| Wylie | e-texts based on the ACIP/ALL Input |
ཚིགས་བཅུ་བཞི་པ་སྟེ། འཇིག་རྟེན་གཞག་པ་རྫོགས་སོ།། །།འདི་ལ་འགྱུར་བྱང?་ལས་བམ་པོ་བདུན་འབྱུང་ཡང་དངོས་སུ་དགུ་སྣང་ངོ།། །། !། །རྒྱུ་གདགས་པ་བཞུགས་སོ།། །།*། །རྒྱ་གར ་སྐད་དུ། ཀཱ་ར་ཎ་པྲཛྙཱ་སྟི། བོད་སྐད་དུ། རྒྱུ་གདགས་པ། བམ་པོ་དང་པོ། །དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་བཱ་ར་ཎ་སེའི་དྲང་སྲོང་སྨྲ་བའི་རི་དགས་ཀྱི་ནགས་ཀྱི་ནང་ན་བཞུགས ་ཏེ། དེའི་ཚེ་དགེ་སློང་མང་པོ་རིམ་འགྲོའི་ཁང་པར་འདུག་སྟེ། འཁོད་པ་རྣམས་ཀྱིས་སྐབས་སུ་གཏམ་འདི་ལྟ་བུ་ཞིག་གླེངས་ཏེ། ཚེ་དང་ལྡན་པ་དག་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་ལྡན་པའི་སྐྱེས་བུ་ཆེན་པོ་ནི་རྣམ་པ་གཉིས་སུ་འགྱུར་གྱི། ་གཞན་དུ་མི་འགྱུར་ཏེ། གལ་ཏེ་ཁྱིམ་པར་འདུག་ཅིང་ཁྱིམ་ན་གནས་ན་ནི་འཁོར་ལོས་སྒྱུར་བའི་རྒྱལ་པོ་མཛའ་བཞིར་རྒྱལ་བ་ཆོས་ཀྱི་རྒྱལ་པོ་དང་ལྡན་པ་རིན་པོ་ཆེ་སྣ་བདུན་དང་ལྡན་པར་འགྱུར་རོ། །དེའི་རིན་པོ་ཆེ་སྣ་བདུན་ནི་འདི་ལྟ་བུ་ཡིན་ཏེ། འདི་ལྟ ་སྟེ། འཁོར་ལོ་རིན་པོ་ཆེ་དང། གླང་པོ་རིན་པོ་ཆེ་དང། རྟ་རིན་པོ་ཆེ་དང། ནོར་བུ་རིན་པོ་ཆེ་དང། བུད་མེད་རིན་པོ་ཆེ་དང། ཁྱིམ་བདག་རིན་པོ་ཆེ་དང། བདུན་པ་སྟེ། བློན་པོ་རིན་པོ་ཆེའོ། །དེའི་བུ་ནི་སྟོང་ཐམ་པ་ཡོད་དེ། དཔའ་བ་བརྟུལ་ཕོད་པ་དང། ཡན ་ལག་མཆོག་གི་གཟུགས་དང་ལྡན་པ་ཕ་རོལ་གྱི་སྡེ་རབ་ཏུ་འཇོམས་པ་ཤ་དག་གོ་།དེ་ནི་རྒྱ་མཚོ་ཆེན་པོ་ལ་ཐུག་པའི་ས་ཆེན་པོ་མ་ལུས་པ་གནོད་པར་སྔོ་བ་མེད་ཅིང་འཚེ་བ་མེད་པ་འདི་ཉིད། ཚད་པ་མེད་ཅིང་མཚོན་གྱིས་འདའ་བ་མེད་ལ་ཆོས་དང་མཐུན ་ཞིང་སྙོམས་པས་ལེགས་པར་ཕབ་སྟེ་གནས་སོ། །གལ་ཏེ་སྐྲ་དང་ཁ་སྤུ་རྣམས་བྲེགས་ཏེ། གོས་ངུར་སྨིག་དག་བགོས་ནས་དད་པས་ཁྱིམ་ནས་ཁྱིམ་མེད་པར་ལེགས་པ་ཁོ་ནར་རབ་ཏུ་བྱུང་ན་ནི། འཇིག་རྟེན་འདིར་དེ་བཞིན་གཤེགས་པ་དགྲ་བཅོམ་པ ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འགྱུར་ཏེ། སྒྲ་ཆེར་གྲགས་པར་འགྱུར་བ་དེ་ནི་ངོ་མཚར་ཏོ་ཞེས་གླེངས་སོ། །དགེ་སློང་མང་པོ་རིམ་གྲོའི་ཁང་པར་འདུས་ཏེ་འཁོད་པ་རྣམས་ཀྱི་གཏམ་དེ་ལྟ་བུ་གླེངས་པ་བཅོམ་ལྡན་འདས་ཉིན་མོ་གནས་ན་བཞུགས་པས ་ལྷའི་སྙན་རྣམ་པར་དག་པ་མི་ལས་འདས་པས་གསན་ཏོ། །གསན་ནས་ཀྱང་བཅོམ་ལྡན་འདས་ཕྱེ་འཕྲེང་ནང་དུ་ཡང་དག་འཇོག་ལས་བཞེངས་ཏེ་རིམ་གྲོའི་ཁང་པ་ག་ལ་བ་དེར་གཤེགས་སོ། །གཤེགས་ནས་ཀྱང་བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན ་གྱི་གུང་ལ་གདན་བཤམས་པ་ལ་བཞུགས་སོ། །བཞུགས་ནས་ཀྱང་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་དགེ་སློང་མང་པོ་རིམ་གྲོའི་ཁང་པར་ཚོགས་ཤིང་འདུས་པ་ཁྱེད་ཀྱིས་སྐབས་སུ་གཏམ་ཅི་ཞིག་གླེངས། ཁྱེད ་གཏམ་གང་གི་ཕྱིར་ད་ལྟར་འདུས་ཤིང་འཁོད། དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ག་ལ་བ་དེར་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བདག་ཅག་དགེ་སློང ་མང་པོ་རིམ་གྲོའི་ཁང་པ་འདིར་འདུས་ཤིང་མཆིས་པ་རྣམས་ཀྱིས་སྐབས་སུ་བཀའ་མཆིད་འདི་ལྟ་བུ་ཞིག་གླེངས་ཏེ། ཚེ་དང་ལྡན་པ་བདག་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་ལྡན་པའི་སྐྱེས་བུ་ཆེན་པོ་ནི་རྣམ་པ་གཉིས་སུ་འགྱུར་གྱི་གཞན་དུ ་མི་འགྱུར་ཏེ། གལ་ཏེ་ཁྱིམ་པར་འདུག་ཅིང། ཁྱིམ་ན་གནས་ན་ནི་འཁོར་ལོས་སྒྱུར་བའི་རྒྱལ་པོར་འགྱུར་ཞེས་བགྱི་བ་ནས། འཇིག་རྟེན་འདིར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་བར་དུ་འགྱུར་ཏེ། སྒྲ་ཆེར ་གྲགས་པར་འགྱུར་བ་དེ་ནི་ངོ་མཚར་ཏོ་ཞེས། བཙུན་པ་བདག་ཅག་དགེ་སློང་མང་པོར་རིམ་གྲོའི་ཁང་པ་འདིར་འདུས་ཤིང་མཆིས་པ་རྣམས་ཀྱིས་སྐབས་སུ་བཀའ་མཆིང་གླེངས་ཏེ། བཀའ་མཆིད་དེའི་སླད་ཏུ་བདག་ཅག་ད་ལྟར་འདུས་ཤིང་མཆིས ་ལགས་སོ། །དེ་སྐད་ཅེས་གསོལ་བ་དང། བཅོམ་ལྡན་འདས་ཀྱིས་དགེ་སློང་མང་པོ་ལ་བཀའ་སྩལ་པ། དགེ་སློང་གང་སྐྱེས་བུ་ཆེན་པོའི་མཚན་གང་དག་དང་ལྡན་པའི་སྐྱེས་བུ་ཆེན་པོ་ནི་རྣམ་པ་གཉིས་སུ་འགྱུར་གྱི་གཞན་དུ་མི ་འགྱུར་ཏེ། གལ་ཏེ་ཁྱིམ་པར་འདུག་ཅིང་ཁྱིམ་ན་གནས་ན་ནི་འཁོར་ལོས་སྒྱུར་བའི་རྒྱལ་པོ་མཛའ་བཞིར་རྒྱལ་བ་ཞེས་བྱ་བ་ནས། རྒྱས་པར་འཇིག་རྟེན་འདིར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་བར ་དུ་འགྱུར་ཏེ། སྒྲ་ཆེར་གྲགས་པར་འགྱུར་བའི་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་པོ་དེ་དག་གང་ཡིན། དེ་སྐད་ཅེས་བཀའ་སྩལ་བ་དང། དགེ་སློང་དེ་དག་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུང་དེ། བཅོམ་ལྡན་འདས ་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་ཆོས་རྣམས་ཀྱི་རྩ་བ་ནི་བཅོམ་ལྡན་འདས་ལགས། སྟོན་པ་ནི་བཅོམ་ལྡན་འདས་ལགས་པས་ན། བཅོམ་ལྡན་འདས་ཀྱི་དོན་དེ་ཉིད་དགེ་སློང་རྣམས་ལ་ལེགས་པར་བཀའ་སྩལ་དུ་གསོལ། བཅོམ་ལྡན ་འདས་ལས་ཐོས་ན་དགེ་སློང་རྣམས་འཛིན་པར་འགྱུར་ལགས་སོ། །དགེ་སློང་དག་དེའི་ཕྱིར་ལེགས་པར་ཉོན་ལ་ཤིན་ཏུ་ཡིད་ལ་ཟུང་ཤིག་དང་བཤད་པར་བྱའོ། །དགེ་སློང་དག་སྐྱེས་བུ་ཆེན་པོ་ནི་རྐང་པ་ཤིན་ཏུ་གནས་པ་སྟེ། འདི་ལྟ་སྟེ། རྐང་པ ་གཉིས་ཤིན་ཏུ་གནས་པས་ན་ས་ལ་མཉམ་པར་གནོན་ཏེ། དགེ་སློང་དག་འདི་ནི་སྐྱེས་བུ་ཆེན་པོའི་སྐྱེས་བུ་ཆེན་པོའི་མཚན་ཡིན་ནོ། །དེའི་རྐང་པ་གཉིས་ཀྱི་འོག་གི་མཐིལ་ནས་ཀྱང་འཁོར་ལོ་རྩིབས་སྟོང་པ་ལྟེ་བ་དང་བཅས་པ་མུ་ཁྱུད་དང་བཅས་རྣམ ་པ་ཐམས་ཅད་ཡོངས་སུ་རྫོགས་པ་འབྱུང་སྟེ། དགེ་སློང་དག་འདི་ནི་སྐྱེས་བུ་ཆེན་པོའི་སྐྱེས་བུ་ཆེན་པོའི་མཚན་ཡིན་ནོ། །དགེ་སློང་དག་སྐྱེས་བུ་ཆེན་པོ་ནི་སོར་མོ་རིང་བ་སྟེ། དགེ་སློང་དག་འདི་ནི་སྐྱེས་བུ་ཆེན་པོའི་སྐྱེས་བུ་ཆེན་པོའི་མཚན་ཡིན་ནོ།། ་དགེ་སློང་དག་སྐྱེས་བུ་ཆེན་པོ་རྐང་པའི་རྟིང་བ་ཡངས་པ་སྟེ། དགེ་སློང་དག་འདི་ནི་སྐྱེས་བུ་ཆེན་པོའི་སྐྱེས་བུ་ཆེན་པོའི་མཚན་ཡིན་ནོ། །དགེ་སློང་དག་སྐྱེས་བུ་ཆེན་པོ་ནི་ལག་པ་དང་རྐང་པ་དྲ་བ་དང་ལྡན་ཏེ། དཔེར་ན་ངང་པའི་རྒྱལ་པོ་སྐྱིད་དེ་བར་འདུག་པ་ལྟ་བུར་དེའི་ལག་པ ་གཉིས་དང་རྐང་པ་གཉིས་དྲ་བ་དང་ལྡན་ཏེ། དགེ་སློང་དག་འདི་ནི་སྐྱེས་བུ་ཆེན་པོའི་སྐྱེས་བུ་ཆེན་པོའི་མཚན་ཡིན་ནོ། །དགེ་སློང་དག་སྐྱེས་བུ་ཆེན་པོ་ནི་ལག་པ་དང་རྐང་པ་འཇམ་ཞིང་གཞོན་ཤ་ཆགས་པ་སྟེ། དཔེར་ན་ཤིང་བལ་གྱི་འདའ་བ་འམ། རལ་ཐལ་གྱི་འདའ་ ་བ་ལྟ་བུ་སྟེ། དགེ་སློང་དག་འདི་ནི་སྐྱེས་བུ་ཆེན་པོའི་སྐྱེས་བུ་ཆེན་པོའི་མཚན་ཡིན་ནོ། །དགེ་སློང་དག་སྐྱེས་བུ་ཆེན་པོ་ནི་རྐང་པ་ལོང་མོའི་ཚིགས་མི་མངོན་པ་སྟེ། དགེ་སློང་དག་འདི་ནི་སྐྱེས་བུ་ཆེན་པོའི་སྐྱེས་བུ་ཆེན་པོའི་མཚན་ཡིན་ནོ། །དགེ་སློང་དག་སྐྱེས་བུ་ཆེན་པོ ་ནི་རྗེ་དང་རི་དགས་ཨེ་ཎེ་ཡའི་ལྟ་བུ་སྟེ། དགེ་སློང་དག་འདི་ནི་སྐྱེས་བུ་ཆེན་པོའི་སྐྱེས་བུ་ཆེན་པོའི་མཚན་ཡིན་ནོ། །དགེ་སློང་དག་སྐྱེས་བུ་ཆེན་པོའི་ལུས་མ་བཏུད་པ་སྟེ། ལུས་མ་བཏུད་པ་ལགས་པས་པུས་མོ་སླེབས་ཤིང། ཀུན་ཏུ་སླེབས་པ་སྟེ། དགེ་སློང་དག ་འདི་ནི་སྐྱེས་བུ་ཆེན་པོའི་སྐྱེས་བུ་ཆེན་པོའི་མཚན་ཡིན་ནོ། །དགེ་སློང་དག་སྐྱེས་བུ་ཆེན་པོ་ནི་འདོམས་ཀྱི་སྦ་བ་སྦུབས་སུ་ནུབ་པ་སྟེ། དཔེར་ན་གླང་པོ་ཆེ་ཅད་ཤེས་སམ། རྟ་ཆད་ཤེས་སྐྱིད་དེ་བར་འདུག་པའི་ལྟ་བུར་དེའི་འདོམས་ཀྱི་སྦ་བ་སྦུབས་སུ་ནུབ་སྟེ། དགེ་སློང ་དག་འདི་ནི་སྐྱེས་བུ་ཆེན་པོའི་སྐྱེས་བུ་ཆེན་པོའི་མཚན་ཡིན་ནོ། །དགེ་སློང་དག་སྐྱེས་བུ་ཆེན་པོ་ནི། ཤིང་ནྱ་གྲོ་དྷ་ལྟར་ཆུ་ཞེང་གབ་བ་སྟེ། ལུས་ཇི་ཙམ་པ་འདོམ་ཀྱི་ཚད་ཀྱང་དེ་ཙམ་ལ། འདོམ་གྱི་ཆེད་ཇི་ཙམ་པ་ལུས་ཀྱི་ཚད་ཀྱང་དེ་ཙམ་སྟེ། དགེ་སློང་དག་འདི་ནི་སྐྱེས ་བུ་ཆེན་པོའི་སྐྱེས་བུ་ཆེན་པོའི་མཚན་ཡིན་ནོ། །དགེ་སློང་དག་སྐྱེས་བུ་ཆེན་པོ་ནི་ལུས་ཀྱི་སྤུ་གྱེན་དུ་ཕྱོགས་པ་དང། དགེ་སློང་དག་སྐྱེས་བུ་ཆེན་པོ་ནི་སྤུ་རེ་རེ་ནས་སྐྱེ་སྟེ། ལུས་ཀྱི་སྤུ་རྣམས་རེ་རེ་ནས་སྐྱེ་ཞིང་འཇམ་ལ་རེག་ན་བདེ་བ་དང། མཐོན་མཐིང་དུ་འདུག་པ་དང ་འཁྱིལ་བ་དང། གཡས་ཕྱོགས་སུ་འཁྱིལ་པ་སྟེ། དགེ་སློང་དག་འདི་ནི་སྐྱེས་བུ་ཆེན་པོའི་སྐྱེས་བུ་ཆེན་པོའི་མཚན་ཡིན་ནོ། །དགེ་སློང་དག་སྐྱེས་བུ་ཆེན་པོའི་ལུས་ཀྱི་པགས་པ་གསེར་དྲ་བས་ན་གསེར་གྱི་མདོག་ཅན་ཡིན་ཏེ། དགེ་སློང ་དག་འདི་ནི་སྐྱེས་བུ་ཆེན་པོའི་སྐྱེས་བུ་ཆེན་པོའི་མཚན་ཡིན་ནོ། །དགེ་སློང་དག་སྐྱེས་བུ་ཆེན་པོ་ནི། འོད་འདོམ་གང་དང་ལྡན་ཏེ། དགེ་སློང་དག་འདི་ནི་སྐྱེས་བུ་ཆེན་པོའི་སྐྱེས་བུ་ཆེན་པོའི་མཚན་ཡིན་ནོ། །དགེ་སློང་དག་སྐྱེས་བུ་ཆེན་པོ་ནི་ལུས་ཀྱི་པགས་པ་སྲབ་པ ་སྟེ། པགས་པ་སྲབ་པས་ན་ལུས་ལ་རྡུལ་དང་དྲི་མས་མ་ཚིགས་ཏེ། དགེ་སློང་དག་འདི་ནི་སྐྱེས་བུ་ཆེན་པོའི་སྐྱེས་བུ་ཆེན་པོའི་མཚན་ཡིན་ནོ། །དགེ་སློང་དག་སྐྱེས་བུ་ཆེན་པོ་ནི་བདུན་ཤིན་ཏུ་མཐོ་བ་སྟེ། ལུས་ཀྱི་བདུན་མཐོ་བར་གྱུར་པ་ནི་ལག་པ་གཉིས་དང། ་རྐང་པ་གཉིས་དང། ཐལ་གོང་གཉིས་དང། ལྟག་པ་སྟེ། དགེ་སློང་དག་འདི་ནི་སྐྱེས་བུ་ཆེན་པོའི་སྐྱེས་བུ་ཆེན་པོའི་མཚན་ཡིན་ནོ། །དགེ་སློང་དག་སྐྱེས་བུ་ཆེན་པོའི་ཐལ་གོང་རྒྱས་པ་སྟེ། དགེ་སློང་དག་འདི་ནི་སྐྱེས་བུ་ཆེན་པོའི་སྐྱེས་བུ་ཆེན་པོའི་མཚན ་ཡིན་ནོ། །དགེ་སློང་དག་སྐྱེས་བུ་ཆེན་པོ་ནི་རོ་སྟོང་སེང་གེ་འདྲ་བ་སྟེ། དགེ་སློང་དག་འདི་ནི་སྐྱེས་བུ་ཆེན་པོའི་སྐྱེས་བུ་ཆེན་པོའི་མཚན་ཡིན་ནོ། །དགེ་སློང་དག་སྐྱེས་བུ་ཆེན་པོ་ནི་ལུས་ཆེ་ཞིང་དྲང་བ་སྟེ། དགེ་སློང་དག་འདི་ནི་སྐྱེས་བུ་ཆེན་པོའི་སྐྱེས་བུ་ཆེན ་དེའི་མཚན་ཡིན་ནོ། །དགེ་སློང་དག་སྐྱེས་བུ་ཆེན་པོ་ནི་དཔུང་མགོ་ཤིན་ཏུ་ཟླུམ་པ་སྟེ། དགེ་སློང་དག་འདི་ནི་སྐྱེས་བུ་ཆེན་པོའི་སྐྱེས་བུ་ཆེན་པོའི་མཚན་ཡིན་ནོ། །དགེ་སློང་དག་སྐྱེས་བུ་ཆེན་པོ་ནི་སོ་བཞི་ཅུ་ཡོད་པ་སྟེ། དགེ་སློང་དག་འདི་ནི་སྐྱེས་བུ་ཆེན ་པོའི་སྐྱེས་བུ་ཆེན་པོའི་མཚན་ཡིན་ནོ། །དགེ་སློང་དག་སྐྱེས་བུ་ཆེན་པོ་ནི་སོ་མཉམ་པ་སྟེ། དགེ་སློང་དག་འདི་ནི་སྐྱེས་བུ་ཆེན་པོའི་སྐྱེས་བུ་ཆེན་པོའི་མཚན་ཡིན་ནོ། །དགེ་སློང་དག་སྐྱེས་བུ་ཆེན་པོ་ནི་སོ་ཐུགས་བཟང་བ་སྟེ། དགེ་སློང་དག་འདི་ནི ་སྐྱེས་བུ་ཆེན་པོའི་སྐྱེས་བུ་ཆེན་པོའི་མཚན་ཡིན་ནོ། །དགེ་སློང་དག་སྐྱེས་བུ་ཆེན་པོ་ནི་མཆེ་བ་ཤིན་ཏུ་དཀར་བ་སྟེ། དགེ་སློང་དག་འདི་ནི་སྐྱེས་བུ་ཆེན་པོའི་སྐྱེས་བུ་ཆེན་པོའི་མཚན་ཡིན་ནོ། །དགེ་སློང་དག་འདི་ནི་སྐྱེས ་བུ་ཆེན་པོའི་སྐྱེས་བུ་ཆེན་པོའི་མཚན་ཡིན་ནོ། །དགེ་སློང་དག་སྐྱེས་བུ་ཆེན་པོ་ནི་རོ་བྲོ་བའི་མཆོག་རྙེད་པ་སྟེ། དགེ་སློང་དག་འདི་ནི་སྐྱེས་བུ་ཆེན་པོའི་སྐྱེས་བུ་ཆེན་པོའི་མཚན་ཡིན་ནོ། །དགེ་སློང་དག་སྐྱེས་བུ་ཆེན་པོ་ནི་ལྕེ་རིང་ཞིང་སྲབ་པ་སྟེ། ལྕེ་རིང་ཞིང་སྲབ་པས་ན་ཁ་ནས་ཕྱུང ་ན་ལྕེའི་སྐྲའི་མཚམས་སུ་ཐུག་པར་ཁ་ཐམས་ཅད་ཁེབས་ཏེ། དགེ་སློང་དག་འདི་ནི་སྐྱེས་བུ་ཆེན་པོའི་སྐྱེས་བུ་ཆེན་པོའི་མཚན་ཡིན་ནོ། །དགེ་སློང་དག་སྐྱེས་བུ་ཆེན་པོ་ནི་ཚངས་པའི་དབྱངས་བྱ་ཀ་ལ་པིངཀ་ལྟར་སྒྲ་སྙན་ཅིང་རྔ་བོ་ཆེའི་སྒྲ་ལྟ་བུ་དང་ལྡན་པ་སྟེ། དགེ་སློང་དག ་འདི་ནི་སྐྱེས་བུ་ཆེན་པོའི་སྐྱེས་བུ་ཆེན་པོའི་མཚན་ཡིན་ནོ། །དགེ་སློང་དག་སྐྱེས་བུ་ཆེན་པོ་ནི་མིག་མཐོན་མཐིང་ལྟ་བུ་སྟེ། དགེ་སློང་དག་འདི་ནི་སྐྱེས་བུ་ཆེན་པོའི་སྐྱེས་བུ་ཆེན་པོའི་མཚན་ཡིན་ནོ། །དགེ་སློང་དག་སྐྱེས་བུ་ཆེན་པོ་ནི་བའི་རྫི་མ་ལྟ་བུ་དང་ལྡན་ཏེ། དགེ་སློང་དག ་འདི་ནི་སྐྱེས་བུ་ཆེན་པོའི་སྐྱེས་བུ་ཆེན་པོའི་མཚན་ཡིན་ནོ། །དགེ་སློང་དག་སྐྱེས་བུ་ཆེན་པོ་ནི་མགོ་བོ་གཙུག་གཏོར་དང་ལྡན་པ་སྟེ། དགེ་སློང་དག་འདི་ནི་སྐྱེས་བུ་ཆེན་པོའི་སྐྱེས་བུ་ཆེན་པོའི་མཚན་ཡིན་ནོ། །དགེ་སློང་དག་སྐྱེས་བུ་ཆེན་པོ་ནི་སྨིན་མཚམས་སུ་མཛོད་སྤུ་སྐྱེས ་བུ་དཀར་ཞིང་འཇམ་ལ་རེག་ན་བདེ་བ་དང། གཡས་སུ་འཁྱིལ་བ་དང་ལྡན་ཏེ། དགེ་སློང་དག་འདི་ནི་སྐྱེས་བུ་ཆེན་པོའི་སྐྱེས་བུ་ཆེན་པོའི་མཚན་ཡིན་ནོ། །དགེ་སློང་དག་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ནི་དེ་དག་ཡིན་ཏེ། །སྐྱེས་བུ་ཆེན་པོའི་མཚན་དེ་དག་དང ་ལྡན་ན་རྣམ་པ་གཉིས་སུ་འགྱུར་གྱི་གཞན་དུ་མི་འགྱུར་ཏེ། གལ་ཏེ་ཁྱིམ་པར་འདུག་ཅིང་ཁྱིམ་ན་གནས་ན་ནི་འཁོར་ལོས་སྒྱུར་བའི་རྒྱལ་པོ་མཛའ་བཞིར་རྒྱས་པ་ཆོས་ཀྱི་རྒྱལ་པོ་ཆོས་དང་ལྡན་པ་རིན་པོ་ཆེ་སྣ་བདུན་དང་ལྡན་པར་འགྱུར་རོ། །དེའི་རིན་པོ་ཆེ་སྣ་བདུན ་ནི་འདི་ལྟ་བུ་ཡིན་ཏེ། འདི་ལྟ་སྟེ། འཁོར་ལོ་རིན་པོ་ཆེ་དང། གླང་པོ་རིན་པོ་ཆེ་དང། རྟ་རིན་པོ་ཆེ་དང། ནོར་བུ་རིན་པོ་ཆེ་དང། བུད་མེད་རིན་པོ་ཆེ་དང། ཁྱིམ་བདག་རིན་པོ་ཆེ་དང། བདུན་པ་སྟེ། བློན་པོ་རིན་པོ་ཆེའོ། །དེའི་བུ་ནི་སྟོང་ཐམ་པ ་ཡོད་དེ། དཔའ་བ་བརྟུལ་ཕོད་པ་ཡན་ལག་མཆོག་གི་གཟུགས་དང་ལྡན་པ་ཕ་རོལ་གྱི་སྡེ་རབ་ཏུ་འཇོམས་པ་ཤ་སྟག་གོ་།དེ་ནི་རྒྱ་མཚོ་ལ་ཐུབ་པའི་ས་ཆེན་པོ་མ་ལུས་པ་གནོད་པར་སྔོ་བ་མེད་ཅིང་འཚེ་བ་མེད་པ་འདི་ཉིད་པ་མེད་ཅིང་མཚོན་གྱིས་བདའ་བ་མེད་ལ ་ཆོས་དང་མཐུན་ཞིང་སྙོམས་པས་ལེགས་པར་ཕབ་སྟེ་གནས་སོ། །གལ་ཏེ་སྐྲ་དང་ཁ་སྤུ་རྣམས་བྲེགས་ཏེ་གོས་ངུར་སྨྲིག་དག་བགོས་ནས། དད་པས་ཁྱིམ་ནས་ཁྱིམ་མེད་པར་ལེགས་པ་ཁོ་ནར་རབ་ཏུ་བྱུང་ན་ནི་འཇིག་རྟེན་འདིར་དེ་བཞིན་གཤེགས་པ་དགྲ ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འགྱུར་ཏེ། རྒྱ་ཆེར་གྲགས་པར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ཏེ། བདེ་བར་གཤེགས་པས་དེ་སྐད་གསུངས་ནས། སྟོན་པ་གཞན་ཡང་འདི་སྐད་ཅེས་བཀའ་སྩལ་ཏོ།། ་ཐུབ་ཆེན་བདག་ཉིད་རབ་བསྒོམས་པ། །ལུས་ཀྱི་ཐ་མ་འཛིན་པ་ཡི། །ལུས་ཀྱི་མཚན་རྣམས་ཡོད་པ་དག་།ང་ཡིས་རབ་ཏུ་བཤད་པར་བྱ། །དེ་ཡི་རྐང་པ་ཤིན་ཏུ་གནས། །ས་ལ་མཉམ་པར་གནོན་པ་ཡིན། །དེ་ཡི་རྐང་གཉིས་འོག་མཐིལ་ན། །འཁོར་ལོ་རབ ་ཏུ་དབྱིབས་ལེགས་ཡོད། །ལག་སོར་ཡང་ནི་རིང་བ་སྟེ། །རྐང་པ་རྟིང་པ་ཡངས་པར་ལྡན། །ལག་དང་རྐང་པ་དྲ་བར་འབྲེལ། །ཤིང་བལ་ལྟ་བུར་འཇམ་པ་ཡིན། །དེ་ཡི་ལོང་མོའི་ཚིགས་མི་མདོན། །མི་མཆོག་རྗེ་དང?་ཨེ་ཎེ་ཡ། །ལུས་ནི་ཐུར་དུ་མ་བཏུང ་པར། །ལག་གིས་པུས་མོའི་ལྷ་ང་སླེབས། །འདོམ་གྱི་སྤ་བ་སྦུབས་སུ་ནུབ། །ནྱ་གྲོ་དྷ་ལྟར་ཆུ་ཞེང་གབ། །ལུས་སྤུ་རྣམས་ནི་གྱེན་དུ་ཕྱོགས། །དེ་སྤུ་གཡས་ཕྱོགས་རེ་རེ་འཁྱིལ། །གསེར་གྱི་ཁ་དོག་འདྲ་བ་དང། །འདོམ་གང་འོད་ནི་ཀུན་ནས་འཁོར།། ་ལུས་ཀྱི་པགས་པ་སྲབ་པ་དང། དེ་ཡི་བདུན་པོ་མཐོ་བ་ཡིན། །སྒྲོག་རུས་དག་ཀྱང་ཤ་ཡིས་གང། །རོ་སྟོང་སེང་གེ་འདྲ་བ་ཡིན། །ལུས་ནི་ཆེ་ཞིང་དྲང་བ་དང། །དེ་ཡིད་ཕྲག་པ་དབྱིབས་ཀྱང་ལེགས། །སོ་ནི་བཞི་བཅུ་ཡོད་པ་སྟེ། །ཡོངས་སུ་ཚང་ཞིང་ཉམས་པ་མེད། །མཉམ་ཞིང ་གྲགས?་ཀྱང་བཟང་བ་སྟེ། །དེ་ཡི་སོ་རྣམས་དབྱིབས་ཀྱང་ལེགས། །ཆེ་བ་རབ་དཀར་སེང་གེའི་འགྲམ། །ངོ་རྣམས་བྲོ་བའི་མཆོག་རྙེད་པ། །ལྕེ་ནི་རིང་ཞིང་སྲབ་པ་སྟེ། །ཚངས་པའི་དབྱངས་དང་ལྡན་པ་ཡིན། །མིག་ནི་མཐོན་མཐིང་བ་རྫི་མ། །དེ་ཡི་མགོ་ནི་གཙུག་གཏོར་ལྡན། ། ་དེ་ནི་སྨིན་མཚམས་མཛོད་སྤུ་ཡོད། །དུད་ལྟར་དཀར་ཞིང་མཛེས་པ་ཡིན། །ཐུབ་ཆེན་བདག་ཉིད་རབ་སྒོམས་པ། །ལུས་ཀྱི་ཐ་མ་འཛིན་པ་ཡི། །ལུས་ལ་མཚན་རྣམས་ཡོད་པ་ནི། །སུམ་ཅུ་རྩ་གཉིས་དེ་དག་ཡིན། །གང་གི་ལུས་ལ་མཚན་རྟགས་རྣམས། །སུམ་ཅུ་རྩ་གཉིས ་ལྡན་གྱུར་པ། །དེ་ལྟ་བུ་ནི་རྒྱལ་གྱུར་ནས། །སའི་སྟེང་ནི་འདུལ་བར་བྱེད། །ཡང་ན་བྱང་ཆུབ་མཆོག་ཀྱང་འཐོབ། །དྲན་དང་ལྡན་ཞིང་པུ་མང་ལ། །ནད་མེད་ཤིན་ཏུ་མཁས་པར་འགྱུར། །ཟད་དང་སྐོམ་དང་བགོ་བ་དང། །མལ་ཆ་སྟན་རྣམས་རྙེད་པར་འགྱུར། །དེ་ནི་མི་ཕྱེད ་འཁོར་དང་ལྡན། །ལུས་ཅན་ཀུན་གྱི་ཡིད་དུ་འོང། །དེ་ལྟ་བུ་ནི་ལྷ་མི་རྣམས། །རྗེས་སུ་མཐུན་པར་བྱེད་པར་འགྱུར། །དེ་ལྟ་བུ་ཡི་མི་དག་ནི། །ཆོས་ཀྱི་དབང་གིས་མཆོག་ཡིན་ནོ། །མི་མཉམ་པ་དང་ཟླ་མེད་དང། །མཚུངས་མེད་རྣམ་པར་འདྲེན་པར་འགྱུར། །བཅོམ་ལྡན་འདས ་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་དེ་དག་ཡིད་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་སྟོད་དོ། །ཅིའི་ཕྱིར་བྱང་ཆུབ་སེམས་དཔའ་སྐྱེས་བུ་ཆེན་པོའི་མཚན་རྐང་པ་ཤིན་ཏུ་གནས་པ་ཐོབ་ཅེ་ན། སྨྲས་པ། བྱང་ཆུབ་སེམས་དཔས་ནི་སྔོན་གྱི ་སྲིད་པ་དང། སྔོན་གྱི་གནས་དང། སྔོན་གྱི་ལུས་དང། སྔོན་གྱི་བདག་ཉིད་ཐོབ་པ་དང། སྔོན་གྱི་ཚེ་རབས་གཞན་དག་དང། འདས་པ་དང། ཟད་པ་དང། འགགས་པ་དང། བྲལ་བ་དང། རྣམ་པར་གྱུར་པ་དང། ཡོངས་སུ་ཟད་པ་དག་ཏུ་དགེ་བའི་ཆོས་འདི་ལྟ་སྟེ། ་བདེན་པ་འམ། ཚུལ་ཁྲིམས་སམ། གཏོད་པ་འམ། བརྟུལ་ཞུགས་སམ། ཡིད་དམ་གང་དང་གང་ཡང་དག་པར་བླངས་ཏེ་གནས་པར་གྱུར་ཀྱང་རུང་སྟེ། དེ་ཚུལ་ཁྲིམས་དང། བརྟུལ་ཞུགས་དང། ཡིད་མ་དེ་ལ་ཡི་དམ་དམ་པོར ་གྱུར་ཅིང་ཡི་དམ་བརྟན་པོར་གྱུར་ཏོ། །ཡི་དམ་བརྟན་པོར་གྱུར་ནས་ཀྱང་མི་གཡོ། །ཀུན་ནས་མི་གཡོ། །ཀུན་ཏུ་རབ་ཏུ་མི་གཡོའོ། །མི་འགུལ། ཀུན་ཏུ་མི་འགུལ་ཀུན་ཏུ་རབ་ཏུ་མི་འགུལ་ལོ། །མི་འཁྲུགས། ཀུན་ཏུ་མི་འཁྲུགས། ཀུན་ཏུ་རབ་ཏུ་མི་འཁྲུགས ་སོ། །མི་འཕྲོགས། ཀུན་ཏུ་མི་འཕྲོགས། །ཀུན་ཏུ་རབ་ཏུ་མི་འཕྲོགས་ཏེ། དེ་ལས་དེ་དང། ཡང་དག་པར་བླངས་པ་དེ་ལྟ་བུ་དང། ཡང་དག་པར་བཟུང་བ་དེ་ལྟ་བུས། ལུས་ཞིག་ནས་དགའ་ལྡན་གྱི་ལྷ་རྣམས་དང་སྐལ་པ་མཉམ་པར་སྐྱེའོ། །དེ་དེར་སྐྱེས་ནས་རིང་པོ ་མ་ལོན་པར་དགའ་ལྡན་གྱི་རིས་ཀྱི་ལྷ་སྔར་སྐྱེས་པ་རྣམས་ལས་ལྷའི་གནས་གསུམ་གྱིས་འཕགས་ཏེ། གསུམ་གང་ཞེ་ན། འདི་ལྟ་སྟེ། ལྷའི་ཚེ་དང། ལྷའི་ཁ་དོག་དང། ལྷའི་གྲགས་པས་འཕགས་སོ། །དེ་དེར་ཚེའི་ཚད་ཇི་ཙམ་པ་དེ་སྲིད་རབ་ཏུ་གནས ་ཏེ། དེ་དེར་ཚེའི་ཚད་ཇི་ཙམ་པ་དེ་སྲིད་གནས་ནས་དེ་ནས་ཤི་འཕོས་ནས་ཁམས་འདིར་མི་རྣམས་དང། སྐལ་པ་མཉམ་པར་སྐྱེའོ། །དེ་འདིར་རྒྱལ་པོའི་ཕོ་བྲང་དམ། མདུན་ན་འདོན་གྱི་ཁྱིམ་དུ་སྐྱེ་བར་འགྱུར་ཏེ། དེར་བྱང་ཆུབ་སེམས་དཔའ་དེས་སྐྱེས་བུ ་ཆེན་པོའི་མཚན་རྐང་པ་ཤིན་ཏུ་གནས་པ་རྙེད་པར་འགྱུར་རོ། །དེའི་སྔ་ལྟས་ནི་འདི་ཡིན་ཏེ། གལ་ཏེ་ཁྱིམ་པར་འདུག་ཅིང་ཁྱིམ་ན་གནས་ན་ནི་འཁོར་ལོས་སྒྱུར་པའི་རྒྱལ་པོ་མཛའ་བཞིར་རྒྱལ་པ་ཆོས་ཀྱི་རྒྱལ་པོ་ཆོས་དང་ལྡན་པ། རིན་པོ་ཆེ་སྣ་བདུན་དང་ལྡན ་པར་འགྱུར་རོ། །དེའི་རིན་པོ་ཆེ་སྣ་བདུན་ནི་འདི་ལྟ་བུ་ཡིན་ཏེ། འདི་ལྟ་སྟེ། འཁོར་ལོ་རིན་པོ་ཆེ་ནས། བདུན་པ་སྟེ། བློན་པོར་ནི་པོ་ཆེའི་བར་རྣམས་སོ། །དེའི་བུ་ནི་སྟོང་ཐམ་པ་ཡོད་དེ། དཔའ་བ་བརྟུལ་ཕོད་པ་ཡན་ལག་མཆོག་གི་གཟུགས་དང་ལྡན་པ། ཕ ་རོལ་གྱི་སྡེ་རབ་ཏུ་འཇམས་པ་ཤ་སྟག་གོ་།དེ་ནི་རྒྱ་མཚོ་ལ་ཐུག་པའི་ས་ཆེན་པ་མ་ལུས་པ་གནོད་པར་སྔོ་བ་མེད་ཅིང་འཚེ་བ་མེད་པ་འདི་ཉིད་ཆང་པ་མེད་ཅིང་མཚོན་གྱིས་བདའ་བ་མེད་ལ་ཆོས་དང་མཐུན་ཞིང་སྙོམས་པས་ལེགས་པར་ཕབ་སྟེ་གནས་ལ། རྒྱལ་སྲིད་དེ ་ལས་དགྲ་འམ། ཕྱིར་རྒོལ་བ་འམ། རྒྱལ་པོ་དོ་ཟླ་འམ། སའི་བདག་པོ་འམ། རྒྱལ་རིགས་ཀྱིས་མི་གཡོ། །ཀུན་ཏུ་མི་གཡོ། །ཀུན་ཏུ་རབ་ཏུ་མི་གཡོའོ། །མི་འགུལ། ཀུན་ཏུ་མི་འགུལ། ཀུན་ཏུ་རབ་ཏུ་མི་འགུལ་ལོ། །མི་འཁྲུགས། ཀུན་ཏུ་མི་འཁྲུགས། ཀུན་ཏུ་རབ ་ཏུ་མི་འཁྲུགས་སོ། །མི་འཕྲོགས། ཀུན་ཏུ་མི་འཕྲོགས། །ཀུན་ཏུ་རབ་ཏུ་མི་འཕྲོགས་སོ། །བཙུན་མོའི་འཁོར་དང། གཞོན་ནུ་རྣམས་དང། བློན་པོ་རྣམས་དང། གཙོ་བོ་དང། དམག་གི་རུ་དང། གྲོང་མི་དང། ཡུལ་མི་རྣམས་ཀྱིས་བཀུར་སྟི་བྱེད། བླ་མར་བྱེད། རི་མོར ་བྱེད། མཆོད་པར་བྱེད་དོ། །གལ་ཏེ་སྐྲ་དང་ཁ་སྤུ་རྣམས་བྲེགས་ཏེ་གོས་ངུར་སྨྲིག་དང་བགོས་ནས། དད་པས་ཁྱིམ་ནས་ཁྱིམ་མེད་པ་ལེགས་པ་ཁོ་ནར་རབ་ཏུ་བྱུང་ན་ནི་འཇིག་རྟེན་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས ་རྒྱས་སུ་འགྱུར་ཏེ། སྒྲ་ཆེར་གྲགས་པར་འགྱུར་རོ་ཞེས་གསུངས་ཏེ། དེ་དགེ་སློང་གི་ཚུལ་དེས་དགེ་སྦྱོང་ངམ། བྲམ་ཟེ་འམ། ལྷ་འམ། བདུད་དམ། ཚངས་པ་འམ། གཞན་སུ་ཡང་རུང་པས་ཆོས་དང་མཐུན་པས་མི་གཡོ། །ཀུན་ཏུ་མི་གཡོ། ཀུན་ཏུ་རབ་ཏུ་མི་གཡོའོ། ་མི་འགུལ། ཀུན་དུ་མི་འགུལ། ཀུན་ཏུ་རབ་ཏུ་མི་འགུལ་ལོ། །མི་འཁྲུགས། ཀུན་ཏུ་མི་འཁྲུགས། ཀུན་ཏུ་རབ་ཏུ་མི་འཁྲུགས་སོ། །མི་འཕྲོགས། ཀུན་ཏུ་མི་འཕྲོགས། ཀུན་ཏུ་རབ་ཏུ་མི་འཕྲོགས་སོ། །དགེ་སློང་རྣམས་དང། དགེ་སློང་མ་རྣམས་དང། དགེ་བསྙེན ་རྣམས་དང། དགེ་བསྙེན་མ་རྣམས་དང། ལྷ་རྣམས་དང། ཀླུ་རྣམས་དང། ལྷ་མ་ཡིན་རྣམས་དང། ནམ་མཁའ་ལྡིང་རྣམས་དང། དྲི་ཟ་རྣམས་དང། མི་འམ་ཅི་རྣམས་དང། ལྟོ་འཕྱེ་ཆེན་པོ་རྣམས་དང། གནོད་སྦྱིན་རྣམས་དང། སྲིན་པོ་རྣམས་དང། མི་རྣམས་དང། ་མི་མ་ཡིན་པ་རྣམས་ཀྱིས་བཀུར་སྟིར་བྱེད། བླ་མར་བྱེད། རི་མོར་བྱེད། མཆོད་པར་བྱེད་དེ། འདི་ནི་དེའི་སྔ་ལྟས་ཡིན་ནོ། །འདི་ལ་ཆོས་ཉིད་ནི་འདི་ཡིན་ཏེ། དེ་ལ་འདི་སྐད་ཅེས་བྱའོ། །གང་ཚེ་བདེ་གཤེགས་ཞབས་ནི་ཤིན་ཏུ་གནས་པ་ཡིན། །མཚན ་ནི་གང་གི་བརྙེས་གྱུར་དེ་དག་མཉན་པར་གྱིས། །བདེ་བ་དང་ནི་ཚུལ་ཁྲིམས་བརྟུལ་ཞུགས་གཏོད་པ་དང། །ཆོས་དགེ་བདེ་བ་བསྐྱེད་པ་གཞན་རྣམས་གང་ཡིན་པ། །ཉིད་ཀྱིས་ཡང་དག་བླངས་ཏེ་བརྟན་པོར་གནས་གྱུར་དེས། །གོམ་པ་བརྟན་པོར་ལྷུན་པོ་བཞིན་དུ ་གཡོ་བ་མེད། །ཅིའི་ཕྱིར་བྱང་ཆུབ་སེམས་དཔས་སྐྱེས་བུ་ཆེན་པོའི་མཚན་རྐང་པ་གཉིས་ཀྱི་འོག་མཐིལ་ནས་འཁོར་ལོ་སྐྱེ་བ་ཐོབ་ཅེ་ན། སྨྲས་པ། བྱང་ཆུབ་སེམས་དཔས་ནི་སྔོན་གྱི་སྲིད་པ་ཞེས་བྱ་བ་ནས། རྒྱས་པར་སྔོན་གྱི་སྐྱེ་བ་གཞན་དག་གི་བར ་དང། འདས་པ་དང། ཟད་པ་དང། འགག་པ་དང། བྲལ་བ་དང། རྣམ་པར་གྱུར་པ་དང་ཡོངས་སུ་ཟད་པ་དག་ཏུ་ཕ་མ་དང། ཉེ་ངུ་དང། རྒན་རབས་དང། བླ་མ་ལྟ་བུ་རྣམས་དང། གཞན་དགེ་སྦྱོང་དང། བྲམ་ཟེ་གནོད་པར་བྱ་བ་མ་ཡིན་པ་རྣམས་དང། ་གནོད་པར་བྱ་བ་ལ་མི་དགའ་བ་གང་ཡིན་པ་དེ་དག་དང། ཐ་ན་བྱ་དང། རི་དགས་ཡན་ཆད་ལ་ཡང་ཆོས་དང་མཐུན་པར་བསྲུང་བ་དང། བསྐྱབས་པ་དང། སྦ་བ་བྱས་ལ། དེ་ནས་སྙིང་བརྩེ་བ་ཅན་གྱི་ཚུལ་ཁྲིམས་ཀྱང་ཡང་དག་པར་བླངས་ཏེ་གནས་པར ་གྱུར་ཏོ། །དེ་ལས་དེ་དང། ཡང་དག་པར་བླངས་པ་དེ་ལྟ་བུ་དང། ཡང་དག་པར་གཟུང་བ་དེ་ལྟ་བུས་ལུས་ཞིག་ནས་དགའ་ལྡན་གྱི་ལྷ་རྣམས་དང་སྐལ་པ་མཉམ་པར་སྐྱེའོ། །དེ་དེར་སྐྱེས་ནས་རིང་པོ་མ་ལོན་པར་དགའ་ལྡན་གྱི་རིས་ཀྱི་ལྷ་སྔར་སྐྱེས་པ་རྣམས ་ལས་ལྷའི་གནས་གསུམ་གྱིས། འཕགས་ཏེ་ཞེས་བྱ་བ་ནས་རྒྱས་པར་སྦྱར་ཏེ། དེ་དེ་ནས་ཤི་འཕོས་ནས་ཁམས་འདིར་མི་རྣམས་དང་སྐལ་པ་མཉམ་པར་སྐྱེའོ། །ཞེས་བྱ་བའི་བར་དུ་སྦྱར་རོ། །དེ་འདིར་རྒྱལ་པོའི་ཕོ་བྲང་ངམ། མདུན་ན་འདོན་གྱི ་ཁྱིམ་དུ་སྐྱེ་བར་འགྱུར་ཏེ། དེར་བྱང་ཆུབ་སེམས་དཔའ་དེས་སྐྱེས་བུ་ཆེན་པོའི་མཚན་རྐང་པ་གཉིས་ཀྱི་འོག་གི་མཐིལ་འཁོར་ལོ་འབྱུང་བ་ཐོབ་པར་འགྱུར་རོ། །དེའི་སྔ་ལྟས་ནི་འདི་ཡིན་ཏེ། གལ་ཏེ་ཁྱིམ་པར་འདུག་ཅིང་ཁྱིམ་ན་གནས་ན་ནི་འཁོར་ལོས་སྒྱུར་བའི་རྒྱལ་པོ་མཛའ་ ་བཞིར་རྒྱལ་བ་ཞེས་བྱ་བ་ནས། རྒྱས་པར་ཆོས་དང་མཐུན་ཞིང་སྙོམས་པས་ལེགས་པར་ཕབ་ཏེ་གནས་སོ་ཞེས་བྱ་བའི་བར་དུ་སྦྱར་ཏེ། ལྷའི་འཁོར་ལོ་རིན་པོ་ཆེ་ཐོབ་འགྱུར་ལ། དེ་ནས་གླིང་བཞི་ལེགས་པར་ཕབ་ཏེ་གླིང་བཞིར་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་དབང་བྱེད ་དེ་ནས་བཙུན་མོའི་འཁོར་དང། གཞོན་ནུ་རྣམས་ཞེས་བྱ་བ་ནས། །རྒྱས་པར་རི་མོར་བྱེད། མཆོད་པར་བྱེད་ཅེས་བྱ་བའི་བར་དུ་སྦྱར་རོ། །གལ་ཏེ་སྐྲ་དང། ཁ་སྤུ་རྣམས་བྲགས་ཏེ་ཞེས་བྱ་བ་རྣམས། རབ་ཏུ་བྱུང་ན་ནི། ཇིག་རྟེན་དུ་དེ་བཞིན་གཤེགས་པ་དགྲ་བཅོམ ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འགྱུར་ཏེ། སྒྲ་ཆེར?་གྲགས་པར་འགྱུར་བའི་བར་དུ་གསུངས་ཏེ། འཕགས་པའི་ལམ་ཡན་ལག་བརྒྱད་པ་བརྙེས་པར་གྱུར་ལ། དེས་ན་ཉོན་མོངས་པ་ཐམས་ཅད་སྤངས་ནས་ཆོས་ཐམས་ཅད་ལ་སྒྲིབ་པ་མེད ་པའི་ཡེ་ཤེས་བརྙེས་པར་གྱུར་ཏེ། དགེ་སློང་རྣམས་དང། དགེ་སློང་མ་རྣམས་ཞེས་བྱ་བ་ནས། རྒྱས་པར་རི་མོར་བྱེད། མཆོད་པར་བྱེད་ཅེས་བྱ་བའི་བར་དུ་སྦྱར་ཏེ། འདི་ནི་དེའི་སྔ་ལྟས་ཡིན་ནོ། །འདི་ལ་ཆོས་ཉིད་ནི་འདི་མིན་ཏེ། དེ་ལ་འདི་སྐད་ཅེས་བྱའོ། །ཕ་མ ་དང་ནི་གཉེན་རྣམས་དང། །དེ་བཞིན་གཞན་ཡང་བླ་མ་གང། །རི་དག་བྱ་རྣམས་དེ་བཞིན་ཏེ། །ཆོས་དང་མཐུན་པས་བསྲུང་བྱས་པ། །དགེ་བ་དེའི་རྣམ་སྨིན་གྱིས། །རྩིབས་སྟོང་བཅས་དང་ཏལྟེ་བར་བཅས། །མུ་ཁྱུད་བཅས་པའི་འཁོར་ལོ་དག་།རྐང་པ་གཉིས་ཀྱི ་མཐིལ་དུ་གྱུར། ཅིའི་ཕྱིར་བྱང་ཆུབ་སེམས་དཔས་སྐྱེས་བུ་ཆེན་པོའི་མཚན་སོར་མོ་རིང་བ་དང། རྐང་པའི་རྟིང་བ་ཡངས་པ་དང། ལུས་ཆེ་ཞིང་དྲང་པ་གསུམ་ཐོབ་ཅེ། །སྨྲས་པ། བྱང་ཆུབ་སེམས་དཔས་ནི། །སྔོན་གྱི་སྲིད་པ་ཞེས་བྱ་བ་ནས་རྒྱས་པར་སྦྱར་ཏེ། སྲོག ་ཆགས་འབྱུང་བ་སེམས་ཅན་ཐམས་ཅད་ཐ་ན་སྲོག་ཆགས་གྲོགས་སྤུར་ཡན་ཆད་ཀྱི་ཕྱིར་སྲོག་གཅོད་པ་སྤངས་ཏེ། སྲོག་གཅོད་པ་ལས་ཕྱིར་ལོག་ནས། དབྱུག་པ་སྤངས་ཤིང་མཚོན་ཆ་སྤངས་ཏེ་ངོ་ཚ་ཤེས་ཤིང་སྙིང ་རྗེ་དང་ལྡན་པས་སྲོག་གཅོད་པ་སྤངས་པ་དང། གཞན་ཡང་བྱང་ཆུབ་སེམས་དཔས་མ་བྱིན་པར་ལེན་པ་སྤངས་ཏེ་མ་བྱིན་པར་ལེན་པ་ལས་ཕྱིར་ལོག་ནས། བྱིན་པ་ལེན་པ་དང། བྱིན་པ་ལ་དགའ་བ་དང། བྱིན་པ་དང། བཏང་བ་དང། བོར་བ་འདོད་པ ་དང། མི་རྐུབ་དང། གཙང་མར་གྱུར་བ་དང། དག་པ་དང། གཙང་མས་བདག་ཉིད་བསྲུངས་ཏེ། མ་བྱིན་པར་ལེན་པ་སྤངས་ནས་མ་བྱིན་པ་ལེན་པ་ལས་སེམས་ཡོངས་སུ་དག་པར་བྱས་པར་གྱུར་པ་དང། གཞན་ཡང་བྱང་ཆུབ་སེམས་དཔས་ཕ་མ་དང། ་ཉེ་དུ་དང། རྒན་རབས་དང། བླ་མ་ལྟ་བུ་རྣམས་དང། གཞན་ཡང་དགེ་སྦྱོང་དང། །བྲམ་ཟེ་ཁ་ན་མ་ཐོ་བ་མེད་པ་དང། ཁ་ན་མ་ཐོ་བ་མེད་པ་ལ་དགའ་བ་གང་ཡིན་པ་དེ་དག་ལ་གསོད་པོར་སྨྲ་བ་དང། ཕྱག་འཚལ་བ་དང། ལངས་ཏེ་སྟན་སྟོབས་པར་བྱེད ་དེ། དེ་ལས་དེ་ཡང། ཡང་དག་པར་བླངས་པ་དེ་ལྟ་བུ་དང། ཡང་དག་པར་བཟུང་བ་དེ་ལྟ་བུས་ལུས་ཞིག་ནས་དགའ་ལྡན་གྱི་ལྷ་རྣམས་དང་སྐལ་བ་མཉམ་པར་སྐྱེའོ། །དེ་དེར་སྐྱེས་ནས་རིང་པོ་མ་ལོན་པར་དགའ་ལྡན་གྱི་རིས་ཀྱི་ལྷ་སྔར་སྐྱེས་པ་རྣམས་ལས ་ལྷའི་གནས་གསུམ་གྱིས་འཕགས་ཏེ་ཞེས་བྱ་བ་ནས་རྒྱས་པར་སྦྱར་ཏེ། དེ་དེ་ནས་ཤི་འཕོས་ནས་ཁམས་འདིར་མི་རྣམས་དང་སྐལ་བ་མཉམ་པར་སྐྱེའོ་ཞེས་བྱ་བའི་བར་དུ་སྦྱར་རོ། །དེ་འདིར་རྒྱལ་པོའི་ཕོ་བྲང་དམ། མདུན་ན་འདོན་གྱི་ཁྱིམ་དུ་སྐྱེ་བར ་འགྱུར་ཏེ། དེར་བྱང་ཆུབ་སེམས་དཔའ་དེས། སྐྱེས་བུ་ཆེན་པོའི་མཚན་སོར་མོ་རིང་བ་དང། རྐང་བའི་རྟིང་པ་ཡངས་པ་དང། ལུས་ཆེ་ཞིང་དྲང་བ་ཐོབ་པར་འགྱུར་རོ། །དེའི་སྔ་ལྟས་ནི་འདི་ཡིན་ཏེ། གལ་ཏེ་ཁྱིམ་པར་འདུག་ཅིང་ཁྱིམ་ན་གནས་ན་ནི ་འཁོར་ལོས་སྒྱུར་བའི་རྒྱལ་པོ་མཛའ་བཞིར་རྒྱལ་ཞེས་བྱ་བ་ནས་རྒྱས་པར་སྦྱར་ཏེ། ཚེ་རིང་ཞིང་ཡུན་རིང་དུ་གནས་པར་འགྱུར་བ་དང། བཀུར་སྟི་བྱེད། བླ་མར་བྱེད། རི་མོར་བྱེད། མཆོད་པ་བྱེད་ཅེས་བྱ་བའི་བར་དུ་རྒྱས་པར་སྦྱར་རོ། །གལ་ཏེ་སྐྲ་དང། ཁ་སྤུ་བྲེགས་ཏེ ་ཞེས་བྱ་བ་ནས། རབ་ཏུ་བྱུང་ན་ནི་འཇིག་རྟེན་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འགྱུར་ཏེ། སྒྲ་ཆེར་གྲགས་པར་འགྱུར་རོ་ཞེས་བྱ་བའི་བར་དུ་གསུངས་ཏེ། བཅོམ་ལྡན་འདས་ཀྱིས་བཞེད་ན་བསྐལ་པ་འམ། བསྐལ་པ ་ལས་ལྷག་པར་ཡང་སྐུ་ཚེ་རིང་ཞིང་ཡུན་རིང་དུ་གནས་པར་འགྱུར་བ་དང། བཀུར་སྟི་བྱེད། བླ་མར་བྱེད། ཅེས་བྱ་བའི་བར་དུ་རྒྱས་པར་སྦྱར་ཏེ། འདི་ནི་དེའི་སྔ་ལྟས་ཡིན་ནོ། །འདི་ལ་ཆོས་ཉིད་ནི་འདི་ཡིན་ཏེ། དེ་ལ་འདི་སྐད་ཅེས་བྱའོ། །གང་ཚེ་རྒྱལ་པོ་སོར་མོ་རིང་བར ་གྱུར་པ་དང། །ཞབས་ཀྱི་རྟིང་ཡང་སྐུ་ཆེ་དྲང་བར་གྱུར་བ་ནི། །སྲོག་ཆགས་སྲོག་གཅོད་པ་ལས་སླར་ནི་ལོག་གྱུར་དང། །མ་བྱིན་པ་དང། རྐུ་བ་སྤངས་པར་གྱུར་པ་དང། །དགེ་སྦྱོང་བྲམ་ཟེ་རྣམས་ལ་གསོད་པོར་སྨྲ་བ་དང། །དེས་ནི་བླ་མ་རྣམས་ལ་ལྡན་ཞིང་སྟན་བྱིན ་པའི། །ལས་དགེ་བདེ་བ་བསྐྱེད་པ་རྣམ་སྨིན་དགེ་བ་དེ། །སྐྱེ་བ་གཞན་དག་ཏུ་ནི་སྟོན་པ་མཛད་པའི་ཕྱིར། །སྟོན་པ་དེ་ལ་ལས་ཀྱི་རྣམ་སྨིན་དེ་འདྲ་བའི། །མཚན་རྣམས་སྐུ་ལ་བྱུང་སྟེ་གསུམ་དང་གསུམ་དུ་སྦྱར། །ཅིའི་ཕྱིར་བྱང་ཆུབ་སེམས་དཔས་སྐྱེས་བུ་ཆེན་པོའི་མཚན ་ལག་པ་དང་རྐང་པ་དྲ་བ་དང་ལྡན་པ་ཐོབ་ཅེ་ན། སྨྲས་པ། བྱང་ཆུབ་སེམས་དཔས་ནི་སྔོན་གྱི་སྲིད་པ་ཞེས་བྱ་བ་ན་རྒྱས་པར་སྦྱར་ཏེ། བསྡུ་བའི་དངོས་པོ་བཞིས་འཁོར་བསྡུས་ཏེ། འདི་ལྟ་སྟེ། སྦྱིན་པ་དང། སྙན་པར་སྨྲ་བ་དང། དོན་སྤྱོད་པ་དང། དོན་མཐུན་པས ་སོ། །དེ་ལས་དེ་དང། ཡང་དག་པར་བླངས་པ་དེ་ལྟ་བུ་དང། ཡང་དག་པར་གཟུང་བ་དེ་ལྟ་བུས་ལུས་ཞིག་ནས་དགའ་ལྡན་གྱི་ལྷ་རྣམས་དང་སྐལ་བ་མཉམ་པར་སྐྱེའོ་ཞེས་བྱ་བས་ནས་རྒྱས་པར་སྦྱར་ཏེ། དེ་དེ་ནས་ཤི་འཕོས་ནས་ཁམས་འདིར་མི་རྣམས་དང་སྐལ ་བ་མཉམ་པར་སྐྱེའོ་ཞེས་བྱ་བའི་བར་དུ་སྦྱར་རོ། །དེ་འདིར་རྒྱལ་པོའི་ཕོ་བྲང་དམ། མདུན་ན་འདོན་གྱི་ཁྱིམ་དུ་སྐྱེ་བར་འགྱུར་ཏེ། དེར་བྱང་ཆུབ་སེམས་དཔའ་དེས། སྐྱེས་བུ་ཆེན་པོའི་མཚན་ལག་པ་དང་རྐང་པ་དྲ་བ་དང་ལྡན་པ་ཐོབ་པར་འགྱུར ་རོ། །དེའི་སྔ་ལྟས་ནི་འདི་ཡིན་ཏེ། གལ་ཏེ་ཁྱིམ་ན་ཁྱིམ་པར་འདུག་ཅིང་ཁྱིམ་ན་གནས་ན་ནི་འཁོར་ལོས་སྒྱུར་པའི་རྒྱལ་པོ་མཛའ་བཞིར་རྒྱལ་བ་ཞེས་བྱ་བ་ནས་རྒྱས་པར་སྦྱར་ཏེ། བཙུན་མོའི་འཁོར་དང། གཞོན་ནུ་རྣམས་དང། བློན་པོ་རྣམས་དང། གཙོ་བོ ་དང། དམག་གི་རུ་དང། གྲོང་མི་དང། ཡུལ་གྱི་མི་རྣམས་ཀྱིས་བསྟེན་པ་དང། བཀུར་སྟི་བྱེད་པ་ནས་རྒྱས་པར་སྦྱར་རོ། །གལ་ཏེ་སྐྲ་དང་ཁ་སྤུ་རྣམས་བྲེགས་ཏེ་གོས་ངུར་སྨྲིག་དག་བགོས་ནས། དད་པས་ཁྱིམ་ནས་ཁྱིམ་མེད་པར་ལགས་པ་ཁོ་ནར་རབ ་ཏུ་བྱུང་ན་ནི་འཇིག་རྟེན་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འགྱུར་ཏེ། སྒྲ་ཆེར་གྲགས་པར་འགྱུར་རོ་ཞེས་གསུངས་ཏེ། དགེ་སློང་རྣམས་དང། དགེ་སློང་མ་རྣམས་དང། དགེ་བསྙེན་རྣམས་དང། དགེ ་བསྙེན་མ་རྣམས་དང། གཞན་མུ་སྟེགས་ཅན་དང། དགེ་སྦྱོང་དང། བྲམ་ཟེ་དང། སྤྱོད་པ་པ་དང། ཀུན་ཏུ་རྒྱུ་རྣམས་ཀྱིས་བསྟེན་པ་དང། བཀུར་སྟི་བྱེད། བླ་མར་བྱེད་ཅེས་བྱ་བ་ནས་རྒྱས་པར་སྦྱར་ཏེ། འདི་ནི་དེའི་སྔ་ལྔས་ཡིན་ནོ། །འདི་ལ་ཆོས་ཉིད་ནི ་འདི་ཡིན་ཏེ། །དེ་ལ་འདི་སྐད་ཅེས་བྱའོ། །གང་གི་ལག་པ་རྐང་པ་ལ། །དྲ་བར་ལྡན་པ་ཡོངས་རྫོགས་པ། །ངང?་པའི་རྒྱལ་པོ་ཇི་ལྟ་བར། སྐྱེས་བུ་མཆོག་ཀྱང་དེ་དང་འདྲ། །འདིར་ནི་སེམས་ཅན་རྣམས་ལ་ཡང། །སྦྱིན་དང་སྙན་པར་སྨྲ་བ་དང། །དོན ་སྤྱོད་དང་ནི་དོན་མཐུན་པ། །དེ་དང་དེ་ལ་ཅི་རིགས་པར། །བསྡུ་བའི་དངོས་པོ་བཞི་རྣམས་ཀྱིས། །སྔོན་གྱིས་བསྡུས་པར་གྱུར་པས་ན། །ལས་ཀྱི་རྣམ་པར་སྨིན་པ་དེས། །ལག་དང་རྐང་པ་དྲ་བར་ལྡན། །ཅིའི་ཕྱིར་བྱང་ཆུབ་སེམས་དཔའ་སྐྱེས་བུ་ཆེན་པོའི ་མཚོན་ལག་པ་དང་རྐང་པ་འཇམ་ཞིང་གཞོན་ཤ་ཆགས་པ་ཐོབ་ཅེ་ན། སྨྲས་པ། བྱང་ཆུབ་སེམས་དཔས་ནི་སྔོན་གྱི་སྲིད་པ་ཞེས་བྱ་བ་ནས་རྒྱས་པར་སྦྱར་ཏེ། ཕ་མ་དང། ཉི་དུ་དང། རྒན་རབས་དང། བླ་མ་ལྟ་བུ་རྣམས་དང། གཞན་ཡང་དགེ་སྦྱོང་དང། བྲམ་ཟེ་གནོད་པར་བྱ་བ ་མ་ཡིན་པ་དང། གནོད་པར་བྱ་བ་ལ་མི་དགའ་བ་གང་ཡིན་པ་དེ་དག་ཡིན་པ་དེ་དག་ལ་ལུས་བསྐུ་ཞིང་དྲིལ་བ་དང། །ཁྲུས་བྱ་བ་དང། མར་དང་ཏིལ་མར་རྣམས་ཀྱིས་དད་པའི་སེམས་ཀྱིས་རང་གི་ལག་གི་བྱི་དོར་བྱས་ཏེ། དེ་ལས་དེ་དང། ཡང་དག་པར་བླངས་པ་དེ་ལྟ་བུ ་དང། ཡང་དག་པར་བཟུང་བ་དེ་ལྟ་བུས་ལུས་ཞིག་ནས་དགའ་ལྡན་གྱི་ལྷ་རྣམས་དང་སྐལ་པ་མཉམ་པར་སྐྱེའོ་ཞེས་བྱ་བ་ནས་རྒྱས་པར་སྦྱར་ཏེ། དེ་དེ་ནས་ཤི་འཕོས་ནས། ཁམས་འདིར་མི་རྣམས་དང་སྐལ་བ་མཉམ་པར་སྐྱེའོ་ཞེས་བྱ་བ་ནས་རྒྱས་པར་སྦྱར་རོ། །དེར ་བྱང་ཆུབ་སེམས་དཔའ་དེས་སྐྱེས་བུ་ཆེན་པོའི་མཚན་ལག་པ་དང་རྐང་པ་འཇམ་ཞིང་གཞོན་ཤ་ཆགས་པ་ཐོབ་པར་འགྱུར་རོ། །དེའི་སྔ་ལྟས་ནི་འདི་ཡིན་ཏེ། གལ་ཏེ་ཁྱིམ་པར་འདུག་ཅིང་ཁྱིམ་ན་གནས་ན་ནི་འཁོར་ལོས་སྒྱུར་བའི་རྒྱལ་པོ་མཛའ་བཞིར་རྒྱལ་བ ་ཞེས་བྱ་བ་ནས་རྒྱས་པར་སྦྱར་ཏེ། ལུས་བསྐུ་ཞིང་དྲིལ་བ་དང། ཁྲུས་བྱ་བ་དང། མར་དང་ཏིལ་མར་རྙེད་ཅེས་བྱ་བ་དང། བཀུར་སྟི་བྱེད། བླ་མར་བྱེད་ཅེས་བྱ་བ་རྒྱས་པར་སྦྱར་རོ། །གལ་ཏེ་སྐྲ་དང་ཁ་སྤུ་རྣམས་བྲེགས་ཏེ་གོས་ངུར་སྨྲིག་དག་བགོས་ནས། དད་པས་ཁྱིམ ་ནས་ཁྱིམ་མེད་པར་ལེགས་པ་ཁོ་ནར་རབ་ཏུ་བྱུང་ན་ནི་འཇིག་རྟེན་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འགྱུར་ཏེ། སྒྲ་ཆེར་གྲགས་པར་འགྱུར་རོ་ཞེས་གསུངས་ཏེ། ལུས་བསྐུ་ཞིང་དྲིལ་བ་དང། ཁྲུས་བྱ་བ་དང། མར ་དང། ཏིལ་མར་རྣམས་རྙེད་ཅེས་བྱ་བ་དང། བཀུར་སྟི་བྱེད། བླ་མར་བྱེད་ཅེས་བྱ་བ་ནས་རྒྱས་པར་སྦྱར་ཏེ། འདི་ནི་དེའི་སྔ་ལྟས་ཡིན་ནོ། །འདི་ལ་ཆོས་ཉིད་ནི་འདི་ཡིན་ཏེ། དེ་ལ་འདི་སྐད་ཅེས་བྱའོ། །ཤིང་བལ་གྱི་ནི་འདའ་བ་ལྟར། །ལག་པ་རྐང་པ་འཇམ་པ་དང། །རེག་ན ་བདེ་བར་འགྱུར་བ་ཡི། །མཚན་དེ་གང་གིས་ཐོབ་ཅེ་ན། །བསྐུ་ཞིང་དྲིལ་དང་ཁྲུས་བྱས་གང། །མར་དང་ཏིལ་མར་སྦྱིན་པ་དང། །དེས་ན་དེའི་རྐང་ལག་ནི། །འཇམ་ཞིང་རེག་ན་བདེ་བ་ཡིན། །ཅིའི་ཕྱིར་བྱང་ཆུབ་སེམས་དཔས་སྐྱེས་བུ་ཆེན་པོའི་མཚན ་རྐང་པ་ལོང་མོའི་ཚིགས་མི་མངོན་པ་དང། ལུས་ཀྱི་སྤུ་གྱེན་དུ་ཕྱོགས་པ་གཉིས་ཐོབ་ཅེ་ན། སྨྲས་པ། བྱང་ཆུབ་སེམས་དཔས་ནི་སྔོན་གྱི་སྲིད་པ་ཞེས་བྱ་བ་ནས་རྒྱས་པར་སྦྱར་ཏེ། དགེ་བའི་ཆོས་འདི་ལྟ་སྟེ། བདེ་བ་འམ། ཚུལ་ཁྲིམས་སམ། གཏོང་བ་འམ། བརྟུལ ་ཞུགས་སམ། ཡི་དམ་གང་དང་གང་ཡང་དག་པར་བླངས་ཏེ་གནས་པར་གྱུར་ཀྱང་རུང་སྟེ། དེ་ལན་འགའ་ཡང་དམའ་བས་མཆོག་པར་མི་འཛིན་ཅིང། །ཆེས་གོང་ནས་གོང་དུ་ཁྱད་པར་ཤིན་ཏུ་འདོད་པས་ཤས་ཆེར་གནས་ཏེ། དེ་ལས་དེ་དང། ཡང ་དག་པར་བླངས་པ་དེ་ལྟ་བུ་དང། ཡང་དག་པར་བཟུང་བ་དེ་ལྟ་བུས་ལུས་ཞིག་ནས་དགའ་ལྡན་གྱི་ལྷ་རྣམས་དང་སྐལ་བ་མཉམ་པར་སྐྱེའོ། །དེ་ནས་ཤི་འཕོས་ནས། ཁམས་འདིར་ནི་མི་རྣམས་དང་སྐལ་པ་མཉམ་པར་སྐྱེའོ་ཞེས་བྱ་བ་ནས་རྒྱས་པར་སྦྱར ་ཏེ། དེར་བྱང་ཆུབ་སེམས་དཔའ་དེས་སྐྱེས་བུ་ཆེན་པོའི་མཚན་རྐང་པ་ལོང་མོའི་ཚིགས་མི་མངོན་པ་དང། ལུས་ཀྱི་སྤུ་གྱེན་དུ་ཕྱོགས་པ་གཉིས་ཐོབ་པར་འགྱུར་རོ། །དེའི་སྔ་ལྟས་ནི་འདི་ཡིན་ཏེ། གལ་ཏེ་ཁྱིམ་པར་འདུག་ཅིང་ཁྱིམ་ན་གནས་ན་ནི་འཁོར ་ལོས་སྒྱུར་བའི་རྒྱལ་པོ་མཛའ་བཞིར་རྒྱལ་བ་ཞེས་བྱ་བ་ནས་རྒྱས་པར་སྦྱར་ཏེ། གྲོང་རྣམས་དང། གྲོང་ཁྱེར་རྣམས་དང། ལྗོངས་རྣམས་ཀྱིས་འཕེལ་བར་འགྱུར་བ་དང། བཀུར་སྟི་བྱེད། བླ་མར་བྱེད་ཅེས་བྱ་བ་ནས་རྒྱས་པར་སྦྱར་རོ། །གལ་ཏེ་སྐྲ་དང་ཁ ་སྤུ་རྣམས་བྲེགས་ཏེ་ཞེས་བྱ་བ་ནས། རབ་ཏུ་བྱུང་ན་ནི་འཇིག་རྟེན་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འགྱུར་ཏེ། སྒྲ་ཆེར་གྲགས་པར་འགྱུར་རོ་ཞེས་བྱ་བའི་བར་དུ་གསུངས་ཏེ། ངེས་པར་འབྱུང་བ་དང། དབེན ་པ་ལས་སྐྱེ་བའི་དགེ་བའི་ཆོས་རྣམས་ཀྱིས་འཕེལ་བ་དང། བཀུར་སྟི་བྱེད་ཅེས་བྱ་བ་ནས་རྒྱས་བར་སྦྱར་ཏེ། འདི་ནི་དེའི་སྔ་ལྔས་ཡིན་ནོ། །འདི་ལ་ཆོས་ཉིད་ནི་འདི་ཡིན་ཏེ། དེ་ལ་འདི་སྐད་ཅེས་བྱའོ། །གང་ཚེ་བདེ་གཤེགས་ཞབས་ཀྱི་ལོང་མའི་ཚིགས་མི་མངོན། །གང་ཚེ་དེའི་སྤུ ་རྣམས་གྱེན་དུ་ཕྱོགས་གྱུར་པ། །བདེན་པ་དང་ནི་ཚུལ་ཁྲིམས་བརྟུལ་ཞུགས་གཏོང་བ་དང། །ཆོས་དགེ་བདེ་བསྐྱེད་པ་གཞན་རྣམས་གང་ཡིན་པ། །དེ་དག་གོང་ནས་གོང་དུ་ཁྱད་པར་འདོད་བྱེད་ཅིང། །བཟང་ཞིང་དཀར་བ་རྣམས་ཀྱི་ཚིག་པར་མི་འཛིན་པ། །དེས་ན་དེར་ཡང ་ཁྱད་པར་ཐོབ་པར་འགྱུར། །དེ་ཕྱིར་དེ་ཡི་ལུས་ལ་མཚན་ནི་རྣམ་གཉིས་འབྱུང། །ཅིའི་ཕྱིར་བྱང་ཆུབ་སེམས་དཔས་སྐྱེས་བུ་ཆེན་པོའི་མཚན་རྗེ་དར་རི་དགས་ཨེ་ཎེ་ཡའི་ལྟ་བུ་ཐོབ་ཅེ་ན། སྨྲས་པ། བྱང་ཆུབ་སེམས་དཔས་ནི་སྔོན་གྱི་སྲིད་པ་ཞེས་བྱ་བ་ནས་རྒྱས ་པར་སྦྱར་ཏེ། གུས་པས་ཆོས་བླངས་པ་དང། བཟུང་བ་དང། འཛིན་དུ་བཅུག་པ་དང། ཀླགས་པ་དང། གཞན་ཡང་བྱང་ཆུབ་སེམས་དཔས་སེམས་ཅན་སྐྱེ་བའི་ཆོས་ཅན་རྣམས་ཀྱི་སྐྱེ་བ་སྤང་བའི་ཕྱིར་ཆོས་སྟོན་པ་དང། སེམས་ཅན་རྒ་བའི་ཆོས་ཅན་རྣམས་དང། ་ན་བ་དང། འཆི་བ་དང། མྱ་ངན་དང། སྨྲེ་སྔགས་འདོན་པ་དང། སྡུག་བསྔལ་བ་དང། ཡིད་མི་བདེ་བ་དང། འཁྲུག་པའི་ཆོས་ཅན་རྣམས་ཀྱི་འཁྲུག་པ་སྤང་བའི་ཕྱིར། ཆོས་བསྟན་པ་དང། གཞན་ཡང་བྱང་ཆུབ་སེམས་དཔས་ཕ་མ་དང། ཉེ་དུ་དང། རྒན་རབས་དང། ་བླ་མ་ལྟ་བུ་རྣམས་དང། གཞན་ཡང་དགེ་སྦྱོང་དང། བྲམ་ཟེ་གནོད་པར་བྱ་བ་མ་ཡིན་པ་དང། གནོད་པར་བྱ་བ་ལ་མི་དགའ་བ་གང་ཡིན་པ་དེ་དག་གི་ཆོས་དང་མཐུན་པའི་ཕྲིན་རྣམས་དུས་བཞིན་དུ་བསྐྱལ་ཏེ། དེ་ལས་དེ་དང། ཡང་དག་པར་བླངས་པ་དེ་ལྟ་བུ ་དང། ཡང་དག་པར་བཟུང་བ་དེ་ལྟ་བུས་ལུས་ཞིག་ནས་དགའ་ལྡན་གྱི་ལྷ་རྣམས་དང་སྐལ་པ་མཉམ་པར་སྐྱེའོ་ཞེས་བྱ་བ་ནས་རྒྱས་པར་སྦྱར་རོ། །དེ་དེ་ནས་ཤི་འཕོས་ནས་ཁམས་འདིར་མི་རྣམས་དང་སྐལ་པ་མཉམ་པར་སྐྱེའོ་ཞེས་བྱ་བའི་བར་དུ་རྒྱས་པར་སྦྱར ་ཏེ། དེར་བྱང་ཆུབ་སེམས་དཔའ་དེས་སྐྱེས་བུ་ཆེན་པོའི་མཚན་རྗེ་དར་རི་དགས་ཨེ་ཎེ་ཡའི་ལྟ་བུ་ཐོབ་པར་འགྱུར་རོ། །དེའི་སྔ་ལྟས་ནི་འདི་ཡིན་ཏེ། གལ་ཏེ་ཁྱིམ་པར་འདུག་ཅིང་ཁྱིམ་ན་གནས་ན་ནི་འཁོར་ལོས་སྒྱུར་བའི་རྒྱལ་པོ་མཛའ་བཞིར ་རྒྱལ་བ་ཞེས་བྱ་བ་ནས་རྒྱས་པར་སྦྱར་ཏེ། དྲན་པ་དང་ལྡན་པའི་མཆོག་དང། བློ་གྲོས་དང་ལྡན་པའི་མཆོག་དང། བཀུར་སྟི་བྱེད། བླ་མར་བྱེད་ཅེས་བྱ་བ་ནས་རྒྱས་པར་སྦྱར་རོ། །གལ་ཏེ་སྐྲ་དང་ཁ་སྤུ་རྣམས་བྲེགས་ཏེ་ཞེས་བྱ་བ་ནས། རབ་ཏུ་བྱུང་ནས་འཇིག་རྟེན ་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འགྱུར་ཏེ། སྒྲ་ཆེར་གྲགས་པར་འགྱུར་རོ་ཞེས་བྱ་བའི་བར་དུ་གསུངས་ཏེ། དྲན་པ་དང་ལྡན་པའི་མཆོག་དང། བློ་གྲོས་དང་ལྡན་པའི་མཆོག་དང། བཀུར་སྟི་བྱེད། བླ་མར་བྱེད ་ཅེས་བྱ་བ་ནས་རྒྱས་པར་སྦྱར་ཏེ། འདི་ནི་དེའི་སྔ་ལྟས་ཡིན་ནོ། །འདི་ལ་ཆོས་ཉིད་ནི་འདི་ཡིན་ཏེ། དེ་ལ་འདི་སྐད་ཅེས་བྱའོ། །གང་ཚེ་བདེ་བར་གཤེགས་པའི་རྗེ་དར་ནི། །ེ་ཎེ་ཡའི་འདྲ་གུས་པས་ཆོས་འཛིན་དང། །འགྲོ་ལ་ཕན་ཕྱིར་ཆོས་རྣམས་སྟོན་པ་དང། ་མང་པོ་རྣམས་ལ་ཐུགས་བརྩེ་དོན་མཛད་དང། །ཕ་དང་མ་དང་དགེ་སྦྱོང་བྲམ་ཟེ་ཡི། །ཕྲིན་གྱི་བྱ་བ་སླན་ཆད་མཛད་གྱུར་པ། །ལས་དགེ་བདེ་བ་སྐྱེས་པར་བྱེད་པ་འདི། །ཚེ་རབས་གཞན་དུ་སྔོན་པ་དེས་མཛད་དེ། །ལས་ཀྱི་རྣམ་པར་སྨིན་པ་དེ་ཉིད་ཀྱིས། །རྗེ་དར ་ཨེ་ཎེ་ཡའི་ལྟ་བུར་གྱུར། །ཅིའི་ཕྱིར་བྱང་ཆུབ་སེམས་དཔས་སྐྱེས་བུ་ཆེན་པོའི་མཚན་ཤིང་ནྱེ་གྲོ་དྷ་ལྟ་བུར་ཆུ་ཞིང་གབ?་བ་དང། ལུས་མ་བཏུང་བར་ལག་པས་བུས་མོའི་ལྷང་སླེབས་པ་གཉིས་ཐོབ་ཅེ་ན། སྨྲས་པ། བྱང་ཆུབ་སེམས་དཔས་ནི་སྔོན་གྱི་སྲིད་པ ་ཞེས་བྱ་བ་ནས་རྒྱས་པར་སྦྱར་ཏེ། གནོད་པར་མི་བྱེད་པའི་རང་བཞིན་ཅན་དུ་གྱུར་པས་ངེས་སུ་ལ་ཡང་ལུས་དང་ངག་དང་ཡིད་ཀྱི་གནོད་པར་མ་བྱས་པ་དང། གཞན་ཡང་བྱང་ཆུབ་སེམས་དཔའ་ཟས་ལ་ཚོང་རིག་པར་གྱུར་ཏེ། རན་པར་བྱེད་ཅིང་ལྟོ་མི་ཆེ་བ་དང། ་ལྟོ་འདུན་མི་བྱེད་ཅིང་ལྟོ་འདུན་གྱི་སྦྱོར་བ་ལ་མི་བརྩོན་པ་དང། གཞན་ཡང་བྱང་ཆུབ་སེམས་དཔས་ནི། འདི་ལྟ་སྟེ། ཟས་དང། སྐོམ་དང། བཅའ་བ་དང། བཟའ་བ་དང། གོས་དང། སྤོས་དང། མེ་ཏོག་ཕྲེང་དང། བྱུག་པ་དང། མལ་ཆ་དང། སྟན་དང། གནས ་དང། མར་མེའི་སྦྱིན་པ་རྣམས་རང་གིས་ལག་གིས་གུས་པ་དང། བརྙས་པ་མེད་པར་དུས་སུ་སྦྱིན་པ་དང། གཞན་ཡང་བྱང་ཆུབ་སེམས་དཔས་ཕ་མ་དང། ཉེ་དུ་དང། རྒན་རབས་དང། བླ་མ་ལྟ་བུ་རྣམས་དང། གཞན་དགེ་སྦྱོང་དང། བྲམ་ཟེ་གནོད་པར་བྱ་བ་མ ་ཡིན་པ་དང། གནོད་པར་བྱ་བ་ལ་མི་དགའ་བ་གང་ཡིན་པ་དེ་དག་ན་བ་དང། སྡུག་ཅིང་འཕོངས་པ་རྣམས་དང། ནང་ཚབ་ཆེ་བ་རྣམས་ལ་མཐུན་པའི་སྨན་རྣམས་དང། ཕན་པའི་ཟས་རྣམས་དང། རྐྱེན་འཚམ་པའི་གཡོག་རྣམས་བྱིན་ཏེ། དེ་ལས་དེ་དང། ་ཡང་དག་པར་བླངས་པ་དེ་ལྟ་བུ་དང། ཡང་དག་པར་བཟུང་པ་དེ་ལྟ་བུས་ལུས་ཞི་གནས་དགའ་ལྡན་གྱི་ལྷ་རྣམས་དང་སྐལ་བ་མཉམ་པར་སྐྱེའོ་ཞེས་བྱ་བ་ནས་རྒྱས་པར་སྦྱར་ཏེ། དེ་དེ་ནས་ཤི་འཕོས་ནས་ཁམས་འདིར་མི་རྣམས་དང་སྐལ་བ་མཉམ་པར ་སྐྱེའོ་ཞེས་བྱ་བའི་བར་དུ་རྒྱས་པར་སྦྱར་ཏེ། དེར་བྱང་ཆུབ་སེམས་དཔའ་དེས་སྐྱེས་བུ་ཆེན་པོའི་མཚན་ཤིང་ནྱ་གྲོ་དྷ་ལྟར་ཆུ་ཞིང་གབ་པ་དང། ལུས་མ་བཏུང་པར་ལག་པས་པུས་མོའི་ལྷ་ང་སླེབས་པ་གཉིས་ཐོབ་པར་འགྱུར་རོ། །དེའི་སྔ་ལྟས་ནི་འདི་ཡིན ་ཏེ། གལ་ཏེ་ཁྱིམ་པར་འདུག་ཅིང་ཁྱིམ་ན་གནས་ན་ནི་འཁོར་ལོས་སྒྱུར་བའི་རྒྱལ་པོ་མཛའ་བཞིར་རྒྱལ་བ་ཞེས་བྱ་བ་ནས་རྒྱས་པར་སྦྱར་ཏེ། གནོད་པ་མེད་ཅིང་ནད་མེད་པའི་རང་བཞིན་ཅན་དང། བཀུར་སྟི་བྱེད། བླ་མར་བྱེད་ཅེས་བྱ་བ་ནས་རྒྱས་པར་སྦྱར་རོ། །གལ ་ཏེ་སྐྲ་དང་ཁ་སྤུ་རྣམས་བྲེགས་ཏེ། གོས་ངུར་སྨྲིག་དག་དགོས་ནས་ཞེས་བྱ་བ་ནས་རབ་ཏུ་བྱུང་ན་ནི། འཇིག་རྟེན་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འགྱུར་ཏེ། སྒྲ་ཚེར་གྲགས་པར་འགྱུར་རོ་ཞེས་བྱ་བའི་བར་དུ ་གསུངས་ཏེ། གནོད་པ་མེད་ཅིང་ནང་མེད་པའི་རང་བཞིན་ཅན་དང། བཀུར་སྟི་བྱེད། བླ་མར་བྱེད་ཅེས་བྱ་བའི་བར་དུ་རྒྱས་པར་སྦྱར་ཏེ། འདི་ནི་དེའི་སྔ་ལྟས་ཡིན་ནོ། །འདི་ལ་ཆོས་ཉིད་ནི་འདི་ཡིན་ཏེ། དེ་ལ་འདི་སྐད་ཅེས་བྱའོ། །ཆུ་ཞེང་གབ་པ ་ནྱ་གྲོ་དྷ། །ལྗོན་པ་ཆེན་པོ་སྡོང་པོར་ལྡན། །ཡལ་ག་ལོ་མ་ཕུན་སུམ་ཚོགས། །སྐྱེས་བུ་མཆོག་ནི་དེ་དང་འདྲ། །ལུས་ནི་ཐུར་དུ་མ་བདུད་པར། །གྱེན་དུ་ལངས་ཏེ་འདུག་བཞིན་དུ། །པུས་མོའི་ལྷ་ང་གཉིས་ག་ཡང། །ལག་པ་གཉིས་ཀྱིས་ཀུན་ཏུ་སླེབས། ། ་ལུས་དང་ངག་དང་དེ་བཞིན་ཡིད་ཀྱིས་ཀྱང། །འཇིག་རྟེན་སུ་ལ་འང་གནོད་པ་ཡོད་མི་བྱེད། །དེ་བཞིན་མཁས་བ་ཟས་ལ་རན་པར་བྱེད། །དེས་ནི་དེ་དང་དེ་ལ་ཚོད་ཀྱང་རིག་།གུས་པར་དུས་སུ་བརྙས་པ་མེད་པར་ནི། །སྔོན་གྱི་སྐྱེ་བར་སྦྱིན་པ་དག་ཀྱང་བྱིན། ། ་ཟས་དང་སྐོམ་དང་དེ་བཞིན་གོས་རྣམས་དང། །སྤོས་དང་མེ་ཏོག་ཕྲེང་དང་བྱུག་པ་དང། །བདུག་པ་ཕྱེ་མ་དེ་བཞིན་མལ་ཆ་དང། །བཞོན་པ་དེ་བཞིན་གནས་དད་མར་མེ་དང། །ནས་ཀྱི་གསོས་དང་སྨན་རྣམས་ཕ་མ་དང། །དགེ་སྤྱོད་བྲམ་ཟེ་རྣམས་ལ་སྔོན ་བྱིན་ཏེ། །ལས་དགེ་བདེ་བ་སྐྱེད་པར་བྱེད་པ་འདི། །ཚེ་རབས་གཞན་དུ་སྟོན་པ་དེས་མཛད་དེ། །ལས་ཀྱི་རྣམ་པར་སྨིན་པ་དེ་ཡིས་ན། །སྟོན་པའི་སྐུ་ལ་མཚན་ནི་འདི་གཉིས་བྱུང། །ཅིའི་ཕྱིར་བྱང་ཆུབ་སེམས་དཔས་སྐྱེས་བུ་ཆེན་པོའི་མཚན་འདོམས་ཀྱི་སྦ ་བ་སྤུབས་སུ་ནུབ་པ་ཐོབ་ཅེ་ན། །སྨྲས་པ། བྱང་ཆུབ་སེམས་དཔས་ནི་སྔོན་གྱི་སྲིད་པ་ཞེས་བྱ་བ་ནས་རྒྱས་པར་སྦྱར་ཏེ། ཕ་མ་དང། ཉེ་ངུ་དང། རྒན་རབས་དང། བླ་མ་ལྟ་བུ་རྣམས་དང། གཞན་དགེ་སྦྱོང་དང། བྲམ་ཟེ་གནོད་པར་བྱ་བ་མ་ཡིན་པ ་དང། གནོད་པར་བྱ་བ་ལ་མི་དགའ་བ་གང་ཡིན་པ་དེ་དག་གྲོང་དང། ཞིང་གང་ནས་སྤྱུགས་པ་དང་སྤངས་པ་དེ་དག་ཕྱིར་ཆུད་བར་བྱ་བའི་ཕྱིར་ཤིན་ཏུ་སྤྲོ་བ་དྲག་པོ་བྱས་པ་དང། གཞན་ཡང་བྱང་ཆུབ་སེམས་དཔས་ནི་བྱ་བ་དང། དོན་ལ་གསོལ་བ ་བཏབ་པ་གང་ཡིན་པ་རྣམས་དང། ཕོངས་པ་བྱུང་ངོ་ཅིག་ཏུ་དེ་དག་བསྒྲལ་བ་དང། ཀུན་ཏུ་བསྒྲལ་བ་དང། ཀུན་ཏུ་རབ་ཏུ་བསྒྲོལ་བའི་ཕྱིར་ཤིན་ཏུ་སྤྲོ་བ་དྲག་པོ་བྱས་ཏེ། དེ་གུས་པར་བྱེད་པ་དང། རྟག་ཏུ་བྱེད་པ་དང། གཞན་ཡང་བྱང་ཆུབ་སེམས་དཔའ་ངོ་ཚ་ཤེས་པ ་དང། ཁྲེལ་ཡོད་པར་གྱུར་པ་དང། གཅེར་བུ་རྣམས་འགེབས་པར་བྱེད་པ་ཡིན་ཏེ། དེ་ལས་དེ་དང། ཡང་དག་པར་བླངས་པ་དེ་ལྟ་བུ་དང། ཡང་དག་པར་བཟུང་བ་དེ་ལྟ་བུས་ལུས་ཞིག་ནས་དགའ་ལྡན་གྱི་ལྷ་རྣམས་དང་སྐལ་བ་མཉམ་པར་སྐྱེའོ་ཞེས་བྱ་བ་ནས ་རྒྱས་པར་སྦྱར་རོ། །དེ་དེ་ནས་ཤི་འཕོས་ནས་ཁམས་འདིར་མི་རྣམས་དང་སྐལ་བ་མཉམ་པར་སྐྱེའོ་ཞེས་བྱ་བའི་བར་དུ་རྒྱས་པར་སྦྱར་ཏེ། དེར་བྱང་ཆུབ་སེམས་དཔའ་དེས་སྐྱེས་བུ་ཆེན་པོའི་མཚན་འདོམས་ཀྱི་སྦ་བ་སྤུབས་སུ་ནུབ་པ་ཐོབ་པར་འགྱུར་རོ། །དེའི་སྔ་ལྟས ་ནི་འདི་ཡིན་ཏེ། གལ་ཏེ་ཁྱིམ་པར་འདུག་ཅིང་ཁྱིམ་ན་གནས་ན་ནི་འཁོར་ལོས་སྒྱུར་བའི་རྒྱལ་པོ་མཛའ་བཞིར་རྒྱལ་བ་ཞེས་བྱ་བ་ནས་རྒྱས་པར་སྦྱར་ཏེ། བཙུན་མོའི་འཁོར་དང། གཞོན་ནུ་རྣམས་དང། བློན་པོ་རྣམས་དང། གཙོ་བོ་དང། དམག་གི་རུ་དང། གྲོང ་མི་རྣམས་དང། ཡུལ་གྱི་མི་རྣམས་ཀྱིས་བསྲུང་བ་དང། སྲུང་དུ་བཅུག་པར་འགྱུར་བ་དང། བཀུར་སྟི་བྱེད། བླ་མར་བྱེད་ཅེས་བྱ་བ་ནས་རྒྱས་པར་སྦྱར་རོ། །གལ་ཏེ་སྐྲ་དང་ཁ་སྤུ་རྣམས་བྲེགས་ཏེ་གོས་ངུར་སྨྲིག་དག་བགོས་ནས་ཞེས་བྱ་བ་ནས་རབ་ཏུ་བྱུང ་ན་ནི་འཇིག་རྟེན་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འགྱུར་ཏེ། སྒྲ་ཆེར་གྲགས་པར་འགྱུར་རོ་ཞེས་བྱ་བའི་བར་དུ་གསུངས་ཏེ། དགེ་སློང་རྣམས་དང། དགེ་སློང་མ་རྣམས་དང། དགེ་བསྙེན་རྣམས་དང། དགེ ་བསྙེན་མ་རྣམས་ཀྱི་བསྲུང་བ་དང། སྲུང་དུ་བཅུག་པར་འགྱུར་བ་དང?་བཀུར་སྟི་བྱེད། བླ་མར་བྱེད་ཅེས་བྱ་བའི་བར་དུ་རྒྱས་པར་སྦྱར་ཏེ། འདི་ནི་དེའི་སྔ་ལྟས་ཡིན་ནོ། །དེ་ལ་འདི་སྐད་ཅེས་བྱའོ། །ཅིའི་རྒྱུས་ན་མི་མཆོག་གི་།འདོམས་ཀྱི་སྤ་བ་སྤུབས་སུ ་ནུབ། །སྤངས་དང་དེའི་ཐད་དུ་འོངས། །གང་ཡིན་དེ་ནི་སྔོན་བྱས་དང། །གཅེར་བུ་རྣམས་ནི་བཀབ་པ་དང། །ངོ་ཚ་ཤེས་དང་ཁྲེལ་ཡོད་པ། །དེས་ནི་སྤུབས་སུ་ནུབ་པར་འགྱུར། །ཅིའི་ཕྱིར་བྱང་ཆུབ་སེམས་དཔས་སྐྱེས་བུ་ཆེན་པོའི་མཚན་ལུས ་ཀྱི་པགས་པ་སྲབ་པ་དང། །སྤུ་རེ་རེ་ནས་སྐྱེ་བ་གཉིས་ཐོབ་ཅེ་ན། སྨྲས་པ། བྱང་ཆུབ་སེམས་དཔས་ནི་སྔོན་གྱི་སྲིད་པ་ཞེས་བྱ་བ་ནས་རྒྱས་པར་སྦྱར་ཏེ། དགེ་སྦྱོང་དང། བྲམ་ཟེ་གསལ་བ་དང། ཡིད་གཞུངས་པ་དང། མཁས་པ་དང། ཡོངས་སུ་རྫོགས་པར ་བྱེད་པ་གང་ཡིན་པ་དེ་དག་གི་ཐ་དད་དུ་སོང་ནས་བསྟེན་ཅིང་བསྙེན་བཀུར་བྱས་ནས། དགེ་བའི་ལས་ནི་གང་ཡིན། མི་དགེ་བའི་ལས་ནི་གང་ཡིན། ཁ་ན་མ་ཐོ་བ་མེད་པ་དང་ཁ་ན་མ་ཐོ་བ་དང་བཅས་པ་ནི་གང་ཡིན། གང་བྱས་ན་ནི་ལེགས་པར་འགྱུར་ཏེ། ་སྡིག་པར་མི་འགྱུར་ཞེས་དྲིས་ཤིང་དྲི་བའི་བྱ་བ་བྱས་ཏེ། དེ་དག་ལས་ཐོས་ནས་དེ་དང་དེ་བཞིན་ཉིད་དུ་བྱས་པ་དང། གཞན་ཡང་བྱང་ཆུབ་སེམས་དཔའ་ནི་རྟོགས་པར་བྱེད་ཅིང་སེམས་པའི་རང་བཞིན་ཅན་དུ་གྱུར་པ་དང། གཞན་ཡང་བྱང་ཆུབ་སེམས ་དཔའ་ནི་རྟག་པར་བྱེད་པ་ཡིན་ཏེ། ཕ་མ་དང། ཉེ་ངུ་དང། རྒན་རབས་དང། བླ་མ་ལྟ་བུ་རྣམས་དང། གཞན་ཡང་དགེ་སྦྱོང་དང། བྲམ་ཟེ་གནོད་པར་བྱ་བ་མ་ཡིན་པ་དང། གནོད་པར་བྱ་བ་ལ་མི་དགའ་བ་གང་ཡིན་པ་དེ་དག་ལ་དགའ་བ་དང། ཁྲུས་བྱ ་བ་དང། མཉེ་བ་བྱས་པ་དང། ས་ཕྱོགས་མི་གཙང་བ་རྣམས་གཙང་བར་བྱས་ཏོ། དག་པར་བྱས་ཤིང་ཕྱག་དང་བྱས་ནས་ཕྱག་དར་རྣམས་བོར་ཏེ། དེ་ལས་དེ་དང། ཡང་དག་པར་བླངས་པ་དེ་ལྟ་བུ་དང། ཡང་དག་པར་བཟུང་བ་དེ་ལྟ་བུས་ལུས་ཞིག་ནས ་དགའ་ལྡན་གྱི་ལྷ་རྣམས་དང་སྐལ་པ་མཉམ་པར་སྐྱེའོ་ཞེས་བྱ་བ་ནས་རྒྱས་པར་སྦྱར་རོ། །དེ་དེ་ནས་ཤི་འཕོས་ནས་ཁམས་འདིར་མི་རྣམས་དང་སྐལ་བ་མཉམ་པར་སྐྱེའོ་ཞེས་བྱ་བའི་བར་དུ་རྒྱས་པར་སྦྱར་ཏེ། དེར་བྱང་ཆུབ་སེམས་དཔའ་དེས་སྐྱེས་བུ ་ཆེན་པོའི་མཚན་ལུས་ཀྱི་པགས་པ་སྲབ་པ་དང། སྤུ་རེ་རེ་ནས་སྐྱེ་བ་གཉིས་འཐོབ་པར་འགྱུར་རོ། །དེའི?་སྔ་ལྟས་ནི་འདི་ཡིན་ཏེ། གལ་ཏེ་ཁྱིམ་པར་འདུག་ཅིང་ཁྱིམ་ན་གནས་ན་ནི་འཁོར་ལོས་སྒྱུར་བའི་རྒྱལ་པོ་མཛའ་བཞིར་རྒྱལ་བ་ཞེས་བྱ་བ་ནས་རྒྱས་པར་སྦྱར ་ཏེ། དྲན་པ་དང་ལྡན་པ་དང། བློ་གྲོས་དང་ལྡན་པར་འགྱུར་ཞིང། དྲན་པ་དང་ལྡན་པའི་མཆོག་དང། བློ་གྲོས་དང་ལྡན་པའི་མཆོག་དུ་འགྱུར་བ་དང། བཀུར་སྟི་བྱེད། བླ་མར་བྱེད་ཅེས་བྱ་བའི་བར་དུ་སྦྱར་རོ། །གལ་ཏེ་སྐྲ་དང་ཁུ་སྤུ་རྣམས་བྲེགས་ཏེ། གོས་ངུར་སྨྲིག ་དག་དགོས་ནས་ཞེས་བྱ་བ་ནས། རབ་ཏུ་བྱུང་ན་ནི་འཇིག་རྟེན་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འགྱུར་ཏེ། སྒྲ་ཆེར་གྲགས་པར་འགྱུར་རོ་ཞེས་བྱ་བའི་བར་དུ་གསུངས་ཏེ། དྲན་པ་དང་ལྡན་པ་དང། བློ་གྲོས་དང ་ལྡན་པར་འགྱུར་ཞིང། དྲན་པ་དང་ལྡན་པའི་མཆོག་དང། བློ་གྲོས་དང་ལྡན་པའི་མཆོག་ཏུ་འགྱུར་བ་དང། བཀུར་སྟི་བྱེད། བླ་མར་བྱེད་ཅེས་བྱ་བའི་བར་དུ་རྒྱས་པར་སྦྱར་ཏེ། འདི་ནི་དེའི་སྔ་ལྟས་ཡིན་ནོ། །འདི་ལ་ཆོས་ཉིད་ནི་འདི་ཡིན་ཏེ། དེ་ལ་འདི་སྐད ་ཅེས་བྱའོ། །གང་གིས་འདིར་ནི་སྟོན་པའི་པགས་པ་སྲབ། །གང་ཚེ་སྤུ་རྣམས་རེ་དེར་སྐྱེ་བར་འགྱུར། །མཁས་བརྟགས་མང་དུ་ཐོས་པ་བསྟེན་པ་དང། །རྟོགས་པར་བྱེད་ཅིང་སེམས་པར་གྱུར་པ་དང། ས་ཕྱོགས་རྣམས་ཀྱང་གཙང་མར་བྱས་པ ་དང། །བསྐུ་ཞིང་དྲིལ་དང་ཁྲུས་རྣམས་བྱས་པ་སྟེ། །ལས་དགེ་བདེ་བ་སྐྱེད་པར་བྱེད་པ་འདི། །ཚེ་རབས་གཞན་དག་ཏུ་ནི་སྟོན་པས་མཛད། །ལས་ཀྱི་རྣམ་པར་སྨིན་པ་དེ་ན་རྒྱལ་བ་ཡི། །པགས་པ་སྲབ་ཅིང་སྤུ་རྣམས་རེ་དེར་སྐྱེ། །ཅིའི་ཕྱིར་བྱང་ཆུབ ་སེམས་དཔས་སྐྱེས་བུ་ཆེན་པོའི་མཚན་གསེར་གྱི་ཁ་དོག་དང། འོད་འདོམ་གང་བ་གཉིས་ཐོབ་ཅེ་ན། སྨྲས་པ། བྱང་ཆུབ་སེམས་དཔས་ནི་སྔོན་གྱི་སྲིད་པ་དང། སྔོན་གྱི་གནས་དང། སྔོན་གྱི་ལུས་དང། སྔོན་གྱི་བདག་ཉིད་ཐོབ་པ་དང། སྔོན་གྱི ་ཚེ་རབས་གཞན་དག་དང། འདས་པ་དང། ཟད་པ་དང། དགགས་པ་དང། བྲལ་བ་དང། རྣམ་པར་གྱུར་པ་དང། ཡོངས་སུ་ཟད་པ་དག་པ་ཕ་མ་དང། ཉེ་ངུ་དང། རྒན་རབས་དང། བླ་མ་ལྟ་བུ་རྣམས་དང། གཞན་དགེ་སྦྱོང་དང། བྲམ་ཟེ་གནོད་པར་བྱ ་བ་མ་ཡིན་པ་དང། གནོད་པར་བྱ་བ་ལ་མི་དགའ་བ་གང་ཡིན་པ་དེ་དག་ལ་བཅའ་བ་དང་བཟའ་བ་ཞིམ་པོ་རྣམས་བྱིན་པ་དང། ཁང་ཁྱིམ་བཟང་པོ་རྣམས་དང། གདིང་བ་དང། བགོ་བ་དང། ཟས་དང། སྐོམ་དང། བཅའ་བ་དང། བཟའ་བ་དང། གོས་དང། སྤོས ་དང། བྱུག་པ་དང། མལ་ཆ་དང། སྟན་དང། གནས་དང། མར་མེ་བཟང་པོ་རྣམས་ཀྱིས་སེམས་ཀྱི་རྒྱུད་རྣམ་པར་དག་པས་ཆོས་རྣམ་པར་དག་པ་དང་ལྡན་པའི་སེམས་ཅན་རྣམས་ལ་བྱ་བ་བྱས་པ་དང། གཞན་ཡང་བྱང་ཆུབ་སེམས་དཔའ་ཁྲོ་བ་མེད ་ཅིང་ཁྲོ་གཉེར་དང་བྲལ་བར་འགྱུར་ཏེ། དེ་ལས་དེ་དང། ཡང་དག་པར་བླངས་པ་དེ་ལྟ་བུ་དང། ཡང་དག་པར་བཟུང་བ་དེ་ལྟ་བུས་ལུས་ཞིག་ནས་དགའ་ལྡན་གྱི་ལྷ་རྣམས་དང་སྐལ་པ་མཉམ་པར་སྐྱེའོ། །དེ་དེར་སྐྱེས་ནས་རིང་པོ་མ་ལོན་པར་དགའ་ལྡན ་གྱི་རིས་ཀྱི་ལྷ་སྔར་སྐྱེས་པ་རྣམས་ལས་ལྷའི་གནས་གསུམ་གྱིས་འཕགས་ཏེ། གསུམ་གང་ཞེ་ན། འདི་ལྟ་སྟེ། ལྷའི་ཁ་དོག་དང། ལྷའི་གྲགས་པས་འཕགས་སོ། །དེ་དེར་ཚེ་འཚད་ཇི་ཙམ་པ་དེ་སྲིད་དུ་གནས་ཏེ། དེ་དེར་ཚེ་ཚད་ཇི་ཙམ་པ་དེ་སྲིད་དུ ་གནས་ནས། དེ་ནས་ཤི་འཕོས་ཏེ། ཁམས་འདིར་མི་རྣམས་དང་སྐལ་བ་མཉམ་པར་སྐྱེའོ། །དེ་འདིར་རྒྱལ་པོའི་ཕོ་བྲང་ངམ། བདུན་ན་འདོན་གྱི་ཁྱིམ་དུ་སྐྱེ་བར་འགྱུར་ཏེ། དེར་བྱང་ཆུབ་སེམས་དཔའ་དེས་སྐྱེས་བུ་ཆེན་པོའི་མཚན་གསེར་གྱི ་མདོག་དང། འོད་འདོམ་གང་པ་གཉིས་ཐོབ་པར་འགྱུར་རོ། །དེའི་སྔ་ལྟས་ནི་འདི་ཡིན་ཏེ། གལ་ཏེ་ཁྱིམ་པར་འདུག་ཅིང་ཁྱིམ་ན་གནས་ན་ནི་འཁོར་ལོས་སྒྱུར་བའི་རྒྱལ་པ་མཛའ་བཞིར་རྣམ་པར་རྒྱལ་བ་ཆོས་ཀྱི་རྒྱལ་པོ་ཆོས་དང་ལྡན་པ། ་རིན་པོ་ཆེ་སྣ་བདུན་དང་ལྡན་པར་འགྱུར་རོ། །དེའི་རིན་པོ་ཆེ་སྣ་བདུན་ནི་འདི་ལྟ་བུ་ཡིན་ཏེ། འདི་ལྟ་སྟེ་འཁོར་ལོ་རིན་པོ་ཆེ་ནས། བདུན་པ་སྟེ། བློན་པོ་རིན་པོ་ཆེའི་བར་རྣམས་སོ། །དེའི་བུ་ནི་སྟོང་ཐམ་པ་ཡོད་དེ། དཔའ་བ་བརྟུལ་ཕོད་པ་ཡན་ལག་མཆོག་གི་གཟུགས་དང ་ལྡན་པ་ཕ་རོལ་གྱི་སྔ་རབ་ཏུ་འཇོམས་པ་ཤ་སྟག་གོ་།དེ་ནི་རྒྱ་མཚོ་ལ་ཐུག་པའི་ས་ཆེན་པོ་མ་ལུས་པ་གནད་པར་སྔོ་བ་མེད་ཅིང་འཚེ་བ་མེད་པ་འདི་ཉིད་ཆད་པ་མེད་ཅིང་མཚོན་གྱི་བདའ་བ་མེད་ལ་ཆོས་དང་མཐུན་ཞིང་སྙོམས་པས་ལེགས་པར་ཕབ་སྟེ ་གནས་ལ། དེ་གསེར་གྱི་མདོག་དེ་དང། འོད་འདོམ་གང་བ་དེས་ཡ་མཚན་དུ་གྱུར་པ་དང། བཙུན་མོའི་འཁོར་དང། གཞོན་ནུ་རྣམས་དང། བློན་པོ་རྣམས་དང། གཙོ་བོ་དང། དམག་གི་རུ་དང། གྲོང་མི་རྣམས་ཡུལ་གྱི་མི་རྣམས་ཀྱིས་གཅེས་པར་བྱེད། བཀུར་སྟི ་བྱེད། བླ་མར་བྱེད། རི་མོར་བྱེད། མཆོད་པར་བྱེད་དོ། །གལ་ཏེ་སྐྲ་དང། བ་སྤུ་རྣམས་བྲེགས་ཏེ་གོས་ངུར་སྨྲིག་དག་བགོས་ནས། དད་པས་ཁྱིམ་ནས་ཁྱིམ་མེད་པར་ལེགས་པར་ཁོ་ནར་རབ་ཏུ་བྱུང་བ་ན་ནི་འཇིག་རྟེན་དུ་དེ་བཞིན་གཤེགས་པ་དགྲ་བཅོམ ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འགྱུར་ཏེ། སྒྲ་ཆེར་གྲགས་པར་འགྱུར་རོ་ཞེས་གསུངས་ཏེ། དེ་གསེར་གྱི་མདོག་དེ་དང། འོད་འདོམ་གང་བ་དེ་དགེ་སློང་རྣམས་དང། དགེ་སློང་མ་རྣམས་དང། དགེ་བསྙེན་རྣམས་དང། དགེ་བསྙེན་མ་རྣམས ་དང། ལྷ་རྣམས་དང། ཀླུ་རྣམས་དང། ལྷ་མ་ཡིན་རྣམས་དང། ནམ་མཁའ་ལྡིང་རྣམས་དང། དྲི་ཟ་རྣམས་དང། མི་འམ་ཅི་རྣམས་དང། ལྟོ་འཕྱེ་ཆེན་པོ་རྣམས་དང། གནོད་སྦྱིན་རྣམས་དང། སྲིན་པོ་རྣམས་དང། མི་རྣམས་དང། མི་མ་ཡིན་པ་རྣམས ་ཀྱིས་གཅེས་པར་བྱེད། བཀུར་སྟི་བྱེད། བླ་མར་བྱེད། རི་མོར་བྱེད། མཆོད་པར་བྱེད་དེ། འདི་ནི་དེའི་སྔ་ལྟས་ཡིན་ནོ། །དེ་ལ་འདི་སྐད་ཅེས་བྱའོ། །གང་གི་སྔོན་ནི་གསེར་གྱི་མདོག་ཅན་འགྱུར། །འདོམ་གང་འོད་ནི་བར་སྣང་ཉི་མ་བཞིན། །བགོ་བ་སྐོམ་དང་ཁ ་ཟས་ཞིམ་པོ་དང། སྔོན་གྱི་ཚེ་རབས་དག་ཏུ་བྱིན་པ་དང། །སྔོན་གྱི་ཚེ་རབས་དག་ཏུ་སྟོན་པ་ནི། །ཁྲོ་བ་མེད་ཅིང་ཁྲོ་གཉེར་བྲལ་གྱུར་ཏེ། ལས་དགེ་བདེ་བ་སྐྱེད་པར་བྱེད་པ་འདི། །ཚེ་རབས་གཞན་དག་ཏུ་ནི་སྟོན་པས་མཛད། །ལས་ཀྱི་རྣམ་པར་སྨིན་པ་དེ་ཡིས ་ན། །གསེར་གྱི་མདོག་ཅན་འདོམ་གང་འོད་དང་ལྡན། །རྒྱུ་བདགས་པ།། །།བམ་པོ་གཉིས་པ། ཅིའི་ཕྱིར་བྱང་ཆུབ་སེམས་དཔས་སྐྱེས་བུ་ཆེན་པོའི་མཚན་ལུས་ཀྱི་བདུན་མཐོ་བ་ཐོབ་ཅེ་ན། སྨྲས་པ། བྱང་ཆུབ་སེམས་དཔའ་ནི་སྔོན་གྱི་སྲིད་པ་ཞེས་བྱ་བ་ནས ་རྒྱས་པར་སྦྱར་ཏེ། དགེ་སྦྱོང་དང། བྲམ་ཟེ་རྣམས་དང། བཀྲེས་པ་དང། སྡུག་ཕོངས་པ་རྣམས་དང། སློང་བ་རྣམས་ལ་སྦྱིན་པ་མཐོ་བ་འདི་ལྟ་སྟེ། ཟས་དང། སྐོམ་དང། བཅའ་བ་དང། བཟའ་བ་དང། གོས་དང། སྤོས་དང། མེ་ཏོག་ཕྲེང་དང། བྱུག་པ་དང། མལ་ཆ ་དང། སྟན་དང། གནས་དང། མར་མེ་དག་བྱིན་ཏེ། སེམས་ཀྱི་རྒྱུད་རྒྱ་ཆེན་པོས་རྣམ་པར་དག་པ་དང་ལྡན་པའི་སེམས་ཅན་ལ་བྱ་བ་བྱས་ཏེ། དེ་ལས་དེ་དང། ཡང་དག་པར་བླངས་པ་དེ་ལྟ་བུ་དང། ཡང་དག་པར་བཟུང་བ་དེ་ལྟ་བུས་ལུས་ཞིག་ནས་དགའ་ལྡན ་གྱི་ལྷ་རྣམས་དང་སྐལ་བ་མཉམ་པར་སྐྱེའོ་ཞེས་བྱ་བ་ནས་རྒྱས་པར་སྦྱར་རོ། །དེ་དེ་ནས་ཤི་འཕོས་ནས་ཁམས་འདིར་མི་རྣམས་དང་སྐལ་པ་མཉམ་པར་སྐྱེའོ་ཞེས་བྱ་བའི་བར་དུ་རྒྱས་པར་སྦྱར་ཏེ། དེར་བྱང་ཆུབ་སེམས་དཔའ་དེས་སྐྱེས་བུ་ཆེན་པོའི་མཚན ་ལུས་ཀྱི་བདུན་མཐོ་བ་ཐོབ་པར་འགྱུར་རོ། །དེའི་སྔ་ལྟས་ནི་འདི་ཡིན་ཏེ། གལ་ཏེ་ཁྱིམ་པར་འདུག་ཅིང་ཁྱིམ་ན་གནས་ན་ནི་འཁོར་ལོས་སྒྱུར་བའི་རྒྱལ་པོ་མཛའ་བཞིར་རྒྱལ་བ་ཞེས་བྱ་བ་ནས་རྒྱས་པར་སྦྱར་ཏེ། དེའི་གྲོང་དང། གྲོང་ཁྱེར་དང། ལྗོངས་རྣམས་དང། ་མཛོད་དང། བང་མཛོད་ལ་སོགས་པ་མཐོ་བར་འགྱུར་པ་དང། བཀུར་སྟི་བྱེད། བླ་མར་བྱེད་ཅེས་བྱ་བའི་བར་དུ་རྒྱས་པར་སྦྱར་རོ། །གལ་ཏེ་སྐྲ་དང་ཁ་སྤུ་རྣམས་བྲེགས་ཏེ་གོས་ངུར་སྨྲིག་དག་བསྒོས་ནས་ཞེས་བྱ་བ་ནས། རབ་ཏུ་བྱུང་ན་ནི་འཇིག་རྟེན་དུ་དེ་བཞིན ་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འགྱུར་ཏེ། སྒྲ་ཆེར་གྲགས་པར་འགྱུར་རོ་ཞེས་བྱ་བའི་བར་དུ་གསུངས་ཏེ། དེའི་དོན་མངོན་པར་འབྱུང་བ་དང། དཔེན་པ་ལས་སྐྱེས་པའི་དགེ་བའི་ཆོས་རྣམས་དང། བསམ་གཏན་དང། རྣམ་པར་ཐར་པ ་དང། ཏིང་ངེ་འཛིན་དང། སྙོམས་པར་འཇུག་པ་དང། ཡིད་ལ་བྱེད་པའི་ཁྱད་པར་མཐོ་བར་འགྱུར་བ་དང། བཀུར་སྟི་བྱེད། བླ་མར་བྱེད་ཅེས་བྱ་བའི་བར་དུ་རྒྱས་པར་སྦྱར་རོ། །འདི་ནི་དེའི་སྔ་ལྟས་ཡིན་ནོ། །འདི་ལ་ཆོས་ཉིད་ནི་འདི་ཡིན་ཏེ། །དེ་ལ་འདི་སྐད་ཅེས་བྱའོ། །ལོ ་གྲངས་དྲུག་ཅུ་ལོན་པའི་གླང་པོ་ལྟར། །སྔ་ན་གང་གིས་བདུན་ནི་མཐོ་བར་འགྱུར། ལག་པ་རྐང་པ་དེ་བཞིན་ཐལ་གོང་དང། །ལྷག་པ་གང་གིས་མཚན་རྣམས་བྱུང་བར་འགྱུར། །དེས་ནི་སྔོན་གྱི་སྐྱེ་བར་སྦྱིན་པ་བྱིན། །དགེ་སྦྱོང་རྣམས་དང་དེ་བཞིན་བྲམ་ཟེ་ལ། །དགབ་པ་དང་ནི ་སྐོམ་དང་ཟས་མང་བྱིན། །དེ་བཞིན་འདྲོན་དང་སློངས་དང་སྡུག་ཕོངས་ལ། ཟས་དང་སྐོམ་དང་དེ་བཞིན་གོས་རྣམས་དང། །སྤོས་དང་མེ་ཏོག་ཕྲེང་དང་བྱུག་པ་དང། །བདུག་པ་ཕྱེ་མ་དེ་བཞིན་རོལ་མོའི་སྒྲ། །མར་མེ་དག་དང་གནས་དང་མལ་ཆ་བྱིན། །ལས་དགེ་བདེ་བ ་སྐྱེད་པར་བྱེད་པ་འདི། །ཚེ་རབས་གཞན་དག་ཏུ་ནི་སྟོན་པས་མཛད། །ལས་ཀྱི་རྣམ་པར་སྨིན་པ་དེ་ཡིས་ན། །བཅོམ་ལྡན་དེ་ཡི་བདུན་ནི་མཐོ་བར་འགྱུར། །ཅིའི་ཕྱིར་བྱང་ཆུབ་སེམས་དཔས་སྐྱེས་བུ་ཆེན་པོའི་མཚན་རོ་སྟོང་སེང་གེའི་འདྲ་བ་དང། །ཐལ་གོང་རྒྱས་པ ་དང། དཔུང་མགོ་ཤིན་ཏུ་ཟླུམ་པ་གསུམ་ཐོབ་ཅེ་ན། སྨྲས་པ། བྱང་ཆུབ་སེམས་དཔས་ནི་སྔོན་གྱི་སྲིད་པ་ཞེས་བྱ་བ་ནས་རྒྱས་པར་སྦྱར་ཏེ། ནན་གྱིས་འཛིན་པར་མི་བྱེད་པ་དང། མཆོག་ཏུ་འཛིན་པ་མེད་པ་དང། ཉེས་པར་བསམས་པ་ལེགས་པར་འདོར་བ ་དང། ད?་ངན?་ཐེན་བྱེད་ཅིང་སྨྲ་བར་མི་གྱེད་པ་དང། གཞན་ཡང་བྱང་ཆུབ་སེམས་དཔས་དགེ་སློང་དང། བྲམ་ཟེ་མཁས་པ་དེ་དང་དེ་དག་བརྗོད་པར་བྱ་བའི་རྣམ་གྲངས་སྣ་ཚོགས་སྟོན་ཏེ། གནད་པར་བྱ་བ་དག་ལ་རྗེས་སུ་གནང་བ་དང། གཞན་ཡང་བྱང ་ཆུབ་སེམས་དཔས་རྒྱལ་པོ་བྱེད་དམ། བློན་པོ་བྱེད་པ་ན་བདེ་བར་བྱས་པ་དང། དགེ་བའི་བྱེད་པའི་གཙོ་བོར་གྱུར་ཅིང་གཙོ་བོར་བསྒོ་བ་བྱས་ཏེ། དེ་ལས་དེ་དང། ཡང་དག་པར་བླངས་པ་དེ་ལྟ་བུ་དང། ཡང་དག་པར་བཟུང་བ་དེ་ལྟ་བུས་ལུས ་ཞིག་ནས་དགའ་ལྡན་གྱི་ལྷ་རྣམས་དང། སྐལ་བ་མཉམ་པར་སྐྱེའོ་ཞེས་བྱ་བ་ནས་རྒྱས་པར་སྦྱར་རོ། །དེ་དེ་ནས་ཤི་འཕོས་ནས་ཁམས་འདིར་མི་རྣམས་དང་སྐལ་པ་མཉམ་པར་སྐྱེའོ་ཞེས་བྱ་བའི་བར་དུ་རྒྱས་པར་སྦྱར་ཏེ། དེར་བྱང་ཆུབ་སེམས་དཔའ་དེས་སྐྱེས ་བུ་ཆེན་པོའི་མཚན་རོ་སྟོང་སེང་གེའི་འདྲ་བ་དང། ཐལ་གོང་རྒྱས་པ་དང། དཔུང་མགོ་ཤིན་ཏུ་ཟླུམ་པ་གསུམ་ཐོབ་པར་འགྱུར་རོ། །དེའི་སྔ་ལྟས་ནི་འདི་ཡིན་ཏེ། གལ་ཏེ་ཁྱིམ་པར་འདུག་ཅིང་ཁྱིམ་ན་གནས་ན་ནི་འཁོར་ལོས་སྒྱུར་བའི་རྒྱལ་པོ་མཛའ་བཞིར་རྒྱལ་བ ་ཞེས་བྱ་བ་ནས་རྒྱས་པར་སྦྱར་ཏེ། བདེ་བར་བྱས་པ་དང། དགེ་བ་བྱེད་པའི་གཙོ་བོར་གྱུར་ཅིང་གཙོ་བོར་བསྐོར་བ་བྱས་པ་དང། བཀུར་སྟི་བྱེད། བླ་མར་བྱེད་ཅེས་བྱ་བའི་བར་དུ་རྒྱས་པར་སྦྱར་རོ། །གལ་ཏེ་སྐྲ་དང་ཁ་སྤུ་རྣམས་བྲགས་ཏེ་གོས་དུར་སྨྲིག་དག་དགོས ་ནས་ཞེས་བྱ་བ་ནས་རབ་ཏུ་བྱུང་ན་ནི་འཇིག་རྟེན་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འགྱུར་ཏེ། སྒྲ་ཆེར་གྲགས་པར་འགྱུར་རོ་ཞེས་བྱ་བའི་བར་དུ་གསུངས་ཏེ། བདེ་བར་བྱས་པ་དང། དགེ་བ་བྱེད་པའི་གཙོ་བོར་གྱུར་ ་ཅིང་གཙོ་བོར་བསྐོ་བ་བྱས་པ་དང། བཀུར་སྟི་བྱེད། བླ་མར་བྱེད་ཅེས་བྱ་བའི་བར་དུ་རྒྱས་པར་སྦྱར་ཏེ། འདི་ནི་དེའི་ལྔ་ལྟས་ཡིན་ནོ། །འདི་ལ་ཆོས་ཉིད་ནི་འདི་ཡིན་ཏེ། དེ་ལ་འདི་སྐད་ཅེས་བྱའོ། །ནགས་ཁུང་སེང་གེའི་རྒྱལ་པོ་ཇི་བཞིན་དུ། །གང་གི་རོ་སྟོང་སེང་གེ ་འདྲ་བར་འགྱུར། །སྔོན་ནི་ཐལ་གོད?་ཤིན་ཏུ་རྒྱས་གྱུར་དང། །དཔུང་མགོ་ཡང་ནི་ཤིན་ཏུ་ཟླུམ་བར་གྱུར། །ནན་གྱིས་མི་འཛིན་མཆོག་ཏུ་འཛིན་པ་མེད། །ཉེས་པར་བསམས་པ་ལེགས་སྤོངས་བརྟུལ་ཞུགས་བཟང། །དགེ་སྦྱོང་བྲམ་ཟེ་རྣམས་ཀྱི་བཟོད་པར ་བྱེད། །དེས་ནི་གནང་བར་བྱ་བའི་ཆོས་རྣམས་གནང། །བདེ་བར་བྱེད་དང་དགེ་བའི་གཙོ་བོ་གང། །དེ་དང་དེ་ཡང་གཙོ་བོར་བསྐོ་བར་གྱུར། །ལས་དགེ་བདེ་བ་བྱེད་པར་བྱེད་པ་འདི། །ཚེ་རབས་གཞན་དག་ཏུ་ནི་སྟོན་པས་མཛད། །ལས་ཀྱི་རྣམ་སྨིན་དེས་ན་སྟོན་པ་ནི། །སྐུལ? ་མཚན་ནི་འདི་གསུམ་བྱུང་བར་འགྱུར། །ཅིའི་ཕྱིར་བྱང་ཆུབ་སེམས་དཔས་སྐྱེས་བུ་ཆེན་པོའི་མཚན་སོ་བཞི་བཅུ་དང། སོ་མཉམ་པར་དང། སོ་ཐག་གུ་བཟང་པ་གསུམ་ཐོབ་ཅེ་ན། སྨྲས་པ། བྱང་ཆུབ་སེམས་དཔས་ནི་སྔོན་གྱི་སྲིད་པ་ཞེས་བྱ་བ་ནས་རྒྱས་པར་སྦྱར་ཏེ། ཕྲ ་མའི་ཚིག་སྤངས་ཤིང་ཕྲ་མའི་ཚིག་ལས་སླར་ལོག་སྟེ། ཚུ་རོལ་བ་རྣམས་ཀྱི་ཚིག་ཐོས་ན་ཚུ་རོལ་བ་རྣམས་དབྱེ་བའི་ཕྱིར་ཕ་རོལ་པ་རྣམས་ལ་མ་བསྙད་ལ། ཕ་རོལ་པ་རྣམས་ལ་ཚིག་ཐོས་ན་ཡང་ཕ་རོལ་པ་རྣམས་དབྱེ་བའི་ཕྱིར་ཚུ་རོལ་པ་རྣམས་ཀྱི་ཐད་དུ་འོངས་ཏེ ་མ་སྙེད་དོ། །དེ་ལྟར་བྱེ་བ་རྣམས་ཅིག་ཏུ་སྡུད་པ་དང། །འདུད་པ་རྣམས་ལ་རྗེས་སུ་དགའ་བ་དང་མཐུན་པར་དགའ་ཞིང་མཐུན་པར་མོས་ཏེ་མཐུན་པར་གྱུར་པའི་ཚིག་སྨྲ་བ་དང། གཞན་ཡང་བྱང་ཆུབ་སེམས་དཔས་སེམས་ཅན་བྱེ་བ་རྣམས་དང། ཀུན་ཏུ་བྱེ་བ་རྣམས ་དང། རྣམ་པར་བྱེ་བ་རྣམས་དང། སྡུམས་མ་བྱས་པ་རྣམས་ཀྱི་སྡུམས་བྱས་ཤིང་མཐུན་པར་བྱས་ཏེ། ཡང་དག་པར་དགའ་བ་བྱས་ནས་མཐུན་པ་དང་འདུད་བ་དེ་དག་གིས་དགའ་ཞིང་མངོན་པར་དགའ་ལ་དེས་གདུད་པར་མི་བྱེད་ཅིང་ཡོངས་སུ་ཡིད་ཆད་བར་མི ་བྱད་དོ། །དེ་ལས་དེ་དང། ཡང་དག་པར་བླངས་པ་དེ་ལྟ་བུ་དང། ཡང་དག་པར་བཟུང་པ་དེ་ལྟ་བུས་ལུས་ཞིག་ནས་དགའ་ལྡན་གྱི་ལྷ་རྣམས་དང་སྐལ་བ་མཉམ་པར་སྐྱེའོ་ཞེས་བྱ་བ་ནས་རྒྱས་པར་སྦྱར་རོ། །དེ་དེ་ནས་ཤི་འཕོས་ནས་ཁམས་འདིར་མི་རྣམས ་དང་སྐལ་བ་མཉམ་པར་སྐྱེའོ་ཞེས་བྱ་བའི་བར་དུ་སྦྱར་ཏེ། །དེར་བྱང་ཆུབ་སེམས་དཔའ་དེས་སྐྱེས་བུ་ཆེན་པོའི་མཚན་སོ་བཞི་བཅུ་དང། སོ་མཉམ་པ་དང། སོ་ཐགས་བཟང་བ་གསུམ་ཐོབ་པར་འགྱུར་རོ། །དེ་སྔ་ལྟས་ནི་འདི་ཡིན་ཏེ། གལ་ཏེ་ཁྱིམ ་པར་འདུག་ཅིང་ཁྱིམ་ན་གནས་ན་ནི་འཁོར་ལོས་སྒྱུར་བའི་རྒྱལ་པོ་མཛའ་བཞིར་རྒྱལ་བ་ཞེས་བྱ་བ་ནས་རྒྱས་པར་སྦྱར་ཏེ། མི་ཕྱེད་པའི་འཁོར་དང་ལྡན་པ་དང། བཀུར་སྟི་བྱེད། བླ་མར་བྱེད་ཅེས་བྱ་བའི་བར་དུ་རྒྱས་པར་སྦྱར་རོ། །གལ་ཏེ་སྐྲ་དང ་ཁ་སྤུ་རྣམས་བྲེགས་ཏེ། གོས་ངུར་སྨྲིག་དག་བགོས་ནས་ཞེས་བྱ་བ་ནས་རབ་ཏུ་བྱུང་ན་ནི་འཇིག་རྟེན་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འགྱུར་ཏེ། སྒྲ་ཆེར་གྲགས་པར་འགྱུར་རོ་ཞེས་བྱ་བའི་བར་དུ་གསུངས་ཏེ་མི ་ཕྱེད་བའི་འཁོར་དང་ལྡན་པ་དང། བཀུར་སྟི་བྱེད། བླ་མར་བྱེད་ཅེས་བྱ་བའི་བར་དུ་རྒྱས་པར་སྦྱར་ཏེ། འདི་ནི་དེའི་སྔ?་ལྟས་ཡིན་ཏེ། འདི་ལ་ཆོས་ཉིད་ནི་འདི་ཡིན་ཏེ། དེ་ལ་འདི་སྐད་ཅེས་བྱའོ། །གང་གིས་སོ་ནི་བཞི་བཅུར་གྱུར་པ་དང། སོ་མཉམ་པ་དང་ཐགས ་ནི་བཟང་པོར་གྱུར། །གལ་ཏེ་འཕྲ་མ་དབྱེན་དུ་འགྱུར་བའི་ཚིག་།དབྱེ་བར་བྱེད་པ་རྣམ་པར་སྤོང་བ་དང། །སྔོན་ནི་རྣམ་པར་སྨིན་དང་མཐུན་པར་བྱས། །དེ་ནི་ལུས་པ་རྣམས་ཀྱིས་དེ་བཞིན་དགའ་། །དེ་བཞིན་དུ་ནི་མགུ་ཞིང་དྲངས་པར་གྱུར། །ལས་དགེ་བདེ་བ ་སྐྱེས་བར་བྱེད་པ་འདི། །ཚེ་རབས་གཞན་དག་ཏུ་ནི་སྟོན་པས་མཛད། །ལས་ཀྱི་རྣམ་པར་སྨིན་པ་དེ་ཡིས་ནི། །སྟོན་པའི་སྐུ་ལ་མཚན་གསུམ་བྱུང་བར་གྱུར། །ཅིའི་ཕྱིར་བྱང་ཆུབ་སེམས་དཔས་སྐྱེས་བུ་ཆེན་པོའི་མཚན་མཆེ་བ་ཤིན་ཏུ་དཀར་བ་ཐོབ་ཅེ་ན། སྨྲས ་པ། བྱང་ཆུབ་སེམས་དཔས་ན་སྔོན་གྱི་སྲིད་པ་ཞེས་བྱ་བ་ནས་རྒྱས་པར་སྦྱར་ཏེ། །འདོད་པ་ན་སྤྱོད་པའི་བྱམས་པ་ཐོབ་ནས་སེམས་ཅན་ཐམས་ཅད་ལ་བྱམས་པའི་སེམས་ཀྱིས་ཁྱབ་པར་བྱས་པ་དང། གཞན་ཡང་བྱང་ཆུབ་སེམས་དཔའ་ནི་རྟོག་པར ་བྱེད་ཅིང་སེམས་པའི་དང་བཞིན་ཅན་དུ་གྱུར་ཏེ། དེ་ལས་དེ་དང། ཡང་དག་པར་བླངས་པ་དེ་ལྟ་བུ་དང། ཡང་དག་པར་བཟུང་བ་དེ་ལྟ་བུས་ལུས་ཞིག་ནས་དགའ་ལྡན་གྱི་ལྷ་རྣམས་དང་སྐལ་བ་མཉམ་པར་སྐྱེ་བོ་ཞེས་བྱ་བ་ནས་རྒྱས་པར་སྦྱར་རོ། །དེ་དེ་ནས ་ཤི་འཕོས་ནས་ཁམས་འདིར་མི་རྣམས་དང་སྐལ་བ་མཉམ་པར་སྐྱེ་བོ་ཞེས་བྱ་བའི་བར་དུ་རྒྱས་པར་སྦྱར་ཏེ། དེར་བྱང་ཆུབ་སེམས་དཔའ་དེས་སྐྱེས་བུ་ཆེན་པོའི་མཚན་མཆེ་བ་ཤིན་ཏུ་དཀར་བ་ཐོབ་པར་འགྱུར་རོ། །དེའི་སྔ་ལྟས་ནི་འདི་ཡིན་ཏེ། གལ་ཏེ་ཁྱིམ་པར ་འདུག་ཅིང་ཁྱིམ་ན་གནས་ན་ནི་འཁོར་ལོས་སྒྱུར་བའི་རྒྱལ་པོ་མཛའ་བཞིར་རྒྱལ་བ་ཞེས་བྱ་བ་ནས་རྒྱས་པར་སྦྱར་ཏེ། དེ་མཆེ་བ་ཤིན་ཏུ་དཀར་བ་དེས་གཅེས་པར་བྱེད། བཀུར་སྟི་བྱེད། བླ་མར་བྱེད་ཅེས་བྱ་བའི་བར་དུ་སྦྱར་རོ། །གལ་ཏེ་སྐྲ་དང་ཁ་སྤུ་རྣམས་བྲེགས་ཏེ ་གོས་ངུར་སྨྲིག་དག་བགོས་ནས། ངད་པས་ཁྱིམ་ནས་ཁྱིམ་མེད་པར་ལེགས་པ་ཁོ་ནར་རབ་ཏུ་བྱུང་ན་ནི། འཇིག་རྟེན་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འགྱུར་ཏེ། སྒྲ་ཆེར་གྲགས་པར་འགྱུར་རོ་ཞེས་བྱ་བའི་བར་དུ ་གསུངས་ཏེ། དེ་མཆེ་བ་ཤིན་ཏུ་དཀར་བ་དེས་གཅེས་པར་བྱེད། བཀུར་སྟི་བྱེད། བླ་མར་བྱེད་ཅེས་བྱ་བའི་བར་དུ་རྒྱས་པར་སྦྱར་ཏེ། འདི་ནི་དེའི་སྔ་ལྟས་ཡིན་ནོ། །འདི་ལ་ཆོས་ཉིད་ནི་འདི་ཡིན་ཏེ། དེ་ལ་འདི་སྐད་ཅེས་བྱའོ། །སྔོན་ནི་གང་གིས་མཆེ་བ་རབ་དཀར་བའི།། ་མཚན་ནི་གང་གིས་ཐོབ་གྱུར་དེ་ཉོན་ཅིག་འདོད་པ་དག་ན་སྤྱོད་པའི་བྱམས་པ་ཐོབ། རྟོགས་པར་བྱེད་དང་སེམས་བར་གྱུར་པ་དེས། །ལས་དགེ་བདེ་བ་སྐྱེས་པར་བྱེད་པ་འདི། །ཚེ་རབས་གཞན་དག་ཏུ་ནི་སྟོན་པས་མཛད། །ལས་ཀྱི་རྣམ་པར་སྨིན་པ་དེ་ཡིས་ན། ་བཅོམ་ལྡན་མཆེ་བ་ཤིན་ཏུ་དཀར་བར་གྱུར། །ཅིའི་ཕྱིར་བྱང་ཆུབ་སེམས་དཔས་སྐྱེས་བུ་ཆེན་པོའི་མཚན། འགྲམ་བ་སེང་གེ་འདྲ་བ་ཐོབ་ཅེ་ན། སྨྲས་པ། བྱང་ཆུབ་སེམས་དཔས་ནི་སྔོན་གྱི་སྲིད་པ་ཞེས་བྱ་བ་ནས་རྒྱས་པར་སྦྱར་ཏེ། སེམས་ཀྱི་འདི་ལྟ་བུའི་ཡི ་དམ་དུ་བཅས་ཏེ་བདག་ལ་སུ་ཡང་རུང་བ་ཅི་སློང་ཡང་དེ་བདག་ལ་ཡོད་ན་བདག་གིས་དེ་ལ་སྦྱིན་པར་བྱ་སྟེ། མ་བྱིན་གྱི་བར་དུ་ཕྱིར་གཏང་བར་མི་བྱའོ་སྙམ་སྟེ། དེ་ལས་དེ་དང། ཡང་དག་པར་པར་བླངས་པ་དེ་ལྟ་བུ་དང། ཡང་དག་པར་བཟུང་བ་དེ་ལྟ་བུས་ལུས ་ཞིག་ནས་དགའ་ལྡན་གྱི་ལྷ་རྣམས་དང་སྐལ་བ་མཉམ་པར་སྐྱེའོ་ཞེས་བྱ་བ་ནས་རྒྱས་པར་སྦྱར་རོ། །དེ་དེ་ནས་ཤི་འཕོས་ནས་ཁམས་འདིར་མི་རྣམས་དང་སྐལ་བ་མཉམ་པར་སྐྱེའོ་ཞེས་བྱ་བའི་བར་དུ་རྒྱས་པར་སྦྱར་ཏེ། དེར་བྱང་ཆུབ་སེམས ་དཔའ་དེས་སྐྱེས་བུ་ཆེན་པོའི་མཚན་འགྲམ་པ་སེང་གེའི་འདྲ་བ་ཐོབ་པར་འགྱུར་རོ། །དེའི་སྔ་ལྟས་ནི་འདི་ཡིན་ཏེ། གལ་ཏེ་ཁྱིམ་པར་འདུག་ཅིང་ཁྱིམ་ན་གནས་ན་ནི་འཁོར་ལོས་སྒྱུར་བའི་རྒྱལ་པོ་མཛའ་བཞིར་རྒྱལ་བ་ཞེས་བྱ་བ་ནས་རྒྱས་པར་སྦྱར་ཏེ། ཅི་འདོད་པ་དང། ཅི ་བསམས་པ་དང། ཅི་སྒྲུབ་པ་དེ་དག་ཐམས་ཅད་རྫོགས་པར་ཐོབ་པར་འགྱུར་བ་དང། བཀུར་སྟི་བྱེད། བླ་མར་བྱེད་ཅེས་བྱ་བའི་བར་དུ་རྒྱས་པར་སྦྱར་རོ། །གལ་ཏེ་སྐྲ་དང་ཁ་སྤུ་རྣམས་བྲེགས་ཏེ་གོས་ངུར་སྨྲིག་དག་བགོས་ནས། དད་པས་ཁྱིམ་ནས་ཁྱིམ་མེད་པར་ལེགས ་པ་ཁོ་ནར་རབ་ཏུ་བྱུང་ན་ནི་འཇིག་རྟེན་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འགྱུར་ཏེ། སྒྲ་ཆེར་གྲགས་པར་འགྱུར་རོ་ཞེས་བྱ་བའི་བར་དུ་གསུངས་ཏེ། དེ་ཅི་བཞེད་པ་དང། ཅི་དགོངས་པ་དང། ཅི་སྒྲུབ་པ་དེ་དག་ཐམས་ཅད ་རྫོགས་པར་ཐོབ་པར་གྱུར་པ་དང། བཀུར་སྟི་བྱེད། བླ་མར་བྱེད་ཅེས་བྱ་བའི་བར་དུ་རྒྱས་པར་སྦྱར་ཏེ། འདི་ནི་དེའི་སྔ་ལྟས་ཡིན་ནོ། །འདི་ལ་ཆོས་ཉིད་ནི་འདི་ཡིན་ཏེ། དེ་ལ་འདི་སྐད་ཅེས་བྱའོ། །སྔོན་གྱི་ཚེ་རབས་གཞན་དུ་སྟོན་པ་ཡི། །ཐུགས་ཀྱི་ཐུགས་དམ་བཅས་པ ་འདི་ཡིན་ཏེ། །བདག་ལ་སུ་ཡང་རུང་བ་ཅི་སློང་ཡང། །དེ་ནི་བདག་གིས་མ་བྱིན་མི་གཏང་སྙམ། །དེ་ལྟར་བརྟུལ་ཞུགས་ངམ་པ་རྣམ་པ་གསུམ། །མཚན་རྫོགས་དེའི་དགོངས་པར་ལྡན་པ་ཡིས། །སྔོན་གྱི་ཚེ་རབས་གཞན་དུ་བླངས་པར་གྱུར། །ལས་ཀྱི་རྣམ་སྨིན་དེས ་ན་དྲང་སྲོང་ཆེ། རྒྱལ་བའི་འགྲམ་པ་སེང་གེའི་འདྲ་བར་གྱུར། །ཅིའི་ཕྱིར་བྱང་ཆུབ་སེམས་དཔས་སྐྱེས་བུ་ཆེན་པོའི་མཚན་རོ་བྲོ་བའི་མཆོག་ཐོབ་ཅེ་ན། སྨྲས་པ། བྱང་ཆུབ་སེམས་དཔས་ནི་སྔོན་གྱི་སྲེད་པ་ཞེས་བྱ་བ་ནས་རྒྱས་པར་སྦྱར་ཏེ། མཐོ་འཚམས་པ་མེད་པའི ་རང་བཞིན་ཅན་དུ་གྱུར་ནས། དེས་སེམས་ཅན་སུ་ལ་ཡང་ལག་པ་འམ། བོད་བ་འམ། དབྱུག་པ་འམ། མཚོན་ཆ་འམ། བསྣུབ་པར་བྱ་བ་གང་ཡང་རུང་བས་མཐོ་འཚམ་པ་མ་བྱས་པ་དང། གཞན་ཡང་བྱང་ཆུབ་སེམས་དཔས་ཕ་མ་དང། ཉེ་དུ་དང། རྒན་རབས་དང། བླ་མ?་ལྟ ་པུ་རྣམས་དང། གཞན་དགེ་སྦྱོང་དང། བྲམ་ཟེ་གནོད་པར་བྱ་བ་མ་ཡིན་པ་དང། གནོད་པར་བྱ་བ་ལ་མི་དགའ་བ་གང་ཡིན་དེ་དག་ལ་མཐུན་པའི་སྨན་རྣམས་དང། ཕན་པའི་ཟས་རྣམས་དང། འཚམ་པའི་གཡོག་བྱིན་ཏེ། དེ་ལས་དེ་དང། ཡང་དག་པར་བླངས་པ་དེ ་ལྟ་བུ་དང། ཡང་དག་པར་བཟུང་བ་དེ་ལྟ་བུས་ལུས་ཞིག་ནས་དགའ་ལྡན་གྱི་ལྷ་རྣམས་དང་སྐལ་པ་མཉམ་པར་སྐྱེའོ་ཞེས་བྱ་བ་ནས་རྒྱས་པར་སྦྱར་རོ། །དེ་དེ་ནས་ཤི་འཕོས་ནས་ཁམས་འདིར་མི་རྣམས་དང་སྐལ་པ་མཉམ་པར་སྐྱེའོ་ཞེས་བྱ་བའི་བར་དུ་རྒྱས་པར ་སྦྱར་ཏེ། དེར་བྱང་ཆུབ་སེམས་དཔའ་དེས་སྐྱེས་བུ་ཆེན་པོའི་མཚན་རོ་བྲོ་བའི་མཆོག་ཐོབ་པར་འགྱུར་རོ། །དེའི་སྔ་ལྟས་ནི་འདི་ཡིན་ཏེ། གལ་ཏེ་ཁྱིམ་པར་འདུག་ཅིང་ཁྱིམ་ན་གནས་ན་ནི། འཁོར་ལོས་སྒྱུར་པའི་རྒྱལ་པོ་མཛའ་བཞིར་རྒྱལ་བ་ཞེས་བྱ་བ་ནས་རྒྱས་པར ་སྦྱར་ཏེ། གནོད་པ་ཆུང་ཞིང་ནད་མེད་པའི་རང་བཞིན་ཅན་དུ་འགྱུར་བ་དང། བཀུར་སྟི་བྱེད། བླ་མར་བྱེད་ཅེས་བྱ་བའི་བར་དུ་རྒྱས་པར་སྦྱར་རོ། །གལ་ཏེ་སྐྲ་དང་ཁ་སྤུ་རྣམས་བྲེགས་ཏེ་གོས་ངུར་སྨིག་དག་བགོས་ནས། དད?་པས་ཁྱིམ་ནས་ཁྱིམ་མེད་པར་ལགས་པ་ཁོ ་ནར་རབ་ཏུ་བྱུང་ན་ནི་འཇིག་རྟེན་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འགྱུར་ཏེ། སྒྲ་ཆེར་གྲགས་པར་འགྱུར་རོ་ཞེས་བྱ་བའི་བར་དུ་གསུངས་ཏེ། གནོད་པ་ཆུང་ཞིང་ནད་མེད་པའི་རང་བཞིན་ཅན་དུ་འགྱུར་བ་དང། བཀུར ་སྟི་བྱེད། བླ་མར་བྱེད་ཅེས་བྱ་བའི་བར་དུ་རྒྱས་པར་སྦྱར་ཏེ། འདི་ནི་དེའི་སྔ་ལྟས་ཡིན་ནོ། །འདི་ལ་ཆོས་ཉིད་ནི་འདི་ཡིན་ཏེ། དེ་ལ་འདི་སྐད་ཅེས་བྱའོ། །དེའི་ལུས་ལ་རོ་རྣམས་བྲོ་བའི་མཆོག་།སྔོན་ནི་འཁོར་བའི་ཚེ་ན་གང་ལས་གྱུར། །ལག་པ་འམ་ཡང་ན་དབྱུག ་པ་འམ་མཚོན་ཆ་ཡིས། །སེམས་ཅན་སུ་ལ་འང་གནོད་པར་མ་བྱས་ལ། །ཕ་མ་དང་ནི་དགེ་སྦྱོང་བྲམ་ཟེ་རྣམས། །སྔོན་ནི་ནད་ཀྱི་གསོས་སྨན་དག?་ཀྱང་བྱིན། །ལས་དགེ་བདེ་བ་སྐྱེད་བར་བྱེད་པ་འདི། །ཚེ་རབས?་གཞན་དག་ཏུ་ནི་སྟོན་པས་མཛད། །ལས ་ཀྱི་རྣམ་པར་སྨིན་པ་དེ་ཡིས་ན། བཅོམ་ལྡན་རོ་རྣམས་བྲོ་བའི་མཆོག་དང་ལྡན། །ཅིའི་ཕྱིར་བྱང་ཆུབ་སེམས་དཔས་སྐྱེས་བུ་ཆེན་པོའི་མཚན་ལྕེ་རིང་ཞིང་སྲབ་པ་དང། མགོ་གཙུག་ཏོར་དང། ལྡན་པ་གཉིས་ཐོབ་ཅེ་ན། སྨྲས་པ། བྱང་ཆུབ་སེམས་དཔས་ནི་སྔོན་གྱི་སྲིད ་པ་ཞེས་བྱ་བ་ནས་རྒྱས་པར་སྦྱར་ཏེ། བདག་ཉིད་ཀྱང་སྲོག་གཅོད་པ་སྤངས་ཤིང་སྲོག་གཅོད་པ་ལས་ཕྱིར་ལོག་ལ། གཞན་དག་ཀྱང་སྲོག་གཅོད་བ་སྤོང་བ་ཡང་དག་པར་འཛིན་དུ་བཅུག་པ་དང། བདག་ཉིད་ཀྱང་མ་བྱིན་པར་ལེན་པ་དང། འདོད་པས་ལོག་པར ་གཡེམ་པ་དང། བརྫུན་དུ་སྨྲ་བ་དང། འབྲུའི་ཆང་དང། བཅོས་པའི་ཆང་མྱོས་པར་འགྱུར་བ་བག་མེད་པའི་གནས་སྤོང་བ་ཡང་དག་པར་འཛིན་དུ་འཇུག་པར་བྱེད་དེ། དེ་ལས་དེ་དང། ཡང་དག་པར་བླངས་པ་དེ་ལྟ་བུ་དང། ཡང་དག་པར་བཟུང་བ་དེ་ལྟ་བུས་ལུས ་ཞིག་ནས་དགའ་ལྡན་གྱི་ལྷ་རྣམས་དང་སྐལ་བ་མཉམ་པར་སྐྱེའོ་ཞེས་བྱ་བ་ནས་རྒྱས་པར་སྦྱར་རོ། །དེ་དེ་ནས་ཤི་འཕོས་ནས། ཁམས་འདིར་མི་རྣམས་དང་སྐལ་བ་མཉམ་པར་སྐྱེའོ་ཞེས་བྱ་བའི་བར་དུ་རྒྱས་པར་སྦྱར་ཏེ། དེར་བྱང་ཆུབ་སེམས་དཔའ་དེས་སྐྱེས ་བུ་ཆེན་པོའི་མཚན་ལྕེ་རིང་ཞིང་སྲབ་བ་དང། མགོ་གཙུག་ཏོར་དང་ལྡན་པ་གཉིས་ཐོབ་པར་འགྱུར་རོ། །དེའི་སྔ་ལྟས་ནི་འདི་ཡིན་ཏེ། གལ་ཏེ་ཁྱིམ་པར་འདུག་ཅིང་ཁྱིམ་ན་གནས་ན་ནི། །འཁོར་ལོས་སྒྱུར་བའི་རྒྱལ་པོ་མཛའ་བཞིར་རྒྱལ་བ་ཞེས་བྱ་བ་ནས ་རྒྱས་པར་སྦྱར་ཏེ། ལྕེ་རིང་ཞིང་སྲབ་པ་དང། མགོ་གཙུག་ཏོར་དང་ལྡན་པ་དེས་གཅེས་པར་བྱེད། བཀུར་སྟི་བྱེད། བླ་མར་བྱེད་ཅེས་བྱ་བའི་བར་དུ་རྒྱས་པར་སྦྱར་རོ། །གལ་ཏེ་ཁ་སྤུ་རྣམས་བྲེགས་ཏེ་གོས་ངུར་སྨྲིག་དག་བགོས་ནས། དད་པས་ཁྱིམ་ནས ་ཁྱིམ་མེད་པར་ལེགས་པ་ཁོ་ནར་རབ་ཏུ་བྱུང་ན་ནི་འཇིག་རྟེན་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འགྱུར་ཏེ། སྒྲ་ཆེར་གྲགས་པར་འགྱུར་རོ་ཞེས་བྱ་བའི་བར་དུ་གསུངས་ཏེ། དེ་ལྕེ་རིང་ཞིང་སྲབ་པ་དང། མགོ་གཙུག་ཏོར ་དང་ལྡན་པ་དེས་གཅེས་པར་བྱེད། བཀུར་སྟི་བྱེད། བླ་མར་བྱེད་ཅེས་བྱ་བའི་བར་དུ་རྒྱས་པར་སྦྱར་ཏེ། འདི་ནི་དེའི་སྔ་ལྟས་ཡིན་ནོ། །འདི་ལ་ཆོས་ཉིད་ནི་འདི་ཡིན་ཏེ། དེ་ལ་འདི་སྐད་ཅེས་བྱའོ། །གང་ཚེ་རྒྱལ་བའི་དབུ་ནི་གཙུག་ཏོར་ལྡན། །ལྗགས་ཀྱང་རིང་ཞིང་སྲབ ་པར་གང་ལས་གྱུར། །སྲོག་ཆགས་མ་བསང་མ་བྱིན་མ་བླངས་དང། །འདོད་ན་ལོག་པར་མ་སྦྱོར་བརྫུན་མ་བྱས། །ཆང་བཏུང་བ་ཡང་རྟག་ཏུ་སྤང་བྱས་ནས། །མང་པོ་གཞན་རྣམས་དང་ནི་དེ་ལ་བཙུད། །ལས་དགེ་བདེ་བ་སྐྱེད་པར་བྱེད་པ་འདི། །ཚེ་རབས་གཞན ་དག་ཏུ་ནི་སྟོན་པས་མཛད། །ལས་ཀྱི་རྣམ་སྨིན་དེས་ན་རྒྱལ་བ་ཡི། །ལྗགས་ཀྱང་རིང་ཞིང་སྲབ་ལ་གཙུག་ཏོར་ལྡན། །ཅིའི་ཕྱིར་བྱང་ཆུབ་སེམས་དཔས་སྐྱེས་བུ་ཆེན་པོའི་མཚན་ཚངས་པའི་དབྱངས་ཐོབ་ཅེ་ན། སྨྲས་པ། བྱང་ཆུབ་སེམས་དཔས་ནི་སྔོན་གྱི ་སྲིད་བ་ཞེས་བྱ་བ་ནས་རྒྱས་པར་སྦྱར་ཏེ། ཚིག་རྩུབ་པོ་སྤངས་ནས་ཚིག་རྩུབ་པོ་ལས་ཕྱིར་ལོག་ཏེ། དེ་ཞེ་གཅོད་པའི་ཚིག་རྩུབ་པོ་དང། གཞན་གྱི་མི་བཟོད་པ་དང། གཞན་ཚིག་པ་ཟ་བར་འགྱུར་བ་དང། སྐྱེ་བོ་མང་པོའི་ཡིད་དུ་མི་འཐད་པ་དང། སྐྱེ་བོ་མང ་པོ་མི་དགའ་བ་དང། སྐྱེ་བོ་མང་པོའི་ཡིད་དུ་མི་འོང་བ་དང། མཉམ་པར་བཞག་པ་མ་ཡིན་པ་དང། ཏིང་ངེ་འཛིན་དུ་མི་འགྱུར་བ་གང་ཡིན་པ་དེ་ལྟ་བུའི་ཚིག་རྣམས་སྤངས་ནས། ཚིག་སྙན་པ་དང། རྣར་སྙན་པ་དང། ཡིད་ལ་འབབ་པ་དང། དགའ་བར་བྱེད་པ་དང། ཕོ ་བྲང་འཁོར་གྱི་སྐར་དང། སྙན་ཅིང་འདེབས་པ་དང། གསལ་བ་དང། བརྡ་ཕྲད་པ་དང། མཉན་པར་འོས་པ་དང། རྟེན་པ་མེད་པ་དང། མི་མཐུན་པ་མེད་པ་དང། སྐྱེ་བོ་མང་པོའི་འདོད་པ་དང། སྐྱེ་བོ་མང་པོའི་ཡིད་དུ་འཐད་པ་དང། སྐྱེ་བོ་མང་པོ་དགའ་བ་དང། སྐྱེ་བོ ་མང་པོ་ཡིད་དུ་འོང་བ་དང། ཤིན་ཏུ་མཉམ་པར་བཞག་པ་དང། ཏིང་ངེ་འཛིན་དུ་འགྱུར་བ་གང་ཡིན་པ་ལྟ་བུའི་ཚིག་རྣམས་སྨྲ་བར་བྱེད་དོ། །གཞན་ཡང་བྱང་ཆུབ་སེམས་དཔས་ཚིག་ཀྱལ་པ་སྤངས་ནས་ཚིག་ཀྱལ་པ་ལས་སླར་ལོག ་སྟེ། དེ་དུས་སུ་སྨྲ་བ་དང། བདེན་པར་སྨྲ་བ་དང། དོན་ཡོད་པར་སྨྲ་བ་དང། བརྟགས་ཏེ་སྨྲ་བ་དང། གཏན་ཚིགས་དང་བཅས་པ་དང་གདམས་ངག་དང་བཅས་པ་དང། རིག་པ་ངའི་མཉམ་པར་བཞག་པ་དང། ཆོས་དང་ལྡན་པ་དང། དོན་དང་ལྡན་པ་དང། ་མ་འདྲེས་པའི་ཚིག་རྗོད་པར་བྱེད་དེ། དེ་ལས་དེ་དང། ཡང་དག་པར་བླངས་པ་དེ་ལྟ་བུ་དང། ཡང་དག་པར་བཟུང་བ་དེ་ལྟ་བུས་ལུས་ཞིག་ནས་དགའ་ལྡན་གྱི་ལྷ་རྣམས་དང་སྐལ་པ་མཉམ་པར་སྐྱེའོ་ཞེས་བྱ་བ་ནས་རྒྱས་པར་སྦྱར་རོ། །དེ་དེ་ནས་ཤི་འཕོས ་ནས་ཁམས་འདིར་མི་རྣམས་དང་སྐལ་བ་མཉམ་པར་སྐྱེའོ་ཞེས་བྱ་བའི་བར་དུ་རྒྱས་པར་སྦྱར་ཏེ། དེར་བྱང་ཆུབ་སེམས་དཔའ་དེས་སྐྱེས་བུ་ཆེན་པོའི་མཚན་ཚངས་པའི་དབྱངས་ཐོབ་པར་འགྱུར་རོ། །དེའི་སྔ་ལྟས་ནི་འདི་ཡིན་ཏེ། གལ་ཏེ་ཁྱིམ་པར ་འདུག་ཅིང་ཁྱིམ་ན་གནས་ན་ནི་འཁོར་ལོས་སྒྱུར་བའི་རྒྱལ་པོ་མཛའ་བཞིར་རྒྱལ་བ་ཞེས་བྱ་བ་ནས་རྒྱས་པར་སྦྱར་ཏེ། དེ་ཚངས་པའི་དབྱངས་ངེས་གཅེས་པར་བྱེད། བཀུར་སྟི་བྱེད། བླ་མར་བྱེད་ཅེས་བྱ་བའི་བར་དུ་རྒྱས་པར་སྦྱར་རོ། །གལ་ཏེ་སྐྲ་དང ་ཁ་སྤུ་རྣམས་བྲེགས་ཏེ་གོས་ངུར་སྨྲིག་དག་བགོས་ནས། དད་པས་ཁྱིམ་ནས་ཁྱིམ་མེད་པར་ལེགས་པ་ཁོ་ནར་རབ་ཏུ་བྱུང་ན་ནི་འཇིག་རྟེན་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འགྱུར་ཏེ། སྒྲ་ཆེར་གྲགས ་པར་འགྱུར་ཞེས་བྱ་བའི་བར་དུ་གསུངས་ཏེ། ད་ཚངས་པའི་དབྱངས་དེས་ཅེས་པར་བྱེད། བཀུར་སྟི་བྱེད། བླ་མར་བྱེད་ཅེས་བྱ་བའི་བར་དུ་རྒྱས་པར་སྦྱར་ཏེ། འདི་ནི་དེའི་སྔ་ལྟས་ཡིན་ནོ། །འདི་ལ་ཆོས་ཉིད་ནི་འདི་ཡིན་ཏེ། །དེ་ལ་འདི་སྐད་ཅེས་བྱའོ།། ་ཚངས་པའི་དབྱངས་ནི་རྔ་སྒྲའི་གདངས་ཀྱི་མཚན། །གང་གིས་འཐོབ་པར་འགྱུར་བ་མཉན་པར་གྱིས། །འཇམ་པོར་སྨྲ་ཞིང་རྩུབ་པ་རྣམ་པར་སྤངས། །དགའ་བ་སྨྲ་ཞིང་མི་སྨྲ་སྨྲ་མི་བྱེད། །ཀྱལ་བའི་ཚིག་ནི་སྤངས་པར་གྱུར་པ་དང། །དུས་སུ་དོན་དང་ཆོས་ནི་སྨྲ་བར་བྱེད། ། ་ལས་དགེ་བདེ་བསྐྱེད་པར་བྱེད་པ་འདི། །ཚེ་རབས་གཞན་དག་ཏུ་ནི་སྟོན་པས་མཛད། །ལས་ཀྱི་རྣམ་སྨིན་དེས་ན་བདེ་བར་གཤེགས། །དྲང་སྲོང་ཆེན་པོའི་ཚངས་པའི་གསུངས་དང་ལྡན། །ཅིའི་ཕྱིར་བྱང་ཆུབ་སེམས་དཔས་སྐྱེས་བུ་ཆེན་པོའི་མཚན་མིག་མཐོན་མཐིང ་ལྟ་བུ་དང། བའི་རྫི་མ་ལྟ་བུ་གཉིས་ཐོབ་ཅེ་ན། སྨྲས་པ། བྱང་ཆུབ་སེམས་དཔས་ནི་སྔོན་གྱི་སྲིད་པ་ཞེས་བྱ་ནས་རྒྱས་པར་སྦྱར་ཏེ། འདོད་པ་ན་སྤྱོད་པའི་བྱམས་པ་ཐོབ་ལ། །དེ་ནི་སེམས་ཅན་དུ་འགྱུར་བར་འདོད་པ་གང་ཡིན་པ་རྣམས་དང། དོན་མེད་པར་འགྱུར ་བར་འདོད་པ་གང་ཡིན་པ་རྣམས་དང། ཕན་པར་འདོད་པ་གང་ཡིན་རྣམས་དང་གནོད་པར་འདོད་པ་གང་ཡིན་པ་རྣམས་དང། བདེ་བར་འདོད་པ་གང་ཡིན་པ་རྣམས་དང། མི་བདེ་བར་འདོད་པ་གང་ཡིན་པ་རྣམས་དང། བདེ་བ་ལ་རེག་པར་འདོད་པ་གང་ཡིན་པ་རྣམས ་དང། བདེ་བ་ལ་རེག་པར་མི་འདོད་པ་གང་ཡིན་པ་རྣམས་དང། གྲུབ་པ་དང་བདེ་བར་འདོད་པ་གང་ཡིན་པ་རྣམས་གྲུབ་པ་དང་བདེ་བར་མི་འདོད་པ་གང་ཡིན་པ་དེ་དག་ཐམས་ཅད་ལ་བྱམས་པའི་མིག་གིས་བལྟས་ཏེ། དཔེར་ན་མས་བུ་གཅིག་པ་སྡུག་པ་དང། ་ཕངས་པ་དང། དགའ་བ་དང། ཡིད་དུ་འོང་བ་དང། བཟོད་ཅིང་མཐོང་ན་མི་མཐུན་པ་མེད་དེ། ཟླ་བ་བརྒྱད་དམ། དགུ་ལོན་གྱི་བར་དུ་མ་ཕྲད་པ་ལས་མཐོང་བར་གྱུར་ན་བྱམས་པའི་མིག་གིས་ལྟ་བ་དེ་བཞིན་དུ། བྱང་ཆུབ་སེམས་དཔས་ཀྱང་སེམས་ཅན་དོན་དུ་འགྱུར་བར ་འདོད་པ་གང་ཡིན་པ་ནས། གྲུབ་པ་དང་བདེ་བར་འདོད་པ་གང་ཡིན་པའི་བར་གྱི་སེམས་ཅན་དེ་དག་ལ་བྱམས་པའི་མིག་གིས་བལྟས་ཏེ། དེ་ལས་དེ་དང། ཡང་དག་པར་བླངས་པ་དེ་ལྟ་བུ་དང། ཡང་དག་པར་བཟུང་བ་དེ་ལྟ་བུས་ལུས་ཞིག་ནས་དགའ་ལྡན་གྱི ་ལྷ་རྣམས་དང་སྐལ་བ་མཉམ་པར་སྐྱེའོ་ཞེས་བྱ་བ་ནས་རྒྱས་པར་སྦྱར་རོ། །དེ་དེ་ནས་ཤི་འཕོས་ནས་ཁམས་འདིར་མི་རྣམས་དང་སྐལ་བ་མཉམ་པར་སྐྱེའོ་ཞེས་བྱ་བའི་བར་དུ་རྒྱས་པར་སྦྱར་ཏེ། དེར་བྱང་ཆུབ་སེམས་དཔའ་དེས་སྐྱེས་བུ་ཆེན ་པོའི་མཚན་མིག་མཐོན་མཐིང་ལྟ་བུ་དང། བའི་རྫི་མ་ལྟ་བུ་གཉིས་ཐོབ་པར་འགྱུར་རོ། །དེའི་སྔ་ལྟས་ནི་འདི་ཡིན་ཏེ། གལ་ཏེ་ཁྱིམ་པར་འདུག་ཅིང་ཁྱིམ་ན་གནས་ན་ནི་འཁོར་ལོས་སྒྱུར་བའི་རྒྱལ་པོ་མཛའ་བཞིར་རྒྱལ་བ་ཞེས་བྱ་བ་ནས་རྒྱས་པར་སྦྱར་ཏེ། དེ ་མིག་མཐོན་མཐིང་ལྟ་བུ་དང། བའི་རྫི་མ་ལྟ་བུ་དེས་གཅེས་པར་བྱེད། བཀུར་སྟི་བྱེད། བླ་མར་བྱེད་ཅེས་བྱ་བའི་བར་དུ་རྒྱས་པར་སྦྱར་རོ། །གལ་ཏེ་སྐྲ་དང་ཁ་སྤུ་རྣམས་བྲེགས་ཏེ། གོས་ངུར་སྨྲིག་དག་བགོས་ནས། དད་པས་ཁྱིམ་ནས་ཁྱིམ་མེད་པར་ལེགས ་པ་ཁོ་ནར་རབ་ཏུ་བྱུང་ན་ནི་འཇིག་རྟེན་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འགྱུར་ཏེ། སྒྲ་ཆེར་གྲགས་པར་འགྱུར་རོ་ཞེས་བྱ་བའི་བར་དུ་གསུངས་ཏེ། དེ་མིག་མཐོན་མཐིང་ལྟ་བུ་དང། བའི་རྫི་མ་ལྟ་བུ་དེས ་གཅེས་པར་བྱེད། བཀུར་སྟི་བྱེད། བླ་མར་བྱེད་ཅེས་བྱ་བའི་བར་དུ་རྒྱས་པར་སྦྱར་ཏེ། འདི་ནི་དེའི་སྔ་ལྟས་ཡིན་ནོ། །འདི་ལ་ཆོས་ཉིད་ནི་འདི་ཡིན་ཏེ། དེ་ལ་འདི་སྐད་ཅེས་བྱའོ། །གང་ཚེ་བདེ་གཤེགས་སྤྱན་ནི་མཐོན་མཐིང་ལྡན། །གང་ཚེ་སྟོན་པ་བའི་རྫི་མར ་ལྡན། །དོན་འདོད་གང་ཡིན་དོན་མེད་འདོད་པ་གང། །མི་རྣམས་བདེ་རེག་མི་འདོད་གནོད་འདོད་གང། །ཇི་ལྟར་མ་ནི་བུ་ལ་སྙིང་བརྩེ་བ། །དེ་ལྟར་ཐུབ་པས་འཇིག་རྟེན་ཀུན་ལ་གཟིགས། །ལས་དགེ་བདེ་བ་སྐྱེད་པར་བྱེད་པ་འདི། །ཚེ་རབས་གཞན་དག་ཏུ་ནི ་སྟོན་པས་མཛད། །ལས་ཀྱི་རྣམ་སྨིན་དེ་ན་སྟོན་པ་ཡིན། །སྐུ་ལ་མཚན་ནི་རྣམ་གཉིས་བྱུང་བར་གྱུར། །ཅིའི་ཕྱིར་བྱང་ཆུབ་སེམས་དཔས་སྐྱེས་བུ་ཆེན་པོའི་མཚན་སྨིན་མཚམས་ཀྱིས་མཛོད་སྤུ་ཐོབ་ཅེ་ན། སྨྲས་པ། བྱང་ཆུབ་སེམས་དཔས་ནི་སྔོན ་གྱི་སྲིད་པ་དང། སྔོན་གྱི་གནས་དང། སྔོན་གྱི་ལུས་དང། སྔོན་གྱི་བདག་ཉིད་ཐོབ་པ་དང། སྔོན་གྱི་ཚེ་རབས་གཞན་དག་དང། འདས་པ་དང། ཟད་པ་དང། འགག་པ་དང། བྲལ་བ་དང། རྣམ་པར་གྱུར་པ་དང། ཡོངས་སུ་ཟད་པ་དག་ཏུ་ཕ་མ་དང། ཉེ་དུ་དང། རྒན་རབས་དང། ་བླ་མ་ལྟ་བུ་རྣམས་དང། གཞན་དགེ་སྦྱོང་དང། བྲམ་ཟེ་གནོད་པར་བྱ་བ་མ་ཡིན་པ་དང། གནོད་པར་བྱ་བ་ལ་མི་དགའ་བ་གང་ཡིན་དེ་དག་གི་བསྔགས་པ་དུས་སུ་བདེན་པར་བསྒྲགས་ཏེ། དེ་ལས་དེ་དང། ཡང་དག་པར་བླངས་པ་དེ་ལྟ་བུ་དང། ཡང་དག་པར་བཟུང་བ ་དེ་ལྟ་བུས་ལུས་ཞིག་ནས་དགའ་ལྡན་གྱི་ལྷ་རྣམས་དང་སྐལ་བ་མཉམ་པར་སྐྱེའོ། །དེ་དེར་སྐྱེས་ནས་རིང་པོ་མ་ལོན་པར་དགའ་ལྡན་གྱི་རིས་ཀྱི་ལྷ་སྔར་སྐྱེས་པ་རྣམས་ལས་ལྷའི་གནས་གསུམ་གྱིས་འཕགས་ཏེ། གསུམ་གང་ཞེ་ན། འདི་ལྟ་སྟེ། ལྷའི་ཚེ་དང། ལྷའི་ཁ ་དོག་དང། ལྷའི་གྲགས་པས་འཕགས་སོ། །དེ་དེར་ཚེའི་ཚད་ཇི་ཙམ་པ་དེ་སྲིད་དུ་གནས་ནས། དེ་ནས་ཤི་འཕོས་ཏེ་ཁམས་འདིར་མི་རྣམས་དང་སྐལ་པ་མཉམ་པར་སྐྱེའོ། །དེ་འདིར་རྒྱལ་པོའི་ཕོ་བྲང་དམ། མདུན་ན་འདོན་གྱི་ཁྱིམ་དུ་སྐྱེ་བར་འགྱུར་ཏེ། དེར་བྱང་ཆུབ་སེམས ་དཔའ་དེས་སྐྱེས་བུ་ཆེན་པོའི་མཚན་སྨིན་མཚམས་ཀྱི་མཛོད་སྤུ་ཐོབ་པར་འགྱུར་རོ། །དེའི་སྔ་ལྟས་ནི་འདི་ཡིན་ཏེ། གལ་ཏེ་ཁྱིམ་པར་འདུག་ཅིང་ཁྱིམ་ན་གནས་ན་ནི་འཁོར་ལོས་སྒྱུར་བའི་རྒྱལ་པོ་མཛའ་བཞིར་རྒྱལ་བ་ཆོས་ཀྱི་རྒྱལ་པོ་ཆོས་དང་ལྡན་པ་རིན་པོ་ཆེ་སྣ ་བདུན་དང་ལྡན་པར་འགྱུར་རོ། །དེའི་རིན་པོ་ཆེ་སྣ་འདུན་ནི་འདི་དག་ཡིན་ཏེ། འདི་ལྟ་སྟེ། འཁོར་ལོ་རིན་པོ་ཆེ་དང། གླང་པོ་རིན་པོ་ཆེ་དང། རྟ་རིན་པོ་ཆེ་དང། ནོར་བུ་རིན་པོ་ཆེ་དང། བུད་མེད་རིན་པོ་ཆེ་དང། ཁྱིམ་བདག་རིན་པོ་ཆེ་དང། བདུན་པ་སྟེ། བློན་པོ་རིན་པོ ་ཆེའོ། །དེའི་བུ་ནི་སྟོང་ཐམ་པ་ཡོད་དོ། །དཔའ་བ། རྟུལ་ཕོད་པ། ཡན་ལག་མཆོག་གི་གཟུགས་དང་ལྡན་པ་ཕ་རོལ་གྱི་སྡེ་རབ་ཏུ་འཇོམས་པ་ཤ་སྟག་གོ་།དེ་ནི་རྒྱ་མཚོ་ལ་ཐུག་པའི་ས་ཆེན་པོ་མ་ལུས་པ་གནོད་པར་སྔོ་བ་མེད་ཅིང་འཚེ་བ་མེད་པ་འདི་ཉིད་ཆད ་པ་མེད་པ་འདི་ཉིད་ཆད་པ་མེད་ཅིང་མཚོན་གྱི་བདའ་བ་མེད་ལ། ཆོས་དང་མཐུན་ཞིང་སྙོམས་པས་ལེགས་པར་བབ་སྟེ་གནས་པ། གང་གི་ཚེ་འཇིག་རྟེན་དུ་འཁོར་ལོས་སྒྱུར་བའི་རྒྱལ་པོ་བྱུང་བར་གྱུར་པ་ན་སྒྲ་དེ་སྐྱེ་བོ་མང་པོའི་དགའ་བ ་ཡིད་དུ་འོང་བར་འགྱུར་ཏེ། སྒྲ་དེ་ཡང་གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་ཀྱི་བར་དུ་གྲགས་པར་འགྱུར་ཏེ། བཙུན་མོའི་འཁོར་དང། གཞོན་ནུ་རྣམས་དང། བློན་པོ་རྣམས་དང། བཙོ་བོ་དང། དམག་གི་དུ་དང། གྲོང་མི་དང། ཡུལ་མི་རྣམས་ཀྱི་བཀུར ་སྟི་བྱེད། བླ་མར་བྱེད། རི་མོར་བྱེད། མཆོད་པར་བྱེད་དོ། །གལ་ཏེ་སྐྲ་དང་ཁ་སྤུ་རྣམས་བྲོགས་ཏེ། གོས་ངུར་སྨྲིག་དག་བགོས་ནས། དད་པས་ཁྱིམ་ནས་ཁྱིམ་མེད་པར་ལེགས་པ་ཁོ་ནར་རབ་ཏུ་བྱུང་ན་ནི་འཇིག་རྟེན་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང ་དག་པར་རྫོགས་པའི་སངས་རྒྱས་སུ་འགྱུར་ཏེ། སྒྲ་ཚར་གྲགས་པར་འགྱུར་རེ་ཞེས་གསུངས་ཏེ། གང་གི་ཚེ་འཇིག་རྟེན་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བྱུང་བར་གྱུར་པ་ན་སྒྲ་དེ་སྐྱེ་བོ་མང་པོའི་དགའ་བ་དང། ་ཡིད་དུ་འོང་བར་འགྱུར་ཏེ། སྒྲ་དེ་ཡང་འོག་མིན་མན་ཆད་དུ་གྲགས་པར་འགྱུར་ཏེ། དགེ་སློང་རྣམས་དང། དགེ་སློང་མ་རྣམས་དང། དགེ་སྙེན་རྣམས་དང། དགེ་བསྙེན་མ་རྣམས་དང། ལྷ་རྣམས་དང། ཀླུ་རྣམས་དང། ལྷ་མ་ཡིན་རྣམས་དང། ནམ་མཁའ་ལྡིང ་རྣམས་དང། དྲི་ཟ་རྣམས་དང། མི་འམ་ཅི་རྣམས་དང། ལྟོ་འཕྱེ་ཆེན་པོ་རྣམས་དང། གནོད་སྦྱིན་རྣམས་དང། སྲིན་པོ་རྣམས་དང། མི་རྣམས་དང། མི་མ་ཡིན་པ་རྣམས་ཀྱིས་བཀུར་སྟི་བྱེད། བླ་མར་བྱེད། རི་མོར་བྱེད། མཆོད་པར་བྱེད་དེ། འདི་ནི་དེའི་སྔ་ལྟས ་ཡིན་ནོ། །འདི་ལ་ཆོས་ཉིད་ནི་འདི་ཡིན་ཏེ། དེ་ལ་འདི་སྐད་ཅེས་བྱའོ། །དེ་བཞིན་མདངས་ནི་གསེར་མདོག་འདྲ་བ་ཡི། །སྨིན་མའི་མཚམས་སུ་མཛོད་སྤུ་སྐྱེས་པ་དེ། །དག་ཅིང་དཀར་ལ་སྡུག་ཅིང་བཟང་བ་དང། །མཛེས་ཤིང་དུང་གི་མདོག་དང་འདྲ་བ་སྟེ། ། ་བསྔགས་པར་འོས་པ་རྣམས་ཀྱིས་བསྔགས་པ་ནི། །བདེན་པར་དུས་སུ་དེ་བཞིན་རིག་པར་བརྗོད། །ལས་དགེ་བདེ་བ་སྐྱེད་པར་བྱེད་པ་འདི། །ཚེ་རབས་བཞན་དག་ཏུ་ནི་སྟོན་པས་མཛད། །ལས་ཀྱི་རྣམ་པར་སྨིན་པ་དེ་ཡིས་ན། །སྨིན་མཚམས་སུ་ནི་མཛོད་སྤུ་སྐྱེས་པར ་གྱུར། །ཆོས་མངོན་པ་གདགས་པའི་བསྟན་གཅོས་རྒྱུ་གདགས་པ་ལས། །མཚན་གྱི་ཕུང་པོ་ཞེས་བྱ་བ་ཕུང་པོ་དང་པོ་རྫོགས་སོ།། །།གླེང་གཞི་ནི་མཉན་དུ་ཡོད་པ་ན་སྟེ། དགེ་སློང་དག་འཁོར་ལོས་སྒྱུར་བའི་རྒྱལ་པོ་འཇིག་རྟེན་དུ་བྱུང་ན་རིན་པོ་ཆེ་སྣ ་བདུན་འཇིག་རྟེན་དུ་འབྱུང་བར་འགྱུར་ཏེ། བདུན་གང་ཞེ་ན། འདི་ལྟ་སྟེ། འཁོར་ལོ་རིན་པོ་ཆེ་དང། གླང་པོ་རིན་པོ་ཆེ་དང། རྟ་རིན་པོ་ཆེ་དང། ནོར་བུ་རིན་པོ་ཆེ་དང། བུད་མེད་རིན་པོ་ཆེ་དང། ཁྱིམ་བདག་རིན་པོ་ཆེ་དང། བདུན་པ་སྟེ་བློན་པོ་རིན་པོ་ཆེའོ། །དགེ་སློང་དག་དེ་ལྟར་ན ་འཁོར་ལོས་སྒྱུར་བའི་རྒྱལ་པོ་འཇིག་རྟེན་དུ་བྱུང་ན་རིན་པོ་ཆེ་སྣ་བདུན་དེ་ལྟ་བུ་དག་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །དགེ་སློང་དག་དེ་བཞིན་དུ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འཇིག་རྟེན་དུ་བྱུང་ན་བྱང་ཆུབ་ཡན་ལག་རིན ་པོ་ཆེ། བདུན་འཇིག་རྟེན་དུ་འབྱུང་བར་འགྱུར་ཏེ། བདུན་གང་ཞེ་ན། འདི་ལྟ་སྟེ། དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་རིན་པོ་ཆེ་དང། ཆོས་རྣམ་པར་འབྱེད་པ་དང། བརྩོན་འགྲུས་དང། དགའ་བ་དང། ཤིན་ཏུ་སྦྱངས་པ་དང། ཏིང་ངེ་འཛིན་དང། བདུན་པ་སྟེ ་གཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་རིན་པོ་ཆེའོ། །དགེ་སློང་དག་དེ་ལྟར་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འཇིག་རྟེན་དུ་བྱུང་ན་བྱང་ཆུབ་ཀྱི་ཡན་ལག་གི་རིན་པོ་ཆེ་བདུན་པོ་དེ་ལྟ་བུ་དག་འཇིག་རྟེན་དུ་འབྱུང ་བར་འགྱུར་རོ་ཞེས་དེ་སྐད་གསུངས་སོ། །ཅིའི་ཕྱིར་འཁོར་ལོས་སྒྱུར་བའི་རྒྱལ་པོས་འཁོར་ལོ་རིན་པོ་ཆེ་ཐོབ་པར་འགྱུར་ཞེ་ན། སྨྲས་པ། འཁོར་ལོས་སྒྱུར་བའི་རྒྱལ་པོས་ནི་སྔོན་གྱི་སྲིད་པ་ཞེས་བྱ་བ་ནས་རྒྱས་པར་སྦྱར་ཏེ། བདག་ཉིད་ཀྱིས་ཀྱང་སྲོག་གཅོད་པ ་སྤངས་ཤིང་སྲོག་གཅོད་པ་ལས་ཕྱིར་ལོག་སྟེ། དབྱུག་པ་སྤངས་ཤིང་མཚོན་ཆ་སྤངས་ལ་ངོ་ཚ་ཤེས་ཤིང་སྙིང་རྗེ་དང་ལྡན་ཏེ། སྲོག་ཆགས་སུ་གྱུར་པའི་སེམས་ཅན་ཐམས་ཅད་ལས་ཐ་ན་སྲོག་གྲོག་སྤུར་ཡན་ཆད་ཀྱི་སྲོག་གཅོད་པ་ལས ་སེམས་ཡོངས་སུ་སྦྱངས་ལ། །གཞན་དག་ཀྱང་སྲོག་གཅོད་པ་སྤོང་བ་ཡང་དག་པར་འཛིན་དུ་བཅུག་པ་དང། བདག་ཉིད་ཀྱི་ཀྱང་མ་བྱིན་པར་ལེན་པ་དང། འདོད་པ་ལ་ལོག་པར་གཡེམ་པ་དང། བརྫུན་དུ་སྨྲ་བ་དང། ཕྲ་མ་དང། ཚིག་རྩུབ་པོ་དང། ཚིག་ཀྱལ ་བ་དང། བརྣབ་སེམས་དང། གནོད་སེམས་དང། ལོག་པར་ལྟ་བ་སྤངས་ནས་ཡང་དག་པའི་ལྟ་བ་ཅན་དུ་གྱུར་ལ། གཞན་དག་ཀྱང་ཡང་དག་པའི་ལྟ་བ་ཡང་དག་པར་འཛིན་དུ་བཅུག་པས་ནི། དེ་གསོ་སྦྱོང་གི་དུས་ཚེས་བཅོ་ལྔ་དེ་ཉིད་ཀྱི་ཚེ་ཁྲུས་བྱས་ནས ་གསོ་སྦྱོང་བླངས་ཏེ་བློན་པོའི་ཚོགས་ཀྱི་བསྐོར་བ་ན། ཉི་མ་འཆར་ཀའི་ཚེ་ཤར་ཕྱོགས་ནས་ལྷའི་འཁོར་ལོ་རིན་པོ་ཆེ་བརྩིབས་སྟོང་པ་ལྟེ་བ་དང་བཅས་མུ་ཁྱུད་དང་བཅས་པ་དག་ཅིང་གཙང་ལ་མཁན་བཟོས་མ་བྱས་པ་ལྷ་རྫས་རིལ་གྱིས་གསེར ་ལས་གྲུབ་པ་འབྱུང་བར་འགྱུར་ཏེ། དེར་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བའི་རྒྱལ་པོས་མཐོང་ནས་དེ་འདི་སྙམ་དུ་སེམས་ཏེ། བདག་གིས་སྔོན་གྱི་འཁོར་ལོས་སྒྱུར་བ་རྣམས་ཀྱི་གཏམ་ཐོས་ན། རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བའི་རྒྱལ་པོ་གང ་ལ་གསོ་སྦྱོང་གི་ཚུལ་ཚེས་བཅོ་ལྔ་དེ་ཉིད་ཀྱི་ཚེ་ཁྲུས་བྱས་ནས་གསོ་སྦྱོང་བླངས་ཏེ། བློན་པོའི་ཚོགས་ཀྱིས་བསྐོར་བ་ན། ཉི་མ་འཆར་ཀའི་ཤར་ཕྱོགས་ནས་ལྷའི་འཁོར་ལོ་རིན་པོ་ཆེ་རྩིབས་སྟོང་པ་ལྟེ་བ་དང་བཅས་མུ་ཁྱུད་དང་བཅས་པ་དག་ཅིང ་གཙང་ལ་མཁན་བཟོད་མ་བྱས་པ་ལྷ་རྫས་རིལ་གྱིས་གསེར་ལས་གྲུབ་པ་འབྱུང་བར་འགྱུར་བ་དེ་འཁོར་ལོས་སྒྱུར་བའི་རྒྱལ་པོར་འགྱུར་རོ་ཞེས་ཟེར་བ་དང་སྦྱར་ན། བདག་ནི་འཁོར་ལོས་སྒྱུར་བའི་རྒྱལ་པོ་ཡིན་པར་ངེས་སོ་སྙམ་མོ། །དེ་ནས་འཁོར ་ལོས་སྒྱུར་བའི་རྒྱལ་པོ་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་ཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། ལྷའི་འཁོར་ལོ་རིན་པོ་ཆེ་ལག་པ་གཉིས་ཀྱིས་བླངས་ནས་གཡོན་པར་བཞག་སྟེ། ལག་པ་གཡས་པས་ཤར་ཕྱོགས་ལོགས་སུ་ཕུལ ་ནས་འདི་སྐད་དུ། འཁོར་ལོ་རིན་པོ་ཆེ་སྔོན་གྱི་འཕགས་པ་འཁོར་ལོས་སྒྱུར་བའི་ལམ་གང་ཡིན་པ་ལས་རྣམ་པར་རྒྱལ་བར་གྱིས་ཤིག་།ཀྱེ་འཁོར་ལོ་རིན་པོ་ཆེ་སྔོན་གྱི་འཕགས་པ་འཁོར་ལོས་སྒྱུར་བའི་ལམ་གང་ཡིན་པ་ལས་རྣམ་པ་ང་རྒྱལ་བར་གྱིས་ཤིག་། ་རྣམ་པར་རྒྱལ་བར་གྱིས་ཤིག་ཅེས་བྱས་ནས་ལྷའི་འཁོར་ལོ་རིན་པོ་ཆེ་སྔོན་གྱིས་འཁོར་ལོས་སྒྱུར་བའི་ལམ་གང་ཡིན་པར་འགྲོ་བར་འགྱུར་རོ། །འཁོར་ལོས་སྒྱུར་བའི་རྒྱལ་པོ་ཡང་དཔུང་གི་ཚོགས་ཡན་ལག་བཞི་པ་དང་ལྷན་ཅིག་ཏུ་ལྷའི་འཁོར་ལོ་རིན་པོ་ཆེ་དེའི ་ཕྱི་བཞིན་འགྲོ་བར་འགྱུར་ལ། །ལྷའི་འཁོར་ལོ་རིན་པོ་ཆེ་ཕྱོགས་གང་དུ་སྡོང་པ་དེར་འཁོར་ལོས་སྒྱུར་བའི་རྒྱལ་པོ་དཔུང་གི་ཚོགས་ཡན་ལག་བཞི་པ་དང་ལྷན་ཅིག་ཏུ་མཚན་མོའི་རྒོངས་མལ་འདེབས་སོ། །ཤར་ཕྱོགས་ཀྱི་རྒྱལ་ཕྲན་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད།། ་འཁོར་ལོས་སྒྱུར་བའི་རྒྱལ་པོ་ག་ལ་བ་དེར་སྡོང་སྟེ་ལྷགས་ནས་འདི་སྐད་དུ། ལྷ་ཆུར་གཤེགས་ལྷ་གཤེགས་པ་ལགས་སོ། །ཡུལ་འདི་དག་ནི་ལྷའི་ལགས་ཏེ། འབྱོར་པ་དང། རྒྱས་པ་དང། བདེ་བ་དང། ལོ་ལེགས་པ་དང། སྐྱེ་བོ་དང་མི་མང་པོས་གང་བ ་ལགས་ཀྱིས། འདི་དག་ལྷས་ལེགས་པར་གདུལ་དུ་གསོལ། །བདག་ཅག་ནི་ལྷའི་ཞམ་རིང་འཚལ་ལོ་ཞེས་ཟེར་ཏོ། །འཁོར་ལོས་སྒྱུར་བའི་རྒྱལ་པོས་ཀྱང་དེ་དག་ལ་འདི་སྐད་དུ། ཡུལ་གྱི་གཙོ་བོ་དག་དེ་བས་ན་རང་རང་གི་ཡུལ་འཁོར་ཇི་ལྟ་བ་བཞིན་དུ ་ཆོས་དང་མཐུན་པར་ལེགས་པར་ཐུལ་ཅིག་།ཆོས་མ་ཡིན་པས་མ་བྱེད་ཅིག། །ཡུལ་འཁོར་འདིར་ཆོས་མ་ཡིན་པ་སྤྱོད་པ་དང། འགལ་བར་བྱེད་པས་སུ་ཡང་གནས་སུ་མ་གཞུག་ཅིག་།དེ་ལྟར་བྱེད་དང་ཁྱེད་ངའི་ཞམ་རིང་བྱེད་པ་ཡིན་ནོ་ཞེས་བསྒོའོ། །དེ་ནས ་ལྷའི་འཁོར་ལོ་རིན་པོ་ཆེས་ཤར་ཕྱོགས་ལེགས་པར་བཏུལ་ཏེ་ཤར་ཕྱོགས་ཀྱི་རྒྱ་མཚོ་ཆེན་པོ་ལས་བརྒལ་ནས་ལྷོ་ཕྱོགས་སུ་སྔོན་གྱིས་འཕགས་པ་འཁོར་ལོས་སྒྱུར་བའི་ལམ་གང་ཡིན་པ་ལོགས་སུ་འགྲོ་སྟེ། འཁོར་ལོས་སྒྱུར་བའི ་ལམ་དེར་འཁོར་ལོ་རིན་པོ་ཆེ་འགྲོའོ་འཁོར་ལོས་སྒྱུར་བའི་རྒྱལ་པོ་ཡང་དཔུང་གི་ཚོགས་ཡན་ལག་བཞི་པ་དང་ལྷན་ཅིག་ཏུ་ལྷའི་འཁོར་ལོ་རིན་པོ་ཆེ་དེའི་ཕྱི་བཞིན་འགྲོ་བར་འགྱུར་ལ། །ལྷའི་འཁོར་ལོ་རིན་པོ་ཆེ་ཕྱོགས་གང་དུ་སྡོད་པ་དེར་འཁོར་ལོས་སྒྱུར ་པའི་རྒྱལ་པོ་དཔུང་གི་ཚོགས་ཡན་ལག་བཞི་པ་དང་ལྷན་ཅིག་ཏུ་མཚན་མོའི་རྒོང་ས་མལ་འདེབས་སོ། །ལྷོ་ཕྱོགས་ཀྱི་རྒྱལ་ཕྲན་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་ཀྱང་འཁོར་ལོས་སྒྱུར་བའི་རྒྱལ་པོ་ག་ལ་བ་དེར་དོང་སྟེ་ཞེས་བྱ་བ་ནས་རྒྱས་པར་སྔར་ཇི་སྐད ་བསྟན་བཞིན་དུ་བརྗོད་པར་བྱའོ། །དེ་ནས་ལྷའི་འཁོར་ལོ་རིན་པོ་ཆེས་ལྷོ་ཕྱོགས་ལེགས་པར་བཏུལ་ཏེ་ལྷོ་ཕྱོགས་ཀྱི་རྒྱ་མཚོ་ལས་བརྒལ་ནས་ནུབ་ཕྱོགས་སུ་སྔོན་གྱི་འཕགས་པ་འཁོར་ལོས་སྒྱུར་བའི་ལམ་གང་ཡིན་པ་ལོགས་སུ་འགྲོ་སྟེ། འཁོར ་ལོས་སྒྱུར་བའི་ལམ་དེར་ལྷའི་འཁོར་ལོ་རིན་པོ་ཆེ་འགྲོའོ། །འཁོར་ལོས་སྒྱུར་བའི་རྒྱལ་པོ་ཡང་དཔུང་གི་ཚོགས་ཡན་ལག་བཞི་པ་དང་ལྷན་ཅིག་ཏུ་ལྷའི་འཁོར་ལོ་རིན་པོ་ཆེ་དེའི་ཕྱི་བཞིན་དུ་འགྲོ་བར་འགྱུར་ལ། ལྷའི་འཁོར་ལོ་རིན་པོ་ཆེ་ཕྱོགས་གང་དུ་སྡོད ་པ་དེར་འཁོར་ལོས་སྒྱུར་བའི་རྒྱལ་པོ་དཔུང་གི་ཚོགས་ཡན་ལག་བཞི་པ་དང་ལྷན་ཅིག་ཏུ་མཚན་མོའི་རྒོངས་མལ་འདེབས་སོ། །ནུབ་ཕྱོགས་ཀྱི་རྒྱལ་ཕྲན་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་ཀྱང་འཁོར་ལོས་སྒྱུར་བའི་རྒྱལ་པོ་ག་ལ་བ་དེར་དོང་སྟེ་ཞེས ་བྱ་བ་ནས་རྒྱས་པར་སྔར་ཇི་སྐད་བསྟན་པ་བཞིན་དུ་བརྗོད་པར་བྱའོ། །དེ་ནས་ལྷའི་འཁོར་ལོ་རིན་པོ་ཆེས་ནུབ་ཕྱོགས་ལེགས་པར་བཏུལ་ཏེ་ནུབ་ཕྱོགས་ཀྱི་རྒྱ་མཚོ་ལས་རྒལ་ནས། བྱང་ཕྱོགས་སུ་སྔོན་གྱི་འཕགས་པ་འཁོར་ལོས་སྒྱུར་བའི་ལམ ་གང་ཡིན་པ་ལོགས་སུ་འགྲོ་སྟེ། འཁོར་ལོས་སྒྱུར་བའི་ལམ་དེར་ལྷའི་འཁོར་ལོ་རིན་པོ་ཆེ་འགྲོའོ། །འཁོར་ལོས་སྒྱུར་བའི་རྒྱལ་པོ་ཡང་དཔུང་གི་ཚོགས་ཡན་ལག་བཞི་པ་དང་ལྷན་ཅིག་ཏུ་ལྷའི་འཁོར་ལོ་རིན་པོ་ཆེ་དེའི་ཕྱི་བཞིན་འགྲོ་བར་འགྱུར་ལ། ལྷའི་འཁོར་ལོ་རིན་པོ་ཆེ ་ཕྱོགས་གང་དུ་སྡོད་པ་དེར་འཁོར་ལོས་སྒྱུར་བའི་རྒྱལ་པོ་དཔུང་གི་ཚོགས་ཡན་ལག་བཞི་པ་དང་ལྷན་ཅིག་ཏུ་མཚན་མོའི་རྒོངས་མལ་འདེབས་སོ། །བྱང་ཕྱོགས་ཀྱི་རྒྱལ་ཕྲན་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་ཀྱང་འཁོར་ལོས་སྒྱུར་པའི་རྒྱལ་པོ་ག་ལ་བ་དེར་དེད?་སྟེ ་ཞེས་བྱ་བ་ནས་རྒྱས་པར་སྔར་ཇི་སྐད་བསྟན་པ་བཞིན་དུ་བརྗོད་པར་བྱའོ། །དེ་ནས་ལྷའི་འཁོར་ལོ་རིན་པོ་ཆེས་བྱང་ཕྱོགས་ལེགས་པར་བཏུལ་ཏེ། བྱང་ཕྱོགས་ཀྱི་རྒྱ་མཚོ་ཆེན་པོ་ལས་རྒལ་ནས་རྒྱལ་པོའི་ཕོ་བྲང་དེ་ཉིད་དུ་འོངས་སྟེ། །གདན་ཚོམ་པོའི་སྟེང་ན་སྲོག ་ཤིང་ལ་བཞག་པ་བཞིན་དུ་གནས་སོ། །འདི་ལ་ཆོས་ཉིད་ནི་འདི་ཡིན་ཏེ། དེ་ལ་འདི་སྐད་ཅེས་བྱའོ། །སྲོག་གཅོད་པ་ནི་སྤངས་པ་དང། །མ་བྱིན་ལེན་པ་སྤངས་པ་དང། །གཞན་གྱི་ཆུད་མ་སྤངས་པ་དང། །བདེན་སྨྲ་ཕྲ་མ་མི་བྱེད་དང། །ཚིག་རྩུབ་པ་སྨྲ་བ་མི ་བྱེད་དང། །དུས་མིན་ཀུན་ཏུ་སྨྲ་མི་བྱེད། །ནོར་རྣམས་ལ་ནི་བརྣབ་སེམས་མེད། །ལོག་པར་ལྟ་བ་སྤངས་ནས་ཀྱང། །ཡང་དག་ལྟ་བ་སྤྱོད་པར་གྱུར། །དཀར་པོའི་ལས་ལམ་བཅུ་པོ་རྣམས། །སྔོན་ནི་ཡང་དག་བླངས་པར་གྱུར། །དེས་ན་འཁོར་ལོ་རྩིབས་སྟོང ་པ། །ལྟེ་བར་བཅས་དང་མུ་ཁྱུད་བཅས། །རྒྱལ་པོ་ཡིས་ནི་ཐོབ་པར་འགྱུར། །གཞན་ཡང་འཁོར་ལོས་སྒྱུར་བའི་རྒྱལ་པོ་བཞི་ཡོད་དེ། །གང་གི་གསེར་གྱི་འཁོར་ལོ་རིན་པོ་ཆེ་འབྱུང་བར་འགྱུར་བའི་འཁོར་ལོས་སྒྱུར་བའི་རྒྱལ་པོ་ཡང་ཡོད་དོ། །གང་གི་དངུལ ་གྱི་འཁོར་ལོ་འབྱུང་བར་འགྱུར་བའི་འཁོར་ལོས་སྒྱུར་བའི་རྒྱལ་པོ་ཡང་ཡོད་དོ། །གང་གི་ཟངས་ཀྱི་འཁོར་ལོ་འབྱུང་བར་འགྱུར་བའི་འཁོར་ལོས་སྒྱུར་བའི་ང་རྒྱལ་པོ་ཡང་ཡོད་དོ། །གང་གི་ལྕགས་ཀྱི་འཁོར་ལོ་འབྱུང་བར་འགྱུར་བའི་འཁོར་ལོས་སྒྱུར ་བའི་རྒྱལ་པོ་ཡང་ཡོད་དོ། །དེ་ལས་འཁོར་ལོས་སྒྱུར་བའི་རྒྱལ་པོ་གང་གི་གསེར་གྱི་འཁོར་ལོ་རིན་པོ་ཆེ་འབྱུང་བར་འགྱུར་བའི་འཁོར་ལོས་སྒྱུར་བའི་རྒྱལ་པོ་དེས་ནི་སྔོན་གྱི་སྲིད་པ་ཞེས་བྱ་བ་ནས་རྒྱས་པར་སྦྱར་ཏེ། བདག་ཉིད་ཀྱིས ་ཀྱང་དགེ་བ་བཅུའི་ལས་ཀྱི་ལམ་རྣམ་པར་དག་པ་ཡང་དག་པར་བླངས་ཏེ་གནས་ལ། གཞན་དག་ཀྱང་དགེ་བ་བཅུའི་ལས་ཀྱི་ལམ་ཡང་དག་པར་འཛིན་དུ་བཅུག་པས། དེས་གསོ་སྦྱོང་གི་དུས་ཚེས་བཅོ་ལྔ་དེ་ཉིད་ཀྱིས་ཚེ་ཁྲུས་བྱས་ནས་གསོ་སྦྱོང་བླངས ་ཏེ་བློན་པོའི་ཚོགས་ཀྱིས་བསྐོར་བ་ན། ཉི་མ་འཆར་ཀའི་ཚེ་ཤར་ཕྱོགས་ནས་ལྷའི་འཁོར་ལོ་རིན་པོ་ཆེ་རྩིབས་སྟོང་པ་ལྟེ་བ་དང་བཅས་པ་མུ་ཁྱུད་དང་བཅས་པ་དག་ཅིང་གཙང་ལ་མཁན་བཟོས་མ་བྱས་པ་ལྷ་རྫས་རིལ་གྱིས་གསེར་ལས་གྲུབ་པ་འབྱུང་བར ་འགྱུར་ཏེ། དེར་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བའི་རྒྱལ་པོས་མཐོང་ནས་དེ་འདི་སྙམ་དུ་སེམས་ཏེ། བདག་གིས་སྔོན་གྱི་འཁོར་ལོས་སྒྱུར་བ་རྣམས་ཀྱི་གཏམ་ཐོས་ནས། རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བའི་རྒྱལ་པོ་གང་ལ་གསོ་སྦྱོང་གི་དུས་ཚེས ་བཅོ་ལྔ་དེ་ཉིད་ཀྱི་ཚེ་ཁྲུས་བྱས་ནས་གསོ་སྦྱོང་བླངས་ཏེ་བློན་པོའི་ཚོགས་ཀྱིས་བསྐོར་བ་ན། ཉི་མའི་འཆར་ཁའི་ཆེ་ཤར་ཕྱོགས་ནས་ལྷའི་འཁོར་ལོ་རིན་པོ་ཆེ་རྩིབས་སྟོང་པ། ལྟེ་བ་དང་བཅས། མུ་ཁྱུད་དང་བཅས་པ། དག་ཅིང་གཙང་ལ་མཁན་བཟོས་མ ་བྱས་པ། ལྷ་རྫས་རིལ་གྱི་གསེར་ལས་གྲུབ་པར་འབྱུང་བར་འགྱུར་བ་དེ་འཁོར་ལོས་སྒྱུར་བའི་རྒྱལ་པོར་འགྱུར་རོ་ཞེས་ཟེར་བ་དང་སྦྱར་ན། བདག་ནི་འཁོར་ལོས་སྒྱུར་བའི་རྒྱལ་པོ་ཡིན་པར་ངེས་སོ་སྙམ་མོ། །དེ་ནས་འཁོར་ལོས་སྒྱུར་བའི་རྒྱལ་པོ་སྟན་ལས ་ལངས་ཏེ་བླ་གོས་ཕྲག་པ་གཅིག་ལ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། ལྷའི་འཁོར་ལོ་རིན་པོ་ཆེ་ལག་པ་གཉིས་ཀྱིས་བླངས་ནས་ལག་པ་གཡོན་པར་བཞག་སྟེ། ལག་པ་གཡས་པས་ཤར་ཕྱོགས་ལོགས་སུ་ཕུལ་ནས་འདི་སྐད ་དུ། འཁོར་ལོ་རིན་པོ་ཆེ་སྔོན་གྱི་འཕགས་པ་འཁོར་ལོས་སྒྱུར་བའི་ལམ་གང་ཡིན་པ་ལས་རྣམ་པར་རྒྱལ་བར་གྱིས་ཤིག་།ཀྱེ་འཁོར་ལོ་རིན་པོ་ཆེ་སྔོན་གྱི་འཕགས་པ་འཁོར་ལོས་སྒྱུར་བའི་ལམ་གང་ཡིན་པ་ལས་རྣམ་པར་རྒྱལ་བར་གྱིས་ཤིག་།རྣམ་པར་རྒྱལ་བར ་གྱིས་ཤིག་ཅེས་བྱས་ན། ལྷའི་འཁོར་ལོ་རིན་པོ་ཆེ་སྔོན་གྱི་འཁོར་ལོས་སྒྱུར་བའི་ལམ་གང་ཡིན་པར་འགྲོ་བར་འགྱུར་རོ། །འཁོར་ལོས་སྒྱུར་བའི་རྒྱལ་པོ་ཡང་དཔུང་གི་ཚོགས་ཡན་ལག་བཞི་པ་དང་ལྷན་ཅིག་ཏུ་ལྷའི་འཁོར་ལོ་རིན་པོ་ཆེ་དེའི་ཕྱི་བཞིན་འགྲོ་བར་འགྱུར ་ལ། ལྷའི་འཁོར་ལོ་རིན་པོ་ཆེ་ཕྱོགས་གང་དུ་སྡོད་པ་དེར་འཁོར་ལོས་སྒྱུར་བའི་རྒྱལ་པོ་དཔུང་གི་ཚོགས་ཡན་ལག་བཞི་པ་དང་ལྷན་ཅིག་ཏུ་མཚན་མོའི་རྒོངས་མལ་འདེབས་སོ། །ཤར་ཕྱོགས་ཀྱི་རྒྱལ་ཕྲན་རྣམས་ཀྱི་ཀྱང་འཁོར་ལོས་སྒྱུར་བའི་རྒྱལ་པོ་གཤེགས ་སོ་ཞེས་ཐོས་སོ། །ཐོས་ནས་ཀྱང་མཆོད་ཡོན་ཁྱེར་ནས་འཁོར་ལོས་སྒྱུར་བའི་རྒྱལ་པོ་ག་ལ་བ་དེར་དོད་སྟེ་ལྷགས་ནས་འདི་སྐད་དུ། ཚུར་གཤེགས། ལྷ་གཤེགས་པ་ལེགས་སོ། །ཡུལ་འདི་དག་ནི་ལྷའི་ལགས་ཏེ། འབྱོར་བ་དང། རྒྱས་པ་དང། བདེ་བ་དང། ་ལོ་ལེགས་དང། སྐྱེ་བོ་དང་མི་མང་པོས་གང་བ་ལགས་ཀྱིས། འདི་དག་ལྷས་ལེགས་པར་གདུལ་དུ་གསོལ། །བདག་ཅག་ནི་ལྷའི་ཞམ་རིང་འཆལ་ལོ་ཞེས་འཛེར་ཏོ། །འཁོར་ལོས་སྒྱུར་བའི་རྒྱལ་པོས་ཀྱང་དེ་དག་ལ་འདི་སྐད་དུ། ཡུལ་གྱི་གཙོ་བོ་དག་དེ་བས་ན། ་རང་རང་གི་ཡུལ་འཁོར་ཇི་ལྟ་བ་བཞིན་དུ་ཆོས་དང་མཐུན་པར་ལེགས་པར་ཐུལ་ཅིག་།ཆོས་མ་ཡིན་པར་མ་བྱེད་ཅིག་།ཡུལ་འཁོར་འདིར་ཆོས་མ་ཡིན་པ་སྤྱོད་པ་དང། འགལ་བར་བྱེད་པ་སུ་ཡང་གནས་སུ་མ་ཞུགས་ཤིག་།དེ་ལྟར་བྱེད་དང་ཁྱེད་ངའི་ཞམ ་རིང་བྱེད་པ་ཡིན་ནོ་ཞེས་བསྒོའོ། །དེ་ནས་ལྷའི་འཁོར་ལོ་རིན་པོ་ཆེ་ཤར་ཕྱོགས་ལེགས་པར་ཕབ་ཏེ་ཤར་ཕྱོགས་ཀྱི་རྒྱ་མཚོ་ཆེན་པོ་ལས་བརྒལ་ནས་ལྷོ་ཕྱོགས་དང། ནུབ་ཕྱོགས་དང། བྱང་ཕྱོགས་ནས་རྒྱས་པར་རྒྱལ་པོའི་ཕོ་བྲང་དེ་ཉིད་ཀྱི་བར་འོངས་ཏེ། ། ་གདན་ཚོམ་པོའི་སྟེང་ན་སྲོག་ཤིང་ལ་བཞག་པ་བཞིན་དུ་གནས་སོ། །དེ་ལ་འཁོར་ལོས་སྒྱུར་བའི་རྒྱལ་པོ་གང་གི་དངུལ་གྱི་འཁོར་ལོ་འབྱུང་བར་འགྱུར་བའི་རྒྱལ་པོ་དེས་ནི་སྔོན་གྱི་སྲིད་པ་ཞེས་བྱ་བ་ནས་རྒྱས་པར་སྦྱར་ཏེ། །བདག་ཉིད་ཀྱི ་ཀྱང་དགེ་བ་བཅུའི་ལས་ཀྱི་ལམ་ཡང་དག་པར་བླངས་ཏེ་གནས། གཞན་དག་ཀྱང་དགེ་བ་བཅུའི་ལས་ཀྱི་ལམ་ཡང་དག་པར་འཛིན་དུ་བཅུག་པས་ན། དེ་ལ་ཡང་སྔ་མ་བཞིན་དུ། དེ་གསོ་སྦྱོང་གི་དུས་ཚེས་བཅོ་ལྔ་དེ་ཉིད་ཀྱི་ཆེ་ཁྲུས་བྱས་ནས་གསོ་སྦྱོང ་བླངས་ཏེ། བློན་པོའི་ཚོགས་ཀྱི་བསྐོར་བ་ནས། ཉི་མ་འཆར་ཀའི་ཚེ། ཤར་ཕྱོགས་ནས་ལྷའི་འཁོར་ལོ་རིན་པོ་ཆེ་རྩིབས་སྟོང་པ། ལྟེ་བ་དང་བཅས་མུ་ཁྱུད་དང་བཅས་པ་དག་ཅིང་གཙང་ལ་མཁན་བཟོས་མ་བྱས་པ། ལྷ་རྫས་རིལ་གྱིས་དངུལ་ལས་གྲུབ་པ ་འབྱུང་བར་འགྱུར་ཏེ། དེར་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བའི་རྒྱལ་པོས་མཐོང་ནས་དེ་འདི་སྙམ་དུ་སེམས་ཏེ། བདག་གི་སྔོན་གྱི་འཁོར་ལོས་སྒྱུར་བ་རྣམས་ཀྱི་གཏམ་ཐོས་ནས། རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བའི་རྒྱལ་པོ་གང་ལ་གསོ ་སྦྱོང་གི་དུས་ཚེས་བཅོ་ལྔ་དེ་ཉིད་ཀྱི་ཚེ། ཁྲུས་བྱས་ནས་གསོ་སྦྱོང་བླངས་ཏེ། བློན་པོའི་ཚོགས་ཀྱི་བསྐོར་བ་ན། ཉི་མ་འཆར་ཀའི་ཚེ་ཤར་ཕྱོགས་ནས་ལྷའི་འཁོར་ལོ་རིན་པོ་ཆེ་རྩིབས་སྟོང་བ་ལྟེ་བ་དང་བཅས། མུ་ཁྱུད་དང་བཅས་པ། དག་ཅིང་གཙང་ལ ་མཁན་བཟོས་མ་བྱས་པ་ལྷ་རྫས་རིལ་གྱིས་དངུལ་ལས་གྲུབ་པ་འབྱུང་བར་འགྱུར་བ་དེ་འཁོར་ལོས་སྒྱུར་བའི་རྒྱལ་པོར་འགྱུར་རོ་ཞེས་ཟེར་བ་དང་སྦྱར་ན། བདག་ནི་འཁོར་ལོས་སྒྱུར་བའི་རྒྱལ་པོ་ཡིན་པར་དེས་སོ་སྙམ་མོ། །དེ་ནས་འཁོར ་ལོས་སྒྱུར་བའི་རྒྱལ་པོ་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་བཟར་ནས་པུས་མོ་གཡས་པའི་ལྷ་ངས་ལ་བཙུག་ཏེ། ལྷའི་འཁོར་ལོ་རིན་པོ་ཆེ་ལག་པ་ཉིས་ཀྱིས་བླངས་ནས་ལག་པ་གཡོན་པར་བཞག་སྟེ། ལག་པ་གཡས་པས ་ཤར་ཕྱོགས་ལོགས་སུ་ཕུལ་ནས་འདི་སྐད་དུ། འཁོར་ལོ་རིན་པོ་ཆེ་སྔོན་གྱི་འཕགས་པ་འཁོར་ལོས་སྒྱུར་བའི་ལམ་གང་ཡིན་པ་ལས་རྣམ་པར་རྒྱལ་བར་གྱིས་ཤིག་།ཀྱེ་འཁོར་ལོ་རིན་པོ་ཆེ་སྔོན་གྱི་འཕགས་པ་འཁོར་ལོས་སྒྱུར་བའི་ལམ་གང་ཡིན་པ་ལས་རྣམ་པར ་རྒྱལ་བར་གྱིས་ཤིག་།རྣམ་པར་རྒྱལ་བར་གྱིས་ཤིག་ཅེས་བྱས་ནས་ལྷའི་འཁོར་ལོ་རིན་པོ་ཆེ་སྔོན་གྱི་འཁོར་ལོས་སྒྱུར་བའི་ལམ་གང་ཡིན་པར་འགྲོ་བར་འགྱུར་རོ། །འཁོར་ལོས་སྒྱུར་བའི་རྒྱལ་པོ་དཔུང་གི་ཚོགས་ཡན་ལག་བཞི་དང་ལྷན་ཅིག་ཏུ་ལྷའི་འཁོར ་ལོ་རིན་པོ་ཆེ་དེའི་ཕྱི་བཞིན་འགྲོ་བར་འགྱུར་ལ། ལྷའི་འཁོར་ལོ་རིན་པོ་ཆེ་ཕྱོགས་གང་དུ་སྡོད་བ་དེར་འཁོར་ལོས་སྒྱུར་བའི་རྒྱལ་པོ་དཔུང་གི་ཚོགས་ཡན་ལག་བཞི་དང་ལྷན་ཅིག་ཏུ་མཚན་མོའི་རྒོངས་མལ་འདེབས་སོ། །ཤར་ཕྱོགས་ཀྱི་རྒྱལ་ཕྲན་རྣམས་ཀྱི་ཀྱང ་འཁོར་ལོས་སྒྱུར་བའི་རྒྱལ་པོ་གཤེགས་སོ་ཞེས་ཐོས་སོ། །ཐོས་ནས་ཀྱང་འཁོར་ལོས་སྒྱུར་བའི་རྒྱལ་པོའི་ཐད་དུ་འདོད་པར་ནི་མི་བྱེད་ཀྱི། གང་གི་ཚེ་འཁོར་ལོས་སྒྱུར་བ་གཤེགས་པ་དེའི་ཚེ། མཆོད་ཡོན་ཁྱེར་ནས་འཁོར་ལོས་སྒྱུར་བའི་རྒྱལ་པོ་ག་ལ་བ་དེར ་དོང་སྟེ་ལྷགས་ནས་འདི་སྐད་དུ། ལྷ་ཚུར་གཤེགས་ལྷ་ཚུར་གཤེགས་པ་ལེགས་སོ། །ཡུལ་འདི་དག་ནི་ལྷའི་ལགས་ཏེ། འབྱོར་པ་དང། རྒྱས་པ་དང། བདེ་བ་དང། ལོ་ལེགས་པ་དང། སྐྱེ་བོ་དང་མི་མང་པོས་གང་བ་ལགས་ཀྱིས། འདི་དག་ལྷས་ལེགས་པར ་གདུལ་དུ་གསོལ། བདག་ཅག་ནི་ལྷའི་ཞམ་རིང་འཚལ་ལོ་ཞེས་འཛེར་ཏོ། །འཁོར་ལོས་སྒྱུར་བའི་རྒྱལ་པོས་ཀྱང་དེ་དག་ལ་འདི་སྐད་དུ། ཡུལ་གྱི་གཙོ་བོ་དག་དེ་བས་ན། རང་རང་གི་ཡུལ་འཁོར་ཇི་ལྟ་བ་བཞིན་དུ་ཆོས་དང་མཐུན་པས་ལེགས་པར་ཐུལ་ཅིག་། ་ཆོས་མ་ཡིན་པས་མ་བྱེད་ཅིག་།ཡུལ་འཁོར་འདིར་ཆོས་མ་ཡིན་པ་སྤྱོད་པ་དང། འགལ་བར་བྱེད་པ་སུ་ཡང་གནས་སུ་མ་ཞུགས་ཤིག་།དེ་ལྟར་བྱེད་དང་ཁྱེད་པའི་ཞམ་རིང་བྱེད་པ་ཡིན་ནོ་ཞེས་བསྒོའོ། །དེ་ནས་ལྷའི་འཁོར་ལོ་རིན་པོ་ཆེས་ཤར་ཕྱོགས་ལེགས ་པར་བཏུལ་ཏེ། ཤར་ཕྱོགས་ཀྱི་རྒྱ་མཚོ་ཆེན་པོ་ལས་བརྒལ་ནས། ལྷོ་ཕྱོགས་དང། ནུབ་ཕྱོགས་དང། བྱང་ཕྱོགས་ནས་རྒྱས་པར་རྒྱལ་པོའི་ཕོ་བྲང་དེ་ཉིད་ཀྱི་བར་དུ་འོངས་ཏེ། གདན་ཚོམ་པའི་སྟེང་ན་སྲོག་ཤིང་ལ་བཞག་པ་བཞིན་དུ་གནས ་སོ། །དེ་ལ་འཁོར་ལོས་སྒྱུར་བའི་རྒྱལ་པོ་གང་གི་ཟངས་ཀྱི་འཁོར་ལོ་འབྱུང་བར་འགྱུར་བའི་འཁོར་ལོས་སྒྱུར་བའི་རྒྱལ་པོ་དེས་ནི་སྔོན་གྱི་སྲིད་པ་ཞེས་བྱ་བ་ནས་རྒྱས་པར་སྦྱར་ཏེ། བདག་ཉིད་ཀྱིས་ཀྱང་དགེ་བ་བཅུའི་ལས་ཀྱི་ལམ་ཡང་དག་པར་བླངས་ཏེ། གནས་ལ ་གཞན་དག་ཀྱང་དགེ་བ་བཅུའི་ལས་ཀྱི་ལམ་ཡང་དག་པར་འཛིན་དུ་བཅུག་པ་ན། དེ་ལས་ཡང་སྔ་མ་བཞིན་དུ་དེ་གསོ་སྦྱོང་གི་དུས་ཚེས་བཅོ་ལྔ་དེ་ཉིད་ཀྱི་ཚེ་ཁྲུས་བྱས་ནས་གསོ་སྦྱོང་བླངས་ཏེ། བློན་པོའི་ཚོགས་ཀྱིས་བསྐོར་བ་ན། ཉི་མ་འཆར་ཀའི་ཚེ། ཤར ་ཕྱོགས་ནས་ལྷའི་འཁོར་ལོ་རིན་པོ་ཆེ་རྩིབས་སྟོང་པ། ལྟེ་བ་དང་བཅས་མུ་ཁྱུད་དང་བཅས་པ་དག་ཅིང་གཙང་ལ་མཁན་བཟོས་མ་བྱས་པ་ལྷ་རྫས་རིལ་གྱི་ཟངས་ལས་གྲུབ་པ་འབྱུང་བར་འགྱུར་ཏེ། དེར་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བའི་རྒྱལ་པོས་མཐོང ་ནས་དེ་འདི་སྙམ་དུ་སེམས་ཏེ། བདག་གིས་སྔོན་གྱི་འཁོར་ལོས་སྒྱུར་བ་རྣམས་ཀྱི་གཏམ་ཟོས་ན། རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བའི་རྒྱལ་པོ་གང་ལ། གསོ་སྦྱོང་གི་དུས་ཚེས་བཅོ་ལྔ་དེ་ཉིད་ཀྱི་ཚེ། ཁྲུས་བྱས་ནས་གསོ་སྦྱོང་བླངས་ཏེ། བློན་པོའི་ཚོགས་ཀྱི་བསྐོར ་བ་ན། ཉི་མ་འཆར་ཀའི་ཚེ། ཤར་ཕྱོགས་ནས་ལྷའི་འཁོར་ལོ་རིན་པོ་ཆེ་རྩིབས་སྟོང་བ་ལྟེ་བ་དང་བཅས། མུ་ཁྱུད་དང་བཅས་པ། དག་ཅིང་གཙང་ལ་མཁན་བཟོས་མ་བྱས་པ། ལྷ་རྫས་རིལ་གྱིས་ཟངས་ལས་གྲུབ་འབྱུང་བར་འགྱུར་བ་དེ། འཁོར་ལོས་སྒྱུར་བའི ་རྒྱལ་པོར་འགྱུར་རོ་ཞེས་ཟེར་བ་དང་སྦྱར་ན། བདག་ནི་འཁོར་ལོས་སྒྱུར་བའི་རྒྱལ་པོ་ཡིན་པར་དེས་སོ་སྙམ་མོ། །དེ་ནས་འཁོར་ལོས་སྒྱུར་པའི་རྒྱལ་པོ་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། ་ལྷའི་འཁོར་ལོ་རིན་པོ་ཆེ་ལག་པ་གཉིས་ཀྱིས་བླངས་ནས། ལག་པ་གཡོན་པར་བཞག་སྟེ། ལག་པ་གཡས་པས་ཤར་ཕྱོགས་ལོགས་སུ་ཕུལ་ནས་འདི་སྐད་དུ་འཁོར་ལོ་རིན་པོ་ཆེ་སྔོན་གྱི་འཕགས་པ་འཁོར་ལོས་སྒྱུར་བའི་ལམ་གང་ཡིན་པ་ལ་རྣམ་པར་རྒྱལ་བར་གྱིས་ཤིག་། ་ཀྱི་འཁོར་ལོ་རིན་པོ་ཆེ་སྔོན་གྱི་འཕགས་པ་འཁོར་ལོས་སྒྱུར་བའི་ལམ་གང་ཡིན་པ་ལས་རྣམ་པར་རྒྱལ་བར་གྱིས་ཤིག་།རྣམ་པར་རྒྱལ་བར་གྱིས་ཤིག་ཅེས་བྱས་ནས། ལྷའི་འཁོར་ལོ་རིན་པོ་ཆེ་སྔོན་གྱི་འཁོར་ལོས་སྒྱུར་བའི་ལམ་གང་ཡིན་པར་འགྲོ་བར་འགྱུར་རོ། ། ་འཁོར་ལོས་སྒྱུར་བའི་རྒྱལ་པོ་ཡང་དཔུང་གི་ཚོགས་ཡན་ལག་བཞི་པ་དང་ལྷན་ཅིག་ཏུ། ལྷའི་འཁོར་ལོ་རིན་པོ་ཆེ་དེའི་ཕྱི་བཞིན་དུ་འགྲོ་བར་འགྱུར་ལ། ལྷའི་འཁོར་ལོ་རིན་པོ་ཆེ་ཕྱོགས་གང་དུ་སྡོད་པ་དེར། འཁོར་ལོས་སྒྱུར་བའི་རྒྱལ་པོ་དཔུང་གི་ཚོགས་ཡན་ལག་བཞི་པ་དང ་ལྷན་ཅིག་ཏུ་མཚན་མོའི་རྒོངས་མལ་འདེབས་སོ། །ཤར་ཕྱོགས་ཀྱི་རྒྱལ་ཕྲན་རྣམས་ཀྱིས་ཀྱང། འཁོར་ལོས་སྒྱུར་བའི་རྒྱལ་པོ་གཤེགས་སོ་ཞེས་ཐོས་སོ། །ཐོས་ནས་ཀྱང་དཔུང་གི་ཚོགས་ཡན་ལག་བཞི་པ་གླང་པོ་ཆེའི་ཚོགས་དང། རྟའི་ཚོགས་དང། ཤིང་རྟའི་ཚོགས ་དང། དཔུང་བུ་ཆུང་གི་ཚོགས་གི་ཆ་བགོས་ནས་འཁོར་ལོས་སྒྱུར་བའི་རྒྱལ་པོ་དང། གཡུལ་འགྱེད་པའི་ཕྱིར་འབྱུང་བར་བྱེད་དེ། འཁོར་ལོས་སྒྱུར་བའི་རྒྱལ་པོ་དང། འཐབ་པ་དང། མཚང་འབྲུ་བ་དང། འགྱེད་པ་དང། རྩོད་པར་བྱེད་ཀྱི། མཚོན་བཟོ་བར་ནི་མི་བྱེད་ཀྱི་དེ་དག་དང། ་འཐབ་པ་དང། མཚང་འབྲུ་བ་དང། འགྱེད་པ་དང། རྩོད་པས་བྱེ་བྲག་ཕྱེ་ནས་དེའི་འོག་ཏུ་ཆད་པ་མེད་ཅིང་མཚོན་གྱི་བདའ་བ་མེད་ལ། །ཆོས་དང་མཐུན་ཞིང་སྙོམས་པས་ལེགས་པར་ཕབ་སྟེ་གནས་སོ། །དེ་ནས་ལྷའི་འཁོར་ལོ་རིན་པོ་ཆེས་ཤར་ཕྱོགས་ལེགས་པར ་བཏུལ་ཏེ། ཤར་ཕྱོགས་ཀྱི་རྒྱ་མཚོ་ཆེན་བ?་ལས་བརྒལ་ནས། ལྷོ་ཕྱོགས་དང། ནུབ་ཕྱོགས་དང། བྱང་ཕྱོགས་ནས། རྒྱས་པར་རྒྱལ་པོའི་ཕོ་ཟད་དེ་ཉིད་ཀྱི་བར་དུ་འོངས་ཏེ། གང་ན་ཚོམ་པའི་སྟེང་ན། སྲོག་ཤིང་ལ་བཞག་པ་བཞིན་དུ་གནས་སོ། །དེ་ལ་འཁོར་ལོས ་སྒྱུར་བའི་རྒྱལ་པོ་གང་གི་ལྕགས་ཀྱི་འཁོར་ལོ་འབྱུང་བར་འགྱུར་བའི་འཁོར་ལོས་སྒྱུར་བའི་རྒྱལ་པོ་དེས་ནི། སྔོན་གྱི་སྲིད་པ་ཞེས་བྱ་བ་ནས་རྒྱས་པར་སྦྱར་ཏེ། བདག་ཉིད་ཀྱིས་ཀྱང་དགེ་བ་བཅུའི་ལས་ཀྱི་ལམ་ཡང་དག་པར་གླངས་ཏེ་གནས་ལ། ་གཞན་དག་ཀྱང་དགེ་བ་བཅུའི་ལས་ཀྱི་ལམ་ཡང་དག་པར་འཛིན་དུ་བཅུག་པས་ན། དེ་ལ་ཡང་སྔ་མ་བཞིན་དུ་དེ་གསོ་སྦྱོང་གི་དུས་ཚེས་བཅོ་ལྔ་དེ་ཉིད་ཀྱི་ཚེ་ཁྲུས་བྱས་ནས་གསོ་སྦྱོང་བླངས་ཏེ། བློན་པོའི་ཚོགས་ཀྱི་བསྐོར་བ་ན། ཉི་མ་འཆར་ཀའི་ཚེ་ཤར་ཕྱོགས་ནས་ལྷའི ་འཁོར་ལོ་རིན་པོ་ཆེ་རྩིབས་སྟོང་པ་ལྟེ་བ་དང་བཅས། མུ་ཁྱུད་དང་བཅས་པ་དག་ཅིང་གཙང་ལ་མཁན་བཟོས་མ་བྱས་པ། ལྷ་རྫས་རིལ་གྱི་ལྕགས་ལས་གྲུབ་པ་འབྱུང་བར་འགྱུར་ཏེ། དེར་རྒྱལ་རིགས་སྤྱི་བོ་ནས་དབང་སྐུར་བའི་རྒྱལ་པོས་མཐོང་ནས་དེ་འདི་སྙམ ་དུ་སེམས་ཏེ། བདག་གིས་སྔོན་གྱི་འཁོར་ལོས་སྒྱུར་བ་རྣམས་ཀྱི་གཏམ་ཐོས་ནས། རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བའི་རྒྱལ་པོ་གང་ལ། གསོ་སྦྱོང་གི་དུས་ཚེས་བཅོ་ལྔ་དེ་ཉིད་ཀྱི་ཚེ། ཁྲུས་བྱས་ནས་གསོ་སྦྱོང་བླངས་ཏེ། བློན་པོའི་ཚོགས་ཀྱི་བསྐོར་བ་ན། ཉི ་མ་འཆར་ཀའི་ཚེ། ཤར་ཕྱོགས་ན་ལྷའི་འཁོར་ལོ་རིན་པོ་ཆེ་རྩིབས་སྟོང་པ། ལྟེ་བ་དང་བཅས་པ་དག་ཅིང་གཙང་ལ། མཁན་བཟོས་མ་བྱས་པ། ལྷ་རྫས་རིལ་གྱི་ལྕགས་ལས་གྲུབ་པ་འབྱུང་བར་འགྱུར་བ་དེ། འཁོར་ལོས་སྒྱུར་བའི་རྒྱལ་པོར་འགྱུར་རོ་ཞེས་ཟེར་པ ་དང་སྦྱར་ན་བདག་ནི་འཁོར་ལོས་སྒྱུར་བའི་རྒྱལ་པོ་ཡིན་པར་ངེས་སོ་སྙམ་མོ། །དེ་ནས་འཁོར་ལོས་སྒྱུར་བའི་རྒྱལ་པོ་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས། པུས་མོ་གཡས་པའི་ལྷ་ངས་ལ་བཙུགས་ཏེ། ལྷའི་འཁོར་ལོ་རིན་པོ་ཆེ་ལག་པ ་གཉིས་ཀྱིས་བླངས་ནས། ལག་པ་གཡོན་པར་བཞག་སྟེ། ལག་པ་གཡས་པས་ཤར་ཕྱོགས་ལོགས་སུ་ཕུལ་ནས། འདི་སྐད་དུ་འཁོར་ལོ་རིན་པོ་ཆེ་སྔོན་གྱི་འཕགས་པ་འཁོར་ལོས་སྒྱུར་བའི་ལམ་གང་ཡིན་པ་ལས་རྣམ་པར་རྒྱལ་བར་གྱིས་ཤིག་།ཀྱེ་འཁོར་ལོ ་རིན་པོ་ཆེ་སྔོན་གྱི་འཕགས་པ་འཁོར་ལོས་སྒྱུར་བའི་ལམ་གང་ཡིན་པ་ལས་རྣམ་པར་རྒྱལ་བར་གྱིས་ཤིག་།རྣམ་པར་རྒྱལ་བར་གྱིས་ཤིག་ཅེས་བྱ་བ་ན། ལྷའི་འཁོར་ལོ་རིན་པོ་ཆེ་སྔོན་གྱི་འཁོར་ལོས་སྒྱུར་བའི་ལམ་གང་ཡིན་པར་འགྲོ་བར་འགྱུར་རོ། །འཁོར་ལོས་སྒྱུར་བའི ་རྒྱལ་པོ་ཡང་དཔུང་གི་ཚོགས་ཡན་ལག་བཞི་པ་དང་ལྷན་ཅིག་ཏུ་ལྷའི་འཁོར་ལོ་རིན་པོ་ཆེ་དེའི་ཕྱི་བཞིན་འགྲོ་བར་འགྱུར་ལ་ལྷའི་འཁོར་ལོ་རིན་པོ་ཆེ་ཕྱོགས་གང་དུ་སྡོད་པ་དེར་འཁོར་ལོས་སྒྱུར་བའི་རྒྱལ་པོ་དཔུང་གི་ཚོགས་ཡན་ལག་བཞི་པ་དང་ལྷན་ཅིག་ཏུ་མཚན་མོའི ་རྒོངས་མལ་འདེབས་སོ། །ཤར་ཕྱོགས་ཀྱི་རྒྱལ་ཕྲན་རྣམས་ཀྱིས་ཀྱང། འཁོར་ལོས་སྒྱུར་བའི་རྒྱལ་པོ་གཤེགས་སོ་ཞེས་ཐོས་སོ། །ཐོས་ནས་ཀྱང་པུང?་གི་ཚོགས་ཡན་ལག་བཞི་པ་གླང་པོ་ཆེའི་ཚོགས་དང། རྟའི་ཚོགས་དང། ཤིང་རྟའི་ཚོགས་དང། དཔུང་བུ ་ཆུང་གི་ཚོགས་གོ་ཆ་བསྐོན་ནས། འཁོར་ལོས་སྒྱུར་བའི་རྒྱལ་པོ་དང་གཡུལ་འགྱེད་པའི་ཕྱིར་འབྱུང་བར་བྱེད་དེ། འཁོར་ལོས་སྒྱུར་བའི་རྒྱལ་པོ་དང། །ཐབ་བ་དང། མཚང་འབྲུ་བ་དང། འགྱེད་པ་དང། རྩོད་པར་བྱེད་ཅིང། མཚོན་བཟོ་བར་བྱེད་ཀྱི། གཅིག་ལ་གཅིག ་གསོད་པར་ནི་མི་བྱེད་ཀྱི། དེ་དག་དང། འཐབ་པ་དང། མཚང་འབྲུ་བ་དང། འགྱེད་པ་དང། རྩོད་པར་བྱེ་བྲག་ཕྱེ་ནས་དེའི་འོག་ཏུ་ཆད་པ་མེད་ཅིང་མཚོན་གྱིས་བདའ་བ་མེད་ལ། ཆོས་དང་མཐུན་ཞིང་སྙོམས་པས་ལེགས་པར་ཕབ་སྟེ་གནས་སོ། །དེ་ནས་ལྷའི་འཁོར་ལོ ་རིན་པོ་ཆེས་ཤར་ཕྱོགས་ལེགས་པར་བཏུལ་ཏེ། ཤར་ཕྱོགས་རྒྱ་མཚོ་ཆེན་པོ་ལས་བརྒལ་ནས། ལྷོ་ཕྱོགས་དང། ནུབ་ཕྱོགས་དང། བྱང་ཕྱོགས་ནས་རྒྱས་པར་རྒྱལ་པོའི་ཕོ་བྲང་དེ་ཉིད་ཀྱི་བར་དུ་འོང་ཏེ། གདན་ཚོམ་པའི་སྟེང་ན་སྲོག་ཤིང་ལ་བཞག་པ་བཞིན་དུ་གནས ་སོ། །འདི་ལ་ཆོས་ཉིད་ནི་འདི་ཡིན་ཏེ། དེ་ལ་འདི་སྐད་ཅེས་བྱའོ། །གང་ལ་མི་མ་ཡིན་པ་ཡི། གསེར་གྱི་འཁོར་ལོ་འབྱུང་འགྱུར་བ། དེ་ནི་ཚུལ་ཁྲིམས་ཡང་དག་བླངས། །ཡོངས་སུ་རྫོགས་ཤིང་ཉམ་པ་མེད། །རྒྱལ་པོ་དེ་ནི་རྫུ་འཕྲུལ་ཆེ། །ས་སྟེང་འདི་ནི་ཐུལ་བར་འགྱུར། དེ་ལ ་རྒྱལ་ཕྲན་ཐམས་ཅད་ཀྱིས། །བསུ་ནས་ཀྱང་ནི་འདི་སྐད་སྨྲ། །ཚུར་གཤེགས་ལྷ་ནི་གཤེགས་པ་ལེགས། །ཡུལ་འདི་དག་ནི་ལྷའི་ལགས། །འབྱོར་པ་དང་ཅི་རྒྱས་པ་དང། །བདེ་བ་དང་ནི་ལོ་ལེགས་དང། །སྐྱེ་བོ་མེ་མང་རྣམས་ཀྱི་གང། །འདི་དག ་ལྷ་ཡིས་གདུལ་དུ་གསོལ། །བདག་ཅག་ལྷའི་ཞམ?་རིང་འཆལ། །རྒྱལ་པོ་འཁོར་ལོས་སྒྱུར་བ་ཡིས། །དེ་དག་ལ་ནི་འདི་སྐད་བསྒོ། །ཡུལ་གྱི་གཙོ་རྣམས་དེ་བས་ན། །རང་རང་གི་ནི་ཡུལ་འཁོར་རྣམས། །ཆོས་བཞིན་དུ་ན་གདུལ་བར་གྱིས། །ཆོས་མིན་སྤྱོད་དང་མི་མཐུན ་སྤྱོད། །སུ་ཡང་འདིར་ནི་གནས་མ་གཞུག་དེ་ལྟར་བྱེད་ན་ཁྱེད་རྣམས་ཀྱང། །ངའི་ཞམ་རིང་བྱེད་པ་ཡིན། །གང་ལ་མི་མ་ཡིན་པ་ཡི། །དངུལ་གྱི་འཁོར་ལོ་འབྱུང་འགྱུར་བ། །དེ་ནི་ཚུལ་ཁྲིམས་ཡང་དག་བླངས། །དེས་ན་སྔ་ནས་དམན་པ་མེད། །རྒྱལ་པོ་དེ་ནི་རྫུ་འཕྲུལ ་ཆེ། །ས་སྟེང་འདི་ནི་ཐུལ་བར་འགྱུར། །དེ་ལ་རྒྱལ་ཕྲན་རྣམས་ཀྱིས་ནི། །བསུ་ཞིང་སྨྲ་བར་མི་བྱེད་དེ། །འོངས་ནས་དེར་ནི་འགྲོ་བ་དང། །མྱུར་དུ་དེ་དང་མཐུན་པར་བྱེད། །ཚུར་གཤེགས་ལྷ་ནི་གཤེགས་པ་ལེགས། །ཡུལ་ནི་འདི་དག་ཁྱོད་ཀྱི་ལགས། །འདི་དག་ལྷ་ཡིས ་གདུལ་དུ་གསོལ། །བདག་ཅག་ཁྱོད་ཀྱི་ཞམ་རིང་འཚལ། །རྒྱལ་པོ་ཆོས་དང་ལྡན་པ་ཡིས། །དེ་དག་བསྒོ་བ་རྒྱས་པར་སྦྱར། །གང་ལ་མི་མ་ཡིན་པ་ཡི། །ཟངས་ཀྱི་འཁོར་ལོ་འབྱུང་འགྱུར་བའི། །དེས་ནི་ཚུལ་ཁྲིམས་ཡང་དག་བླངས། །སྔ་མ་གཉིས་ལ་དམན་པ་མེད། །རྒྱལ ་པོ་དེ་ནི་རྫུ་འཕྲུལ་ཆེ། །ས་སྟེང་འདི་ནི་ཐུལ་བར་འགྱུར། །དེ་ལ་རྒྱལ་ཕྲན་ཐམས་ཅད་ཀྱི། །གཡུལ་འགྱེད་ཕྱིར་ནི་བསུ་བར་བྱེད། །དེ་དག་དང་ནི་རྩོད་ནས་ཀྱང། །དེ་ནི་མཚོན་ཆ་བཟོ་བ་མེད། །དེ་ནས་ཆེད་པ་མེད་པ་དང། །མཐུན་པས་ལེགས་པར་གདུལ་བར་འགྱུར། །གང་ལ ་མི་མ་ཡིན་པ་ཡི། །ལྕགས་ཀྱི་འཁོར་ལོ་འབྱུང་འགྱུར་བ། །དེས་ན་ཚུལ་ཁྲིམས་ཡང་དག་བླངས། །སྔ་མ་དག་ལ་དམན་པ་མེད། །རྒྱལ་པོ་དེ་ནི་རྫུ་འཕྲུལ་ཆེ། །ས་སྟེང་འདི་ནི་ཐུལ་བར་འགྱུར། །དེ་ལ་རྒྱལ་ཕྲན་ཐམས་ཅད་ཀྱིས། །གཡུལ་འགྱེད་ཕྱིར་ནི་བསུ ་བར་བྱེད། །དེ་དག་དང་ནི་རྩོད་ནས་ཀྱང། །སུ་ཡང་གསོད་པར་མི་བྱེད་དེ། །དེ་ནས་ཆད་པ་མེད་པ་དང། །མཐུན་པས་ལེགས་པར་གདུལ་བར་འགྱུར། །རྒྱུ་གདགས་པ།། །།བམ་པོ་གསུམ་པ། འཁོར་ལོ་རིན་པོ་ཆེ་དེ་ལག?་ལས་འོང་ཞེ་ན། སྨྲས་པ། གང་གི་ཚེ་འཁོར་ལོས ་སྒྱུར་བའི་རྒྱལ་པོ་འཇིག་རྟེན་དུ་བྱུང་བ་དེའི་ཚེ། །ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས་ལྷའི་བུ་ལས་ཐམས་ཅད་པ་ལ་བསྒོ་བ། ལས་ཐམས་ཅད་པ་འཁོར་ལོས་སྒྱུར་བའི་རྒྱལ་པོ་འཇིག་རྟེན་དུ་བྱུང་བ་ཤེས་པར་གྱིས་ལ། དེའི་ལྷའི་འཁོར་ལོ་རིན་པོ་ཆེ་མངོན་པར་སྤྲུལ་བར ་གྱིས་ཤིག་།དེ་ནས་ལྷའི་བུ་ལས་ཐམས་ཅད་པས། ལྷ་རྣམས་ཀྱི་དབང་ཀྱི་དབང་པོ་བརྒྱ་བྱིན་གྱིས་བསྒོ་བ་བཞིན་དུ་མཉམ་ཏེ། ལྷའི་འཁོར་ལོ་རིན་པོ་ཆེ་རྩིབས་སྟོང་པ་ལྟེ་བ་དང་བཅས། མུ་ཁྱུད་དང་བཅས་པ། རྣམ་པ་ཐམས་ཅད་ཡོངས་སུ་རྫོགས་པ་དག་པ་གཙང་བ། ་མཁན་བཟོས་མ་བྱས་པ། ལྷ་རྫས་རིལ་གྱིས་གསེར་ལས་གྲུབ་ང་མངོན་པར་སྤྲུལ་ཏོ། དེ་ནས་ལྷའི་བུ་ལས་ཐམས་ཅད་པས། ལྷའི་འཁོར་ལོ་རིན་པོ་ཆེ་མངོན་པར་སྤྲུལ་ནས་རྒྱལ་པོ་ཆེན་པོ་བཞི་ལ་བསྒོ་བ། གྲོགས་པོ་དག་འཁོར་ལོས་སྒྱུར་བའི་རྒྱལ་པོ་འཇིག་རྟེན ་དུ་བྱུང་བ་ཤེས་པར་གྱིས་དེའི་ལྷའི་འཁོར་ལོ་རིན་པོ་ཆེ་སྐུར་ཅིག་།དེ་ནས་རྒྱལ་པོ་ཆེན་པོ་བཞིས་ལྷའི་བུ་ལས་ཐམས་ཅད་པས་བསྒོ་བ་བཞིན་དུ་མཉན་ཏེ། ཞོ་ཤས་འཚོ་བ་རྣམས་ལ་བསྒོ་བ། གྲོགས་པོ་དག་འཁོར་ལོས་སྒྱུར་བའི་རྒྱལ་པོ་འཇིག་རྟེན་དུ་བྱུང་བ་ཤེས ་པར་གྱིས་ལ། དེ་ལ་ལྷའི་འཁོར་ལོ་རིན་པོ་ཆེ་ཕུལ་ཅིག་།དེ་ནས་རྒྱལ་པོ་ཆེན་པོ་བཞིས་བསྒོ་བ་བཞིན་དུ། ཞོ་ཤས་འཚོ་བ་རྣམས་ཀྱིས་མཉན་ནས། འཁོར་ལོས་སྒྱུར་བའི་རྒྱལ་པོ་ལ་གསོ་སྦྱོང་གི་དུས་ཚེས་བཅོ་ལྔ་དེ་ཉིད་ཀྱི་ཚེ། ཁྲུས་བྱས་ནས་གསོ་སྦྱོང་བླངས་ཏེ། བློན ་པོའི་ཚིགས་ཀྱི་བསྐོར་བ་ན། ཉི་མ་འཆར་ཀའི་ཚེ་ཤར་ཕྱོགས་ནས། ལྷའི་འཁོར་ལོ་རིན་པོ་ཆེ་དབུལ་བར་བྱེད་དོ། །འདི་ལ་ཆོས་ཉིད་ནི་འདི་ཡིན་ཏེ། དེ་ལ་འདི་སྐད་ཅེས་བྱའོ། །རྫུ་འཕྲུལ་ཆེན་པོ་ལས་ཀུན་ལ། །ལྷའི་རྒྱལ་པོས་བསྐུལ་ནས་ཀྱང། །གསེར་གྱི་འཁོར་ལོ་རྩིབས ་སྟོང་པ། །ལྟེ་བ་མུ་ཁྱུད་བཅས་པ་སྤྲུལ། །ལྷ་ཡི་བུ་ནི་རྫུ་འཕྲུལ་ཆེ། །ལྷ་རྒྱལ་རྣམས་ཀྱི་བསྐུལ་ནས་ཀྱང། །བསོད་ནམས་བྱས་པའི་རྒྱལ་དེ་ལ། འཁོར་ལོ་ཡང་ནི་འབུལ་བར་བྱེད། །ལས་ཀྱི་ལམ་བཅུ་དཀར་བ་རྣམས། །སྔོན་ནི་ཡང་དག་བླངས་པར ་གྱུར། །དེས་ན་ལས་ནི་ཐམས་ཅད་པས། །སྤྲུལ་པའི་འཁོར་ལོ་རྒྱལ་པོས་ཐོབ། །ཅིའི་ཕྱིར་འཁོར་ལོས་སྒྱུར་བའི་རྒྱལ་པོས། །གླང་པོ་རིན་པོ་ཆེ་ཐོབ་ཅེ་ན། སྨྲས་པ། འཁོར་ལོས་སྒྱུར་བའི་རྒྱལ་པོས་ནི། སྔོན་གྱི་སྲིད་པ་ཞེས་བྱ་བ་ནས་རྒྱས་པར་སྦྱར་ཏེ། ཕ་མ་དང། ཉིད་དུ ་དང། བླ་མ་ལྟ་བུ་རྣམས་དང། གཞན་དགེ་སྦྱོང་དང། བྲམ་ཟེ་རྣམས་གནོད་པར་བྱ་བ་མ་ཡིན་པ་དང། གནོད་པར་བྱ་བ་ལ་མི་དགའ་བ་གང་ཡིན་པ་དེ་དག་ལ་བདེ་བར་སྦྱར་བ་རྣམ་པ་སྣ་ཚོགས་འདི་ལྟ་སྟེ། གླང་པོ་ཆེའི་བཞོན་པ་རྣམས་དང། རྟའི་བཞོན་པ་རྣམས་དང། ་ཤིང་རྟའི་བཞོན་པ་རྣམས་དང། ཁྱོགས་ཀྱི་བཞོན་པ་རྣམས་དང། སྨྱིག་མའི་འཁོར་བ་རྣམས་དང། སྤ་འཁར་རྣམས་དང། ཁྲི་རྣམས་བྱིན་པ་དང། སྟེགས་འཆར་བཅུག་པ་དང། གྲུ་དང་ཟམ་པ་རྣམས་དང། ལྷ་མ་རྣམས་བྱིན་པ་དང། དེ་དག་དང་གཞན་ཡང ་བདེ་བའི་བཞོན་པ་རྣམ་པ་སྣ་ཚོགས་བྱིན་ཏེ། རྒྱུ་དེས་ན་འཁོར་ལོས་སྒྱུར་བའི་རྒྱལ་པོས་གླང་པོ་རིན་པོ་ཆེ་ཐོབ་བོ། །གླང་པོ་རིན་པོ་ཆེ་དེ་ཡང་མེ་ཏོག་ཀུ་མུ་དའི་འདོག་ལྟར་ཐལ་དཀར་དུ་འདུག་པ་ལ་ཡན་ལག་བདུན་ལེགས་པར་གནས་པ་ཏེ། གླང་པོ་ཆེའི་རྒྱལ་པོ་བསྙེན་གནས ་ཞེས་བྱའོ། །དེ་ལ་འཁོར་ལོས་སྒྱུར་བའི་རྒྱལ་པོས་མཐོང་ནས་སེམས་དགའ་སྟེ། གླང་པོ་རིན་པོ་ཆེ་འདི་ནི་བཟང་སྟེ། ལན་ཅིག་གིས་དུལ་བར་འགྱུར་སྙམ་མོ། །དེས་འཁོར་ལོས་སྒྱུར་བའི་རྒྱལ་པོས་གླང་པོ་ཆེའི་འདུལ་སྤྱོད་མཁན་ལེགས་འགྲོ། ཕོ་ཉས་བཀུག ་ནས་གླང་པོ་ཆེའི་འདུལ་སྦྱོང་མཁན་ལེགས་འགྲོ་ལ་བསྒོ་བ། ལེགས་འགྲོ་ཤེས་པར་གྱིས་ཤིག་།གླང་པོ་རིན་པོ་ཆེ་བཟང་པོ་འདི་མྱུར་དུ་འདུལ་སྦྱོང་བྱོས་ལ་འོན་ཅིག་།དེ་ནས་གླང་པོ་ཆེའི་འདུལ་སྦྱོང་མཁན་ལེགས་འགྲོས། ལྷ་བཀའ་བཞིན་འཚལ་ཞེས་བྱས ་ནས་འཁོར་ལོས་སྒྱུར་བའི་རྒྱལ་པོས་བསྒོ་བ་བཞིན་དུ་ཉན་ཏེ། གླང་པོ་རིན་པོ་ཆེའི་བརྡ་རྣམས་སློབ་ཏུ་བཅུག་ནས་ཉི་མ་གཅིག་གིས་བརྡ་ཐམས་ཅད་ལོབས་ཏེ། དཔེར་ན་དེ་མ་ཡིན་པའི་གླང་པོ་ཆེ་རྣམས་ལོ་དུ་མ་ལོ་བརྒྱ་ཕྲག་དུ་མས་བརྡའ་རྣམས་ཕོབས་པ་དེ་བཞིན་དུ་གླང་པོ ་རིན་པོ་ཆེས་ཉི་མ་གཅིག་གི་བརྡ་ཐམས་ཅད་ལོབས་སོ། །དེ་ནས་གླང་པོ་ཆེའི་འདུལ་སྦྱོར་མཁན་ལེགས་འགྲོས་གླང་པོ་རིན་པོ་ཆེ་ཤིན་ཏུ་དུལ་བར་རིགས་ནས། །འཁོར་ལོས་སྒྱུར་བའི་རྒྱལ་པོ་ག་ལ་བ་དེར་སོང་སྟེ་ཕྱིན་ནས་འཁོར་ལོས་སྒྱུར་བའི་རྒྱལ་པོ་ལ་འདི་སྐད ་ཅེས་གསོལ་ཏོ། །ལྷ་མཁྱེན་པར་མཛད་དུ་གསོལ། །ལྷའི་གླང་པོ་རིན་པོ་ཆེ་བདག་གིས་བཏུལ་བ་ལགས་ཀྱིས། ལྷས་གང་གི་དུས་ལ་བབ་པར་མཁྱེན་པ་བཞིན་དུ་མཛད་པར་གསོལ། དེ་ནས་འཁོར་ལོས་སྒྱུར་བའི་རྒྱལ་པོས་གླང་པོ་རིན་པོ་ཆེ་དེ་སད་པར་འདོད་དོ། ་ཉི་མ་འཆར་ཀའི་ཚེ། གླང་པོ་རིན་པོ་ཆེ་ལ་ཞོན་ནས། ས་ཆེན་པོ་རྒྱ་མཚོའི་མཐར་ཐུག་པ་འདི་བསྐོར་ཏེ། རྒྱལ་པོའི་ཕོ་བྲང་དེ་ཉིད་དུ་འོངས་ནས་ཁྱིའུ་སུས་ཟད་དོ། །འདི་ལ་ཆོས་ཉིད་ནི་འདི་ཡིན་ཏེ། དེ་ལ་འདི་སྐད་ཅེས་བྱའོ། །བདེ་བའི་བཞོན་པ་བྱིན་པ་དང། །བཞོན་པ་མང་པོ་བྱིན་པ ་དང། །གླང་པོ་རིན་ཆེན་མང་དང་མཁྱོགས། །སྨྱིག་འཁར་སྤ་འཁར་ཁྲི་རྣམས་དང། །སྟེགས་ཀྱང་འདོགས་སུ་བཅུག་པ་དང། །གྲུ་དང་ཟམ་པ་རྣམས་དང་ནི། །ལྷ་རྣམས་ཀྱང་ནི་བྱིན་པ་དང། །ཀུན་ཏུ་དགའ་བ་སྣ་ཚོགས་བྱིན། །དེས་ན་རྒྱལ་པོས་གླང་པོ་ཆེ། །ཡན ་ལག་བདུན་པོ་ལེགས་གནས་ཐོབ། །གླང་པོ་རིན་པོ་ཆེ་ང་གང་ལས་འོངས་ཞེ་ན། སྨྲས་པ། བྱང་ཕྱོགས་ན་གསེར་གྱི་བྲག་ལྷ་མ་ཡིན་གྱི་ངོས་ཞེས་བྱ་བ་བྱ་སྐྱིབས་སུ་འདུག་ལ། ཆུར་དཔག་ཚད་ལྔ་བཅུ། ཞེང་དུ་དཔག་ཚད་ལྔ་བཅུ། མཛའ་སྐོར་དུ་དཔག་ཚད་བརྒྱ་ལྔ་བཅུ། ་འཕང་དུ་དཔག་ཚད་ཕྱེད་དང་བཞི་ཡོད་པ། གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ་ཞིག་ཡོད་དོ། །དེའི་ཁོར་ཁོར་ཡུག་གསེར་གྱི་བྲག་བྱ་སྐྱིབས་བརྒྱད་སྟོང་ཡོད་དེ། དེ་དག་ཐམས་ཅད་ཀྱང་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ་ཤ་སྟག་གོ་།དེ་ནས་གླང ་པོ་ཆེའི་རྒྱལ་པོ་རབ་བརྟན་ཞེས་བྱ་བ་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ། མེ་ཏོག་ཀུ་མུ་དའི་མདོག་ལྟར་ཐལ་དཀར་དུ་འདུག་ལ། ཡན་ལག་བདུན་ལེགས་པར་གནས་པ་སྟེ། དེའི་མགོ་བོ་ཡང་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ། ་མདོག་སྔོ་ཞིང་སྲོག་ཆགས་ལྡམ་བུ་ཆུ་གཤེར་གྱི་མདོག་ལྟ་བུར་དབུས་དམར་ལ། མཆེ་བ་དྲུག་ཡོད་པ་གཅིག་གནས་སོ། །དེའི་འཁོར་གླང་པོ་ཆེའི་རྒྱལ་པོ་བརྒྱད་སྟོང་ཡོད་དེ། དེ་དག་ཐམས་ཅད་ཀྱང་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ། མེ་ཏོག་ཀུ་མུ་དའི ་མདོག་ལྟར་ཐལ་དཀར་དུ་འདུག་ལ་ཡན་ལག་བདུན་ལེགས་པར་གནས་པ་སྟེ། དེ་དག་གི་མགོ་བོ་ཡང་གཟུགས་བཟང་ལ་བལྟ་ན་སྡུག་ལ་མཛེས་པ། མདོག་སྔོ་ཞིང་སྲོག་ཆགས་ལྡམ་བུ་ཆུ་གཤེར་གྱི་མདོག་ལྟ་བུར་དབུས་དམར་ལ་མཆེ་བ་དྲུག་ཡོད་པ་ཤ་སྟག་གོ། ་གང་གི་ཚེ་འཁོར་ལོས་སྒྱུར་བའི་རྒྱལ་པོ་འཇིག་རྟེན་དུ་འབྱུང་བ་དེའི་ཚེ། ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས་གླང་པོ་ཆེའི་རྒྱལ་པོ་རབ་བརྟན་ལ་བསྒོ་བ། རབ་བརྟན་འཁོར་ལོས་སྒྱུར་བའི་རྒྱལ་པོ་འཇིག་རྟེན་དུ་བྱུང་བ་ཤེས་པར་གྱིས་ལ་དེའི་གླང་པོ་ཆེ་ཐོབ་ཤིག་། ་དེ་ནས་གླང་པོ་ཆེའི་རྒྱལ་པོ་རབ་བརྟན་གྱིས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས་བསྒོ་བ་བཞིན་དུ་མཉན་ནས་བུ་ཐུ་བོ་གཏོང་བར་བྱེད་དེ། །གལ་ཏེ་དེ་ཆེས་སྔར་འཆི་བར་གྱུར་ན་ནི་དེའི་ཚེ་དེས་ཡང་དེའི་འོག་མ་གཏོང་བར་བྱེད་དོ། །ཇི་སྟེ་འཁོར་ལོས་སྒྱུར་པའི་རྒྱལ ་པོ་ཆེས་སྔར་འཆི་བར་གྱུར་ན་ནི་དེའི་ཚེ་གླང་པོ་རིན་པོ་ཆེ་རང་གི་གནས་སུ་འགྲོ་བར་འགྱུར་རོ། །ཅིའི་ཕྱིར་འཁོར་ལོས་སྒྱུར་བའི་རྒྱལ་པོས་རྟ་རིན་པོ་ཆེ་ཐོབ་ཅེ་ན། སྨྲས་པ། འཁོར་ལོས་སྒྱུར་པའི་རྒྱལ་པོས་ནི་སྔོན་གྱི་སྲིད་པ་ཞེས་བྱ་བ་ནས་རྒྱས་པར་སྦྱར་ཏེ། ཕ་མ ་དང། ཉེ་དུ་དང། བླ་མ་ལྟ་བུ་རྣམས་དང། གཞན་ཡང་དགེ་སྦྱོང་དང། བྲམ་ཟེ་གནོད་པར་བྱ་བ་མ་ཡིན་པ་དང། གནོད་པར་བྱ་བ་ལ་མི་དགའ་བ་གང་ཡིན་པ་དེ་དག་ལ་ཅི་རིགས་པར་བདེ་བར་སྦྱར་བ་རྣམ་པ་སྣ་ཚོགས་འདི་ལྟ་སྟེ། གླང་པོ་ཆེའི་བཞོན་པ་རྣམས ་དང། རྟའི་བཞོན་པ་རྣམས་དང། ཤིང་རྟའི་བཞོན་པ་རྣམས་དང། ཁྱོགས་ཀྱི་བཞོན་པ་རྣམས་དང། སྨིག་མའི་འཁར་བ་རྣམས་དང། སྤ་འཁར་རྣམས་དང། ཁྲི་རྣམས་བྱིན་པ་དང། སྟེགས་འཆར་བཅུག་པ་དང། གྲུ་དང་ཟམ་པ་རྣམས་དང། ལྷ་མ་རྣམས་བྱིན་པ་དང། ་ཀུན་ཏུ་དགའ་བར་བྱེད་པ་རྣམས་དང། གསེར་གྱི་ཁྱོགས་རྣམས་སེམས་དགའ་བས་རང་གི་ལག་ནས་བྱིན་པ་དང། དེ་དག་དང། གཞན་ཡང་ཡོ་བྱད་རྣམ་པ་སྣ་ཚོགས་ཅི་རིགས་པར་བྱིན་ཏེ། རྒྱུ་དེས་ན་འཁོར་ལོས་སྒྱུར་བའི་རྒྱལ་པོས་རྟ་རིན་པོ་ཆེ་ཐོབ་བོ། །རྟ་རིན་པོ་ཆེ་དེ་ཡང་ཐམས་ཅད ་སྔོ་ལ་མགོ་གནག་ཅིང་ཕུམ་ཕུམ་ཡིད་དུ་འོང་བ་སྟེ། རྟའི་རྒྱལ་པོ་སྤྲིན་གྱི་ཤུགས་ཅན་ཞེས་བྱའོ། །རྟ་དེ་འཁོར་ལོས་སྒྱུར་བའི་རྒྱལ་པོས་མཐོང་ན་སེམས་དགའ་སྟེ། རྟ་རིན་པོ་ཆེ་འདི་ནི་བཟང་སྟེ། ལན་ཅིག་གིས་དུས་བར་འགྱུར་རོ་སྙམ་མོ། །དེ་ནས་འཁོར་ལོས་སྒྱུར་བའི་རྒྱལ ་པོས་རྟའི་འདུལ་སྦྱོང་མཁན་ལགས་འགྲོ་ཕོ་ཉས་བཀུག་ནས་རྟའི་འདུལ་སྦྱོང་མཁན་ལེགས་འགྲོ་ལ་བསྒོ་བ། ལེགས་འགྲོ་ཤེས་པར་གྱིས་ཤིག་།རྟ་རིན་པོ་ཆེ་བཟང་པོ་འདི་མྱུར་དུ་འདུལ་སྦྱོང་བྱོས་ལ་འོན་ཅིག་།དེ་ནས་རྟའི་འདུལ་སྦྱོང་མཁན་ལེགས་འགྲོས་ལྷ་བཀའ་བཞིན ་འཚལ་ཞེས་བྱས་ནས། འཁོར་ལོས་སྒྱུར་བའི་རྒྱལ་པོས་བསྒོ་བ་བཞིན་དུ་མཉན་ཏེ། རྟ་རིན་པོ་ཆེའི་བརྡ་རྣམས་སློབ་དུ་བཅུག་ནས། ཉི་མ་གཅིག་གི་བརྡ་ཐམས་ཅད་ལོབས་ཏེ། དཔེར་ན་དེ་མ་ཡིན་པའི་རྟ་རྣམས་ལོ་དུ་མ་ལོ་བརྒྱ་ཕྲག་དུ་མས་བརྡ་རྣམས་ལོབས་པར་བཞིན་དུ། རྟ་རིན་པོ ་ཆེས་ཉི་མ་གཅིག་གིས་བརྡ་ཐམས་ཅད་ལོབས་སོ། །དེ་ནས་རྟའི་འདུལ་སྦྱོང་མཁན་ལེགས་འགྲོས། །རྟ་རིན་པོ་ཆེ་ཤིན་ཏུ་དུལ་བར་རིག་ནས། འཁོར་ལོས་སྒྱུར་བའི་རྒྱལ་པོ་ག་ལ་བ་དེར་སོང་སྟེ་ཕྱིན་ནས་འཁོར་ལོས་སྒྱུར་བའི་རྒྱལ་པོ་ལ་འདི་སྐད་ཅེས་གསོལ་ཏོ། །ལྷ་མཁྱེན ་པར་མཛད་དུ་གསོལ། །ལྷའི་རྟ་རིན་པོ་ཆེ་བདག་གིས་བཏུལ་ལགས་ཀྱིས། ལྷས་གང་གིས་དུས་ལ་བབ་པར་མཁྱེན་པ་བཞིན་དུ་མཛད་དུ་གསོལ། དེ་ནས་འཁོར་ལོས་སྒྱུར་བའི་རྒྱལ་པོས་རྟ་རིན་པོ་ཆེ་སད་པར་འདོད་དེ་ཞེས་བྱ་བ་ནས་རྒྱས་པར་སྦྱར་ཏེ། འདི་ལ་ཆོས་ཉིད་ནི་འདི་ཡིན་ཏེ། ་དེ་ལ་འདི་སྐད་ཅེས་བྱའོ། །སྦྱིན་པ་མང་པོ་བརྒྱན་བྱས་ནས། །ཅི་རིགས་པ་ནི་བྱིན་པར་གྱུར། །གླང་པོ་རྟ་དང་ཤིང་རྟ་ཁྱོགས། །སྨྲིག་འཁར་སྤ་འཁར་ཁྲི་རྣམས་དང། །སྟེགས་ཀྱང་འདོགས་སུ་བཅུག་པ་དང། །གྲུ་དང་ཟམ་པ་རྣམས་དང་ནི། །གསེར་ལས་བྱས ་པའི་ཁྱོགས་རྣམས་ཀྱང། །དགའ་བཞིན་རང་གི་ལག་ནས་བྱིན། །དེས་ན་སྔོ་ཞིང་མགོ་གནག་པའི། །རྟ་ནི་རྒྱལ་པོས་ཐོབ་པར་འགྱུར། །རྟ་རིན་པོ་ཆེ་དེ་ག་ལས་བདེར་འོངས་ཞེ་ན། །སྨྲས་པ། ནུབ་ཕྱོགས་ན་གླིང་ཕྲན། བམ་བུ་ཅན་ཞེས་བྱ་བ་ཞིག་ཡོད་དེ། དེ་ན་རྟའི་རྒྱལ་པོ་སྤྲིན་གྱི་ཤུགས ་ཅན་ཞེས་བྱ་བ་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ། །ཐམས་ཅད་སྔོ་ལ་མགོ་གནག་ཅིང། ཕུམ་ཕུམ་ཡིད་དུ་འོང་བ་ཞིག་གནས་སོ། །དེའི་འཁོར་རྟའི་རྒྱལ་པོ་ཁྲི་བརྒྱད་སྟོང་ཡོད་དེ། དེ་དག་ཐམས་ཅད་ཀྱང་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ། ་ཐམས་ཅད་སྡོ་ལ་མགོ་བོ་གནག་ཅིང་ཕུམ་ཕུམ་ཡིད་དུ་འོང་བ་ཤ་སྟག་གོ་།གང་གི་ཚེ་འཁོར་ལོས་སྒྱུར་བའི་རྒྱལ་པོ་འཇིག་རྟེན་དུ་བྱུང་བ་དེའི་ཆེ། ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས་རྟའི་རྒྱལ་པོ་སྤྲིན་གྱིས་ཤུགས་ཅན་ལ་བསྒོ་བ། སྤྲིན་གྱི་ཤུགས་ཅན་འཁོར་ལོས་སྒྱུར ་བའི་རྒྱལ་པོ་འཇིག་རྟེན་དུ་བྱུང་བ་ཤེས་པར་གྱིས་ལ་དེའི་རྟ་རིན་པོ་ཆེ་ཐོད་ཤིག་།དེ་ནས་རྟའི་རྒྱལ་པ་སྤྲིན་གྱི་ཤུགས་ཅན་གྱི་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས་བསྒོ་བ་བཞིན་དུ། མཉན་ནས་བུ་ཐུ་བོ་བཏོང་བར་བྱེད་དེ། །གལ་ཏེ་དེ་ཆེས་བྱས་སྔར་འཆི་བར་གྱུར་ན་ནི་དེའི ་ཚེ་དེས་ཡང་དེའི་འོག་མ་གཏོང་བར་བྱེད་དོ། །ཇི་སྟེ་འཁོར་ལོས་སྒྱུར་བའི་རྒྱལ་པོ་ཆེས་སྔར་འཆི་བར་གྱུར་ན་ནི། དེའི་ཚེ་རྟ་རིན་པོ་ཆེ་དེ་རང་གི་གནས་སུ་འགྲོ་བར་འགྱུར་རོ། །ཅིའི་ཕྱིར་འཁོར་ལོས་སྒྱུར་བའི་རྒྱལ་པོས་ནོར་བུ་རིན་པོ་ཆེ་ཐོབ་ཅེ་ན། སྨྲས་པ། འཁོར་ལོས་སྒྱུར་བའི ་རྒྱལ་པོས་ནི། སྔོན་གྱི་སྲིད་པ་ཞེས་བྱ་བ་ནས་རྒྱས་པར་སྦྱར་ཏེ། ཕ་མ་དང། ཉེ་དུ་དང། བླ་མ་ལྟ་བུ་རྣམས་དང། གཞན་དགེ་སྦྱོང་དང། བྲམ་ཟེ་གནོད་པར་བྱ་བ་མ་ཡིན་པ་དང། གནོད་པར་བྱ་བ་ལ་མི་དགའ་བ་གང་ཡིན་པ་དེ་དག་ལ་མུན་པ་སྣང་བ་མེད་པ་མུན་གནག་མར ་མེ་མིང་པར་མར་མེའི་འབྲུ་མར་དང། མར་མེའི་སྙིང་པོ་དང། མར་མེའི་སྣོད་རྣམས་བྱིན་པ་དང། སྒྲོན་མ་རྣམས་དང། མར་མེ་རྣམས་དང། སྣང་བ་རྣམས་བྱས་ནས་མུན་པ་ཆེན་པོ་མེད་པར་བྱས་ཏེ། དེ་བས་ན་འཁོར་ལོས་སྒྱུར་བའི་རྒྱལ་པོས་ནོར་བུ་རིན་པོ་ཆེ་ཐོབ་བོ། །ནོར་བུ་རིན་པོ ་ཆེ་དེ་ཡང་བཻ་ཌཱུརྱ་ཟུར་བརྒྱད་པ། བཟང་པོ། རགས་པ་ཆེ་བ། དག་ཅིང་སྙོག་པ་མེད་པ། རྣམ་པར་གསལ་བ་སྟེ། འཁོར་ལོས་སྒྱུར་བའི་རྒྱལ་པོའི་བཙུན་མོའི་འཁོར་དུ་སྣང་བ་ཅི་ཙམ་དགོས་པ་ཐམས་ཅད་ནོར་བུ་དེའི་འོད་ཀྱིས་བྱེད་དོ། །དེ་ནས་འཁོར་ལོས་སྒྱུར་བའི་རྒྱལ་པོས། ་ནོར་བུ་རིན་པོ་ཆེ་དེ་སང་པར་འདོད་དེ། དེ་ནས་མཚན་མོ་མུན་ནག་ཐིབས་པོ་ཆར་སིམ་བུ་འབབ་ཅིང། གློག་འགྱུ་བའི་ནང་དུ་ནོར་བུ་རིན་པོ་ཆེ་རྒྱལ་མཚན་གྱི་རྩེ་མོ་ལ་བཏགས་ནས། དཔུང་གི་ཚོགས་ཡན་ལག་བཞི་པ་དང་བཅས་ཏེ། སྐྱེད་མོས་ཚལ་གྱི་ཐོག་དུ་སོང་ན། འཁོར ་ལོས་སྒྱུར་བའི་རྒྱལ་པོའི་དཔུང་གི་ཚོགས་ཡན་ལག་བཞི་པ་ཇི་སྙེད་པ་ཐམས་ཅད་དང། ཉེ་འཁོར་ཁོ་ར་ཁོར་ཡུག་ཏུ་དཔག་ཚད་ཕྱེད་ཚུན་ཆད་ནོར་བུ་དེའི་འོད་ཀྱིས་ཁྱབ་བོ། །འདི་ལ་ཆོས་ཉིད་ནི་འདི་ཡིན་ཏེ། དེ་ལ་འདི་སྐད་ཅེས་བྱའོ། །མུན་པ་སྣང་བ་མེད་པ་དང། །མུན་ནག ་མར་མེ་མེད་པར་ནི། །མར་མེ་ཏིལ་མར་སྙིང་པོ་རྣམས། །ལུག་པར་གཏོང་དང་ལྡན་པས་བྱིན། །གཞན་ཡང་སྣང་དང་གསལ་བ་དང། །སྒྲོན་མ་འབར་བ་རྣམས་ཀྱང་བྱིན། །དེས་ན་རྒྱལ་པོས་གསལ་དག་པའི། །བཻ་ཌཱུརྱའི་ནོར་བུ་ཐོབ། །ནོར་བུ་རིན་པོ་ཆེ་དག་ལས་འོངས་ཤེ་ན། ་སྨྲས་པ། གང་གི་ཚེ་འཁོར་ལོར་སྒྱུར་བའི་རྒྱལ་པོ་འཇིག་རྟེན་དུ་བྱུང་བ་ན། དེ་ལ་ཀླུ་རྣམས་སམ། ཡང་ན་རྒྱལ་པོ་ཆེན་པོ་བཞིས་འབུལ་བར་བྱེད་དོ། །ཅིའི་ཕྱིར་འཁོར་ལོས་སྒྱུར་བའི་རྒྱལ་པོས་བུད་མེད་རིན་པོ་ཆེ་ཐོབ་ཅེ་ན། སྨྲས་པ། འཁོར་ལོས་སྒྱུར་བའི་རྒྱལ་པོས་ནི། ་སྔོན་གྱི་སྲིད་པ་ཞེས་བྱ་བ་ནས་རྒྱས་པར་སྦྱར་ཏེ། །དགེ་སྦྱོང་རྣམས་དང། བྲམ་ཟེ་རྣམས་དང། བཀྲེན་པ་རྣམས་དང། སྡུག་ཕོངས་པ་རྣམས་ལ་སྦྱིན་པ་འདི་ལྟ་སྟེ། ཟས་དང། སྐོམ་དང། ངན་འབད?་??་འཇིག?་གོས་དང། སྤོས་དང། མེ་ཏོག་ཕྲེང་བ་དང། བྱུག་པ་དང། མལ་ཆ་དང། སྟན་དང། གནས ་དང། མར་མེ་རྣམས་བྱིན་ཏེ། རྒྱུ་དེས་ན་འཁོར་ལོས་སྒྱུར་བའི་རྒྱལ་པོས་བུད་མེད་རིན་པོ་ཆེ་ཐོབ་གོ་།བུད་མེད་དེ་ཡང་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ། མིའི་མདོག་ལས་ནི་འདས། ལྷའི་མདོག་ནི་མ་ཐོབ་པ་ཡིན་ཏེ། བཙུན་མོ་དེ་ནི་ཧ་ཅང ་ཡང་མི་དཀར། ཧ་ཅང་ཡང་མི་སྔོ་སྟེ། པགས་པའི་མདོག་བྲི་ཡང་ཀུའི་མེ་ཏོག་ལྟ་ང་འདུག་ལ། ཧ་ཅང་ཡང་མི་རིང། ཧ་ཅང་ཡང་མི་ཐུང་སྟེ། ལས་རན་པར་འདུག་པ་དང། ཧ་ཅང་ཡང་སྐེམ་པ་ཡང་མ་ཡིན་ཧ་ཅང་ཤ་ཆེ་བ་ཡང་མ་ཡིན་ཏེ། ཤ་རན་ལ་བཙུན་མོ་དེ ་གྲང་པའི་དུས་ན་ནི་ལུས་རྣམས་ལ་རེག་ན་དྲོ་བར་འགྱུར་ལ། །ཚ་བའི་དུས་ན་ནི་རེག་ན་བསིལ་བར་འགྱུར་རོ། །བཙུན་མོ་དེའི་སྤུའི་ཁུང་བུ་ཐམས་ཅད་ནས། བཙན་དན་གྱི་དྲི་འབྱུང་ལ། །ཁ་ནས་ཨུཏཔ་ལའི་དྲི་འབྱུང་སྟེ། དེ་ནས་འཁོར་ལོས་སྒྱུར་བའི་རྒྱལ་པོས ་སྔོན་དུ་ལྡང་ཞིང། ཕྱི་ནས་ཉལ་བ་དང། ཅི་བྱ་བའི་ལུང་གནོད་པ་དང། མཁས་ཤིང་ཡིད་དུ་འོང་བར་བྱེད་ལ། སྙན་པར་སྨྲ་བར་བྱེད་དོ། །དེ་ནི་ཡིད་ཀྱི་དགུ་ལ་ཡང་འཁོར་ལོས་སྒྱུར་བའི་རྒྱལ་པོའི་ཡིད་དང་འགལ་བར་མི་བྱེད་ན། ལུས་དང་ངག་གིས་ལྟ་ག་ལ་བྱེད། བཙུན ་མོ་དེ་ནི་གལ་ཏེ་ཁ་ཅིག་གིས་འགྲོ་བ་མཐོང་ན་དེ་དག་འདི་སྙམ་དུ། ཀྱེ་མ་འདི་ཡེ་འགྲོ་ན་ཅི་མ་རུང་སྙམ་དུ་སེམས་ལ། གལ་ཏེ་འགྲེངས་པ་དང། འདུག་པ་དང། འཕྲེས་པ་མཐོང་ན་ཡང་དེ་དག་འདི་སྙམ་དུ། ཀྱེ་མ་འདི་ཡེ་འཕྲེས་ན་ཅི་མ་རུང་སྙམ་དུ་སེམས་སོ། ། ་བཙུན་མོ་ངེས་ནི་ཇི་ལྟར་བབ་སངས་ཀྱིས་སྐར་མ་རྣམས་ཟིལ་གྱིས་ནོན་པ་དེ་བཞིན་དུ། བུད་མེད་ཐམས་ཅད་ཟིལ་གྱིས་ནོན་པར་འདུག་གོ་།བཙུན་མོ་དེ་ནི་བུ་འབྱུང་བར་མི་འགྱུར་རོ། །བུད་མེད་རིན་པོ་ཆེ་སྔར་འཆི་བར་འགྱུར་ལ། འཁོར་ལོས་སྒྱུར་བའི་རྒྱལ་པོ་ཕྱིས ་འཆི་བར་འགྱུར་རོ། །བུད་མེད་རིན་པོ་ཆེ་ཐམས་ཅད་ནི་མཐོ་རིས་སུ་ཉེ་བར་འགྲོ་བར་འགྱུར་རོ། །འདི་ལ་ཆོས་ཉིད་ནི་འདི་ཡིན་ཏེ། དེ་ལ་འདི་སྐད་ཅེས་བྱའོ། །ཟས་དང་སྐོམ་དང་གོས་དང་སྤོས། །མེ་ཏོག་ཕྲེང་དང་བྱུག་པ་རྣམས། །རང་གི་འཁོར་བཅས་དགའ་བཞིན ་དུ། །སྔོན་གྱི་སྐྱེ་བ་དག་ཏུ་བྱིན། །ལས་ཀྱི་རྣམ་སྨིན་དེ་ཡིས་ན། །འཁོར་ལོས་སྒྱུར་བའི་རྒྱལ་པོ་ཡི། །བུད་མེད་མཆོག་ཏུ་བཟང་བ་དང། །རྣམ་པ་ཐམས་ཅད་ཕུན་སུམ་ཚོགས། །ཅིའི་ཕྱིར་བུད་མེད་རིན་པོ་ཆེ་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ་དང། མིའི་མདོག་ལས་འདས ་ལྷའི་མདོག་ནི་མ་ཐོབ་པར་གྱུར་ཅེ་ན། སྨྲས་པ། བུད་མེད་རིན་པོ་ཆེས་ནི་སྔོན་གྱི་སྲིད་པ་ཞེས་བྱ་བ་ནས་རྒྱས་པར་སྦྱར་ཏེ། སྦྱིན་པ་རྣམ་པར་དག་པ་དག་བྱིན་ཏེ། རྒྱན་རྣམས་དང། ཟས་དང། སྐོམ་དང། བཅའ་བ་དང། བཟའ་བ་དང། གོས་དང། སྤོས་དང། མེ་ཏོག་ཕྲེང་པ ་བྱུག་པ་དང། མལ་ཆ་དང། སྟན་དང། གནས་དང། མར་མེ་རྣམ་པར་དག་པ་བྱིན་ཏེ། རྒྱུ་དེས་ན་བུད་མེད་རིན་པོ་ཆེ་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ་དང། མིའི་མདོག་ལས་ནི་འདས། ལྷའི་མདོག་ནི་མ་ཐོབ་པར་གྱུར་ཏེ?། །ཅིའི་ཕྱིར་བུད་མེད་རིན་པོ་ཆེ་ཧ་ཅང ་ཡང་མི་དཀར་ཧ་ཅང་ཡང་མི་སྔོ་སྟེ། པགས་པའི་མདོག་བྲི་ཡང་ཀུའི་མེ་ཏོག་ལྟར་འདུག་ལ། ཧ་ཅང་ཡང་མི་རིང། ཧ་ཅང་ནི་མི་ཐུང་སྟེ། ལུས་རན་པར་འདུག་པ་དང། ཧ་ཅང་སྐེམ་པ་ཡང་མ་ཡིན། །ཧ་ཅང་ཤ་ཆེ་བ་ཡང་མ་ཡིན་ཏེ་ཤ་རན་པར་གྱུར་ཅེ་ན། སྨྲས་པ། བུད་མེད ་རིན་པོ་ཆེས་ནི་སྔོན་གྱི་སྲིད་པ་ཞེས་བྱ་བ་ནས་རྒྱས་པར་སྦྱར་ཏེ། སྦྱིན་པ་ཁ་དོག་ཕུན་སུམ་ཚོགས་པ་དང། དྲི་ཕུན་སུམ་ཚོགས་པ་དང། རོ་ཕུན་སུམ་ཚོགས་པ་རྣམས་རང་གི་ལག་ནས་གུས་པར་བྱས་ཏེ། མ་བསྙེས་པར་དུས་སུ་བྱིན་ཏེ། རྒྱུ་དེས་ན་བུད་མེད་རིན་པོ་ཆེ ་ཧ་ཅང་ཡང་མི་དགའ་། ཧ་ཅང་ཡང་མི་སྔོ་སྟེ། པགས་པའི་མདོག་བྲི་ཡང་ཀུའི་མེ་ཏོག་ལྟར་འདུག་ལ། ཧ་ཅང་ཡང་མི་རིང། ཧ་ཅང་ཡང་མི་ཐུང་སྟེ། ལུས་རན་པར་འདུག་པ་དང། ཧ་ཅང་སྐེམ་པ་ཡང་མ་ཡིན་ཏེ་ཤ་རན་པར་གྱུར་ཏོ། །ཅིའི་ཕྱིར་བུད་མེད་རིན་པོ་ཆེ་གྲང་བའི ་དུས་ན་ལུས་རྣམས་ལ་རག་ན་དྲོ་བར་འགྱུར་ཞེ་ན། སྨྲས་པ། བུད་མེད་རིན་པོ་ཆེས་ནི་སྔོན་གྱི་སྲིད་པ་ཞེས་བྱ་བ་ནས་རྒྱས་པར་སྦྱར་ཏེ། གྲང་ཞིང་མཆོག་ཏུ་གྲང་པའི་དུས་གང་ཡིན་པའི་དགུན་སྨད་ཟླ་བ་གཉིས་འོད་མ་འགས་པར་བྱེད་པའི་རླུང་ལྡང་བ་དེ་ལྟ་བུའི་གྲང་ཞིང་ཤིན ་ཏུ་གྲང་བའི་དུས་དགུན་སྨད་ཟླ་བ་གཉིས་འོང་མ་འགས་པར་བྱེད་པའི་རླུང་ལྡང་བ་ན། ཕ་མ་དང། ཉེ་དུ་དང། བླ་མ་ལྟ་བུ་རྣམས?