མོངས་པ་ཡང་དག་པར་ཞི་བར་བྱས་པའི་སྒོ་ནས་དགེ་སྦྱོང་དུ་འགྱུར་ཏེ། མདོ་ལས་ཀྱང་འདིས་སྡིག་པ་མི་དགེ་བའི་ཆོས་རྒྱས་པར་རྒ་ཤིར་འགྱུར་བའི་རྣམ་པ་དུ་མ་ཞི་བར་བྱས་པས་དགེ ་སྤྱོད?་ཞེས་བྱའོ། ཞེས་འབྱུང་བའི་ཕྱིར་རོ། །ཡང་དགེ་སྦྱོང་དེའི་འབྲས་བུ་འདུས་བྱས་འདུས་མ་བྱས། དགེ་སྦྱོང་གི་འབྲས་བུ་ནི་འདུས་བྱས་དང་འདུས་མ་བྱས་རྣམས་ཡིན་ཏེ། དེ་དག་ཀྱང་མོད་ལས་བཞིར་གསུངས་མོད་ཀྱི་འོན་ཀྱང་དེ་དག་བརྒྱད་ཅུ ་རྩ་དགུའོ། །དེ་དག་ཀྱང་གང་ཞེ་ན། གྲོལ་ལམ་ཟད་པ་རྣམས་དང་བཅས། །མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་རྣམས་སྤང་བར་བྱ་བ་ལ་བར་ཆད་མེད་པའི་ལམ་བརྒྱད་དང། རྣམ་པར་གྲོལ་བའི་ལམ་བརྒྱད་དོ། །བསྒོམས་པས་སྤང་བར་བྱ་བའི་ཉོན ་མོངས་པ་རྣམས་སྤང་བར་བྱ་བའི་ཕྱིར་ས་དགུ་དག་ལ་རེ་རེ་ཞིང་ཡང་ཉོན་མོངས་པ་རྣམ་པ་དགུ་དགུ་སྤང་བར་བྱ་བ་ལ། དེ་སྙེད་ཀྱི་བར་ཆད་མེད་པའི་ལམ་དང་རྣམ་པར་གྲོལ་བའི་ལམ་རྣམས་ཡིན་ནོ། །དེ་ལ་བར་ཆད་མེད་པའི་ལམ་རྣམས་ནི་དགེ་སྦྱོང་ཡིན་ལ། ་རྣམ་པར་གྲོལ་བའི་ལམ་རྣམས་ནི། དེའི་རྒྱུ་མཐུན་པ་དང། སྐྱེས་བུ་བྱེད་པའི་འབྲས་བུ་ཡིན་པའི་ཕྱིར་དག་སྦྱོང་གི་འབྲས་བུ་འདུས་བྱས་ཡིན་ནོ། །ཉོན་མོངས་པ་དེ་དག་སྤང་བ་ནི་དགེ་སྦྱོང་གི་འབྲས་བུ་འདུས་བྱས་ཡིན་ནོ། །དེ་ལྟར་ན་དེ་དག་ནི་བརྒྱད་ཅུ་རྩ་དགུར་འགྱུར ་རོ། །དེ་ལྟར་ན་སངས་རྒྱས་ཀྱི་གསུངས་པ་ལ་བསྐད་པར་བྱ་དགོས་སོ་ཞེ་ན། མི་དགོས་ཏེ་གལ་ཏེ་ཡང་འབྲས་བུ་ནི་ཕལ་ཆེ་མོད་ཀྱི། འབྲས་བུ་བཞིར་རྣམ་པར་བཞག་པ་ནི། རྒྱུ་ལྔ་དག་ནི་ཡོད་ཕྱིར་རོ། །བཅོམ་ལྡན་འདས་ཀྱིས་སྤོང་བའི་ལམ་གྱིས་གནས་སྐབས ་གང་དག་ལ་རྒྱུ་ལྔ་ཡོད་པ་དེ་ལ་འབྲས་བུར་རྣམ་པར་བཞག་གོ་ཞེས་གྲག་ཏེ། ལྔ་གང་ཞེ་ན། འབྲས་ལ་སྔ་མ་བཏང་བ་དང། །ལམ་གཞན་ཐོབ་དང་ཟད་བསྡོམས་དང། །ཡེ་ཤེས་བརྒྱད་པོ་ཐོབ་པ་དང། །རྣམ་པ་དྲུག་ཅུ་དྲུག་བསྒོམས་པའོ། །ལམ་ལྔ ་མ་བཏང་བ་དང་སྔོན་མ་ཐོབ་པའི་ལམ་ཐོབ་པ་ནི་ཞུགས་པའི་ལམ་བཏང་བ་དང་འབྲས་བུའི་ལམ་ཐོབ་པའི་ཕྱིར་རོ། །སྤངས་པ་བསྡོམས་པ་ནི་ཐམས་ཅད་ཀྱི་ཐོབ་པ་གཅིག་རྙེད་པའི་ཕྱིར་རོ། །ཡེ་ཤེས་བརྒྱད་པོ་ཅིག་ཅར་དུ་ཐོབ་པ་ནི་ཆོས་ཤེས་པ་དང། ་རྗེས་སུ་ཤེས་པ་དག་གི་ཡིན་ནོ། །རྣམ་པ་བཅུ་དྲུག་དུ་བསྒོམས་པ་ནི་མི་རྟག་པ་ལ་སོགས་པ་རྣམས་ཏེ། རྒྱུ་ལྔ་པོ་དེ་དག་ནི་འབྲས་བུ་བཞིར་རྣམ་པར་བཞག་པའི་འབྲས་བུའོ་ཅོག་ལ་ཡོད་དོ། །གལ་ཏེ་ཟག་པ་མེད་པའི་ལམ་འབའ་ཞིག་དགེ་སྦྱོང ་ཡིན་ན། འཇིག་རྟེན་པའི་ལམ་གྱིས་ཐོབ་པའི་འབྲས་བུ་གཉིས་ཇི་ལྟར་ན། དགེ་སྦྱོང་གི་འབྲས་བུར་རུང་ཞེ་ན། འཇིག་རྟེན་པའི་ཐོབ་འདྲེས་དང་ཟག་མེད་ཐོབ་པ་འཛིན་ཕྱིར་འབྲས། ལན་ཅིག་ཕྱིར་འོང་བ་འམ། ཕྱིར་མི་འོང་བའི་འབྲས་བུ་དེ་ནི་འཇིག ་རྟེན་པའི་ལམ་གྱི་འབྲས་བུ་སྤོང་བ་འབའ་ཞིག་ཀྱང་མ་ཡིན་ཏེ་ཇི་ལྟར་ཞེ་ན། མཐོང་བའི་ལམ་གྱིས་འབྲས་བུ་སྤངས་པ་ཡང་དེར་བསྲེ་བར་བྱ་སྟེ། ཐམས་ཅད་ཀྱིས་ཐོབ་པ་ནི་དེའི་འབྲས་བུར་བསྡུས་པ་གཅིག་རྙེད་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་མདོ་ལས ་འདི་སྐད་དུ་ལན་ཅིག་ཕྱིར་འོང་བའི་འབྲས་བུ་གང་ཞེ་ན། ཀུན་དུ་སྦྱོར་བ་གསུམ་སྤངས་པ་དང། འདོད་ཆགས་དང་ཞེ་སྡང་དང། གཏི་མུག་རྣམས་བསབས་པ་གང་ཡིན་པའོ། །ཕྱིར་མི་འོང་བའི་འབྲས་བུ་གང་ཞེ་ན། ཐ་མའི་ཆ་དང་མཐུན་པ་ལྔ་སྤངས་པ་གང ་ཡིན་པའོ་ཞེས་གསུངས་སོ། །ཟག་པ་མེད་པའི་བྲལ་བའི་ཐོབ་པས་ནི་སྤངས་པ་དེ་འཛིན་ཏེ། དེའི་མཐུས་ཡོངས་སུ་ཉམས་ཀྱང་མི་འཆི་བས་དེའི་ཕྱིར་དགེ་སྦྱོང་གི་ཚུལ་གྱིས་འབྲས་བུར་རིགས་སོ། །དེ་ལྟར་དགེ་སྦྱོང་གི་ཚུལ་དུ་བཤད་པ་གང་ཡིན་པ། དེ་ཉིད ་བྲམ་ཟེ་ཚངས་པའི་འཁོར་ལོ། །ཉོན་མོངས་སྤོང་བའི་ཕྱིར་ན་བྲམ་ཟེའོ། །ཚངས་པའི་འཁོར་ལོ་ནི། ཚོངས་པའི་བསྐོར་ཕྱིར་རོ། །བླ་ན་མེད་པ་ཚངས་པ་དང་ལྡན་པའི་ཕྱིར་བཅོམ་ལྡན་འདས་ནི་ཚངས་པའོ། །འདི་ནི་དེའི་འཁོར་ལོ་ཡིན་པས་ན་ཚངས་པའི ་ཡིན་ཏེ། མདོ་ལས་བཅོམ་ལྡན་འདས་དེ་ནི་ཚངས་བ་ཞེས་ཀྱང་བྱ་ཞི་བ་ཞེས་ཀྱང་བྱ། བསིལ་བར་གྱུར་པ་ཞེས་ཀྱང་བྱའོ། ཞེས་ཀྱང་འབྱུང་ལ། དེས་བསྐོར་བའི་ཕྱིར་རོ། །ཆོས་ཀྱི་འཁོར་ལོ་མཐོང་བའི་ལམ། རྒྱུ་བས་ན་འཁོར་ལོའོ། །དེ་དང་ཆོས ་མཐུན་པའི་ཕྱིར་མཐོང་བའི་ལམ་ནི་ཆོས་ཀྱི་འཁོར་ལོ་ཞེས་བྱའོ། །ཇི་ལྟར་ན་དེའི་ཆོས་མཐུན་པ་ཡིན་ཞེ་ན། མྱུར་བར་འགྲོ་དང་རྩི་པས་སོགས་ལས། །མྱུར་བར་འགྲོ་བའི་ཕྱིར་ནི་འདོར་བ་དང། འགྲོ་བ་དང་མ་རྒྱལ་བ ་རྒྱལ་བར་བྱེད་པ་དང། རྒྱལ་བ་རྣམས་རྣལ་དུ་འགོད་པ་དང། འཕར་བ་དང་འབབ་པའི་ཕྱིར་ཏེ། དེ་ལྟར་ན་མྱུར་བར་འགྲོ་བའི་ཕྱིར་རོ། །བཙུན་པ་དབྱངས་ཅན་ན་རེ། འཕགས་པ་ལམ་བརྒྱད་ནི་རྩིབས་ལ་སོགས་པ་དང། ཆོས་མཐུན ་པའི་ཕྱིར་ཆོས་ཀྱི་འཁོར་ལོ་ཞེས་ཟེར་ཏེ། ཡང་དག་པའི་ལྟ་བ་དང། རྟོག་པ་དང་རྩོལ་བ་དང། དྲན་པ་རྣམས་ནི་རྩིབས་ལྟ་བུ་ཡིན་ནོ། །ཡང་དག་པའི་ལས་ཀྱི་མཛའ་དང་འཚོ་བ་རྣམས་ནི་ལྟ་བ་ལྟ་བུ་ཡིན་ནོ། །ཡང་དག་པའི་ཏིང་ངེ་འཛིན་ནི ་མུ་ཁྱུད་ལྟ་བུ་ཡིན་པས་ན་མཐོང་བའི་ལམ་ནི་ཆོས་ཀྱི་འཁོར་ལོ་ཡིན་ནོ། །དེ་ག་ལས་ཤེས་ན་འཕགས་པ་ཀུན་ཤེས་ཀཽ་དི་ནྱའི་དེ་སྐྱེ་བ་ན། ཆོས་ཀྱི་འཁོར་ལོ་བསྐོར་ཏོ་ཞེས་འབྱུང་བའི་ཕྱིར་རོ། །ཇི་ལྟར་ན་དེ་ལན་གསུམ་དུ་བཟླས་པ་དང། ་རྣམ་པ་བཅུ་གཉིས་སུ་བསྐོར་བ་ཡིན་ཞེ་ན། འདི་ནི་སྡུག་བསྔལ་འཕགས་པའི་བདེན་པའོ། །དེ་ཡོངས་སུ་ཤེས་པར་བྱའོ། །དེ་ཡོངས་སུ་ཤེས་སོ་ཞེས་བྱ་བ་དེ་ནི་ལན་གསུམ་དུ་བཟླས་པ་ཡིན་ནོ། །བཟླས་པ་རེ་རེ་ཞིང་འདི་ལྟར་བདེན་པ་རེ་རེ ་ལ་མིག་སྐྱེས་སོ། ཞེས་ས་དང་རིག་པ་དང། བློ་སྐྱེས་སོ་ཞེས་བྱ་བ་དེ་དག་ནི་རྣམ་པ་བཅུ་གཉིས་སུ་ཡིན་ནོ། །གསུམ་དང་བཅུ་གཉིས་པར་ཆོས་མཐུན་པའི་ཕྱིར་ལན་གསུམ་དུ་བཟླས་པ་དང། རྣམ་པ་བཅུ་གཉིས་ཞེས་བཤད་དེ། དཔེར་ན་གཉིས ་དང་གནས་བདུན་ལ་མཁས་པ་ཞེས་བཤད་པ་ཡིན་ནོ། །བྱེ་བྲག་ཏུ་སྨྲ་བ་དག་ན་རེ་བསྐོར་བ་དེ་དག་གིས་ན་རིམ་བཞིན་དུ་མཐོང་བ་དང། བསྒོམ་པ་དང་མི་སློབ་པའི་ལམ་རྣམས་བསྟན་ཏོ། །ཞེས་ཟེར་ཏེ་གལ་ཏེ་དེ་ལྟར་ན་མཐོང་བའི་ལམ་འབའ་ཞིག ་ལ་ལན་གསུམ་དུ་བཟླས་པ་ཡང་མ་ཡིན་ལ། རྣམ་པ་བཅུ་གཉིས་ཀྱང་མ་ཡིན་ནོ། །ཇི་ལྟར་ན་ཆོས་ཀྱི་འཁོར་ལོར་རྣམ་པར་བཞག་སྟེ། དེ་བས་ན་ཆོས་ཀྱི་རྣམ་གྲངས་དེ་ཉིད་ཆོས་ཀྱི་འཁོར་ལོ་ཡིན་ཞེ་ན། ལན་གསུམ་དུ་བཟླས་པ་དང་རྣམ་པ་བཅུ ་གཉིས་ཡིན་པར་ཡང་རིགས་སོ། །ཇི་ལྟར་ན་ལན་གསུམ་དུ་བཟླས་པ་ཡིན་ཞེ་ན། བདེན་པ་རྣམས་ལན་གསུམ་དུ་བཟླས་པའི་ཕྱིར་རོ། །ཇི་ལྟར་ན་རྣམ་པ་བཅུ་གཉིས་ཡིན་ཞེ་ན། བདེན་པ་བཞི་ལ་རྣམ་པ་གསུམ་དུ་བྱས་པའི་ཕྱིར་ཏེ། སྡུག་བསྔལ་དང་ཀུན ་འབྱུང་བ་དང་འགོག་པ་དང། ལམ་ཞེས་བྱ་བ་དང། ཡོངས་སུ་ཤེས་པར་བྱ་བ་དང། སྤང་བར་བྱ་བ་དང། མངོན་དུ་བྱ་བ་དང། བསྒོམ་པར་བྱ་བ་ཞེས་བྱ་བ་དང། ཡོངས་སུ་ཤེས་པ་དང། སྤངས་པ་དང། མངོན་དུ་བྱས་པ་དང། བསྒོམ་པ་ཞེས་བྱ་བའོ། །དེའི་བསྐོར ་བ་ནི་གཞན་གྱི་རྒྱུད་ལ་དོན་གོ་བར་བྱེད་པའི་ཕྱིར་འགྲོ་བ་ཡིན་ནོ། །ཡང་ན་འཕགས་པའི་ལམ་ཐམས་ཅད་ཀྱང་འདུལ་བའི་རྒྱུད་ལ་འཇུག་པའི་ཕྱིར་ཆོས་ཀྱིས་འཁོར་ལོ་ཡིན་ཏེ། དེ་ནི་གཞན་གྱི་རྒྱུད་ལ་མཐོང་བའི་ལམ་བསྐྱེད་པའི་ཕྱིར་བསྐོར་བར་རྩམས ་པས་དེའི་ཕྱིར་བསྐོར་ཞེས་བྱའོ། །ཡང་ན་ཁམས་གང་དག་ཏུ་དགེ་སྦྱོང་གི་འབྲས་བུ་དག་ཅིག་འཐོབ་ཅེ་ན། འདོད་པར་གསུམ་འཐོབ་གསུམ་ནི་འདོད་པའི་ཁམས་འབའ་ཞིག་ཏུ་ཐོབ་ཀྱི་གཞན་དག་ཏུ་ནི་མ་ཡིན་ནོ། །ཐ་མ་ནི་གསུམ་དུ། དགེ་སྦྱོང་གི་འབྲས ་བུ་ཐ་མ་དང། དགྲ་བཅོམ་པ་ཉིད་ཀྱི་ཁམས་གསུམ་ཅར་དུ་ཡང་འཐོབ་བོ། །རེ་ཞིག་འབྲས་བུ་གཉིས་ནི་འདོད་ཆགས་དང་མ་བྲལ་བས་ཐོབ་པར་བྱ་བ་ཡིན་པའི་ཕྱིར་གོང་མར་མི་ཐོབ་པ་ཡང་རིགས་ན་གསུམ་པ་གོ་ཅིའི་ཕྱིར་མི་འཐོབ་ཅེ་ན། གོང་ན་མཐོང་ལམ་མེད། ་འདོད་པའི་ཁམས་ལས་གོང་ན་ནི་མཐོང་བའི་ལམ་མེད་ལ། དེ་མེད་པར་ནི་འདོད་ཆགས་དང་བྲལ་བས་ཕྱིར་མི་འོང་བའི་འབྲས་བུ་འཐོབ་པ་མེད་དེ། དེ་ནི་གཏན་ཚིགས་ཡིན་ནོ། །ཅིའི་ཕྱིར་དེ་དག་ན་མཐོང་བའི་ལམ་མེད་ཅེ་ན། རེ་ཞིག་གཟུགས་མེད་པའི་ཁམས ་དག་ན་ནི་ཉན་པ་མེད་པ་དང། ཁམས་འོག་མ་ལ་ནི་མི་དམིགས་པའི་ཕྱིར་རོ། །གཟུགས་ཀྱི་ཁམས་དག་ན་ནི་སྐྱེ་མེད་ཕྱིར་དང་འདིར་བརྩམས་ཏེ། དེ་མཐར་ཕྱིན་ཞེས་ལུང་ལས་འབྱུང། །གཟུགས་ན་སྤྱོད་པའི་སོ་སོའི་སྐྱེ་བོ་རྣམས་ནི ་སྙོམས་པར་འཇུག་པའི་བདེ་བ་ལ་ཆགས་པ་དང། སྡུག་བསྔལ་གྱི་ཚོར་བ་མེད་པའི་ཕྱིར་སྐྱོ་བར་མི་འགྱུར་ལ། སྐྱོ་བ་མེད་པར་ནི་འཕགས་པའི་ལམ་ཐོབ་པར་མི་ནུས་ཏེ། རེ་ཞིག་དེ་ནི་རིགས་པ་ཡིན་ནོ། །ལུང་ལས་ཀྱང་བར་མདོར་ཡོངས་སུ་མྱ་ངན ་ལས་འདའ་བ་ནས་གོང་དུ་འཕོ་བའི་བར་གྱི། གང་ཟག་ལྔ་པོ་དེ་དག་ནི་འདིར་རྩོམ་པར་བྱེད་ལ་དེར་མཐར་ཕྱིན་པར་འགྱུར་རོ་ཞེས་འབྱུང་སྟེ། རྩམ་པ་ཞེས་བྱ་བ་ནི་མྱ་ངན་ལས་འདའ་བའ་ཨི་ཐབས་ཡིན་པའི་ཕྱིར་ལམ་རྩོལ་བ་ཡིན་ནོ། །འདི་སྐད ་དུ་གལ་ཏེ་མི་གཡོ་བའི་ཆོས་ཅན་ཞིག་ཡིན་ན་ནི། ཟད་པའི་ཡེ་ཤེས་ལས་མི་སྐྱེ་བའི་ཡེ་ཤེས་སྐྱེའོ་ཞེས་བཤད་ན་དེ་ནི་དགྲ་བཅོམ་པ་ལ་ཡང་དབྱེ་བ་ཡོད་དམ་ཞེ་ན། ཡོད་ཅེས་བྱ་སྟེ་དགྲ་བཅོམ་དྲུག་ཏུ་འདོད། །མདོ་ལས་དགྲ་བཅོམ་པ་ནི་དྲུག ་ཏུ་གསུངས་ཏེ། ཡོངས་སུ་ཉམས་པའི་ཆོས་ཅན་དང་འཆི་བར་སེམས་པ་དང། རྗེས་སུ་བསྲུང་བའི་ཆོས་ཅན་དང་གནས་པ་ལ་མི་བསྐྱོད་པ་དང། རྟོགས་པའི་སྤྲལ?་བ་ཅན་དང། མི་གཡོ་བའི་ཆོས་ཅན་ནོ། །དེ་དག་ལས་ལྔ་ནི་དད་པས་མོས་ལ་སྐྱེས། ་མི་གཡོ་བའི་ཆོས་ཅན་མ་གཏོགས་པ་གཞན་ལྔ་ནི་དད་པས་མོས་པའི་རྒྱུ་ལས་བྱུང་བ་ཡིན་ནོ། །དེ་དག་རྣམས་གྲོལ་དུས་དང་སྦྱོར། །ལྔ་པོ་དེ་དག་ནི་དུས་དང་སྦྱོར་བ་དང། རྟག་ཏུ་རྗེས་སུ་སྲུང་བའི་ཕྱིར་དགའ་བའི་སེམས་རྣམ་པར་གྲོལ་བར་རིག་པར ་བྱ་སྟེ། དེ་ཉིད་ཀྱི་ཕྱིར་དེ་དག་ནི་དུས་ཀྱི་རྣམ་པར་གྲོལ་བ་ཞེས་བྱའོ། །དེ་དག་ནི་དུས་ལ་བལྟོས་པ་ཡང་ཡིན་རྣམ་པར་གྲོལ་བ་ཡང་ཡིན་པས་ན་དུས་ཀྱི་རྣམ་པར་གྲོལ་བ་སྟེ། བར་གྱི་ཚིག་མི་མངོན་པར་བྱས་པའི་ཕྱིར། བར་གྱི་བུམ་པ་ཞེས་བྱ་བ་བཞིན་ནོ།། ་དེ་དག་ནི་ཡོ་བྱད་དང་ནང་མེད་པ་དང་དུས་ཀྱི་བྱེ་བྲག་ལ་བལྟོས་པའི་ཕྱིར་དུས་ལ་བལྟོས་ཤིང་ཏིང་ངེ་འཛིན་མངོན་དུ་བྱེད་པ་ཡིན། མི་གཡོའི་ཆོས་ཅན་མི་གཡོ་བ། །མི་གཡོ་བའི་ཆོས་ཅན་ནི་ཡོངས་སུ་མི་ཉམས་པའི་སྒོ་ནས་བསྐྱོད་པར་མི་ནུས་པའི་ཕྱིར། རྣམ་པར ་གྲོལ་བ་མི་གཡོ་བ་ཡིན་ནོ། །དེའི་ཕྱིར་དེ་དུས་མི་སྦྱོར་གྲོལ། །དེ་ཉིད་ཀྱི་ཕྱིར་དེ་ནི་དུས་དང་མི་སྦྱོར་བར་རྣམ་པར་གྲོལ་བ་ཞེས་བྱ་སྟེ། དེ་ནི་འདོད་དགུར་ཏིང་ངེ་འཛིན་མངོན་དུ་བྱེད་པའི་ཕྱིར་དུས་ལ་མི་བལྟོས་པ་དང་རྣམ་པར་གྲོལ་བ་ཡིན་ནོ། །དུས་གཞན་གྱི་བར་དུ་རྣམ ་པར་གྲོལ་བ་དང། གཏན་དུ་རྣམ་པར་གྲོལ་པའི་ཕྱིར་དུས་ཀྱིས་རྣམ་པར་གྲོལ་བ་དང། དུས་དང་མི་སྦྱོར་བར་རྣམ་པར་གྲོལ་བ་འམ། ཡོངས་སུ་ཉམས་པ་སྲིད་པ་དང། མི་སྲིད་པའི་ཕྱིར་དུས་ཀྱིས་རྣམ་པར་གྲོལ་བ་དང། དུས་དང་མི་སྦྱོར་བར་རྣམ་པར ་གྲོལ་བ་ཡིན་ནོ། དེ་ནི་མཐོང་ཐོབ་རྒྱུ་ལས་བྱུང། །མི་གཡོ་བའི་ཆོས་ཅན་དེ་ནི་མཐོང་བས་ཐོབ་པའི་རྒྱུ་ལས་བྱུང་བ་ཡིན་པར་རིག་པར་བྱའོ། །ཅི་དགྲ་བཅོམ་པ་དྲུག་པོ་དེ་དག་དང་པོ་ཁོ་ན་ནས་དེའི་རིགས་ཅན་ཡིན་ནམ། འོན་ཏེ་ཕྱིར་དེའི་རིགས་ཅན་དུ་གྱུར་བ་ཞིག་ཡིན ་ཞེ་ན། ཁ་ཅིག་དང་པོ་ནས་དེའི་རིགས། །ཁ་ཅིག་དང་པོ་ལས་གྱུར་ཏོ། །ཁ་ཅིག་ནི་དང་པོ་ཁོ་ན་ནས་འཆི་བར་སེམས་པའི་རིགས་ཅན་ཡིན་ནོ། །ཁ་ཅིག་ནི་ཡོངས་སུ་ཉམས་པའི་ཆོས་ཅན་དུ་གྱུར་ནས་དབང་པོ་རྣམས་སྦྱངས་པས་འཆི་བར་སེམས་པའི་ཆོས་ཅན་དུ ་གྱུར་པ་ཡིན་ནོ། །དེ་བཞིན་དུ་མི་གཡོ་བའི་ཆོས་ཅན་དུ་གྱུར་གྱི་བར་དུ་རིགས་པར་བྱའོ། །དེ་ལས་ཡོངས་སུ་ཉམས་པའི་ཆོས་ཅན་ནི་ཡོངས་སུ་ཉམས་པར་འགྱུར་བའི་སྐལ་པ་ཅན་གང་ཡིན་པའོ། །འཆི་བར་སེམས་པའི་ཆོས་ཅན་ནི་འཆི་བར་སེམས་པར་འགྱུར་བའི ་སྐལ་པ་ཅན་གང་ཡིན་པའོ། །རྗེས་སུ་སྲུང་བའི་ཆོས་ཅན་ནི་རྗེས་སུ་སྲུང་བར་འགྱུར་བའི་སྐལ་པ་ཅན་གང་ཡིན་པའོ། །གནས་པ་ལས་མི་བསྐྱོད་པ་ནི་ཡོངས་སུ་ཉམས་པར་འགྱུར་བའི་རྐྱེན་སྟོབས་དང་ལྡན་པ་མེད་ན། རྗེས་སུ་མ་བསྲུངས་ཀྱང་གནས་པ་དང་ཉམས ་པར་མི་འགྱུར་བ་དང། མངོན་པར་བརྩོན་པ་མེད་ན་འཕེལ་བར་མི་འགྱུར་བའི་སྐལ་པ་ཅན་གང་ཡིན་པའོ། །རྟོགས་པའི་སྐལ་པ་ཅན་ནི་མི་གཡོ་བའི་སེམས་རྣམ་པར་གྲོལ་བ་རྟོགས་པར་འགྱུར་བའི་སྐལ་པ་ཅན་གང་ཡིན་པའོ། །མི་གཡོ་བའི ་ཆོས་ཅན་ནི་ཡོངས་སུ་ཉམས་པར་མི་འགྱུར་བའི་སྐལ་པ་ཅན་གང་ཡིན་པའོ། །དང་པོའི་གཉིས་ནི་སྔོན་སློབ་པའི་གནས་སྐབས་ཉིད་ན་རྒྱུན་དུ་སྦྱོར་བ་དང་གུས་པར་སྦྱོར་བ་མེད་པ་ཡིན་ནོ། །གསུམ་པ་ནི་རྒྱུན་དུ་སྦྱོར་བ་ཡིན་ནོ། །བཞི་པ་ནི་གུས་པར་སྦྱོར་བ་ཡིན ་ནོ། །ལྔ་པ་ནི་གཉི་གར་སྦྱོར་བ་དང་དབང་པོ་རྟུལ་པོ་ཡིན་ནོ། །དྲུག་པ་ནི་གཉི་གར་སྦྱོར་བ་དང་དབང་པོ་རྣོན་པོ་ཡིན་ནོ། །ཡོངས་སུ་ཉམས་པའི་ཆོས་ཅན་ཡང་གདོན་མི་ཟ་བར་ཡོངས་སུ་ཉམས་པར་འགྱུར་བ་མ་ཡིན་ལ། རྟོགས་པའི་སྐལ་པ་ཅན་གྱི་བར་དུ ་ཡང་རྟོགས་པར་འགྱུར་བ་ནི་མ་ཡིན་མོད་ཀྱི་སྲིད་པའི་ཕྱིར་དེ་སྐད་ཅེས་བརྗོད་དོ། །དེ་ལྟར་བྱས་ན་ཁམས་གསུམ་ཆར་ན་ཡང་དགྲ་བཅོམ་པ་དྲུག་ཏུ་རིགས་སོ། །གང་དག་གི་གདོན་མི་ཟ་བར་ཡོངས་སུ་ཉམས་པར་འགྱུར་བ་ནས་མངོན་པར་རྟོགས་པའི་བར་དུ ་གྱུར་པ་དེ་དག་གི་ལྟར་ན། འདོད་པའི་ཁམས་ན་ནི་དགྲ་བཅོམ་པ་དྲུག་གོ་།གཟུགས་དང་གཟུགས་མེད་པའི་ཁམས་དག་ནི་གནས་པ་ལ་མི་བསྐྱོད་པ་དང། མི་གཡོ་བའི་ཆོས་ཅན་དང་གཉིས་ཏེ། དེ་ཉིད་ལ་ཡོངས་སུ་ཉམས་པའི་དང། འཆི་བར་སེམས་པ ་དང། དབང་པོ་འཕོ་བ་མེད་པའི་ཕྱིར་རོ། །ཡང་དེ་དག་གང་ཞིག་འབྲས་བུ་འམ་རིགས་གང་ལས་ཡོངས་སུ་ཉམས་པར་འགྱུར་ཞེ་ན། བཞི་ནི་རིགས་ལས་ལྔ་འབྲས་ལས། །ཉམས་ཏེ་འཆི་བར་སེམས་པའི་ཆོས་ཅན་ལ་སོགས་པ་བཞི་ནི། རིགས་ལས་ཡོངས ་སུ་ཉམས་པར་འགྱུར་རོ། །ཡོངས་སུ་ཉམས་པའི་ཆོས་ཅན་ནི་རང་གི་རིགས་ལས་ཡོངས་སུ་ཉམས་པར་མི་འགྱུར་རོ། །ཡོངས་སུ་ཉམས་པའི་ཆོས་ཅན་ལ་སོགས་པ་ལྔ་ནི་འབྲས་བུ་ལས་ཡོངས་སུ་ཉམས་པར་འགྱུར་རོ། །དེ་དག་ལས་སྔ་མ་ལས་མ་ཡིན ་ནོ། །གང་གི་རིགས་དང་པོ་གང་ཡིན་པ་དེ་ལས་ནི་ཡོངས་སུ་ཉམས་པར་མི་འགྱུར་ཏེ། སློབ་པ་དང་མི་སློབ་པའི་ལམ་གྱིས་བརྟན་པོར་བྱས་པའི་ཕྱིར་རོ། །སློབ་པ་ནི་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ལམ་གྱིས་བརྟན་པོར་བྱས་པའི་ཕྱིར་ཡོངས་སུ ་ཉམས་པར་མི་འགྱུར་རོ། །ཕྱིས་དབང་པོ་སྦྱངས་བས་ཐོབ་པ་གང་ཡིན་པ་དེ་ལས་ནི་ཡོངས་སུ་ཉམས་པར་འགྱུར་རོ། །གང་གིས་འབྲས་བུ་དང་པོ་གང་ཡིན་པ་དེ་ལས་ནམས་ཀྱང་ཡོངས་སུ་ཉམས་པར་མི་འགྱུར་རོ། །ལྷག་པ་ལས་ནི་ཡོངས་སུ་ཉམས་པར ་འགྱུར་རོ། །དེ་ཉིད་ཀྱི་ཕྱིར་རྒྱུན་ཏུ་ཞུགས་པའི་འབྲས་བུ་ལས་ཡོངས་སུ་ཉམས་པ་མེད་དོ། །ཅི་དགྲ་བཅོམ་པ་དྲུག་པོ་དེ་དག་འབའ་ཞིག་ལ་རིགས་དྲུག་ཡིན་ནམ་འོན་ཏེ་གཞན་དག་ལ་ཡང་རིགས་དྲུག་ཡོད་ཅེ་ན། སློབ་དང་འཕགས་མིན་རྣམས་ལ་ཡང། །རིགས ་དྲུག་སློབ་པ་དང་སོ་སོ་སྐྱེ་བོ་རྣམས་ལ་ཡང་རིགས་དྲུག་ཡོད་དེ། དགྲ་བཅོམ་པའི་རིགས་རྣམས་ཀྱང་དེ་དག་གི་རྒྱུ་ལས་བྱུང་བ་ཉིད་ཡིན་ནོ། །འོན་ཀྱང་མཐོང་ལ་འཕོ་བ་མེད། །མཐོང་བའི་ལམ་ལས་གཞན་པ་དག་ལ་དབང་པོ་འཕོ་བ་ཡོད་ཀྱི་སྦྱོར་བ ་མེད་པའི་ཕྱིར་མཐོང་བའི་ལམ་ལ་ནི་མ་ཡིན་ནོ། །ལ་ལ་ནི་སོ་སོའི་སྐྱེ་བོའི་གནས་ཉིད་དག་ཏུ་དབང་པོ་རྣམས་འཕོ་བར་བྱེད་དོ། །ལ་ལ་ནི་དད་པས་མོས་པ་དང། མཐོང་བས་ཐོབ་པའི་གནས་སྐབས་དག་ཏུ་དབང་པོ་འཕོ་བར་བྱེད་དོ། །མདོ་ལས་ཇི་སྐད་དུ་གང ་ཞིག་གིས་ལྷག་པའི་སེམས་བཞི་ལ་མཐོང་བའི་ཆོས་ལ་བདེ་བར་གནས་པ་ཐོབ་པ་དེ་ནི། དེ་གང་ཡང་རུང་བ་ཞིག་ལས་ཡོངས་སུ་ཉམས་པར་འགྱུར་བར་ང་སྨྲའི། གང་ཞིག་གི་ཅིག་པུ་གནས་པ་ནས་མི་གཡོ་བའི་སེམས་ཀྱི་རྣམ་པར་གྲོལ་བའི་བར་དུ་ལུས་ཀྱི ་མངོན་དུ་བྱས་པ་དེའི་དེ་ལས་རྣམ་གྲངས་གང་གིས་ཀྱང་ཡོངས་སུ་ཉམས་པར་འགྱུར་བར་ང་མི་སྨྲའོ་ཞེས་བཀའ་སྩལ་པ། ཇི་ལྟར་མི་གཡོ་བའི་ཆོས་ཅན་མཐོང་བའི་ཆོས་ལ་བདེ་བར་གནས་པ་ལས་ཡོངས་སུ་ཉམས་པར་འགྱུར་ཞེ་ན་ཐོབ་མ་ཐོབ་དང་ལོངས ་སྤྱོད་ལས། ཡོངས་ཉམས་རྣམ་པ་གསུམ་ཞེས་བྱ། །ཐོབ་པ་ལས་ཡོངས་སུ་ཉམས་པ་ནི་གལ་ཏེ་ཡོན་ཏན་ཐོབ་པ་ལས་ཡོངས་སུ་ཉམས་པར་འགྱུར་པའོ། །མ་ཐོབ་པ་ལས་ཡོངས་སུ་ཉམས་པ་ནི་གལ་ཏེ་ཐོབ་པར་བྱ་བའི་ཡོན ་ཏན་མ་ཐོབ་པའོ། །ལོངས་སྤྱོད་ལས་ཡོངས་སུ་ཉམས་པ་ནི་གལ་ཏེ་ཡོན་ཏན་ཐོབ་ཀྱང་མངོན་སུམ་དུ་མི་བྱེད་པའོ། །ཡོངས་སུ་ཉམས་པ་དེ་དག་ལས་སྟོན་ལ་ཐ་མི་གཡོ་ལ། བར་མ་གཞན་ལ་རྣམ་གསུམ་མོ། །སངས་རྒྱས་ལ་ནི་ལོངས་སྤྱོད་ལས།། ་ཡོངས་སུ་ཉམས་པ་འབའ་ཞིག་མངའ་ཨི་གཞན་ནི་མ་ཡིན་ནོ། །མི་གཡོ་བའི་ཆོས་ཅན་ལ་ནི་དེ་དང་མ་ཐོབ་པའི་ཡོངས་སུ་ཉམས་པ་ཡང་ཡོད་དེ། གང་ཟག་ཁྱད་པར་ཅན་གྱི་ཆོས་མ་ཐོབ་པའི་ཕྱིར་རོ། །དགྲ་བཅོམ་པ་གཞན་དག་ལ་ནི་ཐོབ་པ་ལས ་ཡོངས་སུ་ཉམས་པ་ཡང་ཡོད་དོ། །དེའི་ཕྱིར་མི་གཡོ་བའི་ཆོས་ཅན་ལོངས་སྤྱོད་ལས་ཡོངས་སུ་ཉམས་པར་འབྱུང་བའི་ཕྱིར་མདོ་དང་མི་འགལ་ལོ། །ཡང་དགྲ་བཅོམ་པ་གང་ཞིག་འབྲས་བུ་ལས་ཡོངས་སུ་ཉམས་ན་ཅི་དེ་ཡང་སྐྱེ་འམ་ཞེ་ན། དེ་ནི་མེད ་དེ་གང་གི་ཕྱིར། འབྲས་ལས་ཉམས་པ་འཆི་བ་མེད། །འབྲས་བུ་ལས་ཡོངས་སུ་ཉམས་པ་ནི་འགའ་ཡང་འཆི་བ་མེད་དོ། །དེ་ལྟ་མ་ཡིན་ན་ཚངས་པར་སྤྱོད་པ་ཡིད་ཅན་དུ་མི་རུང་བར་འགྱུར་རོ། །འབྲས་བུ་གང་ཞིག་ལས་ཡོངས་སུ་ཉམས་པར་འགྱུར་བ ་འབྲས་བུ་དེ་ལ་གནས་ཏེ་བྱ་བ་མ་ཡིན་པ་གང་ཡིན་པ། བྱ་བ་མ་ཡིན་དེ་མི་བྱེད། །ཡོངས་སུ་ཉམས་ཀྱང་འབྲས་བུ་དེ་དང་འགལ་བ་ནི་མི་བྱེད་དེ། དཔའ་བོ་འདྲེད་ཀྱང་རྡེག་མི་འཆའ་བ་བཞིན་ནོ། །ཡང་དབང་པོ་རྣམས་འཕོ་བ་ན་བར་མེད་པའི་ལམ་དང་རྣམ ་པར་གྲོལ་བའི་ལམ་རྣམས་ནི་དུ་ཞིག་སྐྱེ་ཞེ་ན། མི་གཡོ་རྣམ་གྲོལ་བར་ཆད་མེད། །ལམ་དགུའོ་རྟོགས་པའི་སྐལ་པ་ཅན་གང་ཞིག་གིས་མི་གཡོ་བའི་རིགས་རྟོགས་པར་བྱེད་པ་ན། དཔེར་ན་དགྲ་བཅོམ་པ་ཉིད་ཐོབ་པ་བཞིན་དུ། བར་ཆད་མེད་པའི་ལམ ་དགུ་དང། །རྣམ་པར་གྲོལ་བའི་ལམ་དགུ་སྐྱེའོ། །ཅིའི་ཕྱིར་ཞེ་ན། དབང་པོ་རྟུལ་པོའི་རིགས་དེ་ནི། ཤིན་ཏུ་བརྟེན་ཕྱིར་དེ་ལ་ཤིན་ཏུ་གོམས་པ་དེ་ནི་དབང་པོ་རྟུལ་པོ་རྟུལ་པོའི་རིགས་ཅན་ཡིན་ལ། སློབ་པ་དང་མི་སློབ་པའི་ལམ་གཉིས་ཀྱིས་བརྟན་པོར་བྱས ་པའི་ཕྱིར་འབད་པ་ཆུང་ངུས་བཟློག་པར་མི་ནུས་སོ། །མཐོང་བས་ཐོབ་ལ་རེ་རེའོ། །མཐོང་བས་ཐོབ་པ་རྟོགས་པར་བྱེད་པ་དག་ལ་ནི་བར་ཆད་མེད་པའི་ལམ་གཅིག་དང། རྣམ་པར་གྲོལ་བའི་ལམ་གཅིག་སྐྱེའོ། །སྦྱོར་བའི་ལམ་ལ་ནི་ཐམས་ཅད་དུ་ཡང་གཅིག་ཁོ ་ན་ཡིན་ནོ། །བར་ཆད་མེད་པའི་ལམ་དང། རྣམ་པར་གྲོལ་བའི་ལམ་དེ་དག་ཐམས་ཅད་ནི། ཟག་པ་མེད་འཕགས་པ་ནི་ཟག་པ་དང་བཅས་པའི་ལམ་གྱི་དབང་པོ་འཕོ་བ་མེད་དོ། །དབང་པོ་རྣམས་གང་དུ་འཕེལ་ཞེ་ན། གསུམ་དག་ཏུ་འཕེལ་དེ་མི་རྣམས་ཀྱི་ནང ་ཉིད་དུ་དབང་པོ་འཕོའི་གཞན་དག་ཏུ་ནི་མ་ཡིན་ཏེ། ཡོངས་སུ་ཉམས་པ་མེད་པའི་ཕྱིར་གང་ཞིག་ས་གང་ལ་བརྟེན་ནས་དབང་པོ་རྣམས་འཕོ་བར་བྱེད་ཅེ་ན། མི་སློབ་ས་དགུ་ལ་བརྟེན་ཏེ། །མི་ལྕོགས་པ་མེད་པ་དང། བསམ་གཏན་ཁྱད་པར་ཅན་དང། བསམ་གཏན ་བཞི་པ་དང། གཟུགས་མེད་པ་གསུམ་རྣམས་ལའོ། །སློབ་པ་དྲུག་ལ། གཟུགས་མེད་པ་མ་གཏོགས་པ་རྣམས་སོ། །ཅིའི་ཕྱིར་ཞེ་ན་གང་གི་ཕྱིར་འཕེལ་བ་འབྲས་བུ་ཁྱད་པར་ཅན་བཏང་སྟེ་འབྲས་བུ་ཐོབ་པར་འགྱུར། དབང་པོ་རྣམས་འཕོ་བ་ན་དབང་པོ་རྟུལ་པོ་ལམ་གྱི ་འབྲས་བུ་དང། འབྲས་བུ་ཁྱད་པར་ཅན་བཏང་སྟེ། དབང་པོ་རྣོན་པོའི་རིགས་ཀྱིས་འབྲས་བུ་ཉིད་འཐོབ་པ་ཡིན་ན་ཕྱིར་མི་འོང་བའི་འབྲས་བུ་གཟུགས་མེད་པས་བསྡུས་པ་ནི་མེད་དེ། དེ་ནི་གཏན་ཚིགས་ཡིན་ནོ། །དགྲ་བཅོམ་པ་དེ་དག་ཐམས་ཅད་ནི་དབང་པོའི་བྱེ་བྲག ་ལྟས་དགུར་འགྱུར་ཏེ། ཇི་ལྟ་ཞེ་ན་སངས་རྒྱས་གཉིས་དང་ཉན་ཐོས་བདུན་དགུ་པོ་དེ་དག་ཀྱང་དབང་པོ་རྣམ་པ་དགུ་ཡིན་ནོ། །ཉན་ཐོས་བདུན་གང་ཞེ་ན། ཡོངས་སུ་ཉམས་པའི་ཆོས་ཅན་ལ་སོགས་པ་ལྔ་དང། མི་གཡོ་བའི་ཆོས་ཅན་རྣམ་པ་གཉིས་ཏེ་དབང ་པོ་སྦྱངས་པ་ལས་གྱུར་པ་དང། དང་པོ་ཉིད་ལས་དེའི་རིགས་ཅན་ནོ། །སངས་རྒྱས་གཉིས་ནི་མི་གཡོ་བའི་བྱེ་བྲག་ཉིད་ཡིན་ཏེ། རང་སངས་རྒྱས་དང་སངས་རྒྱས་སོ། །དེ་ལྟར་ན་དེ་དག་ནི་ཆུང་ངུའི་ཆུང་ལ་སོགས་པ་དབང་པོའི ་རྣམ་པ་དགུར་དབྱེ་བ་ལས་གང་ཟག་དགུར་འགྱུར་རོ། །འཕགས་པའི་གང་ཟག་ཐམས་ཅད་ནི་མདུན་དུ་འགྱུར་ཏེ། དད་པས་རྗེས་སུ་འབྲང་བ་དང། ཆོས་ཀྱི་རྗེས་སུ་འབྲང་བ་དང། དད་པས་མོས་པ་དང། མཐོང་བས་ཐོབ་པ་དང། ལུས་ཀྱི་མངོན་དུ་བྱེད ་པ་དང། ཤེས་རབ་ཀྱིས་རྣམ་པར་གྲོལ་བ་དང། གཉི་གའི་ཆ་ལས་རྣམ་པར་གྲོལ་པའོ། །དེ་དག་ཀྱང་རབ་སྦྱོར་དབང་པོ་སྙོམས་འཇུག་དང། །རྣམ་གྲོལ་གཉི་ག་ལས་བྱས་རྣམས། །གང་ཟག་བདུན་ཏེ། རབ་ཏུ་སྦྱོར་བ་ལས་ནི་དད་པས་རྗེས་སུ་འབྲང་བ། ་དང། ཆོས་ཀྱི་རྗེས་སུ་འབྲང་བ་དག་སྟེ། སྔོན་གཞན་གྱི་རྐྱེན་དང། ཆོས་ཀྱི་རྗེས་སུ་འབྲང་བ་གཉིས་ཀྱི་དོན་རྣམས་ལ་རབ་ཏུ་སྦྱོར་བའི་ཕྱིར་རོ། །དབང་པོ་ལས་ནི་དད་པས་མོས་པ་དང། མཐོང་བས་ཐོབ་པ་དག་སྟེ། དད་པས་མོས་པ་དང། ཤེས་རབ་ལྷག་པའི་སྒོ་ནས ་དབང་པོ་རྟུལ་པོ་དག་རྣོན་པོ་ཡིན་པའི་ཕྱིར་རོ། །སྙོམས་པར་འཇུག་པ་ལས་ནི་ལུས་ཀྱི་མངོན་དུ་བྱེད་པ་སྟེ། འགོག་པའི་སྙོམས་པར་འཇུག་པ་མངོན་དུ་བྱས་པའི་ཕྱིར་རོ། །རྣམ་པར་གྲོལ་བ་ལས་ནི་ཤེས་རབ་ཀྱི་རྣམ་པར་གྲོལ་བའོ། །སྙོམས་པར་འཇུག་པའི ་རྣམ་པར་གྲོལ་བ་ལས་ནི་གཉི་གའི་ཆ་ལས་རྣམ་པར་གྲོལ་བའོ། །མིང་གི་སྒོ་ནས་ནི་གང་ཟག་དེ་བདུན་ཡིན་ནོ། །དེ་དག་དྲུག་རྫས་ཀྱི་སྒོ་ནས་ནི་དེ་དྲུག་དུ་འགྱུར་ཏེ། གང་ཕྱིར་ལམ་ལ་གཉིས་སོ། །མཐོ་བའི་ལམ་ལ་ནི་གཉིས་ཏེ། དད་པས་རྗེས་སུ་འབྲང་བ་དང། ་ཆོས་ཀྱི་རྗེས་སུ་འབྲང་བའོ། །དེ་དག་ཉིད་བསྒོམས་པའི་ལམ་ལ་གཉིས་སུ་འགྱུར་ཏེ། དད་པས་མོས་པ་དང་མཐོང་བས་ཐོབ་པའོ། །དེ་གཉིས་ཀྱང་མི་སློབ་པའི་ལམ་ལ་གཉིས་སུ་འགྱུར་ཏེ། དུས་ཀྱི་རྣམ་པར་འགྲོལ་བ་དང། དུས་དང་མི་སྦྱོར་བས་རྣམ་པར་གྲོལ ་པའོ། །གཉི་གའི་ཆ་ལས་རྣམ་པར་གྲོལ་བ་ཞེས་བྱ་བ་དེ་ནི་ཅི་ཤེས་རབ་ཀྱི་རྣམ་པར་གྲོལ་བ་ཞེས་བྱ་བ་དེ་ནི་ཅི་ཞེ་ན། འགོག་པ་ཐོབ་པ་གཉི་ག་ལས། །རྣམ་གྲོལ་ཤེས་རབ་གཞན་ཡིན་ནོ། །གང་འགོག་པའི་སྙོམས་པར་འཇུག་པ་ཐོབ་པ་དེ་ནི་ཤེས་རབ་དང་ཏིང ་ངེ་འཛིན་གཉིས་ཀྱི་སྟོབས་ཀྱི་ཉོན་མོངས་པ་དང། རྣམ་པར་ཐར་པའི་སྒྲིབ་པ་ལས་རྣམ་པར་གྲོལ་བའི་ཕྱིར་གཉི་གའི་ཆ་ལས་རྣམ་པར་གྲོལ་བ་ཡིན་ནོ། །གཞན་ནི་ཤེས་རབ་ཀྱི་སྟོབས་ཀྱི་ཉོན་མོངས་པའི་སྒྲིབ་པ་འབའ་ཞིག་ལས་རྣམ་པར་གྲོལ་བའི་ཕྱིར་ཤེས་རབ ་ཀྱི་རྣམ་པར་གྲོལ་བ་ཡིན་ཏེ། བཅོམ་ལྡན་འདས་ཀྱིས་འདི་སྐད་དུ། འདི་ལ་གང་ཞིག་ཉོན་མོངས་པ་སྤངས་ཏེ། མི་འཕྲོག་ཆོས་ཅན་སློབ་པ་ཡོངས་སུ་རྫོགས་ཞེས་གསུངས་པ་ལྟ་བུའོ། །ཇི་ཙམ་གྱིས་ཡོངས་སུ་རྫོགས་པའི་སློབ་པ་ཡིན་ཞེ་ན། སྙོམས་འཇུག ་དབང་པོ་འབྲས་རྣམས་ཀྱིས། །རྫོགས་པའི་སློབ་པ་ཞེས་བྱའོ། །རྣམ་པ་གསུམ་གྱིས་ན་ཡོངས་སུ་རྫོགས་པའི་སློབ་པ་ཡིན་ཏེ། སྙོམས་པར་འཇུག་པ་ལས་ནི་འགོག་པའི་སྙོམས་པར་འཇུག་པ་ཐོབ་པའོ། །དབང་པོ་ལས་ནི་མཐོང་བས་ཐོབ། །འབྲས་བུ་ལས ་ནི་ཕྱིར་མི་འོང་བ་སྟེ། དེ་ལྟར་ན་ཡོངས་སུ་རྫོགས་པའི་སློབ་པ་ཡིན་ནོ། །དེ་ལ་འབྲས་བུ་འབའ་ཞིག་ལས་ནི་ཕྱིར་མི་འོང་བ་དང་དད་པས་མོས་པ་ལུས་ཀྱི་མངོན་དུ་མི་བྱེད་པའོ། །དབང་པོ་འབའ་ཞིག་ལས་ནི་མཐོང་བས་ཐོབ་པ་འདོད་ཆགས་དང་མ་བྲལ་བའོ།། ་འབྲས་བུ་དང་དབང་པོ་ལས་ནི་ཕྱིར་མི་འོང་བ་མཐོང་བས་ཐོབ་པ་ལུས་ཀྱིས་མངོན་དུ་མི་བྱེད་པའོ། །དེ་འབྲས་བུ་དང་སྙོམས་པར་འཇུག་པ་ལས་ནི་དད་པས་མོས་པ་ལུས་ཀྱི་མངོན་དུ་བྱེད་པའོ། །འབྲས་བུ་དང་པོ་དང་སྙོམས་པར་འཇུག་པ་ལས་ནི་མཐོང་བ་ལས་ཐོབ ་པ་ལུས་ཀྱི་མངོན་དུ་བྱེད་པའོ། །སྙོམས་པར་འཇུག་པ་འབའ་ཞིག་དང་སྙོམས་པར་འཇུག་པ་དང་དབང་པོ་ལས་ནི་ཡོངས་སུ་རྫོགས་པ་ཉིད་མེད་དོ། །གཉིས་ཀྱིས་མི་སློབ་ཡོངས་སུ་རྫོགས། །དབང་པོ་དང་སྙོམས་པར་འཇུག་པ་ལས་སོ། །འབྲས་བུ་ཡོངས་སུ་མ ་རྫོགས་པའི་མི་སློབ་པ་ཉིད་ནི་མེད་པས་འདིའི་འབྲས་བུ་ཡོངས་སུ་རྫོགས་པས་ཡོངས་སུ་རྫོགས་པ་ཉིད་དུ་རྣམ་པར་མ་བཞག་གོ་།དབང་པོ་འབའ་ཞིག་ལས་ནི་ཤེས་རབ་ཀྱི་རྣམ་པར་གྲོལ་བ་དུས་དང་མི་སྦྱོར་བར་རྣམ་པར་གྲོལ ་བའོ། །སྙོམས་པར་འཇུག་པ་འབའ་ཞིག་ལས་གཉི་གའི་ཆ་ལས་རྣམ་པར་གྲོལ་བ་དུས་ཀྱི་རྣམ་པར་གྲོལ་བའོ། །དབང་པོ་དང་སྙོམས་པར་འཇུག་པ་གཉི་ག་ལས་ནི་གཉི་གའི་ཆ་ལས་རྣམ་པར་གྲོལ་བ་དུས་དང་མི་སྦྱོར་བར་རྣམ་པར་གྲོལ་བའོ། །དེ་ལྟར ་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པ་དང་མཐོང་བ་དང་བསྒོམ་པ་དང། མི་སློབ་པའི་ལམ་རྣམས་དང་སྦྱོར་བ་དང་བར་ཆད་མེད་པ་དང། རྣམ་པར་གྲོལ་བ་དང་ཁྱད་པར་ཅན་གྱི་ལམ་ཞེས་བྱ་ལ། ལམ་གྱི་བྱེ་བྲག་མང་པོ་བཤད་པ་དེ་དག་མདོར ་བསྡུ་ན་ལམ་རྣམ་པ་དུ་ཞིག་ཡིན་ཞེ་ན། མདོར་ན་ལམ་ནི་རྣམ་བཞི་སྟེ། །ཁྱད་པར་ཅན་དང་རྣམ་གྲོལ་དང། །བར་ཆད་མེད་དང་སྦྱོར་ཞེས་བྱ། །སྦྱོར་བའི་ལམ་ནི་གང་ལས་བར་ཆད་མེད་པའི་ལམ་སྐྱེ་བའོ། །བར་ཆད་མེད་པའི་ལམ་ནི་གང་གིས་སྒྲིབ་པ ་སྤོང་བར་བྱེད་པའོ། །རྣམ་པར་གྲོལ་བའི་ལམ་ནི་དེས་སྒྲིབ་པ་སྤངས་པ་ལས་དང་པོ་ཉིད་དུ་ངེས་པར་གྲོལ་བ་སྐྱེ་བ་གང་ཡིན་པའོ། །ཁྱད་པར་ཅན་གྱི་ལམ་ནི་དེ་ལས་གཞན་པའི་ལམ་གང་ཡིན་པའོ། །ཅིའི་ཕྱིར་ལམ་ཞེས་བྱ་ཞེ་ན། དེས་དེར་འགྲོ ་བའི་ཕྱིར་རམ་ངེས་དེ་མྱ་ངན་ལས་འདས་པ་ཚོལ་བའི་ཕྱིར་ན་དེ་ནི་མྱ་ངན་ལས་འདས་པའི་ལམ་ཡིན་ནོ། །རྣམ་པར་གྲོལ་བ་དང་ཁྱད་པར་དུ་འགྲོ་བའི་ལམ་གཉིས་ཇི་ལྟར་ན་ལམ་ཡིན་ཞེ་ན། དེའི་རིགས་ཅན་ཡིན་པ་འམ་ཆེས་ཆེ་བ་ཡིན་པ་འམ། ་གོང་ནས་གང་དུ་ཕྱིན་པར་བྱེད་པ་འམ། ཕུང་པོ་ལྷག་མ་མ་ལུས་པར་འཇུག་པའི་ཕྱིར་རོ། །ལམ་ནི་མྱ་ངན་ལས་འདས་པ་བསྒྲུབ་པའི་ཕྱིར་བསྒྲུབ་པ་ཞེས་ཀྱང་བྱ་སྟེ། བསྒྲུབ་པ་ནི་རྣམ་པ་བཞིའོ། །མངོན་པར་ཤེས་པ་བུལ་པ་སྒྲུབ་པ་དཀའ་བ་ཡང་ཡོད། ་མངོན་པར་ཤེས་པ་མྱུར་བ་བསྒྲུབ་པ་དཀའ་བ་ཡང་ཡོད། དེ་བཞིན་དུ་སླ་བ་ཡང་རྣམ་པ་གཉིས་སོ། །དེ་ལ་བསམ་གཏན་དག་ལ་ལམ་བསྒྲུབ་བླ། བསམ་གཏན་བཞི་དག་ན་ནི་ཡན་ལག་ཡོངས་སུ་འདུས་པ་དང། ཞི་གནས་དང་ལྷག་མཐོང་མཉམ་པ་དང། འབད ་མི་དགོས་པས་འཇུག་པའི་ཕྱིར་ལམ་བསྒྲུབ་པར་སླ་བ་ཡིན་ནོ། །ས་གཞན་དག་ན་དཀའ་བ་ཡིན། །གཞན་མི་ལྕོགས་པ་མེད་པ་དང། །བསམ་གཏན་ཁྱད་པར་ཅན་དང། གཟུགས་མེད་པ་དག་ན་ནི་ཡན་ལག་ཡོངས་སུ་མ་འདུས་པ་དང། ཞི་གནས་དང་ལྷག ་མཐོང་ཆུང་བ་དང། འབད་པས་འཇུག་པའི་ཕྱིར་རམ་སྒྲུབ་དཀའ་བ་ཡིན་ཏེ། མི་ལྕོགས་པ་མེད་པ་དང་བསམ་གཏན་ཁྱད་པར་ཅན་དག་ན་ནི་ཞི་གནས་ཆུང་ངོ། །གཟུགས་མེད་པ་དག་ན་ནི་ལྷག་མཐོང་ཆུང་ངོ། །སྒྲུབ་པ་དེ་ཡང་རྣམ་པ་གཉིས་ཏེ། བློ་ཆུང་མངོན ་ཤེས་བུལ་བ་སྟེ། །གཞན་ནི་མངོན་པར་ཤེས་པ་མྱུར། །དབང་པོ་རྟུལ་པོ་ནི་སྒྲུབ་སླ་འམ་དཀའ་ཡང་རུང་སྟེ། མངོན་པར་ཤེས་པ་བུལ་བ་ཡིན་ནོ། །དབང་པོ་རྣོན་པོ་ནི་སྒྲུབ་པ་སླ་བ་འམ་དཀའ་ཡང་རུང་སྟེ། མངོན་པར་ཤེས་པ་མྱུར་བ་ཡིན་ནོ། །སྒྲུབ་པ་འདིའི་མངོན ་པར་ཤེས་པ་བུལ་བས་དེ་མངོན་པར་ཤེས་པ་བུ་ལ་བ་སྟེ། མངོན་པར་ཤེས་པ་མྱུར་བ་འང་དེ་བཞིན་པ་འམ། དེ་གང་ཟག་རྟུལ་བ་ཡིན་པས་ན་མངོན་པར་ཤེས་པ་བུལ་བའོ། །ཡིད་རྣོ་བའི་ཡིན་པས་ན་མངོན་པར་ཤེས་པ་མྱུར་བའོ། །ཡང་ལམ་དེ་ནི་བྱང་ཆུབ ་ཀྱི་ཕྱོགས་ཞེས་བྱ་བའི་མིང་ཐོབ་སྟེ། བྱང་ཆུབ་ཀྱི་ཕྱོགས་སུམ་ཅུ་བདུན་ནི། དྲན་པ་ཉེ་བར་བཞག་པ་བཞི་དང། ཡང་དག་པར་སྤོང་བ་བཞི་དང། རྫུ་འཕྲུལ་གྱི་རྐང་པ་བཞི་དང། དབང་པོ་ལྔ་དང། སྟོབས་ལྔ་དང། བྱང་ཆུབ་ཀྱི་ཡན་ལག་བདུན་དང། འཕགས་པའི་ལམ ་ཡན་ལག་བརྒྱད་དོ། །དེ་ལ་ཟད་དང་མི་སྐྱེ་ཡེ་ཤེས་ནི། །བྱང་ཆུབ་ཟད་པ་དང་མི་སྐྱེ་བའི་ཡེ་ཤེས་ནི་གང་ཟག་གི་བྱེ་བྲག་གི་ཉན་ཐོས་ཀྱི་བྱང་ཆུབ་དང་རང་སངས་རྒྱས་ཀྱི་བྱང་ཆུབ་དང། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དང། བྱང་ཆུབ་རྣམ་པ་གསུམ་ཞེས་བྱ་སྟེ། དེ ་གཉིས་ཀྱིས་མ་རིག་པ་མ་ལུས་པར་སྤངས་པ་དང། རང་གི་དོན་ཡང་དག་པར་ལྟ་བ་བཞིན་དུ་བྱས་པ་དང། ཡང་བྱ་བ་མེད་པར་རྟོག་པའི་ཕྱིར་རོ། །དེ་དག་མཐུན་པའི་ཕྱིར། སུམ་ཅུ་རྩ་བདུན་དེའི་ཕྱོགས། །བྱང་ཆུབ་ཀྱི་རྗེས་སུ་མཐུན་པའི ་ཕྱིར་བྱང་ཆུབ་ཀྱི་ཕྱོགས་སུམ་ཅུ་རྩ་བདུན་ཞེས་བྱའོ། །མིང་གི་སྒོ་ནས་རྫས་ལས་བཅུ། །བྱང་ཆུབ་ཀྱི་ཕྱོགས་རྣམས་ནི་རྫས་བཅུ་སྟེ། བཅུ་གང་ཞེ་ན། དད་དང་བརྩོན་འགྲུས་དྲན་པ་དང། །ཤེས་རབ་ཏིང་འཛིན་དགའ་བཏང་སྙོམས། །ཤིན་ཏུ་སྦྱངས་མཚུངས་ཡང ་དག་རྟོགས། །དེ་ལྟར་ན་དེ་དག་ནི་རྫས་བཅུའོ། །ཇི་ལྟར་ཞེ་ན། དྲན་པ་ཉེར་གཞག་ཤེས་རབ་སྟེ། །བརྩོན་འགྲུས་ཡང་དག་འཇོག་ཅེས་བྱ། །རྫུ་འཕྲུལ་རྐང་པ་ཏིང་འཛིན་ཏོ། །དྲན་པ་ཉེ་བར་གཞག་པ་དང། ཡང་དག་པར་སྤོང་བ་དང། རྫུ་འཕྲུལ་གྱི་རྐང་པ་རྣམས་ནི ་ཤེས་རབ་དང། བརྩོན་འགྲུས་དང། ཏིང་ངེ་འཛིན་གྱི་རང་བཞིན་ཡིན་ནོ། །དེའི་ཕྱིར་དེ་ཞིག་དབང་པོ་དང་སྟོབས་རྣམས་མིང་སྨོས་པས། དད་པ་བརྩོན་འགྲུས་དང། དྲན་པ་དང་ཤེས་རབ་དང་ཏིང་ངེ་འཛིན་གྱི་རྫས་ལྔ་ཡིན་ནོ། །དྲན་པ་ཉེ་བར་གཞག་པ་རྣམས ་དང། ཆོས་རྣམ་པར་འབྱེད་པ་ཡང་དག་བྱང་ཆུབ་ཡན་ལག་དང། ཡང་དག་པའི་ལྟ་བ་ནི་ཤེས་རབ་ཉིད་ཡིན་ནོ། །ཡང་དག་པར་སྤོང་བ་རྣམས་དང། བརྩོན་འགྲུས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང། ཡང་དག་པར་རྩོལ་བ་ནི་བརྩོན་འགྲུས་ཉིད་ཡིན་ནོ།། ་རྫུ་འཕྲུལ་གྱི་རྐང་པ་རྣམས་དང། ཏིང་ངེ་འཛིན་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང། ཡང་དག་པའི་ཏིང་ངེ་འཛིན་ནི་ཡང་དག་པའི་ཏིང་ངེ་འཛིན་ཉིད་ཡིན་ནོ། །དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་ཡང་དག་པའི་དྲན་པ་ནི་དྲན་པ་ཉིད་ཡིན་ནོ། །ཅི་ཞིག་ལུས ་ཤེ་ན། དགའ་བ་དང་ཤིན་དུ་སྦྱངས་པ་དང་བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་རྣམས་དང། ཡང་དག་པའི་རྟོག་པ་དག་དང། ཚུལ་ཁྲིམས་ཀྱི་ཡན་ལག་རྣམས་དང། རྫས་དེ་ལྔ་སྟེ་དེ་ལྟར་ན་བྱང་ཆུབ་ཀྱི་ཕྱོགས་ཏོ། དག་ནི་རྫས་བཅུར་འགྱུར་རོ། ། ་བྱེ་བྲག་ཏུ་སྨྲ་བ་དག་ན་རེ་ནི་ལུས་དང་ངག་གི་ལས་གཉིས་ཐ་དད་པའི་ཕྱིར་ཚུལ་ཁྲིམས་ཀྱི་ཡན་ལག་རྫས་གཉིས་ཡིན་པས་བཅུ་གཅིག་གོ་ཞེས་ཟེར་རོ། །དྲན་པ་ཉེ་བར་གཞག་པ་ལ་སོགས་པ་ནི་ཤེས་རབ་དང་བརྩོན་འགྲུས་དང་ཏིང་ངེ་འཛིན་གྱི་རང ་བཞིན་ནོ་ཞེས་བཤད་པ་གང་ཡིན་པ་དེ་ནི་འདིར་གཙོ་བོ་སྨོས་ཀྱི་དེ་དག་ནི་སྦྱོར་བྱུང་ཡོན་ཏན་ཐམས་ཅད་ཡིན་པར་རིག་པར་བྱ་སྟེ། གཙོ་བོ་སྨོས་པས་དེ་སྐད་བཤད་པ་ཡིན་གྱི་དྲན་པ་ཉེ་བར་གཞག་པ་དང། ཡང་དག་པར་སྤོང་བ་དང། རྫུ་འཕྲུལ་གྱི་རྐང་པ ་རྣམས་ནི་སྦྱོར་བ་ལས་བྱུང་བའི་ཡོན་ཏན་ཐམས་ཅད་ཀྱང་ཡིན་ནོ། །གནས་སྐབས་གང་དག་ཏུ་བྱང་ཆུབ་ཀྱི་ཕྱོགས་རྣམས་རབ་ཏུ་བསྐྱེད་ཅེ་ན། སྡེ་ཚན་བདུན་ནི་རིམ་བཞིན་དུ། །ལས་ནི་དང་པོ་པ་དག་དང། །ངེས་པར་དབྱེ་བའི་ཆ་མཐུན་དང། །མཐོང་དང་བསྒོམ་ལ་རབ་ཏུ ་སྐྱེད། །ལས་དང་པོ་པའི་གནས་སྐབས་དག་ལ་ཕུང་པོ་ལ་སོགས་པ་ལ་ཉེ་བར་བརྟགས་པའི་ཕྱིར་དྲན་པ་ཉེ་བར་གཞག་པ་རྣམས་རབ་ཏུ་བསྐྱེད་དེ་ཁྱད་པར་ཐོབ་པས་བརྩོན་འགྲུས་ཡང་དག་པར་སྤེལ་བའི་ཕྱིར་དྲོ་བར་གྱུར་པ་དག་ལ་ནི་ཡང་དག་པར་སྤོང་བ་རྣམས ་རབ་ཏུ་བསྐྱེད་དོ། །ཡོངས་སུ་ཉམས་པར་མི་འགྱུར་བའི་དགེ་བའི་རྩ་བ་ལ་འཇུག་པའི་ཕྱིར་རྩེ་མོ་དག་ན་ནི་རྫུ་འཕྲུལ་གྱི་རྐང་པ་རྣམས་རབ་ཏུ་བསྐྱེད་དོ། །ཡང་ཉམས་པར་མི་འགྱུར་པའི་སྒོ་ནས། དབང་བྱེད་མ་ཐོབ་པའི་ཕྱིར་བཟོད་པ་དག་ལ་ནི་དབང་པོ་རྣམས་རབ ་ཏུ་བསྐྱེད་དོ། །ཉོན་མོངས་པས་མི་རྫི་བ་འམ་འཇིག་རྟེན་པའི་ཆོས་གཞན་གྱིས་མི་བརྟུལ་བའི་ཕྱིར་བཟོད་པ་དག་ལ་ནི་སྟོབས་རྣམས་རབ་ཏུ་བསྐྱེད་དོ། །བྱང་ཆུབ་དང་ཉེ་བའི་ཕྱིར་བསྒོམ་པའི་ལམ་ལ་ནི་བྱང་ཆུབ་ཀྱི་ཡན་ལག་རྣམས་རབ་ཏུ་སྐྱེད་དོ་འགྲོ་བས་རབ་ཏུ་ཕྱེ་བའི ་ཕྱིར་མཐོང་བའི་ལམ་ནི་ལམ་གྱི་ཡན་ལག་རྣམས་རབ་ཏུ་བསྐྱེད་དེ། དེ་ནི་མྱུར་བར་འགྲོ་བ་ཡིན་པའི་ཕྱིར་རོ། །གྲངས་དང་མཐུན་པར་བྱ་བའི་ཕྱིར་སྔར་བདུན་བཤད་ལ་ཕྱིས་བརྒྱད་བཤད་པར་གོ་རིམས་གྲུབ་པོ། །ད་ནི་བྱང་ཆུབ་ཀྱི་ཕྱོགས་སུ་དུ་ཞིག་ནི་ཟག་པ་དང་བཅས ་པ་ཡིན། དུ་ཞིག་ནི་ཟག་པ་མེད་པ་ཡིན། ཞེས་བྱ་བ་འདི་བརྗོད་པར་བྱ་སྟེ། བྱང་ཆུབ་ཡན་ལག་ལམ་ལ་ཡན་ལག་ཟག་པ་མེད། དེ་གཉིས་ནི་བསྒོམ་པ་དང་མཐོང་བའི་ལམ་ལ་རྣམ་པར་བཞག་པ་ཡིན་པའི་ཕྱིར་རོ། །འཇིག་རྟེན་པ་ལ་ཡང ་ཡང་དག་པའི་ལྟ་བ་ཡོད་མོད་ཀྱི་དེ་དག་ནི་འཕགས་པའི་ལམ་ཞེས་བྱ་བའི་མིང་མི་འཐོབ་བོ། །གཞན་རྣམ་གཉིས་སོ། །བྱང་ཆུབ་ཀྱི་ཕྱོགས་གཞན་དག་ནི་ཟག་པ་དང་བཅས་པ་ཡང་ཡིན་ཟག་པ་མེད་པ་ཡང་ཡིན་ནོ། །ས་གང་དག་ཅིག་ན་བྱང་ཆུབ་ཀྱི་ཕྱོགས་སུ ་དག་ཅིག་ཡོད་ཅེ་ན་ཐམས་ཅད་བསམ་གཏན་དང་པོ་ན། བསམ་གཏན་དང་པོ་ན་ནི་སུམ་ཅུ་རྩ་བདུན་ཐམས་ཅད་ཡོད་དོ། །མི་ལྕོགས་མེད་ན་དགའ་མ་གཏགས། །ཅིའི་ཕྱིར་མི་ལྕོགས་པ་མེད་པ་ན་དགའ་བ་མེད་ཅེ་ན། ཉེར་བསྡོགས་རྣམས་ནི་འཇུག་པ་སྟོབས་ཀྱིས ་དྲང་དགོས་པ་དང། ས་འོག་མའི་དོག་པ་དང་བཅས་པའི་ཕྱིར་རོ། །ཡང་དག་རྟོག་མ་གཏོགས་གཉིས་པ། །བསམ་གཏན་གཉིས་པ་ན་ནི་ཡང་དག་པའི་རྟོག་པ་མ་གཏོགས་པ་སུམ་ཅུ་རྩ་དྲུག་ཁོ་ན་སྟེ། དེ་ན་རྟོག་པ་མེད་པའི་ཕྱིར་རོ། །གཉིས་ན་དེ་གཉིས་མ ་གཏོགས་པ། །བསམ་གཏན་གསུམ་པ་དང་བཞི་པ་དག་ན་ནི་དགའ་བ་དང་ཡང་དག་པའི་རྟོག་པ་གཉིས་མ་གཏོགས་པ་སུམ་ཅུ་རྩ་ལྔ་ཁོ་ནའོ། །བསམ་གཏན་བར་ནའང། དེ་གཉིས་ཉིད་མ་གཏོགས་པ་སུམ་ཅུ་རྩ་ལྔའོ། །གཟུགས་མེད་པ་གསུམ་ན་དེ་དང ་མཚུངས་ཡན་ལག། མ་གཏོགས་པ་ཞེས་བྱ་བར་སྦྱར་ཏེ། གཟུགས་མེད་པ་དག་ན་ནི་ཡང་དག་པའི་དག་དང། ཡང་དག་པའི་ལས་ཀྱི་མཛའ་དང། འཚོ་བ་དང། དགའ་བ་དང། ཡང་དག་པའི་རྟོག་པ་གཉིས་མ་གཏོགས་པ་སུམ་ཅུ་རྩ་གཉིས་སོ། །བྱང་ཆུབ་ཡན ་ལག་ལམ་ཡན་ལག་།མ་གཏོགས་འདོད་ཁམས་སྲིད་རྩེ་ན། །བྱང་ཆུབ་ཀྱི་ཕྱོགས་ཉི་ཤུ་རྩ་གཉིས་ཏེ། དེ་གཉིས་ན་ཟག་པ་མེད་པའི་ལམ་མེད་པའི་ཕྱིར་རོ། བྱང་ཆུབ་ཀྱི་ཕྱོགས་རྣམས་ལ་གནས་པ་ན། གནས་སྐབས་གང་དག་ཏུ་ཤེས་ནས་དད་པ་ཐོབ་པར ་རག་པར་བྱ་ཞེ་ན། བདེན་གསུམ་མཐོང་ན་ཚུལ་ཁྲིམས་དང། །ཆོས་ལ་ཤེས་ནས་དད་པ་འཐོབ། །ལམ་མངོན་རྟོགས་ན་སངས་རྒྱས་དང། །དེ་ཡི་དགེ་འདུན་དག་ལ་ཡང། །སྡུག་བསྔལ་དང། ཀུན་འབྱུང་དང་འགོག་པའི་བདེན་པ་རྣམས་མངོན་པར་རྟོགས་ན། ཆོས ་ལ་ཤེས་ནས་དད་པ་དང། འཕགས་པ་དགྱེས་པའི་ཚུལ་ཁྲིམས་འཐོབ་བོ། །ལམ་གྱི་བདེན་པ་མངོན་པར་རྟོགས་ན་སངས་རྒྱས་དང་དེའི་དགེ་འདུན་ལས་ཤེས་ནས་དད་པ་འཐོབ་སྟེ། དེ་དག་གི་དད་པ་གང་ཡིན་པ་དེ་ནི་མི་སློབ་པའི་སངས་རྒྱས་སུ་བྱེད་པའི་ཆོས་དང། ་སློབ་པ་དང་མི་སློབ་པ་དགེ་འདུན་དུ་བྱེད་པའི་ཆོས་དག་ལས་དད་པ་རྙེད་པ་ཡིན་ནོ། །ཡང་གི་སྒྲས་ནི་ཚུལ་ཁྲིམས་དང་ཆོས་ཤེས་ན་དད་པ་གཉིས་ཀྱང་འཐོབ་བོ། །འདིར་ཆོས་ཞེས་བྱ་བ་དེ་དག་གང་ལས་དགོངས་ཤེ་ན། ཆོས་བདེན་གསུམ་དང་རང་སངས་རྒྱས།། ་བྱང་ཆུབ་སེམས་དཔའ་ཨི་ལམ་ཡིན་ནོ། །དེའི་ཕྱིར་བདེན་པ་བཞི་ཆར་མངོན་པར་རྟོགས་ལ། ཡང་ཆོས་ཤེས་ནས་དད་པ་རྙེད་པ་ཡིན་ནོ། །དེ་ལྟར་ན་དེ་དག་ནི་དད་པའི་གཞིའི་བྱེ་བྲག་ལས་མིང་གི་སྒོ་ནས་ཤེས་ནས་དད་པ་བཞི་ཞེས་བྱའོ། །རྫས་ཀྱི་སྒོ་ནས་གཉིས་ཡིན ་ཏེ། །དད་དང་ཚུལ་ཁྲིམས་སངས་རྒྱས་དང། །ཆོས་དང་དགེ་འདུན་ལ་ཤེས་ནས་དད་པ་རྣམས་ནི་དང་པའི་རང་བཞིན་ཡིན་ནོ། །འཕགས་པ་དགྱེས་པའི་ཚུལ་ཁྲིམས་རྣམས་ནི་ཚུལ་ཁྲིམས་ཡིན་པས་ན་རྫས་གཉིས་སོ། །ཅི་དེ་དག་ཟག་པ་དང་བཅས་པ་ཞིག་ཡིན ་ནམ། ཟག་པ་མེད་པ་ཞིག་ཡིན་ཞེ་ན། རེ་ཞིག་ཤེས་ནས་དང་པ་རྣམས་ནི་གཅིག་ཏུ་དྲི་མ་མེད། ཤེས་ནས་དད་པ་ཞེས་བྱ་བའི་དོན་ཅི་ཞེ་ན། བདེན་པ་རྣམས་ཡང་དག་པ་ཇི་ལྟ་བ་བཞིན་རྟོགས་ནས་ཡིད་ཆེས་པ་ནི་ཤེས་ནས་དད་པ་ཡིན་ཏེ། དེ་དག་གི་རིམ་པ་ནི ་ལངས་ནས་ཇི་ལྟར་མངོན་སུམ་དུ་བྱེད་པ་དེ་བཞིན་དུ་བཀོད་དོ། །ལངས་ནས་ཇི་ལྟར་མངོན་སུམ་དུ་བྱེད་ཅེ་ན། ཀྱེ་མའོ་བཅོམ་ལྡན་འདས་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ཡིན་ནོ། །དེའི་ཆོས་དུལ་བ་ནི་ལེགས་པར་གསུངས་པ་ཡིན་ནོ། །དེའི་ཉན་ཐོས ་ཀྱི་དགེ་འདུན་ནི་ལེགས་པར་ཞུགས་པ་ཡིན་ནོ་སྙམ་སྟེ། སྨན་པ་དང་སྨན་དང་ནད་གཡོག་ལྟ་བུར་གྱུར་པའི་ཕྱིར་རོ། །སེམས་དང་བར་གྱུར་ན་ཚུལ་ཁྲིམས་རབ་ཏུ་དང་བ་ཡིན་པ་འམ་དེ་ནི་དེ་ལྟར་དད་པར་གྱུར་པའི་སྒྲུབ་པ་ཡིན་པ་འམ། ་ནད་མེད་པ་ལྟ་བུར་གྱུར་པ་ཡིན་པའི་ཕྱིར་ཏེ། དེ་བས་ན་ཐ་མར་བཞི་པར་བཤད་པ་འམ། སྟོན་པར་བྱེད་པ་དང་ལག་དང། ལམ་གྲོགས་དང་བཞོན་པ་སྟ་བུ་ཡིན་པའི་ཕྱིར་རོ། །མདོ་ལས་སློབ་པ་ནི་ཡན་ལག་བརྒྱད་དང་ལྡན་ནོ། །མི་སློབ་པ་ནི་ཡན་ལག་བཅུ ་དང་ལྡན་ནོ། ཞེས་གསུངས་པ་ཅིའི་ཕྱིར་སློབ་པ་ལ་ཡང་དག་པའི་རྣམ་པར་གྲོལ་བ་དང། ཡང་དག་པའི་ཡེ་ཤེས་མ་བཤད་ཅེ་ན། བཅིངས་ཕྱིར་སློབ་པའི་ཡན་ལག་ཏུ། །རྣམ་པར་གྲོལ་མ་བཤད། སློབ་པ་ནི་ཉོན་མོངས་པའི་བཅིང་བ་ལས་ད་དུང་མ་གྲོལ་བའི ་ཕྱིར་བཅིངས་པ་ཡིན་ནོ། །ཅི་ལྟ་ན་བཅིངས་བཞིན་དུ་རྣམ་པར་གྲོལ་བར་རྣམ་པར་བཞག་ཅེ་ན། བཅིང་བའི་ཕྱོགས་གཅིག་ལས་གྲོལ་བ་ལ་རྣམ་པར་གྲོལ་བ་ཞེས་མི་བྱའོ། །རྣམ་པར་མ་གྲོལ་བས་ཇི་ལྟར་ན་རྣམ་པར་གྲོལ་བའི་ཡེ་ཤེས་སུ་རྣམ་པར ་བཞག་མི་སློབ་པ་ནི་ཉོན་མོངས་པའི་འཆིང་བ་ཐམས་ཅད་ལས་ཤིན་ཏུ་ངེས་པར་གྲོལ་བ་དང། དེའི་བདག་ཉིད་ཀྱིས་ཡེ་ཤེས་དག་གིས་རབ་ཏུ་ཕྱེ་བ་ཡིན་པས། ཚིག་དེ་ནི་རིགས་པ་དང་ལྡན་པ་ཡིན་ནོ། །རྣམ་པར་གྲོལ་བ་ཞེས་བྱ་བ་འདི་ཅི་ཞེ་ན། འདུས ་བྱ་བ་དང་འདུས་མ་བྱས་སོ། །དེ་ལ་ཉོན་མོངས་བཅོམ་པ་འདུས་མ་བྱས། །མོས་པ་འདུས་བྱས། ཉོན་མོངས་པ་སྤངས་པ་ནི་རྣམ་པར་གྲོལ་བ་འདུས་མ་བྱས་ཡིན་ནོ། །མི་སློབ་པའི་མོས་པ་ནི་རྣམ་པར་གྲོལ་བ་འདུས་བྱས་ཡིན་ནོ། །ཡན་ལག་ནི་དེ ་ཡིན། རྣམ་པར་གྲོལ་བ་འདུས་བྱས་དེ་ནི་མི་སློབ་པའི་ཡན་ལག་ཡིན་པར་བཤད་དེ། ཡན་ལག་རྣམས་ནི་འདུས་བྱས་ཡིན་པའི་ཕྱིར་རོ། །དེ་ཉིད་རྣམ་གྲོལ་གཉིས་རྣམ་པར་གྲོལ་བ་འདུས་བྱས་དེ་ཉིད། མདོ་ལས་སེམས་རྣམ་པར་གྲོལ་བ་དང། ་ཤེས་རབ་རྣམ་པར་གྲོལ་བ་ཞེས་གསུངས་པའི་རྣམ་པར་གྲོལ་བ་གཉིས་ལ། དེ་ཉིད་རྣམ་པར་གྲོལ་བའི་ཕུང་པོ་ཡིན་པར་ཡང་བལྟའོ། །ཡང་དག་པའི་གྲོལ་བ་བཤད་ཟིན་ཏོ། །ཡང་དག་པའི་ལྟ་བ་ལ་མ་གཏོགས་པའི་ཡང་དག་པའི་ཡེ་ཤེས་གང་ཞེ་ན། ཇི ་སྐད་བྱང་ཆུབ་བཤད་ཡེ་ཤེས། །སྔར་བྱང་ཆུབ་ཏུ་བཤད་པ་འདི་ལྟ་སྟེ། ཟད་པའི་ཡེ་ཤེས་དང་མི་སྐྱེ་བའི་ཡེ་ཤེས་གང་ཡིན་པ་དེ་ཉིད་འདིར་ཡེ་ཤེས་སུ་རིག་པར་བྱའོ། །འདས་པ་འམ་མ་འོངས་པ་འམ་ད་ལྟར་འབྱུང་བའི་སེམས་གང་ཞིག་རྣམ་པར་གྲོལ་བར ་འགྱུར་ཞེ་ན། མི་སློབ་སེམས་ནི་སྐྱེ་འགྱུར་བ། །སྒྲིབ་པ་ལས་ནི་གྲོལ་བར་འགྱུར། །བསྟན་བཅོས་ལས་མི་སློབ་པའི་སེམས་མ་འོངས་པར་སྐྱེ་བར་འགྱུར་སྒྲིབ་པ་ལས་རྣམ་པར་གྲོལ་བར་འགྱུར་རོ་ཞེས་འབྱུང་ངོ། །དེའི་སྒྲིབས་ཡང་གང་ཞེ་ན། དེ་སྐྱེ་བ་ལ ་གེགས་བྱེད་པའི་ཕྱིར་ཉོན་མོངས་པའི་ཐོབ་པ་ཡིན་ཏེ། དེ་ནི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་སྤོང་བར་འགྱུར་ལ། དེ་ནི་མི་སློབ་པའི་སེམས་སྐྱེ་བར་འགྱུར་བར་ཡང་རྣམ་པར་གྲོལ་བར་འགྱུར་རོ། །དེ་སྤངས་ནས་ནི་མི་སློབ་པའི་སེམས་དེ་ཡང་སྐྱེས་པ་དང་རྣམ ་བར་གྲོལ་བ་ཡིན་ནོ། །སྐྱེ་བར་འགྱུར་བ་མ་ཡིན་པ་དང། འཇིག་རྟེན་པའི་སེམས་གང་ཡིན་པ་དེ་ཡང་རྣམ་པར་གྲོལ་བར་ནི་འགྱུར་མོད་ཀྱི་ངེས་པར་སྐྱེ་བར་འགྱུར་བ་གང་ཡིན་པ་དེ་ཉིད་བཤད་དོ། །གང་ལས་འཇིག་རྟེན་པའི་སེམས་རྣམ་པར་གྲོལ་བར་འགྱུར ་ཞེ་ན། སྐྱེ་བའི་སྒྲིབ་པ་དེ་ཉིད་ལས་སོ། །རྣམ་པར་མ་གྲོལ་བ་ལ་ཡང་འཇིག་རྟེན་པ་སྐྱེ་བ་མ་ཡིན་ནམ་ཞེ་ན་དེ་ནི་དེ་དང་མི་འདྲོལ?། །ཅི་འདྲ་བ་ཞིག་ཡིན་ཞེ་ན། དེ་ནི་ཉོན་མོངས་པའི་རྙེད་པ་དང་བཅས་པ་ཡིན་ནོ། །གནས་སྐབས་གང་དག་ཏུ་དེ་སྐྱེ་བའོ། །སྒྲིབ་པ་སྤོང ་ཞེ་ན་འགག་པར་འགྱུར་བའི་ལམ་གྱིས་ནི། །དེ་ཡི་སྒྲིབ་པ་རབ་ཏུ་སྤོང། །ད་ལྟར་གྱི་ཞེས་བྱ་བའི་དོན་ཏོ། །རྣམ་པར་གྲོལ་བ་འདུས་མ་བྱས་སུ་བཤད་པ་གང་ཡིན་པ་དང། ཁམས་གསུམ་པོ་སྤོང་བའི་ཁམས་དང། འདོད་ཆགས་དང་བྲལ་བའི་ཁམས་དང། འགོག ་པའི་ཁམས་ཞེས་བྱ་བ་གང་ཡིན་པ་དེ་དག་ལ་ཁྱད་པར་ཅི་ཡོད་ཅེ་ན། འདུས་མ་བྱས་ཉིད་ཁམས་ཞེས་བྱ། རྣམ་པར་གྲོལ་བས་དུས་མ་བྱས་དེ་ཉིད་ཁམས་གསུམ་ཡིན་ནོ། །དེ་ལ་ཡང་འདོད་ཆགས་ཀུན་ཟད་འདོད་ཆགས་བྲལ་འདོད་ཆགས ་ཀྱི་སྤངས་པ་ནི་འདོད་ཆགས་དང་བྲལ་བའི་ཁམས་ཡིན་ནོ། །སྤོང་བའི་ཁམས་ནི་གཞན་དག་གི་ཡང་དག་པར་ཟད་པ་ཞེས་བྱ་བར་སྦྱར་ཏེ། འདོད་ཆགས་ལས་གཞན་པའི་ཉོན་མོངས་པ་རྣམས་ཀྱིས་སྤོང་བ་ནི་སྤོང་བའི་ཁམས་ཡིན་ནོ། །འགག་ཁམས་ཞེས ་བྱ་བ་བཞི་རྣམས་ཀྱི། ཡང་དག་པར་ཟད་པ་ཞེས་བྱ་བར་སྦྱར་ཏེ། ཉོན་མོངས་པ་ལ་མ་གཏོགས་པ་བཞི་རྣམས་ཀྱི་སྤོང་བ་ནི་འགོག་པའི་ཁམས་ཡིན་ནོ། །དངོས་པོ་གང་གིས་ཡིད་འབྱུང་བར་འགྱུར་བའི་དངོས་པོ་དེས་འདོད་ཆགས་དང་བྲལ་བར་འགྱུར་རམ་ཞེ་ན ་མུ་བཞི་སྟེ། ཇི་ལྟ་ཞེ་ན་སྡུག་བསྔལ་རྒྱུ་བཟོད་ཤེས་རྣམས་ཀྱིས། ཡིད་འབྱུང་སྡུག་བསྔལ་དང་རྒྱུ་ལ་བཟོད་པ་དང། ཤེས་པ་ཉིད་ཀྱི་ཡིད་འབྱུང་བར་འགྱུར་གྱི་གཞན་དག་གིས་ནི་མ་ཡིན་ནོ། །གང་གིས་སྤོང་འགྱུར་བ། ཀུན་གྱི་འདོད་ཆགས་དང་བྲལ་བར ་འགྱུར། སྡུག་བསྔལ་དང་ཀུན་འབྱུང་དང་འགོག་པ་དང་ལམ་ལ་བཟོད་པ་དང་ཤེས་པ་གང་དག་གིས་ཉོན་མོངས་པ་སྤོང་བར་འགྱུར་ཐམས་ཅད་ཀྱིས་ཀྱང། འདོད་ཆགས་དང་བྲལ་བར་འགྱུར་རོ། །དེ་ལྟར་མུ་བཞི་པར་འགྱུར་རོ། །དེ་ལྟར་མུ་བཞི་པར ་འགྲུབ་སྟེ། ཡིད་འབྱུང་བ་ཉིད་ནི་སྡུག་བསྔལ་དང་ཀུན་འབྱུང་ལ་བཟོད་པ་དང། ཤེས་པ་རྣམས་ཀྱིས་ཉོན་མོངས་པ་མི་སྤོང་བ་སྟེ། །ཡིད་འབྱུང་བའི་དངོས་པོ་ལ་དམིགས་པའི་ཕྱིར་རོ། །འདོད་ཆགས་པ་ཉིད་ནི་འགོག་པ་དང་ལམ་ལ་བཟོད་པ་དང། ཤེས་པ ་རྣམས་ཀྱི་ཉོན་མོངས་པ་སྤོང་བ་སྟེ། མཆོག་ཏུ་དགའ་བའི་དངོས་པོ་ལ་དམིགས་པའི་ཕྱིར་རོ། །གཉི་ག་ནི་སྔ་མ་དག་གི་ཉོན་མོངས་པ་སྤོང་བའོ། །གཉི་ག་མ་ཡིན་པ་ནི་ཕྱི་མ་དག་གི་ཉོན་མོངས་པ་སྤོང་བའོ། །དེ་ལ་འདོད་ཆགས་དང་བྲལ་བ་ཞིག་བདེན ་པ་རྣམས་ལ་ལྟ་བ་ན་ཆོས་ཤེས་པ་དང། བཟོད་པ་དག་གིས་ཉོན་མོངས་པ་མི་སྤོང་ངོ། །ཡེ་ཤེས་རྣམས་ཀྱིས་ནི་སྦྱོར་བ་དང་རྣམ་པར་གྲོལ་བ་དང་ཁྱད་པར་ཅན་གྱི་ལམ་གྱི་བསྡུ་བ་དག་གིས་མི་སྤོང་ངོ། །ཆོས་མངོན་པའི་མཛོད་ཀྱི་འགྲེལ་པ་མདོ་དང ་མཐུན་པ་ལས་ལམ་དང་གང་ཟག་བསྟན་པ་ཞེས་བྱ་བ་མཛོད་ཀྱི་གནས་དྲུག་པའོ།། །།བཟོད་པ་རྣམས་ཞེས་ཀྱང་འབྱུང། ཤེས་པ་རྣམས་ཞེས་ཀྱང་འབྱུང། ཡང་དག་པའི་ལྟ་བ་ཞེས་ཀྱང་འབྱུང། ཡང་དག་པའི་ཡེ་ཤེས་ཞེས་ཀྱང ་འབྱུང་ན་ཅི་བཟོད་པ་དག་ཡིན་ལ་ཤེས་པ་མ་ཡིན་ནམ། ཡང་དག་པའི་ཡེ་ཤེས་ཡིན་ལ་ཡང་དག་པའི་ལྟ་བ་མ་ཡིན་ནམ་ཞེ་ན། དྲི་མེད་བཟོད་རྣམས་ཤེས་པ་མིན། །དེས་སྤང་བར་བྱ་བའི་ཕྲ་རྒྱས་ཐེ་ཚོམ་མ་སྤངས་པའི་ཕྱིར་རོ། །དེ་དག་ཡང ་དག་པར་རྟོག་པའི་བདག་ཉིད་ཡིན་པའི་ཕྱིར་ལྟ་བ་ནི་ཡིན་ནོ། །ཇི་ལྟར་བཟོད་པ་རྣམས་ལྟ་བ་ཡིན་གྱི་ཤེས་པ་མ་ཡིན་པ་དེ་བཞིན་དུ། ཟད་དང་མི་སྐྱེའི་བློ་ལྟ་མིན། ཟད་པའི་ཡེ་ཤེས་དང་མི་སྐྱེ་བའི་ཡེ་ཤེས་ཀྱང་ཡང་དག་པར་རྟོག་པ་མ་ཡིན་པ་དང། ་ཡོངས་སུ་ཚོལ་བའི་བསམ་པ་ཅན་མ་ཡིན་པའི་ཕྱིར་ལྟ་བ་མ་ཡིན་ན། །དེ་ལས་གཞན་འཕགས་བློ་གཉི་ག་།བཟོད་པ་ཟད་པའི་ཡེ་ཤེས་དང་མི་སྐྱེ་བའི་ཡེ་ཤེས་དག་ལས་གཞན་པ་ཟག་པ་མེད་པའི་ཤེས་རབ་ནི་ལྟ་བ་ཡང་ཡིན་ཡེ་ཤེས་ཀྱང་ཡིན ་ནོ། །གཞན་ནི་ཤེས་པ། འཇིག་རྟེན་པའི་ཤེས་རབ་ཐམས་ཅད་ནི་ཤེས་པ་ཁོ་ན་ཡིན་ནོ། །ལྟ་བ་དྲུག་ལྟ་བ་ལྔ་དང་འཇིག་རྟེན་པའི་ཡང་དག་པའི་ལྟ་བ་སྟེ། འཇིག་རྟེན་པའི་ཤེས་རབ་རྣམ་པ་དྲུག་ནི་ལྟ་བ་ཡིན་གྱི་གཞན་ནི་ལྟ་བ་མ་ཡིན་ནོ། །ཤེས་པ ་ནི་དེ་དང་གཞན་དག་ཀྱང་ཡིན་ནོ། །ཇི་སྙེད་ཅིག་གིས་ཤེས་པ་ཐམས་ཅད་བསྡུས་ཤེ་ན། ཤེས་པ་བཅུས་བསྡུས་སོ། །མདོར་བསྡུ་ན་ནི། ཤེས་པ་ཟག་བཅས་ཟག་མེད་དེ་གཉིས་ཀྱང། །དང་པོ་ཀུན་རྫོབ་ཅེས་བྱའོ། །ཟག་པ་དང་བཅས་པ་གང ་ཡིན་པ་དེ་ནི། ཕལ་ཆེར་བུམ་པ་དང་སྣམ་བུ་དང་སྐྱེས་པ་དང་བུད་མེད་ལ་སོགས་པ་ཀུན་རྫོབ་ལ་འཛིན་པའི་ཕྱིར་ཀུན་རྫོབ་ཤེས་པ་ཡིན་ནོ། །ཟག་མེད་རྣམ་པ་གཉིས་ཆོས་དང། །རྗེས་སུ་ཤེས་པ་ཉིད་ཡིན་ནོ། །ཟག་པ་མེད་པའི ་ཤེས་པ་ནི་ཆོས་ཤེས་པ་དང། རྗེས་སུ་ཤེས་པ་རྣམ་གཉིས་སུ་དབྱེའོ། །ཤེས་པ་དེ་གཉིས་ནི་གསུམ་དུ་འགྱུར་ཏེ། ཀུན་རྫོབ་ཀྱི་ཤེས་པ་དང། ཆོས་ཤེས་པ་དང་རྗེས་སུ་ཤེས་པའོ། །ཀུན་རྫོབ་ཡུལ་ནི་ཐམས་ཅད་དོ། །ཀུན་རྫོབ་ཤེས་པའི་དམིགས་པ ་ནི་ཇི་ལྟར་སྲིད་པར་འདུས་བྱས་དང་འདུས་མ་བྱས་ཀྱི་ཆོས་ཐམས་ཅད་ཡིན་ནོ། །ཆོས་ཤེས་པའི་སྤྱོད་ཡུལ་ནི། འདོད་སྡུག་བསྔལ་སོགས་ཆོས་ཤེས་པའི་དམིགས་པ་ནི་འདོད་པ་ན་སྤྱོད་པའི་སྡུག་བསྔལ་དང་དེ་ཀུན་འབྱུང་དང། འགོག་པ་དང་ལམ་རྣམས ་ཡིན་ནོ། །རྗས?