CLOSE WINDOW

N4354: sum cu pa'i bshad pa
Wyliee-texts based on the ACIP/ALL Input

ཆོས་ཀྱི་རིན་ཆེན་གྱིས་དཔལ་ས་སྐྱའི་གཙུག་ལག་ཁང་དུ་བསྒྱུར་ཞིང་ལེགས་པར་གཏན་ལ་ཕག་པའོ།། །།སུམ་ཅུ་བའི་བཤད་པ་བླ་བརྟན་གྱིས་མཛད་པའོ། །རྒྱ་གར་སྐད་དུ། ཏྲི་དྭི་ཀ་པ་ཥཾ། བོད་སྐད་དུ། སུམ ་ཅུ་པའི་བཤད་པ། །བམ་པོ་དང་པོ། །འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །གང་ཟག་དང་ཆོས་ལ་བདག་མེད་པ་མ་རྟོགས་པ་དང་ལོག་པར་རྟོགས་པ་རྣམས་ལ་གང་ཟག་དང་ཆོས་ལ་བདག་མེད་པ་མ་ལོག་པར ་བསྟན་པའི་ཕྱིར། རྣམ་བར་རིག་པའི་རབ་ཏུ་བྱེད་བ་སུམ་ཅུ་བ་བརྩམས་སོ། །དེ་ལ་གང་ཟག་དང་ཆོས་ལ་བདག་མེད་པར་བསྟན་བའང་ཉོན་མོངས་བ་དང་ཤེས་བྱའི་སྒྲིབ་བ་སྤང་བའི་ཕྱིར་ཏེ། འདི་ལྟར་འདོད་ཆགས་ལ་སོགས ་པ་ཉོན་མོངས་བ་རྣམས་ནི་བདག་ལྟ་བ་ལས་འབྱུང་ངོ། །གང་ཟག་ལ་བདག་མེད་བར་ཁོང་དུ་ཆུད་པ་ནི་འཇིག་ཚོགས་ལ་ལྟ་བའི་གཉེན་པོ་ཡིན་བས་ན་དེ་སྤངས་ན་ཉོན་མོངས་བ་ཐམས་ཅད་སྤོང་བར་འགྱུར་རོ། །ཆོས་ལ་བདག་མེད་བ་ཡང་ཤེས ་བྱའི་སྒྲིབ་པའི་གཉེན་པོ་ཡིན་པས་ཤེས་བྱའི་སྒྲིབ་པ་སྤོང་བར་འགྱུར་རོ། །ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་སྤང་བ་ཡང་ཐར་བ་དང་ཐམས་ཅད་མཁྱེན་བ་ཐོབ་བར་བྱ་བའི་ཕྱིར་རོ། །ཉོན་མོངས་པ་རྣམས་ནི་ཐར་པ་འཐོབ་པ་ལ་སྒྲིབ་བས་དེའི ་ཕྱིར་དེ་དག་སྤངས་ན་ཐར་པ་འཐོབ་བར་འགྱུར་རོ། །ཤེས་བྱའི་སྒྲིབ་པ་ནི་ཤེས་བྱ་ཐམས་ཅད་ལ་ཡེ་ཤེས་འཇུག་བའི་བར་དུ་གཅོད་བར་གྱུར་བ་ཉོན་མོངས་བ་ཅན་མ་ཡིན་བའི་མི་ཤེས་བ་སྟེ། དེ་སྤངས་ན་ཤེས་བྱའི་རྣམ་པ་ཐམས་ཅད ་ཀུན་ལ་ཆགས་པ་མེད་བ་དང། ཐོགས་བ་མེད་བའི་ཡེ་ཤེས་འཇུག་སྟེ། དེའི་ཕྱིར་ཐམས་ཅད་མཁྱེན་བ་ཐོབ་བར་འགྱུར་རོ། །ཡང་ན་ཆོས་དང་གང་ཟག་ལ་མངོན་བར་ཞེན་བ་དག་སེམས་ཙམ་དུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མི ་ཤེས་ཏེ་།དེའི་ཕྱིར་ཆོས་དང་གང་ཟག་བདག་མེད་བར་བསྟན་བས་རྣམ་པར་རིག་བ་ཙམ་འབྲས་བུ་དང་བཅས་པ་ལ་མཐར་གྱིས་འཇུག་པར་བྱ་བའི་ཕྱིར་རབ་ཏུ་བྱེད་པ་འདི་བརྩམས་སོ། །ཡང་ན་རྣམ་པར་ཤེས་བ་བཞིན་དུ་ཤེས་བྱ ་ཡང་རྫས་ཉིད་དུ་ཁ་ཅིག་སེམས་པ་དང། གཞན་དག་ཤེས་བྱ་བཞིན་དུ་རྣམ་བར་ཤེས་བ་ཡང་ཀུན་རྫོབ་ཉིད་དུ་ཡོད་ཀྱི་དོན་དམ་པར་ནི་མེད་དོ་སྙམ་དུ་སེམས་པ་མཛའ་གཅིག་ཏུ་སྨྲ་བ་འདི་རྣམ་གཉིས་དགག་པའི་ཕྱིར་རབ་ཏུ་བྱེད་བ་འདི ་རྣམས་སོ། །བདག་དང་ཆོས་སུ་ཉེར་འདོགས་པ། །སྣ་ཚོགས་དག་ནི་གང་བྱུང་བ། །འཇིག་རྟེན་པ་དང་བསྟན་བཅོས་ལའོ་ཞེས་བྱ་བ་ནི་ཚིག་།གི་ལྷག་མའོ། །དེ་ནི་རྣམ་པར་ཤེས་པར་གྱུར། །བདག་དང་ཆོས་སུ་ཉེར་འདོགས་པ་ཞེས་བྱ་བ་དང ་སྦྱར་རོ། །བདག་དང་ཆོས་སུ་ཉེ་བར་འདོགས་བས། བདག་དང་ཆོས་སུ་ཉེ་བར་འདོགས་བ་སྟེ། དེ་ཡང་བདག་ཏུ་བཏགས་པ་དང། ཆོས་སུ་བཏགས་པའོ། །སྣ་ཚོགས་ཞེས་བྱ་བ་ནི་རྣམ་བ་དུ་མ་སྟེ། བདག་དང་སྲོག་དང། ། སྐྱེ་བ་པོ་དང། ་ཤེད་ལས་སྐྱེས་བ་དང། ཤེད་བུ་དང། དེ་དག་ལ་སོགས་པ་དག་ནི་བདག་ཏུ་ཉེ་བར་འདོགས་པའོ། །ཕུང་པོ་དང། ཁམས་དང། སྐྱེ་མཆེད་རྣམས་དང། གཟུགས་དང། ཚོར་བ་དང། འདུ་ཤེས་དང། འདུ་བྱེད་དང། རྣམ་བར་ཤེས་པ་དང། ་དེ་དག་ལ་སོགས་པ་དག་ནི་ཆོས་སུ་ཉེ་བར་འདོགས་པ་འདི་རྣཾས་གཉིས་ནི་རྣཾ་པར་ཤེS་བ་གྱུར་པ་ཉིད་དེ། བདག་གམ་ཆོས་རྣམས་དངོས་པོ་ལ་ཉེ་བར་འདོགས་པ་ནི་མ་ཡིན་ནོ་ཞེས་བྱ་བ་དེ་ཇི་ལྟ་བུ་ཞེ་ན་ཆོས་རྣམས་དང། བདག་ནི་རྣམ ་པར་ཤེས་པར་གྱུར་པ་ལས་ཕྱི་རོལ་ན་མེད་པའི་ཕྱིར་རོ། །གྱུར་ཅེས་བྱ་བ་དེ་གང་ཞེ་ན། གཞན་དུ་གྱུར་པ་སྟེ། རྒྱུའི་སྐད་ཅིག་འགག་བ་དང། དུས་མཉམ་དུ་རྒྱུའི་སྐད་ཅིག་དང་མི་འདྲ་བ་འབྲས་བུའི་བདག་ཉིད་ཐོབ་པ་ནི་གྱུར་པའོ། །དེ་ལ་བདག ་ལ་སོགས་པར་རྣམ་བར་རྟོག་པའི་བག་ཆགས་ཡོངས་སུ་རྟས་ཤིང་གཟུགས་ལ་སོགས་པ་རྣམ་པར་རྟོག་བའི་བག་ཆགས་ཡོངས་སུ་རྣས་ན་ཀུན་གཞི་རྣམ་པར་ཤེས་པ་ལ་སོགས་པར་སྣང་བ་དང། གཟུགས་ལ་སོགས་པར་སྣང་བའི་རྣམ་པར་རྟོག ་པ་འབྱུང་ངོ། །དེ་ལ་བདག་ལ་སོགས་པ་སྣང་བ་དང། གཟུགས་ལ་སོགས་པར་སྣང་བ་ཡང་ཕྱི་རོལ་གྱི་བདག་དང། ཆོས་རྣམས་མེད་པར་རྟོག་པ་དེ་ལས་ཕྱི་རོལ་དུ་གྱུར་པ་ལྟ་བུ་རྒྱུར་བྱས་ནས། བདག་ལ་སོགས་པ་ཉེ་བར་འདོགས་པ་དང་།གཟུཌ ་ལ་སོགས་པ་ཆོས་སུ་ཉེ་བར་འདོགས་པ་ཐོག་མ་མེད་པའི་དུས་ནས་འཇུག་སྟེ། དཔེར་ན་རབ་རིབ་ཅན་གྱིས་སྐྲ་བཤད་འཛིངས་བ་ལ་སོགས་པ་མཐོང་བ་བཞིན་ནོ། །ཉེ་བར་འདོགས་པ་ཞེས་བྱ་བ་ནི་གང་ལ་གང་མེད ་པ་དེ་ལ་དེ་ཉེ་བར་འདོགས་ཏེ། དཔེར་ན་མི་བླུན་པོ་ལ་བ་ལང་ཞེས་བྱ་བ་ལྟ་བུའོ། །དེ་ལྟར་ན་རྣམ་པར་ཤེས་པའི་རང་གི་ངོ་བོ་དང། ཕྱི་རོལ་ན་ཡང་བདག་དང་ཆོས་རྣམས་མེད་བས་བདག་དང་ཆོས་རྣམས་ཀུན་ཏུ་བརྟགས་བ་ཉིད་དེ། དོན ་དམ་པར་ཡོད་པ་མ་ཡིན་པས་ཤེས་བྱ་ཡང་རྣམ་བར་ཤེས་པ་བཞིན་དུ་རྫས་ཉིད་དོ་ཞེས་མཛའ་གཅིག་ཏུ་སྨྲཝ?་བ་འདི་ཁས་མི་བླང་ངོ། །ཉེ་བར་འདོགས་བ་ནི་གཞི་མེད་བར་མི་སྲིད་བས་གང་ལ་བདག་དང་ཆོས་སུ་ཉེ་བར་འདོགས་བ་འབྱུང ་བའི་རྣམ་པར་ཤེས་པ་གྱུར་བ་དངོས་པོ་ཡོད་བར་ངེས་པར་ཁས་བླང་ངོ། །དེ་བས་ན་རྣམ་པར་ཤེས་པ་ཡང་ཤེས་བྱ་བཞིན་དུ་ཀུན་རྫོབ་ཉིད་དེ། དོན་དམ་བར་མེད་དོ་ཞེས་ཁསླན་པ་དེས་རིགས་པ་མི་བཟོད་དེ། ཀུན་རྫོབ་ཏུ་ཡང་དངོས ་པོ་མེད་པར་འགྱུར་བའི་ཕྱིར་རོ། །རྟེན་མེད་ན་ཀུན་རྫོབ་དུ་མི་རུང་སྟེ། དེ་བས་ན་མཛའ་གཅིག་ཏུ་སྨྲ་བ་རྣམ་པ་འདི་གཉི་ག་ཡང་མི་རིགས་བའི་ཕྱིར་གཏང་ངོ་ཞེས་སློབ་དཔོན་གྱི་ཚིག་གོ་།དེ་ལྟར་ན་ཤེས་བྱ་ཐམས་ཅད་ཀུན་བརྟགས་པའི ་ངོ་བོ་ཉིད་ཡིན་བས་དངོས་པོ་མེད་དོ། །རྣམ་པར་ཤེས་པ་ནི་རྟེན་ཅིང་འབྲེལ་བར་འབྱུང་བར་རྫས་སུ་ཡོང་བར་ཁས་བླང་ངོ། །རྣམ་པར་ཤེས་པ་རྟེན་ཅིང་འབྲེལ་བར་འབྱུང་བ་ནི་གྱུར་པའི་སྒྲས་བསྟན་པའོ། །ཕྱི་རོལ་གྱི་ངོན་མེད་པར་རྣམ ་བར་ཤེས་པ་ཉིད་དོན་གྱི་རྣམ་པར་འབྱུང་བ་འདི་ཇི་ལྟར་ཤེས་པ་རུང་ཞེ་ན། ཕྱི་རོལ་གྱི་དོན་བདག་སྣང་བའི་རྣམ་པར་ཤེས་པ་བསྐྱེད་བའི་ཕྱིར་རྣམ་པར་ཤེས་པའི་དམིགས་པའི་རྒྱན་དུ་འདོད་ཀྱི་བྱེད་རྒྱུ་ཙམ་དུ་འདོད་པ་ནི་མ་ཡིན་ཏེ། དེ་མ་ཐག ་པའི་རྐྱེན་ལ་སོགས་པ་དང་བྱེ་བྲག་མེད་བར་འགྱུར་བའི་ཕྱིར་རོ། །རྣམ་པར་ཤེས་པའི་ཚོགས་ལྔ་པོ་དག་ནི་བསགས་པ་ལ་དམིགས་པ་སྟེ། དེའི་རྣམ་པ་དང་འདྲ་བའི་ཕྱིར་རོ། །བསགས་པ་ནི་ཆ་ཤས་འདུས་པ་ཙམ་ལས་གུད་ན་མེད་དེ། ཆ ་ཤས་དེ་དགེ་བཙལ་ནས་བསགས་པའི་རྣམ་པའི་རྣམ་བར་ཤེས་པ་མེད་པའི་ཕྱིར་རོ། །དེ་བས་ན་ཕྱི་རོལ་གྱི་དོན་མེད་བར་རྣཾ་པར་ཤེས་པ་བསགས་པའི་རྣམ་བར་འབྱུང་ངོ། །རྡུལ་ཕྲ་རབ་བསགས་པའི་བདག་ཉིད་ནི་རྡུལ་ཕྲ་རབ་དག་ནི་དེའི་རྣམ ་པ་མ་ཡིན་པའི་ཕྱིར་རོ། །རྡུལ་ཕྲ་རབ་རྣམས་མ་བསགས་པའི་དུས་ལས་བསགས་པའི་དུས་ན་ཡང་རང་བཞིན་བྱེ་བྲག་འགྱུར་པ་ཅི་ཡང་མེད་དེ། དེ་བས་ན་རྡུལ་ཕྲ་རབ་རྣམས་མི་བསགས་པ་བཞིན་དུ་བསགས་པ་ཡང་དམིགས་པར་མི ་རུང་ངོ། །གཞན་དག་རྡུལ་ཕྲ་རབ་རེ་རེ་གཞན་ལ་མི་བལྟོས་བ་ནི་དབང་བོས་མི་རྟོགས་ཀྱི་དབང་པོ་ཕན་ཚུན་བལྟོས་པ་ནི་དབང་པོས་བཟུང་བའོ་སྙམ་དུ་སེམས་པ་དེ་དག་གི་བལྟོས་བ་དད་མ་ལྟོས་པའི་དུས་ན་རང་བཞིན་བྱེ་བྲག་དུ་གུར་བ་མེད ་བས་དབང་པོས་བཟུང་པའམ། དབང་པོས་མི་རྟོག་པ་གཅིག་ཏུ་འགྱུར་རོ། །གལ་ཏེ་ཕན་ཚུན་བལྟོས་པའི་རྡུལ་ཕྲ་རབ་ཉིད་རྣམ་བར་ཤེས་པའི་ཡུལ་དུ་གྱུར་དུ་ཟིན་ན་ནི། དེ་ལྟ་བ་བུམ་བ་དང་རྩིག་བ་ལ་སོགས་པའི་རྣམ་པ་ཐ་དད་པ་གང་ཡིན ་པ་དེ་རྣམ་པར་ཤེས་བ་ལ་འབྱུང་བ་མི་འགྱུར་རོ། །རྡུལ་ཕྲ་རབ་དག་དེའི་རྣམ་པ་མ་ཡིན་པའི་ཕྱིར་རོ། །རྣམ་བར་ཤེས་པ་ལ་སྣང་བ་ཡང་གཞན་ལ་ཡུལ་ཡང་རྣམ་པ་གཞན་དུ་ནི་ཧ་ཅང་ཐལ་བར་འགྱུར་བས་མི་རིགས་སོ། །རྡུལ་ཕྲ་རབ ་དག་ཀྱང་ཚུ་རོལ་དང་ཕ་རོལ་དང་དབུས་ཀྱི་ཆ་ཡོད་བས་ཀ་བ་ལ་སོགས་བ་བཞིན་དུ་དོན་དམ་པར་ཡོད་པ་མ་ཡིན་ནོ། །དེ་ནི་མི་ལན་ནི་རྡུལ་ཕྲ་རབ་ལ་ཤར་དང། ལྷོ་དང། ནུབ་དང། བྱང་ལ་སོགས་བའི་ཕྱོགས་ཐ་དད་པ་མེད་བར་འགྱུར་རོ། །དེའི ་ཕྱིར་རྣམ་པར་ཤེས་པ་བཞིན་དུ་རྡུལ་ཕྲ་རབ་ཀྱང་དབུས་མེད་པ་དང། ཡུལ་ན་མི་གནས་བར་འགྱུར་རོ། །དེ་ལྟ་ན་འོ་ན་ཕྱི་རོལ་གྱི་དོན་མེད་བའི་ཕྱིར་རྣམ་པར་ཤེས་པ་ཉིད་དོན་གྱི་རྣམ་བར་འབྱུང་སྟེ། རྨི་ལམ་གྱི ་རྣམ་པར་ཤེས་བ་དང་མཚུངས་པར་ཁས་བླང་ངོ། །ཚོར་བ་ལ་སོགས་པ་དག་ཀྱང་འདས་པ་དང་མ་འོངས་བ་ནི་དེའི་རྣམ་བའི་རྣམ་པར་ཤེས་པ་བསྐྱེད་བ་མ་ཡིན་ཏེ། འགག་བ་དང་མ་སྐྱེད་བའི་ཕྱིར་རོ། །ད་ལྟར་གྱི་དག་ཀྱང་དེ་ལྟར་གྱི་རྣ? ་པར་ཤེས་བསྐྱེད་བ་མ་ཡིན་ཏེ། སྐྱེ་བའི་ཚེ་ན་ནི་མེད་པའི་ཕྱིར་རོ། །སྐྱེས་བའི་ཚེ་ན་ནི་རྣམ་པར་ཤེས་བ་ཡང་དེའི་རྣམ་པར་སྐྱེས་བའི་ཕྱིར་བྱ་བ་ཅུང་ཟད་ཀྱང་མེད་བས་ཡིད་ཀྱི་རྣམ་བར་ཤེས་བ་ཡང་དམིགས་པ་མེད་བ་ཉིད་དུ་སྐྱེའོ། ། ་གཞན་དག་ན་རེ་བདག་དང་ཆོས་དམིགས་སུ་མེད་ན་ཉེ་བར་འདོགས་པར་མ་རུང་སྟེ། ཉེ་བར་འདོགས་བར་ནི་གསུམ་ཡོད་ན་འགྱུར་གྱི། གང་ཡང་རུང་བ་ཞིག་མེད་ན་མི་འགྱུར་ཏེ། དོན་གྱི་དངོས་དང། དེ་དང་འདྲ་བའི་ཡུལ་གཞན་དང། དེ ་གཉིག་དང་འདྲ་སྟེ། དཔེར་ན་དོན་གྱི་དངོས་མེད་དང། དེ་དང་འདྲ་བ་བྲམ་ཟེའི་ཁྱེའུ་དང། དེ་གཉིས་ཀའི་མཐུན་མོང་གི་ཆོས་སེར་བ་ཉིད་དང་རྣོ་བ་ཉིད་ཡོད་ན་བྲམ་ཟེའི་ཁྱེའུ་ལ་མེ་ཉེ་བར་འདོགས་བར་བྱེད་པ་ལྟ་བུའོ་ཞེས་ཟེར་རོ། །འདི་ལ ་བྲམ་ཟེའི་ཁྱེའུ་ལ་མེ་ཉེ་བར་འདོགས་བ་ནི་རིས་སམ་རྫས་ཤི་ཉེ་བར་འདོགས་གྲང་ན། ཉེ་བར་འདོགས་བ་གཉི་ག་ཡང་མེད་དོ། །དེ་ལ་རེ་ཞིག་མཐུན་མོང་གི་ཆོས་སེར་བ་ཉིད་དམ་རྣོ་བ་ཉིད་ནི་མེའི་རིགས་ཀྱི་མ་ཡིན་ནོ། །ཐུན་མོང ་གི་ཆོས་མེད་པར་བྲམ་ཟེའི་ཁྱེའུ་ལ་ཉེ་བར་གདགས་སུ་མི་རུང་སྟེ། ཧ་ཅང་ཐལ་བར་འགྱུར་རོ། །རིགས་ཆོས་དེ་གཉིས་དང་ལྡན་བ་མ་ཡིན་ཡང་རྣོ་བ་ཉིད་དང་སེར་བ་ཉིད་རིགས་མེད་བར་མི་འབྱུང་བའི་ཕྱིར་བྲམ་ཟེའི་ཁྱེའུ་ལ་རིགས་ཉེ ་བར་འདོགས་པར་འགྱུར་རོ་ཞེ་ན། རིགས་མེད་པར་ཡང་རྣོ་བ་ཉིད་དང་སེར་བ་ཉིད་བྲམ་ཟེའི་ཁྱེའུ་ལ་མཐོང་བའི་ཕྱིར་མེད་པར་མི་འབྱུང་བ་ཡང་རིགས་པ་མ་ཡིན་ནོ། །མེད་པར་མི་འབྱུང་བ་ནི་ཉེ་བར་འདོགས་པ་ལ་མེད་དེ། མི་བཞིན་དུ་བྲམ་ཟེའི་ཁྱེའུ་ལ་རིགས ་ཡོད་པའི་ཕྱིར་རོ། །དེ་ལས་ན་བྲམ་ཟེའི་ཁྱེའི་ལ་རིགས་ཉེ་བར་གདགས་སུ་མི་རུང་ངོ། །རྫས་སུ་ཉེ་བར་གདགས་སུ་མི་རུང་སྟེ། སྤྱིའི་ཆོས་མེད་བའི་ཕྱིར་རོ། །མེའི་ཡོན་ཏན་རྣོ་བའམ་སེར་བ་གང་ཡིན་བ་དེ་ཉིད་བྲམ་ཟེའི་ཁྱེའུ་ལ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན་།དེ་དེ ་ལས་གཞན་ཏེ། བྱེ་བྲག་ནི་དང་གི་གནས་དང་འབྲེལ་བའི་ཕྱིར་རོ། །མེའི་ཡོན་ཏན་མེད་པར་བྲམ་ཟེའི་ཁྱེའུ་ལ་མེ་ཉེ་བར་གདགས་པ་ནི་མི་རིགས་སོ། །གལ་ཏེ་མེའི་ཡིན་ཏན་ནང་འདྲེ་བས་རིགས་སོ་ཞེ་ན། དེ་ལྟ་ན་ཡང་འདྲ་བའི་ཕྱིར་མེའི་ཡོན་ཏན་རྣོ་བ་ཉིད་དང་སེར ་བ་ཉིད་བྲམ་ཟེའི་ཁྱེའུའི་ཡོན་ཏན་རྣོ་བ་ཉིད་དང་སེར་བ་ཉིད་ལ་ཉེ་བར་གདགས་སུ་ནི་རུང་སྟེ་།ཡོན་ཏན་འདྲ་བས་བྲམ་ཟེའི་ཁྱེའུ་ལ་མེ་ཉེ་བར་གདགས་སུ་ནི་མི་རུང་སྟེ། མེ་ནི་ཡོན་ཏན་གྱི་འདྲ་བ་དང་འབྲས་བ་མེད་པའི་ཕྱིར་རོ། །དེ་ལྟ་བས་ན་རྫས་ཉེ་བར་གདགས ་སུ་ཡང་མི་རུང་ངོ། །དོན་གྱི་དངོས་ཡང་མེད་དེ། དེའི་རང་གི་ངོ་བོ་ནི་ཤེས་པ་དང་བརྗོད་པ་ཐམས་ཅད་ཀྱི་ཡུལ་ལས་འདྲས་པའི་ཕྱིར་རོ། །གཙོ་བོ་ལ་ཤེས་པ་དང་བརྗོད་བ་ཡོན་ཏན་གྱིས་འཇུག་བར་ཟད་དེ། དེའི་རང་གི་ངོ་བོ་ལ་ནི་མི་རིག་གོ་།གཞན་དུ་མ ་ཡོན་ཏན་དོན་མེད་བར་འགྱུར་རོ། །ཤེས་པ་དང་བརྗོད་པ་མ་གཏོགས་པར་དོན་གྱི་དངོས་ཀྱི་རང་གི་ངོ་བོ་ཡོངས་སུ་གཅོད་བའི་ཐབས་གཞན་མེད་བས་དེའི་ཕྱིར་གཙོ་བོའི་རང་གི་ངོ་བོའི་ཡུལ་ལ་ཤེས་བ་དང་བརྗོད་བ་མེད་བས་དོན་གྱི་དངོས་པོ་མེད ་བར་ཁོང་དུ་ཆུད་བར་བྱའོ། །དེ་བཞིན་དུ་སྒྲའི་བར་དུ་འབྲེལ་བ་མེད་བས་ཤེས་པ་དང་བརྗོད་པ་གང་ཡང་མེད་དོ། །དེ་ལྟར་ན་བརྗོད་བ་དང་བརྗོད་པར་བྱ་བ་མེད་པས་དོན་གྱི་དངོས་པོ་མེད་དོ། །ཡང་འདི་དག ་ཐམས་ཅད་ནི་བཏགས་པ་ཉིད་དེ་དངོས་ནི་མེད་དོ། །བཏགས་པ་ཞེས་བྱ་བ་ནི་གང་ན་གང་མེད་བའི་ཚུལ་གྱིས་འཇུག་བ་སྟེ། སྒྲ་ཐམས་ཅད་ཀྱང་གཙོ་བོ་ལ་མེད་པར་བཏགས་པའི་ངོ་བོས་འཇུག་གོ་།དེ་བས་ན་དངོས ་པོ་མེད་བ་ཉིད་དེ། དེ་ལ་བདག་དང་ཆོས་སུ་མེད་ན་ཉེ་བར་འདོགས་པ་མི་རིགས་སོ་ཞེས་སྨྲས་པ་གང་ཡིན་པ་དེ་མི་རིགས་སོ། །རྣམ་པར་ཤེས་པ་གྱུར་པ་རབ་ཏུ་དབྱེ་བ་དུ་ཡོད་པ་མི་ཤེས་ཏེ་།དེ་བས་ན་དེའི་དབྱེ་བ་རབ་ཏུ་བསྟན་པའི་ཕྱིར། ་གྱུར་པ་དེ་ཡང་རྣམ་གསུམ་སྟེ། ཞེས་བྱ་བ་སྨྲས་སོ། །གང་ལ་བདག་ཉེ་བར་འདོགས་པ་དང། ཆོས་ཉེ་བར་འདོགས་པ་དེ་ཡང་རྒྱུའི་དངོས་པོ་དང་འབྲས་བུའི་དངོས་པོ་ཐ་དད་པའོ། །དེ་ལ་རྒྱུར་གྱུར་པ་ནི་ཀུན་གཞི་རྣམ་པར་ཤེས་པ་ལ ་རྣམ་བར་སྨིན་པ་པ་དང་རྒྱུ་མཐུན་པའི་བག་ཅགས་རྒྱས་པ་གང་ཡིན་པའོ། །འབྲས་བུར་གྱུར་པ་ནི་སྔོན་གྱི་ལས་ཀྱི་འཕངས་པ་ཡོངས་སུ་རྫོགས་ལ། རྣམ་པར་སྨིན་པའི་བག་ཆགས་འབྱུང་བ་རྙེད་ནས་རེས་མཐུན་པ་གཞན་དག་ཏུ་ཀུན ་གཞི་རྣམ་པར་ཤེས་པ་མངོན་པར་འགྲུབ་པ་གང་ཡིན་པ་དང། རྒྱུ་མཐུན་པའི་བག་ཆགས་འབྱུང་བ་རྙེད་ནས་འཇུག་བའི་རྣམ་པར་ཤེས་པ་དང་ཉོན་མོངས་པ་ཅན་གྱི་ཡིད་ཀུན་གཞི་རྣམ་པར་ཤེས་པ་ལས་མངོན་པར་འགྲུབ་པ་གང་ཡིན ་པའོ། །དེ་ལ་འཇུག་པའི་རྣམ་བར་ཤེས་པ་དགེ་བ་དང་མི་དགེ་བ་ནི་ཀུན་གཞི་རྣམ་པར་ཤེས་པ་ལ་རྣམ་བར་སྨིན་པའི་བག་ཆགས་དང་རྒྱུ་མཐུན་པའི་བག་ཆགས་སྐྱེད་དོ། །ལུང་དུ་མ་བསྟན་པ་དང། ཉོན་མོངས་བ་ཅན་གྱི་ཡིད་ནི་རྒྱུ ་མཐུན་བའི་བག་ཆགས་ཉིད་སྐྱེད་དོ། གྱུར་བ་རྣམ་པ་གསུམ་བཤད་པ་གང་ཡིན་པ་དེ་ཡང་མི་ཤེས་ནས། དེ་བས་ན་དེའི་རབ་ཏུ་དབྱེ་བ་བསྟན་བའི་ཕྱིར། རྣམ་པར་སྨིན་དང་སེམས་དང། །ཡུལ་ལ་རྣམ་པར་རིགས་བའོ་ཞེས་པ་སྨོས་པ། ་གྱུར་པ་རྣམ་བ་གསུམ་པོ་དེ་དག་ནི་རྣམ་པར་སྨིན་པ་ཞེས་བྱ་བ་དང། བར་སེམས་བ་ཞེས་བྱ་བ་དང། ཡུལ་ལ་རྣམ་བར་རིག་བ་ཞེས་བྱ་བའོ། །དེ་ལ་ལས་དགེ་བ་དང་མི་དགེ་བའི་བག་ཆགས་ཡོངས་སུ་སྨིན་པའི་དབང་གིས་ཇི་ལྟར་འཕངས་བའི་འབྲས་བུ་མངོན་པར་འགྲུབ་བ་ནི་རྣམ ་བར་སྨིན་པའོ། །ཉོན་མོངས་བ་ཅན་གྱི་ཡིད་ནི་རྟག་ཏུ་ངར་སེམས་པའི་བདག་ཉིད་ཡིན་བས་དང་སེམས་པའོ། །གཟུགས་ལ་སོགས་བ་ཡུལ་སོ་སོར་སྣང་བས་མིག་ལ་སོགས་བའི་རྣམ་པར་ཤེས་བ་རྣམ་པ་དྲུག་ནི་ཡུལ་ལ་རྣམ་པར་རིག་པར་བྱའོ། །དེའི་རང་གི་ངོ་བོ ་བཤད་བ་མེད་བར་དེ་མི་རྟོགས་བས་དེ་བས་ན་རང་གི་ངོ་བོ་གང་ཡིན་བ་དེ་རིམ་བ་བཞིན་དུ་རབ་ཏུ་བསྟན་བའི་ཕྱིར། དེ་ལ་ཀུན་གཞི་རྣམ་ཤེས་ནི། །རྣམ་སྨིན་ས་བོན་ཐམས་ཅད་པ་ཞེས་བྱ་བ་སྨོས་སོ། །དེ་ལ་ཞེས་བྱ་བ་ནི་གང་གྱུར་བ་རྣམ་བ་རྣམ་བ་གསུམ་བཤད་མ་ཐག་པ་ལ ་བྱའོ། །ཀུན་གཞི་ཞེས་བྱ་བ་ནི་ཀུན་གཞི་རྣམ་བར་ཤེས་པ་ལ་བྱའོ། །རྣམ་པར་ཤེས་པ་གང་ཡིན་པ་དེ་རྣམ་བར་སྨིན་པར་གྱུར་པའོ། །དེ་ཀུན་ནས་ཉོན་མོངས་པའི་ཆོས་ཐམས་ཅད་ཀྱི་ས་བོན་གྱི་གནས་ཡིན་བས་ཀུན་གཞི་སྟེ། ཀུན་གཞི་དང་རྟེན་ཅེས་བྱ་བ ་ནི་རྣམ་གྲངས་སུ་གཏོགས་བའོ། །ཡང་ན་དེ་ལ་ཆོས་ཐམས་ཅད་འབྲས་བུའི་དངོས་པོར་འཇུག་ཅིང་འབྲེལ་བའམ་དེ་ཆོས་ཐམས་ཅད་ལ་རྒྱུའི་དངོས་བོར་འཇུག་ཅིང་འབྲེལ་བས་ཀུན་གཞིའོ། །རྣམ་བར་ཤེས་པ་བྱེད? ་བས་རྣམ་པར་ཤེས་པའོ། །ཁམས་དང། འགྲོ་བ་དང། སྐྱེ་གནས་དང་རིགས་ཐམས་ཅད་དུ་ལས་དགེ་བ་དང་། མི་དགེ་བའི་རྣམ་པར་སྨིན་བས་རནམ་བར་ཤེས ་པའོ། ། ཆོས་ཐམས་ཅད་ཀྱི་ས་བོན་གྱི་གནས་ཡིན་བས་ས་བོན་ཐམས་ཅད་པའོ། །གལ་ཏེ་འཇུག་པའི་རྣམ་བར་ཤེས་བ་ལས་གུང་ན་ཀུན་གཞི་རྣམ་པར་ཤེས་པ་ཡོད་ན་གོ་བ་དེའི་ཕྱིར་དམིགས་པ་དང་རྣམ་པ་ཡང་བརྗོད་དགོས་ཏེ། དམིགས་བ་མེད་པ་དང་རྣཾ་པར? ་མེད་བའི་རྣམ་པར་ཤེས་པ་ནི་མི་རུང་ངོ། །དེ་དམིགས་པ་མེད་པ་དང་རྣམ་བ་མེད་པར་ནི་མི་འདོད་མོད་ཀྱི། འོན་ཀྱང་དམིགས་པ་དང་རྣམ་པ་ཡོངས་སུ་མ་ཆད་པའོ། །ཅིའི་ཕྱིར་ཞེ་ན། འདི་ལྟར་ཀུན་གཞི་རྣམ ་པར་ཤེས་བ་ནི་ནང་གི་ཉེ་བར་ལེན་བའི་རྣམ་པར་རིག་པ་དང། ཕྱི་རོལ་གྱི་རྣམ་པ་ཡོངས་སུ་མཆད་བ་སྣོད་ཀྱི་རྣམ་པར་རིག་པ་དང་རྣམ་གཉིས་སུ་འབྱུང་སྟེ། དེ་ལ་ནང་གི་ཉེ་བར་ལེན་པ་ནི་ཀུན་བཏགས་པའི་ངོ་བོ་ཉིད་ལ་མངོན་པར་ཞེ་ན ་བའི་བག་ཆགས་དང། གནས་དང་བཅས་པའི་དབང་པོའི་གཟུགས་དང་མིང་སྟེ། དེའི་དམིགས་པ་ཤིན་དུ་ཕྲ་བའི་ཕྱིར་རོ། །དེའི་ལེན་པ་དག་དང་གནས། །རྣམ་པ་རིག་བ་མི་རིགས་ཏེ། གང་ལ་ལེན་བ་མི་རིགས་བ་དང། གནས་ཀྱི ་རྣམ་པར་རིག་བ་མི་རིགས་བ་ཡོད་བའི་ཕྱིར་ཀུན་གཞི་རྣམ་བར་ཤེས་པ་དེ་ལེན་པ་དང་གནས་ཀྱི་རྣམ་བ་རིག་པ་མི་རིག་པའོ། །དེ་ལ་ལེན་བ་ནི་ལེན་པར་བྱེད་བའོ། །དེ་ཡང་བདག་ལ་སོགས་བར་རྣམ་པར་རྟོག་པའི་བག་ཆགས་དང། ་གཟུགས་ལ་སོགས་པའི་ཆོས་སུ་རྣམ་པར་རྟོག་པའི་བག་ཆགས་སོ། །དེ་ཡོད་བའི་ཕྱིར་ཀུན་གཞི་རྣམ་པར་ཤེས་པས་བདག་ལ་སོགས་པ་རྣམ་བར་རྟོག་པ་དང། གཟུགས་ལ་སོགས་པ་རྣམ་པར་རྟོག་པ་འབྲས་བུར་ལེན་པས་བདག་ལ ་སོགས་པར་རྣམ་པར་རྟོག་པ་དང། གཟུགས་ལ་སོགས་པར་རྣམ་པར་རྟོག་པའི་བག་ཆགས་དེ་ནི་ལེན་པ་ཞེས་བྱ་སྟེ། དེ་ནི་འདི་ལ་འདིའོ་ཞེས་ཚོར་བའི་རྣམ་བར་མི་རིགས་བས་དེའི་ཕྱིར་དེ་ནི་ལེན་བ་མི་རིག་བ་ཞེས་བྱའོ། །ཡང་ན་གནས་ཉེ ་བར་ལེན་པས་ལེན་པའོ། །གནས་ནི་ལུས་སོ། །དེ་ཡང་གནས་དང་བཅས་པའི་དབང་པོའི་གཟུགས་དང་མིང་ངོ། །དེའི་ཉེ་བར་ལེན་བ་གང་ཡིན་པ་དེ་ནི་ཉེ་བར་འགྲོ་བ་སྟེ། དེ་གྲུབ་པ་དང་བདེ་བ་གཅིག་པས་ལེན་པའོ། །དེ་ལ་འདོད་པ་དང། ་གཟུགས་ཀྱི་ཁམས་ན་ནི་གཉི་ག་ལེན་ཏོ། །གཟུགས་ཀྱི་འདོད་ཆགས་དང་བྲལ་བས་གཟུགས་མེད་པའི་ཁམས་ན་ནི། གཟུགས་སུ་རྣམ་བར་སྨིན་བ་མངོན་པར་མི་འགྲུབ་བས་མིང་བཞི་ལེན་པ་ཉིད་དེ། འོན་ཀྱང་དེ་ནི་གཟུགས་བག་ཆགས ་ཀྱི་དུས་ཉིད་དེ། རྣམ་པར་སྨིན་པའི་དུས་ནི་མ་ཡིན་ནོ། །ལེན་པ་དེ་ལ་འདིའོ་ཞེས་རིག་བར་མི་ནུས་པས་དེའི་ཕྱིར་མི་རིག་བ་ཞེས་བྱ་བའོ། །གནས་ཀྱི་རྣམ་པར་རིག་བ་ནི་སྣོད་གྱི་འཇིག་རྟེན་གནས་པར་རྣམ་པར་རིག་པ་སྟེ། དེ་ཡང ་དམིགས་པ་དང་རྣམ་པ་ཡོངས་སུ་མ་ཆད་པ་འབྱུང་བས་མི་རིགས་པ་ཞེས་བྱའོ། །ཇི་ལྟར་ན་རྣམ་པར་ཤེས་པ་དམིགས་པ་དང་རྣམ་པར་ཡོངས་སུ་མ་ཆད་པར་འགྱུར་ཞེ་ན། འདི་ནི་རྣམ་པར་ཤེས་བར་སྨྲ་བ་གཞན་དག་གི་འགོག་པའི ་སྙོམས་པར་འཇུག་པ་ལ་སོགས་བའི་དུས་དང་མཚུངས་སོ། །འགོག་པ་ལ་སོགས་པའི་དུས་ན་རྣམ་པར་ཤེས་པ་མེད་བར་རྟོག་པར་ཡང་མི་ནུས་ཏེ། རིགས་པ་དང་འགལ་བའི་ཕྱིར་རོ། །དེ་ལ་ཀུན་གཞི་རྣམ་ཤེས་ནི་ཞེས་སྨོས་པས་རྣམ ་པར་ཤེས་པ་ནི་ངེས་པར་སེམས་ལས་བྱུང་བ་རྣམས་དང་མཚུངས་པར་ལྡན་པར་དེའི་ཕྱིར་སེམས་ལས་བྱུང་བ་གང་དག་ཡིན་པ་དང། དུ་ཞིག་དང་མཚུངས་པར་ལྡན་བ་ཡང་བཤད་དགོས་ལ། དེ་བཞིན་དུ་ཅི་སེམས་ལས་བྱུང་བ་དེ་དག་དང ་རྟག་ཏུ་མཚུང་པར་ལྡན་ནམ། འོན་ཏེ་མ་ཡིན་ཞེ་ན། དེའི་ཕྱིར། རྟག་ཏུ་རེག་དང་ཡིད་བྱེད་དང། །རེག་དང་འདུ་ཤེས་སེམས་པར་ལྡན་ཞེས་བྱ་བ་སྨོས་སོ། །རྟག་ཏུ་ཞེས་བྱ་བ་ནི་ཀུན་གཞི་རྣམ་པར་ཤེས་པ་ཇི་སྲིད་པ་དེ་སྲིད་དུ་རེག་བ་དང ་ཡིད་ལ་བྱེད་པ་དང། ཚོར་བ་དང། འདུ་ཤེས་དང། སེམས་པ་ཞེས་བྱ་བ་ཀུན་དུ་འགོ་བའི་ཆོས་ལྔ་བོ་འདི་དག་དང་ལྡན་ནོ། །རེག་པ་ནི་ཚོར་བའོ། །དེ་ལ་རེག་པ་ནི་གསུམ་འདུས་ནས་དབང་པོའི་འགྱུར་བ་ཡོངས་སུ་གཅོད་པ་སྟེ། ཚོར་བར ་བརྟེན་བྱེད་པའི་ལས་ཅན་ནོ། །དབང་པོ་དང། ཡུལ་དང། རྣམ་པར་ཤེས་བ་གསུམ་ཉིད་གསུམ་མོ། །དེའི་རྒྱུ་དང་འབྲས་བུའི་དངོས་བོར་དུས་མཉམ་དུ་གནས་པ་ནི་གསུམ་འདུས་པའོ། །དེ་ཡོད་ན་དང་དུས་མཉམ ་པ་ཉིད་ན་བདེ་བ་ལ་སོགས་པའི་ཚོར་བ་དང་འཐུན་པ་དབང་པོའི་འགྱུར་བ་གང་ཡིན་པ་དེ་དང་འདྲ་བ་བདེ་བ་ལ་སོགས་པ་མྱོང་བར་འགྱུར་བའི་ཡུལ་གྱི་རྣམ་པ་ཡོངས་སུ་གཅོད་པ་གང་ཡིན་བ་དེ་རེག་པའོ། །དབང་པོ་ཡང་བྱེ་བྲག་གང་གིས་བདེ ་བ་དང་སྡུག་བསྔལ་ལ་སོགས་པའི་རྒྱུ་ཉིད་དུ་འགྱུར་བ་དེ་ནི་དེའི་འགྱུར་བའོ། །རེག་པ་ཡང་དབང་བོའི་འགྱུར་བ་དང་འདྲ་བས་དབང་པོའི་རིག་པ་འམ། དབང་བོའི་རེག་བས་རེག་བ་ཞེས་བྱའོ། །དེའི་ཕྱིར་ཡུལ་གྱི་འགྱུར་བ་ཡོངས་སུ་གཅོད ་པའི་བདག་ཉིད་ཡིན་ཏུ་ཟིན་ཀྱང་དབང་པོའི་འགྱུར་བ་ཡོངས་སུ་གཅོད་པ་ཞེས་བཤད་དོ། །འདིའི་ལས་ནི་ཚོར་བའི་རྟེན་ཏེ། དེ་སྐད་དུ་མདོ་ལས་ཀྱང། །བདེ་བ་མྱོང་བར་འགྱུར་བའི་རེག་པ་ལ་བརྟེན་ནས། བདེ་བའི་ཚོར་བ་འབྱུང་ངོ་ཞེས་རྒྱ ་ཆེར་གསུངས་སོ། །ཡིད་ལ་བྱེད་པ་ནི་སེམས་ཀྱི་འཇུག་པའོ། །འཇུག་པར་བྱེད་པས་འཇུག་པ་སྟེ། དམིགས་པ་ལ་གང་གིས་སེམས་མངོན་དུ་ཕྱོགས་པར་བྱེད་པའོ། །དེ་ནི་དམིགས་པ་ལ་སེམས་འཛིན་པའི་ལས་ཅན་ཏེ། སེམས་འཛིན་པ་ནི ་དམིགས་བ་དེ་ཉིད་ལ་སེམས་ཡང་དང་ཡང་དུ་གཏོང་པའོ། །ལས་དེ་ཡང་སེམས་ཀྱི་རྒྱུན་གྱི་དམིགས་པ་ངེས་པར་ཡིད་ལ་བྱེད་པ་བྱེ་བྲག་ཅན་གྱི་དབང་དུ་བྱས་ནས་བཤད་ཀྱི། དེ་སེམས་ཀྱི་སྐད་ཅིག་རེ་རེ་ལ་ནི་མ་ཡིན་ནོ། །དེ་ནི་སྐད་ཅིག་རེ་རེ་ཉིད ་ལ་ལས་བྱེད་བ་ཡིན་གྱི། སྐད་ཅིག་གཞན་ལ་ནི་མ་ཡིན་ནོ། །ཚོར་བ་ནི་མྱོང་བའི་རང་བཞིན་ནོ། །དེ་ཡང་ཡུལ་སིམ་བར་བྱེད་པ་དང་གདུང་བར་བྱེད་པ་དང། དེ་གཉི་གའི་རྣམ་པ་ལས་དབེན་བའི་རང་གི་ངོ་བོ་མངོན་དུ་བྱེད་པའི་བྱེ་བྲག་གིས་རྣཾ་པ ་གསུམ་དུ་འགྱུར་ཏེ། བདེ་བ་དང། སྡུག་བསྔལ་དང། སྡུག་བསྔལ་བ་ཡང་མ་ཡིན་པའོ། །འདི་སྙམ་དུ་སེམས་ཏེ། ལས་དགེ་བ་དང། མི་དགེ་བ་རྣམས་ཀྱི་འབྲས་བུ་རྣམ་པར་སྨིན་པ་འདིས་མྱོང་བར་བྱེད་བས་མྱོང་བ་སྟེ། དེ་ལ་བདེ་བ་མྱོང་བ་ནི་ལས་དགེ ་བ་རྣམས་ཀྱི་འབྲས་བུ་རྣམ་པར་སྨིན་པའོ། །སྡུག་བསྔལ་མྱོང་བ་ནི་ལས་མི་དགེ་བ་རྣམས་ཀྱི་འབྲས་བུ་རྣམ་པར་སྨིན་པའོ། །སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པ་མྱོང་བ་ནི་ལས་དགེ་མི་དགེ་གཉི་གའི་འབྲས་བུ་རྣམ་པར་སྨིན་པའོ ་སྙམ་དུ་སེམས་སོ། །འདིར་ཀུན་གཞི་རྣམ་པར་ཤེས་པ་ཉིད་ལས་དགེ་བ་དག། མི་དགེ་བའི་རྣམ་པར་སྨིན་བ་སྟེ། དོན་དམ་པར་ན་དེ་དང་མཚུངས་པར་ལྡན་པའི་བཏང་སྙོམས་ཉིད་ལས་དགེ་བ་དང། མི་དགེ་བ་རྣམས་ཀྱི་འབྲས་བུ་རྣམ་པར་སྨིན ་པའོ། །བདེ་བ་དང་སྡུག་བསྔལ་ནི་ལས་དགེ་བ་དང། མི་དགེ་བའི་རྣཾ་པར་སྨིན་པ་ལས་བྱུང་བའི་ཕྱིར་རྣམ་པར་སྨིན་བ་ཞེས་ཉེ་བར་འདོགས་སོ། །དེ་ལ་བདེ་བ་མྱོང་བ་ནི་གང་བྱུང་ན་འབྲལ་བར་མི་འདོད་པ་དང། འགགས་ན་སླར་ཕྲད་པར་འདོད ་པ་སྐྱེའོ། །སྡུག་བསྔལ་མྱོང་པ་ནི་གང་བྱུང་ན་བྲལ་བར་འདོད་བ་དང། འགགས་ན་སླར་ཕྲད་པར་མི་འདོད་པའོ། །སྡུག་བསྔལ་གང་མ་ཡིན་བདེ་བ་ཡང་མ་ཡིན་པ་མྱོང་བ་ནི་གང་བྱུང་ངམ་འགག་ཀྱང་རུང་གཉི་ག་མི་སྐྱེ་བའོ། །འདུ་ཤེས་ནི་ཡུལ་ལ་མཚན་མར ་འཛིན་པའོ། །ཡུལ་ནི་དམིགས་པའོ། །མཚན་མ་ནི་དེའི་བྱེ་བྲག་སྔོན་པོ་དང། སེར་པོ་ལ་སོགས་པ་དམིགས་བ་རྣམ་བཞག་པའི་རྒྱུའོ། །དེ་ལ་འཛིན་པ་ནི་འདི་སྔོན་པོ་ཉིད་ཡིན་གྱི་སེར་པོ་ནི་མ་ཡིན་ནོ་ཞེས་རྟོག་པའོ། །སེམས་པ་ནི་སེམས ་མངོན་པར་འདུ་བྱེད་པ་ཡིད་གཡོ་བར་བྱེད་པ་སྟེ། གང་ཡོད་ན་ཁབ་ལོང་གི་དབང་གིས་ལྕགས་གཡོ་བ་བཞིན་དུ་དམིགས་པ་ལ་སེམས་གཡོ་བར་བྱེད་པའོ། །ཚོར་བ་ནི་རྣམ་བ་གསུམ་སྟེ། བདེ་བ་དང་སྡུག་བསྔལ་བ་དང། སྡུག་བསྔལ་ཡང་མ ་ཡིན་བདེ་བ་ཡང་མ་ཡིན་པའོ། །ཆོས་ཀྱང་རྣམ་པ་བཞི་སྟེ། དགེ་བ་དང། མི་དགེ་བ་དང། བསྒྲིབས་པའི་ལུང་དུ་མ་བསྟན་པ་དང། མ་བསྒྲིབས་པའི་ལུང་དུམ་བསྟམ་པ་ཡིན་ནོ། །དེ་ལ་ཀུན་གཞི་རྣམ་པར་ཤེས་པ ་ལ་ཚོར་བ་སྤྱིར་བཤད་པས་ཚོར་བ་རྣམ་པ་གསུམ་ལ་ཚོར་བ་གང་ཡིན་པ་མི་ཤེས་ལ། དེ་བཞིན་དུ་དེ་ཡང་ཅི་དག་པ་འམ། མི་དགེ་བའམ། བསྒྲིབས་ལ་ལུང་མ་བསྟན་པའམ། མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་གང་ཡིན་པ་གཏོལ་མེད ་པས་དེའི་ཕྱིར། དེ་ལ་ཚོར་བ་བཏང་སྙོམས་ཏེ། དེ་ནི་མ་བསྒྲིབས་ལུང་མ་བསྟན་ཅེས་བྱ་བས་སྨོས་སོ། །དེ་ལ་ཞེས་བྱ་བ་ནི་ཀུན་གཞི་རྣམ་བར་ཤེས་པ་ཉིད་ཀྱི་སྐབས་ཡིན་པས་དེར་བསྙེགས་སོ། །ཀུན་གཞི་རྣམ་པར་ཤེས་པ་ལ་ཚོར ་བ་བཏང་སྙོམས་ཉིད་ཡིན་གྱིས་བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་ཏེ། དེ་གཉིས་ཀྱི་དམིགས་པ་དང་རྣམ་པ་ཡོངས་སུ་ཆད་པའི་ཕྱིར་རོ། །དེ་ནི་མ་བསྒྲིབས་ལུང་མ་བསྟན་ཅེས་བྱ་བ་ཡང་ཀུན་གཞི་རྣམ་པར་ཤེས་པ་ལ་བསྙེཌ ་སོ། །དེ་ལ་མ་བསྒྲིབས་པ་སྨོས་བ་ནི་བསྒྲིབས་པའི་ལུང་དུ་མ་བསྟན་པ་རྣམ་པར་བཅད་པའི་ཕྱིར་རོ། །ལུང་དུ་མ་བསྟན་པ་སྨོས་བ་ནི་དགེ་བ་དང། མི་དགེ་བ་རྣམ་པར་གཅད་པའི་ཕྱིར་རོ། །ཡིད་ཀྱིས་པའི་ཉེ་བའི་ཉོན་མོངས་པ་གློ་བུར་བ་རྣམས ་ཀྱིས་མ་བསྒྲིབས་པའི་ཕྱིར་མ་བསྒྲིབས་པའོ། །རྣམ་པར་སྨིན་པ་ཡིན་པས་རྣམ་པར་སྨིན་པར་གྱུར་པ་ནི་དགེ་བ་དང་མིང་སྒེ་དང་ལུང་བསྟན་དུ་མེད་བས་ལུང་དུ་མ་བསྟན་པའོ། །རེག་ལ་སོགས་པ་ཡང་དེ་བཞིན་ནོ། །ཇི་ལྟར་ཀུན་གཞི་རྣམ་བར ་ཤེས་པ་གཅིག་ཏུ་རྣམ་པར་སྨིན་པ་དང། དམིགས་པ་རྣམ་པ་ཡོངས་སུ་མཆད་པ་དང། རྟག་ཏུ་རེག་པ་ལ་སོགས་པ་དང། །ལྡན་པ་དང། དེ་ལ་ཚོར་བ་བཏང་བསྙོམས་ཉིད་དང། མ་བསྒྲིབ་ལ་ལུང་དུ་མ་བསྟན ་པ་དེ་བཞིན་དུ་རེག་པ་ལ་སོགས་པ་ཡང་གཅིག་ཏུ་རྣམ་པར་སྨིན་པ་ཉིད་དང། དམིགས་པ་དང་རྣམ་པ་ཡོངས་སུ་མཆད་བ་དང། བདག་མ་གཏོགས་པར་གཞན་བཞི་དང། ཀུན་གཞི་རྣམ་པར་ཤེས་པ་དང་རྟག་ཏུ་ལྡན་ནོ། །དེ་དག་ལས་ཚོར་བ་བཏང ་སྙོམས་ཉིད་དང། མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་ཡང་ཀུན་གཞི་རྣམ་པར་ཤེས་པ་བཞིན་ཏེ། རྣམ་པར་སྨིན་པ་དང་མཚུངས་པར་ལྡན་པ་རྣམས་རྣམ་པར་སྨིན་བ་མ་ཡིན་བ་དང། དམིགས་པ་དང་རྣམ་ལ་ཡོངས་སུ་མཆིད་པ་ཡང་དམིགས་པ ་དང། རྣམ་པ་ཡོངས་སུ་ཚད་མི་སྲིད་དེ?། གཞན་དུ་ཡང་དེ་བཞིན་དུ་བརྗོད་པར་བྱའོ། །ཅི་ཀུན་གཞི་རྣམ་པར་ཤེས་པ་ཇི་སྲིད་འཁོར་གྱི་བ་དུ་ཐ་དད་པ་མེད་པར་འཇུག་པ་ཞིག་གམ། འོན་ཏེ་རྒྱན་གྱི་འཇུག་ཅེ་ན། དེ་གཅིག་དུ་ཐ་དད་མེད་པར ་འཇུག་པ་མ་ཡིན་ཏེ་སྐད་ཅིག་པའི་ཕྱིར་རོ། །འོན་ཀྱང་དེ་ནི་རྒྱན་འབབ་ཆུ་བོ་བཞིན། དེ་ནི་ཞེས་བྱ་བ་ནི་ཀུན་གཞི་རྣམ་པར་ཤེས་པ་ཉིད་དང་སྦྱར་རོ། །དེ་ལ་རྒྱུ་ནི་རྒྱུ་དང་འབྲས་བུ་བར་ཆད་མེད་པར་རྒྱན་ཏུ་འབྱུང་བའོ། །ཆུའི་ཚོགས་ཀྱི་སྔ ་ཕྱིའི་ཆུ་རྒྱུན་མི་འཆད་པར་འབབ་པ་ནི་ཆུ་བོ་ཞེས་བྱའོ། །ཇི་ལྟར་ཆུ་བ་རྩ་དང་ཤིང་ལྕི་བ་ལ་སོགས་པ་དེ་དེར་ཅིང་འབབ་པ་དེ་བཞིན་དུ་ཀུན་གཞི་རྣམ་པར་ཤེས་བསོད་ནམས་དང་བསོད་ནམས་མ་ཡིན་བ་དང། མི་གཡོ་བའི་ལས་ཀྱི་བག ་ཆགས་དང་ལྡན་པ་ཡང་རེག་པ་དང་ཡིད་ལ་བྱེད་བ་ལ་སོགས་པ་བསྡུས་ནས་ཇི་སྲིད་འཁོར་གྱི་བར་དུ་རྒྱུན་མི་འཆད་པར་རྒྱུན་ཏུ་འབྱུང་ངོ། །དེ་ལྟར་རྒྱུན་ཏུ་འགྱུར་བ་དེ་སྣང་གི་ཚེ་ན་ལྟོག་པར་འགྱུར་སྙམ་པ་ལ། དགྲ་བཅོམ་པ་ཉིད་ན་དེ་ལྡོག་གོ ་ཞེས་བྱ་བ་སྨོས་སོ། །དགྲ་བཅོམ་པ་ཉིད་ཅེས་བྱ་བ་ཡང་རེག་པ་དང་ཡིད་ལ་བྱེད་བ་ལ་སོགས་པ་བསྡུས་ནས་ཇི་སྲིད་འཁོར་གྱི་བར་ཅི་དང་ལྡན་ན་དགྲ་བཅོམ་པ་ལ་བྱ་ཞེ་ན། ཟད་པ་ཤེས་པ་དང། མི་སྐྱེ་བ་ཤེས་བ་ཐོབ་པའི་ཕྱིར་རོ། །དེའི་ཚེ ་ཀུན་གཞི་རྣམ་པར་ཤེས་པ་ལ་གནས་ངན་ལེན་མ་ལུས་བར་སྤངས་པའི་ཕྱིར། ཀུན་གཞི་རྣམ་པར་ཤེས་པ་ལྡོག་པར་འགྱུར་ཏེ། དེ་ཉིད་ཀྱི་དུས་ན་དགྲ་བཅོམ་པའོ། །རྣམ་པར་སྨིན་པར་གྱུར་པ་རྣམ ་པར་དབྱེ་བ་དང་བཅས་པ་བཤད་ཟིན་ཏོ། །ད་ནི་རང་སེམས་པ་ཞེས་བྱ་བར་གྱུར་བ་གཉིས་བ་སྟེ། དེ་ལ་གནས་ཏེ་རང་འབྱུང་ཞེས་རྒྱ་ཆེར་སྨོས་པའོ། །ཇི་ལྟར་མིག་ལ་སོགས་པའི་རྣམ་པར་ཤེས་པ་རྣམས་ཀྱི་གནས་མིག་ལ་སོགས ་པ་དང། གཟུགས་ལ་སོགས་པ་ནི་དམིགས་པར་གྲགས་པ་དེ་བཞིན་དུ་ཉོན་མོངས་པ་ཅན་གྱི་ཡིད་ཀྱི་གནས་དང་དམིགས་པ་མ་གྲགས་ཏེ། རྣམ་པ་གནས་དང་དམིགས་པ་ལ་མི་ལྟོས་པ་ནི་མི་རུང་བས་དེའི་ཕྱིར་ཉོན ་མོངས་པ་ཅན་གྱི་ཡིད་ཀྱི་གནས་དང་དམིགས་པ་བསྟན་པ་དང། ངེས་པའི་ཚིག་བསྟན་པའི་ཕྱིར། དེ་ལ་གནས་ཏེ་རབ་འབྱུང་ཞིང། །དེ་ལ་དམིགས་པ་ཡིད་ཅེས་བྱ། །རྣམ་ཤེས་དར་སེམས་བདག་ཉིད་ཅན་ཞེས་བྱ་བ་སྨོས་སོ།། ་དེ་ལ་གནས་ཏེ་རབ་ཏུ་འབྱུང་ཞེས་བྱ་བ་ལ། དེ་ལ་ཞེས་བྱ་བའི་སྒྲ་ནི་ཀུན་གཞི་རྣམ་པར་ཤེས་པ་ཉིད་ལ་སྦྱར་རོ། །ཀུན་གཞི་རྣམ་པར་ཤེས་བ་ནི་དེའི་བག་ཆགས་ཀྱི་གནས་ཡིན་ཏེ། དེ་བས་ན་དེ་ལ་གནས་བཅས་ནས་འབྱུང ་སྟེ། རྒྱུན་གྱིས་སྐྱེ་ཞེས་བྱ་བའི་ཐ་ཚིག་གོ་།ཡང་ན་ཁམས་སམ་གང་དུ་ཀུན་གཞི་རྣམ་པར་ཤེS་པར་རྣི?