| Wylie | e-texts based on the ACIP/ALL Input |
བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །།རྒྱ་གར་སྐད་དུ། བིངཤ་ཀ་ཀཱ་ར་ཀེ་།བོད་སྐད་དུ། ཉི་ཤུ་པའི་ཚིག་ལེའུར་བྱས་པ། འཇམ་དཔལ་གཞན་ནུར་གྱུར ་པ་ལ་ཕྱག་འཚལ་ལོ། །འདི་དག་རྣམ་པར་རིག་ཙམ་ཉིད། །ཡོད་པ་མ་ཡིན་དོན་སྣང་ཕྱིར། །དཔེར་ན་རབ་རིབ་ཅན་དག་གིས། །སྐྲ་ཟླ་ལ་སོགས་མེད་མཐོང་བཞིན། །གལ་ཏེ་རྣམ་རིག་དོན་མ་ནི་ན།། ་ཡུལ་དང་དུས་ལ་ངེས་མེད་ཅིང། །སེམས་ཀྱང་ངེས་མེད་མ་ཡིན་ལ། །བྱ་བ་བྱེད་པའང་མི་རིགས་འགྱུར། །ཡུལ་ལ་སོགས་བ་ངེས་འགྲུབ་སྟེ། །རྨི་འདྲའོ་སེམས་ཀྱང་ངེས་པ་མེད། །ཡི་དགས་བཞིན་ཏེ་ཐམས་ཅད་ཀྱིས་?་ཀླུང་ལ་རྣག་ལ་སོགས་མཐོང་བཞིན། །བྱ་བྱེད་རྨི ་ལམ་གཅོད་པ་འདུ། །ཐམས་ཅད་སེམས་ཅན་དམྱལ་བ་བཞིན། །དམྱལ་བའི་སྲུང་མ་སོགས་མཐོང་དང། །དེ་དག་གི་ནི་གནོད་ཕྱིར་རོ། །ཇི་ལྟར་དུད་འགྲོ་མཐོ་རིས་སུ། །འབྱུང་བ་དེ་ལྟར་དམྱལ་བ་མིན། །ཡི་དགས་མིན་ཏེ་འདི་ལྟ་བུ། །དེ་ཡོད་སྡུག་བསྔལ་ངེས་མི་མྱོང།། ་གལ་ཏེ་དེའི་ལས་ཀྱིས་དེར། །འབྱུང་བ་ངག་ནི་འབྱུང་བ་དང། །དེ་བཞིན་འགྱུར་བར་འདོད་ན་གོ་།རྣམ་པར་ཤེས་པར་ཅིས་མི་འདོད། །གཞན་ན་ལས་ཀི་བག་ཆགས་ལ། །འབྲས་བུ་དག་ནི་གཞན་དུ་རྟོག་།གང་ན་བག་ཆགས་ཡོད་པ་དེར། །ཅི་ཡི་ཕྱིར་ན་འདོད་མི་བྱ། །གཟུང ་སོགས་སྐྱེ་མཆེད་ཡོད་པར་ནི། །དེས་འདུལ་བ་ཡི་སྐྱེ་བོ་ལ། །དགོངས་པའི་དབང་གིས་གསུངས་བ་ཏེ། །རྫས་ཏེ་འབྱུང་བའི་སེམས་ཅན་བཞིན་དག?་གི་ས་བོན་གང་ལས་སུ། །རྣམ་རིག་སྣང་བ་གང་འབྱུང་བ། །དེ་དག་དེ་ཡི་སྐྱེ་མཆེད་ནི། །རྣམ་པ་གཉིས་སུ་ཐུབ་པས་གསུངས། །དེ ་ལྟར་གང་ཟག་བདག་མེད་པར། །འཇུག་པར་འགྱུར་རོ་གཞན་དུ་ཡང། །བསྟན་པས་ཆོས་ལ་བདག་མེད་པར། །འཇུག་འགྱུར་བརྟགས་པའི་བདག་ཉིད་ཀྱིས། །དེ་ནི་གཅིག་ནའང་ཡུལ་མིན་ལ། །ཕྲ་རབ་རྡུལ་དུ་དུ་མའང་མིན། །དེ་དག་བ་དུས་པའི་དམ་ཡིན་ཏེ། །འདི་ལྟར་རྡུལ ་ཕྲན་མི་འགྲུབ་ཕྱིར། །དྲུག་གི་ཅིག་ཅར་སྦྱར་བ་ན། །ཕྲ་རབ་རྡུལ་ཆ་དྲུག་ཏུ་འགྱུར། །དྲུག་པོ་དག་ནི་གོ་གཅིག་ན། གོང་བུ་རྡོལ་ཕྲན་ཙམ་དུ་འགྱུར། །རྡུལ་ཕྲན་སྦྱོར་བ་མེད་ན་ནི། །དེ་?