་དང། གཞན་དགེ་སྦྱོང་དང། བྲམ་ཟེ་གནོད་པར་བྱ་བ་མ་ཡིན་པ་དང། །གནོད་པར་བྱ་བ་ལ་མི་དགའ་བ་གང་ཡིན་པ་དེ ་དག་ལ། ཁྱིམ་དྲོན་པོ་རྣམས་དང། གདིང་བ་དང། བགོ་བ་དྲོན་པོ་རྣམས་བྱིན་པ་དང། ཟས་དང། སྐོམ་དང། གོས་དང། སྤོས་དང། མེ་ཏོག་ཕྲེང་དང། བྱུག་པ་དང། མལ་ཆ་དང། སྟན་དང། གནས་དང། ཞུགས་ལིང་དང། ཞུགས་ཐབས་རྣམས་དང། གཞན་ཡང ་དྲོ་བའི་ཡོ་བྱད་རྣམ་པ་སྣ་ཚོགས་བྱིན་ཏེ། དེ་བས་ན་བུད་མེད་རིན་པོ་ཆེ་གྲང་བའི་དུས་ན་ལུས་རྣམས་ལ་རེག་ན་དྲོ་བར་འགྱུར་རོ། །ཅིའི་ཕྱིར་བུད་མེད་རིན་པོ་ཆེ་ཚ་བའི་དུས་ན་ལུས་ལ་རེག་ན་བསིལ་བར་འགྱུར་ཞེ་ན། སྨྲས་པ། བུད་མེད་རིན་པོ་ཆེས་ནི་སྔོན་གྱི་སྲིད་པ་ཞེས ་བྱ་བ་ནས་རྒྱས་པར་སྦྱར་ཏེ། ཚ་ཞིང་མཆོག་ཏུ་ཚལ་ལྷག་པར་ཚ་བ་ལ་བབ་སྟེ། མི་བཟད་པར་ཡོངས་སུ་གདུང་བ་ལ་བབ་ཅིང། མི་བཟང་བར་ཡོངས་སུ་གདུངས་པའི་ངོ་ལ་བབ་པ་ན། ཕ་མ་དང། ཉེ་དུ་དང། བླ་མ་ལྟ་བུ་རྣམས་དང། གཞན་དགེ་སྦྱོང་དང། བྲམ་ཟེ་གནོད ་པར་བྱ་བ་མ་ཡིན་པ་དང། གནོད་པར་བྱ་བ་ལ་མི་དགའ་བ་གང་ཡིན་པ་དེ་དག་ལ་ཁྱིམ་བསིལ་བ་རྣམས་དང། གདིང་བ་དང། བགོ་བ་བསིལ་བ་རྣམས་བྱིན་པ་དང། ཟས་དང། སྐོམ་དང། བཅའ་བ་དང། བཟའ་བ་དང། གོས་དང། སྤོས་དང། མེ་ཏོག་ཕྲེང་དང། བྱུག་པ་དང ་མལ་ཆ་དང། སྟན་དང། གནས་དང། ནོར་བུ་སྤྲད་པའི་ལམ་དང། ཤིང་ཏ་མ་ལའི་ཡལ་གའི་བསིལ་ཡབ་དང། ཏམ་ལའི་ལོ་མ་ལས་སྣོད་དུ་བྱས་པ་དེ་ལྟ་བུ་དག་དང། གཞན་ཡང་བསིལ་བའི་ཡོ་བྱད་རྣམ་པ་སྣ་ཚོགས་བྱིན་ཏེ། རྒྱུ་དེས་ན་བུད་མེད་རིན་པོ་ཆེ་ཚ་བའི ་དུས་ན་ལུས་ལ་རག་ན་བསིལ་བར་འགྱུར་རོ། །ཅིའི་ཕྱིར་བུད་མེད་རིན་པོ་ཆེ་སྤུའི་ཁུང་བུ་ཐམས་ཅད་ནས་ཙན་དན་གྱི་དྲི་འབྱུང་ལ་ཁ་ནས་ཨུཏཔ་ལའི་དྲི་འབྱུང་ཞེ་ན། སྨྲས་པ། བུད་མེད་རིན་པོ་ཆེས་ནི་སྔོན་གྱི་སྲིད་པ་ཞེས་བྱ་བ་ནས་རྒྱས་པར་སྦྱར་ཏེ། ཕ་མ་དང། ཉེ་དུ་དང། ་བླ་མ་ལྟ་བུ་རྣམས་དང། གཞན་དགེ་སྦྱོང་དང། བྲམ་ཟེ་གནོད་པར་བྱ་བ་མ་ཡིན་པ་དང། གནོད་པར་བྱ་བ་ལ་མི་དགའ་བ་གང་ཡིན་པ་དེ་དག་ལས་ག་རུ་དང། རྒྱ་སྤོས་དང། གུར་གུམ་དང། ཀ་ལ་ནུ་ས་རི་དང། ཏ་མའི་ལོ་མ་དེ་ལྟ་བུ་དག་དང། གཞན་ཡང་དྲི་ཞིམ་ངོ་རྣམས ་བྱིན་ཏེ། རྒྱུ་དེས་ན་བུད་མེད་རིན་པོ་ཆེའི་སྤུའི་ཁུང་བུ་ཐམས་ཅད་ནས་ཙན་དན་གྱི་དྲི་འབྱུང་ལ་ཁ་ནས་ཨུཏཔ་ལའི་དྲི་འབྱུང་ངོ། །ཅིའི་ཕྱིར་བུད་མེད་རིན་པོ་ཆེ་འཁོར་ལོས་སྒྱུར་བའི་རྒྱལ་པོའི་སྔོན་དུ་ལྟ་ཞིང་ཕྱི་ནས་ཉལ་བ་དང། ཅི་བྱ་བའི་ལུང་གནོད་པ་དང། མཁས ་ཤིང་ཡིད་དུ་འོང་བར་བྱེད་ལ་སྙན་པར་སྨྲ?་བ་བྱད་ཅེ་ན། སྨྲས་པ། འཁོར་ལོས་སྒྱུར་བའི་རྒྱལ་པོས། ཡུན་རིང་པོ་ནས་བསྙེན་བཀུར་བྱེད་པ་འཐོབ་པར་འགྱུར་པའི་ལས། དོན་ཡོད་པ་བྱས་ཤིང་བསགས་པས་དེ་དག་མངོན་དུ་ཕྱོགས་ཤིང་རྣམ་པར་སྨིན་པ་ཉེ་བར་འོངས ་ཏེ། རྒྱུ་དེས་ན་བུད་མེད་རིན་པོ་ཆེ་འཁོར་ལོས་སྒྱུར་བའི་རྒྱལ་པོའི་སྔོན་དུ་ལྡང་ཞིང་ཕྱི་ནས་ཉལ་བ་དང། ཅི་བྱའི་ལུང་ནོད་པ་དང། མཁས་ཤིང་ཡིད་དུ་འོད་བར་བྱེད་ལ་སྙན་པར་སྨྲ་བར་བྱེད་དོ། །ཅིའི་ཕྱིར་བུད་མེད་རིན་པོ་ཆེའི་ཡིད་ཀྱི་དགུ་ལ་ཡང་འཁོར་ལོས་སྒྱུར་བའི་རྒྱལ ་པོའི་ཡིད་དང་འགལ་བར་མི་བྱེད་ན་ལུས་དང། ངག་གི་ལྟ་ག་ལ་བྱེད་ཅེ་ན། སྨྲས་པ། འཁོར་ལོས་སྒྱུར་བའི་རྒྱལ་པོ་ནི་དབང་ཆེ་བར་གྲགས་པའི་སེམས་ཅན་ཡིན་པས་ན། དེའི་ཕྱིར་དེས་སེམས་དམན་པའི་མི་ལ་སེམས་འཇུག་པར་མི་འགྱུར་ཏེ། རྒྱུ་དེས་ན་བུད་མེད་རིན་པོ ་ཆེ་ཡིད་ཀྱི་དགུལ་ཡང་འཁོར་ལོས་སྒྱུར་བའི་རྒྱལ་པོའི་ཡིད་དང་འགལ་བར་མི་བྱེད་ན་ལུས་དང། ངག་གི་ལྟ་ག་ལ་བྱེད། །ཅིའི་ཕྱིར་བུད་མེད་རིན་པོ་ཆེ་གལ་ཏེ་ཁ་ཅིག་གིས་འགྲོ་བ་མཐོང་ནས་དེ་དག་འདི་སྙམ་དུ་སེམས་ཏེ། ཀྱེ་མ་འདི་ཡི་འགྲོ་ན་ཅི་མ་རུང་སྙམ་དུ་སེམས་ལ། ་གལ་ཏེ་འགྲེང་བ་དང། འདུག་པ་དང། འཕྲེས་པ་མཐོང་ན་ཡང་དེ་དག་འདི་སྙམ་དུ་སེམས་ཏེ། ཀྱེ་མ་འདི་ཡེ་འཕྲེས་པ་ན་ཅི་མ་རུང་སྙམ་དུ་སེམས་ཤེ་ན། སྨྲས་པ། བུད་མེད་རིན་པོ་ཆེས་ནི་སྔོན་གྱི་སྲིད་པ་ཞེས་བྱ་བ་ནས་རྒྱས་པར་སྦྱར་ཏེ། འདོད་པ་ན་སྤྱོད་པའི་བྱམས་པ ་ཐོབ་པར་འགྱུར་ཏེ། སེམས་ཅན་དོན་དུ་འདོད་པ་གང་ཡིན་པ་རྣམས་དང། ཕན་པར་འདོད་པ་རྣམས་དང། གྲུབ་པ་དང་བདེ་བར་འདོད་པ་གང་ཡིན་པ་རྣམས་དང། གནོད་པར་འདོད་པ་གང་ཡིན་པ་རྣམས་དང། མི་ཕན་པར་འདོད་པ་དང། གྲུབ་པ་དང་བདེ་བ ་མང་པར་འདོད་པ་གང་ཡིན་པ་དེ་དག་ཐམས་ཅད་ལ་བྱམས་པའི་མིག་གིས་བལྟས་ཏེ། རྒྱུ་དེས་ན་བུད་མེད་རིན་པོ་ཆེ་གལ་ཏེ་ཁ་ཅིག་གིས་འགྲོ་བ་མཐོང་ན་དེ་དག་འདི་སྙམ་དུ་སེམས་ཏེ། ཀྱེ་མ་འདི་ཡེ་འགྲོ་ན་ཅི་མ་རུང་སྙམ་དུ་སེམས་ལ། གལ་ཏེ་འགྲེང་བ་དང། འདུག ་པ་དང། འཕྲེས་པ་མཐོང་ན་ཡང་དེ་དག་འདི་སྙམ་དུ་སེམས་ཏེ། ཀྱེ་མ་འདི་ཡེ་འཕྲེས་ན་ཅི་མ་རུང་སྙམ་དུ་སེམས་སོ། །ཅིའི་ཕྱིར་བུད་མེད་རིན་པོ་ཆེས་ཇི་ལྟར་པ་བ་སངས་ཀྱིས་སྐར་མ་གཞན་ཐམས་ཅད་ཟིལ་གྱིས་ནོན་པ་བཞིན་དུ་བུད་མེད་ཐམས་ཅད་ཟིལ་གྱིས ་ནོན་པར་འདུག་ཅེ་ན། སྨྲས་པ། བུད་མེད་རིན་པོ་ཆེས་སྔོན་གྱིས་སྲིད་པ་ཞེས་བྱ་བ་ནས་རྒྱས་པར་སྦྱར་ཏེ། བདག་ཉིད་ཀྱིས་ཀྱང་སྲོག་གཅོད་པ་སྤངས་ལ། གཞན་དག་ཀྱང་སྲོག་གཅོད་པ་སྤོང་བ་ཡང་དག་པར་འཛིན་དུ་བཅུག་པ་དང། བདག་ཉིད་ཀྱིས་ཀྱང་མ་བྱིན་པར་ལེན ་པ་དང། འདོད་པ་ལ་ལོག་པར་གཡེམ་པ་དང། བརྫུན་དུ་སྨྲ་བ་དང། འབྲུའི་ཆང་དང། བཅོས་པའི་ཆང་མྱོས་པར་འགྱུར་བ་བག་མེད་པའི་གནས་སྤངས་ལ། གཞན་དག་ཀྱང་འབྲུའི་ཆང་དང། བཅོས་པའི་ཆང་མྱོས་པར་འགྱུར་བ་བག་མེད་པའི་གནས་སྤོང་བ ་ཡང་དག་པར་འཛིན་དུ་བཅུག་སྟེ། རྒྱུ་དེས་ན་བུད་མེད་རིན་པོ་ཆེས་ཇི་ལྟར་པ་བ་སངས་ཀྱིས་སྐར་མ་རྣམས་ཟིལ་གྱིས་ནོན་པ་བཞིན་དུ། བུད་མེད་ཐམས་ཅད་ཟིལ་གྱིས་ནོན་པར་འདུག་གོ་།ཅིའི་ཕྱིར་བུད་མེད་རིན་པོ་ཆེའི་བུ་འབྱུང་བར་མི་འགྱུར་ཞེ་ན། སྨྲས་པ། ་འདི་ལྟ་སྟེ། མངལ་དུ་བུ་འཆགས་པ་དེ་ན་བུད་མེད་རྣམས་ཀྱི་ནང་ཡིན་ལ། བུད་མེད་རིན་པོ་ཆེས་ནི་ཡུན་རིང་པོ་ནས་ནད་ཉུང་བར་འགྱུར་པའི་ལས་ཀྱི་འབྲས་བུ་ཡོད་ཅིང་རྣམ་པར་སྨིན་པ་ཡོད་པ་དག་བྱས་ཤིང་བསགས་ཏེ། དེ་དག་རྣམ་པར་སྨིན་པར་མངོན་དུ་ལཕྱོགས ་ཤ?་ཉ་བར་འོངས་ཏེ། རྒྱུ་དེས་ན་བུད་མེད་རིན་པོ་ཆེའི་བུ་འབྱུང་བར་མི་འགྱུར་རོ། །ཅིའི་ཕྱིར་བུད་མེད་རིན་པོ་ཆེ་སྔར་འཆི་བར་འགྱུར་ལ་འཁོར་ལོས་སྒྱུར་པའི་རྒྱལ་པོ་ཕྱིར་འཆི་བར་འགྱུར་ཞེ་ན། སྨྲས་པ། བུད་མེད་རིན་པོ་ཆེས་ཡུན་རིང་པོ་ནས་ཁྱིམ་ཐ་བ་དང། འབྲལ་བར ་མི་འགྱུར་བའི་ལས་འབྲས་བུ་ཡོད་ཅིང་རྣམ་པར་སྨིན་པ་ཡོད་པ་དག་བྱས་ཤིང་བསག་པས་དེ་དག་རྣམ་པར་སྨིན་པ་མངོན་དུ་ཕྱོགས་ཤིང་ཉེ་བར་འོངས་སྟེ། རྒྱུ་དེས་ན་བུད་མེད་རིན་པོ་ཆེ་སྔར་འཆི་བར་འགྱུར་ལ། འཁོར་ལོས་སྒྱུར་བའི་རྒྱལ་པོ་ཕྱིས་འཆི་བར ་འགྱུར་རོ། །ཅིའི་ཕྱིར་བུད་མེད་རིན་པོ་ཆེ་ཐམས་ཅད་མཐོ་རིས་སུ་ཉེ་བར་འགྲོ་ཞེ་ན། སྨྲས་པ། བུད་མེད་རིན་པོ་ཆེ་དེ་ནི་རང་བཞིན་གྱིས་དགེ་བའི་སྟེང་དུ་དགེ་བ་བཅུའི་ལས་ཀྱི་ལམ་རྣམས་ཡང་དག་པར་བླང་ཏེ་གནས་པས་ན། དེའི་ཕྱིར་བུད་མེད་རིན་པོ་ཆེ་ཐམས་ཅད་མཐོ་རིས་སུ ་ཉེ་བར་འགྲོ་བར་འགྱུར་རོ། །ཅིའི་ཕྱིར་འཁོར་ལོས་སྒྱུར་བའི་རྒྱལ་པོས་ཁྱིམ་བདག་རིན་པོ་ཆེ་ཐོབ་ཅེ་ན། སྨྲས་པ། འཁོར་ལོས་སྒྱུར་པའི་རྒྱལ་པོས་ནི་སྔོན་གྱི་སྲིད་པ་ཞེས་བྱ་བ་ནས་རྒྱས་པར་སྦྱར་ཏེ། གྲང་ཞིང་མཆོག་ཏུ་གྲང་བ་དང། ཚ?་ཞིང་མཆོག་ཏུ་ཚ་བའི་དུས་གང ་ཡིན་པ་དེ་ལྟ་བུའི་གྲང་ཞིང་མཆོག་ཏུ་གྲང་བ་དང། ཚ་ཞིང་མཆོག་ཏུ་ཚ་བའི་དུས་དག་ཏུ་ཕ་མ་དང། ཉེ་དུ་དང། བླ་མ་ལྟ་བུ་རྣམས་དང། གཞན་དགེ་སྦྱོང་དང། བྲམ་ཟེ་གནོད་པར་བྱ་བ་མ་ཡིན་པ་དང། གནོད་པར་བྱ་བ་ལ་མི་དགའ་བ་གང་ཡིན་པ་དེ་དག་གིས་ཐང་དུ ་སོང་ནས་མཐུན་པའི་སྨན་རྣམས་དང། ཕན་པའི་ཟས་རྣམས་དང། འཚམ་པའི་གཡོག་རྣམས་བྱིན་ཏེ། དེ་དག་དེ་རྣམས་ཀྱིས་ལོངས་སྤྱོད་ནས་ཡུལ་མ་གཤེར་པ་དང། གོས་མ་བརླན་པར་དེའི་ཉིན་མཚན་དུ་བདེ་བ་ལ་རེག་པར་གནས་ཏེ། རྒྱུ་དེས་ན་འཁོར་ལོས ་སྒྱུར་པའི་རྒྱལ་པོས་ཁྱིམ་བདག་རིན་པོ་ཆེ་ཐོབ་པོ། །ཁྱིམ་དག་དེ་ཡང་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེད་དེ། ནོར་རྫས་མང་ཞིང་བདོང་པ་མང་ལ་ནོར་དང། འབྲུ་དང། མཛོད་དང། བང་མཛོད་དང། རྫས་དང། ཡོ་བྱད་ཀྱི་ཚོགས་མང་ངོ། །དེ་ནི་ལས་ཀྱི་རྣམ་པར ་སྨིན་པ་ལས་བྱུང་བའི་ལྷའི་མིག་དང་ལྡན་ཏེ། དེས་གཏེར་བདག་པོ་ཡོད་པ་རྣམས་དང། བདག་པོ་མེད་པ་རྣམས་དང། ཆུའི་ནང་ན་ཡོད་པ་རྣམས་དང། ཐང་ལ་ཡོད་པ་རྣམས་རིང་བ་ཡང་རུང། ཉེ་བ་ཡང་རུང་སྟེ་མཐོང་ངོ། །དེ་འཁོར་ལོས་སྒྱུར ་བའི་རྒྱལ་པོའི་ཐང་དུ་སོང་ནས་ནོར་ཅི་འདོད་པས་སྐབས་འབྱེད་པར་བྱེད་དེ། ནོར་ལ་ལྷའི་ཐུགས་ལས་ཆུང་བར་མཛད་དུ་གསོལ། །བདག་གིས་ནོར་གྱི་སྒོ་ནས་ལྷའི་ནོར་གྱི་དོན་བསྒྲུབ་པར་འཚལ་ལོ་ཞེས་ཟེར་རོ། །དེ་ནས་འཁོར་ལོས་སྒྱུར་བའི་རྒྱལ་པོས་ཁྱིམ་བདག་རིན་པོ་ཆེ་དང ་འདོད་དེ་ཆུ་ལ་འགྲོ་བའི་གྲུར་ཞུགས་ནས་ཆུའི་ནང་དུ་འདུག་བཞིན་དུ་ཁྱིམ་བདག་རིན་པོ་ཆེ་ལ་བསྒོ་བ། ཁྱིམ་བདག་ང་ལ་ནོར་དགོས་སོ། །དེ་ནས་ཁྱིམ་བདག་རིན་པོ་ཆེས་འཁོར་ལོས་སྒྱུར་བའི་རྒྱལ་པོ་ལ་འདི་སྐད་ཅེས་གསོལ་ཏོ། །ལྷ་འོ་ན་ཆབ་གྲུ་འགྲམ་དུ་བཅད་དང་བདག ་གིས་ནོར་གྱི་སྒོ་ནས་ལྷའི་ནོར་གྱི་དོན་སྒྲུབ་པར་འཚལ་ལོ། །ཁྱིམ་བདག་ད་ལ་འགྲམ་དུ་ནོར་དགོས་པ་མེད་དེ། འདི་ཉིད་དུ་ང་ལ་ནོར་དགོས་སོ། །ལྷ་འོན་ཆབ་གྲུ་སྡོང་དུ་སྩལ་བར་གསོལ། །དེ་ནས་འཁོར་ལོས་སྒྱུར་བའི་རྒྱལ་པོས་ཆུའི་ནང་ང་གྲུ་སྡོང་དུ་བཅུག་གོ་།དེ་ནས ་ཁྱིམ་བདག་རིན་པོ་ཆེ་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟད་ནས་པུས་མོ་གཡས་པའི་ལྷ་ང་གྲུའི་ནང་དུ་བཙུགས་ཏེ། ལག་པ་གཉིས་ཆུའི་ནང་དུ་བཅུག་ནས་ལྕགས་ཟངས་ཟུར་བཞི་གསེར་དངུལ་རྡུངས་སུ་བྱས་པར་དང་རྡུངས་སུ་མ་བྱས་པས་གང་བ ་ཕྱུང་ནས་འཁོར་ལོས་སྒྱུར་བའི་རྒྱལ་པོ་ལ་ཕུལ་ཏེ། ལྷ་ནོར་འདི་དག་ལགས་ཀྱིས། འདི་ལས་ནོར་གྱིས་དགོས་པ་མཛད་ནས་ལྷག་མ་འདི་ཉིད་དུ་དོར་བར་གསོལ། འདི་ལ་ཆོས་ཉིད་ནི་འདི་ཡིན་ཏེ། དེ་ལ་འདི་སྐད་ཅེས་བྱའོ། །ཆར་བབ་ཡུལ་ངན་བྱུང་བ་དང། །སོ་སོ་ཀའི ་དུས་ལ་བབ་པའི་ཚེ། །བསུ་བ་བྱས་ནས་སྦྱིན་པ་བྱིན། །སྡུག་ཕོངས་རྣམས་ནི་ཚིམ་པར་བྱེད། །ལོངས་སྤྱད་ནས་ནི་བདེ་བར་གྱུར། །དེ་ནས་སློང་བ་རྣམས་ཀྱང་རངས། །ལས་ཀྱི་རྣམ་སྨིན་དེ་ཡིས་ན། །ཚོང་དཔོན་ཕྱུག་ཅིང་ནོར་མང་ལ། །ལྷའི་མིག་ལྡན་རྫུ་འཕྲུལ་ཆེ། །འཁོར ་ལོས་སྒྱུར་བའི་ཐོབ་པར་གྱུར། །ཅིའི་ཕྱིར་ཁྱིམ་བདག་རིན་པོ་ཆེ་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་སྟེ། ནོར་རྫས་མང་ཞིང་བདོག་པ་མང་ལ་ནོར་དང། འབྲུ་དང། མཛོད་དང། བང་མཛོད་དང། རྫས་དང། ཡོ་བྱད་ཀྱི་ཚོགས་མང་བར་གྱུར་ཅེ་ན། །སྨྲས་པ། ཁྱིམ་བདག་རིན་པོ་ཆེས ་ནི་སྔོན་གྱི་སྲིད་པ་ཞེས་བྱ་བ་ནས་རྒྱས་པར་སྦྱར་ཏེ། དགེ་སྦྱོང་དང། བྲམ་ཟེ་རྣམས་དང། སྡུག་ཕོངས་པ་རྣམས་དང། འདྲོན་པོ་རྣམས་དང། སློང་བ་རྣམས་ལ་སྦྱིན་པ་འདི་ལྟ་སྟེ། ཟས་དང། སྐོམ་དང། བཅའ་བ་དང། བཟའ་བ་དང། གོས་དང། སྤོས་དང། མེ་ཏོག་ཕྲེང་དང ་བྱུག་པ་དང། མལ་ཆ་དང། སྟན་དང། གནས་རྣམས་བྱིན་ཏེ། རྒྱུ་དེས་ན་ཁྱིམ་བདག་རིན་པོ་ཆེ་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་སྟེ། ནོར་རྫས་མང་ཞིང་བདོག་པ་མང་ལ་ནོར་དང། འབྲུ་དང། མཛོད་དང། བང་མཛད་དང། རྫས་དང། ཡོ་བྱད་ཀྱི་ཚོགས་མང་བར་གྱུར་ཏོ། །ཅིའི་ཕྱིར ་ཁྱིམ་བདག་རིན་པོ་ཆེ་ལས་ཀྱི་རྣམ་པར་སྨིན་པ་ལས་བྱུང་བའི་ལྷའི་ཡིག་དང་ལྡན་པར་གྱུར་ལ། དེས་གཏེར་རྣམ་པ་སྣ་ཚོགས་བདག་པོ་ཡོད་པ་རྣམས་དང། བདག་པོ་མེད་པ་རྣམས་དང། ཆུའི་ནང་ན་ཡོད་པ་རྣམས་དང། ཐང་ལ་ཡོད་པ་རྣམས་རིང་པ་ཡང་རུང། ཉེ་བར་ཡང་རུང། ་མཐོང་ཞེ་ན་སྨྲས་པ། ཁྱིམ་བདག་རིན་པོ་ཆེས་ནི་སྔོན་གྱི་སྲིད་པ་ཞེས་བྱ་བ་ནས་རྒྱས་པར་སྦྱར་ཏེ། ཕ་མ་དང། ཉེ་དུ་དང་བླ་མ་ལྟ་བུ་རྣམས་དང། གཞན་དགེ་སྦྱོང་དང། བྲམ་ཟེ་གནོད་པར་བྱ་བ་མ་ཡིན་པ་དང། གནོད་པར་བྱ་བ་ལ་མི་དགའ་བ་གང་ཡིན་པ་དེ་དག་ལ། མུན ་བ་སྣང་བ་མེད་པ་མུན་ནག་མར་མེ་མེད་པར་མར་མེའི་འབྲུ་མར་དང། མར་མེའི་སྙིང་པོ། མར་མེའི་སྣོད་རྣམས་བྱིན་པ་དང། སྒྲོན་མེ་རྣམས་དང། མར་མེ་རྣམས་དང། སྣང་བ་རྣམས་བྱས་ནས། དེ་ལྟ་བུ་དག་དང། གཞན་ཡང་མུན་པ་ཆེན་པོ་མེད་པར་བྱས་ཏེ། རྒྱུ་དེས་ན་ཁྱིམ ་བདག་རིན་པོ་ཆེས་ལས་ཀྱི་རྣམ་པར་སྨིན་པ་ལས་བྱུང་བའི་ལྷའི་མིག་དང་ལྡན་པར་གྱུར་ལ། དེས་གཏེར་རྣམ་པ་སྣ་ཚོགས་བདག་པོ་ཡོད་པ་རྣམས་དང། བདག་པོ་མེད་པ་རྣམས་དང། ཆུའི་ནང་ན་ཡོད་པ་རྣམས་དང། ཐང་ལ་ཡོད་པ་རྣམས་རིང་པ་ཡང་རུང། ཉེ་བ་ཡང ་རུང་སྟེ་མཐོང་ངོ། །འདི་ལ་ཆོས་ཉིད་ནི་འདི་ཡིན་ཏེ། དེ་ལ་འདི་སྐད་ཅེས་བྱའོ། །སྔོན་གྱི་ཚེ་རབས་རྣམས་སུ་དད་པས་རང་གི་ལག་པ་ནས། །ཟས་སྐོམ་གོས་དང་སྤོས་དང་མེ་ཏོག་ཕྲེང་དང་བྱུག་པ་བྱིན། །སྣང་བ་རྣམས་དང་གསལ་བ་རྣམས་དང་སྒྲོན ་དང་འབར་བ་བྱས། །དེ་ནས་འཁོར་ལོས་སྒྱུར་བའི་རྒྱལ་པོའི་ཁྱིམ་བདག་ཕྱུག་པ་དང། །ནོར་མང་གོས་དང་ལྡན་ཞིང་ལྷའི་མིག་དང་ལྡན་པར་གྱུར། །ཅིའི་ཕྱིར་འཁོར་ལོས་སྒྱུར་བའི་རྒྱལ་པོས་བློན་པོ་རིན་པོ་ཆེ་ཐོབ་ཅེ་ན། སྨྲས་པ། འཁོར་ལོས་སྒྱུར་བའི་རྒྱལ་པོས་ནི། ་སྔོན་གྱི་སྲིད་པ་ཞེས་བྱ་བ་ནས་རྒྱས་པར་སྦྱར་ཏེ། ཕ་མ་དང། ཉེ་དུ་དང། བླ་མ་ལྟ་བུ་རྣམས་དང། གཞན་དགེ་སྦྱོང་དང། བྲམ་ཟེ་གནོད་པར་བྱ་བ་མ་ཡིན་པ་དང། གནོད་པར་བྱ་བ་ལ་མི་དགའ་བ་གང་ཡིན་པ་དེ་དག་ལ་མུན་པ་སྣང་བ་མེད་པ་མུན་ནག་མར་མེ་མེད་པ ་ལ་མར་མེའི་འབྲུ་མར་དང། མར་མེའི་སྙིང་པོ་དང། མར་མེའི་སྣོད་རྣམས་བྱིན་པ་དང། སྒྲོན་མ་རྣམས་དང། མར་མེ་རྣམས་དང། སྣང་བ་རྣམས་བྱས་ནས་མུན་པ་ཆེན་པོ་མེད་པར་བྱས་ཏེ། རྒྱུ་དེས་ན་འཁོར་ལོས་སྒྱུར་བའི་རྒྱལ་པོས་བློན་པོ་རིན་པོ་ཆེ་ཐོབ་བོ། །བློན་པོ་རིན ་པོ་ཆེ་དེ་ཡང་མཁས་ཤིང་གསལ་ལ་ཡིད་གཞུངས་པ་དང། ཅི་ལ་ཡང་ཐོགས་པ་མེད་པའི་རྟོག་པའི་ཤེས་རབ་དང་ལྡན་ཏེ། དེ་འཁོར་ལོས་སྒྱུར་བའི་རྒྱལ་པོའི་ཐད་དུ་སོང་ནས་ཚེ་འདིའི་དོན་ལ་ཡང་འཛུད་པར་བྱེད། ཚེ་ཕྱི་མའི་དོན་ལ་འཛུད་པར་བྱེད། ཚེ་འདི་དང་ཕྱི་མའི་དོན ་ལ་ཡང་འཛུད་པར་བྱེད་དོ། །དེ་ནི་འཁོར་ལོས་སྒྱུར་བའི་རྒྱལ་པོ་ལ་དཔུང་དབུལ་བར་འོས་པ་ཡང་འབུལ་བར་བྱེད་ལ། དཔུང་བསལ་བར་འོས་པ་ཡང་བསལ་བར་བྱེད་དོ། །དེ་ནི་འགྲོ་བ་ཡང་འཁོར་ལོས་སྒྱུར་བའི་རྒྱལ་པོའི་དཔུང་གི་ཚོགས་ཡན་ལག་བཞི་པ་ཡང་ངལ ་བ་དང། དུབ་པར་ཡོ?་བྱེད་ལ། ཞམ་རིང་བྱེད་པ་གཞན་དག་གི་ཡང་ངལ་བ་དང། དུབ་པར་ཡང་མི་བྱེད་དོ། །འདི་ལ་ཆོས་ཉིད་ནི་འདི་ཡིན་ཏེ། །དེ་ལ་འདི་སྐད་ཅེས་བྱའོ། །མུན་པ་སྣང་བ་མེད་པ་དང། །མུན་ནག་སྒྲོན་མ་མེད་པར་ནི། །མར་མེའི་ཏིལ་མར་སྙིང་པོ་རྣམས། ། ་ལྷུག་པར་གཏོང་བས་བྱིན་པར་གྱུར། །ཕ་མ་དག་ལ་སྣང་རྣམས་དང་བསལ་དང་སྒྲོན་དང་འབར་བ་བྱས། །གཉེན་རྣམས་ལ་ནི་ཇི་བཞིན་དགེ་སྦྱོང་བྲམ་ཟེ་རྣམས་ལའང་དེ་དང་འདྲ། །ལས་དགེ་བདེ་བ་འབྱུང་བ་འདི་ནི་ཚེ་རབས་གཞན་དུ་བྱས་གྱུར་ཏེ། །ལས་ཀྱི་རྣམ་པར་སྨིན་པ་དེས་ན་རྒྱལ་པོའི་བློན? ་པ་མཁས་པར་གྱུར། །ཅིའི་ཕྱིར་བློན་པོ་རིན་པོ་ཆེ་མཁས་ཤིང་གསལ་བ་ཡང་གཞུངས་པ་ཅི་ལ་ཡང་ཐོགས་པ་མེད་པའི་ཤེས་རབ་དང་ལྡན་པར་གྱུར་ཅེ་ན། སྨྲས་པ། བློན་པོ་རིན་པོ་ཆེས་ནི་སྔོན་གྱི་སྲིད་པ་དང། སྔོན་གྱི་གནས་དང། སྔོན་གྱི་ལུས་དང། སྔོན་གྱི་བདག་འདི་ཐུབ་པ་དང། ་སྔོན་གྱི་ཚེ་རབས་གཞན་དང། འདས་པ་དང། ཟད་པ་དང། འགག་པ་དང། བྲལ་བ་དང། རྣམ་པར་གྱུར་པ་དང། ཡོངས་སུ་ཟད་པ་དག་ཏུ་དགེ་སྦྱོང་དང་བྲམ་ཟེ་མཁས་ཤིང་གསལ་ལ་ཡིད་གཞུངས་པ་དང། བྱང་ཞིང་ཤིན་ཏུ་རྟོགས་བྱེད་པ་གང་ཡིན་པ་དེ་དག་གི་ཐང་དུ་སོང་ནས ་བསྟེན་པར་བྱས་ཤིང་བསྙེན་བཀུར་བྱས་ཏེ། དགེ་བ་ནི་གང་ཡིན། མི་དགེ་བ་ནི་གང་ཡིན། ཁ་ན་མ་ཐོ་པ་དང་བཅས་པ་ནི་གང་ཡིན། ཁ་ན་མ་ཐོ་བ་མེད་པ་ནི་གང་ཡིན། ཅི་ཞིག་བྱས་ནས་ལེགས་པར་འགྱུར་ལ་སྡིག་པར་མི་འགྱུར་ཞེས་ཡོངས་སུ་དྲིས་ཤིང་ཡོངས་སུ་དྲིས་བ་བྱས ་སོ། །དེ་དག་ལས་ཐོས་ནས་ཀྱང་དེ་བཞིན་དུ་བདག་ཉིད་ཀྱིས་ཀྱང་བསྒྲུབས་སོ། །གཞན་ཡང་བློན་པོ་རིན་པོ་ཆེ་ནི་རྟོགས་པར་བྱེད་ཅིང་སེམས་པའི་རང་བཞིན་ཅན་དུ་འགྱུར་ཏོ། །གཞན་ཡང་བློན་པོ་རིན་པོ་ཆེ་ལ་འབྲས་བུ་འམ། རྒྱུའི་སྒོ་ནས་བསྟེན་པ་གང་ཡིན་པ་དེ་དག་བསྒྲལ་ཞིང ་ཀུན་ཏུ་བསྒྲལ་བའི་ཕྱིར་ཤིན་ཏུ་བསྒྲིམ་པ་དྲག་པོ་ལ་ཞུགས་ཏེ། རྒྱུ་དེས་ན་བློན་པོ་རིན་པོ་ཆེ་མཁས་ཤིང་གསལ་ལ་ཡིད་གཞུངས་པར་གྱུར་ཏོ། །འདི་ལ་ཆོས་ཉིད་ནི་འདི་ཡིན་ཏེ། དེ་ལ་འདི་སྐད་ཅེས་བྱའོ། སྔོན་ནི་བློན་པོ་རིན་པོ་ཆེ། །མཁས་པ་རྣམས་ལ་བསྙེན་བཀུར་བྱས།། ་གཞན་ཡང་རྟོག་པར་བྱེད་པ་དང། །སྒྲུབ་ཕོད་པ་དང་ལེ་ལོ་མེད། །དེས་ན་དེ་ནི་མཁས་པར་གྱུར། བློ་ལྡན་བརྩོན་འགྲུས་ལྡན་ལ་གསལ། །འཁོར་ལོས་སྒྱུར་བའི་རྒྱལ་པོ་ཡི། །སྔོ་རྣམས་ལ་ནི་བསྒོ་བར་གྱུར། །ཆོས་མངོན་པའི་བསྟན་བཅོས་ཆེན་པོ་རྒྱུ་གདགས་པ་ལས ་ཚིགས་གཉིས་པའོ།། །།སྡོམ་ནི་རྒྱལ་པོ་འཁོར་ལོ་གླང་པོ་དང། །རྟ་དང་ནོར་བུ་བུད་མེད་དང། །ཁྱིམ་བདག་བློན་པོ་རིན་པོ་ཆེ། །ཚེ་དང་ནད་མེད་ཁ་དོག་བཟང། །ཡིད་དུ་འོང་དང་བུ་མང་བ། །ཕུང་པོ་གསུམ་པར་བསྡུས་པ་ཡིན། ་འཁོར་ལོས་སྒྱུར་བ་ཇི་ལྟར་རྒྱལ་པོ་ཡིན་པ་བཞིན་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱང་དེ་དང་འདྲ་བར་བལྟ་བར་བྱ་སྟེ། །བྲག་གུའི་ཚིགས་སུ་བཅས་པ་ལས། །བྲག་གུ་ང་ནི་རྒྱལ་པོ་སྟེ། །ཆོས་ཀྱིས་རྒྱལ་པོ་བླ་ན་མེད།། ་སའི་དཀྱིལ་འཁོར་འདི་ཉིད་ན། །ཆོས་ཀྱི་འཁོར་ལོས་སྒྱུར་བར་མཛད་ཅེས་གསུངས་པ་བཞིན་ནོ། །འཁོར་ལོས་རྒྱུར་བའི་རྒྱལ་པོ་བཞིན། །ཐུགས་རྩེ་ལྡན་ཞིང་ཐུགས་རྗེ་ལྡན། །ཐུབ་པ་འཇིག་རྟེན་ཀུན་ལ་ཕན། །དེ་བཞིན་གཤེགས་པ་དེ་འདྲར་ལྟོས། །འཁོར་ལོས ་སྒྱུར་བའི་རྒྱལ་པོའི་འཁོར་ལོ་རིན་པོ་ཆེ་ཇི་ལྟ་བ་བཞིན་དུ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་འཕགས་པའི་ལམ་ཡན་ལག་བརྒྱད་པ་ཡང་དེ་དང་འདྲ་བར་བལྟ་བར་བྱས་ཏེ། འཕགས་པའི་ལམ་ཡན་ལག་བརྒྱད་པ ་བཅོམ་ལྡན་འདས་ཀྱིས་ཉོན་མོངས་པ་ཐམས་ཅད་སྤངས་ནས་ཆོས་ཐམས་ཅད་ལ་བསྒྲིབ་པ་མེད་པས་བསྙེས་སོ། །འདི་ལ་ཆོས་ཉིད་ནི་འདི་ཡིན་ཏེ། །དེ་ལ་འདི་སྐད་ཅེས་བྱའོ། །ཇི་ལྟར་རྒྱལ་པོ་འཁོར་ལོ་ཡིས། །ས་འདི་རྣམ་པར་རྒྱལ་བར་གྱུར། །དེ་བཞིན་སངས ་རྒྱས་ལམ་གྱི་བྱིན། །བདུད་ཀྱི་འཆིང་བ་བཅོད་པར་མཛད། །འཁོར་ལོས་སྒྱུར་བའི་རྒྱལ་པོའི་གླང་པོ་རིན་པོ་ཆེ་ཇི་ལྟ་བ་བཞིན་དུ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་རྫུ་འཕྲུལ་གྱི་རྐང་པ་བཞི་ཡང་དེ་དང་འདྲ་བར་བལྟ ་བར་བྱ་སྟེ། རྫུ་འཕྲུལ་གྱི་རྐང་པ་བཞིས་བཅོམ་ལྡན་འདས་ཀྱི་ཉོན་མོངས་པ་ཐམས་ཅད་སྤངས་ནས་ཆོས་ཐམས་ཅད་ལ་སྒྲིབ་པ་མེད་པ་བསྙེས་སོ། །ཇི་ལྟར་རྒྱལ་པོའི་གླང་པོ་ཆེ། །དཀར་ཞིང་མཁའ་ལ་འགྲོ་བར་གྱུར། །གཽ་ཏ་མ་གྲགས་ལྡན་གྱི། །རྫུ་འཕྲུལ ་རྐང་རྣམས་དེ་དང་འདྲ། །འཁོར་ལོས་སྒྱུར་བའི་རྒྱལ་པོའི་རྟ་རིན་པོ་ཆེ་ཇི་ལྟ་བ་བཞིན་དུ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཡང་དག་པའི་སྤོངས་པ་བཞི་ཡང་དེ་དང་འདྲ་བར་ལྟ་བར་བྱ་སྟེ། ཡང་དག་པའི་སྤོང་བ་བཞིས ་བཅོམ་ལྡན་འདས་ཀྱི་ཉོན་མོངས་པ་ཐམས་ཅད་སྤངས་ནས་ཆོས་ཐམས་ཅད་ལ་སྒྲིབ་པ་མེད་པ་བསྙེས་ཏོ། བྲག་གུའི་ཚིགས་སུ་བཅས་པ་ལས། །ངའི་ཤིང་རྟ་ལེགས་པར་བཅས་པའི་ཚུལ་ཁྲིམས་ཡིན། །ངོ་ཚ་ཤེས་པ་ཁ་ལོ་པ་སྟེ་སྲབ་མངའ་དྲན། །ཡང་དག་སྤོང ་བ་བཞི་ནི་སྐད་མི་འབྱིན་པའི་རྟ། ང་ནི་ངེས་པར་ཞི་བ་འདུས་མ་བྱས་པར་སོང། །ཇི་ལྟར་སྤྲིན་ཤུགས་རྒྱལ་པོའི་རྟ། །སྔོ་ལ་མགོ་བོ་ནག་པ་བཞིན། །གཽ་ཏ་མ་ནི་གྲགས་ལྡན་གྱི། །ཡང་དག་སྤོང་རྣམས་དེ་དང་འདྲ། །འཁོར་ལོས་སྒྱུར་བའི་རྒྱལ་པོའི་ནོར་བུ་རིན་པོ་ཆེ་ཇི་ལྟ་བ ་བཞིན་དུ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལྷའི་སྤྱན་ཡང་དེ་དང་འདྲ་བར་བལྟ་བར་བྱ་སྟེ། །ལྷའི་སྤྱན་གྱིས་ནི་བཅོམ་ལྡན་འདས་ཀྱིས་གང་གི་ཚེ་བཞེད་པ་དང། ཇི་སྙེད་པ་དེའི་ཚེ་དང་དེ་སྙེད་གཟིགས་སོ། །ཇི་ལྟར་ནོར་བུ ་བཻ་ཌཱུརྱ། །ཁོ་ར་ཁོར་ཡུག་སྣང་བ་བཞིན། །སངས་རྒྱས་ཀྱིས་ནི་སྤྱན་གྱིས་ཀྱང། །ཁོ་ར་ཁོར་ཡུག་ཀུན་ཏུ་གཟིགས། །འཁོར་ལོས་སྒྱུར་བའི་རྒྱལ་པོ་བུད་མེད་རིན་པོ་ཆེ་ཇི་ལྟ་བ་བཞིན་དུ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས ་ཀྱི་དགའ་བ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ཀྱང་དེ་དང་འདྲ་བར་བལྟ་བར་བྱ་སྟེ། དགའ་བ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གིས་བཅོམ་ལྡན་འདས་ཀྱི་ཉོན་མོངས་པ་ཐམས་ཅད་སྤངས་ནས་ཆོས་ཐམས་ཅད་ལ་སྒྲིབ་པ་མེད་པ་བསྙེས་སོ། །ཇི་ལྟར་རྒྱལ་པོའི་བཙུན་མོ ་ནི། །ཡིད་དུ་འོང་ཞིང་ལྟ་ན་སྡུག་།དེ་བཞིན་གཽ་ཏ་མ་གྲགས་ལྡན་གྱི། །དགའ་བ་བྱང་ཆུབ་ཡན་ལག་ཡིན། འཁོར་ལོས་སྒྱུར་བའི་རྒྱལ་པོའི་ཁྱིམ་བདག་རིན་པོ་ཆེ་ཇི་ལྟ་བ་བཞིན་དུ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་རིགས ་བཞི་རྒྱལ་རིགས་དང། བྲམ་ཟེ་དང། རྗེའུ་རིགས་དང། དམ་ང?་རིགས་ཀྱང་དེ་དང་འདྲ་བར་བལྟ་བར་བྱ་སྟེ། རིགས་བཞི་པོ་དག་བཅོམ་ལྡན་འདས་ལ་ན་བཟའ་དང། ཞལ་ཟས་དང། བཞིམས་ཆ་དང། གདན་དང། བསྙུན་གྱི་གསོས་སྨན་དང། ་ཡོ་བྱད་རྣམས་ཀྱིས་བསྙེན་བཀུར་བྱེད་དོ། །ཇི་ལྟར་འཁོར་ལོས་སྒྱུར་བའི། །ཚོང་དཔོན་ཕྱུག་ཅིང་ནོར་ཆེ་བ། །དེ་བཞིན་གཽ་ཏ་མ་གྲགས་ལྡན་གྱི། །རིགས་བཞི་རྣམས་ཀྱང་དེ་དང་འདྲ། །འཁོར་བའི་བདེན་པ་བཞི་འབྱུང་ངོ་སྙམ་པ་དེའི་སྔ་ལྟས་ནི་དེ་ཡིན་ནོ། །ཀུན་དགའ་ ་བོ་ང?་ཡུམ་གྱི་ལྷུམས་ནས་བྱུང་ནས་རིང་པོ་མ་ལོན་པར་ཚིག་དུ་འདི་ནི་བདག་གི་སྲིད་པ་རྣམས་ཀྱི་ནང་ན་སྐྱེ་བའི་ཐ་མ་ཡིན་ནོ། །འདི་ནི་བདག་གི་སྲིད་པ་རྣམས་ཀྱི་ནང་ན་སྐྱེ་བའི་ཐ་མ་ཡིན་ནོ་ཞེས་སྨྲས་ནས། ཀུན་དགའ་བོ་ང་འདི་སྙམ་དུ་སེམས་ཏེ། བདག་ནི་དེ ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འགྱུར་ཏེ། རྒ་བ་དང། འཆི་བ་མཐར་ཐུག་པར་བྱའོ་སྙམ་པ་དེའི་སྔ་ལྟས་ནི་དེ་ཡིན་ནོ། །ཀུན་དགའ་བོ་ང་ཡུམ་གྱི་ལྷུམས་ནས་བྱུང་ནས་རིང་པོ་མ་ལོན་པར་ལྷ་རྣམས་པར་སྣང་ལས ་ལྷའི་མེ་ཏོག་ཨུཏཔ་ལ་དང། པདྨ་དང་ཀུ་མུ་ད་དང། པདྨ་དཀར་པོ་དང། མེ་ཏོག་མནྠཱ་ར་བ་རྣམས་འཐོང་ཞིང། ཨ་ཀ་རུའི་ཕྱེ་མ་དང། ཙནདན་གྱི་ཕྱེ་མ་དང། རྒྱ་སྤོས་ཀྱི་ཕྱེ་མ་དང། གོས་རྣམས་འཐོར་བར་གྱུར་ནས། ཀུན་དགའ་བོ་ང་འདི་སྙམ་དུ་སེམས་ཏེ། བདག་ནི་དེ ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འགྱུར་ཏེ། གྲགས་པར་འགྱུར་ཞིང་བསོད་ནམས་ཆེན་པོ་དང་ལྡན་དེ་གོས་དང། ཟས་དང། མལ་ཆ་དང། སྟན་དང། ན་བའི་གསོད་སྨན་དང། ཡོ་བྱད་རྣམས་རྙེས་པར་འགྱུར་རོ་སྙམ ་པ་དེའི་སྔ་ལྟས་ནི་དེ་ཡིན་ནོ། །ཀུན་དགའ་བོ་ང་ཡུམ་གྱི་ལྷུམས་ནས་བྱུང་ནས་རིང་པོ་མ་ལོན་པར་ལྷ་རྣམས་པར་སྣང་ལས་ལྷའི་རོལ་མོའི་སྒྲ་དག་སྒྲོགས་པར་གྱུར་ནས། ཀུན་དགའ་བོ་ང་འདི་སྙམ་དུ་སེམས་ཏེ། བདག་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འགྱུར་ཏེ། འཇིག་རྟེན་དུ་སྒྲ་ཆེར་གྲགས་པར་འགྱུར་རོ་སྙམ་པ་དེའི་སྔ་ལྟས་ནི་དེ་ཡིན་ནོ། །ཀུན་དགའ་བོ་ངས་མངོན་པར་ཤེས་ཏེ། བུད་མེད་དང། མལ་གཅིག་དུ་ཉལ་བ་ན་འདི་ན་བདག་གི་བུད་མེད་དང་ལྷན་ཅིག་ཏུ་ཁྱིམ་གཅིག་ན་ཉལ་བའི ་ཐ་མ་ཡིན་ནོ་སྙམ་དུ་སེམས་བསྐྱེད་དོ། །ཀུན་དགའ་བོ། ང་མལ་ཆེན་པོ་ལས་འབབ་པ་ན་འདི་སྙམ་དུ་འདི་ནི་བདག་གི་མལ་ཆེན་པོ་ལ་གནས་པའི་ཐ་མ་ཡིན་ནོ་སྙམ་དུ་སེམས་བསྐྱེད་དོ། །མལ་ཆེན་པོ་ལས་བབས་ནས་བཙུན་མོའི་འཁོར་གྱི་སྒོ་ག་ལ་བ་དེར་སོང་ན། ཀུན་དགའ་ ་བོ་ང་ལ་ལྷ་རྣམས་སྒོ་འབྱེད་དོ། །ང་བཙུན་མོའི་འཁོར་ནས་བྱུང་ནས་ཁྱིམ་གྱི་ཕྱི་སྒོ་ག་ལ་བ་དེར་སོང་ན། ཀུན་དགའ་བོ་ང་ལ་ལྷ་རྣམས་སྒོ་འབྱེད་དོ། །ཀུན་དགའ་བོ་ང་ལ་ཁྱིམ་གྱི་ཕྱི་སྒོ་ནས་བྱུང་ནས་གྲོང་ཁྱེར་གྱི་སྒོ་གལ་བ་དེར་སོང་ན། ཀུན་དགའ་བོ་ངལ་ལྷ་རྣམས་གྲོང ་ཁྱེར་གྱི་སྒོ་འབྱེད་དོ། །ཀུན་དགའ་བོ་ང་འདི་སྙམ་དུ་སེམས་ཏེ། བདག་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འགྱུར་ཏེ། བདུད་རྩིའི་སྒོ་འབྱེད་པར་འགྱུར་རོ་སྙམ་པ་དེའི་སྔ་ལྟས་ནི་དེ་ཡིན་ནོ། ཀུན་དགའ་བོ་ང་རབ་ཏུ་འབྱུང ་བའི་ཕྱིར་རྟ་རིན་པོ་ཆེ་བསྔགས་ལྡན་ལ་ཞོན་ཏེ། གཞན་གྱི་ཡུལ་འཁོར་དང། གཞན་གྱི་ཡུལ་དུ་སོང་ནས། ཀུན་དགའ་བོ་ང་རྟ་རིན་པོ་བསྔགས་སྔན་ལས་འབབ་པ་ན་འདི་ནི་བདག་གི་ཁྱིམ་པའི་བཞོན་པའི་ཐ་མ་ཡིན་ནོ་སྙམ་དུ་སེམས་སྐྱེད་དོ། །ཀུན་དགའ་བོ་ངས ་ལུས་ལས་རྒྱན་ཐམས་ཅད་བཀྲོལ་ཏེ་འདུན་པའི་ལག་དུ་གཏད་པ་ན་འདི་སྙམ་དུ། འདི་ནི་བདག་གི་ཁྱིམ་པའི་རྒྱན་དང། ལྷབ་ལྷུབ་ཀྱི་ཐ་མ་ཡིན་ཏེ། བདག་གིས་ཕྱིན་ཆད་ཁྱིམ་པའི་རྒྱན་ཐོབ་པར་མི་བྱའོ་སྙམ་དུ་སེམས་སྐྱེད་དོ། །ཀུན་དགའ་བོ་ངས་རལ་གྱི་ཨུཏཔ་ལའི ་ཁ་དོག་ལྟ་བུར་ཐོར་ཚུགས་གཅོད་པ་ན་འདི་སྙམ་དུ། འདི་ནི་དག་གི་ཁྱིམ་པའི་ཐོར་ཚུགས་འཆང་བའི་ཐ་མ་ཡིན་ཏེ། བདག་གི་ཕྱིན་ཆད་ཁྱིམ་ན་གནས་པའི་ཐོར་ཚུགས་བཅད་པར་མི་བྱའོ་སྙམ་དུ་སེམས་སྐྱེད་དོ། །ཀུན་དགའ་བོ་ངས་ཐག་རིང་པོ་ཁོ་ན་ཞིག་ནས་མི ་ལུས་ལ་སྨད་གཡོགས་ངུར་སྨྲིག་གྱོན་ལ་ངུར་སྨྲིག་དག་དགོས་ཤིང་ངུར་སྨྲིག་གིས་གཡོགས་པ་ཞིག་མཐོང་ངོ། །མཐོར་ནས་ཀྱང་མི་དེ་ག་ལ་བ་དེར་སོང་སྟེ་ཕྱིན་ནས་མི་དེ་ལས་གོས་ངུར་སྨྲིག་དག་མལ་གཉིས་དང་སྒོ་དག་དང། །ངེས་པ ་དང་ནི་རྒྱན་རྣམས་དང། །ངུར་སྨྲིག་རྩཝ་དང་མི་གཞིག་དང། །མངོན་པར་ཤེས་དང་སྙིང་བརྩེའི་སེམས། །ཅིའི་ཕྱིར་གང་གི་ཚེ་བྱང་ཆུབ་སེམས་དཔའ་དགའ་ལྡན་གྱི་ལྷའི་རིས་ནས་ཤི་འཕོས་ཏེ་ཡུམ་གྱི་ལྷུམས་སུ་ཞུགས་པ་དེའི་ཚེས་ཆེར་གཡོ་ཞིངས་ཤིན་ཏུ་ཆེར་གཡོ་བར ་འགྱུར་ཞེ་ན། སྨྲས་པ། ཀླུའི་མཐུས་གཡོ་བར་འགྱུར་ཏེ། བྱང་ཆུབ་སེམས་དཔའ་དབང་ཆེ་བར་གྲགས་པའི་སེམས་ཅན་གང་གི་ཚེ་དགའ་ལྡན་གྱི་ལྷའི་རིས་ནས་ཤི་འཕོས་ཏེ་ཡུམ་གྱི་ལྷུམས་སུ་ཞུགས་པ་དེའི་ཚེ། །ཆུ་ན་གནས་པའི་ཀླུ་དབང་ཆེ་བར་གྲགས་སོ་ཅོག་གིས་བྱང ་ཆུབ་སེམས་དཔའ་དགའ་ལྡན་གྱི་ལྷའི་རིས་ནས་ཤི་འཕོས་ཏེ་ཡུམ་གྱི་ལྷུམས་སུ་ཞུགས་སོ་ཞེས་ཐོས་སོ། །ཐོས་ནས་ཀྱང་ཚིམ་ཞིང་མགུ་ལ་ཡིད་རངས་ཏེ་རབ་ཏུ་དགའ་ཞིང་ཡིད་བདེ་བ་སྐྱེས་ནས་བྱང་ཆུབ་སེམས་དཔའ་ལྟ་བ་དང་རྗེད་པའི་ཕྱིར་འོངས་ཞིང་འགྲོ་བ་དང། སྟེང ་དུ་འབྱུང་སྟེ་དེ་དག་འོང་ཞིང་འགྲོ་བ་དང། །སྟེང་དུ་འབྱུང་བས་ཆུ་འཁྲུགས་པར་འགྱུར་ལ། ཆུ་འཁྲུགས་པས་གཡོ་བར་འགྱུར་རོ། །གཞན་ཡང་གང་གི་ཕྱིར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འགྱུར་བས་མངོན་པར་འགྱུར་བ་ ་དང། དབེན་པ་ལས་སྐྱེས་པའི་དགེ་བའི་ཆོས་རྣམས་མཐོ་བར་འགྱུར་བའི་ཕྱིར་རླུང་གྱེན་དུ་ལྡང་ལ། རླུང་གྱེན་དུ་ལངས་པས་ཆུ་ཁྲུགས་ཏེ་ས་གཡོ་བར་འགྱུར་བ་འདི་ནི་དེའི་སྔ་ལྟས་ཡིན་ནོ། །ཅིའི་ཕྱིར་གང་གི་ཚེ་བྱང་ཆུབ་སེམས་དཔའ་དགའ་ལྡན་གྱི་ལྷའི་རིས་ནས་ཤི ་འཕོས་ཏེ་ཡུམ་གྱི་ལྷུམ་སུ་ཞུགས་པ་དེའི་ཚེ་འཇིག་རྟེན་ཐམས་ཅད་སྣང་བ་ཆེན་པོས་ཁྱབ་སྟེ། འཇིག་རྟེན་དག་གི?་འཇིག་རྟེན་གྱི་བར་མུན་པ་མུན་ནག་ཐིབས་པོ་གང་དུ་ཉི་མ་དང་ཟླ་བ་འདི་ལྟར་རྫུ་འཕྲུལ་ཆེ་ཞིང། འདི་ལྟར་མཐུ་ཆེ་བ་འདི་གཉིས་ཀྱིས་འོད་ཀྱིས་སྣང་བར ་མ་གྱུར་བ་གང་ཡིན་པ་དེ་དག་ཀྱང་དེའི་ཚེ་སྣང་བ་ཆེན་པོས་ཁྱབ་པར་གྱུར་ཏེ། དེར་སེམས་ཅན་གང་དག་སྐྱེས་པ་དེ་དག་སྣང་བ་ཆེན་པོ་དེས་གཅིག་གིས་གཅིག་མཐོང་ནས་ཤེས་ཏེ། འདི་སྐད་དུ་ཀྱེ་སེམས་ཅན་གཞན་དག་ཀྱང་འདིར་སྐྱེས་པ་ལྟ་ཞེས་ཟེར་བར་གྱུར་ཅེ་ན། སྨྲས ་པ། བྱང་ཆུབ་སེམས་དཔའ་དབང་ཆེ་བར་གྲགས་པའི་སེམས་ཅན་གང་གིས་ཚེ་དགའ་ལྡན་གྱི་ལྷའི་རིས་ནས་ཤི་འཕོས་ཏེ་ཡུམ་གྱི་ལྷུམས་སུ་ཞུགས་པ་དེའི་ཚེ། འདོད་པ་ན་སྤྱོད་པའི་ལྷ་རྣམས་དང། གཟུགས་ན་སྤྱོད་པའི་ལྷ་དབང་ཆེ་བར་གྲགས་སོ་ཅོག་གིས་བྱང་ཆུབ ་སེམས་དཔའ་དགའ་ལྡན་གྱི་ལྷའི་རིས་ནས་ཤི་འཕོས་ཏེ་ཡུམ་གྱི་ལྷུམས་སུ་ཞུགས་སོ་ཞེས་ཐོས་སོ། །ཐོས་ནས་ཀྱང་ཚིག་ཞིང་མགུ་ལ་ཡིད་རངས་ཏེ་རབ་ཏུ་དགའ་ཞིང་ཡིད་བདེ་བ་སྐྱེས་ནས། བྱང་ཆུབ་སེམས་དཔའ་ལ་བལྟ་བ་དང། རྗེད་པའི་ཕྱིར་འོང་ཞིང་འགྲོ་བ ་དང། ཡས་འོངས་ཏེ་དེ་དག་འོང་ཞིང་འགྲོ་བ་དང། ཡས་འོང་བས་འཇིག་རྟེན་ཐམས་ཅད་སྣང་བ་ཆེན་པོས་ཁྱབ་སྟེ། འཇིག་རྟེན་དག་གི་འཇིག་རྟེན་གྱི་བར་མུན་པ་མུན་ནག་ཐིབས་པོ་གང་དུ་ཉི་མ་དང་ཟླ་བ་འདི་ལྟར་རྫུ་འཕྲུལ་ཆེ་ཞིང། འདི་ལྟར་མཐུ་ཆེ་བ་འདི་ཉིད་ཀྱི་འོད? ་ཀྱིས་སྣང་བར་མ་གྱུར་པ་གང་ཡིན་པ་དེ་དག་ཀྱང་དེའི་ཚེ་སྣང་བ་ཆེན་པོས་ཁྱབ་པར་གྱུར་ཏོ། དེར་སེམས་ཅན་གང་དག་སྐྱེས་པ་དེ་དག་སྣང་བ་ཆེན་པོ་དེས་གཅིག་གིས་གཅིག་མཐོང་ནས་ཤེས་ཏེ། འདི་སྐད་དུ་ཀྱི་སེམས་ཅན་གཞན་དག་ཀྱང་འདིར་སྐྱེས་པ་ལྟ། ཀྱེ་སེམས ་ཅན་གཞན་དག་ཀྱང་འདིར་སྐྱེས་པ་ལྷ་ཞེས་འཛེར་ཏོ། །གཞན་ཡང་གང་གི་ཕྱིར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འགྱུར་བས་ཤེས་རབ་ཀྱི་སྣང་བ་ཆེན་པོ་འཇིག་རྟེན་དུ་འབྱུང་བར་འགྱུར་བའི་ཕྱིར་ཏེ། འདི་ནི་དེའི་སྔ་ལྟས ་ཡིན་ནོ། །ཅིའི་ཕྱིར་གང་གི་ཚེ་བྱང་ཆུབ་སེམས་དཔའ་དགའ་ལྡན་གྱིས་ལྷའི་རིས་ནས་ཤི་འཕོས་ཏེ་ཡུམ་གྱི་ལྷུམས་སུ་ཞུགས་པ་དེའི་ཆེ་ལྷའི་བུ་བཞི་བྱང་ཆུབ་སེམས་དཔའ་ཨི་ཡུམ་གྱི་ཕྱོགས་བཞིར་འཁོར་རོ། །ཆོས་དང་ལྡན་པར་བསྲུང་བ་དང། བསྐྱབ་པ་དང། སྤ ་བར་བྱེད་ཅེ་ན། འཁོར་ལོས་སྒྱུར་བའི་རྒྱལ་པོའི་བློན་པོ་རིན་པོ་ཆེ་ཇི་ལྟ་བ་བཞིན་དུ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཤེས་རབ་ཀྱང་དེ་དང་འདྲ་བར་ལྟ་བར་བྱ་སྟེ། ཤེས་རབ་ཀྱིས་ནི་བཅོམ་ལྡན་འདས་ཀྱིས ་ཉོན་མོངས་པ་ཐམས་ཅད་སྤངས་ནས་ཆོས་ཐམས་ཅད་ལ་བསྒྲིབ་པ་མེད་པ་བསྙེས་སོ། །ཇི་ལྟར་བློན་པོ་རྟོག་བྱེད་ཅིང། །དོན་ཀྱང་སེམས་པར་བྱེད་པ་ལྟར། །སངས་རྒྱས་བཅོམ་ལྡན་ཤེས་རབ་ཀྱིས། །བདུད་ཀྱི་འཆིང་བ་གཅོད་པར་མཛད། །འཁོར་ལོས་སྒྱུར་བའི་རྒྱལ ་པོ་ཇི་ལྟར་ཚེ་རིང་ཞིང་ཡུན་རིང་དུ་གནས་པ་བཞིན་དུ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱང། སྐུ་ཚེ་རིང་ཞིང་ཡུན་རིང་དུ་བཞུགས་སྟེ། བཅོམ་ལྡན་འདས་བཞེད་ན་བསྐལ་པ་འམ་བསྐལ་པ་ལས་ལྷག་པར་ཡང་བཞུགས ་སོ། །རྒྱལ་པོ་ཆོས་དང་ལྡན་པའི་མཆོག་།ཇི་ལྟར་ཚེ་ནི་རིང་བ་ལྟར། །དེ་བཞིན་སངས་རྒྱས་བཅོམ་ལྡན་ཡང། །བསྐལ་པ་ཚང་བའི་བར་དུ་བཞུགས། །འཁོར་ལོས་སྒྱུར་བའི་རྒྱལ་པོ་ཇི་ལྟར་གནོད་པ་ཆུང་ཞིང་ནང་མེད་པའི་རང་བཞིན་ཅན་ཡིན་པ་བཞིན་དུ། དེ་བཞིན ་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱང་གནོད་པ་ཆུང་ཞིང་ནང་མེད་པའི་རང་བཞིན་ཅན་ཡིན་ནོ། །རྒྱལ་པོ་ཆོས་དང་ལྡན་པའི་མཆོག་།ཇི་ལྟར་གནོད་པ་ཆུང་བ་ལྟར། །སྟོན་པ་གྲགས་དང་ལྡན་པ་ཡང། །དེ་བཞིན་ནང་མེད་རང་བཞིན ་ཅན། །འཁོར་ལོས་སྒྱུར་བའི་རྒྱལ་པོ་ཇི་ལྟར་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་ཏེ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཅིག་རང་ལྡན་པའི་དེ་བཞིན་དུ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱང་གཟུགས་བཟང་ཞིང ་བལྟ་ན་སྡུག་ལ་མཛེས་པ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་ལྡན་ནོ། །རྒྱལ་པོ་ཆོས་དང་ལྡན་པའི་མཆོག་།ཇི་ལྟར་མཛེས་པར་གྱུར་པ་ལྟར། །དེ་བཞིན་སངས་རྒྱས་བཅོམ་ལྡན་ཡང། །གཟུགས་ཀྱི་མཚན་གྱིས་བརྒྱན་པ་ཡིན། འཁོར་ལོས་སྒྱུར ་པའི་རྒྱལ་པོ་ཇི་ལྟར་སྐྱེ་བོ་མང་པོའི་སྙིང་དུ་སྡུག་ཅིང་ཡིད་དུ་འོང་བ་དེ་བཞིན་དུ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱང་སྐྱེ་བོ་མང་པོའི་སྙིང་དུ་སྡུག་ཅིང་ཡིད་དུ་འོང་ངོ། །རྒྱལ་པོ་ཆོས་དང་ལྡན་པའི་མཆོག་།ཇི་ལྟར་ཡིད་དུ་འོང་བ ་ལྟར། །སྟོན་པ་བླ་མེད་འཇིག་རྟེན་ན། ཡིད་དུ་འོང་བའི་རང་བཞིན་ཡིན། །འཁོར་ལོས་སྒྱུར་བའི་རྒྱལ་པོ་ལ་ཇི་ལྟར་བུ་སྟོང་ཡོད་དེ། དཔའ་བ་རྟུལ་ཕོང་པ་ཡན་ལག་མཆོག་གི་གཟུགས་དང་ལྡན་པ་ཕ་རོལ་གྱི་སྡེ་རབ་ཏུ་འཇོམས་པ་དེ་བཞིན་དུ། དེ་བཞིན་གཤེགས་པ་དགྲ་བཅོམ ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ཡང་སྲས་མང་པོ་མངའ་སྟེ། ཞུགས་པ་དང། འབྲས་བུ་ལ་གནས་པ་དཔའ་བརྟུལ་ཕོང་པ་ཡན་ལག་མཆོག་གི་གཟུགས་དང་ལྡན་པ་ཉོན་མོངས་པའི་དགྲའི་དཔུང་འཇོམས་པ་རྣམས་མངའ་ཨོ། །དེ་ལ་ཆོས་ཉིད་ནི་འདི་ཡིན་ཏེ། དེ ་ལ་འདི་སྐད་ཅེས་བྱའོ། །ཇི་ལྟར་འཁོར་ལོས་སྒྱུར་བའི་བུ། །ཆོས་དང་ལྡན་ཞིང་བདེན་པས་སྤྲུལ། །དཔའ་ཞིང་ཡན་ལག་མཆོག་གཟུགས་ལྡན། །དེ་བཞིན་བཅོམ་ལྡན་འདས་ཀྱི་སྲས། །ཞུགས་དང་འབྲས་བུ་གནས་པ་སྟེ། དཔའ་བོ་ཟུང་ནི་བཞིར་གྱུར་ཅིང། །སྐྱེས་བུ་གང ་ཟག་བརྒྱད་པ་ཡིན། །ཆོས་མངོན་པའི་སྟན་བཅོས་ཆེན་པོ་རྒྱུ་གདགས་པ་ལས་ཚིགས་གསུམ་པའོ། །རྒྱུ་གདགས་པ།། །།བམ་པོ་བཞི་པ། སྡོམ་ནི། འོང་བ་རྣམ་པ་གཉིས་པོ་དང། །སྲུང་དང་སྤུགས་རང་བག་ཡངས་དང། །འདོད་པའི་ཡོན་ཏན་བརྟུལ ་ཞུགས་བདེ། །གཡོས་དང་འོད་དང་མི་འདུག་དང། །རི་དགས་པགས་པ་གོམ་པ་བདུན། །ཕྱོགས་དང་སྨྲ་དང་ཀླུ་གཉིས་དང། །ལྷ་གཉིས་དང་ནི་ཞག་བདུན་དང། །འཇུག་པ་དང་ནི་ཀུན་དགའ་པོ། །ཕྱོགས་བཞི་དང་ནི་གསུང་བ་དང། །ུཏཔལ་རོལ་མོའི་སྒྲ་སྣ་ཚོགས། །གཟིམས ་སྨྲས་པ། སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཡུན་རིང་པོ་ནས་འདི་ལྟ་བུར་ཡིད་སྨོན་བྱེད་པར་གྱུར་ཏེ། ཀྱེ་མ་འཇིག་རྟེན་ལོང་བ་འདྲེན་པ་མེད་པ། ཡོངས་སུ་འདྲེན་པ་མེད་པར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བྱུང་ན་ཅི་མ་རུང་སྙམ ་སྟེ། དོན་དེའི་དབང་ལ་བསྟེན་ནས་ལྷ་དེ་རྣམས། བྱང་ཆུབ་སེམས་དཔའ་ཨི་ཡུམ་གྱི་ཕྱོགས་བཞིར་འཁོད་དེ་ཆོས་དང་ལྡན་པར་བསྲུང་བ་དང། བསྐྱབ་པ་དང། སྤེད་པར་བྱེད་དོ། །ཅིའི་ཕྱིར་བྱང་ཆུབ་སེམས་དཔའ་ཡུམ་གྱི་ལྷུམས་ན་སྤུབས་ཀྱེ་ནང་ན ་བཞུགས་ཏེ། མངལ་གྱི་དྲི་མས་ཀྱང་མ་གོས། ཁྲག་གི་དྲི་མས་ཀྱང་མ་གོས། མི་གཙང་བ་དང། མི་གཙང་བ་ལས་གྱུར་པ་ཅི་ཡང་རུང་བ་གང་གིས་ཀྱང་མ་གོས་ཤེས་ན། སྨྲས་པ། བྱང་ཆུབ་སེམས་དཔས་ནི་སྔོན་གྱི་སྲིད་པ་ཞེས་བྱ་བ་ནས་རྒྱས་པར་སྦྱར་ཏེ། ཕ་མ་དང། ་ཉེ་དུ་དང། བླ་མ་ལྟ་བུ་རྣམས་དང། གཞན་དགེ་སྦྱོང་དང་བྲམ་ཟེ་གནོད་པར་བྱ་བ་མ་ཡིན་པ་དང། གནོད་པར་བྱེད་པ་ལ་མི་དགའ་བ་གང་ཡིན་པ་དེ་དག་ལ་ཁྱིམ་རྣམ་པར་དག་པ་རྣམས་དང། གདིང་བ་དང་བསྒ་བ་རྣམ་པར་དག་པ་རྣམས་དང། ཟས་དང། སྐོམ་དང། བཅའ་ ་བ་དང། བཟའ་བ་དང། གོས་དང། སྤོས་དང། མེ་ཏོག་ཕྲེང་དང། བྱུག་པ་དང། མལ་ཆ་དང། སྟན་དང། གནས་དང། མར་མེ་བྱིན་པ་དང། རྣམ་པར་དག་པའི་ཆོས་དང་ལྡན་པའི་སེམས་ཅན་རྣམས་ལ་བྱ་བ་བྱས་པས་ན་ལས་དེ་དང་མཐུན་པར་ཡུམ་ལྷུམས་ཀྱང་དེ ་ལྟར་གྲུབ་པོ། །ཅིའི་ཕྱིར་བྱང་ཆུབ་སེམས་དཔའ་ཡུམ་གྱི་ལྷུམས་ན་ལུས་ཕག་ཡངས་སུ་གནས་པར་གྱུར་ལ་དེ་སྐྱེད་པའི་ཡུམ་གྱི་ལྷུམས་ན་གནས་པ་ཐམས་ཅད་ཚང་བར་མཐོང་ཞེ་ན། སྨྲས་པ། བྱང་ཆུབ་སེམས་དཔས་ནི་སྔོན་གྱི་སྲིད་པ་ཞེས་བྱ་བ་ནས་རྒྱས ་པར་སྦྱར་ཏེ། ཕ་མ་དང། ཉེ་དུ་དང། བླ་མ་ལྟ་བུ་རྣམས་དང། གཞན་དགེ་སྦྱོང་དང། བྲམ་ཟེ་གནོད་པར་བྱ་བ་མ་ཡིན་པ་དང། གནོད་པར་བྱ་བ་ལ་མི་དགའ་བ་གང་ཡིན་པ་དེ་དག་ལ། ཁྱིམ་ཡངས་པ་རྣམས་དང། གདིང་བ་དང། བགོ་བ་ཡངས་པ་རྣམས་དང། ཟས ་དང། སྐོམ་དང། བཅའ་བ་དང། བཟའ་བ་དང། གོས་དང། སྤོས་དང། མེ་ཏོག་ཕྲེང་དང། བྱུག་པ་དང། མལ་ཆ་དང། སྟན་དང། གནས་དང། མར་མེ་བྱིན་པ་དང། རྣམ་པར་དག་པའི་ཆོས་དང། ལྡན་པའི་སེམས་ཅན་རྣམས་ལ་བྱ་བ་བྱས་པས་ན་ལས་དེ་དང ་མཐུན་པར་ཡུམ་གྱི་ལྷུམས་ན་དེ་ལྟར་གནས་སོ། །ཅིའི་ཕྱིར་གང་གང་གི་ཚེ་བྱང་ཆུབ་སེམས་དཔའ་ཡུམ་གྱི་ལྷུམས་ན་ཞུགས་པ་དེའི་ཚེ་དེ་སྐྱེད་པའི་ཡུམ་འདི་ལྟ་སྟེ། འདོད་པའི་ཡོན་ཏན་དང་ལྡན་པ་རྣམས་ཀྱིས་སྐྱེས་པ་ལ་ཡིད་མི་སེམས་ཤེ་ན། སྨྲས་པ། བྱང་ཆུབ་སེམས་དཔས ་ནི་སྔོན་གྱི་སྲིད་པ་ཞེས་བྱ་བ་ནས་རྒྱས་པར་སྦྱར་ཏེ། བདག་ཉིད་ཀྱང་ཚངས་པར་སྤྱད་པར་གྱུར་ཅིང་ཐག་སྲིངས་ཏེ་སྤྱོད་པ་དང། དག་ཅིང་གཙང་ལ་དྲིང་བ་མེད་པ་དང། འཁྲིག་པ་སྤངས་ཤིང་གྲོང་གི་ཆོས་དང་བྲལ་བ། གཞན་དག་ཀྱང་ཚངས་པར་སྤྱོད་པ་ཡང་དག་པར་འཛིན ་དུ་བཅུག་པས་ན། ལས་དེ་དང་མཐུན་པར་ཡུམ་གྱི་སེམས་ཀྱང་དེ་ལྟར་གནས་སོ། །ཅིའི་ཕྱིར་བྱང་ཆུབ་སེམས་དཔའ་གང་གི་ཚེ་ཡུམ་གྱི་ལྷུམས་ན་བཞུགས་པ་དེའི་ཚེ་སྐྱེད་པའི་ཡུམ་བརྟུལ་ཞུགས་ཀྱི་གནས་ལྔ་ཡང་དག་པར་བླངས་ཏེ། ཇི་སྲིད་འཚོའི་བར་དུ་སྲོག་གཅོད ་པ་སྤངས་ནས་སྲོག་གཅོད་པ་ལས་སླར་ལོག་པར་གྱུར། མ་བྱིན་པར་ལེན་པ་དང། མི་ཚངས་པར་སྤྱོད་པ་དང། བརྫུན་དུ་སྨྲ་བ་དང། འབྲུའི་ཆང་དང། བཅོས་པའི་ཆང་མྱོས་པར་འགྱུར་བ་བག་མེད་པའི་གནས་སྤངས་ཏེ། འབྲུའི་ཆང་དང། བཅོས་པའི་ཆང་མྱོས་འགྱུར་པ ་བག་མེད་པའི་གནས་ལས་སླར་ལོག་པར་གྱུར་ཅེ་ན། སྨྲས་པ། བྱང་ཆུབ་སེམས་དཔས་ནི་སྔོན་གྱི་སྲིད་པ་ཞེས་བྱ་བ་ནས་རྒྱས་པར་སྦྱར་ཏེ། བདག་ཉིད་ཀྱང་སྲོག་གཅོད་པ་སྤངས་ཏེ་སྲོག་གཅོད་པ་ལས་སླར་ལོག་པར་གྱུར་ལ་གཞན་དག་ཀྱང་སྲོག་གཅོད་པ་སྤངས་པ ་ཡང་དག་པར་འཛིན་དུ་བཅུག་པ་དང། བདག་ཉིད་ཀྱིས་ཀྱང་མ་བྱིན་པར་ལེན་པ་དང། མི་ཚངས་པར་གཅོད་པ་དང། བརྫུན་དུ་སྨྲ་བ་དང། འབྲུའི་ཆར་དང། བཙོས་པའི་ཆང་མྱོས་པར་འགྱུར་བ་བག་མེད་པའི་གནས་སྤངས་ཏེ། འབྲུའི་ཆང་དང། བཅོས་པའི་ཆང་དང། མྱོས ་པར་འགྱུར་བག་མེད་པའི་གནས་ལས་སླར་ལོག་པར་གྱུར་ལ། གཞན་དག་ཀྱང་འབྲུའི་ཆང་དང། བཅོས་པའི་ཆང་མྱོས་པར་འགྱུར་བ་བག་མེད་པའི་གནས་སྤོང་བ་ཡང་དག་པར་འཛིན་དུ་བཅུག་པས་ན། ལས་དེ་དང་མཐུན་པར་ཡུམ་གྱི་སེམས་ཀྱང་དེ་ལྟར་གནས་སོ། །ཅིའི ་ཕྱིར་གང་གི་ཚེ་བྱང་ཆུབ་སེམས་དཔའ་ཡུམ་གྱི་ལྷུམས་ན་ཞུགས་པ་དེའི་ཚེ་དེ་སྐྱེད་པའི་ཡུམ་ལུས་ངལ་བ་མེད་ཅིང་ལུས་དུབ་པ་མེད་དེ་བདེ་བ་དང་ནང་མེད་པར་གྱུར་ཅེ་ན། སྨྲས་པ། བྱང་ཆུབ་སེམས་དཔའ་ནི་དབང་ཆེ་བར་གྲགས་པ་ཡིན་ཏེ། དེའི་གཟི་བྱིན ་ཆེན་པོས་ཡུམ་གྱི་འབྱུང་བ་ཆེན་པོ་རྣམས་རྒྱས་པར་འགྱུར་ཏེ། རྒྱུ་དེས་བྱང་ཆུབ་སེམས་དཔའ་ཨི་ཡུམ་ཞེས་བྱ་བ་ནས་རྒྱས་པར་སྦྱར་རོ། །ཅིའི་ཕྱིར་གང་གི་ཚེ་བྱང་ཆུབ་སེམས་དཔའ་ཡུམ་གྱི་ལྷུམས་ནས་བྱུང་བ་དེའི་ཚེས་ཆེར་གཡོས་པར་གྱུར་ཅེ་ན། སྨྲས་པ། བྱང་ཆུབ ་སེམས་དཔའ་ནི་དབང་ཆེ་བར་གྲགས་པའི་སེམས་ཅན་ཡིན་ཏེ་ཞེས་བྱ་བ་ནས་རྒྱས་པར་སྔར་བསྟན་པ་བཞིན་དུ་སྦྱར་རོ། །ཅིའི་ཕྱིར་གང་གི་ཚེ་བྱང་ཆུབ་སེམས་དཔའ་ཡུམ་གྱི་ལྷུམས་ནས་བྱུང་བ་དེའི་ཚེ་འཇིག་རྟེན་ཐམས་ཅད་སྣང་བ་ཆེན་པོས་ཁྱབ་པར་གྱུར་ཅེས ་ན། ང་ཡང་རྒྱས་པར་སྔར་བསྟན་པ་བཞིན་དུ་སྦྱར་རོ། །ཅིའི་ཕྱིར་གང་གི་ཚེ་བྱང་ཆུབ་སེམས་དཔའ་ཡུམ་གྱི་ལྷུམས་ནས་བྱུང་བ་དེའི་ཚེ་དེ་སྐྱེད་པའི་ཡུམ་འདུག་པ་འམ། འཕྲེས་པར་མ་གྱུར་ཏེ། འགྲེང་བཞིན་དུ་རྒྱལ་རིགས་མོ་དེ་ལས་རྒྱལ་རིགས་བལྟམ་ཞེ་ན། ་སྤྲས་པ། བྱང་ཆུབ་སེམས་དཔས་ནི་ཡུན་རིང་པོ་ནས་ནང་ཉུང་བར་འགྱུར་བའི་ལས་འབྲས་བུ་ཡོད་པ་རྣམས་བྱས་ཤིང་བསགས་ཏེ། རྣམ་པར་སྨིན་པ་མངོན་དུ་ཕྱོགས་ཤིང་ཉེ་བར་འོངས་པས་ན། དེས་འདུག་པ་འམ། འཕྲེས་པའི་སྡུག་བསྔལ་གྱི་ཚོར་བ་མྱོང ་བར་མི་འགྱུར་ཏེ། རྒྱུ་དེས་ཞེས་བྱ་བ་ནས་རྒྱས་པར་སྦྱར་རོ། །ཅིའི་ཕྱིར་གང་གི་ཚེ་བྱང་ཆུབ་སེམས་དཔའ་ཡུམ་གྱི་ལྷུམས་ནས་བྱུང་བ་དེའི་ཚེ་ལྷའི་བུ་བཞི་ཕྱོགས་བཞིར་འཁོང་ནས་རི་དགས་ཨ་ཛི་ནའི་ལྤགས་པའི་སླེང་མོས་བླངས་ཤེས་ན། སྨྲས་པ། བྱང ་ཆུབ་སེམས་དཔའ་ནི་ཡུན་རིང་པོར་ནས་ནང་ཉུང་བར་འགྱུར་བའི་ལས་འབྲས་བུ་ཡོད་པ་རྣམས་བྱས་ཤིང་བསགས་ཏེ་རྣམ་པར་སྨིན་པ་མངོན་དུ་ཕྱོགས་ཤིང་ཉེ་བར་འོངས་བསམས་ལ་ལྷུང་ན་སྡུག་བསྔལ་གྱི་ཚོར་བ་མྱོང་བར་འགྱུར་བ་དེ་ཡང། མྱོང་བར ་མི་འགྱུར་ཏེ། རྒྱུ་དེས་ན་ཞེས་བྱ་བ་ནས་རྒྱས་པར་སྦྱར་རོ། །ཅིའི་ཕྱིར་བྱང་ཆུབ་སེམས་དཔའ་བལྟམས་མ་ཐག་ཏུ་སུས་ཀྱང་མ་བཟུང་བར་གོམ་པ་བདུན་པོར་ཞེ་ན། སྨྲས་པ། བྱང་ཆུབ་སེམས་དཔས་ནི་ཡུན་རིང་པོ་ནས་ངེས་པར་འབྱུང་བ་དང་ལྡན་པའི་དྲན་པ་ཀུན་ཏུ་བསྟེན ་ཅིང་བསྒོམས་ཏེ་མང་དུ་བྱས་པས་ན་དེས་དེ་ཉིད་དགོངས་སོ། །གཞན་ཡང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འགྱུར་ཏེ། བྱང་ཆུབ་ཀྱི་ཡན་ལག་བདུན་འབྱུང་བ་དེའི་སྔ་ལྟས་ནི་དེ་ཡིན་ཏེ། རྒྱུ་དེས་ན་ཞེས་བྱ་བ་ནས ་རྒྱས་པར་སྦྱར་རོ། །ཅིའི་ཕྱིར་བྱང་ཆུབ་སེམས་དཔའ་བལྟམས་མ་ཐག་ཏུ་ཕྱོགས་བཞིར་གཟིགས་ཞེ་ན། སྨྲས་པ། བྱང་ཆུབ་སེམས་དཔའ་ནི་ཡུན་རིང་པོ་ནས་རྣམ་པར་རྟོག་པ་དང་ལྡན་པའི་དྲན་པ་ཀུན་དུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པས་ན་དེ་སང་ཉིད་དགོངས ་སོ། །གཞན་ཡང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འགྱུར་ཏེ། འཕགས་པའི་བདེན་པ་བཞི་གཟིགས་པ་དེའི་སྔ་ལྟས་ནི་དེ་ཡིན་ཏེ། རྒྱུ་དེས་ན་ཞེས་བྱ་བ་ནས་རྒྱས་པར་སྦྱར་རོ། །ཅིའི་ཕྱིར་བྱང་ཆུབ་སེམས་དཔའ་བཅས་མ་ཐག་ཏུ ་ཚིག་ཏུ་འདི་ནི་བདག་གི་སྲིད་པ་རྣམས་ཀྱི་ནང་ན་སྐྱེ་བའི་ཐ་མ་ཡིན་ནོ། །འདི་ནི་བདག་གི་སྲིད་པ་རྣམས་ཀྱི་ནང་ན་སྐྱེ་བའི་ཐ་མ་ཡིན་ནོ་ཞེས་གསུང་ཞེ་ན། སྨྲས་པ། བྱང་ཆུབ་སེམས་དཔའ་ནི་ཡུམ་གྱི་ལྷུམས་སོ་ཅོག་གིས་ཡོངས་སུ་གཟིར་ཅིང་ཡོངས་སུ་གདུངས་པའི་ཕྱིར ་ཐུགས་ཆད་པའི་ཚིག་ཏུ་འདི་ནི་བདག་གི་སྲིད་པ་རྣམས་ཀྱི་ནང་ན་སྐྱེ་བའི་ཐ་མ་ཡིན་ནོ། །འདི་ནི་བདག་གི་སྲིད་པ་རྣམས་ཀྱི་ནང་ན་སྐྱེ་བའི་ཐ་མ་ཡིན་ནོ་ཞེས་གསུངས་སོ། །གཞན་ཡང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ ་འགྱུར་ཏེ། ཆོས་སྟོན་པ་དེའི་སྔ་ལྟས་ནི་དེ་ཡིན་ཏེ། རྒྱུ་དེས་ན་ཞེས་བྱ་བ་ནས་རྒྱས་པར་སྦྱར་རོ། །ཅིའི་ཕྱིར་བྱང་ཆུབ་སེམས་དཔའ་བལྟམས་མ་ཐག་ཏུ་བར་སྣང་ལས་ཆུའི་རྒྱུན་གཉིས་ལ་གཅིག་ནི་དྲོན་པོ། །གཅིག་ནི་བསིལ་བ་བབ་སྟེ་བྱང་ཆུབ་སེམས་དཔའ་བལྟམས? ་མ་ཐག་ཏུ་འཁྲུ་བར་བྱེད་ཅེ་ན། སྨྲས་པ། ཀླུའི་ཐུ་ཡིན་ཏེ། བྱང་ཆུབ་སེམས་དཔའ་ལ་ཀླུ་གང་དག་མངོན་པར་དགའ་བ་དེ་དག་གི་མཐུ་ནི་དེ་ཡིན་ནོ། །ཅིའི་ཕྱིར་བྱང་ཆུབ་སེམས་དཔའ་བལྟམས་མ་ཐག་ཏུ་སྐྱེད་བའི་ཡུམ་གྱི་མདུན་དུ་ཆུ་ཆེན་པོའི་རྒྱུན་འབབས ་པ་བྱུང་བར་གྱུར་ཏེ། ཆུ་དེ་སྐྱེ་བའི་ཡུམ་གྱི་ཆུའི་དགོས་པ་བྱས་ཤེ་ན། སྨྲས་པ། ཀླུའི་མཐུ་ཡིན་ཏེ་བྱང་ཆུབ་སེམས་དཔའ་ཨི་ཡུམ་ལ་ཀླུ་གང་དག་མངོན་པར་དགའ་པ་དེ་དག་གི་མཐུ་ནི་དེ་ཡིན་ནོ། །ཅིའི་ཕྱིར་བྱང་ཆུབ་སེམས་དཔའ་བལྟམས་མ་ཐབ་ཏུ་བར་སྣང་ལས་རོལ ་མོའི་སྒྲ་རྣམས་གྲགས་ཅེ་ན། སྨྲས་པ། ལྷའི་མཐུ་ཡིན་ཏེ་བྱང་ཆུབ་སེམས་དཔའ་ལ་ལྷ་གང་དག་མངོན་པར་དགའ་བ་དེ་དག་གི་མཐུ་ནི་དེ་ཡིན་ནོ། །གཞན་ཡང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འགྱུར་ཏེ། འཇིག་རྟེན་དུ ་དགྲ་ཆེར་གྲགས་པར་འགྱུར་བ་དེའི་སྔ་ལྟས་ནི་དེ་ཡིན་ནོ། །ཅིའི་ཕྱིར་བྱང་ཆུབ་སེམས་དཔའ་བལྟམས་མ་ཐག་ཏུ་བར་སྣང་ལས་ལྷའི་མེ་ཏོག་ཨུཏཔལ་དང། པདྨ་དང། ཀུ་མུ་ད་དང། པདྨ་དཀར་པོ་དང། མེ་ཏོག་མནདཱ་ར་པ་རྣམས་རབ་ཏུ་བབ་པ། ཨ་ཀ་རུའི་ཕྱེ་མ་དང། ་ཙནདན་གྱི་ཕྱེ་མ་དང། རྒྱལ་སྤོས་ཀྱི་ཕྱེ་མ་དང། གོས་རྣམས་འཐོར་བར་གྱུར་ཅེ་ན། སྨྲས་པ། ལྷའི་མཐུ་ཡིན་ཏེ། བྱང་ཆུབ་སེམས་དཔའ་ལ་ལྷ་གང་དག་མངོན་པར་དགའ་བ་དེ་དག་གི་མཐུ་ནི་དེ་ཡིན་ནོ། །གཞན་ཡང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང ་དག་པར་རྫོགས་པའི་སངས་རྒྱས་སུ་འགྱུར་ཏེ། གྲགས་པར་འགྱུར་ཞིང་བསོད་ནམས་ཆེན་པོ་དང་ལྡན་ཏེ། ན་བཟའ་དང། ཞལ་ཟས་དང། གཟིམས་ཆ་དང། གདན་དང། བསྙུན་གྱིས་སོས་སྨན་དང། ཡོ་བྱད་རྣམས་བསྙེས་པར་འགྱུར་བ་དེ་སྔ་ལྟས་ནི་དེ་ཡིན་ནོ། ་ཅིའི་ཕྱིར་བྱང་ཆུབ་སེམས་དཔའ་བལྟམས་ནས་ཞག་བདུན་ལོན་ན་སྐྱེད་པའི་ཡུམ་གྲོངས་པར་གྱུར་ཅེ་ན། སྨྲས་པ། བྱང་ཆུབ་སེམས་དཔའ་ནི་དབང་ཚེ་བར་གྲགས་པའི་སེམས་ཅན་ཡིན་ཏེ། དེ་གང་གི་ཚེ་ཡུམ་གྱི་ལྷུམས་སུ་ཞུགས་པ་དེའི་ཚེ་སུམ་ཅུ་རྩ ་གསུམ་གྱི་ལྷ་རྣམས་བྱང་ཆུབ་སེམས་དཔའ་ལ་གུས་པས་བྱང་ཆུབ་སེམས་དཔའ་ཨི་ཡུམ་གྱི་སྤུའི་ཁུང་བུ་ཐམས་ཅད་དུ་ལྷའི་གཟི་བྱིན་འཇུག་པར་བྱེད་ལ། གང་གི་ཚེ་བྱང་ཆུབ་སེམས་དཔའ་ཡུམ་གྱི་ལྷུམས་ནས་བྱུང་བ་དེའི་ཚེ་ཡང་གཟི་བྱིན་འཇུག་པར་མི་བྱེད་དེ། མི ་ལ་ནི་གང་དེའི་ལུས་ལྟས་པར་བྱེད་པ་དེ་ལྟ་བུའི་གཟི་བྱིན་མེད་པས་ན་དེ་ལྟར་དེ་གསོས་མེད་པས་ན་གྲོངས་པར་གྱུར་ཏོ། །བྱང་ཆུབ་སེམས་དཔའ་ནི་ཡུམ་གྱི་ལྷུམས་སུ་མཁྱེན་བཞིན་དུ་འཇུག་ཅིང། མཁྱེན་བཞིན་དུ་གནས་ལ། མཁྱེན་བཞིན་དུ་འབྱུང་ངོ་ཞེས་གསུངས ་པ་ལ། ཇི་ལྟར་བྱང་ཆུབ་སེམས་དཔའ་ཡུམ་གྱི་ལྷུམས་སུ་མཁྱེན་བཞིན་དུ་འཇུག་ཅིང། མཁྱེན་བཞིན་དུ་གནས་ལ། མཁྱེན་བཞིན་དུ་འབྱུང་ཞེ་ན། སྨྲས་པ། བྱང་ཆུབ་སེམས་དཔས་ནི་ཀྱེ་མ་འཇིག་རྟེན་ལོང་བ། འདྲེན་པ་མེད་པ། ཡོངས་སུ་འདྲེན་པ་མེད་བའི་ནང་དུ། བདག ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་གྱུར་ཅིག་ཅེས་ཕྱི་མ་ལ་བྱང་ཆུབ་བར་བྱ་བའི་ཕྱིར་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུངས་ལ་སྨོན་ལམ་བཏབ་ནས་ཚངས་པར་སྤྱོད་པ་སྤྱད་དེ། དེ་དྲན་པ་དེ་ཀུན་དུ་བསྟེན་ཅིང་བསྒོམ་ཏེ ་མང་དུ་བྱེད་དོ། །དེ་དྲན་པ་དེ་ཀུན་དུ་བསྟེན་ཅིང་བསྒོམ་ཏེ་མང་དུ་བྱས་པ་དེས་ཕྱི་མ་ལ་མངོན་པར་བྱང་ཆུབ་པར་བྱ་བའི་ཕྱིར་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུངས་ལ་སྨོན་ལམ་བཏབ་སྟེ། ཚངས་པར་སྤྱོད་པ་སྤྱད་ནས་དགའ་ལྡན་གྱི་ལྷའི་རིས་སུ་སྐྱེས་སོ། །སྐྱེས་ནས ་ཀྱང་དེ་འདི་སྙམ་དུ་སེམས་ཏེ། བདག་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འགྱུར་རོ་སྙམ་སྟེ། དེ་དྲན་པ་དེ་ཀུན་དུ་བསྟེན་ཅིང་བསྒོམས་ཏེ་མང?་དུ་བྱེད་དོ། །མང་དུ་བྱས་པ་དེས་བལྟམས་ནས་རིང་པོ་མ་ལོན་པར་དགའ་ལྡན་གྱི ་རིས་ཀྱི་ལྷ་སྔར་སྐྱེས་པ་རྣམས་ལས་ལྷའི་གནས་གསུམ་གྱི་འཕགས་ཏེ། གསུམ་གང་ཞེ་ན། ལྷའི་ཚེ་དང། ལྷའི་ཁ་དོག་དང། ལྷའི་གྲགས་པས་འཕགས་སོ། །དེ་འདི་སྙམ་དུ་སེམས་ཏེ། བདག་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས ་པའི་སངས་རྒྱས་སུ་འགྱུར་རོ་སྙམ་མོ། །དེ་མ་ཡིན་པའི་དགའ་ལྡན་གྱི་རིས་ཀྱི་ལྷ་རྣམས་ཀྱི་ཀྱང་འདི་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འགྱུར་བར་ཤེས་ཏེ། དེའི་རྐྱེན་དེས་བསྙེན་བཀུར་བྱེད། །བླ་མར ་བྱེད། རི་མོར་བྱེད། མཆོད་པར་བྱེད་དེ། དེ་དྲན་པ་དེ་ཀུན་ཏུ་སྟེན་ཅིང་བསྒོམས་ཏེ་མང་དུ་བྱེད་དོ། །དེ་དྲན་པ་དེ་ཀུན་ཏུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པ་དེས་དགའ་ལྡན་གྱི་ལྷའི་རིས་སུ་ཚེའི་ཚད་ཇི་ཙམ་པ་དེ་སྲིད་དུ་གནས་སོ། །གནས་ནས་ཀྱང་དེ་འདི་སྙམ་དུ་སེམས ་ཏེ། བདག་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འགྱུར་རོ་སྙམ་མོ། །དེ་མ་ཡིན་པའི་དགའ་ལྡན་གྱི་རིས་ཀྱི་ལྷ་རྣམས་ཀྱིས་ཀྱང་འདི་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འགྱུར ་བར་ཤེས་ཏེ། དེའི་རྐྱེན་དེས་བཀུར་སྟི་བྱེད། བླ་མར་བྱེད། རི་མོར་བྱེད། མཆོད་པར་བྱེད། དེ་དྲན་པ་དེ་ཀུན་ཏུ་བསྟེན་ཅིང་བསྒོམ་སྟེ་མང་དུ་བྱེད་དོ། །དེ་དྲན་པ་དེ་ཀུན་ཏུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པ་དེས་དགའ་ལྡན་གྱི་ལྷའི་རིས་ནས་ཤི་འཕོས་ནས་ཡུམ་གྱི་ལྷུམས་སུ ་མཁྱེན་བཞིན་དུ་འཇུག་སྟེ། འཇུག་པ་ན་དེ་འདི་སྙམ་དུ་སེམས་ཏེ། བདག་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འགྱུར་རོ་སྙམ་སྟེ། དེ་དྲན་པ་དེ་ཀུན་ཏུ་བསྟེན་ཅིང་བསྒོམས་ཏེ། མང་དུ་བྱེད་དོ། །དེ་དྲན་པ་དེ་ཀུན་དུ་སྟེན་ཅིང ་བསྒོམས་ཏེ་མང་དུ་བྱས་པ་དེས་མཁྱེན་བཞིན་དུ་ཡུམ་གྱི་ལྷུམ་ན་གནས་ཤིང་དེ་འདི་སྙམ་དུ་སེམས་ཏེ། བདག་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འགྱུར་རོ་སྙམ་སྟེ། དེ་དྲན་པ་དེ་ཀུན་དུ་བསྟེན་ཅིང་བསྒོམས་ཏེ་མང ་དུ་བྱེད་དོ། །དེ་དྲན་པ་དེ་ཀུན་དུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པ་དེས་དེ་བཞིན་དུ་ཡུམ་གྱི་ལྷུམས་ནས་འབྱུང་ངོ། །བཅོམ་ལྡན་འདས་ཀྱིས་ཀྱང་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀུན་དགའ་བོ་ངས་མངོན་པར་ཤེས་པ། ཀྱེ་མ་འཇིག ་རྟེན་ལོང་བ། འདྲེན་པ་མེད་པ། ཡོངས་སུ་འདྲེན་པ་མེད་པའི་ནང་དུ། བདག་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་གྱུར་ཅིག་ཅེས་ཕྱི་མ་ལ་བྱང་ཆུབ་བར་བྱ་བའི་ཕྱིར་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུངས་ལ་སྨོན་ལམ་བཏབ ་ནས་ཚངས་པར་སྤྱོད་པ་སྤྱད་དེ། ང་དྲན་པ་དེ་ཀུན་དུ་བསྟེན་ཅིང་མང་དུ་བྱེད་དོ་ཀུན་དགའ་བོ་ང་དྲན་པ་དེ་ཀུན་དུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པ་དེས་ཕྱི་མ་ལ་བྱང་ཆུབ་པར་བྱ་བའི་ཕྱིར་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུངས་ལ་སྨོན་ལམ་བཏབ་སྟེ་ཚངས་བར ་སྤྱོད་པ་སྤྱད་དེ་དགའ་ལྡན་གྱི་ལྷའི་རིས་སུ་སྐྱེས་སོ། །སྐྱེས་ནས་ཀྱང་ང་འདི་སྙམ་དུ་སེམས་ཏེ། བདག་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འགྱུར་རོ་སྙམ་སྟེ། ང་དྲན་པ་དེ་ཀུན་དུ་བསྟན་ཅིང་བསྒོམས་ཏེ་མང་དུ་བྱེད་དོ། །ང་དྲན་པ ་དེ་ཀུན་དུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པ་དེ་བལྟམས་ནས་རིང་པོ་མ་ལོན་པར་དགའ་ལྡན་གྱི་རིས་ཀྱི་ལྷ་སྔར་སྐྱེས་པ་རྣམས་ལས་ལྷའི་གནས་གསུམ་གྱིས་འཕགས་ཏེ། གསུམ་གང་ཞེ་ན། འདི་ལྟ་སྟེ། ལྷའི་ཚེ་དང། ལྷའི་ཁ་དོག་དང། ལྷའི་གྲགས་པས་འཕགས་སོ། །ང་འདི ་སྙམ་དུ་སེམས་ཏེ། བདག་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འགྱུར་རོ་སྙམ་མོ། །དེ་མ་ཡིན་པའི་དགའ་ལྡན་གྱི་རིས་ཀྱི་ལྷ་རྣམས་ཀྱིས་ཀྱང་ང་ལ་འདི་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས ་སུ་འགྱུར་བར་ཤེས་ཏེ། དེའི་རྐྱེན་གྱི་དེ་དག་ང་ལ་བསྙེན་བཀུར་བྱེད། བླ་མར་བྱེད། རི་མོར་བྱེད། མཆོད་པར་བྱེད་དེ། ང་དྲན་བ་དེ་ཀུན་ཏུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱེད་དོ། །ཀུན་དགའ་བོ་ང་དྲན་པ་དེ་ཀུན་དུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པ་དེ་དགའ་ལྡན་གྱི་ལྷའི་རིས་སུ ་ཚེའི་ཚད་ཇི་ཙམ་པ་དེ་སྲིད་དུ་གནས་སོ། །གནས་ནས་ཀྱང་ང་འདི་སྙམ་དུ་སེམས་ཏེ། བདག་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འགྱུར་རོ་སྙམ་མོ། །དེ་མ་ཡིན་པའི་དགའ་ལྡན་གྱི་རིས་ཀྱི་ལྷ་རྣམས་ཀྱིས་ཀྱང་ང་ལ་འདི་ནི་དེ་བཞིན ་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འགྱུར་བར་ཤེས་ཏེ། དེའི་རྐྱེན་གྱིས་དེ་དག་ང་ལ་བསྙེན་བཀུར་བྱེད། བླ་མར་བྱེད། རི་མོར་བྱེད། མཆོད་པར་བྱེད་དེ། ང་དྲན་པ་དེ་ཀུན་ཏུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱེད་དོ། །ཀུན ་དགའ་བོ་ང་དྲན་པ་དེ་ཀུན་དུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པ་དེས་དགའ་ལྡན་གྱི་ལྷའི་རིས་ནས་ཤི་འཕོས་ནས་ཡུམ་གྱི་ལྷུམས་སུ་ཤེས་བཞིན་དུ་འཇུག་སྟེ། འཇུག་པ་ན་ང་འདི་སྙམ་དུ་སེམས་ཏེ། བདག་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར ་རྫོགས་པའི་སངས་རྒྱས་སུ་འགྱུར་རོ་སྙམ་སྟེ། ང་དྲན་པ་དེ་ཀུན་ཏུ་བསྟེན་ཅིང་བསྒོམ་སྟེ་མང་དུ་བྱེད་དོ། །ཀུན་དགའ་བོ་ང་དྲན་པ་དེ་ཀུན་ཏུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པ་དེས་ཤེས་བཞིན་དུ་ཡུམ་གྱི་ལྷུམས་ན་གནས་ཏེ། གནས་པ་ན་ང་འདི་སྙམ་དུ་སེམས ་ཏེ་བདག་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འགྱུར་རོ་སྙམ་ཏེ། ང་དྲན་པ་དེ་ཀུན་ཏུ་བསྟེན་ཅིང་བསྒོམས་སྟེ་མང་དུ་བྱེད་དེ། །ཀུན་དགའ་བོ་ང་དྲན་པ་དེ་ཀུན་དུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པ་དེས་ཤེས་བཞིན་དུ་ཡུམ ་གྱི་ལྷུམས་ནས་འབྱུང་སྟེ། བྱུང་བ་ན་ང་འདི་སྙམ་དུ་སེམས་ཏེ། བདག་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འགྱུར་རོ་སྙམ་ཏེ། ང་དྲན་པ་ཀུན་ཏུ་བསྟེན་ཅིང་བསྒོམས་སྟེ་མང་དུ་བྱེད་དོ། །ཀུན་དགའ་བོ་ང་དྲན་པ་དེ་ཀུན་ཏུ ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པ་དེས་ཡུམ་གྱི་ལྷུམས་ནས་བྱུང་ནས་རིང་པོ་མ་ལོན་པར་སུས་ཀྱང་མ་བཟུང་བར་གོམ་པ་བདུན་པོར་ནས། །ཀུན་དགའ་བོ་ང་འདི་སྙམ་དུ་སེམས་ཏེ། བདག་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས ་བའི་སངས་རྒྱས་སུ་འགྱུར་ཏེ། བྱང་ཆུབ་ཀྱི་ཡན་ལག་བདུན་འབྱུང་ངོ་སྙམ་པ་དེའི་སྔ་ལྟས་ནི་དེ་ཡིན་ནོ། །ཀུན་དགའ་བོ་ང་ཡུམ་གྱི་ལྷུམས་ནས་བྱུང་ནས། རིང་པོ་མ་ལེན་པར་ཕྱོགས་བཞིར་བལྟས་ནས་ང་འདི་སྙམ་དུ་སེམས་ཏེ། བདག་ནི་དེ་བཞིན་གཤེགས ་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འགྱུར་ཏེ། འཕགས་བླངས་ཏེ་གྱོན་ལ་ཀ་ཤི་བའི་གོས་རྣམས་དེ་ལ་བྱིན་པ་ན་འདི་སྙམ་དུ། འདི་ནི་བདག་གི་ཁྱིམ་པའི་གོས་བཅང་བའི་ཐ་མ་ཡིན་ཏེ། བདག་གིས་ཕྱིན་ཅང་ཁྱིམ་ན་གནས་པའི་གོས་བཅང་བར་མི་བྱའོ་སྙམ ་དུ་སེམས་སྐྱོད་དོ། །ཀུན་དགའ་པོ་ངས་རྩཝ་བརྡ་བའི་མི་ལས་རྩཝ་བཀྲ་ཤིས་ལྡན་དག་བླངས་བྱས་ནས་བྱང་ཆུབ་ཀྱི་ཤིང་དྲུང་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བདག་ཉིད་ཀྱི་རྩཝ་བཏིང་བ་ལ་སྐྱིལ་མོ་ཀྲུང་བཅས་ཏེ་འདུག་ནས་ལུས་དྲང་པོར་སྤངས་ཏེ་དྲན་པ་སྔོན་དུ་བཞག་ནས། ངས་བླ ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མ་ཐོབ་ཀྱི་བར་དུ་སྐྱིལ་མོ་ཀྲུང་མི་བཤིག་གོ་སྙམ་དུ་སེམས་བསྐྱེད་དེ་ཚིག་ཏུ་སྨྲས་ནས། ཀུན་དགའ་པོ་ངས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མ་ཐོབ་ཀྱི་བར་དུ་སྐྱིལ་མོ་ཀྲུང་མ་བཤིག་གོ་།ཀུན་དགའ་བོ་ང་འདི་སྙམ ་དུ་སེམས་ཏེ། གང་བདག་གིས་སྐྱེ་དགུ་མ་རིག་པའི་ནང་ན་འཁོར་ཅིང་མ་རིག་པ་ལ་དགའ་བ་དང། མ་རིག་པའི་སྒོ་ངའི་སྤུབས་ཀྱི་ལེང་ཏོག་གིས་དཀྲིས་ཀུན་ནས་དཀྲིས་པའི་མིག་ཅན་རྣམས་ཀྱི་ནང་ནས་མ་རིག་པའི་སྒོ་ངའི་སྤུབས་མངོན་པར་བརྟོལ་ཏེ། བདེ་ལེགས་དང ་བདེ་བར་མ་རིག་པའི་སྒོ་ངའི་སྤུབས་ནས་བྱུང་བ་ནི་བདག་གིས་རྙེད་པ་ལེགས་པར་རྙེད་དོ། །སྙམ་མོ། །ཀུན་དགའ་བོ་ང་མངོན་པར་རྫོགས་པར་སངས་རྒྱས་ནས་རིང་པོ་མ་ལོན་པར་སེམས་ཅན་འཇིག་རྟེན་དུ་སྐྱེས་པ་རྣམས་དང། འཇིག་རྟེན་དུ་འཕེལ་བ་རྣམས་དང། དབང ་པོ་རྣོན་པོ་རྣམས་དང། དབང་པོ་འབྲིང་རྣམས་དང། དབང་པོ་རྟུལ་པོ་རྣམས་དང། སྤུ་ལ་བབ་པ་རྣམས་དང། གདུལ་སླ་བ་རྣམས་དང། ཉོན་མོངས་པ་ཤས་ཆུང་བ་རྣམས་དང། ཉོན་མོངས་པ་ཤས་ཆུང་བའི་རང་བཞིན་རྣམས་ཡོད་དེ། དེ་དག་གི་དམ་པའི་ཆོས་མ་ཐོས་ན་ཡོངས ་སུ་ཉམས་པར་འགྱུར་བ་མཐོང་ངོ། །མཐོང་ནས་ཀྱང་ཀུན་དགའ་བོ་ངས་སེམས་ཅན་དེ་དག་ལ་སྙིང་རྗེ་ཆེན་པོ་བསྐྱེད་དེ་དེ་དག་ལ་ཆོས་སྟོན་ཏོ། །ཀུན་དགའ་བོ་ང་འདི་སྙམ་དུ་སེམས་ཏེ། གང་ང་སྐྱེ་དགུ་རྙོག་པའི་ནང་ན་འཁོད་པའི་ནང་ནས་རྙོག་པ་མེད་པའི་སེམས་ཀྱིས ་ཤས་ཆེར་གནས་པ་ནི་ངས་རྙེད་པ་ལེགས་པར་རྙེད་དོ་སྙམ་མོ། །ཆོས་མངོན་པའི་བསྟན་བཅོས་ཆེན་པོ་རྒྱུ་གདགས་པ་ལས་ཚིག་བཞི་པའོ།། །།སྡོམ་ནི་སྲས་དང་རིགས་དམའ་དབུལ་པོ་དང། །མཛའ་འཁོབ་དང་ནི་སྔ་རོལ་དང། །བཅུ་པ་དང་ནི་བ ་ལང་སྤྱོད། །ཤར་བྱང་བདག་གིར་མི་འཛིན་དང། །འདོད་དང་གཟུགས་དང་ངེས་པ་དང། །དགྲ་བཅོམ་བདེ་གཤེགས་བཞེངས་པ་དང། །ཆོས་གོས་གཉིས་ནི་ཚིགས་མི་འགྱུར། །ཅིའི་ཕྱིར་བྱང་ཆུབ་སེམས་དཔའ་དེ་ལྟར་སེམས་ཅན་ཐམས་ཅད་ལས་ཁྱད་པར་དུ ་འཕགས་པར་གྱུར་ནས་སྲས་མ་སྐྱེད་པར་དང་བས་ཁྱིམ་ནས་ཁྱིམ་མེད་པར་ལེགས་པ་ཁོ་ནར་རབ་ཏུ་བྱུང་བར་མ་གྱུར་ཅེ་ན། སྨྲས་པ། བྱང་ཆུབ་སེམས་དཔའ་ནི་ཡུན་རིང་པོ་ནས་སྲས་མངའ་བར་འགྱུར་པའི་ལས་འབྲས་བུ་ཡོད་པ་དག་བྱས་ཤིང་བསགས་ཏེ། ་རྣམ་པར་སྨིན་པར་མངོན་དུ་ཕྱོགས་ཤིང་ཉེ་བར་འོངས་པའི་ཕྱིར་རོ། །གཞན་ཡང་སྲས་མ་སྐྱེད་པར་དད་པས་ཁྱིམ་ནས་ཁྱིམ་མེད་པར་ལེགས་པ་ཁོ་ནར་རབ་ཏུ་འབྱུང་བར་མི་འགྱུར་བ་འདི་ནི་བྱང་ཆུབ་སེམས་དཔའ་གངྒའི་ཀླུང་གི་བྱེ་མ་སྙེད་ཀྱི་ཆོས་ཉིད་ཡིན ་ནོ། །གཞན་ཡང་འདོད་པ་ལ་ལོངས་སྤྱོད་པར་མི་ནུས་སོ་ཞེས་འཕྱ་བར་འགྱུར་བའི་ཕྱིར་རོ། །ཅིའི་ཕྱིར་བྱང་ཆུབ་སེམས་དཔའ་རིགས་དམའ་བར་མི་སྐྱེ་ཞེ་ན། སྨྲས་པ། རིགས་དམའ་བར་སྐྱེ་བ་ནི་ང་རྒྱལ་ཀུན་དུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པ་ལས་འགྱུར་ན། ་བྱང་ཆུབ་སེམས་དཔའ་ནི་ཡུན་རིང་པོ་ནས་ང་རྒྱལ་མེད་པ་ཀུན་ཏུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པས་ན་དེ་ནི་ངེས་པར་རིགས་མཐོན་པོར་སྐྱེ་བར་འགྱུར་རོ། །གཞན་ཡང་རིགས་དམའ་བར་སྐྱེས་ན་སྨོད་པར་འགྱུར་བས་ཅིའི་ཕྱིར་བྱང་ཆུབ་སེམས་དབུལ་པོའི་ཁྱིམ ་དུ་མི་སྐྱེ་ཞེ་ན། སྨྲས་པ། དབུལ་པོའི་ཁྱིམ་དུ་སྐྱེ་བ་ནི་སེར་སྣ་ཀུན་དུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པ་ལས་འགྱུར་ན། བྱང་ཆུབ་སེམས་དཔས་ནི་ཡུན་རིང་པོ་ནས་སེར་སྣའི་དྲི་མ་དང་བྲལ་བ་ཀུན་དུ་བསྟེན་ཅིང་བསྒོམ་ཏེ་མང་དུ་བྱས་པས་ན་དེ་ནི་ངེས་པར་ཕྱུག་པོའི་ཁྱིམ་དུ་སྐྱེ་བར་འགྱུར་ཏེ། དེས་ན་ཡིད་དུ་འོང་བའི་གཟུགས་དང་སྒྲ་དང། དྲི་དང། རོ་དང། རེག་བྱ་རྣམས་ཚེགས་མེད་པར ་བརྙེད་ལ། གཞན་དག་ལ་ཡང་བགོ་བཤའ་མཛད་དོ། །གཞན་ཡང་དབུལ་པོའི་ཁྱིམ་དུ་སྐྱེས་ན་སྨོད་པར་འགྱུར་བའི་ཕྱིར་རོ། །ཅིའི་ཕྱིར་བྱང་ཆུབ་སེམས་དཔའ་མཛའ་འཁོབ་ཀྱི་མི་རྐུན་མ་ཀླ་ཀློ་རྣམས་ཀྱི་ནང་དུ་མི་སྐྱེ་ཞེ་ན། སྨྲས་པ། མཛའ་འཁོབ་ཀྱི་མི་རྣམས་ནི་ཚུལ་ཁྲིམས ་ཀྱི་ཕོངས་པ་དང། ལྟ་བས་ཕོངས་པ་དང་ལྡན་པ་ཡིན་པས་དེ་དག་དང་བྱང་ཆུབ་སེམས་དཔའ་ལྷན་ཅིག་ཏུ་མཚུངས་མཉམ་པར་འགྱུར་དུ་འོང་སྟེ། བྱང་ཆུབ་སེམས་དཔའ་ནི་ཡུན་རིང་པོ་ནས་དབང་ཆེ་བར་གྲགས་པར་འགྱུར་བའི་ལས་འབྲས་བུ་ཡོད་པ་དག་བྱས་ཤིང ་བསགས་ཏེ། རྣམ་པར་སྨིན་པ་མངོན་དུ་ཕྱོགས་ཤིང་ཉེ་བར་འོང་བས་ན་དེ་ནི་ངེས་པར་ཡུལ་ཆེན་པོར་སྐྱེ་བར་འགྱུར་ཏེ། དེ་དེར་སེམས་ཅན་དབང་ཆེ་བར་གྲགས་ཤིང་སེམས་ཅན་དབང་པོ་རྣོ་ལ་དག་པ་རྣམས་དང་ལྷན་ཅིག་ཕྲད་པར་འགྱུར་ལ། དེ་ན་ནི་འདི་ལྟ་སྟེ། བླ་ན་མེད་པ་ཡང ་དག་པར་རྫོགས་པའི་བྱང་ཆུབ་དང། རང་སངས་རྒྱས་ཀྱི་བྱང་ཆུབ་དང། ཉན་ཐོས་ཀྱི་ཕ་མཐར་ཕྱིན་པའི་ཟག་པ་མེད་པའི་དགེ་བ་རྒྱ་ཆེ་ཞིང་མཆོག་ཏུ་གྱུར་པ་རྣམས་དང། དེ་མ་ཡིན་པའི་ཟག་པ་མེད་པའི་དགེ་བའི་རྩ་བ་མཆོག་ཏུ་གྱུར་པ་རྣམས་ཀྱང་སྐྱེ་བ་མེད་པའི་ཕྱིར ་རོ། །ཅིའི་ཕྱིར་བྱང་ཆུབ་སེམས་དཔའ་མི་རྣམས་ཀྱི་ཚེ་ལོ་བརྒྱད་ཁྲི་ཐུབ་པའི་སྔ་རོལ་བསྐལ་བ་དང་པོའི་མི་རྣམས་ཀྱི་ནང་དུ་མི་སྐྱེ་ཞེ་ན། སྨྲས་པ། བསྐལ་པ་དང་པོའི་མི་རྣམས་ནི་དབང་པོ་རྟུལ་ཞིང་བྱ་བ་ལ་མི་གསལ་ཏེ་རྨུན་པའི་རང་བཞིན་ཅན་ཡིན་པས་དེ་དག་དང་བྱང་ཆུབ ་སེམས་དཔའ་ལྷན་ཅིག་ཏུ་མཚུངས་མཉམ་པར་འགྱུར་དུ་འོང་སྟེ། བྱང་ཆུབ་སེམས་དཔས་ནི་ཡུན་རིང་པོ་ནས་དབང་ཆེ་བར་གྲགས་པར་འགྱུར་བའི་ལས་འབྲས་བུ་ཡོད་པ་དག་བྱས་ཤིང་བསགས་ཏེ། རྣམ་པར་སྨིན་པར་མངོན་དུ་ཕྱོགས་ཤིང་ཉེ་བར་འོངས་པས་ན་དེ་ནི ་ངེས་པར་རིགས་ཆེན་པོར་སྐྱེ་བར་འགྱུར་ཏེ། དེ་དེར་སེམས་ཅན་དབང་ཆེ་བར་གྲགས་ཤིང་སེམས་ཅན་དབང་པོ་རྣོ་ལ་དག་པ་རྣམས་དང། ལྷན་ཅིག་ཕྲད་པར་འགྱུར་ལ། དེ་ན་ནི་ཟག་པ་མེད་པའི་དགེ་བ་རྣམས་སྐྱེ་བ་བསྟན་མེད་པའི་ཕྱིར་རོ། །ཅིའི་ཕྱིར་བྱང་ཆུབ་སེམས་དཔའ་ ་ཚེ་ལོ་བཅུ་ཐུབ་པའི་མི་རྣམས་ཀྱི་ནང་དུ་མི་སྐྱེ་ཞེ་ན། སྨྲས་པ། ཚེ་ལོ་བཅུ་ཐུབ་པའི་མི་རྣམས་ཀྱི་ལས་ཤས་ཆེ་བ་དང། ཉོན་མོངས་པ་ཤས་ཆེ་བ་ཡིན་པས་དེ་དག་དང་བྱང་ཆུབ་སེམས་དཔའ་ལྷན་ཅིག་ཏུ་མཚུངས་མཉམ་པར་འགྱུར་དུ་འོང་སྟེ། ་བྱང་ཆུབ་སེམས་དཔས་ནི་ཡུན་རིང་པོ་ནས་དབང་ཆེ་བར་གྲགས་པར་འགྱུར་བའི་ལས་འབྲས་བུ་ཡོད་པ་དག་བྱས་ཤིང་བསགས་ཏེ། རྣམ་པར་སྨིན་པར་མངོན་དུ་ཕྱོགས་ཤིང་ཉེ་བར་འོངས་པས་ན་དེ་ནི་ངེས་པར་རིགས་ཆེན་པོར་སྐྱེ་བར་འགྱུར་ཏེ། དེ་དེར་སེམས ་ཅན་དབང་ཆེ་བར་གྲགས་ཤིང་སེམས་ཅན་དབང་པོ་རྣོ་ལ་དག་པ་རྣམས་དང་ལྷན་ཅིག་ཕྲད་པར་འགྱུར་ལ། དེ་ན་ནི་ཟག་པ་མེད་པའི་དགེ་བ་རྣམས་སྐྱེ་བ་གཏན་མེད་པའི་ཕྱིར་རོ། །ཅིའི་ཕྱིར་བྱང་ཆུབ་སེམས་དཔའ་ནུབ་ཀྱི་བ་ལང་སྤྱོད་ཀྱི་གླིང་དུ་མི་སྐྱེ་ཞེ་ན། སྨྲས ་པ། ནུབ་ཀྱི་བ་ལང་སྤྱོད་ཀྱི་མི་རྣམས་ནི་དབང་པོ་རྟུལ་ཞིང་བྱ་བ་ལ་མི་གསལ་ཏེ། ཧ་ཅང་རྨུན་པའི་རང་བཞིན་ཅན་ཡིན་པས་དེ་དག་དང་བྱང་ཆུབ་སེམས་དཔའ་ལྷན་ཅིག་ཏུ་མཉམ་པར་འགྱུར་དུ་འོང་སྟེ། བྱང་ཆུབ་སེམས་དཔས་ནི་ཡུན་རིང་པོ་ནས་དབང་ཆེ་བར ་གྲགས་པར་འགྱུར་བའི་ལས་འབྲས་བུ་ཡོད་པ་དག་བྱས་ཤིང་བསགས་ཏེ། རྣམ་པར་སྨིན་པར་མངོན་དུ་ཕྱོགས་ཤིང་ཉེ་བར་འོངས་པས་ན་དེ་ནི་ངེས་པར་གླིང་ཆེན་པོར་སྐྱེ་བར་འགྱུར་ཏེ། དེ་དེར་སེམས་ཅན་དབང་ཆེ་བར་གྲགས་ཤིང་སེམས་ཅན་དབང་པོ་རྣོ ་ལ་དག་པ་རྣམས་དང་ལྷན་ཅིག་འཕྲད་པར་འགྱུར་ལ། དེ་ན་ནི་འདི་ལྟ་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དང། རང་སངས་རྒྱས་བྱང་ཆུབ་དང། ཉན་ཐོས་ཀྱི་ཕ་མཐར་ཕྱིན་པའི་ཟག་པ་མེད་པའི་དགེ་བ་རྒྱ་ཆེ་ཞིང་མཆོག་ཏུ་གྱུར་པ་དེ་ལྟ་བུ་དག ་དང། དེ་མ་ཡིན་པའི་ཟག་པ་མེད་པའི་དགེ་བའི་རྩ་བ་མཆོག་ཏུ་གྱུར་པ་རྣམས་ཀྱང་སྐྱེ་བ་མེད་པའི་ཕྱིར་རོ། །ཅིའི་ཕྱིར་བྱང་ཆུབ་སེམས་དཔའ་ཤར་གྱི་ལུས་འཕགས་ཀྱི་གླིང་དུ་མི་སྐྱེ་ཞེ་ན། རྒྱས་པར་ནུབ་ཀྱི་བ་ལང་སྤྱོད་བཞིན་བརྗོད་པར་བྱའོ། །ཅིའི་ཕྱིར་བྱང ་ཆུབ་སེམས་དཔའ་བྱང་གི་སྒྲ་མི་སྙན་གྱི་གླིང་དུ་མི་སྐྱེ་ཞེ་ན། སྨྲས་པ། བྱང་གི་སྒྲ་མི་སྙན་གྱི་མི་རྣམས་ནི་དབང་པོ་རྟུལ་ཞིང་བྱ་བ་ལ་མི་གསལ་ཏེ་ཧ་ཅང་རྨུན་ཆེས་པའི་རང་བཞིན་ཅན་ཡིན་ལ། ཡུལ་གཙོ་བོར་བྱེད་པ་ཡིན་པས་དེ་དག་དང་བྱང་ཆུབ་སེམས་དཔའ་ལྷན་ཅིག་ཏུ ་མཚུངས་མཉམ་པར་འགྱུར་དུ་འོང་སྟེ། བྱང་ཆུབ་སེམས་དཔས་ནི་ཡུན་རིང་པོ་ནས་དབང་ཆེ་བར་གྲགས་པར་འགྱུར་བའི་ལས་འབྲས་བུ་ཡོད་པ་དག་བྱས་ཤིང་བསགས་ཏེ། རྣམ་པར་སྨིན་པར་མངོན་དུ་ཕྱོགས་ཤིང་ཉེ་བར་འོངས་པས་ན་དེ་ནི་ངེས་པར་གླིང་ཆེན་པོར་སྐྱེ་བར ་འགྱུར་སྟེ། དེ་དེར་སེམས་ཅན་དབང་ཆེ་བར་གྲགས་ཤིང་སེམས་ཅན་དབང་པོ་རྣོ་ལ་དག་པ་རྣམས་དང་ལྷན་ཅིག་ཕྲད་པར་འགྱུར་ལ། དེ་ན་ནི་འདི་ལྟ་སྟེ། ཟག་པ་མེད་པའི་དགེ་བའི་རྩ་བ་རྣམས་གཏན་སྐྱེ་བ་མེད་པ་དང། གཞན་ཡང་བྱང་གི་སྒྲ་མི་སྙན་གྱི་མི་རྣམས་ནི་བདག ་གིར་འཛིན་པ་མེད་ཅིང་ཡོངས་སུ་འཛིན་པ་མེད་པའི་ཕྱིར་རོ། །ཅིའི་ཕྱིར་བྱང་གི་སྒྲ་མི་སྙན་གྱི་མི་རྣམས་བདག་གིར་མི་འཛིན་ཅིང་ཡོངས་སུ་མི་འཛིན་ཅེ་ན། ཡུལ་རྣམས་མང་ལ་མཉམ་སྟེ། དེ་དག་གི་ཡུལ་ཡངས་ལ་ཡིད་དུ་འོངས་པའི་ཕྱིར་རོ། །ཅིའི་ཕྱིར་བྱང་ཆུབ་སེམས ་དཔའ་འདོད་པ་ན་སྤྱོད་པའི་ལྷ་རྣམས་ཀྱི་ནང་དུ་མི་སྐྱེ་ཞེ་ན། སྨྲས་པ། འདོད་པ་ན་སྤྱད་པའི་ལྷ་རྣམས་ནི་བག་མེད་ཅིང་དགའ་བའི་ཤས་ཆེ་ལ་ཡུལ་ལ་སྤྱོད་པ་ཡིན་པས་དེ་དག་དང་བྱང་ཆུབ་སེམས་དཔའ་ལྷན་ཅིག་ཏུ་མཚུངས་མཉམ་པར་འགྱུར་དུ་འོང་བ་དང། ཚངས་པར་སྤྱོད ་པ་ཕྱོགས་གཅིག་བར་འགྱུར་སྟེ། འདི་ལྟ་སྟེ། དགེ་སློང་དང། དགེ་སློང་མ་དང། དགེ་སྙེན་དང། དགེ་སྙེན་མའི་འཁོར་བཞི་མེད་པའི་ཕྱིར་དང། ཚངས་པར་སྤྱོད་པ་རྒྱས་ཤིང་སྐྱེ་བོ་མང་པོ་རྒྱ་ཆེན་པོ་ནས་ལྷ་དང། མི་རྣམས་ཀྱི་བར་ཡང་དག་པར་ལེགས་པར་བསྟན་པ་ཡང ་མེད་པའི་ཕྱིར་ཏེ། དེ་བས་ན་ཞེས་བྱས་པ་ནས་རྒྱས་པར་སྦྱར་རོ། །ཅིའི་ཕྱིར་བྱང་ཆུབ་སེམས་དཔའ་གཟུགས་ན་སྤྱོད་པའི་ལྷ་རྣམས་ཀྱི་ནང་དུ་མི་སྐྱེ་ཞེ་ན། སྨྲས་པ། དེར་ཡོངས་སུ་མྱ་ངན་ལས་འདས་པའི་ཆོས་ཅན་དུ་འགྱུར་བ་དང། ཚངས་པར་སྤྱོད་པ་ཕྱོགས ་གཅིག་པར་འགྱུར་ཏེ། འདི་ལྟ་སྟེ། དགེ་སློང་གི་འཁོར་ནས་དགེ་བསྙེན་མའི་བར་གྱི་འཁོར་བཞི་མེད་པར་འགྱུར་བ་དང། ཚངས་པར་སྤྱོད་པ་རྒྱས་པར་མི་འགྱུར་ཏེ། སྐྱེ་བོ་མང་པོ་རྒྱ་ཆེན་པོ་ནས་གཞན་འདོད་པ་ན་སྤྱོད་པའི་ལྷ་རྣམས་ལ་ཡང ་དག་པར་ལེགས་པར་བསྟན་པ་ཡང་མེད་ལ། གཟུགས་ན་སྤྱོད་པ་རྣམས་ལ་ནི་ངེས་པ་ལ་འཇུག་པ་ཡང་མེད་པའི་ཕྱིར་རོ། །ཅིའི་ཕྱིར་གཟུགས་ན་སྤྱོད་པའི་ལྷ་རྣམས་ལ་ངེས་པ་ལ་འཇུག་པ་མེད་ཅེ་ན། སྨྲས་པ། སྐྱོ་བར་འགྱུར་བའི་གནས་གང་ཡིན་ལ་བྱས་ནས ་ཡང་དག་པའི་ངེས་པ་ལ་འཇུག་པར་འགྱུར་བ་དེ་ལྟ་བུ་མེད་པའི་ཕྱིར་རོ། །ཅི་དགེ་བའི་སེམས་ཀྱི་ཡོངས་སུ་མྱ་ངན་ལས་འདས་ཞེས་བྱ་འམ། འོན་ཏེ་ལུང་དུ་མ་བསྟན་པའི་སེམས་ཀྱིས་ཡོངས་སུ་མྱ་ངན་ལས་འདས་ཞེས་བྱ་ཞེ་ན། སྨྲས་པ། ལུང་དུ་མ་བསྟན་པའི ་སེམས་ཀྱིས་ཡོངས་སུ་མྱ་ངན་ལས་འདའ་ཞེས་བྱའོ། །ཅིའི་ཕྱིར་སངས་རྒྱས་བཅོམ་ལྡན་འདས་རྣམས་བཞུགས་ཏེ། འཚོ་ཞིང་ག་ཞེས་བཞིན་དུ་ཐོག་མར་ཉན་ཐོས་བཟང་པོ་ཟུང་ཡོངས་སུ་མྱ་ངན་ལས་འདའ་ལ། དེའི་འོག་ཏུ་སངས་རྒྱས་བཅོམ་ལྡན་འདས ་རྣམས་ཡོངས་སུ་མྱ་ངན་ལས་འདའ་ཞེ་ན། སྨྲས་པ། ཚེ་དང་ལྡན་པ་དེ་གཉིས་ཀྱི་ཡུན་རིང་པོ་ནས་སྟོན་པ་དང་འབྲལ་བར་མི་འགྱུར་བའི་ལས་འབྲས་བུ་ཡོད་པ་དག་བྱས་ཤིང་བསགས་ཏེ། རྣམ་པར་སྨིན་པར་མངོན་དུ་ཕྱོགས་ཤིང་ཉེ་བར་འོངས་པའི་ཕྱིར ་ཏེ། གལ་ཏེ་བཅོམ་ལྡན་འདས་ཀྱི་འོག་ཏུ་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་ན་དེ་དག་གི་འབྲས་བུ་མེད་ཅིང་རྣམ་པར་སྨིན་པ་མེད་པར་འགྱུར་བའི་ཕྱིར་རོ། །གཞན་ཡང་སྔར་ཉན་ཐོས་བཟང་པོ་ཟུང་ཡོངས་སུ་མྱ་ངན་ལས་འདའ་ལ། དེའི་འོག་ཏུ་སངས ་རྒྱས་བཅོམ་ལྡན་འདས་རྣམས་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་བ་འདི་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་གངྒའི་ཀླུང་གི་བྱེ་མ་སྙེད་ཀྱི་ཆོས་ཉིད་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་སྤྱན་དང་ལྡན་པ་བསམ་གཏན་བཞི?་ལས?་སྙོམས ་པར་ཞུགས་པ་ནི་མི་གཡོ་བ་ཞི་བ་ལ་བརྟེན་ནས་ཡོངས་སུ་མྱ་ངན་ལས་འདས་སོ་ཞེས་འབྱུང་བ་དེ་ལ། ཅི་བཅོམ་ལྡན་འདས་སྙོམས་པར་ཞུགས་བཞིན་དུ་ཡོངས་སུ་མྱ་ངན་ལས་འདས་སམ། འོན་ཏེ་བཞེངས་ནས་ཡོངས་སུ་མྱ་ངན་ལས་འདས་ཤེ་ན། སྨྲས་པ། བཞེངས་ཏེ་ས?་བཅོམ ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་ཏེ། སྙོམས་པར་ཞུགས་བཞིན་དུ་མ་ཡིན་ནོ། །ཅིའི་ཕྱིར་བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་ནས་ཞུགས་ལ་ཞེན་པ་ན་ནང་དང་ཕྱི་རོལ་གྱི་ཆོས་གོས་གཉིས་མ་ཚིག་ཅེ་ན། སྨྲས་པ། ལྷའི་མཐུ་ལས་གྱུར་ཏེ། ལྷ་གང ་དག་བཅོམ་ལྡན་འདས་ལ་མངོན་པར་དགའ་བ་དེ་དག་གི་མཐུ་ནི་དེ་ཡིན་ནོ། །གཞན་ཡང་རྣམ་པ་གཉིས་བསྲུང་བའི་ཕྱིར་མ་ཚིག་སྟེ། སྐུ་གདུང་བསྲུང་བ་དང། སྐུ་ཤ་བསྲུང་བའི་ཕྱིར་རོ། །དེ་ལ་ནང་གི་ནི་སྐུ་གདུང་བསྲུང་བའི་ཕྱིར་མ་ཚིག་གོ་།ཕྱི་རོལ་གྱི་ནི་སྐུའི་ཤ་སྲུང་བའི ་ཕྱིར་མ་ཚིག་གོ་།ཆོས་མངོན་པའི་བསྟན་བཅོས་ཆེན་པོ་རྒྱུ་གདགས་པ་ལས་ཚིག་ལྔ་པའོ།། །།སྡོམ་ནི། གཉིས་དང་རང་རྒྱལ་ཟུང་གཉིས་དང། །བུད་མེད་གསུམ་དང་སྟོང་གསུམ་དང། །སྙིང་རྗེ་དང་ནི་བྱམས་པ་དང། །སེམས་མེད་གཉིས་དང་རྗེས་འབྲང་དང། ་ཕོ་ཉ་བརྒལ་བ་ཐ་མ་དང། །སེམས་ཅན་རྣམས་ལས་ཁྱད་པར་འཕགས། །ཤིན་རྗེ་དང་ནི་ས་བསྲུང་བུ། །རབ་བརྟན་དང་ནི་དམྱལ་བ་པ། ཅིའི་ཕྱིར་སྐྱེས་བུ་ཆེན་པོའི་མཚན་དང་ལྡན་པ་གཉིས་ཡོད་པ་ལས་གཅིག་ནི་འཁོར་ལོས་སྒྱུར་བའི་རྒྱལ་པོ་མཛའ་བཞིར་རྒྱལ ་བར་འགྱུར་ལ། གཅིག་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འགྱུར་ཞེ་ན། སྨྲས་པ། འཁོར་ལོས་སྒྱུར་བའི་རྒྱལ་པོས་ནི་སྔོན་གྱི་སྲིད་པ་ཞེས་བྱ་བ་ནས་རྒྱས་པར་སྦྱར་ཏེ། ཡུན་རིང་པོ་ནས་ཀྱེ་མ་བདག་འཁོར་ལོས་སྒྱུར ་བའི་རྒྱལ་པོ་མཛའ་བཞིར་རྒྱལ་བར་གྱུར་ཅིག་ཅེས་དེ་ལྟར་སེམས་བསྐྱེད་ནས་སྦྱིན་པ་དག་ཕྱིན་ཞིང་བསོད་ནམས་དག་བྱས་ཏེ། གསོ་སྦྱོང་བླངས་ནས་ཚུལ་ཁྲིམས་ཡང་དག་པར་བླངས་ཏེ་གནས་པས། དེ་ལས་དེ་དང། ཡང་དག་པར་བླངས་པ་དེ་ལྟ་བུ་དང། ཡང ་དག་པར་བཟུང་བ་དེ་ལྟ་བུ་དང། སྨོན་ལམ་དེས་དེའི་ཚེ་དེ་ཉིད་དེའི་རྒྱུར་འགྱུར་ཏེ། འཁོར་ལོས་སྒྱུར་བའི་རྒྱལ་པོ་མཛའ་བཞིར་རྒྱལ་བར་འགྱུར་རོ། །སངས་རྒྱས་བཅོམ་ལྡན་འདས་ཀྱིས་ནི་སྔོན་གྱི་སྲིད་པ་ཞེས་བྱ་བ་ནས་རྒྱས་པར་སྦྱར་ཏེ། ཡུན་རིང་པོ ་ནས་ཀྱེ་མ་བདག་འཇིག་རྟེན་མུན་ནག་འདྲེན་པ་མེད་ཅིང་ཡོངས་སུ་འདྲེན་པ་མེད་པའི་ནང་དུ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་གྱུར་ཅིག་ཅེས་དེ་ལྟར་སེམས་བསྐྱེད་ནས་སྦྱིན་པ་དག་བྱིན་ཞིང་བསོད་ནམས་དག་བྱས ་ཏེ། གསོ་སྦྱོང་བླངས་ནས་ཚུལ་ཁྲིམས་ཡང་དག་པར་བླངས་ཏེ་གནས་པས། དེ་ལས་དེ་དང། ཡང་དག་པར་བླངས་པ་དེ་ལྟ་བུ་དང། ཡང་དག་པར་གཟུང་བ་དེ་ལྟ་བུ་དང། སྨོན་ལམ་དེ་སྲིད་པ་ཐ་མར་དེ་ཉིད་དེའི་རྒྱུར་འགྱུར་ཏེ། ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང ་ཏེ། རྒྱུ་དེས་ན་སྐྱེས་བུ་ཆེན་པོའི་མཚན་དང་ལྡན་པ་གཉིས་ཡོད་པ་ལས་གཅིག་ནི་འཁོར་ལོས་སྒྱུར་བའི་རྒྱལ་པོ་མཛའ་བཞིར་རྒྱལ་པར་འགྱུར་ལ། གཅིག་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འགྱུར་རོ། །ཅིའི་ཕྱིར ་སངས་རྒྱས་རྣམས་དང། རང་སངས་རྒྱས་རྣམས་དུས་སྐབས་གཅིག་དུ་མི་འབྱུང་ཞེ་ན། སྨྲས་པ། ཚེ་དང་ལྡན་པ་དེ་དག་གིས་ཡུན་རིང་པོ་ནས་དབང་ཆེ་བར་གྲགས་པར་འགྱུར་བའི་ལས་འབྲས་བུ་ཡོད་པ་དག་བྱས་ཤིང་བསགས་ཏེ། རྣམ་པར་སྨིན་པར་མངོན་དུ ་ཕྱོགས་ཤིང་ཉེ་བར་འོང་བའི་ཕྱིར་ཏེ། གལ་ཏེ་དེ་དག་ཕྲད་པར་གྱུར་ན་ནི་དེ་ལྟ་ན་དེ་དག་ཀྱང་དོན་མེད་པར་འགྱུར་ལ། །གཞན་ཡང་ཚེ་དང་ལྡན་པ་དེ་དག་ནི་སུ་ལ་ཡང་མི་འདུད་ལ། ཚེ་དང་ལྡན་པ་དེ་དག་ལ་ནི་གོང་དུ་བྱ་བ་ཅི་ཡང་མེད་དེ། གང་གི་དོན་དུ་ཚེ་དང་ལྡན་པ་དེ་དག ་བཅོམ་ལྡན་འདས་ལ་བལྟ་བ་དང། བསྙེན་བཀུར་བྱ་བའི་ཕྱིར་ཐ་དད་དུ་འགྲོ་བ་མེད་པའི་ཕྱིར་རོ། །དེ་བས་ན་སངས་རྒྱས་རྣམས་དང། རང་སངས་རྒྱས་རྣམས་དུས་གཅིག་ཏུ་ཕྲད་པར་མི་འགྱུར་རོ། །ཅིའི་ཕྱིར་དུས་གཅིག་དུ་འཁོར་ལོས་སྒྱུར་བའི་རྒྱལ་པོ་གཉིས ་འཇིག་རྟེན་དུ་མི་འབྱུང་ཞེ་ན། སྨྲས་པ། འཁོར་ལོས་སྒྱུར་བའི་རྒྱལ་པོས་ནི་སྔོན་གྱི་སྲིད་པ་ཞེས་བྱ་བ་ནས་རྒྱས་པར་སྦྱར་ཏེ། ཡུན་རིང་པོ་ནས་གདུགས་གཅིག་པ་ཐོབ་པར་འགྱུར་བའི་ལས་རྣམས་བྱས་ཤིང་བསགས་པ་དང། རྒྱལ་སྲིད་གཅིག་པ་ཐོབ་པའི་ལས་རྣམས ་དང། རྒྱལ་ཚབ་གཅིག་པ་ཐོབ་པར་འགྱུར་བའི་ལས་རྣམས་དང། འཁོར་ལོས་སྒྱུར་བ་གཅིག་པ་ཐོབ་པར་འགྱུར་བའི་ལས་རྣམས་དང། རྒྱལ་ཕྲན་དུ་བཀུར་བ་རྣམས་ཀྱིས་བཀུར་བར་འོས་པ་གཅིག་པར་འགྱུར་བའི་ལས་རྣམས་བྱས་ཤིང་བསགས་པས་དེའི་ཚེ་འཁོར ་ལོས་སྒྱུར་བ་གཉིས་པ་སྐྱེ་བར་འགྱུར་བ་རྣམ་པར་སྨིན་པའི་ལས་མངོན་དུ་ཕྱོགས་ཤིང་ཉེ་བར་འོངས་པ་མེད་དེ། ཅིའི་ཕྱིར་ཞེ་ན། སྨྲས་པ། དཀོན་པའི་ཕྱིར་ཏེ། དེ་བས་ན་དུས་གཅིག་ཏུ་འཁོར་ལོས་སྒྱུར་བ་གཉིས་འཇིག་རྟེན་དུ་མི་འབྱུང་ངོ། །ཅིའི་ཕྱིར་དེ་བཞིན་གཤེགས ་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གཉིས་དུས་གཅིག་ཏུ་འཇིག་རྟེན་དུ་མི་འབྱུང་ཞེ་ན། སྨྲས་པ། བྱང་ཆུབ་སེམས་དཔས་ནི་སྔོན་གྱི་སྲིད་པ་ཞེས་བྱ་བ་ནས་རྒྱས་པར་སྦྱར་ཏེ། ཡུན་རིང་པོ་ནས་སྟོན་པ་གཅིག་པ་ཐོབ་པར་འགྱུར་བའི་ལས་རྣམས ་བྱས་ཤིང་བསྩགས་པ་དང། སྒྲོལ་བ་གཅིག་པར་འགྱུར་བ་རྣམས་དང། གྲོལ་བར་བྱེད་པ་གཅིག་པར་འགྱུར་བ་རྣམས་དང། འདྲེན་པ་གཅིག་པར་འགྱུར་བ་རྣམས་དང། མཁས་པས་བཀུར་བ་རྣམས་ཀྱིས་བཀུར་བར་འོས་པར་འགྱུར་བའི་ལས་རྣམས་བྱས་ཤིང ་བསགས་པས། དེའི་ཚེ་དེ་བཞིན་གཤེགས་པ་གཉིས་པ་སྐྱེ་བར་འགྱུར་བ་རྣམ་པར་སྨིན་པའི་ལས་མངོན་དུ་ཕྱོགས་ཤིང་ཉེ་བར་འོངས་པ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། སྨྲས་པ། དཀོན་པའི་ཕྱིར་ཏེ། དེ་བས་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས ་པའི་སངས་རྒྱས་གཉིས་དུས་གཅིག་ཏུ་འཇིག་རྟེན་དུ་མི་འབྱུང་ངོ། །ཅིའི་ཕྱིར་བུད་མེད་ཀྱིས་འཁོར་ལོས་སྒྱུར་བའི་རྒྱལ་པོ་མི་བྱེད། བརྒྱ་བྱིན་དུ་འགྱུར་བ་དང། ཚངས་པར་འགྱུར་བ་དང། །བདུད་དུ་འགྱུར་བ་དང། རང་བྱང་ཆུབ་དང། བླ་ན་མེད་པ་ཡང་དག་པར་རྫོགས ་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པར་མི་བྱེད་ཅེ་ན། སྨྲས་པ། སྐྱེས་པ་དང། བུད་མེད་ཀྱི་འདུན་པ་རྣམ་པར་བཞག་ཅིང་ལས་དང་དབང་པོ་རྣམ་པར་བཞག་ན་སྐྱེས་པའི་འདུན་པ་ཆེས་ཆེ་ཡི། བུད་མེད་ཀྱི་ནི་དེ་ལྟ་མ་ཡིན་པ་དང། ་སྐྱེས་པ་ལས་བྱེད་པ་ཆོས་སྟོབས་དང་ལྡན་གྱི། བུད་མེད་ཀྱི་ནི་དེ་ལྟ་མ་ཡིན་པ་དང། སྐྱེས་པ་ཆེས་དབང་པོ་རྣོ་ཡི། བུད་མེད་ནི་དེ་ལྟ་མ་ཡིན་པ་དང། གནས་དེ་དག་ཀྱང་འདུན་པ་ཆེན་པོ་དང། ལས་སྟོབས་དང་ལྡན་པ་དང། དབང་པོ་རྣོ་བ་རྣམས་ཀྱིས་ཐོབ་པར་འགྱུར ་ཏེ། དེ་བས་ན་བུད་མེད་ཀྱི་འཁོར་ལོས་སྒྱུར་བའི་རྒྱལ་པོ་མི་བྱེད། བརྒྱ་བྱིན་དུ་འགྱུར་བ་དང། ཚངས་པར་འགྱུར་བ་དང། བདུད་དུ་འགྱུར་བ་དང། རང་བྱང་ཆུབ་དང། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་མི་བྱེད་ཀྱི། ་སྐྱེ་བོ་ཁོ་ནས་བྱེད་དོ། །ཅིའི་ཕྱིར་སངས་རྒྱས་བཅོམ་ལྡན་འདས་རྣམས་ཡེ་ཤེས་མཛའ་ཡས་པ་དང། ཤེས་རབ་མཛའ་ཡས་པ་དང། སྤོབས་པ་མཛའ་ཡས་པ་དང་ལྡན་ཞེ་ན། སྨྲས་པ། བྱང་ཆུབ་སེམས་དཔས་ནི་ཡུན་རིང་པོ་ནས་ཐོས་པ་ལས་བྱུང་བ་དང། ་བསམ་པ་ལས་བྱུང་བ་དང། བསྒོམ་པ་ལས་བྱུང་བའི་ཤེས་རབ་གསུམ་ཀུན་ཏུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པ་དང། བསྒོམས་པའི་ཤེས་རབ་ཀྱི་ཤས་ཆེར་འབད་པ་དྲག་པོ་བྱས་ཏེ། རྒྱུ་དེས་ན་སངས་རྒྱས་བཅོམ་ལྡན་འདས་རྣམས་ཡེ་ཤེས་མཛའ་ ་ཡས་པ་དང། ཤེས་རབ་མཛའ་ཡས་པ་དང། སྤོབས་པ་མཛའ་ཡས་པ་དང་ལྡན་ནོ། །སངས་རྒྱས་བཅོམ་ལྡན་འདས་ཀྱི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སུ་ཇི་ལྟར་གསུང་གིས་གོ་བར་མཛད་ཅེ་ན། སྨྲས་པ། བཅོམ་ལྡན་འདས་མངོན ་པར་རྫོགས་པར་སངས་རྒྱས་ནས་རིང་པོ་མ་ལོན་པར་ཚངས་པའི་འཇིག་རྟེན་དུ་བཞུགས་ཏེ། ཉེ་བ་དང་ཀུན་ཏུ་ཉེ་བར་མོས་ནས་ཚིགས་སུ་བཅད་པ་བཀའ་སྩལ་པ། བརྩམ་བྱོས་མངོན་པར་འབྱུང་བར་གྱིས། །སངས་རྒྱས་བསྟན་ལ་བརྩོན་པར་བྱོས?།། ་འཛམ་བུའི་ཁྱིམ་ལ་གླང་ཆེན་བཞིན། །འཆི་བདག་སྡེ་ནི་བཞོམ་པར་གྱིས། །གང་ཞིག་རབ་ཏུ་བག་ཡོད་པར། །ཆོས་འདུལ་འདི་ལ་སྤྱོད་བྱེད་པ། །སྐྱེ་བའི་འཁོར་བ་རབ་སྤངས་ནས་སྡུག་བསྔལ་ཐ་མར་འབྱིན་པར་འགྱུར། །གལ་ཏེ་འཇིག་རྟེན་གྱི་ཁམས་རེ་རེར་སེམས་ཅན་རེ ་རེས་སྒྲ་དེ་ཐོས་པར་གྱུར་ན་ཡང། དེ་བཞིན་གཤེགས་པས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སུ་གསུང་གིས་གོ་བར་མཛད་ཅེས་བརྗོད་དོ། །ཅིའི་ཕྱིར་བཅོམ་ལྡན་འདས་མངོན་པར་རྫོགས་པར་སངས་རྒྱས་ནས་རིང་པོ་མ་ལོན་པར་སེམས་ཅན་རྣམས ་ལ་ཐུགས་རྗེ་ཆེན་པོ་འཇུག་ཅེ་ན། སྨྲས་པ། ཉོན་མོངས་པས་སྣང་ཅིང་ཉོན་མོངས་པས་གཟིར་ཏེ་ཉོན་མོངས་པ་རྣམ་པ་སྣ་ཚོགས་ཀྱི་གནོད་པར་བྱས་ལ། སྐྱོབ་པ་མེད་པ་དང། སྐྱབས་མེད་པ་དང། དཔུང་གཉེན་མེད་པར་གཟིགས་པའི་ཕྱིར་ཏེ། རྒྱུ་དེས་ན་བཅོམ ་ལྡན་འདས་མངོན་པར་རྫོགས་པར་སངས་རྒྱས་ནས་སེམས་ཅན་རྣམས་ལ་ཐུགས་རྗེ་ཆེན་པོ་འཇུག་གོ་།ཅིའི་ཕྱིར་བྱང་ཆུབ་སེམས་དཔའ་བྱམས་པའི་སྙོམས་པར་ཞུགས་པའི་ལུས་ལ་མེ་དང། མཚོན་དང། དུག་དང། ཆུས་མི་ཚུགས་ཤིང་བར་མ་དོར་འཆི་བ ་མེད་ཅེ་ན། སྨྲས་པ། གནོད་པ་ལ་མི་དགའ་བའི་ཏིང་ངེ་འཛིན་ཡིན་པའི་ཕྱིར་ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་པ་ནི་གནོད་པའི་རེག་པས་གནོད་པར་མི་འགྱུར་བ་དང། མི་འདྲ་བའི་སེམས་ཀྱིས་འཆི་བའི་དུས་བྱེད་པ་མེད་དེ། རྒྱུ་དེས་ན་བྱམས་པའི་སྙོམས་པར ་ཞུགས་པའི་ལུས་ལ་མེ་དང། མཚོན་དང། དུག་དང། ཆུས་མི་ཚུགས་ཤིང་བར་མ་དོར་འཆི་བ་མེད་དོ། ཅིའི་ཕྱིར་འདུ་ཤེས་མེད་པའི་སྙོམས་པར་ཞུགས་པ་དང། འགོག་པའི་སྙོམས་པར་ཞུགས་པའི་ལུས་ལ་མ་དང། མཚོན་དང། དུག་དང། ཆུས་མི་ཚུགས་ཤིང ་བར་མ་དོར་འཆི་བ་མེད་ཅེ་ན། སྨྲས་པ། གནོད་པ་ལ་མི་དགའ་བའི་ཏིང་ངེ་འཛིན་ཡིན་པའི་ཕྱིར་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་ནི་གནོད་པའི་རེག་པས་གནོད་པར་མི་འགྱུར་བ་དང། སེམས་མེད་པ་དེ་ལ་ནི་འཆི་བའི་དུས་བྱེད་པ་མེད་དེ། རྒྱུ་དེས་ན་ཞེས་བྱ་བ་ནས ་རྒྱས་པར་སྦྱར་རོ། །ཅིའི་ཕྱིར་འཁོར་ལོས་སྒྱུར་བ་མངལ་ན་གནས་པས་འཁོར་ལོས་སྒྱུར་བའི་མའི་ལུས་ལ་མེ་དང། མཚོན་དང། དུག་དང། ཆུས་མི་ཚུགས་ཤིང་བར་མ་དོར་འཆི་བ་མེད་ཅེ་ན། སྨྲས་པ། འཁོར་ལོས་སྒྱུར་བའི་མཐུ་ལས ་གྱུར་ཏེ། མཐུ་དེ་ནི་འཁོར་ལོས་སྒྱུར་བ་ཁོ་ནའི་ཡིན་ཏེ། དེས་ན་འཁོར་ལོས་སྒྱུར་བ་མངལ་ན་གནས་པས་འཁོར་ལོས་སྒྱུར་བའི་མའི་ལུས་ལ་ཞེས་བྱ་བ་ནས་རྒྱས་པར་སྦྱར་རོ། །ཅིའི་ཕྱིར་འཁོར་ལོས་སྒྱུར་བའི་ལུས་ལ་མེ་དང། མཚོན་དང། དུག་དང། ཆུས་མི ་ཚུགས་ཤིང་བར་མ་དོར་འཆི་བར་མེད་ཅེ་ན། སྨྲས་པ། མི་ཐམས་ཅད་ལས་ཁྱད་པར་དུ་འཕགས་ཏེ། འཁོར་ལོས་སྒྱུར་བའི་ནི་མི་ཇི་སྙེད་པ་དེ་དག་ལས་ཁྱད་པར་འཕགས་ཏེ། རྒྱུ་དེས་ན་ཞེས་བྱ་བ་ནས་རྒྱས་པར་སྦྱར་རོ། །ཅིའི་ཕྱིར་བྱང་ཆུབ་སེམས་དཔའ་ལྷུམས ་ན་གནས་པས་བྱང་ཆུབ་སེམས་དཔའ་ཨི་ཡུམ་གྱི་ལུས་ལ་མེ་དང། མཚོན་དང། དུག་དང། ཆུས་མི་ཚུགས་ཤིང་བར་མ་དོར་འཆི་བ་མེད་ཅེ་ན། སྨྲས་པ། བྱང་ཆུབ་སེམས་དཔའ་ཨི་མཐུ་ལས་གྱུར་ཏེ། མཐུ་དེ་ནི་བྱང་ཆུབ་སེམས་དཔའ་ཁོ་ནའི་ཡིན་ཏེ། དེས་ན་བྱང ་ཆུབ་སེམས་དཔའ་ལྷུམས་ན་གནས་པས་བྱང་ཆུབ་སེམས་དཔའ་ཨི་ཡུམ་གྱི་ལུས་ལ་ཞེས་བྱ་བ་ནས་རྒྱས་པར་སྦྱར་རོ། །ཅིའི་ཕྱིར་བྱང་ཆུབ་སེམས་དཔའ་ཨི་སྐུ་ལ་མེ་དང། མཚོན་དང། དུག་དང། ཆུས་མི་ཚུགས་ཤིང་བར་མ་དོར་འཆི་བ་མེད་ཅེ་ན། སྨྲས་པ། ་སེམས་ཅན་ཐམས་ཅད་ལས་ཁྱད་དུ་འཕགས་ཏེ། བྱང་ཆུབ་སེམས་དཔར་གྱུར་པ་ནི་སེམས་ཅན་ཇི་སྙེད་པ་དེ་དག་ལས་ཁྱད་པར་འཕགས་ཏེ། རྒྱུ་དེས་ན་ཞེས་བྱ་བ་ནས་རྒྱས་པར་སྦྱར་རོ། །ཅིའི་ཕྱིར་རྒྱལ་པོ་གཤིན་རྗེའི་ལུས་ལ་མེ་དང། མཚོན་དང། དུག ་དང། ཆུས་མི་ཚུགས་ཤིང་བར་མ་དོར་འཆི་བ་མེད་ཅེ་ན། སྨྲས་པ། གཤིན་རྗེའི་སེམས་ཅན་རྣམས་ལས་ཁྱད་པར་དུ་འཕགས་པའི་ཕྱིར་ཏེ། རྒྱུ་དེས་ན་རྒྱལ་པོ་གཤིན་རྗེ་ཞེས་བྱ་བ་ནས་རྒྱས་པར་སྦྱར་རོ། །ཅིའི་ཕྱིར་གླང་པོ་ཆེའི་རྒྱལ་པོ་ས་སྲུང་གི་བུ་དང། ་གླང་པོ་ཚེ་རབ་བརྟན་གྱི་ལུས་ལ་མེ་དང། མཚོན་དང། དུག་དང། ཆུས་མི་ཚུགས་ཤིང་བར་མ་དོར་འཆི་བ་མེད་ཅེ་ན། སྨྲས་པ། དུད་འགྲོའི་སྐྱེ་གནས་པའི་སེམས་ཅན་རྣམས་ལས་ཁྱད་པར་དུ་འཕགས་པའི་ཕྱིར་ཏེ། རྒྱུ་དེས་ན་ཞེས་བྱ་བ་ནས་རྒྱས་པར་སྦྱར་རོ། །ཅིའི་ཕྱིར ་སེམས་ཅན་དམྱལ་བ་པའི་སེམས་ཅན་གནོད་པ་དྲག་པོ་མི་བཟང་པ་དག་གིས་བཏགས་པ་རྣམས་ལ་བར་མ་དོར་འཆི་བ་མེད་ཅེ་ན། ལས་ཀྱི་རྣམ་པར་སྨིན་པས་ཉེ་བར་བརྟེན་པའི་ཕྱིར་ཏེ། ཇི་སྲིད་དུ་དེ་དག་གི་སྡུག་བསྔལ་མྱོང་བར་འགྱུར་པའི་ལས་ཀྱི་རྣམ་པར་སྨིན ་པ་ཡོངས་སུ་མ་ཟད་ཀྱི་བར་དུ་བར་མ་དོར་འཆི་བ་མེད་དོ། །རྒྱུ་དེས་ན་སེམས་ཅན་དམྱལ་བ་པའི་སེམས་ཅན་གནོད་པ་དྲག་པོ་མི་ཟད་པས་བརྟགས་པ་རྣམས་ལ་བར་མ་དོར་འཆི་བ་མེད་དོ། །ཆོས་མངོན་པའི་བསྟན་བཅོས་ཆེན་པོ་རྒྱུ་གདགས་པ་ལས་ཚིགས་དྲུག ་པའོ།། །།རྒྱུ་གདགས་པ། བམ་པོ་ལྔ་པ། གླེང་གཞི་ནི་མཉན་ཡོད་ན་སྟེ། དགེ་སློང་དག་གསུམ་པོ་དག་ནི་ནང་གི་དྲི་མ་དང། ནང་གི་དགྲ་ཟླ་དང། ནང་གི་ཕྱིར་རྒོལ་བ་དང། ནང་གི་དགྲ་བོ་ཡིན་ཏེ། གསུམ་པོ་གང་ཞེ་ན། འདི་ལྟ་སྟེ། འདོད་ཆགས་དང། ་ཞེ་སྡང་དང། གཏི་མུག་རྣམས་སོ། །དགེ་སློང་དག་ཅིའི་ཕྱིར་འདོད་ཆགས་ནང་གི་དྲི་མ་དང། ནང་གི་དགྲ་ཟླ་དང། ནང་གི་ཕྱིར་རྒོལ་བ་དང། ནང་གི་དགྲ་བོ་ཡིན་ཞེ་ན། དགེ་སློང་དག་དགྲས་ནི་དགྲ་ལ་ཡང་ན་ནི་ལོངས་སྤྱོད་ལས་ཉམས་པར་བྱེད། །ཡང་ན་ན་གཏན་དུ་གསོད ་པར་བྱེད་པ་ཁོ་ནར་ཟད་ན། དེ་ནི་དེའི་རྒྱུ་དང། དེའི་རྐྱེན་གྱི་ལུས་ཞིག་ནས་ཤི་བའི་འོག་ཏུ་ངན་སོང་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་རྣམས་སུ་སྐྱེ་བར་མི་འགྱུར་གྱི། དགེ་སློང་དག་གང་ཆགས་ཤིང་འདོད་ཆགས་ཀྱིས་ཟིལ་གྱིས་ནོན་ཏེ་ལུས་ཀྱིས་ཉེས ་པར་སྤྱོད་པ་སྤྱད་ཅིང། ངག་དང། ཡིད་ཀྱིས་ཉེས་པར་སྤྱོད་པ་སྤྱད་པ་དེ་ནི་ལུས་ཀྱིས་ཉེས་པར་སྤྱོད་པ་སྤྱད་ཅིང། ངག་དང། ཡིད་ཀྱིས་ཉེས་པར་སྤྱོད་པ་སྤྱད་ནས་རྒྱུ་དེ་དང། རྐྱེན་དེས་ན་ལུས་ཞིག་ནས་ཤི་པའི་འོག་ཏུ་ངན་སོང་ངན་འགྲོ་ལོག་པར་ལྟུང་བ་སེམས ་ཅན་དམྱལ་བ་རྣམས་སུ་སྐྱེ་བར་འགྱུར་རོ། །དགེ་སློང་དག་དེ་ལྟ་བས་ན་འདོད་ཆགས་དང། ཞེ་སྡང་དང། གཏི་མུག་ནི་ནང་གི་དྲི་མ་དང། ནང་གི་དགྲ་ཟླ་དང། ནང་གི་ཕྱིར་རྒོལ་བ་དང། ནང་གི་དགྲ་བོ་ཡིན་ནོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་ ་སྩལ་ཏེ། བདེ་བར་གཤེགས་པས་དེ་སྐད་གསུངས་ནས། སྟོན་པས་གཞན་ཡང་འདི་སྐད་ཅེས་བཀའ་སྩལ་པ། ཆགས་པ་ཡིས་ནི་དོན་མི་ཤེས། །ཆགས་པ་ཡིས་ནི་ཆོས་མི་མཐོང། །མི་གང་འདོད་ཆགས་དང་དུ་ལེན། །དེ་ནི་མུན་པ་མུན་ནག་འགྲོ་།འདོད་ཆགས་གནོད ་པ་སྐྱེད་པ་སྟེ། །འདོད་ཆགས་སེམས་ནི་ཆགས་པར་བྱེད། །ནང་ནས་འཇིག་པ་སྐྱེད་གྱུར་པ། །དེ་ནི་སྐྱེ་བོས་མི་རྟོགས་སོ། །གང་གི་འདིར་ནི་འདོད་སྤངས་ནས། །ཆགས་པར་གྱུར་ལ་ཆགས་མི་བྱེད། །པདྨ་ལས་ནི་ཆུ་ཐིགས་བཞིན། །དེའི་འདོད་ཆགས་ལྡོག་པར་འགྱུར།། ་ཞེ་སྡང་བས་ནི་དོན་མི་ཤེས། །ཞེ་སྡང་བས་ནི་ཆོས་མི་མཐོང། །མི་གང་ཞེ་སྡང་དང་དུ་ལེན། དེ་ནི་མུན་པ་མུན་ནག་འགྲོ་།ཞེ་སྡང་གནོད་པ་སྐྱེད་པ་སྟེ། །ཞེ་སྡང་སེམས་ནི་སྡང་བར་བྱེད། །ནང་ནས་འཇིགས་པ་སྐྱེས་གྱུར་པ། །དེ་ནི་སྐྱེ་བོས་མི་རྟོགས་སོ། །གང་གི་འདིར་ནི་ཞེ་སྡང ་སྤངས། །སྡང་བར་འགྱུར་ལ་སྡང་མི་བྱེད། །འབྲས་བུ་སྨིན་པ་ཐགས་ཆད་བཞིན། །དེའི་ཞེ་སྡང་ལྟུང་བར་འགྱུར། །རྨོངས་པ་ཡིས་ནི་དོན་མི་ཤེས། །རྨོངས་པ་ཡིས་ནི་ཆོས་མི་མཐོང། །མི་གང་རྨོངས་པ་དང་དུ་ལེན། །དེ་ནི་མུན་པ་མུན་ནག་འགྲོ་།རྨོངས་པ ་གནོད་པ་སྐྱེད་པ་སྟེ། །རྨོངས་པས་སེམས་ནི་རབ་རྨོངས་བྱེད། །ནང་ནས་འཇིགས་པ་སྐྱེས་གྱུར་པ། །དེ་ནི་སྐྱེ་བོས་མ་རྟོགས་སོ། །གང་གིས་འདིར་ནི་རྨོངས་སྤངས་ནས། །རྨོངས་པར་འགྱུར་ལ་རྨོངས་མི་བྱེད། །ཉི་མ་ཤར་པའི་མུན་པ་བཞིན། །དེའི་གཏི་མུག་མེད ་པར་འགྱུར། །གང་གིས་ཆོས་རྣམས་གསུམ་པོ་འདི། །ཏཱ་ལའི་མགོ་ལྟར་བཅད་བྱས་ཏེ། །གཏུགས་ནས་རིང་པོ་མི་ཐོགས་པར། །དེ་ནི་སྐྱེ་གནས་འགྲོ་མི་འགྱུར། །དེ་ཕྱིར་འདོད་ཆགས་ཞེ་སྡང་དང། །མ་རིག་པ་ནི་སྤོང་བྱེད་ཅིང། །རིག་པ་སྐྱེད་པའི་དགེ་སློང་ནི། །སྡུག ་བསྔལ་ཟད་པ་ཐོབ་པར་འགྱུར། །ཅིའི་ཕྱིར་འདོད་ཆགས་ཀྱི་ཤས་ཆེ་བར་འགྱུར་ཞེ་ན། སྨྲས་པ། དེས་ཆགས་པ་མི་དགེ་བའི་རྩ་བ་ཀུན་ཏུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པ་དང། མ་ཆགས་པ་དགེ་བའི་རྩ་བ་ཀུན་མ་བསྟེན་ཅིང་མ་བསྒོམས་ཏེ་མང་དུ་མ་བྱས་པའི་ཕྱིར ་རོ། །གཞན་ཡང་དེས་འདོད་པའི་འདུ་ཤེས་དང། འདོད་པའི་ཁམས་དང། འདོད་པའི་རྟོག་པ་ཀུན་ཏུ་བརྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པ་དང། མངོན་པར་འབྱུང་བའི་འདུ་ཤེས་མངོན་པར་འབྱུང་བའི་ཁམས་དང། མངོན་པར་འབྱུང་བའི་རྟོག་པ་ཀུན་ཏུ་མ་བསྟེན་ཅིང་མ ་བསྒོམས་ཏེ་མང་དུ་མ་བྱས་པའི་ཕྱིར་རོ། །གཞན་ཡང་དེས་བརྒྱན་པ་དང། ཀླུབ་པ་ལ་བརྩོན་པ་ཀུན་ཏུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པ་དང། བརྒྱན་པ་དང། ཀླུབ་པ་དང་བྲལ་བ་ཀུན་ཏུ་མ་བསྟེན་མ་སྒོམས་ཏེ་མང་དུ་མ་བྱས་པའི་ཕྱིར་རོ། །གཞན་ཡང་དེས་སྡུག ་པའི་མཚན་མ་ཀུན་ཏུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པ་དང། མི་སྡུག་པའི་སེམས་ཀྱི་ཏིང་ངེ་འཛིན་ཀུན་དུ་མ་བསྟེན་ཅིང་མ་བསྒོམས་ཏེ་མང་དུ་བྱས་པའི་ཕྱིར་རོ། །གཞན་ཡང་དེས་དབང་པོའི་སྒོ་རྣམས་བསྡམས་པ་ཀུན་ཏུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པ་དང། ་དབང་པོའི་སྒོ་རྣམས་བསྡམས་པ་ཀུན་ཏུ་མ་བསྟེན་ཅིང་མ་བསྒོམས་ཏེ་མང་དུ་བྱས་པ་དང། དེ་བཞིན་དུ་ཟས་ཀྱི་ཚོང་མ་རིག་པ་དང། ནམ་གྱི་ཆ་སྟོད་དང་ནམ་གྱི་ཆ་སྨད་མི་ཉལ་བ་ལ་མི་བརྩོན་པ་དང། ཞི་གནས་སྒོམ་པ་ལ་མི་བརྩོན་པ་དང། ལྷག་མཐོང་སྒོམ་པ་ལ་མི ་བརྩོན་པ་དང། དེས་རིགས་པ་དང་ལྡན་པ་མ་ཡིན་པ་ཡིད་ལ་བྱེད་པ་ཀུན་ཏུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པ་དང། རིགས་པ་དང་ལྡན་པ་ཡིད་ལ་བྱེད་པ་ཀུན་ཏུ་མ་བསྟེན་ཅིང་མ་བསྒོམས་ཏེ་མང་དུ་མ་བྱས་པའི་ཕྱིར་རོ། །གཞན་ཡང་སེམས་ཅན་གང་དག་འདོད ་ཆགས་ཀྱི་ཤས་ཆེ་བ་དེ་དག་གི་ནང་ནས་ཉི་ཞིང་དུ་བས་ཉེ་བར་ཤི་འཕོས་པ་རྣམས་ཡིན་ཏེ་དག་ཀྱང་གང་ཞེ་ན། འདི་ལྟ་སྟེ། ཟློས་གར་མཁན་དང། གར་མཁན་དང། བཤད་གང་པ་དང། བྱི་དུར་མཁན་དང། ཚར་མཁན་དང། སྨད་འཚོང་མ་དང། སྨད་འཚོང་མའི་གཙོ་མོ་དང། འདོད ་པ་ན་སྤྱོད་པའི་ལྷ་རྣམས་སྟེ། རྒྱུ་དེས་ན་འདོད་ཆགས་ཀྱི་ཤས་ཆེ་བར་འགྱུར་རོ། །ཅིའི་ཕྱིར་ཞེ་སྡང་གི་ཤས་ཆེ་བར་འགྱུར་ཞེ་ན། སྨྲས་པ། དེས་ཞེ་སྡང་མི་དགེ་བའི་རྩ་བ་ཀུན་ཏུ་བསྟེན་ཅིང་བསྒོམས་མང་དུ་བྱས་པ་དང། ཞེ་མི་སྡང་བ་དགེ་བའི་རྩ་བ་ཀུན ་ཏུ་མ་བསྟེན་ཅིང་མ་བསྒོམས་ཏེ་མང་དུ་མ་བྱས་པའི་ཕྱིར་རོ། །གཞན་ཡང་དེས་གནོད་སེམས་ཀྱི་འདུ་ཤེས་དང། གནོད་སེམས་ཀྱི་ཁམས་དང། གནོད་སེམས་ཀྱི་རྟོག་པ་ཀུན་ཏུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པ་དང། གནོད་སེམས་མེད་པའི་འདུ་ཤེས་དང། ་གནོད་སེམས་མེད་པའི་ཁམས་དང། གནོད་སེམས་མེད་པའི་རྟོགས་པ་ཀུན་ཏུ་མ་བསྟེན་ཅིང་མ་བསྒོམས་ཏེ་མང་དུ་མ་བྱས་པའི་ཕྱིར་རོ། །གཞན་ཡང་དེས་གནས་མ་ཡིན་པར་འཁྲུགས་པ་ཀུན་ཏུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པ་དང། བྱམས་པའི་སེམས ་ཀྱི་ཏིང་ངེ་འཛིན་ཀུན་ཏུ་མ་བསྟེན་ཅིང་མ་བསྒོམས་ཏེ་མང་དུ་མ་བྱས་པའི་ཕྱིར་རོ། །གཞན་ཡང་དེས་ཀུན་ནས་མནར་སེམས་ཀྱི་གཞི་རྣམས་དགུ། ཀུན་ཏུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པ་དང། ཀུན་ནས་མནར་སེམས་འདུལ་བ་རྣམ་དག་ཀུན་ཏུ་མ་བསྟེན་ཅིང་མ ་བསྒོམས་ཏེ་མང་དུ་མ་བྱས་པའི་ཕྱིར་རོ། །གཞན་ཡང་དེ་དབང་པོའི་སྒོ་རྣམས་མ་བསྡམས་པ་ཀུན་ཏུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པ་དང། དབང་པོའི་སྒོ་རྣམས་བསྡམས་ཀུན་ཏུ་མ་བསྟེན་ཅིང་མ་བསྒོམས་ཏེ། མང་དུ་མ་བྱས་པ་དང། །དེ་བཞིན་དུ་ཟས་ཀྱི ་ཆོས་མི་རིག་པ་དང། ནམ་གྱི་ཆ་སྟོད་དང། ནམ་གྱི་ཆ་སྨད་མི་ཉལ་བ་ལ་མི་བརྩོན་པ་དང། ཞི་གནས་སྒོམ་པ་ལ་མི་བརྩོན་པ་དང། ལྷག་མཐོང་སྒོམ་པ་ལ་མི་བརྩོན་པ་དང། དེས་རིགས་པ་དང་ལྡན་པ་མ་ཡིན་པ་ཡིད་ལ་བྱེད་པ་ཀུན་ཏུ་བསྟེན་ཅིང་བསྒོམས་ཏེ། མང ་དུ་བྱས་པ་དང། རིག་པ་དང་ལྡན་པ་ཡིད་ལ་བྱེད་པ་ཀུན་ཏུ་མ་བསྟེན་ཅིང་མ་བསྒོམས་ཏེ་མང་དུ་མ་བྱས་པའི་ཕྱིར་རོ། །གཞན་ཡང་སེམས་ཅན་གང་དག་ཞེ་སྡང་གི་ཤས་ཆེ་བ་དེ་དག་གི་ནང་ནས། ཉེ་ཞིང་དུ་བས་ཏེ་ཉེ་བར་ཤི་འཕོས་པ་རྣམས་ཡིན་པ་ཏེ། དེ་དག་ཀྱང ་གང་ཞེ་ན། འདི་ལྟ་སྟེ། སྤྲུལ་དང། སྡིག་པ་དང། སྦྲང་རྒོད་མདུད་གསུམ་པ་དང། སྦྲང་རྒོད་མདུང་གསུམ་པ་ཆེན་པོ་དང། སྲིན་མེད་ལ་སོགས་པ་སྟེ། རྒྱུ་དེས་ན་ཞེ་སྡང་གི་ཤས་ཆེས་པར་འགྱུར་རོ། །ཅིའི་ཕྱིར་གཏི་མུག་གི་ཤས་ཆེ་བར་འགྱུར་ཞེ་ན། སྨྲས་པ། དེས་གཏི་མུག་མི་དགེ ་བའི་རྩ་བ་ཀུན་ཏུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པ་དང། གཏི་མུག་མེད་པ་དགེ་བའི་རྩ་བ་ཀུན་ཏུ་མ་བསྟེན་ཅིང་མ་བསྒོམས་ཏེ། མང་དུ་མ་བྱས་པའི་ཕྱིར་རོ། །གཞན་ཡང་དེས་རྣམ་པར་འཚེ་བའི་འདུ་ཤེས་དང། རྣམ་པར་འཚེ་བའི་ཁམས་དང། རྣམ་པར་འཚེ་བའི ་རྟོག་པ་ཀུན་ཏུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པ་དང། རྣམ་པར་འཚེ་བ་མེད་པའི་འདུ་ཤེས་དང། རྣམ་པར་འཚེ་བ་མེད་པའི་ཁམས་དང། རྣམ་པར་འཚེ་བ་མེད་པའི་རྟོག་པ་ཀུན་ཏུ་མ་བསྟེན་ཅིང་མ་བསྒོམས་ཏེ། མང་དུ་མ་བྱས་པའི་ཕྱིར་རོ། །གཞན་ཡང་དེས་ལྟ་བར ་གྱུར་པ་རྣམས་ཀུན་ཏུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པ་དང། དགེ་མཚན་དང། བཀྲ་ཤིས་ཀུན་ཏུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པ་དང། རྐྱེན་འདི་བ་ཉིད་ཀྱི་རྟེན་ཅིང་འབྲེལ་པར་འབྱུང་བའི་རྒྱུད་ལ་མ་ཞུགས་པ་དང། ཉེ་བར་ལེན་པའི་ཕུང་པོ་ལྔ་ལ་འདི་ལྟ་སྟེ། འདི ་ནི་གཟུགས་སོ། །འདི་ནི་གཟུགས་ཀྱི་ཀུན་འབྱུང་བའོ། །འདི་ནི་གཟུགས་ཀྱི་ནུབ་པའོ། །འདི་ནི་ཚོར་བ་དང། འདུ་ཤེས་དང། འདུ་བྱེད་དང། རྣམ་པར་ཤེས་པའོ། །འདི་ནི་རྣམ་པར་ཤེས་པའི་ཀུན་འབྱུང་བའོ། །འདི་ནི་རྣམ་པར་ཤེས་པ་ནུབ་པའོ། །ཞེས་སྐྱེ་བ་དང། འཇིགས ་པ་མཐོང་བས་རྒྱུན་དུ་མི་གནས་པའོ། །གཞན་ཡང་དེས་དབང་པོའི་སྒོ་རྣམས་མ་བསྡམས་པ་ཀུན་ཏུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པ་དང། དབང་པོའི་སྒོ་རྣམས་བསྡམས་པ་ཀུན་ཏུ་མ་བསྟེན་ཅིང་མ་བསྒོམས་ཏེ་མང་དུ་མ་བྱས་པ་དང། དེ་བཞིན་དུ་ཟས་ཀྱི་ཚོད་མ་རིག་པ ་དང། ནམ་གྱི་ཆ་སྟོད་དང། ནམ་གྱི་ཆ་སྨད་མི་ཉལ་བ་ལ་མི་བརྩོན་པ་དང། ཞི་གནས་བསྒོམ་པ་ལ་མི་བརྩོན་པ་དང། ལྷག་མཐོང་བསྒོམ་པ་ལ་མི་བརྩོན་པ་དང། དེས་རིག་པ་དང་ལྡན་པ་མ་ཡིན་པ་ཡིད་ལ་བྱེད་པ་ཀུན་ཏུ་བསྟེན་ཅིང་བསྒོམ་སྟེ་མང་དུ་བྱས་པ་དང། རིགས་པ ་དང་ལྡན་པ་ཡིད་ལ་བྱེད་པ་ཀུན་ཏུ་མ་བསྟེན་ཅིང་མ་བསྒོམས་ཏེ་མང་དུ་མ་བྱས་པའི་ཕྱིར་རོ། །གཞན་ཡང་སེམས་ཅན་གང་དག་གཏི་མུག་གི་ཤས་ཆེ་བ་དེ་དག་གི་ནང་ནས། ཉེ་ཞིང་དུ་བས་ཉེ་བར་ཤི་འཕོས་པ་རྣམས་ཡིན་ཏེ། དེ་དག་ཀྱང་གང་ཞེ་ན། འདི་ལྟ་སྟེ། ་གླང་པོ་ཆེ་དང། རྟ་དང། རྔ་མོ་དང། བོང་བུ་དང། ར་དང། མ་ཧེ་དང། རི་དགས་དང། ཕག་ལ་སོགས་པ་སྟེ། རྒྱུ་དེས་ན་གཏི་མུག་ཤས་ཆེ་བར་འགྱུར་རོ། །ཅིའི་ཕྱིར་འདོད་ཆགས་ཤས་ཆེ་བར་མི་འགྱུར་ཞེ་ན། སྨྲས་པ། དེས་མ་ཆགས་པ་དགེ་བའི་རྩ་བ་ཀུན་ཏུ་བསྟེན་ཅིང ་བསྒོམས་ཏེ། མང་དུ་བྱས་པའི་ཕྱིར་རོ། །གཞན་ཡང་དེས་མངོན་པར་འབྱུང་བའི་འདུ་ཤེས་དང། མངོན་པར་འབྱུང་བའི་ཁམས་དང། མངོན་པར་འབྱུང་བའི་རྟོག་པ་ཀུན་ཏུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པ་དང། འདོད་པའི་འདུ་ཤེས་དང། འདོད་པའི་ཁམས་དང། ་འདོད་པའི་རྟོག་པ་ཀུན་ཏུ་མ་བསྟེན་ཅིང་མ་བསྒོམས་ཏེ། མང་དུ་བྱས་པ་དང། ཆགས་པ་མི་དགེ་བའི་རྩ་བ་ཀུན་ཏུ་མ་བསྟེན་ཅིང་མ་བསྒོམས་ཏེ། མང་དུ་མ་བྱས་པའི་ཕྱིར་རོ། །གཞན་ཡང་དེས་བརྒྱན་པ་དང། ཀླུབ་པ་ལ་བརྩོན་པ་ཀུན་ཏུ་མ་བསྟེན་ཅིང་མ་བསྒོམས་ཏེ། ་མང་དུ་མ་བྱས་པ་དང། བརྒྱན་པ་དང། ཀླུབ་པ་དང་བྲལ་བ་ཀུན་ཏུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པའི་ཕྱིར་རོ། །གཞན་ཡང་དེས་མི་སྡུག་པའི་སེམས་ཀྱི་ཏིང་ངེ་འཛིན་ཀུན་ཏུ་བསྒོམས་ཏེ་མང་དུ་བྱས་པ་དང། སྡུག་པའི་མཚན་མ་ཀུན་ཏུ་བསྟེན་ཅིང་མ་བསྒོམས ་ཏེ། མང་དུ་མ་བྱས་པའི་ཕྱིར་རོ། །གཞན་ཡང་དེས་དབང་པོའི་སྒོ་རྣམས་བསྡམས་པ་ཀུན་ཏུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པ་དང། དབང་པོའི་སྒོ་རྣམས་མ་བསྡམས་པ་ཀུན་ཏུ་མ་བསྟེན་ཅིང་མ་བསྒོམས་ཏེ་མང་དུ་མ་བྱས་པ་དང། དེ་བཞིན་དུ་ཟས་ཀྱི་ཚོད ་རིག་པ་དང། ནམ་ཡི་ཆ་སྟོད་དང། ནམ་གྱི་ཆ་སྨད་མི་ཉལ་བ་ལ་བརྩོན་པ་དང། ཞི་གནས་བསྒོམ་པ་ལ་བརྩོན་པ་དང། ལྷག་མཐོང་བསྒོམ་པ་ལ་བརྩོན་པ་དང། དེས་རིགས་པ་དང་ལྡན་པ་ཡིད་ལ་བྱེད་པ་ཀུན་ཏུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པ་དང་རིག་པ་དང ་ལྡན་པ་མ་ཡིན་པ་ཡིད་ལ་བྱེད་པ་ཀུན་ཏུ་མ་བསྟེན་ཅིང་མ་བསྒོམས་ཏེ། མང་དུ་མ་བྱས་པའི་ཕྱིར་རོ། །གཞན་ཡང་སེམས་ཅན་གང་དག་འདོད་ཆགས་ཀྱི་ཤས་ཆེ་བ་མ་ཡིན་པ་དེ་དག་གི་ནང་ནས། ཉེ་ཞིང་དུ་བས་ཉེ་བར་ཤི་འཕོས་པ་རྣམས་ཡིན་ཏེ། དེ་དག་ཀྱང་གང་ཞེ་ན། འདི་ལྟ ་སྟེ། དྲང་སྲོང་རྣམས་དང། རབ་ཏུ་བྱུང་བ་རྣམས་དང། ཁྱིམ་བདག་རྣམས་དང། གཟུགས་དང། གཟུགས་མེད་པ་ན་སྤྱོད་པའི་ལྷ་རྣམས་ཏེ། རྒྱུ་དེས་ན་འདོད་ཆགས་ཀྱི་ཤས་ཆེ་བར་མི་འགྱུར་རོ། །ཅིའི་ཕྱིར་ཞེ་སྡང་གི་ཤས་ཆེ་བར་མི་འགྱུར་ཞེ་ན། སྨྲས་པ། དེས་ཞེ་མི་སྡང་བའི ་དག་པའི་རྩ་བ་ཀུན་ཏུ་བསྟེན་ཅིང་བསྒོམས་ཏེ། མང་དུ་བྱས་པ་དང། ཞེ་སྡང་མི་དགེ་བའི་རྩ་བ་ཀུན་ཏུ་མ་བསྟེན་ཅིང་མ་བསྒོམས་ཏེ་མང་དུ་མ་བྱས་པའི་ཕྱིར་རོ། །གཞན་ཡང་དེས་གནོད་སེམས་མེད་པའི་འདུ་ཤེས་དང། གནོད་སེམས་མེད་པའི་ཁམས་དང། །གནོད་སེམས ་མེད་པའི་རྟོགས་པ་ཀུན་ཏུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པ་དང། གནོད་སེམས་ཀྱི་འདུ་ཤེས་དང། གནོད་སེམས་ཀྱི་ཁམས་དང། གནོད་སེམས་ཀྱི་རྣམ་པར་རྟོགས་པ་ཀུན་ཏུ་མ་བསྟེན་ཅིང་མ་བསྒོམས་ཏེ། མང་དུ་མ་བྱས་པའི་ཕྱིར་རོ། །གཞན་ཡང་དེས་བྱམས་པའི ་སེམས་ཀྱི་ཏིང་ངེ་འཛིན་ཀུན་ཏུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པ་དང། གནས་མ་ཡིན་པར་འཁྲུགས་པ་ཀུན་ཏུ་མ་བསྟེན་ཅིང་མ་བསྒོམས་ཏེ། མང་དུ་མ་བྱས་པའི་ཕྱིར་རོ། །གཞན་ཡང་དེས་ཀུན་ནས་མནར་སེམས་འདུལ་བ་རྣམ་པ་དགུ་ཀུན་ཏུ་བསྟེན་ཅིང་བསྒོམས་ཏེ ་མང་དུ་བྱས་པ་དང། ཀུན་ནས་མནར་སེམས་ཀྱི་གཞི་རྣམ་པ་དགུ་ཀུན་ཏུ་མ་བསྟེན་ཅིང་མ་བསྒོམས་ཏེ། མང་དུ་མ་བྱས་པའི་ཕྱིར་རོ། །གཞན་ཡང་དེས་དབང་པོའི་སྒོ་རྣམས་བསྡམས་པ་ཀུན་ཏུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པ་དང། དབང་པོའི་སྒོ་རྣམས་མ་བསྡམས ་པ་ཀུན་ཏུ་མ་བསྟེན་ཅིང་མ་བསྒོམས་ཏེ་མང་དུ་མ་བྱས་པ་དང། དེ་བཞིན་དུ་ཟས་ཀྱི་ཚོད་རིག་པ་དང། ནམ་གྱི་ཆ་སྟོད་དང། ནམ་གྱི་ཆ་སྨད་མི་ཉལ་བ་ལ་བརྩོན་པ་དང། ཞི་གནས་བསྒོམས་པ་ལ་བརྩོན་པ་དང། ལྷག་མཐོང་བསྒོམས་པ་ལ་བརྩོན་པ་དང། དེས་རིགས་པ ་དང་ལྡན་པ་ཡིད་ལ་བྱེད་པ་ཀུན་ཏུ་བསྟེན་ཅིང་བསྒོམས་ཏེ། མང་དུ་བྱས་པ་དང། རིག་པ་དང་ལྡན་པ་མ་ཡིན་པ་ཡིད་ལ་བྱེད་པ་ཀུན་ཏུ་མ་བསྟེན་ཅིང་མ་བསྒོམས་ཏེ། མང་དུ་མ་བྱས་པའི་ཕྱིར་རོ། །གཞན་ཡང་སེམས་ཅན་གང་དག་ཞེ་སྡང་གི་ཤས ་ཆེ་བ་མ་ཡིན་པ་དེ་དག་གི་ནང་ནས། ཉེ་ཞིང་དུ་བས་ཉེ་བར་ཤི་འཕོས་པ་རྣམས་མ་ཡིན་ཏེ། དེ་དག་ཀྱང་གང་ཞེ་ན། འདི་ལྟ་སྟེ། དྲང་སྲོང་རྣམས་དང། རབ་ཏུ་བྱུང་བ་རྣམས་དང། ཁྱིམ་བདག་རྣམས་དང། གཟུགས་དང། གཟུགས་མེད་པ་ན་སྤྱོད་པའི་ལྷ ་རྣམས་ཏེ། རྒྱུ་དེས་ན་ཞེ་སྡང་གི་ཤས་ཆེ་བར་མི་འགྱུར་རོ། །ཅིའི་ཕྱིར་གཏི་མུག་གི་ཤས་ཆེ་བར་མི་འགྱུར་ཞེ་ན། སྨྲས་པ། དེས་གཏི་མུག་མེད་པ་དགེ་བའི་རྩ་བ་ཀུན་ཏུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པ་དང། གཏི་མུག་མི་དགེ་བའི་རྩ་བ་ཀུན་ཏུ་མ་བསྟེན ་ཅིང་མ་བསྒོམས་ཏེ། མང་དུ་མ་བྱས་པའི་ཕྱིར་རོ། །གཞན་ཡང་དེས་རྣམ་པར་འཚེ་བ་མེད་པའི་འདུ་ཤེས་དང། རྣམ་པར་འཚེ་བ་མེད་པའི་ཁམས་དང། རྣམ་པར་འཚེ་བ་མེད་པའི་རྟོག་པ་ཀུན་ཏུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པ་དང། རྣམ་པར་འཚེ ་བའི་འདུ་ཤེས་དང། རྣམ་པར་འཚེ་བའི་ཁམས་དང། རྣམ་པར་འཚེ་བའི་རྟོག་པ་ཀུན་ཏུ་མ་བསྟེན་ཅིང་བསྒོམས་ཏེ། མང་དུ་མ་བྱས་པའི་ཕྱིར་རོ། །གཞན་ཡང་དེས་ལྟ་བར་གྱུར་པ་རྣམས་ཀུན་ཏུ་མ་བསྟེན་ཅིང་མ་བསྒོམས་ཏེ་མང་དུ་བྱས་པ་དང། དགེ་མཚན་ ་དང། བཀྲ་ཤིས་ཀུན་ཏུ་མ་བསྟེན་ཅིང་མ་བསྒོམས་ཏེ་མང་དུ་མ་བྱས་པ་དང། རྐྱེན་འདི་པ་ཉིད་ཀྱི་རྟེན་ཅིང་འབྲེལ་པར་འབྱུང་བའི་རྒྱུད་ལས་ཞུགས་པ་དང། ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་ལ་འདི་ལྟ་སྟེ། འདི་ནི་གཟུགས་སོ། །འདི་ནི་གཟུགས་ཀྱི་ཀུན་འབྱུང་བའོ།། ་འདི་ནི་གཟུགས་ཀྱི་ནུབ་པའོ། །འདི་ནི་ཚོར་བ་དང། འདུ་ཤེས་དང། འདུ་བྱེད་དང། རྣམ་པར་ཤེས་པའོ། །འདི་ནི་རྣམ་པར་ཤེས་པའི་ཀུན་འབྱུང་བའོ། །འདི་ནི་རྣམ་པར་ཤེས་པའི་ནུབ་པའོ་ཞེས་སྐྱེ་བ་དང། འཇིགས་པ་མཐོང་བས་རྒྱུན་དུ་གནས་པ་དང། ་གཞན་ཡང་དེས་དབང་པོའི་སྒོ་རྣམས་བསྡམས་པ་ཀུན་ཏུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པ་དང། དབང་པོའི་སྒོ་རྣམས་བསྡམས་པ་ཀུན་ཏུ་མ་བསྟེན་ཅིང་མ་བསྒོམས་ཏེ་མང་དུ་མ་བྱས་པ་དང། དེ་བཞིན་དུ་ཟས་ཀྱི་ཚོད་རིག་པ་དང། ནམ་གྱི་ཆ་སྟོད་དང། ནམ་གྱི་ཆ་སྨད་མི་ཉལ་བ་ལ་བརྩོན ་པ་དང། ཞི་གནས་སྒོམས་པ་ལ་བརྩོན་པ་དང། ལྷག་མཐོང་སྒོམ་པ་ལ་བརྩོན་པ་དང། དེས་རིགས་པ་དང་ལྡན་པ་ཡིད་ལ་བྱེད་པ་ཀུན་ཏུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པ་དང། རིགས་པ་དང་ལྡན་པ་མ་ཡིན་པ་ཡིད་ལ་བྱེད་པ་ཀུན་ཏུ་མ་བསྟེན་ཅིང་མ་བསྒོམས་ཏེ་མང་དུ་མ ་བྱས་པའི་ཕྱིར་རོ། །གཞན་ཡང་སེམས་ཅན་གང་དག་གཏི་མུག་གི་ཤས་ཆེ་བ་མ་ཡིན་པ་དེ་དག་གི་ནང་ནས། ཉེ་ཞིང་དུ་བས་ཉེ་ཀབར་ཤི་འཕོས་པ་རྣམས་ཡིན་ཏེ། དེ་དག་ཀྱང་གང་ཞེ་ན། འདི་ལྟ་སྟེ། དྲང་སྲོང་རྣམས་དང། རབ་ཏུ་བྱུང་བ་རྣམས་དང། ཁྱིམ་བདག་རྣམས་དང། གཟུགས ་དང། གཟུགས་མེད་པ་ན་སྤྱོད་པའི་ལྷ་རྣམས་ཏེ། རྒྱུ་དེས་ན་གཏི་མུག་གི་ཤས་ཆེ་བར་མི་འགྱུར་རོ། །ཆོས་མངོན་པའི་བསྟན་བཅོས་ཆེན་པོ་རྒྱུ་གདགས་པ་ལས་ཚིགས་བདུན་པའོ།། །།སྡོམ་ནི། མཛའ་དང་དྲི་ང་རེངས་པ་དང། གྱེན་དུ་འབྱུང་དང་ལྕི་དང་འདུ། །འདུལ་དང ་དབུགས་རྒྱུ་ཉིན་མཚན་དང། །ཉ་དང་སྐམས་རུ་སྦལ་རྣམས། །བཅོམ་ལྡན་འདས་ཀྱིས་དགེ་སློང་དག་།སྲིད་པའི་སྲེད་པའི་སྔོན་གྱི་མཛའ་མི་མངོན་ལ། སྲིད་པའི་སྲེད་པ་འདི་ནས་སྔོན་ཆད་མ་བྱུང་བ་ཞིག་འདི་ནས་ཕྱིན་ཆད་འབྱུང་བ་མ་ཡིན་ཏེ། གང་གིས་རྐྱེན་གྱིས་བྱུང་བའི་སྲོད ་པའི་སྲེད་པ་ནི། མངོན་པ་ཁོ་ནའོ་ཞེས་གསུངས་པ་ལ། ཅི་ཡོད་དེ་མི་སྣང་ངམ། འོན་ཏེ་མེད་དེ་མི་སྣང་ཞེ་ན། སྨྲས་པ། མེད་པའི་ཕྱིར་མི་སྣང་གི་།ཡོད་པའི་ཕྱིར་ནི་མ་ཡིན་ཏེ། གང་གི་ཕྱིར་མ་རིག་པ་དང་ལྡན་པའི་སེམས་ཅན་རྣམས་འདི་སྙམ་དུ་སེམས་ཏེ་བདག་ཅག་འདས་པའི་དུས་བྱུང ་བར་གྱུར་ཏེ། བདག་ཅག་འདས་པའི་དུས་ནམ་བྱུང་བ་མ་ཡིན་ནོ་སྙམ་དུ་སེམས་ན་ནི། དེའི་ཚེ་རྟག་པར་འགྱུར་རོ། །གང་གི་ཕྱིར་དེ་དག་འདི་སྙམ་དུ་སེམས་ཏེ། འདས་པའི་དུས་ན་གདག?་ཅག་མ་བྱུང་ངོ་སྙམ་དུ་སེམས་ན་ནི། དེའི་ཚེ་ཆད་པར་ལྟུང་བར་འགྱུར་རོ། །འདུ་བྱེད་ཐམས་ཅད ་ནི་རྒྱུ་དང་བཅས་པ་ཡིན་ཏེ། འདུ་བྱེད་འདི་རྣམས་ཀྱི་རྒྱུ་ནི། སྔོན་གྱི་འདུ་བྱེད་རྣམས་ཡིན་ལ། འདུ་བྱེད་དེ་རྣམས་ཀྱི་རྒྱུ་ཡང་སྔ་རོལ་གྱི་འདུ་བྱེད་རྣམས་ཡིན་ན། གལ་ཏེ་སྔོན་གྱི་མཛའ་མངོན་པར་གྱུར་ན་དང་པོའི་འདུ་བྱེད་གང་ཡིན་པ་དེ་དག་རྒྱུ་མེད་པ་ལས ་བྱུང་བར་འགྱུར་རོ། །ཅིའི་ཕྱིར་འདོད་ཆགས་དང་མ་བྲལ་བ་ཤི་བར་གྱུར་ཏེ་གལ་ཏེ་ལུས་མེས་བསྲེགས་ན་དེའི་ལུས་ལས་དྲི་ང་བ་འབྱུང་ལ། འདོད་ཆགས་དང་བྲལ་བ་ཤི་བར་གྱུར་ཏེ་གལ་ཏེ་ལུས་མེས་བསྲེགས་ན་དེའི་ལུས་ལས་དྲི་ང་བ་མི་འབྱུང་ཞེ་ན། སྨྲས་པ། འདོད ་ཆགས་དང་མ་བྲལ་བ་འཆི་ན་ནི་མི་གཙང་བ་འབྱུང་ཞིང་ཁུ་ཆུ་འབྱུང་བར་འགྱུར་ཏེ། དེའི་མི་གཙང་བས་ལུས་ཀྱི་དབང་པོ་ཐམས་ཅད་དུ་ཆུབ་པར་འགྱུར་ཏེ། གལ་ཏེ་མེར་བསྲེགས་ན་དེའི་ལུས་ལ་དྲི་ང་བ་འབྱུང་ལ། ལྷ་དབང་ཆེ་བར་གྲགས་པ་རྣམས་ཀྱང་ལུས་ལ་མཆོད་ཅིང ་དེའི་ལུས་ཀྱི་དྲི་ང་བ་བསལ་བའི་ཕྱིར། ཤས་ཆེར་སྤྲོ་བར་མི་བྱེད་དོ། །འདོད་ཆགས་དང་བྲལ་བ་འཆི་ན་ནི། མི་གཙང་བ་མི་འབྱུང་ཞིང་ཁུ་ཆུ་འབྱུང་བར་མི་འགྱུར་ཏེ། དེའི་ལུས་ཀྱི་དབང་པོ་ཐམས་ཅད་དུ་མི་གཙང་བས་ཆུ་བ་འགྱུར་བ་མེད་དེ། གལ་ཏེ་དེའི་ལུས་མེར་བསྲེགས་ན་དེའི ་ལུས་ལས་དྲི་ང་བ་མི་འབྱུང་ལ། ལྷ་དབང་ཆེ་བར་གྲགས་པ་རྣམས་ཀྱང་ལུས་ལ་མཆོད་ཅིང་དེའི་ལུས་ཀྱི་དྲི་ང་བ་བསལ་བའི་ཕྱིར་ཤས་ཆེར་སྤྲོ་བར་བྱེད་དེ། རྒྱུ་དེས་ན་ཞེས་བྱ་བ་ནས་རྒྱས་པར་སྦྱར་རོ། །ཅིའི་ཕྱིར་འདོད་ཆགས་དང་མ་བྲལ་བ་ཤིན་ལུས་རེངས་ཤིང་མི ་ཉེན་པར་འགྱུར་ལ། འདོད་ཆགས་དང་བྲལ་བ་ཤི་བའི་ལུས་ནི་མཉེན་ཞིང་རེངས་པར་མི་འགྱུར་ཞེ་ན། སྨྲས་པ། འདོད་ཆགས་དང་མ་བྲལ་བ་འཆི་བ་ནི་རླུང་ལྟོ་ནས་གྱེན་དུ་ལྡང་བས་ན་དེའི་ལུས་རེངས་ཞིང་མི་མཉེན་ནོ། །འདོད་ཆགས་དང་བྲལ་བ་འཆི་བ་ནི་རླུང་ལྟོ་ནས་གྱེན ་དུ་མི་ལྡང་བས་དེའི་ལུས་མཉེན་ཞིང་རེངས་པར་མི་འགྱུར་ཏེ། རྒྱུ་དེས་ན་ཞེས་བྱ་བ་ནས་རྒྱས་པར་སྦྱར་རོ། །ཅིའི་ཕྱིར་འདོད་ཆགས་དང་མ་བྲལ་བ་འཆི་བ་ན་རླུང་ལྟོ་ནས་གྱེན་དུ་ལྡང་ལ། འདོད་ཆགས་དང་བྲལ་བ་འཆི་བ་ནི་ལྟོ་ནས་གྱེན་དུ་མི་ལྡང་ཞེ་ན། སྨྲས་པ། འདོད་ཆགས ་དང་མ་བྲལ་བ་འཆི་བ་ན་ཕ་རོལ་གྱི་སྐྱེ་བ་རྣམས་སུ་སེམས་རྗེས་སུ་གཏོང་ཅིང་རྗེས་སུ་འབྲང་ཏེ་རྗེས་སུ་རྒྱུགས་པས་རླུང་གིས་དེའི་མིག་གཉིས་འབྱེད་པ་དང། འཛུམས་པར་འགྱུར་ལ། དེའི་སྙིང་གི་ཉེ་འཁོར་དུ་རླུང་འགག་པར་འགྱུར་ཏེ། དེ་ལྟར་ན་རླུང་དེའི་ལྟོ་ནས་གྱེན་དུ་ལྡང་ངོ།། ་འདོད་ཆགས་དང་བྲལ་བ་འཆི་བ་ན་ནི། ཕ་རོལ་གྱི་སྐྱེ་གནས་རྣམས་སུ་སེམས་རྗེས་སུ་མི་གཏོང་ཅིང་རྗེས་སུ་མི་འབྲང་སྟེ། རྗེས་སུ་མི་རྒྱུག་པས་ན་དེའི་མིག་རླུང་གིས་མི་འབྱེད་པ་དང། འཛུམས་པར་མི་འགྱུར་ལ། དེའི་ལྟེ་བའི་ཉེ་འཁོར་དུ་རླུང་འགག་པར་འགྱུར་རོ།། ་དེ་ལྟར་ན་རླུང་དེའི་ལྟོ་ནས་གྱེན་དུ་མི་སྡང་སྟེ། རྒྱུ་དེས་ན་ཞེས་བྱ་བ་ནས་རྒྱས་པར་སྦྱར་རོ། །ཅིའི་ཕྱིར་གསོན་པོའི་ལུས་ཡང་ཞིང་མཉན་ལ། ཤི་སྟེ་ཤི་བར་གྱུར་པའི་ལུས་ནི་ལྕི་ཞིང་མི་མཉེན་ཞེ་ན། སྨྲས་པ། ཤི་སྟེ་ཤི་བར་གྱུར་པའི་ནི་ཁོང་ན་འདུག་པའི་མེའི་ཁམས་དང། ་རླུང་གི་ཁམས་གཉིས་འགགས་པས་ན་དེ་ལུས་ལྕི་ཞིང་མི་མཉེན་ནོ། །གསོན་པོའི་ནི་ཁོང་ན་འདུག་པའི་མེའི་ཁམས་དང། རླུང་གི་ཁམས་གཉིས་མ་འགག་པས་ན་དེའི་ལུས་མཉེན་ཞིང་ཡང་སྟེ། རྒྱུ་དེས་ན་ཞེས་བྱ་བ་ནས་རྒྱས་པར་སྦྱར་རོ། །དེའི་ཕྱིར་འཚོ་ཞིང་གསོན ་ཏེ་འདུག་ཅིང་སྡོང་བས་ཟོས་པ་ཞུ་བར་འགྱུར་ལ། ཤི་སྟེ་ཤི་བར་གྱུར་པའི་ཞུ་བར་མི་འགྱུར་ཞེ་ན། སྨྲས་པ། འཚོ་ཞིང་གསོན་ཏེ་འདུག་ཅིང་སྡོང་པ་ནི་ཁོང་ན་འདུག་པའི་མེའི་ཁམས་དང། ཆུའི་ཁམས་དང། རླུང་གི་ཁམས་མ་འགགས་ཏེ། ཆུས་ནི་དེ་ཟོས་པ་དེ་སུལ་བར་བྱེད། མེས ་ནི་ཡོངས་སུ་ཆོད་པར་བྱེད། རླུང་གིས་ནི་གླེང་བར་བྱེད་པས་ན་དེས་ཟོས་པ་དེ་ཞུ་བར་འགྱུར་རོ། །ཤི་སྟེ་ཤི་བར་གྱུར་པ་ནི་ནང་ན་འདུག་པའི་མེའི་ཁམས་དང། ཆུའི་ཁམས་དང། རླུང་གི་ཁམས་རྣམས་འགགས་ཏེ། དེས་ཟོས་པ་དེ་ཆུ་དེས་སུལ་བར་མི་བྱེད། མེས ་ཡོངས་སུ་ཚོས་པར་མི་བྱེད། རླུང་གིས་རྣམ་པར་གློང་པར་མི་བྱེད་པས་ན་དེས་ཟོས་པ་དེ་ཞུ་བར་མི་འགྱུར་ཏེ། རྒྱུ་དེས་ན་ཞེས་བྱ་བ་ནས་རྒྱས་པར་སྦྱར་རོ། །ཅིའི་ཕྱིར་འཚོ་ཞིང་གསོན་ལ་འདུག་ཅིང་སྡོད་པའི་ལུས་མི་འདྲུལ་ལ། ཤི་སྟེ་ཤི་བར་གྱུར་པའི་ལུས་འདྲུལ ་བར་འགྱུར་ཞེ་ན། སྨྲས་པ། འཚོ་ཞིང་གསོན་ཏེ་འདུག་ཅིང་སྡོད་པ་ནི་ཁོང་ན་འདུག་པའི་མེའི་ཁམས་དང། རླུང་གི་ཁམས་གཉིས་མ་འགགས་ཏེ། དེའི་མཐུན་པའི་ཆུའི་ཁམས་དེ་ཟས་པར་བྱེད་པས་ན་དེའི་ལུས་མི་འདྲུལ་ལོ། །ཤི་སྟེ་ཤི་བར་འགྱུར་བའི ་ནི་ཁོང་ན་འདུག་པའི་མེའི་ཁམས་དང། རླུང་གི་ཁམས་འགགས་ཏེ། དེའི་མཐུན་པའི་ཆུའི་ཁམས་དེ་ཟད་པར་མི་བྱེད་པས་ན་དེའི་ལུས་འདྲུལ་བར་འགྱུར་ཏེ། རྒྱུ་དེས་ན་ཞེས་བྱ་བ་ནས་རྒྱས་པར་སྦྱར་རོ། །ཅིའི་ཕྱིར་འཚོ་ཞིང་གསོན་ཏེ། འདུག་ཅིང་སྡོད་པ་ལ་དབུགས་རྡུབ་པ ་དང། དབུགས་འབྱུང་བ་ཡོད་ལ། ཤི་སྟེ་ཤི་བར་གྱུར་པ་ལ་མེད་ཅེ་ན། སྨྲས་པ། དབུགས་རྡུབ་པ་དང། དབུགས་འབྱུང་བ་རྣམས་ནི་སེམས་ལ་རག་ལས་པ་ཡིན་ཏེ། འཚོ་ཞིང་གསོན་ཏེ། འདུག་ཅིང་སྡོད་པའི་ལུས་སེམས་དང་བཅས་པ་ཡིན་ལ། ཤི་བའི་ལུས་ནི ་སེམས་མེད་དེ། རྒྱུ་དེས་ན་ཞེས་བྱ་བ་ནས་རྒྱས་པར་སྦྱར་རོ། །ཅིའི་ཕྱིར་འུག་པ་རྣམས་མཚན་མོ་མཐོང་ལ་ཉོན་མོ་མི་མཐོང་ཞེ་ན། སྨྲས་པ། འུག་པ་རྣམས་ཀྱི་མིག་གི་མིའུ་ནི་དམར་ཏེ། དེ་ལ་ནི་མཚན་མོ་མི་གནོད་ལ་ཉིན་མོ་གནོད་དེ། རྒྱུ་དེས་ན་ཞེས་བྱ་བ་ནས་རྒྱས་པར ་སྦྱར་རོ། །ཅིའི་ཕྱིར་མི་རྣམས་ཉིན་མོ་མཐོང་ལ་མཚན་མོ་མི་མཐོང་ཞེ་ན། སྨྲས་པ། མི་རྣམས་ཀྱི་མིག་གི་མིའུ་གནག་སྟེ། དེ་ལ་ནི་ཉིན་མོ་མི་གནོད་ལ་མཚན་མོ་གནོད་དེ། རྒྱུ་དེས་ན་ཞེས་བྱ་བ་ནས་རྒྱས་པར་སྦྱར་རོ། །ཅིའི་ཕྱིར་རྟ་དང་ཁྱི་རྣམས་མཚན་མོ་ཡང་མཐོང ་ལ་ཉིན་མོ་ཡང་མཐོང་ཞེ་ན། སྨྲས་པ། རྟ་དང་ཁྱི་རྣམས་ཀྱི་མིག་གི་མིའུ་སེར་སྨུག་ཏུ་འདུག་ཏེ། དེ་ལ་ནི་ཉིན་མོ་ཡང་མི་གནོད། མཚན་མོ་ཡང་མི་གནོད་དེ། རྒྱུ་དེས་ན་ཞེས་བྱ་བ་ནས་རྒྱས་པར་སྦྱར་རོ། །ཅིའི་ཕྱིར་ཉ་རྣམས་ཆུའི་ནང་ནས་མཐོང་ལ་སྐམས་སར་མི ་མཐོང་ཞེ་ན། སྨྲས་པ། ཉ་རྣམས་ཀྱི་མིག་གི་མིའུ་ཚིལ་ལས་གྲུབ་པ་ཡིན་ཏེ། དེ་ལ་ནི་ཆུ་མི་གནོད་ལ་སྐམས་གནོད་དེ། རྒྱུ་དེས་ན་ཉ་རྣམས་ཆུའི་ནང་ན་མཐོང་ལ་སྐམ་སར་མི་མཐོང་ངོ། །ཅིའི་ཕྱིར་མི་རྣམས་ཀྱི་མིག་ལ་སྐམ་ས་མི་གནོད་ལ་ཆུ་གནོད་ཅེ་ན། སྨྲས་པ། མི ་རྣམས་ཀྱི་མིག་གི་མིའུ་ཆུ་བར་ཡིན་པས་སྐམ་ས་མི་གནོད་ལ་ཆུ་གནོད་དེ། རྒྱུ་དེས་ན་ཞེས་བྱ་བ་ནས་རྒྱས་པར་སྦྱར་རོ། །ཅིའི་ཕྱིར་རུ་སྦལ་དང། སྦལ་པ་དང། སྦལ་པ་དཀར་པོ་དང། སྲོག་ཆགས་བུ་ལུ་ཀ་ལ་སོགས་པ་ཆུའི་ནང་ན་ཡང་མཐོང་ལ། སྐམ་ལ་ཡང་མཐོང་ཞེ་ན། སྨྲས་པ། ་རུ་སྦལ་དང། སྦལ་པ་དང། སྦལ་པ་དཀར་པོ་དང། སྲོག་ཆགས་བུ་ལུ་ཀ་ལ་སོགས་པའི་མིག་གི་མིའུ་རུས་པ་ལས་གྲུབ་པ་ཡིན་པས། ཆུ་ཡང་མི་གནོད་སྐམ་ས་ཡང་མི་གནོད་དེ། རྒྱུ་དེས་ན་ཞེས་བྱ་བ་ནས་རྒྱས་པར་སྦྱར་རོ། །ཆོས་མངོན་པའི་བསྟན་བཅོས་ཆེན་པོ་རྒྱུ་བ་དགས? ་པ་ལས་ཚིགས་བརྒྱད་པའོ།། །།སྡོམ་ནི། གཉིད་དང་གཏུམ་དང་རྒོད་པ་དང། །སྨྲ་འདོད་སྨྲ་ཉུང་ཡིད་གཞུངས་པ། །འཛིན་པ་དང་ནི་དྲན་པ་དང། །ཉོན་མོངས་པ་དང་རྟོག་པ་མྱུར། །ཅིའི་ཕྱིར་གཉིད་ཆེ་བར་འགྱུར་ཞེ་ན། སྨྲས་པ། དེ་གཉིད་ཀུན་དུ་བསྟེན་བཅིང་བསྒོམས ་ཏེ་མང་དུ་བྱས་པ་དང་དེས་སྣང་བའི་འདུ་ཤེས་ཀྱང་ཀུན་ཏུ་མ་བསྟེན་ཅིང་མ་བསྒོམས་ཏེ་མང་དུ་བྱས་པའི་ཕྱིར། །གཞན་ཡང་སེམས་ཅན་གང་དག་གཉིད་ཆེ་བ་རྣམས་ཀྱི་ནང་ནས་ཉེ་ཞིང་དུ་བས་ཉེ་བར་ཤི་འཕོས་པ་རྣམས་ཡིན་ཏེ། དེ་དག་ཀྱང་གང་ཞེ་ན། འདི་ལྟ་སྟེ། སྤྲུལ ་དང། སྤྲུལ་པོ་ཆེ་དང། ཀླུ་དང། བམ་བྷོ་ད་རྣམས་ཏེ། རྒྱུ་དེས་ན་གཉིད་ཆེ་བར་འགྱུར་རོ། །ཅིའི་ཕྱིར་གཉིད་ཆེ་བར་མི་འགྱུར་ཞེ་ན། སྨྲས་པ། དེས་སྣང་བའི་འདུ་ཤེས་ཀུན་དུ་བསྟེན་ཅིང་བསྒོམས་ཏེ། མང་དུ་བྱས་པ་དང། དེས་རྨུགས་པ་དང། གཉིད་ཀུན་དུ་མ་བསྟེན ་ཅིང་མ་བསྒོམས་ཏེ། མང་དུ་མ་བྱས་པའི་ཕྱིར་རོ། །གཞན་ཡང་སེམས་ཅན་གང་དག་གཉིད་མི་ཆེ་བ་རྣམས་ཀྱི་ནང་ནས་ཉེ་ཞིང་དུ་བས་ཉེ་བར་ཤི་འཕོས་པ་རྣམས་ཡིན་ཏེ། དེ་དག་ཀྱང་གང་ཞེ་ན། འདི་ལྟ་སྟེ། དྲང་སྲོང་རྣམས་དང། རབ་ཏུ་བྱུང་བ་རྣམས་དང། ཁྱིམ་བདག ་རྣམས་དང། གཟུགས་དང། གཟུགས་མེད་པ་ན་སྤྱོད་པའི་ལྷ་རྣམས་ཏེ། རྒྱུ་དེས་ན་གཉིད་ཆེ་བར་མི་འགྱུར་རོ། །ཅིའི་ཕྱིར་གཏུམ་པར་འགྱུར་ཞེ་ན། སྨྲས་པ། དེས་གཏུམ་པ་ཀུན་ཏུ་བསྟེན་ཅིང་བསྒོམས་ལ་མང་དུ་བྱས་ཏེ། འདི་ལྟ་སྟེ། དབྱུག་པ་ཀུན་ཏུ་སྤྱད་པ་དང། མཚོན ་ཆ་ཀུན་ཏུ་སྤྱད་པ་དང། ལག་ཆ་ཀུན་ཏུ་སྤྱད་པ་དང། དེས་གཏུམ་པ་མེད་པ་ཀུན་ཏུ་མ་བསྟེན་ཅིང་མ་བསྒོམས་ལ་མང་དུས་མ་བྱས་ཏེ། འདི་ལྟ་སྟེ། དབྱུག་པ་མེད་པ་ཀུན་ཏུ་མ་སྤྱད་པ་དང། མཚོན་ཆ་མེད་པ་ཀུན་ཏུ་མ་སྤྱད་པ་དང། ལག་ཆ་མེད་པ་ཀུན་ཏུ་མ ་སྤྱད་པའོ། །གཞན་ཡང་སེམས་ཅན་གང་དག་གཏུམ་པ་རྣམས་ཀྱི་ནང་ནས་ཉེ་ཞིང་དུ་བས་ཉེ་བར་ཤི་འཕོས་པ་རྣམས་ཡིན་ཏེ། དེ་དག་ཀྱང་གང་ཞེ་ན། འདི་ལྟ་སྟེ། ལུག་གསོད་པ་རྣམས་དང། བྱ་བ་རྣམས་དང། ཉ་བ་རྣམས་དང། རི་དགས་ཀྱི་སྔོན་པ་རྣམས་དང། ཚོམ ་རྐུན་པ་རྣམས་དང། གཤེད་པ་རྣམས་དང། འཐབ་གཅུགས་བྱེད་རྣམས་དང། རྟ་དང་གླང་པོ་ཆེ་འདུལ་བ་རྣམས་དང། གནོད་པ་བྱེད་པ་རྣམས་དང། བཙོན་བསྲུངས་རྣམས་ཏེ། རྒྱུ་དེས་ན་གཏུམ་པོར་འགྱུར་རོ། །ཅིའི་ཕྱིར་གཏུམ་པོར་མི་འགྱུར་ཞེ་ན། སྨྲས་པ། ་དེས་མི་གཏུམ་པ་ཀུན་ཏུ་བསྟེན་ཅིང་བསྒོམས་ལ་མང་དུ་བྱས་ཏེ། འདི་ལྟ་སྟེ། དབྱུག་པ་ཀུན་ཏུ་མ་སྤྱད་པ་དང། མཚོན་ཆ་ཀུན་ཏུ་མ་སྤྱད་པ་དང། ལག་ཆ་ཀུན་ཏུ་མ་སྤྱད་པ་དང། དེས་གཏུམ་པ་ཀུན་ཏུ་མ་བསྟེན་ཅིང་མ་བསྒོམས་ལ་མང་དུ་མ་བྱས་ཏེ། འདི་ལྟ་སྟེ། དབྱུག ་པ་མེད་པ་ཀུན་ཏུ་སྤྱད་པ་དང། མཚོན་ཆ་མེད་པ་ཀུན་ཏུ་སྤྱད་པ། ལག་ཆ་མེད་པ་ཀུན་ཏུ་སྤྱད་པའོ། །གཞན་ཡང་སེམས་ཅན་གང་དག་གཏུམ་པ་མ་ཡིན་པ་རྣམས་ཀྱི་ནང་ནས། ཉེ་ཞིང་དུ་བས་ཉེ་བར་ཤི་འཕོས་པ་རྣམས་ཡིན་ཏེ། འདི་ལྟ་སྟེ། དྲང་སྲོང་རྣམས་དང། ་རབ་ཏུ་བྱུང་བ་རྣམས་དང། ཁྱིམ་བདག་རྣམས་དང། གཟུགས་དང། གཟུགས་མེད་པ་ན་སྤྱོད་པའི་ལྷ་རྣམས་ཏེ། རྒྱུ་དེས་ན་གཏུམ་པར་མི་འགྱུར་རོ། །ཅིའི་ཕྱིར་རྒོད་བག་ཅན་དུ་འགྱུར་ཞེ་ན། སྨྲས་པ། དེས་རྒོད་པ་ཀུན་ཏུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པ ་དང། དེས་ཞི་གནས་ཀུན་ཏུ་མ་བསྟེན་ཅིང་མ་བསྒོམས་ཏེ། མང་དུ་མ་བྱས་པའི་ཕྱིར་རོ། །གཞན་ཡང་སེམས་ཅན་གང་དག་རྒོད་བག་ཅན་རྣམས་ཀྱི་ནང་ནས་ཉེ་ཞིང་དུ་བས་ཉེ་བར་ཤི་འཕོས་པ་རྣམས་ཡིན་ཏེ། དེ་དག་ཀྱང་གང་ཞེ་ན། ཟློས་གར་མཁན་དང། གར ་མཁན་དང། བཞད་གང་དང། བྱི་དུར་མཁན་དང། ཚར་མཁན་དང། སྨད་འཚོང་མ་དང། སྨད་འཚོང་མའི་གཙོ་མོ་དང། འདོད་པ་ན་སྤྱོད་པའི་ལྷ་རྣམས་ཏེ། རྒྱུ་དེས་རྒོད་བག་ཅན་དུ་འགྱུར་རོ། །ཅིའི་ཕྱིར་རྒོད་བག་ཅན་དུ་མི་འགྱུར་ཞེ་ན། སྨྲས་པ། དེས་ཞི་གནས་ཀུན་ཏུ་བསྟེན་ཅིང་བསྒོམས་ཏེ ་མང་དུ་བྱས་པ་དང། དེས་རྒོད་པ་ཀུན་ཏུ་མ་བསྟེན་ཅིང་མ་བསྒོམས་ཏེ་མང་དུ་མ་བྱས་པའི་ཕྱིར་རོ། །གཞན་ཡང་སེམས་ཅན་རྒོད་བག་ཅན་མ་ཡིན་པ་རྣམས་ཀྱི་ནང་ནས། ཉེ་ཞིང་དུ་བས་ཉེ་བར་ཤི་འཕོས་པ་རྣམས་ཡིན་ཏེ། དེ་དག་ཀྱང་གང་ཞེ་ན། འདི་ལྟ་སྟེ། དྲང་སྲོང་རྣམས་དང། རབ་ཏུ ་བྱུང་བ་རྣམས་དང། ཁྱིམ་བདག་རྣམས་དང། གཟུགས་དང། གཟུགས་མེད་པ་ན་སྤྱོད་པའི་ལྷ་རྣམས་ཏེ། རྒྱུ་དེས་ན་རྒོད་བག་ཅན་དུ་མི་འགྱུར་རོ། །ཅིའི་ཕྱིར་སྨྲ་འདོད་པར་འགྱུར་ཞེ་ན། སྨྲས་པ། དེས་མང་དུ་མ་སྨྲ་བ་ཀུན་ཏུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པ་དང། དེས་སྨྲ་བ ་ཉུང་བ་ཀུན་ཏུ་མ་བསྟེན་ཅིང་མ་བསྒོམས་ཏེ་མང་དུ་མ་བྱས་པའི་ཕྱིར་རོ། །གཞན་ཡང་སེམས་ཅན་གང་དག་སྨྲ་འདོད་པ་རྣམས་ཀྱི་ནང་ནས། ཉེ་ཞིང་དུ་བས་ཉེ་བར་ཤི་འཕོས་པ་རྣམས་ཡིན་ཏེ། དེ་དག་ཀྱང་གང་ཞེ་ན། འདི་ལྟ་སྟེ། ནེ་ཙོ་དང། རི་སྐེགས་དང། ལྕུང་ཀ་དང། ཁྲུང ་ཁྲུང་ཁུ་བྱུག་ལ་སྩོགས་པ་སྟེ། རྒྱུ་དེས་ན་སྨྲ་འདོད་པར་འགྱུར་རོ། །ཅིའི་ཕྱིར་སྨྲ་འདོད་པར་མི་འགྱུར་ཞེ་ན། སྨྲས་པ། དེས་སྨྲ་པ་ཉུང་བ་ཀུན་ཏུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པ་དང། དེས་མང་དུ་སྨྲས་པ་ཀུན་ཏུ་མ་བསྟེན་ཅིང་མ་བསྒོམས་ཏེ་མ་བྱས་པའི་ཕྱིར་རོ། ། ་གཞན་ཡང་སེམས་ཅན་གང་དག་སྨྲ་འདོད་པ་མ་ཡིན་པ་རྣམས་ཀྱི་ནང་ནས། ཉེ་ཞིང་དུ་བས་ཉེ་བར་ཤི་འཕོས་པ་རྣམས་ཡིན་ཏེ། དེ་དག་ཀྱང་གང་ཞེ་ན། འདི་ལྟ་སྟེ། དྲང་སྲོང་རྣམས་དང། རབ་ཏུ་བྱུང་བ་རྣམས་དང། ཁྱིམ་བདག་རྣམས་དང། གཟུགས་དང། གཟུགས ་མེད་པ་ན་སྤྱོད་པའི་ལྷ་རྣམས་སྟེ། རྒྱུ་དེས་སྨྲ་འདོད་པར་མི་འགྱུར་རོ། །ཅིའི་ཕྱིར་ཡིད་རྟུལ་པོར་འགྱུར་ཞེ་ན། སྨྲས་པ། དེས་ཐོས་པ་ཉུང་བ་ཀུན་ཏུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པ་དང། དེས་ཐོས་པ་ཀུན་ཏུ་མ་བསྟེན་ཅིང་མ་བསྒོམས་ཏེ་མང་དུ་མ་བྱས་པ་དང། འཇིག་ ་རྟེན་ན་བཤད་པ་ཐ་དད་པའི། རྣམ་པ་གང་ཡིན་པ་དེ་དག་རྒྱས་པར་མ་བསླབས་ཤིང་ཁ་ཏོན་མ་བྱས་ཏེ། རྒྱུ་དེས་ན་ཡིད་རྟུལ་པོར་འགྱུར་རོ། །ཅིའི་ཕྱིར་ཡིད་རྟུལ་པོར་མི་འགྱུར་ཞེ་ན། སྨྲས་པ། དེས་ཐོས་པ་མང་བ་ཀུན་ཏུ་བསྟེན་ཅིང་བསྒོམས ་ཏེ་མང་དུ་བྱས་པ་དང། དེས་ཐོས་པ་ཉུང་བ་ཀུན་ཏུ་མ་བསྟེན་ཅིང་མ་བསྒོམས་ཏེ་མང་དུ་མ་བྱས་པའི་ཕྱིར་རོ། །གཞན་ཡང་འཇིག་རྟེན་ན་བཤད་པ་ཐ་དད་པའི་རྣམ་པ་གང་ཡིན་པ་དེ་དག་དེས་རྒྱས་པར་བསླབས་ཤིང་ཁ་ཏོན་དུ་བྱས་པའི་ཕྱིར་རོ། །གཞན་ཡང་དྲ་མི ་ཟེ་འདོན་དུ་འཇུག་པ་རྣམས་ལས་ཤི་འཕོས་པ་འམ། དགེ་སློང་ཁ་ཏོན་འདོན་དུ་འཇུག་པ་རྣམས་ལས་ཤི་འཕོས་ཏེ། རྒྱུ་དེས་ན་ཡིད་རྟུལ་བར་མི་འགྱུར་རོ། །གཞན་ཡང་སྨྲ་བ་ཉུང་བ་རྣམ་པ་གཉིས་ཏེ། ངན་པ་དང། ཁྱད་པར་དུ་འཕགས་པའོ། །སྨྲ་བ་ཉུང་བ་ངན ་པའི་རྣམ་པ་ནི་གང་དག་ཡིན། རྟགས་ནི་གང་དག་ཡིན། མཚན་མ་ནི་གང་དག་ཡིན་ཞེ་ན། སྨྲས་པ། སེམས་ཅན་གང་དག་ལྕི་ཞིང་དབང་ཆེ་བར་གྲགས་པ་ཡིན་ལ་བླ་མ་འདི་ལྟ་སྟེ། ཕ་འམ། མ་འམ། སློབ་དཔོན་ནམ། མཁན་པོ་འམ། བླ་མ་ལྟ་བུ་གང་ཡང་རུང་བ ་ལ་མ་བསྟེན་པ་འདི་དག་ནི་སྨྲ་བ་ཉུང་བ་ངན་པའི་རྣམ་པ་ཡིན་ནོ། །འདི་དག་ནི་རྟགས་ཡིན་ནོ། །འདི་དག་ནི་མཚན་མ་ཡིན་ནོ། །སྨྲ་བ་ཉུང་བ་ཁྱད་པར་དུ་འཕགས་པའི་རྣམ་པ་ནི་གང་དག་ཡིན། རྟགས་ནི་གང་དག་ཡིན། མཚན་མ་ནི་གང་དག་ཡིན་ཞེ་ན། སྨྲས་པ། སེམས ་ཅན་གང་དག་ལྕི་ཞིང་དབང་ཆེ་བར་གྲགས་པ་ཡིན་ལ། བླ་མ་འདི་ལྟ་སྟེ། ཕ་འམ། མ་འམ། སློབ་དཔོན་ནམ། མཁན་པོ་འམ། བླ་མ་ལྟ་བུ་གང་ཡང་རུང་བ་ལ་བསྟེན་པ་འདི་དག་ནི། སྨྲ་བ་ཉུང་བ་ཁྱད་པར་དུ་འཕགས་པའི་རྣམ་པ་ཡིན་ནོ། །རྟགས་ནི་འདི་དག ་ཡིན་ནོ། །མཚན་མ་ནི་འདི་དག་ཡིན་ནོ། །ཅིའི་ཕྱིར་ལྡོབ་སྐྱེན་པ་དང་ལྡན་ལ་བློ་དང་མི་ལྡན་ཞེ་ན། སྨྲས་པ། ཆོས་རྣམས་ལ་ཀུན་ཆུབ་པར་བྱེད་པ་ལ་མཁས་ལ་ཉེ་བར་བརྟག་པ་མང་དུ་མི་བྱེད་དེ། རྒྱུ་དེས་ན་ལྡོབ་སྐྱེན་པ་དང་ལྡན་ལ་བློ་དང་མི་ལྡན་པར་འགྱུར་རོ།། ་ཅིའི་ཕྱིར་བློ་དང་མི་ལྡན་ལ་ལྡོབ་སྐྱེན་པ་དང་མི་ལྡན་ཞེ་ན། སྨྲས་པ། ཆོས་རྣམས་ལ་ཀུན་ཆུབ་པར་བྱེད་པ་ལ་ཡང་མི་མཁས་ལ་ཉེ་བར་བརྟག་པ་ཡང་མང་དུ་མི་བྱེད་དེ། རྒྱུ་དེས་ན་བློ་དང་མི་ལྡན་ལ། ལྡོབ་སྐྱེན་པ་དང་ཡང་མི་ལྡན་ནོ། །ཅིའི་ཕྱིར་ལྡོབ་སྐྱེན་པ་དང་ཡང་ལྡན་ལ། བློ་དང ་ཡང་ལྡན་ཞེ་ན། སྨྲས་པ། ཆོས་རྣམས་ལ་ཀུན་ཆུབ་པར་བྱེད་པ་ལ་ཡང་མཁས་ལ། ཉེ་བར་བརྟག་པ་ཡང་མང་དུ་བྱེད་དེ། རྒྱུ་དེས་ན་ལྡོབ་སྐྱེན་པ་དང་ལྡན་ལ། བློ་དང་ཡང་ལྡན་ནོ། །ཅིའི་ཕྱིར་འཛིན་པ་དང་མི་ལྡན་ཞེ་ན། སྨྲས་པ། དེས་འདི་ལྟ་སྟེ། སྐྱེ་མཆེད་ཀྱི་རྟེན་གྱི་ཆོས་རྣམས ་ལ། མཚན་མ་ལེགས་པར་མ་བཟུང་སྟེ། རྒྱུ་དེས་ན་འཛིན་པ་དང་མི་ལྡན་ནོ། །ཅིའི་ཕྱིར་འཛིན་པ་དང་ལྡན་ཞེ་ན། སྨྲས་པ། དེས་འདི་ལྟ་སྟེ། སྐྱེ་མཆེད་ཀྱི་རྟེན་གྱི་ཆོས་རྣམས་ལ་མཚན་མ་ལེགས་པར་བཟུང་སྟེ། རྒྱུ་དེས་ན་འཛིན་པ་དང་ལྡན་ནོ། །ཅིའི་ཕྱིར་བརྗེད་ངས་པ་དང་ལྡན་ཞེ ་ན། སྨྲས་པ། སེམས་ཅན་གང་དག་མི་དགེ་བའི་ཆོས་ཡང་དག་པར་བླངས་ཏེ། འདུག་ནས། ཉེ་བར་སྤྱོད་པ་ཀུན་ཏུ་བསྟེན་ཅིང་བསྒོམས་ཏེ། མང་དུ་བྱས་པ་དེས་ལུས་ཞིག་ནས་ཤི་བའི་འོག་ཏུ་ངན་སོང་ངན་འགྲོ་ལོག་པར་ལྟུང་ལ། སེམས་ཅན་དམྱལ་བ་རྣམས་སུ་སྐྱེ་བར ་འགྱུར་ལ། དེ་དག་དེ་ནས་ཤི་འཕོས་ནས་གལ་ཏེ་མི་རྣམས་དང། སྐལ་པ་མཉམ་པར་འདིར་སྐྱེ་བར་གྱུར་ན། དེ་དག་འདིར་ཚེ་ཐུང་བ་འཛིན་པར་འགྱུར་ཏེ། དེ་དག་ཡང་དང་ཡང་དུ་འཆི་འཕོ་བར་འགྱུར་ལ་ཕྱིར་སྐྱེ་བར་མི་འགྱུར་བས། དེ་དག་གིས་དེར་དྲན་པ་ལ་བྱེད་པར་མི ་འགྱུར་ཏེ། རྒྱུ་དེས་ན་རྗེད་ངས་པ་དང་ལྡན་ནོ། །ཅིའི་ཕྱིར་དྲན་པ་དང་ལྡན་པར་འགྱུར་ཞེ་ན། སྨྲས་པ། སེམས་ཅན་གང་དག་དགེ་བའི་ཆོས་རྣམས་ཡང་དག་པར་བླངས་ཏེ་འདུལ་ནས། དེ་དག་ལེགས་པར་སྤྱོད་པ་ཀུན་ཏུ་བསྟེན་ཅིང་བསྒོམས་ཏེ། མང་དུ་བྱས་པ་དེས་ལུས ་ཞིག་ནས་ཤི་བའི་འོག་ཏུ། བདེ་འགྲོ་མཐོ་རིས་འཇིག་རྟེན་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ། །དེ་དག་དེ་ནས་ཤི་འཕོས་ནས་གལ་ཏེ་མི་རྣམས་དང་སྐལ་པ་མཉམ་པར་འདིར་སྐྱེས་པར་གྱུར་ན། འདིར་ཚེ་རིང་བ་འཛིན་པར་འགྱུར་ཏེ། དེ་དག་ཡང་དང་ཡང་དུ་འཆི་འཕོ་བར ་མི་འགྱུར་ལ། ཕྱིར་སྐྱེ་བར་འགྱུར་བས་དེ་དག་གིས་དེར་དྲན་པ་ལ་ལེགས་པར་བྱང་བར་འགྱུར་ཏེ། རྒྱུ་དེས་ན་དྲན་པ་དང་ལྡན་པར་འགྱུར་རོ། །ཅིའི་ཕྱིར་ཉོན་མོངས་པ་ཤས་ཆེ་བར་འགྱུར་ཞེ་ན། སྨྲས་པ། དེས་འདོད་པའི་འདུ་ཤེས་དང། གནོད་སེམས ་ཀྱི་འདུ་ཤེས་དང། རྣམ་པར་འཚེ་བའི་འདུ་ཤེས་དང། འདོད་པའི་ཁམས་དང། གནོད་སེམས་ཀྱི་ཁམས་དང། རྣམ་པར་འཚེ་བའི་ཁམས་དང། འདོད་པའི་རྟོག་པ་དང། གནོད་སེམས་ཀྱི་རྟོག་པ་དང། རྣམ་པར་འཚེ་བའི་རྟོག་པ་ཀུན་ཏུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས ་པའི་ཕྱིར་རོ། །གཞན་ཡང་སེམས་ཅན་གང་དག་ཉོན་མོངས་པའི་ཤས་ཆེ་བ་དེ་དག་གི་ཕྱི་བཞིན་འབྲང་ཞིང་ཕྱིན་འདུག་པའི་ཕྱིར་ཏེ། རྒྱུ་དེས་ན་ཉོན་མོངས་པ་ཤས་ཆེ་བར་འགྱུར་རོ། །ཅིའི་ཕྱིར་ཉོན་མོངས་པའི་ཤས་ཆེ་བར་མི་འགྱུར་ཞེ་ན། སྨྲས་པ། དེས་ངེས་པར ་འབྱུང་བའི་འདུ་ཤེས་དང། གནོད་སེམས་མེད་པའི་འདུ་ཤེས་དང། རྣམ་པར་འཚེ་བ་མེད་པའི་འདུ་ཤེས་དང། ངེས་པར་འབྱུང་བའི་ཁམས་དང། གནོད་སེམས་མེད་པའི་ཁམས་དང། རྣམ་པར་འཚེ་བ་མེད་པའི་ཁམས་དང། ངེས་པར་འབྱུང་བའི་རྟོག་པ་དང ་གནོད་སེམས་མེད་པའི་རྟོག་པ་དང། རྣམ་པར་འཚེ་བ་མེད་པའི་རྟོག་པ་ཀུན་ཏུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པའི་ཕྱིར་རོ། །གཞན་ཡང་སེམས་ཅན་གང་དག་ཉོན་མོངས་པའི་ཤས་ཆེ་བ་དེ་དག་གི་ཕྱི་བཞིན་དུ་མི་འབྲང་ཞིང་ཕྱིན་མི་འདུག་པའི་ཕྱིར་ཏེ། རྒྱུ་དེས ་ན་ཉོན་མོངས་པ་ཤས་ཆེ་བར་མི་འགྱུར་རོ། །ཅིའི་ཕྱིར་དགེ་བའི་རྩ་བའི་ཆོས་རྣམས་ལ་བརྟག་པའི་བཟོད་པ་མྱུར་བར་མི་འགྱུར་ཞེ་ན། སྨྲས་པ། དེས་འདི་ལྟ་སྟེ། དོན་རྣམས་པར་ངེས་པའི་ཆོས་རྣམས་ལ་མཚན་མ་ལེགས་པར་མི་བཟུང་སྟེ། རྒྱུ་དེས་ན་དགེ་བའི་རྩ ་བའི་ཆོས་རྣམས་ལ་བརྟག་པའི་བཟོད་པ་མྱུར་བར་མི་འགྱུར་རོ། །ཅིའི་ཕྱིར་དགེ་བའི་རྩ་བའི་ཆོས་རྣམས་ལ་བརྟག་པའི་བཟོད་པ་མྱུར་བར་འགྱུར་ཞེ་ན། སྨྲས་པ། དེས་འདི་ལྟ་སྟེ། དོན་རྣམ་པར་ངེས་པའི་ཆོས་རྣམས་ལ་མཚན་མ་ལེགས་པར་བཟུང་སྟེ། རྒྱུ་དེས་ན ་དགེ་བའི་རྩ་བའི་ཆོས་རྣམས་ལ་བརྟག་པའི་བཟོད་པ་མྱུར་བར་འགྱུར་རོ། །ཆོས་མངོན་པའི་བསྟན་བཅོས་ཆེན་པོ་རྒྱུ་གདགས་པ་ལས་ཚིགས་དགུ་པའོ།། །།སྡོམ་ནི། ལྷུན་པོ་དང་ནི་ཕྱོགས་དང་ས། །རི་རྣམས་དང་ནི་རྩཝ་མང་བ། །ཤིང་ཆེ་བ་དང་ལོ་མ་རྣམས།། ་མེ་ཏོག་འབྲས་བུ་ཕུན་སུམ་ཚོགས། །ཅིའི་ཕྱིར་རི་ཐམས་ཅད་ཀྱི་ནང་ན་རིའི་རྒྱལ་པོ་རི་རབ་མཆོག་ཅེས་བྱ་ཞེ་ན། སྨྲས་པ། འཇིག་རྟེན་འཆགས་པའི་ཚེ་རྒྱུའི་མཆོག་དང། སྙིང་པོའི་མཆོག་དང། བཟང་བའི་མཆོག་དང། ཟོང་གི་མཆོག་དེ་དེའི་ཕྱོགས་སུ་འདུས་ནས་དེ་ལས ་དེ་གྲུབ་སྟེ། རྒྱུ་དེས་ན་རི་ཐམས་ཅད་ཀྱི་ནང་ན་རིའི་རྒྱལ་པོ་རི་རབ་མཆོག་ཅེས་བྱའོ། །ཅིའི་ཕྱིར་བྱང་ཕྱོགས་ན་ཤིང་མང་བ་དང། རྩཝ་མང་བར་འགྱུར་ཅེ་ན། སྨྲས་པ། འཇིག་རྟེན་འཆགས་པ་ན། བྱང་ཕྱོགས་ལོགས་སུ་རླུང་ལང་ཏེ། དེ་དག་གིས་རྒྱུའི་མཆོག་གང་ཡིན་པ ་དང། སྙིང་པོའི་མཆོག་གང་ཡིན་པ་དང། བཟང་པོའི་མཆོག་གང་ཡིན་པ་དང། ཟོང་གི་མཆོག་གང་ཡིན་དེ་དེའི་ཕྱོགས་སུ་བསྡུས་ནས། དེ་ལས་དེ་དག་གྲུབ་སྟེ། རྒྱུ་དེས་ན་བྱང་ཕྱོགས་ན་ཤིང་མང་བ་དང། རྩ་མང་བར་གྱུར་ཏོ། །ཅིའི་ཕྱིར་ས་ཆེན་པོ་འདི་ལས་ཕྱོགས་ཁ ་ཅིག་མཐོ་ལ་ཁ་ཅིག་དམའ་བར་གྱུར་ཅེ་ན། སྨྲས་པ། ས་ཆེན་པོ་འདི་ལས་ཕྱོགས་གང་ན་ས་སྣག་ཆེ་ལ། ཆར་པའི་ཐིག་པ་ཆེན་པོ་འབབ་པས། ཐུར་དུ་བཤོང་པའི་ས་ཕྱོགས་དེ་དག་ནི་དམའ་བར་གྱུར་ཏོ། །ས་ཆེན་པོ་འདི་ལ་ས་ཕྱོགས་གང་དག་ནི་དེ་མ་ཡིན་པའི་གཞི་འདི ་ལྟ་སྟེ། ལྕགས་ཀྱི་གཞི་དང། ཁྲོ་ཆུའི་གཞི་དང། ཟངས་ཀྱི་གཞི་དང། ཚོན་མོ་སྟེང་གི་གཞི་དང། རོ་ཉེའི་གཞི་དང། ས་ཚུར་གྱི་གཞི་དང། གསེར་གྱི་གཞི་དང། དངུལ་གྱི་གཞི་དང། བཙག་གི་གཞི་དང། ས་དཀར་གྱི་གཞི་ཆེ་བ་དེ་དག་ནི་ཆར་པའི་ཐིགས་པ་ཆེན་པོ་བབ་ཀྱང། ཐུར ་དུ་གཅོད་པར་མི་འགྱུར་ཏེ། ས་ཕྱོགས་དེ་དག་ནི་མཐོ་བར་གྱུར་ཏོ། །རྒྱུ་དེས་ན་ས་ཆེན་པོ་འདི་ལ་ས་ཕྱོགས་ཁ་ཅིག་མཐོ་ལ། ཁ་ཅིག་དམའ་བར་འགྱུར་རོ། །ཅིའི་ཕྱིར་ཁ་ཅིག་མཐོ་ལ། ཁ་ཅིག་དམའ་བར་གྱུར་ཅེ་ན། སྨྲས་པ། འཇིག་རྟེན་འཆགས་པ་ན། རླུང་ཆེན་པོ་དང། ་ཁམས་ཆེན་པོ་གང་དག་གིས་བསྡུས་པ་དེ་དག་ནི་མཐོ་ལ། རླུང་ཆུང་ངུ་དང། ཁམས་ཆུང་ངུ་གང་དག་གིས་བསྡུས་པ་དེ་དག་ནི་དམའ་བར་གྱུར་ཏོ། །གཞན་ཡང་རི་གང་དག་ལ་སའི་ཁམས་ཆེ་བ་དེ་དག་ཆར་པའི་ཐིགས་པ་ཆེན་པོ་བབ་པས། ་ཐུར་དུ་བཤོངས་པ་དེ་དག་ནི་དམའ་བར་འགྱུར་ལ། རི་གང་དག་ལ་དེ་མ་ཡིན་པའི་གཞི་འདི་ལྟ་སྟེ། ལྕགས་ཀྱི་གཞི་དང། ཁྲོ་ཆུའི་གཞི་དང། ཟངས་ཀྱི་གཞི་དང། ཚོན་མོ་སྟེང་གི་གཞི་དང། རོ་ཉེའི་གཞི་དང། ས་ཚུར་གྱི་གཞི་དང། གསེར་གྱི་གཞི་དང། ་དངུལ་གྱི་གཞི་དང། བཙག་གི་གཞི་དང། ས་དཀར་གྱི་གཞི་ཆེ་བ་དེ་དག་ནི། ཆར་བའི་ཐིགས་པ་ཆེན་པོ་བབ་ཀྱང་ཐུར་དུ་གཅོད་པར་མི་འགྱུར་ཏེ། དེ་དག་ནི་མཐོ་བར་གྱུར་ཏོ། །རྒྱུ་དེས་ན་རི་ཁ་ཅིག་མཐོ་ལ། ཁ་ཅིག་དམའ་བར་འགྱུར་ཏོ། །ཅིའི་ཕྱིར་རི་ཁ་ཅིག ་ལ་ཤིང་མང་ལ་དང། རྩ་མང་བར་གྱུར་ལ་ཁ་ཅིག་ལ་ཤིང་མི་མང་བ་དང། རྩ་མི་མང་བར་གྱུར་ཅེ་ན། སྨྲས་པ། རི་གང་དག་ལ་ཀླུའི་གནས་མང་པོ་ཡོད་པ་དེ་དག་ལ་ཤིང་མང་བ་དང། རྩ་མང་བར་གྱུར་ཏོ། །རི་གང་དག་ལ་ཀླུའི་གནས་མང་པོ་མེད་པ་དེ ་དག་ལ་ནི་ཤིང་མང་པོ་དང། རྩཝ་མང་པོ་མེད་དོ། །གཞན་ཡང་རི་གང་དག་ལ་ས་སྣག་གི་ཁམས་ཆེ་བ་དེ་དག་ལ་ན། ཤིང་མང་པོ་དང། རྩཝ་མང་པོ་ཡོད་དོ། །རི་གང་དག་ལ་དེ་མ་ཡིན་པའི་གཞི་འདི་ལྟ་སྟེ། ལྕགས་ཀྱི་གཞི་དང། ཁྲོ་ཆུའི་གཞི་དང། ཟངས ་ཀྱི་གཞི་དང། ཚོན་མོ་སྟེང་གི་གཞི་དང། རོ་ཉའི་གཞི་དང། ས་ཚུར་གྱི་གཞི་དང། གསེར་གྱི་གཞི་དང། དངུལ་གྱི་གཞི་དང། བཙག་གི་གཞི་དང། ས་དཀར་གྱི་གཞི་ཆེ་བ་དེ་དག་ལ་ནི་ཤིང་མང་པོ་དང། རྩ་མང་པོ་མེད་དོ། །གཞན་ཡང་རི་གང་དག་གི ་འོག་ན། ཉི་ཚེ་བའི་སེམས་ཅན་དམྱལ་བ་རྣམས་ཡོད་པ་དེ་དག་ལ་ནི་ཤིང་མང་པོ་དང། རྩ་མང་པོ་མེད་ལ། རི་གང་དག་གི་འོག་ན་ཉི་ཚེ་པའི་སེམས་ཅན་དམྱལ་བ་མེད་པ་དེ་དག་ལ་ནི་ཤིང་མང་པོ་དང། རྩཝ་མང་པོ་ཡོད་དེ། རྒྱུ་དེས་ན་རི་ཁ་ཅིག་ལ་ཤིང་མང ་པོ་དང། རྩ་མང་པོ་ཡོད་ལ་རི་ཁ་ཅིག་ལ་ཤིང་མང་པོ་དང། རྩཝ་མང་པོ་མེད་དོ། །ཅིའི་ཕྱིར་ཤིང་ཁ་ཅིག་ཆེ་ལ། ཁ་ཅིག་ཆུང་བར་གྱུར་ཅེ་ན། སྨྲས་པ། ཤིང་གང་དག་ལ་སའི་ཁམས་ཀྱི་མཐུ་ཆེན་པོ་ཡོད་པ་དང། ཆུའི་ཁམས་ཆེ་བ་དང། མེའི་ཁམས་རན་པ་དང། ་རླུང་གི་ཁམས་སྙམས་པ་དེ་དག་ནི་ཆེའོ་ཤིང་གང་དག་ལ་སའི་ཁམས་ཀྱི་མཐུ་ཆེན་པོ་མེད་པ་དང། ཆུའི་ཁམས་ཆུང་བ་དང། མེའི་ཁམས་རན་པ་དང། རླུང་གི་ཁམས་མ་སྙོམས་པ་དེ་དག་ནི་ཆུང་སྟེ། རྒྱུ་དེ་མ་ཤིང་ཁ་ཅིག་ཆེ་ལ། ཁ་ཅིག་ཆུང་བར་གྱུར་ཏོ། །ཅིའི ་ཕྱིར་ཤིང་ཁ་ཅིག་གི་ལོ་མ་ཆེ་ལ། ཤིང་ཁ་ཅིག་གི་ཆུང་བར་གྱུར་ཅེ་ན། སྨྲས་པ། ཤིང་གང་དག་ལ་ས་ཡི་ཁམས་ཀྱི་མཐུ་ཆེན་པོ་ཡོད་པ་དང། ཆུའི་ཁམས་ཆེ་བ་དང། མེའི་ཁམས་རན་པ་དང། རླུང་གི་ཁམས་སྙོམས་པ་དེ་དག་གི་ལོ་མ་ནི་ཆེ་ལ། ཤིང་གང་དག ་ལ་སའི་ཁམས་ཀྱི་མཐུ་ཆེན་པོ་མེད་པ་དང། ཆུའི་ཁམས་ཆུང་བ་དང། མེའི་ཁམས་མ་རན་པ་དང། རླུང་གི་ཁམས་མ་སྙོམས་པ་དེ་དག་གི་ལོ་མ་ནི་ཆུང་སྟེ། རྒྱུ་དེས་ན་ཤིང་ཁ་ཅིག་ལོ་མ་ཆེ་ལ། ཁ་ཅིག་གི་ལོ་མ་ཆུང་ངོ། །ཅིའི་ཕྱིར་ཤིང་ཁ་ཅིག་ལ་མེ་ཏོག ་ཡོད་ལ། ཁ་ཅིག་ལ་མེ་ཏོག་མེད་པར་གྱུར་ཅེ་ན། སྨྲས་པ། ཤིང་གང་དག་ལ་ཁམས་བཟང་པོའི་ཤས་ཆེ་བ་དེ་དག་ལ་ནི་མེ་ཏོག་ཡོད་དོ། །ཤིང་གང་དག་ལ་ཁམས་བཟང་པོའི་ཤས་མི་ཆེ་བ་དེ་དག་ལ་ནི་མེ་ཏོག་མེད་དེ། རྒྱུ་དེས་ན་ཤིང་ཁ་ཅིག་ལ་མེ ་ཏོག་ཡོད་ལ། ཁ་ཅིག་ལ་མེ་ཏོག་མེད་དོ། །ཅིའི་ཕྱིར་ཤིང་ཁ་ཅིག་ལ་འབྲས་བུ་ཡོད་ལ། ཁ་ཅིག་ལ་འབྲས་བུ་མེད་པར་གྱུར་ཅེ་ན། སྨྲས་པ། ཤིང་གང་དག་ལ་རོའི་ཁམས་ཀྱི་ཤས་ཆེ་བ་དེ་དག་ལ་ནི་འབྲས་བུ་ཡོད་ལ། ཤིང་གང་དག་ལ་རོའི་ཁམས་ཀྱི་ཤས ་ཆུང་བ་དེ་དག་ལ་ནི་འབྲས་བུ་མེད་དེ། རྒྱུ་དེས་ན་ཤིང་ཁ་ཅིག་ལ་འབྲས་བུ་ཡོད་ལ། ཁ་ཅིག་ལ་འབྲས་བུ་མེད་དོ། །ཅིའི་ཕྱིར་མེ་ཏོག་ཁ་ཅིག་དྲི་ཞིམ་ལ། ཁ་ཅིག་དྲི་མི་ཞིམ་པར་གྱུར་ཅེ་ན། སྨྲས་པ། མེ་ཏོག་གང་དག་ལ་ཁམས་བཟང་པོ་ཡོད་ལ། མེའི་ཁམས ་ཀྱི་མ་ཚིག་པ་དེ་དག་ནི་དྲི་ཞིམ་མོ། །མེ་ཏོག་གང་དག་ལ་ཁམས་བཟང་པོ་ཡོད་ལ། མེའི་ཁམས་ཀྱི་ཚིག་པ་དེ་དག་ནི་དྲི་མི་ཞིམ་སྟེ། རྒྱུ་དེས་ན་མེ་ཏོག་ཁ་ཅིག་དྲི་ཞིམ་ལ། ཁ་ཅིག་དྲི་མི་ཞིམ་པར་གྱུར་ཏོ། །ཅིའི་ཕྱིར་འབྲས་བུ་ཁ ་ཅིག་རོ་དང་ལྡན་ལ། ཁ་ཅིག་རོ་དང་མི་ལྡན་པར་གྱུར་ཅེ་ན། སྨྲས་པ། འབྲས་བུ་གང་དག་ལ་རོའི་ཁམས་ཡོད་ལ། མེའི་ཁམས་ཀྱིས་མ་ཚིག་པ་དེ་དག་ནི་རོ་དང་ལྡན་ནོ། །འབྲས་བུ་གང་དག་ལ་རོའི་ཁམས་ཡོད་ལ་མེའི་ཁམས་ཀྱི་ཚིག་པ་དེ་དག་ནི་རོ་དང་མི་ལྡན ་ཏེ། རྒྱུ་དེས་ན་འབྲས་བུ་ཁ་ཅིག་རོ་དང་ལྡན་ལ། ཁ་ཅིག་རོ་དང་མི་ལྡན་པར་གྱུར་ཏོ། །ཁ་དོག་དང་ལྡན་པ་དང། ཁ་དོག་དང་མི་ལྡན་པ་ཡང་དེ་འདྲའོ། །ཆོས་མངོན་པའི་བསྟན་བཅོས་ཆེན་པོ་རྒྱུ་གདགས་པ་ལས་ཚིགས་བཅུའོ།། །།སྡོམ་ནི། བཅོམ ་ལྡན་འདས་དང་ཉན་ཐོས་དང། །བཞི་ཚན་རྣམ་པ་གཉིས་པོ་དང། །ཟོས་དང་མི་འགྱུར་དུད་པ་དང། འབར་བ་དང་ནི་ཚིག་དང་ནོར། །ཅིའི་ཕྱིར་སངས་རྒྱས་བཅོམ་ལྡན་འདས་ཀྱིས་སྤྲུལ་པ། གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ། སྐྱེས་བུ་ཆེན་པོའི ་མཚན་སུམ་ཅུ་རྩ་གཉིས་སྤྲུལ་པ་ནི། གང་གི་ཚེ་སངས་རྒྱས་བཅོམ་ལྡན་འདས་གསུང་པ་དེའི་ཚེ། སྤྲུལ་པ་ནི་མི་སྨྲ་བར་འགྱུར་ཞིང། གང་དག་གི་ཚེ་སྤྲུལ་པ་མི་སྨྲ་བ་དེའི་ཚེ། སངས་རྒྱས་བཅོམ་ལྡན་འདས་གསུང་བར་འགྱུར་ལ། ཉན་ཐོས་ཀྱི་སྤྲུལ་པ ་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ་སྐྲ་བྲེགས་པ་གོས་ངུར་སྨྲིག་པ་གོས་པ་སྤྲུལ་པ་ནི་གང་གི་ཚེ་ཉན་ཐོས་སྨྲ་བ་དེའི་ཚེ། སྤྲུལ་པ་ཡང་སྨྲ་ཞིང། གང་གི་ཚེ་ཉན་ཐོས་མི་སྨྲ་བ་དེའི་ཚེ། སྤྲུལ་པ་ཡང་མི་སྨྲ་བར་འགྱུར་ཞེ་ན། སྨྲས་པ། ་སངས་རྒྱས་བཅོམ་ལྡན་འདས་ནི་སེམས་དང་ཏིང་ངེ་འཛིན་ལ་མངའ་བསྙེས་པ་ཡིན་པས་ན། དེས་ནི་མྱུར་བར་སྙོམས་པར་འཇུག་ཅིང་བཞེངས་ཏེ། དམིགས་པ་ཡང་མི་གཏོང་ལ། ཉན་ཐོས་ནི་དེ་ལྟ་མ་ཡིན་གཞན་ཡང་སངས་རྒྱས་བཅོམ་ལྡན་འདས་ནི ་ཐམས་ཅད་མཁྱེན་པ་ཡིན་ཏེ། ཡེ་ཤེས་དང། དབང་གི་ཕ་རོལ་ཏུ་ཕྱིན་པ་ཡིན་ལ། ཉན་ཐོས་ནི་དེ་ལྟ་མ་ཡིན་ནོ། །རྒྱུ་དེས་ན་སངས་རྒྱས་བཅོམ་ལྡན་འདས་ཀྱི་སྤྲུལ་པ་གང་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ། སྐྱེས་བུ་ཆེན་པོ་མཚན་སུམ་ཅུ་རྩ་གཉིས ་དང་ལྡན་པའི་ལུས་སྤྲུལ་པ་ནི། གང་གི་ཚེ་སངས་རྒྱས་བཅོམ་ལྡན་གསུང་པ་དེའི་ཚེ་སྤྲུལ་པ་མི་སྨྲ་ཞིང། གང་གི་ཚེ་སྤྲུལ་པ་སྨྲ་བ་དེའི་ཚེ་སངས་རྒྱས་བཅོམ་ལྡན་འདས་གསུང་བར་མི་འགྱུར་ལ། ཉན་ཐོས་ཀྱིས་སྤྲུལ་པ་གང་གཟུགས་བཟང་ཞིང་བལྟ་ན་སྡུག ་ལ་མཛེས་པ། སྐྲ་བྲེགས་ཤིང་གོས་ངུར་སྨྲིག་བགོས་པ་སྤྲུལ་པ་ནི་གང་གི་ཚེ་ཉན་ཐོས་སྨྲ་བ་དེའི་ཚེ། སྤྲུལ་པ་ཡང་སྨྲ་ཞིང་གང་གི་ཚེ་ཉན་ཐོས་མི་སྨྲ་བ་དེའི་ཚེ། སྤྲུལ་པ་ཡང་མི་སྨྲ་བར་འགྱུར་རོ། །ལ་ལ་ནི་དྲི་བ་དེ་ལས་བཟློག་སྟེ། བཅོམ་ལྡན་འདས་ཀྱི་རྣམ ་གྲངས་གང་ཡིན་པ་དེ་ནི། ཉན་ཐོས་ཀྱི་རྣམ་གྲངས་སུ་སྒྱུར་བར་བྱེད་ལ། ཉན་ཐོས་ཀྱི་རྣམ་གྲངས་གང་ཡིན་པ་དེ་ནི། བཅོམ་ལྡན་འདས་ཀྱི་རྣམ་གྲངས་སུ་སྒྱུར་བར་བྱེད་དོ། །སྤྲུལ་པ་འབྱུང་བ་ཆེན་པོ་བཞི་ལས་བྱུང་བ་ཞེས་བྱ་བ་འམ། འོན་ཏེ་འབྱུང་བ་ཆེན་པོ་བཞི་ལས ་བྱུང་བ་མ་ཡིན་པ་ཞེས་བྱ་ཞེ་ན། སྨྲས་པ། འབྱུང་བ་ཆེན་པོ་བཞི་ལས་བྱུང་བ་ཞེས་བྱའོ། །སྤྲུལ་པ་རྒྱུ་ལས་བྱུང་བའི་གཟུགས་ཅན་ཞེས་བྱ་འམ། འོན་ཏེ་རྒྱུ་ལས་གཟུགས་ཅན་མ་ཡིན་པ་ཞེས་བྱ་ཞེ་ན། སྨྲས་པ། རྒྱུ་ལས་བྱུང་བའི་གཟུགས་ཅན་ཞེས་བྱའོ། །སྤྲུལ ་པ་སེམས་ཡོད་པ་ཞེས་བྱ་འམ། འོན་ཏེ་སེམས་མེད་པ་ཞེས་བྱ་ཞེ་ན། སྨྲས་པ། སྤྲུལ་པ་ནི་རྣམ་པ་གཉིས་ཏེ། སྐྱེས་ནས་ཐོབ་པ་དང། བསྒོམས་པ་ལས་འབྱུང་བའོ། །དེ་ལ་སྐྱེས་ཐོབ་པ་གང་ཡིན་པ་དེ་ནི་སེམས་ཡོད་པ་ཞེས་བྱའོ། །བསྒོམས་པ་ལས་བྱུང ་པ་གང་ཡིན་པ་དེ་ནི་སེམས་མེད་པ་ཞེས་བྱའོ། །སྤྲུལ་པ་གང་གི་སེམས་ཀྱི་དབང་གི་འགྱུར་ཞེ་ན། སྨྲས་པ། སྤྲུལ་པ་ནི་རྣམ་པ་གཉིས་ཏེ། སྐྱེས་ནས་ཐོབ་པ་དང། བསྒོམས་པ་ལས་བྱུང་བའོ། །དེ་ལས་སྐྱེས་གནས་ཐོབ་པ་གང་ཡིན་པ་དེ་ནི། སེམས་ཅན ་དེའི་སེམས་ཀྱི་དབང་གི་འགྱུར་ཞེས་བྱའོ། །བསྒོམས་པ་ལས་བྱུང་བ་གང་ཡིན་པ་དེ་ནི། སྤྲུལ་བ་པོའི་སེམས་ཀྱི་དབང་གིས་འགྱུར་ཞེས་བྱའོ། །བར་མ་དོའི་སྲིད་པ་འབྱུང་བ་ཆེན་པོ་བཞི་ལས་བྱུང་ཞེས་བྱ་འམ། འོན་ཏེ་འབྱུང་བ་ཆེན་པོ ་བཞི་ལས་བྱུང་བ་མ་ཡིན་ཞེས་བྱ་ཞེ་ན། སྨྲས་པ། འབྱུང་བ་ཆེན་པོ་བཞི་ལས་བྱུང་བ་ཞེས་བྱའོ། །བར་མ་དོའི་སྲིད་པ་རྒྱུ་ལས་བྱུང་བའི་གཟུགས་ཅན་ཞེས་བྱ་འམ། འོན་ཏེ་རྒྱུ་ལས་བྱུང་བའི་གཟུགས་ཅན་མ་ཡིན་པ་ཞེས་བྱ་ཞེ་ན། སྨྲས་པ། རྒྱུ་ལས་བྱུང་བའི་གཟུགས ་ཅན་ཞེས་བྱའོ། །བར་མ་དོའི་སྲིད་པ་སེམས་ཡོད་པ་ཞེས་བྱ་བ་འམ། འོན་ཏེ་སེམས་མེད་པ་ཞེས་བྱ་ཞེ་ན། སྨྲས་པ། སེམས་ཡོད་ཞེས་བྱའོ། །བར་མ་དོའི་སྲིད་པ་གང་གི་སེམས་ཀྱི་དབང་གིས་འགྱུར་ཞེས་བྱ་ཞེ་ན། སྨྲས་པ། རང་གི་སེམས་ཀྱི་དབང་གིས་འགྱུར ་བ་ཞེས་བྱའོ། །སྤྲུལ་པས་ཟོས་པ་གང་ཡིན་པ་དེ། སྤྲུལ་པ་འམ། སྤྲུལ་པ་པོ་གང་གི་ལྟོར་འཇུག་པར་འགྱུར་ཞེ་ན། སྨྲས་པ། སྤྲུལ་པ་ནི་རྣམ་པ་གཉིས་ཏེ། སྐྱེས་ནས་ཐོབ་པ་དང། བསྒོམས་པ་ལས་བྱུང་བའོ། །དེ་ལ་སྐྱེས་གནས་ཐོབ་པས་ཟོས་པ་གང ་ཡིན་པ་དེ་ནི། སྤྲུལ་པའི་ལྟོར་འཇུག་པར་འགྱུར་རོ། །བསྒོམས་པ་ལས་བྱུང་བས་ཟོས་པ་གང་ཡིན་པ་དེ་ནི་སྤྲུལ་པ་པོའི་ལྟོར་འཇུག་པར་མི་འགྱུར་རོ། །ཅི་སྤྲུལ་པ་མེད་པར་འགྱུར་བ་ཞེས་བྱ་འམ། འོན་ཏེ་མེད་པར་འགྱུར་པ་མ་ཡིན་པ་ཞེས་བྱ་ཞེ་ན། སྨྲས ་པ། སྤྲུལ་པ་ནི་རྣམ་པ་གཉིས་ཏེ། སྐྱེས་ནས་ཐོབ་པ་དང། བསྒོམས་པ་ལས་བྱུང་བའོ། །དེ་ལ་བསྒོམས་པ་ལས་བྱུང་བ་གང་ཡིན་པ་དེ་ནི། མེད་པར་འགྱུར་བ་ཞེས་བྱའོ། །སྐྱེས་ནས་ཐོབ་པ་གང་ཡིན་པ་དེ་ལ་ནི་མེད་པར་འགྱུར་བ་ཡོད། མེད་པར་མི ་འགྱུར་བ་ཡང་ཡོད་དོ། །མེད་པར་འགྱུར་བ་གང་ཞེ་ན། སྨྲས་པ་དཔེར་ན། ལྷ་འམ། མི་འམ་ལྷ་མ་ཡིན་ནམ། གཟུགས་བཟང་པོ་འམ། གཟུགས་ངན་པར་སྤྲུལ་པ་དེ་ནི་མེད་པར་འགྱུར་བའོ། །མེད་པར་མི་འགྱུར་བ་གང་ཞེ་ན། སྨྲས་པ། རིང་དུ་སོང་ཟིན ་ཀྱང། དེའི་འོག་ཏུ་རང་བཞིན་ཇི་ལྟ་བ་ཁོ་ན་བཞིན་དུ་གནས་པ་གང་ཡིན་པ་དེ་ནི་མེད་པར་མེད་པར་མི་འགྱུར་བའོ། །ཅིའི་ཕྱིར་སྤྲུལ་པ་དུད་པར་འཐུལ་ཞེ་ན། སྨྲས་པ། སྤྲུལ་པ་པོའི་དབང་གིས་འགྱུར་ཏེ། གང་གི་ཚེ་སྤྲུལ་པ་པོ་འདི་སྙམ་དུ་སེམས་ཏེ། སྤྲུལ་པ་དུད་པར་འཐུལ་བར ་གྱུར་ཅིག་སྙམ་པ་དེའི་ཚེ། དུད་པར་འཐུལ་བར་འགྱུར་ཏེ། རྒྱུ་དེས་ན་སྤྲུལ་པ་དུད་པར་འཐུལ་ལོ། །ཅིའི་ཕྱིར་སྤྲུལ་པ་མེར་འབར་ཞེ་ན། སྨྲས་པ། སྤྲུལ་པ་པོའི་དབང་གིས་འགྱུར་ཏེ། གང་གི་ཚེ་སྤྲུལ་པ་པོ་འདི་སྙམ་དུ་སེམས་ཏེ། ཀྱེ་མ་སྤྲུལ་པ་མེར་འབར་བར་གྱུར ་ཅིག་སྙམ་པ་དེའི་ཚེ་མེར་འབར་བར་འགྱུར་ཏེ། རྒྱུ་དེས་ན་སྤྲུལ་པ་མེར་འབར་རོ། །ཅིའི་ཕྱིར་སྤྲུལ་པ་རང་གི་གོས་དང། རང་གི་ལུས་སྲེག་པར་བྱེད་ལ། གཞན་གྱི་གོས་དང། གཞན་གྱི་ལུས་སྲེག་པར་མི་བྱེད་ཅེ་ན། སྨྲས་པ། སྤྲུལ་པ་པོའི་དབང་གིས་འགྱུར་ཏེ། ་སྤྲུལ་པ་པོས་འདི་ཚིག་པར་གྱུར་ཅིག་སྙམ་དུ་བསམས་ན་དེ་ཚིག་པར་འགྱུར་ཏེ། རྒྱུ་དེས་ན་སྤྲུལ་པས་རང་གིས་གོས་དང། རང་གི་ལུས་སྲེག་པར་བྱེད་ཀྱི། གཞན་གྱི་གོས་དང། གཞན་གྱི་ལུས་སྲེག་པར་མི་བྱེད་དོ། །ཅིའི་ཕྱིར་ཚེ་དང་ལྡན་པ་གྱད་བུ་ནོར་གྱིས། ནམ ་མཁའ་ལ་བདག་ཉིད་ཀྱི་ནང་གི་མེའི་ཁམས་ཀྱིས། ལུས་སྲེགས་ཏེ་ཚིག་པར་བྱས་ནས། དུད་པ་ཡང་མེད། ཐལ་བ་འམ། ལྷག་མ་ལུས་པ་ཡང་མེད་ཅེ་ན། སྨྲས་པ། ཚེ་དང་ལྡན་པ་གྱད་བུ་ནོར་གྱིས། ནམ་མཁའ་དེ་ལས་གཞི་སྤྲུལ་ཏེ། སྟེགས་བུ་དང། འཆག་ས ་དང། ཁྲི་དང་ལྡན་པའི་ས་གཞི་སྤྲུལ་ནས། སྟེགས་བུ་དང། འཆག་ས་དང། ཁྲི་དང། མེ་དང་མེའི་སྒྱུར་སྤྲུལ་ཏོ། །མེ་དང་མེའི་རྒྱུར་སྤྲུལ་ནས་ཀྱང། བདག་ཉིད་ཀྱི་ནང་གི་མེའི་ཁམས་ཀྱིས་ལུས་སྲེགས་ཏེ་དེའི་བདག་ཉིད་ཀྱི་མེའི་ཁམས་ཀྱི་ལུས་སྲེགས་ཤིང ་ཚིག་པར་བྱས་ན། དུད་པ་ཡང་མེད། ཐལ་བ་འམ་ལྷག་མ་ལུས་པ་ཡང་མེད་དེ། རྒྱུ་དེས་ན་ཚེ་དང་ལྡན་པ་གྱད་བུ་ནོར་གྱིས། བདག་ཉིད་ཀྱི་ནང་གི་མེའི་ཁམས་ཀྱིས་ལུས་བསྲེགས་ཏེ་ཚིག་པར་བྱས་ནས། དུད་པ་ཡང་མེད། ཐལ་བ་འམ། ལྷག་མ་ལུས་པ་ཙམ་ཡང ་མེད་དོ། །ཆོས་མངོན་པའི་བསྟན་བཅོས་ཆེན་པོ་རྒྱུ་དག་པ་ལས། །ཚིགས་བཅུ་གཅིག་པའོ།། །།རྒྱུ་གདགས་པ། །བམ་པོ་དྲུག་པ། །སྡོམ་ནི། གཞོལ་དང་གང་ཟག་དུས་རླབས་དང། །ལན་ཆེ་རིན་ཆེན་ཆེན་པོ་གནས། །རུལ ་པའི་རོ་དང་གཅིག་མི་གནས། །ཆུ་རླུང་རྒྱན་དང་སྣ་ཚོགས་འདོག་།རྒྱ་མཚོ་ཆེན་པོ་ནི་བྱིན་གྱི་གཞོལ་ཞིང་བྱིན་གྱིས་འབབ་ལ། བྱིན་གྱིས་བབ་སྟེ་མུ་ཁོ་ན་ནས་གད་པར་འདུག་པ་མ་ཡིན་ནོ་ཞེས་གསུངས་པ་དེ། ཅིའི་ཕྱིར་རྒྱ་མཚོ་ཆེན་པོ་བྱིན་གྱིས་གཞོལ ་ཞིང་འབབ་ལ་བྱིན་གྱི་བབ་སྟེ། མུ་ཁོ་ན་ནས་གང་པར་འདུག་པ་མ་ཡིན་ཞེ་ན། སྨྲས་པ། རྒྱ་མཚོ་ཆེན་པོ་ནི་བྱིན་གྱིས་གཞོལ་ཞིང་བྱིན་གྱིས་འབབ་ལ། བྱིན་གྱིས་བབ་པ་ཡང་མ་ཡིན་མུ་ཁོ་ནས་གང་པར་འདུག་པ་ཡང་མ་ཡིན་གྱི། གླིང་དེ་དག་དེ་ལྟར་འདུག་སྟེ། ་དཔེར་ན་ནས་ཀྱི་ཕུང་པོ་འམ། འབྲས་ཀྱི་ཕུང་པོ་བྱིན་གྱིས་གཞོལ་ཞིང་བྱིན་གྱིས་བབ་ལ། བྱིན་གྱིས་བབ་པ་བཞིན་ཏེ། རྒྱུ་དེས་ན་རྒྱ་མཚོ་ཆེན་པོ་བྱིན་གྱིས་གཞོལ་ཞིང་བྱིན་གྱིས་འབབ་ལ། བྱིན་གྱིས་བབ་སྟེ་མུ་ཁོ་ན་ནས་གང་བར་འདུག་པ་མ་ཡིན་ནོ། །རྒྱ་མཚོ་ཆེན ་པོ་ནི་ཟབ་ཅིང་མུར་ཐུག་པར་དཀའ་ཨོ་ཞེས་གསུངས་པ། དེ་ཅིའི་ཕྱིར་རྒྱ་མཚོ་ཆེན་པོ་ཟབ་ཅིང་མུར་ཐུག་པར་དཀའ་ཞེ་ན། སྨྲས་པ། རྒྱ་མཚོ་ཆེན་པོ་ནི་ཟབ་ཅིང་མུར་ཐུག་པར་དཀའ་བ་ཡིན་ཏེ། རྒྱ་མཚོ་ཆེན་པོ་ནི་ཟབས་ཀྱི་ཚད་དང། རྒྱའི་ཚད་ཀྱང་ཡོད་ཀྱི། དེའི་ནང་ན ་འདུག་པའི་ཆུ་ལ་ཆུ་འདི་ཙམ་ཞིག་ཡོད་དོ་ཞེ་འམ། ཆུ་བུམ་པ་གཅིག་གམ། ཆུ་བུ་མ་བ་བརྒྱ་འམ། ཆུ་བུམ་པ་སྟོང་དམ། ཆུ་བུམ་པ་འབུམ་ཞེས་གཞལ་བར་མི་ནུས་ཏེ། རྒྱུ་དེས་ན་རྒྱ་མཚོ་ཆེན་པོ་ཟབ་ཅིང་མུར་ཐུག་པར་དཀའ་ཨོ། །རྒྱ་མཚོ་ཆེན་པོ་ནི་དུས་རླབས་ལ ་བབ་ན། ཡོལ་བར་མི་འགྱུར་རོ་ཞེས་གསུངས་པ་དེ། ཅིའི་ཕྱིར་རྒྱ་མཚོ་ཆེན་པོ་དུས་རླབས་ལ་བབ་ན་ཡོལ་བར་མི་འགྱུར་ཞེ་ན། སྨྲས་པ། དུས་རླབས་གཉིས་ཏེ། ནང་པར་དང་ཕྱེ་མ་རེད་ཀྱི་དུས་རླབས་དང། དུས་རླབས་ཆེན་པོའོ། །ནང་པར་དང་ཕྱེ་མ་རེད ་ཀྱི་དུས་རླབས་གང་ཞེ་ན། འདི་ལྟ་སྟེ། རྒྱ་མཚོའི་ནང་ན་གནས་པའི་སྲོག་ཆགས་བཀྲེས་ཤིང་ཉམ་ཆུང་པར་གྱུར་ཏེ། ཟས་འཚོལ་བ་རྣམས་ནང་བར་སྔར་ཆུའི་ནང་ནས་བྱུང་སྟེ་ཐང་ལ་འགྲོ་ལ། དེ་དག་བཀྲེས་བཞིན་དུ་ཕྱེ་མ་རེད་ཕྱིར་ལྡོག་སྟེ། དེ་དག་གྱེན་དུ་འབྱུང་བ་དང། ཕྱིར་ལྡོག ་བ་ལས་དུས་རླབས་ཀྱི་རླབས་འབྱུང་བར་འགྱུར་བ་འདི་ནི། ནང་པར་དང་ཕྱེ་མ་རེད་ཀྱི་དུས་རླབས་ཞེས་བྱའོ། །དུས་རླབས་ཆེན་པོ་གང་ཞེ་ན། འདི་ལྟ་སྟེ། རྒྱ་མཚོ་ཆེན་པོའི་ནང་ན་གནས་པ་རྣམས། ཚེས་རྒྱད་དང། ཚེས་བཅུ་བཞི་དང། ཆུ་འཕྲུལ་གྱི་ཟླ་བ་ཕྱེད་དང། དེ ་ལ་སོགས་པའི་ཚེས་གྲངས་དག་ཏུ་ཆུའི་ནང་ནས་ཐང་ལ་བྱུང་ནས། ཟླ་བ་ལ་དད་པ་རྣམས་ནི་ཟླ་བ་ལ་ཕྱག་འཚལ། ཉི་མ་ལ་དད་པ་རྣམས་ནི་ཉི་མ་ལ་ཕྱག་འཚལ་སྐེམ་བྱེད་ལ་དད་པ་རྣམས་ནི་སྐེམ་བྱེད་ལ་ཕྱག་འཚལ། སངས་རྒྱས་ལ་དད་པའི་དགེ་བསྟེན་རྣམས་ནི ་གསོ་སྦྱོང་ལ་གནས་པར་བྱེད་དེ། དེ་དག་གྱེན་དུ་འབྱུང་བ་དང། ཕྱིར་ལྡོག་པ་ལས་དུས་རླབས་ཆེན་པོའི་རླབས་འབྱུང་བར་འགྱུར་ཏེ། རྒྱུ་དེས་ན་རྒྱ་མཚོ་ཆེན་པོ་དུས་རླབས་ལ་བབ་ན་ཡོལ་བར་མི་འགྱུར་རོ། །རྒྱ་མཚོ་ཆེན་པོ་ནི་འདྲ་བར་ལན་ཚའི་རོར་རོ་གཅིག་གོ་ཞེས ་གསུངས་པ་དེ། ཅིའི་ཕྱིར་རྒྱ་མཚོ་ཆེན་པོ་འདྲ་བར་ལན་ཚའི་རོར་རོ་གཅིག་ཅེ་ན། སྨྲས་པ། རྒྱ་མཚོ་ཆེན་པོའི་ནང་ནས། སྲོག་ཆགས་སྐྱེ་ཡང་སྐྱེ། རྒ་ཡང་རྒ། འཆི་ཡང་འཆི་བ་དག་ཡོད་དེ། དེ་དག་གི་ལུས་ཀྱི་དྲི་མ་དང། ལུས་ཀྱི་སྙག་སྙིག་གིས་རྒྱ་མཚོ་ཆེན་པོ ་ལན་ཚའི་རོ་བྲོ་བར་འགྱུར་རོ། །གཞན་ཡང་རྒྱ་མཚོ་ཆེན་པོའི་ནང་ན་ལན་ཚའི་རོ་དག་ཡོད་དེ། དེ་དག་ཞུ་བ་ལས་རྒྱ་མཚོ་ཆེན་པོ་ལན་ཚའི་རོར་བྲོ་པར་འགྱུར་རོ། །གཞན་ཡང་གླིང་རྣམས་ལ་མི་འཁོད་པ་རྣམས་ཀྱིས་རྩཝ་དང། ཤིང་དང་ཡལ་ག་དང། ལོ་མ ་དང། ལོ་མ་ཕྲེའུ་དང། འདབ་མ་རྣམས་ཆུ་ཀླུང་གི་ནང་དུ་བོར་བ་དེ་དག་ཀུན་དུ་རུལ་པ་ལས་རྒྱ་མཚོ་ཆེན་པོ་ལན་ཚའི་རོ་བྲོ་བར་འགྱུར་ཏེ། །རྒྱུ་དེ་ན་རྒྱ་མཚོ་ཆེན་པོ་འདྲ་བར་ལན་ཚའི་རོར་རོ་གཅིག་གོ་།རྒྱ་མཚོ་ཆེན་པོ་རིན་པོ་ཆེ་མང་པོ་དང། རིན་པོ་ཆེ་སྣ་ཚོགས ་ཀྱིས་གང་ངོ་ཞེས་གསུངས་པ་དེ། ཅིའི་ཕྱིར་རྒྱ་མཚོ་ཆེན་པོ་རིན་པོ་ཆེ་མང་པོ་དང། རིན་པོ་ཆེ་སྣ་ཚོགས་ཀྱིས་གང་བར་གྱུར་ཅེ་ན། སྨྲས་པ། འཇིག་རྟེན་ཆགས་པ་ན། རྒྱུའི་མཆོག་དང། སྙིང་པོའི་མཆོག་དང། བཟང་པོའི་མཆོག་དང། ཟོད ་གི་མཆོག་གང་ཡིན་པ་དེ་ཕྱོགས་དེར་སྡུད་ཏེ། དེ་ལས་རིའི་རྒྱལ་པོ་རི་རབ་དང། གསེར་གྱི་རི་བདུན་པོ་རྣམས་གྲུབ་པོ། །ཁམས་བཟང་པོ་ལྷག་མ་རྣམས་ནི་དེ་ཉིད་དུ་བྱིང་བའི་ཕྱིར་རོ། །གཞན་ཡང་རྒྱ་མཚོ་ཆེན་པོའི་ནང་ན་ཀླུ་དབང་ཆེ་བར་གྲགས་པ་རྣམས་ཀྱི ་གནས། རིན་པོ་ཆེ་མང་པོ་དང། རིན་པོ་ཆེ་སྣ་ཚོགས་ཀྱི་གང་བ་ཡོད་དེ། རྒྱུ་དེས་ན་རྒྱ་མཚོ་ཆེན་པོ་རིན་པོ་ཆེ་མང་པོ་དང། རིན་པོ་ཆེ་སྣ་ཚོགས་ཀྱིས་གང་ངོ། །རྒྱ་མཚོ་ཆེན་པོའི་ནང་ན་སེམས་ཅན་ཆེན་པོ་རྣམས་གནས་སོ་ཞེས་གསུངས་པ་དེ། ཅིའི་ཕྱིར ་རྒྱ་མཚོ་ཆེན་པོའི་ནང་ན་སེམས་ཅན་ཆེན་པོ་རྣམས་གནས་ཤེ་ན། སྨྲས་པ། སེམས་ཅན་གང་དག་སྔོན་མིར་གྱུར་ཅིང་འདུག་འདུག་པ་རྣམས་ཀྱིས། ཆོས་མ་ཡིན་པས་ལོངས་སྤྱོད་རྣམས་བསྒྲུབས་ནས་བདག་ཉིད་ཀྱང་བདེ་བས་ཚིམ་པར་བྱས། བུ་དང ་ཆུང་མ་དང། ཁྲོམ་གི་རུ་བ་དང། ཟས་དང། སྐོམ་གྱིས་རྒྱས་པར་བྱས་པ་དེ་དག་ཉེས་པར་སྤྱད་པ་དང་དེ་དང། ཡང་དག་པར་བླངས་པ་དེ་ལྟ་བུ་དང། ཡང་དག་པར་བཟུང་བ་དེ་ལྟ་བུས། ལུས་ཞི་གནས་ཤི་བའི་འོག་ཏུ་ངན་སོང་ངན་འགྲོ་ལོག་པར་ལྟུང ་བ་སེམས་ཅན་དམྱལ་བ་རྣམས་སུ་སྐྱེ་བར་འགྱུར་ལ། དེ་དག་སེམས་ཅན་དམྱལ་བ་རྣམས་ཤི་འཕོས་ནས་ཀྱང། ལས་ཀྱི་ལྷག་མ་དེས་རྒྱ་མཚོ་ཆེན་པོའི་ནང་ནས་དུད་འགྲོ་རྣམས་སུ་སྐྱེ་བར་འགྱུར་ཏེ། དེ་དག་དེར་ལུས་ཆེ་བ་དང། མང་དུ་ཟ་བར་འགྱུར་ཏེ། དེ ་དག་སྲོག་ཆགས་མང་པོ་དག་གི་བཟའ་བར་འགྱུར་ལ། དེ་དག་ཀྱང་མང་པོ་རྣམས་ལ་ཟ་བར་འགྱུར་ཏེ། གླིང་གང་དག་དུ་གནས་ནས། སྡིག་པ་མི་དགེ་བའི་ལས་ཀྱི་རྣམ་པར་སྨིན་པ་ཉམས་སུ་མྱོང་བར་འགྱུར་བའི་གོ་སྐབས་ཀྱང་མེད་དེ། རྒྱུ་དེས་ན་རྒྱ ་མཚོ་ཆེན་པོའི་ནང་ན། སེམས་ཅན་ཆེན་པོ་རྣམས་གནས་སོ། །རྒྱ་མཚོ་ཆེན་པོ་ནི་ཤི་བའི་རོ་དང་ལྷན་ཅིག་མི་གནས་སོ་ཞེས་གསུངས་པ་དེ། ཅིའི་ཕྱིར་རྒྱ་མཚོ་ཆེན་པོ་ཤི་བའི་རོ་དང་ལྷན་ཅིག་མི་གནས་ཤེ་ན། སྨྲས་པ། རྒྱ་མཚོ་ཆེན་པོའི་ནང་ན་ཀྲུ་གཙང་སྦྲ་སྤྱོད་པ་རྣམས ་ཀྱི་གནས་དག་ཡོད་དེ། ཀླུའི་གནས་གང་གི་སྟེང་དུ་ཤི་པའི་རོ་གནས་པར་གྱུར་པ་དེས་དེའི་མཚན་མོ་ཉིད་དུ་ཀླུའི་གནས་གཉིས་པར་ཕུལ་ལོ། །གནས་གཉིས་པ་ནས་གསུམ་པར་ཕུལ་ལོ། །གསུམ་པ་ནས་བཞི་པར་ཕུལ་ཏེ། དེ་ལྟ་བུའི་རིམ་ལས་འགྲམ་དུ་བསྐྱལ ་ནས་ཐང་ལ་འདོར་ཏེ། རྒྱུ་དེས་ན་རྒྱ་མཚོ་ཆེན་པོ་ཤི་བའི་རོ་དང་ལྷན་ཅིག་མི་གནས་སོ། །རྒྱ་མཚོ་ཆེན་པོར་ནི་འཛམ་བུའི་ཚལ་གྱི་ཆུ་ཀླུང་འབབ་པ་གང་ཡིན་པ་རྣམས་དང། བར་སྣང་ལས་ཆར་གྱི་རྒྱུན་ཤིང་རྟའི་སྲོག་ཤིང་ཙམ་འབབ་ཀྱང་དེས་རྒྱ་མཚོ་ཆེན་པོ་དེ་འགྲིབ་པར ་འགྱུར་བ་ཡང་མེད། གང་བར་འགྱུར་བ་ཡང་མེད་དོ་ཞེས་གསུངས་པ་དེ། ཅིའི་ཕྱིར་འཛམ་བུའི་ཚལ་ནས། ཆུ་ཀླུང་འབབ་པ་གང་ཡིན་པ་རྣམས་དང། བར་སྣང་ལས་ཆར་ཀྱི་རྒྱུན་ཤིང་རྟའི་སྲོག་ཤིང་ཙམ་འབབ་ཀྱང། དེས་རྒྱ་མཚོ་ཆེན་པོ་དེ་འགྲིབ་པར་འགྱུར་བ་ཡང་མེད། གང ་བར་འགྱུར་བ་ཡང་མེད་ཅེ་ན། སྨྲས་པ། རྒྱ་མཚོ་ཆེན་པོའི་ནང་ན་གནས་པའི་སྲོག་ཆགས་རྣམས་ཀྱི་ལོངས་སྤྱོད་དུ་འགྲོ་ལ། ལྷག་མ་རླུང་དང་ཉིན་ཚན་གྱིས་ཟད་ཅིང་གཏུགས་པར་འགྱུར་ཏེ། རྒྱུ་དེས་ན་རྒྱ་མཚོ་ཆེན་པོ་འགྲིབ་པར་འགྱུར་བ་ཡང་མེད། གང་བར་འགྱུར ་བ་ཡང་མེད་དོ། །རྒྱ་མཚོ་ཆེན་པོའི་ནང་ན་སྲོག་ཆགས་ཁ་དོག་སྣ་ཚོགས་དང། རྟགས་སྣ་ཚོགས་དང། དབྱིབས་སྣ་ཚོགས་སྣ་ཚོགས་དང། ཁ་དོག་དུ་མ་དང། རྟགས་དུ་མ་དང། དབྱིབས་དུ་མ་ཡོད་དོ་ཞེས་གསུངས་པ་དེ། ཅིའི་ཕྱིར་རྒྱ་མཚོ་ཆེན་པོའི་ནང་ན། སྲོག ་ཆགས་ཁ་དོག་སྣ་ཚོགས་དང། རྟགས་སྣ་ཚོགས་དང། དབྱིབས་སྣ་ཚོགས་དང། ཁ་དོག་དུ་མ་དང། རྟགས་དུ་མ་དང། དབྱིབས་དུ་མ་ཡོད་ཅེ་ན། སྨྲས་པ། སེམས་ཅན་གང་སྔོན་མི་འགྱུར་ཅིང་འདུག་པ་རྣམས་ཀྱིས། ལུས་ཀྱིས་སྡིག་པ་མི་དགེ་བའི་ལས་ཇི ་ལྟ་བུ་བྱས་པ་དང། ངག་གི་ཇི་ལྟ་བུ་སྨྲས་པའི་ཉེས་པར་སྤྱད་པ་དེ་དང། ཡང་དག་པར་བླངས་པ་དེ་ལྟ་བུ་དང། ཡང་དག་པར་བཟུང་བ་དེ་ལྟ་བུས་ལུས་ཞིག་ནས་ཤི་བའི་འོག་ཏུ་ངན་སོང་ངན་འགྲོ་ལོག་པར་ལྟུང་བ། སེམས་ཅན་དམྱལ་བ ་རྣམས་སུ་སྐྱེ་བར་འགྱུར་ལ། དེ་དག་སེམས་ཅན་དམྱལ་བ་རྣམས་ནས་ཤི་འཕོས་ནས་ཀྱང། ལས་ཀྱི་ལྷག་མ་དེས་རྒྱ་མཚོ་ཆེན་པོའི་ནང་དུ། དུད་འགྲོ་རྣམས་སུ་སྐྱེ་བར་འགྱུར་ཏེ། དེ་དག་དེར་ཁ་དོག་སྣ་ཚོགས་དང། རྟགས་སྣ་ཚོགས་དང། དབྱིབས་སྣ་ཚོགས ་དང། ཁ་དོག་དུ་མ་དང། རྟགས་དུ་མ་དང། དབྱིབས་དུ་མར་འགྱུར་ཏེ། རྒྱུ་དེས་ན་རྒྱ་མཚོ་ཆེན་པོའི་ནང་ན། སྲོག་ཆགས་ཁ་དོག་སྣ་ཚོགས་དང། རྟགས་སྣ་ཚོགས་དང། དབྱིབས་སྣ་ཚོགས་དང། ཁ་དོག་དུ་མ་དང། རྟགས་དུ་མ་དང། དབྱིབས་དུ་མ་ཡོད་དོ།། ་ཆོས་མངོན་པའི་བསྟན་བཅོས་ཆེན་པོ་རྒྱུ་གདགས་པ་ལས་ཚིགས་བཅུ་གཉིས་པའོ།། །།སྡོམ་ནི། གཅིག་ཏུ་གྱུར་དང་གཉིས་མ་ཡིན། །རྩིག་པས་ཆོད་དང་ས་ལ་འཛུལ། །ཆུ་དང་ནམ་མཁའ་ཉི་ཟླ་དང། །ཚངས་གནས་འཆག་དང་འགྲེང་འདུག་ཉལ? ་དེ་གཅིག་ཏུ་གྱུར་ནས་མང་པོར་འགྱུར་ཞེས་གསུངས་པ་དེ་ཇི་ལྟར་ན་གཅིག་ཏུ་གྱུར་ནས་མང་པོར་འགྱུར་ཞེ་ན། སྨྲས་པ། འདི་ལ་དགེ་སློང་འཇིག་རྟེན་པའི་ཏིང་ངེ་འཛིན་གང་དང་གང་ལ་ཅི་འདོད་པ་བཞིན་འཐོབ་པ་དང། དཀའ་བ་མེད་པར་འཐོབ་པ་དང། ཚོགས ་མེད་པར་ཐོབ་པ་དེས། དེ་སྐྱེས་ཅིང་སྐྲུན་ཏེ་ཡང་དག་པར་སྐྱེད་ཅིང་ཡང་དག་པར་སྒྲུབ་པར་བྱེད་ལ་གསལ་བར་བྱེད་དོ། །དེས་དེ་སྐྱེད་ཅིང་སྐྲུན་ཏེ། ཡང་དག་པར་སྐྲུན་ཅིང་ཡང་དག་པར་བསྒྲུབས་ལ་གསལ་བར་བྱས་ནས་གླང་པོ་ཆེའི་ལུས་སམ། རྟའི་ལུས་སམ། ་ཤིང་རྟའི་ལུས་སམ། དཔུང་བུ་ཆུང་གི་ལུས་སམ། ཁྱུ་མཆོག་གི་ལུས་སམ། བྱའི་ལུས་སམ། ཤིང་གི་ལུས་སམ། རྩིག་པའི་ལུས་སམ། ཅི་དང་ཅི་འདོད་པའི་ཕྱི་རོལ་དུ་མངོན་པར་སྒྲུབས་ཅིང། མངོན་པར་སྤྱོད་དེ། མངོན་པར་རྩོམ་པར་བྱེད་ལ། མངོན ་བར་བསྒྲུབས་ཤིང་མངོན་པར་སྤྱད་དེ། མངོན་པར་བརྩམས་པ་དེ་དག་གི་སྒོ་ནས། དེ་ལྟར་གཅིག་ཏུ་གྱུར་ནས་མང་པོར་འགྱུར་རོ། །དེ་མང་པོར་གྱུར་ནས་གཅིག་ཏུ་འགྱུར་རོ། །ཞེས་གསུངས་པ་དེ། ཇི་ལྟར་ན་མང་པོར་གྱུར་ནས་གཅིག་ཏུ་འགྱུར་ཞེ་ན། སྨྲས་པ། འདི་ན ་དགེ་སློང་གི་རྣམ་པ་གང་དག་དང། རྟགས་གང་དག་།མཚན་མ་གང་དག་གིས་གླང་པོའི་ལུས་དང། རྟའི་ལུས་དང། ཤིང་རྟའི་ལུས་དང། དཔུང་བུ་ཆུང་གི་ལུས་དང། ཁྱུ་མཆོག་གི་ལུས་དང། བྱའི་ལུས་དང། ཤིང་གི་ལུས་དང། རྩིག་པའི་ལུས་རྣམས་ཕྱི་རོལ ་ཏུ་མངོན་པར་བསྒྲུབས་ཤིང། མངོན་པར་སྤྱད་དེ། མངོན་པར་བརྩམས་པའི་སྦྱོར་བ་དེ་དག་དེས་གཏང་སྟེ། མཚན་མ་རྣམས་ཀྱང་མི་སྣང་བར་བྱས་ནས། སྦྱོར་བ་རྣམས་གཏང་ཞིང། མཚན་མ་རྣམས་མི་སྣང་བར་བྱས་པ་ལྟ་བུ་ལ་མང་པོར་གྱུར་ནས་གཅིག་ཏུ་འགྱུར ་ཞེས་བྱའོ། །དེས་སྣང་བར་གྱུར་ཅིང་མི་སྣང་བར་འགྱུར་བ་ཤེས་པ་དང། མཐོང་བས་ཉམས་སུ་མྱོང་ངོ་ཞེས་གསུངས་པ་དེ་ཇི་ལྟར་ན་སྣང་བ་ལས་མི་སྣང་བར་འགྱུར་ཞེ་ན། སྨྲས་པ། དེ་སེམས་ཅན་དེ་དག་ལ་སྣང་བཞིན་དུ་འདུག་པ་ལས་འདི་སྙམ་དུ་སེམས་ཏེ། ཅི་ནས ་བདག་མི་ཤེས་པར་བྱའོ། །ཅི་ནས་བདག་མི་མཐོང་བར་བྱའོ་སྙམ་སྟེ། དེ་དེར་རྩིག་པས་ཆོད་པ་འམ། བྲག་གིས་ཆོད་པ་འམ། ར་བས་ཆོད་པར་མོས་པར་བྱེད་དེ། དེ་ལྟར་ན་སྣང་བཞིན་དུ་འདུག་པ་ལས་མི་སྣང་བར་འགྱུར་རོ། །ཇི་ལྟར་ན་མི་སྣང་ཞིང་འདུག་པ་ལས་སྣང ་བར་འགྱུར་ཞེ་ན། སྨྲས་པ། དེ་སེམས་ཅན་དེ་དག་ལ་མི་སྣང་ཞིང་འདུག་པ་ལས་འདི་སྙམ་དུ་སེམས་ཏེ། ཅི་ནས་བདག་ཤེས་པར་བྱའོ། །ཅི་ནས་བདག་མཐོང་བར་བྱའོ་སྙམ་སྟེ། དེ་དག་དང་ཉེ་ཞིང་ཐུབ་པར་མོས་པར་བྱེད་དེ། དེ་ལྟར་ན་མི་སྣང་ཞིང་འདུག་པ་ལས་སྣང་བར ་འགྱུར་རོ། དེ་ལྟར་ན་སྣང་བར་གྱུར་ཅིང་མི་སྣང་བར་འགྱུར་བ་རྣམས་ལ་སྣང་ཞིང་འདུག་པ་ལ་མི་སྣང་བར་འགྱུར་བ་དང། མི་སྣང་ཞིང་འདུག་པ་ལས་སྣང་བར་འགྱུར་ལ། ཤེས་པ་ཡང་དེ་ཡིན། མཐོང་བ་ཡང་དེ་ཡིན་ཏེ། དགེ་སློང་གིས་ཤེས་པ་དང་མཐོང་བ་དེ་མྱོང་ ་ཞིང་སོ་སོར་མྱོང་ལ། རིག་ཅིང་ཉམས་སུ་མྱོང་ངོ། །དེ་ལ་ཤེས་པ་དང། མཐོང་བ་ནི་རྟོགས་པ་དང། ཡང་དག་པར་རྟོགས་པ་དང། ཉེ་བར་རྟོགས་པ་དང། བསྟེན་པ་དང། ཡང་དག་པར་ཁོང་དུ་ཆུད་པ་དང། མང་དུ་ཤེས་པ་དང། ཡིད་གཞུངས་པ་དང། བློ་དང། ་མཁས་པ་དང། ཤེས་རབ་དང། སྤྱོད་པ་དང། ལྷག་མཐོང་གང་ཡིན་པ་སྟེ། དེ་ལྟར་ན་སྣང་བར་འགྱུར་བ་པའམ། མི་སྣང་བར་གྱུར་པ་ཤེས་པ་དང། མཐོང་བས་ཉམས་སུ་མྱོང་ངོ། །དེ་རྩིག་པས་ཆོད་པ་འམ། བྲག་གིས་ཆོད་པ་འམ། ར་བས་ཆོད་པ་ལ་ལུས་མི་ཐོག་པར་འགྲོ་སྟེ། ་དཔེར་ན་ནམ་མཁའ་ལ་བྱ་བ་བཞིན་ནོ་ཞེས་གསུངས་པ་དེ་ཇི་ལྟར་རྩིག་པས་ཆོད་པ་འམ། བྲག་གི་ཆོད་པ་འམ། ར་བས་ཆོད་པ་ལ་ལུས་མི་ཐོགས་པར་འགྲོ་སྟེ། དཔེར་ན་ནམ་མཁའ་ལ་བྱ་བ་བཞིན་ཞེ་ན། སྨྲས་པ། ནམ་མཁའ་ཨི་སྙོམས་པར་འཇུག་པ་ལ་སྙོམས་པར་ཞུགས་པས་ན། རྩིག་པས ་ཆོད་པ་འམ། བྲག་གིས་ཆོད་པ་འམ། ར་བས་ཆོད་པ་ལ་ལུས་མི་ཐོགས་པར་འགྲོ་སྟེ། དཔེར་ན་ནམ་མཁའ་ལ་བྱ་བ་བཞིན་སྟེ། དེ་ལྟར་ན་རྩིག་པས་ཆོད་པ་འམ། བྲག་གི་ཆོད་པ་འམ། ར་བས་ཆོད་པ་ལ་ལུས་མི་ཐོགས་པར་འགྲོ་སྟེ། དཔེར་ན་ནམ་མཁའ་ལ་བྱ་བ་བཞིན་ནོ། །དེས་ལ་སྟེང ་དུ་འབྱུང་བ་དང། བྱིའུ་ཟུལ་བྱེད་དེ། དཔེར་ན་ཆུ་ལ་བྱ་བ་བཞིན་ནོ་ཞེས་གསུངས་པ་དེ། ཇི་ལྟར་ནས་ལ་སྟེང་དུ་འབྱུང་བ་དང། བྱིའུ་ཟུལ་བྱེད་དེ། དཔེར་ན། ཆུ་ལ་བྱ་བ་བཞིན་ནོ་ཞེ་ན། སྨྲས་པ། ཆུའི་སྙོམས་པར་འཇུག་པ་ལ་སྙོམས་པར་ཞུགས་པས་ན་ས་ལ་སྟེང་དུ་འབྱུང་བ་དང། ་བྱིའུ་ཟུལ་བྱེད་དེ། དཔེར་ན། ཆུ་ལ་བྱ་བ་བཞིན་ཏེ། དེ་ལྟར་ནས་ལ་སྟེང་དུ་འབྱུང་བ་དང། བྱིའུ་ཟུལ་བྱེད་དེ། དཔེར་ན་ནམ་མཁའ་ལ་བྱ་བ་བཞིན་ནོ། །དེ་ཆུའི་རྒྱུན་ལ་མི་ཆུབ་པར་འགྲོ་སྟེ། དཔེར་ན། ས་ལ་བྱ་བ་བཞིན་ནོ་ཞེས་གསུངས་པ་དེ། ཇི་ལྟར་ན་ཆུའི་རྒྱུན་ལ་མི་ནུབ་པར་འགྲོ་སྟེ། ་དཔེར་ནས་ལ་བྱ་བ་བཞིན་ཞེ་ན། སྨྲས་པ། སའི་སྙོམས་པར་འཇུག་པ་ལ་སྙོམས་པར་ཞུགས་པས་ན། ཆུའི་རྒྱུན་ལ་མི་ནུབ་པར་འགྲོ་སྟེ། དཔེར་ནས་ལ་བྱ་བ་བཞིན་ཏེ། དེ་ལྟར་ན་ཆུའི་རྒྱུན་ལ་མི་ནུབ་པར་འགྲོ་སྟེ། དཔེར་ནས་ལ་བྱ་བ་བཞིན་ནོ། །དེ་ནམ་མཁའ་ལ་སྐྱིལ་མོ་ཀྲུང་བཅོས ་བཞིན་དུ་འགྲོ་སྟེ། དཔེར་ན་མངའ་ཆགས་བྱ་བཞིན་ནོ་ཞེས་གསུངས་པ་དེ་ཇི་ལྟར་ན་ནམ་མཁའ་ལ་སྐྱིལ་མོ་ཀྲུང་བྱས་བཞིན་དུ་འགྲོ་སྟེ། དཔེར་ན་མངའ་ཆགས་བྱ་བཞིན་ཞེ་ན། སྨྲས་པ། འདི་ལ་དགེ་སློང་འཇིག་རྟེན་པའི་སྙོམས་པར་འཇུག་པ་གང་དང་གང་ལ། ཅི་འདོད་པ་བཞིན་ཐོབ་པ་དང། ་དཀའ་བ་མེད་པར་ཐོབ་པ་དང། ཚོགས་མེད་པར་ཐོབ་པ་དེས་དེ་སྐྱེད་ཅིང་སྐྲུན་ཏེ། ཡང་དག་པར་སྐྱེད་ཅིང་ཡང་དག་པར་སྒྲུབ་པར་བྱེད་པ་ལ་གསལ་བར་བྱེད་དོ། །དེས་དེ་སྐྱེད་ཅིང་བསྐྲུན་ཏེ། ཡང་དག་པར་བསྐྲུན་ཅིང་ཡང་དག་པར་བསྒྲུབས་པ་གསལ་བར་བྱས་ནས། །ཕྱོགས་གང ་ན་འགྲེང་ངམ། འདུག་གམ། ཉལ་ཡང་རུང་སྟེ། དེས་དེར་མེ་འམ། མེ་ལྕེ་འམ། དུད་པ་འམ། དུད་པའི་རྟགས་ཅན་ནམ། རླུང་ངམ། རླུང་གི་དཀྱིལ་འཁོར་དུ་མོས་པར་བྱེད་དེ། དེ་དེར་མེ་འམ། མེ་ལྕེ་འམ། དུད་པ་འམ། དུད་པའི་རྟགས་ཅན་ནམ། རླུང་ངམ། རླུང་གི་དཀྱིལ་འཁོར ་དུ་མོས་ནས་ཀྱང་དེའི་འོག་ཏུ་བདག་རླུང་གི་དཀྱིལ་འཁོར་གྱིས་གྱེན་དུ་ཁྱེར་བར་གྱུར་ཅིག་སྙམ་དུ་མོས་པ་འམ། ཡང་ན་གླང་པོ་ཆེ་འམ། རྟ་འམ། ཤིང་རྟ་འམ། དཔུང་བུ་ཆུང་ངམ། བྱ་འམ། རྩིག་པ་འམ། ཤིང་ཁྱད་པར་གྱུར་ཅིག་སྙམ་དུ་མོས་པར་བྱེད་དོ། ཇི་ལྟ་ཇི་ལྟར་མོས་པ ་དེ་ལྟ་དེ་ལྟར་གཞན་གྱི་ཤའི་མིག་ཐ་མལ་པས་མཐོང་ངོ། །དེ་འདི་སྙམ་དུ་སེམས་ཏེ། ཀྱེ་མ་རྫུ་འཕྲུལ་འདི་ལྟ་བུ་ཞིག་མྱོང་བར་བྱའོ། །སོ་སོར་མྱོང་བར་བྱའོ། །རིག་པར་བྱའོ། །ཉམས་སུ་མྱོང་བར་བྱའོ་སྙམ་དུ་བསམས་ན། དེ་བཞིན་དུ་འགྲུབ་པར་འགྱུར་ཏེ། འདི་ལྟ་སྟེ། རྫུ་འཕྲུལ ་གྱི་རྐང་པ་རྣམས་ལེགས་པར་བསྒོམས་པའི་ཕྱིར་རོ། །དེ་ལྟར་ན་ནམ་མཁའ་ལ་དཀྱིལ་མོ་ཀྲུང་བཅས་བཞིན་དུ་འགྲོ་སྟེ། དཔེར་ན་འདབ་ཆགས་བྱ་བ་བཞིན་ནོ། །དེས་ཉི་མ་དང། ཟླ་བ་གཉིས་ལག་པས་འཛིན་ཅིང། ཀུན་དུ་ཉུག་པར་བྱེད་དོ་ཞེས་གསུངས་པ་དེ། ཇི་ལྟར་ན་ཉི་མ་དང ་ཟླ་བ་འདི་གཉིས་ལ་ལག་པས་འཛིན་ཅིང་ཀུན་དུ་ཉུག་པར་བྱེད་ཅེ་ན། སྨྲས་པ། ཉི་མ་ཞེས་བྱ་བ་ནི་ཉི་མའི་དཀྱིལ་འཁོར་ཡིན་ནོ། །ཟླ་བ་ཞེས་བྱ་བ་ནི་ཟླ་བའི་དཀྱིལ་འཁོར་ཡིན་ཏེ། དགེ་སློང་དེས་ཉི་མའི་དཀྱིལ་འཁོར་འདི་དང། ཟླ་བའི་དཀྱིལ་འཁོར་ལ་འདི་ཉེ་ཞིང་ཐུག་པར ་མོས་ནས་ལག་པས་འཛིན་ཅིང་ཀུན་ཏུ་ཉུག་པར་བྱེད་ལ། ནོམ་ཞིང་ཀུན་དུ་ནོམ་སྟེ། དེ་ལྟར་ན་ཉི་མ་དང་ཟླ་བ་འདི་གཉིས་ལ་ལག་པར་འཛིན་ཅིང་ཀུན་ཏུ་ཉུག་གོ་།དེ་ཚངས་པའི་འཇིག་རྟེན་དུ་ལུས་དབང་བྱེད་དོ་ཞེས་གསུང་བ་དེ། ཇི་ལྟར་ན་ཚངས་པའི ་འཇིག་རྟེན་དུ་ལུས་ཀྱི་དབང་བྱེད་ཅེ་ན། སྨྲས་པ། དགེ་སློང་འཇིག་རྟེན་པའི་ཏིང་ངེ་འཛིན་གང་ལ་ཅི་འདོད་པ་བཞིན་ཐོབ་པ་དང། དཀའ་བ་མེད་པར་ཐོབ་པ་དང། ཚེགས?་མེད་པར་ཐོབ་པ་དེས། དེ་སྐྱེད་ཅིང་སྐྲུན་ཏེ། ཡང་དག་པར་སྐྱེད་ཅིང་ཡང་དག་པར་སྒྲུབ་པར་བྱེད་ལ། གསལ ་བར་བྱེད་དོ། །དེས་སྐྱེད་ཅིང་བསྐྲུན་ཏེ། ཡང་དག་པར་བསྐྲུན་ཅིང། ཡང་དག་པར་བསྒྲུབས་པ་ལ་གསལ་བར་བྱས་ནས། ལུས་ཀྱང་སེམས་ལ་འཇོག་ལ། སེམས་ཀྱང་ལུས་ལ་འཇོག་པར་བྱེད་དོ། །ལུས་སེམས་ལ་གཞག་ལ། སེམས་ཀྱང་ལུས་ལ་བཞག་ནས་ཀྱང། གཅིག ་ཏུ་གྱུར་ཅིང་ཀུན་ཏུ་འདྲེས་ཏེ། དཔེར་ན་མར་རམ། ཏིལ་མར་རམ། སྦྲང་རྩི་འམ། བུ་རམ་གྱི་དབུ་བ་ཆུ་དང་གཅིག་ཏུ་འགྱུར་ཞིང། ཀུན་དུ་འདྲེས་པ་དེ་བཞིན་དུ་དགེ་སློང་གིས་ལུས་སེམས་ལ་བཞག་ཅིང་སེམས་ཀྱང་ལུས་ལ་བཞག་ནས་ལུས་ལ་ཡང་བའི་འདུ་ཤེས་དང། འཇམ ་བའི་འདུ་ཤེས་བསྐྱེད་ནས་འཕགས་པར་བྱེད་ཅིང་ཡང་དག་པར་བྱེད་ལ། གྱེན་དུ་འགྲོ་བར་བྱེད་དེ། དཔེར་ན་ཟ་མ་ཏོག་ཁྱེར་བའི་མིས་ཟམ་རྟོག་བླངས་ཏེ། བླངས་ནས་ཀྱང་འཕགས་པར་བྱེད་ཅིང་ཀུན་དུ་འཕགས་པར་བྱེད་ལ། འགྲོ་བར་བྱེད་ཅིང་ཀུན་ཏུ་འགྲོ་བར་བྱེད་པ་དང། ་དགེ་སློང་བསོད་སྙོམས་པས་ཁ་ཟས་ལྷུང་བཟེད་ཀྱི་སྣོད་དུ་བཅུག་ནས་འཕགས་པར་བྱེད་ཅིང་ཀུན་ཏུ་འཕགས་པར་བྱེད་ལ། འགྲོ་བར་བྱེད་ཅིང་ཀུན་དུ་འགྲོ་བར་བྱེད་པ་དེ་བཞིན་དུ་དགེ་སློང་གིས་ལུས་ལ་ཡང་བའི་འདུ་ཤེས་དང། འཇམ་པའི་འདུ་ཤེས་བསྐྱེད་ནས་འཕགས ་པར་བྱེད་ཅིང་ཀུན་ཏུ་འཕགས་པར་བྱེད་ལ། གྱེན་དུ་འགྲོ་བར་བྱེད་ཅིང། ཀུན་ཏུ་གྱེན་དུ་འགྲོ་བར་བྱེད་དེ། ལུས་ལ་ཚངས་པའི་འཇིག་རྟེན་བསམས་ན་སེམས་བསྐྱེད་པའི་མོད་ལ་དབང་ཡོད་པ་དང། འགྲོ་བ་དང། རག་ལས་པ་དང། བདག་པོ་དང། མཐུ་ཡོད་པ་དང། སྐལ་བ་ཅན ་དང། དབང་བྱེད་པ་དང། ཚངས་པའི་འཇིག་རྟེན་ན་གནས་པ་ཞེས་བརྗོད་དོ། །དེ་ལྟར་བཅོམ་ལྡན་འདས་ཀྱིས་ཀྱང་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་ཏེ། ཀུན་དགའ་བོ་ཡིད་ཀྱི་རྫུ་འཕྲུལ་འདིས་ཚངས་པའི་གཞལ་མེད་ཁང་དུ་ཕྱིན་པར་ངས་མངོན་པར་ཤེས་སོ། །དེ་སྐད་ཅེས ་བཀའ་སྩལ་པ་དང། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ། །གཟུགས་ཅན་རགས་པ་འབྱུང་བ་ཆེན་པོ་བཞི་ལས་བྱུང་བའི་སྐུ་འདིས་ཚངས་པའི་གཞལ་མེད་ཁང་དུ་གཤེགས་པར་བཅོམ་ལྡན་འདས་ཀྱིས་མངོན་པར་མཁྱེན་ཏམ། ་ཀུན་དགའ་བོ་གཟུགས་ཅན་རག་པ་འབྱུང་བ་ཆེན་པོ་བཞི་ལས་བྱུང་བ། ཕ་དང་མའི་མིག་གཙང་བ་མེར་མེར་པོ་ལས་བྱུང་བ། འབྲས་ཅན་དང། ཟན་དྲོན་གྱི་བསྐྱེད་པ། རྟགས་ཏུ་དྲིལ་བ་དང། ཁྲུས་བྱས་པ་དང། མཉེ་དགོས་པ་དང། འགྱེད་པ་དང། འཐོར་བ་དང། རྣམ ་པར་འཇིག་པའི་ཆོས་ཅན་གྱི་ལུས་འདིས་ཀྱང་ཚངས་པའི་གཞལ་མེད་ཁང་དུ་ཕྱིན་པར་ངས་མངོན་པར་ཤེས་སོ། །བཅོམ་ལྡན་འདས་ཀྱི་དཔེ་བསྟན་དུ་གསོལ། བདེ་བར་གཤེགས་པས་དཔེ་བསྟན་དུ་གསོལ། ཀུན་དགའ་བོ་དཔེར་ན་ལྕགས་ཀྱི་གར་བུ་འམ། ལྕགས་ཀྱི་སྣོད ་ནི་གང་གི་ཚེ་ཚ་བ་ཡོད་ཅིང་མེ་ཡོད་པ་དེའི་ཚེ་ཤིན་ཏུ་ཆེས་ཡང་བ་དང། ཆེས་འཇམ་པ་དང་ཆེས་ལས་སུ་རུང་བ་ཆེས་འོད་གསལ་བར་འགྱུར་ལ། གང་གི་ཚེ་གྲང་མོར་གྱུར་ཅིང་མེ་མེད་པ་དེའི་ཚེ་ནི། ཆེས་ལྕི་བ་དང། ཆེས་སྲབ་པ་དང། ཆེས་ལས་སུ་མི་རུང་བ་དང། ཆེས ་འོད་མི་གསལ་བར་འགྱུར་བ་དེ་བཞིན་དུ། ཀུན་དགའ་བོ་གང་གི་ཚེ་དེ་བཞིན་གཤེགས་པས་ལུས་སེམས་ལ་བཞག་ཅིང་སེམས་ཀྱང་ལུས་ལ་བཞག་སྟེ། ལུས་ལ་ཡང་པའི་འདུ་ཤེས་དང། འཇམ་པའི་འདུ་ཤེས་བསྐྱེད་ན་ནི། ཀུན་དགའ་བོ་དེའི་དེ་བཞིན་གཤེགས་པའི ་ལུས་ཤིན་ཏུ་ཡང་བ་དང། ཆེས་འཇམ་པ་དང། ཆེས་ལས་སུ་རུང་བ་དང། ཆེས་འོད་གསལ་བར་འགྱུར་བ་དང། སེམས་ཀྱི་རྒྱུ་ལས་འབྱུང་བ་དང། སེམས་ལ་བསྟེན་པ་དང། སེམས་ལ་རག་ལས་པར་འགྱུར་ཏེ། སེམས་ལ་བསྟེན་ནས་ལུས་ལ་དབང་བྱེད་དོ། །ཅིའི ་ཕྱིར་སྤྲུལ་པ་ནམ་མཁའ་ལ་འཆག་ཅེ་ན། སྨྲས་པ། སྤྲུལ་པ་པོའི་དབང་གིས་འགྱུར་ཏེ། སྤྲུལ་བ་པོས་ནམ་མཁའ་དེ་ལ་སྟེགས་བུ་འམ། འཆགས་ས་སྤྲུལ་བར་བྱེད་དེ། རྒྱུ་དེས་ན་སྤྲུལ་པ་ནམ་མཁའ་ལ་འཆག་གོ་།ཅིའི་ཕྱིར་སྤྲུལ་པ་ནམ་མཁའ་ལ་འགྲེང ་ཞེ་ན། སྨྲས་པ། སྤྲུལ་པ་པོའི་དབང་གིས་འགྱུར་ཏེ། སྤྲུལ་པ་པོས་ནམ་མཁའ་དེ་ལས་གཞི་འམ། གནས་སྤྲུལ་པར་བྱེད་དེ། རྒྱུ་དེས་ན་སྤྲུལ་པ་ནམ་མཁའ་ལ་འགྲེང་ངོ། །ཅིའི་ཕྱིར་སྤྲུལ་པ་ནམ་མཁའ་ལ་འདུག་ཅེ་ན། སྨྲས་པ། སྤྲུལ་བ་པོའི་དབང་གིས་འགྱུར་ཏེ། ་སྤྲུལ་པ་པོས་ནམ་མཁའ་དེ་ལ་བསྟན་ནམ་འདུག་ས་སྤྲུལ་པར་བྱེད་དེ། རྒྱུ་དེས་ན་སྤྲུལ་པ་ནམ་མཁའ་ལ་འདུག་གོ་།ཅིའི་ཕྱིར་སྤྲུལ་པ་ནམ་མཁའ་ལ་ཉལ་ཞེ་ན། སྨྲས་པ། སྤྲུལ་པ་པོའི་དབང་གིས་འགྱུར་ཏེ། སྤྲུལ་བ་པོས་ནམ་མཁའ་དེ་ལ་མལ་ལམ། ཁྲི་སྤྲུལ་པར ་སྤྲུལ་པར་བྱེད་དེ། རྒྱུ་དེས་ན་སྤྲུལ་པ་ནམ་མཁའ་ལ་ཉལ་ལོ། །རྫུ་འཕྲུལ་གྱི་ཡོན་ཏན་ལྷག་མ་རྣམས་ཀྱང་དེ་བཞིན་དུ་རྟོགས་པར་བྱས་ནས་གཞི་ཇི་ལྟ་བ་བཞིན་དུ་བརྗོད་པར་བྱའོ། །ཆོས་མངོན་པའི་བསྟན་བཅོས་ཆེན་པོ་རྒྱུ་གདགས་པ་ལས་ཚིགས་བཅུ་གསུམ ་པའོ།། །།སྡོམ་ནི། མཐོ་དམན་བརྒྱད་དང་ཆར་མི་འབབ། །ཆར་འབབ་སོ་ག་ཆུ་ཐིགས་དང། །སེར་བ་ཁ་བ་གློག་དང་འབྲུག་།ཕྲུ་བ་དང་ནི་བཞི་དྲུག་བདུན། །ཆར་བ་ཇི་ཙམ་ན་འདུག་ཏེ་འབབ་ཅེ་ན། སྨྲས་པ། སྤྲིན་ནི་བརྒྱད་ཡོད་དེ། དེ་ལ་སྤྲིན་དང་པོ་ནི་དཔག་ཚད ་ཕྱེ་དང་གཉིས་ན་འདུག་གོ་།གཉིས་པ་ནི་རྒྱང་གྲགས་ལྔའོ། །གསུམ་པ་ནི་དཔག་ཚད་གཅིག་གོ་།བཞི་པ་ནི་རྒྱང་གྲགས་གསུམ་མོ། །ལྔ་པ་ནི་དཔག་ཚད་ཕྱེད་དོ། །དྲུག་པ་ནི་རྒྱང་གྲགས་གཅིག་གོ་།བདུན་པ་ནི་རྒྱང་གྲགས་ཕྱེད་དོ། །བརྒྱད་པ་ནི་རྒྱང་གྲགས་ཀྱི ་བཞི་ཆ་གཅིག་ན་འདུག་སྟེ། ཆར་འབབ་བམ། ཡང་ན་མི་འབབ་བོ། །ཅིའི་ཕྱིར་བསྐལ་པ་དང་པོའི་མི་རྣམས་ཀྱིས་སྤྲིན་དཔག་ཚད་ཕྱེ་དང་གཉིས་སུ་བརྫེས་ཏེ། ས་ཐམས་ཅད་དུ་ཆར་འབབ་ལ། ད་ལྟར་གྱི་མི་རྣམས་ཀྱི་ནི་དམའ་བ་ནས་ཆར་འབབ་ཅེ་ན། སྨྲས ་པ། བསྐལ་པ་དང་པོའི་མི་རྣམས་ནི་དབང་ཆེ་བར་གྲགས་པར་འགྱུར་ཏེ། དེ་དག་ལ་ཀླུ་དབང་ཆེ་བར་གྲགས་པ་དག་སྤྲོ་བར་བྱེད་དེ། དེས་ན་སྤྲིན་དཔག་ཚད་ཕྱེད་དང་གཉིས་སུ་གྱེན་དུ་འཕགས་ནས། ས་ཐམས་ཅད་དུ་ཆར་འབབ་ལ། ད་ལྟར་གྱི་མི་རྣམས་ནི་དབང་ཆུང་བར་གྲགས་པ ་ཡིན་ཏེ། དེ་དག་ནི་ཀླུ་ཡང་དབང་ཆུང་བར་གྲགས་པ་རྣམས་སྤྲོ་བར་བྱེད་དེ། དེས་ན་དེ་ལྟར་དམའ་བ་ནས་ཆར་འབབ་སྟེ། རྒྱུ་དེས་ན་བསྐལ་པ་དང་པོ་བའི་མི་རྣམས་ཀྱི་སྤྲིན་དཔག་ཚད་ཕྱེད་དང་གཉིས་སུ་གྱེན་དུ་འཕགས་ཏེ་ས་ཐམས་ཅད་དུ་ཆར་འབབ་ལ། ད་ལྟར་གྱི་མི་རྣམས ་ཀྱི་ནི་དམའ་བ་ནས་ཆར་འབབ་བོ། །ཅིའི་ཕྱིར་ཆར་མི་འབབ་ཅེ་ན། སྨྲས་པ། རྒྱུ་རྣམ་པ་བརྒྱད་ཀྱི་ཆར་མི་འབབ་སྟེ། བརྒྱད་གང་ཞེ་ན། སྤྲིན་ཡང་ཡོད་ལ། གློག་ཀྱང་འབྱུང་བ་དང། འབྲུག་ཀྱང་ཟེར་ལ། ཕྱོགས་བཞི་ནས་ཀྱང་རླུང་དང་བསིལ་བ་དག་ལྡང་བ་དེའི་དུས་ཀྱང་ཡོད་ལ། དེའི ་སྐབས་ཡོད་དེ། ལྟས་པ་རྣམས་ཀྱང་མ་རྟོགས་པར་ཆར་འབབ་པོ་ཞེས་སྟོན་མོད་ཀྱི། འོན་ཀྱང་ས་ཆེན་པོ་འདི་ལས་མེའི་ཁམས་གྱེན་དུ་འཕགས་ནས་ཆར་པ་དེ་བར་མ་དོར་ཟད་པ་བྱེད་དེ། རྒྱུ་དང་པོ་འདིས་ན་ཆར་མི་འབབ་བོ། གཞན་ཡང་སྤྲིན་ཡང་ཡོད་ལ། གློག་ཀྱང་འབྱུང་བ ་དང། འབྲུག་ཀྱང་ཟེར་ལ། ཕྱོགས་བཞི་ནས་ཀྱང་རླུང་དང་བསིལ་བ་དག་ལྡང་བ་དེའི་དུས་ཀྱང་ཡོད་ལ། དེའི་སྐབས་ཀྱང་ཡོད་དེ། ལྟས་པ་རྣམས་ཀྱང་མ་རྟོགས་པར་ཆར་འབབ་བོ་ཞེས་སྟོན་མོད་ཀྱི་འོན་ཀྱང་ནམ་མཁའ་ལ་རླུང་དྲག་པོ་ལྡང་སྟེ། དེ་དག་གི་ཆར་པ་ད?་རནད?་གའི་དགོན་པ ་རྣམས་དང། ཀ་ལིངཀའི་དགོན་པ་རྣམས་དང། མ་ཏངཀའི་དགོན་པ་རྣམས་དང། དགོན་པ་སྟོང་པ་རྣམས་གལ་བ་དེར་འདོར་བར་བྱེད་དེ། རྒྱུ་གཉིས་པ་འདིས་ན་ཆར་མི་འབབ་བོ། །གཞན་ཡང་སྤྲིན་ཡང་ཡོད་ལ། གློག་ཀྱང་འབྱུང་ལ། འབྲུག་ཀྱང་ཟེར་ལ། ཕྱོགས་བཞི་ནས ་ཀྱང་རླུང་ངད་བསིལ་བ་དག་ལྡང་བ་དེའི་དུས་ཀྱང་ཡོད་ལ། དེའི་སྐབས་ཀྱང་ཡོད་དེ། ལྟས་པ་རྣམས་ཀྱང་མ་རྟོགས་པར་ཆར་འབབ་བོ་ཞེས་སྟོན་མོད་ཀྱི། འོན་ཀྱང་ལྷ་མ་ཡིན་གྱི་དབང་པོ་སྒྲ་གཅན་གྱིས། ཆར་བ་དེ་དག་ལག་པ་གཉིས་ཀྱིས་བླངས་ནས་རྒྱ་མཚོ་ཆེན་པོར ་འདོར་བར་བྱེད་དོ། །རྒྱུ་གསུམ་པ་འདིས་ན་ཆར་མི་འབབ་བོ། །གཞན་ཡང་སྤྲིན་ཡང་ཡོད་ལ། གློག་ཀྱང་འབྱུང་བ་དང། འབྲུག་ཀྱང་ཟེར་ལ། ཕྱོགས་བཞི་ནས་རླུང་དང་བསིལ་བ་ལྡང་བ་དེའི་དུས་ཀྱང་ཡོད་ལ། དེའི་སྐབས་ཀྱང་ཡོད་དེ། ལྟས་པ ་རྣམས་ཀྱང་མ་རྟོགས་པར་ཆར་འབབ་བོ་ཞེས་སྟོན་མོད་ཀྱི། འོན་ཀྱང་ཆར་འབེབས་པའི་ལྷའི་བུ་རྣམས་བག་མེད་ཅིང་བག་མེད་པར་གནས་པས་ཆར་མི་འབབ་སྟེ། རྒྱུ་བཞི་པ་འདིས་ན་ཆར་མི་འབབ་བོ། གཞན་ཡང་སྤྲིན་ཡང་ཡོད་ལ། གློག་ཀྱང་འབྱུང་བ་དང། འབྲུག་ཀྱང ་ཟེར་ལ། ཕྱོགས་བཞི་ནས་ཀྱང་རླུང་ངད་བསིལ་བ་དག་ལྡང་བ་དེའི་དུས་ཀྱང་ཡོད་ལ། དེའི་སྐབས་ཀྱང་ཡོད་དེ། ལྟས་པ་རྣམས་ཀྱང་མ་རྟོགས་བར་ཆར་འབབ་བོ་ཞེས་སྟོན་མོད་ཀྱི། འོན་ཀྱང་མི་རྣམས་ཆོས་མ་ཡིན་པ་སྤྱོད་ཅིང། མི་མཐུན་པ་སྤྱོད་དེ། དེ་དག་ཆོས་མ ་ཡིན་པ་སྤྱོད་ཅིང་མི་མཐུན་པ་སྤྱོད་པས་ཆར་མི་འབབ་སྟེ། །རྒྱུ་ལྔ་པོ་འདིས་ནི་ཆར་མི་འབབ་བོ། །གཞན་ཡང་རྫུ་འཕྲུལ་གྱིས་ཆར་མི་འབབ་པ་ཡོད་དེ། རྫུ་འཕྲུལ་ཆེ་ཞིང་མཐུ་ཆེ་བ་འགའ་ཨི་རྫུ་འཕྲུལ་གྱིས་ཆར་འབབ་པ་ལས་གཅོད་པར་བྱེད་དེ། རྒྱུ་དྲུག་པ་འདིས་ན་ཆར་མི ་འབབ་བོ། །གཞན་ཡང་ཆོས་ཉིད་ཀྱི་ཆར་མི་འབབ་བ་ཡོད་དེ། ཆར་མི་འབབ་པ་གང་ཡིན་པ་འདི་ནི་འཇིག་རྟེན་གྱི་ཆོས་ཉིད་དེ། རྒྱུ་བདུན་པ་འདིས་ནི་ཆར་མི་འབབ་བོ། །གཞན་ཡང་བདེན་པས་བསྐུལ་བས་ཆར་མི་འབབ་པ་ཡོད་དེ། རྫུ་འཕྲུལ་ཆེ་ཞིང་མཐུ་ཆེ་བ་འགས ་བདེན་པས་བསྐུལ་བས་ཆར་འབབ་པ་ལས་གཅོད་པར་བྱེད་དེ། རྒྱུ་བརྒྱད་པ་འདིས་ནི་ཆར་མི་འབབ་བོ། ཅིའི་ཕྱིར་ཆར་འབབ་ཅེ་ན། སྨྲས་པ། རྒྱུ་རྣམ་པ་བརྒྱད་ཀྱིས་འཆར་བབ་སྟེ། བརྒྱད་གང་ཞེ་ན། ཀླུའི་མཐུ་དང་གནོད་སྦྱིན་གྱི་མཐུ་དང། གྲུལ་བུམ་གྱི་མཐུ ་དང། ལྷའི་མཐུ་དང། མིའི་མཐུ་དང། རྫུ་འཕྲུལ་དང། ཆོས་ཉིད་དང། བདེན་པས་བསྐུལ་པས་ཆར་འབབ་སྟེ། རྒྱུ་དེས་ཆར་འབབ་བོ། །ཅིའི་ཕྱིར་སོ་ག་དང། དབྱར་ཆར་ཆེར་འབབ་ཅེ་ན། སྨྲས་པ། དེའི་ཚེ?་ཀླུ་རྣམས་བག་མ་ལེན་པ་དང། བག་མ་གཏོང་བ ་དང། དགའ་སྟོན་དང། དུས་སྟོན་དག་བྱེད་དེ། དེ་དག་དགའ་ཞིང་དེ་དང། དེ་དག་ཏུ་འདོད་པར་བྱེད་དེ། དེ་དག་དགའ་ཞིང་འདོར་བ་ན་ཆར་ཆེན་འབབ་བོ། །གཞན་ཡང་མི་རྣམས་ཀྱི་དེ་ལྟ་བུར?་འགྱུར་བའི་ལས་རྣམས་བྱས་ཤིང་བསགས་ཏེ། དེ་དག་བྱས་ཤིང་བསགས་པས་ན་སོ་ག ་དང། དབྱར་ཆར་ཆེར་འབབ་སྟེ། རྒྱུ་དེས་ན་སོ་ག་དང། དབྱར་ཆར་འབབ་བོ། །ཅིའི་ཕྱིར་ཆུའི་ཐིགས་པ་འབབ་ཅེ་ན། སྨྲས་པ། ཕྱོགས་གཉིས་ནས་རླུང་ཆེན་པོ་དག་ལྡང་སྟེ། དེ་དག་གི་ཆུ་དེས་གཅིག་ཏུ་བསྡུས་པས་ན། དེ་ལ་ཆུའི་ཐིགས་པར་འགྱུར་རོ། །གཞན་ཡང་མི་རྣམས ་ཀྱི་དེ་ལྟ་བུའི་ལས་རྣམས་བྱས་ཤིང་བསགས་ཏེ། དེ་དག་བྱས་ཤིང་བསྩགས་པས་མི་མ་ཡིན་པ་རྣམས་འཁྲུགས་ནས་ཆུའི་ཐིགས་པ་འབེབས་ཏེ། དེས་དེ་དག་ལ་གནོད་པ་ཆེན་པོར་འགྱུར་ཏེ། རྒྱུ་དེས་ན་ཆུའི་ཐིགས་པ་འབབ་བོ། །ཅིའི་ཕྱིར་སེར་བ་འབབ་ཅེ་ན། སྨྲས་པ། ་ཕྱོགས་གཉིས་ནས་རླུང་ཤིན་ཏུ་བསིལ་བ་དག་ལྡང་སྟེ། དེ་དག་གི་ཆུའི་ཁམས་དེ་གཅིག་ཏུ་བསྡུས་ལ། སའི་ཁམས་ཀྱིས་ཀྱང་སྲ་བར་བྱས་ནས་ཁ་བ་འམ། སེར་བར་གྱུར་པ་དེ་རླུང་གི་ཐུར་དུ་བབ་སྟེ། རྒྱུ་དེ་ན་སེར་བ་འབབ་བོ། །ཅིའི་ཕྱིར་གློག་འབྱུང་ཞེ་ན། སྨྲས་པ། ཕྱོགས ་གཉིས་ནས་རླུང་ཤིན་ཏུ་ཚ་བ་དག་ལྡང་སྟེ། དེ་དག་ཐུག་པ་ལས་གློག་འབྱུང་སྟེ། རྒྱུ་དེས་ན་གློག་འབྱུང་ངོ། །ཅིའི་ཕྱིར་འབྲུག་ཟེར་ཞེ་ན། སྨྲས་པ། ཕྱོགས་གཉིས་ནས་རླུང་ཆེན་པོ་དག་ལྡང་སྟེ། དེ་དག་བརྡབས་པ་ལས་སྒྲ་འབྱུང་སྟེ། རྒྱུ་དེས་ན་འབྲུག་ཟེར་རོ། །ཅིའི་ཕྱིར་ཕྲུ ་བ་ལུས་ཅེ་ན། སྨྲས་པ། འོག་ནས་མེ་འཇམས་པ་འབར་བས་མེའི་ཤས་ཆེ་བར་གྱུར་ལ་མེའི་ཤས་ཆེ་བར་གྱུར་པས་རླུང་གི་ཤས་ཆེ་བར་འགྱུར་རོ། །རླུང་གི་ཤས་ཆེ་བར་གྱུར་པས་ཆུ་ཕྱི་རོལ་ཏུ་བོ་བར་འགྱུར་སྟེ། རྒྱུ་དེས་ན་ཕྲུ་བ་ལྷུང་ངོ། །ཅིའི་ཕྱིར་ཁ་དོག་སྔོ་བར་འགྱུར་ཞེ ་ན། སྨྲས་པ། ཆུའི་ཁམས་ཤས་ཆེ་བའི་ཕྱིར་རོ། །ཅིའི་ཕྱིར་སེར་བ་དང། དམར་བར་འགྱུར་ཞེ་ན། སྨྲས་པ། མེའི་ཁམས་ཤས་ཆེ་བའི་ཕྱིར་རོ། །ཅིའི་ཕྱིར་དཀར་བར་འགྱུར་ཞེ་ན། སྨྲས་པ། ཁམས་རྣམས་མ་ཉམས་པའི་ཕྱིར་ཏེ། རྒྱུ་དེས་ན་ཁ་དོག་སྔོ་བ་དང། སེར་བ ་དང། དམར་བ་དང། དཀར་བར་འགྱུར་རོ། །ཅིའི་ཕྱིར་རོ་ཁ་བ་དང། སྒྱུར་བ་དང། ལན་ཚའི་རོ་དང། ཆེ་བ་དང། བསྐ་བར་འགྱུར་ཞེ་ན་སྨྲས་པ། ཁམས་མཉམ་པའི་ཕྱིར་རྒྱུ་དེས་རོ་ཁ་བ་དང། སྒྱུར་བ་དང། ལན་ཚའི་རོ་དང། བསྐ་བར་འགྱུར་རོ། །ཅིའི ་ཕྱིར་མངར་བར་འགྱུར་ཞེ་ན། སྨྲས་པ། ཁམས་མཉམ་པའི་ཕྱིར་ཏེ། རྒྱུ་དེས་ན་མངར་བར་འགྱུར་རོ། །ཅིའི་ཕྱིར་ལྕི་བ་དང། རྩུབ་པ་དང། མཁྲང་བ་དང། སྲ་བར་འགྱུར་ཞེ་ན། སྨྲས་པ། སའི་ཁམས་ཤས་ཆེ་བའི་ཕྱིར་རོ། །ཅིའི་ཕྱིར་མཉེན་པ་དང། འཇམ་པ་དང། ལས ་སུ་རུང་བར་འགྱུར་ཞེ་ན། སྨྲས་པ། ཆུའི་ཁམས་ཤས་ཆེ་བའི་ཕྱིར་ཏེ། རྒྱུ་དེས་ན་མཉེན་པ་དང། འཇམ་པ་དང། ལས་སུ་རུང་བ་འགྱུར་རོ། །ཆོས་མངོན་པའི་བསྟན་བཅོས་ཆེན་པོ་རྒྱུ་གདགས་པ་ལས། ཚིགས་བཅུ་བཞི་པའོ།། །།སྡོམ་ནི། སྐྱེ་གནས་འགྲོ་བ་ཡོད་པ ་དང། ཅིའི་ཕྱིར་དམྱལ་སོགས་མཐོ་རིས་དང། །ལྷ་མོ་མ་ལ་སོགས་པ་དྲུག་།འོ་མ་ཁ་སྤུ་རྒྱལ་དང་གདོལ། །གླེང་གཞི་ནི་མཉན་ཡོད་ན་བཞུགས་ཏེ། སྐྱེ་གནས་ནི་བཞི་ཡོད་དེ། སྒོ་ང་ལས་སྐྱེ་བའི་སྐྱེ་གནས་དང། མངལ་ནས་སྐྱེ་བ་དང། དྲོད་གཤེར་ལས་སྐྱེ་བ་དང། ་རྫུས་ཏེ་སྐྱེ་བ་དང། འདི་ནི་སྐྱེ་གནས་ཡིན་པར་གསུངས་སོ། །སྒོ་ང་ལས་སྐྱེ་བའི་སྐྱེ་གནས་གང་ཞེ་ན། སྨྲས་པ། སེམས་ཅན་གང་དག་སྒོ་ང་ལས་སྐྱེ་བ་རྣམས་དང། སྒོ་ང་ན་འདུག་པ་རྣམས་དང། སྒོ་ངའི་སྤུབས་ཀྱིས་སྤྲི་གཡོག་པ་རྣམས་དང། སྒོ་ངའི་སྤུབས་བརྟོལ ་ཏེ་སྐྱེ་ཞིང་ཀུན་ཏུ་སྐྱེ་ལ། འགྲུབ་ཅིང་མངོན་པར་འགྲུབ་པ་དང། ཡང་དག་པར་འགྲུབ་ཅིང་འབྱུང་བ་རྣམས་ཏེ། དེ་དག་ཀྱང་གང་ཞེ་ན། སྨྲས་པ། འདི་ལྟ་སྟེ། ངང་པ་དང། ཁྲུང་ཁྲུང་དང། རྨ་བྱ་དང། ནེ་ཙོ་དང། རི་སྐེགས་དང། ཁུ་བྱུག་དང། ཤང་ཤང་ཏེའུ་ལ་སོགས་པ ་དང། ཀླུ་ཁ་ཅིག་དང། ནམ་མཁའ་ལྡིང་ཁ་ཅིག་དང། མི་ཁ་ཅིག་དང། གཞན་ཡང་སེམས་ཅན་གང་དག་སྒོ་ང་ལ་སྐྱེ་བ་རྣམས་དང། སྒོ་ང་ན་འདུག་པ་རྣམས་དང། སྒོ་ངའི་སྤུབས་ཀྱི་སྤྲི་གཡོག་པ་རྣམས་དང། སྒོ་ངའི་སྤུབས་བརྟོལ་ཏེ་སྐྱེ་ཞིང་ཀུན་ཏུ་སྐྱེ་ལ། འགྲུབ ་ཅིང་མངོན་པར་འགྲུབ་པ་དང། ཡང་དག་པར་འགྲུབ་ཅིང་འབྱུང་བ་རྣམས་ཏེ། འདི་ནི་སྒོ་ང་ལས་སྐྱེ་བའི་སྐྱེ་གནས་ཞེས་བྱའོ། །མངལ་ནས་སྐྱེ་བའི་སྐྱེ་གནས་གང་ཞེ་ན། སྨྲས་པ། སེམས་ཅན་གང་དག་མངལ་ནས་སྐྱེ་བ་རྣམས་དང། མངལ་ན་འདུག་པ་རྣམས་དང། མངལ ་གྱི་སྤུབས་ཀྱི་གཡོགས་པ་རྣམས་དང། མངལ་གྱི་སྤུབས་བརྟོལ་ཏེ་སྐྱེ་ཞིང་ཀུན་ཏུ་སྐྱེ་ལ། འགྲུབ་ཅིང་མངོན་པར་འགྲུབ་པ་དང། ཡང་དག་པར་འགྲུབ་ཅིང་འབྱུང་བ་རྣམས་ཏེ། དེ་དག་ཀྱང་གང་ཞེ་ན། འདི་ལྟ་སྟེ། གླང་པོ་ཆེ་དང། རྟ་དང། རྔ་མོ་དང། བ་ལང་དང། བུང་བུ་དང། ་མ་ཧེ་དང། རི་དགས་དང། ཕག་ལ་སོགས་པ་དང། ཀླུ་ཁ་ཅིག་དང། ནམ་མཁའ་ལྡིང་ཁ་ཅིག་དང། ཡི་དགས་ཁ་ཅིག་དང། མི་ཁ་ཅིག་དང། གཞན་ཡང་སེམས་ཅན་གང་དག་མངལ་ནས་སྐྱེ་བ་རྣམས་དང། མངལ་ན་འདུག་པ་རྣམས་དང། མངལ་གྱི་སྤུབས་ཀྱི་གཡོགས ་པ་རྣམས་དང། མངལ་གྱི་སྤུབས་བརྟོལ་ཏེ་སྐྱེ་ཞིང་ཀུན་ཏུ་སྐྱེ་ལ་འགྲུབ་ཅིང་མངོན་པར་འགྲུབ་པ་དང། ཡང་དག་པར་འགྲུབ་ཅིང་འབྱུང་བ་རྣམས་ཏེ། འདི་ནི་མངལ་ནས་སྐྱེ་བའི་སྐྱེ་གནས་ཞེས་བྱའོ། །དྲོད་གཤེར་ལས་སྐྱེ་བའི་སྐྱེ་གནས་གང་ཞེ་ན། སྨྲས་པ། སེམས ་ཅན་གང་དག་ཕན་ཚུན་གྱི་དྲོད་པ་ཕན་ཚུན་གྱི་མེ་དང། ཕན་ཚུན་གྱི་རྡུལ་དང། ཕན་ཚུན་གྱི་གནོད་པ་དང། ཕན་ཚུན་བཙིར་བས་ཉལ་ཉིལ་གྱི་ཕུང་པོ་ལས་བརྟེན་གཏམ། སྟོར་ཁུང་དང། ཕྱི་སའི་གནས་སམ། ཤ་རྡུལ་ལམ་ཉ་རྡུལ་ལམ། ཟན་དྲོན་རུལ་པ་འམ ་རྩཝ་སྟུག་པོའི་ནགས་ཚལ་སྟུག་པོ་འམ། རྩཝའི་སྤྱིལ་པོ་འམ། ལོ་མའི་སྤྱིལ་པོ་འམ། ཆུ་རུལ་པ་འམ། ཁྱིམ་གྱི་སང་སེང་ངམ། སྦྲང་བུའི་ཚང་ལས་བརྟེན་ནས་སྐྱེ་ཞིང་ཀུན་དུ་སྐྱེ་ལ་འགྲུབ་ཅིང་མངོན་པར་འགྲུབ་པ་དང། ཡང་དག་པར་འགྲུབ་ཅིང་འབྱུང་བ་རྣམས ་ཏེ། དེ་དག་ཀྱང་གང་ཞེ་ན། འདི་ལྟ་སྟེ། སིན་བུ་དང། སྤུར་བུ་དང། ཕྱེ་མ་ལེབ་དང། སྦྲང་བུ་མཆུ་རིང་དང། ཏིལ་དང། ཕུབ་མ་དང། ཤིང་ཟ་བ་ལ་སོགས་པ་དང། ཀླུ་ཁ་ཅིག་དང། ནམ་མཁའ་ལྡིང་ཁ་ཅིག་དང། མི་ཁ་ཅིག་དང། གཞན་ཡང་སེམས་ཅན་གང ་དག་ཕན་ཚུན་གྱི་དྲོད་དང། ཕན་ཚུན་གྱི་མེ་དང། ཕན་ཚུན་གྱི་རྡུལ་དང། ཕན་ཚུན་གནོད་པ་དང། ཕན་ཚུན་བཙིར་བ་བས། སྐྱེ་ཞིང་ཀུན་དུ་སྐྱེ་ལ་འགྲུབ་ཅིང་མངོན་པར་འགྲུབ་པ་དང། ཡང་དག་པར་འགྲུབ་ཅིང་འབྱུང་བ་རྣམས་ཏེ། འདི་ནི ་དོད་གཤེར་ལས་བསྐྱེད་པའི་སྐྱེ་གནས་ཞེས་བྱའོ། །རྫུས་ཏེ་སྐྱེ་བའི་སྐྱེ་གནས་གང་ཞེ་ན། སྨྲས་པ། སེམས་ཅན་གང་དག་ཡན་ལག་དང། ཉིང་ལག་ཐམས་ཅད་དང་ལྡན་ཞིང་རྫོགས་པ་དབང་པོ་མ་ཚང་བ་མེད་པ་རྣམས་ཅིག་ཅར་སྐྱེ་ཞིང་ཀུན་ཏུ་སྐྱེ་ལ། འགྲུབ ་ཅིང་མངོན་པར་འགྲུབ་པ་དང། ཡང་དག་པར་འགྲུབ་ཅིང་མངོན་པར་འགྲུབ་པ་རྣམས་ཏེ། དེ་དག་ཀྱང་གང་ཞེ་ན་ལྷ་ཐམས་ཅད་དང། སེམས་ཅན་དམྱལ་བ་ཐམས་ཅད་དང། བར་མ་དོའི་སྲིད་པ་པ་ཐམས་ཅད་དང། ཀླུ་ཁ་ཅིག་དང། ནམ་མཁའ་ལྡིང་ཁ་ཅིག་དང། ཡི ་དགས་ཁ་ཅིག་དང། མི་ཁ་ཅིག་དང། གཞན་ཡང་སེམས་ཅན་གང་དག་ཡན་ལག་དང། ཉིང་ལག་ཐམས་ཅད་དང་ལྡན་ཞིང་རྫོགས་པ་དབང་པོ་མ་ཚང་བ་མེད་པ་རྣམས་ཅིག་ཅར་སྐྱེ་ཞིང་ཀུན་ཏུ་སྐྱེ་ལ་འགྲུབ་ཅིང་མངོན་པར་འགྲུབ་པ་དང། ཡང་དག་པར་འགྲུབ ་ཅིང་འབྱུང་བ་རྣམས་ཏེ། འདི་ནི་རྫུས་ཏེ་སྐྱེ་བའི་སྐྱེ་གནས་ཞེས་བྱའོ། །འགྲོ་བ་ལྔ་ནི་འདི་ལྟ་སྟེ། སེམས་ཅན་དམྱལ་བའི་འགྲོ་བ་དང། དུད་འགྲོའི་འགྲོ་བ་དང། ཡི་དགས་ཀྱི་འགྲོ་བ་དང། ལྷ་དང་མིའོ། །སེམས་ཅན་དམྱལ་བའི་འགྲོ་བ་གང་ཞེ་ན། སྨྲས་པ། ་སེམས་ཅན་དམྱལ་བ་པ་རྣམས་དང་འདྲ་བར་གྱུར་པ་དང། གྲོགས་སུ་གྱུར་པ་དང། སྐལ་པ་མཉམ་པ་དང། གནས་ཐོབ་པ་དང། གཞི་ཐོབ་པ་དང། སྐྱེ་མཆེད་ཐོབ་པ་དང། སེམས་ཅན་དམྱལ་བ་པ་དེར་སྐྱེ་བ་རྣམས་ཀྱི་མ་བསྒྲིབས་ལ་ལུང་དུ་མ་བསྟན ་པའི་གཟུགས་དང། ཚོར་བ་དང། འདུ་ཤེས་དང། འདུ་བྱེད་རྣམས་དང། རྣམ་པར་ཤེས་པ་གང་ཡིན་པ་དེ་ཡང་སེམས་ཅན་དམྱལ་བའི་འགྲོ་བ་ཞེས་བྱའོ། །གཞན་ཡང་ལུས་ཀྱི་ཉེས་པར་སྤྱོད་པ་དང། ངག་གི་ཉེས་པར་སྤྱོད་པ་དང། ཡིད་ལ་ཉེས་པར ་སྤོང་ཆེན་པོ། ཀུན་ཏུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པས་སེམས་ཅན་དམྱལ་བར་འགྲོ་ཞིང་སེམས་ཅན་དམྱལ་བ་རྣམས་སུ་སྐྱེ་སྟེ། སེམས་ཅན་དམྱལ་བ་རྣམས་སུ་ཉིང་མཚམས་སྦྱོར་བ་དེ་ནི་སེམས་ཅན་དམྱལ་བའི་འགྲོ་བ་ཞེས་བྱའོ། །གཞན་ཡང་མིང ་དང་རྣམ་པའི་ཚིག་དང། ཚིག་བླ་དགས་དང། མིང་དུ་བརྟགས་པ་དང། ཀུན་ཏུ་རིག་པ་དང། གདགས་པ་དང། ཐ་སྙད་ཀྱི་སེམས་ཅན་དམྱལ་བའི་འགྲོ་བ་ཡང་སེམས་ཅན་དམྱལ་བ་ཞེས་བྱའོ། །དུད་འགྲོའི་འགྲོ་བ་གང་ཞེ་ན། སྨྲས་པ། དུད་འགྲོ་རྣམས་དང་འདྲ ་བར་གྱུར་པ་དང། གྲོགས་སུ་གྱུར་པ་ནས་སྐྱེ་མཆེད་ཐོབ་པའི་བར་དང། དུད་འགྲོའི་སྐྱེ་གནས་སུ་གྱུར་པ་དེར་སྐྱེས་པ་རྣམས་ཀྱི་མ་བསྒྲིབས་ལ་ལུང་དུ་མ་བསྟན་པའི་གཟུགས་ནས་རྣམ་པར་ཤེས་པའི་བར་གང་ཡིན་པ་དེ་ཡང་དུད་འགྲོའི་འགྲོ་བ་ཞེས་བྱའོ། །གཞན ་ཡང་ལུས་ཀྱི་ལས་དང། ངག་གི་ལས་དང། ཡིད་ཀྱི་ལས་ཡོན་པོ་ཀུན་ཏུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པས་དུད་འགྲོར་འགྲོ་ཞིང་དུད་འགྲོ་རྣམས་སུ་སྐྱེས་ཏེ་དུད་འགྲོ་རྣམས་སུ་ཉིང་མཚམས་སྦྱོར་བ་དེ་ནི་དུད་འགྲོར་འགྲོ་བ་ཞེས་བྱའོ། །གཞན་ཡང ་མིང་དང། རྣམ་པའི་ཚིག་དང། ཚིག་བླ་དགས་ཤེས་བྱ་བ་ནས་སྔ་མ་བཞིན་དུ་སྦྱར་རོ། །ཡི་དགས་ཀྱི་འགྲོ་བ་གང་ཞེ་ན། སྨྲས་པ། ཡི་དགས་རྣམས་དང་འདྲ་བར་གྱུར་པ་ནས་སྐྱེ་མཆེད་ཐོབ་པའི་བར་གང་ཡིན་པ་དང། ཡི་དགས་དེར་སྐྱེས་པ་རྣམས་ཀྱི་མ ་བསྒྲིབས་ལ་ལུང་དུ་མ་བསྟན་པའི་གཟུགས་ནས། རྣམ་པར་ཤེས་པའི་བར་གང་ཡིན་པ་དེ་ཡང་ཡི་དགས་ཀྱི་འགྲོ་བ་ཞེས་བྱའོ། །གཞན་ཡང་སེར་སྣ་ཀུན་ཏུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པས་ཡི་དགས་སུ་འགྲོ་ཞིང་ཡི་དགས་རྣམས་སུ་སྐྱེ་སྟེ ་ཡི་དགས་རྣམས་སུ་ཉིང་མཚམས་སྦྱོར་བ་དེ་ནི་ཡི་དགས་ཀྱི་འགྲོ་བ་ཞེས་བྱའོ། །གཞན་ཡང་མིང་དང། རྣམ་པའི་ཚིག་དང། ཚིག་བླ་དགས་ཞེས་བྱ་བ་ནས་སྔ་མ་བཞིན་དུ་སྦྱར་རོ། །ལྷའི་འགྲོ་བ་གང་ཞེ་ན། སྨྲས་པ། ལྷ་རྣམས་དང་འདྲ་བར་གྱུར་པ་ནས ་སྐྱེ་མཆེད་ཐོབ་པའི་བར་དང། ལྷ་དེར་སྐྱེས་པ་རྣམས་ཀྱི་མ་བསྒྲིབས་ལ་ལུང་དུ་མ་བསྟེན་པའི་གཟུགས་ནས། རྣམ་པར་ཤེས་པའི་བར་གང་ཡིན་པ་དེ་ཡང་ལྷའི་འགྲོ་བ་ཞེས་བྱའོ། །གཞན་ཡང་ལུས་ཀྱིས་ལེགས་པར་སྤྱོད་པ་དང། ངག་གིས ་ལེགས་པར་སྤྱོད་པ་དང། ཡིད་ཀྱིས་ལེགས་པར་སྤྱོད་པ་ཆེན་པོ་ཀུན་ཏུ་བསྟེན་ཅིང་བསྒོམས་སྟེ་མང་དུ་བྱས་པས་ལྷར་འགྲོ་ཞིང་ལྷ་རྣམས་ཀྱི་ནང་དུ་སྐྱེ་སྟེ། ལྷ་རྣམས་ཀྱི་ནང་དུ་ཉིང་མཚམས་སྦྱོར་བ་དེ་ནི། ལྷའི་འགྲོ་བ་ཞེས་བྱའོ། །གཞན་ཡང་མིང་དང། རྣམ ་པའི་ཚིག་ཅེས་བྱ་བ་ནས་སྔ་མ་བཞིན་དུ་སྦྱར་རོ། །མིའི་འགྲོ་བ་གང་ཞེ་ན། སྨྲས་པ། མི་རྣམས་དང་འདྲ་བར་འགྱུར་བ་དང། གྲོགས་སུ་གྱུར་པ་དང། སྐལ་པ་མཉམ་པ་དང། གནས་ཐོབ་པ་དང། གཞི་ཐོབ་པ་དང། སྐྱེ་མཆེད་ཐོབ་པ་དང། མི་འདིར་སྐྱེས་རྣམས ་ཀྱི་མ་བསྒྲིབས་ལ་ལུང་དུ་མ་བསྟན་པའི་གཟུགས་དང། ཚོར་བ་དང། འདུ་ཤེས་དང། འདུ་བྱེད་རྣམས་དང། རྣམ་པར་ཤེས་པ་གང་ཡིན་པ་དེ་ཡང་མིའི་འགྲོ་བ་ཞེས་བྱའོ། །གཞན་ཡང་ལུས་ཀྱི་ལེགས་པར་སྤྱོད་པ་དང། ངག་གི་ལེགས་པར་སྤྱོད་པ་དང། ཡིད ་ཀྱི་ལེགས་པར་སྤྱོད་པར་ཆུད་དུ་ཀུན་ཏུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པས་མིར་འགྲོ་ཞིང་མི་རྣམས་ཀྱི་ནང་དུ་སྐྱེ་སྟེ། མི་རྣམས་ཀྱི་ནང་དུ་ཉིང་མཚམས་སྦྱོར་བ་དེ་ནི། །མིའི་འགྲོ་བ་ཞེས་བྱའོ། །གཞན་ཡང་མིང་དང། རྣམ་པའི་ཚིག་དང། ཚིག་བླ་དགས་དང། ་མིང་དུ་བརྟགས་པ་དང། ཀུན་ཏུ་རིག་པ་དང། གདགས་པ་དང། ཐ་སྙད་ཀྱི་མིའི་འགྲོ་བ་ཡང་མིའི་འགྲོ་བ་ཞེས་བྱའོ། །འགྲོ་བ་གང་ལ་སྐྱེ་གནས་དུ་ཡོད་ཅེ་ན། སྨྲས་པ། སེམས་ཅན་དམྱལ་བ་པ་རྣམས་ནི་རྫུས་ཏེ་སྐྱེ་བའི་སྐྱེ་གནས་གཅིག་པུ་ཡོད་དོ། །དུད ་འགྲོ་རྣམས་ལ་སྐྱེ་གནས་དུ་ཡོད་ཅེ་ན། སྨྲས་པ། བཞི་པོ་ཐམས་ཅད་ཡོད་དོ། །ཡི་དགས་རྣམས་ལ་སྐྱེ་གནས་དུ་ཡོད་ཅེ་ན། སྨྲས་པ། རྫུས་ཏེ་སྐྱེ་བ་གཅིག་པུ་ཡོད་དོ། །ལ་ལ་ནི་ཡི་དགས་རྣམས་ལ་མངལ་ནས་སྐྱེ་བ་ཡང་ཡོད་དོ་ཞེས་ཟེར་བ་ཡང་ཡོད ་དེ། ཇི་ལྟ་ཞེ་ན། སྨྲས་པ། དཔེར་ན་ཡི་དགས་མོ་ཞིག་གིས་ཚེ་དང་ལྡན་པ་མཽངྒལ་གྱི་བུའི་མདུན་དུ་ཚིགས་སུ་བཅས་པ་སྨྲས་པ། འདིར་ནི་ཉིན་མོ་བུ་ལྔ་བཙས། །ཚན་མོ་གཞན་ལྔ་བཙས་གྱུར་ནས། །ཟོས་སུ་ཟིན་ཀྱང་དེ་དག་གིས། །བདག་ནི་འདྲངས་པར་མ་གྱུར ་ཏོ་ཞེས་སྨྲས་པ་ལྟ་བུའོ། །ལྷ་རྣམས་ལ་སྐྱེ་གནས་དུ་ཡོད་ཅེ་ན། སྨྲས་པ། རྫུས་ཏེ་སྐྱེ་བ་གཅིག་པུ་ཡོད་དོ། །མི་རྣམས་ལ་སྐྱེ་གནས་དུ་ཡོད་ཅེ་ན། སྨྲས་པ། གཞི་པོ་ཐམས་ཅད་ཡོད་དོ། །མི་རྣམས་ལ་སྒོ་ང་ལས་སྐྱེ་བའི་སྐྱེ་གནས་ཇི་ལྟར་ཡོད་ཅེ་ན་སྨྲས་པ། ་དཔེར་ན་འཛམ་བུའི་གླིང་པའི་ཚོང་པ་མང་བ་རྒྱ་མཚོའི་འགྲམ་ནས་བསྐོར་བ་རྣམས་ཀྱིས་ཁྲུང་ཁྲུང་གཞོན་ནུ་མ་གཉིས་མཐོང་བ་ལས་གཅིག་ནི་བྲོས། གཅིག་ནི་དེ་དག་གིས་བཟུང་སྟེ། དེ་དག་དེ་དང་ལྷན་ཅིག་ཏུ་འཚོས་ནས་དེ་དག་དང་འཚོས་པའི་རྐྱེན་གྱིས་སྒོ་ང ་གཉིས་བྱུང་སྟེ། དེ་གཉིས་སྨིན་ཏེ་བརྟོལ་བ་ལས་བྱིས་པ་གཟུགས་བཟང་ཞིང་བལྟ་ན་སྡུག་པ་ལ་མཛེས་པ་གཉིས་བྱུང་ནས། བཅོམ་ལྡན་འདས་ཀྱིས་བསྟན་པ་ལ་རབ་ཏུ་བྱུང་སྟེ། དེ་གཉིས་ཀྱིས་བརྩོན་པ་དང་སྦྱོར་བ་དང། འབད་པ་བྱས་པས་མཆོག་གིས ་འབྲས་བུ་དགྲ་བཅོམ་པ་ཉིད་མངོན་གསུམ་དུ་བྱས་ཏེ། ཚེ་དང་ལྡན་པ་དེ་གཉིས་རྫུ་འཕྲུལ་ཆེ་ཞིང་མཐུ་ཆེ་བར་གྱུར་ཏེ། བྲག་དང། ཉེ་བའི་བྲག་ཅེས་བྱ་བར་འགྱུར་བ་ལྟ་བུ་དང། དཔེར་ན་རི་དགས་དགྲའི་བུ་མོ་ས་ག་ལས་སྒོ་ང་སུམ་ཅུ་རྩ་གཉིས་བྱུང་སྟེ། ་དེ་དག་སྨིན་ཏེ་རྡོལ་བ་ལས་བྱིས་བ། གཟུགས་བཟང་ཞིང་ལྟ་ན་སྡུག་པ་ལ་མཛེས་པ། ཚན་པོ་ཆེ་ཆེན་པོའི་སྟོབས་དང་ལྡན་པ་སུམ་ཅུ་རྩ་གཉིས་བྱུང་སྟེ། དེ་དག་གིས་ཉེས་པ་འགའ་ཞིག་བྱས་པའི་ཕྱིར་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་སྐྲག་པས ་བསད་པ་ལྟ་བུ་དང། དཔེར་ན་འདས་པའི་དུས་ན་ལྔ་ལེན་གྱི་རྒྱལ་པོའི་བཙུན་མོ་པདྨ་ཅན་ལས་སྒོ་ང་ལྔ་བརྒྱ་བྱུང་སྟེ། དེ་དག་སྨིན་ཏེ་རྡོལ་བ་ལས་བྱིས་པ་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ། ཚན་པོ་ཚ་ཆེན་པོའི་སྟོབས་དང་ལྡན་པ་ལྔ ་བརྒྱ་བྱུང་སྟེ། དེ་དག་འགའ་ཞིག་ལ་སྐྱོ་བ་སྐྱེས་ནས་སྐྲ་དང་ཁ་སྤུ་རྣམས་བྲེགས་ཏེ་རབ་ཏུ་འབྱུང་ནས། དེ་དག་བརྩོན་པ་དང་སྦྱོར་བ་དང་འབད་པས་རང་སངས་རྒྱས་ཀྱི་བྱང་ཆུབ་མངོན་པར་སངས་རྒྱས་བ་ལྟ་བུའོ། །དེ་ལ་སོགས་པ་གཞན་དག་ཀྱང་བརྗོད་པར་བྱ་སྟེ། དེ ་ལྟར་ན་མི་རྣམས་ལ་སྒོ་ང་ལས་སྐྱེ་བའི་སྐྱེས་གནས་ཡོད་དོ། །མི་རྣམས་ལ་མངལ་ནས་སྐྱེ་བའི་སྐྱེ་གནས་ཇི་ལྟར་ཡོད་ཅེ་ན། སྨྲས་པ། ད་ལྟར་གྱི་མི་རྣམས་ཇི་ལྟ་བ་བཞིན་ཏེ། དེ་ལྟར་ན་མི་རྣམས་ལ་མངལ་ནས་སྐྱེ་བའི་སྐྱེ་གནས་ཡོད་དོ། །མི་རྣམས་ལ་དྲོད་གཤེར་ལས་སྐྱེ་བའི ་སྐྱེ་གནས་ཇི་ལྟར་ཡོད་ཅེ་ན། སྨྲས་པ། དཔེར་ན་རྒྱལ་པོ་ཚངས་པས་བྱིན་གྱི་བྲང་ནས། ཐོར་བུ་འདི་ལྟ་སྟེ། ཤིང་བལ་གྱི་འདའ་བ་འམ། རལ་བལ་གྱི་འདའ་བ་ལྟ་བུར་འཇམ་ཞིང་ཤིན་ཏུ་འཇམ་ལ་གནོད་པ་ཆུང་ཟད་ཀྱང་མེད་པ་ཞིག་བྱུང་ཏེ། དེ་སྨིན་ཏེ་རྡོལ་བ་ལས་བུ་མོ་གཟུགས ་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ་ཞིག་སྐྱེས་སྟེ། ཕུག་རོན་ཕྲེང་ལྡན་ཞེས་བྱ་བར་གྱུར་ནས། དེ་དུས་གཞན་ཞིག་ན་སྐྱེས་ཤིང་དབང་པོ་རྣམས་ཡོངས་སུ་སྨིན་པར་གྱུར་པ་ན། སྔོན་མོ་ཐོས་པར་ཚིགས་སུ་བཅད་པ་འདི་ལྟ་བུ་ཞིག་དྲན་ཏེ། སྨྲས་པ། མཚོན་རྣམས་གང་ནས ་ལྡོག་པར་འགྱུར། །ལམ་ནི་གང་དུ་ལྡོག་པར་འགྱུར། །བདེ་དང་སྡུག་བསྔལ་འཇིག་རྟེན་ན། །གང་དུ་མ་ལུས་འགག་པར་འགྱུར་ཞེས་སྨྲས་སོ། །དེ་ནས་བྲམ་ཟའི་ཁྱེའུ་གཙམ་བུ་མོ་ཅོར་སྨྲ་བ་སྤྱི་བརྟོལ་ཅན་ཞིག་གིས་བུ་མོ་དེ་ལ་འདི་སྐད་དུ། བུ་མོ་དེ་ནི་ཅི་ཡང་མ་ཡན་པ་ཞིག་གོ ་ཞེས་སྨྲས་ཏེ། དེ་སྐད་སྨྲས་པ་དང། བུ་མོ་དེ་ཅི་ཡང་མེད་པའི་སྐྱེ་མཆེད་ལ་སྙོམས་པར་ཞུགས་པ་ལྟ་བུ་དང། དཔེར་ན་རྒྱལ་པོ་གསོ་སྦྱོང་འཕགས་ཀྱི་སྤྱི་བོ་ལས་ཐོར་བུ་འདི་ལྟ་སྟེ། ཤིང་བལ་འམ། རལ་བལ་ལྟ་བུར་འཇམ་ཞིང་ཤིན་ཏུ་འཇམ་ལ་གནོད་པ་ཅུང་ཟད་ཀྱང ་མེད་པ་ཞིག་བྱུང་སྟེ། དེ་སྨིན་ཏེ་རྡོལ་བ་ལས་བྱིས་པ་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་བརྒྱན་པ་ཞིག་སྐྱེས་ཏེ། སྤྱི་བོ་ནས་སྐྱེས་སོ། །སྤྱི་བོ་ནས་སྐྱེས་སོ། །སྤྱི་བོ་ནས་སྐྱེས་སོ་ཞེས་ཟེར་ནས། མིང་ང་ལས་ནུར ་ལས་ནུ་ཞེས་བྱ་བར་གྱུར་ཏོ། །བྱིས་པ་དེ་རྫུ་འཕྲུལ་ཆེ་ཞིང་མཐུ་ཆེ་བར་གྱུར་ཏོ། །དེས་ཀྱང་གླིང་བཞིར་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་དབང་བྱས་པ་ལྟ་བུ་དང། དཔེར་ན་རྒྱལ་པོ་ང་ལས་ནུའི་བརླ་གཡས་པ་ལས་ཐུར་བུ་འདི་ལྟ་སྟེ། ཤིང་བལ་ལམ། རལ་བལ་ལྟ་བུར་འཇམ་ཞིང་ཤིན་ཏུ ་འཇམ་ལ། ཅུང་ཟད་ཀྱང་གནོད་པ་མེད་པ་ཞིག་བྱུང་སྟེ། དེ་སྨིན་དེ་རྡོལ་བ་ལས་བྱིས་པ་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་བརྒྱན་པ་ཞིག་སྐྱེས་ཏེ། རྐང་པ་གཡས་པ་ནས་སྐྱེས་སོ། །རྐང་པ་གཡས་པ་ནས ་སྐྱེས་སོ་ཞེས་ཟེར་ནས། མིང་མཛེས་པ་མཛེས་པ་ཞེས་བྱ་བར་གྱུར་ཏོ། །བྱིས་པ་རྫུ་འཕྲུལ་ཆེ་ཞིང་མཐུ་ཆེ་བར་གྱུར་ཏེ། དེས་ཀྱང་གླིང་གསུམ་དུ་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་དབང་བྱས་བལྟ་བུ་དང། དཔེར་ན་རྒྱལ་པོ་མཛེས་པའི་བརླ་གཡོན་པ་ནས་ཐོར་བུ་འདི་ལྟ་སྟེ། ་ཤིང་བལ་གྱི་འདའ་བ་འམ། རལ་བལ་གྱི་འདའ་བ་ལྟ་བུར་འཇམ་ཞིང་ཤིན་ཏུ་འཇམ་ལ། ཆུང་ཟད་ཀྱང་གནོད་པ་མེད་པ་ཞིག་བྱུང་སྟེ། དེ་སྨིན་ཏེ་རྡོལ་བ་ལས་བྱིས་པ་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་རྒྱན ་པ་ཞིག་སྐྱེས་ཏེ། རྐང་པ་གཡོན་པ་ནས་སྐྱེས་སོ། །རྐང་པ་གཡོན་པ་ནས་སྐྱེས་སོ་ཞེས་ཟེར་ནས། མིང་ཉེ་མཛེས་ཉེ་མཛེས་ཞེས་བྱ་བར་གྱུར་ཏོ། །བྱིས་པ་དེ་རྫུ་འཕྲུལ་ཆེ་ཞིང་མཐུ་ཆེ་བར་གྱུར་ཏེ། དེས་ཀྱང་གླིང་གཉིས་སུ་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་དབང་བྱས་པ་ལྟ ་བུ་དང། དཔེར་ན་རྒྱལ་པོ་ཉེ་མཛེས་ཀྱི་རྐང་པའི་སྟེང་གིས་བོལ་ནས་ཐོར་བུ་འདི་ལྟ་སྟེ། ཤིང་བལ་གྱི་འདའ་བ་ལྟ་བུ་འམ། རལ་བལ་གྱི་འདའ་བ་ལྟ་བུར་འཇམ་ཞིང་ཤིན་ཏུ་འཇམ་ལ། གནོད་པ་ཅུང་ཟད་ཀྱང་མེད་པ་ཞིག་བྱུང་སྟེ། དེ་སྨིན་སྟེ་རྡོལ་བ་ལས་བྱིས་པ་གཟུགས ་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱི་བརྒྱན་པ་ཞིག་སྐྱེས་སྟེ། རྐང་པའི་སྟེང་གི་བོལ་ནས་སྐྱེས་སོ། །རྐང་པའི་སྟེང་གི་བོལ་ནས་སྐྱེས་སོ་ཞེས་ཟེར་ནས། མིང་མཛེས་ལྡན་མཛེས་ལྡན་ཞེས་བྱ་བར་གྱུར་ཏོ། །བྱིས་པ་དེ ་རྫུ་འཕྲུལ་ཆེ་ཞིང་མཐུ་ཆེ་བར་གྱུར་ནས་དེས་ཀྱང་གླིང་གཅིག་ཏུ་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་དབང་བྱས་པ་ལྟ་བུ་དང། དཔེར་ན་རྒྱལ་པོ་མཛེས་ལྡན་གྱི་རྐང་པའི་འོག་གི་ཐིལ་ནས་ཐོར་བུ་འདི་ལྟ་སྟེ། ཤིང་བལ་གྱི་འདའ་བ་དང། རལ་བལ་གྱི་འདའ་ ་བ་ལྟ་བུ་འཇམ་ཞིང་ཤིན་ཏུ་འཇམ་ལ་གནོད་པ་ཅུང་ཟད་མེད་པ་ཞིག་བྱུང་སྟེ། དེ་སྨིན་ཏེ་རྡོལ་བ་ལས་བྱིས་པ་གཟུགས་བཟང་ཞིང་ལྟ་ན་སྡུག་ལ་མཛེས་པ། སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་བརྒྱན་པ་ཞིག་སྐྱེ་སྟེ། རྐང་པའི་འོག་གི་ཐིལ་ནས ་སྐྱེས་སོ། །རྐང་པའི་འོག་གིས་ཐིལ་ནས་སྐྱེས་སོ་ཞེས་ཟེར་ནས། མིང་མཛེས་ཅན་མཛེས་ཅན་ཞེས་བྱ་བར་གྱུར་ཏོ། །བྱིས་པ་དེ་རྫུ་འཕྲུལ་ཆེ་ཞིང་མཐུ་ཆེ་བར་གྱུར་ཏེ། དེས་ཀྱང་འཛམ་བུའི་གླིང་དུ་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་དབང་བྱས་པ་ལྟ་བུ་དང། དཔེར་ན ་ཡངས་པ་ཅན་ན་མིང་ཆེན་གྱི་སྐྱེད་མོས་ཚལ་དུ་ཤིང་ཨ་མྲ་ལས་བུ་མོ་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ་ཞིག་སྐྱེས་ཏེ། མིང་ཨ་མྲ་བ་སྐྱོངས་མ་ཞེས་བྱ་བར་གྱུར་ནས། བུ་མོ་དེ་ཡང་ཚོགས་ཀྱིས་ཚོགས་ཀྱི་སྤྱད་པར་བྱས་པ་ལྟ་བུའོ། །དེ་ལ་སོགས ་པ་གཞན་དག་ཀྱང་བརྗོད་པར་བྱ་སྟེ། དེ་ལྟར་མི་རྣམས་ལ་དྲོང་གཤེར་ལས་སྐྱེ་བའི་སྐྱེས་གནས་ཡོད་དོ། །མི་རྣམས་ལ་རྫུས་སྟེ་སྐྱེ་བའི་སྐྱེ་གནས་ཇི་ལྟར་ཡོད་ཅེ་ན། སྨྲས་པ། དཔེར་ན་བསྐལ་པ་དང་པོ་ཐམས་ཅད་རྫུས་ཏེ་སྐྱེས་པ་ལྟ་བུ་དང། དཔེར་ན་དགེ ་སློང་མ་དགོན་པ་མ་སྐྲ་བྲེགས་ཤིང་གོས་ངུར་སྨྲིག་གྱོན་བཞིན་དུ་དགོན་པ་ནས་བྱུང་བ་ལྟ་བུའོ། །དེ་ལ་སོགས་པ་གཞན་དག་ཀྱང་བརྗོད་པར་བྱ་སྟེ། དེ་ལྟར་ན་མི་རྣམས་ལ་རྫུས་ཏེ་སྐྱེ་བའི་སྐྱེ་གནས་ཡོད་དོ། །ཅིའི་ཕྱིར་སེམས་ཅན་དམྱལ་བ་རྣམས་ཞེས་བྱ ་ཞེ་ན། སྨྲས་པ། ཡིད་དུ་འོང་བ་མེད་ཅིང་བདེ་བ་དང་ཡིད་བདེ་བ་དང་བྲལ་བའི་ཕྱིར་སེམས་ཅན་དམྱལ་བ་རྣམས་ཞེས་བྱའོ། །ཅིའི་ཕྱིར་དུད་འགྲོ་རྣམས་ཞེས་བྱ་ཞེ་ན། སྨྲས་པ། དུད་འགྲོ་ཞིང་དུད་དེ་འོང་བས་ན། དེའི་ཕྱིར་དུད་འགྲོ་རྣམས་ཞེས་བྱའོ། །ཅིའི ་ཕྱིར་ཡི་དགས་རྣམས་ཤེས་བྱ་ཞེ་ན། སྨྲས་པ། ད་ལྟར་ཡི་དགས་རྣམས་ཀྱི་རྒྱལ་པོ་གཤིན་རྗེ་ཇི་ལྟ་བ་བཞིན་དུ་དེའི་དུས་ན་ཡི་དགས་རྣམས་ཀྱི་རྒྱལ་པོ་ཕ་ཞེས་བྱ་བར་གྱུར་ཏེ། ཕའི་ཡུལ་དུ་འགྲོའོ། །ཕའི་ཡུལ་ནས་འོད་དོ་ཞེས་ཟེར་ནས། མིང་ཡི་དགས་ཞེས་བྱ་བར་གྱུར ་ཏེ། རྒྱུ་དེས་ན་ཡི་དགས་རྣམས་ཤེས་བྱའོ། །ཅིའི་ཕྱིར་མི་རྣམས་ཞེས་བྱ་ཞེ་ན། སྨྲས་པ། རྒྱལ་པོ་ང་ལ་ནུས་སྟེ་བསྟན་པའི་མི་རྣམས་ནི་ལས་ཆེན་པོའི་ཅོག་བློས་བསྐྱེད་པ་དང། བསམས་ཏེ་འཇལ་ཞིང་ཉེ་བར་བརྟགས་ནས་བྱེད་པ་དང། བརྟགས་ཤིང་གཞལ་ཏེ་ཉེ་བར ་རྟོག་པར་བྱེད་པས་ན་མི་མི་ཞེས་བྱ་བར་གྱུར་ཏེ། རྒྱུ་དེས་ན་མི་རྣམས་ཞེས་བྱའོ། །ཅིའི་ཕྱིར་ལྷ་རྣམས་ཤེས་བྱ་ཞེ་ན། སྨྲས་བ། འབར་བའི་ཕྱིར་ན་ལྷ་རྣམས་ཞེས་བྱའོ། །གཞན་ཡང་འགྲོ་བ་རྣམས་དང། སྐྱེ་བ་རྣམས་དང། ལུས་ཐོབ་པ་རྣམས་ཀྱི་མཆོག་ཡིན་པས ་ན་ལྷ་རྣམས་ཞེས་བྱའོ། །ཅིའི་ཕྱིར་མཐོ་རིས་ཞེས་བྱ་ཞེ་ན། སྨྲས་པ། སེམས་ཅན་དེ་དག་བདེ་བ་དང་ལྡན་ཞིང་སྐྱིད་ལ། གནོད་པ་མེད་ཅིང། གནོད་པ་མེད་པའི་ཚེས་དང་ལྡན་ཏེ། བདེ་བ་དང། ཡིད་བདེ་བ་མཆོག་དང། གནོད་པ་མེད་པའི་བདེ་བ་དང། བདེ་བའི་སྦྱོར་བ་དང ་ལྡན་པས་ན་མཐོ་རིས་ཞེས་བྱའོ། །ཅིའི་ཕྱིར་ལྷའི་བུ་མོ་ཞེས་བྱ་ཞེ་ན། སྨྲས་པ། གསལ་ཞིང་རྙོག་པ་མེད་པའི་ཕྱིར་ལྷའི་བུ་མོ་ཞེས་བྱ་བ་དང། བག་བྱེད་ཅིང་དགའ་བའི་ཤས་ཆེ་བའི་ཕྱིར་ལྷའི་བུ་མོ་ཞེས་བྱ་སྟེ། རྒྱུ་དེས་ན་ལྷའི་བུ་མོ་རྣམས་ཞེས་བྱའོ། །རྒྱུ་གདགས་པ།། །། ་བམ་པོ་བདུན་པ་དེ་ཐ་མ། ཅིའི་ཕྱིར་མ་ཞེས་བྱ་ཞེ་ན། སྨྲས་པ། ནུ་ཞོ་བསྣུན་པར་བྱེད་པ་དང། གསོ་བར་བྱེད་པའི་ཕྱིར་མ་ཞེས་བྱ་བ་དང། མཁས་ཤིང་བློ་དང་ལྡན་པའི་ཕྱིར་མ་ཞེས་བྱ་སྟེ། རྒྱུ་དེས་ནམ་ཞེས་བྱའོ། །ཅིའི་ཕྱིར་ཕ་ཞེས་བྱ་ཞེ་ན། སྨྲས་པ། སྐྱེ་བ་འགྲུབ་པ ་ལ་བུ་རྒྱུད་ཀྱི་ལས་དང་འབྲེལ་བའི་རྒྱུ་དང་པོ་དེ་ཡིན་པ་དང། རྐྱེན་དེ་ཡིན་པས་ན་དེའི་ཕྱིར་ཕ་ཞེས་བྱའོ། །ཅིའི་ཕྱིར་ཞང་པོ་ཞེས་བྱ་ཞེ་ན། སྨྲས་པ། མ་དང་རིགས་གཅིག་ཏུ་འབྲེལ་བས་ན། དེའི་ཕྱིར་ཞང་པོ་ཞེས་བྱའོ། །ཅིའི་ཕྱིར་ཁུ་བོ་ཞེས་བྱ་ཞེ་ན། སྨྲས་པ། སྐྱེད་པའི་ཕ ་ལ་ནི་ཕ་ཞེས་བྱ་སྟེ། འདི་ནི་བདག་གི་ཕའི་ཐབས་སོ། །ཞེས་བྱ་བས་ན་དེའི་ཕྱིར་ཁུ་བོ་ཞེས་བྱའོ། །ཅིའི་ཕྱིར་ཕུ་ནུ་ཞེས་བྱ་ཞེ་ན། སྨྲས་པ། རིགས་ལས་སྐལ་བ་གཅོད་པས་ན་དེའི་ཕྱིར་ཕུ་ནུ་ཞེས་བྱའོ། །ཅིའི་ཕྱིར་སྲིང་མོ་ཞེས་བྱ་ཞེ་ན། སྨྲས་པ། ་རིགས་ལས་བཀུར་སྟིར་བྱ་བ་དང། བླ་མར་བྱ་བ་དང། རི་མོར་བྱ་བ་དང། མཆོད་པར་བྱ་བ་དང། རིམ་འགྲོར་བྱ་བའི་སྐལ་པ་དབང་བ་ན། །དེའི་ཕྱིར་སྲིང་མོ་ཞེས་བྱའོ། །ཅིའི་ཕྱིར་མ་ལས་འོ་མ་འབྱུང་ལ་ཕ་ལས་མི་འབྱུང་ཞེ་ན། སྨྲས་པ། མའི་མངལ་ནས་སྐྱེ་བ ་དང་འབྲེལ་བས་གྱུར་གྱི། ཕ་དང་འབྲེལ་པ་མེད་པའི་ཕྱིར་རོ། །གཞན་ཡང་ཆེས་ལྷག་པར་མ་བུ་ལ་བྱམས་གྱི་ཕ་ནི་དེ་ལྟ་མ་ཡིན་ཏེ། རྒྱུ་དེ་ན་མ་ལས་འོ་མ་འབྱུང་གི་ཕ་ལས་མི་འབྱུང་ངོ། །ཅིའི་ཕྱིར་བུད་མེད་ལ་འགྲམ་སྤུ་དང་ཁ་སྤུ་མེད་ཅེ་ན། སྨྲས་པ། མ་ནིང ་བཞིན་དུ་དེའི་དབང་པོ་རྣམས་ཞན་པས་ན། དེའི་ཕྱིར་བུད་མེད་ལ་འགྲམ་སྤུ་དང་ཁ་སྤུ་མེད་དོ། །ཅིའི་ཕྱིར་མ་ནིང་ལ་འགྲམ་སྤུ་དང་ཁ་སྤུ་མེད་ཅེ་ན། སྨྲས་པ། བུད་མེད་བཞིན་དུ་དེའི་དབང་པོ་རྣམས་ཞན་པས་ན་དེའི་ཕྱིར་འགྲམ་སྤུ་དང་ཁ་སྤུ་མེད་དོ། །ཅིའི་ཕྱིར་རྒྱལ ་པོ་ཞེས་བྱ་ཞེ་ན། སྨྲས་པ། ཆོས་དང། ངང་ཚུལ་དང། སྤྱོད་ཚུལ་ཀུན་དུ་སྤྱོད་པས་འཁོར་རངས་པར་བྱེད་པས་ན། དེའི་ཕྱིར་རྒྱལ་པོ་ཞེས་བྱའོ། །ཅིའི་ཕྱིར་རྒྱལ་རིགས་ཞེས་བྱ་ཞེ་ན། ཞིང་རྣམས་ཀྱི་བདག་པོར་གྱུར་པས་ན་དེའི་ཕྱིར་རྒྱལ་རིགས་ཞེས་བྱའོ།། ་ཅིའི་ཕྱིར་བྲམ་ཟེ་ཞེས་བྱ་ཞེ་ན། སྨྲས་པ། ཕྱི་རོལ་ཏུ་སེམས་པས་ན་དེའི་ཕྱིར་བྲམ་ཟེ་ཞེས་བྱའོ། །ཅིའི་ཕྱིར་རྗེའུ་རིགས་ཞེས་བྱ་ཞེ་ན། ཉོན་མོངས་པ་སྣ་ཚོགས་དང་ལྡན་པའི་ལས་བྱེད་པས་ན། དེའི་ཕྱིར་རྗེའུ་རིགས་ཞེས་བྱའོ། །ཅིའི་ཕྱིར་དམངས་རིགས ་ཞེས་བྱ་ཞེ་ན། ངན་ལས་བྱེད་པ་དང། གནོད་པའི་ལས་བྱེད་པས་ན་དེའི་ཕྱིར་དམང་རིགས་ཞེས་བྱའོ། །ཅིའི་ཕྱིར་གདོལ་པ་ཞེས་བྱ་ཞེ་ན། སྨྲས་པ། བསྐལ་པ་དང་པོའི་མི་རྣམས་སུ་ཡང་ཕ་རོལ་གྱི་མི་ལེན་པ་ལས་ཕྱིས་མི་ཞིག་གི་ཕ་རོལ་གྱི་མ་བྱིན་པར་བླངས ་ནས་དེ་རྒྱལ་པོའི་སྲུངས་མའི་མིས་བ་བླང་སྟེ། རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བའི་རྒྱལ་པོ་ལ་ཕུལ་ནས། ལྷ་མཁྱེན་པར་མཛད་དུ་གསོལ། མི་འདིས་ནི་ཕ་རོལ་གྱི་མ་བྱིན་པར་བླངས་ལགས་སོ། །རྒྱལ་པོས་དེ་དག་ལ་སྨྲས་པ། ཁྱེད་དེད་ལ་མི་འདི་སོང་ཅིག་ཅེས་བྱས ་ན། མི་དེ་དག་ལས་སུ་ཡང་མི་དེ་བསད་པར་སྤྲོ་བར་མ་བྱུང་ནས། དེ་དག་ལ་སྤྱི་བོ་ནས་དབང་བསྐུར་བའི་རྒྱལ་པོས་འདི་སྐད་ཅེས་སྨྲས་ཏེ། སུ་མི་འདི་གསོད་པ་དེ་ལ་དེས་ནོར་གྱི་ཕུང་པོ་ཆེན་པོ་སྦྱིན་ནོ། །དེ་ནས་མི་གཞན་ནོར་དོན་དུ་གཉེར་ཞིང་ནོར་འདོད་ལ་ནོར་ལ་བསྐམ ་ཞིང་ནོར་གྱི་ཉེས་སྡིག་ཅན་ཞིག་གིས་མི་དེ་བསད་དོ། །མི་དེ་བསད་ནས་དེ་དག་འདི་སྙམ་སེམས་ཏེ། མི་འདི་ནི་གཏུམ་པོ་ཞིག་སྟེ། འདི་ལྟར་ནོར་དོན་དུ་གཉེར་བ་དང། ནོར་འདོད་པ་དང། ནོར་འདོད་པ་དང། ནོར་ལ་བསྐམ་པ་དང། ནོར་གྱི་ཉེས་མིག?་གིས་མི་སུན་མ་ཕྱུང་ཞིང་ཉེས་པ ་མེད་པ་བསད་ཀྱིས། མི་འདི་ནི་དགོས་པ་མེད་དོ། །མི་འདི་ནི་གཏུམ་པའོ་ཞེས་ཟེར་ནས་མི་གདོལ་པ་གདོལ་པོ་ཞེས་བྱ་བར་གྱུར་ཏེ། རྒྱུ་དེས་ན་གདོལ་བ་རྣམས་ཞེས་བྱའོ། །ཆོས་མངོན་པའི་བསྟན་བཅོས་ཆེན་པོ་རྒྱུ་གདགས་པ་ལས་ཚིགས་བཅོ་ལྔ་པའོ། །སྡོམ་ནི། དུད་འགྲོ་སྤྲུལ ་དང་གླང་པོ་རྟ། །རྔ་མོ་བ་གླང་ཕྱུག་དང་གླང། །རོ་དང་འཇམ་དང་དྲག་པ་དང། །ཆུ་གནས་བསྐྲེན་བ་ཚིགས་ཀྱི་སྡོམ། །ཅིའི་ཕྱིར་དུད་འགྲོ་ཞེས་བྱ་ཞེ་ན། སྨྲས་པ། སེམས་ཅན་ལས་ཤིན་ཏུ་གནས་པ་དང་ལྡན་བ་ཞིག་འོད་གསལ་གྱི་ལྷའི་རིས་ནས་ཤི་འཕོས་ནས་འཇིག་རྟེན་གྱི་ཁམས ་འདིར་མི་རྣམས་དང་སྐལ་བ་མཉམ་པར་བསྐལ་པ་དང་པོའི་མི་རྣམས་ཀྱི་ནང་དུ་སྐྱེས་སོ། །དེ་འདིར་སྐྱེས་ནས་དེས་ལག་པ་གཉིས་ས་ལ་བཙུགས་ཏེ། དུས་དེ་འགྲོ་བ་ལས་མིང་དུད་འགྲོ་དུད་འགྲོ་ཞེས་བྱ་བར་གྱུར་ཏེ། རྒྱུ་དེས་ན་དུད་འགྲོ་རྣམས་ཞེས་བྱའོ། །ཅིའི་ཕྱིར་སྤྲུལ་ཞེས ་བྱ་ཞེ་ན། སྨྲས་པ། སེམས་ཅན་ལས་ཤིན་ཏུ་གནག་པ་དང་ལྡན་པ་ཞིག་འོད་གསལ་གྱི་ལྷའི་རིས་ནས་ཤི་འཕོས་ནས་འཇིག་རྟེན་གྱི་ཁམས་འདིར་མི་རྣམས་དང་སྐལ་པ་དང་མཉམ་པར་བསྐལ་པ་དང་པོའི་མི་རྣམས་ཀྱི་ནང་དུ་སྐྱེས་ཏེ། དེ་འདིར་སྐྱེས་ནས་ལག་པ་གཉིས་དང་རྐང ་པ་གཉིས་མེད་པར་གྱུར་ཏེ། དེ་ལྟོས་འཕྱེ་བར་གྱུར་ནས། དེ་དག་འདི་སྐད་དུ། སེམས་ཅན་འདི་ལྟོ་འཕྱེའོ་སེམས་ཅན་འདི་ལྟོ་འཕྱེའོ་ཞེས་ཟེར་ནས། མིང་ལྟོ་འཕྱེ་ལྟོ་འཕྱེ་ཞེས་བྱ་བར་གྱུར་ཏེ། རྒྱུ་དེས་ན་སྤྲུལ་ཞེས་བྱའོ། །ཅིའི་ཕྱིར་གླང་པོ་ཆེ་ཞེས་བྱ་ཞེ་ན། ་སྨྲས་པ། སེམས་ཅན་ལས་ཤིན་ཏུ་གནག་པ་དང་ལྡན་བ་ཞིག་འོད་གསལ་གྱི་ལྷའི་རིས་ནས་ཤི་འཕོས་ནས་འཇིག་རྟེན་ཁམས་འདིར་མི་རྣམས་དང། བསྐལ་པ་མཉམ་པར་བསྐལ་པ་དང་པོའི་མི་རྣམས་ཀྱི་ནང་དུ་སྐྱེས་ཏེ། དེ་འདིར་སྐྱེས་ནས་དེ་ལག་པ་གཉིས་ས་ལ ་བཙུགས་ཏེ། དེའི་སྣ་ཡང་རིང་པོར་གྱུར་ནས། ལག་པས་འགྲོ་ཞིང་ལགས་པས་འོང་བས་མིང་གླང་པོ་ཆེ་གླང་པོ་ཆེ་ཞེས་བྱ་བར་གྱུར་ཏེ། རྒྱུ་དེས་ན་གླང་པོ་ཆེ་རྣམས་ཞེས་བྱའོ། །ཅིའི་ཕྱིར་རྟ་ཞེས་བྱ་ཞེ་ན། སྨྲས་པ། སེམས་ཅན་ལས་ཤིན་ཏུ་གནག་པ་དང་ལྡན་པ་ཞིག ་འོད་བསལ་གྱི་ལྷའི་རིས་ནས་ཤི་འཕོས་ནས་འཇིག་རྟེན་གྱི་ཁམས་འདིར་མི་རྣམས་དང་སྐལ་པ་མཉམ་པར་བསྐལ་པ་དང་པོའི་མི་རྣམས་ཀྱི་ནང་དུ་སྐྱེས་ཏེ། དེ་འདིར་སྐྱེས་ནས་དགོན་པའི་གནས་རྣམས་སུ་རྒྱུ་བར་གྱུར་ཏོ། །དེ་ནས་སེམས་ཅན་དེ་དག་གིས་མཐོང ་ནས་འདི་སྐད་དུ་ཀྱེ་སུའི་ཞེས་བྱས་པ་དང། སྨྲས་པ། ཀྱེ་འདི་ནི་སུའི་ཡང་མ་ཡིན་ནོ་ཞེས་ཟེར་ནས་མིང་རྟ་རྟ་ཞེས་བྱ་བར་གྱུར་ཏེ། རྒྱུ་དེས་ན་རྟ་རྣམས་ཞེས་བྱའོ། །ཅིའི་ཕྱིར་རྔ་མོ་ཞེས་བྱ་ཞེ་ན། སྨྲས་པ། སེམས་ཅན་ལས་ཤིན་ཏུ་གནག་པ་དང་ལྡན་པ་ཞིག་འོད ་གསལ་གྱི་ལྷའི་རིས་ནས་ཤི་འཕོས་ནས་འཇིག་རྟེན་གྱི་ཁམས་འདིར་མི་རྣམས་དང་སྐལ་པ་མཉམ་པར་བསྐལ་པ་དང་པོའི་མི་རྣམས་ཀྱི་ནང་དུ་སྐྱེས་ཏེ། དེ་འདིར་སྐྱེས་ནས་མཆུ་པ་ཉིས་འཆང་ལ་འགྲིན་པ་ཡང་གྱེ་གུ་ཅན་དུ་གྱུར་ནས། དེ་དག་འདི་སྐད་དུ། མཆུ ་གཉིས་འཆད་དོ། །མཆུ་གཉིས་འཆད་དོ་ཞེས་ཟེར་ནས། དེ་དག་གིས་དེའི་མིང་རྔ་མོ་ཞེས་རྟགས་ཏེ། རྒྱུ་དེས་ན་རྔ་མོ་རྣམས་ཞེས་བྱའོ། །ཅིའི་ཕྱིར་བ་ལང་ཞེས་བྱ་ཞེ་ན། སྨྲས་པ། སེམས་ཅན་ལས་ཤིན་ཏུ་གནག་པ་དང་ལྡན་པ་ཞིག་འོད་གསལ་གྱི་ལྷའི་རིས ་ནས་འཇིག་རྟེན་གྱི་ཁམས་འདིར་མི་རྣམས་དང། སྐལ་པ་མཉམ་པར་བསྐལ་བ་དང་པོའི་མི་རྣམས་ཀྱི་ནང་དུ་སྐྱེས་ཏེ། དེ་འདིར་སྐྱེས་ནས་ཚོགས་ཀྱི་ནང་ནས་བྱུང་སྟེ། དགོན་པའི་གནས་དག?་ན་རྒྱུ་ཞིང། །སེམས་ཅན་དེ་ཚོགས་ཀྱི་ནང་ནས་བྱུང་ནས་དགོན་པའི་གནས་དག་ན་རྒྱུ་ཞིང ་ཚོགས་ཀྱི་ནང་ན་མི་གནས་པའི་ཕྱིར་དེའི་མིང་བ་ལང་ཞེས་བྱ་བར་གྱུར་ཏེ། རྒྱུ་དེས་ན་བ་ལང་རྣམས་ཞེས་བྱའོ། །ཅིའི་ཕྱིར་ཕྱུགས་ཞེས་བྱ་ཞེ་ན། སྨྲས་པ། སེམས་ཅན་ལས་ཤིན་ཏུ་གནག་པ་དང་ལྡན་པ་ཞིག་འོད་གསལ་གྱི་ལྷའི་རིས་ནས་ཤི་འཕོས་ནས་འཇིག་རྟེན་གྱི ་ཁམས་འདིར་མི་རྣམས་དང་སྐལ་པ་མཉམ་པར་བསྐལ་པ་དང་པོའི་མི་རྣམས་ཀྱི་ནང་དུ་སྐྱེས་ཏེ། དེ་འདིར་སྐྱེས་ནས་དགོན་པའི་གནས་རྣམས་སུ་རྒྱུ་བ་ན་མི་དེ་དག་གིས་གློ་ནས་འཛིན་ཅིང། གློ་ནས་འཛིན་པས་ན་མིང་ཕྱུགས་ཞེས་བཏགས་ཏེ་རྒྱུ་དེས་ན་ཕྱུགས་རྣམས ་ཤེས་བྱའོ། །ཅིའི་ཕྱིར་གླང་བུ་ཞེས་བྱ་ཞེ་ན། སྨྲས་པ། སེམས་ཅན་ལས་ཤིན་ཏུ་གནག་པ་དང་ལྡན་པ་ཞིག་འོད་གསལ་གྱི་ལྷའི་རིས་ནས་ཤི་འཕོས་ནས་འཇིག་རྟེན་གྱི་ཁམས་འདིར་མི་རྣམས་དང་སྐལ་པ་མཉམ་པར་བསྐལ་པ་དང་པོའི་མི་རྣམས་ཀྱི་ནང་དུ་སྐྱེས ་ཏེ། དེ་འདིར་སྐྱེས་ནས་ཤིན་ཏུ་སྟོབས་ཆེ་ཞིང་ཁལ་བྱེད་པའི་ཕྱིར་མིང་གླང་བུ་གླང་བུ་ཞེས་བྱ་བར་གྱུར་ཏེ། རྒྱུ་དེས་ན་གླང་བུ་རྣམས་ཞེས་བྱའོ། །ཅིའི་ཕྱིར་སེམས་ཅན་ཁ་ཅིག་ནི་རྭའི་སྟོབས་དང་ལྡན་ཁ་ཅིག་ནི་སྡེར་མོའི་སྟོབས་དང་ལྡན། ཁ་ཅིག་ནི་མཆེ་བའི་སྟོབས ་དང་ལྡན་པར་གྱུར་ཅེ་ན། སྨྲས་པ། སེམས་ཅན་གང་དག་སྔོན་མིར་འགྱུར་བ་ན་མཚོན་ཆས་བརྒྱན་པ་དང། མཚོན་ཆ་ལག་ཆར་ཐོགས་པར་གྱུར་ཏེ། དེ་དག་ཉེས་པར་སྤྱོད་པ་ཀུན་ཏུ་བསྟན་ཅིང་བསྒོམས་ཏེ་མང་དུ་བྱས་པས་དེས་ལུས་ཞིག་ནས་ཤི་བའི་འོག་ཏུ་ངན ་སོང་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་རྣམས་སུ་སྐྱེས་ཏེ། དེ་དག་སེམས་ཅན་དམྱལ་བ་རྣམས་ནས་ཤི་འཕོས་ནས་ལས་ཀྱི་ལྷག་མ་ལུས་པ་དེས་དུད་འགྲོ་རྣམས་སུ་སྐྱེ་བར་གྱུར་ཏེ། དེར་ཁ་ཅིག་ནི་རྭའི་སྟོབས་དང་ལྡན། ཁ་ཅིག་ནི་སྡེར་མོའི་སྟོབས ་དང་ལྡན། ཁ་ཅིག་ནི་མཆེ་བའི་སྟོབས་དང་ལྡན་པར་གྱུར་ཏེ། རྒྱུ་དེས་ན་ཁ་ཅིག་ནི་རྭའི་སྟོབས་དང་ལྡན། ཁ་ཅིག་ཅི་སྡེར?་མོའི་སྟོབས་དང་ལྡན། །ཁ་ཅིག་ནི་མཆེ་བའི་སྟོབས་དང་ལྡན་པར་གྱུར་ཏོ། །ཅིའི་ཕྱིར་སྤུ་གཤོར་བར་གྱུར་ཅེ་ན། སྨྲས་པ། སའི་ཁམས་ཀྱི་ཤས་ཆེ་བའི་ཕྱིར་རོ།། ་གཞན་ཡང་སེམས་ཅན་གང་དག་སྔོན་མིར་གྱུར་པ་ན་ལུས་ཀྱི་ལས་རྩུབ་པ་དང། ངག་གི་ལས་རྩུབ་པ་དང། ཡིད་ཀྱི་ལས་རྩུབ་པ་དེ་དག་ཉེས་པར་སྤྱོད་པ་ཀུན་ཏུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པ་དེས། ལུས་ཞིག་ནས་ཤི་བའི་འོག་ཏུ་ངན་སོང་ངན་འགྲོ་ལོག ་བར་ལྟུང་བ་སེམས་ཅན་དམྱལ་བ་རྣམས་སུ་སྐྱེས་ཏེ། དེ་དག་དེ་ནས་ཤི་འཕོས་ནས་གལ་ཏེ་མི་རྣམས་དང་སྐལ་བ་མཉམ་པར་ཁམས་འདིར་སྐྱེ་ན་ཡང་ལས་ཀྱི་ལྷག་མ་ལུས་པ་དེ་སྡུ་གཤེར་བར་གྱུར་ཏོ། །ཅིའི་ཕྱིར་སྤུ་འཇམ་པར་གྱུར་ཅེ་ན། །སྨྲས་པ། ་སེམས་ཅན་གང་དག་སྔོན་མིར་གྱུར་པ་ནས་ལུས་ཀྱི་ལས་རྩུབ་བམ་བྱས། ངག་གི་ལས་རྩུབ་པ་མ་བྱས། ཡིད་ཀྱི་ལས་རྩུབ་བམ་བྱས་ཏེ། དེ་དག་ལེགས་པར་སྤྱོད་པ་ཀུན་དུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པ་དེས། ལུས་ཞིག་ན་ཤི་བའི་འོག་ཏུ་བདེ་འགྲོ་མཐོ ་རིས་ཀྱི་འཇིག་རྟེན་དུ་ལྷ་རྣམས་ཀྱི་ནང་དུ་སྐྱེས་ཏེ། དེ་ནས་ཤི་འཕོས་ནས་གལ་ཏེ་མི་རྣམས་དང་སྐལ་པ་མཉམ་པར་ཁམས་འདིར་སྐྱེས་ན་ཡང་ལས་ཀྱི་ལྷག་མ་ལུས་པ་དེས་སྤུ་འཇམ་པར་གྱུར་ཏེ། རྒྱུ་དེས་ན་སྤུ་འཇམ་པར་གྱུར་ཏོ། །ཅིའི་ཕྱིར་དུག་དྲག་པར ་འགྱུར་ཞེ་ན། སྨྲས་པ། གནོད་སེམས་ཀྱི་ཤས་ཆེ་བའི་ཕྱིར་རོ། །གཞན་ཡང་སེམས་ཅན་གང་དག་དུག་དྲག་པ་དེ་དག་གི་ནང་ནས་ཉེ་ཞིང་དུབས་ཉེ་བར་ཤི་འཕོས་པ་རྣམས་ཡིན་ཏེ། དེ་དག་ཀྱང་གང་ཞེ་ན། འདི་ལྟ་སྟེ། སྤྲུལ་དང། སྡིག་པ་དང། སྦྲང ་རྒོད་མདུང་གསུམ་དང། སྦྲང་རྒོད་མདུང་གསུམ་པ་ཆེན་པོ་དང། སྲིན་གྱི་མེ་ལ་སོགས་པ་སྟེ། རྒྱུ་དེས་ན་དུག་དྲག་པོར་འགྱུར་རོ། །ཅིའི་ཕྱིར་དུག་དྲག་པོར་མི་འགྱུར་ཞེ་ན། སྨྲས་པ། གནོད་སེམས་མེད་པའི་ཁམས་ཤས་ཆེ་བའི་ཕྱིར་རོ། །གཞན ་ཡང་སེམས་ཅན་གང་དག་དུག་དྲག་པ་མ་ཡིན་པ་དེ་དག་གི་ནང་ནས་ཉེ་ཞིང་དུབས་ཉེ་བར་ཤི་འཕོས་པ་རྣམས་ཡིན་ཏེ། དེ་དག་ཀྱང་གང་ཞེ་ན། འདི་ལྟ་སྟེ། དྲང་སྲོང་རྣམས་དང། རབ་ཏུ་བྱང་བ་རྣམས་དང། ཁྱིམ་བདག་རྣམས་དང། གཟུགས་དང། གཟུགས་མེད་པ་ན་སྤྱོད་པའི་ལྷ་རྣམས་ཏེ། རྒྱུ་དེས ་ན་དུག་དྲག་པོར་མི་འགྱུར་རོ། །ཅིའི་ཕྱིར་ཆུ་ན་གནས་པའི་སེམས་ཅན་རྣམས་དང་སྐལ་པ་མཉམ་པར་སྐྱེ་བར་འགྱུར་རོ། །སྨྲས་པ། སེམས་ཅན་གང་དག་སྐོམ་ཞིང་གདུངས་ལ། སྐམས་ཏེ་ཆུ་འདོད་བཞིན་དུ་འཆི་བ་དེ་དག་ལ་ལུས་ཞིག་ནས་ཆུ་ན་གནས་པའི་སེམས་ཅན་རྣམས་དང ་བསྐལ་པ་མཉམ་པར་སྐྱེ་བར་འགྱུར་རོ། །ཅིའི་ཕྱིར་བྱ་རྣམས་དང་སྐལ་པ་མཉམ་པར་སྐྱེ་བར་འགྱུར་ཞེ་ན། སྨྲས་པ། སེམས་ཅན་གང་དག་དོག་ཅིང་ཡོངས་སུ་གཟིར་བར་གྱུར་ཏེ། གོ་སྐབས་ཡངས་པ་འདོད་བཞིན་དུ་འཆི་བ་དེ་དག་ལུས་ཞིག་ནས་བྱ་རྣམས་དང་བསྐལ་པ་མཉམ ་པར་འགྱུར་རོ། །འགྲོ་བ་དེར་སྨིན་པར་འགྱུར་བའི་ལས་བྱས་ཤིང་བསགས་པ་ལས་ཀྱང་འགྱུར་ཏེ། ཆུ་ན་གནས་པ་རྣམས་ལ་ཡང་དེ་བཞིན་དུ་བརྗོད་པར་བྱའོ། །ཅིའི་ཕྱིར་སའི་ཕྱོགས་བཀྲེན་པ་ཟས་དང་སྐོམ་ཉུང་བ་རྣམས་སུ་སྐྱེ་བར་འགྱུར་ཞེ་ན། སྨྲས་པ། སེམས་ཅན་གང་དག ་སྔོན་མིར་གྱུར་པ་ན། ལུས་ཀྱི་ལས་རྩུབ་པོ་དང། ངག་གི་ལས་རྩུབ་པོ་དང། ཡིད་ཀྱི་ལས་རྩུབ་པོར་གྱུར་པ་དེ་དག་ཉེས་པར་སྤྱོད་པ་ཀུན་ཏུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པ་དེས། ལུས་ཞིག་ནས་ཤི་བའི་འོག་ཏུ་ངན་སོང་ངན་འགྲོ་ལོག་པར་ལྷུང་བ་སེམས་ཅན་དམྱལ་བ ་རྣམས་སུ་སྐྱེ་བར་འགྱུར་ཏེ། གལ་ཏེ་དེ་ནས་ཤི་འཕོས་ནས་ཁམས་འདིར་མི་རྣམས་དང་སྐལ་པ་མཉམ་པར་སྐྱེས་ན་ཡང་ལས་ཀྱི་ལྷག་མ་ལུས་པ་དེས། འདིར་ས་ཕྱོགས་བཀྲེན་བ་ཟས་དང་སྐོམ་ཉུང་པ་དག་ཏུ་སྐྱེ་བར་འགྱུར་ཏེ། རྒྱུ་དེས་ན་ཕྱོགས་བཀྲེན་པ་ཟས་དང་སྐོམ་ཉུང་བ ་དག་ཏུ་སྐྱེ་བར་འགྱུར་རོ། །ཅིའི་ཕྱིར་ས་ཕྱོགས་གཤིན་བཟས་དང། སྐོམ་མོང་བདག་ཏུ་སྐྱེ་བར་འགྱུར་ཞེ་ན། སྨྲས་པ། སེམས་ཅན་གང་དག་སྔོན་མིར་གྱུར་པ་ན། ལུས་ཀྱི་ལས་དྲང་པོ་དང། ངག་གི་ལས་དྲང་པོ་དང། ཡིད་ཀྱི་ལས་དྲང་པོར་གྱུར་བ་དེ་དག་ལེགས་པར་སྤྱོད་པ་ཀུན ་ཏུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པ་དེས། ལུས་ཞིག་ནས་ཤི་བའི་འོག་ཏུ་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་ཏེ། གལ་ཏེ་གནས་ཤི་འཕོས་ནས་ཁམས་འདིར་མི་རྣམས་དང་སྐལ་བ་མཉམ་པར་སྐྱེན་ཡང། ལས་ཀྱི ་ལྷག་མ་ལུས་པ་དེས་འདིར་ས་ཕྱོགས་གཤིན་པ་ཟས་དང་སྐོམ་མེད་པ་དག་ཏུ་སྐྱེ་བར་འགྱུར་ཏེ། རྒྱུ་དེས་ནས་ཕྱོགས་གཤིན་པ་ཟས་དང། སྐོམ་མོད་བདག་ཏུ་སྐྱེ་བར་འགྱུར་རོ། །ཆོས་མངོན་པའི་བསྟན་བཅོས་དགེ་བ་དང་མི་དགེ་བའི་རྒྱུ་དང་འབྲས་བུ་བསྟན་པ། རྒྱ ་གདགས་པ་ལས་ཚིགས་བཅུ་དྲུག་པའོ། །སྡོམ་ནི། སེམས་དམྱལ་སྦྲུལ་དང་བྱི་བ་ཁྱི་།གླང་ཆེན་རྟ་དང་རྔ་མོ་དང། །བ་ལང་བུང་བུ་རི་དགས་དང། །ར་ལུག་ལྭ་རྣམས་ཚིགས་ཀྱི་སྡོམ། །སེམས་ཅན་དམྱལ་བདག་ནས་ཤི་འཕོས་པ་རྣམས་ཀྱི་རྣམ་པ་ནི་གང་དག་ཡིན་ནི། ་མཚན་མ་ནི་གང་དག་ཡིན། རྟགས་ནི་གང་དག་ཡིན་ཞེ་ན། སྨྲས་པ། སེམས་ཅན་གང་དག་སྐེམ་པ་དང། ངན་པ་ལ་དགའ་བ་དང། མདོག་ངན་པ་དང། འཇིག་པ་དང། བག་ཚ་བ་དང། སྡང་རྐྱེན་པ་དང། འབྲོས་པ་དང། ལུས་མདོག་ཚིག་པ་ལྟར་འདུག་པ་དང། སྨིན་ལམ ་མེ་དང། རལ་གྲི་དང། མདུང་ཐུང་དང། མདའ་བོ་ཆེ་དང། མཚོན་ནས་འབྲས་ལྟ་བུ་དང། མདེའུ་ཐུང་དང། ལྕགས་ཟངས་དང། ཁར་ཟངས་ཀྱི་ནང་དུ་བསྲེགས་པ་རྨི་བ་དེ་དག་ནི་ཉེ་ཞིང་དུ་བས་ཉེ་བར་སེམས་ཅན་དམྱལ་བ་དག་ནས་ཤི་འཕོས་པ་ཡིན་ཏེ། སེམས་ཅན་དམྱལ་བ་དག ་ནས་ཤི་འཕོས་པ་རྣམས་ཀྱི་རྣམ་པ་ནི་དེ་དག་ཡིན་ནོ། །མཚན་མ་ནི་དེ་དག་ཡིན་ནོ། །རྟགས་ནི་དེ་དག་ཡིན་ནོ། །སྤྲུལ་དག་གི་ནང་ནས་ཤི་འཕོས་པ་རྣམས་ཀྱི་རྣམ་པ་ནི་གང་དག་ཡིན། མཚན་མ་ནི་གང་དག་ཡིན། རྟགས་ནི་གང་དག་ཡིན་ཞེ་ན། སྨྲས་པ། སེམས་ཅན་གང་དག ་ཤུགས་མྱུར་ཞིང་མགྱོགས་པ་དང། རང་བཞིན་གྱིས་གཉིད་ཆེ་བ་དང། རྒོད་བག་ཅན་དང། ཁས་བུབ་དུ་ཉལ་བ་དང། ཉལ་བ་ལ་རྟགས་པ་དང། ལྕེ་འབྱིན་པ་དང། ལྕེ་ལྡག་པ་དང། ཁྲོ་སྐྱེན་པ་དང། འཇེམས་པར་འདུག་པ་དང། ཤས་ཆེར་འདུག་པ་དང། ཁོན་དུ་འཛིན་པ ་དེ་དག་ནི་ཉེ་ཤིང་དུབས་ཉེ་བར་སྦྲུལ་དག་གི་ནང་ནས་ཤི་འཕོས་པ་ཡིན་ཏེ། སྤྲུལ་དག་གིས་ནང་ནས་ཤི་འཕོས་པ་རྣམས་ཀྱི་རྣམ་པ་ནི་དེ་དག་ཡིན་ནོ། །མཚན་མ་ནི་དེ་དག་ཡིན་ནོ། །རྟག་ནི་དེ་དག་ཡིན་ནོ། །བྱི་བདག་གི་ནང་ནས་ཤི་འཕོས་པ་རྣམས་ཀྱི་རྣམ་པ་ནི་གང་དག་ཡིན། མཚན ་མ་ནི་གང་དག་ཡིན། རྟགས་ནི་གང་དག་ཡིན་ཞེ་ན། སྨྲས་པ། སེམས་ཅན་གང་དག་ཤུགས་མྱུར་ཞིང་མགྱོགས་པ་དང། སྤུ་རིང་བ་དང། སྤུ་མང་བ་དང། གནོད་པ་བྱེད་པ་དང། འཚེ་བ་བྱེད་པ་དང། ཁྱིམ་འབིགས་པ་དང། མུན་པའི་ནང་དུ་དགའ་བ་དང། ཁ་ཟས་མྱུར་བ་མྱུར་བར་ཟ ་བ་དང། ཁ་ཟས་ཉུང་ངུས་ཀྱང་ཆོག་པར་འཛིན་པ་དེ་ནི་ཉེ་ཞིང་དུབས་ཉེ་བར་བྱི་བ་དག་གིས་ནང་ནས་ཤི་འཕོས་པ་ཡིན་ཏེ། བྱི་བ་དག་གི་ནང་ནས་ཤི་འཕོས་པ་རྣམས་ཀྱི་རྣམ་པ་ནི་དེ་དག་ཡིན་ནོ། །མཚན་མ་ནི་དེ་དག་ཡིན་ནོ། །རྟགས་ནི་དེ་དག་ཡིན་ནོ། །ཁྱི་དག་གི་ནང་ནས་ཤི་འཕོས ་པ་རྣམས་ཀྱི་རྣམ་པ་ནི་གང་དག་ཡིན། མཚན་མ་ནི་གང་དག་ཡིན། རྟགས་ནི་གང་དག་ཡིན་ཞེ་ན། སྨྲས་པ། སེམས་ཅན་གང་དག་ཤུགས་མྱུར་ཞིང་མགྱོགས་པ་དང། སྤུ་རིང་བ་དང། སྤུ་མང་བ་དང། སྤུ་ཤོར་བ་དང། སྙིང་ཉེ་བ་དང། ཟས་ལ་གདུབ་པ་དང། ངོ་མི་ཤེས་པ ་ལ་ལྡང་པ་དེ་དག་ནི་ཉེ་ཞིང་དབུས་ཉེ་བར་ཁྱི་དག་གི་ནང་ནས་ཤི་འཕོས་པ་ཡིན་ཏེ། ཁྱི་དག་གི་ནང་ནས་ཤི་འཕོས་པ་རྣམས་ཀྱི་རྣམ་པ་ནི་དེ་དག་ཡིན་ནོ། །མཚན་མ་ནི་དེ་དག་ཡིན་ནོ། །རྟགས་ནི་དེ་དག་ཡིན་ནོ། །གླང་པོ་ཆེ་དག་གིས་ནང་ནས་ཤི་འཕོས་པ་རྣམས་ཀྱི་རྣམ་པ་ནི ་གང་དག་ཡིན། མཚན་མ་ནི་གང་དག་ཡིན། རྟགས་ནི་གང་དག་ཡིན་ཞེ་ན། སྨྲས་པ། སེམས་ཅན་གང་དག་ཤུགས་མྱུར་ཞིང་མགྱོགས་པ་དང། སྤུ་རིང་བ་དང། སྤུ་མང་བ་དང། སྤུ་གཤོར་བ་དང། ལུས་རིང་བ་དང། ཆེ་བ་དང། སྟོབས་དང་ལྡན་པ་དང། ལྟོ་ཆེ་བ་དང། ་ལུས་ཀྱི་མདོག་ངན་པ་དང། སྣ་རིང་བ་དང། ལྡན་པ་འབུར་བ་དང། ཁ་དོག་ལ་དགའ་བ་དང། རྐང་པ་ཟླུམ་པ་དང། སོ་དྲུང་མཐོ་བ་དེ་དག་ནི་ཉེ་ཞིང་དུབས་ཉེ་བས་བླང་ངོ་ཆེ་དག་གི་ནང་ནས་ཤི་འཕོས་པ་ཡིན་ཏེ། གླང་པོ་ཆེ་དག་གི་ནང་ནས་ཤི་འཕོས་པ་རྣམས་ཀྱི་རྣམ་པ་ནི་དེ ་དག་ཡིན་ནོ། །མཚན་མ་ནི་དེ་དག་ཡིན་ནོ། །རྟགས་ནི་དེ་དག་ཡིན་ནོ། །རྟ་དག་གི་ནང་ནས་ཤི་འཕོས་པ་རྣམས་ཀྱི་རྣམ་པ་ནི་གང་དག་ཡིན། མཚན་མ་ནི་གང་དག་ཡིན། རྟགས་ནི་གང་དག་ཡིན་ཞེ་ན། སྨྲས་པ། སེམས་ཅན་གང་དག་ཤུགས་མྱུར་ཞིང་མགྱོགས ་པ་དང། སྤུ་རིང་བ་དང། སྤུ་མང་བ་དང། སྤུ་གཤོར་བ་དང། རྟ་སྐད་འབྱིན་པ་དང། བརྒྱན་པ་ལ་དགའ་བ་དང། ཉོན་མོངས་པའི་ཤེས་ཆེ་བ་དེ་དག་ནི་ཉེ་ཤིང་དུབས་ཉེ་བར་རྟ་དག་གི་ནང་ནས་ཤི་འཕོས་པ་ཡིན་ཏེ། རྟ་དག་གི་ནང་ནས་ཤི་འཕོས་པ་རྣམས་ཀྱི་རྣམ་པ་ནི་དེ་དག་ཡིན ་ནོ། །མཚན་མ་ནི་དེ་དག་ཡིན་ནོ། །རྟགས་ན་དེ་དག་ཡིན་ནོ། །རྔ་མོ་དག་གི་ནང་ནས་ཤི་འཕོས་པ་རྣམས་ཀྱི་རྣམ་པ་ནི་གང་དག་ཡིན། མཚན་མ་ནི་གང་དག་ཡིན། རྟགས་ནི་གང་དག་ཡིན་ཞེ་ན། སྨྲས་པ། སེམས་ཅན་གང་དག་ཤུགས་མྱུར་ཞིང་མགྱོགས་པ་དང། སྤུ་རིང ་བ་དང། སྤུ་མང་བ་དང། སྤུ་གཤོར་བ་དང། སྟོབས་ཆེ་བ་དང། སྐྲ་རིང་བ་དང། མཆུ་འཕྱ་བྱ་མགྲིན་པ་གྱེ་གུར?་འདུག་པ་དེ་དག་ནི་ཉེ་ཞིང་དུབས་ཉེ་བར་རྔ་མོ་དག་གི་ནང་ནས་ཤི་འཕོས་པ་ཡིན་ཏེ། རྔ་མོ་དག་གི་ནང་ནས་ཤི་འཕོས་པ་རྣམས་ཀྱི་རྣམ་པ་ནི་དེ་དག་ཡིན་ནོ། །མཚན་མ་ནི ་དེ་དག་ཡིན་ནོ། །རྟགས་ནི་དེ་དག་ཡིན་ནོ། །བ་གླང་དག་གིས་ནང་ནས་ཤི་འཕོས་པ་རྣམས་ཀྱི་རྣམ་པ་ནི་གང་དག་ཡིན། མཚན་མ་ནི་གང་དག་ཡིན། རྟགས་ནི་གང་དག་ཡིན་ཞེ་ན། སྨྲས་པ། སེམས་ཅན་གང་དག་ཤུགས་མྱུར་ཞིང་མགྱོགས་པ་དང། སྤུ་རིང་བ་དང། སྤུ ་མང་བ་དང། སྤུ་གཤོར་བ་དང། ལྟོ་ཆེ་བ་དང། སྟོབས་ཆེ་བ་དང། ལུ་བ་དང། ཟློས་ཤིང་ལྡང་བ་དང། མང་དུ་ཟ་བ་དང། རྭའི་ས་འབུར་བ་དེ་དག་ནི་ཉེ་ཞིང་དུབས་ཉེ་བར་བ་ལང་དག་གི་ནང་ནས་ཤི་འཕོས་པ་ཡིན་ཏེ། བ་ལང་དག་གི་ནང་ནས་ཤི་འཕོས་པ་རྣམས་ཀྱི་རྣམ ་པ་ནི་དེ་དག་ཡིན་ནོ། །མཚན་མ་ནི་དེ་དག་ཡིན་ནོ། །རྟགས་ནི་དེ་དག་ཡིན་ནོ། །བོང་བུ་དག་གི་ནང་ནས་ཤི་འཕོས་པ་རྣམས་ཀྱི་རྣམ་པ་ནི་གང་དག་ཡིན། མཚན་མ་ནི་གང་དག་ཡིན། རྟགས་ནི་གང་དག་ཡིན་ཞེ་ན། སྨྲས་པ། སེམས་ཅན་གང་དག་ཤུགས་མྱུར་ཞིང ་མགྱོགས་པ་དང། སྤུ་རིང་བ་དང། སྤུ་མང་བ་དང། སྤུ་གཤོར་བ་དང། བུམ་གསུས་པོར་འདུག་པ་དང། ས་རྐོ་བ་དང། སྐད་མི་སྙན་པ་དང། དུང་སྐད་ཅན་དང། མི་གཙང་བ་འདམ་པ་དེ་དག་ནི་ཉེ་ཞིང་དུ་བས་ཉེ་བར་བོང་བུ་དག་གི་ནང་ནས་ཤི་འཕོས་པ་ཡིན་ཏེ། བོང་བུ་དག་གི་ནང་ནས་ཤི ་འཕོས་པ་རྣམས་ཀྱི་རྣམ་པ་ནི་དེ་དག་ཡིན་ནོ། །མཚན་མ་ནི་དེ་དག་ཡིན་ནོ། །རྟགས་ནི་དེ་དག་ཡིན་ནོ། །རི་དགས་རྣམས་ཀྱི་ནང་ནས་ཤི་འཕོས་པ་རྣམས་ཀྱི་རྣམ་པ་ནི་གང་དག་ཡིན། མཚན་མ་ནི་གང་དག་ཡིན། རྟགས་ནི་གང་དག་ཡིན་ཞེ་ན། སྨྲས་པ། སེམས་ཅན་གང ་དག་ཤུགས་མྱུར་ཞིང་མགྱོགས་པ་དང། སྤུ་རིང་བ་དང། སྤུ་མང་བ་དང། སྤུ་གཤོར་བ་དང། འཇིགས་པ་དང། བག་ཚ་བ་དང། སྤང་སྐྱེན་པ་དང། འབྲོས?་པ་དང། དགོན་པར་དགའ་ཞིང་དེར་མངོན་པར་དགའ་བ་དེ་དག་ནི་ཉེ་བར་རི་དགས་དག་གི་ནང་ནས་ཤི་འཕོས་པ ་ཡིན་ཏེ། རི་དགས་རྣམས་ཀྱི་ནང་ནས་ཤི་འཕོས་པ་རྣམས་ཀྱི་རྣམ་པ་ནི་དེ་དག་ཡིན་ནོ། །མཚན་མ་ནི་དེ་དག་ཡིན་ནོ། །རྟགས་ནི་དེ་དག་ཡིན་ནོ། །ར་དག་གི་ནང་ནས་ཤི་འཕོས་པ་རྣམས་ཀྱི་རྣམ་པ་ནི་གང་དག་ཡིན་།མཚན་མ་ནི་གང་དག་ཡིན། རྟགས་མི་གང་དག ་ཡིན་ཞེ་ན། སྨྲས་པ། སེམས་ཅན་གང་དག་ཤུགས་མྱུར་ཞིང་མགྱོགས་པ་དང། སྤུ་རིང་བ་དང། སྤུ་མང་བ་དང། སྤུ་གཤོར་བ་དང། ཤིང་འཆའ་བ་དང། ཡང་བར་རྒྱུ་བ་དང། ཉི་མ་ལ་དགའ་བ་དང། ལྷགས་པ་ལ་སྔར་བ་དེ་དག་ནི་ཉེ་ཞིང་དུབས་ཉེ་བར་ར་དག་གིས ་ནང་ནས་ཤི་འཕོས་པ་ཡིན་ཏེ། ར་དག་གིས་ནང་ནས་ཤི་འཕོས་པ་རྣམས་ཀྱི་རྣམ་པ་ནི་དེ་དག་ཡིན་ནོ། །མཚན་མ་ནི་དེ་དག་ཡིན་ནོ། །རྟགས་ནི་དེ་དག་ཡིན་ནོ། །ལུག་ངག་གི་ནང་ནས་ཤི་འཕོས་པ་རྣམས་ཀྱི་རྣམ་པ་ནི་གང་དག་ཡིན། མཚན་མ་ནི་གང་དག་ཡིན། རྟགས ་ནི་གང་དག་ཡིན་ཞེ་ན། སྨྲས་པ། སེམས་ཅན་གང་དག་ཤུགས་མྱུར་ཞིང་མགྱོགས་པ་དང། སྤུ་རིང་བ་དང། སྤུ་མང་བ་དང། སྤུ་འཇམ་པ་དང། རྨོང་རྟུལ་བ་དང། ས་རྡུལ་གློང་བར་བྱེད་པ་དང། མགོ་འཕག་རྨད?་དེ་འགྲོ་བ་དང། སྣབ་མང་བ་དང། མི་གཙང་བ་ཀུན་ཏུ ་སྤྱོད་པ་དེ་དག་ནི་ཉེ་ཞིང་དུ་བས་ཉེ་བར་ལུག་གིས་ནང་ནས་ཤི་འཕོས་པ་ཡིན་ཏེ། ལུག་གི་ནང་ནས་ཤི་འཕོས་པ་རྣམས་ཀྱི་རྣམ་པ་ནི་དེ་དག་ཡིན་ནོ། །མཚན་མ་ནི་དེ་དག་ཡིན་ནོ། །རྟགས་ནི་དེ་དག་ཡིན་ནོ། །ཁ་དག་གི་ནང་ནས་ཤི་འཕོས་པ་རྣམས་ཀྱི་རྣམ ་པ་ནི་གང་དག་ཡིན། མཚན་མ་ནི་གང་དག་ཡིན། རྟགས་ནི་གང་དག་ཡིན་ཞེ་ན། སྨྲས་པ། སེམས་ཅན་གང་དག་གཅམ་བུ་དང། མུ་ཅོར་སྨྲ་བ་དང། སྤྱི་རྡོལ་ཅན་དང། སྙིང་རི་བ་དང། བྱས་པ་མི་བཟོ་བ་དང། སྙིང་རྗེ་མེད་པ་དང། དགང་དཀའ་བ་དང། མ་བྱིན་པར་ལེན ་པ་དང། སོག་འཇོག་བྱེད་པ་དང། ཅ་ཅོ་ཅན་དེ་དག་ནི་ཉེ་ཞིང་དུབས་ཉེ་བར་ཁྭ་དག་གི་ནང་ནས་ཤི་འཕོས་པ་ཡིན་ཏེ། ཁྭ་དག་གི་ནང་ནས་ཤི་འཕོས་པ་རྣམས་ཀྱི་རྣམ་པ་ནི་དེ་དག་ཡིན་ནོ། །མཚན་མ་ནི་དེ་དག་ཡིན་ནོ། །རྟགས་ནི་དེ་དག་ཡིན་ནོ། །ཆོས་མངོན་པའི ་བསྟན་བཅོས་ཆེན་པོ་རྒྱུ་གདགས་པ་ལས་ཚིགས་བཅུ་བདུན་པའོ། །སྡོམ་ནི། ཕག་དང་སྤྲེའུ་དང་དོམ་རྣམས་དང། །ལྕེ་སྦྱང་སྤྱད་གི་འཕར་བ་དྲེད། །གུང་དང་རྟག་དང་སེང་གེ་དང། །ཀླུ་དང་དེ་བཞིན་དྲི་ཟ་དང། །ཡི་དགས་དང་ནི་མི་རྣམས་དང། །ལྷ་རྣམས་ཚིགས ་ཀྱི་སྡོམ་དུ་བྱས། །ཕག་དག་གི་ནང་ནས་ཤི་འཕོས་པ་རྣམས་ཀྱི་རྣམ་པ་ནི་གང་དག་ཡིན། །མཚན་མ་ནི་གང་དག་ཡིན། རྟགས་ནི་གང་དག་ཡིན་ཞེ་ན། སྨྲས་པ། སེམས་ཅན་གང་དག་ཤུགས་མྱུར་ཞིང་མགྱོགས་པ་དང། སྤུ་རིང་བ་དང། སྤུ་མང་བ་དང། སྤུ་གཤོར ་བ་དང། བུམ་གསུང་པོར་འདུག་པ་དང། གདོང་རིང་བ་དང། སྣ་འཁོར་ལོ་ལྟར་འདུག་པ་དང། ས་རྡུལ་གྱི་ནང་དུ་འདྲེ་བ་དང། ངན་པ་ཟ་བ་དང། མི་གཙང་བ་ཀུན་ཏུ་སྤྱོད་པ་དང། སོ་དྲུང་མཐོ་བ་དེ་དག་ནི་ཉེ་ཞིང་དབུས་ཉེ་བར་ཕག་གི་ནང་ནས་ཤི་འཕོས་པ་ཡིན་ཏེ། ་ཕག་དག་གི་ནང་ནས་ཤི་འཕོས་པ་རྣམས་ཀྱི་རྣམ་པ་ནི་དེ་དག་ཡིན་ནོ། །མཚན་མ་ནི་དེ་དག་ཡིན་ནོ། །རྟགས་ནི་དེ་དག་ཡིན་ནོ། །སྤྲེའུ་དག་གི་ནང་ནས་ཤི་འཕོས་པ་རྣམས་ཀྱི་རྣམ་པར་ནི་གང་དག་ཡིན། མཚན་མ་ནི་གང་དག་ཡིན། རྟགས་ནི་གང་དག་ཡིན་ཞེ་ན། ་སྨྲས་པ། སེམས་ཅན་གང་དག་ཤུགས་མྱུར་ཞིང་མགྱོགས་པ་དང། སྤུ་རིང་བ་དང། སྤུ་མང་བ་དང། སྤུ་འཇམ་པ་དང། སྤྲེའུ་འདྲ་བ་དང། དམར་སེར་དུ་འདུག་པ་དང། ཤིང་ལ་དགའ་བ་དང། ཤིང་ཏོག་ལ་དགའ་བ་དང། འཛེག་པ་ལ་དགའ་བ་དང། ཞིང་ལ་འཛེག་པ་དང། ་འཇགས་ནས་ཀྱང་འཛེག་པ་ལ་ཡུན་རིང་བ་དང། ཐམས་ཅད་དུ་ཡང་མལ་གཅིག་དུ་མི་འདུག་པ་དེ་དག་ནི་ཉེ་བར་སྤྲེའུ་དག་གི་ནང་ནས་ཤི་འཕོས་པ་ཡིན་ཏེ། སྤྲེའུ་དག་གི་ནང་ནས་ཤི་འཕོས་པ་རྣམས་ཀྱི་རྣམ་པ་ནི་དེ་དག་ཡིན་ནོ། །མཚན་མ་ནི་དེ་དག་ཡིན་ནོ། །རྟགས་ནི་དེ་དག ་ཡིན་ནོ། །དོམ་དག་གི་ནང་ནས་ཤི་འཕོས་པ་རྣམས་ཀྱི་རྣམ་པ་ནི་གང་དག་ཡིན། མཚན་མ་ནི་གང་དག་ཡིན། རྟགས་ནི་གང་དག་ཡིན་ཞེ་ན། སྨྲས་པ། སེམས་ཅན་གང་དག་ཤུགས་མྱུར་ཞིང་མགྱོགས་པ་དང། སྤུ་རིང་བ་དང། སྤུ་མང་བ་དང། སྤུ་བཤོར་བ་དང། དམ ་དུར་ཅན་དང། ཏུག་རིང་ཅན་དང། ལུས་འགུལ་བ་དང། ངུ་བ་དང། ཤིང་ལ་དགའ་བ་དང། ཤིང་ཏོག་ལ་དགའ་བ་དང། འཛེག་པ་ལ་དགའ་བ་དང། ཤིང་ལ་དགའ་བ་དེ་དག་ནི་ཉེ་ཞིང་དུ་བས་ཉེ་བར་དོམ་དག་གི་ནང་ནས་ཤི་འཕོས་པ་ཡིན་ཏེ། དོམ་དག་གི་ནང་ནས་ཤི་འཕོས ་པ་རྣམས་ཀྱི་རྣམ་པ་ནི་དེ་དག་ཡིན་ནོ། །མཚན་མ་ནི་དེ་དག་ཡིན་ནོ། །རྟགས་ནི་དེ་དག་ཡིན་ནོ། །ལྕེ་སྦྱང་དག་གི་ནང་ནས་ཤི་འཕོས་པ་རྣམས་ཀྱི་རྣམ་པ་ནི་གང་དག་ཡིན། མཚན་མ་ནི་གང་དག་ཡིན། རྟགས་ནི་གང་དག་ཡིན་ཞེ་ན། སྨྲས་པ། སེམས་ཅན་གང་དག་ཤུགས ་མྱུར་ཞིང་མགྱོགས་པ་དང། སྤུ་རིང་བ་དང། སྤུ་མང་བ་དང། སྤུ་གཤོར་བ་དང། གཡོ་བྱེད་པ་དང། གཡོ་ཅན་དང། སྒྱུ་ཅན་དང། དབྱེན་བྱེད་པ་དང། མཚང་འབྲུ་བ་དང། སྤྱོད་ཡུལ་སྤེན་པ་དེ་དག་ནི་ཉེ་ཞིང་དུབས་ཉེ་བར་ལྕེ་སྦྱང་དག་གི་ནང་ནས་ཤི་འཕོས་པ་ཡིན་ཏེ། ་ལྕེ་སྤྱང་དག་གི་ནང་ནས་ཤི་འཕོས་པ་རྣམས་ཀྱི་རྣམ་པ་ནི་དེ་དག་ཡིན་ནོ། །མཚན་མ་ནི་དེ་དག་ཡིན་ནོ། །རྟགས་ནི་དེ་དག་ཡིན་ནོ། །སྤྱང་ཀྱི་དག་གི་ནང་ནས་ཤི་འཕོས་པ་རྣམས་ཀྱི་རྣམ་པ་ནི་གང་དག་ཡིན། མཚན་མ་ནི་གང་དག་ཡིན་ན། །རྟགས་ནི་གང་དག་ཡིན་ཞེ་ན། སྨྲས ་པ། སེམས་ཅན་གང་དག་ཤུགས་མྱུར་ཞིང་མགྱོགས་པ་དང། སྤུ་རིང་བ་དང། སྤུ་མང་བ་དང། སྤུ་གཤོར་བ་དང། གཅམ་བུ་དང། མུ་ཅོར་སྨྲ་བ་དང། སྤྱི་བརྡོལ་ཆེ་བ་དང། སྙིང་བརྩེ་བ་མེད་པ་དང། སྙིང་རྗེ་མེད་པ་དང། སྙིང་རིང་བ ་དང། བྱས་པ་མི་གཟོ་བ་དང། ཤ་ཁྲག་ཟ་ཞིང་འཐུང་བ་དེ་དག་ནི་ཉེ་ཞིང་དུབས་ཉེ་བར་སྤྱང་གི་དག་གི་ནང་ནས་ཤི་འཕོས་པ་ཡིན་ཏེ། སྤྱང་གི་དག་གི་ནང་ནས་ཤི་འཕོས་པ་རྣམས་ཀྱི་རྣམ་པ་ནི་དེ་དག་ཡིན་ནོ། །མཚན་མ་ནི་དེ་དག་ཡིན་ནོ། །རྟགས་ནི་དེ་དག་ཡིན་ནོ། ་སྦྱང་གི་ཇི་ལྟ་བ་བཞིན་དུ་འཕར་བ་དང། དྲེད་དང། གུང་རྣམས་ཀྱང་དེ་དང་འདྲ་བར་སྦྱར་རོ། །སྟག་དག་གི་ནང་ནས་ཤི་འཕོས་པ་རྣམས་ཀྱི་རྣམ་པ་ནི་གང་དག་ཡིན། མཚན་མ་ནི་གང་དག་ཡིན། རྟགས་ནི་གང་དག་ཡིན་ཞེ་ན། སྨྲས་པ། སེམས་ཅན་གང་དག་ཤུགས ་མྱུར་ཞིང་མགྱོགས་པ་དང། སྤུ་རིང་བ་དང། སྤུ་མང་བ་དང། སྤུ་གཤོར་བ་དང། དཔའ་བ་དང། གཏུམ་པ་དང། རྩལ་ཆེ་བ་དང། གཅམ་བུ་དང། མུ་ཅོར་སྨྲ་བ་དང། སྤྱི་བརྡོལ་ཆེ་བ་དང། སྙིང་བརྩེ་བ་མེད་པ་དང། སྙིང་རྗེ་མེད་པ་དང། སྙིང་རིང་བ་དང། བྱས ་པ་མི་གཟོ་བ་དང། ཤ་ཁྲག་ཟ་ཞིང་འཐུང་བ་དེ་དག་ནི་ཉེ་ཞིང་དུབས་ཉེ་བར་སྟག་དག་གི་ནང་ནས་ཤི་འཕོས་པ་ཡིན་ཏེ། སྟག་དག་གི་ནང་ནས་ཤི་འཕོས་པ་རྣམས་ཀྱི་རྣམ་པ་ནི་དེ་དག་ཡིན་ནོ། །མཚན་མ་ནི་དེ་དག་ཡིན་ནོ། །རྟགས་ནི་དེ་དག་ཡིན་ནོ། །སེང་གེ་དག ་གི་ནང་ནས་ཤི་འཕོས་པ་རྣམས་ཀྱི་རྣམ་པ་ནི་གང་དག་ཡིན། མཚན་མ་ནི་གང་དག་ཡིན། རྟགས་ནི་གང་དག་ཡིན་ཞེ་ན། སྨྲས་པ། སེམས་ཅན་གང་དག་ཤུགས་མྱུར་ཞིང་མགྱོགས་པ་དང། སྤུ་རིང་བ་དང། སྤུ་མང་བ་དང། སྤུ་གཤོར་བ་དང། དཔའ་བ་དང། ་གཏུམ་པ་དང། སྟོབས་ཆེ་བ་དང། སྙིང་བརྩེ་བ་མེད་པ་དང། སྙིང་རྗེ་བ་མེད་པ་དང། ཤ་ཁྲག་ཟ་ཞིང་འཐུང་བ་དང། སར་པ་ཟ་བ་དེ་དག་ནི་ཉེ་ཞིང་དུབས་ཉེ་བར་སེང་གེ་དག་གི་ནང་ནས་ཤི་འཕོས་པ་ཡིན་ཏེ། སེང་གེ་དག་གི་ནང་ནས་ཤི་འཕོས་པ་རྣམས་ཀྱི ་རྣམ་པ་ནི་དེ་དག་ཡིན་ནོ། །མཚན་མ་ནི་དེ་དག་ཡིན་ནོ། །རྟགས་ནི་དེ་དག་ཡིན་ནོ། །ཀླུ་དག་གི་ནང་ནས་ཤི་འཕོས་པ་རྣམས་ཀྱི་རྣམ་པ་ནི་གང་དག་ཡིན། མཚན་མ་ནི་གང་དག་ཡིན། རྟགས་ནི་གང་དག་ཡིན་ཞེ་ན། སྨྲས་པ། སེམས་ཅན་གང་དག་ཤུགས་མྱུར་ཞིང་མགྱོགས ་པ་དང། རང་བཞིན་གྱི་གཉིད་ཆེ་བ་དང། ཁས་བུབ་ཏུ་ཉལ་བ་དང། ཉལ་བ་ལ་རྟག་པ་དང། ཆུ་ལ་དགའ་བ་དང། སེར་སྣ་ཆེ་བ་དང། ཡོ་བྱད་རྣམས་ཀུན་ཏུ་འཛིན་པ་དང། མི་སྟེར་བའི་རང་བཞིན་དེ་དག་ནི་ཉེ་ཞིང་དུབས་ཉེ་བར་ཀླུ་དག་གི་ནང་ནས་ཤི་འཕོས་པ་ཡིན་ཏེ། ་ཀླུ་དག་གི་ནང་ནས་ཤི་འཕོས་པ་རྣམས་ཀྱི་རྣམ་པ་ནི་དེ་དག་ཡིན་ནོ། །མཚན་མ་ནི་དེ་དག་ཡིན་ནོ། །རྟགས་ནི་དེ་དག་ཡིན་ནོ། །དྲི་ཟ་དག་གི་ནང་ནས་ཤི་འཕོས་པ་རྣམས་ཀྱི་རྣམ་པ་ནི་གང་དག་ཡིན། མཚན་མ་ནི་གང་དག་ཡིན། རྟགས་ནི་གང་དག་ཡིན་ཞེ་ན། སྨྲས ་པ་སེམས་ཅན་གང་དག་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ་དང། རོལ་མོ་ལ་སྲེད་པ་དང། སིལ་སྙན་དང། ཕེག་རྡོབ་པ་ལ་སྤྱོད་པ་དང། རྩེད་མོ་ལ་སྲེད་པ་དང། དགའ་དགུར་སྤྱོད་པ་ལ་སྲེད་པ་དེ་དག་ནི་ཉེ་ཞིང་དུབས་ཉེ་བར་དྲི་ཟ་དག་གི་ནང་ནས་ཤི་འཕོས་པ ་ཡིན་ཏེ། དྲི་ཟ་དག་གི་ནང་ནས་ཤི་འཕོས་པ་རྣམས་ཀྱི་རྣམ་པ་ནི་དེ་དག་ཡིན་ནོ། །མཚན་མ་ནི་དེ་དག་ཡིན་ནོ། །རྟགས་ནི་དེ་དག་ཡིན་ནོ། །ཡི་དགས་ཀྱི་ནང་ནས་ཤི་འཕོས་པ་རྣམས་ཀྱི་རྣམ་པ་ནི་གང་དག་ཡིན། མཚན་མ་ནི་གང་དག་ཡིན། རྟགས་ནི་གང་དག་ཡིན་ཞེ་ན། སྨྲས ་པ། སེམས་ཅན་གང་དག་སྐེམ་པ་དང། ངན་པ་ལ་དགའ་བ་དང། མདོག་ངན་པ་དང། གསུས་པ་ཆེ་བ་དང། ཕྲ་མ་ཟེར་བ་དང། སེར་སྣ་ཆེ་བ་དང། འཇུངས་པ་དང། ཡོ་བྱད་རྣམས་ཀུན་ཏུ་འཛིན་པ་དང། ལག་གི་ཁ་ཟས་རུལ་བར་བྱེད་པ་དང། ཁ་ཟས་མང་པོས་ཀྱང་མི ་འདྲངས་པ་དེ་དག་ནི་ཉེ་ཞིང་དུབས་ཉེ་བར་ཡི་དགས་གི་ནང་ནས་ཤི་འཕོས་པ་ཡིན་ཏེ། ཡི་དགས་དག་གི་ནང་ནས་ཤི་འཕོས་པ་རྣམས་ཀྱི་རྣམ་པ་ནི་དེ་དག་ཡིན་ནོ། །མཚན་མ་ནི་དེ་དག་ཡིན་ནོ། །རྟགས་ནི་དེ་དག་ཡིན་ནོ། །མི་དག་གི་ནང་ནས་ཤི་འཕོས་པ་རྣམས་ཀྱི ་རྣམ་པ་ནི་གང་དག་ཡིན། མཚན་མ་ནི་གང་དག་ཡིན། རྟགས་ནི་གང་དག་ཡིན་ཞེ་ན། སྨྲས་པ། སེམས་ཅན་གང་དག་ལས་ལ་སྲེད་བ་དང། བཟོ་ལ་སྤེད་པ་དང། ཐབས་ཤེས་པ་དང། ཕ་མ་ལ་གུས་པ་དང། སྲི་ཞུ་ཆེ་བ་དང། རྟོགས་པའི་རང་བཞིན ་ཅན་དང། དགེ་བ་གང་ཡིན་པ་འཚོལ་བ་དེ་དག་ནི་ཉེ་ཞིང་དུབས་ཤེ་བར་མི་དག་གི་ནང་ནས་ཤི་འཕོས་པ་ཡིན་ཏེ། མི་དག་གི་ནང་ནས་ཤི་འཕོས་པ་རྣམས་ཀྱི་རྣམ་པ་ནི་དེ་དག་ཡིན་ནོ། །མཚན་མ་ནི་དེ་དག་ཡིན་ནོ། །རྟགས་ནི་དེ་དག་ཡིན་ནོ། །ལྷ་དག་གི་ནང་ནས ་ཤི་འཕོས་པ་རྣམས་ཀྱི་རྣམ་པ་ནི་གང་དག་ཡིན། །མཚན་མ་ནི་གང་དག་ཡིན། རྟགས་ནི་གང་དག་ཡིན་ཞེ་ན། སྨྲས་པ། སེམས་ཅན་གང་དག་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ་དང། ཁ་ན་མ་ཐོ་བ་མེད་པ་དང། བདེན་པ་སྨྲ་བ་དེ་དག་ནི་ཉེ་ཞིང་དུབས་ཉེ ་བར་ལྷ་དག་གི་ནང་ནས་ཤི་འཕོས་པ་ཡིན་ཏེ། ལྷ་དག་གི་ནང་ནས་ཤི་འཕོས་པ་རྣམས་ཀྱི་རྣམ་པ་ནི་དེ་དག་ཡིན་ནོ། །མཚན་མ་ནི་དེ་དག་ཡིན་ནོ། །རྟགས་ནི་དེ་དག་ཡིན་ནོ། །དེ་རྣམས་དང་ལུས་ཐོབ་པ་གཞན་དག་ཀྱང་རྟོག་པར་བྱས་ནས་གཞི་ཇི་ལྟ་བ་བཞིན་དུ ་བརྗོད་པར་བྱ་སྟེ། ཡིག་མང་སུ་དོག་པའི་ཕྱིར་མ་སྨོས་སོ། །ཆོས་མངོན་པའི་བསྟན་བཅོས་ཆེན་པོ་རྒྱུ་གདགས་པ་ལས་ཚིགས་བཅོ་བརྒྱད་པའོ། །སྡོམ་ནི། ཤིང་བཞིན་དང་ནི་ལོ་མར་བཅས། རས་བལ་རྒུན་དང་གྱེ་གུ་དང། དེ་བཞིན་དྲང་པོ་ཕྱོགས་ཅིག་ ་དང། འབྱུང་བས་འདི་ནི་ཚིགས་མཛའ་རྫོགས། །ཅིའི་ཕྱིར་འཛམ་བུ་གླིང་པའི་ཤིང་ཐམས་ཅད་ཀྱི་ནང་ན་ཤིང་འཛམ་བུ་དེ་དག་གི་མཆོག་ཅེས་བྱ་ཅེ་ན། སྨྲས་པ། འཇིག་རྟེན་འཆགས་པའི་ཚེ་ཁམས་ཀྱི་མཆོག་དང། སྙིང་པོའི་མཆོག་དང། ཟོང་གི་མཆོག ་གང་ཡིན་པ་དེ་ཕྱོགས་དེར་རླུང་གིས་བསྡུས་ནས་དེ་ལས་དེ་གྲུབ་པར་གྱུར་ཏེ། རྒྱུ་དེས་ན་འཛམ་བུ་གླིང་གི་ཤིང་ཐམས་ཅད་ཀྱི་ནང་ནས་ཤིང་འཛམ་བུ་དེ་དག་གི་མཆོག་ཅེས་བྱའོ། །ཅིའི་ཕྱིར་རྒྱ་མཚོའི་འགྲམ་གྱི་ཤིང་ཐམས་ཅད་ཀྱི་ནང་ན་ཤིང་ཤལ་མ་ལི ་མཐོན་པོར་དེ་དག་གི་མཆོག་ཅེས་བྱ་ཞེ་ན། སྨྲས་པ། འཇིག་རྟེན་འཆགས་པའི་ཚེ་ཁམས་ཀྱི་མཆོག་དང། སྙིང་པོའི་མཆོག་དང། བཟང་པོ་རི་མཆོག་དང། ཟོང་གི་མཆོག་གང་ཡིན་པ་དེ་ཕྱོགས་དེར་རླུང་གིས་བསྡུས་ནས་དེ་ལས་དེ་གྲུབ་པར་གྱུར་ཏེ། རྒྱུ་དེས་ན་རྒྱ་མཚོའི ་འགྲམ་གྱི་ཤིང་ཐམས་ཅད་ཀྱི་ནང་ནས་ཤིང་ཤལ་མ་ལི་མཐོན་པོ་དེ་དག་གི་མཆོག་ཅེས་བྱའོ། །ཅིའི་ཕྱིར་ལྷ་མ་ཡིན་གྱི་རིས་ཀྱི་ཤིང་ཐམས་ཅད་ཀྱི་ནང་ན་ཤིང་བ་ཏ་ལི་སྣ་ཚོགས་ཅན་དེ་དག་གི་མཆོག་ཅེས་བྱ་ཞེ་ན། །སྨྲས་པ། འཇིག་བརྟེན་འཆགས་པའི་ཚེ་ཁམས་ཀྱི ་མཆོག་དང། སྙིང་པོའི་མཆོག་དང། བཟང་པོའི་མཆོག་དང། ཟོང་གི་མཆོག་གང་ཡིན་པ་དེ་ཕྱོགས་དེར་རླུང་དག་གིས་བསྡུས་ནས་དེ་ལས་དེ་གྲུབ་པར་གྱུར་ཏེ། རྒྱུ་དེས་ན་ལྷ་མ་ཡིན་གྱི་ཤིང་ཐམས་ཅད་ཀྱི་ནང་ན་ཤིང་པ་ཏ་ལི་སྣ་ཚོགས་ཅན་དེ་དག་གི་མཆོག་ཅེས་བྱའོ། ། ་ཅིའི་ཕྱིར་སུམ་ཅུ་རྩ་གསུམ་པའི་ཤིང་ཐམས་ཅད་ཀྱི་ནང་ནས། ཤིང་ཡོངས་འདུས་བརྟོལ་བ་དེ་དག་གི་མཆོག་ཅེས་བྱ་ཞེ་ན། སྨྲས་པ། འཇིག་རྟེན་འཆག་པའི་ཚེ་ཁམས་ཀྱི་མཆོག་དང། སྙིང་པོའི་མཆོག་དང། བཟང་པོའི་མཆོག་དང། ཟོད་གི་མཆོག་གང་ཡིན་པ་དེ་ཕྱོགས ་དེར་རླུང་གིས་བསྡུས་ནས་དེ་ལས་གྲུབ་པར་གྱུར་ཏེ། རྒྱུ་དེས་ན་སུམ་ཅུ་རྩ་གསུམ་པའི་ཤིང་ཐམས་ཅད་ཀྱི་ནང་ན་ཤིང་ཡོངས་འདུས་བརྟོལ་དེ་དག་གི་མཆོག་ཅེས་བྱའོ། །ཅིའི་ཕྱིར་སོ་ག་དང་དབྱར་ཤིང་ཁ་ཅིག་ལོ་མ་ཡོད་པ་དང། མེ་ཏོག་ཡོད་པ་དང། འབྲས་བུ་ཡོད ་པར་གྱུར་ལ། ཤིང་ཁ་ཅིག་ནི་ལོ་མ་མེད་པ་དང། མེ་ཏོག་མེད་པ་དང། འབྲས་བུ་མེད་པར་འགྱུར་ཞེ་ན། སྨྲས་པ། ཟླ་བ་དྲུག་ཉི་མ་བྱང་ཕྱོགས་ན་འདུག་སྟེ། བྱང་ཕྱོགས་ན་འདུག་པ་ན་དཔག་ཚད་བཞི་ཁྲི་ནས་ཉི་མའི་འོད་ཟེར་རྣམས་བྱུང་ནས་གླིང་རྣམས་སུ་འབབ་སྟེ། ་དེ་ནས་རྒྱ་མཚོ་ཆེན་པོའི་ཆུ་བསིལ་བར་འགྱུར་ལ། ཆུ་བསིལ་བ་དེ་ཡང་གླིང་རྣམས་ཀྱི་ནང་དུ་འགྲོ་སྟེ། ཤིང་གང་དག་ཆུ་བསིལ་བ་དེས་བདེ་བར་སྐྱེ་བར་འགྱུར་བའི་ཤིང་དེ་དག་ནི་ལོ་མ་ཡོད་པ་དང། མེ་ཏོག་ཡོད་པ་དང། འབྲས་བུ་ཡོད་པར་འགྱུར་བ་ལ་ཤིང་གང ་དག་ཆུ་བསིལ་བ་དེས་བདེ་བར་སྐྱེ་བར་མི་འགྱུར་བ་དེ་དག་ནི་ལོ་མ་མེད་པ་དང། མེ་ཏོག་མེད་པ་དང། འབྲས་བུ་མེད་པར་འགྱུར་ཏེ། རྒྱུ་དེས་ན་སོ་ག་དང་དབྱར་ཤིང་ཁ་ཅིག་ལ་ལོ་མ་ཡོད་པ་དང། མེ་ཏོག་ཡོད་པ་དང། འབྲས་བུ་ཡོད་པར་འགྱུར ་ལ། ཤིང་ཁ་ཅིག་ནི་ལོ་མ་མེད་པ་དང། མེ་ཏོག་མེད་པ་དང། འབྲས་བུ་མེད་པར་འགྱུར་རོ། །ཅིའི་ཕྱིར་དགུན་ཤིང་ཁ་ཅིག་ལོ་མ་ཡོད་པ་དང། མེ་ཏོག་ཡོད་པ་དང། འབྲས་བུ་ཡོད་པར་འགྱུར་ལ། ཤིང་ཁ་ཅིག་ནི་ལོ་མ་མེད་པ་དང། མེ་ཏོག་མེད་པ་དང། འབྲས་བུ ་མེད་པར་འགྱུར་ཞེ་ན། སྨྲས་པ། ཟླ་བ་དུག་ཉི་མ་ལྷོ་ཕྱོགས་ན་འདུག་སྟེ། ལྷོ་ཕྱོགས་ན་འདུག་པ་ན་དཔག་ཚད་བཞི་ཁྲི་ནས་ཉི་མའི་འོད་ཟེར་རྣམས་བྱུང་ནས་རྒྱ་མཚོ་ཆེན་པོར་འབབ་སྟེ། དེས་ན་རྒྱ་མཚོ་ཆེན་པོའི་ཆུའི་དྲོ་བར་འགྱུར་ལ། ཆུ་དྲོན་པོ་དེ་ཡང་གླིང་རྣམས ་ཀྱི་ནང་དུ་འགྲོ་སྟེ། ཤིང་གང་དག་ཆུ་དྲོན་པོ་ངེས་བདེ་བར་སྐྱེ་བར་འགྱུར་བའི་ཤིང་དེ་དག་ནི་ལོ་མ་ཡོད་པ་དང། མེ་ཏོག་ཡོད་པ་དང། འབྲས་བུ་ཡོད་པར་འགྱུར་ལ། ཤིང་གང་དག་ཆུ་དྲོན་པ་དེས་བདེ་བར་སྐྱེ་བའི་མི་འགྱུར་བ་དེ་དག་ནི་ལོ་མ་མེད་པ་དང། མེ ་ཏོག་མེད་པ་དང། འབྲས་བུ་མེད་པར་འགྱུར་ཏེ། རྒྱུ་དེས་ན་དགུན་ཤིང་ཁ་ཅིག་ལ་ལོ་མ་ཡོད་པ་དང། མེ་ཏོག་ཡོད་པ་དང། འབྲས་བུ་ཡོད་པར་འགྱུར་ལ། ཤིང་ཁ་ཅིག་ནི་ལོ་མ་མེད་པ་དང་མེ་ཏོག་མེད་པ་དང། འབྲས་བུ་མེད་པར་འགྱུར་རོ། །ཅིའི་ཕྱིར་རས ་བལ་ཞེས་བྱ་ཞེ་ན། སྨྲས་པ། བསྐལ་བ་དང་པོའི་མི་རྣམས་ཀྱི་དཔག་བསམ་ཤིང་ལས་རས་བྱུང་པ་གང་ཡིན་པ་དེའི་རྒྱུ་མཐུན་པ་ལས་བྱུང་བ་ནི་དེ་ཡིན་ཏེ། རྒྱུ་དེས་ན་རས་བལ་ཞེས་བྱའོ། །ཅིའི་ཕྱིར་རྒུན་ཞེས་བྱ་ཞེ་ན། སྨྲས་པ། བསྐལ་པ་དང་པོའི་མི ་རྣམས་ཀྱི་ནགས་ཀྱི་ལྡུམ་བུར་གྱུར་པ་གང་ཡིན་པ་དེའི་རྒྱུ་མཐུན་པ་ལས་བྱུང་བ་ནི་དེ་ཡིན་ཏེ། རྒྱུ་དེས་ན་རྒུན་ཞེས་བྱའོ། །ཅིའི་ཕྱིར་ཤིང་ཁ་ཅིག་གྱེ་གུར་འདུག་ལ་ཁ་ཅིག་དྲང་པོར་འདུག་ཅེ་ན། སྨྲས་པ། རླུང་གི་དབང་གིས་འགྱུར་ཏེ། ཤིང་གང་དག་ལ་རླུང ་རྣམས་མཐུན་པར་འགྱུར་བ་དེ་དག་ནི་དྲང་པོར་འགྱུར་རོ། །ཤིང་གང་དག་ལ་རླུང་རྣམས་མི་མཐུན་པར་གྱུར་པ་དེ་དག་ནི་གྱེ་གུར་འདུག་སྟེ། རྒྱུ་དེས་ན་ཤིང་ཁ་ཅིག་གྱེ་གུར་འདུག་ལ། ཁ་ཅིག་དྲང་པོར་འདུག་གོ་།ཅིའི་ཕྱིར་ཆུ་གཅིག་གིས་བརླབ་པའི་ས་ཕྱོགས ་ཅིག་ཏུ་ཤིང་ཁ་དོག་སྣ་ཚོགས་དང། རྟགས་སྣ་ཚོགས་དང། དབྱིབས་སྣ་ཚོགས་སུ་གྱུར་ཏེ། ཁ་དོག་གཅིག་པར་མ་གྱུར། རྟགས་གཅིག་པར་མ་གྱུར། དབྱིབས་གཅིག་པར་མ་གྱུར་ཅེ་ན། སྨྲས་པ། ས་བོན་གྱི་དབང་གིས་འགྱུར་ཏེ་ས་བོན་ཇི་ལྟར་འདུག་པ ་དེ་བཞིན་དུ་ས་ཡང་སིའི་བཅུད་ལེན་པར་བྱེད། ཆུ་ཡང་ཆུའི་བཅུད་ལེན་པར་བྱེད། མེ་ཡང་མེའི་བཅུད་ལེན་པར་བྱེད། རླུང་ཡང་རླུང་གི་བཅུད་ལེན་པར་བྱེད། རྒྱུ་དེས་ན་ཆུ་གཅིག་གི་བརླན་པའི་ས་ཕྱོགས་ཅིག་ཏུ་ཤིང་ཁ་དོག་སྣ་ཚོགས་དང། རྟགས་སྣ་ཚོགས་དང། དབྱིབས་སྣ་ཚོགས་སུ་འགྱུར་ཏེ། ཁ་དོག་གཅིག་པར་མ་གྱུར། རྟགས་གཅིག་པར་མ་གྱུར། དབྱིབས་གཅིག་པར་མ་གྱུར་ཏོ། །ཅིའི་ཕྱིར་ཤིང་ཐམས་ཅད་ལ་འབྱུང་པོ་ཡོད་པར་གྱུར་ཏེ་འབྱུང་པོ་རྣམས་ཀྱིས་དབྱེན་པར་གྱུར་ཅེ་ན། སྨྲས་པ། འཇིག་རྟེན ་འཆགས་པའི་ཆེ། ཤིང་སྣང་བར་བྱེད་པའི་འབྱུང་པོའི་བདག་པོ་ཞིག་ཙནདན་གྱི་ཤིང་ཆེན་པོ་ཞིག་ལ་གནས་པར་གྱུར་ཏོ། །འབྱུང་པོ་ལྷག་མ་རྣམས་ནི་དེ་མ་ཡིན་པའི་ཤིང་དེ་དག་ལ་གནས་པར་གྱུར་ཏེ། དེ་དག་གིས་ཐོགས་མར་གནས་སུ་བྱས་པས་གཅིག་ནས ་གཅིག་ཏུ་རྒྱུད་དེ་གཞན་དག་ཀྱང་གནས་པར་གྱུར་པ་དང། འབྱུང་པོ་དག་གིས་ཤིང་རྣམས་སྨེ་བག་མེད་པ་དང། མཆོད་རྟེན་གྱི་གནས་ལྟ་བུ་དང། གཙང་བ་དང་ཡིད་དུ་འོང་བ་དང་བསྟེན་པའི་འོས་སུ་བྱས་ཏེ་སྨེ་བག་མེད་པར་གྱུར་པ་དང། མཆོད་རྟེན་གྱི་གནས ་ལྟ་བུར་གྱུར་པ་དང། གཙང་བར་གྱུར་པ་དང། ཡིད་དུ་འོང་བར་གྱུར་པ་དང། བསྟེན་པའི་འོས་སུ་གྱུར་པའི་ཕྱིར་འབྱུང་པོ་དག་གིས་ཤིང་རྣམས་གནས་སུ་བྱས་ཏེ། རྒྱུ་དེས་ན་ཤིང་ཐམས་ཅད་ལ་འབྱུང་པོ་ཡོད་པར་གྱུར་ཏེ། འབྱུང་པོ་རྣམས་ཀྱིས་དབེན་པར་མ ་གྱུར་ཏོ། །ཆོས་ཀྱི་རིགས་པའི་སྐབས་བྱ་བ་དང། དོན་དང་རྒྱུ་དང་འབྲས་བུ་ལ་རྨོངས་པ་བཟློག་པར་བྱེད་པ། བཟང་འགྲོ་ཐོབ་པར་བྱེད་པ། སྡུག་པའི་འབྲས་བུར་འགྱུར་བར་བྱེད་པ། སངས་རྒྱས་དང། རང་སངས་རྒྱས་དང། ཉན་ཐོས་ཀྱིས་བརྟག ་པའི་ཆོས་མངོན་པ་གདགས་པའི་བསྟན་བཅོས་རྒྱུ་གདགས་པ་ལས་ཚིགས་བཅུ་དགུ་བ་རྫོགས་སོ།། །།རྒྱུ་གདགས་པ་རྫོགས་ཏེ་གཉིས་པའོ།། །།རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང། པྲཛྙཱ་བར་མ་དང། ཞུ་ཆེན་གྱི་ལོ་ཙ་བ་བནདེ་ཡེ་ཤེས ་སྡེ་ལ་སོགས་པས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། །། *། (།ལས་གདགས་པ་བཞུགས་སོ།།)་།། *། །རྒྱ་གར་སྐད་དུ། ཀརྨ་པྲཛྙཱ་སྟི། བོད་སྐད་དུ། ལས་གདགས་པ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །སྡོམ་ནི། ་