| Wylie | e-texts based on the ACIP/ALL Input |
རྒྱ་གར་སྐད་དུ། ཨ་བྷིདྷརྨམ་ས་མུཙྪ་ཡ་བྷཱ་ཥྱཾ། བོད་སྐད་དུ། ཆོས་མངོན་པ་ཀུན་ལས་བཏུས་པའི་བཤད ་པ། བམ་པོ་དང་པོ། །འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །ཅིའི་ཕྱིར་བསྟན་བཅོས་འདི་བརྩམས་ཤེ་ན་། ་ཕུང་པོ་ལ་སོགས་པ་ལས་བརྩམས་ཏེ། དུ་དང་ཅིའི་ཕྱིར་ཞེས་བྱ་བ་སོགས་པ་བསམ་པའི་གནས་རྣམས་ལ་མཁས་པར་བྱ་བཱི ་ཕྱིར་བརྩམས་སོ། །འདི་ལྟར་མཁས་པ་འདིས་ནི་ཕན་ཡོན་རྣམ་པ་གཉིས་འཐོབ་སྟེ། ཡིད་ལ་བྱེད་པའི་ཕན་ཡོན་དང། འབེལ་བའི ་གཏམ་གཏན་ལ་འབེབས་པའི་ཕན་ཡོན་ནོ། །དེ་ལ་ཡིད་ལ་བྱེད་པའི་ཕན་ཡོན་ནི་ཞི་གནས་ཀྱི་རྗེས་སུ་མཐུན་པ་དང། ལྷག ་མཐོང་འཕེལ་བའི་རྗེས་སུ་མཐུན་པར་རིག་པར་བྱའོ། །ཞི་གནས་ཀྱི་རྗེས་སུ་མཐུན་པ་ནི་གནས་འདི་དག་ལ་མཁས་པར་བྱས་པས་ཐེ་ཚོམ ་མེད་པས། འདི་ལྟར་རང་གི་དམིགས་པ་ལ་རྩེ་གཅིག་པའི་ཚུལ་གྱིས་བདེ་བར་སེམས་མཉམ་པར་འཇོག་པའི་ཕྱིར་ཞི་གནས་ཀྱི་རྗེས་སུ ་མཐུན་ནོ། །ལྷག་མཐོང་འཕེལ་བའི་རྗེས་སུ་མཐུན་པ་ནི་རྣམ་པ་མང་པོར་ཤེས་བྱ་ཡོངས་སུ་བརྟགས་པས་ཤེས་རབ་ཁྱད་ཞུགས ་པར་འགྲོ་བའི་ཕྱིར།། ལྷག་མཐོང་གི་རྗེས་སུ་མཐུན་ནོ། །འབེལ་བའི་གཏམ་གཏན་ལ་འབེབས་པའི་ཕན་ཡོན་ནི་གནས་འདི་དག་ལ་མཁས་པས་དྲི་བ་ཐམས་ཅད་ལུང ་སྟོན་པའི་མཐུ་དང་ལྡན་པས་མི་འཇིགས་པ་ཐོབ་པར་བལྟའོ། །བདག་གི་གཞི་རྣམ་པ་ལྔ་བརྗོད་པའི་ཕྱིར་ཏེ། །ཞེས་བྱ་བ་འདི་ལ་རྣམ་པ་བཞི་ནི་བདག་གི་གཞི་ཡིན་པས ་བདག་གི་གཞིའོ། །ལྔ་པ་ནི་བདག་གི་མཚན་ཉིད་ཁོ་ན་སྟེ། གཞི་ཡིན་པས་བདག་གི་གཞིར་རིག་པར་བྱའོ། །ལུས་ཡོངས་སུ་གཟུང་བ་དང་བཅས་པ་སྨོས་པས་ནི་ཕྱི ་དང་ནང་གི་གཟུགས་ཀྱི་ཕུང་པོ་བསྡུས་སོ། །ཚོར་བ་ལ་སོགས་པ་ནི་ལོངས་སྤྱོད་ལ་སོགས་པ་ཉིད་དེ། དེ་དག་གི་མཚན་ཉིད་བསྟན་པའི་སྐབས་སུ་འཆད་དོ། །དེ་དག ་གི་གནས་ནི་བདག་གི་གཞི་རྣམ་པར་ཤེས་པ་སྟེ། ལུས་ཡོངས་སུ་གཟུང་བ་དང་བཅས་པ་ལ་སོགས་པ་དེ་དག་གི་གནས་ནི་བདག་གི་མཚན་ཉིད་དེ། གཞི་ཞེས ་བྱ་བའི་ཐ་ཚིག་གོ་།འདི་ལྟར་འཇིག་རྟེན་ཕལ་ཆེར་རྣམ་པར་ཤེས་པའི་ཕུང་པོ་ལ་བདག་ཏུ་འཛིན་ལྷག་མ་རྣམས་ལ་ནི་བདག་གིར་འཛིན་ཏོ། །ལུས ་དང་ཡོངས་སུ་གཟུང་བ་གཉིས་གྱིས་ཞེས་བྱ་བ་ལ། མིག་ལ་སོགས་པ་དབང་པོ་དྲུག་དང། གཟུགས་ལ་སོགས་པ་ཡུལ་དྲུག་གིས་སོ། །འདས་ལ་དད་ད་ལྟར་གྱི་ཉེ་བར ་སྤྱོད་པ་དྲུག་ནི་རྣམ་པར་ཤེས་བདུག་སྟེ། དེ་འཛིན་པ་ནི་གནས་དང་དམིགས་པའི་དངོས་པོ་འཛིན་ཏོ། །དབང་པོ་དང་ཡུལ་བཅུ་གཉིས་ནི་དེ་ལྟར་དེ་འཛིན་པའི་ཕྱིར ་ཁམས་སོ། །རྣམ་པར་ཤེས་པ་རྣམས་ནི་ཉེ་བར་སྤྱོད་པའི་མཚན་ཉིད་འཛིན་པས་ཁམས་ཉིད་དུ་རིག་པར་བྱའོ། །སྐྱེ་བའི་སྒྲོ་ཙམ་ཡིན་པའི་ཕྱིར་དབང་པོ་དང་དོན་ཙམ ་སྨོས་པས་སྐྱེ་མཆེད་བཅུ་གཉིས་ཁོ་ནར་རྣམ་པར་བཞག་པ་ཡིན་ཏེ། ཉེ་བར་སྤྱོད་པའི་མཚན་ཉིད་རྣམ་པར་ཤེས་པ་དྲུག་ནི་རྣམ་པར་མ་བཞག་གོ་།ཉེ་བར་ལེན་པ ་ནི་འདུན་པ་དང་འདོད་ཆགས་ཏེ། དེ་ལ་འདུན་པ་ནི་འདོད་པའོ། །འདོད་ཆག་ནི་ལྷག་པར་ཆགས་པའོ། །འདུན་པས་ནི་མ་འོངས་པའི་ལུས་འདོད་པའི་སྒོ་ནས་ལེན་ཏེ། དེས་མ་འོངས་པའི་ཕུང་པོ་རྣམས་འགྲུབ ་པོ། །འདོད་ཆགས་ཀྱིས་ནི་ད་ལྟར་གྱི་ལུས་ལ་ལྷག་པར་ཆགས་པའི་སྒོ་ནས་ལེན་ཏེ། དེས་ད་ལྟར་གྱི་ཕུང་པོ་རྣམས་ཡོངས་སུ་མི་གཏོང་ངོ། །དེ་བས་ན་འདི་གཉིས་ཡང་ཉེ་བར་ལེན་པ་ཞེས་བྱའོ། །དེ་ལ་ཕུང་པོ ་བཞིན་དུ་བཤད་དོ། །ཅེས་བྱ་བ་ནི་ཉེ་བར་ལེན་པ་དང་ལྡན་པ་སྟེ། དེའི་ཕྱིར་ཉེ་བར་ལེན་པ་དང་བཅས་པའི་ཆོས་རྣམས་སུ་རིག་པར་བྱའོ། །རེག་པས་གཟུགས་སུ་ཡོད་པས་ནི་གཞན་དུ་འགྱུར་བར་རིག་པར ་བྱའོ། །གང་ཡུལ་ལ་ཞེས་བྱ་བ་ནི་མངོན་དུ་གྱུར་པའི་ཕྱོགས་ལའོ། །འདི་དང་འདིའོ་ཞེས་བྱ་བ་ནི་ཀེང་རུས་ལ་སོགས་པ་ཞེས་བྱ་བའི་དངོས་པོ་དང་འདྲ་པའི་གཟུགས་བརྙན་ནོ། །འདི་ལྟ་བུ་དང་འདི་ལྟ་བུ་ཞེས་བྱ་བ་ནི ་ཁ་དོག་དང་དབྱིབས་ཀྱི་བྱེ་བྲག་གོ་།བཀྲ་བར་འཛིན་པ་ཞེས་བྱ་བ་ནི་དེ་ལྟར་འདུ་ཤེས་པའོ། །ལས་དགེ་བ་རྣམས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ནི་བདེ་བ་མྱོང་བའོ། །ལས་མི་དགེ་བ་རྣམས་ཀྱི་འབྲས ་བུ་རྣམ་པར་སྨིན་པ་ནི་སྡུག་བསྔལ་མྱོང་བའོ། །གཉི་གའི་འབྲས་བུ་རྣམ་པར་སྨིན་པ་ནི་སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པ་མྱོང་བ་སྟེ། །འདི་ལྟར་དགེ་བ་དང་མི་དགེ་བ་རྣམས་ཀྱི་རྣམ་པར ་སྨིན་པ་ཀུན་གཞི་རྣམ་པར་ཤེས་པ་ནི་རྟག་ཏུ་བཏང་སྙོམས་ཉིད་དང་མཚུངས་པར་ལྡན་པ་ཡིན་ཏེ། བཏང་སྙོམས་དེ་ཉིད་རྣམ་པར་སྨིན་པའོ། །བདེ་བ་དང་སྡུག་བསྔལ་དེ་ནི་རྣམ་པར་སྨིན་པ་ལས ་བྱུང་བའི་ཕྱིར་རྣམ་པར་སྨིན་པ་ཞེས་ཉེ་བར་གདགས་སོ། །མཐོང་བ་དང་ཐོས་པ་དང་བྱེ་བྲག་ཕྱེད་པ་དང་རྣམ་པ་ཤེས་པའི་དོན་རྣམས་ལ་ཞེས་བྱ་བ་ལ། མཐོང་བ་ནི་གང་མིག་གིས་མྱོང་བའོ། །ཐོས་པ་ནི་གང་རྣ་བས ་མྱོང་བའོ། །བྱེ་བྲག་ཕྱེད་པ་ནི་གང་འདི་དང་འདི་ལྟ་བུར་འགྱུར་རོ། །ཞེས་བྱ་བ་འདི་ནི་བདག་ཉིད་ཀྱིས་མངོན་པར་བརྟགས་པའོ། །རྣམ་པར་ཤེས་པ་ནི་གང་སོ་སོ་རང་གིས་མྱོང་བའོ། །ཐ་སྙད་འདོགས ་པ་ཞེས་བྱ་བ་ནི། མངོན་པར་བརྗོད་པ་རྣམས་ཀྱིས་གོ་བར་བྱེད་ཅེས་བྱ་བའི་ཐ་ཚིག་གོ་།གནས་སྐབས་སྣ་ཚོགས་རྣམས་སུ་ཞེས་བྱ་བ་ནི་བདེ་བ་དང་སྡུག་བསྔལ་ལ་སོགས་པ་རྣམས་སུའོ། །མིག་གང ་གིས་གཟུགས་རྣམས་མཐོང་བར་གྱུར་པ་ཞེས་པ་ནི་འདས་པའི་རྣམ་པར་ཤེས་པ་ཉེ་བར་སྤྱོད་པ་འཛིན་པ་ཉེད་ཀྱིས་ཁམས་ཉིད་དུ་སྟོན་ཏོ། །ལྟ་བ་ཞེས་བྱ་བ་ནི་ད་ལྟར་གྱི་རྣམ་པར་ཤེས་པ་ཉེ་བར་སྤྱོད་པ ་འཛིན་པ་ཉིད་ཀྱིས་ཁམས་ཉིད་དུ་སྟོན་ཏོ། །མིག་དེའི་ས་བོན་བསགས་པའི་ཀུན་གཞི་རྣམ་པར་ཤེས་པ་གང་ཡིན་པ་ཡང་ཁམས་ཏེ། གང་ལས་ཕྱི་མ་ལ་མིག་འགྲུབ་པར་འགྱུར་བའོ། །རྣམ་པར་སྨིན་པ་འང་ཁམས་ཏེ ་གང་ལས་གྲུབ་ཟིན་པའོ། །ས་བོན་རྣམ་པ་དེ་གཉི་ག་ཡང་མིག་གི་རྒྱུ་ཡིན་པས་མིག་གི་ཁམས་ཞེས་བྱའོ། །མིག་གི་ཁམས་ནི་གཟུགས་ལ་དབང་བྱེད་པ་སྟེ། དབང་པོའི་དབང་གིས་ཕྱི་རོལ་གྱི་ཡུལ་འགྲུབ་བའི་ཕྱིར་རོ། །རང་གི་རྟེན་དང་དམིགས་པའི་བྱེ་བྲག ་ཅན་ཡིན་ནོ། །དེ་ནི་ཁམས་བཞིན་དུ་བལྟ་སྟེ་ཇི་ལྟར་མཐུན་མཐུན་དུ་སྦྱར་རོ། །ཞེས་བྱ་བ་ནི་མིག་གང་གི་གཟུགས་རྣམས་མཐོང་བར་འགྱུར་བ་དང། དེའི་ས་བོན་བསགས་པའི་ཀུན་གཞི་རྣམ་པར་ཤེས་པ་གང་ཡིན་པ་སྟེ། གང་ལས་ཕྱི་མ་ལས་མིག་འགྲུབ ་པར་འགྱུར་ཞེས་བྱ་བ་དང་སྦྱར་རོ། །འབྱུང་བ་ཆེན་པོ་བཞི་དག་རྒྱུར་བྱས་པ་ཞེས་བྱ་བ་ལ་རྒྱུར་བྱས་པའི་གཟུགས་ཇི་ལྟ་བུ་ཞེ་ན། འབྱུང་བ་ཆེན་པོ་བཞི་དག་རྒྱུར་བྱས་པའི་ནི་སྐྱེད་པ་དང། བརྟེན་པ་དང། གནས་པ་དང། རྟོན་པ་དང། འཕེལ་བར ་བྱེད་པའི་རྒྱུ་ཡིན་པའི་ཕྱིར་རོ། །འབྱུང་བ་དག་རྒྱུར་བྱས་པའི་གཟུགས་ལ་རྒྱུ་རྣམ་པ་ལྡིང?་དབང་དུ་བྱས་ནས་སྐྱེད་པ་ལ་སོགས་པ་ཉིད་རྒྱུ་ཉིད་ཡིན་ཏེ། འབྱུང་བའི་རྒྱུ་ཉིད་ནི་འདི་དག་མེད་ན་དེ་མི་འབྱུང་བའི་ཕྱིར་རོ། །འདུག་པའི་རྒྱུ་ཉིད་ནི་འབྱུང་བ ་རྣམས་བསལ་ནི་རྒྱུར་བྱས་པའི་གཟུགས་ལ་ལོགས་ཤིག་ཏུ་ཡུལ་གནོན་པའི་མཐུ་མེད་པའི་ཕྱིར་རོ། །རྗེས་སུ་འགྱུར་བའི་རྒྱུ་ཉིད་ནི་འབྱུང་བ་གྱུར་ན་དེ་ལ་གནས་པའི་རྒྱུར་བྱས་པའི་གཟུགས་ཀྱང་འགྱུར་བའི་ཕྱིར་རོ། །གནས་པར་བྱེད་པའི་རྒྱུ་ཉིད་ནི ་མཚུངས་པར་འབྱུང་བའི་དུས་ན་འབྱུང་བ་རྣམས་ཀྱི་རྒྱུར་བྱས་པའི་གཟུགས་ཀྱི་རྒྱུད་བ་རྒྱུན་མི་འཆད་པའི་ཚུལ་དུ་འཛིན་པའི་ཕྱིར་རོ། །འཕེལ་བར་བྱེད་པའི་རྒྱུ་ཉིད་ནི་འཕེལ་བའི་དུས་ན་འབྱུང་བ་རྣམས་ཀྱིས་རྒྱུར་བྱས་པའི་གཟུགས་ཡོངས་སུ་རྒྱས་པར་འགྱུར ་བའི་ཕྱིར་རོ། །སྔོན་པོ་ལ་སོགས་པ་གཟུགས་རྣམས་པ་ཉི་ཤུ་རྩ་ལྔ་ནི་མཚན་ཉིད་དང། གནས་པ་དང། ཕན་གནོད་དང་བྱེད་པའི་རྟེན་དང་བྱེད་པའི་མཚན་ཉིད་དང། རྒྱན་དང། རྣམ་པ་དྲུག་གིས་རྣམ་པར་བཞག་པར་རིག་པར་བྱའོ། །བཞི་དང། བཅུ་དང། ་བརྒྱད་དང། གཅིག་དང། གཅིག་དང། གཅིག་དང་གོ་རིམ་བཞིན་ནོ། །དེ་ལ་མངོན་པར་སྐབས་ཡོད་པ་ཞེས་བྱ་བ་ནི་དེ་ལས་གཞན་པ་ཟློག་པར་བྱེད་པའི་རེག་བྱ་དང་བྲལ་བའི་ཕྱོགས་གང་ཡིན་པའོ། །ནམ་མཁའ་ཞེས་བྱ་བ་ནི། གང་སྟེང་ན་སྔོན་པོར ་སྣང་བའོ། །སྒྲ་ནི་མཚན་ཉིད་དང། ཕན་གནོད་དང། རྒྱུས་རབ་ཏུ་དབྱེ་བ་དང། བཤད་པ་ས་རབ་ཏུ་དབྱེ་བ་དང། ཐ་སྙད་ཀྱིས་རབ་ཏུ་དབྱེ་བས་རྣམ་པར་བཞག་གོ། མཚན་ཉིད་ནི་རྣ་བའི་དབང་པོའི་གཟུང་བའི་དོན་གང་ཡིན་པ་ཞེས་བྱ་བའོ། །བསྟན་པས་རབ་ཏུ་དབྱེ་བ ་ནི་འཇིག་རྟེན་གྱི་གྲགས་པ་ལ་སོགས་པ་གསུམ་མོ། །ལྷག་མ་ནི་ཇི་ལྟར་མཐུན་མཐུན་དུ་རིག་པར་བྱའོ། །དེ་ལ་ཟིན་བའི་འབྱུང་བ་ཆེན་པོར་རྒྱུ་ལས་བྱུང་བ་ནི་འདི་ལྟ་སྟེ། ངག་གི་སྒྲའོ། །བྲིན་བ་མ་ཡིན་བའི་འབྱུང་བ་ཆེན་པོའི་རྒྱུ་ལས་བྱུང་བ་ནི་འདི་ལྟ་སྟེ། ་ཤིང་ལ་སོགས་པའི་སྒྲའོ། །དེ་གཉི་ག་ནི་འདི་ལྟ་སྟེ། ལག་པ་དང་རྫ་ལྔ་ལ་སོགས་པའི་སྒྲའོ་།འཇིག་རྟེན་གྱི་གྲགས་པ་ནི། འཇིག་རྟེན་པའི་སྐད་ཀྱིས་བསྡུས་པའོ། །གྲུབ་པས་བསྟན་པ་ནི་འཕགས་པ་རྣམས་ཀྱིས་བསྟན་པའོ། །ཀུན་ཏུ་བརྟགས་པ་ནི་མུ ་སྟེགས་པ་ཅན་རྣམས་ཀྱིས་བསྟན་པའོ། །འཕགས་པས་ཐ་སྙད་བཏགས་པ་དང། འཕགས་པ་མ་ཡིན་པས་ཐ་སྙད་བཏགས་པ་ནི། མཐོང་བ་ལ་སོགས་པ་ཐ་སྙད་བརྒྱད་ཀྱི་དབང་དུ་བྱས་པར་རིག་པར་བྱའོ། །དྲི་ནི་རང་གི་མཚན་ཉིད་དང། ཕན་གནོད་དང། གནས ་སྐབས་ཀྱི་སྒོ་ནས་རབ་ཏུ་དབྱེ་བས་རྣམ་པར་བཞག་གོ། རོ་ཡང་དེ་བཞིན་དུ་རྣམ་པར་གཞག་པར་རིག་པར་བྱའོ། །དེ་ལ་ལྷན་ཅིག་སྐྱེས་པའི་དྲི་ནི། ཙན་དན་ལ་སོགས་པའི་དྲིའོ། །སྦྱར་བ་ལས་བྱུང་བ་ནི་བདུག་སྤོས་སྦྱར་བ་ལ་སོགས་པའི་དྲིའོ། །གྱུར་པ་ལས ་བྱུང་བ་ནི་ཤིང་ཏོག་སྨིན་པ་ལ་སོགས་པའི་དྲིའོ། །རེག་བྱའི་ཕྱོགས་གཅིག་ནི་ཀུན་ཏུ་བརྣབ་པ་དང། ཀུན་ཏུ་གཞལ་བ་དང། རེག་པ་དང། ཀུན་ཏུ་བཅིང་བ་དང། འདུས་བ་དང། ཁམས་སྙོམས་མ་སྙོམས་ཀྱི་རྣམ་པར་བཞག་གོ། ཆུ་དང་རླུང་འདུས་ན་གྲང་ངོ། །ཆུ ་དང་ས་འདྲས་རྣ་འདྲེ་དེ?་རོ། །ཁམས་སྙོམས་ན་ངལ་བ་སོས་པ་དང། ཉམ་ཡོད་པ་དང། སྤུངས་ཆེན་བར་འགྱུར་ཏེ། སྤུངས་ཆེ་བ་ནི་མི་འཇིགས་པར་རིག་པར་བྱའོ། །ཚིམ་པ་ནི་གཉི་གའོ། །བཀྲེས་པ་ལ་སོགས་པ་ལྷག་མ་རྣམས་ནི་ཁམS་མ་སྙོམས་པར་རིག་པར་བྱའོ།། ་བསྡུས་པ་ལས་གྱུར་བ་ནི་རྡུལ་ཕྲ་རབ་ཀྱི་གཟུགས་སོ། །མངོན་པར་སྐབས་ཡོད་པ་ནི་དེ་ཉིད་དེ། དེ་ལས་གཞན་པ་ཐོགས་པར་བྱེད་པའི་རེག་བྱ་དང་བྲལ་བའོ། །ཡང་དག་པར་བླངས་པ་ལས་བྱུང་བ་ནི་རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་སོ། །ཀུན་བརྟགས་པ?་ནི་གཟུགས ་བརྙན་གྱི་གཟུགས་སོ། །དབང་འབྱོར་པ་ནི་རྣམ་པར་ཐར་པ་ལ་བསམ་གཏན་པའི་སྤྱོད་ཡུལ་གྱི་གཟུགས་གང་ཡིན་པའོ། །ཚོར་བའི་ཕུང་པོ་ནི་གནས་དང། ངོ་བོ་ཉིད་དང། གནས་སྡོམ་པ་དང། ཀུན་ནས་ཉོན་མོངས་པ་དང། རྣམ་པར་བྱེད་བས་རྣམ་པར་བཞག་གོ། དེ་ལ་གཟུགས་ཀྱི་གནས ་བསྡོམ་པས་ནི་ལུས་ཀྱི་ཚོར་བ་རྣམ་པར་བཞག་གོ། གཟུགས་མེད་པའི་གནས་བསྡོམ་པས་ནི་སེམས་ཀྱི་ཚོར་བ་རྣམ་པར་བཞག་གོ་།ཀུན་ནས་ཉོན་མོངས་པས་ནི་ཟང་ཟིང་དང་བཅས་པ་ལ་སོགས་པ་རྣམ་པར་བཞག་པར་རིག་པར་བྱའོ། །རྣམ་པར་བྱང་བས་ནི་ཟང་ཟིང་མེད ་པ་ལ་སོགས་པར་རྣམ་པར་བཞག་པར་རིག་པར་བྱའོ། །དེའི་སྲིད་པ་དང་མི་ལྡན་པའོ། །ཞེས་བྱ་བ་ནི་མཚུངས་པར་ལྡན་པ་མ་ཡིན་པ་དང་དྲལ་བའི་རྗེས་སུ་མཐུན་པར་རིག་པར་བྱའོ། །ཐ་སྙད་ལ་མི་མཁས་པ་ནི། སྐད་མ་བསླབས་པས་གཟུགས་ལ་འདུ་ཤེས་ནི་འབྱུང་ན ་གཟུགས་སོ་སྙམ་དུ་མི་ཤེས་པ་སྟེ། དེའི་ཕྱིར་མཚན་མ་མེད་པའི་འདུ་ཤེས་ཞེས་བྱའོ་།མཚན་མ་མེད་པའི་དབྱིངས་ལ་སྙོམས་པར་ཞུགས་པའི་གཟུགས་ལ་སོགས་པའི་མཚན་མ་ཐམས་ཅད་དང་བྲལ་བ་མཚན་མ་མེད་པའི་མྱ་ངན་ལས་འདས་པ་ལ་འདུ་ཤེས་པ་ནི ་མཚན་མེད་པའི་འདུ་ཤེས་སོ། །སྲིད་པའི་རྩེ་མོ་ལ་སྙོམས་པར་ཞུགས་པའི་འདུ་ཤེས་ནི་མིག་གསལ་བས་དམིགས་པ་ལ་མཚན་མར་མི་བྱེད་པའི་ཕྱིར་མཚན་མ་མེད་པའི་འདུ་ཤེས་སོ། །?་དུ་ནི་འདོད་པའི་ཁམས་ལ་སྟེ། ངན་པའི་ཕྱིར་རོ། །རྒྱ་ཆེན་པོར་གྱུར་པ་ནི་གཟུགས ་ཀྱི་ཁམས་ལ་སྟེ་དེ་བས་མཆོག་ཏུ་གྱུར་པའི་ཕྱིར་རོ། །ཚད་མེད་པ་ནི་ནམ་མཁའ་དང་རྣམ་ཤེས་མཛའ་ཡས་སྐྱེ་མཆེད་ལ་སྟེ། མཛའ་ཡས་པའི་ཕྱིར་རོ། །དེ་བས་ན་དེ་དག་ལ་དམིགས་པའི་འདུ་ཤེས་ནི་ཆུ་དུ་ལ་སོགས་པའི་?་ཤེས་རྣམས་སུ་རིག་པར་བྱའོ།། ་ཚོང་བ་དང་འདུ་ཤེས་མ་གཏོགས་པ་སེམས་ལས་བྱུང་བ་དང། སེམས་དང་ལྡན་པ་མ་ཡིན་པ་ཐམས་ཅད་ནི་འདུ་ཤེས་ཀྱི་ཕུང་པོའི་མཚན་ཉིད་ཁོ་ན་ཡིན་ན། དེ་བསྟན་པ་ལ་སེམས་པ་ཉེ་ཚེ་སྨོས་པ་ནི་དེ་གཞན་དག་གི་སྔོན་དུ་འགྲོ་བའི་ཕྱིར་རོ། །གཏན་ཚིགས་བསྟན ་པའི་ཕྱིར། གང་གི་དགེ་བའི་ཕྱིར་ཡང་སེམས་པར་བྱེད?་ཅེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ལ་དགེ་བ་ནི་དད་ལ་པ་ལ་སོགས་པ་འོག་ནས་འབྱུང་བ་རྣམས་སོ། །ཀུན་ནས་ཉོན་མོངས་པ་ནི་འདོད་ཆགས་ལ་སོགས་པ་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་རྣམས་སོ། ། ་གནས་སྐབས་ཀྱི་བྱེ་བྲག་ནི་སེམས་པས་བསྐྱོད་པའི་འདུ་བྱེད་ཀྱི་གནས་སྐབས་རྣམས་ལ་བཏགས་པའི་སེམས་དང་ལྡན་པ་མ་ཡིན་པའི་འདུ་བྱེད་རྣམས་སོ། །སེམས་པ་ལ་སོགས་པ་སེམས་ལས་བྱུང་བ་རྣམས་ནི་མཚན་ཉིད་དང། ལས་ཀྱི་བསྟན་པར་རིག་པར་བྱའོ། ། ་དེ་ལ་སེམས་པ་ནི་སེམས་མངོན་པར་འདུ་བྱེད་པ་ཡིད་ཀྱི་ལས་ཏེ། ཞེས་བྱ་བ་ནི་མཚན་ཉིད་བསྟན་པའོ། །དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པ་རྣམས་ལ་སེམས་འཇུག་པར་བྱེད་པའི་ལས་ཅན་ཞེས་བྱ་བ་ནི་ལས་བསྟན་པ་སྟེ། འདི་ལྟར་ཇི་ལྟར་མངོན ་པར་འདུ་བྱ་བ་དགེ་བ་ལ་སོགས་པའི་ཆོས་རྣམས་ལ་སེམས་འཇུག་པའི་ཕྱིར་རོ། །དམིགས་པ་ལ་སེམས་འཛིན་པ་ནི་དེ་ཉིད་ལ་ཡང་དང་ཡང་དུ་གཏོད་པར་རིག་པར་བྱའོ། །དེའི་ཕྱིར་ཡིད་ལ་བྱེད་པ་ཐོབ་པ་ནི་ཏིང་ངེ་འཛིན་ཐོབ་པ་ཞེས་བྱའོ། །རྣམ་པར་ཤེས་པ ་འབྱུང་བ་ལ་བདེ་བ་ལ་སོགས་པའི་ཚེ་རབ་འབྱུང་བ་དང་མཐུན་པར་དབང་པོའི་འགྱུར་པ་གང་ཡིན་པའི་རྣམ་པ་དེ་ནི་རེག་པར་རིག་པར་བྱའོ། །དེ་དང་དེ་ལ་ལྡན་པར་བྱེད་འདོད་པ་ཉིད་དེ་ཞེས་བྱ་བ་ནི་ལྟ་བ་དང་མཉན་པ་ལ་སོགས་པ་བྱེད་འདོད་པ་ཐམས་ཅད་བསྡུ་བའི ་ཕྱིར་རོ། །ཇི་ལྟར་ངེས?་བ་བཞིན་དུ་འཛིན་པ་ཞེས་བྱ་བ་ནི་འདི་ནི་དེ་བཞིན་ཏེ། གཞན་དུ་མ་ཡིན་ནོ་ཞེས་སྨོས་པའོ། །དེའི་ཕྱིར་དེ་གཅེས་སུ་བྱེད་པ་ནི་གཞན་དག་གིས་འཕྲོགས་པར་མི་ནུས་སོ། །འདྲིས་པའི་དངོས་པོ་ནི་སྔོན་མྱོང་བར་རིག་པར་བྱའོ། །རྣམ་པར་མི་གཡེང་བའི་ལས ་ཅན་ནི་དྲན་པས་དམིགས་པ་མངོན་པར་བརྗོད་བར་གྱུར་ན་རྣམ་པར་གཡེང་བ་མེད་པའི་ཕྱིར་རོ། །སེམས་རྩེ་གཅིག་པ་ཉིད་ཅེས་བྱ་བ་ནི་རྣམ་པར་གཡེང་བ་མེད་པའོ། །ཤེས་པའི་རྟེན་བྱེད་པ་ནི་སེམས་མཉམ་པར་བཞག་པ་ན་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པའི་ཕྱིར་རོ། ་སོམ་ཉི་ཟློག་པ་ནི་ཤེས་རབ་ཀྱིས་ཆོས་རྣམས་རབ་ཏུ་རྣམ་པར་ཕྱེ་ན་ངེས་པ་རྙེད་པའི་ཕྱིར་རོ། །དད་པ་ནི་ཡོད་པ་ཉིད་ལ་མངོན་པར་ཡིད་ཆེས་པའི་རྣམ་པ་དང། །ཡོན་ཏན་ཅན་ལ་དང་བའི་རྣམ་པ་དང། ནུས་པ་ལ་བདག་གི་ཐོབ་པར་བྱེད་དམ་སྒྲུབ་པར་བྱེད་ནུས་སོ་སྙམ་དུ ་འདོད་པའི་རྣམ་པའོ། །ངོ་ཚ་ཤེས་བ་ལ་སོགས་པ་ནི་གོ་སླ་བས་རྣམ་པར་མ་ཕྱེའོ། །སྐྱེ་བས་ཐོབ་པ་དང། ཐོས་པ་དང། བསམ་པ་ལས་བྱུང་བ་དང། བསྒོམ་པ་ལས་བྱུང་བ་ནི་གོ་རིམ་བཞིན་དུ་རྣམ་པར་སྨིན་པ་དང། ལུང་དང་རྟོགས་པའི་ཤེས་པར་རིག་པར་བྱའོ། བརྟན ་པ་དང་བཅས་པའི་ཤེས་རབ་ནི་སོ་སོར་བརྟགས་པའོ། །དགེ་བའི་ཆོས་རྣམས་ལ་མཐུ་དང་ལྡན་པ་དང། བརྩོན་འགྲུས་དང་ལྡན་པ་དང། སྤྲོ་བ་དང་ལྡན་པ་དང། བརྟུལ་བ་བསྟུན་པ་དང། བརྩོན་པ་མི་འདོར་བ་ཞེས་འབྱུང་བ་མདོའི་ཚིག་འདི་རྣམས་ནི་གོ་ཆ་ལ་སོཌ ་པ་ལ་མངོན་པར་སྤྲོ་བའི་དངོས་པོ་རྣམས་དང་གོ་རིམ་བཞིན་དུ་སྦྱར་རོ། །ཡོངས་སུ་རྫོགས་པར་བྱེད་པ་ནི་ཇི་ལྟར་དངོས་གཞི་ལ་འཇུག་བལྟ་བུའོ། ཡོངས་སུ་བསྒྲུབ་པ་ནི་དེ་ཉིད་ལེགས་པར་ཡོངས་སུ་སྦྱང་བ་བྱས་པའོ། །སྒྲིབ་པ་ཐམས་ཅད་སེལ་བ་ནི་དེའི་དབང་གིས ་གནས་འགྱུར་བར་བལྟའོ། །དགེ་བ་ཐམས་ཅད་བསྒོམ་པའི་སྔོན་དུ་བརྩོན་འགྲུས་ལ་སོགས་པ་བཞི་པོ་འགྲོ་བས་དེ་དག་ལ་བག་ཡོད་པར་གདགས་ཏེ། ཟག་པ་དང་བཅས་པའི་ཆོས་རྣམས་ནི་འདིར་ཟག་པ་རྣམས་དང་ཟག་པའི་གནས་ཀྱི་ཡུལ་རྣམས་རིག་པར ་བྱའོ། །སེམས་མཉམ་པ་ཉིད་ཅེས་བྱ་བ་ལ་སོགས་པས་ནི་བཏང་སྙོམས་ཀྱི་ཐོག་མ་དང་བར་དང་ཐ་མའི་གནས་སྐབས་བཤད་དོ། འདི་ལྟར་བཏང་སྙོམས་དང་ལྡན་པའི་སེམས་ལ་བྱེད་པ་ལ་སོགས་པའི་མི་མཉམ་པ་མེད་པས་ཐོག་མར་མཉམ ་པའོ། །དེའི་འོག་ཏུ་མངོན་པར་འདུ་བྱེད་བ་མེད་པར་རྣལ་དུ་འདུག་པའོ། །དེའི་འོག་ཏུ་ཀུན་ནས་ཉོན་མོངས་པའི་དོགས་པ་མེད་པས་ལྷུན་གྱིས་གྲུབ་པར་གནས་སོ། །རྣམ་པར་མི་འཆོ་བ་ནི་ཞེ་སྡང་མེད་པ་ལས་གུང་ན་མེད་པའི་ཕྱིར་བཏགས་པའི་ཡོད་པར་རིག་པར་བྱའོ།། ་སྡུག་བསྔལ་བསྐྱེད་པའི་ལས་ཅན་ཞེས་བྱ་བ་ནི་སྲེད་པའི་དབང་གིས་ཉེ་བར་ལེན་པའི་ཕུང་པོ་ལྔ་འགྲུབ་པའི་ཕྱིར་རོ། །རེག་པར་མི་གནས་པ་ནི་ཀུན་ནས་མནར་སེམས་པའི་སེམས་ཡོད་པ་སྡུག་བསྔལ་བར་གནས་པའི་ཕྱིར་རོ། །མི་གུས་པ་ནི་བླ་མ་རྣམས་དང། ཡོན་ཏན་ཅན ་རྣམས་ལ་སྐྱིང་པའོ། །སྡུག་བསྔལ་འབྱུང་བ་ནི་ཡང་སྲིད་པ་འབྱུང་བར་རིག་པར་བྱའོ། །ལོག་པར་ངེས་པ་ནི་ཕྱིན་ཅི་ལོག་ཏུ་ཤེས་པའོ། །ཐེ་ཚོམ་ནི་སོམ་ཉིའོ། །ཀུན་ནས་ཉོན་མོངས་པ་འབྱུང་བ་ནི་འདོད་ཆགས་ལ་སོགས་པ་ཉོན་མོངས་པ་ཀུན་ཏུ་འབྱུང་བའོ། །དེའི་རྟེན་བྱེད་པ ་ནི་རྨོངས་པར་གྱུར་ན་ཉོན་མོངས་པ་ཐམས་ཅད་འབྱུང་བའི་ཕྱིར་རོ། །བདེན་པ་རྣམས་ལ་ཡིད་གཉིས་ཟ་བ་ནི་ལམ་གྱི་བདེན་པ་དང་འགོག་པའི་བདེན་པ་ཇི་ལྟར་མཐུན་མཐུན་དུ་སྦྱར་རོ། །དེས་དགེ་བའི་ཕྱོགས་ལ་མི་འཇུག་སྟེ། ངེས་པ་མ་རྙེད་ན་མི་རྩོལ་བའི་ཕྱིར་རོ། ། ་དབུ་མའི་ལམ་ཞེས་བྱ་བ་ནི་རྟག་པ་དང་ཆད་པ་སྤངས་ཏེ་རྟེན་ཅིང་འབྲེལ་པར་འབྱུང་བ་ཤེས་པའོ། །ཚུལ་ཁྲིམས་དང་བརྟུལ་ཞུགས་ནི་ལྟ་པ་ངན་པ་སྔོན་དུ་འགྲོ་བར་རིག་པར་བྱའོ། །ངལ་བ་འབྲས་བུ་མེད་པ་ནི་དེས་ངེས་པར་མི་འབྱུང་བའི་ཕྱིར་རོ། །སྦྱིན་པ་མེད་དོ། །མཆོད་སྦྱིན་མེད་དོ། ་སྦྱིན་སྲེག་མེད་དོ། །ལེགས་པར་སྤྱད་པ་མེད་དོ། །ཉེས་པར་སྤྱད་པ་མེད་དེ་ཞེས་བྱ་བ་འདི་ནི་རྒྱུ་ལ་སྐུར་པ་འདེབས་པའོ། །ལེགས་པར་སྤྱད་པ་དང་ཉེས་པར་སྤྱད་བའི་འབྲས་བུ་རྣམ་པར་སྨིན་པ་མེད་དོ། །ཞེས་བྱ་བ་ནི་འབྲས་བུ་ལ་སྐུར་པ་འདེབས་པའོ། །འཇིག་རྟེན་འདི་མེད་དོ། །འཇིག་རྟེན ་ཕ་རོལ་མེད་དོ། །ཕ་མེད་དོ། །མ་མེད་དོ། །སེམས་ཅན་རྫུས་ཏེ་འབྱུང་བ་མེད་དོ། །ཞེས་བྱ་བ་ནི་བྱེད་པ་ལས་སྐུར་པ་འདེབས་པ་སྟེ། འཇིག་རྟེན་གཞན་དུ་འགྲོ་བ་དང་འོང་བའི་བྱེད་པ་དང། ས་བོན་འདེབས་པའི་བྱེད་པ་དང། ཉིད་མཚམས་སྦྱོར་བའི་བྱེད་པ་ལ་སྐུར་པ་འདེབས་པའི ་ཕྱིར་རོ། །འཇིག་རྟེན་ན་དགྲ་བཅོམ་པ་མེད་དོ། །ཅེས་བྱ་བ་ལ་སོགས་པ་ནི་ཡོད་པའི་དངོས་པོ་འཇིག་པའོ། །དེ་ལས་གཞན་ཕྱིན་ཅི་ལོག་ཏུ་ལྟ་བ་གང་ཅི་ཡང་རུང་སྟེ། དེ་དག་ཐམས་ཅད་ནི་ལོག་པར་རྣམ་པར་རྟོག་པར་རིག་པར་བྱའོ། །དགེ་བའི་རྩ་བ་གཅོད་པ་ནི་ལོག་པར་ལྟ་བ ་ཁྱད?་པར་ཅན་ལས་འབྱུང་གི་ཐམས་ཅད་ལས་ནི་མ་ཡིན་ནོ། །ཕུང་པོ་ལྔའི་བདག་ཉིད་ཀྱིས་ཞེས་བྱ་བ་བདག་དང་བདག་གི་ངོ་བོ་ཉིད་དུ་སྒྲོ་འདོགས་པ་ནི་འཇིགས་ཚོགས་ལ་ལྟ་བའོ། །བདག་རྟག་གོ་མི་རྟག་གོ་ཞེས་ཁྱད་པར་དུ་སྒྲོ་འདོགས་པ་ནི་མཐར་འཛིན་པར་ལྟ་བའོ།། ་ལྟ་བ་ངན་པ་ལ་མཆོག་ལ་སོགས་པར་སྒྲོ་འདོགས་བ་ནི་ལྟ་བ་མཆོག་ཏུ་འཛིན་པའོ། །དེ་ཉིད་ལ་བདག་པོ་ལ་སོགས་པར་སྒྲོ་འདོགས་པ་ནི་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པའོ། །གཅིག་ནི་ཕལ་ཆེར་ལ་ཞེས་བྱ་བ་ནི་ལོག་པར་རྣམ་པར་རྟོག་པ་ནི ་མངོན་མི་ཟ་བར་སྐུར་བ་འདེབས་པའི་ཕྱིར་རོ། །མཚན་ཉིད་ལ་བརྟགས་ན་ནི་མཐར་འཛིན་པ་དང་ལོག་པར་ལྟ་བ་གཉིས་ལས་འབྱུང་ངོ། །འཁོར་དང་བཅས་པ་ལས་བརྟགས་ན་ནི་ལྔ་པོ་ཐམས་ཅད་ལས་འབྱུང་ངོ། །གཟུགས་ལ་སོགས་པ་ནི་བདག་མ་ཡིན་ཏེ། མཚན་ཉིད ་དང་མི་མཐུན་པའི་ཕྱིར་དེ་དག་ནི་བདག་གི་མཚན་ཉིད་མ་ཡིན་པའོ། །དེ་དག་ལ་བདག་མེད་དེ། གནས་མེད་ན་གནས་པར་མི་འགྱུར་བས་མི་རྟག་པ་ཉིད་ཀྱི་ཉེས་པར་འགྱུར་བའི་ཕྱིར་རོ། །གཟུགས་ནི་བདག་གི་བ་མ་ཡིན་ཏེ། དེ་དག་ལ་དབང་བྱེད་པ་མེད་བས་རང་དབང་མེད་པའི་ཉེས ་བར་འབྱུང་བའི་ཕྱིར་རོ། །དེ་དག་ལས་གཞན་ན་ཡང་བདག་མེད་དེ། ལུས་མེད་ན་བདག་ཀུན་ཏུ་བརྟག་པར་མི་དམིགས་པས་ལུས་མེད་པའི་ཉེས་པར་འགྱུར་བའི་ཕྱིར་རོ། །ཅི་སྟེ་ལ་ལ་ཞིག་བདག་རྣམ་པ་དེ་ལྟ་བུར་ཡོངས་སུ་རྟོག་ན། དེ་ལྟ་ན་ཡང་གཟུགས་ལ་སོགས་པ་མེད་པའི ་བདག་མི་འཐད་དེ། ལུས་ལ་སོགས་པའི་འཆིང་བ་མེད་ན། རང་གི་ངང་གིས་གྲོལ་བར་འགྱུར་བས་སྒྲིམ་མི་དགོས་པར་ཐར་བར་འགྱུར་བའི་ཉེས་བར་འགྱུར་བའི་ཕྱིར་རོ། །གཟུགས་བདག་ཡིན་པར་ལྟ་བ་དང། ཚོར་བ་དང། འདུ་ཤེས་དང། འདུ་བྱེད་རྣམས ་དང། རྣམ་པར་ཤེས་པ་བདག་ཡིན་པར་ལྟ་བ་དེ་དག་ནི་བདག་ཏུ་ལྟ་བའོ། །བདག་གཟུགས་དང་ལྡན་པ་ཞེས་བྱ་བ་ནས་བདག་རྣམ་པར་ཤེས་པ་དང་ལྡན་པ་ཞེས་བྱ་བའི་བར་དུ་ལྷག་མ་བཅོ་ལྔ་ནི་བདག་གིར་ལྟ་བའོ། །འབྲེལ་ལས་བདག་གིར་གྱུར་པ་ནི་འདི་ལྟར་དེ་དེ་དང་འབྲེལ་བས ་དེ་དང་ལྡན་པར་འགྱུར་རོ། །གཟུགས་བདག་གི་ཡིན་པ་ཞེས་བྱ་བ་ཡིན་པ་ནས། རྣམ་པར་ཤེས་པ་བདག་གི་ཡིན་པ་ཞེས་བྱ་བའི་བར་ནི་དབང་སྒྱུར་བས་བདག་གིར་འགྱུར་བའི་ཕྱིར་ཏེ། གང་ཞིག་སྦྱིན་པ་འམ་བསྐོ་བ་ལ་གང་གི་དབང་དུ་འགྱུར་བ་དེ་ནི་དེའི་བདག་གི་ཞེས་བྱའོ། །གཟུགས ་ལ་བདག་གནས་པ་ཞེས་བྱ་བ་ནས། རྣམ་པར་ཤེས་པ་ལ་བདག་གནས་པ་ཞེས་བྱ་བའི་བར་ནི་ཐ་དད་དུ་མི་འཇུག་པས་བདག་གིར་འགྱུར་བ་སྟེ། བདག་འདི་ནི་འདི་དག་ལ་རྗེས་སུ་ཞུགས་ཤིང་རྣམ་པར་ཞུགས་ནས་བཞག་པ་སྟེ། ཡན་ལག་ཅན་ཡན་ལག་གི་རྗེས་སུ་སོང་བར་ཀུན་ཏུ་བརྟཌ ་བའི་ཕྱིར་རོ། །མ་དཔྱད་པའི་གཞི་ཅན་ནི་གཟུགས་ལ་སོགས་པའི་མཚན་ཉིད་ལ་ཀུན་ཏུ་དཔྱད་ན། བདག་ཀུན་ཏུ་ལྟ་བའི་སྐབས་མེད་པའི་ཕྱིར་ཏེ། དཔེར་ན་འགའ་ཞིག་གིས་མ་བརྟགས་པར་ཐག་པ་ལ་སྦྲུལ་དུ་འཛིན་པ་དང་འདྲ་སྟེ། ཐག་པ་ཡིན་པར་དཔྱད་ན་དེ་ལ་སྤྲུལ་དུ ་མི་འཛིན་པའི་ཕྱིར་རོ། །ཁྲོ་བ་ལ་སོགས་བ་ནི་བཏགས་པའི་ཡོད་པར་རིག་པར་བྱ་སྟེ། ཁོང་ཁྲོ་བ་ལ་སོགས་པ་ལས་གུད་ན་མེད་པའི་ཕྱིར་རོ། །དེའི་འོག་ཏུ་ཞེས་པ་ནི་ཁྲོས་པའི་འོག་ཏུའོ། །མི་བཟོད་པ་ཞེས་བྱ་བ་ནི་གནོད་པ་བྱེད་པ་ལ་ཇི་མི་སྙམ་པར་མི་བྱེད་པའོ། །འདི་ནི ་ཆོས་ཉིད་དེ། ཁ་ན་མ་ཐོ་བ་དང་བཅས་ན་འགྱོད་པར་འགྱུར་ཏེ། དེའི་ཕྱིར་རེག་པར་མི་གནས་པ་ཞེས་བྱའོ། །ཚིག་རྩུབ་མོ་བླང་ཞིང་དྲག་པ་ཞེས་བྱ་བ་ནི་གཞན་གྱི་བཞེར་འདེབས་པའི་ཚུལ་གྱིས་དོར་ལྷངས་ཞེས་ཟེར་བའོ། །ཡོ་བྱད་མ་བསྙུངས་པ་ཞེས་བྱ་བ་ནི་སེར་སྣས ་ཡོ་བྱད་མི་མཁོ་བ་རྣམས་ཀྱང་སོགས་པ་ལས?་གྱུར་པར་རིག་པར་བྱའོ། །ངེས་པ་ཡང་དག་པར་སྐྱོང་བ་ཞེས་བྱ་བ་ནི་གཞན་ནས་གཞན་དུ་བསྒྱུར་བར་རིག་པར་བྱའོ་།ཡང་དག་པའི་གདམས་ངག་རྙེད་པའི་བར་གུ་གཅོད་པའི་ལས་ཅན་ཞེས་བྱ་བ་ནི་བདག་གི་ཚུལ ་ཡང་དག་པ་ཇི་ལྟ་བ་བཞིན་མི་སྟོན་ན་གདམས་ངག་གི་འོས་མ་ཡིན་པའི་ཕྱིར་རོ། །ཚེ་རིང་བའི་མཚན་མ་གཟུང་ནས་དེ་ལ་རྣམ་པར་རྟོག་པའི་ཕྱིར་ཏེ། མི་འཆི་བར་རྣམ་པར་རྟོག་པ་མངོན་དུ་བཏང་ནས་སྲོག་ལ་རྒྱགས་པ་སྐྱེའོ། །ཟག་པ་དང་བཅས་པའི་ཕུན་སུམ་ཚོགས་པ་གང་ཡང་རུང ་བ་ཞེས་བྱ་བ་ནི་རིགས་པ་དང། སྟོབས་དང། གཟུགས་དང། ཡིད་གཞུངས་པ་དང། བློ་དང། ལོངས་སྤྱོད་དང། ཕྱུག་པ་ལ་སོགས་པར་རིག་པར་བྱའོ། །དགའ་བ་དང་ཡིད་བདེ་བ་ཞེས་བྱ་བ་ཉོན་མོངས་པ་ཅན་གྱི་དགའ་བའི་བྱེ་བྲག་གོ། སྡུག་པའི་མཚན་མའི་རྗེས་སུ་འཇུག་པ་ཞེས་བྱ་བ ་ནི་འདོད་ཆགས་ཀྱི་རྗེས་སུ་མཐུན་པའོ། །སྔོན་རྒོང་རྒོད་པ་དང་།རྩེ་རྩེ་བ་ལ་སོགས་པ་རྗེས་སུ་དྲན་ནས་སེམས་རྣམ་པར་མ་ཞི་བར་རིག་པར་བྱའོ། །ལེ་ལོའི་རྟེན་བྱེད་པའི་ལས་ཅན་ཞེས་བྱ་བ་ནི་མ་དད་ན་སྦྱོར་བ་ལ་འདུན་པ་མེད་པའི་ཕྱིར་རོ། །ལུས་དང་ངག་དང་སེམས་ཀྱི་སྤྱོད་པ་ལ ་མི་ཤེས་བཞིན་དུ་འཇུག་པ་ཞེས་བྱ་བ་ནི་འགྲོ་བ་དང་ལྡོག་པ་ལ་སོགས་པ་ལ་ལེགས་པར་མ་བརྟགས་པར་རིག་པར་བྱའོ། །དེ་ལྟར་ན་འདི་ནི་བྱ་བ་དང་བྱ་བ་མ་ཡིན་པ་མི་ཤེས་པས་ལྟུང་བར་འགྱུར་རོ། །ངོ་བོ་ཉིད་ཀྱི་གཡེང་བ་ཞེས་བྱ་བ་ནི་རྣམ་པར་ཤེས་པའི་ཚོགས་ལྔ་རྣམས་ཏེ། ་རང་བཞིན་གྱིས་ནང་དུ་མཉམ་པར་འཇོག་མི་ནུས་པའི་ཕྱིར་རོ། །ཕྱི་རོལ་ཏུ་གཡེང་བ་ཞེས་བྱ་བ་ནི་ཐོས་པ་ལ་སོགས་པའི་དགེ་བ་ལ་ཞུགས་པ་དེ་ལ་དམིགས་པ་ལ་ཕྱི་རོལ་ཏུ་འདོད་པའི་ཡོན་ཏན་ལྔ་པོ་དག་ལ་སེམས་འགྲོ་བར་རིག་པར་བྱའོ། །ནང་གི་གཡེང་བ་ཞེས་བྱ་བ་ནི་ཏིང་ངེ ་འཛིན་དུ་ཞུགས་པ་ཉིད་ཀྱི་ཚེ་དེ་ལས་ཉམས་པར་བྱེད་པའི་ཕྱིར་བ་དང། རྒོད་པ་དང་རོ་མྱང་བར་བྱེད་པའོ། །མཚན་མའི་གཡེང་རྦ་ཞེས་བྱ་བ་ནི་གཞན་གྱིས་བདག་ལ་ཡོན་ཏན་དང་ལྡན་པར་ཡིད་གཆེས་པར་བྱ་བའི་ཕྱིར་ཏེ། དེའི་མཚན་མ་ནི་དེའི་ཕྱིར་རོ། །དགེ་ལ་ཞུགས་བ་ཁད ་ཀྱིས་དེ་ལས་ཉམས་པར་རིག་པར་བྱའོ། །གནས་ངན་ལེན་གྱི་གཡེང་བ་ཞེས་བྱ་བ་ནི་ངར་འཛིན་པ་ལ་སོགས་པའི་གནས་ངན་ལེན་གྱི་དབང་གིས་བདེ་བ་ལ་སོགས་པའི་ཚོར་བ་བྱུང་བ་རྣམས་ལ་བཞེས?་འམ་ངའི་ཞེ་འམ་ངའོ་སྙམ་དུ་འཛིན་པའི་ཕྱིར་དགེ ་བའི་ཕྱོགས་ཡོངས་སུ་མ་དག་པར་བྱའོ། །འཛིན་པ་ནི་ཐོག་མ་ཉིད་དུ་དེ་ལྟར་འཛིན་པའོ། །འདྲེས་པ་ནི་དེའི་འོག་ཏུ་དེ་དང་སེམས་ཀྱི་རྒྱུད་འདྲེས་པར་གྱུར་པའོ། །མཚན་མར་འཛིན་པ་ནི་ཚོང་བ་དེ་ཉིད་ལ་ཡང་དང་ཡང་བཀྲ་བར་འཛིན་བར་རིག་པར་བྱའོ། །ཡིད་ལ་བྱེད་པའི་གཡེང་བ་ཞེས ་བྱ་བ་ནི། སྙོམས་པར་འཇུག་པ་གཞན་ལ་སྙོམས་པར་ཞུགས་པ་དང། ཐེག་པ་གཞན་ལ་བརྟེན་བ་སྔ་མ་ལས་ལངས་པར་རིག་པར་བྱའོ། །འདོད་ཆགས་དང་བྲལ་བའི་བར་དུ་གཅོད་པའི་ལས་ཅན་ཞེས་བྱ་བ་ནི་ཉེ་བའི་ཉོན་མོངས་པའི་བདག་ཉིད་ཀྱི་དབང་དུ་བྱས་པའོ། །གཉིད་ཀྱི་རྒྱུ་ཞེས ་བྱ་བ་ནི་འདི་ལྟ་སྟེ། ཉམ་ཆུང་བ་དང། ངལ་བ་དང། ལུས་ལྕི་བ་དང། མུན་པའི་མཚན་མ་ཡིད་ལ་བྱེད་པ་དང། རྩོམ་པ་ཐམས་ཅད་ཡལ་བར་འདོར་བ་དང། དེའི་དུས་ན་ཡང་དང་ཡང་གོམས་པ་དང། གཞན་དག་གི་སྔགས་ཀྱི་སྟོབས་ཀྱིས་གཉིད་བྲོ་བར་བྱེད་པ་དང། དེ་བཞིན་དུ ་ལུས་མཉེད་པ་ལ་སོགས་པའོ། །གཏི་མུག་གི་ཆར་གཏོགས་པ་ཞེས་བྱ་བ་ནི་ཏིང་ངེ་འཛིན་ལས་བྱེ་བྲག་ཏུ་དབྱེ་བའི་ཕྱིར་རོ། །དགེ་བ་ལ་སོགས་པའི་དངོས་པོའི་ཚིག་ནི་གདོན་མི་ཟ་བར་གཏི་མུག་གི་བདག་ཉིད་མ་ཡིན་ནོ། །དུས་ཞེས་བྱ་བ་ནི་ནམ་གྱི་གུད་ཐུན་ནོ། །དུས་མ ་ཡིན་པ་ནི་དེ་ལས་གཞན་པའོ། །རིགས་པའི་དུས་སུ་ཇི་ལྟར་གནང་བ་དང། དུས་མ་ཡིན་ན་ཡང་ན་བ་དང། ལས་སུ་རུང་བར་བྱ་བའི་ཕྱིར་རོ། །མི་རིགས་པ་ནི་དེ་ལས་གཞན་པའོ། །བྱ་བ་ཤོར་བའི་རྟེན་བྱེད་པ་ནི་ཉེ་བའི་ཉོན་མོངས་པའི་བདག་ཉིད་ཀྱི་དབང་དུ་བྱས་པར་རིག ་པར་བྱའོ། །བསམ་བའི་ཞེས་བྱ་བ་ནི་ལེགས་པར་སྤྱོད་བ་དང་ཉེས་བར་སྤྱོད་པའི་བྱེད་པ་ལས་མངོན་པར་དགའ་བ་སྔོན་དུ་བཏང་བའོ། །མ་བསམ་པའི་བྱ་བ་ནི་གཞན་དག་གིས་ནན་གྱིས་བྱེད་དུ་བཅུག་སྟེ་བྱེད་པའམ། ཉོན་མོངས་པས་ཟིལ་གྱིས་ནོན་པ་སྟེ་།ཇི་ལྟར་མཐུན་? ་དུ་རིག་པར་བྱའོ། །གཏི་མུག་གི་ཆར་གཏོགས་པ་ཞེས་བྱ་བ་ནི་ཉེ་བའི་ཉོན་མོངས་པས་བསྡུས་པའོ། །དུས་ནི་ཇི་སྲིད་མི་སྤོང་གི་བར་དུའོ། །དུས་མ་ཡིན་པ་ནི་དེའི་འོག་ཏུའོ། །རིགས་པ་ནི་གནས་སོ། །མི་རིགས་པ་ནི་གནས་མ་ཡིན་པའོ། །སེམས་པ་འམ་ཤེས་རབ་ལ་རྟེན་ཅེས་བྱ་བ་ནི་མངོན ་བར་མི་རྟོག་པ་དང། མངོན་པར་རྟོག་པའི་གནས་སྐབས་དང་གོ་རིམ་བཞིན་ནོ། །ཀུན་ཏུ་ཚོར་བའི་རྣམ་པར་ཡིད་ཀྱི་མངོན་པར་བརྗོད་པ་ནི་རྟོག་པའོ། །སོ་སོར་རྟོག་པའི་རྣམ་པར་ནི་དཔྱོད་པའོ། །སེམས་དང་ལྡན་བ་མ་ཡིན་པའི་འདུ་བྱེད་རྣམས་ནི། གནས་དང། ངོ་བོ་ཉིད་དང། ་བརྟགས་པས་བཤད་པར་རིག་པར་བྱའོ། །དེ་ལ་དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པའི་ཆོས་རྣམས་ཞེས་བྱ་བ་ནི། གནས་བསྟན་པའོ། །འཕེལ་བ་དང་སྒྲིབ་པ་ཞེས་བྱ་བ་ནི་རང་བཞིན་བསྟན་པ་སྟེ། འདི་ལྟར་འཕེལ་བ་ཡོད་ན་དད་པ་ཆེན་པོ་དང་ལྡན་པ་ཞེས་བྱའོ།། ་འགྲིབ་པ་ཡོད་ན་ཆུང་ངུ་དང་ལྡན་པ་ཞེས་བྱའོ། །ཐོབ་པ་དང་རྙེད་པ་དང་ལྡན་པ་ཞེས་གདགས་སོ། །ཞེས་བྱ་བ་ནི་བཏགས་པ་བསྟན་པའོ། །དེ་བཞིན་དུ་གཞན་དག་ལ་ཡང་ཇི་ལྟར་མཐུན་མཐུན་དུ་སྦྱར་བར་བྱའོ། །དགེ་རྒྱས་ཀྱི་འདོད་ཆགས་དང་བྲལ་བ་ཞེས་བྱ་བ་ནི་བསམ་གཏན ་གསུམ་པའི་འདོད་ཆགས་དང་བྲལ་བའོ། །སྟེང་མའི་འདོད་ཆགས་དང་མ་བྲལ་བ་ཞེས་བྱ་བ་ནི་བསམ་གཏན་བཞི་པའི་འདོད་ཆགས་དང་མ་བྲལ་བའོ། །འབྱུང་བའི་འདུ་ཤེས་སྔོན་དུ་བཏང་བ་ཞེས་བྱ་བ་ནི་ཐར་བའི་འདུ་ཤེས་སྔོན་དུ་བཏང་བའོ། །བསྟན་པ་མ་ཡིན་པ་རྣམས ་ཞེས་བྱ་བ་ནི་འཇུག་པའི་རྣམ་པར་ཤེས་བས་བསྡུས་པ་རྣམས་སོ། །འགོག་པ་ཅེས་བྱ་བ་ནི་སྙོམས་བར་འཇུག་པའི་སེམས་ཀྱིས་བྱས་པ་སྟེ། དུས་གཞན་ན་སེམས་དང་སེམས་ལས་བྱུང་བ་བརྟན་བ་མ་ཡིན་པ་ཀུན་ཏུ་འབྱུང་བ་དང་མི་མཐུན་པའི་གནས་སྐབས་ཀྱི་བྱེ་བྲག་གོ། ་འདིས་འགོག་པར་འགྱུར་བས་ན་འགོག་པའོ། །འགོག་པའི་སྙོམས་པར་འཇུག་པ་ལ་ནི་སྟེང་མའི་འདོད་ཆགས་དང་མ་བྲལ་བ་ཞེས་མི་བརྗོད་དེ། དེ་ལ་སྲིད་པའི་རྩེ་མོའི་འདོད་ཆགས་དང་བྲལ་བའི་དགྲ་བཅོམ་པ་ཡང་ཡོད་པའི་ཕྱིར་རོ། །བརྟན་པ་དེ་དག་ལས་ཀྱང་ཁ? ་ཅིག་ཅེས་བྱ་བ་ནི་ཉོན་མོངས་བ་ཅན་གྱི་ཡིད་གཉིས་བསྡུས་པ་རྣམས་སོ། །སྙོམས་པར་འཇུག་པ་འདི་གཉིས་ནི་ས་དང། ཡིད་ལ་བྱེད་པ་དང། གནས་དང། ངོ་བོ་ཉིད་དང། བརྟགས་པས་བསྟན་ཏོ། །འདུ་ཤེས་མེད་པ་པ་ནི་ཡིད་ལ་བྱེད་བ་མ་གཏོགས་བར ་གནས་ལ་སོགས་པ་དག་གིས་སོ། །ལྷག་མ་གསུམ་པོ་དག་གིས་བཤད་དོ། །རིས་མཐུན་པ་ཞེས་བྱ་བ་ནི་ཚེ་གཅིག་གི་ཕུང་པོའི་རྒྱུན་ནོ། །གནས་པའི་དུས་ངེས་པ་ཞེས་བྱ་བ་ནི་རིས་མཐུན་བར་འདིས་ལོ་བརྒྱ་འམ། ལོ་སྟོང་ངམ། དུས་ཇི་སྲིད་གཅིག་ཏུ་གནས་པར་བྱ་བ་སྟེ། ལས ་བྱས་པའི་ནུས་བའི་བྱེ་བྲག་གོ་།སེམས་ཅན་གྱི་རིས་དེ་དང་དེར་ཞེས་བྱ་བ་ནི་ལྷ་དང་མི་ལ་སོགས་པའི་སེམས་ཅན་གྱི་སྐྱེ་བ་རྣམས་སུའོ། །ལུས་འདྲ་བ་ཞེས་བྱ་བ་ནི་རྣཾ་པ་གཅིག་པའོ། །ཕྱི་རོལ་གྱི་གཟུགས་ཀྱང་སྐྱེ་བ་དང་ལྡན་པས་རིས་མཐུན་པ་ཙམ་སྨོས་ཏེ། སེམས་ཅན་གྱི ་རྒྱུད་ལ་མཚན་ཉིད་གདགས་བར་བསྟན་པའི་ཕྱིར་རོ། །ཕྱི་རོལ་གྱི་གཟུགས་ནི་འཇིགས་པ་དང་འཆགས་པས་རབ་ཏུ་ཕྱེ་བའོ། །ནང་གི་འདུ་བྱེད་རྣམས་ནི་སྐྱེ་བ་དང་རྒ་བ་ལ་སོགས་པས་རབ་ཏུ་ཕྱེ་བའོ། །རྒྱུན་འཇིག་པ་ནི་འཆི་བར་རིག་པར་བྱའོ། །སྐྱེ་བ་ལ་སོགས་པ་འདི་དག ་ནི་སྐད་ཅིག་རེ་རེ་ལ་རིག་པར་བྱ་བ་མ་ཡིན་གྱི། རྒྱུན་གྱི་གནས་སྐབས་ལ་བྱའོ། །ངོ་བོ་ཉིད་ཀྱི་ཚིག་བླ?་དགས་ཞེས་བྱ་བ་ནི་མིག་དང་རྣ་བ་དང་ལྷ་དང་མི་ཞེས་བྱ་བ་ལ་སོགས་པའོ། །ཁྱད་པར་གྱི་ཚོག?་བླ་དགས་ཞེས་བྱ་བ་ནི་འདུ་བྱེད་ཐམས་ཅད་མི་རྟག་པའོ། །སེམས་ཅན་ཐམས ་ཅད་།འཆི་བར་འགྱུར་རོ། །ཞེས་བྱ་བ་ལ་སོགས་པའོ། །དེ་གཉི་གའི་གནས་ཡི་གེ་རྣམས་ལ་ཞེས་བྱ་བ་ནི་ངོ་བོ་ཉིད་དང། ཁྱད་པར་གྱི་ཚིག་བླ་དགས་ཀྱི་གནས་ཡི་གེ་ཨ་ཨི་ཨུ་ཞེས་བྱ་བ་ལ་སོགས་པའོ། །ཐམས་ཅད་ནི་འདི་དག་ཙམ་དུ་ཟད་དེ། འདི་ལྟར་ངོ་བོ་ཉིད་དང ་ཁྱད་པར་དང། དེ་གཉི་གར་ཐ་སྙད་གདགས་པའོ། །དེ་ཐམས་ཅད་ནི་འདི་དག་གིས་ཐ་སྙད་འདོགས་ཏེ། དེའི་ཕྱིར་མིང་དང། ཚིག་དང། ཡི་གེའི་ཚོགས་འདི་དག་རྣམ་པར་བཞག་གོ་།རྣམ་གྲངས་སུ་གཏོགས་པ་གཞན་དུ་མི་འགྱུར་བར་བྱེད་བའི་ཕྱིར་ཞེས་བྱ་བ་ནི ་དཔེར་ན་མིག་ནི་མིག་ཅེས་བྱ་བའི་རྣམ་གྲངས་དེ་ལས་གཞན་པ་འདྲེན་བྱེད་དང། བསལ་བྱེད་དང། ཁྲིད་བྱེད་དང། ལྟ་བ་ལ་སོགས་པ་རྣམ་གྲངས་གཏོགས་པ་གཞན་དག་ཏུ་?་འགྱུར་ཏེ། དེ་དག་གིས་ཀྱང་དེ་ཤེས་པར་འགྱུར་བའི་ཕྱིར་རོ། །དེ་བཞིན་དུ་ཨ་ཨའི་ཞེས་བྱ་བའི་ཡི ་གེ་འདི་ནི་ཨ་ཨའི་ཞེས་བྱ་བའི་རྣམ་གྲངས་འདི་མ་གཏོགས་པར་རྣམ་གྲངས་བཞན་གྱིས་བསྟན་པར་མི་ནུས་ཏེ། དེའི་ཕྱིར་རྣམ་གྲངས་གཞན་དུ་མི་འགྱུར་བས་ཡི་གེ་རྣམས་སོ། །འགྱུར་བ་ནི་འགྲོ་བར་རིག་པར་བྱའོ། །རྒྱུན་མཆད་པ་ལ་འཇུག་པར་རྣམ་པར་བཞག་སྟེ། སྐད་ཅིག ་གཅིག་གམ་རྒྱུན་ཆད་པ་ལ་དེ་ཉེ་བར་འདོགས་པ་མེད་པའི་ཕྱིར་རོ། །རྒྱུ་དང་འབྲས་བུ་ཐ་དད་པ་ཞེས་བྱ་བ་ལ་འདོད་པའི་འབྲས་བུའི་རྒྱུ་ནི་ལེགས་པར་སྤྱོད་པའོ། །མི་འདོད་པའི་འབྲས་བུའི་རྒྱུ་ནི་ཉེས་པར་སྤྱོད་པའོ། །ཞེས་བྱ་བ་ལ་སོགས་པ་སྟེ། འབྲས་བུ་རྣམས་ནི་སོ ་སོར་རྒྱུ་གཞན་དང་གཞན་ལས་འབྱུང་བའོ། །རྒྱུ་དང་འབྲས་བུ་མཐུན་པ་ནི་གཞན་ཡིན་དུ་ཟིན་ཀྱང་གང་གི་འབྲས་བུ་གང་འོས་པ་སྟེ། འདི་ལྟར་སྦྱིན་བའི་འབྲས་བུ་ནི་ལོངས་སྤྱོད་ཕུན་སུམ་ཚོགས་པ་ཞེས་བྱ་བ་ལ་སོགས་པའོ། །རེ་རེ་ནས་འབྱུང་བ་ཞེས་བྱ་བ་ནི་ཅིག་ཅར་མི ་འབྱུང་པར་རིག་བར་བྱའོ། །རྒྱུ་དང་འབྲས་བུ་རྒྱུན་ཏུ་འབྱུང་བར་གྱུར་པ་དེ་ལ་རྒྱུ་དང་འབྲས་བུ་བྱུང་ཟིན་པ་དང་འགགས་ཟིན་པ་གང་ཡིན་པ་དེ་ནི་འདས་པའི་དུས་ཞེས་གདགས་སོ། །གང་མ་གྱུར་བ་དེ་ནི་མ་ཐོངས་པའི་དུས་ཞེས་གདགས་སོ། །གང་བྱུང་ལ་མ་འགགས་པ་དེ་ནི་ད་ལྟར་བྱུང ་བའི་དུས་ཞེས་གདགས་སོ། །རྒྱུ་དང་འབྲས་བུས་ཕྱོགས་ལ་ཁྱབ་པ་ལ་ཡུལ་ཉེ་བར་གདགས་ཏེ། གཟུགས་ཅན་མ་ཡིན་པ་ནི་ཕྱོགས་ལ་ཁྱབ་པར་བྱེད་པའི་མཐུ་མེད་པས་རྒྱུ་དང་འབྲས་བུ་ནི་འདིར་གཟུགས་སུ་བསྡུས་པར་རིག་པར་བྱའོ། །སོ་སོ་ཐ་དད་པ་ལ་གྲངས་ཞེས་བྱ་བ་ནི ་ཐ་དད་པ་མ་ཡིན་པའི་བདག་ཉིད་གཅིག་པ་ལ་གཉིས་གསུམ་ཞེས་བྱ་བའི་གྲངས་ལ་སོགས་པ་མི་འཐད་པའི་ཕྱིར་རོ། །རྒྱུ་དང་འབྲས་བུའི་རྐྱེན་རྣམས་འདུས་པ་ནི་འདི་ལྟ་སྟེ། རྣམ་པར་ཤེས་པ་ཞེས་བྱ་བའི་རྒྱུའི་འབྲས་བུའི་རྒྱན་ནི་དབང་པོ་མཉམ་པ་དང། ཡུལ་སྣང་བར་གྱུར ་པ་དང། དེ་སྐྱེད་པའི་ཡིད་ལ་བྱེད་པ་ཉེ་བར་གནས་བ་སྟེ། དེ་བཞིན་དུ་གཞན་ལ་ཡང་སྦྱད?་བར་རིག་པར་བྱའོ། །དེ་ལྟར་ན་སེམས་པ་དང་ལྡན་པ་མ་ཡིན་པའི་འདུ་བྱེད་ཀྱི་ཆོས་འདི་རྣམས་ནི། གནས་སྐབས?་དག་ལ་གདགས་པའི་ཕྱིར། ཐམས་ཅད་ཀྱང་བཏགས་བའི ་ཡོད་པར་རིག་པར་བྱའོ། །དེ་ལ་དགེ་བ་ལ་སོགས་པ་འཕེལ་བ་དང། སྒྲིབ་པའི་གནས་སྐབས་ལ་ནི་གཅིག་གོ་།སེམས་དང་སེམས་ལས་བྱུང་བ་མི་འབྱུང་བའི་གནས་སྐབས་ལ་ནི་གསུམ་མོ། །གནས་པའི་གནས་སྐབས་ལ་ནི་གཅིག་གོ། འདྲ་བའི་གནས་སྐབས་ལ་ནི་གཅིག་གོ། ་མཚན་ཉིད་ཀྱི་གནས་སྐབས་ལ་ནི་བཞིའོ། །ཐ་སྙད་ཀྱི་གནས་སྐབས་ལ་ནི་གསུམ་མོ། མ་ཐོབ་པའི་གནས་སྐབས་ལ་ནི་གཅིག་གོ་།རྒྱུ་དང་འབྲས་བུའི་གནས་སྐབས་ལ་ནི་ལྟ་བ་མ་རྣམས་སོ། །རྒྱུ་དང་འབྲས་བུ་ནི་འདུས་བྱས་ཐམས་ཅད་དུ་རིག་པར་བྱ་སྟེ། དེ་ལས་གཞན་འབྱུང་བས ་རྒྱུའོ། །བཞན་ལས་དེ་འབྱུང་བས་འབྲས་བུའོ། །ཕུང་པོ་ལ་སོགས་པ་ཀུན་ཏུ་འབྱུང་བ་ལ་དེའི་ས་བོན་ཡོངས་སུ་རྒྱས་པ་ནི་བག་ཆགས་ཞེས་བྱའོ། །ས་བོན་ཐམས་ཅད་པ་ཅེས་བྱ་བ་ནི་ཕུང་པོ་ལ་སོགས་པ་དེ་དག་ཉིད་འབྱུང་བའི་ས་བོན་དང་ལྡན་པའི་ཕྱིར་རོ། །དེར་ཆོས་རྣམས ་ས་བོན་དུ་འདུ་བ་འམ། བདག་ཏུ་འཛིན་པས་སེམས་ཅན་དུ་འདུ་བའི་ཕྱིར་ཀུན་བཞི་རྣམ་པར་ཤེས་པའོ། །སྔོན་གྱི་ལས་ལས་ངེས་པར་འབྱུང་བའི་ཕྱིར་རྣམ་པར་སྨིན་པའི་རྣམ་པར་ཤེས་པའོ། །ཡང་དང་ཡང་ཉིད་མཚམས་སྦྱོར་བར་བྱེད་པས་ལེན་པའི་རྣམ་པར་ཤེས་བའོ། ་དེ་ནི་སེམས་ཞེས་ཀྱང་བྱ་སྟེ། ཆོས་རྣམས་ཀྱི་བག་ཆགས་བསགས་པའི་ཕྱིར་རོ། །ཀུན་གཞི་རྣམ་པར་ཤེས་པ་དེ་ཡོད་པར་ཇི་ལྟར་ཤེས་ཤེ་ན། འདི་ལྟར་དེ་མེད་ན། ལེན་དང་བཟོད་དང་གསལ་བ་དང། ས་བོན་དང་ནི་ལས་རྣམས་དང། ལུས་ཀྱི་མྱོང་ནད?་སེམས་མེད་པའི།། ་སྙམས་འཇུག་དེ་བཞིན་འཆི་མི་རུང། །སྡོམ་ཀྱི་ཚིགས་སུ་བཅད་པ་འདིའི་རྣམ་པར་དབྱེ་བ་ནི་འདི་ལྟ་སྟེ་རྣམ་པར་ངེས་པ་བསྡུ་བའི་ནང་དུ་བྱས་སོ། །རྣམ་པ་བརྒྱད་ཀྱི་ཀུན་བཞི་རྣམ་པར་ཤེས་པ་ཡོད་པ་ཉིད་དུ་རྟོག་པར་བྱ་སྟེ། འདི་ལྟར་ཀུན་གཞི་རྣམ་པར་ཤེས་པ་མེད་ན་ལུས ་ཉེ་བར་ལེན་པ་མི་སྲིད་པ་དང། གཟེད་མ་ནས་བྱུང་བ་མི་སྲིད་པ་དང། གསལ་བར་བྱུང་བ་མི་སྲིད་པ་དང། ས་བོན་མི་སྲིད་པ་དང། ལས་མི་སྲིད་པ་དང། ལུས་ཀྱི་མྱོང་བ་མི་སྲིད་བ་དང། སེམས་མེད་པའི་སྙོམས་པར་འཇུག་པ་མི་སྲིད་པ་དང། རྣམ་པར་ཤེས་པ་འཆི་འཕོ་བ ་མི་སྲིད་པའི་ཕྱིར་རོ། །ཅིའི་ཕྱིར་ལུས་ཉེ་བར་ལེན་པ་མི་རུང་ཞེ་ན། སྨྲས་པ། རྣམ་པ་ལྔས་ཏེ། འདི་ལྟར་ཀུན་གཞི་རྣམ་པར་ཤེས་པ་ནི་སྔོན་གྱི་འདུ་བྱེད་ཀྱི་རྒྱུ་ལས་བྱུང་བའོ། །མིག་ལ་སོགས་པ་འཇུག་པའི་རྣམ་པར་ཤེས་པ་ནི་ད་ལྟར་གྱི་རྐྱེན་གྱི་རྒྱུ་ལས་བྱུང་བ་སྟེ། ་ཇི་སྐད་དུ་།དབང་པོ་དང་ཡུལ་དང་ཡིད་ལ་བྱེད་པའི་དབང་གིས་རྣམ་པར་ཤེས་པ་རྣམས་འབྱུང་བར་འགྱུར་རོ། །ཞེས་རྒྱ་ཆེར་གསུངས་པ་ལྟ་བུ་སྟེ། འདི་ནི་གཏན་ཚིགས་དང་པོའོ། །ཡང་རྣམ་པར་ཤེས་པའི་ཚོགས་དྲུག་ནི་དགེ་བ་དང་མི་དགེ་བར་དམིགས་པ་སྟེ། འདི་ནི ་གཏན་ཚིགས་གཉིས་པའོ། །ཡང་རྣམ་པར་ཤེས་པའི་ཚོགས་དྲུག་ལ་ལུང་དུ་མ་བསྟན་པ་རྣམ་པར་སྨིན་པས་བསྡུས་པར་གྱུར་པ་གང་ཡིན་པའི་རྣམ་པ་མི་དམིགས་པ་སྟེ། འདི་ནི་གཏན་ཚིགས་གསུམ་པའོ། །ཡང་རྣམ་པར་ཤེས་བའི་ཚོགས་དྲུག་འབྱུང་བ་ནི ་གནས་སོ་སོར་ངེས་པ་སྟེ། གནས་གང་དང་གང་ལས་རྣམ་པར་ཤེས་པ་གང་འབྱུང་བ་དེ་དང་དེ་ནི་དེས་ཟིན་པར་འགྱུར་གྱི་ལྷག་མ་ནི་མ་ཟིན་པར་འགྱུར་ཏེ། མི་རུང་ངོ། །ཟིན་པར་ཡང་མི་རུང་སྟེ། རྣམ་པར་ཤེས་པ་མེད་པའི་ཕྱིར་རོ། །འདི་ནི་གཏན་ཚིགས་བཞི་པའོ།། ་ཡང་དང་ཡང་ལུས་འཛིན་པའི་ཉེས་པར་འགྱུར་ཏེ་འདི་ལྟར་མིག་གི་རྣམ་པར་ཤེས་པ་རེས་འགའ་ནི་འབྱུང། རེས་འགའ་ནི་མི་འབྱུང་ངོ། །ལྷག་མ་རྣམས་ཀྱང་དེ་བཞིན་ཏེ། འདི་ནི་གཏན་ཚིགས་ལྔ་པའོ། །འདི་ལྟར་སྔོན་གྱི་ལས་དང་ང་ལྟར་གྱི་འདུ་བྱེད་ཀྱི་རྒྱུ ་ལས་བྱུང་བ་དང། དགེ་བ་དང་མི་དགེ་བ་ཡིན་པ་དང། དེའི་རྣམ་པ་མི་དམིགས་པ་དང། གནས་སོ་སོར་ངེས་པ་དང། ཡང་དང་ཡང་ལུས་ཉེ་བར་ལེན་པས་ཀྱང་མི་རུང་ངོ། །ཅིའི་ཕྱིར་གཟོད་མའི་འཇུག་པར་འབྱུང་བར་མི་རུང་ཞེ་ན། གལ་ཏེ་ལ་ལ་ཞིག་འདི་སྐད་དུ། ཅི་སྟེ ་ཀུན་བཞི་རྣམ་པར་ཤེས་པ་ཡང་ན་དེའི་ཕྱིར་རྣམ་པར་ཤེས་པ་གཉིས་ཅིག་ཅར་འབྱུང་བར་འགྱུར་རོ་ཞེས་ཟེར་ན་དེ་ལ་འདི་སྐད་དུ་བརྗོད་པར་བྱ་སྟེ། ཉེས་པ་མེད་པ་ཉིད་ལ་ཁྱོད་ཉེས་པར་འདུ་ཤེས་པར་ཟད་ཀྱི། འདི་ལྟར་རྣམ་པར་ཤེས་པ་གཉིས་ཅིག་ཅང ་འབྱུང་བ་ཉིད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཁ་ཅིག་ཅིག་ཅར་མཐོང་བར་འདོད་པ་ནས། རྣམ་པར་ཤེས་པའི་བར་དུ་འདོད་པ་ལ། ཐོག་མར་རྣམ་པར་ཤེས་པ་གང་ཡང་རུང་བར?། འབྱུང་དུ་མི་རུང་སྟེ། འདི་ལྟར་དོན་ཡིད་ལ་བྱེད་པ་དང་དབང་པོ་དང་ཡུལ་ཡང་ཡོད་པར་བྱེད་བྲག ་མེད་པའི་ཕྱིར་རོ། །རྣམ་པར་ཤེས་པ་ཅིག་ཅར་བྱུང་བ་མེད་ན་ཅིའི་ཕྱིར་མིག་ལ་སོགས་པའི་རྣམ་པར་ཤེས་པ་དང་ལྷན་ཅིག་རྗེས་སུ་འཇུག་པ་ཡིད་ཀྱི་རྣམ་པར་ཤེས་པ་གསལ་བར་མི་འབྱུང་ཞེ་ན། འདི་ལྟར་གང་གི་ཚེ་འདས་པའི་ཡུལ་མྱོང་བ་རྗེས་སུ་དྲན་པ་དེའི་ཚེ་ཡིད་ཀྱི་རྣམ ་པར་ཤེས་པ་རྒྱུ་བ་ནི་གསལ་བ་མ་ཡིན་ལ། ད་ལྟར་གྱི་ཡུལ་ལ་རྒྱུ་པའི་ཡིད་ནི་དེ་ལྟར་མི་གསལ་བ་མ་ཡིན་ཏེ། དེའི་ཕྱིར་ཡང་ཅིག་ཅར་འབྱུང་བ་དང། ཡིད་ཀྱི་རྣམ་པར་ཤེས་པ་མི་གསལ་བར་ཡང་རུང་ངོ། །ཅིའི་ཕྱིར་རྣམ་པར་ཤེས་པའི་ཚོགས་དྲུག་པོ་དག་ཕན་ཚུན ་གྱི་ས་བོན་ཉིད་མ་ཡིན་ཞེ་ན། འདི་ལྟར་དགེ་བའི་འོག་ཏུ་མི་དགེ་བ་འབྱུང་ལ། མི་དགེ་བའི་འོག་ཏུ་དགེ་བ་དང། དེ་གཉི་གའི་འོག་ཏུ་ལུང་དུ་མ་བསྟན་པ་དང། ཁམས་ངན་པའི་འོག་ཏུ་ཁམས་བར་མ་དང། ཁམས་བར་མའི་འོག་ཏུ་ཁམས་བཟང་པོ་དང། དེ་བཞིན་དུ་ཁམས ་བཟང་པོའི་འོག་ཏུ་ཁམས་ངན་པ་དང། ཟག་པ་དང་བཅས་པའི་འོག་ཏུ་ཟག་པ་མེད་པ་དང། ཟག་བ་མེད་པའི་འོག་ཏུ་ཟག་པ་དང་བཅས་པ་དང། འཇིག་རྟེན་པའི་འོག་ཏུ་འཇིག་རྟེན་ལས་འདས་པ་དང། འཇིག་རྟེན་ལས་འདས་པའི་འོག་ཏུ་འཇིག་རྟེན་པ་འབྱུང་སྟེ། དེ་དག་ནི ་དེ་ལྟར་ས་བོན་ཉིད་དུ་མི་རུང་ངོ། །རྒྱུད་ཀྱི་རྒྱུན་ཆད་ནས་ཡུན་རིང་དུ་ལོན་པ་ཡང་ཡུན་རིང་ཞིག་ན་འབྱུང་བས་དེའི་ཕྱིར་ཡང་མི་རུང་ངོ། །རྣམ་པར་ཤེས་པ་ཅིག་ཅར་འབྱུང་བ་མེད་ན་ཅིའི་ཕྱིར་ལས་མི་སྲིད་ཅེ་ན། འདི་ལྟར་མདོར་བསྡུན་ལས་རྣམ་པ་བཞི་སྟེ། སྣོད ་གྱི་རྣམ་པར་རིག་པ་དང། གནས་ཀྱི་རྣམ་པར་རིག་པ་དང། ངའོ་སྙམ་པའི་རྣམ་པར་རིག་པ་དང། ཡུལ་གྱི་རྣམ་པར་རིག་པའོ། །རྣམ་པར་རིག་པ་འདི་དག་ནི་སྐད་ཅིག་སྐད་ཅིག་ལ་ཅིག་ཅར་འབྱུང་བར་དམིགས་ཏེ། རྣམ་པར་ཤེས་པ་ཅིག་གི་སྐད་ཅིག་གཅིག་ལ་ནི་ངོ་བོ་ཐ་དང ་བཞི་ལས་འདི་ལྟ་བུ་འདི་མི་རུང་ངོ། །ཀུན་གཞི?་རྣན་པར་ཤེས་པ་མེད་ན་ཅིའི་ཕྱིར་ལུས་ཀྱི་མྱོང་བ་མི་རུང་ཞེ་ན། འདི་ལྟར་འགའ་ཞིག་ཚུལ་བཞིན་ནམ། ཚུལ་བཞིན་མ་ཡིན་པའི་སེམས་སམ། རྗེས་སུ་རྣམ་པར་རྟོག་གམ། སེམས་མཉམ་པར་བཞག་གམ། སེམས ་མཉམ་པར་མ་བཞག་ཀྱང་རུང་སྟེ། ལུས་ཀྱིས་མྱོང་བ་གང་དག་འབྱུང་བ་རྣམ་པ་དུ་མ་རྣམས་སྣ་ཚོགས་མང་པོ་དེ་དག་འབྱུང་བ་དང། དམིགས་པར་ཡང་མི་རུང་སྟེ། དེའི་ཕྱིར་ཡང་ཀུན་གཞི་རྣམ་པར་ཤེས་པ་ཡོད་དོ། །ཀུན་གཞི་རྣམ་པར་ཤེས་པ་མེད་ན་ཅིའི་ཕྱིར་སེམས་མེད་པའི་སྙོམས ་པར་འཇུག་པ་མི་སྲིད་ཅེ་ན། འདི་ལྟར་འདུ་ཤེས་མེད་པ་ལ་སྙོམས་པར་ཞུགས་པའི་རྣམ་པར་ཤེས་པ་ཉིད་པ་ལུས་ལས་འདའ་བར་འགྱུར་བའི་རིགས་ན་མ་འདས་ཏེ། དེའི་ཕྱིར་འཆི་བའི་དུས་བྱེད་པ་ཉིད་དུ་འགྱུར་རོ། །ཇི་སྐད་དུ་བཅོམ་ལྡན་འདས་ཉིད་ཀྱིས་ཀྱང་དེའི་རྣམ་པར་ཤེས་པ ་ལུས་དང་མ་བྲལ་བ་ཡིན་ནོ། །ཞེས་གསུངས་པ་ལྟ་བུའོ། །ཀུན་གཞི་རྣམ་པར་ཤེས་པ་མེད་ན། ཅིའི་ཕྱིར་འཆི་འཕོ་བ་ཡང་མི་རུང་ཞེ་ན། འདི་ལྟར་འཆི་བའི་རྣམ་པར་ཤེས་པ་ལུས་ཀྱི་སྟོད་སྨད་དུ་དྲོད་ཡལ་བར་བྱེད་ཅིང་འདོར་ན་ཡིད་ཀྱི་རྣམ་པར་ཤེས་པ་ནི་ནམ་ཡང་མི་འབྱུང ་བ་མ་ཡིན་ཏེ། དེའི་ཕྱིར་ཡང་ཀུན་བཞི་རྣམ་པར་ཞེས་པ་ལུས་འཛིན་པ་ཉིད་དང་བྲལ་བའི་ཕྱིར་ལུས་དྲོད་ཡལ་བ་དང། ལུས་ཚོར་བ་མེད་པར་ཡང་དམིགས་ཀྱི། ཡིད་ཀྱི་རྣམ་པར་ཤེས་པ་དང་བྲལ་པས་ནི་མ་ཡིན་དེ། དེའི་ཕྱིར་ཡང་མི་རིགས་སོ། །ཡིད་ནི་ངེས་པའི་ཚིག་དང ་དམིགས་པ་དང་མཚུངས་པར་ལྡན་པ་དང་འབྱུང་བའི་དུས་ཀྱི་བསྟན་པར་རིག་པར་བྱའོ། །ལས་མངོན་དུ་གྱུར་པ་ན་དེ་མེད་པ་ནི་དོན་དམ་པ་ཞེས་པ་དང། བདག་ཏུ་ལྟ་བ་ཀུན་ཏུ་འབྱུང་བ་དང། ཤིན་ཏུ་མི་མཐུན་པའི་ཕྱིར་རོ། སློབ་བས་ནི་མ་སྤངས་བའི་ཕྱིར་དེའི་འོག་ཏུ་ཡང་ ་ཀུན་གཞི་རྣམ་པར་ཤེས་པ་ལས་འབྱུང་ངོ། །འདུ་ཤེས་མེད་པའི་སྙོམས་པར་འཇུག་པས་འགོག་པའི་སྙོམས་པར་འཇུག་པ་ཆེས་ཞི་བའི་ཕྱིར་དེ་ཀུན་ཏུ་འབྱུང་བ་དང་མི་མཐུན་པར་རིག་པར་བྱའོ། །འགགས་མ་ཐག་པ་ཡང་ཡིད་དུ་འདོད་པས ་འགགས་མ་ཐག་པའི་ཡིད་ཅེས་བྱ་བའི་ཐ་ཚིག་གོ། རྣམ་པར་ཤེས་པ་ནི་གནས་དང་དམིགས་པ་དང་ངོ་བོ་ཉིད་ཀྱིས་རྣམ་པར་བཞག་པར་རིག་པར་བྱའོ། །ཁམས་དང་སྐྱེ་མཆེད་རྣམས་ཀྱི་མཚན་ཉིད་ནི་ལོགས་ཤིག་རྣམ་པར་བཞག་ཏུ་མེད་དེ། ཕུང་པོ་བསྟན་པའི ་སྐབས་སུ་མིག་ལ་སོགས་པ་ཉེ་བར་མཚོན་པའི་ཕྱིར་ཏེ། དེ་བས་ན་ཕུང་པོ་རྣམས་ལས་དམིགས་ཀྱིས་བཏོན་ཏོ། །ཁམས་རྣམས་རྣམ་པར་བཞག་གོ། ཁམས་རྣམས་ལས་དམིགས་ཀྱིས་བཏོན་ཏེ་སྐྱེ་མཆེད་རྣམས་རྣམ་པར་བཞག་གོ། ཕུང་པོ་རྣམས་ཀྱིས་གང ་མ་བསྡུས་བ་འདུས་མ་བྱས་པ་དེ་ནི་རྣམ་པ་བརྒྱད་དུ་རྣམ་པར་བཞག་གོ་།དེ་བཞིན་ཉིད་རྣམ་པ་གསུམ་ནི་གནས་ཀྱི་རྣམ་པས་ཐ་དད་ཀྱི། ངོ་བོ་ཉིད་ཐ་དང་བ་ནི་མ་ཡིན་པར་རིག་པར་བྱའོ། །གཞན་དུ་མི་འགྱུར་བ་ཉིད་ཅེས་བྱ་བ་ནི་རྟག་ཏུ་དངོས་པོ་རྣམས་ཀྱི་བདག ་མེད་ཉིད་དུ་བལྟ་བར་བྱའོ། །ཀུན་ནས་ཉོན་མོངས་པ་མི་རྒྱུ་བའི་ཕྱིར་རོ། །ཞེས་བྱ་བ་ནི་དེ་ལ་དམིགས་པས་ཀུན་ནས་ཉོན་མོངས་པའི་དངོས་པོ་ཀུན་ནས་ཉོན་མོངས་པས་སྟོང་པར་བྱེད་པའི་ཕྱིར་རོ། །གང་གི་ཚེ་ཀུན་ནས་ཉོན་མོངས་པ་ཅན་ཞེས་བྱ་བ་དེའི་ཚེ་ཡང ་དེ་ལ་གློ་བུར་གྱི་ཉེ་བའི་ཉོན་མོངས་པར་རིག་པར་བྱ་སྟེ། ཆོས་རྣམས་ཀྱི་ཆོས་ཉིད་ནི་རང་བཞིན་གྱིས་འོད་གསལ་བའོ། །མཚན་མ་རྣམས་ནི་གཟུགས་དང་ཚོར་བ་ནས་བྱང་ཆུབ་ཅེས་བྱ་བའི་བར་དུ་སྤྲོས་པ་རྣམས་ཏེ། དེ་ལ་དེ་དག་ཉེ་བར་ཞི་བའི་ཕྱིར་མཚན་མ ་མེད་པའོ། །ཡང་དག་པ་ནི་གང་ཕྱིན་ཅི་མ་ལོག་པའོ། །དེའི་མཛའ་ནི་མུར་ཐུག་པ་སྟེ། བདག་མེད་པ་ལས་ཕ་རོལ་ཏུ་དེ་ཁོ་ན་བཙལ་དུ་མེད་པའི་ཕྱིར་རོ། །ནམ་མཁའ་ནི་གཟུགས་མེད་ཅེས་བྱ་བ་ནི། གཟུགས་ཉིད་ལས་བཟློག་པ་གཟུགས་མེད་པའི་མཚན་ཉིད ་ཀྱི་ཆོས་ཡིད་ཀྱི་རྣམ་པར་ཤེས་པའི་ཡུལ་གང་ཡིན་པ་དེ་ནི་ནམ་མཁའ་ཨོ། །ཡིད་ཀྱི་རྣམ་པར་ཤེས་པའི་ཡུལ་ནི་ཆོས་ཀྱི་ཁམས་ཀྱི་སྐབས་ཡིན་པར་རིག་པར་བྱའོ། །གཟུགས་ཉིད་ཅེས་བྱ་བ་ནི་བརྣན་པའི་ཕྱིར་ཏེ། ཚོར་བ་ལ་སོགས་པ་དང་ཐུན་མོང་པའི་དེ་བཞིན་ཉིད་དང། སོ་སོར་བརྟགས་པ་མ ་ཡིན་པ་དང། སོ་སོར་བརྟགས་པའི་འགོག་པ་དང། མི་བརྟག་པ་ཉིད་སེལ་ཏོ། །རི་བོང་གི་རྭ་ལ་སོགས་པ་ནི་གཏན་མེད་པ་སྟེ། དེ་དག་ལས་བཟློག་པར་ནི་མི་ཤེས་སོ། །དེ་ལྟར་དེ་དག་ནི་གཏན་ནས་མེད་པའི་ཕྱིར་རོ། །རི་བོང་གིར་ལ་སོགས་པ་དེ་དག་ནི་གཟུགས་ཡོད་པ་འདི་ལས ་བཟློག་པ་མ་ཡིན་ཏེ། ཚོར་བ་ལ་སོགས་པ་དང་ཐུན་མོང་བའི་ཕྱིར་རོ། དེ་བས་ན་གཟུགས་ཉིད་ལས་བཟློག་པ་ནི་ཞེས་བྱའོ། །གང་གཟུགས་མ་ཡིན་པ་ཞེས་བརྗོད་པར་བྱ་སྟེ། མེད་པའི་མཚན་ཉིད་ཀྱི་ཚིག་གིས་ཚོར་བ་ལ་སོགས་པ་གཟུགས་ཅན་མ་ཡིན་པ་རྣམས་བསལ་ཏེ། ་དེ་དག་ནི་མེད་པའི་མཚན་ཉིད་ནི་མ་ཡིན་ནོ། །གང་འགོག་ལ་བྲལ་བ་མ་ཡིན་བའོ། །ཞེས་བྱ་བ་ནི་བག་ལ་ཉལ་མ་བཅོམ་པའོ། །བཟློག་པ་ནི་བྲལ་བའོ། །སྤང་བར་བྱ་བ་དེ་ནི་གཉིས་ཏེ། ཉོན་མོངས་པ་རྣམས་དང། དེའི་གནས་སུ་གྱུར་པ་ཚོར་བའོ། །ཚོར་བ་དེ་ཡང་རྣམ་པ ་གཉིས་ཏེ། འགྱུར་བར་བྱེད་པ་དང་།འགྱུར་བར་མི་བྱེད་པ་སྟེ། བདེ་བ་དང། སྡུག་བསྔལ་དང། བདེ་བ་ཡང་མ་ཡིན་སྡུག་བསྔལ་ཡང་མ་ཡིན་པ་དང། གོ་རིམ་བཞིན་ནོ། །དེ་ལ་ཉོན་མོངས་པ་སྤོང་བས་སོ་སོར་བརྟགས་པའི་འགོག་པར་རྣམ་པར་བཞག་གོ་། ་ཚོར་བ་རྣམ་པ་གཉིས་སྤོང་བས་མི་གཡོ་བ་དང། འདུ་ཤེས་དང། ཚོར་བ་འགོག་པ་དང་གོ་རིམ་བཞིན་དུ་རྣམ་པར་བཞག་གོ་།དེ་ལ་ཉོན་མོངས་པ་སྤོང་བས་ན་དེའི་ཕྱོགས་དང་མཐུན་པའི་གནས་ངན་ལེན་དང་བྲལ་བའི་ཕྱིར་གནས་གྱུར་པའོ། །ཚོར་བ་སྤོང་བ ་ནི་དེའི་གཉེན་པོར་གྱུར་པ་སྙོམས་པར་འཇུག་པའི་སྒྲིབ་པ་དང། བྲལ་བའི་ཕྱིར་གནས་གྱུར་པའོ། །དེའི་ཕྱིར་བསམ་གཏན་གཉིས་པར་སྡུག་བསྔལ་འགོག་པ་ལ་འདུས་མ་བྱས་རྣམ་པར་མི་བཞག་སྟེ། འགྱུར་བར་བྱེད་པའི་ཚོར་བ་མ་ལུས་པར་མ ་སྤངས་བའི་ཕྱིར་རོ། །གཟུགས་ཀྱི་ཕུང་པོས་?་གཟུགས་ཅན་བཅུ་བསྡུས་སོ། །ཆོས་ཀྱི་ཁམས་ཀྱི་ནི་དེ་ཉིད་བསྡུས་སོ། །ཡིད་ཀྱི་སྐྱེ་མཆེད་ཀྱིས་ནི་རྣམ་པར་ཤེས་པའི་ཁམས་བདུན་བསྡུས་ཏེ། དེ་ལྟར་ན་ཆོས་ཐམས་ཅད་ནི ་གསུམ་དུ་འགྱུར་རོ།། །།བམ་པོ་གཉིས་པ། ཕུང་པོ་དང་ཁམས་དང་སྐྱེ་མཆེད་དེ་ལྟར་རྣམ་པར་བཞག་པ་ལ་ཞར་ལས་འབྱུང་བ་དེ་བསྟན་བར་བྱའོ། །མིག་དང་རྣ་བ་དང་སྣ་རྣམས་སོ་སོ་ལ་ཡང་གཉིས ་གཉིས་ཡོད་ན་ཁམས་ཉི་ཤུ་རྩ་གཅིག་ཏུ་ཇི་ལྟར་མི་འགྱུར་ཞེ་ན། དེ་དག་གཉིས་གཉིས་ཡོད་དུ་ཟིན་ཀྱང། གཉི་ག་ཡང་མིག་གི་མཚན་ཉིད་ཡིན་བས་མཚན་ཉིད་འདྲ་བ་དང། གཉི་གའི་བྱ་བ་མིག་གི་རྣམ་པར་ཤེས་པ་ཡིན ་པར་གཅིག་པའི་ཕྱིར་བྱ་བ་མཐུན་པས་ཁམས་གཞན་མ་ཡིན་ནོ། །རྣ་བ་དང་སྣ་ལ་འང་དེ་བཞིན་དུ་སྦྱར་བར་བྱའོ། །གཉིས་གཉིས་སུ་གྲུབ་པ་ནི་གནས་མཛེས་པའི་ཕྱིར་རོ། །དེ་ལྟར་ངོས་གཉིས་ཤིན་ཏུ་རྣམ་པར་འབྱེད་ན ་གནས་མཛེས་ཀྱི་གཞན་དུ་ནི་མ་ཡིན་ནོ། །ཅི་རིག་རེ་རེ་ལ་བརྟེན་ཏེ་མིག་གི་རྣམ་པར་ཤེས་པ་རྟག་ཏུ་འབྱུང་ངམ་འོན་ཏེ་གཉི་ག་ལ་ཡང་བརྟེན། སྨྲས་པ། གསལ་བར་འཛིན་པའི་ཕྱིར་།གཉི་ག་ལ་བརྟེན་ནས་འབྱུང ་སྟེ། དཔེར་ན་མིག་གཉི་ག་ཕྱེ་ན་གཟུགས་འཛིན་པ་ལ་གསལ་བར་འགྱུར་གྱི། གཅིག་གིས་ནི་དེ་ལྟ་མ་ཡིན་ནོ། །དཔེར་ན་ཁང་པ་གཅིག་ཏུ་མར་མེ་གཉིས་བུས་ན། མར་མེ་གཉིས་ལ་བརྟེན་ནས་འོད་རྒྱས་པ་གཅིག་གིས་ཤིན་ཏུ་གསལ ་བར་འགྱུར་རོ། །དེ་བཞིན་དུ་འདིར་ཡང་ཚུལ་དེ་ལྟར་བལྟ་བར་བྱའོ། །དེའི་ཡུལ་སྣ་ཚོགས་ཉེ་བར་གནས་བར་གྱུར་ན་དེའི་རྣམ་པ་རྣམས་ལ་དབང་པོ་རེ་རེའི་སྒོ་ནས་རྣམ་པར་ཤེས་པ་རྣམས་རིམ་གྱིས་འབྱུང་ངམ། འོ་ན་ཏེ་གཅིག་གིས་ཅིག ་ཅར་འཛིན་ཞེ་ན། རྣམ་པར་ཤེས་པ་ཅིག་ཁོ་ནས་ཅིག་ཅར་འཛིན་ཏེ། རྣམ་པ་ནི་སྣ་ཚོགས་སུ་རིག་པར་བྱའོ། །ལྕེ་ལ་ཁམ་གྱི་ཟས་རེག་ན་ལྕེ་དང་ལུས་ཀྱི་རྣམ་པར་ཤེས་པ་རྟག་ཏུ་ཅིག་ཅར་འབྱུང་བར་རིག་པར་བྱའོ། །སྒྲ་ནི་རྒྱུན་ཆད་པའི་ཕྱིར་ཡུལ་གཞན་དག ་ཏུ་གཅིག་ནས་གཅིག་ཏུ་བརྒྱུད་དེ་འབྱུང་བའི་རྒྱུན་གྱིས་ཡུལ་གཞན་དུ་འགྲོ་བ་མེད་ཀྱི། འདི་ལྟ་སྟེ་རང་གི་ཡུལ་ན་འདུག་ཅིང་ཐང་ཅིག་འབྱུང་སྟེ། མར་མེའི་འོད་རྒྱས་པ་བཞིན་དུ་སྒྲ་རྒྱས་པར་འབྱུང་བ་ཡང་དེ་ལྟར་བལྟའོ། །ཉེ་ཡང་བར་དུ་བཅད་པའི་སྒྲ་གསལ ་བར་མི་ཐོས་པའི་སྒྲ་དེ་ཐོགས་པ་ཡོད་པའི་ཕྱིར་རྩིག་པའི་གསེབ་ནས་ཆུང་ངུ་འབྱུང་བའི་རིག་པར་བྱའོ། །རྣམ་པར་ཤེས་པ་དྲུག་པོ་དག་ལས་རྣམ་པར་རྟོག་པ་དང་བཅས་པ་ནི་དུ་ཞིག། རྣམ་པར་མི་རྟོག་པ་ནི་དུ་ཞིག་ཅེ་ན། རྣམ་པར་རྟོག་པ་གསུམ་གྱིས་ཡིད་ཀྱི་རྣམ ་པར་ཤེས་པ་གཅིག་པུ་རྣམ་པར་རྟོག་པ་དང་བཅས་པ་སྟེ། རྣམ་པར་རྟོག་པ་གསུམ་ནི་རང་བཞིན་གྱི་རྣམ་པར་རྟོག་པ་དང། རྗེས་སུ་དྲན་པའི་རྣམ་པར་རྟོག་པ་དང། མངོན་པར་དཔྱོད་པའི་རྣམ་པར་རྟོག་པའོ། །དེ་ལ་རང་བཞིན་གྱི ་རྣམ་པར་རྟོག་པ་ནི་དེ་ལྟར་བྱུང་བའི་འདུ་བྱེད་མྱོང་བ་ན་གང་རང་གི་མཚན་ཉིད་ཀྱི་རྣམ་པར་རྟོག་པའོ། །རྗེས་སུ་དྲན་པའི་རྣམ་པར་རྟོག་པ་ནི། གང་སྔོན་མྱོང་བའི་འདུ་བྱེད་རྣམས་ཀྱི་རྣམ་པའོ། །མངོན་པར་དཔྱོད་པའི་རྣམ་པར་རྟོག་པ་ནི ་གང་འདས་པ་དང། །མ་འོངས་པ་དང། །ད་ལྟར་གྱི་ལྐོག་ཏུ་གྱུར་པ་རྣམས་ལ་མངོན་པར་རྟོག་པའི་རྣམ་པར་རྟོག་པའོ། །ཡང་རྣམ་པར་རྟོག་པ་བདུན་ཏེ། །དམིགས་པ་ལ་རང་གི་དང་གིས་འཇུག་པའི ་རྣམ་པར་རྟོག་པ་དང། །མཚན་མ་དང་བཅས་པ་དང། །མཚན་མ་མེད་པ་དང། ཀུན་ཏུ་ཚོལ་བར་བྱེད་པ་དང། སོ་སོར་རྟོག་པ་དང། ཉོན་མོངས་པ་ཅན་དང། ཉོན་མོངས་པ་ཅན་མ་ཡིན་པའི་རྣམ་པའི་རྣམ་པར་རྟོག་པའོ། །དེ་ལ་རྣམ་པར་རྟོག ་པ་དང་པོ་ནི་རྣམ་པར་ཤེས་པའི་ཚོགས་ལྔ་སྟེ། དམིགས་པ་ལ་བཀྲ་བར་མ་གཟུང་བར་རང་གི་ཡུལ་ཇི་ལྟ་བ་བཞིན་དུ་རང་གི་རང་གིས་འཇུག་པའི་ཕྱིར་རོ། །མཚན་མ་དང་བཅས་པ་ནི་རང་བཞིན་དང་རྗེས་སུ་དྲན་པའི་རྣམ་པར་རྟོག་པ་སྟེ། ད་ལྟར་དང ་འདས་བའི་ཡུལ་ལ་བཀྲ་བར་འཛིན་པའི་ཕྱིར་རོ། །མཚན་མ་མེད་པ་ནི་མ་འོངས་པའི་ཡུལ་ཡིད་ལ་བརྣགས་པའི་རྣམ་པར་རྟོག་པ་གང་ཡིན་པའོ། །ལྷག་མ་རྣམས་ནི་མངོན་པར་དཔྱོད་པའི་རྣམ་པར་རྟོག་པའི་ངོ་བོ་ཉིད་དུ་རིག་པར་བྱ་སྟེ། ་འདི་ལྟར་རེས་འགའ་ནི་མངོན་པར་རྟོག་ཅིང་ཀུན་ཏུ་འཚོལ་ལོ། །རེས་འགའ་ནི་སོ་སོར་རྟོག་གོ་།རེས་འགའ་ནི་ཉོན་མོངས་པ་ཅན་དུ་འགྱུར་རོ། །རེས་འགའ་ནི་ཉོན་མོངས་པ་ཅན་མ་ཡིན་ནོ། །གང་གི་ཚེ་གཟུགས་ལ་སོགས་པའི ་སོ་སོར་རྣམ་པར་རིག་པའི་རྣམ་པར་ཤེས་པ་དེ་ཅིའི་ཕྱིར་མིག་ལ་སོགས་པའི་རྣམ་པར་ཤེས་པ་ཞེས་བྱའི་གཟུགས་ལ་སོགས་བའི་རྣམ་པར་ཤེས་བ་ཞེས་ནི་མི་བྱ་ཞེ་ན། ཚིག་རྣམ་པར་སྦྱར་བ་རྣམ་པ་ལྔ་འཐང་བ་དང། གཟུགས ་ལ་སོགས་པའི་ཚིག་མི་འཐད་པའི་ཕྱིར་རོ། །ཇི་ལྟ་ཞེ་ན། མིག་ལ་རྣམ་པར་ཤེས་པ་ནི་མིག་གི་རྣམ་པར་ཤེས་པ་སྟེ། གནས་ཀྱི་ཡུལ་ལ་རྣམ་པར་ཤེས་པ་འབྱུང་བའི་ཕྱིར་རོ། །དེ་ཡོད་ནའང་ཡོད་པའི་ཕྱིར་ཏེ། འདི་ལྟར་མིག་ཡོད་ན་ལོང ་བ་མ་ཡིན་པ་རྣམས་ཀྱི་མིག་གི་རྣམ་པར་ཤེས་པ་འབྱུང་སྟེ། ཐ་ན་མུན་པ་ན་ཡང་མཐོང་བའི་ཕྱིར་རོ། །གཟུགས་ཡོད་དུ་ཟིན་ཀྱང་གདོན་མི་ཟ་བར་འབྱུང་བ་མ་ཡིན་ཏེ། ལོང་བ་རྣམས་ཀྱིས་མི་མཐོང་བའི་ཕྱིར་རོ། །མིག་གི་རྣམ་པར་ཤེས་པ ་ནི་མིག་གི་རྣམ་པར་ཤེས་པ་སྟེ། གཟུགས་མ། གྱུར་ཀྱང་དེའི་དབང་གིས་རྣམ་པར་ཤེས་པ་འགྱུར་བའི་ཕྱིར་རོ། །དཔེར་ན་མིག་སེར་གྱི་དད་ཀྱིས་བཏབ་ནས་གཟུགས་སྔོན་པོ་ལ་སོགས་པ་ལ་ཡང་མིག་གིས་སེར་པོ་ཉིད་དུ་མཐོང་བ ་ལྟ་བུའོ། །མིག་ལས་རྣམ་པར་ཤེས་པ་ནི་མིག་གིས་རྣམ་པར་ཤེས་པ་སྟེ། མིག་ནི་མིག་གི་རྣམ་པར་ཤེས་པའི་ས་བོན་དང་འབྲེལ་བ་སྟེ། དེ་ལས་འགྲུབ་པའི་ཕྱིར་རོ། །མིག་གི་ཕྱིར་རྣམ་པར་ཤེས་པ་ནི་མིག་གི་རྣམ་པར་ཤེས་པ་སྟེ། ་དེ་ལ་ཕན་པའི་ཕྱིར་རོ། །འདི་ལྟར་རྣམ་པར་ཤེས་པ་དང་མཚུངས་པར་ལྡན་པའི་མྱོང་བས་དབང་པོ་ལ་ཕན་གནོད་དུ་འགྱུར་གྱི་ཡུལ་ལ་ནི་མ་ཡིན་ནོ། །མིག་དང་མཚུངས་པའི་རྣམ་པར་ཤེས་པ་ནི་མིག་གི་རྣམ་པར་ཤེས་པ་སྟེ། གཉི ་ག་ཡང་སེམས་ཅན་གྱི་གྲངས་སུ་གཏོགས་པའི་ཕྱིར་རོ། །གཟུགས་ནི་གདོན་མི་ཟ་བར་སེམས་ཅན་གྱི་གྲངས་སུ་གཏོགས་པ་མ་ཡིན་ནོ། །ཅི་མིག་གི་གཟུགས་རྣམས་མཐོང་དམ། འོན་ཏེ་རྣམ་པར་ཤེས་པས་མཐོང་ཞེ་ནི། ཆོས་རྣམས ་ནི་བྱེད་པ་མེད་པའི་ཕྱིར་གཅིག་གིས་ཀྱང་མི་མཐོང་ལ། ཅིག་ཤེས་ཀྱིས་ཀྱང་མི་མཐོང་བར་རིག་པར་བྱ་སྟེ། ཚོགས་པར་འགྱུར་པ་ལ་མཐོང་?་གདགས་སོ། །ཡང་རྣམ་པ་དྲུག་གིས་ན་མིག་གིས་གཟུགས་མཐོང་དོ། །ཞེས་གཙོ་བོར་རིག་པར་བྱའོ། ། ་རྣམ་པར་ཤེས་པས་ནི་མ་ཡིན་ནོ། །རྣམ་པ་དྲུག་གང་ཞེ་ན། འབྱུང་བའི་རྒྱུའི་ཕྱིར་མིག་ལས་དེ་འབྱུང་བའི་ཕྱིར་རོ། །དེའི་གནས་ཀྱི་ཕྱིར་མཐོང་བའི་རྟེན་མིག་ཡིན་པའི་ཕྱིར་རོ། །མི་གཡོ་བར་འཇུག་པའི་ཕྱིར་མིག་ནི་རྟག་ཏུ་རིག་གཅིག ་པའི་ཕྱིར་རོ། །རང་དབང་དུ་འཇུག་པའི་ཕྱིར་སྐད་ཅིག་རེ་རེ་ལ་འབྱུང་བ་རྐྱེན་ཚོགས་པ་ལ་མི་ལྟོས་པའི་ཕྱིར་རོ། །མཛེས་པར་འཇུག་པའི་ཕྱིར་དེས་གནས་མཛེས་པའི་ཕྱིར་རོ། །ལུང་གི་ཕྱིར་མིག་གིས་གཟུགས་རྣམས་མཐོང་ངོ་ཞེས ་གསུངས་པའི་ཕྱིར་ཏེ། ཇི་སྐད་དུ་བཤད་པར་ཐམས་ཅད་ནི་རྣམ་པར་ཤེས་པ་ལ་མི་སྲིད་པའི་ཕྱིར་རོ། །འདི་ནི་རྣམ་པ་མང་པོར་འབྱུང་བས་གཡོ་བར་འཇུག་པ་ཉིད་དུ་རིག་པར་བྱའོ། །ཇི་ལྟར་ཁམས་རྣམས་དང་སྐྱེ་མཆེད་རྣམས་ལ ་འདུས་མ་བྱས་རྣམ་པར་བཞག་པ་དེ་བཞིན་དུ་ཕུང་པོ་རྣམས་ལ་ཅིའི་ཕྱིར་རྣམ་པར་མ་བཞག་ཅེ་ན། ཕུང་པོའི་དོན་མེད་པའི་ཕྱིར་རོ། །གཟུགས་ལ་སོགས་པ་ནི་འདས་པ་ལ་སོགས་པའི་རྣམ་པར་དག་གིས་བསྡུས་ཏེ། ་སྤུངས་པའི་དོན་ནི་ཕུང་པོའི་དོན་དུ་བསྟན་ལ། དེ་ནི་རྟག་ཏུ་ཡོད་པ་མ་ཡིན་པས་ཕུང་པོ་རྣམས་ལ་འདུས་མ་བྱས་རྣམ་པར་མི་བཞག་གོ། ཅིའི་ཕྱིར་ཆོས་འདི་རྣམས་ཕུང་པོ་དང་ཁམས་འདི་རྣམས་སྐྱེ་མཆེད་ཀྱི་སྒོ་ནས་ལོགས་ཤིག ་ཏུ་བཤད་ཅེ་ན། གདུལ་བྱ་རྣམས་བསྡུས་པ་དང། རྒྱས་པར་བསྟན་པ་ལ་མཁས་པ་བསྐྱེད་པའི་ཕྱིར་ཏེ། འདི་ལྟར་ཕུང་པོ་བསྟན་པ་ལ་གཟུགས་དང་རྣམ་པར་ཤེས་པ་གང་དག་མདོར་བསྟན་པ་དེ་དག་ཁམས་དང་སྐྱེ་མཆེད་རྣམས་ལ ་རྣམ་པ་བཅུ་གཅིག་དང། རྣམ་པ་བདུན་དུ་ཕྱེ་ནས་རྒྱས་པར་བསྟན་ཏེ། ཇི་ལྟར་མཐུན་མཐུན་དུ་སྦྱར་རོ། །དེར་ཚོར་བ་ལ་སོགས་པ་གང་དག་རྒྱས་པར་བསྟན་པ་དེ་དག་ནི་ཁམས་དང་སྐྱེ་མཆེད་རྣམས་སུ་ཆོས་ཀྱི་ཁམས་དང་སྐྱེ་མཆེད ་དུ་བསྡུས་ཏེ་བསྟན་ཏོ། །ཡང་མཚན་ཉིད་ཙམ་རྣམ་པར་བཞག་པས་ཕུང་པོ་བསྟན་ཏོ། །འཛིན་པ་དང་གཟུང་བ་དང་འཛིན་པར་བྱེད་པར་རྣམ་པར་བཞག་པས་ཁམས་བསྟན་ཏོ། །འཛིན་པར་བྱེད་པ་སྐྱེ་བའི་སྒོར་གྱུར་བ་གཟུང་བ་དང། འཛིན ་པ་ཙམ་རྣམ་པར་བཞག་པས་སྐྱེ་མཆེད་བསྟན་པར་རིག་པར་བྱའོ། །ཞར་ལ་བྱུང་བ་རྫོགས་སོ།། །།འདི་མན་ཆང་དུ་ནི་རྩ་བའི་གཞུང་ཉིད་ཀྱི་དོན་བཤད་པར་བལྟའོ། །དགྲ་བཅོམ་པ་ཐ་མའི་མིག་གོ་ཅེས་བྱ་བ་ནི་ཡོངས་སུ་མྱ་ངན ་ལས་འདས་པའི་དུས་ཐ་མ་སྟེ། དེ་ནི་མིག་གཞན་གྱི་རྒྱུ་མ་ཡིན་པས་ཁམས་མ་ཡིན་ནོ། །གཟུགས་མེད་པར་སྐྱེས་པའི་སོ་སོའི་སྐྱེ་བོའི་མིག་གི་རྒྱུའོ། །ཞེས་བྱ་བ་ནི་དེ་ནས་འཕོས་ཏེ། གཟུགས་ཅན་གྱི་ཁམས་སུ་སྐྱེ་བའི་མིག་གི་ས་བོན ་ཀུན་གཞི་རྣམ་པར་ཤེས་པ་ལ་གནས་པ་ལས་འདི་ལྟར་ཡང་མིག་མངོན་པར་འགྲུབ་པར་འགྱུར་བ་སྟེ། ཡང་ཕྱིར་མི་འོང་བས་ན་འཕགས་པ་རྣམས་ཀྱིས་ནི་མ་ཡིན་ནོ། །ལུས་ཀྱི་ཁམས་ཡིན་ལ་ལུས་མ་ཡིན་པ་ལ་ཡང་གཟུགས་མེད་པར་སྐྱེས་པའི ་སོ་སོའི་སྐྱེ་བོའི་རྒྱུའོ། །ཞེས་བྱ་བ་འདིར་བརྗོད་པར་བྱ་སྟེ། སྒོ་དའི་ནང་ན་འདུག་པ་ལ་སོགས་པ་ནི་ལུས་ཡོད་པའི་ཕྱིར་རོ། །ལུས་ཞིག་པ་ནི་མི་འཚོ་བའི་ཕྱིར་རོ། །ཡིད་ཀྱི་ཁམས་ཡིན་ལ་ཡིད་མ་ཡིན་པའང་ཡོད་ཅེས་བྱ་བ་ལ། འདིར་འདུ ་ཤེས་མེད་པ་ལ་སྙོམས་པར་ཐུགས་པ་མ་སྨོས་པས་ནི་ཉོན་མོངས་པ་ཅན་གྱི་ཡིད་ཡོད་པའི་ཕྱིར་རོ། །བྱུང་ཞིང་སྐྱེས་བར་གྱུར་ཞེས་བྱ་བ་ནི་འགྲུབ་པ་དང་རྒྱས་པར་འགྱུར་བའི་དབང་དུ་བྱས་པ་སྟེ་གོ་རིམ་བཞིན་ནོ། །གཟུགས་མེད་པ་ན་སྤྱོད་པའི་ཡིད ་ཀྱིས་གཟུགས་མེད་པ་ན་སྤྱོད་པ་རང་གིས་པ་རྣམས་དང། ཟག་པ་མེད་པའི་ཆོས་རྣམས་ཀྱང་ཤེས་སོ་ཞེས་བྱ་བ་ནི། འཕགས་པ་ཉན་ཐོས་ཀྱི་དབང་དུ་བྱས་པ་སྟེ། ཕྱི་རོལ་གྱི་སོ་སོའི་སྐྱེ་བོ་ནི་རང་གི་ས་པ་རྣམས་ཉིད་རྣམ་པར་ཤེས་ཀྱི་ཆོས་འདི་བ ་ནི་ལ་ལ་སྔོན་ཐོས་པས་ཡོངས་སུ་བསྒོས་པའི་དབང་གིས་ས་གོང་མ་ལ་ཡང་དམིགས་ཏེ། བསྐྱེད་པའི་ཕྱིར་རོ། །གཟུགས་ཇི་ལྟ་བ་དེ་བཞིན་དུ་མྱོང་ངོ་ཞེས་བྱ་བ་ནི་བདེ་བ་ལ་སོགས་པ་མྱོང་བར་འགྱུར་བ་དབང་པོ་དང། ཡུལ་གཉིས་ལས་བདེ་བ་ལ ་སོགས་པའི་ཚོར་བ་འབྱུང་བའི་ཕྱིར་རོ། །ཚོར་བར་བྱེད་པ་ཇི་ལྟར་བ་དེ་བཞིན་དུ་འདུ་ཤེས་སུ་བྱེད་དོ་ཞེས་བྱ་བ་ནི་ཇི་ལྟར་མྱོང་བ་དེ་བཞིན་དུ་མཚན་མར་འཛིན་པའི་ཕྱིར་རོ། །ཇི་ལྟར་དུ་ཤེས་སུ་བྱེད་པ་དེ་བཞིན་དུ་སེམས་པར་བྱེད་དོ་ཞེས་བྱ་བ་ནི ་འདུ་ཤེས་ཇི་ལྟ་བ་དེ་བཞིན་དུ་མངོན་པར་འདུ་བྱེད་པའི་ཕྱིར་རོ། །སེམས་པར་བྱེད་པ་ཇི་ལྟ་བ་དེ་བཞིན་དུ་རྣམ་པར་ཤེས་པར་བྱེད་དེ། དེ་དང་དེར་ཉེ་བར་འགྲོ་བར་འགྱུར་རོ་ཞེས་བྱ་བ་ནི་ཇི་ལྟར་མངོན་པར་འདུས་བྱས་པའི་ཡུལ་རྣམས་ལ་འགྲོ་བ་གཞན་ ་རྣམས་སུ་རྣམ་པར་ཤེས་པར་འགྱུར་པའི་ཕྱིར་རོ། །གང་དུ་རྒྱུན་ནས་ཉོན་མོངས་པ་དེའི་།རྣམ་པར་བྱེད་བ་ཞེས་བྱ་བ་ནི་དབང་པོ་དང་བཅས་པའི་ལུས་ལའོ། །མྱོང་བ་གང་གིས་ཞེས་བྱ་བ་ནི་ཟ་ཟིང་དང་བཅས་པ་དང། ཟང་ཟིང་མེད་པ ་ལ་སོགས་པ་དང་གོ་རིམ་བཞིན་ནོ། །མཚན་མར་འཛིན་པ་དང་མངོན་པར་འདུ་བྱེད་པ་གང་གི་ཞེས་བྱ་བ་ནི་ཚུལ་བཞིན་མ་ཡིན་པ་དང་ཚུལ་བཞིན་དུ་འཇུག་པས་སོ། གང་ཀུན་ནས་ཉོན་མོངས་པ་དང། རྣམ་པར་བྱང་བ་ཞེས་བྱ་བ་ནི་སེམས་གནས་ངན་ལེན ་དང་བཅས་པ་དང། གནས་ངན་ལེན་མེད་པར་འགྱུར་བའི་ཕྱིར་རོ། །སྲེད་པ་རྣམ་པ་བཅུ་གཅིག་གི་སྐབས་ཀྱི་གཟུགས་ལ་སོགས་པ་འདས་པ་ལ་སོགས་པའི་རྣམ་པས་རྣམ་པར་གཞག་པར་རིག་པར་བྱའོ། །དེ་ཡང་བལྟས་པའི་སྲེད་པ་དང། མངོན ་པར་དགའ་བའི་སྲེད་པ་དང། ལྷག་པར་ཆགས་པའི་སྲེད་པ་དང། བདག་ལ་སྲེད་པ་དང། ཡུལ་ལ་སྲེད་པ་དང། འདོད་པ་ལ་སྲེད་པ་དང། སྙོམས་པར་འཇུག་པ་ལ་སྲེད་པ་དང། ཉེས་པར་སྤྱད་པའི་སྡུག་བསྔལ་ལ་སྲེད་པ་དང། ལགས་པར་སྤྱད ་པའི་བདེ་བ་ལ་སྲེད་པ་དང། རིང་བ་ལ་སྲེད་པ་དང། ཉེ་བ་ལ་སྲེད་པ་སྟེ། སྲེད་པ་འདི་དག་གི་དམིགས་པ་ཉིད་ཀྱིས་གོ་རིམ་བཞིན་དུ་འདས་པ་ལ་སོགས་པའི་རྣམ་པར་སྦྱར་བར་བྱའོ། །ཡང་རྣམས་གྲངས་གཞན་དུ་ན་བྱུང་བ་དང་མ་བྱུང་བའི་བྱེ ་བྲག་དང། འཛིན་པ་དང་གཟུགས་ཀྱི་བྱེ་བྲག་དང། ཕ་རོལ་ཏུ་བལྟས་པ་དང། ནང་དུ་བལྟས་བའི་བྱེ་བྲག་དང། ཉོན་མོངས་པ་ཅན་དང། ཉོན་མོངས་པ་ཅན་མ་ཡིན་པའི་བྱེ་བྲག་དང། རིང་བ་དང་ཉེ་བའི་བྱེ་བྲག་དང། འདས་པ་ལ་སོགས་པ་ཇི ་ལྟར་མཐུན་མཐུན་དུ་རིག་པར་བྱའོ། །དེ་ལ་བྱུང་བ་ནི་འདས་པ་དང། ད་ལྟར་རོ། །མ་བྱུང་བ་ནི་མ་འོངས་པའོ། །འཛིན་པ་ནི་ནང་གིའོ། །གཟུང་བ་ནི་ཕྱིའོ། །ཕྱི་རོལ་ཏུ་བལྟས་པ་ནི་མཉམ་པར་མ་བཞག་པའི་ས་བའི་འོ། །ནང་དུ་བལྟས་བ་ནི་མཉམ ་པར་བཞག་པའི་ས་པའི་འོ། །ལྷག་མ་ནི་གོ་སླ་བས་མ་བཤད་དོ། །སྡུག་བསྔལ་ནི་ཤིན་ཏུ་རྒྱས་པའི་མཚན་ཉིད་ཁོ་ནའི་ཕྱིར་ཏེ། ཅེས་བྱ་བ་ནི་གཟུགས་ལ་སོགས་པ་ལ་བརྟེན་ནས་སྐྱེ་བ་ལ་སོགས་བའི་སྡུག་བསྔལ་རྒྱས་པར་འགྱུར་བའི་ཕྱིར་རོ། །ཀུན་ནས ་ཉོན་མོངས་པའི་ཁུར་ཁྱེར་བ་ཉིད་ཀྱི་ཕྱིར་ཏེ། ཞེས་བྱ་བ་ནི་ཉོན་མོངས་པ་ལ?་སོགས་པའི་ཀུན་ནས་ཉོན་མོངས་པ་གཟུགས་ལ་སོགས་པ་ལ་རྟེན་པའི་ཕྱིར་ཏེ། དཔེར་ན་འཇིག་རྟེན་ན་ཕྲག་པས་ཁུར་ཁྱེར་བའི་ཕྱིར་ལུས་ཀྱི་ཕྱོགས་གང་གིས་ཁུར ་ཁྱེར?་བ་དེ་ལ་ཕྲག་པ་ཞེས་འདོགས་པ་མཐོང་སྟེ། དེ་དང་མཚུངས་སོ། །ཆོས་ཐམས་ཅད་ཀྱི་ས་བོན་གྱི་དོན་ཏོ་ཞེས་བྱ་བ་ནི་ཀུན་གཞི་རྣམ་པར་ཤེས་པ་ལ་རྒྱུའི་དབང་དུ་བྱས་པ་དང། རང་གི་མཚན་ཉིད་འཛིན་པའི་དོན་ཏོ། །འབྲས་བུ་དང ་རྒྱུའི་དངོས་པོ་འཛིན་པ་ཞེས་བྱ་བ་ནི་ཁམས་བཅོ་བརྒྱད་པོ་དག་ལ་རྣམ་དང་ཤེས་པའི་ཁམས་དྲུག་དང། དབང་པོ་དང་དོན་གྱི་ཁམས་རྣམས་དང་གོ་རིམ་བཞིན་ནོ། །ཆོས་ཀྱི་རྣམ་པ་ཐམས་ཅད་བསྡུས་ནས་འཛིན་པ་ཞེས་བྱ་བ་ནི་མདོ་སྡེ་གཞན་དག ་ལས་སའི་ཁམས་ལ་སོགས་པ་དང། ཁམས་གཞན་དག་བསྟན་པ་དག་ཀྱང་ཁམ་མ་བཅོ་བརྒྱད་པོ་འདི་དག་གི་ནང་དུ་ཇི་ལྟར་མཐུན་མཐུན་དུ་བསྡུ་བར་རིག་པར་བྱའོ། །ས་བོན་གྱི་དོན་དང་ཆོས་ཀྱི་རྣམ་པ་ཐམས་ཅད་བསྡུས་པའི་དོན་ནི་སྐྱེ་མཆེད་ཀྱི་དོན་དུ ་ཡང་རིག་པར་བྱའོ། གཟུགས་ལ་སོགས་པ་ནི་དབུ་བརྡོལ་པ་ལ་སོགས་པ་ལྟ་བུ་ཉིད་དེ། མེད་པ་དང། གསོ་བ་དང། གསོག་དང། སྙིང་པོ་མེད་པར་སྣང་བར་རིག་པར་བྱའོ། །མདོའི་ཚིག་འདི་རྣམས་ཀྱི་དོན་ནི་བདག་དང་གཙང་བ་དང། བདེ་བ་དང། རྟག་པར་ཕྱིན་ཅི ་ལོག་པའི་གཉེན་པོ་སྟེ། བདག་མེད་པ་ཉིད་ཀྱི་ཕྱིར་ཞེས་བྱ་བ་ལ་སོགས་པའི་ཚིག་རྣམས་གོ་རིམ་བཞིན་དུ་སྦྱར་བར་བྱའོ། །ཇི་ལྟར་དུ་ཞིག་ཅིའི་ཕྱིར་ཞེས་དྲི་བ་གསུམ་རྣམ་པར་འཇོག་པ་ནི་མཚན་ཉིད་དང། དངོས་པོ་ལ་རྨོངས་པ་དང། སྒྲོ་འདོགས་པ ་སྤང་བའི་ཕྱིར་རོ། །དེ་ལ་ཇི་ལྟར་རྫས་སུ་ཡོད་ཅེས་བྱ་བ་ནི་རྫས་སུ་ཡོད་པའི་མཚན་ཉིད་བསྟན་པས་དེ་ལ་རྨོངས་པ་སྤོང་ངོ། །ཐམས་ཅད་ཀྱང་རྗེས་སུ་ཡོད་པའོ། །ཞེས་བྱ་བ་འདིས་ནི་དངོས་པོ་ལ་རྨོངས་པ་སྤོང་ངོ། །བདག་ལ་རྫས་སུ ་མངོན་པར་ཞེན་པ་སྤངས་པའི་ཕྱིར་རོ། །ཞེས་བྱ་བ་འདིས་ནི་སྒྲོ་འདོགས་པ་སྤོང་ངོ། །དེ་བཞིན་དུ་གཞན་རྣམས་ལའང་སྦྱར་བར་བྱའོ། །དབང་པོའི་སྤྱོད་ཡུལ་བརྗོད་པ་ལ་མི་ལྟོས་པ་ནི་འདི་ལྟ་སྟེ། གཟུགས་དང་ཚོར་བ་ཞེས་པ་ལ་སོགས་བའི་མིང་བཀྲ་པར་མི ་འཛིན་པར་དོན་གང་ཡིན་པ་འཛིན་པ་ཡིན་ནོ། །དེ་ལས་གཞན་པ་ལ་མི་བལྟོས་པ་ནི་འདི་ལྟ་སྟེ། དོན་གཞན་ལ་མི་བལྟོས་པ་དེའི་བློ་འབྱུང་བ་སྟེ། ཇི་ལྟར་གཟུགས་ལ་སོགས་པ་ལ་བལྟོས་ནས་བུམ་པ་ལ་སོགས་པ་ལ་བུམ་པ་ལ་སོགས་པའི་བློ་འབྱུང་བ ་ལྟ་བུ་ནི་མ་ཡིན་ནོ། །ཀུན་ནས་ཉོན་མོངས་པར་འགྱུར?་བའི་དམིགས་པ་ནི་ཀུན་རྫོབ་ཏུ་ཡོད་པའོ། །ཞེས་བྱ་བ་ནི་ཀུན་ནས་ཉོན་མོངས་པ་འཕེལ་བའི་ཕྱིར་རོ། །བདག་ནི་ཀུན་ནས་ཉོན་མོངས་པའི་རྒྱུའོ་སྙམ་དུ་མངོན་པར་ཞེན་པ་སྤང་བའི་ཕྱིར་རོ། །རྣམ་པར་དག་པར ་འགྱུར་བའི་དམིགས་པ་ནི་དོན་དམ་བར་ཡོད་པ་སྟེ། ཡེ་ཤེས་དམ་པའི་སྤྱོད་ཡུལ་པའི་ཕྱིར་རོ། །ཐམས་ཅད་ཀྱང་དོན་དམ་པར་ཡོད་པའོ། །ཞེས་བྱ་བ་ནི་ཆོས་ཐམས་ཅད་ཀྱང་དེ་བཞིན་ཉིད་ལས་གཞན་མ་ཡིན་པའི་ཕྱིར་རོ། །གང་གིས་ཀུན་ནས་ཉོན་མོངས་པ་དང ་རྣམ་པར་བྱང་བའོ་ཞེས་བྱ་བ་ནི་སེམས་ལས་བྱུང་བ་འདོད་ཆགས་ལ་སོགས་པ་དང། དད་པ་ལ་སོགས་པར་རིག་པར་བྱའོ། །དེའི་གནས་སྐབས་གང་ཡིན་པ་ཞེས་བྱ་བ་ནི་གཟུགས་དང་སེམས་དང་སེམས་ལས་བྱུང་བའི་གནས་སྐབས་དག་ལ་བཏགས་པ་སེམས ་དང་ལྡན་པ་མ་ཡིན་པའི་འདུ་བྱེད་རྣམས་སོ། །རྣམ་པར་བྱང་བ་གང་ཡིན་པ་ཞེས་བྱ་བ་ནི་འདུས་མ་བྱས་ཏེ། དེ་ནི་ཅི་རིགས་སུ་སྦྱར་རོ། །ཡང་ཤེས་པ་རྣམ་པ་བཅུ་གསུམ་གྱིས་ཡུལ་གང་རིན་པ་དེ་ཤེས་བྱ་སྟེ། དེ་དག་ནི་ཐོས་པ་ལས་བྱུང་བའི་ཤེས་པ་དང། བསམ ་པ་ལས་བྱུང་བའི་ཤེS་པ་དང། འཇིག་རྟེན་པའི་བསྒོམས་པ་ལས་བྱུང་བའི་ཤེས་པ་དང། དོན་དག་ཤེས་པ་དང། གཞན་གྱི་སེམས་ཤེས་པ་དང། ཆོས་ཤེས་པ་དང། རྗེས་སུ་རྟོགས་པའི་ཤེས་པ་དང། སྡུག་བསྔལ་ཤེས་པ་དང། ཀུན་འབྱུང་བ་ཤེས་པ་དང། འགོག་པ་ཤེས་པ་དང། ལམ་ཤེས ་པ་དང། ཟད་པ་དང། མི་སྐྱེ་བ་ཤེས་པ་དང། ཐེག་པ་ཆེན་པོ་ཤེས་པ་སྟེ། དེ་དག་ནི་གོ་རིམ་བཞིན་དུ་མོས་པའི་ཤེས་པ་ལ་སོགས་པར་རིག་པར་བྱའོ། །དེ་ལ་གཞན་གྱི་སེམས་ཤེས་པ་ནི་གཞན་གྱི་བདག་ཉིད་ཤེས་པ་སྟེ། གཞན་གྱི་བདག་ཉིད་ཀྱི་སེམས་ཡུལ་ཕྱིན་པའི་ཕྱིར་རོ།། ་ཆོས་ཤེས་པ་ནི་འོག་མ་ཤེས་པ་སྟེ། བདེན་པ་རྣམས་ལ་ཐོག་མར་འབྱུང་བའི་ཕྱིར་རོ། །རྗེས་སུ་རྟོགས་པའི་ཤེས་པ་ནི་གོང་མ་ཤེས་པ་སྟེ། ཆོས་ཤེས་པའི་འོག་ཏུ་འབྱུང་བའི་ཕྱིར་རོ། །རྣམ་པར་སུན་འབྱིན་བའི་ཕྱིར། ཀུན་ནས་མི་ལྡང་བར་བྱ་བའི་ཕྱིར། མི་སྐྱེ་བ་ཤེས་པ ་ལ་མཐར་ཐུག་པ་ལ་དོན་ཆེན་པོ་ལ་ཤེས་པ་གང་ཡིན་པ་དེ་ནི། རྣམ་པར་སུན་འབྱིན་པའི་ཤེས་པ་ནས་དོན་ཆེན་པོའི་ཤེས་པ་ཞེས་བྱ་བའི་བར་དུ་སྦྱར་བར་བྱའོ། །དོན་ཆེན་པོ་ནི་བདག་དང་གཞན་གྱི་དོན་གྱི་ཕྱིར་རོ། །རྣམ་པར་མི་རྟོག་པས་ཞེས་བྱ་བ་ནི་རྣམ་པར་ཤེས ་པའི་ཚོགས་ལྔ་པོ་དག་གིས་སོ། །རྣམ་པར་རྟོག་པས་ཞེས་བྱ་བ་ནི་ཡིད་ཀྱི་རྣམ་པར་ཤེས་པས་སོ། །རྒྱུས་ཞེས་བྱ་བ་ནི་ཀུན་གཞི་རྣམ་པར་ཤེས་པས་སོ། །འཇུག་པ་ནི་དེ་ལས་གཞན་པའི་རྣམ་པར་ཤེས་པའོ། །རྒྱུ་མཚན་ནི་དབང་པོ་དང་དོན་རྣམས་སོ། །རྒྱུ ་མཚན་ལས་བྱུང་བ་ནི་རྣམ་པར་ཤེས་པ་རྣམས་སོ། །མི་མཐུན་པ་དང་གཉེན་བོ་ནི་འདོད་ཆགས་དང་བཅས་པ་དང། འདོད་ཆགས་དང་བྲལ་བ་དང། ཞེ་སྡང་དང་བཅས་པ་དང། ཞེ་སྡང་དང་བྲལ་བ་ཞེས་བྱ་བ་ལ་སོགས་པའོ། །ཕྲ་བའི་རབ་ཏུ་དབྱེ་བས་ཞེས་བྱ་བ་ནི ་རྣམ་པར་ཤེས་པར་དཀའ་བའི་རྣམ་པར་རིག་པ་རྣམ་པ་བདུན་གྱི་བྱེ་བྲག་གིས་ཏེ། རྣམ་པར་ཤེས་པར་དཀའ་བའི་རྣམ་པར་རིག་པ་བདུན་ནི་འདི་ལྟ་སྟེ། མ་རིག་པའི་རྣམ་པར་རིག་པ་ནི་སྣོད་ཀྱི་རྣམ་པར་རིག་པར་ཏེ། དུས་ཐམས་ཅད་དུ་རྣམ་པ་ཡོངས་སུ ་མཆད་བའི་ཕྱིར་རོ། །སྣ་ཚོཌ་ཀྱི་རྣམ་བྲི་རྣམ་པར་རིག་པ་ནི་གཅིག་གི་རྣམ་པར་ནི་གཅིག་དང་སྣ་ཚོགས་ཏེ། རྣམ་པར་བཞག་པར་དགའ་བའི་ཕྱིར་འདི་ནི་ཕྲ་བ་ཉིད་དོ། །དུས?་ཅིག་འབྱུང་བའི་རྣམ་པར་རིག་པ་ནི་དུས་གཅིག་དང?་འབྱུང་བའི་རྣམ་པར་ཤེས་པ་རྣམས ་ཇི་ལྟར་སོ་སོར་རང་གི་ཡུལ་ཇི་ལྟར་བཞིན་དུ་ཡོངས་སུ་གཅོད་པ་རྣམ་པར་བཞག་པར་དཀའ་བའི་ཕྱིར་རོ། །ཕྲ་བ་ཉིད་ཅེས་བྱ་བ་ནི་ཐམས་ཅད་དུ་སྦྱར་བར་རིག་པར་བྱའོ། །མི་མཐུན་བའི་ཕྱོགས་ལས་གཏན་པོ་མྱུར་དུ་འབྱུང་བའི་རྣམ་པར་རིག་པ་ནི་ཇི་ལྟར་འདོད་ཆགས་ལ ་སོགས་པའི་འཆིང་བ་ཐམས་ཅད་དང་ལྡན་པའི་སེམས་ཏེ། ཡུད་ཙམ་ཉིད་ལ་ཐང་ཅིག་ཏུ་འདོད་ཆགས་ལ་སོགས་པ་དང་བྲལ་བར་འགྱུར་བའོ། །བག་ཆགས་ཀྱི་རྣམ་པར་རིག་པ་ནི་ཇི་ལྟར་ལས་ཀུན་ཏུ་འབྱུང་བ་རྣམས་ཀྱིས་སེམས་ལ་བག་ཆགས་བསྒོ་བར་འགྱུར་བ་སྟེ། དེ་ལས ་བག་ཆགས་གཞན་པའང་མ་ཡིན་ལ། དེ་ཙམ་ཉིད་ཀྱང་མ་ཡིན་ཏེ། འབྲས་བུ་འབྱིན་པའང་རིམ་གྱིས་འབྱུང་བ་རྙེད་པའོ། །ཉིད་མཚམས་སྦྱོར་བའི་རྣམ་པར་རིག་པ་ནི་ཇི་ལྟར་ལུས་རྣམ་པ་དུ་མ་འགྲུབ་པའི་ལས་ཀྱིས་ཡོངས་སུ་བསྒོས་པའི་རྣམ་པར་ཤེས་པ་ཡོད་པ་དང། དེ་བཞིན ་དུ་འཆི་བའི་དུས་ན་ཤིན་ཏུ་མི་གསལ་བའི་ཆོ་འཕྲལ་ལ་ལས་ཀྱི་བག་ཆགས་གང་ཡང་རུང་བ་ཞིག་སད་ཅིང་རྒྱས་ནས་འགྲོ་བ་གང་ཡང་རུང་བ་ཞིག་ཏུ་ཉིད་མཚམས་སྦྱོར་བར་འགྱུར་རོ། །གྲོལ་བའི་རྣམ་པར་རིག་པ་ནི་དགྲ་བཅོམ་པའི་སེམས་མཆོག་ཏུ་སྤྲོས་པ་མེད་པའི ་ཆོས་ཉིད་ཐོབ་པ་འཁོར་བ་ན་འདྲིས་པ་ཟག་པ་དང་བཅས་པའི་སྤྱོད་པའི་རྣམ་པ་ཐམས་ཅད་ལས་ཡང་དག་བར་ཤིན་ཏུ་འདས་པ་སྟེ། རྣམ་པ་འདིས་འཇུག་པར་རྣམ་པར་བཞག་པར་དཀའ་དའི་ཕྱིར་འདི་ཕྲ་བ་ཉིད་དུ་རིག་བར་བྱའོ། མཐོང་བ་པོ་ལ་སོགས་པ ་སྨོས་བས་ནི་མཐོང་བ་པོ་དང། ཉན་པ་པོ་དང། སྣོམ་པ་པོ་དང། མྱོང་བ་པོ་དང། རེག་པ་པོ་དང། རྣམ་པར་ཤེས་པ་པོ་ཞེས་བྱ་བ་འདི་དག་བསྡུ་བར་རིག་པར་བྱའོ། །མངོན་པར་ཤེས་པ་བྱ་བ་ནི་མངོན་པར་ཤེས་པ་དྲུག་གི་ཡུལ་ལོ། །འགྲོ་བའི་བྱེ་བྲག་གིས་རབ་ཏུ་ཕྱེ་བའི ་ཕྱིར་རྫ་འཕྲུལ་གྱི་མངོན་པར་ཤེས་པ་སྟེ། དེའི་ཡུལ་ནི་ཀུན་ཏུ་འགྲོ་བའི་ཕྱིར་མངོན་པར་ཤེས་པར་བྱ་བ་ཉིད་དོ། །རྣ་བའི་མངོན་པར་ཤེས་པས་འགྲོ་བ་སྣ་ཚོགས་ཀྱི་སྒྲ་ཡང་ཡོངས་སུ་ཤེས་པས་ན་རྗེས་སུ་ཐོས?་པའོ། །སྤྱོད་པ་ལ་འཇུག་པའི་ཕྱིར་ཞེས་བྱ་བ་ནི་འདོད་ཆགས་ལ་སོགས ་པ་དང་བཅས་པའི་སེམས་ཤེས་པའི་ཕྱིར་རོ། །འོད་བའི་ཕྱིར་ཞེས་བྱ་བ་ནི་འདས་པའི་ཚེ་རབས་གཅིག་ནས་གཅིག་ཏུ་བརྒྱུད་དེ་འོངས་པ་ཞེས་པའི་ཕྱིར་རོ། །འགྲོ་བའི་ཕྱིར་ཞེས་བྱ་བ་ནི་མ་འོངས་པའི་སྐྱེ་བར་འགྲོ་བ་ཤེས་པའི་ཕྱིར་རོ། །ངེས་པར་འབྱུང་བའི་ཕྱིར་ཞེས་བྱ་བ་ནི་ཁམས ་གསུམ་ལས་ངེས་པར་ཐར་བ་དང། ཐབས་ཞེས་པའི་ཕྱིར་རོ། །ཐམས་ཅད་ཀྱང་མངོན་པར་ཤེས་པར་བྱ་བ་དག་གོ། ཞེས་བྱ་བ་ནི་ཐམས་ཅད་ཀྱང་ཐ་མ་གསུམ་གྱི་ཡུལ་ཡིན་པའི་ཕྱིར་རོ། །གཟུགས་ནི་ཆོས་དེའི་བདག་ཉིད་དང་ངོ་བོ་ཉིད་ཡིན་ཏེ། དེའི་ཕྱིར་དེ་གཟུགས་ཅན་ཡིན་གྱི་གཟུགས་གཞན ་དང་ལྡན་པའི་ཕྱིར་ནི་མ་ཡིན་ཏེ། གཟུགས་ཀྱི་ངོ་བོ་ཉིད་ཅེས་བྱ་བའི་བར་དུ་བརྗོད་པར་འགྱུར་རོ། །འབྱུང་བ་རྟེན་དུ་གྱུར་པ་ཞེས་བྱ་བ་ནི་གཟུགས་གཞན་དང་ལྡན་པའི་ཕྱིར་ཡང་གཟུགས་ཅན་ཉིད་དུ་སྟོན་ཏེ། རྒྱུར་བྱས་པའི་གཟུགས་ནི་འབྱུང་བའི་གཟུགས་དང་ལྡན་པ་དང། འབྱུང་བའི་གཟུགས ་རྣམས་ཀྱང་ནང་ཕན་ཚུན་ལྡན་པའི་ཕྱིར་རོ། །དགའ་བའི་ཀུན་འབྱུང་བ་ཞེས་བྱ་བ་ནི་དགའ་བ་ཉིད་གང་གི་ཀུན་འབྱུང་བ་ཡིན་པ་དེ་གཟུགས་ཅན་ཡིན་གྱི། ཇི་ལྟར་ཚོར་བ་ལ་སོགས་བའི་ཀུན་འབྱུང་བ་ནི་སྔོན་གྱི་དགའ་བ་དང། དེ་ལྟར་བྱུང་བའི་རེག་པ་ལ་སོགས་པ་ཡང་ཡིན་པ་ལྟ་བུ ་ནི་མ་ཡིན་ནོ། །ཕྱོགས་དང་བཅས་པ་ཞེས་བྱ་བ་ནི་ཆ་ཤས་དང་བཅས་པའི་ཕྱིར་རོ། །ཡུལ་ལ་ཁྱབ་པའི་ཕྱིར་ཞེས་བྱ་བ་ནི་ཕྱོགས་རྣམས་སུ་ལུས་ཀྱིས་རྒྱས་པའི་ཕྱིར་རོ། །ཡུལ་ཉེ་བར་བསྟན་དུ་རུང་བའི་ཕྱིར་ཞེས་བྱ་བ་ནི་ཕྱོགས་ཆེ་གེ་མོ་ཞིག་ནའོ་ཞེས་བསྟན་པར་ནུས་པའི་ཕྱིར་རོ། །ཡུལ ་སྤྱོད་ཡུལ་དུ་གྱུར་བའི་ཕྱིར་ཞེས་བྱ་བ་ནི་ཕྱོགས་འགའ་ཞིག་ན་འདུག་པར་དམིགས་པར་འགྱུར་བའི་ཕྱིར་རོ། །གཉིས་སྤྱོད་ཡུལ་དུ་མཚུངས་པའི་ཕྱིར་ཞེས་བྱ་བ་ནི་སེམས་ཅན་གཉིས་མཚུངས་བར་དམིགས་པར་འགྱུར་བའི་ཕྱིར་རོ། །གཟུགས་ཅན་མ་ཡིན་པ་ནི་དེ་ལྟ་མ་ཡིན་ཏེ། ་ཇི་ལྟར་བདག་གིས་མྱོང་བཞིན་དུ་གཞན་དག་གིས་ཤེས་པར་མི་ནུས་པའི་ཕྱིར་རོ། །འབྲེལ་བའི་ཕྱིར་ཞེས་བྱ་བ་ནི། མིག་གི་རྣམ་པར་ཤེས་པ་ལ་སོགས་པ་ཡང་བརྒྱུད་པས་གཟུགས་ཅན་ཉིད་དེ། དབང་པོ་གཟུགས་ཅན་དང་འབྲེལ་བའི་ཕྱིར་རོ། །རྗེས་སུ ་འབྲེལ་བའི་ཕྱིར་ཞེས་བྱ་བ་ནི་གཟུགས་མེད་པར་སྐྱེས་པའི་སོ་སོའི་སྐྱེ་བོ་རྣམས་ལ་གཟུགས་ཀྱི་ས་བོན་རྗེས་སུ་འབྲེལ་པའི་ཕྱིར་རོ། །རབ་ཏུ་རྟོགས་པའི་ཕྱིར་ཞེས་བྱ་བ་ནི་རྟོགས་པ་རྣམས་དམིགས་པ་ལ་རབ་ཏུ་རྟོག་པའི་ཕྱིར་རོ། །གནོད་པར་བྱ་བ་ཡིན་པའི་ཕྱིར ་ཞེས་བྱ་བ་ནི་ཕུང་པོ་ལྔ་པོ་དག་ལ་ལག་པ་ལ་སོགས་པ་ཀུན་ཏུ་རེག་པ་དང། མྱ་ངན་ལ་སོགས་པས་ཇི་ལྟར་མཐུན་མཐུན་དུ་གནོད་པར་བྱར་དུང་བའི་ཕྱིར་ཏེ། གནོད་པར་བྱ་བ་ཡིན་ཞེས་བྱ་བའི་ཐ་ཚིག་གོ་།གོ་བར་བྱེད་བའི་ཕྱིར་ཞེས་བྱ་བ་ནི་བསྟན་པས་དོན་ལ་རྟོག་པའི ་ཕྱིར་རོ། །བསགས་པ་རྣམ་པར་བཞག་པའི་ཕྱིར་ཞེས་བྱ་བ་ནི་རྡུལ་ཕྲ་མོ་ལས་གོང་མའི་གཟུགས་ཆ་ཤས་དང་བཅས་པར་རྣམ་པར་བཞག་པའི་ཕྱིར་རོ། །ཕྱི་རོལ་ཏུ་བལྟས་བའི་ཕྱིར་ཞེས་བྱ་བ་ནི་འདོད་པ་ན་སྤྱོད་པའི་གཟུགས་འདོད་བའི་ཡོན་ཏན་ལ་སྲེད་པ་ལས ་བྱུང་བའི་ཕྱིར་རོ། །ནང་དུ་བལྟས་པའི་ཕྱིར་ཞེས་བྱ་བ་ནི་གཟུགས་ན་སྤྱོད་པའི་གཟུགས་དེ་སྙོམས་པར་འཇུག་པའི་སེམས་ལ་སྲེད་པ་ལས་བྱུང་བའི་ཕྱིར་ཏེ། དེའི་ཕྱིར་འདི་ཡིད་ལས་བྱུང་བ་ཉིད་དུ་རིག་པར་བྱའོ། །ཡུན་རིང་བའི་ཕྱིར་ཞེས་བྱ་བ་ནི་སོ་སོའི་སྐྱེ་བོའི ་གཟུགས་སྔོན་གྱིས་མཛའ་དང་ཕྱི་མའི་མཛའ་ཨི་མུ་རྣམ་པར་གནས་པ་མེད་བའི་ཕྱིར་རོ། །ཡོངས་སུ་ཆད་པའི་ཕྱིར་ཞེས་བྱ་བ་ནི། སློབ་པའི་གཟུགས་འཁོར་བའི་མཐར་ཕྱིན་པར་བྱེད་པའི་ཕྱིར་རོ། །དེའི་དུས་ཀྱི་ཕྱིར་ཞེས་བྱ་བ་ནི་མི་སློབ་བའི་གཟུགས་ད་ལྟར ་བྱུང་བའི་སྲིད་པ་ཙམ་ཞིག་ལས་པའི་ཕྱིར་རོ། །ངེས་པར་སྟོན་པའི་ཕྱིར་ཞེས་བྱ་བ་ནི་སངས་རྒྱས་ལ་སོགས་པའི་གཟུགས་ནི་ཀུན་ཏུ་སྟོན་པ་ཙམ་དུ་ཟད་ཀྱི་གྲུབ་པ་མེད་པའི་ཕྱིར་རོ། །ཐམས་ཅད་ཀྱང་གཟུགས་ཅན་དག་གོ་ཅེས་བྱ་བ་ནི་གནོད་པར་བྱ་བའི ་གཟུགས་ཅན་ཡིན་པའི་ཕྱིར་རོ། །ལྷག?་མ་རྣམས་ནི་ཅི་རིགས་སུ་རིག་པར་བྱའོ། །ཕྱི་རོལ་ཏུ་བལྟས་པ་ཞེས་པ་ལ་སོགས་པ་གཟུགས་ཅན་གྱི་རབ་ཏུ་དབྱེ་བ་དྲུག་ནི་ཚོར་བ་ལ་སོགས་པ་དང། ཐུན་མོང་བར་རིག་པར་བྱའོ། །ལྷག་མའི་རབ་ཏུ་དབྱེ་བ་ནི་གཟུགས་ཅན་བཞིན་ནོ། །ཞེས་བྱ ་བ་ནི་གཟུགས་དེའི་བདག་ཉིད་ཀྱི་ཕྱིར་ཞེས་བྱ་བ་རྣམ་པ་ཐམས་ཅད་དོ། །ཐམས་ཅད་ཀྱང་བསྟན་དུ་ཡོད་པ་དག་གོ་ཅེས་བྱ་བ་ནི་བསྟན་དུ་ཡོད་པ་དང་འབྲེལ་བ་ལ་སོགས་བས་གཟུགས་ཅན་མ་ཡིན་པ་རྣམས་ཀྱང་བསྟན་དུ་ཡོད་པའི་ཕྱིར་རོ། །སྒྲིབ་པར་བྱེད་པ་དང་བསྒྲིབ ་པར་བྱ་བ་ཞེས་བྱ་བ་ལ། འགྲོ་བའི་གེགས་བྱེད་པའི་ཕྱིར་སྒྲིབ་དང་བྱེད་པ་ཞེས་དེ་ཙམ་དུ་བསྟན་པས་བསྒྲིབ་པར་བྱ་བ་ཞེས་བྱ་བའི་ཚིག་གིས་འོད་ལ་སོགས་པའི་གཟུགས་ཐོགས་པ་དང་བཅས་པར་རྣམ་པར་འཇོག་སྟེ། ང་ནི་བསྒྲིབ་པར་བྱ་བ་ཉིད་ཡིན་?་ཀྱི། སྒྲིབ་པར ་བྱེད་པ་ནི་མ་ཡིན་ནོ། །འདི་ནི་དེའི་རིགས་ཏེ། འདི་ནི་ངོ་བོ་ཉིད་ཅེས་བྱ་བའི་ཐ་ཚིག་གོ་།རྡུལ་ཕྲ་རབ་ལས་གོང་མ་ཞེས་བྱ་བ་ནི། རྡུལ་ཕྲ་རབ་གཅིག་ཐོགས་པ་མེད་པའི་ཕྱིར་རོ། །གང་ཏིང་ངེ་འཛིན་གྱི་དབང་གིས་མ་བསྒྱུར་བའི་གཟུགས་ཞེས་བྱ་བ་ནི་ཏིང་ངེ་འཛིན་གྱི་དབང ་སྦྱར?་བའི་གཟུགས་ནི་ཐོགས་པ་མེད་པའི་ཕྱིར་ཏེ། སེམས་མཉམ་པའི་ལྷ་བཞིན་ནོ། །རབ་ཏུ་འཁྲུག་པའི་གཞིའི་གནས་ནི་གནས་སམ་དམིགས་པ་གང་ལ་ཞེ་སྡང་སྐྱེ་བ་སྟེ། ཐོགས་པ་དང་བཅས་པའི་དོན་འདིས་ན་ཐམས་ཅད་ཀྱང་ཐོགས་པ་དང་བཅས་པ་དག་གོ། ཡང་ན་ཅི ་རིགས་སུ་སྦྱར་རོ། །ཞེས་བྱ་བ་ནི་ལྷག་མ་རྣམས་སོ། །ཟག་པ་དེའི་བདག་ཉིད་ཀྱི་ཕྱིར་ཞེས་བྱ་བ་ནི་ཐག་པ་རྣམས་ཟག་པ་དང་བཅས་པ་ཉིད་དེ། ཟག་བའི་ངོ་བོ་ཉིད་དང་ལྡན་པའི་ཕྱིར་རོ། །ཟག་པ་དང་འབྲེལ་བའི་ཕྱིར་ཞེས་བྱ་བ་ནི་དེ་དང་ལྷན་ཅིག་འབྱུང་བའི་སེམས་དང་སེམས་ལས ་བྱུང་བ་རྣམས་དང། མིག་ལ་སོགས་པ་ཟག་པ་དང་ལྡན་པ་དང་གནས་ཡིན་པའི་ཕྱིར་ཏེ་གོ་རིམ་གཞན་ནོ། །ཟག་པས་བཅིངས་པའི་ཕྱིར་ཞེས་བྱ་བ་ནི་དེའི་དབང་གིས་དགེ་བ་ཟག་པ་དང་བཅས་པ་རརྣམས་ཀྱང་ཡང་སྲིད་པ་འགྲུབ་བར་བྱེད་བའི་ཕྱིར་རོ། །བྲག་པའི་རྗེས་སུ་འབྲེལ་པའི ་ཕྱིར་ཞེས་བྱ་བ་ནི་ས་པ་གཞན་རྣམས་ཀྱང་ས་པ་གཞན་གྱི་ཟག་པའི་གནས་ངན་ལེན་དང་ལྡན་པའི་ཕྱིར་རོ། །ཟག་པའི་རྗེས་སུ་མཐུན་པའི་ཕྱིར་ཞེས་བྱ་བ་ནི་ངེས་པར་འབྱེད་པའི་ཆ་དང་མཐུན་པ་རྣམས་ཉོན་མོངས་པའི་གནས་ངན་ལེན་དང་ལྡན་དུ ་ཟིན?་ཀྱང་ཟག་པ་མེད་པ་ཉིད་དུ་རྣམ་པར་བཞག་པའི་ཕྱིར་ཏེ། སྲིད་པ་ཐམས་ཅད་ལ་རྒྱབ་ཀྱིས་བལྟས་པའི་ཕྱིར་དང། དེའི་གཉེན་བོ་ལམ་བསྟན་པའི་ཕྱིར་རོ། །ཟག་པའི་རྒྱུ་ལས་བྱུང་བའི་ཕྱིར་ཞེས་བྱ་བ་ནི་དགྲ་བཅོམ་པ་རྣམས་ཀྱི་ཕུང་པོ་རྣམས་ཚེ་རབས་སྔ་མའི ་ཉོན་མོངས་པ་ལས་བྱུང་བའི་ཕྱིར་རོ། །ཁམས་བཅོ་ལྔ་ནི་ཐ་མ་གསུམ་མ་གཏོགས་པའོ། །སྐྱེ་མཆེད་བཅུ་ནི་ཐ་མ་གཉིས་མ་གཏོགས་པའོ། །ཁམས་གསུམ་དང་སྐྱེ་མཆེད་གཉིས་ཀྱི་ཕྱོགས་ནི་འཕགས་པའི་ལམ་འཁོར་དང་བཅས་པ་དང་འདུས་མ་བྱས་མ ་གཏོགས་པའོ། །མཚོན་ཆ་ལེན་པ་ལ་སོགས་པ་ནི་འཐབ་པ་སྟེ། འདོད་ཆགས་ལ་སོགས་པ་ནི་རྒྱུ་ཡིན་པས་འཐབ་པའོ། །ཟག་པ་དང་བཅས་པ་ཇི་སྙེད་པ་འཐབ་པ་དང་བཅས་པའང་དེ་སྙེད་དོ་ཅེས་བྱ་བ་ལ་སོགས་པ་ནི་དེའི་རྗེས་སུ་འབྲེལ་བར་རིག་པར་བྱའོ། །ཡང ་སྲིད་པ་ལ་ལྷག་པར་ཆགས་པའི་རྒྱུ་ཉིད་དེ། རྣམ་པར་བྱང་བའི་ཆོས་ལ་ཞེ་སྡང་བས་སྲིད་པ་ལ་ལྷག་པར་ཆགས་པའི་ཕྱིར་རོ། །འདོད་པའི་ཡོན་ཏན་ལྔ་ལ་ལྷག་དང་ཆགས་པའི་རྒྱུ་ཡིན་པས་ཞེན་པའོ། །ཞེ་སྡང་ཅི་འདྲ་བ་ཞིག་གིས་དེ་ལ་ལྷག་པར་ཆགས་ཞེ་ན། ་མངོན་བར་འབྱུང་བ་ལ་ཞེ་སྡང་བས་སོ། །འདོད་པ་བཞིན་དུ་བྱེད་པས་མངོན་དུ་ཕྱོགས་པ་དང་རྒྱབ་ཀྱི་ལྟ་བ་ནི་འདུས་མ་བྱས་ལ་མི་སྲིད་དེ། རྟག་པའི་ཕྱིར་རོ། །འདུས་བྱས་ཀྱང་མ་ཡིན་འདུས་མ་བྱས་ཀྱང་མ་ཡིན་པ་ནི་འདི་གཉིས་ལས་གུང་ན་མེད་པའི་ཕྱིར་རོ། འདུས ་བྱས་དང་འདུས་མ་བྱས་ཞེས་བྱ་བ་འདི་ནི་གཉིས་སོ། །ཞེས་གང་གསུངས་པ་དེ་ཇི་ལྟར་གཉིས་ཁོ་ནར་འགྱུར་ཞེ་ན། འདོད་པ་བཞིན་དུ་བྱེད་བས་མངོན་དུ་ཕྱོགས་པ་དང་རྒྱབ་ཀྱི་ལྟ་བའི་ཕྱིར་འདུས་བྱས་ཞེས་བྱའོ། །ལས་དང་ཉོན་མོངས་པས་མངོན་པར་འདུས ་མ་བྱས་པའི་ཕྱིར་འདུས་མ་བྱས་ཞེས་བྱ་སྟེ། གཉིས་ལས་གུང་ན་མེད་དོ། །ད་ལྟར་སྣང་བ་ཞེས་བྱ་བ་ནི་ཁམས་གསུམ་པ་གཏོགས་པའི་རྣམ་པའོ། །དེ་བཞིན་ཉིད་ལ་སོགས་པར་སྣང་བ་ནི་གཅིག་ཏུ་མ་འདྲིས་པའི་ཕྱིར་འཇིག་རྟེན་ལས་འདས་པའོ། །ཕུང་པོ་རྣམས་ཀྱི ་ཕྱོགས་གཅིག་ཅེས་བྱ་བ་ནི་ཡང་དག་པའི་ལམ་གྱིས་བསྡུས་པ་དང། རྗེས་ལས་ཐོབ་པ་འཇིག་རྟེན་ལས་འདས་པར་སྣང་བ་མ་གཏོགས་པའོ། །དེ་དག་དང་འདུས་མ་བྱས་མ་གཏོགས་པའོ། །དེ་དག་དང་འདུས་མ་བྱས་མ་གཏོགས་པ་ནི་ཁམས་གསུམ་དང ་སྐྱེ་མཆེད་གཉིས་ཀྱི་ཕྱོགས་སུ་བལྟ་བར་བྱའོ། །ཁམས་གསུམ་པའི་གཉེན་པོ་ཅེས་བྱ་བ་ནི་འཕགས་པའི་ལམ་མོ། །དེ་ཡང་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་ནི་རྟག་པ་ལ་སོགས་པའི་ཕྱིན་ཅི་ལོག་བཞིའི་གཉེན་པོ་ཡིན་པས་འཇིག་རྟེན་ལས་འདས་པའོ། །ཕྱིན་ཅི ་ལོག་ཏུ་རྣམ་པར་མི་རྟོག་པས་རྣམ་པར་མི་རྟོག་པའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་ནི། གཟུགས་ལ་སོགས་པ་སྤྲོས་པའི་ཆོས་ཐམས་ཅད་ཀྱི་གཉེན་པོ་ཡིན་པས་འཇིག་རྟེན་ལས་འདས་པའོ། །སྤྲོས་པའི་རྣམ་པར་རྟོག་པ་མེད་པས་རྣམ་པར་མི་རྟོག་པའོ། །འདུས་མ ་བྱས་ནི་རྟོག་པ་ཐམས་ཅད་ཀྱི་གཞིའི་གནས་མ་ཡིན་པས་རྣམ་པར་མི་རྟོག་པའོ། །དང་པོ་བྱུང་བ་ནི་ཉིད་མཚམས་སྦྱོར་བའི་དུས་ནའོ། །རྒྱུན་གྱིས་བྱུང་བ་ནི་དེའི་ཕྱིན་ཆད་དོ། །རྒྱས་པ་ལས་བྱུང་བ་ནི་ཉལ་བ་དང། ཟས་དང། ཚངས་པར་སྤྱོད་པ་དང། སྙོམས་པར་འཇུག་པ ་དང། རྒྱས་པ་རྣམ་པ་བཞིའི་རྒྱུ་ལས་བྱུང་བའོ། །རྟེན་བྱུང་བ་ནི་དང་གི་དབང་པོའོ། །འགྱུར་བ་འབྱུང་བ་ནི་བདེ་བ་ལ་སོགས་བའི་ཚོར་བ་བྱུང་བ་ན་དེ་དང་མཐུན་པར་དབང་པོ་འགྱུར་བའོ། །ཡོངས་སུ་སྨིན་པར་བྱུང་བ་ནི་རྒས་པའི་གནས་སྐབས་སོ། །ཉམས་པར་བྱུང་བ་ནི་བདེ་འགྲོ ་ནས་ཤི་འཕོས་ཏེ་ངན་འགྲོར་སྐྱེ་བའི་འོ། །ཁྱད་པར་དུ་འབྱུང་བ་ནི་དེ་ལས་བཟློག་པའོ། །འོད་གསལ་བར་བྱུང་བ་ནི་བརྩེ་བས་རབ་ཏུ་སླུ་བ་པ་རྣམས་དང། ཡིད་རབ་ཏུ་སུན་འབྱིན་པ་རྣམས་དང། འཕྲུལ་དགའ་བ་རྣམས་དང། གཞན་འཕྲུལ་དབང་བྱེད་པ་རྣམས་དང། ་གཟུགས་དང་གཟུགས་མེད་པ་ན་སྤྱོད་པའི་ལྷ་རྣམས་དགའ་བ་མང་བ་དང། ལོངས་སྤྱོད་པ་དང། གནས་ལ་རང་གི་དབང་སྒྱུར་བའི་ཕྱིར་ཏེ་ཅི་རིགས་སུ་སྦྱར་རོ། །འོད་གསལ་བ་མ་ཡིན་པར་བྱུང་བ་ནི་དེ་ལས་གཞན་བའོ། །ཀུན་ཏུ་འགྲོ་བར་བྱུང་བ་ནི་འགྲོ་བའི་དུས་ནའོ།། ་ས་བོན་དང་བཅས་པར་བྱུང་བ་ནི་དགྲ་བཅོམ་པའི་ཐ་མའི་ཕུང་པོ་མ་གཏོགས་པའོ། །ས་བོན་མ་ཡིན་པར་བྱུང་བ་ནི་ཕུང་པོ་ཐ་མ་པ་རྣམས་སོ། །གཟུགས་བརྙན་དང། དབང་འབྱོར་བ་དང། ངེས་པར་བསྟན་པའི་ཕྱིར་འབྱུང་བ་ནི་ཤེས་བྱའི་དངོས་པོ་དང་མཐུན་པ་དང། རྣམ་པར ་ཐར་པ་ལས་གྱུར་པ་དང། དེ་བཞིན་གཤེགས་བའི་གཟུགས་ཏེ་གོ་རིམ་བཞིན་ནོ། །གཅིག་ནས་གཅིག་ཏུ་བྱུང་བ་ནི་ཚེ་རབས་ཀྱི་རྒྱུན་ནོ། །སྐད་ཅིག་ཞིག་ནས་བྱུང་བ་ནི་འདུ་བྱེད་རྣམས་ཀྱི་མཚན་ཉིད་སྐད་ཅིག་སོ་སོའིའོ། །ཕྲད་པ་དང་བྲལ་ནས་བྱུང་པ་ནི་སྡུག་པ་དང ་མི་སྡུག་པ་དང་ཕྲད་པ་དང། བྲལ་བའི་དུས་དང་སེམས་འདོད་ཆགས་དང་བཅས་པ་དང། འདོད་ཆགས་དང་བྲལ་བའི་དུས་ནའོ། །གནས་སྐབས་གཞན་དུ་བྱུང་བ་ནི་མེར་མེར་པོ་ལ་སོགས་པའི་གནས་སྐབས་རྣམས་དང། ནད་ལ་སོགས་པའི་གནས་སྐབས་རྣམས་སུའོ། །འཆི་འཕོ ་བ་དང་སྐྱེ་བར་བྱུང་བ་ནི་སེམས་ཅན་གྱི་འཇིག་རྟེན་ནོ། །འཇིག་པ་དང་ཆགས་པར་བྱུང་བ་ནི་སྣོད་ཀྱི་འཇིག་རྟེན་ནོ། །སྔོན་གྱི་དུས་ན་བྱུང་བ་ནི་སྔོན་གྱི་དུས་ཀྱི་སྲིད་པའོ། །འཆི་བའི་དུས་ན་བྱུང་བ་ནི་འཆི་བའི་སྲིད་བའོ། །བར་དུ་བྱུང་བ་ནི་བར་མདོའི་སྲིད་པའོ། །ཉིད་མཚམས་སྦྱོར་བའི ་དུས་ན་བྱུང་བ་ནི་སྐྱེ་བའི་སྲིད་པའོ། །གཟུགས་དང་འདུ་བྱེད་ཀྱི་ཕུང་པོའི་ཕྱོགས་གཅིག་ཅེས་བྱ་བ་ནི་དབང་པོའི་མཚན་ཉིད་དང་མཚུངས་པར་ལྡན་བའི་མཚན་ཉིད་དེ་གོ་རིམ་བཞིན་ནོ། །ཆོས་ཀྱི་ཁམས་དང་སྐྱེ་མཆེད་ཀྱི་ཕྱོགས་གཅིག་གོ་ཅེས་བྱ་བ་ནི་མཚུངས་པར་ལྡན་པའི་ངོ་བོ ་ཉིད་དོ། །ཟབ་བོ་ནི་བདག་སྟེ་འདོད་པ་དང་མི་འདོད་བའི་ཡུལ་རྣམས་ལ་དམིགས་པར་རིག་པར་བྱའོ། །མ་ཕྲད་པར་འཛིན་པ་ནི་མིག་དང་རྣ་བ་དང་ཡིད་དོ། །ཕྲད་ནས་འཛིན་པ་ནི་དེ་ལས་གཞན་བའི་དབང་བོའོ། །ད་ལྟར་གྱི་རང་གི་མཚན་ཉིད་མོས?་བ་ཡུལ་སོ་སོར་ངེས་པ་འཛིན ་པ་ནི་དབང་པོ་ལྔ་ལས་བྱུང་བའོ། །རང་དང་སྤྱིའི་མཚན་ཉིད་དུས་ཐམས་ཅད་པའི་ཡུལ་ཐམས་ཅད་འཛིན་པ་ནི་དབང་པོ་དྲུག་པོ་ལས་བྱུང་བའོ། །རྐྱེན་སྣ་ཚོགས་ནས་རྣམ་པར་ཤེས་པ་འབྱུང་བའི་དབང་དུ་བྱས་ཏེ། བཏགས་ནས་འཛིན་པའི་ཉེ་བར་འདོགས་པར་རིག་པར་བྱའི ་ཡང་དག་པའི་དོན་དུ་ན་ཆོས་རྣམས་བྱེད་པ་མེད་པའི་ཕྱིར་རོ། །འཛིན་པ་གང་ཡིན་པ་གཟུང་བ་ཡང་དེ་ཡིན་ནོ་ཞེས་བྱ་བ་ནི་མིག་ལ་སོགས་པ་ཡང་ཡིད་ཀྱི་རྣམ་པར་ཤེས་པས་གཟུང་བའི་ཕྱིར་རོ། །འཛིན་པའི་སྤྱོད་ཡུལ་ཉིད་ཅེས་པ་རྣན་པ་ནི་སེམས་དང་སེམས་ལས ་བྱུང་བ་བསལ་པའི་ཕྱིར་རོ། །ཐོས་པ་ལས་བྱུང་བ་དང། བསམས་པ་ལས་བྱུང་བ་དང། དེའི་རྗེས་སུ་མཐུན་པའི་ཆོས་སྒྲུབ་པས་ཡོངས་སུ་བསྡུས་པ་ནི་ཕྱི་རོལ་ཏུ་བལྟས་པ་མ་ཡིན་པ་ཉིད་དེ། རྒྱུ་མཐུན་པའི་ཆོས་ཀྱི་རྒྱུ་ལས་བྱུང་བའི་ཕྱིར་རོ། །དེའི་དབང་གིས་མྱ་ངན་ལས་འདས ་པ་ལ་སོགས་པ་ལ་དམིགས་པར་བལྟའོ། །རྒྱུ་མཐུན་པའི་རྒྱུ་ལས་བྱུང་བའི་ཆོས་ནི་སངས་རྒྱས་ལ་སོགས་པས་ཐུགས་སུ་ཆུད་པའི་རྒྱུ། ལས་བྱུང་བའི་བསྟན་པར་རིག་པར་བྱའོ། །ཁམས་བཞི་ནི་སྣའི་རྣམ་པར་ཤེས་པའི་ཁམས་དང། ལྕེའི་རྣམ་པར་ཤེས་པའི་ཁམས་དང ་དྲིའི་ཁམས་དང། རོའི་ཁམས་སོ། །སྐྱེ་མཆེད་གཉིས་ནི་དྲེ་དང་རོའི་སྐྱེ་མཆེད་དོ། །དེ་ལས་གཞན་པ་དག་གི་ཕྱོགས་གཅིག་ནི་གང་འདོད་པའི་ཁམས་སུ་བསྡུས་པའོ། །ཁམས་བཅུ་ཞེས་བྱ་བ་ནི་རྣམ་པར་ཤེས་པའི་ཁམས་བདུན་དང། གཟུགས་དང་སྒྲ་དང་ཆོས་ཀྱི་ལམ?་སོ།། ་སྐྱེ་མཆེད་བཞི་ནི་གཟུགས་དང་སྒྲ་དང་ཡིད་དང་ཆོས་ཀྱི་སྐྱེ་མཆེད་དོ། །རྒྱུ་དང་འབྲས་བུ་སྤྱང་ཟིན་པ་ཞེས་བྱ་བ་ནི་སྐྱེས་ཟིན་པ་དང། འགགས་ཟིན་པའི་ཕྱིར་ཏ?་གོ་རིམ་བཞིན་ནོ། །ཀུན་ནས་ཉོན་མོངས་པ་དང། རྣམ་པར་བྱང་བར་བྱེད་པ་ཡང་དག་པ་ཤིན་ཏུ་འདས་པ ་ཞེས་བྱ་བ་ནི་ད་ལྟར་བྱུང་བའི་འདོད་ཆགས་ལ་སོགས་པ་དང། དང་པོ་ལ་སོགས་པ་བཞིན་དུ་སེམས་ཀུན་ནས་ཉོན་མོངས་པ་དང། རྣམ་པར་བྱང་བར་བྱང་པའི་མཐུ་མེད་པའི་ཕྱིར་རོ། །རྒྱུ་ཡོངས་སུ་གཟུང་ནས་ཞིག་པ་ཞེས་བྱ་བ་ནི་བག་ཆགས་བཞག་ནས་ཞིག་པའི ་ཕྱིར་རོ། །འབྲས་བུ་དང་རང་གི་མཚན་ཉིད་ཡོད་པ་དང་མེད་པ་ཞེས་བྱ་བ་ནི་ད་ལྟར་གྱི་དུས་ན་ངེས་བསྐྱེད་པའི་བག་ཆགས་ཡོད་པ་དང། དེ་འཇོག་པར་བྱེད་པའི་རྫས་མེད་པའི་ཕྱིར་རོ། །དྲན་པའི་ཀུན་ཏུ་རྟོག་པའི་མཚན་མ་ལ་སོགས་པ་ནི་མཚན ་མ་ནི་དམིགས་པ་ཙམ་དུ་ཡོད་པར་རིག་པར་བྱའོ། །ཐམས་ཅད་ཀྱི་ཕྱོགས་གཅིག་ཅེས་བྱ་བ་ནི་མ་འོངས་པ་དང་ད་ལྟར་བྱུང་བ་དང། འདུས་མ་བྱས་མ་གཏོགས་པའོ། །རྒྱུ་ཡོད་ཀྱང་མ་བྱུང་བ་ཞེས་བྱ་བ་ནི་འདུས་མ་བྱས་ལས་བྱེ་བྲག་ཏུ་དབྱེ་བའི་ཕྱིར་ཏེ། དེ་ནི་མ་བྱུང་ལ་རྒྱུ ་དང་ལྡན་པ་ཡང་མ་ཡིན་ནོ། །རང་གི་མཚན་ཉིད་མ་ཐོབ་པ་ནི་རང་བཞན་གྱིས་མ་གྲུབ་པའི་ཕྱིར་རོ། །རྒྱུ་དང་འབྲས་བུ་སྤྱད་པ་ནི་དེའི་ས་བོན་གྱི་བྱ་བ་མ་བྱས་པ་དང། དེའང་མ་སྐྱེས་པའི་ཕྱིར་རོ། །རྒྱུ་དང་འབྲས་བུ་སྤྱད་ཟིན་པ་དང་སྤྱད་མ་ཟིན་པ་ཞེས་བྱ་བ་ནི་ཡང་མི ་འགྲུབ་པ་དང་ཡོད་པའི་ཕྱིར་རོ། །འདས་པ་དང་མ་འོངས་པ་རབ་ཏུ་བཞག་པའི་རྒྱུ་ཞེས་བྱ་བ་ནི་ད་ལྟར་བྱུང་བ་ལ་བརྟེན་ཏེ། འདས་པ་དང་མ་འོངས་པར་བཏགས་པའི་ཕྱིར་ཏེ། གང་དེའི་གནས་སྐབས་ཐོབ་པར་འགྱུར་བ་དེ་ནི་མ་འོངས་པའོ། །གང་ཐོབ་ཟིན་པ་དེ་ནི་འདས་པའོ།། ་བྱེད་པ་ཉེ་བར་གནས་པས་ཀྱང་ཞེས་བྱ་བ་ནི་མིག་ལ་སོགས་པ་ནི་རྣམ་པར་ཤེས་པའི་གནས་ལ་སོགས་པར་ཡོད་པའི་ཕྱིར་རོ། །འདས་པ་ལ་སོགས་པ་བཤད་བའི་སྐབས་ཀྱི་འདིའང་སྟོན་ཏེ། ཅིའི་ཕྱིར་བཅོམ་ལྡན་འདས་གྱིས་འདས་པ་ལ་སོགས་པ་གསུམ་པོ་ཉིད ་གཏམ་གྱི་གཞིར་རྣམ་པར་བཞག་གི་མྱ་ངན་ལས་འདས་པ་ནི་མ་ཡིན་ཞེ་ན། མྱ་ངན་ལས་འདའ་བ་ནི་སོ་སོར་རང་གི་རིག་པར་བྱ་བ་དང། བརྗོད་དུ་མེད་པ་ཉིད་ཀྱི་ཕྱིར་ཏེ། བརྗོད་པར་མི་ནུས་ཞེས་བྱ་བའི་ཐ་ཚིག་གོ་།བྱུང་བ་དང་འབྱུང་བ་དང་ད་ལྟར་ནི་མཐོང་བ་དང་ཐོས ་པ་དང་བྱེ་བྲག་ཕྱེད་དེ་པ་དང། རྣམ་པར་ཤེས་པའི་ཐ་སྙད་རྣམས་ཀྱི་གནས་མ་ཡིན་པའི་ཕྱིར་རོ། །ཁམས་བཅུ་ཞེས་བྱ་བ་ནི་རྣམ་པར་ཤེས་པའི་ཁམས་རྣམས་དང། གཟུགས་དང་སྒྲ་དང་ཆོས་ཀྱི་ཁམས་སོ། །སྐྱེ་མཆེད་བཞི་ཞེས་བྱ་བ་ནི་གཟུགས་དང་སྒྲ་དང ་ཡིད་དང་ཆོས་ཀྱི་སྐྱེ་མཆེད་དོ། །དེ་དག་ཉིད་ལ་ཞེས་བྱ་བ་ནི་དང་པ་ལ་སོགས་པའོ། །རང་བཞིན་གྱིས་སོ་སོར་མ་བརྟགས་པར་ཞེས་བྱ་བ་ནི་རང་གི་དང་གིས་ཏེ། དགེ་བའི་གཤེགས་གཉེན་ལ་སོགས་པའི་སྟོབས་ཀྱིས་མ་ཡིན་ཞེས་བྱ་བའི་ཐ་ཚིག་གོ་།འདོད་པ་ཀུན་ཏུ་གནས་པའོ་ཞེས་བྱ་བ་ནི ་སྐྱེ་བས་ཐོབ་པའི་འདོད་པ་འབའ་ཞིག་མ་ཡིན་གྱི། དད་པ་ལ་སོགས་པ་དང་ལྷན་ཅིག་ཏུའོ། །དགེ་བ་བསྒོམ་པའོ་ཞེས་བྱ་བ་ནི་ཐོས་པ་ལས་བྱུང་བ་ལ་སོགས་པ་ཐམས་ཅད་དགེ་བའི་ཆོས་རྣམས་སུ་རིག་པར་བྱའོ། །མཐོ་རིས་དང་ཕྱུག་པོའི་རིགས་སུ་སྐྱེ་བ་ཡོངས་སུ་འཛིན་པ ་གཉིས་ཀྱིས་ནི་མངོན་པར་མཐོ་བའི་རྒྱུ་སྟོན་ཏོ། །རྣམ་པར་བྱང་བའི་རྗེས་སུ་མཐུན་པ་ཡོངས་སུ་འཛིན་པས་ནི་མྱ་ངན་ལས་འདས་པ་ཐོབ་པའི་རྒྱུ་སྟོན་ཏོ། །རྣམ་པར་སུན་འབྱིན་པའི་གཉེན་པ་ཞེས་བྱ་བ་ལ་སོགས་པ་ནི་འོག་ནས་འཆད་དོ། །དེ་དག་ཀྱང་གང་ཞེ་ན། དེ་ལ་རྣམ་པར ་སུན་འབྱིན་བའི་གཉེན་པོ་ནི་ཟག་པ་དང་བཅས་པའི་འདུས་བྱས་རྣམས་ལ་ཉེས་དམིགས་སུ་ལྟ་བ་སྟེ། དེས་ནད་དང་འབྲས་ལ་སོགས་པའི་རྣམ་པས་ཉེ་བར་ལེན་པའི་ཕུང་པོ་སུན་འབྱིན་པའི་ཕྱིར་རོ། །སྤོང་བའི་གཉེན་པོ་ཞེས་བྱ་བ་ནི་སྦྱོར་བ་དང་དེ་མ་ཐག་པའི་ལམ ་སྟེ། དེ་དག་གིས་ཉོན་མོངས་པ་སྤོང་བའི་ཕྱིར་རོ། །གཞིའི་གཉེན་པོ་ནི་རྣམ་པར་གྲོལ་བའི་ལམ་རྣམས་ཏེ། དེ་དག་གིས་སྤོང་བའི་འཐོབ་པ་ཀུན་ཏུ་འཛིན་པའི་ཕྱིར་རོ། །ཐག་བསྲིད་བའི་གཉེན་པོ་ཞེས་བྱ་བ་ནི་དེའི་གོང་མའི་ལམ་སྟེ། དེས་སྔར་སྤངས་བའི་ཉོན་མོངས ་པ་ཐག་བསྲིད་བའི་ཕྱིར་རོ། །དེ་ལས་གཞན་བའི་ཉོན་མོངས་པ་དང། ཉེ་བའི་ཉོན་མོངས་པ་དང། ཉེས་པར་སྤྱོད་པ་ཀུན་ནས་སློང་བའོ། །ཞེས་བྱ་བ་ནི་འདོད་པ་ན་སྤྱོད་པའི་རང་འཁྲུངས་མ་ཡིན་པ་གང་ཡིན་པ་དང། རང་འཁྲུངས་ལས་ནི་ཉེས་པར་སྤྱོད་པ་ཀུན་ནས ་སློང་བ་གང་ཡིན་པ་དེ་མི་དགེ་བའོ། །དེ་ལས་གཞན་པ་ནི་བསྒྲིབས་པའི་ལུང་དུ་མ་བསྟན་པར་རིག་པར་བྱའོ། །འཆེ་བ་སྔོན་དུ་བཏང་ནས་གང་དུ་ལུག་དང་མ་ཧེ་ལ་སོགས་པ་གསོད་པ་དང། ལྟ་བ་ངན་པ་སྔོན་དུ་བཏང་ནས་བསོད་ནམས་འདོད་པ་དང། མཆོག ་འདོད་པའི་ཕྱིར་གང་དུ་ཟས་མི་ཟ་བ་ལ་སོགས་པས་ཉོན་མོངས་བ་དེར་ལྟ་རྟེན་བྱེད་པའོ་།འཕེན་པ་འམ་ཡོངས་སུ་རྫོགས་པར་བྱེད་པ་ཞེས་བྱ་བ་ནི་ངན་འགྲོའི་དབང་དུ་བྱས་པའོ། །བདེ་འགྲོར་ནི་ཡོངས་སུ་རྫོགས་པར་བྱེད་པ་ཉིད་དེ། གང་གིས་འདིར་སྐྱེས ་ནས་དབུལ་བ་ལ་སོགས་པའི་སྡུག་བསྔལ་མྱོང་བའོ། །དགེ་བའི་བར་ཆད་བྱེད་པའི་ཆོས་ཞེས་བྱ་བ་ནི་རྒྱུན་མི་ཆད་པར་ཚོགས་ཀྱི་ནང་དུ་འདུ་པ་ལ་སོགས་པའོ། །ཁམས་བརྒྱད་ཅེས་བྱ་བ་ནི་མིག་དང། རྣ་བ་དང། སྣ་དང། ལྕེ་དང། ལུས་དང། དྲི་དང། རོ་དང། རེག ་བྱའི་ཁམས་སོ། །སྐྱེ་མཆེད་བརྒྱད་ཅེས་བྱ་བ་ནི་དེ་དག་ཉིད་དོ། །སྡང་བ་ཡང་མ་ཡིན་དང་བ་ཡང་མ་ཡིན་པའི་སེམས་སུ་གྱུར་པ་ཞེས་བྱ་བས་ནི་དགེ་བ་དང་མི་དགེ་བ་ལས་བཟློག་པ་སྟོན་ཏོ། །དེ་དག་ཉིད་ཀྱིས་ཡོངས་སུ་ཟིན་པ་ཞེས་བྱ་བ་ནི་དེའི་རྣམ་པར་ཡིད་ལ་བརྗོད ་པའི་སྒོ་ནས་འཇུག་པའི་ཕྱིར་རོ། །དེ་དག་ཉིད་བརྗོད་པའི་བག་ཆགས་སོ། །ཞེས་བྱ་བ་ནི་མིང་གི་ཚོགས་ལ་སོགས་པས་ཕྱི་མ་ལ་མངོན་པར་བརྗོད་པ་འབྱུང་བར་བྱ་བའི་ཕྱིར་སེམས་ལ་བག་ཆགས་བསྒོས་པའོ། །དེ་དག་གིས་ཡོངས་སུ་ཟིན་པའི་སེམས་དང་སེམས ་ལས་བྱུང་བའི་ཆོས་རྣམས་ཀྱིས་གང་ཀུན་ནས་བསླང་བའོ། །ཞེས་བྱ་བ་ནི་སྤང་བ་ཡང་མ་ཡིན། །དང་པོ་ཡང་མ་ཡིན་པའི་སེམས་སུ་གྱུར་པའི་མིང་ལ་སོགས་པ་མངོན་པར་བརྗོད་པའི་རྣམ་པ་རྣམས་ཀྱིས་ཀུན་ནས་སླང་བའོ། །ཉོན་མོངས་པ་ཅན་ཡང་མ་ཡིན ་དགེ་བ་ཡང་མ་ཡིན་པའི་སེམས་དང་ལྡན་པ་ཞེས་བྱ་བ་ནི། གལ་ཏེ་ཉོན་མོངས་པ་ཅན་ཡང་མ་ཡིན་ལ། དགེ་བ་ཡང་མ་ཡིན་པའི་སེམས་སུ་གྱུར་ན། དེའི་ཕྱིར་སྤྱོད་ལམ་ལ་སོགས་པ་ལུང་དུ་མ་བསྟན་པར་འགྱུར་རོ། །གཞན་དུ་ན་དགེ་བ་འམ་མི་དགེ་བར ་འགྱུར་ཏེ་ཅི་རིགས་སུ་སྦྱར་རོ། །འདི་ལྟ་སྟེ་སོ་སོར་བརྟགས་པ་མ་ཡིན་པ་ལ་ཞེས་བྱ་བས་ནི་དགེ་བ་ལས་བྱེ་བྲག་ཏུ་འབྱེད་དོ། །ཉོན་མོངས་པ་ཅན་མ་ཡིན་པའི་སེམས་ཀྱིས་ཞེས་བྱ་བས་ནི། མི་དགེ་བ་ལས་བྱེ་བྲག་ཏུ་འབྱེད་དོ། །ཡོངས་སུ་འཛིན་པས་ལུང་དུ་མ ་བསྟན་པ་ཞེས་བྱ་བ་ནི་བཟོའི་གནས་ལ་གོམས་པའི་བག་ཆགས་ཀྱིས་དེ་ལྟ་བུའི་ལུས་ཡོངས་སུ་འཛིན་པའི་ཕྱིར་རོ། །སོ་སོར་བརྟགས་པས་སྨན་བསྟེན་པ་ཞེས་བྱ་བས་ནི་ནད་ཀྱི་གཉེན་པོས་ནད་མེད་པར་བྱ་བའི་ཕྱིར་རོ། །རྒྱུ་མཐུན་བས་ལུང་དུ་མ་བསྟན་པ་གང་ཞེ་ན། ་སྒྲུལ་པའི་སེམས་དང་ལྷན་ཅིག་སྐྱེས་པའོ། །ཞེས་བྱ་བ་ནི་སེམས་དང་སེམས་ལས་བྱུང་བ་གང་གིས་བརྩེ་བའི་ཕྱིར་སྤྲུལ་པ་སྤྲུལ་པ་སྟེ། སེམས་ཅན་ལ་ཕན་པའི་ཕྱིར་ན་ནི་དགེ་བར་རིག་པར་བྱའོ། །བསྟན་པས་ཀྱང་དགེ་བ་ཞེས་བྱ་བ་ལ་སོགས་པས་ནི། གང་སངས ་རྒྱས་ལ་སོགས་པས་འདུལ་པའི་དོན་གྱི་དབང་གི་ཕྱིར་ཀུན་ཏུ་སྟོན་པའོ། །མི་དགེ་བར་ཇི་ལྟར་ཀུན་ཏུ་སྟོན་ཅེ་ན། ཆོམ་རྐུན་ལ་སོགས་པར་སྤྲུལ་ནས་དེ་ལས་གཞན་པའི་སེམས་ཅན་འཇིགས་པར་བྱ་བའི་ཕྱིར་ལག་པ་དང། རྐང་པ་དང་མགོ་གཅོད་པ་ལ་སོགས་པ་ཀུན་ཏུ ་སྟོན་པའི་ཕྱིར་རོ། །འདོད་ཆགས་དང་མ་བྲལ་བ་ཞེས་བྱ་བ་ནི། འདོད་ཆགས་དང་བྲལ་བ་ཉིད་ཀྱི་ཕྱོགས་ཙམ་དང་ཡང་མི་ལྡན་པ་སྟེ། ཏིང་ངེ་འཛིན་མ་ཐོབ་པ་ཞེས་བྱ་བའི་ཐ་ཚིག་གོ་།གཞན་དུན་ནི་མི་ལྕོགས་པ་མེད་པ་ཡང་འདོད་པ་དང་རབ་ཏུ་ལྡན་པར་འགྱུར་རོ། །ཏིང་ངེ་འཛིན ་ཐོབ་མ་ཐག་ཏུ་སྤོང་བ་ལ་མངོན་པར་དགའ་བའི་མི་མཐུན་པའི་ཕྱོགས་སུ་གྱུར་པའི་གནས་ངན་ལན་སྤངས་པའི་ཕྱིར་འདོད་ཆགས་དང་བྲལ་བ་ཉིད་ཀྱི་ཕྱོགས་ཡོད་པར་རིག་པར་བྱའོ། །ཕྱི་རོལ་གྱི་གཟུགས་ལ་སོགས་པ་ནི་འདིར་འདོད་ཆགས་དང་མ་བྲལ་བའི་ལས་ཀྱི་དབང་གིས ་གྲུབ་པའི་ཕྱིར་འདོད་པ་དང་རབ་ཏུ་ལྡན་པའོ། །སེམས་ཅན་ཐམས་ཅད་ཀྱི་ཐུན་མོངས་གི་ལས་ཀྱི་དབང་གིས་བྱུང་བ་ཞེས་འབྱུང་བ་ནི་གཟུགས་དང་གཟུགས་མེད་པ་ན་སྤྱོད་པ་རྣམས་ན་ཡང་འདོད་ཆགས་དང་མ་བྲལ་བའི་ལས་ཀྱི་ས་པ་ནི་ཡོད་པའི་ཕྱིར་རོ། །ཁམས་བཞི་ཞེས་བྱ ་པ་ནི་དྲི་དང་རོ་དང། སྣ་དང་ལྕེའི་རྣམ་པར་ཤེས་པའི་ཁམས་སོ། །སྐྱེ་མཆེད་གཉིས་ཞེས་བྱ་བ་ནི་དྲི་དང་པོའི་སྐྱེ་མཆེད་དོ། །དེ་ལས་གཞན་པའི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་ཀྱི་ཕྱོགས་གཅིག་གོ་ཞེས་བྱ་བ་ནི་གཟུགས་དང་གཟུགས་མེད་པ་ན་སྤྱོད་པ་དང་ཟག་པ་མེད་པ ་མ་གཏོགས་པའོ། །ཁམས་བཞི་དང་སྐྱེ་མཆེད་གཉིས་མ་གཏོགས་པ་ཞེས་བྱ་བ་ནི་བཤད་མ་ཐག་པའོ། །དེ་ལས་གཞན་པའི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་ཀྱི་ཕྱོགས་གཅིག་གོ་ཞེས་བྱ་བ་ནི་འདོད་པ་དང་གཟུགས་མེད་པ་ན་སྤྱོད་པ་དང་ཟག་པ་མེད་པ་མ ་གཏོགས་པའོ། །ཕུང་པོ་བཞི་ཞེས་བྱ་བ་ནི་འཚོར་བ་ལ་སོགས་པའོ། །ཁམས་གསུམ་ཞེས་བྱ་བ་ནི་ཡིད་དང་ཆོས་དང་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་སོ། །སྐྱེ་མཆེད་གཉིས་ཞེས་བྱ་བ་ནི་ཡིད་དང་ཆོས་ཀྱི་སྐྱེ་མཆེད་དེ། དེ་དག་གི་ཕྱོགས་གཅིག་ནི་འདོད་པ་དང་གཟུགས་ན་སྤྱོད་པ་དང ་ཟག་པ་མེད་པ་མ་བ་རྟོགས་པའོ། །ཕྱོགས་གཅིག་ལས་འདོད་ཆགས་དང་བྲལ་བ་ཉིད་ཅེས་བྱ་བ་ནི་སའི་དབང་དུ་བྱས་པ་སྟེ། ས་བརྒྱད་བའི་བར་དུ་ཉོན་མོངས་པའི་རྣམ་པ་སྤངས་པའི་ཕྱིར་རོ། །མཛའ་དག་ལས་འདོད་ཆགས་དང་བྲལ་བ་ཉིད་ཅེས་བྱ་བ་ནི་དགུ་པ་སྤངས་པའི་ཕྱིར་རོ།། ་མང་འཇིག་ཚོགས་ལས་འདོད་ཆགས་དང་བྲལ་བ་ཉིད་ཀྱི་དབང་དུ་བྱས་ནས་སློབ་པ་ནི་ཕྱོགས་གཅིག་ལས་འདོད་ཆགས་དང་བྲལ་བ་ཉིད་དོ། །མི་སློབ་པ་ནི་མཛའ་དག་ལས་འདོད་ཆགས་དང་བྲལ་བ་ཉིད་དུ་རིག་པར་བྱའོ། །རྟོག་པས་འདོད་ཆགས་དང་བྲལ་བ་ཉིད་ཆེས་བྱ་བ་མཐོང་བའི ་ལམ་གྱིས་སོ། གནོད་པའི་འདོད་ཆགས་དང་བྲལ་བ་ཉིད་ཅེས་བྱ་བ་ནི་འཇིག་རྟེན་པའི་ལམ་གྱིས་སོ། །ལེགས་པར་གནོན་པའི་འདོད་ཆགས་དང་བྲལ་བ་འདི་ཉིད་ཅེས་བྱ་བ་ནི་འཇིག་རྟེན་ལས་འདས་པའི་ལམ་ཉིད་ཀྱིས་འདོད་ཆགས་དང་བྲལ་བ་ཉིད་དུ་རིག་པར་བྱའོ། །འདོད་ཆགས་དང་བྲལ་བ ་ཉིད་བཅུ་ཞེས་བྱ་བ་འདི་ལ་མི་འཕྲོད་པར་འཛིན་པའི་དེ་ན་ནི་འདོད་ཆགས་དང་བྲལ་བ་ཉིད་ཀྱི་དོན་དུ་རིག་པར་བྱའོ། །གདོན་མི་ཟ་བར་སྤོང་བའི་དོན་དུ་ནི་མ་ཡིན་ནོ། །ཐབས་ཤིན་ཏུ་ཆེན་པོ་ཐོབ་པ་ཐབས་སྨན་བ་ལ་ཞེས་བྱ་བ་ནི་གྲོང་ཁྱེར་གྱི་གཙོ་བོ་ལ་སོགས་པ་དང། གྲོང་དཔོན་ལ་སོཌ ་པ་ལྟ་བུར་རིག་པར་བྱའོ། །བྱིས་པ་རྣམས་མྱ་ངན་ལས་འདས་པ་ལ་ཞེས་བྱ་བ་ནི་དེ་ལ་ཞི་བ་ཉིད་དུ་མི་ཤེས་པ་དང། འཇིག་ཚོགས་ལ་མངོན་པར་ཆགས་པའི་ཕྱིར་རོ། །མཐོང་བའི་ལམ་ཐོབ་པ་ཁམས་གསུམ་པ་ལ་ཞེས་བྱ་བ་ནི་འདུ་བྱེད་སྡུག་བསྔལ་བ་ཉིད་དུ་ཡོངས་སུ་ཤེས ་པ་དང་ལྡན་པ་ཟག་པ་དང་བཅས་པའི་དངོས་པོ་ཐམས་ཅད་ལ་ཡོད་འབྱུང་བའི་ཕྱིར་རོ། །ཐར་པ་ལ་བརྩོན་པའི་དགེ་བ་ནི་བསླབས་པར་བལྟའོ། །ཞེས་བྱ་བ་ནི་ཚོགS་བསགས་པའི་གནས་སྐབས་ནས་བཟུང་སྡེ། ཐར་པར་བྱ་བའི་ཕྱིར་བརྩོན་པར་རིག་པར་བྱའོ། །ཚོགས་བསགས་པའི་གནས ་སྐབས་ནི་མངོན་པར་འགྲོ་བ་ཐར་པའི་ཆ་དང་མཐུན་པར་རིག་པར་བྱའོ། །ཁམས་བཅུ་ཞེས་བྱ་བ་ནི་རྣམ་པར་ཤེས་པའི་ཁམས་བདུན་དང། གཟུགས་དང་སྒྲ་དང་ཆོས་ཀྱི་ཁམས་རྣམས་སོ། །སྐྱེ་མཆེད་བཞི་ཞེས་བྱ་བ་ནི་གཟུགས་དང་སྒྲ་དང་ཡིད་དང་ཆོས་ཀྱི་སྐྱེ་མཆེད་རྣམས་སོ། །བསླབ་པའི་མཐར ་ཕྱིན་པ་ཞེས་བྱ་བ་ནི་ལྷག་པའི་ཚུལ་ཁྲིམས་དང། ལྷག་པའི་སེམས་དང། ལྷག་པའི་ཤེས་རབ་ན་བསླབ་པའོ། །མཐར་ཕྱིན་པ་ནི་དགྲ་བཅོམ་པ་ཞེས་བྱ་བའི་ཐ་ཚིག་གོ་།སོ་སོའི་སྐྱེ་བོའི་དགེ་བ་ལ་སོགས་པ་ནི་ཐར་པ་ལ་བརྩོན་པ་མ་གཏོགས་པའོ། །དེ་ནི་བསླབ་པ་ལ་སློབ་པས་སློབ་པ ་ཞེས་བྱའོ། །སློབ་པའི་ཉོན་མོངས་པ་ཅན་དང་ལུང་དུ་མ་བསྟན་པ་ཞེས་བྱ་བ་འདི་ལ་ཉོན་མོངས་བ་ཅན་ནི་མི་དགེ་བའོ། །ལུང་དུ་མ་བསྟན་པ་ནི་བསྒྲིབས་པའི་ལུང་དུ་མ་བསྟན་པ་སྟེ། ཇི་ལྟར་མཐུན་མཐུན་དུ་སྦྱར་རོ། །མི་སློབ་པའི་ལུང་དུ་མ་བསྟན་པ་ཞེས་བྱ་བ་ནི་མ་བསྒྲིབས ་པའི་ལུང་དུ་མ་བསྟན་པར་རིག་པར་བྱའོ། །ཉོན་མོངས་པ་ཅན་གྱི་ལྟ་བ་ཀུན་ཏུ་བརྟགས་པ་རྣམས་ཞེས་བྱ་བ་ནི་དམ་པའི་ཆོས་མ་ཡིན་པ་ཉན་པ་ལ་སོགས་པ་སྔོན་དུ་འགྲོ་བའི་ལྟ་བ་ལྟ་པོ་དག་གོ་།ཀུན་ཏུ་བརྟགས་པ་སྨོས་པས་ནི་ལྷན་ཅིག་སྐྱེས་པའི་འཇིག་ཚོགས་དང། མཐར ་འཛིན་པར་ལྟ་བ་བསལ་བའི་ཕྱིར་རོ། །མཐར་འཛིན་པར་ལྟ་བ་ལྷན་ཅིག་སྐྱེས་པ་ཇི་ལྟ་བུ་ཞེ་ན། མངོན་པར་རྟོགས་པ་ལ་ཞུགས་པ་ཅན་དེའི་བདག་གང་ཡིན་ཞེས་སྐྲག་པ་གང་ལས་བྱུང་པའོ། །ལྟ་བའི་གནས་ཞེས་བྱ་བ་ནི་ལྟ་བ་དང་ལྷན་ཅིག་འབྱུང་བའི་ཆོས་རྣམས་དང། དེའི་ས་བོན ་ནོ། །ཐེ་ཚོམ་གྱི་གནས་ཀྱང་དེ་བཞིན་དུ་རིག་པར་བྱའོ། །ལྟ་བ་ལ་སོགས་པར་ཞུགས་པའི་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་གང་ཡིན་པ་དག་ཅེས་བྱ་བ་ནི་ལྟ་པའི་སྒོ་ནས་ཞུགས་པ་དང། དེ་ལ་དམིགས་པའི་འདོད་ཆགས་པ་གང་ཡིན་པའོ། །ཐམས་ཅད་ཀྱི་ཕྱོགས་གཅིག་གོ་། ་ཞེས་བྱ་བ་ནི་བསྒོམ་པས་སྤང་བར་བྱ་བ་དང། ཟག་པ་མེད་པ་མ་གཏོགས་པའོ། །མཐོང་བས་སྤང་བར་བྱ་བ་ལས་བཟློག་པ་ཟག་པ་དང་བཅས་པའི་ཆོས་རྣམས་ཞེས་བྱ་བ་ནི་ཉོན་མོངས་པ་ཅན་གྱི་ལྟ་བ་ཀུན་ཏུ་བརྟགས་པ་ལས་གཞན་པའི་ཟག ་པ་དང་བཅས་པ་རྣམས་ཞེས་བྱ་བའི་ཐ་ཚིག་གོ་།འདིར་ཟག་པ་དང་བཅས་པ་སྨོས་པས་ནི། ངེས་པར་འབྱེད་པའི་ཆ་དང་མཐུན་པ་རྣམས་ཀྱང་བསྡུ་བར་རིག་པར་བྱ་སྟེ། གནས་ངན་ལེན་གྱི་རྗེས་སུ་འབྲེལ་པ་ཡོད་པའི་ཕྱིར་རོ། །ཐམས་ཅད་ཀྱི་ཕྱོགས་གཅིག་གོ་ཅེས་བྱ་བ་ནི ་མཐོང་བས་སྤང་བར་བྱ་བ་ནི་ཟླག་པ་མེད་པ་མ་གཏོགས་པའོ། །ཕུང་པོ་རྣམས་ཀྱི་ཕྱོགས་གཅིག་སྤང་བར་བྱ་བ་མ་ཡིན་པ་ནི་འཇིག་རྟེན་ལས་འདས་པའི་ལམ་དང། དེའི་རྗེས་ལ་ཐོབ་པའོ། །ཁམས་བཅུ་དང། སྐྱེ་མཆེད་བཞི་ཞེས་བྱ་བ་ནི་དེ་དང་འདུས་མ་བྱས་སོ། །ཅི་འདྲ ་པའི་གཟུགས་དང། སྒྲའི་ཁམས་སྤང་བར་བྱ་བ་མ་ཡིན་ཞེ་ན། མི་སློབ་པའི་ལུས་དང་ངག་གི་ལས་ཀྱི་རང་བཞིན་ནོ། །ཆོས་ཀྱི་ཁམས་དང་སྐྱེ་མཆེད་ཀྱི་ཕྱོགས་གཅིག་མ་གཏོགས་པར་ཞེས་བྱ་བ་ནི་འདུས་མ་བྱས་ཀྱི་མཚན་ཉིད་དོ།། །།བམ་པོ་གསུམ་པ ་བདག་དང་ཆོས་རྒྱུ་མེད་པ་དང། དབང་ཕྱུག་ལ་སོགས་པའི་རྒྱུ་ལས་བྱུང་བར་མངོན་པར་ཞེན་པ་སྤང་པའི་ཕྱིར་རོ། །བཅོམ་ལྡན་འདས་ཀྱིས་རྟེན་ཅིང་འབྲེལ་པར་འབྱུང་བའི་མཚན་ཉིད་གང་གསུངས་པ་ནི་འདི་ཡོད་པས་འདི་འབྱུང། འདི་སྐྱེས་པའི་ཕྱིར་འདི་སྐྱེ་བ་སྟེ། འདི་ལྟར་མ ་རིག་བའི་རྒྱེན་གྱིས་འདུ་བྱེད་རྣམས་ཞེས་བྱ་བ་ལ་སོགས་པའོ། །དེ་ལ་འདི་ཡོད་པས་འདི་འབྱུང་ཞེས་བྱ་བ་ནི་གཡོ་བ་མེད་པའི་རྐྱེན་ལས་བྱུང་བའི་ཕྱིར་ཏེ། རྐྱེན་ཡོད་ན་འབྲས་བུ་འབྱུང་བར་ཟད་ཀྱི། འབྲས་བུ་འབྱུང་བར་བྱ་བའི་ཕྱིར་རྐྱེན་ལ་གཡོ་བ་ནི་མེད་ཅེས་བྱ་བའི་ཐ ་ཚིག་གོ་།འདི་སྐྱེས་པའི་ཕྱིར་འདི་སྐྱེ་ཞེས་བྱ་བ་ནི་མི་རྟག་པའི་རྐྱེན་ལས་བྱུང་བའི་ཕྱིར་ཏེ། མ་བྱུང་བའི་རྒྱུ་ལས་འབྲས་བུ་འབྱུང་བ་མ་གྲུབ་པའི་ཕྱིར་རོ། །མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་ཞེས་བྱ་བ་ལ་སོགས་པ་ནི་ནུས་པའི་རྐྱེན་ལ་བྱུང་བའི་ཕྱིར་ཏེ། གཡོ་བ་མེད་ཅིང་མི་རྟག ་པ་ཡིད་དུ་ཟིན་ཀྱང་རྐྱེན་གང་ཡང་རུང་བ་ལས་འབྲིས་བུ་མི་འབྱུང་གི་ནུས་པའི་རྐྱེན་ལས་འབྱུང་སྟེ་འདི་ལྟར་མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་འབྱུང་བ་ནས་སྐྱེ་བ་ལས་རྒ་ཤི་འབྱུང་བའི་བར་དུའོ། །མ་རིག་པ་ལ་སོགས་པ་ཡན་ལག་བཅུ་གཉིས་ཕྱེ་བ་གང་ཡིན་པ་དེ་དག་ནི་མདོར་བསྡུས་ན་ཡན ་ལག?་བཞིར་འགྱུར་ཏེ། འཕེན་པའི་ཡན་ལག་ལ་སོགས་པའོ། །འབྱུང་བ་བསྟན་པ་ལ་ནི་འདི་དག་ཙམ་ཞིག་བསྟན་པས་བསྟན་པར་བྱ་སྟེ། འདི་ལྟར་རྒྱུའི་དུས་ན་གང་གིས་འཕེན་པ་དང། གང་འཕེན་པ་དང། འབྲས་བུའི་དུས་ན་གང་གིས་མངོན་པར་འགྲུབ་པ་དང། གང་མངོན་པར ་འགྲུབ་པ་སྟེ། དེ་དག་ཐམས་ཅད་ནི་ཡན་ལག་འདི་རྣམས་ཀྱིས་བསྟན་པར་རིག་པར་བྱའོ། །དེ་ལ་འཕེན་པའི་ཡན་ལག་ནི་མ་རིག་པ་དང། །འདུ་བྱེད་དང། རྣམ་པར་ཤེས་པ་སྟེ། མ་འོངས་པའི་སྐྱེ་བ་མངོན་པར་འགྲུབ་པར་འགྱུར་བར་བདེན་པ་རྣམས་མི་ཤེས་པ་སྔོན་དུ་འགྲོ ་བའི་ལས་ཀྱི་བག་ཆགས་སེམས་ལ་བསྒོ་བའི་ཕྱིར་རོ། །འཕངས་བའི་ཡན་ལག་ནི་མིང་དང་གཟུགས་དང། སྐྱེམཆེད་དྲུག་དང། རེག་པ་དང་ཚོར་བ་སྟེ། སེམས་ཀྱི་བག་ཆགས་ཀྱི་མིང་དང་གཟུགས་ལ་སོགས་པ་སྔ་མ་ལ་ཕྱི་མ་བརྟེན་ནས་རིམ་གྱིས་མངོན་པར་འགྲུབ་པར་བྱ་བའི ་ཚད་དུ་སེམས་ཀྱི་བག་ཆགས་དེ་དག་གིས་ས་བོན་བརྟས་པའི་ཕྱིར་རོ། །མངོན་པར་འགྲུབ་པར་བྱེད་པའི་ཡན་ལག་གི་སྲེད་པ་དང། ལེན་པ་དང། སྲིད་པ་སྟེ། འདོད་ཆགས་ལ་སོགས་པའི་སྲིད་པ་མ་སྤངས་པའི་དབང་གིས་འདོད་པ་ལ་སོཌ་བར་ལེགས་པར་སྤྱོད་པ་དང། ཉེས་པར་སྤྱོད་པའི ་རྣམ་པ་ལ་མངོན་པར་དགའ་བ་སྔོན་དུ་འགྲོ་བའི་འདུན་པ་དང། འདོད་ཆགས་ཀྱི་ཉེ་བར་ལེན་པ་དང་བཅས་པའི་རྣམ་པར་ཤེས་?་ཡོད་པར་གྱུར་ན་འཆི་བའི་དུས་ན་འབྲས་བུ་འབྱིན་པར་བྱ་བ་ལ་འདུན་པ་དང། འདོད་ཆགས་ཀྱི་རྗེས་སུ་མཐུན་པའི་ལས་གང་ཡང་རུང་བའི་བག་ཆགས ་མངོན་དུ་འགྱུར་བའི་ཕྱིར་རོ། །མངོན་པར་གྲུབ་པའི་ཡན་ལག་ནི་སྐྱེ་བ་དང་རྒ་ཤི་སྟེ། རྣམ་པ་དེས་དེ་ལས་གཞན་གྱི་བག་ཆགས་མངོན་དུ་གྱུར་ན་ཇི་ལྟར་འཕགས་པ་བཞིན་དུ་འགྲོ་བ་དང་སྐྱེ་གནས་ལ་སོགས་པའི་བྱེ་བྲག་ཐ་དད་པའི་རིས་མཐུན་པའི་གང་ཡང་རུང་བར་མིང་དང་གཟུགས ་ལ་སོགས་པ་མངོན་པ་འགྲུབ་པའི་ཕྱིར་རོ། །སྐྱེ་བ་དང་རྒ་ཤི་སྨོས་པ་ནི་འདུས་བྱས་ཀྱི་མཚན་ཉིད་གསུམ་གྱི་སྐབས་ཀྱིས་སྐྱོ་པར་བྱ་བའི་ཕྱིར་རོ། །རྒ་བ་དང་འཆི་བ་ཡན་ལག་གཅིག་ཏུ་བྱ་བ་ནི་རྒ་བ་མེད་པར་ཡང་འཆི་བ་སྲིད་པའི་ཕྱིར་རོ། །མངལ་ནས་སྐྱེ་བའི་སྐྱེས ་གནས་སུ་མིང་དང་གཟུགས་ལ་སོགས་པ་མེད་པར་སྐྱེ་མཆེད་དྲུག་ལ་སོགས་པ་འབྱུང་བ་ནི་དེ་ལྟ་མ་ཡིན་ཏེ། དེའི་ཕྱིར་དེ་དག་ཡན་ལག་སོ་སོར་བྱ་བར་རིག་པར་བྱའོ། །ཡན་ལག་རྐྱེན་ཉིད་དུ་རྣམ་པར་བཞག་པ་ནི་རྐྱེན་བཞིའི་དབང་དུ་བྱས་པ་སྟེ། དེ་ལམ་རིག་པ་ནི་འདུ་བྱེད་རྣམས ་ཀྱི་རྐྱེན་ཏེ། སྔ་ལོགས་སུ་བྱུང་བའི་བག་ཆགས་ཀྱིས་རྒྱུའི་རྐྱེན་ཏོ། །དེས་ཡོངས་སུ་བསྒོས་པའི་རྒྱུ་ལས་བྱུང་བའི་ལས་རྣམས་ཡང་སྲིད་པར་མངོན་པར་འདུ་བྱེད་པར་ནུས་པའི་ཕྱིར་ཏེ། དེའི་ཚེ་ཀུན་ཏུ་འབྱུང་བའི་ཚུལ་ཅན་ནོ། །ཤུགས་ཀྱིས་ཞེས་བྱ་བ་ནི་དེ་མ་ཐག་པའི ་རྐྱེན་ཏེ། དེའི་ཚེ་འཕེན་པའི་བྱེ་བྲག་གིས་འདུ་བྱེད་གྱི་རྒྱུད་གྱི་རྒྱུན་ཆགས་པར་འབྱུང་བའི་ཕྱིར་རོ། །ཡིད་ལ་བྱེད་པས་ཤེས་ཞེས་བྱ་བ་ནི་དམིགས་པའི་རྐྱེན་ཏེ། རྨོངས་པའི་དུས་ན་མཆོག་ལ་སོགས་པར་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པས་དམིགས་པའི་ཕྱིར་རོ།། ་ལྷན་ཅིག་བྱུང་བས་ཞེས་བྱ་བ་ནི་བདག་པོའི་རྐྱེན་ཏེ། དེའི་དབང་གིས་དེ་དང་མཚུངས་པར་ལྡན་པའི་སེམས་ལས་བྱུང་པ་རྣམས་དམིགས་པ་ལ་ཕྱིན་ཅི་ལོག་ཏུ་མངོན་པར་འདུ་བྱེད་པའི་ཕྱིར་རོ། །མ་རིག་པ་ནི་སྲིད་པ་ལ་སེམས་ཅན་རྣམས་རྨོངས་པར་བྱེད་ཅེས་བྱ་བ་ནི་དེས་བསྒྲིབས ་པ་རྣམས་སྔོན་གྱི་མཛའ་དང་ཕྱི་མའི་མཛའ་དང་བར་གྱི་མཛའ་ཡང་དག་པ་ཇི་ལྟ་པ་བཞིན་དུ་ཡོངས་སུ་མི་ཤེས་པའི་ཕྱིར་ཏེ། འདི་ལྟར་ཅི་བདག་འདས་པའི་དུས་ན་འབྱུང་བ་ཞིག་གམ་།འོན་ཏེ་མ་བྱུང་བ་ཞིག་སྙམ་པ་ལ་སོགས་པ་དེ་ལྟར་ཐེ་ཚོམ་ཟ་བའོ། །འདུ་བྱེད་རྣམས་ཀྱི ་རྐྱེན་ཀྱང་ཡིན་ནོ། །ཞེས་བྱ་བ་ནི་དེའི་དབང་གིས་ཡང་སྲིད་པ་ལ་སོགས་པའི་ཕྱིར་རོ། །འདུ་བྱེད་རྣམས་ནི་འགྲོ་བ་རྣམས་སུ་སེམས་ཅན་དག་རྣམ་པར་འབྱེད་ཅེས་བྱ་བ་ནི་ལས་ཀྱི་དབང་གིས་སེམས་ཅན་རྣམས་འགྲོ་བ་གཞན་དུ་འགྲོ་བ་སྣ་ཚོགས་པའི་ཕྱིར་རོ། །རྣམ་པར་ཤེས་པའི་བག ་ཆགས་གྱི་རྐྱེན་ཀྱང་ཡིན་ཞེས་བྱ་བ་ནི་ཕྱི་མ་ལ་མིང་གཞུགས་ལ་སོགས་པ་འགྲུབ་པར་འགྱུར་བས་བོན་གསོ་བར་བྱེད་པའི་ཕྱིར་རོ། །རྣམ་པར་ཤེས་པ་ནི་སེམས་ཅན་རྣམས་ཀྱི་ལས་ཀྱི་འཆིང་འཛིན་པ་ཞེས་བྱ་བ་ནི་འདུ་བྱེད་ཀྱིས་བསྐྱེད་པའི་བག་ཆགས་དང་ལྷན་ཅིག་འབྱུང་བའི་ཕྱིར་རོ། །མིང ་དང་གཟུགས་ཀྱི་རྐྱེན་ཀྱང་ཡིན་ཞེས་བྱ་བ་ནི་རྣམ་པར་ཤེས་པ་མའི་མངལ་དུ་ཞུགས་ན་མིང་དང་གཟུགས་འཕེལ་བར་འགྱུར་བའི་ཕྱིར་རོ། །མིང་དང་གཟུགས་ནི་སེམས་ཅན་རྣམས་ལུས་ལེན་དུ་འཇུག་ཅེས་བྱ་བ་ནི་དེ་གྲུབ་ན་སེམས་ཅན་རྣམས་རིས་མཐུན་པར་གཞན་ལ་བརྟེན་པའི ་ཕྱིར་རོ། །མིང་དང་གཟུབས་ལ་སོགས་པ་སྐྱེ་མཆེད་དྲུག་ལ་སོགས་པའི་རྐྱེན་དུ་འགྱུར་བ་ནི་ཡན་ལག་སྔ་མ་ལ་བརྟེན་ནས་ཡན་ལག་ཕྱི་མ་འགྲུབ་པར་བལྟའོ། །སྐྱེ་མཆེད་དྲུག་ནི་སེམས་ཅན་རྣམས་ལུས་རྫོགས་པར་ལེན་དུ་འཇུག་པ་ཞེས་བྱ་བ་ནི་དེ་གྲུབ་ན་དབང་པོ་གཞན་མ་ཚང ་བ་མེད་པའི་ཕྱིར་རོ། །རིག་པ་ནི་ཡུལ་གྱི་ལོངས་སྤྱོད་ལ་སེམས་ཅན་རྣམས་འཇུད་པ་ཞེས་བྱ་བ་ནི་དེའི་སྒོ་ནས་བདེ་བ་མྱོང་པར་འགྱུར་པ་ལ་སོགས་པའི་ཡུལ་རྣམ་པ་གསུམ་ལ་ལོངས་སྤྱོད་པའི་ཕྱིར་རོ། །ཚོར་བ་ནི་སྐྱེ་བའི་ལོངས་སྤྱོད་ལ་སེམས་ཅན་རྣམས་འཛུད་པ ་ཞེས་བྱ་བ་ནི་དེ་ལ་བརྟེན་ནས་འདོད་པ་ལ་སོགས་པའི་ལས་ཀྱི་རྣམ་པར་སྨིན་པ་ལ་ཉེ་བར་སྤྱོད་པའི་ཕྱིར་རོ། །སྲིད་པའི་རྐྱེན་ཀྱང་ཡིན་ནོ་ཞེས་བྱ་བ་ནི་དེ་དང་ཕྲད་པ་ལ་སོགས་པར་འདོད་པའི་སྒོ་ནས་སྲེད་པ་འབྱུང་བའི་ཕྱིར་རོ། །སྲེད་པ་ནི་སེམས་ཅན་རྣམས་ཀྱི་སྐྱེ་བ་འདྲེན་པ་ཞེས ་བྱ་བ་ནི་དེའི་དབང་གིས་ཚེ་གཞན་དུ་བརྒྱུད་པ་རྒྱུན་མི་འཆད་པའི་ཕྱིར་རོ། །ལེན་པའི་རྐྱེན་ཀྱང་ཡིན་ནོ་ཞེས་བྱ་བ་ནི་རོ་མྱང་བར་འདོད་པའི་སྒོ་ནས་འདོད་པ་ལ་སོགས་པ་ལ་འདུན་པ་དང་འདོད་ཆགས་འབྱུང་བའི་ཕྱིར་རོ། །ལེན་པ་ནི་ཡང་སྲིད་པ་ལེན་པའི་ཕྱིར་སེམས་ཅན ་རྣམས་ཀྱི་རྣམ་པར་ཤེས་པ་ཉེ་བར་ལེན་པ་དང་བཅས་པར་བྱེད་ཅེས་བྱ་བ་ནི་སེམས་ཅན་དམྱལ་བ་ལ་སོགས་པའི་འགྲོ་བ་བྱེ་བྲག་ཅན་དུ་ཡང་སྲིད་པའི་ཉིང?་མཚམས་སྦྱོར་བར་འགྱུར་བའི་ལས་ཀྱི་བག་ཆགས་ངེས་པར་བྱེད་པའི་ཕྱིར་རོ། །སྲིད་པའི་རྐྱེན་ཀྱང་ཡིན་ནོ་ཞེས ་བྱ་བ་ནི་དེའི་དབང་གིས་འདུ་བྱེད་ཀྱི་བག་ཆགས་འབྱུང་བ་རྙེད་པའི་ཕྱིར་རོ། །སྲིད་པ་ནི་ཡང་སྲིད་པར་སེམས་ཅན་རྣམས་མངོན་དུ་ཕྱོགས་པར་བྱེད་ཅེས་བྱ་བ་ནི་དེ་མ་ཐག་ཏུ་འགྲོ་བ་གཞན་འདྲེན་པའི་ཕྱིར་རོ། །སྐྱེ་བའི་རྐྱེན་ཀྱང་ཡིན་ནོ་ཞེས་བྱ་བ་ནི་དེ་ལས ་རིས་མཐུན་པ་གཞན་འབྱུང་བའི་ཕྱིར་རོ། །སྐྱེ་བ་ནི་མིང་དང་གཟུགས་ལ་སོགས་པའི་རིམ་གྱིས་སེམས་ཅན་མངོན་པར་འགྲུབ་པར་བྱེད་པ་ནི་ཕྱི་མ་ཕྱི་མའི་གནས་སྐབས་བཞིན་འདྲེན་པའི་ཕྱིར་རོ། །རྒ་ཤིའི་རྐྱེན་ཀྱང་ཡིན་ནོ་ཞེས་བྱ་བ་ནི་སྐྱེ་བ་ཡོད་ན་དེའི ་རྒྱུས་གཞན་དུ་འགྱུར་བ་དང། འཇིག་པ་སྲིད་པའི་ཕྱིར་རོ། །རྒ་ཤི་ནི་ཡང་དང་ཡང་ན་ཚོད་འགྱུར་བ་དང། སྲོག་འགྱུར་བ་ལ་སེམས་ཅན་རྣམས་སྦྱོར་བའོ། །ཞེས་བྱ་བ་ནི་དར་ལ་བབ་པ་དང། ཚེ་རྣམ་པར་འཇིག་པ་ལ་སྦྱོར་བའོ། །རྣམ་པར་ཤེས་པ་ལས་ཀྱི་ཀུན་ནས ་ཉོན་མོངས་པ་བསྡུ་བ་ནི་རྣམ་པར་ཤེས་པའི་ཡན་ལག་འདུ་བྱེད་ཀྱི་བག་ཆགས་ཀྱིས་རབ་ཏུ་ཕྱེ་བའི་ཕྱིར་རོ། །བྱེད་པ་པོ་མེད་པའི་དོན་ཞེས་བྱ་བ་ནི་དབང་ཕྱུག་ལ་སོགས་པའི་བྱེད་པ་པོ་དང་བྲལ་བའི་ཕྱིར་རོ། །རྒྱུ་དང་བཅས་པ་ལས་བྱུང་བའི་དོན་ཞེས་བྱ་བ་ཅི་མ་རིག ་པའི་ལས་རྒྱུ་ལས་བྱུང་བའི་ཕྱིར་རོ། །སེམས་ཅན་མེད་པའི་དོན་ཞེས་བྱ་བ་ནི་རང་བཞིན་གྱིས་བདག་མེད་པའི་ཕྱིར་རོ། །གཞན་གྱི་དབང་གི་དོན་ཞེས་བྱ་བ་ནི་རྐྱེན་ལ་རག་ལས་པའི་ཕྱིར་རོ། །གཡོ་བ་མེད་པའི་དོན་ཞེས་བྱ་བ་ནི་རྐྱེན་རྣམས་བྱེད་པ་མེད་པའི་ཕྱིར་རོ། །མི་རྟག ་པའི་དོན་ཞེས་བྱ་བ་ནི་ཐེར་ཟུག་མ་ཡིན་པའི་ཕྱིར་རོ། །སྐད་ཅིག་མའི་དོན་ཞེས་བྱ་བ་ནི་སྐྱེས་པའི་དུས་ལས་ཕ་རོལ་ཏུ་མི་གནས་པའི་ཕྱིར་རོ། །རྒྱུ་དང་འབྲས་བུའི་རྒྱུད་རྒྱུན་མི་འཆད་པའི་དོན་ཞེས་བྱ་བ་ནི་རྒྱུའི་སྐད་ཅིག་འགག་པ་དུས་མཉམ་དུ་འབྲས་བུའི་སྐད་ཅིག ་འབྱུང་བའི་ཕྱིར་རོ། །རྒྱུ་དང་འབྲས་བུ་མཐུན་པའི་དོན་ཞེས་བྱ་བ་ནི་ཐམས་ཅད་ལས་ཐམས་ཅད་མི་འབྱུང་བའི་ཕྱིར་རོ། །རྒྱུ་དང་འབྲས་བུ་སྣ་ཚོགས་ཀྱི་དོན་ཞེས་བྱ་བ་ནི་རྒྱུ་དུ་མ་དང་གཅིག་གི་རྣམ་པ་ལས་འབྲས་བུའི་རྣམས་གཅིག་དང་དུ་མ་འབྱུང་བའི་ཕྱིར་རོ། །རྒྱུ་དང ་འབྲས་བུ་སོ་སོར་ངེས་པའི་དོན་ཞེས་བྱ་བ་ནི་རྒྱུ་གཞན་ལས་འབྲས་བུ་གཞན་མི་འབྱུང་བའི་ཕྱིར་རོ། །ཡང་དོན་འདི་དག་གིས་རྟེན་ཅིང་འབྲེལ་པར་འབྱུང་བ་རྣམ་པ་ལྔས་ཚབ་པར་རིག་པར་བྱ་སྟེ། རྒྱུས་པ་ནི་མཐུན་པའི་རྒྱུ་དང། རྒྱུ་མེད་པར་སྨྲ་བའི་གཉེན་པོར་དོན་གཉིས་ཀྱིས་ཟབ་པོ། །མཚན ་ཉིད་ཀྱིས་ཟབ་པ་ནི་བདག་མེད་པ་ཉིད་གྱིས་ཏེ་དོན་གཅིག་གིས་སོ། །སྐྱེ་བས་ཟབ་པ་ནི་རྐྱེན་རྣམས་འབྲས་བུ་འབྱུང་ཡང་དེས་མ་བྱས་པའི་ཕྱིར་ཏེ། དོན་གཉིས་ཀྱིས་སོ། །གནས་པས་ཟབ་པ་ནི་གནས་མེད་ཀྱང་གནས་པར་སྣང་བའི་ཕྱིར་ཏེ། དོན་གཉིས་ཀྱིས་སོ། །འབྱུང་བས་ཟབ་པ་ནི་རྒྱུ་ལས ་འབྲས་བུ་འབྱུང་བ་རྣམ་པར་ཤེས་པར་དཀའ་བའི་ཕྱིར་ཏེ། དོན་བཞེས་ཟབ་པོ། །བྱེད་པ་པོ་མེད་ཀྱང་ལས་དང་བྱེད་པ་དང། དེའི་འབྲས་བུ་ལ་སྤྱོད་པ་ཡོད་དེ། འདི་ནི་འདིར་ལས་དང་འབྲས་བུ་ཆུད་མི་ཟ་བར་རིག་པར་བྱའོ། །ཆོས་ནི་བདག་ཉིད་ཀྱིས་མ་བྱས་པ་སྟེ་།གང་གིས་བྱེད་པ་དེ་མ ་སྐྱེས་ཏེ་མེད་པའི་ཕྱིར་རོ། །གཞན་གྱིས་ཀྱང་མ་བྱས་ཏེ། རྐྱེན་རྣམས་བྱེད་པ་པོ་མ་ཡིན་པའི་ཕྱིར་རོ། །གཉི་གས་ཀྱང་མ་བྱས་ཏེ། རྒྱུ་དེ་གཉིས་ཀྱིས་མ་བྱས་པའི་ཕྱིར་རོ། །རང་གི་བྱེད་པ་དང། གཞན་གྱིས་བྱེད་པ་དང། རྒྱུ་མེད་པ་ལས་བྱུང་བ་ཡང་མ་ཡིན་ནོ་ཞེས་བྱ་བ་ནི་རྐྱེན ་རྣམས་འབྲས་བུ་བསྐྱེད་ནུས་པའི་ཕྱིར་རོ། །རྣམ་གྲངས་གཞན་དུ་ན་བདག་ཉིད་ཀྱིས་མ་བྱས་པ་ནི་རྐྱེན་ལ་བལྟོས་པའི་ཕྱིར་རོ། །གཞན་གྱིས་མ་བྱས་པ་ནི་རྐྱེན་ཡོད་དུ་ཟིན་ཀྱང་ས་བོན་མེད་པ་ནི་མི་སྐྱེ་བའི་ཕྱིར་རོ། །གཉི་གས་མ་བྱས་བ་ནི་དེ་གཉི་ག་ལ་གཡོ་བ་མེད་པའི ་ཕྱིར་རོ། །རྒྱུ་མེད་པ་ལས་བྱུང་བ་ཡང་མ་ཡིན་པ་ནི་ས་བོན་དང་རྐྱེན་རྣམས་ལ་ནུས་པ་ཡོད་པའི་ཕྱིར་རོ། །གཞན་ཡང་རང་གི་ས་བོན་ལས་ཏེ་གཞན་ལས་མིན། །དེ་ལ་བལྟོས་བྱེད་བདག་གི་བྱས་མ་ཡིན། །གཡོ་བ་མེད་ཕྱིར་གཉིས་ཀྱི་མ་བྱས་ལ། །དེ་ནི་ནུས་པས་རྒྱུ་མེད་བྱུང ་མ་ཡིན། །བདག་ལས་མ་ཡིན་གཞན་ལས་མིན། །ཞེས་བྱ་བས་མུ་རྣམ་པ་གཉིས་སྤོང་ཡང་རྟེན་ཅིང་འབྲེལ་བར་འབྱུང་བ་ཟབ་པར་འགྱུར་ན། གང་དུ་མུ་བཞི་ཆར་སྤོང་བ་ལྟ་སྨོས་ཀྱང་ཅི་དགོས། དེ་ལྟར་བས་ན་འདི་མཆོག་ཏུ་ཟབ་པར་རིག་པར་བྱའོ། །རྣམ་པར་ཤེས་པ་འབྱུང།། ་བའི་རབ་ཏུ་དབྱེ་བ་ཞེས་བྱ་བ་ནི་མིག་དང་གཟུགས་ལ་བརྟེན་ནས་མིག་གི་རྣམ་པར་ཤེས་པ་འབྱུང་ཞེས་བྱ་བ་ལ་སོགས་པའོ། །འཆི་འཕོ་བ་དང་སྐྱེ་བའི་རབ་ཏུ་དབྱེ་བ་ཞེས་བྱ་བ་ནི་སེམས་ཅན་གྱི་འཇིག་རྟེན་གྱི་དབང་སུ་བྱས་པ་སྟེ་།མ་རིག་པའི་རྐྱེན་གྱིས་འདུ་བྱེད ་རྣམས་ཞེས་བྱ་བ་ལ་སོགས་པའོ། །ཕྱིའི་ལོ་ཏོག་འབྱུང་བའི་རབ་ཏུ་དབྱེ་བ་ཞེས་བྱ་བ་ནི་ས་བོན་ལ་བརྟེན་ནས་མྱུ་གུ་།མྱུ་གུ་ལ་བརྟེན་ནས་སྡོང་བུ་སྟེ། དེ་བཞིན་དུ་སྡུ?་གུ་དང་འདབ་མ་དང་མེ་ཏོག་དང་འབྲས་བུ་རྣམས་ཀྱང་སྦྱར་བར་རིག་པར་བྱའོ། །འཇིག་པ་དང་ཆགས ་པའི་རབ་ཏུ་དབྱེ་བ་ཞེས་བྱ་བ་ནི་སེམས་ཅན་ཐམས་ཅད་ཀྱི་ཐུན་མོང་གི་ལས་ཀྱི་དབང་ལ་བརྟེན་ནས་ས་ཆེན་པོ་ལ་སོགས་པ་འབྱུང་བའི་ཕྱིར་རོ། །ཟས་ཀྱིས་བསྟན་པའི་རབ་ཏུ་དབྱེ་བ་ཞེས་བྱ་བ་ནི་ཟས་བཞི་ལ་བརྟེན་ནས་སེམས་ཅན་རྣམས་ཁམས་གསུམ་ན་གནས ་པའི་ཕྱིར་རོ། །འདོད་པ་དང་མི་འདོད་པའི་འགྲོ་བ་རྣམ་པར་འབྱེད་པའི་རབ་ཏུ་དབྱེ་བ་ཞེས་བྱ་བ་ནི་ལེགས་པར་སྤྱད་པ་དང་ཉེས་པར་སྤྱད་པ་ལ་བརྟེན་ནས་བདེ་འགྲོ་དང་ངན་འགྲོར་འགྲོ་བའི་ཕྱིར་རོ། །རྣམ་པར་དག་པའི་རབ་ཏུ་དབྱེ་བ་ཞེས་བྱ་བ་ནི་ཐར་པའི་ཆ་དང་མཐུན་པ་ལ། ་བརྟེན་ནས་ངེས་པར་འབྱེད་པའི་ཆ་དང་མཐུན་པ་འབྱུང་བ་ནས་མཐོང་བ་དང་བསྒོམ་པའི་ལམ་གྱི་རིམ་གྱིས་དགྲ་བཅོམ་པ་ཐོབ་པའི་བར་དང། གཞན་གྱི་སྒྲ་ལ་བརྟེན་ནས་ནང་དུ་ཚུལ་བཞིན་ཡིད་ལ་བྱེད་པ་དང། ཡང་དག་པའི་ལྟ་བ་དང་ཟག་པ་ཐམས་ཅད་ཟད་པའི་བར་དུའོ། ། ་མཐུ་སྟོབས་གྱི་རབ་ཏུ་དབྱེ་བ་ཞེས་བྱ་བ་ནི་ཐོབ་པ་ལ་བརྟེན་ནས་མངོན་པར་ཤེས་པ་ལ་སོགས་པ་ཡོན་ཏན་ཁྱད་པར་ཅན་རྣམས་འབྱུང་བའི་ཕྱིར་རོ། །དེ་ལྟར་རབ་ཏུ་དབྱེ་བ་འདི་དག་གིས་འདུ་བྱེད་རྣམས་རྟེན་ཅིང་འབྲེལ་པར་འབྱུང་བ་རྒྱ་ཆེར་རྟོགས་པར་བྱའོ། །ཀུན་ནས ་ཉོན་མོངས་པའི་ལུགས་དང་མཐུན་པ་དང་ལུགས་དང་མི་མཐུན་པ་ཞེས་བྱ་བ་ནི་འབྱུང་བའི་རིམ་པའི་དབང་དུ་བྱས་པ་སྟེ། མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་ཞེས་བྱ་བ་ལ་སོགས་པ་ནི་ལུགས་དང་མཐུན་པར་བསྟན་ཏོ། །རྒ་ཤི་དང། རྒ་ཤི་ཀུན་འབྱུང་བ་དང། རྒ་ཤི ་འགོག་པ་དང། རྒ་ཤི་འགོག་པར་འགྲོ་བའི་ལམ་ཞེས་བྱ་བ་ནི་བདེན་པ་རྣམས་པར་བཞག་པའི་དབང་དུ་བྱས་པ་སྟེ། ལུགས་དང་མི་མཐུན་པ་བསྟན་པར་རིག་པར་བྱའོ། །དེ་བཞིན་དུ་མ་རིག་པ་འགགས་པས་འདུ་བྱེད་འགག་ཅེས་བྱ་བ་ལ་སོགས་པ་ནི་རྣམ་པར་བྱང་བའི་ལུགས་དང ་མཐུན་པ་སྟོན་ཏོ། །གང་མེད་ན་རྒ་ཤི་མི་འབྱུང་བ་དང། གང་འགགས་ན་རྒ་ཤི་འགག་བ་ཅེས་བྱ་བ་ནི་ལུགས་དང་མི་མཐུན་པ་སྟོན་ཏོ། །རྒྱུའི་རྐྱེན་གང་ཞེ་ན། ཀུན་གཞི་རྣམ་པར་ཤེས་པ་དང། དགེ་བའི་བག་ཆགས་སོ་ཞེས་བྱ་བ་ནི་ཟག་པ་དང་བཅས་པ་དང། ཟག་པ་མེད་པའི་འདུ་བྱེད ་རྣམས་དང་གོ་རིམ་བཞིན་ནོ། །ཀུན་གཞི་རྣམ་པར་ཤེས་པ་ནི་རྣམ་པ་གཉིས་ཏེ། རྣམ་པར་སྨིན་པ་དང། མངོན་པར་འདུ་བྱེད་པ་ལས་བྱུང་བའོ། །དེ་ལ་རྣམ་པར་སྨིན་པ་ནི་སྐྱེ་བས་འཐོབ་པ་རྣམས་ཀྱི་རྒྱུའི་རྐྱེན་ཏོ། །མངོན་པར་འདུ་བྱེད་པ་ལས་བྱུང་བ་ནི་སྦྱོར་བ་ལས་བྱུང ་བ་རྣམས་ཀྱི་སྟེ། ཕྱི་མ་ལ་ཀུན་གཞི་རྣམ་པར་ཤེས་པ་གཞན་གྱི་རྒྱུའི་རྐྱེན་དུ་བལྟ་བར་བྱའོ། །མངོན་པར་འདུ་བྱེད་པ་ལས་བྱུང་བའི་ཀུན་གཞི་རྣམ་པར་ཤེས་པ་ནི། ཚེ་དེའི་འཇུག་པའི་རྣམ་པར་ཤེས་པ་དང་ལྷན་ཅིག་འབྱུང་བའི་བག་ཆགས་བསྒོམ་པར་རིག་པར་བྱའོ། །དགེ་བའི ་བག་ཆགས་ནི་ཐར་པའི་ཆ་དང་མཐུན་པ་རྣམས་ཀྱི་བག་ཆགས་སུ་ལྟ་བར་བྱ་སྟེ། དེ་དག་ནི་འཇིག་རྟེན་ལས་འདས་པ་ཐོབ་པའི་རྒྱུ་མཐུན་པའི་ཆོས་ཀྱི་རྒྱུ་ལས་བྱུང་བའི་ཕྱིར་དེའི་བག་ཆགས་ནི་འཇིག་རྟེན་ལས་འདས་པའི་ཆོས་ཀྱི་རྒྱུ་ཉིད་དུ་རིག་པར་བྱའོ། །ཡང་ངོ་བོ ་ཉིད་ཅེས་བྱ་བ་ལ་སོགས་པས་ནི་རྒྱུ་དྲུག་པོ་དག་རྒྱུའི་རྐྱེན་དུ་སྟོན་ཏོ། །དེ་ལ་ངོ་བོ་ཉི་དང་རབ་ཏུ་དབྱེ་བ་ནི་བྱེད་པའི་རྒྱུར་རྣམ་པར་བཞག་གོ། ཚིག་ལྷག་མ་རྣམས་ནི་གོ་རིམ་བཞིན་དུ་ལྷན་ཅིག་འབྱུང་བ་དང། མཚུངས་པར་ལྡན་པ་དང། སྐལ་པ་མཉམ་པ་དང། ཀུན་ཏུ་འགྲོ་བ ་དང། རྣམ་པར་སྨིན་པའི་རྒྱུ་རྣམས་སུ་རྣམ་པར་བཞག་པར་རིག་པར་བྱའོ། །རྒྱུའི་ངོ་བོ་ཉིད་ཀྱི་དབང་དུ་བྱས་ནས་བྱེད་པའི་རྒྱུ་རྣམ་པར་བཞག་པའི་ཕྱིར་རྒྱུ་ཐམས་ཅད་བྱེད་བའི་རྒྱུའི་ནང་དུ་འདུས་པར་རིག་པར་བྱའོ། །གྲོགས་ལ་སོགས་པ་ནི་བྱེ་བྲག་བསྟན་པའི་ཕྱིར་སོ་སོར ་རྣམ་པར་བཞག་གོ། བྱེད་པའི་རྒྱུའི་རབ་ཏུ་དབྱེ་བ་ལ། །རྣམ་པར་ཤེས་པའི་ཚོགས་ལ་སོགས་པ་?་བསྟན་པ་དེ་ནི་དཔེ་ཙམ་དུ་བལྟ་བར་བྱའོ། །ཕྱོགས་འདིས་ནི་དེ་ལྟ་བུའི་རང་བཞིན་ཅན་གཞན་ལ་ཡང་མངོན་པར་བརྟགས་པར་བྱ ་བའི་ཕྱིར་རོ། །དེ་ལ་འབྱུང་བའི་བྱེད་རྒྱུ་ནི་དེ་ལས་འབྲས་བུ་མ་བྱུང་བ་འབྱུང་བའི་ཕྱིར་རོ། །གནས་པའི་བྱེད་རྒྱུ་ནི་སྐྱེས་པའི་རྒྱུད་རྒྱུན་མི་ཚད་པར་བྱེད་པའི་ཕྱིར་རོ། །རྟེན་པའི་བྱེད་རྒྱུ་ནི་ལྟུང་བའི་གགས་བྱེད་པའི་ཕྱིར་རོ། །གསལ་བའི་བྱེད་རྒྱུ་ནི་བསྒྲིབས་པ་གསལ་བར་བྱེད་པའི ་ཕྱིར་རོ། །འགྱུར་བའི་བྱེད་རྒྱུ་ནི་རྒྱུད་གཞན་དུ་འགྱུར་པར་བྱེད་པའི་ཕྱིར་རོ། །འབྲལ་བའི་བྱེད་རྒྱུ་ནི་འབྲེལ་པ་གཉིས་སུ་གཅོད་པའི་ཕྱིར་རོ། །བསྒྱུར་པའི་བྱེད་རྒྱུ་ནི་དེའི་ཆ་ཤས་ཡུལ་གཞན་དུ་འཕོ་བར་བྱེད་པའི་ཕྱིར་རོ། །ཡིད་ཆེས་པའི་བྱེད་རྒྱུ་ནི་དེས་ལྐོག་ཏུ་གྱུར་པ་རྗེས་སུ ་དཔག་པའི་ཕྱིར་རོ། ཡིད་ཆེས་པར་བྱེད་པའི་བྱེད་རྒྱུ་ནི་དེས་ཡང་དག་པར་ངེས་པར་བྱེད་པའི་ཕྱིར་རོ། །ཐོབ་པའི་བྱེད་རྒྱུ་ནི་དེས་ཐོབ་པར་བྱེད་པའི་རྒྱུའི་ཕྱིར་རོ། །ཐ་སྙད་ཀྱི་བྱེད་རྒྱུ་ནི་མིང་ཇི་ལྟ་བ་བཞིན་དུ་མཚན་མར་འཛིན་པས་མངོན་པར་ཞེན་ནས་རྗེས་སུ་ཐ་སྙད་འདོགས་པའི་ཕྱིར་རོ།། ་ལྟོས་པའི་བྱེད་རྒྱུ་ནི་གཞན་དུ་འདོད་པ་འབྱུང་བའི་རྒྱུ་ཡིན་པའི་ཕྱིར་རོ། །འཕེན་པའི་བྱེད་རྒྱུ་ནི་དེའི་རྒྱུ་ལས་བྱུང་བ་གནས་སྐབས་གཞན་དུ་གཅིག་ནས་གཅིག་ཏུ་བརྒྱུད་དེ་འབྱུང་བས་འཕེན་པའི་ཕྱིར་རོ། །མངོན་པར་འགྲུབ་པའི་བྱེད་རྒྱུ་ནི་དེ་མ་ཐག་ཏུ་འབྱུང་བ་བསྐྱེད་པ་ཡིན་པའི་ཕྱིར་རོ།། ་ཡོངས་སུ་འཛིན་པའི་བྱེད་རྒྱུ་ནི་རང་གི་ས་བོན་ལས་བྱུང་བ་སྟོབས་བསྐྱེད་པའི་ཕྱིར་རོ། །ཆུད་པར་བྱེད་པའི་བྱེད་རྒྱུ་ནི་དེའི་རྗེས་སུ་མཐུན་པས་འགྲུབ་པའི་ཕྱིར་རོ། །སོ་སོར་ངེས་པའི་བྱྡ་རྒྱུ་ནི་རང་བཞིན་ཐ་དད་པས་འབྲས་བུ་གཞན་དང་གཞན་འབྱུང་བའི་ཕྱིར་རོ། །ལྷན་ཅིག་བྱེད་པའི ་བྱེད་རྒྱུ་ནི་རང་གི་འབྲས་བུ་འགྲུབ་པར་བྱེད་པ་ལ་རྒྱུ་གཞན་ལ་བལྟོས་པའི་ཕྱིར་རོ། །མི་མཐུན་པའི་བྱེད་རྒྱུ་ནི་འགེགས་བྱེད་པའི་ཕྱིར་རོ། །ཡི་མཐུན་པ་མ་ཡིན་གྱི་བྱེད་རྒྱུ་ནི་དེ་ལས་བཟློག་པར་རིག་པར་བྱའོ། །འདི་ལྟ་སྟེ་འབྱུང་བ་རྣམས་དང། འབྱུང་བ་ལས་གྱུར་པའོ ་ཞེས་བྱ་བ་ནི་ཇི་ལྟར་མཐུན་མཐུན་ཏུ་སྦྱར་གྱི་ཚོགས་པ་ཐམས་ཅད་དང། གཟུགས་ལ་སོགས་པ་འབྱུང་བ་ལས་གྱུར་པ་ལ་འབྱུང་བ་ཆེན་པོ་བཞི་པོ་དག་གདོན་མི་ཟ་བར་འབྱུང་བ་ནི་མ་ཡིན་ནོ། །དེའི་ཕྱིར་གང་ན་གང་ཡོད་པ་དེ་ནི་དེ་དང་ལྷན་ཅིག་འབྱུང་སྟེ། གང་ཡང་རུང་བ་ཞིག ་མེད་ན་ནི་མ་ཡིན་ནོ། །དེ་ལྟར་ན་གྲོགས་སུ་ངེས་བས་ལྷན་ཅིག་འབྱུང་བའི་རྣམ་པར་བཞག་གོ། འབྱུང་བ་དག་དང་འབྱུང་བ་ལས་གྱུར་པ་ཞེས་བྱ་བས་དེ་ནི་དཔེར་བརྗོད་པ་ཙམ་དུ་ཟད་པར་རིག་པར་བྱའོ། །སེམས་དང་སེམས་ལས་བྱུང་བ་རྣམས་ནི་གང་ཡང་རུང་བ་ཞིག་མེད་ན་མི ་འབྱུང་བར་ངེས་པའི་ཕྱིར་རོ། །གལ་ཏེ་དེ་ལྟར་ན་མཚུངས་པར་ལྡན་པའི་རྒྱུ་ལོགས་ཤིག་ཏུ་བཞག་ཏུ་མེད་པར་འགྱུར་ཏེ། སེམས་དང་སེམས་ལས་བྱུང་བ་རྣམས་ལྷན་ཅིག་འབྱུང་བའི་རྒྱུའི་ནང་དུ་འདུས་པའི་ཕྱིར་རོ། །དེ་ལྟར་ཡིན་དུ་ཟིན་ཀྱང་དོན་གཞན་གྱིས་མཚུངས་པར་ལྡན་པའི ་རྒྱུར་འགྱུར་ཏེ། ཆོས་གང་དག་ལྷན་ཅིག་འབྱུང་བས་དམིགས་པ་མཐུན་པར་རྟོགས་གྱི་གང་ཡང་རུང་བ་ཞིག་མ་ཚང་ན་མ་ཡིན་པ་སྟེ། འདི་ལྟ་སྟེ། སེམས་དང་སེམས་ལས་བྱུང་བ་རྣམས་སོ། །སྔོན་དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པའི་ཆོས་བསྒོམ་པ ་རྣམས་ཞེས་བྱ་བ་ནི་སྔོན་གོམས་པར་བྱས་པ་རྣམས་ཏེ། སྔོན་ཀུན་ཏུ་སྤྱད་ཅེས་བྱ་བའི་ཐ་ཚིག་གོ། ཕྱི་མའི་མཛའ་གོང་ནས་གོང་དུ་ཤིན་ཏུ་རྒྱས་པ་དང་མཆོག་ཏུ་རྒྱས་པར་འབྱུང་བ་གང་ཡིན་པའོ། །ཞེས་བྱ་བ་ནི་དེ་དག་གི་ས་བོན་ཡོངས་སུ་གསོས་པ་རྣམས་ཏེ། དེའི་རྒྱུ ་ལས་བྱུང་བ་རྣམས་མ་འོངས་པའི་དུས་ན་ཁྱད་པར་ཅན་དུ་འབྱུང་བར་བལྟའོ། །དེ་ལྟ་ན་སྐལ་བ་མཉམ་པའི་རྒྱུ་འདི་ནི་འདྲ་བ་རྣམས་ཀྱི་རྒྱས་པར་བྱེད་པའི་རྒྱུར་རྣམ་པར་བཞག་གོ་།ཀུན་ཏུ་འགྲོ་བའི་རྒྱུ་ནི་འདྲ་བ་རྒྱས་པར་བྱེད་པ་འབའ་ཞིག་ཏུ་མ་ཟད་ཀྱི། འདོད་ཆགས ་ལ་སོགས་པ་ཉོན་མོངས་པ་གང་ཡང་རུང་བ་གོམས་པར་བྱས་པས་ཞེ་སྡང་ལ་སོགས་པའི་རྒྱུན་རྒྱས་པར་བསྟན་པར་བྱེད་པར་འགྱུར་ཏེ། དེའི་ཕྱིར་དམ་དུ་འཆིང་བར་བྱེད་པས་ན་ཐར་པ་ཐོབ་པའི་བར་དུ་གཅོད་པའི་ཕྱིར་རྣམ་པར་བཞག་པར་རིག་པར་བྱའོ། །རྣམ ་པར་སྨིན་པའི་རྒྱུ་ནི་ཕྱི་མ་ལ་གཅིག་ཏུ་མི་འདྲ་བ་མ་བསྒྲིབས་ལ་ལུང་དུ་མི་སྟན་པའི་ལུས་སུ་བསྡུས་པ་སྟེ། རྣམ་པར་སྨིན་པ་འཕེན་པའི་ཕྱིར་ཡོངས་སུ་འཛིན་པའི་དོན་གྱི་རྣམ་པར་བཞག་གོ། དགེ་བ་ཟག་པ་དང་བཅས་པ་སྨོས་པ་ནི་ཟག་པ ་མེད་པ་རྣམས་ཀྱི་སྐྱེ་བ་དང་མི་མཐུན་པས་འཕེན་པ་མ་ཡིན་པའི་ཕྱིར་རོ། །རྒྱུན་མི་འཆད་པར་བར་ཆད་མེད་པ་ཞེས་བྱ་བ་ནི་གདོན་མི་ཟ་བར་སྐད་ཅིག་གི་བར་ཆད་མེད་པ་མ་ཡིན་གྱི་སེམས་གཞན་གྱི་པར་ཆད་མེད་པ་ཡང་འདིར་བར་ཆད་མེད་པར ་བལྟ་བར་བྱ་སྟེ། གཞན་དུ་ན་སྙོམས་པར་འཇུག་པའི་སེམས་ནི་སེམས་མེད་པ་ལ་སྙོམས་པར་འཇུག་པ་ལས་ལངས་པའི་སེམས་ཀྱི་དེ་མ་ཐག་པའི་རྐྱེན་དུ་ནི་མི་འགྱུར་བའི་རིགས་ན་འགྱུར་བས་དེའི་ཕྱིར་རྒྱུད་ཅིག་ལ་ཕྱི་མའི་སེམས་དང། སྔ་མའི ་སེམས་ཀྱི་བར་དུ་སེམས་གཞན་གྱི་བར་དུ་མཆོད་པ་ནི་དེ་མ་ཐག་པའི་རྐྱེན་ཏོ། །སེམས་ལ་ཇི་ལྟར་བར་སེམས་ལས་བྱུང་བ་རྣམས་ཀྱང་དེ་བཞིན་དུ་རིག་པར་བྱའོ། །མཐུན་པ་དང་མི་མཐུན་པ་ལས་སེམས་དང་སེམས་ལས་བྱུང་བ་འབྱུང ་བའི་དེ་མ་ཐག་པས་ཀྱང་ཞེས་བྱ་བ་ལ། སེམས་དང་སེམས་ལས་བྱུང་བའི་དགེ་བ་རྣམས་ནི་མཐུན་པ་དགེ་བ་རྣམས་དང། མི་མཐུན་པ་མི་དགེ་བ་དང། ལུང་དུ་མ་བསྟན་པ་དེ་མ་ཐག་ཏུ་འབྱུང་བ་རྣམས་ཀྱི་དེ་མ་ཐག་པའི་རྐྱེན་ཏོ། །དེ་བཞིན ་དུ་མི་དགེ་བ་དང་ལུང་དུ་མ་བསྟན་པ་རྣམས་ཀྱང་རང་དང་གཞན་གྱི་རྣམ་པ་རྣམས་དང་སྦྱར་བར་བྱའོ། །དེ་བཞིན་དུ་འདོད་པ་ན་སྦྱོར་པ་རྣམས་དང། གཟུགས་དང་གཟུགས་མེད་པ་ན་སྤྱོད་པ་དང། ཟག་པ་མེད་པ་དེ་མ་ཐག་ཏུ་འབྱུང་བ་རྣམས་ཀྱི་དེ་མ ་ཐག་པའི་རྐྱེན་ཏོ། །དེ་བཞིན་དུ་གཟུགས་ན་སྤྱོད་པ་ལ་སོགས་པ་ཡང་སོ་སོར་གཟུགས་ན་སྤྱོད་པ་ལ་སོགས་པ་དང། འདོད་པ་ནི་སྤྱོད་པ་ལ་སོགས་པ་དེ་མ་ཐག་ཏུ་འབྱུང་བ་རྣམས་ཀྱི་དེ་མ་ཐག་པའི་རྐྱེན་ཏོ་ཞེས་སྦྱར་བར་བྱའོ། །ཅི་སེམས་ཐམས་ཅད ་ཀྱི་དེ་མ་ཐག་ཏུ་སེམས་ཐམས་ཅད་འབྱུང་དམ། འོན་ཏེ་ངེས་པ་ཡོད་ཅེ་ན། ངེས་པ་ཡོད་ཅེས་བྱ་སྟེ་སེམས་འདིའི་འོག་ཏུ་སེམས་འདི་དང་འདི་འབྱུང་ངོ་ཞེས་བརྗོད་ན?་ནི་བརྗོད་པ་མང་བར་འགྱུར་རོ། །དེ་བས་ན་སྦྱིར་སེམས་འབྱུང་བའི་མཚན་ཉིད་ཙམ་རྣམ་པར་བཞག་གོ་།འདི་ལྟར ་སྟོབས་བཅུས་སེམས་འབྱུང་བར་རིག་པར་བྱ་སྟེ། །འདྲིས་པའི་སྟོབས་དང། འདུན་པའི་སྟོབས་དང། སྦྱོར་བའི་སྟོབས་དང། སྙོམས་པར་འཇུག་པའི་སྟོབས་དང། འཕེན་པའི་སྟོབས་དང། རྒྱུའི་སྟོབས་དང། ཡུལ་གྱི་སྟོབས་དང། དྲན་པའི་སྟོབས་དང། ཡིད་ལ་བྱེད་པའི་སྟོབS ་དང། ཉིང་མཚམས་སྦྱོར་པའི་སྟོབས་ཀྱིས་སོ། །འདྲིས་པའི་སྟོབས་ནི་རྣམ་པ་གསུམ་སྟེ། ཆུང་དུ་དང་འབྲིང་དང་ཆེན་པོའོ། །སྙོམས་པར་འཇུག་པ་དང་གནས་པ་དང། ལྡང་བའི་རྒྱུ་རྣམས་མི་མངོན་པའི་ཕྱིར་ཆུང་དུའོ། །མངོན་པར་ལེགས་པར་མ་འདྲིས་པའི་ཕྱིར་འབྲིང་ངོ། །ལེགས་པར ་འདྲིས་པའི་ཕྱིར་ཆེན་པོའོ། །དེ་ལ་འདྲིས་པ་ཆུང་དུའི་སྟོབས་ཀྱིས་ནི་བསམ་གཏན་དང་གཟུགས་མེད་པ་རྣམས་ལ་མཐར་གྱིས་སྙོམས་པར་འཇུག་པར་རིག་པར་བྱའོ། །འབྲིད་གིས་ནི་གཅིག་གིས་བར་དུ་གཅོད་པའི་ཚུལ་གྱིས་ཐོད་རྒལ་དུ་སྙོམས་པར་འཇུག་གོ། ཆེན་པོས་ནི་ཇི ་ལྟར་འདོད་པའམ་ཐམས་ཅད་ལ་ཐོད་རྒལ་དུ་ཞུགས་ནས་ལུགས་དང་མཐུན་པ་དང་ལུས་དང་མི་མཐུན་པར་སྙོམས་པར་འཇུག་པར་རིག་པར་བྱའོ། །འདུན་པའི་སྟོབས་ཀྱིས་ནི་བསམ་གཏན་གཉིས་པ་ཐོབ་པ་བསམ་གཏན་དང་པོ་ལ་སྙོམས་པར་ཞུགས་ལ། གལ་ཏེ་འདོད་ན་བསམ ་གཏན་གཉིས་བའི་ས་པ་ལས་ལྡང་བའི་སེམས་མངོན་དུ་བྱེད་དོ། །གཞན་དུ་འདོད་ན་ཡང་འདོད་པ་ན་སྤྱོད་པ་དགེ་བ་འམ་མ་བསྒྲིབས་པའི་ལུང་དུ་མ་བསྟན་པ་མངོན་དུ་བྱེད་དོ། །དེ་བཞིན་དུ་གཞན་ལའང་རྒྱ་ཆེར་སྦྱར་བར་བྱའོ། །སྦྱོར་བའི་སྟོབས་ཀྱི་ནི་འདོད་པ་ན་སྤྱོད་པའི་དགེ་བ་ཉིད ་ཀྱི་འཇུག་ཐོགས་སུ་ཐོག་མ་ཁོ་ནར་གཟུགས་ན་སྤྱོད་པའི་སེམས་འབྱུང་ངོ། །མི་ལྕོགས་པ་མེད་པའི་དགེ་བའི་འཇུག་ཐོགས་སུ་དངོས་བཞིའོ། །དངོས་བཞིའི་འཇུག་ཐོགས་སུ་བསམ་གཏན་གཉིས་པའི་ཉེར་བསྡོགས་ཞེས་བྱ་བ་ལ་སོགས་པ་ནས་རྒྱ་ཆེར་སྲིད་པའི་རྩེ་མོའི་བར ་དུ་རིག་པར་བྱའོ། །སྙོམས་པར་འཇུག་པའི་སྟོབས་གྱིས་ནི་དག་བ་ལ་སྙོམས་པར་འཇུག་པའི་སེམས་ངེས་འགའ་ནི་དག་པ་གཉིས་སྐྱེའོ། །རེས་འགའ་ནི་ཉོན་མོངས་པ་ཅན་ནོ། །འཕེན་པའི་སྟོབས་ཀྱི་ནི་ཏིང་ངེ་འཛིན་ལས་ལངས་ནས་རྒྱུ་བ་ན་ཇི་སྲིད་དུ་དེ་དང ་མི་མཐུན་པ་ཉོན་མོངས་པ་ཀུན་ཏུ་འབྱུང་བས་ཡོངས་སུ་ཉམས་པར་མ་གྱུར་པ་དེ་སྲིད་དུ་མཉམ་པར་བཞག་པའི་ས་པའི་སེམས་དང། མཉམ་པར་མ་བཞག་པའི་སྐད་ཅིག་འདྲེན་མར་རྗེས་སུ་འཇུག་གོ། དེ་དང་མི་མཐུན་པ་ཉོན་མོངས་པ་དང་མཚུངས་བར་ལྡན་པའི ་སེམས་ནི་རྒྱུ་ལ་སོགས་པའི་སྟོབས་བཞིས་ཀུན་ཏུ་འབྱུང་བར་རིག་པར་བྱའོ། །དེ་ལ་རྒྱུའི་སྟོབས་ཀྱིས་ནི་གལ་ཏེ་གདོན་མི་ཟ་བར་ཡོངས་སུ་ཉམས་པར་འགྱུར་བའི་སྒྲིབ་པ་སྔོན་བསགས་པར་གྱུར་པའོ། །ཡུལ་གྱི་སྟོབས་ཀྱིས་ནི་གལ་ཏེ་འདོད་ཆགས་ལ་སོགས་པ་འབྱུང ་བ་དང་མཐུན་བ་སྡུག་པ་ལ་སོགས་པའི་མཚན་མའི་སྟོབས་ཤས་ཆེ་བའི་ཡུལ་སྣང་བར་འགྱུར་བའོ། །དྲན་པའི་སྟོབས་གྱིས་ནི་གལ་ཏེ་དྲན་པའི་ཀུན་ཏུ་རྟོགས་པ་དག་གིས་འདས་པའི་ཡུལ་ལ་འཕྲོ་བར་བྱེད་པའོ། །ཡིད་ལ་བྱེད་པའི་སྟོབས་ཀྱིས་ནི་གལ་ཏེ་སྤྱོད ་པའི་ཡིད་ལ་བྱེད་པས་སྡུག་པའི་མཚན་མ་གང་ཡང་རུང་བ་ཡིད་ལ་བྱེད་པའོ། །ཉིད་མཚམས་སྦྱོར་བའི་སྟོབས་ཀྱིས་ནི་འཆི་བའི་སེམས་རྣམ་པ་དགུ་སྟེ་ལུས་ལ་སྲེད་པ་དང་མཚུངས་པར་ལྡན་པ་ཁམས་གསུམ་དུ་སོ་སོར་འདོད་པ་དང་གཟུགས་དང། གཟུགས ་མེད་པ་ན་སྤྱོད་པ་དག་གོ་།དེ་ལ་འདོད་པའི་ཁམས་ནས་ཤི་འཕོས་ནས་འདོད་བའི་ཁམས་དེ་ཉིད་དུ་ཉིད་མཚམས་སྦྱོར་བའི་འདོད་པ་ན་སྤྱོད་པའི་ལུས་ལ་སྲེད་པ་དང་མཚུངས་པར་ལྡན་པ་ནི་འཆི་བའི་སེམས་སུ་རིག་པར་བྱའོ། །གཟུགས་དང་གཟུགས་མེད་པའི་ཁམས་སུ ་ཉིད་མཚམས་སྦྱོར་བའི་སེམས་ནི་གཟུགས་དང་གཟུགས་མེད་པ་ན་སྤྱོད་པའི་འཆི་བའི་སེམས་སུ་རིག་པར་བྱའོ། །དེ་བཞིན་དུ་གཟུགས་དང་གཟུགས་མེད་པའི་ཁམས་ནས་ཤི་འཕོས་ནས་དེ་ཉིད་དང། གཞན་དུ་སྐྱེས་པའི་སེམས་ཀྱང་དྲུག་ཏུ་སྦྱར་པར་བྱའོ། །ལུས ་ལ་སྲེད་པ་དེ་ནི་ལྷན་ཅིག་སྐྱེས་པ་དང། དམིགས་པ་ལ་མི་སྐྱེད་པ་དང། བསྒྲིབས་པའི་ལུང་དུ་མ་བསྟན་པའོ། །ལུས་དང་ལྷན་ཅིག་སྐྱེས་པ་འདི་ནི་དམིགས་པ་ནི་རྣམ་པ་ཡོངས་སུ་མི་གཅོད་པར་རིག་པར་བྱ་སྟེ། དེའི་དབང་གིས་དེ་མ་ཐག་ཏུ་སོ་སོའི་སྐྱེ་བོ་རྣམས་ནི་མར་མདོའི་སྲིང་པ་ཉིད ་མཚམས་སྦྱོར་རོ། །འཕགས་པ་འདོད་ཆགས་དང་མ་བྲལ་བ་རྣམས་ནི་འཆིབའི་དུས་ན་ཇི་ཙམ་དུ་འདུ་ཤེས་མི་གསལ་བའི་གནས་སྐབས་སུ་མ་གྱུར་བ་དེ་སྲིད་དུ་སྲེད་པ་དེ་ཀུན་ཏུ་འབྱུང་ངོ། །དེ་དག་ནི་ཡོངས་སུ་རྟོགས་ནས་གཉེན་པོས་ཚར་གཅོད་དོ། །འཕགས་པ་འདོད་ཆགས ་དང་བྲལ་བ་རྣམས་ནི་མ་སྤངས་སུ་ཟིན་ཀྱང་གཉེན་པོའི་སྟོབས་ཆེ་བས་དེ་ཀུན་ཏུ་མི་འབྱུང་ངོ། །དེའི་བག་ལ་ཉལ་གྱི་དབང་གིས་ནི་དེ་དག་ཉིད་ཉིད་མཚམས་སྦྱོར་རོ། །བར་མདོའི་སྲིད་པ་ཉིད་མཚམས་སྦྱོར་བའི་སྐད་ཅིག་ནི་རྟག་ཏུ?་མ་བསྒྲིབས་པའི་ལུང་དུ་མ་བསྟན་པ་ཉིད་དང། ་རྣམ་པར་སྨིན་པའི་ཕྱིར་རོ། །དེའི་འོག་ཏུ་ནི་དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པ་ཇི་ལྟར་མཐུན་མཐུན་དུ་སྦྱར་ཏེ། འཆི་འཕོ་བའི་སེམས་མ་གཏོགས་སོ། །བར་མདོའི་སྲིད་པའི་འཆི་འཕོ་བའི་སེམས་ནི་རྟག་ཏུ་ཉོན་མོངས་བ་ཅན་ཏེ། འཆི་འཕོ་བའི་སྲིད་པ་བཞིན་ནོ།། ་སྐྱེ་བའི་ཉིད་མཚམས་སྦྱོར་བ་ནི་རྟག་ཏུ་མ་བསྒྲིབས་པའི་?་དུ་མ་བསྟན་པ་ཉིད་དུ་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སྨོན་ལམ་གྱི་སྟོབས་གྱིས་སྐྱེ་བ་རྣམས་ཀྱི་འཆི་བའི་སེམས་ལ་སོགས་པ་ནི་ཐམས་ཅད་ཀྱང་གཅིག་ཏུ་དགེ་པར་རིག་པར་བྱའོ། །དེ་མ་ཐག་པའི ་རྐྱེན་གྱི་སྐབས་རྫོགས་སོ།། །།ཡུལ་ཡོངས་སུ་ཚད་པའི་དམིགས་པ་ཞེས་བྱ་བ་ནི། རྣམ་པར་ཤེས་པ་ཚོགས་ལྔ་པོ་དག་གི་དམིགས་པ་སྟེ། རྣམ་པར་ཤེས་པའི་ཚོགས་ལྔ་པོ་དག་གི་ཡུལ་སོ་སོར་ངེས་པའི་ཕྱིར་རོ། །ཡུལ་ཡོངས་སུ་མཆད ་པའི་དམིགས་པ་ཞེས་བྱ་བ་ནི་ཡིད་ཀྱི་རྣམ་པར་ཤེས་པའི་དམིགས་པ་སྟེ། ཆོས་ཐམས་ཅད་ཡིད་ཀྱི་རྣམ་པར་ཤེས་པའི་ཡུལ་ནི་ཡིན་པའི་ཕྱིར་རོ། །ཕུལ་ལ་བཀྲ་བར་འཛིན་བ་མེད་པའི་དམིགས་བ་ཞེས་བྱ་བ་ནི་མིང་ལ་མ་བྱང་བ་རྣམས་ཀི་ཡིད་ཀི་རྣམ་བུར་ཤེས་པའི་ ་དམིགས་པ་སྟེ། མིང་དང་ཡི་གེར་བྱེད་མི་ནུས་པའི་ཕྱིར་རོ། །ཡུལ་ལ་བཀྲ་པར་འཛིན་བའི་དམིགས་པ་ཞེས་བྱ་བ་ནི་དེ་ལས་བཟློག་པར་རིག་པར་བྱའོ། །དངོས་པོ་བཅས་པའི་ཡུལ་གྱི་དམིགས་པ་ཞེས་བྱ་བ་ནི་ལྟ་བ་དང། ང་རྒྱལ་དང་དེ་དང་མཚུངས ་པར་ལྡན་པའི་ཆོས་རྣམས་མ་གཏོགས་པར་དེ་ལས་གཞན་པ་དག་གི་དམིགས་པའོ། །དངོས་པོ་མེད་པའི་ཡུལ་གྱི་དམིགས་པ་ཞེས་བྱ་བ་ནི་མ་གཏོགས་པ་སྟེ་།བདག་གཞི་ཡིན་པའི་ཕྱིར་རོ། །དངོས་པོའི་དམིགས་པ་ཞེས་བྱ་བ་ནི། ཟག་པ་མེད་པ་ལ་དམིགས ་པ་དང། སྐལ་པ་མི་མཉམ་པའི་ཁམས་དང། སའི་ཀུན་ཏུ་འགྲོ་བ་རྣམས་དང། མ་འོངས་པའི་དམིགས་པ་གཞི་གཏན་ལ་ཕེབས་པ་མེད་པ་མ་གཏོགས་པར་དེ་ལས་གཞན་པ་དག་གི་དམིགས་པའོ། །ཀུན་ཏུ་བརྟགས་པའི་དམིགས་པ་ཞེས་བྱ་བ་ནི་མ་གཏོགས ་པ་རྣམས་ཀྱི་དམིགས་པ་སྟེ། རང་གི་ཀུན་ཏུ་བརྟགས་པ་ཙམ་ལ་དམིགས་པའི་ཕྱིར་རོ། །ཕྱིན་ཅི་ལོག་གི་དམིགས་པ་ཞེས་བྱ་བ་ནི་རྟག་པ་ལ་སོགས་པའི་རྣམ་པར་འབྱུང་བ་རྣམས་ཀྱི་དམིགས་པའོ། །ཕྱིན་ཅི་མ་ལོག་པའི་དམིགས་པ་ཞེས་བྱ་བ་ནི་མི་རྟག་པ་ལ་སོགས་པའི་རྣཾ་པར ་འབྱུང་བ་རྣམས་ཀྱི་དམིགས་པའོ། །ཐོགས་པ་དང་བཅས་པའི་དམིགས་པ་ཞེས་བྱ་བ་ནི་ཤེས་བྱའི་སྒྲིབ་པ་མ་སྤངས་པ་རྣམས་ཀྱི་དམིགས་པའོ། །ཐོགས་པ་མེད་པའི་དམིགས་པ་ཞེས་བྱ་བ་ནི་ཤེས་བྱའི་སྒྲིབ་པ་སྤངས་པ་རྣམས་ཀྱི་དམིགས་པའོ། །དམིགས ་པའི་རྐྱེན་གྱིས་རྣམ་པར་ངེས་པ་ནི་མཚན་ཉིད་དང། རབ་ཏུ་དབྱེ་བ་དང། བཞག་པ་དང། ཡོངས་སུ་ཤེས་པ་དང། སྤོང་བས་ཀྱང་དམིགས་པ་རྣམ་པར་བཞག་པར་རིག་པར་བྱའོ། །མཚན་ཉིད་ཀྱིས་ཇི་ལྟ་བུ་ཞེ་ན། དོན་གང་དེར་སྣང་བའི་སེམས་དང་སེམས་ལས ་བྱུང་བའི་ཆོས་རྣམས་འབྱུང་བའི་རྒྱུ་དང། དེ་དག་བྱུང་ནས་ཀྱང་དོན་དེ་ལ་མངོན་པར་ཞེན་པ་དང། ཐ་སྙད་འདོགས་པ་དང། སོ་སོ་རང་གིས་རིག་པར་འགྱུར་བ་ནི་དམིགས་པའི་མཚན་ཉིད་དོ། །རབ་ཏུ་དབྱེ་བས་ཇི་ལྟ་བུ་ཞེ་ན། མེད་པའི་དམིགས་པ་ནི་འདི་ལྟ་སྟེ ་སེམས་དང་སེམས་ལས་བྱུང་བ་ཕྱིན་ཅི་ལོག་པ་རྣམས་ཀྱི་དམིགས་པ་དང། འདས་པ་དང། མ་འོངས་པ་དང། རྨི་ལམ་དང། གཟུགས་བརྙན་དང། སྒྱུ་མ་ལ་སོགས་པའི་དམིགས་པའོ། །ཡོད་པའི་དམིགས་པ་ནི་དེ་ལས་གཞན་པ་དག་གིས་དམིགས་པའོ། །དམིགས་པ་མེད་པའི་དམིཌ ་པ་ནི་གཟུགས་དང་སེམས་དང་ལྡན་པ་མ་ཡིན་པ་དང། འདུས་མ་བྱས་སོ། །དམིགས་པ་དང་བཅས་པའི་དམིགས་པ་ནི་འདི་ལྟ་སྟེ། སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་སོ། །ཡང་དག་པ་ཉིད་ཀྱི་དམིགས་པ་ནི་འདི་ལྟ་སྟེ་དག་པའོ། །ལོག་པ་ཉིད་ཀྱི་དམིགས་པ ་ནི་འདི་ལྟ་སྟེ་ཉོན་མོངས་པ་ཅན་ནོ། །ཡང་དག་པ་ཉིད་ཀྱང་མ་ཡིན་ལ་ལོག་པ་ཉིད་ཀྱང་མ་ཡིན་པའི་དམིགས་པ་ནི་འདི་ལྟ་སྟེ། མ་བསྒྲིབས་པའི་ལུང་དུ་མ་བསྟན་པའོ། །ཚུལ་བཞིན་གྱི་དམིགས་པ་ནི་འདི་ལྟ་སྟེ། སེམས་དང་སེམས་ལས་བྱུང་བ་དགེ་བ་རྣམས་ཀྱི་དམིགས་པའོ། ་ཚུལ་བཞིན་མ་ཡིན་པའི་དམིགས་པ་ནི་འདི་ལྟ་སྟེ་ཉོན་མོངས་པ་ཅན་རྣམས་ཀྱི་དམིགས་པའོ། །ཚུལ་བཞིན་ཡང་མ་ཡིན་ཚུལ་བཞིན་མ་ཡིན་པ་ཡང་མ་ཡིན་པའི་དམིགས་པ་ནི་དེ་དག་མ་གཏོགས་པ་རྣམས་ཀྱི་དམིགས་པའོ། །འདྲ་བའི་དམིགས་པ་ནི་འདི་ལྟ་སྟེ། ་དགེ་བ་ལ་སོགས་པ་རྣམས་གྱི་དགེ་བ་ལ་སོགས་པ་དང། རང་གིས་ས་པ་རྣམས་ཀྱི་རང་གི་ས་པ་དང། ཟག་པ་དང་བཅས་པ་རྣམས་ཀྱི་ཟག་པ་དང་བཅས་པ་དང་ཟག་པ་མེད་པ་རྣམས་ཀྱི་ཟག་པ་མེད་པའོ། །མི་མཐུན་པའི་དམིགས་པ་ནི་འདི་ལྟ་སྟེ། དགེ་བ་ལ་སོཌ ་པ་རྣམས་ཀྱི་མི་དགེ་བ་ལ་སོགས་པ་དང། ས་གཞན་པ་རྣམས་ཀྱི་ས་གཞན་པ་དང། ཟག་པ་དང་བཅས་པ་དང། ཟག་པ་མེད་པ་རྣམས་ཀྱི་ཟག་པ་མེད་པ་དང། ཟག་པ་དང་བཅས་པའོ། །སྣ་ཚོགས་ཀྱི་དམིགས་པ་ནི་འདི་ལྟ་སྟེ། སེམས་དང་སེམས་ལས་བྱུང་བ་རྟོག་པ ་དང་བཅས་དཔྱོད་པ་དང་བཅས་པ་རྣམས་ཀྱི་དམིགས་པའོ། །གཅིག་པུའི་དམིགས་པ་ནི་འདི་ལྟ་སྟེ་།སེམས་དང་སེམས་ལས་བྱུང་བ་མི་རྟོག་མི་དཔྱོད་པ་རྣམས་ཀྱི་དམིགས་པའོ། །འབྲལ་བའི་དམིགས་པ་ནི་འདི་ལྟ་སྟེ། འདུ་ཤེས་མེད་པ་ལ་སོགས་པའི་སེམས་དང ་སེམས་ལས་བྱུང་བ་རྣམས་དང། ནམ་མཁའ་དང་རྣམ་ཤེས་མཛའ་ཡས་སྐྱེ་མཆེད་པ་རྣམས་ཀྱི་དམིགས་པའོ། །འབྲལ་བ་ནི་མེད་པར་འགྱུར་བའོ། །གཞན་དུ་འབྲེལ་བ་ཆེན་པོ་ཉིད་ལ་བྱའོ། །བསྡུས་པ་ཕྲ་བའི་དམིགས་པ་ནི་འདི་ལྟ་སྟེ། ཅི་ཡང་མེད ་པའི་སྐྱེ་མཆེད་པ་རྣམས་ཀྱི་དམིགས་པའོ། །མཐར་ཕྱིན་པའི་ཕྲ་བའི་དམིགས་པ་ནི་འདི་ལྟ་སྟེ། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་པ་རྣམས་ཀྱི་དམིགས་པའོ། །ཉོན་མོངས་པའི་དམིགས་པ་ནི་དེས་དམིགས་པར་བྱེད་པའི་ཕྱིར་དམིགས་པ་ཞེས་བྱའོ།། ་མདོ་སྡེའི་ཚིག་ལ་ཡོད་པའི་ཆོས་ཀྱི་དམིགས་པ་ནི་འདི་ལྟ་སྟེ་།གཙུག་ལག་རྣམས་ཀྱི་མིང་གི་ཚོགས་དང། ཚིག་གི་ཚོགས་དང། ཡི་གེའི་ཆོགས་རྣམས་སོ། །དོན་གྱི་དམིགས་པ་ནི་དེ་ལ་བརྟེན་པ་བརྗོད་པར་བྱ་བའི་དོན་གང་ཡིན་པའོ། །ཆུང་ངུའི་དམིགས་པ་ནི་འདི་ལྟ ་སྟེ། ཉན་ཐོས་ཀྱི་ཐེག་པའོ། །རྒྱ་ཆེན་པོའི་དམིགས་པ་ནི་འདི་ལྟ་སྟེ་ཐེག་པ་ཆེན་པོའོ། །མཚན་མའི་དམིགས་པ་ནི་འདི་ལྟ་སྟེ་།ཞི་གནས་དང། རབ་ཏུ་འཛིན་པ་དང། བཏང་སྙོམས་ཀྱི་མཚན་མ་རྣམས་སོ། །མཚན་མ་མེད་པའི་དམིགས་པ་ནི་འདི་ལྟ་སྟེ་། ་མྱ་ངན་ལས་འདས་པ་དང། སྲིད་པའི་རྩེ་མོའོ། །དེ་ཁོ་ནའི་དམིགས་པ་ནི་འདི་ལྟ་སྟེ། དེ་བཞིན་ཉིད་དང། རྣམ་པ་བཅུ་དྲུག་པོ་བདག་གི་དམིགས་པའི་བདེན་པ་རྣམས་སོ། །གནས་པར་བྱ་བའི་དམིགས་པ་ནི་འདི་ལྟ་སྟེ། འགོག་པའི་སྙོམས་པར་འཇུག་པ་ལ ་སྦྱོར་བ་སེམས་དང་སེམས་ལས་བྱུང་བ་རྣམས་ཀྱི་དམིགས་པའོ། །དབང་སྒྱུར་བའི་དམིགས་པ་ནི་འདི་ལྟ་སྟེ། རྣམ་པར་ཐར་པ་ལ་སོགས་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་མཐར་ཐུག་པའི་ཡོན་ཏན་རྣམས་ཀྱི་དམིགས་པའོ། །སྐད་ཅིག་པའི་དམིགས་པ་ནི ་འདི་ལྟ་སྟེ། མི་སློབ་པ་རྣམས་ཀྱི་ཚེ་དེ་ཉིད་དོ། །རྗེས་སུ་འབྲང་བའི་དམིགས་བ་ནི་འདི་ལྟ་སྟེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དམིགས་པའོ། །བཞག་པ་ཇི་ལྟ་བུ་ཞེ་ན། དེ་བཞིན་དུ་རྣམ་པར་བཞག་པའི་ཕྱིར་དམིགས་པ་ཡོངས་སུ་མ་གྲུབ ་པས་སོ། །རྣམ་པ་བཞིས་ཡོངས་སུ་མ་གྲུབ་པའི་དམིགས་པར་རིག་པར་བྱ་སྟེ། རྣམ་པར་ཤེས་པ་མི་མཐུན་པའི་རྒྱུ་དང་དམིགས་པ་མེད་པའི་རྣམ་པར་ཤེས་པ་དམིགས་པ་དང། བསྒྲིམས་མེད་པར་ཡང་ཕྱིན་ཅི་ལོག་མེད་པར་འགྱུར་བ་དང། ཤེས་པ་གསུམ་གྱི་རྗེས་སུ་མཐུན་པར ་འགྱུར་བས་སོ། །དེའི་ཕྱིར་འཛིན་པ་ཡང་ཡོངས་སུ་མ་གྲུབ་པའོ། །ཤེས་པ་རྣམ་པ་གསུམ་ནི་དབང་གི་ཤེས་པ་དང། ལྷག་མཐོང་གི་ཤེས་པ་དང། རྣམ་པར་མི་རྟོག་པའི་ཤེས་པའོ། །དེ་ལ་རྣམ་པ་བཞིའི་དཔེར་བརྗོད་པ་ནི། །ཡི་དྭགས་དུད་འགྲོ་མི་རྣམས་དང། །ལྷ་རྣམས་ཇི ་ལྟར་རིགས་རིགས་སུ། །དངོས་གཅིག་ཡིད་ནི་ཐ་དད་ཕྱིར། །དོན་མ་གྲུབ་པར་འདོད་པ་ཡིན། །འདས་སོགས་དེ་བཞིན་རྨི་ལམ་དང། །གཟུགས་བརྙན་རྣམ་པ་གཉིས་པོ་ཡང། མེད་ཕྱིར་དམིགས་པ་མེད་པའི་ཕྱིར། །དེ་ནི་དམིགས་པར་རུང་མ་ཡིན། །དོན་ནི་དོན་དུ་གྲུབ་གྱུར་ན། །མི ་རྟོག་ཡེ་ཤེས་མེད་པར་འགྱུར། ཤེས་པ་རྟོག་པ་མེད་མི་འགྱུར། །དེ་མེད་པས་ན་སངས་རྒྱས་ཉིད། །ཐོབ་པར་འཐད་པ་མ་ཡིན་ནོ། །བྱང་ཆུབ་སེམས་དཔའ་དབང་ཐོབ་དང། །རྣལ་འབྱོར་པ་ལ་འདི་ལྟར་ཡང། །མོས་པའི་དབང་གི་ས་ལ་སོགས། །དངོས་པོ་དེ་ལྟར ་དམིགས་པར་འགྱུར། །འདི་ལ་རྣམ་པར་འབྱེད་གྲུབ་དང། བློ་ལྡན་ཞི་བ་ཐོབ་པ་ཡི། །ཆོས་ཀུན་ཡིད་ལ་བྱེད་པ་ལ། །དེ་ལྟར་དོན་ནི་སྣང་བའི་ཕྱིར། །མི་རྟོལ་ཡེ་ཤེས་རྒྱུ་བ་ལ། །དོན་ཀུན་སྣང་བ་མེད་ཕྱིར་ཡང། །དོན་མེད་ཁོང་དུ་ཆུད་པར་བྱ། །དེ་མེད་པས་ན་རྣམ་རིག ་མེད། །ཡོངས་སུ་ཤེས་ཇི་ལྟ་བུ་ཞེ་ན། མཚན་ཉིད་དང། རབ་ཏུ་དབྱེ་བ་དང། བཞག་པ་རྣམས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པའི་ཕྱིར་རོ། །སྤོང་བས་ཇི་ལྟ་བུ་ཞེ་ན། ཉན་ཐོས་དང་ཐེག་པ་ཆེན་པོས་གནས་གྱུར་པ་སྟེ། ཉན་ཐོས་ཀྱི་ཐེག་པས་གནས ་གྱུར་པས་ནི། ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཀྱི་དམིགས་པ་དག་ལས་རྣམ་པར་ཐར་གྱི། དེ་དག་ལ་དབང་འབྱོར་པ་ཐོབ་པ་ནི་མ་ཡིན་ནོ། །ཐེག་པ་ཆེན་པོས་གནས་གྱུར་པ་ནི་གཉི་གའོ། །དམིགས་པའི་རྐྱེན་གཞུང་ཇི་ལྟ་བ་བཞིན་དུ་རྣམ་པར་ངེས་པ་རྫོགས་སོ།། །། ་རྟེན་ལ་དབང་བྱེད་པ་ཞེས་བྱ་བ་ལ་རླུང་གི་དཀྱིལ་འཁོར་ལ་སོགས་པ་ནི་ཆུའི་དཀྱིལ་འཁོར་ལ་སོགས་པ་ལ་རྟེན་ལ་དབང་བྱེད་པས་བདག་པོའི་རྐྱེན་ཏོ། །སྣོད་ཀྱི་འཇིག་རྟེན་ནི་སེམས་ཅན་གྱི་འཇིག་རྟེན་གྱིའོ། །འབྱུང་བ་རྣམས་ནི་འབྱུང་བ་ལས ་གྱུར་པ་རྣམས་ཀྱིའོ། །དབང་པོ་རྣམས་ནི་རྣམ་པར་ཤེས་པ་རྣམས་ཀྱིའོ། །ཞེས་བྱ་བ་ལ་སོགས་པའོ། །འཕེན་པ་ལ་དབང་བྱེད་པ་ཞེས་བྱ་བ་ལ་སེམས་ཅན་ཐམས་ཅད་ཀྱི་མཐུན་མོང་གི་ལས་ནི་སྣོད་ཀྱི་འཇིག་རྟེན་བ་ཕེན་པ་ལ་དབང་བྱེད་པས་བདག་པོའི་རྐྱེན་ཏོ། །སྔོན་གྱི་ཟག ་པ་དང་བཅས་པའི་ལས་རྣམས་ནི་རྣམ་པར་སྨིན་པའི་འོ་ཞེས་བྱ་བ་ལ་སོགས་པའོ། །ལྷན་ཅིག་འབྱུང་བ་ལ་དབང་བྱེད་པ་ཞེས་བྱ་བ་ལ། སེམས་ནི་སེམས་ལས་བྱུང་བ་རྣམས་ཀྱི་ལྷན་ཅིག་འབྱུང་བ་ལ་དབང་བྱེད་པས་བདག་པོའི་རྐྱེན་ཏོ། །ཡིད་ལ་བྱེད་པ་ནི་སེམས ་ཀྱིའོ། །རེག་པ་ནི་ཚོར་བའོ་ཞེས་བྱ་བ་ལ་སོགས་པའོ། །འདི་མན་ཆད་ནི་དབང་པོ་ཉི་ཤུ་རྩ་གཉིས་ཀྱི་དབང་དུ་བྱས་ཏེ། བདག་པོར་རྣམ་པར་བཞག་པར་རིག་པར་བྱའོ། །དེ་ལ་ཡུལ་ལ་དབང་བྱེད་པ་ཞེས་བྱ་བ་ནི་མིག་དང་རྣ་བ་དང་སྣ་དང་ལྕེ་དང་ལུས་དང་ཡིད་ཀྱི ་དབང་པོ་རྣམས་ཏེ། དེའི་དབང་གིས་གཟུགས་ལ་སོགས་པ་མངོན་པར་འགྲུབ་པའི་ཕྱིར་རོ། །སྐྱེ་བར་དབང་བྱེད་པ་ཞེས་བྱ་བ་ནི་ཕོ་དང་མོའི་དབང་པོ་སྟེ། དེའི་དབང་གི་མངལ་དུ་འཇུག་པའི་ཕྱིར་རོ། །གནས་པར་དབང་བྱེད་པ་ཞེས་བྱ་བ་ནི་སྲོག་གི་དབང་པོ་སྟེ། དེའི་དབང ་གིས་རིས་མཐུན་པར་གནས་པའི་ཕྱིར་རོ། །འབྲས་བུ་ལ་ཉེ་བར་སྤྱོད་པར་དབང་བྱེད་པ་ཞེས་བྱ་བ་ནི་བདེ་བ་དང། སྡུག་བསྔལ་དང། ཡིད་བདེ་བ་དང། ཡིད་མི་བདེ་བ་དང། བཏང་སྙོམས་ཀྱི་དབང་པོ་རྣམས་ཏེ། དེའི་དབང་གིས་སྡུག་པ་དང་མི་སྡུག་པའི་རྣམ་པར ་སྨིན་པ་སོ་སོར་ཉམས་སུ་མྱོང་བའི་ཕྱིར་རོ། །འཇིག་རྟེན་པའི་རྣམ་པར་དག་པ་ལ་དབང་བྱེད་པ་ཞེས་བྱ་བ་ནི་དད་པ་དང། བརྩོན་འགྲུས་དང། དྲན་པ་དང། ཏིང་ངེ་འཛིན་དང། ཤེས་རབ་ཀྱི་དབང་པོ་རྣམས་ཏེ། དེ་དག་གིས་ཉོན་མོངས་པ་རྣམ་པར་གནོན་པའི་ཕྱིར་རོ།། ་འཇིག་རྟེན་ལས་འདས་པའི་རྣམ་པར་དག་པ་ལ་དབང་བྱེད་པ་ཞེས་བྱ་བ་ནི་མི་ཤེས་པར་ཀུན་ཤེས་པར་བྱེད་པའི་དབང་པོ་དང། ཀུན་ཤེས་པའི་དབང་པོ་དང། ཀུན་ཤེས་པ་དང་ལྡན་པའི་དབང་པོ་རྣམ་པར་བཞག་པར་རིག་པར་བྱ་སྟེ། དེ་དག་གི་བག་ལ་ཉལ་ལེགས་པར་བཅོམ ་བའི་ཕྱིར་རོ། །རྣམ་པར་ཤེས་པ་དང་མ་བྲལ་ཞིང་དེ་དང་འདྲ་བའི་དབང་པོ་ཡུལ་ལ་རྒྱུན་དུ་འབྱུང་བ་ཞེས་བྱ་བ་ནི་བརྟེན་པ་མཚུངས་པར་རིག་པར་བྱ་སྟེ། རྣམ་པར་ཤེས་པ་དང་ལྡན་ཞིང་རྣམ་པར་ཤེས་པ་དང་འདྲ་བའི་དབང་པོ་ཡུལ་རྣམས་ལ་རྒྱུན་དུ་འབྱུང་ཞིང་རྣམ་པར ་ཤེས་པ་འབྱུང་བ་དང་འདྲ་བའི་ཕྱིར་དབང་པོ་དེ་ནི་བརྟེན་པ་དང་མཚུངས་པ་ཞེས་བྱའོ། །རྣམ་པར་ཤེས་པ་དང། བྲལ་ཞིང་རང་དང་འདྲ་བ་རྒྱུན་ཏུ་འབྱུང་བས་ཞེས་བྱ་བ་ནི་དེ་དག་དང་མཚུངས་པ་སྟེ། རྣམ་པར་ཤེས་པ་དང་མི་ལྡན་པའི་དབང་པོ་བདག་ཉིད་དང་འདྲ་བ་ནི་རྒྱུན་ཏུ་འབྱུང་ཞིང ་དབང?་པོའི་མཚན་ཉིད་དང་འདྲ་བའི་ཕྱིར་དེ་དང་མཚུངས་པར་རིག་པར་བྱའོ། །གཟུགས་ཀྱི་ཕུང་པོའི་ཕྱོགས་གཅིག་ཅེས་བྱ་བ་ནི་མིག་ལ་སོགས་པ་དབང་པོ་ལྔའི་མཚན་ཉིད་དོ། །གཟུགས་ཅན་གྱི་ཁམས་དང་སྐྱེ་མཆེད་ལྔའོ་ཞེས་བྱ་བ་ནི་མིག་ལ་སོགས་པ་ཉིད་དོ། །ཚོར་བ ་འབྱུང་བའི་གནས་ཀྱི་གཟུགས་ཀྱིས་ཞེས་བྱ་བ་ནི་གཟུགས་གང་ལ་བརྟེན་ནས་ཚོར་བ་འབྱུང་བ་དེ་ཟིན་པ་ཞེས་བྱའོ། །གཟུགས་ཀྱི་ཕུང་པོའི་ཕྱོགས་གཅིག་ཅེས་བྱ་བ་ནི་གནས་དང་བཅས་པའི་དབང་པོས་བསྡུས་པའོ། །ཁམས་དང་སྐྱེ་མཆེད་གཟུགས་ཅན་ལྔ་ཞེས་བྱ་བ་ནི ་མིག་ལ་སོགས་པའོ། །བཞིའི་ཕྱོགས་གཅིག་གོ་ཞེས་བྱ་བ་ནི་གཟུགས་དང་དྲི་དང་རོ་དང་རེག་བྱ་དབང་པོ་ལས་གཞན་དུ་མ་གྱུར་པའོ། །ཡུལ་ལ་འཛིན་པར་དབང་བྱེད་པ་ཞེས་བྱ་བ་ནི་མིག་ལ་སོགས་པ་དྲུག་སྟེ། དེའི་དབང་གིས་གཟུགས་ལ་སོགས་པའི་དམིགས་པ་ལ་སེམS ་དང་སེམས་ལས་བྱུང་བ་རྣམས་འབྱུང་བའི་ཕྱིར་རོ། །རིགས་ཀྱི་རྒྱུད་ལ་དབང་བྱེད་པ་ཞེས་བྱ་བ་ནི་ཕོ་དང་མོའི་དབང་པོ་སྟེ། དེ་ལས་བུ་དང་ཚའོ་ལ་སོགས་པའི་རིགས་འབྱུང་བའི་ཕྱིར་རོ། །ལྷག་མ་ནི་བདག་པོའི་རྐྱེན་ཇི་སྐད་དུ་བསྟན་པ་དེ་བཞིན་དུ་ཁོང་དུ་ཆུད་པ་བྱའོ། ། ་གཟུགས་ཀྱི་ཕུང་པོའི་ཕྱོགས་གཅིག་ཅེས་བྱ་བ་ནི། མིག་དང་རྣ་བ་དང་སྣ་དང་ལྕེ་དང་ལུས་དང་ཕོ་དང་མོའི་དབང་པོའི་མཚན་ཉིད་དོ། །འདུ་བྱེད་ཀྱི་ཕུང་པོའི་ཕྱོགས་གཅིག་ཅེས་བྱ་བ་ནི་སྲོག་དང། དད་པ་དང། བཙོན་འགྲུས་དང། དྲན་པ་དང། ་ཏིང་ངེ་འཛིན་དང་ཤེས་རབ་ཀྱི་དབང་པོའི་མཚན་ཉིད་དོ། །ཁམས་བཅུ་གཉིས་ཞེས་བྱ་བ་ནི་དབང་པོ་དང་རྣམ་པར་ཤེས་པའི་ཁམས་རྣམས་སོ། །སྐྱེ་མཆེད་དྲུག་ཅེས་བྱ་བ་ནི་ནང་གི་རྣམས་སོ། །ཆོས་ཀྱི་ཁམས་དང་སྐྱེ་མཆེད་ཀྱི་ཕྱོགས་གཅིག་གོ་།ཞེས་བྱ་བ་ནི་སྲོག ་གི་དབང་པོ་དང། བདེ་བ་ལ་སོགས་པ?་དང་དད་པ་ལ་སོགས་པ་ལྔ་ལྔའོ། །སྡུག་བསྔལ་གྱི་ཚོར་བ་ནི་སྡུག་བསྔལ་གྱི་བདག་ཉིད་ཡིན་ཏེ། རང་གི་མཚན་ཉིད་ཁོ་ནས་སྡུག་བསྔལ་གྱི་སྡུག་བསྔལ་ཉིད་དོ། །དེ་ལས་འབྱུང་བའི་རྒྱུར་གྱུར་པ་དབང་པོ་དང། དོན་རྣམས ་དང་དེ་དང་མཚུངས་པར་ལྡན་པ་རྣམས་ནི་སྡུག་བསྔལ་མྱོང་བར་བྱེད་པའི་ཕྱིར་སྡུག་བསྔལ་གྱི་སྡུག་བསྔལ་ཉིད་དུ་བལྟའོ། །བདེ་བའི་ཚོར་བ་དང། དེ་མྱོང་བར་བྱེད་པའི་ཆོས་རྣམས་འགྱུར་བས་ཡིད་མི་བདེ་བ་འབྱུང་པའི་ཕྱིར་དེ་འགྱུར་བ་ནི་འགྱུར་བའི་སྡུག་བསྔལ ་ཉིད་དོ། །དེ་ལ་ཡང་རྗེས་སུ་ཆགས་པས་སེམས་འགྱུར་བ་ནི་འགྱུར་བའི་སྡུག་བསྔལ་ཉིད་དུ་རིག་པར་བྱ་སྟེ། ཇི་སྐད་དུ་ཞེ་ན་ནས་གྱུར་པའི་སེམས་ཀྱིས་ཞེས་གསུངས་པ་ལྟ་བུའོ། །སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པའི་ཚོར་བ་ཀུན་གཞི་རྣམ་པར་ཤེས ་པ་དང་མཚུངས་པར་ལྡན་པ་དང། དེ་མྱོང་བར་བྱེད་པའི་འདུ་བྱེད་རྣམས་དང། སྡུག་བསྔལ་དང། འགྱུར་བའི་སྡུག་བསྔལ་ཉིད་ཀྱི་གནས་ངན་ལེན་དང་ལྡན་པ་དང། སྡུག་བསྔལ་དེ་གཉིས་ལས་རྣམ་པར་མ་གྲོལ་བས་རེས་འགའ་ནི་བདེ་བའི་གནས་སྐབས་ལ་བརྟེན ་རེས་འགའ་ནི་སྡུག་བསྔལ་གྱི་གནས་སྐབས་ལ་བརྟེན་ཏེ། རྟག་ཏུ་ཁོར་མོར་སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པའི་གནས་སྐབས་སུ་འགྱུར་བ་ནི་མ་ཡིན་ནོ། །དེ་ལྟ་བས་ན་མི་རྟག་པས་རྗེས་སུ་བཅིངས་པས་གྲུབ་པ་དང། བདེ་བ་མ་ཡིན་པའི་ཕྱིར་འདུ་བྱེད ་གྱི་སྡུག་བསྔལ་ཉིད་དུ་རིག་པར་བྱའོ། །ཕུང་པོ་རྣམས་དང་ཁམས་གསུམ་ནི་ཡིད་དང་ཆོས་དང་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་རྣམས་སོ། །སྐྱེ་མཆེད་གཉིས་ནི་ཡིད་དང་ཆོས་ཀྱི་སྐྱེ་མཆེད་དོ། །ཕྱོགས་གཅིག་མ་གཏོགས་པ་ནི་ཟག་པ་མེད་པའི་མཚན་ཉིད་དོ། །ཐམས་ཅད་དོ་ཞེས་བྱ་བ་ནི ་དེ་ལས་གཞན་པ་དག་གོ་།མི་དགེ་བ་དང་དགེ་བ་ཟག་པ་དང་བཅས་པའི་རྣམ་པར་སྨིན་པ་ཀུན་གཞི་རྣམ་པར་ཤེས་པ་མཚུངས་པར་ལྡན་པ་དང་བཅས་པ་ནི་ཕྱི་མ་ལ་ཡོད་དེ། དེའི་ཕྱིར་རྣམ་པར་སྨིན་པ་དེས་ན་དེ་གཉིས་རྣམ་པར་སྨིན་པ་དང་བཅས་པ་ཞེས་བྱའོ། །ཀུན ་གཞི་རྣམ་པར་ཤེས་པ་ལས་གཞན་པ་མིག་ལ་སོགས་པ་དང། བདེ་བ་དང་སྡུག་བསྔལ་བ་སོགས་པ་ནི་རྣམ་པར་སྨིན་པ་དེ་ལས་གྱུར་པ་ཞེས་བརྗོད་པ་འཐོབ་སྟེ། དེ་ལས་སྐྱེས་པའི་ཕྱིར་རོ། །ཕུང་པོ་རྣམས་དང་ཁམས་བཅུ་ཞེས་བྱ་བ་ནི་རྣམ་པར་ཤེས་པ་བདུན་དང། ་གཟུགས་དང་སྒྲ་དང་ཆོས་ཀྱི་ཁམས་རྣམས་སོ། །སྐྱེ་མཆེད་བཞི་ཞེས་བྱ་བ་ནི་གཟུགས་དང། སྒྲ་དང། ཡིད་དང། ཆོས་ཀྱི་སྐྱེ་མཆེད་རྣམས་སོ། །ཕྱོགས་གཅིག་གོ་ཞེས་བྱ་ནཻ་ལུང་དུ་མ་བསྟན་པ་དང། ཟག་པ་མེད་པ་མ་གཏོགས་པའོ། །འཇུགས་ཀྱང་འཇུ་བ ་ལས་གྱུར་པ་ཞེས་བྱ་བ་ནི་ཁམས་ཀྱི་ཟས་འཇུག་བའི་དུས་ན་དབང་པོའི་འབྱུང་བ་ཆེན་པོ་རྟག་པར་བྱེད་པའི་ཕྱིར་རོ། །ཡུལ་གྱིས་ཀྱང་ཡུལ་ལས་གྱུར་པ་ཞེས་བྱ་བ་ནི་རེག་པའི་ཟས་ཏེ། ཡིད་དུ་འོང་བའི་ཡུལ་གྱི་གནས་ཀྱིས་རེག་པས་ལུས་ལ་ཕན་འདོགས་པའི་ཕྱིར་རོ། ། ་རེ་བས་ཀྱང་རེ་བ་ལས་གྱུར་པ་ཞེས་བྱ་བ་ནི་ཡིད་ལ་སེམས་པའི་ཟས་ཏེ། འདོད་པའི་དངོས་པོ་དང་འབྲེལ་པའི་རེ་བའི་དབང་གིས་ལུས་ལ་ཕན་འདོགས་པའི་ཕྱིར་རོ། །ལེན་པས་ཀྱང་ལེན་པ་ལས་གྱུར་པ་ཞེས་བྱ་བ་ནི་རྣམ་པར་ཤེས་པའི་ཟས་ཏེ། ཀུན་གཞི་རྣམ་པར་ཤེས་པ ་ཉེ་བར་ལེན་པའི་དབང་གིས་ལུས་གནས་པའི་ཕྱིར་ཏེ། འདི་ལྟར་དེ་དང་བྲལ་ན་ལུས་རུལ་པར་འགྱུར་བའི་ཕྱིར་རོ། །ཡང་ཟས་རྣམ་པ་བཞི་པོ་དག་ནི་བསྡུས་ནས་རྣམ་པ་བཞིས་རྣམ་པར་བཞག་གོ་།འདི་ལྟ་སྟེ། མ་དག་པའི་ལུས་གནས་པར་བྱེད་པ་ནི་འདོད་པ་ན་སྤྱོད་པའི་སོ་སོའི་ ་སྐྱེ་བོ་རྣམས་ཀྱི་སྟེ། མཛའ་དག་ནི་འཆིང་བ་དང་ལྡན་པའི་ཕྱིར་མ་དག་པའི་གནས་སོ། །དག་པ་དང་མ་དག་པའི་ལུས་གནས་པར་བྱེད་པ་ནི་སློབ་པ་རྣམས་དང། གཟུགས་དང་གཟུགས་མེད་པ་ན་སྤྱོད་པའི་སོ་སོའི་སྐྱེ་བོ་རྣམས་ཀྱི་སྟེ། འཆིང་བའི ་ལྷག་མ་ལས་འདས་པའི་ཕྱིར་རོ། །དག་པའི་ལུས་གནས་པར་བྱེད་པ་ནི་དགྲ་བཅོམ་པ་རྣམས་ཀྱི་སྟེ། འཆིང་པ་ཐམས་ཅད་ལས་རྣམ་པར་གྲོལ་བའི་ཕྱིར་རོ། །གནས་པར་ཀུན་ཏུ་སྟོན་པ་ནི་སངས་རྒྱས་རྣམས་དང། བྱང་ཆུབ་སེམས་དཔའ་མཐུ་ཆེན་པོ་ཐོབ་པ་རྣམས ་ཀྱི་སྟེ། ཟས་ཀྱི་དབང་གི་གནས་པར་ཀུན་ཏུ་སྟོན་པ་ཙམ་གྱི་ཕྱིར་རོ། །འདུས་མ་བྱས་ཀྱི་ཕྱོགས་གཅིག་གིས་ཀྱང་གོང་མ་དང་བཅས་པ་ཞེས་བྱ་བ་ནི་མྱ་ངན་ལས་འདས་པ་མ་གཏོགས་པ་སྟེ་།དེའི་མཚན་ཉིད་ནི་རྣམ་པར་དག་པའི་དེ་བཞིན་ཉིད་ཡིན་པས ་དེ་ནི་ཆོས་ཐམས་ཅད་ཀྱི་མཆོག་ཡིན་པའི་ཕྱིར་རོ། །བསྡུས་པའི་རབ་ཏུ་དབྱེ་བ་ནི་རྣམ་པ་གསུམ་སྟེ། གང་ཟག་ལ་བདག་མེད་པའི་ཚུལ?་གྱིས་ངོ་བོ་ཉིད་གསུམ་གྱི་དབང་དུ་བྱས་པར་རིག་པར་བྱའོ། །དེ་ལ་ཀུན་ཏུ་བརྟགས་པའི་ངོ་བོ་ཉིད་ནི་ཕུང་པོ་ལ་སོཌ ་པ་ལ་བརྟེན་ནས་མེད་པར་ཡང་བདག་ལ་སོགས་པའི་ངོ་བོ་ཉིད་གང་རྟོག་པའོ། །གཞན་གྱི་དབང་གི་ངོ་བོ་ཉིད་ནི་ཕུང་པོ་ལ་སོགས་པ་དེ་དག་ནི་གང་དུ་ཡང་དག་པ་མ་ཡིན་པ་བདག་ལ་སོགས་པའི་རྣམ་པར་རྟོག་པ་དེ་འབྱུང་བའོ། །ཡོངས་སུ་གྲུབ་པའི་ངོ་བོ་ཉིད ་ནི་དངོས་པོ་དང་དངོས་པོ་མེད་པ་དང་མི་ལྡན་པའི་མཚན་ཉིད་དོ། ཕུང་པོ་ལ་སོགས་པ་ལ་བདག་ལ་སོགས་པ་མེད་པ་དང། བདག་མེད་པ་ལ་སོགས་པ་ཡོད་པ་ཉིད་ཀྱི་མཚན་ཉིད་ཀྱི་ཕྱིར་རོ། །མཚན་ཉིད་ཀྱིས་རབ་ཏུ་དབྱེ་བ་ནི་ཆོས་རྣམས་ཀྱི་རང་བཞིན་གྱི་དབང་དུ ་བྱས་ཏེ། གཟུགས་དང་ཚོར་བ་ལ་སོགས་པའོ། །རྣམ་པའི་རབ་ཏུ་དབྱེ་བ་ནི་ཁྱད་པར་གྱི་དབང་དུ་བྱས་ནས་རྫས་སུ་ཡོད་པ་དང། བརྟགས་པའི་ཡོད་པ་ཞེས་བྱ་བ་ལ་སོགས་པའོ། །ལུས་ཀྱིས་རབ་ཏུ་དབྱེ་བ་ནི་སོ་སོའི་ལུས་ཏེ་ཕུང་པོ་ལ་སོགས་པ་ཐ་དད་པའི་དབང ་དུ་བྱས་པའོ། །རྒྱུན་གྱིས་རབ་ཏུ་དབྱེ་བ་ནི་ལུས་གཅིག་ལ་ཡང་ཕུང་པོ་ལ་སོགས་པའི་སྐད་ཅིག་སོ་སོ་གཞན་གྱི་དབང་དུ་བྱས་པའོ། །ཕྱི་རོལ་ཏུ་བལྟས་པས་རབ་ཏུ་དབྱེ་བ་གང་ཞེ་ན། ཕལ་ཆེར་འདོད་པའི་ཁམས་ན་སྤྱོད་པ་ཞེས་བྱ་བ་ནི་རྒྱུ་མཐུན་པའི་ཆོས་ཀྱི་རྒྱུ་ལས་བྱུང་བའི་ཐོས ་པ་དང། སེམས་པ་ལས་བྱུང་བ་མ་གཏོགས་པར་བཏན་པའི་ཕྱིར་རོ།། །།བམ་པོ་བཞི་པ། །མཚན་ཉིད་ཀྱིས་བསྡུས་པ་ནི་གཟུགས་ཀྱི་ཕུང་པོ་ཉིད་ཀྱིས་གཟུགས་ཀྱི་ཕུང་པོ་བསྡུས་པ་ནས། རྒྱ་ཆེར་ཆོས་ཀྱི་སྐྱེ་མཆེད་ཀྱིས་ཆོས་ཀྱི་སྐྱེ་མཆེད་བསྡུས་པའི་བར་དུའོ།། ་ཁམས་ཀྱིས་བསྡུས་པ་གང་ཞེ་ན། ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཐམས་ཅད་ཀུན་གཞི་རྣམ་པར་ཤེས་པས་བསྡུས་པ་སྟེ། དེ་ལ་དེ་དག་ཐམས་ཅད་ཀྱི་ས་བོན་ཡོད་པའི་ཕྱིར་རོ། །རིགས་ཀྱིས་བསྡུས་པ་ནི་ཕུང་པོ་རྣམས་ཀྱིས་སྡུངས་པ་ལ་སོགས་པའི་དོན་དང་ལྡན་པ་གཟུགS ་ལ་སོགས་པའོ། །རང་གི་མཚན་ཉིད་ཀྱིས་ཕན་ཚུན་མཚན་ཉིད་མི་འདྲ་ཡང་རིགས་གཅིག་པའི་ཕྱིར་ཐམས་ཅད་བསྡུས་སོ། །དེ་བཞིན་དུ་ཁམས་རྣམས་དང། སྐྱེ་མཆེད་རྣམས་ཀྱིས་ཀྱང་ཉེ་བར་སྤྱོད་པ་འཛིན་པའི་དོན་དང་ལྡན་པ་དང། སྐྱེ་བའི་སྒོའི་དོན་དང་ལྡན་པ་མིག་ལ་སོགས ་པ་བསྡུས་པར་རིག་པར་བྱའོ། །གནས་སྐབས་ཀྱིས་བསྡུས་པ་ནི་ཕུང་པོ་རྣམས་རིགས་གཅིག་ཏུ་ཟིན་ཀྱང་བདེ་བ་ལ་སོགས་པའི་གནས་སྐབས་ངེས་པར་བྱས་ནས་བདེ་བའི་གནས་སྐབས་ནི་བདེ་བའི་གནས་སྐབས་ཀྱིས་བསྡུས་ཀྱི། སྡུག་བསྔལ་གྱི་གནས་སྐབས་ཀྱིས ་ནི་མ་ཡིན་ནོ། །དེ་བཞིན་དུ་སྡུག་བསྔལ་གྱི་གནས་སྐབས་ཀྱང་དེ་ཉིད་ཀྱི་གནས་སྐབས་ཀྱིས་བསྡུས་སོ། །ཕུང་པོ་རྣམས་ཇི་ལྟ་བར་ཁམས་རྣམས་དང། སྐྱེ་མཆེད་རྣམས་ཀྱང་དེ་བཞིན་ནོ། །གྲོགས་ཀྱིས་བསྡུས་པ་ཞེས་བྱ་བ་ལ། གཟུགས་ཀྱི་ཕུང་པོ་ནི་བསྡུས་པ་ན་དེ་ལ ་བརྟེན་པ་ཚོར་བ་ལ་སོགས་པ་གྲོགས་རྣམས་དང་ལྷན་ཅིག་ཏུ་ཕུང་པོ་ལྔ་པོ་དག་གིས་བསྡུས་སོ། །དེ་བཞིན་དུ་ཚོར་བ་ལ་སོགས་པ་འཁོར་དང་བཅས་པ་རྣམས་ཀྱང་བསྡུས་པ་ན་སོ་སོར་ཕུང་པོ་ལྔ་པ་དག་གིས་བསྡུས་པར་འགྱུར་རོ། །དེ་བཞིན་དུ་ཁམས་རྣམས ་དང། སྐྱེ་མཆེད་འཁོར་དང་བཅས་པ་རྣམས་ཀྱང་སོ་སོར་ཁམས་དང་སྐྱེ་མཆེད་ཐམས་ཅད་ཀྱིས་བསྡུས་པར་རིག་པར་བྱའོ། །ཕྱོགས་གཅིག་གིས་བསྡུས་པ་ཞེས་བྱ་བ་ལ་ཚུལ་ཁྲིམས་ཀྱི་ཕུང་པོ་ནི་གཟུགས་ཀྱི་ཕུང་པོའི་ཕྱོགས་གཅིག་གིས་བསྡུས་སོ། ། ་ཏིང་ངེ་འཛིན་དང་ཤེས་རབ་ཀྱི་ཕུང་པོ་ནི་འདུ་བྱེད་ཀྱི་ཕུང་པོའི་ཕྱོགས་གཅིག་གིས་བསྡུས་སོ། །འདོད་པ་དང། གནོད་སེམས་དང། རྣམ་པར་འཚེ་བའི་ཁམས་ནི་ཆོས་ཀྱི་ཁམས་ཀྱི་ཕྱོགས་གཅིག་གིས་བསྡུས་སོ། །ནམ་མཁའ་མཛའ་སྐྱེ་མཆེད་ལ་སོགས་པ་ནི་ཡིད་དང་ཆོས ་ཀྱི་སྐྱེ་མཆེད་ཀྱི་ཕྱོགས་གཅིག་གིས་བསྡུས་སོ། །དེ་ལྟར་བྱས་ན་མདོ་སྡེ་གཞན་དག་ཏུ་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཀྱིས་བསྡུས་པའི་ཆོས་ཇི་སྙེད་པ་དེ་དག་གང་ཡང་རུང་བས་བསྡུས་པ་ནི་ཕྱོགས་གཅིག་གིས་བསྡུས་པར་རིག་པར་བྱའོ། །མཛའ་དག་གིས་བསྡུས ་པ་ཞེས་བྱ་བ་ལ། སྡུག་བསྔལ་གྱི་ཕུང་པོ་ནི་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་དག་གིས་བསྡུས་སོ། །འདོད་པའི་ཁམས་ནི་ཁམས་བཅོ་བརྒྱད་པོ་དག་གིས་བསྡུས་སོ། །འདུ་ཤེས་མེད་པའི་སེམས་ཅན་གྱི་སྐྱེ་མཆེད་ནི་དྲི་དང་རོའི་སྐྱེ་མཆེད་མ་གཏོགས་པ་སྐྱེ་མཆེད་བཅུ ་པོ་དག་གིས་བསྡུས་སོ། །དེ་ལྟར་བྱས་ན་མདོ་སྡེ་གཞན་དག་ཏུ་ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་ཀྱིས་བསྡུས་པའི་ཆོས་ཇི་སྙེད་པ་དེ་དག་ནི་མཛའ་དག་གིས་བསྡུས་པར་རིག་པར་བྱའོ། གཅིག་གིས་གཅིག་བསྡུས་བ་ཞེས་བྱ་བ་ལ། ཕུང་པོ་རྣམས་ནི ་སོ་སོར་ཁམས་དང་སྐྱེ་མཆེད་རྣམས་ཀྱིས་བསྡུས་ཏེ། ཇི་ལྟར་མཐུན་མཐུན་དུ་སྦྱར་རོ། །དེ་བཞིན་དུ་ཁམས་རྣམས་དང་ཕུང་པོ་དང་སྐྱེ་མཆེད་རྣམས་ཀྱིས་བསྡུས་ཤིང། སྐྱེ་མཆེད་རྣམས་ཀྱང་ཕུང་པོ་དང་ཁམས་རྣམས་ཀྱིས་བསྡུས་པར་བརྒྱ་ཆེར་ཁོང་དུ་ཆུད་པར ་བྱའོ། །ཡང་བསྡུས་པའི་མཚན་ཉིད་ནི་འཇིག་རྟེན་གྱི་གྲགས་པས་བསྡུས་པ་དང་མཐུན་པར་རྣམས་དྲུག་ཏུ་བལྟ་སྟེ། དེ་ཡང་གང་ཞེ་ན། བཞིའི་གནས་ཀྱིས་བསྡུག་པ་ནི་དཔེར་ན་མི་རྣམས་ཛམ་བུའི་གླིང་གིས་བསྡུས་སེ། །རི་དྭགས་རྣམས་ནི་དགོན་བས་བསྡུས་སོ། ་ཞེས། འཇིག་རྟེན་ན་བརྗོད་པ་དེ་བཞིན་དུ་འདིར་ཡང་མིག་ལ་སོགས་པས་མིག་གི་རྣམ་པར་ཤེས་པ་ལ་སོགས་པ་བསྡུས་པར་རིག་པར་བྱའོ། །འཆིང་བས་བསྡུས་པ་ནི་དཔེར་ན་ཐག་པ་ལ་སོགས་པས་ཤིང་ཁུར་ལ་སོགས་པས་བཅིངས་པ་དེ་བཞིན་དུ་ལུས་ཀྱིས་མིག་ལ ་སོགས་པའི་དབང་པོ་རྣམས་བཅིངས་སོ། །དོན་མཐུན་པས་བསྡུས་པ་ནི་དཔེར་ན་དགོས་པ་ཐམས་ཅད་མཐུན་པའི་མི་ཡིད་བཅུགས་པ་རྣམས་ཕན་ཚུན་བརྟེན་པ་དེ་བཞིན་དུ་དམིགས་པ་གཅིག་ལ་འབྱུང་བ་མཚུངས་པར་ལྡན་པ་རྣམས་ཀྱང་གཅིག་གིས་གཅིག་བསྡུས་སོ།། ་ཉེ་བར་འཛིན་པས་བསྡུས་པ་ནི་དཔེར་ན་ཇོ་བོས་བྲན་ལ་སོགས་པ་བདག་གིས་ཡོངས་སུ་གཟུང་བ་དེ་བཞིན་དུ་ཀུན་གཞི་རྣམ་པར་ཤེས་པས་ཀྱང་ལུས་བཟུང་ངོ། །རྣམ་པར་མི་འཕྲོ་བས་བསྡུས་པ་ནི་དཔེར་ན་བུམ་པས་ཆུ་བཟུང་བ་དེ་བཞིན་དུ་ཏིང་འཛིན་གྱིས་དེ་ལས་གཞན ་པའི་སེམས་དང་སེམས་ལས་བྱུང་བ་རྣམས་གཟུང་ངོ། །མངོན་པར་སྡུད་པས་བསྡུས་པ་ནི། དཔེར་ན་རྒྱ་མཚོས་འབབ་ཆུ་རྣམས་བསྡུས་པ་དེ་བཞིན་དུ་གཟུགས་ཀྱི་ཕུང་པོས་མིག་ལ་སོགས་པ་བསྡུས་སོ། །འདིར་མངོན་པར་བསྡུད་པས་བསྡུས་པའི་དབང་དུ་བྱས་ནས ་བསྡུས་པ་རྣམ་པ་བཅུ་གཅིག་ཏུ་རིག་པར་བྱའོ། །རྡུལ་ཕྲ་རབ་ཀྱི་ཕྱོགས་ལ་ཕྱོགས་ཅན་ཐམས་ཅད་ཅེས་བྱ་བ་ནི་རྡུལ་ཕྲ་རབ་གཅིག་ཏུ་གཏོགས་པའི་གཟུགས་ལ་སོགས་པ་ནི་ཕྱོགས་མཐུན་པས་ཐ་དད་པ་མེད་པར་རིག་པར་བྱའོ་འདུལ་ཕྲ་རབ་ལས་གོང་མ་ཕྱོགས་ཅན་རྣམས་འདྲེས ་པར་གྱུར་པ་ནི་འདི་ལྟ་སྟེ། ཆུ་རྙོག་མ་ཅན་གྱི་ནང་ན་ཆུ་དང་སའི་རྡུལ་ཕྲ་རབ་རྣམས་ཕན་ཚུན་དུ་འདྲེས་པ་ལྟ་བུའོ། །ཕྱོགས་ཅན་འདུས་པ་རྣམས་ཕན་ཚུན་དུ་ཕྲད་པ་འདི་ལྟ་སྟེ། རྩིག་པ་ལ་འཇིམ་གོང་དང་འཇིམ་གོང་གཞན་ཕྲད་པ་ལྟ་བུའོ། །ལྷན་ཅིག་འབྱུང་བར་མཚུངས ་པར་ལྡན་པ་ནི་ལུས་གཅིག་ལ་ཕུང་པོ་ལ་སོགས་པ་སྐད་ཅིག་པ་རྣམས་སོ། །བྱ་བ་བསྒྲུབ་པས་མཚུངས་པར་ལྡན་པ་ནི་དགོས་པ་གཅིག་ལ་ཞུགས་པ་རྣམས་ཕན་ཚུན་དུའོ། །མཐུན་པར་རྟོག་པས་མཚུངས་པར་ལྡན་པ་ནི་གཞན་གྱི་དངོས་པོ་དང་ཡིན་གྱི་རང་གི་དངོས ་པོ་དང་ནི་མ་ཡིན་པ་སྟེ་།འདི་ལྟར་སེམས་ནི་སེམས་གཞན་དང་མཚུངས་པར་ལྡན་པ་མ་ཡིན་ཞིང་ཚོར་བ་ཡང་ཚོར་བ་གཞན་དང་ལྡན་པ་མ་ཡིན་པ་ལ་སོགས་པའོ། །མི་མཐུན་པ་གཉིས་མ་ཡིན་པ་ནི་དཔེར་ན་འདོད་ཆགས་དང་ཞེ་སྡང་གཉིས་དང། དགེ་བ་དང། ་མི་དགེ་བ་གཉིས་ལ་སོགས་པའོ། །དུས་མི་འདྲ་བ་གཉིས་མ་ཡིན་པ་ནི་འདི་ལྟ་སྟེ། ད་ལྟར་དང་མ་འོངས་པ་གཉིས་པ་དང། འདས་པ་དང་ལྟར་གཉིས་སོ། །མི་མཐུན་པའི་ཁམས་དངོས?་པ་གཉིས་མ་ཡིན་པ་ནི་འདི་ལྟ་སྟེ། འདོད་པ་དང་གཟུགས་ན་སྤྱོད་པ་གཉིས་དང། བསམ ་གཏན་དང་པོ་དང། གཉིས་པའི་ས་པ་གཉིས་ལ་སོགས་པའོ། །མཐུན་པར་གཏོགས་པས་མཚུངས་པར་ལྡན་པ་ཚོར་བ་ལ་སོགས་པ་དྲུག་པོ་འདི་དག་ནི་ཀུན་ཏུ་འགྲོ་བ་སྟེ། གནས་སྐབས་ཐམས་ཅད་དུ་འདི་དག་ལས་གང་ཡང་རུང་བ་གཅིག་མེད་ན་མེད་པའི་ཕྱིར་རོ། །འདྲིས ་པ་ནི་སློབ་པ་དང་མི་སློབ་པ་དེ་དག་ལས་ཀྱང་ཁ་ཅིག་གོ་ཞེས་བྱ་བ་ནི་གཅིག་ཏུ་འཇིག་རྟེན་པའི་དགེ་བ་རྣམས་དང། མི་དགེ་བ་དང། ལུང་དུ་མ་བསྟན་པ་རྣམས་ཀྱིས་ཏེ། ཇི་ལྟར་མཐུན་མཐུན་དུ་སྦྱར་རོ། །དང་པོ་དེ་དང་དེའི་འོག་མ་རྣམས་ཞེས་བྱ་བ་ནི་འཇིག་རྟེན་ལས་འདས་པ ་སྐད་ཅིག་དང་པོ་ལས་བྱུང་བ་རྣམས་དང། སྐད་ཅིག་གཉིས་པ་ལ་སོགས་པ་ལས་བྱུང་བ་རྣམས་ཀྱང་སྔོན་གྱི་རང་བཞིན་མ་ཡིན་པས་མ་འདྲིས་པ་ཉིད་དུ་བསྟན་པའི་ཕྱིར་རོ། །ལྡན་པ་གང་ཞེ་ན། མཚན་ཉིད་ཀྱིས་ནི་སྔ་མ་བཞིན་ནོ་ཞེས་བྱ་བ་ནི་འདི་ལྟ་སྟེ། དགེ་བ་ལ་སོཌ ་པའི་ཆོས་རྣམས་ཀྱི་འཕེལ་བ་དང་འགྲིབ་པ་ལ་འཐོབ་པ་དང་རྙེད་པ་དང་ལྡན་པ་གདགས་སོ་ཞེས་བྱ་བའོ། །ས་བོན་དང་ལྡན་པ་གང་ཞེ་ན། འདོད་པའི་ཁམས་སུ་སྐྱེས་པར་གྱུར་བ་ནི་ཁམས་གསུམ་པའི་ཉོན་མོངས་དང། ཉེ་བའི་ཉོན་མོངས་པ་དང་ལྡན་ཏེ། དེ་ནི ་སོ་སོའི་སྐྱེ་བོ་འདོད་ཆགས་དང་མ་བྲལ་བའི་དབང་དུ་བྱས་པར་རིག་པར་བྱའོ། །འདོད་ཆགས་དང་བྲལ་བ་ནི་དེའམ་གོང་མར་སྐྱེས་ཀྱང་རུང་སྟེ། ས་གང་གིས་འདོད་ཆགས་དང་བྲལ་བར་ས་དེ་པ་རྣམས་དང། དེ་དག་དང་མི་ལྡན་པ་དང་ལྡན་པ་ཡང་ཡིན་ཏེ། ་གཉེན་པོས་གནོད་པར་བྱས་པ་དང། བག་ལ་ཉལ་ལེགས་པར་མ་བཅོམ་པའི་ཕྱིར་གོ་རིམ་བཞིན་ནོ། །སྐྱེ་བས་ཐོབ་པའི་དགེ་བ་རྣམས་ཞེས་བྱ་བ་ནི་གོང་དུ་སྐྱེས་པའི་ས་པ་དེའི་ས་པ་རྣམས་ཉིད་དང་ལྡན་ནོ། །ཁམས་གསུམ་པའི་གཉེན་པོ་ཐོབ་པ་ཞེས་བྱ་བ་ནི་འཇིག་རྟེན ་ལས་འདས་པའི་ལམ་ཐོབ་པའོ། །རྣམ་པ་གང་དང་གང་གི་གཉེན་པོ་བྱུང་བ་ཞེས་བྱ་བ་ནི་བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་ཆེན་པོ་ལ་སོགས་པའོ། །དེ་དང་དེའི་ས་བོན་དང་མི་ལྡན་པས་ལྡན་པ་མ་ཡིན་ཞེས་བྱ་བ་ནི་བག་ལ་ཉེ་ལེ་ལགས་པར་བཅོམ་པའི་ཕྱིར་རོ།། ་དབང་དང་ལྡན་པ་གང་ཞེ་ན། སྦྱོར་བ་ལས་བྱུང་བ་དགེ་བའི་ཆོས་འཇིག་རྟེན་པ་རྣམས་ཞེས་བྱ་བ་ནི་ཐོས་པ་ལས་བྱུང་བ་ལ་སོགས་པའི་ས་བོན་ཡོད་དུ་ཟིན་ཀྱང་དེ་གོམས་པར་མ་བྱས་པས་ཚེ་དེའི་ས་བོན་རྟས་པ་མེད་པས་སྔོན་དུ་བྱེད་མི་ནུས་པའི་ཕྱིར་རོ། །དེ་དག ་ལས་ཀྱང་ལུང་དུ་མ་བསྟན་པ་ཁ་ཅིག་ཅེས་བྱ་བ་ནི་བཟོའི་གནས་དང་སྤྲུལ་པའི་སེམས་ལ་སོགས་པའོ། །ཐར་པའི་རྒྱུ་དང་མི་ལྟན་པའི་ཕྱིར་དེ་དག་གཏན་དུ་རྒྱུ་དང་མི་ལྡན་ཏེ། འཇིག་རྟེན་ལས་འདས་པ་རྣམས་དང། ཐར་པ་ཐོབ་པའི་རྒྱུ་དང་མི་ལྡན་པ་ཞེས་བྱ ་བའི་ཐ་ཚིག་གོ་།ཐར་པ་ཐོབ་པའི་རྒྱུ་གང་ཡིན་ཞེ་ན། དེ་བཞིན་ཉིད་ལ་ཉོན་མོངས་པའི་གནས་ངན་ལེན་གནས་པ་ཡིན་ཏེ། རྒྱུད་གང་གཉེན་པོའི་རྗེས་སུ་མཐུན་པའི་རྐྱེན་རྙེད་ན་ལེགས་པར་འཇོམས་ནུས་པ་དེ་སྐལ་བ་དང་ལྡན་པའི་ཕྱིར་རྒྱུ་ཞེས་བྱའོ། །བཟློག་པ་ནི་རྒྱུ་དང་མི ་ལྡན་པར་རིག་པར་བྱའོ།། །།དེ་ནི་སེམས་ཅན་གྱི་སྐྱེ་བ་དང་སྐྱེ་བའི་གནས་ཀྱིས་ཀྱང་ཞེས་བྱ་བ་ནི་སེམས་ཅན་གྱི་འཇིག་རྟེན་གང་སྐྱེ་པ་དང། སྣོད་ཀྱི་འཇིག་རྟེན་གང་དུ་སྐྱེ་བ་དེ་གཉིས་ག་སྡུག་བསྔལ་གྱི་བདེན་པ་ཞེས་བསྟན་པ་ཡིན་ནོ། ། ་སེམས་ཅན་གྱི་འཇིག་རྟེན་གང་ཡིན་པ་དང། སྣོད་ཀྱི་འཇིག་རྟེན་གང་ཡིན་པ་དེ་ལས་དད་ཉོན་མོངས་པས་བསྐྱེད་པ་དང། ལས་དང་ཉོན་མོངས་པའི་དབང་གིས་བྱུང་བ་ཞེས་བྱ་བ་ནི་གོ་རིམ་བཞིན་ཏེ། དེ་གཉིས་ཀྱིས་ནི་སྡུག་བསྔལ་ཉིད་གྱི་རྒྱུ་སྟོན་ཏོ། །ཡང་སྐྱེ་བ ་ནི་སྡུག་བསྔལ་ལེ། །ཞེས་བྱ་བ་ལ་སོགས་པ་ནི་སྔར་མདོར་བསྡུས་ཏེ་སྡུག་བསྔལ་གྱི་བདེན་པའི་མཚན་ཉིད་བསྟན་ནས། ད་ནི་སྡུག་བསྔལ་གྱི་བདེན་པ་ལས་བརྩམས་ཏེ། མདོ་སྡེ་ལས་བྱུང་བ་སྟན་པའི་དོན་རྣམ་པར་དབྱེ་བར་བརྩམས་ཏེ། སྐྱེ་བའི་སྡུག ་བསྔལ་ནི་དོག་པའི་སྡུག་བསྔལ་ཉིད་དང། དེ་ལས་གཞན་པའི་སྡུག་བསྔལ་གྱི་གནས་ཡིན་པའི་བྱི་རོ་ཞེས་བྱ་བ་ནི་མའི་མངལ་ན་ཞུ་བ་དང་མ་ཞུ་བ་གཉིས་ཀྱི་བར་ན་འདུག་པ་ལས་འབྱུང་བ་དང། མངལ་ན་མི་གཙང་བའི་རྫས་སྣ་ཚོགས་ཀྱིས་གཟིར་ཏེ། ལུས་ཀྱི་ཡན་ལག ་ཀུན་ཏུ་བཙིར་བ་ལ་སོགས་པའི་སྡུག་བསྔལ་མྱོང་བའི་ཕྱིར་རོ། །བཙས་ནས་ཀྱང་རྒ་བ་ལ་སོགས་པའི་སྡུག་བསྔལ་ཞར་ལ་འབྱུང་བའི་ཕྱིར་ཏེ་གོ་རིམ་བཞིན་ནོ། །བརྒྱད་ཡིན་ཡང་དྲུག་ཏུ་འགྱུར་ཞེས་བྱ་བ་ནི་གསུམ་འགྱུར་བའི་སྡུག་བསྔལ་དུ་བྱས་པའི་ཕྱིར་རོ། །སྐྱེ་བ་ལ ་སོགས་པས་སྡུག་བསྔལ་གྱིས་སྡུག་བསྔལ་ཉིད་ཡོངས་སུ་བསྟན་ཏོ་ཞེས་བྱ་བ་ནི་སྡུག་བསྔལ་མྱོང་བར་འགྱུར་བའི་ཆོས་ཀྱི་རང་གི་མཚན་ཉིད་ཡིན་པའི་ཕྱིར་རོ། །སྡུག་བ་དང་བྲལ་བའི་དངོས་པོ་ལ་སོགས་པས་འགྱུར་བའི་སྡུག་བསྔལ་ཉིད་ཡོངས་སུ་བསྟན ་ཏོ། །ཞེས་བྱ་བའི་ཚིག་ནི་ཕྲད་པ་དང་མ་ཕྲད་པས་བདེ་བ་མྱོང་པར་འགྱུར་བའི་ཆོས་འགྱུར་བའི་རང་གི་མཚན་ཉིད་ཡིན་པའི་ཕྱིར་རོ། །ཉེ་བར་ལེན་པའི་ཕུང་པོ་ལྔ་སྡུག་བསྔལ་པོ་ཞེས་བྱ་བ་འདིས་ནི་འདུ་བྱེད་ཀྱི་སྡུག་བསྔལ་ཉིད་ཡོངས་སུ་བསྟན་ཏོ། །ཞེས་བྱ་བའི ་ཚིག་འདི་གཉིས་ལས་རྣམ་པར་མ་གྲོལ་ཞིང་མི་རྟག་པ་ཉིད་རྗེས་སུ་འབྲེལ་ཏེ་གྲུབ་པ་དང་བདེ་བ་མ་ཡིན་པའི་ཕྱིར་རོ། །སྐྱེ་བ་ནི་སྡུག་བསྔལ་ལོ་ཞེས་བྱ་བ་ལ་སོགས་པ་ནི་ཀུན་རྫོབ་ཀྱི་བདེན་པར་སྡུག་བསྔལ་བ་སྟེ། འཇིག་རྟེན་པའི་ཤེས་པའི་ཡུལ་ཡིན་པའི་ཕྱིར་རོ། །ཉེ་བར ་ལེན་པའི་ཕུང་པོ་ལྔ་སྡུག་བསྔལ་ལོ་ཞེས་བྱ་བ་ནི་གནས་པའི་དེ་བཞིན་ཉིད་ཀྱི་སྒོ་ཞེས་དོན་དམ་པའི་བདེན་པར་སྡུག་བསྔལ་བ་སྟེ། འཇིག་རྟེན་ལས་འདས་པའི་ཤེས་པའི་ཡུལ་ཡིན་པའི་ཕྱིར་རོ། །སྡུག་བསྔལ་གྱི་སྤྱིའི་མཚན་ཉིད་ནི་རྣལ་འབྱོར་པས་རྣམ ་པ་གང་དག་གིས་སྡུག་བསྔལ་གྱི་བདེན་པར་དཔྱད་པ་སྟེ། འདི་ལྟ་སྟེ་མི་རྟག་པ་ཉིད་དང། སྡུག་བསྔལ་བ་ཉིད་དང། སྟོང་པ་ཉིད་དང། བདག་མེད་པ་ཉིད་ཀྱིས་སོ། །དེ་ལ་མཚན་ཉིད་རྣམ་ལ་བཅུ་གཉིས་ཀྱིས་མི་རྟག་པ་སྡུག་བསྔལ་གྱི་བདེན་པར་རིག་པར་བྱ་སྟེ། དེ་ཡང་མེད་པའི ་མཚན་ཉིད་ནི་འདི་ལྟ་སྟེ། བདག་དང་བདག་གི་བའི་ངོ་བོ་ཉིད་ཀྱི་སྡུག་བསྔལ་བའི་བདེན་པ་རྟག་ཏུ་མེད་པའི་དོན་གང་ཡིན་པའི་དོན་དེ་ནི་མི་རྟག་པ་སྡུག་བསྔལ་གྱི་བདེན་པའོ། །མི་ཞེས་བྱ་བ་ནི་དགག་པའི་དོན་ཡིན་པའི་ཕྱིར་རོ། །རྟག་ཅེས་བྱ་བའི་སྒྲ་ནི་དུས་ཐམས་ཅད་བའི་དོན ་ཡིན་པའི་ཕྱིར་རོ། །རྣམ་པར་འཇིག་པའི་མཚན་ཉིད་ནི་འདུ་བྱེད་མཚན་ཉིད་ཀྱི་ཚེ་ན་མི་རྟག་པ་ཉིད་མྱོང་བ་གང་ཡིན་པའོ། རྒྱུ་མི་འདྲ་བ་ཉིད་དུ་འབྱུང་བའོ། །འབྲལ་བའི་མཚན་ཉིད་ནི་དངོས་པོའི་གནས་སྐབས་དེ་དག་ཉིད་ལ་རང་བཞིན་གྱི་དབང་ཉམས་པ་དང། ཁ་ཅིག་ཏུ ་ནི་གཞན་དག་གིས་བདག་གིར་བྱས་པར་རིག་པར་བྱའོ། །ཉེ་བའི་མཚན་ཉིད་ཀྱི་ཚེ་ན་མི་རྟག་པ་ཉིད་མྱོང་བ་གང་ཡིན་པའོ། །ཆོས་ཉིད་ཀྱི་མཚན་ཉིད་ནི་གང་གདོན་མི་ཟ་བར་མྱོང་བར་འགྱུར་བའོ། །སྐད་ཅིག་གི་མཚན་ཉིད་ནི་བདག་ཉིད་རྙེད་ནས་དེ་མ་ཐག་ཏུ་གདོན་མི་ཟ་བར ་རྣམ་པར་འཇིག་པ་ཉིད་དོ། །རྒྱུན་གྱི་མཚན་ཉིད་ནི་ཐོག་མ་མེད་པ་ཅན་གྱི་འཁོར་བ་ནས་འོངས་པ་དང། འགྲོ་བར་འགྱུར་བས་འབྱུང་བའོ། །ན་བ་དང་རྒ་བ་དང་འཆི་བའི་མཚན་ཉིད་ནི་ཁམས་མ་སྙོམས་པ་དང། སྤྱི་ཆེར་དུ་གྱུར་པ་དང། གནས་པའི་དུས་ཀྱི་འཕེན་པ ་ཟད་པའོ། །སེམས་སྣ་ཚོགས་ཀྱི་རྣམ་པར་འགྱུར་བའི་མཚན་ཉིད་ནི་མི་མཐུན་པའི་ཕྱོགས་དང་གཉེན་པོའི་གནས་ལ་གནས་པའོ། །ལོངས་སྤྱོད་འབྱོར་པ་རྒུད་པའི་མཚན་ཉིད་ནི་འཇིག་རྟེན་པའི་འབྱོར་པ་ཐམས་ཅད་གཏན་དུ་འདུག་པ་མ་ཡིན་པས་མཐར་ཉེས་པ་ཉིད་དོ།། ་སྣོད་འཇིག་པ་དང་ཆགས་པའི་མཚན་ཉིད་ནི་ས་ཆེན་པོ་ལ་སོགས་པ་མེ་ལ་སོགས་པས་ཡང་དང་ཡང་འཇིག་པ་དང་འབྱུང་བ་སྟེ། མེ་དང་ཆུ་དང་ཆུང་ཚིག་པར་བྱེད་པ་དང་རུལ་བར་བྱེད་པ་དག། སྐམ་པར་བྱེད་པའི་བདག་ཉིད་ཀྱི་འཇིག་པ་རྣམས་དང་གོ་རིམ་བཞིན་ ་དུ་བསམ་གཏན་དང་པོ་དང། གཉིས་པ་དང་གསུམ་པའི་གནས་ཀྱི་མཐར་ཐུག་པར་འཇིག་རྟེན་གནས་པ་འཇིག་གོ་།དེའི་གོང་མ་ལྷག་མ་ལུས་པ་བསམ་གཏན་གཉིས་པ་དང། གསུམ་པ་དང། བཞི་པའི་གནས་གཞན་གང་ཡིན་བདེ་དག་ནི་དེ་དག་གིས ་བསྡུས་པར་རིག་པར་བྱའོ། །བསམ་གཏན་བཞི་པ་རྣམས་ཀྱི་གཞལ་མེད་ཁང་རྣམས་གང་གིས་འཇིག་ཅིང་ད་ཆགས་ཤེ་ན། ཕྱི་རོལ་གང་གིས་ཀྱང་མ་ཡིན་གྱི་གཞལ་མེད་ཁང་དེ་དག་ནི་སེམས་ཅན་དེ་དག་ཉིད་སྐྱེ་བ་དང་ལྷན་ཅིག་ཏུ་འགྲུབ་ཅིང་འཆི་བ་དང་ལྷན ་ཅིག་ཏུ་འགག་སྟེ། དེ་ཉིད་དེ་དག་གིས་འཇིགས་པ་དང་འཆགས་པར་རིག་པར་བྱའོ། །དེ་དག་གིས་བསྐལ་པ་ཚར་ཕྱིན་པར་འགྱུར་རོ་ཞེས་བྱ་བ་ནི་ཡོངས་སུ་རྫོགས་པར་འགྱུར་ཞེས་བྱ་བའི་ཐ་ཚིག་གོ་།ཆགས་པའི་དུས་ན?་པར་འབྲི་བ་བར་གྱི་བསྐལ་པ་གཅིག་དང། ་ཡར་འཕེལ་པ་དང་མར་འབྲི་བ་བཅོ་བརྒྱད་དེ་བཅུ་དགུའོ། །དེའི་འོག་ཏུ་ཐ་མར་ཡར་སྐྱེ་བ་གཅིག་གོ་།ཚེ་ཟད་ཅེས་བྱ་བ་ནི་འཆི་བ་སྟེ། ཚེའི་འཕེན་པ་ཇི་ཙམ་ཡོངས་སུ་རྫོགས་པའི་ཕྱིར་དུས་སུ་འཆི་བའི་དབང་དུ་བྱས་པའོ། །བསོད་ནམས་ཟད་ཅེས་བྱ་བ་ནི་དུས་མ ་ཡིན་པར་འཆི་བའི་དབང་དུ་བྱས་པ་སྟེ། སྙོམས་པར་འཇུག་པའི་རོ་མྱང་བར་བྱེད་པས་དེའི་ཚེ་འཕེན་པར་བྱེད་པའི་ལས་བསྒོས་པ་ལ་གནོད་པའི་ཕྱིར་རོ། །ལས་ཀྱང་ཟད་ནས་ཞེས་བྱ་བ་ནི་རྒྱུན་ཆད་ནས་འཆི་བའི་དབང་དུ་བྱས་པ་སྟེ། གནས་དེར་སྐྱེས་ནས ་མྱོང་བར་འགྱུར་པ་དང། ལན་གྲངས་གཞན་ལ་མྱོང་བར་འགྱུར་བའི་ལས་སྤྱད་ཟིན་པའི་ཕྱིར་རམ། མེད་པའི་ཕྱིར་དེར་ཡང་མི་སྐྱེ་བར་རིག་པར་བྱའོ། །སྡུག་བསྔལ་རྣམ་པ་བརྒྱད་ཅེས་བྱ་བ་ནི་དགེ?་བའི་སྡུག་བསྔལ་ཉིད་ལ་སོགས་པའོ། །སྐྱེ་བའི་ཆར ་གཏོགས་པའི་མི་རྟག་བ་ཉིད་ནི་མ་བྱུང་བ་ལས་འབྱུང་བ་སྟེ། དེ་ནི་སྡུག་བསྔལ་གྱི་ཕྱོགས་ཀྱི་འདུ་བྱེད་རྣམས་ལ་གནོད་པའི་བདག་ཉིད་དོ། །མི་རྟག་པ་ཉིད་དེ་ལ་བརྟན་ནས་སྡུག་བསྔལ་གྱི་སྡུག་བསྔལ་ཉིད་རབ་ཏུ་ཤེས་སོ། །འཇིག་པའི་ཆང་གཏོགས ་པ་ནི་བྱུང་ནས་མེད་པར་འགྱུར་བ་སྟེ། དེ་ནི་བདེ་བའི་ཕྱོགས་ཀྱི་འདུ་བྱེད་རྣམས་ཀྱི་མི་འདོད་པའོ། །དེ་ལ་བརྟེན་ནས་འགྱུར་བའི་སྡུག་བསྔལ་ཉིད་རབ་ཏུ་ཤེས་སོ། །གནས་ངན་ལེན་དང་བཅས་པའི་འདུ་བྱེད་རྣམས་ཀྱི་རྒྱུན་ཏུ་འབྱུང་བ་དང། འཇིག་པ་ཡང་འདོད་པ་མ་ཡིན་པ་སྟེ། ་དེ་གཉིས་གའི་ཆར་གཏོགས་པའི་མི་རྟག་པ་ཉིད་ལ་བརྟེན་ནས་འདུ་བྱེད་ཀྱི་སྡུག་བསྔལ་ཉིད་རབ་ཏུ་ཤེས་སོ། །ངས་འདུ་བྱེད་མི་རྟག་པ་ཉིད་དང། འདུ་བྱེད་འགྱུར་བ་ཉིད་ལ་དགོངས་ནས་གང་ཅི་ཚོར་ཡང་རུང་འདི་ནི་འདིར་སྡུག་བསྔལ་དུ་གསུངས་སོ་ཞེས་བྱ་བ་ནི་འདི ་སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པ་དང། བདེ་བ་མྱོང་བ་ནི་སྡུག་བསྔལ་ཉིད་ཀྱི་ཚིག་ཏུ་དགོངས་པར་རིག་པར་བྱའོ། །སྡུག་བསྔལ་མྱོང་བ་ནི་སྡུག་བསྔལ་ཉིད་དུ་འཇིག་རྟེན་ན་གྲགས་པའི་ཕྱིར་དེང་ཡང་དགོངས་པ་བརྗོད་མི་དགོས་སོ། །འདུ་བྱེད་མི་རྟག ་པ་གང་དག་པ་སྐྱེ་བ་ལ་སོགས་པར་སྣང་བ་དེ་དག་ནི་མི་རྟག་པ་ཉིད་ཀྱི་ཕྱིར་སྡུག་བསྔལ་དུ་དགོངས་པར་རིག་པར་བྱའོ། །གཞན་དུ་ན་ནི་ལམ་ཡང་མི་རྟག་པའི་ཕྱིར་སྡུག་བསྔལ་དུ་འགྱུར་རོ། །སྟོང་པའི་མཚན་ཉིད་ནི་རྟོག་པ་ལ་སོགས་པའི ་མཚན་ཉིད་ཀྱི་བདག་འདུ་བྱེད་རྣམས་ལས་དོན་གཞན་དུ་གྱུར་པ་སྟེ། དེ་དག་ལ་མེད་པའོ། །འདུ་བྱེད་དེ་དག་ནི་རྟག་ཏུ་དེ་དང་བྲལ་བའི་རང་བཞིན་གྱི་མཚན་ཉིད་ཀྱི་བདག་མེད་པའི་ངོ་བོ་ཉིད་ཡིན་ཏེ། འདི་གཉི་ག་ཡང་སྟོང་པ་ཉིད་ཅེས་བྱའོ། །ངོ་བོ་ཉིད་ཀྱིས་སྟོང ་པ་ཉིད་ནི་ཀུན་བརྟགས་པའི་ངོ་བོ་ཉིད་ཉེ་བར་གཟུང་བ་སྟེ། རང་གི་མཚན་ཉིད་ཁོ་ནས་མེད་པའི་ཕྱིར་རོ། །དེ་བཞིན་དུ་ཡོད་པ་མ་ཡིན་པའི་སྟོང་པ་ཉིད་ནི་གཞན་གྱི་དབང་གི་ངོ་བོ་ཉིད་ཉེ་བར་གཟུང་བ་སྟེ། དེ་ནི་རྣམ་པ་གང་དང་གང་ཀུན་ཏུ་བརྟགས་པར་བྱ་བ་རྣམ ་པ་དེ་དང་དེ་མེད་པའི་ཕྱིར་རོ། །རང་བཞིན་གྱིས་སྟོང་པ་ཉིད་ནི་ཡོངས་སུ་གྲུབ་པའི་ངོ་བོ་ཉེ་བར་བཟུང་བ་སྟེ། དེ་ནི་སྟོང་པ་ཉིད་ཀྱི་རང་བཞིན་ཡིན་པའི་ཕྱིར་རོ། །བདག་མེད་པའི་མཚན་ཉིད་ནི་འདུ་བྱེད་དེ་དག་ཉིད་བདག་ཏུ་སྨྲ་བ་རྣམས་ཀྱི་ཀུན་ཏུ་བརྟགས་པའི་བདག ་གི་མཚན་ཉིད་མ་ཡིན་པ་ཉིད་དོ། །འདུ་བྱེད་ཐམས་ཅད་འཇིག?་པ་ལ་སོགས་པའི་མཚན་ཉིད་མི་རྟག་པ་ཉིད་དུ་མི་གྲགས་ལ།?་སྐད་ཅིག་པའི་མཚན་ཉིད་དུ་ནི་མ་གྲགས་ཏེ། དེའི་ཕྱིར་དེ་བསྒྲུབས་པར་བྱའོ། དེ་ལ་སེམས་དང་སེམས་ལས་བྱུང་བ་རྣམས་ལ་ནི ་སྐད་ཅིག་པ་ཉིད་དུ་འཇིག་རྟེན་དུ་གྲགས་ཏེ། དེའི་ཕྱིར་ངེས་མ་གྲུབ་པའི་གཟུགས་ཀྱི་སྐད་ཅིག་པ་ཉིད་བསྒྲུབ་བོ། །ཇི་ལྟར་ཞེ་ན་སེམས་ཀྱིས་ཟིན་པ་ཞེས་བྱ་བ་ནི་སེམས་སྐད་ཅིག་པས་ལུས་ཟིན་པའོ། །ཅིའི་ཕྱིར་ཞེ་ན། གྲུབ་པ་དང་བདེ་བ་གཅིག་པའི་ཕྱིར་ཏེ། འདི་ལྟར ་རྣམ་པར་ཤེས་པ་དང་བཅས་པ་ཉིད་ཀྱི་ལུས་ནི་ཡང་དག་པར་འགྲུབ་ཀྱི། རྣམ་པར་ཤེས་པ་དང་བྲལ་བ་ནི་རུལ་བར་འགྱུར་རོ། །དེ་ལྟ་བས་ན་སེམས་དང་གྲུབ་པ་དང་བདེ་བ་ཅིག་པའི་ཕྱིར། །དེ་བཞིན་དུ་འདི་ཡང་སྐད་ཅིག་པ་ཉིད་དུ་རིག་པར་བྱའོ། །སེམས་གྱུར་ན་ད ་འགྱུར་བའི་ཕྱིར་ཞེས་བྱ་བ་ནི་བདེ་བ་དང་སྡུག་བསྔལ་དང་འདོད་ཆགས་དང་ཞེ་སྡང་ལ་སོགས་པའི་གནས་སྐབས་ན་སེམས་གྱུར་པས་ལུས་འགྱུར་བར་སྣང་སྟེ། དེའི་ཕྱིར་སྐད་ཅིག་རེ་རེ་ལ་འགྱུར་པའི་སེམས་ཀྱི་རྗེས་སུ་འགྱུར་བས་ལུས་སྐད་ཅིག་པ་ཉིད་དུ་གྲུབ་བོ། །སེམS ་ཀྱི་གནས་ཡིན་པའི་ཕྱིར་ཞེས་བྱ་བ་ལ། དབང་པོ་དང་བཅས་པའི་ལུས་ནི་སེམས་ཀྱི་གནས་སུ་རབ་ཏུ་གྲུབ་པ་སྟེ། གང་ཞིག་གང་གི་སྐྱེ་བའི་གནས་ཡིན་པ་དེ་བདག་འཇིག་པ་མེད་པར་དེའི་གནས་སུ་འགྱུར་བར་མི་སྣང་སྟེ། དཔེར་ན་མེ་དང་མྱུ་གུ་ལ་སོགས་པའི་ཤིང ་དང་མངོན?་པ་སོགས་པ་བཞིན་ནོ། །དེ་བས་ན་སྐད་ཅིག་རེ་རེ་ལ་སེམས་ཀྱི་གནས་སུ་གྱུར་པས་སྐད་ཅིག་རེ་རེ་ཁོ་ན་ལ་རྣམ་པར་འཇིག་པ་གྲུབ་བོ། །སེམས་ཀྱི་དབང་གིས་བྱུང་བའི་ཕྱིར་ཞེས་བྱ་བ་ལ་ནང་དང་ཕྱིའི་གཟུགས་ཐམས་ཅད་ནི་སེམས་ཀྱི་དབང་གིས་བྱུང་བ་སྟེ། ་དེ་བས་ན་གྱུ?་སྐད་ཅིག་པ་ཡིན་པའི་ཕྱིར། འབྲས་བུ་ཡང་སྐད་ཅིག་པ་ཉིད་དུ་རིག་པར་བྱ་སྟེ། གཟུགས་འབྱུང་བའི་རྒྱུ་གང་དག་ཡིན་པ་དང། རྐྱེན་གང་དག་ཡིན་པ་དེ་དག་ནི་མི་རྟག་པ་ཡིན་ན། རྒྱུ་རྐྱེན་མི་རྟག་པ་ལ་བརྟེན་ནས་འབྱུང་བའི་གཟུགས་རྟག་པར་ག་ལ་འགྱུར་ཞེས ་མདོ་ལས་བྱུང་བའི་ཚིག་གི་ཚུལ་དུ་རིག་པར་བྱའོ། །སེམས་དབང་སྒྱུར་བའི་ཕྱིར་རོ། །ཞེས་བྱ་བ་ནི་མཐུ་ཁྱད་པར་དུ་འཕགས་པའི་སེམས་གཟུགས་ལ་དབང་སྒྱུར་བ་སྟེ། དེ་ཇི་ལྟར་འདོད་པ་བཞིན་དུ་བསྒྱུར་བའི་ཕྱིར་རོ། །དེའི་ཕྱིར་སྐད་ཅིག་རེ་རེ་ལ་རྣམ་པ་གཞན་དུ་མོས་ན ་རྣམ་པ་གཞན་འབྱུང་བས་སྐད་ཅིག་པ་ཉིད་དུ་གྲུབ་པོ། །ཡང་ཐར་འགྱུར་བར་དམིགས་པའི་ཕྱིར་ཞེས་བྱ་བ་ནི། སྐད་ཅིག་རེ་རེ་ལ་རང་བཞིན་གྱིས་འགྱུར་བ་མེད་པར་གློ་བུར་དུ་གཟུགས་ཀྱི་ཐ་མར་འགྱུར་བའི་མི་རིགས་ན། དེ་ཡང་དམིགས་པ་དེ་བས་ན་མཛའ་མའི་གཟུགས་གྱི་འགྱུར་བའི ་རང་གི་རྒྱུད་ཀྱི་སྐད་ཅིག་རེ?་རེ་འགྱུར་བ་འཕེལ་པའི་རྒྱུ་ལས་བྱུང་བའི་ཕྱིར་གཟུགས་སྐད་ཅིག་པར་གྲུབ་པོ། །སྐྱེས་ནས་ཀྱང་རྐྱེན་ལ་མི་བལྟོས་པར་རང་གི་རང་གིས་རྣམ་པར་འཇིག་པའི་ཕྱིར་ཞེས་བྱ་བ་ནི་སྐྱེས་པ་ཐམས་ཅད་ནི་རྐྱེན་ལ་མི་བལྟོས་པར་རང་གི་དང་ཉིད་གྱིས་འཇིག ་པར་འགྱུར་རོ། །དེའི་ཕྱིར་རྐྱེན་གཞན་ལ་མི་བལྟོས་པར་གདོན་མི་ཟ་བར་འཇིག་སྟེ། དངོས་པོ་སྐྱེས་པ་ཙམ་ཉིད་ཀྱིས་འཇིག་པ་མ་ཡིན་ལ། ཕྱིས་འཇིག་གོ་ཞེས་བྱ་བ་ནི་བྱེ་བྲག་ཅུང་ཟད་ཀྱང་མེད་དོ། །དེ་ལྟ་བས་ན་རྣམ་པར་འཇིག་པའི་ཚུལ་ཅན་ཐམས་ཅད་ནི་སྐྱེས་པ་ནམ་གྱིས ་འཇིག་པར་འགྱུར་བས་སྐད་ཅིག་པ་ཉིད་དུ་གྲུབ་པོ། །ཕྱོགས་གཅིག་པ་བརྟེན་པའི་དངོས་པོའི་དོན་ནི་རྒྱུར་བྱས་པའི་དོན་ཏོ། །ཞེས་བྱ་བ་ནི་འབྱུང་བའི་ཕྱོགས་ལ་མི་བལྟོས་པར་འབྱུང་བ་ལས་གྱུར་པ་ལོ་ནས་སྤྱོད་ཤིག་ཏུ་རང་དབང་དུ་འབྱུང་བའི་མཐུ་མེད་པའི་ཕྱིར་རོ། །འབྱུང? ་པ་གཅིག་ལས་གྱུར་པའི་འདུས་པ་ཡང་ཡོད་དེ?། འདི་ལྟ་སྟེ་ས་རྡོག་སྐམ་པོ་ལྟ་བུའོ། །འབྱུང་བ་གཉིས་ལས་གྱུར་པ་ཡང་ཡོད་དེ། དེ་ཉིད་གཤེར་པའོ། །འབྱུང་པ་གསུམ་ལས་གྱུར་པ་ཡང་ཡོད་དེ། དེ་ཉིད་དྲོ་བའོ། །འབྱུང་བ་ཐམས་ཅད་ལས་གྱུར་པ་ཡང་ཡོད་དེ། ས་ཇོག? ་དེ་ཉིད་གཤར་བ་དང་དྲོ་བ་དང་འདྲིལ་ཞིང་འགྲོ་བའི་ཚེའོ?། །འདུས་པ་རྒྱུར་བྱས་པའི་གཟུགས་གཅིག་པ་ཡང་ཡོད་དེ། འདི་ལྟ་སྟེ་འོད་ལྟ་བུའོ། །རྒྱུར་བྱས་པའི་གཟུགས་གཉིས་དང་ལྡན་པ་ཡང་ཡོད་དོ། །འདི་ལྟ་སྟེ། སྒྲ་དང། དྲི་དང་བཅས་པའི་རླུང་ལྟ་བུའོ། །རྒྱུར་བྱས་པའི ་གཟུགས་གསུམ་དང་ལྡན་པ་ཡང་ཡོད་དོ། འདི་ལྟ་སྟེ། དུ་བ་ལྟ་བུའོ། །དེ་ནི་གཟུགས་དང་དྲི་དང་རེག་བྱའི་བྱེ་བྲག་གིས་རབ་ཏུ་ཕྱེ་བའི་ཕྱིར་ཏེ། རེག་བྱའི་བྱེ་བྲག་ནི་འདིར་ཡང་པ་ཉིད་དུ་རིག་པར་བྱའོ། །ཡང་རྒྱུར་བྱས་པའི་གཟུགས་གསུམ་དང་ལྡན ་པ་ཡང་ཡོད་དེ། དྲི་མ་ནམ་པ་མེད་པའི་ནོར་བུའི་སྣོད་ཀྱི་ནང་ན་ཡོད་པའི་ཆུ་ལ་གཟུགས་དང་རོ་དང་རེག་བྱ་ཡོད་པའོ། །རྒྱུར་བྱས་པའི་གཟུགས་བཞི་དང་ལྡན་པ་ཡང་ཡོད་དེ། འདི་ལྟ་སྟེ་བུ་རམ་གྱི་ལིང་ལྟ་བུའོ། །རྒྱུར་བྱས་པའི་གཟུགས་སྔ་དང་ལྡན་པ་ཡང ་ཡོད་དེ། འདི་ལྟ་སྟེ་དེ་ཉིད་སྒྲ་དང་བཅས་པའོ། །དེ་ལྟར་གཞན་ལ་ཡང་འབྱུང་བ་འམ་འབྱུང་བ་ལས་གྱུར་པ་གང་ན་གང་དམིགས་པ་དེ་ན་དེ་ཡོད་པར་རིག་པར་བྱ་སྟེ། གཞན་དུ་ན་ནི་མ་ཡིན་ནོ། །རྡུལ་ཕྲ་རབ་ལུས་མེད་པ་ཞེས་བྱ་བ་ནི་རང་གི་ངོ་བོ་ཉིད ་མེད་པ་སྟེ། རྣམ་པར་བཞག་པ་ཙམ་དུ་ཟད་དོ་ཞེས་བྱ་བའི་ཐ་ཚིག་གོ། བཤིག་ན་མུ་ཐུག་པ་མེད་པའི་ཕྱིར་རོ། །བློས་མཐར་རབ་ཏུ་ཕྱེ་ནས་རྡུལ་ཕྲ་རབ་ཏུ་རྣམ་པར་བཞག་ཅེས་བྱ་བ་ནི་བློ་ཇི་ཙམ་དུ་ཆ་ཤས་ཀྱིས་བཤིག་པའི་མཐར་རབ་ཏུ་དབྱེ་བར་ནུས ་པ་དེ་ཙམ་དུ་རྡུལ་ཕྲ་རབ་ཏུ་རྣམ་པར་འཇོག་པར་བྱེད་པའོ། །ཅིའི་ཕྱིར་དེ་ལྟར་ལུས་མེད་ཀྱང་རྡུལ་ཕྲ་རབ་ཏུ་རྣམ་པར་འཇོག་ཅེ་ན། རིལ་པོའི་འདུ་ཤེས་རྣམ་པར་བཤིག་པའི་ཕྱིར་ཏེ། གཟུགས་ལ་བློས་ཆ་ཤས་ཀྱིས་བཤིག་ན་འདི་ཐམས་ཅད་ནི ་གཟུགས་གཅིག་གོ་ཞེས་རིལ་པོར་འདུ་ཤེས་པ་དང་བྲལ་བར་འགྱུར་ཏེ། འདི་ལྟར་གང་ཟག་ལ་བདག་མེད་པར་འཇུག་པའི་རྗེས་སུ་མཐུན་པར་འགྱུར་རོ། །གཟུགས་ལ་རྫས་སུ་ཡོངས་སུ་གྲུབ་པ་མེད་པར་འཇུག་བར་བྱ་བའི་ཕྱིར་རོ་ཞེས་བྱ་བ་ནི་དེ་ལྟར་བློས ་རབ་ཏུ་ཕྱེ་ན་གཟུགས་ཅི་ཡང་མེད་པར་རྟོགས་ནས་གཟུགས་ལ་རྫས་སུ་ཡོངས་སུ་གྲུབ་པ་མེད་པར་འཇུག་སྟེ། འདི་ལྟར་རྣམས་པར་རིག་པ་ཙམ་དུ་འཇུག་པས་ཆོས་ལ་བདག་མེད་པ་ལ་འཇུག་པའི་རྗེས་སུ་མཐུན་པར་འགྱུར་རོ། །བློའི་དབྱེ་བ ་དང་ཟས་ཀྱི་དབྱེ་བས་རྡུལ་ཕྲ་རབ་རྣམ་པར་བཞག་པར་ཤེས་པར་བྱ་སྟེ། ཚིག་གཉིས་དང་གོ་རིམ་བཞིན་ནོ། །སྡུག་བསྔལ་ཤིན་ཏུ་རྒྱས་ལ་མ་བསྲབས་པ་ནི་འདོད་པའི་ཁམས་ན་སྤྱོད་པའི་དགེ་བའི་རྩ་བ་མ་བསགས་པ་རྣམས་ཀྱི་སྟེ། འདོད་པའི་ཁམས་ནི་སྡུག་བསྔལ་ཉིད ་ཐམས་ཅད་དང། འགྲོ་བ་དང་སྐྱེ་གནས་ཀྱིས་རབ་ཏུ་ཕྱེ་བ་དང། དགེ་བའི་རྩ་བ་མ་བསགས་པས་ན། ཐོགས་པ་མེད་པར་འགྲོ་བ་ཐམས་ཅད་དུ་འགྲོ་བའི་ཕྱིར་ཏེ། གོ་རིམ་བཞིན་དུ་དེ་ནི་ཤིན་ཏུ་རྒྱས་ལ་མ་བསྲབས་པར་རིག་པར་བྱའོ། །བསྲབས་པ་ནི་དེ་ཉིད་ཐར་པའི་ཆ་དང ་མཐུན་པ་སྐྱེས་པ་རྣམས་ཀྱི་སྟེ། གདོན་མི་ཟ་བར་ཡོངས་སུ་མྱ་ངན་ལས་འདས་འདའ་བར་ངེས་པར་བྱ་བའི་ཕྱིར་རོ། །བསླབས་པ་འང?་མ་ཡིན་ལ་མ་བསྲབས་པ་ཡང་མ་ཡིན་པ་ནི་འདོད་པ་ན་སྤྱོད་པའི་སྡུག་བསྔལ་དེ་ཉིད་འཇིག་རྟེན་པས་འདོད་ཆགས་དང་བྲལ་བར་བྱ་བའི ་ཕྱིར་དགེ་བའི་རྩ་བ་བསྐྱེད་པ་རྣམས་ཀྱི་སྟེ། སྡུག་བསྔལ་ཀྱི་སྡུག་བསྔལ་ཉིད་ལ་སོགས་པ་ལས་ཡང་དག་པར་ཤིན་ཏུ་འདའ་པར་ངེས་པར་བྱས་པ་དང། གཏན་དུ་མ་ཡིན་པའི་ཕྱིར་ཏེ། གོ་རིམ་བཞིན་ནོ། །བར་མ་བསྲབས་པ་ལ་སོགས་པ་ཡང་དེ་བཞིན་དུ་ཇི་ལྟར་མཐུན་མཐུན་དུ་སྦྱར ་བར་བྱའོ། །བསྲབས་པ་ཆེན་པོར་ཉེ་བར?་གནས་པར་ཞེས་བྱ་བ་ནི་སེམས་ཅན་དུ་མའི་རྒྱུད་ལ་ཡོད་པའི་སྡུག་བསྔལ་བསལ་བར་ཉེ་བར་གནས་པའི་ཕྱིར་རོ། །དགེ་བ་ལ་སོགས་པའི་སེམས་ཡོད་པ་ལ་?་ཞེས་བྱ་བ་ནི་བདག་ལ་ཆགས་པ་དང་མཚུངས་པར་ལྡན་པའི་འཆི་འཕོ ་སེམས་ཅན་གྱི་སྔ་རོལ་གྱི་གནས་སྐབས་ཀྱི་དབང་དུ་བྱས་པར་རིག་པར་བྱའོ། །ཡིད་ལས་བྱུང་བ་ཞེས་བྱ་བ་ནི་རྫུས་ཏེ་སྐྱེ་བ་ཉིད་དེ། སེམས་ཙམ་གྱི་རྒྱུ་ལས་བྱུང་བའི་ཕྱིར་རོ། །དྲི་ཟ་ཞེས་བྱ་བ་ནི་དིས་འགྲོ་བའི་ཕྱིར་ཏེ། དྲི་དང་མཐུན་པར་སྐྱེ་བའི་ཡུལ་དུ་འགྲོ་བའི་ཕྱིར་ཞེས་བྱ་བཱི ་ཐ་ཚིག་གོ། དེ་ལྟར་ཐོགས་ན་ཞག་བདུན་གནས་ཏེ། །དེ་ཚུན་ཆད་ཀྱིས་འཆི་འཕོའོ། །ཞེས་བྱ་བ་ནི་གལ་ཏེ་སྐྱེ་བའི་རྐྱེན་རྙེད་ནའོ། །ཅི་སྟེ་མ་རྙེད་ན་ཞག་བདུན་གྱི་འོག་ཏུ་ཤི་འཕོས་ནས་ཡང་བར་དོའི་སྲིད་པ་ཉིད་འགྲུབ་པོ། །དེ་ལྟར་ལན་བདུན་གྱི་བར་དུ་བྱས ་ནས་ཅི་སྟེ་ལྡོག་གོ་ཞེས་བྱ་བ་ནི་གལ་ཏེ་གནས་སྐབས་དེ་ན་གཞན་དུ་སྐྱེ་བའི་རྐྱེན་སྟོབས་དང་ལྡན་པ་ཞིག་མངོན་དུ་གྱུར་ན་སྟེ། བསམ་གཏན་བཞི་པ་ཐོབ་པའི་དགེ་སློང་དགྲ་བཅོམ་པའོ། སྙམ་པའི་མངོན་པའི་ང་རྒྱལ་ཅན་ས་དེ ་པའི་བར་མདོའི་སྲིད་པ་མངོན་པར་གྲུབ་པ་ན་ཐར་པ་ལ་སྐུར་བ་འདེབས་པ་ལོག་པར་ལྟ་བ་རྙེད་ནས་སེམས་ཅན་དམྱལ་བའི་བར་མདོའི་སྲིད་པ་མངོན་པར་འགྲུབ་པ་བཞིན་ནོ། །དེ་ན་གནས་པ་ཡང་ལས་སོག་གོ་ཞེས་པ་ན་སྔོན་གྱི་འཕེན་པའི་དབང ་གིས་དགེ་བ་ལ་སོགས་པའི་སེམས་པ་ཀུན་ཏུ་འབྱུང་བའི་ཕྱིར་རོ། །སྐལ་པ་མཉམ་པའི་སེམས་ཅན་རྣམས་ཀྱང་མཐོང་ཞེས་བྱ་བ་ནི་གང་དག་དང་ལྷན་ཅིག་ཏུ་སྔོན་དགེ་བ་འམ། མི་དགེ་བ་ཀུན་ཏུ་སྤྱད་པར་གྱུར་པ་དེ་དག་དང་བདག་ལྷན་ཅིག་ཏུ་འདུག ་པར་རྨི་ལམ་ཙམ་གྱི་ཚོད་དུ་ཤེས་སོ། །གང་དུ་སྐྱེ་བར་འགྱུར་པ་དེའི་སྔོན་ལོགས་ཀྱི་སྲིད་པའི་བྱད་གཟུགས་གྲུབ་པོ། །དེའི་འོག་ཏུ་དབང་པོ་རྣམས་མངོན་པར་འགྲུབ་སྟེ། རྟེན་ཅིང་འབྲེལ་པར་འབྱུང་བ་ལ་ཇི་སྐད་དུ་འབྱུང་བ་དེ་བཞིན་ཞེས་བྱ་བ་ནི ་མིང་དང་གཟུགས་ལ་སོགས་པའི་རིམ་པས་སོ། །ཇི་སྐད་དུ། ཐོག་མ་ཉིད་དུ་ནུར་ནུར་འགྱུར། །ནུར་ནུར་པོ་ལས་མེར་མེར་འགྱུར། །མེར་མེར་པོ་ལས་ནར་ནར་འགྱུར། །ནར་ནར་པོ་ལས་གོར་གོར་འགྱུར། །གོར་གོར་པོ་ལས་རྐང་ལག་འགྱུས། །སྐྲ་སྤུ་སེན་མོ ་ལ་སོགས་འབྱུང། །དབང་པོ་གཟུགས་ཅན་རྣམས་དང་ནི། །མཚན་རྣམས་མཐར་གྱིས་འབྱུང་བར་གྱུར་།ཞེས་གསུངས་པ་ལྟ་བུའོ།། །།ཀུན་འབྱུང་གི་བདེན་པ་ནི་གང་ལས་སྡུག་བསྔལ་ཀུན་འབྱུང་བ་སྟེ། དེ་ཡང་གང་ཞེ་ན། ཉོན་མོངས ་པ་དང་ཉོན་མོངས་པའི་དབང་གིས་བྱུང་པའི་ལས་ཏེ། ཟག་པ་དང་བཅས་པ་ཞེས་བྱ་བའི་ཐ་ཚིག་གོ་།གལ་ཏེ་དེ་ལྟ་མ་ཡིན་ན། ཀུན་འབྱུང་བ་ཞེས་བསྟན་པ་ལ་ཅིའི་ཕྱིར་བཅོམ་ལྡན་འདས་ཀྱིས་སྲེད་པ་ཉིད་བསྟན་ཅེ་ན། ཐམས་ཅད་དུ་འགྲོ་བས་གཙོ་བོར ་གྱུར་པའི་ཕྱིར་ཏེ། ཇི་ལྟར་སྲེད་པ་དངོས་པོ་ཐམས་ཅད་དུ་འགྲོ་བ་ནི་ཐོབ་པ་དང་མ་ཐོབ་པའི་ཡུལ་དང་ཡུམ་གྱི་དངོས་པོ་ཐམས་ཅད་ལ་ཁྱབ་པའི་ཕྱིར་རོ། །དེ་ལ་ལུས་ཐོབ་པ་ནི་སྲེད་པའོ། །མ་ཐོབ་པ་ནི་ཡང་འབྱུང་བའོ། །ཐོབ་པའི་ཡུལ་རྣམས་ནི་དགའ་བའི་འདོད་ཆགས་དང་ལྡན ་པའོ། མ་ཐོབ་པའི་ཡུལ་རྣམས་ནི་དེ་དང་དེ་ལ་མངོན་པར་དགའ་བར་རིག་པར་བྱའོ། །གནས་སྐབས་ཐམས་ཅད་དུ་འགྲོ་བ་ནི། འདུ་བྱེད་རྣམས་ཀྱི་སྡུག་བསྔལ་གྱི་སྡུག་བསྔལ་ལ་སོགས་པ་གནས་སྐབས་གསུམ་པོ་དག་དང་ལྡན་པའི་ཕྱིར་རོ། །དེ་ལ་སྡུག་བསྔལ་གྱི ་སྡུག་བསྔལ་ཉིད་ཀྱི་གནས་སྐབས་ཐོབ་པ་ལ་ནི་འབྲལ་བར་སྲིད་དོ། །མ་ཐོབ་པ་ལ་ནི་མི་ཕྲད་པར་སྲིད་དོ། །འགྱུར་བའི་སྡུག་བསྔལ་ཉིད་ཀྱི་གནས་སྐབས་ལ་ནི་ཐོབ་པ་དང་མ་ཐོབ་པའི་བྱེ་བྲག་གིས་མི་འབྲལ་བའི་སྲེད་པ་དང་ཕྲད་བའི་སྲད་པའོ། །འདུ་བྱེད་ཀྱི་སྡུག ་བསྔལ་ཉིད་ཀྱི་གནས་སྐབས་ལ་ནི་གཏི་མུག་གི་སྲེད་པ་སྟེ། ཉོན་མོངས་པའི་གནས་ངན་ལེན་གྱིས་རབ་ཏུ་ཕྱེ་བ་དང། སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པའི་ཚོར་བས་རབ་ཏུ་ཕྱེ་བའི་ཕྱིར་རོ། །བྱེ་བྲག་ཏུ་ནི་ཀུན་གཞི་རྣམ་པར་ཤེས་པ་ནི་འདུ་བྱད ་ཀྱི་སྡུག་བསྔལ་ཉིད་ཀྱི་གནས་སྐབས་ཏེ། དེ་ལ་བདག་ཏུ་རྨོངས་པའི་སྒོ་ནས་སྲེད་པ་འབྱུང་བར་རིག་པར་བྱའོ། །དུས་ཐམས་ཅད་དུ་འགྲོ་བ་ནི་དུས་གསུམ་པོ་དག་གི་རྗེས་སུ་འགྲོ་བའི་ཕྱིར་རོ། །འདས་པའི་དུས་ལ་ནི་བལྟས་པའི་རྣམ་པས་རྗེས་སུ་འགྲོའོ། །མ་འོངས་པའི ་དུས་ལ་ནི་མངོན་པར་དགའ་བའི་རྣམ་པས་རྗེས་སུ་འགྲོའོ། །ད་ལྟར་བྱུང་བ་བཞི་ལྷག་པར་ཆགས་པས་རྗེས་སུ་འགྲོའོ། ཁམས་ཐམས་ཅད་དུ་འགྲོ་བ་ནི་འདོད་པ་དང་གཟུགས་དང། གཟུགས་མེད་པ་དག་གི་སྲེད་པ་དག་གིས་ཁམས་གསུམ་ཁྱབ་པའི་ཕྱིར་རོ། །ཚོལ་བ ་ཐམས་ཅད་དུ་འགྲོ་བ་ནི་དེས་འདོད་པ་དང་སྲེད་པ་དང་ལོག་པས་ཚངས་པར་སྤྱོད་པ་ཚོལ་བའི་ཕྱིར་རོ། །འདོད་པ་ཚོལ་བས་ནི་འདོད་པའི་ཁམས་ལས་ཡོངས་སུ་མ་གྲོལ་བ་དེ་ཉིད་དུ་སྡུག་བསྔལ་འགྲུབ་པར་བྱེད་དོ། །དེ་བཞིན་དུ་སྲིད་པ་ཚོལ་བས་ནི་གཟུགས་དང ་གཟུགས་མེད་པའི་ཁམས་སུ་སྡུག་བསྔལ་འགྲུབ་པར་བྱེད་དོ། །ལེག་པས་ཚངས་པར་སྤྱོད་པ་ཚོལ་བས་ནི་འཁོར་བ་ལས་ཡོངས་སུ་མ་གྲོལ་བར་དེར་འཁོར་རོ། །རྣམ་པ་ཐམས་ཅད་དུ་འགྲོ་བ་ནི་འབྱུང་བ་དང་འཇིག་པའི་སྲེད་པས ་རྟག་པ་དང་ཆད་པའི་རྣམ་པ་དང་ལྡན་པའི་ཕྱིར་རོ། །ལྟ་བ་རྣམ་པ་ལྔའི་བྱེ་བྲག་ནི་འཇིག་ཚོགས་ལ་ལྟ་བ་དང། མཐར་འཛིན་པར་ལྟ་བ་དང། ལོག་པར་ལྟ་བ་དང། ལྟ་བ་མཆོག་ཏུ་འཛིན་པ་དང། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པའོ།། ་རབ་ཏུ་མ་ཞི་བའི་མཚན་ཉིད་ནི་ཉོན་མོངས་པ་རྣམས་ཀྱི་སྤྱིའི་མཚན་ཉིད་དུ་རིག་པར་བྱའོ། །དེ་ལ་རྣམ་པ་དྲུག་སྟེ། འདི་ལྟར་རྣམ་པར་གཡེང་བས་རབ་ཏུ་མ་ཞི་བ་དང། ཕྱིན་ཅི་ལོག་གིས་རབ་ཏུ་མ་ཞི་བ་དང། རྒོད་པས་རབ་ཏུ་མ་ཞི་བ་དང། རྨུགས་པས་རབ ་ཏུ་མ་ཞི་བ་དང། བག་མེད་པས་རབ་ཏུ་མ་ཞི་བ་དང། འཛོམ་པ་མེད་པས་རབ་ཏུ་མ་ཞི་བའོ། །ཉོན་མོངས་པའི་བག་ལ་ཉལ་མ་སྤངས་པར་གྱུར་པ་ཞེས་བྱ་བ་ནི་དེའི་ཕྱོགས་དང་མཐུན་པའི་གནས་ངན་ལན་ལེགས་པར་མ་བཅོམ་པའི་ཕྱིར་རོ། །ཉོན་མོངས་པའི་གནས ་ཀྱི་ཆོས་སྣང་བར་གྱུར་པ་ཞེས་བྱ་བ་ནི་ཆགས་པར་འགྱུར་བ་ལ་སོགས་པའོ། །དེ་ལ་ཡང་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ཉེ་བར་གནས་པ་ཡིན་ཞེས་བྱ་བ་ནི་ཡུལ་དེ་ལ་སྡུག་པའི་མཚན་མ་ལ་སོགས་པར་འཛིན་པ་སྟེ། འདོད་ཆགས་ལ་སོགས་པ་འབྱུང་བ་དང ་མཐུན་པའོ། །མ་རིག་པ་དང་ལྟ་བ་དང་ཐེ་ཚོམས་གོང་མ་པ་ལ་དམིགས་པ་ཡང་ཡོད་མོད་ཀྱི། དེ་དག་ནི་ཇི་ལྟར་རང་གི་ས་པ་ལ་དམིགས་བ་བཞིན་དུ་ས་དེ་མངོན་སུམ་དུ་དམིགས་པ་ནི་མ་ཡིན་པར་རིག་པར་བྱ་སྟེ། དེ་ལ་ཀུན་ཏུ་བརྟགས་པའི་སྒོ་ནས་ཞུགས ་པའི་ཕྱིར། དེ་ལ་དམིགས་པར་རྣམ་པར་བཞག་པར་རིག་པར་བྱའོ། །དེ་ལ་མ་རིག་པ་ས་གོང་མ་པ་ལ་དམིགས་པ་ནི་གང་ལྟ་བ་དང་མཚུངས་པར་ལྡན་པའོ། །ལྟ་བ་ནི་འཇིག་ཚོགས་ལ་ལྟ་བ་ལ་མ་གཏོགས་ཏེ། གཞན་གྱིས་པའི་འདུ་བྱེད་ལ་ངའོ་སྙམ་དུ ་མངོན་པར་ཞེན་པ་ནི་མ་མཐོང་ངོ། །ས་གོང་མའི་ཉོན་མོངས་པ་ནི་འོག་མ་ལ་དམིགས་པ་མ་ཡིན་ནོ་ཞེས་བྱ་བ་ནི་དེ་ལས་འདོད་ཆགས་དང་བྲལ་བའི་ཕྱིར་རོ། །འགོག་པ་དང་ལམ་ལ་དམིགས་པ་ནི་དེ་གཉིས་ལ་དམིགས་པ་མ་ཡིན་ཏེ། འཇིག་རྟེན་ལས་འདས་པའི་ཡེ་ཤེས་དང། དེའི ་རྗེས་ལ་ཐོབ་པ་སོ་སོ་རང་རང་གིས་རིག་པར་བྱ་བ་ཡིན་པའི་ཕྱིར་རོ། །དེའི་དམིགས་པ་ནི་དེས་ཡོངས་སུ་རྟག་པའོ། །ཞེས་བྱ་བ་ནི་དེའི་དམིགས་པ་ནི་ངེས་ཡོངས་སུ་བརྟགས་པའོ། །ཞེས་བརྗོད་པར་བྱ་སྟེ། དེའི་དམིགས་པ་ནི་དེས་ཡོངས་སུ་རྟོགས་པ་ཞེས་བྱ་བའི་ཚིག་དེ་ལས ་ཡོངས་སུ་བརྟགས་པ་གུད་ན་མེད་དོ། །འདོད་ཆགས་ནི་ཁོང་ཁྲོ་བ་དང་མཚུངས་པར་ལྡན་པ་མ་ཡིན་ནོ། །ཞེས་བྱ་བ་ནི་ཤིན་ཏུ་མི་མཐུན་པ་གཉིས་གཅིག་ཏུ་འབྱུང་བ་མི་རིགས་པའི་ཕྱིར་རོ། །ཐེ་ཚོམ་དང་ཡང་མཚུངས་པར་ལྡན་པ་མ་ཡིན་པ་ནི་ཐེ་ཚོམ་དུ་གྱུར་ན་བློ་གནས་པ་མེད ་པས་ཆགས་མར་འགྱུར་བ་མེད་པའི་ཕྱིར་རོ། །ལྷག་མ་ནི་དེ་དང་ཞེས་བྱ་བ་ནི་ང་རྒྱལ་ལ་སོགས་པ་དང་མི་མཐུན་པ་མེད་པའི་ཕྱིར་མཚུངས་པར་ལྡན་པར་རིག་པར་བྱའོ། །ཁོང་ཁྲོ་བ་ཡང་ང་རྒྱལ་དང་ལྟ་བ་དང་མཚུངས་པར་ལྡན་པ་ཡིན་ནོ། །ཞེས་བྱ་བ་ནི་སུ་ཞིག་དངོས་པོ་གང ་ལ་ཞེ་འགྲས་པར་འགྱུར་པ་དེས་དེ་ཁེངས་པར་མི་འགྱུར་རོ་དེར་ཡང་རྟོག་པར་མི་ནུས་སོ། །དེ་བཞིན་དུ་གཞན་ལ་ཡང་སྦྱར་བར་བྱའོ། །ཁོང་ཁྲོ་བ་ལ་སོགས་པ་ཕན་ཆུན?་མཚུངས་པར་ལྡན་པ་མ་ཡིན་པ་ཞེས་བྱ་བ་ནི་མི་མཐུན་པ་དང་མཚུངས་པར་ལྡན་པ་མ་ཡིན་ཏེ། དཔེར་ན་འདོད་ཆགས ་ཀྱི་ཆར་གཏོགས་པ་རྣམས་ཞེ་སྡང་གི་ཆར་གཏོགས་པ་དག་དང་མ་ཡིན་པ་བཞིན་ནོ། །མི་མཐུན་པ་མེད་པ་དག་ནི་ཉོན་མོངས་པ་བཞིན་དུ་མཚུངས་པར་ལྡན་པར་རིག་པར་བྱའོ། །ངོ་ཚ་མེད་པ་དང་ཁྲེལ་མེད་པ་ནི་མི་དགེ་བ་ཐམས་ཅད་དང་མཚུངས་པར་ལྡན་ནོ་ཞེས་བྱ་བ་ནི་བདག་དང ་གཞན་ལ་མི་ལྟ་བ་མེད་པར་ཀུན་ཏུ་འབྱུང་བ་མེད་པའི་ཕྱིར་རོ། །དེ་བཞིན་དུ་རྨུགས་པ་ལ་སོགས་པ་ཡང་ཉོན་མོངས་པ་ཅན་ཐམས་ཅད་དང་སྦྱར་བར་བྱ་སྟེ། ལས་སུ་མ་རུང་བ་ཉིད་ལ་སོགས་པ་མེད་པར་ཉོན་མོངས་པ་ཅན་མི་སྲིད་པའི་ཕྱིར་རོ། །གང་ཞིག་རྣམ་པ་གང་གི ་དངོས་པོ་གང་ལ་ཀུན་ཏུ་སྦྱོར་བ་དེ་བསྟན་པས་ཀུན་ཏུ་སྦྱོར་བ་བསྟན་པར་རིག་པར་བྱའོ། །ཀུན་ཏུ་སྦྱོར་བ་ཅི་ཞེ་ན་རྗེས་སུ་ཚགས་པའི་ཀུན་ཏུ་སྦྱོར་བ་ནི་ཁམས་གསུམ་པའི་འདོད་ཆགས་ཀྱི་ངོ་བོ་ཉིད་དེ་ཀུན་ཏུ་སྦྱོར་བར་བྱེད་དོ། །རྣམ་པ་གང ་གིས་ཀུན་ཏུ་སྦྱོར་ཞེ་ན། དེ་དང་ལྡན་པ་ཁམས་གསུམ་པ་ལ་ཡིད་མི་འབྱུང་བ་ནི་མི་དགེ་བ་ཀུན་ཏུ་སྤྱོད་ཅིང་དགེ་བ་མི་སྤྱོད་པས་སོ། །གང་ཀུན་ཏུ་སྦྱོར་ཞེ་ན། ཕྱི་མ་ལ་སྡུག་བསྔལ་མངོན་པར་འགྲུབ་པར་རོ། །དེ་བཞིན་དུ་ཁོང་ཁྲོའི་ཀུན་ཏུ་སྦྱོར་བ་ལ་ཡང་སྦྱར་བར ་བྱའོ། །མི་རིག་པའི་ཀུན་ཏུ་སྦྱོར་བ་དང་ལྡན་པ་ནི་སྡུག་བསྔལ་གྱི་ཆོས་རྣམས་དང་ཀུན་འབྱུང་བའི་ཆོས་རྣམས་ལ་ལྷག་པར་ཆགས་ཏེ་འབྲས་བུ་དང་རྒྱུར་གྱུར་པ་ཟག་པ་དང་བཅས་པའི་འདུ་བྱེད་རྣམས་དང་དེའི་ཉེས་དམིགས་ཡོངས་སུ་མི་ཤེས་པའི་ཕྱིར་རོ། ། ་ལྟ་བའི་ཀུན་ཏུ་སྦྱོར་བ་དང་ལྡན་པ་ནི་ལོག་པས་ངེས་པར་འབྱུང་བ་ཀུན་ཏུ་ཚོལ་ཏེ་བདག་གྲོལ་བར་འགྱུར་རོ། །བདག་གྲོལ་ལོ། །གྲོལ་ནས་ཀྱང་རྟག་པར་འགྱུར་རོ་སྙམ་པ་དང་ཆད་པར་འགྱུར་ཏེ། སངས་རྒྱས་པ་ལ་ཐར་པ་མེད་དོ་སྙམ་པའོ། །མཆོག་ཏུ་འཛིན ་པའི་ཀུན་ཏུ་སྦྱོར་བ་དང་ལྡན་པ་ནི་ལོག་པས་ངེས་པར་འབྱུང་བའི་ཐབས་ལ་རྟོག་སྟེ། འཕགས་པའི་ལམ་ཡན་ལག་བརྒྱད་པ་བོར་ནས་འཇིག་ཚོགས་ལ་ལྟ་བ་ལ་སོགས་པ་དང། དེ་སྔོན་ཏུ་འགྲོ་བའི་ཚུལ་ཁྲིམས་དང་བརྟུལ་ཞུགས་ཀྱིས་རྟགས་པར་ཡིད ་ཆེས་པའི་ཕྱིར་རོ། །འདོད་ཆགས་ལ་སོགས་པའི་འཆིང་བས་འགྱུར་བའི་སྡུག་བསྔལ་ཉིད་ལ་སོགས་པ་ལ་འཆིང་བར་བསྟན་པ་ནི་འདོད་ཆགས་ལ་སོགས་པ་ནི་བདེ་བ་ལ་སོགས་པའི་ཚོར་བ་ལ་ཕྲ་རྒྱས་སུ་འགྱུར་བའི་ཕྱིར་རོ། །ཕྱི་རོལ་གྱི་འཆིང་བས་བཅིངས ་པ་གཉིས་མི་འཐོབ་སྟེ། འགྲོ་བ་མི་འཐོབ་པ་དང། འདུག་ཀྱང་ཇི་ལྟར་འདོད་པ་དང། བསམ་པ་དང། སྤྱོད་པ་དང། འདོད་པ་བཞིན་དུ་བྱེད་པ་མི་འཐོབ་པའོ། །ནང་གི་འདོད་ཆགས་ལ་སོགས་པའི་འཆིང་བ་ཡང་དེ་དང་འདྲ་བར་རིག་པར་བྱའོ། །འདོད་པ་འཚོལ ་བ་མ་སྤངས་པའི་འདོད་པ་ལ་འདོད་ཆགས་དང། ཁོང་ཁྲོ་བའི་བག་ལ་ཉལ་ཕྲ་རྒྱས་སུ་འགྱུར་ཏེ། དེའི་སྒོ་ནས་དེ་གཉིས་རྒྱས་པར་འགྱུར་བའི་ཕྱིར་རོ། །ལོག་པར་ཐར་པ་དང། ཐར་པའི་ཐབས་ལ་རྟོགས་པར་བྱེད་དོ། །ཞེས་བྱ་བ་ནི་ཀུན་ཏུ་སྦྱོར་བའི་ནང་དུ་ལྟ་བ ་གསུམ་པ་དང། མཆོག་ཏུ་འཛིན་པ་གཉིས་ཇི་སྐད་དུ་བཤད་པ་དང་གོ་རིམ་བཞིན་ནོ། །གང་འདོད་ཆགས་ལ་སོགས་པ་ཉོན་མོངས་པ་རྣམས་མ་གཏོགས་པར་དེ་ལས་གཞན་པ་སེམས་ལས་བྱུང་བའི་འདུ་བྱེད་ཀྱི་ཕུང་པོ་ཉོན་མོངས་པ་ཅན་ནོ་ཞེས་བྱ་བ་ནི་ཁྲོ་བ་ལ ་སོགས་པར་རིག་པར་བྱའོ། །རྣལ་འབྱོར་པ་རྣམས་ཀྱི་དགེ་བའི་ཕྱོགས་ཀྱི་བར་ཆད་བྱ་བའི་ཕྱིར་ཡང་དང་ཡང་ཤས་ཆེར་སེམས་ལ་ཀུན་ནས་འཁྲི་བར་བྱེད་པས་ཀུན་ནས་དཀྲིས་པ་དག་གོ་།དགེ་བའི་ཕྱོགས་རྣཾS་ཞི་གནས་དང། རབ་ཏུ་འཛིན་པ་དང། བཏང་སྙོམས་ཀྱི ་རྒྱུ་མཚན་བསྒོམ་པ་སྟེ། དུས་ཇི་ལྟ་བ་བཞིན་ནོ། །དེ་དག་གི་བཞི་ནི་ཚངས་པར་སྤྱོད་པ་ལ་སོགས་པ་དག་པས་བསྡུས་པའི་ཚུལ་ཁྲིམས་སོ། །དེ་ལ་ཞི་གནས་ཀྱི་དུས་ན་ནི་རྨུགས་པ་དང་གཉིད་བར་ཆད་བྱེད་དེ། ནང་དུ་ཞུམ་པར་བྱེད་པའི་ཕྱིར་རོ། །རབ་ཏུ་འཛིན་པའི ་དུས་ན་ནི་རྒོད་བ་དང་འགྱོད་པ་སྟེ། ཕྱི་རོལ་ཏུ་རྣམ་པར་གཡེང་བར་བྱེད་པའི་ཕྱིར་རོ། །བཏང་སྙོམས་ཀྱི་དུས་ན་ནི་ཕྲ་དོག་དང་སེར་སྣ་སྟེ། དེ་དང་ལྡན་ན་གཞན་དང་བདག་གི་ཕུན་སུམ་ཚོགས་པ་ལ་མི་བཟོད་པ་དང། ཀུན་ཏུ་འཛིན་པའི་སྒོ་ནས་ཡང་དང་ཡང་སེམས ་གཡོ་བའི་ཕྱིར་རོ། །ཚུལ་ཁྲིམས་རྣམ་པར་དག་པའི་དུས་ན་ནི། ངོ་ཚ་མེད་པ་དང་ཁྲེལ་མེད་པ་སྟེ། དེ་གཉི་ག་དང་ལྡན་ན་རྣམ་པ་ཐམས་ཅད་དུ་ལྟུང་བའི་གནས་ཀྱིས་མི་འཛེམ་པའི་ཕྱིར་རོ། །ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་རྗེས་སུ་མཐུན་པ་དང། ་མི་མཐུན་པའི་ཕྱིར་ཆུ་པོ་དང་སྦྱོར་བ་གོ་རིམ་བཞིན་དུ་རྣམ་པར་བཞག་པར་རིག་པར་བྱའོ། །གནས་པ་དང་གནས་འབྲེལ་བའི་ཚུལ་གྱིས་ཞེས་བྱ་བ་ལ། ལྟ་བའི་ཆུ་བོ་ནི་གནས་པའོ། །མ་རིག་པའི་ཆུ་བོ་ནི་གནས་ཏེ། རྨོངས་པར་གྱུར་ན་ཐར་པ་དང་དེའི་ཐབས ་ལ་ལོག་པར་རྟོགས་པའི་ཕྱིར་རོ། །ལྟ་བ་དང་ཚུལ་ཁྲིམས་དང། བརྟུལ་ཞུགས་ཀྱི་ཉེ་བར་ལེན་པ་གཉིས་ཀྱིས་མུ་སྟེགས་ཅན་རྣམས་ནང་རྩོད་ཏེ། དེ་ལ་བློ་དུ་མར་གྱུར་པའི་ཕྱིར་རོ། །བདག་ཏུ་སྨྲ་བའི་ཉེ་བར་ལེན་པས་ནི་ནར་མི་རྩོད་དེ། ཐམས་ཅད ་ཀྱང་བདག་ཡོད་པ་ཉིད་དུ་བློ་མཐུན་པའི་ཕྱིར་རོ། །ཆོས་འདི་པ་རྣམས་དང་ནི་རྩོད་དེ། བདག་མེད་པར་སྨྲ་བའི་ཕྱིར་རོ། །བརྣབ་སེམས་ལ་སོགས་པ་ལུས་ཀྱི་མདུད་པ་ཞེས་བྱ་བ་ནི་དེ་དག་གཟུགས་ཀྱི་ལུས་ཀྱི་མདུད་པ་མ་ཡིན་པར་རིག་པར་བྱ་སྟེ། མཉམ་པར ་བཞག་པར་སེམས་ཀྱི་རང་བཞིན་གྱི་ལུས་ཀྱི་བར་དུ་བཅོད་པས་མདུད་པ་དག་གོ། སོ་སོའི་ལྟ་བ་ལ་བརྟེན་ནས་འདི་ཉིད་བདེན་གྱི་གཞན་ནི་དོན་མེད་པའོ། །ཞེས་མངོན་པར་ཞེན་ནས་ཞེས་བྱ་ལ་ཀུན་ཏུ་རྟོག་པས་ཚུལ་བཞིན་མ་ཡིན་པར་ཤེས་བྱ་ལ་རྟག་པའི ་རྒྱུས་སེམས་རྣམ་པར་གཡེང་བར་བྱེད་དོ། །གང་ལས་རྣམ་པར་གཡེང་བར་བྱེད་ཅེ་ན། མཉམ་པར་བཞག་པའི་སེམས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པ་མཐོང་བ་ལས་སོ། །དགེ་པའི་ཕྱོགས་མི་རྟོགས་པར་འགྱུར་བར་སེམས་ལ་སྒྲིབ་པར ་བྱེད་པས་སྒྲིབ་པ་རྣམས་ཏེ། དགེ་བ་ལ་འཇུག་པའི་པར་ཆད་བྱེད་ཅེས་བྱ་པའི་ཐ་ཚིག་གོ་།དེ་ལ་འདོད་པ་ལ་འདུན་པ་ནི། རབ་ཏུ་འབྱུང་བ་ལ་མངོན་པར་དགའ་བའི་བར་ཆད་བྱེད་དེ། ཡུལ་ལ་ཉེ་བར་སྤྱོད་པར་འདོད་པའི་སྒོ་ནས། དེ་ལ་མངོན ་པར་མི་དགའ་བའི་ཕྱིར་རོ། །གནོད་སེམས་ནི་བསྐུལ་པའི་དུས་ན་ཏེ། ཚངས་པ་མཚུངས་པར་སྤྱོད་པ་རྣམས་ཀྱིས་ཡང་དག་པར་བསྒྲུབ་པའི་སླབ་པའི་གནས་ལ་བསྐུལ་ནས་གནོད་སེམས་ཀྱི་སེམས་ཀྱིས་ཡང་དག་པར་མི་སློབ་པའི་ཕྱིར་རོ། ། ་རྨུགས་པ་དང་གཉིད་དང། རྒོད་པ་དང་འགྱོད་པ་ནི་ཞི་གནས་དང་རབ་ཏུ་འཛིན་པ་གཉིས་སྔ་མ་བཞིན་དུ་ཞུམ་པ་དང། རྣམ་པར་གཡེང་བར་བྱེད་པའི་ཕྱིར་རོ། །ཐེ་ཚོམ་ནི་བཏང་སྙོམས་ཀྱི་དུས་ན་ཏེ། གཏན་ལ་ཕེབས་པ་མེད་པར་བཏང་སྙོམས ་སུ་བྱེད་མི་ནུས་པའི་ཕྱིར་རོ། །གཉེན་པོ་མཐོང་གཤོལ་གྱིས་རློག་པར་དཀའ་བའི་ཕྱིར་ཐ་བར་རྣམ་པར་བཞག་པར་རིག་པར་བྱ་སྟེ། ཚེ་རབས་གཞན་ན་གོམས་པར་བྱས་པས་སྤྱོད་པས་ཐ་བར་གྱུར་པའི་ཕྱིར་རོ། །འཆལ་པའི་ཚུལ་ཁྲིམས་མི་གཙང་པར ་ཡིད་ཆེས་པའི་རྒྱུ་ཡིན་པས་དྲི་མ་རྣམས་སོ། །ཡང་དང་ཡང་འཁོར་བར་སྐྱེ་བ་དང་འཆི་བའི་ཚུལ་གྱིས་གནོད་པར་བྱེད་པས་སྡིག་པ་རྣམས་སོ། །སྲིད་པ་དང་སྲིད་པའི་ཡོ་བྱད་རྣམས་དང། དཀོན་མཆོག་རྣམས་ལ་སྲིད་པ་དང། ཐེ་ཚོམ་གྱི་སྒོ་ནས ་ཞུགས་པས་གནོད་པའི་ཕྱིར་ཟུག་རྔུ་རྣམས་སོ། །ཡོ་བྱད་མང་པོ་ཡོངས་སུ་འཛིན་པས་ཅི་ཡང་དང་བཅས་པར་བྱས་ནས་འཇིགས་པ་ལ་སོགས་པ་དང་སྦྱོར་བའི་ཕྱིར་ཅི་ཡང་རྣམས་སོ། །སྲོག་གཅོད་པ་ལ་སོགས་པའི་མི་དགེ་བ་འདྲེན་པས་ཉེས་པར་སྤྱོད་པ་རྣམས་སོ། ། ་ཆགས་པ་དང་ཞེ་སྡང་དང་གཏི་མུག་ཉིད་མི་དགེ་བའི་རྩ་བར་རྣམ་པར་བཞག་སྟེ། དེ་དག་གི་སྒོ་ནས་སེམས་ཅན་རྣམས་ཉེས་པར་སྤྱད་པ་སྤྱོད་པའི་ཕྱིར་རོ། །དེ་ལ་ཟང་ཟིང་ཅུང་ཟད་ཙམ་གྱི་རྒྱུས་སེམས་ཅན་ལོངས་སྤྱོད་དོན་དུ་གཉེར་བ་རྣམས་ཆགས་པས་ཉེས་པར ་སྤྱད་པ་སྤྱད་ད?། །གནོད་པར་བྱས་པའི་རྒྱུ་ལ་ཡོངས་སུ་རྟོག་པའི་རྒྱུས་གཞན་གྱི་ཉེས་པ་མི་བཟོད་པ་རྣམས་ཞེ་སྡང་གིས་ཉེས་པར་སྤྱད་པ་སྤྱོད་དོ། །ཆོས་ལོག་པ་ལ་མངོན་པར་ཞེན་པའི་རྒྱུད་ཕྱིན་ཅི་ལོག་ཏུ་ལྟ་བས་ཆོད་སྦྱིན་ལ་སོགས་པ་དག་གཏི་མུག་གིས ་ཉེས་པར་སྤྱད་པ་སྤྱོད་དོ། །སེམས་རྣམ་པར་འཕྲོ་བར་ཟག་པར་བྱེད་པའི་ཕྱིར་ཟག་པ་རྣམས་སོ། །ལུས་དང་སེམས་ལ་འཕོངས་པར་བྱེད་པས་འཕོངས་པ་རྣམས་སོ། །ཚུལ་བཞིན་མ་ཡིན་པའི་མཚན་མ་དང་མངོན་རྟགས་འཛིན་དུ་བཅུ་གནས་ལུས་དང་སེམས ་ལ་ཡོངས་སུ་གདུང་བར་བྱེད་པས་ཡོངས་སུ་བདུང་བ་རྣམས་སོ། །གཟུགས་ལ་སོགས་པའི་དངོས་པོ་ལ་དགའ་བ་འམ་ལྷག་པར་ཆགས་པར་བྱེད་དུ་བཅུ་གནས་དེ་རྣམ་པར་གྱུར་ན་མྱ་ངན་ལ་སོགས་པས་སེམས་རྣམས་ཉོན་མོངས་པར་བྱེད་པའི་ཕྱིར་འཁྲུགས ་པ་རྣམས་སོ། །མཚོན་ཆ་ལེན་པ་ལ་སོགས་པས་འཐབ་པར་བྱེད་པས་འཐབ་པ་རྣམས་སོ། །ཆོས་མ་ཡིན་པ་ལ་འདོད་ཆགས་ལ་སོགས་པ་ནི་ཡོངས་སུ་གདུང་བ་ཆེན་པོས་བྱེད་པས་རིམས་ནད་དང་འདྲ་བས་རིམས་ནད་རྣམས་སུ ་རིག་པར་བྱའོ། །དེ་ལ་ཆོས་མ་ཡིན་པ་ལ་འདོད་ཆགས་ནི་གང་མི་དགེ་བའི་ལས་ཀྱི་ལམ་རྣམས་ལ་རྗེས་སུ་ཆགས་པའོ། །མི་མཐུན་པས་ཆགས་པ་ནི་མི་རིགས་པའི་ཆོས་མ་ཡིན་པས་ཡུལ་ཀུན་ཏུ་འཚོལ་བའོ། །ཆོས་ལོག་པ་ནི་ཉེས་པར་བཤད་པའི་ཆོས་འདུལ་བར ་རིག་པར་བྱའོ། །སྐྱེ་བའི་རྩ་བ་འདུ་བྱེད་ཀྱི་ཤིང་གི་ནགས་ཚལ་ལ་ཆགས་བར་བྱེད་པས་ནགས་སྦྱོར་རྣམས་སོ། །ལུས་ལ་ལྟ་བ་ལ་སོགས་པ་དང་བཅས་པས་དགེ་བ་ལ་སྦྱོར་བའི་གགས་བྱེད་པས་གགས་རྣམས་སོ། །ལུས་ལ་ལྟ་བ་ལ་སོགས་པ་དང་བཅས ་བ་ནི་སེམས་ཀྱི་གགས་ལྔའི་དབང་དུ་བྱས་བའོ། །འདོད་ཆགས་ནི་ཡུལ་དང་ལྟ་བ་ལ་སོགས་པར་རྟོག་པའོ། །ཞེས་བྱ་བ་ནི་བསྒོམ་པས་སྤང་བར་བྱ་བ་དང། མཐོང་བས་སྤང་བར་བྱ་བ་དང་གོ་རིམ་བཞིན་ཏེ། འདོད་ཆགས་ནི་སྡུས་པ་ཙམ་དུ་དམིགས་པའི ་ཕྱིར་རོ། །གང་ཡང་སེམས་ཅན་ལ་འདོད་ཆགས་པ་དེ་ནི་ཡུལ་གྱི་སྒོ་ཉིད་ནས་ལོག་པར་རྟོག་པར་རིག་པར་བྱའོ། །དེ་བཞིན་དུ་ཁོང་ཁྲོ་བ་ནི་མི་མཐུན་པའི་རྒྱུ་ཙམ་ལ་དམིགས་པའི་ཕྱིར་རོ། །སེམས་ཅན་རྣམས་ལ་འབྱུང་བ་ན་ཡུལ་གྱི་སྒོ་ཉིད་ནས་ལོག ་པར་རྟོག་པར་རིག་པར་བྱའོ། །ང་རྒྱལ་ནི་སེམས་ཅན་རྣམས་དང་ལྟ་བ་ལ་སོགས་པར་རྟོགས་པའོ་ཞེས་བྱ་བ་ནི་ཆུང་དུ་བས་བདག་ཆེའོ། །ཞེས་བྱ་བ་ལ་སོགས་པའི་རྣམ་པར་འབྱུང་བའི་ཕྱིར་སེམས་ཅན་རྣམས་ལ་ལོག་པར་རྟོགS་པར་རིག་པར་བྱའོ། །འཇིག ་ཚོགས?་ལ་ལྟ་བ་དང་མཐར་འཛིན་པར་ལྟ་བ་དང། ལོག་པར་ལྟ་བ་ནི་ཤེས་བྱ་ལ་ལོག་པར་རྟོགས་པའོ། །ཞེས་བྱ་བ་ནི་སྒྲོ་འདོགས་པ་དང། སྐུར་པའི་སྒོ་ནས་ཇི་ལྟར་མཐུན་མཐུན་དུ་སྦྱར་རོ། །ཚུལ་ཁྲིམས་དང་བརྟུལ་ཞུགས ་མཆོག་ཏུ་འཛིན་པ་ནི་ལྟ་བ་ལ་ལོག་བར་རྟོག་བའོ། །ཞེས་བྱ་བ་ནི་ལྟ་བའི་ཉེས་པ་ཉིད་ཀྱིས་ཚུལ་ཁྲིམས་དང་བརྟུལ་ཞུགས་ལ་ལྷག་པར་མཆོག་ཏུ་འཛིན་པའི་ཕྱིར་རོ། །ཐེ་ཚོམ་ནི་གཉེན་པོ་ལ་ལོག་པར་རྟོག་པའོ། །ཞེས་བྱ་བ་ནི་བདེན་པ་རྣམས་ལ་བློ ་རྣམ་པ་གཉིས་སུ་འཇུག་པའི་ཕྱིར་རོ། །ཉོན་མོངས་པ་བཅུ་ཆར་ཡང་སྡུག་བསྔལ་དང་ཀུན་འབྱུང་བའི་རྒྱུ་ཡིན་ལ། དེ་གཉིས་ཀྱང་དེ་དག་གི་གཞིའི་གནས་ཡིན་ནོ། །དེའི་ཕྱིར་དེའི་རྒྱུ་དང་གཞིའི་གནས་ཀྱི་ལོག་པར་རྟོགས་པ་རྣམས་ཞེས་བྱའོ། །འགོག ་པ་དང་ལམ་ལ་ཡང་སྐྲག་བ་སྐྱེས་པས་ལོག་པར་ཞུགས་པའོ་ཞེས་བྱ་བ་ནི་ཉོན་མོངས་པའི་དབང་གིས་འཁོར་བ་ལ་མངོན་པར་དགའ་བ་དང། རྣམ་པར་བྱང་བ་ལ་གཡང་སར་འདུ་ཤེས་ནས་སྐྲག་པ་དང། ཕྱིན་ཅི་ལོག་ཏུ་རྟགས་པས་འགོག་པ་དང ་ལམ་ལ་ལོག་པར་རྟོགས་པར་བལྟ་བར་བྱའོ། །མུ་སྟེགས་ཅན་རྣམས་ཀྱིས་ནི་རྣམ་པ་གཞན་དུ་བརྟགས་ནས་དེ་ལ་ལོག་པར་རྟོགས་པའི་ཕྱིར་རོ། །འདོད་པ་ན་སྤྱོད་པའི་འདོད་ཆགས་རྣམ་པར་ཤེས་པའི་ཚོགས་ལྔ་དང་ལྡན་པ་ནི་བདེ་བ་དང་ཚུངས ་པར་ལྡན་ནོ། །ཡིད་ཀྱི་རྣམ་པར་ཤེས་པའི་ཚོགས་དང་ལྡན་པ་ནི་ཡིད་བདེ་བ་དང་མཚུངས་པར་ལྡན་ནོ། །འདོད་ཆགས་ཐམས་ཅད་ནི་རྒྱུན་ཆད་པའི་དུས་ན་བཏང་སྙོམས་དང་མཚུངས་པར་ལྡན་ནོ། །སྡུག་བསྔལ་དང་ཡིད་མི་བདེ་བ་གཉིས་དང་ནི ་མཚུངས་པར་ལྡན་པ་མ་ཡིན་ཏེ། དགའ་བའི་རྣམ་པར་འགྱུར་བའི་ཕྱིར་རོ། །རྣམ་པར་ཤེས་པའི་ཚོགས་ལྔ་དང་ལྡན་པའི་ཁོང་ཁྲོ་བ་ནི་སྡུག་བསྔལ་དང་མཚུངས་པར་ལྡན་ནོ། །དྲུག་པ་ཡིད་ཀྱི་ས་བ་ནི་ཡིད་མི་བདེ་བ་དང་མཚུངས་པར་ལྡན་ནོ། །ཐམS ་ཅད་ནི་བཏང་སྙོམས་དང་མཚུངས་པར་ལྡན་ཏེ་སྔ་མ་བཞིན་ནོ། །བདེ་བ་དང་ཡིད་བདེ་བ་དང་མཚུངས་པར་ལྡན་པ་ནི་མ་ཡིན་ཏེ། དམན་པའི་རྣམ་པར་འབྱུང་བའི་ཕྱིར་རོ། །ང་རྒྱལ་ནི་འདོད་པའི་ཁམས་ན་བདེ་བ་དང་མཚུངས་པར་ལྡན་པ་མ་ཡིན་ཏེ། ་རྣམ་པར་ཤེས་པའི་ཚོགས་ལྔ་དང་མཚུངས་པར་ལྡན་པ་མེད་པའི་ཕྱིར་རོ། །བསམ་གཏན?་དང་པོ་དང་གཉིས་བར་བདེ་བ་དང་ཇི་ལྟར་ལྡན་ཞེ་ན། ཡིད་ཀྱིས་བའི་བདེ་བ་དང་མཚུངས་པར་ལྡན་ནོ། །དེ་ན་ཡིད་ཀྱིས་པའི་བདེ་བ་ཇི་ལྟ་བུ ་ཞེ་ན། དགའ་བ་དང་བདེ་བ་ཞེས་གང་འབྱུང་བ་སྟེ། ཇི་སྐད་དུ་དགའ་བ་གང་ཞེ་ན། གང་གནས་གྱུར་པའི་འཇུག་པའི་རྣམ་པར་ཤེས་པ་ལ་བརྟེན་པའི་སེམས་ཚིམ་པ་དང། སེམས་ཤིན་ཏུ་དགའ་བ་དང། སེམས་རངས་པ་དང། སེམས་དགའ་བ་དང། བདེ་བ ་མྱོང་བ་སྟེ། ཚེ?་དབང་གཏོགས་པའོ། །བདེ་བ་གང་ཞེ་ན། གང་གནས་གྱུར་པའི་ཀུན་གཞི་རྣམ་པར་ཤེས་པ་ལ་བརྟེན་པའི་གནས་ལ་ཕན་པ་དང། གནས་སིམ་པ་དང། བདེ་བ་མྱོང་བ་སྟེ། ཚོར་བར་གཏོགས་པའོ་ཞེས་བཤད་པ་ལྟ་བུའོ། །དེ་ནི་འདི་སྐད་དུ ་བསྟན་ཏོ། །འཇུག་པའི་རྣམ་པར་ཤེས་པ་ལ་བརྟེན་པ་ཞེས་བྱ་བ་ནི་ཡིད་ཀྱི་རྣམ་པར་ཤེས་པ་ལ་བརྟེན་པ་ཡིན་ཏེ། གཞན་ལ་མཉམ་པར་བཞག་པ་མེད་པའི་ཕྱིར་རོ། །བདེ་བའི་ཚོར་བ་བསམ་གཏན་དང་པོ་དང་གཉིས་པ་ལ་འབྱུང་བ་ན། སེམས་དང་སེམས ་ལས་བྱུང་བའི་ཚོགས་གང་ཡང་མཚུངས་བར་ལྡན་པ་དེ་དགའ་བའི་རྣམ་བས་ཚིམ་པར་བྱེད་པ་དང། གནས་ཀུན་གཞི་རྣམ་པར་ཤེས་པའི་ངོ་བོ་ཉིད་ཤིན་ཏུ་སྦྱངས་པའི་བདེ་བས་སིམ་པར་བྱེད་པ་སྟེ་།དེ་བས་ན་དེ་གཉི་གའི་བྱ་བ་བྱེད་པའི་ཕྱིར་འདི་དགའ་བ ་དང་བདེ་བ་ཞེས་བྱ་བ་རྣམ་པ་གཉི་གར་རྣམ་པར་བཞག་པར་རིག་པར་བྱའོ་ཞེས་བསྟན་པར་འགྱུར་རོ། །དེ་ལྟ་བས་ན་དེ་དང་མཚུངས་པར་ལྡན་པའི་ང་རྒྱལ་ནི་བདེ་བ་དང་ཡིད་བདེ་བ་དང་མཚུངས་བར་ལྡན་པ་ཞེས་བྱའོ། །ལོག་པར་ལྟ་བ་ནི་འདོད་པའི་ཁམས ་ན་ཡིད་བདེ་བ་དང་ཡིད་མི་བདེ་བ་དང་མཚུངས་པར་ལྡན་པ་ཞེས་བྱ་སྟེ། ལེགས་པར་བྱ་བ་དང་ཉེས་པར་བྱ་བ་བྱེད་པ་རྣམས་ཀྱི་འབྲས་བུ་མེད་པར་མཐོང་ནས་མི་མོས་པ་དང་དགའ་བ་སྐྱེ་པའི་ཕྱིར་རོ། །བདེ་བ་དང་སྡུག་བསྔལ་དང་མཚུངས་པར་ལྡན་པ་ནི ་མ་ཡིན་ཏེ། ལྟ་བ་ཐམས་ཅད་ནི་ཡིད་ཀྱིས་ས་པ་ཡིན་པའི་ཕྱིར་རོ། །ཐེ་ཚོམ་ནི་འདོད་པའི་ཁམས་ན་ཡིད་བདེ་བ་དང་མཚུངས་པར་ལྡན་པ་མ་ཡིན་ཏེ། སེམས་བཏན་ལ་ཕབ་པ་མེད་པ་ནི་མོས་པ་མེད་པས་ཡིད་བདེ་བ་མེད་པའི་ཕྱིར་རོ། །གཟུགས་ཀྱི་ཁམས་ན་ནི་ཐེ་ཚོམ་གྱི་ཤས་ཆེ?་བའི་བསཾ ་གཏན་པ་རྣམས་ཀྱི་དགའ་བ་དང་བདེ་བ་ནི་ཏིང་ངེ་འཛིན་གྱི་སྟོབས་བསྐྱེད་བའི་རྗེས་སུ་འགྲོ་བ་ཉིད་དེ། དེ་ནི་བདེ་བ་དང་ཡིད་བདེ་བ་དང་ཡང་མཚུངས་པར་ལྡན་ནོ། །མ་རིག་པ་མ་འདྲེས་པ་ཡང་བདེ་བ་དང་ཡིད་བདེ་བ་དང་མཚུངས་པར་ལྡན་པ་དང། མཚུངས་པར་ལྡན་པ་མ་ཡིན ་པ་ལས་བརྩམས་ཏེ་ཚུལ་འདི་འདྲ་བར་བལྟ་བར་བྱའོ། །ཅིའི་ཕྱིར་ཉོན་མོངས་པ་ཐམས་ཅད་བཏང་སྙོམས་དང་མཚུངས་པར་ལྡན་ཞེ་ན་།ཐ་མལ་བར་འདུག་པ་ལ་བརྟེན་ནས་ནུབ་བར་འགྱུར་བའི་ཕྱིར་རོ། །ཞེས་བྱ་བ་ནི་ཉོན་མོངས་པའི་རྒྱུན་ཇི་ཆུང་ཇེ་ཆུང་ངུ?་འགྲོ་བས་རྒྱུན་ཆད ་པའི་ཤུགས་ཀྱི་རྒྱུན་ཆད་པའི་ཕྱིར་ཐ་མར་གདོན་མི་ཟ་བར་ཐ་མལ་པར་འདུག་པའི་སྒོ་ནས་བཏང་སྙོམས་དང་མཚུངས་པར་ལྡན་པར་རིག་པར་བྱའོ། །གཟུགས་ཀྱི་ཁམས་ན་ནི་རྣམ་པར་ཤེས་པའི་ཚོགས་བཞི་དང་ལྡན་ཏེ། དེ་ན་སྣ་དང་ལྕེའི་རྣམ་པར་ཤེས་པ་མེད་པའི་ཕྱིར་རོ།། ་ང་རྒྱལ་ལ་སོགས་པ་ནི་ཡིད་ཀྱི་རྣམ་པར་ཤེས་པའི་ཚོགས་དང་ལྡན་པ་ཉིད་དོ། །ཡོངས་སུ་འཇལ་བའི་སྒོ་ནས་འབྱུང་བའི་ཕྱིར་རོ། །ང་རྒྱལ་ནི་ཕྱོགས་གཅིག་ལ་འཇུག་པ་ཉིད་དེ། གང་ཡང་རུང་པའི་ཡན་ལག་གིས་ཁེངས་པར་འགྱུར་བའི་ཕྱིར་རོ། །འདོད་པའི་ཁམས ་ན་སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་དག་ནི་བཅུའོ། །ཞེས་བྱ་བ་ནི་དེ་ན་གང་དག་དེའི་རྒྱུ་དང། གཞིའི་གནས་ཀྱིས་ཀྱང་ལོག་པར་རྟོག་པ་དག་གོ་།དེ་བཞིན་དུ་ཀུན་འབྱུང་བ་ལ་སོགས་པ་ཡང་ཇི་ལྟར་མཐུན་མཐུན་དུ་ལོག་པར་རྟོག་པ་དག་སྟེ། དེ་ནི་མཐོང་བས ་སྤང་བར་བྱ་བར་རིག་པར་བྱའོ། །ཅིའི་ཕྱིར་གང་དག་གང་གི་ཚེ་དམིགས་པ་དང་ཕ་རོལ་ཅི་ལོག་བས་རྟོག་པར་རིག་པར་བྱ་ཞེ་ན། ཟག་པ་མེད་པའི་དམིགས་པ་དག་ནི་ཟག་པ་དང་བཅས་པའི་དངོས་པོ་ཉིད་གདོན་མི་ཟ་བར་ཕྲ་རྒྱས་སུ་བྱེད་བ་མ་ཡིན་ནོ། གཟུགས ་ཀྱི་ཁམས་ན་ནི་ཁོང་ཁྲོ་མེད་པས་སྡུག་བསྔལ་ལ་སོགས་པ་མཐོང་བས་སྤང་བར་བྱ་བ་དག་ནི་དགུའོ། །གཟུགས་མེད་པའི་ཁམས་ནའང་དེ་བཞིན་ནོ། །འཇིག་ཚོགས་ལ་ལྟ་བ་ལྷན་ཅིག་སྐྱེས་པ་ནི་བསྒོམ་པས་སྤང་བར་བྱ ་བ་སྟེ། མཐོང་བའི་ལམ་སྐྱེས་སུ་ཟིན་ཡང་གང་ལ་བརྟེན་ནས་འཕགས་པ་ཉན་ཐོས་ལ་ངའོ། །སྙམ་པའི་ང་རྒྱལ་ཀུན་ཏུ་འབྱུང་བའོ། །ཇི་སྐད་དུ་ཚེ་དང་ལྡན་པ་བྲན་ཅན་ཁོ་བོས་ནི་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་འདི་དག་ལ་བདག་གམ་བདག་གིར་རྗེས་སུ་མི་མཐོང ་མོད་ཀྱི། འོན་ཀྱང་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་འདི་དག་ངའོ་སྙམ་པའི་ང་རྒྱལ་དང། ངའོ་སྙམ་པའི་འདུན་པ་དང། ངའོ་སྙམ་པའི་བག་ལ་ཉལ་མ་སྤངས་སོ། །ཡོངས་སུ་མ་ཤེས་སོ། །མ་བཀག་གོ་།མཛའ་མེད་པར་མ་བྱས་སོ། །ཞེས་གསུངས་པ ་ལྟ་བུའོ། །དཔེར་ན་མ་མའི་གོས་དྲི་མ་ཅན་དུ་གྱུར་པ་བུལ་ཏོག་ལ་སོགས་པས་ལེགས་པར་བཀྲུས་ཏེ་དྲི་མ་མེད་པར་གྱུར་ཀྱང་དེ་ཞེན་པར་གོས་བས་དྲི་མནམ་པའི་བག་ཡོད་དེ། དེ་སྤོས་དྲི་ཞིམ་པོ་བསྒོ་བས་ཡང་བསལ་བར་བྱ་དགོས་པ་དེ་བཞིན་དུ ་མཐོང་བའི་ལམ་གྱིས་འཇིག་ཆོགས་ལ་ལྟ་བ་ཀུན་ཏུ་བརྟགས་པའི་དྲི་མ་སྤངས་པའི་འཕགས་པ་ཉན་ཐོས་ལ་ཡང་སྔོན་མངོན་པར་ཞེན་ཏེ་གོམS་པར་བྱས་པ་དངོས་པོ་མ་གཏོགས་པའི་བདག་ཏུ་ལྟ་བ་རྗེས་སུ་འབྲང་སྟེ། དེ་ནི་ལམ་བསྒོམས་པས་སྤང་བར་བྱ ་དགོས་པ་ཡིན་ནོ། །མཐར་འཛིན་པར་ལྟ་བ་ལྷན་ཅིག་སྐྱེས་པ་ནི་ཆད་པར་ལྟ་བས་བསྡུས་པར་རིག་པར་བྱ་སྟེ་།དེས་བདག་གི་བདག་གང་ཡིན་ཞེས་ཡོངས་སུ་ཡི་ཆད་པའི་ཕྱིར་མྱ་ངན་ལས་འདས་ཕ་ལ་ཡིད་ཕྱིར་ལྡོག་པར་བྱེད་དོ། །ལྟ་བའི་ཕྱོགས་དང་མཐུན ་པ་མ་གཏོགས་པར་འདོད་ཆགས་ལ་སོགས་པ་ནི་བསྒོམ་པས་སྤང་བར་བྱ་བ་དག་གོ་།དེའི་གཞིའི་དངོས་པོ་ཡོངས་སུ་ཤེས་པ་ཞེས་བྱ་བ་ནི་ཉོན་མོངས་པའི་བག་ལ་ཉལ་མ་སྤངས་པ་ཡིན་ཏེ། ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །ངོ་བོ་ཉིད ་ཡོངས་སུ་ཤེས་པ་ཞེས་བྱ་བ་ནི། སེམས་ཀུན་ནས་ཉོན་མོངས་པར་བྱེད་པའི་བདག་ཉིད་ཀྱི་ཉོན་མོངས་པ་ནི་འབྱུང་ངོ་ཞེས་བྱའོ། །ཉེས་དམིགས་ཡོངས་སུ་ཤེས་པ་ཞེས་བྱ་བ་ནི་བདག་ལ་གནོད་པ་དང་གཞན་ལ་གནོད་པ་དང། གཉི་ག་ལ་གནོད་པར་འགྱུར་བ་དང། ་མཐོང་བའི་ཆོས་ཀྱི་ཁ་ན་མ་ཐོ་བ་བསྐྱེད་པ་རྣམས་དང། ཚེ་ཕྱི་མའི་ཁ་ན་མ་ཐོ་བ་བསྐྱེད་པ་དང། དེ་ལས་བྱུང་བའི་སེམས་ལས་བྱུང་བ་སྡུག་བསྔལ་དང་ཡིད་མི་བདེ་བ་མྱོང་བར་བྱེད་པའོ། །དེ་ལྟར་རྣམ་པ་གསུམ་གྱིས་ཡོངས་སུ་ཤེས་ནས་ཉོན་མོངས་པ་འབྱུང་བར ་གྱུར་པ་དང་དུ་མི་ལེན་པའི་ཚུལ་གྱིས་ཡོངས་སུ་སྤོང་ངོ། །མ་སྐྱེས་མི་བསྐྱེད་པའི་ཕྱིར་ལམ་བསྒོམ་མོ། །འདྲེས་པ་ལ་དམིགས་པས་ཡིད་ལ་བྱེད་པས་ཞེས་བྱ་བ་ནི་ཐ་དད་པ་མེད་པ་ལ་དམིགས་པ་སྟེ་།ཆོས་ཐམས་ཅད་ཀྱི་སྤྱིའི་མཚན་ཉིད་ཀྱི་རྣམ་པར་ཞེས ་བྱ་བའི་ཐ་ཚིག་གོ་།གལ་ཏེ་ཆོས་ཐམས་ཅད་བདག་མེད་དོ་ཞེས་བདག་མེད་པར་ཤེས་པ་ཉིད་ཀྱིས་ཉོན་མོངས་པ་སྤོང་བར་འགྱུར་ན། མི་རྟག་པ་ལ་སོགས་པའི་རྣམ་པ་ཅིའི་ཕྱིར་བསྟན་ཞེ་ན། དེ་དག་ནི་ཉོན་མོངས་པ་སྤོང་བ་མ་ཡིན་གྱི་བདག་མེད་པའི་རྣམ་པར ་ཡོངས་སུ་སྦྱོང་བར་བྱ་བའི་ཕྱིར་ཏེ། མི་རྟག་པའི་རྣམ་པ་ལ་བརྟེན་ནས་སྡུག་བསྔལ་གྱི་རྣམ་པ་འཐོབ་པོ། །སྡུག་བསྔལ་གྱི་རྣམ་པ་ལ་བརྟེན་ནས་བདག་མེད་པའི་རྣམ་པ་འཐོབ་སྟེ། ཇི་སྐད་དུ་གང་མི་རྟག་པ་དེ་སྡུག་བསྔལ་བའོ། །དེ་བདག་མེད་པའོ་ཞེས་གསུངས་པ་ལྟ་བུའོ།། ་དེ་བས་ན་བདག་མེད་པའི་རྣམ་པ་ནི་བླ་ན་མེད་པ་ཉིད་དུ་རྣམ་པར་བཞག་གོ་།བླ་ན་མེད་པ་ཉིད་ལ་བརྩམས་ནས་བླ་ན་མེད་པ་ཉིད་གསུམ་སྟེ། ཤེས་པ་བླ་ན་མེད་པ་ཉིད་དང། ལམ་བླ་ན་མེད་པ་ཉིད་དང། རྣམ་པར་གྲོལ་བ་བླ་ན་མེད་པ་ཉིད་དོ། །དེ་ལ་ཤེས་པ་བླ་ན་མེད་པ ་ཉིད་ནི་བདག་མེད་པའི་ཤེས་པ་ཉིད་དེ། དེའི་ཕ་རོལ་ཏུ་ཤེས་པ་གཞན་བསལ་དུ་མེད་པའི་ཕྱིར་རོ། །ལམ་བླ་ན་མེད་པ་ཉིད་ནི་སླ་ལ་མངོན་པར་ཤེས་པ་མྱུར་བ་སྟེ། དེ་ནི་ལམ་ཐམས་ཅད་ཀྱི་མཆོག་ཡིན་པའི་ཕྱིར་རོ། །རྣམ་པར་གྲོལ་བ་བླ་ན་མེད་པ་ཉིད་ནི་མི་སློབ་པ ་མི་འཁྲུགས་བའི་རྣམ་པར་གྲོལ་པ་སྟེ། རྣམ་པར་གྲོལ་བ་ཐམས་ཅད་ལས་ཁྱད་པར་དུ་འཕགས་པའི་ཕྱིར་རོ། །བླ་ན་མེད་པ་རྣམ་བ་གསུམ་པོ་འདི་དག་ནི་གོ་རིམ་བཞིན་དུ་མཐོང་བ་དང། བསྒོམ་པ་དང། མཐར་བྱིན་པའི?་ལམ་གྱི་དབང་དུ་བྱས ་པར་རིག་པར་བྱའོ།། །།བམ་པོ་ལྔ་པ། །དམིགས་པའི་ལས་ཞེས་བྱ་བ་ནི་མིག་ལ་སོགས་པའི་སྟེ་།གཟུགས་ལ་ལྟ་བ་ལ་སོགས་པའོ། །བྱེད་པའི་ལས་ནི་ས་ལ་སོགས་པའི་སྟེ། རྟེན་པ་ལ་སོགས་པའོ། །ཡང་ན་གང་གི་མཚན ་ཉིད་ཀྱི་བྱེད་པ་གང་ཡིན་པ་སྟེ། འདི་ལྟ་སྟེ། གཟུགས་ཀྱི་ནི་གཟུགས་སུ་ཡོད་པའི་ཞེས་བྱ་བ་ལ་སོགས་པ་ལྟ་བུའོ། །རྩོལ་བའི་ལས་ནི་བསམ་པ་སྔོན་དུ་བཏང་བའི་ལུས་ལ་སོགས་པའི་ལས་སོ། །བསྒྱུར་བའི་ལས་ནི་གསེར་མགར་ལ་སོགས་པའི ་སྟེ། རྒྱན་ལ་སོགས་པའོ། །འཐོབ་པའི་ལས་ནི་འཕགས་པའི་ལམ་ལ་སོགས་པ་སྟེ། མྱ་ངན་ལས་འདས་པ་འཐོབ་པ་ལ་སོགས་པའོ། །སྐབས་འདིར་ནི་ཕལ་ཆེར་རྩོལ་བའི་ལས་སུ་འདོད་དོ་ཞེས་བྱ་བ་ནི་འཐོབ་པ་དང། བྱེད་པའི་ལས་ཀྱང་ཡོད ་བའི་ཕྱིར་རོ། །ལུས་ལ་སོགས་པའི་ལས་ལ་ལས་ཀྱི་ལམ་ཞེས་བྱ་བ་ནི་མདོ་སྡེ་དང་མཐུན་པར་ཇི་ལྟར་གཙོ་བོ་བསྟན་པར་རིག་པར་བྱ་སྟེ། དེ་ལ་སྦྱོར་བ་ལ་སོགས་པ་ཡང་ལུས་ལ་སོགས་པའི་ལས་ཀྱི་ནང་དུ་འདུས་པའི་ཕྱིར་རོ། །ལས་ཀྱི་ལམ ་གསུམ་དང་བཞི་དང་གསུམ་ནི་གོ་རིམ་བཞིན་དུ་ལུས་དང་ངག་དང་ཡིད་ཀྱི་ལས་ཀྱི་མཚན་ཉིད་དུ་རིག་པར་བྱའོ། །སྲོག་གཅོད་པ་ལ་སོགས་པའི་གཞི་ནི་སེམས་ཅན་གྱི་གྲངས་སུ་གཏོགས་པ་དང། སེམས་གྱི་གྲངས་སུ་མ་གཏོགས་པ་དང། ་ཇི་ལྟར་མཐུན་མཐུན་དུ་སྦྱར་ཏེ། གང་ལ་བརྟེན་ནས་སྲོག་གཅོད་པ་ལ་སོགས་པ་འབྱུང་བའོ། །བསམ་པ་ནི་གཞི་དེ་ལ་དེར་འདུ་ཤེས་པའི་བསམ་པ་དང། ལས་ཀྱི་ལམ་དེ་བྱེད་པར་འདོད་པའི་བསམ་པའོ། །སྦྱོར་བ་ནི་དེ་བྱ་བའི་ཕྱིར་བདག་གམ ་གཞན་གྱི་ལུས་དང་ངག་དང་ཡིད་ཀྱི་ཅོམ་པའོ། །ཉོན་མོངས་པ་ནི་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་འདུས་པ་དང་སོ་སོར་ཇི་ལྟར་མཐུན་མཐུན་དུ་སྦྱར་རོ། །ཟིན་བར་བྱས་པ་ནི་སྦྱོར་བ་དེ་དང་དེས་དེའི་དུས་སམ་ཕྱིས་ལས་དེ་དང་དེས་ཡོངས་སུ ་རྫོགས་པའོ།། །།དེ་ལ་སྲོག་གཅོད་པའི་གཟི་ནི་སེམས་ཅན་ནོ། །བསལ་བ་ནི་དེ་ལ་དེར་འདུ་ཤེས་ཤིང་བསད་པའི་བསམ་པའོ། །སྦྱོར་བ་ནི་བསད་པར་བསམས་པའི་མཚོན?་ཆ་ལ་སོགས་པའོ། །ཉོན་མོངས་པ་ནི་འདོད་ཆགས་ལ ་སོགས་པའོ། །ཟིན་པར་བྱས་པ་ནི་སྦྱོར་བ་དེས་དེ་མ་ཐག་ཏུ་འམ་ཕྱིས་ཤི་པའོ། །མ་བྱིན་པར་ལེན་པ་ལ་སོགས་པའི་གཞི་དང་ཟིན་བར་བྱས་པ་བཤད་པར་བྱའོ། །ལྷག་མ་ནི་ཇི་ལྟར་མཐུན་མཐུན་དུ་སྦྱར་བར་བྱའོ། །མ་བྱིན་པར་ལེན་པའི་གཞི་ནི ་གཞན་གྱིས་ཡོངས་སུ་གཟུང་བ་སེམས་ཅན་གྱི་གྲངས་སུ་གཏོགས་པ་འམ་སེམས་ཅན་གྱི་གྲངས་སུ་མ་གཏོགས་པའོ། །ཟིན་པར་བྱས་པ་ནི་བདག་གིར་བྱས་པའོ། །འདོད་པ་ལ་ལོག་པར་གཡེམ་པའི་གཞི་ནི་སྤྱོད་ཡུལ་མ་ཡིན་པའི་བུད་མེད ་དང། སྤྱོད་ཡུལ་ཡིན་ཡང་ཡན་ལག་མ་ཡིན་པ་དང། ཡུལ་མ་ཡིན་བ་དང། དུས་མ་ཡིན་པ་དང། ཚོད་མ་ཟིན་པ་དང། རིགས་མ་ཡིན་པ་དང། ཕོ་དང་མ་ནིང་ཐམས་ཅད་དོ། །ཟིན་པར་བྱས་པ་ནི་གཉིས་ཀྱིས་གཉིས་སྤང་པའོ། །བརྫུན་དུ ་སྨྲ་བའི་གཞི་ནི། མཐོང་བ་དང། ཐོས་པ་དང། བྱེ་བྲག་ཕྱེད་པ་དང། རྣམ་པར་ཤེས་པ་དང། མ་མཐོང་བ་དང། མ་ཐོས་པ་དང། བྱེ་བྲག་མ་ཕྱེད་བ་དང། རྣམ་པར་མ་ཤེ་པའོ། བསམ་པ་ནི་གཞན་དུ་འདུ་ཤེས་ལ་གཞན་དུ་སྨྲ་བར་འདོད་པའོ།། ་ཟིན་པར་བྱས་པ་ནི་འཁོར་དང་ཕྱིར་རྒོལ་བས་གོ་བར་བྱེད་པའོ། །ཕྲ་མའི་གཞི་ནི་སེམས་ཅན་འདུམ་པ་དང། མི་འདུམ་བ་དག་གོ་།བསམ་བ་ནི་བྱེ་བ་དང་སྡུམ་མི་བྱེ་བར་སེམས་པའོ། །ཟིན་པར་བྱས་པ་ནི་ཆེ་བར་ཤེས་པར་བྱེད་པའོ།། ་ངག་རྩུབ་པོའི་གཞི་ནི་ཀུན་ནས་མནར་སེམས་གྱི་བཞིར་གྱུར་པའི་སེམས་ཅན་རྣམས་སོ། །ཟིན་པར་བྱས་བ་ནི་ངག་རྩུབ་བོ་སྨྲས་པའོ། །ཚིག་བཀལ?་བའི་གཞི་ནི་དོན་མེད་པ་མ་ཡིན་པའི་དོན་ཏོ། །ཟིན་པར་བྱས་པ་ནི་དེ་སྨྲས་པའོ། ་བརྣབ་སེམས་ཀྱི་གཞི་ནི་གཞན་གྱི་ནོད་དང་ཡོ་བྱད་དོ། །བསམ་བ་ནི་དེ་ལ་དེར་འདུ་ཤེས་ཤིང་དེ་བཞིན་དུ་འདོད་བའོ། །སྦྱོར་བ་ནི་དེ་བདག་གིར་བྱ་བར་སེམས་པའོ། །ཟིན་པར་བྱས་པ་ནི་བདག་གིར་བྱེ་བར་དེས་པའོ། །གནོད་སེམས་ཀྱི་གཞི་ནི་ཀུན་ནས ་མནར་སེམས་ཀྱི་རྒྱུར་གྱུར་པའི་སེམས་ཅན་རྣམས་སོ། །ཟིན་པར་བྱས་པ་ནི་བསད་པ་ལ་སོགས་པར་ངེས་པའོ། །ལོག་བར་ལྟ་བའི་གཞི་ནི་དོན་ཡོད་པའོ། །བསམ་པ་ནི་ཡོད་པ་ལ་མེད་པར་འདུ་ཤེས་ཤིང་དེ་བཞིན་དུ་འདོད་པའོ། །ཟིན་པར་བྱས་བ་ནི་སྐུར ་པ་འདེབས་པར་ངེས་པའོ། །གཞན་གྱི་བསྒོ་བ་སེམས་པ་ལས་གྱུར་པ་ནི་འདི་ལྟ་སྟེ། འགའ་ཞིག་མི་འདོད་བཞིན་དུ་གཞན་དག་གིས་ནན་གྱིས་བསྒོ་ནས་བསམ་ཏེ། མི་དགེ་བ་སྤྱོད་པའོ། །གཞན་གྱིས་གསོལ་བ་བཏབ་པ་སེམས་པ་ལས་གྱུར་བ ་ནི་འདི་ལྟ་སྟེ། འགའ་ཞིག་མི་འདོད་བཞིན་དུ་གཞན་དག་གིས་གསོལ་བ་བཏབ་ནས། འདི་ནི་ཕན་པའོ། །ཞེས་ཡང་དག་པར་འཛིན་དུ་བཅུག་ཅིང་ལེན་དུ་བཅུག་ནས་བསམས་ཏེ་མི་དགེ་བ་སྤྱོད་བའོ། །མི་ཤེས་པའི་སེམས་པ་ལས་གྱུར་པ་ནི་འདི ་ལྟ་སྟེ། ཁ་ཅིག་ཡོན་ཏན་དང་ཉེས་པར་མངོན་པར་མི་ཤེས་ཤིང། མངོན་པར་ཞེན་པ་མེད་པ་ལ། འདོད་དགུར་བསམས་ནས་མི་དགེ་བ་སྤྱོད་པའོ། །རྩ་བ་ལ་མངོན་པར་ཞེན་པའི་སེམས་པ་ལས་གྱུར་པ་ནི་འདི་ལྟ་སྟེ། འགབ་ཞིག་མི ་དགེ་བའི་རྩ་བ་ཆགས་པ་ལ་སོགས་པས་ཟིལ་གྱིས་ནོན་ཅིང་སེམས་ནོན་ནས་མངོན་པར་ཞེན་པ་དྲག་པོས་བསམས་ཏེ་མི་དགེ་བ་སྦྱོང་བའོ། །ཕྱིན་ཅི་ལོག་གི་སེམས་པ་ལས་གྱུར་པ་ནི་འདི་ལྟ་སྟེ། འགའ་ཞིག་ཆོས་འདོད་ཀྱ་བར?་མི་མཐུན་པའི ་རྒྱུ་ལ་ལྟ་སྟེ། ཕྱི་མ་ལ་ཡིད་དུ་འོངས་པའི་འབྲས་བུའི་དོན་དུ་བསམས་ནས་མི་དགེ་བ་སྤྱོད་པའོ། །དེ་ལ་སེམས་པ་ལས་གྱུར་པ་དང་པོ་གསུམ་ནི་ལས་བྱས་སུ་ཟིན?་ཀྱང་སོགས་པ་ཉིད་དུ་མི་འགྱུར་ཏེ། དེའི་ཕྱིར་འདིའི་རྣམ་པར་སྨིན་པ་གདོན་མི ་ཟ་བར་མྱོང་བར་གྱུར་བ་མ་ཡིན་ནོ། །སེམས་པ་ལས་གྱུར་པ་ཐ་མ་གཉིས་ནི་གལ་ཏེ་བྱས་པར་གྱུར་ན་བསགས་པ་ཡིན་ཏེ། དེའི་རྣམ་པར་སྨིན་པ་གདོན་མི་ཟ་པར་མྱོང་བར་འགྱུར་རོ། །སོགས་པ་ནི་བག་ཆགས་འཕེལ་བའོ། །ཞེས་བྱ་བ་ནི་ཀུན ་གཞི་རྣམ་པར་ཤེས་པ་ལ་རྣམ་པར་སྨིན་པའི་ས་བོན་ཡོངས་སུ་གསོས་པར་རིག་པར་བྱའོ། །ལས་བྱེད་པར་ངེས་པ་ནི་སྔོན་གྱི་ལས་རྣམས་ཀྱིས་རྣམ་པར་སྨིན་པའི་རྒྱུད་ངེས་པར་བྱས་ནས་འཕངས་པར་གྱུར་པ་སྟེ། གང་གི་ཚེ་དེ་ལ་འདིས་ལས་འདི ་བྱེད་པར་ངེས་པར་དེ་དང་འགལ་བར་ལས་དེ་བྱེད་དེའི་རྒྱུའི་ངེས་པ་ཇི་ལྟ་བ་བཞིན་དུ་འབྲས་བུའི་རྒྱུར་གྱུར་པའི་ཕྱིར་དེ་མི་བྱ་བར་བཟློག་པ་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཀྱང་མཛད་མི་སྦྱོང་ངོ། །རྣམ་པར་སྨིན་པ་མྱོང་བར་ངེས་པ་ནི། ་སེམས་པ་ལས་གྱུར་པའི་ལས་ཀྱི་སྟེ་སྔ་མ་བཞིན་ནོ། །དུས་དེས་པ་ནི་མཐོང་བའི་ཆོས་ལ་མྱོང་བར་འགྱུར་བ་ལ་སོགས་པའི་ལས་རྣམས་ཀྱི་དུས་ཀྱང་ངེས་པར་བྱས་པ་ཡིན་ཏེ། ཇི་ལྟར་རྣམ་པར་སྨིན་པ་འདིས་ནི་མཐང་བའི་ཆོས་ལ་རྣམ་པར་སྨིན ་པར་བྱེད་དོ། །འདིས་ནི་སྐྱེས་ནས་སོ། །འདིས་ནི་ལན་གྲངས་གཞན་ལའོ། །ཞེས་བྱ་བའོ། །མི་དགེ་བ་བཅུའི་ལས་ཀྱི་ལམ་རྣམས་ཀྱི་རྣམ་པར་སྨིན་པའི་འབྲས་བུ་ནི་དུད་འགྲོ་དང་ཡི་དྭགས་དང་སེམས་ཅན་དམྱལ་བ་རྣམས་སུ་རིག་པར་བྱའོ། ་རྒྱུ་མཐུན་པ་ནི་འབྲས་བུ་ནི་ངན་སོང་རྣམས་ནས་ཤི་འཕོས་ནས་མིར་སྐྱེས་པ་རྣམས་ཀྱི་སྲོག་གཅོད་པ་དང་མ་བྱིན་པར་ལེན་པ་ལ་སོགས་པ་སོ་སོ་དང་མཐུན་པའི་ལུས་དང་ཡོངས་སུ་གཟུང་བ་མི་འབྱོར་པ་སྟེ། འདི་ལྟར་ཚེ་ཐུང་བ་དང་དབུལ་ ་བ?་ལ་སོགས་པ་ཇི་ལྟར་མཐུན་མཐུན་དུ་སྦྱར་རོ། །བདག་པོའི་འབྲས་བུ་ནི་སོ་སོ་དང་མཐུན་པ་ཉིད་དུ་ཕྱིའི་དངོས་པོ་ལོ་ཏོག་ལ་སོགས་པ་མི་འབྱོར་པ་སྟེ། འདི་ལྟར་སྲོག་གཅོད་པའི་དབང་གིས་ནི་བྱིན་ཆུང་བར ་འགྱུར་ཞེས་བྱ་བ་ལ་སོགས་པའོ། །དེ་བཞིན་དུ་དགེ་བ་བཅུའི་ལས་ཀྱི་ལམ་ཟག་པ་དང་བཅས་པ་རྣམས་ཀྱི་འབྲས་བུ་དག་ཀྱང་ལྷ་དང་མི་རྣམས་ཀྱི་ནང་དུ་གསུམ་གསུམ་དུ་འགྱུར་བར་ཇི་ལྟར་མཐུན་མཐུན་དུ་སྦྱར་བར་བྱའོ། །ལས་གཅིག་གིས ་ལུས་གཅིག་འཕེན་པ་ནི་ལས་ཀྱི་སྐད་ཅིག་གཅིག་གིས་ཆེ་གཅིག་ཁོ་ནའི་རྣམ་པར་སྨིན་པའི་ས་བོན་གསོས་པའི་ཕྱིར་རོ། །གཅིག་གིས་དུ་མའི་འཕེན་པ་ནི། དེ་ཉིད་ཀྱི་ཚེ་རབས་དུ་མའི་རྣམ་པར་སྨིན་པའི་ས་བོན་གསོས་པའི་ཕྱིར་རོ། །དུ་མས ་གཅིག་འཕེན་པ་ནི་ལས་ཀྱི་སྐད་ཅིག་མང་པོས་དེ་གཅིག་པོ་ཉིད་ཀྱི་ས་བོན་ཡང་དང་ཡང་གསོས་པའི་ཕྱིར་རོ། །དུ་མས་དུ་མང་ཕེན་པ་ནི་མང་པོ་དག་ཕན་ཚུན་བལྟོས་ནས་ཚེ་རབས་གཅིག་ནས་གཅིག་ཏུ་བརྒྱུད་པའི་ས་བོན་གསོས་པའི་ཕྱིར་རོ། །ཅིའི ་ཕྱིར་གཟུགས་དང་གཟུགས་མེད་པ་དང་རབ་ཏུ་ལྡན་པའི་དགེ་བ་ལ་མི་གཡོ་བ་ཞེས་བྱ་ཞེ་ན། ཇི་ལྟར་འདོད་པ་ན་སྤྱོད་པའི་འགྲོ་བ་གཞན་གྱི་ཡོངས་སུ་རྫོགས་པར་བྱེད་པའི་དགེ་བ་ནི་གཞན་དུ་རྣམ་པར་སྨིན་པ་འབྱིན་པར་བྱེད་པ་དེ་བཞིན་དུ། གཟུགས ་དང་གཟུགས་མེད་པ་ན་སྤྱོད་པ་ནི་དེ་ལྟ་མ་ཡིན་ཏེ། སའི་ངེས་པས་འབྲས་བུ་འབྱིན་པའི་ཕྱིར་རོ། །དེ་བས་ན་རྣམ་བར་སྨིན་པ་འབྱིན་པར་གཡོ་བ་མེད་བ་དང། མཉམ་པར་བཞག་པའི་ས་པ་ཡིན་པས་མི་གཡོ་བའི་ཕྱིར་མི་གཡོ་བ་ཞེས་བཤད་དོ།། ་འབྲས་བུ་རྣམ་པར་སྨིན་པ་ལ་རྨོངས་པ་ནི་མི་དགེ་བའི་འདུ་བྱེད་རྣམས་འབྱུང་ངོ་ཞེས་བྱ་བ་ནི་དེ་དག་གི་ནི་གཅིག་ཏུ་ཉོན་མོངས་པ་ཅན་ཡིན་པས་མ་རིག་པ་ཡོད་པར་གྱུར་ན་འབྲས་བུ་རྣམ་པར་སྨིན་པ་ལ་མངོན་པར་ཡིད་ཆེས་པའི་རྣམ་པའི་ཡང་དག་པའི ་ལྟ་བའི་སྐབས་མེད་པའི་ཕྱིར་རོ། །དེ་ཁོ་ནའི་དོན་ལ་རྨོངས་པ་ནི་བསོད་ནམས་དང་མི་གཡོ་བ་རྣམས་སོ། །ཞེས་བྱ་བ་ལ་དེ་ཁོ་ནའི་དོན་ཅེས་བྱ་བ་ནི་འཕགས་པའི་བདེན་པ་བཞི་པོ་དག་གོ་།དེ་ལ་རྨོངས་ན་དགེ་བའི་སེམས་ཡོད་དུ་ཟིན་ཀྱང་བདེན་པ་མ་མཐོང་བ་རྣམས ་ལ་བག་ལ་ཉལ་གྱི་རྗེས་སུ་འབྲེལ་པར་འགྱུར་རོ། །དེའི་དབང་གིས་དེ་དག་ཁམས་གསུམ་པ་སྡུག་བསྔལ་ཉིད་དུ་ཡང་དག་པ་ཇི་ལྟ་བ་བ་བཞིན་དུ་ཡོངས་སུ་མ་ཤེས་པའི་ཕྱིར་ཡང་སྲིད་པའི་རྒྱུར་གྱུར་པའི་བསོད་ནམས་དང་མི་གཡོ་བའི་འདུ་བྱེད་རྣམས ་སློང་བར་བྱེད་དོ། །བདེན་པ་མཐོང་བ་རྣམས་ནི་དེ་ལྟ་མ་ཡིན་ཏེ། དེ་ཁོ་ནའི་དོན་ལ་རྨོངས་པ་མེད་པའི་ཕྱིར་རོ། །དེ་བས་ན་དེ་དག་ནི་དེའི་རྒྱུ་ལས་བྱུང་བ་རྣམས་ཤེས་བྱའོ། །སྲོག་གཅོད་པ་ལ་ཡང་ཤ་ལ་སོགས་པ་འདོད་པ་རྣམས་ནི་ཆགས་པས ་སྦྱོར་རོ། ཤ་གློན་པར་འདོད་པ་རྣམས་ནི་ཞེ་སྡང་གིས་སྦྱོར་རོ། །མཆོད་སྦྱིན་ལ་སོགས་པ་ནི་གཏི་མུག་གིས་སྦྱོར་རོ། །ཞེ་སྡང་ཉིད་ཀྱིས་ནི་མཐར་ཕྱིན་པར་བྱེད་དེ་སྙིང་རྗེ་མེད་པ་མ་ཡིན་པར་སེམས་ཅན་གསོད་མི་སྲིད་པའི་ཕྱིར་རོ། །དག་རྩུབ་པོ་ལ་སོགས་པ་ལ ་ཡང་ཇི་ལྟར་མཐུན་མཐུན་དུ་སྦྱར་བར་བྱའོ། །བརྣབ་སེམས་ལ་སོགས་པ་ལ་ཇི་ལྟར་ཆགས་པ་ལ་སོགས་པས་སྦྱོར་ཞེ་ན། དེ་ལ་བརྣབ་སེམས་ཀྱི་ལས་ཀྱི་ལམ་ནི་གཞན་གྱི་ནོར་དང་ཡོ་བྱད་བདག་གིར་བྱེད་པར་ངེས་པའོ། །ཞེས་བསྟན་པ་དེ་ལ་གཞན ་གྱི་ནོར་དང་ཡོ་བྱད་དེ་ཉིད་འདོད་པར་གྱུར་ན། དེ་བདག་གིར་བྱ་བའི་ཕྱིར་མངོན་པར་འདུ་བྱེད་དེ། དེའི་ཕྱིར་ཆགས་པས་སྦྱོར་བར་རྣམ་པར་བཞག་གོ་།ཅི་སྟེ་འདི་ཡིར་མ་གྱུར་ཅིག་ཅེ་ན། དེ་ལྟར་ན་ནི་ཞེ་སྡང་གིས་སྦྱོར་རོ། །ཅི་སྟེ་གཞན་གྱིས ་བདག་གིས་བྱས་ཀྱང་ཉེས་པ་ཅི་ཡང་མེད་དོ། །སྙམ་ན་གཏི་མུག་གིས་སྦྱོར་བར་རིག་པར་བྱའོ། །གཞན་ལ་ཡང་དེ་བཞིན་དུ་སྦྱར་བར་བྱའོ། །ཕན་ཚུན་གྱི་དབང་གི་བྱུང་བ་ཡང་ཐུན་མོངས་པའི་ལས་སུ་རིག་པར་བྱ་སྟེ། དེའི་དབང་གིས ་སེམས་ཅན་རྣམས་ཕན་ཚུན་དུ་སེམས་དང་སེམས་ལས་བྱུང་བ་འབྱུང་བའི་རྒྱུར་འགྱུར་རོ། །མི་མཐུན་པའི་ཕྱོགས་ཀྱི་ལས་པས་ནི་གཉེན་པོའི་ལས་སྟོབས་དང་ལྡན་པར་བལྟ་སྟེ། མི་མཐུན་པའི་ཕྱོགས་ཀྱིས་འབྲས་བུ ་འཕངས་སུ་ཟིན་ཀྱང། གཉེན་པོའི་སྟོབས་ཀྱིས་གཞན་དུ་བསྒྱུར་བའི་ཕྱིར་རོ། །གཉེན་པོའི་སྟོབས་ཅན་གྱི་དགེ་བའི་ལས་སེམས་པ་ལས་གྱུར་པ་ནི། མི་དགེ་བ་པས་སྟོབས་དང་ལྡན་པར་བལྟའོ། །གཉེན་པོའི་མཐུ་ཆུང་བའི་མི་དགེ་བ་ནི་དགེ ་བ་བས་སྟོབས་དང་ལྡན་ནོ། །དགེ་བ་དང་མི་དགེ་བ་རྣམ་པར་སྨིན་པར་ངེས་པ་འཕགས་པའི་ལམ་གྱིས་མ་སྤངས་པ་ཐམས་ཅད་ནི་བྱེ་བྲག་མེད་པར་སྟོབས་དང་ལྡན་པ་ཞེས་བྱའོ། །འདོད་པ་དང་རབ་ཏུ་ལྡན་པའི་མི་དགེ་པ་ནི་རང་བཞིན་གྱིས་སྟོབས་དང ་ལྡན་པ་སྟེ། ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་ལ་སོགས་པའི་འཁོར་མང་པའི་ཕྱིར་རོ། །གང་སྔོན་གོམས་པར་བྱས་པ་དེ་ཡང་སྟོབས་དང་ལྡན་པ་སྟེ། དེས་རྒྱུད་ལ་བསྒོས་པའི་ཕྱིར་རོ། །གང་གནས་ལ་གནས་པ་ནི་ནང་སོན་པ ་རྣམས་ཀྱི་སྟེ་།མངོན་པར་ཞེན་པ་དང་དད་པ་དྲག་པོས་བྱེད་པའི་ཕྱིར་རོ། །ཡོངས་སུ་མྱ་ངན་ལས་མི་འདའ་བའ་ཨི་ཆོས་ཅན་རྣམས་ཀྱི་ལམ་སྒྲུབ་དུ་མེད་པ་གང་ཡིན་པ་དེ་ནི་གཉེན་པོས་དབྱུང་དུ་མེད་པའི་ཕྱིར་རོ། །ཞིང་ནི་མ་བསོད་པ་ལ་སོགས་པའོ།། ་སེམས་ཀྱི་མངོན་པར་འདུ་བྱེད་པ་ནི་བྱང་ཆུབ་ཆེན་པོར་སྨོན་ལམ་བཏབ་པ་ལ་སོགས་པ་སྟེ། སྟོབས་དང་ལྡན་པའི་ལས་སུ་རིག་པར་བྱའོ། །ཡང་རྣམ་པ་དགུས་སྟོབས་དང་ལྡན་པའི་ལས་སུ་རིག་པར་བྱ་སྟེ། འདི་ལྟ་སྟེ། ཞིང་ནི་གལ ་ཏེ་ཡོན་ཏན་དང་ལྡན་པའི་སྦྱིན་གནས་ཞིང་དུ་གྱུར་པའོ། །དངོས་པོ་ནི་གལ་ཏེ་སྦྱིན་པའི་དངོས་པོ་གྱ་ནོམ་ཞིང་མང་པོར་གྱུར་པའོ། །ངོ་བོ་ཉིད་ནི་སྦྱིན་པ་པས་ཚུལ་ཁྲིམས་སྟོབས་དང་ལྡན་ནོ། །ཚུལ་ཁྲིམས་པས་བསྒོམ་པའོ་ཞེས་བྱ་བ་ལ་སོགས ་པའོ། །གཞི་ནི་བསོད་ནམས་བྱེད་པ་གལ་ཏེ་འདོད་ཆགས་དང་བྲལ་བར་གྱུར་པའོ། །ཡིད་ལ་བྱེད་པ་ནི་གལ་ཏེ་ཡིད་ལ་བྱེད་པ་དད་པ་དྲག་པོ་དང་ལྡན་པར་གྱུར་པའོ། །བསམ་པ་ནི་མྱ་ངན་ལས་འདས་པའི་བསམ་པ་དང་ལྡན་པར་གྱུར་པའོ། །གྲོགས་ནི་དེ ་ལས་གཞན་པའི་བསོད་ནམས་བྱ་བའི་དངོས་པོས་ཡོངས་སུ་ཟིན་པར་གྱུར་པའོ། །ལན་མང་དུ་བྱེད་པ་ནི་ཡང་དང་ཡང་དུ་བྱས་པར་གྱུར་པ་འམ་རྗེས་སུ་རྣམ་པར་བརྟགས་པའོ། །སྐྱེ་བོ་མང་པོས་ཀྱང་ཞེས་བྱ་བ་ནི་བདག་གིས་ཀྱང་བྱས་པར་གྱུར ་ལ་གཞན་དག་ཀྱང་བྱེད་དུ་བཅུག་པའོ། །སུ་ཞིག་འདི་སྐད་དུ་སྐྱེས་བུ་གང་ཟག་འདི་ཇི་ལྟ་ཇི་ལྟར་ལས་བྱེད་ཅིང་སོགས་པ་དེ་ལྟ་དེ་ལྟར་རྣམ་པར་སྨིན་པ་མྱོང་བར་འགྱུར་ན། དེ་ལྟར་ན་ཚངས་པར་སྤྱོད་པས་གནས་པར་མི་འགྱུར་ཞིང་ཡང་དག་པར ་སྡུག་བསྔལ་ཟད་པ་དང། སྡུག་བསྔལ་མཐར་དབྱུང་བའི་སྐབས་ཀྱང་མི་སྣང་ངོ་ཞེས་ཟེར་བ་ཞེས་བྱ་བ་ལ། ཇི་ལྟར་བྱས་ན་ཚངས་པར་སྤྱོད་པས་གནས་པར་མི་འགྱུར་ཞེ་ན། ཉོན་མོངས་པ་དྲག་པོ་དང་ལྡན་པ་སོ་སོར་བརྟགས་ན་སྡུག་བསྔལ ་དང་བཅས་ཤིང་ཡིད་མི་བདེ་བ་དང་བཅས་པར་ཚུལ་ཁྲིམས་ཡོངས་སུ་བསྲུང་བའི་ཕྱིར་གལ་ཏེ་དེའི་རྣམ་པར་སྨིན་བ་ཡང་དེ་བཞིན་དུ་སྡུག་བསྔལ་དང་བཅས་ཤིང་ཡིད་མི་བདེ་བ་དང་བཅས་པ་མྱོང་ན་ནི་དེ་ཡོངས་སུ་བསྲུང་བ་དོན་མེད ་པར་འགྱུར་རོ། །གཞན་གྱི་ཆུང་མ་ལ་སོགས་པ་ལ་བདེ་བ་དང་བཅས་ཤིང་ཡིད་བདེ་བ་དང་བཅས་པར་ཚུལ་ཁྲིམས་འཆལ་བར་བྱས་པའི་ཕྱིར་གལ་ཏེ་དེའི་རྣམ་པར་སྨིན་པ་དེ་བཞིན་དུ་མྱོང་ན་ནི་དེ་སྤོང་བ་དོན་མེད་པར་འགྱུར་ཏེ། དེ་ལྟར་བྱས ་ན་ཚངས་པར་སྤྱོད་པས་གནས་པར་མི་འགྱུར་རོ། །ཇི་ལྟར་ན་ཡང་དག་པར་སྡུག་བསྔལ་ཟད་པ་དང། སྡུག་བསྔལ་མཐར་དབྱུང་བའི་སྐབས་ཀྱང་མི་སྣང་ཞེ་ན། དེའི་ཕྱིར་དེའི་རྒྱུར་གྱུར་པ་ཚངས་པར་སྤྱོད་པས་གནས་པའི་རྣམ་པར་སྨིན་པ ་སྡུག་བསྔལ་བའི་ཕྱིར་རོ། །དེ་ལྟར་བྱས་ན་བདེ་བ་དང་བཅས་པའི་ལས་ཀྱི་རྣམ་པར་སྨིན་པ་ནི་བདེ་བ་དང་བཅས་པ་ཉིད་དུ་འགྱུར། སྡུག་བསྔལ་དང་བཅས་པའི་རྣམ་པར་སྨིན་པ་ནི་སྡུག་བསྔལ་ཉིད་དུ་འགྱུར། སྡུག་བསྔལ ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པ་དང་བཅས་པའི་ནི། སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པ་དང་བཅས་པ་ཉིད་དུ་འགྱུར་རོ་ཞེས་བྱ་བའི་ངེས་པ་ནི་འདིར་བཅོམ་ལྡན་འདས་ཀྱིས་བཀག་གོ་།ཡང་སུ་ཞིག་འདི་སྐད་དུ། སྐྱེས་བུ་གང་ཟག ་འདི་ཇི་ལྟར་མྱོང་བར་འགྱུར་བ་ཇི་ལྟར་མྱོང་བར་འགྱུར་པ་ཞེས་བྱ་བ་ལ་སོགས་པས་ནི་བདེ་བ་དང་ལྡན་པའི་དགེ་བ་དང། མི་དགེ་པ་ཕྱི་མ་ལ་ཇི་ལྟར་མཐུན་མཐུན་དུ་བདེ་བ་དང། སྡུག་བསྔལ་དང། སྡུག་བསྔལ་ཡང་མ་ཡིན་པ་བདེ་བ་ཡང ་མ་ཡིན་མྱོང་བར་འགྱུར་བའི་བདེ་བ་ལ་སོགས་པའི་རྣམ་པར་སྨིན་པ་ནི་གནང་ངོ། །རབ་ཏུ་བྱུང་བའི་སྡོམ་པ་ནི་རྣམ་པ་ལྔ་སྟེ། དགེ་སློང་གི་སྡོམ་པ་ནས་དགེ་ཚུལ་མའི་སྡོམ་པའི་བར་དུའོ། །ཉེས་པར་སྤྱོད་པ་ལས་དབེན་པར་སྤྱོད་པ་དང། འདོད ་པ་ལས་དབེན་པར་སྤྱོད་པ་ཞེས་བྱ་བ་ནི་གང་ཟག་གི་དབང་དུ་བྱས་ནས་རྣམ་པར་བཞག་པ་སྟེ། འདི་ལྟར་དེ་འདྲ་བ་དེ་ནི་ཇི་སྲིད་འཚོའི་བར་དུ་སྲོག་གཅོད་པ་ལ་སོགས་པ་ཉེས་པར་སྤྱོད་པ་དང་།མི་ཆངས་པར་སྤྱོད་པ་སྤོང་བར་ནུས་སོ། །དགེ་བསྙེན་དང ་དགེ་བསྙེན་མའི་སྡོམ་པ་ནི་ཉེས་པར་སྤྱོད་པ་ལས་དབེན་པར་སྤྱོད་པའི་དབང་དུ་བྱས་པ་སྟེ། འདོད་པ་ལས་དབེན་པར་སྤྱོད་པ་ནི་མ་ཡིན་ནོ། །དེ་བས་ན་འདིའི་སྡོམ་པ་ཇི་སྲིད་འཚོའི་བར་དུ་འདོད་པ་ལ་ལོག་པར་གཡེམ་པ་སྤོང་བར་རྣམ་པར་བཞག ་གྱིད?