་པར་སྨིན་པ་ཐོབ་བར་ཉོན་མོངས་པ་ཅན་གྱི་ཡིད་དེ་ཡང་ཁམས་དེ་དང་ས་དེའི་ཡིན་ཏེ། དེ་ཀུན་གའི་དེ་ལ་རག་ལུས་བས ་འཇུག་པའི་ཕྱིར་དེ་ལ་གནས་ཏེ་འབྱུང་བའོ། །དེ་ལ་དམིགས་པ་ཞེས་བྱ་བ་ནི་ཀུན་གཞི་རྣམ་པར་ཤེས་པ་ཉིད་ལ་དམིགས་པ་སྟེ། འཇིག་ཚོགས་ལ་ལྟ་བ་ལ་སོགས་པ་དང་མཚུངས་པར་ལྡན་པས་ཀུན་གཞི་རྣམ་པར་ཤེས་པ ་ལ་ང་དང་ཡིར་དམིགས་བའི་ཕྱིར་རོ། །ཇི་ལྟར་ན་སེམས་གང་ལས་བྱུང་བ་དེ་ཉིད་དེའི་དམིགས་པར་འགྱུར་ཞེ་ན། ཇི་ལྟ་བ་རིག་དེ་མི་འདོད་ཀྱང་དུས་ལ་ལང་སེམས་གང་ལས་ཡིད་ཀྱི་རྣམ་པར་ཤེས་པ་འབྱུང་བ་དེ་ཉིད་དམིགས་པ་ཡིན་ཞིང་དེ ་འབྱུང་བ་ལྟ་བུའོ། །ཡོད་ཅེས་བྱ་བའི་རྣམ་པར་ཤེས་པ་ནི་ཡིད་ཅེས་བྱ་བའི་རྣམ་བར་ཤེས་བ་ཡང་ཀུན་གཞི་རྣམ་པར་ཤེས་བ་གང་ཡིན་པ་དེ་ལ་བརྟེན་ཏེ་འབྱུང་བའོ། །དེ་ལ་དམིགས་པ་ཡིད་དང་ཅེས་བྱ་བ་ཞེས་བྱ་བ་འདིས་ནི་ཀུན་གཞི་རྣམ་བར ་ཤེས་པ་དང། འཇུག་པའི་རྣམ་པར་ཤེས་བ་ལས་འབྱེད་དོ། །ཡང་དེའི་རང་བཞིན་གང་ཡིན་སྙམ་པ་ལ། ངར་སེམས་བདག་ཉིད་ཅན་ཞེས་བྱ་བ་སྨོས་ཏེ། དེ་ལྟར་དང་སེམས་པའི་བདག་ཉིད་ཡིན་པས་ངེས་པའི་ཚིག་གི་ཚུལ་གྱིས་ཡིད་ཅེས ་བྱའོ། །རྣམ་པར་ཤེས་པའི་རང་གི་ངོ་བོ་ཡིན་པས་དེ་ངེས་པར་སེམས་ལས་བྱུང་བ་རྣམས་དང་མཚུངས་པར་ལྡན་པར་འགྱུར་ན་དེ་ལ་སེམས་ལས་བྱུང་བ་ནི་གང་དག་དང་ཇི་སྙེད་ཅིག་དུས་ཇི་སྲིད་དུ་མཚུངས་པར་ལྡན་པར་འགྱུར་བ་དེ་མི་ཤེས་ཏེ། ་དེའི་ཕྱིར་བསྒྲིབས་ལ་ལུང་དུ་མ་བསྟན་པའི་ཉོན་མོངས་བཞི་དང་རྟག་ཏུ་འགྲོགས་ཞེས་བྱ་བ་སྨོས་སོ། །སེམས་ལས་བྱུང་བ་དག་ནི་རྣམས་གཉིས་ཏེ། ཉན་མོངས་པ་དང་དེ་ལས་གཞན་པའོ། །དེ་ལས་གཞན་པ་དག་ལས་རྣམ་པར་དབྱེ་བའི ་ཕྱིར། ཉོན་མོངས་བ་ཞེས་བྱ་བ་སྨོས་སོ། །ཉོན་མོངས་པ་དྲུག་སྟེ། དེ་དག་ཐམས་ཅད་དང་མཚུངས་པར་ལྡན་པར་མ་ཡིན་པས་དེའི་ཕྱིར་བཞི་ཞེས་བྱ་བ་སྨོས་སོ། །འགྲོགས་ཞེས་བྱ་བ་ནི་མཆུངས་པར་ལྡན་པའོ། །ཉོན་མོངས་པ་ཡང ་རྣམ་པ་གཉིས་ཏེ། མི་དགེ་བ་དང། བསྒྲིབས་ལ་ལུང་དུ་མ་བསྟན་པའོ། །མི་དགེ་བ་དག་ལས་བྱེ་བྲག་ཏུ་དབྱེ་བའི་ཕྱིར་བསྒྲིབ་ལ་ལུང་དུ་མ་བསྟན་ཅེས་བྱ་བ་སྨོས་སོ། །བསྒྲིབས་པའི་རྣམ་པར་ཤེས་བ་ནི་མི་དགེ་བ་རྣམས་དང་མཚུངས་བར ་ལྡན་པ་མི་སྲིད་དེ། བསྒྲིབས་པ་ནི་ཉོན་མོངས་པ་ཅན་གྱི་ཕྱིར་རོ། །ལུང་དུ་མ་བསྟན་བའི་ནི་དགེ་བ་དང་མི་དགེ་བ་ཉིད་དུ་ལུང་དུ་བསྟན་དུ་མེད་པའི་ཕྱིར་རོ། །རྟག་ཏུ་ཞེས་བྱ་བ་ནི་དུས་ཐམས་ཅད་དུ་སྟེ། ཇི་སྲིད་དུ་དེ ་ཡོད་པ་དེ་སྲིད་དུ་དེ་དག་མཚུངས་པར་ལྡན་ནོ། །སྤྱིར་བསྟན་པས་ཁྱད་པར་མི་ཤེས་ནས་ཁྱད་བར་སྟོན་ཏོ། །བདག་ཏུ་ལྟ་དང་བདག་ཏུ་རྨོངས། །བདག་རྒྱལ་བདག་ཆགས་ཞེས་བྱ་བ་སྟེ། ཉེ་བར་ལེན་པའི་ཕུང་པོ་རྣམས་ལ་བདག་ཏུ ་མཐོང་བ་ནི་བདག་ཏུ་ལྟ་བ་སྟེ། འཇིག་ཚོགས་ལ་ལྟ་བ་ཞེས་བྱ་བའི་ཐ་ཚིག་གོ། །རྨོངས་བ་ནི་མི་ཤེས་པ་སྟེ། བདག་མིར་ཤེས་པ་ནི་བདག་ཏུ་རྨོངས་པའོ། །བདག་དུ་ང་རྒྱལ་ནི་བདག་གི་ཡུལ་ལ་ངར་སེམས་པ་སྟེ། ངའོ་སྙམ་པའི་ང?་རྒྱལ་ཞེས་བྱ་བའི་ཐ་ཚིག་གོ། བདག་ཆཌ ་ནི་བདག་ལ་ཆགས་པ་སྟེ། བདག་ལ་དགའ་ཞེས་བྱ་བའི་ཐ་ཚིག་གོ་།དེ་ལ་ཀུན་གཞི་རྣམ་པར་ཤེས་པའི་རང་གི་ངོ་བོ་ལ་རྨོངས་པར་གྱུར་ན། ཀུན་གཞི་རྣམ་པར་ཤེས་པ་ལ་བདག་ཏུ་ལྟ་བ་འབྱུང་ངོ། །བདག་ཏུ་མཐོང་བས་སེཾས ་ཁེངས་པ་གང་ཡིན་པ་དེ་ནི་ངའོ་སྙམ་པའི་ང་རྒྱལ་ལོ། །དེ་གསུམ་ཡོད་ན་བདག་ཏུ་བསམས་པའི་དངོས་པོ་ལ་མངོན་པར་ཆགས་པ་གང་ཡིན་པ་དེ་ནི་བདག་ལ་ཆགས་བའོ། །ཡང་སྨས་པ། མ་རིག་པ་དང་བདག་ལྟ་དང། །ངའོ་ང ་རྒྱལ་སྲད་འདི་བཞིས། །ཀུན་གཞི་ཉོན་མོངས་ཅན་འགྱུར་ཡིད། །དར་སེམས་པ་ཡི་མཆན་ཉིད་དེ། །ཕྱིན་ཅི་ལོག་གི་རྒྱུ་བྱེད་བའང། །ཡིད་དེ་དེ་རྟག་ཉོན་མོངས་ཅན། །སེམས་དགེ་ལུང་དུ་མ་བསྟན་ཆེ། །རྟག་ཏུ་དར་འཛིན་རྒྱུ་ཡིན་ནོ། ་བདག་ཏུ་མོངས་པ་ལ་སོགས་པ་ཉོན་མོངས་པ་དེ་དག་ཀྱང་ཡིད་བཞིན་དུ་ས་དགུ་པ་སྟེ། འདིར་སྤྱིར་བརྗོད་པ་ཅི་རང་གི་ས་བ་དང་ཉིད་དང་མཚུངས་བར་ལྡན་ནམ། འོན་ཏེ་གཞན་གྱིས་པ་དག་དང་མཚུངས་པར་ལྡན་པ་མི་ཤེས་ནས། དེའི ་ཕྱིར་གང་དུ་སྐྱེས་བ་དེའིའོ་ཞེས་བྱ་བ་སྨོས་སོ། །གང་དུ་སྐྱེས་བ་ནི་གང་དུ་བྱུང་བའོ། །དེའིའོ་ཞེས་བྱ་བ་ནི་ཁམས་དང་ས་གང་དུ་སྐྱེས་པ་ཁམས་ད་དང་ས་དེ་ཉིད་ཀྱི་དང་མཚུངས་བར་ལྡན་ཏེ། ཁམས་གཞན་དག་ཀྱང་ས་གཞན་དག་གི་དང་ནི་མ ་ཡིན་ནོ། །ཅི་དི་ཉོན་མོངས་པ་བཞི་ཉིད་དང་མཚུངས་པར་ལྡན་ནམ། སྨྲས་པ་མ་ཡིན་ནོ། །འོན་ཀྱང་གཞན་རེག་སོགས་ཀྱང་མཚུངས་པར་ལྡན་ནོ་ཞེས་བྱ་བར་སྦྱར་རོ། །ཀྱང་ཞེས་བྱ་བའི་སྒྲ་ནི་བསྡུ་བའི་དོན་ཏོ། །རེག་སོགས་ཞེས་བྱ་བ་ནི ་རེག་པ་དང། ཡིད་ལ་བྱེད་པ་དང། ཚོར་བ་དང། འདུ་ཤེས་དང། སེམས་པ་སྟེ། ཆོས་ལྔ་པོ་དེ་དག་ནི་ཀུན་ཏུ་འགྲོ་བས་རྣམ་པར་ཤེས་པ་ཐམས་ཅད་དང་མཚུངས་པར་ལྡན་ཏེ། དེ་དག་ཀྱང་གང་དུ་སྐྱེས་པ་དེའི་ཉིད་དང་མཚུངས་པར་ལྡན ་གྱི་ཁམས་དང་ས་གཞན་གྱི་དང་ནི་མ་ཡིན་ནོ། །ཡང་ན་གཞན་ཞེས་བྱ་བ་ནི་རྩ་བའི་རྣམ་པར་ཤེས་པ་དང་མཚུངས་པར་ལྡན་བ་ངག་ལས་རྣམ་པར་དབྱེ་བའི་ཕྱིར་ཏེ། རྩ་བའི་རྣམ་པར་ཤེས་པའི་རེག་པ་ལ་སོགས་པ་ནི་མ་བསྒྲིབས་ལ་ལུང ་དུ་མ་བསྟན་པའོ། །ཉོན་མོངས་པ་ཅན་གྱི་ཡིད་ནི་ཡིད་བཞིན་དུ་བསྒྲིབས་ལ་ལུང་དུ་མ་བསྟན་པའོ། །གལ་ཏེ་ཉོན་མོངས་པ་ཅན་གྱི་ཡིད་དེ་དགེ་བ་དང། ཉོན་མོངས་པ་ཅན་དང། ལུང་དུ་མ་བསྟན་པའི་དུས་ན་ཡང་བྱེ་བྲག་མེད་པར་འབྱུང ་ན་ནི་དེའི་ལྡོག་པ་མེད་པར་འགྱུར་རོ། །མི་ལྡོག་ན་ནི་དེ་ལ་ཐར་པ་ག་ལ་ཡོད་དེ་ཐར་པ་མེད་པར་ཇི་ལྟར་མི་འགྱུར་ཞེ་ན། མི་འགྱུར་ཏེ་འདི་ལྟར་དེ་ལ་དགྲ་བཅོམ་མེད། །འགོག་པའི་སྙོམས་པར་འཇུག་ལ་མེད། །འཇིག་རྟེན་འདས་པའི་ལམ ་ནའང་མེད། །དགྲ་བཅོམ་པ་ནི་ཉོན་མོངས་པ་མ་ལུས་པར་སྤངས་པས་ཉོན་མོངས་བ་ཅན་གྱི་ཡིད་མེད་དེ། དེ་ནི་སྲིད་བའི་རྩེ་མོ་ཉོན་མོངས་པ་བསྒོམ་པས་སྤང་བར་བྱ་བ་བཞིན་དུ་དགྲ་བཅོམ་པ་ཉིད་ཐོབ་པ་ན་བར་ཆད་མེད་པའི་ལམ ་ཉིད་གྱིས་སྤོང་སྟེ། དེ་ནི་དགྲ་བཅོམ་པ་ཉིད་ཀྱི་ཚེ་ན་ཉོན་མོངས་པ་གཞན་བཞིན་དུ་མེད་དོ། །ཕྱིར་མི་འོང་བ་ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་འདོད་ཆགས་དང་བྲལ་བ་འགོག་པའི་སྙོམས་པར་འཇུག་པ་ཐོབ་པ ་ཡང་ལམ་གྱི་སྟོབས་ཀྱིས་འགོག་པའི་སྙོམས་འཇུག་པ་ཐོབ་པས་འགོག་པའི་སྙོམས་པར་འཇུག་པའི་དུས་ན་ཡང་ལམ་བཞིན་དུ་འགག་པར་འགྱུར་རོ། །འགོག་པ་ལས་ལངས་ནས་ཡང་ཀུན་གཞི་རྣམ་པར་ཤེས་པ་ཉིད ་ལས་འབྱུང་ངོ། །འཇིག་རྟེན་འདས་པའི་ལམ་ནའང་མེད། འཇིག་རྟེན་ལས་འདས་པ་སྨོས་བ་ནི་འཛིན་པ་རྣམ་པར་བཅད་པའི་ཕྱིར་རོ། །འཇིག་རྟེན་པའི་ལམ་ན་ནི་ཉོན་མོངས་པ་ཅན་གྱི་ཡིད་འབྱུང་བ་ཉིད་དོ། །བདག་མེད ་པར་མཐོང་བ་ནི་བདག་ལ་སོགས་པར་ལྟ་བའི་གཉེན་པོ་ཡིན་པས་འཇིག་རྟེན་ལས་འདས་པའི་ལམ་དེ་འབྱུང་བར་མི་ནུས་ཏེ། གཉེན་པོ་དང་མི་མཐུན་པའི་ཕྱོ?་གཉིས་ཅིག་ཅར་དུ་མེད་བས་འཇིག་རྟེན་ལས་འདས་པའི་ལམ་ན་དེ ་འགག་གོ་།དེ་ལས་ལངས་ནས་ཡང་ཀུན་གཞི་རྣམ་པར་ཤེས་པ་ཉིད་ལས་འབྱུང་ངོ། །འདི་ནི་གྱུར་པ་གཉིས་པའོ་ཞེས་བསྟན་པ་བཤད་ཟིན་ཏོ། །ཞེས་མཇུག་སྡུད་བའོ། །གྱུར་བ་གཉིས་པའི་འོག་ཏུ་གྱུར་བ་གསུམ་པ ་བརྗོད་དགོས་པས། གསུམ་པ་ཡུལ་རྣམ་དྲུག་པོ་ལ། །དམིགས་པ་གང་ཡིན་དེ་དག་སྟེ་ཞེས་བྱ་བ་སྨོས་སོ། །གསུམ་པ་ནི་རྣམ་པར་ཤེས་པ་གྱུར་བ་ཞེས་བྱ་བའི་ཚིག་ལྟག་མའོ། །རྣམ་དྲུག་ཅེས་བྱ་བ་ནི་རྣམ་པ་དྲུག་སྟེ། གཟུཌ ་དང། སྒྲ་དང། དྲི་དང། རོ་དང། རེག་བྱ་དང། ཆོས་ཀྱི་བདག་ཉིད་ཀྱི་ཡུལ་ལོ། །ཡུལ་ལ་དམིགས་པ་གང་ཡིན་པ་ནི་འཛིན་པ་དང་རྟོག་པ་ཞེས་བྱ་བའི་ཐ་ཚིག་གོ་།དེ་ཡང་ཅི་དགེ་བ་འམ་ལུང་དུ་མ་བསྟན་པ་ཞིག་ཅ ་ན། དེའི་ཕྱིར་དགེ་བ་དང་མི་དགེ་གཉི་ག་མིན་ཞེས་བྱ་བ་སྨོས་སོ། །དགེ་བ་དང་མི་དགེ་བ་དང། གཉིག་མིན་ཞེས་བྱ་བ་ལུང་དུ་མ་བསྟན་པའང་ཡིན་ཏེ། མ་ཆགས་པ་དང་ཞེ་སྡང་མེད་པ་དང་གཏི་མུག་མེད་པ་དང་མཚུངས་པར ་ལྡན་པ་ནི་དགེ་བའོ། །ཆགས་པ་དང་ཞེ་སྡང་དང་ཏི་མུག་དང་མཚུངས་བར་ལྡན་པ་ནི་མ་དག་བའི། །དགེ་བ་དང་མི་དགེ་བ་དང་མཚུངས་པར་ལྡན་པ་མ་ཡིན་པ་ནི་གཉི་ག་མ་ཡིན་པ་སྟེ། དགེ་བ་འང་མ་ཡིན་མི་དགེ་བ་འང་མ ་ཡིན་ཞེས་བྱ་བའི་ཐ་ཚིག་གོ་།དེ་ཡང་སེམས་ལས་བྱུང་བ་ཅི་འདྲི་བ་དག་དང་མཚུངས་པར་ལྡན་པ་དེ་དང་མཚུངས་བར་ལྡན་པའི་སེམས་ལས་བྱུང་བ་ནི་ཅི་སྙེད་ཅིག་ཡོད་ཅེ་ན། དེའི་ཕྱིར་ཀུན་ཏུ་འགྲོ་དང་བྱེ་བྲག་དེས། །སེམས ་ལས་བྱུང་བ་དགེ་བ་དང། །དེ་བཞིན་ཉོན་མོངS་ཉེ་ཉོན་མོངས། །ཚོར་བ་གསུམ་དང་དེ་མཚུངས་ལྡན་ཞེས་བྱ་བ་སྨོས་སོ། །ཀུན་ཏུ་འགྲོ་བ་ལ་སོགས་པ་གང་བསྟན་པ་དེ་དག་མི་ཤེས་ཏེ། དེ་བས་ན་དེ་རབ་ཏུ་བསྟན་པའི་ཕྱིར། དང་པོའི ་རེག་པ་ལ་སོགས་པ་དང་ཞེས་བྱ་བ་སྨོས་སོ། །ཐོག་མར་བཤད་པ་དང་པོ་སྟེ། འདི་ལྟར་ཀུན་ཏུ་འགྲོ་བ་རྟག་ཏུ་རེག་དང་ཡིད་བྱེད་དང། རེག་དང་འདུ་ཤེས་སེམས་པར་ལྡན་ཞེས་བྱ་བ་ཐོག་མ་ཉིད་དུ་བཤད་པའོ། །དེ་དག་གི་དང ་པོ་ནི་རེག་པ་ཡིན་པས་རེག་པ་ལ་སོགས་པའོ། །རེག་པ་དང་ཡིད་ལ་བྱེད་པ་ལ་སོགས་པ་ཆོས་ལྔ་པོ་དེ་དག་ནི་སེམས་ཐམས་ཅད་ཀྱི་རྗེས་སུ་འགྲོ་བས་ཀུན་ཏུ་འགྲོ་བ་དག་གོ་།འདི་ལྟར་དེ་དག་ནི་ཀུན་གཞི་རྣམ་པར་ཤེས་པ་དང། ཉོན ་མོངས་པ་ཅན་གྱིས་ཡིད་དང། འཇུག་པའི་རྣཾ་པར་ཤེས་པ་རྣཾས?་ལ་བྱེ་བྲག་མེད་པར་འབྱུང་ངོ། །བྱེ་བྲག་ཏུ་ངེས་པའི་དབང་དུ་བྱས་ནས། འདུན་མོས་དྲན་དང་བཅས་པ་དང། །ཏིང་ངེ་འཛིན་བློ་བྱེ་བྲག་དེས་ཞེས་བྱ་བ་སྨོས་སོ། །བྱེ་བྲག་ཅན་ལ ་ངེས་པས་བྱེ་བྲག་ཏུ་ངེས་བ་སྟེ། དེ་དག་གི་ཡུལ་ནི་བྱེ་བྲག་ཅན་ཉིད་ཡིན་གྱི་ཐམས་ཅད་ནི་མ་ཡིན་ནོ། །དེ་ལ་འདུན་བ་ནི་བསམ་བའི་དངོས་པོ་ལ་འདོད་པ་སྟེ། མ་བསམས་པ་ལ་འདུན་པ་མེད་པའི་ཕྱིར་ཡུལ ་སོ་སོར་ངེས་པ་ཉིད་དུ་བསྟན་པ་ཡིན་ནོ། །ལྟ་བ་དང་མཉམ་པར་བྱ་བ་ལ་སོགས་པའི་ཡུལ་བསམས་བའི་དངོས་པོ་གང་ཡིན་པ་དེ་ནི་བསམས་པའོ། །དེ་ལ་མཐོང་བ་དང་ཐོས་པ་ལ་སོགས་པར་སྨོན་པ་ནི་འདུན་པ་སྟེ། ད་ནི་བརྩོན ་འགྲུས་རྩོམ་པའི་རྟེན་བྱེད་བའི་ལས་ཅན་ནོ། །མོས་པ་ནི་ངེས་པའི་དངོས་པོ་ལ་དེ་བཞིན་དུ་ངེས་པར་འཛིན་པའོ། །དེས་པར་སྨོས་པ་ནི་ངེས་པ་མ་ཡིན་པ་དགག་པའི་ཕྱིར་ཏེ། །རིགས་པའམ་ཡིད་ཆེས་པའི་ལུང་གི་དངོས་པོ་ཐེ ་ཚོམ་མེད་པ་གང་ཡིན་དེ་དེས་པ་སྟེ། མི་རྟག་པ་དང་སྡུག་བསྔལ་བ་ལ་སོགས་པའི་རྣམ་པ་གང་གིས་རྣམ་པ་གང་གོས་རྣམ་པར་ངེས་བའི་རྣམ་པ་དེ་ཉིད་ཀྱིས་དངོས་པོ་དེ་ལ་སེམས་ལ་འཇོག་པ་སྟེ། །འདི་ནི་དེ་བཞིན་གྱི་གཞན་དུ་ནི ་མ་ཡིན་ནོ་ཞེས་ངེས་པར་འཛིན་པ་ནི་མོས་པའོ། །དེ་ནི་མི་འཕྲོགས་པ་ཉིད་ཀྱི་ལས་ཅན་ཏེ། མོས་བས་གཅེས་སུ་བྱེད་བ་ནི་ཕས་ཀྱི་རྒོལ་བ་རྣམས་ཀྱི་རང་གི་གྲུབ་པའི་མཛའ་ལས་འཕྲོགས་པར་མི་ནུས་སོ། །དྲན་པ་ནི་འདྲིས་པའི ་དངོས་པོ་མི་བརྗེད་པ་སྟེ། སེམས་ཀྱི་མངོན་པར་བརྗོད་པ་ཉིད་དོ། །འདྲིས་པའི་དངོས་པོ་ནི་སྔོན་མྱོང་བའོ། །མ་བརྗེད་བ་ནི་དམིགས་པ་ལ་འཛིན་པ་ཆུང་མི་ཟ་བར་བྱེད་བའི་རྒྱུའོ། །སྔོན་བཟུང་བའི་དངོས་པོ་ལ་དམིགས་པའི་རྣམ ་པ་ཡང་དང་ཡང་དྲན་པ་ནི་མངོན་པར་བརྗོད་པ་སྟེ། མངོན་པར་བརྗོད་པ་ཁོ་ན་མངོན་པར་བརྗོད་པ་ཉིད་དོ། །དེ་ནི་རྣམ་པར་མི་གཡེང་བའི་ལས་ཅན་ཏེ། དམིགས་པ་མངོན་པར་བརྗོད་པ་ཡོད་ན་དམིགས་པ་གཞན་ནམ། རྣམ་པ་གཞན ་ལ་སེམས་རྣམ་པར་གཡེང་བ་མེད་པས་རྣམ་པར་གཡེང་བ་མེད་པའི་ལས་ཅན་ནོ། །ཏིང་ངེ་འཛིན་ནི་རྟག་པའི་དངོས་པོ་ལ་སེམས་རྩེ་གཅིག་པ་ཉིད་དོ། །བརྟག་པའི་དངོས་པོ་ནི་ཡོན་ཏན་དུ་འམ། ངེས་པར་བརྟག་པར་བྱའོ། །རྩེ ་གཅིག་པ་ཉིད་ནི་དམིགས་པ་གཅིག་པ་ཉིད་དོ། །སེམས་མཉམ་པར་བཞག་ན་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་བའི་ཕྱིར་ཤེས་པའི་རྟེན་བྱེད་བའི་ལས་ཅན་ནོ། །བློ་ནི་ཤེས་རབ་བོ། །དེ་ཡང་བརྟགས་པའི་དངོས་པོ ་ཉིད་རབ་ཏུ་རྣམ་པར་འབྱེད་པ་སྟེ། རིགས་པ་དང། རིགས་པ་མ་ཡིན་པས་བསྐྱེད་པ་དང། གཞན་པའོ། །རྣམ་པར་འབྱེད་པར་བྱེད་པས་རབ་ཏུ་རྣམ་པར་བྱེད་པ་སྟེ། རང་དང་སྤྱིའི་མཚན་ཉིད་འདྲེས་པ་ལྟ་བུའི་ཆོས་རྣམས་ལ ་ཡང་དག་པ་འམ་ལོག་པར་སོ་སོར་རྟོག་པའོ། །རིགས་པ་ནི་བཤའ་བ་སྟེ། དེ་ཡང་ཡིད་ཆེས་བའི་ལུང་དང། རྗེས་སུ་དཔག་པ་དང་མངོན་སུམ་མོ། །རིགས་པ་རྣམ་པ་དེ་གསུམ་གྱིས་བསྐྱེད་པ་གང་ཡིན་པ་དེ་ནི་རིགས་པས་བསྐྱེད་བའོ།། ་དེ་ཡང་ཐོས་པ་ལས་བྱུང་བ་དང། བསམ་པ་ལས་བྱུང་བ་དང། བསྒོམས་པ་ལས་བྱུང་བ་སྟེ། དེ་ལ?་ཡིད་ཆེས་པའི་གསུང་རབས་ཚད་མ་ཉིད་ཀྱིས་རྟོགས་པ་གང་ཡིན་པ་དེ་ནི་ཐོས་པ་ལས་བྱུང་བའོ། །རིགས་པ་ངེས་པར་སེམས་པ་ལས ་སྐྱེས་པ་ནི་བསམས་པ་ལས་བྱུང་བའོ། །ཏིང་ངེ་འཛིན་ལས་སྐྱོས་པ་ནི་བསྒོམས་པ་ལས་བྱུང་བའོ། །རིགས་པ་མ་ཡིན་པ་ནི་ཡིད་ཆེས་མ་ཡིན་པའི་ལུང་དང། རྗེས་སུ་དཔག་པར་སྣང་བ་དང། ལོག་པར་བསམས་པའི་ཏིང་ངེ་འཛིན་ཏེ། ་རིགས་པ་མ་ཡིན་པ་དེས་བསྐྱེད་པ་ནི་རིགས་པ་མ་ཡིན་པས་བསྐྱེད་པའོ། །སྐྱེ་བ་ཐོས་པ་དང་འཇིག་རྟེན་པའི་ཐ་སྙད་ཤེས་པ་ནི་རིགས་པས་བསྐྱེད་པའང་མ་ཡིན། མ་རིག་པས་བསྐྱེད་པའང་མ་ཡིན་ནོ། །འདི་ནི་སོམ་ཉི་ཟློག་པའི་ལས་ཅན ་ཏེ། སོམ་ཉི་ཟློག་པ་ནི་ཤེས་རབ་ཀྱི་ཆོས་རྣམས་རབ་ཏུ་རྣམ་པར་ཕྱེ་ནས་དེས་པ་འཐོབ་པའི་ཕྱིར་རོ། །ཆོས་ལྔ་པོ་དེ་དག་ནི་ཕན་ཚུན་ཐ་དད་དུ་གྱུར་ནས་འབྱུང་བའོ། །དེ་ལྟར་ན་གང་དུ་མོས་པ་དེར་གཞན ་དག་གདོན་མི་ཟ་བར་མི་འབྱུང་སྟེ། ཐམས་ཅད་ལ་ཡང་དེ་བཞིན་དུ་བརྗོད་པར་བྱའོ། །བྱེ་བྲག་ཏུ་ངེས་པ་རྣམས་བཤད་ཟིན་ཏོ་།ད་ནི་དེའི་འོག་ཏུ་བསྟན་པ་དགེ་བ་དག་བརྗོད་དགོས་པས་དེའི་ཕྱིར། དད་དང་ངོ་ཚ་ཁྲེལ་ཡོད་དང།། ་མཆགས་ལ་སོགས་གསུམ་བརྩོན་འགྲུས། །ཤིན་ཏུ་སྤྱངས་དང་བག་ཡོད་བཅས། ཞེས་བྱ་བ་སྨོས་ཏེ། དེ་དག་ནི་ཆོས་བཅུ་གཅིག་གོ་ཞེས་བྱ་བ་ནི་ཚིག་གི་ལྷག་མའོ། །དེ་ལ་དད་པ་ནི་ལས་དང། འབྲས ་བུ་དང། བདེན་པ་དང། དཀོན་མཆོག་ཡོད་པ་དང། ཡོན་ཏན་ཅན་དང་ནུས་པ་དག་ལ་མངོན་པར་ཡིད་ཆེས་པ་དང། སེམས་དང་བ་དང། འདོད་པའོ། །དད་པ་ནི་རྣམ་པ་གསུམ་དུ་འགྱུར་ཏེ། དངོས་པོ་ཡོད་པ་ཡོན་ཏན་ཅན་ནམ། ་ཡོན་ཏན་ཅན་མ་ཡིན་པ་ལ་ཡིད་ཆེས་པའི་རྣམ་པ་དང། ཡོད་པ་ཡོན་ཏན་ཅན་ལ་དང་བའི་རྣམ་པ་དང། ཡོད་པ་ཡོན་ཏན་ཅན་ཐོབ་པར་བྱེད་དམ་བསྐྱེད་པ་ནུས་པ་ལ་འདོད་པའི་རྣམ་པའོ། །སེམས་དང་བ་ཞེས་བྱ་བ་ལ། དད་པ ་ནི་སེམས་ཀྱི་རྙོག་པ་དང་མི་མཐུན་པས་དེའི་ཕྱིར་དེ་དང་མཚུངས་པར་ལྡན་ན་ཉོན་མོངས་པ་དང། ཉེ་བའི་ཉོན་མོངས་པའི་དྲི་མའི་རྙོག་པ་མེད་བས། སེམས་དང་བ་ལ་བརྟེན་ཏེ་དང་པར་འགྱུར་བས་དང་བ་ཞེས་བྱའོ། །དེ་ནི་འདུན་བའི ་རྟེན་བྱེད་པའི་ལས་ཅན་ནོ། །ངོ་ཚ་ཤེས་པ་ནི་བདག་གམ་ཆོས་ཀྱི་དབང་དུ་བྱས་ཏེ། ཁ་ན་མ་ཐོ་བས་འཛེམ་པའོ། །དམ་པ་རྣམས་ཀྱིས་སྨད་པ་དང། རྣམ་པར་སྨིན་པ་མི་འདོད་པ་ཡིན་བས་སྡིག་པ་ཉིད་ཁ་ན་མ་ཐོ་བ་སྟེ། བྱས ་ཀྱང་རུང་མ་བྱས་ཀྱང་རུང། ཁ་ན་མ་ཐོ་བ་ངེས་སེམས་བག་འཁུམས་པའི་འཇོམ?