| Wylie | e-texts based on the ACIP/ALL Input |
སློབ་དཔོན་དབྱིག་གཉེན་གྱིས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཛིན་མི་ཏྲ་དང། ཤཱི་ལེནྡྲ་བོ་དྷི་དང་།དཱ་ན་ཤཱི་ལ་དང་།ཞུ་ཆེན་གྱི་ལོ་ཙ་བནདེ་ཡེ་ཤེས་སྡེ་ལ་སོགས་པས་བསྒྱུར་ཅིང་ཞུས་ཏེ་།གཏན་ལ་ཕབ་པ།། །།རྣམ་པར་བཤད་བའི་རིགས་པ་མདོ་སྡེའི་དུམ་བུ་བརྒྱ ་སློབ་དཔོན་དབྱིག་གཉེན་གྱིས་མཛད་པ་བཞུགས་པ།། །།རྒྱ་གར་སྐད་དུ་།བྱ་བ?་ཡུཀྟི་སྦུ་ཏྭ་བཎྜ་ཤ་ཏཾ། བོད་སྐད་དུ་།རྣམ་བར་བཤད་བའི་རིགས་པའི་མདོ་སྡེའི་དུམ་བུ་བརྒྱ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །ཆོས་གང་དག་ཐོབ ་མང?་དགེ་བ། བར་དུ་དགེ་བ། ཐ་མར་རིག་བ་།དོན་བཟང་པོ། ཚིག་འབྲུ་བཟང་པོ་མ་འདྲེས་པ། ཡོངས་སུ་རྫོགས་པ། ཡོངས་སུ་དག་བ། ཡོངས་སུ་བྱང་བ། ཚངས་པར་སྤྱོད་པ་མངོན་པར་བརྗོད་པས་མངོན་པར་བརྗོད་པར་བྱེད་པ་ནི་མང་དུ་ཐོས་བ་དང། ཐོས་པའི་གཞི་ཅན་དང ་ཐོས་པ་བསགས་པ་ཡིན་ཏེ་།དེས་ཆོས་དེ་ལྟ་བུ་མང་པོ་ཐོས་པ་དང་།གཟུང་བ་དང། ཁ་ཏོན་བྱེད་པ་དང། ཡིད་ཀྱིས་བརྟགས་པ་དང་།མཐོང་བས་ཤིན་ཏུ་རྟོགས་པ་ཡིན་ཞེས་བྱ་བ་དང། འདི་ལྟར་ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་བར ་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ་བདེ་བར་གཤེགས་པ། འཇིག་རྟེན་མཁྱོན་བ། སྐྱེས་བུ་འདུལ་བའི་ཁ་ལོ་བསྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་སོ་ཞེས་བྱ་བ་དང་།དེའི་ཚེར་ལྷ་དང་བཅས་བའི་འཇིག་རྟེན་དང། ་བདུད་དང་བཅས་པ་དང་།ཆངས?་པ་དང་བཅས་བ་དང་།དགེ་སྦྱོང་དང་བྲམ་ཟེར་བཅས་པའི་སྐྱེ་དགུ་དང་།ལྷ་དང་མིང་བཅས་པའི་ཚོགས་ལས་གྲོལ་བ་དང་།ངེས་པར་བྱུང་བ་དང་།བྲལ་བ་དང་།རབ་ཏུ་རྣམ་པར་གྲོལ་བ་དང་།སེམས་ཕྱིན་ཅི་མ་ལོག་པས་ལན་མང་དུ་གནས་ཤིང ་དེའི་ཆེ་བདག་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པར་ཤེས་སོ་ཞེས་བྱ་བ་དང་།བཙུན་པ་བཅོམ་ལྡན་འདས་ནི་མདུལ་བ་རྣམས་དུལ་བར་མཛད་བ་།མ་ཞི་བ་རྣམས་ཞི་བར་མཛད་པ། དབུགས་མ་ཕྱིན་བ་རྣམས་དབུ་? ་འབྱིན་པར་མཇད་པ་ཡོངས་སུ་མྱ་ངན་ལས་མ་འདས་པ་རྣམས་ཡོངས་སུ་མྱ་ངན་ལས་འདའ་བར་མཛད་བའོ་ཞེས་བྱ་བ་དང། དེ་བཞིན་གཤེགས་བ་ནི་ལམ་མཁྱེན་བ་།ལམ་ཐུགས་སུ་ཆུད་པ། ལམ་སྟོན་པ། ལམ་གསུང་པ། ལམ་ཡོངས་སུ་འདྲེན་བ་ལགས་སོ་ཞེས་བྱ་བ་དང། ་བཅོམ་ལྡན་འདས་ཀྱི་ཆོས་ནི་ལེགས་པར་གསུངས་པ། ཡང་དག་པར་མཐོང་བ། ནང་མེད་པ། དུས་ཚད་བ་མེད་པ། ཉེ་བར་གཏོང་བ། འདི་མཐོང་བ་ལ་དོན་ཡོད་བ། མཁས་པ་རྣམས་ཀྱིས་རན་གི་རིག་བར་བྱའོ་ཞེས་བྱ་དང་།བཅོམ་ལྡན་འདས་ཀྱིས་ལེགས་པར་གསུངས་པའི་ཆོས་འདུལ་བ ་ནི་ལེགས་པར་བརྟན་པ། ངེས་པར་འབྱུང་བ་རྫོགས་པའི་བྱང་ཆུབ་ཏུ་འགྲོ་བར་བྱེད་པ། མི་མཐུན་པ་མེད་ཅིང་འདས་པ་དང་ལྡན་པ་ཞེས་བྱ་།བདེན་པ་ཡོད་པ་ཞེས་བྱ་།འདི་སྟན་པ་དེ་བཞིན་གཤེ?་?་པ་ཡང་དག་པར་རྫོག་སྤའི་སངས་རྒྱས་སོ་ཞེས་བྱ་བ་དང་།དགེ་སློང་དག་བའི་ཆོས ་ནི་ལེགས་པར་གསུངས་པ་།གསལ་བ་ཕྱིར་།རྒྱུ་བ་བཅད་པ། ལྷ་དང་མིའི་བར་དག་ལ་ཡང་དག་པར་ཤིན་ཏུ་བརྟན་པའོ་ཞེས་བྱ་བ་དང་།བཅོམ་ལྡན་འདས་ཀྱི་ཉན་ཐོས་ཀྱི་དགེ་འདུན་ནི་ལེགས་པར་ཞུགས་པ། རིག་པར་ཞུགས་པ། དྲང་པོར་ཞུགས་པ་།མཐུན་པར་ཞུགས་པ། ་ཆོས་རྗེས་སུ་མཐུན་པར་སྤྱོད་པའོ་ཞེས་བྱ་བ་དང་།དགེ་སློང་གང་ཚུལ་ཁྲིམས་འཆལ་པ་སྡིག་པའི་ཆོས་ཅན། ཁོང་མྱགས་པ་།འཛག་པ། ཤིང་རུལ་པ་ལྟ་བུ་།བོང་བུ་ལྟར་ཀུན་ཏུ་སྤྱོད་པ། དགེ་སྦྱོང་མ་ཡིན་པར་དགེ་སྦྱོང་དུ་ཁས་འཆེག་ཚངས་པར་སྤྱོད་པ་ཅན་མ་ཡིན་པར་ཚངས ་པར་སྤྱོད་པ་ཅན་དུ་ཁས་འཆི་བ་དེ་ནི་།ཇི་ལྟར་རྨིག་པ་གཅིག་ལ་རྭ་ནི་མེད་པ་དང་།རྐང་པ་བཞི་ལ་རུང་གི་ཁ་ཅན་ན་སྐད་པོ་ཆེ་།རྟག་ཏུ་བ་ལང་རྣམས་ཀྱི་ནང་དུ་རབ་འགྲོ་སྟེ། །འདི་ལ་ཁྱུ་མཆོག་སྒྲ་ནི་འབྱིན་པར་མི་བྱེད་ལྟར། །དེ་བཞིན་འདིར་ནི་ཁ་ཅིག་དྲན་ཉེར་མ་གཞག་ཅིང། །རྟག་ཏུ་བདེ་བར ་གཤེགS་པ་མཆོག་གི་བསྟན་པ་ལ། །གནས་པར་མི་བྱད་ལེ་ལོ་ལྡན་ཞིང་མ་གུས་པ་།འདུས་མ་བྱས་པའི་གོ་འཕང་དེ་ལ་འདིར་མི་རེག་།གཞན་ཡང་བ?་བུ་དེ་ནི་?་ནང་སྤོང?་ཡང། །དྲེ་ནི་བ་ཡང་རྣམས་ལས་རིང་བར་གྱུར་པ་ཡིན། །གཞན་ཡང་དེ་ལྟ་བུ་ནི་དགེ་འདུན་ནང་འདུག་ཀྱང་།འཕཌ ་པའི་ཚོགས་རྣམས་དང་ནི་རིང་བ་ཡིན་ཞེས་བརྗོད་ཅེས་བྱ་བ་དང་།གཽ?་ཏ་མ་དག་ཁྱེད་ནི་སྐྱེ་དགུ་ཉོན་མོངས་པ་ཅན། སྡུག་བསྔལ་ཅན་།མྱ་ངན་ཅན་།འཁྲུག་པ་ཅན་དག་ཡིན་ན། ཁྱེད་ཅག་ལ་རྙེད་པ་དག་ནི་ཅི་དག་ཡོད་།ལེགས་པར་རྙེད་པར་དག་ནི་ཅི་དག་ཡོད་ཅེས་བྱ་བ་དང་།དགེ་སློང་དག་དགེ་སྦྱོང ་དམ་བྲ་ཟེ་གང་ལ་ལ་མིག་གི་རོ་མྱ་བར་བྱེད་པ་དེ་དག་ནི་དགེ་སྦྱོང་དམ་བྲམ་ཟེ་བདུད་བ་ལ་སྡིག་འདོད་ཀྱི་དབང་དུ་ཤས་ཀྱིས་སོང་བ་དང་།དབང་དུ་སོང་བ་དང་།ལག་ཏུ་སོང་བ་དང་བདུད་ལ་སྡིག་འདོད་ཀྱི་ཅི་འདོད་ཕུང་བྱ་བ་དང་།བདུད་ཀྱི་བཅིང་བ་དག་གིས་བཅིངས་པ ་དང་།བདུད་ཀྱི་ཞགས་པ་དག་ལས་ཡོངས་སུ་མ་གྲོལ་བ་ཞེས་བྱའོ། །ཞེས་བྱ་བ་དང་།མི་དགེ་བའི་ཆོས་རྣམས་ཡང་དག་བར་བླངས་པའི་རྒྱུས་མཐོང་བའི་ཆོས་ཉིད་ལ་སྡུག་བསྔལ་བ་དང། སྡུག་བསྔལ་དང་བཅས་པ་དང་།ཕོངས་པ་དང་བས་པ་དང་།གནོད་བ་དང་བཅས་པ་དང་།ཡོངས་སུ ་གདུང་བ་དང་བཅས་པར་གནས་པ་དང་།ལུས་ཞིག་ནས་ངན་འགྲོར་འགྱུར་བར་རིག་པར་བྱའོ་ཞེས་བྱ་བ་དང་།སྲོག་གཙོ་བ་ཀུན་ཏུ་བསྟེན་ཅིང་བསྒོམས་ལ་ལན་མང་དུ་བྱས་པས་སེམས་ཅན་དམྱལ་བ་རྣམས་སྐྱེ་བར་འགྱུར་རོ། །ཞེས་བྱ་བ་དང་།སྒྲིབ་པ་ལྔ་པོ་སེམས་ཉེ་བར་ཉོན་མོངས་བར ་བྱེད་པ་དག་ནི་འདོད་པ་ལ་འདུན་པའི་སྒྲིབ་པ་དང་།གནོད་སེམས་དང་རྨུགས་པ་དང་།གཉིད་དང་།རྒོད་པ་དང་།འགྱོད་པ་དང། ཐེ་ཚོམ་གྱི་སྒྲིབ་པའོ་ཞེས་བྱ་བ་དང་།སྒྱུ་རྩལ་ཤེས་དག་གསུམ་པོ་འདི་དག་ནི་སེམས་ཅན་རྣམས་ཀྱི་ལས་ཀྱི་གཞི་དང། ཀུན་ཏུ་འབྱུང་བ་དག་ཡིན་པར་རིག་པར་བྱ་སྟེ། ་སྒྱུ་རྩལ་ཤེས་དག་གསུམ་པོ་གང་ཞེ་ན་།ཆགས་པ་ནི་སེམས་ཅན་རྣམས་ཀྱི་ལས་ཀྱི་གཞི་དང། ཀུན་འབྱུང་བ་དག་ཡིན་པར་རིག་པར་བྱ་སྟེ། སྒྱུ་རྩལ་ཤེས་དག་ཞེ་སྡང་དང་།གཏི་མུག་ནི་སེམས་ཅན་རྣམས་ཀྱི་ལས་ཀྱི་གཞི་དང་།ཀུན་འབྱུང་བ་དག་ཡིན་པར་རིག་པར་བྱ་སྟེ་ཞེས་བྱ་བ ་དང། དེ་ལྟར་རྣམ་པར་རྟོག་པ་དེ་དག་ནི་མི་དགེ་བ་རྣམས་དང་།སྡུག་བསྔལ་བ་རྣམས་དང། འཕགས་པ་མ་ཡིན་བ་རྣམས་དང་།དོན་མེད་པ་དང་པ་རྣམས་སོ་ཞེས་བྱ་བ་དང་།མི་དག་གི་འདོད་བ་རྣམས་ནི་མི་གཙང་བ་རྣམས་དང་།དྲི་མི་ཞིས?