་དུས་ཡོང?་བདེ་གང་གིས། ཆ་ཤས་ཡོད་པ་མ་ཡིན་བས། །དེ་སྦྱོར་མི་འགྲུབ་མ་ཟེར་ཅིག། གང ་ལ་ཕྱོགས་ཆ་ཐ་དད་ཡོད། །ད་ནི་གཅིག་ཏུ་མི་རུང་ངོ། །གྲིབ་དང་སྒྲིབ་པར་ཇི་ལྟར་འགྱུར། །གོང་བུ་གཞན་མིང་དེ་དེའི་མིན། །གཅིག་ན་རིམ་གྱིས་འགྲོ་བ་མེད། །ཟིན་དང་མ་ཟིན་ཅིག་ཅར་མེད། །རིས་ཆང་དུ་མར་གནས་པ་དང། མིག་གིས་མི་གསོང་ཕྲ་བ་འང་མེད། །མངོན་སུམ་བློ་ནི་རྨི་ ་སོགས་བཞིན། །དེ་ཡང་གང་ཆེ་དེ་ཡི་ཆེ། །ཁྱོད་ཀྱི་དོན་དེ་མི་སྣང་ན། །དེ་ནི་མངོན་སུམ་ཇི་ལྟར་འརྡོང?། །དཔེར་ན་དེར་སྣང་རྣམ་རིག་བཞིན། །བཤད་ཟིན་དེ་ལས་དྲན་བར་ཟང། །རྨི་ལམ་མཐོང་བ་ཡུལ་མེད་པར། །མ་སང་བར་དུ་རྟོགས་པ་ཡིན་ནོ། །གཅིག་ལ་གཅིབ? ་གི་དབང་གིས་ན། །རྣམ་པར་རིག་པ་ཕན་ཚུན་ངེས། །སེམས་ནི་གཉིད་ཀྱིས་ནོན་པས་ན། །དེ་ཕྱིར་རྨི་དང་འབྲས་མི་མཚུངས། །འཆི་བ་གཞན་གྱི་རྣམ་རིག་གིས། །བྱེ་བྲག་ལས་ཏེ་དབང་བྱིན། །འདྲེ་ལ་སོགས་པའི་ཡིད་དབང་གིས། །གཞན་གྱི་དྲན་ཉིས་འགྱུར་སོགས་བཞིན། །དྲང ་སྲོང་བྲོས་པས་དནྟེ་ཀའི། །དགོན་པ་ཇི་ལྟར་སྟོང་པར་འགྱུར། །ཡིད་ཉེས་ཁ་ན་མ་ཐོ་ཚད། །དེ་ཡིས་ཇི་ལྟར་འགྲུབ་པར་འགྱུར། །གཞན་སེམས་རིག་པའི་ཤེས་པ་ནི། །དོན་བཞིན་མ་ཇི་ལྟར་དཔེར། །རང་སེམས་ཤེས་པས་སངས་རྒྱས་ཀྱི། །སྤྱོད་ཡུལ་ཇི་བཞིན་མ་ཤེས་ཕྱིར། ་རྣམ་རིག་ཙམ་དུ་གྲུབ་པ་འདི། །བདག་གིས་བདག་གི་མཐུ་འདྲ་བར། །བྱས་ཀྱི་དེ་ཡི་རྣམ་པ་ཀུན། །བསམ་ཡས་སངས་རྒྱས་སྤྱོད་ཡུལ་ལོ། །ཉི་ཤུ་པའི་ཚིག་ལེའུར་བྱས་པ་སློབ་དཔོན་དབྱིག་གཉེན་གྱིས་མཛད་པ་རྫོགས་སོ།། །རྒྱ་གར་གྱི་མཁན་པོ་ཛིན ་མི་ཏྲ་དང། ཤི་སེནྡྲ་བོ་དྷི་དང་ངན་ཤཱི་ལ་དང། ཞུ་ཆེན་གྱི་ལོ་ཙ་བ་བནདེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །།རྒྱ་གར་སྐད་དུ་འདི་ཤི་ཀ་བྲི་ཏ་ཏི། བོད་སྐད་དུ། ཉི་ཤུ་པའི་འགྲེལ་པ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག ་