| Wylie | e-texts based on the ACIP/ALL Input |
པ།། །།*། །སྡོམ་པ་ཉི་ཤུ་པའི་དཀའ་འགྲེལ་གནས་བརྟན་བྱང་ཆུབ་བཟང་པོས་མཛད་པ་བཞུགས་སོ།། །།རྒྱ་གར་སྐད་དུ། བོ་དྷི་ས་ཏྭི་སམྦ་ར་བིདཤི་ཀ་ཡ་པཉྩི་ཀཱ། བོད་སྐད་དུ། བྱང་ཆུབ་སེམས་དཔའ་ཨི་སྡོམ་པ་ཉི་ཤུ་པའི་དཀའ་ ་འགྲེལ། བྱང་ཆུབ་སེམས་དཔའ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་དང་ཆོས་དང་དགེ་འདུན་རྣམས་ལ་ཕྱག་འཚལ་ལོ། །གང་ཞིག་སྡུག་བསྔལ་ལྡན་རྣམས་སྡུག་བསྔལ་ཞི་ཕྱིར་ཐུགས་རྗེས་སྨན་པའི་བློ ་བདག་ཉིད་མཐར་ནི་རྩ་ཡི་ཟིལ་པ་ལྟ་བུར་མ་ཉམས་གཟིགས་གནས་པས། །ཚོགས་རྫོགས་དོན་དུ་བརྩོན་འགྲུས་ཁྱད་པར་ཅན་གྱིས་ཡུན་རིང་དཀའ་སྤྱད་མཛད། །སྐྱེ་དགུ་རྣམས་ཀྱི་དཔལ་བསྒྲུབས་ཆེད་དུ་ས་སྟེངས་མགོན་ཅིག་བྱུང་བར ་གྱུར། །གང་ཞིག་སྐུར་གནས་གྱུར་ཀྱང་རང་བཞིན་གྱིས་དག་ལོག་པར་སྒྲོ་བཏགས་པའི། །ས་བོན་ལས་བྱུང་ཀུན་ནས་ཉོན་མོངས་དུ་མས་ནམ་ཡང་མ་གོས་ཤིང། །འཁྲུལ་པའི་ཚོགས་ཀྱི་དྲ་བ་མ་ལུས་དེ་ཉིད་འབྱེད་པས་འཇོམས་པར་མཛད། །དེས་ན ་སྤོས་མེད་ཟབ་པའི་ཆོས་ནི་ཉིད་ཀྱིས་ཤིན་ཏུ་ཐུགས་ཆུད་གྱུར་།ངོ་བོ་ཉིད་ཀྱིས་བདག་ཉིད་ཀྱིས་བདག་ཉིད་ཆེར་གྱུར་གང་དག་ལ་ནི་མ་ལུས་གསུངས། །དེ་རྟོགས་པ་ལས་ལྷུག་པར་གྱུར་པའི་སྙིང་རྗེས་སྟོན་པའི་བཀའ་ཡི་ཚིག་རྣམས་ནི། བྱང་ཆུབ་དོན་དུ ་བལྟོས་པ་མེད་པས་སྤྱི་བོར་འཛིན་མཛད་བློ་བཟང་གང། །ཞི་བའི་སྤྱོད་ལྡན་ཐུབ་མཆོག་ལས་འཁྲུངས་གཅིག་ཏུ་སེམས་ཅན་དོན་མཛད་པ། །དེ་རྣམས་ཡུལ་དང་ཡུལ་ཅན་དག་ལ་ཞེན་པའི་བཙེན་ར་ཉིད་དུ་ནི། །སྣ་ཚོགས་བཅིངས་གྱུར་སྐྱབས་མེད་འདོད ་པའི་ཁམས་ཀྱི་དབང་ཕྱུག་རྣམས། །གང་ཞིག་དྲན་པའི་རྗེས་སུ་ཞུགས་པས་རིག་པ་མེད་རྣམས་སྒྲོལ་མཛད་ཅིང། །ཀུན་ཏུ་དྲངས་ནས་འདོད་པ་ལས་རྒྱལ་གོ་ཆ་དག་གིས་འཆིང་མཛད་པ། །དེ་རྣམས་ཕྱག་འཚལ་ནས་ནི་གཞན་དོན་ཁུར། བཀུར་ཞིང ་མི་ཤེས་མུན་པ་གཞོམ་པའི་ཕྱིར། །བདག་ཉིད་ཆེན་པོ་སྡོམ་པ་ཉི་ཤུ་པའི། །རྣམ་བཤད་ཚིག་གསལ་བ་ནི་བརྩམ་པར་བྱ། །འདིར་དཀོན་མཆོག་གསུམ་ལ་གཅིག་ཏུ་སྐྱབས་སུ་སོང་བ། ཚུལ་ཁྲིམས་དང་ལྡན་པ། དད་པ་དང་ལྡན་པ། སྙིང་རྗེ་དང་ལྡན ་པ། བྱང་ཆུབ་ཏུ་སེམས་བསྐྱེད་པ། བྱང་ཆུབ་སེམས་དཔའ་ཨི་སྡོམ་པ་ཡོངས་སུ་བཟུང་ཞིང་ནན་ཏན་བྱེད་པའི་བདག་ཉིད་ཅན་སྡོམ་པ་འཕེལ་བ་ལ་རབ་ཏུ་སྤྱོར་བ་ནི་རིང་པོ་མི་ཐོགས་པར་ཚོགས་ཡངས་སུ་རྫོགས་པར་འགྱུར་བའི་ཕྱིར། སློབ་དཔོན་ཙནྡྲ་གི ་མི་ཞེས་བྱ་བ་གཞན་གྱི་དོན་ལ་གཅིག་ཏུ་སེམས་པ། མཆོག་ཏུ་འཇིགས་པ་མེད་པ། ས་ཆེན་པོ་ལ་ཞུགས་པ་དེས་སྡོམ་པ་ཡང་དག་པར་བླང་བ་སྔོན་དུ་འགྲོ་བ་ཅན་གྱི་བསླབ་པ་ནི་ལེགས་པར་ནན་ཏན་དུ་བྱ་བ་ཡིན་པར་ཡང་དག་པར་མཐོང་ནས་བྱང ་ཆུབ་སེམས་དཔའ་ཨི་འདུལ་བ་ཡང་དག་པར་བསྡུ་བར་འདོད་པས། བྱང་ཆུབ་སེམས་དཔའ་ཨི་ཐ་སྙད་ཀྱི་རྒྱུར་གྱུར་པའི་སྡོམ་པ་ཡང་དག་པར་བླང་བའི་ཆོ་ག་མངོན་པར་བཟུང་བར་བསྟན་པའི་ཕྱིར། རེ་ཞིག་འདི་ལྟར་སངས་རྒྱས་རྣམས་ཞེས ་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། སངས་རྒྱས་ཞེས་བྱ་བ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ཏེ། འདི་རྣམས་ཉིད་ཡེ་ཤེས་དང། ཐུགས་རྗེའི་སྦྱོར་བས་གཞན་གྱི་དོན་ལ་འཇུག་པ་ལ་དབང་དུ་གྱུར་པའི་ཕྱིར་རོ། །མང་པོའི་ཚིག་ཏུ་བསྟན་པ་ནི་དུས་གསུམ ་གྱི་སངས་རྒྱས་རྣམས་ཡོངས་སུ་བསྡུ་བའི་ཕྱིར་ཏེ། དེ་ལ་འདས་པའི་སངས་རྒྱས་བཅོམ་ལྡན་འདས་གང་གི་བསྟན་པ་ཡང་ནུབ་པར་གྱུར་པའོ། །མ་འོངས་པ་ནི་གང་ཞིག་སངས་རྒྱས་པའི་ཆེད་དུ་སོགས་ཡོངས་སུ་རྫོགས་པའི་འདུལ་བའི་དུས་ལ ་བཞེས་པ་འབའ་ཞིག་ཙམ་སྟེ། མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །ད་ལྟར་གྱི་ནི་གང་དག་གི་བསྟན་པ་འདི་ཡང་ནུབ་པར་མ་གྱུར་པའོ། །སྲས་དང་བཅས་པར་ཞེས་བྱ་བ་ནི་སས་དང་བཅས་པ་སྟེ། སངས་རྒྱས་རྣམས་འབའ་ཞིག་མ་ཡིན ་གྱི་འོན་ཀྱང་ས་ཆེན་པོ་ལ་ཞུགས་པའི་བྱང་ཆུབ་སེམས་དཔའ་ཆེན་པོའི་སྲས་རྣམས་དང་བཅས་པ་ཡང་ངོ། །དེ་རྣམས་ཀྱང་འདིར་རྫོགས་པའི་སངས་རྒྱས་དང་མཉམ་པའི་ཕྱིར་རོ། །དེ་རྣམས་ལ་གུས་པ་སྟེ་དེའི་ཡོན་ཏན་རྣམས་ལ་དགའ་བའི ་སེམས་ཀྱིས་ཕྱག་འཆེལ་འདུད་ཅེས་བརྗོད་ཅིང་ལུས་ཤིན་ཏུ་འདུད་པས་ཕྱག་འཚལ་བ་བྱས་ནས། ཅི་ནུས་ཞེས་བྱ་བ་ནི་འབྱོར་བ་དང་རྗེས་སུ་འཐུན་པས་སོ། །མཆོད་ནས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཁྲིམས་གང་དེ་བླང་བར་བྱ་བ་ཞེས ་བྱ་བར་སྦྱོར་རོ། །བདག་དང་གཞན་རྗེས་སུ་བཟུང་བ་ལ་རབ་ཏུ་འཇུག་པ་དང། འགྱོད་པ་མེད་ཅིང་རབ་ཏུ་དགའ་བའི་སྦྱོར་བས་བསིལ་བའི་ཕྱིར། ཚུལ་ཁྲིམས་སོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཞེས་བྱ་བ་ལ་བྱང་ཆུབ་ནི་རྣམ་པ་ཐམས ་ཅད་དུ་ཟག་པ་ཐམས་ཅད་ཟད་པའི་ཡེ་ཤེས་སོ། །སེམས་དཔའ་ནི་བསམ་པ་སྟེ། འགྲོ་བ་ཐམས་ཅད་ཡོངས་སུ་སྦྱོང་བའི་དོན་གྱིས་བསམ་པ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་རྣམས་ཀྱི་ནི་ཕྱོགས་དུས་ཀུན་ན་བཞུགས་པའི་ཞེས་བྱ་བ་སྟེ། ་ཤར་ལ་སོགས་པའི་ཕྱོགས་བཅུ་པོ་ཐམས་ཅད་དང། དུས་གསུམ་པོ་ཐམས་ཅད་དུའོ། །བཞུགས་པ་ནི་ཀུན་ཏུ་འབྱུང་བ་སྟེ། གཅིག་ཏུ་ཕྱོགས་གཅིག་གི་ཁ་ཅིག་ཏུ་འབའ་ཞིག་མ་ཡིན་གྱི། འོན་ཀྱང་ཐམས་ཅད་དུ་དུས་ཐམས་ཅད་ཀྱི་ཐམས ་ཅད་དུ་ཞེས་བྱ་བའི་དོན་ཏོ། །གང་ཞེས་བྱ་བ་ནི་སྤྱིར་བསྟན་པས་ཚུལ་ཁྲིམས་རྣམས་པ་དགུ་པོ་ཉིད་ཡོངས་སུ་བཟུང་བའི་ཕྱིར་རོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚུལ་ཁྲིམས་ནི་རྣམ་པ་དགུར་བསྟན་ཏེ། ངོ་བོ་ཉིད་ཀྱི་ཚུལ་ཁྲིམས་དང། ་ཚུལ་ཁྲིམས་ཐམས་ཅད་དང། དཀའ་བ་སྤྱོད་པའི་ཚུལ་ཁྲིམས་དང། ཐམས་ཅད་ཀྱི་སྒོའི་ཚུལ་ཁྲིམས་དང། སྐྱེས་བུ་དམ་པའི་ཚུལ་ཁྲིམས་དང། རྣམ་པ་ཐམས་ཅད་ཀྱི་ཚུལ་ཁྲིམས་དང། ཕོངས་པ་འདོད་པའི་ཚུལ་ཁྲིམས་དང། འདི་དང ་གཞན་དུ་བདེ་བར་འགྱུར་བའི་ཚུལ་ཁྲིམས་དང། རྣམ་པར་དག་པའི་ཚུལ་ཁྲིམས་སོ། །དེ་ལ་ངོ་བོ་ཉིད་ཀྱི་ཚུལ་ཁྲིམས་ཞེས་བྱ་བ་ལ། ངོ་བོ་ཉིད་ཀྱི་ཚུལ་ཁྲིམས་ནི་ངོ་བོ་ཉིད་ཀྱི་ཚུལ་ཁྲིམས་ཏེ། ཚུལ་ཁྲིམས་ཉིད་ཀྱི་རང་བཞིན་ནོ། །དེ ་ཡང་ངོ་བོ་ཉིད་ནི་ཡོངས་སུ་འཛིན་དང་རྗེས་སུ་སློབ་པའོ། དེ་ཡང་རྣམ་པ་བཞི་དང་ལྡན་པར་རིག་པར་བྱ་སྟེ། ཡང་དག་པར་བླངས་པ་དང། ལྷག་པའི་བསམ་པ་རྣམ་པར་དག་པ་དང། ཉམས་པར་གྱུར་ན་ཕྱིར་གསོ་བར་བྱེད་པ་དང ་མི་ཉམས་པར་བྱ་བའི་ཕྱིར་གུས་པ་བསྐྱེད་ནས་དྲན་པ་ཉེ་བར་གནས་པའོ། །དེ་ལ་ཡང་དག་པར་བླངས་པ་དང། བསམ་པ་རྣམ་པར་དག་པ་གཉིས་ཀྱིས་ནི་བྱང་ཆུབ་སེམས་དཔའ་ལ་བསླབ་པ་ལས་རྣམ་པར་ཉམས་པར་གྱུར་ན། ཕ ་རོལ་དང་བདག་ལ་བརྟེན་ནས། ཁྲེལ་ཡོད་པ་དང་ངོ་ཚ་ཤེས་པ་དག་སྐྱེ་བར་འགྱུར་རོ། །ལྟུང་བ་ལས་ཕྱིར་གོས་པར་བྱེད་པ་དང། རྣམ་པར་ཉམས་པར་མ་གྱུར་པ་དེ་ཕྱི་མ་གཉིས་ཀྱིས་ནི་འདིའི་ཚུལ་ཁྲིམས་རྣམ་པར་དག ་པས་འགྱོད་པ་མེད་པར་འགྱུར་རོ། །དེ་བཞིན་དུ་ཡང་ཕ་རོལ་ལས་ཡང་དག་པར་བླངས་པ་དང། རྣམ་པར་ཉམས་པར་གྱུར་ན་སླར་གསོ་བས་ནིང་རྒྱལ་སྤངས་པ་དང། ཉམས་པར་མི་འགྱུར་བའི་ནན་ཏན་གྱིས་ནི་བསམ་པ་རྣམ་པར་དག་པའོ། ། ་དེ་ཉིད་ཀྱིས་ན་འདི་ཕ་རོལ་དང་བདག་ཉིད་ལས་ཀྱང་ངོ་ཚ་བར་གྱུར་པས་ཚུལ་ཁྲིམས་ཀུན་ཏུ་བསྲུང་བར་འགྱུར་རོ། །བསྲུངས་པས་ན་འགྱོད་པ་མེད་པར་འགྱུར་རོ། །དེ་ལ་ཆོས་གསུམ་པོ་དེ་རྣམས་ཀྱིས་ནི་ལྟུང་བ་མི་འབྱུང་བ་ཡིན་ལ། ། ་གསུམ་པས་ནི་ཚུལ་ཁྲིམས་ཉམས་པ་ལས་ལྡང་བར་རིག་པར་བྱའོ། །སེམས་ལས་བྱུང་བ་ཐམས་ཅད་ཀྱིས་ཡོངས་སུ་འཛིན་པ་དང། ནན་ཏན་དག་བསྟན་པ་ཡིན་ནོ། །དེ་ལྟར་འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ངོ་བོ་ཉིད་ཀྱི་ཚུལ ་ཁྲིམས་ཏེ། ཡང་དག་པར་བླངས་པ་དང། རྗེས་སུ་སློབ་པས་བདག་དང་གཞན་གྱི་དོན་དང། ཕན་པ་དང་བདེ་བར་འགྱུར་བའི་ཕྱིར་དགེ་བའོ། །བྱང་ཆུབ་སེམས་དཔའ་ཨི་བསླབ་པ་དཔག་ཏུ་མེད་པ་ཡོངས་སུ་བསྡུས་པའི་ཕྱིར་དཔག་ཏུ་མེད་པའོ། ། ་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བར་མངོན་པར་གནས་པའི་ཕྱིར་སེམས་ཅན་ཐམས་ཅད་ལ་ཕན་འདོགས་པའོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་འབྲས་བུ་ལེན་པར་བྱེད་པའི་ཕྱིར། འབྲས་བུ་ཆེ་བ་དང་ཕན་ཡོན་ཆེ ་བར་རིག་པར་བྱའོ། །ཚུལ་ཁྲིམས་ཐམས་ཅད་ཅེས་བྱ་བ་ལ། ཐམས་ཅད་ཀྱི་ཚུལ་ཁྲིམས་ནི་ཚུལ་ཁྲིམས་ཐམས་ཅད་དེ། ཁྱིམ་པ་དང་རབ་ཏུ་བྱུང་བའི་ཕྱོགས་དག་ལ་བརྟེན་པའི་ཕྱིར་རོ། །དེ་ཡང་རྣམ་པ་གསུམ་སྟེ། སྡོམ ་པའི་ཚུལ་ཁྲིམས་དང་དགེ་བའི་ཆོས་སྡུས་པའི་ཚུལ་ཁྲིམས་དང། སེམས་ཅན་གྱི་དོན་བྱེད་པའི་ཚུལ་ཁྲིམས་སོ། །དེ་ལ་སྡོམ་པའི་ཚུལ་ཁྲིམས་ནི་སོ་སོར་ཐར་པའི་སྡོམ་པ་རིས་བདུན་བླངས་པའོ། །དེ་ལ་དགེ་སློང་དང། དགེ་སློང་མ་དང། དགེ་སློབ་མ ་དྡང། དགེ་ཚུལ་དང། དགེ་ཚུལ་མའི་དབྱེ་བས་རྣམ་པ་ལྔ་ཡིན་པའི་ཕྱིར། རབ་ཏུ་བྱུང་བའི་ཕྱོགས་རྣམ་པ་ལྔའོ། །ཁྱིམ་པའི་ཕྱོགས་རྣམ་པ་གཉིས་ཏེ། དགེ་བསྙེན་དང། དགེ་བསྙེན་མའི་དབྱེ་བས་རྣམ་པ་གཉིས་ནི་ཁྱིམ་པའི་ཕྱོགས་རྣམ་པ་གཉིས་སོ། ། ་ཉིན་ཞག་གཅིག་པའི་ཡང་དག་པར་བླངས་པ་ནི་དཀའ་བ་སྤྱོད་པ་དང་འདོད་པ་ལས་དབེན་པ་མ་ཡིན་པའི་ཕྱིར་དང། ཡུན་རིང་པོར་རྗེས་སུ་འབྲེལ་བ་མེད་པའི་ཕྱིར་འདི་ལ་འོས་པ་མ་ཡིན་པས་མ་བསྟན་ཏོ། །འདི་ལྟར་བསྟན་པར་འགྱུར་ཏོ། །སོ་སོར་ཐར་པའི་སྡོམ་པ ་ནི་བྱང་ཆུབ་སེམས་དཔའ་ཨི་སྡོམ་པའི་ཡན་ལག་ཏུ་གྱུར་པ་ཡིན་ཏེ། ཕྱོགས་གཅིག་ཉིད་དུ་རིག་པར་བྱའོ། །དེའི་ཕྱིར་སོ་སོར་ཐར་པའི་སྡོམ་པ་གཞན་དང་ལྡན་པ་འདིས་བྱང་ཆུབ་སེམས་དཔའ་ཨི་སྡོམ་པ་ཡང་དག་པར་ལེན་པའི་སྣོད་དུ་གྱུར་པ་ལ་བསླབ་པའི་ཚིག་འདི་ཡང་སྦྱིན ་པར་བྱ་ཞེས་བྱ་བའི་དོན་ཏོ། །འདི་ལ་སྲོག་གཅོད་པ་ལ་སོགས་པ་ལས་ལྡོག་པའི་ཆོ་ག་གཞན་པ་ཉིད་ནི་མ་ཡིན་ཞིང། དེ་རྣམས་ལས་ཀྱང་ལྡོག་པ་མ་ཡིན་པ་ལ་ནི་བྱང་ཆུབ་སེམས་དཔའ་ཨི་སྡོམ་པ་ཡང་དག་པར་ལེན་པའི་སྣོད་དུ་གྱུར་པ་ཡང་ཡོད ་པ་མ་ཡིན་ནོ། །བསམ་པ་རྣམ་པར་དག་པས་ནི་རྣམ་པར་འཇོམས་པར་འགྱུར་རོ་ཞེས་བྱ་བ་འདི་ཉིད་ལ་དགོངས་ནས་ཚུལ་ཁྲིམས་དང་ལྡན་པ་ཞེས་དང་པོ་བསྟན་ཏོ། །དེ་ལྟར་ན་བྱང་ཆུབ་སེམས་དཔའ་ཨི་སྡོམ་པ་འདི་ནི་ཚུལ་ཁྲིམས་ཐམས་ཅད ་ཅེས་བསྟན་ཏོ། །དེ་ལྟ་བུའི་སྡོམ་པའི་ཚུལ་ཁྲིམས་འདི་ལ་གནས་ན་ཚུལ་ཁྲིམས་ཀྱི་ཕུང་པོ་ཡོངས་སུ་རྫོགས་པར་འགྱུར་རོ། །གང་གི་ཚེ་འདི་ནི་འཁོར་ལོས་སྒྱུར་བའི་རྒྱལ་སྲིད་ཀྱང་བོར་ནས་རབ་ཏུ་བྱུང་བ་དེ་ལ་འཁོར་ལོ་སྒྱུར་བའི་རྒྱལ་སྲིད་ལ་རྩཝ ་དང་མི་གཙང་བ་ལྟ་བུར་མི་ལྟ་བར་འགྱུར་བ་ནི་བསམ་པ་རྣམ་པར་དག་པས་ཡིན་གྱི་གཞན་ནི་དེ་ལྟ་མ་ཡིན་ཏེ། དམན་པ་དག་ནི་འདོད་པ་དང་འཚོ་བའི་དོན་དུ་རབ་ཏུ་བྱུང་བའི་ཕྱིར་རོ། །མ་འོངས་པའི་དུས་སུ་ཡང་བསྒོམ་པ ་ལ་དབང་དུ་གྱུར་པས་ཡོངས་སུ་ཐོབ་པའི་འདོད་པ་རྣམས་ལ་ཡང་མངོན་པར་དགའ་བར་འགྱུར་བ་མ་ཡིན་ཞིང། དེའི་དོན་དུ་སྨོན་པས་ཚངས་པར་སྤྱད་པ་སྤྱོད་པར་མི་བྱེད་དེ། འདོད་པ་རྣམས་ལ་འཇིག་པ་ཆེན་པོ་སྣ་ཚོགས་པ ་དང་བཅས་པའི་ནགས་ཚལ་དུ་འཇུག་པ་ལྟ་བུར་ཡང་དག་པའི་ཤེས་རབ་ཀྱི་ཀུན་ཏུ་མཐོང་ནས་མི་འཇུག་གོ་།ད་ལྟར་གྱི་དུས་ཀྱི་འདོད་པ་ཆེན་པོ་དང་ལྡན་པ་ཐམས་ཅད་ཀྱི་རྙེད་པ་དང་བཀུར་སྟི་རྒྱ་ཆེན་པོ་དག་ལ་ཡང་སྐྱུགས ་པའི་ཟས་བཞིན་རོ་མྱང་བར་མི་བྱེད་ན། དམན་པ་རྣམས་ཀྱི་དམན་པ་ལ་ལྟ་སྨོས་ཀྱང་ཅི་དགོས། ཅིག་ཏུ་དབེན་པ་ལ་མངོན་པར་དགའ་བ་ཡིན་ལ། ཚོགས་ཀྱི་ནང་དུ་ཡང་སེམས་དབེན་པས་གནས་པར་འགྱུར་ཏེ། ཚུལ་ཁྲིམས་ཙམ ་གྱིས་ཆོག་པར་མི་འཛིན་གྱིས། འོན་ཀྱང་ཚུལ་ཁྲིམས་ལ་བརྟེན་ནས་བྱང་ཆུབ་སེམས་དཔའ་ཨི་ཏིང་ངེ་འཛིན་དཔག་ཏུ་མེད་པ་གང་ཡིན་པ་དེ་དག་མངོན་པར་བསྒྲུབ་པ་དང། དབང་དུ་གྱུར་པར་བྱ་བའི་ཕྱིར་འབད་པར་བྱེད་དོ། །འདུ་འཛིའི་ནང ་དུ་འཇུག་ཀྱང་གཏམ་ངན་པ་དང། ཚིག་ངན་པ་ཅུང་ཟད་ཀྱང་དང་དུ་ལེན་པར་མི་བྱེད་ལ། དབེན་པ་ན་འདུག་ཀྱང་རྟོག་པ་ངན་པ་ཅུང་ཟད་ཀྱང་མི་སེམས་སོ། །བརྗེད་ངས་པས་ཀུན་ཏུ་སྤྱོད་པར་འགྱུར་ན་ཡང་དུས་དུས་སུ་ཤིན་ཏུ་འགྱོད་པ་དང། ཉེས ་པ་མཐོང་བ་ཡང་སྐྱེད་པར་བྱེད་དེ། གང་གི་ཚེ་གཏམ་ངན་པ་དང། རྟོག་པ་ངན་པ་ཡང་སྐྱེས་མ་ཐག་ཏུ་མྱུར་བ་ཉིད་དུ་དྲན་པ་སྐྱེད་པར་བྱེད་ཅིང་མི་བྱ་བའི་སེམས་ཀྱང་ཐོབ་པར་འགྱུར་ཏེ། དེས་ན་སྤོང་བར་འགྱུར་རོ། །སྤོང་བ་ལ་གོམ ་པ་ལས་ནི་རིམ་གྱིས་སྔོན་ཇི་ལྟར་དེ་ཀུན་ཏུ་སྤྱོད་པ་ལ་དགའ་བར་འགྱུར་བ་དེ་ལྟར་དེ་ཀུན་ཏུ་མི་སྤྱོད་པ་ལ་དགའ་བ་དང། ཀུན་ཏུ་སྤྱོད་པ་དང་རྗེས་སུ་མི་མཐུན་པར་ཡང་གནས་སོ། །ས་ཆེན་པོར་ཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསླབ ་པའི་གཞི་རྒྱ་ཆེ་བ་རྣམས་དང། དཔག་ཏུ་མེད་པ་རྣམས་དང། བསམ་གྱིས་མི་ཁྱབ་པ་རྣམས་དང། ཡུན་རིང་བ་རྣམས་དང། ཤིན་ཏུ་བྱ་དཀའ་རྣམས་ཐོས་ནས་སྐྲག་པ་འམ། ཞུམ་པར་མི་འགྱུར་གྱི་གཞན་དུ་ན་འདི་ལྟར་དེ་དག་ཀྱང་མིང་གྱུར ་པ་ལས་རིམ་གྱིས་བསླབས་ནས་དཔག་ཏུ་མེད་ཅིང་བསམ་གྱིས་མི་ཁྱབ་པའི་ལུས་དང་དག་གི་སྡོམ་པ་དང་ལྡན་པར་འགྱུར་ལ། བདག་ཉིད་ཀྱང་མིར་གྱུར་པས་རིམ་གྱིས་བརླབ་ན་གདོན་མི་ཟ་བར་ལུས་དང། དག་གི་སྡོམ་པ་ཕུན་སུམ་ཚོགས ་པ་དག་ཐོབ་པར་འགྱུར་སྙམ་དུ་སེམས་སོ། །དེས་ན་བདག་ཉིད་ཀྱི་ཉེས་པ་དང་འཁྲུལ་པ་ལ་རྟོག་པར་བྱེད་ཀྱི་གཞན་གྱི་ལམ་ཡིན་ནོ། །སེམས་ཅན་གཞན་དག་གཏུམ་ཞིང་ཚུལ་ཁྲིམས་འཆལ་བ་རྣམས་ཉེ་བར་གནས་པ་ལ་ཀུན་ནས ་མནར་སེམས་དང། ཁོང་ཁྲོ་བར་མི་འགྱུར་གྱི། དེ་ལ་ལྷག་པར་རྗེས་སུ་བརྩེ་བའི་སེམས་དང། བྱེད་པར་འདོད་པའི་སེམས་ཉེ་བར་གནས་པར་འགྱུར་རེ། །ཕ་རོལ་པོ་དག་གི་ལག་པ་དང། བེང་བ་དང། དབྱུག་པ་དང། མཚོན་ཆས ་བསྣུན་ཀྱང་སེམས་ཀྱིས་ཀྱང་འཁྲུག་པར་མི་བྱེད་ན། སྡིག་པ་ཅན་གྱིས་ཚིག་འབྱིན་པ་འམ་སླར་འཚོགས་པ་ལྟ་ག་ལ་བྱེད། དེ་བཞིན་དུ་གཤེ་བ་དང། །ཁྲོ་བ་ལ་སོགས་པའི་སྡུག་བསྔལ་གྱི་རེག་པ་ལས་བྱུང་བ་ཅུང་ཟད་ཙམ་གྱིས་ཀྱང ་གྱེན??་ད་པར་མི་བྱེད་དོ། །ཡན་ལག་ལྔ་དང་ལྡན་པའི་བག་ཡོད་པ་སྟེ། སྔོན་གྱི་མཛའ་དང་ལྡན་པའི་བག་ཡོད་པ་ནི་གང་འདས་པའི་དུས་སུ་ཉེ་བར་བླངས་པ་ལས་ལྟུང་བ་འབྱུང་བར་གྱུར་པ་དེ་དེས་ཆོས་བཞིན་དུ་ཕྱིར་བཅོས་པར་གྱུར་པའོ། །ཕྱི ་མའི་མཛའ་དང་ལྡན་པ་ནི་མ་འོངས་པའི་དུས་ན་ལྟུང་བ་གང་འབྱུང་བར་འགྱུར་པ་དེ་དག་ཀྱང་ཆོས་བཞིན་དུ་ཕྱིར་འཆོས་པར་འགྱུར་བའོ། །དབུས་ཀྱི་མཛའ་དང་ལྡན་པ་ནི་ད་ལྟར་གྱི་དུས་སུ་ལྟུང་བ་གང་བྱུང་བ་དེ་དག་ཀྱང་ཆོས་བཞིན ་དུ་ཕྱིར་འཆོས་པར་བྱེད་པའོ། །དུས་སྔ་ནས་བྱ་བ་ནི་གང་འདི་ལྟུང་བའི་སྔོན་རོལ་ཉིད་ནས་ལྟུང་བ་མི་འབྱུང་བར་ཤིན་ཏུ་ནན་ཏན་བྱེད་པའོ། །ཁ་ཅིག་ནི་འདི་ལ་ནམ་ཡང་ལྟུང་བ་འབྱུང་བར་མི་འགྱུར་ཞེས་ཐག??་ལྷན་ཅིག་རྗེས་སུ་སྤྱོད་པ་ནི་གང་དུས་སྔ་མར་བྱ་བའི ་བག་ཡོད་པར་འདི་ཉིད་ལ་གནས་ནས་ཅི་ནས་ཀྱང་འདི་ལ་ལྟུང་བ་འབྱུང་བར་མི་འགྱུར་བའོ། །དགེ་བ་མི་སྤྱོམས་པ་དང། སྡིག་པ་མི་འཆབ་བ་དང། འདོད་པ་ཆུང་བ་དང། ཆོག་ཤེས་པ་དང། སྡུག་བསྔལ་བཟོད་པ་དང། སྐྱོ་བ་མེད་པའི་ངང་ཚུལ་ཅན ་དང། རྒོད་པ་མེད་པ་དང། མི་གཡེང་བ་དང། སྤྱོད་ལམ་རབ་ཏུ་ཞི་བ་དང། ཁ་གསག་ལ་སོགས་པ་ལོག་པས་འཚོ་བར་བྱེད་པའི་ཆོས་ཐམས་ཅད་རྣམ་པར་སྤང་བ་སྟེ། དེ་ལྟར་ན་ཡན་ལག་བཅུ་པོ་དེ་རྣམས་དང། ལྡན་པའི་སྡོམ་པའི་ཚུལ ་ཁྲིམས་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་ཚུལ་ཁྲིམས་ཡོངས་སུ་རྫོགས་པ་ཡིན་ཏེ། འདི་ལྟ་སྟེ་སྔ་མ་འདས་པའི་འདོད་པ་རྣམས་ལ་མི་ལྟ་བ་དང། མ་འོངས་པ་རྣམས་ལ་མངོན་པར་དགའ་བར་མི་བྱེད་པ་དང། ད་ལྟར་གྱི་རྣམས་ལ ་མི་ཆགས་པ་དང། རབ་ཏུ་དབེན་པ་ལ་མངོན་པར་དགའ་བ་དང། དག་དང་རྣམ་པར་རྟོག་པ་ཡོངས་སུ་དག་པར་བྱེད་པ་དང། བདག་ཉིད་ལ་ཁྱད་དུ་མི་གསོད་པ་དང། ངེས་པ་དང། བཟོད་པ་དང། བག་ཡོད་པ་དང། ཆོ་ག་དང་འཚོ་བ ་རྣམ་པར་དག་པ་ཞེས་བྱ་བའོ། །དགེ་བའི་ཆོས་སྡུད་པའི་ཚུལ་ཁྲིམས་ནི་སྒོམ་པ་ཡང་དག་པར་བླང་བའི་འོག་ཏུ་ཡང་གང་ཅུང་ཟད་ལུས་དང། ངག་དང་ཡིད་དག་གིས་བྱང་ཆུབ་ཀྱི་ཕྱིར་དགེ་བ་བསགས་པ་སྐྱེ། དེ་ཡང་ཁྱད་པར་དུ་ཐོས ་པ་དང། བསམ་པ་དང། ཞི་གནས་དང་ལྷག་མཐོང་བསྒོམ་པ་རྣམས་ལ་གཅིག་ཏུ་དགའ་བས་མངོན་པར་སྦྱོར་བའོ། །དེ་བཞིན་དུ་དུས་སུ་བླ་མ་རྣམས་ལ་གསོད་བོར་སྨྲ་བ་དང། ཕྱག་བྱ་བ་དང། མངོན་པར་ལྡང་བ་དང། ཐལ་མོ་སྦྱོར་བ་དང། ཞེ ་ས་དང་བཅས་པས་ཀུན་ཏུ་སྤྱོད་པ་དང། བསྙེན་བཀུར་བྱེད་པ་དང། ན་བ་རྣམས་ལ་བརྩེ་བས་རིམ་གྲོ་བྱེད་པ་དང། ལེགས་པར་སྨྲས་པ་ལེགས་སོ་ཞེས་བྱ་བ་སྦྱིན་པ་དང། ཡོན་ཏན་དང་ལྡན་པ་ལ་ཇི་ལྟ་བ་ཉིད་ཀྱིས་བསྔགས་པས་བརྗོད་པ་དང། ་ཐམས་ཅད་ཀྱིས་བསོད་ནམས་ཐམས་ཅད་ལ་དགའ་བའི་སེམས་ཀྱིས་ཚིག་གིས་རྗེས་སུ་ཡི་རང་བ་དང། གཞན་རྣམས་ཀྱིས་ཉེས་པ་བྱས་པ་ཐམས་ཅད་ལ་སོ་སོར་བརྟགས་ཏེ་བཟོད་པར་བྱེད་པ་དང། དགེ་བ་ཐམས་ཅད་བླ་ན་མེད་པ་ཡང་དག ་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བ་དང། དུས་དུས་སུ་ཡང་དག་པའི་སྨོན་ལམ་སྣ་ཚོགས་གདབ་པ་དང། མཆོད་པའི་རྣམ་པ་རྒྱ་ཆེན་པོ་ཐམས་ཅད་ཀྱིས་དཀོན་མཆོག་གསུམ་ལ་མཆོད་པ་བྱེད་པ་དང། དགེ་བའི་ཕྱོགས་ལ ་བརྩོན་འགྲུས་བརྩམ་པའི་ཕྱིར་རྟག་ཏུ་བག་མེད་པ་སྤངས་པ་དང། དྲན་པ་དང་ཤེས་བཞིན་དང་ལྡན་པས་བསླབ་པའི་གཞི་རྣམས་ཀུན་ཏུ་བསྲུང་བ་དང། དབང་པོའི་སྒོ་གདམས་པ་དང། ཟས་ཀྱི་ཚོང་རིག་པ་དང། ནམ་གྱི་ཆ་སྟོང་དང་ཆ་སྨད་ལ་མི ་ཉལ་བར་རྗེས་སུ་བརྩོན་པ་དང། སྐྱེས་བུ་དམ་པ་རྟེན་པ་དང། དགེ་བའི་བཤེས་གཉེན་ལ་བརྟེན་པ་དང། ཉེས་པ་ཡོངས་སུ་ཤེས་ཤིང་མཐོང་ནས་ཀྱང་ཉེས་པ་རྣམས་ཡོངས་སུ་སྤོང་བ་དང། ཉེས་པ་རྣམས་ཆོས་བཞིན་དུ་འཆགས་པ་དང ་དེ་ལྟ་བུའི་ཕྱོགས་དང་འཐུན་པའི་དགེ་བའི་ཆོས་རྣམས་སྒྲུབ་པ་ནདང། སྲུང་བ་དང། སྤེལ་བར་བྱེད་པ་སྟེ། དེ་ལྟར་ན་དགེ་བའི་ཆོས་སྡུད་པའི་ཚུལ་ཁྲིམས་འདི་ལ་རྣམ་པར་གནས་ན། དགེ་བའི་ཆོས་ཀྱི་ཚུལ་ཤིན་ཏུ་བསྡུས་པར་འགྱུར་ཏེ ་གང་འདི་འདོད་པའི་ལོངས་སྤྱོད་ལ་ལྟ་བ་ཅུང་ཟད་ཙམ་སྐྱེས་པ་དང། ལེན་པར་མི་བྱེད་ན། མང་པོ་ལ་ལྟ་སྨོས་ཀྱང་ཅི་དགོས། ཚུལ་ཁྲིམས་འཆལ་བའི་རྒྱུར་གྱུར་པའི་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་ཆགས་པ་དང་ཞེ ་སྡང་ལ་སོགས་པ་དང། སེར་སྣ་དང། ཕྲག་དོག་དང། ཁྲོ་བ་དང། ཁོན་དུ་འཛིན་པ་ལ་སོགས་པ་དང་དུ་ལེན་པར་མི་བྱེད་དོ། །ཕ་རོལ་པ་དག་ཉེ་བར་གནས་པ་ན་ཁོང་ཁྲོ་བ་དང། ཀུན་ནས་མནར་སེམས་དང། ཤར་གཉེར་བའི་སེམས་བྱུང་བ་དང་དུ་ལེན ་པར་མི་བྱེད་དོ། །ལེ་ལོ་དང་སྙོམ་ལས་སྐྱེས་པ་ཡང་དང་དུ་ལེན་པར་མི་བྱེད་དོ། །སྙོམས་པར་བཞུགས་པའི་རོ་མྱང་བ་དང། སྙོམས་པར་འཇུག་པའི་ཉོན་མོངས་པ་བྱུང་བ་ཡང་དང་དུ་ལེན་པར་མི་བྱེད་དོ། །གནས་ལྔ་ལ་ཡང་དག་པ་ཇི་ལྟ་བ་བཞིན་དུ ་རབ་ཏུ་ཤེས་ཏེ། དགེ་བའི་འབྲས་བུའི་ཕན་ཡོན་དང། དགེ་བའི་རྒྱུ་དང་དགེ་བའི་འབྲས་བུ་ལ་ཕྱིན་ཅི་ལོག་པ་དང། ཕྱིན་ཅི་མ་ལོག་པ་དང། དགེ་བ་བསྡུ་བ་ལ་བར་དུ་གཅོད་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཏེ། དེ་ལ་དགེ་བའི ་འབྲས་བུ་ལ་ཡོན་ཏན་དུ་མཐོང་བའི་བྱང་ཆུབ་སེམས་དཔའ་ནི་དགེ་བ་བསྡུ་བའི་ཕྱིར་དགེ་བའི་རྒྱུ་ཡོངས་སུ་འཚོལ་བར་བྱེད་དོ། །ཕྱིན་ཅི་ལོག་དང། ཕྱིན་ཅི་མ་ལོག་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཏེ། དགེ་བའི་འབྲས་བུ ་ཐོབ་ནས་མི་རྟག་པ་ལ་རྟག་པར་ལྟ་བར་མི་འགྱུར་བ་ནས། བདག་མེད་པ་ལ་བདག་ཏུ་ལྟ་བའི་མི་འགྱུར་བའི་བར་དུའོ། །བར་ཆད་དུ་གྱུར་པ་ཡང་རབ་ཏུ་ཤེས་ནས་ཡོངས་སུ་སྤོང་བར་བྱེད་དོ། །དེ་ལྟར་གོ་རིམས་བཞིན་དུ་སྦྱིན་པ་ལ ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་ནན་ཏན་བྱེད་པ་རྣམ་པ་བཅུ་པོ་དེ་དག་ཉིད་ཀྱིས་མྱུར་བ་ཉིད་དུ་རྣམ་པ་ཐམས་ཅད་དུ་དགེ་བ་སྡུད་པ་ཡིན་ནོ། །ཡང་སེམས་ཅན་གྱི་དོན་བྱེད་པའི་ཚུལ་ཁྲིམས་ནི་རྣམ་པ་བཅུ་གཅིག་སྟེ། བྱང ་ཆུབ་སེམས་དཔའ་སེམས་ཅན་གྱི་དོན་བྱ་བའི་ཚུལ་ཁྲིམས་རྣམ་པ་ཐམས་ཅད་གནས་པ་ནི་རེ་རེ་ཡང་རྣམ་པ་ཐམས་ཅད་ཀྱི་རྣམ་པ་དང་ལྡན་པ་ཡིན་ཏེ། འདི་ལ་སེམས་ཅན་གྱི་དོན་གྱི་བྱ་བའི་ཉེ་བར་གྱུར་པ་སྟེ། ནད་ལ་སོགས་པའི ་སྡུག་བསྔལ་བྱུང་ཞིང་སྐྱེས་པར་གྱུར་པ་རྣམས་ལ་ནད་གཡོག་ལ་སོགས་པའི་གྲོགས་བྱེད་པ་ཡིན་ཏེ། དེ་འདིར་དེ་ལ་སེམས་པས་གྲོགས་བྱེད་པའི་ཆེད་དུ་འགྲོ་བར་བྱེད། དེའི་ཆེད་དུ་ལམ་དུ་འགྲོ་ཞིང་འོད་བ་དང་ཡང་དག་པའི་ལས་ཀྱི་མཛའ་ལ་སྦྱོར་བ་དང ་ལོངས་སྤྱོད་རྣམས་ཀུན་ཏུ་བསྲུང་བ་དང། བྱ་བ་རྣམས་བསྡུམ་པ་དང། དགའ་སྟོན་དང། བསོད་ནམས་བྱེད་པ་དག་གི་གྲོགས་སུ་འགྲོ་བར་བྱེད་དོ། །ནད་ཀྱིས་བཏབ་པ་རྣམས་ཀྱིས་ནད་གཡོག་དང། ལོང་བ་རྣམས་ནི་ཁྲིད་ཅིང་ལམ་སྟོན་པར་བྱེད་པ ་དང། འོན་པ་རྣམས་ནི་གོ་བར་བྱ་བའི་ཕྱིར་ལག་བརྡའི་མཚན་མ་ཉེ་བར་བསྟན་པས་དོན་གོ་བར་བྱེད། རྐང་ལག་མེད་པ་རྣམས་ནི་མགོ་འམ་བཞོན་པས་འཁྱེར་བར་བྱེད། འདོད་པའི་འདུན་པ་ལ་སོགས་པས་ཀུན་ནས་དཀྲིས་པ་རྣམས་ཀྱི ་འདོད་པ་ལ་སོགས་པར་རྣམ་པར་རྟོག་པའི་སྡུག་བསྔལ་སེལ་བར་བྱེད། གཞན་གྱི་སྨ་ཕབ་ཅིང་ཕམ་པར་བྱས་པ་རྣམས་ཀྱི་སྨ་ཕབ་པ་དང་ཕམ་པར་བྱས་པའི་སྡུག་བསྔལ་སེལ་བར་བྱེད། ལམ་གྱིས་ངལ་བར་གྱུར་པ་རྣམས་ལ་གནས ་དང་བཟའ་བ་སྦྱིན་པ་ལ་སོགས་པ་དང། ལུས་ཉེ་བས་ཀྱང་ལམ་གྱིས་ངལ་བ་དང་དུབ་བའི་སྡུག་བསྔལ་སེལ་བར་བྱེད་དོ། །འདི་ནི་རྣམ་པ་ཐམས་ཅད་དུ་གྲོགས་བྱེད་པའོ། །འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དོན་རྣམས་ལ་ཆོས ་བསྟན་པ་སྔོན་དུ་འགྲོ་བ་ཅན་གྱིས་བདའ?་བར་ཉེ་བར་བསྟན་པ་སྔོན་དུ་འགྲོ་བའི་རིགས་པ་སྟོན་པར་བྱེད་དེ། དེ་འདི་ལྟར་གཞན་རྣམས་ལ་རིགས་པ་སྟོན་པར་བྱེད་པ་ནི་ཉེས་པར་སྤྱོད་པ་རྣམས་ཀྱི་ཉེས་པར་སྤྱོད་པ་སྤང་བའི་ཕྱིར་ཆོས ་སྟོན་པར་བྱེད་པ་འམ། ཐབས་མཁས་པས་ཀྱང་སྟོན་པར་བྱེད་པ་དེ་བཞིན་དུ་སེར་སྣ་ཅན་རྣམས་ཀྱི་སེར་སྣ་སྤང་བར་བྱེད་པ་དང། ཚེ་འདི་ལ་ཡང་ཡང་དག་པ་དང། ཚོགས་ཆུང་དུ་ལ་ལོངས་སྤྱོད་རྣམས་བསྒྲུབ་པ་དང ་བསྲུང་བ་དང། བསྟན་པ་འདི་ལ་སྡང་བ་རྣམས་དད་པ་ཐོབ་པར་བྱ་བ་དང། མཐོང་བ་ཐོབ་པར་བྱ་བ་དང། ལྟ་བ་རྣམ་པར་དག་པས་ངན་སོང་ལས་ཡང་དག་པར་འདས་པར་བྱ་བ་དང་ཀུན་ཏུ་སྦྱོར་བ་ཐམས་ཅད་ཐར་ཐུག་པས་སྡུག་བསྔལ ་བ་ཐམས་ཅད་ལས་ཡང་དག་པར་འདས་པར་བྱ་བའི་ཕྱིར་ཆེས་སྟོན་པ་ལམ་ཐབས་མཁས་པས་ཀྱང་སྟོན་པར་བྱེད་དོ། །འདི་ནི་རིགས་པའི་རྣམ་པ་ཐམས་ཅད་སྟོན་པའོ། །ཕན་འདོགས་པའི་སེམས་ཅན་རྣམས་ལ་བྱས་པ་གཟོ ་བའི་རྗེས་སུ་འཛིན་པར་བྱེད་ཅིང་རྗེས་སུ་འཐུན་པར་ལན་དུ་ཕན་འདོགས་པས་བསྙེན་བཀུར་བྱེད་དེ། །དེ་འདི་ལྟར་བྱས་པ་གཟོ་བ་ལ་དགའ་བ་དང་ལྡན་པས་ཕན་འདོགས་པ་མཐོང་ནས་གུས་པར་བྱ་སྟེ། ཚུར་སྤྱོན་ལེཌ ་པར་བྱོན་ཏོ་ཞེས་བརྗོད་པས་སྨྲ་ཞིང་ཀུན་ཏུ་སྨྲ་ལ་ཡང་དག་པར་དགའ་བར་བྱེད། གནས་དང་སྟན་སྟོབས་པས་ཀྱང་བསུ་བར་བྱེད་དེ། རྙེད་པ་དང་བཀུར་སྟིའི་ལན་དེ་དང་མཉམ་པའམ་ལྷག་པས་ཉེ་བར་གནས་པར་བྱེད་དོ། ། ་གཞན་ཡང་འདིའི་བྱ་བ་རྣམས་ལམ་བཅོལ་བར་ཡང་གྲོགས་བྱེད་དུ་འགྲོ་ན་བཅོལ་བ་ལ་ལྟ་ཅི་སྨོས། དེ་བཞིན་དུ་འདིར་རྣམ་པ་གཞན་ཡང་བྱ་བ་ཡིན་ནོ། །དེ་ལྟར་ན་འདི་ནི་རྣམ་པ་ཐམས་ཅད་དུ་བྱས་པ་གཟོ་བའོ། །སེམས ་ཅན་འཇིགས་པ་རྣམས་འཇིགས་པའི་གནས་དག་ལས་སྲུང་བར་བྱེད་དོ། །སེམས་ཅན་རྣམས་གཅན་ཟན་གྱིས་གནོད་པའི་འཇིགས་པ་ལས་ཀྱང་བསྲུང་ཞིང། ཆུའི་ཀློང་དང་ཆུ་སྲིན་འཛིན་ཁྲེའི་འཇིགས་པ་དང། རྒྱལ་པོའི ་འཇིགས་པ་དང། ཆོམ་རྐུན་གྱི་འཇིགས་པ་དང། ཕྱིར་རྒོལ་བའི་འཇིགས་པ་དང། རྗེ་བོ་དང་བདག་པོའི་འཇིགས་པ་དང། འཚོ་བ་མེད་པའི་འཇིགས་པ་དང། མི་སྙན་པའི་འཇིགས་པ་དང། འཁོར་དུ་བག་ཚ་བའི་འཇིགས་པ་དང། མ་མི་ཡིན་པ་དང ་རོ་ལངས་ཀྱི་འཇིགས་པ་ལ་སོགས་པ་ལས་ཀྱང་ཡོངས་སུ་སྲུང་བར་བྱེད་དོ། །དེ་རྣམས་ནི་འཇིགས་པའི་གནས་ཀྱི་རྣམ་པ་ཐམས་ཅད་ལས་ཀུན་ཏུ་སྲུང་བའོ། །ཡང་གཉེན་བཤེས་དང་ལོངས་སྤྱོད་ཀྱིས་འཕོངས་པ་རྣམས་ཀྱི་མྱ་ངན་སེལ ་བར་བྱེད་དེ། དེ་ཡང་འདི་ལྟར་སྡུག་བསྔལ་གྱི་གནས་རྣམས་ཀྱི་མྱ་ངན་སེལ་བར་བྱེད་པ་སྟེ། གཉེན་བཤེས་ཀྱི་སྡུག་བསྔལ་ལས་བརྩམས་ནས་མ་དང་ཕ་དང། བུ་དང་ཆུང་མ་དང། སྤུན་ཟླ་དང། སྲིང་མོ་དང། བྲན་ཕོ་དང། བྲན་མོ་དང ་ལས་བྱེད་པ་དང། ཞོ་ཤས་འཚོ་བ་དང། མཛའ་བཤེས་དང། ཉེ་དུ་དང། རྒན་རབས་ཤི་བ་དང། སློབ་དཔོན་དང། མཁན་པོ་དང། བླ་མ་ལྟ་བུ་ཤི་ན་ཡང་མྱ་ངན་སེལ་བར་བྱེད་དོ། །ལོངས་སྤྱོད་ཀྱི་སྡུག་བསྔལ་ལས་བརྩམས་ཏེ། གཞན ་དག་གོས་ལོངས་སྤྱོད་རྒྱལ་པོ་དང། ཆོམ་རྐུན་ལ་སོགས་པས་ཚུལ་མ་ཡིན་པར་ཕྲོགས་པ་རྣམས་རྒྱུ་ངེས་མྱ་ངན་དུ་གྱུར་པ་སེལ་བར་བྱེད་དོ། །འདི་ནི་རྣམ་པ་ཐམས་ཅད་ཀྱིས་མྱ་ངན་སེལ་བའོ། །ཕོངས་པ་རྣམས་ལ་ཚུལ་བཞིན་དུ་ཕན་གདགས་པས ་ཉེ་བར་འཇིན་པ་སྟེ། འདི་ལྟར་ཕོངས་པ་རྣམས་ལ་ཕན་གདགས་པས་ཉེ་བར་འཛིན་པ་ནི་ཟས་འདོད་པ་ལ་ཟས་སྦྱིན་པ་དང། བཞོན་པ་འདོད་པ་ལ་བཞོན་པ་ནས་ཅི་སྲིད་གང་དོན་བྱེད་པ་དེ་ནི་དེའི་ཕྱིར་རིགས་པའི་རྗེས་སུ་འགྲོ་བར་སྦྱིན་པའི ་བར་འདི་ནི་ཕན་གདགས་པའི་རྣམ་པ་ཐམས་ཅད་ཀྱིས་ཉེ་བར་འཛིན་པའོ། །གནས་ཡང་དག་པར་སྦྱིན་པ་དང། ཆོས་ཀྱི་ཚོགས་ཡོངས་སུ་སྡུད་པར་བྱེད་དེ། ཀུན་ཏུ་སྨྲ་བ་དང། ལེགས་པར་སྨྲ་བ་དང། ཡང་དག་པར་དགའ་བར་བྱེད་པ་དག་གིས ་འདས་པ་དང། གཞན་དག་དགའ་བ་སྦྱིན་པ་ལ་སོགས་པས་ཡོངས་སུ་བསྡུས་པ་ལས་འཇིག་རྟེན་པའི་དོན་གྱི་རྗེས་སུ་རྒྱུན་དུ་འཇུག་ཅིང་དོན་དུ་གཉེར་བ་རྣམས་ལ་འགྲོ་བ་དང་ལོངས་པར་བྱེད་དོ། །དེ་འདི་ལྟར་སེམས་ཅན་གྱི ་ཚོཌ་རྣམས་ཡོངས་སུ་བསྡུ་བའི་སྦྱོར་བས་ཡོངས་སུ་བསྡུད་བར་བྱེད་དེ། སེམས་གང་གིས་སྙིང་རྩེ་བའི་སེམས་ཉེ་བར་བཟུང་ནས། རེ་ཞིག་ཐོག་མར་གནས་སྦྱིན་པར་བྱེད་དོ། །དེ་ནས་ཕོངས་པ་དེ་དག་གི་དོན་གྱི་ཕྱིར་བྲམ་ཟེ་དང། ཁྱིམ་བདག་དང་སེམས?? ་ཅན་རྣམས་ལས་ཆོས་བཞིན་དུ་གོས་དང་ཟས་ལ་སོགས་པ་ཚོལ་བར་བྱེད་དོ། །རང་ཉིད་ཀྱི་གོས་དང་ཟས་ལ་སོགས་པ་ཆོས་དང་འཐུན་ཞིག་ཆོས་བཞིན་དུ་རྙེད་པ་རྣམས་ཀྱང་ཐུན་མོངས་དུ་ལོངས་སྤྱོད་པར་བྱེད་དོ། །སྲེད་ཅིང་སྤྱོད་པ ་མ་ཡིན་ནོ། །དུས་དུས་སུ་འཐུན་པའི་གདམ་ངག་རྣམ་པ་བརྒྱད་ཀྱང་སྦྱིན་པར་བྱེད་ལ། །རྗེས་སུ་སྟན་པ་ལྔ་ཡང་དག་པར་སྟོན་པར་བྱེད་དོ། །དེ་ལ་གང་དག་ལ་འདོམས་པར་གྱུར་ན། ཏིང་ངེ་འཛིན་ལ་བརྟེན་ནས་སམ། འགྲོགས ་པའི་རྒྱུས་ཐོག་མ་ཉིད་དུ་དེ་རྣམས་ཀྱི་སེམས་འདོད་ཆགས་དང་བཅས་པའམ། གཞན་ཡིན་པ་བཅོལ་ནས་མཁྱེན་ཏོ། །དེ་ནས་དབང་པོ་རྟུལ་བ་ལ་སོགས་པ་དང། དེ་ནས་ཁ་ཏོན་ལ་སོགས་པ་གང་ལ་དགའ་བའི་བསམ་པ་དང ་དེ་ནས་འདོད་ཆགས་ལ་སྤྱོད་པ་ལ་སོགས་པའི་བག་ལ་ཉལ་བ་ཡོངས་སུ་བཙལ་ནས་མཁྱེན་ཏོ། །དེ་ནས་ཅི་རིགས་ཅི་འོས་སུ་འཇུག་པའི་སྒྲོ་སྣ་ཚོགས་པ་རྣམས་སུ་སྟེ་མི་སྡུག་པའམ། བྱམས་པའམ། རྟེན་ཅིང་འབྲེལ ་པར་འབྱུང་བའམ། ཁམས་ཀྱི་དབྱེ་བའམ། ཛུགས?་དབྱུང་བའམ། རྔུབ་པ་དྲན་པ་བདག་གིས་འཇུག་པར་མཛད་དོ། །དེ་བཞིན་དུ་རྟག་པ་དང་ཆང་བདག་ཏུ་ལྟ་བའི་གཉེན་པོར་དབུ་མའི་ལམ་སྟོན་པ་དང། མ་བྱས་པ ་ལ་བྱས་སོ་སྙམ་པའི་མངོན་པའི་ང་རྒྱལ་མདོར་དུ་འཇུག་པ་དང། དེ་བཞིན་དུ་མ་ཐོབ་པ་དང་མ་རེག་པ་དང། མངོན་སུམ་དུ་མ་བྱས་པ་ལ་མངོན་དུ་བྱས་སོ་སྙམ་པའི་མངོན་པའི་ང་རྒྱལ་འདོར་དུ་འཇུག་པ་དག་གིས་ཀྱང་འཇུག་པར་མཛད་དོ། །གདམས ་ངག་རྣམས་པ་བརྒྱད་པོ་དེ་དག་ཀྱང་གནས་གསུམ་གྱིས་བསྡུས་པར་རིག་པར་བྱའོ། །གནས་གསུམ་པ་དག་གང་ཞེ་ན། སེམས་ཀྱི་གནས་པ་སླར་གནས་པར་བྱ་བའི་ཕྱིར་ཐོག་མར་དམིགས་པ་ལ་ལེགས་པར་གཏོད་པ་སྟེ། སེམས ་དང་དབང་པོ་ལ་སོགས་པ་ཤེས་པས་འཇུག་པའི་སྒོར་འཇུག་པ་དང། སེམས་གནས་པ་ལ་རང་གི་དོན་ཐོབ་པར་བྱ་བའི་ཕྱིར། ཡང་དག་པའི་ཐབས་ཀྱིས་ལམ་སྟོན་པ་ནི་སྟོན་པའི་དབུ་མའི་ལམ་དང། རང་གི་དོན་མཐར་མ་ཕྱིན་པ་ལ ་བར་མ་དོའི་གནས་འདོར་དུ་འཇུག་པ་སྟེ། མ་བྱེས་པ་ལ་སོགས་པ་བྱས་པ་ལ་སོགས་པར་མངོན་པའི་ང་རྒྱལ་བྱེད་པ་འདོར་དུ་འདུག་པར་རིག་པར་བྱ་སྟེ། གནས་པ་དང་རྣམ་པར་བསྒྱུར་བ་དང། སྦྱོར་བ་འདོར་བ་ཞེས་བྱ་བའི་དོན་ཏོ། །དེ ་ལ་རྗེས་སུ་བསྟན་པ་རྣམ་པ་ལྔ་ཡང་དག་པར་རྗེས་སུ་སྟོན་ཏེ། ཁ་ན་མ་ཐོ་བ་དང། བཅས་པའི་ཀུན་ཏུ་སྤྱོད་པ་དགག་པ་དང། ཁ་ན་མ་ཐོ་བ་མེད་པའི་ཀུན་ཏུ་སྤྱོད་པ་གནང་བ་དང། དགག་པ་དང་གནང་བའི་ཆོས་རྣམས་ལ་འཁྲུལ་པར་ཀུན་ཏུ ་ཏུ་སྤྱོད་པ་དག་ལ་བསྐུལ་བ་དང། ཡང་དང་ཡང་དུ་མ་གུས་པར་གྱུར་པས་འཁྲུལ་པ་ལ་ཕན་པའི་བསམ་པས་སྨ་དབབ་པ་དྲན་པར་བྱེད་དུ་གཞུག་པ་དང། ཡང་དག་པར་ཞུགས་པ་ལ་དགག་པ་དང་གནང་བའི་ཆོས་རྣམས་ལས་ཡོན ་ཏན་ཡང་དག་པ་དང། དགའ་བ་བསྙད་པས་ཡང་དག་པ་དང། དགའ་བ་བསྙད་པས་ཡང་དག་པར་དགའ་བར་བྱའོ། །རྣམ་པ་འདི་དག་ཐམས་ཅད་ཀྱིས་ནི་ཚོགས་ཡོངས་སུ་སྡུད་པ་སྟེ། དོན་མ་ཡིན་པ་ཐམས་ཅད་ཉེ་བར་སྤོང་བ་དང། ཡིད ་དུ་མི་འོང་བའི་ཀུན་ཏུ་སྤྱོད་པ་ཡོངས་སུ་སྤང་བས་སོ། །གཞན་གྱི་སེམས་དང་རྗེས་སུ་འཐུན་པར་བྱ་སྟེ། དེ་འདི་ལྟར་གཞན་དག་གི་སེམས་དང་འཐུན་པར་བྱེད་པར་འདོད་པ་ན་ཐོག་མ་ཁོ་ནར་དེ་རྣམས་ཀྱི་ངོ་བོ་དང་རང་བཞིན ་ཤེས་པར་བྱ་བ་དང། གང་དག་དང་ཇི་ལྟར་ལྷན་ཅིག་གནས་པར་བྱ་བ་དེ་ལྟར་དེ་དག་དང་གནས་སོ། །གང་དག་ལ་ཇི་ལྟར་བསྒྲུབ་པར་བྱ་བ་དེ་ལྟར་དེ་དག་ལ་བསྒྲུབ་པར་བྱེད་དོ། །གང་གི་སེམས་དང་འཐུན་པར་བྱེད་འདོད་པར་གྱུར་པ་དེ་ལ་དེ་དང ་འཐུན་པའི་ལུས་དང་ངག་གི་ཀུན་ཏུ་སྤྱོད་པས་དེའི་སྡུག་བསྔལ་དང། ཡིད་མི་བདེ་བ་སྐྱེས་པ་ལ་སྡུག་བསྔལ་བ་དང། ཡིད་མི་བདེ་བ་དེས་ཀྱང་མི་དགེ་བའི་གནས་ལས་བསླངས་སྟེ། དགེ་བའི་གནས་སུ་འཇོག་པར་མི ་འགྱུར་ན་ནི་བྱང་ཆུབ་སེམས་དཔའ་སོ་སོར་བརྟགས་ཏེ། དེ་བསྒྲིབས་ཏེ་ཡོངས་སུ་སྤོང་ཞིང་ཀུན་ཏུ་སྤྱོད་པར་མི་བྱེད་དོ། །གལ་ཏེ་སྡུག་བསྔལ་དང་།ཡིད་མི་བདེ་བ་དེས་མི་དགེ་བའི་གནས་ནས་བསླད་སྟེ་དགེ་བའི་གནས་སུ་འཇོག་པར ་མཐོང་ན་ནི་ད་ཀུན་ཏུ་སྤྱོད་པར་བྱེད་ཀྱི། དེ་ཉིད་ལ་སྙིང་བརྩེ་བའི་ཉེ་བར་བཟུང་ནས་གཞན་གྱིས་སེམས་དང་འཐུན་པར་ནི་མི་བྱེད་དོ། །ཕྱོགས་གཅིག་པའི་ལུས་དང་དག་གི་ཀུན་ཏུ་སྤྱོད་པ་གང་གིས་གཞན་དག་གི་སྡུག་བསྔལ་བ་དང། ་ཡིད་མི་བདེ་བ་སྐྱེས་པར་འགྱུར་ལ། དེ་དག་དང་དེ་ལས་གཞན་པ་རྣམས་མི་དགེ་བའི་གནས་ནས་ཞེས་བྱ་བ་ལ་སོགས་པ་ནས་སྔ་མ་བཞིན་དུ་དེ་ལས་གཞན་པ་རྣམས་ཀྱི་སེམས་དང་འཐུན་པར་བྱ་བའི་ཕྱིར་ཀུན་ཏུ་སྤྱོད་པར་མི་བྱེད ་དོ་ཞེས་བྱ་བའི་བར་དུའོ། །གལ་ཏེ་གཞན་པ་དེ་ལས་གཞན་པ་རྣམས་ཀྱང་མི་དགེ་བའི་གནས་ནས་ཞེས་བྱ་བ་ལ་སོགས་པས་སྔ་མ་བཞིན་དུ་ཀུན་ཏུ་སྤྱོད་པར་བྱེད་དེ། དེ་དག་ལས་སྙིང་བརྩེ་བའི་སེམས་ཉེ་བར་བཟུང་ནས་དེ་དག་གི ་སེམས་དང་འཐུན་པར་ནི་མི་བྱེད་དོ། །བདག་ཉིད་ལ་ལུས་དང་ངག་གི་ཀུན་ཏུ་སྤྱོད་པ་གང་གི་ཕ་རོལ་དག་ལ་སྡུག་བསྔལ་བ་དང། ཡིད་མི་བདེ་བ་སྐྱེ་བར་མཐོང་ལ་ཀུན་ཏུ་སྤྱོད་པ་དེ་ཡང་བསླབ་པའི་གཞིར་གཏོགས་པ་ཡང་མ་ཡིན་ཞིང། བླ་ན་མེད་པའི་བསོད ་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱང་མ་ཡིན་ལ་སྡུག་བསྔལ་བ་དང་ཡིད་མི་བདེ་བ་དེས་ཀྱང་གཞན་དག་མི་དགེ་བའི་གནས་ནས་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་དུ་སྟེ། གཞན་གྱི་སེམས་དང་འཐུན་པར་བྱ་བའི་ཕྱིར་ཀུན་ཏུ་སྤྱོད་པར་ནི་མི་བྱེད ་དོ། །གལ་ཏེ་ཀུན་ཏུ་སྤྱོད་པ་འདི་བསླབ་པའི་གཞིར་གཏོགས་པ་ཡིན་ཞིང་སྡོམ་པར་གཏོགས་པ་ཡང་ཡིན་ལ་སྡུག་བསྔལ་བ་དང་ཡིད་མི་དགེ་བ་ངེས་ཀྱང་གཞན་དག་མི་དགེ་བའི་གནས་ནས་ཞེས་བྱ་བ་ལ་སོགས་པ་ནི་སྔ་མ་བཞིན་དུ་སྟེ། ་གཞན་དག་ལ་སྙིང་བརྩེ་བ་ཉེ་བར་བཟུང་ནས་ཀུན་ཏུ་སྤྱོད་པར་ནི་མི་བྱེད་དེ། དེ་བཞིན་དུ་བདེ་བ་དང་ཡིད་བདེ་བ་ཡང་དེ་དང་འདྲ་སྟེ། རྒྱས་པར་ནི་ཅི་རིགས་པར་རིག་པར་བྱའོ། །འདི་གཞན་གྱི་སེམས་དང་འཐུན་པར་བྱེད་པ་ན་ཕ་རོལ་པོ་ཁྲོ་བའི ་ཀུན་ནས་དཀྲིས་པ་ལ་ཁྲོ་བའི་ཀུན་ནས་དཀྲིས་བ་ཞི་བར་མ་གྱུར་གྱི་བར་དུ་མངོན་སུམ་དུ་བསྔགས་པ་ཡང་མི་བརྗོད་ལ་ཤས་ཀྱིས་སྤྱད་པ་ཡང་མི་བྱེད་ན་བསྔགས་པ་མ་ཡིན་པ་ལྟ་ཅི་སྨྲོས། གཞན་མི་སྨྲ་བ་ཡང་སྨྲ་ཞིང་ཡང་དག་པར་དགའ་བར ་བྱེད་ན། སྨྲ་བར་བྱེད་པ་ལ་ཡང་དག་པར་དགའ་བར་བྱེད་པ་ལྷ་ཅི་སྨོས། གཞན་དག་ལ་ནམ་ཡང་འཁྲུག་པར་མི་བྱེད་ཀྱི། གཞན་དུ་ན་དེ་དག་ལ་སྙིང་བརྩེ་བའི་ཕྱིར་སྨ་དབབ་པར་འདོད་པར་ཟད་དེ། དབང་པོ་རྣམས་རབ་ཏུ་ཞི་བས་དེ་དག་སྨ ་འབེབས་པར་མི་བྱེད་དོ། །གཞན་དག་ལ་འཕྱ་བར་ཡང་མི་བྱེད། བསྟིང་བར་ཡང་མི་བྱེད་ལ་བག་འཁུམས་པར་ཡང་མི་བྱེད་དོ། །བདེ་བ་ལ་རེག་པར་མི་གནས་པའི་ཕྱིར་འགྱོད་པ་བསྐྱེད་པར་ཡང་མི་བྱེད་དོ། །ཆད་པས་བཅད་ཅིང་སྨ་ཕབ་ཟིན ་པ་ལ་ཡང་ཆད་པའི་གནས་ཀྱིས་གླེང་བར་མི་བྱེད་དོ། །དགའ་བའི་ཤས་ཆུང་བ་ལ་ཡང་བདག་ཉིད་མཐོ་བར་མི་སྟོན་ཏོ། །གཞན་དག་ལ་མི་བརྟེན་པར་ཡང་མི་བྱེད། ཧ་ཅང་བརྟེན་པར་ཡང་མི་བྱེད། དུས་མ་ཡིན་པར ་བྱེད། ལེན་པ་ལ་ཚོད་ཤེས་པར་ཡང་བྱེད། ཟས་དང་སྒོམ་ལ་ཡང་མི་བྱེད། མི་མཇའ་བའ་ཨི་བསྔགས་པ་ཡང་མི་བརྗོད། མ་དྲིས་པ་ལ་ཡིད་སྟོན་པར་ཡང་མི་བྱེད། རྒྱུན་ཏུ་སློང་བར་ཡང་མི་བྱེད། ལེན་པ་ལ་ཚོད་ཤེས་པར་ཡང་བྱེད། ཟས ་དང་སྐོམ་ལ་སོགས་པ་མགྲོན་དུ་བོས་ན་ཡང་སྤོང་བར་ཡང་མི་བྱེད་དོ། །ཡང་ན་ཆོས་དང་འཐུན་པར་བཤད་ཀྱིས་སྤྱོད་པར་མི་བྱེད་དོ། །འདི་ནི་རྣམ་པ་ཐམས་ཅད་དུ་གཞན་གྱི་སེམས་དང་འཐུན་པར་བྱེད་པའོ། །ཡང་དག་པའི་ཡོན་ཏན་གྱི ་དབྱེ་བ་ཉེ་བར་བཟུང་ན་གཞན་དག་ཏུ་གསལ་བར་སྟོན་པས་ཡང་དག་པར་དགའ་བར་བྱེད་དེ། དེ་འདི་ལྟར་ཡང་དག་པའི་ཡོན་ཏན་གྱི་གཞན་ཀུན་ཏུ་དགའ་བར་བྱེད་པ་ན། དད་པ་དང་ཚུལ་ཁྲིམས་དང་གཏོང་བ་དང། ཤེས་རབ་ལ་སོགས ་པ་ཡོན་ཏན་གང་དང་གང་ལྡན་པ་རྣམས་ལ་དེ་དང་འབྲེལ་བའི་གཏམ་བྱིས་ཡང་དག་པར་དགའ་བར་བྱེད་དོ། །འདི་ནི་རྣམ་པ་ཐམས་ཅད་དུ་ཡང་དག་པར་དགའ་བར་བྱེད་པའོ། །གཞན་དག་མི་དགེ་བའི་གནས་ནས་བསླང་སྟེ། དགེ་བའི་གནས ་ལ་དགོད་པའི་ཕྱིར་འཇམ་པ་དང་ཕན་པའི་བསམ་པས་སྨྲ་དབབ་པ་དང། ཆད་པས་གཅད་པའམ་བསྐྲད་པར་བྱ་བ་དག་གི་ཚར་གཅད་པའི་ལས་བྱེད་དོ། །དེ་ཡང་ཉེས་པ་ཆུང་དུ་ལ་ནི་སྨ་དབབ་པ་ཆུང་དུས་སྨ་འབེབས་པར་བྱེད་དོ། ། ་ཉེས་པ་འབྲིང་ལ་ནི་འབྲིང་གིས་སོ། །ཉེས་པ་ཆེན་པོ་ལ་ནི་ཆེན་པོས་སོ། །ཆད་པའི་ལས་ཀྱང་དེ་བཞིན་དུ་རིག་པར་བྱའོ། །བསྐྲད་པའི་ལས་ལ་ཉེས་པར་ཆུང་ངུ་དང་འབྲིང་དག་ལ་ནི་དུས་རེ་ཤིག་ཏུ་བསྐྲད་ནས་སླར་དགུག་པའི་ཚུལ ་གྱིས་སྐྲོད་པར་བྱེད་དོ། །ཉེས་པ་ཆེན་པོ་ལ་ནི་དེ་དག་ཉིད་ལ་སྙིང་བརྩེ་བས། དེ་དག་ལ་བསོད་ནམས་མ་ཡིན་པ་ཆེས་མང་པོ་ཡོངས་སུ་འཛིན་པར་མི་འགྱུར་བར་བྱ་བའི་ཕྱིར་དང། གཞན་དག་ལ་ཡང་ཕན་པར་འདོད་པས་རྗེས་སུ་བསྟན ་པའི་ཕྱིར་ཇི་སྲིད་འཚོའི་བར་དུ་ཡང་ཕྱིར་མི་དགུག་པའི་ཚུལ་གྱིས་སྐྲོད་པར་བྱེད་ཅིང་ལོངས་སྤྱོད་པར་མི་བྱེད་དོ། །འདི་དག་ནི་རྣམ་པ་ཐམས་ཅད་དུ་ཆར་གཅོད་པའོ། །རྫུ་འཕྲུལ་གྱི་སྟོབས་ཀྱིས་གཞན་དག་སྐྲག་པར་བྱེད་འདོད་པ་ན། སེམས་ཅན ་ཉེས་པར་སྤྱད་པ་སྤྱོད་པ་འདོད་པ་རྣམས་ལ་ཉེས་པར་སྤྱོད་པའི་རྣམ་པར་སྨིན་པའི་འབྲས་བུ་སེམས་ཅན་དམྱལ་བ་རྣམས་དང། སེམས་ཅན་དམྱལ་བ་ཆེན་པོ་རྣམས་དང། གྲང་བའི་དམྱལ་བ་དང། ཉི་ཚེ་བའི་དམྱལ་བ་ལ་སོགས་པ་ངན ་སོང་གི་འགྲོ་བ་དེ་དག་བརྟེན་ཅིང་བསྙེན་ལ་སྟོན་པར་བྱེད་ཅིང་མིར་གྱུར་པ་དག་གིས་ཉེས་པར་སྤྱོད་པ་བྱས་ཤིང་བསགས་པ་མི་སྡུག་པའི་འབྲས་བུ་རྣམ་པར་སྨིན་པ་མི་བཟད་ཅིང་མཆོག་ཏུ་ཚ་བ་སོ་སོར་ཉམས་སུ་མྱོང་བ་འདི་ལྟ་བུ་འདི ་ཁྱོད་ལྟོས་ཤིག་ཅེས་བསྒོ་ནས། དེ་དག་གིས་ཀྱང་དེ་ལྟ་བུ་མཐོང་སྟེ། སྐྲག་ཅིང་སྐྱོ་བར་གྱུར་ནས་མི་དགེ་བ་ལས་བཟློག་ཅིང། བསྟན་པ་ལ་བཅུད་ནས་འདུན་པར་བྱེད། མགུ་བར་བྱེད་།ཡང་དག་པར་དགའ་བར་བྱེད་དོ། །ཡང་ན་རྫུ་འཕྲུལ ་མངོན་པར་འདུ་བྱེད་པ་རྣམ་པ་སྣ་ཚོགས་པ་འདི་ལྟ་སྟེ། འགྲོ་བ་དུ་མའི་ལུས་ཀྱི་དབང་བྱེད་པའི་བར་གྱི་འདུན་པར་བྱས། མགུ་བར་བྱས། ཡང་དག་པར་དགའ་བར་བྱས་ནས་མ་དད་པ་རྣམས་ནི་དད་པ་ཕུན་སུམ་ཚོགས་པ་ལ་དགོས་པར་བྱེད། ཚུལ ་ཁྲིམས་འཆལ་པ་ནི་ཚུལ་ཁྲིམས་ཕུན་སུམ་ཚོགས་པ་ལ། ཐོས་པ་ཉུང་བ་ནི་ཐོས་པ་ཕུན་སུམ་ཚོགས་པ་ལ་སེར་སྣ་ཅན་ནི་གཏོང་བ་ཕུན་སུམ་ཚོགས་པ་ལ། ཤེས་རབ་འཆལ་བ་ནི་ཤེས་རབ་ཕུན་སུམ་ཚོགས་པ་ལ་དགོད ་བར་བྱེད་དོ། །འདི་ནི་རྣམ་པ་ཐམས་ཅད་དུ་སྐྲག་པར་བྱེད་པ་ལ་སོགས་པའོ། །དེ་ལྟར་ན་འདི་ནི་རྣམ་པ་ཐམས་ཅད་ཀྱིས་སེམས་ཅན་གྱི་དོན་བྱ་བའི་ཚུལ་ཁྲིམས་དང་ལྡན་པ་ཡིན་ནོ། །འདི་ནི་ཚུལ་ཁྲིམས་ཐམས་ཅད་དོ། །དཀའ་བ་སྤྱོད ་པའི་ཚུལ་ཁྲིམས་ལ་སོགས་པ་འདི་ཉིད་ཀྱི་རབ་ཏུ་དབྱེ་བ་ཡིན་པར་རིག་པར་བྱའོ། །དེ་ལ་དཀའ་བ་སྤྱོད་པའི་ཚུལ་ཁྲིམས་གང་ཡིན་པ་དེ་ནི་ཚོགས་ཆེན་པོས་བྱ་བའོ། །དེ་ལ་ཡང་དག་པར་ལེན་པ་དང། སྲུང་བ་དང། འཁྲུལ་པ་མེད་པ ་ལས་རྣམ་པ་གསུམ་དུ་འགྱུར་ཏེ། གང་འདི་ལོངས་སྤྱོད་ཆེན་པོ་དང། དབང་ཕྱུག་ཆེན་པོ་ལ་དབང་བྱེད་ཅིང་འདུག་པ་ལས་ཡོངས་སྤྱོད་ཆེན་པོ་དེ་དང་དབང་ཕྱུག་ཆེན་པོ་ལ་དབང་བྱེད་པ་དེ་རྩ་བ་དང་འདྲ་བར་སྤངས་ནས་ཚུལ་ཁྲིམས ་ཀྱི་སྡོམ་པ་ཡང་དག་པར་ལེན་པ་དང། གང་ཡང་ཚུལ་ཁྲིམས་ཐམས་ཅད་བླངས་ནས་ཉམས་ཐག་སྟེ། སྲོག་ལ་ཐུག་ཀྱང་ཚུལ་ཁྲིམས་པ?