་རྣམས་དང་།དྲི་ང་བ་རྣམས་དང། མི་མཐུན་པ་རྣམS ་ཡིན་ནོ་ཞེས་བྱ་བ་དང་།ཟས་རྣམS་དང་ནི་སྒོས་རྣམས་དང་།ཡང་དེ་བཞིན་དོ་རྣམས་དང། །བུད་མིང་རྣམས་ནི་འདོད་རྣམས་ཡིན་ཞེས་འདི་ན་ཁ་ཅིག་འཆི། །ཕུང་བོ་འདི་དག་དྲི་མ་ལགས་བར་ཡང་དག་རབ་མཐོང་སྟེ་།དེ་སྐད་བདག་ནི་བྱིན་དང་སྦྱིན་རེག་ལ་ནི་དགའ་མ་མཚན། ཞེས་བྱ་བར? ་འདོད་བའི་རྒྱུ་དང་།འདོད་བའི་བཞི་དང་།འདོད་བའི་དབང་དུ་བྱས་པ་དང་།འདོད་པ་རྣམས་ཁོ་ནའི་རྒྱས་མ་དང་བུ་དག་ནས་རྩོད་བར་བྱེད་ན་ཞེས་བྱ་བ་དང་།ཆགས་པ་དང། ཞེན་པ་དང་འཆུམས་བ་དང་།མདུང་བ་པོར་པ་དང། ལྷག་བར་ཞེན་པའོ ་ཞེས་བྱ་བ་དང། འདོད་བ་ལ་འདོད་ཆགས་དང། ལྷག་པར་ཞེན་བ་དང་།རྣམ་པར་བཅིངས་པ་དང་།ཡོངས་སུ་ཞེན་པ་དང་།ཀུན་ཏུ་འདོད་ཆགས་ཀྱི་རྒྱུས་ཁྱིམ་པ་རྣམས་དང་ཁྱིམ་པ་རྣམས་དང་ཁྱིམ་པ་རྣམས་དང་ཁྱིམ་བ་རྣམས་སུ་རྩོད་པར་བྱེད་དོ། །ལྟ་བ་ལ་འདོད་ཆགས་དང་།ལྷག་པར་ཞེན་པ་དང་།རྣམ་པར་བཅིངས་པ ་དང། ཡོངས་སུ་ཞེན་པ་དང། ཀུན་ཏུ་འདོད་ཆགས་ཀྱི་རྒྱས་རབ་ཏུ་བྱུང་བ་རྣམས་དང། རབ་ཏུ་བྱུང་བ་རྣམས་སུ་རྩེད་པར་བྱེད་དོ་ཞེས་བྱ་བ་དང་།དགེ་སློང་དག་སེཾ་ནི་དག་ལ་ནི་དོན་སྤྱོད་བ་ཟེར་།ཆོས་སྤྱོད་བ་མིང། །བསོད་ནམས་སྤྱོད་པ་མེད་།དགེ་བ་སྦྱོར་བ་མེད་།དགེ་ལེགས་སྤྱོད་བ་མེད་ཅེས་བྱ་བ་དང། ་དགེ་སློང་དག་དེ་ནི་ཆུ་གཏེར་ཆེན་པོ་དང་།ཆུའི་ཆུ་ཆེན་པོ་དང། ཆུའི་ཚོགས་ཆེན་པོ་དང་།ཆུའི་ཆུ་ཆེན་བོ་མ་ཡིན་གྱི་ཞེས་བྱ་བ་དང་།ཐགས་འཁྲུག་བ་ལྟ་བུ་དང་།དྲུ་བུ་འཇོངས་པ་ལྟ་བུ་དང་།ཙམ་ཇེ་དང་།བལ་པ་ཛ་ལྟ་བུར་འོང་བ་དང་འགྲོ་བར་གྱུར་ཅིང་།འཇིག་རྟེན་འདི་ནས ་འཇིག་རྟེན་ཕ་རོལ་དང། འཇིག་རྟེན་ཕ་རོལ་ནས་འཇིག་རྟེན་འདིར་ཀུན་ཏུ་རྒྱུ་ག་བར་བྱེད། འཁོར་བ་ལས་མི་འདའ་བར་བྱེད་པ་ཞེས་བྱ་བ་དང། སྡུག་བསྔལ་མི་བཟང་བ་རྩུབ་པ་ཚ་བ་ཡིད་དུ་མི་འོང་བ་སྲོག་འཕྲོག་བདག་གིས་ཞེས་བྱ་བ་དང། ?་ཚོར་བ་སྡུག་བསྔལ ་བ། མི་?་བརྩུབ་བ་ཆ་བ་ཡིད་དུ་མི་འོང་བ། སྲོག་འཕྲོག་བ་སྐྱེས་པ་ལུས་ལས་བྲལ་ཞིང་མི་སྐྱེ་ལ། །དེ་བྲལ་ཞིང་མི་སྐྱེ་བར་མངོན་པ་ཡིན་ན་ཞེས་བྱ་བ་དང་།སྡུག་བསྔལ་ཉིད་གསུམ་སྟེ། སྡུག་བསྔལ་གྱི་སྡུག་བསྔལ་ཉིད་དང་།འདུ་བྱེད་ཀྱི་སྡུག་བསྔལ་ཉིད་དང་།འགྱུར་བའི ་སྡུག་བསྔལ་ཉིད་དོ། ཞེས་བྱ་བ་དང་།ཇི་སྐད་དུ་།འདུ་བྱེད་སྡུག་བསྔལ་ཉིད་དང་ནི། །འགྱུར་བ་ཉིད་དུ་མཁྱེན་ནས་ནི། །རྫོགས་སངས་རབ་ཏུ་མཁྱེན་པ་ཡིས།། ཆོད་བ་སྡུག་བསྔལ་ཉིད་དུ་གསུངས་ཞེས་གསུངས་པ་ལྟ་བུ་དང་།སྲོག་གཅོད་པ་དང་།དྲག་ཤུལ་ཅན་དང་།ལག་པ་ཁྲག་མར ་བ་དང་།གསོར་པ་དང་རབ་ཏུ་གསོད་པ་ལ་གནས་པ་དང། སེམས་ཅན་སྲོག་ཆགས་སུ་གྱུར་པ་ལ་ངོ་ཚ་མེད་ཅིང་སྙིང་མི་བརྩེ་བ་ལ་ཞུགས་བ་ཡིན་ལ། ཐན་སྲོག་ཆགས་སྲིན་བུ་ཕྲེའུ་དང་།གྲོག་སྤུར་ཡན་ཆད་ཀྱི་སྲོག་གཅོད་པ་མི་སྤོང་བ་ཡིན་ནོ་ཞེས་བྱ་བ ་དང་།དགེ་སློང་དག་གསོན་པ་རྣམས་ལས་གཉིད་ལོག་བ་ནི་སྟོང་པ་དང་།གསོག་དང་འབྲས་བུ་མེད་པ་དང་།དོན་མེད་པ་དང་།ཕན་ཡོན་མེད་པ་ཡིན་ནོ་ཞེས་བྱ་བ་དང་།ཕྱིས་པ་རྨོངས་པ་མི་བསལ་བ་མི་མཁས་པ་ཞེས་བྱ་བ་དང་།བྱིས་པའི་རང་བཞིན་ཅན་རྨོངས་པའི་རང་བཞིན ་ཅན། ཤེས་རབ་འཆལ་བའི་རང་བཞིན་ཅན་ཞེས་བྱ་བ་དང་།གྲོ་ཞིན་སྐྱེས་དགེ་སྦྱོང་དམ་བྲམ་ཟེ་གང་ལ་ལ་དག་གཟུགས་མི་རྟག་པ་མི་བརྟན་པ་ཡིད་བསྟན་དུ་མི་རུང་བ། འགྱུར་བའི་ཆོས་ཅན་གྱིས་ཆེ་བ་ཡིན་ནོ་སྙམ་དུ་རློམ་པར་བྱེད། །ཁྱད་པར་དུ་འཕགས་སོ་སྙམ་དུ་རློམ་བར ་བྱེད། དམན་པ་མ་ཡིན་ནོ་སྙམ་དུ་རློམ་པར་བྱེད་།གྲོ་བཞིན་སྐྱེས་དགེ་སྦྱོང་དམ་བྲམ་ཟེ་དེ་དག་ཐམས་ཅད་ནི་དེ་ལྟར་ཡང་དག་བ་ཇི་ལྟ་བ་བཞིན་དུ་མ་མཐོང་བའི་ཕྱིར་རོ། །གཟུགས་ཇི་ལྟ་བ་བཞིན་དུ་རྣམ་པར་ཤེས་བའི་བར་དཱུང་དེ་བཞིན་ནོ་ཞེས་བྱ་བ་དང་།གཟུགས་གང་རྟག ་བ་དང་།བརྟན་པ་དང་།ཐེར་ཟུག་པ་དང་།མི་འགྱུར་བའི་ཆོས་ཅན་དང་།ཡང་དག་པར་དེ་བཞིན་དུ་གནས་པར་འགྱུར་བའི་གཟུགས་དེ་ལྟ་བུ་འགའ་ཡོད་དམ་ཞེས་བྱ་བ་དང། འཕགས་པ་ཉན་ཐོས་ཤེས་ནས་དད་པ་བཞི་དག་དང་ལྡན་བ་ནི་འཚོ་བ་དག་གིས་དབུལ་བ་མ་ཡིན། བཀྲེན ་བ་མ་ཡིན། ཕོངས་པ་མ་ཡིན་བ་འཚོ་ཞིང་ཞེས་བྱ་བ་དང་།གལ་ཏེ་ཏིང་ངེ་འཛིན་འདུ་བྱེད་པས་ཟིན་ཅིང་ཆུ་བཞིན་དུ་བཟུང་བ་ཡིན་ལ། ཆོས་ཉིད་ཀྱིས་ཟིན་ཅིང་ཞིབ་མ་ཡིན་པ་དང། གྱ་ནོམ་བ་མ་ཡིན་པ་དང། ལམ་ཤིན་ཏུ་སྦྱངས་བ་ཐོབ་པ་མ་ཡིན་པ་དང་།སེམས་རྒྱུད་གཅིག་ཏུ ་གྱུར་བ་རྟོག་པ་མ་ཡིན་པ་ཞེས་བྱ་བ་དང། དེ་ལྟར་སེམས་མཉམ་པར་བཞག་པ་ཡོངས་སུ་དག་པ་དང་།ཡོངས་སུ་བྱང་བ་དང། ཉོན་མོངས་པ་མེད་པ་དང། ཉེ་བའི་ཉོན་མོངས་པ་དང་བྲལ་བ་དང་།དྲང་བོར་གྱུར་པ་དང་།ལས་སུ་རུང་བ་དང་།གནས་པ་དང་།མི་གཡོ་བ་ཐོབ་ན་ཞེས་བྱ་བ་དང། ་ཏིང་ངེ་འཛིན་དང་གནས་དང་ལྡང་།ཉམས་བདེ་བ་དང་སྤྱོད་ཡུལ་དང་མངོན་པར་བསྒྲུབ་དང་སྤོང་བ་དང། །མི་སྤྲོད་དེ་བཞིན་གཉིས་ཀ་དང། །སྐྱེ་དང་འབྲིང་དང་དེ་བཞིན་ཐབས། །ཞི་གནས་རབ་འཛིན་བཏང་སྙོམས་སོ། །ཞེས་བྱ་བ་དང་།སྲེད་པ་ཡང་སྲིད་པ་འབྱུང་བར་བྱེད་པ་དགའ་བའི་འདོད ་ཆགས་དང་ལྡན་པ་དེ་དང་དེ་ལ་མངོན་པར་དགའ་བ་དེ་མ་ལུས་པར་སྤོངས་བ་དང་།བོར་བ་དང་།བསལ་བ་དང་།ཟད་བ་དང་འདྡ་ཆགས་དང་བྲལ་བ་དང་།འགོག་བ་དང་།རྣམ་པར་ཞི་བ་དང་།ནུབ་བ་གང་ཡིན་པ་ཞེས་བྱ་བ་དང་།རྟོག་གེ་པ་ཡིན་།སྦྱོར་བབ་དང་།རྟོག་གེ་ལ་ཞུགས་པ ་དང་།རང་གི་སྤོངས་པ་དང་ལྡན་བ་དང་།སོ་སོའི་སྐྱེ་བོ་དང་ལྡན་པ་དང་།སྤྱྡ་བ་འབྲེལ་པའི་ས་ལ་གནས་བ་ཡིན་ཞེས་བྱ་བ་དང། འཆི་བ་ནི་བཟང་པོ་མ་ཡིན། འདུས་བྱས་པ་ནི་བཟང་པོ་མ་ཡིན། ཚེ་ཕྱི་མ་ནི་བཟང་པོ་མ་ཡིན་ནོ་ཞེས་བྱ་བ་དང་།ཚེར་མ་གྱུར་བ་རྣམས་དང་།མོལ ་མ་དཀྲུག་པ་རྣམས་དང་།ཚེར་མ་དང་བྲལ་བ་རྣམས་དང་།ཚེར་མ་མེད་པ་རྣམས་གང་ཡིན་པ་ཞེས་བྱ་བ་དང་།དད་པ་སྐྱེས་ན་འགྲོ་བར་བྱེད། སོང་ནས་ཆོས་ཉན་པར་བྱེད་དོ། །དེས་ན་ཆོས་དེ་ཐོས་ནས་སེམས་པར་བྱེད་དོ། །བསམས་ནས་འཇལ་བར་བྱེད་ཅིང། ཉེ་བར་རྟོག་པར་བྱེད ་ལ་བདེན་བ་དེ་ཡང་ལུས་ཀྱིས་མངོན་སུམ་དུ་བྱེད་ཅིང་ཤེས་རབ་ཀྱིས་སོ་སོར་འབིགས་པར་བྱེད་དོ་ཞེས་བྱ་བ་དང་།གཞི་དེ་ལས་སྦྱིན་པ་པོ་དང་།སྦྱིན་བདག་གི་བསོད་ནམས་རྒྱུན་རྒྱས་བ་དང་།དགེ་བ་རྒྱུན་རྒྱས་པ་དང་།བདེ་བ་འདྲེན་པ་ཚད་མེད་པཡོད་པར་ཞེས་བྱ་བ ་དང། རྫུ་འཕྲུལ་གྱི་ཡུལ་རྣམ་པ་མང་པོ་ཉམས་སུ་མྱོང་བར་བྱེད་དེ། གཅིག་ཏུ་གྱུར་ནས་མང་པོར་འགྱུར། །མང་པོར་གྱུར་ནས་གཅིག་ཏུ་འགྱུར་ལ་སྣང་བར་གྱུར་ཅིང་མི་སྣང་བར་འགྱུར་ཅིང་མི་སྣང་བར་འགྱུར་བ་ཡང་ཤེས་པ་དང་།མཐོང་བས་ཉམས་སུ་མྱོང་བར་བྱེད་པ་དང་།རྩིག་བ་ལ་ཡང་ཐད་ཀར་འགྲོ། ་དེ?་ལ་ཡང་ཐད་དཀར་འགྲོ་རབ་ལ་ཡང་ཐད་ཀར་འགྲོ་སྟེ་ལུས་ཀྱི་ཐོག་པར་འགྲོ་ལ། ས་ལ་ཡང་སྟེང་དུ་འབྱུང་བ་དང་།བྱེའུ་ཟུལ་བྱེད་དེ་།དཔེར་ན་ཆུ་ལ་བྱ་བ་བཞིན་ནོ། །ཆུ་ལ་ཡང་མི་ནུབ་པའི་རྒྱུན་གྱིས་འགྲོ་སྟེ་དཔེར་ནས་ཆེན་པོ་ལ་བྱ་བ་བཞིན་ནོ། །ནམ་མཁའ་ལ་ཡང་སྐྱིལ་མོ་ཀྲུང་གིས ་འགྲོ་སྟེ་།དཔེར་ན་འདབ་ཆགས་བྱ་བཞིན་ནོ། །ཉི་མ་དང་བླ་བ་འདི་གཉིས་འདི་ལྟར་རྫུ་འཕྲུལ་ཆེ་བ་།འདི་ལྟར་མཐུ་ཆེ་བ་།འདི་ལྟར་གཟི་བརྗིད་ཆེ་བ་ལ་ཡང་ལག་པས་འཛིན་ཅིང་ཉུག་བར་བྱེད་ཀུན་ཏུ་ཉུག་པར་བྱེད་དོ། །ཚངས་པའི་འཇིག་རྟེན་གྱི་བར་དུ ་སེམས་ཅན་རྣམས་ལ་ལུས་ཀྱི་དབང་སྒྲུབ་རོ་ཞེས་བྱ་བ་དག་།འཇིག་ཚོགས་འགོག་པ་མྱ་ངན་ལས་འདས་པ་ལ་སེམས་འཇུག་བར་བྱེད་།དད་པར་བྱེད་།ཀུན་ཏུ་གནས་པར་བྱེད་།རྣམ་པར་གྲོལ་བར་ཕྱིར་ཅེས་བྱ་བ་དང་།དགེ་སློང་དག་འདི་ལ་མིག་གི་དབང་པོ་བསུང་བའི་ཕྱིར ་དང་།སྤ་བའི་ཕྱིར་དང་།དུལ་པར་གནས་པར་བྱ་བར་ཕྱིར་དང་ཏུ་ཞུགས་པ་ཡིན་ནོ་ཞེས་བྱ་བ་དང། དགེ་སློང་ངག་དབང་པོ་ཁྲུག་པོ་འདི་དག་ཤིན་ཏུ་དུལ་བ་དང། ཤིན་ཏུ་སྤས་བ་དང། ཤིན་ཏུ་བསྲུངས་བ་དང། ཤིན་ཏུ་བསྡམ་བ་དང། ཤིན་ཏུ་བསྒོམས་བ་ནི་ཞེས་བྱ་བ་དང་།དེ ་བྱམས་པ་དང་ལྡན་བའི་སེམས་ཁོ་ན་མེད་པ། འགྲན་ཟླ་མེད་པ། གནོད་པ་མེད་པ། ཡངས་པ་།རྒྱ་ཆེན་པོར་གྱུར་པ། ཚད་མེད་པ། ཤིན་ཏུ་བསྒོམས་བས་ཕྱོགས་གཅིག་ཏུ་མོས་ཏེ་ཁྱབ་པར་བྱས་ནས་རྡོགས་པར་བྱས་ཏེ་གནས་སོ། །དེ་བཞིན་དུ་གཉིས་བ་དང་།དེ་བཞིན་དུ་གསུམ ་པ་དང་།དེ་བཞིན་དུ་བཞི་པ་དང། བླ་དང་འོག་དང་ཐད་དཀར་རྣམ་བ་ཐམས་ཅད་དུ་ཐམས་ཅད་དང་ལྡན་པའི་འཇིག་རྟེན་འདི་བྱམས་པ་དང་ལྡན་པའི་སེམས་ཁོ་ན་མེད་བ། འགྲན་ཟླ་མེད་པ། གནོད་བ་མེད་པ། ཡངས་པ། །རྒྱ་ཆེན་བོར་གྱུར་པ། ཚད་མེད་པ་ཤིན་ཏུ་བསྒོལ་ལས་བས་མོས ་ཏེ་ཁྱབ་པར་བྱས་ནས་རྫོགས་པར་བྱས་ཏེ་གནས་སོ་ཞེས་བྱ་བ་དང། བརྩོན་འགྲུས་བརྩམས་ཤིང་ཞུམ་པ་མེད་པ་ཡིན། ལུས་ཤིན་ཏུ་སྦྱངས་ཤིག་ཉེས་པར་བརྩམས་བ་མེད་པ་ཡིན་།དྲན་པ་ཉེ་བར་བཞག་ཅིང་ཀུན་ཏུ་རྨོངས་བ་མེད་བ་ཡིན། སེམས་མཉམ་པར་བཞག་ཅིང ་རྩེ་གཅིག་པ་ཡིན་ཞེས་བྱ་བ་དང་།དགེ་སློང་དགའ་དེ་ནི་སྡུག་བསྔལ་འཕགས་པའི་བདེན་པའོ། །ཞེས་སྔར་མ་ཐོས་པའི་ཆོས་རྣམས་ལ་ཚུལ་བཞིན་ཡིད་ལ་བྱེད་བ་ན་མིག་སྐྱེས་ཤིང། ཤེས་པ་དང་རིག་པ་དང་།བློ་སྐྱེས་པ་ཡིན་ནོ་ཞེས་བྱ་བ་དང་།དགེ་སློང་དག་འདི་ནི་བྱེད ་ལ་ཕན་པའི་ཕྱིར་དང། འདི་ནི་བདེ་བའི་ཕྱིར་དང། འདི་ནི་ཕན་པ་དང་།བདེ་བའི་ཕྱིར་ཞེས་བྱ་བ་དང། ཤིང་ཐགས་བཙུགས་པ་ནི་ཟབས་རིང། ལེགས་པར་བཙུགས་པ། བསྲབ་བརྟན་པ། མཁྲེགས་པ་དང་ལྡན་པ། མི་གཡོ་བ། མི་འཆགས་པ་ཡིན་ཞེས་བྱ་བ་དང་།དེས་ལོངས ་སྤྱོད་སྤྱོད་པ་དང་།བརྩོན་འགྲུས་ཀྱིས་ཐོབ་དེ་ལག་མཐུས་བསྒྲུབས་པ། རྡུལ་མེད་དྲི་མཆགས་ཆགས་སུ་བསྒྲུབས་པ། ཆོས་དང་ལྡན་པའི་ཆོས་ཀྱི་རྙེད་བ་ཞེས་བྱ་བ་དང་།ཡོན་དབུལ་བར་བྱེད་པ་ནི་ཚེ་ཕྱི་མ་ལ་འགྲོ་བ་གོང་མར་འགྱུར་བ་དང་།སྐལ་བ་བཟང་བོར་འགྱུར་བ་དང་།རྣམ་བར ་སྨིན་པ་བདེ་བར་འགྱུར་བ་དང། མཐོ་རིས་འགྲུབ་པར་བྱེད་པར་འགྱུར་བའོ་ཞེས་བྱ་བ་དང་།དགེ་སློང་ངས་བྱེད་ལ་སྐྱེས་བུ་དམ་པ་རྣམས་ཀྱི་འགྲོ་བ་བདུན་དང་།ལེན་པ་མེད་བར་མྱ་ངན་ལས་འདས་པ་བཤད་པར་བྱའོ། །སྐྱེས་བུ་དམ་བ་རྣམས་ཀྱི་འགྲོ་བ་བདུན་གང་ཞེ་ན། དགེ་སློང་བ ་འདི་ལ་དགེ་སློང་ནི་འདི་ལྟར་བདག་མ་བྱུང་ཡང་དུག་བདག་གི་མ་བྱུང་ཡང་རུང་།བདག་མི་འབྱུང་བར་འགྱུར་རོ། །བདག་གི་མི་འབྱུང་བར་འགྱུར་རོ་སྙམ་དུ་ཞུགས་བ་ཡིན་ནོ། །དེ་ལྟར་ན་གང་ཡོད་པ་དང། གང་བྱུང་བ་དེ་སྤོང་ངོ་སྙམ་དུ་བཏང་སྙོམས་ཐོབ་ལ་།དེ་ལ་ཆགས་བར་མི ་བྱེད་ཅིང་།དེའི་འོག་ཏུ་ཞི་བའི་སྒོ་འཕོར་གོང་མ་ལ་ཤེས་རབ་ཀྱིས་སོ་སོར་རྟོག་པར་བྱེད་དོ་ཞེས་བྱ་བ་དང། ཡོད་པ་ལ་ཡང་ཡོད་པ་ཉིད་དང་།མེད་པ་ལ་ཡང་མེད་པ་ཉིད་དང་།བླ་མ་དང་བཅས་པ་ལ་ཡང་བླ་མ་ཡང་བླ་ན་མེད་བ་ཉིད་དུ ་ཤེས་པར་འགྱུར་ཞེས་བྱ་བ་དང་།ལེགས་པར་མཐོང་བ་དང་།ལེགས་པར་རིག་པ་དང། ལེགས་པར་ཡིད་ལ་བྱས་པ་དང་།ལེགས་པར་བརྟན་པ་དང་།ལེགས་པར་རྟོག་པ་ཞེས་བྱ་བ་དང་།འདུན་པ་སྐྱེད་པར་བྱེད་།རྩོལ་བར་བྱེད་།བརྩོན་འགྲུས་རྩོམ་པར་བྱེད་།སེམས་རབ་ཏུ ་འཛིན་བར་བྱེད་།རབ་ཏུ་འཇོག་པར་བྱེད་དོ་ཞེས་བྱ་བ་དང་།འདུས་པ་དང་ལྡན་པ་ཚོགས་དང་ལྡན་པ་ཚོགས་དང་ལྡན་པ། ཚོགས་ཀྱི་སློབ་དཔོན་སྐྱེ་བོ་མང་པོས་ཞི་བའི་རང་བཞིན་དུ་ཀུན་ཏུ་ཤེས་པ་།ཚོགས་ཆེན་བོས་མདུན་གྱིས་བདར་བ་ཞེས་བྱ་བ་དང་།དོན་གྱི་ལྡན་ཆོས་འདི་ནི་ཟབ་པ། ཟབ་བར ་སྣང་བ་མཐོང་བར་དཀའ་བ། ཁོང་དུ་ཆུད་པར་དཀའ་བ། བརྟག་མི་ནུས་བ། རྟོག་པའི་སྤྱོད་ཡུལ་མ་ཡིན་པ། ཞིབ་མོ་བརྟགས་པའི་མཁས་པ་དང་།མཛངས་པས་རིག་པར་བྱ་བ་ཡིན་ནོ་ཞེས་བྱ་བ་དང་།དེ་བཞིན་གཤེགས་པས་ཕན་ཡོན་བཅུ་གཟིགས ་ནས་འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་འཆའ་བར་མཇད་དོ་ངོས་བཅུ་གང་ཞེ་ན་།འདི་ལྟ་སྟེ་།དགེ་འདུན་བསྡུ་བའི་ཕྱིར་དང་།དགེ་འདུན་ལེགས་པར་བྱ་བའི་ཕྱིར་དང་།དགེ་འདུན་ལེགས་པར་བྱ་བའི་ཕྱིར་དང་།དགེ་བདུན་བའི་བྱིད?