་ཤེས་པའི་སྤྱོད་ཡུལ་གོང་མའི་སྡུག་བསྔལ་སོགས། རྗེས་སུ་ཤེས་པའི་བཟད་པ་ནི་གཟུགས་དང་གཟུགས་མེད་པ་ན་སྤྱོད་པའི་སྡུག་བསྔལ་དང། དེ་ཀུན་འབྱུང་དང་འགོག་པ་དང་ལམ་རྣམས་ཡིན་ནོ། །དེ་དག་ཉིད་བདེན་བྱེ་བྲག་གིས། །བཞི་སྟེ་མོས ་ཤེས་པ་རྗེས་སུ་ཤེས་པ་དེ་དག་ཉིད་བདེན་པའི་བྱེ་བྲག་གིས། སྡུག་བསྔལ་དང་ཀུན་འབྱུང་དང་འགོག་པ་དང་ལམ་ཤེས་པ་རྣམས་དང། ཤེས་པ་བཞིར་འགྱུར་ཏེ། དེ་དག་ལ་དམིགས་པའི་ཕྱིར་རོ། །དེ་དག་རྣམ་བཞི་ནི་མི་སྐྱེ་བ་དང་ཟད་ཡེ་ཤེས། ་ཆོས་ཤེས་པ་དང་རྗེས་སུ་ཤེས་པ་རྣམ་པ་བཞི་པོ་དེ་དག་ནི་ལྟ་བའི་རང་བཞིན་མ་ཡིན་པ་ནི་ཟད་པའི་ཡེ་ཤེས་དང་མི་སྐྱེ་བའི་ཡེ་ཤེས་ཞེས་བྱའོ། །དེ་གཉིས་དང་པོ་སྐྱེས་པ་ནི། །སྡུག་བསྔལ་རྒྱུ་ཤེས་ཞེས་པའོ། །ཟད་པ་དང་མི་སྐྱེ་བའི་ཡེ་ཤེས་དང་པོ ་སྐྱེས་པ་ནི་སྡུག་བསྔལ་དང་ཀུན་འབྱུང་ལ་རྗེས་སུ་ཤེས་པ་ཡིན་ཏེ། སྲིད་པའི་རྩེ་མོའི་ཕུང་པོ་ལ་སྡུག་བསྔལ་བ་དང། ཀུན་འབྱུང་བའི་རྣམ་པར་དམིགས་པའི་ཕྱིར་རོ། །བཞི་ལས་གཞན་གྱི་སེམས་རིག་པའོ། །རིག་པས་ན་རིག་པ་སྟེ་ཤེས་པའོ། །གཞན ་གྱི་སེམས་ཤེས་པ་ནི་ཆོས་ཤེས་པ་དང་རྗེས་སུ་ཤེས་པ་དང། ལམ་ཤེས་པ་དང། ཀུན་རྫོབ་ཤེས་པ་དང་ཤེས་པ་བཞི་ལས་སྐྱེ་བར་ལྟའོ། །དེའི་ངེས་པ་ནི་འདི་ཡིན་ཏེ། དེ་ནི་ས་དབང་གང་ཟག་འདས། ཞིག་དང་མ་སྐྱེས་མི་རིག་གོ་།ས་འདས་པ་ནི་བསམ ་གཏན་འོག་མའི་ས་བས་བསམ་གཏན་གོང་མའི་ས་པ་མི་ཤེས་པའོ། །དབང་པོ་འདས་པ་ནི་དད་པ་དང་མོས་པ་དུས་ཀྱི་རྣམ་པར་གྲོལ་བའི་ལམ་གྱིས་མཐོང་བས་ཐོབ་པ་དང་དུས་དང་མི་སྦྱོར་བར་རྣམ་པར་གྲོལ་བའི་ལམ་མི་ཤེས་པའོ། །གང་ཟག ་འདས་པ་ནི་ཕྱིར་མི་འོང་བ་དང། དགྲ་བཅོམ་པ་དང་རང་སངས་རྒྱས་དང། སངས་རྒྱས་རྣམས་འོག་མས་གོང་མའི་ཤེས་པའོ། །ཞིག་པ་དང་མ་སྐྱེས་པ་ནི་འདས་པ་དང་མ་འོངས་པ་མི་ཤེས་པ་སྟེ། ཡུལ་ད་ལྟར་ཡིན་པའི་ཕྱིར་རོ། །གཞན་ཡང་ཅི་ཞེ་ན། ་ཆོས་རྗེས་ཕྱོགས་བློ་ཕན་ཚུན་མིན་ཆོས་ཤེས་པའི་ཕྱོགས་ཀྱི་སེམས་ནི་རྗེས་སུ་ཤེས་པས་མི་ཤེས་ལ་རྗེས་སུ་ཤེས་པའི་ཕྱོགས་ཀྱང་ཆོས་ཤེས་པ་མི་ཤེས་ཏེ། དེ་ཉིད་ནི་འདོད་པའི་ཁམས་དང། ཁམས་གོང་མའི་གཉེན་པོ་ལ་དམིགས་པའི་ཕྱིར་ཕན ་ཚུན་རྒྱབ་ཀྱིས་བལྟས་པ་ཡིན་ནོ། །མཐོང་བའི་ལམ་ལ་གཞན་གྱི་སེམས་ཤེས་པ་མེད་དོ། །དེའི་དམིགས་པ་ནི་ཡོད་དེ། དེ་ལ་ཕ་རོལ་གྱི་སེམས་ཤེས་པས་མཐོང་བའི་ལམ་ཤེས་པར་འདོད་པས་སྦྱོར་བ་བྱས་ན་དབང་པོའི་མཐོང་བའི་སྐད་ཅིག་གཉིས་ཉན་ཐོས། ་རིག་སྟེ་བསེ་རུ་ལྟ་བུ་གསུམ། །སངས་རྒྱས་སྦྱོར་བ་མེད་པ་ཀུན། །ཉན་ཐོས་ཀྱི་ཕ་རོལ་གྱི་སེམས་ཤེས་པས་ནི་མཐོང་བའི་ལམ་ལས་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་དང། ཆོས་ཤེས་པ་དང། སྐད་ཅིག་མ་གཉིས་ཞེས་བྱའོ། །རྗེས་སུ་ཤེས་པའི་ཕྱོགས ་ཀྱི་དམིགས་པ་ནི་སྦྱོར་བ་གཞན་གྱིས་བསྒྲུབ་པར་བྱ་བའི་ཕྱིར་དེ་ཇི་སྲིད་དུ་དེ་ལ་སྦྱོར་བ་རྩོམ་པ་དེ་སྲིད་དུ་སེམས་བཅུ་དྲུག་རྗེས་སུ་ཐོབ་པར་འགྱུར་གྱི་བར་མ་དོར་ནི་མ་ཤེས་སོ། །རང་སངས་རྒྱས་ཀྱིས་ནི་དང་པོའི་གཉིས་དང་བརྒྱད་པ་ཀུན་འབྱུང་ལ་རྗེས་སུ་ཤེས་པ་དང་ ་སྐད་ཅིག་མ་གསུམ་ཤེས་ཏེ་སྦྱོར་བ་ཆུང་བའི་ཕྱིར་རོ། །ཁ་ཅིག་ན་རེ་དང་པོ་དང་གཉིས་པ་དང་བཅོ་ལྔ་པ་རྣམས་ཤེས་སོ་ཞེས་ཟེར་རོ། །སངས་རྒྱས་བཅོམ་ལྡན་འདས་ཀྱིས་ནི་སྦྱོར་བ་མེད་པའི་མཐོང་བའི་ལམ་གྱི་སྐད་ཅིག་མ་ཐམས་ཅད ་མཁྱེན་ཏོ། །ཡང་ཟད་པ་དང་མི་སྐྱེ་བའི་ཡེ་ཤེས་གཉིས་ལས་ཁྱད་པར་ཅི་ཡོད་ཅེ་ན། ཟོད་པའི་ཡེ་ཤེས་བདེན་རྣམས་ལ། །ཡོངས་ཤེས་ལ་སོགས་ངེས་པའོ། །ཡོངས་ཤེས་བྱར་མེད་ཅེས་ལ་སོགས། །མི་སྐྱེ་བའི་བློར་འདོད་དོ། །ཟད་པའི་ཡེ་ཤེས་གང་ཞེ་ན། ་བདག་གི་སྡུག་བསྔལ་ཡོངས་སུ་ཤེས་སོ། །ཞེས་བྱ་བ་དང་ཀུན་འབྱུང་སྤངས་སོ། །འགོག་པ་མངོན་དུ་བྱས་སོ། །ལམ་བསྒོམས་སོ་ཞེས་བྱ་བར་ཤེས་པ་དེའི་རྒྱུ་ལས་འབྱུང་བའི་ཤེས་པ་དང། རིག་པ་དང་བློ་དང། རྟོགས་པ་དང། སྣང་བ་དང། མངོན ་པར་རྟོགས་པ་གང་ཡིན་པ་སྟེ། དེ་ནི་ཟད་པའི་ཡེ་ཤེས་ཞེས་བྱའོ། །མི་སྐྱེ་བའི་ཡེ་ཤེས་གང་ཞེ་ན། བདག་གི་སྡུག་བསྔལ་ཡོངས་སུ་ཤེས་པས་ཡང་ཤེས་པར་བྱར་མེད་དོ་ཞེས་བྱ་བར་ཤེས་པ་ནས། བདག་གི་ལམ་ཡོངས་སུ་བསྒོམས་པས་ཡང་བསྒོམ་པར ་བྱར་མེད་དོ་ཞེས་བྱ་བའི་བར་དུ་ཤེས་པ་དེའི་རྒྱུ་ལས་བྱུང་བའི་ཞེས་བྱ་བ་བསྟན་བཅོས་ལས་རྒྱས་པར་འགྱུར་བ་ཡིན་ནོ། །ཇི་ལྟར་ན་ཟག་པ་མེད་པའི་ཤེས་པས་དེ་ལྟར་ཤེས་ཤེ་ན། ཁ་ཆེ་བ་རྣམས་ན་རེ་བསྟན་བཅོས་ལས་འདི་སྐད་དུ། ལངས་པའི་རྗེས ་ལ་ཐོབ་པས་དེ་ལྟར་ཤེས་ཏེ། དེའི་ཕྱིར་ཏེ་དེའི་བྱེ་བྲག་གི་དེ་གཉིས་ཀྱི་ཁྱད་པར་དུ་བསྟན་ཏོ་ཞེས་ཟེར་རོ། །དེ་ལྟར་ན་དེ་དག་ནི་ཤེས་པ་བཅུར་འགྱུར་ཏེ། འདི་ལྟ་སྟེ་ཆོས་ཤེས་པ་དང། རྗེས་སུ་ཤེས་པ་དང། ཀུན་རྫོབ་བ་ཤེས་པ་དང་གཞན་གྱི་སེམས་ཤེས་པ ་དང། སྡུག་བསྔལ་ཤེས་པ་དང་ཀུན་འབྱུང་ཤེས་པ་དང། འགོག་པ་ཤེས་པ་དང། ལམ་ཤེས་པ་དང། ཟད་པ་ཤེས་པ་དང། མི་སྐྱེ་བ་ཤེས་བའོ། །དེ་ཀུན་རྫོབ་ཤེས་པ་ནི་ཤེས་པ་གཅིག་ཡིན་ལ་གཅིག་གི་ཆ་ཡིན་ནོ། །ཆོས་ཤེས་པ་ནི་ཤེས་པ་གཅིག ་ཡིན་ལ། བདུན་གྱི་ཕྱོགས་ཡིན་ཏེ། རྗེས་སུ་ཤེས་པ་ཡང་དེ་དང་འདྲའོ། །སྡུག་བསྔལ་ཤེས་པ་ནི་ཤེས་པ་གཅིག་ཡིན་ལ། བཞིའི་ཕྱོགས་ཡིན་ཏེ། ཀུན་འབྱུང་དང་འགོག་པ་ཤེས་པ་ཡང་དེ་དང་འདྲའོ། །ལམ་ཤེས་པ་ནི་ཤེས་པ་གཅིག་ཡིན་ལ་ལྔའི་ཕྱོགས་ཡིན་ནོ།། ་གཞན་གྱི་སེམས་ཤེས་པ་ནི་གཅིག་ཡིན་ལ་བཞིའི་ཕྱོགས་ཡིན་ནོ། །ཟད་པ་ཤེས་པ་ནི་གཅིག་ཡིན་ལ་དྲུག་གི་ཆ་ཡིན་ཏེ་མི་སྐྱེ་བ་ཤེས་པ་ཡང་དེ་དང་འདྲའོ། །ཅིའི་ཕྱིར་དེ་དག་གསུམ་ཡོད་ལ་བཅུར་རྣམ་པར་བཞག་ཅེ་ན། རང་བཞིན་དང་ནི་གཉེན་པོ་དང། །རྣམ་པ ་རྣམ་པ་སྤྱོད་ཡུལ་དང། །རབ་སྦྱོར་བྱ་བ་བྱས་ཉིད་དང། །རྒྱུ་བྱས་པ་ལས་བཅུ་ཡིན་ཏེ། རྒྱུ་བདུན་གྱིས་བཅུར་རྣམ་པར་བཞག་གོ་ཞེས་གྲགས་ཏེ། རང་བཞིན་ལས་ཀུན་རྫོབ་ཤེས་པ་ཡིན་གྱི། དོན་དམ་པ་ཤེས་པ་ནི་མ་ཡིན་པའི་ཕྱིར་རོ། །གཉེན་པོ་ལས་ནི་ཆོས་དང་རྗེས་སུ ་ཤེས་པ་དག་ཡིན་ཏེ། འདོད་པའི་ཁམས་དང། ཁམས་གོང་མའི་གཉེན་པོ་ཡིན་པའི་ཕྱིར་རོ། །རྣམ་པ་ལས་ནི་སྡུག་བསྔལ་དང་ཀུན་འབྱུང་ཤེས་པ་དག་ཡིན་ཏེ། དམིགས་པ་ཐ་མི་དད་པའི་ཕྱིར་རོ། །རྣམ་པ་དང་དམིགས་པ་ལས་ནི་འགོག་པ་དང་ལམ་ཤེས་པ ་དག་ཡིན་ཏེ། རྣམ་པ་དང་དམིགས་པ་ཐ་དད་པའི་ཕྱིར་རོ། །རབ་ཏུ་སྦྱོར་བ་ལས་ནི་ཕ་རོལ་གྱི་སེམས་ཤེས་པ་ཡིན་ཏེ། དེས་ནི་ཕ་རོལ་གྱི་སེམས་ལས་བྱུང་བ་ཡང་མི་ཤེས་པ་མ་ཡིན་མོད་ཀྱི་སེམས་ཤེས་པར་བྱ་བ་རབ་ཏུ་བརྩོན་པ་ལ་མངོན་པར་འགྲུབ་པའི་ཕྱིར་ཕ་རོལ་གྱི ་སེམས་ཤེས་པ་ཞེས་བྱའོ། །བྱ་བ་བྱས་པ་ལས་ནི་ཟད་པ་ཤེས་པ་ཡིན་ཏེ། བྱ་བ་བྱས་པའི་རྒྱུད་ལ་དང་པོ་ཁོ་ནར་སྐྱེ་བའི་ཕྱིར་རོ། །རྒྱུ་བྱས་པ་ལས་ནི་མི་སྐྱེ་བའི་ཡེ་ཤེས་ཡིན་ཏེ་ཟག་པ་མེད་པ་ཐམས་ཅད་ཀྱི་རྒྱུ་ཅན་ཡིན་པའི་ཕྱིར་རོ། །ཐམས་ཅད་ཀྱི་གཉེན་པོ་ཐམས་ཅད་ཡིན ་པའི་ཕྱིར་ཆོས་ཤེས་པ་འདོད་པའི་ཁམས་ཀྱི་གཉེན་པོར་བཤད་མོད་ཀྱི་གཞན་ཡང་བསྒོམས་པའི་ལམ་ལ་འགོག་པ་དང། ལམ་ལ་ཆོས་ཤེས་གང་ཡིན་ཏེ། །ཁམས་གསུམ་གྱི་ནི་གཉེན་པོ་ཡིན། །འགོག་པ་དང་ལམ་ལ་ཆོས་ཤེས་པ་བསྒོམས་པའི་ལམ་གྱི་བསྡུས ་བ་ནི་ཁམས་གསུམ་ཅར་གྱི་གཉེན་པོ་ཡིན་ནོ། །འདོད་པའི་ཁམས་ཀྱི་རྗེས་མ་ཡིན། །ཐམས་ཅད་དུ་ཡང་འདོད་པའི་ཁམས་ཀྱི་གཉེན་པོ་ནི་རྗེས་སུ་ཤེས་པ་མེད་དོ། །ཤེས་པ་བཅུ་པོ་དེ་དག་ལས། །ཆོས་ཤེས་པ་དང་རྗེས་སུ་ཤེས། །རྣམ ་པ་བཅུ་དྲུག་དེ་དག་མདུན་ནས་བཤད་པར་བྱའོ། །ཀུན་རྫོབ་ཀྱི་དེ་བཞིན་གཞན་དུ་ཡང། ཀུན་རྫོབ་ཤེས་པ་ཡང་ནི་རྣམ་པ་བཅུ་དྲུག་ཀྱང་ཡིན་ལ། ཆོས་ཤེས་པ་ཐམས་ཅད་ཀྱི་རང་དང་སྤྱིའི་མཚན་ཉིད་ལ་སོགས་པ་འཛིན་པའི་ཡིན་པའི་ཕྱིར་རྣམ་པ་གཞན་དག ་ཀྱང་ཡིན་ནོ། །བདེན་པའི་རང་རང་གི་ནི་རྣམ་པ་བཞི། །སྡུག་བསྔལ་དང་ཀུན་འབྱུང་དང་འགོག་པ་དང་ལམ་ཤེས་པ་རྣམས་ནི་རང་རང་གི་རྣམ་པར་འཇུག་པ་ཡིན་པས། རེ་རེ་ཞིང་ཡང་རྣམ་པ་བཞི་བཞི་ཡིན་ནོ། །དེ་བཞིན་གཞན་གྱི་སེམས་ཤེས་པ། །དྲི་མེད ་གཞན་གྱི་སེམས་ཤེས་པ་ཟག་པ་མེད་པ་ཡང་དེ་བཞིན་དུ་རང་གི་བདེན་པའི་རྣམ་པ་བཞི་ཡིན་བའི་ཕྱིར་རྣམ་པ་ཡིན་ཏེ་ལམ་ཤེས་པ་ཡིན་པའི་ཕྱིར་རོ། །དྲི་མ་དང་བཅས་ནི་ཤེས་བྱའི་རང་གི་མཚན་ཉིད་རྣམས། གཞན་གྱི་སེམས་ཤེས་པ་ཟག་པ་དང ་བཅས་པ་ནི་རང་གི་མཚན་ཉིད་འཛིན་པ་མིན་པའི་ཕྱིར་ཤེས་པར་བྱ་བའི་སེམས་དང་སེམས་ལས་བྱུང་བ་རྣམས་ཀྱི་རང་གི་མཚན་ཉིད་གང་ཡིན་པ་དེའི་རྣམ་པར་གཅོད་དོ། །གཉི་ག་ཡང་རྫས་རེ་རེ་ཞིག་སྤྱོད་ཡུལ་ལོ། །གང་གི་ཚེ་སེམས་འཛིན་པ་དེའི་ཚེ ་སེམས་ལས་བྱུང་བ་མི་འཛིན་པ་གང་གི་ཚེ་ཚོར་བ་འཛིན་པ་དེའི་ཚེ་འདུ་ཤེས་མི་འཛིན་ཅེས་བྱ་བ་ལ་སོགས་པའོ། །དེ་ལྟར་ན་བཅོམ་ལྡན་འདས་ཀྱིས་འདི་སྐད་དུ་འདོད་ཆགས་དང་བཅས་པའི་སེམས་སུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། ཞེས་བཀའ་ ་སྩལ་བ་ཇི་ལྟ་བུ་ཞེ་ན། དེ་གཉིས་ཅིག་ཅར་དུ་འཛིན་པ་ནི་མ་ཡིན་ནོ། །གོས་དང་དྲི་མ་ཅིག་ཅར་དུ་མི་འཛིན་པ་བཞིན་ནོ། །གཞན་གྱི་སེམས་ཤེས་པ་བཤད་ཟིན་ཏོ། །ལྷག་མའི་རྣམ་པ་བཅུ་བཞི་སྟེ། །སྟོང་དང་བདག་མེད་མ་གཏོགས་སོ། །ལྷག་མ་ཟད་པ་དང་མི་སྐྱེ ་བའི་ཡེ་ཤེས་གཉིས་ནི་སྟོང་པ་དང་བདག་མེད་པའི་རྣམ་པ་དག་མ་རྟོགས་པ་རྣམ་པ་བཅུ་བཞི་ཡིན་ནོ། །དོན་དམ་པ་ཡིན་ཡང་བདག་ནི་སྐྱེ་བ་ཟད་དོ་།འདི་ལས་སྲིད་པ་གཞན་ནི་མི་ཤེས་སོ་ཞེས་དེའི་སྟོབས་ཀྱི་རྗེས་སུ་ཐ་སྙད་འདོགས་པའི་ཕྱིར་རོ། །ཅི་ཟག་པ་མེད་པའི ་རང་གི་མཚན་ཉིད་ཀྱི་རྣམ་པ་གཞན་ཡང་ཡོད་དམ་འོན་ཏེ་མེད་ཅེ་ན། རེ་ཞིག་ཁ་ཆེ་བ་རྣམས་ན་རེ། དྲི་མེད་བཅུ་དྲུག་ལས་གཞན་རྣམས་མེད་ཟག་པ་མེད་པའི་རྣམ་པ་བཅུ་དྲུག་ལ་མ་གཏོགས་པ་ནི་མདོ་དོ་ཞེས་ཟེར་རོ་གཞན་ཡོད་ཅེས་བསྟན་བཅོས་ལས་གཞན་ཉི ་འོག་པ་རྣམ་པ་ན་རེ་ནི་ཡོད་དོ་ཞེས་ཟེར་རོ། །ཇི་ལྟར་རྟོགས་ཤེས་ན་བསྟན་བཅོས་ལས་ཏེ། བསྟན་བཅོས་ལས་འདི་སྐད་དུ་མཚུངས་པར་ལྡན་པ་མ་ཡིན་པའི་སེམས་ཀྱིས་འདོད་པ་དང་མཚུངས་པར་ལྡན་པའི་ཆོས་དག་ཤེས་སམ་ཞེན་ཤེས་ཏེ། རིགས་པས་སྐྱེད་པའི ་ཤེས་རབ་ཀྱིས་མི་རྟག་པ་དང་སྡུག་བསྔལ་བ་དང་སྟོང་པ་དང་བདག་མེད་པ་དང་རྒྱུ་དང་ཀུན་འབྱུང་བ་དང་རབ་ཏུ་སྐྱེ་བ་དང་རྐྱེན་དང་དེ་ནི་གནས་ཡོད་དོ། །དེ་ནི་གཞི་ཡོད་དོ་ཞེས་བྱ་བར་ཤེས་སོ་ཞེས་འབྱུང་ངོ། །ཅི་རྣམ་པ་བཅུ་དྲུག་པོ་དེ་དག་མིང་གི་སྒོ་ནས་ཡིན་ནམ། འོན་ཏེ ་རྫས་ཀྱི་སྒོ་ནས་ཡིན་ཞེ་ན་ཁ་ཅིག་ན་རེ་ནི་མི་སྒོ་ནས་བཅུ་དྲུག་ཡིན་ནོ། །རྫས་ཀྱི་སྒོ་ནས་ནི་སྡུག་བསྔལ་གྱི་རྣམ་པ་ནི་བཞིན?་ཡིན་ལ་ཀུན་འབྱུང་དང་འགོག་པ་དང་ལམ་རྣམས་ལ་ནི་རྫས་རེ་རེ་ཡིན་པའི་ཕྱིར་བདུན་ཡིན་ནོ་ཞེས་ཟེར་རོ། །ཇི་སྐད་དུ་རྫས་ཀྱི་སྒོ་ནས་རྣམ་བཅུ ་དྲུག། ཅེས་བརྗོད་དེ་དེ་ལས་རྐྱེན་ལས་རག་ལུས་པས་མི་རྟོག་པའོ། །གནོད་པའི་བདག་ཉིད་ཡིན་པའི་ཕྱིར་སྡུག་བསྔལ་ལོ། །བདག་གིར་ལྟ་བའི་གཉེན་པོ་ཡིན་པའི་ཕྱིར་སྟོང་པའོ། །བདག་ཏུ་ལྟ་བའི་གཉེན་པོ་ཡིན་པས་བདག་མེད་པའོ། །ས་བོན་གྱི་ཚུལ་གྱིས་ནི་རྒྱུག་གོ། ་འབྱུང་བའི་ཚུལ་གྱིས་ནི་ཀུན་འབྱུང་བའོ། །རྒྱུན་ཆགས་པའི་ཚུལ་གྱིས་ནི་རབ་ཏུ་སྐྱེ་བའོ། །མངོན་པར་གྲུབ་པའི་དོན་གྱིས་ན་རྐྱེན་ཏེ། དཔེར་འཇིམ་པའི་གོང་བུ་དང་འཁོར་ལོ་དང་ཐེ་གུ་དང་ཆུ་རྣམས་འདུས་པ་ལས་བུམ་པ་མངོན་པར་གྲུབ་པར་འགྱུར་བ་ལྟ་བུའོ། །ཕུང ་པོ་འཇིག་པའི་ཕྱིར་འགོག་པའོ། །མེ་གསུམ་ཞི་བར་བྱེད་པའི་ཕྱིར་ཞི་བའོ། །གནོད་པ་མེད་པའི་ཕྱིར་གྱ་ནོམ་པའོ། །སྐྱོན་ཐམས་ཅད་དང་བྲལ་བའི་ཕྱིར་ངེས་པར་འབྱུང་བའོ། །འགྲོ་བའི་དོན་གྱིས་ན་ལམ་མོ། །རིགས་དང་ལྡན་པའི ་ཕྱིར་རིགས་པའོ། །ཡང་དག་པར་གྲུབ་པའི་དོན་གྱིས་ནི་བསྒྲུབ་པའོ། །ཤིན་ཏུ་ཡང་དག་པར་འདའ་བར་བྱེད་པའི་ཕྱིར་ངེས་པར་འབྱིན་པ་ཞེས་བྱའོ། །རྣམ་པ་ཞེས་བྱ་བ་དོན་ཅི་ཞེ་ན། ཤེས་རབ་རྣམ་པ་ཡང་ཅི་ཤེས་རབ་འབའ་ཞིག་གིས་གཅོད་པར་བྱེད་དམ ་ཞེ་ན། སྨྲས་པ་མ་ཡིན་ནོ་ཇི་ལྟར་ཞེ་ན། དེ་དང་ནི་དམིགས་བཅས་བཅས་པས་རྣམ་པར་གཅོད། ཤེས་རབ་དང་གཞན་དམིགས་པ་དང་བཅས་པའི་ཆོས་ཐམས་ཅད་ཀྱི་རྣམ་པར་གཅོད་པར་བྱེད་དོ། །ཡོད་དོ་ཅོག་གི་རྣམ་པ་གཅོད། །གང་ཅུང་ཟད་ཡོད་པ ་དེ་ཐམས་ཅད་ཀྱི་རྣམ་པ་གཅོད་དོ། །དེ་ལྟར་བཤད་ན་ཤེས་རབ་ནི་རྣམ་པ་ཡང་ཡིན། རྣམ་པར་གཅོད་པར་བྱེད་པ་ཡང་ཡིན། གཅོད་པར་བྱ་བའི་རྣམ་པ་གང་ཡང་ཡིན། དམིགས་པ་དང་བཅས་པའི་གཞན་ནི་རྣམ་པ་གཅོད་པར་བྱེད་པ་དང་གཅོད་པར་བྱ ་བའི་རྣམ་པ་ཡིན་དམིགས་མེད་པ་ནི་བཅད་པར་བྱ་བའི་རྣམ་པ་འབའ་ཞིག་ཡིན་པར་འགྲུབ་པོ། །གཞན་ཡང་ཤེས་པ་བཅུ་པོ་དེ་དག་གི་དགེ་བ་ལ་སོགས་པའི་བྱེ་བྲག་བསྟན་པར་བྱ་སྟེ། དང་པོ་རྣམ་གསུམ་གཞན་རྣམ་དགེ་།ཀུན་རྫོབ་ཀྱི་ཤེས་པ་ནི ་ཚིགས་སུ་བཅད་པའི་དང་པོར་འདོད་པའི་ཕྱིར་དང་བོ་སྟེ། དེ་ཡང་དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པ་དང་རྣམ་པ་གསུམ་ཡིན་ནོ། །གཞན་ཡེ་ཤེས་དགུ་ནི་དགེ་བ་ཁོ་ན་ཡོད་དོ། །དང་པོ་ས་རྣམས་ཐམས་ཅད་ན། །འདོད་པའི་ཁམས་དག་ནས་སྲིད ་པའི་རྩེ་མོའི་བར་དག་ན་ཡོད་དོ། །དྲུག་ན་ཆོས་ཞེས་བྱ་ཆོས་ཞེས་པ་ནི་བསམ་གཏན་བཞི་དང། མི་ལྕོགས་པ་མེད་པ་དང། བསམ་གཏན་ཁྱད་པར་ཅན་དག་ན་ཡོད་དོ། །དགུན་རྗེས་ཤེས་བྱ་བ། རྗེས་སུ་ཤེས་པ་ནི་ས་དྲུག་པ་དེ་དག་ཉིད་དང། གཟུགས ་མེད་པ་གསུམ་དག་ན་ཡོད་དོ། །དེ་བཞིན་དྲུག་སྡུག་བསྔལ་དང་ཀུན་འབྱུང་དང་འགོག་པ་དང་ལམ་དང་ཟད་པ་དང་མི་སྐྱེ་བ་ཤེས་པ་རྣམས་ཀྱང་བྱེ་བྲག་མེད་པར་ནི་ས་དགུ་པོ་དེ་དག་ཉིད་ན་ཡོད་དོ། །དབྱེ་ན་ནི་ཆོས་ཤེས་བས་བསྡུས་པ་རྣམས་ནི་དྲུག་པ་ཡོད་དོ། །རྗེས་སུ ་ཤེས་པས་བསྡུས་པ་རྣམས་ནི་དགུ་ན་ཡོད་དོ། །གཞན་ཡིད་ཤེས་པ་བསམ་གཏན་ན། གཞན་གྱི་སེམས་ཤེས་པ་ནི་བསམ་གཏན་བཞི་པོ་ཁོ་ན་ན་ཡོད་ཀྱི་གཞན་དག་ན་ནི་མེད་དོ། །དེ་ནི་འདོད་དང་གཟུགས་ལུས་ལ། །གཞན་གྱི་སེམས་ཤེས་པ་དེ་ནི་འདོད་པ་དང ་གཟུགས་ཀྱི་ཁམས་དག་ཏུ་མངོན་དུ་བྱེད་དོ། །ཆོས་ཤེས་བྱ་བ་འདོད་ལུས་ལ། །ཆོས་ཤེས་པ་ནི་འདོད་པའི་ཁམས་ཀྱི་ལུས་ཁོ་ན་ལ་བརྟེན་ནས་མངོན་དུ་བྱེད་ཀྱི་གཟུགས་དང་གཟུགས་མེད་པའི་ཁམས་དག་ཏུ་ནི་མངོན་དུ་མི་བྱེད་དོ། །གཞན་ནི་ཁམས་གསུམ་པ ་ཡི་ལུས། །གཞན་ཡང་གང་དག་ཅིག་ཡིན་ཞེ་ན། གཞན་གྱི་སེམས་ཤེས་པ་དང་ཆོས་ཤེས་པ་མ་གཏོགས་པ་རྣམས་སོ། །ས་དང་ལུས་བསྟན་ན་ཟིན་ཏོ། །དྲན་པ་ཉེ་བར་གཞག་པ་བསྡུ་བ་བརྗོད་པར་བྱ་སྟེ། དེ་སྨྲས་པ། དྲན་པ་ཉེ་བར་གཞག་ཅིག་ནི། འགོག་བློ ་བློ་དང་ཤེས་རབ་དང་ཤེས་པ་ཞེས་བྱ་བ་དེ་ནི་རྣམ་གྲངས་ཡིན་ནོ། །འགོག་པ་ཤེས་པ་ནི། ཆོས་དྲན་པ་ཉེ་བར་གཞག་པ་ཡིན་ནོ། །གཞན་གྱི་ས་ནས་བློ་ནི་གསུམ་སྟེ། གཞན་གྱིས་སེམས་ཤེས་པ་ནི་ཚོར་བ་དང་སེམས་དང་ཆོས་དྲན་པ་ཉེ་བར་གཞག་པ་དང་གསུམ ་ཡིན་ནོ། །ལྷག་མ་རྣམས་བཞི་ཡིན་ནོ། །འགོག་པ་ཤེས་པ་དང་གཞན་གྱི་སེམས་ཤེས་པ་དག་ལས་གཞན་པ་རྣམས་ནི་དྲན་པ་ཉེ་བར་གཞག་པ་བཞི་ཆར་ཡིན་ནོ། །ཤེས་པ་དག་གིས་དམིགས་པ་ནི་ཤེས་པ་དུ་དག་གཅིག་ཡིན་ཞེ་ན། ཆོས་བློའི་སྦྱང་ཡུལ་དགུ་ཡིན ་ནོ། །ཆོས་བཤད་པའི་དམིགས་པ་ནི་རྗེས་སུ་ཤེས་པ་མ་གཏོགས་པ་ཤེས་པ་དགུ་ཡིན་ནོ། །ལམ་རྗེས་བློ་མི་དགུ་ཡིན་ནོ། །ལམ་ཤེས་པའི་དམིགས་པ་ཡང་ཀུན་རྫོབ་ཤེས་པ་མ་གཏོགས་པ་ཤེས་པ་དགུ་ཡིན་ལ། རྗེས་སུ་ཤེས་པའི་དམིགས་པ་ཡང ་ཆོས་ཤེས་པ་མ་གཏོགས་པ་དགུ་ཡིན་ནོ། །སྡུག་བསྔལ་དང་ནི་རྒྱུ་བློ་གཉིས། །སྡུག་བསྔལ་དང་ཀུན་འབྱུང་ཤེས་པ་གཉིས་ཀྱིས་དམིགས་པ་ནི་ཀུན་རྫོབ་དང?་གཞན་གྱི་སེམས་ཤེས་པ་དང་གཉིས་ཡིན་ན་བཞིའི་བཅུ་སྟེ། ཀུན་རྫོབ་ཤེས ་པ་དང་གཞན་གྱི་སེམས་ཤེས་པ་དང་ཟད་པ་ཤེས་པ་དང། མི་སྐྱེ་བ་ཤེས་པ་རྣམས་ཀྱི་དམིགས་པ་ནི་ཤེས་པ་བཅུ་ཆར་ཡིན་ནོ། །གཅིག་གི་མེད་འགོག་པ་ཤེས་པ་སྟེ། གཅིག་གིས་དམིགས་པ་ནི་ཤེས་པ་མེད་དོ། །ཆོས་བཅུ་དག་ནི་སྦྱར་བར་བྱ།། ་བཅུ་གང་ཞེ་ན། ཁམས་གསུམ་པ་དང་དྲི་མེད་ཆོས། །མ་བྱས་རྣམ་གཉིས་རྣམ་གཉིས་སོ། །འདུས་བྱས་ཀྱི་ཆོས་འདོད་པ་དང་གཟུགས་དང་གཟུགས་མེད་པ་ན་སྤྱོད་པ་དག་དང་ཟག་པ་མེད་པ་རྣམས་ལས་མཚུངས་པར་ལྡན་པ་དང། ལྡན་པ་མ ་ཡིན་པར་དབྱེ་བའི་སྒོ་ནས་རྣམ་པ་བརྒྱད་དུ་བྱའོ། །འདུས་མ་བྱས་ལ་དགེ་བ་དང་ལུང་དུ་མ་བསྟན་པར་དབྱེ་བའི་སྒོ་ནས་རྣམ་པ་གཉིས་སུ་བྱས་ཏེ་དེ་ལྟར་ན་ཆོས་བཅུ་ཡིན་ནོ། །ཆོས་བཅུ་པོ་དེ་དག་ཇི་ལྟར་སྦྱར་བར་བྱ་ཞེ་ན། ཤེས་པ་གང་གིས་དམིགས ་པ་ནི་ཆོས་དུ་ཞིག་ཡིན་ཞེས་སྦྱར་བར་བྱ་སྟེ། དེ་ལ་ཀུན་རྫོབ་ཤེས་པའི་དམིགས་པ་ནི་ཆོས་བཅུ་པོ་ཐམས་ཅད་ཡིན་ནོ། །ཆོས་ཤེས་པའི་ནི་འདོད་པ་ན་སྤྱོད་པ་དང་ཟག་པ་མེད་པ་དང་བཞི་དང་འདུས་མ་བྱས་དགེ་བ་དང་ལྔ་ཡིན་ནོ། །རྗེས་སུ་ཞེས་པ ་ནི་གཟུགས་དང་གཟུགས་མེད་པ་ན་སྤྱོད་པ་དང་ཟག་པ་མེད་པ་དྲུག་དང་འདུས་མ་བྱས་དགེ་བ་དང་བདུན་ཡིན་ནོ། །སྡུག་བསྔལ་དང་ཀུན་འབྱུང་ཤེས་པ་གཉིས་ཀྱི་ནི་འདོད་པ་དང་གཟུགས་དང་གཟུགས་མེད་པ་ན་སྤྱོད་པ་དག་དང་དྲུག་ཡིན་ནོ། །འགོག ་པ་ཤེས་པའི་ནི་འདུས་མ་བྱས་དགེ་བ་གཅིག་ཁོ་ན་ཡིན་ནོ། །ལམ་ཤེས་པའི་ནི་ཟག་པ་མེད་པ་གཉིས་ཡིན་ནོ། །གཞན་གྱི་སེམས་ཤེས་པ་ནི་འདོད་པ་དང་གཟུགས་དང་གཟུགས་མེད་པ་ན་སྤྱོད་པ་མཚུངས་པར་ལྡན་པ་གསུམ་ཡིན་ནོ། །ཟད་པ ་དང་མི་སྐྱེ་བ་ཤེས་པ་གཉིས་ཀྱི་དམིགས་པ་ནི་འདུས་མ་བྱས་ལུང་དུ་མ་བསྟན་པ་མ་གཏོགས་པ་ཆོས་དགུ་ཡིན་ནོ། །ཆོས་ཤེས་པ་གཅིག་གིས་ཆོས་ཐམས་ཅད་ཤེས་པ་ཡོད་དམ་ཞེ་ན་མེད་དོ། །འོན་ཀྱང་ཀུན་རྫོབ་གཅིག་སྟེ་རང་ཚོགས་ལས་གཞན ་ནི་བདག་མེད་ཉིད་དུ་རིག་ཀུན་རྫོབ་ཤེས་པ་ནི་རང་གི་ཚོགས་ལས་གཞན་པའི་ཆོས་ཐམས་ཅད་བདག་མེད་པར་ཤེས་སོ། །རང་གི་ངོ་བོ་དང་དེ་དང་ལྷན་ཅིག་འབྱུང་བའི་ཆོས་རྣམས་ནི་དེའི་རང་དང་ཚོགས་ཡིན་ལ་ཡུལ་དང་ཡུལ་ཅན་ཐ་དད་པ་དང་དམིགས ་པ་དེ་གཅིག་པ་དང་ཤིན་ཏུ་ཉེ་བའི་ཕྱིར་དེ་དག་ལ་ནི་མི་འཛིན་ཏོ། །དེ་ཡང་འདོད་པ་ན་སྤྱོད་པ་ནི་མཉན་པ་དང་བསམ་པ་ལས་བྱུང་བ་ཡིན་ནོ། །གཟུགས་ན་སྤྱོད་པ་ནི་མཉན་པ་ལས་བྱུང་བ་ཡིན་གྱི། བསྒོམས་པ་ལས་བྱུང་བ་ནི་མ་ཡིན་ཏེ། དེ་ནི་ས་རྣམ་པར ་ཆད་པ་ལ་དམིགས་པའི་ཕྱིར་རོ་དེ་ནི་རྫོགས་སོ།། །།ད་ནི་གང་ཞིག་ཤེས་པ་དུ་དང་ལྡན་ཞེས་བྱ་བ་བརྗོད་པར་བྱ་སྟེ། རེ་ཞིག་སོ་སོའི་སྐྱེ་བོ་ནི་ཀུན་རྫོབ་ཤེས་པ་གཅིག་ཁོ་ན་དང་ལྡན་ནོ། །འདོད་ཆགས་དང་བྲལ་བ་ཞིག་ཡིན་ན་ནི་གཞན ་གྱི་སེམས་ཤེས་པ་དང་ཡང་ལྡན་ནོ། །འཕགས་པ་ནི་ཟག་མེད་སྐད་ཅིག་དང་པོ་ལ་ཆགས་ཅན་ཤེས་པ་གཅིག་དང་ལྡན། འདོད་པ་ལ་འདོད་ཆགས་དང་མ་བྲལ་བ་ཞིག་ཡིན་ན་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་དག་ལ་ཀུན་རྫོབ་ཤེས་པ་གཅིག་ཁོ་ན་དང་ལྡན་པར ་འགྱུར་རོ། །གཉིས་པ་ལ་གསུམ། སྡུག་བསྔལ་ལ་ཆོས་ཤེས་པ་ལ་ནི་ཀུན་རྫོབ་ཤེས་པ་པ་ཆོས་ཤེས་པ་དང་སྡུག་བསྔལ་ཤེས་པ་དང། གསུམ་དང་ལྡན་པར་འགྱུར་རོ། །གོང་མའི་བཞི་ལ་རེ་རེ་འཕེལ་དང་ལྡན། དེ་ཡན་ཆད་ཀྱི་སྐད་ཅིག་མ་བཞི་ལ་ནི་དེ ་ལ་ཤེས་པ་རེ་རེ་འཕེལ་བར་ཤེས་པར་བྱ་སྟེ། སྡུག་བསྔལ་ལ་རྗེས་སུ་ཤེས་པ་ལ་ནི་རྗེས་སུ་ཤེས་པ་འཕེལ་ལ། ཀུན་འགྱུར་བ་དང་འགོག་པ་དང་ལམ་ལ་ཆོས་ཤེས་པ་རྣམས་འཕེལ་བས། དེ་ལྟར་ན་ལམ་ལ་ཆོས་ཤེས་པ་ལ་ཤེས་པ་བདུན་དང་ལྡན་པར་འགྱུར ་རོ། །འདོད་ཆགས་དང་བྲལ་བ་ཞིག་ཡིན་ན་ནི་ཐམས་ཅད་དུ་ལྷག་པར་གཞན་གྱི་སེམས་ཤེས་པ་དང་ལྡན་པར་རིག་པར་བྱའོ། །ཡང་གནས་སྐབས་གང་དག་དུ་ཞེས་པ་དུ་དག་ཅིག་གི་ཐོད་པ་སྐྱེ་ཞེ་ན། མཐོང་ལ་བཟོད་པ་ཡེ་ཤེས་རྣམས།། ་ཇི་ལྟར་སྐྱེས་པའི་མ་འོངས་འཐོབ། །མཐོང་བའི་ལམ་ལ་བཟོད་པ་འམ། །ཤེས་པ་གང་དང་གང་སྐྱེས་པ་དེའི་རིགས་ཅན་མ་འོངས་པ་དེའི་རྣམ་པ་བཞི་ཁོ་ནའི་ཐོབ་པ་སྐྱེའོ། །ཅིའི་ཕྱིར་མཐོང་བའི་ལམ་ལ་ཤེས་པ་རིས་མཐུན་པའི་རྣམ་པ་ཁོ་ནའི་ཐོབ་པ་སྐྱེ་ཞེ་ན ་རིགས་རྣམས་མ་ཐོབ་པའི་ཕྱིར་རོ། །དེ་ཉིད་ལ་ནི་ཀུན་རྫོབ་ཀྱང། རྗེས་གསུམ་དགལ་མཐོང་བའི་ལམ་དེ་ཉིད་ལ་ཀུན་རྫོབ་ཤེས་པ་ཡང་སྡུག་བསྔལ་དང་ཀུན་འབྱུང་དང་འགོག་པ་ལ་རྗེས་སུ་ཤེས་པ་གསུམ་དག་ལ་ཐོབ་པ་སྐྱེའོ། །བདེན་པ་ཟད་པར་མ ་གཏོགས་པའི་ཕྱིར་ཆོས་ཤེས་པ་དག་ལ་ནི་མ་ཡིན་ནོ། །དེའི་ཕྱིར་མངོན་པར་རྟོགས་པའི་རྗེས་ཞེས་བྱ། དེ་ཉིད་ཀྱི་ཕྱིར་དེ་ནི་བདེན་པ་རེ་རེ་མངོན་པར་རྟོགས་པའི་རྗེས་ལས་ཐོབ་པ་སྐྱེ་བའི་ཕྱིར་མངོན་པར་རྟོགས་པའི་རྗེས་ལས་ཐོབ་པའི་ཤེས་པ་ཞེས་བྱའོ།། ་ཅིའི་ཕྱིར་ལམ་ལ་རྗེས་སུ་ཤེས་པ་ལ་ཐོབ་བ་མི་སྐྱེ་ཞེ་ན། ལམ་གྱི་བདེན་པ་ནི་སྔོན་འཇིག་རྟེན་པའི་ལམ་གྱི་མངོན་པར་རྟོགས་པ་མ་ཡིན་པ་དང། ཟད་པར་མ་རྟོགས་པའི་ཕྱིར་རོ། །སྡུག་བསྔལ་རིལ་གྱི་ཡོངས་སུ་ཤེས་པར་བྱ་བ་དང། ཀུན་འབྱུང་བར་བྱ་བ་དང། འགོག ་པ་ལ་མངོན་དུ་བྱ་བར་ནི་ནུས་ཀྱི་ལམ་ནི་ཟད་པར་བསྒོམ་པར་མི་ནུས་པར་མངོན་པར་རྟོགས་པའི་མཛའ་མེད་པའི་ཕྱིར་དེ་ལམ་མངོན་པར་རྟོགས་པའི་རྗེས་ལས་ཐོབ་པའི་ཐོབ་པ་མི་སྐྱེའོ། །ཇི་མངོན་པར་རྟོགས་པའི་ལས་ཐོབ་པ་ཀུན་རྫོབ་ཤེས་པ་དེ་རེས ་འགའ་ཞིག་ན་མངོན་དུ་བྱེད་དམ་ཞེ་ན། ནམ་ཡང་མི་བྱེད་དེ། གཅིག་ཏུ་དེ་ནི་མི་སྐྱེའི་ཆོས་ཅན་ཡིན་ཇི་ལྟར་དེའི་ན་ཐོབ་བ་སྐྱེས་པ་ཡིན་ཞེ་ན། མ་ཐོབ་པ་ལས་ཐོབ་པའི་ཕྱིར་རོ། །ས་དུ་པའི་ཤེས་པ་དེའི་ཐོབ་པ་སྐྱེ་ཞེ་ན། རང་དང་འོག་ས་མཐོང་བའི་ལམ་ས་གང་ཡིན། ས ་དེ་པ་དང་ས་འོག་མ་པའི་ཀུན་རྫོབ་ཤེས་པའི་ཐོབ་པ་སྐྱེ་སྟེ། གལ་ཏེ་མི་ལྕོགས་པ་མེད་པའི་ས་པ་ཞིག་ཡིན་ན་ནི་མི་ལྕོགས་པ་མེད་པ་མེད་པའི་ས་པ་དང། འདོད་པ་ན་སྤྱོད་པ་དང་ས་གཉིས་པའི་ཐོབ་པ་སྐྱེ་ལ། དེ་བཞིན་དུ་བསམ་གཏན་བཞི་པའི་མཐོང་བའི་ལམ་ཡིན ་ན་ནི། ས་བདུན་པའི་ཀུན་རྫོབ་ཤེས་པའི་ཐོབ་པ་སྐྱེ་བའི་བར་དུའོ། །དེ་ཡང་དྲན་པ་ཉེ་བར་གཞག་པ་ནི་དུ་གཅིག་ཡིན་ཞེ་ན། འགོག་པའི་མཛའ་འགོག་པ་མངོན་པར་རྟོགས་པའི་ཀུན་རྫོབ་ཤེས་པ་གང་ཡིན་པ་དེ་ནི་དྲན་པ་ཉེ་བར་གཞག་པ་ཐ་མ་སྟེ། ཆོས་དྲན་པ་ཉེ་བར ་གཞག་པ་ཡིན་ནོ། །གཅིག་ཡོངས་སུ་བརྟགས་པས་ལྷག་མ་ནི་དྲན་པ་ཉེ་བར་གཞག་པ་བཞི་ཆར་ཡིན་ནོ། ཞེས་བྱ་བར་འགྲུབ་པོ། །མངོན་པར་རྟོགས་པའི་རྗེས་ལས་ཐོབ་པ་ཀུན་རྫོབ་ཤེས་པ་དེ་ནི། རང་བདེན་རྣམ་པ། བདེན་པ་གང་ཞིག་མངོན་པར་རྟོགས་ནས་ཐོབ་པ ་དེ་ནི་བདེན་པ་དེ་ཉིད་ཀྱི་རྣམ་པ་ཡིན་ལ། དེའི་རྣམ་པའོ་ཞེས་སྨོས་པས་དེའི་དམིགས་པ་ཡང་བདེན་པ་དེ་ཉིད་ཡིན་ནོ་ཞེས་བཤད་པར་འགྱུར་རོ། །དེ་ནི་མཐོང་བའི་ལམ་ཐོབ་པའི་ཕྱིར། བརྩལ་བདག་ཉིད། སྦྱོར་བ་ལས་བྱུང་བའི་ཞེས་བྱ་བའི་ཐ་ཚིག་གོ་།འཁོར་དང་བཅས་པར ་སྨོས་ན་ནི་འདོད་བ་དང་གཟུགས་ན་སྤྱོད་པའི་ཕུང་པོ་བཞི་དང་ལྔའི་རང་བཞིན་ཡིན་ནོ། །ཕྱག་བཅས་བཅུ་དྲུག་པ་ལས་དྲུག་།འཐོབ་བ་སྐྱེ་ཞེས་བྱ་བར་སྦྱར་ཏེ། འདོད་ཆགས་དང་མ་བྲལ་བ་ཞིག་ཡིན་ན་བཅུ་དྲུག་པ་ལམ་ལ་ཅེས་སུ་ཤེས་པ་ལ། ལམ་ཤེས་པ་དང་ལམ་ལ ་རྗེས་སུ་ཤེས་པ་གཉིས་ནི་ད་ལྟར་བྱུང་བ་ཡིན་ལ། ཆོས་ཤེས་པ་དང་རྗེས་སུ་ཤེས་པ་དང། སྡུག་བསྔལ་དང་ཀུན་འབྱུང་དང་འགོག་པ་དང་ལམ་ཤེས་པ་དང། མ་འོངས་པ་དྲུག་གི་ནི་ཐོབ་བ་སྐྱེའོ། །འདོད་ལ་ཆགས་དང་བྲལ་ལ་བདུན། །འདོད་ཆགས་དང་བྲལ་བ་ཞིག་ཡིན ་ན་ནི་བདུན་པ་གཞན་གྱི་སེམས་ཤེས་པའི་ཐོབ་པ་ཡང་སྐྱེའོ། །དེའི་གོང་མ་སྒོམ་ལམ་ལ། འདོད་ཆགས་བཅས་པས་བདུན་འཐོབ་པོ། །སྐད་ཅིག་མ་བཅུ་དྲུག་པ་ལས་གོང་མ་བསྒོམ་པའི་ལམ་ལ་ནི་ཇི་སྲིད་དུ་འདོད་པ་ལས་འདོད་ཆགས་དང་བྲལ་བ་མ་ཡིན་པ་དེ་སྲིད ་དུ་སྦྱོར་བ་དང་བར་ཆད་མེད་པ་དང། རྣམ་པར་གྲོལ་བ་དང། ཁྱད་པར་གྱི་ལམ་ཐམས་ཅད་དུ་ཆོས་ཤེས་པ་དང། རྗེས་སུ་ཤེས་པ་དང། སྡུག་བསྔལ་དང་ཀུན་འབྱུང་དང། འགོག་པ་དང་ལམ་དང་ཀུན་རྫོབ་ཤེས་པ་དང། ཤེས་པ་བདུན་གྱི་ཐོབ་པ ་སྐྱེ་ལ། གལ་ཏེ་འཇིག་རྟེན་པའི་བསྒོམ་པའི་ལམ་ཡིན་ན་ནི། ཀུན་རྫོབ་ཤེས་པ་ད་ལྟར་བྱུང་བ་ཡིན་ནོ། །གལ་ཏེ་འཇིག་རྟེན་ལས་འདས་པ་ཞིག་ཡིན་ན་ནི་ཆོས་ཤེས་པ་བཞི་ལས་གང་ཡང་རུང་བ་ཞིག་ད་ལྟར་བྱུང་བ་ཡིན་ནོ། །ས་བདུན་ལས་རྒྱལ་མངོན་ཤེས ་དང། །མི་གཡོ་ཐོབ་རང་སྤེལ་བསྒོམ་པའི། །བར་ཆད་མེད་པའི་ལམ་དག་དང། །གོང་མའི་སྒྲོལ་བའི་ལམ་བརྒྱད་ལའང། །ཤེས་པ་བདུན་གྱི་ཐོབ་པ་སྐྱེའོ། ཞེས་སྦྱར་བར་བྱས་ཏེ། ས་བདུན་ནི་བསམ་གཏན་བཞི་དང་གཟུགས་མེད་པ་ན་གསུམ་དག་ཡིན་ལ། དེ ་དག་ལས་རྒྱལ་བ་ནི་འདོད་ཆགས་དང་བྲལ་བའི་སློབ་པས་བདུན་པོ་དེ་དག་ལས་འདོད་ཆགས་དང་བྲལ་བ་དང་མངོན་པར་ཤེས་པ་ལྔ་དང། མི་གཡོ་བ་རྟོགས་པར་བྱེད་པ་དང། བསམ་གཏན་སྤེལ་མར་བསྒོམས་པ་རྣམས་ཀྱིས་བར་ཆད་མེད་པའི་ལམ་ཇི ་སྙེད་བ་དེ་དག་ཐམས་ཅད་ལ་ཤེས་པ་བདུན་པོ་དེ་དག་ཉིད་ཀྱི་ཐོབ་པ་སྐྱེ་ལ། གལ་ཏེ་བསྒོམ་པའི་ལམ་འཇིག་རྟེན་པ་ཡིན་ན་ནི་ཀུན་རྫོབ་ཤེས་པ་ད་ལྟར་བྱུང་བ་ཡིན་ནོ། གལ་ཏེ་འཇིག་རྟེན་ལས་འདས་པ་ཡིན་ན་ནི་རྗེས་སུ་ཤེས་པ་བཞི་དང་ཆོས་ཤེས་པ་གཉིས་ལས ་གང་ཡང་རུང་བ་ཞིག་ད་ལྟར་བྱུང་བ་ཡིན་ནོ། །མི་གཡོ་བ་རྟོག་པར་བྱེད་པ་ལ་ནི་ཀུན་རྫོབ་ཤེས་པའི་ཐོབ་པ་མི་སྐྱེ་སྟེ། སྲིད་པའི་རྩེ་མོའི་གཉེན་པོ་མ་ཡིན་པའི་ཕྱིར་རོ། །དེར་ནི་ཟད་པ་ཤེས་པ་བདུན་པ་ཡིན་པར་རིག་པར་བྱའོ། །ས་བདུན་ལས་འདོད་ཆགས་དང་བྲལ་བ ་ལས་ཀྱང་གོང་མ་སྲིད་པའི་རྩེ་མོ་ལས་འདོད་ཆགས་དང་བྲལ་བའི་རྣམ་པར་གྲོལ་བའི་ལམ་བརྒྱད་པ་དག་ལ་ནི། ཆོས་ཤེས་པ་དང། རྗེས་སུ་ཤེས་པ་དང། སྡུག་བསྔལ་དང། ཀུན་འབྱུང་དང། འགོག་པ་དང། ལམ་དང། ཕ་རོལ་གྱི་སེམས་ཤེས་པ་རྣམས་དང། ་ཤེས་པ་བདུན་གྱིས་ཐོབ་བ་སྐྱེའོ། །ཀུན་རྫོབ་ཤེས་པའི་ཐོབ་པ་ནི་མི་སྐྱེ་སྟེ། སྲིད་པའི་རྩེ་མོའི་གཉེན་པོ་མ་ཡིན་པའི་ཕྱིར་རོ། །ད་ལྟར་བྱུང་བ་ནི་རྗེས་སུ་ཤེས་པ་བཞི་དང། འགོག་པ་དང་ལམ་ལ་ཆོས་ཤེས་པ་གཉིས་ལས་གང་ཡང་རུང་བ་ཞིག་ཡིན་ནོ། །སློབ་ལ ་སྦྱོང་བའི་གྲོལ་བ་ལ། །ཤེས་པ་དྲུག་གམ་བདུན་ཐོང་བམ། །སློབ་པ་འདོད་ཆགས་དང་བཅས་པ་དབང་པོ་སྦྱོང་བའི་རྣམ་པར་གྲོལ་བའི་ལམ་ལ་ནི། ཆོས་ཤེས་པ་དང་རྗེས་སུ་ཤེས་པ་དང་སྡུག་བསྔལ་དང་ཀུན་འབྱུང་དང། འགོག་པ་དང་ལམ་ཤེས་པ་དེ་རྣམས་དང། ་ཤེས་པ་དྲུག་གི་ཐོབ་པ་སྐྱེའོ། །འདོད་ཆགས་དང་བྲལ་བ་ཞིག་ཡིན་ན་ནི་གཞན་གྱི་སེམས་ཤེས་པས་བསྟན་ཏེ། ཤེས་པ་བདུན་གྱིས་ཐོབ་པ་སྐྱེའོ། །འམ་ཞེས་བྱ་བའི་སྒྲ་ནི་ཁ་ཅིག་ན་རེ་གཉི་ག་ལ་ཀུན་རྫོབ་ཤེས་པའི་ཐོབ་པ་སྐྱེའོ། །ཞེས་བྱེ་བྲག་ཏུ་རྟོག་པར་བསྟན་པའི ་ཕྱིར་རོ། །དེ་གཉིས་ཀྱི་སྦྱོར་བའི་ལམ་ལ་ནི་ཀུན་རྫོབ་ཤེས་པའི་ཐོད་པ་ཡང་སྐྱེའོ། །བར་ཆད་མེད་པའི་ལམ་ལ་དྲུག་།སློབ་པ་འདོད་ཆགས་དང་བྲལ་ཡང་རུང་མ་བྲལ་ཡང་རུང་སྟེ། དབང་པོ་སྦྱོང་བའི་བར་ཆད་མེད་པའི་ལམ་ལ་ནི་སྔ་མ་བཞིན་དུ་དྲུག་གི་ཐོབ་པ་སྐྱེའོ།། ་ཀུན་རྫོབ་ཤེས་པ་ནི་མ་ཡིན་ཏེ། མཐོང་བའི་ལམ་དང་བྲལ་པའི་ཕྱིར་རོ། །གཞན་གྱི་སེམས་ཤེས་པའི་ཡང་མ་ཡིན་ཏེ། བར་ཆད་མེད་པའི་ལམ་ཐམས་ཅད་ལ་བཀག་པའི་ཕྱིར་རོ། །ཅིའི་ཕྱིར་བཀག་ཅེ་ན། གཉེན་པོ་མ་ཡིན་པའི་ཕྱིར་རོ། །དེ་བཞིན ་སྲིད་རྩེའི་རྣམ་རྒྱལ་ལ། །སྲིད་པའི་རྩེ་མོ་ལས་འདོད་ཆགས་དང་བྲལ་བའི་བར་ཆད་མེད་པའི་ལམ་དག་ལ་ཡང་དེ་བཞིན་དུ་དྲུག་གི་ཐོབ་པ་སྐྱེའོ། །ཟད་པའི་ཡེ་ཤེས་ལ་དགུའོ། །སྲིད་པའི་རྩེ་མོ་ལས་འདོད་ཆགས་དང་བྲལ་བའི་རྣམ་པར་གྲོལ་བའི་ལམ་དགུ་པ ་དེ་ལ་མི་སྐྱེ་བའི་ཡེ་ཤེས་མ་གཏོགས་པ་ཤེས་པ་དགུའི་ཐོབ་པ་སྐྱེའོ། །མི་གཡོ་བ་ནི་བཅུ་འཐོབ་པོ། །མི་གཡོ་བའི་ཆོས་ཅན་གང་ཡིན་པ་དེ་ནི། མི་སྐྱེ་བའི་ཡེ་ཤེས་འཐོབ་པའི་ཕྱིར་བཅུའི་ཐོབ་པ་སྐྱེའོ། །དེར་འཕོ་ཐ་མའི་གྲོལ་བ་ལའང། གང་ཞིག་མི་གཡོ་བ ་ཉིད་དུང་ཐོབ་དེའི་རྣམ་པར་གྲོལ་བའི་ལམ་ཐ་མལ་ཡང་བཅུའི་ཐོབ་པ་སྐྱེའོ། །བཤད་པའི་ལྷག་མ་ལ་བརྒྱད་ཐོག་།ལྷག་མ་ཡང་གང་དག་གཅིག་ཅེ་ན། འདོད་པའི་ཁམས་ལས་འདོད་ཆགས་དང་བྲལ་བའི་རྣམ་པར་གྲོལ་བའི་ལམ་དགུ་པ ་དང་ས་བདུན་པས་འདོད་ཆགས་དང་བྲལ་བ་དང། མངོན་པར་ཤེས་པ་དང་སྤེལ་མར་བསྒོམས་པའི་རྣམ་པར་གྲོལ་བའི་ལམ་རྣམས་དང། མི་གཡོ་བ་རྟོགས་པར་བྱེད་པའི་རྣམ་པར་གྲོལ་བའི་ལམ་བརྒྱད་དང། འདོད་ཆགས་དང་བྲལ་བ་ཐམས་ཅད་ཀྱི་སྦྱོར་བའི་ལམ་རྣམས ་ཏེ། དེ་དག་ཐམས་ཅད་ལ་ནི་ཟང་པ་དང་མི་སྐྱེ་བ་ཤེས་པ་མ་གཏོགས་པ་ཤེས་པ་བརྒྱད་མ་འོངས་པ་འཐོབ་པའི་འཐོབ་པ་སྐྱེ་སྟེ། རེ་ཞིག་སློབ་པའི་ནི་དེ་ལྟ་བུ་ཡིན་ནོ། །སློབ་པའི་ནི་མངོན་པར་ཤེས་པ་ལ་སོགས་པ་སྦྱོར་བ་དང་རྣམ་པར་གྲོལ་བ་དང་ཁྱད་པར་གྱི་ལམ་དག ་ལ་ནི་ཤེས་པ་དགུ་འམ་བཅུའི་ཐོབ་པ་སྐྱེའོ། །མངོན་པར་ཤེས་པ་དང་སྤེལ་མར་བསྒོམ་པའི་བར་ཆད་མེད་པའི་ལམ་དག་ལ་ནི། བརྒྱད་དམ་དགུའི་འཐོབ་པ་སྐྱེའོ། །མངོན་པར་ཤེས་པ་གཉིས་ནི་ལུང་དུ་མ་བསྟན་པ་ཡིན་པའི་ཕྱིར་རྣམ་པར་གྲོལ་བའི་ལམ་ལ་མ་འོངས ་པའི་ཐོབ་པ་ཅུང་ཟད་ཀྱང་མི་སྐྱེའོ། །ཡང་ལམ་གང་ལས་དུ་བའི་ཤེས་པའི་ཐོབ་པ་སྐྱེ་ཞེ་ན། རེ་ཞིག་ཀུན་རྫོབ་ཤེས་པ་ནི་ས་གང་པའི་ལམ་ཡིན་པ་དང། དང་པོ་ཉིད་དུས་གང་ཐོབ་པས་དེ་པའི་མ་འོངས་པའི་ཐོབ་པ་སྐྱེའོ། །ཟག་པ་མེད་པ་ནི་ས་གང་ཡིན་པ་འབའ་ཞིག་དུ ་ཡང་མ་ཟད། དེ་ཇི་ལྟར་ཡང་མ་ཟད་དེ་ཇི་ལྟར་ཞེ་ན། གང་ལས་ཆགས་བྲལ་བྱ་ཕྱིར་གང། །ཐོབ་པ་དེ་ཡང་འོག་མའང་འཐོབ། །ས་གང་ཞིག་ལས་འདོད་ཆགས་དང་བྲལ་བར་བྱ་བ་ལ་ཡང་སྦྱོར་བའི་ལམ་ལ་སོགས་པ་ལན་རྣམ་པ་གཉིས་ཡིན་ལ་འདོད་ཆགས་དང ་བྲལ་བས་ས་གང་ཞིག་ཐོབ་པ་དེའི་ས་པ་དང། ས་འོག་མའི་ཟག་པ་མེད་པའི་ཤེས་པ་རྣམས་ཀྱི་ཐོབ་པ་ཡང་སྐྱེ་བར་འགྱུར་རོ། །ཟད་པ་ཤེས་ལ་ཟག་བཅས་ཀྱང་ཟད་པ་ཤེས་པ་ལ་ནི་ཟད་པ་ཤེས་པས་འཐོབ་པར་བྱ་བ་ཟག་པ་དང་བཅས་པ་ཡོན་ཏན་སྡུག་པ་དང། ་དབུགས་ཕྱི་ནང་དུ་རྡུབ་པ་དང། དྲན་པ་ཉེ་བར་གཞག་པ་དང། ཚད་མེད་པ་དང། རྣམ་པར་ཐར་པ་ལ་སོགས་པས་ཐམས་ཅད་པའི་ཡང་ཐོབ་པ་སྐྱེའོ། །ཅི་གང་ཆུང་ཟད་ཐོབ་པ་དེ་ཐམས་ཅད་ཀྱི་ཐོབ་པ་སྐྱེ་འམ་ཞེ་ན། སྨྲས་པ་མ་ཡིན་ཏེ། གང་སྔོན་མ་ཐོབ་པ་དེའི་ཐོབ་པ ་སྐྱེའི། སྔོན་ཐོབ་པའི་ཐོབ་པ་མི་སྐྱེ། གང་རྣམ་པར་ཉམས་པ་ལས་ཐོབ་པ་དེའི་ཐོབ་པ་ནི་མི་སྐྱེ་སྟེ། ཐོབ་ཟིན་པ་ལས་བཏང་བའི་ཕྱིར་རོ། །ཡང་ཅི་སྙེད་པ་འབའ་ཞིག་ལ་ཐོབ་པ་ཞེས་བྱའམ་ཞེ་ན། ཐོབ་པ་ནི་རྣམ་པ་བཞི་སྟེ། རྙེད་པའི་ཐོབ་པ་དང་བསྟེན་པའི་ཐོབ་པ་གཉེན ་པོའི་ཐོབ་པ་དང་ཐག་བསྲིང་པའི་ཐོབ་པའོ། །དེ་ལ་སྙེད་དང་བསྟེན་ཅེས་བྱ་བ་ནི། །དགེ་བ་འདུས་བྱས་ཐོབ་འགྱུར་བ། །གཉེན་པོ་དང་ནི་ཐག་སྲིང་ངོ། །ཐོབ་པ་ཟག་དང་བཅས་པ་ཡིན། །རྙེད་པ་དང་བསྟེན་པའི་ཐོབ་པ་ནི་དགེ་བ་འདུས་བྱས་རྣམས་ཀྱི་ཡིན་ཏེ། མ ་འོངས་པ་རྣམས་ཀྱི་ནི་གཅིག་ཁོ་ནའོ། །ད་ལྟར་བྱུང་བ་རྣམས་ཀྱི་ནི་གཉི་གའོ། །གཉེན་པོ་དང་ཐག་སྲིང་བའི་ཐོབ་པ་ནི་ཟག་པ་དང་བཅས་པའི་ཆོས་རྣམས་ཀྱིས་ཏེ། དེ་ལྟར་ན་དགེ་བའི་ཆོས་ཟག་པ་དང་བཅས་པ་རྣམས་ཀྱི་ནི་ཐོབ་པ་བཞི་ཡིན་ལ་ཟག་པ་མེད་པ་རྣམས ་དང། ཉོན་མོངས་པ་ཅན་ལུང་མ་བསྟན་པ་རྣམས་ཀྱི་ནི་གཉིས་ཡིན་ནོ། །ཉི་འོག་པའི་ཆོས་མངོན་པ་པ་དག་ན་རེ་ནི་ཐོབ་པ་དྲུག་སྟེ། བཞི་པོ་དེ་དག་སྡོམ་པའི་ཐོབ་པ་དང། རྣམ་པར་འཇིག་པའི་ཐོབ་པའོ། །ཞེས་ཟེར་རོ། །དེ་ལ་དང་པོ་ནི་དབང་པོ་རྣམས་ཀྱི་ཡིན་ནོ། །ཕྱི་མ་ནི ་ལུས་ཀྱི་ཡིན་ནོ། །ཇི་སྐད་དབང་པོ་དྲུག་པོ་བདེ་དག་ཤིན་ཏུ་དུལ་བ་དང་ཤིན་ཏུ་བསྒོམས་པའི་བར་ཞེས་གསུངས་པ་དང། འདི་ལྟར་ལུས་འདི་ལ་སྒྲ་ཡོད་ཅེས་བྱ་བ་ལ་སོགས་པ་རྒྱས་པར་གསུངས་པ་ཡིན་ནོ། །ཁ་ཆེ་བ་རྣམས་ན་རེ། དེ་གཉིས་ནི་གཉེན་པོ་དང་ཐག་སྲིང ་བའི་ཐོག་པའི་ཁོངས་སུ་འདུས་སོ་ཞེས་ཟེར་རོ། །གང་ཟག་ཐམས་ཅད་ཀྱི་མི་སྐྱེ་བའི་ཡེ་ཤེས་ཀྱི་ཡོན་ཏན་རྣམས་ཐོབ་པའི་སྤྱིར་བཤད་ཀྱི། སངས་རྒྱས་ཆོས་ནི་མ་འདྲེས་པ། །སྟོབས་ལ་སོགས་པ་བཅོ་བརྒྱད་དོ། །གང་དག་སངས་རྒྱས་ཉག་གཅིག་གི་ཟད ་པའི་ཡེ་ཤེས་ཀྱི་བརྙེས་པར་འགྱུར་གྱི་གཞན་དག་གིས་མ་ཡིན་པའོ། །བཅོ་བརྒྱད་གང་ཞེ་ན། འདི་ལྟ་སྟེ། སྟོབས་བཅུ་དང། མི་འཇིགས་པ་བཞི་དང། དྲན་པ་ཉེ་བར་གཞག་པ་གསུམ་དང། ཐུགས་རྗེ་ཆེན་པོ་རྣམས་སོ། །སྟོབས་བཅུ ་ཡང་གང་ཞེ་ན། མདོ་ལས་ཇི་སྐད་འབྱུང་བ་བཞིན། རྒྱས་པར་བརྗོད་པར་བྱ་སྟེ། དེ་ལ་གནས་དང་གནས་མ་ཡིན་པ་མཁྱེན་པའི་སྟོབས་ཞེས་བྱ་བ་ནི་རྒྱུ་འདི་ལས་ནི་འདི་ངེས་པར་སྐྱེའོ། །འདི་ནི་མི་སྐྱེའོ་ཞེས་རྒྱུ་དང་འབྲས་བུ་རྣམ་པར་ངེས་པ་ལ་ཐོགས་པ ་མེད་པར་མཁྱེན་པ་གང་ཡིན་པ་སྟེ། གནས་ཞེས་བྱ་བ་ནི་སྲིད་པའོ། །གནས་མ་ཡིན་པ་ཞེས་བྱ་བ་ནི་མི་སྲིད་པའོ། །ལས་རྣམ་པར་སྨིན་པ་མཁྱེན་པའི་སྟོབས་ཞེས་བྱ་བ་ནི་ལས་དགེ་བ་དང་མི་དགེ་བ་རྣམས་ཀྱི་འབྲས་བུ་རྣམ་པར་སྨིན་པ་མང་བ་དང་ཉུང ་བ་དང་ངེས་པ་དང་མ་ངེས་པ་ལ་སོགས་པའི་དོན་རྣམས་ལ་ཐོགས་པ་མེད་པར་མཁྱེན་པ་གང་ཡིན་པའོ། །བསམ་གཏན་དང་རྣམ་པར་ཐར་པ་དང་ཏིང་ངེ་འཛིན་དང་སྙོམས་པར་འཇུག་པ་མཁྱེན་པའི་སྟོབས་ཞེས་བྱ་བ་ནི། བསམ་གཏན་ལ་སོགས་པ་དེ ་དག་གིས་རང་བཞིན་དང་མིང་དང་འཐོབ་པའི་ཐབས་དང། ཕན་འདོགས་པ་དང། རོ་མྱང་བ་དང་དག་པ་དང། ཟག་པ་མེད་པ་ལ་སོགས་པ་དང། ཉམས་པ་དང། གནས་པ་དང་ཁྱད་པར་དང་ངེས་པར་འབྱེད་པའི་ཆ་དང་མཐུན་པ་ལ་སོགས་པའི་དོན་རྣམས་ལ ་ཐོགས་པ་མེད་པར་མཁྱེན་པ་གང་ཡིན་པའོ། །དབང་པོ་མཆོག་དང་མཆོག་མ་ཡིན་པ་མཁྱེན་པའི་སྟོབས་ཞེས་བྱ་བ་ནི་སེམས་ཅན་རྣམས་ཀྱི་དབང་པོ་རྟུལ་པོ་དང། འབྲིང་དང་རྣོན་པོ་ཡོངས་སུ་མཁྱེན་པར་བྱ་བ་ལ་ཐོགས་པ་མེད་པར་མཁྱེན་པ་གང་ཡིན་པའོ།། ་མོས་པ་སྣ་ཚོགས་མཁྱེན་པའི་སྟོབས་ཞེས་བྱ་བ་ནི་དམན་པ་དང། བར་མ་དང་གྱ་ནོམ་པ་ལ་སོགས་པ་རྣམས་ཐོགས་པ་མེད་པར་མཁྱེན་པ་གང་ཡིན་པའོ། །ཁམས་སྣ་ཚོགས་མཁྱེན་པའི་སྟོབས་ཞེས་བྱ་བ་ནི་སེམས་ཅན་རྣམས་ཀྱི་རང་བཞིན་ཡོངས་སུ ་མཁྱེན་པར་བྱ་བ་དང། ཆོས་རྣམས་ཀྱི་རང་བཞིན་གྱིས་བྱེ་བྲག་ཡོངས་སུ་མཁྱེན་པར་བྱ་བ་ལ་ཐོགས་པ་མེད་པར་མཁྱེན་པ་གང་ཡིན་པའོ། །ཐམས་ཅད་དུ་འགྲོ་བའི་ལམ་མཁྱེན་པའི་སྟོབས་ཞེས་བྱ་བ་ནི་སྐྱེ་བ་འགྲུབ་པར་བྱེད་པ་དང། སྐྱེ་པ་ཟད་པར་བྱེད་གའི་ཆོས ་ཐམས་ཅད་ཐོགས་པ་མེད་པར་མཁྱེན་པ་གང་ཡིན་པའོ། །སྔོན་གྱི་གནས་རྗེས་སུ་དྲན་པ་མཁྱེན་པའི་སྟོབས་ཞེས་བྱ་བ་ནི་བདག་དང་གཞན་གྱི་ཚེ་རབས་བརྒྱུད་པ་དྲན་པར་བྱ་བ་ལ། ཐོགས་པ་མེད་པར་མཁྱེན་པ་གང་ཡིན་པའོ། །འཆི་འཕོ་དང་སྐྱེ་བ་མཁྱེན ་པའི་སྟོབས་ཞེས་བྱ་བ་ནི་མ་འོངས་པའི་སྲིད་པའི་ཉིང་མཚམས་སྦྱོར་བ་གཟིགས་པར་བྱ་བ་ལ་ཐོགས་པ་མེད་པར་མཁྱེན་དེ་གང་ཡིན་པའོ། ཟག་པ་ཟད་པར་མཁྱེན་པའི་སྟོབས་ཞེས་བྱ་བ་ནི། ཟག་པ་ཟད་པ་དང། ཟག་པ་ཟད་པར་བྱ་བའི་ཐབས་ཐོགས་པ་མེད་པར ་མཁྱེན་པ་གང་ཡིན་པའོ། །མི་འཇིགས་པ་བཞི་དང་དྲན་པ་ཉེ་བར་གཞག་པ་གསུམ་དང། ཐུགས་རྗེ་ཆེན་པོ་དག་ནི་འདི་སྐད་འབྱུང་བ་བཞིན་ཏེ། དེ་ལྟར་ན་དེ་དག་ནི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཡིན་ནོ། །ཐུན་མོང་མ་ཡིན་པའི་ཕྱིར་ན་མ་འདྲེས་པ ་ཞེས་བྱའོ། །དེ་ལ་གནས་དང་གནས་མིན་ཤེས་པ་བཅུ། །གནས་དང་གནས་མ་ཡིན་པ་མཁྱེན་པའི་སྟོབས་ནི་ཤེས་པ་བཅུ་ཡིན་ནོ། །ལས་འབྲས་ལ་བརྒྱད་ལས་རྣམ་པར་སྨིན་པ་མཁྱེན་པའི་སྟོབས་ནི། འགོག་པ་དང་ལམ་ཤེས་པ་མ་གཏོགས་པ་ཤེས་པ་བརྒྱད ་ཡིན་ནོ། །བསམ་གཏན་སོགས་དབང་པོ་མོས་དང་ཁམས་དག་ནི། དགུ་སྟེ་བསམ་གཏན་དང། རྣམ་པར་ཐར་པ་དང། ཏིང་ངེ་འཛིན་དང་སྙོམས་པར་འཇུག་པ་མཁྱེན་པའི་སྟོབས་ནི་འགོག་པ་ཤེས་པ་མ་གཏོགས་པ་ཤེས་པ་དགུ་ཡིན་པ། མོས་པ་སྣ་ཚོགས་མཁྱེན ་པའི་སྟོབས་དང། དབང་པོ་མཆོག་དང། མཆོག་མ་ཡིན་པ་མཁྱེན་པའི་སྟོབས་དང་ཁམས་སྣ་ཚོགས་མཁྱེན་པའི་སྟོབས་རྣམས་ཀྱང་དེ་བཞིན་དུ་རིག་པར་བྱའོ། །ལམ་དག་ལ་བཅུ་འམ། འམ་ཞེས་བྱ་བའི་སྒྲ་ནི་དགུ་འམ་ཞེས་བྱེ་བྲག་ཏུ་རྟོགས་པའི་དོན་ཏོ། །གལ ་ཏེ་ལམ་འབྲས་བུ་དང་བཅས་པར་སྨོས་ན་ནི་ཐམས་ཅད་དུ་འགྲོ་བའི་ལམ་མཁྱེན་པའི་སྟོབས་ཤེས་པ་བཅུ་ཡིན་ནོ། །གལ་ཏེ་མ་ཡིན་ན་ནི་འགོག་པ་ཤེས་པ་མ་གཏོགས་སོ། །གཉིས་ནི་ཀུན་རྫོབ་ཤེས་པ་ཡིན། །སྔོན་གྱི་གནས་རྗེས་སུ ་དྲན་པ་མཁྱེན་པའི་སྟོབས་དང་ཤི་འཕོ་དང། སྐྱེ་བ་མཁྱེན་པའི་སྟོབས་ནི་ཀུན་རྫོབ་ཤེས་པ་ཁོ་ན་ཡིན་ནོ། །ཟག་པ་དྲུག་གམ་བཅུ་ཡིན་ནོ། །གལ་ཏེ་ཟག་པ་ཟད་པར་མཁྱེན་པའི་སྟོབས་འགོག་པ་ཤེས་པ་ཁོ་ན་ཡིན་ན་ནི། ཟག་པ་ཟད་པར་མཁྱེན་པའི་སྟོབས་ཆོས་ཤེས ་པ་དང་རྗེས་སུ་ཤེས་པ་དང། འགོག་པའི་ཤེས་པ་དང་ཟད་པ་དང་མི་སྐྱེ་བ་ཤེས་པ་དང། ཀུན་རྫོབ་ཤེས་པ་དང་ཤེས་པ་དྲུག་ཡིན་ནོ། །འོན་ཏེ་ཟག་པ་ཟད་པར་མཁྱེན་པའི་སྟོབས་ཟག་པ་ཟད་པའི་རྒྱུད་ཀྱི་ཤེས་པ་ཡིན་ན་ནི་དེའི་ཕྱིར་ཤེས་པ་བཅུ་ཡིན་ནོ། །རང་བཞིན ་བཤད་ཟིན་ཏོ། །ད་ནི་ས་བརྗོད་པར་བྱ་སྟེ། སྔོན་གནས་འཆི་འཕོ་སྐྱེ་བའི་སྟོབས། །བསམ་གཏན་དག་གི་སྔོན་གྱི་གནས་དང་འཆི་འཕོ་དང། སྐྱེ་བ་མཁྱེན་པའི་སྟོབས་ནི་བསམ་གཏན་བཞི་པའི་ས་པ་ཡིན་ནོ། །ལྷག་མ་ནི་ས་རྣམས་ཀུན་གྱི་ལྷག་མ་ནི་ཐམས ་ཅད་ཀྱིས་བསྡུས་པ་ཡིན་ནོ། །དེ་དག་ཀྱང་འདོད་པའི་ཁམས་དང། མི་ལྕོགས་པ་མེད་པ་དང། བསམ་གཏན་ཁྱད་པར་ཅན་དང། བསམ་གཏན་དང་གཟུགས་མེད་རྣམས་སོ། །ཐམས་ཅད་ཀྱང་འཛམ་བུའི་གླིང་གི་སྐྱེས་པའི་ལུས་ལ་བརྟེན་པ་ཡིན་ཏེ། གཞན་དག ་ཏུ་སངས་རྒྱས་མི་འབྱུང་བའི་ཕྱིར་རོ། །གཞན་དག་གི་ཤེས་པ་རྣམ་པ་བཅུ་པོ་དེ་དག་ནི་སྟོབས་ཤེས་མི་བྱའོ། །དེ་ནི་སངས་རྒྱས་ཉག་ཅིག་གི་སྟོབས་ཡིན་ནོ། །ཅིའི་ཕྱིར། དེ་སྟོབས་གང་ཕྱིར་ཐོགས་པ་མེད། །གང་གི་ཕྱིར་དེའི་མཁྱེན་པ་ནི་ཤེས་བྱ་ཐམས་ཅད་ལ ་ཐོགས་པ་མེད་པས་རེ་བས་ན་སྟོབས་ཞེས་བྱ་བའི་གཞན་དག་གི་ཤེས་པ་ནི་ཐོགས་པ་དང་བཅས་པ་ཡིན་ཏེ། ལ་ལར་འདོད་ཀྱང་མི་འཇུག་པའི་ཕྱིར། དེ་དག་གི་སྟོབས་ཞེས་བྱ་བའི་མིང་འཐོབ་པར་འོས་པ་མ་ཡིན་ནོ། །འདིར་དཔེ་ནི་གནས་བརྟན་ཤཱ་རིའི་བུས ་རབ་ཏུ་འབྱུང་བར་འདོད་པའི་ཕྱིར་མི་བཏང་བ་དང། བྱ་ཞིག་ཁྲས་གཙེས་པའི་སྐྱེ་བ་ལ་སོགས་པའི་མཛའ་མ་མཁྱེན་པ་ཡིན་ནོ། །རེ་ཞིག་དེ་ལྟར་ན་སངས་རྒྱས་རྣམས་ཀྱི་མཁྱེན་པ་ཐོགས་པ་མེད་པའི་ཕྱིར་ཐུགས་ཀྱི་སྟོབས་ནི་ཤེས་བྱ་བཞིན་དུ་མཛའ་ཡས་པ ་ཡིན་ནོ། །སྐུ་ཡི་སྲེད་མེད་བུའི་སྟོབས། །སྐུའི་སྟོབས་ནི་སྲེད་མེད་བུའི་སྟོབས་ཙམ་མོ་ཞེས་བརྗོད་དོ། །གཞན་དག་ཚིགས་ན་གཞན་དག་ན་རེ་ནི་ཚིགས་དང་ཚོགས་ན་སྲེད་མེད་བུའི་སྟོབས་ཙམ་ཡོད་དོ་ཞེས་ཟེར་རོ། །བཙུན་པ་ན་རེ་ནི་སྟོབས་ཀྱང་ཐུགས་ཀྱི་སྟོབས ་བཞིན་དུ་མཛའ་ཡས་པ་ཡིན་ནོ། །དེ་ལྟ་མ་ཡིན་ན་མཁྱེན་པའི་སྟོབས་མཛའ་ཡས་པ་བཟོད་པར་ཡང་མི་འགྱུར་རོ། །ཞེས་ཟེར་རོ་སངས་རྒྱས་དང་འཁོར་ལོ་སྒྱུར་བ་རྣམས་ཀྱི་ཚིགས་ནི་སྤྲུལ་བཅུས་པ་ལྟ་བུ་དང། ལུ་གུ་རྒྱུད་དང། གཟེར་བུས་བཏབ་པ་ལྟ་བ་ཡིན་ནོ་སྲེད ་མེད་ཀྱི་བུའི་སྟོབས་ཀྱི་ཚད་ཀྱང་ཇི་ཙམ་ཞེ་ན། གླང་ཆེན་སྟོབས་བཅུས་གླགས་བདུན་གྱིས་སྟོབས་ཡིན་ནོ། །གླང་པོ་ཆེ་ཐ་མལ་པ་བཅུའི་སྟོབས་གང་ཡིན་པ་དེ་ནི་སྤོས་ཀྱི་གླང་པོ་ཆེ་གཅིག་གི་སྟོབས་ཡིན་ནོ། །དེ་བཞིན་དུ་ཚན་པོ་ཆེ་ཆེན་པོ་དང། རབ་གནོན་དང། ཡན ་ལག་མཆོག་དང། སྟོབས་མཆོག་དང། སྲེད་མེད་བུ་རྣམས་གོང་ནས་གོང་དུ་བཅུ་འགྱུར་དུ་བསྐྱེད་དེ་བརྗོད་པར་བྱའོ་གཞན་དག་ན་རེ་གླང་པོ་ཆེ་ཕལ་པ་དང། སྤོས་ཀྱི་གླང་པོ་དང། ཚན་པོ་ཆེ་ཆེན་པོ་དང། རབ་གནོན་རྣམས་ཀྱི་སྟོབས་གོང་ནས་གང་དུ་བཅུ་འགྱུར ་དུ་བསྐྱེད་པ་དེ་ནི་སྲེད་མེད་ཀྱི་བུའི་སྟོབས་ཕྱེད་ཡིན་ནོ། །དེ་གཉིས་སུ་བསྒྱུར་བ་སྲེད་མེད་ཀྱི་བུའི་སྟོབས་ཡིན་ནོ་ཞེས་ཀྱང་ཟེར་ཏེ། ཇི་ཙམ་དུ་མང་བ་དེ་ཙམ་དུ་རིགས་པ་ཡིན་ནོ། །དེ་ནི་རེག་བྱའི་སྐྱེ་མཆེད་དོ། །སྐུའི་བསྟོད་པ་གང་ཡིན་པ་དེ་ནི་ཐམས་ཅད་ཀྱི་ཡང་རེག་བྱའི ་སྐྱེ་མཆེད་ཀྱི་རང་བཞིན་འབྱུང་བ་ཆེན་པོའི་ཁྱད་པར་ཉིད་ཡིན་པར་རིགས་པར་བྱའོ། །གཞན་དག་ན་རེ་རྒྱུར་བྱས་པའི་གཟུགས་བདུན་ལས་དོན་གཞན་དུ་གྱུར་པ་ཞིག་ཡིན་ནོ། ཞེས་ཟེར་རོ། །སྟོབས་རྣམས་བཤད་ཟིན་ཏོ། །མི་འཇིགས་པ་ནི་རྣམ་བཞི་སྟེ། །མདོ་ལས ་ཇི་སྐད་དུ་འབྱུང་བ་བཞིན་ནོ། །མི་འཇིགས་པ་བཞི་པོ་དེ་དག་ཀྱང། ཅི་ལྟར་དང་པོ་བཅུ་པ་དང། གཉིས་པ་བདུན་པའི་སྟོབས་ཡིན་ནོ། །གནས་དང་གནས་མ་ཡིན་པ་མཁྱེན་པའི་སྟོབས་ཇི་ལྟ་བར་མངོན་པར་རྫོགས་པར་སངས་རྒྱས་པ་ལ ་ཞེས་བྱ་བའི་མི་འཇིགས་པ་དེ་ཡང་དེ་དང་འདྲ་བར་རིག་པར་བྱའོ། །ཟག་པ་ཟད་པ་མཁྱེན་པའི་སྟོབས་ཇི་ལྟ་བར་ཟག་པ་ཟད་པར་གྱུར་པ་ལ་ཞེས་བྱ་བའི་མི་འཇིགས་པ་དེ་ཡང་དེ་དང་འདྲའོ། །ལས་བདག་གིར་བྱ་བ་མཁྱེན་པའི་སྟོབས་ཇི་ལྟ་བར། ངས་གང་དག ་ཉན་ཐོས་རྣམས་ལ་བར་དུ་གཅོད་པར་འགྱུར་བའི་ཆོས་སུ་གསུངས་པ་ལ་ཞེས་བྱ་བའི་མི་འཇིགས་པ་དེ་དང་འདྲའོ། །ཀུན་ཏུ་འགྲོ་བའི་ལམ་མཁྱེན་པའི་སྟོབས་ཇི་ལྟ་བར་ངས་གང་ཉན་ཐོས་རྣམས་ཀྱི་ངེས་པར་འབྱུང་བའི་ལམ་དུ་གསུངས་པ་ཞེས་བྱ་བའི ་མི་འཇིགས་པ་ཡང་དེ་དང་འདྲ་བར་རིག་པར་བྱའོ། །ཇི་ལྟར་ན་མཁྱེན་པ་ཉིད་མི་འཇིགས་པ་ཡིན་ཞེ་ན། མི་སྐྲག་པ་ནི་མི་འཇིགས་པ་ཡིན་ལ། དེ་དག་གིས་ནི་མི་སྐྲག་པར་འགྱུར་རོ། །ཤེས་པར་བྱས་པ་ནི་མི་འཇིགས་པ་ཡིན་པར་རིགས་ཀྱི་ཤེས་པ ་ཉིད་ནི་མ་ཡིན་ནོ། །འཁོར་གྱི་བྱེ་བྲག་ལས་དྲན་པ་ཉེ་བར་གཞག་པ་གསུམ་དུ་འགྱུར་ཏེ། མདོ་ལས་ཇི་སྐད་དུ་འབྱུང་བ་བཞིན་ནོ། །དེ་ཡང་དྲན་དང་ཤེས་རབ་བདག་ཉིད་གསུམ། །དྲན་པ་ཉེ་བར་གཞག་པ་གསུམ་པོ་དེ་དག་གིས་ནི་དྲན་པ་དང་ཤེས་བཞིན ་གྱི་རང་བཞིན་ཏེ། གང་གི་ཚེ་ཉན་ཐོས་གུས་པར་ཉན་པའམ་མི་ཉན་པའི་གཉི་ག་ལ་ཡང་ཀུན་ཏུ་གྱེས་པ་འམ། ཀུན་ནས་མནར་སེམས་སུ་ཡང་མི་འགྱུར་རོ། །ཅིའི་ཕྱིར་དེ་དག་ལ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ཞེས་བྱ་ཞེ་ན། བག་ཆགས་དང་བཅས་པ་སྤངས ་པའི་ཕྱིར་རོ། །ཡང་ན་ཉན་ཐོས་རྣམས་གང་གི་ཡིན་པ་དེ་ལ་གུས་པར་ཉན་པའམ་གུས་པར་མི་ཉན་པའམ། གཉི་ག་ལ་ནི་ཤིན་ཏུ་ཡང་ཡིད་བདེ་བ་ལ་སོགས་པའི་གོ་སྐབས་སུ་འགྱུར་གྱི་གཞན་དག་ལ་ནི་དེ་ལྟ་མ་ཡིན་ན། དེ་ལ་དེ་མི་སྐྱེ་བ་ཡི ་མཚན་དུ་རྣམ་པར་བཞག་གི་།གཞན་དག་ལ་ནི་མ་ཡིན་ནོ། །ད་ནི་ཐུགས་རྗེ་ཆེན་པོ་ལ་སོགས་པ་བརྗོད་པར་བྱ་སྟེ། དེ་སྨྲས་པ། ཐུགས་རྗེ་ཆེན་པོ་ཀུན་རྫོབ་བློ། །ཐུགས་རྗེ་ཆེན་པོ་ནི་ཀུན་ཤེས་པའི་བདག་ཉིད་ཡིན་ནོ། །གཞན་དུ་ན་སེམས་ཅན་ཐམས་ཅད ་ལ་དམིགས་པ་ཡང་མི་འགྲུབ་པ། སྙིང་རྗེ་བཞིན་དུ་སྡུག་བསྔལ་གསུམ་གྱི་རྣམ་པ་ཡང་མ་ཡིན་པར་འགྱུར་རོ། །འདི་ཅིའི་ཕྱིར་ཐུགས་རྗེ་ཆེན་པོ་ཞེས་བྱ་ཞེ་ན། ཚོགས་དང་རྣམ་པ་སྤྱོད་ཡུལ་དང། །མཉམ་པའི་ཕྱིར་དང་ཆེས་ཆེའི་ཕྱིར། །ཚོགས་ཀྱི་ནི ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཆེན་པོས་ཡང་དག་པར་གྲུབ་པའི་ཕྱིར་རོ། །རྣམ་པས་ནི་སྡུག་བསྔལ་གསུམ་གྱི་རྣམ་པ་ཡིན་པའི་ཕྱིར་རོ། །དམིགས་པས་ནི་ཁམས་གསུམ་པའི་སེམས་ཅན་ལ་དམིགས་པའི་ཕྱིར་རོ། །མཉམ་པ་ཉིད་ཀྱིས་ནི་སེམས་ཅན་ཐམས ་ཅད་ལ་འདྲ་བའི་འཇུག་པའི་ཕྱིར་རོ། །ཆེས་ཆེ་བ་ཉིད་ཀྱིས་ནི་དེ་ལས་ཆེས་ཆེ་བ་མེད་པའི་ཕྱིར་རོ། །སྙིང་རྗེ་དང་ཐུགས་རྗེ་ཆེན་པོ་གཉིས་ཐ་དད་དུ་བྱ་བ་ཅི་ཞིག་ཡོད་ཅེ་ན། ཐ་དད་བྱ་བ་རྣམ་པ་བརྒྱད། །རང་བཞིན་ལས་ནི་ཞེ་མི་སྡང་བ་དང་མི་གཏི་མུག་པའི་རང་བཞིན ་ཡིན་པའི་ཕྱིར་རོ། །རྣམ་པ་ལས་ནི་སྡུག་བསྔལ་གཅིག་དང་གསུམ་གྱི་རྣམ་པ་ཡིན་པའི་ཕྱིར་རོ། །དམིགས་པ་ལས་ནི་ཁམས་གཅིག་དང་ཁམས་གསུམ་པའི་སེམས་ཅན་ལ་དམིགས་པ་ཡིན་པའི་ཕྱིར་རོ། །ས་ལས་ནི་བསམ་གཏན་བཞི་དང་བསམ་གཏན་པའི་ས ་པ་ཡིན་པའི་ཕྱིར། རྒྱུད་ལས་ནི་ཉན་ཐོས་ལ་སོགས་པ་རང་སངས་རྒྱས་ཀྱི་རྒྱུད་ལས་སྐྱེས་པ་ཡིན་པའི་ཕྱིར་རོ། །ཐོབ་པ་ལས་ནི་འདོད་པའི་ཁམས་དང་སྲིད་པའི་རྩེ་མོ་ལས་འདོད་ཆགས་དང་བྲལ་བས་ཐོབ་པ་ཡིན་པའི་ཕྱིར་རོ། །ཡོངས་སུ་མི་སྐྱོབ་པ་དང་ཡོངས་སུ་སྐྱོབ ་པ་ཡིན་པའི་ཕྱིར་དང། མཚུངས་པ་དང་མི་མཚུངས་པ་ལ་ཐུགས་རྗེ་མཇེད་པ་ཡིན་པའི་ཕྱིར་རོ། །ཅི་སངས་རྒྱས་ཐམས་ཅད་རྣམ་པ་ཐམས་ཅད་དུ་མཉམ་པ་ཉིད། ཚོགས་དང་ཆོས་སྐུ་འགྲོ་བའི་དོན། །སྤྱོད་པས་སངས་རྒྱས་ཐམས་ཅད་དག་།མཉམ་པ་ཉིད་དེ་སྐུ་ཚེ་དང། །རིགས་དང་ཚད་ཀྱིས ་མ་ཡིན་ནོ། །སངས་རྒྱས་ཐམས་ཅད་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཐམས་ཅད་ཀྱིས་ཡང་དག་པར་འགྲུབ་པ་དང། ཆོས་ཀྱི་སྐུ་ཡོངས་སུ་འགྲུབ་པ་དང། འཇིག་རྟེན་གྱི་དོན་སྤྱོད་པ་དང། རྒྱུ་གསུམ་གྱི་མཉམ་པ་ཉིད་ཡིན་ནོ། །སྐུ་ཚེ་དང་ཚེ ་རིགས་དང་ཆེད་དུ་བྱས་པ་ནི་བྱེ་བྲག་ཡོད་དེ། ཡུན་རིང་པོ་དང་ཐུང་ངུར་འཚོ་བ་དང། རྒྱལ་རིགས་དང། བྲམ་ཟེ་རིགས་ཐ་དད་པ་དང། འོད་སྲུངས་དང་ཤཱཀྱ་ལ་སོགས་པའི་རིགས་ཐ་དད་པ་དང། དུས་ཇི་ལྟ་བ་བཞིན་དུ་སའི་བོང་ཚད་ཆེ་ཆུང་ཐ་དད་པའི་ཕྱིར་རོ། །འདི་ལྟ་སྟེ ་ཕུན་སུམ་ཚོགས་པ་གསུམ་པ་རྒྱུ་ཕུན་སུམ་ཚོགས་པ་དང། འབྲས་བུ་ཕུན་སུམ་ཚོགས་པ་དང། ཕན་པ་ཕུན་སུམ་ཚོགས་པ་དེ་དག་ཁོ་ན་ཡིད་ལ་བྱེད་པའི་མཁས་པ་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ། དགའ་བ་དང་བཀུར་སྟི་ཆེན་པོ་བསྐྱེད་པར་ནུས་སོ། །དེ་ལ་རྒྱུ་ཕུན ་སུམ་ཚོགས་པ་ནི་རྣམ་པ་བཞི་སྟེ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ལ་གོམས་པ་དང། ཡུན་རིང་པོ་ནས་གོམས་པ་དང། གུས་པར་བྱས་ཏེ་གོམས་པའོ། །འབྲས་བུ་ཕུན་སུམ་ཚོགས་པ་ལ་ཡང་བཞི་སྟེ། ཡེ་ཤེས་ཕུན་སུམ་ཚོགས་པ་དང། སྤངས་པ་ཕུན་སུམ ་ཚོགས་པ་དང། མཐུ་ཕུན་སུམ་ཚོགས་པ་དང། གཟུགས་ཀྱི་སྐུ་ཕུན་སུམ་ཚོགས་པའོ། །ཕན་པ་ཕུན་སུམ་ཚོགས་པ་ལ་ཡང་རྣམ་པ་བཞི་སྟེ། ངན་སོང་གསུམ་དང་འཁོར་བ་ལས་ཤིན་ཏུ་ངེས་པར་གྲོལ་བ་ཕུན་སུམ་ཚོགས་པ་འམ། ཐེག་པ་གསུམ་དང་བདེ་འགྲོ་ལ ་འགོད་པར་བྱེད་པས་ཕུན་སུམ་ཚོགས་པའོ། །དེ་ལ་ཡེ་ཤེས་ཕུན་སུམ་ཚོགས་པ་ལ་ཡང་རྣམ་པ་བཞི་སྟེ། མ་བསྟན་པར་མཁྱེན་པ་དང། ཐམས་ཅད་མཁྱེན་པ་དང། ཐམས་ཅད་དུ་མཁྱེན་པ་དང། མ་འབད་པར་མཁྱེན་པའོ། །སྤངས་པ་ཕུན་སུམ་ཚོགས་པ་ཡང་རྣམ ་པ་བཞི་སྟེ། ཉོན་མོངས་པ་ཐམས་ཅད་སྤངས་པ་དང། གཏན་དུ་སྤངས་པ་དང། བག་ཆགས་དང་བཅས་ཏེ་སྤངས་པ་དང། ཏིང་ངེ་འཛིན་སྙོམས་པར་འཇུག་པའི་རྣམ་པ་ཐམས་ཅད་སྤངས་པའོ། །མཐུ་ཕུན་སུམ་ཚོགས་པ་ཡང་རྣམ་པ་བཞི་སྟེ། ཕྱིས་ཡུལ་སྤྲུལ་བ་དང ་ཡོངས་སུ་བསྒྱུར་བ་བྱིན་གྱིས་རློབ་པའི་མངའ་ཕུན་སུམ་ཚོགས་པ་དང། སྐུ་ཚེ་གཏོང་བར་བྱིན་གྱིས་རློབ་པའི་མངའ་ཕུན་སུམ་ཚོགས་པ་དང། སྒྲིབ་པ་དང། ནམ་མཁའ་དང་ཤིན་ཏུ་རིང་བ་ལ་ཡང་མྱུར་དུ་གཤེགས་པ་དང། ཆུང་ངུ་ཆེན་པོར་འཇུག་པར་མཛད་པའི་མངའ་བ་ཕུན་སུམ ་ཚོགས་པ་དང། བདག་ཉིད་ཀྱི་ཡ་མཚན་གྱིས་ཆོས་རྣམ་པ་དུ་མ་ཕུན་སུམ་ཚོགས་པའོ། །གཟུགས་ཀྱི་སྐུ་ཕུན་སུམ་ཚོགས་པ་ཡང་རྣམ་པ་བཞི་སྟེ། མཚན་ཕུན་སུམ་ཚོགས་པ་དང། དཔེ་བྱད་ཕུན་སུམ་ཚོགས་པ་དང། སྟོབས་ཕུན་སུམ་ཚོགས་པ་དང། སྐུ་རྡོ་རྗེ་ལྟར་སྲ་བ་ཉིད ་ཕུན་སུམ་ཚོགས་པ་སྟེ། དེ་དག་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཆེ་བའི་བདག་ཉིད་མདོར་བསྡུས་པ་ཡིན་ནོ། །དེ་ནི་དབྱེ་ན་རབ་ཏུ་དབྱེ་བ་མཛའ་ཡས་པར་འགྱུར་ཏེ། དེ་ཡང་གལ་ཏེ་བཅོམ་ལྡན་འདས་ཉིད་ཀྱིས་སྐུ་ཚེ་བསྐལ་པ་གྲངས་མེད་པ་དུ་མར་བྱིན་གྱིས་བརླབས་ན་ནི་མཛའ་ ་དག་བརྗོད་པ་དང་མཁྱེན་པར་སྤྱོད་དོ། །དེ་ལྟར་ན་རེ་ཞིག་དེ་བཞིན་གཤེགས་པ་རྣམས་ནི་ཡེ་ཤེས་དང་མཐུ་དང་ཕན་པའི་ཡོན་ཏན་མཛའ་ཡས་ཤིང་སྨད་དུ་བྱུང་བ་རིན་པོ་ཆེ་ཆེན་པོའི་འབྱུང་གནས་ཡིན་ནོ། །འོན་ཀྱང་བྱིས་པ་རང་གི་ཡོན་ཏན་དབུལ་བས་མོས་པ་བཅོམ་པ་རྣམས་ནི ་ཡོན་ཏན་གྱི་འབྱོར་པ་དེ་ལྟ་བུ་ཐོས་ཀྱང་སངས་རྒྱས་དང་དེའི་ཆོས་ལ་གུས་པར་མི་བྱེད་ཀྱི། མཁས་པ་རྣམས་ནི་རྐང་ཡན་ཆད་ནས། བཅོམ་ལྡན་འདས་དེ་དང་དེའི་ཆོས་ཡིད་ཆེས་པར་འགྱུར་ཏེ། དེ་དག་ནི་དེ་ལ་དད་པ་ཙམ་གྱིས་གཅིག་ཏུ་མངོན་པར་རབ་ཏུ་ཞུགས་པས་ཀྱང་རྣམ་པར ་སྨིན་པར་མ་ངེས་པའི་སྡིག་པའི་ཚོགས་རྣམས་ཟིལ་གྱིས་མནན་ཏེ། ལྷ་དང་མིའི་ལེགས་པ་ཉམས་སུ་མྱོང་ཞིང་མྱ་ངན་ལས་འདས་པ་ལ་གཞོལ་བར་འགྱུར་རོ། །དེ་ཉིད་ཀྱི་ཕྱིར་འབྲས་བུ་མེད་པ་མ་ཡིན་པ་དང། འབྲས་བུ་ཡིད་དུ་འོང་བ་དང། མཆོག་ཏུ་འགྱུར་བ་དང། མཛའ་བཟད ་བས་ན་དེ་བཞིན་གཤེགས་པ་ནི་བསོད་ནམས་ཀྱི་ཞིང་བླ་ན་མེད་པ་ཞེས་བྱའོ། །བཅོམ་ལྡན་འདས་ཀྱིས་ཀྱང། གང་དག་རྒྱལ་བ་རྣམས་འདྲེན་ལ། །ཅུང་ཟད་བྱ་བ་བྱེད་པ་འགྱུར་བ་དང། །མཐོ་རིས་སྣ་ཚོགས་བགྲོང་ནས་ནི། །བདུད་རྩིའི་གོ་འཕང་ཐོབ་པར་འགྱུར། །ཞེས་གསུངས་སོ།། ་རེ་ཞིག་དེ་དག་ནི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཅེས་བྱའོ། །ཆོས་གཞན་སློབ་མ་དང། ཐུན་མོང་སངས་རྒྱས་ཀྱི་ཡོན་ཏན་གཞན་རྣམས་ནི་ཉན་ཐོས་དང་ཡང་ཐུན་མོང་ཡིན་ལ། ཁ་ཅིག་སོ་སོའི་སྐྱེ་བོ་དང། དེ་དག་ཀྱང་གང་ཞེ་ན། ཅི་རིགས་པར ་ཉོན་མོངས་མེད་དང་སྨོན་ནས་ཤེས། སོ་སོ་ཡང་དག་རིགས་སྔོན་སོགས། །ཉོན་མོངས་པ་མེད་པ་དང། སྨོན་ནས་ཤེས་པ་དང། སོ་སོ་ཡང་དག་པར་རིགས་པ་དང། མངོན་པར་ཤེས་པ་དང། བསམ་གཏན་དང་གཟུགས་མེད་པ་དང། ཚད་མེད་པ་དང། རྣམ་པར་ཐར་པ ་དང། ཟིལ་གྱིས་གནོན་པའི་སྐྱེ་མཆེད་དང་ཟད་པར་གྱི་སྐྱེ་མཆེད་ལ་སོགས་པའོ། །དེ་ལ་ཉོན་མོངས་པ་མེད་པ་ཞེས་བྱ་བ་ནི། དགྲ་བཅོམ་པ་ལ་ལ་ཞིག་སེམས་ཅན་རྣམས་ཀྱི་སྡུག་བསྔལ་ནི་ཉོན་མོངས་པ་ལ་རབ་ཏུ་སྐྱེ་བ་དང། བདག་ཉིད་ཀྱང་ཡོན་གནས་ཀྱི་ཁྱད་པར ་ཡིན་པར་རིག་ནས་གཞན་དག་དེ་ལ་དམིགས་ནས་ཉོན་མོངས་པ་སྐྱེ་བར་འགྱུར་བ་ཡོངས་སུ་སྤང་བར་འདོད་དེ། ཅི་ནས་ཀྱང་གང་གིས་གཞན་དག་ཐམས་ཅད་ཀྱིས་ཐམས་ཅད་དུ་ཉོན་མོངས་པ་སྐྱེ་བར་མི་བྱེད་ཅིང། འགའ་ཡང་དེ་ལ་དམིགས་ནས་འདོད་ཆགས་སམ ་ཞེ་སྡང་དམ་ང་རྒྱལ་སྐྱེ་བར་མི་འགྱུར་བ་དེ་ལྟ་བུའི་ཡེ་ཤེས་སྐྱེད་པར་བྱེད་པ་སྟེ། ལམ་དེ་ནི་ཅུང་ཟད་ཀྱང་ཉོན་མོངས་པར་མི་བྱེད་པས་ན་ཉོན་མོངས་པ་མེད་པ་ཞེས་བྱའོ། །ཡང་དེ་ནི་ཉོན་མོངས་མེད་པ་ཀུན་རྫོབ་ཤེས། །དེ་ནི་དེའི་རང་བཞིན་ཡིན་ནོ། །བསམ་གཏན་ཐ་མའི། བསམ་གཏན ་བཞི་པའི་ས་པ་ཡིན་ཏེ། བདེ་བ་བསྒྲུབ་པའི་མཆོག་ཡིན་པའི་ཕྱིར་རོ། །མི་གཡོ་ཆོས་དགྲ་བཅོམ་པ་གཞན་གྱིས་ནི་མ་ཡིན་ཏེ། གཞན་དག་ནི་རེས་འགའ་ནི་བདག་གི་རྒྱུད་ལས་ཀྱང་ཉོན་མོངས་པ་ཡོངས་སུ་སྤོང་བར་མི་ནུས་སོ། །མི་སྐྱེད་མི་རྣམས་ཀྱི་ནང་ཉིད་དང། གླིང་གསུམ ་དག་ཏུ་སྐྱེ་བར་བྱེད་དོ། །ཉོན་མོངས་པ་འདོད་གཏོགས་པ། །མ་སྐྱེས་བཞིར་བཅས་སྤྱོད་ཡུལ་ལོ། །དེའི་དམིགས་པ་ནི་ཉོན་མོངས་པ་འདོད་པར་གཏོགས་པ་མ་འོངས་པ་བཞི་དང་བཅས་པ་རྣམས་ཡིན་ཏེ། ཅི་ནས་ཀྱང་གཞན་དག་ཉོན་མོངས་པ་བསྐྱེད་པར་མི་འགྱུར་བ་དེ་ལྟར ་ཞུགས་པའི་ཕྱིར་རོ། །ཐམས་ཅད་དུ་འགྲོ་བ་རྣམས་ནི་རང་གི་མཛའ་དག་ལ་དམིགས་པའི་ཕྱིར་གཞི་མེད་པའི་ཉོན་མོངས་པ་ནི་སྤང་བར་མི་ནུས་སོ། །ཉོན་མོངས་པ་མེད་པ་ཇི་སྐད་དུ་བཤད་པ། སྨོན་ནས་ཤེས་པའང་དེ་བཞིན་ནོ། །ཀུན་རྫོབ་ཤེས་པ་དེ་ཡང་བསམ་གཏན་ཐ་མ་པ ་དང། མི་གཡོ་བའི་ཆོས་ཅན་རྣམས་ཀྱི་དང། མིའི་ལུས་ལ་བརྟེན་པ་ཡིན་ནོ། །དེའི་དམིགས་པ་ཐམས་ཅད་དོ། །སྨོན་ནས་ཤེས་པའི་དམིགས་པ་ནི་ཆོས་ཐམས་ཅད་ཡིན་ཏེ། དེ་ལྟར་ན་དེ་ནི་བྱེ་བྲག་ཡིན་ནོ། །བྱེ་བྲག་ཏུ་སྨྲ་བ་རྣམས་ན་རེ། སྨོན་ནས་ཤེས་པས་གཟུགས་མེད་པར་རྟོགས་པ་རྣམས་ནི ་མངོན་སུམ་དུ་མི་ཤེས་ཀྱིས། ཇི་ལྟ་ཞེ་ན། རྒྱུ་མཐུན་པ་དང་སྤྱོད་པའི་བྱེ་བྲག་གི་སྒོ་ནས་ཤེས་ཏེ། འདིར་དཔེ་ནི་ཞིང་བ་ལྟ་བུའོ། །ཞེས་ཟེར་རོ་སྨོན་པ་སྔར་བཏང་ནས་ཤེས་པ་ནི་སྨོན་ནས་ཤེས་པ་སྟེ། གང་ཞིག་འདི་ཤེས་པར་བྱའོ་ཞེས་སྨོན་ནས་རབ་ཀྱི་མཛའ་ཨི་བསམ་གཏན་བཞི་པ་ལ ་སྙོམས་པར་འཇུག་ཅིང། ཏིང་ངེ་འཛིན་དེའི་སྤྱོད་ཡུལ་དུ་ཇི་ཙམ་ཞིག་།གྱུར་པ་དེ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པའོ། །དེ་བཞིན་ཆོས་དོན་ངེས་ཚིགས་དང། སྤོབས་པ་སོ་སོ་ཡང་དག་རིག་།སོ་སོ་ཡང་དག་པར་རིག་པ་ནི་བཞི་སྟེ། ཆོས་སོ་སོ་ཡང་དག་པར་རིག་པ་དང། དོན་སོ ་སོ་ཡང་དག་པར་རིག་པ་དང། །ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པ་དང། སྤབས་པ་སོ་སོ་ཡང་དག་པར་རིག་པའོ། །དེ་དག་ཀྱང་ཉོན་མོངས་པ་མེད་པ་ཇི་ལྟ་བ་དེ་བཞིན་ནོ། །དེ་དག་གི་དེ་བཞིན་ཞེས་བྱ་བ་ཡང་གང་ཞིག་ཅེ་ན་མི་གཡོ་བའི་ཆོས་ཅན་རྣམས་ཀྱི་ཡིན་པ་དང། མིའི ་ལུས་ལ་བརྟེན་པ་ཉིད་ཡིན་གྱི། དེ་དག་གི་དམིགས་པ་དང་སའི་བྱེ་བྲག་ནི་ཐ་དད་པར་བརྗོད་དོ། །མིང་དོན་ཚིག་ལ་ཐོགས་མེད་ཤེས། །གསུམ་པོ་དག་དང་རིམ་བཞིན་ནོ། །མིང་དང་ཚིག་དང་ཡི་གེའི་ཚོགས་རྣམས་དང་དོན་ཚིག་ལ་ཐོགས་པ་མེད་པར་ཤེས་པ་ནི་རིམ་པ་བཞིན་དུ་ཆོས ་དོན་ངེས་པའི་ཚིག་སོ་སོ་ཡང་དག་པ་ཡིན་ནོ། །བཞི་པ་རིག་པ་ཐོགས་མེད་པར་བརྗོད་དང་ལམ་ལ་དབང་ཉིད་ལ། སྤོབས་པ་མེད་པར་ཤེས་པ་ཞེས་བྱ་བར་སྦྱར་ཏེ། སྤོབས་པ་སོ་སོ་ཡང་དག་པར་རིག་པ་ནི་རིགས་པ་དང། ཐག་ཐོགས་མེད་པར་བརྗོད་པ་དང། ཏིང་ངེ་འཛིན་ལ་དབང་བ་དང། རབ ་ཏུ་གསལ་བར་བྱ་བ་ལ་ཐོགས་པ་མེད་པར་ཤེས་པའོ། །དེ་ཡི་དམིགས་པ་ངག་དང་ལམ། །དེའི་དམིགས་པ་ནི་ངག་དང་ལས་ཡིན་ནོ། ཤེས་པ་དགུ་སྟེ། སྤོབས་པ་སོ་སོ་ཡང་དག་པར་རིག་པ་ནི་འགོག་པ་ཤེས་པ་མ་གཏོགས་པ་དགུའི་རང་བཞིན་ཡིན་ནོ།། ་ས་ཐམས་ཅད་དེ་ནི་དག་དང་ལམ་གཉིས་ལས་གང་ཡང་རུང་བ་ཞིག་ལ་དམིགས་པའི་ཕྱིར་འདོད་པའི་ཁམས་ནས་སྲིད་པའི་རྩེ་མོའི་བར་གྱིས་ཐམས་ཅད་པ་ཡིན་ནོ། །ཡང་དག་དོན་རིགས་བཅུ་འམ་དྲུག་།དོན་སོ་སོ་ཡང་དག་པར་རིག་པ་ནི། །གལ་ཏེ་དོན་ཆོས་ཐམས་ཅད་ཡིན ་ན་ནི་ཤེས་པ་བཅུ་ཡིན་ནོ། །གལ་ཏེ་དོན་མྱ་ངན་ལས་འདས་པ་ཡིན་ན་ནི་ཆོས་ཤེས་པ་དང། རྗེས་སུ་ཤེས་པ་དང། འགོག་པ་ཤེས་པ་དང། ཟད་པ་དང་མི་སྐྱེ་བ་ཤེས་པ་དང། ཀུན་རྫོབ་ཤེས་པ་རྣམས་ཏེ། ཤེས་པ་དྲུག་ཡིན་ནོ། །དེ་ནི་ཐམས་ཅད་དོན་སོ་སོ་ཡང་དག་པར་རིག་པ་ནི། ་ས་ཐམས་ཅད་ཡིན་ནོ། །གཞན་ཀུན་རྫོབ་གཞན་ཆོས་དང་ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པ་གཉིས་ནི་མིང་གི་ཚོགས་ལ་སོགས་པ་དང། ངག་ལ་དམིགས་པ་ཡིན་པའི་ཕྱིར་ཀུན་རྫོབ་ཤེས་པའི་རང་བཞིན་ཡིན་ནོ། །ཆོས་རིག་འདོད་དང་བསམ་གཏན་ན། །ཆོས་སོ ་སོ་ཡང་དག་པར་རིག་པ་ནི། ས་ལྔ་པོ་འདོད་པའི་ཁམས་དང་བསམ་གཏན་བཞིས་བསྡུས་པ་ཡིན་ཏེ། དེའི་གོང་ན་མིང་གི་ཚོགས་མེད་པའི་ཕྱིར་རོ། །ངག་ནི་འདོད་དང་དང་པོ་ན། །ངག་དང་ངེས་པའི་ཚིག་ཅེས་བྱ་བ་ནི་དོན་གཅིག་གོ་།ངེས་པའི་ཚིགས་ས་ཡང་དག་པར་རིག་པ་ནི ་འདོད་པའི་ཁམས་དང་བསམ་གཏན་དང་པོའི་ས་པ་ཡིན་ཏེ། དེའི་གོང་ན་རྟོག་པ་མེད་པའི་ཕྱིར་རོ། །བཏགས་པ་ལས་ནི་སོ་སོ་ཡང་དག་པར་རིག་པ་དག་ནི་འདི་སྐད་དུ་སྟོན་ཏེ། ཚིག་དང་ཡི་གེ་དང་དེ་ཉིད་ཀྱི་དོན་དང། དེ་ཉིད་ཀྱི་གཅིག་དང་གཉིས་དང། མང་པོ་དང། ཕོ་མོ་ལ་སོགས ་པའི་ཚིག་བླ་དགས་དེ་དག་ལ་ཐོགས་པ་མེད་པར་བྱ་བའི་ཕྱིར་ཐོགས་པ་མེད་པར་ཤེས་པ་ནི་ཆོས་ལ་སོགས་པ་སོ་སོ་ཡང་དག་པར་རིགས་པ་ཡིན་ནོ་ཞེས་འབྱུང་ངོ། །དེ་ཉིད་ཀྱི་ཕྱིར་དེ་དག་གི་རིམ་པ་ནི་དེ་ལྟར་ན་གྲུབ་པོ། །ཚིག་དེས་པ་ནི་ངེས་པའི་ཚིག་སྟེ། །དཔེར་ན་གཟུགས ་གཟུགས་སུ་རུང་བས་དེ་བས་ན་གཟུགས་ཞེས་བྱ་བ་ལ་སོགས་པའོ། །གཞན་དག་ན་རེ་ལན་དང་ལན་ལ་སྤོབས་བས་ན་སྤོབས་པ་ཡིན་ནོ། །ཞེས་ཟེར་རོ། །སོ་སོ་ཡང་དག་པར་རིག་པ་དེ་དག་གི་སྔར་སྦྱོར་བ་ནི་རིམ་བཞིན་དུ་རྩིས་དང། སངས་རྒྱས་ཀྱི་བཀའ་དང། སྒྲ་རིག་པ་དང། ་གཏན་ཚིགས་རིགས་པ་དག་ཡིན་ཏེ། དེ་དག་ལ་མཁས་པར་མ་བྱས་པར་དེ་དག་བསྐྱེད་པར་མི་ནུས་སོ་ཞེས་གྲག་གོ་།དེ་དག་ཐམས་ཅད་ཀྱིས་སྦྱོར་བ་ནི་སངས་རྒྱས་ཀྱི་བཀའ་ཁོ་ན་ཡིན་ནོ་ཞེས་བརྗོད་དོ། །གང་གིས་སོ་སོ་ཡང་དག་པར་རིག་པ་གཅིག་ཐོབ་པ་དེས་གདོན་མི ་ཟ་བར་སོ་སོ་ཡང་དག་པར་རིག་པ་བཞི་ཆར་ཡང་འཐོབ་སྟེ། མ་ཚང་བར་ནི་དེ་ཐོབ་མེད། །སོ་སོ་ཡང་དག་པར་རིག་པ་དེ་དག་མ་ཚང་བར་ཐོབ་པ་ཅན་ནི་མེད་དོ། །དེ་ལྟར་ཉོན་མོངས་པ་མེད་པ་ལ་སོགས་པའི་ཡོན་ཏན་བསྟན་པ་གང་ཡིན་པ། དྲུག་པོ་དེ་དག་རབ་མཛའ་ཡིས། ། ་དེ་དག་ནི་རབ་ཀྱི་མཛའ་པའི་བསམ་གཏན་གྱིས་སྟོབས་ཀྱིས་འཐོབ་པོ། །དེ་ནི་རྣམ་དྲུག་རབ་ཀྱི་མཛའ་པའི་བསམ་གཏན་བཞི་པ་དེ་ཡང། ཉོན་མོངས་པ་མེད་པ་སྨོན་ནས་ཤེས་པ་དང་སོ་སོ་ཡང་དག་པར་རིག་པ་གསུམ་དང། རབ་ཀྱི་མཛའ་པ་དེ་ཉིད་དང་དྲུག་གི་བདག ་ཉིད་ཡིན་ནོ། །ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པ་ནི། དེའི་སྟོབས་ཀྱི་ཐོབ་པ་ཡིན་གྱི་བསམ་གཏན་བཞི་པའི་ས་ནི་མ་ཡིན་ནོ། །རབ་ཀྱི་མཛའ་ཞེས་བྱ་བ་ཅི་ཞེ་ན། བསམ་གཏན་མཛའ་བསམ་གཏན་བཞི་པ་ཡིན་ནོ། །དེ་ནི་ས་ཀུན་རྗེས་མཐུན་ཞིང། །འཕེལ་བའི ་མཛའ་མར་ཕྱིན་པའོ། །ཇི་ལྟར་ན་ས་ཐམས་ཅད་དང་རྗེས་སུ་མཐུན་པ་ཡིན་ཞེ་ན། འདོད་པ་ལས་སྤྱོད་པའི་སེམས་ལས་བསམ་གཏན་དང་པོ་ཡིན་ལ། དེ་ལས་ནི་གཉིས་པ་དེ། དེ་བཞིན་དུ་རིམ་གྱིས་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་བར་ཡིན་ནོ། །མི་མཐུན་པ་ནི ་ཡང་འདོད་པ་ན་སྤྱད་པའི་སེམས་ཀྱི་བར་དུ་ཡིན་ནོ། །ཡང་རྗེས་སུ་མཐུན་པ་ནི་བསམ་གཏན་བཞི་པའི་བར་ཡིན་ཏེ། དེ་ལྟར་ན་ས་ཐམས་ཅད་རྗེས་སུ་མཐུན་པ་ཡིན་ནོ། །ཇི་ལྟར་ན་འཕེལ་བའི་མཐར་ཕྱིན་པ་ཡིན་ཞེ་ན། ཇི་ལྟར་བསྒོམ་པ་ཆུང་ངུ་ལས་འབྲིང། ་འབྲིང་ལས་ཆེན་པོར་སྙོམས་པར་འཇུག་ཅིང་འཕེལ་པའི་མཆོག་ཏུ་བྱུང་བ་ནི། འཕེལ་བའི་མཐར་ཕྱིན་པ་སྟེ། བསམ་གཏན་དེ་ལྟ་བུ་ནི་རབ་ཀྱི་མཛའ་ཡིན་ནོ། །འདི་ནི་མཛའ་ཨི་ཐ་མར་རབ་ཏུ་ཕྱིན་བ་ཅན་ཡིན་པའི་ཕྱིར་ཏེ། འདིར་མཛའ་ ་ཞེས་བྱ་བ་ནི་འཕེལ་བ་རམ་རྣམ་པ་ཡིན་ཏེ། མུ་བཞི་ཞེས་བྱ་བ་བཞིན་ནོ། །ཡོན་ཏན་དྲུག་པོ་དེ་དག་ཀྱང། སངས་རྒྱས་ལས་གཞན་སྦྱོར་ལས་སྐྱེས། །སངས་རྒྱས་ལས་གཞན་པའི་ནི་སྦྱོར་བ་ནི་ས་བྱུང་བ་ཡིན་གྱི་འདོད་ཆགས་དང་བྲལ་བས་ཐོད ་པ་ནི་མ་ཡིན་ནོ། །སངས་རྒྱས་ཀྱིས་ནི་སྦྱོར་བ་ལས་བྱུང་བ་ཅུང་ཟད་ཀྱང་མདོ། །དེ་ནི་ཆོས་ཐམས་ཅད་ཀྱི་དབང་ཕྱུག་ཡིན་པའི་ཕྱིར། ཡོན་ཏན་སྔོན་དུ་བྱ་བ་ཐམས་ཅད་ནི་བཞེད་པ་ཙམ་ལ་རག་ལུས་པ་ཡིན་ནོ། །དེ་དག་ནི་རེ་ཞིག་ཉན་ཐོས་དང་ཐུན ་མོང་པའི་ཡོན་ཏན་ཡིན་ནོ། །མངོན་པར་ཤེས་པ་ལ་སོགས་པ་ནི་སོ་སོའི་སྐྱེ་བོ་དག་དང་ཡང་ཐུན་མོང་ཡིན་ཏེ། མངོན་པར་ཤེས་པ་ཞེས་བྱ་བ་དེ་ཡང་ཇི་ལྟ་ཞེ་ན། མངོན་ཤེས་རྣམ་དྲུག་རྫུ་འཕྲུལ་དང། །རྣ་བ་ཡིད་དང་སྔོན་ཚེ་དང། །ཤི་འཕོ་སྐྱེ་དང་ཐད ་ཤེས་པ། མངོན་དུ་བྱའོ། །རྫུ་འཕྲུལ་གྱི་ཡུལ་ཤེས་པ་དང། ལྷའི་རྣ་བ་དང། སེམས་ཀྱི་རྣམ་གྲངས་དང། ཚེ་སྔ་མ་དང། འཆི་འཕོ་དང་སྐྱེ་བ་དང། ཟག་པ་ཟད་པ་ཤེས་མངོན་དུ་བྱ་བའི་མངོན་པར་ཤེས་པའོ། །དེ་ལྟར་མངོན་པར་ཤེས་པ་དྲུག་པོ་དེ ་དག་ལས་ལྔ་ནི་སོ་སོའི་སྐྱེ་བོ་དང་ཐུན་མོང་ཡིན་ནོ། །དེ་དག་ཐམས་ཅད་ནི་གྲོལ་ལམ་བློ། །དགེ་སྦྱོང་གི་འབྲས་བུ་བཞིན་དུ་རྣམ་པར་གྲོལ་བའི་ལམ་གྱི་ཤེས་རབ་ཀྱི་རང་བཞིན་ཡིན་ནོ། །བཞི་ནི་ཀུན་རྫོབ་ཤེས་པ་སྟེ། །སེམས་ཀྱི་རྣམ་གྲངས་དང། ཟག ་པ་ཟད་པར་ཤེས་པའི་མངོན་པར་ཤེས་པ་མ་གཏོགས་སོ། །སེམས་ཤེས་པ་ལྔ་པ་ཡིན་ནོ། །སེམས་ཀྱི་རྣམ་གྲངས་ཤེས་པའི་མངོན་པར་ཤེས་པ་ནི་ཆོས་དང། རྗེས་སུ་ཤེས་པ་དང་ལམ་དང་ཀུན་རྫོབ་དང། ཕ་རོལ་གྱི་སེམས་ཤེས་པ་དང ་ལྔ་ཡིན་ནོ། །ཟད་པའི་མངོན་ཤེས་སྟོབས་བཞིན་ནོ། །འདི་ནི་ཟག་པ་ཟད་པ་མཁྱེན་པའི་སྟོབས་ཇི་སྐད་དུ་ཤེས་པ་དྲུག་གམ་བཅུ་ཡིན་པ་ཞེས་བཤད་པ་དེ་བཞིན་དུ་རིག་པར་བྱ་ལ། དེ་བཞིན་དུ་ས་ཐམས་ཅད་པ། ཡིན་པར་ཡང་ཤེས་པར་བྱའོ། །ལྷག་མ་ལྔ་ནི ་བསམ་གཏན་བཞི་དག་གི་མངོན་པར་ཤེས་པ་ལྔ་ནི་བསམ་གཏན་བཞིའི་ས་བ་ཡིན་ནོ། །མངོན་པར་ཤེས་པ་ལྔ་པོ་དག་གི་།རྫུ་འཕྲུལ་གྱི་མངོན་པར་ཤེས་པ་གང་ཡིན་པ་དེས། ས་དེའམ་ས་འོག་མར་འགྲོ་ཞིང་སྤྲུལ་པར་བྱེད་ཀྱི་གོང་དུ་ནི་མ་ཡིན་ནོ། །དེ་བཞིན ་དུ་ལྷའི་རྣ་བའི་མངོན་པར་ཤེས་པས་ཀྱང་རང་གི་ས་བ་ཁོ་ནའམ། ས་འོག་མ་པའི་སྒྲ་ཐོས་ཀྱི་ས་གོང་མ་བའི་ནི་མ་ཡིན་ནོ། །སེམས་ཀྱི་རྣམ་གྲངས་ཤེས་པའི་མངོན་པར་ཤེས་པས་ཀྱང་ས་གོང་མའི་སེམས་མི་ཤེས་སོ། །སྔོན་གྱི་གནས་རྗེས་སུ་དྲན་པས ་ཀྱང་མི་དྲན་ནོ། །འཆི་འཕོ་དང་སྐྱོ་བ་ཤེས་པའི་མངོན་པར་ཤེས་པས་ཀྱང་མཐོང་སྟེ། དེ་ཉིད་ཀྱི་ཕྱིར་གཟུགས་མེད་པའི་ས་པའི་སེམས་ཀྱི་ས་གོང་མ་ཡིན་པའི་ཕྱིར་སེམས་ཀྱི་རྣམ་པ་དང་སྔོན་གྱི་གནས་མངོན་པར་ཤེས་པ་གཉིས་ཀྱིས་མི་འཛིན་ཏོ། །དེ་དག ་ཇི་ལྟར་འཐོབ་ཅི་ན་མ་འདྲེས་པ་རྣམས་ནི་སྦྱོར་བས། ཐོབ་སྟེ་འདྲེས་པ་ཆགས་བྲལ་བས། །མངོན་པར་ཤེས་པ་ཚེ་རབས་གཞན་ན་གོམས་པ་ཞིག་ཡིན་ན་ནི་འདོད་ཆགས་དང་བྲལ་བས་འཐོབ་བོ། །བྱེ་བྲག་ཅན་ན་ནི་སྦྱོར་བས་འཐོབ་པོ། །དེ་དག་ཐམས་ཅད་ཀྱང ་སྦྱོར་བ་དང་བསྐྱེད་པར་བྱ་བ་ཡིན་ནོ། །དང་པོ་གསུམ་པ་དྲན་པ་ཉེར་གཞག་གསུམ། །སེམས་ཀྱི་རྣམ་གྲངས་མངོན་པར་ཤེས་པ་ནི་སེམས་དང་སེམས་ལས་བྱུང་བ་ལ་དམིགས་པ་ཡིན་པའི་ཕྱིར་ཚོར་བ་དང་སེམས་དང་ཆོས་དྲན་པ་ཉེ་བར་གཞག་པ་དང ་གསུམ་གྱི་རང་བཞིན་ཡིན་ནོ། །དང་པོ་རྣ་བ་རྫུ་འཕྲུལ་མིག་།མངོན་པར་ཤེས་པ་ཞེས་བྱ་བར་སྦྱར་ཏེ། རྫུ་འཕྲུལ་དང་ལྷའི་རྣ་བ་དང། མིག་གི་མངོན་པར་ཤེས་པ་རྣམས་ནི་གཟུགས་ལ་དམིགས་པ་ཡིན་པའི་ཕྱིར་དྲན་པ་ཉེ་བར་གཞག་པའི་དངོས་པོ་ཡིན ་ཏེ། ལུས་དྲན་པ་ཉེ་བར་གཞག་པ་ཞེས་བྱ་བའི་ཐ་ཚིག་གོ་།རྫུ་འཕྲུལ་གྱི་མངོན་པར་ཤེས་པའི་དམིགས་པ་ནི་སྒྲ་མ་གཏོགས་པའི་ཕྱིའི་སྐྱེ་མཆེད་བཞི་ཡིན་ནོ། །ལྷའི་རྣ་བ་དང་མིག་གི་མངོན་པར་ཤེས་པའི་དམིགས་པ་ནི་སྒྲ་དང ་གཟུགས་ཀྱི་སྐྱེ་མཆེད་ཡིན་ནོ། །ཇི་ལྟར་ན་འཆི་འཕོ་དང་སྐྱེ་བ་ཤེས་པས། འདི་ལྟར་སེམས་ཅན་འདི་ནི་ལུས་ཀྱི་ཉེས་པར་སྤྱོད་པ་དང་ལྡན་ནོ། ཞེས་བྱ་བ་ལ་སོགས་པར་ཤེས་ཞེ་ན། དེ་ནི་དེས་མི་ཤེས་ཀྱིས་འཕགས་པ་རྣམས་ལ་དེ་ལས་གཞན་པ་གང ་གིས་དེ་ལྟ་བུ་ཤེས་པར་འགྱུར་བ་མངོན་པར་ཤེས་པའི་འཁོར་དུ་གྱུར་པའི་ཤེས་པ་སྐྱེའོ། །ལྷག་མ་དག་ནི་ངེས་པར་མ་གཟུང་བའི་ཕྱིར། དྲན་པ་ཉེ་བར་གཞག་པ་བཞི་ཆར་གྱི་རང་བཞིན་ཡིན་ནོ། ཞེས་བྱ་བར་གྲུབ་པོ། །མིག་དང་རྣ་བའི་མངོན་ཤེས ་ནི་ལུང་དུ་མ་བསྟན་ལྷག་རྣམས་དགེ་།ལྷའི་མིག་དང་རྣ་བའི་མངོན་པར་ཤེས་པ་ནི་ལུང་དུ་མ་བསྟན་པ་ཡིན་ནོ། །དེ་དག་ནི་མིག་དང་རྣ་བའི་རྣམ་པར་ཤེས་པ་དང་མཚུངས་པར་ལྡན་པའི་ཤེས་རབ་ཡིན་ནོ། །ཇི་ལྟར་ན་དེ་དག་བསམ་གཏན་བཞི་པའི་ས་པར ་འགྲུབ་ཅེ་ན། གནས་ཀྱི་དབང་གིས་དེའི་ས་པར་བཤད་པའི་ཕྱིར་ཏེ། དེའི་གནས་མིག་དང་རྣ་བ་ནི་བསམ་གཏན་བཞི་ཆར་གྱི་ས་པ་ཡིན་ནོ། །ཡང་ན་བར་ཆད་མེད་པའི་ལམ་གྱི་དབང་གིས་སོ། །གཞན་བཞི་པོ་དག་ནི་དགེ་བ་ཡིན་ནོ། མངོན་པར་ཤེས་པ་དེ་རྣམས་ལས། ་གསུམ་ནི་རིག་པར་སྔོན་གྱི་གནས་དང། ཤི་འཕོ་དང། སྐྱེ་བ་དང། ཟག་པ་ཟད་པ་ཤེས་པ་མངོན་སུམ་དུ་བྱ་བ་རྣམས་ནི་མི་སློབ་པའི་རིག་པ་གསུམ་ཞེས་བྱའོ། །ཅིའི་ཕྱིར་དེ་དག་འབའ་ཞིག་ཡིན་གྱི་གཞན་དག་ནི་མ་ཡིན་ཞེ་ན། སྔོན་མ་སོགས་མ་རིགས་པ ་རྣམས་བཟློག་པའི་ཕྱིར། དེ་དག་ནི་རིམ་པ་བཞིན་དུ་སྔོན་གྱི་མཛའ་དང་ཕྱི་མའི་མཛའ་དང་བར་དག་ལ་རྨོངས་པ་ཟློག་པར་བྱེད་དོ། །དེ་དག་ལས་ཀྱང་དོན་དམ་པར། །མི་སློབ་ཐ་མ་ཟག་པ་ཟད་པ་ཤེས་པ་མངོན་དུ་བྱ་བ་ཁོ་ན་མི་སློབ་པའི་རིག་པ་ཡིན་ནོ། །གཉིས་ནི ་དེའི་རྒྱུད་ལས་སྐྱེས་ཕྱིར་དེ་ཞེས་བྱ། གཞན་གཉིས་ནི་མི་སློབ་པའི་རྒྱུད་ལས་སྐྱེས་པའི་ཕྱིར་མི་སློབ་པ་ཞེས་བྱ་བའི་མི་སློབ་པ་ཡང་མ་ཡིན་མི་སློབ་པ་མ་ཡིན་པ་ཡང་མ་ཡིན་ནོ། །ཅིའི་ཕྱིར་ན་མངོན་པར་ཤེས་པ་དེ་དག་སློབ་པའི་ཡིན་པར་མི་འདོད། གང་གི་ཕྱིར ་ན་ནི་སློབ་པའི་རིག་པ་ཞེས་མི་བྱ་ཞེ་ན། སློབ་ལ་འདོད་དེ་མ་རིག་དང། །བཅས་བརྒྱུད་ཕྱིར་ན་རིག་མི་བརྗོད་རྒྱུད་མ་རིག་པ་དང་བཅས་བཞིན་དུ་རིག་པར་རྣམ་པར་བཞག་པར་རིག་པ་མ་ཡིན་ཏེ། ཡང་ཉོན་མོངས་པས་ཟིལ་གྱིས་གནོན་པའི་ཕྱིར་རོ། །མངོན་པར ་ཤེས་པ་དེ་དག་གི་།དང་པོ་གསུམ་པ་དྲུག་པ་ནི། །ཆོ་འཕྲུལ་རྣམས་ཡིན། རྫུ་འཕྲུལ་དང་སེམས་ཀྱི་རྣམ་གྲངས་དང་ཟག་པ་ཟད་པ་ཤེས་པའི་མངོན་པར་ཤེས་པ་ནི་རིམ་བཞིན་དུ་རྫུ་འཕྲུལ་དང། ཀུན་བརྗོད་པ་དང། རྗེས་སུ་བསྟན་པའི་ཆོ་འཕྲུལ་དང། ཆོ་འཕྲུལ ་གསུམ་ཡིན་ཏེ། དང་པོ་ཁོ་ནར་འདུལ་བའི་སེམས་ཤིན་ཏུ་འཕྲོག་པར་བྱེད་པའི་ཕྱིར་ཆོ་འཕྲུལ་རྣམས་ཡིན་པའམ། ཞེ་འགྲས་པ་འམ། བར་མར་གནས་པ་རྣམས་ཀྱི་ཡིད་ཡང་དང་ཡང་དུ་འཕྲོག་པར་བྱེད་པ་ཡིན་པའི་ཕྱིར་ན་ཆོ་འཕྲུལ་རྣམས་ཡིན་ནོ། །དེ་དག་གིས ་ནང་ནས། བསྟན་པ་མཆོག་།རྗེས་སུ་བསྟན་པའི་ཆོ་འཕྲུལ་ནི་མཆོག་ཡིན་ནོ། །མི་འཕྲུལ་ཕྱིར་དང་ཕན་པ་དང། །ཡིད་འོང་འབྲས་ལ་སྦྱོར་བ་བྱེད། ཕྱིར་རྫུ་འཕྲུལ་དེང་ཀུན་བརྗོད་པ་ནི་རིག་སྔགས་ཀྱིས་ཀྱང་བྱེད་དེ། ས་འཛིན་པ་ཞེས་བྱ་བའི་རིག་སྔགས་གང་གི་ནམ་མཁའ་ ་ལ་འགྲོ་བ་དང་རྟོག་བྱེད་ཅེས་བྱ་བའི་རིག་སྔགས་གང་གིས་ན་གཞན་གྱི་སེམས་ཤེས་པ་ཡང་ཡོད་ཀྱི། ཡང་དག་པ་བཞིན་དུ་རྗེས་སུ་བསྟན་པ་ནི་གཞན་དུ་བྱ་བར་མི་ནུས་ཏེ། མི་འཕྲུལ་བའི་ཕྱིར་ན་དེ་ནི་གཙོ་བོ་ཡིན་ནོ། །དེ་གཉིས་ཀྱིས་ནི་གདོད་པ་ཙམ་དུ་བྱེད་ལ་རྗེས་སུ་བསྟན ་བའི་ཆོ་འཕྲུལ་གྱིས་ནི་ཕན་པ་དང། ཡིད་དུ་འོང་བའི་འབྲས་བུ་ལ་སྦྱོར་བར་འགྱུར་བའི་ཐབས་སྟོན་པའི་ཕྱིར་དེ་ཉིད་མཆོག་ཡིན་ནོ། །རྫུ་འཕྲུལ་ཞེས་བྱ་བ་རྫུ་འཕྲུལ་དེ་ཅི་ཡིན་ཞེ་ན། བྱེ་བྲག་ཏུ་སྨྲ་བའི་ལུགས་ཀྱིས་ནི་རྫུ་འཕྲུལ་ཏིང་ངེ་འཛིན་འདིས་འགྲུབ་པར་འགྱུར་བས ་ན་ཞེས་བྱ་བར་སྦྱར་རོ། །དེས་ཅི་ཞིག་འགྲུབ་ཅེ་ན། དེ་ལས་ནི་སྤྲུལ་དང་འགྲོ་བ། དེ་ལ་འགྲོ་བ་ནི་རྣམ་པ་གསུམ་སྟེ། ལུས་མགྱོགས་པ་ཅན་དང་མོས་པ་ཅན་དང་ཡིད་མྱུར་བའོ། །སྟོན་པ་ལ་ཡིད་མྱུར་འགྲོ་བ། ཡིད་བཞིན་དུ་མྱུར་བའི་ཕྱིར་རོ། ་ཡིད་མྱུར་གྱི་འགྲོ་བ་ནི་སངས་རྒྱས་བཅོམ་ལྡན་འདས་འབའ་ཞིག་གི་ཡིན་གྱི། གཞན་དག་གིས་ནི་མ་ཡིན་ཏེ། ཡུལ་ཤིན་ཏུ་ཐག་རིང་པོར་ཡང་ཐུགས་བསྐྱེད་པ་ཙམ་གྱིས་བྱོན་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་བཅོམ་ལྡན་འདས་ཀྱི་སངས་རྒྱས་རྣམས་ཀྱི་སངས་རྒྱས་ཀྱི ་ཡུལ་ནི་བསམ་གྱིས་མི་ཁྱབ་པོ་ཞེས་བཀའ་སྩལ་ཏོ། གཞན་འགྲོ་བ་གཉིས་ནི་མ་བཤད་ཀྱང་སངས་རྒྱས་ལ་མངའ་བར་གྲུབ་པའི་ཕྱིར་རོ། །གཞན་དག་ལ་མགྱོགས་པ་ཅན་དང་མོས་པ་ཅན་ཡང་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་ལུས་མགྱོགས་པ་ཅན་གྱིས ་འགྲོ་བ་ནི། བྱ་བ་བཞིན་དུ་རིམ་གྱིས་ལུས་མགྱོགས་པར་འགྲོ་བའི་ཕྱིར་རོ། མོས་པ་ཅན་ནི་ཐག་རིང་པོ་ལ་ཉེ་བར་མོས་ནས་འགྲོ་བའི་ཕྱིར་རོ། །སྤྲུལ་པ་རྣམ་པ་གཉིས་ཏེ་འདོད་པ་ན་སྤྱོད་པ་དང། གཟུགས་ན་སྤྱོད་པའོ། །དེ་ལ་རེ་ཞིག་འདོད་པར་གཏོགས་པའི་སྤྲུལ་པ ་ནི། ཕྱིའི་སྐྱེ་མཆེད་བཞི། འདོད་པ་སྤྱོད་པའི་སྤྲུལ་པ་ནི་སྒྲའི་སྐྱེ་མཆེད་མ་གཏོགས་པ་གཟུགས་དང་དྲི་དང་རོ་དང་རེག་བྱའི་སྐྱེ་མཆེད་ཀྱི་རང་བཞིན་ཡིན་ནོ། །དེ་ཡང་བདག་དང་གཞན་ཡི་ལུས་དང་འབྲེལ་པའོ། །གཟུགས་གཏོགས་གཉིས། གཟུགས་སུ་གཏོགས་པའི ་སྤྲུལ་པ་ནི། དེ་ན་དྲི་དང་རོ་མེད་པའི་ཕྱིར་གཟུགས་དང་རེག་བྱའི་སྐྱེ་མཆེད་གཉིས་ཡིན་ནོ། །དེ་ཡང་དེ་བཞིན་དུ་རྣམ་པ་གཉིས་ཡིན་ནོ། །ཇི་ལྟར་འདོད་པའི་ཁམས་དག་གི་སྤྲུལ་པ་དེ་རྣམ་པ་བཞི་ཡིན་པ་ལྟར་གཟུགས་ཀྱི་ཁམས་དག་གི་ཡང་དེ་བཞིན་ཏེ། དེ་ལྟར་ན ་མདོར་བསྡུ་ན་སྤྲུལ་པ་ནི་རྣམ་པ་བརྒྱད་ཡིན་ནོ། །ཇི་ལྟར་ན་གཟུགས་ཀྱི་ཁམས་སུ་སྐྱེས་པ་འདོད་པའི་ཁམས་ན་སྤྱོད་པ་སྤྲུལ་པར་བྱེད་པ་ན། དྲི་དང་རོ་དག་དང་ལྡན་པར་མི་འགྱུར་ཞེ་ན། གོས་དང་རྒྱན་བཞིན་དུ་མི་ལྡན་ནོ། །ཁ་ཅིག་ན་རེ་སྐྱེ་མཆེད་གཉིས་སྤྲུལ ་བར་བྱེད་དོ་ཞེས་ཟེར་རོ། །ཡང་ཅི་མངོན་པར་ཤེས་པ་ཁོ་ནས་སྤྲུལ་པ་སྤྲུལ་པར་བྱེད་དམ་ཞེ་ན། སྨྲས་པ་མ་ཡིན་དེ་ཇི་ལྟར་ཞེ་ན། མངོན་པར་ཤེས་པའི་འབྲས་བུ་སྤྲུལ་སེམས་དག་གིས། དེ་དག་རྣམས་ནི་བཅུ་བཞིའོ། །སྤྲུལ་པའི་སེམས་བཅུ་བཞི་པ་དེ་དག་ནི ་བསམ་གཏན་འབྲས་གཉིས་ནས་ལྔའི་བར། བསམ་གཏན་དང་པོའི་འབྲས་བུ་ནི་འདོད་པའི་ཁམས་དང་བསམ་གཏན་དང་པོའི་ས་པའི་སྤྲུལ་པའི་སེམས་དང་གཉིས་མིན་ནོ། །བསམ་གཏན་གཉིས་པ་ནི་གསུམ་ཡིན་ནོ། །དེ་བཞིན་དུ་བསམ་གཏན་གསུམ་པ་དང། ་བཞིའི་ས་དག་ལ་ཡང་བཞི་དང་ལྔར་སྦྱར་རོ། །བསམ་གཏན་གྱི་འབྲས་བུ་སྤྲུལ་པའི་སེམས་ནི། རང་གི་ས་པའི་དང་ས་འོག་མ་པའི་ཡིན་པར་རིག་པར་བྱའོ། །རིམ་བཞིན་གོང་མ་ལས་སྐྱེས་མིན། །བསམ་གཏན་འོག་མའི་འབྲས་བུ་ས་གོང་མ་པའི་སྤྲུལ་པའི ་སེམས་ནི་མེད་དོ། །བསམ་གཏན་གཉིས་པ་ལ་སོགས་པའི་འབྲས་བུ་ནི་འདོད་པ་ན་སྤྱོད་པའི་སྤྲུལ་པ་དང་བསམ་གཏན་བའི་ས་པ་ལས་འགྲོ་བའི་སྒོ་ནས་ཁྱད་པར་དུ་འཕགས་སོ། །དེ་རྙེད་བསམ་གཏན་བཞིན། །སྤྲུལ་པའི་སེམས་དེ་དག་གི་རྙེད་པ་ནི་བསམ་གཏན ་བཞིན་ནོ། །ཡང་ཅི་སྤྲུལ་པའི་སེམས་ཁོ་ན་ལས་ལྡང་བར་འགྱུར་རམ་ཞེ་ན། དེ་ནི་མེད་དེ་།གང་གི་ཕྱིར་དེ་ནི། དག་དང་བདག་ལས། སྐྱེ་སྟེ་སྤྲུལ་པའི་སེམས་ནི་བསམ་གཏན་དག་པའམ། སྤྲུལ་པའི་སེམས་ཀྱི་མཇུག་ཐོགས་ཤིག་ལས་སྐྱེའི་གཞན་དུ་ནི་མ་ཡིན་ནོ། །དེ ་ལས་གཉིས་སུ་སྤྲུལ་པའི་སེམས་ལས་ཀྱང་བསམ་གཏན་དག་པ་དང་།སྤྲུལ་པའི་སེམས་སྐྱེ་སྟེ། གཞན་དུ་ནི་མ་ཡིན་ནོ། །ཏིང་ངེ་འཛིན་གྱི་འབྲས་བུ་ལ་གནས་པ་ཡང། ཏིང་ངེ་འཛིན་ལ་མ་ཞུགས་པར་དེ་ལས་ལྡང་བ་ནི་མེད་དོ། །སྤྲུལ་པ་ཐམས་ཅད་ཀྱང་རང་གི ་ས་བས་སྤྲུལ་པར་བྱེད། ས་གཞན་པའི་སྤྲུལ་པའི་སེམས་ཀྱི་ས་གཞན་པའི་སྤྲུལ་པ་ནི་སྤྲུལ་པར་མི་བྱེད་དོ། །སྨྲར་འཇུག་པས་ནི་འོག་མས་ཀྱང། ཀྱང་གི་སྒྲས་ནི་ས་པས་ཀྱང་སྨྲར་འཇུག་གོ་ཞེས་བྱ་བའི་ཐ་ཚིག་གོ་།འདོད་པའི་ཁམས་དང་བསམ་གཏན་ ་དང་པོའི་སྤྲུལ་པ་ནི། རང་གི་ས་པའི་སེམས་ཉིད་ཀྱིས་སྨྲར་འཇུག་གོ་།དེའི་གོང་ན་རྣམ་པར་རིག་བྱེད་ཀུན་ནས་སློང་པར་བྱེད་པ་མེད་པའི་ཕྱིར་ས་གོང་མ་པའི་རྣམས་ནི་བསམ་གཏན་དང་པོའི་ས་པས་སྨྲར་འཇུག་གོ་།སྤྲུལ་པ་མང་པོ་རྣམས་སྨྲར ་འཇུག་གོ་།སྟོན་མིན་སྤྲུལ་པ་པོ་ཉིད་བཅས། སངས་རྒྱས་ལས་གཞན་པའི་སྤྲུལ་པ་ནི་སྤྲུལ་པ་པོ་དང་བཅས་ཏེ། སྨྲས་པ། གང་གི་ཚེ་སྤྲུལ་པ་མང་པོ་ཡིན་པ་དེའི་ཚེ། ཡང་ཅིག་ཅར་དུ་སྨྲའོ། །ཚིགས་སུ་བཅད་པ་ལས་ཀྱང་ཅིག་གི་སྨྲ་བར་བྱེད་པ་ན། སྤྲུལ་བ་ཐམས ་ཅད་སྨྲ་བར་བྱེད་དོ། །གཅིག་མི་སྨྲ་བར་གྱུར་པ་དང། ཐམས་ཅད་སྨྲ་བར་མི་འགྱུར་རོ་ཞེས་འབྱུང་ངོ་སངས་རྒྱས་བཅོམ་ལྡན་འདས་ཀྱི་སྤྲུལ་པ་ནི་ལྔ་ཕྱི་ཇི་ལྟར་བཞེད་པར་སྨྲའོ། །གང་གི་ཚེ་སྨྲར་འཇུག་པའི་སེམས་ཡིན་པ་དེའི་ཚེ། སྤྲུལ་པའི་སེམས་མེད་ན་ཇི་ལྟར ་ན་དེ་སྨྲར་འཇུག་ཅེ་ན། བྱིན་གྱིས་རློབས་ནས་གཞན་འཇུག་ཕྱིར། སྤྲུལ་པ་གནས་པར་གནས་པར་འདོད་པས་བྱིན་གྱིས་བརླབས་ཏེ། རྣམ་པར་རིག་བྱེད་ཀུན་ནས་སློང་བར་བྱེད་པའི་སེམས་གཞན་གྱི་ངག་འཇུག་པར་བྱེད་དོ། །ཇི་ག་སོན་པོ་འབའ་ཞིག་ལ་བྱིན ་རླབས་པ་རྗེས་སུ་འཇུག་གམ་འོན་ཏེ་ཤི་བ་ལ་ཡང་ཡོད་ཅེ་ན། ཤི་བ་ལ་ཡང་བྱིན་བརླབས་ཡོད། འཕགས་པ་འོད་སྲུངས་ཆེན་པོས་བྱིན་གྱིས་བརླབས་ཀྱིས་དེའི་རུས་པའི་རུས་གོང་གནས་པའི་ཕྱིར་རོ། །དེ་ཡང་མི་བརྟན་མིན། མི་བརྟན་པའི་དངོས་པོ་ནི ་བྱིན་གྱིས་བརླབས་མེད་དེ་འཕགས་པ་འོད་སྲུངས་ཆེན་པོས་ཤ་ལ་སོགས་པ་ལ་བྱིན་གྱིས་མ་བརླབས་པའི་ཕྱིར་རོ། །གཞན་དག་མིན་གཞན་དག་ན་རེ་དེ་ནི་ཤི་བ་ལ་བྱིན་གྱིས་བརླབས་མེད་ཀྱི་རུས་པའི་རུས་གོང་གནས་པ་ནི། ལྷས་བྱིན་གྱིས་བརླབས་ཡིན་པའི་ཕྱིར་རོ ་ཞེས་ཟེར་རོ། །མི་སེམས་གཅིག་གི་ཁོ་ནར་སྤྲུལ་པར་བྱེད་དམ་ཞེ་ན། དང་པོ་གཅིག་ནི་དུ་མ་སྟེ། བྱང་བར་གྱུར་ནས་བཟློག་པའོ། །དང་པོ་ཁོ་ནའི་སྤྲུལ་པ་གཅིག་ནི་སྤྲུལ་པའི་སེམས་དུ་མས་སྤྲུལ་པར་བྱེད་དོ། །མངོན་པར་ཤེས་པ་བྱང་ནས་ནི་སེམས་གཅིག་གིས ་ཀྱང་ཇི་སྲིད་དུ་སྤྲུལ་པར་འདོད་པར་སྤྲུལ་པ་དག་མ་སྤྲུལ་པར་བྱེད་དོ། །ཡང་ཅི་སྤྲུལ་པའི་སེམས་ཅན་ཐམས་ཅད་ལུང་དུ་མ་བསྟན་པ་ཡིན་ནམ་ཞེ་ན། བསྒོམ་ལས་སྐྱེས་པ་ལུང་བསྟན། བསྒོམ་པའི་འབྲས་བུ་གང་ཡིན་པ་དེ་ནི་ངེས་པར་ལུང་མ་བསྟན་པ་ཡིན་ནོ། །སྐྱེ་བ ་ལས་སྐྱེས་རྣམས་གསུམ་མོ། །སྐྱེ་བས་ཐོབ་པ་ལྷ་དང་ཀླུ་དང་ཤ་ཟ་ལ་སོགས་པའི་སེམས་ནི་དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པ་ཡིན་ནོ། །དེ་དག་གིས་བྱས་པའི་སྤྲུལ་པ། བདག་དང་གཞན་གྱིས་ལུས་དང་འབྲེལ་པ་ནི། སྒྲ་མེད་པའི་གཟུགས་ཀྱི་སྐྱེ་མཆེད ་ཡིན་པའི་ཕྱིར་སྐྱེ་མཆེད་དགུ་པ་ཡིན་ཏེ། དབང་པོ་དང་ཐ་མི་དད་པའི་ཕྱིར་རོ། །དབང་པོ་ནི་སྤྲུལ་པར་མི་བྱེད་དོ། །ཅི་བསྒོམ་པ་ལས་འབྱུང་བ་དང། སྐྱེ་བས་ཐོབ་པས་རྫུ་འཕྲུལ་རྣམ་གཉིས་ཁོ་ནར་ཟད་དམ་ཞེ་ན། དེ་རྣམས་གཉིས་སྔགས་སྨན་ལས་སྐྱེས་བ་དང། རྫུ་འཕྲུལ ་རྣམ་པ་ལྔ་ཡིན་ནོ། །རྫུ་འཕྲུལ་ནི་མདོར་བསྡུ་ན་རྣམ་པ་ལྔའོ་ཞེས་བརྗོད་དེ། བསྒོམ་པའི་འབྲུས་དང་སྐྱེ་བས་ཐོབ་པ་དང། གསང་སྔགས་ལས་སྐྱེས་པ་དང། སྨན་ལས་སྐྱེས་པ་དང། ལས་ལས་སྐྱེས་པ་སྟེ། དཔེར་ན་ང་ལས་སྐྱེས་ནུས་པ་དང། སྲིད་པ་བར་མ་པ་རྣམས ་ཀྱི་ལྟ་བུའོ། །ལྷའི་མིག་དང་རྣ་བ་བཤད་པ་གང་ཡིན་པ་དེ་དག་ཅིའི་ལྷའི་ཁོ་ན་ཡིན་ནོ། །འོན་ཏེ་བྱང་ཆུབ་སེམས་དཔའ་དང་འཁོར་ལོས་སྒྱུར་བའི་ཁྱིམ་བདག་རིན་པོ་ཆེ་རྣམས་ཀྱི་བཞིན་དུ་ལྷའི་དང་འདྲ་བས་ན་ལྷའི་ཞེས་བྱ་ཞེ་ན། ལྷའི་མིག་དང་རྣ་བ་སྟེ། གང་གི་ཕྱིར་དེ ་གཉིས་བསམ་གཏན་ས་པའི་གཟུགས་དང་བསམ་གཏན་ལ་སྙོམས་པར་ཞུགས་པ་སྒྲ་དང་སྣང་བ་ལ་གཏོད་པའི་སྦྱོར་བས་བསམ་གཏན་གྱི་ས་པའི་འབྱུང་བ་རྣམས་རྒྱུར་བྱས་པའི་གཟུགས་དང་བ། གཟུགས་དང་སྒྲ་དག་མཐོང་བ་དང་ཐོས་པའི་རྒྱུར་གྱུར་པར་མིག་དང ་རྣ་བའི་ཉེན་ཀོར་དུ་མངོན་པར་གྲུབ་སྟེ། དེ་ལྟ་བས་ན་བསམ་གཏན་གྱི་ས་པ་ཡིན་པའི་ཕྱིར་མིག་དང་རྣ་བ་དེ་དག་ནི་ལྷའི་ཁོ་ན་ཡིན་ནོ། །དེ་གཉིས་ཀྱང་རྟག་དང་བརྟེན་བཅས་མ་ཚང་མེད། །ཐག་སྲིད་ཕྲ་ལ་སོགས་སྤྱོད་ཡུལ། །ལྷའི་མིག་དང་རྣ་བ་ནི་རྟག་ཏུ་རྣམ་པར ་ཤེས་པ་དང་བཅས་ཡིན་པའི་ཕྱིར་དེའི་བརྟེན་པ་དང་བཅས་པ་མེད་དོ། །ནོད་བ་མེད་པའི་ཕྱིར་དབང་པོ་མི་ཚང་བ་ཡང་མ་ཡིན་ཏེ། གཟུགས་ན་སྤྱོད་པའི་སེམས་ཅན་བཞིན་ནོ། །དེ་གཉིས་ཀྱི་ཡུལ་ནི་གཟུགས་དང་སྒྲ་ཐག་རིང་བ་དང་ཕྲ་བ་དང ་བསྒྲིབས་པ་རྣམས་ཀྱང་ཡིན་ནོ། །འདིར་སྨྲས་པ། གང་ཕྱིར་ཤའི་མིག་གིས་གཟུགས་ཐག་རིང་བ་དང་བསྒྲིབས་པ་དང། ཕྲ་དང་ཐམས་ཅད་མི་མཐོང་ལ། །ལྷའི་མཐོང་བར་འདོད་ཕྱིར་རོ། །ལྷའི་མིག་གིས་ཐག་ཇི་སྲིད་ཅིག་མཐོང་ཞེ་ན། གང་གི་མིག་ཇི་ལྟ་བུ་ཡིན ་པ་སྟེ། ཉན་ཐོས་དང་རང་སངས་རྒྱས་རྣམས་ནི་མངོན་པར་འདུ་བྱེད་པ་མེད་པར་སྟོང་གཅིག་དེ་དང་སྟོང་དང། སྟོང་གསུམ་གྱི་འཇིག་རྟེན་གྱི་ཁམས་དག་མཐོང་ངོ། །མངོན་པར་འདུ་བྱེད་པས་ནི། །དགྲ་བཅོམ་བསེ་རུ་སྟོན་པ་ཡིན། །སྟོང་གཉིས་གསུམ་དང ་གྲངས་མེད་མཐོང། །མངོན་པར་འདུས་བྱས་ན་ཉན་ཐོས་ཆེན་པོས་ནི་སྟོང་གཉིས་པའི་འཇིག་རྟེན་གྱི་ཁམས་དག་མཐོང་ངོ། །སེ་རུ་ལྟ་བུས་ནི་སྟོང་གསུམ་མཐོང་ངོ། །སངས་རྒྱས་བཅོམ་ལྡན་འདས་ཀྱིས་ནི་ཇི་ཙམ་བཞེད་པར་འཇིག་རྟེན་གྱི་ཁམས་གྲངས་མེད ་པ་དག་གཟིགས་སོ། །ཅི་རྫུ་འཕྲུལ་འགའ་ཞིག་སྐྱེ་བས་འཐོབ་པ་ཡིན་ནམ། འོན་ཏེ་གཞན་དག་ཀྱང་ཡིན་ཞེ་ན། གཞན་ཡང་སྐྱེ་བས་འཐོབ། ལྷའི་རྣ་བ་ལ་སོགས་པ་བཞི་ཡང་སྐྱེ་བས་འཐོབ་པ་ཡང་ཡོད་མོད་ཀྱི། སྐྱེ་བས་ཐོབ་པ་ནི་ཅུང་ཟད་ཀྱང་མངོན་པར་ཤེས་པའི ་མིང་མི་འཐོབ་བོ། །སྐྱེ་བས་ཐོབ་པའི་ལྷའི་མིག་གང་ཡིན་པ་ངེས་ནི། སྲིད་པ་བར་མ་མི་མཐོང་ངོ། །སྲིད་པ་བར་མ་ནི་མངོན་པར་ཤེས་པའི་མིག་ཁོ་ནས་མཐོང་གི་སྐྱེ་བས་ཐོབ་པས་ནི་མ་ཡིན་ནོ། །སེམས་ཤེས་དེ་ནི་རྣམ་པ་གསུམ། །སྐྱེ་བས་ཐོབ་པ་ཞེས་བྱ་བར ་སྦྱར་ཏེ། གཞན་གྱི་སེམས་ཤེས་པ་སྐྱེ་བས་ཐོབ་པ་ནི། དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པ་དང། རྣམ་པ་གསུམ་དུ་རིག་པར་བྱའོ། །རྟོགས་དང་རིག་སྔགས་བྱས་གང་སྤངས། །གང་དག་རྟོགས་པ་པོའི་ཕ་རོལ་གྱི་སེམས་ཤེས་པ་མཚན་མ་ཅན་རྣམས ་དང། རིག་སྔགས་ཀྱི་བྱས་པ་གང་ཡིན་པ་དེ་དག་ཀྱང་རྣམ་པ་གསུམ་དུ་རིག་པར་བྱས་ཏེ། ཇི་ལྟར་བསྒོམས་པའི་འབྲས་བུ་དགེ་བ་ཁོ་ན་ཡིན་པ་ལྟ་བུ་ནི་མ་ཡིན་ནོ། །གཞན་གྱི་སེམས་ཤེས་པ་དང་སྔོན་གྱི་གནས་རྗེས་སུ་?་པ་སྐྱེ་བས་ཐོབ་པ་དག་གིས་ནི། དམྱལ་བ་པས་ནི ་དང་པོ་ཤེས། །ཇི་སྲིད་དུ་སྡུག་བསྔལ་གྱི་མ་ཉེན་པ་དེ་སྲིད་དུ་ཤེས་སོ། །འགྲོ་བ་གཞན་དག་ན་གནས་པས་ནི་རྟག་ཏུ་ཤེས་སོ། །མི་ལས་སྐྱེ་བས་ཐོབ་པ་མེད། །མི་རྣམས་ལ་ནི་རྫུ་འཕྲུལ་ལ་སོགས་པ་ཇི་སྐད་དུ་བཤད་པ་རྣམས་སྐྱེ་བས་འཐོབ་པ་མེད་དོ། །འོ་ན་རང་བཞིན ་གྱིས་ཚེ་རབས་དྲན་པ་གང་ཡིན་པ་དེ་ཇི་ལྟ་བུ་ཞེ་ན། དེ་དག་གི་དེ་ནི་ལས་ཀྱི་ཁྱད་པར་ལས་སྐྱེས་པ་ཡིན་ཏེ། སྔོན་གྱི་གནས་རྗེས་སུ་དྲན་པ་ནི། བསྒོམས་པའི་འབྲས་བུ་དང། སྐྱེ་བས་ཐོབ་པ་དང། ལས་ལས་སྐྱེས་པ་དང། རྣམ་པ་གསུམ་མོ། །ཡེ་ཤེས་ཀྱི་དབང་དུ་བྱས ་ནས། ཡེ་ཤེས་ཀྱི་རྒྱུ་ལས་བྱུང་བའི་ཡོན་ཏན་རྣམས་ནི་བཤད་ཟིན་ཏོ། །ཆོས་མངོན་པའི་མཛོད་ཀྱི་འགྲེལ་པ་མདོ་དང་མཐུན་པ་ལས་ཡེ་ཤེས་བསྟན་པ་ཞེས་བྱ་བ་མཛོད་ཀྱི་གནས་བདུན་པའོ།། །།ད་ནི་རང་བཞིན་གཞན་རྣམས་བརྗོད་པར་བྱ་སྟེ། ་དང་པོ་ཉིད་དུ་ཡོན་ཏན་ཐམས་ཅད་ཀྱི་གཞི་ཡིན་པའི་ཕྱིར་བསམ་གཏན་རྣམས་ལས་བརྩམས་ཏེ། བསམ་གཏན་རྣམས་ནི་རྣམ་པ་གཉིས། །བསམ་གཏན་རྣམས་ནི་མདོར་བསྡུ་ན། །སྐྱེ་བ་དང་སྙོམས་པར་འཇུག?་པའི་བྱེ་བྲག་གིས་རྣམ་པ་གཉིས་སོ། །དེ་དག་ཀྱང་བཞི ་བསམ་གཏན་དང་པོ་ནས་བསམ་གཏན་བཞི་པའི་བར་རོ། །དེ་ལ་སྐྱེ་བའི་བསམ་གཏན་བརྗོད། །དེ་འཇིག་རྟེན་པའི་མཛོད་ཀྱི་གནས་སུ་ཇི་སྐད་དུ་བཤད་ཅེ་ན། དེར་སོ་སོའི་བསམ་གཏན་ལ་ནི་ས་གསུམ་པ། །བཞི་པ་ལ་ནི་ས་བརྒྱད་པ་ཞེས་བཤད་ཟིན་ཏོ། །སྙོམས་པར་འཇུག ་པའི་བསམ་གཏན་བརྗོད་པར་བྱ་སྟེ། དེའི་ཕྱིར་སྨྲས་པ། སྙོམས་འཇུག་དགེ་བ་རྩེ་གཅིག་སྟེ། །བྱེ་བྲག་མེད་པར་ན་དགེ་བའི་སེམས་རྩེ་གཅིག་པར་ནི་བསམ་གཏན་ཡིན་ཏེ། ཏིང་ངེ་འཛིན་གྱི་རང་བཞིན་ཡིན་པའི་ཕྱིར་རོ། །རྗེས་སུ་འབྲང་བཅས་ཕུང་པོ་ལྔ། །འཁོར་དང ་བཅས་པ་ནི་ཕུང་པོ་ལྔའི་རང་བཞིན་ཡིན་པར་རིག་པར་བྱའོ། །ཡང་དགེ་བའི་སེམས་རྩེ་གཅིག་པའི་བསམ་གཏན་དང་པོ་ནི་ཇི་ལྟ་བུ། བསམ་གཏན་བཞི་པའི་བར་ནི་ཇི་ལྟ་བུ་ཞེ་ན། རེ་ཞིག་དང་པོ་ནི། དཔྱོད་དང་དགའ་དང་བདེ་དང ་ལྡན། །དགེ་བའི་སེམས་རྩེ་གཅིག་པའི་བསམ་གཏན་དང་པོ་ནི་དཔྱོད་པ་དང། དགའ་བ་དང། བདེ་བ་དང་མཚུངས་པར་ལྡན་ནོ། །དཔྱོད་པ་ཞེས་སྨོས་པས་རྟོག་པ་ཡང་བཤད་པ་ཡིན་ཏེ། ལྷན་ཅིག་དཔྱོད་པའི་ཕྱིར་དུ་བ་དང་མེ་བཞིན་ནོ། །རྟོག་པ་མེད ་པར་ནི་དགའ་བ་དང་བདེ་བ་དང་ལྡན་པའི་དཔྱོད་པ་མེད་དོ། །བསམ་གཏན་གསུམ་ནི། ཡན་ལག་ལྔ་ལྔ་སྤངས་པ་ཡིན། །དགེ་བའི་སེམས་རྩེ་གཅིག་པ་ཞེས་བྱ་བར་སྦྱར་ཏེ། བསམ་གཏན་གཉིས་པ་ནི་དཔྱོད་པ་སྤངས་ལ་དགའ་བ་དང་བདེ་བ་དང་ལྡན་ནོ། ། ་གསུམ་པ་ནི་དགའ་བ་སྤངས་ལ་བདེ་བ་དང་ལྡན་ནོ། །བཞི་པ་ནི་དཔྱོད་པ་དང་དགའ་བ་དང་བདེན་པ་སྤངས་པའོ། །བསམ་གཏན་རྣམས་ཇི་ལྟ་བར། དེ་བཞིན་གཟུགས་མེད་རྣམ་པ་གང་གིས་ན། དེ་དག་ནི་སྐྱེ་བ་དང་སྙོམས་པར་འཇུག་པ་རྣམ་པ་གཉིས ་ཀྱང་ཡིན་ལ། བཞི་ཡང་ཡིན་ཏེ་དེ་དག་གི་ཡང་སྐྱེ་བ་ནི་བཤད་ཟིན་ཏོ། །སྙོམས་པར་འཇུག་པའི་གཟུགས་མེད་པ་ནི་བྱེ་བྲག་མེད་པར་དགེ་བའི་སེམས་རྩེ་གཅིག་པའི་རང་བཞིན་ཡིན་ཏེ། དེ་ལྟར་ན་རྣམ་པ་དེ་དག་གིས་སོ། །འཁོར་དང་བཅས་ན་ནི་ཕུང་པོ་བཞི ་སྟེ། རྗེས་སུ་འབྲང་བའི་གཟུགས་མེད་པའི་ཕྱིར་རོ། །འོག་མའི་ས་ལས་དབེན་ལས་སྐྱེས། བསམ་གཏན་བཞི་པ་ལས་དབེན་པ་ལས་སྐྱེས་པ་ནི་ནམ་མཁའ་མཛའ་ཡས་སྐྱེ་མཆེད་ཡིན་ནོ། །དེ་ལས་དབེན་པ་ལས་སྐྱེས་པ་ནི་རྣམ་ཤེས་མཛའ་ཡས ་སྐྱེ་མཆེད་ཡིན་ནོ། །དེ་ལས་དབེན་པ་ལས་སྐྱེས་པ་ནི་ཅི་ཡང་མེད་པའི་སྐྱེ་མཆེད་ཡིན་ནོ། །དེ་ལས་དབེན་པ་ལས་སྐྱེས་པ་ནི་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཡིན་ནོ། །དེ་ལྟར་ན་གཟུགས་མེད་པ་བཞི་ཡིན་ནོ། །དབེན་པ་ཞེས ་བྱ་བ་དེ་ཅིག་ན། ལམ་གང་གིས་ས་འོག་མ་ལས་ཡིད་འབྱུང་བ་སྟེ། འདོད་ཆགས་དང་བྲལ་བར་འགྲོ་བའི་ཕྱིར་རོ། །གཟུགས་མེད་པ་དེ་དག་ཀྱང། གཟུགས་དང་བྲལ་བ་ཞེས་བྱ་སྟེ། ཉེ་བར་བསྡོགས་པ་གསུམ་དང་བཅས། ནམ་མཁའ་མཛའ་ཡས ་སྐྱེ་མཆེད་ཀྱི་ཉེར་བསྡོགས་ནི་བསམ་གཏན་བཞི་པ་ལ་དམིགས་པའི་ཕྱིར་དེ་ནི་གཟུགས་ཀྱི་འདུ་ཤེས་དང་བྲལ་བ་མ་ཡིན་པས། གཟུགས་དང་བྲལ་བ་ཞེས་བྱ་བའི་མིང་མི་འཐོབ་སྟེ། མ་བྲལ་ཞེས་བྱ་བའི་ཐ་ཚིག་གོ་།ཁ་ཅིག་ན་རེ་གཟུགས་མེད་པ་དག་ན ་ཡང་གཟུགས་ཅུང་ཟད་ཡོད་དེ། ཆུང་ཟད་སེར་བ་བཞིན་ནོ་ཞེས་ཟེར་རོ། །ཕུང་པོ་བཞི་ཞེས་བཤད་པ་གང་ཡིན་པ་དེ་ནི་རེ་ཞིག་གཟུགས་མེད་པ་དག་ན་གཟུགས་མེད་དོ་ཞེས་བྱ་བའི་བསྒྲུབ་པ་བྱ་བ་ཡིན་ནོ་ཞེ་ན། གལ་ཏེ་ཡོད་ན་ཇི་ལྟར་ན་གཟུགས་མེད ་པ་ཞེས་བརྗོད་དེ། དེ་བས་ན། གཟུགས་མེད་པ་ན་གཟུགས་མེད་དོ། །ད་ནི་ཇི་ལྟར་ན་དེ་ནས་ཤི་འཕོས་པ་རྣམས་ཀྱི་གཟུགས་བསྐལ་པ་མི་ཉུང་བ་ཞིག་ཏུ་གཟུགས་རྒྱུན་ཆད་པ་ལས་བར་སྐྱེ་བར་འགྱུར་ཞེ་ན། གཟུགས་ནི་སེམས་ལས་སྐྱེ། གཟུགས་ནི ་དེའི་རྣམ་པར་སྨིན་པའི་རྒྱུས་ཡོངས་སུ་བསྒོམ་པའི་སེམས་འདུ་འཕྲོད་རྙེད་པ་ལས་སྐྱེའོ། །དེ་ནི་ཐལ་ཟིན་ཏོ། །འདི་བརྗོད་པར་བྱ་སྟེ། ཅི་ནམ་མཁའ་མཛའ་ཡས་སྐྱེ་མཆེད་ལ་སོགས་པ་དེ་དག་ནམ་མཁའ་ལ་སོགས་པ་ཉིད་ལ་དམིགས་པས་དེའི་ཕྱིར ་མིང་དེ་སྐད་ཅེས་བྱ་འམ་ཞེ་ན་མ་ཡིན་ཏེ། ཇི་ལྟ་ཞེ་ན། རེ་ཞིག་གསུམ་ནི། དེ་བཞིན། སྦྱོར་ཕྱིར་ནམ་མཁའ་མཛའ་ཡས་དང། །རྣམ་ཤེས་མཛའ་ཡས་ཅི་ཡང་མེད། །ཅེས་བ་ནམ་མཁའ་མཛའ་ཡས་སོ། །རྣམ་ཤེས་མཛའ་ཡས་སོ། །ཆུང་ཟད་ཀྱང ་མེད་དོ་ཞེས་དེ་ལྟར་ཡིད་ལ་བྱེད་ཅིང་དེ་དག་པ་རབ་ཏུ་སྦྱོར་བས་དེའི་ཕྱིར་དེ་དག་གི་མིང་གྲངས་བཞིན་དུ་དེ་སྐད་ཅེས་བྱའོ། །དམན་ཕྱིར་འདུ་ཤེས་མེད་འདུ་ཤེས་མེད་པའང་མ་ཡིན་པའོ། །འདུ་ཤེས་དམན་པའི་ཕྱིར་འདུ་ཤེས་མེད། །འདུ་ཤེས་མེད་མིན ་སྐྱེ་མཆེད་ཅེས་བྱ་བ་སྟེ། འདུ་ཤེས་དེ་ནི་གསལ་བའང་མ་ཡིན་ལ་ཁོ་ན་འང་མ་ཡིན་པའི་ཕྱིར་རོ། །དེ་ལྟར་སྙོམས་འཇུག་དངོས་གཞི་རྫས། །རྣམ་བརྒྱད། དེ་ལྟར་ན་སྙོམས་པར་འཇུག་པ་དངོས་གཞིའི་རྫས་དེ་དག་ནི་འདི་ལྟ་སྟེ། བསམ ་གཏན་བཞི་དང་གཟུགས་མེད་པ་བཞི་སྟེ། བརྒྱད་ཡིན་ནོ། །དེ་དག་ལས་ཀྱང། བདུན་ནི་རྣམ་གསུམ་སྟེ། སྲིད་པའི་རྩེ་མོ་ལས་གཞན་པ་བདུན་ནི་རྣམ་པ་གསུམ་སྟེ། རོ་མྱང་བ་དང་དག་པ་དང། ཟག་མེད་རྣམས་དང་ལྡན་པའོ། །རོ་མྱང་བ་དང། དག་པ་དང ་ཟག་པ་མེད་པ་རྣམས་དང་མཚུངས་པར་ལྡན་པའོ། །བརྒྱད་པ་སྲིད་པའི་རྩེ་མོ་ནི་རྣམ་པ་གཉིས་ཏེ། རོ་མྱང་བ་དང་དག་པ་དང་མཚུངས་པར་ལྡན་པའོ། །ཟག་པ་མེད་པ་ནི་མེད་པ་ཉིད་དོ། །དེ་ལ་རོ་མྱང་མཚུངས་ལྡན་སྲེད་བཅས་ཏེ། །རོ་མྱང་བ་ནི་སྲེད་པ་ཡིན་ནོ། །འཇིག ་རྟེན་པ་ཡི་དགེ་བ་ནི། །དག་པ། འཇིག་རྟེན་པའི་དགེ་བ་སྙོམས་པར་འཇུག་པའི་རྫས་ནི་དག་པ་ཞེས་བྱ་སྟེ། མ་ཆགས་པ་ལ་སོགས་པ་དཀར་པོའི་ཆོས་དང་ལྡན་པའི་ཕྱིར་རོ། །ཡང་རོ་མྱང་བ་དང་མཚུངས་པར་ལྡན་པའི་སེམས་དེས་ཅི་ཞིག་རོ་མྱོང་ཞེ་ན། དེ་ནི་དེས ་མྱོང་ངོ། །སྙོམས་པར་འཇུག་པ་དག་པ་འདས་མ་ཐག་པ་དེ་ནི་དེས་རོ་མྱོང་བར་བྱེད་པ་གང་ཡིན་པ་དེ་ལས་ནི་ལངས་པ་ཡིན་ནོ། །གང་གིས་རོ་མྱོང་བར་བྱེད་པ་དེ་ལ་ནི་སྙོམས་པར་ཞུགས་པ་ཡིན་ནོ། །ཟག་མེད་འཇིག་རྟེན་འདས་པའོ། །འཇིག་རྟེན་ལས ་འདས་པའི་སྙོམས་པར་འཇུག་པའི་རྫས་གང་ཡིན་པ་དེ་ནི་ཟག་པ་མེད་པ་ཡིན་ནོ། །སྙོམས་པར་འཇུག་པའི་རྫས་དེ་དག་ལས་བསམ་གཏན་རྣམས་ནི་ཡན་ལག་དང་ལྡན་པ་ཡིན་ནོ། །གཟུགས་མེད་པ་རྣམས་ནི་མ་ཡིན་ནོ། །དེ་ལ། དང ་པོ་ལྔ་སྟེ། བསམ་གཏན་དང་པོ་ལ་ཡན་ལག་ལྔ་སྟེ། །རྟོག་དཔྱོད་དང། དགའ་བདེ་ཏིང་འཛིན་དག་དང་ལྡན་རྟོག་པ་དང། དཔྱོད་པ་དང། དགའ་བ་དང། བདེ་བ་དང། སེམས་རྩེ་གཅིག་པ་སྟེ། ཡན་ལག་དེ་ལྔའོ། །ཏིང་ངེ་འཛིན་ནི་ཡན་ལག་ཀྱང ་ཡིན། བསམ་གཏན་ཡང་ཡིན་ནོ། །ལྷག་མ་རྣམས་ནི་ཡན་ལག་ཁོ་ན་ཡིན་ཏེ། དམག་གི་ཡན་ལག་བཞི་ཇི་ལྟ་བར་བསམ་གཏན་གྱི་ཡན་ལག་ལྔ་ཡང་དེ་དང་འདྲ་ཞེས་གྲག་གོ་།གཉིས་པའི་ཡན་ལག་དག་དང་ལྡན། །དགའ་ལ་སོགས་དང་བཞི་ཡིན་ནོ། །བསམ ་གཏན་གཉིས་པ་ལ་ནི་ཡན་ལག་བཞི་སྟེ། ནང་རབ་ཏུ་དང་བ་དང། དགའ་བ་དང། བདེ་བ་དང། སེམས་རྩེ་གཅིག་པ་དང་བཞིའོ། །གསུམ་པའི་བཏང་སྙོམས་དྲན་པ་དང། །ཤེས་བཞིན་བདེ་དང་གནས་དང་ལྔ། །བསམ་གཏན་གསུམ་པའི་ཡན་ལག་ནི་བཏང་སྙོམས ་དང། དྲན་པ་དང། ཤེས་བཞིན་དང། བདེ་བ་དང། ཏིང་ངེ་འཛིན་དང་ལྔའོ། །གནས་པ་ཞེས་བྱ་བ་ནི་ཏིང་ངེ་འཛིན་གྱི་རྣམ་གྲངས་ཡིན་ཏེ། མདོ་ལས་ཡང་དག་པའི་ཏིང་ངེ་འཛིན་གང་ཞེ་ན། གང་སེམས་དང་སེམས་བྱུང་ཡང་དག་པར་གནས་པའོ་ཞེས་འབྱུང་ངོ། ། ་ཐ་མའི་བདེ་མིན་སྡུག་བསྔལ་མིན། །བཏང་སྙོམས་དྲན་དང་ཏིང་ངེ་འཛིན་བཞིན། །ཐ་མ་ནི་བསམ་གཏན་བཞི་པ་སྟེ། དེའི་ཡན་ལག་ནི་བདེ་བ་ཡང་མ་ཡིན་སྡུག་བསྔལ་ཡང་མ་ཡིན་པའི་ཚོར་བ་དང། བཏང་སྙོམས་ཡོངས་སུ་དག་པ་དང། དྲན་པ་ཡོངས་སུ་དག་པ་དང། ་ཏིང་ངེ་འཛིན་ཡོངས་སུ་དག་པ་དང་བཞི་སྟེ། དེ་ལྟར་བསམ་གཏན་དང་པོ་དང་གསུམ་པའི་ཡན་ལག་ནི་ལྔ་ཡིན་ལ། གཉིས་པ་དང་བཞི་པའི་ཡན་ལག་ནི་བཞི་ཡིན་པའི་ཕྱིར་དེ་དག་ནི་བསམ་གཏན་གྱི་ཡན་ལག་བཅོ་བརྒྱད་ཡིན་ཏེ། མིང་གི་སྒོ་ནས་དེ་ལྟའོ། །རྫས་ཀྱི་སྒོ ་ནས་བཅུ་གཅིག་གོ་།རྫས་ཀྱི་སྒོ་ནས་བསམ་གཏན་དང་པོ་ལ་ནི་ལྔའོ། །གཉིས་པ་ལ་ནི་ནང་རབ་ཏུ་དང་བ་འཕེལ་ལོ། །གསུམ་པ་ལ་ནི་བཏང་སྙོམས་དང། དྲན་པ་དང། ཤེས་བཞིན་དང། བདེ་བ་རྣམས་འཕེལ་ལོ། །བཞི་པ་ལ་བདེ་བ་ཡང་མ་ཡིན་སྡུག་བསྔལ་ཡང ་མ་ཡིན་པའི་ཚོར་བ་འཕེལ་ཏེ། དེ་ཉིད་ཀྱི་ཕྱིར་བསམ་གཏན་དང་པོའི་ཡན་ལག་གང་དག་ཡིན་པ་དེ་ཉིད་གཉིས་པའི་ཡན་ལག་ཡིན་ནམ་ཞེས་བྱ་བ་བརྗོད་ན་མུ་བཞི་སྟེ། མུ་དང་པོ་ནི་རྟོག་པ་དང་དཔྱོད་པའོ། །མུ་གཉིས་པ་ནི་ནང་རབ་དང་པའོ། །མུ་གསུམ་པ་ནི་དགའ་བ ་དང། བདེ་བ་དང། སེམས་རྩེ་གཅིག་པའོ། །མུ་བཞི་པ་ནི་བཤད་པ་ལ་མ་གཏོགས་པའི་ཆོས་རྣམས་ཏེ། དེ་བཞིན་དུ་བསམ་གཏན་ཐམས་ཅད་ཀྱི་ཡན་ལག་རྣམས་ཀྱང་ཕན་ཚུན་དུ་སྦྱར་བར་བྱའོ། །དེའི་ཕྱིར་བསམ་གཏན ་གསུམ་པོའི་བདེ་བ་གཞན་བརྗོད་ཅེ་ན། གང་གི་ཕྱིར་དེའི་བདེ་བ་ནི་ཚོར་བ་ཡིན་ལ་བསམ་གཏན་དང་པོ་གཉིས་ཀྱི་རབ་སྦྱངས་བདེ། བསམ་གཏན་དང་པོ་དང་གཉིས་པའི་བདེ་བ་ནི་རབ་ཏུ་སྦྱངས་པ་ཞེས་བྱའོ། །ནང་རབ་ཏུ་དང་བ་ཞེས་བྱ་བའི་ཆོས་དེ་ཅི ་ཞེ་ན། དད་པ་རབ་ཏུ་དང་བའོ། །དེ་བས་བསམ་གཏན་གཉིས་པ་ཐོབ་པ་ལས་སྙོམས་པར་འཇུག་པའི་ས་ལས་ཀྱང་ངེས་པར་འབྱུང་བར་ཡོད་པར་ཡིད་ཆེས་པ་སྐྱེ་བ་དེ་ནི་འདིར་ནང་རབ་ཏུ་དང་བ་ཞེས་བྱའོ། །དགའ་བ་ནི་ཡིད་བདེ་བ་ཡིན་ནོ། །ཞེས ་བཤད་པ་གང་ཡིན་པ་དེ་ཇི་ལྟར་རྟོགས་གཞན་ཅི་ཞིག་ཡིན་པར་འགྱུར་ཇི་ལྟར་སྡེ་བ་གཞན་དག་འདོད་པ་རྣམས་ཏེ། སྡེ་བ་གཞན་དག་ཀྱང་ཇི་ལྟར་འདོད་ཅེ་ན། དགའ་བ་ནི་སེམས་ལས་བྱུང་བའི་ཆོས་གཞན་ཁོ་ན་ཡིན་ལ། ཡིད་བདེ་བ་ནི་བསམ ་གཏན་གསུམ་པ་དག་གི་བདེ་བ་ཡིན་པར་འདོད་དོ། །བསམ་གཏན་གྱི་བདེ་བ་ནི་ཡིད་བདེ་བ་ཡིན་པར་མི་རིགས་ཏེ། ལུང་རྣམས་གཉིས་ཕྱིར་དགའ་ཡིད་བདེ། །རྣམ་པར་བསྒྱུར་བའི་མདོ་ལས། བཅོམ་ལྡན་འདས་ཀྱིས་བསམ་གཏན་གསུམ ་བ་བཀའ་སྩལ་ཏེ། འདིར་འདིའི་ཡིད་བདེ་བའི་དབང་པོ་ཡོངས་སུ་མ་ལུས་པར་དགའ་བར་འགྱུར་ཞེས་བཀའ་སྩལ་ཏོ། །བསམ་གཏན་བཞི་པར་ནི་བདེ་བའི་དབང་པོ་འགག་པར་འགྱུར་རོ། །ཞེས་བཀའ་སྩལ་ཏོ། །ཡང་འདི་སྐད་དུ་དེ་བདེ ་བ་ཡང་སྤངས་ཏེ། སྔ་མས་སྡུག་བསྔལ་ཡང་སྤངས་ཤིང་ཡིད་བདེ་བ་དང་ཡིད་མི་བདེ་བ་ཡང་ནུབ་པས་ཞེས་གསུངས་པས་དེའི་ཕྱིར་ཡང་བསམ་གཏན་གསུམ་པ་ཡིད་བདེ་བའི་དབང་པོ་མེད་དེ། དེ་བས་ན་དགའ་བ་ཉིད་ཡིད་བདེ་བ་ཡིན ་གྱི་བདེ་བ་ནི་མ་ཡིན་ནོ། །ཡང་ཅི་ཉོན་མོངས་པ་ཅན་གྱི་བསམ་གཏན་དག་ལ་ཡང་འདི་སྐད་དུ་བཤད་པའི་ཡན་ལག་དེ་དག་ཡོད་དམ་ཞེ་ན། མེད་དོ། །དེ་དག་ལ་གང་ཞིག་མེད་ཅེ་ན། ཉོན་མོངས་ཅན་ལ་དགའ་བདེ་དང། །རབ་དང་ཤེས་བཞིན་དྲན་པ་དང།། ་བཏང་སྙོམས་དྲན་པ་དག་པ་མེད། །བསམ་གཏན་དང་པོ་ལ་ནི་དབེན་པ་ལས་སྐྱེས་པའི་དགའ་བ་དང། བདེ་བ་མེད་དོ། ཉོན་མོངས་པ་ལས་དབེན་པ་མ་ཡིན་པའི་ཕྱིར་རོ། །གཉིས་པ་ལ་ནི་རབ་ཏུ་དང་བ་མེད་དེ། ཉོན་མོངས་པས་རྟོགས་པའི་ཕྱིར་རོ། །གསུམ་པ ་ལ་ནི་དྲན་པ་དང་ཤེས་བཞིན་མེད་དེ། ཉོན་མོངས་པ་ཅན་གྱི་བདེ་བས་ཀུན་ཏུ་རྨོངས་པར་བྱས་པའི་ཕྱིར་རོ། །བཞི་པ་ལ་ནི་དྲན་པ་ཡོངས་སུ་དག་པ་མེད་དེ། ཉོན་མོངས་པས་དྲི་མ་ཅན་དུ་བྱས་པའི་ཕྱིར་ཏེ། རེ་ཞིག་ཁ་ཅིག་ནི་འདི་སྐད་དུ་ཞེས་བྱའོ། །ཁ་ཅིག་རབ ་སྦྱངས་བཏང་སྙོམས་དག་།ཁ་ཅིག་ན་རེ་ཉོན་མོངས་པ་ཅན་གྱི་བསམ་གཏན་དང་པོ་དང། གཉིས་པ་ལས་ནི་རབ་ཏུ་སྦྱངས་པ་མེད་དོ། །གསུམ་པ་དང་བཞི་པ་ལ་ནི་བཏང་སྙོམས་མེད་དེ། དེ་དག་ནི་དགེ་བའི་ས་མང་པོ་པ་ཡིན་པའི་ཕྱིར་རོ་ཞེས་ཟེར་རོ། །བཅོམ ་ལྡན་འདས་ཀྱིས་བསམ་གཏན་གསུམ་ནི་སྐྱོན་དང་བཅས་པའི་ཕྱིར་གཡོ་བ་དང་བཅས་པ་ཡིན་ནོ། །ཞེས་བཀའ་སྩལ་ཏོ། །སྐྱོན་བརྒྱད་ལས་ནི་གྲོལ་བའི་ཕྱིར། །བཞིན་པ་དག་ནི་མི་གཡོ་བའི། །སྐྱོན་དེ་དག་གང་ཞེ་ན། རྟོག་དང་དཔྱོད་དང་དབུགས་དང་ནི། །བདེ་བ ་ལ་སོགས་བཞི་ཡིན་ནོ། །རྟོག་པ་དང། དཔྱོད་པ་དང། བདེ་བ་དང། སྡུག་བསྔལ་དང། ཡིད་བདེ་བ་དང། ཡིད་མི་བདེ་བ་དང། དབུགས་རྡུབ་པ་དང། དབུགས་དབྱུང་བ་སྟེ། བསམ་གཏན་བཞི་པ་ནི་སྐྱན་བརྒྱད་པོ་དེ་དག་གཅིག་ཀྱང་མེད་པས་མི་གཡོ་བའོ་ཞེས་བྱའོ།། ་བསམ་གཏན་གཉིས་པ་ལ་ནི་དགའ་བ་ཞེས་སྨོས་པས་ཡིད་བདེ་བ་ཞེས་བྱའོ། །གསུམ་པ་ལ་ནི་བདེ་བའོ། །བཞི་པ་ལ་ནི་བཏང་སྙོམས་སོ། །དེ་ཅི་སྙོམས་པར་འཇུག་པའི་བསམ་གཏན་དག་གི་ཚོར་བ་གང་ཡིན་པ་དེ་དག་ཉིད་སྐྱེ་བའི་བསམ་གཏན་དག་གི་ཡང་ཡིན ་ནམ་ཞེ་ན། སྨྲས་པ། མ་ཡིན་ཏེ། ཇི་ལྟ་ཞེ་ན། སྐྱེ་བའི་བསམ་གཏན་དག་ན་ནི། །ཡིད་བདེ་བ་དང་བཏང་སྙོམས་དང། །བཏང་སྙོམས་ཡིད་མི་བདེ་བ་དང། །བཏང་སྙོམས་བཏང་སྙོམས་ཚོར་བའོ། །སྐྱེ་བའི་བསམ་གཏན་དང ་པོ་དག་ན་ནི་ཚོར་བ་གསུམ་སྟེ། རྣམ་པར་ཤེས་པ་གསུམ་གྱི་བདེ་བ་དང། ཡིད་ཀྱི་ས་པའི་ཡིད་བདེ་བ་དང། རྣམ་པར་ཤེས་པ་བཞི་བར་གྱི་ཚོགས་ཀྱི་བཏང་སྙོམས་སོ། །སྐྱེ་བའི་བསམ་གཏན་གཉིས་པ་དག་ནི་ཚོར་བ་གཉིས་ཏེ། ཡིད་ཀྱི་ས་པའི་ཡིད་ ་བདེ་བ་དང་བཏང་སྙོམས་སོ། །རྣམ་པར་ཤེས་པའི་ཚོགས་གཞན་མེད་པའི་ཕྱིར་བདེ་བ་ནི་མེད་དོ། །སྐྱེ་བའི་བསམ་གཏན་གསུམ་པ་དག་ན་ནི་ཚོར་བ་གཉིས་ཏེ། ཡིད་ཀྱི་ས་པའི་བདེ་བ་དང་བཏང་སྙོམས་སོ། །སྐྱེ་བའི་བསམ་གཏན་བཞི་པ་དག་ན་ནི་བཏང ་སྙོམས་ཀྱི་ཚོར་བ་ཁོ་ན་ཡིན་ནོ། །གལ་ཏེ་བསམ་གཏན་གཉིས་པ་ལ་སོགས་པ་ན། རྣམ་པར་ཤེས་པའི་ཚོགས་གསུམ་དང། རྟོག་པ་དང་དཔྱོད་པ་མེད་ན་དེ་དག་གི་མཐོང་བ་ཡིན་པ་ནས། རེག་པའི་བར་དུ་ཡིན། ཇི་ལྟར་ན་རྣམ་པར་རིག་བྱེད་ཀུན ་ནས་སློང་བར་བྱེད་ཅེ་ན། དེ་དག་ཏུ་སྐྱེས་པ་རྣམས་ལ་མིག་གི་རྣམ་པར་ཤེས་པ་ལ་སོགས་པ་མེད་པའང་མ་ཡིན་ལ་དེའི་ས་པ་ཡང་མ་ཡིན་ཏེ། ཇི་ལྟ་ཞེ་ན། གཉིས་པ་ལ་སོགས་དང་པོར་གཏོགས། །ལུས་མིན་རྣ་བའི་རྣམ་ཤེས་དང། །རྣམ་རིག ་ཀུན་ནས་སློང་གང་དེ། །བསམ་གཏན་གཉིས་པ་ལ་སོགས་པ་དག་དུ་ནི་གང་གིས་དེ་དག་གིས་མཐོང་བ་ནས། རྣམ་པར་རིག་བྱེད་ཀུན་ནས་སློང་བར་བྱེད་པའི་བར་དེ་ནི་སྤྲུལ་པའི་སེམས་བཞིན་དུ། བསམ་གཏན་དང་པོའི་མིག་དང། རྣ་བ་དང་ལུས་ཀྱིས་རྣམ ་པར་ཤེས་པ་དང། རྣམ་པར་རིག་བྱེད་ཀུན་ནས་སློང་བར་བྱེད་པ་དག་མངོན་དུ་བྱེད་དོ། །དེ་ལུང་མ་བསྟན་ཉོན་མོངས་མིན། །དེ་དག་མངོན་དུ་བྱེད་པ་བསམ་གཏན་དང་པོའི་ས་པའི་རྣམ་པར་ཤེས་པ་གང་ཡིན་པ་དེ་ནི། མ་སྒྲིབས་ལ་ལུང་དུ་མ་བསྟན་པ ་ཡིན་གྱི། འདོད་ཆགས་དང་བྲལ་བའི་ཕྱིར་ཉོན་མོངས་པ་ཅན་ཡང་མ་ཡིན་ནོ། །དམན་པའི་ཕྱིར་དགེ་བ་ཡང་མ་ཡིན་ནོ། །བསམ་གཏན་གྱི་དགོས་པ་རྫོགས་སོ།། །།ཡང་དག་པ་ལ་སོགས་པའི་བསམ་གཏན་དང། གཟུགས་མེད་པ་དག ་ཇི་ལྟར་འཐོབ་ཅེ་ན། ཆགས་བྲལ་སྐྱེ་བས་དག་དེ་དག་།མི་ལྡན་པ་ལས་ཐོབ་པར་འགྱུར། །ས་འོག་མ་ལས་འདོད་ཆགས་བྲལ་བ་འམ། སྲིད་པའི་རྩེ་མོ་མ་གཏོགས་པ་ས་འོག་མར་སྐྱེ་བ་ལས་དག་པའི་བསམ་གཏན་ནམ། གཟུགས་མེད་པ་ནི་ལྡན་པ་ལས་འཐོབ ་སྟེ། དེ་ན་ནི་སྐྱེ་བས་ཐོབ་པ་མེད་དོ། །ཅིའི་ཕྱིར་དེ་དང་མི་ལྡན་པ་ཞེས་བརྗོད་ཅེ་ན། དག་པ་དང་ལྡན་པ་ནི་སྦྱོར་བ་ལས་ཀྱང་ངེས་པར་འབྱེད་པའི་ཆ་དང་མཐུན་པ་དག་འཐོབ་ལ། ཉམས་པ་ལས་ཀྱང་ཉམས་པའི་ཆ་དང་མཐུན་པ་འཐོབ་པོ། །ཟག་མེད་འདོད་ཆགས ་དང་བྲལ་བ་ཡིས། དེ་དང་མི་ལྡན་པ་ལ་འཐོབ་ཅེས་བྱ་བར་སྦྱར་ཏེ། དེ་དང་ལྡན་པ་ནི་ཟག་པ་ཤེས་པ་ལས་མི་སློབ་པ་འཐོབ་བོ། །དབང་པོ་འཕོ་བ་ལས་ཀྱང་སློབ་པ་དང་མི་སློབ་པའོ། །ངེས་པར་འཇུག་པ་ལས་དང་པོ་ཉིད་དུ་ཟག་པ་མེད་པ་འཐོབ་པ་མ་ཡིན ་ནམ་ཞེ་ན། མཐར་གྱིས་འཇུག་པས་མི་སློབ་པའི་ཕྱིར་མ་ངེས་ཏེ། ཇི་ལྟར་གདོན་མི་ཟ་བར་འཐོབ་པ་དེ་བཞིན་དུ་བཤད་དོ། །ཉམས་དང་སྐྱེ་བས་ཉོན་མོངས་ཅན། །དེ་དང་མི་ལྡན་པ་ལས་འཐོབ་ཅེས་བྱ་བར་སྦྱར་ཏེ། གལ་ཏེ་དེའི་འདོད་ཆགས་དང་བྲལ་བ་ལས ་ཡོངས་སུ་ཉམས་པར་འགྱུར་བ་ནི། ཡོངས་སུ་ཉམས་པས་སོ། །གལ་ཏེ་གོང་མ་ལས་འོག་མར་སྐྱེ་ན་ནི་སྐྱེ་བས་སོ། །སྙོམས་པར་འཇུག་པའི་རྫས་གང་གི་མཇུག་ཐོགས་སུ་དུ་ཞིག་སྐྱེ་ཞེ་ན། ཟག་པ་མེད་པའི་བསམ་གཏན་དང་པོའི་མཇུག་ཐོགས ་སུ་ནི་རང་གི་ས་བ་དང། བསམ་གཏན་གཉིས་པ་དང། གསུམ་པའི་ས་པའི་དག་པ་དང། ཟག་པ་མེད་པ་དྲུག་དང་དག?་དྲུག་སྐྱེའོ། །ཅི་ཡང་མེད་པའི་མཇུག་ཐོགས་སུ་ནི་རང་གི་ས་པ་དང། རྣམ་ཤེས་མཛའ་ཡས་དང། ནམ་མཁའ་མཛའ་ ་ཡས་ཀྱི་སྐྱེ་མཆེད་ཀྱི་ས་པའི་དག་པ་དང། ཟག་པ་མེད་པ་དང། སྲིད་པའི་རྩེ་མོ་ན་ཟག་པ་མེད་པ་མེད་པའི་ཕྱིར་དག་པ་ཁོ་ན་དང་བདུན་སྐྱེའོ། །བསམ་གཏན་གཉིས་པའི་མཇུག་ཐོགས་སུ་ནི་རང་གི་ས་པ་དང། ་བསམ་གཏན་གསུམ་པ་དང། བཞི་པ་དང། དང་པོའི་ས་པའི་དག་པ་དང། ཟག་པ་མེད་པ་དག་དང་བརྒྱད་སྐྱེའོ། །རྣམ་ཤེས་མཛའ་ཡས་སྐྱེ་མཆེད་ཀྱི་མཇུག་ཐོགས་སུ་ནི་རང་གི་ས་པ་གཉིས་ཏེ། དག་པ་དང་ཟག་པ་མེད་པ་དང། ་ནམ་མཁའ་མཛའ་ཡས་སྐྱེ་མཆེད་དང། བསམ་གཏན་བཞི་པའི་ས་པ་བཞི་དང། ཅི་ཡང་མེད་པ་དང། སྲིད་པའི་རྩེ་མོའི་ས་པ་གསུམ་དང་དགུ་སྐྱེ་ལ། དེ་བཞིན་དུ་བསམ་གཏན་དང་གཟུགས་མེད་པ་གཞན་དག་ལ་ཡང་རྫས་བཅུར ་སྦྱར་ཏེ། དེ་ནི་མདོར་བསྡུས་པ་ཡིན་ནོ། །ཟག་པ་མེད་པའི་མཇུག་ཐོགས་སུ། །ལྟག་འོག་གསུམ་པའི་བར་དགེ་བའི། །སྐྱེས་དེ། དགེ་སྨོས་པས་ནི་དག་པ་དང་ཟག་པ་མེད་པ་བཟུང་སྟེ། དགེ་བ་ཡིན་པའི་ཕྱིར་རོ། །ཟག་པ་མེད་པའི ་སྙོམས་པར་འཇུག་པའི་མཇུག་ཐོགས་སུ་ནི་རང་གི་ས་པ་དང། ས་གོང་མ་པ་དང། ས་འོག་མ་པ་གསུམ་པའི་བར་གྱི་དག་པ་དང། ཟག་པ་མེད་པ་སྐྱེའོ། །ཐོད་རྒལ་དུ་སྙོམས་པར་འཇུག་པར་བྱེད་པས། གསུམ་པ་ལས་ཕན་ཆད ་དུ་ནི་རྒལ་བར་མི་ནུས་སོ། །རྗེས་སུ་ཤེས་པའི་མཇུག་ཐོགས་སུ་གཟུགས་མེད་པའི་སྙོམས་པར་འཇུག་གི་ཆོས་ཤེས་པའི་མཇུག་ཐོགས་སུ་ནི་མ་ཡིན་ཏེ། དེའི་རྟེན་དང་དམིགས་པ་འོག་མ་ཡིན་པའི་ཕྱིར་རོ། །ཇི་ལྟར་ཟག་པ་མེད ་པའི་དེ་མ་ཐག་པ་བཤད་པ་ལྟར། དག་པའང་དེ་བཞིན་དུ། རིག་པར་བྱ་ལ། རང་གི་ས་པའི་ཉོན་མོངས་ཀྱང། །དག་པའི་མཇུག་ཐོགས་སུ་ལྷག་པར་རང་གི་ས་པའི་ཉོན་མོངས་པ་ཅན་སྐྱེའོ། །ལྷག་མ་ནི་ཟག་པ་མེད་པའི་མཇུག ་ཐོགས་སུ་ཇི་ལྟ་བ་བཞིན་ན། །ཟག་པ་མེད་པའི་མཇུག་ཐོགས་སུ་ནི་ཉོན་མོངས་པ་ཅན་སྐྱེ་བ་མེད་དོ། །ཉོན་མོངས་པ་ཅན་ཉོན་མོངས་ཅན། །དག་པ་སྙོམས་པར་འཇུག་པ་ཉོན་མོངས་པ་ཅན་གྱི་མཇུག་ཐོགས་སུ་ནི་རང་གི་ས་པའི་ཉོན་མོངས་པ་ཅན ་དང་ངག?་བ་སྐྱེའོ། །འོག་མའི་ས་པའི་དག?་པ་གཅིག་།ཉོན་མོངས་པས་གཟིར་བ་ནས་འོག་མའི་སྙོམས་པར་འཇུག་པ་དག་ལ་ཡང་དགའ་བར་འགྱུར་རོ། །གལ་ཏེ་ཉོན་མོངས་པ་ཅན་ཡོངས་སུ་བཅད་ནས་འོག་མར་འཕོ་ན་དགེ་བ་ལས་འཕོ་བ་ཡིན་གྱི། ་ཉོན་མོངས་པ་ཅན་ལས་ནི་མ་ཡིན་ནོ། །འོན་ཏེ་ཡོངས་སུ་མ་བཅད་ན་ནི་ཇི་ལྟར་འཕོ་ཞེ་ན། སྔོན་འཕངས་པ་ལས་ཏེ། སྔོན་འདི་སྙམ་དུ་གོང་མའི་ཉོན་མོངས་པ་ཅན་པས་ནི་འོག་མའི་དག་པ་བླའོ་སྙམ་དུ་འདོད་པར་འགྱུར་ལ། སེམས་ཅན་རྣམས་ཀྱི་སྔོན ་གྱི་འདོད་པ་ཡང་རྒྱུད་ཀྱི་རྗེས་སུ་འབྲང་སྟེ། སྨོན་ནས་གཉིད་ལོག་པ་འདོད་པའི་དུས་སུ་སང་བ་བཞིན་ནོ། །ཉོན་མོངས་པ་ཅན་གྱི་མཇུག་ཐོགས་སུ་ཟག་པ་མེད་པ་ནི་ནམ་ཡང་མི་སྐྱེའོ། །དག་པ་དང་ཉོན་མོངས་པ་ཅན་གྱི་མཇུག་ཐོགས་སུ་རང་གི་ས་པའི་ཉོན ་མོངས་པ་ཅན་ཁོ་ན་སྐྱེའོ། །གཞན་གྱི་ས་པ་ནི་མ་ཡིན་ནོ། ཞེས་བྱ་བ་དེ་ནི་སྙོམས་པར་འཇུག་པའི་དུས་ཀྱི་ཕྱིར་བཤད་ཀྱི། །འཆི་འཕོ་ཅན་ལས་ཉོན་མོངས་ཀུན། །འཆི་འཕོ་བའི་ཚེ་སྐྱེ་བས་ཐོབ་པའི་ངག?་པའི་མཇུག་ཐོགས་སུ་ནི་ཐམས་ཅད་པའི་ཉོན ་མོངས་པ་ཅན་སྐྱེའོ། །ཉོན་མོངས་ཅན་ལས་གོང་མ་མིན། །འཆི་འཕོ་བའི་ཚེ་ཉོན་མོངས་པ་ཅན་གྱི་བསམ་གཏན་དང། གཟུགས་མེད་པའི་མཇུག་ཐོགས་སུ་རང་གིས་ས་པ་དང། ས་འོག་མ་པའི་ཉོན་མོངས་པ་ཅན་གྱི་སྐྱེའི། ས་གོང་མ་པའི་ནི་མ་ཡིན་ནོ། །དག ་པ་ཐམས་ཅད་ལས་ཟག་པ་མེད་པའི་སྙོམས་པར་འཇུག་པའི་རྗེས་སུ་སྐྱེ་བ་ཡང་མ་ཡིན་ཏེ། ཇི་ལྟ་ཞེ་ན། དག་པ་ཉམས་པའི་ཆ་མཐུན་སོགས། །རྣམ་བཞི། དག་པ་ནི་ཉམས་པའི་ཆ་དང་མཐུན་པ་དང། གནས་པའི་ཆ་དང་མཐུན་པ་དང། ཁྱད་པར་གྱི་ཆ་དང་མཐུན ་པ་དང། ངེས་པར་འབྱེད་པའི་ཆ་དང་འཐུན་པ་རྣམ་པ་བཞིའོ། །སྲིད་པའི་རྩེ་མོ་ནི་ཁྱད་པར་གྱི་ཆ་དང་མཐུན་པ་མ་གཏོགས་པ་གཞན་རྣམ་པ་གསུམ་ཡིན་ནོ། །དེའི་མཚན་ཉིད་ཀྱང་ཅི་ཞེ་ན། དེ་ནི་རིམ་བཞིན་དུ། ཉོན་མོངས ་སྐྱེ་དང་རང་ས་དང། །གོང་དང་ཟག་མེད་རྗེས་མཐུན་པའོ། །ཉམས་པའི་ཆ་དང་མཐུན་པ་ནི། །ཉོན་མོངས་པ་སྐྱེ་བའི་རྗེས་སུ་མཐུན་པའོ། །གནས་པའི་ཆ་དང་མཐུན་པ་ནི་རང་གི་ས་དང་རྗེས་སུ་མཐུན་པའོ། །ཁྱད་པར་གྱི་ཆ་དང་མཐུན་པ་ནི་ས་གོང་མ་དང ་རྗེས་སུ་མཐུན་པའོ། །ངེས་པར་འབྱེད་པའི་ཆ་དང་མཐུན་པ་སྟེ། ཟག་པ་མེད་པ་ནི་དེ་ལས་སྐྱེའོ། །ཡང་བཞི་པོ་དེ་དག་གི་མཇུག་ཐོགས་སུ་གང་ཞིག་སྐྱེ་ཞེ་ན། ཉམས་ཆ་མཐུན་སོགས་མཇུག་ཐོགས་སུ། །གཉིས་དང་གསུམ་དང་གསུམ་དང་གཅིག ་ཉམས་པའི་ཆ་དང་མཐུན་པ་ཞེས་བྱ་བ་ནི་ཉམས་པ་དང་བསྟེན་པ་སྟེ། དེའི་མཇུག་ཐོགས་སུ་ནི་ཉམས་པའི་ཆ་དང་མཐུན་པ་དང། གནས་པའི་ཆ་དང་མཐུན་པ་དང་གཉིས་སྐྱེའོ། །གནས་པའི་ཆ་དང་མཐུན་པའི་མཇུག་ཐོགས་སུ་ནི་ངེས་པར ་འབྱེད་པའི་ཆ་དང་མཐུན་པ་མ་གཏོགས་པ་གསུམ་སྐྱེའོ། །ཁྱད་པར་གྱི་ཆ་དང་མཐུན་པའི་མཇུག་ཐོགས་སུ་ནི་ཉམས་པའི་ཆ་དང་མཐུན་པ་མ་གཏོགས་པ་གསུམ་སྐྱེའོ། །ངེས་པར་འབྱེད་པའི་ཆ་དང་མཐུན་པའི་མཇུག་ཐོགས་སུ་ནི་གཅིག ་བུ་དེ་ཉིད་སྐྱེའོ། །ཇི་ལྟར་ན་ཐོད་རྒལ་གྱི་སྙོམས་པར་འཇུག་པ་སྐྱེ་བ་ཡིན་ཞེ་ན། ས་བརྒྱད་རྣམ་གཉིས་འབྲེལ་པར་ནི། །སོང་ཞིང་འོངས་ནས་གཅིག་རྒལ་བ། །ཐོད་རྒལ་སྙོམས་པར་འཇུག་པ་རིས། །མི་མཐུན་གསུམ་པར་འགྲོ་བའོ། །ས་བརྒྱད ་ཅེས་བྱ་བ་ནི་བསམ་གཏན་དང་གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་སོ། །རྣམ་གཉིས་ཞེས་བྱ་བ་ནི་ཟག་པ་དང་བཅས་པ་དང་ཟག་པ་མེད་པའོ། །འབྲེལ་པ་ཞེས་བྱ་བ་ནི་གོ་རིམས་བཞིན་དུའོ། །སོང་ཞིང་ཞེས་བྱ་བ་ནི། ལུགས་དང ་མཐུན་པར་སྙོམས་པར་ཞུགས་ནས་སོ། །འོངས་ནས་ཞེས་བྱ་བ་ནི་ལུགས་དང་མི་མཐུན་པར་སྙོམས་པར་ཞུགས་ནས་སོ། །གཅིག་རྒལ་བ་ཞེས་བྱ་བ་ནི་རེ་རེ་བརྒལ་བ་སྟེ། ཟག་པ་དང་བཅས་པའི་ས་བརྒྱད་དང་ཟག་པ་མེད་པའི་ས་བདུན་ལུགས་དང་མཐུན་པ ་དང། ལུགས་དང་མི་མཐུན་པར་སྙོམས་པར་འཇུག་པའི་བྱ་བར་བྱ་སྟེ། ཕྱིས་ཟག་པ་དང་བཅས་པའི་བསམ་གཏན་དང་པོ་ནས་ཟག་པ་དང་བཅས་པའི་བསམ་གཏན་གསུམ་པ་ལ་སྙོམས་པར་འཇུག་ཅིང། དེ་ནས་ནི་ནམ་མཁའ་མཛའ་ཡས་སྐྱེ་མཆེད ་ལ་སྙོམས་པར་འཇུག་ལ། དེ་ནས་ནི་ཅི་ཡང་མེད་པའི་སྐྱེ་མཆེད་ལ་སྙོམས་པར་འཇུག་ཅིང། དེ་བཞིན་དུ་ལུགས་དང་མི་མཐུན་པ་ལ་ཡང་སྦྱར་བར་བྱ་སྟེ། ཟག་པ་མེད་པ་ཡང་སྐད་ཅིག་རྒལ་ཞིང་ལུགས་དང་མཐུན་པ་དང། ལུགས་དང་མི་མཐུན་པར ་སྙོམས་པར་འཇུག་པ་དེ་ནི་ཐོད་རྒལ་དུ་སྙོམས་པར་འཇུག་པའི་སྦྱོར་བ་ཡིན་ནོ། །གང་གི་ཚེ་ཟག་པ་དང་བཅས་པའི་བསམ་གཏན་དང་པོ་ནས་ཟག་པ་མེད་པའི་བསམ་གཏན་གསུམ་པ་ལ་སྙོམས་པར་འཇུག་ཅིང། དེ་ནས་ནི་ཟག་པ་བཅས་པའི ་ནམ་མཁའ་མཛའ་ཡས་སྐྱེ་མཆེད་ལ་སྙོམས་པར་འཇུག་ལ། དེ་ནས་ནི་ཟག་པ་མེད་པ་ཅི་ཡང་མེད་པའི་སྐྱེ་མཆེད་ལ་སྙོམས་པར་འཇུག་ཅིང། དེ་བཞིན་དུ་ལུགས་དང་མི་མཐུན་པར་ཡང་སྙོམས་པར་ཞུགས་པ་དེའི་ཚེ་རིས་མི་མཐུན་པ་གསུམ ་པར་འགྲོ་བའི་ཕྱིར་ཡོངས་སུ་གྲུབ་པ་ཡིན་ནོ། །ཤིན་ཏུ་རིང་བའི་ཕྱིར་བཞི་པ་ལ་ནི་ས་སྙོམས་པར་འཇུག་གོ་།དེ་དག་ཀྱང་གླིང་གསུམ་དག་ཏུ་དུས་དང་མི་སྦྱོར་བར་རྣམ་པར་གྲོལ་བའི་དགྲ་བཅོམ་པ་ཁོ་ནས་སྐྱེད་པར་བྱེད་ཀྱི། མཐོང་བས་ཐོབ་པ་ནི ་དབང་པོ་རྣོན་པོ་ཡིན་པའི་ཕྱིར། གལ་ཏེ་ཏིང་ངེ་འཛིན་ལ་དབང་བ་ཡིན་ཡང་ཉོན་མོངས་པ་མེད་པ་མ་ཡིན་ནོ། །དུས་ཀྱིས་རྣམ་པར་གྲོལ་བ་ནི་གལ་ཏེ་ཉོན་མོངས་པ་མེད་པ་ཡིན་ཡང། ཏིང་ངེ་འཛིན་ལ་དབང་བ་ནི་མ་ཡིན་ནོ། །ལུས་གང་གིས ་བསམ་གཏན་དང། གཟུགས་མེད་པ་དུ་ཞིག་མངོན་དུ་བྱེད་ཅེ་ན། བསམ་གཏན་གཟུགས་མེད་རང་དང་ནི། །འོག་མའི་ལུས་ཉིད། སྲིད་པའི་རྩེ་མོ་ནི་སྲིད་པའི་རྩེ་མོར་ཡང་མངོན་དུ་བྱེད་ཅིང། འོག་མ་འདོད་པའི་ཁམས ་ཀྱི་བར་དག་ཏུ་མངོན་དུ་བྱེད་ལ། དེ་བཞིན་དུ་ལྷག་མ་རྣམས་ཀྱང། རང་གིས་དང། ས་འོག་མ་དག་ཏུ་མངོན་དུ་བྱེད་དེ། །ཅིའི་ཕྱིར་གོང་མར་སྐྱེས་ལ་སྙོམས་པར་འཇུག་པ་འོག་མ་མངོན་དུ་མི་བྱེད་ཅེ་ན། གང་གི་ཕྱིར་དེ་ལ། འོག་དགོས་མེད། དེའི་དགོས་པ ་ནི་སྙོམས་པར་འཇུག་པའི་འོག་མི་རྫས་ཀྱིས། ཆུང་ཟད་ཀྱང་མི་བྱེད་དེ། དམན་པའི་ཕྱིར་རོ། །ཕྱིར་བསྟན་པ་བྱས་ནས་དམིགས་ཀྱིས་སྟོན་པར་བྱེད་དོ། །ཅི་ཡང་མེད་པ་མངོན་བྱས་ནས། འཕགས་པ་སྲིད་རྩེའི་ཟག་ཟད་བྱེད། འཕགས་པའི་སྲིད ་པའི་རྩེ་མོར་སྐྱེ་བ་ཐོབ་བ་ནི་ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་ཟག་པ་མེད་པ་མངོན་དུ་བྱས་ནས་ཟག་པ་ཟད་པར་བྱེད་དོ། །ཇི་ལྟར་ན་དེར་སྐྱེས་པ་དེ་མངོན་སུམ་དུ་བྱེད་ཅེ་ན། རང་གི་ས་བ་མེད་པ་དང་དེ་དང་ཉེ་བའི་ཕྱིར་རོ། །ཡང་བསམ་གཏན་དང་གཟུགས་མེད་བ་དེ ་དག་གི་དམིགས་པ་ཅི་ཞིག་ཡིན་ཞེ་ན། སྲེད་བཅས་རང་གི་སྲེད་ལ་དམིགས། རོ་མྱང་བ་དང་མཚུངས་པར་ལྡན་པ་རྣམས་ནི། རང་གི་ས་པའི་སྲེད་པ་ལ་དམིགས་སོ། །སྲེད་པ་ཞེས་སྨོས་པས་ནི་ཟག་པ་དང་བཅས་པའི་དངོས་པོ་གཟུང་ངོ། །འདོད་ཆགས ་དང་བྲལ་བའི་ཕྱིར་འོག་མ་ལ་མི་དམིགས་སོ། །ས་རྣམས་ཀྱི་སྲེད་བ་ནི་ཡོངས་སུ་ཆུད་པའི་ཕྱིར་རོ་གང་མ་ལ་ཡང་མ་ཡིན་ནོ། །དགེ་བར་ཐར་པར་འགྱུར་བའི་ཕྱིར་ཟག་པ་མེད་པ་ལ་ཡང་མ་ཡིན་ནོ། །བསམ་གཏན་དགེ་ཡུལ་ཡོད་དོ་ཅོག?