་ཉམས་བ་རྨི་བྱེད་ན་སླར་ཡང་མེད་པར་ལྟ་ག་ལ་བྱེད། གང་ཡང་ཇི་སྲིད་འཚོའི ་བར་དུ་ཇི་ནས་ཉེས་པ་ཕྲ་རབ་ཀྱང་མི་འབྱུང་ཞིང་འཁྲུལ་པ་ཡང་མི་འབྱུང་ན་ལྕེ་བ་ལྟ་བུ་འབྱུང་བར་ག་ལ་འགྱུར་ཞེས་བྱའོ། །ཐམས་ཅད་ཀྱི་སྒོའི་ཚུལ་ཁྲིམས་ནི་ཁྱབ་པའི་ཕྱིར་ཐམས་ཅད་ཀྱི་སྒོའོ། །དེ་ནི་རྣམ་པ་བཞི་སྟེ། ཡང ་དག་པར་བླངས་པ་དང། གོམས་པ་དང་རང་བཞིན་དང། ཐབས་དང་ལྡན་པའོ། །དེ་ལ་ཡང་དག་པར་བླངས་པ་ནི་བྱང་ཆུབ་སེམས་དཔའ་ཨི་ཚུལ་ཁྲིམས་ཡང་དག་པར་བླང་བའི་ཕྱིར་རོ། །གོམས་པ་ནི་སྔོན་གྱི་ཚེ་རབས་གཞན ་དག་ཏུ་ཡང་དག་པར་བླངས་པ་ལ་གོམས་པའི་དབང་གིས་ཅི་ནས་ཀྱང་སྡིག་པ་ལ་མངོན་པར་མི་དགའ་ཞིང་དགེ་བ་ཉིད་ལ་མངོན་པར་དགའ་བའོ། །རང་བཞིན་ནི་གང་ཞིག་རང་བཞིན་གྱིས་ཀུན་ཏུ་སྐྲག་པས་གནས་པས་རྒྱུན་ཏུ་ཡང ་རང་བཞིན་གྱིས་དགེ་བ་ཁོ་ན་ཡིན་པའི་ཕྱིར་ལུས་དང་ངག་གི་ལས་ཡོངས་སུ་དག་པར་འཇུག་བའོ། །ཐབས་དང་ལྡན་པ་ནི་བསྡུ་བའི་དངོས་པོ་བཞི་ལ་བརྟེན་ནས་སེམས་ཅན་རྣམས་ལ་ལུས་དང་ངག་གི་ལས་དགེ་བ་ལ་འཇུག་པ་གང་ཡིན་པའོ། །སྐྱེས་བུ་དམ ་པའི་ཚུལ་ཁྲིམས་ནི་དམ་པ་ཁོ་ནའི་སྤྱོད་པ་ཡིན་པའི་ཕྱིར་རོ། །དེ་ནི་རྣམ་པ་ལྔ་སྟེ། བདག་ཉིད་ཀྱང་ཚུལ་ཁྲིམས་དང་ལྡན་པ་དང། གཞན་དག་ཀྱང་ཚུལ་ཁྲིམས་ཡང་དག་པར་ལེན་དུ་གཞུག་པ་དང། ཚུལ་ཁྲིམས་ཀྱི་བསྔགས་པ་ཡང་བརྗོད་པ ་དང། ཆོས་འཐུན་པའི་གང་ཟག་མཐོང་ན་ཡིད་དགའ་བར་འགྱུར་བ་དང། ཉེས་པ་བྱུང་ན་མྱུར་བ་ཉིད་དུ་ཆོས་བཞིན་དུ་འཆོས་པའོ། །རྣམ་པ་ཐམས་ཅད་ཀྱི་ཚུལ་ཁྲིམས་ནི་དོན་ཆེན་པོ་ཡིན་པའི་ཕྱིར་རོ། །དེ་ནི་རྣམ་པ་བཅུ་གསུམ་སྟེ། བྱང་ཆུབ ་ཆེན་པར་ཡོངས་སུ་བསྔོས་པའི་ཕྱིར་བླ་ན་མེད་པ་དང། བསླབ་པའི་གཞི་རྒྱ་ཆེན་པོ་ཡོངས་སུ་བཟུང་བའི་ཕྱིར་གསལ་བ་དང། འདོད་པའི་བསོད་ནམས་དང་བདག་དུབ་པར་བྱེད་པའི་མཛའ་གཉིས་སྤངས་པའི་ཕྱིར་ཁ་ན་མ་ཐོ་བ་མེད་པ་དང། རབ་ཏུ ་དགའ་པའི་གནས་དང་འཐུན་པ་དང། ཇི་སྲིད་འཚོའི་བར་དུ་བསླབ་པ་འབུལ་བར་མི་བྱེད་པའི་ཕྱིར་རྟག་ཏུ་བྱེད་པ་དང། རྙེད་བ་དང་བཀུར་སྟི་དང་ཕས་ཀྱིས་རྒོལ་པ་དང། ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་རྣམས་ཟིལ་གྱིས་མི་ནོན་ཅིང་མི་འཕྲོཊ ་པའི་ཕྱིར་བསྟན་པ་དང། རེག་པའི་རང་བཞིན་གྱི་རྒྱན་དང་ལྡན་པ་མ་ཡིན་པའི་ཕྱིར་དང། གནས་སྐབས་ཐམས་ཅད་དུ་ཚུལ་ཁྲིམས་ཀྱིས་རྒྱན་གྱིས་བརྒྱན་པའི་ཕྱིར་ཚུལ་ཁྲིམས་ཀྱི་རྒྱན་དང་ལྡན་པ་དང་སྲོག་གཅོད་པ་ལ་སོགས་པ་སྤངས ་པའི་ཕྱིར་ལྡོག་པའི་ཚུལ་ཁྲིམས་དང། དགེ་བ་སྡུད་པ་དང། སེམས་ཅན་གྱི་དོན་བྱ་བ་ལ་སྦྱར་བའི་ཕྱིར་འཇུག་པའི་ཚུལ་ཁྲིམས་དང་རྗེས་སུ་བསྲུང་བའི་ཕྱིར་ཀུན་ནས་བསྲུང་བའི་ཚུལ་ཁྲིམས་དང། སྐྱེས་བུ་ཆེན་པོའི་མཚན་རྣམ་པར་སྨིན ་པར་བྱེད་པ་དང། ལྷག་པའི་སེམས་རྣམ་པར་སྨིན་པར་བྱེད་པ་དང། སྡུག་པའི་འགྲོ་བ་རྣམ་པར་སྨིན་པར་བྱེད་པ་དང། སེམས་ཅན་གྱི་དོན་རྣམ་པར་སྨིན་པར་བྱེད་པའོ། །ཕོངས་པ་འདོར?་བའི་ཚུལ་ཁྲིམས་ནི་ཕོངས་པ ་སེལ་བའི་ངོན་ཡིན་པའི་ཕྱིར་རོ། །འདི་ལ་བྱང་ཆུབ་སེམས་དཔའ་འདི་སྙམ་དུ་སེམས་ཏེ། འདི་ལྟར་བདག་ལ་སུ་ཡང་སྲོག་འཕྲོགས་པ་དང། མ་བྱིན་པར་ལན་པ་དང། འདོད་པ་རྣམས་ལ་ལོག་པར་གཡེམ་པ་དང། བརྫུན་པའི་ཚིག་སྨྲ་བ་དང། ཕྲ ་མ་དང། དག་རྩུབ་པོ་དང། ཚིག་ཀྱལ་པ་སྨྲ་བ་དང། ལག་པ་དང་བོང་བ་ལ་སོགས་པས་བསྣུན་ཅིང་རྣམ་པར་འཚེ་བའི་རེག?་པ་མི་འདོད་པ་དག་ཀུན་ཏུ་སྤྱོད་པར་མ་གྱུར་ཅིག་སྙམ་དུ་འདོད་ལ། བདག་དེ་ལྟ་བུ་འདོད་བཞིན་དུ་གལ་ཏེ་གཞན ་གྱིས་ལོག་པར་ཀུན་ཏུ་སྤྱོད་པར་གྱུར་ན། དེས་བདག་གིས་ཡིད་དུ་མི་འོང་བར་འགྱུར་པ་ན། གཞན་ཡང་དེ་ལྟར་འདོད་བཞིན་དུ་བདག་གིས་ལོག་པར་ཀུན་ཏུ་སྤྱད་པར་གྱུར་ན་དེས་དེ་དག་ཡིད་དུ་མི་འོང་བར་འགྱུར་བའི་ཕྱིར། གང་བདག ་དང་གཞན་དག་གི་ཡང་ཡིད་དུ་མི་འོང་བར་འགྱུར་བ་དེ་དག་གིས་གཞན་དག་ལ་ཅིའི་ཕྱིར་ཀུན་ཏུ་སྤྱོད་པར་བྱ་སྙམ་པ་དེ་ལྟར་སོ་སོར་བརྟགས་ནས་སྲོག་གི་ཕྱིར་ཡང་གཞན་དག་ལ་ཡིད་དུ་མི་འོང་བ་རྣམ་པ་བརྒྱད་པོ་ཀུན་ཏུ་སྤྱོད ་པར་མི་བྱེད་པའོ། །ཚེ་འདི་དང་ཕ་རོལ་ཏུ་བདེ་བར་འགྱུར་བའི་ཚུལ་ཁྲིམས་ནི་བདག་དང་གཞན་དག་སྐྱེ་བ་འདི་དང་སྐྱེ་བ་གཞན་དག་ཏུ་བདེ་བའི་རྒྱུར་འགྱུར་བའི་ཕྱིར་རོ། །དེ་ཡང་རྣམ་པ་དགུ་སྟེ། གང་འདི་སེམས་ཅན་དགག ་པར་བྱ་བ་རྣམས་ནི་འགོག་པར་བྱེད། གནང་བར་བྱ་བ་རྣམས་ནི་གནང་བར་བྱེད། སེམས་ཅན་བསྡུ་བ་རྣམས་ནི་སྡུད་པར་བྱེད། ཚར་བཅད་པར་བྱ་བ་རྣམས་ནི་ཚར་གཅོད་པར་བྱེད་ཅིང་ལུས་དང་ངག་གི་ལས་ཡོང ་སུ་དག་པར་འགྱུར་ཏེ། གང་ཡང་སྦྱིན་པ་དང། ཚུལ་ཁྲིམས་དང། བཟོད་པ་དང། བརྩོན་འགྲུས་དང། བསམ་གཏན་དང། ཤེས་རབ་དང་ལྡན་པ་འདི་དག་ནི་བདག་ཉིད་དང། གཞན་དག་ལ་ཚེ་འདི་དང་ཕྱི་མ་ལ་བདེ་བར་འགྱུར་བའོ། །རྣམ ་པར་དག་པའི་ཚུལ་ཁྲིམས་ནི་ཐམས་ཅད་བཀྲུས་པས་རྣམ་པར་དག་པའི་ཕྱིར་རོ། །དེ་ནི་རྣམ་པ་བཅུ་སྟེ། དགེ་སྦྱོང་གི་ཚུལ་དང། རྫོགས་པའི་བྱང་ཆུབ་འདོད་པའི་ཕྱིར་ཡིན་གྱི་འཚོ་བ་འདོད་པའི་ཕྱིར་མ་ཡིན་གྱིས་དང་པོ་ཉིད་ནས་ལེགས ་པར་བླངས་པ་དང་འགལ་བར་བྱས་པ་ཆུང་དུ་ལ་འགྱོད་པ་མེད་པའི་ཕྱིར་ཧ་ཅང་ཞུམ་པར་མ་ཡིན་པ་དང། གནས་མ་ཡིན་པར་འགྱོད་པ་མེད་པའི་ཕྱིར་ཧ་ཅང་ཡང་ཐལ་བ་མ་ཡིན་པ་དང། གཉིད་ཀྱི་བདེ་བ་དང། བློས་འབེབས་པའི་བདེ་བ་དང ་ཉལ་བའི་བདེ་བ་ཉམས་སུ་མི་ལེན་པ་དང། ཉིན་མཚན་དུ་དགེ་བའི་ཕྱོགས་ལ་མངོན་པར་བརྩོན་པའི་ཕྱིར་ལེ་ལོ་དང་མི་ལྡན་པ་དང། སྔར་བསྟན་པའི་ཡན་ལག་ལྔའི་བག་ཡོད་པ་ལ་བརྟེན་པའི་ཕྱིར་བག་ཡང་བས་ཡོངས་སུ་ཟིན་པ ་དང། རྙེད་པ་དང་བཀུར་སྟི་ལ་ཞེན་པ་མེད་པ་དང། ལྷ་ཉིད་དུ་སྨོན་པས་ཚངས་པར་སྤྱོད་པ་ལ་གནས་པར་ཁས་བླངས་པ་མ་ཡིན་པའི་ཕྱིར་སྨོན་ལམ་ལེགས་པར་བཏབ་པ་དང། སྤྱོད་ལམ་དང་འཕྲལ་གྱི་བྱ་བ་དང། དགེ་བའི་ཕྱོགས ་ལ་སྦྱོར་བ་རྣམས་ལ་ལུས་དང་དག་གི་སྤྱོད་པ་ཤིན་ཏུ་ཕུན་སུམ་ཚོགས་ཤིང་འཚམ་པའི་ཕྱིར་ཆོ་ག་ཕུན་སུམ་ཚོགས་པས་ཡོངས་སུ་ཟིན་པ་དང། ཚུལ་འཆོས་པ་ལ་སོགས་པ་ལོག་པས་འཚོ་བར་བྱེད་པའི་ཉེས་པ་ཐམས་ཅད ་རྣམ་པར་སྤངས་པའི་ཕྱིར་འཚོ་བ་ཕུན་སུམ་ཚོགས་པས་ཡོངས་སུ་ཟིན་པ་དང། འདོད་པའི་བསོད་སྙོམས་དང། བདག་ཉིད་དུབ་བར་བྱེད་པའི་སྦྱོར་བ་རྣམ་པར་སྤངས་པའི་ཕྱིར་རོ། མཛའ་གཉིས་རྣམ་པར་སྤངས་པ་དང། མུ་སྟེགས ་ཐམས་ཅད་ཀྱི་ལྟ་བ་རྣམ་པར་སྤངས་པའི་ཕྱིར་ངེས་པར་འབྱིན་པ་དང། ཉམས་པར་མི་བྱེད་ཅིང་མེད་པར་མི་བྱེད་པའི་ཕྱིར་ཡང་དག་པར་བླངས་བས་མཉམས་པའོ། །དེ་ལྟར་ན་རྣམ་པ་དག་པོ་འདི་ནི་བྱང་ཆུབ་སེམས ་དཔའ་ཨི་ཚུལ་ཁྲིམས་ཀྱི་ཕུང་པོ་ཆེན་པོ་སྟེ། བྱང་ཆུབ་ཆེན་པོའི་འབྲས་བུ་སྐྱེད་པའོ། །འདི་ལ་བརྟེན་ནས་བྱང་ཆུབ་སེམས་དཔའ་ཨི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན ་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །ཇི་སྲིད་དུ་མངོན་པར་རྫོགས་པར་འཚང་མི་རྒྱ་བ་དེ་སྲིད་དུ་འདི་བྱང་ཆུབ་སེམས་དཔའ་ཨི་ཚུལ་ཁྲིམས་ཀྱི་ཕུང་པོ་དཔག་ཏུ་མེད་པ་འདི་ལ་སློབ་བཞིན་པ་ན། ཕན་ཡོན་རྣམ་པ་ལྔ་འཐོབ་པར་འགྱུར་ཏེ། ་སངས་རྒྱས་རྣམས་ཀྱིས་དགོངས་པར་འགྱུར་པ་དང། མཆོག་ཏུ་དགའ་བ་ཆེན་པོ་ལ་གནས་བཞིན་དུ་འཆི་བའི་དུས་བྱེད་པར་འགྱུར་པ་དང། ལུས་ཞིག་ནས་ཀྱང་གང་ན་དེ་དང་ཚུལ་ཁྲིམས་མཚུངས་པ་འམ། ལྷག་པའི་བྱང་ཆུབ་སེམས་དཔའ་སྐལ ་བ་འདྲ་ཞིང་ཆོས་འཐུན་པའི་དགེ་བའི་བཤེས་གཉེན་དུ་འགྱུར་བ་དེར་སྐྱེ་བར་འགྱུར་བ་དང། ཚེ་འདི་ལ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་པའི་བསོད་ནམས་ཀྱི་ཕུང་པོ་ཚད་མེད་པ་དང་ལྡན་པར་འགྱུར་བ་དང། ཚེ ་ཕྱི་མ་ལ་ཡང་རང་འཁྲུངས་ཀྱི་ཚུལ་ཁྲིམས་ཉིད་དེ། ཚུལ་ཁྲིམས་དེའི་བདག་ཉིད་འཐོབ་པར་འགྱུར་བ་ཞེས་བྱ་བའོ། །དེ་ལྟར་ན་འདི་ནི་དེའི་མོད་ལ་ངན་སོང་དུ་འགྲོ་བ་རྣམ་པར་བཅད་ཅིང་སྐྱེ་བར་འགྱུར་བ་མ་ཡིན་ནོ། །གཞན་དུ་ན་ཇི་ལྟར ་འདི་ལ་འདི་འདྲ་བའི་ཕན་ཡོན་ཇི་ལྟར་ན་འབྱུང་བར་འགྱུར། སེམས་བསྐྱེད་པའི་ཡིན་སྙམ་ན། འདི་ནི་ངན་སོང་རྣམ་པར་བཅད་པར་འདོད་པ་མ་ཡིན་ནོ། །དེ་ལྟ་ན་ཡང་འདི་ངན་སོང་རྣམས་སུ་སྐྱེ་བར་ནི་མི་འགྱུར་ཏེ། གང་གི་ཕྱིར་ཡང ་ངན་སོང་རྣམས་རྣམ་པར་མ་བཅད་ཀྱང་འདི་དེར་སྐྱེ་བར་མི་འདོད་དོ། །དེ་ཉིད་ཀྱི་ཕྱིར་འདི་ལྟ་བུའི་སེམས་སྐྱེད་པའི་ཕན་ཡོན་ཡིན་པར་རིགས་སོ། །གཞན་དུ་ན་སྡིག་པ་དང་མི་ལྡན་པ་ཉིད་དེར་མི་སྐྱེ་ན་ནི་གང་ཞིག་ཕན་ཡོན་དུ་འགྱུར། གང་གིས་དེའི་མེད་ལ་དུན་སོང ་རྣམ་པར་བཅད་པར་འདོད་པ་ཡང་འདི་ཐམས་ཅད་དུ་ངན་སོང་དུ་སྐྱེ་བར་མི་འདོད་པ་ཉིད་ཀྱང་མ་ཡིན་ཏེ། རིང་ཞིག་ན་བརྒྱ་ལམ་ན་སྐྱེས་པར་འགྱུར་ན་ཡང་མྱུར་བ་ཉིད་དུ་དེ་ལས་ཐར་པར་འགྱུར་ཞིང་གནས་པ་ན་ཡང་དམན་པ་དག་ལྟ་བུར་མི་བཟད་པའི? ་བ་མྱོང་བར་མི་འགྱུར་ལ། ཤིན་ཏུ་སྐྱོ་བར་འགྱུར་བས་སྔ་རོལ་ཏུ་དེར་སྐྱེས་པའི་སེམས་ཅན་རྣམས་ནུས་པ་ཇི་ལྟ་བས་དགེ་བའི་ཆོས་རྣམས་ལ་ཡོངས་སུ་སྨིན་པར་བྱེད་དོ། །དེ་སྐད་དུ་ཡང། རིང་མོ་ཞིག་ན་ངན་སོང་དུ་འགྲོ་ཞིང་མྱུར་དུ་ཐར?་བ་དུངས ་དེར་ཡང་སྡུག་བསྔལ་ཆུང་དུ་མྱོང། །སྐྱོ་བཅས་སེམས་ཅན་སྨིན་པར་བྱེད་ཅེས་གསུངས་པ་ལྟ་བུའོ། །གཞན་ཡང་འདི་ལྟ་བུ་ངན་སོང་དུ་སྐྱེ་བར་སྨྲ་བ་རིགས་པ་མ་ཡིན་ཏེ། གནོད་པར་བྱེད་པ་དང། གཞན་གྱི་དབང་ལ་སོགས་པ་མི་སྲིད་པས་མི ་ཁོམ་པའི་མཚན་ཉིད་དང་འབྲེལ་བ་མེད་པའི་ཕྱིར་རོ། །དེ་དེར་སྐྱེས་ཀྱང་ཉམས་སུ་མྱོང་བར་མི་འགྱུར་ཏེ། བདག་དང་གཞན་གྱི་དོན་གྲུབ་པའི་ཚོགས་བསགས་པར་འགྱུར་བའི་ཕྱིར་རོ། །བྱང་ཆུབ་སེམས་དཔའ་ནི་བསམ་བཞིན་དུ་དེར་སྐྱེ་བར་འགྱུར ་གྱི། བདེ་འགྲོར་ཡང་བདག་ཉིད་འདི་ལྟ་བུའི་སྲོག་འཕྲོགས་པར་བྱེད་པར་འདོད་དེ། དེ་ལྟ་བུ་དམྱལ་བ་རྣམས་སུ་ཡང་ཉེ་བར་དམིགས་པར་མི་འགྱུར་རོ། །གཞན་གྱི་དོན་དུ་མི་འགྱུར་བ་འབྱོར་པ་ཕུན་སུམ་ཚོགས་པའམ། །བདག་གི་དངོས་པོའི་ཕུན་སུམ ་ཚོགས་པ་འམ། རྣམ་པར་ཐར་པ་འདོད་པ་ནི་མ་ཡིན་ནོ། །དེ་སྐད་དུ་སེམས་ཅན་ཆེད་དུ་དམྱལ་བའི་སྲིད་པར་གནས་པ་ཡིས། སྡུག་བསྔལ་མི་བཟད་ཅིས་ཀྱང་རྒྱལ་སྲས་གནོད་བྱེད་མིན། །ཇི་སྲིད་ཡོན་ཏན་སྐྱོན་གྱིས་ཐེག་སྨན་ཞུགས ་པ་ཡི། །རྣམ་རྟོག་དགེ་བ་སྣ་ཚོགས་བློ་ལྡན་གནོད་བྱེད་ཡིན། བློ་དང་ལྡན་པ་དམྱལ་བར་གནས་པ་དུས་ཀུན་ཏུ། །བྱང་ཆུབ་དྲི་མེད་སྤངས་པའི་བར་དུ་གཅོད་བྱེད་མིན། །ཐེག་པ་གཞན་ལ་རབ་བརྩོན་རྣམ་རྟོག་བདག་ཕན་པ་།རབ་ཏུ་བདེ་བར ་གནས་ཀྱང་བར་དུ་གཅོད་པར་བྱེད་ཅེས་གསུངས་པ་ལྟ་བུའོ། །ཚུལ་ཁྲིམས་རྣམ་པ་དགུ་པོ་དེ་དག་ཐམས་ཅད་ནི་སྡོམ་པའི་ཚུལ་ཁྲིམས་དང། དགེ་བ་ཆོས་སྡུད་པའི་ཚུལ་ཁྲིམས་དང་སེམས་ཅན་གྱི་དོན་བྱ་བའི་ཚུལ་ཁྲིམས་ཏེ། ཚུལ་ཁྲིམས་རྣམ་པ་གསུཾ ་གྱིས་བསྡུས་པར་རིག་པར་བྱའོ། །ཡང་ཚུལ་ཁྲིམས་རྣམ་པ་གསུམ་པོ་དེ་དག་ཉིད་ཡང་དག་པར་བླངས་པས་བྱང་ཆུབ་སེམས་དཔའ་ཨི་བྱ་བ་རྣམ་པ་གསུམ་བྱེད་དེ། སྡོམ་པའི་ཚུལ་ཁྲིམས་ནི་སེམས་གནས་པར་བྱེད་དོ། དགེ་བའི་ཆོས་སྡུད་པའི་ཚུལ་ཁྲིམས་ནི་བདག ་གིས་སངས་རྒྱས་ཀྱི་ཆོས་ཡོངས་སུ་སྨིན་པར་བྱེད་དོ། །སེམས་ཅན་གྱི་དོན་བྱ་བའི་ཚུལ་ཁྲིམས་ནི་སེམས་ཅན་ཡོངས་སུ་སྨིན་པར་བྱེད་དོ། །བྱང་ཆུབ་སེམས་དཔའ་ཨི་བྱ་བ་ཐམས་ཅད་ནི་འོད་དག་ཏུ་ཟད་དེ། འདི་ལྟ་སྟེ། ཚེ་འདི་ལ་བདེ་བར་གནས ་པའི་ཕྱིར་སེམས་གནས་པ་དང། ལུས་དང་སེམས་དུབ་པ་མེད་པར་སངས་རྒྱས་ཀྱི་ཆོས་ཡོངས་སུ་སྨིན་པར་བྱ་བ་དང། སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་ཡིན་ཏེ། བྱང་ཆུབ་སེམས་དཔའ་ཨི་ཚུལ་ཁྲིམས་ནི་དེ་དག་ཏུ་ཟད་དོ། །བྱང་ཆུབ་སེམས ་དཔའ་ཨི་ཚུལ་ཁྲིམས་ཀྱི་ཕན་ཡོན་ཡང་དེ་དག་ཏུ་ཟད་དོ། །བྱང་ཆུབ་སེམས་དཔའ་ཨི་ཚུལ་ཁྲིམས་ཀྱི་བྱ་བ་ཡང་དེ་དག་ཏུ་ཟད་དེ། དེ་ལ?་ནི་འདས་པའི་བྱང་ཆུབ་སེམས་དཔའ་བྱང་ཆུབ་ཆེན་པོ་འདོད་པ་རྣམས་ཀྱིས་ཀྱང་བསླབས་སོ། །མ་འོངས་པ་རྣམས ་ཀྱང་སློབ་པར་འགྱུར་རོ། །ད་ལྟར་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་མཛའ་ཡས་མུ་མེད་པ་དག་ན་གནས་པ་དག་ཀྱང་སློབ་བོ། །དེ་ལྟར་ན་འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚུལ་ཁྲིམས་སོ། །ཚུལ་ཁྲིམས་འདི་ལ་གཞན་ལས ་ཁྱད་པར་དུ་གྱུར་པ་ཅི་ཞིག་ཡོད་གང་གིས་ནི་འདི་མནོད་པར་བྱ་ཞེ་ན། བསོད་ནམས་ཀུན་གྱི་གཏེར་གྱུར་གང་ཞེས་བྱ་བ་སྨོས་ཏེ། འདིར་བསོད་ནམས་ཀྱི་སྒྲས་ནི་འདི་ལས་གཞན་པའི་ཚུལ་ཁྲིམས་ཀྱི་སྡོམ་པ་རྣམས་ཡང་དག་པར་བླང་པར ་མངོན་པར་སྟོན་ཏོ། །གཏེར་གྱུར་ཅེས་བྱ་བ་ནི་མཆོག་སྟེ། ཇི་ལྟར་ཐམས་ཅད་ལས་ཤིན་ཏུ་ཁྱད་པར་དུ་གྱུར་པའི་ནོར་ཅུང་ཟད་ཉིད་དགོས་པའི་རྣམ་པ་ཐམས་ཅད་ལ་ཡང་ཟད་པ་མེད་པ་དང། དོན་ཆེ་བ་ཡིན་པའི་ཕྱིར་གཏེར་ཞེས་སྨྲའོ། །དེ ་བཞིན་དུ་བྱང་ཆུབ་སེམས་དཔའ་ཨི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླངས་པ་འདི་ནི་རྟོག་པ་དམ་པའི་བསམ་པས་ཀུན་ནས་བླང་བ་དང། བདག་དང་གཞན་ལ་ཕན་པ་ལ་ནན་ཏན་དུ་བྱ་བའི་ཐབས་སུ་གྱུར་པ་དང། རྣམ་པ་ཐམས ་ཅད་དུ་ཉེས་པ་ཐམས་ཅད་ཀྱིས་གཉེན་པར་གྱུར་པའི་ཕྱིར་སོ་སོར་ཐར་པའི་སྡོམ་པ་གཞན་ཐམས་ཅད་ཡང་དག་པར་བླངས་པ་ལས་ཤིན་ཏུ་ཁྱད་པར་དུ་གྱུར་པ་ཉིད་ཀྱིས་གཏེར་དང་འདྲ་བས་ན་གཏེར་དུ་གྱུར་པའོ། །དེའི་ཕྱིར་ཐམས ་ཅད་ཁས་བླངས་པ་ནི་བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་མ་ཟད་པ་དང། སངས་རྒྱས་ཉིད་ཐོབ་པའི་ཡོན་ཏན་ལ་སྦྱོར་བས་དོན་ཆེ་བ་དང། སེམས་ཅན་གྱི་ཁམས་མ་ལུས་པའི་དགོངས་པ་ལ་འཇུག་པས་དོན་ཆེ་བའི་ཕྱིར་རོ ་ཇི་སྐད་དུ། བྱང་ཆུབ་སེམས་དཔའ་ཨི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླངས་པ་འདི་ནི་ཚུལ་ཁྲིམས་ཀྱི་སྡོམ་བ་ཡང་དག་པར་བླངས་པ་ཐམས་ཅད་ལས་ཁྱད་པར་དུ་འཕགས་པ་ཡིན་ཏེ། བླ་ན་མེད་པ་དང་ཞེས་བྱ་བ ་ནས། སོ་སོར་ཐར་པའི་སྡོམ་པ་ཡང་དག་པར་བླངས་པ་ཐམས་ཅད་ནི་འདིའི་བརྒྱའི་ཆར་ཡང་ཉེ་བར་མི་འགྲོའོ་ཞེས་བྱ་བ་ལ་སོགས་པའི་བར་དུ་རྒྱས་པར་བསྟན་ཏོ། དེ་ཇི་ལྟར་ན་མངོན་པར་བྱ་ཞེ་ན། དེ་ནི་བསམ་པ་དམ ་པ་ཡིས་ཞེས་བྱ་བ་སྨོས་ཏེ། བསམ་པ་དམ་པ་ནི་འགྲོ་བ་ཐམས་ཅད་ཡོངས་སུ་བསྐྱབ་པའི་བསམ་པ་སྟེ། སྙིང་རྗེར་རོ་གཅིག་པའི་དང་བ་ཆེན་པོ་དང་ལྡན་པ་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཨི་ཡོན་ཏན་ལ་རེག་པར་འདོད་པའི ་བསམ་པས་ཞེས་བྱ་བའི་དོན་ཏོ། །དེ་སུ་ཞིག་ལས་བླང་བར་བྱ་ཞེ་ན། བླ་མ་སྡོམ་ལ་གནས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བྱང་ཆུབ་སེམས་དཔའ་ཨི་ཚུལ་ཁྲིམས་ཀྱི་སྡོམ་པ་དང་ལྡན་པ་ཆོས་འཐུན་པ་ལས་ཏེ། སྡོམ་པ་དེ་བཏང་བ་འམ ་ཚུལ་ཁྲིམས་འཆལ་པ་འམ། དབང་དུ་གྱུར་པ་མ་ཡིན་པའི་ཕྱིར། འཐུན་པ་མ་ཡིན་པ་གཞན་ལས་ནི་མ་ཡིན་ནོ། །སྡོམ་པ་ལ་གནས་ཀྱང་ཐམས་ཅད་ལས་མ་ཡིན་པས་མཁས་ཞེས་བྱ་བ་སྨོས་ཏེ། གང་ཞིག་བྱང་ཆུབ་སེམས་དཔའ་ཨི ་ཚུལ་ཁྲིམས་ཀྱི་སྡོམ་པ་དེ་ཡང་དག་པར་བླང་བའི་ཆོ་ག་ལ་མཁས་པ་ཉིད་ལས་འདི་མནོད་པར་བྱ་ཞེས་བྱ་བའོ། །དེ་ཉིད་ཀྱི་ཕྱིར་མཁས་པ་མ་ཡིན་པ་ལས་ནི་ཆོ་ག་ཉམས་པས་སྡོམ་པ་ཐོབ་པར་མི་འགྱུར་རོ། །དེ་ལྟར་ན་ཡང་ཐམས་ཅད་ལས ་མ་ཡིན་པས་ནུས་དང་ལྡན་ལ་ཞེས་བྱ་བ་སྨོས་ཏེ། ནུས་པ་ནི་སྟོབས་ཏེ། འཐོགས་པར་འོས་ཤིང་འཚམས་པ་ཞེས་བྱ་བའི་དོན་ཏོ། །དེ་ཉིད་ཀྱིས་ནི་ཡོན་ཏན་དང་ལྡན་པ་མ་ཡིན་པ་དང། བླང་བར་འོས་པ་མ ་ཡིན་པའི་ཕྱིར། གཞན་ལས་ནི་མ་ཡིན་ནོ། །དེ་ལ་བསམ་པ་དང། སྦྱོར་བ་ཕུན་སུམ་ཚོགས་པ་འོས་པ་ཡིན་པར་རིག་པར་བྱའོ། །དེ་ལ་བསམ་པ་ཕུན་སུམ་ཚོགས་པ་ནི་དད་པ་ཉིད་དང། བསམ་པ་ཐག་པས་བྱེད་པ་ཉིད་དང། མ ་ཆགས་པ་དང། སྙིང་རྗེ་དང་ལྡན་པ་ཉིད་དེ། གང་གིས་རེ་ཞིག་བྱང་ཆུབ་སེམས་དཔའ་ཨི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་ནོད་པར་ལྷག་པར་མོས་པ་བྱང་ཆུབ་སེམས་དཔའ་ཨི་སྡེ་སྣོད་ཀྱི་མ་མོ་ལ་སོགས་པ་ལ་སྐུར་པ་མི ་འདེངས་ཤིང་དད་པ་དང་ལྡན་པ་དང། བསླབ་པ་རྣམས་ལ་གུས་ཤིང་འཇུག་ལ་རྟོག་པ་དང། རང་བཞིན་གྱིས་འདོད་པ་ཆུང་བ་དང། ཆོག་ཤེས་པ་དང། ཟང་ཟིང་ལྷུར་ལེན་པ་མ་ཡིན་པ་དང། སྙིང་རྗེ་དང་ལྡན་པར་གྱུར་པ་དང། སྐྱོ་བ་མེད་པ་དང། ་ཕ་རོལ་གྱི་ཉེས་པ་བཟོད་པ་དང། ཁྲེ་བ་མེད་པ་དང། ཁོན་དུ་འཛིན་པ་མེད་པ་ཞེས་བྱའོ། །སྦྱོར་བ་ཕུན་སུམ་ཚོགས་པ་ནི་དགེ་བའི་ཆོས་རྣམས་ཀྱི་ཕྱིར་རབ་ཏུ་སྤོལ་བ་དང། གུས་ཤིང་རབ་ཏུ་འཇུག་པ་དང། ཅི་ནས་ཀྱང་འདི་ལ་བསླབ་པའི་གཞི་གང ་ཡང་རུང་བ་རྣམས་རྟོག་པར་བྱ་བ་ལ་ཡང་རྨོངས་པར་མི་འགྱུར་བ་དང། སྦྲོ་བ་དང་བཅས་པ་ཡིན་གྱི་སྙོམ་ལས་མི་བྱེད་པ་དང། འདོད་པའི་བདེ་བ་དང། འདུ་འཛི་ལ་མངོན་པར་མི་དགའ་བ་དང། སེམས་རྣམ་པར་མ་ཡེངས་པའོ། །ནུས་པ་དང་ལྡན་པ ་ཡིན་ཡང་ཐམས་ཅད་ལས་ནོད་པ་མ་ཡིན་པས་བླ་མ་ཞེས་བྱ་བར་སྨོས་ཏེ། བླ་མར་བྱ་བའི་གནས་སུ་གྱུར་བ་ཉིད་ལས་མནོད་པར་བྱའི་གཞན་ལས་ནི་མ་ཡིན་ཏེ། མཉམ་པ་ཉིད་ཀྱི་བླ་མར་མི་འཇིན་པས་འདི་དེའི་རྗེས་སུ་སློབ་པའི་ངང་ཚུལ་ཅན་དུ ་མི་འགྱུར་ཏེ། དེས་བྱས་པ་རྣམས་ལ་གུས་པ་ཆེན་པོས་མི་བྱེད་པའི་ཕྱིར་རོ། །དེ་ལ་སྡོམ་ལ་གནས་ཞེས་བྱ་བ་འདིས་ནི་འདིའི་ཚུལ་ཁྲིམས་ཕུན་སུམ་ཚོགས་པ་བསྟན་ཏེ། མཁས་ཞེས་བྱ་བས་ནི་མཁས་ཤིང་བྱང་བའོ། །ནུས་དང་ལྡན་ཞེས་བྱ ་བས་ནི་ཡོན་ཏན་ཕུན་སུམ་ཚོགས་པ་སྟེ། གསུམ་པོ་དེ་དག་གི་ཁྱད་པར་རྟོགས་པར་བྱེད་པ་ཉིད་དོ། །བླ་མ་ཞེས་བྱ་བ་ནི་རྟེན་འཛིན་པ་ཉིད་དོ། །འདི་གཉིས་ལ་རྗེས་སུ་བསླབས་པ་ཉིད་གང་ཡིན་པ་དེའི་རྗས་སུ་སློབ་པ་ནི་དགེ་བའི་ཆོས ་རྣམས་ཀུན་ཏུ་འཕེལ་བར་འགྱུར་རོ། །ཞེས་བྱ་བ་ནི་འདིར་འདིའི་བསྡུས་པའི་དོན་ནོ། །དེ་ལ་བྱང་ཆུབ་སེམས་དཔའ་ཁྱིམ་པ་འམ། རབ་ཏུ་བྱུང་བ་བྱང་ཆུབ་སེམས་དཔའ་ཨི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླང་བར་འདོད་ཅིང། ཇི་སྐད ་བསྟན་པའི་ཚུལ་ཁྲིམས་ཀྱི་ཕུང་པོ་རྣམ་པ་གསུམ་པོ་ལ་སློབ་པར་འདོད་པས་ཐོག་མར་རེ་ཞིག་འདི་ལྟ་བུའི་གང་ཟག་དམ་པ་ངེས་བརྟགས་ཏེ། རྐང་པ་གཉིས་ལ་ཕྱག་བྱས་ནས་འདི་སྐད་ཅེས་གསོལ་བ་བདབ?