་བར་བྱ་བའི་ཕྱིར་དང། མངོན་པར་མདང་པ་རྣམས་དང་པར་བྱ་བའི ་ཕྱིར་དང། མངོན་པར་དང་པ་རྣམས། ཕྱིར་ཞིང་འབྱུང་བར་བྱ་བའི་ཕྱིར་དང་།གང་ཟག་གནོད་མི་བསྐུར་བ་རྣམས་ཆེར་གཅད་བའི་ཕྱིར་དང། ངོ་ཚ་ཤེས་པ་རྣམས་བདེ་བར་གནས་པར་བྱ་བའི་ཕྱིར་དང་།མཐོང་བའི་ཆོས་ཀྱི་ཟག་པ་རྣམས་བསྡམ་པའི་ཕྱིར་དང་།ཚེ་དག ་ཕྱི་མའི་ཟག་བ་རྣམས་བཟློག་པའི་ཕྱི་དང། ཚངས་པར་སྤྱོད་པ་རྗེས་སུ་བཟུང་བའི་ཕྱིར་དང་།ཚངས་པར་སྤྱོད་བ་ཡུན་རིང་དུ་གནས་བར་བྱ་བའི་ཕྱིར་དེའི་ཚངས་པར་སྤྱད་བ་སྤྱོད་བ་ཡུན་རིང་དུ་གནས་པར་འགྱུར་བ་དང་།སྐྱེ་བོ་མང་བོ་ལ་ཕན་པ་དང་།རྒྱས་པ་དང་།ལྷ་དང ་མི་རྣམས་ཀྱི་བར་དག་ལ་ཡང་དག་པར་ལེགས་པར་རབ་ཏུ་བསྟན་བའོ་ཞེས་བྱ་བ་དང་།དགེ་སློང་དགྲ་བཅོམ་བ་ཟག་བཟད་བ་སྡུག་བསྔལ་གང་ཡིན་བདེ་འགག་བ་དང་།དེ་ཉེ་བར་ཞི་བ་དང། །དེ་བསིལ་བར་གྱུར་པ་དང་།དེ་ནུབ་པ་ཞེས་བྱ་བ་དང་།བྲམ་ཟེ་དེ་སོམ་ཉི་མེད་ཅིང་འགྱོད ་པ་ཆད་པ་དང་།འབྱུང་བ་དང་།འཇིག་པ་ལ་སྲེད་པ་དང་བྲལ་བ་དང། ཆགས་པ་རྒྱས་པར་མི་འགྱུར་བ་ཡིན་ཞེས་བྱ་བ་དང། དགེ་སློང་དག་མི་རྟག་པའི་འདུ་ཤེས་བསྒོམས་ཤིག་།དགེ་སློང་དག་མི་རྟག་པའི་འདུ་ཤེས་ཀུན་ཏུ་བསྟེན་ཅིང་བསྒོམས་ལ་ལན་མང་དུ ་བྱས་པ་དང་།འགྲོད་པར་བྱས། རྟེན་དུ་བྱས་།ནན་ཏན་ཏུ་བྱས་འདི་ཤིན་ཏུ་རྫོགས་པར་བྱས་ལ་ལེགས་པར་བརྩམས་པ་ནི་འདོད་པའི་འདོད་ཆགས་ཐམས་ཅད་ཡང་དག་པར་འཇོམས་ཤིང། གཟུགས་ཀྱི་འདོད་ཆགས་ཐམས་ཅད་དང། གཟུགས་མེད་པའི་འདོད་ཆགS ་ཐམས་ཅད་དང། །རྒོད་པ་དང་།ང་རྒྱལ་དང་།མ་རིག་བ་ཐམས་ཅད་ཡང་དག་པར་འཇོམས་ཏེ་།དབེར་ན་ཁྱིམ་བདག་ཞིང་པར་བྱར་འདས་ནས་སྟོན་གྱི་དུས་ཀྱི་ཚེ་བ་ཤོལ་ཆེན་པོས་ཞིང་རྣམས་རྨེད་?་རྨེད་པ་ན་རམ་བའི་རྩ་རྒྱུས་ཐམས་ཅད་གཅོད་བར་བྱེད་།ཀུན་ཏུ་སྦྱོང་བར་བྱེད། ་མངོན་དུ་གཅོད་བར་བྱེད་པ་དེ་བཞིན་དུ་།དགེ་སློང་དག་མི་རྟག་པའི་འདུ་ཤེས་ཀུན་ཏུ་བརྟེན་ཅིང་སྔ་མ་བཞིན་དུ་ང་རྒྱལ་དང་མ་རིག་པའི་བར་དུ་ཡང་དག་པར་འཇོམས་སོ། །དགེ་སློང་དག་དཔེར་ན་མི་རྩཝ་བ་ལ་བཇབ?་ཞིག་རྩཝ་བ་ཇེ་ཆུང་ཞིང་ཉུང་ལ་མི་མང་བོ་ཤེས ་ཤིག་མཆོག་མ་ནས་བཟུང་སྟེ། སྤྲག་ཅིང་བར་བུར་ཐམས་ཅད་སེལ་བར་བྱེད་བ་དེ་བཞིན་དུ་མི་རྟག་པའི་འདུ་ཤེས་ཀུན་ཏུ་བསྟེན་ཅིང་ཞེས་བྱ་བ་ནས། ང་རྒྱལ་དང་།མ་རིག་བའི་བར་དུ་ཡང་དག་པར་འཇོམས་སོ། །དཔེར་ན་ཤིང་ཐོགས་མ་མའི་དོཌ?་ལམ་མྲ་?་ཡོད་བ་དེ་ཐམས་ཅད་ནི་རྩ ་རྒྱུས་དང་ལྡན་པ་།རྩ་རྒྱུས་ལ་བརྟེན་བ། རྩ་རྒྱུས་དང་འབྲེལ་པ། རྩ་རྒྱུས་སུ་འདྲ་བ། རྩ་རྒྱུས་དན་མ་བྲལ་བདག་ཡིན་ཞིང་དེ་དག་ལས་འབྱུང་བ་དེ་བཞིན་དུ་མི་རྟག་པའི་འདུ་ཤེས་ཀུན་ཏུ་བརྟན་ཅིང་སྟེ་སྔ་མ་བཞིན་ནོ། །དཔེར་ན་གཙང་ཁང་ཕྱུར་བུའི་ཕྱམ་དགུ་པོ་གང་ཇི་སྙེད་བདེ་ཐམས་ཅད་ནི་སྤྱི ་རྟེན་ལ་གནས། སྤྱི་རྟེན་ལ་བརྟེན་།སྤྱི་རྟེན་ལ་རག་ལས། །སྤྱི་རྟེན་ལ་གཞོལ་བས་སྤྱི་རྟེན་ནི་དེ་རྣམས་ཀྱི་མཆོག་ཡིན་པར་བསྟེན་ཏེ་།འདི་ལྟ་སྟེ་ཀུན་ཏུ་འཛིན་པའི་ཕྱིར་རོ། །དེ་བཞིན་དུ་མི་རྟག་པའི་འདུ་ཤེས་ཀྱང་སྔ་མ་བཞིན་ནོ། །དཔེར་ན་སྲོག་ཆགས་རུང་འགྲོའི་སྐྱེ་གནས་སུ་གཏོགས་བའི ་འགྲོ་བ་རྣམས་རྗེས་གང་ཇི་སྙེད་བར་དག་ཐམས་ཅད་གླང་པོའི་ཆེའི་རྗེས་སུ་འདུས་ཤིང་ཁོངས་སུ་ཆུད་བས་གླང་པོ་ཆེའི་རྗེས་ནི་དེ་རྣམས་ཀྱི་མཆོག་ཏུ་བསྟན་ཏེ་།འདི་ལྟ་སྟེ་།ཆེ་བ་ཉིད་ཀྱི་ཕྱིར་རོ། །དེ་བཞིན་དུ་མི་རྟག་པའི་འདུ་ཤེས་སྔ་མ་བཞིན་ནོ། །དཔེར་ན་འཛམ་བུའི་གླིང་དུ་འབབ་ཆུ ་གང་ཇི་སྙེད་པ་དེ་དག་ཐམས་ཅད་ནི་རྒྱ་མཚོར་གཞོལ་བ། རྒྱ་མཚོར་འབབ་བ་ཡིན་།རྒྱ་མཚོ་འབབ་པ་ཡིན་པས་རྒྱ་མཚོ་ནི་དེ་རྣཾས་ཀྱི་མཆོག་ཡིན་པར་བསྟེན་ཏེ་།འདི་ལྟ་སྟེ་།ཀུན་ཏུ་སྡུད་བའི་ཕྱིར་རོ། །དེ་བཞིན་དུ་མི་རྟག་པའི་འདུ་ཤེས་ཀྱང་སྔ་མ་བཞིན་ནོ། །དཔེར་ན། གནམ་ལས་ཉི་མ་ཤར ་བ་ནི་གནམ་ལ་ཡག་པའི་མུན་པ་ཐམས་ཅད་འོད་གྱིས་མནན་ནས་ལྷ་གམ་མི་ལྷན་ནི་ལྟར་དེའོ། །དེ་བཞིན་དུ་མི་རྟག་པའི་འདུ་ཤེས་ཀྱང་སྔ་མ་བཞིན་ནོ། །དཔེར་ན་ལ་ལོར་ལོས་སྒྱུར་བའི་རྒྱལ་པོ་ནི་ཁམས་ཀྱི་རྒྱལ་པོ་གང་ཇི་སྙེད་བ་དེ་རྣམས་ཀྱི་མཆོག ་ཡིན་ཏེ་།འདི་ལྟ་སྟེ། དབང་བྱེད་པ་ཉིད་ཀྱིས་སོ། །དེ་བཞིན་དུ་མི་རྟག་པའི་འདུ་ཤེས་ཀུན་ཏུ་བརྟེན་ཅིང་བསྒོམས་ལ་ལན་མང་དུ་བྱས་པ་དང་།བགྲོད་བར་བྱས་།རྟེན་དུ་བྱས་།ནན་ཏན་དུ་བྱས་ཤིང་ཤིན་ཏུ་རྫོགས་པར་བྱས་ལ། ལེགས་པར་བརྩམས་པ་ནི་འདོད་བའི་འདོད ་ཆགས་ཐམས་ཅད་ཡང་དག་པར་འཇོམས་ཤིང་།གཟུགས་ཀྱི་འདོད་ཆགས་ཐམས་ཅད་དང་།གཟུགས་མེད་པའི་འདོད་ཆགས་ཐམས་ཅད་དང་།རྒོད་པ་དང་།ང་རྒྱལ་དང་།མ་རིག་པ་ཐམས་ཅད་ཡང་དག་བར་འཇོམས་སོ། །སྡོམ་ནི། ཞིང་པ་དང་ནི་གྲས་མ་བརྡ། །དོག་པ་དང ་ནི་སྤྱི་རྟེན་དང། །རྗེས་དང་འབབ་ཆུ་ཉི་མ་དང། །བརྒྱད་པ་རྒྱལ་པོ་ཡིན་པར་འདོད་ཅེས་བྱ་བ་དང་།ཆེ་དང་ལྡན་པ་དག་དགེ་སློང་ཆོས་སྨྲ་བ་པོས་ཆོས་ཀྱི་གཏམ་བྱེད་བ་ན་རྣམ་པ་ཉི་ཤུ་པོ་འདི་དག་དང་ལྡན་པས་གཏམ་བྱ་སྟེ། དུས་སུ་དང་།གུས་བ་དང་།གོ་རིམས་དང་།མཚམS ་སྦྱར་བ་དང་།རྗེས་སུ་མཐུན་བ་དང་།དགའ་བར་བྱ་བ་དང་།འདོད་པར་བྱ་བ་དང་།མགུ་བར་བྱ་བ་དང་།སྤྲོ་བ་བསྐྱེད་པ་དང་།མི་སྨད་བ་དང་།རིགས་པ་དང་།འབྲེལ་པ་དང་།མ་འདྲེས་པ་དང་།ཆོས་དང་ལྡན་བ་དང། འཁོར་ཇི་ལྟ་བ་བཞིན་དང་།བྱམས་པའི་ཨེམས་དང་།ཕན་པའི ་སེམས་དང་།སྙིང་རྩེ་བའི་སེམས་དང། རྙད་པ་དང་བཀུར་སྟི་དང་།ཚིགས་སུ་བཅད་པ་ལ་མི་བརྟེན་པ་དང་།གཏམ་དེ་དག་བརྗོད་པ་ན་བདག་ལ་བསྟོད་པར་ཨི་བྱ་ཞིང་།གཞན་ལ་སྨད་པར་མི་བྱ་ལ་གཏམ་ཡང་བྱ་བ་སྟེ་།རྣམ་པ་ཉི་ཤུ་ཕོ་འདི་དག་དང་ལྡན་བས་གཏམ་བྱའོ་ཞེས ་བྱ་བ་དང་།ཚེ་དང་ལྡན་པ་དག་ཆོས་ཉན་པར་འདོད་པས་ནི་རྣམ་པ་བཅུ་དྲུག་དང་ལྡན་པས་ཆོས་ཉན་པར་བྱ་སྟེ། དུས་སུ་ཆོས་ཉན་པར་བྱ་བ་དང་།གུས་པ་དང་།ཉན་བར་གུས་པ་དང་།མ་རངས?