་།དགེ་བའི་བསམ་གཏན ་དག་པ་དང། ཟག་པ་མེད་པ་དེའི་དམིགས་པ་ནི། ཟག་པ་དང་བཅས་པའམ། ཟག་པ་མེད་པ་གང་ཅུང་ཟད་ཅི་ཡོད་པ་ཐམས་ཅད་ཡིན་ནོ། །གཟུགས་མེད་དངོས་གཞི་དགེ་རྣམས་ཀྱི། །སྤྱོད་ཡུལ་ཟག་བཅས་འོག་མ་ཡིན། གཟུགས་མེད་པའི་དངོས་གཞི་དགེ ་པ་རྣམས་ནི་རང་གི་ས་པ་དང་ས་གོང་མ་པ་ལ་སོགས་པ་ལ་དམིགས་པ་ཡིན་པའི་ཕྱིར་ས་འོག་མ་པའི་ཟག་པ་དང་བཅས་པའི་དངོས་པོ་ལ་མི་དམིགས་སོ། །ཟག་པ་མེད་པ་ཡང་རྗེས་སུ་ཤེས་པའི་ཕྱིར་ཐམས་ཅད་ལ་དམིགས་ཀྱི། ཆོས་ཤེས་པའི་ཕྱོགས ་དང་འོག་མའི་འགོག་པ་ལ་ནི་མི་དམིགས་སོ། །ཉེར་བསྡོགས་ཀྱི་བར་ཆད་མེད་པའི་ལམ་རྣམས་ནི་ས་འོག་མ་ལ་དམིགས་སོ། །བསམ་གཏན་དང་གཟུགས་མེད་པ་རྣམ་པ་གསུམ་པོ་དེ་དག་ལས། ཟག་པ་མེད་པས་ཉོན་མོངས་རྣམས་སྤོང་སྟེ། །འདོད ་ཆགས་དང་བྲལ་བའི་ཕྱིར་འོག་མ་ལ་ཡང་མ་ཡིན། དེ་ཉིད་ཀྱི་གཉེན་པོ་དེ་ཉིད་མ་ཡིན་པའི་ཕྱིར་རང་གི་ས་པའང་མ་ཡིན་ཁྱད་པར་དུ་འཕགས་པའི་ཕྱིར་གོང་མ་ཡང་མ་ཡིན་པས། དག་པས་ཀྱང་མ་ཡིན་ན་ཉོན་མོངས་པ་ཅན་གྱི་ལྟ་སྨོས་ཀྱང་ཅི་དགོས། ཉེ་བར ་བསྡོགས་པས་ཀྱང། གཟུགས་དང་གཟུགས་མེད་པའི་ཉེར་བསྡོགས་ནི་དག་པས་ཀྱང་ཉོན་མོངས་པ་རྣམས་སྤོང་སྟེ། ས་འོག་མ་པའི་གཉེན་པོ་ཡིན་པའི་ཕྱིར་རོ། །ཉེར་བསྡོགས་རྣམས་ཀྱང་དུ་ཞིག་ཅེ་ན། དེ་དག་ལ་ནི་ཉེར་བསྡོགས་བརྒྱད། །རེ་རེ་ལ་ཡང་ཉེར ་བསྡོགས་གང་གིས་དེ་ལ་འཇུག་པ་རེ་རེ་ཡིན་ནོ། །ཅི་དེ་དག་ཀྱང་རྣམ་པ་གསུམ་ཡིན་ལ། དེ་དག་གི་ཚོར་བ་ཡང་དེ་དག་འདྲ་འམ་ཞེ་ན། སྨྲས་པ་མི་འདྲ་སྟེ། དག་པ་བདེ་མིན་སྡུག་བསྔལ་མིན། །དེ་དག་ནི་དག་བ་ཡིན་ཞིང་འབད་དེ་དྲན་པར་བྱ་བ་ཡིན་པ་དང། ས་འོག ་མ་བ་ལ་ཡིད་འབྱུང་བ་དང་མ་བྲལ་བ་ཡིན་པའི་ཕྱིར་བཏང་སྙོམས་ཀྱི་དབང་པོ་དང་ལྡན་པ་ཡིན་ལ། འདོད་ཆགས་དང་བྲལ་བའི་ལམ་ཡིན་པའི་ཕྱིར། རོ་མྱང་བ་དང་མཚུངས་པར་ལྡན་པ་ནི་མ་ཡིན་ནོ། །དང་པོ་འཕགས་པ་ལ་ཡང། ཉེར་བསྡོགས་ཀྱི་དང་པོ་མི ་ལྕོགས་པ་མེད་པ་དེ་ནི་དག་པའང་ཡིན་ལ་ཟག་པ་མེད་པ་ཡང་ཡིན་ནོ། །གལ་ཏེ་ཉེར་བསྡོགས་ཀྱི་སེམས་ཀྱིས་ཉིང་མཚམས་སྦྱོར་བ་ན། ཉོན་མོངས་བ་ཅན་དུ་གྱུར་ཡང་མཉམ་པར་བཞག་པ་ལ་ནི་ཉོན་མོངས་པ་ཅན་ཉིད་དགག་གོ་།ལ་ལ་ནི་རྣམ ་གསུམ། ལ་ལ་ནི་མི་ལྕོགས་པ་མེད་པ་རོ་མྱང་བ་དང་མཚུངས་པར་ལྡན་པར་ཡང་འདོད་དོ། །ཉེར་བསྡོགས་ཞེས་ཀྱང་འབྱུང། བསམ་གཏན་ཁྱད་པར་ཅན་ཞེས་ཀྱང་འབྱུང་ན། ཅི་དོན་གཅིག་ལ་ཡིན་ནམ་འོན་ཏེ་དོན་ཐ་དད་དམ་ཅི ་ན། དོན་ཐ་དད་དེ་ཉེར་བསྡོགས་ནི་འདོད་ཆགས་དང་བྲལ་བའི་ལམ་ཡིན་ལ། རྟོག་མེད་བསམ་གཏན་དང། བསམ་གཏན་ཉིད་ཡིན། བསམ་གཏན་ཁྱད་པར་འཕགས་ཤིང་རྟོག་པ་དང་མཚུངས་པར་མི་ལྡན་པ་ནི་བསམ་གཏན་ཁྱད་པར་ཅན་ཡིན་ཏེ། ་དེ་ཉིད་ཀྱི་ཕྱིར་བསམ་གཏན་གཉིས་པ་ལ་སོགས་པ་ན་ཁྱད་པར་དུ་འཕགས་པ་མེད་པའི་ཕྱིར་རྣམ་པར་མ་བཞག་གོ་།བསམ་གཏན་ཁྱད་པར་ཅན་དེ་ཡང། རྣམ་གསུམ། རོ་མྱང་བ་དང་མཚུངས་པར་ལྡན་པ་དང་ཟག་པ་དང་ཟག་པ་མེད་པ་ཡིན ་མོ། །བདེ་མིན་སྡུག་མིན་ཏེ། འདི་ལ་བདེ་བ་ཡང་མེད། སྡུག་བསྔལ་ཡང་མེད་པས་ན། བདེ་བ་ཡང་མ་ཡིན་སྡུག་བསྔལ་ཡང་མ་ཡིན་པ་སྟེ། བཏང་སྙོམས་ཀྱི་དབང་པོ་དང་མཚུངས་པར་ལྡན་ཞེས་བྱ་བའི་དོན་ཏོ། །མངོན་པར་འདུ་བྱ་བ་དང་བཅས་པས ་དྲན་པར་བྱས་པ་ཡིན་པའི་ཕྱིར་དགའ་བ་དང་མཚུངས་པར་ལྡན་པ་ནི་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་བསྒྲུབ་པར་དཀའ་བ་ཡིན་ནོ། །བསམ་གཏན་ཁྱད་པར་ཅན་དེའི་འབྲས་བུ་ཁྱད་པར་ཅན་དེ་གང་ཞིག་ཅེ་ན། འབྲས་བུ་ཚངས་བ་ཆེན་པོ་ཡིན། བསམ་གཏན ་ཁྱད་པར་ཅན་དེ་བསྒོམས་ནས་ཚངས་པ་ཆེན་པོར་འགྱུར་རོ། །ཡང་ཏིང་ངེ་འཛིན་ཐམས་ཅད་མདོར་བསྡུས་ཏེ། མདོ་ལས་རྟོག་པ་དང་བཅས་ཤིང་དཔྱོད་པ་དང་བཅས་པའི་ཏིང་ངེ་འཛིན་དང། རྟོག་པ་མེད་ལ་དཔྱོད་པ་ཙམ་གྱི་ཏིང་ངེ་འཛིན་དང། རྟོག ་པ་ཡང་མོད་དཔྱོད་པ་ཡང་མེད་པའི་ཏིང་ངེ་འཛིན་དང་ཏིང་ངེ་འཛིན་གསུམ་དུ་བཀའ་སྩལ་ཏེ། དེ་ལ་རེ་ཞིག་བསམ་གཏན་ཁྱད་པར་ཅན་གྱི་རྟོག་པ་ཙམ་ཞིག་བཀག་པའི་ཕྱིར། རྟོག་པ་མེད་ཅིང་དཔྱོད་པ་ཙམ་གྱི་ཏིང་ངེ་འཛིན་ཡིན་ནོ། །དེ་མན་ཆད ་རྟོག་དཔྱོད་བཅས་པའི་ཏིང་ངེ་འཛིན། བསམ་གཏན་དང་པོ་དང་མི་ལྕོགས་པ་མེད་པ་ནི། རྟོག་པ་དང་བཅས་ཤིང་དཔྱོད་པ་དང་བཅས་པ་ཡིན་ནོ། །ཡན་ཆད་གཉི་ག་མེད་དེ་ན་གཉིས་པོ་མེད་པས་ན། གཉི་ག་མེད་པ་སྟེ། བསམ་གཏན་ཁྱད་པར་ཅན་ཡན ་ཆད་བསམ་གཏན་གཉིས་པའི་ཉེར་བསྡོགས་ནས་སྲིད་པའི་རྩེ་མོའི་བར་གྱི་ཏིང་ངེ་འཛིན་ནི་རྟོག་པ་ཡང་མེད་དཔྱོད་པ་ཡང་མེད་པའོ། །ཡང་མདོ་ལས་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་དང། སྨན་པ་མེད་པའི་ཏིང་ངེ་འཛིན་དང། མཚན་མ་མེད་པའི་ཏིང་ངེ་འཛིན ་གསུངས་ཏེ། མཚན་མེད་ཞི་བའི་རྣམ་པ་དང། འགོག་པའི་བདེན་པའི་རྣམ་པ་དག་དང་མཚུངས་པར་ལྡན་པའི་ཏིང་ངེ་འཛིན་ནི་མཚན་མ་མེད་པ་སྟེ། རྣམ་པ་བཞི་ཡིན་ནོ། །མྱ་ངན་ལས་འདས་པ་ནི་མཚན་མ་བཅུ་དང་བྲལ་བའི་ཕྱིར་མཚན་མ་མེད་པ་ཡིན ་ལ། དེ་ལ་དམིགས་པའི་ཏིང་ངེ་འཛིན་ནི་མཚན་མ་མེད་པའི་ཏིང་ངེ་འཛིན་ཡིན་ནོ། །མཚན་མ་བཅུ་ནི་ཡུལ་ལྔ་དང་ཕོ་དང་མོ་དང་འདུས་བྱས་ཀྱི་མཚན་ཉིད་རྣམས་སོ། །སྟོང་ཞིང་མཚན་ཉིད་སྟོང་ཉིད་ལ། འཇུག་སྟེ་བདག་མེད་པ་དང་སྟོང་བ་ཉིད་ཀྱི་རྣམ་པ ་པ་དང་མཚུངས་པར་ལྡན་པ་ནི་སྟོང་བ་ཉིད་ཀྱི་ཏིང་ངེ་འཛིན་ཏེ། རྣམ་པ་གཉིས་ཡིན་ནོ། །སྨོན་པ་མེད་པ་ནི། དེ་ལས་གཞན་བདེན་རྣམ་དག་དང། །བདེན་པ་ལྷག་མའི་རྣམ་པ་དག་དང་མཚུངས་པར་ལྡན་པའི་ཏིང་ངེ་འཛིན་ནི་སྨོན་པ་མེད་པའི་ཏིང་ངེ་འཛིན་ཏེ་རྣམ ་པ་བཅུ་ཡིན་ནོ། །མི་རྟག་པ་དང་སྡུག་བསྔལ་པ་དང་དེའི་རྒྱུ་དག་གིས་ཡིད་བྱུང་བ་དང། ལམ་ཡང་གཟིངས་ལྟ་བུར་གདོན་མི་ཟ་བར་དོར་བར་བྱད་བ་ཡིན་པའི་ཕྱིར་ལ་དེའི་རྣམ་པ་དམིགས་པའི་ཏིང་ངེ་འཛིན་ནི་སྨོན་པ་མེད་པའི་ཏིང་ངེ་འཛིན་ཏེ། དེ་དག་ལས་འདའ་ ་བར་ན་དོན་དུ་ཕྱོགས་པའི་ཕྱིར་རོ། །མྱ་ངན་ལས་འདས་པ་དང་འདྲ་བའི་ཕྱིར་སྟོང་པ་དང་བདག་མེད་པ་དག་གི་ནི་ཡིད་བྱུང་བ་ཡིན་ནོ། །ཏིང་ངེ་འཛིན་གསུམ་པོ་དེ་དག་ནི་རྣམ་པ་གཉིས་ཏེ། བདག་དང་དྲི་མ་མེད། འཇིག་རྟེན་དང་འཇིག་རྟེན་ལས་འདས ་པ་ཡིན་པའི་ཕྱིར་དག་པ་དང་དྲི་མ་མེད་པ་དག་ཡིན་ཏེ། འཇིག་རྟེན་པ་ནི་ས་བཅུ་གཅིག་ན་ཡོད་དོ། །འཇིག་རྟེན་ལས་འདས་པ་ནི་གང་ལ་ལམ་ཡོད་པ་དག་ན་ཡོད་དོ། །དེ་དག་དྲི་མེད་རྣམ་ཐར་སྒོ་གསུམ་མོ། །ཏིང་ངེ་འཛིན ་གསུམ་པོ་དེ་དག་དྲི་མ་མེད་པ་ནི་རྣམ་པར་ཐར་པའི་སྒོ་ཡིན་པའི་ཕྱིར། རྣམ་པར་ཐར་པའི་སྒོ་སྟོང་བ་ཉིད་དང། །རྣམ་པར་ཐར་པའི་སྒོ་སྨོན་པ་མེད་པ་དང། རྣམ་པར་ཐར་པའི་སྒོ་མཚན་མ་མེད་པ་སྟེ། རྣམ་པར་ཐར་པའི་སྒོ་གསུམ་ཞེས་བྱའོ། །ཡང ་སྟོང་ཉིད་སྟོང་པ་ཉིད་ཅེས་ལ་སོགས། གཞན་ཡང་ཏིང་ངེ་འཛིན་གསུམ་མོ། ཞེས་བྱ་བ་སྟེ་སྟོང་པ་ཉིད་སྟོང་པ་ཉིད་དང། སྨོན་པ་མེད་པ་སྨོན་པ་མེད་པ་དང། མཚན་མ་མེད་པ་མཚན་མ་མེད་པ་སྟེ། དེ་དག་ནི་སྟོང་པ་ཉིད་ལ་སོགས་པ་ལ་དམིགས ་པ་ཡིན་པའི་ཕྱིར་དེ་སྐད་ཅེས་བྱའོ། །གཉིས་ནི་སྟོང་དང་མི་རྟག་པར། །མི་སློབ་པ་ལ་དམིགས་པ་ཡིན། །ཏིང་ངེ་འཛིན་གཞན་གཉིས་ནི་མི་སློབ་པའི་ཏིང་ངེ་འཛིན་ལ་ཡང་དམིགས་ཏེ། སྟོང་པ་ཉིད་སྟོང་པ་ཉིད་ནི་མི་སློབ་པའི་ཏིང་ངེ་འཛིན ་ལ་སྟོང་པའི་རྣམ་པར་དམིགས་སོ། །སྨོན་པ་མེད་པ་སྨོན་པ་མེད་ཡང་མི་སློབ་པའི་སྨོན་པ་མེད་པ་མི་རྟག་པའི་རྣམ་པར་དམིགས་སོ། །ཟག་པ་མེད་པའི་ནི་དེའི་མཚན་ཉིད་མ་ཡིན་པའི་ཕྱིར་སྡུག་བསྔལ་ཉིད་དུ་ཡང་མ་ཡིན་ལ། རྒྱུ་ཉིད་ལ་སོགས ་པ་ཡང་མ་ཡིན་ལ། སུམ་འབྱུང་བར་བྱ་བ་ཡིན་པ་དེའི་ཕྱིར་ལམ་གྱི་རྣམ་པ་དག་ཏུ་ཡང་མ་ཡིན་ནོ། །མཚན་མ་མེད་པ་མཚན་མེད་ནི། །ཞི་བར་མ་བརྟགས་ཟད་པ་ལ། །མཚན་མ་མེད་པ་མཚན་མ་མེད་པ་ནི། ཟག་པ་ལ་སོ་སོར་བརྟགས་དེ ་འགོག་པ་མེད་པའི་ཕྱིར་མི་སློབ་པའི་མཚན་མ་མེད་པའི་སོ་སོར་མ་བརྟགས་པར་འགོག་པ་པ་ལ་ཞི་བའི་རྣམ་པར་དམིགས་སོ། །མི་རྟག་པ་དང་འགོག་པ་ཐུན་མོང་ཡིན་པའི་ཕྱིར་བ་དང། ལུང་དུ་མ་བསྟན་པ་ཡིན་པའི་ཕྱིར་པ་དང། བྲལ་བ་མ ་ཡིན་པའི་ཕྱིར་འགོག་པ་དང། གྱ་ནོམ་པ་དང། ངེས་པར་འབྱུང་བ་རྣམ་པ་དག་ཏུ་ནི་མ་ཡིན་ནོ། །ཏིང་ངེ་འཛིན་གཞན་དེ་དག་ནི་གཅིག་ཏུ། ཟག་བཅས་འཕགས་པའི་ལམ་ལ་སྡང་བ་ཡིན་པའི་ཕྱིར་ཏེ། ཟག་པ་མེད་པ་ནི་དེ་ལྟ་མ་ཡིན་ནོ། །གང་དུ་སྐྱེད་པར ་བྱེད་ཅེ་ན། མི་རྣམས་དག་གི་ནང། མི་དག་གི་ནང་ཁོ་ནར་སྐྱེད་ཀྱི། ལྷ་དག་གི་ནང་དུ་ནི་མ་ཡིན་ནོ། །སུ་སྐྱེད་ཅེ་ན། མི་གཡོ་དགྲ་བཅོམ་པ་གཞན་དག་གིས་ནི་མ་ཡིན་ནོ། །ས་དུ་བ་ཞིག་ཅེ་ན། ཉེར་བསྡོགས་བདུན་མ་གཏོགས། ཉེར་བསྡོགས་བདུན་མ་གཏོགས ་པ་གཞན་འདོད་པའི་ཁམས་དང་མི་ལྕོགས་པ་མེད་པ་དང། བསམ་གཏན་ཁྱད་པར་ཅན་དང། བསམ་གཏན་དང་གཟུགས་མེད་པ་རྣམས་ཏེ། ས་བཅུ་གཅིག་ན་ཡོད་དོ། །ཡང་ཏིང་ངེ་འཛིན་བསྒོམ་པ་བཞི་སྟེ། ཏིང་ངེ་འཛིན་བསྒོམ་པ་ཀུན་བསྟེན་ཅིང་བསྒོམས ་པར་བྱས་ལ། ལན་མང་དུ་བྱས་པ་མཐོང་བའི་ཆོས་ལ་བདེ་བར་གནས་པར་འགྱུར་བ་ཡང་ཡོད་ཅེས་བྱ་བ་ལ་སོགས་པ་རྒྱས་པར་འབྱུང་བའོ། །དེ་ལ་བདེ་བར་བྱ་ཕྱིར་ཏིང་ངེ་འཛིན་བསྒོམ། །དགེ་བའི་བསམ་གཏན་དང་པོ་ཡིན། །མཐོང་བའི་ཆོས་ལ་བདེ་བར ་གནས་པར་བྱ་བའི་ཕྱིར་ཏིང་ངེ་འཛིན་བསྒོམ་པ་ནི་དགེ་བའི་བསམ་གཏན་དང་པོ་སྟེ། དག་པའི་འམ་ཟག་པ་མེད་པའི་ཡིན་ནོ། །དེ་དང་པོ་པ་ཡིན་པའི་ཕྱིར་གཞན་དག་ཀྱང་ཡིན་པར་ཤེས་པར་བྱའོ། །ཡོངས་སུ་ཉམས་པ་དང་གོང་མར་སྐྱེ་བ་དེ་དག་ཡོངས ་སུ་མྱ་ངན་ལས་འདས་པ་རྣམས་ལ། དེ་མེད་པའི་ཕྱིར་གདོན་མི་ཟ་བར་ཚེ་ཕྱི་མ་ལ་བདེ་བར་གནས་པར་བྱ་བའི་ཕྱིར་ནི་ཡིན་ནོ། །མཐོང་བྱ་མིག་གི་མངོན་ཤེས་འདོད། །མཐོང་བར་བྱ་བའི་ཕྱིར་ཏིང་ངེ་འཛིན་བསྒོམ་པ་ནི་ལྷའི་མིག་གི་མངོན་པར་ཤེས་པ་ཡིན་ནོ།། ་བློ་བསྐྱད་བྱ་ཕྱིར་སྦྱོར་ལས་སྐྱེས། །ཤེས་རབ་རབ་ཏུ་བསྐྱེད་པར་བྱ་བའི་ཕྱིར་ཏིང་ངེ་འཛིན་བསྒོམ་བ་ནི་ཁམས་གསུམ་བའི་ཡོན་ཏན་ཟག་པ་མེད་པའི་ཐམས་ཅད་ཡིན་ནོ། །ཟག་པ་ཟད་པ་བསྒོམ་པ་ནི། །རྡོ་རྗེ་ལྟ་བུ་བསམ་གཏན་མཛའ་། །ཟག་པ་དང ་བཅས་པ་ཟད་པར་བྱ་བའི་ཕྱིར་ཏིང་ངེ་འཛིན་བསྒོམ་པ་ནི་བསམ་གཏན་བཞི་པའི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གང་ཡིན་པའོ། །སངས་རྒྱས་བཅོམ་ལྡན་འདས་ཀྱི་ཆོས་བསྟན་པ་འདི་ནི་བདག་ཉིད་ལ་ཉེ་བར་གཏོང་པ་ཡིན་ཏོ། དེའི་ཕྱིར ་བསམ་གཏན་བཞི་པ་ཁོ་ནར་བཀའ་སྩལ་ཏོ་ཞེས་གྲག་གོ་།ཏིང་ངེ་འཛིན་རྣམས་ཀྱི་སྐབས་སུ་བབ་པ་བཤད་ཟིན་ཏོ། །ད་ནི་ཏིང་ངེ་འཛིན་ལ་བརྟེན་པའི་ཡོན་ཏན་རྣམས་ཀྱི་སྐབས་ཡིན་པས་དེ་དག་བཤད་པར་བྱའོ། །ཚད་མེད་པ་ནི་བཞི་ཡིན་ནོ། ། ་བྱམས་པ་དང་སྙིང་རྗེ་དང། དགའ་བ་དང་བཏང་སྙོམས་ཏེ། སེམས་ཅན་ཚད་མེད་པ་ལ་དམིགས་པའི་ཕྱིར་རོ། །ཅིའི་ཕྱིར་བཞི་ཁོ་ན་ཡིན་ཞེ་ན། གནོད་སེམས་ལ་སོགས་གཉེན་པོའི་ཕྱིར། །གནོད་སེམས་དང་རྣམ་པར་འཚེ་བ་དང། མི ་དགའ་བ་དང། འདོད་པའི་འདོད་ཆགས་དང་གནོད་སེམས་མང་བ་དེ་དག་སྤང་བའི་ཕྱིར་བཞི་པོ་དང་གྲངས་བཞིན་ནོ། །ཞེ་སྡང་མེད་བྱམས། བྱམས་པ་ནི་ཞེ་སྡང་མེད་པའི་རང་བཞིན་ནོ། །སྙིང་རྗེ་ཡང་དེ་བཞིན་ནོ། །ཡིད་བདེ་བ་ནི་དགའ་བ་ཡིན། ་དགའ་བ་ནི་ཡིད་བདེ་བའི་རང་བཞིན་ཡིན་ནོ། །བཏང་སྙོམས་ནི་མ་ཆགས་པའི་བདག་ཉིད་ཡིན་ནོ། །ཅི་ལྟར་ན་གནོད་སེམས་ཀྱི་གཉེན་པོ་ཡིན་ཞེ་ན། དེ་ནི་ཆགས་པས་དྲངས་པས་ཡིན་བའི་ཕྱིར་རོ། །བྱམས་པ་ལ་སོགས་པ་དེ་དག་ནི། རྣམ ་པ་ནི། ཀྱེ་མ་བདེ་དང་སྡུག་བསྔལ་དང། མགུ་དང་སེམས་ཅན་ཞེས་བྱ་བའོ། །ཀྱེ་མ་སེམས་ཅན་བདེ་བར་གྱུར་ཅིག་སྙམ་དུ་ཡིད་ལ་བྱེད་ཅིང་བྱམས་པ་ལ་སྙོམས་པར་འཇུག་གོ་།ཀྱེ་མ་སེམས་ཅན་སྡུག་བསྔལ་ལོ་སྙམ་པ་ནི་སྙིང་རྗེའོ། །ཀྱེ་མ་སེམས ་ཅན་མགུ་བར་གྱུར་ཅིག་སྙམ་པ་ནི་དགའ་བའོ། །སེམས་ཅན་ནོ་སྙམ་དུ་ད་ལྟར་ཡིད་ལ་བྱེད་ཅིང་བཏང་སྙོམས་པར་འཇུག་སྟེ་བར་མར་གནས་པ་ཡིན་པའི་ཕྱིར་རོ། །དེ་དག་གི་རྣམ་པ་བཤད་ཟིན་ཏོ། །སྤྱོད་ཡུལ་འདོད་པའི་སེམས་ཅན་རྣམས། ། ་དེ་དག་གི་དམིགས་པ་ནི། འདོད་པ་ན་སྤྱོད་པའི་སེམས་ཅན་རྣམས་ཡིན་ཏེ། དེ་ལ་དམིགས་པ་གནོད་སེམས་ལ་སོགས་པའི་གཉེན་པོ་ཡིན་པའི་ཕྱིར་རོ། །དེ་དག་ས་དུ་ཞིག་ཡིན་ཞེ་ན། དགའ་བ་བསམ་གཏན་གཉིས་དག་ན། །དགའ་བ?་ནི?་?་བ ་བ་ཡིན་པའི་ཕྱིར་བསམ་གཏན་དང་པོ་དང་གཉིས་པ་དག་ན་ཡོད་དོ། །གཞན་ནི་དྲུག་ན། གཞན་ཚད་མེད་པ་གསུམ་ནི་ས་དྲུག་པོ་མི་ལྕོགས་པ་མེད་པ་དང། བསམ་གཏན་དང་བསམ་གཏན་ཁྱད་པར་ཅན་དག་ན་ཡོད་དོ། །ཁ་ཅིག་ནི་མི་ལྕོགས་བ ་མེད་པ་མ་གཏོགས་པ་ས་ལྔ་པོ་ད་དག་ན་ཡོད་པར་འདོད་དོ། །གནོད་སེམས་ལ་སོགས་པའི་གཉེན་པོའི་ཞེས་བཤད་པ་གང་ཡིན་པ་ཅི་ཚད་མེད་པ་དག་གིས་ཀྱང་ཉོན་མོངས་པ་སྤོང་བར་འགྱུར་རམ་ཞེ་ན། དེ་ཡིས་མི་སྤོང། བསམ་གཏན་དངོས་གཞིའི ་ས་པ་ཡིན་པ་དང་མོས་པ་ཡིད་ལ་བྱེད་པ་ཡིན་པ་དང་སེམས་ཅན་ལ་དམིགས་པ་ཡིན་པའི་ཕྱིར་ཏེ། དེའི་སྦྱོར་བས་ནི་གནོད་སེམས་ལ་སོགས་པ་རྣམ་པར་གནོད་པ་དང་སྤངས་ཟིན་པ་ཐག་སྲིད་བར་བྱེད་པའི་ཕྱིར་དེ་དག་གི་གཉེན་པོར་བཤད་དོ། ། ་ཚད་མེད་པ་བཞི་པོ་དེ་དག་ནི་མི་དག་གི། ནང་དུ་བསྐྱེད་དེ་མི་དག་གི་ནང་ཁོ་ནར་བསྐྱེད་ཀྱི་གཞན་དུ་ནི་མ་ཡིན་ནོ། །ཅི་ཚད་མེད་པ་གཅིག་དང་ལྡན་པ་གང་ཡིན་པ་དེ་གདོན་མི་ཟ་བར་ཐམས་ཅད་དང་ལྡན་ནམ་ཞེ་ན། ངེས་གསུམ་ལྡན། བསམ་གཏན ་གསུམ་པ་དང་བཞི་བར་སྐྱེས་པ་དག་དགའ་བ་དང་ནི་མི་ལྡན་ལ། ཚད་མེད་པ་གསུམ་གྱི་རྙེད་པ་དང་ནི་རྟག་ཏུ་ལྡན་པར་འགྱུར་རོ། །རྣམ་པར་ཐར་པ་བརྒྱད། གཟུགས་ཅན་གཟུགས་རྣམས་ལ་ལྟ་བ་ནི་ཞེས་བྱ་བ་ནི་རྣམ་པར་ཐར་པ་དང་པོ་ཡིན་ནོ།། ་ནད་གཟུགས་མེད་པར་འདུ་ཤེས་པར་ཕྱི་རོལ་གྱི་གཟུགས་རྣམས་ལ་ལྟ་བ་ཞེས་བྱ་བ་ནི་གཉིས་པ་ཡིན་ནོ། །སྡུག་པའི་རྣམ་པར་ཐར་པའི་ལུས་ཀྱིས་མངོན་སུམ་དུ་བྱས་ཏེ། རྫོགས་པར་བྱས་ནས་གནས་ཞེས་བྱ་བ་ནི་གསུམ་པ་ཡིན ་ཏེ། དེ་དག་དང་གཟུགས་མེད་པ་བཞི་དང། བརྒྱད་པ་འདུ་ཤེས་དང་ཚོར་བ་འགོག་པའོ། །དེ་དག་གི་དང་པོ་གཉིས། མི་སྡུག་པ། རྣམ་པར་ཐར་པ་དང་པོ་གཉིས་ནི་རྣམ་པར་སྤྲོས་པ་ལ་སོགས་པའི་རྣམ་པ་ཡིན་པའི ་ཕྱིར་མི་སྡུག་པའི་རང་བཞིན་ཡིན་ཏེ། དེའི་ཕྱིར་དེ་གཉིས་ཀྱི་ཚུལ་ནི་མི་སྡུག་པ་བཞིན་དུ་རེག་པར་བྱའོ། དེ་གཉིས་ཀྱང། བསམ་གཏན་གཉིས་དག་ན། བསམ་གཏན་དང་པོ་དང་གཉིས་པ་དག་ན་ཡིད་ཀྱིས་གཞན་དག་ན་ནི་མེད་དོ། །འདོད ་པ་ན་སྤྱོད་པ་དང་བསམ་གཏན་དང་པོའི་ས་པའི་ཁ་དོག་གི་འདོད་ཆགས་དག་གི་གཉེན་པོར་གྲངས་བཞིན་ནོ། །གསུམ་པ་མཛའ་ན། སྡུག་པའི་རྣམ་པར་ཐར་པ་ནི་བསམ་གཏན་བཞི་པ་ན་ཡོད་དོ། །དེ་མ་ཆགས་དེ་ཡང་མ་ཆགས ་པའི་རང་བཞིན་ཡིན་ལ་སྡུག་པའི་རྣམ་པ་ཡིན་པའི་ཕྱིར་མི་སྡུག་པའི་རང་བཞིན་ནི་མ་ཡིན་ནོ། །དེ་དག་འཁོར་དང་བཅས་པ་ནི་ཕུང་པོ་ལྔའི་རང་བཞིན་ཡིན་ནོ། །གཟུགས་མེད་པའི་རྣམ་པར་ཐར་པ་རྣམས་ནི། གཟུགས་མེད་མཉམ ་གཞག་དགེ་རྣམས་སོ། །གཟུགས་མེད་པ་དག་གི་མཉམ་པར་བཞག་པ་དག་པ་ཉིད་རྣམ་པར་ཐར་པ་ཞེས་བྱ་བའི་མིང་འཐོབ་ཀྱི། ཉོན་མོངས་པ་ཅན་ཡང་མ་ཡིན་ལ་མཉམ་པར་མ་བཞག་པ་ཡང་མ་ཡིན་ཏེ། འདི་ལྟ་སྟེ། འཆི ་པའི་སྲིད་པ་ནའོ། །གཞན་དག་ན་རེ། གཞན་དག་ན་ཡང་མཉམ་པར་མ་བཞག་པ་ཡོད་དོ་ཞེས་ཟེར་རོ། །ཉེར་བསྡོགས་ཀྱི་རྣམ་པར་གྲོལ་བའི་ལམ་དག་ཀྱང་རྣམ་པར་གྲོལ་བ་ཞེས་བྱ་བའི་མིང་འཐོབ་པོ། །འོག་མ་ལ་དམིགས་པའི་ཕྱིར ་བར་ཆད་མེད་པའི་ལམ་རྣམས་ནི་མ་ཡིན་ཏེ། རྣམ་པར་ཐར་པའི་དོན་ལ་རྒྱབ་ཀྱིས་ཕྱོགས་པའི་དོན་ཡིན་ནོ། །འགོག་པའི་སྙོམས་པར་འཇུག་པའོ། །རྣམ་པར་ཐར་པ་བརྒྱད་པ་འདུ་ཤེས་དང་ཚོར་བ་འགོག་པ་ནི་འགོག་པའི་སྙོམས་པར ་འདུག་པ་ཡིན་ནོ། །དེ་ནི་སྔར་བཤད་ཟིན་ཏོ། །འདུ་ཤེས་དང་ཚོར་བའམ་འདུ་བྱེད་ཐམས་ཅད་ལ་རྒྱབ་ཀྱིས་ཕྱོགས་པའི་ཕྱིར་རོ། །གཞན་དག་ན་རེ། སྙོམས་པར་འཇུག་པའི་སྒྲིབ་པ་ལས་རྣམ་པར་ཐར་པའི་ཕྱིར་རྣམ་པར་ཐར་པ་ཡིན་ནོ ་ཞེས་ཟེར་རོ། །དེ་དག་ཀྱང། ཕྲ་བ་ཕྲ་བའི་འཇུག་ཐོགས་སུ། སྙོམས་པར་འཇུག་སྟེ། སྲིད་པའི་རྩེ་མོ་ཡི་འདུ་ཤེས་ནི་ཕྲ་བ་ཡིན་ལ། དེ་བས་ཀྱང་ཤིན་ཏུ་ཕྲ་བར་བྱས་ནས་འགོག་པའི་སྙོམས་པར་འཇུག་གོ་།སྙོམས་པར་ཞུགས་པ་རྣམས ་ནི། རང་གི་དག་ཀྱང་འོག་མ་ཡི། །འཕགས་པའི་སེམས་ཀྱིས་དེ་ལ་ས་ལྡང། །སྲིད་པའི་རྩེ་མོའི་སེམས་དག་པའམ། ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་ས་པའི་སེམས་ཟག་པ་མེད་པ་དེ་དག་ལས་ལྡང་སྟེ། ད་ལྟར་ན་དེ་དག་གི་སྙོམས་པར ་འཇུག་པའི་སེམས་ནི་ཟག་པ་དང་བཅས་པ་ཡིན་ལ། ལྡང་བའི་སེམས་ནི་ཟག་པ་དང་བཅས་པ་དང་ཟག་པ་མེད་པ་ཡིན་ནོ། །རྣམ་པར་ཐར་པ་དེ་དག་།འདོད་གཏོགས་སྣང་བ་དང་པོའི་ཡུལ། །དེ་དག་གི་དམིགས་པ་ནི་ཅི་རགས་པར ་འདོད་པ་ནི་དཔྱོད་པའི་གཟུགས་ཀྱི་སྐྱེ་མཆེད་ཡིད་དུ་འོང་བ་དང་ཡིད་དུ་མི་འོང་བ་ཡིན་ནོ། །གང་དག་གཟུགས་ཅན་མིན་དེ་དག་།སྤྱོད་ཡུལ་རང་དང་གོང་ས་ཡི། །སྡུག་བསྔལ་སོགས་དང་རྗེས་ཤེས་ཕྱོགས། །གཟུགས་མེད་པའི་རྣམ ་པར་ཐར་པ་རྣམས་ཀྱི་དམིགས་པ་ནི་རང་གི་ས་པ་དང། ས་གོང་མ་པའི་སྡུག་བསྔལ་བ་དང་དེའི་རྒྱུ་དང་འགོག་པ་དང་རྗེས་སུ་ཤེས་པའི་ཕྱོགས་ཐམས་ཅད་ཡིན་ནོ། །རྣལ་འབྱོར་པ་རྣམས་ནི་ཉོན་མོངས་པ་མེད་པ་ལ་སོགས་པ་དང། ་འཕགས་པའི་རྫུ་འཕྲུལ་མངོན་པར་སྤྲུལ་པའི་དོན་དུ་ཉོན་མོངས་པ་ཐག་པ་སྲིད་པར་བྱ་བ་དང། སྐྱེ་བ་ལ་དབང་ཐོབ་པར་བྱ་བ་དང། རྒྱུ་རྣམ་པ་གཉིས་ཀྱིས་རྣམ་པར་ཐར་པ་ལ་སོགས་པ་སྐྱེད་པར་བྱེད་དེ། དེ་ཡང་གང་གི་དངོས་པོ་ཡོངས ་སུ་བསྒྱུར་བར་བྱིན་གྱིས་རློབ་པ་དང། ཚེ་སྟོང་བ་ལ་སོགས་པ་བྱེད་པའོ། །ཟིལ་གནོན་སྐྱེ་མཆེད་གཞན་བརྒྱད་དེ། ནང་གཟུགས་སུ་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་ཆུང་ངུ་ཁ་དོག་བཟང་པོ ་དང། ཁ་དོག་ངན་པ་རྣམས་ལ་ལྟ་ཞིང། གཟུགས་དེ་དག་ཟིལ་གྱིས་མནན་ནས་མཐོང་སྟེ། དེ་ལྟ་བུར་འདུ་ཤེས་པར་འགྱུར་བ་འདི་ནི་ཟིལ་གྱིས་གནོན་པའི་སྐྱེ་མཆེད་དང་པོའོ། །དེ་བཞིན་གཟུགས་མེད་པར་འདུ་ཤེས ་པ་རྣམས་དང། ཆེན་པོ་རྣམས་ཏེ་བཞི་པོ་དེ་དག་དང། ནང་གཟུགས་མེད་པར་འདུ་ཤེས་པ་ཉིད་ཀྱི། སྔོན་པོ་དང། སེར་པོ་དང། དམར་པོ་དང། དཀར་པོ་དག་ཏུ་ལྟ་བ་སྟེ། དེ་ལྟར་བརྒྱད་དུ་འགྱུར་རོ། །དེ་དག་ལས། ་གཉིས་ནི་རྣམ་ཐར་དང་པོ་བཞིན། །ཟིལ་གྱིས་གནོན་པའི་སྐྱེ་མཆེད་གཉིས། །དང་པོ་དང་གཉིས་པ་ནི་རྣམ་པར་ཐར་པ་དང་པོ་ཇི་ལྟ་བ་དེ་བཞིན་ནོ། །གཉིས་པ་ནི་གཉིས་པ་བཞིན། ཟིལ་གྱིས་གནོན་པའི་སྐྱེ་མཆེད་གཉིས་དོ། ། ་གསུམ་པ་དང་བཞི་པ་ནི་རྣམ་པར་ཐར་པ་གཉིས་པ་ཇི་ལྟ་བ་དེ་བཞིན་ནོ། །གཞན་རྣམས། སྡུག་པའི་རྣམ་པར་ཐར་བ་བཞིན། །གཞན་དག་ནི་རྣམ་པར་ཐར་པ་ཇི་ལྟ་བ་དེ་བཞིན་ལ། འདི་ནི་ཁྱད་པར་ཡིན་ཏེ། ཇི་ལྟར་འདོད་པ་བཞིན་དུ་ནི་མོས ་པ་དང། ཉོན་མོངས་པ་མི་སྐྱེ་བར་བྱེད་པའི་ཕྱིར། དེ་དག་གིས་ནི་རྒྱབ་ཀྱིས་ཕྱོགས་པ་ཅི་མ་ཡིན་ལ། ཡིད་དག་གི་ནི་དམིགས་པ་ཟིལ་གྱིས་གནོན་ཏོ། །ཟད་པར་བཅུ་སྟེ། རྒྱུན་དུ་ཟད་པར་ཁྱད་པར་བྱེད་པའི་ཕྱིར་ཟད་པར་གྱི་སྐྱེ་མཆེད་ནི ་བཅུ་སྟེ། ཟད་པར་ས་དང། ཆུ་དང་མེ་དང། རླུང་དང། སྔོན་པོ་དང། སེར་པོ་དང། དམར་པོ་དང། དཀར་པོ་དང། ཟད་པར་ནམ་མཁའ་དང། རྣམ་པར་ཤེས་པའོ། །དེ་རྣམས་ལས། དེ་རྣམས་ལས་དང་པོ་བརྒྱད་ནི་མ་ཆགས ་པའི་རང་བཞིན་ནོ། །བསམ་གཏན་མཛའ་ན། བསམ་གཏན་བཞི་པ་ཁོན་ན་ཡོད་དོ། །སྤྱོད་ཡུལ་ནི། འདོད་པ། འདོད་པ་ན་སྤྱོད་པའི་གཟུགས་ཀྱི་སྐྱེ་མཆེད་ལ་དམིགས་སོ། །ཁ་ཅིག་ན་རེ་རླུང་ནི་རེག་བྱའི་སྐྱེ་མཆེད་མིན་ནོ་ཞེས་ཟེར་རོ།། ་གཉིས་ནི་གཟུགས་མེད་དག་།ཟད་པར་གྱི་སྐྱེ་མཆེད་ཐ་མ་གཉིས་ནི་གཟུགས་མེད་པ་དག་པའི་རང་བཞིན་ཡིན་ནོ། །སྤྱོད་ཡུལ་རང་གི་ཕུང་པོ་བཞི། དེ་གཉིས་ཀྱི་དམིགས་པ་ནི་རང་གི་ས་པའི་ཕུང་པོ་བཞི་ཡིན་ནོ། །གོང་ནས ་གོང་དུ་འཕགས་པའི་ཕྱིར་རྣམ་པར་ཐར་པ་ནི་ཟིལ་གྱིས་གནོན་པའི་སྐྱེ་མཆེད་རྣམས་ལ་འཇུག་པར་བྱེད་པ་མིན་ལ། ཟིལ་གྱིས་གནོན་པའི་སྐྱེ་མཆེད་ནི་ཟད་པར་གྱི་སྐྱེ་མཆེད་རྣམས་ལ་འཇུག་པར་བྱེད་པ་ཡིན་ནོ། །འགོག་པའི ་རྣམ་པར་ཐར་པ་ལ་མ་གཏོགས་པ། རྣམ་པར་ཐར་པ་ལ་སོགས་པ་དེ་དག་ཐམས་ཅད་ནི་སོ་སོའི་སྐྱེ་བོ་དང། འཕགས་པའི་རྒྱུད་ལས་ཡོད་པ་ཡིན་ནོ། །ཅིའི་རྣམ་པར་ཐར་པ་ལ་སོགས་པ་དེ་དག་སྦྱོར་བ་ལས་བྱུང་བ ་ཡིན་ནམ། འདོད་ཆགས་དང་བྲལ་བས་ཐོབ་པར་བྱ་བའི་ཞེས་དྲི་བ་དེ་ལ། འགོག་པ་བཤད་ཟིན། འགོག་པ་ནི་རྣམ་པ་ཐམས་ཅད་དུ་བཤད་ཟིན་ཏོ། །ལྷག་མ་ནི། འདོད་ཆགས་དང་བྲལ་སྦྱོར་བས་འཐོབ།། ་འགོག་པ་ལས་གཞན་པའི་རྣམ་པར་ཐར་པ་ལ་སོགས་པ་ནི་འདྲིས་པ་དང་མ་འདྲིས་པ་ལས་འདོད་ཆགས་དང་བྲལ་བས་འཐོབ་པ་ཡང་ཡིན་ལ་སྦྱོར་བ་ལས་བྱུང་བ་ཡང་ཡིན་ནོ། །གཟུགས་མེད་ཅེས་བྱ་ཁམས་གསུམ ་ལུས། །ལྷག་མ་དག་ནི་མི་ལས་སྐྱེ། །གཟུགས་མེད་པའི་རྣམ་པར་ཐར་པ་དང། །གཟུགས་མེད་པའི་ཟད་པར་གྱི་སྐྱེ་མཆེད་རྣམས་ནི་ཁམས་གསུམ་པའི་ལུས་ལ་བརྟེན་པ་ཡིན་ལ། ལྷག་མ ་ནི་ལུས་ཀྱི་མཐུས་མིས་བསྐྱེད་པར་བྱ་བའི་ཕྱིར་མིའི་ལུས་ཁོན་པ་བརྟེན་པ་ཡིན་ནོ། །ཇི་ལྟར་ན་གཟུགས་དང་གཟུགས་མེད་པའི་ཁམས་དག་ཏུ་གཟུགས་མེད་པ་དང་བསམ ་གཏན་གྱི་ཁྱད་པར་དག་སྐྱེད་པར་བྱེད་ཅེ་ན། རྒྱུ་དང་ལས་དང་ཆོས་ཉིད་དང་རྒྱུ་གསུམ་གྱི་བསམ་གཏན་དང་གཟུགས་མེད་པའི་སྙོམས་པར་འཇུག་པ་དག་བསྐྱེད་དེ་དེ་ལ། ཁམས་གཉིས་དག་ཏུ ་གཟུགས་མེད་པ། །རྒྱུ་དང་ལས་ཀྱི་སྟོབས་ཀྱིས་སྐྱེ། །གཟུགས་དང་གཟུགས་མེད་པའི་ཁམས་དག་ཏུ་སྐྱེ་བ་རྒྱུའི་སྟོབས་ཀྱིས་ནི་ཉེ་བ་དང་ཡང་དང་ཡང་དུ་གོམས་པ་ལས་སོ། ། ་ལས་ཀྱི་སྟོབས་ཀྱིས་ནི་ཁམས་གོང་མའི་ལན་གྲངས་གཞན་ལ་མྱོང་བར་འགྱུར་བའི་ལས་ཀྱི་རྣམ་པར་སྨིན་པ་ཉེ་བར་གནས་པའི་ཕྱིར་རོ། །འོག་མ་ལས་འདོད་ཆགས་དང་མ་བྲལ་བར་གོང་མར་སྐྱེ་བར་ནི་མི ་ནུས་སོ། །གཟུགས་ཀྱི་ཁམས་སུ་བསམ་གཏན་རྣམས། །དེ་དང་ཆོས་ཉིད་དག་གིས་ཀྱང། །གཟུགས་ཀྱི་ཁམས་དག་ཏུ་ནི། བསམ་གཏན་རྒྱུ་དང་ལས་ཀྱི་སྟོབས་གཉིས་པོ་དག་དང། ་ཆོས་ཉིད་ཀྱིས་ཀྱང་བསྐྱེད་དེ། །འཇིག་པའི་ཚེ?་དེའི་དུས་ན་སེམས་ཅན་ཐམས་ཅད་དགེ་བའི་ཆོས་རྣམས་ལ་འཕེལ་བའི་ཕྱིར། ས་འོག་མ་པ་རྣམས་ཀྱང་བསམ་གཏན་དེ་དག་སྐྱེད་པར་བྱེད་དོ། །ཡང ་གང་ལ་ཆོས་རྣམས་ཀྱི་རྣམ་པ་འདི་ལྟ་བུ་དེ་དག་མངོན་པ་དམ་པའི་ཆོས་འདི་ཇི་སྲིད་དུ་གནས་ཤེ་ན། སྟོན་པའི་དམ་ཆོས་རྣམ་གཉིས་ཏེ། །ལུང་དང་རྟོག་སྤའི་བདག་ཉིད་དོ། །དེ་ལ་ལུང་ནི་མདོ་སྡེ་རང ་ཆོས་མངོན་པ་དང་འདུལ་བའོ། །རྟོགས་པ་ནི་བྱང་ཆུབ་ཀྱི་ཕྱོགས་ཏེ། དེ་ལྟ་ན་དམ་པའི་ཆོས་ནི་རྣམ་པ་དེ་གཉིས་ཡིན་ལ། དེ་འཛིན་བྱེད་དང་སྨྲ་བྱེད་དང། སྒྲུབ་པར་བྱེད་པ་ཉིད་ཡིན་ནོ། །ལུང་འཛིན་པར་བྱེད་པ་ནི་སྨྲ་བར་བྱེད་ཡིན ་ནོ། །རྟོགས་པ་འཛིན་པར་བྱེད་པ་ནི། །སྒྲུབ་པར་བྱེད་པ་ཡིན་ཏེ། དེའི་ཕྱིར་དེ་གཉིས་ཅི་སྲིད་དུ་གནས་པ་དེ་སྲིད་དུ། དམ་པའི་ཆོས་གནས་པར་རིག་པར་བྱའོ། །དེ་དག་ཀྱང་ལོ་སྟོང་དུ་གནས་སོ་ཞེས་ཟེར ་གཞན་དག་ན་རེ་ནི་རྟོགས་པའི་ཁོ་ན་ཡིན་གྱི། ལུང་ནི་དེ་ལས་ཡུན་རིང་ངོ་ཞེས་ཟེར་རོ། །ཅི་བསྟན་བཅོས་ཆོས་མངོན་པ་འདི་ལས་བཤད་པ་གང་ཡིན་པ། བསྟན་བཅོས་ཆོས་མངོན་པ་ལས་ཀྱང་ལོང་ཁོ་ན་བཞིན་དུ ་བཤད་དམ་ཞེ་ན། འདི་ཁོ་ན་བཞིན་ནོ། །བདག་གི་མངོན་པའི་ཆོས་འདི་ཕལ་ཆེར་ནི། །ཁ་ཆེ་བྱེ་བྲག་སྨྲ་བའི་ཚུལ་གྲུབ་བཤད། །ངན་པར་ཟིན་གང་དེ་འདིར་བདག་གིས་ཉེས། །དམ་ཆོས་ཚུལ་གྱི་ཚད་མ་ཐུབ?་རྣམ ་ཡིན། །བདག་གིས་ཆོས་མངོན་པ་འདི་ནི་ཕལ་ཆེར་ཁ་ཆེ་བྱེ་བྲག་ཏུ་སྨྲ་བ་དག་གི་ཚུལ་དུ་གྲུབ་པར་བཤད་པ་ཡིན་ནོ། །འདི་ལ་བདག་གིས་ཉེས་པར་ཟིན་པ་གང་ཡིན་པ་དེ་ནི་བདག་གི་ཉེས་པ་ཡིན་ཏེ། དམ་པའི་ཆོས་ཀྱི་ཚུལ ་དག་གི་ཚད་མ་ནི་སངས་རྒྱས་དང། །སངས་རྒྱས་ཀྱི་སྲས་རྣམས་ཁོ་ན་མིན་ནོ། །སྟོན་པ་འཇིག་རྟེན་མིག་ནི་བྲུམ?་གྱུར་ཅིང། །མངོན་སུམ་སྐྱེ་བོ་ཕལ་ཆེར་ཟད་པ་ན། །དེ་ཉིད་མ་མཐོང་རང་དགར་གྱུར་པ་ཡི། ། ་ངན་རྟོགས་རྣམས་ཀྱི་བསྟན་པ་འདི་དག་དཀྲུགས། །རང་བྱུང་རང་འབྱུང་བསྟན་མཆོག་གནས་འཛིན་རྣམས། །མཆོག་ཏུ་ཞིར་གཤེགས་འགྲོ་མགོན་མེད་པ་ན། །འདོམས་མེད་ཡོན་ཏན་འཇོམས་པར་བྱེད་པ་ཡི། །དྲི་མས ་དགའ་མགུར་དེང་སང་འདི་ན་སྤྱོད། །དེ་ལྟར་ཐུབ་པ་དག་གི་བསྟན་པ་ནི། །ལྐོག་མར་སྲོག་ཕྱིན་འདྲ་ཞིང་ཉོན་མོངས་རྣམས། །སྟོབས་དང་ལྡན ་པའི་དུས་སུ་རིག་ནས་ནི། །ཐར་པ་འདོད་པ་དག་གིས་བག་ཡོད་ཀྱིས། །ཆོས་མངོན་པའི་མཛོད་ཀྱི་འགྲེལ་པ་མདོ་དང་མཐུན་པ་ལས་སྙོམས་པར་འཇུག་པ་བསྟན་པ་ཞེས་བྱ་བ ་མཛོད་ཀྱི་གནས་བརྒྱད་པའོ། །ཆོས་མངོན་པའི་མཛོད་ཀྱི་འགྲེལ་པ་མདོ་དང་མཐུན་པ་ཞེས་བྱ་བ་སློབ་དཔོན་འདུལ་བཟང་གིས་མཛད་པ་རྫོགས་སོ། །སརྦ་མངྒ་ལཾ།། ། ་