་པར་བྱ་སྟེ། བདག་རིགས ་ཀྱི་བུ་ཁྱོད་ལས་བྱང་ཆུབ་སེམས་དཔའ་ཨི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླང་བ་མནོད་པར་འཚལ་ལོ། །ཞེས་ལན་གསུམ་བརྗོད་པར་བྱའོ། །དེ་ལྟར་གསོལ་བ་བཏབ་ནས་འདི་སྣོད་དུ་འགྱུར་བ་བརྟག་པའི་ཕྱིར་འདི་ལ་བྱང་ཆུབ་སེམས་དཔའ་ཨི ་བསླབ་པའི་གཞི་ཉན་དུ་གཞུག་པར་བྱ་ཞིང་ཁྱོད་འདི་ལ་བསླབ་པར་སྤྲོ་འམ་ཞེས་བརྗོད་པར་བྱའོ། །དེ་སྐད་ཅེས་སྨྲ་བ་ན་གལ་ཏེ་རབ་ཏུ་སྤྲོའོ་ཞེས་བྱ་བའི་ཚིག་སྨྲ་ཞིང་གདོང་དང་མིག་འགྱུར་བས་ཉིན་ཞག་དག་འདའ་བར་བྱེད་ན། དེ་ལྟར་ན ་གང་གིས་འདི་དོན་དུ་གཉེར་བྱ་ཡིན་གྱི། ཕ་རོལ་གྱི་ཡང་དག་པར་འཛིན་དུ་བཅུག་པའི་ཕྱིར་ཡང་མ་ཡིན་ཕ་རོལ་དང་འགྲན་པའི་ཕྱིར་ཡང་མ་ཡིན་ན། ལྷག་པར་གནས་པར་བྱའོ། །དེ་ནས་ཆོ་ག་འདི་ནུས་པ་ཅི་ཡོད་པས་མཆོད་པ་བྱས་ལ། ་བླ་གོས་ཕྲག་པ་གཅིག་ལ་གཟར་ཏེ། སངས་རྒྱས་བཅོམ་ལྡན་འདས་རྣམས་དང། བྱང་ཆུབ་སེམས་དཔའ་ས་ཆེན་པོ་ལ་ཞུགས་པ་རྣམས་ལ་ལྷག་པའི་བསམ་པས་ཕྱག་བཙལ་བ་བྱས་ནས་དེ་དག་གིས་ཡོན་ཏན་རྣམས་མངོན་སུམ་དུ་བྱས ་ལ། དེ་བཞིན་གཤེགས་པའི་སྐུ་གཟུགས་ཀྱང་ལེགས་པར་མཆོད་པར་བྱས་ནས། དེས་ཡང་འདི་སྐད་དུ་བྱང་ཆུབ་སེམས་དཔའ་ཨི་ཚུལ་ཁྲིམས་ཀྱི་སྡོམ་པ་བདག་ལ་སྩལ་དུ་གསོལ་ཞེས་བྱ་བས་བསླང་བར་བྱའོ། །དེའི་འོག་ཏུ་འདིས་ཁྱོད་བྱང ་ཆུབ་ཏུ་སྨོན་ལམ་བཏབ་བམ། ཁོ་བོ་ལས་བྱང་ཆུབ་སེམས་དཔའ་ཨི་ཚུལ་ཁྲིམས་ཀྱི་བསླར་པའི་གཞི་ནོད་པར་འདོད་དམ་ཞེས་བྱ་བས་ཁས་ལེན་པ་གསུམ་དུ་བྱེད་དུ་བཅུག་ནས?། སྡིག་པ་བཤགས་པ་དང། གསུམ་ལ་སྐྱབས་སུ་འགྲོ་བ ་དང། བྱང་ཆུབ་ཏུ་སེམས་བསྐྱེད་པ་དང། དགེ་བ་ཡོངས་སུ་བསྔོ་བ་རྣམས་སྔོན་དུ་འགྲོ་བས། འགྲོ་བ་ཐམས་ཅད་ཡོངས་སུ་བཟུང་ཞིང་ཡོངས་སུ་བསྐྱབ་པའི་ཕྱིར། ཚོགས་བསགས་པ་དང། ཐེག་པ་ཆེན་པོ་དང་འཐུན་པར་རྗེས་སུ་འཇུག་པ་དག་བྱེད་དུ་བཅུག་ནས ་དེ་བཞིན་གཤེགས་པའི་སྐུ་གཟུགས་དེ་ཉིད་ཀྱི་སྤྱན་སྔར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་ཕྱག་བྱས་ནས་འདིས་བདག་ལས་བྱང་ཆུབ་སེམས་དཔའ་ཨི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླངས་པ་བགྱིས་ལགས་སོ་ཞེས་མཁྱེན་པར་གསོལ་བར ་བྱའོ། །ཕྱག་འཚལ་ཡང་དག་གསོལ་གདབ་དང། སྨོན་ལམ་དག་དང་བླངས་པ་ནི། བདག་གིར་བྱ་དང་སྡིག་བཤགས་པ། །བྱས་ནས་གསུམ་ལ་སྐྱབས་འགྲོ་དང། བྱང་ཆུབ་སེམས་ནི་ཡང་དག་བསྐྱེད། །དགེ་བ་དེའི་ཡོངས་སྔོ་དང་།སངས་རྒྱས ་སྲས་དང་བཅས་རྣམས་ལ། །གུས་པས་མཁྱེན་པར་གསོལ་བའོ། །ཞེས་བྱ་བ་ནི་བསྡུ་བའི་ཚིགས་སུ་བཅད་པའོ། །ཡང་དག་པར་བླངས་པ་དེ་ཡང་མ་དད་པ་སྡང་བ་རྣམས་ལ་གྱ་ཚོམ་དུ་སྦྲག་པར་མི་བྱ་སྟེ། གང་གི་ཕྱིར་མི་ཤེས་པའི་སྒྲིབ་པ་ཆེན ་པོ་ཐམས་ཅད་དམ། ཕྱོགས་གཅིག་གིས་བསྒྲིབས་པས་མི་མོས་པར་འགྱུར་རོ། །ཕྱི་རོལ་ལས་ཡང་དག་པར་བླང་བར་བསྟན་པོ་བཞིན་དུ་བདག་ཉིད་ཀྱིས་ཡང་དག་པར་བླང་བར་ཡང་གསུངས་ཏེ། གལ་ཏེ་ཡོན་ཏན་དེ་དག་དང་ལྡན་པའི ་གང་ཟག་མེད་པར་གྱུར་ན་དེའི་ཚེ་བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པའི་སྐུ་གཟུགས་ཀྱི་སྤྱན་སྔར་རང་ཉིད་ཀྱིས་ཀྱང་བྱང་ཆུབ་སེམས་དཔའ་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླངས་པར་བྱ་བ་ཡིན་ཀྱི། སྡོམ་པ་གཞན་ཞིག་ཏུ་ཕ ་རོལ་ཁོ་ན་ལས་ཡང་དག་པར་བླང་པ་ནི་མ་ཡིན་ནོ། །དེ་ལྟར་སོ་སོར་ཐར་པའི་སྡོམ་པ་གཞན་དང་གཞན་དག་ལ་གནས་པ་ལས་ལྷག་པར་འདོད་ཅིང་།དེང་དུ་ལེན་པ་ལ་འཇུག་པ་བྱང་ཆུབ་སེམས་དཔའ་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར ་བླང་བའི་ཆོ་ག་ལ་མཁས་པས་རང་ཉིད་ཀྱི་བྱང་ཆུབ་སེམས་དཔའ་ཨི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བྱ་པའོ། །དེ་ལས་གཞན་པ་ཉམས་པར་འགྱུར་བ་ལས་སླར་གསོ་བར་བྱེད་པ་དང། མགུས་པས་སྡོམ་པ་ལེན ་པ་དག་ནི་སྣོད་མ་ཡིན་པའི་ཕྱིར་དེ་ལྟ་མ་ཡིན་ཏེ། སྔར་ཇི་སྐད་བཤད་པ་བཞིན་དུའོ། །ཚུལ་ཁྲིམས་འདི་དང་ལྡན་འགྱུར་དང། རྣམ་དག་རྣམ་པར་དབེན་གནས་པ། །དེ་ནི་བླ་མ་མེད་གྱུར་ན་རང་ཉིད་ཀྱིས་ཀྱང་བླ་མ་ཡིན་ཞེས་བྱ་བ་ནི་བསྡུ་པའི ་ཚིགས་སུ་བཅད་པའོ། །སྡོམ་པ་ཡང་དག་པར་བླང་བའི་ལས་ཡོངས་སུ་རྫོགས་པ་འདི་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་དགེ་བའི་ཐུགས་ཀྱིས་བསོད་ནམས་མངོན་པར་སྤེལ་པའི་ཕྱིར་རྟག་པར་འདི་ལ་དགོངས་པར་མཛད ་དོ། །གང་ཡང་འདིའི་དགེ་བའི་ཆོས་རྣམས་འཕེལ་བ་ཉིད་ཡིན་ཏེ། ཉམས་པར་མི་འགྱུར་བ་མཐོང་ནས་དེའི་ཚ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེའི་སྟེང་ཡང་དག་པར་བླང་བ་རྫོགས་པའི་དུས་སུ་དུས་དེ་ལས་བརྩམས་ཏེ། དགེ་བའི ་ཐུགས་ཀྱིས་དགེ་བར་འགྱུར་བ་ཁོ་ནའི་ཕྱིར་འདི་ལ་དགོངས་པར་མཛད་ཅེས་བྱ་བར་སྦྱོར་རོ། །རྟག་པར་ཞེས་བྱ་བ་ནི་ནུས་བ་དང་ལྡན་ཞིང་དགེ་བ་མཚུངས་པ་རྣམས་ཀྱིས་བྱང་ཆུབ་ལ་ཐུག་གི་བར་དུ་རྒྱུན་མི་འཆད་པར་ཞེས་བྱ་བའི་དོན་ཏོ། ། ་དུས་དེའི་ཚ་བདག་དང་གཞན་ལ་ཕན་པ་དང་གུས་པ་དང་ལྡན་པའི་ཕྱིར་དེ་ལྟ་བུའི་བྱ་བ་དེ་ནི་...་དེང་དུ་བདག་ཅག་གི་བྱ་བ་འབྲས་བུ་དང་བཅས་པའོ། །ཞེས་རབ་ཏུ་དགའ་བའི་སེམས་རྣམས་ཀྱིས་འདི་ཉིད་ལ་དགེ་བའི་ཕྱིར་ཏེ ་དགེ་བའི་ཆོས་རྣམས་མངོན་པའི་འཕེལ་བར་ཕྱིར་དགོངས་པར་མཛད་པ་སྟེ། དེ་ནི་རྗེས་སུ་གཟུང་བར་བྱ་བ་ཡིན་པའི་ཕྱིར་སླར་ཡང་དེ་ལྟ་བུའི་ཉམས་ཐག་པར་ལྷུང་བར་མ་གྱུར་ཅིག་ཅེས་པས་པུ་སྡུག་པ་དང་འདྲ་བར་སྤྱན་རས་ཀྱིས ་འཚོ་བར་མཛད་པའོ། །དཔེར་ན་ཕའི་བསམ་པ་དང་འཐུན་པར་སྤྱོད་ཅིང་ཡིད་དུ་འོང་བའི་བུ་ལ་འདི་ལ་གང་དུ་ཡང་ཡིད་དུ་མི་འོང་བ་འབྱུང་བར་མ་གྱུར་ཅིག་ཅེས་ཕན་པ་དང་བདེ་བའི་ཆེད་དུ་རྟག་ཏུ་འཚོ་བར་བྱེད་པ་བཞིན་དུ་བྱམས་པའི་ཐུགས་ཀྱིས་གཟིགས་པར ་མཛད་པའི་ཡུལ་ཙམ་དུ་མཛད་པར་དགོངས་པའོ། །དེས་ན་འདི་ལ་བུ་སྡུག་ཉིད་དུ་སྟོན་པ་ནི་ཅུང་ཟད་ཀྱང་མེད་དོ། །གང་དེ་ལྟར་སྙིང་རྗེས་འགྲོ་བ་ཐམས་ཅད་ཡོངས་སུ་བསྐྱབ་པར་དམ་བཅའ་བ་བྱས་པས་བདག་དང་གཞན་དག་ལ་ཇི་ལྟར་བསྒྲུབས་པ་བྱ་ཞེ་ན། གཞན ་རྣམས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཕན་པ་ནི་ཉོན་མོངས་པ་ཅན་མ་ཡིན་པ་དང། ཁ་ན་མ་ཐོ་བ་མེད་པའི་ཕྱིར་ཕྱི་མ་ལ་རྣམ་པར་སྨིན་པ་བདེ་བའོ། །བདེ་བ་ནི་ཕན་འདོགས་པར་བྱེད་པ་ཉིད་དུ་རིག་པར་བྱའོ། །གཉིས་པོ་འདི་དག་བདག་ཉིད་དང ་གཞན་རྣམས་ལ་ཡང་བྱ་བ་སྟེ། དེ་གཉིས་ཀྱིས་ཐམས་ཅད་བསྡུས་པའི་ཕྱིར་རོ། །སྡུག་བསྔལ་ནི་ཉེ་བར་འཇོམས་པར་བྱེད་པར་རིག་པར་བྱའོ། །དེ་ཉིད་ཀྱང་ཕན་པ་སྟེ། ཕྱི་མར་བདེ་བར་འགྱུར་བ་ཡིན་ན་བྱ་དགོས་ཏེ། སྨན་ཚ་བ་བཞིན་དུ་མི ་ཕན་པ་མ་ཡིན་ནོ། །གང་ཞིག་གང་ལ་ཕན་པར་བྱེ་པ་དེ་ནི་འདི་ལ་དོན་དམ་པ་ཉིད་ཀྱིས་བདེ་བ་ཉིད་དུ་བྱེད་པ་ཡིན་ཏེ། ཕན་པ་ནི་བདེ་བའི་རྒྱུ་ཡིན་པའི་ཕྱིར་རོ། །གང་མི་ཕན་པ་སྟེ་ཕྱི་མ་ལ་རྣམ་པར་སྨིན་པ་སྡུག་བསྔལ་བར་འགྱུར་བ་ནི་སྨན་མ ་ཡིན་པ་བཞིན་དུ་ཉོན་མོངས་པ་ཅན་ཡིན་པ་དང། ཁ་ན་མ་ཐོ་བ་དང་བཅས་པའི་ཕྱིར་མི་ཕན་པ་ཡིན་པས་བདེ་བ་ཡིན་ཡང་མི་བྱ་སྟེ། དེ་ལ་ནི་ཕན་པ་དང་བདེ་བ་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ནོ། །སྡུག་བསྔལ་བ་ཡིན་ཡང་རང་བཞིན་གྱི་རྗེས་སུ་འཐུན ་བ་སྟེ། བཟའ་བ་དང་བཏུང་བ་མི་ཞིམ་པ་ལྟ་བུར་ཕན་པ་ཡང་ཡིན་ནོ། །བདེ་བ་ཡིན་ཡང་ཅུང་ཟད་མི་ཕན་པ་ཡིན་ལ་ཕན་པ་ཡང་ཡིན་ཏེ། སྨན་མ་ཡིན་པ་དང། རང་བཞིན་གྱིས་འཐུན་པའི་བཟའ་བ་དང་བཏུང་བ་བཞིན་ནོ། །དེའི་ཕྱིར་བདག་དང་གཞན་ལ ་ཕན་པར་འདོད་པས་འདོད་པ་རྣམས་སྡུག་བསྔལ་བ་ཡིན་ཡང་སོ་སོར་བརྟགས་ནས་ཕན་པ་ཉིད་ཡིན་ན་བྱའོ། །བདེ་བ་ཡིན་ཞིང་མི་ཕན་པ་ཡང་མ་ཡིན་ན་ཡང་ངོ། །གང་གང་ཞིག་ཕན་པ་ཡང་ཡིན་ཞིང་བདེ་བ་དང་སྡུག་བསྔལ་བ་ཡང་ཡིན ་ལ་མི་ཕན་པ་ཡང་མ་ཡིན་པ་དེ་ལ་ནི་བརྗོད་དུ་ཡང་ཅི་ཡོད། འདི་ནི་དེ་ཞག་འདི་མདོར་བསྡུས་པའི་བྱ་བའོ། །ཡང་འདིའི་ལྟུང་བ་དང་ཉམས་པ་གང་ཡིན་ཞེ་ན། ལྟུང་བའི་ལུས་ནི་གཉིས་ཏེ། ཕམ་པའི་གནས་ལྟ་བུའི་ཆོས་གང་ཀུན་ཏུ་སྦྱང ་པ་ལས་འདི་སྡོམ་པ་གཏོང་ཞིང་བྱང་ཆུབ་སེམས་དཔའ་མ་ཡིན་པར་འགྱུར་བ་དང། ཉེས་པར་སྤྱད་པའི་ལྟུང་བ་བྱུང་བ་སྟེ། གང་གིས་ལྟུང་བ་དང་བཅས་པར་གྱུར་པའོ། །འདིར་ཡང་ལྟུང་བ་ཁ་ཅིག་གཞན་ལ་བཤེགས་པར་བྱ་བ་སྟེ། ་ཟག་པ་འབྲིང་ནི་གསུམ་ལ་བཤགས། གཅིག་གི་མདུན་དུ་ལྷག་མ་རྣམས་ཞེས་འཆད་པར་འགྱུར་པའོ། །ཁ་ཅིག་ནི་རང་ཉིད་ལེགས་པར་སྡོམ་པ་སྟེ། ཉོན་མོངས་མི་མདོས་བ་དག་སེམས་བཞིན་ཞེས་འཆད་པར་འགྱུར་བའོ། ། ་ལྟུང་བ་དེ་རྣམས་ནི་བྱང་ཆུབ་སེམས་དཔའ་ཨི་སྡེ་སྣོད་ཀྱི་མ་མོ་རྣམས་སུ་ཇི་ལྟར་ཉམས་པར་འགྱུར་བ་རྒྱུ་དང་བཅས་པས་བཅའ་བ་མཛད་པ་རྣམས། །དེ་ལ་ཕམ་པའི་གནས་ལྟ་བུའི་ལས་བསྟན་པར་འདོད་ནས། མིང་དང་ངེས་པའི ་ཚིག་དང་ལྡན་པ་རྣམས་བསྟན་པའི་ཕྱིར། ཉོན་མོངས་དག་ལས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བྱང་ཆུབ་སེམས་དཔའ་ཨི་སྡོམ་པ་ཐོབ་པར་གྱུར་པ་འདི་ཉིད་ཀྱི་ཉེས་པ་བཞི་པོ་ཉིད་ནི་ཕམ་པ་འདྲ་བར་དགོངས་པ་ཡིན་ཏེ། གང་དེ ་རྣམས་ནི་སྡོམ་པ་འཇིག་པར་བྱེད་པའོ། །ཕ་རོལ་རྒྱལ་ནས་འདི་དག་གིས་སྡོམ་པ་ལས་ཡོངས་སུ་ཉམས་པར་འགྱུར་པའི་ཕྱིར་ཕས་ཕམ་པའོ་ཞེས་བྱ་བ་ནི་ངེས་པའི་ཚིག་གོ་།སྡོམ་པ་ཉམས་ངའི་རྒྱུ་ཅམ་དུ་མཚུངས་པས ་ཕས་ཕམ་པ་དང་འདྲ་བ་ཡིན་གྱི། ཐམས་ཅད་དུ་དགེ་སློང་གི་བཞིན་དུ་ནི་མ་ཡིན་ཏེ། འདི་ལྟར་དགེ་སློང་ལ་བས་ཐམ་པའི་ལྟུང་བ་བྱུང་བ་ནི་དགེ་སློང་མ་ཡིན་ཞིང་དགེ་སྦྱོང་མ་ཡིན་ལ། ཚེ་འདི་ལ་སླར་ཡང་དགེ་སློང་གི་དངོས་པོར་འགྱུར་བའི་སྐལ་བ ་མེད་དོ། །བྱང་ཆུབ་སེམས་དཔའ་ནི་དེ་ལྟ་བུ་མ་ཡིན་ཏེ། འདི་ན་སྡོམ་པ་གཏོང་བ་འབའ་ཞིག་ཙམ་མོ། །ཚེ་འདི་ཉིད་ལ་སླར་ཡང་སྡོམ་པ་ཡང་དག་པར་ལན་པའི་སྐལ་པ་དང་ལྡན་པ་ཡིན་ཏེ། སྡོམ་པ་སླར་ཡང་བླང་བར་བྱ་ཞེས་འཆད་པར་འགྱུར ་བའོ། །ཡང་སྡོམ་པ་འཇིག་པར་བྱེད་པར་འགྱུར་བ་དེ་རྣམས་ཇི་ལྟ་བུ་ཞེ་ན། ཉོན་མོངས་དག་ལས་བྱུང་བ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཉོན་མོངས་པ་དྲག་པོ་ལས་བྱུང་པ་ཡིན་ཞིང་སྐྱེས་པ་གང་དག་ཡིན་པ་དེ་རྣམས་ནི་དེ་ལྟ་བུ་སྟེ། གང ་ཉོན་མོངས་པ་ཤས་ཆེན་པོ་མངོན་དུ་རྒྱུ་བའི་གནས་ལས་དེ་རྩམས་བྱང་བར་གྱུར་པ་དེའི་ཚོ་སྡོམ་པ་ཉམས་པར་འགྱུར་ཞིང་ཕས་ཕམ་པ་ཉིད་བྱུང་བར་གྱུར་པ་ཡིན་གྱི་གཞན་དུ་མ་ཡིན་ནོ། །འདི་དག་ལས་གང་ཡང་རུང་བ་ཞིག་བྱུང་ན་ཡང ་ཆོ་འདི་ཉིད་ལ་སླར་ཡང་བྱང་ཆུབ་སེམས་དཔའ་ཨི་ཆགས་རྒྱ་ཆེན་པོ་ལ་སོགས་པ་དང། ཡོངས་སུ་འཛིན་པའི་སྐལ་པ་མོད་པར་འགྱུར་ན་ཐམས་ཅད་བྱས་ན་ལྟ་སྨོས་ཀྱང་ཅི་དགོས། ཚེ་འདི་ཉིད་ལ་བསམ་པ་རྣམ་པར་དག་པའི་སྐལ་བ་མེད་དེ ་འདི་བྱང་ཆུབ་སེམས་དཔའ་ལྟར་བཅོས་པ་ཡིན་གྱི་ཡང་དག་པའི་བྱང་ཆུབ་སེམས་དཔའ་མ་ཡིན་ནོ། །ཉོན་མོངས་པ་དྲག་པོ་ནི་ཟག་པ་རྣམས་ཕྱིར་ཞིང་རྒྱུན་མ་ཆད་པར་ཀུན་ཏུ་སྤྱོད་ཀྱང་གང་འདི་ངོ་ཚེ་ཤེས་པ་དང། ཁྲེལ་ཡོད་པ་ཆུང་དུ་ཙམ ་ཡང་མི་སྐྱེད་པ་དང། དེ་མགུ་བར་བྱེད་ཅིང་དེ་ལ་དགའ་བ་དང་།དེ་ཉིད་ལ་ཡོན་ཏན་དུ་ལྟ་བ་ཅན་དུ་གྱུར་པ་དང། གསོལ་བ་བཏབ་ཀྱང་མ་ལྡོག་ཅིང་བསམ་པས་མི་གཏོང་བའོ། གང་གི་ཚེ་སླར་དོ་ཚ་དང་ཁྲེལ་ཆུང་དུ་ཙམ་སྐྱེ་བ་དང། ཕ་རོལ ་གྱིས་གསོལ་བ་བཏབ་པས་ལྡོག་པ་ང་ནི་འབྲིང་ལ་གནས་པའོ། །གང་གི་ཚེ་ཡང་མྱུར་བ་ཉིད་དུ་ངོ་ཚ་བར་བྱེད་ཅིང་རང་ཉིད་ཀྱང་རུང་སྟེ། སྐད་ཅིག་གིས་ལྡོག་པ་དེ་ནི་ཆུང་དུ་ལ་གནས་པར་རིག་པར་བྱའོ། །དེ་ལ་ཀུན་ནས་དགྲིས་པ་ཆེན ་པོས་སྤྱད་པ་ཉིད་ཀྱིས་ནི་སྡོམ་པ་ཡང་དག་པར་བླངས་པའི་བྱང་ཆུབ་སེམས་དཔའ་ཉིད་ཕམ་པ་བྱུང་བར་གྱུར་པ་ཡིན་ཏེ། ཉེས་པའི་གནས་སུ་གྱུར་པ་ཡིན་པས་དབྱུང་བར་བྱ་ཞེས་བྱ་བའི་དོན་ཏོ། །གང་ཡང་སྡོམ་པ་མ་བླངས་དང། སྡོམ་པ་ཕུལ ་བ་དེ་ནི་བྱང་ཆུབ་སེམས་དཔའ་མ་ཡིན་པའི་ཕྱིར་དེ་ལ་ནི་ཆོ་ག་འདི་མེད་དོ། །སྡོམ་པ་ཕུལ་བ་ཡང་དགེ་སློང་གི་བསླབ་པ་ཕུལ་བ་ལྟ་བུར་རིག་པར་བྱའོ། །གང་གིས་བྱང་ཆུབ་ཀྱི་སེམས་མ་བཏང་ཞིང་ཕམ་པའི་གནས་ལྟ་བུའི་ཆོས་རྣམས ་ཀྱང་མ་བྱུང་ལ་བརྗེད་ངས་པར་ཡང་མ་གྱུར་པ་དེ་ནི་འདུལ་བ་ཡོངས་སུ་མ་བཏང་བར་སྡོམ་པ་དྲན་པས་ཚེ་རྗེས་ཀྱང་སྡོམ་པ་དེ་ནི་རྗེས་སུ་འབྲང་བར་རིག་པར་བྱའོ། །དེ་ཉིད་ཀྱི་ཕྱིར་འདི་ལ་ཇི་སྲིད་འཚོའི་བར་དུ་ཞེས་ཡོངས་སུ་གཅོད་པར? ་བྱེད་པ་ནི་མ་ཡིན་ནོ། །དྲན་པ་བརྗེད་ཀྱང་སྔོན་གོམས་པའི་དབང་དང་།དགེ་བའི་བཤེས་གཉེན་དང་ཕྲད་པ་འམ། བྱང་ཆུབ་སེམས་དཔའ་ཨི་ཡོན་ཏན་ཐོས་པས་མེས་ཕ་ཡང་དག་པར་བསྐྱེད་པར་འགྱུར་གྱི། མི་ལེན་པར་བདེ་བར་འདུག་པ་ནི ་མ་ཡིན་གྱི། གཞན་དུ་ན་ཡང་དག་བར་བླངས་པ་ལ་མངོན་པར་ཕྱོགས་པ་ཡིན་ཡང་རུང་མ་ཡིན་ཡང་རུང་།གང་གིས་སྡོམ་པའི་རྒྱུན་གྱིས་རྗེས་སུ་བཅིང་པའི་ཕྱིར་ཚུལ་ཁྲིམས་རྣམ་པར་དག་པའི་ཆེད་དུ་འབད་པས་ཡང་དག་པར ་ལེན་པར་བྱེད་དོ། །འོ་ན་འདིར་ནི་གང་དེ་ལྟར་ཕམ་པར་འགྱུར་བའི་ལྟུང་བ་བཞི་ཁོ་ནར་བསྟན་ལ། འཕགས་པ་ནམ་མཁའ་ཨི་སྙིང་པོའི་མདོ་ལས་ནི་ཕམ་པར་འགྱུར་བའི་ལྟུང་བ་གཞན་མང་དུ་ཡང་གསུངས་པ་ཇི་ལྟར་ཡིན་ཞེ་ན། སྨྲས ་པ་བདེན་མོད་ཀྱི་དེ་ནི་སྡོམ་པ་འཇིག་པའི་རྒྱུ་ནི་མ་ཡིན་ནོ། །དེ་ལྟ་མོད་ཀྱི་སྡོམ་པ་མ་བླངས་པའི་སྔོན་བསྐྲུན་པའི་དགེ་བའི་རྩ་བ་ལྷ་དང་མིའི་བདེ་བ་ཕུན་སུམ་ཚོགས་པ་རྣམ་པར་གཅོད་པའི་རྒྱུ་ཡིན་ཏེ། གང་དེ་ཉིད་ལས་རིགས་ཀྱི་བུ་རྒྱལ་རིགས་སྤྱི་བོར ་དབང་བསྐུར་བའི་རྩ་བའི་ལྟུང་བ་ནི་ལྔ་སྟེ། རྩ་བའི་ལྟུང་བ་དེ་དང་ལྡན་ན་རྒྱལ་རིགས་སྤྱི་བོ་ནས་དཔང་བསྐུར་བའི་སྔོན་བསྐྲུན་པའི་དགེ་བའི་རྩ་བ་ཐམས་ཅད་འཇིག་པར་བྱེད་ཅིང་ལྷ་དང་མིའི་བདེ་བ་རྣམས་ལས་ཕམ་པར་འགྱུར། ངན་སོང་དུ་འགྲོ་བར ་འགྱུར་རོ་ཞེས་རྒྱ་ཆེར་གསུངས་སོ། །དེ་ལ་རྩ་བའི་ལྟུང་བ་ཆེས་ལྕི་བ་རྣམས་ནི་འཇིགས་པར་བྱེད། འཚེ་བར་བྱེད། མདོ་བར་བྱེད་ཅེས་བྱ་བའི་བར་དུའོ། །ཕམ་པར་འགྱུར་བ་ནི་ཡོངས་སུ་ཉམས་པའོ། །གལ་ཏེ་སྡོམ་པ་བླངས་པ་འདི་ལ་ཡང་ལྟུང་བ་འདི ་རྣམས་སྡོམ་པ་འཇིག་པའི་རྒྱུ་ཉིད་ཡིན་པས་ཡང་ཕམ་པ་ཡིན་ནོ། །ཞེས་དགོངས་པ་ཡིན་ན་ནི་དེའི་ཚེ་སྡོམ་པ་ལ་གནས་པའི་རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་འདི་ལ་ཡང་ཕམ་པར་འགྱུར་བའི་ལྟུང་བ་གང་ཡིན་པ་འདི་རྣམས་ལས་གང ་ཡང་རུང་བའི་ལྟུང་བ་གཅིག་བྱུང་བས་སྡོམ་པ་གཏོད་པར་འགྱུར་བ་ཡིན་ན། ཐམས་ཅད་ཀྱི་ལྟ་ཅི་སྨོས་ཞེས་བྱ་བ་རྒྱུ་དང་བཅས་པར་བྱང་ཆུབ་སེམས་དཔའ་ཨི་སྡེ་སྣོད་ལས་གསུངས་པར་འགྱུར་ན། མ་གསུངས་པ་དང་གང་གི་ཕྱིར་རྒྱལ་རིགས་ལ ་སོགས་པའི་སྡོམ་པ་བླངས་པ་ཉིད་ཀྱིས་གང་དུ་མ་ཉིད་ཡོད་པའི་དབྱེ་བས་ལྟུང་བ་སྟོན་པར་བྱེད་པ་ཡིན་ན་ནི་དེ་ལེགས་ན། རྒྱལ་རིགས་ལ་སོགས་པའི་དབྱེ་བས་ལྟུང་བ་བསྟན་པ་ཅུང་ཟད་ཀྱང་མེད་པས། འདི་ལ་འགལ་བ་ཅི་ཞིག་ཡོད། ཡང་ཕམ་པར ་འབྱུང་བའི་ལྟུང་བ་དེ་རྣམས་གང་ཡིན་ཞེ་ན། རྙེད་དང་ཞས་བྱ་བ་ལ་སོགས་པ་སྨོས་པ་ལ། རྙེད་པར་བྱད་པས་ན་རྙེད་པ་སྟེ། གོས་དང་ཟས་ལ་སོགས་པའོ། །བཀུར་སྟི་ནི་ལེགས་པར་རིམ་གྲོ་བྱེད་པ་སྟེ། དེ་དག་ལ་ཆགས་པ་ནི་དེ་ལ་ལྷག་པར་ཞེ་ན ་པའི། །བདག་ནི་རང་ཉིད་དོ། །བསྟོང་བ་ནི་ཡང་དག་པ་དང། ཡང་དག་པ་མ་ཡིན་པའི་ཡོན་ཏན་གྱིས་བསྟོད་པར་བྱེད་པ་སྟེ། ལོག་པར་བསྟེད་ཅིང་གཞན་ཡོན་ཏན་དང་ལྡན་པ་དང། ཡོན་ཏན་དང་ལྡན་པར་གྲགས་པ་རྣམས་ལ ་ཡང་སྨོན་པ་སྟེ། སྐྱོན་རྣམས་བརྗོད་ཅིང་སྨོས་པའོ། །འདི་སྐད་དུ་ཡོན་ཏན་དང་ལྡན་པར་གྲགས་པ་ནི་བདག་སྟེ། འགྲོ་བ་རྣམས་བདག་ལ་བརྗེད་པར་བྱེད་བཀུར་སྟི་བྱེད་དོ། །གཏོང་བ་དང་ཡོངས་སུ་གཏོང་བ་དག་གིས་མཆོད་པར་བྱེད་ཅེས་བྱ ་བའི་བར་དུའོ། །བདག་ལ་བསྟོད་པར་བྱེད་ཅིང་གཞན་ལ་སྨད་པར་ཡང་བྱེད་པས་བདག་བསྟོད་ཅིང་གཞན་ལ་སྨོད་པར་བྱེད་པ་ནི་སྡོམ་པའི་ཚུལ་ཁྲིམས་ལས་ད་ལྟར་བའི་རྙེད་པ་དང་བཀུར་སྟི་ལ་མ་ཆགས་པ་ལས་ཉམས་པའི་ཕྱིར་བྱང་ཆུབ ་སེམས་དཔའ་ཨི་ཕམ་པའི་གནས་ལྟ་བུའི་ཆོས་སོ། །བྱང་ཆུབ་སེམས་དཔའ་རྙེད་པ་དང་བཀུར་སྟི་དག་ལ་ཤིན་ཏུ་ཆགས་པས་བདག་ལ་བསྟོད་པར་བྱེད་ཅིང་གཞན་ལ་སྨོད་པར་བྱེད་པ་ནི་ཕམ་པར་འགྱུར་བའི་ལྟུང་བ་འབྱུང་བ་ཡིན་ནོ། །བྱང ་ཆུབ་སེམས་དཔའ་གྱུར་པ་ནི་བདག་ཉིད་ཀྱིས་ཐོབ་པའི་རྙེད་པ་ཡང་གཞན་རྣམས་ལ་སྦྱིན་པར་བྱེད་ཅིང་།གསང་བའི་ཆོས་རྣམས་ཀྱང་གཞན་ལ་སྟོན་པར་བྱེད་པ་ཡིན་ན། དེ་ཇི་ལྟར་ཆགས་པ་པར་འདོད་པ་དང། ཐབས་དེས་གདུལ་བར་བྱེད་འདོད་ཅིང་མི་དགེ ་བསྟོད་པ་དང་གཞན་ལ་སྨོད་པ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་ཨི་ཆོས་མ་ཡིན་པ་ལྟ་སྨོས་ཀྱང་ཅི་དགོས། བསྟན་ཕ་གནས་པར་བྱ་བར་འདོད་པའི་ཕྱིར་མུ་སྟེགས་ཅན་རྣམས་ཟིལ་གྱིས་མནན་པར་འདོད་པ་དང། ཐབས་དེས་འདུལ ་པར་བྱེད་འདོད་ཅིང་མི་དགེ་བའི་གནས་ནས་བསླང་སྟེ་དགེ་བའི་གནས་སུ་འཇོག་པར་འདོད་པ་དང། མ་དང་པ་རྣམས་དང་པོར་བྱ་བ་དང། དང་པ་རྣམས་ཕྱིར་ཞིང་འབྱུང་བར་བྱ་བའི་ཕྱིར་བྱེད་ན་ཉེས་པ་མེད་དོ། །དོན་འདི་ཉིད་ལ་དགོངས་ནས། སྙིང ་རྗེར་ལྡན་ཞིང་བྱམས་ཕྱིར་དང། །སེམས་དགེ་བ་ལ་ཉེས་པ་མེད་ཅེས་མཐར་འཆད་པར་འགྱུར་རོ། །སྡུག་བསྔལ་མགོན་མེད་ཅེས་བྱ་བ་ལ་སོགས་པ་ལ། སྡུག་བསྔལ་བ་དང། ཕོངས་པ་དང། མགོན་མེད་པ་དང། སྐྱབས་མེད་པ་ལ་ནོར་འདོད་པ་རྣམས་དང ་ཆོས་འདོད་པས་ལེགས་པར་སློང་ཞིང་འོངས་པ་རྣམས་ལ་སྤྱིན་པར་བྱ་བའི་དངོས་པོ་ཡོད་ཅིང་བདོག་བཞིན་པ་དང། ཆོས་ལ་ངེས་པ་ཐོབ་ཀྱང་རང་བཞིན་གྱིས་སེར་སྣ་དང་ལྡན་པས་གཞན་ཉེ་བར་འབྱོར་བ་ལ་མི་བཟོད་པ་ཉིད་ཀྱིས་ནོན་ཏེ་ཟང་ཟིང་དང་ཆོས་ཀྱི ་སྦྱིན་པ་ལ་སོགས་པ་སྤྱིན་པར་འོས་པ་རྣམས་ལ་མི་སྟིར་བ་སྟེ། མི་གཏོང་བ་ནི་དགེ་བའི་ཆོས་སྡུད་པ་དང། སེམས་ཅན་གྱི་དོན་བྱ་བའི་ཚུལ་ཁྲིམས་དག་གི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་སྒྲུབ་པ་ལས་ཉམས་པའི་ཕྱིར་ཕམ་པའི་གནས་བལྟ་བུའི་ཆོས ་གཉིས་པའོ། །བྱང་ཆུབ་སེམས་དཔའ་ཨི་སྦྱིན་པར་བྱ་བའི་དངོས་པོ་ཡོད་པ་དང། ཆོས་རྣམས་ངེས་པ་ཡིན་ཡང་ལེགས་པར་དོན་དུ་གཉེར་ཞིང་འོངས་པ་རྣམས་ལ་སེར་སྣ་ཆེན་པོས་ཟིལ་གྱིས་ནོན་པས་ནོར་དང་ཆོས་མི་སྟེར་བ་ནི་ཕམ་པར་འགྱུར་བའི་ལྟུང ་བ་བྱུང་བའོ། །བྱང་ཆུབ་སེམས་དཔར་གྱུར་པ་ནི་གང་གིས་གཞན་ཕོངས་ཤིང་མངོན་པར་འདོད་པ་དག་ཉེ་བར་རིག་ནས་སློང་བར་མི་ཕྱེད་ཀྱང་བདག་ཉིད་ཀྱིས་ཕ་རོལ་དག་ནོར་ལེན་དུ་གཞུག་པར་བྱེད་ཅིང་ཀུན་བསྐུལ་བས་ཀྱང་ཆོས་ཉན་དུ་གཞུག་པར་བྱེད་པ་ཡིན ་ན། དེ་ཇི་ལྟར་དངོས་པོ་ཡོད་ཅིང་ཆོས་ཀྱི་ངེས་པ་ཡོད་ཀྱང་སེར་སྣས་ཀུན་ཏུ་བཅིངས་པས་ལེགས་པར་དོན་དུ་གཉེར་ཞིང་འོངས་པ་རྣམས་ལ་སློང་བར་བྱེད་ཀྱང་མི་སྟེར་བ་འདི་ནི་བྱང་ཆུབ་སེམས་དཔའ་ཨི་ཆོས་མ་ཡིན་ནོ། །ལོངས་སྤྱོད་དེ་དག་མེད་པས་མ ་བྱིན་པ་དང། དགེ་འདུན་གྱི་ནང་ཁྲིམས་སྲུང་བར་འདོད་པ་དང། ཐབས་དེ་འདུལ་བར་བྱེད་འདོད་ཅིང་མི་དགེ་བའི་གནས་ནས་སླང?