་བ་མེད་པ་དང་།སྒོ་བ་བཞིན་བྱེད་པ་དང་།ཀླན་ཀ་མི་འཚོལ་བ་དང་།ཆོས་ལ་གུས ་ཉེ?་བར་བཞག་བ་དང་།གང་ཟག་ཆོས་སྨྲ་བ་ལ་གུས་བ་ཉེ་བར་བཞག་བ་དང་།ཆོས་ལ་བརྙས་པ་མེད་པ་ཉིད་དང་།གང་ཟག་ཆོས་སྨྲ་བ་ལ་བརྙས་པ་མེད་པ་ཉིད་དང་།བདག་ཉིད་ལ་བརྙས་པ་མེད་པ་ཉིད་དང་།ཀུན་ཏུ་ཤེས་པར་བྱ་བའི་སེམས་དཔའ་སེམས་རྩེ་གཅིག་ཏུ་བྱ་བ་དང། ་རྣ་བླགས་པ་དང་།སེམས་ཀུན་ཏུ་བཏུད་པ་དང་།སེམས་ཐམས་ཅད་ཀྱིས་བསམས་ནས་ཆོས་མཉན་པར་བྱ་སྟེ། ཚེ་དང་ལྡན་པ་རྣམ་པ་བཅུ་དྲུག་པོ་འདི་དག་དང་ལྡན་པས་ཆོས་མཉན་པར་བྱའོ་ཞེས་བྱ་བ་དང་།གསུང་གསལ་བ་དང་སྙན་ཅིང་འཇིགས་པ་དང་།རྣམ་པར་གསལ་བ ་དང་།རྣམ་པར་ཤེས་པར་བྱ་བ་དང་།མཉན་པར་འདོད་པ་དང་།མི་བརྟེན་པ་དང་།མི་མཐུན་པ་མེད་པ་དང་།ཡོངས་སུ་གཏུགས་མེད་པས་ཆོས་སྟོན་པར་མཛད་དོ་ཞེས་བྱ་བ་དང། དེ་ནས་ཚེ་དང་ལྡན་པས་དག་དགེ་སློང་རབ་ཏུ་མང་པོ་དག་རིམ་གྲོའི་གནས་སུ་ཚོགས་ཤིང་འདུས་པར ་གྱུར་པ་དག་ལ་སྐང་གསལ་བ་དང། སྙན་ཅིང་འཇེབས་པ་དང། རྣམ་པར་གསལ་བ་དང། རྣམ་པར་ཤེས་པར་བྱ་བ་དང། མཉན་པར་འོས་པ་དང། མི་རྟན་པ་དང་མི་མཐུན་པ་མེད་པ་དང། ཡོངས་སུ་གཏུགས་པ་མེད་པར་ཆོས་སྟོན་བར་བྱད་པ་དང། དེ་ལ་དགེ་སློང་དེ་དག་གིས ་བཀུར་སྟིར་བྱས། བླ་མར་བྱས། མཆོད་པར་བྱས། ཡིད་ལ་བྱས། སེམས་རྩེ་གཅིག་ཏུ་བྱས་ཏེ་།རྣ་བླགས་ཤིང་སེམས་ཐམས་ཅད་ཀྱི་བསམས་ནས་ཆོས་ཉན་པར་བྱེད་དོ་ཞེས་བྱ་བ་དང་།ཆོས་མངོན་པ་དང་འདུལ་བ་མངོན་པ་ལས་དྲི་བ་དྲིས་བ་ཡང་ཤེས་ཤིང་།ཚིག་དང་ཡིག ་འགྲུ་རིག་པ་དང་།འབྲེལ་བ་དང་།རྗེས་སུ་མཐུན་པ་དང་།འབྱོར་པ་དང་།ཐབས་དང་།ལྡན་པ་དང་འཚམས་པ་དང་།མཐུན་པ་དང་།རྟགས་འགྲུས་སྐྱོང་གི་ཡན་ལག་གི་ཚོགས་རྣམས་ཀྱི་ལན་ལྡོན་པར་བྱེད་དོ་ཞེས་བྱ་བ་དང་།དགེ་སློང་དག་གཏམ་ལ་འཇུག་བར་བྱ་སྟེ་།འདུན་བ་དང ་ཞེ་སྡང་དང་ང་རྒྱལ་དང་།འཆབ་པ་དང་།ཀུན་ནས་མནང་སེམས་དང་།མི་བཟོད་པ་དང་།ཡིད་མཆིས་པ་དང་།སྤངས་ལ་སེམས་ཀྱི་ཐ་བ་དང་།འཐབ་པའི་གཞི་ཡང་པོར་ཏེ་ལྟ་བའི་ཡོངས་སུ་གདུང་བ་ཡང་བསལ་ནས་ཧ་ཅང་སྨྲ་བར་ཡང་མི་བྱ་ཞིང་།འགལ་རབས་ཅན་དུ་ཡང་མི་བྱ ་ལ། ཚིག་རྩུབ་པོ་སྨྲ་བར་མི་བྱ་སྟེ་།དོན་དང་ཆོས་བསྟན་པར་བྱ། ཀུན་ཤེས་པར་བྱ། ཡང་དག་པར་ཤེས་པར་བྱ། ངེས་པར་ཤེས་པར་བྱ། ངེས་པར་སེམས་སུ་ཞུགས་པར་བྱ་ཞིང་མགུ་བར་བྱ། ཡང་དག་པར་མགུ་བར་བྱ། ་ཡོངས་སུ་མགུ་བར་བྱ་ལ། དད་པར་བྱ་ཞིང་དད་པ་བསྐྱེད་པར་བྱ་སྟེ། འཕགས་པ་རྣམས་ནི་དེ་ལྟར་བརྗོད་ཅིང་།འཕགས་བ་རྣམས་ཀྱི་བརྗོད་བ་ནི་དེ་ལྟ་བུ་ཡིན་ནོ་ཞེས་བྱ་བ་དག་དགེ་སློང་དག་བདག་ཉིད་གླིང་དུ་འགྱུར་བ་དང་།བདག་ཉིད་སྐྱབས་སུ་འགྱུར་བ་དང། ་ཆོས་གླིང་དུ་འགྱུར་བ་དང་།ཆོས་སྐྱབས་སུ་འགྱུར་བ་དང་།གླིང་གཞན་མ་ཡིན་པ་དང་།སྐྱབས་གཞན་མ་ཡིན་པར་གནས་པར་གྱིས་ཤིག་ཅེས་བྱ་བ་དང་།དགེ་སློང་དག་ལོག་པའི་ལྟ་བ་སྤོངས་ཤོག་།དེ་ཅིའི་ཕྱིར་ཞེ་ན་།དགེ་སློང་ལོག་པར་ལྟ་བ་ནི་སྤངས་པར ་རུང་བས་སོ། །དགེ་སློང་དག་གལ་ཏེ་ལོག་པར་ལྟ་བ་སྤོངས་ཤིག་ཅེས་པ་མི་ཟེར་བ་ཞིག་ན། གང་གི་ཕྱིར་ལོག་བར་ལྟ་བ་སྤང་དུ་རུང་བ་དེའི་ཕྱིར་དགེ་སློང་དག་ལོག་པར་ལྟ་བ་སྤོངས་ཤིག་ཅེས་པ་དེ་སྐད་ཟེར་རོ། །དགེ ་སློང་དག་ལ་ཏེ་ལོག་པར་ལྟ་བ་སྤངས་པས་དུས་རིང་པོར་དོན་མེད་པ་དང། མི་ཕན་པ་དང་།སྡུག་བསྔལ་བ་འགྲུབ་པར་འགྱུར་བ་ནི་ལོག་པར་ལྟ་བ་སྤོངས་ཤིག་ཅེས་དེ་སྐད་མི་ཟེར་བ་ཞིག་ན། གང་གི་ཕྱིར་ལོག་བར་ལྟ་བ་སྤངས་བས་དོན་དང་ཕན་པ ་དང་།བདེ་བ་འགྲུབ་པར་འགྱུར་བ་དེའི་ཕྱིར་དགེ་སློང་དག་ལོག་པར་ལྟ་བ་སྤོངས་ཤིག་ཅེས་དེ་དེ་སྐད་ཟེར་རོ་ཞེས་བྱ་བ་དང། དགེ་སློང་དག་གང་ཟག་གིས་གང་ཟག་ལ་ཚོར་མ་གཟུང་ཞིག་གང་ཟག་ལ་ཚད་མ་འཛིན་ཅིག་།དེ་ཅིའི་ཕྱིར་ཞེ་ན། གང་ཟག་གི ་གང་ཟག་ལ་ཚོད་འཛིན་པ་དང་།གང་ཟག་ལ་ཚད་འཛིན་བ་ནི་གནོད་པར་འགྱུར་ཏེ། ད་འམ་ད་འདྲ་བ་གང་ཡིན་བས་གང་ཟག་ཚོད་བཟུང་བ་འམ་ཚད་འཛིན་པ་ཡིན་ནོ་ཞེས་བྱ་བ་དང་།དེ་འདི་སྙམ་དུ་ཀྱེ་མ་བདག་གི་འདི་ལྟ་སྟེ། །ལུས་དང་ངག་དང་མིང ་ཀྱིས་སྡིག་པ་བྱས་ཤིང་།ཀྱེ་མ་བདག་གི་འདི་ལྟ་སྟེ། ལུས་དང་ངག་དང་ཡིད་ཀྱིས་བསོད་ནམས་མ་བྱས་པས་སྡིག་པ་བྱེད་བྱེད་པ་རྣམས་དང་།དྲག་ཤུལ་བྱེད་བྱེད་པ་རྣམས་དང་།གདུག་པ་བྱེད་བྱེད་བ་རྣམས་དང་།བསོད་ནམས་མ་བྱས་པ་རྣམས་དང་།དགེ་བ་མ་བྱས་པ་རྣམས ་དང། འཇིགས་པས་བག་ཚ་བ་རྣམས་དང་སྐྱོབ་བ་མ་བྱ་བ་རྣམས་ཀྱི་འགྲོ་བ་གང་ཡིན་པའི་འགྲོ་བ་དེ་དག་ཏུ་འགྲོ་བར་འགྱུར་རོ། །སྙམ་དུ་སེམས་ནས་ཡིད་ལ་བཅགས་བ་འབྱུང་སྟེ། དགེ་སློང་དག་གང་ཟག་ཡིད་ལ་གཅགས་པའི་འཆི་བ་ནི་བཟང་པོ་མ་ཡིན་ལ། འདུ་བྱེད ་བ་ནི་བཟང་པོ་མ་ཡིན་ཞིང་ཚེ་ཕྱི་མར་འགྲོ་བ་ཡང་བཟང་བོ་མ་ཡིན་ནོ་ཞེས་བྱ་བ་དང་།དགེ་སློང་དག་གསོན་པོ་རྣམས་ལས་གཉིད་ལོག་བ་ནི་བརྫུན་པ་དང། ཤིན་ཏེ་མ་དང། འབྲས་བུ་མེད་བ་དང་།དོན་མེད་པ་དང་།ཕན་ཡོན་མེད་པ་ཡིན་གྱིས་ཀྱང་།དགེ་སློང་དག་གཉིད ་ལོག་བ་ནི་སླའི་།འཐབ་མོ་དང་།འཚང་འབྲུ་བ་དང་།རྩོད་པ་དང་།འགྱེད་པ་གང་དག་སྐྱེ་བོ་མང་པོ་ལ་མི་ཕན་པ་དང། དོན་མེད་པར་འགྱུར་བ་དང་།ལྷ་དང་མི་རྣམས་ལ་མི་གནས་པ་དང་།སྡུག་བསྔལ་བར་འགྱུར་བའི་རྣམ་པར་རྟོག་པ་གང་ལ་བརྟེན་ནས་ཆགས་པ་དང་།འཐབ ་མོ་དང། འཚང་འབྲུ་བ་དང་།རྩོད་པ་དང། འགྱེད་པར་འབྱུང་བའི་རྣམ་པར་རྟོག་པའི་རྣམ་པར་བརྟག་པ་ནི་དེ་ལྟ་བུ་མ་ཡིན་ནོ་ཞེས་བྱ་བ་དང། །དགེ་སློང་དུ་བྱེད་པའི་ཆོས་བཞི་ནི་གཤེ་ཡང་སླར་མི་གཤེ་ཁྲོས་ཀྱང་སྤང་མི་ཁྲོ། བརྡེགས་ཀྱང་སླང་མི་བརྡེག་།འཚང་བྲུས ་ཀྱང་སླར་འཚང་མི་འབྲུ་བའོ་ཞེས་བྱ་བ་དང་།འདི་ལ་འཕགས་པ་ཉན་ཐོས་ནི་བདག་ཉིད་ཀྱི་ཚུལ་ཁྲིམས་དག་ལ་ཚུལ་ཁྲིམས་འདི་དག་ནི་མཉཾས་པ། སྐྱོན་མེད་པ། འདྲེན་མ་དམ་གྱུར་པ། ཐུན་ཚགས་མ་ཡིན་པ། རང་དབང་ཅན། ནོག་ནོག་བོར་མ་གྱུར་པ་།ལེགས་བྱང་ཆུབ ་པ། ལེགས་པར་བརྩམས་པ་།མཁས་བ་རྣམས་ཀྱིས་བསྔགས་པ་།མཁས་པ་རྣམས་ཀྱིས་མ་སྨད་པ་ཡིན་ནོ་ཞེས་བྱ་བ་རྣམ་བ་ཡང་དག་བ་རྗེས་སུ་དྲན་ན?་ཞེས་བྱ་བ་དང་།དགེ་སློང་དག་གང་ཟག་བདེན་བ་མཐོང་བ། འབྲས་བུ་ཐོབ་པ་།མངོན་པར་རྟོག་པ་དང་ལྡན་པའི་སྡུག ་བསྔལ་ནི་རྫིང་བུ་ལ་བརྟེན་པའི་ཆུ་ཇི་ཙམ་ཡོད་བ་དེ་སྙེད་ཙཾ?་ཞིག་ཡོད་དེ་སྤངས་པ་དང་ཡོངས་སུ་ཤེས་པ་སྟེ་ཞེས་བྱ་བ་དང། དགེ་སློང་དག་གསུམ་པོ་འདི་དག་ནི་ནང་གི་དྲི་མ་ཡིན། ནང་གི་འདྲ་ཟླ་དང་བཅས་པ་ཡིན། ནང་གི་ཕྱིར་རྒོལ་བ ་ཡིན། ནང་གི་དགྲ་བོ་ཡིན་ནོ། །གསུམ་གང་དག་ཅེ་ན། དགེ་སློང་དག་འདོད་ཆགས་ནི་ནང་གི་དྲི་མ་ཡིན། ནང་གི་འགྲན་ཟླ་དང་བཅས་པ་ཡིན། ནང་གི་ཕྱིར་རྒོལ་བ་ཡིན། ནང་གི་དགྲ་པོ་ཡིན་ནོ། །འདོད་ཆགས་ཇི་ལྟ་བ་བཞིན་དུ་ཞེ་སྡང་དང། གཏི་མུག ་ཀྱང་དེ་བཞིན་ནོ་ཞེས་བྱ་བ་དང། དགེ་སློང་དག་མིག་ནི་སྐྱེ་བུའི་རྒྱ་མཚོ་ཡིན་ཏེ། དེ་ལས་གཟུགས་ལས་བྱུང་བའི་ཤུགས་དག་ལས་འབྱུང་ངོ། །གང་ཞིག་གཟུགས་ལས་བྱུང་བའི་ཤུགས་དེ་བཟོང་པ་དེ་ནི་མིག་གི་རྒྱ་མཚོ་དཔའ་རླབས་དང་བཅས་པ་།གློག ་དང་བཅས་པ། འཛིན་ཁྲི་དང་བཅས་པ། སྲིན་པོ་དང་བཅས་པ་ལས་བརྒལ་བ་ཡིན་ནོ་ཞེས་བྱ་བ་དང། ཤེས་རབ་མྱུར་བ། ཤེས་རབ་མགྱོགས་པ། ཤེས་རབ་རྣོ་བ། ངེས་པར་འབྱུང་བའི་ཤེས་རབ་ཅན། ངེས་པར་འབྱེད་པའི་ཤེས་རབ་ཅན། ཤེས་རབ་ཆེ་བ། ་ཤེས་རབ་ཡངས་པ། ཤེས་རབ་ཟབ་པ། ཤེས་རབ་མཉམ་པ་མེད་པ། ཤེས་རབ་རིན་པོ་ཆེ་དང་ལྡན་པ་ཞེས་བྱ་བ་དང། འདི་ལ་འཕགས་པ་ཉན་ཐོས་ཐོས་པ་དང་ལྡན་པ་ནི་བདག་ནི་སྐྱེ་དགུ་སེར་སྣའི་དྲི་མས་ཀུན་ནས་དཀྲིས་པ་རྣམས་ལས་སེམས་སེར་སྣའི ་དྲི་མ་དང་བྲལ་བས་ལྷག་པར་གཏོང་བ་དང། ལག་རྐྱང་བ་དང། རྣམ་པར་གཏོང་བ་ལ་དགའ་བ་དང། སྦྱིན་པ་ལ་རྒྱུན་མི་འཆད་པ་དང། གཏོང་བ་ཕུན་སུམ་ཚོགས་པ་དང། སྦྱིན་པ་ལ་འགེད་པར་དགའ་བས་ཁྱིམ་ན་གནས་པ་ནི་བདག་གི་རྙེད་པ་ལེགས་པར་རྙེད་དོ་ཞེS ་སྦྱིན་པར་བྱ་བཱི་ཆོས་ཀྱི་རྣ་བ་ཡང་དག་པར་རྗེས་སུ་དྲན་ནོ་ཞེས་བྱ་བ་དང། དེ་ལ་རིགས་ཀྱི་བུ་དགའ་བོའི་ཟས་ལ་ཚད་ཟིན་པ་ནི་འདི་ཡིན་ཏེ་དགེ་སློང་དག་རིགས་ཀྱི་བུ་དགའ་པོ་ནི་ལོངས་པའི་ཕྱིར་མ་ཡིན། རྒྱགས་པའི་ཕྱིར་མ་ཡིན། ཆེ་བའི་ཕྱིར་མ་ཡིན། བརྒྱན་པའི་ཕྱིར་མ་ཡིན་གྱི། ་ལུས་འདི་ཁོ་ན་གནས་པར་བྱ་བའི་ཕྱིར་དང། གསོ་བའི་ཕྱིར་དང། བཀྲེས་པ་དང་བྲལ་བའི་ཕྱིར་དང། ཚངས་པར་སྤྱོད་པ་རྗེས་སུ་བཟུང་བའི་ཕྱིར་ཏེ། དེ་ལྟ་བུས་ཚོར་བ་རྙིང་ནི་གཞི་ལ་བར་བྱ་ལ། ཚོར་བ་གསང་ནི་མི་སྐྱེ་བར་བྱས་ན། བདག་འཚོ་བ་དང། སྟོབས་དང། བདེ་པ་དང། ཁ་ན་མ། ་ཐོ་བ་མེད་པ་དང། རེག་པར་གནས་པར་འགྱུར་རོ་ཞེས་སོ་སོར་བརྟགས་ནས་ཟས་ཟའོ། །དཔེར་ན་སྐྱེས་བུ་ཤིང་རྟ་བས་མངར་མ་འབྲུ་མར་གྱིས་ཤིང་ལ་སྐུད་པར་བྱེད་ན། ལོངས་པའི་ཕྱིར་མ་ཡིན། རྒྱགས་པའི་ཕྱིར་མ་ཡིན། ཆ་བའི་ཕྱིར་མ་ཡིན། བརྒྱན་པའི་ཕྱིར་མ་ཡིན་གྱི ་ཁལ་ཁོན་ཐེག་པའི་ཕྱིར་ཡིན་ནོ། །སྐྱེས་བུ་རྨས་གཟིར་པ་ཡང་ཡང་རམ་འབྲུ་མར་གྱིས་རྨལ་བསྐུང་བ་ན། ལོངས་པའི་ཕྱིར་མ་ཡིན་གྱི། རྒྱགས་པའི་ཕྱིར་མ་ཡིན། ཆ་པའི་ཕྱིར་མ་ཡིན། བརྐྱན་པའི་ཕྱིར་མ་ཡིན་གྱི། རྨ་ཁོ་ན་གོས་པའི་ཕྱིར་ཡིན་ནོ། །དེ་བཞིན་དུ་རིགས་ཀྱི་བུ་དགའ་བོ ་ཡང་ལོངས་པའི་ཕྱིར་མ་ཡིན། རྒྱགས་པའི་ཕྱིར་མ་ཡིན། ཆ་བའི་ཕྱིར་མ་ཡིན། བརྒྱན་པའི་ཕྱིར་མ་ཡིན་གྱི། ལུས་འདི་ཁོ་ན་གནས་པར་བྱ་བའི་ཕྱིར་དང། གསོ་བའི་ཕྱིར་དང། བཀྲེས་པ་དང་བྲལ་བར་བྱ་བའི་ཕྱིར་དང། ཚངས་པར་སྤྱོད་པ་རྗེས་སུ་བཟུང་པའི་ཕྱིར་ཏེ། དེ་ལྟ ་བུས། ཚོར་བ་རྙིང་ནི་གཞིལ་བར་བྱ་ལ། ཚོར་བ་གསར་ནི་མི་སྐྱེ་བར་བྱས་ན། བདག་འཚོ་བ་དང། སྟོབས་དང། བདེ་བ་དང། ཁ་ན་མ་ཐོ་བ་མེད་པ་དང། རེག་པར་གནས་པར་འགྱུར་རོ་ཞེས་སོ་སོར་བརྟགས་ནས་ཟས་ཟའོ་ཞེས་བྱ་བ་དང། དེ་ལ་རིགས་ཀྱི་བུ་དགའ་བོ་དྲན་པ ་དང། ཤེས་བཞིན་མཆོག་དང་ལྡན་པ་ནི་འདི་ཡིན་ཏེ། དགེ་སློང་དག་རིགས་ཀྱི་བུ་དགའ་པོ་ནི་གལ་ཏེ་ཤར་ཕྱོགས་སུ་རྣམ་པར་ལྟ་ན་སེམས་ཐམས་ཅད་ཀྱིས་བསམས་ནས་རྣམ་པར་ལྟའོ། །དེ་དེ་ལྟར་རྣམ་པར་ལྟ་བ་ན་བརྣབ་སེམས་དང། ཡིད་མི་བདེ་བ་དང། སྡིག་པ་མི་དགེ ་བའི་ཆོས་རྣམས་སེམས་ལ་རྗེས་སུ་མི་འཇིག་པར་འགྱུར་ལ། གལ་ཏེ་ལྟོ་དང་ནུབ་དང་བྱང་ཕྱོགས་སུ་རྣམ་པར་ལྟ་ན་ཡང་སེམས་ཐམས་ཅད་ཀྱིས་བསམས་ཏེ་རྣམ་པར་ལྟའོ། །དེ་དེ་ལྟར་རྣམ་པར་ལྟ་བ་ན་སྔ་མ་བཞིན་དུ་སེམས་ལ་རྗེས་སུ་མི་འཛག་པའི་བར་དུ་འགྱུར་ཏེ། དགེ་སློང ་དག་རིགས་ཀྱི་བུ་དགའ་པོའི་ཚོ་བ་ཡང་ཤེས་བཞིན་དུ་སྐྱེ། ཤེས་བཞིན་དུ་གནས། ཤེས་བཞིན་དུ་ནུབ་པ་དང། ཟད་པ་དང་གཏུགས་པར་འབྱུང་ལ། འདུ་ཤེS་ཀྱང་ཤེS་བའི་མ་དུ་སྐྱེ། ཤེས་བཞིན་དུ་གནས། ཤེས་བཞིན་དུ་ནུབ་པ་དང། ཟད་པ་དང ་གཏུགས་བར་འགྱུར་རོ་ཞེས་བྱ་བ་དང། དགེ་སློང་དག་རྒྱལ་པོ་ལེགས་མཐོང་ཆེན་པོ་ནི་ཧ་ཅང་མི་དྲོ་བ་དང། དུས་ཚིགས་བདེ་བ་དང། གནོད་པ་མེད་པ་དང། གང་གིས་ན་དས་ཟོས་ཤིང་འཐུངས་པ་དང། འཚོས་པ་དང། མྱངས་བ་རྣམས་ལེགས་པར་བདེ་བར་འཇུ་སྟེ། ཕོ་བའི ་དྲང་སྙོམས་ཤིང་འཇུ་བ་དང་ལྡན་པས་གནོད་པ་ཉུང་བ་དང། ནང་མེད་པའི་རང་བཞིན་ཅན་དུ་གྱུར་ཏོ། ཞེས་བྱ་བ་དང། དགེ་སློང་དག་དགེ་སློང་འདི་ལ་བརྙས་པའི་སེམས་མ་སྐྱེད་ཅིག་།དེ་ཅིའི་ཕྱིར་ཞེ་ན། དགེ་སློང་དག་དགེ་སློང་འདི་ནི་ལྷག་པའི་སེམས་མཐོང་བའི་ཆོས་ལ ་བདེ་བར་གནས་པ་དང་ལྡན་པ་བཞི་རྣམས་ཅི་འདོད་པ་བཞིན་ཐོབ་པ། ཚོགས་མེད་པར་ཐོབ་པ། ངན་དོན་མ་ཡིན་པར་ཐོབ་པ་ཡིན་ནོ་ཞེས་བྱ་བ་དང། དགེ་སློང་དག་དཔེར་ན་མེ་ཏོག་ཨུཏཔལའི་ཕྲེང་བའམ། ཙམ་པ་ཀའི་ཕྲེང་བ་འམ། བརཤི་ཀའི་ཕྲེང་བ་འམ། ཨ་ཏི་མུགཏ ་ཀའི་ཕྲེང་བ་ཕྲག་པ་ལ་ཐོགས་པ་འམ། སྣོད་དུ་བཞག་པའི་མཚན་མོ་དང་ཉི་མོ་དེ་དང། དེ་དག་འདས། སྐད་ཅིག་དང། ཐང་ཅིག་དང། ཡུད་ཙམ་དེ་དང་དེ་དག་ལས་འདས་པ་དང། ཟེགས་པ་ཉིད་དུ་འགྱུར། རྙིངས་པ་ཉིད་དུ་འགྱུར། སྐམས་པ་ཉིད་དུ་འགྱུར་རོ། །དགེ་སློང ་དག་མེ་ཏོག་ཨུཏཔ་ལའི་ཕྲེང་པ་འམ། ཅམཔ་ཀའི་ཕྲེང་བ་འམ། བརཤི་ཀའི་ཕྲེང་བ་འམ། ཨ་ཏི་མུཀྟ་ཀའི་ཕྲེང་བ་གང་ཡིན་པ་དེ་གཟེགས་པ་དང། རྙིངས་པ་སྐམས་པ་དང། ཕྱག་དར་གྱི་ཕུང་པོ་ལ་ཐུག་པར་འགྱུར་བ་དེ་ནི་དུས་ལ་བབ་པ་ཡིན་ནོ། །དགེ་སློང་དག་དེ་བཞིན ་དུ་ལུས་གཟུགས་ཅན་རག་པ་འབྱུང་པ་ཆེན་པོ་བཞི་ལས་གྱུར་པ། ཕ་དང་མའི་ཁུ་ཆུ་ནུར་ནུར་པོ་ལས་བྱུང་བ། ཆན་དང་ནུ་མ་བུས་གསོ་གསོ་བ། རྟག་ཏུ་བསྐུ་བ་དང་དཀྲུ་བ་དང། མཉེ་བ་བྱས་པ། འགྱེས་པ་དང་འཇིག་པའི་ཆོས་ཅན་འདི་ཡང་ན་བ་ཉིད་དུ་འགྱུར། ་འཆི་བ་ཉིད་དུ་འགྱུར་རོ། །དགེ་སློང་དག་ལུས་གཟུགས་ཅན་མ་རག་པ་འབྱུང་བ་ཆེན་པོ་བཞི་ལས་གྱུར་པ། ཕ་དང་མའི་ཁུ་ཆུ་ནུར་ནུར་པོ་ལས་བྱུང་བ། ཆན་དང་ནུམ་བུས་གསོ་གསོ་པ་རྟག་ཏུ་བསྐུ་བ་དང། དགྲུ་བ་དང། མཉི་བ་བྱས་པ། འགྱེས་པ་དང། འཇིག་པའི ་ཆོས་ཅན་གང་ཡིན་པ་འདི་མཚན་མོ་དང་ཉིན་མོ་དེ་དང་དེ་དག་འདས། སྐད་ཅིག་དང། ཐང་ཅིག་དང། ཡུད་ཙམ་དེ་དང་དེ་དག་འདས་ན་རྒས་པ་དང་ནད་བུ་ཅན་དང་ཤི་བ་དང་དུར་ཁྲོད་དུ་ཐུག་པར་འགྱུར་བ་དེ་ནི་དུས་ལ་བབ་པ་ཡིན་ནོ་ཞེས་བྱ་བ་དང། འདོད་པ་ལ་རྣམ་པར ་རྟོག་པ་བྱུང་བ་དང་དུ་མི་ལེན་ཅིང་སྤོང་བར་བྱེད་ལ་སེལ་བར་བྱེད་ཅིང་བྱང་བར་བྱེད་དོ། །གནོད་སེམས་ལ་རྣམ་པར་རྟོག་པར་བྱུང་བ་དང། རྣམ་པར་འཚེ་བ་ལ་རྣམ་པར་རྟོག་པ་བྱུང་བ་དང་དུ་མི་ལེན་ཅིང་སྤོང་པར་བྱེད་ལ་སེལ་བར་བྱེད་ཅིང་བྱང་བར་བྱེད་དོ་ཞེས་བྱ ་བ་དང། བྲམ་ཟེའི་ཁྱེའི་སེམས་ཅན་རྣམས་ནི་ལས་བདག་གིས་བྱ་བ། ལས་ཀྱི་བགོ་སྐལ་སྤྱོད་པ། ལས་ཀྱི་སྐྱེ་གནས་པ། ལས་ལ་སྟོན་པ། ལས་ཀྱི་སེམས་ཅན་རྣམས་ལ་མཐོན་པོ་དང། དམའ་བ་དང། ངན་པ་དང། གྱ་ནོམ་པ་འགོད་པར་བྱེད་པ་དག་ཡིན་ནོ་ཞེས ་བྱ་བ་དང། འདོད་པ་རྣམས་ལ་ཡིད་འབྱུང་བར་བྱ་བའི་ཕྱིར་དང། འདོད་ཆགས་དང་བྲལ་བའི་ཕྱིར་དང། འགོག་པར་བྱ་བའི་ཕྱིར་སྒྲུབ་པ་ཡིན་ན་ཞེས་བྱ་བ་དང། གཟུགས་རྣམས་ལ་ཡིད་འབྱུང་པར་བྱ་བའི་ཕྱིར་དང། འདོད་ཆགས་དང་བྲལ་བར་བྱའི་ཕྱིར་དང། འགོག ་པར་འགྱུར་བར་བྱ་བའི་ཕྱིར་སྒྲུབ་པ་ཡིན་ནོ་ཞེས་བྱ་བ་དང། ཆགས་པ་ཟད་པར་བྱ་བའི་ཕྱིར་དང། སྲེད་པ་ཟད་པར་བྱ་བའི་ཕྱིར་དང། སྡུག་བསྔལ་ཟད་པར་བྱ་བའི་ཕྱིར་དང། བསགས་པ་ཟད་པར་བྱ་བའི་ཕྱིར་སྒྲུབ་པ་ཡིན་ནོ་ཞེས་བྱ་བ་དང། གྲོ་ཞིན་སྐྱེས་དེ་ལྟར་ན ་ཧ་ཅད་བརྩོན་འགྲུས་བརྩམ་གྲགས་ན་ནི་རྒོད་པ་ཉིད་དུ་འགྱུར་ལ། ཧ་ཅང་ཞུམ་ཆེས་ན་ནི་ལེ་ལོར་འགྱུར་རོ། །གྲོ་བཞིན་སྐྱེས་དེ་བས་ན་མཉམ་པ་ཉིད་དུ་རྟོགས་པར་བྱས་ལ་དེ་ལ་ཡང་མཚན་མར་གཟུང་ཞིག་།ངེས་རློམས་སེམས་ཀྱང་མ་བྱེད་ལ། དེ་ལ་བག་མེད་པར ་?་མཁྱེན་ཅིག་ཅེས་བྱ་བ་དང། བཅོམ་ལྡན་འདས་ཀྱིས་རྒྱང་རིང་པོ་ནས་ཤིང་གི་ཕུང་པོ་ཆེན་པོ་ཞིག་འབར་རབ་ཏུ་འབར། ཀུན་ཏུ་རབ་ཏུ་མཆེད་ཅིང་མེ་ལྕེ་གཅིག་ཏུ་འགྱུར་ཏེ། ལྷ་མེར་འབར་བ་གཟིགས་སོ། །ཞེས་བྱ་བ་དང། དགེ་སློང་དག ་བྱིས་པ་སོ་སོའི་སྐྱེ་བོ་ཐོས་པ་དང་མི་ལྡན་པ་རྣམས་ནི་ཕུང་པོ་ལྔ་པོ་འདི་དག་ལ་རྟག་པ་ཉིད་དང། བརྟན་པ་ཉིད་དུ་ཡང་དག་པར་རྗེས་སུ་ལྟ་བདེ་བ་ཉིད་དང། ནད་མེད་པ་ཉིད་དང། བདག་དང་བདག་གི་ཉིད་དུ་ཡང་དག་པར་རྗེས་སུ་ལྟའོ་ཞེས་བྱ་བ་དང། ཚུལ་འཆོས ་པ་དད། ཁ་གསག་དང། གཞོག་སློངས་དང། ཐོབ་ཀྱིས་འཇལ་བ་དང། རྙེད་པས་རྙེད་པར་བྱེད་འདོད་པ་ཞེས་བྱ་བ་དང། ཟླ་ཕྱེད?་ཕྱེད་ཅིང་ཆོས་བཅོ་ལྔ་ལ་རྒྱལ་པོ་ཆེན་པོ་བཞི་དག་རང་ཉིད་ཅིའི་མིའི་འཇིག་རྟེན་ན། མར་འཛིན་པ་དང། པར་འཛིན་པ་དང། ་དགེ་སྦྱོང་དུ་འཛིན་བ་དང། བྲམ་ཟེར་འཛིན་པ་དང། རིགས་ཀྱི་ནང་ནས་རྒན་རབས་ལ་རི་མོ་བྱེད་བ་དང། དོན་བྱེད་པ་དང། བྱ་བ་བྱེད་པ་དང། བསོད་ནམས་བྱེད་པ་དང། འཇིག་རྟེན་འདི་དང། འཇིག་རྟེན་ཕ་རོལ་གྱི་ཁ་ན་མ་ཐོ་བ་རྣམས་ལ་འཇིག་བར ་ལྟ་བ་དང། སྦྱིན་པར་བྱེད་པ་དང། བསོད་ནམས་བྱེད་པ་དང། བསྙེན་གནས་ལ་ཉེ་བར་གནས་པ་དང་ཚུལ་ཁྲིམས་ཡང་དག་པར་བླད་ནས་གནས་པའི་མི་དག་མར་དམ་ཞེས་འཇིག་རྟེན་རྣམ་པར་ལྟ་བར་བྱེད་དོ་ཞེས་བྱ་བ་དང། ཀྱེ་ཤཱ་རིའི་བུ་འཛིན་ཆོས་སྨྲ་བ ་ནི་སུ་དག་ཡིན། ལེགས་པར་ཞུགས་པ་ནི་སུ་དག་ཡིན། བདེ་བར་གཤེགས་པ་ནི་སུ་དག་ཡིན། འཛམ་བུའི་གྲིབ་མ་?་གང་སུ་དག་འདོད་ཆཌ་གདུལ་བའི་ཕྱིར་དང། ཞེ་སྡང་གདུལ་བའི་ཕྱིར་དང། གཏི་མུག་གདུལ་བའི་ཕྱིར་ཆོས་སྟོན་བ་འདི་ནི་འཇིག་རྟེན་ན་ཆོས ་སྨྲ་བ་དག་ཅེས་བྱའོ། །གད་སུ་དག་འདོད་ཆགས་གདུལ་བའི་ཕྱིར་ཞུགས་པ་དང། ཞེ་སྡང་གདུལ་བའི་ཕྱིར་དང། གཏི་མུག་གདུལ་བའི་ཕྱིར་ཞུགས་པ་འདི་ནི་ལེགས་པར་ཞུགས་བ་དག་ཅེས་བྱའོ། །གང་སུ་དག་འདོད་ཆགས་མ་ལུས་པར་སྤངས་བ་དང། ་ཡོངས་སུ་ཤེས་པ་དང། ཞེ་སྡང་དང། གཏི་མུག་མ་ལུས་པར་སྤངས་པ་དང། ཡོངས་སུ་ཤེས་པ་འདི་ནི་འཇིག་རྟེན་ན་བདེ་བར་གཤེགས་པ་དག་ཅེས་བྱའོ་ཞེས་བྱ་བ་དང། དགེ་སློང་དག་འདི་ལྟར་ས་བོན་ཀྱང་ཡོད་ལ། མ་གྲུགས་པ་དང། མ་དུལ་བ་དང། རླུང་དང་ཉི་མS་གདུངས་པ་དང ་གསར་པ་དང། སྙིང་པོ་དང་ལྡན་པ་དང། ལེགས་པར་གནས་པ་ཡང་ཡིན་ལ། སའི་སྣག་དང། ཆུ་ཡང་ཡོད་ན་དེ་ལྟ་བུའི་ས་བོན་དེ་དག་ནི་འཕེལ་ཞིང་རྒྱས་ལ་ཡངས་པར་འགྱུར་རོ། །དགེ་སློང་དག་དེ་བཞིན་དུ་འདི་ལྟར་ལས་ཀྱང་ཡོད། ཉོན་མོངས་པ་རྣམས་དང། སྲེད་པ་དང ་ལྟ་བ་དང། ང་རྒྱལ་དང། མ་རིག་པ་ཡང་ཡོད་ན་དེ་ལྟ་བུ་ནི་ཚེ་ཕྱི་མ་ལ་འདུ་བྱེད་རྣམས་འབྱུང་བར་འགྱུར་རོ་ཞེས་བྱ་བ་དང། དགེ་སློང་དག་དགེ་སློང་གསར་བུ་འདི་དག་ནི་དགེ་སྦྱོང་གི་ནོང་པ་གཅེས་པ། ཚངས་པར་སྦྱོར་བའི་འདམ་གྱིས་ཟིལ་གྱིས་ནོན་པ། སྡིག་པ་མི ་དགེ་བའི་ཆོས་ཀུན་ནས་ཉོན་མོངས་པ་ཅན། ཡང་སྲིད་པ་པ། རིམས་ནང་དང་བཅས་པ། སྡུག་བསྔལ་གྱི་རྣམ་པར་སྨིན་པ་ཅན། ཚེ་ཕྱི་མ་ལ་སྐྱེ་བ་དང། རྒ་བ་དང། འཆི་བར་འགྱུར་བ་རྣམས་ཀྱིས་ཟིལ་གྱིས་ནན་པ་ཞེས་བྱའོ་ཞེས་བྱ་བ་དང། དགེ་སློང་དམ་དགེ ་སློང་མ་གང་ལ་ལ་ཅུང་ཟད་ཅུང་ཟད་དང། ཡུད་ཙམ་ཡུད་ཙམ་དང། ཐ་ན་སེ་གོལ་གཏོགས་པ་ཙམ་ཡང་སེམས་ཅན་ཆགས་སུ་གྱུར་པ་ཐམས་ཅད་ལ་བྱམས་པའི་སེམས་བསྒོམ་པར་བྱེད་པའི་དགེ་སློང་དམ། དགེ་སློང་མ་འདི་ནི་སྟོན་པའི་བསྟན་པ་བཞིན་བྱེད་པ། མི ་གཏོང་བར་བསྒོམ་པ། ལྷག་མཐོང་དང་ལྡན་པ། ཁྱིམ་སྟོང་པ་རྣམས་རྒྱས་པར་བྱེད་པ་དང། རང་གི་དོན་གྱི་སྦྱོར་བ་ལ་རྗེས་སུ་བརྩོན་པ། ཚངས་པ་མཚུངས་པར་སྤྱོད་པ་མཁས་པ་རྣམས་ཀྱིས་མ་སྨད་པ། ཡུལ་འཁོར་གྱི་བསོད་སྙོམས་ལ་འབྲས་བུ་ཡོད་པར་ཟ་བ ་ཞེས་བྱ་བ་དང། ཀྱེ་གཽ་ཏ་མ་གང་གིས་ན་དེ་ལྟར་མི་རྣམས་སྟོབས་ཚུང་བ་དང། གནོད་པ་མང་བ་དང། མཐུ་ཆུད་བ་དང། ཚེ་ཐུད་བའི་རྒྱུ་ནི་གང་ལགས། དེ་སྐད་ཅེས་གསོལ་བ་དང། བཅོམ་ལྡན་འདས་བྲམ་ཟེ་གྲོ་བཞིན་སྐྱེས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། ། ་བྲམ་ཟེ་དེ་ལྟར་མི་རྣམས་ནི་ཆོས་མ་ཡིན་པར་ཆགས་པས་ཆགས་བ་དང། མི་རིགས་པར་ཆགས་པས་ཟིལ་གྱིས་ནོན་པ་དང། ལོག་བའི་ཆོས་ཀྱིས་དཀྲིས་པ་ཡིན་ནོ་ཞེས་བྱ་བ་དང། སངས་རྒྱས་བཅོམ་ལྡན་འདས་གཏམ་དུས་སྔར་བྱ ་པ་དེ་ནི་འདི་ལྟ་སྟེ། སྦྱིན་པའི་གཏམ་དང། ཚུལ་ཁྲིམས་ཀྱི་གཏམ་དང། མཐོ་རིས་ཀྱི་གཏམ་དང། འདོད་པ་རྣམས་ལ་རོ་མྱང་བ་དང། ཉེས་དམིགས་དང། ངེས་པར་འབྱུང་བ་དང། རབ་ཏུ་དབེན་པ་དང། ཕན་ཡོན་དང། རྣམ་པར་བྱེད་པའི་ཕྱོགས་ཀྱི་ཆོS ་རྣམས་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་པར་མཛད་པ་ཡིན་ནོ། །གང་གི་ཚེ་དེ་སེམས་རངས་པ་དང། སེམས་ཉམས་བདེ་བ་དང། སེམས་དགའ་བ་དང། སེམས་སྒྲིབས་པ་མེད་བ་དང། ཡང་དག་ཕུལ་ཅན་གྱི་ཆོས་བསྟན་པ་ལ་ཀུན་ཤེས་པར་བྱ་བ་དེ་སྐལ ་པ་དང་ལྡན་པ་དང། ནུས་པ་ཀུན་ཏུ་མཁེན་པར་གྱུར་པ་དེའི་ཚེ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཡང་དག་ཕུལ་ཅན་གྱི་ཆོས་བསྟན་པ་གང་ཡིན་པ་དེ་ནི་འདི་ལྟ་སྟེ། སྡུག་བསྔལ་དང། ཀུན་འབྱུང་བ་དང། འགོག་པ་དང། ལམ་མོ་ཞེས་བཅོམ་ལྡན་འདས ་ཀྱིས་དེ་ལ་འཕགས་པའི་བདེན་པ་བཞི་པོ་དག་ཡང་དག་པར་རབ་ཏུ་སྟོན་པར་མཛད་པ་ཡིན་ནོ་ཞེས་བྱ་བ་དང། དགེ་སློང?་དག་གཟུཌ་མི་རྟག་པ་སྟེ། གང་མི་རྟག་པ་དེ་ནི་སྡུག་བསྔལ་བའོ། །གང་སྡུག་བསྔལ་བདེ་ནི་བདག་མེད་པའོ། །གང་བདག་མེད་པ་སྟེ་ཐམས་ཅད་ནི ་བདག་མ་ཡིན། དེ་ནི་ད་བདག་མ་ཡིན། དེ་ནི་བདག་གི་བདག་མ་ཡིན་ནོ། །ཞེས་དེས་དེ་ལྟར་ཡང་དག་པ་ཇི་ལྟ་བ་བཞིན་གྱི་ལེགས་པའི་ཤེས་རབ་ཀྱིས་བལྟ་བར་བྱའོ། །གཟུགས་ལ་ཇི་ལྟ་བ་བཞིན་དུ་རྣམ་པར་ཤེས་པའི་བར་ལ་ཡང་ལེགས་པའི་ཤེས་རབ་ཀྱིས ་བལྟ་བར་བྱའོ། །འཕགས་པ་ཉན་ཐོས་ཐོས་པ་དང་ལྡན་པས་དེ་ལྟར་མཐོང་ན་གཟུགས་ལ་ཡིད་འབྱུང་བར་འགྱུར་ཞིང། ཚོར་བ་དང། འདུ་ཤེས་དང། འདུ་བྱེད་རྣམས་དང། རྣམ་པར་ཤེས་པ་ལ་ཡིད་འབྱུང་བར་འགྱུར་རོ། །ཡིད་བྱུང་ན་འདོད་ཆགས་དང ་དང་བྲལ་བར་འགྱུར་རོ། །འདོད་ཆགས་དང་བྲལ་ན་རྣམ་པར་གྲོལ་བར་འགྱུར་རོ་ཞེས་བྱ་བ་དང། སེམས་ཤེས་བྱ་བ་འམ། ཡིད་ཅེས་བྱ་བའམ། རྣམ་པར་ཤེས་པ་ཞེས་བྱ་བ་ཡང་རུང་སྟེ། གང་འདི་སྐད་ཅེས་ཟླ་བ་འདི་ནི་བྱིས་པ་སོ་སོའི་སྐྱེ་བོ་ཐེས་བ་དང་མི་ལྡན་བས ་ཡུན་རིང་པོ་ནས་བྱི་བྱས་ཤིང་སྤས་ལ། བདག་གིས་བྱས་བ་དང། འདི་ནི་བདག་གི་ཡིན། འདི་ནི་ང་བདག་ཡིན། འདི་ནི་བདག?་གི་བདག་ཡིན་ནོ། །ཞེས་མཁས་བླངས་ལ་བཟུང་བ་ཡིན་ནོ་ཞེས་བྱ་བ་དང། བཅོམ་ལྡན་འདས་ཀྱིས་དཔེར་ན་གྲོང་དམ་གྲོལ་རྡལ་དང་ཧ ་ཅད་མི་རིང་བ་ཞིག་ན། མདག་མ་མི་ལྕེ་མེད་པ་དུ་བ་མེད་པའི་མདག་མས་གང་བའི་ཀླུང་ཞིག་ཡོད་ལ། དེ་ནས་མི་བྱིས་པའི་དང་བཞིན་ཅན་མ་ཡིན་པ། རྨོངས་པའི་རང་བཞིན་ཅན་མ་ཡིན་པ། ཤེས་རབ་ཀྱི་རང་བཞིན་ཅན། བདེ་བ་འདོད་པ། སྡུག་བསྔལ་ལ་ ་མི་དགའ་བ། གསོན་བོར་འདོད་པ། འཆི་བར་མི་འདོད་པ། འཆི་བ་ལ་མི་དགའ་བ་ཞིག་འོངས་བ་དང། དེ་འདི་སྙམ་དུ་མདག་མ་མེ་ལྕེ་མེད་བ་དུ་བ་མེད་པའི་མདག་མས་གང་བའི་ཀླུང་འདིར་བདག་ལྷུང་ན་བདག་འཆི་བ་འམ། འཆི་བ་ལ་ཐུག་པ་ཙམ་གྱི་སྡུག་བསྔལ་བར ་འགྱུར་རོ། །སྙམ་དུ་བསམས་ནས། དེ་དེ་ལས་བསྲིད་བར་སེམས་པ་དང། བསྲིད་བར་དོན་དུ་གཉེར་བར་བྱེད་ཅིང་བསྲིད་པ་ཡིད་ལ་བྱེད་དོ། །མདག་མའི་ཀླུང་དང་འདྲ་བར་འདོད་པ་རྣམས་ཀྱང་དེ་བཞིན་ནོ་ཞེས་གསུངས་བ་ཞེས་བྱ་བ་དང། དགེ་སློང་དག་དགེ་སློང་ཆོས་ཤེས་པ ་འང་ཡིན་ནོ། །ཇི་ལྟ་བུ་ཡིན་ཞེ་ན། འདི་ལ་དགེ་སློང་གིས་ཆོས་ཤེས་པ་ནི་འདི་ལྟ་སྟེ། མདོའི་སྡེ་དང། དབྱངས་ཀྱི་བསྙད་པའི་སྡེ་དང། ལུང་དུ་བསྟན་པའི་སྡེ་དང། ཚིགས་སུ་བཅད་པའི་སྡེ་དང། ཆེད་དུ་བརྗོད་པའི་སྡེ་དང། གླེང་བཞིའི་སྡེ་དང། རྟོགས་པ་བརྗོད་པའི་སྡེ་དང། དེ་ལྟ་བུ ་བྱུང་བའི་སྡེ་ལ། སྐྱེས་པ་རབས་ཀྱི་སྡེ་དང། ཤིན་ཏུ་རྒྱས་པའི་སྡེ་དང། ?་ཏུ་བྱུང་བའི་ཆོས་ཀྱི་སྡེ་དང། གཏན་ལ་དབབ་བར་བསྟན་པའི་སྡེའོ་ཞེས་བྱ་བའོ།། །།རྣམ་པར་བཤད་པའི་རིགས་པའི་མདོ་སྡེའི་དུམ་བུ་བརྒྱ། རྫོགས་སོ།། །།རྒྱ་གར་ཀྱི་མཁS?་པོའི ་ཤུདྷ་སིདྡྷ་དང། སརྦ་ཛྙཱ་དེ་བ་དང། ལོ་ཙཱ་བ་དནདེ་?་དེ་བེནྟ་རཀྵི་ཏས་བསྒྱུར་ཅིང། ཞུ་ཆེན་བྱི་ལ་ཙ་བ་བནདེ་མ་སྡུ་ཤིང?་བ་རྨས་ཞུས་ཏེ་གཏན་ལ་ཕབ་པ།། །།རྣམ་བཤད་རིགས་པ་དབྱིག་གཉེན་གྱིས་མཛད་པ་བཞུགས།། །། ་