་པ་གང་ཡིན་པ་དེ་ནི་ངོ་ཚ་ཤེས་བའོ། །འདི་ནི་ཉེས་བར་སྦྱོད་པ་ལེགས་པར་སྡོམ་པའི་རྟེན་བྱེད་པའི་ལས་ཅན་ནོ། །ཁྲེལ་ཡོད་པ་ནི་འཇིག་རྟེན་དབང་དུ ་བྱས་ཏེ་ཁ་ན་མ་ཐོ་པས་འཛེམ་པའོ། །འཇིག་རྟེན་ན་འདི་སྨད་པ་སྟེ། བདག་ལ་ལས་འདི་ལྟ་བུ་རིག་ན་སྨོད་པར་འགྱུར་རོ། །ཞེས་ཚིགས་སུ་བཅད་པ་མ་ཡིན་པ་ལ་སོགས་པའི་འཇིགས་པས་ཁ་ན་མ་ཐོ་བ་ལ་འཛེམ་པ་སྟེ། འདི་ཡང ་ཉེས་པར་སྤྱོད་པ་ལེགས་པར་སྡོམ་བའི་རྟེན་བྱེད་བའི་ལས་ཅན་ནོ། །མི་ཆགས་པ་ནི་ཆགས་པའི་གཉེན་བའོ། །ཆགས་པ་ཞེས་བྱ་བ་ནི་སྲིད་པ་དང་སྲིད་བའི་ཡོ་བྱད་རྣམས་ལ་ཀུན་ཏུ་ཆགས་པ་དང་སྨོན་པ་གང་ཡིན་པའོ། །དེའི ་གཉེན་བཔོ་ན་མི་ཚགས་པ་སྟེ། སྲིད་པ་དང་སྲིད་བའི་ཡོ་བྱད་རྣམས་ལ་མ་ཆགས་པ་དང་མི་ཕྱོགས་བའོ། །འདི་ནི་ཉེས་བར་སྤྱོད་པ་ལ་མི་འཇུག་པའི་རྟེན་བྱེད་པའི་ལས་ཅན་ནོ། །ཞེ་སྡང་མེད་བ་ནི་ཞེ་སྡང་གི་གཉེན་པོ་སྟེ། ཞེ་སྡང་ནི ་སེམས་ཅན་རྣམས་དང། སྡུག་བསྔལ་དང་སྡུག་བསྔལ་གྱི་གནས་ཀྱི་ཆོས་རྣམས་ལ་ཀུན་ནས་མནར་སེམས་པའོ། །ཞེ་སྡང་མེད་པ་ནི་ཞེ་སྡང་གི་གཉེན་པོ་ཡིན་པས་སེམས་ཅན་རྣམས་དང། སྡུག་བསྔལ་དང་སྡུག་བསྔལ་གྱི་གནས་ཀྱི་ཆོས ་རྣམས་ལ་ཀུན་ནས་མནར་སེམས་མེད་པའོ། །འདི་ཡང་ཉེས་པར་སྤྱོད་པ་ལ་མི་འཇུག་པའི་རྟེན་བྱེད་པའི་ལས་ཅན་ནོ། །གཏི་མུག་མེད་པ་ནི་གཏི་མུག་གི་གཉེན་པོ་སྟེ། ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡང་དག་པར་རྟོགས་པའོ། །གཏི་མུག ་ནི་ལས་དང་འབྲས་བུ་དང། བདེན་པ་དང། །དཀོན་མཆོག་རྣམས་མི་ཤེས་པའོ། །གཏི་མུག་གི་གཉེན་པོ་ཡིན་པས་གཏི་མུག་མེད་པ་ནི་ལས་དང་འབྲས་བུ་དང། བདེན་པ་དང། དཀོན་མཆོག་དེ་དག་ཡང་དག་པར་རྟོག་པ་སྟེ། འདི་ཡང་ ་ཉེས་པར་སྤྱོད་པ་ལམ་མི་འཇུག་པའི་རྟེན་བྱེད་པའི་ལས་ཅན་ནོ། །བརྩོན་འགྲུས་ནི་ལེ་ལོའི་གཉེན་པོ་སྟེ། དགེ་བ་ལ་སེམས་མངོན་པར་སྤྲོ་བ་ཡིན་གྱི། ཉོན་མོངས་པ་ཅན་ལ་ནི་མ་ཡིན་ནོ། །ཉོན་མོངས ་བ་ཅན་ལ། སྤྲོ་བ་ནི་ལེ་ལོ་ཡིན་པས་ལེ་ལོ་ཉིད་དོ། །འདི་ནི་དགེ་བའི་ཕྱོགས་ཡོངས་སུ་རྫོགས་པར་བྱེད་པ་དང། ཡོངས་སུ་སྒྲུབ་པའི་ལས་ཅན་ནོ། །ཤིན་ཏུ་སྦྱངས་པ་ནི་གནས་ངན་ལེན་གྱི་གཉེན་པོ་སྟེ། ལུས་དང་སེམས ་ལ་སུ་རུང་བ་ཉིད་དོ། །གནས་ངན་ལེན་གྱི་ལུས་དང་སེམས་ལས་སུ་མི་རུང་བ་ཉིད་དང། ཀུན་ནས་ཉོན་མོངས་བའི་ཆོས་ཀྱི་ས་བོན་རྣམས་ཏེ། དེ་མེད་ན་ཤིན་ཏུ་སྦྱངས་པ་ཡོད་པའི་ཕྱིར་རོ། །དེ་ལ་ལུས་ལས་སུ་རུང་བ་ནི་ལུས་རང ་གི་དགོས་པ་རྣམས་ལ་ལྡད་བ་ཡང་བ་གང་ལས་འབྱུང་བའོ། །སེམས་ལས་སུ་རུང་བ་ནི་ཡང་དག་པ་ཡིད་ལ་བྱེད་པ་ལ་ཞུགས་པའི་སེམས་ཀྱི་སིམ་པ་དང། ཡང་བའི་རྒྱུ་སེམས་ལས་བྱུང་བ་ཆོས་གཞན་དུ་གྱུར་པ་གང ་ཡིན་པ་སྟེ། དེ་དང་ལྡན་ན་དམིགས་པ་ལ་སེམས་ཐོགས་པ་མེད་བར་འཇུག་པས་དེའི་ཕྱིར་སེམས་ལས་སུ་རུང་བ་ཞེས་བྱའོ། །ལུས་ཀྱི་རེག་བྱའི་ཁྱད་བར་དགའ་བས་ཟིན་པ་ལ་ལུས་ཤིན་ཏུ་སྦྱངས་པར་རིག་པར་བྱ་སྟེ། ཡིད་དགའ་ ་ན་ལུས་ཤིན་ཏུ་སྦྱངས་པར་འགྱུར་རོ་ཞེས་མདོ་ལས་འབྱུང་བའི་ཕྱིར་རོ། །འདི་ནི་དེའི་དབང་གིས་གནས་གྱུར་པ་ཉོན་མོངས་བའི་སྒྲིབ་པ་མ་ལུས་བར་སེལ་བའི་ལས་ཅན་ནོ། །བག་ཡོད་བཅས་པ་ནི་བག་ཡོད་པ་དང་བཅས་པས་བག ་ཡོད་བཅས་པ་སྟེ། དེ་ཡང་གང་ཞེ་ན། བཏང་སྙོམས་སོ། །དེ་ཅིའི་ཕྱིར་ཞེ་ན། གཅིག་ཏུ་དགེ་བ་དང་འདིར་དགེ་བ་ཐམས་ཅད་བཤད་བའི་སྐབས་ཡིན་པ་དང། དང་བ་ལ་སོགS་པ་བཞིན་དུ་མངོན་དུ་མ་སྨོས་པ་དང། དགེ་བ་ལྷག་པ་གཞན ་མེད་པའི་ཕྱིར། བཏང་སྙོམས་ཉིད་ལ་བྱ་བར་མངོན་ནོ། །དེ་ལ་བག་ཡོད་པ་ནི་བདག་མེད་པའི་གཉེན་པོའོ། །མ་ཆགས་པ་ནས་བརྩོན་འགྲུས་ཀྱི་བར་ནི་བག་ཡོད་པ་སྟེ། གང་མ་ཆགས་པ་ལ་སོཌ་བ་ལ་གནས་ནས་མི་དགེ་བའི་ཆོས་རྣམས་སྤོང་ཞིང་དེའི ་གཉེན་པོ་དགེ་བའི་ཆོས་རྣམས་ཀྱང་སྒོམ་པ་མ་ཆགས་པ་ལ་སོགས་པ་དེ་དག་ནི་བག་ཡོད་པའོ། །དེ་བས་ན་བག་མེད་པའི་གཉེན་པོ་ཉིད་དེ། བག་མེད་པ་ནི་འདི་ལས་བཟློག་པའི་ཕྱིར་རོ། །དེ་ན་འཇིག་རྟེན་པ་དང། འཇིག་རྟེན་ལས་འདས ་པའི་ཕུན་སུམ་ཚོགS་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པའི་ལས་ཅན་ནོ། །བཏང་སྙོམས་ནི་སེམས་མཉམ་པ་ཉིད་དང། སེམས་རྣལ་དུ་འདུག་པ་ཉིད་དང། སེམས་ལྟུན་གྱིས་གྲུབ་པ་ཉིད་དེ། ཚིག་འདི་གསུམ་གྱིས་བཏང ་སྙོམས་ཀྱི་ཐོག་མ་དང། བར་དང། ཐ་མའི་དུས་བསྟན་པའོ། །འདི་ལ་བྱིང་བ་དང། རྒོད་པ་སེམས་མཉམ་པ་སྟེ། དེ་མེད་པས་ཐོག་མར་སེམས་མཉམ་པ་ཉིད་དོ། །དེའི་འོག་ཏུ་མངོན་པར་འདུ་བྱ་བ་མེད་ཅིང་བསྒྲིམ་མི་དགོས་པར ་མཉམ་པར་བཞག་པའི་སེམས་ཅི་རིགས་པར་མཉམ་པ་ཉིད་དུ་འཇུག་པ་ནི་རྣལ་དུ་འདུག་པ་ཉིད་དོ། །དེའི་དུས་ན་བསྒོམས་ནས་རིང་པོར་མ་ལོན་པའི་ཕྱིར་བྱིང་བ་དང་རྒོད་པ་འབྱུང་བར་དོགས་པ་དང་ལྡན་ནོ། །དེའི་འོག་ཏུ་བསྒོམ་པ ་ཁྱད་ཞུཌ་པར་གྱུར་བས་དེའི་མི་མཐུན་པའི་ཕྱོགས་ཐག་རིང་དུ་གྱུར་པའི་ཕྱིར་དོགས་པ་མེད་དེ། བྱིང་བ་དང་རྒོད་པ་ནི་གཉེན་པོའི་རྒྱུ་རྣམས་ལ་རྩོལ་བ་མི་བྱེད་པས་ལྷུན་གྱིས་གྲུབ་པ་ཉིད་དོ། །འདི་ནི་ཉིན་མོངས་པ་དང། །ཉེ་བའི་ཉོན་མོངས་པ ་ཐམས་ཅད་ཀྱི་སྐབས་མི་འབྱེད་པའི་རྟེན་བྱེད་པའི་ལས་ཅན་ནོ། །རྣམ་པར་མི་འཚོ་བ་ནི་རྣམ་པར་འཚེ་བའི་གཉེན་པོ་སྟེ། གསོད་པ་དང་འཆིང་བ་ལ་སོགས་པས་སེམས་ཅན་རྣམས་ལ་རྣམ་པར་ཐོ་མའི་ཚམ་པས་མི་འཚེ་བ་སྟེ། ་སེམས་ཅན་རྣམས་ལ་སྙིང་རྗེ་བའོ། །བསོད་ཉམས་ཞེས་བྱ་བ་ནི་བདེ་བ་སྟེ། བདེ་བ་སེལ་ཅེས་བྱ་བའི་ཐ་ཚིག་གོ་།སྙིང་རྗེ་ཅན་ནི་ཕ་རོལ་སྡུག་བསྔལ་ན་སྡུག་བསྔལ་བར་འགྱུར་བའི་ཕྱིར་རོ། །འདི་ནི་རྣམ ་པར་ཐོ་མི་འཚམ་པའི་ལས་ཅན་ནོ། །དགེ་བ་བཅུ་གཅིག་བཤད་ཟིན་ཏོ། །དེའི་འོག་ཏུ་ཉོན་མོངས་པ་རྣམས་བསྟན་པས་དེའི་ཕྱིར་དེ་དག་གི་དབང་དུ་བྱས་ཏེ། ཉོན་མོངས་ནི། འདོད་ཆགས་ཁོང་ཁྲོ་གཏི་མུག་དང། །ང་རྒྱལ ་ལྟ་བ་ཐེ་ཚོམ་མོ་ཞེས་བྱ་བ་སྨོས་སོ། །འདོད་ཆགས་དང་ཁོང་ཁྲོ་བ་དང་གཏི་མུག་ནི། འདོད་ཆགས་ཁོང་ཁྲོ་གཏི་མུག་གོ་།དེ་ལ་འདོད་ཆགས་ནི་སྲིད་པ་དང་ལོངས་སྤྱོད་ལ་ལྟག་པར་ཆགས་པ་དང་སྨོན་པ་སྟེ། དེ་ནི་སྡུག་བསྔལ་ཀུན ་བསྐྱེད་པའི་ལས་ཅན་ནོ། །སྡུག་བསྔལ་ནི་འདིར་ཉེ་བར་ལེན་པའི་ཕུང་པོ་ལྔ་རྣམས་ཏེ། དེ་དག་ནི་འདོད་པ་དང། གཟུགས་དང། གཟུགས་མེད་པའི་སྲེད་པའི་དབང་གིས་མངོན་པར་འགྲུབ་པས་དེའི་ཕྱིར་འདོད་ཆགས་ཀྱི་ལས་ནི ་སྡུག་བསྔལ་ཀུན་བསྐྱེད་པར་བཤད་དོ། །ཁོང་ཁྲོ་བ་ནི་སེམས་ཅན་རྣམས་ལ་ཀུན་ནས་མནར་སེམས་པ་སྟེ། སེམས་ཅན་རྣམས་ལ་སེམས་རྩུབ་པའོ། །དེས་ནོན་ན་སེམས་ཅན་རྣམས་ལ་བསད་པ་དང་འཆིང་བ་ལ་སོགས་པའི ་གནོད་པ་བྱ་བར་སེམས་སོ། །དེ་ནི་རེག་པར་མི་གནས་པར་ད་ཉེས་པར་སྦྱོད་པའི་རྟེན་བྱེད་པའི་ལས་ཅན་ནོ། །རེག་པ་ནི་བདེ་བ་སྟེ། དེ་དང་ལྷན་ཅིག་གནས་པ་ནི་རེག་པར་གནས་པའོ། །རེག་པ་དང་གནས་མ་ཡིན་པ་ནི་རེག ་པར་མི་གནས་པ་སྟེ། སྡུག་བསྔལ་དང། ལྷན་ཅིག་ཅེས་བྱ་བའི་ཐ་ཚིག་གོ་།ཀུན་ནས་མནར་སེམས་ཀྱི་སེམས་ཡོད་ན་གདོན་མི་ཟ་བར་ཡིད་མི་བདེ་བ་ཀུན་འབྱུང་བའི་ཕྱིར་སེམས་ལ་གདུང་བར་འགྱུར་རོ། །སེམས་ཀྱི་རྗེས་སུ ་འགྱུར་བས་ལུས་ལ་ཡང་གདུང་བར་འགྱུར་བ་ཉིད་དེ། དེའི་སྤྱོད་ལམ་ཐམས་ཅད་དུ་སྡུག་བསྔལ་དང་བཅས་ཤིང་ཕོངས་པ་དང་བཅས་པར་གནས་པར་འགྱུར་རོ་ཞེ་འགྲས་བའི་སེམས་དང་ལྡན་པ་ནི་ཉེས་པར་སྦྱོད་པ་གང་དང་ཡང་རིང་བ ་མ་ཡིན་བས་ཁོང་ཁྲོ་བ་ནི་རག་པར་མི་གནས་བ་དང། ཉེས་པར་སྤྱོད་པར་སྤྱོད་པའི་རྟེན་བྱེད་པའི་ལས་ཅན་དུ་བཤད་དོ། །གཏི་མུག་ནི་ངན་སོང་རྣམས་དང་བདེ་འགྲོ་དང་མྱ་ངན་ལས་འདས་པ་དང། དེ་ཐོབ་བར་བྱེད་པའི་རྒྱུ་དང་དེ་དག་གི་རྒྱུ ་དང་འབྲས་བུར་འབྲེལ་པ་ཕྱིན་ཅི་མ་ལོག་པ་ལ་གང་མི་ཤེས་པའོ། །འདི་ནི་ཀུན་ནས་ཉོན་མོངས་པ་འབྱུང་བའི་རྟེན་བྱེད་བའི་ལས་ཅན་ནོ། །དེ་ལ་ཉོན་མོངས་པ་དང། ལས་དང། སྐྱེ་བའི་བདག་ཉིད་ནི་ཀུན་ནས་ཉོན་མོངས་པ་རྣམ་པ ་གསུམ་མོ་།དེ་འབྱུང་བ་ནི་ཀུན་ནས་ཉོན་མོངས་སྔ་མ་སྔ་མ་རྒྱུར་གྱུར་བ་ལས་ཀུན་ནས་ཉོན་མོངས་པ་ཕྱི་མ་ཕྱི་མའི་བདག་ཉིད་རྙེད་པའོ། །འབྱུང་བའི་རྟེན་བྱེད་པ་ནི་རྨོངས་པར་གྱུར་ན་ལོག་པར་ཤེས་པ་དང་ཐེ་ཚོམ་དང་འདོད་ཆགས་ལ་སོགས ་པ་ཉོན་མོངས་པ་ལས་ཡང་སྲིད་བའི་ལས་དང་སྐྱེ་བ་རྣམས་འབྱུང་གི་རྨོངས་པར་མ་གྱུར་ན་ནི་མ་ཡིན་ནོ། །ང་རྒྱལ་ནི་ང་རྒྱལ་ཞེས་བྱ་བ་ཐམས་ཅད་ཀྱང་འཇིག་ཚོགས་ལ་བརྟེན་ནས་འབྱུང་ངོ། །དེ་ནི་སེམས་ཁེངས་པའི་མཚན་ཉིད་དེ། འདི ་ལྟར་ཕུང་པོ་རྣམས་ལ་བདག་གམ་བདག་གི་དངོས་བོར་སྒྲོ་བཏགས་ནས་འདི་ནི་བདག་གོ་།འདི་ནི་བདག་གིའོ་ཞེས་དེ་དང་དེའི་ཁྱད་བར་གྱིས་བདག་ཁེངས་ཤིང་གཞན་དག་ལས་ལྷག་པར་རློམ་སེམས་པའོ། །དེ་ནི་མི་གུས་པ་དང་སྡུག ་བསྔལ་འབྱུང་བའི་རྟེན་བྱེད་པའི་ལས་ཅན་ནོ། །མི་གུས་པ་ནི་བླ་མ་རྣམས་དང། གང་ཟག་ཡོན་ཏན་ཅན་རྣམས་ལ་འགྱིད་ཞིང་ལུས་དང་དག་གི་སྲི་ཞུ?་མེད་པའོ། །སྡུག་བསྔལ་འབྱུང་བ་ནི་འདིར་ཡང་སྲིད་པ་འབྱུང་བའོ། །དེ་ནི་སེམས ་ཁེངས་བའི་རང་གི་ངོ་བོར་བྱེ་བྲག་མེད་ཀྱང་སེམས་པའི་རྒྱུའི་བྱེ་བྲག་གི་རྣམ་པ་བདུན་དུ་ཐ་དང་དེ། ང་རྒྱལ་དང་ཆེ་བའི་ང་རྒྱལ་ཞེས་བྱ་བ་ལ་སོགས་པའོ། །རིགས་དང་ཤེས་རྒྱ་དང་ནོར་ལ་སོགས་པས ་དེ་མའབ?་བས་ཀྱང་རིགས་དང་ཤེས་རྒྱ་དང་ནོར་རྣམས་ཀྱི་བདག་ཆེའོ་སྙམ་དུ་སེམས་ཁེངས་བ་དང་ཡིན་བ་འམ། རིགས་ལ་སོགས་པས་མཆུངས་པ་ཉིད་ལ་བདག་དང་མཚུངས་སོ་སྙམ་དུ་སེམས་ཁེངས་པ་གང་ཡིན་པ་དེ་ནི་ང་རྒྱལ་ལོ།། ་ཆེ་བའི་ང་རྒྱལ་ནི་རིགས་དང་ཤེས་རྒྱ་དང་ནོར་ལ་སོགས་པ་མཚུངས་པ་བས་གཏོང་བ་དང་ཚུལ་ཁྲིམས་དང་ཉམས་རྩ་ལ་ལ་སོགས་པས་བདག་ཆེའོ་སྙམ་པ་འམ། རིགས་དང་ནོར་དང་རིག་པ་ལ་སོགས་པས་ཆེ་བ་ལ་ཤེས་རྒྱ ་དང་ནོར་ལ་སོགས་པས་བདག་མཚུངས་སོ་སྙམ་པ་སྟེ། འདི་ནི་ཆེ་བའི་ང་རྒྱལ་ལོ། །རིཌ་དང་ཤེS་རྒྱ་དང་ནོར་རྣམས་ཀྱི་ཆེ་བ་བས་ཀྱང་རིགS་དང་ཤེས་རྒྱ་དང་ནོར་ལ་སོགས་པས་བདག་ཆེའོ་སྙམ་དུ་སེམས་ཁེངས་པ་གང་ཡིན་པ་དེ་འདི ་ནི་ང་རྒྱལ་ལས་ཀྱང་ང་རྒྱལ་ལོ། །ངའོ་སྙམ་བའི་ང་རྒྱལ་ནི་ཉེ་བར་ལེན་པའི་བུང་པོ་ལྔ་པོ་བདག་དང་བདག་གིས་མེད་པ་རྣམས་ལ་བདག་དང་བདག་གིར་མངོན་པར་ཞེན་ནས་སེམས་ཁེངས་པ་གང་ཡིན་པ་སྟེ། འདི་ནི་ངའོ་སྙམ་པའི་ང ་རྒྱལ་ལོ། །མངོན་པའི་ང་རྒྱལ་ནི་གོང་མ་གོང་མའི་ཁྱད་པར་ཐོབ་པར་བྱ་བ་མ་ཐོབ་པར་བདག་གིས་ཐོབ་བོ་སྙམ་དུ་སེམས་ཁེངས་པ་གང་ཡིན་པ་སྟེ། འདི་ནི་མངོན་པའི་ང་རྒྱལ་ལོ། །ཅུང་ཟད་སྙམ་བའི་ང་རྒྱལ་ནི ་རིགས་དང་རིག་པ་ལ་སོགས་པས་ཁྱད་ཆེར་འཕགས་པ་བས་རིགས་དང་རིག་པ་ལ་སོགས་པས་ཆུང་ཟད་ཅིག་གིས་བདག་ཆུང་ངོ་སྙམ་དུ་སེམས་ཁེངས་པ་གང་ཡིན་པ་སྟེ། འདི་ནི་ཆུང་ཟད་སྙམ་པའི་ང་རྒྱལ་ལོ། །ལོག་པའི་ང་རྒྱལ ་ནི་ཡོན་ཏན་མ་ཡིན་པ་དང་ལྡན་ལ་བདག་ཡོན་ཏན་དང་ལྡན་ནོ་སྙམ་དུ་སེམས་ཁེངས་པ་གང་ཡིན་པ་སྟེ། འདི་ནི་ལོག་བའི་ང་རྒྱལ་ལོ། །ཡོན་ཏན་མ་ཡིན་པ་ནི་འཆལ་བའི་ཚུལ་ཁྲིམས་ལ་སོགས་པ་སྟེ། དེ་དག་སུལ་ཡོད་པ་དེ ་ཡོན་ཏན་མ་ཡིན་པ་དང་ལྡན་པའོ། །དེ་བས་ན་བདག་ཡོན་ཏན་དང་ལྡན་ནོ་སྙམ་པ་དེས་སྦྱིན་པ་དང་ཚུལ་ཁྲིམས་ལ་སོགས་པ་མེད་པར་ཡོན་ཏན་དེ་དང་ལྡན་པ་ཉིད་དུ་ཁས་བླངས་བ་ཡིན་ནོ། །དེའི་ཕྱིར་དངོས་པོ་མེད་པས་ན་ལོག་པའི་ང་རྒྱལ་ཞེས ་བྱའོ། །ལྟ་བས་ཞེས་བྱ་བ་ནི་སྦྱིར་བཤད་དུ་ཟིན་ཀྱང་ཉོན་མོངས་བར་གཏོགས་པས་ཉོན་མོངས་པའི་བདག་ཉིད་ལྔ་ཁོ་ན་སྟེ། འཇིག་ཚོགས་ལ་ལྟ་བ་ལ་སོགས་པའི་ལྟ་བ་དང་སྦྱར་གྱི། འཇིག་རྟེན་གྱི་ཡང་དག་པར་ལྟ་བ་དང། ་ཟག་པ་མེད་པའི་ལྟ་བ་ནི་མ་ཡིན་ནོ། །དེ་དག་ནི་ཉོན་མོངས་པ་ཅན་དང། རྟོག་པའི་ཚུལ་དུ་བྱེ་བྲག་མེད་ཀྱང་དམིགས་བ་དང་རྣམ་པར་བྱེ་བྲག་གིས་ཕན་ཚུན་ཐང་ངོ། །དེ་ལ་འཇིག་ཚོགས་ལ་ལྟ་བ་ནི་ཉེ་བར་ལེན་པའི་ཕུང ་པོ་ལྔ་པོ་རྣམས་ལ་གང་བདག་དང་བདག་གིར་ལྟ་བའོ། །མཐར་འཛིན་བ་ལྟ་བ་ནི་ཉེ་བར་ལེན་བའི་ཕུང་པོ་ལྔ་པོ་ལ་བདག་ཏུ་བཟུང་བ་དེ་དག་ཉིད་ལ་གང་ཆད་པ་འམ། རྟག་པར་ལྟ་བའོ། །ལོག་པར་ལྟ་བ་ནི་ལྟ་བ་གང་གི་རྒྱུ་འམ་འབྲས ་བུ་འམ། བྱེད་པ་ལ་སྐུར་བ་འདེབས་པ་འམ་དངོས་པོ་ཡོད་པ་འཇིག་བར་བྱེད་པ་སྟེ། འདི་ནི་ལྟ་བ་ཐམས་ཅད་ཀྱི་ནད་ན་སྡིག་པ་ཡིན་བས་ལོག་པར་ལྟ་བ་ཞེས་བྱའོ། །ལྟ་བ་མཆོག་ཏུ་འཛིན་པ་ནི་ཉེ་བར་ལེན་པའི་ཕུང་པོ་ལྔ་རྣམས་ལ ་མཆོག་དང་ཁྱད་པར་དུ་འཕགས་པ་དང། གཙོ་བོ་དང་དམ་པར་ལྟ་བ་གང་ཡིན་པའོ། །ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་ནི་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་རྣམས་ལ་དགེ་བ་དང་གྲོལ་བ་དང་ངེས་པར་འབྱིན་པ་ལྟ་བུའོ།། ་ཐེ་ཚོམ་ནི་ལས་དང་འབྲས་བུ་དང་གེན?་པ་དང་དཀོན་མཆོག་རྣམས་ལ་ཡིད་གཉིས་ཟ་བ་སྟེ། ཡོད་དམ་མེད་སྙམ་དུ་བློ་སྣ་ཚོགས་བྱེད་པ་ན་ཡིད་གཉིས་སོ། །འདི་ནི་ཤེས་རབ་ལས་རང་བཞིན་གཞན་ཉིད་དོ། །ཉོན ་མོངས་པ་དྲུག་བཤད་ཟིན་ཏོ།། །།བམ་པོ་གཉིས་པ་སྟེ་ཐམ། །དེའི་འོག་ཏུ་བསྟན་པ་ཉེ་བའི་ཉོན་མོངས་པ་རྣམས་བཤད་བའི་ཕྱིར། །ཐོབ་དང་ཁོན་དུ་འཛིན་པ་དང། །འཆབ་དང་འཚིག་དང་ཕྲག་དོག་དང། ་སེར་སྣ་དང་ནི་རྒྱུར་བཅས་དང། །གཡོ་རྒྱགས་རྣམ་འཚེ་ངོ་ཚ་མེད། །ཁྲེལ་མེད་རྨུགས་དང་རྒོད་པ་དང། །མ་དད་པ་དང་ལེ་ལོ་དང། །བག་མེད་པ་དང་བརྗེད་ངེས་དང། །རྣམ་གཡེང་ཤེས་བཞིན་མ་ཡིན་དང། །འགྱོད་དང ་གཉིད་ཀྱང་དེ་བཞིན་ཏེ། །རྟོག་པ་དང་ནི་དཔྱོད་བ་དང། །ཉེ་བའི་ཉོན་མོངས་གཉིས་རྣམ་གཉིས་ཤེས་བྱ་བ་སྨོས་སོ། །དེ་ལ་ཁྲོ་བ་ནི་འཕྲལ་དུ་གནོད་པ་བྱེད་པ་གནས་ཏེ། སེམས་ཀུན་ནས་མནར་སེམས་བ་གང་ཡིན་པའོ། ། ་འདི་ཡང་ཀུན་ནས་མནར་སེམས་ཀྱི་རང་བཞིན་ཡིན་པས་ཁོང་ཁྲོ་བ་དང་ཐ་དད་པ་མ་ཡིན་མོད་ཀྱི་འདི་ནི་ཁོང་ཁྲོ་བའི་དུས་སྐབས་ཀྱི་བྱེ་བྲག་ལ་བཏགས་བའི་ཕྱིར་ཁོང་ཁྲོ་བའི་ཆར་གཏོགས་པ་སྟེ། འཕྲལ་དུ་གནོད་པར་བྱེད་པ་ལ ་གནས་ནས་སེམས་ཅན་དང་སེམས་ཅན་མ་ཡིན་བའི་ཡུལ་ལ་སེམས་ཀྱི་ཀུན་ནས་མནར་སེམས་པ་སྟེ། ཆད་བས་གཅོད་པ་ལ་སོགས་པའི་རྟེན་བྱེད་པའི་ལས་ཅན་གང་ཡིན་པ་དེ་ཁྲོ་བ་ཞེས་གདགས་སོ། །ཁོར?་དུ་འཛིན་པ་ནི་མདུད ་པར་འཛིན་པ་སྟེ། ཁྲོས་པའི་འོག་ཏུ་འདིས་བདག་ལ་གནོད་པ་བྱས་སོ་ཞེས་མདུད་བར་འཛིན་པའི་བདག་ཉིད་ཤར་གཉེར་བ་དེ་མི་གཏོང་བར་རྒྱུན་ཏུ་འབྱུང་བ་ནི་ཁོན་དུ་འཛིན་པའོ། །འདི་ནི་མི་བཟོད་པའི་རྟེན་བྱེད་བའོ་ལས་ཅན་ནོ། ། ་མི་བཟོད་པ་ནི་གནོད་པ་བྱེད་པ་ལ་ཇི་སྙམ་པར་མི་བྱེད་ཀྱི་ལན་དུ་གནོད་པ་བྱེད་འདོད་ཅེས་བྱ་བའི་ཐ་ཚིག་སྟེ། འདི་ཡང་ཁྲོ་བ་བཞིན་དུ་ཞེ་སྡང་གི་དུས་སྐབས་ཀྱི་བྱེ་བྲག་ལ་གདགས་པ་ཡིན་པས་དེའི་ཕྱིར་བཏགས་བའི་ཡོད་པར་རིག་པར་བྱའོ།། ་འཆབ་བ་ནི་བདག་གི་ཁ་ན་མ་ཐོ་བ་མཁྱུད་པ་སྟེ། འདུན་པ་དང་ཞེ་སྡེང་དང་འཇིགས་པ་ལ་སོགས་པ་བསལ་ཏེ། དེ་ལ་ཕམ་པར་འདོད་པའི་གླེང་བར་བྱེད་པས་དུས་སུ་ཁྱོད་འདི་ལྟ་བུ་བྱེད་པའོ་ཞེས་བསྟན་ན་གཏི་མུག་གི་ཆར་གཏོགས ་པས་ཁ་ན་མ་ཐོ་མཁྱུད་པ་ནི་འཆབ་པའོ། །འཆབ་པ་ནི་གཏི་མུག་གི་ཆར་གཏོགས་པ་ཉིད་དེ། མཁྱུད་པའི་རྣམ་པ་ཡིན་པའི་ཕྱིར་རོ། །འདི་ནི་འགྱོད་པ་དང་རེག་པར་མི་གནས་པའི་རྟེན་བའི་ལས་ཅན་ནོ། །འདི་ནི་ཆོས་ཉིད་ཡིན་ཏེ། ་དེ་ཁ་ན་མ་ཐོ་པ་མཁྱུད་ན་འགྱོད་བར་འགྱུར་རོ། །འགྱོད་ན་གདོན་མི་ཟ་བར་ཡིད་མི་བདེ་བ་དང་མཚུངས་པར་ལྡན་བར་འགྱུར་བས་རེག་པར་མི་གནས་སོ། །འཚིག་པ་ནི་ཚིག་བླང་པོས་ཞེར་འདེབས་པ་ཉིད་དོ། །ཚིག་བརླང་པོ་ནི ་མཚང་འདུ་བའི་ཚུལ་གྱིས་ཞེས་གཅོད་པ་དང། ཚིག་རྩུབ་པའོ། །ཞེར་འདེབས་བར་བྱེད་བའི་དང་ཚུལ་འདི་ཞེར་འདེབས་བ་སྟེ། དེའི་དངོས་པོ་ནི་ཞེར་འདེབས་པ་ཉིད་དོ། །ཚིག་བརླང་པོས་ཟ་བ་དང་འདྲ་བར་ཞེར་འདེབས་པས་ཆིག ་བརླད་པོས་ཞེར་འདེབས་པ་ཉིད་དོ། །འདི་ཡང་ཁྲོ་བ་དང་ཁོན་དུ་འཛིན་པ་སྔོན་དུ་འགྲོ་བ་སེམས་ཀྱི་ཀུན་ནས་མནར་སེམས་པའི་རང་བཞིན་ཡིན་པས་ཁོང་ཁོ་བའི་ཆར་གཏོགས་པ་ཉིད་དེ། རྫས་སུ་ཡོད་པ་མ་ཡིན་ནོ། །འདི་ནི་དག་གི་ཉེས་པར ་སྤྱོད་པ་སྐྱེད་པའི་ལས་ཅན་ཏེ། རེག་པར་མི་གནས་པའི་ལས་ཅན་ཏེ། དེ་དག་དང་ལྡན་པའི་གང་ཟག་དང་འགྲོགས་པར་དཀར་བའི་ཕྱིར་རོ། །ཕྲག་དོག་ནི་གཞན་གྱི་ཕུན་སུམ་ཚོགས་པ་ལ་སེམས་ཁོང་ནས་འཁྲུག་པ་སྟེ། འཐོབ?་པ་དང་ ་བཀུར་སྟི་ལ་ལྷག་པར་ཆགས་པས་གཞན་གྱི་རྙེན་པ་དང། བཀུར?་སྟི་དང། རིགས་དང། ཚུལ་ཁྲིམས་དང། ཐོས་པ་ལ་སོགས་པ་ཡོན་ཏན་གྱི་ཁྱད་པར་མཐོང་ནས་ཞེ་སྡང་གི་ཆར་གཏོགས་པ་མི་བཟོད ་པར་བྱས་པའི་སེམས་ཁོང་ནས་འཁྲུགS་པ་ནི་ཕྲག་དོག་གོ། རང་གི་གནས་ལ་ཁྱད་པར་འཁྲུག་པས་ཁོང་ནས་འཁྲུག་པ་སྟེ། ཡིད་མི་བདེ་བ་དང་མཚུངས་པར་ལྡན་པ་དང། དེ་སྔོན་དུ་འགྲོ་བའི་ཕྱིར་རིག་པར་མི་གནས་པ་སྟེ། ཡིད ་མི་བདེ་བ་དང་རེག་པར་མི་གནས་པའི་ལས་ཅན་ཞེས་བྱའོ། །སེར་སྣ་ནི་སྦྱིན་པ་དང་མི་མཐུན་པ་སེམས་ཀྱིས་ཀུན་ཏུ་འཛིན་པའོ། །ཟིན་པའི་དངོས་པོ་ཆོས་དང་ཟང་ཟིང་དང་མཁས་པའི་བདག་ཉིད་རྣམས་གང་གིས་མཆོད་པ་དང། ་ཕན་གདགས་པར་འདོད་བS་འདོད་པའི། མི་འདོད་པ་ལའང་རུང་སྟེ། སྦྱིན་པར་བྱེད་པ་དེ་ནི་སྦྱིན་པའོ། །དེ་ཡོད་ན་སྦྱིན་པ་མེད་པར་འགྱུར་བའི་ཕྱིར་དེ་དང་མི་མཐུན་པ་ཞེས་བྱའོ། །རྙེད་པ་དང་བཀུར་སྟི་ལ་ལྷག་པར་ཆགས་པར ་འཚོ་བའི་ཡོ་བྱད་རྣམས་ལ་འདོད་ཆགས་ཀྱི་ཆར་གཏོགས་པའི་སེམས་ཀུན་ཏུ་འཛིན་པ་དང་ཡོངས་སུ་མི་གཏོང་བའི་འདོད་པ་ནི་སེར་སྣའོ། །དེ་ནི་ཡོ་བྱད་མ་བསྙུངས་པའི་བརྟེན་བྱེད་བའི་ལས་ཅན་ཏེ། ཡོ་བྱད་མ ་བསྙུངས་པ་ནི་སེར་སྣས་ཡོ་བྱད་མི་མཁོ་བ་རྣམས་ཀྱང་སོགས་པ་རིག་པར་བྱའོ། །སྒྱུ་ནི་གཞན་ལ་བསླུ་བའི་ཡང་དག་པ་མ་ཡིན་པའི་དོན་སྟོན་པ་སྟེ། རྙེད་པ་དང་བཀུར་སྟི་ལ་ལྷག་པར་ཆགས་པས་གཞན་ལ་བསླུ་བའི་། ་བསམ་པས་ཚུལ་ཁྲིམས་ལ་སོགས་པའི་དོན་གཞན་དུ་གནས་ལ་གཞན་དུ་སྟོན་པ་སྟེ། འདི་ནི་འདོད་ཆགས་དང་གཏི་མུག་འདུས་པས་ཡང་དག་པ་མ་ཡིན་པའི་ཡོན་ཏན་སྟོན་པས་ན་དེ་གཉིས་འདུས་པ་ལ་གདགས་ཏེ། ་ཁྲོ་བ་ལ་སོགས་པ་བཞིན་དུ་གདགས་པ་ཉིད་ཡིན་གྱི་རྫས་སུ་ནི་མེད་དེ། ལོག་པS་འཚོ་བའི་རྟེན་བྱེད་པའི་ལས་ཅན་ནོ། །གཡོ་ནི་རང་གི་ཉེས་པ་བཅབ་པའི་ཐབས་བཟུང་བ་སྟེ། སེམས་གྱ་གྱུ་བའོ། །རང་གི་ཉེས་པ་བཅབ ་པའི་ཐབས་ནི་གཞན་མགོ་རྨོངས་པར་བྱེད་པ་སྟེ། དེ་ཡང་གཞན་ནས་གཞན་དུ་བསྒྱུར་བ་དང། གཏམ་རླུང་སྐུར་བ་དང། གསལ་བར་མི་བྱེད་པའོ། །དེའི་ཕྱིར་གཡོ་དང་འཆབ་བ་གཉིས་ཐ་དད་དེ། དེ་ནི་གསལ་པོར་མཁྱུད་ཀྱི་ཟུར་གྱི་ནི ་མ་ཡིན་ནོ། །དེ་ནི་རྙེད་བ་དང་བཀུར་སྟེ་ལ་ལྷག་བར་ཆགས་ནས་འདོད་ཆགས་དང་གཏི་མུག་དེ་གཉིས་ཀྱིས་བདག་གིས་ཉེས་པ་བཅབ་པའི་ཕྱིར་གཞན་མགོ་རྨོངས་པར་བྱེད་པས་དེ་གཉིས་འདུས་པ་ལ་དེ་གདགས་སོ། །འདི་ནི་ཡང་དག ་པའི་གདམས་ངག་རྙེད་པའི་བར་དུ་གཅོད་བའི་ལས་ཅན་ནོ། །ཡང་དག་པའི་གང་མས་ངག་ནི་གང་རྙེད་མཚུལ་བཞིན་ཡིད་ལ་བྱེད་པ་སྟེ། དེའི་བར་ཆད་བྱེད་པའོ། །རྒྱགས་བ་ནི་བདག་གིས་ཕུན་སུམ་ཚོགས་པ་ལ་ཆགས་པའི་རབ ་ཏུ་དགའ་བ་སྟེ། སེམས་ཡོངས་སུ་འཛིན་པའོ། །རིགས་དང་ནང་མེད་པ་དང་ལང་འཚོ་དང་སྟོབས་དང་གཟུགས་དང་ཕྱུག་པ་དང་བློ་དང་ཡིད་གཞུངས་པ་ལ་སོགས་པ་མཆོག་ཏུ་གྱུར་པ་ནི་རང་གི་ཕུན་སུམ་ཚོགས་པའོ། །རབ་ཏུ ་དགའ་བ་ནི་དགའ་བའི་བྱེ་བྲག་སྟེ། དགའ་བའི་བྱེ་བྲག་གང་གི་སེམས་རང་དབང་མེད་པར་བྱེད་པ་ངེས་པ་དེ་དག་གི་དབང་དུ་བྱེད་པས་ཡོངས་སུ་འཛིན་པར་འགྱུར་ཏེ། དེའི་ཕྱིར་སེམས་ཡོངས་སུ་འཛིན་བ་ཞེས་བཤད་དོ། །འདི་ནི ་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་ཐམས་ཅད་ཀྱི་རྟེན་བྱེད་པའི་ལས་ཅན་ནོ། །རྣམ་པར་འཚེ་བ་ནི་སེམས་ཅན་རྣམས་ལ་རྣམ་པར་མཐོ་འཚམ?་པ་སྟེ། བསོད་པ་དང་བཅིང་བ་དང་བརྡོག?་པ་དང་པ་སྡིགས་པ་ལ་སོགས་པ་སྣ ་ཚོགས་ཀྱིས་སེམས་ཅན་རྣམས་ལ་འཚེ་བའོ། །འདིས་བསད་པ་དང་བཅིངས་པ་ལ་སོགས་པས་སེམས་ཅན་རྣམS་ལ་རྣམ་པར་མཐོ་འཚམས་པས་སྡུག་བསྔལ་དང་ལིང་མི་བདེ་བ་བསྐྱེད་པའི་ཕྱིར་སེམས ་ཅན་རྣམས་ལ་རྣམ་པར་མཐོ་འཚམ་པའོ། །འདི་ནི་ཁོང་ཁྲོ་བའི་ཆར་གཏོགས་པ་སྟེ། སེམས་ཅན་རྣམས་ལ་སྙིང་རྗེ་མེད་ཅིང་སེམས་རྩུབ་པའོ། །སེམས་ཅན་རྣམས་ལ་རྣམ་པར་མཐོ་འཚམ་པའི་ལས་ཅན་ནི་སེམས་ཅན་རྣམS ་ལ་འཚོ་བ་ཞེས་བྱའོ། །ངོ་ཚ་མེད་པ་ནི་ཁ་ན་མ་ཐོ་བས་བདག་མི་འཇེམ་པའོ། །ལས་དེ་བདག་གི་ཆ་མ་ཡིན་པར་ཤེས་བཞིན་དུ་ཡང་གང་ཁ་ན་མ་ཐོ་བས་མི་འཛེམ་པ་དེ་ནི་ངོ་ཚ་མེད་པ་སྟེ། ངོ་ཚ་ཤེས་པའི་མི་མཐུན་པའི ་ཕྱོགས་སུ་གྱུར་པའོ། །ཁྲེལ་མེད་པ་ནི་ཁ་ན་མ་ཐོ་བས་གཞན་ལ་མི་འཛེམ་པ་སྟེ། འཇིག་རྟེན་དང་བསྟན་བཅོས་དང་མི་མཐུན་པ་འདི་བདག་བྱེད་པར་དེ་ལྟར་ཁོང་དུ་ཆུད་ཀྱང་གང་སྡིག་པ་བྱེད་པ་དེས་མི་འཛེམ་པ་དེ་ནི་ཁྲེལ་ཡོད ་བའི་མི་མཐུན་པའི་ཕྱོགས་སུ་གྱུར་པ་སྟེ། ཁྲེལ་མེད་པའོ། །དེ་གཉིས་ནི་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་ཐམས་ཅད་ཀྱི་གྲོགས་བྱེད་པའི་ལས་ཅན་ནོ། །འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གི་རྣམ་པ་བྱ་བ་ངན་པ ་ཐམས་ཅད་འབྱུང་བའི་རྒྱུ་ལ་ཇི་ལྟར་མཐུན་མཐུན་དུ་གདགས་ཏེ། འདོད་ཆཌ་དང་ཞེ་སྡང་ནི་ཅིག་ཅར་མི་འབྱུང་བའི་ཕྱིར་རོ། །རང་གི་རྒྱུ་ནི་མེད་དོ། །རྨུགས་པ་ནི་སེམས་ལས་སུ་མི་རུང་བ་སྟེ་སློང་བ་ཉིད་དོ། །སློང་བའི་དངོས་པོ ་ནི་སློང་བ་ཉིད་དེ། དེ་དང་ལྡན་ན་སེམས་བླུན་པར་གྱུར་ནས་སློང་བར་གྱུར་ཏེ། དམིགས་བརྟོགས་པར་མི་ནུས་པའོ། །འདི་ནི་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་ཐམས་ཅད་ཀྱི་གྲོགས་བྱེད་པའི་ལས་ཅན་ཏེ། གཏི་མུག་གི ་ཚོལ?་བཏགས་པས་གཏི་མུག་གི་ཆར་གཏོགས་པ་ཉིད་ཡིན་གྱི་གུང་ན་མེད་དོ། །རྒོང་པ་ནི་སེམས་རྣམ་པར་མ་ཞི་བའོ། །རྣམ་པར་ཞི་བ་ནི་ཞི་གནས་སྟེ། དེ་དང་མི་མཐུན་པ་ནི་རྣམ་པར་མ་ཞི་བའོ། །དེ་ནི་འདོད་ཆགས་དང་མཐུན་པ ་སྔོན་རྒོང་རྒོང་པ་དང་དགའ་དགའ་བ་དང། རྩེ་རྩེ་བ་རྗེས་སུ་དྲན་ནས་སེམས་རྣམ་པར་མ་ཞི་བའི་རྒྱུ་སྟེ། ཞི་གནས་ཀྱི་བར་དུ་གཅོད་པའི་ལས་ཅན་ནོ། །མ་དད་པ་ནི་ལས་དང་འབྲས་བུ་དང་བདེན་པ་དང། དཀོན་མཆོག་རྣམས་ལ་མངོན་པར ་ཡིད་མི་ཆེས་པ་སྟེ། དང་པའི་མི་མཐུན་པའི་ཕྱོགས་སོ། །དད་པ་ནི་ཡོད་པ་དང་ཡོན་ཏན་ཅན་དང་ནུས་པ་རྣམས་ལ་མངོན་པར་ཡིད་ཆེས་པ་དང་དད་བ་དང་འདོད་པ་སྟེ། གོ་རིམ་བཞིན་ནོ། །མ་དད་པ་ནི་དེ་ལས་བཟློག་པ་སྟེ། ཡོད་པ ་དང་ཡོན་ཏན་ཅན་དང་ནུས་པ་རྣམས་ལ་མངོན་པར་ཡིད་མི་ཆེས་པ་དང་མ་དད་པ་དང་མི་འདོད་པ་སྟེ། ལེ་ལོའི་རྟེན་བྱེད་པཱི་ལས་ཅན་ནོ། །མ་དང་བ་ནི་སྦྱོར་བ་ལ་འདུན་པ་མེད་པའི་ཕྱིར་ལེ་ལོའི་རྟེན་བྱེད་པའི་ལས་ཅན་ཉིད་དོ། །ལེ ་ལོ་ནི་དགེ་བ་ལ་སེམས་མངོན་པར་མི་སྤྲོ་བ་སྟེ། བརྩོན་འགྲུས་ཀྱི་མི་མཐུན་པའི་ཕྱོགས་སོ། །ཉལ་བ་དང་གཉེས་པ་དང་འཕྲེས་བའི་བདེ་བ་ལ་བརྟེན་ནས་གཏི་མུག་གི་ཆར་གཏོགས་པས་ལུས་དང་ངག་དང་ཡིད་ཀྱི་ལས་དགེ་བ་ལ ་སེམས་མངོན་པར་སྤྲོ་བ་མེད་པ་གང་ཡིན་པའོ། །འདི་ནི་དགེ་བའི་ཕྱོགས་ལ་སྦྱོར་བའི་བར་དུ་བཅོད་པའི་ལས་ཅན་ནོ། །བག་མེད་པ་ནི་ཆགས་པ་དང་ཞེ་སྡང་དང་གཏི་མུག་དང་ལེ་ལོ་གང་ཡིན་པ་དག་གིས་འདོད་ཆགས་དང་ཞེ་སྡང ་དང་གཏི་མུག་ལ་སོགས་པ་ལ་སེམས་མི་སྲུང་བ་དང། དེའི་གཉེན་པོར་གྱུར་པ་དགེ་བ་ལ་མི་སྒོམ་པ་སྟེ། ཆགས་པ་དང་ཞེ་སྡང་དང་གཏི་མུག་དང་ལེ་ལོ་དག་ལ་བག་མེད་པ་གདགས་སོ། །འདི་ནི་མི་དགེ་བ་འཕེལ་བ་དང། དགེ་བ ་འགྲིབ་པའི་རྟེན་བྱེད་པའི་ལས་ཅན་ནོ། །བརྗེད་ངེས་པ་ནི་དྲན་པ་ཉོན་མོངས་པ་ཅན་ནོ། །ཉོན་མོངས་པ་ཅན་ཞེས་བྱ་བ་ནི་ཉོན་མོངས་པ་དང་མཚུངས་པར་ལྡན་པའོ། །འདི་ནི་རྣམ་པར་གཡེང ་པའི་རྟེན་བྱེད་པའི་ལས་ཅན་ནོ། །རྣམ་པར་གཡེང་བ་ནི་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གི་ཆང་གཏོགས་པ་སེམས་རྣམ་པར་འཕྲོ་བའོ། །འདིས་སེམས་སྣ་ཚོགས་སུ་གཡེང་བར་བྱེད་པས་རྣམ་པར་གཡེང་བའོ། ། ་འདོད་ཆགས་དང་ཞེ་སྡང་དང། གཏི་མུག་གང་དག་གིས་ཏིང་ངེ་འཛིན་གྱི་དམིགས་པ་ལས་ཕྱི་རོལ་ཏུ་གཡེང་བར་བྱེད་བ་དེ་དག་ལ་ཇི་ལྟར་མཐུན་མཐུན་ཏུ་རྣམ་པར་གཡེང་བ་གདགས་སོ། །འདི་ནི་འདོད་ཆགས་དང་བྲལ་བའི་བར ་དུ་གཅོད་པའི་ལས་ཅན་ནོ། །ཤེས་བཞིན་མ་ཡིན་པ་ནི་ཉོན་མོངས་པ་དང་མཚུངས་པར་ལྡན་པའི་ཤེས་རབ་སྟེ། དེས་འགྲོ་བ་དང་ལྡོག་པ་ལ་སོཌ་བ་ལ་ལུས་དང་ངག་དང་སེམས་ཀྱི་སྤྱོད་པ་མི་ཤེས་བཞིན་དུ་འཇུག་སྟེ། ་བྱ་བ་དང་བྱ་བ་མ་ཡིན་པ་མི་ཤེས་པས་ལྟུང་བའི་རྟེན་བྱེད་པའི་ལས་ཅན་ནོ། །འགྱོད་པ་ནི་ཡིད་ལ་གཅགས?་པའོ། །སྨད་པ་བྱས་པས་འགྱོད་དེ། དེའི་དངོས་པོ་ནི་འགྱོད་པའོ། །འདི་ནི་ངན་པ་བྱས་པའི་ཡུལ་ལས ་སེམས་ནི་མ་དགའ་བ་སྟེ། སེམས་ལས་བྱུང་བའི་སྐབས་ཡིན་བས་འགྱོད་པ་ཞེས་བྱའོ། །འདི་ནི་སེམས་གནས་པའི་བར་དུ་གཅོད་པའི་ལས་ཅན་ནོ། །གཉིད་ནི་འཇུག་པ་རང་དབང་མེད་པར་སེམས་སྡུད་པའོ། ། ་འཇུག་པ་ནི་དམིགས་པ་ལ་འཇུག་པའོ། །དེ་ཡང་སེམས་ཀྱི་རང་དབང་མེད་པ་གང་ལས་བྱུང་བ་དེ་ཉིད་དོ། །ཡང་ན་ལུས་འཛིན་མི་ནུས་པའི་སེམས་ཀྱི་འཇུག་པ་རང་དབང་མེད་པ་དེ་གང་ལས་བྱུང་བ་དེ་ཉིད་དོ། །སེམས ་སྡུད་པ་ནི་མིག་ལ་སོགས་པའི་དབང་པོའི་སྒོ་ནས་མི་འཇུག་པའོ། །དེ་ནི་གཏི་མུག་གི་ཆ་ལ་གདགས་པས་གཏི་མུག་གི་ཆར་གཏོགས་པ་སྟེ། བྱ་བ་ཤོལ་བའི་རྟེན་བྱེད་པའི་ལས་ཅན་ནོ། །རྟོག་པ་ནི་ཀུན་ཏུ་ཚོལ་བའི་ཡིད ་ཀྱི་བརྗོད་པ་སྟེ། ཤེས་རབ་དང་སེམས་པའི་བྱེ་བྲག་གོ། །ཀུན་ཏུ་ཚོར་བ་ནི་ཅི་ཡིན་ཞེས་རྟོག་པའི་རྣམ་པར་ཞུགས་པའོ། །ཡིད་ལ་བརྗོད་པ་ནི་ཡིད་ཀྱི་བརྗོད་པ་སྟེ། བརྗོད་པ་དང་འདྲ་བའོ། །བརྗོད་པ་ནི་ངོན?་བརྗོད་པའོ། ། ་སེམས་པ་དང་ཤེས་རབ་ཀྱི་བྱེ་བྲག་ཅེས་བྱ་བ་ལ་སེམས་པ་ནི་གང་སེམས་ཀུན་ཏུ་གཡོ་བར་བྱེད་པའི་བདག་ཉིད་ཡིན་ལ། ཤེས་རབ་ནི་ཡོན་ཏན་དང་ཉེས་པ་འབྱེད་པའི་རྣམ་པ་ཡིན་ཏེ། དེའི་དབང་གིས་སེམས་འཇུག་པས་ན ་བར་འགའ་ནི་སེམས་དང་སེམས་ལ་རྟོག་པ་གདགས་སོ། །བར་འགའ་ནི་ཤེས་རབ་དང་སེམས་ལ་གདགས་ཏེ། མངོན་པར་མི་རྟོག་པ་དང། མངོན་པར་རྟོག་པའི་དུས་དང་གོ་རིམ་བཞིན་ནོ། །ཡང་ན་སེམས་པ་དང་ཤེས ་རབ་གཉིས་ཁོ་ན་ལ་རྟོག་པ་གདགས་ཏེ། དེའི་དབང་གི་སེམས་དེ་ལྟར་འཇུག་པའི་ཕྱིར་རོ། །དེ་ཉིད་སེམས་རྩིད་པའོ། །རྩིང་བ་ཞེས་བྱ་བ་ནི་ཆེ་ལོང་སྟེ། དངོས་པོ་ཙམ་ཀུན་ཏུ་ཚོལ་བའི་རྣམ་པ་ཡིན་པའི་ཕྱིར་རོ། །ཚུལ་འདི་ནི ་དཔྱོད་པ་ལ་ཡང་བལྟ་བར་བྱའོ། །དཔྱོད་པ་ཡང་སེམས་པ་དང་ཤེས་རབ་ཀྱི་བྱེ་བྲག་གི་བདག་ཉིད་དོ། །སོ་སོར་རྟོག་པའི་ཡིད་ཀྱིས་བརྗོད་པ་ཉིད་དེ་སྔར་ཁོང་དུ་ཆུད་པ་ལ་འདིའོ་ཞེས་དཔྱོད་པའི་ཕྱིར་རོ། །དེའི་ཕྱིར་སེམས་ཞི ་བ་ཞེས་བྱའོ། །དེ་གཉིས་ནི་རེག་པ་དང་གནས་པ་དང་རིག་པར་མི་གནས་པའི་རྟེན་བྱེད་པའི་ལས་ཅན་ནོ། །འདི་གཉིས་ནི་རྩིང་བ་དང་ཞིབ་པར་རྣམ་པར་གནས་པས་ཐ་དད་དུ་དབྱེའོ། །གཉིས་རྣམ་གཉིས་ཤེས་བྱ་བ་ན་གཉིས ་དེ་གཉིས་པ་གཉིས་ཏེ། དེ་དག་ནི་སྤྱོད་པ་དང་གཉིད་གཉིས་དང། རྟོག་པ་དང་དཔྱོད་པ་གཉིས་སོ། །ཆོས་དེ་བཞིན་ནི་རྣམ་པ་གཉིས་ཏེ། ཉོན་མོངས་པ་དང་ཉོན་མོངས་པ་ཅན་མ་ཡིན་པའོ། །དེ ་ལ་མི་དགེ་བ་མ་བྱས་ཏེ་དགེ་བ་བྱས་པས་སེམས་མི་དགེ་བ་གང་ཡིན་པ་དེ་ནི་འགྱོད་པ་ཉོན་མོངས་པ་ཅན་ནོ། །གང་དགེ་བ་མ་བྱས་ཏེ་མི་དགེ་བ་བྱས་པས་འགྱོད་པ་དེ་ནི་ཉོན་མོངས་པ་ཅན་མ་ཡིན་པའོ། །གཉིད་ཀྱང་ཉོན ་མོངས་པ་ཅན་གྱི་སེམས་ཀྱིས་འཕངས་པ་དང། ཉོན་མོངས་པ་ཅན་གྱི་སེམས་དང་མཚུངས་པར་ལྡན་པ་ནི་ཉོན་མོངས་པ་ཅན་ནོ། །ཉོན་མོངས་པ་ཅན་མ་ཡིན་པའི་སེམས་ཀྱི་འཕངས་པ་དང། ཉོན་མོངས་པ་ཅན་མ་ཡིན་པའི ་སེམས་དང་མཚུངས་པར་ལྡན་པ་ནི་ཉོན་མོངས་པ་ཅན་མ་ཡིན་པའོ། །འདོད་པ་དང་གནོད་སེམས་དང་རྣམ་པར་འཚེ་བའི་རྟོག་པའི་ཉོན་མོངས་པ་ཅན་ནོ། །མངོན་པར་འབྱུང་བ་ལ་སོགས་པ་ལ་རྟོག་པ་ནི་ཉོན་མོངས་བ་ཅན ་མ་ཡིན་པའོ། །དེ་བཞིན་དུ་གཞན་ལ་གནོད་པ་བྱེད་པའི་ཐབས་དཔྱོད་པ་ནི་ཉོན་མོངས་པ་ཅན་ནོ། །གཞན་ལ་ཕན་གདགས་པའི་ཐབས་དཔྱོད་པ་ནི་ཉོན་མོངས་པ་ཅན་མ་ཡིན་པའོ། །དེ་ལ་འགྱོད་པ་དང་གཉིད ་དང་རྟོག་པ་དང་དཔྱོད་པ་ཉོན་མོངས་པ་ཅན་དེ་དག་ཉིད་ཉོན་མོངས་པ་སྟེ་།ཅིག་ཤོས་ནི་མ་ཡིན་ནོ། །དེ་ལ་ཇི་ལྟར་གཟུགས་དང་སྒྲ་ལ་སོགས་པ་ལ་དམིགས་པ་རྣམ་པ་དྲུག་པོ་དག་ཏུ་འགྲོ་བ་རྣམས་དང། བྱེ་བྲག ་ཏུ་ངེས་བ་རྣམས་དང། དགེ་བ་རྣམས་དང། ཉོན་མོངས་པ་རྣམས་དང། ཉེ་བའི་ཉོན་མོངས་པ་རྣམས་དང་སེམས་ལས་བྱུང་བ་ཐམས་ཅད་ཀྱི་ནང་ནས་ཅི་རིགས་པ་དང་མཚུངས་པར་ལྡན་པར་བཞིན་དུ། ཚོར་བ་གསུམ ་སྟེ། བདེ་བའི་ཚོར་བ་དང། སྡུག་བསྔལ་གྱི་ཚོར་བ་དང། སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པའི་ཚོར་བ་སྟེ། ཚོར་བ་རྣམས་པ་གསུམ་དང་མཚུངས་པར་ལྡན་ཏེ། ཡིད་བདེ་བ་དང་ཡིད་མི་བདེ་བ་དང་བཏང ་སྙོམས་ཀྱི་གནས་ཀྱི་གཟུགས་ལེ་སོགས་པ་ལས་དེ་འབྱུང་བའི་ཕྱིར་རོ། །དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པ་དང་ཡང་ལྡན་ནོ། །ཀུན་གཞི་རྣམ་པར་ཤེས་པ་ནི་ཀུན་ཏུ་འགྲོ་བ་ལྔ་ཁོ་ན་དང་མཚུངས་པར་ལྡན་ཏེ། ་གཞན་དག་དང་ནི་མ་ཡིན་ནོ། །དེ་ལ་ཚོར་བ་བཏང་སྙོམས་ཉིད་དེ། མ་བསྒྲིབས་ལ་ལུང་དུ་མ་བསྟན་པའོ། །ཉོན་མོངས་བ་ཅན་གྱི་ཡིད་ནི་ཀུན་ཏུ་འགྲོ་བ་ལྔ་དང། བདག་ཏུ་རྨོངས་པ་ལ་སོགས་པ་ཉོན་མོངས་པ་བཞི་དང་རྟག ་ཏུ་མཚུངས་པར་ལྡན་ནོ། །དེ་ཡང་ཚོར་བ་ནི་བཏང་སྙོམས་ཉིད་དེ། བསྒྲིམས་ལ་ལུང་དུ་མ་བསྟན་པའོ། །ང་ནི་འདི་བསམ་པར་བྱ་སྟེ། ཅི་མིག་གི་རྣམ་པར་ཤེས་པ་ལ་སོགས་པ་ལྔ་པོ་དག་ཅིག་ཅར་དམིགས་པའི་རྐྱེན ་དང་ཕྲད་ཀྱང་ཀུན་གཞི་རྣམ་པར་ཤེས་པ་ལས་གཅིག་འབྱུང་གི་གཉིས་དང་མང་པོ་མི་འབྱུང་སྟེ། ཇི་ལྟར་ཁ་ཅིག་སེམས་བ་ཅིག་ཅར་གཉིས་དང་མང་པོ་མ་ཡིན་ཏེ། དེ་མ་ཐག་བར་རྐྱེན་མེད་པས་རྣམ་པར་ཤེས ་པ་གཅིག་ཁོ་ན་འབྱུང་བར་འགྱུར་ཏེ། རྣམ་པར་ཤེས་པ་གཅིག་གིས་མང་པོའི་དེ་མ་ཐག་པའི་རྐྱེན་བྱེད་པར་མི་ནུས་སོ་སྙམ་བ་ལྟ་བུ་འམ། འོན་ཏེ་ངེས་པ་མེད་དེ། གལ་ཏེ་གཅིག་གི་རྐྱེན་དང་ཕྲད་ན་གཅིག་འབྱུང ་བར་འགྱུར་ལ། དེ་བཞིན་དུ་གཉིས་དང་པོར་རྐྱེན་དང་ཕྲད་ན་གཉིས་དང་མང་པོ་ཡང་འབྱུང་བར་འགྱུར་རམ་སྙམ་པ་ལ། དེའི་ཕྱིར་ལྔ་རྣམས་རྩ་བའི་རྣམ་ཤེས་ལས། ཇི་ལྟའི་རྐྱེན་ལས་བྱུང་བ་ནི། རྣམ་ཤེས་ལྷན་ཅིག་འམ་མ ་ཡིན། །ཆུ་ལ་རླབས་རྣམས་ཇི་བཞིན་ནོ། །ཞེས་བྱ་བ་སྨོས་སོ། །ལྔ་རྣམས་ཞེས་བྱ་བ་ནི་མིག་ལ་སོགས་པ་རྣམ་པར་ཤེས་པ་རྣམས་ཏེ། །དེའི་རྗེས་སུ་རྒྱུ་བ་ཡིད་ཀྱི་རྣམ་པར་ཤེས་པ་དང ་བཅས་པ་རྣམས་སོ། །ལྔ་པོ་རྣམས་ཀྱི་ས་བོན་གྱི་གནས་ཡིན་པས་དེ་འབྱུང་བ་དང། །བཀྲོ?་བ་རྣམས་སུ་སྐྱེ་བ་ཉེ་བར་ལེན་བའི་ཕྱིར་ཀུན་གཞི་རྣམ་པར་ཤེས་པ་ནི་རྩ་བའི་རྣམ་པར་ཤེས་པ་ཞེས་བྱའོ། །ཇི་ལྟའི་རྐྱེན་ལས ་ཞེས་བྱ་བ་ནི་གང་དང་གང་གི་རྐྱེན་དང་ཕྲད་བ་དེ་དང་དེ་ངེས་པར་འབྱུང་སྟེ། འབྱུང་པ་ནི་བདག་ཐོབ་པའོ། །ལྷན་ཅིག་འམ་མ་ཡིན་པ་ཞེས་བྱ་བ་ནི་ཅིག་ཅར་རམ་རིམ་གྱིས་སོ། །ཆུ་ལ་རླབས་རྣམས་ཇི་བཞིན་ཞེས་བྱ་བ ་ནི་ཀུན་གཞི་རྣམ་པར་ཤེས་པ་ལས་སུ་འཇུག་པའི་རྣམ་པར་ཤེས་པ་ཅིག་ཅར་དམ་ཅིག་ཅར་བ་ཡིན་པར་འབྱུང་བའི་དཔེ་སྟེ། ཇི་སྐད་དུ་བློ་གྲོས་ཡང་པ་དཔེར་ན་ཆུ་བོའི་ཆུ་རྒྱུན་ཏུ་འབབ་པ་ལ་གལ་ཏེ་རླབས་གཅིག་འབྱུང་པའི ་རྐྱེན་ཉེ་བར་གནས་པར་གྱུར་ན་རླབས་གཅིག་འབྱུང་ངོ། །གལ་ཏེ་གཉིས་སམ་གསུམ་མམ། རླབས་མང་པོ་འབྱུང་བའི་རྐྱེན་ཉེ་བར་གནས་པར་གྱུར་ན་ཡང་རླབས་མང་པོ་འབྱུང་སྟེ། ཆུ་བོའི་ཆུ་རྒྱུན་ཡང་ཆད་པར་མི་འགྱུར་པ། ་ཡོངས་སུ་ཟད་པར་ཡང་མི་མངོན་པ་དེ་བཞིན་དུ་བློ་གྲོས་ཡངས་པ་རླབས་དེའི་ཆུ་པོའི་གནས་ལྟ་བུའི་ཀུན་གཞི་རྣམ་པར་ཤེས་པ་ལ་ཀུན་ཏུ་བརྟེན་ཅིང་རབ་ཏུ་གནས་ནས་གལ་ཏེ་མིག་གི་རྣཾ་པར་ཤེS་བ་གཅིག་པུ་འབྱུང་བའི་རྐྱེན ་ཉེ་བར་གནས་པར་འགྱུར་ན་མིག་གི་རྣམ་པར་ཤེས་པ་གཅིག་བུ་འབྱུང་ངོ། །གལ་ཏེ་རྣམ་པར་ཤེས་པ་གཉིས་སམ་གསུམ་མམ་ལྔ་འབྱུང་བའི་རྐྱེན་ཉེ་བར་གནས་པར་གྱུར་ན་ཡང་གཉིས་སམ་གསུམ་མམ་ལྔའི་བར་དཱུང ་འབྱུང་བར་འགྱུར་རོ་ཞེས་གསུངས་པ་ལྟ་བུའོ། །འདི་ལ་ཚིགས་སུ་བཅད་པ། ལེན་པའི་རྣམ་པར་ཤེས་པ་ཟབ་ཅིང་ཕྲ། །ས་བོན་ཐམས་ཅད་ཆུ་བོ་བཞིན་དུ་འབག་།བདག་ཏུ་རྟོག་པར་གྱུར་ན་མི་རུང་ཞེས། །འདི་ནི་བྱིས་པ་ངས་མ་བསྟན ་རྩེའོ། །རྣམ་པར་ཤེས་པའི་དམིགས་པའི་རྐྱེན་སོ་སོར་ངེས་པ་བཞིན་དུ་དེ་མ་ཐག་པའི་རྐྱེན་ནི་མི་འདོད་དེ། རྣམ་པར་ཤེས་པ་ཐམས་ཅད་འབྱུང་བར་རྣམ་པར་ཤེས་པ་ཐམས་ཅད་ཀྱི་དེ་མ་ཐག་པའི་རྐྱེན་དུ་ཁས་ལེན་པས་དམིགས ་པའི་རྐྱེན་དང་ཕྲང་ན་དེ་མ་ཐག་པའི་རྐྱེན་གཅིག་པུ་དེ་ལས་ཀྱང་རྣམ་པར་ཤེས་པ་གཉིས་སམ་མང་པོ་འབྱུང་སྟེ། འགལ་བར་མི་འགྱུར་རོ། །གང་དེ་མ་ཐག་པའི་རྐྱེན་སོ་སོར་ངེས་པ་མེད་ལ་ལྔ་པོ་རྣམས་ཅིག་ཅར་དམིགས་པའི་རྐྱེན་དང་ཕྲད ་ཀྱང་གཅིག་ཁོ་ན་འབྱུང་བར་འགྱུར་གྱི། ལྔ་ཆར་མ་ཡིན་ནོ་ཞེས་བྱ་བ་འདི་ལ་གཏན་ཚིགས་ཅི་ཞིག་ཡོད། དེ་ལྟ་བས་ན་དམིགས་པ་ཡོད་ན་ལྔ་ཆར་འབྱུང་བ་འམ། ཡང་ན་མི་འབྱུང་བར་ཁས་བླང་དགོས་སོ།། །། ་ད་ནི་འདི་བརྗོད་པར་བྱ་སྟེ། ཅི་ཡིད་ཀྱི་རྣམ་པར་ཤེས་པ་མིག་ལ་སོགས་པའི་རྣམ་པར་ཤེས་པ་དག་དང་ལྷན་ཅིག་འབྱུང་ངམ། འོན་ཏེ་དེ་དག་མེད་ཀྱང་འབྱུང་སྙམ་པ་ལ་དེའི་ཕྱིར། ཡིད་ཀྱི་རྣམ་ཤེས་འབྱུང་བ་ནི། །རྟག་ཏུའོ་འདུ་ཤེས ་མེད་པ་དང། །སྙོམས་པར་འཇུག་པ་རྣམས་གཉིས་དང། །སེམས་མེད་ཉིད་དང་བརྒྱལ་མ་གཏོགས་ཞེས་བྱ་བ་སྨོས་སོ། །རྟག་ཏུ་ཞེས་བྱ་བ་ནི་དུས་ཐམས་ཅད་དེ། མིག་ལ་སོགས་པའི་རྣམ་པར་ཤེས་པ་དང། ལྷན་ཅིག་པ་དང། དེ?་མ་ཡིན ་པ་ཞེས་བྱ་བའི་ཐ་ཚིག་གོ་།སྦྱིར་བཏང་བ་འདིའི་དམིགས་ཀྱི་བསལ་པ་རྩོམ་སྟེ། འདུ་ཤེས་མེད་པ་དང། སྙོམས་པར་འཇུག་པ་རྣམ་གཉིས་དང། །སེམས་མེད་གཉིད་དང་བརྒྱལ་མ་གཏོགས། །དེ་ལ་འདུ་ཤེS་མེད་པ་ནི་འདུ་ཤེས ་མེད་པའི་སེམས་ཅན་ལྷ་རྣམས་ཀྱི་ནང་དུ་སྐྱེས་པའི་སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་གང་འགོག་པའོ། །སྙོམས་པར་འཇུག་པ་རྣམ་གཉིས་ནི་འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་དང། འགོག ་པའི་སྙོམས་པར་འཇུག་པའོ། །དེ་ལ་འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་ནི་བསམ་གཏན་གསུམ་པའི་འདོད་ཆགས་དང་བྲལ་ལ་གོང་མའི་འདོད་ཆགས་དང་མ་བྲལ་བ་འབྱུང་བའི་འདུ་ཤེས་སྔོན་དུ་བཏང་པའི་ཡིད་ལ་བྱེད ་པས་ཡིད་ཀྱི་རྣམ་པར་ཤེས་པ་དང་དེ་དང་མཚུངས་པར་ལྡན་པའི་སེམས་ལས་བྱུང་བ་རྣམས་གང་འགོག་པ་སྟེ། དེ་ནི་འདིར་འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་ཞེས་བྱའོ། །འདིས་འགོག་པར་འགྱུར་བས་འགོག་པའོ། །དེ་ཡང ་ཡིད་ཀྱི་རྣམ་པར་ཤེས་པ་མཚུངས་པར་ལྡན་པ་དང་བཅས་པ་མི་འབྱུང་བར་འགོག་པ་སྟེ། གནས་ཀྱི་གནས་སྐབས་ཀྱི་བྱེ་བྲག་གོ་།སྙོམས་པར་འཇུག་པ་དེ་ཡང་སེམས་ཀྱི་འོག་ཏུ་སེམས་གཞན་འབྱུང་པ་དང། མི་མཐུན་པའི་གནས ་ཐོབ་པར་བྱེད་པའི་སྙོམས་པར་འཇུག་པ་ཞེས་བྱའོ། །འགོག་པའི་སྙོམས་པར་འཇུག་པ་ནི་ཅི་ཡང?་མེད་པའི་སྐྱེ་མཆེད་ཀྱི་འདོད་ཆཌ་དང་བྲལ་བ་ཞི་བར་གནས་པའི་འདུ་ཤེས་སྔོན་དུ་བཏང་བའི་ཡིད་ལ་བྱེད་པས་ཡིད་ཀྱི་རྣམ་པར་ཤེས ་བ་དང། ཉོན་མོངས་བ་ཅན་གྱི་ཡིད་མཚུངས་པར་ལྡན་པ་དང་བཅས་པ་གང་འགོག་པ་སྟེ། འདི་ཡང་འདུ་ཤེས་མེད་པའོ་སྙོམས་པར་འཇུག་པ་བཞིན་དུ་གནS་ཀྱི་གནས་བས་ཀྱི་བྱེ་བྲག་ལ་གདགས་སོ། །སེམས་མེད་པའི་གཉིད་ནི་གནS ་གཉིད་སྟུག་པོས་ནོན་པའི་ཕྱིར་དུས་དེ་སྲིད་ཅིག་ཏུ་ཡིད་ཀྱི་རྣམ་པར་ཤེས་པ་མི་འབྱུང་བས་སེམས་མེད་བ་ཞེས་བྱའོ། །སེམས་མེད་པའི་བརྒྱལ་བ་ནི་གློ་བུར་དུ་སྣང་བ་དང། རླུང་དང་མཁྲིས་པ་དང་བད་ཀན་དང་མཉམ་པ་སྟེ། གནས་མ ་མཉམ་པས་ཡིད་ཀྱི་རྣམ་པར་ཤེས་པ་འབྱུང་བ་དང་མི་མཐུན་པ་གང་ཡིན་པ་དེ་ལ་སེམས་མེད་པའི་ང་རྒྱལ་ལ་ཞེས་ཉེ་བར་འདོགས་སོ། །གནས་སྐབས་ལྔ་པོ་དེ་དག་ལ་མ་གཏོགས་པ་དེ་མ་ཡིན་པའི་ནས?་ཐམས་ཅད་དུ་ཡིད་ཀྱི་རྣམ་པར ་ཤེས་པ་འབྱུང་པར་རིག་པར་བྱའོ། །དེ་ལྟར་ན་ཤེས་པ་ལས་ཌ་པ་རྣམ་པར་ཤེས་པ་འགཌ་ཏེ་མེད་པར་གྱུར་བ་དེ་ཕྱིས་ལས་འབྱུང་ན་གང་གེ་ཕྱིར་དེ་དག་འཆེ་བའི་དུས་བྱེད་པར་མི་འགྱུར་ཞེ་ན། དེ་ནི་ཀུན་གཞི་རྣམ་པར་ཤེས་པ་ཉིད་ལས་འབྱུང་སྟེ། ་དེ་ཡང་རྣམ་པར་ཤེS་པ་ཐམས་ཅད་ཀྱི་ས་བོན་ཅན་ནོ། །རྣམ་པར་ཤེས་པ་གྱུར་བ་གང་ལ་བདག་དང་ཆོས་ཉེ་བར་འདོགས་པ་དེ་རྣམ་པ་གསུམ་དུ་བསྟན་པ་རྒྱ་མེད་རྣམ་པ་གསུམ་དུ་བཤད་ཟིན་ཏོ།། །།ད་ནི་བདག་དང་ཆོས་སུ་ཉེ་བར ་འདོགས་པར་བྱུང་བ་གང་ཡིན་པ་ང་རྣམ་པར་ཤེས་པར་གྱུར་པ་ཉིད་དེ། རྣམ་པར་ཤེས་པ་གྱུར་པ་ལས་གུང་ན་བདག་དང་ཆོས་མེད་དོ་ཞེས་གང་དམ་བཅས་པ་དེ་རབ་ཏུ་བསྒྲུབ་པའི་ཕྱིར། རྣམ་པར་ཤེས་པ་གྱུར་པ་འདི། རྣམ་རྟོག ་ཡིན་ཏེ་དེ་ཡིས་གང། །རྣམ་བརྟགས་དེ་མང་དེས་ན་འདི། །ཐམས་ཅད་རྣམ་པར་རིག་པ་ཙམ་ཞེས་བྱ་བ་སྨོས་སོ། །རྣམ་པར་ཤེས་པ་གྱུར་པ་རྣམ་གསུམ་བཤད་མ་ཐག་པ་གང་ཡིན་པ་དེ་ནི་རྣམ་པར་རྟོག་པའོ། །སྒྲོ་བཏགས ་པའི་དོན་གྱི་རྣམ་པ་ཁམས་གསུམ་པའི་སེམས་དང་སེམས་ལས་བྱུང་བ་ནི་རྣམ་པར་རྟོག་པ་ཞེས་བྱ་སྟེ་ཇི་སྐད་དུ། ཡང་དག་མ་ཡིན་ཀུན་རྟོག་ནི། སེམས་དང་སེམས་བྱུང་ཁམས་གསུམ་པ་ཞེས་བཤད་པ་ལྟ་བུའོ། །རྣམ་པར་རྟོག ་པ་རྣམ་པ་གསུམ་པོ་ཀུན་གཞི་རྣམ་པར་ཤེས་པ་དང་ཉོན་མོངས་པ་ཅན་གྱི་ཡིད་དང། འཇུག་པའི་རྣམ་པར་ཤེས་པའི་རང་བཞིན་མཚུངས་པར་ལྡན་པ་དང་བཅས་པ་དེས་གང་རྣམ་པར་བརྟགས་པ་སྣོད་དང། བདག་དང། ཕུང་པོ་དང། ་ཁམས་དང་སྐྱེ་མཆེད་དང། གཟུགས་དང་སྒྲ་ལ་སོགས་པའི་དངོས་པོ་དེ་དག་མེད་པས། དེའི་ཕྱིར་རྣམ་པར་ཤེས་པ་གྱུར་པ་དེ་རྣམ་པར་རྟོག་པ་ཞེས་བྱ་སྟེ། དམིགས་པ་མེད་པའི་ཕྱིར་རོ། །དེའི ་དམིགས་པ་དམང་པར་ཇི་ལྟར་ཤེས་ཤེ་ན། གང་གི་ནྱ་གང་ཡིན་པ་ཚོགས་པ་དང་འགལ་བ་ཡང་མེད་ན་དེ་འབྱུང་བར་འགྱུར་ཏེ། གཞན་དུ་ནི་མ་ཡིན་ནོ། །རྣམ་པར་ཤེས་པ་ནི་སྒྱུ་མ་དང་དྲི་ཟའི་གྲོང་ཁྱེར་དང། རྨི ་ལམ་དང་རབ་རིབ་ལ་སོགས་པ་དམིགས་པ་ལ་ཡང་འབྱུང་ངོ། །རྣམ་པར་ཤེས་པ་འབྱུང་བ་གལ་ཏེ། དམིགས་པའི་ཁར་ལས་ན་ནི་དེ་ལྟ་ན་གོ་སྒྱུ་མ་ལ་སོགས་བདག་ལ་དོན་མེད་པས་རྣམ་པར་ཤེས་པ་འབྱུང་བར་མི ་འགྱུར་རོ། །དེ་བས་ན་སྔ་མ་འགག་བ་དེ་དང་རིགས་གཅིག་པའི་རྣམ་པར་ཤེས་པ་ལས་རྣམ་པར་ཤེས་པ་འབྱུང་སྟེ། དེ་མེད་ཀྱང་འབྱུང་བས་ཕྱི་རོལ་གྱི་དོན་ལས་ནི་མ་ཡིན་ནོ། །དོན་ཐ་དད་པ་མ་ཡིན་པ་ལ་རྟོག་པར ་བྱེད་པ་རྣམས་ཕན་ཚུན་མི་མཐུན་པར་ཤེས་པར་མཐོང་སྟེ། གཅིག་ནི་ཕན་ཚུན་མི་མཐུན་དུ་མའི་བདག་ཉིད་དུ་མི་རུང་ངོ། །དེ་བས་ན་སྒྲོ་བཏགས་པའི་ངོ་བོ་ཡིན་པའི་ཕྱིར་རྣམ་པར་རྟོག་པའི་དམིགས་པ་མེད་པར་ཤེས ་པར་བྱའོ། །འདིས་ནི་རེ་ཞིག་སྒྲོ་གཏགས་པའི་མཛའ་སྤངས་ནས། ཀར་པའི་མཛའ་སྤང་བར་འདོད་པས། དེས་ན་འདི་ཐམས་ཅད་རྣམ་པར་རིག་ཙམ་པ་ཞེས་བྱ་བ་སྨོས་སོ། །དེས་ན་ཞེས་བྱ་བ་ནི་དེ་བས་ནའོ། །འདི་ལྟར ་གྱུར་པའི་བདག་ཉིད་རྣམ་པར་རྟོག་པས་གང་རྣམ་པར་བརྟགས་པ་དེ་མེད་དེ། དེ་བས་ན་ཡུལ་མེད་པས་ཐམས་ཅད་རྣམ་པར་རིག་པ་ཙམ་མོ། །ཐམས་ཅད་ཅེས་བྱ་བ་ནི་ཁམས་གསུམ་པ་དང། འདུས་མ་བྱས་སོ། །ཙམ་གྱི ་སྒྲ་ནི་དེ་ལས་ལྷག་པའི་ཡུ་བ་གཅད་པའི་ཐ་ཚིག་གོ་།བ་ནི་རྩ་བ་བསྐད་པའོ། །གལ་ཏེ་ཐམས་ཅད་རྣམ་པར་རིག་པ་ཙམ་ཁོ་ན་ཏེ། དེ་ལས་གཞན་བྱེད་པ་པོ་དང། བྱེད་པ་མེད་ན་རྩ་བའི་རྣམ་པར་ཤེས་པ་བྱིན་གྱིས་མ་བརླབས་པ་ལས ་བྱེད་པ་མེད་པར་རྣམ་པར?་རྟོགས་རྣམས་ཇི་ལྟར་འབྱུང་སྙེམ་པ་ལ། དེའི་ཕྱིར་རྣམ་ཤེས་པ་ལོན?་ཐམས་ཅད་པ། །ཕན་ཚུན་དག་གིས་དབང་གིས་ན། །དེ་ལྟ་དེ་ལྟར་འགྱུར་བར་འགྲོ། །དེས་ན་རྣམ་རྟོག་དེ་དེ་སྐྱེ་ཞེས་བྱ་བ་སྨོས་སོ། །དེ་ལ་ཆོས ་ཐམས་ཅད་སྐྱེད་ནུས་པ་དང་ལྡན་པས་ས་བོན་ཐམས་ཅད་པའོ། །རྣམ་པར་ཤེས་པ་ནི་ཀུན་གཞི་རྣམ་པར་ཤེས་པའོ། །རྣམ་པར་ཤེས་པ་ས་བོན་ཐམས་ཅད་པ་མ་ཡིན་པ་འདི་ཡང་པས་ས་བོན་ཐམས་ཅད་པ་ཞེས་བྱ་བ་སྨོས་སོ།། ་རྣམ་པར་ཤེས་པ་མ་ཡིན་པ་ལ་ཡང་ཁ་ཅིག་ས་བོན་ཐམས་ཅད་རྣམ་པར་རྟོག་པས་རྣམ་པར་ཤེས་པ་ཞེས་བྱ་བ་སྨོས་སོ། །ཡང་ན་ཚིག་གཅིག་ལ་འཁྲུལ་པ་ཡོད་པའི་ཕྱིར་བྱེ་བྲག་དང། བྱེ་བྲག་གི་གཞི་བསྟན་ཏེ། ད་ལ་ཉེས ་པ་མེད་དོ།། །།ཕན་ཚུན་དག་གི་དབང་གིས་ན། །དེ་ལྟ་དེ་ལྟར་འགྱུར་བར་འགྲོ། ཞེས་བྱ་བ་ལ་ཀུན་གཞི་སྔ་མའི་གནས་སྐབས་ལས་བཞན་དུ་འགྱུར་པ་ནི་འགྱུར་བའོ། །དེ་ལྟ་དེ་ལྟར་ཞེས་བྱ་བ་ནི་རྣམ་པར་རྟོག་པ་དེ་དང ་དེའི་འག་མ་སྐྱེད་ནུས་པའི་གནས་སྐབས་འཐོབ་ཅེས་བྱ་བའི་བ་ཚིག་གོ་།ཕན་ཚུན་དབང་ཞེས་བྱ་བ་ལ། །འདི་ལྟར་མིག་ལ་སོགས་པའི་རྣམ་པར་ཤེས་པ་རང་གི་ནུས་པ་ཡོངས་སུ་གོས་པའི་ཕྱིར་འཇུག་པའི་ཚེ་ཀུན་གཞི་རྣམ་པར ་ཤེས་པ་ནུས་པ་ཁྱད་པར་ཅན་འགྱུར་བའི་རྒྱུའོ། །ཀུན་གཞི་རྣམ་པར་ཤེས་པ་འགྱུར་བ་དེ་ཡང་མིག་ལ་སོགས་པའི་རྣམ་པར་ཤེས་པའི་རྒྱུར་འགྱུར་ཏེ། དེ་ལྟར་ཕན་ཚུན་གྱི་དབང་གིས་སོ། །གང་གི་ཕྱིར་གཉི་ག་འབྱུང་བ་དེའི ་ཕྱིར། ཀུན་གཞི་རྣམ་པར་ཤེས་པ་གཞན་གྱིས་བྱིན་གྱིས་མ་བརླབས་པ་ལས་རྣཾ་པར་རྟོག་པ་རྣཾ་པར་དུ་མ་དེ་དང་དེ་སྐྱེའོ། །འདི་ནི་ད་ལྟར་གྱི་ཚེ་ལ་ཀུན་གཞི་རྣམ་པར་ཤེས་པ་ལས་འཇུག་པའི་རྣམ་པར་ཤེས་པ་ཇི་ལྟར ་འབྱུང་བ་དེ་བསྟན་ཏོ། །ད་ནི་རྣམ་པར་རིག་པ་ཙམ་ད་ལྟར་གྱི་ཚེ་འགགས་ནས་མ་འོངས་པའི་ཆོ་ཇི་ལྟར་མཚམས་སྦྱར་བ་དེ་བསྟན་པའི་ཕྱིར། ལས་ཀྱི་བག་ཆགས་འཛིན་གཉིས་ཀྱི། །བག་ཆགས་བཅས་པ་སྔ་མ་ཡི། །རྣམ ་པར་སྨིན་པ་ཟད་ནས་གཞན། །རྣམ་སྨིན་སྐྱེད་པ་དེ་ཡིན་ནོ་ཞེས་བྱ་བ་སྨོས་སོ། །བསོད་ནམས་དང་བསོད་ནམས་མ་ཡིན་པ་དང། མི་གཡོ་བའི་སེམས་པ་ནི་ལས་ཏེ། ལས་དེས་མ་འོངས་པའི་ལུས་མངོན་པར་འགྲུབ་པར ་ཀུན་གཞི་རྣམ་པར་ཤེས་པ་ལ་ནུས་པ་བསྐྱེད་པ་གང་ཡིན་པ་དེ་ནི་ལས་ཀྱི་བག་ཆགས་སོ། །འཛིན་པ་གཉིས་ནི་གཟུང་བར་འཛིན་པ་དང། འཛིན་པར་འཛིན་པའོ། །དེ་ལ་རྣམ་པར་ཤེས་པ་ལ་གུད་ན་རང་ཡོད་པས ་གནས་པའི་གཟུང་བ་ཡོད་པར་ལྷག་པར་ཆགས་པ་ནི་གཟུང་བའི་འཛིན་པའོ། །དེ་ཡང་རྣམ་པར་ཤེས་པས་རྟོཌ་ཤིང་རྣམ་པར་ཤེས་ཏེ་འཛིན་པར་ངེས་པ་གང་ཡིན་པ་དེ་འཛིན་པའི་འཛིན་པའོ། །སྔོན་བྱུང་བ་འཛིན་པ་དང། གཟུང ་པའི་འཛིན་པས་བཏབ་པའི་མ་འོངས་པའི་དེས་རིགས་ཀྱི་གཟུང་བ་དང་འཛིན་པའི་འཛིན་པ་འབྱུང་བའི་ས་བོན་ནི་འཛིན་པ་གཉིས་ཀྱི་བག་ཆགས་སོ། །དེ་ལ་ལས་ཀྱི་བག་ཆགས་ཀྱི་བྱེ་བྲག་གིས་འགྲོ་བ་ཐ་དད་པས ་ལུས་མི་འདྲ་བར་འགྱུར་བ་ནི་ས་བོན་ཐ་དད་པ་མྱུ་གུ་ཐ་དད་བ་བཞིན་ནོ། །འཛིན་པ་པ་གཉིས་ཀྱི་བག་ཆགས་ནི་ལས་ཀྱི་བག་ཆགས་ཐམས་ཅད་ཇི་ལྟར་རང་གི་འཕངས་པ་ལུས་བསྐྱེད་པ་ལ་ཞུགས་པ་རྣམས་ཀྱི་ལྷན་ཅིག་བྱེད་པ ་ཉིད་དུ་འགྱུར་ཏེ། དཔེར་ན་ས་བོན་གྱི་མྱུ་གུ་སྐྱེ་བ་ན་ཆུ་ལ་སོགས་པ་བཞིན་ནོ། །དེ་ལྟ་ན་ལས་ཀྱི་བག་ཆགས་འབའ་ཞིག་མ་ཡིན་གྱི། འཛིན་པ་གཉིས་ཀྱི་བག་ཆགས་ཀྱིས་ཟིན་པས་རྣམ་པར་སྨིན་པ་སྐྱེད་དོ་ཞེས་བསྟན་པར་འགྱུར་རོ། ། ་དེའི་ཕྱིར་འཛིན་པ་གཉིས་ཀྱི་བག་ཆགས་དང་བཅས་པས་ཞེས་བྱ་བ་སྨོས་སོ། །སྔ་མའི་རྣམ་པར་སྨིན་པ་ཟད་ནས་གཞན། །རྣམ་སྨིན་སྐྱེད་བ་དེ་བཞིན་ནོ། །ཞེས་བྱ་བ་ནི་ཚེ་སྔ་མ་ལ་བསགས་པའི་ལས་ཀྱི་འདིར་རྣམ་པར་སྨིན་པ་མངོན ་པར་བསྒྲུབས་པ་གང་ཡིན་པ་ད་ཟད་ཅེས་བྱ་བ་འཕངས་པའི་དུས་ཀྱི་མཛའ་ལ་གནས་པ་ལ་ལས་ཀྱི་བག་ཆགས་ཀྱི་སྟོབས་ཇི་ལྟ་བ་བཞིན་དུ་དེ་འཛིན་པ་གཉིས་ཀྱིས་བག་ཆགས་དང་བཅས་པས་རྣམ་པར་སྨིན་པ་སྤྱད་ཟིན་པ་ལS ་རྣམ་པར་སྨིན་པ་གཞན་ཀུན་གཞི་རྣམ་པར་ཤེས་བ་དེ་ཉིད་སྐྱེད་དེ། ཀུན་གཞི་རྣམ་པར་ཤེས་པ་མེ་གཏོགས་པར་རྣམ་པར་སྨིན་པ་གཞན་མེད་པའི་ཕྱིར་རོ། །སྔ་མའི་རྣམ་པར་སྨིན་པ་ཟད་ནས་ཞེས་བྱ་བ་འདིས་ནི་རྟག་པའི ་མཛའ་སྤོང་ངོ། །རྣམ་པར་སྨིན་པ་གཞན་སྐྱེད་དོ་ཞེས་བྱ་བས་ནི་ཆད་པའི་མཛའ་སྤོང་ངོ། །མིག་ལ་སོགས་པའི་རྣམ་པར་ཤེས་པ་མ་གཏོགས་པར་ཀུན་གཞི་རྣམ་པར་ཤེས་པ་ཡོད་དེ། དེ་ཉིད་ས་བོན་ཐམས་ཅད་པ་སྟེ། མིག་ལ ་སོགས་པའི་རྣམ་པར་ཤས་པ་མ་ཡིན་ནོ་ཞེས་བྱ་བ་དེ་ཇི་ལྟ་བུ་ཞེ་ན། །ལུང་དང་རིགས་པས་ཡོད་པར་མངོན་ཏེ། བཅོམ་ལྡན་འདས་ཀྱིས་ཆོས་མངོན་པ་ལས། ཐོག་མ་མེད་པའི་དུས་ཀྱི་དབྱིངས། །ཆོས་རྣམས་ཀུན་གྱི་གནས ་ཡིན་ཏེ། །དེ་ཡོད་པས་ན་འགྲོ་ཀུན་དང། །མྱ་ངན་ལས་འདས་པའང་ཐོབ་པར་འགྱུར་ཞེས་གསུངས་སོ་།ཀུན་གཞི་རྣམ་པར་ཤེས་པ་མེད་པ་འཁོར་བར་འཇུག་པ་དང་ལྡོག་པ་ཡང་མི་རུང་ངོ། །དེ་ལ་འཁོར་བར་འཇུག་པ་ནི་རིགས ་མཐུན་པ་གཞན་དག་དུ་ཉིད་མཚམས་སྦྱོར་བར་བྱེད་དོ། །ལྡོག་པ་ནི་ཕུང་པོ་ལྷག་མ་དང་བཅས་པ་དང། ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སོ། །དེ་ལ་ཀུན་གཞི་རྣམ་པར་ཤེས་པ ་ལས་གཞན་འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པར་མི་རུང་སྟེ། འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ་མེད་ན་འཇུག་པའང་མེད་པར་འགྱུར་རོ། །ཀུན་གཞི་རྣམ་པར་ཤེས་པ་ཁས་མི་ལེན་ན་ཉིད་མཚམས་སྦྱོར་བའི་རྣམ ་པར་ཤེས་པའམ། འདུ་བྱེད་ཀྱིས་ཡོངས་སུ་བསྒོས་པའི་རྣམ་པར་ཤེས་པའི་ཚོགས་དྲུག་པོ་དེ་དག་འདུ་བྱེད་ཀྱི་རྐྱེན་ལས་འབྱུང་བར་བརྟག་གྲང་ན། །དེ་ལ་འདུ་བྱེད་གང་ཡིན་པ་དག་ནི་ཉིད་མཚམས་སྦྱོར་བའི་རྣམ་པར ་ཤེས་པའི་རྐྱེན་དུ་མི་འདོད་དེ། དེ་དག་ནི་འགགས་ནས་རིང་དུ་ལོན་པའི་ཕྱིར་རོ། །འགགས་པ་ནི་མེད་པའི་ཕྱིར་རོ། །མེད་པ་ནི་རྐྱེན་དུ་མི་རུང་བས་འདུ་བྱེད་ནི་ཉིད་མཚམས་སྦྱོར་བའི་རྣམ་པར་ཤེས་པའི་རྐྱེན་དུ་མི་རུང་ངོ། །ཉིད ་མཆམས་སྦྱོར་བའི་ཚེ་ན་མིང་དང་གཟུགས་ཀྱང་ཡོད་དེ། རྣམ་པར་ཤེས་པ་འབའ་ཞིག་ནི་མ་ཡིན་ན་དེ་ལ་རྣམ་པར་ཤེས་པ་ཉིད་འདུ་བྱེད་ཀྱི་རྐྱེན་གྱིས་འབྱུང་གི། མིང་དང་གཟུགས་ནི་མ་ཡིན་ནོ་ཞེས་བྱ་བ་འདི་ལ་རིགས་པ་ཅི ་ཡོད། །དེ་ལྟ་བས་ན་འདུ་བྱེད་ཀྱི་རྐྱེན་གྱིས་མིང་དང་གཟུགས་ཡིན་གྱི། རྣམ་པར་ཤེས་པ་ནི་མ་ཡིན་ནོ་ཞེས་བརྗོད་པར་བྱའོ། །རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས་ཞེས་བྱ་བ་གང་ཡིན། གལ་ཏེ་དུས་ཕྱི་མ་པ ་གང་ཡིན་པའི་རྐྱེན་ནོ་ཞེ་ན། དེ་ཉིད་མཆམས་སྦྱོར་བའི་མིང་དང་གཟུགས་ལས་རང་བཞིན་བྱ་བྲག་ཏུ་གྱུར་པ་ནི་ཅི་ཡོད་ན། འདི་ལྟར་དེ་ཉིད་རྣམ་པར་ཤེས་པའི་རྐྱེན་གྱིས་འབྱུང་བ་ཡིན་ལ་སྔ་མ་ནི་མ་ཡིན། སྔ་མ་ནི་འདུ་བྱེད ་ཀྱིས་རྐྱེན་གྱིས་བྱུང་བ་ཡིན་ལ་ཕྱི་མ་ནི་ཡིན། དེའི་ཕྱིར་འདུ་བྱེད་ཀྱི་རྐྱེན་གྱི་མིང་དང་གཟུགས་ཉིད་དུ་འགྱུར་གྱི། ཉིད་མཚམས་སྦྱོར་བའི་རྣམ་པར་ཤེས་པ་ཡན་ལག་གཞན་དུ་བརྟགས་པས་ཅི་ཞིག་བྱ། དེ་ལྟ་བས་ན་ཉིད ་མཚམས་སྦྱོར་བའི་རྣམ་པར་ཤེས་པ་ནི་འདུ་བྱེད་ཀྱི་རྐྱེན་གྱིས་འབྱུང་བར་མི་རུང་ངོ། །རྣམ་པར་ཤེས་པའི་ཚོགས་དྲུག་པོ་འདུ་བྱེད་ཀྱིས་ཡོངས་སུ་བསྒོས་པ་དག་ཀྱང་འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པར་མི་རུང་ངོ།། ་དེ་ཅིའི་ཕྱིར་ཞེ་ན། རྣམ་པར་ཤེས་པ་ནི་རྣམ་པར་སྨིན་པའི་བག་ཆགས་དང་རྒྱུ་མཐུན་པའི་བག་ཆགས་བདག་ལ་སྐྱེད་མི་ནུས་ཏེ། བདག་ཉིད་ལ་བྱེད་པ་འགྲལ་བའི་ཕྱིར་རོ། །མཐུག་ཐོགས་སུ་འབྱུང་བ་ལ་ཡང་མ་ཡིན་ཏེ། དེའི་ཚེ་དེ་མ་བྱུང་པའི ་ཕྱིར་རོ། །མ་བྱུང་བ་ནི་མིང་པའི་ཕྱིར་རོ། །བྱུང་བ་ན་ཡང་མ་ཡིན་ཏེ། དེ་ནི་དེའི་ཚེ་སྔར་འགག་པའི་ཕྱིར་རོ། །སེམས་མེད་པའི་འགོག་པའི་སྙོམས་པར་འཇུག་པ་ལ་སོགས་པའི་དུས་ན་ནི་འདུ་བྱེད ་ཀྱིས་ཡོངས་སུ་བསྒོས་པའི་སེམས་འབྱུང་བ་མི་སྲིད་པའི་ཕྱིར། །རྣམ་པར་ཤེས་པའི་རྐྱེན་གྱི་མེད་དང་གུགས་མེད་པར་འགྱུར་རོ། །དེ་མེད་པས་སྐྱེ་མཆེད་དྲུག་ཀྱང་མེད་པར་འགྱུར་རོ། །དེ་བཞིན་དུ་སྐྱེ་བའི་རྐྱེན་གྱི་རྒ་ཤིའི་བར་དུ ་ཡང་མེད་པར་འགྱུར་ཏེ། དེའི་ཕྱིར་འཁོར་བར་འཇུག་པ་མེད་པར་འགྱུར་རོ། །དེ་ལྟ་བས་ན་མ་རིག་བའི་རྐྱེན་གྱིས་འདུ་བྱེད་རྣམས་སོ། །དེས་བསྒོས་པའི་ཀུན་གཞི་རྣམ་པར་ཤེས་པའི་འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པའོ།། ་དེའི་རྐྱེན་གྱིས་ཉིད་མཚམས་སྦྱོར་བའི་ཚེ་མིང་དང་གཟུགས་དེ་ཚུལ་འདི་ལ་ནི་ཉེས་པ་མེད་དོ། །འཁོར་བ་ལྡོག་པ་ཡང་ཀུན་གཞི་རྣམ་པར་ཤེས་པ་མེད་ན་མི་རུང་སྟེ། འཁོར་བའི་རྒྱུ་ནི་ལས་དང་ཉོན་མོངས་པ་རྣམས་སོ། །དེ་གཉིས་ལས ་ཀྱང་ཉོན་མོངས་པ་ནི་གཙོ་བོ་སྟེ། འདི་ལྟར་ཉོན་མོངས་པའི་དབང་གིས་ན་ལས་ཀྱིས་ཡང་སྲིད་པ་འཕེན་ནུས་པར་འགྱུར་གྱི་གཞན་དུ་མ་ཡིན་ནོ། །དེ་ལྟར་འཕངས་པའི་སྲིད་པ་ལང་ལས་དང་ཉོན་མོངས ་པའི་དབང་གིས་ཡང་སྲིད་པར་འགྱུར་ཏེ། གཞན་དུ་ནི་མ་ཡིན་ནོ། །དེ་ལྟར་ན་གཙོ་བོ་ཡིན་པའི་ཕྱིར་ཉོན་མོངས་པ་ཉིད་འཁོར་བར་འཇུག་པའི་རྩ་བ་སྟེ། དེའི་ཕྱིར་དེ་དག་སྤངས་ན་འཁོར་བ་ཡང་ལྡོག་པར་གྱུར་གྱི་གཞན་དུ་ནི་མ ་ཡིན་ནོ། །ཀུན་གཞི་རྣམ་པར་ཤེས་པ་མེད་པར་དེ་དག་སྤང་དུ་མི་རུང་ངོ། །ཇི་ལྟར་མི་རུང་ཞེ་ན། ཉོན་མོངས་པ་མངོན་དུ་གྱུར་པའམ། ས་བོན་གྱི་ཚེ་སྤོང་གྲང་ན། དེ་ལ་མངོན་དུ་གྱུར་པ་སྤོང་ངོ་ཞེ་ན་ནི་འདི་མི་འདོད་པ་ཉིད ་དོ། །དེ་སྤོང་བའི་ལམ་ལ་གནས་པའི་ཕྱིར་ས་བོན་གྱི་ཚེ་སྤང་དུ་ཡང་མི་རུང་སྟེ། གང་ལ་ཉོན་མོངས་པའི་ས་བོན་གནས་པ་དེ་དག་གཉེན་པོས་སྤོང་ན་དེའི་ཚེ་ན་ནི་གཉེན་པོ་ལས་གཞན་ཅི་ཡང་རུང་བསམ་བླངས་པའི་ཕྱིར། །ཇི་སྟེ་གཉེན་པོའི་སེམས ་ཉིད་ཉོན་མོངས་པའི་ས་བོན་དང་ལྡན་པར་འདོད་ན་ནི་དེ་ཉོན་མོངས་པའི་ས་བོན་དང་ལྡན་པ་ཉིད་པས་དེའི་གཉེན་པོར་འགྱུར་བ་ནི་མི་རིགས་ཏེ། ཉོན་མོངས་པའི་ས་བོན་མ་སྤངས་པ་རྣམས་ཀྱི་འཁོར་བ་ལྡོག་པ་མི་སྲིད་དོ། །དེ ་ལྟ་བས་ན་གདོན་མི་ཟ་བར་ཀུན་གཞི་རྣམ་པར་ཤེས་པ་ལ། དེ་ལས་གཞན་པའི་རྣམ་པར་ཤེས་པ་དང་ལྷན་ཅིག་འབྱུང་བའི་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་རྣམས་ཀྱིས་རང་གི་ས་བོན་གསོ་བར་བྱ་བའི་ཕྱིར་བག་ཆགས ་བསྒོ་བར་ཁས་བླང་ངོ། །བག་ཆགས་རྣམས་སྟོབས་ཇི་ལྟ་བ་བཞིན་དུ་འཇུག་པ་རྙེད་ན་རྒྱུར་གྱུར་བའི་བྱེ་བྲག་ཐོབ་པའི་སེམས་ཉིད་ལས་ཉོན་མོངས་པ་དང། ཉེ་བའི་ཉོན་མོངས་པ་གང་དག་འབྱུང་བ་དེ་དག་གི་ས་བོན་ཀུན་གཞི ་རྣམ་པར་ཤེས་པ་ལ་གནས་པ་ནི་དེ་དང་ལྷན་ཅིག་འབྱུང་བའི་ཉོན་མོངས་པའི་གཉེན་པོ་ལམ་གྱིས་སེལ་ཏོ། །དེ་བས་ན་གནས་དེ་ལ་ཡང་ཉོན་མོངས་པ་རྣམས་མི་འབྱུང་བས་ཕུང་པོ་ཇི་ལྟག་མ་དང་བཅས་པའི་མྱ་ངན་ལས་འདས་པའི་དབྱིངས ་འཐོབ་བོ། །སྔོན་གྱི་ལས་ཀྱིས་འཕངས་པ་དེའི་ཚེ་འགགས་ལ་དེ་ལས་གཞན་པའི་ཚེ་དང་ནི་ཉིད་མཚམས་མི་སྦྱོར་བས་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་ཐོབ་སྟེ། ལས་ཡོད་དུ་ཟིན་ཀྱང་ཉོན་མོངས་པ་རྣམས་སོ ་སྤངས་ན་ལྷན་ཅིག་བྱེད་པའི་རྒྱུ་མེད་པའི་ཕྱིར་སྲིད་པ་མངོན་པར་འབྲུབ་པར་བྱེད་མི་ནུས་སོ། །དེ་ལྟར་ན་ཀུན་གཞི་རྣམ་པར་ཤེས་པ་ཡོད་ན་འཁོར་བར་འཇུག་པ་དང་ལྡོག་པར་འགྱུར་གྱི། གཞན་དུ་ནི་མ་ཡིན་ཏེ། མིག་ལ་སོགས་པའི་རྣམ ་པར་ཤེས་པ་ལས་གུང་ན་ཀུན་གཞི་རྣམ་པར་ཤེས་པ་ཡོད་ལ་དེ་ཉིད་ཆོས་ཐམས་ཅད་ཀྱི་ས་བོན་དང་ལྡན་པ་སྟེ། མིག་ལ་སོགས་པའི་རྣམ་པར་ཤེས་པ་ནི་མ་ཡིན་པར་གདོན་མི་ཟ་བར་ཁས་བླང་བར་བྱའོ། །རྒྱ་ཆེར་དབྱད་པ་ནི་ཕུང་པོ ་ལྔ་པོའི་བཤད་སྦྱར་ལས་རིག་པར་བྱའོ། །གལ་ཏེ་འདི་དག་རྣམ་པར་རིག་པ་ཙམ་ཡིན་ན་ཇི་ལྟར་མདོ་དང་མི་འགལ་ཏེ། མདོ་སྡེ་དག་ལས་ནི་ཀུན་བརྟགས་པ་དང། གཞན་གྱི་དབང་དང། ཡོངས་སུ་གྲུབ་པ་དང་ངོ་བོ་ཉིད་གསུམ ་གསུངས་སོ་ཞེ་ན། རྣམ་པར་རིག་པ་ཙམ་ཉིད་ལ་ངོ་བོ་ཉིད་གསུང་རྣམ་པར་བཞག་པར་འགག་པ་མེད་དོ། །ཇི་ལྟར་ཞེ་ན་དེའི་ཕྱིར། །རྣམ་པར་རྟོག་པ་གང་གང་གིས། །དངོས་པོ་གང་གང་རྣམ་རྟག་པ། དེ་ཉིད་ཀུན་ཏུ་རྟགས་པ་ཡ། ་ངོ་བོ་ཉིད་དེ་དེ་མེད་དོ་ཞེས་བྱ་བ་སྨོས་སོ། །ནང་དང་ཕྱིའི་དངོས་པོ་རྣམ་པར་བརྟགས་པའི་བྱེ་བྲག་གིས་རྣམ་པར་རྟོག་པ་མཛའ་ཡས་པ་བསྟན་པའི་ཕྱིར། །རྣམ་པར་རྟོག་པ་གང་གང་གིས་ཞེས་བྱ་བ་སྨོས་སོ། །དངོས་པོ་གང་གང ་རྣམ་བརྟགས་པ་ཞེས་བྱ་བ་ནི་ནང་དང་ཕྱིའི་དངོས་པོ་སྟེ། ཐ་ན་སངས་རྒྱས་ཀྱི་ཆོས་གྱི་བར་དུ་ཡང་དེ་ཉིད་ཀུན་ཏུ་བརྟགས་བའི་ངོ་བོ་ཉིད་དེ་འདིར་གཏན་ཚིགས་སྨོས་པ་ན། དེ་མེད་དོ་ཞེས་བྱ་བའོ། །རྣམ ་པར་བརྟགས་བའི་ཡུལ་གྱི་དངོས་པོ་གང་ཡིན་པ་དེ་འདི་ལྟར་རང་བཞིན་མེད་པས་མེད་པའོ། །དེ་ལྟ་བས་ན་དངོས་པོ་དེ་ནི་ཀུན་བརྟགས་པའི་ངོ་བོ་ཉིད་ཁོ་ན་སྟེ། རྒྱུ་དང་རྐྱེན་ལ་རག་ལས་པའི་ངོ་བོ་ཉིད་མ་ཡིན་ནོ། །འདི་ལྟར་དངོས ་པོ་གཅིག་དང་དེ་མེད་པ་ལ་ཕན་ཚུན་མི་མཐུན་པའི་རྣམ་པར་རྟོག་པ་དུ་མ་འཇུག་པ་མཐོང་སྟེ། དངོས་པོ་གཅིག་བུ་དེ་འམ། དེ་མེད་པ་ལ་ཕན་ཚུན་མི་མཐུན་པ་དུ་མའི་རང་བཞིན་མི་རུང་ངོ། །དེ་བས་ན་འདི་དག་ཐམས་ཅད ་རྣམ་པར་རྟོག་པ་ཙམ་ཉིད་དེ། །དོན་དེ་ཀུན་ཏུ་བརྟགས་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །མདོ་སྟེ་ལས་ཀྱང་རབ་འབྱོར་ཇི་ལྟར་བྱིས་པ་སོ་སོའི་སྐྱེ་བོ་རྣམས་མངོན་པར་ཞེན་པ་དེ་བཞིན་དུ་ཆོས་རྣཾས་མེད་དོ་ཞེ་གསུངས་སོ། །ཀུན་བརྟགས་པའི་འོག ་ཏུ་གཞན་གྱི་དབང་གི་ངོ་བོ་ཉིད་བཤད་པར་བྱ་སྟེ། དེར་ཕྱིར་གཞན་གྱི་དབང་གི་ངོ་བོ་ཉིད། རྣི?་རྟོག་ཡིན་ཏེ་རྐྱེན་ལས་འབྱུང་ཞེས་བྱ་བ་སྨོས་སོ། །རྣམ་པར་རྟོག་པ་ཞེས་བྱ་བ་ནི་འདིར་གཞན་གྱི་དབང་གི་ངོ་བོ་བསྟན་ཏེ། །རྐྱེན་ལས་བྱུང་ཞེས་བྱ ་པ་དེས་ནི་བཞན་གྱི་དབང་ཞེས་བརྗོད་པའི་འབྱུང་བའི་རྒྱུ་བསྟན་ཏོ། །དེ་ལ་ཀུན་ཏུ་རྟོག་པ་ནི་དགེ་བ་དང་མི་དགེ་བ་དང། ལུང་དུ་མ་བསྟན་པའི་བྱེ་བྲག་ཐ་དད་པ་ཁམས་གསུམ་པའི་སེམས་དང་སེམས་ལས་བྱུང་བ ་རྣམས་ཏོ། ཇི་སྐད་དུ། ཡང་དག་མ་ཡིན་ཀུན་རྟོག་ནི། །སེམས་དང་སེམས་བྱུང་ཁམས་གསུམ་པ། །ཞེས་བཤད་པ་ལྟ་བུའོ། །རྒྱུ་དང་རྐྱེན་གཞན་གྱིས་དབང་བྱས་པས་གཞན་གྱིས་དབང་སྟེ། སྐྱེད་ཅེས་བྱ་བའི་ཐ་ཚིག ་སྟེ། བདག་ལས་གཞན་པའི་རྒྱུ་རྐྱེན་རྣམས་ལ་རག་ལས་ཤིང་སྐྱེ་བ་བྱ་བར་བསྟན་པར་འགྱུར་རོ། །གཞན་གྱི་དབང་བཤད་ཟིན་ཏོ། །ཡོངས་སུ་གྲུབ་པ་ཇི་ལྟ་བུ་ཞེ་ན། དེའི་ཕྱིར་གྲུབ་ནི་དེ་ལ་སྔ་མ་བོ། །རྟག་ཏུ་མེད་པར ་འགྱུར་བ་གང། །ཞེས་བྱ་བ་སྨོས་སོ། །མི་འགྱུར་བས་ཡོངས་སུ་གྲུབ་པའོ། །དེ་ལ་ཞེས་བྱ་བ་ནི་གཞན་གྱི་དབང་ལའོ། །སྔ་མ་པོ་ཞེས་བྱ་བ་ནི་ཀུན་བརྟགས་པ་ཉིད་དོ། །རྣམ་པར་རྟོག་པ་དེ་ལ་གཟུང་བ་དང། འཛིན་པའི ་དངོས་པོར་ཀུན་བརྟགས་པ་སྟེ། འདི་ལྟར་དེ་ལ་གཟུང་བ་དང། འཛིན་པ་མེད་པ་བཞིན་དུ་ཀུན་བརྟགས་པས་ཀུན་བརྟགས་པ་ཞེས་བྱའོ།། །གཟུང་བ་དང་འཛིན་པ་དེ་དང་གཞན་གྱི་དབང་དེ་རྟག་ཏུ་དུས་ཐམས ་ཅད་དུ་གཏན་དུ་བྲལ་བ་དེ་ནི་ཡོངས་སུ་གྲུབ་བའི་ངོ་བོ་ཉིད་དོ། །དེ་ཅིའི་ཕྱིར་དེ་ཉིད་གཞན་དབང་ལས། །གཞན་མིན་གཞན་པ་མིན་པ་མིན། །དེའི་ཕྱིར་དེ་ཉིད་ཅེས་བྱ་བ་འདི་ལྟར་ཀུན་བརྟགས་པའི་ངོ་བོ་ཉིད་གཞན་གྱི་དབང ་དང་རྟག་ཏུ་བྲལ་བ་ནི་ཡོངས་སུ་གྲུབ་པ་སྟེ། བྲལ་བ་ཉིད་ནི་ཆོས་ཉིད་དོ། །ཆོས་ཉིད་ཆོས་ལས་གཞན་དང་གཞན་མ་ཡིན་པར་མི་རུང་ངོ། །ཡོངས་སུ་གྲུབ་པ་ནི་གཞན་གྱི་དབང་གི་ཆོས་ཉིད་དེ་དེའི་ཕྱིར་གཞན་གྱི་དབང་ལས ་ཡོངས་སུ་གྲུབ་པ་གཞན་པ་ཡང་མ་ཡིན་ལ་གཞན་མ་ཡིན་པ་ཡང་མ་ཡིན་པར་ཁོང་དུ་ཆུད་པར་བྱའོ། །གལ་ཏེ་ཡོངས་སུ་གྲུབ་པ་གཞན་དབང་ལས་གཞན་ཡིན་ན་ནི་དེ་ལྟ་ན་གོ་ཀུན་བརྟགས་པས་གཞན་གྱི་དབང་སྟོང་བར ་འགྱུར་རོ། །ཇི་སྟེ་གཞན་མ་ཡིན་ན། དེ་ལྟ་ན་ཡང་ཡོངས་སུ་གྲུབ་པ་རྣམ་པར་དག་པའི་དམིགས་པར་མི་འགྱུར་ཏེ། གཞན་གྱི་དབང་བཞིན་དུ་ཀུན་ནས་ཉོན་མོངས་པའི་བདག་ཉིད་ཀྱི་ཕྱིར་རོ། །དེ་བཞིན་དུ་གཞན་གྱི་དབང ་ཡང་ཀུན་ནས་ཉོན་མོངས་པའི་བདག་ཉིད་མི་འགྱུར་ཏེ། ཡོངས་སུ་གྲུབ་པ་ལས་གཞན་མ་ཡིན་པའི་ཕྱིར་ཡོངས་སུ་གྲུབ་པ་འདྲའོ། །མི་རྟག་ལ་སོགས་བཞིན་དུ་བརྗོད། །གཞན་དང་མ་ཡིན ་ནོ་ཞེས་བྱ་བ་ནི་ཚིག་གི་ལྷག་མའོ། །དཔེར་ན་མི་རྟག་པ་ཉིད་དང་སྡུག་བསྔལ་བ་ཉིད་དང། བདག་མེད་པ་ཉིད་མི་རྟག་པ་ལ་སོགས་པ་ལས་གཞན་པ་ཡང་མ་ཡིན་ལ་གཞན་མ་ཡིན་པ་ཡང་མ་ཡིན་ནོ། །གལ་ཏེ་འདུ་བྱེད ་རྣཾས་ལས་མི་རྟག་པ་ཉིད་གཞན་ཡིན་ན། དེ་ལྟ་ན་གོ་འདུ་བྱེད་རྣམས་མི་རྟག་པར་མི་འགྱུར་རོ། །ཇི་སྟེ་གཞན་མ་ཡིན་ན། དེ་ལྟ་ན་ཡང་འདུ་བྱེད་རྣམས་ཞིག་ནས་མེད་པ་ཉིད་དུ་འགྱུར་ཏེ་མི་རྟག་པ་ཉིད་བཞིན་ནོ། །དེ་བཞིན་དུ་སྡུག ་བསྔལ་ཉིད་ལ་སོགས་པ་ལའང་བརྗོད་པར་བྱའོ། །གལ་ཏེ་གཞན་གྱི་དབང་ལ་གཟུང་བ་དང་འཛིན་པ་མེད་ན་དེ་ཇི་ལྟར་འཛིན་མི་འཛིན་ན་ནི་ཡོད་པར་ཇི་ལྟར་ཤེས་ཤེ་ན། དེའི་ཕྱིར། དེ་མ་མཐོང་བར་དེ་མི་མཐོང། །དེ ་མི་མཐོང་ཞེས་བྱ་བ་ནི་ལོངས་སུ་གྲུབ་པའི་ངོ་བོ་ཉིད་དོ། །དེ་མི་མཐོང་ཞེས་བྱ་བ་ནི་གཞན་གྱི་དབང་གི་ངོ་བོ་ཉིད་དོ། །འཇིག་རྟེན་ལས་འདས་པའི་ཡེ་ཤེས་རྣམ་པར་མི་རྟོག་པས་མཐོང་བར་བྱ་བ་ཡོངས་སུ་གྲུབ་པའི ་ངོ་བོ་ཉིད་མ་མཐོང་བ་ནི་མ་རྟོགས་པ་དང། མངོན་སུམ་དུ་མ་བྱས་པའོ། །དེའི་རྗེས་ལས་ཐོབ་པ་དག་པ་འཇིག་རྟེན་པ་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་ཡིན་པས་ཤེས་པ་གཞན་གྱིས་གཞན་གྱི ་དབང་མི་འཛིན་ཏོ། །དེའི་ཕྱིར་ཡོངས་སུ་གྲུབ་པ་མ་མཐོང་བར་གཞན་གྱི་དབང་མི་མཐོང་སྟེ། འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱི་རྗེས་ལ་ཐོབ་པའི་ཡེ་ཤེས་ཀྱིས་ནི་མི་མཐོང་བ་མེད་ཡིན་ནོ། །རྣམ་པར ་མི་རྟོག་པར་འཇུག་པའི་གཟུངས་ལས་ཇི་སྐད་དུ། དེའི་རྗེས་ལ་ཐོབ་པའི་ཡེ་ཤེས་ཀྱིས་ནི་ཆོས་ཐམས་ཅད་སྒྱུ་མ་དང་སྨིག་རྒྱུ་དང་རྨི་ལམ་དང་མིག་ཡོར་དང་བྲག་ཆ་དང་ཆུ་ཟླ་དང་སྤྲུལ་བ་དང་མཚུངས་པའི་མཐོང་ངོ་ཞེས་གསུངས་བ ་ལྟ་བུའོ། །ཆོས་ནི་འདིར་གཞན་གྱི་དབང་དུ་བསྡུས་པ་རྣམས་སུ་བཞེད་དོ། །ཡོངས་སུ་གྲུབ་པ་ནི་ནམ་མཁའ་ལྟ་བུ་སྟེ། །ཡེ་ཤེས་རོ་གཅིག་པའོ། །ཇི་སྐད་དུ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་ནི་ཆོས་ཐམས་ཅད་ནམ་མཁའ་ཨི་དཀྱིལ ་དང་མཚུངས་པར་མཐོང་ངོ་ཞེས་གསུངས་པ་ལྟ་བུ་སྟེ། གཞན་གྱི་དབང་གི་ཆོས་རྣམས་ཀྱི་དེ་བཞིན་ཉིད་ཙམ་མཐོང་བའི་ཕྱིར་རོ། །གལ་ཏེ་གཞན་གྱི་དབང་རྫས་ཉིད་ཡིན་ན་ཇི་ལྟར་མདོ་སྡེ་ལས་ཆོས་ཐམས་ཅད་ནི་དཔེ་ཉིད་མེད་པ་མ་སྐྱེས་བ་མ ་འགག་པ་ཞེས་བསྟན་ཅེ་ན་འགལ་བ་མེད་དུ་ལྟར་ངོ་བོ་ཉིད་ནི་རྣམ་གསུམ་གྱི། ངོ་བོ་ཉིད་མེད་རྣམ་གསུམ་མེད། དགོངས་ནས་ཆོས་རྣམས་ཐམས་ཅད་ནི། །ངོ་བོ་ཉིད་མེད་བསྟན་པ་ཡིན། །ངོ་བོ་ཉིད་གསུམ་ཁོ་ན་སྟེ། བཞིན་མེད་པར་བསྟན་པའི་ཕྱིར ་གྲངས་བསྟན་ཏོ། །རང་རང་གི་མཚན་ཉིད་ཀྱི་ཡོད་པ་ལྟར་འགྱུར་བས་ངོ་བོ་ཉིད་དོ། །ངོ་བོ་ཉིད་མེད་པ་རྣམ་པ་གསུམ་ནི་མཚན་ཉིད་ངོ་བོ་ཉིད་མེད་པ་དང། སྐྱེ་བ་ངོ་བོ་ཉིད་མེད་པ་དང། དོན་དམ་པ་ངོ་བོ་ཉིད་མེད་པའོ། །ཆོས་ཐམས་ཅད་ནི ་ཀུན་བརྟགས་པ་དང། གཞན་གྱིས་དབང་དང། ཡོངས་སུ་གྲུབ་པའི་བདག་ཉིད་དོ། །ད་ནི་ངོ་བོ་ཉིད་གསུམ་གྱི་གང་གི་ངོ་བོ་ཉིད་མེད་པ་གང་ཡིན་པ་བསྟན་པའི་ཕྱིར། །དང་པོ་པ་ནི་མཚན་ཉིད་ཀྱི། །ངོ་བོ་ཉིད་མེད་གཞན་པ་ཡང། །དེ་ནི ་རང་ཉིད་མི་འབྱུང་བས། །ངོ་བོ་ཉིད་མེད་གཞན་ཡིན་ནོ། །ཆོས་ཀྱི་དོན་གྱི་དམ་པ་འང་དེ། །འདི་ལྟར་དེ་བཞིན་ཉིད་ཀྱང་དེ་ཞེས་བྱ་བ་སྨོས་སོ། །དང་པོ་པ་ནི་ཀུན་ཏུ་བརྟགས་པའི་ངོ་བོ་ཉིད་དེ། དེ་ནི་མཚན་ཉིད་ཀྱིས་ངོ་བོ་ཉིད་མེད་པ་སྟེ། ་དེའི་མཚན་ཉིད་ནི་བརྟགས་པའི་ཕྱིར་རོ། །གཟུགས་ཀྱི་མཚན་ཉིད་ནི་གཟུགས་སུ་ཡོད་པའོ། །ཚོར་བའི་མཚན་ཉིད་ནི་མྱོང་བའོ་ཞེས་བྱ་བ་ལ་སོགས་པ་སྟེ། དེ་དག་རང་གི་ངོ་བོ་མེད་པས་ནམ་མཁའ་ཨི ་མེ་ཏོག་བཞིན་དུ་རང་གི་ངོ་བོ་མེད་པའོ། །གཞན་པ་ཡང་ཞེས་བྱ་བ་ནི་གཞན་གྱིས་དབང་གི་ངོ་བོ་ཉིད་དོ། །དེ་ན་སྒྱུ་མ་བཞིན་དུ་རྐྱེན་གཞན་གྱིས་སྐྱེ་བའི་ཕྱིར་རང་གི་དངོས་པོ་མེད་དོ། །འདི་ལྟར་ཡང་ཇི་ལྟར་སྣང་བ་དེ་བཞིན་དུ ་ང་ལ་སྐྱེ་བ་མེད་དེ། དེའི་ཕྱིར་སྐྱེ་བ་ངོ་བོ་ཉིད་མེད་པ་ཞེས་བྱའོ། །ཆོས་ཀྱི་དོན་གྱི་དམ་པའང་དེ་འདི་ལྟར་དེ་བཞིན་ཉིད་ཀྱང་དེ་ཞེས་བྱ་བ་ལ། དམ་པ་ནི་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཏེ། བླ་ན་མེད་པའི་ཕྱིར་རོ། །དེའི་དོན ་དམ་པའོ། །ཡང་ན་ནམ་མཁའ་ལྟར་ཐམས་ཅད་དུ་རོ་གཅིག་པ་དང། དྲི་མ་མེད་པ་དང་མི་འགྱུར་བའི་ཆོས་ཡོངས་སུ་གྲུབ་པ་སྟེ། དོན་དམ་པ་ཞེས་བྱའོ། །འདི་ལྟར་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་དེ་ནི་གཞན་གྱི་དབང་གི་བདག་ཉིད ་ཆོས་ཐམས་ཅད་ཀྱི་དོན་དཾ?་པ་སྟེ། དེའི་ཆོས་ཉིད་ཡིན་པས་དེའི་ཕྱིར་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ནི་དོན་དམ་པ་ངོ་བོ་ཉིད་མེད་པ་སྟེ། ཡོངས་སུ་གྲུབ་པ་ནི་དངོས་པོ་མེད་པའི་ངོ་བོ་ཉིད་ཀྱི་ཕྱིར་རོ། །ཅི་དོན་དམ་པ་འབའ་ཤིག་གིས ་ཡོངས་སུ་གྲུབ་པར་བརྗོད་དམ། སྨྲས་པ། མ་ཡིན་ཏེ། དེ་བཞིན་ཉིད་ཀྱང་དེའོ། །ཀྱང་གི་སྒྲ་ནི་དེ་བཞིན་ཉིད་ཀྱི་སྒྲང་བརྗོད་པ་འབའ་ཞིག་མ་ཡིན་གྱི་ཆོས་ཀྱི་དབྱིངས་ཀྱི་རྣམ་གྲངས་སུ་གཏོགས་པ་ཇི་སྙེད་པ་དེ་ཐམས་ཅད་དུ་བརྗོད་པར་བྱའོ།། ་དུས་རྣམས་ཀུན་ན་དེ་བཞིན་ཡོད་པས་དེ་བཞིན་ཉིད་དེ་འདི་ལྟར་སོ་སོའི་སྐྱེ་བོ་དང། སློབ་བ་དང། མི་སློབ་པའི་དུས་དག་ན་དུས་ཐམས་ཅད་དུ་དེ་བཞིན་ཏེ། གཞན་དུ་མ་ཡིན་པས་དེ་བཞིན་ཉིད་ཅེས་བྱའོ། །ཅི་དེ་བཞིན་ཉིད་དེ་བཞིན་དུ ་རྣམ་པར་རིག་བ་ཙམ་ཡང་ཡོངས་སུ་གྲུབ་པ་ཉིད་དམ། འོན?་ཏེ་རྣམ་པར་རིག་པ་ཙམ་གཞན་ཞིག་སྙམ་པ་ལ་དེའི་ཕྱིར། དེ་ཉིད་རྣམ་པར་རིག་པ་ཙམ་གཞན་ཞིག་སྨོས་ཏེ། །ཤིན་ཏུ་རྣམ་པ་དེ་དག་པའི་མཚན་ཉིད་ཁོང་དུ་ཆུང་བའི་ཕྱིར་རོ། །ཇི ་སྐད་དུ། དེ་ཚེ་དེ་ཙམ་མཐོང་པའི་ཕྱིར། །མིང་ལ་སེམས་དེ། གནས་པ་ཡི་ན། །མིང་ལ་གནས་པས་རྣམ་པ་རིག་ལ། །དམིགས་པ་རབ་ཏུ་སྤོང་བར་འགྱུར། །བསྒོམས་པའི་རྒྱུ་ཡིས་དེའི་ཚེ། །དམིགས་པ་མེད་པའི་དབྱིངས ་ལ་རབ། །སྒྲིབ་པ་ཀུན་ལས་རྣམ་གྲོལ་ཞིང། །དེ་ཚེ་དབང་འབྱོར་ཐོབ་པར་འགྱུར་ཞེས་བཤད་པ་ལྟ་བུ་སྟེ། དེ་ཉིད་རྣམ་པར་རིག་པ་ཙམ་ཞེས་བྱ་བའི་ཚིག་འདིས་ནི་མངོན་པར་རྟོགས་པར་བསྟན་ཏེ། །གལ་ཏེ་འདི་དག་རྣམ་པར་རིག་པ ་ཙམ་ཡིན་ན། མིག་དང། རྣ་བ་དག?་སྣ་དང་ལྕེ་དང། ལུས་ཀྱིས་གཟུགས་དང། སྒྲ་དང། དྲི་དང། རོ་དང། རེག་བྱ་ལ་གཟུང་ངོ་སྙམ་དུ་དེའི་སེམས་པ་ཅི་ལས་བྱུང་སྙམ་པ་ལ་དེའི་ཕྱིར། །ཇི་སྲིད་རྣམ་པར་རིག་ཙམ་ཉིད་ལ། །རྣམ ་པར་ཤེས་པ་མི་གནས་པ། །དེ་སྲིད་འཛིན་པ་རྣམ་གཉིས་ཀྱི། བག་ལ་ཉལ་བ་མི་ལྡོག་གོ་ཞེས་བྱ་བ་སྨོས་སོ། །ཡང་ན་གང། ལས་ཀྱི་བག་ཆགས་འཛིན་གཉིས་ཀྱི། །བག་ཆགས་བཅས་པ་སྔ་མ་ཡི། །རྣམ་པར་སྨིན་པ་ཟང་ནས ་གཞན། །རྣམ་སྨིན་སྐྱེད་པ་དེ་ཡིན་ནོ་ཞེས་སྨོས་པ་དེ་སྨོད་པ་དང། ཡི་སྤོང་བ་ཇི་ལྟ་བུ་ཞེས་བྱ་བ་སྟེ། དེའི་ཕྱིར། ཇི་སྲིད་རྣམ་རིག་ཙམ་ཉིད་ལ། །རྣམ་པར་ཤེས་པ་མི་གནས་པ་ཞེས་རྒྱ་ཆེར་སྨོས་སོ། །ཇི་སྲིད་དུ་སེམས་ཀྱི་ཆོས་ཉིད ་རྣམ་པར་རིག་པ་ཙམ་ཉིད་ཅེས་བྱ་བ་ལ། རྣམ་པར་ཤེས་པ་མི་གནས་པ། གཟུང་བ་དང། འཛིན་པར་དམིགས་པ་ལ་སྤྱད་བའི་བར་དུའོ། །འཛིན་པ་གཉིས་ནི་གཟུང་བའི་འཛིན་པ་དང། འཛིན་པའི་འཛིན་པ་སྟེ། དེའི་བག་ལ་ཉལ་ནི་མ ་འོངས་པའི་འཛིན་པ་གཉིས་སྐྱེ་བར་བྱ་བའི་ཕྱིར་དེ་དག་གི་ཀུན་གཞིའི་རྣམ་པར་ཤེས་པ་ལ་ས་བོན་བཏབ་པའོ། །ཇི་སྲིད་དུ་གཉིས་མེད་པའི་མཚན་ཉིད་རྣམ་པར་རིག་པ་ཙམ་ཉིད་ལ་རྣལ་འབྱོར་པའི་སེམས་གནས ་པར་མ་གྱུར་པ་དེ་སྲིད་དུ་འཛིན་པ་གཉིས་ཀྱི་བག་ལ་ཉལ་མི་ལྡོག་སྟེ། མི་སྤོང་ཞེས་བྱ་བའི་ཐ་ཚིག་གོ་།འདིར་ནི་ཕྱི་རོལ་གྱི་དམིགས་ཕ་མ་སྤངས་ན། ནང་གི་དམིགས་པའང་མ་སྤངས་པར་བསྟན་པ། དེའི་ཕྱིར་དེ་འདི་སྙམ་དུ་བདག་ནི ་མིག་ལ་སོགས་པས་གཟུགས་ལ་སོགས་པ་འཛིན་ཏོ་སྙམ་དུ་སེམས་སོ། །ད་ནི་འདི་བརྗོད་པར་བྱ་སྟེ། དོན་དང་བྲལ་བའི་སེམས་ཙམ་དམིགས་པས། ཅི་སེམས་ཀྱི་ཆོས་ཉིད་ལ་གནས་པ་ཡིན་ནམ། སྨྲས་པ། མ་ཡིན་ཏེ། འདི་དག་རྣམ ་རིག་ཙམ་ཉིད་ཅེས། །དེ་འདི་སྙམ་དུ་དམིགས་གནས་སུ། ཅི་ཡང་རུང་སྟེ་མདུན་འཇོག་ན། །དེ་ནི་ཙམ་ལ་མི་གནས་སོ། །དེ་ཡང་མངོན་པའི་ང་རྒྱལ་ཅན་གང་ཐོས་པ་ཙམ་གྱིས་བདག་རྣམ་པར་རིག་པར་མ་རྣམ་པར་དག་པ་ལ་གནས་སོ ་སྙམ་དུ་སེམས་པའི་འཛིན་པ་དེ་བསལ་བའི་ཕྱིར། འདི་དག་རྣམ་པར་རིག་ཙམ་ཉིད་ཅེས། །དེ་སྙམ་དུ་ནི་དམིགས་ནས་སུ་ཞེས་བྱ་བ་ལ་སོགS་པ་སྨོས་སོ། །འདི་དག་རྣམ་པར་རིག་ཙམ་ཉིད་ཅེས་བྱ་བ་ནི་དོན་དམ་དང་བྲལ་བ་སྟེ། ཕྱི་རོལ་གྱི་དོན ་མེད་དོ་ཞེས་དེ་ལྟར་དམིགས་པ་ནི་འཛིན་པ་དང་མཚན་མར་བྱེད་ཅེས་བྱ་བའི་ཐ་ཚིག་གོ་།མདུན་དུ་ཞེས་བྱ་བ་ནི་མངོན་སུམ་དུའོ། །འཇོག་ན་ཞེས་བྱ་བ་ནི་ཇི་ལྟར་ཐོས་པ་བཞིན་དུ་ཡིད་ཀྱིས་འཇོག་པའོ། །རྣལ་འབྱོར་སྦྱོང་བའི་དམིགས ་པ་རྣམ་པ་མང་བས་ཅི་ཡང་རུང་ཞེས་བྱ་བ་སྨོས་ཏེ། ཀང་རུས་སམ་རྣམ་པར་སྔོས?་པ་འམ་རྣམ་པར་རུལ་བ་འམ། རྣམ་པར་འབུ་ཞུགས་པ་འམ། རྣམ་པར་བམ་པ་ལ་སོགས་པའོ། །དེ་ནི་ཙམ་ལ་མི་གནས་པ་ནི་རྣམ་པར་ཤེས་པའི ་དམིགས་པ་མ་སྤང་པའི་ཕྱིར་རོ། །ནམ་ཞིག་ན་རྣམ་པར་ཤེས་པའི་འཛིན་པ་སྤངས་ཤིང་སེམས་ཀྱི་ཆོས་ཉིད་ལ་རབ་ཏུ་གནས་པར་འགྱུར་ཞེ་ན། དེའི་ཕྱིར། ནམ་ཞིག་ཤེS་པS་དམིགས་པ་རྣམས། །མི་དམིགས་དེའི་ཆེ་ན་ནི། །རྣམ ་པར་རིག་པ་ཙམ་ལ་གནས། །གཟུང་བ་མེད་པས་དེ་འཛིན་མེད་ཅེས་བྱ་བ་སྨོས་སོ། །གང་གི་ཚེ་བསྟན་པ་ལ་དམིགས་པ་དང། གདམས་དག་ལ་དམིགས་པ་དང། གཟུགས་དང་སྒྲ་ལ་སོགས་པ་ཐ་མ་ལ་དམིགས་པ་ཡང་རུང་སྟེ། ཤེས ་པས་སེམས་ལས་ཕྱི་རོལ་ཏུ་མི་དམིགས་ཏེ། མ་མཐོང་མི་འཛིན་ལ་མངོན་པར་ཞེན་པ་མེད་ཅིང་དོན་ཡང་དག་པ་ཇི་ལྟ་བ་བཞིན་དུ་མཐོང་ལ། དམུས་ལོང་ལྟ་བུ་ནི་མ་ཡིན་པ་དེའི་ཚེ་རྣམ་པར་ཤེས་པའི་འཛིན་པ་ཡང་སྤངས་ཤིང་རང་གི་སེམS ་ཀྱི་ཆོས་ཉིད་ལ་ཡང་གནས་པ་ཡིན་ཏེ། འདི་ཉིད་དུ་གཏན་ཚིགས་སྨོས་པ། གཟུང་བ་མེད་པས་དེ་འཛིན་མེད་ཅེས་བྱའོ། །གཟུང་བ་ཡོད་ན་འཛིན་པར་འགྱུར་ཏེ། གཟུང་བ་མེད་ན་མ་ཡིན་ནོ། །གཟུང་བ་མེད་ན་འཛིན་པ་མེད་པར་ཡང་རྟོགས ་པར་འགྱུར་གྱི། གཟུང་བ་མེད་བ་འབའ་ཞིག་ནི་མ་ཡིན་ནོ། །དེ་ལྟར་ན་དམིགས་པར་བྱ་བ་དང། དམིགས་པར་བྱེད་པ་ལ་རྣམ་པར་མི་རྟོག་པས་མཉམ་པ་འཇིག་རྟེན་ལས་འདས་པའི་ཡེ་ཤེས་འབྱུང་སྟེ། གཟུང་བ་དང་འཛིན་པར་མངོན ་པར་ཞེན་པའི་བག་ལ་ཉལ་སྤོང་ཞིང་རང་གི་སེམས་ཀྱི་ཆོས་ཉིད་ལ་ཡང་སེཾས་གནས་པར་འགྱུར་རོ། །གལ་ཏེ་དེ་ལྟར་རྣམ་པར་རིག་པ་ཙམ་ཉིད་ལ་སེམས་གནས་པར་གྱུར་པ་དེའི་ཚེ། ཇི་སྐད་བྱ་ཞེ་ན། དེའི་ཕྱིར། དེ་ནི་སེམས་མེད་མི་དམིཌ ་བ། །འཇིག་རྟེན་འདས་པའི་ཡེ་ཤེས་དེ། །གནས་ཀྱང་གཞན་དུ་གྱུར་པ་སྟེ། །གནས་ངན་ལེན་གཉིས་སྤངས་པས་སོ། །དེ་ཉིད་ཟག་པ་མེད་དང་དབྱིངས། །བསམ་མི་ཁྱབ་དང་དགེ་དང་བརྟན། །དེ་ནི་བདེ་བ་རྣམ་གྲོལ་སྐུ། ། ་ཐུབ་པ་ཆེན་པོ་ཆོས་ཞེས་བྱ། །ཚིགས་སུ་བཅད་པ་འདི་གཉིས་ཀྱི་རྣམ་པར་རིག་པ་ཙམ་ཉིད་ལ་ཞུགས་པའི་རྣམ་འབྱོར་པའི་མཐོང་བའི་ལམ་ལ་བརྟེན་ཏེ། གོང་ནས་གོང་དུ་བྱེ་བྲག་ཏུ་འགྲོ་བས་འབྲས་བུ་ཕུན ་སུམ་ཚོགས་པ་བསྟན་ཏེ། །དེ་ལ་འཛིན་པའི་སེམས་མེད་པ་དང། གཟུང་བའི་དོན་མི་དམིགས་པའི་ཕྱིར། དེ་ནི་སེམས་མེད་མི་དམིགས་པ་ཞེས་བྱའོ། །འཇིག་ན་འདྲིས་པར་མ་བྱས་པ་དང། ཀུན་ཏུ་འབྱུང་བ་མེད་པ་དང། རྣམ་པར་མི ་རྟོག་པ་དང། འཇིག་རྟེན་ལས་རྒལ་པའི་ཕྱིར། འཇིག་རྟེན་ལས་འདས་པའི་ཡེ་ཤེས་དེ་ཞེས་བྱའོ། །ཡེ་ཤེས་དེའི་འོག་ཏུ་གནས་གྱུར་པ་བསྟན་པའི་ཕྱིར། །གནས་ཀྱང་གཞན་དུ་གྱུར་པ་སྟེ་ཞེས་བྱ་བ་སྨོས་སོ། །གནས་ནི ་འདིར་ཀུན་གཞི་རྣམ་པར་ཤེས་པ་ས་བོན་ཐམས་ཅད་དོ། །དེ་གྱུར་པ་ནི་གང་གནས་ངན་ལེན་དང། རྣམ་པར་སྨིན་པ་དང། གཉིས་ཀྱི་བག་ཆགས་ཀྱི་དངོས་པོ་ལོག་ན་ལས་སུ་རུང་བ་དང། ཆོས་ཀྱི་སྐུ་དང། མི་གཉིས་པའི་ཡེ ་ཤེས་ཀྱི་དངོS་པོར་གྱུར་པའོ་གནས་གྱུར་པ་དེ་ཡང་གང། སྤངས་པས་ཐོབ་པར་འགྱུར་ཞེ་ན། དེའི་ཕྱིར། གནས་ངན་ལེན་གཉིས་སྤངས་པས་སོ་ཞེས་བྱ་བ་སྨོས་སོ། །གཉིས་ཞེས་བྱ་བ་ནི། ཉོན་མོངས་པའི་སྒྲིབ་པའི་གནས་ངན ་ལེན་དང། ཤེས་བྱའི་སྒྲིབ་པའི་གནས་ངན་ལེན་ནོ། །གནས་ངན་ལེན་ནི་གནས་ལས་སུ་རུང་བ་ཉིད་དེ། དེ་ཡང་ཉོན་མོངས་པ་དང། ཤེས་བྱའི་སྒྲིབ་པའི་ས་བོན་ནོ། །གནས་གྱུར་པ་དེ་ཡང་ཉན་ཐོས་ལ་སོགས་པ་ལ་ཡོད་པའི ་གནས་ངན་ལེན་སྤངས་བས་ཐོབ་པར་འགྱུར་བ་ནི་གང། རྣམ་གྲོལ་སྐུ་ཞེས་བྱ་བ་སྨོས་སོ། །བྱང་ཆུབ་སེམས་དཔའ་ལ་ཡོད་པའི་གནས་ངན་ལེན་སྤངས་པས་ཐོབ་པར་འགྱུར་བ་ནི་གང། ཐུབ་པ་ཆེན་པོའི་ཆོས་ཞེས་བྱ། ཞེས་བྱ ་པ་སྨོས་ཏེ། སྒྲིབ་པ་རྣམ་པ་གཉིས་སྤངས་པའི་བྱེ་བྲག་གིས་གནས་གྱུར་པ་བླ་ན་ཡོད་པ་དང། བླ་ན་མེད་པར་བསྟན་ཏོ། །འདིར་ཚིགས་སུ་བཅད་པ། ལེན་པའི་རྣམ་ཤེས་སྒྲིབ་གཉིས་ཀྱི། མཚན་ཉིད་ཡིན་པར་ཤེས་པར་བྱ། ཉོན་མོངས་ས་བོན ་ཀུན?་ས་བོན། །དེར་ནི་གཉིས་ལ་གཉིས་འཆིང་ངོ། །གཉིས་ཞེས་བྱ་བ་ནི་ཉན་ཐས་དང་བྱང་ཆུབ་སེམས་དཔའ་ཨོ། །སྔ་མ་ལ་ནི་ཉོན་མོངས་པའི་ས་བོན་ནོ། །ཅིག་ཤོས་ལ་ནི་སྒྲིབ་པ་གཉིས་ཀྱི་ས་བོན་ཏེ། དེ་དག་བཙམ?་པས་ཐམས་ཅད ་མཁྱེན་པ་ཉིད་ཐོབ་པར་འགྱུར་རོ། །དེ་ཉིད་ཟག་པ་མེད་དང་དབྱིངས་ཞེས་བྱ་བ་ནི་གནས་གྱུར་པའི་རང་བཞིན་དེ་ཉིད་ཟག་པ་མེད་པ་དང། དབྱིངས་ཞེས་བྱ་སྟེ། གནས་ངན་ལེན་མེད་པའི་ཕྱིར་རོ། །ཟག་པ་ཐམས་ཅད་བྲལ་བས་ཟག་པ་མེད ་པའོ། །འཕགས་པའི་ཆོས་ཀྱི་རྒྱ་ཡིན་པས་དབྱིངས་སོ། །དབྱིངས་ཀྱི་སྒྲ་ནི་འདིར་རྒྱུའི་དོན་ཏོ། །བསམ་གྱིས་མི་ཁྱབ་པ་ནི་རྟོག་གེའི་སྤྱོད་ཡུལ་མ་ཡིན་པ་དང། སོ་སོ་རང་གིས་རིག་པ་དང། དཔེ་མེད་པའི་ཕྱིར་རོ། །དག་པ་ནི་རྣམ་པར་དག་པའི ་དམིགས་པ་དང། བདེ་བ་དང། ཟག་པ་མེད་པའི་ཆོས་ཀྱི་རང་བཞིན་ཡིན་པའི་ཕྱིར་རོ། །བརྟན་པ་ནི་རྟག་པ་དང་མི་ཟད་པའི་ཕྱིར་རོ། །བདེ་བ་ནི་རྟག་པ་ཉིད་ཀྱི་ཕྱིར་ཏེ། གང་མི་རྟག་པ་དེ་ནི་སྡུག་བསྔལ་བའོ། །འདི་ནི་རྟག་པ་སྟེ། དེའི་ཕྱིར ་བདེ་པའོ། །ཉོན་མོངས་བའི་སྒྲིབ་པ་སྤངས་པས་ཉན་ཐོས་རྣམས་ཀྱི་རྣམ་པར་གྲོལ་པའི་སྐུའོ། །གནས་གྱུར་པའི་མཚན་ཉིད་དེ་ནི་ཐུབ་པ་ཆེན་པོའི་ཆོས་ཀྱི་སྐུ་ཞེས་བྱ་སྟེ། ས་དང་ཕ་རོལ་ཏུ་ཕྱིན་པ་བསྒོམས་ནས་ཉོན་མོངས་པ་དང་ཤེས ་བྱའི་སྒྲིབ་པ་སྤངས་པས་གནས་གྱུར་བ་ཡང་དག་པར་གྲུབ་པའི་ཕྱིར་ཐུབ་པ་ཆེན་པོ་ཆོས་ཀྱི་སྐུ་ཞེས་བྱའོ། །འཁོར་བ་ཡོངས་སུ་མི་གཏོང་ཞིང་དེས་ཉོན་མོངས་པ་མེད་པ་དང། ཆོས་ཐམས་ཅད་ལ་དབང་འབྱོར་པ་ཐོབ་པའི་ཕྱིར་བྱང་ཆུབ་སེམS ་པའི་ཆོས་ཀྱི་སྐུ་ཞེས་བྱའོ། །ཐུབ་པ་ཆེན་པོ་ཞེས་བྱ་བ་ནི་ཐུབས་པའི་མཆོག་དང་ལྡན་པས་སངས་རྒྱས་བཅོམ་ལྡན་འདས་ནི་ཐུབ་པ་ཆེན་པོའོ། །སུམ་ཅུ་པའི་བཤད་པ་སློབ་དཔོན་བློ་བརྟན་གྱིས་མཛད་པ ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང། ཤྲི་ལེནྡྲ་པོ་དྷི་དང། ཞུ་ཆེན་གྱི་ལོ་ཙཱ་བ་བནདེ་ཡེ་ཤེས་སྡེས་ཞུས་ཏེ་གཏན་ལ་ཕབ་པ།། །།རབ་ཏུ་བྱེད་ཉི་ཤུ་བའི་འགྲེལ་བཤད་སློབ་དཔོན་དུལ་བའི་ལྷས་མཛད་པ ་