| Wylie | e-texts based on the ACIP/ALL Input |
མི་ཏྲ་དང། ཤི་སེནྡྲ་བོ་དྷི་དང་ངན་ཤཱི་ལ་དང། ཞུ་ཆེན་གྱི་ལོ་ཙ་བ་བནདེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །།རྒྱ་གར་སྐད་དུ་འདི་ཤི་ཀ་བྲི་ཏ་ཏི། བོད་སྐད་དུ། ཉི་ཤུ་པའི་འགྲེལ་པ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག ་འཚལ་ལོ། །ཐེག་པ་ཆེན་པོ་ལ་ཁམས་གསུམ་པ་རྣམ་པར་རིག་པ་ཙམ་དུ་རྣམ་པར་བཞག་སྟེ། མདོ་ལས། ཀྱེ་རྒྱལ་བའི་སྲས་དག་འདི་ལྟ་སྟེ། ཁམས་གསུམ་པ་འདི་ནི་སེམས་ཙམ་མོ་ཞེས་འབྱུང་བའི་ཕྱིར་རོ། །སེམས་དང་ཡིད་དང། རྣམ་པར་ཤེས་པ་དང། རྣི ་པར་རིག་པ་ཞེས་བྱ་བ་ནི་རྣམ་གྲངས་སུ་གཏོགས་པའོ། །སེམས་དེ་ཡང་འདིར་མཚུངས་པར་ལྡན་པ་དང་བཅས་པར་དགོངས་པའོ། །ཙམ་ཞེས་བྱ་བ་སྨོས་པ་ནི་དོན་དགག་པའི་ཕྱིར་རོ། །རྣམ་པར་ཤེས་པའི་དེ་ཉིད་དོན་དུ་སྣང་བ་འབྱུང་སྟེ། དཔེར་ན་རབ་རིབ་ཅན་རྣམས་ཀྱིས ་སྒྲ་བླ་ལ་སོགས་པ་མེད་པར་མཐོང་བ་བཞིན་ཏེ། དོན་གང་ཡང་མེད་དོ། །འདིར་འདི་སྐད་ཅེས་བརྒལ་ཏེ། གལ་ཏེ་རྣམ་རིག་དོན་མིན་ན། །ཡུལ་དང་དུས་ལ་ངེས་མེད་ཅིང། །སེམས་ཀྱང་ངེས་མེད་མ་ཡིན་ལ། །བྱ་བ་བྱེད་པའང་མི་རིགས་འགྱུར། །ཇི་སྐད་དུ་བསྟན་པར་འགྱུར་ཞེ་ན། གལ་ཏེ ་གཟུགས་ལ་སོགས་པའི་དོན་མེད་པར་གཟུགས་ལ་སོགས་པའི་རྣམ་པར་རིག་པ་འབྱུང་སྟེ་གཟུགས་ལ་སོགས་པའི་དོན་ལས་མ་ཡིན་ན། ཅིའི་ཕྱིར་ཡུལ་ལ་ལར་འགྱུར་བ་ཐམས་ཅད་ན་མ་ཡིན། །ཡུལ་དེ་ཉིད་ན་ཡང་རེས་འགའ་འབྱུང་བ་ཐམས་ཅད་དུ་མ་ཡིན། ཡུལ་དང་དུས་རིན ་འཕུང?་པ་ཐམས་ཅད་ཀྱི་སེམས་ལ་ངེས་པ་མེད་པ་འབྱུང་ལ་འགའ་ཙམ་ལ་མ་ཡིན། ཇི་ལྟར་རབ་རིབ་ཅན་ཉིད་ཀྱི་སེམས་ལ་སྒྲ་ལ་སོགས་པ་སྣང་གི། གཞན་དག་ལ་ནི་མ་ཡིན། །ཅིའི་ཕྱིར་གང་རབ་རིབ་ཅན་གྱིས་མཐོང་བའི་སྒྲ་དང། སྦྲང་བུ་ལ་སོགས་པས་སྒྲ་ལ་སོགས་པའི་བྱ་བ་མི་བྱེད ་ལ། དེ་མ་ཡིན་པ་གཞན་དག་གིས་ནི་བྱེད། རྨི་ལམ་ན་མཐོང་བའི་བཟའ་བ་དང་བཏུང་བ་དང་བོ་བ་དང་དུག་དང་མཆོག་ལ་སོགས་པས་ཟས་དང་སྒོམ་ལ་སོགས་པའི་བྱ་བ་མི་བྱེད་ལ། དེ་མ་ཡིན་པ་གཞན་དག་གིས་ནི་བྱེད། །དྲི་ཟའི་གྲོང་ཁྱེར་ཡོད་པ་མ་ཡིན་པས་གྲོང་ཁྱེར་ཀྱི་བྱ་བ་མི་བྱེད ་ལ། དེ་མ་ཡིན་པ་གཞན་?་གིས་ནི་བྱེད། འདི་དག་དོན་མེད་པར་མེད་དུ་འདྲན་ཡུལ་དང་དུས་ངེས་པ་དང། སེམས་ངེས་པ་མེད་པ་དང། བྱ་བ་བྱེད་པའི་ད་དག་ཀྱང་མི་རུང་ངོ་ཞེ་ན། མི་རུང་བ་མ་ཡིན་ཏེ། འདི་ལྟར། ཡུལ་ལ་སོགས་བ་དེས་འགྱུར་ཏེ། རྨི་འདྲའོ། །རྨི་ལམ་དུ་རྨིས་པ་དང་མཚུངས་པས་ན་ནི ་འདྲའོ། །ཇི་ལྟར་ཞེ་ན་?་མན་ཡང་དོན་མེད་པར་ཡུལ་ལ་ལན་གྲོང་དང། ཀུན་དགའ་ར་བ་དང། སྐྱེས་པ་དང་བུད་མེད་ལ་སོགས་པ་ཇི་དག་སྣང་ལ་དུས་ཐམས་ཅད་དུ་མ་ཡིན་པས་དོན་མེད་བར་ཡང་ཡུལ་ལ་སོགས་པ་ངེས་པར་འགྲུབ་བོ། །སེམས་ཀྱང་ངེས་པ་མེད། ཡི་དགས་བཞིན་ཏེ། གྲུབ་ཅེས ་བྱ་བར་བསྙེགས་སོ། །ཡི་དགས་རྣམས་ཀྱིས་མཚུངས་པས་ན་ཡི་དགས་བཞིན་ནོ། །ཇི་ལྟར་གྲུབ། ཐམས་ཅད་ཀྱིས། ཀླུང་ལ་རྣག་ལ་སོགས་མཐོང་བཞིན། །རྣག་གིས་བང་བའི་ཀླུང་ནི་རྣག་གི་ཀླུང་སྟེ་།མར་གྱི་བུམ་པ་བཞིན་ནོ། །ལས་ཀྱི་རྣམ་པར་སྨིན་པ་མཚུངས་པ་ལ་གནས་པའི་ཡི་དགས་རྣམས ་ནི་ཀུན་གྱིས་ཀྱང་མཚུངས་པར་ཀླུང་རྣག་གི་གང་བར་མཐོང་སྟེ། གཅིག་བགས་ནི་མ་ཡིན་ནོ། །རྣག་གི་གང་བ་ཇི་ལྟ་བ་བཞིན་དུ་གཅིན་དང། ངན་སྐྱུགས་དང། མེ་མར་མུར་དང། མཆིལ་མ་དང། སྣབས་ཀྱིས་གང་བ་དང། དབྱིག་པ་དང། རལ་གྲི་ཐོགས་པའི་མི་དག་གིས ་བསྲུངས་པ་ཡང་དེ་བཞིན་ཏེ། སོགས་པ་ཞེས་བྱ་བར་བསྡུའོ། །དེ་ལྟར་ན་དོན་མེད་པར་ཡང་རྣམ་པར་རིག་པ་རྣམས་ཀྱི་སེམས་ངེས་པ་མེད་པར་འགྲུབ་བོ། །བྱ་བྱེད་རྨི་ལམ་གནོས་པ་འདྲ། །འགྲུབ་ཅེས་བྱ་བར་རིག་པར་བྱའོ། །དཔེར་ན་རྨི་ལམ་ན་གཉིས་ཀྱིས་གཉིས་ཕྲ་དང ་མེད་པར་ཡང་ཁུ་བ་འབྱུང་བའི་མཚན་ཉིད་ནི་རྨི་ལམ་གྱི་གནོད་པའོ། །དེ་ལྟར་རེ་ཞིག་དཔེ་གཞན་དང་གཞན་དག་གིས་ཡུལ་དང་དུས་ངེས་པ་ལ་སོགས་པ་བཞི་འགྲུབ་པོ། །ཐམས་ཅད་སེམས་ཅན་དམྱལ་བཞིན། །འགྲུབ་ཅེས་བྱ་བར་རིག་པར་བྱའོ། །སེམས་ཅན་དམྱལ ་པ་དག་ན་ཡོད་པ་དང་མཚུངས་པས་སེཾས་དམྱལ་བ་བཞིན་ནོ། །ཇི་ལྟར་འགྲུབ་ཅེ་ན། དམྱལ་བའི། སྲུང་མ་སོགས་མཐོང་དང། དེ་དག་གིས་ནི་གནོད་ཕྱིར་རོ། །དཔེར་ན་སེཾས་དམྱལ་བདག་ན་སེམས་ཅན་དམྱལ་བའི་སེམས་ཅན་རྣམས་ཀྱི་སེམས་ཅན་དམྱལ་བའི་སྲུང་མ་ལ་སོགས ་བ་མཐོང་སྟེ། ཡུལ་དང་དུས་ངེས་པར་འགྲུབ་བོ། །ཁྱི་དང་བྱ་རོག་དང་ལྕགས་ཀྱི་རིལ་སོགས་པ་འོང་བ་དང་འགྲོ་བར་ཡང་མཐོང་བ་ནི་སོགས་པ་ཞེས་བྱ་བར་བསྡུ་སྟེ། ཐམས་ཅད་ཀྱིས་མཐོང་གིས་གཅིག་འགས་ན་མ་ཡིན་ནོ། །དེ་དག་གིས་དེ་དག་ལ་གནོད་པ་ཡང་འགྲུབ་སྟེ། དངོས ་པོ་ལ་སེམས་ཅན་དམྱལ་བའི་སྲུང་མ་ལ་སོགས་པ་མེད་པར་ཡང་རང་གི་ལས་ཀྱི་རྣམ་པར་སྨིན་པ་མཚུངས་པའི་དབང་གི་ཕྱིར་རོ། །དེ་བཞིན་དུ་གཞན་ཡང་ཡུལ་དང་དུས་ངེས་པ་ལ་སོགས་པ་བཞི་པོ་འདི་དག་ཐམས་ཅད་གྲུབ་པར་རིག་པར་བྱའོ། །ཅི་ཕྱིར་སེཾས་དམྱལ་བའི་སྲུང་མ ་དང་བྱ་རོག་དང་ཁྱི་ལ་སོགས་པ་དེ་དག་སེམས་ཅན་དུ་མི་འདོད་ཅེ་ན། མི་རིགས་པའི་ཕྱིར་རོ། །དེ་དག་ནི་སེམས་ཅན་དམྱལ་བར་མི་རིགས་ཏེ། དེ་བཞིན་དུ་སྡུག་བསྔལ་ངེས་མི་མྱོང་བའི་ཕྱིར་རོ། །གཅིག་ལ་གཅིག་གནོད་བ་བྱེད་ན་ནི་འདི་དག་ནི་སེམས་ཅན་དམྱལ་བ་བདག་གོ། འདི་དག་ནི་སེཾས ་དམྱལ་བའི་སྲུང་མ་དག་གོ་ཞེས་རྣམ་པར་བཞག་པ་མེད་པར་འགྱུར་རོ། །བྱང་གཟུགས་དང་པོར་ཚོར་དང་སྟོབས་མཚུངས་པ་དག་ནི་གཅིག་ལ་གཅིག་གནོད་པ་བྱེད་ཀྱང་ཇི་ལྟ་བུར་འཇིག་པར་མི་འགྱུར་རོ། །ལྕགས་རབ་ཏུ་འབར་བའི་ས་བཞི་ལ་ཚ་བའི་སྡུག་བསྔལ་ཡང་མི་བཟོད་ན་ནི་ཇི་ལྟར་དེ་ན། ་གཞན་ལ་གནོད་པ་བྱེད་བར་འགྱུར་སེམས་ཅན་དམྱལ་བ་པ་མ་ཡིན་པ་དག་སེམས་ཅན་དམྱལ་བར་འབྱུང་བར་ག་ལ་འགྱུར། །འོ་ན་དུད་འགྲོ་དག་ཀྱང་ཇི་ལྟར་མཐོ་རིས་སུ་འབྱུང་སྟེ། དེ་བཞིན་དུ་སེམས་ཅན་དམྱལ་བར་ཡང་དུད་འགྲོ་དང་ཡི་དགས་ཀྱི་བྱེ་བྲག་སེམས་ཅན་དམྱལ་བའི་སྲུང་མ་ལ ་སོགས་པ་འབྱུང་བར་འགྱུར་རོ་ཞེ་ན། ཇི་ལྟར་དུད་འགྲོ་མཐོ་རིས་མུག་འབྱུང་བ་དེ་ལྟར་དམྱལ་བ་མིན། །ཡི་དགས་མིན་ཏེ་དེ་ལྟ་བུར། །དེ་ཡོད་སྡུག་བསྔལ་དེས་མི་མྱོང། །དུད་འགྲོ་གང་དག་མཐོ་རིས་སུ་འབྱུང་བདེ་དག་ནི་སྣོད་ཀྱི་འཇིག་རྟེན་ན་དེའི་བདེ་བ་མྱོང་བར་འགྱུར་བའི་ལས་ཀྱིས་དེར་འབྱུང་བདག ་སྟེ། དེ་ན་ཡོད་པའི་བདེ་བས་སོར་མྱོང་ངོ། །སེམས་ཅན་དམྱལ་བའི་སྲུང་མ་ལ་སོགས་པ་དག་ནི་དེ་བཞིན་དུ་སེཾས་ཅན་དམྱལ་བའི་སྡུག་བསྔལ་མི་མྱོང་ངོ། །དེའི་དུད་འགྲོ་དག་དེར་འབྱུང་བར་མི་རིགས་སོ། །ཡི་དགས་བྱེ་བྲག་དག་ཀྱང་མ་ཡིན་ནོ། །སེམས་ཅན་དམྱལ་བ་དེ་དག་གིས་ལས་རྣམས་ཀྱི་དེར ་འབྱུང་བའི་བྱེ་བྲག་དག་འདི་ལྟ་བུར་འབྱུང་སྟེ། མདོག་དང་བྱང་གཟུགས་དང་བོང་ཚོད་དང་སྟབས་ཀྱི་བྱེ་བྲག་གང་གིས་སེམས་ཅན་དམྱལ་བའི་སྲུང་མ་ལ་སོགས་པའི་མིང་ཐོབ་པའོ། །གང་ལག་པ་བརྐྱང་པ་ལ་སོགས་པ་བྱ་བ་སྣ་ཚོགས་བྱེད་པར་སྣང་བདེ་ལྟ་བུར་ཡང་འགྱུར་སྟེ། དེ་དག་འཇིགས་པ་བསྐྱེད ་པའི་ཕྱིར་རོ། །དཔེར་ན་ལུག་ལྟ་བུའི་རི་དགས་འོང་བ་དང། །འགྲོ་བ་དང། ལྕགས་ཀྱི་ཤལ་མ་པའི་ནག་ཚལ་ཚེར་མ་ཐུར་དུ་ལྟ་བ་དང་གྱེན་དུ་ལྟ་བར་འགྱུར་བདེ་ལྟ་བུ་སྟེ། དེ་དག་ནི་མེད་པ་ཡང་མ་ཡིན་ནོ་ཞེ་ན། གལ་ཏེ་དེའི་ལས་ཀྱི་དེར་འབྱུང་བདག་ནི་འབྱུང་པ་དང། དེ་བཞིན་འགྱུར་བར་འདུག་ནག་གོ། རྣཾ ་པར་ཤེས་པར་ཅིས་མི་འདོད། །དེའི་ལས་རྣམས་ཀྱིས་དེར་རྣམ་པར་ཤེས་པ་ཉིད་དེར་དེ་ལྟ་བུར་འགྱུར་བ་ཅིའི་ཕྱིར་མི་འདོད་ལ། །ཅིའི་ཕྱིར་འབྱུང་བ་རྣམས་སུ་རྟོག་གཞན་ནི་ལས་ཀྱི་བག་ཆགས་ལ། འབྲས་བུ་དག་ནི་གཞན་དུ་རྟོགས། །གང་ན་བག་ཆགས་ཡོད་པ་དེར། ཅིའི་ཕྱིར་འདོད་མི ་བྱ། སེཾས་ཅན་དམྱལ་བ་པ་རྣམས་ཀྱིས་ལས་གང་གིས་དེར་འབྱུང་བདག་དེ་ལྟ་བུར་འབྱུང་བ་དང། འགྱུར་བར་ཡང་རྟོག་པའི་ལས་དེའི་བག་ཆགས་དག་ཉིད་ཀྱི་རྣམ་པར་ཤེས་པའི་རྒྱུར་ལ་གནས་ཏེ། གཞན་མ་ཡིན་ན་བག་ཆགS་དེ་གང་ན་ཡོད་པ་དེ་དག ་ཉིད་ལ་དེའི་འབྲས་བུ་རྣམ་པར་ཤེས་པར་འགྱུར་བ་དེ་འདྲ་བར་ཅིའི་ཕྱིར་མི་འདོད་ལ། གང་ན་བག་ཆགས་མེད་པ་དེར་དེའི་འབྲས་བུ་རྟོག་པ་འདི་ལ་གཏན་ཚིག་ཅི་ཡོད། སྨྲས་པ། ལུང་གི་གཏན་ཚིགས་ཡོད་དེ། གལ་ཏེ་རྣམ་པར་ཤེས་པ་ཉིད་གཟུགས་ལ་སོགས ་པར་སྣང་གི། གཟུགས་ལ་སོགས་པའི་དོན་ནི་མེད་ན་གཟུགས་ལ་སོགས་པའི་སྐྱེ་མཆེད་ཡོད་པར་ནི་བཅོམ་ལྡན་འདས་ཀྱིས་གསུང་པར་མི་འགྱུར་ཞེ་ན། འདི་ནི་གཏན་ཚིགས་མ་ཡིན་ཏེ། འདི་ལྟར། གཟུགས་སོགས་སྐྱེ་མཆེད་ཡོད་པར་ནི། །ངེས་འདུལ་བའི་སྐྱེ་བོ ་ལ། །དགོངས་པའི་དབང་གིས་གསུངས་པ་སྟེ། །རྫུས་ཏེ་བྱུང་བའི་སེམས་ཅན་བཞིན། །དཔེར་ན་བཅོམ་ལྡན་འདས་ཀྱིས་རྫས་ཏེ་བྱུང་བའི་སེམས་ཅན་ཡོད་དོ་ཞེས་གསུངས་པ་ཡང་ཕྱི་མ་ལ་སེམས་ཀྱི་རྒྱུན་མི་འཆད་པ་ལ་དགོངས་ནུས་དགོངས་པའི་དབང་གིས་གསུངས ་བ་སྟེ། འདི་ན་བདག་གམ་སེམས་ཅན་མེད། །ཆོས་འདི་རྒྱུ་དང་བཅས་ལས་བྱུང། ཞེས་གསུངས་པའི་ཕྱིར་རོ། །དེ་བཞིན་དུ་བཅོམ་ལྡན་འདས་ཀྱིས་གཟུགས་ལ་སོགས་པའི་སྐྱེ་མཆེད་ཡོད་བར་གསུངས་པ་ཡང་དེ་བསྟན་པས་འདུལ?་པའི་སྐྱེ་བོའི་ཆེད་དུ་སྟེ། བཀའ་དེ་ནི ་དགོངས་པ་ཅན་ནོ། །འདིར་ཅི་ལས་དགོངས་ཤེ་ན། རང་གི་ས་བོན་གང་ལས་སུ། །རྣམ་རིག་སྣང་བ་གང་བྱུང་བ། །དེ་དག་དེའི་སྐྱེ་མཆེད་ནི། །རྣམ་པ་གཉིས་སུ་ཐུབ་པས་གསུངས། །འདི་སྐད་དུ་བསྟན་པར་འགྱུར་ཞེ་ན། །གཟུགས་སུ་སྣང་བའི་རྣམ་པར་རིག་པར་དག་གིས་པོན་འགྱུར་བའི་བྱེ ་བྲག་ཏུ་གྱུར་པ་གང་ལས་བྱུང་བའི་ས་བོན་དེ་དང། སྣང་བ་གང་ཡིན་པ་དེ་དང་དེ་དག་ནི་དེའི་མིག་དང། གཟུགས་ཀྱི་སྐྱེ་མཆེད་དུ་བཅོམ་ལྡན་འདས་ཀྱི་གོ་རིམས་བཞིན་དུ་གསུངས་སོ། །དེ་བཞིན་དུ་རེག་བྱར་སྣང་བའི་རྣམ་པར་རིག་པའི་བར་དུ་རང་རང་གི་ས་བོན་འགྱུར་བའི་དེ?་དག་ཏུ། ་གྱུར་བའི་ས་བོན་གང་ལས་བྱུང་པའི་ས་བོན་དེ་དང། སྣང་བ་གང་ཡིན་པ་དེ་དང་དེ་དག་ནི་བཅོམ་ལྡན་འདས་ཀྱིས་དེའི་ལུས་དང་རེག་བྱའི་སྐྱེ་མཆེད་དུ་གོ་རིམས་བཞིན་དུ་གསུངས་ཏེ། འདི་ནི་འདིར་དགོངས་པའོ། །དེ་ལྟར་དགོངས་པའི་དབང་གིས་བསྟན་པ་ལ་ཡོན་ཏན་ཅི་ཡོད་ཅེ་ན། དེ་ལྟར་གང ་ཟག་ལ་བདག་མེད་པར་འཇུག་པར་འགྱུར་རོ། །དེ་ལྟར་བཤད?་ན་གང་ཟག་ལ་བདག་མེད་པར་འཇུག་པར་འགྱུར་ཏེ། དྲུག་པོ་གཉིས་ལས་རྣམ་པར་ཤེས་པ་དྲུག་འབྱུང་གི། ལྟ་བ་པོ་གཅིག་པོ་ནས་རེག་པ་པོའི་བར་དུ་གང་ཡང་མེད་པར་རིག་ནས་གང་དག་གང་ཟག་ལ་བདག་མེད ་པར་བསྟན་པས་འདུལ་བ་དེ་དག་གང་ཟག་ལ་བདག་མེད་པར་འཇུག་གོ། གཞན་དུ་ཡང་།བསྟན་པའི་ཆོས་ལ་བདག་མེད་པར་འཇུག་འགྱུར། གཞན་དུ་ཡང་ཞེས་བྱ་བ་ནི་རྣམ་པར་རིག་པ་ཙམ་ཉིད་དུ་བསྟན་པའོ། །ཇི་ལྟར་ཆོས་ལ་བདག་མེད་པར་འཇུག་ཅེ་ན། རྣམ་པར་རིག་པ་ཙམ་འདི་ཉིད་གཟུགས ་སོགས་པའི་ཆོས་སུ་སྣང་བར་འབྱུང་སྟེ། གཟུགས་ལ་སོགས་པའི་མཆད་ཉིད་ཀྱིས་ཆོས་གང་ཡང་མེད་པར་རིག་ནས་འཇུག། གལ་ཏེ་ཆོས་རྣམ་པ་ཐཾས་ཅད་དུ་མེད་ན་རྣམ་པར་རིག་པ་ཙམ་ཞེས་བྱ་བ་དེ་ཡང་མེད་པས་དེ་ཇི་ལྟར་རྣམ་པར་གཞག་ཅེ་ན། ཆོས་ནི་རྣམ་པ་ཐམས་ཅད་དུ་མེད་པ་མ་ཡིན་པས་དེ་ལྟར་ཆོས ་ལ་བདག་མེད་པར་འཇུག་པར་འགྱུར་ཏེ། བརྟགས་པའི་བདག་ཉིད་ཀྱིས། གང་བྱིས་པ་རྣམས་ཀྱིས་ཆོས་རྣམས་ཀྱི་རང་བཞིན་ཀུན་བརྟགས་པའི་བདག་ཉིད་དེས་དེ་དག་བདག་མེད་ཀྱི་སངས་རྒྱས་ཀྱི་སྤྱོད་ཡུལ་གང་ཡིན་པ་བརྗོད་དུ་མེད་པའི་བདག་ཉིད་ཀྱིས་ནི་མེད་པ་མ་ཡིན་ནོ། །དེ་ལྟར་རྣམ་པར་རིག་པ་ཅི ་ཡང་རྣམ་པར་རིག་པ་གཞན་གྱིས་ཀུན་བརྟགས་པའི་བདག་ཉིད་ཀྱིས་བདག་མེད་པར་རྟོག་པའི་ཕྱིར་རྣམ་པར་རིག་པ་ཙམ་དུ་རྣམ་པར་བཞག་པས་ཆོས་ཐམས་ཅད་ལ་ཆོས་ལ་བདག་མེད་པར་འཇུག་པ་ཡིན་གྱི། ཡོད་པ་དེ་ལ་ཡང་རྣམ་པ་ཐམས་ཅད་དུ་སྐུར་པས་ནི་མ་ཡིན་ནོ། །གཞན་དུ་ན་ནི་? ་རིག་པ་གཞན་ཡང་རྣམ་པར་རིག་པ་གཞན་གྱི་དོན་དུ་འགྱུར་བས་རྣམ་པར་རིག་པ་ཙམ་ཉིད་དུ་མི་འགྲུབ་སྟེ། རྣམ་པར་རིག་པ་རྣམས་དོན་དང་ལྡན་པའི་ཕྱིར་རོ། །བཅོམ་ལྡན་འདས་ཀྱིས་དགོངས་པ་འདིས་གཟུགས་ལ་སོགས་པའི་སྐྱེ་མཆེད་ཡོད་པར ་གསུངས་ཀྱི། །གཟུགས་ལ་སོགས་པའི་གང་དག་ཡོད་བཞིན་དུ་དེ་དག་རྣམ་པར་རིག་པར་སོ་སོའི་ཡུལ་དུ་མི་འགྱུར་རོ་ཞེས་བྱ་བ་དེ་ཇི་ལྟར་རྟོག་པར་བྱ་ཞེ་ན། འདི་ལྟར། དེ་ནི་གཅིག་ནའང་ཡུལ་མིན་ལ། །ཕྲ་རབ་རྡུལ་དུ་དུ་མའང་མིན། །དེ་དག་འདུས་པའང་མ་ཡིན ་ཏེ། འདི་ལྟར་རྡུལ་ཕྲན་མི་འགྲུབ་ཕྱིར། །ཇི་སྐད་དུ་བསྟན་པར་འགྱུར་ཞེ་ན། གང་གཟུགས་ལ་སོགས་པའི་སྐྱེ་མཆེད་གཟུགས་ལ་སོགས་བ་རྣམ་པར་རིག་པ་སོ་སོའི་ཡུལ་ཡིན་དུ་ཟིན་ན་དེ་ནི་གཅིག་པུ་ཞིག་ཡིན་ཏེ། ཇི་ལྟར་བྱེ་བྲག་པ་རྣམས་ཀྱིས་ཆ་ཤས་ཅན་གྱི་ངོ་བོར་བརྟགས་པའི ་ལྟ་བུ་འམ། །རྡུལ་ཕྲ་རབ་ཏུ་མ་འམ། རྡུལ་ཕྲ་རབ་དེ་དག་ཉིད་འདུས་པ་ཞིག་ཏུ་འགྱུར་གྲང་ན། གཅིག་པུ་དེ་ནི་ཡུལ་མ་ཡིན་ཏེ། ཆ་ཤས་རྣམས་ལས་གཞན་པ་ཆ་ཤས་ཅན་གྱི་ངོ་བོ་གང་ལའང་མི་འཛིན་པའི་ཕྱིར་རོ། །དུ་མའང་ཡུལ་མ་ཡིན་ཏེ། རྡུལ་ཕྲ་རབ་སོ་སོ་ལ་མི་འཛིན ་བའི་ཕྱིར་རོ། །དེ་དག་འདུས་པ་ཡང་ཡུལ་མ་ཡིན་ཏེ། འདི་ལྟར་རྡུལ་ཕྲ་རབ་རྫས་གཅིག་ཏུ་མི་འགྲུབ་པའི་ཕྱིར་རོ། །ཇི་ལྟར་མི་འགྲུབ་ཅེ་ན། འདི་ལྟར་དྲུག་གིས། ཅིག་ཅར་སྦྱར་བས་ན། །ཕྲ་རབ་རྡུལ་ཆ་དྲུག་ཏུ་འགྱུར། །ཕྱོགས་དྲུག་ནས་རྡུལ་ཕྲ་རབ་དྲུག་གིས་ཅིག་ཅར་དུ་སྦྱར་ན ་ནི་རྡུལ་ཕྲ་རབ་ཆ་དྲུག་ཏུ་འགྱུར་ཏེ། གཅིག་གིས་གོ་གང་ཡིན་པ་དེར་གཞན་མི་འབྱུང་བའི་ཕྱིར་རོ། །དྲུག་པོ་དག་ཀྱང་གོ་གཅིག་ན། གོང་བུ་རྡུལ་ཕྲ་བ་ཙམ་དུ་འགྱུར། །ཇི་སྙེད་རྡུལ་ཕྲ་རབ་གཅིག་གི་གོ་གང་ཡིན་པ་དེ་ཉིད་དུ་དྲུག་པོ་རྣམས་ཀྱི་གོ་ཡང་ཡིན་ན་དེ་ནི་ན་ཐམས་ཅད་གོ ་གཅིག་པའི་ཕྱིར་གོང་བུ་ཐམས་ཅད་རྡུལ་ཕྲ་རབ་ཙམ་དུ་འགྱུར་ཏེ། ཕན་ཚུན་ཐ་དད་པ་མེད་པའི་ཕྱིར་གོང་བུ་གང་ཡང་སྣང་བར་མི་འགྱུར་རོ། །ཁ་ཆེའི་བྱེ་བྲག་ཏུ་སྨྲ་བ་རྣམས་ཉེས་པ་འདི་འབྱུང་དུ་འོང་ངོ་ཞེས་ཏེ། རྡུལ་ཕྲ་རབ་རྣམས་ནི་ཆ་ཤས་མེད་པའི་ཕྱིར་སྦྱོར་བ་མ་ཡིན ་གྱིས། འདུས་པ་དག་ནི་ཕན་ཚུན་སྦྱོར་རོ་ཞེས་ཟེར་བ་དེ་དག་ལ་འདི་སྐད་དུ། རྡུལ་ཕྲ་རབ་རྣམས་འདུས་པ་གང་ཡིན་པ་དེ་དག་ལས་དོན་གཞན་ནམ་གཞན་མ་ཡིན་ནོ་ཞེས་བརྗོད་པར་བྱའོ། །རྡུལ་ཕྲན་སྦྱོར་བ་མེད་ན་ནི། །དེ་འདུས་ཡོང་པ་དེ་གང་གིས། །སྦྱོར་བ་ཞེས་བྱ་བར་བསྙེགས ་སོ། །ཆ་ཤས་ཡོད་པ་མ་ཡིན་པས། །དེའི་སྦྱོར་མི་འགྲུབ་མ་ཟེར་ཅིག། ཇི་སྟེ་འདུས་པ་དག་ཀྱང་ཕན་ཚུན་མི་སྦྱོར་རོ་ཞེན། རྡུལ་ཕྲ་རབ་གྱི་རྣམ་ནི་ཆ་ཤས་མེད་པའི་ཕྱིར་སྦྱོར་བ་མི་འགྲུབ་པོ་ཞེས་མ་ཟེར་ཅིག། འདུས་པ་ཆ་ཤས་དང་བཅས་པ་ཡང་སྦྱོར་བས་ཁས་མི་སྣེ་པའི་ཕྱིར་རོ། །དེ་བས་ན་རྡུལ་ཕྲ་རབ་རྫས ་གཅིག་དུ་མི་འགྲུབ་གོ། རྡུལ་ཕྲ་རབ་སྦྱོར་བར་འདོད་ཀྱང་རུང་མི་འདོད་ཀྱང་རུང་སྟེ། གང་ལ་ཕྱོགས་ཆ་ཐ་དད་ཡོད། །དེ་ནི་གཅིག་ཏུ་མི་རུང་ངོ། །རྡུལ་ཕྲ་རབ་ཀྱི་ཤར་ཕྱོགས་ཀྱི་ཆ་ཡང་བཞིན་པ་ནས་འོག་གི་ཆའི?་བར་དུ་ཡང་གཞན་ཏེ། ཕྱོགས་ཀྱི་ཆ་ཐ་དད་ན་དེའི་བདག་ཉིད་ཀྱི་རྡུལ་ཕྲ་རབ་གཅིག་པུར ་ཇི་ལྟར་རུང། གྲིབ་དང་སྒྲིབ་པར་ཇི་ལྟར་འགྱུར། །གལ་ཏེ་རྡུལ་ཕྲ་རབ་ར་རེ་ལ་ཡང་ཕྱོགས་ཀྱི་ཆ་ཐ་དད་པ་མེད་ན་ནི་ཉི་མ་ཤར་བའི་ཚེ་ངོས་གཞན་ན་ནི་གྲིབ་མི་འབབ་པར་ཇི་ལྟར་འགྱུར་ཏེ། དེ་ལྟ་ནི་གང་དུ་ཉི་མ་མི་འབབ་པའི་ཕྱོགས་གཞན་མེད་དོ། །གལ་ཏེ་ཕྱོགས་ཀྱི་ཆ་ཐ་དད་པར་མི་འདོད་ན་རྡུལ་ཕྲ་རབ ་ལ་རྡུལ་ཕྲ་རབ་གཞན་གྱིས་སྒྲིབ་པར་ཡང་ཇི་ལྟར་འགྱུར། །རྡུལ་ཕྲ་རབ་གང་ལ་ཡང་ཆ་ཤས་གཞན་མེད་ན། གང་དུ་འོང་བའི་ཕྱོགས་ལ་གཅིག་ལ་གཅིག་ཐོག་པར་འགྱུར། །ཐོགས་པ་མེད་ན་ནི་ཐཾས་ཅད་གོ་གཅིག་ཏུ་གྱུར་པས་འདུས་པ་ཐཾས་ཅད་རྡུལ་ཕྲ་རབ་ཙམ་དུ་འགྱུར་ཏེ། དེ་ནི་བཤད་ཟིན་ཏོ། །གྲིབ ་མ་དང་སྒྲིབ་པ་རྡུལ་ཕྲ་རབ་ཀྱི་མ་ཡིན་ཡང་།ཅི་གོང་བུའི་ཡིན་པ་དེ་ལྟར་ཡང་མི་འདོད་དམ། རྡུལ་ཕྲ་རབ་རྣམས་ལས་གོང་བུ་གཞན་ཞིག་ཡིན་པར་འདོད་དམ་ཅིན་དེ་དག་དེའི་ཡིན་སྨྲས་པ་ཡིན་ནོ། །གང་བུ་གཞན་མིན་དེ་དེའི་མིན། །གལ་ཏེ་རྡུལ་ཕྲ་རབ་རྣམས་ལས་གོང་བུ་གཞན་མ་ཡིན་ན་དེ་དག ་དའི་མ་ཡིན་པར་གྲུབ་པ་ཡིན་ནོ། །ཡོངས་སུ་རྟོག་པ་འདི་ནི་གནས་པའི་ཁྱད་པར་ཏེ། གཟུགས་ལ་སོགས་པའི་མཚན་ཉིད་ནི་མ་བཀག་ན་རྡུལ་ཕྲ་རབ་ཅེ་འམ། འདུས་པ་ཞེས་བསམ་པ་འདིས་ཅི་ཞིག་བྱ་ཞེ་ན། དེ་དག་གི་མཚན་ཉིད་གང་ཡིན་ནོ། །མིག་ལ་སོགས་པའི་ཡུལ་ཉིན་དང། སྔོན་པ་ལ་སོགས་པ ་ཉིད་དོ། །གང་མིག་ལ་སོགས་པའི་ཡུལ་སྔོན་པོ་དང། སེར་པོ་ལ་སོགས་པ་འདོད་པ་དེ་ཅི་རྫས་གཅིག་བུ་ཞིག་གམ། འོན་ཏེ་དུ་མ་ཞིག་ཅེས་དེ་དཔྱད་པར་བྱའོ། །འདིས་ཅི་ཞིག་བྱ་ཞེ་ན། དུ་མའི་ངེས་པ་ནི་བཤད་ཟིན་ཏོ། །གཅིག་ན་རིམ་གྱིས་འགྲོ་བ་མེད། །ཟིན་དང་མ་ཟིན་ཅིག་ཅར་མེད། །རིས་ཆང་ ་དུ་མར་གནས་པ་དང། །མིག་གིས་མི་བསོད་ཕྲ་བའང་མེད། །གལ་ཏེ་མིག་གི་ཡུལ་སྔོན་པོ་དང་སེར་པོ་ལ་སོགས་པ་གང་ཡིན་བ་དེ་རིས་སུ་མཆད་དེ་རྫས་གཅིག་པར་རྟོགས་ནས་ལ་རིམ་གྱིས་འགྲོ་བར་མི་འགྱུར་ཏེ་།གོམས་པ་གཅིག ་བོར་བས་ཐམས་ཅད་དུ་སོན་པའི་ཕྱིར་རོ། །ཚུ་རོལ་གྱི་ཆ་ཟིན་ལ་ཕ་རོལ་གྱི་ཆ་མ་ཟིན་པ། ཅིག་ཅར་དུ་མི་འགྱུར་ཏེ་།དེའི་ཚེ་ཟིན་པ་དང་མ་ཟིན་པ་དེ་མི་རིགས་སོ། །གླང་པོ་ཆེ་དང་རྟ་ལ་སོགས་པའི་རིས་སུ་ཆད་པ་དུ་མ་གཅིག་ན་འདུག་པར་མི་འགྱུར་ཏེ། གཅིག་གང ་ན་འདུག་པ་དེ་ཉིད་ན་གཞན་ཡང་འདུག་ན་དེ་དག་རིས་སུ་ཆད་པར་ཇི་ལྟར་རུང་།དེ་གཉིས་ཀྱིས་གང་ནོན་པ་དང་མནོན་པ་དེ་དག་གཅིག་ཏུ་ཇི་ལྟར་རུང་སྟེ་།བར་ན་དེ་དག་གིས་སྟོང་པ་གཟུང་དུ་ཡོད་པའི་ཕྱིར་རོ། །གལ་ཏེ་མཚན་ཉིད་ཐ་དད་པ་ཉིད་ཀྱིས་རྫས་གཞན་ཁོ་ནར་རྟོག་གི ་གཞན་དུ་མ་ཡིན་ན་གོ་།ཆུའི་སྐྱེ་བོ་ཕྲ་མོ་རྣམས་ཀྱང་ཆེན་པོ་དག་དང་གཟུགས་མཚུངས་པས་མིག་གིས་མི་སོང་བར་འགྱུར་རོ། །དེའི་ཕྱིར་ངེས་པར་རྡུལ་ཕྲ་རབ་ཐ་དད་པར་བརྟག་པར་བྱ་སྟེ་།དེ་དག་གཅིག་ཏུ་མི་འགྲུབ་བོ། །དེ་མ་གྲུབ་པས་གཟུགས་ལ་སོགས་པ་ཡང་མིག་ལ་སོཌ་པཱི ་ཡུལ་ཉིད་དུ་མི་འགྲུབ་སྟེ་།རྣམ་པར་རིག་པ་ཙམ་དུ་གྲུབ་པ་ཡིན་ནོ། །ཚད་མའི་དབང་གིས་ནི་ཡོད་དམ་མེད་པ་དམིགས་ཀྱིས་དབྱེ་བར་འགྱུར་ལ་།ཚད་མ་ཐཾས་ཅད་ཀྱིས་ནང་ན་མངོན་སུམ་གྱི་ཚད་མ་ནི་མཆོག་ཡིན་ནོ། །དོན་དེ་མེད་ན་འདི་ནི་བདག་གི་མངོན་སུ་མོ་སྙམ་པ་བློ་འདི་ཇི་ལྟར་འབྱུང་ཞི ་ན་།མངོན་སུཾ་བློ་ནི་རྨི་སོགས་བཞིན། །དོན་མེད་པར་ཡང་ཞེས་སྔར་བསྟན་པ་ཉིད་དོ། །དེ་ཡང་གང་ཚེ་དེའི་ཚེ། །ཁྱོད་ཀྱིས་དོན་དེ་མི་སྣང་ན། །དེ་ནི་མངོན་སུམ་ཇི་ལྟར་འདོད། །གང་གི་ཚེ་ཡུལ་འདི་ཉིད་ནི་བདག་གིས་མངོན་སུམ་མོ་སྙིང་དུ་མངོན་སུམ་གྱི་བློ་དེ་བྱུང་བ་དེའི་ཚེ་ཁྱོད་ཀྱིས་དོན་དེ་མི་སྣང་སྟེ་།ཡིད ་ཀྱི་རྣཾ་པར་ཤེས་པས་ཡོངས་སུ་བཅད་པ་དང་།མིག་གི་རྣཾ་པར་ཤེས་པ་ཡང་དེའི་ཚེ་འགགས་པའི་ཕྱིར་རོ། །ལྷག་པར་ཡང་སྐད་ཅིག་མར་སྨྲ་བས་དེ་མངོན་སུམ་དུ་ཇི་ལྟར་འདོད། །དེ་ལྟར་ན་དེའི་ཚེ་གཟུགས་དང་རོལ་སོཌ་པ་དེ་དག་ནི་འགགས་ཟིན་ཏོ། །མྱོང་བ་མེད་པར་ཡིད་ཀྱི་རྣཾ་པར་ཤེས་པ་དྲན་པར ་མི་འགྱུར་བ་?་གདོན་མི་ཟ་བར་མྱོང་བར་འགྱུར་ཏེ། དེ་ནི་དེ་མཐོང་བ་ཡིན་ནོ། །དེ་ལྟར་དེའི་ཡུལ་གཟུཌ་ལ་སོགས་བ་མངོན་སུམ་དུ་འདོད་དོ་ཞེ་ན་།མྱོང་བ་ནི་དོན་དྲན་བ་ཡིན་ནོ་ཞེས་དེ་མ་གྲུབ་སྟེ་།འདི་ལྟར་དཔེར་ན་དེར་སྣང་རྣམ་རིག་བཞིན། བཤད་ཟིན་ནས། དཔེར་ན་དོན་མེད་པར་དོན་དུ་སྣང་བ་མིག་གི་རྣཾ་པར་ཤེས་པ་ལས་སོ ་པའི་རྣམ་བར་རིག་པ་འབྱུང་བ་དེ་བཞིན་དེ་བཤད་ཟིན་ཏོ། །དེ་ལས་དྲན་པར་ཟད་།རྣམ་པར་རིག་པ་དེ་ལས་དྲན་པ་དང་མཚུངས་པར་ལྡན་བ་དེར་སྣང་བ་ཉིད་གཟུགས་ལ་སོགས་པ་ལ་རྣམ་པར་རྟོག་པ་ཡིད་ཀྱི་རྣཾ་པར་རིག་པ་འབྱུང་སྟེ་།དྲན་བ་བྱུང་བ་ལས་དོན་མྱོང་བར་མི་འགྲུབ་གོ་དཔེར་ན་རྨི་ལམ་གྱི་རྣཾ་པར་རིག་པའི་ཡུལ་ཡོད་པ་མ་ཡིན་པ་དེ་བཞིན་དུ། གལ་ཏེ་གཉིད་ཀྱིས་མ་ལོག་པའི་ཚེ་ན་ཡང་དེ་ལྟར་ཡིན་ན་ནི་དེ་ཁོ་ན་བཞིན་དུ་དེ་མེད་པར་འཇིག་རྟེན་རང་རང་གིས་ཁོང་དུ་ཆུད་པའི་རིག་ན། དེ་ལྟ་ཡང་མ་ཡིན་ཏེ་།དེའི་ཕྱིར་རྨི་ལམ་བཞིན་དུ་དོན་དམིགས་པ་ཐཾས་ཅད་དོན་མེད་པ་མ་ཡིན་ནོ་ཞེ་ན་།དེ་ནི ་གཏན་ཚིགས་སུ་མི་རུང་སྟེ་།འདི་ལྟར་རྨི་ལམ་མཐོང་པ་ཡུལ་མེད་པར། །མ་སད་པར་དུ་རྟོག་མ་ཡིན། །དེ་ལྟར་ལོག་པར་རྣམ་པར་རྟོག་པ་ལ་གོམས་པའི་བག་ཆགས་ཀྱི་གཉིད་ཀྱིས་ལོག་པའི་འཇིག་རྟེན་ནི་རྨི་ལམ་བཞིན་དུ་ཡང་དག་པ་མ་ཡིན་པའི་དོན་མཐོང་སྟེ་།མ་སད་ཀྱི་བར་དུ་དེ་མེད་པར་ཇི་ལྟ་བ་བཞིན? ་ཁྱད་པར་ཉིད་ལས་སེམས་ཅན་རྣམས་ཀྱི་དོན་དུ་སྣང་བའི་རྣམ་པར་རིག་པ་བྱུང་གི་དོན་གྱི་ཁྱད་པར་ལས་མ་ཡིན་ན་།རྟེན་པ་དེ་དང་བཤད་བ་དེ་མེད་བས་སྡིག་པའི་གྲོགས་པོ་དང། དགེ་བའི་བཤེས་གཉེན་ལ་རྟེན་བ་དང་།དམ་བ་དང་དམ་པ་མ་ཡིན་པའི་ཆོས་མཉམ་པ་ལས་སོན་རྣམས ་ཀྱི་རྣམ་པར་རིག་པ་ངེས་པ་ཇི་ལྟར་གྲུབ་པར་འགྱུར། །གཅིག་ལ་གཅིག་གི་དབང་གིས་ན། །རྣམ་པར་རིག་པ་ཕན་ཚུན་ངེས། །སེམས་ཅན་ཐམས་ཅད་ཀྱི་རྣམ་བར་རིག་བ་ཕན་ཚུན་དབང་གི་ཕན་ཚུན་དུ་རྣཾ་རིག་པ་རྣཾས་ངེས་བར་འགྱུར་ཏེ་།ཅི་རིགས་སུ་སྦྱར་རོ། །གཅིག་ལ་གཅིག་ཅེས་བྱ་བ་ནི་ཕན་ཚུན་ནོ། །དེའི་ཕྱིར་རྒྱུད་གཞན ་གྱིས་རྣམ་པར་རིག་པའི་ཁྱད་པར་ལས་རྒྱུད་གཞན་ལ་རྣམ་པར་རིག་པའོ་ཁྱད་པར་འབྱུང་གི། དོན་གྱི་ཁྱད་པར་ལས་ནི་མ་ཡིན་ནོ། །དཔེར་ན་རྨི་ལམ་གྱི་རྣམ་པར་རིག་བའི་དོན་མེད་པ་བཞིན་དུ་གལ་ཏེ་གཉིད་ཀྱིས་མ་ལོག་པའི་ཡང་དེ་ལྟ་ན་གཉིད་ཀྱིས་ལོག་བ་དང་མ ་ལོག་པ་ན་དགེ་བ་དང་མི་དགེ་བའི་ལས་ཀུན་ཏུ་དཔྱད་པའི་འབྲས་བུ་ཕྱི་མ་ལ་འདོད་བ་དང་མི་འདོད་པར་འདྲ་བར་ཅིའི་ཕྱིར་མི་འགྱུར་སེམས་ནི་གཉིད་ཀྱིས་ནོན་པས་ན། །དེ་ཕྱིར་མི་དང་འབྲས་མི་མཚུངས། །དེ་ནི་འདིར་རྒྱུ་ཡིན་གྱིས་དོན་ཡོད་བ་ནི་མ་ཡིན་ནོ། །གལ་ཏེ་འདི་དག་རྣཾ་རིག་པ་ཙམ ་དུ་ཟད་ན་གང་ལ་ཡང་ལུས་དང་དག་ཀྱང་མེད་པས་ཤན་པ་ལ་སོགས་པས་གསོད་པ་ན་ལུག་ལ་སོགས་པ་འཆི་བར་ཇི་ལྟར་འགྱུར། །འཆི་བ་དེ་དེས་མ་བྱས་ན་ནི་ཤན་པ་ལ་སོགས་པ་སྲོག་གཅོད་པའི་ཁ་ན་མ་ཐོ་བ་དང་ལྡན་པར་ཇི་ལྟར་འགྱུར་ཞེ་ན་།འཆི་བ་གཞན་གྱི་རྣཾ་རིག་བྱེ ་བྲག་ལས་དེ་དཔེར་བྱ་ན། འདྲེ་ལ་སོགས་པའི་ཡིད་དབང་གིས། །གཞན་གྱི་དྲན་ཉམས་འགྱུར་སོགས་བཞིན། །དཔེར་ན་འདྲེ་ལ་སོགས་པའི་ཡིད་ཀྱིས་དབང་གི་གཞན་དག་གིS་དྲན་པ་ཉམS་བ་དང་།རྨི་ལྟས་སུ་མཐོང་བ་དང། འབྱུང་བའི་གདོན་ཕབ་པར་འགྱུར་བ་དང་།རྫུ་འཕྲུལ་དང་།ལྡན་བའི ་ཡིད་ཀྱི་དབང་གིས་ཏེ། དཔེར་ན་འཕགས་པ་ཀ་ཏའི་བུ་ཆེན་པོའི་བྱིན་གྱིས་བརླབ་མ་གྱིས་སེར་ཎ་སརྨི་ལྟས་སུ་མཐོང་བ་དང་།དྲང་སྲོང་དགོན་པ་པའི་ཡིད་འཁྲུགས་པས་ཐག་བཟངས་རིགས་བཞིན་དུ་གཞན་གྱི་རྣམ་པ་རིག་པཱི་བྱེ་བྲག་གིས་སེམས་ཅན་གཞན་གྱི་སྲོག་གི་དབང་པོ་དང་མཐུན ་པའི་འགྱུར་བ་འགའ་འབྱུང་སྟེ། དེས་བསྐལ་པ་འདྲ་བའི་རྒྱུད་ཀྱིས་རྒྱུན་འཆད་པ་ཞེས་བྱ་བ་འཆི་བར་རིག་པར་བྱའོ། །དྲང་སྲོང་ཁྲོས་པའི་དནྟ་ཀའི། །དགོན་པ་ཇི་ལྟར་སྟོང་བར་འགྱུར། །གལ་ཏེ་གཞན་གྱི་རྣམ་བར་རིག་བྱེ་བྲག་གི་སེམS་ཅན་དག་འཆི་བར་མི་འདོད་ན་ཡིད་ཀྱི་ཉེས་པ་ཁ་ན་མཐོ ་བ་ཆེན་པོ་དང་བཅས་པ་ཉིད་དུ་སྒྲུབ་པ་ན། བཅོམ་ལྡན་འདས་ཀྱིས་ཁྱིམ་བདག་ཉེ་བར་འཁོར་ལ་བཀའ་སྩལ་པ། ཁྱིམ་བདག་ཁྱོད་ཀྱིས་?་ཀའི་དགོན་པ་དང་།ཀའི་?་དགོན་པ་དང་།མཏདྒའ་ཨི་དགོན་པ་དེ་དག་ཅི་ཞིག་གིས་སྟོང་པ་དང་།གཙང་མར་གྱུར་པ་ཅི་ཐོས་ཞེས་རྨས་པ་དང་།དེས་གོ་ཏོན་དྲང་སྲོང་རྣམS ་ཁོས་པས་དེ་ལྟར་མྱུར་ཅེས་ཐོས་སོ་ཞེས་གསོལ་ཏོ། །ཡིད་ཉེས་ཁ་ན་མཐོ་ཆེར། །ཇི་ལྟར་དེ་ཡིS་འགྲུབ་པར་འགྱུར། །གལ་ཏེ་འདི་ལྟར་རྟོག་སྟེ་།དེ་ལ་དགའ་བ་མི་མ་ཡིན་པ་དེ་དག་གིས་དེ་ན་གནས་པའི་སེཾས་ཅན་རྣམས་པ་བདག་གི་དྲང་སྲོང་རྣམས་ཀྱི་ཡིད་འཁྲུགས་བས་དོགས་བ་ནི་མ་ཡིན་ནོ་ཞེ ་ན་།དེ་ལྟར་ན་ལས་དེས་ལུས་དང་དག་གི་ཞེས་པ་རྣམས་པས་ཡིད་གྱི་ཉེས་པ་ཆེས་ཁ་ན་མ་ཐོ་བ་ཆེན་པོ་དང་བཅས་པར་འགྲུབ་པར་ཇི་ལྟར་འགྱུར་ཏེ་།དེའི་ཡིད་འཁྲུགས་པ་ཙམ་གྱིས་སེམས་ཅན་དེ་སྙེད་འཆིང་བར་འགྲུབ་བོ། །གལ་ཏེ་འདི་དག་རྣམ་པར་རིག་པ་ཅམ་དུ་ཟད་ན་གཞན་གྱི་སེམས་རིཌ་པS་ཅི ་གཞན་པ་སེམས་ཤེས་སམ་འོན་ཏེ་མི་ཤེས་ཤེ་ན་།འདིས་ཅི་ཞིག་བྱ་།གལ་ཏེ་མི་ཤེས་ན་ནི་གཞན་གྱིས་སེམས་རིག་པ་ཞེས་ཀྱང་ཅི་སྐད་དུ་བྱ་།ཇི་སྟེ་ཤེས་ན་ཡང་།གཞན་སེམས་རིག་པས་ཤེས་པ་ནི་།དོན་བཞིན་མ་ཡིན་ཇི་ལྟར་དཔེར། །རང་སེམས་ཤེས་པ་།དེ་ཡང་ཇི་ལྟར་དོན་ཇི་ལྟ་བ་བཞིན ་དུ་མ་ཡིན་ཞེ་ན། སངས་རྒྱས་ཀྱི་སྤྱོད་ཡུལ་ཇི་བཞིན་མ་ཤེས་ཕྱིར་།ཇི་ལྟར་དེ་བརྗོད་དུ་མེད་པའི་བདག་ཉིད་དུ་སངས་རྒྱས་ཀྱི་སྤྱོད་ཡུལ་དུ་གྱུར་པ་དེ་ལྟར་དེས་མ་ཤེས་པའི་ཕྱིར་དེ་གཉི་ག་ཡང་དོན་ཇི་ལྟ་བ་བཞིན་མ་ཡིན་ཏེ། ལོག་པར་སྣང་བའི་ཕྱིར་རོ། །གཟུང་བ་དང་འཛིན་པའི་རྣམ་པར ་རྟོག་པ་མ་སྤངས་པའི་ཕྱིར་རོ། །རྣམ་པར་རིག་བ་ཙམ་གྱི་རབ་ཏུ་དབྱེ་བ་རྣམ་པར་ངས་པ་མཛའ་ཡས་ལ་གཏིང་མི་དཔོག་ཤིང་ཟ་བའི། །རྣམ་རིག་ཙམ་དུ་གྲུབ་བ་འདི། །བདག་གིས་བདག་གི་མཐུ་འདྲ་བར། །བྱས་ཀྱི་དེ་ཡི་རྣམ་པ་ཀུན། །བསམ་ཡས་།བདག་འདྲ་བས་རྣམ་པ་ཐམས་ཅད་ནི ་བསམ་པར་མི་ནུས་ཏེ་།རྟོག་གེའི་སྤྱོད་ཡུལ་མ་ཡིན་པའི་ཕྱིར་རོ། །འོ་ན་དེ་རྣམ་པ་ཐམས་ཅད་དུ་སུའི་སྤྱོད་ཡུལ་ཡིན་སྙམ་པ་ལ། སངས་རྒྱས་སྤྱོད་ཡུལ་ལོ་ཞེས་བྱ་བ་སྨོས་ཏེ་།དེ་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སྤྱོད་ཡུལ་ཡིན་ཏེ། ཤེས་བྱ་ཐམས་ཅད་ཀྱི་རྣམ་པ ་ཐམས་ཅད་ལ་མཁྱེན་པ་ཐོགས་པ་མི་མངའ་བའི་ཕྱིར་རོ། །སློབ་དཔོན་དབྱིག་གཉེན་གྱི་མཛད་པའི་ཉི་ཤུ་བའི་གྲེལ་པ་རྫོགས་སོ།། །།རྒྱ་གར་ཀྱི་མཁན་པོ་ཛ་ན་མེ་ཏྲ་དང། ཤཱི་ལེནྡྲ་བོ་དྷི་དང་།ཞུ་ཆེན་གྱི་ལོ་ཙཱ་བ་བནདེ་ཡེ་ཤེས་སྡེས་ཞུས་ཏེ་གཏན་ལ་ཕབ་པ།། །། ་