་སྟེ་དགེ་བའི་གནས་སུ་འཇོག་པར་བྱེད་པ་དང། མི་ཕན་ཞིང་མ་བརྟགས་པ་དང། མ་བསླངས་པ་དང། དེ་རྒྱལ་པོ་ལ་གནོད་པ ་ཡིན་ན་ཉེས་པ་མེད་དོ། །མུ་སྟེགས་ཅན་གླགས་ཚོལ་བ་དང། མ་གུས་ཤིང་ཞེས་མེད་པ་དང། སྤྱོད་ལམ་ངན་པས་ནོད་པ་དང། ཆོས་མི་ལེན?་པ་དང། དབང་པོ་རྟུལ་པོ་ཆོས་རྒྱ་ཆེན་པོ་བསྟན་པ་དང། སྐྲག་ཅིང་ལོག་པར་ལྟ་བ་དང་ལེག་པར ་མངོན་པར་ཞེན་པ་དང། དེའི་ལག་ཏུ་སོང་ན་གཞན་སྣོད་དུ་མ་གྱུར་པ་རྣམས་ལ་ཆོས་འཕེལ་བས་ཉམས་པ་དང། གནོད་པར་འགྱུར་དུ་དོགས་པ་དང། བདག་ཉིད་སྨྲ་མི་ནུས་པར་གྱུར་ཅིང་སྟོབས་དང་མི་ལྡན་པ་དང། དེ་ཡང་ཆོས་འདི་ལ་མི་འཇུག་པ་ལ་ཐབས ་དེས་འདུལ་བར་འདོད་ན་ལྟུང་བ་མེད་དོ། །གཞན་གྱིས་ཞེས་བྱ་བ་ལ་སོགས་པ་ལ་ཁྲོ་བའི་ཀུན་ནས་དཀྲིས་པས་སྲོག་ཆགས་གཞན་ལ་འཚོགས་པ་སྟེ། ལག་པ་འམ། བོང་པ་འམ། དབྱིག་པ་དག་གིས་རྡེག་པར་བྱེད། །རྣམ་པར་འཚེ་བར་བྱེད ་རྣམ་པར་ཐོ་འཚམས་པར་བྱེད་ལ། ཁྲོ་བའི་བསམ་པ་ཁོ་ན་ཞེ་ལ་བཟུང་སྟེ། གཞན་གནོད་པར་བྱེད་པ་རྣམས་ཀྱིས་བཤགས་ཀྱང་སྟེ་ཤད་ཀྱིས་སྦྱངས་ཀྱང་མི་ཉན་ཅིང་བཟོད་པར་མི་བྱེད་ལ་བསམ་པས་མི་གཏོད་པ་འདི་ནི་སྡོམ་པའི ་ཚུལ་ཁྲིམས་དང་དགེ་བའི་ཆོས་སྡུད་པའི་ཚུལ་ཁྲིམས་དག་ལ་གཞན་གྱིས་ཉེས་པ་བཟོད་པར་བྱེད་པ་ལས་ཉམས་པའི་ཕྱིར་ཕམ་པའི་གནས་ལྟ་བུའི་ཆོས་གསུམ་པའོ། །བྱང་ཆུབ་སེམས་དཔའ་ཁྲོ་བ་དྲག་པོས་ཟིལ་གྱིས ་གནོན་པས་ཕ་རོལ་གྱིས་ལེགས་པར་བཤགས་ཤིང་ཤད་ཀྱིས་སྤྱངས་ཀྱང་མི་ཉན་ཅིང་མི་བཟོད་ལ། རྡེག་པར་བྱེད་པ་ནི་ཕམ་པར་འགྱུར་བའི་ལྟུང་བ་འབྱུང་བའོ། །བྱང་ཆུབ་སེམས་དཔའ་གྱུར་པ་ནི་གང་གིས་ཕ་རོལ་གྱི་ཉེས་པར་སྦྱང ་པ་ཤིན་ཏུ་དྲག་ཅིང་མཆེད་པར་འགྱུར་ལ། མང་དུ་བྱ་བ་ལ་ཡང་བཟོད་པར་བྱ་ཞིང། རྙེད་པའི་གནས་དང་འདྲ་བར་རི་མོར་བྱ་བའི་སེམས་ཀྱིས་རབ་ཏུ་དགའ་བ་བསྐྱེད་པར་བྱ་བ་ཡིན་ན། འདི་ནི་དེ་ཙམ་གྱིས་ཉེས་པར་སྤྱད་པ་ལ་ཡང ་ཅིའི་ཕྱིར་དེ་ལྟ་བུ་ཁྲོ་བ་ཡང་ཇི?་ལྟར་དང་དུ་ལེན་པར་བྱེད། གང་གི་ཕྱིར་ཚིག་རྩུབ་མོ་མངོན་པར་བརྗོད་ཅིང་རྡེག་པར་བྱེད་ལ། ངོ་ཚ་མེད་པའི་སེམས་ཀྱི་རང་ཉིད་ལྡོག་པར་ཡང་མི་བྱེད། ཤད་ཀྱིས་སྦྱངས་པ་བྱས་ཀྱང་བག་ལ་ཉལ་ལམ་འཆིང་པས་བཟོད་པར ་མི་བྱེད་པ་འདི་ནི་བྱང་ཆུབ་སེམས་དཔའ་ཨི་ཆོས་མ་ཡིན་ནོ། །ཐབས་དེས་འདུལ་བར་འདོད་ན་ཞེས་བྱ་བ་ལ་སོགས་པ་རྣམས་ནི་སྔ་མ་བཞིན་དུ་ཉེས་པ་མེད་པ་ཡིན་ནོ། །ཐེག་པ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་ལ་ཐེག་པ་ཆེན་པོ་ན་བྱང་ཆུབ ་སེམས་དཔའ་ཨི་སྡེ་སྣོད་ཀྱི་མ་མོ་ལ་སོགས་པའོ། །སྤོང?་བྱེད་ཅིང་ནི་སྐུར་པ་འདེབས་པའོ། །དམ་ཆོས་འདྲང་སྣང་ནི་དེའི་གཟུགས་བརྙན་གྱིས་ཆོས་ལ་གཞན་གྱིས་གཡམ་ལ་ཡང་རུང་སྟེ། སྟོན་པ་དང་འཇོག་པ་ནི་དཔེ་བའི་ཆོས་བསྡུད་པའི་ཚུལ་ཁྲིམས་ཀྱི་བསྡུས་པའི་རྣམས་པའི་ཚུལ་ཁྲིམས་ཀྱིས ་ལྟ་བ་ངན་པ་སྤོང་བ་ལས་ཉམས་པའི་ཕྱིར་ཕམ་པའི་གནས་ལྟ་བུའི་ཆོས་བཞི་པའོ། །བྱང་ཆུབ་སེམས་དཔའ་ནི་ལྟ་བ་དྲག་པོ་ལ་ཀུན་ཏུ་གནས་པས་ཐེག་པ་ཆེན་པོ་སྤོང་ཞིང་སྐུར་པ་བཏབ་ནས་དེའི་གཟུགས་བརྙན་གྱིས་ཆོས་སྟན་པར་བྱེད་པ ་ནི་ཕམ་པར་འགྱུར་བའི་ལྟུང་བ་འབྱུང་བའོ། །བྱང་ཆུབ་སེམས་དཔའ་གྱུར་པ་ནི་གང་གིས་ནུས་པ་ཇི་ལྟ་བས་ཐེག་པ་ཆེན་པོ་འདི་ཉིད་སེམས་ཅན་གྱི་ཚོགས་རྒྱ་ཆེན་པོ་ལ་ཕན་པ་དང་བདེ་བའི་ཐབས་ཡིན་པའི་ཕྱིར་ནུས་པ་ཇི་ལྟ་བས་བསྟེན་པར ་བྱ་ཞིང་རབ་ཏུ་བསྟན་པར་བྱ་བ་ཡིན་ན། འདི་ཇི་ལྟར་རྨོངས་པའི་ལོ་མ་གཅོད་པ་བཞིན་དུ་སྐུར་པ་འདེབས་པ་ལ་འཇུག་པར་བྱེད་པ་ཞེས་བྱ་བ་འདི་ནི་བྱང་ཆུབ་སེམས་དཔའ་ཨི་ཆོས་མ་ཡིན་ནོ། །གང་ཡང་བྱང་ཆུབ་སེམས་དཔའ་འདི་བསླབ་པའི ་གཞི་རྣམས་ལ་མ་བྱང་བ་འམ། དྲན་པ་མེད་པ་འམ། འཁྲུལ་པ་འམ། གུས་པ་མེད་པས་ཕམ་པའི་གནས་ལྟ་བུའི་ཆོས་གང་ཡང་རུང་བ་ཞིག་བྱུང་ན་ཡང་བྱང་ཆུབ་སེམས་དཔའ་མ་ཡིན་པར་འགྱུར་བས། གལ་ཏེ་སླར་ཡང ་ལེན་པར་འདོད་ན་ངེས་ཇི་ལྟར་བསྒྲུབ་པར་བྱ་ཞེ་ན། སྡོམ་པ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ལ་དམ་པ་བྱུང་བ་ཞེས་བྱ་བ་ལྷག་མ་སྟེ། གཞན་གྱི་དབང་དུ་བྱས་ནས་བསྟན་པ་མ་ཡིན་པའི་ཕྱིར་རོ། །ཕམ་པ་བྱུང་བའི་བྱང་ཆུབ ་སེམས་དཔའ་ཚེ་འདི་ཉིད་ལ་སླར་ཡང་སྟེ་བྱིས་ཡང་སྡོམ་པ་བླངས་བར་བྱ་སྟེ་བཅས་པ་ཚད་མར་གྱུར་པས་སྣོད་དུ་རུང་བའི་ཕྱིར་རོ། །དགེ་སློང་བཞིན་དུ་ཡང་བླང་བར་མི་བྱ་བ་ནི་མ་ཡིན་ནོ། །ཇི་སྐད་དུ་དེ་ཡང་ཀུན་ནས་དཀྲིས་པ་ཆེན་པོས་ཕམ་པའི་གནས ་ལྟ་བུའི་ཆོས་བྱུང་བར་གྱུར་ན་དེས་བཏང་བའི་སྡོམ་པ་སླར་ཡང་བླང་བར་བྱ་ཞེས་གསུངས་པ་ལྟ་བུའོ། །འོ་ན་གང་ཀུན་ནས་དཀྲིས་པ་ཆེན་པོས་བླང་བའི་ཆོས་དག་གིས་ནི་སྡོམ་པ་གཏོང་བ་ཡིན་ན། གལ་ཏེ་ཆོས་འདི་དག་ཀུན་ནས་དཀྲིས་པ་འབྲིང་གིས ་བསྐྱེད་པ་ཡིན། ངེས་གསོལ་བ་ལ་འདིས་ཇི་ལྟར་བསྒྲུབ་པར་བྱ་ཞེ་ན། ཟག་པ་འབྲིང་ནི་ཞེས་བྱ་བ་སོགས་པ་ལ་སྨོས་ཏེ། ཟག་པ་འབྲིང་ནི་བདག་ལ་བསྟོད་པ་ལ་སོགས་པའི་རྒྱུར་གྱུར་པ་གང་ཡིན་པའི་ཉོན་མོངས་པ་ཉིད་དེ་ཀུན་ནས་དཀྲིས་པ ་འབྲིད་གིས་བསྐྱེད་པ་ཞེས་བྱ་བའི་དོན་ཏོ། །བཤགས་པ་ནི་བཤགས་པར་བྱ་བ་སྟེ། ཉེས་བྱས་སུ་ཀུན་ཏུ་བསྡུས་པ་ཉིད་ཡིན་གྱི། སྟོབས་ཆུང་བའི་ཕྱིར་ཉམས་པར་བྱེད་པ་ནི་མི་ཡིན་ནོ། །ལྟུང་བ་དེ་དག་ནི་གསུམ་སྟེ། གང་ཟག་གསུམ་ཉན ་ཐོས་ཀྱི་ཐེག་པ་པ་འམ། ཐེག་པ་ཆེན་པོ་པ་འམ། ལོངས་སྤྱོད་པའི་གང་ཟག་གསུམ་པོ་རྣམས་ཏེ། གང་དག་ཚིག་དེ་བརྔ་ཕྲད་ཅིང་འཛིན་ནུས་པ་རྣམས་ལ་བཤགས་པར་བྱ་བ་ཡིན་གྱི་བཅས་པ་ཚད་མ་ཡིན་པའི་ཕྱིར་གཉིས་སམ། གཅིག་གི ་མདུན་དུ་ནི་མ་ཡིན་ནོ། །དེ་ཡང་དེ་རྣམས་ལ་ཐལ་མོ་སྦྱར་ཏེ་ཕྱག་བྱས་ལ་དམའ་བའ་ཨི་ཕྱོགས་སུ་ཙོག་ཙོག་པོར་འདུག་སྟེ་ཐལ་མོ་སྦྱར་ནས་ཐོག་མར་དངོས་པོ་བརྗོད་དེ། འདི་སྐད་ཅེས་ཚེ་དང་ལྡན་པ་རྣམས་དགོངས་སུ་གསོལ་བདག་མིང ་འདི་ཞེས་བྱ་བ་ལ་ཇི་སྐད་ཡོངས་སུ་བརྗོད་པའི་གཞི་ལ་བྱང་ཆུབ་སེམས་དཔའ་ཨི་འདུལ་བ་དང་འགལ་བའི་ཉེས་བྱས་ཀྱི་ནོངས་པ་བྱུང་སྟེ། དེ་དག་ཚེ་དང་ལྡན་པ་རྣམས་ཀྱི་མདུན་དུ་བདག་མཐོལ་ལོ་ཆགས་སོ། །མི་འཆབ་བོ། །མཐོལ་ཞིང་བཤགས་ན ་བདག་བདེ་བ་ལ་རེག་པར་གནས་པར་འགྱུར་གྱི། མ་མཐོལ?་མ་བཤགས་ན་ནི་བདེ་བ་ལ་རེག་པར་གནས་པར་མི་འགྱུར་རོ། །དེ་རྣམས་ཀྱིས་དེ་ལ་འདི་སྐད་དུ་ཚེ་དང་ལྡན་པ་ཁྱོད་ཀྱིས་ལྟུང་བ་འདི་ལ་ལྟུང་བར་མཐོང་ངམ་ཞེས་སྨྲ་ན ་མཐོང་ངོ་ཞེས་སྨྲ་བར་བྱའོ། །དེ་རྣམས་ཀྱིས་ཀྱང་ཕྱིན་ཆད་སྡོམ་པར་བྱེད་དམ་ཞེས་སྨྲ་པར་བྱའོ། །དེས་ཀྱང་ཤེས་ཤིང་མཐོང་ལ་དྲན་ན་ཆོས་བཞིན་འདུལ་པ་བཞིན་དུ་ཤིན་ཏུ་ལེགས་པར་སྤྱི་བོས་ནོད་པར་བགྱིའོ་ཞེས་སྨྲ་བར་བྱའོ། །དེ་ལྟར་ལན ་གསུམ་དུ་བྱའོ། །ཀུན་ནས་དཀྲིས་པ་ཆུང་ངུས་བསྐྱེད་པའི་ལྟུང་བ་དེ་རྣམས་ཡང་ཇི་ལྟར་བསྒྲུབ་པར་བྱ་ཞེ་ན། གཅིག་གི་མདུན་དུ་ལྷག་མ་རྣམས་བྱ་ཞེས་བྱ་བ་སྨོས་སོ། །ལྷག་མ་ནི་ཟག་པ་འབྲིང་གིས་བསྐྱེད་པའི་ལྟུང་བ་དག་ལས་གཞན ་པ་དེ་རྣམས་ཉིད་ཟག་པ་ཆུང་ངུའི་ལྟུང་བ་རྣམས་ནི་ཇི་སྐད་དུ་བཤད་པའི་གང་ཟག་གཅིག་གི་མདུན་དུ་སྟེ། གན་དུ་བཤགས་པར་བྱ་བ་ཡིན་ཏེ། གསུམ་པོ་ཁོ་ན་ལ་བཤགས་པར་ཡང་མ་ཡིན་ལ། བདག་ཉིད་ཀྱིས་བསྡམ་པར་བྱ་བ ་ཡང་མ་ཡིན་ནོ། །འོ་ན་ཉེས་བྱས་ཀྱི་ལྟུང་བ་ལས་གཞན་གང་ཡིན་པ་དེ་རྣམས་ཇི་ལྟར་བསྒྲུབ་པར་བྱ་ཞེ་ན། ཉོན་མོངས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདིར་བདག་སེམས་ལ་ཞེས་བྱ་བའི་ཚིག་ཏུ་ཡང་ལྟ་བར་ཕྱ་སྟེ། འཆད ་པར་འགྱུར་བའི་ཉོན་མོངས་པ་ཅན་དང། ཉོན་མོངས་པ་ཅན་མ་ཡིན་པའི་ཉེས་བྱས་ཀྱི་ལྟུང་བ་དེ་རྣམས་ཉིད་བདག་གི་སེམས་ཀྱི་མདུན་དུ་ཡང་བཤགས་པར་བྱ་སྟེ། འདི་ནི་འདིའི་སྡིག་པ་ཅན་མ་ཡིན་པའི་དོན་ཏེ། །དེ་ལྟར ་བསྒྲུབ་པའི་གང་ཟབ་མེད་ན། ཉོན་མོངས་པ་ཅན་ད་ཉོན་མོངས་པ་ཅན་མ་ཡིན་པ་ཉིད་ཀྱི་ཆོས་བྱུང་བ་ན་བསམ་པ་ཐག་པ་ནས་ཕྱིས་ཡང་ཀུན་ཏུ་མི་སྦྱང་བའི་སེམས་བསྐྱེད་བྱ་ཞིང་ཕྱིས་ཡང་འདི་ལྟ་བུ་བདག་གིས་མི་བྱའོ་ཞེས་ཕྱིན་ཅད་སྡོམ་པར་ཡང་བྱེད་དོ། ་དོན་ནི་འདི་ཡིན་ཏེ། ཟག་པ་འབྲིང་གི་ལྟུང་བ་རྣམས་གང་ཟག་གསུམ་ཉིད་ཀྱི་མདུན་དུ་བཤགས་པས་ལྡང་པར་འགྱུར་ཏེ། གཉིས་དང་གཅིག་གི་མདུན་དུ་ནི་མ་ཡིན་ནོ། །ཟག་པ་ཆུང་དུ་ནི་གཅིག་གི་མདུན་དུ་ཡང་བཤགས་པར་བྱའོ། །དེ་ཉིད་དུ ་ཉོན་མོངས་པ་ཅན་དང། ཉོན་མོངས་པ་ཅན་མ་ཡིན་པ་ཉིད་ནི་རང་གི་སེམས་ལ་བཤགས་པ་ལེགས་པར་བསྡམས་པས་ཀྱང་ལྡང་བར་འགྱུར་ཏེ། འདི་རྣམས་བཤགས་པའི་ཕྱིར་ཇི་ལྟར་ཟག་པ་ཆུང་ངུ་དང་འབྲིང་གི་ལྟུང་བ་རྣམས ་བཞིན་དུ་གཅིག་གམ་གསུམ་ངེས་པར་འཚོལ་བ་མ་ཡིན་ནོ། །འགའ་ཡང་ཞིག་བདག་སེམས་བཞིན་ཞེས་འདོན་པ་ནི་བྱང་ཆུབ་སེམས་དཔའ་ཨི་སྡེ་སྣད་ལས་མ་གསུངས་པའི་ཕྱིར། བཞིན་ཞེས་བྱ་བ་ནི་མི་རིགས་པའི་ཕྱིར་ལོག་པར་བརྗོད་པ ་ཉིད་ཡིན་ནོ། །བཞིན་ཞེས་བྱ་བ་ཡང་མཉམ་པའི་དོན་དུ་རབ་ཏུ་གྲགས་ཤིང་བརྗོད་པ་མ་ངེས་པའི་སྒྲུབ་པའི་དོན་སྦྱོར་བའོ། །དེ་ལ་རེ་ཞིག་བདག་གི་སེམས་ལ་ལྟུང་བ་ལས་ལྡང་བའི་ཆོག་ནི་རབ་ཏུ་ངེས་པ་མ་ཡིན་ཏེ། ཇི་སྐད་བསྟན་པའི་གང ་ཐག་ཉེ་བ་ན་མེད་ན་དེའི་འོག་ཏུ་ཆོ་ག་འདི་བྱ་བའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་ཕ་རོལ་ལ་བརྟེན་ནས་ལྟུང་བ་ལས་ལྡང་བའི་ཆོ་ག་ནི་རབ་ཏུ་མ་ངེས་པ་མ་ཡིན་ནོ། །གང་གིས་ཇི་ལྟར་རང་གི་སེམས་ཀྱི་མདུན་དུ་བཤགས་པར་བྱ་བ་དེ་བཞིན་དུ་གང ་ཟག་ཅིག་ཉིད་ཀྱི་མདུན་དུ་བཤགས་པར་བྱ་ཞེས་བསྟན་པ་ཡིན་ན་ནི་ལེགས་ན་དེའི་ཆོ་ག་ནི་སྔར་བསྟན་ཏོ། །དེ་ཡང་བདག་སེམས་བཞིན་ཞེས་བརྗོད་པ་འདི་ནི་བཅོས་མས་ལོག་པར་བཀོད་པ་སྟེ། ལྟུང་བ་ལས་ལྡང་བའི་ཆོ་ག ་གཞན་བསྟན་པ་ལ་ཞུགས་པས་ཡུལ་ཉེ་བར་སྤངས་པས་ཆོ་ག་མ་ཡིན་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་དེ་ནི་ཕ་རོལ་ལ་བཤགས་པ་ཉིད་ཀྱིས་ལྟུང་བ་ལས་ལྡང་བའི་ཕྱིར་བྲག་པ་འབྲིང་དང་ཆུང་ངུའི་ལྟུང་བ་རྣམས་དང་འདི་ཚུལ་འཐུན་པ་མ་ཡིན་ནོ། །བྱང་ཆུབ ་སེམས་དཔའ་ཨི་སྡེ་སྣོད་ལས་ཀྱང་བཞིན་ཞེས་བྱ་བ་ནི་མ་གསུངས་ཏེ། དེ་ལས་ནི་འདི་སྐད་དུ་དེ་ཡང་ཀུན་ནས་དཀྲིས་པ་འབྲིང་གིས་ཕམ་པའི་གནས་ལྟ་བུའི་ཆོས་བྱུང་བར་གྱུར་པས་དེས་གང་ཟག་གསུམ་འམ་དེ་ལས་ལྷག་པར་རུང་བའི་མདུན་དུ་བཤགས ་བར་བྱའོ། །ཀུན་ནས་དཀྲིས་པ་ཆུང་ངུས་བྱས་པའི་ཕམ་པའི་གནས་ལྟ་བུའི་ཆོས་ནི་གཅིག་གི་མདུན་དུ་བཤགས་པར་རིག་པར་བྱའོ། །ལྟུང་བ་གཞན་རྣམས་ཀྱང་གང་གི་མདུན་དུ་བཤགས་པར་བྱ་བའི་རྗེས་སུ་འཐུན་པའི་གང་ཟག་མེད་ན། བྱང ་ཆུབ་སེམས་དཔས་བསམ་པ་ཐག་པ་ནས་ཕྱིན་ཆད་མི་བྱེད་པའི་སེམས་བསྐྱེད་པར་བྱ་ཞིང་ཕྱིས་ཀྱང་སྡོམ་པར་བྱེད་པ་འདི་ནི་དེའི་ལྟུང་བ་རྣམས་ལས་ལྡང་བར་བསྟན་པར་བྱའོ་ཞེས་གསུངས་སོ། །དེ་ལ་གསུམ་ལ་ཞེས་བསྟན་པ་ནི ་ངེས་པར་གཟུང་བ་དང་བཅས་པར་བལྟ་བར་བྱ་སྟེ། གསུམ་ཁོ་ན་ཡིན་གྱི་གཉིས་སམ་གཅིག་གི་མདུན་དུ་ནི་མ་ཡིན་ཏེ། ཉུང་བ་ཉིད་ཀྱིས་ཐ་མལ་པ་ལ་སོགས་པ་བཞིན་དུ་ལྟུང་བ་ལས་ལྡང་བའི་ལས་བྱས་སུ་ཟིན་ཀྱང་མ་བྱས་བས ་འགྱུར་རོ། །དེ་ལས་ལྷག་པ་ཡང་རུང་སྟེ་ཞེས་བྱ་བ་ནི་གསུམ་ལས་ལྷག་པ་སྟེ་བཞི་ལ་སོགས་པའི་མདུན་དུ་སྟེ། ལྷག་པ་ཉིད་ཀྱིས་ལེགས་པར་བྱས་པའི་ཕྱིར་རོ། །གཅིག་གི་མདུན་དུ་ཞེས་བྱ་བ་འདི་ལ་ཡང་གི་སྒྲར་བལྟ་བར་བྱ་སྟེ ་བཤགས་པར་བྱ་ཞེས་འདིར་ངེས་པར་གཟུང་བར་བྱའོ། །འདིའི་དོན་ནི་གཅིག་གི་མདུན་དུ་ཡང་སྟེ། གཉིས་ལ་སོགས་པ་འབའ་ཞིག་ལ་བཤགས་པར་བྱ་བ་ནི་མ་ཡིན་ནོ། །རང་གི་སེམས་ཀྱིས་སྡོམ་པ་ཡང་ལྟུང་བ་གཞན་རྣམས ་ཀྱང་ཞེས་གསུངས་པའི་ཀྱང་གི་སྒྲ་ནི་གཅིག་མདུན་དུ་བཤགས་པར་རིག་པར་བྱའོ་ཞེས་བྱ་བ་འདི་འདྲེན་པ་ཡིན་ཏེ། ཐུབ་བའི་བཀའ་ནི་རིམ་པ་དང་བྲལ་བ་མ་ཡིན་པར་ལྟ་བར་བྱའོ། །འོ་ན་བཤགས་པར་རིག་པར་བྱའོ། ། ་ཞེས་བྱ་བ་ཡང་ཟག་པ་ཆུང་ངུའི་ལྟུང་བ་དག་ལས་གཞན་པའི་ཉེས་བྱས་ཀྱི་ལྟུང་བ་རྣམས་གཅིག་གི་མདུན་དུ་བཤགས་པར་རིག་པར་བྱ་བ་མ་ཡིན་ནམ་ཞེ་ན། ཅི་འདི་རྣམས་བཤཌ་པ་ཁོ་ནར་རིག་པར་བྱ་བ་མ་ཡིན་པར་བསྟན་པའི་ཕྱིར་མེད་ན་ཞེས་བྱ ་བ་ལ་སོགས་པ་གསུངས་ཏེ། དོན་ནི་འདི་ཡིན་ཏེ། ལྟུང་བ་གཞན་རྣམས་ནི་བཤགས་པར་ཡང་བྱ་ཞེས་བྱ་བར་རིག་པར་བྱ་ལ་བཤགས་པའི་གནས་ཀྱི་གང་ཟག་མེད་ན་ཕྱིས་ཡང་ལྷག་པར་མི་སྤྱོད་པའི་སེམས ་བསྐྱེད་པར་རིག་པར་བྱའོ། །གཞན་དུ་ན་གང་ཟག་གི་གྲངས་ཀྱིས་ཀྱང་སོ་སོར་བསྟན་པ་ལས་དོན་ཅི་ཞིག་ཡོད། གལ་ཏེ་ཡང་ཟག་པ་ཆུང་ངུའི་ལྟུང་བ་རྣམས་ཀྱང་ལེགས་པར་སྡོམ་པར་འགྱུར་བ་ཉིད་དུ་དགོངས་པ་ཡིན་ན་ནི ་དེའི་ཚེ་ཀུན་ནས་དཀྲིས་པ་ཆུང་ངུས་བྱས་པའི་ཕམ་པའི་གནས་ལྟ་བུའི་ཆོས་ཞེས་ལོགས་ཤིས་ཏུ་བསྟན་པ་ལ་དོན་མེད་དོ། །དེ་ལྟར་ཡང་ཟག་པ་འབྲིང་གི་ལྟུང་བ་རྣམས་ནི་བཤགས་པར་བྱ་བ་ཉིད་དུ་བསྟན་ལ་གཞན་རྣམས ་ཀྱང་ཁྱད་པར་མེད་པ་ཡིན་པས་བཤགས་པ་དང། ལེགས་པར་སྡོམ་པ་ཞེས་བསྟན་པ་ཡང་མི་རིགས་པར་འགྱུར་རོ། །གལ་ཏེ་ཡང་ཟག་པ་འབྲིང་ཡང་བསྡམ་པར་གྱུར་ན་དེའི་ཚེ་གསུམ་འམ། དེ་ལས་ལྷག་པའི ་གང་ཟག་གི་གངས་ནི་དགོས་པ་མེད་པར་འགྱུར་རོ། །དེའི་ཕྱིར་བཤགས་པར་བསྟན་པ་ཉིད་དུ་གྲུབ་པོ། །གང་ཟག་མེད་ན་ཡིད་ཀྱིས་བསྡམ་པར་ཡང་དགོངས་པ་ཡིན་པའི་ཕྱིར་འདིར་གཅིག་ལ་བཤགས་པ་འམ། དུ་མལ་བཤགས ་པའང་རུང་སྟེ། འདི་ལ་ངེས་པ་མེད་པར་འགྱུར་རོ། །དེ་ལྟར་ན་གང་ཟག་གི་གྲངས་ནི་རིགས་པ་ཡིན་ནོ། །གལ་ཏེ་དེ་ལས་ཉུང་པའི་བཤགས་པར་བྱ་བའི་ལྟུང་བ་རྣམས་ཀྱང་མ་བྱུང་བ་དེ་ལྟར་ན་རང་གི་སེམས་ཀྱིས་བསྡམ་པའི་གོ་སྐབས་ཡོད་པར་ག་ལ་འགྱུར། ་དེའི་ཕྱིར་ཇི་སྐད་བསྟན་པ་ཉིད་ནི་རིགས་པ་ཡིན་ནོ། །དེ་ལྟ་བུ་ཉིད་དུ་མཐོང་ནས་དོན་མཛད་པས། །ཟག་པ་འབྲིང་ནི་གསུམ་ལ་བཤགས། །གཅིག་གི་མདུན་དུ་ལྷག་མ་རྣམས། །ཉོན་མོངས་མི་མོངས་བདག་སེམས་ལ། །ཞེས་མདོ་གསུམ་པོ་སོ་སོར་བསྟན ་པ་ཡིན་ནོ། །གཞན་དུ་ན་བདག་ཉིད་ཆེན་པོ་ཐུགས་རྗེ་ཆན་པོ་དང་ལྡན་པ་བློ་གྲོས་རྣམ་པར་དག་པས་དེ་ཇི་ལྟར་ཀུན་ཏུ་རྨོངས་པ་འམ། ཚིག་ལ་མི་མཁས་པས་དེ་ལྟ་བུའི་དོན་དུ་བསྟན་པ་ཡིན་ཏེ། ཤིན་ཏུ་སྤྲོས་པས་ཆོག་གོ་།དེ་ན་ཉོན་མོངས་པ་ཅན་དང་ཉོན ་མོངས་པ་ཅན་མ་ཡིན་པ་ཞེས་བྱ་བའི་ལྟུང་བ་འདི་གང་ཡིན་ཞེ་ན། ཆགས་པ་དང། ཀུན་ནས་མནར་སེམས་དང། ཁོང་ཁྲོ་བ་དང། ཕྲག་དོག་དང། ང་རྒྱལ་དང་མ་དད་པ་དང། མ་གུས་པ་ལ་སོགས་པ་རྣམས་ཀྱི་ཉོན་མོངས་པ་ཅན་གྱི་སེམས་པས ་ཀུན་ནས་བསླང་བའི་ལྟུང་བ་ནི་ཉོན་མོངས་པ་ཅན་ནོ། །ལེ་ལོ་དང་སྙོམ་ལས་དང། བག་མེད་པ་དང། བརྗེད་ངས་པ་ལ་སོགས་པས་བྱུང་བ་ནི་ཉོན་མོངས་པ་ཅན་མ་ཡིན་པ་སྟེ། དཀོན་མཆོག་གསུམ་ལ་མཆོད་པ་ལས་གཞན་པ་ལ་ནི་ཉོན་མོངས ་པ་ཅན་མ་ཡིན་པ་ཡིན་ལ། འདི་ལ་སྙོམ་ལས་དང་ལེ་ལོ་ལ་སོགས་པ་བྱེད་པ་ནི་ཉོན་མོངས་པ་ཅན་དུ་དགོངས་པའོ། །དེ་ལ་ཀུན་ནས་མནར་སེམས་ནི་འཁྲུག་པའོ། །ཁོང་ཁྲོ་བ་ནི་ཞེ་སྡང་ངོ། །ལེ་ལོ་ནི་དགེ་བ་ལ་མི་སྤྲོ་བའོ། །སྙོམ་ལས་ནི་ཕྱེད་པར ་མི་འདོད་པས་ལུས་དང་སེམས་སྙོམ་པའོ། །ཆགས་པ་ཁོང་ཁྲོ་ང་རྒྱལ་སོགས། །ཉོན་མོངས་ལྟུང་བར་འདིར་བསྟན་ཏེ། ལེ་ལོ་རྗེད་ངས་ལ་སོགས་པ། །མཆོད་ལས་གཞན་དུ་ཉོན་མོངས་མ་ནི་ཞེས་བྱ་བ་ནི་བསྡུ་བའི་ཚིགས་སུ་གཅད་པའོ། །ཡང་དེ་ལས ་གཞན་པའི་ལྡང་པའི་ཆོ་ག་རྣམ་པ་གཉིས་བསྟན་པའི་ཏུང་བ་དེ་རྣམས་གང་ཡིན་ཞེས་འདྲི་བ་ལ་ཉེས་བྱས་ཀྱི་ལྟུང་བ་ནི་བཅུ་རྩ་དྲུག་རྒྱུ་ཇི་ལྟ་བའི་རིམ?་པས་བསྟན་པར་འདོད་ནས། དཀོན་མཆོག་གསུམ་ཞེས་བྱ་བ་ལ་སོཌ ་བ་སྨོས་ཏེ། དཀོན་མཆོག་གསུམ་ལ་ཞེས་བྱ་བ་ནི་སངས་རྒྱས་དང་ཆོས་དང་དགེ་འདུན་ཏེ། དཀོན་མཆོག་གསུམ་པོ་རྣམས་ལ་གསུམ་སྟེ་ལུས་དང་ངག་དང་ཡིད་དག་གིས་མཆོད་པར་མི་བྱེད་པ་ནི་དགེ་བའི་ཆོས་སྡུད་པའི་ཚུལ་ཁྲིམས་ཀྱི་དུས ་དུས་སུ་རྒྱ་ཆེ་བའི་རྣམ་པ་ཐམས་ཅད་ཀྱིས་དཀོན་མཆོག་གསུམ་ལ་མཆོད་པ་བྱེད་པ་ལས་ཉམས་པའི་ཕྱིར་བྱང་ཆུབ་སེམས་དཔའ་ཨི་ཉེས་བྱས་ཀྱི་གནས་ལྟ་བུའི་ཆོས་སོ། །བྱང་ཆུབ་སེམས་དཔའ་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱི་མཆོད ་རྟེན་དང་སྐུ་གཟུགས་དང། དོན་དམ་པའི་ཆོས་དང། བྱང་ཆུབ་སེམས་དཔའ་ཨི་སྡེ་སྣོད་ལ་སོགས་པའི་གླེགས་བམ་དང། ཕྱོགས་བཅུའི་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་ཨི་ཚོགས་ཀྱི་དགེ་འདུན་གང་ཡིན་པ་ལ་ཅི་འབྱོར་བའི་མེ་ཏོག ་ལ་སོགས་པས་མཆོད་པར་བྱ་སྟེ། ཐ་ན་ལུས་ཀྱིས་ཕྱག་གཅིག་ཙམ་འཚལ་བ་དང། །དག་གིས་དེ་རྣམས་ཀྱི་ཡོན་ཏན་རྣམས་ལས་བརྩམས་ཏེ་ཚིག་བཞི་པའི་ཚིགས་སུ་བཅད་པ་གཅིག་ཙམ་འདོན་པ་དང། སེམས་ཀྱི་ཡོན་ཏན་རྗེས་སུ་དྲན་པ་སྔོན་དུ ་འགྲོ་བའི་དང་བ་གཅིག་ཙམ་ཡང་མ་བྱས་པར་མ་གུས་པ་དང། སྙོམ་ལས་དང་ལེ་ལོས་ཉིན་མཚན་ལས་འདའ་བར་བྱེད་ན་ཉོན་མོངས་པ་ཅན་གྱི་ཉེས་པར་འགྱུར་རོ། །བསམ་པ་རྣམ་པར་དག་པའི་སར་ཆུད་པས་མཆོད་པའི ་མཆོག་གི་མཆོད་པར་བྱེད་ན་ཉེས་པ་མེད་དོ། །འདོད་པའི་ཞེས་བྱ་བ་ལ་སོགས་པ་ལ། འདོད་པའི་སེམས་ནི་རྙེད་པ་དང། བཀུར་སྟི་ལ་འཆུམས་པ་དང། མ་ཐོབ་པ་ལ་ཆགས་པའོ། །དེའི་རྗེས་སུ་འཇུག་པ་ནི་རྗེས་སུ་འབྲང་བ་སྟེ། སྡོཾ? ་པའི་ཚུལ་ཁྲིམས་ཀྱི་ཤིན་ཏུ་བསྡམས་པའི་ཚུལ་ཁྲིམས་ལས་རྙེད་པ་དང་བཀུར་སྟི་དང་དུ་ལེན་ཅིང་འདོད་པ་ཆུང་བ་དང། ཆོག་ཤེས་པ་ལས་ཉམས་པའི་ཕྱིར་ཉེས་བྱས་ཀྱི་གནས་ལྟ་བུའི་ཆོས་སོ། །བྱང་ཆུབ་སེམས་དཔའ་ཨི་འདོད་པའི་སེམས་སྐྱེས་པ་དང ་དུ་ལེན་པར་བྱས་ན་ཉོན་མོངས་པ་ཅན་གྱི་ཉེས་པར་འགྱུར་རོ།། །རང་བཞིན་གྱིས་ཉོན་མོངས་པ་ཅན་ཡིན་པའི་ཕྱིར་འདོད་པའི་སེམས་ལ་ཉོན་མོངས་པ་ཅན་མ་ཡིན་པའི་ཉེས་པ་མེད་དོ། །སྤང་བར་འདོད་ཀྱང་ཉོན ་མོངས་པའི་ཤས་ཆེ་བའི་ཕྱིར་ཟིལ་གྱིས་མནན་ནས་འཇུག་པ་ལ་ཉེས་པ་མེད་དོ། །རྒན་པ་རྣམས་ལ་ཞེས་བྱ་བ་ལ་སོཌ་པ་ལ། ཆེ་རྒན་པ་ལ་གུས་པར་མ་བྱེད་པ་ནི་སྡོམ་པའི་ཚུལ་ཁྲིམས་ཀྱི་ཤིན་ཏུ་བསྡམས་པའི་ཚུལ་ཁྲིམས་ལས་སྤྱོད་པ་དག་ལས ་ཉམས་པའི་ཕྱིར་ཉེས་བྱས་ཀྱི་གནས་ལྟ་བུའི་ཆོས་སོ། །བྱང་ཆུབ་སེམས་དཔའ་ཆེས་རྒན་ཞིང་ཡོན་ཏན་དང་ལྡན་པ་ལ་བཀུར་སྟི་བྱ་བར་འོས་པའི་ཆོས་འཐུན་པའི་ཆོས་གང་ཟག་མཐོང་ན་ང་རྒྱལ་གྱིས་སམ། ཁོང་ཁྲོ་བ་ལ་སོགས་པས་གུས་པར ་མི་བྱེད་ཅིང་སྟོན་པས་མི་ལྡང་ལ་བསྟན་མི་སྟོབས་ན་ཉོན་མོངས་པ་ཅན་གྱི་ཉེས་པར་འགྱུར་རོ། །ལེ་ལོ་ལ་སོགས་པ་ནི་ཉོན་མོངས་པ་ཅན་མ་ཡིན་པའོ། །ནད་ཚབས་ཆེ་བས་ནུས་པ་ཆུང་བ་དང། ཐ་མལ་བ་མ་ཡིན་པ་དང་སེམས་འཁྲུགས་པ ་ལ་ཉེས་པ་མེད་དོ། །དྲིས་པ་ཞེས་བྱ་བ་ལ་སོགས་པ་ལ་དྲིས་པ་ཞེས་བྱ་བ་ནི་ཉེ་བར་མཚོན་པ་སྟེ། ཀུན་ཏུ་སྨྲ་བ་དང་ཡང་དག་པར་དགའ་བར་བྱེད་པ་ལ་བལྟ་བར་བྱའོ། །ལན་འདེབས་པ་ནི་རྗེས་སུ་འཐུན་པའི་ལན་མི་འདེབས་པའོ། །འདི་ཡང་ཉེ ་བར་མཚོན་པ་སྟེ། ཀུན་ཏུ་སྨྲ་བར་མི་བྱེད་པ་དང། །སླར་ཡང་དག་པར་དགའ་བར་མི་བྱེད་པ་ལ་ཡང་བལྟ་བར་བྱ་སྟེ། སེམས་ཅན་གྱི་དོན་བྱ་བའི་ཚུལ་ཁྲིམས་ཀྱིས་གཞན་གྱིས་སེམས་སྲུང ་བ་ལས་ཉམས་པའི་ཕྱིར་ལན་མི་འདེབས་པ་ལ་སོགས་པའི་ཉེས་བྱས་ཀྱི་གནས་ལྟ་བུའི་ཆོས་སོ། །བྱང་ཆུབ་སེམས་དཔའ་ཕ་རོལ་པོ་དག་འདྲི་བ་དང། ཀུན་ཏུ་སྨྲ་བ་དང། ཡང་དག་པར་དགའ་བ་དང་བྱེད་པ་ལ་ང་རྒྱལ་ལ་སོཊ ་པས་ཡང་དག་པར་ལན་མི་འདེབས་པ་དང། ཀུན་ཏུ་མི་སྨྲ་བ་དང། ཡང་དག་པར་དགའ་བར་མི་བྱེད་པ་ནི་ཉོན་མོངས་པ་ཅན་གྱི་ཉེས་པར་འགྱུར་རོ། །ལེ་ལོ་ལ་སོགས་པ་ནི་ཉོན་མོངས་པ་ཅན་མ་ཡིན་པའོ། །དེ་གཉིད་ཀྱིས་ལོག་པ་ལས་གཞན་ངག་གིས་འདི ་སང་པར་འགྱུར་པའི་འདུ་ཤེས་ཀྱིས་འདྲི་བ་དང། ཀུན་ཏུ་སྨྲ་བ་དང། ཡང་དག་པར་དགའ་བར་བྱེད་པ་དང། ཆོས་སྟོན་པ་དང། གཞན་ཆོས་དང་འབྲེལ་པའི་གཏམ་སྟོན་པ་ལ་ཉན་པ་དང། ཆོས་ཀྱི་གཏམ་ལ་མ་དགའ་བར་འགྱུར་བ་དང། དགེ ་འདུན་གྱི་ནང་ཁྲིམས་བསྲུང་བ་དང། གཞན་ཆེས་མང་པ་རྣམས་ཀྱི་སེམས་བསྲུང་བ་དང། ཐབས་དེས་འདུལ་བར་འདོད་པ་ལ་ནི་ཉེས་པ་མེད་དོ། །འགྲོན་བོས་ཞེས་བྱ་བ་ལ་སོགས་པ་ལ། འགྲོན་དུ་བོས་པ་ནི་བདག་གིར་མི་བྱེད་པ་ནི་འདས་མ་ཐག ་པ་ལྟ་བུའི་ཡིན་པའི་ཕྱིར་ཉེས་བྱས་ཀྱི་གནས་ལྟ་བུའི་ཆོས་སོ། །བྱང་ཆུབ་སེམས་དཔའ་གཞན་གྱི་ཁྱིམས་དང་གཙུག་ལག་ཁང་ངམ། ཁྱིམ་དང་གཙུག་ལག་ཁང་གཞན་དུ་ཟས་དང་སྐོམ་དང། གོས་ལ་སོགས་པ་རྣམས་ལ་ཉེ་བར་བོས ་པ་ལས་ང་རྒྱལ་ལ་སོགས་པས་བདག་གིར་མི་བྱེད་པ་ནི་ཉོན་མོངས་པ་ཅན་གྱི་ཉེས་པར་འགྱུར་རོ། །ལེ་ལོ་ལ་སོགས་པ་ནི་ཉོན་མོངས་པ་ཅན་མ་ཡིན་པའོ། །ན་སྟེ་མི་ནུས་པ་དང། ཐབས་དེས་འདུལ་བར་འདོད་པ་དང། བསོད་སྙོམས་མ་ཡིན་པ ་དང། སླར་གཞན་ལ་ཁས་བླངས་པ་དང། མཐོ་འཚམས་པའི་བསམ་པས་འབོད་པ་དང། ཡུལ་ཐག་རིང་བ་དང། ལམ་ན་འཇིགས་པ་དང་བཅས་པ་དང། བྱང་ཆུབ་སེམས་དཔའ་དེ་དོན་དུ་གཉེར་བ་མ་ཡིན་ཏེ། བརྫུན་པ་དང། རྒྱུན་མ་ཆད་པར ་དགེ་བའི་ཕྱོགས་ལ་བརྩོན་པ་ལ་རྒྱུ་ངེས་པར་ཆད་དུ་འགྱུར་པ་དང། སྡོམ་མ་ཐོས་པའི་དོན་དང་ལྡན་པའི་ཆོས་ཀྱི་དོན་ལ་སོགས་པ་མཉན་པ་ལས་ཉམས་པར་འགྱུར་བར་མཐོང་བ་དང། དགེ་འདུན་གྱི་ནང་ཁྲིམས་སྲུང་བ་དང། གཞན་གྱི་སེམས་བསྲུང་པ ་རྣམས་ལ་ནི་ཉེས་པ་མེད་དོ། །གསེར་ལ་སོགས་པ་ཞེས་བྱ་བ་ལ། གསེར་ལ་སོགས་པ་སྟོབས་པ་ན། ལེན་པར་མི་བྱེད་པ་ནི་སེམས་ཅན་གྱི་དོན་བྱ་བའི་ཚུལ་ཁྲིམས་ཀྱི་བསོད་ནམས་ཀྱི་གྲོགས་སུ་འགྲོ་བ་ལས་ཉམས་པའི་ཕྱིར་ཉེས་བྱས་ཀྱི ་གནས་ལྟ་བུའི་ཆོས་ཏེ། ཡང་དག་པར་ལེན་པ་ནི་གྲོགས་ཁྱད་པར་ཅན་ཡིན་པའི་ཕྱིར་རོ། །བྱང་ཆུབ་སེམས་དཔའ་ཕ་རོལ་གྱི་གསེར་ལ་སོགས་པ་བསྟབས་པ་ན། ང་རྒྱལ་ལ་སོགས་པས་ལེན་པར་མི་བྱེད་ན་སེམས་ཅན་ཡལ་བར་འདོད ་པའི་ཕྱིར་ཉོན་མོངས་པ་ཅན་གྱི་ཉེས་པར་འགྱུར་རོ། །ལེ་ལོ་ལ་སོགས་པས་ནི་ཉོན་མོངས་པ་ཅན་མ་ཡིན་པའོ། །དེ་བླངས་པས་བདག་ཉིད་ཆགས་པར་འགྱུར་བར་མཐོང་བ་དང། སྦྱིན་པ་འཁྲུལ་དུ་དོགས་པ་དང། འགྱོད་པར་འགྱུར་བར་དོགས་པ་དང་དེ་དབུལ ་ཞིང་ཕོངས་པར་འགྱུར་བར་དོགས་པ་དང། སྦྱིན་པའི་དངོས་པོ་དེ་དགེ་འདུན་ན་མ་ཆོད་རྟེན་?་གྱི་ཡིན་དུ་དོགས་པ་དང། གཞན་ལ་མི་རིགས་པར་ཕྲོགས་པར་ཡིན་དུ་དོགས་པ་དང། རྒྱུ་དེས་དེ་ལ་གནོད་པར་འགྱུར་བ་ཞིག་ན་ཉེས་པ་མེད་དོ། །ཆོས་འདོད་པ་ལ་ཞེས ་བྱ་བ་ལ་སོགས་པ་ལ་ཆོས་དོན་དུ་གཉེར་བ་ལ་སྦྱིན་པར་མི་བྱེད་པ་ནི་དགེ་བ་ཚེས་སྡུད་པ་དང། སེམས་ཅན་གྱི་དོན་བྱ་བ་དག་གི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལས་ཉམས་པའི་ཕྱིར་ཉེས་བྱས་ཀྱི་གནས་ལྟ་བུའི་ཆོས་སོ། །བྱང་ཆུབ་སེམས་དཔའ་ཆོས ་དོན་དུ་གཉེར་བས་ཡང་དག་པར་ཉེ་བར་གནས་པ་ལ་ཁོང་ཁྲོ་བ་དང་ཕྲག་དོག་ལ་སོགས་པས་ཆོས་སྦྱིན་པར་མི་བྱེད་ན་ཉེས་མོངས་པ། ཅན་གྱི་ཉེས་པར་འགྱུར་རོ། །ལེ་ལོ་ལ་སོགས་པས་ན་ཉོན་མོངས་པ་ཅན་མ་ཡིན་པའོ། །ཉེས་པ་མེད་པ་ནི་ཕམ་པར་འགྱུར ་བ་དང་འདྲའོ། །གང་ཡང་ཕམ་པར་འགྱུར་པའི་ཕྱོགས་དེ་ལས་ཉེས་བྱས་ཀྱི་ལྟུད་པ་འདི་དབྱེ་སྟེ། དེ་སེར་སྣས་ཀུན་ནས་བསླར་པ་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་འོག་མ་རྣམས་ལ་ཡང་ཉོན་མོངས་པ་དེ་དང་དེས་དབྱེ་བ་བྱས་པས་ཕམ་པར ་ལྟུང་བའི་ཕྱོགས་རྣམས་རྗེས་སུ་དྲན་པར་བྱའོ། །ཕམ་པར་འགྱུར་པའི་སྒོ་ནས་མི་འདྲ་བར་བཤད་པ་ཡིན་ཏེ་རང་བཞིན་ཤེས་པར་མི་འགྱུར་པ་དང། གཞན་མ་ཡིན་པ་དང། ལྟུང་བ་གསུམ་པ་མི་འགྲུབ་པའི་ཕྱིར་ཉེས་བྱས་ཀྱི་ཆོས་ཀྱིས ་བསྡུས་པར་གྲུབ་བོ། །ཚུལ་ཁྲིམས་འཆལ་རྣམས་ཞེས་བྱ་བ་ལ་སོགས་པ་ལ། ཚུལ་ཁྲིམས་འཆལ་བ་རྣམས་ཡལ་བར་འདོར་པ་ནི་སྡོམ་པའི་ཚུལ་ཁྲིམས་ཀྱི་ངེས་པ་ལས་ཉམས་པའི་ཕྱིར་ཉེས་བྱས་ཀྱི་གནས་ལྟ་བུའི་ཆོས་སོ། །བྱང ་ཆུབ་སེམས་དཔའ་སེམས་ཅན་ཚུལ་ཁྲིམས་འཆལ་ཅིད་ལོག་པར་སྤྱོད་པ་རྣམས་ལ་ཀུན་ནས་མནན་སེམས་ལ་སོགས་པས་ཡལ་བར་འདོར་ཞིང་ཚུལ་ཁྲིམས་འཆལ་བ་ཉིད་ཀྱི་རྐྱེན་གྱིས་དེ་རྣམས་ལ་ཁྱད་དུ་གསོད་ཅིང་དེ་རྣམས་ཕན ་པ་དང་བདེ་བ་ལ་གནས་པར་མི་བྱེད་ན། ཉོན་མོངས་པ་ཅན་གྱི་ཉེས་པར་འགྱུར་ཏེ། དེ་རྣམས་ཉིད་ལ་རྗེས་སུ་བརྩེ་བར་འགྱུར་བའི་ཕྱིར་རོ། །དེ་རྣམས་འདུལ་པར་འདོད་པ་དང། དགེ་འདུན་གྱི་ནང་ཁྲིམས་བསྲུང་བ་དང། གཞན་མང ་པོ་དག་གི་སེམས་བསྲུང་ན་ཉེས་པ་མེད་དོ། །ཕ་རོལ་ཞེས་བྱ་བ་ལ་སོགས་པ་གཞན་དག་དད་པར་བྱ་བའི་ཕྱིར་བསླབ་པ་བཅས་པ་རྣམས་ལ་སློབ་པར་མི་བྱེད་པ་ནི་དགེ་བ་ཆོས་སྡུད་པའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཉམས་པའི་ཕྱིར ་ཉེས་བྱས་ཀྱི་གནས་ལྟ་བུའི་ཆོས་སོ། །རབ་ཏུ་བྱུང་བའི་བྱང་ཆུབ་སེམས་དཔའ་གཞན་མ་དད་པ་རྣམས་དད་པར་བྱ་བ་དང། དད་པ་རྣམས་ཕྱིར་ཞིང་དབྱུང་བར་བྱ་བའི་ཕྱིར་བཅོམ་ལྡན་འདས་ཀྱིས་སོ་སོར་ཐང་བ་དེ་འདུལ་བ་ལས་བཅས་པའི་ཁ་ན་མ་ཐོ་བ ་སྤང་བར་བྱ་བའི་ཕྱིར་བསླབ་པའི་གཞི་བཅས་པ་དེ་རྣམས་ལ། མ་དད་པ་དང་མ་གུས་པས་མི་སློབ་པ་ནི་ཉོན་མོངས་པ་ཅན་གྱིས་ཉེས་པར་འགྱུར་རོ། །ལེ་ལོ་ལ་སོགས་པས་ནི་ཉོན་མོངས་པ་ཅན་མ་ཡིན་པའོ། །དེ་ལ་ཆོས་གང་དང་གང་ལ་ཀུན་ཏུ་སྤྱོད་པར ་བྱེད་པ་དེ་ནི་ཉེས་པར་འགྱུར་ཏེ། བྱང་ཆུབ་སེམས་དཔས་ནི་གཞན་རྣམས་ཀྱི་ལ་ཆེས་ལྷག་པར་བསླབ་པར་བྱ་བ་ཡིན་པ་དང། རབ་ཏུ་བྱུང་བར་གྱུར་པས་ནི་རང་གི་བསླབ་པ་རྣམས་ངེས་པར་བསྲུང་དགོས་པའི་ཕྱིར་རོ། །གལ་ཏེ་བྱང་ཆུབ་སེམས་དཔས་ནི་ཉན་ཐོས་ཀྱི ་བསླབ་བར་བྱ་བ་ཉིད་ཡིན་པ་དེ་ལྡར་ན་བྱང་ཆུབ་སེམས་དཔས་ནི་དོན་ཉུང་བ་དང་བྱ་བ་ལ་གོམས་པར་བྱ་བ་ཉིད་དུ་འགྱུར་རོ་ཞེ་ན། བདག་གི་དོན་དུ་ལྟུང་ལེན་ངས་ནི་གོམས་པར་བྱ་བ་ཉིད་དུ་གཞན་གྱི་དོན་ལྷུར་ལེན་པའི་ཕྱིར་འདི་ནི་དེ་ལྟ་མ་ཡིན་ནོ་ཞེས་བསྟན ་པའི་བྱང?་སེམས་ཅན་དོན་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གཞན་གྱི་དོན་ལྷུར་བླང་པ་ལ་བྱ་བ་ཆུང་བ་ནི་སེམས་ཅན་གྱི་དོན་བྱ་བའི་ཚུལ་ཁྲིམས་ལས་ཉམས་པའི་ཕྱིར་ཉེས་བྱས་ཀྱི་གནས་ལྟ་བུའི་ཆོས་སོ། །བྱང་ཆུབ་སེམས་དཔའ་སེམས་ཅན་གྱི་དོན་ལྷུང ་བྲེན་པ་ལ་ཁོར་བྲོ་བ་ལ་སོགས་པས་དོན་ཉང་ཞིང་བྱ་བ་ཉུང་ལ་སྤྲོ་བ་ཆུང་བས་གནས་པར་གྱུར་ན་ཉོན་མོངས་པ་ཅན་གྱི་ཉེས་པར་འགྱུར་རོ། །ལེ་ལོ་ལ་སོགས་པ་ནི་ཉོན་མོངས་པ་ཅན་མ་ཡིན་པའོ། །ད་ལྟར་ན་ཡང་བྱང་ཆུབ་སེམས་དཔས་གཞན་གྱི་དོན་དུ་ཉེ་དུ་མ ་ཡིན་བྲམ་ཟེ་དང་ཁྱིམ་བདག་རྣམས་ལས་གོ་བརྒྱ་སྟོང་རྙེད་ཀྱང་བཙལ་བར་བྱ་སྟེ། དེས་ཀྱང་བརྟགས་ནས་ཇི་ཙམ་དགོངས་པ་བླང་བར་བྱའོ། །དེ་བཞིན་དུ་གཞན་དག་ལ་ཡང་བསྒྲུབ་པར་བྱའོ། །ཉེས་པར་མི་འགྱུར་པ་ན་ཡིལ་བར་དོར་བ་དང་འཐུན་ནོ། །སྙང་བརྩེར་བཅས ་ན་ཞེས་བྱ་བ་ལ་སོགས་པ་ཕ་རོལ་དང་ཕྱིར་སླེབ་མི་བྱེད་ཅེས་བྱ་བ་ལས་དམིགས་ཀྱིས་བསལ་བའོ། །སྙིང་བརྩེར་བཅས་ཞེས་བྱ་བ་ན་སྙིང་རྗེ་དང་ལྡན་ཞིང་རྗེས་སུ་བརྩེ་བ་དང་ལྡན་པ་སྟེ། དེ་ལྟ་བུའི་རང་བཞིན་ཅན་གྱི་ཐབས་ལ་མཁས་པས་མི་དེ་སྲོག ་གཅོད་པ་དང། གཞན་གྱིས་བདག་གིར་བྱ་བ་མ་བྱིན་པར་ལེན་པ་དང། འདོད་པ་ལ་སྤྱོད་པ་དང། བརྫུན་དུ་སྨྲ་བ་དང། མཛའ་བོ་དབྱེ་བ་དང། ཚིག་རྩུབ་པོས་གཤེ་པ་དང། ངག་ཁྱལ་པ་སྨྲ་པ་དང། དེ་ལྟ་བུའི་རང་བཞིན་ཅན་གྱི། ་ཁ་ན་མ་ཐོ་བ་དང་བཅས་པའི་ལས་རྣམས་ཀྱང་བྱང་ཆུབ་སེམས་དཔའ་ཐབས་ལ་མཁས་པ་དེ་ལྟ་བུ་ཀུན་ཏུ་སྤྱད་ན་ཉེས་པར་མི་འགྱུར་ལ་ཉེས་པ་མེད་པར་འགྱུར་ཞིང། བསོད་ཐམས་མང་པོ་ཡང་འཕེལ་བར་འགྱུར་པ་ཡིན་ན། བཅས་པའི་ཁ་མ་མཐོ ་དང་བཅས་པ་རྣམས་ལྟ་ཅི་སྨོས། དེ་ལྟ་བས་ན་རྫུ་འཕྲུལ་ཆེན་པོ་དང་ལྡན་པ་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམ་ས་ནི་བྱིས་པ་རྣམས་རྗེས་སུ་བསང་པའི་ཕྱིར་འཁྲིག་པའི་ཆོས་ཀྱང་རབ་ཏུ་བརྟེན་པར་བྱ་བ་ཡིན་ན་གཞན་རྣམས་ལྟ་སྨོས་ཀྱང་ཅི་དགོས་གང་གིས ་ཕྱིར་བྱིས་པ་རྣམས་ནི་རེ་ཞིག་རང་ཉིད་ཀྱི་བག་ལ་ཉལ་བ་མ་སྤངས་ཤིང་རྒྱུན་དུ་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་དང་ལྡན་པས་ཇི་ལྟར་འདོད་པའི་ཡུལ་ཡང་ལེན་པར་བྱེད་དེ། དམན་པ་ལ་ཤིན་ཏུ་ཞེ་ན་པའོ། །ལས་འདི་ཡང་ཤིན་ཏུ་རིང་མོ་ནས་གོམས་པའི ་ཕྱིར་རང་གི་ངང་གིས་འདོད་པར་འགྱུར་པ་དང། ཤིན་ཏུ་ཡིད་ལ་འཐར?་པ། འདོད་པ་དང། མྱུར་དུ་རྐྱེན་ཉེ་བར་གནས་པ་ལ་ཡང་ཕ་རོལ་ལ་སྙིང་བརྩེ་བས་འཇུག་ཀྱང་ཉེས་པ་མེད་དོ། །ཞེས་བྱ་བའོ། །རྟོག་པ་ལས་ཉེ་བར་གནས་པའི་སེམས་སུ་བྱས་ནས་འཁྲིག་པ་ཀུན་ཏུ་སྤྱོད ་པ་ནི་ལྟུང་བར་འགྱུར་ཞིང་བར་མཆོད་པར་དམྱལ་བར་འགྱུར་བ་དང། འདུ་ལ་བར་འོས་བ་མང་པོ་ཡང་བསྟན་པ་ལ་མི་དད་པས་འགྱུར་བ་དང། འཇིག་རྟེན་པ་རྣམས་དེའི་གནས་སྐབས་ཁོ་ན་ལ་གནས་པར་འགྱུར་པའི་ཕྱིར་རྗེས་སུ་འཇུག་པར་གཟིགས་ནས ་བདག་ཉིད་ཆེ་ན་པ་ཡང་འཁྲིག་པ་ལ་རྟེན་པར་སྦྱོར་བར་མི་མཛད་དོ། །དེ་བཞིན་དུ་མིའི་སྲོག་གཅོད་པ་ལ་སོགས་པ་ཡང་དེ་རྣམས་བྱེད་པ་མ་ཡིན་ཏེ། དེ་ལྟ་བུའི་རྟོག་པ་ལས་ཉེ་བར་གནས་པར་འཇུག་པར་འགྱུར་བ་མ་ཡིན་པའི་ཕྱིར་རོ། །དེ་ལྟ་མོད་ཀྱི་བྱང་ཆུབ་སེམས་དཔའ་? ་ཆོམ་ཀུན་དང། རྐུན་པོས་སྲོག་ཆགས་ཆེ་བའི་བདག་ཉིད་ཅན་དག་བཅོམ་པ་དང། རང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་མང་པོ་དག་ཟིང་ཟིང་ཅུང་ཟད་ཙམ་གྱི་ཕྱིར་བསད་པར་བྱ་སྟེ། མཚམས་མེད་པའི་ལས་མང་པོ་བྱེད་པ་ལ་ཞུགས་པ་བྱང་ཆུབ་སེམས་དཔའ་ཐོབ་པ་མགྲོང ་ནག་ཀྱང?་འདི་སྙམ་དུ་སེམས་ཀྱིས་མངོན་པར་འདུ་བྱེད་དེ། གལ་ཏི་ཡང་བདག་གིས་སྲོག་ཆགས་དེ་བསད་ན་བདག་སེམས་ཅན་དམྱལ་བ་རྣམས་སུ་སྐྱེ་བར་འགྱུར་མོད་ཀྱི། བདག་སེམས་ཅན་དམྱལ་བར་སྐྱེ་བ་ནི་བླའི། སེམས་ཅན་འདིས་མ་མིང་པོའི་སྲོག་བཅང་ཅིང་མཚམས ་མེད་པའི་ལས་ཀྱང་བྱས་ནས་དམྱལ་བར་འགྲོ་བ་ནི་མི་རུང་ངོ་སྙམ་པའི་བསམ་པས་འཇམ་བཞིན་དུ་སྙིང་བརྩེ་བའི་སེམས་ཁོ་ནས་སྲོག་དབྲལ་བར་བྱས་ན་ཉེས་པར་ཡང་མི་འགྱུར་ལ། བསོད་ནམས་མང་པོ་ཡང་འཕེལ་བར་འགྱུར་རོ། །རྐུན་པོ་གཞན་གྱི་ནོར་འཕྲོག་པ་གང་དག་གིས ་དགེ་འདུན་དང་མཆོད་རྟེན་གྱི་དཀར་ཕྲོགས་ནས་བདག་གིར་བྱས་ཏེ་ལོངས་སྤྱོད་པར་འདོད་པ་དེ་དག་ལས་ནོར་དེ་བྱང་ཆུབ་སེམས་དཔས་ཕྱིར་ཕྲོགས་ཏེ། ནོར་ལོངས་སྦྱོང་པ་དས་དེ་དག་ལ་ཡུན་རིང་པོར་དོན་མ་ཡིན་པ་དང། ཕམ་པ་མ་ཡིན་པ་དང། བདེ་བ་མ་ཡིན་པར་འགྱུར ་ན་མི་རུང་སྙམ་ནས་སླར་འཕྲོགས་ཏེ། དགེ་འདུན་གྱི་ནི་དགེ་འདུན་ལ་འབུལ་པ་དབྱེད། མཆོད་རྟེན་གྱི་ནི་མཆོད་རྟེན་ལ་འབུལ་དར་བྱེད། དེ་ལྟ་བུས་ནི་མ་བྱིན་པར་ལེན་བཞིན་དུ་ཉེས་པར་ཡང་མི་འགྱུར་ལ། བསོད་ནམས་ཀྱང་མང་དུ་འཕེལ་པར་འགྱུར་རོ། །དེ་བཞིན་དུ་རྒྱལ་པོ་འམ ་རྒྱལ་བའི་སློབ་དགེ་པོ?་དྲག་ཤུལ་ཆེན་པོས་གཞན་ལ་འཚེ་བར་བྱེད་པ་རྣམས་སམ། དགེ་འདུན་དང་མཆོད་རྟེན་གྱི་ཞལ་ཏ་བྱེད་པའམ་ཀུན་དཔའ་རབ་བསྲུང་བ་གང་དག་གིས་དགེ་འདུན་ནམ། མཆོད་རྟེན་གྱི་དཀོར་མི་རིགས་པར་ཆུང་བཟོད་པར་བྱེད་པ་དག་ནི་རྒྱལ་སྲིད་ཀྱི་དབང ་ཕྱུག་ལ་སོགས་པ་ལས་འབྱིན་པར་བྱེད་པར་ཡང་རིག་པར་བྱའོ། བྱང་ཆུབ་སེམས་དཔའ་དེ་ཡང་བདག་གི་སྲོག་གི་ཕྱིར་ཡང་ཤེས་བཞིན་གྱི་ཆག་བྷོན་ན་གྱི་མི་རྫུ?་མི་སྨྲ་ན་ཡིང། གཞན་རྣམས་ཀྱི་སྲོག་ཐར་པར་བྱ་བ་དང། ཆད་པས་གཅོད་པ་ལས་བསྐྱབ་པའི་ཕྱིར་ཟང་ཟིང་མེད་པའི་སེམས་དང། ་སྙིང་བརྩེ་བའི་སེམས་ཁ་ནས་བརྫུན་དུ་སྨྲ་པར་བྱེད་ལ་དེ་ལྟར་སྨྲ་བཞིན་དུ་ཡང་ཉེས་པར་ཡང་མི་འགྱུར་ཞིང། བསོད་ནམས་མང་པོ་འཕེལ་བར་འགྱུར་རོ། །སེམས་ཅན་གང་དག་མི་དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་ཟིན་པ་དེ་དག་ལ་སྙིང ་བརྩེ་བའི་སེམས་ཁོ་ནས་འདི་དག་སྡིག་པའི་གྲོགས་པོ་དང་བརྟན་པས་ཡུན་རིང་པོར་གནོད་པ་དང། དོན་མེད་པར་གྱུར་ན་མི་རུང་ངོ་སྙམ་ནས། དེ་དག་དང་དབྱེ་བའི་ཕྱིར་ཅི་ནུས་ཀྱི་ཅི་ནས་ཀྱང་དེ་དེ་དག་དང། འབྱེ་བར་འགྱུར་ཞིང་མི་མཐུན་པར་བྱེད་པའི་ཚིག་སྨྲ་བར་བྱེད་དེ། ་དེ་ལྟ་བུས་མཛའ་བོའི་དབྱེན་བྱས་ཀྱང་ཉེས་པར་མི་འགྱུར་ལ་བསོད་ནམས་མང་པོ་ཡང་འཕེལ་བར་འགྱུར་རོ། །ཡང་སེམས་ཅན་གང་ལམ་ལོག་པར་ཞུགས་ཤིང་མི་རིགས་པར་བྱེད་པ་དག་ལ་དེ་དག་དེ་ལས་སླར་བཟློག་པའི་ཕྱིར་ཅི་ནས་ཀྱང་འདི་རིམ་གྱིས་ཉེས ་པ་ལས་ལྡོག་པར་གྱུར་གྱི་བར་དུ་རྟག་ཏུ་ཚིག་རྩུབ་པོས་སྨ་འབེབས་པར་བྱེད་དོ། །དེ་ལྟར་བྱང་ཆུབ་སེམས་དཔའ་ཚིག་རྩུབ་པོ་སྨྲས་ཀྱང་ཉེས་པར་མི་འགྱུར་ལ། བསོད་ནམས་ཀྱང་མང་དུ་འཕེལ་བར་འགྱུར་རོ། །ཡང་སེམས་ཅན་གང་གར་དང་གླུ ་དང། རོལ་མའི་སྒྲ་དང། རྒྱལ་པོ་དང་ཆོམ་རྐུན་དང། ཟས་དང། སྐོམ་དང། སྨད་འཚོང་མ་དང། ལམ་སྲང་གི་གཏམ་ལ་སོགས་པ་ལ་མོས་པ་རྣམས་ལ་དེ་དག་གི་གཏམ་རྣམས་ཀྱིས་ཅི་ནས་དེ་མགུ་བར་བྱས་ཤིང་འདུན་པར་བྱས་ཏེ་དབང་དུ་ཤིང་ཉན ་དུ་བཅུག་ནས་མི་དགེ་བའི་གནས་ནས་བསླང་སྟེ་དགེ་བའི་གནས་ལ་འགོད་པར་བྱེད་དོ། །དེ་ལྟར་སྣ་ཚོགས་པའི་ཚིག་ཀྱལ་པ་སྨྲ་བ་ཡང་ཉེས་པར་མི་འགྱུར་ལ། བསོད་ནམས་ཀྱང་མང་དུ་འཕེལ་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་ལ་རྟོག་པ་དང་བཅས ་པས་སྲོག་གཅོད་པ་ལ་སོགས་པ་ནི་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ནོ། །འཁྲིག་པ་ནི་ཡོད་པ་ཡིན་ཏེ། ལེགས་པར་བསམས་ནས་རྐྱེན་གཞན་ཡང་ཉེ་བར་མཐོང་བ་ཡོད་པའི་ཕྱིར་རོ། །བྱང་ཆུབ་སེམས་དཔའ་ཁྱིམ་པ་གཞན་གྱི་བུད་མེད་མི་ཚངས་པར་སྤྱོད ་པས་གཟིར་བའི་སེམས་ཀྱིས་བཅིངས་པའི་འཁྲག་འདོད་པ་འདི་སྐད་དུ་བདག་ལ་ཇི་ལྟར་འདོད་པ་བཞིན་དུ་བྱེད་པ་ཡིན་ན་ཁྱེད་ཀྱིས་དབང་དུ་འགྱུར་གྱི། གཞན་དུ་ན་ངེས་པར་བདག་སྲོག་ཀྱང་ཡོངས་སུ་འདོར་པར་བྱེད་དོ། །ཞེས་ཟེར་ན། འདི་སྙམ་དུ་འདི་ཁོ་བོལ་ཀུན་ནས་མནར་སེམས་སྐྱེ་བར་གྱུར ་ནས་བསོད་ནམས་མ་ཡིན་པ་མང་དུ་འཕེལ་བར་གྱུར་ན་མི་རུང་ལ་།འདོད་པ་ཐོབ་པར་གྱུར་པ་ལས་ནི་ཇི་ལྟར་འདོད་པ་བཞིན་དུ་དགེ་བ་ལ་ཡང་དག་པར་སྦྱར་པ་དང། མི་དགེ་བ་ཡོངས་སུ་འདོར་བ་ལ་དབང་དུ་འགྱུར་རོ་སྙམ་སྟེ། སྙིང་བརྩེ་བའི་སེམས་ཁོ་ནས་དེ་ལ་ལོག་པར་གཡེན ་བ་བསྟེན་ཀྱང་ཉེས་པར་མི་འགྱུར་ལ། །བསོད་ནམས་ཀྱང་མང་དུ་འཕེལ་པར་འགྱུར་བ་ལྟ་བུའོ། །འདི་ལྟ་བུ་ཉིད་ལ་དགོངས་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔས་ཞེ་སྡང་གིས་ཀུན་ནས་བསླང་པའི་ལྟུང་བ་སྤང་པར་བྱའི། ཆགས་པ་ཀུན་ནས་བསླང་བ་ནི་དེ ་ལྟ་མ་ཡིན་ནོ་ཞེས་རྣམ་གྲངས་དུ་མར་གསུངས་སོ། །དེ་ལ་ཆགས་པ་ལས་བྱུང་བའི་ལྟུང་བ་བསྟན་པའི་ཕྱིར་ཆགས་པའི་སྒྲ་ནི་འདིར་བྱམས་པའི་དོན་ཏེ། བྱམས་པ་དེ་ཡང་གང་འདི་གཅིག་ཏུ་འདི་རྣམས་ལ་ཕན་པ་ཉིད་ཀྱིས་འཇུག་པས་རྗེས་སུ་ཞུགས་པ་སྟེ། གང ་ཡར་འདི་ཉིད་བརྩེ་བ་དང་བཅས་པ་ཡིན་པའི་ཕྱིར་རྣམ་པར་སྡང་བ་ནི་མ་ཡིན་ནོ། །ཇི་སྐད་དུ་བྱང་ཆུབ་སེམས་དཔའ་སེམས་ཅན་ལ། །བུ་གཅིག་པ་ལ་བྱ་བ་བཞིན། །རྐང་གི་ཁོང་ནས་བྱམས་པ་ཆེན། །དེ་ལྟས་རྟག་ཕན་བྱེད་པར་འདོད། །སེམས་ཅན་རྣམས་ལ་ཕན ་བྱེད་ཕྱིར། དེ་ལྟས་ཆགས་སྐྱེས་ལྟུང་མི་འགྱུར། །འདི་ནི་ཞེ་སྡང་རྣམ་ཀུན་ཏུ། །སེམས་ཅན་ཀུན་དང་དག་ལ་བར་འགྱུར། །ཇི་ལྟར་ཕུག་རོན་དང་གི་བུ་མཆོག་བྱམས། །རང་གི་བུ་རེ་ཉེ་བར་འཁྱུད་ནས་འདུག་།དེ་འདྲ་བ་ལ་ཁོང་ཁྲོ་འགལ་བ་ལྟར། །བརྩེར་བཅས་ལུས་ཅན ་བུ་ལའང་དེང་བདྲ་ཞེས་གསུངས་པ་ལྟ་བུའོ། །སྙིང་རྗེ་ལས་གཞན་པ་ནི་གཞན་དང་འདྲ་བར་རིག་པར་བྱའོ། །འཆི་བ་ལོག་པས་ཞེས་བྱ་བ་ལ་སོགས་པ་ལ་འཚོ་བ་ནི་འཚོ་བར་འགྱུར་བའི་ཐིབས་སྤེལ་བར་བྱེད་ཞེས་བྱ་དོན་ཏོ། །ལོག་པའི་སྒྲས་ནི་ལོག་པར་སྤྱོད་པ་པིན? ་པའི་ཕྱིར་སྨད་པའི་ཚིག་གོ་།དམན་པས་ཀུན་ཏུ་འཚོ་བ་ནི་ལོག་པར་འཚོ་བ་སྟེ། འཚོ་བ་ལོག་པར་བྱེད་པའི་ཆོས་ནི་འཚོ་བ་བོ་ངྒའོ་ཞེས་བྱ་བར་ཉེ་བར་བརྟགས་ནས་བསྟན་དའོ། རེ་ཡང་དྲགས་པ་ལས་བྱུང་བའི་ལུས་དང་དག་གི་ལས་སོ། །དེ་ཡང ་ཚུལ་འཆོས་པ་དང། ཁ་གསག་དང། གཞོག་སློངས་དང། འཐོབ་ཀྱང་འཇལ་བ་དང་རྙེད་པས་རྙེད་པར་བྱེད་འདོད་པ་དང། ཆང་དང་མཚོན་ཆ་དང། དུག་དང་སྲོག་ཆགས་པ་དང། རྒྱ་སྐྱེགས་ལ་སོགས་པའི་ལས་བྱེད་པ་དང། མ་བཏགས་པའི་ཏིལ་དང་ཉུངས་ཀར ་འཆིར་བའོ། །ཞིང་ལ་སོགས་པ་ནི་སྨོས་ཀྱང་ཅི་དགོས་ཏེ། དེ་ལྟ་བུའི་ལོག་པར་འཚོ་བ་དང་དུ་ལེན་པར་བྱེད་པ་ནི་སྡོམ་པའི་ཚུལ་ཁྲིམས་ཀྱི་འཚོ་བ་དག་པ་ལས་ཉམས་པའི་ཕྱིར་ཉེས་བྱས་ཀྱི་གནས་ལྟ་བུའི་ཆོས་སོ། །བྱང་ཆུབ་སེམས་དཔའ་ལོགས ་འཚོ་བར་བྱེད་པའི་ཆོས་བྱུང་བ་རྣམས་དང་དུ་ལེན་ཅིང་མི་འཛེམས་ལ་སེལ་བར་མི་བྱེད་ན་ཉོན་མོངས་བཅན་གྱི་ཉེས་པར་འགྱུར། །དེ་བསལ་བའི་ཕྱིར་འདུན་པ་བསྐྱེད་ཀྱང་དེས་སླར་བྲེལ་གྱིས་མནན་པས་ཀུན་ཏུ་སྤྱད་པ་ལ་ནི་ཉེས་པ་མེད་དོ། །འབྱར་གནས་ཞེས ་བྱ་བ་ལ་སོགས་པ་ལ་འཕྱར་བ་ནི་ཀུན་ཏུ་རྒེང་བགོ་སོགས་པའི་སྒྲས་ན་ཀུན་ཏུ་རྩིབ་དང་ཀུན་བུ་མངོན་པར་དག་བསྡུའོ། །རྒོད་པ་ཏེ་རྣམ་པར་མ་ཞི་བའི་སེམས་ཀྱིས་རབ་ཏུ་རྒོད་པ་ལ་སོགས་པ་ན་སྡོམ་པའི་ཚུལ་ཁྲིམས་ཀྱི་རྒོད་པ་མ་ཡིན་པ་ལས་ཉམས་པའི་ཕྱིར་ཉེས ་བྱས་ཀྱི་གནས་ལྟ་བུའི་ཆོས་སོ། །བྱང་ཆུབ་སེམས་དཔའ་རྒོད་པས་གཞན་དག་རྒོད་དུ་གཞུག་པར་འདོད་ཅིང། ཆེས་རྒོད་པར་བྱེད་རྩེ་བར་བྱེད་ཅ་ཅོ་འདོན་པར་བྱེད་དུ་གཞུག་པར་འདོད་ཅིང། རྣམ་པ་སྣ་ཚོགས་པའི་སྨྲ་བར་འདོད་ན་ཉོན་མོངས་པ་ཅན་གྱི ་ལྟུང་བར་འགྱུར་རོ། །བརྗེད་ངས་པས་ཉོན་མོངས་པ་ཅན་མ་ཡིན་པའོ། །དེ་བསལ་བར་འདོད་ཀྱང་ཟིལ་གྱིས་ནོན་པས་ཀུན་ཏུ་སྤྱོད་པ་ནི་ཉེས་པ་མེད་དོ། །གཞན་དག་གིས་ཀུན་ནས་མནར་སེམས་སམ་མྱ་ངན་སྐྱེས་པ་བ་སལ་པར་འདོད་པ་དང ་རྩེད་མོ་ལ་དགའ་བའི་རང་བཞིན་ཅན་རྣམས་བསྡུ་བ་དང། མདུད་པར་བྱེད་པ་རྣམས་ཀྱི་སེམས་བསྲུང་པ་དང། རྗེས་སུ་འབྲང་བ་རྣམས་མི་དགའ་བ་དང། ཀུན་ནས་མནར་སེམས་པ་དང། རྒྱབ་ཀྱིས་ཕྱོགས་པར་གྱུར་དུ་དགོས་པ་རྣམས་བདག་ཉིད་ལ་མངོན་དུ་ཕྱོགས་པ་དང། བསམ་པ ་དག་པས་ཀུན་ཏུ་སྨྲ་བ་ལ་ཉེས་པ་མེད་དོ། །འཁོར་བ་ཞེས་བྱ་བ་ལ་སོགས་པ་འཁོར་བ་ལ་སེམས་མངོན་པར་དགའ་པ་ཉིད་ནི་སྡོམ་པའི་ཚུལ་ཁྲིམས་ཀྱི་གཅིག་ཏུ་དཔེན་བར་གནས་པ་ལ་དགའ་བ་ལས་ཉམས་པའི་ཕྱིར་ཉེས་བྱས་ཀྱིས་གནས་ལྟ་དུའི་ཆོས་སོ། །བྱང་ཆུབ་སེམས་དཔའ་གང ་ཞིག་བྱང་ཆུབ་སེམས་དཔའ་ནི་མྱ་ངན་ལས་འདས་པར་མངོན་པར་དགའ་པས་གནས་པར་མི་བྱའི། མྱ་ངན་ལས་འདས་པ་ལ་རྒྱབ་ཀྱིས་ཕྱོགས་ཏེ་གནས་པར་བྱའོ། །ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་རྣམས་ཀྱིས་ཀྱང་འཇིགས་པར་མི་བྱའོ། །དེ་དག་ལ་སེམས་ཀྱང་ཤིན་ཏུ ་དབེན་པར་མི་བྱ་སྟེ། འདི་ལྟར་བྱང་ཆུབ་སེམས་དཔས་ནི་བསྐལ་བ་གྲངས་མེད་པ་གསུམ་དུ་འཁོར་བ་ན་འཁོར་ཞིང་བྱང་ཆུབ་ཡང་དག་པར་བསྒྲུབས་པར་བྱ་དགོས་སོ་སྙམ་དུ་དེ་ལྟར་ལྟ་ཞིང་དེ་སྐད་སྨྲ་ན་ཉོན་མོངས་པ་ཅན་གྱི་ཉེས་པར་འགྱུར་རོ། །ཉན་ཐོས་ཀྱང་རེ་ཞིག་བདག་གཅིག ་བུའི་དོན་དུ་མྱ་ངན་ལས་འདས་པ་ལ་གཅིག་ཏུ་མངོན་པར་དགའ་བར་ཀུན་ཏུ་སྟོན་པར་བྱེད་ཅིང། ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་རྣམས་ལས་ཀྱང་སྐྱོ་བར་བྱེད་པ་ཡིན་ན། གང་བྱང་ཆུབ་སེམས་དཔའ་སེམས་ཅན་ཐམས་ཅད་ཀྱི་དོན་གྱི་ཕྱིར་བྱུང་བ་འདི་ལྟ་སྨོས་ཀྱང ་ཅི་དགོས། འདིས་དེ་ལྟ་བུའི་སེམས་ཀུན་ནས་ཉོན་མོངས་པ་མེད་པ་ལ་གོམས་བར་བྱ་བ་ཡང་དག་པར་སྒྲུབ་དགོས་ཏེ་རེ་ནི་འདི་ལྟར་དགྲ་བཅོམ་པ་མ་ཡིན་དུ་ཟིན་ཀྱང་ད་ལས་ཁྱད་པར་དུ་ཀུན་ནས་ཉོན་མོངས་པ་མེད་པ་དང་ལྡན་པས་གྲག་པ་དང་བཅས་པའི་དངོས་པོ་གཅོད་པའི་ཕྱིར་རོ། །ཇི ་སྐད་དུ་མགོ་ལ་སེམས་ཅན་ཞུར་ཆེམ་ཁྱེར་བ་ཡིན། སེམས་དཔའ་མཆོག་ནི་དལ་གྱིས་འགྲོ་མི་མཛེས། བདག་གཞན་སྣ་ཚོགས་འཆི་བ་ས་རང་བཅིངས་པ། །བརྩོན་པ་བརྒྱ་འགྱུར་དུ་ནི་བྱ་བ་རིགས་ཞེས་གསུངས་པ་ལྟ་བུའོ། །གྲགས་པ་མ་ཡིན་ཞེས་བྱ་བ་ལ་སོགས་པ་ལ་གྲགས་པ ་མ་ཡིན་པ་ནི་བསགས་པ་མ་ཡིན་པ་སྒྲོགས་པའོ། །དེ་ནི་མི་སྤོང་བ་སྟེ། རྗེས་སུ་འཛིན་པ་ནི་དགེ་བའི་ཆོས་སྡུད་པའི་ཚུལ་ཁྲིམས་ཀྱི་དྲན་པ་དང་ཤེས་བཞིན་དུ་སྤྱོད་པ་ལས་ཉམས་པ་དང། བདག་གི་འཁྲུལ་པ་རྣམས་ཡོངས་སུ་ཤེས་ཤིང་དེས་པར ་མཐོང་བ་དང། ངེས་པར་མཐོང་ནས་ཀྱང་སྲོང་བ་ལས་ཉམས་པའི་ཕྱིར་ཉེས་བྱས་ཀྱི་གནས་ལྟ་བུའི་ཆོས་སོ། །བྱང་ཆུབ་སེམས་དཔའ་བདག་གི་ཚིག་མི་བཙུན་པར་འགྱུར་བའི་གཏམ་ངན་པ་བདེན་པའི་དངོས་པོ་སེལ་བར་མི་བྱེད་ན་ཉོན་མོངས་པ་ཅན་གྱི་ཉེས་པར་འགྱུར་རོ། ་བདེན་པའི་དངོས་པོ་མ་ཡིན་པ་སེལ་བར་མི་བྱེད་ན་ཉོན་མོངས་པ་ཅན་མ་ཡིན་པའོ། །རབ་ཏུ་བྱུང་བ་དང། སློངས་མོ་སྤྱོད་པའི་རྒྱུས་མི་སྙན་པ་བརྗོད་པ་དང། གཞན་མུ་སྟེགས་ཅན་མངོན་པར་ཞེན་པ་འམ། ཁྲོ་བས་ཟིལ་གྱིས་ནོན་ཅིང་སེམས་ཕྱིན་ཅི་ལོག་ཏུ་གྱུར ་བས་མི་སྙན་པ་རྗོད་ན་ཉེས་པ་མེད་དོ། །ཉོན་མོངས་བཅས་ཀྱང་ཞེས་བྱ་བ་ལ་སོགས་པ་ལ་ཉོན་མོངས་པ་དང་བཅས་པ་ནི་དྲག་པོའི་སྦྱོར་བའོ། །དེ་འབའ་ཞིག་གིས་མ་ཡིན་གྱི་འཇམ་པའི་སྦྱོར་བས་ཀྱང་ཞེས་བྱ་བ་ནི་ཀྱང་གི་སྒྲའི་དོན་ཏོ། །འཆོས་པར་མི ་བྱེད་བ་ནི་ཉེས་པར་སྣང་བར་བྱ་བའི་དོན་ཏོ། །རིགས་པས་སྟོན་པར་མི་བྱེད་ཅིང་སྨ་འབེབས་པར་མི་བྱེད་ན་སེམས་ཅན་གྱི་དོན་བྱ་བའི་ཚུལ་ཁྲིམས་ཀྱི་རྗེས་སུ་བསྟན་པ་རྣམ་པ་ལྔ་ལས་ཡང་དང་ཡང་དུ་མ་གུས་པར་གྱུར་པས་འཁྲུལ་པ་ལས་པན ་བའི་བསམ་པས་སྨྲ་བབ་པས་དྲན་པར་བྱེད་དུ་གཞུག་པ་ལས་ཉམས་པའི་ཕྱིར་ཉེས་བས་ཀྱི་གནས་ལྟ་བུའི་ཆོས་སོ། །བྱང་ཆུབ་སེམས་དཔའ་གཞན་དག་ཡིང་མི་བདེ་བར་འགྱུར་བ་བསྲུང་བའི་ཕྱིར་འཇམ་པ་དང་དྲག་པར་ཐབས་དག་གིས ་སྟོན་པར་མི་བྱེད་ཅིང་ཡལ་བར་དོར་ན་ཉོན་མོངས་པ་ཅན་གྱི་ཉེས་པར་འགྱུར་རོ། །ཐབས་དྲག་པོ་དག་གིས་ཀྱང་གཞན་དག་ལ་བསྟན་པར་བྱའོ། །གལ་ཏེ་དེ་ལྟར་དོན་འདི་དག་བསྟན་པ་ན་འདི་རྣམས་ཡིད་མི་བདེ་བར་གྱུར་ཀྱང་རུང་མ་གྱུར་ཀྱང་རུང ་ཉེས་པར་མི་འགྱུར་རོ། །བསྟན་པའི་དོན་ཟབ་པའི་རྒྱུ་ཡིས་མི་བདེ་བ་ཆེན་པོར་གྱུར་ན་ཡང་ཉེས་པ་མེད་དོ། །གཤེ་ལ་ལན་དུ་ཞེས་བྱ་བ་ལ་སོགས་པ་ལ། གཤེ་བར་བྱེད་པ་ལ་སླར་གཤེ་བ་ནི་ལན་དུ་གཤེ་བའོ། །སོགས་པའི་སྒྲ་ནི་སླར་ཁྲོ་བ་དང་སླར་རྡེག་པ་དང ་སླར་མཚང་འབྲུ་བ་རྣམས་བསྡུ་སྟེ། སླར་གཤེ་བ་བཞིན་དུ་སླར་ཁྲོ་བ་ལ་སོགས་པ་ཡང་རིག་པར་བྱའོ། །གང་སླར་ཁྲོ་བ་ལ་སོགས་པ་དེ་རྣམས་ནི་སྡོམ་པའི་ཚུལ་ཁྲིམས་དང་།དགེ་བ་ཆོས་སྡུད་པའི་ཚུལ་ཁྲིམས་དག་གིས་གཞན་ལ་ཕན་པ་དོན་དུ་གཉེར་བ་ལས ་ཉམས་པའི་ཕྱིར་ཉེས་བྱས་ཀྱི་གནས་ལྟ་བུའི་ཆོས་སོ། །བྱང་ཆུབ་སེམས་དཔའ་གཞན་དག་གཤེ་བ་དང། ཁྲོ་བ་དང། རྡེག་པ་དང། འཚང་འབྲུ་བ་བྱེད་པ་དག་ལ་ཁྲོ་བས་ཟིལ་གྱིས་ནོན་པས་སླར་བརྙས་པར་འདོད་པས་གཤེ་བར་བྱེད། སླར་ཁྲོ་བར་བྱེད། སླར་རྡེག་པར་བྱེད། སླར ་འཚང་འབྲུ་བར་བྱེད་ན། ཉོན་མོངས་པ་ཅན་གྱི་ཉེས་པར་འགྱུར་རོ། །ཁྲོས་པ་རྣམས་ནི་ཞེས་བྱ་བ་ལ་སོགས་པ་ལ། གཞན་དག་ཁྲོས་ཤིང་འཁྲུགས་པ་རྣམས་ཀྱང་ཡལ་བར་འཇོག་ཅིང་བཟོད་པ་གསོལ་བར་མི་བྱེད། ཤས་ཀྱིས་སྦྱོང་བར་མི་བྱེད་པན་དགེ་བ་ཆོས་སྡུད ་པའི་ཚུལ་ཁྲིམས་ཀྱི་ཚུལ་ཁྲིམས་འཆལ་བའི་གཞིར་གྱུར་པའི་ཉོན་མོངས་པ་དང། ཉེ་བའི་ཉོན་མོངས་པ་དང་དུ་ལེན་མི་ལེན་པ་ལས་ཉམས་པའི་ཕྱིར་ཉེས་བྱས་ཀྱི་གནས་ལྟ་བུའི་ཆོས་སོ། །བྱང་ཆུབ་སེམས་དཔའ་གཞན་དག་ལ་ཉེས་པ་བྱས་སམ། ཉེས་པ་བྱས་སུ ་དོགས་ཀྱང་རུང་ཀུན་ནས་མནར་སེམས་ཀྱིས་སམ་ང་རྒྱལ་གྱིས་ནོན་པས་འཐུན་པར་བཤད་ཀྱིས་སྤྱོད་པར་མི་བྱེད་དེ་ཡལ་བར་འདོར་ན་ཉོན་མོངས་པ་ཅན་གྱི་ཉེས་པར་འགྱུར་རོ། །ལེ་ལོ་ལ་སོགས་པས་ནི་ཉོན་མོངས་པ་ཅན་མ་ཡིན་པའོ། །ཐབས་དེས་འདུལ་བར་བྱ་བར་འདོད ་པ་དང། གཞན་མུ་སྟེགས་ཅན་ཡིན་པ་དང་རང་བཞིན་གྱིས་འཐབ་ཀྲོལ་ཅན་ཡིན་པ་དང། རུང་བ་མ་ཡིན་པ་ཁ་ན་མ་ཐོ་བ་དང་བཅས་པ་ཀུན་ཏུ་སྤྱོད་པས་ཤས་ཀྱིས་སྦྱངས་པར་བྱེད་དུ་གཞུག་པར་འདོད་པ་དང། ཤད་ཀྱིས་སྦྱང་བར་བྱས་ན་ཤས་ཆེས་འཁྲུགས་ཏེ ་ཤེད་སྐྱེ་བར་འགྱུར་བ་དང། ཕ་རོལ་བཟོད་པའི་དང་ཚུལ་ཅན་ཡིན་ཞིང་ཀུན་ནས་མནར་སེམས་མེད་པའི་དང་ཚུལ་ཅན་ཡིན་དུ་རེ་ལ། གཞན་ཤད་ཀྱིས་སྤྱོད་པར་བྱེད་པས་ཤིན་ཏུ་ངོ་ཚ་བར་བྱེད་པ་ཞིག་ན་ཉེས་པ་མེད་དོ། །ཕ་རོལ་ཤད་ཀྱིས་ཞེས་བྱ་བ་ལ ་སོགས་པ་ལ། འགའ་ཞིག་ལ་ཡིད་དུ་མི་འོང་བའི་རྒྱུས་གཞན་དག་ཤད་ཀྱིས་སྦྱོང་བར་བྱེད་པ་སྤོང་བ་ནི་ཉེས་བྱས་ཀྱི་གནས་ལྟ་བུའི་ཆོས་སོ། །བྱང་ཆུབ་སེམས་དཔའ་རྩོད་པ་བྱུང་བ་འགའ་ཞིག་ལས་གཞན་དག་ལ་འཁྲུགས་པར་གྱུར་པས་དེ་རྣམས་དུས་སུ་ཆོས ་བཞིན་དུ་ཤད་ཀྱིས་སྤྱོད་པར་བྱེད་ཀྱང་ཀུན་ནས་མནར་སེམས་སམ། མཐོ་འཚམ་པའི་བསམ་པས་ཤད་ཀྱིས་སྦྱོར་བ་མི་ཉན་ན་ཉོན་མོངས་པ་ཅན་གྱི་ཉེས་པར་འགྱུར་རོ། །མི་བཟོད་པའི་དང་ཚུལ་ཅན་ཡིན་ཞིང་ཉོན་མོངས་པ་ཅན་མ་ཡིན་པའོ། །ཐབས་ངེས ་འདུལ་བར་འདོད་པ་དང། གཞན་མུ་སྟེགས་ཅན་ཡིན་པ་དང། རང་བཞིན་གྱིས་ཐབ་ཀྲོལ་ཅན་ཡིན་པ་དང། །ཆོས་བཞིན་མ་ཡིན་པ་དང། དུས་མ་ཡིན་པར་ཤད་ཀྱིས་སྦྱོར་བར་བྱེད་ན་ཉེས་པ་མེད་དོ། །ཁྲོ་བ ་ཞེས་བྱ་བ་ལ་སོགས་པ་ལ། ཁྲོ་བའི་སེམས་ཀྱིས་རྗེས་སུ་འཇུག་པ་སྟེ། ཀུན་ཏུ་འཛིན་ན་འདས་མ་ཐག་པ་བཞིན་དུ་ཉེས་བྱས་ཀྱི་གནས་ལྟ་བུའི་ཆོས་སོ། །བྱང་ཆུབ་སེམས་དཔའ་གཞན་དག་ལ་ཁྲོ་བའི་བསམ་པ་བྱུང་བ་དང་དུ་ལེན་པར་བྱེད། འཛིན ་པར་བྱེད་རྗེས་སུ་འཇུག་པར་བྱེད་ན་ཉོན་མོངས་པ་ཅན་གྱི་ཉེས་པར་འགྱུར་རོ། །དེ་སྤང་བར་འདོད་ཀྱང་ཟིལ་གྱིས་ནོན་པས་མངོན་དུ་རྒྱུ་བ་ལ་ནི་ཉེས་པ་མེད་དོ། །བསྙེན་བཀུར་འདོད་ཕྱིར་ཞེས་བྱ་བ་ལ་སོགས་པ་ལ། བསྙེན་བཀུར་གྱི་ཆེད་དུ་འཁོར་རྣམས་སྡུད་པ་སྟེ། ཚོགས ་སྡུད་པར་བྱེད་པར་འདོད་པ་ནི་སེམས་ཅན་གྱི་དོན་བྱ་བའི་ཚུལ་ཁྲིམས་ཀྱི་ཆོས་བཞིན་དུ་ཚོགས་ཡོངས་སུ་སྡུད་པ་ལས་ཉམས་པའི་ཕྱིར་ཉེས་བྱས་ཀྱི་གནས་ལྟ་བུའི་ཆོས་སོ། །བྱང་ཆུབ་སེམས་དཔའ་ཨི་རིམ་གྲོ་དང། བསྙེན་བཀུར་ལ་ཡོངས་སུ་ཞེན་པས ་ཟང་ཟིང་དང་བཅས་པའི་སེམས་ཀྱིས་འཁོར་སྡུད་པར་བྱེད་ན་ཉོན་མོངས་པ་ཅན་གྱིས་ཉེས་པར་འགྱུར་རོ། །སྙིང་བརྩེ་བས་སྡུད་པར་བྱེད་པ་དང། རིགས་པ་དང་ལྡན་པའི་བསྙེན་བཀུར་བདག་གིར་བྱེད་པ་ལ་ནི་ཉེས་པ་མེད་དོ། །ལེ་ལོ་ལ་སོགས་ཞེས་བྱ་བ་ལ་སོགས་པ་ལ། ལེ ་ལོ་ནི་ལུས་དང་སེམས་ཀྱི་སྙོམ་པའོ། །སོགས་པའི་སྒྲས་ནི་སྙོམ་ལས་དང་གཉིད་ཀྱི་བདེ་བ་དང། ཉལ་བའི་བདེ་བ་དང། གློས་འབེབས་པའི་བདེ་བ་རྣམས་བསྡུ་སྟེ། དེ་དག་སེལ་བར་མི་བྱེད་པ་ནི་དགེ་བའི་ཆོས་སྡུད་པའི་ཚུལ་ཁྲིམས་ཀྱི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ ་ལས་ཉམས་པའི་ཕྱིར་ཉེས་བྱས་ཀྱི་གནས་ལྟ་བུའི་ཆོས་སོ། །བྱང་ཆུབ་སེམས་དཔའ་ལེ་ལོ་དང་སྙོམ་ལས་སྐྱེས་ཏེ། གཉིད་ཀྱི་བདེ་བ་འམ། ཉལ་བའི་བདེ་བ་འམ། གོས་འབེངས་པའི་བདེ་བ་དག་ཏུ་མ་ཡིན་པ་དང། ཆོད་མི་འཛིན་པར་ཉམས་སུ་མྱོང་བར་བྱེད་ན་ཉོན་མོངས་པ་ཅན་གྱི་ཉེས་པར་འགྱུར་རོ། །ན་སྟེ་མི་ནུས་པ་དང། ལམ་གྱིས་དུབ་པ་དང། དུས་སུ་དང་ཚོད་ཟིན་པས་ཉམས་སུ་མྱོང་བར་བྱེད་པ་དང། དེ་སྤང་བར་འདོད་ཀྱང་ཟིལ་གྱིས་ནོན་པས་ཀུན་ཏུ་སྤྱོད་པ་ལ་ནི་ཉེས་པ་མེད་དོ། །ཆགས་པས་ཞེས་བྱ་བ་ལ་སོགས ་པ་ལ། འདུ་འཇིའི་གཏམ་གྱིས་དུས་འདའ་བར་བྱེད་པ་ནི་སྡོམ་པའི་ཚུལ་ཁྲིམས་ཀྱིས་འདུ་འཛིའི་ནང་ན་གནས་ཀྱང་གཏམ་པ་དང་དུ་མི་ལེན་པ་ལས་ཉམས་པའི་ཕྱིར་ཉེས་བྱས་ཀྱི་གནས་ལྟ་བུའི་ཆོས་སོ། །བྱང་ཆུབ་སེམས་དཔའ་ཀུན་ཏུ་ཆགས་པས་བྲེ་མོའི ་གཏམ་ལ་བརྟེན་པས་དུས་འདའ་བར་བྱེད་ན་ཉོན་མོངས་པ་ཅན་གྱི་ཉེས་པར་འགྱུར་རོ། །བརྗེད་ངས་པས་ནི་ཉོན་མོངས་པ་ཅན་མ་ཡིན་པའོ། །ཕ་རོལ་པོར་དོར་སྐད་ཅིག་ཙམ་ཉན་པ་དང། ཡ་མཚན་དུ་འཛིན་ཏེ་འདྲི་བ་དང་དྲིས་པའི་ལན་འདེབས་པ་ཙམ་ལ་ནི ་ཉེས་པ་མེད་དོ། །ཏིང་ངེ་འཛིན་གྱི་ཞེས་བྱ་བ་ལ་སོགས་པ་ལ། གདམས་ངག་ཅེས་བྱ་བ་ལྷག་མའོ། །ཏིང་ངེ་འཛིན་གྱི་དོན་མི་ཚལ་བ་ནི་སྡོམ་པའི་ཚུལ་ཁྲིམས་ཀྱི་ཏིང་ངེ་འཛིན་མངོན་པར་བསྒྲུབ་པ་ལ་བརྩོན་པ་ལས་ཉམས་པའི་ཕྱིར་ཉེས་བྱས་ཀྱི་གནས ་ལྟ་བུའི་ཆོས་སོ། །བྱང་ཆུབ་སེམས་དཔའ་ཏིང་ངེ་འཛིན་གྱི་དོན་ལ་སེམས་གནས་པར་འདོད་ལ། ཁོང་ཁྲོ་བ་དང་ང་རྒྱལ་གྱི་ནོན་པས་དགེ་བའི་བཤེས་གཉེན་གྱི་ཐུད་དུ་གདམས་ངག་ཚོལ་དུ་མི་འགྲོ་ན་ཉོན་མོངས་པ་ཅན་གྱི་ཉེས་པར་འགྱུར་རོ། ་ལེ་ལོ་ལ་སོགས་པ་ནི་ཉོན་མོངས་པ་ཅན་མ་ཡིན་པའོ། །ན་སྟེ་མི་ནུས་པ་དང། གདམས་ངག་ལོག་པར་བྱུང་དོགས་པ་དང། བདག་ཉིད་མང་དུ་ཐོས་པ་ཡིན་ཏེ་སེམས་མཉམ་པར་འཇོག་ནུས་སམ། གདམས་ངག་གིས་གདམས་པར་བྱ་བ་བྱས་ཟིན་ན་ཉེས ་པ་མེད་དོ། །བསམ་གཏན་སྒྲིབ་པ་ཞེས་བྱ་བ་ལ་སོགས་པ་ལ། ཏིང་ངེ་འཛིན་ལ་སྦྱོར་བའི་སྒྲིབ་པ་དང་དུ་ལེན་པ་ནི་སྡོམ་པའི་ཚུལ་ཁྲིམས་ཀྱི་རྟོག་པ་དན་པ་སེལ་བ་ལས་ཉམས་པ་དང། དགེ་བ་ཆོས་སྡུད་པའི་ཚུལ་ཁྲིམས་ཀྱི་སྙོམས་པར་འཇུག་པའི་ཉོན་མོངས ་པ་དང་དུ་ལེན་པར་མི་བྱེད་པ་ལས་ཉམས་པའི་ཕྱིར་ཉེས་བྱས་ཀྱི་གནས་ལྟ་བུའི་ཆོས་སོ། །བྱང་ཆུབ་སེམས་དཔའ་བསམ་གཏན་ལ་སྦྱོར་བས་བསམ་གཏན་གྱི་སྒྲིབ་པ་སྟེ་བར་དུ་གཅོད་པར་འགྱུར་བའི་ཆོས་འདོད་པ་ལ་འདུན་པ་དང། གནོད་སེམས་དང། ་རྨུགས་པ་དང། གཉིད་དང། རྒོད་པ་དང། འགྱོད་པ་དང། ཐེ་ཚོམ་སྟེ། དེ་རྣམས་བྱུང་བ་ཉམས་སུ་མྱོང་བར་བྱེད་ན་ཉོན་མོངས་པ་ཅན་གྱི་ཉེས་པར་འགྱུར་རོ། །དེ་སྤང་བར་འདོད་ཀྱང་ཉོན་མོངས་པ་དྲག་པོས་ཟིལ་གྱིས་ནོན་ཏེ། ཀུན་ཏུ་སྤྱོད་ན་ཉེས་པ་མེད ་དོ། །བསམ་གཏན་རོལ་ཞེས་བྱ་བ་ལ་སོགས་པ་ལ། བསམ་གཏན་གྱི་བདེ་བ་ཉམས་སུ་མྱོང་བར་བྱེད་ཅིང་དེ་ལ་ཡོན་ཏན་དུ་ལྟ་བ་ནི་དགེ་བ་ཆོས་སྡུད་པའི་ཚུལ་ཁྲིམས་ཀྱི་སྙོམ་པར་འཇུག་པའི་རེ་མྱང་བ་དང་དུ་མི་ལེན་པ་ལས་ཉམས་པའི་ཕྱིར་ཉེ ་བྱས་ཀྱི་གནས་ལྟ་བུའི་ཆོས་སོ། །བྱང་ཆུབ་སེམས་དཔའ་བསམ་གཏན་གྱི་བདེ་བའི་རོ་མྱང་བར་བྱེད་ཅིང། དེ་ལ་ཡོན་ཏན་དུ་ལྟ་བར་བྱེད་ན་ཉོན་མོངས་པ་ཅན་གྱི་ཉེས་པར་འགྱུར་རོ། །ཉེས་པ་མེད་པ་ནི་འདས་མ་ཐག་པ་བཞིན་ནོ། །ཉན་ཐོས་ཐེག་པ་ཞེས ་བྱ་བ་ལ་སོགས་པ་ལ། ཉན་ཐོས་ཀྱི་ཐེག་པ་ལྷག་པར་སྤོང་བར་བྱེད་པ་ནི་དགེ་བའི་ཆོས་སྡུད་པའི་ཚུལ་ཁྲིམས་ཀྱིས་བསྡུས་པའི་རྣམ་པར་དག་པའི་ཚུལ་ཁྲིམས་ཀྱིས་ལོག་པར་ལྟ་བ་རྣམ་པར་སྤངས་པ་ལས་ཉམས་པའི་ཕྱིར་ཉེས་བྱས་ཀྱི་གནས་ལྟ་བུའི་ཆོས་སོ། ་བྱང་ཆུབ་སེམས་དཔའ་གང་བྱང་ཆུབ་སེམས་དཔས་ཉན་ཐོས་དང་ལྡན་པའི་ཆོས་མཉན་པར་མི་བྱ། བཟུང་བར་མི་བྱ། དེ་ལ་བསླབ་པར་ཡང་མི་བྱའོ། །བྱང་ཆུབ་སེམས་དཔས་ཉན་ཐོས་ཀྱི་ཐེག་པ་དང་ལྡན་པའི་ཆོས་མཉན་པ་དང། འཛིན་པ་དང། དེ་ལ་བསླབ ་པས་ཅི་ཞིག་བྱ་སྟེ། དགོས་པ་མེད་དོ་ཞེས་དེ་ལྟར་ལྟ་ཞིང་དེ་སྐད་སྨྲན་ན་ཉོན་མོངས་པ་ཅན་གྱི་ཉེས་པར་འགྱུར་རོ། །འདི་ལྟར་བྱང་ཆུབ་སེམས་དཔས་ནི་མུ་སྟེགས་ཅན་གྱི་བསྟན་བཅོས་རྣམས་ལ་ཡང་རེ་ཞིག་བརྩོན་པར་བྱ་དགོས་ན་སངས་རྒྱས་ཀྱི་བཀའ་ལྟ་ཅི་སྣོས?? ་གཅིག་ཏུ་དེ་འདུན་པ་བཟློག་པའི། ཕྱིར་ན་ཉེས་པ་མེད་དོ། །རང་ཚུལ་ཡོད་བཞིན་ཞེས་བྱ་བ་ལ་སོགས་པ་ལ། དེ་ལ་བརྩོན་ཞེས་བྱ་བ་ནི་ཉན་ཐོས་ཀྱི་ཐེག་པ་ལ་ཞེས་བྱ་བར་སྦྱར་རོ། །བྱང་ཆུབ་སེམས་དཔའ་ཨི་སྡེ་སྣོད་ལ་མི་སློབ་པར་ཉན་ཐོས་ཀྱི་ཐེག་པ་ལ་བརྩོན ་པ་ནི་དགེ་བ་ཆོས་སྡུད་པའི་ཚུལ་ཁྲིམས་ཀྱིས་ཐོས་པ་དང་བསམ་པ་ལ་མངོན་པར་སྦྱོར་བ་ལས་ཉམས་པའི་ཕྱིར་ཉེས་བྱས་ཀྱི་གནས་ལྟ་བུའི་ཆོས་སོ། །བྱང་ཆུབ་སེམས་དཔའ་རང་གི་ཐེག་པ་བྱང་ཆུབ་སེམས་དཔའ་ཨི་སྡེ་སྣོད་ཡོང་བཞིན་དུ་དེ་ལ། ། ་བརྩོན་པར་མི་བྱེད་པར་དེ་ཐམས་ཅད་དུ་ཡལ་བར་བོར་ནས་ཉན་ཐོས་ཀྱི་སྡེ་སྣོད་ལ་བརྩོན་པར་སྦྱོར་ཞིང་གོམས་པར་བྱེད་ན་ཉོན་མོངས་པ་ཅན་གྱི་ཉེས་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་ཨི་སྡེ་སྣོད་མེད་པ་དང། དེ་ལ་གོམས་པ་ཉིད་དུ་བྱས་པ་དང། རྒྱུན ་ཏུ་བྱང་ཆུབ་སེམས་དཔའ་ཨི་སྡེ་སྣོད་བཟུང་བ་ཡིན་ན་ཉེས་པ་མེད་དོ། །བཙོན་མིན་ཞེས་བྱ་བ་ལ་སོགས་པ་ལ་བརྩོན་པར་བྱེད་པ་ཞེས་བྱ་བ་རྗེས་སུ་འཇུག་པའོ། །བརྩོན་པ་ནི་གོམས་པའོ། །བརྩོན་མིན་ཞེས་བྱ་བ་ནི་བརྩོན་པར་བྱ་བ་མ་ཡིན་པ་སྟེ། དེའི ་གཞུང་མངོན་པར་ཤེས་པར་བྱ་བ་མ་ཡིན་པའི་ཕྱི་རོལ་གྱི་བསྟན་བཅོས་དག་ལ་བརྩོན་པར་བྱེད་པ་ནི་འདས་མ་ཐག་པ་ལྟ་བུ་ཡིན་པའི་ཕྱིར་ཉེས་བྱས་ཀྱི་གནས་ལྟ་བུའི་ཆོས་སོ། །བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའ་ཨི་སྔ་སྣེང ་ཉིད་མེད་ཀྱང་སངས་རྒྱས་ཀྱི་བཀའ་གཞན་ཡོད་བཞིན་དུ་ཕྱི་རོལ་གྱི་བསྟན་བཅོས་ཏེ་མུ་སྟེགས་ཅན་གྱི་བསྟན་བཅོས་ལ་བརྩོན་པར་བྱེད་ན་ཉོན་མོངས་པ་ཅན་གྱི་ཉེས་པར་འགྱུར་རོ། །ཤིན་ཏུ་ཡིད་གཞུངས་པ་དང་ལོ་བསྐྱེན་པ་དང། ཡུན་རིང་པོར་ཡང ་མི་བརྗེད་པ་དང། དོན་སེམས་དང་རྟོག་པར་བྱེད་ནུས་པ་དང། སངས་རྒྱས་ཀྱི་གསུང་རབ་ལ་རིག་པས་ཉེ་བར་རྟོག་པ་དང་ལྡན་པས་བློ་མི་འགྱུར་བ་དང། ལྡན་ཞིང་ཉིན་གཅིག་བཞིན་དུ་ཆེས་ལྷག་པར་སངས་རྒྱས་ཀྱི་གསུང་རབ་ལ་བརྩོན་པར་བྱེད་པ ་ཡིན་ན་ཉེས་པ་མེད་དོ། །བརྩོན་པ་བྱས་ཀྱང་ཞེས་བྱ་བ་ལ་སོགས་པ་ལ། བརྩོན་པར་བྱ་བ་ལ་གོམས་པ་དེས་ཀྱང་ཕྱི་རོལ་གྱི་བསྟན་བཅོས་དག་ལ་མཁས་པར་བྱེད་པ་ན་དེ་ལ་མངོན་པར་དགའ་བའི་ཚུལ་གྱིས་བྱེད་ཅིང་དེས་དགའ་བར་བྱེད་ཅིང་དེས་དགའ་བར་འཛིན ་པ་དེས་རངས་པར་བྱེད་དེ། །སྨན་ཚ་བ་ལ་བརྟེན་པ་བཞིན་དུ་ཉེས་པར་མི་འཛིན་པ་བདག་ཉིད་འདོད་པར་བྱེད་ན་ཉོན་མོངས་པ་ཅན་གྱི་ཉེས་པར་འགྱུར་རོ། །ཐེག་པ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་ལ་།ཐེག་པ་ཆེན་པོའི་ཕྱོགས་འབའ་ཞིག ་ལ་འཇུག་པ་ནི་འདིར་ཐེག་པ་ཆེན་པོའི་སྒྲའོ། །ཐེག་པ་ཆེན་པོ་དང་ལྡན་པ་གང་ལ་ལ་ཞིག་ཟབ་པའི་གནས་དག་སྤོང་བ་ནི་འདས་མ་ཐག་པ་ལྟ་བུ་དང། ལྟ་བ་ངན་པ་སྤོང་བ་ལས་ཉམས་པའི་ཕྱིར་ཉེས་བྱས་ཀྱི་གནས་ལྟ་བུའི་ཆོས་སོ། ། ་བྱང་ཆུབ་སེམས་དཔའ་གང་ལ་ལ་ཞིག་བྱང་ཆུབ་སེམས་དཔའ་ཨི་སྡེ་སྣོད་ལས་དེ་ཁོ་ནའི་དོན་དམ། བྱང་ཆུབ་སེམས་དཔའ་ཨི་མཐུ་ལས་བརྩམས་ཏེ། ཟབ་པ་མཆོག་ཏུ་ཟབ་པའི་གནས་དག་ཐོས་ནས་བདག་ཉིད་མ་མོས་ཤིང་གཞན་གྱི་རྗེས་སུ་འབྲང ་ནས་བསྐུར་བ་འདེབས་ཏེ། འདི་དག་ནི་དོན་དང་ལྡན་པ་མ་ཡིན། ཆོས་དང་ལྡན་པ་མ་ཡིན་དེ་བཞིན་གཤེགས་པས་གསུངས་པ་མ་ཡིན། སེམས་ཅན་རྣམས་ལ་པན་པ་དང་བདེ་བར་འགྱུར་བ་མ་ཡིན་ནོ། །ཞེས་ཟེར་ཞིང་སྤོང་བར་བྱེད་ན་ཉོན་མངས་པ་ཅན་གྱི ་ཉེས་པར་འགྱུར་རོ། །གང་ཡང་ལས་དང་པོ་པ་ལ་ལ་ཞིག་ཟབ་པའི་གནས་དག་ལ་སེམས་མོས་པར་མ་གྱུར་པ་དེ་ལྟ་ན་ཡང་དེ་ལ་དང་བ་གཙོ་བོར་གྱུར་པ་ཉིད་ཀྱིས་འདི་ནི་བདག་དང་མི་མཐུན་པ་མ་ཡིན་ནོ་ཞེས་བསླབ་པར་བྱ་སྟེ། འདི་ལྟར་བདག་ནི་ལོང་བར ་གྱུར་བ་སྟེ། མིག་མེད་པས་ཆོས་ཡོངས་སུ་སྤོང་བ་ནི་བདག་གི་ཆ་མ་ཡིན་ནོ་ཞེས་ཡང་དག་པར་བརྟགས་པར་བྱའོ། །བདག་ལ་ཞེས་བྱ་བ་ལ་སོགས་པ་ལ་བདག་ལ་བསྟོང་པར་བྱེད་ཅིང་གཞན་ལ་སྨོད་པར་བྱེད་པ་ནི་དགེ་བའི་ཆོས་སྡུད་པའི་ཚུལ་ཁྲིམས ་ཀྱི་ཚུལ་ཁྲིམས་འཆལ་པའི་རྒྱུའི་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་དང་དུ་མི་ལེན་པ་ལས་ཉམས་པའི་ཕྱིར་ཉེས་བྱས་ཀྱི་གནས་ལྟ་བུའི་ཆོས་སོ། །བྱང་ཆུབ་སེམས་དཔའ་རང་བཞིན་གྱིས་དམ་པ་ཡིན་པའི་རློམ་སེམས་ཀྱིས་བདག་ལ་ཆ ་པ་དང། གཞན་ལ་ཁོང་ཁྲོ་བས་བརྙས་པ་དང་བཅས་པ་དང། གཤེ་པ་དང་བཅས་པས་བདག་ལ་བསྟོད་པར་བྱེད་ཅིང་གཞན་ལ་སྨོད་པར་བྱེད་ན་ཉོན་མོངས་པ་ཅན་གྱི་ཉེས་པར་འགྱུར་རོ། །ཉེས་པ་མེད་པ་ནི་ཕམ་པར་འགྱུར་བ་བཞིན་ནོ། །ཆོས་ཀྱི ་དོན་དུ་ཞེས་བྱ་བ་ལ་སོགས་པ་ལ། ཆོས་ཉན་པའི་དོན་དུ་འགྲོ་བར་མི་བྱེད་པ་ནི་དགེ་བ་ཆོས་སྡུད་པའི་ཚུལ་ཁྲིམས་ཀྱི་ཐོས་པ་ལ་མངོན་པར་སྦྱོར་བ་ལས་ཉམས་པའི་ཕྱིར་ཉེས་བྱས་ཀྱི་གནས་ལྟ་བུའི་ཆོས་སོ། །བྱང་ཆུབ་སེམས་དཔའ་ཆོས ་སྒྲོགས་པ་དང་ཆོས་དང་འབྲེལ་པའི་གཏམ་རྣམ་པར་གཏན་ལ་འབེབས་པ་ན་ང་རྒྱལ་ལམ་།ཁོང་ཁྲོ་བའི་སེམས་ཀྱི་མི་འགྲོ་ན་ཉོན་མོངས་པ་ཅན་གྱི་ཉེས་པར་འགྱུར་རོ། །ལེ་ལོ་ལ་སོགས་པས་ཉོན་མོངས་པ་ཅན་མ་ཡིན་པའོ། །མི་ཚོར ་བ་དང་ལོག་པས་སྟོན་དུ་དོགས་པ་དང། ཆོས་སྨྲ་བའི་སེམས་བསྲུང་བར་འདོད་པ་དང། ན་སྟེ་མི་ནུས་པ་དང། ཡང་དང་ཡང་དུ་ཐོས་ཤིང་བཟུང་ལ་ཤེས་པའི་དོན་གྱི་གཏམ་ཡིན་པར་ཤེས་པ་དང། མང་དུ་ཐོས་པ་དང། ཐོས་པ་འཛིན་པ ་དང། ཐོས་པ་བསགས་པ་ཡིན་པ་དང་།བྱང་ཆུབ་སེམས་དཔའ་ཨི་ཏིང་ངེ་འཛིན་མངོན་པར་བསྒྲུབ་པ་ལ་བརྩོན་པ་དང། ཤིན་ཏུ་ཤེས་རབ་རྟུལ་ཏེ་ལེན་པ་ལ་ཞན་འཛིན་པ་ལ་ཞན་ཅིང་དམིགས་པ་ལ་སེམས་རྣམ་པར་འཇོག་པ་ལ་ཞན་པ་ཞིག་ན་ཉེས ་པ་མེད་དོ། །དེ་ལ་སྨོད་པ་ཞེས་བྱ་བ་ལ་སོགས་པ་ལ། དེ་ལ་ནི་ཆོས་སྟོན་པའི་གང་ཟག་ལའོ། །སྨོད་པ་ནི་བརྙས་པའོ། །ཡི་གེ་དང་ཚིག་འབྲུ་བརྟེན་ནས་ཚིག་འབྲུ་ལ་སྟོན་པ་ཉིད་དོ་ཞེས་དེ་ལ་སྨོད་པའི་དོན་དུ་ཡི་གེ་བརྟེན་པ་ནི ་དེ་ལ་སྨོད་དང་ཡི་གེ་རྟེན་ནོ། །ཡང་དག་པ་ཇི་ལྟ་བའི་དོན་ནི་བཟུང་ལ་ཆོས་སྨྲ་བ་ལ་ཁྱད་དུ་གསོད་པའི་ཆེད་དུ་ཚིག་འབྲུ་ཀུན་ཏུ་བཟུང་ནས་ཞེས་བྱ་བའི་དོན་ཏེ། ཆོས་སྨྲ་བ་ལ་ཁྱད་དུ་གསད་པའི་ཆེད་དུ་ཚིག་འབྲུ་ལ ་བརྟེན་པ་ཉིད་ནི་དགེ་བ་ཆོས་སྡུད་པའི་ཚུལ་ཁྲིམས་ཀྱི་བླ་མ་ལ་རིམ་གྲོ་བྱེད་པ་ལས་ཉམས་པའི་ཕྱིར་ཉེས་བྱས་ཀྱི་གནས་ལྟ་བུའི་ཆོས་སོ། །བྱང་ཆུབ་སེམས་དཔའ་ཆོས་སྨྲ་བའི་གང་ཟག་ལ་བསམས་བཞིན་དུ་ཁྱད་དུ་གསོད་ཅིང་བཀུར་སྟི ་མི་བྱེད་ལ་འཕྱ་བར་བྱེད་ཅིང་ཚིག་འབྲུ་ལ་རྟོན་པར་མི་བྱེད་ན་ཉོན་མོངས་པ་ཅན་གྱི་ཉེས་པར་འགྱུར་རོ། །དེ་ལྟར་རེ་ཞིག་ཚུལ་ཁྲིམས་རྣམ་པ་གསུམ་གྱི་དབང་དུ་བྱས་ཏེ་བསླབ་པའི་གཞི་རྣམས་བསྟན་ནས། དེའི་འོག་ཏུ་ཡོངས་སུ་རྫོགས ་ཀྱི་བར་དུ་སེམས་ཅན་གྱི་དོན་བྱ་བའི་ཚུལ་ཁྲིམས་ཀྱི་དབང་དུ་བྱས་པ་ཡིན་པར་བྱའོ། །དགོས་པའི་གྲོགས་སུ་འགྲོ་བ་ཞེས་བྱ་བ་ལ་སོགས་པ་ལ། དགོས་པའི་གྲོགས་བྱེད་པ་སྟེ། དེང་འགྲོ་བར་མི་བྱེད་པའོ། །ཇི་སྐད་སྨྲས་པའི་བྱ་བ་ཉེ་བར ་གནས་པ་ལ་གཞན་གྱི་གྲོགས་མི་བྱེད་པ་ནི་སེམས་ཅན་གྱི་དོན་བྱ་བ་རྣམས་ཀྱི་གྲོགས་བྱེད་པ་ཉམས་པའི་ཕྱིར་ཉེས་བྱས་ཀྱི་གནས་ལྟ་བུའི་ཆོས་སོ། །བྱང་ཆུབ་སེམས་དཔའ་སེམས་ཅན་གྱི་དོན་བྱ་བའི་དོན་ཉེ་བར་གནས་ཤིང་བཅོལ་བ་ལ ་ཁོང་ཁྲོ་བའམ། ང་རྒྱལ་གྱིས་གྲོགས་བྱེད་དུ་མི་འགྲོ་ན་ཉོན་མོངས་པ་ཅན་གྱི་ཉེས་པར་འགྱུར་རོ། །ལེ་ལོ་ལ་སོགས་པ་ནི་ཉོན་མོངས་པ་ཅན་མ་ཡིན་པའོ། །ན་སྟེ་མི་ནུས་པ་དང། གཞན་ལ་སྔར་ཁས་བླངས་ཟིན་པ་དང། རྒྱུན་མི་འཆད་པར་དགེ་བའི་ཕྱོགས ་ལ་བརྩོན་པ་དང། ཡིད་རྟུལ་པོ་ཞིག་སྟེ་མི་མཁས་པ་ཡིན་པ་དང། ཐབས་དེས་འདུལ་བར་འདོད་པ་དང། དགེ་འདུན་གྱི་ནང་ཁྲིམས་བསྲུང་བར་འདོད་པ་དང། གཞན་མང་པོ་དག་གི་སེམས་བསྲུང་བར་འདོད་པ་དང། མ་བཅོལ་བ་དང་བཅོལ་བར ་གྱུར་ཀྱང་གཞན་ཞིག་ལ་ཡང་བཅོལ་བ་དང། གནོད་པ་དང་ལྡན་པའམ། ཆོས་དང་ལྡན་པ་མ་ཡིན་པའི་བྱ་བ་ཡིན་པ་དང། ཕ་རོལ་བོ་རང་ཉིད་བྱེད་ནུས་པ་དང། རྟེན་ཡོད་པ་ཉིད་ཡིན་ན་ཉེས་པ་མེད་དོ། །ནད་པའི་ཞེས་བྱ་བ་ལ་སོགས་པ་ལ། ་།ནད་པའི་རིམ་གྲོ་མི་བྱེད་པ་ནི་ནད་པའི་རིམ་གྲོ་བྱེད་པ་ལས་ཉམས་པའི་ཕྱིར་ཉེས་བྱས་ཀྱི་གནས་ལྟ་བུའི་ཆོས་སོ། །བྱང་ཆུབ་སེམས་དཔའ་ནད་ཀྱི་ཐེབས་པའི་སེམས་ཅན་དང་ཕྲད་པ་ན་ཁོང་ཁྲོ་བ་འམ། ང་རྒྱལ་གྱིས་རིམ ་གྲོ་དང་བསྙན་བཀུར་མི་བྱེད་ན་ཉོན་མོངས་པ་ཅན་གྱི་ཉེས་པར་འགྱུར་རོ། །ལེ་ལོ་ལ་སོགས་པས་ནི་ཉོན་མོངས་པ་ཅན་མ་ཡིན་པའོ། །ནད་ཡུན་རིངས་ཀྱིས་ཐེབས་ཏེ་སོ་ཙམ་དུ་འདུག་པ་ནི་ཉེས་པ་མེད་དོ། །ལྷག་མ་རྣམས་ཀྱང་གྲོགས་སུ་འགྲོ་བ་བཞིན་དུ་ཅི་རིགས་སུ ་སྦྱར་རོ། །སྡུག་བསྔལ་ཞེས་བྱ་བ་ལ་སོགས་པ་ལ། སྡུག་བསྔལ་ཧབར་གྱུར་པ་རྣམས་ཀྱི་ཞེས་ལྷག་མའོ། །གཞན་སྡུག་བསྔལ་བ་རྣམས་ཇི་སྐད་བསྟན་པས་སྡུག་བསྔལ་སེལ་བར་མི་བྱེད་པ་ནི་གཞན་གྱི་སྡུག་བསྔལ་སེལ་བར་བྱེད་པ་ལས་ཉམས་པའི་ཕྱིར་ཉེས་བྱས་ཀྱི་གནས་ལྟ་བུའི་ཆོས་སོ། །བྱང་ཆུབ་སེམས ་དཔའ་སྡུག་བསྔལ་བར་གྱུར་པའི་སེམས་ཅན་དང་ཕྲད་ན་ང་རྒྱལ་གྱིས་སམ་ཁོང་ཁྲོ་བས་སྡུག་བསྔལ་དེ་སེལ་བར་མི་བྱེད་ཅིང་ཡལ་བར་འཇོག་ལ་རྒྱབ་ཀྱིས་ཕྱོགས་པར་བྱེད་ན་ཉོན་མོངས་པ་ཅན་གྱི་ཉེས་པར་འགྱུར་རོ། །ལེ་ལོ་ལ ་སོགས་པ་ནི་ཉོན་མོངས་པ་ཅན་མ་ཡིན་པའོ། །ཉེས་པ་མེད་པ་ནི་འདས་མ་ཐག་པ་བཞིན་ནོ། །བག་མེད་ཅེས་བྱ་བ་ལ་སོགས་པ་ལ། བག་མེད་པ་རྣམས་ལ་ཇི་སྐད་བསྟན་པའི་རིག་པ་མི་སྟོན་པ་ནི་རིག་པ་སྟོན་པ་ལས་ཉམས་པའི་ཕྱིར་ཉེས་བྱས་ཀྱི་གནས་ལྟ ་བུའི་ཆོས་སོ། །བྱང་ཆུབ་སེམས་དཔའ་ཚེ་འདི་དང་ཚེ་ཕྱི་མའི་དོན་ལ་ཚུལ་བཞིན་མ་ཡིན་པར་ཞུགས་པའི་སེམས་ཅན་དག་མཐོང་ན་ཀུན་ནས་མནིར་སེམས་ཀྱིས་རིག་པ་སྟོན་པར་མི་བྱེད་ན་ཉོན་མོངས་པ་ཅན་གྱི་ཉེས་པར་འགྱུར་རོ། །ལེ་ལོ་ལ་སོཊ ་པས་ནི་ཉོན་མོངས་པ་ཅན་མ་ཡིན་པའོ། །བདག་ཉིད་མི་ཤེས་པ་དང་གཞན་དག་ལ་བཅོལ་ན་ཉེས་པ་མེད་དོ། །བྱས་ཞེས་བྱ་བ་ལ་སོགས་པ་ལ། བྱས་པ་ནི་ཕ་རོལ་གྱིས་ཕན་འདོགས་པའོ། །དེའི་ཕྱིར་དེ་ལ་ཕན་གདགས་པས་སླར་འདོཊ་པར་བྱེད་པ་ཉིད་ནི ་ལན་དུ་ཕན་འདོགས་པ་ཉིད་དོ། །གཞན་ཕན་འདོགས་པར་བྱེད་པ་ལ་རྗེས་སུ་འཐུན་པས་སླར་ཕན་འདོགས་པར་མི་བྱེད་པ་ནི་བྱས་པ་གཟོ་བ་རྗེས་སུ་བསྲུང་བ་ལས་ཉམས་པའི་ཕྱིར་ཉེས་བྱས་ཀྱི་གནས་ལྟ་བུའི་ཆོས་སོ། །བྱང་ཆུབ་སེམས་དཔའ་དེ་རང་ཉིད་ནུས་པ ་དང་ལྡན་ནམ་མི་ལྡན་ཡང་རུང། ཀུན་ནས་མནར་སེམས་དང་ལྡན་པ་དང། སྙིང་བརྩེ་བ་དང་ཞེས་དང་བྲལ་བས་ཡོན་ལེན་པར་མི་བྱེད་པ་དང། དམུ་རྒོད་ཀྱི་རང་བཞིན་ཅན་དང། དགེ་བའི་བཤེས་གཉེན་གཞན་གྱིས་ཡོངས་སུ་ཟིན་པ་དང། གཞན་གྱིས་ཕན་བརྟགས་པ ་བྱས་པའང་རུང། སེམས་ཅན་ཕན་འདོགས་པ་དེ་མ་ཐོང་ན་བྱས་པ་མི་གཟོ་སྟེ། ང་རྒྱལ་ཁོང་ཁྲོ་བས་མཉམ་པ་འམ། དེ་བས་ལྷག་པའི་འཐུན་པའི་ཕན་གདགས་པས་ལན་དུ་ཕན་མི་འདོགས་ན་ཉོན་མོངས་པ་ཅན་གྱི་ཉེས་པར་འགྱུར་རོ། །ལེ་ལོ་ལ་སོགས་པས ་ཉོན་མོངས་པ་ཅན་མ་ཡིན་པའོ། །ལན་དུ་ཕན་བདགས་པའི་ཕྱིར་འབང་ཀྱང་མ་ནུས་པ་དང། དེ་ཉིད་ལན་ཕན་གདགས་པར་མི་འདོད་པ་དང། ཐབས་དེས་འདུལ་པར་འདོད་པ་ལ་ནི་ཉེས་པ་མེད་དོ། །གཞན་གྱི་ཞེས་བྱ་བ་ལ་སོགས་པ་ལ། ཞན?་རྣམས་རྩེ་ཆུང་ནས་སྔ? ་བར་མི་བྱེད་པ་ནི་མྱ་ངན་བསད་པར་བྱེད་པ་ལས་ཉམས་པའི་ཕྱིར་ཉེས་བྱས་ཀྱི་གནས་ལྟ་བུའི་ཆོས་སོ། །བྱང་ཆུབ་སེམས་དཔའ་ཉེ་དུ་དང་ལོངས་སྤྱོད་ལས་གྱུར་པའི་སྡུག་བསྔལ་གྱིས་ཉམས་ཐག་ཅིང་མྱ་ངན་རུང་བ་རྣམས་ལ་ཀུན་ནས་མནར་སེམས་ཀྱི་སེམས་ཀྱིས་མྱ་ངན་བསང་བར་མི་བྱེད་ན་ཉོན་མོངས ་བ་ཅན་གྱི་ཉེམ་པར་འགྱུར། །ལེ་ལོ་ལ་སོགས་པས་ནི་ཉོན་མོངས་པ་ཅན་མ་ཡིན་པའོ། །ཉེས་པ་མེད་པ་ནི་གྲོགས་སུ་འགྲོ་བ་བཞིན། །ནོར་འདོད་པ་ལ་ཞེས་བྱ་བ་ལ་སོགས་པ་ལ། ནོར་འདོད་པ་རྣམས་ལ་ནོར་སྦྱིན་པར་མི་བྱེད་པ་ནི་ཕན་འདོགས་པ་སྦྱིན་པ་ལས་ཉམས་པའི་ཕྱིར་ཉེས ་བྱས་ཀྱི་གནས་ལྟ་བུའི་ཆོས་སོ། །བྱང་ཆུབ་སེམས་དཔའ་སེམས་ཅན་ཕོངས་པ་རྣམས་ཟས་དང་སྐོམ་ལ་སོགས་པ་ཡོ་བྱད་འདོད་པ་རྣམས་ཡང་དག་པར་སློང་བ་ལ་ཀུན་མནར་སེམས་ཀྱི་སེམས་ཀྱི་ཟས་དང་སྐོམ་ལ་སོགས་པ་སྦྱིན་པར་མི་བྱེད་ན་ཉོན་མོངས་པ་ཅན་གྱི་ཉེས་པར་འགྱུར ་རོ། །ལེ་ལོ་ལ་སོགས་པས་ནི་ཉོན་མོངས་པ་ཅན་མ་ཡན་པའོ། །ཉེས་པ་མེད་པ་ནི་ཕམ་པར་འགྱུར་བ་བཞིན་ནོ། །འཁོར་རྣམས་ཀྱི་ནི་ཞེས་བྱ་བ་ལ་སོགས་པ་ལ། འཁོར་རྣམས་ཀྱི་དོན་མི་བྱེད་པ་ནི་ཆོས་དང་ཟང་ཟིང་གིས་བསྡུས་པའི་བྱ་བ་ལས་ཉམས་པའི་ཕྱིར་ཉེས་བྱས་ཀྱི་གནས་ལྟ་བུའི་ཆོས ་བྱས་ཆུབ་སེམས་དཔའ་འཁོར་འདུས་བ་ལ་ཀུན་ནས་མནར་སེམས་ཀྱི་སེམས་ཀྱི་ཆོས་ཀྱི་དུས་སུས་ལེགས་པའི་འདོམས་ཤིང་ལེགས་བར་རྗེས་སུ་མེ་སྟོན་པ་དང། ཟང་ཟང་གི་སྒོ་ནས་ཕོངས་པ་རྣམས་ལ་གོས་དང་ཟས་ལ་སོགས་པ་ཡོངས་སུ་བསལ་བས་དོན་མི་བྱེད་ན་ཉོན་མོངས་པ་ཅན་གྱི་ཉེས་པར་འགྱུར་རོ། །ལེ་ལོ་ལ་སོགས ་བས་ནི་ཉེན་མོངས་པ་ཅན་མ་ཡིན་པར་རོ། །ན་སྟོ་མི་ནུས་ཨ་དང་ཐབས་དེས་འདུལ་བར་འདོད་པ་ཉིད་དང། དགེ་འདུན་གྱིན་ཁྲིམས་བསྲུང་བ་དང། གཞན་གང་ཡང་རུང་བ་ལ་བཅོལ་བ་དང། འཁོར་ཡང་བསོད་ནམས་ཆེན་པོ་དང་ལྡན་པར་ཤེས་པ་དང། རང་ཉིད་དགོས་པ་འཚོལ་བའི་ནུས་པ་དང་ལྡན་པ་དང། གདམས་ངག་དྲེ་དེ་རྗེས་སུ ་བསྟན་པའི་བྱ་བ་དག་རང་ཉིད་ཀྱིས་བྱས་ཟིན་པ་དང། མུ་སྟེགས་ཅན་ཡིན་པ་ལས་ཆོས་རྐུར་འོངས་ལ་དེ་ཡང་འདུལ་བའི་སྐལ་པ་མེད་པ་ཞིག་ཡིན་ན་ཉེས་པ་མེད་དོ། །གཞན་གྱི་ཞེས་བྱ་བ་ལ་སོགས་པ་ལ་གཞན་གྱི་བློ་དང་འཐུན་པར་མི་འཇུག ་པ་ནི་གཞན་གྱི་བློ་དང་འཐུན་པར་འཇུག་པ་ལས་ཉམས་པའི་ཕྱིར་ཉེས་བྱས་ཀྱི་གནས་ལྟ་བུའི་ཆོས་སོ། །བྱང་ཆུབ་སེམས་དཔའ་ཀུན་ནས་མནར་སེམས་ཀྱིས་སེམས་ཀྱིས་གཞན་གྱི་སེམས་དང་འཐུན་པར་མི་བྱེད་ན་ཉོན་མོངས་པ་ཅན་གྱི་ཉེས་པར་འགྱུར་རོ། ལེ་ལོ་ལ་སོགས་པས་ནི ་ཉོན་མོངས་པ་ཅན་ནང་ཡིན་པའོ། །ན་སྟེ་མི་ནུས་པ་དང་འདུལ་བར་འདོད་པ་དང་བྱེ་བ་དེ་གནོད་པ་དང་ལྡན་པ་ཡིན་པ་དང། དགེ་འདུན་གྱི་ནང་ཁྲིམས་བསྲུང་པ་དང། གཞན་མང་པོ་དག་གི་སེམས་སྲུང་བར་འདོད་པ་དང། མུ་སྟེགས་ཅན་ཚར་གཅད་པའི་བྱིན་ནི་ཉེས་པ་མེད་དོ། ། ་ཡོན་ཏན་ཞེས་བྱ་བ་ལ་སོགས་པ་ལ་གཞན་དག་གིས་ཡོན་ཏན་གྱི་བསྔགས་པ་སྨྲ་བར་མི་བྱེད་པ་ནི་ཡོན་ཏན་གྱི་བསྔགས་པ་སྨྲ་བ་ལས་ཉམས་པའི་ཕྱིར་ཉེས་བྱས་ཀྱི་གནས་ལྟ་བུའི་ཆོས་སོ། །བྱང་ཆུབ་སེམས་དཔའ་ཀུན་ནས་མནར་སེམས་ཀྱིས་ཡང་དག་པའི ་ཚུལ་ཁྲིམས་དང། ཐོས་པ་དང་གདོང་བ་ལ་སོགས་པའི་ཡང་དག་པའི་ཡོན་ཏན་བརྗོད་པར་མི་བྱེད་ཅིང་ཡང་དག་པའི་བསྔགས་པ་མི་བརྗོད་པ་དང། ལེགས་པར་སྨྲས་པ་ལ་ལེགས་སོ་ཞེས་བྱ་བ་མི་བྱིན་ན་ཉོན་མོངས་པ་ཅན་གྱིས་ཉེས་པར་འགྱུར་རོ། །ལེ་ལོ་ལ་སོཊ་པས་ནི་ཉོན་མོངས་པ ་ཅན་མ་ཡིན་ནོ། །ཕ་རོལ་པོ་རང་བཞིན་གྱིས་འདོད་པ་ཆུང་དུ་ཡིན་པར་དཔགས་ཏེ། ཡོན་ཏན་གྱི་བསྔཊ་པ་བརྗོད་པའི་རྒྱུ་དེས་འདི་ཀུན་ནས་ཉོན་མོངས་པའི་འགྱུར་དུ་དོགས་པ་དང། གཏམ་རྫོགས་རྫོགས་སུ་སྡོད་པ་དང། དེའི་ཡོན་ཏན་རྣམས་ཡོན་ཏན་ལྟར་ཆོས་པ་ཡིན་ཏེ་ཡང་དག་པ་མ ་ཡིན་པ་དང་ལེགས་པར་སྨྲ་བ་ཡང་ལོགས་པར་སྨྲ་བ་ལྟར་བཅོས་པ་ཡིན་ཏེ། ཡང་དག་པ་མ་ཡིན་པ་དང། འདུལ་བར་འདོད་པ་དང་གཞན་གྱི་སེམས་བསྲུང་བར་བྱེད་པ་ལ་ནི་ཉེས་པ་མེད་དོ། །རྐྱེན་དུ་མཚམས་པ་ཞེས་བྱ་ལ་སོགས་པ་ལ་གཞན་ཉེས་པ་དང་བཅས་ཤིང ་འགལ་བ་དང་བཅས་པ་དགལ་ཇི་ལྟར་འཚོ་མི་པར་ཆེར་མི་གཅོད་པ་ནི་ཚར་གཅོད་པའི་བྱ་བ་ལས་ཉམས་པའི་ཕྱིར་ཉེས་བྱས་ཀྱིས་གནས་ལྟ་བུའི་ཆོས་སོ། །བྱང་ཆུབ་སེམས་དཔའ་སེམས་ཅན་སྨ་དབབ་པར་རིག་པ་དང། ཆད་པས་གཅད་པར་རིག་པ་དང། ་།བསྐྲད་པར་རིག་པ་རྣམས་ཉོན་མོངས་པ་ཅན་གྱི་སེམས་ཀྱིས་སྨ་འབེབ་པར་མི་བྱེད་དམ། ཆད་པས་གཅོད་པས་ཕྱིར་འཆོ་ས་པར་མི་བྱེད་ན་སྐྲོད་པར་མི་བྱེད་ན་ཉོན་མོངས་པ་ཅན་གྱི་ཉེས་པར་འགྱུར་རོ། །ལེ་ལོ་ལ་སོགས་པས་ནི་ཉོན་མོངས་པ་ཅན་མ་ཡིན ་པའོ། །བཅོས་སུ་མི་རུང་བའི་རང་བཞིན་ཅན་ཞིག་སྟེ། གཏམ་བྱར་མི་རུང་ལ་བཀའ་བློ་མི་བདེ་ཞིང་མནར་སེམས་ཀྱི་ཤས་ཆེ་བ་ཡལ་བར་བོར་དང། དུས་ལ་གཞེས་པ་དང། གཞི་དེ་ལས་འཐབ་པ་དང། འཚང་འབྲུ་བ་དང། འགྱེད་པ་དང་བརྩོད་པར་འགྱུར ་པ་མཐོང་བ་དང། དགེ་འདུན་བྱེ་བར་དོགས་པས་ཡལ་བར་བོར་བ་དང། སེམས་ཅན་དེ་དག་རང་བཞིན་གྱིས་ངོ་ཚ་ཤེས་པ་དང། འཁྲེལ་ཡོད་པ་དང་ལྡན་པས་མྱུར་བ་ཉིད་དུ་རང་ཉིད་ཕྱིར་འཆོས་པ་ཞིག་ཡིན་ན་ནི་ཉེས་པ་མེད་དོ། །རྫུ་འཕྲུལ་ཞེས་བྱ་བ་ལ ་སོགས་པ་ལ། རྫུ་འཕྲུལ་སྣ་ཚོགས་པ་དང་ལྡན་ཞིང་བསྡིག་པར་འོས་པ་རྣམས་ལ་བསྡིགས་པ་ལ་སོགས་པ་མི་བྱེད་པ་ནི་བསྡིགས་པ་ལ་སོགས་པ་བྱ་བ་ལས་ཉམས་པའི་ཕྱིར་ཉེས་བྱས་ཀྱི་གནས་ལྟ་བུའི་ཆོས། །བྱང་ཆུབ་སེམས་དཔས་རྫུ་འབྲལ་རྣམ་པ་མང་པོའི་ནུས་མཐུ་དང་ལྡན་ལ། སེམས ་ཅན་སྐྲག་པར་བྱ་པ་རིགས་པ་རྣམས་རྫུ་འཕྲུལ་རྣམ་པ་དུ་མས་སྐྲག་པར་མི་བྱེད་པ་དང། སེམས་ཅན་འདུན་པར་བྱ་བའི་རིགས་པ་རྣམས་འདུན་པར་མི་བྱེད་ན། ཉོན་མོངས་པ་ཅན་གྱི་ཉེས་པར་འགྱུར་རོ། །སེམས་ཅན་རྣམས་གང་དུ་ཤས་ཆེར་མངོན་པར་ཞེན ་པར་གྱུར་བ་མུ་སྟེགས་ཅན་འཕགས་པ་རྣམས་ལ་སྐུར་པ་འདེབས་པ་དང། ལག་པར་ལྟ་པ་དང་ལྡན་པ་ཞིག་ན་མ་བསྟན་ཀྱང་ཉེས་པ་མེད་དོ། །དེ་ལྟར་རེ་ཞིག་ཉེས་བྱས་ཀྱི་རབ་ཏུ་དབྱེ་བ་བསྟན་ནས་ཡང་ཉེས་པར་མི་འགྱུར་བ་ཇི་ལྟར་རིགས་པར་བྱ་ཞེ་ན། ། ་སྙིང་རྗེར་ལྡན་ཞིང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་སྒྲུབ་པའི་སྒོ་དང། དགེག་བའི་སྒོ་ནས་བྱང་ཆུབ་སེམས་དཔའ་ཨི་བྱ་བ་གང་ཅུང་ཟད་བསྟན་པ་དེ་ལས་མི་འདའ་བས་ལྟུང་བ་མི་འགྱུར་རོ། །ཞེས་བྱ་བ་འདི་ནི་ལྟུང་བར་མི། གྱུར་བ ་གསལ་བར་བསྟན་པའོ། །འདས་པའི་རང་བཞིན་ཡིན་ན་ཡང་ཉེས་པ་མེད་པ་ཉིད་ནི་འདི་ལྟར་སེམས་དགེ་བ་སྟེ། དགེ་བའི་བསམ་པ་དང་བསམ་པ་མ་ཉམས་པ་དང། འབྲས་བུ་གཅིག་པའི་དབང་གིས་རྗེས་སུ་འཐུན་པའི་འབྲས་བུ་ལས་དེ་དང་འདིར་ཇི་སྐད་དུ་བསྟན་བ་ལས་མ ་ཉམས་པར་བརྩེ་བ་དང་ལྡན་པར་སྙིང་རྗེ་དང་ལྡན་པ་སེམས་ཅན་རྣམས་ལ་བྱམས་པ་སྟེ། ཕན་པར་འདོད་བ་དང། དུ་ལ་ཡར་འདོད་པ་དང།?་གདུལ་བར་བྱ་བར་འདོད་པ་ས་འདའ་བར་བྱས་པ་ནི་ཉེས་པར་མི་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །རང་གི་སྒྲས་ནི་སེམས་ཤིན་ཏུ་འཁྲུགས་པ་དང། ཚོར་བ་དྲག་པོས ་ཉེན་བ་དང། གཉིད་ལོག་པ་དང། ཐ་མལ་བ་མ་ཡིན་པ་དང། སྤོད་པར་འདོད་ཀྱང་ཉོན་མོངས་པ་དྲག་པོས་ཀུན་ནས་དཀྲིས་པ་ལ་སོགས་པ་དག་གིས་སླར་ཡང་འཇུག་པ་དག་གིས་འདས་པ་ལས་ནི་ཉེས་པ་མེད་དོ་ཞེས་བྱ་བ་ནི་བསྡུས་པའི་དོན་ཏེ། །སེམས་ནི་ཤིན ་ཏུ་ཉོན་མོངས་དང་སྡུག་བསྔལ་ཚོར་བས་ཉེན་པ་དང། །གཉིད་དང་མྱོས་པ་དག་ལ་ནི། །བྱུང་བ་ལ་ཡང་ཉེས་པ་མེད་ཅེས་བྱ་བ་ནི་ཚིགས་སུ་བཅད་པ་གཞན་ནོ། །དོན་ནི་འདི་ལྟར་བསྟན་པར་འགྱུར་ཏེ། ཆགས་པ་དང་ཁོང་ཁྲོ་བ་དང་ཕྲག་དོག་དང་ཁྲོ་བ་དང ་ཁོ་ན་དུ་འཛིན་པ་དང། ང་རྒྱལ་དང། རྒྱགས་པ་ལ་སོགས་བས་འདས་བར་གྱུར་པ་ནི་ཉེས་པར་འགྱུར་རོ་ཞེས་བྱ་བའི་དོན་ཏེ། དེས་ནི་འདི་ལྟར་བྱང་ཆུབ་སེམས་དཔའ་རྣམས་གྱི་བསླབ་པའི་གཞི་རྣམས་དངོས་སུ་བྱུང་བ་འདི་དག་ནི་མདོར ་བསྡུས་པ་སྟེ། གཞན་བྱང་ཆུབ་སེམས་དཔའ་དག་གིས་སྤྱོད་པ་རྣམས་ནི་དཔག་ཏུ་མེད་ཅིང་མཐར་ཐུག་པ་མེད་པའི་ཕྱིར་ཏེ། དེ་རྣམས་སུ་བསྟན་པའི་རྗེས་སུ་འབྲངས་ནས་ཉེས་པར་འགྱུར་བ་དང་ཉེས་པར་མི་འགྱུར་བ་དག་རིག་བར་བྱའོ ་དེ་ལྟར་ན་རང་གི་འདུལ་པའི་བསླབ་པ་ལ་འཇུག་པའི་བྱང་ཆུབ་སེམས་དཔའ་འདི་ནི་ཕུན་སུམ་ཚོགས་པ་རྣམ་པ་གསུམ་གྱིས་བདེན་པ་ལ་རིག་པར་གནས་པར་འགྱུར་ཏེ། སྦྱོར་པ་ཕུན་སུམ་ཚོགས་པ་དང། བསམ་པ་ཕུན་སུམ་ཚོགས་པ་དང། སྔོན་ཕྱི ་རྒྱ་ཕུན་སུམ་ཚོགས་པའོ། །དེ་ལ་སྦྱོར་བ་ཕུན་སུམ་ཚོགས་པ་ནི་གང་བྱང་ཆུབ་སེམས་དཔའ་ཨི་ཚུལ་ཁྲིམས་དག་འདྲ་བར་མི་བྱེད་ཅིང། །ལུས་དང་ངག་དང་ཡིད་ཀྱི་ཀུན་ཏུ་སྤྱོད་པ་ཡོངས་སུ་དག་པ་དང། ཉེས་པ་རྒྱུན་ཏུ་མི་བྱེད ་པ་དང། སྡིག་པ་འཆགས་པའོ། །བསམ་པ་ཕུན་སུམ་ཚོགས་པ་ནི་གང་ཡང་འདི་ནི་ཆོས་ཀྱི་བསམ་པས་རབ་ཏུ་བྱང་བ་ཡིན་གྱི་འཚོ་བའི་བསམ་པ་མ་ཡིན། བྱང་ཆུབ་ཆེན་པོའི་དོན་དུ་གཉེར་པ་ཡིན་གྱི་དོན་དུ་མི་གཉེར་བ་མ་ཡིན། དགེ་སྦྱོང་གི་ཚུལ་དང ་མྱ་ངན་ལས་འདས་པ་དོན་དུ་གཉེར་པ་ཡིན་གྱི་དོན་ཏུ་མི་གཉེར་བ་མ་ཡིན་པ་དང། དེ་དེ་ལྟར་དོན་ཏུ་གཉེར་བས་ལེ་ལོས་གནས་པ་མ་ཡིན། བརྩོན་འགྲུས་མི་ཞན་པ་དང། ཀུན་ནས་ཉོན་མོངས་པ་དང། ཡང་འབྱུང་བ་དང་རིམས་ནད་དང་བཅས ་པ་དང། རྣམ་པར་སྨིན་པ་སྡུག་བསྔལ་བ་དང། ཕྱི་མ་ལ་སྐྱེ་བ་དང། རྒ་ཤིར་འགྱུར་བའི་སྡིག་པ་མི་དགེ་བའི་ཆོས་རྣམས་དང་མ་འདྲེས་པའོ། །སྔོན་གྱི་རྒྱུ་ཕུན་སུམ་ཚོགས་པ་ནི་འདི་ལྟར་བྱང་ཆུབ་སེམས་དཔས་སྔོན་གྱི་ཚེ་རབས་གཞན་དག ་ཏུ་བསོད་ནམས་བྱས་ཤིང་དགེ་བ་བྱས་ཏེ། དེས་ད་ལྟར་བདག་ཉིད་གོས་དང་ཟས་དང་མལ་ཆ་དང་སྟན་དང་ན་བའི་གསོས་སྨན་ཡོ་བྱད་རྣམས་ཀྱིས་འཕོངས་པར་མི་འགྱུར་ལ། གཞན་དག་ལ་ཡང་བགོ་བ་བཤའ་བྱིད་ནུས་པ་སྟེ། ཕུན་སུམ་ཚོགས ་བ་གསུམ་པོ་འདི་དག་དང་ལྡན་པའི་བྱང་ཆུབ་སེམས་དཔས་ནི་བདེ་བ་ལ་རེག་པར་གནས་པར་འགྱུར་རོ། །རྫོགས་སངས་སྲས་མཆོག་རྣམས་ཀྱི་སྡོམ་པ་ཉི་ཤུ་བ། །བཤད་པའི་བསོད་ནམས་རྡོ་རྗེས་སྒྲིབ་པའི་རི་བོའི་ཚོགས། ། ་ཕུག་ནས་བསལ་ཏེ་རྒྱལ་དང་ལྷན་ཅིག་རྣམ་དག་ཅིག་།དྲི་མེད་མིག་གིས་དངོས་བོའི་དེ་ཉིད་མཐོང་བར་ཤོག་།འདི་ལྟར་འདིས་ནི་བྱིས་པའི་སེམས་ཉིད་རང་བཞིན་གཡོ་བ་འདི། །རྣལ་འཕྲུལ་ཉོན་མོངས་སྣ?་སོགས་ལས ་བརྒལ་བྱང་ཆུབ་མཆོག་བཟུང་ནས། །བཅད་པར་དཀའ་བ་གཉིས་སུ་ཀུན་སྤྱོད་གཉིས་འཛིན་བཅང་མཁས་ཤིང། །འཇིག་རྟེན་འདི་ཡི་འཕོངས་པ་ཞི་བྱེད་བྱང་ཆུབ་བཟང་པོར་བདག་སྦྱར་ཅིག་།བྱང་ཆུབ་སེམས་དཔའ་ཨི་སྡོམ་པ་ཉི་ཤུ་བའི་བའི? ་འགྲེལ་སློབ་དཔོན་བྱང་ཆུབ་བཟང་པོའི་ཞལ་སྔ་ནས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་པཎྚི་ཏ་ཀྵེ་ལ་ཀ་ག་ན་དང། ལོཙྪ་བ་མང་འོར་དགེ་སློང་བྱང་ཆུབ་ཤེས་རབ་ཀྱིས་བསྒྱུར་ཅིང་ཞུས ་ཏེ་གཏན་ལ་ཕབ་པའོ།། །།*། །ཆོས་རྣམ་པར་ངེས་པ་ཞེས་བྱ་བའི་རབ་ཏུ་བྱེད་པ་རཏན་ཀཱི་རྟིས་མཛད་བ་བཞུགས།། །།རྒྱ་གར་སྐད་དུ། དྷརྨཱ་བི་ནི་ཤཙ་ཡ་ན་མ་པྲ་ཀ་ར་ཎ། བོད་སྐད་དུ། ་