| Wylie | e-texts based on the ACIP/ALL Input |
སྡོམ་པ་ཉི་ཤུ་བའི་འགྲེལ་པ་ཞི་བ་འཆོས་མཛད་པ་བཞུགས།། །།རྒྱ་གར་སྐད་དུ། སམྦ་ར་བིདཤ་གི་བྲིཏྟི། བེད་སྐད་དུ། སྡོམ་པ་ཉི་ཤུ་པའི་འགྲེལ་པ། །བམ་པོ་དང་པོ། །སྡོམ་པ་མ་ལུས་རྒྱ་མཚོ་ཡི། །མཐར་ཕྱིན་འཇམ་པའི? ་གསུང་མངའ་ལ། །ཕྱག་འཚལ་ནས་ནི་སྡོམ་པའི་མཆོག་།ཉི་ཤུ་པ་ནི་གསལ་བར་འགྲོ་ལ། །སངས་རྒྱས་སྲས་དང་བཅས་པ་ལ། །གུས་པར་ཕྱག་འཚལ་ཅི་ནུས་མཆོད། །ཕྱོགས་དུས་ཀུན་ནས་བཞུགས་པ་ཡི། །བྱང་ཆུབ་སེམས་དཔའ་རྣམས ་ཀྱི་ཁྲིམས། །བསོད་ནམས་ཀུན་གྱི་གཏེར་གྱུར་གང། །དེ་ནི་བསམ་པ་དམ་པ་ཡི། །བླ་མ་སྡོམ་ལ་གནས་ཤིང་མཁས། །ནུས་དང་ལྡན་ལས་བླང་བར་བྱས། །ཞེས་བྱ་བ་འདིས་བྱང་ཆུབ་སེམས་དཔའ་ཨི་སྡོམ་པ་ནོད་པའི་ཆོ་ག་བསྟན་ཏོ། ། ་བྱང་ཆུབ་སེམས་དཔའ་ཨི་ས་ལས་དེ་སྐད་དུ་འབྱུང་བའི་ཕྱིར་རོ། །དེ་ལ་བྱང་ཆུབ་སེམས་དཔའ་ཁྱིམ་པ་འམ། །རབ་ཏུ་བྱུང་བ་བྱང་ཆུབ་སེམས་དཔའ་ཨི་བསླབ་པའི་ཚུལ་ཁྲིམས་ཀྱི་ཕུང་པོ་རྣམ་པ་གསུམ་པོ་འདི་དག་ལ་སློབ་པར་འདོད་ཅིང། བླ་ན་མེད ་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྨོན་ལམ་བཏབ་པས་བྱང་ཆུབ་སེམས་དཔའ་ཨི་སྨོན་ལམ་བཏབ་པའི་ཕྱིར་ཆོས་མཐུན་པ་སྡོམ་པ་བླངས་བ་མཁས་པ། དག་གི་རྣམ་པར་རིག་བྱེད་ཀྱི་དོན་འཛིན་པ་དང། གོ་བར་ནུས་པ་དེ་ལྟ ་བུའི་བྱང་ཆུབ་སེམས་དཔའ་ཨི་རྐང་པ་གཉིས་ལ་ཐོག་མར་ཕྱག་བྱས་ནས་གསོལ་པ་གདབ་པར་བྱ་སྟེ། བདག་རིགས་ཀྱི་བུ་ཁྱོད་ལས་བྱང་ཆུབ་སེམས་དཔའ་ཨི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླང་བ་ནོད་པར་འཚལ་གྱིས ་དེ་ལས་གནད་པ་མ་མཆིས་ན་བདག་ལ་ཐུགས་བརྩེ་བའི་སླད་དུ་ཅུང་ཟད་ཅིག་གསན་ཅིང་སྩལ་བའི་རིགས་སོ་ཞེས་བརྗོད་པར་བྱའོ། །དེ་ནས་བྱང་ཆུབ་སེམས་དཔའ་ནུས་པ་དེས་བྱང་ཆུབ་སེམས་དཔའ་འདོད་པ་དེ་ལ་བྱང་ཆུབ ་སེམས་དཔའ་ཨོ་སྡོམ་པའི་ཕན་ཡོན་རྒྱ་ཆེར་བརྗོད་ནས། སྡོམ་པ་འདོད་པ་ལ་བསླབ་པའི་གཞིའི་ལྕི་ཡང་ཡང་དག་པར་བརྗོད་ཅིང་སྤྲོ་བ་བསྐྱེད་པ་ཡང་བྱ་སྟེ། འདི་སྐད་ཅེས་བརྗོད་པར་ཡང་བྱའོ། །རིགས་ཀྱི་བུ་ཁྱོད་ཉོན་ཅིག་།ཁྱོད་འདི་ལྟར་སེམས་ཅན་མ་བརྒལ་བ་རྣམས ་བསྒྲལ་བ་དང། མ་གྲོལ་བ་རྣམས་དགྲོལ་བ་དང། དབུགས་མ་ཕྱིན་པ་རྣམས་དབུགས་དབྱུང་བ་དང། ཡོངས་སུ་མྱ་ངན་ལས་མ་འདས་པ་རྣམས་ཡོངས་སུ་མ་དན་ལས་འདའ་བ་དང། སངས་རྒྱས་ཀྱི་གདུང་རྒྱུན་མི་འཆད་པར་འདོད་དམ། དེ་ལ་ཁྱོད ་ཀྱིས་སེམས་བསྐྱེད་པ་བསྟན་པ་དང། ཡི་དམ་ལ་བརྟན་པར་བྱའོ་ཞེས་ད་ལྟར་མི་ཤེས་པའི་རིགས་མཐོང་ནས་སྤྲོ་བ་བསྐྱེད་པའི་ཕྱིར་བརྗོད་པར་བྱའོ། །དེ་ནས་འདོད་པ་དེས་ལེགས་པར་གསོལ་བཏབ་ནས་བླ་གོས་ཕྲག་པ་གཅིག་ཏུ་གཟར་ཏེ། ་འདས་པ་དང་མ་བྱོན་པ་དང་ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་བྱང་ཆུབ་སེམས་དཔའ་ས་ཆེན་པོ་ལ་བཞུགས་པ་ཡེ་ཤེས་དང་མཐུ་ཆེན་པོ་ཐོབ་པ་ཕྱོགས་བཅུ་ན་བཞུགས་པ་རྣམས་ལ་མཆོད་པ་བྱས་ནས་དེ་དག་གི་ཡོན་ཏན ་རྣམས་ཀྱང་མངོན་སུམ་དུ་བྱས་ལ་སྙིང་ནས་དང་བའི་སེམས་སམ། ཡང་ན་དེས་ཅི་ནུས་པ་དང། རྒྱུའི་སྟོབས་ཅི་ཡོད་པས་ཆུང་དུ་ཡང་བསྐྱེད་ལ། དེ་བཞིན་གཤེགས་པའི་སྐུ་གཟུགས་མདུན་དུ་བཞག་སྟེ། ལེགས་པར་མཆོད་པ་བྱས་ནས ་གདུང་པའི་ཚུལ་གྱིས་པུས་མོའི་ལྷ་ང་ས་ལ་གཙུགས་པ་འམ་ཙོག་ཙོག་པོར་འདུག་ཀྱང་རུང་སྟེ། བྱང་ཆུབ་སེམས་དཔའ་མཁས་པ་དེ་ལ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། རིགས་ཀྱི་བུ་འམ་ཚེ་དང་ལྡན་པ་འམ་བཙུན་པས་ཀྱང་བྱང་ཆུབ་སེམས ་དཔའ་ཨི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླང་བ་བདག་ལ་སྩལ་དུ་གསོལ་ཞེས་སྨྲས་ནས་དྲན་པ་རྩེ་གཅིག་ཏུ་བཞག་སྟེ། སེམས་དང་བ་ཁོ་ན་བསྐྱེད་ནས། དེ་ནི་བདག་གིས་རིང་པོ་མི་ཐོགས་པར་བསོད་ནམས་ཀྱི་གཏེར་ཆེན་པོ་བླ་ན ་མེད་པ་ཟད་མི་ཤེས་ཤིང་དཔག་ཏུ་མེད་པ་འཐོབ་པར་འགྱུར་རོ་སྙམ་དུ་དོན་དེ་ཉིད་རྗེས་སུ་བསམ་ཞིང་ཅད་མི་སྨྲ་བར་བྱའོ། །དེ་ལྟར་ཞུགས་པའི་བྱང་ཆུབ་སེམས་དཔའ་དེ་ལ་བྱང་ཆུབ་སེམས་དཔའ་མཁས་པ་བགྲེར་ཡང་རུང་སྟན་ལ་འདུག་ཀྱང་རུང་སྟེ། དེས ་སེམས་མ་གཡེངས་བར་འདི་སྐད་ཅེས་བརྗོད་པར་བྱ་སྟེ། རིགས་ཀྱི་བུ་འམ་ཆོས་ཀྱི་སྤུན་མིང་འདི་ཞེས་བྱ་བ་ཁྱོད་བྱང་ཆུབ་སེམས་དཔའ་ཡིན་ནམ། བྱང་ཆུབ་ཏུ་སྨོན་ལམ་བཏབ་བམ་ཞེས་སྨྲོས་ཤིང། དེས་ཀྱང་ལགས་སོ་ཞེས་ཁས་ལོངས་ཤིག ་དེའི་འོག་ཏུ་དེ་ལ་ཡང་འདི་སྐད་ཅེས་བརྗོད་པར་བྱ་སྟེ། རིགས་ཀྱི་བུ་མིང་འདི་ཞེས་བྱ་བ་ཁྱོད་འདས་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བསླབ་པའི་གཞིར་གྱུར་པ་གང་ཡིན་པ་རྣམས་དང། ཚུལ་ཁྲིམས་སུ་གྱུར་པ་གང་ཡིན་པ་དང། མ ་འོངས་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བསླབ་པའི་གཞིར་གྱུར་པ་གང་ཡིན་པ་རྣམས་དང། ཚུལ་ཁྲིམས་སུ་གྱུར་པ་གང་ཡིན་པ་དང། ད་ལྟན་ཕྱོགས་བཅུ་དག་ན་ད་ལྟར་བཞུགས་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱང་བསླབ་པའི ་གཞི་གང་ཡིན་པ་རྣམས་དང། ཚུལ་ཁྲིམས་གང་ཡིན་པ་བསླབ་པའི་གཞི་གང་དག་དང། ཚུལ་ཁྲིམས་གང་དག་ལ་འདས་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བསླབ་པར་གྱུར་པ་དང། མ་འོངས་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད ་སློབ་པར་འགྱུར་བ་དང། ཕྱོགས་བཅུ་དག་ན་ད་ལྟར་བྱུང་བའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ད་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་ཨི་བསླབ་པའི་གཞི་ཐམས་ཅད་དང་བྱང་ཆུབ་སེམས་དཔའ་ཨི་ཚུལ་ཁྲིམས་ཐམས་ཅད་དེ། སྡོམ་པའི་ཚུལ ་ཁྲིམས་དང། དགེ་བ་ཆོས་སྡུད་པའི་ཚུལ་ཁྲིམས་དང། སེམས་ཅན་གྱི་དོན་བྱ་བའི་ཚུལ་ཁྲིམས་ང་ལས་ནོད་དམ་ཞེས་སྨྲོས་ཤིག་།ངེས་ཀྱང་ནོད་ལགས་སོ་ཞེས་ཁས་ལོངས་ཤིག་།བྱང་ཆུབ་སེམས་དཔའ་མཁས་པ་དེས་ཀྱང་དེ་ལྟར་ལན་གཉིས ་ལན་གསུམ་དུ་བརྗོད་པར་བྱའོ། །དྲིས་ན་ནོད་པའི་བྱང་ཆུབ་སེམས་དཔའ་དེས་ཀྱང་ལན་གསུམ་གྱི་བར་དུ་ཁས་བླངས་པར་བྱའོ། །དེ་ལྟར་བྱང་ཆུབ་སེམས་དཔའ་མཁས་པ་ངེས་ནོད་པའི་བྱང་ཆུབ་སེམས་དཔའ་དེ་ལ་བྱང་ཆུབ་སེམས་དཔའ་ཨི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང ་དག་པར་ལན་གསུམ་གྱི་བར་དུ་ཕོག་སྟེ་ཁས་ལེན་དུ་ཡང་བཅུག?་ནས། ནོད་པའི་བྱང་ཆུབ་སེམས་དཔའ་དེ་མ་ལངས་པར་དེ་བཞིན་གཤེགས་པའི་སྐུ་གཟུགས་དེ་ཉིད་ཀྱི་སྤྱན་སྔར་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་བཞུགས་ཤིང་འཚོ་སྐྱོང་པ ་ཐམས་ཅད་ཀྱི་ཞབས་ལ་གཏུགས་ཏེ་ཐལ་མོ་སྦྱར་ནས། འདི་ལྟར་མཁྱེན་པར་མཛེད་དུ་གསོལ་བ་བྱ་སྟེ། བྱང་ཆུབ་སེམས་དཔའ་མིང་འདི་ཞེས་བགྱི་བ་འདིས་བདག་བྱང་ཆུབ་སེམས་དཔའ་མིང་འདི་ཞེས་བགྱི་བ་ལས་བྱང་ཆུབ་སེམས་དཔའ་ཨི་ཚུལ་ཁྲིམས་ཀྱི་སྡོམ ་པ་ཡང་དག་པར་བླང་བ་ལན་གསུམ་གྱི་བར་དུ་མ་ནོས་ལགས་ཏེ། བདག་མིང་འདི་ཞེས་བགྱི་བ་ལས་བྱང་ཆུབ་སེམས་དཔའ་མིང་འདི་ཞེས་བགྱི་བ་འདིས་བྱང་ཆུབ་སེམས་དཔའ་ཨི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླངས་པ་ལ་བདག་དབང་དུ་གྱུར་པར་ཕྱོགས ་བཅུའི་འཇིག་རྟེན་གྱི་ཁམས་མཛའ་ཡས་མུ་མེད་པ་དག་ཏུ་འཕགས་པའི་མཆོག་ལྐོག་ཏུ་གྱུར་ཀྱང། ཐམས་ཅད་དུ་སེམས་ཅན་ཐམས་ཅད་ལྐོག་དུ་མ་གྱུར་པའི་ཐུགས་མདའ་བ་རྣམས་ལ་མཁྱེན་པར་མཛད་དུ་གསོལ་ལོ་ཞེས་དེ་སྐད་ལན་གཉིས་ལན་གསུམ ་གྱི་བར་དུ་བརྗོད་པར་བྱའོ། །མཁས་པ་ཡིན་དུ་ཟིན་ཀྱང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལས་བྱང་ཆུབ་སེམས་དཔའ་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླང་བ་དེ་མནོད་པར་མི་བྱ་སྟེ། དད་པ་མེད་པ་གང་ཐོག་མར་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར ་བླང་པ་འདི་ལ་མ་མོས་ཤིང་མི་འཇུག་ལ་མི་རྟོག་པ་ལས་ཀྱང་ནོད་པར་མི་བྱའོ། །བརྐམ་ཆགས་ཅན་དང། ཆགས་པས་ཟིལ་གྱིས་ནན་པ་དང། འདོད་པ་ཆེ་བ་དང། ཆོ་ག་མི་ཤེས་པ་ལས་ཀྱང་མནོད་པར་མི་བྱའོ། །ཚུལ་ཁྲིམས་ཉམས་པ་དང། བསླབ་པ་དག་ལ ་གུས་པར་མི་བྱེད་དེ་ལྷོད་པ་དག་ལས་ཀྱང་མནོད་པར་མི་བྱའོ། །ཁྲོ་བ་དང། ཁོ་ན་དུ་འཛིན་པ་དང། མི་བཟོད་པ་ཤས་ཆེ་བ་དང། ཕ་རོལ་གྱི་ཉེས་པ་མི་བཟོད་པ་ལས་ཀྱང་མནོད་པར་མི་བྱའོ། །སྙོམས་ལས་ཅན་དང། ལ་ལོ་ཅན་དང། ཤས ་ཆེར་ཉིན་མཚན་དུ་གཉིད་ཀྱི་བདེ་བ་དང། བློས་འབབས་པའི་བདེ་བ་དང། ཉལ་བའི་བདེ་བ་ཉམས་སུ་ལེན་པ་དང། འདུ་འཛིའི་གཏམ་གྱིས་དུས་ཡོལ་བར་བྱེད་པ་ལས་ཀྱང་གནོད་པར་མི་བྱའོ། །སེམས་རྣམ་པར་གཡེངས་ཏེ། ཐ་ན་བ་འཇོས་ཙམ་གྱི་བར་དུ་ཡང ་དགེ་བ་ལ་སེམས་རྩེ་གཅིག་ཏུ་བསྒོམ་མི་ནུས་པ་ལས་ཀྱང་མནོད་པར་མི་བྱའོ། །ཡིད་རྟུལ་པོ་དང། རྨོངས་པའི་རང་བཞིན་ཅན་དང། ཧ་ཅང་སེམས་ཞུམ་པ་དང། བྱང་ཆུབ་སེམས་དཔའ་ཨི་མདོ་སྡེའི་སྡེ་སྣོད་དང། བྱང་ཆུབ་སེམས་དཔའ་ཨི་མདོ་སྡེའི་སྡེ་སྣོད ་ཀྱི་མ་མོ་ལ་སྐུར་པ་འདེབས་པ་ལས་ཀྱང་མནོད་པར་མི་བྱའོ། །བྱང་ཆུབ་སེམས་དཔའ་སྡོམ་པ་ཡང་དག་པར་བླང་བའི་ཆོ་ག་འདི་བཟུང་ཞིང་ཀུན་ཆུབ་པར་བྱས་ཀྱང་བྱང་ཆུབ་སེམས་དཔའ་ཨི་སྡེ་སྣད་ལ་སྡང་ཞིང་མ་དང་པའི་སེམས་ཅན་རྣམས་ལ་གྱ ་ཚོམ་དུ་བསྒྲགས་པར་མི་བྱ་ཞིང་ཤེས་པར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན་འདི་ལྟར་དེ་དག་གིས་ཐོས་ན། མ་མོས་ཤིང་མི་ཤེས་པའི་སྒྲིབ་པ་ཆེན་པོས་བསྒྲིབས་པས་སྐུར་པ་འདེབས་པར་འགྱུར་བའི་ཕྱིར་ཏེ། དེ་ལ་སྐུར་པ་འདེབས་པ་དེ་ནི་སྡོམ་པ་ལ་གནས ་པའི་བྱང་ཆུབ་སེམས་དཔའ་བསོད་ནམས་ཀྱི་ཕུང་པོ་དཔག་ཏུ་མེད་པ་ཙམ་དང་ལྡན་པར་གྱུར་པ་ཙམ་དུ་དེ་ནི་སྡིག་པའི་ཚིག་དང། སྡིག་པའི་ལྟ་བ་དང། སྡིག་པའི་ཀུན་དུ་རྟོག་པ་དེ་དག་ཇི་སྲིད་དུ་ཐམས་ཅད་ཀྱི་ཐམས་ཅད་དུ་མ་སྤངས་ཀྱི་བར་དུ ་བསོད་ནམས་མ་ཡིན་པའི་ཕུང་པོ་དཔག་ཏུ་མེད་པ་དེ་ཙམ་ཁོ་ན་དང་ལྡན་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་ཨི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླང་བར་འདོད་པ་ལ་སྔ་ནས་བྱང་ཆུབ་སེམས་དཔའ་ཨི་མདོ་སྡེའི་སྡེ་སྣོད་ཀྱི་མ་མེ་འདི་ལས་བྱང ་ཆུབ་སེམས་དཔའ་ཨི་སླབ་པའི་གཞི་རྣམས་དང། ཉེས་པའི་གཞི་གང་དག་བསྟན་པ་དེ་དག་བསྐྲགས་པར་བྱ་སྟེ། གལ་ཏེ་སྙིང་ནས་བརྟགས་ཤིང་ཤེས་རབ་ཀྱི་སོ་སོར་བརྟགས་ནས་སྤྲོ་བར་འགྱུར་ལ། ཕ་རོལ་གྱིས་ཡང་དག་པར་འཛིན་དུ་བཅུག་པའི་ཕྱིར ་ཡང་མ་ཡིན། ཕ་རོལ་དང་འགྲན་པའི་ཕྱིར་ཡང་མ་ཡིན་ན། བྱང་ཆུབ་སེམས་དཔའ་བརྟན་པོ་ཡིན་པར་རིག་པར་བྱ་སྟེ། ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླང་བ་འདི་ཆོ་ག་འདི་བཞིན་དུ་དེས་ཀྱང་མནོད་པར་བྱ་ཞིང་དེ་ལ་དབོག་པར་ཡང ་བྱའོ། །བྱང་ཆུབ་སེམས་དཔའ་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླང་བའི་ལས་དེ་ཡོངས་སུ་རྫོགས་ནས་བྱང་ཆུབ་སེམས་དཔའ་དེ་གཉིགས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་མཛའ་ཡས་མུ་མེད་པ་དག་ན་བཞུགས་པའི་སངས་རྒྱས་དང ་བྱང་ཆུབ་སེམས་དཔའ་དི་དག་ལ་མཆོད་པ་བྱས་ལ་གཏུགས་ཏེ་སྡང་བར་བྱའོ། །བྱང་ཆུབ་སེམས་དཔའ་ཨི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་བླངས་པ་འདི་ནི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླངས་པ་ཐམས་ཅད་ལས་ཁྱད་པར་འཕགས་པ ་ཡིན་ཏེ། བླ་ན་མེད་པ་དང་བསོད་ནམས་ཀྱི་ཕུང་པོ་དཔག་ཏུ་མེད་པ་དང་ལྡན་པ་དང། སེམས་ཀྱི་བསམ་པ་མཆོག་ཏུ་དགེ་བས་བསྐྱེད་པ་དང། སེམས་ཅན་ཐམས་ཅད་ལ་ཉེས་པར་སྤྱོད་པ་རྣམ་པ་ཐམས་ཅད་ཀྱི་གཉེན་པོར་གྱུར་པ་ཡིན་ནོ། །སོ་སོར ་ཐར་པའི་སྡོམ་པ་ཡང་དག་པར་བླངས་པ་དག་ནི་འདི་ལྟ་སྟེ། བསོད་ནམས་ཡོངས་སུ་བཟུང་བ་ལ་བརྟེན་ནས་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླང་བ་དེའི་བརྒྱའི་ཆར་ཡང་ཉེ་བར་མི་འགྲོའི། །སྟོང་གི་ཆ་དང། གྲངས་དང། ཆ་དང། བགྲང ་པ་ད། དཔེ་དང་རྒྱུར་ཡང་ཉེ་བར་མི་འགྲོའོ། །གཞན་ཡང་ཕན་ཡོན་འདི་དག་ཡོད་དེ། དེ་ཚེ་དེ་ལ་དགེ་བའི་ཕྱིར། །རྒྱལ་བ་སྲས་དང་བཅས་རྣམས་ཀྱི། །དགེ་བའི་ཐུགས་ཀྱི་བརྟགས་པར་ཡང། །བུ་སྡུག་འདྲ་བར་དགོངས་པར་འགྱུར་པ་འདི་ནི་ཆོས ་ཉིད་ཡིན་ཏེ། དེ་ལྟར་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླང་བའི་ལས་ཡོངས་སུ་རྫེགས་མ་ཐག་ཏུ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་མཛའ་ཡས་མུ་མེད་པ་དག་ན་དེ་བཞིན་གཤེགས་པ་རྣམས་དང། ས་ཆེན་པོར་ཚུང ་པའི་བྱང་ཆུབ་སེམས་དཔའ་བཞུགས་ཏེ། འཚོ་སྐྱོང་བ་རྣམས་ལ་གང་གི་དེ་དག་འདི་སྙམ་དུ་བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའ་ཨི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླང་བ་ཡང་དག་པར་མནོས་སོ་སྙམ་དུ་དགོངས་པར་འགྱུར་བ་དེ་ལྟ ་བུའི་ལྟས་འབྱུང་བར་འགྱུར་རོ། །དེའི་རྗེས་ལ་དེ་དག་ཀྱང་བྱང་ཆུབ་སེམས་དཔའ་དེ་ལ་དགོངས་པ་འགྱུར་ཏེ། དགོངས་པར་གྱུར་ན་ཡེ་ཤེས་གཟིགས་པ་འཇུག་གོ་།དེ་དག་གིས་ཡེ་ཤེས་གཟིགས་པ་དེས་འདི་ལྟར་བྱང་ཆུབ་སེམས་དཔའ་མིང་འདི་ཞེས་བྱ ་པས་འཇིག་རྟེན་གྱི་ཁམས་ཆེ་གོ་མོ་ཞིག་ཏུ་བྱང་ཆུབ་སེམས་དཔའ་མིང་འདི་ཞེས་བྱ་བ་ལས་བྱང་ཆུབ་སེམས་དཔའ་ཨི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླང་བ་ལེགས་པར་མནོས་སོ་ཞེས་བྱ་བར་དེ་ལྟར་ཡང་དག་པ་ཇི་ལྟ་བ་བཞིན་དུ ་ཐུགས་སུ་ཆུད་པར་འགྱུར་ཏེ། དེ་དག་ཐམས་ཅད་ཀྱང་དེ་ལ་བུ་དང་འདྲ་བ་དང། སྤུན་དང་འདྲ་བར་དགོངས་པ་བཟང་པོས་སོ་སོ་ནས་ཐུགས་བརྩེ་བར་མཛད་དོ། །དེ་ལྟར་དགོངས་པ་བཟང་བོས་སོ་སོ་ནས་ཐུགས་བརྩེ་བར་མཛད་པའི་བྱང་ཆུབ་སེམས ་དཔའ་དེའི་དགེ་བའི་ཆོས་རྣམས་ནི་རྒྱ་ཆེར་འཕེལ་བར་འགྱུར་ཏེ། ཉམས་པར་མི་འགྱུར་བར་ཤེས་པར་བྱའོ། །ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླངས་པར་མཁྱེན་པར་གསོལ་བ་དེ་ཡང་དེ་དག་གི་ཐུགས་སུ་ཆུད་པར་རིག་པར་བྱའོ། ། ་བྱང་ཆུབ་སེམས་དཔའ་ཨི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླངས་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་དེས་འདི་ལྟར་བདག་ཉིད་ཀྱིས་ཀྱང་བརྟག་ཅིང་འདི་ནི་བྱང་ཆུབ་སེམས་དཔས་བྱ་བའི་ཆ་ཡིན་ནོ། །འདིས་ནི་བྱ་བའི་ཆ་མ་ཡིན་ནོ་སྙམ ་ནས། དེ་ཕྱིན་ཆད་དེ་ཁོ་ན་བཞིན་དུ་ལས་སུ་བསྒྲུབ་པར་བྱ་ཞིང་བསྲུང་བར་བྱའོ། །བྱང་ཆུབ་སེམས་དཔའ་ཨི་མདོ་སྡེའི་སྡེ་སྣོད་ལས་ཀྱང་བསྒྲིམས་ཏེ་མཉན་པ་འམ། །ཡང་ན་བྱང་ཆུབ་སེམས་དཔའ་ཨི་མདོ་སྡེའི་སྡེ་སྣོད་ཀྱི་མ་མོས་བསྡུས་པ་འདི་ལས་ཀྱང ་མཉན་ཏོ། འདི་ལྟར་བཅོམ་ལྡན་འདས་ཀྱིས་མདོ་སྡེ་དེ་དང་དེ་དག་ཏུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསླབ་པའི་གཞི་སྟོང་ཕྲག་དུ་མ་གསུངས་པ་དག་བསྒྲུབ་པའི་ཕྱིར་དེ་ཁོ་ན་བཞིན་དུ་བསླབ་པར་བྱའོ། །དེ་ལ་བྱ་བའི་ཆ་ཡིན་པ་དང། བྱ་བའི་ཆ ་མ་ཡིན་པ་གང་ཡིན་པ་དེ་ཡང་མདོར་བསྡུས་ཏེ་སྨྲས་པ། གཞན་རྣམས་དང་ནི་བདག་ལ་རུང། །སྡུག་བསྔལ་ཡིན་ཡང་གང་བ་ན་དང། །ཕན་དང་བདེ་བ་རྣམས་བྱ་སྟེ། །བདེ་ཡང་མི་ཕན་མི་བྱའོ། །དེ་ལ་ཕན་པ་ནི་ཚེ་ཕྱི་མ་ལ་ཕན་པའོ། །བདེ་བ་ནི་བདེ་བར་ཚོར ་པའོ། །བདེ་བ་རྣམས་བྱ་སྟེ་ཞེས་བྱ་བ་སྤྱིར་བཤད་པ་འདི་དགྲོལ་བ་ནི་སྡུག་བསྔལ་ཡིན་ཡང་གང་བྱས་ན་ཕན་པ་ཉིད་དུ་འགྱུར་ན་བྱ་དགོས་ཏེ། དཔེར་ན་སྨད་པའི་ཡུལ་ལ་ཉེ་བར་སྤྱོད་པ་ལས་བཀག་ན་སྡུག་བསྔལ་དུ་འགྱུར་བ་ལྟ་བུ་སྟེ། དེ་ནི་སྨན་ཚ་བ་ནད་པ་བདག ་ལ་ཕན་པར་མི་ཤེས་པ་བདག་ལ་གནོད་དུ་ཟིན་ཀྱང་དེ་ནི་གནོད་པར་འགྱུར་བ་གཅིག་ནས་གཅིག་ཏུ་བརྒྱུད་པའི་གཉེན་པོར་གྱུར་པ་སྟེ། ཚེ་ཕྱི་མ་ལ་ཕན་པར་འགྱུར་རོ། །དེ་བས་སྙིང་རྗེ་དང་ལྡན་པ་རྣམས་ཀྱིས་བྱ་བའི་ཆ་ཡིན་པ་ཉིད་དོ། །གང་བདེ་བ་ཡིན་ཡང ་ཚེ་ཕྱི་མ་ལ་གནོད་པར་འགྱུར་བའི་རྒྱུ་ཡིན་པའི་ཕྱིར་ཚེ་ཕྱི་མ་ལ་མི་ཕན་པ་ནི་དཔེར་ན་སྨད་པའི་ཡུལ་ལ་ཉེ་བར་སྤྱོད་པའི་བདེ་བ་ནི་འཕྲལ་གྱི་ཚོར་བ་བདེ་བ་མྱོང་བ་ཙམ་དུ་ཟད་དེ། དེ་ནི་འཕྲལ་གྱི་ཉམས་དགའ་བ་ཡིན་དུ་ཟིན་ཀྱང། སྡུག་བསྔལ་མང་པོ ་འཕེལ་བར་འགྱུར་ཏེ། དཔེར་ན་འབྲས་ས་ལུའི་ཆན་དུག་དང་འདྲེས་པ་བཞིན་ནོ། །དེ་བས་ན་སྙིང་རྗེ་ཅན་རྣམས་ཀྱིས་བྱ་བའི་ཆམ་ཡིན་ནོ། །དེ་ལ་ཚུལ་ཁྲིམས་ཀྱི་སྡོམ་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ལ་ཕམ་པའི་གནས་ལྟ་བུར་གྱུར་པའི་ཆོས་བཞི ་ཡོད་དེ། །དེ་དག་བསྟན་པར་བྱ་བའི་ཕྱིར། །ཉོན་མོངས་དྲག་ལས་བྱུང་བ་ཡིས། །སྡོམ་པ་ཞིག་པར་གང་གྱུར་པ། །དེ་ཡི་ཉེས་པ་བཞི་པོ་ནི། །ཕམ་པར་འདྲ་བར་དགོངས་པ་ཡི། །ཞེས་བྱ་བ་འདི་སྨྲས་སོ། །ཕམ་པའི་གནས་ལྟ་བུར ་གྱུར་པའི་ཆོས་འདི་དག་ལས་གང་ཡང་རུང་བའི་ཆོས་གཅིག་ལན་ཅིག་བྱས་ན་ཡང་དེ་ཚེ་འདི་ཉིད་ལ་བྱང་ཆུབ་སེམས་དཔའ་ཨི་ཆོགས་རྒྱ་ཆེན་པོ་ལ་སོགས་པ་དང། ཡོངས་སུ་འཛིན་པའི་སྐལ་བ་མེད་པར་འགྱུར་ན་ཐམས་ཅད་བྱས་ན་ལྟ་ཅི་སྨོས ་ཚེ་འདི་ཉིད་ལ་བསམ་པ་རྣམ་པར་དག་པར་འགྱུར་བའི་སྐལ་བ་མེད་དེ། དེ་ནི་བྱང་ཆུབ་སེམས་དཔའ་ལྟར་བཅོས་པ་ཡིན་གྱི། ཡང་དག་པའི་བྱང་ཆུབ་སེམས་དཔའ་མ་ཡིན་ནོ། །ཕམ་པའི་གནས་ལྟ་བུ་འདི་དག་ཀྱང་ཀུན་ནས་དཀྲིས་པ་ཆུང་དུ་དང། ་འབྲིང་ཞེས་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླངས་པ་དེ་བྱང་ཆུབ་སེམས་དཔས་བཏང་བར་མི་འགྱུར་རོ། །ཀུན་ནས་དཀྲིས་པ་ཆེན་པོས་ནི་བཏང་བར་འགྱུར་ཏེ། གང་གི་ཕྱིར་བྱང་ཆུབ་སེམས་དཔའ་འཕམ་པའི་གནས་ལྟ་བུའི་ཆོས་བཞི་པོ ་འདི་དག་རྒྱུན་མ་ཆད་པ་ཀུན་ཏུ་སྤྱོད་པ་དང། ངོ་ཚ་ཤེས་པ་དང། ཁྲེལ་ཡོད་པ་ཆུང་དུ་ཙམ་ཡང་མི་སྐྱེད་པ་དང། དེས་མགུ་པར་བྱེད་ཅིང་དགའ་བ་དང། དེ་ཉིད་ལ་ཡོན་ཏན་དུ་ལྟ་བ་ཅན་དུ་གྱུར་པ་འདི་ནི་ཀུན་ནས་དཀྲིས་པ་ཆེན་པོ་ཡིན་པར་རིག ་པར་བྱའོ། །མདོར་བསྡུ་ན་རྒྱུ་གཉིས་ཁོ་ནས་བྱང་ཆུབ་སེམས་དཔའ་ཨི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླངས་པ་བཏང་བར་འགྱུར་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྨོན་པ་ཡོངས་སུ་བཏང་བ་དང། ཕམ་པའི་གནས ་ལྟ་བུའི་ཆོས་ཀྱི་ཀུན་ནས་དཀྲིས་པ་ཆེན་པོ་ཀུན་ཏུ་སྤྱོད་པའོ། །དེ་ལ་བྱང་ཆུབ་ཀྱི་སེམས་བཏང་བས་བྱང་ཆུབ་སེམས་དཔའ་ཨི་སྡོམ་པ་བཏང་བར་འགྱུར་བ་ནི་གཙོ་བོ་བཏང་བའི་ཕྱིར་ཏེ། སངས་རྒྱས་བཏང་བས་དགེ་སློང་གི་སྡོམ་པ་བཏང་བ ་གཞིན་ནོ། །འོ་ན་འདིར་ཡང་དེ་བཏང་བས་སྡོམ་པ་ཉམས་པའི་རྒྱུར་འགྱུར་བར་ཅིའི་ཕྱིར་མི་བཤད་གོ་བླ་བའི་ཕྱིར་མ་བཤད་དོ། །གཙོ་བ་བསྟན་པར་བྱས་པ་ལ་ཕས་ཕམ་པའི་ཆོས་བསྟན་པའི་ཕྱིར་ཡང་མ་བཤད་དོ། །བྱང་ཆུབ་སེམས་དཔའ་གང? ་གིས་སྨོན་ལམ་ཡང་མ་བཏང་ལ་ཕན་པའི་གནས་ལྟ་བུའི་ཆོས་རྣམས་ཀྱི་ཀུན་ནས་དཀྲིས་པ་ཆེན་པོ་ཡང་ཀུན་དུ་མ་སྤྱད་ན་ཆོ་རྗེས་སུ་ཟིན་ཀྱང་འོག་དང། སྟེང་དང་ཐད་ཀ་ཐམས་ཅད་དུ་སྐྱེས་པའི་བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའ་ཨི་ཚུལ ་ཁྲིམས་ཀྱི་སྡོམ་པ་ཡང་དག་བར་བླང་པ་སྤོང་བར་མི་འགྱུར་རོ། །བྱང་ཆུབ་སེམས་དཔའ་ཚེ་རྗེས་སུ་བརྗེད་ནའང་དགེ་བའི་བཤེས་གཉེན་བསྟེན་པ་ལ་བརྟེན་ནས་དྲན་པ་གསོ་པའི་ཕྱིར་ཡང་དང་ཡོང་དུ་གནོད་པར་བྱེད་པར་ཟད་ཀྱི་གསར་དུ་ཡང་དག་པར་ལེན་པར ་བྱེད་པ་ནི་མ་ཡིན་ནོ། །ཉེས་པ་བཞི་པོ་དེ་དག་ཀྱང་གང་ཞེ་ན། རྙེད་དང་བཀུར་སྟི་ཆགས་པ་ཡི། །བདག་བསྟོང་གཞན་ལ་སྨོད་པ་དང། །སྡུག་བསྔལ་མགོན་མེད་གྱུར་པ་ལ། །སེར་སྣ་ཆོས་ནོར་མི་སྟེར་དང། །གཞན་གྱིས་བཤགས་ཀྱང་མི་ཉན་པར། །ཁྲོ་ནས ་གཞན་ལ་ཚོག་པ་དང། །ཐེག་པ་ཆེན་པོ་སྤོང་བྱེད་ཅིང། །དམ་ཆོས་འདྲར་སྣང་སྟོན་པའོ། །དེ་ལ་རྙེད་པ་དང་བཀུར་སྟི་ལ་ལྷག་པར་ཞེན་སྟེ་བདག་ལ་བསྟོད་པ་དང། གཞན་ལ་སྨོད་པ་ནི་བྱང་ཆུབ་སེམས་དཔའ་ཨི་ཕམ་པའི་གནས་ལྟ་བུའི་ཆོས་དང་པའི? ་ལོངས་སྤྱོད་དག་ཡོད་དེ་བདོག་བཞིན་དུ་ཆགས་པའི་རང་བཞིན་ཅན་གྱིས་སྡུག་བསྔལ་དང། བཀྲེས་པ་དང་མགོན་མེད་པ་དང་རྟེན་པའི་སློང་བ་པོ་ལེགས་པར་སློང་ཞིང་འོངས་པ་རྣམས་ལ་སྙིང་སྲ་བས་ཟང་ཟིང་མི་གཏོང་བ་དང། ཆོས་ལ་སེར་སྣ་བྱེད་པའི་ཕྱིར ་ལེགས་པར་དོན་དུ་གཉེར་ལ་འོས་པ་རྣམས་ལ་ཆོས་མི་སྟོན་པ་ནི་བྱང་ཆུབ་སེམས་དཔའ་ཨི་ཕམ་པའི་གནས་ལྟ་བུའི་ཆོས་གཉིས་པའོ། །གང་གིས་བྱང་ཆུབ་སེམས་དཔའ་ལ་ཚིག་རྩུབ་མོ་སྨྲས་བ་ཙམ་གྱིས་གཏོང་བར་མི་བྱེད་དེ། ཁྲོ་བའི་ཀུན་ནས་དཀྲིས་པ ་དེ་ལྟ་བུ་འཕེལ་བར་བྱེད་ལ། ཁྲོ་བས་ཟིལ་གྱིས་ནོན་ནས་ལག་པ་འམ། བོང་བ་འམ། དབྱུག་པས་སེམས་ཅན་རྣམས་ལ་བརྡོག་པར་བྱེད། རྣམ་པར་འཚེ་བར་བྱེད། རྣམ་པར་མཐོ་འཚམ་པར་བྱེད་ལ། ཁྲོ་བའི་བསམ་པ་བདོ་བ་ཁོ་ན་ཞེ་ལ ་བཟུང་སྟེ་གཞན་དག་གི་ཤད་ཀྱིས་སྦྱངས་ཀྱང་མི་ཉན་ཅིང་མི་བཟོད་ལ་བསམ་པས་མི་གཏོང་བ་འདི་ནི། བྱང་ཆུབ་སེམས་དཔའ་ཨི་ཕམ་པའི་གནས་ལྟ་བུའི་ཆོས་གསུམ་བའོ། །བྱང་ཆུབ་སེམས་དཔའ་ཨི་སྡེ་སྨོད་ལ་སྐུར་པ་འདེབས་པ་དང། བདག་ཉིད་དམ ་གཞན་དག་གི་གཡེམ་ལ་དམ་པའི་ཆོས་ལྟར་བཅོས་པ་ལ་མོས་ནས། དམ་པའི་ཆོས་ལྟར་བཅོས་པ་དག་ལ་དགའ་བ་དང། རྟོན་པ་དང། འཇོག་པ་ནི་བྱང་ཆུབ་སེམས་དཔའ་ཨི་ཕམ་པའི་གནས་ལྟ་བུའི་ཆོས་བཞི་བའོ། །དེ་ནི་འདི་དཔྱད་པར་བྱ་སྟེ། གལ་ཏེ ་བྱང་ཆུབ་སེམས་དཔས་ཕམ་པའི་གནས་ལྟ་བུ་ལན་ཅིག་སྤྱད་པས་བྱང་ཆུབ་སེམས་དཔའ་ཨི་ཚུལ་ཁྲིམས་ཀྱི་སྡོམ་པ་བཏང་བར་གྱུར་པ་དཔེར་ན་དགེ་སློང་སོ་སོ་ཐར་པའི་སྡོམ་པ་ལས་ཕམ་པའི་ཆོས་བྱུང་བ་ལྟར་གྱུར་ན། དེ་ཅི་བྱང་ཆུབ་སེམས ་དཔས་ཡང་དག་པར་བླངས་པར་གྱུར་པ་དེས་དེ་འདི་ལྟར་དགེ་སློང་སོ་སོར་ཐར་པའི་སྡོམ་པ་ལས་ཕམ་པ་བྱུང་བ་བཞིན་དུ་ཚེ་འདི་ཉིད་ལ་ཡང་དག་པར་བླང་བའི་སྐལ་བ་མེད་པ་ཡིན་ནམ་ཞེ་ནམ་ཡིན་ཏེ། སྡོམ་པ་སླར་ཡང་བླང་བར་བྱ་ཞེས་བྱ་བ ་སྨོས་སོ། །དེ་ལྟར་ཆོག་སྔར་བཤད་པ་བཞིན་དུ་སྡོམ་པ་སླར་ཡང་མནོད་པར་བྱའོ། །ཡང་ན་ཐབས་གཞན་ཡང་ཡོད་དེ། དེས་མནོད་པར་བྱའོ། །དེ་ཡང་བྱང་ཆུབ་སེམས་དཔའ་ཨི་ས་ལས་གལ་ཏེ་ཡོན་ཏན་དེ་དག་དང་ལྡན་པའི་གང་ཟག་མེད་པར ་གྱུར་ན། བྱང་ཆུབ་སེམས་དཔས་དེ་བཞིན་གཤེགས་པའི་སྐུ་གཟུགས་ཀྱི་སྤྱན་སྔར་བདག་ཉིད་ཀྱིས་བྱང་ཆུབ་སེམས་དཔའ་ཨི་ཚུལ་ཁྲིམས་ཀྱི་སྡོམ། །ཡང་དག་པར་བླང་བར་བྱ་སྟེ་།འདི་ལྟར་སྤྱན་སྔར་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ ་གཡས་པའི་ལྷ་ངས་ལ་གཅུགས་སམ། །ཙོག་ཙོག་པོར་འདུག་ཀྱང་རུང་སྟེ་འདི་སྐད་དུ། བདག་མིང་འདི་ཞེས་བགྱི་བ་ཕྱོགས་བཅུའི་དེ་བཞིན་གཤེགས་པ་དང། ས་ཆེན་པོ་ལ་བཞུགས་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་གསོལ་བ་འདེབས་ཏེ། །དེ་དག་གིས་སྤྱན་སྔར ་བྱང་ཆུབ་སེམས་དཔའ་ཨི་བསླབ་པའི་གཞི་ཐམས་ཅད། བྱང་ཆུབ་སེམས་དཔའ་ཨི་ཚུལ་ཁྲིམས་ཐམས་ཅད་དེ། སྡོམ་པའི་ཚུལ་ཁྲིམས་དང། དགེ་བའི་ཆོས་སྡུད་པའི་ཚུལ་ཁྲིམས་དང། སེམས་ཅན་གྱི་དོན་བྱ་བའི་ཚུལ་ཁྲིམས་གང་ལ་འདས་པའི་བྱང་ཆུབ་སེམས ་དཔའ་ཐམས་ཅད་ཀྱིས་བསླབས་པ་དང་མ་འོངས་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་སློབ་པར་འགྱུར་བ་དང། ཕྱོགས་བཅུ་ན་ད་ལྟར་བྱུང་བའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ད་ལྟར་སློབ་བ་རྣམས་བདག་གིས་ཡང་དག་པར་བསླང་ངོ་ཞེས་བརྗོད་པར་བྱ་སྟེ ་ལན་གཉིས་ལན་གསུམ་དུ་བརྗོད་ནས་ལྡང་བར་བྱའོ། །ལྷག་མ་ཐམས་ཅད་ནི་སྔ་མ་བཞིན་རིགས་པར་བྱའོ་ཞེས་འབྱུང་དོ། །ཐོག་མ་ཡང་དེ་ལྟ་བུའི་གང་ཟག་མེད་པར་གྱུར་ན་དེ་ལྟར་མནོད་པར་བྱའོ། །ཉོན་མོངས་པ་དྲག་པོ་ལས་ཉེས་པ་གྱུར་བ་རྣམས ་སླར་བསླབ་པའི་ཆོ་ག་བཤད་པ་ནི་དེ་ཡིན་ནོ། །ཉོན་མོངས་པ་འབྲིང་ལས་བྱུང་བ་རྣམས་ཇི་ལྟར་བྱ་ཞེ་ན། ཟག་པ་འབྲིང་ནི་གསུམ་ལ་བཤགས། ཞེས་བྱ་བ་སྨྲས་ཏེ། གལ་ཏེ་བྱང་ཆུབ་སེམས་དཔའ་ཀུན་ནས་དཀྲིས་པ་འབྲིང་གིས་པམ་བའི་གནས་ལྟ ་བུའི་ཆོས་བྱས་པར་གྱུར་ན། དེ་ནི་ཉེས་བྱས་ཀྱི་ཉེས་པ་ཡིན་ཏེ། དེས་ཉན་ཐོས་ཀྱི་ཐེག་པ་པ་ཡང་རུང། བྱང་ཆུབ་སེམས་དཔའ་ཨི་ཐེག་པ་ཡང་རུང་སྟེ་།གང་ཟག་གསུམ་འམ། དེ་ལས་ལྷག་ཀྱང་རུང། གང་དག་ཚིག་དེ་བརྡ་ཕྲད་ཅིང། འཛིན་ནུས་བ་རྣམས ་ལ་བཤགས་པ་བྱ་སྟེ། མདུན་དུ་འདུག་ནས་ཐོག་མར་དངོས་པོ་བརྗོད་དོ། །འདི་སྐད་ཅེས་ཚེ་དང་ལྡན་པ་རྣམས་དགོངས་སུ་གསོལ། །བདག་མིང་འདི་ཞེས་བགྱི་བ་ལ་ཇི་སྐད་དུ་ཡོངས་སུ་བརྗོད་པའི་གཞི་ལས་བྱང་ཆུབ་སེམས་དཔའ་ཨི་འདུལ་བ་དང་འགའ་ ་བཉེས་བྱས་ཀྱི་ནོངས་བ་བྱུང་སྟེ་ཞེས་བརྗོད་ལ། དེ་དག་ཆེ་དང་ལྡན་པ་རྣམས་ལ་བདག་བཤགས་ཤིང་མཐོལ་ཏེ་འཆབ་བོ། །བཤགས་ཤིང་མཐོལ་བས་བདག་བདེ་བར་གནས་པར་འགྱུར་གྱི། མ་བཤགས་མ་མཐོ་ལན་བདེ་བར་གནས ་མི་འགྱུར་རོ། །ཁྱོད་ཀྱིས་འདི་རྣམས་ཉེས་པར་མཐོང་ངམ་ཞེས་སྨྲས་ན་མཐོང་ངོ་ཞེས་སྨྲ་བར་བྱའོ། །ཕྱིས་ཀྱང་སྡོམ་པར་བྱེད་དམ་ཞེས་སྨྲ་ན་ཆོས་བཞིན་འདུལ་བ་བཞིན་དུ་ཤིན་ཏུ་ལེགས་པར་སྤྱི་པོས་མནོད་པར་བགྱིའོ་ཞེས་དེ་ལྟར་ལན་གཉིས་ལན ་གསུམ་དུ་བརྗོད་པར་བྱའོ། །དེ་སྟེ་ཀུན་ནས་དཀྲིས་བ་ཆུང་དུས་གང་ཕམ་པའི་གནས་ལྟ་བུའི་ཆོས་བྱས་པར་གྱུར་ན་དེས་ཇི་ལྟར་བྱ་ཞེ་ན། གཅིག་གི་མདུན་དུ་ལྷག་མ་རྣམས་ཞེས་བྱ་བ་སྨྲས་ཏེ། ལྷག་མ་རྣམས་ནི་ཟག་པ་ཆུང་དུས་བྱས་པའི་ཉེས་པ ་རྣམས་ཏེ་ཉེས་བྱས་སུ་གཏོགས་པ་ཉིད་དེ་དོ་དག་ནི་གང་ཟག་གཅིག་གི་མདུན་དུ་བཤགས་པར་བྱའོ། །སྔ་མ་བཞིན་དུ་དངོས་པོ་བརྗོད་ནས། ཚེ་དང་ལྡན་པ་དགོངས་སུ་གསོལ། །བདག་མིང་འདི་ཞེས་བགྱི་བ་ལ་སོགས་པ་སྨྲ་བར་བྱའོ། །དེ་ནས་གང་འོག་ནས ་འབྱུང་བའི་ཉེས་པ་ཉོན་མོངས་པ་ཅན་དང། ཉོན་མོངས་པ་མེད་པ་ཉེས་བྱས་སུ་གཏོགས་པ་དཀོན་མཆོག་གསུམ་ལ་མཆོད་པ་མ་བྱས་པ་ལ་སོགས་ལ་དེ་དག་ལ་ཇི་ལྟར་བྱ་ཞེ་ན། ཉོན་མོངས་མི་མོངས་བདག་སེམས་བཞིན། ཞེས་བྱ་བ་སྨྲས་ཏེ ་གཅིག་གི་མདུན་དུ་ཡང་བཤགས་པར་བྱའོ་ཞེས་བྱ་བ་དང་སྦྱར་རོ། །བདག་རང་གི་སེམས་ལ་ཇི་ལྟ་བ་བཞིན་དུ་གྱུར་པ་ནི་བདག་སེམས་བཞིན་ནོ། །འདི་ལྟར་རྗེས་སུ་མཐུན་པའི་གང་ཟག་མེད་ན་བདག་གི་སེམས་ཀྱི་མདུན་དུ་བཤགས་པར་བྱ་སྟེ། བདག ་གི་སེམས་གཅིག་ཏུ་ཁྲེལ་ཡོད་པ་དང། ངོ་ཚ་ཤེས་པ་དང། དུལ་པ་དང། ཞི་བ་དང། ཕྱིས་མི་བྱ་བའི་བསམ་པ་ཅན་དབང་དུ་གྱུར་བར་བྱས་ལ་བཤགས་པར་བྱ་བ་དེ་བཞིན་དུ་གང་ཟག་གཅིག་གི་མདུན་དུ་ཡང་བཤགས་པར་བྱའོ་ཞེས་བྱ་བའི་ཐ་ཆིག ་?་བདག་གི་སེམས་བཞིན་ཞེས་བྱ་བའི་དཔེ་བསྟན་པས་ཀྱང་ཉེས་པ་བྱུང་བ་གསོ་བའི་ཐབས་གཞན་བཤད་པ་ཡིན་ནོ། །བྱང་ཆུབ་སེམས་དཔའ་ཨི་སྡེ་སྣོད་ཀྱི་མ་མོ་ལས་ཀྱང་གང་གིས་མདུན་དུ་བཤགས་པར་བྱ་བའི་དགེ་སློང་མཐུན་པ་དེ་ལྟ་བུ་མེད་ན་ཡང་བྱང་ཆུབ ་སེམས་དཔས་བསམ་པ་ཐག་པ་ནས་ཕྱིས་ཉེས་པ་མི་འབྱུང་བར་སེམས་བསྐྱེད་ཅིང་ཕྱིས་ཀྱང་བསྡམས་པར་བྱའོ། །དེ་ལྟར་བྱས་ན་དེ་ཉེས་པ་དེ་ལས་ཚངས་པར་བཤད་པར་བྱའོ། །ཚུལ་འདི་ནི་སྔར་བཤད་བའི་ཉེས་པ་ཟག་པ་འབྲིང་དང་ཆུང་དུ་ལས་བྱུང་བ་རྣམས་ལ་ཡང་ཤེས་པར ་བྱའོ། །ཉོན་མོངས་པ་ཅན་དང་ཉོན་མོངས་ཅན་མ་ཡིན་པའི་ཉེས་པ་དེ་དག་ཀྱང་གང་ཡིན་ཞེས་དྲིས་པ་དང། དེ་དག་རྒྱས་པར་བསྟན་པ་རྩོམ་སྟེ། དཀོན་མཆོག་གསུམ་ལ་གསུམ་མི་མཆོད་ཅེས་སྨྲས་སོ། །དེ་ལྟར་བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའ་ཨི་ཚུལ་ཁྲིམས་ཀྱི་སྡོམ ་བ་ལ་གནས་པ་ཉིན་གཅིག་དེ་བཞིན་དུ་དེ་བཞིན་གཤེགས་པ་འམ་།དེ་བཞིན་གཤེགས་པ་འམ། དེ་བཞིན་གཤེགས་པའི་མཆོད་རྟེན་ནམ། ཆོས་སམ་ཆོས་ཀྱི་གླེགས་བམ་དུ་བྱས་པས་བྱང་ཆུབ་སེམས་དཔའ་ཨི་མདོ་སྡེའི་སྡེ་སྣོད་དམ། བྱང་ཆུབ་སེམས་དཔའ་ཨི་མདོ་སྡེའི་སྡེ་སྣོད་ཀྱི་མ་མོ་འམ། དགེ་འདུན་ལ ་ཡང་རུང་སྟེ། ཕྱོགས་བཅུ་དག་ནས་ཆེན་པོར་ཆུད་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དགེ་འདུན་གང་ཡིན་པ་ལ་མཆོད་པའི་བྱ་བ་ཆུ་དུ་འམ། ཆེན་པོ་ཅི་ཡང་རུང་སྟེ། ཐ་ན་ལུས་ཀྱིས་ཕྱག་གཅིག་ཙམ་འཚལ་བ་དང། ཆོས་དང་དགེ་འདུན་གྱི་ཡོན་ཏན ་རྣམས་ལས་བརྩམས་ཏེ་ཆིག་བཞི་བའི་ཚིགས་སུ་བཅད་པ་གཅིག་ཙམ་ཚིགས་དུ་བརྗོད་པ་དང། ཐ་ན་སེམས་ཀྱི་སངས་རྒྱས་དང་ཆོས་དང་དགེ་འདུན་གྱི་ཡོན་ཏན་རྗེས་སུ་དན་པ་སྔོན་དུ་འགྲོ་བའི་དང་པ་གཅིག་ཙམ་ཡང་མ་བྱས་པར་ཉིན་མཚན ་འདའ་བར་བྱེད་ཉེས་པ་དང་བཅས་ཤིང་འགལ་བ་དང་བཅས་པར་འགྱུར་ཏེ། གལ་ཏེ་མ་གུས་པ་དང། སྙོམ་ལས་དང། ལེ་ལོ་ཉེས་པ་བྱུང་ན་ནི་ཉོན་མོངས་པ་ཅན་གྱི་ཉེས་བར་འགྱུར་རོ། །གལ་ཏེ་བརྗོད་པས་ཉེས་པ་བྱུང་ན་ནི་ཉོན་མོངས་བ་ཅན་མ ་ཡིན་པའི་ཉེས་པར་འགྱུར་རོ། །སེམས་འཁྲུགས་པ་ལ་ནི་ཉེས་པ་མེད་དོ། །འདོད་པའི་སེམས་ཀྱི་རྗེས་སུ་འཇུག་།ཉེས་པ་ཞེས་བྱ་བ་ཐམས་ཅད་དུ་སྦྱར་པར་བྱ་སྟེ། དེ་དག་ཐམས་ཅད་ཀྱང་ཉེས་བྱས་ཉིད་དོ། །གང་གི་ཕྱིར་བྱང་ཆུབ་སེམས་དཔའ་ཨི་སྡོམ? ་པ་ལ་ཉེས་པའི་རིགས་གཉིས་སུ་ཟད་པ་འབྱུང་སྟེ། ཕམ་པའི་གནས་ལྟ་བུའི་ཆོས་སུ་གཏོགས་པ་དང། ཉེས་བྱས་ཀྱི་ཆོས་སུ་གཏོགས་པའོ། །དགེ་སློང་གི་སྡོམ་པ་ལས་ཉེས་པའི་རིགས་ལྔ་འབྱུང་བ་ལྟ་བ་ནི་མ་ཡིན་ནོ། །དེ་ལ་བྱང་ཆུབ་སེམས་དཔ་འདོད་པ་ཆེ་བ་དང། ་ཆོག་མི་ཤེས་པ་དང། རྙེད་པ་དང་བཀུར་སྟི་ལ་ཆགས་པ་འབྱུང་བ་དང་དུ་ལེན་པར་བྱེད་ན་ཉེས་པ་དང་བཅས་ཤིང་འགལ་བ་དང་བཅས་པར་འགྱུར་ཏེ། ཉོན་མོངས་པ་ཅན་གྱི་ཉེས་པར་འགྱུར་རོ། །དེ་སྤང་བའི་ཕྱིར་འདུན་པ་སྐྱེས་ཤིང་བརྩོན་འགྲུས་རྩོམ་པ་དེའི ་གཉེན་པོ་ཡོངས་སུ་འཛིན་པས་དེའི་གགས་ལ་གནས་པ་རང་བཞིན་གྱི་ཉོན་མོངས་པ་ཤས་ཆེ་བའི་ཕྱིར་ཟིལ་གྱིས་མནན་ནས་ཡང་ནས་ཡང་དུ་ཀུན་ཏུ་སྦྱོད་པ་ལ་ཉེས་པ་མེད་དོ། །རྒན་པ་རྣམས་ལ་གུས་མི་བྱེད་དྲིས་པ་ལ་ནི་ལན་མི་འདེབས། །བྱང་ཆུབ་སེམས ་དཔའ་ཆེས་རྒན་ཞིང་ཡོན་ཏན་དང་ལྡན་ལ་བཀུར་སྟི་བྱ་བར་འོས་པ་ཆོས་མཐུན་པ་མཐོང་ནས་ང་རྒྱལ་གྱི་ནོན་ཏམ། ཀུན་ནས་མནར་སེམས་ཀྱི་སེམས་དང་ལྡན་ནམ། ཁོང་ཁྲོ་བའི་སེམས་དང་ལྡན་ཡང་རུང་སྟེ། ལངས་ཤིང་སྟན་མི་སྟོབས ་པ་དང། གཞན་དག་སྨྲ་ཞིང་ཀུན་ཏུ་སྨྲ་ལ་ཡང་དག་པར་དགའ་བར་བྱེད་ཅིང་འདྲི་བ་ལ་ང་རྒྱལ་ཁོ་ནས་ནོན་ཏམ། ཀུན་ནས་མནར་སེམས་ཀྱི་སེམས་དད་ལྡན་ནམ། ཁོང་ཁྲོ་བའི་སེམས་དང་ལྡན་ཡང་རུང་སྟེ། རིགས་པའི་ཚུལ་གྱིས་ཚིག་སླར ་བརྗོད་པར་མི་བྱེད་ན་ཉེས་པ་དང་བཅས་ཤིང་འགལ་བ་དང་བཅས་པར་འགྱུར་ཏེ། ཉོན་མོངས་པ་ཅན་གྱི་ཉེས་པར་འགྱུར་རོ། །གལ་ཏེ་ང་རྒྱལ་གྱིས་ནོན་པ་མ་ཡིན། ཀུན་ནས་མནར་སེམས་དང་ལྡན་པ་མ་ཡིན། ཁོང་ཁྲོ་བའི་སེམས་དང ་ལྡན་པ་མ་ཡིན་ཡང་རུང་ཏེ་སྙོམས་ལས་དང། ལེ་ལོ་འམ། ལུང་དུ་མ་བསྟན་པའི་སེམས་སམ། བརྗེད་པས་བྱས་ན་ཉེས་པ་དང་བཅས་ཤིང་འགལ་བ་དང་བཅས་པ་ཁོ་ནར་འགྱུར་གྱི། ཉོན་མོངས་པ་ཅན་གྱི་ཉེས་པར་ནི་མི་འགྱུར་རོ། །ནད་ཚབས་ཆེ་བ་འམ ་སེམས་འཁྲུགས་པ་ལ་ཉེས་པ་མེད་དོ་དེ་ཉིད་ཀྱིས་ལོག་པ་ལ་སད་བའི་འདུ་ཤེས་ཀྱི་ཕྲད་དུ་འོད་པ་དང། སྨྲ་བ་དང། ཀུན་ཏུ་སྨྲ་བ་དང། ཡང་དག་པར་དགའ་བར་བྱེད་པ་དང་འདྲི་བ་ལ་ཉེས་པ་མོད་དོ། །གཞན་དག་ལ་ཆོས་སྟོན་ཏམ། འབེལ་བའི ་གཏམ་རྣམ་པར་གཏན་ལ་འབེབས་པ་ལ་བརྩོན་པ་ལ་ཉེས་པ་མེད་དེ། དེ་མ་ཡིན་པ་གཞན་དག་ཡང་དག་པར་བྱེད་ན་ཉེས་པ་མེད་དོ། །གཞན་དག་ལ་ཆོས་སྟོན་ཏམ། འབེལ་བའི་གཏམ་རྣམ་པར་གཏན་ལ་འབེབས་པ་ལ་རྣ་བླགས་ཏེ་ཉན ་ན་ཉེས་པ་མེད་དོ། །ཆོས་ཀྱི་ཏམ་ལ་མི་དགའ་བར་འགྱུར་བ་དང་ཆོས་སྨྲ་བའི་སེམས་སྲུང་ན་ཉེས་པ་མེད་དོ། །ཐབས་དེས་སེམས་ཅན་དེ་དག་དུལ་བར་བྱེད་ཅིང་འདུལ་བ་ལ་མི་དགེ་བའི་གནས་ནས་བསླང་དེ་དགེ་བའི་གནས་ལ་འགོད་ན་ཉེས་པ་མེད ་དོ། །དགེ་འདུན་གྱི་ནང་ཁྲིམས་སྲུང་ན་ཉེས་པ་མེད་དོ། །གཞན་མང་པོ་རྣམས་ཀྱི་སེམས་སྲུང་ན་ཉེས་པ་མེད་དོ། །མགྲོན་པོས་འདག་གི་རིམ་བྱེད་ཅིང། །བྱང་ཆུབ་སེམས་དཔའ་གཞན་དག་གིས་ཁྱིམ་འམ། གཙུག་ལག་ཁང་གཞན་ནམ། ་ཁྱིམ་གཞན་དག་ཏུ་ཟས་དང་སྐོམ་དང། གོས་ལ་སོགས་པ་ཡོ་བྱད་རྣམས་ལས་ང་རྒྱལ་གྱིས་ནོན་ཏམ། ཀུན་ནས་མནར་སེམས་ཀྱི་སེམས་དང་ལྡན་ནམ། ཁོང་ཁྲོ་བའི་སེམས་དང་ལྡན་ཡང་རུང་སྟེ། མི་འགྲོ་ཞིང་བོས་པ་བདག་གིར ་མ་བྱེད་ན་ཉེས་པ་དང་བཅས་ཤིང་འགལ་བ་དང་བཅས་པར་འགྱུར་ཏེ། ཉོན་མོངས་པ་ཅན་གྱི་ཉེས་པར་འགྱུར་རོ། །གལ་ཏེ་ང་རྒྱལ་ཀྱིས་ནོན་བ་མ་ཡིན། ཀུན་ནས་མནར་སེམས་དང་ལྡན་པ་མ་ཡིན། ཁོང་ཁྲོ་བའི་སེམས་དང་ལྡན་པ་མ་ཡིན ་ཡང་རུང་སྟེ། སྙོམས་ལས་དང་ལེ་ལོའི་དབང་གིས་མ་སོང་ན་ནི་ཉོན་མོངས་པ་ཅན་མ་ཡིན་པའི་ཉེས་པར་འགྱུར་རོ། །ན་སྟེ་མི་ནུས་པ་འམ་སེམས་འཁྲུགས་པ་ལ་ཉེས་པ་མེད་དོ། །ཡུལ་འཛད་མ་རིང་དུ་གྱུར་པ་དང། ་ལམ་ན་འཇིགས་པ་ཡོད་ན་ཉེས་པ་མེད་དོ། །ཐབས་དེས་དུལ་བར་འདོད་ཅིང་འདུལ་བར་འདོད་ལ་མི་དགེ་བའི་གནས་ནས་བསླང་སྟེ་དགེ་བའི་གནས་སུ་འཇོག་པར་འདོད་ན་ཉེས་པ་མེད་དོ། །སྔར་གཞན་ལ་ཁས་བླངས་ན་ཉེས་པ་མེད་དོ། །རྒྱུན་ཏུ་དགེ་བའི ་ཕྱོགས་ལ་བརྩོན་ཏེ་དགེ་བའི་ཕྱོགས་ཀྱི་བར་ཆད་དུ་འགྱུར་བ་བསྲུང་བའི་ཕྱིར་མ་སོང་ན་ཉེས་པ་མེད་དོ། །ཆོས་ཀྱིས་དོན་སྔོན་མ་ཐོས་པ་དོན་དང་ལྡན་པ་མཉན་པ་ལས་ཉམས་པར་འགྱུར་དུ་དོགས་པའི་ཕྱིར་མ་སོང་ན་ཉེས་པ་མེད་དོ། །ཆོས་ཀྱི་དོན ་མཉན་པ་ཇི་ལྟ་བ་བཞིན་དུ་འབེལ་བའི་གཏམ་རྣམ་པར་གཏན་ལ་འབེབས་པ་ལ་ཡང་དེ་དང་འདྲ་བར་རིག་པར་བྱའོ། །མཐོ་འཚམ་པའི་བསམ་པས་བོས་ན་ཉེས་པ་མེད་དོ། །གཞན་མང་པོ་དག་གི་ཀུན་ནས་མནར་སེམས་ཀྱི་སེམས་སྲུང་ན ་ཉེས་པ་མེད་དོ། །དགེ་འདུན་གྱི་ནང་ཁྲིམས་སྲུང་ན་ཉེས་པ་མེད་དོ། །གསེར་ལ་སོགས་པ་ལེན་མི་བྱེད། བྱང་ཆུབ་སེམས་དཔའ་གཞན་དག་ལ་གསེར་དང། དངུལ་དང། ནོར་བུ་དང། མུ་ཏིག་དང། བཻ་ཌརུ་རྱ་ལ་སོགས་པ་ནོར་གྱི་ས་གྲངས་རྣམ་པ་སྣ ་ཚོགས་མང་པོ་མཆོག་རྣམས་ཐོབ་ཅིང་དུས་ཀྱི་བསྟབས་པ་ལས་ཀུན་ནས་མནར་སེམས་ཀྱི་སེམས་དང་ལྡན་ནམ། ཁོང་ཁྲོ་བའི་སེམས་དང་ལྡན་པས་ལེན་དུ་མི་བཏུབ་ཅིང་སྤོང་བར་བྱེད་ན་ཉེས་པ་དང་བཅས་ཤིང་འགལ་བ་དང་བཅས་པར ་འགྱུར་ཏེ། སེམས་ཅན་ཡལ་བར་འདོར་པའི་ཕྱིར་ཉོན་མོངས་པ་ཅན་གྱི་ཉེས་པར་འགྱུར་རོ། །སྙོམ་ལས་དད་ལེ་ལོས་ལེན་པར་མི་བྱེད་ན་ཉེས་པ་དང་བཅས་ཤིང་འགལ་བ་དང་བཅས་པར་ནི་འགྱུར་ལ། ཉོན་མོངས་པ་ཅན་གྱི་ཉེས་པར ་ནི་མི་འགྱུར་རོ། །སེམས་འཁྲུགས་པ་ལ་ཉེས་པ་མེད་དོ། །དེ་བླང་བས་སེམས་ཆགས་པར་འགྱུར་བར་མཐོང་ན་ཉེས་པ་མེད་དོ། །དེ་ཕྱིས་འགྱོད་པར་འགྱུར་དུ་དོགས་ན་ཉེས་མེད་དོ། །དེས་སྦྱིན་པ་འཁྲུལ་དུ་དོགས་ན་ཉེས་པ་མེད་དོ། །ཀུན་ཏུ་འཛིན་པ་གཏད་པ་དེའི་རྒྱུས ་སྦྱིན་བདག་དབུལ་ཞིང་འཕོངས་པར་འགྱུར་དུ་དོགས་ན་ཉེས་པ་མེད་དོ། །དགེ་འདུན་ནམ་མཆོད་རྟེན་གྱི་ཡིན་དུ་དོགས་ན་ཉེས་པ་མེད་དོ། །གཞན་ལས་མི་རིགས་པར་ཕྲོགས་པ་ཡིན་དུ་དོགས་ཏེ། རྒྱུ་དེས་དེ་དག་བསད་པ་འམ། བཅིངས་པ་འམ། ཆད་པས ་བཅད་པ་འམ། གནོད་པར་འགྱུར་བ་འམ། སྨད་པར་འགྱུར་བ་ཞིག་ཡིན་ན་ཉེས་པ་མེད་དོ། །ཆོས་འདོད་པ་ལ་སྦྱིན་མི་བྱེད། བྱང་ཆུབ་སེམས་དཔའ་གཞན་ཆོས་འདོད་པ་རྣམས་ལ་ཀུན་ནས་མནར་སེམས་དང་ལྡན་ནམ། ཁོང་ཁྲོ་བའི་སེམས་དང་ལྡན་ནམ ་རང་བཞིན་གྱི་ཕྲག་དོག་ཅན་ཡིན་ཡང་རུང་སྟེ། ཆོས་སྦྱིན་པར་མི་བྱེད་ན་ཉེས་པ་དང་བཅས་ཤིང་འགལ་བ་དང་བཅས་པར་འགྱུར་ཏེ། ཉོན་མོངས་པ་ཅན་གྱི་ཉེས་པར་འགྱུར་རོ། །སྙོམས་ལས་དང་ལེ་ལོས་སྦྱིན་པར་མི་བྱེད་ན་ཉེས་པ་དང་བཅས་ཤིང་འགལ ་བ་དང་བཅས་པར་ནི་འགྱུར་ལ། ཉོན་མོངས་པ་ཅན་གྱི་ཉེས་པར་ནི་མི་འགྱུར་རོ། །མུ་སྟེགས་ཅན་གླགས་འཚོལ་བ་ལ་མ་བྱིན་ན་ཉེས་པ་མེད་དོ། །ནད་ཚབས་ཆེ་བ་དང། སེམས་འཁྲུགས་པ་ལ་ཉེས་པ་མེད་དོ། །ཐབས་དེས་འདུལ་བར་བྱེད་འདོད་ཅིང་དུལ་བར ་འདོད་ལ། མི་དགེ་བའི་གནས་ནས་བསླང་སྟེ་དགེ་བའི་གནས་སུ་འགོད་པར་འདོད་ན་ཉེས་པ་མེད་དོ། །ཆོས་མི་ཤེས་ན་ཉེས་པ་མེད་དོ། །གལ་ཏེ་མ་གུས་ཤིང་ཞེ་ས་མེད་ལ་སྤྱོད་ལམ་ངན་པས་ནོད་པ་ལ་མ་བྱིན་ན་ཉེས་པ་མེད་དོ། །དབང་པོ་རྟུལ་པོ་ཆོས་རྒྱ ་ཆེན་པོ་བསྟན་པ་ཆོས་སྟོན་པས་སྐྲག་ཅིང་ལོག་པར་ལྟ་བ་དང། ལོག་པར་མངོན་པར་ཞེན་པ་དང། གནོད་པ་དང། ཉམས་པར་འགྱུར་དུ་དོགས་ན་ཉེས་པ་མེད་དོ། །དེའི་ལག་ཏུ་སོང་ན་གཞན་སྣོད་དུ་མ་གྱུར་པ་རྣམས་ཆོས་འཕེལ་དུ་དོགས་ན་ཉེས་པ ་མེད་དོ། །ཚུལ་ཁྲིམས་འཆལ་རྣམས་ཡལ་བར་འདོར། བྱང་ཆུབ་སེམས་དཔའ་སེམས་ཅན་མ་རུངས་པ་རྣམས་དང། ཚུལ་ཁྲིམས་འཆལ་པ་རྣམས་མ་རུངས་པ་ཡིན་པ་དང། ཚུལ་ཁྲིམས་འཆལ་པ་ཡིན་པའི་རྐྱེན་གྱིས་ཀུན་ནས ་མནར་སེམས་ཀྱི་སེམས་དང་ལྡན་ནམ། ཁོང་ཁྲོ་བའི་སེམས་དང་ལྡན་པས་ཡལ་བར་འདོར་ན། ཁྱད་དུ་གསོད་ན་ཉེས་པ་དང་བཅས་ཤིང་འགལ་བ་དང་བཅས་པར་འགྱུར་ཏེ། ཉོན་མོངས་པ་ཅན་གྱིས་ཉེས་པར་འགྱུར་རོ། །སྙོམ་ལས་དང་ལེ་ལོས ་ཡལ་བར་བོར་བ་དང། བརྗེད་པས་ཁྱད་དུ་བསད་ན་ཉེས་པ་དང་བཅས་ཤིང་འགལ་བ་དང་བཅས་པར་ནི་འགྱུར་ལ། ཉོན་མོངས་པ་ཅན་གྱི་ཉེས་པར་ནི་མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་ནི་སེམས་ཅན་མ་རུངས་པ ་རྣམས་དང། ཚུལ་ཁྲིམས་འཆལ་བ་རྣམས་དང། སྡུག་བསྔལ་གྱི་རྒྱུ་ལ་གནས་པ་རྣམས་ལ་ཇི་ལྟར་སྙིང་བརྩེ་བའི་སེམས་དང། བྱེད་འདོད་པས་ཉེ་པར་གནས་པ་ལྟ་བུར་ཚུལ་ཁྲིམས་དང་ལྡན་ཞིང་ལུས་དང་དག་དང་ཡིད་ཀྱི་ལས་ཀྱི་སྤྱོད ་པ་ཞི་བ་ལ་ནི་དེ་ལྟ་མ་ཡིན་པའི་ཕྱིར་རོ། །སེམས་འཁྲུགས་པ་ལ་ཉེས་པ་མེད་དོ། །ཐབས་དེས་དོ་འདུལ་བར་བྱེད་འདོད་པ་ནས་སྔ་མ་བཞིན་ཏེ་ཉེས་པ་མེད་དོ། །གཞན་མང་པོ་དག་གི་སེམས་སྲུང་ན་ཉེས་པ་མེད་དོ། །དགེ་འདུན་གྱིས་ནང ་ཁྲིམས་སྲུང་ན་ཉེས་པ་མེད་དོ། །ཕ་རོལ་དད་ཕྱིར་སློབ་མི་བྱེད། སེམས་ཅན་དོན་ལ་བྱང་ཆུབ་སེམས་དཔའ་ནི་བཅོམ་ལྡན་འདས་ཀྱིས་གཞན་དག་གི་སེམས་བསྲུང་བའི་ཕྱིར་མ་དད་པ་རྣམས་དད་པར་བྱ་བ་དང། དད་པ་རྣམས་ཕྱིར ་ཞིང་འབྱུང་བར་བྱ་བའི་ཕྱིར་སོ་སོ་ཐར་པའི་འདུལ་བ་ལས་བཅད་པའི་ཁ་ན་མ་ཐོ་བ་དང་བཅས་པ་རྣམ་པར་བཞག་པ་གང་ཡིན་པ་དེ་ལ་ཉན་ཐོས་རྣམས་དང་མཚུངས་པར་སློབ་སྟེ་ཐ་དད་པར་མི་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། ཉན་ཐོས ་རྣམས་ནི་བདག་གིར་ན་ལྷུར་ལེན་པ་ཙམ་དུ་ཟད་ན། དེ་དག་ཀྱང་མ་དད་པ་རྣམས་དད་པར་བྱ་བ་དང། དད་པ་རྣམས་ཕྱིར་ཞིང་འབྱུང་བར་བྱ་བའི་ཕྱིར་གཞན་གྱི་ཡིད་མི་སྲུང་བར་མི་བྱེད་དེ་བསླབ་པ་རྣམས་ལ་སློབ་ན། བྱང་ཆུབ་སེམས་དཔའ་གཞན་གྱི་དོན ་ལྷུར་ལེན་པ་རྣམས་ལྟ་ཅི་སྨོས། བཅོམ་ལྡན་འདས་ཀྱིས་ཉན་ཐོས་རྣམས་དོན་ཉུང་བ་དང། བྱ་བ་ཉུང་བ་དང། སྙིང་ལས་ཆུང་ངུར་གནས་པར་བྱ་བ་ལས་བརྩམས་ཏེ་བཅས་པའི་ཁ་ན་མ་ཐོ་བ་དང་བཅས་པ་དེ་ལ་ནི་བྱང་ཆུབ་སེམས་དཔའ་ཉན་ཐོས་རྣམས ་དང་མཚུངས་པར་སློབ་པར་མི་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། ཉན་ཐོས་བདག་གི་དོན་ལྷུར་ལེན་ཅིང་གཞན་གྱི་དོན་ལ་མི་ལྟ་བས་གཞན་གྱི་དོན་ལ་བརྩམས་ཏེ་དེ་དོན་ཉུང་ཞིང་བྱ་བ་ཉུང་ལ་སྙིང་ལས་ཆུང་དུར་གནས་པ་ནི་མཛེས་ཀྱི། བྱང་ཆུབ་སེམས ་དཔའ་གཞན་གྱི་དོན་ལྷུར་ལེན་པས་གཞན་གྱི་དོན་ལས་བརྩམས་ཏེ། དོན་ཉུང་ཞིང་བྱ་བ་ཉུང་ལ་སྙིང་ལས་ཆུང་ངུར་གནས་པ་མཛེས་པ་མ་ཡིན་ཏེ། འདི་ལྟར་བྱང་ཆུབ་སེམས་དཔས་གཞན་དག་གིས་དོན་དུ་གོས་བརྒྱ་སྙེད་དང། གོས་སྟོང་སྙིང་ཉེ་དུར་མི ་འོང་བའི་བྲམ་ཟེ་དང། ཁྱིམ་བདག་རྣམས་ལས་བླང་བར་བྱ་སྟེ། སྐབས་འབྱེད་པ་ཞིག་ཡོད་ན་ཡང་སེམས་ཅན་དེ་དག་གི་ཆོག་གམ་མི་ཏཆོག་བརྟགས་ནས་ཇི་ཙམ་དགོས་པ་བླངས་པར་བྱའོ། །གོས་རྣམས་ལ་ཇི་ལྟ་བ་བཞིན་དུ་ལྷུང་བཟད་རྣམས་ཀྱང ་དེ་དང་འདྲའོ། །ཇི་ལྟར་བླང་བར་བྱ་བ་བཞིན་དུ་བདག་ཉིད་ཀྱིས་རྒྱུ་སྐུད་པ་བླངས་པ་ཉེ་དུར་མི་འོང་བའི་ཐག་པ་ལ་འཐག་ཏུ་གཞུག་པ་ཡང་དེ་དང་འདྲའོ། །གཞན་དག་གི་དོན་དུ་མོན་དར་ཀྱི་མལ་སྟན་བརྒྱ་སྙེད་དང། སྟན་དུ་འདིང་བ་བརྒྱ་སྙེད་ཀྱང་ཉེ་བར ་བཞག་པར་བའོ། །གསེར་དང་དངུལ་བྱེ་བ་ཕྲག་འབུམ་ལས་ལྷག་པར་ཡང་བདག་གིར་བྱའོ། །བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའ་ཨི་ཚུལ་ཁྲིམས་ཀྱི་སྡོམ་པ་ལ་གནས་པ་ནི་དེ་ལ་སོགས་པ་ཉན་ཐོས་དོན་ཉུང་ཞིང་བྱ་བ་ཉུང་ལ ་གནས་པ་ནི་དེ་ལ་སོགས་པ་ཉན་ཐོས་དོན་ཉུང་ཞིང་བྱ་བ་ཉུང་ལ་སྙིང་ལས་ཆུང་ངུར་གནས་པ་ལས་བརྩམས་ཏེ་བཅས་པའི་ཁ་ན་མ་ཐོ་བ་དང་བཅས་པ་ལ་མཚུངས་པར་མི་སློབ་བོ། །དགེ་སློང་གང་ཉི་ངུར་མི་འོང་བའི་ཁྱིམ ་བདག་གམ། ཁྱིམ་བདག་གི་ཆུང་མའི་དྲུང་དུ་སོང་སྟེ། གོས་སློང་ན་སྤང་བའི་ལྟུང་བྱེད་དོ། །ཞེས་བྱ་བ་དེ་ལ་སོགས་པ་བསླབ་པའི་གཞི་རྣམས་སྡོམ་པ་གཉིས་ལ་གནས་པས་གཞན་གྱི་དོན་བཏང་སྟེ། བདག་གི་དོན་ལྷུར་ལེན་པར ་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་ཅན་གྱི་དོན་ལས་བརྩམས་ཏེ་ཀུན་ནས་མནར་སེམས་ཀྱི་སེམས་དང་ལྡན་པ་དང། ཁོང་ཁྲོ་བའི་སེམས་དང་ལྡན་པས། དོན་ཉུང་ཞིང་བྱ་བ་ཉུང་ལ་སྙིང་ལས་ཆུང་ངུར་གནས་པར་བྱེད་ན་ཉེས་པ་དང ་བཅས་ཤིང་འགལ་བ་དང་བཅས་པར་འགྱུར་ཏེ། ཉོན་མོངས་བ་ཅན་གྱི་ཉེས་པར་འགྱུར་རོ། །སྙོམས་ལས་དང་ལེ་ལོས་དོན་ཉུང་ཞིང་བྱ་བ་ཉུང་ལ་སྙིང་ལས་ཆུང་ངུར་གནས་པར་བྱད་ན་ཉེས་པ་དང་བཅས་ཤིང་འགལ་བ་དང་བཅས་པར་ནི་འགྱུར་ལ། ་ཉོན་མོངས་པ་ཅན་གྱི་ཉེས་པར་ནི་མི་འགྱུར་རོ།། །།བམ་པོ་གཉིས་པ་སྟེ་ཐ་མའོ། །སྙིང་བརྩེར་བཅས་ན་མི་དགེ་མེད། རང་བཞིན་གྱི་ཁ་ན་མ་ཐོ་བ་དང་བཅས་པ་ལ་བྱང་ཆུབ་སེམས་དཔའ་ཐབས་མཁས་པ་དེ་ལྟ་བུས་ཀུན་ཏུ་སྤྱད ་ན། དེས་ཉེས་པར་ཡང་མི་འགྱུར་ལ། བསོད་ནམས་མང་པོ་འཕེལ་བར་འགྱུར་བ་ཡང་ཡོད་དོ། །འདི་ལྟར་ཆོམ་པོ་དང། རྐུན་པོས་སོག་ཆགས་ཆེ་བའི་བདག་ཉིད་ཅན་ཉན་ཐོས་དང། རང་སངས་རྒྱས་དང། བྱང་ཆུབ་སེམས་དཔའ་ ་བརྒྱ་ཕྲག་མང་པོ་དག་ཟང་ཟིང་ཅུང་ཟད་ཙམ་གྱི་ཕྱིར་བསད་པར་བྱ་སྟེ། མཚམས་མེད་པའི་ལས་མང་པོ་བྱེད་པ་ལ་ཞུགས་པ་བྱང་ཆུབ་སེམས་དཔས་མཐོང་ལ། མཐོང་ནས་ཀྱང་འདི་སྙམ་དུ་སེམས་ཀྱིས་སེམས་མངོན་པར་འདུ་བྱེད་དེ། སྲོག་ཆཊ་དེ ་བསད་ན་བདག་སེམས་ཅན་དམྱལ་བ་རྣམས་སུ་སྐྱེ་བར་འགྱུར་མོད་ཀྱི་བདག་སེམས་ཅན་དམྱལ་བར་སྐྱེ་བ་ནི་བླའི། སེམས་ཅན་འདིས་མཚམས་མེད་པའི་ལས་བྱས་ནས་སེམས་ཅན་དམྱལ་བར་འགྲོ་ན་མི་རུང་ངོ་སྙམ་སྟེ། དེ་ལྟ་བུའི་བསམ་པས་བྱང ་ཆུབ་སེམས་དཔའ་དགེ་བའི་སེམས་སམ། ལུང་དུ་མ་བསྟན་པའི་སེམས་སུ་རིག་ནས་འཛེམ་བཞིན་དུ་ཕྱི་མ་ལ་སྙིང་བརྩེ་བའི་སེམས་ཁོ་ནས། སྲོག་ཆགས་དེ་བསད་ན་ཉེས་པར་ཡང་མི་འགྱུར་ལ་བསོད་ནམས་མང་པོ་ཡང་འཕེལ་བར་འགྱུར་རོ། ། ་འདི་ལྟར་བྱང་ཆུབ་སེམས་དཔའ་ནི་མཐུ་ཡོད་ན་སེམས་ཅན་རྒྱལ་པོའམ་བློན་པོ་ཆེན་པོ་གང་དག་ཤས་ཆེར་བསླང་ཞིང་སེམས་ཅན་རྣམས་ལ་སྙིང་རྗེ་མེད་ལ། གཅིག་ཏུ་ངེས་པར་ཕ་རོལ་ལ་གནོད་པ་བྱེད་པ་ལ་ཞུགས་པ་དག་གང་ལ་གནས་ན ་གཞི་དེས་བསོད་ནམས་མ་ཡིན་པ་མང་དུ་འཕེལ་བར་འགྱུར་བ་དེ་དག་སྙིང་བརྩེ་བའི་སེམས་དང། ཕན་པའི་བསམས་པས་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་དབང་བ་དེ་ལས་འབྱིན་པར་བྱེད་དོ། །ཆོམ་པོ་དང། རྐུན་པོ་གཞན་གྱི་ནོར་འཕྲོག་པ་གང་དག ་གིས་དགེ་འདུན་དང་མཆོད་རྟེན་གྱི་དཀོར་མང་པོ་ཕྲོགས་ནས་བདག་གིར་བྱས་ཏེ་ལོངས་སྤྱད་པར་འདོད་པ་དེ་དག་ལས་བྱང་ཆུབ་སེམས་དཔའ་ནོར་གྱི་ཕྱིར་ཕྲོགས་ཏེ། ནོར་ལོངས་སྤྱོད་པ་དེས་དག་ལ་ཡུན་རིང་པོར་གནོད་པ་དང། ཕན་པ་མ་ཡིན་པ་ཁོ ་ནར་གྱུར་ན་མི་རུང་དོ་སྙམ་ནས། རྐྱེན་དེ་ཁོ་ནའི་ཕྱིར་སླར་ཕྲོགས་ཏེ་དགེ་འདུན་གྱི་ནི་དགེ་འདུན་ལ་འབུལ་བར་བྱེད། མཆོད་རྟེན་གྱི་ནི་མཆོད་རྟེན་ལ་འབུལ་བར་བྱེད་དོ། །ཞལ་ཏ་བྱེད་པའམ། ཀུན་དགའ་ར་བ་བསྲུང་བ་གང་དག་གིས་དགེ་འདུན་ནམ། ་མཆོད་རྟེན་གྱི་ནོར་མི་རིགས་པར་ཆུད་གསོན་པ་དང། གང་ཟག་བདག་ཉིད་ཀྱིས་སྤྱོད་པར་བྱེད་པ་དེ་དག་ལ་བྱང་ཆུབ་སེམས་དཔས་སོ་སོར་བརྟགས་ནས་ལས་དེ་དང་ལོག་པར་ལོངས་སྤྱོད་བ་དེས་དེ་དག་ལ་ཡུན་རིང་པོར་གནོད་པ་དང། ཕན་པ་མ ་ཡིན་པར་གྱུར་ན་མི་རུང་ངོ་སྙམ་ནས། དབང་བྱེད་པ་དེ་ལས་འབྱིན་པར་བྱེད་དེ། དེ་ལྟར་རྣམ་གྲངས་དེས་བྱང་ཆུབ་སེམས་དཔའ་མ་བྱིན་པར་ལེན་བཞིན་དུ་ཉེས་པར་ཡང་མི་འགྱུར་ལ། བསོད་ནམས་ཀྱང་མང་དུ་འཕེལ ་བར་འགྱུར་རོ། །འདི་ལྟར་བྱང་ཆུབ་སེམས་དཔའ་ཁྱིམ་པས་བུད་མེད་ཁྱིམ་ཐབ་མེད་པ་མི་ཚངས་པར་སྤྱོད་པར་གཟིར་བ་དེ་ལ་ཆགས་པའི་སེམས་དང་ལྡན་པ་ཞིག་ལ་ཀུན་ནས་མནར་སེམས་ཀྱི་སེམས་དང་ལྡན་པར་གྱུར་ནས། བསོད ་ནམས་མ་ཡིན་པ་མང་དུ་འཕེལ་བར་གྱུར་ན་མི་རུང་ངོ་སྙམ་ཞིང་།ཅི་དགའ་དགུར་དགེ་བའི་རྩ་བ་ལ་སྦྱར་བ་དང་མི་དགེ་བ་ཡོངས་སུ་དོར་བར་བྱ་བ་ལ་དབང་དུ་ཡང་འགྱུར་རོ་སྙམ་སྟེ། སྙིང་བརྩེ་བའི་སེམས་ཁོ་ན་ཉེ་བར་བཞག་ནས་འཁྲིད ་པའི་ཆོས་བརྟེན་ན་།མི་ཚངས་པར་སྤྱོད་པ་འཁྲིག་པའི་ཆོས་བརྟེན་ཀྱང་ཉེས་པར་ཡང་མི་འགྱུར་ལ། བསོད་ནམས་ཀྱང་མང་དུ་འཕེལ་བར་འགྱུར་བ་ལྟ་བུའོ། །བྱང་ཆུབ་སེམས་དཔའ་རབ་ཏུ་བྱུང་བ། ཉན་ཐོས་ཀྱི་བསླབ་པ་མི་འཇིག་པར ་རྗེས་སུ་བསྲུང་བས་ནི་མི་ཚངས་བར་སྤྱོད་པ་བརྟེན་པ་རྣམ་པ་ཐམས་ཅད་དུ་མི་བྱའོ། །འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་ཅན་མང་པོ་སྲོག་ཐར་བར་བྱ་བ་དང། བཅིང་བ་ལས་ཐར་བར་བྱ་བ་དང། ལག་པ་དང། རྐང་པ་དང། སྣ་དང། རྣ ་བ་བཅད་པ་ལས་ཐར་བར་བྱ་བ་དང། མིག་དབྱུང་བ་ལས་བསྐྱབ་པར་བྱ་བའི་ཕྱིར་བྱང་ཆུབ་སེམས་དཔའ་བདག་གི་སྲོག་གི་ཕྱིར་ཡང་ཤེས་བཞིན་དུ་བརྫུན་གྱི་ཚིག་གང་མི་སྨྲ་བ་སེམས་ཅན་དེ་དག་གི་དོན་གྱི་ཕྱིར་སོ་སོར་བརྟགས ་ནས་སྨྲ་བར་བྱེད་དེ། དེ་ལྟར་མདོར་བསྡུ་ན་བྱང་ཆུབ་སེམས་དཔས་ནི་ཅི་དང་ཅིས་ཀྱང་སེམས་ཅན་རྣམས་ཀྱི་དོན་ཁོ་ན་མཐོང་གི་།དོན་མ་ཡིན་པ་ནི་མ་ཡིན་ཏེ། བདག་ཉིད་ཀྱང་ཟང་ཟིང་མེད་པའི་སེམས་དང་ལྡན་ལ། སེམས་ཅན་ལ་ཕན ་པར་འདོད་པའི་གཞི་འབའ་ཞིག་གིས་འདུ་ཤེས་བསྒྱུར་ཏེ་ཤེས་བཞིན་དུ་ཚིག་གཞན་སྨྲ་ལ། སྨྲ་བཞིན་དུ་ཉེས་པར་ཡང་མི་འགྱུར་ཏེ། བསོད་ནམས་མང་པོ་ཡང་འཕེལ་བར་འགྱུར་རོ། །འདི་ལྟར་བྱང་ཆུབ་སེམས་དཔའ་ནི་སེམས་ཅན་གང་དག་མི་དགེ ་བའི་བཤེས་གཉེན་གྱིས་ཡོངས་སུ་ཟིན་པ་དེ་དག་ལ་སྙིང་བརྩེ་བའི་སེམས་ཁོ་ན་ལ་བརྟེན་ནས་སེམས་ཅན་འདི་དག་ནི་སྡིག་པའི་གྲོགས་པོ་དང་བརྟེན་པས་ཡུན་རིང་པོར་གནོད་པ་དང། ཕམ་པ་མ་ཡིན་བར་གྱུར་ན་མི་རུང་ངོ་སྙམ་སྟེ། ཅི་ནུས་ཅི་ལྕོགས་ཀྱི ་མི་དགེ་བའི་བཤེས་གཉེན་དེ་དག་དང་དབྱེ་བའི་ཚིག་སྨྲ་བར་བྱེད་དེ། དེས་འགའ་ཞིག་དབྱེ་བར་ཀུན་དུ་དགའ་ཨོ། །བྱང་ཆུབ་སེམས་དཔའ་རྣམས་གྲངས་དེས་མཛའ་བའི་དབྱེན་བྱས་ཀྱང་ཉེས་པར་མི་འགྱུར་ལ། བསོད་ནམས་མང་པོ་ཡང་འཕེལ་བར་འགྱུར་རོ། ། ་འདི་ལྟར་བྱང་ཆུབ་སེམས་དཔའ་ནི་སེམས་ཅན་ལམ་ལོག་པར་ཞུགས་ཤིང་མི་རིགས་བ་བྱེད་པ་དག་ལ་ཐབས་དེས་ཅི་ནས་ཀྱང་མི་དགེ་བའི་གནས་ནས་བསླང་སྟེ་དགེ་བའི་གནས་སུ་འགོད་པའི་ཕྱིར་རྟག་ཏུ་ཚིག་རྩུབ་པོས་དྲག་ཏུ་སྨ་འབེབས་བར ་བྱེད་དེ། དེ་ལྟར་བྱང་ཆུབ་སེམས་དཔས་ཚིག་རྩུབ་བོས་སྨྲས་ཀྱང་ཉེས་པར་མི་འགྱུར་ལ། བསོད་ནམས་ཀྱང་མང་དུ་འཕེལ་བར་འགྱུར་རོ། །འདི་ལྟར་བྱང་ཆུབ་སེམས་དཔའ་ནི་སེམས་ཅན་གར་དང་གླུ་དང་རོལ་མོའི་སྒྲ་ལ་མོས་པ་རྣམས་དང། ་རྒྱལ་པོ་དང། ཆོམ་རྐུན་དང། ཟས་དང། སྐོམ་དང། སྨད་འཚོང་མ་དང། ལམ་སྲང་གི་གཏམ་ལ་སོགས་པ་ལ་མོས་པ་རྣམས་ལ། གར་དང་གླུ་དང་རོལ་མོའི་སྒྲ་དང་གཏམ་སྣ་ཚོགས་ལ་མཁས་ཏེ། སྙིང་བརྩེ་བའི་བསམ་བས་གར་དང་གླུ ་དང་རོལ་མོའི་སྒྲ་དང་ཚིག་འཁྱལ་བ་དང་ལྡན་པའི་གཏམ་རྣམ་པ་སྣ་ཚོགས་ཀྱིས་མགུ་བར་བྱས་ཤིང་འདུན་པར་བྱས་ཏེ་དབང་དུ་བྱེད་ཅིང་དག་ཉན་དུ་བཅུ་གནས། མི་དགེ་བའི་གནས་ནས་བསླང་སྟེ་དགེ་བའི་གནས་སུ་དགོད་པར་བྱེད་དོ། །དེ་ལྟར་བྱང་ཆུབ ་སེམས་པའི་ཚིག་འཁྱལ་བ་སྨྲ་ཡང་ཉེས་པར་མི་འགྱུར་ལ། བསོད་ནམས་ཀྱང་མང་དུ་འཕེལ་བར་འགྱུར་རོ། །འཚོ་བ་ལོག་པ་དང་དུ་ལེན། བྱང་ཆུབ་སེམས་དཔའ་ཚུལ་འཆོས་པ་དང། །??་སག་དང། གཞོག་སློང་བ་དང། འཐོབ་ཀྱིས་??་པ? ་བ་དང། རྙེད་པས་རྙེད་པར་བྱེད་འདོད་པ་ལོག་བས་འཚོ་བར་བྱེད་པའི་ཆོས་བྱུང་བ་རྣམས་དང་དུ་ལེན་ཅིང། དེ་དག་གིས་མི་འཛེམ་ལ་སེལ་བར་མི་བྱེད་ན་ཉེས་པ་དང་བཅས་ཤིང་འགལ་བ་དང་བཅས་པར་འགྱུར་ཏེ། ཉོན་མོངས་པ་ཅན་གྱི་ཉེས་པར་འགྱུར ་རོ། །དེ་གསལ་བའི་ཕྱིར་འདུན་པ་སྐྱེས་ཤིང་འབད་པ་རྩོམ་ལ་ཉོན་མོངས་པ་ཤས་ཚེ་བས་སེམས་ཟིལ་གྱིས་མནན་ཏེ་ཀུན་ཏུ་སྦྱོད་པ་ནི་ཉེས་པ་མེད་དོ། །འཕྱར་ནས་རབ་ཏུ་རྒོད་ལ་སོགས། བྱང་ཆུབ་སེམས་དཔའ་རྒོད་པས་ཡོངས་སུ་ཟིན ་པའི་སེམས་ཀྱིས་རྣམ་པར་མ་ཞི་??་རྣམ་པར་ཚིག?་བ་ལ་དགའ་ལ་རྟག་ཏུ་རྒོད་པ་དང། ཀུན་ཏུ་རྩེ་ཞིང་ཀུན་ཏུ་ཅ་ཅོ་འདོན་ལ་རྒོད་ཅིང་གཡང་བྱེད་པ་དང། གཞན་དག་རྒོད་དུ་གཞུག་པར་འདོད་ཅིང་དགའ་བར་བྱ་བར་འདོད་ན་རྐྱེན་དེ་ཉིད་ཀྱིས་ཉེས་པ་དང ་བཅས་ཤིང་འགལ་བ་དང་བཅས་པར་འགྱུར་ཏེ། ཉོན་མོངས་བ་ཅན་གྱི་ཉེས་པར་འགྱུར་རོ། །བརྒོད་པས་བྱ་བ་བྱས་ན་ཉོན་མོངས་པ་ཅན་མ་ཡིན་པའི་ཉེས་པར་འགྱུར་རོ། །དེ་བསལ་བའི་ཕྱིར་འདུན་བསྐྱེད་ན་ནི་ཉེས་པ་མེད་དེ་སྔ་མ་བཞིན་ནོ། ་གཞན་དག་གི་ཀུན་ནས་མནར་སེམས་སྐྱེས་པ་ཐབས་དེས་ཕྱིར་བསལ་བར་འདོད་ན་ཉེས་པ་མེད་དོ། །གཞན་དག་གི་མྱ་ངན་སྐྱས་བ་བསལ་བར་འདོད་ན་ཉེས་པ་མེད་དོ། །གཞན་དེའི་རང་བཞིན་ཅན་དེ་ལ་དགའ་བ་རྣམས་བསྡུ་བའམ། བག་དབབ ་པའམ། དེ་དང་མཐུན་པར་བྱ་བའི་ཕྱིར་བྱེད་ན་ཉེས་པ་མེད་དོ། །གཞན་དག་བྱང་ཆུབ་སེམས་དཔའ་མི་དགའ་བར་འགྱུར་དུ་དོགས་པ་དང། ཀུན་ནས་མནར་སེམས་དང་།རྒྱབ་ཀྱིས་ཕྱོགས་པར་འགྱུར་དུ་དོགས་པ་རྣམས་ལ་དགའ་བའི་བཞིན ་གྱིས་ནང་དུ་བསམ་པ་དག་པར་བསྟན་པའི་ཕྱིར་བྱས་ན་ཉེས་པ་མེད་དོ། །འཁོར་བ་གཅིག་པུ་བགྲོད་པར་སེམས། བྱང་ཆུབ་སེམས་དཔའ་གང་བྱང་ཆུབ་སེམས་དཔས་ནི་མྱ་ངན་ལས་འདས་པ་མངོན་པར་དགའ་བས། གནས་པར་མི་བྱའི་མྱ་ངན་ལས་འདས་པ ་ལ་རྒྱབ་ཀྱིས་ཕྱོགས་ཏེ་གནས་པར་བྱའོ། །ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་རྣམས་ཀྱིས་ཀྱང་འཇིགས་པར་མི་བྱའོ། །དེ་དག་ལས་སེམས་ཀྱང་ཤིན་ཏུ་དབེན་པར་མི་བྱ་སྟེ། འདི་ལྟར་བྱང་ཆུབ་སེམས་དཔས་ནི་བསྐལ་པ་གྲངས་མེད་པ་གསུམ་དུ ་འཁོར་བ་ན་འཁོར་ཞིང་བྱང་ཆུབ་ཡང་དག་པར་སྒྲུབ་པར་བྱ་དགོས་སོ་སྙམ་དུ་དེ་ལྟར་ལྟ་ཞིང་དེ་སྐད་སྨྲ་ན་ཉེས་པ་དང་བཅས་ཤིང་འགལ་བ་དང་བཅས་པར་འགྱུར་ཏེ། ཉོན་མོངས་པ་ཅན་གྱི་ཉེས་བར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས ་དཔའ་ཉན་ཐོས་ཀྱི་ཇི་ལྟར་མྱ་ངན་ལས་འདས་བ་ལ་མངོན་བར་དགའ་བ་ཀུན་དུ་བརྟེན་པར་བྱ་ཞིང། ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་རྣམས་ལས་སེམས་སྐྱོ་བར་བྱ་བ་དེ་ལས་བྱེ་བ་ཕྲག་འབུམ་འགྱུར་དུ་མྱ་ངན་ལས་འདས་པ་ལ་མངོན ་པར་དགའ་བ་ཀུན་ཏུ་བརྟེན་པར་བྱ་ཞིང། ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་རྣམས་ལས་སེམས་སྐྱོ་བ་བསྒོམ་པར་བྱ་དགོས་ཏེ། འདི་ལྟར་ཉན་ཐོས་ནི་བདག་གཅིག་བུའི་དོན་ལ་བརྩོན་གྱི་བྱང་ཆུབ་སེམས་དཔའ་ནི་སེམས་ཅན ་ཐམས་ཅད་ཀྱི་དོན་ལ་རྩོན་པ་ཡིན་ལ་དེས་དེ་ལྟར་སེམས་ཀུན་ནས་ཉོན་མོངས་པ་མེད་པ་ལ་གོམ་པར་བྱ་བ་ཡང་དག་པར་བསྒྲུབ་དགོས་ཏེ། དེ་ནི་འདི་ལྟར་དགྲ་བཅོམ་པ་མ་ཡིན་དུ་ཟིན་ཀྱང། དེ་ལས་ཁྱད་དུ་འཕགས་པར་ཀུན་ནས་ཉོན་མོངས ་པ་མེད་པ་དང་ལྡན་པས་ཟག་པ་དང་བཅས་པའི་དངོས་པོ་ལ་སྤྱོད་པའི་ཕྱིར་རོ། །གྲགས་པ་མ་ཡིན་མི་སྤོང་བ། བྱང་ཆུབ་སེམས་དཔའ་བདག་གི་ཚིག་མི་བཙུན་པར་འགྱུར་བའི་དྲི་ངས་དང། མི་སྙན་པ་དང། གཏམ་ངན་པར་འགྱུར་བ་བདེན་བའི་དངོས ་པོ་མི་སྲུང་ཞིང་སེལ་བར་མི་བྱེད་ན་ཉེས་པ་དང་བཅས་ཤིང་འགལ་བ་དང་བཅས་པར་འགྱུར་ཏེ། ཉོན་མོངས་པ་ཅན་ཉེས་པར་འགྱུར་རོ། །བདེན་པའི་དངོས་པོ་མ་ཡིན་པ་མི་སྲུང་ཞིང་སེལ་བར་མི་བྱེད་ན་ཉེས་པ་དང་བཅས་ཤིང་འགལ་བ་དང ་བཅས་བར་ནི་འགྱུར་ལ། ཉོན་མོངས་པ་ཅན་གྱིས་ཉེས་པར་ནི་མི་འགྱུར་རོ། །ཕ་རོལ་མུ་སྟེགས་ཅན་ཡིན་ནམ། གཞན་གང་ཡང་རུང་བ་མངོན་པར་ཞེན་པ་ཞིག་ཡིན་ན་ཉེས་པ་མེད་དོ། །རབ་ཏུ་བྱུང་བ་དང། སློངས་མོ་སྤྱོད་པ་དང། དགེ་བ ་སྤྱོད་པའི་གཞིས་མ་སྙེན་པ་བརྗོད་ན་ཉེས་པ་མེད་དོ། །ཁྲོ་བས་ཟིལ་གྱིས་ནོན་ཅིང་སེམས་ཕྱིན་ཅི་ལོག་ཏུ་གྱུར་པས་བརྗོད་ན་ཉེས་པ་མེད་དོ། །ཉོན་མོངས་བཅས་ཀྱང་འཚེས་མི་བྱེད། བྱང་ཆུབ་སེམས་དཔས་གནོད་པའི་ཐབས་དང ་ཐོབས་དྲག་པོ་གང་གིས་སེམས་ཅན་གྱི་དོན་དུ་གྱུར་པ་མཐོང་བཞིན་མི་དགའ་བར་འགྱུར་བ་བསྲུང་བའི་ཕྱིར་ཐབས་དེ་མི་བྱེད་ན་ཉེས་པ་དང་བཅས་ཤིང་འགལ་བ་དང་བཅས་པར་འགྱུར་ཏེ། ཉོན་མོངས་པ་ཅན་གྱི་ཉེས་པར་འགྱུར་རོ། །ཚེ ་འདིའི་དོན་ཆུང་ངུ་ཞིག་ཏུ་གྱུར་ལ། གཞི་དེས་ཡིད་མི་དགའ་བ་ཆེན་པོར་འགྱུར་ན་ཉེས་པ་མེད་དོ། །གཤེལ་ལན་དུ་གཤེ་ལ་སོགས། བྱང་ཆུབ་སེམས་དཔའ་གཞན་དག་གཤེ་བ་ལ་ཕྱིར་གཤེ་བ་དང། ཁྲོ་བ་ལ་ཕྱིར་ཁྲོ་བ་དང། རྡེག་པ་ལ ་ཕྱིར་བརྡེག་པ་དང། མཆེད་འདྲུ་བ་ལ་ཕྱིར་འདྲུ་བར་བྱེད་ན་ཉེས་པ་དང་བཅས་ཤིང་འགལ་བ་དང་བཅས་བར་འགྱུར་ཏེ། ཉོན་མོངས་པ་ཅན་གྱི་ཉེས་པར་འགྱུར་རོ། །ཁྲོ་བ་རྣམས་ནི་ཡལ་བར་འཇོག་།བྱང་ཆུབ་སེམས་དཔའ་གཞན ་དག་ལ་ཉེས་པ་བྱས་སམ་ཉེས་པ་བྱས་སུ་དོགས་ཀྱང་རུང་སྟེ། ཀུན་ནས་མནར་སེམས་ཀྱི་སེམས་དང་ལྡན་པ་དང། ང་རྒྱལ་གྱིས་ནོན་པས་མཐུན་པར་ཤད་ཀྱིས་བྱང་བར་མི་བྱེད་ཅིང་དེ་ཡལ་བར་འདོར་ན་ཉེས་པ་དང་བཅས་ཤིང་འགལ ་བ་དང་བཅས་པར་འགྱུར་ཏེ། ཉོན་མོངས་པ་ཅན་གྱི་ཉེས་པར་འགྱུར་རོ། །སྙོམ་ལས་སམ་ལེ་ལོའམ་བག་མེད་པས་ཤད་ཀྱིས་བྱང་བར་མ་བྱས་ན་ཉེས་པ་དང་བཅས་ཤིང་འགལ་བ་དང་བཅས་པར་ནི་འགྱུར་ལ། ཉོན་མོངས་པ་ཅན་གྱི་ཉེས་པར ་ནི་མི་འགྱུར་རོ། །ཐབས་དེས་དུལ་བར་བྱ་བར་འདོད་ཅིང་འདུལ་བར་འདོད་ལ་མི་དགེ་བའི་གནས་ནས་བསླང་སྟེ། དགེ་བའི་གནས་སུ་འགོད་པར་འདོད་ན་ཉེས་པ་མེད་དོ། །མུ་སྟེགས་ཅན་ཡིན་ན་ཉེས་པ་མེད་དོ། །རུང་བ་མ་ཡིན་པ་ཁ་ན་མ་ཐོ ་བ་དང་བཅས་པ་ཀུན་ཏུ་སྤྱོད་པས་ཤད་ཀྱིས་བྱང་བར་བྱེད་དུ་འཇུག་པར་འདོད་པ་ཞིག་ན་ཉེས་པ་མེད་དོ། །གལ་ཏེ་རང་བཞིན་གྱིས་འཐབ་ཀྲེལ་ཅན་ཞིག་ཡིན་ཏེ་རྩོད་པར་བྱེད་ལ་ཤད་ཀྱིས་བྱང་བར་བྱས་ན་ཤས་ཆར་འཁྲུགས་ཏེ་ཤེད་སྐྱེ་བར ་འགྱུར་ན་ཉེས་པ་མེད་དོ། །ཕ་རོལ་བཟོད་པའི་ངང་ཚུལ་ཅན་ཡིན་ཞིང་ཀུན་ནས་མནར་སེམས་མེད་པའི་ངང་ཚུལ་ཅན་ཡིན་དུ་རེ་ལ། གཞན་ལ་ཉེས་པ་བྱུང་བ་ལས་བརྩམས་ཏེ་ཤད་ཀྱིས་བྱང་བར་བྱེད་པ་ཤིན་ཏུ་དོ་ཚ་བར་བྱེད་པ་ཞིག་ཡིན་ན ་ཉེས་བ་མེད་དོ། །ཕ་རོལ་ཤད་ཀྱིས་འཆགས་པ་སྤོང། བྱང་ཆུབ་སེམས་དཔའ་རྩོད་པ་བྱུང་བ་འགའ་ཞིག་ལས་བྱུང་བར་གྱུར་ནས་གཞན་དག་ཆོས་བཞིན་དུ་མཐུན་པར་ཤད་ཀྱིས་བྱང་བར་བྱེད་ཀྱང། ཀུན་ནས་མནར་སེམས་ཀྱི་སེམས་དང་ལྡན ་ཞིང་གཞན་ལ་མཐོ་འཚམས་པའི་བསམ་པས་སམ་ཤད་ཀྱིས་སྦྱངས་པ་མི་ཉན་ན་ཉེས་པ་དང་བཅས་ཤིང་འགལ་བ་དང་བཅས་པར་འགྱུར་ཏེ། ཉོན་མོངས་པ་ཅན་གྱི་ཉེས་པར་འགྱུར་རོ། །གལ་ཏེ་ཀུན་ནས་མནར་སེམས་ཀྱི་སེམས་དང ་མི་ལྡན་ཀྱི། མི་བཟོད་པའི་དང་ཚུལ་ཅན་ཡིན་པས་མི་ཉན་ན་ཉོན་མོངས་པ་ཅན་གྱི་ཉེས་པ་ཉིད་དུ་འགྱུར་རོ། །ཐབས་དེས་ཕ་རོལ་གདུལ་བར་འདོད་ན་ཉེས་བ་མེད་དེ། སྔ་མ་བཞིན་དུ་ཐམས་ཅད་དུ་རིག་པར་བྱའོ། །ཆོས་བཞིན་མ་ཡིན་པ་དང ་དུས་མ་ཡིན་བར་ཤད་ཀྱིས་སྦྱོང་བར་བྱེད་ན། ཉེས་པ་མེད་དོ། །ཁྲོ་བའི་སེམས་ཀྱིས་རྗེས་སུ་འཇུག་།བྱང་ཆུབ་སེམས་དཔའ་གཞན་དག་ལ་ཁྲོ་བའི་བསམ་པ་བྱུང་ཞིང་འཛིན་ལ་བྱུང་བ་དང་དུ་ལེན་ན་ཉེས་པ་དང་བཅས་ཤིང་འགལ ་བ་དང་བཅས་པར་འགྱུར་ཏེ། ཉོན་མོངས་པ་ཅན་གྱི་ཉེས་པར་འགྱུར་རོ། །དེ་སྤང་བའི་ཕྱིར་འདུན་པ་བསྐྱེད་ན་ཉེས་པ་མེད་དེ་སྔ་མ་བཞིན་ནོ། །བསྙེན་བསྐུར་འདོད་ཕྱིར་འཁོར་རྣམས་སྡུད་།བྱང་ཆུབ་སེམས་དཔའ་རིམ་གྲོ་བྱ་བ་དང་བསྙེན་བཀུར་བྱ་བ ་ལ་ཡོངས་སུ་ཞེན་པའི་དབང་དུ་བྱས་ཏེ། ཟང་ཟིང་དང་བཅས་པའི་སེམས་ཀྱིས་འཁོར་སྡུད་པར་བྱེད་ན། ཉེས་བ་དང་བཅས་ཤིང་འགལ་བ་དང་བཅས་པར་འགྱུར་ཏེ། ཉོན་མོངས་པ་ཅན་གྱི་ཉེས་པར་འགྱུར་རོ། །ཟང་ཟིང་མེད་པའི་བསམ་པས་རིམ ་གྲོ་བྱ་བ་དང། བསྙེན་བཀུར་བྱ་བ་བདག་གིར་བྱེད་ན་ཉེས་པ་མེད་དོ། །ལེ་ལོ་ལ་སོགས་སེལ་མི་བྱེད། བྱང་ཆུབ་སེམས་དཔའ་སྙོམ་ལས་དང་ལེ་ལོ་སྐྱེས་ཏེ། གཉིད་ཀྱི་བདེ་བ་དང་ཉལ་བའི་བདེ་བ་དང་བློས་འབེབས་པའི་བདེ་བས་དུས ་མ་ཡིན་པ་དང། ཚོན་མ་ཟིན་པར་བདག་གིར་བྱེད་ན་ཉེས་པ་དང་བཅས་ཤིང་འགལ་བ་དང་བཅས་པར་འགྱུར་ཏེ། ཉོན་མོངས་པ་ཅན་གྱི་ཉེས་པར་འགྱུར་རོ། །ན་སྟེ་མི་ནུས་ན་ཉེས་པ་མེད་དོ། །ལམ་གྱིས་དུབ་ན་ཉེས་པ་མེད་དོ། ། ་དེ་སྦང་བའི་ཕྱིར་འདུན་པ་སྐྱེས་པ་ལ་ཉེས་པ་མེད་དེ་སྔ་མ་བཞིན་དུ་རིག་པར་བྱའོ། །ཆགས་བས་བྲེ་མོའི་གཏམ་ལ་བརྟེན། བྱང་ཆུབ་སེམས་དཔས་འདུ་འཇིའི་གཏམ་ལ་ཀུན་ཏུ་ཆགས་པའི་སེམས་ཀྱི་དུས་ལས་ཡོལ་བར་བྱེད་ན ་ཉེས་པ་དང་བཅས་ཤིང་འགལ་བ་དང་བཅས་བར་འགྱུར་ཏེ། ཉོན་མོངས་པ་ཅན་གྱི་ཉེས་པར་འགྱུར་རོ། །བརྗེད་པས་ཡོལ་བར་བྱས་ན་ཉོན་མོངས་པ་ཅན་མ་ཡིན་པའི་ཉེས་པར་འགྱུར་རོ། །ཕ་རོལ་སྨྲ་ཞིང་འདུག་ལ་དེ་ཡང ་དྲན་པ་ལ་གནས་བཞིན་དུ་ཕ་རོལ་གྱི་ངོར་སྐད་ཅིག་ཙམ་ཉན་པ་ལ་ནི་ཉེས་པ་མེད་དོ། །ཡ་མཚན་དུ་འཛིན་ཏེ་འདྲི་བ་ཙམ་དང་དྲིས་པའི་ལན་འདེབས་པ་ཙམ་བྱེད་པ་ལེ་ཉེས་པ་མེད་དོ། །ཏིང་ངེ་འཛིན་གྱི་དོན་མེ་ཚོལ། །བྱང་ཆུབ་སེམས་དཔའ་སེམས ་གནས་བར་བྱ་བ་ལས་བརྩམས་ཏེ་།སེམས་མཉམ་པར་འཇོག་པར་འདོད་ལ་ཀུན་ནས་མནར་སེམས་ཀྱི་སེམས་དང་ལྡན་པ་དང། ང་རྒྱལ་གྱིས་ནོན་ཏེ་གདམས་ངག་ནོད་དུ་མི་འགྲོ་ན་ཉེས་པ་དང་བཅས་ཤིང་འགལ་བ་དང་བཅས་པར་འགྱུར ་ཏེ། ཉོན་མོངས་པ་ཅན་གྱི་ཉེས་བར་འགྱུར་རོ། །སྙོམ་ལས་དང་ལེ་ལོ་བྱས་ན་ཉོན་མོངས་པ་ཅན་མ་ཡིན་པའི་ཉེས་པར་འགྱུར་རོ། །ན་སྟེ་མི་ནུས་ན་ཉེས་པ་མེད་དོ། །གདམས་ངག་ལོག་བར་འབྱུང་དུ་དོགས་ན་ཉེས་པ་མེད་དོ། །བདག་ཉིད་མང ་དུ་ཐོས་པ་ཡིན་ཏེ། སེམས་མཉམ་པར་འཇོག་ནུས་སམ། དེ་གདམས་ངག་གི་གདམས་པར་བྱ་བ་བྱས་ཟིན་ན་ཉེས་པ་མེད་དོ། །བསམ་གཏན་སྒྲིབ་པ་སྤོང་མི་བྱེད། བྱང་ཆུབ་སེམས་དཔའ་འདོད་པ་ལ་འདུན་པའི་སྒྲིབ་པ་བྱུང་བ་ཉམས་སུ ་མྱོང་བར་བྱེད་ཅིང་སེལ་བར་མི་བྱེད་ན་ཉེས་པ་དང་བཅས་ཤིང་འགལ་བ་དང་བཅས་པར་འགྱུར་ཏེ། ཉོན་མོངས་པ་ཅན་གྱི་ཉེས་བར་འགྱུར་རོ། །དེ་སྤང་བའི་ཕྱིར་འདུན་པ་སྐྱེས་ཤིང་འབད་ཀྱང་ཉོན་མོངས་པ་དྲག་པོས་སེམས་ཟིལ་གྱིས་ནོན་ཏེ ་ཀུན་ཏུ་སྤྱད་ན་ཉེས་པ་མེད་དོ། །འདོད་པ་ལ་འདུན་པ་ཇི་ལྟ་བ་བཞིན་དུ་གནོད་སེམས་དང། རྨུགས་པ་དང་གཉིད་དང། རྒོད་པ་དང་འགྱོད་པ་དང། ཐེ་ཚོམ་ཡང་དེ་དང་འདྲ་བར་རིག་པར་བྱའོ། །བསམ་གཏན་རོ་ལ་ཡོན་ཏན་ལྟ་།བྱང་ཆུབ་སེམས ་དཔའ་བསམ་གཏན་གྱི་རོ་མྱང་བར་བྱེད་ཅིང་བསམ་གཏན་གྱི་རོ་མྱང་བ་ལ་ཡང་ཡོན་ཏན་དུ་ལྟ་ན་ཉེས་པ་དང་བཅས་ཤིང་འགལ་བ་དང་བཅས་པར་འགྱུར་ཏེ། ཉོན་མོངས་པ་ཅན་གྱི་ཉེས་པར་འགྱུར་རོ། །དེ་སྤང་བའི་ཕྱིར་འདུན་པ་སྐྱེས་པ་ལ་ནི་ཉེས ་པ་མེད་དེ་སྔ་མ་བཞིན་ནོ། །ཉན་ཐོས་ཐེག་པ་སྤོང་བར་བྱེད། བྱང་ཆུབ་སེམས་དཔའ་གང་བྱང་ཆུབ་སེམས་དཔའ་ཉན་ཐོས་ཀྱི་ཐག་པ་དང་ལྡན་པའི་ཆོས་མཉན་པར་མི་བྱའོ། །གཟུང་བར་མི་བྱའོ། །དེ་ལ་བསླབ་པར ་ཡང་མི་བྱའོ། །བྱང་ཆུབ་སེམས་དཔའ་ཉན་ཐོས་ཀྱི་ཐེག་པ་དང་ལྡན་པའི་ཆོས་མཉན་པ་དང་གཟུང་བས་ཅི་བྱས་ཏེ། དེ་ལ་བསླབ་མི་དགོས་སོ་ཞེས་དེ་ལྟར་ལྟ་ཞིང་དེ་སྐད་སྨྲས་ན་ཉེས་པ་དང་བཅས་ཤིང་འགལ་བ་དང་བཅས་པར་འགྱུར་ལ། ཉོན ་མོངས་པ་ཅན་གྱི་ཉེས་པར་འགྱུར་ཏེ། འདི་ལྟར་བྱང་ཆུབ་སེམས་དཔས་ནི་མུ་སྟེགས་ཅན་གྱི་བསྟན་བཅོས་རྣམས་ལ་ཡང་བརྩོན་པར་བྱ་དགོས་ན། སངས་རྒྱས་ཀྱི་གསུང་རབ་ལ་ལྟ་ཅི་སྨོས། གཅིག་ཏུ་ངེས་པར་དེ་ལྷུར་ལེན་པའི་འདུན་པ་བཟློག་པའི ་ཕྱིར་ན་ཉེས་པ་མེད་དོ། །རང་ཚུལ་ཡོང་བཞིན་དེ་ལ་བརྩོན། བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའ་ཨི་སྡེ་སྣོད་ཡོང་བཞིན་དུ་བྱང་ཆུབ་སེམས་དཔའ་ཨི་སྡེ་སྣོད་ལ་བརྩོན་པར་མ་བྱས་པར་བྱང་ཆུབ་སེམས་དཔའ་ཨི་སྡེ་སྣོད་ཐམས་ཅད་ཀྱི་ཐམས་ཅད་དུ ་ཡལ་བར་པོར་ནས། ཉན་ཐོས་ཀྱི་སྡེ་སྣོད་ལ་བརྩོན་པར་བྱེད་ན་ཉེས་པ་དང་བཅས་ཤིང་འགལ་བ་དང་བཅས་པར་འགྱུར་ཏེ། ཉོན་མོངས་པ་ཅན་གྱི་ཉེས་པར་འགྱུར་རོ། །བརྩོན་མིན་ཕྱི་རོལ་བསྟན་ཆོས་བརྩོན། བྱང་ཆུབ་སེམས་དཔའ་སངས ་རྒྱས་ཀྱི་གསུང་རབ་ཡོད་བཞིན་དུ་སངས་རྒྱས་ཀྱི་གསུང་རབ་ལ་བརྩོན་པར་མ་བྱས་པར་མུ་སྟེགས་ཅན་གྱི་བསྟན་བཅོས་དག་ལ་བརྩོན་པར་བྱེད་ན་ཉེས་པ་དང་བཅས་ཤིང་འགལ་པ་དང་བཅས་པར་འགྱུར་ཏེ། ཉོན་མོངས་པ་ཅན་གྱི་ཉེས ་པར་འགྱུར་རོ། །ཤིན་ཏུ་ཡིད་ལ་གཞུངས་པ་དང། ལོབ་རྐྱེན་པ་དང། ཡུན་རིང་དུ་མི་བརྗེད་པ་ནུས་པ་དང། དོན་སེམས་པ་དང། རྟོག་པར་བྱེད་ནུས་པ་དང། སངས་རྒྱས་ཀྱི་གསུང་རབ་ལ་རིགས་པས་རྟོགས་པ་དང་ལྡན་པས་བློ་མི་འགྱུར ་པ་དང་ལྡན་ཏེ། དེ་ལས་ཉིས་འགྱུར་དུ་ཉིན་གཅིག་དུ་སངས་རྒྱས་ཀྱི་གསུངས་རབ་ལ་བརྩོན་པར་བྱེད་ན་ཉེས་པ་མེད་དོ། །བརྩོན་པར་བྱས་ཀྱང་དེ་ལ་དགའ་། བྱང་ཆུབ་སེམས་དཔའ་དེ་ལྟ་བུའི་ཚུལ་དང་ཡང་མ་འགལ་བར་མུ་སྟེགས་ཅན་གྱི་བསྟན་བཅོས? ་ཕྱི་རོལ་གྱི་བསྟན་བཅོས་དག་ལ་མཁས་པར་བྱེད་པ་ན། དེ་ལ་མངོན་པར་དགའ་བའི་ཚུལ་གྱིས་བྱེད་ཅིང་དེས་དགའ་བས་འཛིན་ལ་དེས་རངས་པར་བྱེད་དེ། སྨན་ཚ་བ་ལ་བརྟེན་པ་བཞིན་དུ་མི་བྱེད་ན་ཉེས་པ་དང་བཅས་ཤིང་འགལ་བ་དང་བཅས་པར་འགྱུར་ཏེ། ཉོན ་མོངས་པ་ཅན་གྱི་ཉེས་པར་འགྱུར་རོ། །ཐེག་པ་ཆེན་པོ་སྤོང་བར་བྱེད། བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའ་ཨི་སྡེ་སྣོད་ལ་དེ་ཁོ་ནའི་དོན་ནམ། སངས་རྒྱས་སམ་བྱང་ཆུབ་སེམས་དཔའ་ཨི་མཐུ་ལས་བརྩམས་ཏེ་ཟབ་པ་མཆོག་ཏུ་ཟབ་པའི ་གནས་དག་ཐོས་ནས་མ་མས་ཤིང་སྐུར་བ་འདེབས་ཏེ། འདི་དག་ནི་དོན་དང་ལྡན་པ་མ་ཡིན། ཆོས་དང་ལྡན་པ་མ་ཡིན་ཏེ། དེ་བཞིན་གཤེགས་པས་གསུངས་པ་མ་ཡིན། སེམས་ཅན་རྣམས་ལ་ཕན་པ་དང་བདེ་བར་འགྱུར་བ་མ་ཡིན་ནོ་ཞེས ་ཟེར་ན་བདག་ཉིད་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་འམ། གཞན་གྱི་རྗེས་སུ་ཞུགས་པས་སྐུར་པ་འདེབས་ཀྱང་རུང་ཉེས་པ་དང་བཅས་ཤིང་འགལ་བ་དང་བཅས་པར་འགྱུར་ཏེ། ཉོན་མོངས་པ་ཅན་གྱི་ཉེས་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་ ་ནི་ཟབ་ཅིང་མཆོག་ཏུ་ཟབ་པའི་གནས་ཐོབ་ནས་སེམས་མོས་པར་མ་གྱུར་ན། དེ་ལ་བྱང་ཆུབ་སེམས་དཔས་དད་པ་བསྐྱེད་དེ་གཡོ་མེད་པས་འདི་ལྟར་བདག་ནི་འོང་བར་གྱུར་ཏེ་མིག་མེད་ལ། དེ་བཞིན་གཤེགས་པའི་སྤྱན་གྱིས་རྗེས་སུ་སྤྱོད་པར ་ཟད་པས་དེ་བཞིན་གཤེགས་པས་དགོངས་ཏེ། གསུངས་པ་སྤངས་པ་ནི་བདག་གི་ཆ་མ་ཡིན་ནོ་ཞེས་ཡང་དག་པར་བསླབ་པར་བྱའོ། །དེ་ལྟར་བྱང་ཆུབ་སེམས་དཔའ་དེས་བདག་ཉིད་ནི་མི་ཤེས་པར་བརྩིས་ལ། དེ་བཞིན་གཤེགས་པ་ཉིད་ཆོས ་དེ་དག་ལ་ལྐོག་ཏུ་མ་གྱུར་པར་ཡང་དག་པར་ལྟ་ན་དེ་ལྟ་ན་ཡང་དག་པར་ཞུགས་པ་ཡིན་ནོ། །མོས་པ་མེད་དུ་ཟིན་ཀྱང་སྐུར་པ་མི་འདེབས་ན་ཉེས་པ་མེད་དོ། །བདག་ལ་བསྟོད་ཅིང་གཞན་ལ་སྨོད། བྱང་ཆུབ་སེམས་དཔའ་ཟང་ཟིང་དང་བཅས ་པའི་སེམས་དང། ཁོང་ཁྲོ་བའི་སེམས་ཀྱིས་གཞན་དག་ལ་བདག་ལ་བསྟོད་ཅིང་གཞན་ལ་སྨོད་པར་བྱེད་ན་ཉེས་པ་དང་བཅས་ཤིང་འགལ་བ་དང་བཅས་པར་འགྱུར་ཏེ། ཉོན་མོངས་པ་ཅན་གྱི་ཉེས་པར་འགྱུར་རོ། །བསྟན་པ་གནས་པར་བྱ་བར ་འདོད་པའི་ཕྱིར་མུ་སྟེགས་ཅན་རྣམས་ཟིལ་གྱིས་གནོན་པར་འདོད་པ་ལ་ཉེས་པ་མེད་དོ། །ཐབས་དེས་གང་ཟག་དེ་ཉིད་འདུལ་བར་འདོད་པ་ལ་ཉེས་པ་མེད་དོ་རྒྱས་པར་སྔ་མ་བཞིན་ནོ། །མ་དད་པ་རྣམས་དད་པར་བྱ་བ་དང། དད་པ་རྣམས ་ཕྱིར་ཞིང་འབྱུང་བར་བྱ་བའི་ཕྱིར་བྱེད་ན་ཉེས་པ་མེད་དོ། །ཆོས་ཀྱི་དོན་དུ་འགྲོ་མི་བྱེད། བྱང་ཆུབ་སེམས་དཔའ་ཆོས་སྒྲོགས་པ་དང་དམ་པའི་ཆོས་ཀྱི་འབེལ་བའི་གཏམ་རྣམ་པར་གཏན་ལ་འབེབས་པ་ན་ང་རྒྱལ་གྱིས་ནོན་པ་དང། ཀུན་ནས ་མནང་སེམས་ཀྱི་སེམས་དང་ལྡན་པ་དང། ཁོང་ཁྲོ་བའི་སེམས་དང་ལྡན་པས་མི་འགྲོན་ཉེས་པ་དང་བཅས་ཤིང་འགལ་བ་དང་བཅས་པར་འགྱུར་ཏེ། ཉོན་མོངས་པ་ཅན་གྱི་ཉེས་པར་འགྱུར་རོ། །སྙོམ་ལས་དང་ལེ་ལོས་མི་འགྲོན་ཏོན? ་མོངས་པ་ཅན་མ་ཡིན་པའི་ཉེས་པར་འགྱུར་རོ། །མ་ཚོང་ན་ཉེས་པ་མེད་དོ། །ན་སྟེ་མི་ནུས་ན་ཉེས་པ་མེད་དོ། །ལོག་པར་སྟོན་དུ་དོགས་ན་ཉེས་པ་མེད་དོ། །ཆོས་སྨྲ་བའི་སེམས་སྲུང་ན་ཉེས་པ་མེད་དོ། །ཡང་དང་ཡང་དུ་ཐོས་ཤིང ་བཟུང་ལ་ཤེས་ཟིན?་པའི་དོན་གྱི་གཏམ་ཡིན་པར་ཤེས་ན་ཉེས་པ་མེད་དོ། །མང་དུ་ཐོས་པ་དང་ཐོས་འཛིན་པ་དང་ཐོབ་པ་བསགས་པ་ཡིན་ན་ཉེས་པ་མེད་དོ། །རྟག་ཏུ་དམིགས་པ་ལ་སེམས་གནས་ཏེ་བྱང་ཆུབ་སེམས་དཔའ་ཨི་ཏིང་ངེ ་འཛིན་མངོན་པར་སྒྲུབ་པ་ལ་བརྩོན་ན་ཉེས་པ་མེད་དོ། །ཤས་རབ་རྟུལ་ཏེ་ཆོས་ལེན་པ་ལ་ཞན་འཛིན་པ་ལ་ཞན་ཅིང་དམིགས་པ་ལ་སེམས་མཉམ་པ་ལ་སེམས་མཉམ་པར་འཇོག་པ་ལ་ཞན་པ་ཞིག་ཡིན་ན། ཉེས་པ་མེད་དོ། །དེ་ལ ་སྨོད་ཅིང་ཡི་གེ་རྟེན། བྱང་ཆུབ་སེམས་དཔའ་ཆོས་སྨྲ་བའི་གང་ཟག་ལ་བསམ་བཞིན་དུ་ཁྱད་དུ་གསོད་ཅིང་བཀུར་སྟི་མི་བྱེད་ལ་འཕྱ་ཞིང་བསྟིང་བར་བྱེད་པ་དང། ཚིག་འབྲ་ལ་རྟོན་གྱི་དོན་རྟོན་??་བྱང?་ཉིས?་པ་དང་བཅས་ཤིང་འགལ་བ་དང་བཅས ་པར་འགྱུར་ཏེ། ཉོན་མོངས་པ་ཅན་གྱི་ཉེས་པར་འགྱུར་རོ། །དགོས་པའི་གྲོགས་སུ་འགྲོ་མི་བྱེད། བྱང་ཆུབ་སེམས་དཔའ་ཨི་སྡོམ་པ་ལ་གནས་པ་སེམས་ཅན་གྱི་བྱ་བ་འདི་ལྟོ་སྟེ། དགོས་པའི་དོན་སྒྲུབ་པ་དང། ལམ་དུ་འགྲོ་ཞིང་འོང་བ་འམ ་ཡང་དག་པའི་ཐ་སྙད་དང་ལས་ཀྱི་མཛའ་ལ་སྦྱོར་བ་འམ། ལོངས་སྤྱོད་བསྲུང་བ་འམ། བྱེ་བ་བསྡུམ་པ་འམ། དགའ་སྟོན་ནམ། བསོད་ནམས་བྱེད་པ་ལ་ཀུན་ནས་མནར་སེམས་ཀྱི་སེམས་དང་ལྡན་པ་དང། ཁོང་ཁྲོ་བའི་སེམས་དང ་ལྡན་པས་གྲོགས་བྱེད་དུ་མི་འགྲོ་ན་ཉེས་པ་དང་བཅས་ཤིང་འགལ་བ་དང་བཅས་པར་འགྱུར་ཏེ། ཉོན་མོངས་པ་ཅན་གྱི་ཉེས་པར་འགྱུར་རོ། །སྙོམ་ལས་དང་ལེ་ལོས་གྲོགས་བྱེད་དུ་མི་འགྲོ་ན་ཉོན་མོངས་པ་ཅན་མ་ཡིན་པའི་ཉེས ་པར་འགྱུར་རོ། །ན་སྟེ་མི་ནུས་ན་ཉེས་པ་མེད་དོ། །འཚོལ་པ་དང་བྱེད་ནུས་སམ་མགོན་ཡོད་ཅིང་རྟེན་ཡོད་ན་ཉེས་པ་མེད་དོ། །གནོད་པ་དང་ལྡན་པ་དང་ཆོས་དང་ལྡན་པ་མ་ཡིན་པའི་བྱ་བ་ལ་མ་སོང་ན་ཉེས་པ་མེད་དོ། །ཐབས་དེས་འདུལ ་བར་འདོད་ན་ཉེས་པ་མེད་དོ། །རྒྱས་པར་སྔ་མ་བཞིན་ནོ། །གཞན་ལ་སྔར་ཁས་བླངས་ཟིན་ན་ཉེས་པ་མེད་དོ། །ནུས་པ་གཞན་ལ་བཅོལ་ན་ཉེས་པ་མེད་དོ། །རྟག་ཏུ་དགེ་བའི་ཕྱོགས་ལ་བརྩོན་ན་ཉེས་པ་མེད་དོ། །རང་བཞིན་གྱིས་ཡིད་རྟུལ ་ཞིང་ལུང་འབོག་མི་མཁས་ན་ཉེས་པ་མེད་དེ་སྔ་མ་བཞིན་ནོ། །གཞན་མང་བོ་དག་གི་སེམས་བསྲུང་བར་འདོད་ན་ཉེས་པ་མེད་དོ། །དགེ་འདུན་གྱི་ནང་ཁྲིམས་སྲུང་ན་ཉེས་པ་མེད་དོ། །ནད་པའི་རིམ་གྲོ་བྱ་བ་སྤོང། བྱང་ཆུབ་སེམས་དཔའ་ ་ནད་པ་ནད་ཀྱི་ཐེབས་པ་དང་ཕྲད་པ་ན་ཀུན་ནས་མནར་སེམས་ཀྱི་སེམས་དང་ལྡན་པ་དང། ཁོང་ཁྲོ་བའི་སེམས་དང་ལྡན་པས་རིམ་གྲོ་དང་བསྙེན་བཀུར་མི་བྱེད་ན་ཉེས་པ་དང་བཅས་ཤིང་འགལ་བ་དང་བཅས་པར་འགྱུར་ཏེ། ཉོན་མོངས་པ་ཅན་གྱི་ཉེས ་པར་འགྱུར་རོ། །སྙོམ་ལས་དང་ལེ་ལོས་མི་བྱེད་ན་ཉོན་མོངས་པ་ཅན་མ་ཡིན་པའི་ཉེས་པར་འགྱུར་རོ། །བདག་ཉིད་ན་སྟེ་མི་ནུས་ན་ཉེས་པ་མེད་དོ། །ཕ་རོལ་ནུས་ཤིང་མཐུན་པ་ལ་བཅོལ་ན་ཉེས་པ་མེད་དོ། །ནད་པ་མགོན་ཡོད་ཅིང་རྟེན་ཡོད་ན་ཉེས་པ ་མེད་དོ། །བདག་ཉིད་ཀྱིས་བདག་གི་རིམ་གྲོ་དང། བསྙེན་བཀུར་བྱེད་ནུས་ན་ཉེས་པ་མེད་དོ་ནང་རྒྱུན་རིངས་ཀྱིས་ཐེབས་ཏེ་སོང་ཙམ་དུ་འདུག་ན་ཉེས་པ་མེད་དོ། །དགེ་བའི་ཕྱོགས་རྒྱ་ཆེན་པོ་ལ་བརྟག་ཏུ་བརྩོན་ཏེ་དགེ་བའི་ཕྱོགས་ཀྱི་བར་ཆད་དུ་འགྱུར་བ་སྲུང་བའི ་ཕྱིར་མི་བྱེད་ན་ཉེས་པ་མེད་དོ། །ཤིན་ཏུ་ཤེས་རབ་རྟུལ་ཞིང་ལེགས་པར་ཆོས་སྟོན་མི་ནུས་ལ། ལེགས་པར་འཛིན་མི་ནུས་ན་ཉེས་པ་མེད་དོ།། །།གཞན་ལ་སྔར་ཁས་བླངས་ཟིན་ན་ཉེས་པ་མེད་དོ ་སྡུག་བསྔལ་སེལ་བར་མི་བྱེད་ལ། ནད་གཡོག་ལ་ཇི་ལྟ་བ་བཞིན་དུ་སྡུག་བསྔལ་བའི་གྲོགས་བྱ་བ་ཡང་དེ་དང་འདྲ་བར་རིག་པར་བྱའོ། །བག་མེད་རྣམས་ལ་རིགས་མི་སྟོན། བྱང་ཆུབ་སེམས་དཔའ་ཚེ་འདི་དང་ཕྱི་མའི་དོན་ལ་ཚུལ་བཞིན་མ་ཡིན ་པར་ཞུགས་པ་དག་མཐོང་ན་ཀུན་ནས་མནར་སེམས་ཀྱི་སེམས་དང་ལྡན་པ་དང། ཁོང་ཁྲོ་བའི་སེམས་དང་ལྡན་པས་རིགས་པ་དང་ཚུལ་བཞིན་སྟོན་པར་མི་བྱེད་ན་ཉེས་པ་དང་བཅས་ཤིང་འགལ་བ་དང་བཅས་པར་འགྱུར་ཏེ། ཉོན་མོངས་པ ་ཅན་གྱི་ཉེས་པར་འགྱུར་རོ། །སྙོམ་ལས་དང་ལེ་ལོས་སྟོན་པར་མི་བྱེད་ན་ཉོན་མོངས་པ་ཅན་གྱི་མ་ཡིན་པའི་ཉེས་པར་འགྱུར་རོ། །བདག་མི་ཤེས་མི་ནུས་ན་ཉེས་པ་མེད་དོ། །གཞན་ནུས་པ་ལ་བཅོལ་ན་ཉེས་པ་མེད་དོ། །དེ་ཉིད་ཀྱིས་ནུས་ན་ཉེས་པ་མེད་དོ། །དགེ་བའི ་བཤེས་གཉེན་གཞན་གྱིས་ཡོངས་སུ་ཟིན་ན་ཉེས་པ་མེད་དོ། །ཐབས་དེས་འདུལ་བར་འདོད་ན་ཉེས་པ་མེད་དོ། །རྒྱས་པར་སྔ་མ་བཞིན་ནོ། །གང་ལ་རིགས་པས་བསྟན་པར་བྱ་བ་དེ་ཀུན་ནས་མནར་སེམས་ཀྱི་སེམས་དང་ལྡན་ཞིང་བཀའ་བློ་མི་བདེ་བས་ལོག་པར ་འཛིན་པ་དང། དགའ་ཞིང་གུས་པ་མེད་པས་དམུ་རྒོད་ཀྱི་རང་བཞིན་ཅན་ཞིག་ན་ཉེས་པ་མེད་དོ། །བྱས་པ་ལན་དུ་ཕན་མི་འདོགས། བྱང་ཆུབ་སེམས་དཔའ་སེམས་ཅན་ཕན་འདོགས་པ་རྣམས་ལ་བྱས་པ་མི་གཟོ་ཞིང་བྱས་པ་མི་ཚོར་སྟེ། ཀུན་ནས་མནར་སེམས ་ཀྱི་སེམས་དང་ལྡན་པས་མཐུན་པའི་ཕན་གདགས་པས་ལན་དུ་ཕན་མི་འདོགས་ན། ཉེས་པ་དང་བཅས་ཤིང་འགལ་བདང་བཅས་པར་འགྱུར་ཏེ། ཉོན་མོངས་པ་ཅན་གྱི་ཉེས་བར་འགྱུར་ཏེ། སྙོམ་ལས་དང་ལེ་ལོས་མི་བྱེད་ན་ཉོན་མོངས་པ་ཅན་མ་ཡིན ་པའི་ཉེས་པར་འགྱུར་རོ། །བསྒྲིབས་བཞིན་དུ་ཡ་ནུས་ཤིང་མ་ལྕོགས་ན་ཉེས་པ་མེད་དོ། །ཐབས་ངེས་འདུལ་བར་འདོད་ན་ཉེས་པ་མེད་དེ་སྔ་མ་བཞིན་ནོ། །དེ་ཉིད་ལན་དུ་ཕན་འདོགས་མི་འདོད་ཉིས་པ་མེད་དོ། །གཞན་གྱི་མྱ་ངན་བསད་མི་བྱེད། བྱང་ཆུབ ་སེམས་དཔའ་སེམས་ཅན་ཉེ་དུ་དང། ལོངས་སྤྱོད་ལས་གྱུར་སྡུག་བསྔལ་ལ་གནས་པ་རྣམས་ཀྱི་མྱ་ངན་བྱུང་བ་ཀུན་ནས་མནར་སེམས་ཀྱི་སེམས་དང་ལྡན་པས། སེལ་བར་མི་བྱེད་ན་ཉེས་པ་དང་བཅས་ཤིང་འགལ་བ་དང་བཅས་པར་འགྱུར་ཏེ། ཉོན ་མོངས་བ་ཅན་གྱི་ཉེས་པར་འགྱུར་རོ། །སྙོམ་ལས་དང་ལེ་ལས་སེལ་བར་མི་བྱེད་ན་ཉོན་མོངས་པ་ཅན་མ་ཡིན་པའི་ཉེས་པར་འགྱུར་རོ། །ཉེས་པར་མི་འགྱུར་བ་ནི་འདི་ལྟ་སྟེ། བྱ་བ་དག་ལ་གྲོགས་མི་བྱེད་པ་ལས་བརྩམས་པའི་སྔ་མ་བཞིན་དུ་རིག ་པར་བྱའོ། །ནོར་འདོད་པ་ལ་སྦྱིན་མི་བྱེད། བྱང་ཆུབ་སེམས་དཔའ་ཟས་དང་སྐོམ་ལ་སོགས་པ་འདོད་པ་རྣམས་ཡོད་དག་པར་སློང་བ་ལ། བྲས་དང་སྐོམ་ལ་སོགས་པ་ཡོ་བྱད་རྣམས་ཀུན་ནས་མནང་སེམས་ཀྱི་སེམས་དང་ལྡན་པ་དང ་ཁོང་ཁྲོ་བའི་སེམས་དང་ལྡན་པས་མ་བྱིན་ན་ཉེས་པ་དང་བཅས་ཤིང་འགལ་བ་དང་བཅས་པར་འགྱུར་རོ། །སྙོམ་ལས་དང་ལེ་ལོ་དང་བག་མེད་པས་མ་བྱིན་ན་ཉོན་མོངས་པ་ཙན་མ་ཡིན་པའི་ཉེས་པར་འགྱུར་རོ། །ལོངས་སྤྱོད་དག་མེད་དེ་མི ་བདོག་ན་ཉེས་པ་མེད་དོ། །རུང་བ་མ་ཡིན་པ་དང་མི་འཕྲོད་པ་སློང་ན་ཉེས་པ་མེད་དོ། །ཐབས་དེ་འདུལ་བར་བྱ་བར་འདོད་ཅིང་འདུལ་བར་འདོད་ན་ཉེས་པ་མེད་དོ་སྔ་མ་བཞིན་ནོ། །རྒྱལ་པོ་ལ་གནོད་བ་སྲུང་ན་ཉེས་པ་མེད་དོ། །དགེ་འདུན་གྱི་ནང་ཁྲིམས་སྲུང་མ་ཉེ ་བ་མེད་དོ། །འཁོར་རྣམས་ཀྱི་ནི་དོན་མི་བྱེད། བྱང་ཆུབ་སེམས་དཔས་འཁྲོ་བསྡུས་ལ་ཀུན་ནས་མནར་སེམས་ཀྱི་སེམས་དང་ལྡན་པས་དུས་དུས་སུ་ལེགས་པར་མི་འདོམས་ཤིང་ལེགས་པར་རྗེས་སུ་མི་སྟོན་པ་དང། ཕོངས་པ་དེ་དག་གི་ཕྱི་མ ་བྲམ་ཟེ་དང་ཁྱིམ་བདག་དང་པ་རྣམས་ལས་གོས་དང་ཟས་དང། མལ་ཆ་དང་སྟན་དང་ན་བའི་གསོས་སྨན་དང། ཡོ་བྱད་རྣམས་ཆོས་བཞིན་དུ་ཡོངས་སུ་ཚོལ་བར་མི་བྱེད་ན། ཉེས་པ་དང་བཅས་ཤིང་འགལ་བ་དང་བཅས་པར་འགྱུར་ཏེ། ཉོན་མོངས ་བ་ཅན་གྱི་ཉེས་པར་འགྱུར་རོ། །སྙོམ་ལས་སམ་ལེ་ལོ་འམ་བག་མེད་པས་མི་འདོམས་ཤིང་རྗེས་སུ་མི་སྟོན་ལ་ཡོངས་སུ་ཚོལ་བར་མི་བྱེད་ན་ཉོན་མོངས་པ་ཅན་མ་ཡིན་པའི་ཉེས་པར་འགྱུར་རོ། །ཐབས་དེ་དུལ་བར་བྱ་བར་འདོད་ཅིང་འདུལ་བར ་འདོད་ན་ཉེས་པ་མེད་དེ་སྔ་མ་བཞིན་ནོ། །དགེ་འདུན་གྱི་ནང་ཁྲིམས་སྲུང་ན་ཉེས་པ་མེད་དོ། །ན་སྟེ་མི་ནུས་ན་ཉེས་པ་མེད་དོ། །ནུས་པ་གཞན་ལ་བཅོལ་ན་ཉེས་པ་མེད་དོ། །འཁོར་བསོད་ནམས་དང་ལྡན་པ་འམ། ཡང་ན་བདག་ཉིད་ཆོས ་གོས་ལ་སོགས་པ་ཡོངས་སུ་ཚོལ་ནུས་པར་ཤེས་པ་དང། དེ་དག་གི་གདམས་དག་རྗེས་སུ་བསྟན་པས་གདམས་དག་རྗེས་སུ་བསྟན་པར་བྱ་བས་བྱས་ཟིན་ན་ཉེས་པ་མེད་དོ། །སྔོན་མུ་སྟེགས་ཅན་ཡིན་པ་ལས་ཆོས་སྐུར་འོངས་པ་ལ་དེ་ཡང་འདུལ་བའི་སྐལ་བ་མེད་པའི་རང ་བཞིན་ཅན་ཞིག་ཡིན་ན་ཉེས་པ་མེད་དོ། །གཞན་གྱི་བློ་དང་མཐུན་མི་འཇུག་།བྱང་ཆུབ་སེམས་དཔའ་ཀུན་ནས་མནར་སེམས་ཀྱི་སེམས་དང་ལྡན་པས་གཞན་གྱི་སེམས་དང་མཐུན་པར་མི་བྱེད་ན་ཉེས་པ་དང་བཅས་ཤིང་འགལ་བ་དང་བཅས་པར་འགྱུར་ཏེ། ་ཉོན་མོངས་པ་ཅན་གྱི་ཉེས་པར་འགྱུར་རོ། །སྙོམ་ལས་དང་ལེ་ལོ་དང་བག་མེད་པས་མཐུན་པར་མི་བྱེད་ན། ཉོན་མོངས་པ་ཅན་མ་ཡིན་པའི་ཉེས་པར་འགྱུར་རོ། །གཞན་དག་གི་འདོད་པ་གང་ཡིན་པ་དེ་མི་འཕྲོད་པར་འགྱུར་བ་ཡིན་ན་ཉེས་པ་མེད་དོ། །ན་སྟེ་མི ་ནུས་ན་ཉེས་པ་མེད་དོ། །དགེ་འདུན་གྱི་ནང་ཁྲིམས་སྲུང་ན་ཉེས་པ་མེད་དོ། །དེའི་འདོད་པ་འཕྲོད་པ་ཡིན་དུ་ཟིན་ཀྱང་གཞན་མང་པོ་དག་གི་འདོད་པ་མ་ཡིན་ཞིང་མི་འཕྲོད་ན་ཉེས་པ་མེད་དོ། །མུ་སྟེགས་ཅན་ཆེར་བཅད་པའི་ཕྱིར་ན་ཉེས་པ་མེད་དོ། །ཐངས ་དེ་དུལ་བར་འདོད་ཅིང་འདུལ་བར་འདོད་ན་ཉེས་པ་མེད་དེ་སྔ་མ་བཞིན་ནོ། །ཡོན་ཏན་བསྔགས་པ་སྨྲ་མི་བྱེད། བྱང་ཆུབ་སེམས་དཔའ་ཀུན་ནས་མནར་སེམས་ཀྱི་སེམས་དང་ལྡན་པས་གཞན་དག་གི་ཡང་དག་པའི་ཡོན་ཏན་བརྗོད་པར་མི་བྱེད་ཅིང་ཡང ་དག་པའི་བསྔགས་བ་མི་བརྗོད་པ་དང། ལེགས་པར་སྨྲ་བ་ལེགས་སོ་ཞེས་བྱ་བ་མ་བྱིན་ན་ཉེས་པ་དང་བཅས་ཤིང་འགལ་བ་དང་བཅས་པར་འགྱུར་ཏེ། ཉོན་མོངས་པ་ཅན་གྱི་ཉེས་པར་འགྱུར་རོ། །སྙོམ་ལས་དང་ལེ་ལོ་དང་བག་མེད་པས་མ་སྨྲས་ན ་ཉོན་མོངས་པ་ཅན་མ་ཡིན་པའི་ཉེས་པར་འགྱུར་རོ། །རང་བཞིན་གྱིས་འདོད་པ་ཆུང་དུ་ཡིན་པར་དཔགས་ཏེ་དེ་དང་མཐུན་པར་བྱེད་ན་ཉེས་པ་མེད་དོ། །ན་སྟེ་མི་ནུས་ན་ཉེས་པ་མེད་དོ། །ཐབས་དེས་འདུལ་བར་བྱ་བར་འདོད་ཅིང་འདུལ་བར་འདོད ་ན་ཉེས་པ་མེད་དེ་སྔ་མ་བཞིན་ནོ། །དགེ་འདུན་གྱི་ནང་ཁྲིམས་སྲུང་ན་ཉེས་པ་མེད་དོ། །གཞི་དེས་ཀུན་ནས་ཉོན་མོངས་པ་དང་རྒྱགས་པ་དང་ཁེངས་པ་དང་གནོད་པར་འགྱུར་དུ་དོགས་ཏེ། དེ་བསལ་བའི་ཕྱིར་ན་ཉེས་བ་མེད་དོ། །ཡོན་ཏན་རྣམས་ཡོན་ཏན་ལྟ ་བཅོས་པ་ཡིན་ཏེ་ཡང་དག་པ་མ་ཡིན་པ་དང། ལེགས་པར་སྨྲས་པ་ཡང་ལེགས་པར་སྨྲས་པ་ལྟར་བཅོས་པ་ཡིན་ཏེ། ཡང་དག་པ་མ་ཡིན་ན་ཉེས་པ་མེད་དོ། །མུ་སྟེགས་ཅན་ཆོར་བཅད་པའི་ཕྱིར་ན་ཉེས་པ་མེད་དོ། །གཏམ་རྫོགས་རྫོགས་སུ་སྡོད་ན་ཉེས་པ་མེད་དོ། །རྐྱེན་དུ ་འཚམ་པར་ཆེར་མི་གཅོད། བྱང་ཆུབ་སེམས་དཔའ་སེམས་ཅན་སྨ་དབབ་པའི་རིགས་པ་དང། ཆད་པས་བཅད་པའི་རིགས་པ་དང་བསྐྲབ?་པའི་རིགས་པ་རྣམས་ཉོན་མོངས་པ་ཅན་གྱི་སེམས་ཀྱིས་སྨ་མི་འབེབས་སམ། སྨ་འབེབས་སུ་ཟིན་ཀྱང་ཆད་པས ་བཅད་པས་མི་འཆོས་སམ། འཆོས་སུ་ཟིན་ཀྱང་སྐྲོད་པར་མི་བྱེད་ན་ཉེས་པ་དང་བཅས་ཤིང་འགལ་བ་དང་བཅས་པར་འགྱུར་ཏེ། ཉོན་མོངས་པ་ཅན་གྱི་ཉེས་པར་འགྱུར་རོ། །སྙོམ་ལས་དང་ལེ་ལོ་དང་བག་མེད་པས་སྨ་འབེབས་པར་མི་བྱེད་པ་ནས། སྐྲོད ་པར་བར་དུ་མི་བྱེད་ན་ཉོན་མོངས་ཅན་མ་ཡིན་པའི་ཉེས་པར་འགྱུར་རོ། །བཅོས་སུ་མི་རུང་བའི་རང་བཞིན་ཅན་ཞིག་སྟེ། གཏམ་བྱར་མི་རུང་བ་དང། བཀའ་བློ་མི་བདེ་ཞིང་ཀུན་ནས་མནར་སེམས་ཀྱི་ཤས་ཆེ་བ་ལ་ཡལ་བར་བོར ་ན་ཉེས་པ་མེད་དོ། །དུས་ལ་སྤོང་ན་ཉེས་པ་མེད་དོ། །གཞི་དེ་ལས་འཐབ་པ་དང། འཆང་འདྲུ་བ་དང། འགྱེད་པ་དང། རྩོད་པར་འགྱུར་བར་མཐོང་ན་ཉེས་པ་མེད་དོ། །དགེ་འདུན་འཁྲུགས་ཅིང་འབྱེད་པར་མཐོང་ན་ཉེས་པ་མེད་དོ ་སེམས་ཅན་དེ་དག་གཡོ་བ་མེད་དེ་ཤས་ཆེར་ངོ་ཆ་ཤེས་པ་དང། ཁྲེལ་ཡོད་པ་དང་ལྡན་པས་མྱུར་བ་མྱུར་བར་མཐུན་པར་བྱེད་པ་ཞིག་ན་ཉེས་པ་མེད་དོ། །རྫུ་འཕྲུལ་བསྡིགས་ལ་སོགས་མི་བྱེད། བྱང་ཆུབ་སེམས་དཔའ་རྫུ་འཕྲུལ་དང་རྣམ ་པར་འཕྲུལ་པ་དང་མཐུ་རྣམ་པ་སྣ་ཚོགས་དང་ལྡན་ལ། སེམས་ཅན་སྐྲག་པར་བྱ་བའི་རིག་པ་རྣམས་སྐྲག་པར་བྱ་བ་དང། སེམས་ཅན་འདུན་པར་བྱ་བའི་རིགས་པ་རྣམས་འདུན་པར་བྱ་བ་དང། དད་པས་བྱིན་པ་སྤོང་དུ་གཞུག་པའི་སྙིང་རྫུ་འཕྲུལ་གྱིས ་སྐྲག་བར་མི་བྱེད་ན་ཉེས་པ་དང་བཅས་ཤིང་འགལ་བ་དང་བཅས་པར་འགྱུར་ཏེ་ཉོན་མོངས་པ་ཅན་གྱི་ཉེས་པར་འགྱུར་རོ། །སེམས་ཅན་རྣམས་གང་དུ་ཤས་ཆེར་མངོན་པར་ཞེན་པ་མུ་སྟེགས་ཅན་འཕགས་པ་ལ་སྐུར?་པ་འདེབས་པ་ལོག ་པར་ལྟ་བ་དང་ལྡན་པ་དག་གཅིག་ཡིན་ན་མ་བསྟན་ཀྱང་ཉེས་པ་མེད་དོ། །ཐམས་ཅད་ལ་ཡང་ལྷག་པར་སེམས་འཁྲུགས་པ་དང། སྡུག་བསྔལ་དང་ཚོར་བས་ཉེན་པ་དང། སྡོམ་པ་མ་ནོས་པ་ལ་ནི་ཉེས་པ་མེད་པར་རིག་པར་བྱའོ། །དེ ་ལྟར་བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའ་ཨི་སྡོམ་པ་ལ་གནས་པས་ཉེས་པར་འགྱུར་བ་དང། ཉེས་པར་མི་འགྱུར་བ་དང། ཉེན་མོངས་པ་ཅན་དང། ཉོན་མོངས་པ་ཅན་མ་ཡིན་པ་དང། ཆུང་དུ་དང་འབྲིང་དང་ཆེན་པོ་ཡང་རིག་པར་བྱའོ ་ཐོག་མ་ཉིད་ནས་ཀྱང་ཉེས་པ་མི་འབྱུང་བར་གུས་པ་བསྐྱེད་པར་བྱའོ། །ཉེས་པ་བྱུང་ན་ཡང་ཆོས་བཞིན་དུ་གསོ་བས་ཉེས་པ་ལས་གསོ་བར་བྱའོ། །བྱང་ཆུབ་སེམས་དཔའ་ཨི་ཉེས་པའི་ལམ་ལ་ཡང་ཐམས་ཅད་མ་ལུས་པར་ཉེས་པར་འགྱུར ་བ་ནི་མེད་དོ། །བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་ཨི་ཉེས་པ་ནི། ཕལ་ཆེར་ཞེ་སྡང་ལས་འབྱུང་གི་འདོད་ཆགས་ལས་བྱུང་བ་ནི་མི་ཡན་པར་ཤེས་པར་བྱའོ། །ཞེས་གང་གསུངས་པ་དེ་ལ་དགོངས་པ་ནི་འདི་ཡིན་པར་བལྟ་བར་བྱ་སྟེ ་བྱང་ཆུབ་སེམས་དཔའ་སེམས་ཅན་རྣམས་ལ་རྗེས་སུ་ཆགས་ཤིང་སེམས་ཅན་ལ་བྱམས་པའི་དབང་དུ་མཛད་ནས་གང་ཅི་སྤྱོད་ཀྱང་རུང་ངེ་ཐམས་ཅད་ནི་བྱང་ཆུབ་སེམས་དཔའ་ཨི་བྱ་བ་ཡིན་ཏེ་མི་བྱ་བ་མ་ཡིན་ལ། བྱ་བའི་རིགས་པ་བྱེད་པ་ལ་ནི་ཉེས ་པར་འགྱུར་བར་མི་རིགས་སོ། །བྱང་ཆུབ་སེམས་དཔའ་སེམས་ཅན་རྣམས་ལ་ལྡང་བ་ནི་བདག་དང་གཞན་རྣམས་ལ་ཕན་པར་སྤྱོད་པ་མ་ཡིན་ལ། དེ་ཡང་བྱང་ཆུབ་སེམས་དཔའ་ཨི་བྱ་བ་མ་ཡིན་ཏེ། དེ་ལྟར་བྱ་བ་མ ་ཡིན་པ་བྱེད་པ་ནི་ཉེས་པར་འགྱུར་བར་རིགས་སོ། །དེ་ཉིད་བསྟན་པའི་ཕྱིར། སྙིང་རྗེར་ལྡན་ཞིང་བྱམས་ཕྱིར་དང། སེམས་དགེ་བ་ལ་ཉེས་པ་མེད་ཅེས་བྱ་བ་འདི་བཤད་དོ། །སྡོམ་པ་ཉི་ཤུ་པའི་འགྲེལ་པ་བྱས་པའི་བསོད་ནམས་བདག་གི་གང ་ཐོབ་པ། །དེ་ཡིས་འགྲོ་བ་ཐམས་ཅད་གཏི་མུག་རབ་རིབ་མཛའ་དག་བསལ་གྱུར་ནས། །འཇམ་དཔལ་གཞོན་ནུ་སངས་རྒྱས་གདུང་འཚོ་བ་སེམས་ཅན་དོན་གྱི་ལས་ལ་བརྩོན། །བསླབ་པ་རྒྱ་མཚོའི་མཐར་ཕྱིན་དགེ་བའི་གཏེར་སྡུད་བཞིན་དུ ་མྱུར་དུ་གྱུར། །སྡོམ་པ་ཉི་ཤུ་པའི་འགྲེལ་པ་སློབ་དཔོན་ཤཱནྟ་རཀྵི་ཏས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་བི་དྱཱ་ཀ་ར་སིད་དང་།ཞུ་ཆེན་གྱི་ལོ་ཙ་བ་མཉྫུ་ཤྲཱི་བ་མས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ ་