CLOSE WINDOW

N4370: dge ba'i sdong po zhes bya ba'i rab tu byed pa
Wyliee-texts based on the ACIP/ALL Input

ཅིང་ཞུས་ཏེ་གཏན་ལ་ཕབ་པ།། །།*། །དགེ་བའི་སྡོང་པོ་ཞེས་བྱ་བའི་རབ་ཏུ་བྱེད་པ་རཏན་ཀཱིརྟྟིས་མཛད་པ་བཞུགས།། །།རྒྱ་གར་སྐད་དུ། ཀ་ལྱ་ན་ཀནྟོ་ནཱ་མ་བྲ་ཀ་ར་ཎ། བོད་སྐད་དུ། དགེ་བའི་སྡོང་པོ་ཞེས་བྱ་བའི་རབ་ཏུ ་བྱེད་པ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །འཁོར་བ་དང་མྱ་ངན་ལས་འདས་པ་དང། སྡུག་བསྔལ་དང་བདེ་བ་དང། ངན་འགྲོ་དང་བདེ་འགྲོ་དང་དེ་དག་གི་རྒྱད་རྣམས་རྟོགས་པར་བྱས་ལ། དེ་ནས་ངོར་བ་དང་བླང་བར་བྱ་བ་ཡང་དག་པར་རིག་པར ་བྱའོ། །དེ་ལ་ངན་འགྲོའི་དམྱལ་བ་དང་ཡི་དགས་དང། དུད་འགྲོའི་འགྲོ་བ་རྣམས་སོ། །སྡུག་བསྔལ་ནི་ཡིད་དུ་མི་འོང་བ་ཉམས་སུ་མྱོང་བའོ། །ཐོབ་པར་བྱེད་པའི་རྒྱུ་ནི་ཆོས་མ་ཡིན་པ་སྟེ། སྲོག་གཅོད་པ་དང། མ་བྱིན་པར་ལེན་པ་དང། འདོད་པ་མ་ལོག་པར་གཡེམ ་པ་སྦྱོར་བ་དང། བརྫུན་དུ་སྨྲ་བ་དང། ཕྲ་མ་དང། ཚིག་རྩུབ་བོ་དང། དག་འཁྱལ་བ་དང། བ་རྣབ་སེམས་དང། གནོད་སེམས་དང། ལོག་པར་ལྟ་བ་དང། མྱོས་པར་འགྱུར་བ་འཐུང་བ་དང། ལོག་པས་འཚོ་བ་དང། རྣམ་པར་འཚེ་བ་དང། སེར་སྣ་དང། མུ་སྟེགས ་པ་རྣམས་ལ་མཆོད་ཅིང་གུས་པས་ཕྱག་བྱེད་པ་དང། སེམས་ཅན་ཐམས་ཅད་ལ་བྱམས་པའི་སེམས་མེད་པ་སྟེ། ཉེ་བར་སྤྱོད་པ་བཅུ་དྲུག་པོ་དེ་རྣམས་ཀྱང་རང་གིས་ཡི་དམ་དུ་བཅས་ཏེ་བྱེད་པ་དང། ཡི་དམ་དུ་བཅས་པ་མེད་པར་རེས ་འགའ་བྱེད་པ་དང། གཞན་བྱེད་དུ་འཇུག་པ་དང། གཞན་བྱེད་པ་ལ་རྗེས་སུ་ཡི་རང་བའི་དབྱེ་བས་རེ་རེ་ཡང་རྣམ་པ་བཞི་བཞིར་དབྱེ་བ་སྟེ་ཆོས་མ་ཡིན་པའོ། །དེ་རྣམས་ཀྱང་དུས་ཡུན་རིང་པོའི་དགྲ་ཉིད་ཡིན་པའི་ཕྱིར་བྱང་ཆུབ་ཀྱི་བར་དུ་སྤང་བར་བྱའོ། །གཞན་རྣམས་ཀྱང ་ཡོངས་སུ་གཞུག་པར་བྱའོ། །བདེ་འགྲོ་ནི་ལྷ་དང་མི་དང་ལྷ་མ་ཡིན་གྱི་འགྲོ་བ་རྣམས་སོ། །བདེ་བ་ནི་ཡིད་དུ་འོང་བ་ཉམས་སུ་མྱོང་བའོ། །དེ་ཐོབ་པར་བྱེད་པའི་རྒྱུ་ནི་དགེ་བའི་ཆོས་ཏེ། སྲོག་གཅོད་པ་སྤོང་བ་དང། མ་བྱིན་པར་ལེན་པ་སྤོང་བ་དང། འདོད་པས ་ལོག་པར་གཡེམ་པ་སྤྱོད་པ་སྤོང་བ་དང། བརྫུན་དུ་སྨྲ་བ་སྤངས་པ་དང། དབྱེན་བྱེད་པ་སྤངས་བ་དང། ཚིག་རྩུབ་པོ་ལས་ལོག་པ་དང། དག་འཁྱལ་པ་སྤང་པ་དང། བརྣབ་སེམས་སྤངས་པ་དང། གནོད་སེམས་སྤངས་པ་དང། ལོག་པར་ལྟ ་བ་སྤངས་པ་དང། མྱོས་པར་འགྱུར་བ་འཐུང་བ་སྤངས་པ་དང། ལོག་པས་འཚོ་བ་སྤངས་པ་དང། རྣམ་པར་འཚེ་བ་སྤངས་པ་དང། སེར་སྣ་སྤངས་པ་དང། མུ་སྟེགས་པ་རྣམས་ལ་གུས་པར་མཆོད་པ་དང། ཕྱག་བྱེད་བ་སྤངས་པ ་དང། སེམས་ཅན་ཐམས་ཅད་ལ་བྱམས་པའི་སེམས་མེད་པ་སྤངས་ཏེ། ཉེ་བར་སྤྱོད་པ་བཅུ་དྲུག་ལས་ལོག་པའོ། །དེ་རྣམས་ཀྱང་ཡི་དམ་དུ་བླངས་པ་དང། རེས་འགའ་བྱེད་པ་དང། གཞན་བྱེད་དུ་འཇུག་པ་དང། གཞན་བྱེད་པ་ལ་རྗེས་སུ ་ཡི་རང་བ་དེ། རེ་རེ་ཡང་བཞི་བཞིར་ཕྱེ་བ་ནི་ཕྱིན་ཅི་མ་ལོག་པའི་ཆོས་སོ། །དེ་ཡང་དགེ་བའི་བཤེས་གཉེན་མཆོག་ཉིད་དེ་ཡིན་པས་ནམ་བྱང་ཆུབ་ཀྱི་བར་དུ་དང་དུ་བླང་བར་བྱའོ། །གཞན་རྣམས་ཀྱང་དེ་ལ་གཞུག་པར་བྱའོ། །དེ་བཞིན ་དུ་གཞན་གྱི་སྲོག་བསྲུང་བ་དང། རང་གི་སྲོག་ཀྱང་སྟོང་པ་དང། གཞན་གྱི་རྫས་བསྲུང་བ་དང། རང་གི་རྫས་སྟོར་བའོ། །གཞན་གྱི་བུད་མེད་བསྲུང་བ་དང། རང་གི་བུད་མེད་སྟོར་བའོ། །བདེན་པའི་ཚིག་སྨྲ་བ་དང། གཞན་བསྲུ་བའི་ཚིག་སྨྲ་བ་དང། སྙན་པའི ་ཚིག་སྨྲ་བ་དང། སྡིག་པ་མེད་པའི་ཚིག་དང། སེམས་ཅན་ཐམས་ཅད་ལ་ཕུན་སུམ་ཚོགས་པ་ཐམས་ཅད་རབ་ཏུ་སྟོང་བར་འདོད་པ་དང། གསོད་པ་དང། འཚོང་བ་དང། བརྡེག་པ་ལ་སོགས་པ་མི་འདོད་པ་ཐམས་ཅད་ལས་སེམས་ཅན་ཐམས་ཅད་ཡོངས་སུ་སྒྲོལ་བར་འདོང? ་བ་དང་དགེ་བ་དང་མི་དགེ་བའི་ལས་དེའི་འབྲས་བུ་དག་ཡོད་པར་ཡང་དག་པར་ཡིད་ཆོས་པའོ། །དེ་བཞིན་གཤེགས་པའི་ཆོས་བདུད་རྩི་འཐུང་བ་དང། འཚོ་བ་རྣམ་པར་དག་པ་དང། སེམས་ཅན་རྣམས་ལ་བསྙེན་བཀུར་བྱེད་པ་དང་ཇི་ལྟར་ནུས་པ་བཞིན་དུ་རབ ་ཏུ་སྟེར་བ་དང། སངས་རྒྱས་དང་ཆོས་དང་དགེ་འདུན་ལས་སྟོན་པ་གཞན་མེད་པར་གུས་པས་ཡང་སྐྱབས་སུ་འགྲོ་བ་སྔོན་དུ་སོང་བས་གུས་པས་མཆོད་ཅིང་ཕྱག་འཚལ་བ་ལ་དངོས་པོ་ཐམས་ཅད་བདག་ཉིད་ཀྱི་རབ་ཏུ་འཇུག་པ་དང་སེམས་ཅན ་ཐམས་ཅད་ལ་སྙིང་རྗེ་ཆེན་པོ་སྔོན་དུ་འགྲོ་བ་ཅན་གྱི་བྱམས་པ་དང། འཆད་པར་འགྱུར་བའི་ཕ་རོལ་ཏུ་ཕྱིན་པ་བཅུའོ། །དེ་རྣམས་ཀྱང་ཡིད་དམ་དུ་བླངས་པ་དང། རེས་འགའ་བྱེད་པ་དང། གཞན་བྱེད་དུ་འཇུག་པ་དང། གཞན་དག་བྱེད་པ་ལ་རྗེས་སུ་ཡི ་རང་བ་སྟེ། རེ་རེ་ཡང་རྣམ་པ་བཞི་བཞིར་སོ་སོར་དབྱེ་བ་ནི་འཇུག་པར་བྱ་བའི་ཆོས་སོ། །དེ་ཡང་དགེ་བའི་བཤེས་གཉེན་དེ་མཆོག་ཉིད་ཡིན་པའི་ཕྱིར་ནམ་བྱང་ཆུབ་མ་ཐེབ་ཀྱི་བར་དུ་ཁས་བླངས་པར་བྱའོ། །གཞན་རྣམས་ཀྱང་དེ་ལ་གཞུག་པར་བྱའོ། ། ་འཁོར་བའི་ཕུང་པོ་ནི་སྡུག་བསྔལ་གྱི་བདེན་པ་ཡིན་ཏེ། སྡུག་བསྔལ་ཡོངས་སུ་ཤེས་པར་བྱའོ། །དེ་ཐོབ་པར་བྱེད་པའི་རྒྱུ་ནི་ཕུང་པོ་རྣམས་ལ་བརྟག་པ་དང། བདེ་བ་དང། བདག་དང། བདག་གི་བ་ངེས་པར་སྔོན་དུ་སོང་བ་ཅན་གྱི་འདོད་ཆགས་དང། ཞེ་སྡང ་དང། གཏི་མུག་དང། ཐེ་ཚོམ་དང། འཇིག་ཚོགས་ལ་ལྟ་བ་དང། མཐར་འཛིན་པའི་ལྟ་བ་དང། ལོག་པར་ལྟ་བ་དང། ལྟ་བ་མཆོག་ཏུ་འཛིན་པ་དང། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་སྟེ། ཉོན་མོངས ་བ་རྣམས་དང། དགེ་བ་དང། མི་དགེ་བ་ལ་སོགས་པའི་ལས་རྣམས་ནི་ཀུན་འབྱུང་སྟེ། ཀུན་འབྱུང་གི་བདེན་པའོ། །ཀུན་འབྱུང་ནི་འཁོར་བར་འགྲོ་བ་རིས་དྲུག་དུ་ཉོན་མོངས་པ་དང་བཅས་པའི་ཕུང་པོ་སྐྱེ་བ་སྟེ། སྤང་བར་བྱའོ། བྱེ་བྲག་ཏུ་སྨྲ་བའི་ལྟ ་བ་ལ་གནས་པའི་མྱ་ངན་ལས་འདས་པ་རྣམ་པ་གཉིས་ཏེ། ལྷག་མ་བཅས་པའི་མྱ་ངན་ལས་འདས་པ་དང། ལྷག་མ་མེད་པའི་མྱ་ངན་ལས་འདས་པའོ། །དེ་ལ་གང་ཟག་ཡོད་པར་སྨྲ་བ་ནི་དེའི་ཡོངས་སུ་དག་པའི་ཕུང་པོ་ཁྱད་པར་དུ་འཕགས་པ ་ཙམ་ཡོད་ཅིང། ལས་དང་ཉོན་མོངས་པ་དང་སྐྱེ་བ་རྣམས་ཟག་པ་ནི་ཕུང་པོའི་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པའོ། །ཡོངས་སུ་དག་པའི་ཕུང་པོ་ཡང་ཟད་ནས་གང་ཟག་ཙམ་དུ་གནས་པ་ནི་ཕུང་པོ་ལྷག་མ་མེད་པའི་མྱ ་ངན་ལས་འདས་པའོ། །གང་ཟག་མེད་པར་སྨྲ་བ་ནི་ཡོངས་སུ་དག་པའི་ཕུང་པོ་ཙམ་གྱི་བདག་ཉིད་ཀྱི་འཕགས་པ་ལས་དང་ཉོན་མོངས་པ་དང་སྐྱེ་བ་ཟད་པ་ནི་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པའོ། །མར་མེ་ཟད་པ་བཞིན་ཡོངས ་སུ་དག་པའི་ཕུང་པ་ཟད་པ་ནི་ལྷག་མ་མེད་པའི་མྱ་ངན་ལས་འདས་པ་སྟེ། ཐར་པ་དང་འགོག་པའི་བདེན་པའོ། །འགོག་པ་ནི་མངོན་དུ་བྱ་བའོ། །དེ་ཐོབ་པར་བྱེད་པའི་རྒྱུན་ཡང་དག་པའི་ལྔ་བ་དང། ཡང་དག་པའི་དག་དང། ཡང་དག་པའི་ལས ་ཀྱི་མཛའ་དང། ཡང་དག་པའི་འཚོ་བ་དང། ཡང་དག་པའི་རྩོལ་བ་དང། ཡང་དག་པའི་དྲན་པ་དང། ཡང་དག་པའི་ཏིང་ངེ་འཛིན་ཏེ། ཚུལ་ཁྲིམས་དང་ཏིང་ངེ་འཛིན་དང་ཤེས་རབ་ཀྱི་བདག་ཉིད་ཀྱི་འཕགས་པའི་ལམ་ཡན་ལག་བརྒྱད་དེ ་ལམ་གྱི་བདེན་པའོ། །ལམ་ནི་བསྒོམ་པར་བྱའོ། །ཐེག་པ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་གནས་པ་ནི་སྣ་ཚོགས་གཉིས་སུ་མེད་པའི་ཡེ་ཤེས་གསལ་བའི་རང་བཞིན་ཆོས་དང་སྤྲུལ་པའི་སྐུ་གཉིས་ཀྱི་རྟེན་དུ་གྱུར་པ་དང། མཚན་དང་དཔེ་བྱད་པར ་པའི་དཔལ་ལོངས་སྤྱོད་རྫོགས་པའི་སྐུའི་བདག་ཉིད་སྣ་ཚོགས་པའི་སྤྲུལ་པས་ཇི་སྲིད་ནམ་འཁོར་བ་མ་སྟོངས་ཀྱི་བར་དུ་འགྲོ་བའི་དོན་བྱེད་པ་དང་ལྡན་པ་སྟེ། ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་བག་ཆགས་དང་བཅས་པའི་ཉོན་མོངས་པ་དང། ་ལས་དང་སྐྱེ་བ་རྣམས་ཟད་པ་ནི་ཐར་པ་དང། སངས་རྒྱས་དང་ཡོངས་སུ་མྱ་ངན་ལས་འདས་པ་དང། འགོག་པའི་བདེན་པ་སྟེ། འགོག་པ་ནི་མངོན་དུ་བྱ་བའོ། །དེ་ཐོབ་པར་བྱེད་པའི་རྒྱུ་ནི་འགྲོ་བ་མཛའ་དག་སྡུག་བསྔལ་རྣམས་གསུམ་གྱི་མེ་རབ་ཏུ་འབར་བར ་བལྟ་སྟེ། སྙིང་རྗེ་དང། བྱམས་པ་དང། དགའ་བ་དང་བཏང་སྙོམས་དང། དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་དང། བྱང་ཆུབ་ཏུ་སེམས་བསྐྱེད་པ་དང། ཟང་ཟང་གི་སྦྱིན་པ་དང། མི་འཇིགས་པའི་སྦྱིན་པ་དང། ཆོས་ཀྱི་སྦྱིན་པ་སྟེ། སྦྱིན་པའི་ཕ་རོལ ་ཏུ་ཕྱིན་པ་གསུམ་མོ། །དགེ་བའི་ཆོས་སྡུད་པའི་ཚུལ་ཁྲིམས་དང། སྡོམ་པའི་ཚུལ་ཁྲིམས་དང། སེམས་ཅན་གྱི་དོན་བྱེད་པའི་ཚུལ་ཁྲིམས་སྟེ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་གསུམ་མོ། །སྡུག་བསྔལ་ལ་ཇི་མི་སྙམ་པའི་བཟོད་པ་དང་གཞན་གྱི ་གནོད་པ་དང་དུ་ལེན་པའི་བཟོད་པ་དང་ཆོས་ཉིད་ཟབ་མོ་ལ་མི་སྒྲག་པའི་བཟོད་པ་སྟེ། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་གསུམ་མོ། །དགེ་བའི་ལས་རྣམས་ལ་སྦྱོར་བའི་བརྩོན་འགྲུས་དང་གོ་ཆའི་བརྩོན་འགྲུས་དང། བརྩམ་པ་མཐར་ཕྱིན་པའི་བརྩོན་འགྲུས ་ཏེ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པ་གསུམ་མོ། །རང་གི་སྐྱོན་སེལ་བར་བྱེད་པའི་བསམ་གཏན་དང། རྫུ་འཕྲུལ་ཐོབ་པར་བྱེད་པའི་བསམ་གཏན་དང། མཐོང་བའི་ཆོས་ལ་བདེ་བར་གནས་པར་བྱེད་པའི་བསམ་གཏན་སྟེ་བསམ་གཏན་གྱི། ་ཕ་རོལ་ཏུ་ཕྱིན་པ་གསུམ་མོ། །ཐོས་པ་ལས་བྱུང་བའི་ཤེས་རབ་དང། །བསམས་པ་ལས་བྱུང་བའི་ཤེས་རབ་དང། བསྒོམ་པ་ལས་བྱུང་བའི་ཤེས་རབ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པ་གསུམ་མོ། །སེམས་ཅན་ཐམས ་ཅད་ཀྱི་སྐྱོན་ཐམས་ཅད་སེལ་བར་བྱེད་པའི་ཐབས་དང། སེམས་ཅན་ཐམས་ཅད་ཀྱི་ཡོན་ཏན་ཐམས་ཅད་ཐོབ་པར་བྱེད་པའི་ཐབས་དང། བདེ་བར་མྱུར་དུ་ཡང་དག་པར་རྫོགས་པའི་བྱང་ཆུབ་སྒྲུབ་པར་བྱེད་པའི་ཐབས་ཏེ། ཐབས་ཀྱི་ཕ་རོལ་ཏུ་ཕྱིན ་པ་གསུམ་མོ། །བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པའི་སྨོན་ལམ་དང། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱེད་པའི་སྨོན་ལམ་དང། སེམས་ཅན་ཐམས་ཅད་ཀྱི་དོན་བྱེད་པའི་རྒྱུན་མི་གཅོད་པའི ་སྨོན་ལམ་སྟེ། སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པ་གསུམ་མོ། །ལས་ཐམས་ཅད་འཇོམས་པར་བྱེད་པའི་སྟོབས་དང། ཉོན་མོངས་པ་འཇོམས་པར་བྱེད་པའི་སྟོས་དང། བདུད་དང་ཕས་ཀྱི་རྒོལ་བ་ལ་སོགས་པ་རབ་ཏུ་འཇོམས་པར་བྱེད ་པའི་སྟོབས་ཏེ། སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པ་གསུམ་མོ། །རྣམ་པར་རྟོག་པ་སེལ་བར་བྱེད་པའི་ཡེ་ཤེས་དང། རྟོག་པ་དང་མི་རྟོག་པ་མཉམ་པ་ཉིད་དུ་བྱེད་པའི་ཡེ་ཤེས་དང། སེམས་ཅན་གྱི་དོན་ཐམས་ཅད་རྟོགས་པར་བྱེད་པའི་ཡེ་ཤེས ་ཏེ། ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པ་གསུམ་མོ། །བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་མཛའ་དག་བསྡུས་པའི་རང་བཞིན་ནི་ཕ་རོལ་ཏུ་ཕྱིན་པ་བཅུའི་བདག་ཉིད་ཀྱི་ལམ་སྟེ། ལམ་གྱི་བདེན་པའི་ལམ་ནི་ཕ་རོལ་ཏུ་ཕྱིན་པའི་ཐེག་པའི ་ཚུལ?་གྱིས་དངོས་སུ་ཀུན་ཏུ་སྤྱད་པར་བྱའོ། གསང་སྔགས་ཀྱི་ཐེག་པ་ལ་གནས་པ་ནི་སྣ་ཚོགས་གཉིས་སུ་མེད་པའི་ཡེ་ཤེས་ཤིན་ཏུ་གསལ་བའི་རང་བཞིན་བདེ་བ་ཆེན་པོ་དང། ཆོས་དང་ངོ་བོ་ཉིད་ཀྱི་སྐུ་བཞི་མཉམ་པར་བརྟེན་པ་དཔལ ་གསང་བ་འདུས་པ་ལ་སོགས་པའི་དཀྱིལ་འཁོར་གྱི་བདག་པོའི་རང་བཞིན་མཚན་དང་རབ་བྱེད་ཀྱིས་འབར་བའི་དཔལ་ལོངས་སྤྱོད་རྫོགས་པའི་སྐུའི་བདག་ཉིད་ཇི་སྲིད་དུ་རབ་ཏུ་ཕྱེ་པའི་སྤྲུལ་པས་ཇི་སྲིད་དུ་ནམ་འཁོར་བ་མ་སྟོངས་ཀྱི་བར་དུ་འགྲོ་བའི་དོན་བྱེད་པ་པོ་ཡང་དག ་པར་རྫོགས་པའི་སངས་རྒྱས་རྣམས་ནི་བག་ཆགས་དང་བཅས་པའི་ཉོན་མོངས་པ་དང་སྐྱེ་པ་རྣམས་ཟད་པ་ནི་ཐར་པ་དང། སངས་རྒྱས་དང། མྱ་ངན་ལས་འདས་པ་དང། འགོག་པའི་བདེན་པ་སྟེ། འགོག་པ་ནི་མངོན་དུ་བྱ་བའོ། །དེ་ཐོབ་པར་བྱེད་པའི་རྒྱུ་ནི་ཇི་ལྟར ་གསུངས་པའི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་མཛའ་དག་བསྡུས་པའི་རང་བཞིན་ཏིང་ངེ་འཛིན་རྣམ་པ་གསུམ་གྱི་བདག་ཉིད་ཆོ་ག་ཇི་ལྟ་བ་བཞིན་དུ་ཏིང་ངེ་འཛིན་རྟོགས་པ་རྣམ་པར་རྟོག་པས་བྱས་ལ། དཔལ་གསང་བ་འདུས་པ་ལ་སོགས་པའི་དཀྱིལ་འཁོར་གྱི ་འཁོར་ལོའི་བདག་ཉིད་ཀྱི་ལམ་གྱི་བདེན་པ་སྟེ། ལམ་ནི་བསྒོམ་པར་བྱ་ཞེས་པའོ། །ཇི་ལྟར་གསུངས་པ་མ་ལུས་པ་འདི་ཀུན་ཡོངས་སུ་ཤེས་པའི་ཤེས་རབ་གང་གིས་ཡོངས་སུ་སྦྱངས་ནས་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་རྫོགས་པར་འགྱུར་རོ། །ད་ནི་མདོར་བསྡུས་ཏེ་བྱེ་བྲག ་ཏུ་སྨྲས་པ་ལ་སོགས་པའི་ལྟ་བ་ལ་གནས་པས་སྣ་ཚོགས་དང་དེ་ཁོ་ནི་ཉིད་རིམ་པར་སྨྲ་བ་ཉེ་བར་བསྟན་པར་བྱ་སྟེ། གཟུགས་དང། ཚོར་པ་དང། འདུ་ཤེས་དང། འདུ་བྱེད་དང། རྣམ་པར་ཤེས་པའི་བདག་ཉིད་ཀྱི་འདས་པའི་ཕུང་པོ་ལྔ་དང། མ་འོངས་པའི་ཕུང་པོ་ལྔ་དང། ་ད་ལྟར་གྱི་ཕུང་པོ་ལྔ་དང། གང་ཟག་སྟེ། ངོ་བོ་ལྔའི་བདག་ཉིད་ནི་སྣ་ཚོགས་སོ། །ཕུང་པོ་རྣམས་ནི་རྟག་པ་དེ་ཁོ་ན་ཉིད་དང། མྱ་ངན་ལས་འདས་པ་རྟག་པ་ནི་དེ་ཁོ་ན་ཉིད་དང། གང་ཟག་མི་རྟག་པ་ཡང་མ་ཡིན་རྟག་པ་ཡང་མ་ཡིན་པ་དེ་ཁོ་ན་ཉིད ་དོ། ནུབ་ཕྱོགས་པའི་བྱེ་བྲག་ཏུ་སྨྲ་བ་རྣམས་ཀྱིས་རྟོགས་པའི་སྣ་ཚོགས་དང། དེ་ཁོ་ན་ཉིད་དོ། །ད་ལྟར་གྱི་ཕུང་པོ་དང། ནམ་མཁའ་དང། སོ་སོར་བརྟགས་པའི་འགོག་པ་དང། སོ་སོར་བརྟགས་པ་མ་ཡིན་པའི་འགོག་པ་སྟེ། ངོ་བོ་ཉིད་བཞིའི་བདག་ཉིད་ནི་སྣ་ཚོགས་སོ། །ཕུང་པོ་རྣམས ་མི་རྟག་པ་ནི་དེ་ཁོ་ན་ཉིད་དང། ནམ་མཁའ་དང། སོ་སོར་བརྟགས་པའི་འགོག་པ་དང། སོ་སོར་བརྟགས་པ་མ་ཡིན་པའི་འགོག་པ་རྣམས་རྟག་པ་ནི་དེ་ཁོ་ན་ཉིད་དོ། །ཁ་ཆེ་བྱེ་བྲག་ཏུ་སྨྲ་བ་རྣམས་ཀྱིས་རྟོགས་པའི་སྣ་ཚོགས་དང་དེ་ཁོ་ན་ཉིད་དོ། ། ་རྣམ་པ་དང་བཅས་པའི་ཤེས་པ་ནི་ཕྱི་རོལ་གྱི་ཡུལ་འཛིན་ཅིང་ད་ལྟར་གྱི་ཕུང་པོ་ལྔ་པོ་ཙམ་མོ་ཞེས་དངོས་པོ་གཅིག་གི་བདག་ཉིད་ནི་སྣ་ཚོགས་སོ། །དེ་རང་རང་གི་རྒྱུར་བྱས་པ་ནས་བཟུང་ཏེ་ཇི་སྲིད་རྒྱུན་གནས་པ་དེ་སྲིད་དུ་རབ་ཏུ་འཇུག་པའི་བདག་ཉིད་ཙམ་ནི ་སྐད་ཅིག་མ་ཉིད་དང་བདག་མེད་པ་ཞེས་བྱ་བ་ནི་དེ་ཁོ་ན་ཉིད་དེ། མདོ་སྡེ་པའི་ལྟ་བ་ལ་གནས་པ་རྣམས་ཀྱིས་རྟོགས་པའི་སྣ་ཚོགས་དང་དེ་ཁོ་ན་ཉིད་དོ། །དོན་དམ་པར་སྟོན་ཀའི་ནམ་མཁའ་ཨི་སྲིད་མེད་པ་ལྟ་བུའི་གཉིས་སུ་མེད་པའི་ཡེ་ཤེས་ཉིད་གཅིག་བུའོ ་ཡང་མ་རིག་པའི་དབང་གིས་བརྫུན་པ་འདི་ལྟ་བུ་གཟུང་བར་འཛིན་པའི་བདག་ཉིད་ཀྱི་སྔོན་པོ་ལ་སོགས་པའི་རྣམ་པའི་འཁོར་ལོར་གསལ་བ་ཞེས་པ་རྣལ་འབྱོར་སྤྱོད་པའི་གཞུང་གཅིག་གོ་།བདེ་བ་ཆེན་པོ་རང་བཞིན་གསལ་བ་ཙམ་ནི་བདེན་པའོ། །མ་རིག ་པའི་བག་ཆགས་ཀྱི་དབང་གིས་སྒྱུ་མ་བཞིན་བརྫུན་པའི་རྣམ་པའི་འཁོར་ལོར། རིགས་པའི་རྗེས་སུ་འབྲངས་པ་རྣམས་དོན་འདི་དག་གི་ཁྱད་པར་བསྟན་པར་འདོད་པ་རྣམས་ལ་མ་ཉམས་པའི་སྤྱན་གྱིས་ཚད་མས་གཞན་དག་ཏུ་བསྒྲུབས་ཟིན་ཏོ་ཞེས་བྱ་བའི ་དོན་ཏོ། །དེ་ལྟར་སྣ་ཚོགས་དང་དེ་ཁོ་ན་རྣམ་པ་དུ་མར་བརྗོད་དུ་ཟིན་ཀྱང་འགྲོ་བ་མ་ལུས་པ་ལ་ཕན་པར་འདོད་པར། འཕགས་པ་བྱམས་པས་གསུངས་པའི་དབུ་མ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་སྒྲུབ་པའི་ཐབས་ཉིད་ལ་སེམས་ཅན་ཀུན་གཞུག ་པར་བྱའོ། །དེ་ལ་སྣ་ཚོགས་རྣམས་ཇི་སྲིད་དུ་སོ་སོར་སྣང་བ་དེ་སྲིད་ལུས་དང། ལོངས་སྤྱོད་དང་གནས་ལ་སོགས་པའི་རྣམ་པ་རྣམས་རང་རང་གི་སེམས་ཀྱི་སྣང་བ་ཙམ་སྟེ། སེམས་ཅན་དང་སྣོད་ཀྱི་འཇིག་རྟེན་གཉིས་སུ་སྒྲོ་བཏགས་པ་ནི་འཁོར ་བ་སྟེ། དེ་ཟད་པ་ནི་ཐར་པའོ། །དེ་ལྟར་སྣ་ཚོགས་གཉིས་མེད་པར་གསལ་བའི་རྒྱུན་གྱི་བདག་ཉིད་ཀྱི་ཆོས་ཐམས་ཅད་བརྟགས་པའི་གཟུང་བ་དང་འཛིན་པས་སྟོང་པ་ཉིད་ནི་སྣ་ཚོགས་དང་དེ་ཁོ་ན་ཉིད་དོ། །དེ་དག་ཀྱང་ཤིན་ཏུ་རྣམ་པར་གྱུར་པ་ནི་དེ་བཞིན་གཤེགས་པ་རྣམས ་ནི་ཆོས་ཀྱི་སྐུའོ། །དེ་ཉིད་བེམས་པོ་ལ་ལོག་པའི་ལོངས་སྤྱོད་རྫོགས་པའི་སྐུ་མངོན་སུམ་དུ་མཛད་པ་ནི་འབྲས་བུའི་གནས་སྐབས་ཉིད་དོན་དམ་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །དེ་ངེས་པ་ཙམ་དུ་བྱས་པ་རྒྱུའི་གནས་སྐབས་ཀྱི་བདག་ཉིད་ཀྱི་ཤེས་རབ་ཀྱི་ཕ ་རོལ་ཏུ་ཕྱིན་པའོ། །སྡུག་བསྔལ་བ་གསུམ་གྱི་མེས་རབ་ཏུ་འབར་བར་འཁོར་བའི་སེམས་ཅན་ཐམས་ཅད་ལ་བལྟས་པའི་སྙིང་རྗེ་ཆེན་པོའི་དབང་གིས་སེམས་ཅན་དེ་རྣམས་ཀུན་ལ་མཉམ་པའི་སེམས་དང། ཕན་པའི་སེམས་དང། གནོད་སེམས་མེད་པའི ་སེམས་དང། བྱམས་པའི་སེམས་དང། མི་སྨོད་པའི་སེམས་དང། །ཕ་དང་མའི་སེམས་དང། བུ་དང་བུ་མོའི་སེམས་དང། མཛའ་བཤེས་ཀྱི་སེམས་དང། སྣག་གི་གཉེན་མཚམས་ཀྱི་སེམས་སུ་བྱ་བ་སྟེ། རང་གི་སྲོག་ལས་ཀྱང་ལྷག་པའི་བྱམས་པ ་དང་པོར་བྱ་ཞིང། སེམས་ཅན་དེ་རྣམས་ཀུན་འཁོར་བ་ལས་བསྒྲལ་ཞིང་སངས་རྒྱས་ཉིད་ལ་རབ་ཏུ་བཞག་པར་བྱ་སྟེ། ཡང་དག་པར་རྫོགས་པའི་སངས་རྒྱས་སུ་གྱུར་ཅིག་ཅེས་བྱང་ཆུབ་ཀྱི་སེམས་བསྐྱེད་པར་བྱ་ཞིང། དཀོན་མཆོག་གསུམ་ལ་སྐྱབས་སུ ་སོང་ཞིང་མི་དགེ་བ་བཅུ་ལ་སོགས་པའི་ཉེས་པར་སྤྱོད་པ་མཛའ་དག་ལས་ལོག་ཅིང། སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་བཅུ་ལ་གོམས་པར་བྱ་ཞིང། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་མཛའ་དག་གི་རྒྱ་མཚོའི་མཛའ་དག་གི་རྒྱ ་མཚོའི་ཕ་རོལ་ཏུ་ཕྱིན་པ་ཆོས་དང་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་སྐུ་གསུམ་གྱི་བདག་ཉིད་ཀྱི་དེ་བཞིན་གཤེགས་པར་གྱུར་ནས་ཇི་སྲིད་ནམ་འཁོར་བ་མ་སྟོངས་ཀྱི་བར་དུ་འགྲོ་བ་རྣམས་སྒྲོལ་བར་བྱེད་པ་སྟེ། ཕ་རོལ་ཏུ་ཕྱིན་པའི་ཐེག་པ ་ལ་གནས་པའི་རིམ་པའོ། །པི་ཀྲ་མ་ཤཱི་ལའི་པཎྜི་ཏ་རཏན་ཀཱི་རྟིས་མཛད་པ་དགེ་བའི་སྡོང་པོ་ཞེས་བྱ་བ་རྫོགས་སོ།། །།པཎྜི་ཏ་བི་དྱཱ་ཀ་ར་སཾདྷ་དང། ལོ་ཙཱ་བ་མཉྫུ་ཤྲཱི་ཝ་རྨས་བསྒྱུར་བའོ།། །། ་