་མི་ཆངས་པར་སྤྱོད་པ་སྒོང་བ་ནི་མ་ཡིན་ནོ། །བསྙེན་གནས་པའི་སྡོམ་པ་ནི་ཉེས་པར་སྤྱོད་པ་ལས་དབེན་པར་སྤྱོད་པ་ཡང་མ་ཡིན་འདོད་པ་ལས་དབེན་པར་སྤྱོད་པ་ཡང་མ་ཡིན་པ་སྟེ། དེའི་ཕྱིར་དེའི་སྡོམ་པ་ནི་ཉིན་ཞག་གཅིག་པ་ལ་བསྙེན་གནས ་པའི་སྡོམ་པར་བཏགས་ཏེ་།རིམ་གྱིས་དེ་གཉི་ག་གོམས་པར་བྱ་བའི་ཕྱིར་རོ། །ཇི་ལྟར་ཟ་མ་དང་མ་ནིང་རྣམས་ལ་ནི་དགེ་སློང་དང་དགེ་སློང་མའི་ཕྱོགས་གཉིས་ལ་བསྙེན་བཀུར་བྱ་བའི་འོས་མ་ཡིན་པའི་ཕྱིར་དགེ་བསྙེན་ཉིད་ནི་བཀག་པ་བཞིན་དུ་མཚན ་གཉིས་པ་རྣམས་ཀྱང་དེ་བཞིན་དུ་སྟེ། སྐྱེས་པ་དང་བུད་མེད་ཀྱི་ཉོན་མོངས་པ་ཀུན་ཏུ་སྤྱོད་པས་ཕྱོགས་གཉི་ག་ལ་བསྙེན་བཀུར་བྱ་བའི་དོན་མ་ཡིན་པའི་ཕྱིར་དེ་དག་ལོགས་ཤིག་ཏུ་མ་བཤད་དོ། །བསམ་གཏན་གྱི་སྡོམ་པ་ནི་འཆལ་བའི ་ཚུལ་ཁྲིམས་ཀུན་ནས་སློང་བ་དག་གི་ཆགས་པ་ལ་སོགས་པ་འདོད་པ་ན་སྤྱོད་པའི་ཉོན་མོངས་པ་དང། ཉེ་བའི་ཉོན་མོངས་པ་རྣམས་རྣམ་པར་གནོན་པའི་གཉེན་པོས་ས་བོན་བཅོམ་པས་ཕྱོགས་གཅིག་པ་ལས་འདོད་ཆགས་དང་བྲལ་བ ་ཉིད་དུ་ཟད་དེ་འདོད་པ་དག་ལས་འདོད་ཆགས་དང་བྲལ་བའི་འཆལ་པའི་ཚུལ་ཁྲིམས་ཏེ། སྤོང་བ་གང་ཡིན་པའོ། །བསམ་གཏན་གསུམ་པའི་བར་ལས་འདོད་ཆགས་དང་བྲལ་བའི་རིང་དུ་བྱེད་པའི་གཉེན་པོས་འཆལ་པའི་ཚུལ་ཁྲིམས་ཀུན ་ནས་སློང་བ་དེ་དག་ཉིད་ཀྱི་ས་བོན་ཤིན་ཏུ་འཇོམས་པར་རིག་པར་བྱའོ། །བསམ་གཏན་བཞི་པ་ལ་འདོད་ཆགས་དང་བྲལ་བ་ནི་གཟུགས་མེད་པ་རྣམས་ན་གཟུགས་མེད་པའི་ཕྱིར་ཚུལ་ཁྲིམས་ཀྱི་སྡོམ་པ་རྣམ་པར་བཞག་པ་མེད་པར་རིག ་པར་བྱའོ། །ཤན་པ་ནི་གང་དག་ཕྱུགས་རྣམས་བསང་ནས་དེ་འཚོང་བས་འཚོ་བར་བྱེད་པ་རྣམས་སོ། །བྱ་གག་གསོང་པ་ལ་སོགས་པ་ལ་ཡང་དེ་བཞིན་དུ་ཇི་ལྟར་མཐུན་མཐུན་དུ་སྦྱར་བར་བྱའོ། །གླང་པོ་ཆེ་འཛིན་པ་ནི་གང་དག་ནགས ་ནས་གླང་པོ་ཆེ་བཟུང་ནས་འདུལ་བར་བྱེད་པ་རྣམས་སོ། །སྤྲུལ་གྱིས་འཚོ་བ་ནི་གང་དག་སྤྲུལ་གཟུང་ནས་རྩེ་བས་འཚོ་བར་བྱེད་པ་རྣམས་སོ། །ཉན་རྣ་བ་ནི་གང་དག་གཞན་དག་ལས་ཕྲ་མས་གནོད་པར་བྱས་ནས་འཚོ་བར་བྱེད་པ་རྣམས་སོ།། ་དེ་དག་གི་ལས་སྐྱེས་པས་སམ་ཡང་དག་པར་བླངས་པ་སྟེ་ཞེས་བྱ་བ་ནི་དེའི་རིགས་སམ། གཞན་གྱི་རིགས་གོ་རིམ་བཞིན་ནོ། །དེ་དག་གི་ལས་སྤྱད་པར་ངེས་པར་བྱས་པ་ནི་ལུས་དང་ངག་གི་སྦྱོར་བ་སྔོན་དུ་བཏང་བ་སྟེ། ་སྡོམ་པ་མ་ཡིན་པ་ཞེས་བྱའོ། །ཇི་སྐད་བཤད་པའི་སྡོམ་པ་དང་སྡོམ་པ་མ་ཡིན་པ་དང་མི་ལྡན་པའི་སྦྱིན་པ་དང། ངག་སྙན་པ་ལ་སོགས་པ་དང། ཁུ་ཚུར་དང་ཐལ་ལྕག་ལ་སོགས་པའི་ལས་ནི་སྡོམ་པ་ཡང་མ་ཡིན། སྡོམ་པ ་མ་ཡིན་པ་ཡང་མ་ཡིན་པ་ཞེས་བྱའོ། །མཐོང་བའི་ཆོས་ལ་མྱོང་བར་འགྱུར་བའི་ལས་ནི་ཆེ་གང་ལ་བྱས་པ་དེ་ཉིད་ལ་གང་རྣམ་པར་སྨིན་པར་འགྱུར་བའོ། །སྐྱེས་ནས་མྱོང་བར་འགྱུར་བའི་ལས་ནི་གང་དེ་མ་ཐག་ཏུ་འབྱུང་བའི་ཆེ་ལ་མྱོང་བར ་འགྱུར་བ་སྟེ་།འདི་ལྟར་མཚམས་མེད་པ་ལྔའི་ལས་རྣམས་སོ། །གང་གི་མཚམས་མེད་པ་གཅིག་ཉིད་ནི་དེའི་རྣམ་པར་སྨིན་པ་དེ་དེས་མ་ཐག་པར་རིགས་ན། དེ་གང་གི་མང་པོ་གང་ཡིན་པ་དེའི་དེ་དག་གི་རྣམ་པར་སྨིན་པ་ཇི་ལྟར་མྱོང ་བར་འགྱུར་ཞེ་ན། ཐམས་ཅད་ཀྱི་རྣམ་པར་སྨིན་པ་ཅིག་ཅར་མྱོང་བར་འགྱུར་ཏེ། འདི་ལྟར་མཚམས་མེད་པ་དུ་མ་བྱེད་པའི་ལུས་ཤིན་ཏུ་རབ་ཏུ་གཞོན་པར་མངོན་པར་འགྲུབ་ལ། ཆད་པ་ཡང་མང་ཞིང་མི་བཟད་ལ་སྣ་ཚོགས་པ ་འབྱུང་སྟེ། དེའི་དབང་གིས་ཚོར་བ་ཤིན་ཏུ་མང་པོ་འབྱུང་བར་འགྱུར་རོ། །རྩོམ་པའི་དབང་དུ་བྱས་ནས་མཐོང་བའི་ཆོས་ལ་མྱོང་བར་འགྱུར་བས་ལ་སོགས་པ་འདི་དག་རྣམ་པར་བཞག་གི་།དེ་ཙམ་ལ་མྱོང་བར་འགྱུར་བའི་དབང་དུ་བྱས་པ ་ནི་མ་ཡིན་ནོ། །ཚེ་དེ་ཉིད་ལ་གང་གིས་རྣམ་པར་སྨིན་པ་རྣམ་པར་སྨིན་པར་རྩོམ་པ་དེ་ནི་མཐོང་བའི་ཆོས་ལ་མྱོང་བར་འགྱུར་བའོ། །གང་དེ་མ་ཐག་པའི་ཚེ་ལ་རྩོམ་པ་དེ་ནི་སྐྱེ་ནས་མྱོང་བར་འགྱུར་བའོ། །གང་དེ་མ་ཐག་ཏུ་འབྱུང་བའི་ཚེ་ཐལ ་ནས་རྩོམ་པ་དེ་ནི་ལན་གྲངས་གཞན་ལ་མྱོང་བར་འགྱུར་བ་སྟེ། དེ་ལྟར་བྱས་ན་ཀྱི་ཧུད་སེམས་ཞེས་བྱ་བའི་རྟོགས་པ་བརྗོད་པ་ལས་མཚམས་མེད་པའི་ལས་ཀྱི་རྣམ་པར་སྨིན་པས་སེམས་ཅན་དམྱལ་བར་ཡང་དང་ཡང་འཆི་འཕོ་ཞིང་སྐྱེ་བས་རྣམ་པར ་སྨིན་པ་མྱོང་ངོ་ཞེས་འབྱུང་བ་དང་མཐུན་པར་བྱས་པ་ཡིན་ནོ། །གནག་ལ་རྣམ་པར་སྨིན་པ་གནག་པའི་ལས་ནི་མི་དགེ་པ་སྟེ་།ཉོན་མོངས་པ་ཅན་དང། རྣམ་པར་སྨིན་པ་མི་འདོད་པ་མ་ཡིན་པའི་ཕྱིར་རོ། །བཟློག་པ་ནི་དཀར་ལ་རྣམ་པར་སྨིན་པ ་དཀར་བ་སྟེ། ཁམས་གསུམ་པའི་དགེ་བའོ། །དཀར་ནག་ཏུ་གྱུར་ལ་རྣམ་པར་སྨིན་པ་དཀར་གནག་ཏུ་གྱུར་པ་ནི་གང་འདོད་པ་དང་རབ་ཏུ་ལྡན་པའི་འདྲེན་མ་སྟེ། དགེ་མི་དགེ་ཞེས་བྱ་བའི་ཐ་ཚིག་གོ་།གཅིག་ཅི་ལྟར་དགེ་བར་ཡང་འགྱུར་ལ་མི ་དགེ་བ་ཡང་འགྱུར་ཞེ་ན། འདི་ལ་འཇུག་པཱི་སྐད་ཅིག་ངེས་པས་དེ་གཉི་ག་བརྗོད་པ་ནི་མ་ཡིན་གྱི། བསམ་པ་དང་ལྷན་ཅིག་པའི་སྦྱོར་པ་ལས་གཅིག་ཅེས་བྱ་སྟེ། འདི་ནི་འདིར་དགོངས་པ་ཡིན་པར་རིག་པར་བྱའོ། །དེ་གཉིས་ནག་པོ་དང་དཀར་པོ་ཉིད་དུ་ཕན ་ཚུན་འདྲ་བར་གྱུར་པས་ནག་པོ་དང་དཀར་པོ་ལས་གཅིག་ཏུ་རྣམ་པར་བཞག་གོ་།དེ་ལས་བསམ་པ་གནག་ལ་སྦྱོར་བ་དཀར་བ་སྟེ་དཔེར་ན་འགའ་ཞིག་གཞན་དག་ལ་སླུ་བར་འདོད་ནས་དེ་དག་ཡིད་ཆེས་པར་བྱ་བའི་མཚན་མར་བསམས་པས་སྦྱིན ་པ་ནས་རབ་ཏུ་འབྱུང་བའི་བར་དུའོ། །སྦྱོར་བ་གནག་ལ་བསམ་པ་དཀར་བ་ནི་དཔེར་ན་འགའ་ཞིག་པུ་འམ་སློབ་མ་ལ་མི་ཕན་པ་བཟློག་པར་འདོད་ཅིང་ཕན་པ་ལ་ནི་སྦྱོར་པར་འདོད་ནས། སྙིང་བརྩེ་པའི་སེམས་ཀྱིས་ལུས་དང་ངག་གིས་དྲག་ཏུ ་བྱེད་པ་དེའི་ཚེ་།ཀུན་ནས་ཉོན་མོངས་པར་འགྱུར་རོ། །མི་གནག་ཅིང་དཀར་ལ་རྣམ་པར་སྨིན་པར་མི་འགྱུར་ཞིང་ལས་ཟད་པར་འགྱུར་བའི་ལས་གང་ཞེ་ན། སྦྱོར་བ་དང་བར་ཆད་མེད་པའི་ལམ་རྣམས་ལ་ཟག་པ་ ་མེད་པའི་ལས་ཞེས་བྱ་བ་ལ། སྦྱོར་བ་དང་བར་ཆད་མེད་པའི་ལམ་རྣམས་ནི་སྤོང་བའི་གཉེན་པོ་ཡིན་པའི་ཕྱིར་རོ། །དེ་ལ་མི་གནག་པ་ནི་ཉོན་མོངས་པའི་དྲི་མ་མེད་པའི་ཕྱིར་རོ། །དཀར་བ་ནི་གཅིག་ཏུ་རྣམ་པར་བྱང ་པའི་ཕྱིར་རོ། །རྣམ་པར་སྨིན་པར་མི་འགྱུར་བ་ནི། འཁོར་བ་དང་མི་མཐུན་པའི་ཕྱིར་རོ། །ལས་ཟད་པར་འགྱུར་བ་ནི་ནག་པོ་ལ་སོགས་པ་ཟག་པ་དང་བཅས་པའི་ལས་ལས་རྣམ་པ་གསུམ་པོ་འདི་ཉིད་ཟག་པ་མེད་པའི་ལམ་དེས་རྣམས ་པར་སྨིན་པ་འབྱིན་པའི་བག་ཆགས་ལེགས་པར་བཅོམ་པའི་ཕྱིར་རོ། །བྱེ་བྲག་མེད་པར་ཟག་པ་མེད་པའི་ལས་འདི་ཐམས་ཅད་ཀྱི་བར་དུ་གཅོད་པ་དང་རྗེས་སུ་མཐུན་པ་དང། །ངོ་བོ་ཉིད་ཀྱི་དབང་དུ་བྱས་ནས་ཡིན་པོ་དང། ཉེས ་པ་དང། རྙོག་པ་དང། གཙང་བ་དང། ཐུབ་པ་རྣམས་གོ་རིམ་བཞིན་དུ་རྣམ་པར་བཞག་པར་རིག་པར་བྱའོ། །དེ་ལ་ཡོན་པོ་ནི་ལུས་དང་ངག་དང་ཡིད་ཀྱི་ལས་དྲང་པོའི་ལམ་འཕགས་པའི་ལམ་ཡན་ལག་བརྒྱད་པ་འབྱུང་བའི་སྒྲིབ་པར ་གྱུར་པའོ། །ཉེས་པ་ནི་ལུས་ལ་སོགས་པའི་ལས་གང་གིས་རྣམ་པར་སུན་ཕྱུང་བའི་སེམས་ཀྱི་རྒྱུད་ལ་དེ་དང་འདྲ་བའི་སྒྲིབ་པར་གྱུར་པའི་ལས་འབྱུང་བའོ། །རྙོག་པ་ནི་མུ་སྟེགས་ཅན་གྱི་ལྟ་བ་ལ་བརྟེན་པའི་ལུས་ལ་སོགས་བའི་ལས་གང ་ཡིན་པ་སྟེ། སངས་རྒྱས་ཀྱི་བསྟན་པ་ལ་དད་པའི་མི་མཐུན་པའི་ཕྱོགས་མ་དང་པའི་རྙོག་པས་ཡོངས་སུ་ཟིན་པའི་ཕྱིར་རོ། །རྣམ་གྲངས་གཞན་དུ་ན་རྟག་པ་དང་ཆད་པའི་མཐར་ལྷུང་སྟེ། དབུ་མའི་ལམ་དང་མི་མཐུན་པའི་ཕྱིར་ཡོན ་པོའོ། །སྐུར་བའི་ལྟ་བས་ཡོངས་སུ་གཟུང་སྟེ་རྣམ་པར་བྱང་བ་རྣམ་པར་བཞག་པ་ལ་རབ་ཏུ་སྡང་བའི་ཕྱིར་ཉེས་བའོ། །འཇིག་ཚོགས་ལ་ལྟ་བས་ཡོངས་སུ་གཟུང་སྟེ། བདག་མེད་པའི་དེ་ཁོ་ན་ལ་ལྟ་བའི་བར་དུ་གཅོད་པའི་ཕྱིར ་རྙོག་པ་ཞེས་བྱའོ། །གཙང་བ་ནི་ཤིན་ཏུ་རྣམ་པར་དག་པའི་ཚུལ་ཁྲིམས་ཀྱིས་ཡོངས་སུ་ཟིན་པ་དང། ལྟ་བ་དྲང་པོས་ཡོངས་སུ་ཟིན་པའི་ལུས་དང་ངག་དང་ཡིད་ཀྱི་ལས་གང་ཡིན་པ་སྟེ། ཚུལ་ཁྲིམས་དང་ལྟ་བ་ལོག་པར་ཞུགས་པའི་དྲི་མ་སྤངས ་པའི་ཕྱིར?་རོ། །ཐུབ་པ་པ་ནི་གང་སློབ་པ་དང་མི་སློབ་པ་རྣམས་ཀྱི་ལུས་དང་ངག་དང་ཡིད་ཀྱི་ལས་ཟག་པ་མེད་པ་སྟེ། དེ་ཐུབ་པ་རྣམས་ཀྱི་ལས་ཡིན་བའི་ཕྱིར་རོ། །སྦྱིན་པ་ཕུན་སུམ་ཚོགས་པའི་དབང་དུ་བྱས་ནས་སྦྱིན་པ་པོར་འགྱུར་རོ། །དེས ་བྱ་བ་འདིས་ནི་ཕྱིར་ཞིང་སྦྱིན་པ་སྟོན་ཏེ། དེའི་ངང་ཚུལ་ཅན་དུ་གྱུར་པས་ཡང་དང་ཡང་སྦྱིན་པའི་ཕྱིར་རོ། །དགེ་སྦྱོང་རྣམས་དང་བྲམ་ཟེ་རྣམས་ལ་ཞེས་བྱ་བ་ལ་སོགས་པས་ནི་ཕྱོགས་མི་འབྱེད་པར་སྦྱིན་པ་སྟོན་ཏེ། འདོད་པ་ཐམས་ཅད་ལ་བྱེ་བྲག་མེད་པར ་སྦྱིན་པའི་ཕྱིར་རོ། །བཟའ་བ་དང་བཏུང་བ་ཞེས་བྱ་བ་ལ་སོགས་པས་ནི། འདོད་པ་ཡོངས་སུ་རྫོགས་པར་སྦྱིན་པ་སྟོན་ཏེ། བསམ་པ་ཇི་ལྟ་བ་བཞིན་དུ་ཡོ་བྱད་ཀྱི་དངོས་པོ་ཐམས་ཅད་ཡོངས་སུ་གཏོང་བའི་ཕྱིར་རོ། །ལྷུག་པར་གཏོང་བ་དང། ་ལག་བརྐྱང་བ་དང་གཏོང་བ་ལ་དགའ་བ་དང། མཆོད་སྦྱིན་བྱེད་བའི་ངང་ཚུལ་ཅན་དང། གཏོང་བ་ཕུན་སུམ་ཚོགས་པ་དང། སྦྱིན་པ་ལེགས་པར་འགྱེད་པ་ལ་དགའ་བ་ཞེས་བྱ་བའི་ཚིག་འདི་དག་ནི་མི་གནས་པར་སྦྱིན་པ་ལ་སོགས་པ་དང། ་གོ་རིམ་བཞིན་དུ་རིག་པར་བྱའོ། །མི་གནས་པའི་སྦྱིན་པ་ནི་སྲིང་པ་དང་ལོངས་སྤྱོད་ཀྱི་ཕྱིར་ཡོངས་སུ་མི་སྔོ་བ་ཉིད་དུ་རིག་པར་བྱའོ། །སྦྱིན་པ་བྱ་བ་ཕུན་སུམ་ཚོགས་པའི་དབང་དུ་བྱས་ནས་ལྡང་བའི་བརྩོན་འགྲུས་ཀྱིས་ཐོབ་པ་ཞེས་བྱ་བ་འདིས་ནི ་སྦྱིན་པར་བྱ་བའི་དངོས་པོ་གནོད་པས་གྲུབ་པ་མ་ཡིན་པ་སྟོན་ཏེ། གནོད་པས་གྲུབ་པ་ནི་སྡང་བའི་བརྩོན་འགྲུས་ཀྱིས་ཐོབ་པ་མ་ཡིན་ཏེ། རང་གིས་གནས་ན་འདུག་ཅིང་གཞན་གྱིས་བཅོལ་བ་བསྙོན་པས་ཐོབ་པའི་ཕྱིར་རོ། །ལག་བདར་པའི ་མཐུས་བསྒྲུབས་པ་ཞེས་བྱ་བ་འདིས་ནི་སྦྱིན་པར་བྱ་བའི་དངོས་པོ་གཞན་ལས་ཕྲོགས་པ་མ་ཡིན་པ་སྟོན་ཏོ། །གཞན་ལས་ཕྲོགས་པ་ནི་ལག་བདར་བའི་མཐུས་བསྒྲུབས་པ་མ་ཡིན་ཏེ། དེ་དག་གི་ཤ་ཐང་བར་ཐབས་སྣ ་ཚོགས་ཀྱིས་བསྒྲུབས་པ་པ་ཕྲོགས་པའི་ཕྱིར་རོ། །རྡུལ་དང་དྲི་མས་མ་ཕྲོགས་པ་ཞེས་བྱ་བ་འདིས་ནི་སྦྱིན་པར་བྱ་བའི་དངོས་པོ་མ་རུལ་ཅིང་དྲི་མ་མེད་པ་སྟོན་ཏེ། རྡུལ་དང་དྲི་མས་མ་ཕོག་པ་ཞེས་བྱ་བ་ནི་སྤངས་ཞེས་བྱ་བའི་ཐ་ཚིག་གོ་།ཆོས་དང་མཐུན་པ ་ཞེས་བྱ་བ་འདིས་ནི་སྦྱིན་པར་བྱ་བའི་དངོས་པོ་རུང་པ་སྟོན་ཏེ། མཚོན་ཆ་དང་དུག་དང་ཆར་ལ་སོགས་པ་རུང་བ་མ་ཡིན་པའི་དངོས་པོ་ཡོངས་སུ་སྤངས་པའི་ཕྱིར་རོ། །ཆོས་ཀྱིས་ཐོབ་པ་ཞེས་བྱ་བ་འདིས་ནི་སྦྱིན་པར་བྱ་བའི་དངོས་པོ་ཆོས་ཀྱི་བསྒྲུབས ་པ་སྟོན་ཏེ། གཞལ་བ་ལ་གཡོ་འཇུག་པ་ལ་སོགས་པ་དང་ལོག་པས་འཚོ་བ་ལ་སོགས་པ་ཡོངས་སུ་སྤངས་པས་བསྒྲུབས་པའི་ཕྱིར་རོ། །ཚུལ་ཁྲིམས་ཡང་དག་པར་བླངས་ནས་མཉམས་པས་དེ་དང་ལྡན་པའི་ཕྱིར་ཚུལ་ཁྲིམས་དང་ལྡན་པ་ཡིན་ནོ། །ཐར་བའི ་ཕྱིར་སྡོམ་པ་གང་ཡིན་པ་དེ་ནི་སོ་སོར་ཐར་པའི་སྡོམ་པ་སྟེ། དེ་ནི་འཁོར་བ་ལས་འབྱུང་བར་འགྱུར་བ་ཡིན་ནོ། །ཆོ་ག་ཕུན་སུམ་ཚོགས་པ་ནི་སྤྱོད་ལམ་ལ་སོགས་པ་དམ་པ་རྣམས་ཀྱིས་མ་སྨང་བའི་ཕྱིར་རོ། །སྤྱོད་ཡུལ་ཕུན་སུམ་ཚོགས་པ་ནི ་སྤྱོད་ཡུལ་མ་ཡིན་པ་ལྔ་སྤངས་པའི་ཕྱིར་ཏེ། དགེ་སློང་གི་སྤྱོད་ཡུལ་མ་ཡིན་པ་ལྔ་ནི་གསོད་པའི་ས་དང། སྨད་འཚོད་གི་གནས་དང། ཆང་འཚོང་གི་ཁྱིམ་དང། རྒྱལ་པོའི་ཕོ་བྲང་དང། གདོལ་བའི་ཁྱིམ་སྟེ་ལྔ་པའོ། །བཅས་པའི་ཁ་ན་མ ་ཐོབ་པ་རྣམས་དང་རང་བཞིན་གྱི་ཁ་ན་མ་ཐོ་བ་རྣམས་ལ་ཡང་བསམ་པ་དྲག་པོས་བསླབ་པས་ཁ་ན་མ་ཐོ་བ་ཆུང་དུ་ཙམ་རྣམས་ལ་ཡང་འཇིགས་པར་ལྟ་བ་ཡིན་ནོ། །ཀུན་ནས་ཡོངས་སུ་རྫོགས་པར་བསླབ་པ་རྣམས་བླངས་ནས་སློབ་པའི་ཕྱིར་ཡང ་དག་པར་བླངས་ཏེ་བསླབ་པའི་གཞི་རྣམས་ལ་སློབ་ཅེས་བྱའོ། །འདི་མན་ཆད་དུ་ནི་ཚུལ་ཁྲིམས་ལས་བརྩམས་པ་ནས། བཅོམ་ལྡན་འདས་ཀྱི་མདོ་སྡེ་གཞན་དག་ལས་ལུས་དང་ངག་བསྡམས་པ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་གང་བསྟན་པ་དེའི་དོན་བརྗོད ་པར་བྱའོ། །དེ་ལ་ལུས་དང་ངག་གི་བསྡམས་པ་ཡིན་པ་ནི་ཤེས་བཞིན་གྱིས་ཡོངས་སུ་ཟིན་པ་ཡིན་པའི་ཕྱིར་ཏེ། ཇི་ལྟར་བཀའ་སྩལ་བ་བཞིན་དུ་འགྲོ་བ་དང། ལྡོག་པ་ལ་སོགས་པ་ལ་བློ་སྔོན་དུ་བཏང་ནས་ལེགས་པར་བསྒྲུབས་པའི་ཕྱིར་རོ། །ལུས ་དང། ངག་ཕུན་སུམ་ཚོགས་པས་ཕུན་སུམ་ཚོགས་པ་ནི་ལྟུང་བ་མི་བྱེད་པའི་ཕྱིར་ཏེ། ཚུལ་ཁྲིམས་ཆུད་མི་གསོན་པའི་ཕྱིར་རོ། །ལུས་དང་ངག་གི་ཀུན་ཏུ་སྦྱོང་པ་ཡོངས་སུ་དག་པ་ནི་ཏིང་འཛིན་ལ་གནས་པའི་ཕྱིར་ཏེ། ཏིང་ངེ་འཛིན་གྱི་སྟོབས ་ཀྱིས་འཆལ་པའི་ཚུལ་ཁྲིམས་ཀྱི་དྲི་མ་ཐག་བསྲིད་བའི་ཕྱིར་རོ། །ལུས་དང་ངག་གི་ཀུན་ཏུ་སྤྱོད་པ་དགེ་བ་ནི་ཉོན་མོངས་པ་ཅན་གྱི་རྟོག་པ་དང་མ་འདྲེས་པའི་ཕྱིར་ཏེ། གཅིག་ཏུ་དགེ་བའི་ཕྱིར་རོ། །ལུས་དང་ངག་གི་ཀུན་ཏུ་སྤྱོད་པ་ཁ་ན ་མ་ཐོ་བ་མེད་པ་ནི་སྲིད་པ་དང་ལོངས་སྤྱོད་ཀྱི་ཕྱིར་ཡོངས་སུ་མི་སྔོ་བས་དམ་པ་རྣམས་ཀྱིས་བསྔགས་པའི་ཕྱིར་རོ། །ལུས་དང་ངག་གི་ཀུན་ཏུ་སྤྱོད་པ་གནོད་པ་མེད་པ་ནི་བདག་ལ་བསྟོད་པ་ལ་སོགས་པས་གཞན་དག་ཁྱད་དུ་གསོང་ཅིང ་འགྲོགས་ན་མི་བདེ་བས་ཞེར་འདེབས་པ་མེད་པའི་ཕྱིར་རོ། །ལུས་དང་ངག་གི་ཀུན་ཏུ་སྤྱོད་པ་རྗེས་སུ་མཐུན་པ་ནི་མྱ་ངན་ལས་འདས་པ་ཐོབ་པར་བྱེད་པ་དང་མཐུན་པའི་ཕྱིར་ཏེ། འཕགས་པའི་ལམ་འདྲེན་པའི་ཕྱིར་རོ། །ལུས་དང་ངག་གི ་ཀུན་ཏུ་སྤྱོད་པ་འབྱོར་པ་ནི་རང་གི་ཉེས་པ་དང་ཡོན་ཏན་སྒྲོགས་པ་དང་མི་སྦྱོམས་པའི་ཕྱིར་རོ། །ལུས་དང་ངག་གི་ཀུན་ཏུ་སྤྱོད་པ་ཐབས་དང་ལྡན་པ་ནི་ཚངས་བ་མཚུངས་པར་སྤྱོད་པ་ཉེ་བར་སྡུད་པའི་ཚུལ་ཁྲིམས་ཡིན་པའི་ཕྱིར་ཏེ། །ཉེ་བར ་འགྲོ་བར་བྱ་བའི་འོས་ཡིན་པའི་ཕྱིར་རོ། །ལུས་དང་ངག་གི་ཀུན་ཏུ་སྤྱོད་པ་འཚམས་མེད་པ་ནི་བླ་མ་རྣམས་དང་བླ་མ་དང་འདྲ་བ་རྣམས་ལ་ང་རྒྱལ་བཅག་པའི་ཕྱིར་ཏེ། ཅི་རིགས་སུ་བསྙེན་བཀུར་བྱེད་པའི་ཕྱིར་རོ། །ལུས་དང་ངག་གི་ཀུན ་ཏུ་སྤྱོད་པ་མཐུན་པ་ནི་གདམ་དག་ལ་མཐུན་བར་འཛིན་པའི་ཕྱིར་ཏེ། རང་གི་ལྟ་བ་ལ་མཆོག་ཏུ་འཛིན་པ་མེད་པའི་ཕྱིར་རོ། །ལུས་དང་ངག་གི་ཀུན་ཏུ་སྤྱོད་པ་གདུང་བ་མེད་བ་ནི་དཀའ་ཐུའི?་དྲག་པོ་དང་ངན་མངོན་ལ་མོས་པ་སྤངས་པའི་ཕྱིར་ཏེ། བདག་ལ ་གདུང་བར་མི་བྱེད་པའི་ཕྱིར་རོ། །ལུས་དང་ངག་གི་ཀུན་ཏུ་སྤྱོད་པ་ཕྱིས་འགྱོད་པ་མེད་པ་ནི་ལོངས་སྤྱོད་བ་རྣམས་དང་ལས་ཀྱི་མཛའ་རྣམས་སྤངས་པ་ལ་བརྩམས་ནས་འགྱོད་བ་མེད་པའི་ཕྱིར་ཏེ། ཕྱིས་འགྱོད་བ་མེད་པའི་ཕྱིར་རོ། །ལུས་དང་ངག ་གི་ཀུན་ཏུ་སྦྱོར་པ་ཡིད་ལ་གཅགས་པ་མེད་པ་ནི་དགེ་བའི་ཕྱོགས་ལ་བརྩམས་ནས་ཅུང་ཟད་ཙམ་གྱིས་ཆོག་བར་མི་འཛིན་པའི་ཡང་ལ་གཅགས་པ་མེད་པའི་ཕྱིར་ཏེ། སྒྲུབ་ནུས་པའི་བར་དུའོ། །འདི་དག་གི་ལས་ནི་བདག་གིར་བྱ་བ་ཡིན་པས ་འདི་དག་ནི་ལས་བདག་གིར་བྱ་བ་དག་གོ་།དེ་དག་གི་ལས་བདག་གིར་བྱ་བ་ཇི་ལྟ་བུ་ཡིན་ཞེ་ན། རང་གི་ལས་བྱས་བའི་ལས་ཀྱི་རྣམ་པར་སྨིན་པ་མྱོང་པའི་ཕྱིར་ཏེ། གང་གཞན་དག་དང་ཐུན་མོང་མ་ཡིན་པ་དེ་ནི་བདག་གི་ཞེས་བྱའོ། །འདི་དག་ནི་ལས ་ཀྱི་བག་སྐལ་ལ་སྤྱོད་པ་ཡིན་པས་འདི་དག་ནི་ལས་ཀྱི་བགོ་སྐལ་ལ་སྤྱོད་པ་དག་གོ་།ཇི་ལྟར་ན་ལས་ཀྱི་བགོ་སྐལ་ལ་སྤྱོད་པ་ཉིད་ཡིན་ཞེ་ན། རང་གིས་བྱས་པའི་རྣམ་པར་སྨིན་པ་མྱོང་པ་དེ་ལ་དགེ་བ་དང་མི་དགེ་བ་སོ་སོའི་བགོ་སྐལ་ལ་སྤྱོད་བའི ་ཕྱིར་ཏེ། འདི་ལྟ་སྟེ། རང་རང་གི་འབྲས་བུ་འདོད་པ་དང་མི་འདོད་པ་འགེད་པའི་ཕྱིར་རོ། །རང་གིས་བྱས་པའི་ལས་ལ་འདོད་པ་དང་མི་འདོད་པ་དག་གི་རྣམ་པར་སྨིན་བ་མྱོང་བའི་སེམས་ཅན་དེ་དག་ཐོག་མ་ག་ལས་བྱུང། ཅི་རྒྱུ་མེད་བ་ལས་བྱུང་བ ་ཞིག་གམ། འོན་ཏེ་རང་བཞིན་དང་དབང་ཕྱུག་ལ་སོགས་པའི་རྒྱུ་ལས་བྱུང་བ་ཞིག་ཅེ་ན། སྨྲས་པ། ལས་ཀྱི་སྐྱེ་གནས་པ་དག་གོ་།འདི་དག་གི་ལས་ཉིད་རྒྱུ་མེད་པ་དང་མི་མཐུན་པའི་རྒྱུ་རྣམ་པར་སྤངས་པའི་སྐྱེ་གནས་ཏེ། སེམས་ཅན་རྣམས་འབྱུང་བའི་ཕྱིར ་ཞེས་བྱ་བའི་ཐ་ཚིག་གོ་།དེ་ལྟར་འཇུག་པ་ལས་ཀྱང་བརྩམས་ལྡོག་བ་ལས་ཀྱང་བརྩམས་ནས་ལས་བསྟན་པར་བྱ་བ་དག་སྟེ་།ཟག་པ་དང་བཅས་པའི་ལས་སྤང་བའི་ཕྱིར་ཟག་པ་མེད་པའི་ལས་རྟེན་ཡིན་པས་འདི་དག་གི་བརྟེན་པར་བྱ་བ་ནི་ལས་ཉིད་ཡིན་ནོ། ། ་སེམས་ཅན་རྣམས་ཀྱི་ལས་ཀྱི་རྣམ་པར་སྨིན་པ་བསམ་གྱིས་མི་ཁྱབ་བོ། །ཞེས་གང་གསུངས་པ་དེ་ནི་རྣམ་པ་ཐམས་ཅད་དུ་བསམ་གྱིས་མི་ཁྱབ་པ་མ་ཡིན་པར་རིག་པར་བྱའོ། །བསམ་གྱིས་མི་ཁྱབ་པ་ནི་ཇི་ལྟ་བུ་ཞེ་ན། དགེ་བ་དང་མི་དགེ་བའི་རྣམ་པར ་སྨིན་པ་བདེ་འགྲོ་དང་ངན་འགྲོར་འདོད་པ་དང་མི་འདོད་པ་ཞེས་བྱ་བ་ནི་བསམ་གྱིས་མི་ཁྱབ་སྟེ་།ནུས་པ་དང་ཡང་དག་པའི་ལྟ་བ་ལ་སོགས་པའི་ཡོན་ཏན་ཁྱད་པར་ཅན་འདྲེན་པའི་ཕྱིར་རོ། །ལས་འདིས་སེམས་ཅན་རྣམས་ཀྱི་ལུས་ཀྱི་ཁ་དོག་དང ་དབྱིབས་ལ་སོགས་པ་རྣམ་པ་ཐ་དད་པ་སྣ་ཚོགས་ཞེས་བྱ་བ་ནི་བསམ་གྱིས་མི་ཁྱབ་པ་སྟེ་།མི་ནུས་པ་དང། ཐམས་ཅད་མཁྱེན་པ་ཉིད་ལས་གཞན་པ་མགོ་རྨོངས་པ་ལ་སོགས་པའི་ཉེས་པ་འདྲེན་པའི་ཕྱིར་རོ། །དགེ་བ་ལ་སོགས་པའི་ལས་དེ་ཉིད ་གནས་ལ་སོགས་པའི་རབ་ཏུ་དབྱེ་བས་ནི་བསམ་གྱིས་མི་ཁྱབ་བོ། །དེ་ལ་གནས་ནི་གྲོང་དམ་གྲོང་ཁྱེར་གྱི་ཕྱོགས་གང་དུ་གནས་ནས་ལས་དེ་བྱས་ཞེས་བྱ་བ་ལ་སོགས་པའོ། །དངོས་པོ་ནི་སེམས་ཅན་གྱི་གྲངས་སུ་གཏོགས་པ་འམ། སེམས་ཅན་མ ་ཡིན་པའི་གྲངས་སུ་གཏོགས་པ་གང་ལ་བརྟེན་ཏེ་བྱས་པའོ། །རྒྱུ་ནི་དགེ་བ་དང་མི་དགེ་བའི་རྩ་རྣམས་ཏེ། ཇི་ལྟར་མཐུན་མཐུན་དུ་སྦྱར་རོ། །རྣམ་པར་སྨིན་པ་ནི་ལུས་སྣ་ཚོགས་དེ་ཉིད་དོ། །སྣ་ཚོགས་མངོན་པར་འགྲུབ་པར་བྱེད་པའི་ལས་བསམ ་གྱིས་མི་ཁྱབ་པ་ནི་ལས་ཅི་འདྲ་བས་ཚེར་མ་ལ་སོགས་པའི་རྣོ་བ་ལ་སོགས་པ་བྱས་པ་སྟེ། འཇིག་རྟེན་གྱི་བསམ་པར་མ་གཏོགས་པའི་ཕྱིར་རོ། །ནོར་བུ་དང་བསྔགས་དང་སྨན་དང་མ་བྱུང་དཔྱད་དང་ལྡན་པའི་ལས ་བསམ་གྱིས་མི་ཁྱབ་སྟེ། དེ་ལ་ནོར་བུ་དང་ལྡན་པ་ནི་ཆུ་ཤེལ་ལ་སོགས་པ་ལས་ཆུ་འབྱུང་བ་ལ་སོགས་པའོ། །སྔགས་དང་ལྡན་པ་ནི་སྔགས་དེ་དག་གིས་བཏབ་ན་མི་འཚིག་པ་ལ་སོགས་པའོ། །སྨན་དང་ལྡན་པ་ནི་དེས་ཟིན་ན་མི་སྣང་པར ་འགྱུར་བ་ལ་སོགས་པའོ། །མཁྱུད་དཔྱད་དང་ལྡན་པ་ནི་མཁྱུད་དཔྱད་དེ་དང་དེས་རིམས་ནད་དང་བྲལ་བར་འགྱུར་བ་ལ་སོགས་པའོ། །རྣལ་འབྱོར་པ་ཐམས་ཅད་ཀྱི་མཐུའི་ལས་བསམ་གྱིས་མི་ཁྱབ་པ་ཇི་ལྟ་བུ་ཞེ་ན། དེ་དག་གི་སེམས་ཀྱི་མཐུས ་ས་ཆེན་པོ་གཡོ་བར་བྱེད་པ་འམ་།ནམ་མཁའ་ལ་འཕུར་བ་ལ་སོགས་བའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་དབང་ལ་སོགས་པས་ལས་གང་བྱེད་པ་དེ་བསམ་གྱིས་མི་ཁྱབ་པ་ནི་འདི་ལྟ་སྟེ། ཚེ་ལ་དབང་བས་ནི་བྱང་ཆུབ་སེམས་དཔའ་ ་རྣམས་ཚེའི་འདུ་བྱེད་བྱིན་གྱིས་བརླབས་ནས་ཇི་སྲིད་འདོད་པ་དེ་སྲིད་དུ་གནས་སོ། །སེམས་ལ་དབང་བས་ནི་ཇི་ལྟར་འདོད་པ་བཞིན་དུ་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་གོ་།ཡོ་བྱད་ལ་དབང་བས་ནི་སེམས་ཅན་ཐམས་ཅད་ལ་ཡོ་བྱད ་རིན་ཆེ་བ་དང་དཔག་ཏུ་མེད་པའི་ཆར་འབེབས་སོ། །ལས་ལ་དབང་བས་ནི་ཁམས་དང་ས་དང་འགྲོ་བ་དང་སྐྱེ་གནས་དང་གནས་སྐབས་གཞན་ན་མྱོང་བར་འགྱུར་བའི་ལས་རྣམས་གཞན་དུ་བསྒྱུར་རོ། །སྐྱེ་བ་ལ་དབང་བས་ནི་བསམ་གཏན་ལ ་གནས་ཤིང་ཡོངས་སུ་མ་ཉམས་བཞིན་དུ་འདོད་པའི་ཁམས་སུ་སྐྱེའོ། །མོས་པ་ལ་དབང་བས་ནི་ས་ལ་སོགས་བར་ཆུ་ལ་སོགས་པར་མོས་སོ། །སྨོན་ལམ་ལ་དབང་བས་ནི་ཇི་ལྟར་འདོད་པ་བཞིན་དུ་བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས ་པར་བྱེད་པའི་སྨོན་ལམ་རྒྱ་ཆེན་པོ་གྲངས་མེད་པ་མངོན་པར་སྒྲུབ་བོ། །རྫུ་འཕྲུལ་ལ་དབང་བས་ནི་སེམས་ཅན་རྣམས་འདུན་པར་བྱ་བའི་ཕྱིར་རྫུ་འཕྲུལ་གྱི་ཆོ་འཕྲལ་དཔག་ཏུ་མེད་པ་ཀུན་ཏུ་སྟོན་ཏོ། །ཡེ་ཤེས་ལ་དབང་བས་ནི་ཆོས་དང་དོན་དང་ངེས ་པའི་ཚིག་དང་སྤོབས་པ་རྣམས་ཀྱི་རབ་ཀྱི་མཐར་ཕྱིན་པར་འགྲོའོ། །ཆོས་ལ་དབང་བས་ནི་ཅི་རིགས་པར་ཇི་ཙམ་དུ་སེམས་ཅན་ཐམས་ཅད་ལ་མིང་དང་ཚིག་དང་ཡི་གེའི་ཚོགས་གཞན་དང་གཞན་དག་གིས་མདོ་ལ་སོགས་པའི་ཆོས་རྣམ་པར ་གཞག་ནས་ཅིག་ཆར་དུ་སེམས་ཡོངས་སུ་ཚིམ་པར་བྱེད་དུས་པར་འགྱུར་རོ། །སངས་རྒྱས་ཐམས་ཅད་ཀྱི་སངས་རྒྱས་ཀྱི་མཛད་པ་བསྒྲུབ་པའི་འཕྲིན་ལས་བསམ་གྱི་མི་ཁྱབ་པ་ཇི་ལྟ་བུ་ཞེ་ན་།སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་ལྷུན ་གྱིས་གྲུབ་པར་གཏོགས་བར་ཐུགས་སུ་ཆུད་ཅིང་ཆོས་ཀྱི་དབྱིངས་དེ་གཅིག་པ་ཉིད་དུ་གྱུར་ནས་སེམས་ཅན་རྣམས་ལ་གང་གི་ཚེ་དང་ཇི་ལྟ་བུ་དང། ཇི་སྲིད་དུ་མཛེད?་པ་བསྒྲུབ་པར་བྱ་བ་དེ་ཐམས་ཅད་རྗེས་སུ་གནས་ཏེ། དེ་ལྟར་སངས་རྒྱས ་རྣམས་ཀྱི་ཡུལ་བསམ་གྱིས་མི་ཁྱབ་བོ། །ཡང་སྲིད་པའི་བག་ཆགས་འཇོག་པའི་བྱེད་རྒྱུ་ཞེས་བྱ་བ་ནི་རྒྱུའོ། །སེམས་ཅན་བག་ཆགས་བསགས་པ་རྣམས་ལྷ་ལ་སོགས་པའི་སེམས་ཅན་གྱི་རིས་སུ་དེའི་ཆ་བྱད་དང་རང་བཞིན་དང་འདྲ་བར་མཐུན་པར ་འབྱུང་བའི་བྱེད་རྒྱུ་ཞེས་བྱ་བ་ནི་ཀུན་འབྱུང་བའོ། །སོ་སོ་རང་གི་རྒྱུད་དེས་པ་དང། འགྲོ་བ་སྐྱེ་གནས་ལ་སོགས་པ་རྣམས་དང་མཆོག་ཏུ་འབྱུང་བས་སྲིད་བའི་རྩེ་མོའི་འགྲོ་བའི་བར་དུ་འབྱུང་བའི་བྱེད་རྒྱུ་ཞེས་བྱ་བ་ནི་རབ་ཏུ་སྐྱེ་བའོ། །སྔོན་མ་བྱུང་བའི ་ལུས་གཞན་དང་གཞན་འཐོབ་པ་དང། སྔོན་འཐོབ་པའི་ལུས་འདའ་བའ་ཨི་བྱེད་རྒྱུ་ཞེས་བྱ་བ་ནི་སྐྱེན་ཏོ།། །།འདུ་བྱེད་དེ་དག་གི་འཇིག་པ་ལས་འགོག་པ་དེ་དག་གཞན་ཞིག་ཡིན་ན་ནི་འབྲེལ་མེད་དེ་དོན་གཞན་དུ་འགྱུར་རོ། །ཇི་སྟེ ་གཞན་མ་ཡིན་ན་ནི་ཀུན་ནས་ཉོན་མོངས་པའི་མཚན་ཉིད་དུ་འགྱུར་ཏེ། དེའི་ཕྱིར་གཉི་ག་ཡང་མ་ཡིན། གཉི་ག་མ་ཡིན་པ་ཡང་མ་ཡིན་ནོ། །སྤྲོས་པ་ནི་སྐབས་འདིར་ཚུལ་བཞིན་མ་ཡིན་པར་སེམས་པ་ཡིན་ཏེ་ཞེས་བྱ་བ་ནི་ལས ་མ་ཡིན་པ་དང་།རིགས་པ་མ་ཡིན་པ་དང། ཐབས་མ་ཡིན་པ་སེམས་པ་ཞེས་བྱ་བའི་ཐ་ཚིག་སྟེ། སེམས་པ་ཡང་གཞན་ལ་སེམས་པར་བྱ་བ་ཡང་གཞན་ཡིན་པའི་ཕྱིར་རོ། །སེམས་པ་ཇི་ལྟ་བུ་ཞེ་ན། ཞི་བ་དང། གྱ་ནོམ་པའོ་ཞེས་བྱ་བ་ལ་སོགས་པའི ་རྣམ་པ་རྣམས་ཀྱིས་སོ། །རྒྱན་མེད་པ་ནི་ཤེས་རབ་ཀྱིས་རྣམ་པར་གྲོལ་བ་རྣམས་ཀྱི་ཡོན་ཏན་ཁྱད་པར་ཅན་རིག་པ་ལ་སོགས་པའི་རྒྱན་མེད་པའི་ཕྱིར་རོ། །རྣམ་གྲངས་ཀྱིས་ནི་མ་ལུས་པར་སྤངས་པ་ཞེས་བྱ་བ་ནི་བསྟན་བའོ། །ལྟག་མ་ནི་བཤད་པའོ། ། ་དེའི་ཕྱིར་དེའི་ཚིག་ལྷག་མ་རྣམས་ཀྱི་ཕྱིར་རོ་ཞེས་བརྗོད་དེ། དེ་དག་གི་དེ་བཤད་པའི་ཕྱིར་རོ། །ཇི་ལྟར་བྱས་ན་མ་ལུས་པར་སྤངས་ཤེ་ན། ཀུན་ནས་དཀྲིས་པ་དང་བག་ལ་ཉལ་སྤངས་པའི་ཕྱིར་རོ། །དེ་ལ་ངེས་པར་སྤངས་པ་ནི་ཀུན་ནས་དཀྲིས ་པའི་དབང་དུ་བྱས་པ་སྟེ་།བྱུང་བ་ཡོངས་སུ་སྤངས་པའི་ཕྱིར་རོ། །བྱ་བར་གྱུར་བ་ནི་བག་ལ་ཉལ་སྤོངས་པ་སྟེ་།རྩ་བ་མེད་ན་གཏན་མི་སྐྱེ་བའི་ཕྱིར་རོ། །དེ་ནི་གཉེན་པོ་མཐོང་བ་དང་སྒོམ་པའི་ལམ་གྱི་བྱེ་བྲག་གིས་རྣམ་པ་གཉིས་སུ་རྣམ་པར ་བཞག་སྟེ་།ཟད་པ་དང་འདོད་ཆགས་དང་བྲལ་བ་ཞེས་བྱ་བའོ། །དེ་ལ་ཟད་བ་ནི་མཐོང་བའི་ལམ་གྱིས་བྲལ་བ་ཉིད་ཀྱི་དབང་དུ་བྱས་པ་སྟེ་།ཉོན་མོངས་པའི་ཚོགས་ཅུང་ཟད་ཅམ་ཞིག་ལུས་པའི་ཕྱིར་རོ། །འདོད་ཆགས་དང་བྲལ་བ་ནི་སྒོམ ་པའི་ལམ་གྱིས་བྲལ་བ་ཉིད་ཀྱི་དབང་དུ་བྱས་པ་སྟེ་།དེ་ནི་ས་ལ་འདོད་ཆགས་དང་བྲལ་བ་ཉིད་དུ་འགྱུར་བས་རབ་ཏུ་ཕྱེ་བའི་ཕྱིར་རོ། །དེ་གཉིས་ཀྱིས་བྲལ་བར་གྱུར་ན་མི་སྐྱེ་བའི་ཆོས་ཉིད་དུ་བྱས་པས་ཕྱི་མ་ལ་སྡུག་བསྔལ་འགོག་པ་དང། ་ཀུན་ཏུ་མི་འབྱུང་བས་མཐོང་བའི་ཆོས་ལ་ཡིད་མི་བདེ་བ་རྣམ་པར་ཞི་བར་འགྱུར་ཏེ་།དེའི་ཕྱིར་དེའི་འབྲས་བུར་གྱུར་པ་སྡུག་བསྔལ་རྣམ་པ་གཉིས་སྤོང་བའི་དབང་དུ་བྱས་ནས་འགོག་པ་དང་རྣམ་པར་ཞི་བ་ཞེས་བྱ་བ་སྨོས་སོ། །སྔོན་གྱིས་ལས ་དང་ཉོན་མོངས་པས་ཡང་དག་པར་བསྒྲུབ་པའི་ཕུང་པོ་རྣམས་ནི་རང་གི་དང་གིས་འཇིག་པའི་དབང་དུ་བྱས་ནས་ནུབ་པ་ཞེས་བྱའོ། །དེ་ལྟར་ན་མ་ལུས་པར་སྤངས་པ་བསྟན་པར་རིག་པར་བྱའོ། །འདུས་མ་བྱས་ནི་འདུ་མ་བྱས་ལས་བཟློག ་པ་སྟེ། སྐྱེ་བ་དང་འཇིག་པ་དང་གནས་པ་གཞན་དུ་འགྱུར་བ་མེད་པའི་ཕྱིར་རོ། །བལྟ་དཀའ་བ་ནི་འཕགས་པ་གཅིག་བུའི་ཤེས་རབ་ཀྱི་སྤྱན་གྱི་སྤྱོད་ཡུལ་ཡིན་པའི་ཕྱིར་རོ། །གཡོ་བ་མེད་པ་ནི་སེམས་ཅན་དམྱལ་བ་ལ་སོགས་པའི་འགྲོ་བར་མི་འཕོ ་བས་བསྟན་པའི་ཕྱིར་རོ། །མི་འདུད་པ་ནི་འདོད་པ་དང་གཟུགས་དང་གཟུགས་མེད་པའི་སྲེད་པ་མེད་པས་སྲིད་པར་མི་འདུད་པའི་ཕྱིར་རོ། །འཆི་བ་མེད་པ་ནི་འཆི་བའི་རྟེན་ཕུང་པོ་མེད་པའི་ཕྱིར་རོ། །ཟག་པ་མེད་པ་ནི་ཟག་པ་དང་བྲལ་བའི་ཕྱིར་རོ། ། ་གནས་ནི་རྣམ་པར་གྲོལ་བའི་བདེ་བའི་གཞི་ཡིན་པའི་ཕྱིར་རོ། །གླིང་ནི་འཁོར་བའི་རྒྱ་མཚོ་ཆེན་པོ་ལ་ཐང་ལྟ་བུར་གྱུར་པའི་ཕྱིར་རོ། །སྐྱོབ་པ་ནི་དེ་ཐོབ་ན་སྐྱེ་བ་ལ་སོགས་པའི་གནོད་པ་ཐམས་ཅད་བཟློག་པའི་ཕྱིར་རོ། །མགོན་ནི་དེའི་བསམ་པ་དང ་སྦྱོར་བ་བྱས་པོ་འབྲས་བུ་ཡོད་པའི་གཞིའི་གནས་ཡིན་པས་རྟེན་ཡིན་པའི་ཕྱིར་རོ། །དཔུང་གཉེན་ནི་འཕགས་པའི་མཆོག་ཉིད་དུ་འགྲོ་བའི་གཞིའི་གནས་ཡིན་པའི་ཕྱིར་ཏེ། དགྲ་བཅོམ་པ་ཉིད་འཐོབ་པའི་ཐབས་ལ་དམིགས་པའི་ཕྱིར་ཞེས ་བྱ་བའི་ཐ་ཚིག་གོ་།འཆི་འཕོ་མེད་པ་ནི་མ་སྐྱེས་པས་ཉམས་པ་མེད་པའི་ཕྱིར་རོ། །རིམས་ནད་མེད་པ་ནི་འདོད་པས་འཕོངས་པའི་གདུང་བ་ཐམས་ཅད་མེད་བའི་ཕྱིར་རོ། །ཡོངས་སུ་གདུད་བ་མེད་པ་ནི་མྱ་ངན་ལ་སོགས་པའི་ཡོངས་སུ་གདུད་པ་ཐམས་ཅད ་རྒྱུན་ཆད་བས་བསིལ་བའི་ཕྱིར་རོ། །བདེ་བ་ནི་ན་བ་དང་རྒ་བ་དང་འཆི་བའི་འཇིགས་པ་དང་བྲལ་བས་འཕགས་པའི་གནས་པའི་རྟེན་ཡིན་པའི་ཕྱིར་རོ། །ཞི་བ་ནི་དགེ་བའི་ཆོས་ཐམས་ཅད་ཀྱི་གནས་ཡིན་པའི་ཕྱིར་རོ། ། ་བདེ་གཞི་ནི་འཇིག་རྟེན་ལས་འདས་པའི་བདེ་བའི་གཞི་ཡིན་པའི་ཕྱིར་རོ། །བདེ་བར་འགྱུར་བ་ནི་སྦྱོར་བ་བདེ་བས་དེ་ཐོབ་པར་འགྱུར་བའི་དམིགས་པ་ཡོད་པའི་ཕྱིར་རོ། །ནད་མེད་པ་ནི་ཉོན་མོངས་པ་ལ་སོགས་པའི་སྒྲིབ་པ་དང་བྲལ་བའི་ཕྱིར་རོ། །མི་གཡོ ་བ་ནི་ཡུལ་གྱི་སྤྲོས་པའི་རྣམ་པར་གཡེང་བ་ཐམས་ཅད་དང་བྲལ་བའི་ཕྱིར་རོ། །མྱ་ངན་ལས་འདས་པ་ནི་གཟུགས་ལ་སོགས་པའི་འདུ་ཤེས་ཐམས་ཅད་དང་བྲལ་ཏེ་ཞི་ཞིང་བདེ་བར་གནས་པའི་དམིགས་པ་ཡིན་པའི་ཕྱིར་རོ། །ཡང་འགོག་པའི ་བདེན་པ་ལ་བརྩམས་ནས་མ་སྐྱེས་པ་ལ་སོགས་པ་རྣམ་གྲངས་སུ་གཏོགས་པ་རྣམས་ཏེ། སྡུག་བསྔལ་གྱི་མཚན་ཉིད་ལས་བཟློག་པར་རིག་པར་བྱའོ། །སྡུག་བསྔལ་ནི་སེམས་ཅན་གྱི་རིས་དེ་།དང་དེར་ཉིད་མཚམས་སྦྱོར་བར་བྱེད་པས ་སྐྱེ་བའོ། །དེའི་འོག་ཏུ་ལུས་ཡོངས་སུ་རྫོགས་པར་འཕེལ་ལོ། །སྡུག་བསྔལ་དེ་ཡང་སྔོན་གྱི་ལས་དང་ཉོན་མོངས་པས་འཕངས་ཏེ་བྱས་པ་ནི་ད་ལྟར་གྱི་ལས་དང་ཉོན་མོངས་པ་རྣམས་ཀྱིས་སྲིད་པ་གཞན་འདུ་བྱེད་པའི་བཞིའི་གནས ་ཡིན་ཏེ། དེའི་རྒྱུན་མི་འཆད་པའི་ཚུལ་གྱིས་ཡང་སྲིད་པའི་རྒྱུན་སྐྱེ་བར་འགྱུར་རོ། །དེ་ལས་བཟློག་པ་ནི་སྡུག་བསྔལ་འགོག་པ་དང་འཕགས་པའི་བདེན་པ་སྟེ། མ་སྐྱེས་པ་དང། མ་བྱུང་བ་དང། མ་བྱས་པ་དང། འདུས་མ་བྱས་པ་དང ་སྐྱེས་པ་མེད་པ་དང། གོ་རིམ་བཞིན་དུ་རིག་པར་བྱའོ། །ཡང་འགོག་པའི་བདོན་པའི་མཚན་ཉིད་རྣམ་པ་བཞིར་རིག་པར་བྱ་སྟེ། འགོག་པའི་མཚན་ཉིད་ནི་འབྱུང་བའི་རྒྱུ་ཉོན་མོངས་པ་རྣམས་དང་བྲལ་བའི་དབང་དུ་བྱས་པའོ། །ཞི་པའི ་མཚན་ཉིད་ནི་འདུ་བྱེད་ཀྱི་སྡུག་བསྔལ་ཉིད་ཀྱིས་མ་ཞི་བའི་མཚན་ཉིད་ཉེ་བར་ལེན་པའི་ཕུང་པོ་ལྔ་རྣམས་དང་བྲལ་བའི་དབང་དུ་བྱས་པའོ། །གྱ་ནོམ་པའི་མཚན་ཉིད་ནི་ཉོན་མོངས་པ་དང་སྡུག་བསྔལ་དང་བྲལ་བའི་ཕྱིར། བདག་ཉིད་གཙང་བ་དང་བདེ་བའི ་ངོ་བོ་ཉིད་ཀྱི་དབང་དུ་བྱས་པའོ། །ངེས་པར་འབྱུང་བའི་མཚན་ཉིད་ནི་རྟག་པ་དང་ཕན་པའི་ངོ་བོ་ཉིད་ཀྱི་དབང་དུ་བྱས་པ་སྟེ། ཡང་ཕྱིར་མི་ལྡོག་པ་དང་བདེ་བའི་ཕྱིར་ཕན་པ་དང། བདེ་བ་དང་གོ་རིམ་བཞིན་ནོ།། །།ལམ་གྱི་བདེན་པ ་ནི་གང་གིས་སྡུག་བསྔལ་གྱི་བདེན་པ་ཡོངས་སུ་ཤེས་པ་ཞེས་བྱ་བ་ལ་སོགས་པ་སྟེ། བདེན་པ་རྣམས་ལ་འདེའི་བྱ་བའི་སྐབས་ཀྱིས་མཚན་ཉིད་བསྟན་པར་རིག་པར་བྱའོ། །ལམ་རྣམ་པ་ལྔ་ཞེས་བྱ་བ་ནི་རབ་ཏུ་དབྱེ་བ་ལྔའི་སྐབས་ཀྱིས་སོ། །རབ་ཏུ ་དབྱེ་བ་འདི་ཡང་ལམ་གྱི་བདེན་པ་འཁོར་དང་བཅས་པའི་སྐབས་ཀྱིས་རིག་པར་བྱའོ། །དེ་ལ་ཚོགས་ཀྱི་ལམ་ནི་ཚུལ་ཁྲིམས་ལ་སོགས་པ་སྟེ། དེ་ཡོངས་སུ་རྫོགས་པས་དྲོ་བར་གྱུར་པ་ལ་སོགས་པའི་གོ་རིམ་གྱིས་བདེན་པ་མཐོང་བར་བྱ་བ་དང། དེ་ལ ་སྒྲིབ་པ་སྤང་བར་བྱ་བའི་ཕྱིར་སེམས་ཀྱི་རྒྱུད་འོས་སུ་གྱུར་པ་འཐོབ་པོ། །གང་ཡང་རྒྱུར་གྱུར་པའི་དགེ་བ་གཞན་ཞེས་བྱ་བ་ནི་འགྱོད་པ་མེད་པ་ལ་སོགས་པར་རིག་པར་བྱའོ། །དྲོ་བར་གྱུར་པ་ནི་སོ་སོ་རང་གིས་བདེན་པ་རྣམས་ལ་སྣང་བ་འཐོབ་པའི ་ཏིང་ངེ་འཛིན་ཤེས་རབ་དང་མཚུངས་པར་ལྡན་པ་དང་བཅས་པའོ་ཞེས་བྱ་བ་ནི་མཉམ་པར་བཞག་པའི་སེམས་ཀྱིས་བདེན་པའི་དབང་དུ་བྱས་པའི་ཆོས་མདོ་སྡེ་ལ་སོགས་པ་ཡིད་ཀྱིས་བརྗོད་པའི་སྒོ་ནས་དོན་སྣང་བར་གྱུར་པའི་ཞི་གནས་དང་ལྷག ་མཐོང་ནི་དྲོ་བར་གྱུར་པར་རིག་པར་བྱའོ། །དེ་འཕེལ་བ་ནི་རྩེ་མོ་སྟེ་།དེའི་གོང་ན་རྣམ་པར་གནས་པའི་ཕྱིར་རོ། །བཟོད་པ་ནི་ཕྱོགས་གཅིག་ལ་ཞུགས་པ་དང་རྗེས་སུ་སོང་བའི་ཏིང་འཛིན་ཞེས་བྱ་བ་ལ། ཇི་ལྟར་ན་ཕྱོགས་གཅིག་ལ་ཞུགས་པ་ཡིན ་ཞེ་ན། གཅིག་ཏུ་གཟུང་བ་མེད་པར་བཟོད་པའི་ཕྱིར་རོ། །ཇི་ལྟར་ཕྱོགས་གཅིག་གི་རྗེས་སུ་སོང་བ་ཡིན་ཞེ་ན། འཛིན་པ་མེད་པར་རྟོགས་པའི་རྗེས་སུ་མཐུན་པར་གནས་པའི་ཕྱིར་རོ། །འཇིག་རྟེན་པའི་ཆོས་ཀྱི ་མཆོག་ནི་གང་གི་འོག་ཏུ་ཐོག་མར་འཇིག་རྟེན་ལས་འདས་པའི་ལམ་མོ། །མཐོང་བའི་ལམ་ནི་འཇིག་རྟེན་པའི་ཆོས་ཀྱི་མཆོག་གི་འོག་གི་རྣམ་པར་མི་རྟོག་པའི་ཞི་གནས་དང་ལྟག་མཐོང་གི་མཚན་ཉིད་དུ་རིག་པར་བྱའོ། །དམིགས་པར་བྱ ་བ་དང་དམིགས་པར་བྱེད་བ་མཉམ་པས་མཉམ་པར་ཤེས་པ་འང་དེ་བཞིན་ཏེ་།ཞེས་བྱ་བ་ནི་དེས་གཟུང་བ་དང་འཛིན་པ་མེད་པའི་དེ་བཞིན་ཉིད་རྟོགས་པའི་ཕྱིར་རོ། །སོ་སོ་རང་ལ་སེམས་ཅན་གྱི་བརྡ་དང་ཆོས་ཀྱི་བརྡ་གསལ་བ་དང་ཐམས་ཅད་དུ ་གཉི་གའི་བརྡ་གསལ་བ་ལ་དམིགས་པའི་ཆོས་ཤེས་པའང་དེ་ཡིན་ནོ་ཞེས་བྱ་བ་ལ། སེམས་ཅན་གྱི་བརྡ་སོ་སོ་རང་གི་གསལ་བ་ལ་དམིགས་པའི་ཆོས་ཤེས་པ་ཇི་ལྟ་བུ་ཞེ་ན། དེས་རང་གི་རྒྱུད་ལ་བདག་གི་མཚན་མར་རྣམ་པར་མི ་རྟོག་པའི་ཕྱིར་རོ། །སོ་སོ་རང་ལ་ཆོས་ལ་བརྡ་གསལ་བ་ལ་དམིགས་པའི་ཆོས་ཤེས་པ་ཇི་ལྟ་བུ་ཞེ་ན། དེས་རང་གི་རྒྱུད་ཉིད་ལ་གཟུགས་ལ་སོགས་པའི་མཚན་མར་རྣམ་པར་མི་རྟོག་པའི་ཕྱིར་རོ། །ཐམས་ཅད་དུ་གཉི་གའི་བརྡ་གསལ་བ ་ལ་དམིགས་པའི་ཆོས་ཤེས་པ་ཇི་ལྟ་བུ་ཞེ་ན། ཐམས་ཅད་དུ་བྱེ་བྲག་མེད་པར་བདག་དང་ཆོས་ཀྱི་མཚན་མ་ལ་རྣམ་པར་མི་རྟོག་པའི་ཕྱིར་རོ། །ཡང་མཐོང་བའི་ལམ་རབ་ཏུ་དབྱེན་བདེན་པ་རྣམ་པ་བཅུ་དྲུག་སྟེ་།ཆོས་དང་རྗེས་སུ་རྟོགས ་པ་ལ་བཟོད་པ་དང་ཤེས་པ་རྣམས་སོ། །དེ་ལ་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་ནི་སྦྱོར་བའི་ལམ་ལ། སྡུག་བསྔལ་གྱི་བདེན་པའི་དབང་དུ་བྱས་པའི་མོད་ལ་སོགས་པའི་ཆོས་ལ་རྣམ་པར་སྤྱོད་པའི་ཤེས་པ་སྟེ། ཚུལ ་བཞིན་ཡིད་ལ་བྱེད་པས་བསྡུས་པའི་དབང་དུ་བྱས་ནས་རང་གི་རྒྱུད་ལ་ཡོད་པའི་སྡུག་བསྔལ་གྱི་བདེན་པ་ལ་དེའི་དེ་བཞིན་ཉིད་མངོན་སུམ་དུ་འགྱུར་བའི་འཇིག་རྟེན་ལས་འདས་པའི་ཤེས་རབ་ཡང་དག་པར་ལྟ་བའི་རང་བཞིན་འབྱུང་སྟེ། དེས་སྡུག ་བསྔལ་མཐོང་བས་སྤང་བར་བྱ་བ་ཁམས་གསུམ་པའི་བག་ལ་ཉལ་ཉི་ཤུ་རྩ་བརྒྱད་རབ་ཏུ་སྤོང་ངོ། །དེ་བས་ན་སྡུག་བསྔལ་ལ་ཆོས་ཤེས་ཕཱི་བཟོད་པ་ཞེས་བྱའོ། །བཟོད་པ་དེས་སྡུག་བསྔལ་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ ་སྤངས་པའི་ཕྱིར་གནས་གྱུར་ནས་དི་མ་ཐག་ཏུ་ཤེས་པ་གང་གིས་གནས་གྱུར་པ་དེ་མྱོང་བ་དེ་ནི་སྡུག་བསྔལ་ལ་ཆོས་ཤེས་པ་ཞེས་བྱའོ། །དང་པོའི་བཟོད་པ་དང་ཤེས་པ་འདི་གཉིས་ནི་སློབ་པ་དང་མི་སློབ་པའི་འཕགས་པའི་ཆོས་ཐམས་ཅད་ཀྱི ་རྒྱུ་ཡིན་ཏེ། དེ་ལས་དེ་དག་ཡང་དག་པར་འབྱུང་བའི་ཕྱིར་རོ། །དེའི་ཕྱིར་འདི་གཉིས་ནི་འཕགས་པའི་ཆོས་ཐམས་ཅད་ཀྱི་རྒྱུའོ། །ཞེས་དེ་ལ་དམིགས་ནས་སོ་སོ་རང་ལ་མངོན་སུམ་དུ་འགྱུར་བའི་ཟག་པ་མེད་པའི་ཤེས་རབ་ནི་སྡུག ་བསྔལ་ལ་རྗེས་སུ་རྟོགས་པར་ཤེས་པའི་བཟོད་པའོ། །རྗེས་སུ་རྟོགས་པར་ཤེས་པའི་བཟོད་པ་དང་དེ་ཤེས་པ་གང་གིས་མྱོང་བ་དེ་ནི་རྗེས་སུ་རྟོགས་པའི་ཤེས་པ་ཞེས་བྱའོ། །འཇིག་རྟེན་ལས་འདས་པའི་ལམ་གྱི་ཡུལ་ནི་གཉིས་ཏེ། དེ ་བཞིན་ཉིད་དང་ཡང་དག་པའི་ཡེ་ཤེས་སོ། །དེ་ལ་ཆོས་ཤེས་པའི་ཕྱོགས་ཀྱི་ལམ་གྱི་ཡུལ་དེ་བཞིན་ཉིད་དོ། །རྗེས་སུ་རྟོགས་པའི་ཤེས་པའི་ཕྱོགས་ཀྱི་ཡུལ་ནི་ཡང་དག་པའི་ཡེ་ཤེས་སོ། །དེའི་ཕྱིར་འདི་སྐད་ཅེས་བྱ་སྟེ། ཆོས་ཤེས་པའི ་བཟོད་པ་དང་ཤེས་པ་རྣམས་ཀྱིས་ནི་གཟུང་བ་རྟོགས་སོ། །རྗེས་སུ་རྟོགས་པའི་བཟོད་པ་དང་ཤེས་པ་རྣམས་ཀྱིས་ནི་འཛིན་པ་རྟོགས་སོ་ཞེས་བྱའོ། །བཅོམ་ལྡན་འདས་ཀྱིས་གང་མཚན་མ་མེད་པ་ལ་གནས་པའི་གང་ཟག་དྲུག་བཀའ་སྩལ་པ ་དེ་ནི་བཟོད་བ་དང་ཤེས་པ་དེ་དག་ལ་གནས་པར་རིག་པར་བྱ་སྟེ། མཚན་མ་ཐམས་ཅད་མི་དམིགས་པའི་ཕྱིར་རོ། །བཟོད་པ་དང་ཤེས་པས་བསྡུས་པ་སེམས་ཀྱི་སྐད་ཅིག་བཅུ་དྲུག་པོ་འདི་དག་ནི་མཐོང་བའི ་ལམ་ཏེ། དེ་དག་གིས་སྔོན་མ་མཐོང་བའི་འཕགས་པའི་བདེན་པ་རེ་རེ་ལ་ཡང་རྣམ་པ་བཞི་བཞིར་མཐོང་བའི་ཕྱིར་རོ། །འདིར་དངོས་པོ་མ་བྱུང་བ་ལ་བྱུང་བ་ཙམ་ལ་སེམས་ཀྱི་སྐད་ཅིག་ཏུ་རིག་པར་བྱ་བ་མ་ཡིན་གྱི་།ཇི་ཙམ་དུ་ཞེས་བྱ་ལ ་ཤེས་པ་འབྱུང་བ་ཡོངས་སུ་རྫོགས་པར་འགྱུར་བ་ལ་བྱ་སྟེ། འདི་ལྟ་སྟེ། སྡུག་བསྔལ་ནི་ཡོངས་སུ་ཤེས་པར་བྱའོ། །ཞེས་བྱ་བ་ནི་སེམས་ཀྱི་སྐད་ཅིག་གཅིག་གོ་།ཀུན་འབྱུང་ནི་སྤང་བར་བྱའོ་ཞེས་བྱ་བ་ལ་སོགས་པ་ཡང་དེ་བཞིན་ནོ།། ་གང་མཐོང་བའི་ལམ་ལས་བརྩམས་ཏེ། རྒྱ་ཆེར་རྣམ་བར་སྤྲོས་པ་དེ་ཐམས་ཅད་ནི་རྣམ་པར་བཞག་པ་ཙམ་དུ་རིག་པར་བྱའོ། །འཇིག་རྟེན་ལས་འདས་པའི་གནས་སྐབས་ནི་སོ་སོ་རང་གི་རིག་པར་བྱ་བའི་ཕྱིར་རོ། །ལམ་གྱི་བདེན་པ ་ཐམས་ཅད་ནི་རྣམ་པ་བཞིར་རིག་པར་བྱ་སྟེ་།རྣམ་པར་བཞག་པ་དང། རྣམ་པར་རྟོག་པ་དང། མྱོང་བ་དང། ཡོངས་སུ་རྫོགས་པའོ།། །།དེ་ལ་རྣམ་པར་བཞག་པ་ནི་ཉན་ཐོས་ལ་སོགས་པས་ཇི་ལྟར་རང་གི་ཁོང་དུ་ཆུད ་པ་མཐར་ཕྱིན་ནས་དེའི་རྗེས་ལ་ཐོབ་པའི་ཤེས་པས་གཞན་ལ་གོ་བར་བྱ་བའི་ཕྱིར་མིང་དང་ཚིག་དང་ཡི་གེའི་ཚོགས་རྣམས་ཀྱིས་ལམ་གྱི་བདེན་པ་རྣམ་པར་འཇོག་སྟེ། བདེན་པ་རྣམས་ལ་བཟོད་པ་དང་ཤེས་པ་ནི་འདི་ལྟ་བུའོ། །ཞེས ་བྱ་བ་ལ་སོགས་པའོ། །རྣམ་པར་རྟོག་པ་ནི་མངོན་པར་རྟོགས་པ་ལ་ཞུགས་པའི་འཇིག་རྟེན་པའི་ཤེས་པས་ཇི་ལྟར་རྣམ་པར་བཞག་པ་བཞིན་དུ་རྣམ་པར་རྟོག་ཅིང་དེ་གོམས་པར་བྱེད་བའོ། །མྱོང་བ་ནི་དེ་ལྟར་གོམས་པར་བྱེད་པ་ན་མཐོང ་བའི་ལམ་ཞེས་བརྗོད་པའི་འཇིག་རྟེན་ལས་འདས་པ་སྤྲོས་པ་མེད་པའི་གནས་སྐབས་གང་ཡིན་པ་དང་པོར་སོ་སོ་རང་གིས་མྱོང་བའོ། །ཡོངས་སུ་རྫོགས་པ་ནི་དེའི་འོག་ཏུ་གནས་གྱུར་བ་ཡོངས་སུ་རྫོགས་ནས་ཐོབ་པ་མཐར་ཕྱིན་པའི་བར་དུ་འཐོབ ་པའོ། །ཐོབ་པ་མཐར་ཕྱིན་པ་དག་ནི་དེའི་རྗེས་ལ་ཐོབ་པའི་ཤེས་པས་ལམ་གྱི་བདེན་པ་རྣམ་པར་འཇོག་གོ་།དེ་ལྟར་ན་རྣམ་པ་འདི་བཞིན་ལམ་གྱི་འཁོར་ལོ་སྟེ། ཡང་དང་ཡང་གཞན་དང་གཞན་ལ་བརྟེན་ནས་འཇུག་པར་རིག་པར་བྱའོ། །ཆོས ་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་སྐྱེས་སོ། །ཞེས་བྱ་བ་གང་གསུངས་པ་དེ་ནི་མཐོང་བའི་ལམ་གྱི་དབང་དུ་མཛད་ནས་གསུངས་པ་སྟེ། ཞེས་བྱ་བ་དེ་ནི་ཐོག་མ་ཁོ་ནར་བདེན་པ་རྣམས་ལ་འཕགས་པའི་ཤེས་རབ་ཀྱི ་སྤྱན་གྱི་རང་བཞིན་ཡིན་པའི་ཕྱིར་རོ། །དེ་ལ་ཆོས་ལ་བཟོད་པ་རྣམས་ཀྱིས་ནི་རྡུལ་མེད་དེ། དེ་དག་གིས་ཉོན་མོངས་པའི་རྡུལ་སྤོང་བའི་ཕྱིར་རོ། །ཆོས་ཤེས་པ་རྣམས་ནི་དྲི་མ་དང་བྲལ་ཏེ། དེ་དག་ནི་དེའི་སྒྲིབ་པའི་དྲི་མ་སྤངས་པའི་གནས་སུ ་སྐྱེས་པའི་ཕྱིར་རོ། །ཡང་བཟོད་པ་དང་ཤེས་པའི་གནས་སྐབས་གཉིས་ནི་གོ་རིམ་བཞིན་དུ་ཡོངས་སུ་ཤེས་པ་དང་སྤངས་པས་ལམ་གྱི་རྣམ་པར་དག་པའི་དབང་དུ་བྱས་བ་སྟེ། རྡུལ་མེད་པ་དང་དྲི་མ་དང་བྲལ་བར་རིག་པར་བྱའོ། །ཆོས ་མཐོང་བ་ཞེས་པ་ལ་སོགས་པ་ཡང་མཐོང་བའི་ལམ་ཉིད་ཀྱི་དབང་དུ་བྱས་པར་རིག་པར་བྱ་སྟེ། འདུལ་བ་རྣམས་བདེན་པ་མངོན་པར་རྟོགས་པ་ཞེས་བྱ་བའི་འོག་ཏུ་གསུངས་པའི་ཕྱིར་རོ། །དེ་ལ་ཆོས་ལ་བཟོད་པ་རྣམས་ཀྱིས་ཆོས་མཐོང་སྟེ། ་དེ་དག་གིས་དེ་ཁོ་ན་རྟོགས་པའི་ཕྱིར་རོ། །ཆོས་ཤེས་པ་རྣམས་ཀྱིས་ཆོས་ཐོབ་སྟེ། ཆོས་ཤེས་པ་རྣམས་ཀྱིས་གནས་གྱུར་བ་མངོན་སུམ་དུ་ཐོབ་པར་བྱེད་པའི་ཕྱིར་རོ། །རྗེས་སུ་རྟོགས་པའི་བཟོད་པ་རྣམས་ཀྱིས་ཆོས་རིག་སྟེ། དེ་དག་གིས ་འདི་ནི་འཕགས་པའི་ཆོས་རྣམས་ཀྱི་རྒྱུའོ། །ཞེས་དེ་གཉིས་རིག་པའི་ཕྱིར་རོ། །རྗེས་སུ་རྟོགས་པའི་ཤེས་པ་རྣམས་ཀྱིས་ཆོས་རྟོགས་ཏེ། དེ་དག་གིས་ཤེས་བྱ་ཇི་སྙོད་པ་ཡོངས་སུ་རྫོགས་པའི་ཕྱིར་རོ། །བཟོད་པ་དང་ཤེས ་པ་ཐམས་ཅད་ཀྱིས་སོམ་ཉིད་ལས་བརྒལ་ཏེ་འཇིག་རྟེན་ལས་འདས་པའི་ལམ་གྱི་འབྲས་བུ་ཐོབ་པས་ཡུན་རིང་པོ་ནས་འདོད་པ་རང་གིས་ཐོབ་པ་ལ་ཐེ་ཚོམ་མེད་པའི་ཕྱིར་རོ། །ཐམས་ཅད་ཀྱི་གཞན་གྱིས་ཐོབ་པ་ལ་ཐེ་ཚོམ་ལས་བརྒལ་ཏེ། ་དེའི་དུས་ན་གཞན་དག་གིས་ཁྱད་པར་ཐོབ་པ་ལ་ཡིད?་གཉིས་ཟ་བ་མེད་པའི་ཕྱིར་རོ། །ལམ་བསྒོམ་པ་ལ་གཞན་གྱི་དྲིང་མི་འཇོག་པ་ནི་གཞན་ལ་ལུང་མནོས་པ་མེད་པར་ཡང་བདག་ཉིད་ཀྱིས་མཁས་པའི་ཕྱིར་རོ། །གཞན་གྱིས་མི་བཀྲི་བ་ནི ་ཤེས་ནས་དང་བ་ཐོབ་པས་གཞན་མུ་སྟེགས་ཅན་རྣམས་ཀྱིས་ཚེ་རབས་གཞན་ལ་ཡང་སྟོན་པའི་བསྟན་པ་ལས་མི་འཕྲོགས་པའི་ཕྱིར་རོ། །ཆོས་རྣམས་ལ་མི་འཇིགས་པ་འཐོབ་པ་ནི་ཐོབ་པ་ལས་བརྩམས་ནས་ཡོངས་སུ་དྲི་བའི་ཆོས་རྣམས་དང ་ལུང་བསྟན་པའི་ཆོས་རྣམས་ལ་སྡིག་པ་འདོད་པ་མངོན་པའི་ང་རྒྱལ་ཅན་བཞིན་དུ་སེམས་ཞུམ་པ་མེད་པའི་ཕྱིར་རོ།། །།བམ་པོ་དྲུག་པ། །བསྒོམ་པའི་ལམ་ནི་འཕགས་པ་ཉན་ཐོས་བདེན་པ་རྣམས་མངོན་པར་རྟོགས་པ་དང་ལྡན་པའི ་འོ།?་།དེའི་གོང་དུ་གྱུར་པ་ནི་ཀུན་དུ་སྦྱོར་པ་ལྷག་མ་སྤང་བའི་ཕྱིར་ཞུགས་པ་སྟེ། གང་འཇིག་རྟེན་པ་ལ་སོགས་པའི་ལམ་མོ། །དེ་ལ་འཇིག་རྟེན་པའི་ལམ་ནི་བསམ་གཏན་རྣམས་དང། གཟུགས་མེད་པ་རྣམས་སོ། །བསམ་གཏན་དང ་གཟུགས་མེད་པ་དེ་དག་ཀྱང་ཀུན་ནས་ཉོན་མོངས་པ་དང། རྣམ་པར་བྱང་བ་དང། རྣམ་པར་བཞག་པ་དང། རྣམ་པར་དག་པས་རིག་པར་བྱའོ། །ཀུན་ནས་ཉོན་མོངས་པས་ཇི་ལྟ་བུ་ཞེ་ན། ལུང་དུ་མ་བསྟན་པའི་རྩ་བ་བཞི་པ་སྲེད ་བ་དང་ལྟ་བ་དང་ང་རྒྱལ་དང་མ་རིག་པ་སྟེ། དེ་དག་གི་སེམས་ཀུན་ནས་ཉོན་མོངས་པ་ཅན་དུ་གྱུར་པ་རྣམས་ཀྱི་ཉོན་མོངས་པའི་བསམ་གཏན་གྱི་སྒོ་ནས་གཟུགས་དང་གཟུགས་མེད་པ་ན་སྤྱོད་པའི་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་ཐམས ་ཅད་བསྒྲིབས་པའི་ལུང་དུ་མི་སྟོན་པར་འགྱུར་བའི་ཕྱིར་རོ། །དེ་མ་སྲིད་པས་ནི་རོ་མྱང་བའི་ཀུན་ནས་ཉོན་མོངས་པས་ཀུན་ནས་ཉོན་མོངས་པ་སྟེ། ཤིན་ཏུ་སྦྱངས་པའི་བདེ་བའི་རོ་མྱང་བར་བྱེད་པའི་ཕྱིར་རོ། །ལྟ་བས་ནི་ལྟ་བ་ཤས་ཆེ་བའི་བསམ་གཏན་པ ་ཉིད་ཀྱིས་ཀུན་ནས་ཉོན་མོངས་ཏེ། བསམ་གཏན་ལ་བརྟེན་ནས་སྔོན་གྱི་མཛའ་ལ་རྟོག་པ་ལ་སོགས་པའི་ལྟ་བ་ཀུན་ནས་སློང་བའི་ཕྱིར་རོ། །ང་རྒྱལ་གྱིས་ནི་ང་རྒྱལ་ཤས་ཆེ་བའི་བསམ་གཏན་པ་ཉིད་ཀྱིས་ཀུན་ནས་ཉོན་མོངས་ཏེ་།ངེས་ཁྱད་པར་དུ་ཐོབ་ན ་ཁེངས་པར་འགྱུར་པའི་ཕྱིར་རོ། །མ་རིག་པ་ནི་ཐེ་ཚོམ་གྱི་ཤས་ཆེ་བའི་བསམ་གཏན་པ་ཉིད་ཀྱིས་ཀུན་ནས་ཉོན་མོངས་པ་སྟེ་།དེ་ཁོ་ན་མ་གཏོགས་པས་ཐར་པ་འདོད་པ་ཁྱད་པར་དེ་ཐོབ་པ་ལ་ཐར་པ་ཡིན་ནམ་མ་ཡིན་སྙམ་དུ་ཐེ་ཚོམ་སྐྱེ་བའི་ཕྱིར་རོ། ་རྣམ་པར་བྱང་བ་ཇི་ལྟ་བུ་ཞེ་ན། དག་པའི་བསམ་གཏན་དང་།གཟུགས་མེད་པ་འཇིག་རྟེན་པ་རྣམས་ཀྱང་དགེ་བའི་ཕྱིར་ཀུན་ནས་དཀྲིས་པའི་དྲི་མ་དང་བྲལ་བས་ན་རྣམ་པར་བྱང་བ་ཞེས་བྱའོ། །རྣམ་པར་བཞག་པས་ཇི་ལྟ་བུ་ཞེ་ན། བསམ་གཏན ་རྣམས་ནི་ཡན་ལག་དང། སྙོམས་པར་འཇུག་པ་དང། ཚད་དང། མིང་དུ་གདགས་པའི་བྱེ་བྲག་གི་རྣམ་པ་བཞིར་རྣམ་པར་བཞག་གོ་།གཟུགས་མེད་པ་རྣམས་ནི་ཡན་ལག་མ་གཏོགས་པ་རྣམ་པ་གསུམ་མོ། །གང་གི་དབང་དུ་བྱས་ནས ་ཆོས་གཞན་དག་ཀྱང་ཡོད་བཞིན་དུ་རྟོགས་པ་ལ་སོགས་པ་ཁོ་ན་བསམ་གཏན་རྣམས་ལ་ཡན་ལག་ཉིད་དུ་རྣམ་པར་བཞག་ཅེ་ན། དེ་ཙམ་གྱིས་གཉེན་པོ་དང། ཕན་ཡོན་དང། དེ་གཉི་གའི་གནས་ཀྱི་ཡན་ལག་ཡོངས་སུ་རྫོགས་པའི ་ཕྱིར་རོ། །བསམ་གཏན་དང་པོ་ལ་རྟོག་པ་དང་དཔྱོད་པ་ནི་གཉེན་པོའི་ཡན་ལག་སྟེ་།དེ་གཉིས་ཀྱིས་འདོད་པ་དང། གནོད་སེམས་དང། འཚེ་བའི་རྣམ་པར་རྟོག་པ་ལ་སོགས་པ་སྤོང་བའི་ཕྱིར་རོ། །དགའ་བ་དང་བདེ ་བ་ནི་ཕན་ཡོན་གྱི་ཡན་ལག་སྟེ། རྟོག་པ་དང་དཔྱོད་པ་གཉིས་ཀྱིས་གཉེན་པོ་བྱས་པའི་མི་མཐུན་པའི་ཕྱོགས་ལ་དེ་ལས་དབེན་པ་ལས་སྐྱེས་པའི་དགའ་བ་དང་བདེ་བ་ཐོབ་པའི་ཕྱིར་རོ། །སེམས་རྩེ་གཅིག་པ་ཉིད་ནི་དེ་གཉི་གའི་གནས ་ཀྱི་ཡན་ལག་སྟེ། ཏིང་ངེ་འཛིན་ལ་བརྟེན་པའི་སྟོབས་ཀྱིས་རྟོག་པ་ལ་སོགས་པ་འཇུག་པའི་ཕྱིར་རོ། །དེ་བཞིན་དུ་བསམ་གཏན་གཉིས་པ་ལ་ནང་རབ་ཏུ་དང་བ་ནི་གཉེན་པོའི་ཡན་ལག་སྟེ། དེ་རྟོག་པ་དང་དཔྱོད་པའི་གཉེན་པོ་བྱེད་པའི་ཕྱིར་རོ།། ་དགའ་བ་དང་བདེ་བ་དང། སེམས་རྩེ་གཅིག་པ་ཉིད་ནི་ཡན་ལག་ལྷག་མ་གཉིས་ལ་སྔ་མ་བཞིན་ནོ། །བསམ་གཏན་གསུམ་པ་ལ་བཏང་སྙོམས་དང་དྲན་པ་དང། ཤེས་བཞིན་ནི་གཉེན་པོའི་ཡན་ལག་སྟེ། དེ་དག་དགའ་བའི་གཉེན་པོ ་བྱེད་པའི་ཕྱིར་རོ། །བདེ་བ་དང་སེམས་རྩེ་གཅིག་པ་ཉིད་ནི་ཡན་ལག་ལྷག་པ་གཉིས་དང་གོ་རིམ་བཞིན་ནོ། །བསམ་གཏན་བཞི་བ་ལ་བཏང་སྙོམས་ཡོངས་སུ་དག་པ་དང། དྲན་པ་ཡོངས་སུ་དག་པ་ནི་གཉེན་པོའི་ཡན་ལག་སྟེ། དེ ་གཉིས་བདེ་བའི་གཉེན་པོ་བྱེད་པའི་ཕྱིར་རོ། །སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པ་ནི་ཕན་ཡོན་གྱི་ཡན་ལག་གོ་།སེམས་རྩེ་གཅིག་པ་ཉིད་ནི་དེ་གཉི་གའི་གནས་ཀྱི་ཡན་ལག་གོ་།ཇི་ལྟར་ན་བསམ་གཏན་དང་པོ་ལ་སྙོམས་པར ་འཇུག་བའི་ཡིད་ལ་བྱེད་པ་བདུན་དུ་འགྱུར་ཞེ་ན། མཉམ་པར་བཞག་པའི་ས་པའི་ཡིད་ལ་བྱེད་པ་གང་གི་འདོད་པ་རྣམས་ལ་ཉེས་དམིགས་ལ་སོགས་པར་ལྟ་བས་རགས་པའི་མཚན་ཉིད་རབ་ཏུ་རིག་པ་སྟེ། དེ་མེད་པའི་ཕྱིར་བསམ ་གཏན་དང་པོ་ལ་ཞི་བའི་མཚན་ཉིད་དོ། །འདི་ནི་མཚན་ཉིད་རབ་ཏུ་རིག་པའི་ཡིད་ལ་བྱེད་པ་ཞེས་བྱ་སྟེ། དེ་ནི་ཐོས་པ་དང་སེམས་པ་དང་འདྲེས་པར་རིག་པར་བྱའོ། །དེའི་འོག་ཏུ་ཐོས་པ་དང་སེམས་པ་ལས་འདས་ནས་གཅིག་ཏུ་བསྒོམ་པའི་རྣམ་པས ་དེའི་རགས་པ་དང་ཞི་པའི་མཚན་ཉིད་ཀྱིས་མཚན་མ་ལ་དམིགས་པའི་ཞི་གནས་དང་ལྷག་མཐོང་བསྒོམ་ཞིང་ཡང་ཇི་ལྟར་ཡོངས་སུ་བསལ་བར་རགས་པ་དང་ཞི་བ་ཉིད་དུ་མོས་ཏེ། འདི་ནི་མོས་པ་ལས་བྱུང་བ་ཞེས་བྱའོ། །དེ་གོམས་པས་ཐོག་མ་ཁོ ་ནར་སྤོང་བའི་ལམ་དང་ལྡན་པའི་ཡིད་ལ་བྱེད་བ་ནི་རབ་ཏུ་དབེན་པ་ལས་བྱུང་བ་སྟེ། དེ་ཉོན་མོངས་པའི་རྣམ་པ་ཆེན་པོ་སྤངས་པ་དང་དེའི་ཕྱོགས་ཀྱི་གནས་ངན་ལེན་དང་བྲལ་བའི་ཕྱིར་རོ། །རྣལ་འབྱོར་པ་དེ་དེའི་འོག་ཏུ་སྤོང་བ་ལ་དགའ་བར་འགྱུར་ཞིང། ་སྤོང་བ་ལ་ཕན་ཡོན་དུ་ལྟ་སྟེ། རབ་ཏུ་དབེན་པའི་དགའ་བ་དང་བདེ་བ་ཆུང་དུ་རེག་ནས་དུས་དུས་སུ་དང་བར་འགྱུར་བའི་ཡིད་ལ་བྱེད་པས་ཇི་ཙམ་དུ་རྨུགས་པ་དང་གཉིད་དང་རྒོད་པ་དང་བྲལ་བར་བྱ་བའི་ཕྱིར་རབ་ཏུ་དགའ་བར་བྱེད་བ་འདི་ནི་དགའ་པ ་སྡུད་པ་ཞེས་བྱའོ། །དེ་ལྟར་ལེགས་པར་ཞུགས་པ་དེ་དགེ་བའི་ཕྱོགས་ལ་སྦྱོར་བས་བརྟེན་པའི་ཕྱིར་འདོད་པ་ན་སྤྱོད་པའི་ཉོན་མོངས་པས་ཀུན་ནས་དཀྲིས་པ་ཀུན་ནས་མི་འབྱུང་བས། དེ་སྤངས་སམ་མ་སྤངས་པ་ཁོང་དུ་ཆུད་པར་བྱ་བའི་ཕྱིར། ་དེ་འབྱུང་བ་དང་མཐུན་པའི་སྡུག་པའི་མཚན་མ་ཡིད་ལ་བྱེད་པས་སོ་སོར་རྟོག་པ་ནི་སྤྱོད་པའི་ཡིད་ལ་བྱེད་པའོ། །དེས་དེ་ལྟར་སྤྱད་ནས་གཉེན་པོ་སྒོམ་པས་དུས་དེ་སྲིད་གཅིག་པའི་ཚུལ་གྱིས་འདོད་པ་ན་སྤྱོད་པའི་ཉོན་མོངས་པ་ཐམས་ཅད ་སྤང་བར་བྱ་བའི་ཕྱིར་བསམ་གཏན་དང་པོ་ལ་སྦྱོར་བའི་མཐར་ཐུག་པའི་གཉེན་པོ་ཡིད་ལ་བྱེད་པ་ནི་སྦྱོར་བའི་མཛའ་ཨོ། །དེའི་འོག་ཏུ་དངོས་གཞིའི་བསམ་གཏན་དང་པོར་གྱུར་པ་ནི་སྦྱོར་བའི་མཛའ་ཨི་འབྲས་བུ་ཡིད་ལ་བྱེད་པ་ཞེས་བྱའོ།། ་དེ་ལ་མཚན་ཉིད་རབ་ཏུ་རིག་པས་ནི་སྤང་བར་བྱ་བ་དང། ཐོབ་པར་བྱ་བ་ལེགས་པར་ཡོངས་སུ་ཤེས་ནས་སྤང་བ་དང་ཐོབ་པར་བྱ་བའི་ཕྱིར་སེམས་འཇོག་གོ་།མོས་པ་ལས་བྱུང་བས་ནི་དེའི་འོག་ཏུ་ཡང་དག་པར ་སྦྱོར་བ་རྩོམ་མོ། །རབ་ཏུ་དབེན་པ་ལས་བྱུང་བས་ནི་ཀུན་ནས་ཉོན་མོངས་པ་ཆེན་པོ་རྣམས་རབ་ཏུ་སྤོང་ངོ། །དགའ་བ་སྡུད་པས་ནི་ཉོན་མོངས་པའི་རྣམ་པར་འབྲིང་དུ་སྤོང་ངོ། །དཔྱོད་བས་ནི་ཐོབ་པར་མངོན་པའི་ང་རྒྱལ་མེད་པ་ལ་སེམས་འཇོག ་པར་བྱེད་དོ། །སྦྱོར་བའི་མཐས་ནི་ཉོན་མོངས་པའི་རྣམ་པ་ཆུང་དུ་རབ་ཏུ་སྤོང་ངོ། །སྦྱོར་བའི་མཛའ་ཨི་འབྲས་བུས་ནི་ཡིད་ལ་བྱེད་པ་ལེགས་པར་སྒོམ་པས་འདི་དག་གིས་བསྒོམས?་པའི་འབྲས་བུ་མྱོང་བར་བྱེད་དོ། །བསམ་གཏན་དང་པོ་ལ་སྙོམས་པར ་འཇུག་པའི་ཕྱིར་ཡིད་ལ་བྱེད་པ་རྣམ་པ་བདུན་ཇི་ལྟ་བ་བཞིན་དུ་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་བར་ལ་སྙོམས་པར་འཇུག་པའི་ཕྱིར་ཡང་ཇི་ལྟར་མཐུན་མཐུན་དུ་སྦྱར་བར་བྱའོ། །རགས་པའི་མཚན་ཉིད་ནི་ས་འོག་མ་ཐམས་ཅད་དེ། ་ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་བར་དུའོ། །མདོར་བསྡུ་ན་རྣམ་པ་གཉིས་སུ་རིག་པར་བྱ་སྟེ་།རབ་ཏུ་མ་ཞི་བར་གནས་པས་ཤིན་ཏུ་སྡུག་བསྔལ་བར་གནས་པ་དང། ཤིན་ཏུ་ཚེ་ཐུང་པའོ། །དེ་ལས་བཟློག་སྟེ་ས་གོང་མ་ནི་ཞི་བའི ་མཚན་ཉིད་དུ་རིག་པར་བྱའོ། །ཚང་རྣམ་པར་བཞག་པ་ཞེས་བྱ་བ་ལ། བསམ་གཏན་རྣམས་ནི་ཆུང་དུ་དང། འབྲིང་དང་ཆེར་ཡོངས་སུ་བསྒོམ་པའི་ཕྱིར་རོ། །རེ་རེ་ལ་ཡང་བསམ་གཏན་ཀྱི་སྐྱེ་པ་གསུམ་གསུམ་ནི་འབྲས་བུ་ཡིན་ཏེ། འདི་ལྟ ་སྟེ་ཚངས་རིས་དང་།ཚངས་པ་མདུན་ན་འདོན་དང། ཚངས་པ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་ཇི་ལྟར་གོང་དུ་བཤད་བའོ། །གཟུགས་མེད་པ་རྣམས་ན་ནི་གཞལ་མེད་ཁང་གི་གནས་གཞན་གནས་མེད་པའི་ཕྱིར་དེ་ལྟར་སྐྱེ་བའི་བྱེ་བྲག ་རྣམ་པར་བཞག་པ་མེད་དེ། འོན་ཀྱང་དེ་དག་ལ་ཆུང་དུ་ལ་སོགས་པ་ཡོངས་སུ་བསྒོམས་པ་རྣམས་ཀྱི་སྐྱེ་བ་ལ་ཚེ་ལ་སོགས་པའི་ཁྱད་པར་གྱིས་མཐོན་པོ་དང་དམའ་བ་དང། ཉོན་མོངས་པ་ཅན་དང་ཉོན་མོངས་པ་ཅན་མ་ཡིན་པ་མང་བའི་ཁྱད་པར་གྱིས ་ངན་པ་དང་བཟང་པོ་ནི་ཡོད་དོ། །མིང་དུ་གདགས་པ་རྣམ་པར་བཞག་པ་ནི་བསམ་གཏན་བཞིའི་རབ་ཏུ་དབྱེ་བའི་ཏིང་ངེ་འཛིན་རྣམས་ཀྱི་མིང་གྲངས་མེད་པ་དང་བསམ་གྱིས་མི་ཁྱབ་པ་རྣམས་ཏེ། འདི་ལྟར་བསམ་གཏན་དང་པོས་བསྡུས་པ་ཇི་སྙེད ་ལ་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་བྱང་ཆུབ་སེམས་དཔའ་མཐུ་ཆེན་པོ་ཐོབ་པ་རྣམས་སྙོམས་པར་འཇུག་པའི་ཏིང་ངེ་འཛིན་དེ་དག་གི་མིང་ཡང་ཉན་ཐོས་རྣམས་དང། རང་སངས་རྒྱས་རྣམས་ཀྱིས་མི་ཤེས་ན། དེ་དག་གི་གྲངས་ཤེས ་པར་འགྱུར་བ་འམ་སྙོམས་པར་འཇུག་པར་ལྟ་ག་ལ་འགྱུར་ཏེ། ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཏིང་ངེ་འཛིན་བརྒྱ་ལྷག་ཅིག་བསྟན་པ་དང་།དེ་བཞིན་དུ་ཐེག་པ་ཆེན་པོའི་མདོ་སྡེ་གཞན་དེ་དང་དེ་དག་ནས་འབྱུང་བའོ། །རྣམ་པར་དག་བས ་ཇི་ལྟ་བུ་ཞེ་ན། རབ་ཀྱི་མཛའ་ཨི་ཆ་ལས་བྱུང་བའི་བསམ་གཏན་དང་གཟུགས་མེད་པ་རྣམས་ནི་རྣམ་པར་དག་པ་ཞེས་བྱ་སྟེ། ཡོན་ཏན་ཁྱད་པར་ཅན་མངོན་པར་བསྒྲུབ་པའི་ཕྱིར་འདོད་པ་བཞིན་དུ་འཐོབ་པ་ལ་སོགས་པས་ལས་སུ་རུང་པ་མཆོག་ཏུ་ཕྱིན ་པར་ཁྲིད་པའི་ཕྱིར་རོ། །འཇིག་རྟེན་ལས་འདས་པའི་ལམ་གྱི་བསྒོམ་པའི་ལམ་ལ་བརྒྱད་དེ། སྡུག་བསྔལ་ལ་སོགས་པ་ལ་ཆོས་དང་རྗེས་སུ་རྟོགས་པའི་ཤེས་པ་རྣམས་ཏེ། ཇི་ལྟར་མཐོང་བའི་ལམ་ལ་བསྟན་པ་རྣམས་སོ། །དེ་དག་དང་མཚུངས་པར ་ལྡན་པའི་ཏིང་ངེ་འཛིན་ནི་མི་ལྕོགས་པ་མེད་པས་བསྡུས་པ་འམ། བསམ་གཏན་དང་པོ་ནས་ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་བར་དུའོ། །འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ནི་འདུ་ཤེས་ཀྱི་རྒྱུ་བ་ཡོངས་སུ་མི་གསལ་བས་འཕགས་པའི ་ལམ་རྒྱུ་བ་མཆོག་ཏུ་གསལ་བའི་གནས་མ་ཡིན་པའི་ཕྱིར་གཅིག་ཏུ་འཇིག་རྟེན་པར་རིག་པར་བྱའོ། །དེའི་ཕྱིར་དེའི་འདུ་ཤེས་དམན་པས་དམིགས་པ་ལ་མཚན་མར་མི་བྱེད་པའི་ཕྱིར་མཚན་མ་མེད་པ་ཞེས་བྱའོ།། ་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ལ་འཕགས་པའི་ལམ་མེད་པ་དེ་ཇི་ལྟར་ཞེས་ཤེ་ན། འདི་ལྟར་བཅོམ་ལྡན་འདས་ཀྱིས་ཇི་ཙམ་དུ་འདུ་ཤེས་ཀྱིས་སྙོམས་པར་འཇུག་པ་དེ་ཙམ་དུ་ཀུན་ཤེས་པ་རྟོགས་སོ་ཞེས་གསུངS ་པའི་ཕྱིར་རོ། །འགོག་པའི་སྙོམས་པར་འཇུག་པ་ནི་འཇིག་རྟེན་ལས་འདས་པ་སྟེ། འཕགས་པའི་ལམ་གྱི་རྗེས་ལ་ཐོབ་པའི་ཕྱིར་རོ། །མི་རྣམས་ཀྱི་ནང་དུ་མངོན་པར་སྒྲུབ་བོ་ཞེས་བྱ་བ་ནི། ཐོག་མ་ཉིད་དུ་བསྐྱེད་ཅེས་བྱ་བའི་ཐ་ཚིག ་སྟེ། སྔར་བསྐྱེད་ན་མི་རྣམས་ཀྱི་ནང་དུ་ཚེ་དེ་ཉིད་དམ་གཟུགས་ཀྱི་ཁམས་སུ་སྐྱེས་ནས་མངོན་དུ་འགྱུར་རོ། །འཕགས་པ་ཉན་ཐོས་གཟུགས་ཀྱི་ཁམས་ལས་འདོད་ཆགས་དང་བྲལ་ཏེ། གཟུགས་མེད་པ་ཐོབ་པ་གཟུགས་ཀྱི་ཁམས་སུ་ཇི་ལྟར ་སྐྱེ་ཞེ་ན། གཟུགས་ཀྱི་ཁམས་ཀྱི་འདོད་ཆགས་དང་བྲལ་བ་ཉིད་གཟུགས་མེད་པ་ལ་སྙོམས་པར་འཇུག་པར་ངེས་པ་མེད་དོ། །དེའི་ཕྱིར་གང་གཟུགས་ལ་འདོད་ཆགས་དང་བྲལ་བ་དེ་ཐམས་ཅད་གཟུགས་མེད་པ་ཞི་བ་རྣམ་པར་ཐར ་པ་ལ་སྙོམས་པར་འཇུག་པར་བྱེད་ལ་།གང་ཡང་གཟུགས་མེད་པ་ཞི་བ་རྣམ་པར་ཐར་པ་ལ་སྙོམས་པར་འཇུག་པར་བྱེད་པ་དེ་ཐམས་ཅད་གཟུགས་ལས་འདོད་ཆགས་དང་བྲལ་བ་ཡིན་ནམ་ཞེས་པ་ལ་མུ་བཞིར་འགྱུར་ཏེ། མི་ལྕོགས ་པ་མེད་པ་ལ་བརྟེན་ནས་གཟུགས་ལ་འདོད་ཆགས་དང་བྲལ་བ་ནི་མུ་དང་པོའོ། །བསམ་གཏན་བཞི་པ་ཐོབ་པའི་འཕགས་པ་གཟུགས་མེད་པར་སྐྱེ་བ་དོན་དུ་མི་གཉེར་ལ་སྤོང་བའི་ལམ་བསལ་ནས་ཁྱད་པར་ཅན་གྱི་ལམ་ལ་གནས ་ཏེ་གཟུགས་མེད་པ་ཞི་བ་རྣམ་པར་ཐར་པ་ལ་སྙོམས་པར་འཇུག་པར་བྱེད་པ་ནི་མུ་གཉིས་པའོ། །དེ་ཉིད་འདོད་ཆགས་དང་བྲལ་བ་དོན་དུ་གཉེར་ཞིང་སྤོང་བའི་ལམ་ལ་གནས་ཏེ་གཟུགས་མེད་པ་ཞི་བ་རྣམ་པར་ཐར་པ་ལ་སྙོམས་པར་འཇུག་པར ་བྱེད་པ་ནི་མུ་གསུམ་པའོ། །རྣམ་པ་དེ་དག་མ་གཏོགས་པ་ནི་མུ་བཞི་པའོ། །གཟུགས་མེད་པར་སྐྱེས་པ་རྣམས་ལ་ཅིའི་ཕྱིར་མངོན་སུམ་དུ་མི་འགྱུར་ཞེ་ན། ཞི་བར་གནས་པས་གནས་པར་འདོད་པའི་འཕགས་པ་རྣམས་མིའི་ནང་དུ་དེ ་མངོན་པར་བསྒྲུབས་ནས་མངོན་སུམ་དུ་བྱེད་དོ། །གཟུགས་མེད་པར་སྐྱེས་པ་དེ་དག་ནི་སྒྲིམ་མི་དགོས་པར་རྣམ་པར་སྨིན་པ་ལས་བྱུང་བ་མཆོག་ཏུ་ཞི་བ་རྣམ་པར་ཐར་པ་ལ་གནས་པས་གནས་པ་སྟེ། དེའི་ཕྱིར་དེ་མངོན་སུམ་དུ་བྱ ་བའི་དོན་དུ་ཡང་འབད་པ་མི་རྩོམ་མོ། །ལམ་ཆུང་དུ་དང་འབྲིང་དང་ཆེན་པོ་རེ་རེ་ལ་ཡང་ཆུང་དུ་ལ་སོགས་པས་རྣམ་པ་གསུམ་དུ་ཕྱེ་ནས་རྣམ་པ་དགུར་རྣམ་པར་བཞག་སྟེ། བསྒོམ་པས་སྤང་བར་བྱ་བ་རྣམས་རིམ་གྱིས་སྤང་བ་བསྟན་པའི་ཕྱིར་རོ།། ་ཅིའི་ཕྱིར་ཆུང་དུའི་ཆུང་དུས་ཉོན་མོངས་པ་ཆེན་པོའི་ཆེན་པོ་སྤོང་ཞེ་ན། དེ་ནི་ངོ་ཚ་ཤེས་པ་དང་ཁྲེལ་ཡོད་པ་དང་ཤིན་ཏུ་བྲལ་ཞིང་འཛེམ་པ་མེད་པའི་སེམས་ཀྱི་རྒྱུད་ལ་ཀུན་ཏུ་འབྱུང་བས་དེ་རྟོག་པར་སླ་ཞིང་ཡོངས་སུ་གཅད་པར་སླ ་བ་སྟེ། དེའི་ཕྱིར་དེ་ནི་དྲི་མ་ཆེ་ལོང་བཞིན་དུ་གཉེན་པོ་ཆུང་དུས་སེལ་ཏོ། །གང་ཡོངས་སུ་གཅད་དཀའ་བར་ཀུན་ཏུ་འབྱུང་ཞིང་ཕྲ་ལ་རྒྱུ་ལ་ཞེན་པའི་ཉོན་མོངས་པ་ཆུང་དུའི་ཆུང་དུ་དེ་ནི་དྲི་མ་ཆུང་དུ་བཞིན་དུ་གཉེན་པོ་ཆེན་པོ ་ཆེན་པོའི་སྟོབས་ཀྱིས་སེལ་ཏེ། དེའི་ཕྱིར་མི་མཐུན་པའི་ཕྱོགས་ཀྱི་རྣམ་པ་ལས་བཟློག་པ་ནས་གཉེན་པོའི་ཕྱོགས་ཀྱིས་རྣམ་པར་བཞག་པར་རིག་པར་བྱའོ། །སྦྱོར་བའི་ལམ་ནི་ལམ་གང་བསྒོམས་པས་ཆེན་པོའི་ཡང་ ་ཆེན་པོ་ལ་སོགས་པ་ཉོན་མོངས་རྣཾ་པའི་བྱེ་བྲག་དང་ཕྱོགས་ཀྱི་གནས་ངན་ལེན་གྱི་ཆ་ཤས་རེ་རེ་དང་བྲལ་བའི་ཕྱིར་རིམ་གྱིས་གནས་གྱུར་པ་དེ་ནི་བསྒོམ་པའི་ལམ་ལ་སྦྱོར་བའི་ལམ་ཞེས་བྱའོ། །གང་གི་འོག་ཏུ་དེ ་ཉོན་མོངས་པའི་བྱེ་བྲག་གི་རྣམ་པ་དང་ཕྱོགས་ཀྱི་གནས་ངན་ལེན་མ་ལུས་པ་དང་བྲལ་བའི་ཕྱིར་དེས་གནས་ངན་ལེན་མེད་པར་གནས་གྱུར་པ་དེ་ནི་བར་ཆད་མེད་པའི་ལམ་མོ། །རྣམ་པར་གྲོལ་བའི་ལམ་ནི་གང་གིས་གནས ་གྱུར་པ་དེ་སོ་སོ་རང་གི་མྱོང་བའོ། །ཁྱད་པར་གྱི་ལམ་ནི་དེའི་འོག་ཏུ་ཉོན་མོངས་པ་ལྷག་མ་སྤོང་བར་བྱེད་པའི་སྦྱོར་བ་དང་བར་ཆད་མེད་པ་དང་རྣམ་པར་གྲོལ་བའི་ལམ་གང་ཡིན་པའོ། །རྣམ་གྲངས་གཞན་དུ་ན་ཁྱད་པར་གྱི་ལམ ་ནི་ཉོན་མོངས་པ་སྤོང་བར་སྦྱོར་བ་བཏང་སྟེ། མདོ་ལ་སོགས་པའི་ཆོས་སེམས་པ་འམ་སྔར་བསམས་པ་དང་ཁོང་དུ་ཆུད་པའི་ཆོས་ལ་སོ་སོར་རྟོག་པའི་གནས་པས་གནས་པ་དང། སྙོམས་པར་འཇུག་པ་གཞན་ལ་སྙོམས ་པར་འཇུག་པའི་ལམ་གང་ཡིན་པའོ། །ཡང་མངོན་པར་ཤེས་པ་ལ་སོགས་པ་ཡོན་ཏན་ཁྱད་པར་ཅན་རྣམས་མངོན་པར་སྒྲུབ་པ་འམ་དེ་དག་གི་གནས་པའི་ལམ་གང་ཡིན་པའོ། །དེ་ལྟར་བསྒོམ་པའི་ལམ་རྒྱ་ཆེར་བཤད་ནས་དེའི ་ཞར་ལ་བྱུང་བའི་ལམ་བསྒོམ་པ་བརྗོད་པར་བྱའོ། །ལམ་བསྒོམ་པ་རྣམ་པ་བཞི་ནི་ཡང་དག་པར་སྤོང་བའི་དབང་དུ་བྱས་པ་སྟེ་།ཇི་ལྟར་མཐུན་མཐུན་དུ་སྦྱར་རོ། །དེ་ལ་ཐོབ་པར་བྱ་བའི་ཕྱིར་བསྒོམ་པ་ནི་ཐོབ་པར་བྱ་བའི་དོན་དུ་བསྒོམ་པ ་སྟེ། དེས་དགེ་བའི་ཆོས་མ་ཐོབ་པ་རྣམས་ཐོབ་པའི་ཕྱིར་རོ། །བརྟེན་པ་བསྒོམ་པ་ནི་བརྟེན་པ་ཉིད་བསྒོམ་པ་སྟེ། དགེ་བའི་ཆོས་ཐོབ་པ་གོམས་པར་བྱེད་བའི་ཕྱིར་རོ། །བསལ་བའི་ཕྱིར་བསྒོམ་པ་ནི་བསལ་བའི་དོན་དུ་བསྒོམ་པ་སྟེ། ཀུན་ཏུ ་བྱུང་བའི་གནས་སྐབས་སུ་མི་དགེ་བའི་ཆོས་སེལ་བའི་ཕྱིར་རོ། །གཉེན་པོ་སྒོམ་པ་ནི་གཉེན་པོ་ལ་བསྒོམ་པ་སྟེ། མ་འོངས་པའི་མི་དགེ་བའི་ཆོས་མི་སྐྱེ་བའི་ཆོས་ཅན་དུ་བྱེད་པའི་ཕྱིར་རོ། །རྣམ་གྲངས་གཞན་དུ་ན་འཕགས་པའི་ལམ་སྐྱེ ་བ་ན་རང་གི་བག་ཆགས་འཇོག་པ་དེ་ནི་བག་ཆགས་ཐོབ་བར་བྱ་བའི་ཕྱིར་བསྒོམ་པ་སྟེ། དེ་ལས་དེའི་རྒྱུ་ལས་བྱུང་བ་རྣམས་ཆེར་འབར་བར་འབྱུང་བའི་ཕྱིར་རོ། །ལམ་དེ་ཉིད་མངོན་དུ་བྱེད་པ་ནི་བརྟེན་པའི་སྒོམ་པའོ། །དེས་རང་གི ་མི་མཐུན་པའི་ཕྱོགས་ཀྱི་གནས་ངན་ལེན་འགོག་པར་བྱེད་པ་ནི་བསལ་བའི་ཕྱིར་བསྒོམ་པའོ། །གནས་འགྱུར་བའི་ཕྱིར་ཕྱི་མ་ལ་མི་སྐྱེ་བའི་ཆོས་ཅན་དུ་འཇོག་པ་དེ་ནི་གཉེན་པོ་བསྒོམ་པའོ། །ཡང་གཉེན་པོ་ནི་རྣམ་པར་སུན་འབྱིན ་པ་ལ་སོགས་པ་རྣམ་པ་བཞིར་རབ་ཏུ་དབྱེ་བར་རིག་པར་བྱ་སྟེ་དེ་ལ་རྣམ་པར་སུན་འབྱིན་པའི་གཉེན་པོ་ནི་ཟག་པ་དང་བཅས་པའི་འདུ་བྱེད་རྣམས་ལ་ཉེས་དམིགས་སུ་ལྟ་བ་སྟེ། དེས་ནད་དང་འབྲས་ལ་སོགས་པའི་རྣམ་པ་རྣམས ་ཀྱིས་ཉེ་བར་ལེན་བའི་ཕུང་པོ་སུན་འབྱིན་པའི་ཕྱིར་རོ། །སྤོང་བའི་གཉེན་པོ་ནི་སྦྱོར་བ་དང་བར་ཆད་མེད་པའི་ལམ་རྣམས་ཏེ། དེ་དག་གི་ཉོན་མོངས་པ་སྤོང་བའི་ཕྱིར་རོ། །རྟེན་གཉེན་པོ་ནི་རྣམ་པར་གྲོལ་བའི་ལམ་རྣམས་ཏེ། དེ་དག་གིས ་སྤོང་བའི་ཐོབ་པ་ཀུན་ཏུ་འཛིན་པའི་ཕྱིར་རོ། །ཐག་བསྲིང་བའི་གཉེན་པོ་ནི་དེའི་གོང་མའི་ལམ་སྟེ། དེས་སྔོན་སྤངས་པའི་ཉོན་མོངས་པ་ཐག་བསྲིང་བའི་ཕྱིར་རོ། །ཡང་བྱང་ཆུབ་ཀྱི་ཕྱོགས་ལ་སོགས་པའི་བྱེ་བྲག་གིས། ལམ་རྣམ་པ་བཅུ ་གཅིག་ཏུ་རྣམ་པར་བཞག་སྟེ། འདི་ལྟ་སྟེ། དངོས་པོ་ལ་ཡོངས་སུ་རྟོག་པའི་ལམ་ནི་དྲན་པ་ཉེ་བར་བཞག་པ་རྣམས་ཏེ། དེས་ཐེག་པ་ཉིད་དུ་མི་གཙང་བ་ལ་སོགས་པའི་རྣམ་པ་རྣམས་ཀྱི་ལུས་དང། ཚོར་བ་དང། སེམས་དང། ཆོས ་ཀྱི་དངོས་པོ་ལ་ཡོངས་སུ་རྟོག་པའི་ཕྱིར་རོ། །རྩོལ་བ་ལས་བྱུང་བའི་ལམ་ནི་ཡང་དག་པར་སྤོང་པ་རྣམས་ཏེ། དེ་ལྟར་དངོས་པོ་རྣམས་ལ་ཡོངས་སུ་བརྟགས་ནས་དེས་སྒྲིབ་པ་སྤང་བའི་དོན་དུ་བརྩོན་འགྲུས་རྩོམ་པའི་ཕྱིར་རོ། །ཏིང་ངེ ་འཛིན་ཡོངས་སུ་སྦྱོང་བར་བྱེད་པའི་ལམ་ནི་རྫུ་འཕྲུལ་གྱི་རྐང་པ་རྣམས་ཏེ། དེ་ལྟར་སྒྲིབ་པ་ཡ་ཨོངས་སུ་སྦྱངས་པ་ནི་འདིས་འདུན་པ་དང་བརྩོན་འགྲུས་དང་སེམས་དང་དཔྱོད་པའི་སྒོ་ནས་ཏིང་ངེ་འཛིན་རྣམས་ཀྱིས་ལས་སུ་རུང་བར་བྱེད་པའི ་ཕྱིར་རོ། །མངོན་པར་རྟོགས་པར་བྱ་བའི་སྦྱོར་བའི་ལམ་ནི་དབང་པོ་རྣམས་ཏེ། དེ་ལྟར་ཏིང་ངེ་འཛིན་ཡོངས་སུ་སྦྱང་བ་བྱས་པ་ནི་དེས་འཕགས་པའི་ལམ་ཡང་དག་པར་སྒྲུབ་པའི་ཕྱིར་དབང་བྱེད་པར་གྱུར་པ་དྲོ་བར་གྱུར་བ་དང་རྩེ་མོ ་ལ་སྦྱར་བའི་ཕྱིར་རོ། །མངོན་པར་རྟོགས་པ་དང་འདྲེས་པའི་ལམ་ནི་སྟོབས་རྣམས་ཏེ། དེ་ལྟར་དབང་བྱེད་པ་ཐོབ་པ་ནི་ལྔ་པོ་འདིས་དེ་མ་ཐག་ཏུ་བདེན་པ་རྟོགས་པར་བྱ་བའི་ཕྱིར་མ་དད་པ་ལ་སོགས་པ་མི་མཐུན་པའི་ཕྱོགས་ཀྱིས ་ཟིལ་གྱིས་མི་ནོན་པ་བཟོད་པ་དང་འཇིག་རྟེན་པའི་ཆོས་ཀྱི་མཆོག་ལ་སྦྱོར་བའི་ཕྱིར་རོ། །མངོན་པར་རྟོགས་པའི་ལམ་ནི་བྱང་ཆུབ་ཀྱི་ཡན་ལག་རྣམས་ཏེ། དེས་ཐོག་མ་ཁོ་ནར་སོ་སོ་རང་གི་དེ་ཁོ་ནར་མངོན་དུ་ཡང་དག་པར་རྟོགས་པའི ་ཕྱིར་རོ། །རྣམ་པར་དག་པར་ངེས་པར་འབྱིན་པའི་ལམ་ནི་འཕགས་པའི་ལམ་ཡན་ལག་བརྒྱད་པ་སྟེ་།དེའི་འོག་ཏུ་ངེས་བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་རྣམས་རྣམ་པར་དག་པར་བྱ་བར་ངེས་པར་འབྱུང་བའི་ཕྱིར་རོ། །དེའི་ཕྱིར་དེ ་ལྟར་བྱང་ཆུབ་ཀྱི་ཕྱོགས་འདི་དག་གི་གོ་རིམ་ནི་འདི་ལྟ་བུ་ཡིན་པར་རིག་པར་བྱའོ། །གནས་དང་དབང་པོ་ཐ་དད་པའི་ལམ་ནི་ལམ་བཞི་སྟེ་།དེ་ལ་དཀའ་བའི་ལམ་ནི་མི་ལྕོགས་པ་མེད་པ་དང། གཟུགས་མེད་པ་ལ་རྟེན་པ་སྟེ་།གོ་རིམ ་བཞིན་དུ་ཞི་གནས་དང་ལྷག་མཐོང་ཞན་པའི་ཕྱིར་རོ། །སླབ་ནི་བསམ་གཏན་ལ་བརྟེན་པ་སྟེ་།ཟུང་དུ་འབྲེལ་བར་འཇུག་པའི་ཕྱིར་རོ། །མངོན་པར་ཤེས་པ་བུལ་བ་ནི་དཀའ་བ་དང་སླབ་པའི་གནས་འདི་གཉིས་ལ་སྟེ་།དབང་པོ་རྟུལ་པོ་རྣམས་ཀྱིའོ།། ་མངོན་པར་ཤེས་པ་མྱུར་བ་ནི་འདི་གཉིས་ཉིད་ལ་སྟེ། དབང་པོ་རྣོན་པོ་རྣམས་ཀྱིའོ། །བསླབ་པ་གསུམ་ཡོངས་སུ་སྤྱོད་བའི་ལམ་ནི་ཆོས་ཀྱི་གནས་བཞི་སྟེ། དེ་ལ་བརྣབ་སེམས་མེད་པ་དང། གནོད་སེམས་མེད་པ་གཉིས་ཀྱིས་ནི་ལྷག ་པའི་ཚུལ་ཁྲིམས་ཀྱི་སླབ་པ་ཡོངས་སུ་སྦྱོང་བ་སྟེ། རྗེས་སུ་ཆགས་པ་དང། ཁོང་ཁྲོ་བ་སྤངས་པའི་སྒོ་ནས་བསླབས་པའི་གནས་མི་ཉམས་པར་བྱེད་པའི་ཕྱིར་རོ། །ཡང་དག་པའི་དྲན་པས་ནི་ལྷག་པའི་སེམས་ཀྱི་བསླབ་པ་ཡོངས་སུ་སྦྱོང་བ་སྟེ། ་དམིགས་པ་མ་བརྗེད་པ་ནི་སེམས་མཉམ་པར་འཇོག་པའི་ཕྱིར་རོ། །ཡང་དག་པའི་ཏིང་ངེ་འཛིན་གྱིས་ནི་ལྷག་པའི་ཤེས་རབ་ཀྱི་བསླབ་པ་ཡོངས་སུ་སྦྱང་སྟེ། སེམས་མཉམ་པར་བཞག་པ་ལས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པའི ་ཕྱིར་རོ། །ཡོན་ཏན་ཐམས་ཅད་སྒྲུབ་པར་བྱེད་པའི་རྣལ་འབྱོར་གྱི་ལམ་ནི་ཞི་གནས་དང། ལྷག་མཐོང་སྟེ་།དེ་ལས་འཇིག་རྟེན་བ་དང་འཇིག་རྟེན་ལས་འདས་པའི་ཡོན་ཏན་ཐམས་ཅད་མངོན་པར་འགྲུབ་པའི་ཕྱིར་རོ། །ལམ་སྡུད་པའི་ལམ་ནི་དབང ་པོ་གསུམ་པོ་དག་སྟེ། དེ་ལ་མི་ཤེས་པ་ཀུན་ཤེས་པར་བྱེད་པའི་དབང་པོས་ནི་སྦྱོར་བ་དང་མཐོང་བའི་ལམ་བསྡུད་དོ། །ཀུན་ཤེས་པའི་དབང་པོས་ནི་བསྒོམ་པའི་ལམ་བསྡུད་དེ། །ཀུན་ཤེས་པ་དང་ལྡན་པའི་དབང་པོས་ནི་མཐར་ཕྱིན་པའི ་ལམ་བསྡུད་དོ། །རང་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ནི་རྣམ་པ་ལྔས་རྣམ་པར་བཞག་པར་རིག་པར་བྱ་སྟེ། དམིགས་པ་དང། ངོ་བོ་ཉིད་དང། གྲོགས་དང། བསྒོམ་པ་དང། བསྒོམས་པའི་འབྲས་བུས་སོ། །དེ་ལ་དྲན་པ་ཉེ་བར ་བཞག་པ་རྣམས་ཀྱི་དམིགས་པ་ནི་ལུས་དང་ཚོར་བ་དང་སེམས་དང་ཆོས་རྣམས་ཏེ་གོ་རིམ་བཞིན་ནོ། །ཅིའི་ཕྱིར་འདི་དག་དམིགས་པར་བཞག་ཅེ་ན། འདི་ལྟར་བྱིས་པའི་ཕྱིན་ཅི་ལོག་གི་བློ་ཅན་རྣམས་ནི་ཕལ ་ཆེར་དབང་པོ་དང་བཅས་པའི་ལུས་ལ་རྟེན་ནས་བདེ་བ་ལ་སོགས་པ་ལ་སྤྱོད་པ་ན་དམིགས་པའི་མཚན་ཉིད་ཀྱི་བདག་འདོད་ཆགས་ལ་སོགས་པ་དང། དད་པ་ལ་སོགས་པས་ཀུན་ནས་ཉོན་མོངས་པར་འགྱུར་བ་དང་རྣམ་པར་བྱང ་བར་འགྱུར་བར་རྟོགས་ཏེ། དེའི་ཕྱིར་ཐོག་མ་ཉིད་དུ་དངོས་པོའི་མཚན་ཉིད་དེ་ལེགས་པར་ཡོངས་སུ་བརྟགས་པའི་ཕྱིར་དམིགས་པ་རྣམ་པ་བཞི་རྣམ་པར་བཞག་པར་རིག་པར་བྱའོ། །ངོ་བོ་ཉིད་ནི་ཤེས་རབ་དང་དྲན་པ་སྟེ། ལུས་ལ ་སོགས་པ་ལ་རྗེས་སུ་ལྟ་བ་ཞེས་འབྱུང་བ་དང། དྲན་པ་ཉེ་བར་བཞག་པ་ཞེས་འབྱུང་བའི་ཕྱིར་གོ་རིམ་བཞིན་ནོ། །གྲོགས་ནི་དེ་གཉིས་དང་མཚུངས་པར་ལྡན་པའི་སེམས་དང་སེམས་ལས་བྱུང་བ་རྣམས་སོ། །བསྒོམ་པ་ནི་ནང་དུ ་ཕྱིའི་ལུས་ལ་སོགས་པ་ལ་ལུས་ལ་སོགས་པའི་རྗེས་སུ་ལྟ་བའོ། །དེ་ལ་ནང་གི་ལུས་ནི་མིག་དང་རྣ་བ་དང་སྣ་དང་ལྕི་དང་ལུས་ཀྱི་དབང་པོ་རྣམས་ཏེ། ནང་གི་སྐྱེ་མཆེད་ཀྱིས་བསྡུས་པ་དང་སེམས་ཅན་གྱི་གྲངས་སུ་གཏོགས་པའི ་ཕྱིར་རོ། །ཕྱིའི་ལུས་ནི་ཕྱི་རོལ་གྱི་གཟུགས་དང་སྒྲ་དང་དྲི་དང་རོ་དང་རེག་བྱ་རྣམས་ཏེ། ཕྱིའི་སྐྱེ་མཆེད་ཀྱིས་བསྡུས་པ་དང། སེམས་ཅན་གྱི་གྲངས་སུ་གཏོགས་པའི་ཕྱིར་རོ། །ནང་དང་ཕྱིའི་ལུས་ནི་མིག་ལ་སོགས་པའི་སྐྱེ་མཆེད་དེ་དང ་འབྲལ་བའི་གཟུགས་ལ་སོགས་པའི་སྐྱེ་མཆེད་དབང་པོའི་གནས་སུ་གྱུར་པ་རྣམས་ཏེ། སེམས་ཅན་གྱི་གྲངས་སུ་གཏོགས་པ་དང། ཕྱིའི་སྐྱེ་མཆེད་ཀྱིས་བསྡུས་པའི་ཕྱིར་རོ། །གཞན་གྱི་རྒྱུད་ལ་ཡོད་པའི་ནང་གི་སྐྱེ་མཆོད་གཟུགས ་ཅན་རྣམས་ཀྱང་ནང་དང་ཕྱིའི་ལུས་ཏེ། སྐྱེ་མཆེད་རྣམ་པར་བཞག་པ་དང། རྒྱུད་རྣམ་པར་བཞག་པ་བརྩོན་པར་བྱས་པའི་ཕྱིར་རོ། །ལུས་ལ་ལུས་ཀྱི་རྗེས་སུ་ལྟ་བ་ནི་ལུས་ལ་ལུས་དང་འདྲ་བར་ལྟ་བ་སྟེ། རྣམ་པར་རྟོག་པའི་གཟུགས་བརྙན་གྱི་གཟུགས་མཐོང ་བ་དང་མཐུན་པར་རང་བཞིན་གྱི་གཟུགས་ཀྱི་ལུས་ངེས་པར་འཛིན་པའི་ཕྱིར་རོ། །ནང་གི་ཚོར་བ་ལ་སོགས་པ་ནི་ནང་གི་ལུས་ལ་བརྟེན་ནས་བྱུང་བ་རྣམས་ཏེ། མིག་ལ་སོགས་པ་ལ་དམིགས་པ་དང་རང་གི་གནས་ལས་བྱུང་བའི་ཕྱིར་རོ། །ཕྱིའི་ཚོར ་བ་ལ་སོགས་པ་ནི་ཕྱི་རོལ་གྱི་ལུས་ལ་བརྟེན་ནས་འབྱུང་བ་རྣམས་ཏེ། གཟུགས་ལ་སོགས་པ་ལ་དམིགས་པ་དང་གཞན་གྱི་གནས་ལས་བྱུང་བའི་ཕྱིར་རོ། །ནང་དང་ཕྱིའི་ཚོར་བ་ལ་སོགས་པ་ནི་ནང་དང་ཕྱིའི་ལུས་ལ་བརྟེན་ནས་བྱུང་བ་རྣམས ་ཏེ། རང་གི་རྒྱུད་ལ་ཡོད་པའི་ཕྱིའི་སྐྱེ་མཆེད་ལ་དམིགས་པ་དང། གཞན་གྱི་རྒྱུད་ལ་ཡོད་པའི་ནང་གི་སྐྱེ་མཆེད་ལ་དམིགས་པའི་ཕྱིར་རོ། །ཚོར་བ་ལ་སོགས་པའི་རྗེས་སུ་ལྟ་བ་ཡང་དེ་བཞིན་ཏེ། ཅི་རིགས་སུ་སྦྱར་རོ། །ཞེས་པ་ནི་བློ་ལ་སྣང་བ ་དང་ཁྱད་པར་མེད་པ་བསྒོམ་ཞེས་བྱའོ། །འདུན་པ་ལ་སོགས་པ་དགུ་པོ་འདི་དག་ནི་དྲན་པ་ཉེ་བར་བཞག་པའི་ཡན་ལག་གོ་།སེམས་ཞུས་པ་ནི་ཁྱད་པར་ཐོབ་བར་བྱ་བ་ལ་བདག་དམན་པར་སེམས་པའི་སྒོ་ནས་སྒྱིད་ལུག་པའོ། །གནོད་པས ་ཡོངས་སུ་སྐྱོ་བ་ནི་ཤ་སྦྲང་དང་སྦྲང་བུ་ལ་སོགས་པ་གནོད་པས་ཉེན་པ་མི་བཟོད་པའོ། །ཅུང་ཟད་ཙམ་གྱིས་ཆོག་པར་འཛིན་པ་ནི་དགེ་བའི་ཕྱོགས་འདི་ཙམ་གྱིས་ཆོག་གོ་ཞེས་ཕྱིར་བཟློག་པའོ། །ལྟུང་བས་ཡིད་ལ་གཅིགས་པས་ནི་འགྲོ་བ ་དང་ལྡོག་པ་ལ་སོགས་པ་ལ་ཤེས་བཞིན་མེད་པར་སྤྱོད་པ་སྟེ། སྔར་བསླབ་པ་དང་འགལ་ནས་ཕྱིས་འགྱོད་པའོ། །བརྩོན་པ་འདོར་བ་ནི་བག་མེད་པའི་ཉེས་པས་དགེ་བའི་ཕྱོགས་ཇི་ལྟར་བརྩམས་པ་ལ་སྦྱོར་བ་མཐར་མི་འབྱིན་པའོ། ། ་འབྲས་བུ་ནི་གོ་རིམ་བཞིན་དུ་དྲན་པ་ཉེ་བར་བཞག་པ་རྣམས་ལ་གཙང་བ་དང། བདེ་བ་དང། རྟག་པ་དང། བདག་ཏུ་ཕྱིན་ཅི་ལོག་སྤོང་བ་སྟེ། མི་སྡུག་པ་བསྒོམ་པའི་ཕྱིར་རོ། །གང་ཅི་ཚོར་ཡང་རུང་སྟེ། དེ་ནི་འདི་ལྟར ་སྡུག་བསྔལ་བར་ཤེས་པའི་ཕྱིར་རོ། །གནས་དང་དམིགས་པ་ལ་སོགས་པའི་བྱེ་བྲག་གིས་རྣམ་པར་ཤེས་པ་སྐད་ཅིག་རེ་རེ་ལ་གཞན་དུ་འགྱུར་བར་རྟོགས་པའི་ཕྱིར་རོ། །ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་པ་ཆོས་ཙམ་དུ་ཟད ་དེ་བྱེད་པ་མེད་པར་ཡོངས་སུ་རྟོགས་པའི་ཕྱིར་རོ། །ཡང་འདི་དག་གི་འབྲས་བུ་ནི་གོ་རིམ་བཞིན་དུ་བདེན་པ་བཞི་ལ་འཇུག་སྟེ། ལུས་དྲན་པ་ཉེ་བར་གཞག་པས་ནི་སྡུག་བསྔལ་གྱི་བདེན་པ་ལ་འཇུག་སྟེ། ལས་ནི་འདུ་བྱེད་ཀྱི་སྡུག ་བསྔལ་གྱི་མཚན་ཉིད་གནས་ངན་ལེན་གྱིས་རབ་ཏུ་ཕྱེ་བའི་ཕྱིར་རོ། །འདི་ལྟར་དེའི་གཉེན་པོར་འགྱུར་པ་ཤིན་ཏུ་སྦྱངས་པ་ནི་ལུས་ཉིད་ལ་ཁྱད་པར་ཅན་དུ་འབྱུང་ངོ། །ཚོར་བ་དྲན་པ་ཉེ་བར་བཞག་པས་ནི་ཀུན་འབྱུང་བའི་བདེན་པ་ལ་འཇུག ་སྟེ། ཕྲད་པ་ལ་སོགས་པར་སྲེང་པ་ནི་བདེ་བ་ལ་སོགས་པའི་ཚོར་བའི་གནས་ཡིན་པའི་ཕྱིར་རོ། །སེམས་དྲན་པ་ཉེ་བར་བཞག་པས་ནི་འགོག་པའི་བདེན་པ་ལ་འཇུག་སྟེ་།བདག་མེད་ཅིང་རྣམ་པར་ཤེས་པ་ཙམ་མེད་པར་འགྱུར་བར ་བལྟ་བས་ན་བདག་ཆད་པར་དོགས་པའི་སྒོ་ནས་མྱ་ངན་ལས་འདས་པ་ལ་སྐྲག་པ་མེད་པའི་ཕྱིར་རོ། །ཆོས་དྲན་པ་ཉེ་བར་བཞག་པས་ནི་ལམ་གྱི་བདེན་པ་ལ་འཇུག་སྟེ། མི་མཐུན་པའི་ཕྱོགས་ཀྱི་ཆོས་སྤོང་བ་དང། གཉེན་པོའི་ཆོས ་ལ་བརྟེན་པའི་ཕྱིར་རོ། །ཡང་འདི་དག་གི་འབྲས་བུ་ནི་ལུས་དང་ཚོར་བ་དང་སེམས་དང་ཆོས་དང་བྲལ་བར་གོ་རིམ་བཞིན་དུ་རིག་པར་བྱ་སྟེ། དེ་དག་བསྒོམས་པས་ལུས་ལ་སོགས་པའི་ཕྱོགས་ཀྱི་གནས་ངན་ལེན་དང་བྲལ་བའི ་ཕྱིར་རོ། །ཡང་དག་པར་སྤོང་བ་རྣམས་ཀྱི་དང་པོའི་དམིགས་པ་ནི་མི་མཐུན་པའི་ཕྱོགས་སྐྱེས་པ་སྟེ། དེས་སྡིག་པ་མི་དགེ་བའི་ཆོས་སྐྱེས་པ་རྣམས་སྤང་བའི་ཕྱིར་འདུན་པ་སྐྱེད་པའི་ཕྱིར་རོ། །གཉིས་པའི་དམིགས་པས་ནི་མི་མཐུན་པའི ་ཕྱོགས་མ་སྐྱེས་པ་དང། གསུམ་པའི་དམིགས་པ་ནི་གཉེན་པོ་མ་སྐྱེས་པ་དང། བཞི་པའི་དམིགས་པ་ནི་གཉེན་པོ་སྐྱེས་པ་སྟེ། ཇི་ལྟར་མདོ་སྡེ་ལས་འབྱུང་བ་བཞིན་དུ་སྦྱར་བར་བྱའོ། །འདུན་པ་སྐྱེད་དོ་ཞེས་བྱ་བ་ལ་སོགས་པའི་ཚིག་རྣམས ་ཀྱིས་ནི་བརྩོན་འགྲུས་བསྒོམ་པ་གནས་དང་བཅས་པ་ཡོངས་སུ་བསྟན་ཏོ། །དེ་ལ་གནས་ནི་འདུན་པ་སྟེ་།དེ་ནི་བརྩོན་འགྲུས་རྩོམ་པའི་སྔོན་དུ་འགྲོ་བའི་ཕྱིར་རོ། །གང་གི་ཚེ་ཞི་གནས་ཀྱི་མཚན་མ་ཡིད་ལ་བྱེད་པས་གཉེན་པོ་སྐྱོན་མེད་པ་འབའ་ ་ཞིག་སྒོམ་པ་དེའི་ཚོ་འབད་པ་ཞེས་བྱའོ། །གང་གི་ཚེ་ཉེ་བའི་ཉོན་མོངས་པ་བྱིང་བ་བྱུང་བ་དེ་གསལ་བའི་ཕྱིར་དགའ་བར་གྱུར་པ་ལ་སོགས་པའི་ཡིད་ལ་བྱེད་པ་རྣམས་ཀྱིས་སེམས་པར་བྱེད་པ་དང། ཉེ་བའི་ཉོན་མོངས་པ་རྒོད་པ་བྱུང་བ ་ན་ནང་དུ་སྡུད་པའི་སྒོ་ནས་སེམས་འཛིན་པ་དེའི་ཚོ་བརྩོན་འགྲུས་རྩོམ་ཞེས་བྱའོ། །དེའི་ཕྱིར་བྱང་བ་དང་རྒོད་པ་བསལ་བའི་ཐབས་བསྟན་པའི་ཕྱིར་དེའི་འོག་ཏུ་སེམས་རབ་ཏུ་འཛིན་པ་དང། རབ་ཏུ་འཇོག་པ་སྨོས་སོ། །འབྲས་བུ་ནི་ཡང་དག་པར ་སྤོང་བ་དང། པོ་དང་གཉིས་པའི་ནི་མི་མཐུན་པའི་ཕྱོགས་མ་ལུས་པར་ཉམས་པ་སྟེ་།དེ་གཉིས་ཀྱིས་ཇི་ལྟར་མཐུན་མཐུན་དུ་སྡིག་པ་མི་དགེ་བའི་ཆོས་སྐྱེས་པ་དང་མ་སྐྱེས་པའི་ཆོས་རྣམས་ཉམས་པར་བྱེད་པའི་ཕྱིར་རོ། །གསུམ་པའི ་ནི་གཉེན་པོ་ཐོབ་པ་སྟེ། དེས་དགེ་བའི་ཆོས་མ་སྐྱེས་པ་བསྐྱེད་པའི་ཕྱིར་རོ། །བཞི་པའི་ནི་གཉེན་པོ་ཐོབ་པས་འཕེལ་བ་སྟེ། དེས་དགེ་བའི་ཆོས་སྐྱེས་པ་ཡངས་པར་བྱེད་པའི་ཕྱིར་རོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་ཀྱི་དམིགས་པ་ནི་ཏིང་ངེ་ ་འཛིན་གྱིས་གྲུབ་པའི་བྱ་བའི་རྫུ་འཕྲུལ་ལ་སོགས་པའི་བྱེ་བྲག་གང་ཡིན་པའོ། །འདུན་པའི་ཏིང་ངེ་འཛིན་ནི་གང་གུས་པར་སྦྱོར་བ་ལ་བརྟེན་ནས་སེམས་རྩེ་གཅིག་པ་ཉིད་ལ་རེག་པ་སྟེ། གུས་པར་སྦྱོར་བ་ནི་འདུན་པ་དྲག ་པོ་དང་རིམ་གྲོ་ཆེར་བྱས་ཏེ་སྦྱོར་བའོ། །བརྩོན་འགྲུས་ཀྱིས་ཏིང་ངེ་འཛིན་ནི་གང་རྒྱུན་ཏུ་སྦྱོར་བ་ལ་བརྟེན་ནས་སེམས་རྩེ་གཅིག་པ་ཉིད་ལ་རེག་པ་སྟེ། གང་རྟག་ཏུ་སྦྱོར་ཞིང་ནམ་ཡང་མི་སྦྱོར་བ་མ་ཡིན་པ་དེ་ནི་བརྩོན་འགྲུས་ཞེས་བྱའོ། །སེམས་ཀྱི ་ཏིང་ངེ་འཛིན་ནི་སྔོན་གང་གིས་ཚེ་རབས་གཞན་ན་ཏིང་ངེ་འཛིན་བསྒོམས་པ་ལ་བརྟེན་ནས་དེས་སེམས་ཀྱི་ས་བོན་ཡོངས་སུ་བརྟས་པའི་ཕྱིར་རང་གི་དང་གིས་ཏིང་ངེ་འཛིན་གྱི་རྗེས་སུ་མཐུན་པར་གྱུར་ནས་སེམས་རྩེ་གཅིག་པ་ཉིད་ལ་རེག་པའོ། །རྫུ ་འཕྲུལ་གྱི་རྐང་པ་མངོན་པར་སྒྲུབ་པའི་རྒྱུ་ཡང་དག་པར་བསྟན་པའི་ཕྱིར་ཡང་དག་པར་སྤོང་བ་བསྒོམ་པ་ལ་འདུན་པ་བསྐྱེད་དོ། །ཞེས་བྱ་བ་ལ་སོགས་པས་བསྟན་པར་རིག་པར་བྱའོ། །སེམས་རབ་ཏུ་འཇོག་པ་དང་རབ་ཏུ་འཛིན་ཅེས་བྱ་བ་དེ་ནི་འདིར ་བརྗོད་པའི་ལུགས་ཀྱི་གོ་རིམ་དུ་རིག་པར་བྱའོ། །དེ་ལ་སེམས་ཀྱི་ཏིང་ངེ་འཛིན་ནི་གང་སེམས་རབ་ཏུ་འཇོག་པ་ན་སེམས་རྩེ་གཅིག་པ་ཉིད་ལ་རེག་པའོ་ཞེས་བྱ་བ་ནི་སེམས་ཉིད་ཀྱིས་སེམས་ནང་དུ་འཛིན་ཅིང་ཞི་བར་བྱེད། སྡུད་པར་བྱེད། ཐོབ་པར་བྱེད་ཅེས ་བྱ་བའི་ཐ་ཚིག་གོ་།དཔྱོད་པའི་ཏིང་ངེ་འཛིན་ནི་སེམས་རབ་ཏུ་འཛིན་པ་ན་ཞེས་བྱ་བ་ནི་ཆོས་ལ་ལྟག་མཐོང་གི་སྒོ་ནས་སེམས་འབར་བར་བྱེད་ཅེས་བྱ་བའི་ཐ་ཚིག་གོ་།བསྒོམ་པ་ནི་འདུན་པ་ལ་སོགས་པ་སྤོང་བའི་འདུ་བྱེད་བརྒྱད་གོམས་པར ་བྱེད་པའོ། །སྤོང་བའི་འདུ་བྱེད་བརྒྱད་པ་དེ་དག་ནི་རྣམ་པ་བཞིར་བྱ་སྟེ། འདི་ལྟ་སྟེ། འབད་པ་ནི་འདུན་པ་དང། རྩོལ་བ་དང་དག་བའོ། །དེ་ལ་འདུན་པ་ནི་རྩོལ་བའི་གནས་སོ། །འདུན་པའི་རྒྱུ་ནི་དད་པ་སྟེ། འདི་ལྟར་གང་ཟག་གང་ཞིག་དོན་དུ་གཉེར ་བར་འགྱུར་བ་དེ་ནི་དེ་ཐོབ་པར་བྱ་བའི་ཕྱིར་རྩོལ་ལོ། །དེ་ཡོད་པ་ཉིད་ལ་སོགས་པ་ཡིད་ཆེས་པ་མེད་ན་དོན་དུ་གཉེར་བར་མི་འགྱུར་རོ། །ཕན་འདོགས་པ་ནི་ཤིན་ཏུ་སྦྱངས་པ་སྟེ། དེས་ལུས་དང་སེམས་ལ་ཕན་འདོགས་པའི་ཕྱིར་རོ། །ཉེ་བར་འདོགས ་པ་ནི་དྲན་པ་དང་ཤེས་བཞིན་ཏེ། དམིགས་པ་མ་བརྗེད་པས་སེམས་རྩེ་གཅིག་པ་ཉིད་ལ་འཇུག་པ་དང། དེ་ལ་བག་མེད་པར་གྱུར་ན་ཡོངས་སུ་གཅད་པའི་ཕྱིར་ཏེ། གོ་རིམ་བཞིན་ནོ། །གཉེན་པོ་ནི་སེམས་པ་དང་བཏང་སྙོམས་ཏེ། སེམས་རབ་ཏུ ་འཛིན་པ་དང། རབ་ཏུ་འཇོག་པ་མངོན་པར་འདུ་བྱེད་པས་བྱིང་བ་དང་རྒོད་པ་འབྱུང་བ་ཡོངས་སུ་སྤོང་བ་དང། ཉེ་བའི་ཉོན་མོངས་པ་མེད་པ་ནི་ཞི་གནས་ལ་སོགས་པའི་མཚན་མའི་རྗེས་སུ་འཇུག་པའི་ཕྱིར་རོ། །ཡང་འདུན་པ་ལ་སོགས་པའི་སྡུད་པ་དང། ་གཡེང་བ་གཞི་དང་བཅས་པར་ཡོངས་སུ་སྤངས་པ་ལ་སོགས་པ་བསྒོམ་པ་དེ་ལ་སྡུད་པའི་གཞི་ནི་ལྷག་མཐོང་དང་བྲལ་བ་སྟེ། ལེ་ལོའི་སྒོ་ནས་བྱིང་བར་འགྱུར་རོ། །གཡེང་བའི་གཞི་ནི་མི་སྡུག་པའི་འདུ་ཤེས་དང་བྲལ་བ་སྟེ། རྒོད་པའི་སྒོ་ནས་ཡང་དག ་པར་རབ་ཏུ་མི་འཛིན་ཏོ། །སྡུད་པ་ནི་རྨུགས་པ་དང་གཉིད་ཀྱི་སྒོ་ནས་ནང་དུ་ཞུམ་པའོ། །གཡེང་བ་ནི་སྡུག་པའི་མཚན་མའི་རྗེས་སུ་འབྲང་བའི་སྒོ་ནས་ཡུལ་རྣམས་ལ་རྣམ་པར་འཕྲོ་བའོ། །ཞུམ་པ་མེད་པ་དང། མཐུན་པའི་སྒོམ་པ་ནི་སོ་སོར ་རྟོག་པའི་མཚན་མ་ལ་བརྟེན་ནས་ཆོས་ལ་རྣམ་པར་བལྟ་བའོ། །གཡེང་བ་མེད་པ་དང་མཐུན་པ་ནི་སྐྲ་ལ་སོགས་པའི་རྫས་ལ་མི་གཙང་བར་སོ་སོར་རྟོག་པའོ། །དེ་གཉི་ག་དང་མཐུན་པ་ནི་སྣང་བའི་འདུ་ཤེས་སོ། །དེ་ཡང་བདག་གི་འདུན་པ ་ཧ་ཅང་ཡང་ཞུམ་པར་ཡང་མི་འགྱུར་བ་དང། ཧ་ཅང་རབ་ཏུ་གཟུང་བར་ཡང་མ་ཡིན་པ་དང། ནང་དུ་བསྡུས་པ་ཡང་མ་ཡིན་པ་དང། ཕྱི་རོལ་ཏུ་གཡེང་བ་ཡང་བ་མ་ཡིན་པ་དང། ཕྱི་མ་དང་སྔ་མའི་འདུ་ཤེས་པ་དང། སྟེང་དང་འོག་གི་འདུ ་ཤེས་སུ?་བྱའོ་སྙམ་པ་དང། དེ་ལྟར་རྣམ་པར་བྱེ་བའི་སེམས་ཀུན་ནས་དཀྲིས་པ་མེད་པས་སྣང་བ་དང་ལྡན་པའི་སེམས་བསྒོམ་པར་བྱ་བའི་བདག་གི་སེམས་མུན་?་ཅན་གྱི་ཚུལ་དུ་ནི་མི་འགྱུར་བར་བྱའོ་ཞེས་བྱ་བའི་?་དུ ་མཛད་ནས། བཅོམ་ལྡན་འདས་ཀྱིས་གོ་རིམ་བཞིན་དུ་གསུངས་སོ། །འབྲས་བུ་ནི་ཇི་ལྟར་འདོད་པ་བཞིན་དུ་རྫུ་འཕྲུལ་ལ་སོགས་པའི་ཡོན་ཏན་བསྒྲུབ་པའི་ཕྱིར་རོ། །དབང་པོ་རྣམས་ཀྱི་དམིགས་པ་ནི་འཕགས་པའི་བདེན་པ་བཞི་པོ་རྣམས་ཏེ། བདེན ་པ་མངོན་པར་རྟོགས་པ་ལ་སྦྱོར་བས་བསྡུས་པས་དེའི་རྣམ་པར་འགྱུར་བའི་ཕྱིར་རོ། །འབྲས་བུ་ནི་དེའི་དབང་གིས་རིང་པོར་མི་ཐོགས་པར་མཐོང་བའི་ལམ་སྐྱེ་བ་དང། དེ་ཉིད་གྱི་དུས་ན་ངེས་པར་འབྱད་པའི་ཆ་དང་མཐུན་པ་ལ་བརྟེན་པའི་སེམས ་ཀྱི་རྒྱུད་དོ། །སྟོབས་རྣམས་ཀྱི་དམིགས་པ་ལ་སོགས་པ་ནི་དབང་པོ་རྣམས་དང་མཐུན་ནོ། །འབྲས་བུ་ལ་ནི་བྱེ་བྲག་ཡོད་དེ་།འདི་ལྟར་འདི་དག་གི་འབྲས་བུ་དེ་ནི་ཇི་སྐད་དུ། མ་དད་པ་ལ་སོགས་པའི་མི་མཐུན་པའི་ཕྱོགས་བསྲབས་པས་ལྷག་པར ་བསྟན་པ་སྟེ། དེའི་ཕྱིར་འདི་དག་གིས་དམིགས་པ་དང་ངོ་བོ་ཉིད་ལ་སོགས་པ་མཐུན་དུ་ཟིན་ཡང་མི་རྫི་བའི་དོན་གྱིས་བྱེ་བྲག་གིས་བྱང་ཆུབ་ཀྱི་ཕྱོགས་གཞན་ཉིད་དོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་ཀྱི་དམིགས་པ་ནི་འཕགས་པའི་བདེན ་པ་བཞི་པོ་དག་གི་ཡང་དག་པ་ཉིད་ཇི་ལྟ་བའོ་།ཞེས་བྱ་བ་ནི་དོན་དམ་པ་རྣམ་པར་དག་པའི་དམིགས་པ་ཞེས་བྱ་བའི་ཐ་ཚིག་གོ་།ངོ་བོ་ཉིད་ནི་དྲན་པ་ལ་སོགས་པའི་ཆོས་བདུན་ནོ། །དེ་ལ་དྲན་པ་ནི་གནས་ཀྱི་ཡན་ལག་སྟེ་།དྲན་པ་ཉེ་བར ་གནས་པ་ནི་དགེ་བའི་ཆོས་ཐམས་ཅད་མངོན་པར་བརྗོད་པའི་ཕྱིར་རོ། །ཆོས་རྣམ་པར་འབྱེད་པ་ནི་ངོ་བོ་ཉིད་ཀྱི་ཡན་ལག་སྟེ། བྱང་ཆུབ་ཀྱི་མཚན་ཉིད་ཡིན་པའི་ཕྱིར་རོ། །བརྩོན་འགྲུས་ནི་ངེས་པར་འབྱུང་བའི་ཡན་ལག་སྟེ་།དེས་བགྲོད་པ་ཇི ་སྲིད་པར་འགྲོ་བའི་ཕྱིར་རོ། །དགའ་བ་ནི་ཕན་ཡོན་གྱི་ཡན་ལག་སྟེ། དེས་སེམས་ཀྱི་རྒྱུད་ཆིམ་པར་བྱེད་པའི་ཕྱིར་རོ། །ཤིན་ཏུ་སྦྱངས་པ་དང་ཏིང་ངེ་འཛིན་དང་བཏང་སྙོམས་ནི་ཀུན་ནས་ཉོན་མོངས་པ་མེད་པའི་ཡན་ལག་སྟེ། དེའི་ཤིན་ཏུ་སྤྱངས་པས་ན་ཀུན་ནས ་ཉོན་མོངས་པར་མི་འགྱུར་ཏེ་།དེས་གནས་ངན་ལེན་འཇིག་པའི་ཕྱིར་རོ། །ཏིང་ངེ་འཛིན་ནི་ཀུན་ནས་ཉོན་མོངས་པས་མི་འགྱུར་ཏེ། དེ་ལ་གནས་པ་གནས་འགྱུར་བའི་ཕྱིར་རོ། །བཏང་སྙོམས་ནི་ཀུན་ནས་ཉོན་མོངས་པ་མེད་པ་སྟེ། བརྣབ་སེམས་དང་ཡིད་མི ་བདེ་བ་དང་བྲལ་བ་ཉོན་མོངས་ཅན་མ་ཡིན་པའི་གནས་སྐབས་ཀྱི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །བསྒོམ་པ་ནི་དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དབེན་པ་ལ་གནས་པ་བསྒོམ་པ་ཞེས་བྱ་བ་ལ་སོགས་ཏེ། ཚིག་འདི་དག་དང་གོ་རིམ་བཞིན་དུ་འཕགས་པའི་བདན ་པ་ལ་དམིགས་པ་ནི་བྱང་ཆུབ་ཀྱི་ཡན་ལག་བསྒོམ་པ་ཡོངས་སུ་བསྟན་པ་ཡིན་ཏེ། འདི་ལྟར་སྡུག་བསྔལ་ལ་སྡུག་བསྔལ་ཉིད་དུ་དམིགས་པ་ནི་དེ་ལས་དབེན་པ་ཚོལ་བས་སྡུག་བསྔལ་ལ་དམིགས་པ་ནི་དབེན་པ་ལ་གནས་པ་ཞེས་པའོ། །སྲེད་པའི་མཚན ་ཉིད་ནི་སྡུག་བསྔལ་ཀུན་འབྱུང་བ་སྟེ། སྡུག་བསྔལ་ཀུན་འབྱུང་བར་དམིགས་པ་ནི་དེ་དང་བྲལ་བ་ཚོལ་བས་དེ་ལ་དམིགས་པ་ནི་འདོད་ཆགས་དང་བྲལ་བ་ལ་དམིགས་པའོ། །སྡུག་བསྔལ་འགོག་པ་ལ་སྡུག་བསྔལ་འགོག་པར་དམིགས་པ་ནི་དེ་མངོན་སུམ་དུ ་བྱེད་པར་འདོད་པས་དེ་ལ་དམིགས་པ་ནི་འགོག་པ་ལ་གནས་པའོ། །སྡུག་བསྔལ་འགོག་པར་འགྲོ་བའི་ལམ་ནི་དེས་སྡུག་བསྔལ་རྣམས་སྤོང་བའི་ཕྱིར་རྣམ་པར་སྤོང་བ་ཞེས་བྱའོ། །དེ་ལ་དེ་ལྟར་དམིགས་པ་ནི་དེ་བསྒོམ་པས་ཚོལ་བས་དེ་ལ ་དམིགས་པ་ནི་རྣམ་པར་སྤང་བས་ཡོངས་སུ་བསྒྱུར་བ་ཞེས་བྱའོ། །འབྲས་བུ་ནི་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་རྣམས་སྤངས་པ་སྟེ་།བྱང་ཆུབ་ཀྱི་ཡན་ལག་རྣམས་ནི་མཐོང་བའི་ལཾ་གྱི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །ལམ་གྱི་ཡན་ལག ་རྣམས་ཀྱི་དམིགས་པ་ནི་དེའི་འོག་ཏུ་བདེན་པ་ཇི་ལྟར་མཐོང་བ་རྣམས་ཀྱི་ཡང་དག་པ་ཉིད་ཇི་ལྟ་བ་དེ་ཉིད་དོ། །ངོ་བོ་ཉིད་ནི་ཡང་དག་པའི་ལྟ་པ་ལ་སོགས་པ་ཆོས་བརྒྱད་པོ་རྣམས་སོ། །དེ་ལ་ཡང་དག་པའི་ལྟ་བ་ནི་ཡོངས་སུ ་གཅོད་པའི་ཡན་ལག་སྟེ་།དེས་ཇི་ལྟར་མྱོང་བའི་དེ་ཁོ་ན་ངེས་པར་འཛིན་པའི་ཕྱིར་རོ། །ཡང་དག་པའི་རྟོག་པ་ནི་གཞན་གོ་བར་བྱེད་པའི་ཡན་ལག་སྟེ། དེས་ཇི་ལྟར་རྟོགས་པ་རྣམ་པར་བཞག་ནས་ངག་ཀུན་ནས་སློང་བའི་ཕྱིར་རོ། །ཡང་དག་པའི་དག ་དང་ལས་ཀྱི་མཛའ་དང་འཚོ་བ་ནི་གཞན་ཡིད་ཆེས་པར་བྱེད་པའི་ཡན་ལག་སྟེ་།དེ་དག་གིས་རྟོགས་པ་དང་ལྡན་པའི་ལྟ་བ་ལ་སོགས་བ་རྣམ་པར་དག་པ་གོ་རིམ་བཞིན་དུ་གཞན་དག་གིས་གཏན་ལ་འཕེབས་པའི་ཕྱིར་རོ། །དེ་ལ་ཡང་དག་པའི་དག་གིས་ནི ་རྟོག་པ་དང་མཐུན་པར་འདྲི་པ་དང་ལུང་སྟོན་པ་འབེལ་བའི་གཏམ་གཏན་ལ་འབེབས་པས་དེའི་ལྟ་བ་རྣམ་པར་དག་པར་རྣམ་པར་ཤེས་སོ། །ཡང་དག་པའི་ལས་ཀྱི་མཛའ་ནི་འགྲོ་བ་དང་ལྡོག་པ་ལ་སོགས་པ་ལ་སྤྱོད་པ་ཕུན་སུམ་ཚོགས་པས་ཚུལ ་ཁྲིམས་རྣམ་པར་དག་པར་ཤེས་སོ། །ཡང་དག་པའི་འཚོ་བས་ནི་ཇི་ལྟར་གནང་པ་བཞིན་དུ་ཆོས་དང་མཐུན་པས་གོས་ལ་སོགས་པ་ཚོལ་བས་ཡང་དག་པའི་འཚོ་བས་རྣམ་པར་ཤེས་སོ། །ཡང་དག་པའི་རྩོལ་བ་ནི་ཉོན་མོངས་པའི་སྒྲིབ་པ་རྣམ་པར ་སྦྱོང་བའི་ཡན་ལག་སྟེ་།དེས་ཀུན་ཏུ་སྦྱོར་བ་ལྟག་མ་སྤོང་བའི་ཕྱིར་རོ། །ཡང་དག་བའི་དྲན་པ་ནི་ཉེ་བའི་ཉོན་མོངས་པའི་སྒྲིབ་པ་རྣམ་པར་སྦྱོང་པའི་ཡན་ལག་སྟེ། དེས་ཡང་དག་པའི་ཞི་གནས་ལ་སོགས་པའི་མཚན་མ་མ་བརྗེད་པས་ཉེ་བའི ་ཉོན་མོངས་པ་བྱིང་བ་ལ་སོགས་པའི་སྐབས་མེད་པའི་ཕྱིར་རོ། །ཡང་དག་པའི་ཏིང་ངེ་འཛིན་ནི་ཡོན་ཏན་ཁྱད་པར་ཅན་ལ་སྒྲིབ་པ་རྣམ་པར་སྦྱོང་བའི་ཡན་ལག་སྟེ་།དེས་མངོན་པར་ཤེས་པ་ལ་སོགས་པའི་ཡོན་ཏན་མངོན་པར་སྒྲུབ་པའི་ཕྱིར་རོ། ། ་བསྒོམ་པ་ནི་བྱང་ཆུབ་ཀྱི་ཡན་ལག་བཞིན་ཏེ། འདི་ལྟ་སྟེ། ཡང་དག་པའི་ལྟ་བ་དབེན་པ་ལ་གནས། ?་བ་བསྒོམ་པ་ཞེས་རྒྱ་ཆེར་འབྱུང་བའོ། །ལམ་དང་ཆོས་ཀྱི་གནས་རྣམས་ནི་དོན་སྡམ?་བཞིན་དུ་བཤད་པར་རིག་པར་བྱའོ། །ཞི་གནས་ནི་སེམས ་གནས་པ་དགུ་སྟེ། དེ་ལ་ཕྱི་རོལ་གྱི་དམིགས་པ་རྣམས་ལས་ཕྱིར་བསླན་ནས་ནང་དུ་མི་གཡེང་བར་གང་དྲང་པོ་ཉིད་དུ་སེམས་ཉེ་པར་འདོགས་པ་ནི་འཇོག་པའོ། །དེ་ལྟར་སེམས་གཡོ་བ་རགས་པ་ཐོག་མ་ཉིད་དུ་བཏགས་པ་དེ་དམིགས་པ་དེ་ཉིད ་ལ་རྒྱུན་གྱི་ཚུལ་དང་ཕྲ་བར་བྱེད་པས་མངོན་པར་བསྡུས་པ་ནི་རྒྱུན་ཏུ་འཇོག་པའོ། །བརྗོད་ནས་ཕྱི་རོལ་ཏུ་གཡེང་པར་གྱུར་བ་དེ་ཡང་ཕྱིར་བཀུག་པ་སྟེ་།བསླན་ཏེ་འཇོག་པའོ། །སེམས་ཕྱི་རོལ་ཏུ་མི་འཕྲོ་བར་བྱ་བའི་ཕྱིར་ཐོག་མ་ཉིད་དུ་དྲན? ་གཉེ?་བར་གནས་ལ་ནི་ཉེ་བར་འཇོག་པའོ། །རྣམ་པར་གཡེང་བའི་རྒྱུ་གཟུགས་ལ་སོགས་པ་ལ་ཉེས་དམིགས་གྱི་བདུ་ཤེས་ཀྱི་དབང་དུ་བྱས་ནས་ཐོག་མ་ཉིད་དུ་སེམས་རབ་ཏུ་འཕྲོར་མི་སྟེར་བ་ནི་དུལ་བར་བྱེད་པའོ། །སེམས་འཁྲུགས་པར ་བྱེད་པ་ཉེ་བའི་ཉོན་མོངས་པ་རྣམ་པར་རྟོག་པར་བྱེད་པ་ལ་ཉེས་དམིགས་སུ་ལྟ་བས་འཕོར་མི་སྟེར་བ་ནི་ཞི་བར་བྱེད་པའོ། །བརྗེད་ནས་རྣམ་པར་རྟོག་པ་ལ་སོགས་པ་ཀུན་ཏུ་འབྱུང་བ་ན་དེ་དང་དུ་མི་ལེན་པ་ནི་རྣམ་པར་ཞི་བར་བྱེད་པའོ། །མངོན ་པར་འདུ་བྱེད་པས་སྐབས་མེད་ཅིང་བར་ཆད་མེད་པར་ཏིང་ངེ་འཛིན་རྒྱུན་དུ་བསླན་ཏེ་འཇོག་པ་ནི་རྩེ་གཅིག་ཏུ་བྱེད་པའོ། །ཤིན་ཏུ་གོམས་པའི་ཕྱིར་མངོན་པར་འདུ་བྱེད་པ་མེད་ཅིང་ལྷུན་གྱི་གྲུབ་པར་སེམས་ཀྱི་ཏིང་ངེ་འཛིན་གྱི་རྒྱུན་གཡང་བ་མེད་པར་འབྱུང་བ་ནི ་མཉམ་པར་འཇོག་པའོ། །ལྕག་མཐོང་ནི་འདི་ལྟ་སྟེ་།ཆོས་རྣམས་ལ་རྣམ་པར་འབྱེད་བ་ཞེས་བྱ་བ་ལ་སོགས་པ་སྟེ། །དེ་ལ་སྤྱད་པ་རྣམ་པར་སྦྱོང་བ་ལ་དམིགས་ལ་འམ?་།མཁས་པ་ལ་དམིགས་པ་འམ་།ཉོན་མོངས་པ་རྣམ་པར་སྤྱོད་པ ་འང་རུང་སྟེ་།ཇི་སྙེད་ཡོད་པས་རྣམ་པར་འབྱེད་པའོ། །ཇི་ལྟ་བ་བཞིན་དུ་ཡོད་པས་རབ་ཏུ་རྣམ་པར་འབྱེད་པའོ། །རྣམ་པར་རྟོག་པ་དང་བཅས་པའི་ཡིད་ལ་བྱེད་པ་ཤེས་རབ་དང་བཅས་པས་མཆན་མར་བྱེད་པ་ནི་ཡོངས ་སུ་རྣམ་པར་རྟོག་པའོ། །ཀུན་ཏུ་རྟོགས་པ་ནི་ཡོངས་སུ་སྤྱོད་པར་བྱེད་པའོ། །ཡང་ཞི་གནས་དང་ལྷག་མཐོང་ལ་བརྟེན་ནས་ལམ་བཞིར་འགྱུར་ཏེ་ཞེས་བྱ་བ་ནི་ལམ་བཞིར་བསྟན་པའི་དབང་དུ་བྱས་པ་སྟེ། དེ་ལ་དང་པོ་ནི་ཞི་གནས་ཐོབ་པའི་ཕྱིར་འདུག་བཞིན་དུ་སེམས ་འཇོག་པ་ནས་མཉམ་པར་འཇོག་པའི་བར་དང་།ལྷག་མཐོང་མ་ཐོབ་པའི་ཕྱིར་ཏིང་ངེ་འཛིན་དེ་ལ་བརྟེན་ནས་ཕྱིས་དེ་བཞིན་དུ་འདུག་སྟེ་།ཆོས་དེ་དག་རྣམ་པར་འབྱེད་པ་ནས་ཡོངས་སུ་དཔྱོད་པར་བྱེད་པའི་བར་དུའོ། །གཉིས་པ་ནི་དེ་ལས་བཟློག་པར་རིག ་པར་བྱའོ། །གསུམ་པ་ནི་གཉི་ག་མ་ཐོབ་པ་སྟེ་གཉི་ག་ལ་བརྩོན་པར་བྱེད་དོ། །ཇི་ལྟར་ཞེ་ན་ཐོས་པ་འཛིན་པའི་སྒོ་ནས་ལྷག་མཐོང་ལ་བརྩོན་པར་བྱེད་དོ། །དེ་མངོན་དུ་འགྲོ་བས་ཞི་གནས་ལ་བརྩོན་པར་བྱེད་དོ། །བཞི་པ་ནི་གཉི་ག་ཐོབ་པའོ། །མི་ཤེས་པ ་ཀུན་ཤེས་པར་བྱེད་པའི་དབང་པོ་ནི་སྦྱོར་བའི་ལམ་ངེས་པར་འབྱེད་པའི་ཆ་དང་མཐུན་པས་བསྡུས་བ་དང། མཐོང་བའི་ལམ་གྱི་སེམས་ཀྱི་སྐད་ཅིག་བཅོ་ལྔ་པོ་དག་ལ་དབང་པོ་གང་ཡིན་པ་སྟེ། འདི་ལྟ་སྟེ་ཡིད་ཀྱི་དབང་པོ་དང་དད་པ་ལ་སོགས་པ་ལྔ ་དང་མི་ལྕོགས་པ་མེད་པ་ལ་སོགས་པ་གནས་ཀྱི་བྱེ་བྲག་གིས་ཇི་ལྟར་མཐུན་མཐུན་དུ་བདེ་བ་དང་ཡིད་མི་བདེ་བ་དང་བཏང་སྙོམས་ཀྱི་དབང་པོ་རྣམས་ལས་གང་ཡང་རུང་བའོ། །ཡིད་མི་བདེ་བའི་དབང་པོ་ནི་སྦྱོར་བའི་དུས་ན་ངེས་པར་འབྱེད་པའི་ཆ་དང ་མཐུན་པའི་རྗེས་ལ་རྣམ་པར་ཐར་པ་མཆོག་འདོད་པས་བསྡུས་པར་རིག་པར་བྱའོ། །དེ་དག་ནི་སྲིད་པས་དབང་པོ་རྣམ་པ་བཅུ་སྟེ་།དེ་ཁོ་ན་མི་ཤེས་པ་ཀུན་ཤེས་པར་བྱ་བའི་ཕྱིར་ཞུགས་པས་མི་ཤེས་པ་ཀུན་ཤེས་པར་བྱེད་པའི་དབང་པོ་ཞེས་བྱའོ།། ་དབང་པོ་རྣམ་པ་བཅུ་པོ་འདི་དག་ཉིད་མཐོང་བའི་ལམ་གྱི་སེམས་ཀྱི་སྐད་ཅིག་བཅུ་དྲུག་པོ་ལ་བརྟེན་ནས་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཅེས་བྱ་བའི་བར་དུ་སློབ་པའི་ལམ་དེ་ལ་ཀུན་ཤེས་པའི་དབང་པོ་ཞེས་བྱ་སྟེ། སྔོན་མ་མཐོང་བའི་ཤེས་བྱ་མེད་པའི་ཕྱིར་རོ། །ཡིད ་མི་བདེ་བའི་དབང་པོ་མ་གཏོགས་པར་དབང་པོ་རྣམ་པ་དགུ་པོ་དེ་དག་ཉིད་ནི་མི་སློབ་པའི་ལམ་ལ་ཀུན་ཤེས་པ་དང་ལྡན་པའི་དབང་པོ་ཞེས་བྱ་སྟེ། ཀུན་ཤེས་པ་དང་ལྡན་པ་ནི་དགྲ་བཅོམ་པའི་དབང་པོ་ཡིན་པའི་ཕྱིར་རོ། །བསྒོམ་པའི་ལམ་གྱི་སྐབས་སུ་འདི ་ཡང་བརྗོད་པར་བྱ་སྟེ། གོང་མའི་ས་པའི་ལམ་ལ་སྔོན་དུ་བྱེད་པ་བསྒོམ་པ་ནས་འོག་མའི་དགེ་བའི་རྩ་བ་མངོན་སུམ་དུ་མ་གྱུར་པ་རྣམས་ཀྱང་བསྒོམ་པར་འགྱུར་ཏེ། དེ་དག་ལ་དབང་འབྱོར་པ་ཐོབ་པའི་ཕྱིར་རོ། །དབང་འབྱོར་པ་ནི་མཆོག་ཏུ་སྦྱངས་པ་འཐོབ ་པ་སྟེ། མངོན་སུམ་དུ་བྱེད་པ་ན་དབང་དུ་རིག་པར་བྱའོ། །མཐར་ཕྱིན་པའི་ལམ་ནི་གནས་ངན་ལེན་ཐམས་ཅད་རྒྱུན་བཅད་པ་ཞེས་རྒྱ་ཆེར་འབྱུང་བ་དེ་ལ། གནས་ངན་ལེན་ཐམས་ཅད་ནི་ཉི་ཤུ་རྩ་བཞི་ཡིན་ཏེ། འདི་ལྟ་སྟེ། མངོན་པར་བརྗོད་པའི་གནས ་ངན་ལེན་ཀུན་ཏུ་འགྲོ་བ་ནི་མིག་ལ་སོགས་པ་ཆོས་ཐམས་ཅད་ཀྱི་མིང་ལ་མངོན་པར་ཞེན་པའི་བག་ཆགས་ཀུན་གཞི་རྣམ་པར་ཤེས་པ་ལ་གནས་པ་ཐོག་མ་མེད་པའི་དུས་ནས་རྗེས་སུ་ཞུགས་པ་གང་ཡིན་པ་སྟེ། དེ་ལས་མི་ལ་སོགས་པའི་ཆོས་མིང་ལ་མངོན ་པར་ཞེན་པ་དང་བཅས་པ་རྣམས་ཡང་དང་ཡང་འབྱུང་བའི་ཕྱིར་དེ་ནི་སྤྲོས་པའི་བག་ཆགས་ཤེས་བྱའོ། །ཚོར་བའི་གནས་ངན་ལེན་ནི་ཟག་པ་དང་བཅས་པའི་ཚོར་བ་རྣམས་ཀྱི་བག་ཆགས་སོ། །ཉོན་མོངས་པའི་གནས་ངན་ལེན་ནི་ཉོན་མོངས་པ་རྣམས་ཀྱི་བག་ལ་ཉལ་ལོ།། ་ལས་ཀྱི་གནས་ངན་ལེན་ནི་ཟག་པ་དང་བཅས་པའི་ལས་རྣམས་ཀྱི་བག་ཆགས་སོ། །རྣམ་པར་སྨིན་པའི་གནས་ངན་ལེན་ནི་རྣམ་པར་སྨིན་པའི་ལས་སུ་མི་རུང་བ་ཉིད་དོ། །ཉོན་མོངས་པའི་སྒྲིབ་པའི་གནས་ངན་ལེན་ནི་ཉོན་མོངས་པ་མི་བཟད་ཅིང་རྒྱུན་རིང་བའོ། ་ལས་ཀྱི་སྒྲིབ་པའི་གནས་ངན་ལེན་ནི་ལམ་གྱི་བར་ཆད་བྱེད་པ་མཚམས་མེད་པ་ལ་སོགས་པའི་ལས་ཀྱི་སྒྲིབ་པ་ཉིད་དོ། །རྣམ་པར་སྨིན་པའི་སྒྲིབ་པའི་གནས་ངན་ལེན་ནི་བདེན་པ་མངོན་པར་རྟོགས་པ་དང་མི་མཐུན་པ་སེམས་ཅན་དམྱལ་བ་ལ ་སོགས་པའི་ལུས་ཐོབ་པའོ། །སྒྲིབ་པའི་གནས་ངན་ལེན་ནི་དགེ་བའི་ཕྱོགས་ལ་སྦྱོར་བའི་བར་ཆད་བྱེད་པ་འདོད་པ་ལ་འདུན་པ་ལ་སོགས་པས་ཟིལ་གྱིས་ནོན་པ་ཉིད་དོ། །རྟོག་པའི་གནས་ངན་ལེན་ནི་རབ་ཏུ་འབྱུང་བ་ལ་གགས་བྱེད་པ་འདོད་པ་ལ་རྣམ ་པར་རྟོག་པ་ལ་སོགས་པས་ཟིལ་གྱིས་གནོན་པ་ཉིད་དོ། །ཟས་ཀྱི་གནས་ངན་ལན་ནི་ཟས་ཧ་ཅང་ཉུང་བ་དང་མང་དུ་ཟོས་པས་སྦྱོར་བའི་འོས་སུ་མ་གྱུར་པ་ཉིད་དོ། །འཁྲིག་པའི་གནས་ངན་ལེན་ནི་གཉིས་ཀྱིས་གཉིས་སྤྲང་པ་ལས་གྱུར་པ་དང། ལུས་དང ་སེམས་ལ་གནོད་པའོ། །རྨི་ལམ་གྱི་གནས་ངན་ལེན་ནི་གཉིས་ལས་གྱུར་པའི་ལུས་བེམས་པོ་ཉིད་དོ། །ནད་ཀྱི་གནས་ངན་ལེན་ནི་ཁམས་མ་སྙོམས་པ་ལས་གྱུར་པའི་ཉམས་རབ་ཏུ་མི་བདེ་བ་ཉིད་དོ། །རྒ་བའི་གནས་ངན་ལེན་ནི་འབྱུང་བ་འགྱུར་བ་ལས་གྱུར ་བའི་དབང་མེད་པ་ཉིད་དོ། །འཆི་བའི་གནས་ངན་ལེན་ནི་འཆི་བ་ནི་དབང་པོ་ཐམས་ཅད་འཁྲུགས་པའོ། །ཡོངས་སུ་ངལ་བའི་གནས་ངན་ལེན་ནི་ཧ་ཅང་འགྲོ་བ་ལ་སོགས་པས་གྱུར་པའི་ལུས་དུབ་པའོ། །གནས་ངན་ལེན་བསྟན་པ་ནི་མངོན་པར་བརྗོད་པའི་གནས ་ངན་ལེན་ལ་སོགས་པ་ཉིད་ངག་དང་ཇི་ལྟར་མཐུན་མཐུན་དུ་སྦྱར་ཏེ། ཡོངས་སུ་མྱ་ངན་ལས་མི་འདའ་བཱི་ཆོས་ཅན་ནོ། །གནས་ངན་ལེན་ཆེན་པོ་དང་འབྲིང་དང་ཆུང་ངུ་ནི་གོ་རིམ་བཞིན་དུ་འདོད་པ་དང་གཟུགས་དང་གཟུགས་མེད་པ་ན་སྤྱོད་པ་རྣམས་སུ་རིག ་བར་བྱའོ། །ཉོན་མོངས་པའི་སྒྲིབ་པའི་གནས་ངན་ལེན་ནི་ཉན་ཐོས་དང་རང་སངས་རྒྱས་ཀྱི་བྱང་ཆུབ་ཀྱི་མི་མཐུན་པའི་ཕྱོགས་སོ། །སྙོམས་པར་འཇུག་པའི་སྒྲིབ་པའི་གནས་ངན་ལེན་ནི། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་མངོན་པར་བསྒྲུབ་པའི ་མི་མཐུན་པའི་ཕྱོགས་སོ། །ཤེས་བྱའི་སྒྲིབ་པའི་གནས་ངན་ལེན་ནི་ཐམས་ཅད་མཁྱེན་པ་ཉིད་ཀྱི་མི་མཐུན་པའི་ཕྱོགས་སོ། །དེ་ལྟར་གནས་ངན་ལེན་འདི་དག་ཐམས་ཅད་ཇི་ལྟར་མཐུན་མཐུན་དུ་རྒྱུན་བཅད་པ་ནི་མཐར་ཕྱིན་པའི་ལམ་སྟེ། ཇི་སྐད་དུ་སེམས་རྣམ་པར་གྲོལ་བ་ཡོངས ་སུ་རྫོགས་པ་དང་ཤེས་རབ་རྣམ་པར་གྲོལ་བ་ཡོངས་སུ་རྫོགས་ནས་ལུས་ཀྱི་གནས་ངན་ལེན་རྣམས་རྒྱུན་གཅད་དེ། དྲན་པ་དང་ལྡན་པའི་རྒྱུས་འདི་ལྟར་དེའི་སྒོ་དང་པོ་འདི་ལྟ་སྟེ་།མིག་གིས་རྣམ་པར་ཤེས་པར་བྱ་བའི་གཟུགས་ལ་ཤིན་ཏུ་དུལ་བ་དང། ཤིན་ཏུ ་སྦས་པ་དང། ཤིན་ཏུ་བསྲུངས་པ་དང། ཤིན་ཏུ་བསྡམས་པ་དང། ཤིན་ཏུ་བསྒོམས་པ་ཡིན་ཏེ། ཡིད་ཀྱི་རྣམ་པར་ཤེས་པར་བྱ་པའི་ཆོས་རྣམས་ཀྱི་བར་ལ་ཞེས་གསུངས་པ་ལྟ་བུའོ། །རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ནི་བསྒོམ་བའི་ལམ་གྱི་མཛའ་ཨི་སྔོན་བའི་ལམ་གྱི ་གནས་སྐབས་སུ་རིག་པར་བྱའོ། །ཏིང་ངེ་འཛིན་དེ་ཡང་བར་ཆད་མེད་པ་སྟེ་།དེའི་རྐྱེན་འཇིག་རྟེན་པའི་སྤྱོད་པས་རབ་ཏུ་འཕན་མི་ཕྱེད་པའི་ཕྱིར་རོ། །བརྟན་པ་ནི་སྒྲིབ་པ་ཐམས་ཅད་ཀྱིས་མི་ཕིགས?་པ་དང། སྒྲིབས་པ་ཐམས་ཅད་ནི་ཕིགས་པས་སྲ་བའི་ཕྱིར་རོ། །རོ་གཅིག ་པ་ནི་རྣམ་པར་མི་རྟོག་པར་རོ་གཅིག་པའི་ཕྱིར་རོ། །ཁྱབ་པ་ནི་ཤེས་བྱ་ཐམས་ཅད་ཀྱི་སྤྱིའི་དེ་བཞིན་ཉིད་ལ་དམིགས་པའི་ཕྱིར་རོ། །དེའི་དོན་དང་འདྲ་བར་བྱ་བའི་དོན་དུ་བཅོམ་ལྡན་འདས་ཀྱིས་དཔེར་ན་བྲག་ཆེན་པོ་མ་གྲུབ་པ་སེར་ཀ་མེད་པ་ཁོང་སྟོང་པ་མ་ཡིན་པ་གཅིག ་ཏུ་འདུས་པ་ཤིན་ཏུ་མཁྲེགས་པ་ཞེས་གསུངས་སོ། །གནས་མ་ལུས་པར་གྱུར་པ་ནི་རྣམ་པ་གསུམ་སྟེ། མི་སློབ་པའི་ལམ་ཐོབ་པའི་སེམས་ཀྱི་གནས་གྱུར་པ་ནི་ཆོས་ཉིད་ཀྱི་སེམས་རང་བཞིན་གྱིས་འོད་གསལ་བ་གློ་བུར་གྱི་ཉེ་བའི་ཉོན་མོངས་པ་མ་ལུས་པ་དང་བྲལ་བས ་གནས་གྱུར་བ་གང་ཡིན་པ་སྟེ། དེ་བཞིན་ཉིད་གྱུར་ཅེས་བྱ་བའི་ཐ་ཚིག་གོ་།ལམ་གྱི་གནས་གྱུར་པ་ནི་འཇིག་རྟེན་པའི་ལམ་སྔ་མ་མངོན་པར་རྟོགས་པའི་དུས་ན་འཇིག་རྟེན་ལས་འདས་པ་ཉིད་དུ་གྱུར་པ་སྟེ། བྱ་བའི་ལྷག་མ་ཡོད་པའི་ཕྱིར་སློབ་པ་ཞེས་ཀྱང་བྱའོ། ། ་གང་གི་ཚེ་ཁམས་གསུམ་པ་ལ་འདོད་ཆགས་དང་བྲལ་བས་མི་མཐུན་པའི་ཕྱོགས་མ་ལུས་པར་གསལ་བ་དེའི་ཚེ་ལམ་གྱི་ངོ་བོ་ཉིད་ཀྱི་གནས་གྱུར་པ་ཡོངས་སུ་རྫོགས་པར་རྣམ་པར་བཞག་གོ་།གནས་ངན་ལེན་གྱི་གནས་གྱུར་པ་ནི་ཀུན ་གཞི་རྣམ་པར་ཤེས་པ་ཉོན་མོངས་པ་ཐམས་ཅད་ཀྱི་བག་ལ་ཉལ་གྱི་བག་ཆགས་དང་བྲལ་བར་གྱུར་པར་རིག་པར་བྱའོ། །ཟང་བར་གྱུར་ནས་ཤེས་པ་འམ། ཡུལ་དེ་ལ་ཤེས་པ་གང་ཡིན་པ་དེ་ནི་ཟད་པ་ཤེས་པ་སྟེ། དེ་ནི་འདི་སྐད་དུ་ཀུན་འབྱུང་བ་མ་ལུས ་པར་སྤངས་ནས་ཤེས་པ་གང་ཡིན་པ་དང། དེའི་གནས་སྐབས་ན་རྒྱུ་འགོག་པ་ལ་དམིགས་པ་ནི་ཟད་པ་ཤེས་པ་ཞེས་བྱའོ། །དེ་བཞིན་དུ་མི་སྐྱེ་བར་གྱུར་ནས་ཤེས་པ་འམ་།ཡུལ་དེ་ལ་ཤེས་པ་གང་ཡིན་པ་དེ་ནི་མི་སྐྱེ་བ་ཤེས་པ་སྟེ་།ཕྱི་མ་ལ་སྡུག་བསྔལ ་ཐམས་ཅད་གཏན་དུ་མི་སྐྱོ་བའི་ཆོས་ཉིད་དུ་གྱུར་ནས་ཤེས་པ་གང་ཡིན་པ་དེ་ནི་བདེན་པ་གཞན་ལ་དམིགས་པ་ཡང་ཡིན་ནོ། །ཡང་ན་གང་སྡུག་བསྔལ་གྱི་བདེན་པ་ལ་མི་སྐྱེ་བར་དམིགས་པ་དེ་མི་སྐྱེ་བར་ཤེས་པ་ཞེས་བྱ་བའི་ཐ་ཚིག་གོ་།མི་སློབ་པའི་ཆོས་བཅུ ་ནི་མི་སློབ་པའི་ཚུལ་ཁྲིམས་ལ་སོགས་པའི་ཕུང་པོ་ལྔའི་དབང་དུ་བྱས་པ་སྟེ། དེ་ལ་མི་སློབ་པའི་དག་དང་ལས་ཀྱི་མཛའ་དང་འཚོ་བ་རྣམས་ནི་མི་སློབ་པའི་ཚུལ་ཁྲིམས་ཀྱི་ཕུང་པོའོ། །ཡང་དག་པའི་དྲན་པ་དང་ཏིང་ངེ་འཛིན་ནི་ཏིང་ངེ་འཛིན་གྱི་ཕུང་པོའོ། །ཡང་དག ་པའི་ལྟ་བ་དང་རྟོག་པ་དང་རྩོལ་བ་རྣམས་ནི་ཤེས་རབ་ཀྱི་ཕུང་པོའོ། །ཡང་དག་པའི་རྣམ་པར་གྲོལ་བ་ནི་རྣམ་པར་གྲོལ་བའི་ཕུང་པོའོ། །ཡང་དག་པའི་ཤེས་པ་ནི་རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོའོ། །ཡང་ལམ་གྱི་བདེན་པའི་རྣམ་པ་བཞི་དང་མཆད་ཉིད ་བཞིའོ། །དེ་ལ་འདིས་དེ་ཁོ་ནའི་ལམ་ཚོལ་བས་ལམ་མོ། །རིགས་པ་མ་ཡིན་པར་གྱུར་པའི་ཉོན་མོངས་པ་རྣམས་ཀྱི་གཉེན་པོར་གྱུར་པས་རིགས་པའོ། །དེ་ཁོ་ན་ཁོང་དུ་མ་ཆུད་པའི་ཉེས་པས་མི་རྟག་པ་ལ་རྟག་པ་ལ་སོགས་ཕྱིན་ཅི་ལོག་པ་རྣམས་ཀྱིས་ཕྱིན་ཅི་ལོག་ཏུ ་གྱུར་པའི་སེམས་ཕྱིན་ཅི་ལོག་མེད་པ་དེ་ཁོང་དུ་ཆུང་པ་ལ་འཇོག་པས་སྒྲུབ་པའོ། །ངེས་པར་འབྱུང་བའི་གནས་རྟག་པ་བརྟན་དུ་བར་འགྲོ་བས་ངེས་པར་འབྱིན་པ་ཞེས་བྱའོ། །སྡུག་བསྔལ་ལ་སོགས་པའི་བདེན་པ་རྣམས་ལ་མི་རྟག་པ་ལ་སོགས་པ་རྣམ་པ་བཅུ་དྲུག་ནི་འཇིག་རྟེན་པ ་ཡང་ཡོད་འཇིག་རྟེན་ལས་འདས་པ་ཡང་ཡོད་དེ། དེ་ལ་འཇིག་རྟེན་བ་རྣམས་ནི་ཤེས་བྱ་?་ལ་ལེགས་པར་མ་ཞུགས་པ་དང་།སྒྲིབ་པ་དང་བཅས་པ་དང། རྣམ་པར་རྟོག་པ་དང་བཅས་པ་སྟེ། དེ་བཞིན་ཉིད་མ་རྟོགས་པ་དང། ཉོན་མོངས་པའི་བག་ལ་ཉལ ་ཡོད་པ་དང། མངོན་པར་བརྗོད་པའི་སྒོ་ནས་སྤྲོས་པའི་ཕྱིར་ཏེ། གོ་རིམ་བཞིན་ནོ། །བཟློག་པ་ནི་འཇིག་རྟེན་ལས་འདས་པ་སྟེ། ལེགས་པར་ཞུགས་པ་དང། སྒྲིབ་པ་མེད་པར་གྱུར་ནས་རྣམ་པར་མི་རྟོག་པས་འཇིག་རྟེན་པ་རྣམས་ལས་ཁྱད་པར་དུ་འགྱུར་རོ། །དེ་དག ་རྣམ་པར་མི་རྟོག་ན་ཇི་ལྟར་ཞེས་བྱ་བ་ལ་ལེགས་པར་ཞུགས་པར་འགྱུར་ཞེ་ན། འདི་ལྟར་འདི་དག་ལ་གནས་པ་ནི་མི་རྟག་པའི་དོན་མཐོང་ཞིང་མངོན་དུ་མྱོང་གི་།མི་རྟག་གི་ཞེས་མངོན་པར་བརྗོད་པ་དང་སྤྲོས་པའི་སྒོ་ནས་མཐོང་བ་ནི་མ་ཡིན་ནོ། །དེ་བཞིན ་དུ་སྡུག་བསྔལ་ལ་སོགས་པའི་རྣམ་པ་རྣམས་ལ་ཡང་སྦྱར་བར་བྱའོ། །བདེན་པ་རྣམ་པར་ངེས་པའོ།། །།ཆོས་རྣམ་པར་ངེས་པ་ལ་ཆོས་ནི་གསུང་རབ་ཏུ་གཏོགས་པ་ཡན་ལག་བཅུ་གཉིས་ཏེ། དེ་ལ་མདོའི་སྡེ་ནི་གང་བཞེད་པའི་དོན་སྨོས་པའི་ཚུལ་གྱིས ་རྐྱང་པར་གསུངས་པའོ། །ཅིའི་ཕྱིར་དེ་བཞིན་གཤེགས་པས་བཞེད་པའི་དོན་རྣམ་པར་ཕྱེ་སྟེ། མ་གསུངས་ཞེ་ན། སྨྲས་པ། ཕན་ཡོན་བཅུ་གཟིགས་ནས་དེ་བཞིན་གཤེགས་པ་སྨོས་པའི་ཚུལ་གྱིས་ཆོས་སྟོན་ཏེ་།རྣམ་པྲ་བཞག་པར་སླ་བ་ནི་སྟོན་པར ་གོ་བར་བྱ་བའི་དོན་རྣམ་པར་མང་དུ་རྣམ་པར་བཞག་པ་མདོར་བསྡུས་ཏེ། ཚོགས་ཆུང་ངུས་རྣམ་པར་འཇོག་པའི་ཕྱིར་རོ། །བཤད་སླ་བ་ནི་ཚིག་ཉུང་དུས་དོན་ཆེན་པོ་རྒྱས་པར་གོ་བར་བྱེད་པའི་ཕྱིར་ཏེ། འདི་ལྟ་སྟེ། འཇོག་བ་དང། རྒྱུན་ཏུ་འཇོག་པ་ཞེས་བྱ་བ ་ལ་སོགས་པའོ་།ཉན་བས་ཀྱང་གཟུང་སླ་བའོ། །ཆེས་ལ་གུས་བས་མྱུར་དུ་ཚོགས་ཡོངས་སུ་རྫོགས་པར་བྱེད་པ་ནི་ཆོས་འདི་དག་བསྒོམས་པས་ཤེས་པར་བྱ་བ་ཡིན་པ་རྟོགས་ནས་གུས་པ་བསྐྱེད་པ་ཆོས་དེ་ལ་གཅེས་སྤྲས་སུ ་བྱ་བའི་སྒོ་ནས་དད་པ་ལ་སོགས་པའི་ཚོགས་ཡོངས་སུ་རྫོགས་པར་བྱེད་པའི་ཕྱིར་རོ། །མྱུར་དུ་ཆོས་ཉིད་རྟོགས་པར་འགྱུར་བ་ནི་དེ་ལྟར་གཅེས་སུ་བྱ་བ་སྦྱོར་བའི་ཤེས་རབ་རྣོ་བར་གྱུར་པའི་ཕྱིར་རོ། །དཀོན་མཆོག་རྣམས་ལ་ཤེས་ནས་དད་པ་ཐོབ་བ་ནི་བསྟན་པ ་ལ་ལེགས་པར་རྣམ་པར་གནས་པར་ཁོང་དུ་ཆུད་ནས་སྟོན་པ་ལ་སོགས་པ་ལ་དད་པ་སྐྱེ་བའི་ཕྱིར་རོ། །མཐོང་བའི་ཆོས་ལ་བདེ་བར་གནས་པའི་མཆོག་ལ་རེག་པ་ལ་དགོངས་བའི་དོན་རྩོལ་བ་ཆེན་པོ་བསམས་ནས་རྟོགས་པས་རབ་ཏུ་དགའ་བའི་ཁྱད་པར་ཐོབ ་པའི་ཕྱིར་རོ། །འབེལ་པའི་གཏམ་གྱིས་གཏན་ལ་འབེབས་པས་དམ་པ་རྣམས་ཀྱི་སེམས་མགུ་བར་བྱེད་པ་ནི་།དོན་ཟབ་པ་རྣམ་པར་འབྱེད་པས་དེའི་ཕྱིར་མཁས་པ་མཁས་པ་ཞེས་བྱ་བའི་གྲངས་སུ་འགྲོ་སྟེ། འདིའི་སྙན་པ་ཀུན་ཏུ་འབྱུང་ཞེས་བྱ་བའི་ཐ ་ཚིག་གོ་།ཐ་མ་ནི་འདི་གཉི་ཀ་བསྡུས་ཏེ་ཕན་ཡོན་གཅིག་ཏུ་བལྟ་བར་བྱའོ། །ངེས་པའི་དོན་གྱི་མདོ་སྡེ་ནི་ལུང་དུ་བསྟན་པའི་སྡེ་སྟེ་།དེས་རྣམ་པར་ཕྱེ་ནས་དགོངས་པར་ལུང་སྟོན་པའི་ཕྱིར་རོ། །ཆེད་དུ་བརྗོད་པའི་སྡེ་ནི་གང་ཡི་རངས་ནས་བརྗོད་པ་སྟེ། ་འདི་ལྟ་སྟེ་།གང་གི་ཚེ་ཆོས་དེ་དག་འབྱུང་ངོ། །ཞེས་བྱ་བ་ལ་སོགས་པའོ། །གླེང་གཞིའི་སྡེ་ནི་གང་ཟག་གང་ཞིག་གིས་ཆེད་དུ་གསུངས་པ་དང། བྱུང་བ་དང་བཅས་པའི་བསླབ་པ་བཅས་པ་གསུངས་པ་སྟེ། འདི་ལྟ་སྟེ། གཞི་འདི་དང་སྐབས་འདི ་ཞེས་རྒྱ་ཆེར་འབྱུང་བའོ། །རྟོགས་པ་བརྗོད་པའི་སྡེ་ནི་དཔེ་དང་བཅས་བར་གསུངས་པ་སྟེ་།དེས་དོན་གསལ་བར་བྱེད་པའི་ཕྱིར་ཏེ། མངོན་དུ་གསལ་བར་བྱེད་པའི་ཕྱིར་ཞེས་བྱ་བའི་ཐ་ཚིག་གོ་།ཤིན་ཏུ་རྒྱས་པའི་སྡེ་ཞེས་བྱ་བ་ལ་རྣམ་པར་འཐག་པ་དང་།མཆུངS ་བྲལ?་ཞེས་བྱ་བ་ནི་ཐེག་པ་ཆེན་པོའི་རྣམ་གྲངས་སུ་གཏོགས་པ་སྟེ་།དེ་ནི་ཆེན་པོ་རྣམ་པ་བདུན་དང་ལྡན་པའི་ཕྱིར་ཐེག་པ་ཆེན་པོ་ཞེས་བྱའོ། །ཆེན་པོ་རྣམ་པ་བདུན་ལ་དམིགས་པ་ཆེན་པོ་ནི་བྱང་ཆུབ་སེམས་དཔའ་ཨི་ལམ་སྟོང་ཕྲག་བརྒྱ་བ་ལ་སོགས་པའི་མདོ་སྡེ་བསྐྱེད ་དུ་མེད་པའི་བསྟན་པའི་ཆོས་ལ་དམིགས་པའི་ཕྱིར་རོ། །སྒྲུབ་པ་ཆེན་པོ་ནི་བདག་དང་གཞན་གྱི་དོན་མཛའ་དག་སྒྲུབ་པའི་ཕྱིར་རོ། །ཡེ་ཤེས་ཆེན་པོ་ནི་གང་ཟག་དང་ཆོས་ལ་བདག་མེད་པར་ཤེས་པའི་ཕྱིར་རོ། །བརྩོན་འགྲུས་ཆེན་པོ་ནི་བསྐལ་བ་གྲངས་མེད ་པ་ཆེན་པོ་གསུམ་དུ་དཀའ་བ་བརྒྱ་སྟོང་ལ་སྦྱོང་བའི་ཕྱིར་རོ། །ཐབས་ལ་མཁས་བ་ཆེན་པོ་ནི་འཁོར་བ་དང་མྱ་ངན་ལས་འདས་པ་ལ་མི་གནས་པའི་ཕྱིར་རོ། །ཐོབ་པ་ཆེན་པོ་ནི་སྟོབས་དང་མི་འཇིགས་པ་དང་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ལ་སོགས་པ་ཡོན་ཏན་དཔག་ཏུ ་མེད་ཅིང་གྲངས་མེད་པ་ཐོབ་པའི་ཕྱིར་རོ། །ལས་ཆེན་པོ་ནི་འཁོར་བ་ཇི་སྲིད་པར་བྱང་ཆུབ་ལ་སོགས་པ་ཡང་དག་པར་སྟོན་པས་སངས་རྒྱས་ཀྱི་མཛད་པ་སྒྲུབ་པའི་ཕྱིར་རོ། །གཏན་ལ་ཕབ་པར་བསྟན་པའི་སྡེ་ནི་གང་དུ་ཕྱིན་ཅི་མ་ལོག་པའི་མཚན་ཉིད་དུ་མདོ་སྡེ་ལ་སོགས ་པའི་དོན་བཤད་པའོ། །གླེང་གཞིའི་སྡེ་ནི་བྱུང་བ་དང་བཅས་པའི་བསླབ་པ་བཅས་པ་གསུངས་པ་བསྡུས་པ་ནི་འདུལ་བའི་སྡེ་སྣོད་དོ། །རྟོགས་པ་བརྗོད་པ་ལ་སོགས་པ་ནི་དེའི་འཁོར་དུ་རིག་པར་བྱའོ། །རྨད་དུ་བྱུང་བའི་ཆོས་རྣམས་ནི་བྱང་ཆུབ་སེམས་དཔའ་ཨི་མདོ ་སྡེའི་སྡེ་སྣོད་དུ་བསྡུས་པ་སྟེ་།དེ་དག་གི་ཁྱད་པར་གྱིས་མཐུ་བསམ་གྱིས་མི་ཁྱབ་ཅིང་རྒྱ་ཆེ་བའི་ཁྱད་པར་དང་ལྡན་པའི་ཕྱིར་རོ། །གཏན་ལ་ཕབ་པར་བསྟན་པའི་སྡེ་ནི་ཉན་ཐོས་ཀྱི་ཐེག་པ་དང། ཐེག་པ་ཆེན་པ་གཉི་གའི་ཆོས་མངོན་པའི་སྡེ་སྣོད་དེ། །ཉེ ་བའི་ཉོན་མོངས་པ་ཐེ་ཚོམ་གྱི་གཉེན་པོར་ནི་མདོ་སྡེའི་སྡེ་སྣོད་རྣམ་པར་བཞག་སྟེ། གདུལ་བྱ་རྣམས་ཀྱི་སོམ་ཉི་བྱུང་བ་བཅད་པའི་ཆེད་དུ་མདོའི་སྡེ་དང། དབྱངས་ཀྱིས་བསྙད་པའི་སྡེ་ལ་སོགས་པ་བཤད་པའི་ཕྱིར་རོ། །ཉེ་བའི་ཉོན་མོངས་པ་མཛའ་ ་གཉིས་དང་ལྡན་པའི་གཉེན་པོར་འདུལ་བའི་སྡེ་སྣོད་རྣམ་པར་བཞག་སྟེ་།གསོག་འཇོག་བྱེད་པས་ཡོངས་སུ་སྤྱོད་པ་ལ་སོགས་པ་སྤོང་བ་དང། བརྒྱ་སྟོང་རི་བའི་གོས་ལ་སོགས་པ་གནང་བའི་ཕྱིར་རོ། །མཛའ་གཉིས་ནི་འདོད་པ་བསོད ་ཉམས་ཀྱི་མཛའ་དང། བདག་དུབ་པའི་མཛའ་ཨོ། །རང་གི་ལྟ་བ་མཆོག་ཏུ་འཛིན་བའི་ཉེ་བའི་ཉོན་མོངས་པའི་གཉེན་པོར་ཆོས་མངོན་པའི་སྡེ་སྣོད་རྣམ་པར་བཞག་སྟེ་།དེར་ཆོས་ཀྱི་མཚན་ཉིད་རྒྱ་ཆེར་བསྟན་པའི་ཕྱིར་རོ། །ཡང་མདོ་སྡེའི་སྡེ་སྣོད་ལ་བརྟེན་ནས ་གདུལ་བྱ་རྣམས་བསླབ་པ་གསུམ་ལ་བྱང་བར་བྱེད་དོ། །དེ་ལས་དེ་རྒྱས་པར་བརྗོད་བའི་ཕྱིར་རོ། །འདུལ་བ་ལ་བརྟེན་ནས་ལྷག་པའི་ཚུལ་ཁྲིམས་དང་ལྷག་པའི་སེམས་ཀྱི་བསླབ་པ་བསྒྲུབ་སྟེ་།དེར་སོ་སོར་ཐར་པའི་སྡོམ་པའི་སླབ་པའི་ལམ་ཉེ་བར་བསྟན་པ་ལ ་བརྟེན་ནས་ཚུལ་ཁྲིམས་ཡོངས་སུ་སྦྱོང་བ་དང། དེ་ཡོངས་སུ་དག་པར་འགྱུར་ཏེ། འགྱོད་པ་མེད་པ་ལ་སོགས་པའི་རིམ་གྱིས་སེམས་མཉམ་པར་འཇོག་པའི་ཕྱིར་རོ། །ཆོས་མངོན་པ་ལ་བརྟེན་ནས་ལྷག་པའི་ཤེས་རབ་ཀྱི་བསླབ་པ་འགྲུབ་སྟེ། དེང་ཆོས ་རབ་ཏུ་རྣམ་པར་འབྱེད་པའི་ཐབས་རྒྱ་ཆེར་བསྟན་པའི་ཕྱིར་རོ། །དེའི་ཕྱིར་ཡང་སྡེ་སྣོད་གསུམ་རྣམ་པར་བཞག་གོ་།ཡང་མདོ་སྡེའི་སྡེ་སྣོད་ལ་བརྟེན་ནས་ཚིག་དང་དོན་ལ་བྱང་བར་བྱེད་དོ། །འདུལ་བ་ལ་བརྟེན་ནས་གཉི་ག་མངོན་སུམ་དུ་བྱེད་དོ། །འདུལ་བའི་སྡེ ་སྣོད་ནི་བསླབ་པ་སྒྲུབ་པས་རབ་ཏུ་ཕྱེ་བའི་ཕྱིར་རོ། །དེའི་ཕྱི་ཆོས་དང་དོན་མངོན་སུམ་དུ་བྱ་བའི་གནས་ཡིན་པས་གཞིའི་གནས་ཞེས་བྱའོ། །ཆོས་མངོན་པ་ལ་བརྟེན་ནས་ཕན་ཚུན་འབྲེལ་བའི་གཏམ་གྱིས་གཏན་ལ་འབེབས་པ་ལས་གྱུར་པའི་ཆོས་ལ ་རྫོགས་པར་ལོངས་སྤྱོད་བས་བདེ་བ་ལ་རེག?་པར་གནས་པར་འགྱུར་ཏེ། དེར་ཆོས་རྣམ་པ་མང་པོ་རྣམས་ཀྱི་རང་དང་སྤྱིའི་མཚན་ཉིད་ལ་སོགས་པའི་ཆོས་ཉིད་ལ་བྱང་བར་བྱེད་པའི་ཕྱིར་རོ། །ཉན་ཐོས་ཀྱི་ཐེག་པའི་སྐབས་སུ་གནས་བརྟན་ཀུན་དགའ་བོས ་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་གང་དག་གཟུང་བ་རྣམས་ནི་སྡེ་སྣོད་གསུམ་པོ་འདི་དག་ཉིད་ཡིན་ནོ། །ཆོས་ཀྱི་ཕུང་པོ་གཅིག་གི་ཚང་ཇི་ཙམ་ཞེ་ན། གྲངས་བརྒྱ་ཕྲག་བཅུ་ནི་ཆོས་ཀྱི་ཕུང་པོ་སྟེ། གྲངས་སྟོང་ཞེས་བྱ་བའི་ཐ་ཚིག་གོ་།གལ་ཏེ་དེ་ལྟ་ཡིན་ན་གྲངས ་སྟོང་ཞེས་དེ་སྐད་དུ་ཅིའི་ཕྱིར་མི་བརྗོད་ཅེ་ན། ཕུང་པོ་རེ་རེ་ལ་ཡང་སྟོང་སྟོང་རྣམ་པར་བཞག་པའི་དགོས་པ་བསྟན་པའི་ཕྱིར་ཏེ། འདི་ལྟར་གཅིག་ལ་སོགས་པར་བསྐྱེད་ན་གྲངས་བཅུར་འགྱུར་རོ། །བཅུར་བསྐྱེད་ན་གྲངས་བརྒྱར་འགྱུར་རོ། །གྲངས་སྟོང་ལ་སོཌ ་པའི་གཞི་ནི་གྲངས་བརྒྱ་ཕྲག་བཅུ་ཡིན་པར་བལྟའོ། །འདི་ལྟ་སྟེ་བརྒྱ་ཕྲག་བཅུ་ནི་སྟོང?་ངོ། །སྟོང་ཕྲག་བརྒྱ་ནི་འབུམ་མོ། །འབུམ་ཕྲག་བརྒྱ་ནི་བྱེ་བའོ། །དེ་བཞིན་དུ་གྲངས་གོང་མ་ཐམས་ཅད་ལ་ཡང་བརྒྱ་དང་བཅུ་པོ་འདི་གཉིས་ལ་གང་ཡང་རུང་བ་ཞིག་གདོན་མི་ཟ་བར ་གཞིར་འགྱུར་ཏེ། དེའི་ཕྱིར་དེ་དག་བསྡུས་ནས་བརྒྱ་ཕྲག་བཅུ་པོ་དག་ལ་ཆོས་ཀྱི་ཕུང་པོ་གཅིག་རྣམ་པར་བཞག་གོ་།བགྲང་བའི་ཚུལ་འདིས་ན་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་དང་བཞི་སྟོང་ནི་ཚིག་ལེའུར་བྱས་པ་བྱེ་བ་ཕྲག་བརྒྱད་དང་འབུམ་ཕྲག་བཞི་བཅུར་འགྱུར་རོ།། །། ་བམ?་པོ་བདུན་པ། སྡེ་སྣོད་གསུམ་གྱས་བསྡུས་པའི་ཆོས་འདི་དག་གང་གི་སྤྱོད་ཡུལ་ཡིན་ཞེ་ན། ཐོབ་པ་ལས་བྱུང་བ་ལ་སོགས་པའི་སེམས་དང་སེམས་ལས་བྱུང་བ་རྣམས་ཀྱི་སྤྱོད་ཡུལ་ཏེ། དམིགས་པ་ཞེས་བྱ་བའི་ཐ་ཚིག་གོ་།དེའི་ཞར་ལ་དམིགས་པ ་དང་བཅས་པ་ལ་སོགས་པའི་མཚན་ཉིད་སེམས་དང་སེམས་ལས་བྱུང་བ་རྣམས་ཀྱི་ཆོས་ལས་བརྩམས་ཏེ་དམིགས་པ་ལ་སོགས་པ་རྣམ་པར་བཞག་གོ་།དེ་ལ་ཆོས་ཀྱི་ནང་ནས་དེ་དག་གི་དམིགས་པ་གང་ཞེ་ན། མདོའི་སྡེ་ལ་སོགས་པ་སྟེ། མིང་དང ་ཚིག་དང་ཡི་གེའི་ཚོགས་ཀྱིས་བསྡུས་པའི་མདོའི་སྡེ་ལ་སོགས་པ་བཤད་པའོ། །ཞེས་བྱ་བའི་ཐ་ཚིག་གོ་།རྣམ་པ་ནི་གང་ཕུང་པོ་ལ་སོགས་པའི་དོན་གྱི་རྣམ་པ་རྣམས་ལས་བརྩམས་ཏེ་བསྟན་པ་གང་ཡིན་པ་དེ་ནི་རྣམ་པ་རྣམས་ཏེ། དེ་དག་ནི་སེམS་ ་དང་སེམས་ལས་བྱུང་བ་རྣམས་སུ་རིག་པར་བྱའོ། །གནས་ནི་གཞན་ལས་རྣམ་པར་རིག་པ་དང་དྲན་པ་དང་བག་ཆགས་སོ། །དེ་ལ་བཤད་བའི་དུས་ན་གཞན་ལས་རྣམ་པར་རིག་པ་གནས་ཏེ། དེ་ནི་གཞན་གྱི་སྒྲ་ལས་ཤེས་པ་འབྱུང་ངོ། །དེའི་འོག ་ཏུ་དྲན་བ་གནས་ཏེ་ཇི་ལྟར་ཐོས་པ་བཞིན་དུ་རྗེས་སུ་དྲན་པས་གོམས་པར་བྱེད་པའི་ཕྱིར་རོ། །དེའི་འོག་ཏུ་བག་ཆགས་གནས་ཏེ། དེའི་རྗེས་སུ་དྲན་པ་མེད་ཀྱང་གོམས་པའི་བག་ཆགས་ཀྱི་དབང་གི་ཕྱིས་སྣང་བར་འགྱུར་བའི་ཕྱིར་རོ། །མཚུངས་པར་ལྡན་པ་ནི ་སེམས་དང་སེམས་ལས་བྱུང་བ་རྣམས་གཅིག་གིས་གྲོགས་གཅིག་ཡིན་པའི་ཚུལ་གྱི་ཕུང་པོ་ལ་སོགས་པ་དང་རབ་ཏུ་ལྡན་པའི་དོན་གྱི་རྣམ་པ་རྣམས་ཀྱི་མདོ་སྡེ་ལ་སོགས་པའི་དམིགས་པ་ཡང་དག་པར་རྟོགས་པའོ། །ཆོས་ལ་དམིགས་པའི་རབ་ཏུ་དབྱེ ་བ་ནི་ཁྱབ་པའི་དམིགས་པ་ལ་སོགས་པ་རྣམ་པ་བཞིའོ། །ཁྱབ་པའི་དམིགས་པ་ནི་རྣམ་པར་རྟོག་པ་དང་བཅས་པའི་གཟུགས་བརྙན་ལ་སོགས་པའི་བྱེ་བྲག་གིས་རྣམ་པ་བཞིའོ། །དེ་ལ་མོས་པ་ཡིད་ལ་བྱེད་པ་ནི་གང་གཅིག་ཏུ་འཇིག་རྟེན་པའི་ཡིད་ལ ་བྱེད་པའོ། །དེ་ཁོ་ན་ཡིད་ལ་བྱེད་པ་ནི་འཇིག་རྟེན་ལས་འདས་པ་དང། དེའི་རྗེས་ལ་ཐོབ་པའོ། །ཆོས་རྣམས་ཀྱི་ཇི་སྙེད་ཡོད་པ་ནི་ཆོས་ཐམས་ཅད་ཀྱི་དངོས་པོ་འདི་དག་ཏུ་ཟད་དོ། །ཞེས་གང་ཤེས་བྱ་རྣམ་པར་བཞག་པ་སྟེ། འདི་ལྟར་ཕུང་པོ་དང ་ཁམས་དང་སྐྱེ་མཆེད་རྣམས་སོ། །ཇི་ལྟ་བ་བཞིན་དུ་ཡོད་པ་ནི་རྣཾ་པ་འདི་དག་ཏུ་དེ་ཤེས་པར་བྱ་བ་སྟེ། འདི་ལྟར་བདེན་པའི་སྒོ་ནས་ཕུང་པོ་དང་ཁམས་དང་སྐྱེ་མཆེད་དེ་དག་ཉིད་ཇི་ལྟར་མཐུན་མཐུན་དུ་སྡུག་བསྔལ་ཉིད་དུ་ཤེས་པར་བྱ་བ་ནས་ལམ་གྱི ་བར་དུའོ། །རྣམ་པའི་སྒོ་ནས་བདེན་པ་རེ་རེ་ལ་ཡང་རྣམ་པ་བཞི་བཞིས་ཤེས་པར་བྱའོ། །བྱེ་བྲག་མེད་པར་ན་ཐམས་ཅད་ཀྱང་དེ་བཞིན་ཉིད་ཀྱིས་རྣམ་པར་ཤེས་པར་བྱའོ། །ཆོས་ཀྱི་སྡོམ་གྱི་སྐབས་ཀྱིས་ན་འདུ་བྱེད་ཐམས་ཅད་མི་རྟག་པ་ཉིད་དུ་ཤེས ་པར་བྱ་བ་ནས། མྱ་ངན་ལས་འདས་པ་ཞི་བ་ཉིད་ཀྱི་བར་དུའོ། །རྣམ་པར་ཐར་པའི་རྣམ་པའི་སྐབས་ཀྱིས་ན་སྟོང་པ་ཉིད་ནས་མཚན་མ་མེད་པའི་བར་དུའོ། །དགོས་པ་ཡོངས་སུ་གྲུབ་པ་ནི་གནས་གྱུར་པ་གྲུབ་པ་སྟེ། གནས་གྱུར་པ་ལ་དམིགས་པ་ཕྱིན་ཅི་མ་ལོག་པར་སྣང་བ ་ཉིད་དོ། །ཇི་ལྟ་བ་བཞིན་དུ་ཡོད་པ་བསྟན་པ་རྣམ་པ་བཅུ་དྲུག་དང། རྣམ་པར་ཐར་པ་རྣམ་པ་གསུམ་བསྟན་པ་དེ་དག་ནི་གཅིག་གིས་གཅིག་སྡུད་དོ། །ཇི་ལྟ་ཞེ་ན། རྣམ་པ་བཅུ་དྲུག་གི་ནང་ནས་གཉིས་ནི་སྟོང་པ་ཉིད་ཀྱི་རྣམ་པ་སྟེ་།སྟོང་པའི་རྣམ་པ་དང། བདག ་མེད་པའི་རྣམ་པའོ། །དྲུག་ནི་སྨོན་པ་མེད་པ་སྟེ། མི་རྟག་པའི་རྣམ་པ་དང། སྡུག་བསྔལ་གྱི་རྣམ་པ་དང། རྒྱུ་དང། ཀུན་འབྱུང་བ་དང། རབ་ཏུ་སྐྱེ་བ་དང། རྐྱེན་གྱི་རྣམ་པ་སྟེ། དེ་དག་གིས་ཁམས་གསུམ་པ་ལ་སྨོན་པ་མེད་པའི་ཕྱིར་རོ། །ལྷག་མ་བརྒྱད་ནི ་མཚན་མ་མེད་པའི་རྣམ་པ་སྟེ། འགོག་པ་དང་ལམ་ལ་མཚན་མར་བྱེད་མི་ནུས་པའི་ཕྱིར་རོ། །སྤྱོད་པ་རྣམ་པར་སྤྱོད་པའི་དམིགས་པ་ནི་འདོད་ཆགས་ལ་སྤྱོད་པ་ལ་སོགས་པའི་མི་སྡུག་པ་ལ་སོགས་བ་སྟེ། དེས་འདོད་ཆགས་ལ་སོགས་པའི་ཤས་ཆེ་བ་ཉེ་བར ་ཞི་བར་བྱེད་པའི་ཕྱིར་རོ། །མ་རིག་པ་ལ་སོགས་པའི་ཆོས་རྣམས་ནི་འདུ་བྱེད་ལ་སོགས་པའི་ཆོས་རྣམས་སྔོན་དུ་འབྱིན་ཏེ་།འདི་དག་རྒྱུ་མེད་པ་ལས་བྱུང་བ་མ་ཡིན་ཞིང་དབང་ཕྱུག་ལ་སོགས་པའི་མི་མཐུན་པའི་རྒྱུ་ལས་བྱུང་བ་ཡང་མ་ཡིན་པར་ཤེས་པ ་གང་ཡིན་བ་དེ་ནི། རྟེན་ཅིང་འབྲེལ་པར་འབྱུང་བ་ལ་མཁས་པའོ། །ཆོས་ཙམ་གྱི་རྒྱུ་ལས་བྱུང་བ་ཡིན་དུ་ཟིན་ཀྱང་མཐུན་པའི་རྒྱུ་ལས་མཐུན་པའི་འབྲས་བུ་ཉིད་འབྱུང་སྟེ། འདི་ལྟ་སྟེ། ལེགས་པར་སྦྱོར?་པའི་རྣམ་པར་སྨིན་པ་སྡུག་པ་དང། ཉེས་པར་སྤྱོད་པའི་རྣམ ་པར་སྨིན་པ་མི་སྡུག་པ་ཞེས་པ་ལ་སོགས་པར་ཤེས་བ་གང་ཡིན་པ་དེ་ནི་གནས་དང་གནས་མ་ཡིན་པ་ལ་མཁས་བར་རིག་པར་བྱའོ། །ཉོན་མོངས་པ་རྣམ་པར་སྦྱོང་བའི་དམིགས་པ་ནི་འཇིག་རྟེན་པའི་ལམ་གྱི་གནས་སྐབས་སུ་ས་འོག་མ་དང་གོང་མ་རྣམས་ཀྱི་དགོས་པ ་དང་ཞི་བ་ཉིད་དེ། དེས་ཀུན་ནས་དཀྲིས་པ་རྣམ་པར་གནོན་པའི་ཕྱིར་རོ། །འཇིག་རྟེན་ལས་འདས་པའི་ལམ་གྱི་སྐབས་སུ་ནི་བསྡུ་ན་དེ་བཞིན་ཉིད་དོ། །སྤྲོས་ན་འཕགས་པའི་བདེན་པ་བཞི་སྟེ། དེས་བག་ལ་ཉལ་ལེགས་པར་བཅོམ་བའི་ཕྱིར་རོ། ། ་མདོའི་སྡེ་ལ་སོགས་པའི་ཆོས་སྤྱད་པ་དང་འབྲེལ་བས་རིགས་པ་བཞིར་བརྗོད་པར་བྱ་སྟེ་།དེ་དག་གིས་སྤྱད་པའི་ཕྱིར་རོ། །དེ་ལ་ལྟོས་པའི་རིགས་པ་ནི་གང་འདུ་བྱེད་རྣམས་འབྱུང་བ་ནི་རྐྱེན་ལ་བལྟོས་པ་སྟེ། འདི་ལྟ་སྟེ། མྱུ་གུ་འབྱུང་བ་ནས་ས་བོན་དང་དུས་དང ་ཆུ་དང་ཞིང་རྣམས་ལ་བལྟོས་པ་དང། རྣམ་པར་ཤེས་པའི་དབང་པོ་དང། དོན་དང་ཡིད་ལ་བྱེད་པ་ལ་ཞེས་བྱ་བ་ལ་སོགས་པའོ། །བྱ་བ་བྱེད་པའི་རིགས་པ་ནི་འདི་ལྟ་སྟེ་མིག་ལ་སོགས་པ་ནི་མིག་གི་རྣམ་པར་ཤེས་པ་ལ་སོགས་པའི་གནས་ཀྱི་དངོས་པོའོ། །གཟུགས ་ལ་སོགས་པ་ནི་དམིགས་པའི་དངོས་པོའོ། །མིག་གི་རྣམ་པར་ཤེས་པ་ལ་སོགས་པ་ནི་གཟུགས་ལ་སོགས་པ་སོ་སོར་རྣམ་པར་རིག་པར་བྱེད་དོ། །གསེར་མགར་ལ་སོགས་པའི་ལག་བཟོ་བ་རྣམས་ནི་གསེར་ལ་སོགས་པ་བྱེད་ཅེས་བྱ་བ་ལ་སོགས་པའོ། །གཏན ་ཚིགས་སྒྲུབ་པའི་རིགས་པ་ནི་སྒྲུབ་པའི་དོན་ངོ་བོ་ཉིད་དང། ཁྱད་པར་གྱིས་བསྡུས་པ་མངོན་སུམ་ལ་སོགས་པའི་ཚད་མ་དང་མི་འགལ་པར་དམ་བཅས་པ་ལ་སོགས་པར་བསྟན་པའོ། །ཆོས་ཉིད་ཀྱི་རིག་པ་ནི་འདི་ལྟ་སྟེ། མེས་ནི་ཚིག་ཆུས་ནི་འདྲུལ་ཞེས་བྱ ་བ་ལ་སོགས་པ་གྲགས་པའི་ཆོས་རྣམས་ཀྱི་ཆོས་ཉིད་དེ། ཇི་སྐད་དུ་འབྱོར་ལྡན་མིག་ནི་རྟག་པ་ནས་བདག་གི་བའི་བར་གྱིས་སྟོང་ངོ། །དེ་ཅིའི་ཕྱིར་ཞེ་ན། འདིའི་རང་བཞིན་ནི་འདིའོ་ཞེས་གསུངས་པ་ལྟ་བུའོ། །མིང་ཀུན་ཏུ་ཚོལ་བ་ནི་མིང་གི་ཚིགས་ལ་སོགས་པ ་བཏགས་པའི་ཡོད་པ་ཡིན་པའི་ཕྱིར་འདི་དག་གི་རང་གི་མཚན་ཉིད་ཡོངས་སུ་གྲུབ་པ་མེད་པར་སྤྱོད་བའོ། །དངོས་པོ་ཀུན་ཏུ་ཚོལ་བ་ནི་ཇི་ལྟར་མིང་གི་ཚོགས་ལ་སོགས་པ་བརྗོད་པ་དེ་བཞིན་དུ་ཕུང་པོ་ལ་སོགས་པའི་མཚན་ཉིད་ཡོངས་སུ་གྲུབ་པ་མེད་པར་རྟོག ་པ་སྟེ། ཡོངས་སུ་རྟོག་ཅེས་བྱ་བའི་ཐ་ཚིག་གོ་།ངོ་བོ་ཉིད་དུ་འདོགས་པ་ཀུན་ཏུ་ཚོལ་བ་ནི་བརྗོད་པ་དང་བརྗོད་པར་བྱ་བར་འབྲེལ་པ་ལ་ངོ་བོ་ཉིད་དུ་འདོགས་པ་ཙམ་གྱི་ཐ་སྙད་ཀྱི་རྒྱུ་ཉིད་དུ་རྟོགས་པའོ། །ཞེས་བྱ་བ་ལ་བརྗོད་པ་དང། བརྗོད་པར་བྱ་བར་འབྲེལ་བ་ནི་རྟོཌ ་པའི་རྒྱུ་ཉིད་དེ། འདི་ལྟར་ཐ་སྙད་ལ་བྱང་བ་ནི་བརྗོད་པ་ཙམ་ཐོས་པས་དེའི་བརྗོད་པར་བྱ་བ་དྲན་བའི་སྒོ་ནས་རྟོགས་པ་འབྱུང་ངོ། །བརྗོད་པར་བྱ་བ་དམིགས་ན་ཡང་དེ་བརྗོད་པ་ལ་རྟོག་པ་འབྱུང་སྟེ་།རྣམ་པ་དེ་ལྟ་བུར་འབྲེལ་པར་གྲགས་པ་ལ་མིག་ལ་སོགས་པའི ་རང་གི་མཚན་ཉིད་དུ་བརྟགས་པ་ཙམ་ནི་དེ་བརྗོད་པ་ཤས་སྣ་དགུ་ལ་སོགས་པའི་ཐ་སྙད་ཀྱི་རྒྱུར་གྱུར་བར་གང་ཀུན་ཏུ་རྟོག་པ་དེ་ནི་ངོ་བོ་ཉིད་དུ་འདོགས་པ་ཀུན་ཏུ་ཚོལ་བ་ཞེས་བྱའོ། །ཁྱད་པར་དུ་འདོགས་པ་ཀུན་ཏུ་ཚོལ་བ་ནི་གང་དེ་བཞིན་དུ་བརྗོད་པ་དང་བརྗོད་པར་བྱ ་བར་འབྲེལ་པ་རྟག་པ་དང་མི་རྟག་པ་དང། བླ་ན་ཡོད་པ་དང། བླ་ན་མེད་པ་དང། གཟུགས་ཅན་དང། གཟུགས་ཅན་མ་ཡིན་པ་དང། བསྟན་དུ་ཡོད་པ་དང། བསྟན་དུ་མེད་པར་ཁྱད་པར་གྱི་མཚན་ཉིད་དུ་འདོགས་པ་ཙམ་གྱི་ཐ་སྙད་ཙམ་གྱི་རྒྱུ་ཉིད་དུ་རྟོག་པའོ། ། ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པ་བཞི་ནི་ཇི་ལྟར་ཀུན་ཏུ་བཙལ་བ་རྣམས་ཀྱི་མིང་ལ་སོགས་པ་མི་དམིགས་པར་ཤེས་པ་རྣམས་སོ། །ཆོས་ལ་ཏིང་ངེ་འཛིན་པར་བརྩོན་པའི་རྣལ་འབྱོར་གྱི་ས་ནི་རྣམ་པ་ལྔ་སྟེ། གཞི་ལ་སོགས་པའོ། །དེ་ལ་གཞི་ནི ་མང་དུ་ཐོས་པ་ཅི་འདྲ་བར་དམིགས་པའི་ཚུལ་གྱིས་ཞི་གནས་དང་ལྷག་མཐོང་གིས་གནས་སུ་འགྱུར་ཏེ། དེ་ནི་གཞི་ཞེས་བྱའོ། །དེ་ཡང་ཚོགས་བསགས་པའི་བདེན་པ་མངོན་པར་རྟོགས་པའི་དབང་དུ་བྱས་པ་སྟེ། གང་མདོ་སྡེ་ལ་སོགས་ཐོས་པས་བདུད? ་བའོ། །བསྐྱེད་པ་ནི་དེ་ལ་དམིགས་བའི་ཚུལ་བཞིན་ཡིད་ལ་བྱེད་པ་སྟེ། དེས་མང་དུ་ཐོས་པ་དེ་ལ་ཕྱིན་ཅི་མ་ལོག་པར་དོན་སེམས་པའི་ཚུལ་གྱིས་སེམས་འཛིན་པའོ། །མེ་ལོང་ལྟ་བུ་ནི་མང་དུ་ཐོས་པ་དེ་ཉིད་ལ་དམིགས་པའི་ཏིང་ངེ་འཛིན་མཚན་མ་དང་བཅས ་བ་སྟེ། ཤེས་བྱའི་དངོས་པོ་དང་མཐུན་པ་གཟུགས་བརྙན་ལྟ་བུ་ཞེས་བྱ་བའི་ཐ་ཚིག་གོ་།འདིའི་མེ་ལོང་ལྟ་བུ་ཉིད་ནི་ངེས་ཤེས་བྱའི་གཟུགས་བརྙན་ལ་ཡོངས་སུ་རྟོག་པར་རིག་པར་བྱའོ། །སྣང་བ་ནི་གཟུང་བ་དང་འཛིན་པ་མི་དམིགས་པར ་ཤེས་པ་སྟེ། མངོན་སུམ་དུ་འབྱུང་བའི་ཕྱིར་མཐོང་བའི་ལམ་གྱིས་བསྡུས་པའོ། །ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣལ་འབྱོར་གྱིས་འདི་ལ་བརྩོན་པ་མི་དམིགས་པ་ལ་རེག་ཅེ་ན། བསོད་ནམས་དང་ཡེ་ཤེས་ཀྱི་ཚིགས་བསགས་པའི་བྱང་ཆུབ་སེམས་དཔའ་ ་ནི་བསྐལ་པ་གྲངས་མེད་པ་ཚར་ཕྱིན་ནས་དེ་བཞིན་ཉིད་རྟོགས་པ་དང་མཐུན་པའི་ཆོས་ཐོས་པ་ཚུལ་བཞིན་ཡིད་ལ་བྱེད་ཅིང་ཏིང་ངེ་འཛིན་སྒྲུབ་སྟེ། དེ་དེ་ལྟར་མཉམ་པར་བཞག་བའི་སེམས་ཀྱིས་ཤེས་བྱའི་གཟུགས་བརྙན་གང་ཡིན་པ་ལ་བརྟེན་ནས ་བསམ་གཏན་དུ་བྱེད་དོ། །མཉམ་པར་བཞག་པའི་སེམས་དེ་ལས་དེ་གཞན་མ་ཡིན་པར་མཐོང་ནས་གཟུགས་བརྙན་དེ་ལ་ཡུལ་གྱི་འདུ་ཤེས་བཟློག་སྟེ་།དེའི་རྣམ་པ་རང་གི་འདུ་ཤེས་ཙམ་དུ་འཛིན་ཏོ། །དེའི་ཚེ་དེ་རང་གི་སེམས་ཙམ་ལ་གནས་པའི ་ཕྱིར་སེམས་ནང་དུ་གྱུར་པས་གཟུང་བ་རྣམ་པ་ཐམས་ཅད་དུ་མེད་པར་རྟོགས་སོ། །དེའི་འོག་ཏུ་གཟུང་བ་མེད་པས་འཛིན་པ་ཡང་ཡོངས་སུ་མ་གྲུབ་བོ། །ཞེས་དེ་ཡང་མེད་པར་རབ་ཏུ་རྟོགས་སོ། །དེའི་འོག་ཏུ་སོ་སོ་རང་ལ་དེ་གཉི་གའི་རང་བཞིན་དུ་དམིགས་པ་དང ་བྲལ་ནས་དམིགས་པ་མད?་པར་ཁོང་དུ་ཆུད་དོ། །དེ་ཉིད་ཀྱི་དབང་དུ་མཛད་ནས་བཅོམ་ལྡན་འདས་ཀྱིས། བྱང་ཆུབ་སེམས་དཔའ་མཉམ་པར་གཞག་པ། །ཡིད་ཀྱི་གཟུགས་བརྙན་མཐོང་བས་ན། །ཞེས་རྒྱ་ཆེར་གསུངས་སོ། །གནས་ནི་གནས་གྱུར་པ་སྟེ ་གནས་ངན་ལེན་དང་བྲལ་བའི་ཕྱིར་གནས་ཡོངས་སུ་དག་ཅེས་བྱ་བའི་ཐ་ཚིག་གོ་།རྣལ་འབྱོར་གྱི་ས་འདི་ནི་རྒྱུ་དང་འབྲས་བུ་བསྟན་པར་རིག་པར་བྱ་སྟེ། དེ་ལ་གཞི་ལ་སོགས་པ་བཞིས་ནི་རྒྱུ་བསྟན་ཏོ། །ཐ་མ་གཅིག་གིས་ནི་འབྲས་བུ་བསྟན་ཏོ། །གནས ་བརྟན་ཀུན་དགའ་བོས་ཚེ་དང་ལྡན་པ་ཤཱ་རིའི་བུ་ཆོས་ལྔ་དང་ལྡན་པའི་དགེ་སློང་མྱུར་དུ་འཛིན་ཏོ། །ཞེས་གང་སྨྲས་པའི་མདོ་དེ་ལ་ཆོས་ལྔ་པོ་འདི་དག་གིས་མྱུར་དུ་འཛིན་པ་ལ་སོགས་པ་བཞིན་དུ་ཅི་རིགས?་སུ་རིག་པར་བྱའོ། །ཇི་ལྟར་ན་ཆོས་ལ་མཁས་པ་མྱུར་དུ? ་འཛིན?་ཅན། མང་དུ?་ཐོས་པས་ཚིག་དང་ཡི་གེ་ཕལ་ཆེར་ལྕིགས་བའི་ཕྱིར་རོ། །དོན་ལ་མཁས་པས་མང་དུ་འཛིན་ཏེ། ཆོས་མངོན་པ་ལ་སོགས་པའི་མཚན་ཉིད་ཤེས་པའི་ཕྱིར་ཏེ། ཕུང་པོ་དང་ཁམས་ལ་སོགས་པའི་གཏམ་གྱི་གཞིའི་སྐབས་སུ་ཚིག ་ལེའུ་མང་དུ་བཟླུམས་པའི་ཕྱིར་རོ། །ཡི་གེ་ལ་མཁས་པ་དང་ངེས་པའི་ཚིག་ལ་མཁས་པས་ནི་ཚིག་དང་དོན་མ་ནོར་བར་འཛིན་བས་ལགས་པར་འཛིན་ཏེ། ངེས་པའི་ཚིག་བཟང་པོའི་ཡི་གེ་ཤེས་པ་དང། བདག་གོ་ཞེས་ཡུལ་གྱི་མིའི་ཚིག་ལ་མངོན་པར ་ཞེན་པ་རྗེས་སུ་ཐ་སྙད་འདོགས་པ་ཤེས་པ་ཉིད་ཀྱི་ཕྱིར་རོ། །སྔོན་གྱི་མཛའ་དང་ཕྱི་མའི་མཛའ་ལ་དགོངས་པ་ལ་མཁས་པ་ནི་ཟིན་པ་ཆུང་མི་གསོན་ཏེ། སྔོན་ཟིན་པའི་ཆོས་རྣམས་ལ་བརྟེན་ནས་ཕྱིས་འབྱུང་བར་བྱ་བར་ཤེས་ཏེ། དགོངས་པ་ཤེས་པའི ་ཕྱིར་ཁོང་དུ་ཆུད་བས་དེའི་སྙིང་པོ་ལེན་པའི་ཕྱིར་རོ། །བཙུན་པ་ཆོས་ལ་གནས་པའི་དགེ་སློང་ཞེས་བྱ་བའི་མདོ་དེར་ནི་བཅོམ་ལྡན་འདས་ཀྱིས་ཐོས་པ་དང་བསམས་པ་དང་བསྒོམ་བ་ནི་རིལ་གྱིས་བྱེད་ན་ཆོས་ལ་གནས་པ་ཡིན་གྱི། སྦྱོར་བ་གང་ཡང་རུང་བ ་ཙམ་གྱིས་ནི་མ་ཡིན་པར་བསྟན་ཏོ། །དེ་ལ་ཀུན་ཆུབ་པར་བྱེད་པ་དང། ཁ་དོན་དུ་བྱེད་པ་དང་།བཤད་པ་མདོ་བ་དང། རྟོག་པ་མང་བ་དེ་འབའ་ཤིག་ནི་ཐོས་པ་དང་སེམས་བ་ལ་ཞུགས་པ་ཡིན་གྱི། བསྒོམ་པ་ལ་ཞུགས་པ་མ་ཡིན་ཏེ། རྣལ་འབྱོར་ལ་སོགས ་པ་བོར?་བའི་ཕྱིར་རོ། །དེའི་ཕྱིར་ཆོས་ལ་གནས་པ་མ་ཡིན་པར་རྣམ་པར་བཞག་གོ་།གང་ལ་ལ་ཞིག་ཐོས་པ་དང་སེམས་པ་ལ་མ་བརྟེན་པར་སྒོམ་པ་འབའ་ཞིག་བཞུགས་པ་དེ་ཡང་ཆོས་ལ་གནས་པ་མ་ཡིན་པར་རྣམ་པར་བཞག་གོ་།དེའི་ཕྱིར་བཅོམ་ལྡན ་འདས་ཀྱིས་ཆོས་ལ་གནས་བའི་དགེ་སློང་ལས་བརྩམས་ཏེ། ཅི་ནས་ཐོས་པ་དང་བསམས་པ་དང། སྒོམ་པ་ལ་བརྟེན་ནས་དེ་གཉི་ག་ལ་གནས་པས་ཆོས་ལ་གནས་པ་ཡིན་པར་ཤེས་པར་བྱ་བའི་ཕྱིར་འདི་ལ་དགེ་སློང་མདོའི་སྡེ་དང་དབྱངS ་ཀྱིས་བསྙད་བའི་སྡེའི་ཆོས་ཀུན་ཆུབ་པར་བྱེད་པ་ཞེས་རྒྱ་ཆེར་བཀའ་སྩལ་ནས་དེའི་འོག་ཏུ་རྣལ་འབྱོར་མི་འདོར་རོ། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །རྣལ་འབྱོར་མི་འདོར་རོ་ཞེས་བྱ་བ་ལ་སོགས་པས་ནི། ཏིང་ངེ་འཛིན་ལ་སྦྱོར་བ་དང། ཆོག་པར ་མི་འཛིན་པ་བསྒོམ་པ་ལས་བྱུང་བ་བསྟན་ཏོ། །ཏིང་ངེ་འཛིན་ལ་སྦྱོར་བ་ནི་རྣམ་པ་གཉིས་ཏེ། རྒྱུན་དུ་ཆུད་པ་དང་གུས་པར་སྦྱོར་བས་བསྡུས་པ་ནི་རྣལ་འབྱོར་མི་འདོར་བ་ཞེས་བྱ་བ་འདིས་བསྟན་ཏོ། །མ་ལོག་བར་སྦྱོར་བས་བསྡུས་པ་ནི་ཡིད་ལ་བྱེད་བ་མི་འདོར ་བ་ཞེས་བྱ་བ་འདིས་བསྟན་ཏོ། །ཆོག་པར་མི་འཛིན་པ་ནི་ནང་དུ་སེམས་ཞི་གནས་སུ་བྱེད་བ་མི་འདོར་བ་ཞེས་བྱ་བ་འདིས་བསྟན་ཏེ། དེའི་རོ?་མི་མྱང་བ་དང། གོང་དུ་ཞི་གནས་ལ་སྦྱོར་བས་མི་འདོར་བར་བལྟའོ། །ཅིའི་ཕྱིར་མདོ་སྡེ་གཞན་ལས་ཤིན་ཏུ་རྒྱས ་པའི་བྱང་ཆུབ་སེམས་དཔའ་ཨི་ཕ་རོལ་ཏུ་ཕྱིན་བའི་སྡེ་སྣོད་ཅེས་བྱ་ཅེ་ན། དེར་ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱི་གྲངས་བསྟན་པ་ནས་གཅིག་ལ་གཅིག་རྣམ་པར་ངེས་བའི་བར་དུ་བསྟན་བའི་ཕྱིར་རོ། །དེ་ལ་གྲངས་ནི་རྣམ་པ་གཉིས་ཏེ། བགྲང་བའི་གྲངས་དང། དེ ་ཙམ་གྱི་གྲངས་སོ། །ཕ་རོལ་ཏུ་ཕྱིན་པ་དྲུག་ཅེས་བྱ་བ་ནི་བགྲང་བའི་གྲངས་སོ། །བྱང་ཆུབ་སེམས་དཔའ་ཨི་ལམ་མངོན་པར་མཐོ་བ་དང་ངེས་པར་ལེགས་པ་རྣམ་པ་ཐམས་ཅད་དང་ལྡན་པ་གཉིས་གསུམ་གསུམ་གྱིས་བསྡུས་བའི་ཕྱིར་ཕ་རོལ་ཏུ་ཕྱིན་པ་དྲུག་ཉིད་དོ། ་མི་མང་མི་ཉུང་བ་ནི་དེ་ཙམ་གྱི་གྲངས་སོ། །མངོན་པར་མཐོ་བ་ནི་རྣམ་པ་གསུམ་སྟེ། ལོངས་སྦྱོང་ཆེན་པོ་ཉིད་དང། བདག་ཉིད་ཆེན་པོ་ཉིད་དང། ཕྱོགས་ཆེན་པོ་ཉིད་དོ། །དེ་ལ་སྦྱིན་བས་ལོངས་སྤྱོད་ཆེན་པོ་ཐོབ་བའི་ཕྱིར་སྦྱིན་བའི་ཕ་རོལ་ཏུ་ཕྱིན་པའི་འབྲས ་བུ་ནི་ལོངས་སྤྱོད་ཆེན་པོ་ཉིད་དོ། །དེ་ལ་ཚུལ་ཁྲིམས་ཀྱིས་བདེ་འགྲོའི་ལུས?་ཕུན་སུམ་ཚོགས་པ་ཐོབ་པའི་ཕྱིར་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་བའི་འབྲས་བུ་ནི་བདག་ཉིད་ཆེན་པོ་ཉིད་དོ། །བཟོད་པས་སྐྱེ་བོ་ཐམས་ཅད་ཀྱི་མངོན་དུ་འགྲོ་བར་འགྱུར་བ་ཐོབ་པའི་ཕྱིར་བཟོད་བའི ་ཕ་རོལ་ཏུ་ཕྱིན་པའི་འབྲས་བུ་ནི་ཕྱོགས་ཆེན་པོ་ཉིད་དོ། །ངེས་པར་ལེགས་པའི་ལམ་ཡང་རྣམ་པ་གསུམ་སྟེ། ཉོན་མོངས་བཟིལ་གྱིས་མནན་ནས་དགེ་བའི་ཕྱོགས་ལ་སྦྱོར་བའི་ཐབས་དང། སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཐབས་དང། སངས ་རྒྱས་ཀྱི་ཆོས་ཡང་དག་པར་སྒྲུབ་པ་ཐབས་ཏེ་།འདི་དག་ལས་གང་ཡང་རུང་བ་ཞིག་མེད་ན་བྱང་ཆུབ་སེམས་དཔའ་ཨི་ངེས་པར་ལེགས་པ་མི་འབྱུང་བའི་ཕྱིར་རོ། །དེ་ལ་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཐབས་ནི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་སྟེ། ་དེ་ལ་བརྟེན་ནས་མངོན་པར་ཤེས་བ་རྣམས་ཀྱིས་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའི་ཕྱིར་རོ། །ཡང་མི་གནས་པའི་མྱ་ངན་ལས་འདས་པའི་ཐབས་སུ་ཕ་རོལ་ཏུ་ཕྱིན་པ་དྲུག་ཉིད་དེ། བྱང་ཆུབ་སེམས་དཔའ་མྱ་ངན་ལས་འདས་པར་གནས་པ་ལས ་བཟློག་སྟེ། འཁོར་བ་ན་མངོན་པར་མཐོ་བ་ཡོངས་སུ་གཟུང་བར་བྱའོ། །འཁོར་བ་ན་གནས་པ་ལས་བཟློག་སྟེ་།དེར་ཉོན་མོངས་པ་མང་པར་བྱའོ། །དེའི་ཕྱིར་གསུམ་ནི་མངོན་པར་མཐོ་བ་ཐོབ་པའི་ཐབས་སོ། །གསུམ་ནི་དོན་ཉོན་མོངས་པ་མེད་པའི་ཐབས ་ཏེ། སྔ་མའི་ཚུལ་དུ་གོ་རིམ་བཞིན་དུ་རིག་པར་བྱའོ། །ཀུན་ནས་ཉོན་མོངས་པ་མེད་པའི་ཐབས་ལ་བརྩོན་འགྲུས་ཀྱིས་ནི་གཉེན་པོ་བསྒོམ་མོ། །བསམ་གཏན་གྱིས་ནི་ཉོན་མོངས་པ་རྣམ་པར་གནོན་ཏོ། །ཤེས་རབ་ཀྱིས་ནི་བག་ལ་ཉལ་ལྟ་པར ་འཇོམས། །སེམས་ཅན་རྗེས་སུ་འཛིན་པ་དང། ཉོན་མོངས་པའི་གཉེན་པོའི་ཕྱིར་ཡང་རྣམ་གྲངས་གཞན་ཏེ། དེ་ལ་སྦྱིན་པས་ནི་བྱང་ཆུབ་སེམས་དཔའ་སེམས་ཅན་རྣམས་ལ་ཡོ་བྱད་ཉེ་བར་སྒྲུབ་བའི་ཕན་འདོགས་པས་རྗེས་སུ་འཛིན་ཏོ། ། ་ཚུལ་ཁྲིམས་གྱིས་ནི་ཕོངས་བ་དང། གནོད་པ་དང་རྣམ་པར་འཚེ་བ་མི་བྱེད་བའི་ཚུལ་གྱིས་རྗེས་སུ་འཛིན་ཏེ་།གོ་རིམ་བཞིན་དུ་ལོངས་སྤྱོད་དང་ལུས་དང་སེམས་ཅན་ལ་གནོད་བ་མི་སྒྲུབ་བའི་ཕྱིར་རོ། །བཟོད་པས་ནི་ཕོངས ་བ་དང་གནོད་པ་ལ་ཇི་མི་སྙམ་པར་རྗེས་སུ་འཛིན་ཏོ། །གཞན་དག་གིས་བདག་གི་ལོངས་སྤྱོད་ལ་སོགས་པ་ལ་གནོད་པ་ལ་མི་མདང?་བའི་ཕྱིར་ཏེ། དེ་གསུམ་གྱིས་རྗེས་སུ་འཛིན་ཏོ། །བརྩོན་འགྲུས་ཀྱིས་ནི་ཉོན་མོངས་པ་རྣམས་དང་བཞན་ཡང་དགེ་བའི་ཕྱོགས ་ལ་སྦྱར་རོ། །བསམ་གཏན་གྱིས་ནི་ཉོན་མོངས་པ་རྣམ་པར་གནོན་ཏོ། །ཤེས་རབ་ཀྱིས་ནི་བག་ལ་ཉལ་ལགས་པར་འཇོམས་པར་བྱེད་དེ། འདི་གསུམ་ནི་ཉོན་མོངས་བའི་གཉེན་པོར་རིག་པར་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའ་ཨི་ཕ་རོལ་ཏུ་ཕྱིན་བའི་མཚན་ཉིད་ནི ་གང་ཞེ་ན། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི་གང་བྱང་ཆུབ་སེམས་དཔའ་ཨི་ཆོས་ཉིད་ལ་གནས་པའི་བྱང་ཆུབ་སོམས་དཔའ་ཨི་བྱང་ཆུབ་ཀྱི་སེམས་ལ་བརྟེན་ནས་སྙིང་རྗེ་སྔོན་དུ་བཏང་བའི་སེམས་ཀྱིས་བདོག་པ་ཐམས་ཅད་ཡོངས་སུ་གཏོང་བ་ལ་ལུས་དང་དག་དང ་ཡིད་ཀྱི་ལས་ཏེ་།དེ་ལྟར་བྱས་ན་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་མཚན་ཉིད་རིགས་དང། སྨོན་ལམ་དང། བསམ་པ་དང། དངོས་པོ་དང་ངོ་བོ་ཉིད་ཀྱིས་བསྟན་པར་རིག་པར་བྱའོ། །འདི་ལྟ་སྟེ་བྱང་ཆུབ་སེམས་དཔའ་ཨི་ཆོས་ཉིད་ནི་རིགས་སོ་།བྱང་ཆུབ་ཀྱི ་སེམས་ནི་སྨོན་ལམ་མོ། །སྙིང་རྗེ་སྔོན་དུ་གཏོང་བའི་སེམས་ནི་བསམ་པའོ། །བདོག་པ་ཐམས་ཅད་ཡོངས་སུ་གཏོང་བ་ནི་དངོས་བོའོ། །ལུས་དང་ངག་དང་ཡིད་ཀྱི་ལས་ནི་ངོ་བོ་ཉིད་དོ། །དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་བའི་བར་ལ་ཡང་རྒྱ་ཆེར ་རིག་པར་བྱའོ། །འདི་ནི་བྱེ་བྲག་ཡིན་ཏེ། ཚུལ་ཁྲིམས་དང་བཟོད་པ་དང་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམS་ལ་ནི་སྡོམ་པ་ཐམས་ཅད་ཡང་དག་བར་ལེན་པ་དང། རྗེས་སུ་བསྲུང་བ་དང། གནོད་བར་བྱེད་པ་དང། སྡུག་བསྔལ་བ་ལ་ཇི་མི་སྙམ་པ་དང། དང་དུ་ལེན་པ་དང། ་དགེ་བའི་ཆོས་ཐམས་ཅད་ཡང་དག་པར་བསྒྲུབ་པ་ལ་ལུས་དང་ངག་དང་ཡིད་ཀྱིས་ལས་སོ་ཞེས་གོ་རིམ་བཞིན་དུ་བརྗོད་བར་བྱའོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་ནི་ལུས་དང་ངག་དང་ཡིད་ཀྱི་ལས་ཀྱི་རྣམ་པ་ཐམས་ཅད་དང་དབང་འབྱོར་པ་ལ་སེམས་ཀྱི་གནས ་པ་རྣམ་པ་ཐམས་ཅད་དང་ལྡན་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ནི་ལུས་དང་ངག་དང་ཡིད་ཀྱི་རྣམ་པ་ཐམས་ཅད་དང་དབང་འབྱོར་པ་ལ་གང་རྣམ་པ་ཐམས་ཅད་དུ་ཆོས་རབ་ཏུ་རྣམ་པར་འབྱེད་བའོ། །ཞེས་བརྗོད་པར་བྱའོ། །ལྷག་མ་ཐམས་ཅད་ནི་སྦྱིན་པ་བཞིན་དུ་རིག ་པར་བྱའོ། །ཡང་སྦྱིན་པ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་བརྩམས་པ་དང། ཐམས་ཅད་མཁྱེན་པ་ཉིད་དུ་འགྱུར་བ་དང། ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་འཛིན་པ་དང། ཐམས་ཅད་མཁྱེན་པ་ཉིད་ཀྱི་བྱ་བ་བྱེད་པ་སྟེ་།དེ་ནི་སྦྱིན་བའི་ཕ་རོལ་ཏུ་ཕྱིན་པ ་ཞེས་བྱའོ། །ཚིག་བཞི་པོ་དེ་དག་ནི་གོ་རིམ་བཞིན་དུ་རྩོམ་པ་དང། བག་ཆགས་དང། སྐུ་དང། རྒྱུ་མཐུན་པར་རིག་བར་བྱའོ། །ང་ལ་རྩོམ་པ་ནི་ཐམས་ཅད་མཁྱེན་པ་ཉིད་ལས་བརྩམས་ཏེ། འབྱུང་བ་དང་བྱུང་བ་དེར་ཡོངས་སུ་བསྔོ་བའི་ཕྱིར་རོ། །སྦྱིན་པ་དེ་ཉིད ་རྒྱུད་ལ་བག་ཆགས་བསྒོས་ཏེ། དེ་ལས་ཕྱི་མ་ལ་ཐམས་ཅད་མཁྱེན་པ་ཉིད་དུ་འགྱུར་རོ། །གང་གི་ཚེ་དེ་ཉིད་ཡོངས་སུ་རྫོགས་པར་གྱུར་བ་དེའི་ཚེ། ཆོས་ཀྱི་སྐུ་ཡོངས་སུ་གྲུབ་པའི་ཚུལ་གྱིས་ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་འཛིན་ཏོ། །དེའི་འོག་ཏུ་ལོངས ་སྤྱོད་བ་རྫོགས་པ་དང། སྤྲུལ་པའི་སྐུས་རྒྱུ་མཐུན་པའི་སྒོ་ནས་ཐམས་ཅད་མཁྱེན་པ་ཉིད་ཀྱི་བྱ་བ་བྱེད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་དུ་ཡང་དེ་བཞིན་དུ་རིག་པར་བྱའོ། གོ་རིམ་ནི་འོག་མ་འོག་མ་ལ་བརྟེན་པའི་ཕྱིར་ཏེ། སྦྱིན་བའི་ཕ་རོལ་ཏུ་ཕྱིན་བས ་ནི་ནང་དང་ཕྱིའི་དངོས་པོ་ཐམས་ཅད་ཡོངས་སུ་གཏོང་བར་གོམས་བས་།ལུས་དང་སྲོག་ལ་མི་ལྟ་བའི་བྱང་ཆུབ་སེམས་དཔའ་ལོངས་སྤྱོད་ཀྱི་ཕུང་པོ་ཡང་སྤངས་ནས་ཚུལ་ཁྲིམས་ལ་ཡང་དག་པར་འཛིན་བར་བྱེད་དོ། །ཚུལ་ཁྲིམས་ཡོངས་སུ་བསྲུང་བ་ནི ་གཤེ་ཡང་བདག་གིས་སླར་གཤེ་བར་མི་བྱའོ། །ཞེས་བྱ་བ་ལ་སོགས་བའི་རྣམ་པ་རྣམས་ཀྱིས་བཟོད་བར་འགྱུར་རོ། །གྲང་བ་ལ་སོགས་པ་བཟོད་བ་ནི་དེའི་གཞི་ལས་སྦྱོར་བ་མི་ཉམས་པས་བརྩོན་འགྲུས་བརྩམས་པ་ཡིན་ནོ། །བརྩོན་འགྲུས ་བརྩམས་པ་ནི་སྦྱོར་བའི་མཛའ་ཨི་འབྲས་བུ་ཐོབ་པས་བསམ་གཏན་བསྒྲུབ་བོ། །བསམ་གཏན་ཕུན་སུམ་ཚོགས་ཏེ་སེམས་མཉམ་བར་བཞག་པ་ནི་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པས་འཇིག་རྟེན་ལས་འདས་བའི་ཤེས་རབ་ཐོབ་བོ། །ཡང་གོང་མ་གོང་མ་ནི ་བཞི?་ཡིན་པའི་ཕྱིར་ཏེ། ཚུལ་ཁྲིམས་ནི་སྦྱིན་པའི་གཞི་ཡིན་ནོ། །དེ་བཞིན་དུ་ཤེས་རབ་ནི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་བའི་གཞི་ཡིན་པའི་བར་དུའོ། །འདི་ལྟར་ཚུལ་ཁྲིམས་དང་ལྡན་པ་ནི་སྦྱིན་བས་ཕན་བཏགས་པ་ལ་ཚུལ་ཁྲིམས་ཀྱི་གནོད་པ་མི་བྱེད་བའི་ཕྱིར ་སྦྱིན་པ་རྣམ་པར་དག་པར་འགྱུར་རོ། །དེ་ལྟར་བྱང་ཆུབ་སེམས་དཔའ་ལེན་པ་པོ་དེ་ལ་རྣམ་པར་འཆེ་བ་དང་བྲལ་བར་ཡོ་བྱད་བདེ་བར་སྦྱོར་བས་ཚུལ་ཁྲིམས་ཀྱི་སྟོབས་ཀྱིས་སྦྱིན་པ་རྣམ་པར་དག་བར་རིག་པར་བྱའོ། །དེ་ལྟར་བཟོད་པ་དང་ལྡན་པ་ནི་གཞན་གནོད་པར་བྱེད ་བ་དག་གི་བསླབ་བའི་གཞི་མི་འདྲ་བས་ཚུལ་ཁྲིམས་རྣམ་པར་དག་གོ་།བརྩོན་འགྲུས་བརྩམས་བའི་སྤྲོ་བའི་སྟོབས་ཀྱི་ཆེད་དུ་འཁོར་བ་ཁས་བླངས་པ་ནི་སེམས་ཅན་ལོག་བར་སྒྲུབ་པའི་སྡུག་བསྔལ་བདེ་བླག་ཏུ་བཟོད་བས་བཟོད་པ་རྣམ་པར་དག་གོ་།བསམ་གཏན ་པ་ནི་བདེ་བ་དང་བཅས་པ་དང་ཡིད་བདེ་བ་དང་བཅས་བར་དགེ་བའི་ཆོས་ཐམས་ཅད་ལ་སྦྱོར་བས་བརྩོན་འགྲུས་རྣམ་པར་དག་གོ་།བརྩོན་འགྲུས་བརྩམས་པར་ཤེས་རབ་དང་ལྡན་པ་ནི་ཆོས་རྣམ་པ་མང་པོ་ལ་རྣམ་པར་བལྟས་ནས་ནང་དུ་ཞི་བར་བྱེད་པའི་ཏིང་ངེ་འཛིན ་རྣམ་པར་འཕེལ་བས་བསམ་གཏན་རྣམ་པར་དག་སྟེ། ཤེས་རབ་མེད་ལ་བསམ་གཏན་མེད་ཅེས་ཚིགས་སུ་བཅད་པ་ལས་གསུངས་པའི་ཕྱིར་རོ། །ཇི་ལྟར་རགས་པའི་རིམ་གྱིས་ཡང་གོ་རིམ་བཞིན་དུ་རིག་བར་བྱའོ། །སྦྱིན་བ་ནི་ཐམས་ཅད་གྱི་ནང་ནས་རགས་ཏེ ་དེའི་ཕྱིར་སྦྱིན་པ་ཐོག་མར་རྣམ་པར་བཞག་གོ་།དེའི་འོག་ཏུ་བཟོད་པ་ལ་སོགས་པ་བས་ཚུལ་ཁྲིམས་རགས་སོ། །དེ་བཞིན་དུ་ཤེས་རབ་བས་བསམ་གཏན་རགས་པའི་བར་དུའོ། །ཤེས་རབ་ནི་ཐམས་ཅད་ཀྱི་ནང་ན་ཕྲ་སྟེ། དེའི་ཕྱིར་ཐམས་ཅད་ཀྱི་ཐ་མར་རྣམ་པར ་བཞག་གོ་།ངེས་པའི་ཚིག་ནི་ཅིའི་ཕྱིར་སྦྱིན་པ་ལ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་ཞེ་ན། སྦྱིན་པ་ཆེན་པོ་དང། སྐྱོན་མེད་པ་དང། དྲི་མ་མེད་པ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ། །དེ་ལ་སྦྱིན་པ་ཆེན་པོ་ནི་ནང་དང་ཕྱིའི་དངོས་པོ་རྣམ་པ་ཐམས་ཅད་སྦྱིན ་པ་དང། ཡུན་རིང་དུ་སྦྱིན་པའི་ཕྱིར་རོ། །སྐྱོན་མེད་པ་ནི་གནོད་པས་ཀུན་ཏུ་ཚོལ་བ་ལ་སོགས་པ་རྣམ་པར་སྤངས་པའི་ཕྱིར་ཏེ། ཇི་སྐད་དུ་འཕགས་པ་བློ་གྲོས་མི་ཟད་པས་བསྟན་པའི་མདོ་ལས་སྦྱིན་པ་མི་ཟད་པ་ལས་བརྩམས་ཏེ་བསྟན་པ། བཙུན་པ་ཤཱ ་རདྲཱ་ཏིའི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྦྱིན་པ་ཡང་མི་ཟད་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཚད་མེད་པའི་ཕྱིར་རོ། །བཙུན་པ་ཤཱ་རདྲཱ་ཏིའི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྦྱིན་པ་ཡོངས་སུ་སྦྱངས་བ་ཡང་ཚད་མེད་པ་སྟེ། ཚེ་དང་སྦོབས་པ་དང་བདེ ་བ་དང་སྟོབས་དང་ཁ་དོག་ཉེ་བར་མཛེས་པའི་ཕྱིར་ཟས་འདོད་པ་རྣམས་ལ་ཟས་སྦྱིན་བའོ། །ཉོན་མོངས་བའི་སྲེད་པ་བསལ་བའི་ཕྱིར་བཏུང་བ་འདོད་བ་རྣམས་ལ་བཏུང་བ་སྦྱིན་བའོ། །བདེ་བ་དང་འབྱོར་བའི་དངོས་པོ་ཐམས་ཅད་བསྡུ་བའི་ཕྱིར་བཞོན་བ་འདོད ་བ་རྣམས་ལ་བཞོན་པ་སྦྱིན་བའོ། །ངོ་ཚ་ཤེས་པ་དང་ཁྲེལ་ཡོད་པ་དང་མདོག་གསེར་གྱི་ཁ་དོག་ཡོངས་སུ་སྦྱང་བའི་ཕྱིར་གོས་འདོད་པ་རྣམས་ལ་གོས་སྦྱིན་པའོ། །དེ་བཞིན་གཤེགས་པའི་ལྷའི་སྤྱན་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་མར་མེ་འདོད་པ་རྣམས་ལ ་མར་མེ་སྦྱིན་པའོ། །དེ་བཞིན་གཤེགས་པའི་ལྷའི་སྙན་ཡོངས་སུ་དག་པར་བྱ་བའི་ཕྱིར་སིལ་སྙན་འདོད་པ་རྣམས་ལ་སིལ་སྙན་སྦྱིན་པའོ། །ཚུལ་ཁྲིམས་དང་ཐོས་པ་དང་ཏིང་ངེ་འཛིན་གྱི་དྲིས་བྱུག་པའི་ཕྱིར་སྤོས་དང་བྱུག་པ་འདོད་པ་རྣམས་ལ་སྤོས་དང་བྱུག ་པ་སྦྱིན་པའོ། །གཟུངས་དང་སྤོབས་པ་དང་བྱང་ཆུབ་ཀྱི་ཡན་ལག་གི་མེ་ཏོག་ཐོབ་པར་བྱ་བའི་ཕྱིར་ཕྲེང་བ་འདོད་པ་རྣམས་ལ་ཕྲེང་བ་སྦྱིན་པའོ། །ལུས་ཀྱི་དྲི་ཡིད་དུ་འོང་བ་ཐོབ་པར་བྱ་བའི་ཕྱིར་ཕྱེ་མ་འདོད་པ་རྣམས་ལ་ཕྱེ་མ་སྦྱིན ་པའོ། །སྐྱེས་བུ་ཆེན་པོའི་མཚན་རོ་བྲོ་བའི་མཆོག་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་རོ་བྲོ་བ་ཐམས་ཅད་འདོད་པ་ལ་རོ་བྲོ་བ་ཐམས་ཅད་སྦྱིན་པའོ། །སེམས་ཅན་ཐམས་ཅད་ཀྱི་གནས་དང། སྐྱབས་དང། མགོན་པ་དང། དཔུང་གཉེན་བྱ་བའི་ཕྱིར་གནས ་འདོད་པ་རྣམས་ལ་གནས་སྦྱིན་པའོ། །སྒྲིབ་པ་ཐམས་ཅད་རབ་ཏུ་སྤངས་པ་དང། ལྷ་དང་ཚངས་པའི་གནས་པ་དེ་བཞིན་གཤེགས་པའི་གཟིམས་ཆ་ཐོབ་པར་བྱ་བའི་ཕྱིར་མལ་ཆ་འདོད་པ་རྣམས་ལ་མལ་ཆ་སྦྱིན་པའོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན ་གྱིས་ཐམས་ཅད་ཀྱི་བྱང་ཆུབ་ཀྱི་སྙིང་པོ་རྡོ་རྗེའི་གདན་ཐོབ་པར་བྱ་བའི་ཕྱིར་སྟན་འདོད་པ་རྣམས་ལ་སྟན་སྦྱིན་པའོ། །བྱང་ཆུབ་ཀྱི་ཡོ་བྱད་ཐམས་ཅད་ཡོངས་སུ་བསྐང་བར་བྱ་བའི་ཕྱིར་ཡོ་བྱད་འདོད་པ་རྣམས་ལ་ཡོ་བྱད་སྦྱིན་པའོ། །མི་རྒ་མི་འཆི་བའི་བདུད་རྩིའི ་བདེ་བས་ཡོངས་སུ་བསྐང་བའི་ཕྱིར་ན་བ་དང་སྨན་འདོད་པ་རྣམས་ལ་སྨན་སྦྱིན་པའོ། །རང་དབང་དང་རང་ཉམས་དང་རང་བྱུང་གི་ཡེ་ཤེས་ཡོངས་སུ་བསྐང་བའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྲན་དང་བྲན་མོ་ཡོངས་སུ་གཏང་བའི་སྦྱིན་བའོ། །ཞེས ་རྒྱ་ཆེར་འབྱུང་བ་ལྟ་བུའོ། །དྲི་མ་མེད་པ་ནི་མི་མཐུན་པའི་ཕྱོགས་བག་ཆགས་དང་བཅས་ཏེ་སྤངས་པའི་ཕྱིར་རོ། །དམ་པ་རྣམ་པ་འདི་གསུམ་གྱིས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཞེས་བརྗོད་པ་ཡིན་ཏེ། དམ་པ་རྣམ་པ་གསུམ་ནི་འདྲིས་པ་དང་བཅས་པའི་ངོ ་བོ་ཉིད་དམ་པ་དང། ཐབས་དམ་པ་དང་།འབྲས་བུ་དམ་པའོ། །འདྲིས་པ་ནི་ཡུན་རིང་པོ་ནས་སྦྱིན་པར་རིག་པར་བྱའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་དུ་ཡང་དེ་བཞིན་དུ་རིག་པར་བྱའོ། །ཚུལ་ཁྲིམས་ལ་སོགས་པའི་སྐྱོན་མེད་པ་ནི་བདག་ཏུ་སྒྲོ་འདོགས་པ་རྣམ ་པར་སྤངས་པའི་ཕྱིར་ཏེ། ཅི་རིགས་སུ་བློ་གྲོས་མི་ཟད་པས་བསྟན་པ་ལས་བལྟ་བར་བྱའོ། །ཡང་དམ་པ་རྣམ་པ་བཅུ་གཉིས་དང་ལྡན་པའི་ཕྱིར་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ། །དམ་པ་རྣམ་པ་བཅུ་གཉིས་ལ། རྒྱ་ཆེ་བ་དམ་པ་ནི་འཇིག་རྟེན་གྱི་ཕུན་སུམ་ཚོགས་པ་ཐམས་ཅད ་མི་འདོད་པ་དང་མཆོག་ཏུ་གྱུར་པའི་ཕྱིར་རོ། །ཡུན་རིང་བ་དམ་པ་ནི་བསྐལ་པ་གྲངས་མེད་པ་གསུམ་དུ་ཡོངས་སུ་བསྒོམ་བའི་ཕྱིར་རོ། །ཆེད་དུ་བྱ་བ་དམ་པ་ནི་སེམས་ཅན་ཐམས་ཅད་ཀྱི་དོན་བྱ་བའི་ཆེད་ཀྱི་ཕྱིར་རོ། །ཟང་མི་ཤེས་པ་དམ་པ་ནི་བྱང་ཆུབ་ཆེན་པོར ་ཡོངས་སུ་བསྔོས་པས་གཏན་དུ་ཡོངས་སུ་གཏུགས་པར་མི་འགྱུར་བའི་ཕྱིར་རོ། །རྒྱུན་མི་འཆད་པ་དམ་པ་ནི་བདག་དང་གཞན་མཉམ་པ་ཉིད་དུ་མོས་པའི་ཕྱིར་སེམས་ཅན་ཐམས་ཅད་ཀྱི་སྦྱིན་པ་ལ་སོགས་པས་ཕ་རོལ་ཏུ་ཕྱིན་པ་རྣམས་ཡོངས་སུ་རྫོགས་པར་བྱེད་པའི ་ཕྱིར་རོ། །ཚེགས་མེད་པ་དམ་པ་ནི་གཞན་གྱི་སྦྱིན་བ་ལ་རྗེས་སུ་ཡི་རང་བཙམ་གྱིས་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་པའི་ཕྱིར་རོ། །དབང་འབྱོར་པ་དམ་པ་ནི་ནམ་མཁའ་མཛོད་ཀྱི་ཏིང་ངེ་འཛིན་ལ་སོགས་པས་སྦྱིན་པ་ལ་སོགས་པ་ཡོངས་སུ ་རྫོགས་པར་བྱེད་པའི་ཕྱིར་རོ། །ཡོངས་སུ་བཟུང་བ་དམ་པ་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་ཡོངས་སུ་གཟུང་བའི་ཕྱིར་རོ། །རྩོམ་པ་དམ་པ་ནི་མོས་པས་སྤྱོད་པའི་སལ་བཟོད་པ་ཆེན་པོར་གྱུར་པ་ལའོ། །ཐོབ་པ་དམ་པ་ནི་ས་དང་པོ་ལའོ། །རྒྱུ ་མཐུན་པ་དམ་པ་ནི་དེ་མ་ཡིན་པ་གཞན་བརྒྱད་པོ་དག་ལའོ། །འགྲུབ་པ་དམ་པ་ནི་ས་བཅུ་པ་དང་དེ་བཞིན་གཤེགས་པའི་ས་ལ་བྱང་ཆུབ་སེམས་དཔའ་འགྲུབ་པ་དང། སངས་རྒྱས་འགྲུབ་པའི་ཕྱིར་རོ། །ཡང་དམ་པ་རྣམས་ཀྱིས་སྤྱད་པ་དང་བགྲོད་པའི་ཕྱིར ་ཕ་རོལ་ཏུ་ཕྱིན་པ་སྟེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱད་པ་དང་བགོང?་ཅེས་བྱ་བའི་ཐ་ཚིག་གོ་།ཡང་ཤེས་བྱའི་ཕ་རོལ་ཏུ་སོན་པས་ཕ་རོལ་ཏུ་ཕྱིན་པ་སྟེ། སངས་རྒྱས་ཉིད་ལ་གནས་ཞེས་བྱ་བའི་ཐ་ཚིག་གོ་།ཡང་གཞན ་དང་བདག་མཆོག་ཏུ་གནོད་པ་ལས་སྒྲོལ་བར་བྱེད་པའི་ཕྱིར་ཕ་རོལ་ཏུ་ཕྱིན་པ་རྣམས་ཏེ། གཞན་དང་བདག་སྡུག་བསྔལ་གྱི་རྒྱ་མཚོ་ལས་འདའ་བར་བྱེད་ཅེས་བྱ་བའི་ཐ་ཚིག་གོ་།འདི་ནི་དེ་ཞིག་ཐུན་མོང་གི་དེས་ཚིག་གོ་།སོ་སོའི་ཞེས་པའི ་ཆོག་ནི་སྦྱིན་བདག་གི་དབུལ་བ་སོལ་བ་དང། ལེན་པོས་རྣམས་ཀྱི་གདུད་བ་སེལ་བའི་ཕྱིར་སྦྱིན་པའོ། །དབང་པོ་ཞི་བ་ཐོབ་པ་དང། འགྲོ་བ་བཟང་བོར་སྦྱོར་བ་དང། བསིལ?་བའི་གནས་ཡིན་པས་ཚུལ་ཁྲིམས་ཏེ། གོ་རིམ་བཞིན་དུ་དབང་པོ་རྣམས་ཀྱི ་སྒོ?་སྡོམ་པར་བྱེད་པ་དང། བདེ་འགྲོར་འགྲོ་བའི་རྒྱུར་གྱུར་པ་དང་འགྱོད་པ་མེད་པ་ལ་སོགས་པའི་རིམ་གྱིས་མྱ་ངན་ལས་འདས་པ་ལ་སོགས་པའི་བར་གྱི་གནས་ཡིན་པའི་ཕྱིར་རོ། །ཁྲོ་བའི་ཚ་བསེལ་པོ་དང། རྨ་འབྱིན་པའི་སེམས་འོངས་པ་སེལ ་བ་དང་།ཞི་བར་བརྗོད་པའི་ཕྱིར་བཟོད་པའོ། །རྨ་འཕྱིན་པའི་སེམས་ཞེས་བྱ་བ་ནི་གང་གིས་གནོད་བ་བྱེད་པ་རྣམས་ལ་ལེན་ཏུ་གནོད་པ་བྱེད་པ་སྟེ། དེ་འོངས་པ་འདིས་འབྲལ་བར་བྱེད་པ་ནི་སེལ་བར་རིག་པར་བྱའོ། །རྨ་འབྱིན་པ་ནི་འདི་དག་ལ་ཤར ་གཉེར་བ་ཡོད་པས་རྨ་འབྱིན་པ་ཅན་ཏེ། དེ་དག་ལ་མི་འཇིགས་པ་སྒྲོགས་པ་ནི་བདེ་བར་བརྗོད་པར་རིག་པར་བྱའོ། །སེལ་བ་དང་འཕེལ་བར་བྱེད་པ་དང་ལྡན་པས་བརྩོན་འགྲུས་ཏེ། དེ་ལ་སེལ་བའི་ཕྱིར་སྤྱོད་བ་ནི་ཡང་དག་པར་སྤོང་བ་གཉིས་ཀྱིས་མི་དགེ ་བའི་ཆོས་རང་བྲལ་བར་བྱེད་བའོ། །འཕེལ་བའི་ཕྱིར་སྤྱོད་པ་ནི་ཡང་དག་པར་སྤོང་བ་གཉིས་ཀྱིས་དགེ་བའི་ཆོས་ཡང་དག་པར་སྒྲུབ་པའོ། །འཛིན་པ་དང། སྡོམ་པ་དང། འདུལ་བ་དང། འཐོབ་པར་བྱེད་པ་བསམ་གཏན་ཏེ། དེ་ལ་འཛིན་པ་ནི་དམིགས ་པ་ལ་སེམས་འཛིན་པའོ། །སྡོམ་པ་ནི་རྣམ་པར་གཡེང་པ་ལས་སེམས་ཡང་དག་པར་སྡོམ་པའོ། །འདུལ་བ་ནི་ཀུན་ནས་དཀྲིས་པ་རྣམས་རྣམ་པར་གནོན་པའོ། །ཐོབ་པར་བྱེད་པ་ནི་དབང་འབྱོར་བ་ཐོབ་པར་བྱེད་པར་རིག་པར་བྱའོ། །གཞན་གྱིས་སྨྲས་པ་ཤེས་པ་དང ་སོ་སོ་རང་གི་ཤེས་པ་དང་།རྣམ་པར་ཤེས་པ་དང། རབ་ཏུ་ཞི་བ་ཐོབ་པ་དང། ཡོན་ཏན་མཆོག་ཏུ་ཕྱིན་པར་ཤེས་པས་ཤེས་རབ་སྟེ། དེ་ལ་གཞན་གྱིས་སྨྲས་པ་ཤེས་པ་ནི་གཞན་གྱི་སྒྲའི་རྒྱུ་ལས་བྱུང་བའི་ཚུལ་བཞིན་ཡིད་ལ་བྱེད་པ་དང་མཚུངས་པར ་ལྡན་བའི་ཤེས་རབ་པོ། །སོ་སོ་རང་གིས་ཤེས་པ་ནི་འཇིག་རྟེན་ལས་འདས་པའོ། །རྣམ་པར་ཤེས་པ་འཇིག་རྟེན་ལས་འདས་པའི་རྗེས་ལས་ཐོབ་པའོ། །ཞི་བ་ཐོབ་པར་བྱ་བའི་ཕྱིར་ཤེས་པ་ནི་བསྒོམ་པའི་ལམ་ལ་ཉོན་མོངས་པའི་གཉེན་པོར་གྱུར་པའོ།། ་ཡོན་ཏན་མཆོག་ཏུ་ཕྱིན་པར་བྱ་བའི་ཕྱིར་ཤེས་པ་ནི་ཡོན་ཏན་ཁྱད་པར་ཅན་མངོན་པར་སྒྲུབ་པའི་ཤེས་རབ་ཏུ་རིག་པར་བྱའོ། །བསྒོམ་པ་ནི་རྣམ་པ་ལྔ་སྟེ། ཕུང་པོ་ལ་གནས་པ་ནས་དབང་འབྱོར་པ་ལ་གནས་པའི་བར་དུའོ། །འདིར་ཚིགས་སུ་སྟེ་བཅད་པ་ཕུང་པོར ་བརྟེན་ནས་བསྒོམ་པ་སྟེ། །ཡིད་ལ་བྱེད་དང་བསམ་པ་དང། །ཐབས་དང་དབང་འབྱོར་དེ་བཞིན་ཏེ། །དེ་དག་ཐམས་ཅད་བརྗོད་པ་ཡིན། །ཇི་སྐད་དུ། རྒྱུ་དང་སྨིན་དང་སྨོན་ལམ་དང། །སོ་སོར་བརྟགས་པ་ཕུང་པོར་དྲན་ཞེས་བཤད་པ་ལྟ་བུའོ། །དེ་ལ་ཕུང་པོ་ལ། ་གནས་པ་རྣམ་པ་བཞི་སྟེ། དེ་ལ་རྒྱུ་ལ་གནས་པ་ནི་གང་རིགས་ཀྱི་སྟོབས་ཀྱིས་ཕ་རོལ་ཏུ་ཕྱིན་པ་རྣམས་ལ་ནན་ཏན་གྱིས་གོམས་པར་བྱེད་པའོ། །རྣམ་པར་སྨིན་པ་ལ་གནས་པ་ནི་གང་ལུས་ཕུན་སུམ་ཚོགས་པའི་སྟོབས་ཀྱིས་སོ། །སྨོན་ལམ་ལ་གནས་པ་ནི ་གང་སྔོན་གྱི་སྨོན་ལམ་གྱི་སྟོབས་སོ། །སོ་སོར་བརྟགས་པའི་སྟོབས་ལ་གནས་པ་ནི་ཤེས་རབ་ཀྱི་སྟོབས་ཀྱིས་ཕ་རོལ་ཏུ་ཕྱིན་པ་རྣམས་ལ་ནན་ཏོན་གྱིས་གོམས་པར་བྱེད་པའོ། །ཡིད་ལ་བྱེད་པ་ལ་གནས་པ་ནི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ནམ་པ་བཞེ་སྟེ། ་མོས་པ་ཡིད་ལ་བྱེད་པས་བསྒོམ་པ་ནི་ཕ་རོལ་ཏུ་ཕྱིན་པས་ཐམས་ཅད་དང་ལྡན་པའི་མདོ་སྡེ་ལ་མོས་པ་བསྒོམ་པའོ། །རོ་མྱང་པའི་ཡིད་ལ་བྱེད་པས་བསྒོམ་པ་ནི་ཕ་རོལ་ཏུ་ཕྱིན་པ་ཐོབ་པ་རྣམས་ལ་ཕན་ཡོན་མཐོང་བ་འཆུལ་གྱིས་ཏོ་མྱང་བར་བྱེད་པའོ། ་རྗེས་སུ་ཡི་རང་བ་ཡིད་ལ་བྱེད་པས་སྒོམ་པ་ནི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་སེམས་ཅན་ཐམས་ཅད་ཀྱི་སྦྱིན་པ་ལ་སོགས་པ་ལ་རྗེས་སུ་ཡི་དང་བའོ། །མངོན་པར་དགའ་བ་ཡིད་ལ་བྱེད་པས་བསྒོམ་པ་ནི་བདག་དང་སེམS ་ཅན་རྣམས་ཀྱི་མ་འོངས་པའི་ཕ་རོལ་ཏུ་ཕྱིན་པའི་ཁྱད་པར་ལ་མངོན་པར་དགའ་བའོ། །བསམ་པ་ལ་གནས་པ་ནི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་རྣམ་པ་དྲུག་སྟེ། མི་དོམས་པའི་བསམ་པ་དང། ཡངས་པའི་བསམ་པ་དང། དགའ་བའི་བསམ་པ་དང། ཕན་གདག་པའི་བསཾ ་པ་དང། གོས་པ་མེད་པའི་བསམས་པ་དང། དགེ་བའི་བསམ་པས་སོ། །དེ་ལ་བྱང་ཆུབ་སེམས་དཔའ་ཨི་སྦྱིན་པ་ལ་མི་དོམས་པའི་བསམ་པ་ནི་གང་བྱང་ཆུབ་སེམས་དཔའ་སྐད་ཅིག་གཅིག་ལ་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་རིན་པོ་ཆེ་སྣ་བདུན ་གྱིས་ཡོངས་སུ་བཀང་པ་དང། ལུས་གངྒཱའི་ཀླུང་གི་བྱེ་མ་སྙེད་སེམས་ཅན་གཅིག་ལ་སྦྱིན་པར་བྱེད་ཅིང། དེ་བཞིན་དུ་སྐད་ཅིག་རེ་རེ་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་བསྐལ་པར་སྦྱིན་པར་བྱེད་ཅིང་སེམས་ཅན་གཅིག་ལ་ཇི་ལྟ་བ་བཞིན་དུ་སེཾས་ཅན་གྱི་ཁམS ་ཇི་སྙེད་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཡོངས་སུ་སྨིན་པར་བྱེད་ལ། རྣམ་གྲངས་འདིས་དེ་ལ་སྦྱིན་ཡང་མི་ངོམས་པ་ཉིད་ནི་བྱང་ཆུབ་སེམས་དཔའ་ཨི་སྦྱིན་པའི་བསམ་པ་སྟེ། རྣམ་པ་འདི་ལྟ་བུའི་བསམ་པ་གང་ཡིན་པ ་འདི་ནི་སྦྱིན་པ་ལ་བྱང་ཆུབ་སེམས་དཔའ་ཨི་བསམ་པ་མི་ངོམས་པ་ཡིན་ནོ། །བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་གི་བར་དུ་བྱང་ཆུབ་སེམས་དཔའ་རྣམ་པ་དེ་ལྟ་བུར་སྦྱིན་པ་གཅིག་ནས་གཅིག་ཏུ་བརྒྱུད་པ་སྐད་ཅིག་ཙམ་ཡང་ཉམས་པར་མི་བྱེད་ཅིང་རྒྱུན ་མི་གཅོད་དེ། རྣམ་པ་འདི་ལྟ་བུའི་བསམ་པ་གང་ཡིན་པ་འདི་ནི་སྦྱིན་པ་ལ་བྱང་ཆུབ་སེམས་དཔའ་ཨི་ཡངས་པའི་བསམ་པའོ། །དེ་ལྟར་སྦྱིན་པས་སེམས་ཅན་དེ་དག་རྗེས་སུ་འཛིན་པའི་བྱང་ཆུབ་པ་ནི་ཤིན་ཏུ་དགའ་བ་ཡིན་གྱི་སྦྱིན་པ་དེས་རྗེས་སུ་གཟུང་བའི་སེམS ་ཅན་དེ་དག་ནི་དེ་ལྟ་མ་ཡིན་ཏེ། རྣམ་པ་དེ་ལྟ་བུའི་བསམ་པ་གང་ཡིན་པ་དེ་ནི་སྦྱིན་པ་ལ་བྱང་ཆུབ་སེམས་དཔའ་དགའ་བའི་བསམ་པའོ། །ག་བདག་ལ་དེ་ལྟར་སྦྱིན་པས་ཕན་འདོགས་པའི་སེམས་ཅན་དེ་དག་ནི་བདག་ལ་ཤིན་ཏུ་ཕན་འདོགས་པར་བྱང་ཆུབ་སེམས ་དཔས་མཐོང་གི་།བདག་གིས་མ་ཡིན་ཏེ། དེ་དག་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་སྟོན་པའི་ཕྱིར་ནོ། །རྣམ་པ་འདི་ལྟ་བུའི་བསམ་པ་གང་ཡིན་པ་དེ་ནི་སྦྱིན་པ་ལ་བྱང་ཆུབ་སེམས་དཔའ་ཨི་ཕན་འདོགས་པའི་བསམ་པའོ། །བྱང་ཆུབ་སེམས ་དཔའ་ནི་སེམས་ཅན་རྣམས་ལ་དེ་ལྟར་སྦྱིན་པ་ལས་བྱུང་བའི་བསོད་ནམས་ཡངས་པ་མངོན་པར་འདུ་བྱས་ཀྱང་ལན་དུ་ཕན་འདོག་པ་འམ། རྣམ་པར་སྨིན་པ་འདོད་པ་མེད་དེ། རྣམ་པ་འདི་ལྟ་བུའི་བསམ་པ་གང་ཡིན་པ་འདི་ནི་སྦྱིན་པའི་ཕ་རོལ?་ཏུ ་ཕྱིན་པ་བསྒོམ་པ་ལ་བྱང་ཆུབ་སེམས་དཔའ་ཨི་གོས་པ་མེད་པའི་བསམ་པའོ། །བྱང་ཆུབ་སེམས་དཔའ་སྦྱིན་པའི་ཕུང་པོ་ཡངས་པའི་རྣམ་པར་སྨིན་པ་དེ་ལྟ་བུ་ཡང་སེམས་ཅན་རྣམས་ཀྱི་ཡིན་པར་མངོན་པར་དགའ་བར་བྱེད་ཀྱི། བདག་ལ་ནི་མ་ཡིན་ཏེ། སེམས་ཅན ་ཐམས་ཅད་དང་ཐུན་མོངས་སུ་བྱས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོའོ། །རྣམ་པ་འདི་ལྟ་བུའི་བསམ་པ་གང་ཡིན་པ་འདི་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་བསྒོ་བ་ལ་བྱང་ཆུབ་སེམས་དཔའ་ཨི་དགེ་བའི་བསམ་པའོ། །དེ་ལ་ཚུལ་ཁྲིམས ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ?་པ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའི་བར་ལ་བྱང་ཆུབ་སེམས་དཔའ་ཨི་མི་དམས?་པའི་བསམ་པ་ནི། གང་བྱང་ཆུབ་སེམས་དཔའ་ལུས་གངྒཱའི་ཀླུང་གི་བྱེ་མ་སྙེད་དུ་གྱུར་ཅིང་ཚེའི་ཚད་བསྐལ་པ་གངྒཱའི་ཀླུང་གི་བྱེ་མ ་སྙེད་དུ་གྱུར་པ་རྒྱུན་དུ་ཡོ་བྱང་ཐམས་ཅད་ཀྱིས་ཕོངས་པར་གྱུར་ཅིང། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་མེས་རབ་ཏུ་གང་བ་ན་སྤྱོད་ལམ་བཞི་བྱེད་ཀྱང་སྐད་ཅིག་གཅིག་ལ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནས། སྐད་ཅིག་གཅིག་ལ་ཤེས ་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་དུ་བསྒོམ་ཞིང་རྣམ་གྲངས་འདིས་ཚུལ་ཁྲིམས་ཀྱི་ཕུང་པོ་ཇི་སྙེད་པ་དང། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་གྱི་ཕུང་པོ་ཇི་སྙེད་པ་གང་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ ་མངོན་པར་རྫོགས་པར་ཚང་རྒྱ་བའི་ཚུལ་ཁྲིམས་ཀྱི་ཕུང་པོ་ནས་ཤེས་རབ་ཀྱི་ཕུང་པོ་དེ་བསྒོམ་ཡང་བྱང་ཆུབ་སེམས་དཔའ་ཨི་མི་ངོམས་པ་ཉིད་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ལ་མི་ངོམས་པའི་བསམ་པ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ ་ཕྱིན་པའི་བར་དུ་བསྒོམ་པ་ལ་མི་ངོམས་པའི་བསམ་པ་སྟེ། བྱང་ཆུབ་སེམས་དཔའ་ཨི་བསམ་པ་རྣམ་པ་འདི་ལྟ་བུ་གང་ཡིན་པ་འདི་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ལ་མི་ངོམས་པའི་བསམ་པ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར ་དུ་བསྒོམ་པ་ལ་མི་ངོམས་པའི་བསམ་པའོ། །བྱང་ཆུབ་སེམས་དཔའ་བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་གི་བར་དུ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒོམ་པ་གཅིག་ནས་གཅིག་ཏུ་བརྒྱུད་པ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་དུ་བསྒོམ་པ་ལ་གཅིག ་ནས་གཅིག་ཏུ་བརྒྱུད་པ་ཉམས་པར་མི་བྱེད་ཅིང། རྒྱུན་མི་གཅོད་པའི་བསམ་པ་རྣམ་པ་འདི་ལྟ་བུ་གང་ཡིན་པ་འདི་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་བསྒོམ་པ་ལ་བྱང་ཆུབ་སེམས་དཔའ་ཨི་ཡངས ་པའི་བསམ་པའོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་དུ་བསྒོམ་པ་དེས་སེམས་ཅན་རྗེས་སུ་འཛིན་པའི་བྱང་ཆུབ་སེམས་དཔའ་ནི་རབ་ཏུ་དགའ་བ་ཡིན་གྱི། རྗེས་སུ་གཟུང་བའི་སེམས་ཅན་དེ་དག ་ནི་དེ་ལྟ་མ་ཡིན་ཏེ། རྣམ་པ་དེ་ལྟ་བུའི་བསམ་པ་གང་ཡིན་པ་དེ་ནི། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་དུ་བསྒོམ་པ་ལ་བྱང་ཆུབ་སེམས་དཔའ་ཨི་དགའ་བའི་བསམ་པའོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ ་ཕྱིན་པ་བསྒོམ་པ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པས། གང་དག་ལ་ཕན་འདོགས་པའི་སེམས་ཅན་དེ་དག་ནི་བདག་ལ་ཤིན་ཏུ་ཕན་འདོགས་པར་བྱང་ཆུབ་སེམས་དཔས་མཐོང་གི་བདག་གི་ནི་མ་ཡིན་ནོ། །དེ་དག་ནི་བླ་ན་མེད་པ་ཡང་དག་པར ་རྫོགས་པའི་བྱང་ཆུབ་སྟོན་པའི་ཕྱིར་རོ། །རྣམ་པ་འདི་ལྟ་བུའི་བསམ་པ་གང་ཡིན་པ་འདི་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་དུ་བསྒོམ་པ་ལ་བྱང་ཆུབ་སེམས་དཔའ་ཨི་ཕན་འདོགས་པའི་བསམ་པའོ། །བྱང ་ཆུབ་སེམས་དཔའ་ནི་འདི་ལྟར་ཚུལ་ཁྲིམས་གྱི་ཕ་རོལ་ཏུ་ཕྱིན་པ་ལས་བྱུང་བ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་ལས་བྱུང་བའི་བསོད་ནམས་ཡངས་པ་མངོན་པར་འདུས་བྱས་ཀྱང། དེ་ལ་ལན་དུ་ཕན་འདོགས་པའམ་རྣམ་པར་སྨིན་པ་ལས་འདོད་པ་མེད་དེ། ་རྣཾས་འདི་ལྟ་བུའི་བསམ་པ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ནས་།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ལ་བྱང་ཆུབ་སེམས་དཔའ་ཨི་གོས་པ་མེད་པའི་བསམ་པའོ། །དེ་ལ་བྱང་ཆུབ་སེམས་དཔའ་ཨི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན ་པ་བསྒོམ་པ་ལས་བྱུང་བ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་དུ་བསྒོམ་པ་ལས་བྱུང་བའི་བསོད་ནམས་ཀྱི་ཕུང་པོ་རྣམ་པར་སྨིན་པ་དེ་ལྟ་བུ་ཡང་སེམས་ཅན་རྣམས་ཀྱི་ཡིན་པར་མངོན་པར་དགའ་བར་བྱེད་ཀྱི་བདག་ལ་ནི་མ་ཡིན་ཏེ། སེམས་ཅན་ཐམS ་ཅད་དང་ཐུན་མོང་དུ་བྱས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོའོ། །རྣམ་པ་དེ་ལྟ་བུའི་བསམ་པ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་དུ་བསྒོམ་པ་ལ་བྱང་ཆུབ ་སེམས་དཔའ་ཨི་དགེ་བའི་བསམ་པའོ། །ཐབས་ལ་གནས་ཏེ་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་གང་ཞེ་ན། རྣམ་པ་གསུམ་སྟེ། སོ་སོར་རྟོག་པའི་ཕྱིར་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་འཁོར་གསུམ་ཡོངས་སུ་དག་པ་སྟེ། ཐབས་དེ་ནི་ཡིད་ལ་བྱེད་པ་ཐམས་ཅད་མངོན་པར ་འགྲུབ་པའི་ཕྱིར་རོ། །དབང་འབྱོར་པ་ལ་གནས་ཏེ་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ནི་རྣམ་པ་གསུམ་སྟེ། ལུས་ལ་དབང་འབྱོར་པ་དང། སྤྱོད་པ་ལ་དབང་འབྱོར་པ་དང། བཤད་པ་ལ་དབང་འགྱོད་པའོ། །ལུས་ལ་དབང་འབྱོར་པ་ནི ་དེ་བཞིན་གཤེགས་པའི་སྐུ་གཉིས་སུ་བལྟ་བར་བྱ་སྟེ་།རང་བཞིན་དང་ལོངས་སྤྱོད་རྫོགས་པའོ། །དེ་ལ་སྤྱོད་པ་ལ་དབང་འབྱོར་པ་ནི་སྤྲུལ་པའི་སྐུར་ད་ལྟ་བར་བྱ་སྟེ། དེ་སེམས་ཅན་ཐམས་ལ་སྤྱོད་པ་རྣམ་པ་ཐམས་ཅད་ཀུན་ཏུ་སྟོན་ཏོ། །བཤད ་པ་ལ་དབང་སྦྱོར་བ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་རྣམ་པ་ཐམས་ཅད་དུ་བཤད་པ་ལ་ཐོགས་པ་མེད་པའོ། །རབ་ཏུ་དབྱེ་བ་ནི་རྟོན་པ་བཅོ་བརྒྱད་ཀྱིས་ཕ་རོལ་ཏུ་ཕྱིན་པ་དྲུག་རབ་ཏུ་དབྱེ་བར་བལྟ་བར་བྱའོ། །རྟེན་པ་བཅོ་བརྒྱད་ནི་ལུས་རྟེན་པ་དང། སེམས་རྟོན ་པ་དང། དགེ་བ་རྟོན་པ་དང། བདེ་འགྲོ་རྟོན་པ་དང། བྱང་ཆུབ་རྟོན་པ་དང། སྙིང་རྗེ་རྟོན་པ་དང། སེམས་ཅན་ཡོངསསུ་མི་གཏོང་བ་རྟོན་པ་དང། དམན་པའི་སེམས་ཡོངས་སུ་དོར་བ་རྟོན་པ་དང། མི་སྐྱེ་བའི་ཆོས་ལ་བཟོད་པ་རྟོན་པ་དང། དགེ་བའི ་རྩ་བ་ལ་སྦྱོར་བརྟོན་པ་དང། དགེ་བའི་རྩ་བ་ཡང་དག་པར་སྒྲུབ་པ་རྟོན་པ་དང། དགེ་བའི་རྩ་བ་མི་ཟད་པ་རྟོན་པ་དང། དགེ་བའི་རྩ་བ་ལ་ཡོངས་སུ་མི་སྐྱོ་བ་རྟོན་པ་དང། བསམ་པའི་དོན་ཐམས་ཅད་འབྱོར་པ་རྟོན་པ་དང། ཆོགས་སྡུད་པ་རྟེན་པ་དང། ས་ལ ་འཇུག་པ་རྟོན་པ་དང། སངས་རྒྱས་ཀྱི་ཆོས་ཡང་དག་པར་སྒྲུབ་པ་རྟོན་པ་དང། སངས་རྒྱས་ཀྱི་མཛད་པ་སྒྲུབ་པ་རྟོན་པ་སྟེ་།སྦྱིན་པ་ལ་སོགས་པ་རྣམ་པ་གསུམ་གསུམ་དུ་ཐ་དད་པས་།གསུམ་གསུམ་གྱི་གོ་རིམ་བཞིན་དུ་བསྡུས་པར་བྱའོ། །དེ་ལ་སྦྱིན་པ ་རྣམ་པ་བསུམ་ནི་ཟང་ཟིང་གི་སྦྱིན་པ་དང། མི་འཇིགས་པའི་སྦྱིན་པ་དང། ཆོས་ཀྱི་སྦྱིན་པའོ། །ཚུལ་ཁྲིམས་རྣམ་པ་གསུམ་ནི་སྡོམ་པའི་ཚུལ་ཁྲིམས་དང། དགེ་བའི་ཆོས་སྡུད་པའི་ཚུལ་ཁྲིམས་དང། སེམས་ཅན་གྱི་དོན་བྱ་བའི་ཚུལ་ཁྲིམས་སོ ་བཟོད་པ་རྣམ་པ་གསུམ་ནི་།གནོད་པ་བྱེད་པ་ལ་ཇི་མི་སྙམ་པའི་བཟོད་པ་དང། སྡུག་བསྔལ་དང་དུ་ལེན་པའི་བཟོད་པ་དང། ཆོས་ལ་ངེས་པར་སེམས་པའི་བཟོད་པའོ། །བརྩོན་འགྲུས་རྣམ་པ་གསུམ་ནི་གོ་ཆའི་བརྩོན་འགྲུས་དང། སྦྱོར་བའི་བརྩོན་འགྲུས་དང། ་སེམས་ཅན་གྱི་དོན་བྱ་བའི་བརྩོན་འགྲུས་སོ། །བསམ་གཏན་རྣམ་པ་གསུམ་ནི་མཐོང་བའི་ཆོས་ལ་བདེ་བར་གནས་པར་བྱ་བའི་བསམ་གཏན་དང། མངོན་པར་ཤེས་པ་མངོན་པར་བསྒྲུབ་པའི་བསམ་གཏན་དང། སེམས་ཅན་གྱི་དོན་བྱ་བའི་བསམ ་གཏན་ནོ། །ཤེས་རབ་རྣམ་པ་གསུམ་ནི་ཀུན་རྫོབ་ལ་དམིགས་པ་དང། དོན་དམ་པ་ལ་དམིགས་པ་དང། སེམས་ཅན་གྱི་དོན་ལ་དམིགས་པའོ། །དེ་ལ་ཟང་ཟིང་གི་སྦྱིན་པ་ནི་ལུས་རྟོན་པ་སྟེ། བཟའ་བ་དང་བཏུང་བ་ལ་སོགས་པའི་ཡོ་བྱད་རྣམས ་ཀྱིས་ལེན་པོའི་ལུས་ལ་ཕན་འདོགས་པའི་ཕྱིར་རོ། །མི་འཇིགས་པའི་སྦྱིན་པ་ནི་སེམས་རྟོན་པ་སྟེ། ཡིད་མི་བདེ་པའི་བྱེ་བྲག་དང་བྲལ་བར་བྱ་བའི་ཕྱིར་སེམས་ཀྱི་དབུགས་འབྱིན་པ་ཉེ་བར་སྒྲུབ་པའི་ཕྱིར་རོ། །གཞན་ལ་ཡང་དེ་བཞིན་དུ་སྤྱད་པར་བྱའོ།། ་དམན་པའི་སེམས་ནི་བྱང་ཆུབ་སེམས་དཔའ་འཁོར་བའི་སྡུག་བསྔལ་གྱིས་ཡོངས་སུ་སྐྱོ་བས་ཉན་ཐོས་དང། རང་སངས་རྒྱས་ཀྱི་སེམས་ཏེ། དེ་ཡོངས་སུ་འདིར་བ་རྟོན་པ་ནི་སྡུག་བསྔལ་དང་དུ་ལན་པའི་བཟོད་པར་རིག་པར་བྱའོ། །དགེ་བའི་རྩ་བ་མི ་ཟད་པ་ནི་སེམས་ཅན་ཐམས་ཅད་ཀྱི་དོན་བྱ་བ་ལ་ལྷག་པར་བྱེད་པས་འཁོར་བ་ཇི་སྲིད་པ་དང། ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡང་ཡོངས་སུ་མི་གཏོང་པ་སྟེ་།དེ་རྟེན་པ་ནི་སེམས་ཅན་གྱི་དོན་བྱ་བའི་བརྩོན་འགྲུས་སུ་རིག་པར ་བྱའོ། །ཚོགས་བསྡུས་པ་ནི་ཐོབ་པ་ལ་རྟེན་ནས་འདུལ་པ་རྣམས་སེམས་མཉམ་པར་མ་བཞག་པ་མཉམ་པར་བཞག་པར་བྱ་བ་དང། སེམས་མཉམ་པར་བཞག་པ་རྣམ་པར་ཐར་པར་བྱ་པའི་ཕྱིར་གདམས་པ་དང་རྗེས་སུ་བསྟན་པར་རབ་ཏུ་སྦྱིན་པ་སྟེ། དེ་རྟེན ་པ་ནི་སེམས་ཅན་གྱི་དོན་བྱ་བའི་བསམ་གཏན་ནོ། །ས་ལ་འཇུག་པ་ནི་ཆོས་ལ་མོས་པ་སྔོན་དུ་བཏང་བ་ནི་བཤད་པ་གང་གིས་ཚོགས་ཡོངས་སུ་རྫོགས་པར་བྱས་ནས། རབ་ཏུ་དགའ་བའི་ས་ལ་འཇུག་པ་སྟེ། དེ་རྟོན་པ་ནི་ཀུན་རྫོབ་ཀྱི ་བདེན་པ་ལ་དམིགས་པའོ། །ལྷག་མ་ནི་ལེགས་པར་སྤྱར་བའི་ཕྱིར་ལེགས་པར་སྤྱད་བ་མ་བྱས་སོ། །ཡང་རབ་ཏུ་དབྱེ་བ་ནི་སྦྱིན་པ་བདུན་ཏེ། རྩ་བའི་སྦྱིན་པ་ནི་རིགས་ཀྱི་གནས་སྐབས་པའི་བྱང་ཆུབ་སེམས་དཔའ་ཨི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་སྟེ། རིཌ ་ཙམ་ལ་བརྟེན་ནས་སྦྱིན་པའི་ཕྱིར་རོ། །བླངས་པའི་སྦྱིན་པ་ནི་སེམས་བསྐྱེད་པའི་གནས་སྐབས་པ་སྟེ་།སྨོན་ལམ་ཡང་དག་པར་བླངས་པ་ལ་བརྟེན་ནས་སྦྱིན་པའི་ཕྱིར་རོ། །རྗེས་སུ་འཛིན་པའི་སྦྱིན་པ་ནི་བདག་དང་གཞན་གྱི་དོན་སྒྲུབ་པའི་གནས་སྐབས ་པའོ། །འཛིན་པ་ངན་པ་མེད་པའི་སྦྱིན་བ་ནི་དེ་ཁོ་ནའི་དོན་ལ་ཡོངས་སུ་རྟོགས་པའི་གནས་སྐབས་པ་སྟེ། སྦྱིན་བདག་ལ་སོགས་པར་རྣམ་པར་རྟོགས་པ་ལ་མངོན་པར་ཞེན་པའི་འཛིན་པ་ངན་པ་མེད་པའི་ཕྱིར་རོ། །ཡོངས་སུ་འཛིན་པ་མེད་པའི་སྦྱིན ་པ་ནི་མཐུའི་གནས་སྐབས་པ་སྟེ་།ཕྱི་རོལ་གྱི་ཡོ་བྱད་ཡོངས་སུ་འཛིན་པ་མེད་པར་ཡང་ནམ་མཁའ་མཛོད་ལ་སོགས་པའི་ཏིང་ངེ་འཛིན་རྣམས་ཀྱིས་ནམ་མཁའ་ལ་ལག་པ་བརྐྱང་ནས་ཇི་ལྟར་འདོད་པ་བཞིན་དུ་རིན་པོ་ཆེ་ལ་སོགས་པའི་ཆར་འབེབས་པའོ། །སོ་སོར ་རིག་པའི་སྦྱིན་པ་ནི་ཡོངས་སུ་སྨིན་པའི་གནས་སྐབས་པའི་སྦྱིན་པ་འདུལ་བ་ཇི་ལྟ་བ་བཞིན་དུ་མཐུན་པར་སྦྱིན་པའི་ཕྱིར་རོ། །སྦྱིན་པ་ཆེན་པོ་ནི་བྱང་ཆུབ་མཆོག་གི?་གནས་སྐབས་པའི་སྟེ། བླ་ན་མེད་པའི་ཕྱིར་རོ། །དེ་བཞིན་དུ་ཤེས་རབ་ཀྱི་བར་དུ་ཅི་རིགས་སྤྱད་བར ་རིག་པར་བྱའོ། །བསྡུས་པ་ནི་སྦྱིན་པ་ལ་སོགས་པས་བྱང་ཆུབ་སེམས་དཔའ་ཨི་ས་བསྡུས་པའི་ཕྱིར་ཏེ། དེ་ལ་ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱིས་རིགས་བསྡུས་པ་འདི་ནི་དཔེ་ཙམ་མོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ནི་རིགས་ཀྱི་བརྟགས་ཀྱིས ་བསྡུས་པར་ཤེས་རབ་བྱའོ། །སེམས་བསྐྱེད་པས་བསྡུས་པ་ནི་ཁྱད་པར་དུ་འཕགས་པའི་སེམས་བསྐྱེད་པས་བསྡུས་པའི་ཕྱིར་རོ། །སེམས་བསྐྱེད་པ་རྣམ་པ་གཉིས་ཏེ། ཁྱད་པར་ཅན་མ་ཡིན་པ་དང། ཁྱད་པར་དུ་འཕགས་པའོ། །དེ་ལ་ཁྱད་པར་ཅན་མ་ཡིན་པ་ནི ་ཀྱེ་མའོ་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་ཤོག་ཅིག་སྙམ་པའོ། །ཁྱད་པར་དུ་འཕགས་པ་ནི་དེ་ལྟར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་ཤོག་ཅིག་སྙམ་པ་ནས། ཤེས་རབ་ཀྱི་ཕ་རོལ ་ཏུ་ཕྱིན་པའི་བར་དུའོ། །ཁྱད་པར་དུ་འཕགས་པའི་སེམས་བསྐྱེད་པ་འདིས་ནི་ཕ་རོལ་ཏུ་ཕྱིན་པ་རྣམས་ལ་བསྡུས་པར་རིག་པར་བྱ་སྟེ། དེ་དག་གི་རྒྱུ་ཡིན་པའི་ཕྱིར་རོ། །བདག་དང་གཞན་གྱི་དོན་བསྡུས་པ་ལས་དང་སྦྱིན་པས་ཕྱུག་པོ་ཡོངས་སུ་འཛིན་པ ་འདི་ནི་བདག་གི་དོན་ཏོ། །གང་གཞན་ལ་ཡོ་བྱད་ཉེ་བར་བསྒྲུབ་པས་རྗེས་སུ་འཛིན་པ་འདི་ནི་གཞན་གྱི་དོན་ཏོ། །ལྷག་མ་རྣམས་ཀྱིས་བསྡུས་པ་ཡང་དེ་བཞིན་དུ་རིག་པར་བྱའོ། །དོན་དམ་པས་བསྡུས་པ་ཆོས་ཀྱི་དབྱིངས་ལས་བརྩམས་པ་ནི་དེ ་བཞིན་ཉིད་སྦྱིན་པ་ལ་སོགས་པ་སྤྱིའི་མཚན་ཉིད་ཡིན་པའི་ཕྱིར་རོ། །ཡེ་ཤེས་ཀྱི་ཚོགས་ལས་བརྩམས་པ་ནི་ཐམས་ཅད་མཁྱེན་པ་ཉིད་ཀྱི་སྣོད་དུ་སྒྲུབ་པའི་ཕྱིར་རོ། །ཡེ་ཤེས་ཡོངས་སུ་འཛིན་པ་ལས་བརྩམས་པ་ནི་ཐམས་ཅད་མཁྱེན་པ་ཉིད ་ཡོངས་སུ་སྒྲུབ་པའི་ཕྱིར་རོ། །ཡེ་ཤེས་ཀྱི་རྗེས་སུ་འཇུག་པ་ལས་བརྩམས་པ་ནི་ལྔ་པོ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྗེས་སུ་མཐུན་པའི་ཕྱིར་རོ། །ཡེ་ཤེས་ཀྱི་མཚན་ཉིད་ལ་བརྩམས་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་དག་པའི་ཡེ་ཤེས་ཀྱི་ངོ་བོ ་ཉིད་ཡིན་པའི་ཕྱིར་ཏེ། དེ་ལྟར་ན་དེ་བཞིན་ཉིད་ཡང་དག་པའི་ཡེ་ཤེས་ཀྱི་ངོ་བོ་ཉིད་དོན་དམ་པ་ནི་སྦྱིན་པ་ལ་སོགས་པས་བསྡུས་པར་རིག་པར་བྱའོ། །དཔེ་བརྗོད་པ་འདིས་བསྡུས་པ་ལྟ་བ་མ་རྣམས་བརྟག་པར་བྱའོ། །མི་མཐུན་པའི་ཕྱོགས་ནི་སེར་སྣ་དང། ་འཆལ་པའི་ཚུལ་ཁྲིམས་དང། ཁྲོ་བ་དང། ལེ་ལོ་དང། རྣམ་པར་གཡེང་བ་དང། འཆལ་བའི་ཤེས་རབ་སྟེ་སྦྱིན་པ་ལ་སོགས་པ་དང་གོ་རིམ་བཞིན་ནོ། །ཡང་ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱིས་བསྡུས་པའི་ཆོས་ཇི་སྙེད་པ་དེ ་དག་གི་མི་མཐུན་པའི་ཕྱོགས་གང་ཡིན་པ་དང། ཤེས་བྱའི་སྒྲིབ་པ་དེ་ཡང་དེ་དག་གི་མི་མཐུན་པའི་ཕྱོགས་སུ་རིག་པར་བྱའོ། །ཕན་ཡོན་ནི་འབྲས་བུ་རྣམ་པ་ལྔའོ་སྐབས་སུ་དཔག་ཏུ་མེད་པར་རེག་པར་བྱའོ། །འདི་ལྟ་སྟེ། ཇི་ལྟར་འདི?་དག་གི་རང་གི་མི་མཐུན ་པའི་ཕྱོགས་སྤོང་བ་བྲལ་བའི་འབྲས་བུ་དང། མཐོང་བའི་ཆོས་ལ་བདག་དང་གཞན་རྗེས་སུ་འཛིན་པ་སྐྱེས་བུ་བྱེད་པའི་འབྲས་བུ་དང། ཕྱི་མ་ལ་གོང་ནས་གོང་དུ་ཁྱད་པར་དུ་འཕགས་པ་མཆོག་དམ་པ་འབྱུང་བ་རྒྱུ་མཐུན་པའི་འབྲས་བུ་དང། ་བྱང་ཆུབ་ཆེན་པོ་དབང་གི་འབྲས་བུ་དང། ལོངས་སྤྱོད་ཆེན་པོ་དང། བདེ་འགྲོར་འགྲོ་བ་དང། ཁོ་ན་མེད་པ་དང། དབྱེ་བ་མེད་པ་དང། བདེ་བ་དང། ཡིད་བདེ་བ་མང་བ་དང། སེམས་ཅན་ལ་དབང་པ་དང། ལུས་ལ་གནོད་པ་མེད་པ་དང། དབང་ཆེ་བར ་གྲགS་པ་ནི་གོ་རིམ་བཞིན་དུ་སྦྱིན་པ་ལ་སོགས་པའི་རྣམ་པར་སྨིན་པའི་འབྲས་བུར་རིག་པར་བྱའོ། །གཅིག་ལ་གཅིག་རྣམ་པར་ངེས་པ་ནི་རྣམ་པ་གསུམ་སྟེ་།སྦྱོར་བ་ལས་གྱུར་པ་དང། རབ་ཏུ་དབྱེ་བ་ལས་གྱུར་པ་དང། རབ་ཏུ་ཕྱེ་ནས་བསྟན་པ་ལས ་གྱུར་བའོ། །དེ་ལ་སྦྱོར་བ་ལས་གྱུ་དང?་ནི་སྦྱིན་པ་ལ་སྦྱོར་བར་ཐམས་ཅད་འདུས་བར་དམིགས་ཏེང་འདི་ལྟ་སྟེ་།ནང་དང་ཕྱིའི་དངོས་པོ་ཡོངས་སུ་གཏོང་བའི་སྦྱིན་པ་ལ་སྦྱོར་བའོ། །དེ་ལ་གང་ཡོངས་སུ་བཏང་བ་དེ་ནི་སྦྱིན་བའི་ཕ་རོལ་ཏུ་ཕྱིན་པའོ། ། ་དེ་ལ་བྱམས་པའི་སེམས་དང་ལྡན་པའི་ཕྱིར་གང་གཞན་ལ་ཀུན་ནས་མནར་སེམས་པ་དང། གནོད་པ་དང། རྣམ་པར་འཆེ་བ་སྡོམ་པ་དེ་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །དེ་ཉིད་ལ་གང་ཉེ་བར་སྐོང་པ་དང། ཕོངས་པ་དང། སྐྱོ་པ་ལ ་ཇི་མི་སྙམ་པ་དེ་ནི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ། །དེ་ཉིད་གང་ཕྱིར་ཞིང་སེམས་སྤྲོ་བ་དེ་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །དེ་ཉིད་ལ་གང་སེམས་རྩེ་གཅིག་པ་ཉིད་དེ་དགེ་བ་ལས་སེམས་ཕྱི་རོལ་ཏུ་མི་འཕོ་བ་དེ་ནི་བསམ་གཏན་གྱི་ཕ ་རོལ་ཏུ་ཕྱིན་པའོ། །དེ་ཉིད་ལ་རྒྱུ་དང་འབྲས་བུ་ཇི་ལྟ་བ་བཞིན་དུ་ལེགས་པར་གཟུང་བ་དང། ལྟ་བ་མཆོག་ཏུ་འཛིན་པ་མེད་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་ལ་ཡང་ཅི་རིགས་སུ་སྦྱར་བར ་བྱ་སྟེ། མི་འཇིགས་པའི་སྦྱིན་པ་ནི་ཐམས་ཅད་དུ་ཡང་སྦྱིན་པ་ཡིན་པའི་ཕྱིར་རོ། །དེ་ཡང་རབ་ཏུ་དབྱེ་བ་ལས་གྱུར་པ་ནི་ངོ་བོ་ཉིད་ཀྱིས་རབ་ཏུ་དབྱེ་བ་དང། རྗེས་སུ་བྱེད་པས་རབ་ཏུ་དབྱེ་བ་དང། རྗེས་སུ་སྦྱོར་བས་རབ་ཏུ་དབྱེ་བ་དང། སྐྱེད་པས་རབ་ཏུ་དབྱེ་བའོ། །དེ་ལ ་སྦྱིན་པ་ལ་སོགས་པའི་ངོ་བོ་ཉིད་ནི་རྣམ་པར་གཏོང་བ་དང། སྡོམ་པ་དང། ཇི་མི་སྙམ་པ་དང། མངོན་པར་སྤྲོ་བ་དང། སེམས་གནས་པ་དང། རབ་ཏུ་རྣམ་པར་འབྱེད་པ་སྟེ། གོ་རིམ་བཞིན་ནོ། །དེ་ལ་སྦྱིན་པ་ལ་སོགས་པའི་རྗེས་སུ་བྱེད་པ་ནི་སྦྱིན ་པ་ལ་སོགས་པ་ལ་སྦྱོར་པ་ན། དེ་ལས་གཞན་པའི་ཕ་རོལ་ཏུ་ཕྱིན?་པ་རྣམས་རྗེས་སུ་འཇུག་པ་སྟེ་སྔ་མ་བཞིན་ནོ། །དེ་ལ་སྦྱིན་པ་ལ་སོགས་པའི་རྗེས་སུ་སྦྱོར་བ་ནི་འཛིན་དུ་འཇུག་པ་དང། བསྔགས་པ་བརྗོད་པ་དང། རབ་ཏུ་དགའ་བའོ། །དེ་ལ་སྦྱིན་པ་ལ་སོགS ་པ་སྐྱེད་པ་ནི་གཞན་གྱི་སེམས་ཀྱི་རྒྱུད་ལ་འཇིག་པའོ། །དེ་ལ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི་ཟང་ཟིང་གི་སྦྱིན་པའོ། །དེ་མ་ཡིན་པ་གཞན་ལྔ་ནི་མི་འཇིགས་པའི་སྦྱིན་པའོ། །ཐམས་ཅད་ནི་དམ་པའི་ཆོས་ཀྱི་སྦྱིན་པ་སྟེ་།གཞན་གྱི་སེམས་ཀྱི་རྒྱུད་ལ ་བསྐྱེད་པའི་ཕྱིར་རོ། །དེ་ལ་རབ་ཏུ་ཕྱེ་ནས་བསྟན་པ་ལས་གྱུར་པ་ནི་གཅིག་ནས་རྟོག་པ་ལ་སོགས་པ་སྟེ། འདི་ལྟ་སྟེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའང་དེ་ཡིན་ནམ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ ་ཕྱིན་པ་གང་ཡིན་པ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའང་དེ་ཡིན་ནམ་ཞེ་ན་ཚིག་འོག་མ་དང་སྦྱར་བ་སྟེ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དེ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའང་དེའོ། །སྦྱིན་པ་ནི་ཕ་རོལ་ཏུ་ཕྱིན་པ་ཡིན་ལ། ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན་པ་ཡང་ཡོད་དེ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པས་མ་ཟིན་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་དུ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་ཚིག་འོག་མ་དང་སྦྱོར ་བ་རྣམས་དང་སྦྱར་བར་བྱའོ། །སྦྱིན་པ་གང་ཡིན་པ་དེ་ཐམས་ཅད་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡིན་ན་མ། ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དེ་ཐམས་ཅད་སྦྱིན་པ་ཡིན་ནམ་།ཞེ་ན། མུ་གསུམ་དུ་འགྱུར་ཏེ། སྦྱིན་པ་ཡིན་ལ་ཕ་རོལ་ཏུ་ཕྱིན་པ་མ་ཡིན ་པ་ནི། གང་བྱང་ཆུབ་ཆེན་པོར་ཡོངས་སུ་མ་བསྡོས་པའི་སྦྱིན་པའོ། །སྦྱིན་པའང་ཡིན་ལ་ཕ་རོལ་ཏུ་ཕྱིན་པའང་ཡིན་པ་ཡོད་དེ། བྱང་ཆུབ་ཆེན་པོར་ཡོངས་སུ་བསྔོས་པའི་སྦྱིན་པ་རྣམས་སོ། །སྦྱིན་པ་ཡང་མ་ཡིན་ལ་ཕ་རོལ་ཏུ་ཕྱིན་པ་ཡང་མ ་ཡིན་པའང་ཡོད་དེ་།སྔར་བཤད་པ་མ་གཏོགས་པའི་ཆོས་རྣམས་སོ། །དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་ལས་བརྩམས་ཏེ། རེ་རེ་ལ་ཡང་མུ་གསུམ་གསུམ་དུ་སྦྱར་བར་བྱའོ། །སྦྱིན་པ་ལ་ཀུན་ཏུ་སྤྱོད་པ་གང་ཡིན་པ་དེ་ཐམས ་ཅད་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་རྒྱུ་ལས་བྱུང་བའི་བསོད་ནམས་སྐྱེད་ངམ་ཞེ་ན་།མུ་བཞིར་འགྱུར་ཏེ། མུ་དང་པོ་ནི་བྱང་ཆུབ་ཆེན་པོར་ཡོངས་སུ་མ་བསྡོས་པའི་སྦྱིན་པ་སྤྱེད་པའོ། །མུ་གཉིས་པ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལས་ཡང་དག་པར ་འཛིན་ཏུ་འཇུག་པ་དང། བསྔགས་པ་བརྗོད་པ་དང། ཡིད་རབ་ཏུ་དགའ་བའོ། །མུ་གསུམ་པ་ནི་བྱང་ཆུབ་ཆེན་པོར་ཡོངས་སུ་བསྔོས་པའི་སྦྱིན་པའོ། །མུ་བཞི་པ་ནི་རྣམ་པ་འདི་དག་མ་གཏོགས་པས་སོ། །དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ ་ཕྱིན་པའི་བར་ལ་བརྩམས་ཏེ། རེ་དེ་ལ་ཡང་མུ་བཞི་བཞིང་སྦྱར་བར་བྱའོ། །ཤིན་ཏུ་རྒྱས་པ་ལ་རྒྱ་ཆེ་བ་དང་ཟག་བར་ཡང་བསྟན་པ་ནི་དེའི་འབྲས་བུར་ཐམས་ཅད་མཁྱེན་པ་ཉིད་མཆོག་ཏུ་རྒྱ་ཆེ་བ་དང་ཟབ་པའི་ཕྱིར་འབྲས་བུ་དང་མཐུན་པར་རྒྱུ་བསྟན་པར་བལྟའོ། ་གཅིག་དེ་ལ་མི་མོས་པ་དང་སྐྲག་པ་ནི་བྱང་ཆུབ་སེམས་དཔའ་ཨི་རིགས་དང་མི་ལྡན་པ་དང། རང་བཞིན་གྱིས་སེམས་དམན་པའི་ཕྱིར་རོ། །དེའི་རིགས་སུ་གྱུར་དུ་ཟིན་ཀྱང་བྱང་ཆུབ་ཆེན་པོ་ལས་བརྩམས་ཏེ། སྨོན་ལམ་ལ་སོགས་པའི་དགེ་བའི་རྩ་བ་མ ་བསྐྱེད་པའི་ཕྱིར་རོ། །དགེ་བའི་རྩ་བ་བསྐྱེད་དུ་ཟིན་ཡང་ཐེག་པ་ཆེན་པོ་སྤོང་བའི་སེམས་ཅན་གྱིས་ཡོངས་སུ་ཟིན་པའི་ཕྱིར་རོ། །ཁ་ཅིག་མོས་ཀྱང་ངེས་པར་འབྱུང་བར་མི་འགྱུར་བ་ནི་ངེས་པའི་དོན་གྱི་མདོ་སྡེ་མ་བཙལ་ཏེ། བདག་ཉིད་ལྟ་བ་མཆོག་ཏུ་འཛིན ་པ་ལ་གནས་པ་དང། དོན་ལ་སྒྲ་ཇི་བཞིན་དུ་མངོན་པར་ཞེན་པའི་ཕྱིར་ཏེ། འདི་ལྟ་སྟེ། ཆོས་ཐམས་ཅད་ངོ་བོ་ཉིད་མེད་པའི་ཞེས་བྱ་བའི་ཚིག་གིས་མཚན་ཉིད་ཐམས་ཅད་ཀྱིས་དངོས་པོ་ཐམས་ཅད་ལ་སྐུར་པ་འདེབས་པའོ། །དེ་བཞིན་དུ་གཞན་ལ ་ཡང་དོན་ལ་སྒྲ་ཇི་བཞིན་དུ་མངོན་པར་ཞེན་པ་ནི་ཐེག་པ་ཆེན་པོ་ལས་ངེས་པར་མི་འབྱུང་བར་རིག་པར་བྱ་སྟེ་།ཐེག་པ་ཆེན་པོ་ལ་ནི་དགོངས་པ་སྣ་ཚོགས་ཀྱིས་གསུངས་པའི་ཕྱིར་རོ། །འདི་ལ་དགོངས་ནས་བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་མེ་ལོང ་ཆེན་པོའི་ཆོས་ཀྱི་རྣམ་གྲངས་ལས་གསུངས་པ། བྱང་ཆུབ་སེམས་དཔའ་སྒྲ་ཇི་བཞིན་དུ་ཚུལ་བཞིན་མ་ཡིན་པར་ཆོས་རྣམས་རྣམ་པར་འབྱེད་པ་ལ་ལྟ་བ་ངན་པ་ཉི་ཤུ་རྩ་བརྒྱད་འབྱུང་སྟེ། ལྟ་བ་ངན་པ་ཉི་ཤུ་རྩ་བརྒྱད་པོ་དག་གང་ཞེ་ན། མཚན ་མར་ལྟ་བ་ནས་མངོན་པའི་ང་རྒྱལ་གྱི་བར་དུ་ལྟ་བའོ། །དེ་ལ་ཐེག་པ་ཆེན་པོ་ལ་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པ་དང། མ་སྐྱེས་པ་ཞེས་བྱ་བ་ལ་སོགས་པའི་སྒྲ་དམིགས་ཤིད་ཐོས་ནས། དགོངས་པ་དེ་ལ་མི་མཁས་པ་དག་འདིའི་དོན་ལ་སྒྲ་ཇི ་བཞིན་དུ་མོས་ནས་འདི་ནི་དངོས་པོ་མེད་པ་ཉིད་དུ་བསྟན་ཏོ། །ཞེས་ཆོས་ཐམས་ཅད་མ་སྐྱེས་པ་ཉིད་དུ་མེད་པ་ལ་སོགས་པའི་མཚན་མར་མངོན་པར་ཞེན་པ་ནི་དེ་དག་གི་མཚན་མར་ལྟ་བ་ཡིན་ནོ། །དེ་དག་ཉིད་མེད་པ་ལ ་སོགས་པའི་མཚན་མར་མངོན་པར་ཞེན་ནས། ཀུན་བརྟགས་པའི་ངོ་བོ་ཉིད་དང། གཞན་གྱི་དབང་དང། ཡོངས་སུ་གྲུབ་པའི་ངོ་བོ་ཉིད་གསུམ་ལ་སྐུར་པ་འདེབས་པའོ། །དེ་ལ་འདི་ནི་ཀུན་བརྟགས་པའི་ངོ་བོ་ཉིད་དེ་།གང་གཟུགས་ཞེས ་བྱ་བ་ནས། མྱ་ངན་ལས་འདས་པ་ཞེས་བྱ་བའི་བར་དུ་བརྗོད་པས་བཏགས་པ་ཙམ་དུ་ཟང་ནས་ཡང་དག་པ་མ་ཡིན་པ་ལུས་མེད་པའི་དོན་གང་ལ་བྱིས་པ་རྣམས་ཀྱིས་གཟུགས་ལ་སོགས་པའི་མཚན་ཉིད་དུ་སྒྲོ་བཏགས་ནས་ཡོངས་སུ་རྟོག་པའོ།། ་དེ་ལ་འདི་ནི་གཞན་གྱི་དབང་གི་ངོ་བོ་ཉིད་དེ་གང་ཞེ་ན། ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པ་ཙམ་དེ་ཉིད་དོ། །དེ་ལ་འདི་ནི་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་དེ། གང་ཞེ་ན། ཆོས་ཐམས་ཅད་ཀྱི་དེ་ཁོ་ན་དེ་བཞིན་ཉིད་དོ། །དེ་ལ་སྐུར་པ་འདེབས་པའི་རྣམ་པ ་འདིས་ལྟ་བ་གསུམ་དུ་འགྱུར་ཏེ། བཏགས་པ་ལ་སྐུར་བ་འདེབས་པའི་ལྟ་བ་དང། ཀུན་ཏུ་རྟོག་པ་ལ་སྐུར་པ་འདེབས་པའི་ལྟ་བ་དང། དེ་ཁོ་ན་ལ་སྐུར་པ་འདེབས་པའི་ལྟ་བའོ། །དེ་ལྟར་དེ་དག་རྣམ་པ་ཐམས་ཅད་དུ་ཆོས་ཐམས་ཅད་ལ་སྐུར་པ་འདེབས་པས་ན་སྐུར་བ ་འདེབས་པའི་ལྟ་བ་དེ་བཞག་བའི་ཕྱིར་རིག་པ་འགའ་ཞིག་ཡོངས་སུ་འཛིན་པ་དང། ངེས་པའི་དོན་གྱི་མདོ་སྡེ་གང་དག་བརྗོད་དུ་མེད་པའི་ཆོས་ཉིད་སྟོན་པ་དེ་དག་ཐམས་ཅད་ཀྱང་རང་གི་ལྟ་བ་དང་མཐུན་པར་ཡོངས་སུ་གྲུབ་པ་དེ་དག་ནི་ལྟ་བ་གཉིས་སུ་འགྲུབ ་སྟེ། ཡོངས་སུ་འཛིན་པའི་ལྟ་བ་དང། སྒྱུར་བའི་ལྟ་བའོ། །དེ་དག་ཡང་ལྟ་བ་འདི་འདྲ་བར་འགྱུར་ཏེ། ལྟ་བ་འདི་ལྟ་བུ་ལ་བརྟེན་ནས་དགེ་བ་བམ་མི་དགེ་བ་ཡང་རུང་སྤྱད་ན་ཁ་ན་མ་ཐོ་བ་མེད་པ་དང། སྐྱོན་མེད་པར་འགྱུར་ཞིང་དེ་ཐམས་ཅད་དགེ? ་བར་འབྱུང?་བ་དང། སྔོན་བསགས་པའི་སྒྲིབ་པ་ལས་དེ་འབྱུང་བར་འགྱུར་བར་འཛིན་པ་དེ་ལྟ་བུ་དེ་དག་གི་ལྟ་བ་གཉིས་ཏེ་ཁ་ན་མ་ཐོ་བ་མེད་པར་ལྟ་བ་དང། ངེས་པར་འབྱུང་བར་ལྟ་བའོ། །དེ་དག་ལྟ་བ་དེ་ལྟ་བུ་ལ་མངོན་པར་ཞེན་ལས་ལྟ་བ་དེ་ལས་བཟློག་པ་ཕུང་པོ་ལ་སོཌ ་པའི་ཆོས་རྣམ་པར་འཇོག་པ་ཉན་ཐོས་ཀྱི་སྡེ་སྣོད་ཁྱད་དུ་གསར་པ་དང། གང་དག་སྐུར་པ་འདེབས་པར་ལྟ་བ་དེ་ལ་མི་མོས་པ་ཉན་ཐོས་ཀྱི་ཐེག་པ་པ་དེ་དག་ལ་རབ་ཏུ་སྡང་བའི་ལྟ་བ་འདི་གཉིས་ཏེ། དབང་ཟ་བའི་ལྟ་བ་དང། རབ་ཏུ་འཁྲུག་པའི་ལྟ་བའོ།། ་རང་གི་ལྔ་བའི་ཚུལ་དུ་ནང་སྟོང་པ་ཉིད་དང། མཚན་མ་མེད་པ་དང། སྨོན་པ་མེད་པ་ཇི་ལྟ་བ་བཞིན་དུ་རྣམ་པར་བཞག་པ་ཡིན་ནོ་སྙམ་ནས། དེའི་མཚན་ཉིད་མ་ཡིན་པ་ལ་དེའི་མཚན་ཉིད་དུ་འདུ་ཤེས་པ་ནི་དེ་དག་གི་མཚན་ཉིད་ཕྱིན་ཅི་ལོག་ཏུ་རྣམ་པར ་འཇོག་ཅིང་འདི་སྙམ་དུ་ཡང་སེམས་ཏེ། གང་དག་ཆོས་ཉིད་འདི་ལྟ་བུ་ལ་འཇུག་པ་དང་མཛུད་པ་དེ་དག་ཐམས་ཅད་བསོད་ནམས་ཀྱི་ཕུང་པོ་དཔག་ཏུ་མེད་པ་སྐྱེད་དོ་སྙམ་པ་དེ་ལྟ་བུའི་ལྟ་བ་འདི་གཉིས་ཏེ། ཕྱིན་ཅི་ལོག་ཏུ་ལྟ་བ་དང། འཕེལ་པའི། ་ལྟ་བའོ། །གང་གི་ཚེ་དེ་དག་ལྟ་བ་དེ་ལས་བརྩམས་ཏེ་གཞན་དག་གིས་དྲིས་པ་དེའི་ཚེ་བདག་ནི་ཅི་ཡང་ཁས་ལེན་པར་མི་འདོད་ཀྱི་ཚིག་དོར་དང་ལྟག་ཆོད་ཀྱིས་གཞན་ལ་འདྲི་པའི་ལྟ་བ་འདི་གཉིས་ཏེ། ཁས་མི་ལེན་པའི་ལྟ་བ་དང། དན་གཡོའི་ལྟ་བའོ ་དེ་དག་ཡང་འདི་ལྟ་བུའི་ང་རྒྱལ་ཅན་དུ་འགྱུར་རོ། །གང་དག་ད་ལྟར་སྒྲུབ་པ་དེ་དག་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་ཆོད་པ་བྱེད་པ་དེང། རིམ་གྲོར་བྱེད་པར་འཛིན་པ་དེ་དག་གི་ལྟ་བ་ནི་བཀུར་སྟིའི་ལྟ་བའོ། །ཕྱིན་ཅི་ལོག་མ་ཡིན་པའི་ཆོས ་ཉིད་ལ་མཁས་པ་དག་གིས་ལྟ་བ་དེ་དང་འབྱེད་ཅིང་ལེགས་པར་འཐད་པ་དང། རབ་ཏུ་གྲགས་པའི་རིགས་པས་ཡིད་ཆེས་པར་བྱེད་པ་ན་ཡང་ལྟ་བ་དེ་ཇི་ལྟར་ཡང་ཡོངས་སུ་མི་འདོད་ཏེ་འདི་ཉིད་བདེན་གྱི་གཞན་ནི་ལོག་པའོ་སྙམ་པ་དེ་དག་ནི་རྨོངས ་པ་བརྟན་པའི་ལྟ་བའོ། །ལྟ་བ་ཇི་སྐད་དུ་བརྟན་པ་འདི་དག་གི་བག་ཆགས་གནས་ངན་ལེན་གང་ཡིན་པ་དེ་ནི་རྩ་བའི་ལྟ་བའོ། །ལྟ་བ་བཙུ?་བདུན་པོ་དེ་དག་ཉིད་ཀྱི་སྐྱོན་བརྗོད་པའི་སྐྱོ?་ནས་ཡང་བཤད་པར་བྱ་སྟེ། །འདི་ལྟ་སྟེ། མཚན་མར་ལྟ་བ ་ནི་ལྟ་བ་ལ་ལྟ་བ་མ?་ཡིན་པར་ལྟ་བ་ཞེས་བྱ་སྟེ་།མེད་པ་ལ་སོགས་པའི་མཚན་ཉིད་ལ་མངོན་པར་ཞེན་པ་ཉིད་དུ་གྱུར་ཀྱང། མཚན་མ་ཐམས་ཅད་ལ་མངོན་པར་ཞེན་པ་མེད་དོ། །མཉམ་པའི་འདུ་ཤེས་ཅན་དུ་གྱུར་པའི་ཕྱིར་རོ། །བརྟགས་པ ་ལ་སྐུར་པ་འདེབས་པའི་ལྟ་བ་དང། ཀུན་ཏུ་རྟོག་པ་ལ་སྐུར་བ་འདེབས་པའི་ལྟ་བ་དང། དེ་ཁོ་ན་ལ་སྐུར་པ་འདེབས་པཱི་ལྟ?་བ་ནི་སྦྱོར་བ་སེལ་བའི་ལྟ་བ་སྟེ། ཐམས་ཅད་ལ་སྐུར་པ་འདེབས་པའི་ལྟ་བ་ནི་འབད་པ་མཐུ་མེད་པའི་འདུ་ཤེས་ཅན་དུ་འགྱུར་བའི་ཕྱིར་རོ།། ་ཡོངས་སུ་འཛིན་པའི་ལྟ་བ་དང། སྒྱུར་བའི་ལྟ་བ་ནི་ངེས་པར་འབྱིན་པ་མ་ཡིན་པའི་ལྟ་བ་སྟེ། ཐབས་མ་ཡིན་པ་ལ་སྦྱོར་བ་ནི་དེའི་འབྲས་བུ་མི་འཐོབ་པའི་ཕྱིར་རོ། །ཁ་ན་མ་ཐོ་བ་མེད་པར་ལྟ་བ་དང། ངེས་པར་འབྱུང་བར་ལྟ་བ་ནི་སྒྲིབ་པ་སོགས་པའི ་ལྟ་བ་སྟེ། ལོག་པར་སྒྲུབ་པའི་སྒྲིབ་པ་ཟད་མི་སྲིད་པའི་ཕྱིར་རོ། །དབང་ཟ་བའི་ལྟ་བ་དང། རབ་ཏུ་འཁྲུག་པའི་ལྟ་པ་ནི་བསོད་ནམས་མ་ཡིན་པ་འཕེལ་པའི་ལྟ་བ་སྟེ་།དམ་པའི་ཆོས་དང་མཚུངས་པ་མཚུངས་པར་སྤྱོད་པ་ལ་ལོག་བར་སྒྲུབ་བའི་སྒོ་ནིS? ་རྨས་པ་ཆེན་པོ་འཐོབ་པའི་ཕྱིར་རོ། །ཕྱིན་ཅི་ལོག་ཏུ་ལྟ་བ་དང། འཕེལ་བའི་ལྟ་བ་ནི་འབྲས་བུ་མེད་བའི་ལྟ་བ་སྟེ། ཡང་དག་པ་མ་ཡིན་པའི་ཆོས་ཉིད་རྣམ་པར་འཇོག་པ་འཛིན་པ་དང། འཛིན་དུ་འཇུག་པས་ཁྱད་པར་མི་འཐོབ་པའི་ཕྱིར། །ཁས་མི ་ལེན་པའི་ལྟ་བ་དང། ངན་གཡོའི?་ལྟག་ནི?་ཆད་པས་གཅད་པའི་ལྟ་བ་སྟེ་།རིགས་པ་མ་ཡིན་པས་རྒོལ་ན་རྒྱལ་མི་སྲིད་པའི་ཕྱིར་རོ། །བཀུ་སྟིའི་ལྟ་བ་ནི་སྐུར་པ་འདེབས་པའི་ལྟ་བ་སྟེ། དེ་མི་གསུང་བ་ལ་དེ་སྒྲོ་འདོགས་བའི་ཕྱིར་རོ། །རྨོངས་པ་བརྟན ་བའི་ལྟ་བ་ནི་བསྙེད་བ་མ་ཡིན་པའི་ལྟ་བ་སྟེ། ལོག་པ་ལ་མངོན་པར་ཞེན་པ་དང། འཕེལ་བའི་གཏམ་བྱ་བ་བཀག་པའི་ཕྱིར་ཏེ། དོན་མེད་པའི་ཕྱིར་རོ། །རྩ་བའི་ལྟ་བ་ནི་ལྟ་བ་ཆེན་པོ་སྟེ། དེ་ལས་ཕྱི་མ་ལ་ལྟེ་བར་གྱུར་བ་ཐམས་ཅད་ཤིན་ཏུ་བརྟས་པ་རྒྱས ་བར་འགྱུར་བའི་ཕྱིར་རོ། །ལྟ་བ་ཉི་ཤུ་རྩ་བདུན་པོ་ཐམས་ཅད་ནི་མངོན་པའི་ང་རྒྱལ་གྱི་ལྟ་བ་སྟེ། ཡང་དག་པ་མ་ཡིན་པའི་མངོན་པའི་ང་རྒྱལ་གྱིས་བསླང་བའི་ཕྱིར་རོ། །དེའི་ཕྱིར་མདོ་དེ་ཉིད་ལས་དེའི་འོག་ཏུ་འདི་དག་ནི་བཅུ་བདུན་ཡིན་ཡང་བཅུར་འགྱུར་རོ། ། ་བཅུ་ཡིན་ཡང་བཅུ་བདུན་དུ་འགྱུར་རོ། །ཉི་ཤུ་རྩ་བདུན་ཡིན་ཡང་གཅིག་ཏུ་འགྱུར་རོ། །གཅིག་ཡིན་ཡང་ཉི་ཤུ་རྩ་བདུན་དུ་འགྱུར་རོ་ཞེས་གསུངས་སོ།། །།བམ་པོ་བརྒྱད་པ། །ཆོས་ཐམས་ཅད་ངོ་བོ་ཉིད་མེད་པ་སྟེ། འདི་ལྟ་འདི་དག་ནི་བདག་ཉིད་ཀྱིས ་འབྱུང་བ་མེད་ཀྱི། རྐྱེན་རྣམས་ལ་བལྟོས་ནས་འབྱུང་བ་བཀག་པ་ནི་མ་ཡིན་ནོ། །ངོ་བོ་ཉིད་གང་དུ་དེ་དག་སྔར་བྱུང་བའི་ངོ་བོ་ཉིད་དེར་ཡང་དེ་དག་གིས་བསྐྱེད་མི་ནུས་པས་ངོ་བོ་ཉིད་མེད་པའོ། །ཐོབས?་མཉམས་པ་ད་ལྟར་བྱུང་བ་རྣམས་ཀྱང་རང་གི་ངོ་བོ་ལ་མི་གནས་པས ་ངོ་བོ་ཉིད་མེད་པའོ། །བདེན་པ་མ་མཐོང་བ་རྣམས་ཀྱིས་ངོ་བོ་ཉིད་དེ་མཚན་ཉིད་མངོན་པར་བརྗོད་པ་སྤྲོས་པའི་བག་ཆག་ཀྱི་སྒོ་ནས་ཇི་ལྟར་བཟུང་བ་བཞིན་དུ་བྱིས་བས་བཟུང་བ་དང། མཐུན་པའི་ངོ་བོ་ཉིད་དེ་དང་བྲལ་བའི་ཕྱིར་ངོ་བོ་ཉིད་མེད་པའོ། །ཡང་ཆོས ་ཐམས་ཅད། ཅེས་བྱ་བ་ནི་ངོ་བོ་ཉིད་གསུམ་སྟེ། དེ་ལ་ཀུན་བརྟགས་ཀྱི་ངོ་བོ་ཉིད་ནི་རང་གི་མཚན་ཉིད་ཀྱིས་མེད་པ་སྟེ། དེའི་ཕྱིར་རང་གི་མཚན་ཉིད་ངོ་བོ་ཉིད་མེད་པས་ངོ་བོ་ཉིད་མེད་པའོ། །གཞན་གྱི་དབང་ནི་རྐྱེན་ལ་བལྟོས་པའི་ཕྱིར་བདག་ཉིད་ཀྱིས་འབྱུང ་བ་མེད་པ་སྟེ་།དེའི་ཕྱིར་དེ་རང་གི་འབྱུང་བ་མེད་པས་ན་སྐྱེ་བ་ངོ་བོ་ཉིད་མེད་པས་དེའི་ངོ་བོ་ཉིད་མེད་པའོ། །ཡོངས་སུ་གྲུབ་པ་ནི་རྣམ་པར་དག་པའི་དམིགས་པ་ཡིན་པ་དང་གཞན་གྱི་དབང་དང་ཀུན་བརྟགས་པའི་མཚན་ཉིད་མེད་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་ཏེ། ་དོན་དམ་པ་ཡིན་ལ་ངོ་བོ་ཉིད་མེད་པས་རབ་ཏུ་ཕྱེ་བ་སྟེ་།དོན་དམ་པ་ངོ་བོ་ཉིད་མེད་པས་ངོ་བོ་ཉིད་མེད་པའོ། །དེ་ལྟར་ཆོས་ཐམས་ཅད་ལ་ངོ་བོ་ཉིད་མེད་པར་ལྟའི། རྣམ་པར་ཐམས་ཅད་དུ་མཚན་ཉིད་མེད་པའི་དབང་དུ་བྱས་པ་ནི་མ་ཡིན་ནོ། ། ་ཡང་ཐེག་པ་ཆེན་པོ་ལ་དེ་བཞིན་གཤེགས་པའི་དགོངས་པ་ཐམས་ཅད་ནི་མདོར་ན་བཞིན་འགྱུར་ཏེ། འདི་ལྟ་སྟེ། མཉམ་པ་ཉིད་ལ་དགོངས་པ་ནི་དེ་ཉིད་དེའི་ཚེ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་གཟིགས་སུ་གྱུར་ཏོ། །ཞེས་གང་གསུངས་པ་སྟེ། ་ཆོས་ཀྱི་སྐུ་ལ་བྱེ་བྲག་མེད་པའི་ཕྱིར་རོ། །དུས་གཞན་ལ་དགོངས་པ་ནི་གང་དག་བདེ་བ་ཅན་གྱི་འཇིག་རྟེན་གྱི་ཁམས་སུ་སྨོན་ལམ་འདེབས་པ་སྟེ་དེ་དག་དེར་སྐྱེ་བར་འགྱུར་ཞེས་བྱ་བ་དང། དེ་བཞིན་གཤེགས་པ་དྲི་མེད་ཟླ་འོད་ཀྱི་མཚན་བཟུང་བ་ཙམ་གྱིས ་ངེས་པར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འཐོབ་པོ་ཞེས་གང་གསུངས་པ་སྟེ། དུས་གཞན་ནའོ། །ཞེས་དགོངས་པའོ། །དོན་གཞན་ལ་དགོངས་པ་ནི་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པའོ། །མ་སྐྱེས་པའོ་ཞེས་བྱ་བ་ལ་སོགས་པ་གང་གསུངས ་པ་སྟེ། ?་སྒྲ་ཇི་བཞིན་མ་ཡིན་པའི་ཕྱིར་རོ། །གང་ཟག་གི་བསམ་པ་ལ་དགོངས་པ་ནི་གང་ལ་ལ་ལ་ནས་བ་སྔགས་པའི་དགེ་པའི་རྩ་བ་དེ་ཉིད་ཅུང་ཟད་ཙམ་གྱིས་ཆོག་པར་འཛིན་པ་ལ་ལ་ལ་སྨད་དོ། །དེ་བཞིན་དུ་འདོད་ཆགས་ལ་སྤྱོད་པ་ལ་ནི་སངས་རྒྱས་ཀྱིས ་ཞིང་གི་རྣམ་པར་འབྱོར་པ་བ་སྔགས་སོ། །ང་རྒྱལ་ལ་སྤྱོད་པ་ལ་ནི་སངས་རྒྱས་ཁ་ཅིག་གི་ཕུན་སུམ་ཚོགས་པ་ལྷག་པར་བསྔགས་སོ། །འགྱོད་པས་བསྒྲིབས་པ་ལ་ནི་གང་དག་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་གནོད་པར་བྱེད་པ་དེ་དག་ཐམS ་ཅད་ཀྱང་མཐོ་རིས་སུ་ཉེ་བར་འགྲོ་བར་འགྱུར་རོ། །ཞེས་གསུངས་སོ། །མ་ངེས་པའི་རིགས་ཅན་ལ་ནི་ཉན་ཐོས་ཉིད་ཀྱི་བསམ་པ་དོར་བའི་ཕྱིར་ཉན་ཐོས་ཆེན་པོ་རྣམས་སངས་རྒྱས་ཉིད་དུ་ལུང་སྟོན་ཅིང་ཐེག་པ་ནི་གཅིག་སྟེ་གཉིས་སུ་མེད་དོ། །ཞེས་ལུང་སྟོན་ཏོ།། ་ཡང་ལྡེམ་པོར་དགོངས་པ་ཐམས་ཅད་ནི་མདོར་ན་གཞུགས་པ་ལ་ལྡེམ་པོར་དགོངས་པ་ལ་སོགས་པ་བཞིར་འགྱུར་རོ། །དེ་ལ་གཞུག་པ་ལ་ལྡེམ་པོར་དགོངས་པ་ནི་ཉན་ཐོས་རྣམས་ལ་བལྟ་བར་བྱ་སྟེ། བསྟན་པ་ལ་གཞུག་པའི་དོན་དུ་མི་སྐྲག་པར་བྱ་བའི་ཕྱིར་གཟུགས་ལ་སོགས ་པ་ཡོད་པ་སྐད་དུ་བསྟན་པའི་ཕྱིར་རོ། །མཚན་ཉིད་ལ་ལྡེམ་པོར་དགོངས་པ་ནི་ཀུན་བརྟགས་པ་ལ་སོགས་བ་ངོ་བོ་ཉིད་གསུམ་ལ་བལྟ་སྟེ། ཆོས་ཐམས་ཅད་ངོ་བོ་ཉིད་མེད་པ་དང། མ་སྐྱེས་པ་ལ་སོགས་པ་བསྟན་པའི་ཕྱིར་རོ། །གཉེན་པོ་ལ་ལྡམ་པོར་དགོངས་པ་ནི་ཉེས ་པ་རྣམས་འདུལ་བར་བལྟ་སྟེ། དཔེར་ན་སྒྲིབ་པ་བརྒྱད་ཀྱི་གཉེན་པོར་ཐེག་པ་མཆོག་ཡང་དག་པར་བཤད་པ་ལྟ་བུའོ། །སྒྲིབ་པ་བརྒྱད་ནི་སངས་རྒྱས་དང་ནི་ཆོས་ལ་བརྙས་པ་དང། ཞེས་རྒྱ་ཆེར་འབྱུང་བ་སྟེ། དེའི་དཔེ་བརྗོད་པ་ནི་ཅི་རིགས་སུ་དགོངས་པ་བཞི་བསྟན ་པར་བལྟའོ། །བསྒྱུར་བ་ལ་ལྡེམ་པོར་དགོངས་པ་ནི་བརྗོད་པ་ཟད?་པ་ལ་བལྟ་བར་བྱ་སྟེ་།ཇི་སྐད་དུ་།སྙིང་པོ་མེད་ལ་སྙིང་པོར་ཤེས། །ཕྱིན་ཅི་ལོག་ལ་ཤིན་ཏུ་གནས། །ཉོན་མོངས་ཀུན་ནས་རབ་ཉོན་མོངས། །བྱང་ཆུབ་དམ་པ་ཐོབ་པར་འགྱུར་ཞེས་བྱ་བ་འདི་ལ ་ལྡེམ་པོར་དགོངས་པ་ནི་འདི་ཡིན་ཏེ། རྣམ་པར་མ་གཡེང་བ་ལ་གང་དག་སྙིང་པར་བློ་འབྱུང་བ་དང་མཆོག་ཏུ་བློ་འབྱུང་བའོ། །རྣཾ་པར་གཡེང་བ་ནི་སེམས་རྣམ་པར་འཕྲོ་བའོ། །ཕྱིར་ཅི་ལོག་ལ་ཤིན་ཏུ་གནས་ཞེས་བྱ་བ་ནི། རྟག་པ་དང། བདེ་བ་དང། གཙང་བ་དང། བདག་ལས ་བཟློག་སྟེ་།མི་རྟག་པ་ལ་སོགས་པའི་ཕྱིན་ཅི་ལོག་ལ་ཤིན་ཏུ་གནས་པ་ཡོངས་སུ་མི་ཉམས་པའི་ཕྱིར་རོ། །ཉོན་མོངས་ཀུན་ནས་རབ་ཉོན་མོངས་ཞེས་བྱ་བ་ནི་ཡུན་རིང་བར་དཀའ་བ་བྱེད་པའི་རྩོལ་བས་ཤིན་ཏུ་ཡོངས་སུ་ཉོན་མོངས་པར ་གྱུར་པའོ། །ཤིན་ཏུ་རྒྱས་པ་ལ་བྱང་ཆུབ་སེམས་དཔའ་ཆོས་ལ་ཏིང་ངེ་འཛིན་དུ་མཁས་པར་བསྟན་པ་ནི་ཞི་གནས་ཀྱི་ཕན་ཡོན་དང། ལྷག་མཐོང་གི་ཕན་ཡོན་དང། དེ་གཉི་གའི་ཕན་ཡོན་གྱི་དབང་དུ་བྱས་པར་རིག་པར་བྱའོ། །དེ་ལ་ཞི་གནས་ཀྱི་ཕན ་ཡོན་ནི་རྣམ་པ་གཉིས་ཏེ། སྐད་ཅིག་གཅིག་ལ་ཁྱད་པར་དུ་འགྲོ་བའི་ཤིན་ཏུ་སྦྱངས་པས་རྒྱུན་མི་འཆད་པར་ལུས་ལ་ཁྱབ་པའི་ཕྱིར་སྐད་ཅིག་རེ་རེ་ལ་གནས་ངན་ལེན་གྱི་གནས་ཐམས་ཅད་འཇིག་པར་བྱེད་པ་དང། བསྟན་པའི ་ཆོས་ཐམས་ཅད་ཁྱད་པར་མེད་པས་རོ་གཅིག་པར་མོས་ཏེ། མཉམ་པར་འཇོག་པས་ཕུང་པོ་ལ་སོགས་པའི་དོན་གྱི་རྣམ་པ་ཐ་དད་པའི་འདུ་ཤེས་དང་བྲལ་བས་མདོ་ལ་སོགས་པའི་ཆོས་ཀྱི་དགའ་བ་ལས་དགའ་བ་ཐོབ་པའོ། །ལྷག་མཐོང་གི་ཕན ་ཡོན་ཡང་རྣམ་པ་གཉིས་ཏེ། ཇི་ལྟར་རབ་ཏུ་རྣམ་པར་ཕྱེ་བའི་ཆོས་རྒྱུ་ན་མི་འཆད་པར་མི་བ་རྗེད་པས་སོ་སོར་དྲན་པ་ཙམ་གྱི་སྒོ་ནས་མདོ་ལ་སོགས་པའི་ཆོས་རྣམས་ལ་ཤེས་རབ་ཀྱི་སྣང་བ་རྣམ་པ་ཡོངས་སུ་མཚད་པ་ཚད་མེད་པ་དང། གནས་འགྱུར ་བའི་སྔ་རྟགས་སུ་གྱུར་པ་རྣམ་པར་མི་རྟོག་པ་མངོན་པར་འདུས་མི་བྱས་པའི་མཚན་མ་རྣམས་ཀུན་ཏུ་འབྱུང་བའོ། །དེ་གཉི་གའི་ཕན་ཡོན་ནི་ཆོས་ཀྱི་སྐུ་ཤེས་བྱའི་སྒྲིབ་པ་སྤངS་པ། གནས་གྱུར་པས་བསྡུས་པ་ས་བཅུ་པ་ལ་ཡོངས་སུ་རྫོགས་པར་བྱ ་པ་དང། །དེ་བཞིན་གཤེགས་པའི་ས་ལ་ཡོངས་སུ་བསྒྲུབ་པའི་ཕྱིར་གོང་མ་བས་ཀྱང་ཆེས་གོང་མའི་རྒྱུ་མཐུན་པའི་བག་ཆགས་བསྐྱེད་པའི་ཚུལ་གྱི་རྒྱུ་ཡོངས་སུ་འཛིན་པར་བྱེད་པའོ། །ཆོས་ཀྱི་སྐུའི་རྒྱུ་མཐུན་པར་འདྲ་བ་ལ་ཅིའི་ཕྱིར་ཤིན་ཏུ་རྒྱས་པའི ་ཆོས་ལ་འདུག་པ་དང། ཕྱེ་མ་ལ་སོགས་པས་མཆོད་པར་འོས་ཀྱི། ཉན་ཐོས་ཀྱི་ཐེག་པའི་ཆོས་ལ་དེ་ལྟ་མ་ཡིན་ཞེ་ན། ཤིན་ཏུ་རྒྱས་པའི་ཆོས་ནི་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བའི་གཞིར་གྱུར་པའི་ཕྱིར་ཏེ། དོན་ཆེ་བས་བསོད་ནམས ་བླ་ན་མེད་ཅིང་དཔག་ཏུ་མེད་པ་སྐྱེད་པའི་གནས་སུ་གྱུར་པའི་ཕྱིར་རོ། །ཐོབ་པ་རྣམ་པར་ངེས་པ་ནི་ཐོབ་པར་བྱེད་པའི་གང་ཟག་རྣམ་པར་བཞག་པ་དང། མངོན་པར་རྟོགས་པར་རྣམ་པར་བཞག་པར་བལྟའོ། །གང་ཟག་རྫས་སུ་མེད་ཀྱང་རྣམ་པ ་བཞིས་གང་ཟག་རྣམ་པར་བཞག་སྟེ། འདི་ལྟ་སྟེ། སླ་བར་ཐ་སྙད་གདགས་པའི་ཕྱིར་ནི་གཟུགས་ལ་སོགས་པ་རྣམ་པ་མང་པོ་མཚན་ཉིད་དང་མིང་ཐ་དད་པ་མང་པོ་རྣམས་གཅིག་ཏུ་བསྡུས་ཏེ། སེམས་ཅན་ཞེས་བཏགས་ནས་སོ། །ཞེས་བྱ་བ་ལ་སོགས་པ་ཚོགས ་མེད་པ་ཉིད་དུ་ཐ་སྙད་འདོགས་པའི་ཕྱིར་རོ། །འཇིག་རྟེན་དང་མཐུན་པར་བྱ་བའི་ཕྱིར་ནི་འཇིག་རྟེན་ཆོས་ཙམ་གྱི་མིང་རྣམས་ཀྱི་ཐ་སྙད་ཐམས་ཅད་མ་གྲགས་ཀྱི་ཕལ་ཆེར་སེམས་ཅན་གྱི་མིང་གིས་སོ། །དེ་བས་ན་འཕགས་པ་རྣམས་ཀྱིས་ཀྱང་གདོན་མི་ཟ་བར ་འཇིག་རྟེན་དང་མཐུན་པའི་ཐ་སྙད་རྣམས་ཀྱིས་དེ་དག་མཐུན་པར་བྱའོ། །མི་སྐྲག་པར་བྱ་བའི་ཕྱིར་ནི་རྟེན་ཅིང་འབྲེལ་པར་འབྱུང་བའི་ཆོས་ཉིད་ལ་མི་མཁས་པ་གློ་བུར་དུ་ཐོག་མར་རྣམ་པ་ཐམས་ཅད་དུ་སེམས་ཅན་མེད་པ་ཐོས་པ་ན་སྒྲག་པར་འགྱུར་པའི་ཕྱིར་རོ། ་བདག་དང་གཞན་དག་གི་ཉེས་པ་དང་ལྡན་པ་དང། ཡོན་ཏན་དང་ལྡན་པ་བརྗོད་པའི་ཕྱིར་ན་གཞན་དུ་སེམས་ཅན་དུ་བཏགས་པ་མེད་པར་ཀུན་ནས་ཉོན་མོངས་པ་དང། རྣམ་པར་བྱང་བའི་མཚན་ཉིད་ཙམ་བསྟན་ན་ཆེ་གེ་མོ་ཞིག་གི་སེམས་ཀྱི་རྒྱུ་ལ་ཉེས་པ་འདི ་རྣམས་སྤངས་སོ། །ཡོན་ཏན་འདི་རྣམས་སྐྱེས་སོ། །ཞེས་ཤེས་པར་མི་ནུས་པའི་ཕྱིར་རོ། །གང་ཟག་རྣམ་པར་བཞག་པ་ནི་སྤྱོད་པ་ལ་སོགས་པའི་བྱེ་བྲག་གིས་རྣམ་པར་བདུན་ཏེ། དེ་ལ་འདོད་ཆགས་ལ་སྤྱོད་པ་ནི། འདོད་ཆགས་ཀྱི་ཤས་ཆེ་ཞིང་རྒྱུན་རིང་བ་སྟེ། ་ཆགས་པར་འགྱུར་བའི་དངོས་པོ་ངན་པ་ལ་ཡང་འདོད་ཆགས་ཆེར་འབྱུང་བ་དང། བྱུང་ནས་ཀྱང་ཡུན་རིང་དུ་རྗེས་སུ་འབྲེལ་བའི་ཕྱིར་རོ། །རྣམ་པར་རྟོག་པ་ལ་སྤྱོད་པའི་བར་དུ་ཡང་དེ་བཞིན་ཏེ། རང་གི་དངོས་པོ་ཇི་ལྟ་བ་བཞིན་དུ་སྦྱར་བར་བྱའོ། །ཆ་མཉམ་པ་ལ། ་སྤྱད་པ་ནི་ཉོན་མོངས་པ་རང་བཞིན་དུ་གནས་པ་སྟེ། ཉོན་མོངས་པ་ཤས་ཆེ་བ་དང་ཆུད་བ་རྣམ་པར་སྤངས་ནས་མཉམ་པའི་གནས་སྐབས་ཞེས་བྱ་བའི་ཐ་ཚིག་སྟེ། དངོས་པོ་ཇི་ལྟ་བ་དང་མཐུན་པར་ཉོན་མོངས་པ་ཀུན་ཏུ་འབྱུང་བའི་ཕྱིར་རོ། ཉོན་མོངས ་པ་ཆུང་དུ་ནི་ཉོན་མོངས་ཤིན་ཏུ་སྲབ་པའི་རང་བཞིན་དུ་གནས་པ་དང། ཉོན་མོངས་པ་རང་བཞིན་དུ་གནས་པའི་མཚན་ཉིད་བསྟན་པ་དག་པས། ཉོན་མོངས་པ་ཆེས་སྲབ་པ་ཡོད་པ་དེ་ནི་ཉོན་མོངས་པ་རང་བཞིན་དུ་གནས་པ་བས་སྲབ་པ་སྟེ ་སྔོན་གཉེན་པོ་ཆེན་པོ་གོམས་པར་བྱས་པའི་དབང་གིས་དངོས་པོ་ཤས་ཆེ་བ་ལ་ཡང་རང་བཞིན་གྱིས་ཉོན་མོངས་པ་ཆུང་དུ་ཀུན་ཏུ་འབྱུང་བའི་ཕྱིར་རོ། །ཉན་ཐོས་རྣམས་ཀྱི་ཐེག་པ་ནི་རིགས་དང། དབང་པོ་དང། སྨོན་ལམ་དང། བསམ་པ་དང། དམིགས་པ། ་དང། སྒྲུབ་པ་དང། འབྲས་བུའི་རབ་ཏུ་དབྱེ་བའི་དབང་གིས་བསྟན་པར་རིག་པར་བྱའོ། །འདིའི་དབང་པོ་རྟུལ་བ་ཉིད་ནི་རང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཨི་དབང་པོ་ལས་བལྟོས་པའོ། །གཞན་དུ་ནི་ཆོས་ཀྱི་རྗེས་སུ་འབྲང་བ་ལ་སོགས་པ་དབང་པོ་རྣོན་པོ ་ཡིན་ནོ། །ཞེས་བྱ་བ་དང་འགལ་བར་འགྱུར་ཏོ། །དེ་ལ་ངེས་པར་འབྱེད་པའི་ཆ་དང་མཐུན་པ་སྔོན་མ་བསྐྱེད་པ་དང། སྔོན་འབྲས་བུ་མ་ཐོབ་པ་ནི་བསེ་རུ་ལྟར་གྱུར་ཏེ་གཅིག་བུ་གནས་པའོ། །དེ་ལས་གཞན་པའི་རང་རྒྱལ་བ་ནི་ཚོགས་དང་སྤྱོད་པའོ། །ལུང་སྟན ་པ་ཡང་ཐོབ་ཅེས་བྱ་བ་ནི་ས་བརྒྱད་པ་ལ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་ཅེས་བྱ་བའི་ཐ་ཚིག་གོ་།ཚོགས་མ་བསགས་པ་ལ་སོགས་པ་ནི་ཐར་པའི་ཆ་དང་མཐུན་པ་རྣམས་དང། ངེས་པར་འབྱེད་པའི་ཆ་དང་མཐུན་པ་ཆུང་དུ་དང། འབྲིང་པོ་དང་ཆེན་པོར་ངས་པར་འབྱེད་པའི ་ཕྱོགས་དང་བདེན་པ་མངོན་པར་རྟོགས་པ་སྐྱེད་པའོ། དེ་ཡང་མ་ངེས་པ་དང་ངེས་པ་དང། ཚེ་རབས་དེ་ཉིད་ཀྱིས་དུས་དང་ལྡན་པའི་ཕྱིར་གོ་རིམ་བཞིན་དུ་རིག་པར་བྱའོ། །འདི་ལ་བདེན་པའི་དབང་དུ་བྱས་པའི་ཆོས་ལ་མོས་པ་དང། དད་པའི་མཚན་ཉིད་ཀྱི་ཐར་པའི་ཆ་དང ་མཐུན་པ་རྣམས་ཏེ། དེ་ཉིད་ལ་ཆོས་ལ་ངེས་པར་སེམས་པའི་བཟོད་པའི་མཚན་ཉིད་ཀྱིས་ངེས་པར་འབྱེད་པའི་ཆ་དང་མཐུན་པ་རྣམས་ནི་དད་པ་མཆོག་ཡིན་པ་དང། ཤེས་རབ་མཆོག་ཡིན་པའི་ཕྱིར་ཏེ། གོ་རིམ་བཞིན་ནོ། །འཇིག་རྟེན་པའི་ཆོས་ཀྱི་མཆོག་ནི་རང ་བཞིན་གྱིས་སྐད་ཅིག་པ་སྟེ། ཞེས་བྱ་བ་ནི་རྒྱུན་མ་ཡིན་ཞེས་བྱ་བའི་ཐ་ཚིག་གོ། བག་ཆགས་ཡོངས་སུ་ཉམས་པས་ཡོངས་སུ་ཉམས་པ་ནི་མ་ཡིན་ནོ། །ཞེས་བྱ་བ་ནི་མྱ་ངན་ལས་འདས་པར་བྱེད་པའི་དགེ་བའི་རྩ་ལ་སྔར་བསྐྱེད་པ་ཡང་བསྐྱེད་མི་དགོས་པའི་ཕྱིར་རོ། །ཐར་པའི ་ཆ་དང་མཐུན་པ་ཆུང་དུའི་དབང་དུ་མཛད་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇིག་རྟེན་པ་ཡི་ཡང་དག་ལྟ། །ཆེན་པོ་སུ་ལ་ཡོད་གྱུར་པ། །དེ་ནི་ཚེ་རབས་སྟོང་དུ་ཡང། །ངན་འགྲོར་འགྲོ་བར་མི་འགྱུར་གོ་།ཞེའོ། ཡང་ཐར་པའི་ཆ་དང་མཐུན་པ་བཞི་སྟེ། ་སྐབས་སུ་གཏོགས་པ་དང། མོས་པ་ལས་གྱུར་པ་དང། ལྷག་པར་འདོད་པ་ལས་གྱུར་པ་དང། ཐོབ་པ་ལས་གྱུར་པའོ། །དགེ་བའི་ཕྱོགས་ལ་འདུན་བ་ནས་ཉེ་བར་བཟུང་སྟེ། ཐར་པའི་དོན་བྱ་བ་ཇི་སྙེད་པ་དེ་ནི་སྐབས་སུ་གཏོགས་པའོ། །དེ་དང་རབ་ཏུ་ལྡན་པའི་སྟན ་པ་ལ་མོས་པ་དང་ལྡན་པ་གང་ཡིན་པ་དེ་ནི་མོས་པ་ལས་གྱུར་པའོ། །དགའ་བ་དང་དད་པ་དང་ལྡན་པར་ཐར་པ་ལ་དམིགས་པའི་ཡིད་ལ་བྱེད་པ་མང་བ་གང་ཡིན་པ་དེ་ནི་ལྷག་པར་འདོད་པ་ལས་གྱུར་པའོ། །ཚེ་འདི་ཉིད་ལ་ངེས་པར་འབྱེད་པའི་ཆ་དང་མཐུན་པ ་སྐྱེད་པར་ངེས་པ་གང་ཡིན་པ་དེ་ནི་ཐོབ་པ་ལས་གྱུར་པའོ། །ངེས་པར་འབྱེད་པའི་ཆ་དང་མཐུན་པ་ནི་རྣམ་པ་དྲུག་སྟེ། རྗེས་སུ་མཐུན་པ་པ་དང། ཁྱད་པར་པ་དང། རབ་ཏུ་རྟོགས་པ་པ་དང། གཞན་དུ་ཡོངས་སུ་སྒྱུར་བ་པ་དང། སྐྱེ་བ་གཅིག་པ་དང། སྟན་གཅིག་པའོ། ་ངོ་ལ་གང་བདེན་པ་ལ་དམིགས་པའི་རྣམ་པའི་དགེ་བའི་རྩ་བ་དང་བོ་ཉིད་དུ་ཆུད་དུ་འབྱུང་བ་དེ་ནི་རྗེས་སུ་མཐུན་པ་པའོ། །གང་འབྲིང་དུ་འབྱུང་བ་དེ་ནི་ཁྱད་པར་བ་སྟེ། དེ་བས་ཆོས་མཆོག་ཏུ་གྱུར་བའི་ཕྱིར་རོ། །གང་ཚེ་འདི་ཉིད་ལ་བདེན་པ་རྟོགས་པ་ཤས་ཆེན་པོར་གྱུར་པ་དེ་ནི་རབ ་ཏུ་རྟོགས་པ་པའོ། །དེ་ཡང་གང་མ་ངེས་པའི་རིགས་ཅན་རྣམས་བྱང་ཆུབ་ཁྱད་པར་དུ་གྱུར་པར་ཡོངས་སུ་བསྒྱུར་བ་དང། གང་ཡང་རང་སངས་རྒྱས་རྣམས་ཚེ་གཞན་ལ་སློབ་དཔོན་མེད་པར་མངོན་པར་རྫོགས་པར་བྱང་ཆུབ་པར་ཡོངས་སུ་བསྒྱུར་བ་དེ་ནི་གཞན་དུ་ཡོངས་སུ ་བསྒྱུར་བ་པའོ། །གང་གི་ཚེ་དེ་ཉིད་ལ་རབ་ཏུ་རྟོགས་པར་འགྱུར་བ་ད་ནི་ཆེ་གཅིག་པའོ། །གང་སྟན་དེ་ཉིད་ལ་རབ་ཏུ་རྟོགས་པར་འགྱུར་བ་དེ་ནི་སྟན་གཅིག་པའོ། །ལུས་ཀྱི་མངོན་དུ་བྱེད་པ་ཞེས་བྱ་བ་ནི་ཕྱིར་མི་འོང་བ་རྣམས་པར་ཐར་པ་བརྒྱད་ཐོབ་པའོ། ་རྣམ་པར་ཐར་པ་བརྒྱད་པོ་དེ་དག་ལུས་ཀྱིས་མངོན་སུམ་དུ་བྱས་ནས་རྫོགས་པར་བྱས་ཏེ་གནས་པའི་ཕྱིར་རོ། །རྣམ་པར་ཐར་པ་བརྒྱད་ནི་གཟུགས་ཅན་གཟུགས་རྣམས་ལ་ལྟ་བ་བཞེས་བྱ་བ་ལ་སོགས་པ་སྟེ། འོག་ནས་འཆད་དོ། །ཤེས་རབ་ཀྱི་རྣམ་པར་གྲོལ་བ་ཞེས ་བྱ་བ་ནི་ཤེས་རབ་ཀྱིས་མི་མཐུན་པའི་ཕྱོགས་ཉོན་མོངས་པའི་སྒྲིབ་བ་ཙམ་མ་ལུས་པར་སྤངས་པའི་ཕྱིར་རོ། །གཉི་གའི་ཆ་ལས་རྣམ་པར་གྲོལ་བ་ནི་ཉོངས་པ་དང་སྙོམས་པར་འཇུག་པའི་སྒྲིབ་པ་ཐམས་ཅད་ལས་གང་རྣམ་པར་གྲོལ་པའོ། །རྒྱུན་ཏུ་ཞུགས་པའི ་འབྲས་བུ་ལ་འཇུག་པ་ནི་ངེས་པར་འབྱེད་པའི་ཆ་དང་མཐུན་པ་སྟན་གཅིག་པ་ནས་བཟུང་སྟེ། དང་པོའི་འབྲས་བུ་མ་ཐོབ་ཀྱི་བར་དུའོ། །མཐོང་བའི་ལམ་གྱི་ཐ་མ་ལ་དང་པོའི་འབྲས་བུ་ཐོབ་པ་གང་ཞེ་ན། གང་ཕྱོགས་ལས་འདོད་ཆགས་དང་བྲལ་ཡང་འདོད་པ ་དག་ལས་འདོད་ཆགས་དང་མ་བྲལ་ཞིང་ཡང་དག་པ་ཉིད་དུ་ངེས་པར་གྱུར་པ་ལ་འཇུག་པའོ། །གང་སྔར་འཇིག་རྟེན་པའི་ལམ་གྱིས་སྒོམ་བས་སྤང་བར་བྱ་བའི་འདོད་པ་ན་སྤྱད་པ་རྣམ་པ་དྲུག་སྤངས་ནས་ཕལ་ཆེར་ལས་འདོད་ཆགས་དང་བྲལ་བར་གྱུར་ཏེ། ཕྱིས་ཡང ་དག་པ་ཉིད་ལ་ངེས་པར་འཇུག་པ་དེ་ནི་སེམས་ཀྱི་སྐད་ཅིག་བཅུ་དྲུག་པ་ལན་ཅིག་ཕྱིར་འོང་བ་ཉིད་དུ་འགྱུར་བའོ། །གང་རྣམ་པ་དགུ་ཆད་སྤངས་ནས་འདོད་པ་ལས་འདོད་ཆགས་དང་བྲལ་བར་གྱུར་ཏེ། ངེས་པར་གྱུར་པ་ལ་འཇུག་པ་དེ་ནི་ཕྱིར་མི་འོང་བ་ཉིད་དུ་འགྱུར ་པའོ། མཐོད་བས་སྔད་ས་བར་བྱ་བ་ཐམས་ཅད་སྤང་ཀྱང་ཀུན་ཏུ་སྦྱོར་བ་གསུམ་སྤངས་ནས་རྒྱུན་ཏུ་ཞུགས་པ་ཞེས་བརྗོད་པ་ནི། འདི་དག་ཐར་པ་ཐོབ་པའི་གགས་སུ་གྱུར་པས་གཙོ་བོ་ཡིན་པའི་ཕྱིར་ཏེ། འདི་ལྟར་འཇིག་ཚོགས་ལ་ལྟ་བས་ཉེ་བར་ལེན་པའི་ཕུང? ་པོ་ལྔ་པོ་དག་ལ་བདག་དང་བདག་གིར་མངོན་པར་ཞེན་ནས་བདག་ལ་དགའ་བ་སྡུག་བསྔལ་ལས་མི་འཕག་གོ་།ཇི་སྙེད་འཕགས་ཀྱང་ཐར་པར་བྱ་བའི་ཕྱིར་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་དང། ཐེ་ཚོམ་གྱི་ལམ་ངན་པ་ལ་མངོན་པར་ཞེན་པ་དང། ལམ་བཟང་པོ ་ལ་ཐེ་ཚོམ་ཟ་བའི་ཕྱིར། ལོག་པས་ངེས་པར་འབྱུང་གི་ཡང་དག་པ་ངེས་པར་མི་འབྱུང་ངོ། །ཡང་འཇིག་ཚོགས་ལ་ལྟ་བས་ཞེས་བྱ་ལ་ལོག་པར་རྟོགས་པ་སྟེ། སྡུག་བསྔལ་ཙམ་ལ་བདག་དང་བདག་གི་པའི་མཚན་ཉིད་དུ་སྒྲོ་འདོགས་པའི་ཕྱིར་རོ། །ཚུལ་ཁྲིམས་དང་བརྩུལ་ཞུགས ་མཆོག་ཏུ་འཛིན་པས་ལྟ་བ་ལ་ལོག་པར་རྟོགས་ཏེ་།དེས་དག་པར་ཡིད་ཆེས་པའི་ཕྱིར་རོ། །ཐེ་ཚོམ་གྱིས་ནི་གཉེན་པ་ལ་ལོག་པར་རྟོགས་ཏེ། དཀོན་མཆོག་གསུམ་ལ་ངེས་པར་མི་འབྱེད་པའི་ཕྱིར་རོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་འཇུག་པ་ནི་མཐོང་བའི་ལམ་གྱི ་གོང་དུ་འདོད་པ་ན་སྤྱོད་པའི་ཉོན་མོངས་པའི་རྣམ་པ་འབྲིང་པོའི་འབྲིང་གི་བར་དུ་སྤོང་བའི་ལམ་ལ་གནས་པའི་གང་ཟག་གཏར་ཡིན་པའོ། །ལན་ཅིག་ཕྱིར་འོང་བ་ནི་ཉོན་མོངས་པའི་རྣམ་པ་འབྲིང་པོའི་ཆུང་དུ་སྤོང་པའི་ལམ་ཡོངས་སུ་རྫོགས་པ་ལ་གནས་པའི་གང་ཟག ་གང་ཡིན་པའོ། །ཕྱིར་མི་འོང་བའི་འབྲས་བུ་ལ་འཇུག་པ་ནི། ལན་ཅིག་ཕྱིར་འོང་བའི་འབྲས་བུའི་གོང་དུ་འདོད་པ་ན་སྤྱོད་པའི་ཉོན་མོངས་པའི་རྣམ་པ་ཆུང་དུའི་ཆེན་པོ་དང། ཆུང་དུའི་འབྲིང་པོ་སྤངས་པའི་ལམ་ལ་གནས་པའི་གང་ཟག་གང་ཡིན་པའོ། །ཕྱིར་མི་འོང ་བ་ནི་དགུ་པ་ཉོན་མོངས་པའི་རྣམ་པ་ཆུང་དུའི་ཆུང་དུ་སྤོང་བའི་ལམ་ཡོངས་སུ་རྫོགས་པ་ལ་གནས་པའི་གང་ཟག་གང་ཡིན་པའོ། །འདོད་པ་ནི་སྤྱོད་པ་གང་བསྒོམ་པས་སྤང་བར་བྱ་བ་ཐམས་ཅད་སྤངས་ཀྱང་ཐ་མའི་ཆ་དང་མཐུན་པའི་ཀུན་ཏུ་སྦྱོར་པ་ལྔ ་སྤངས་པས་ཕྱིར་མི་འོང་བ་ཞེས་མདོ་ལས་འབྱུང་བ་ནི་འདི་དང་འགྲོ་བ་དང། ཁམས་ཐ་མའི་རྒྱུར་གྱུར་བ་གཙོ་བོ་ཡིན་པའི་ཕྱིར་ཏེ། འགྲོ་བ་ཐ་མ་ནི་ང་རྒྱལ་བ་དང་ཡི་དགས་དང་དུད་འགྲོའོ། །ཁམས་ཐ་མ་ནི་འདོད་པའི་ཁམས་སོ། །དེ་ལ་འཇིག་ཚོགས་ལ ་ལྟ་བ་དང། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་དང། ཐེ་ཚོམ་རྣམས་ཀྱིས་ནི་འགྲོ་བ་ཐ་མ་ལས་ཡི་འདབ་བས་དེའི་རྒྱུ་ཉིད་དོ། །འདོད་པ་ལ་འདུན་པ་དང། གནོད་སེམས་གཉིས་ཀྱིས་ནི་ཁམས་ཐ་མ་ལས་མི་འདའ་ ་བས་དེའི་རྒྱུ་ཉིད་དོ། །ཁམས་གསུམ་པའི་ཉོན་མོངས་པ་ཐམས་ཅད་སྤངས་ཀྱང་གོང་མའི་ཆ་དང་མཐུན་པ་ལྔ་སྤངས་པས་དགྲ་བཅོམ་པ་ཞེས་བརྗོད་པ་ནི་གོང་མ་ཉེ་བར་ལེན་པ་དང། ཡོངས་སུ་མི་གཏོང་བའི་རྒྱུར་གྱུར་པས་གཙོ་བོ་ཡིན་པའི ་ཕྱིར་ཏེ། དེ་ལ་གཟུགས་དང་གཟུགས་མེད་པའི་འདོད་ཆགས་གཉིས་ཀྱི་ནི་འདོད་པའི་ཁམས་ནས་གོང་མ་ཉེ་བར་ལེན་ཏེ། གཟུགས་དང་གཟུགས་མེད་པའི་ཁམས་སུ་སྐྱེས་ཞེས་བྱ་བའི་ཐ་ཚིག་གོ། རྒོད་པ་དང་ང་རྒྱལ་དང་མ་རིག་པ་རྣམས་ཀྱིས་ནི་གོང ་མ་ཡོངས་སུ་མི་གཏོང་སྟེ། སྲེད་པ་དང་ང་རྒྱལ་དང་ཐེ་ཚོམ་གྱི་ཤས་ཆེ་བའི་བསམ་གཏན་བ་དེ་ཉིད་དུ་ཀུན་ནས་ཉོན་མོངས་པའི་ཕྱིར་རོ། །རིགས་ནས་རིགས་སུ་སྐྱེ་བ་ནི་རྒྱུན་ཏུ་ཞུགས་པ་ཉིད་དེ། ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་འཇུག་པ་ལྷ་འམ་མི ་རྣམས་ཀྱི་ནང་དུ་ངེས་པར་སྲིད་པ་གཉིས་འཁོར་བར་བྱས་ནས་ཡོངས་སུ་མྱ་ངན་ལས་འདའ་བའ་ཨོ། །བར་ཆད་གཅིག་པ་ནི་ལན་ཅིག་ཕྱིར་འོང་བ་ཉིད་དེ། ཕྱིར་མི་འོང་བའི་འབྲས་བུ་ལ་འཇུག་བ་ལྟ་ཉིད་ཀྱི་ནང་དུ་སྲིད་པ་གཅིག་འཁོར་བ་བྱས་ནས་ཡོངS ་སུ་མྱ་ངན་ལས་འདའ་བའ་ཨོ། །བར་ཆད་གཅིག་པ་ནི་བར་སྐབས་ཏེ་སྐྱེ་བའི་སྐབས་ཡོད་པ་དེ་ནི་དེའི་བར་ཆད་གཅིག་པའོ། །བར་མདོར་ཡོངས་སུ་མྱ་ངན་ལས་འདའ་བ་ནི་ཉོན་མོངས་པའི་ཤུགས་གང་གིས་སྐྱེ་བའི་ཡུལ་དུ་སོང་ན་ཉིད་མཚམས ་སྦྱོར་བ་དེ་ཟད་ནས་བག་ལ་ཉལ་ཙམ་གང་གིས་ཤི་བའི་འོག་ཏུ་ཕུང་པོ་མངོན་པར་འགྲུབ་པ་དེའི་ལྟག་མ་ལུས་པས་བར་དོའི་སྲིད་པ་མངོན་པར་འགྲུབ་སྟེ། སྔོན་གོམས་པར་བྱས་པའི་ལམ་མངོན་དུ་གྱུར་ནས་བག་ལ་ཉལ་ལྷག་མ་སྤངས་ཏེ ་དེ་ཉིད་དུ་ཡོངས་སུ་མྱ་ངན་ལས་འདའ་བའ་ཨོ། །དེ་ཡང་སྐྱེ་བའི་ཡུལ་ལས་མི་འཕགས་པ་དང། འཕགས་པ་ཙམ་དང། རིང་དུ་སོང་བའི་གནས་སྐབས་ཀྱིས་རྣམ་པ་གསུམ་སྟེ་།སྐྱེས་བུ་དམ་པའི་འགྲོ་བའི་མདོའི་ཚུལ་དུ་རིག་པར་བྱའོ། །མངོན་པར་འདུ་བྱེད་པ ་མེད་པར་ལམ་མངོན་དུ་བྱས་ནས་ཞེས་བྱ་བ་ནི་སྔོན་ཤིན་ཏུ་གོམས་པས་འཇུག་པའི་ཕྱིར་ཏེ། བསྒྲིམ་མི་དགོས་ཞེས་བྱ་བའི་ཐ་ཚིག་གོ་།དེ་ལས་བཟློག་པ་ནི་མངོན་པར་འདུ་བྱེད་པ་དང་བཅས་པས་ཡོངས་སུ་མྱ་ངན་ལས་འདའ་བའ་ཨོ། །གོང་དུ་འཕོ་བ་ནི ་རྣམ་པ་གཉིས་ཏེ། འོག་མིན་དུ་འགྲོ་བ་དང། སྲིད་པའི་རྩེ་མོར་འགྲོ་བའོ། །དེ་ལ་འོག་མིན་དུ་འགྲོ་བ་ནི་རོ་མྱང་བ་མང་བས་བསམ་གཏན་གྱི་རྣམ་པ་ཆུང་དུ་ལ་སོགས་པ་སྐྱེས་ཤིང་སྐྱེས་པའི་རོ་མྱང་བར་བྱེད་པའི་ཕྱིར་ཚངས་རིས་ནས་བཟུང་སྟེ། རྒྱུན་མི ་འཆད་པར་གནས་གཞན་ཐམས་ཅད་དུ་ལན་རེ་རེ་སྐྱེས་ནས་འོག་མིན་གྱི་བར་དུ་ཞུགས་ཏེ་ཡོངས་སུ་མྱ་ངན་ལས་འདའ་བའ་ཨོ། །སྲིད་པའི་རྩེ་མོར་འགྲོ་བ་ནི་བསམ་གཏན་བཞི་པ་ལ་སྤེལ་མར་མ་བསྒོམས་པས་གནས་གཙང་མ་འབའ་ཞིག་བཀོལ་ཏེ། ་དེ་བཞིན་དུ་སྲིད་པའི་རྩེ་མོའི་བར་དུ་སོང་ནས་ཡོངས་སུ་མྱ་ངན་ལས་འདའ་བའ་ཨོ། །སྦེལ་མར་བསྒོམ་པ་ནི་བསམ་གཏན་བཞི་པའི་རྣམ་པ་ཆུང་དུ་ལ་སོགས་པ་ལྔ་བསྒོམས་པས་གོ་རིམ་བཞིན་དུ་གནས་གཙང་མ་ལྔ་པོ་རྣམས་སུ་སྐྱེ་བར་རིག་པར ་བྱའོ། །གསོད་ཀྱང་རུང་མི་གསོད་ཀྱང་རུང་ཞེས་བྱ་བ་ནི་བདག་གིས་བདག་གི་སྲོག་གཅོད་པ་འམ། མི་གཅོད་ཅེས་བྱ་བའི་ཐ་ཚིག་གོ་།མཐོང་བའི་ཆོས་ལ་བདེ་བར་གནས་པ་ལས་ཡོངས་སུ་ཉམས་པ་ཞེས་བྱ་བ་ནི། འཇིག་རྟེན་པའི་བསམ་གཏན་རྣམས་ལས ་ཞེས་བྱ་བའི་ཐ་ཚིག་གོ་།དབང་པོ་རྣམས་སྦྱོང་བ་ཞེས་བྱ་བ་ནི་ཆེན་པོ་ཐོབ་པར་བྱེད་པ་སྟེ་།རྣོ་བར་བྱེད་ཅེས་བྱ་བའི་ཐ་ཚིག་གོ་།དེའི་ཕྱིར་མི་འཁྲུགས་པའི་ཆོས་ཅན་ལ་དབང་པོ་རྣམས་ཡོངས་སུ་སྦྱོང་བའི་སྐལ་པ་ཅན་ཞེས་མ་བཤད་དེ། རང་བཞིན་གཉིས་དབང ་པོ་རྣོ་བའི་ཕྱིར་རོ། །བྱང་ཆུབ་སེམས་དཔའ་ནི་འདོད་པ་ན་སྤྱོད་པ་དང། གཟུགས་ན་སྤྱོད་པ་ཉིད་ཡིན་གྱི། གཟུགས་མེད་པ་ན་སྤྱོད་པ་ནི་མ་ཡིན་ཏེ། སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའི་གནས་མ་ཡིན་པའི་ཕྱིར་མཐུའི་ཁྱད་པར་ཐོབ་པ་དེར ་མི་སྐྱེའོ། །གཟུགས་མེད་པའི་ཁམས་རྣམ་པར་སྤངས་པའི་བསམ་གཏན་ཞེས་བྱ་བ་ནི་གཟུགས་མེད་པར་སྐྱེ་བ་པོར་བའི་ཏིང་ངེ་འཛིན་ཞེས་བྱ་བའི་ཐ་ཚིག་གོ་།བསམ་གཏན་གྱི་བདེ་བས་གནས་པ་ནི་ཡོངས་སུ་མ་ཉམས་པ་ཉིད་དེ་།བསམ་གཏན་ལས ་རྣམ་པར་བཟློག་པ་ལ་མཁས་པས་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་བྱང་ཆུབ་སེམས་དཔའ་ནི་འདོད་པའི་ཁམས་སུ་སྐྱེ་བར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་ཨི་སྤྱོད་པ་ཐམས་ཅད་ཅོས་བྱ་བ་ནི་དགའ་ལྡན་གྱི་གནས་ན་གནས་བ་ནས ་བཟུང་སྟེ་།བདུད་ལས་རྒྱལ་བའི་བར་དུའོ། །སངས་རྒྱས་ཀྱི་སྤྱོད་པ་ཞེས་བྱ་བ་ནི་མངོན་པར་རྫོགས་པར་བྱང་ཆུབ་པ་ནས་བཟུང་སྟེ། ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་བར་དུའོ། །མོས་པས་སྤྱོད་པ་ཅན་གྱི་བྱང་ཆུབ་སེམས་དཔའ་ནི་རིགས ་ལས་གནས་པ་ཐོག་མར་སྨོན་ལམ་ཆེན་པོ་བཏབ་པ་ནས་བཟུང་ནས་རབ་ཏུ་དགའ་བའི་ས་ལ་མ་ཞུགས་ཀྱི་བར་དུ་སྟེ། སོ་སོར་རང་གིས་འཇིག་རྟེན་ལས་འདས་པ་ཐོབ་པ་མེད་པའི་ཕྱིར་རོ། །ལྷག་པའི་བསམ་པས་སྤྱོད་པ་ཅན་ནི་ས་བཅུ་རྣམས ་སུ་འཇིག་རྟེན་ལས་འདས་པ་ཐོབ་པས་བསམ་པ་དག་པའི་ཕྱིར་རོ། །མཚན་མ་ལ་སྤྱོད་པ་ཅན་ནི་ས་དྲུག་པོ་དག་ལ་མི་འདོད་བཞིན་དུ་མཚན་མ་དང་འདྲེ་བའི་ཕྱིར་རོ། །མཚན་མ་མེད་པར་སྤྱོད་པ་ཅན་ནི་ས་བདུན་པ་ལ་བསྒྲིམས་ནས་ཇི་སྲིད་འདོད་བར ་མཚན་མ་ཀུན་ཏུ་མི་འབྱུང་བའི་ཕྱིར་རོ། །མངོན་པར་འདུ་བྱེད་བ་མེད་པར་སྤྱོད་པ་ཅན་ནི་ས་ལྷག་མ་རྣམས་སུ་རྣམ་པར་སྨིན་པ་ལས་བྱུང་བའི་རྣམ་པར་མེ་རྟོག་པའི་ཡེ་ཤེས་རྣམས་ཐོབ་པའི་ཕྱིར་རོ། །ཅིག་ཅར་ངེས་པར་འབྱིན་པ་ནི་ཁམས་གསུམ ་ན་སྤྱོད་པའི་ཉོན་མོངས་པའི་རྣམ་པ་ཅིག་ཅར་སྤོང་བའོ། །རྣམ་པས་ཞེས་བྱ་བ་ནི་བསྒོམ་པས་སྤང་བར་བྱ་བ་འདོད་པ་དང། གཟུགས་དང་གཟུགས་མེད་པ་ནི་སྤྱོད་པ་ཆེན་པོའི་ཅིག་ཅར་སྤོང་བ་དང། དེ་བཞིན་དུ་ཆུང་དུ་ཆུང་དུའི་བར་དུ་སྟེ། མཐོང་བས་སྤང་བར་བྱ་བ་བཞིན་ནོ།། ་འཇིག་རྟེན་པའི་ལམ་བཞིན་དུ་སའི་རྣམ་པའི་བྱེ་བྲག་གིས་སོ་སོའི་པ་ནི་མ་ཡིན་པ་ཞེས་བྱ་བའི་ཐ་ཚིག་གོ་།འདིར་ཁུངས་ནི་སོར་མོའི་རྩེ་མོའི་མདོ་ལས་གཟུགས་གང་ཅི་ཡང་རུང་སྟེ་།ཞེས་བྱ་བ་ནས་རྣམ་པར་ཤེས་བའོ་དུ་འདས་པ་དང་།མ་འོངས་པ་དང ་ད་ལྟར་བྱུང་བ་ཞེས་རྒྱ་ཆེར་འབྱུང་བ་ནས། རྒྱད་རིང་པོ་དང་ཐག་ཉེ་བ་ཞེས་བྱ་བའི་བར་དུ་དེ་ཐམས་ཅད་གཅིག་ཏུ་བསྡུས་ཏེ་ཆ་གཅིག་ཏུ་བྱེད་དོ། །གཅིག་ཏུ་བཟླུམ་མོ། །གཅིག་ཏུ་སྡོམ་མོ། །ཕུང་པོ་གཅིག་ཏུ་བྱེད་དོ། །ཆ་གཅིག་ཏུ་བྱས་ཤིང་ཕུང་པོ་གཅིག་གི ་བར་དུ་བྱས་ནས་འདི་ལྟར་ཡང་དག་པར་སློབ་སྟེ། འདི་ཐམས་ཅད་ནི་མི་རྟག་པ། འདི་ཐམས་ཅད་ནི་སྡུག་བསྔལ་པ་ཞེས་རྒྱ་ཆེར་གསུངས་པ་ལྟ་བུའོ། །དེ་ནི་འབྲས་བུ་དང་པོ་དང། ཐ་མ་གཉིས་ཁོན་ལ་གདགས་ཏེ། དེ་གཉིས་ནི་ཁམས་གསུམ་པའི་མཐོང་བ་དང། ་བསྒོམ་པས་སྤང་བར་བྱ་བ་ཐམས་ཅད་མ་ལུས་པར་སྤངས་པས་རབ་ཏུ་ཕྱེ་བའི་ཕྱིར་གོ་རིམ་བཞིན་ནོ། །བར་མ་དག་ལ་ནི་མེ་གདགས་སོ་ཏེ་།དེ་དག་ནི་བདེན་པ་མཐོང་བའི་བསྒོམ་པས་སྤང་བར་བ་བ་འདོད་པ་ན་སྤྱོད་བ་ཉིད་ལྷག་མ་དང་བཅས་པ་དང། ལྷག་མ ་མེད་པར་སྤངས་པས་རབ་ཏུ་ཕྱེ་བའི་ཕྱིར་རོ། །ཅིག་ཅར་ངེས་པར་འབྱིན་པའི་དབང་དུ་བྱས་ནས་རྣམ་པར་འབྱེད་པའི་མདོ་ལས་རྒྱུན་ཏུ་ཞུགས་པའི་འབྲས་བུའི་འོག་ཏུ་དགྲ་བཅོམ་པ་རྣམ་པར་བཞག་པར་རིག་པར་བྱའོ། །ཐམས་ཅད་ལ་མ་ལུས་པར་འདོད ་ཆགས་དང་བྲལ་བ་མ་ཡིན་བས་དེ་གལ་ཏེ་མཐོང་བའི་ཆོས་ལ་ཀུན་ཤེས་པ་ཐོབ་བར་མི་བྱེད་ན་མྱུར་དུ་ཡོངས་སུ་མྱ་ངན་ལས་འདའ་བར་བྱ་བའི་ཕྱིར་སྨོན་ལམ་གྱི་དབང་གིས་འདོད་པའི་ཁམས་ཉིད་དུ་སྐྱེའོ། །མངོན་པར་རྟོགས་པ་རྣམ་པར་བཞག་པ་ནི ་རྣམ་པ་བཅུ་སྟེ། དེ་ལ་ཆོས་མངོན་པར་རྟོག་པ་ནི་གཞན་གྱི་སྒྲའི་དབང་དུ་བྱས་པ་སྟེ། བདེན་པའི་དབང་དུ་བྱས་པའི་ཆོས་རྣམས་ལ་ཐར་པའི་ཆ་དང་མཐུན་པ་ཐ་མས་བསྡུས་པའི་མོས་པ་དང་དད་པ་ཆེན་པོ་ཐོབ་པ་སྟེ། འདི་ལྟར ་དེ་ལ་མོས་པ་དང་དད་པ་ཐོབ་པས་བདེན་པ་དེ་དག་ལ་ཆོས་མངོན་པར་རྟོགས་པས་མངོན་པར་རྟོགས་པར་གྱུར་ཅེས་བྱ་བའི་ཐ་ཚིག་གོ་།དོན་མངོན་པར་རྟོགས་པ་ནི་ཆོ་དེ་དག་ཉིད་ལ་གང་ཚུལ་བཞིན་དུ་ཡིད་ལ་བྱེད་པའི་དབང་དུ་བྱས་དས ་བདེན་པ་རྣམས་ལ་ངེས་པར་འབྱེད་པའི་ཆེ་དང་མཐུན་པ་ཐ་མས་བསྡུས་པའི་ཆོས་ངེས་པར་སེམས་པའི་བཟོད་པ་ཆེན་པོ་ཐོབ་པའོ། །ཆོས་ངེས་པར་སེམས་པའི་བཟོད་པ་དེ་ཡང་ཚུལ་བཞིན་ཡིད་ལ་བྱེད་པའི་རྣམ་པ་གསུམ་གྱིས་རབ་ཏུ་ཕྱེ་བ་སྟེ། ་ཆེན་པོའི་ཆུང་དུས་ནི་ཚེ་དེའི་དྲོ་བར་གྱུར་པ་རྣམས་སུའོ། །ཆེན་པོའི་འབྲིང་པོས་ནི་རྩེ་མོ་དང་བཟོད་པ་རྣམས་སུའོ། །ཆེན་པོའི་ཆེན་པོ་རྣམས་ཀྱིས་ནི་འཇིག་རྟེན་པའི་ཆོས་ཀྱི་མཆོག་རྣམས་སུའོ། །དེ་ཁོ་ན་མངོན་པར་རྟོགས་པ་ནི་མཐོང་བའི་ལམ་སྟེ། ་དེར་ནི་བདེན་པ་རྣམ་པར་འཇོག་པ་མངོན་པར་རྟགས་པའི་མཛའ་ལས་བྱུང་བ་ཀུན་རྫོབ་ཤེས་པ་རྣམས་ཐོབ་སྟེ། འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱི་དབང་གིས་དེའི་ས་བོན་གསོས་པའི་ཕྱིར་གྱི་མངོན་དུ་བྱེད་པ་ནི་མ་ཡིན་ཏེ། མཐོང་བའི ་ལམ་གྱི་སེམས་ཀྱི་སྐད་ཅིག་བཅུ་དྲུག་པོ་དག་རྒྱུན་མི་འཆད་པས་འཇིག་རྟེན་པའི་སེམས་ཀྱི་སྐབས་མེད་པའི་ཕྱིར་རོ། །རྗེས་ལ་མངོན་པར་རྟོགས་པ་ནི་མཐོང་བའི་ལམ་གྱི་གོང་དུ་འཇིག་རྟེན་པ་ཡང་རུང། འཇིག་རྟེན་ལས་འདས་པ་ཡང་རུང ་སྟེ། བསྒོམ་པའི་ལམ་ཐམས་ཅད་དོ། །དཀོན་མཆོག་མངོན་པར་རྟོགས་པ་ནི། ཀྱེ་མ་བཅོམ་ལྡན་འདས་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་སོ། །དེའི་ཆོས་འདུལ་བ་ནི་ལེགས་པར་གསུངས་པའོ། །ཉན་ཐོས་ཀྱི་དགེ་འདུན་ནི ་ལེགས་པར་ཞུགས་པའོ། །ཞེས་དེ་ལྟར་ཤེས་ཏེ་།ངེས་ནས་སངས་རྒྱས་ལ་སོགས་པ་ལ་འཕགས་པ་ཉན་ཐོས་དང་པའོ། །ཀུན་ཏུ་མི་འབྱུང་བ་མངོན་པར་རྟོགས་པ་ནི་མི་བྱ་བའི་སྡོམ་པ་འཕགས་པ་དགྱེས་པའི་ཚུལ་ཁྲིམས་ཀྱིས་བསྡུས་པ་ཐོབ་པས་དེའི་མི་མཐུན་པའི ་ཕྱོགས་བྱེད་པ་ལ་སོགས་པ་ཀུན་ཏུ་མི་འབྱུང་བ་སྟེ་།བདག་གི་སེམས་ཅན་དམྱལ་བ་ཟད་དོ་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ལྟར་ངེས་པར་འབྱུང་བ་དེ་ནི་ཀུན་ཏུ་མི་འབྱུང་བ་མངོན་པར་རྟོགས་པའོ། །མཐར་ཐུག་པ་མངོན་པར་རྟོགས་པ་ན་གནས་ངན་ལེན་ཐམས་ཅད་ཤིན ་ཏུ་སྦྱངས་པ་ཞེས་བྱ་བ་ལ་སོགས་པས་ཇི་ལྟར་ལམ་གྱི་བདེན་པ་ལས་མཐར་ཕྱིན་པའི་ལམ་བསྟན་པ་ལྟ་བུའོ། །མངོན་པར་རྟོགས་པ་བདུན་པོ་དེ་དག་ནི་ཉན་ཐོས་རྣམས་ཀྱིས་གཞན་གྱི་སྒྲ་ལ་བརྟེན་ནས་ཐོབ་པས་ཉན་ཐོས་ཀྱི་མངོན་པར་རྟོགས་པ་ཞེས་བྱའོ། །གཞན་གྱི ་སྒྲ་ལ་མ་བརྟེན་པར་ཐོབ་པས་རང་སངས་རྒྱས་ཀྱིས་མངོན་པར་རྟོགས་པ་ཞེས་བྱའོ། །བྱང་ཆུབ་སེམས་དཔའ་ཨི་མངོན་པར་རྟོགས་པ་ནི་ཉན་ཐོས་དང་རང་སངས་རྒྱས་འདུལ་བའི་ཐམས་ལ་མཁས་པར་བྱ་བའི་ཕྱིར། མངོན་པར་རྟོགས་པ་བདུན་པོ་དེ་དག་ལ་བྱང་ཆུབ་སེམས ་དཔའ་ཡང་དག་པར་འགྲུབ་པའི་བཟོད་པ་གང་ཡིན་པ་སྟེ། སེམས་ཅན་ལ་ལྟ་བས་ཐེག་པ་ཆུང་དུས་ངེས་པར་མི་འབྱུང་བའི་ཕྱིར་མངོན་དུ་བྱེད་པ་ནི་མ་ཡིན་ནོ། །ཡང་ཐོག་མ་ཉིད་དུ་ས་ལ་འཇུག་པ་ཡང་བྱང་ཆུབ་སེམས་དཔའ་ཨི་མངོན་པར་རྟོགས་པ་ཞེས་བྱའོ།། ་མངོན་པར་རྟོགས་པ་དེ་ལ་བརྟེན་ནས་ཉན་ཐོས་ཀྱི་མངོན་པར་རྟོགས་པ་ལས་བྱང་ཆུབ་སེམས་དཔའ་ཨི་མངོན་པར་རྟོགས་པ་ཁྱད་པར་ཅི་ཡོད་པ་བརྗོད་པར་བྱ་སྟེ། དམིགས་པའི་ཁྱད་པར་ནི་ཤིན་ཏུ་རྒྱས་པ་ལ་དམིགས་པའི་ཕྱིར་རོ། །ཉེ་བར་རྟོན་པའི་ཁྱད་པར་ནི་སྐལ་པ ་ཆེན་པོ་གྲངས་མེད་པར་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་རྫོགས་པར་བྱེད་པའི་ཕྱིར་རོ། །རབ་ཏུ་རྟོགས་པའི་ཁྱད་པར་ནི་གང་ཟག་དང་ཆོས་ལ་བདག་མེད་པའི་དབང་དུ་བྱས་པའི་ཆོས་ལ་སྦྱོར་བའི་འཕེན་པས་འཇིག་རྟེན་ལས་འདས་པའི་ཡེ་ཤེས ་ཀྱིས་དེ་གཉི་ག་རབ་ཏུ་རྟོགས་པའི་ཕྱིར་རོ། །ཁས་ལེན་པའི་ཁྱད་པར་ནི་བདག་དང་སེམས་ཅན་ཐམས་ཅད་མཉམ་པ་ཉིད་དུ་ཁས་ལེན་པའི་ཕྱིར་རོ། །ངེས་པར་འབྱུང་བའི་ཁྱད་པར་ནི་ས་བཅུ་པོ་དག་གིས་ངེས་པར་འབྱུང་བའི ་ཕྱིར་རོ། །ཡོངས་སུ་འཛིན་པའི་ཁྱད་པར་ནི་མི་གནས་པའི་མྱ་ངན་ལས་འདས་པ་ཡོངས་སུ་འཛིན་པའི་ཕྱིར་རོ། །གནས་དང་གཡོག་འཁོར་གྱི་ཁྱད་པར་ནི་སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱོར་བ་དང། གདུལ་བའི་སྐྱེ་བོ་ཉི་བར་བསྡུད་པའི་ཕྱིར་རོ། །བཙུན ་པར་སྐྱེ་བའི་ཁྱད་པར་ནི་པ་བཞིན་དུ་རང་གི་རིགས་ཡང་དག་པར་འཛིན་པའི་བུ་གཙོ་བོའི་མཚན་ཉིད་ཡིན་པའི་ཕྱིར་རོ། །སྐྱེ་བའི་ཁྱད་པར་ནི་འཁོར་གྱི་དཀྱིལ་འཁོར་རྣམས་སུ་སྐྱེ་བའི་ཕྱིར་རོ། །འབྲས་བུའི་ཁྱད་པར་དེ་ཡང་གནས་གྱུར་པའི་ཁྱད་པར ་གྱི་ཉོན་མོངས་པ་ཅན་དང་ཉོན་མོངས་པ་ཅན་མ་ཡིན་པའི་གནས་ངན་ལེན་གྱི་གནས་ཐམས་ཅད་སྤངས་པའི་ཕྱིར་ཡོན་ཏན་བླ་ན་མེད་པ་ཐམས་ཅད་ཀྱི་གནས་ཉིད་དུ་གྱུར་པས་གནས་གྱུར་པའི་ཕྱིར་རོ། །ཡོན་ཏན་ཕུན་སུམ་ཚོགས་པའི་ཁྱད་པར་ནི ་སྟོབས་དང་མི་འཇིགས་པ་དང། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ལ་སོགས་པ་ཡོན་ཏན་དཔག་ཏུ་མེད་པ་འགྲུབ་པའི་ཕྱིར་རོ། །རྣམ་པ་ལྔའི་ཁྱད་པར་ནི་རྣམ་པར་དག་པ་ལ་སོགས་པའི་ཁྱད་པར་གྱི་ཕྱིར་ཏེ། རྣམ་པར་དག་དང་ཡོངས་དག་དང། །ལུས་དང་ལོངས ་སྤྱོད་རྫོགས་པ་དང། །ལས་ཀྱི་སངས་རྒྱས་ཆོས་རྣམས་ཀྱི། །ཁྱད་པར་ཡོངས་སུ་བརྗོད་པ་ཡིན། དེ་ལ་རྣམ་པར་དག་པའི་ཁྱད་པ་ནི་བག་ཆགས་དང་བཅས་པའི་ཉོན་མོངས་པ་སྤོང་བའི་ཕྱིར་རོ། །ཡོངས་སུ་དག་པའི་ཁྱད་པར་ནི། སངས་རྒྱས་ཀྱི་ཞིང་ཡོངས ་སུ་སྦྱོང་བའི་ཕྱིར་རོ། །ལུས་ཀྱི་ཁྱད་པར་ནི་ཆོས་ཀྱི་སྐུ་ཡོངས་སུ་སྒྲུབ་པའི་ཕྱིར་རོ། །ལོངས་སྤྱོད་ཀྱི་ཁྱད་པར་ནི་རྟག་ཏུ་བྱང་ཆུབ་སེམས་དཔའ་རྣམས་དང་ལྷན་ཅིག་འཁོར་གྱི་དཀྱིལ་འཁོར་རྣམས་སུ་ཆོས་རྣམས་ལ་རྫོགས་པར་ལོངས་སྤྱོད་པའི་ཕྱིར་རོ།། ་ལས་ཀྱི་ཁྱད་པར་ནི་ཅི་རིགས་པར་སྤྲུལ་པ་རྣམས་ཀྱིས་འཇིག་རྟེན་གྱི་ཁམས་མཛའ་ཡས་མུ་མེད་པ་རྣམས་སུ་སངས་རྒྱས་ཀྱི་མཛད་པ་སྒྲུབ་པའི་ཕྱིར་རོ། །སྐུ་གསུམ་གྱི་ཁྱད་པར་ནི་རང་བཞིན་དང་ལོངས་སྤྱོད་རྫོགས་པ་དང། སྤྲུལ་པའི་སྐུ་འགྲུབ་པ་ཐོབ་པའི་ཕྱིར་རོ།། ་མྱ་ངན་ལས་འདས་པའི་ཁྱད་པར་ནི་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡང་སེམས་ཅན་ཐམས་ཅད་ལ་ཕན་པར་ཡོན་ཏན་ཐམས་ཅད་རྒྱུན་མི་གཅོད་པའི་ཕྱིར་རོ། །འདྲེས་ཤིང་ཉེ་བར་འདྲེས་པའི་ཡེ་ཤེས་ཀྱི་ནུས་པ་ཐོབ་པའི་ཁྱད་པར་ནི་ཆོས་ཀྱི ་དབྱིངས་རྣམ་པར་དག་པར་རོ་གཅིག་པོ་ཉིད་དང། དེ་ལ་རྟེན་པ་རྣམ་པ་ཐམས་ཅད་ཀྱི་མཆོག་ཤེས་པ་ཉིད་རྣམས་ལ་སངས་རྒྱས་ཐམས་ཅད་སོ་སོར་མཐུ་དང་ལྡན་པའི་ཕྱིར་རོ། །སྒྲིབ་པ་རྣམ་པར་དག་པའི་ཁྱད་པར་ནི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་ཐམས་ཅད་སྤོང་བའི ་ཕྱིར་རོ། །འདྲེས་པ་དང་ཉེ་བར་འདྲེས་པའི་ལས་བྱེད་པའི་ཁྱད་པར་ནི། སེམས་ཅན་རེ་རེ་གདུལ་བའི་ཕྱིར་ཡང་སངས་རྒྱས་ཐམས་ཅད་ཀྱི་དབང་གིས་བྱེད་པའི་ཕྱིར་རོ། །མངོན་པར་རྫོགས་པར་བྱང་ཆུབ་བ་དང། མྱ་ངན་ལས་འདས་པ་སྟོན་པའི་ཐབས་ཀྱི་ཁྱད་པར་ནི་ཕྱོགས ་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཅི་རིགས་པར་ཕྱི་མའི་མཛའ་ཨི་བར་དུ་ཡང་དང་ཡང་སངས་རྒྱས་འབྱུང་བ་ལ་སོགས་པ་སྟོན་པས་གདུལ་བ་ཐམས་ཅད་ཡོངས་སུ་སྨིན་པར་བྱེད་པ་དང། རྣམ་པར་ཐར་པར་བྱེད་པའི་ཕྱིར་རོ། །ཡོངས་སུ་སྐྱོབ་པ་རྣམ་པ་ལྔའི ་ཁྱད་པར་གྱིས་ཀྱང་རིག་པར་བྱའོ། །ཞེས་བྱ་བ་ནི་གནོད་པ་ལ་སོགས་པ་ལས་ཡོངས་སུ་སྐྱོབ་པའི་ཕྱིར་རོ། །དེ་ལ་གནོད་པ་ལས་ཡོངས་སུ་སྐྱོབ་པ་ནི་གྲོང་ཁྱེར་དུ་འཇུག་པ་ལ་སོགས་པས་ལོང་བ་ལ་སོགས་པས་མིག་ལ་སོགས་པ་ཐོབ་པའི་ཕྱིར་རོ། །ཐབས་མ་ཡིན ་པ་ལས་ཡོངས་སུ་སྐྱོབ་པ་ནི་འཇིག་རྟེན་པའི་ཡང་དག་པའི་ལྟ་བ་ཐོབ་པས་ལྟ་བ་ངན་པ་ཐམས་ཅད་དང་བྲལ་བར་བྱེད་པའི་ཕྱིར་རོ། །ངན་སོང་ལས་ཡོངས་སུ་སྐྱོབ་པ་ནི་མཐོང་བའི་ལམ་སྐྱེས་བས་ངན་འགྲོ་ལས་ཤིན་ཏུ་བཟློག་པའི་ཕྱིར་རོ། །འཇིག་ཚོགས་ལས ་ཡོངས་སུ་སྐྱོབ་པ་ནི་དགྲ་བཅོམ་པ་ཉིད་མངོན་དུ་བྱེད་པས་ཁམས་གསུམ་པ་ལས་རྣམ་པར་ཐར་པར་བྱེད་པའི་ཕྱིར་རོ། །ཐེག་པ་དམན་པ་ལས་ཡོངས་སུ་སྐྱོབ་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཐེག་པ་དམར་པ་ལས་འདུན་པ་བཟློག་པའི ་ཕྱིར་རོ། །གནོད་པ་དག་ནི་ཐམས་ཅད་དང། །ཐབས་མ་ཡིན་དང་ངན་སོང་དང། །ཐེག་པ་དམན་ལས་སྐྱོབ་པས་ན། །དེའི་ཕྱིར་མགོན་པོ་དམར་པོ?། །ཡོན་ཏན་ཁྱད་པར་ཅན་རྣམས་ནི་འཕགས་པ་ཉན་ཐོས་རྣམས་ཀྱིས་བསྒོམ་པའི་ལམ་དང་མི་སློབ་པའི་ལམ་མངོན་པར ་སྒྲུབ་སྟེ་།དེའི་ཕྱིར་འདི་དག་རྗེས་ལ་མངོན་པར་རྟོགས་པ་དང། མཐར་ཐུག་པའི་མངོན་པར་རྟོགས་པས་བསྡུས་པར་རིག་པར་བྱའོ། །བྱམས་པ་ལ་སོགས་བ་མདོ་སྡེ་གཞན་དག་ལས་ཇི་སྐད་བསྟན་པ་དེ་དག་ནི་ཉན་ཐོས་ཀྱི་ཐེག་པ་དང་ཐེག་པ་ཆེན་པོར་ཡང་དེ ་བཞིན་དུ་རིག་པར་བྱའོ། །དེ་དག་ཀྱང་མདོར་བསྡུ་ན་རྣམ་པ་ལྔས་ཅི་རིགས་སུ་མཚན་ཉིད་བཤད་པར་བལྟ་སྟེ། གནས་དང། དམིགས་པ་དང། རྣམ་པ་དང། རང་བཞིན་དང། གྲོགས་ཀྱིས་སོ། །དེ་ལ་བྱམས་པའི་གནས་ནི་བསམ་གཏན་ནོ། །དམིགས་པ ་ནི་སེམས་ཅན་ནོ། །རྣམ་པ་ནི་བདེ་བ་དང་ལྡན་པར་གྱུར་ཅིག་སྙམ་པའོ། །རང་བཞིན་ནི་ཏིང་ངེ་འཛིན་དང་ཤེས་རབ་སྟེ། ཞི་གནས་དང་ལྷག་མཐོང་གིས་བསྡུས་པའི་ཕྱིར་རོ། །ཡོན་ཏན་ཐམས་ཅད་ཀྱི་གྲོགས་ནི་སེམས་དང་སེམས་ལས་བྱུང་བ་རྣམས་སོ།། ་སྙིང་རྗེ་ལ་སོགས་པ་ལ་ཡང་ཇི་ལྟར་མཐུན་མཐུན་དུ་སྦྱར་བར་བྱའོ། །སེམས་ཅན་བདེ་བར་གྱུར་པ་ལ་སོགས་པ་ལ་ཡང་རྗེས་སུ་ཆགས་པ་ལ་སོགས་པ་བཏང་སྙོམས་སུ་བྱེད་ཅིང། ཀྱེ་མ་ཉོན་མོངས་པ་ལས་རྣམ་པར་གྲོལ་བར་གྱུར་ཅི་གསུམ ་པ་འདི་ནི། བཏང་སྙོམས་ཀྱི་རྣམ་པར་རིག་པར་བྱ་སྟེ། དེ་ཡང་ཕན་པའི་བསམ་པས་གནས་པ་ཞེས་བྱའོ། །རྣམ་པར་ཐར་པ་བརྒྱད་ནི་གཟུགས་ཅན་གཟུགས་རྣམས་ལ་བལྟ་བ་འདི་ནི་རྣམ་པར་ཐར་པ་དང་པོའོ། །ཞེས་རྒྱ་ཆེར་འབྱུང་བའོ། །དེ་ལ ་ཇི་ལྟ་ནS?་གཟུགས་ཅན་ཞེས་བྱ་ཞེ་ན། གཟུགས་མེད་པའི་སྙོམས་པར་འཇུག་པ་ལ་རྟེན་ནས་བདག་ལ་གཟུགས་ཀྱི་འདུ་ཤེས་རྣམ་པར་མི་འཇོག་པའི་ཕྱིར་རམ། གཟུགས་ཀྱི་འདུ་ཤེས་འཇོག་པའི་ཕྱིར་ཏེ། ལྟ་བ་པོ་བདག་ལ་གཟུགས་ཀྱི་འདུ་ཤེས་མངོན་དུ་བྱེད་ཅེས ་བྱ་བའི་ཐ་ཚིག་གོ་།ཇི་ལྟར་ན་གཟུགས་རྣམས་ལ་ལྟ་བ་ཞེས་བྱ་ཞེ་ན། ཁ་དོག་མཛེས་པ་དང། ཁ་དོག་མོ་སྡུག་པ་ལ་སོགས་པའི་གཟུགས་རྣམས་སུ་མོས་ནས་ལྟ་བའི་ཕྱིར་རོ། །ཇི་ལྟར་ན་རྣམ་པར་ཐར་བ་ཞེས་བྱ་ཞེ་ན། འདིས་སྤྲུལ་པའི་སྒྲིབ་པ་ལས་རྣམ་པར ་གྲོལ་བའི་ཕྱིར་རོ། །ནང་གཟུགས་མེད་པར་འདུ་ཤེས་པ་ཞེས་བྱ་བ་ནི་གཟུགས་མེད་པའི་སྙོམས་པར་འཇུག་པ་ལ་བརྟེན་ནས་གཟུགས་ཀྱི་འདུ་ཤེས་རྣམ་པར་འཇིག་པའི་ཕྱིར་རམ། གཟུགས་མེད་པའི་འདུ་ཤེས་འཇོག་པའི་ཕྱིར་རོ། །ལྟ་བ་པོ་ལ་མིང ་དུ་འདུ་ཤེས་པ་མངོན་དུ་བྱེད་ཅེས་བྱ་བའི་ཐ་ཚིག་གོ་།ལྷག་མ་ནི་སྔ་མ་བཞིན་ནོ། །སྡུག་པའི་རྣམ་པར་ཐར་པ་ལུས་ཀྱིས་མངོན་སུམ་དུ་བྱས་ཏེ། རྫོགས་པར་བྱས་ནས་གནས་པ་ནི་སྡུག་པ་དང་མི་སྡུག་པའི་གཟུགས་རྣམས་ལ་ཕན་ཚུན་བལྟོས་པའི་འདུ་ཤེས་དང། ་ཕན་ཚུན་རྗེས་སུ་འབྲེལ་བའི་འདུ་ཤེས་ལ་བརྟེན་ནས་ཕན་ཚུན་རོ་གཅིག་པའི་འདུ་ཤེས་ཐོབ་པའི་ཕྱིར་ཏེ། འདི་ལྟར་སྡུག་པའི་གཟུགས་རྣམས་ལ་བལྟོས་ནས་དེ་ལས་གཞན་པ་རྣམས་ལ་མི་སྡུག་གོ་ཞེས་བྱ་བར་གྱུར་ལ། མི་སྡུག་པ་ལ་བལྟོས་ནས་སྡུག་ཅེས་བྱ ་བར་འགྱུར་གྱི། མ་བལྟོས་པར་ནི་མ་ཡིན་ནོ། །རིགས་གཅིག་པ་རྣམས་ཉིད་མཐོང་ན་སྡུག་པ་དང་མི་སྡུག་པ་གཉིས་ཀྱི་བློ་མི་འབྱུང་བའི་ཕྱིར་རོ། །དེ་བཞིན་དུ་སྡུག་པ་རྣམས་ལ་ཡང་མི་སྡུག་པ་ཉིད་རྗེས་སུ་འབྲེལ་ཏེ། །མི་སྡུག་པ་རྣམས་ལ་ཡང་སྡུག་པ་ཉིད་རྗེས་སུ ་འབྲེལ་ཏོ། །སྡུག་པར་གྲགས་པ་ཡང་བཏགས་པ་ཙམ་དུ་ཟད་དེ། སྒྲ་ལ་སོགས་པ་མི་གཙང་བའི་རྗེས་སུམ་ཅུ་རྩ་དྲུག་གི་ནང་དུ་འདུག་པའི་ཕྱིར་རོ། །དེ་ལྟར་གཟུགས་ཐམས་ཅད་ཕན་ཚུན་བསྲེས་ཏེ་སྡུག་པ་ཉིད་དུ་རོ་གཅིག་པའི་རྣམ་པའི་འདུ་ཤེས་ཀྱིས་ཕེས ་པར་བྱེད་དོ། །དེ་ལྟར་ཇི་ལྟར་འདོད་པ་བཞིན་དུ་གཟུགས་ལ་སོགས་པར་མོས་པ་ལ་དབང་འབྱོར་པ་ཐོབ་པ་དེ་སྡུག་པ་དང་མི་སྡུག་པ་ལ་སྤྲུལ་པ་ལ་སྒྲིབ་པ་སྤོང་སྟེ། དེར་ནི་ཀུན་ནས་ཉོན་མོངས་པ་འབྱུང་བའི་སྒྲིབ་པ་སྤོང་ངོ། །སྤྲུལ ་པ་ལ་ཀུན་ནས་ཉོན་མོངས་པ་གང་ཡིན་ཞེ་ན། སྡུག་བའི་གཟུགས་སྤྲུལ་པ་ལ་ནི་ཆགས་པའོ། །མི་སྡུག་པའི་གཟུགས་སྤྲུལ་བ་ལ་ནི་མི་མཐུན་པའོ། །ནམ་མཁའ་མཛའ་ཡས་སྐྱེ་མཆེད་ལ་སོགས་པ་བཞི་ནི་འཕགས་པ་ཉན་ཐོས་ཀྱི་ཟག་པ་མེད ་པའི་རྗེས་སུ་མཐུན་པ་དག་པ་པ་གང་ཡིན་པ་དེ་དག་རྣམ་པར་ཐར་པ་ཞེས་བྱ་བ་འཐོབ་སྟེ། དེའི་རོ་མྱང་བ་ལས་རྣམ་པར་ཐོར་བར་བྱ་བའི་ཕྱིར་རོ། །ཞི་བའི་རྣམ་པར་ཐར་པ་ནི་གཟུགས་རྣམས་ལས་ཤིན་ཏུ་འདས་ནས་གཟུགས་མེད་པ་གང་ཡིན་པ་དག ་སྟེ། དེ་དག་ལ་མི་ཆགས་པ་ནི་ཡོངས་སུ་དག་པའོ། །དེའི་སྒྲིབ་པ་ནི་གཟུགས་མེད་པའི་རོ་མྱང་བའོ། །འདུ་ཤེས་དང་ཚོར་བ་འགོག་པའི་གནས་ནི་འདུ་ཤེས་མེད་འདུ་ཤེས་མིན་སྐྱེ་མཆེད་དོ། །སེམས་དང་སེམས་ལས་བྱུང་བ་རྣམས་མེད་པའི་ཕྱིར ་དམིགས་པ་དང་རྣམ་པ་དང་གྲོགས་ནི་མེད་དོ། །དེའི་རང་བཞིན་ནི་སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་འགོག་པའོ། །དེ་ཡང་ཐར་བ་དང་མཐུན་པར་གནས་པ་སྟེ། འཇིག་རྟེན་ལས་འདས་པའི་ལམ་གྱིས་གནས་གྱུར་པའི་ཉན་ཐོས་རྣམས་ཀྱི ་སེམས་དང་སེམས་ལས་བྱུང་བ་རྣམས་ཀྱང་མི་འབྱུང་བའི་གནས་སྐབS་ན་མཆོག་ཏུ་ཞི་བ་དང། ཉོན་མོངས་པ་ཅན་གྱི་ཡིད་ཀྱང་ཀུན་ཏུ་མི་འབྱུང་བའི་ཕྱིར་རོ། །འཕགས་པ་རྣམས་ནི་འདི་དག་གིས་གནས་པའི་ཕྱིར་འདི་དག་ནི་འཕགས་པ་གནས་པའི་རྣམ་པར ་ཐར་པ་བརྒྱད་ཅེས་བྱའོ། །དེ་ལ་འཕགས་པ་དག་ནི་གནས་པ་གཉིས་ཀྱིས་ལན་མང་དུ་གནས་ཏེ། གསུམ་པ་དང་བརྒྱད་པ་སྟེ། མཆོག་ཡིན་པའི་ཕྱིར་རོ། །དེའི་ཕྱིར་དེ་གཉིས་ལུས་ཀྱི་མངོན་སུམ་དུ་བྱས་ཏེ་རྫོགས་པར་བྱས་ནས་གནས་སོ་ཞེས་གསུངས ་ཀྱི་གཞན་རྣམས་ལ་ནི་མ་ཡིན་ཏེ། གཟུགས་ཅན་དང་གཟུགས་མེད་པའི་རྣམ་པར་ཐར་པ་ལ་སྒྲིབ་པ་མ་ལུས་སྤངས་པའི་ཕྱིར་གོ་རིམ་བཞིན་ནོ། །རྣམ་གྲངས་གཞན་དུ་ན་དེ་གཉིས་ཀྱི་གནས་གྱུར་པ་རྫོགས་པ་མངོན་དུ་བྱེད་པའི་ཕྱིར་རོ། །ཟིལ་གྱིས་གནོན ་པའི་སྐྱེ་མཆེད་བརྒྱད་པོ་དེ་ལ་ནང་གཟུགས་སུ་འདུ་ཤེས་པས་ཕྱིར་རོལ་གྱི་གཟུགས་ཆུང་དུ་ཁ་དོག་མཛེས་པ་དང། ཁ་དོག་མི་སྡུག་པ་དང། ངན་པ་དང་བཟང་པོ་རྣམས་ལ་ལྟ་ཞིང་གཟུགས་དེ་དག་ཟིལ་གྱིས་མནན་ནས་ཤེས་ཟིལ་གྱིས་མནན་ནས་མཐོང་སྟེ། ་དེ་ལྟ་བུར་འདུ་ཤེས་བར་འགྱུར་བ་དེ་ནི་ཟིལ་གྱིས་གནོན་པའི་སྐྱེ་མཆེད་དང་པོའོ། །ནང་གཟུགས་སུ་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་ཆེན་པོ་ཁ་དོག་མཇེས་པ་དང། ཁ་དོག་མི་སྡུག་པ་དང། ངན་པ་དང་བཟང་པོ་རྣམས་ལ་བལྟ་ཞིང་གཟུགས་དེ་དག ་ཞིས?་གྱིས་མནན་ནས་མཐོང་སྟེ་།དེ་ལྟ་བུར་འདུ་ཤེས་པར་འགྱུར་བ་འདི་ནི་ཟིལ་གྱིས་གནོན་པའི་སྐྱེ་མཆེད་གཉིས་པའོ། །ཞེས་བྱ་བའི་ཞལ་གྱིས་གནོན་པའི་སྐྱེ་མཆེད་འདི་གཉིས་ནི་གཟུགས་ཅན་གཟུགས་རྣམས་ལ་བལྟའོ། །ཞེས་བྱ་བའི་རྣམ་པར་ཐར་པ་དེ ་ལས་བྱུང་ངོ། །ནད་གཟུགས་མེད་པར་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་ཆུང་ངུ་ཁ་དོག་མཛེས་པ་དང། ཁ་དོག་མི་དུག་པ་དང། ངན་པ་དང་བཟང་པོ་རྣམས་ལ་བལྟ་ཞིང་གཟུགས་དེ་དག་ཟིལ་གྱིས་མནན་ནས་ཤེས་ཟིལ་གྱིས་མནན་ནས་མཐོང་སྟེ། དེ ་ལྟ་བུར་འདུ་ཤེས་པར་འགྱུར་བ་དེ་ནི་ཟིལ་གྱིས་མནན་པའི་སྐྱེ་མཆེད་གསུམ་པའོ། །ནང་གཟུགས་མེད་པར་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་ཆེན་པོ་ཁ་དོག་མཇེས་པ་དང། ཁ་དོག་མི་སྡུག་པ་དང། ངན་པ་དང་བཟང་པོ་རྣམས་ལ་བལྟ་ཞིང་གཟུགས ་དེ་དག་ཟིལ་གྱིས་མནན་ནས་ཤེས་ཟིལ་གྱིས་མནན་ནས་མཐོང་སྟེ། དེ་ལྟ་བུར་འདུ་ཤེས་པར་གྱུར་པ་འདི་ནི་ཟིལ་གྱིས་གནོན་པའི་སྐྱེ་མཆེད་བཞི་བའོ། །ཞེས་བྱ་བ་ཟིལ་གྱིས་གནོན་པའི་སྐྱེ་མཆེད་འདི་གཉིས་ནི་ནང་གཟུགས་མེད་པར་འདུ་ཤེས ་བས་ཕྱི་རོལ་གྱི་གཟུགས་ལ་བལྟ་བ་ཞེས་བྱ་བའི་རྣམ་པར་ཐར་པ་དེ་ལས་བྱུང་ངོ། །དེ་ལྟར་ན་ཟིལ་གྱིས་གནོན་པའི་སྐྱེ་མཆེད་བཞི་ནི་རྣམ་པར་ཐར་པ་གཉིས་ཀྱིས་རིག་པར་བྱའོ། །ནང་གཟུགས་མེད་པར་འདུ་ཤེས་པས་ཕྱི་རོལ་གྱི ་གཟུགས་སྔོན་པོ། །ཁ་དོག་སྔོན་པོ། སྔོན་པོ་ལྟ་བུར་སྟོན་པ། འོད་སྔོན་པོ་འབྱུང་བ་རྣམས་ལས་ལྟ་སྟེ། དཔེར་ན་ཟར་མའི་མེ་ཏོག་བམ་ཡུལ་ཝར་ཎཱ་སེར་བྱས་པའི་རས་ཕུན་སུམ་ཚོགས་པ་སྔོན་པོ། ཁ་དོག་སྔོན་པོ། སྔོན་པོ་ལྟ་བུར་སྟོན་པ། འོད་སྔོན་པོ ་འབྱུང་བ་དེ་བཞིན་དུ་ནང་གཟུགས་མེད་པར་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་སྔོན་པོ། ཁ་དོག་སྔོན་པོ། སྔོན་པོ་ལྟ་བུར་སྟོན་པ། འོད་སྔོན་པོ་འབྱུང་བ་རྣམས་ལ་བལྟ་ཞིང་གཟུགས་དེ་དག་ཟིལ་གྱིས་མནན་ནས་ཤེས་ཟིལ་གྱིས་མནན་ནས་མཐོང་སྟེ། ་དེ་ལྟ་བུར་འདུ་ཤེས་པར་འགྱུར་པ་འདི་ནི་ཟིལ་གྱིས་གནོན་པའི་སྐྱེ་མཆེད་ལྔ་པའོ། །ནང་གཟུགས་མེད་པར་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་སེར་པོ། ཁ་དོག་སེར་པོ། སེར་པོ་ལྟ་བུར་སྟོན་པ། འོད་སེར་པོ་འབྱུང་བ་རྣམས་ལ་བལྟ་སྟེ། དཔེར་ན་དོང་ཀའི ་མེ་ཏོག་གམ། ཡུལ་ཝ་རཎཱ་སེའ?་ངེས་ཕུན་སུམ་ཚོགས་པ་སེར་པོ། ཁ་དོག་སེར་པོ། སེར་པོ་ལྟ་བུར་སྟོན་པ། འོད་སེར་པོ་འབྱུང་བ་དེ་བཞིན་དུ་ནང་གཟུགས་མེད་པར་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་སེར་པོ། ཁ་དོག་སེར་པོ། སེར་པོ་ལྟ་བུར་སྟོན་པ། འོད ་སེར་པོ་འབྱུང་བ་རྣམས་ལ་བལྟ་ཞིང་གཟུགས་དེ་དང་ཟིལ་གྱིས་མནན་ནས་ཤེས་ཟིལ་གྱིས་མནན་ནས་མཐོང་སྟེ། དེ་ལྟ་བུར་འདུ་ཤེས་པར་འགྱུར་བ་འདི་ནི་ཟིལ་གྱིས་གནོན་པའི་སྐྱེ་མཆེད་དྲུག་པའོ། །ནང་གཟུགས་མེད་པར་འདུ་ཤེས་པས་ཕྱི་རོལ ་གྱི་གཟུགས་དམར་པོ། །ཁ་དོག་དམར་པོ། དམར་པོ་ལྟ་བུར་སྟོན་པ། འོད་དམར་པོ་འབྱུང་བ་རྣམས་ལ་བལྟ་སྟེ་།དཔེར་ན་བནདུ་ཛཱི་པ་ཀའི་མེ་ཏོག་གར། །ཡུལ་བ་ར་ཎཱ་སེའི་རས་ཕུན་སུམ་ཚོགས་པ་དམར་པོ། །ཁ་དོག་དམར་པོ། དམར་པོ་ལྟ་བུར ་སྟོན་པ། འོད་དམར་པ་འབྱུང་བ་དེ་བཞིན་དུ་ནང་གཟུགས་མེད་པར་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་དམར་པོ། ཁ་དོག་དམར་པོ། དམར་པོ་ལྟ་བུར་སྟོན་པ། འོད་དམར་པོ་འབྱུང་བ་རྣམས་ལ་བལྟ་ཞིང་གཟུགས་དེ་དག་ཟིལ་གྱིས་མནན་ནས་ཤེས་ཟིལ་གྱིས ་མནན་ནས་མཐོང་སྟེ། དེ་ལྟ་བུར་འདུ་ཤེས་པར་འབྱུང་བ་འདི་ནི་ཟིལ་གྱིས་གནོན་པའི་སྐྱེ་མཆེད་བདུན་པའོ། །ནང་གཟུགས་མེད་པར་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་དཀར་པོ། ཁ་དོག་དཀར་པོ། དཀར་པོ་ལྟ་བུར་སྟོན་པ། འོད་དཀར་པོ་འབྱུང་བ་རྣམས ་ལ་ལྟ་སྟེ་།དཔེར་ན་སྐར་མ་པ་ཝ་སངས་ཀྱི་མདོག་གམ། ཡུལ་བ་ར་ཎཱ་སེའི་རས་དཀར་པོ་ཕུན་སུམ་ཚོགས་པ་དཀར་པོ། ཁ་དོག་དཀར་པོ། དཀར་པོ་ལྟ་བུར་སྟོན་པ། འོད་དཀར་པོ་འབྱུང་བ་དེ་བཞིན་དུ་ནང་གཟུགས་མེད་པར་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས ་དཀར་པོ། ཁ་དོག་དཀར་པོ། དཀར་པོ། དཀར་པོ་ལྟ་བུར་སྟོན་པ། འོད་དཀར་པོ་འབྱུང་བ་རྣམས་ལ་ལྟ་ཞིང་གཟུགས་དེ་དག་ཟིལ་གྱིས་མནན་ནས་ཤེས་ཟིལ་གྱིས་མནན་ནས་མཐོང་སྟེ། དེ་ལྟ་བུར་འདུ་ཤེས་པར་འགྱུར་བ་འདི་ནི་ཟིལ་གྱིས་གནོན་པའི་སྐྱེ་མཆེད་བརྒྱད་པའོ། །ཞེས་བྱ ་པ་འདི་བཞིན་སྡུག་པའི་རྣམ་པར་ཐར་པ་ལུས་ཀྱི་མངོན་སུམ་དུ་བྱས་ཏེ། རྫོགས་པར་བྱས་ནས་གནས་སོ། །ཞེས་བྱ་བའི་རྣམ་པར་ཐར་པ་དེ་ལས་འབྱུང་ངོ། །དེ་ལ་རྣམ་པར་ཐར་པ་རྣམས་ཀྱིས་ནི་དམིགས་པ་ཆུང་དུ་ལ་སོགས་པ་ལ་མོས་པ་བྱེད་དོ། །ཟིལ་གྱིས ་གནོན་པ་རྣམས་ཀྱིས་ནི་དབང་བྱེད་པའི་ཕྱིར་ཟིལ་གྱིས་གནོན་ཏེ། དེའི་ནང་དུ་འདུས་པར་བྱེད་པ་དང། ཇི་ལྟར་འདོད་པ་བཞིན་དུ་བྱེད་པའི་ཕྱིར་རོ། །དེ་ལ་གཟུགས་ཆུང་དུ་རྣམས་ནི་སེམས་ཅན་དུ་གཏོགས་པ་སྟེ་།ཆུང་བའི་ཕྱིར་རོ། །ཆེན་པོ་ནི་སེམས་ཅན་མ་ཡིན ་པར་གཏོགས་པ་སྟེ། ཁང་པ་དང་གཞལ་མེད་ཁང་དང། རི་ལ་སོགས་པ་ཚ་བའི་ཕྱིར་རོ། །ཁ་དོག་མཛེས་པ་དང། ཁ་དོག་མི་སྡུག་པ་ནི་ཁ་དོག་སྡུག་པ་དང། ཁ་དོག་མི་སྡུག་པ་ལས་བསྡུས་པ་རྣམས་སོ། །མིའི་དང་ལྷའི་རྣམས་ནི་ངན་པ་དང་བཟང་པོ ་རྣམས་ཏེ། གོ་རིམ་བཞིན་ནོ། །གཟུགས་དེ་དག་ཟིལ་གྱིས་མནན་ནས་ཤེས་བྱ་བ་ནི་དབང་སྒྱུར་ནས་སོ། །ཤེས་ཞེས་བྱ་བ་ནི་ཞི་གནས་ཀྱི་ལམ་གྱིས་སོ། །མཐོང་ཞེས་བྱ་བ་ནི་ལྷག་མཐོང་གི་ལམ་གྱི་ལས་སོ། །དེ་ལྟ་བུར་འདུ་ཤེས་པར ་འགྱུར་བ་ཞེས་བྱ་བ་ནི་ཟིལ་གྱིས་མནན་ནམ། ཟིལ་གྱིས་མ་མནན་ཀྱང་རུང་སྟེ། དེ་ལ་མངོན་པའི་ང་རྒྱལ་མེད་པའི་འདུ་ཤེས་ཅན་གྱི་ཕྱིར་རོ། །སྔོན་པོ་ཞེས་བྱ་བ་ནི་བསྟན་པའི་ཚིག་གོ། ཁ་དོག་སྔོན་པོ་ཞེས་བྱ་བ་ནི་ལྷན་ཅིག་སྐྱེས་པའི་སྔོ་བ་ཉིད ་ཀྱི་ཕྱིར་རོ། །སྔོན་པོ་ལྟ་བུར་སྟོན་པ་ཞེས་བྱ་བ་ནི་སྦྱར་བ་ལས་གྱུར་པའི་སྔོ་བ་ཉིད་ཀྱི་ཕྱིར་རོ། །འོད་སྔོན་པོ་འབྱུང་བ་རྣམས་ཞེས་བྱ་བ་འདི་ནི་དེ་གཉི་ག་ལས་འོད་འབྱུང་བ་རྣམས་འོད་གསལ་བ་ཉིད་ཀྱི་ཕྱིར་རོ། སྔོན་པོ་ལ་ཇི་ལྟ་བ་དེ་བཞིན་དུ་སེར་པོ་དང ་དམར་པོ་དང་དཀར་པོ་རྣམས་ལ་ཡང་རྒྱ་ཆེར་རིག་པར་བྱའོ། །དཔེ་གཉིས་པོ་རེ་རེ་ལ་ཡང་ལྷན་ཅིག་སྐྱེས་པ་དང་སྦྱར་བ་ལས་གྱུར་པའི་ཁ་དོག་བརྗོད་པའི་ཕྱིར་ཏེ། འདི་ལྟ་སྟེ་སྔོན་པོ་ཞེས་བྱ་བ་ནི་མེ་ཏོག་དང་རས?་གཉི་ག་ལ་མཚུངས་པར་བསྟན་པའི ་ཚིག་གོ་།ཁ་དོག་སྔོན་པོ་ཞེས་བྱ་བ་ནི་མེ་ཏོག་ཉིད་ཀྱི་དབང་དུ་བྱས་པ་སྟེ། དེ་ལྷན་ཅིག་སྐྱེས་པའི་སྔོན་པོ་ཡིན་པའི་ཕྱིར་རོ། །སྔོན་པོ་ལྟ་བུར་སྟོན་པ་ཞེས་བྱ་བ་ནི་རས་ཀྱི་དབང་དུ་བྱས་པ་སྟེ། དེ་ལ་སྦྱར་བ་ལས་གྱུར་པའི་སྔོན་པོ་ཉིད་ཡོད་པའི་ཕྱིར་རོ།། ་འོད་སྔོན་པོ་འབྱུང་བ་ཞེས་བྱ་བ་ནི་མེ་ཏོག་དང་རས་གཉི་གའི་དབང་དུ་བྱས་པ་སྟེ། གཉི་ག་ལ་ཡང་འོད་གསལ་བ་ཉིད་ཡོད་པའི་ཕྱིར་རོ། །དེ་ལྟར་བྱས་ན་དཔེར་ན་ཟར་མའི་མེ་ཏོག་དང། ཡུལ་བ་ར་ཎཱ་སའི་རས་ཕུན་སུམ་ཚོགས་པ་སྔོན་པོ་ཁ་དོག ་སྔོན་པོ་ཞེས་བྱ་བ་ལ་སོགས་པ་བསྟན་པའི་དཔེ་ཡང་འཐད་པར་འགྱུར་རོ། །དེ་བཞིན་དུ་སེར་པོ་ལ་སོགས་པ་ལ་ཡང་སྦྱར་བར་བྱའོ། །ལྷག་མ་ནི་རྣམ་པར་ཐར་པ་ལས་བྱུང་བ་ཇི་ལྟ་བ་བཞིན་ནོ། །ཞེས་བྱ་བ་ལ་ལྷག་མ་གང་ཞེ་ན། ནང་གཟུགས་སུ་འདུ་ཤེS ་པས་ཕྱི་རོལ་གྱི་གཟུགས་རྣམས་མཐོང་བ་ཞེས་བྱ་བ་ལ་སོགས་པ་སྟེ་།དེ་ནི་གཟུགས་ཅན་གཟུགས་རྣམས་ལ་བལྟ་ཞེས་ཇི་སྐད་བསྟན་པའི་ཚུལ་བཞིན་དུ་བལྟ་བར་བྱའོ། །ཇི་ལྟར་ཟིལ་གྱིས་གནོན་པའི་སྐྱེ་མཆེད་རྣམས་ཀྱིས་དམིགས་པ་ལ་དབང་སྒྱུར་ནས་ཟེར ་པར་གྱི་སྐྱེ་མཆེད་རྣམས་ཀྱིས་ཟད་པར་རྒྱས་པར་བྱེད་དེ། ཀུན་ཏུ་མཛའ་ཡས་པར་ཁྱབ་པར་བྱེད་ཅེས་བྱ་བའི་ཐ་ཚིག་གོ་།ཟད་པར་གྱི་སྐྱེ་མཆེད་དེ་དག་ནི་བཅུ་ཡིན་ཏེ། ཟད་པར་ས་དང། ཟད་པར་ཆུ་དང། ཟད་པར་མེ་དང། ཟད་པར་རླུང་དང། ཟད་པར་སྔོན་པ་དང། ཟད ་པར་སེར་པོ་དང། ཟད་པར་དམར་པོ་དང། ཟད་པར་དཀར་པོ་དང། ཟད་པར་ནམ་མཁའ་མཛའ་ཡས་སྐྱེ་མཆད་དང། ཟད་པར་རྣམ་ཤེས་མཛའ་ཡས་སྐྱེ་མཆེད་དོ། །ཟད་པར་གྱི་སྐྱེ་མཆེད་རྣམས་ལ་ས་ལ་སོགས་པ་རྣམ་པར་མི་བཞག་ན་ནི་ངེས་ན་གནས་འབྱུང ་པ་ཆེན་པོ་རྣམས་ལ་རྒྱུར་བྱས་པའི་གཟུགས་སྔོན་པོ་ལ་སོགས་པ་དེས་ཁྱབ་པར་བྱེད་མི་ནུས་ཏེ། དེ་བས་ན་གནས་དང་བཅས་པའི་གཟུགས་ལ་ཁྱབ་པར་བྱ་བ་འབྱོར་པ་ཉིད་ཀྱི་ཕྱིར། དེ་དག་ནི་ཟད་པར་ལ་རྣམ་པར་བཞག་པར་རིག་པར་བྱའོ། །ལྷག་མ་ནི་རྣམ ་པར་ཐར་པ་བཞིན་དུ་ཇི་ལྟར་མཐུན་མཐུན་དུ་སྦྱར་བར་བྱའོ། །ཞེས་བྱ་བ་ནི་ཟད་པར་ནམ་མཁའ་མཛའ་ཡས་སྐྱེ་མཆེད་ལ་སོགས་པའོ། །དེ་ལ་རྣམ་པར་ཐར་པ་རྣམས་ཀྱིས་ནི་རྣམ་པར་ཐར་པ་རྣམས་རྩོམ་མོ། །ཟིལ་གྱིས་གནོན་པའི་སྐྱེ་མཆེད་རྣམས་ཀྱིས་ནི ་སྦྱོར་རོ། །ཟད་བར་གྱི་སྐྱེ་མཆེད་རྣམས་ཀྱིས་ནི་ཡོངས་སུ་གྲུབ་པར་རིག་པར་བྱའོ།། །།བམ་པོ་དགུ་པ། །ཉོན་མོངས་པ་མེད་པར་གནས་པ་ནི་སེམས་ཅན་གང་དག་གིས་རྨི་ལམ་དུ་སྣང་བར་འདོད་པ་དེ་དག་བདག་ལ་ཉོན་མོངས་པ་ཀུན་ཏུ་མི་འབྱུང་བའི་དབང ་དུ་བྱས་ནས་འདུག་བཞིན་དུ་བསམས་ནས་ཤེས་པའི་དབང་གིས་མ་འོངས་པ་ན་འབྱུང་བ་ལ་ལྟ་སྟེ། དེ་ལྟར་དེའི་དྲུང་དུ་འགྲོ་ཡང་རུང་མི་འགྲོ་ཡང་རུང་ཅི་ནས་དེར་དེ་དག་ལ་རྗེས་སུ་ཆགས་པ་དང། ཁོང་ཁྲོ་བ་དང། ཕྲག་དོག་དང། སེར་སྣ་ལ་སོགས་པའི་ ་ཉོན་མོངས་པ་དང། ཉེ་བའི་ཉོན་མོངས་པ་འཐབ་རྩོད་མི་བསྐྱེད་དོ། །དེའི་ཕྱིར་ཉོན་མོངས་པ་མེད་པ་ནི་བསམ་གཏན་ལ་བརྟེན་ནས་གཞན་གྱི་ཉོན་མོངས་པ་འབྱུང་བ་རྗེས་སུ་སྲུང་བར་གནས་པ་ཡང་དག་པར་འབྱོར་པའི་ཞེས་རྒྱ་ཆེར་འབྱུང་བ་དེ་སྐད ་ཅེས་བྱའོ། །བསམས་ནས་ཞེས་བྱ་བ་ནི་དེ་ཐོབ་པ་གལ་ཏེ་དུས་གསུམ་པ་ལ་སོགས་པའི་ཤེས་བྱའི་རྣམ་པ་དེ་ཉིད་ཤེས་པར་འདོད་པར་གྱུར་ན་དེ་དང་དེར་འདི་ཤེས་པར་འགྱུར་བར་བྱའོ། །ཞེས་བསམས་ནས་བསམ་གཏན་ལ་སྙོམས་པར་འཇུག་ཅིང། དེ་ལས་ལངས ་ནས་དེའི་སྨོན་པ་འགྲུབ་པར་འགྱུར་ཏེ། ཤེས་བྱ་དེ་ཤེས་སོ། །ཞེས་བྱ་བའི་ཐ་ཚིག་གོ་།ཆོས་སོ་སོ་ཡང་དག་པར་རིག་པ་ནི་རྣམ་གྲངས་སུ་གཏོགས་པ་རྣམས་ལ་འདི་ལྟ་སྟེ། མ་རིག་པ་ལ་སོགས་པ་ལ་བརྩམས་ནས་མི་ཤེས་པ་དང་མི་མཐོང་བ་དང། མངོན་པར་མི་རྟོགས་པ ་ཞེས་བྱ་བ་ལ་སོགས་པ་ལ་ཐོགས་པ་མེད་པར་ཡང་དག་པར་འབྱོར་པའི་ཏིང་ངེ་འཛིན་ཅེས་བྱ་བ་ལ་སོགས་པ་རྒྱ་ཆེར་འབྱུང་བའོ། །དོན་སོ་སོ་ཡང་དག་པར་རིག་པ་ནི། ཆོས་རྣམས་ཀྱི་རང་དང་སྤྱིའི་མཚན་ཉིད་དང། དོན་གཞན་ལ་སོགས་པ་ལ་དགོངས་པ་ལ་ཐོགས་པ ་མེད་པར་ཡང་དག་པར་འབྱོར་པའི་ཞེས་རྒྱ་ཆེར་འབྱུང་བའོ། །ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པ་ལ་ཡུལ་མིའི་སྐད་ཅེས་བྱ་བ་ནི་ཡུལ་སོ་སོ་བས་ཇི་ལྟར་རང་རང་གིས་གཞན་དང་གཞན་མིང་གཞན་གྱི་ཐ་སྙད་འདོགས་པའོ། །ཆོས་ཀྱི་ངེས་པའི་ཚིག་ལ་ཞེས་བྱ་བ ་ནི་འདི་ལྟ་སྟེ་།འཇིག་པ་དང་རབ་ཏུ་འཇིག་པས་དེའི་ཕྱིར་འཇིག་རྟེན་ཞེས་བྱ་བ་དང། གཟུགས་སུ་རུང?་བས་དེའི་ཕྱིར་གཟུགས་ཞེས་བྱ་བ་ལ་སོགས་པའོ། །སྤོབས་པ་སོ་སོ་ཡང་དག་པར་རིག་པ་ནི་རྫས་སུ་ཡོད་པའོ། །བཏགས་པའི་ཡོད་པའོ། །ཀུན་རྫོབ་ཏུ་ཡོད ་པའོ། །དོན་དམ་པར་ཡོད་པའོ། །ཞེས་བྱ་བ་ལ་སོགས་པ་ཆོས་རབ་ཏུ་འབྱེད་པའོ། །རྫུ་འཕྲུལ་གྱི་མངོན་པར་ཤེས་པ་ལ་རྫུ་འཕྲུལ་གྱི་རྣམ་པར་འཕྲུལ་པ་སྣ་ཚོགས་ཡང་དག་པར་འབྱོར་པའི་ཞེས་བྱ་བ་ནི་འདི་ལྟ་སྟེ། གཅིག་ཏུ་གྱུར་ནས་མང་བར་འགྱུར་ཞེས ་བྱ་བ་ལ་སོགས་པའོ། །སྒྲ་སྣ་ཚོགས་ཉན་པ་ཡང་དག་པར་འབྱོར་པ་ཞེས་བྱ་བ་ནི་ལྷ་དང་མིའི་ལ་སོགས་པའོ། །སེམས་ཅན་གཞན་དག་གི་སེམས་གྱི་སྤྱོད་པ་ལ་འཇུག་པ་ཡང་དག་པར་འབྱོར་པ་ཞེས་བྱ་བ་ནི་འདོད་ཆགས་དང་བཅས་པ་ལ་སོགས་པའི་སེམས་ཀྱི ་རྒྱུས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པ་ཡང་དག་པར་འབྱོར་པའི་ཞེས་བྱ་བའི་ཐ་ཚིག་གོ་།སྔོན་གྱི་མཛའ་ཨི་སྤྱོད་པའི་རྗེས་སུ་དྲན་པ་ཡང་དག་པར་འབྱོར་པའི་ཞེས་བྱ་བ་ནི་འདས་པའི་ཚེ་རབས་གཅིག་ནས་གཅིག་ཏུ་བརྒྱུད་པ་ལས་བརྩམས་ཏེ། མིང་དང ་རིགས་དང་རུས་ལ་སོགས་པའི་རྣམ་པའི་ལོ་དྲུང་ཞེས་བྱ་བའི་ཐ་ཆིག?་གོ་།འཆི་འཕོ་དང་སྐྱེ་བ་མངོན་པར་ཤེས་པ་ནི་ལྷའི་མིག་གིས་སེམས་ཅན་འཆི་འཕོ་བ་དང། སྐྱེ་བ་དང། ཁ་དོག་བཟང་པོ་དང། ཁ་དོག་ངན་པ་དང། བདེ་འགྲོར་འགྲོ་བ་དང། ངན ་འགྲོར་འགྲོ་བ་དང། ཕྱི་མའི་མཛའ་ལས་བརྩམས་ཏེ། འཆི་འཕོ་དང། སྐྱེ་བ་མཐོང་བ་ཡང་དག་པར་འབྱེད་པའི་ཏིང་ངེ་འཛིན་ལ་སོགས་པའོ། །ཟག་པ་ཟད་པ་ཤེས་པ་ཡང་དག་པར་འབྱོར་པའི་ཞེས་བྱ་བ་ནི་ཐབས་གང་གིས་ཟག་པ་རྣམས་ཡོངས་སུ ་ཟད་པ་དང། དེ་དག་ཡོངས་སུ་ཟད་པ་གང་ཡིན་པ་དེ་ཤེས་པ་འབྲུབ་པའི་རྒྱུ་ཞེས་བྱ་བའི་ཐ་ཚིག་གོ་།མཚན་དང་དཔེ་བྱང་བཟང་པོ་རྣམས་ནི་གང་ཏིང་ངེ་འཛིན་དང་ཤེས་རབ་ཀྱི་དབང་གིས་སངས་རྒྱས་བཅོམ་ལྡན་འདས་རྣམས་སྐྱེས་བུ་ཆེན་པོའི་མཚན ་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བཟང་པོ་བརྒྱད་ཅུས་རྣམ་པར་མཛེས་པའི་གཟུགས་ཀྱི་སྐུས་འདུལ་བ་རྣམས་ལ་ཀུན་ཏུ་སྟོན་ཏོ། །དེ་དག་གི་དེ་དག་ནི་དེའི་རང་བཞིན་དུ་རིག་པར་བྱ་སྟེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཆོས་ཀྱི་སྐུས་རབ་ཏུ་ཕྱེ་བའི ་ཕྱིར་རོ། །བྱང་ཆུབ་སེམས་དཔའ་དེ་ལྟར་སྟོན་ནུས་པ་རྣམས་ཀྱང་ཏིང་ངེ་འཛིན་དང་ཤེས་རབ་ཀྱི་རང་བཞིན་ནོ། །དེ་ལ་གཞན་པ་འཁོར་གྱི་དཀྱིལ་འཁོར་དག་ཏུ་སྐྱེས་པ་རྣམས་ནི་དེ་ལས་བྱུང་བའི་རྣམ་པར་སྨིན་པའི་རང་བཞིན་དུ་རིག་པར་བྱའོ། །སངས་རྒྱས་བཅོམ ་ལྡན་འདས་རྣམས་དང། བྱང་ཆུབ་སེམས་དཔའ་མངོན་པར་ཤེས་པ་ཆེན་པོ་ཐོབ་པ་རྣམས་ཀྱི་རྣམ་པ་ཐམས་ཅད་ཡོངས་སུ་དག་པ་ནི་བཞི་སྟེ། དེ་ལ་ཇི་ལྟར་བཞེད་བ་བཞིན་དུ་གནས་ལེན་པ་དང། བཞུགས་པ་དང། ཡོངས་སུ་གཏོང ་བ་ཡང་དག་པར་འབྱོར་བའི་ཞེས་བྱ་བ་ནི་གང་དུ་བཞེད་པ་དེར་སྐྱེས་པ་འཛིན་པ་དང། དེར་སྐྱེས་ནས་ཀྱང་ཚེའི?་འདུ་བྱེད་བྱིན་གྱིས་བརླབས་ཏེ་ཇི་སྲིད་བཞེད་པར་བཞུགས་པ་དང། གང་གི་ཚེ་བཞེད་པ་དེའི་འདུས་ན་ཚེའི་འདུ་བྱེད་འདོར་བ་སྟེ་།གོ་རིམ་བཞིན ་ནོ། །ཇི་ལྟར་བཞེད་པ་བཞིན་དུ་དམིགས་བའི་དབང་དུ་མཛོད་ནས་སྤྲུལ་པ་དང་བསྒྱུར་བ་དང། མཁྱེན་བ་ཡང་དག་པར་འབྱོར་བའི་ཞེས་བྱ་བ་ནི་སྔོན་མ་བྱུང་བའི་གཟུགས་ལ་སོགས་པ་སྤྲུལ་བ་དང། སྔོན་བྱུང་བའི་གཟུགས་ལ་སོགས་པ་གསེར་ལ་སོགས ་པར་བསྒྱུར་བ་དང། རྣམ་པ་ཐམས་ཅད་ཐུགས་སུ་ཆུད་པའི་ཕྱིར་ཏེ་གོ་རིམ་བཞིན་ནོ། །ཇི་ལྟར་བཞེད་བ་བཞིན་དུ་ཏིང་ངེ་འཛིན་གྱི་སྒོ་ལ་དབང་སྒྱུར་བ་ཡང་དག་པར་འབྱོར་བའི་ཞེས་བྱ་བ་ནི་སྐད་ཅིག་རེ་རེ་ལ་ཇི་ལྟར་བཞེད་བ་བཞིན་དུ་ཏིང་ངེ་འཛིན་གཞན ་དཔག་ཏུ་མེད་པ་ལ་སྙོམས་པར་འཇུག་པའི་ཕྱིར་རོ། །ཇི་ལྟར་བཞེད་པ་བཞིན་དུ་གཟུངས་གྱི་སྒོ་ཀུན་ཏུ་འཛིན་པ་ཡང་དག་པར་འབྱོར་བའི་ཞེས་བྱ་བ་ནི་ཡི་གེ་བཞི་བཅུ་རྩ་གཉིས་ལས་ཡི་གེ་གང་ཡང་རུང་བ་ཡིད་ལ་བྱེད་བ་ན་དེས་ཐག་མཁོ་ནར་ཆོས་ཀྱི ་རྣམ་བྲངས་ཐམས་ཅད་བརྗོད་ནུས་པ་ཐོབ་པའི་ཕྱིར་ཞེས་བྱ་བའི་ཐ་ཚིག་གོ་།སྟོབས་ནི་བཅུ་སྟེ་།གནས་དང་གནས་མ་ཡིན་པ་མཁྱེན་པའི་སྟོབས་དང། ལས་བདག་གིར་བྱ་བ་མཁྱེན་བའི་སྟོབས་དང། བསམ་གཏན་དང་རྣམ་པར་ཐར་བ་དང་ཏིང་ངེ ་འཛིན་དང་སྙོམས་པར་འཇུག་པ་མཁྱེན་པའི་སྟོབས་དང། དབང་པོ་མཆོག་དང་མཆོག་མ་ཡིན་བ་མཁྱེན་བའི་སྟོབས་དང། མོས་པ་སྣ་ཚོགས་མཁྱེན་བའི་སྟོབས་དང། ཁམས་སྣ་ཚོགས་མཁྱེན་བའི་སྟོབས་དང། ཐམས་ཅད་དུ་འགྲོ་བའི་ལམ་མཁྱེན ་པའི་སྟོབས་དང། སྔོན་གྱི་གནས་རྗེས་སུ་དྲན་པ་མཁྱེན་པའི་སྟོབས་དང། ཤི་འཕོ་བ་དང་སྐྱེ་བ་མཁྱེན་པའི་སྟོབས་དང། ཟག་པ་ཟད་པ་མཁྱེན་པའི་སྟོབས་སོ། །གནས་དང་གནས་མ་ཡིན་པ་མཁྱེན་པའི་སྟོབས་ནི་བསམ་གཏན་ལ་བརྟེན་ནས་རྒྱུ་དང་རྒྱུ་མ་ཡིན ་པ་རྣམ་པ་ཐམས་ཅད་དུ་མཁྱེན་པ་ཆགས་པ་མེད་ཅིང་ཐོགས་པ་མེད་པ་སྔོན་དུ་གྱུར་པའི་ཏིང་ངེ་འཛིན་ལ་སོགས་བའོ། །དེ་བཞིན་དུ་ལས་བདག་གིར་བྱ་བ་མཁྱེན་པའི་སྟོབས་ལ་སོགས་པ་ལ་ཡང་རྣམ་པ་ཐམས་ཅད་དུ་དེ་མཁྱེན་པ་ཆགས་པ་མེད་ཅིང་ཐོགས ་པ་མེད་པ་སྔོན་དུ་གྱུར་བའི་ཏིང་ངེ་འཛིན་ལ་སོགས་པ་ཞེས་བྱ་བར་སྦྱང་བར་བྱའོ། །མི་འཇིགས་པ་ནི་བཞི་སྟེ། མངོན་པར་རྫོགས་པར་སངས་རྒྱས་སོ། །ཞེས་བྱ་བ་འདི་ལ་ཆོས་འདི་དག་མངོན་པར་རྫོགས་པར་སངས་རྒྱས་སོ། །ཞེས་དགེ་སྦྱོང་ངམ། བྲམ་ཟེ་འམ། ་ལྷ་འམ། བདུད་དམ། ཚངས་པ་དང། སུས་ཀྱང་ཆོས་དང་མཐུན་བས་དེ་ལ་རྒོལ་བའམ། དྲན་པར་བྱེད་པའི་མཚན་མ་མི་མཐོང་སྟེ། མཚན་མ་དེ་མི་མཐོང་པ་ལ་བདེ་བ་ཐོབ། མི་འཇིགས་པ་ཐོབ། བག་ཚ་བ་མེད་པ་ཐོབ་ནས་གནས་སོ། །ཁྱུ་མཆོག་གི་གནས་རྒྱ་ཆེན་པོར་ཞལ་གྱིས་འཚའོ། །ཚངས་པའི་འཁོར་ལོ་བསྐོར་རོ། །འཁོར་གྱི་ནང་དུ་སེང་གེའི་སྒྲ་ཡང་དག་པར་སྒྲོག་གོ་།ང་ཟག་པ་ཟད་དོ། །ཞེས་བྱ་བ་བ་ཟག་པ་འདི་དག་ཡོངས་སུ་མ་ཟད་དོ། །ཞེས་བྱ་བ་དང། ངས་ཉན་ཐོས་རྣམས་ལ་བར་དུ་གཅོད་བའི ་ཆོས་གང་དག་བསྟན་པ་དེ་དག་བསྟེན་ཀྱང་བར་དུ་གཅོད་པར་མི་འགྱུར་རོ། །ཞེས་བྱ་བ་དང། ཡང་ངས་ཉན་ཐོས་རྣམས་ལ་ངེས་པར་འབྱུང་བར་བྱ་བའི་ཕྱིར། འཕགས་བ་ངེས་པར་འབྱིན་པ་ངེས་པར་འབྱུང་བའི་ལམ་གང་བཤད་པ་དེ་ངེས་པར་འབྱུང ་པ་མ་ཡིན་ནོ། །ཞེ་འམ། དེ་བྱེད་པའི་སྡུག་བསྔལ་ཡང་དག་པར་ཟད་པར་འགྱུར་བ་དང། སྡུག་བསྔལ་གྱི་ཐ་མ་བྱེད་པར་མི་འགྱུར་རོ། །ཞེས་འདི་ལ་དགེ་སྦྱོང་ངམ་སུས་ཀྱང་ང་ལ་ཞེས་བྱ་བ་ནས་སེང་གེའི་སྒྲ་ཡང་དག་པར་སྒྲོག་ཅེས་བྱ་བའི་བར་དུ་རྒྱ་ཚོར ་རེ་རེ་ལ་ཡང་བརྗོད་པར་བྱའོ། །མི་འཇིགས་པ་བཞི་པོ་འདི་དག་ནི་རང་གི་དོན་དང་གཞན་གྱི་དོན་ལས་བརྩམས་པར་རིག་པར་བྱའོ། །དེ་ལ་རང་གི་དོན་ནི་རྣམ་པ་གཉིས་ཏེ། ཡེ་ཤེས་ཀྱི་ཁྱད་པར་དང། སྤངས་པའི་ཁྱད་པར་རོ། །གཞན་གྱི་དོན་དང ་རྣམ་པ་གཉིས་ཏེ། མི་མཐུན་པའི་ཆོས་ཡོངས་སུ་སྤོང་བ་དང། གཉེན་པོའི་ཆོས་ལ་བརྟེན་པའོ། །དེ་ལ་མངོན་པར་རྫོགས་པར་བྱང་ཆུབ་པ་ལ་མི་འཇིགས་པ་ནི་ཡེ་ཤེས་ཀྱི་བདག་ཉིད་དེ་རང་གི་དོན་ལ་བརྩམས་ནས་རྣམ་པ་ཐམས་ཅད་དུ་ངེས་རབ་ཏུ་དབྱེ་བའི་མཛའ་ ་དང་བཅས་པར་ཞེས་བྱ་བ་མངོན་པར་སངས་རྒྱས་སོ། །ཞེས་ཞལ་གྱིས་འཚེ་བ་སྟེ། ཡང་དག་པར་རྒོལ་བ་མེད་པར་འཇིག་རྟེན་ཐམས་ཅད་དུ་འཇོག་པ་ཡང་དག་པར་འབྱོར་པའི་ཏིང་ངེ་འཛིན་གང་ཡིན་པ་ཞེས་བྱ་བ་སྔ་མ་བཞིན་ནོ། །མི་འཇིགས་པ་ལྷག་མ་རྣམས་ཀྱང ་དེ་བཞིན་དུ་སྦྱར་བར་བྱའོ། །ཟག་པའི་རྣམ་པ་ཐམས་ཅད་ཅེས་བྱ་བ་ནི་བག་ཆགས་དང་བཅས་པའི་ཉོན་མོངས་པ་རྣམས་སུ་རིག་པར་བྱའོ། །བར་དུ་གཅོད་པའི་ཆོས་རྣམ་པ་ཐམས་ཅད་ཅེས་བྱ་བ་ནི་མི་མཐུན་པའི་ཕྱོགས་ཀྱི་ཆོས་ཀུན་ནས་ཉོན་མོངས་པ་ཐམས ་ཅད་དུ་རིག་པར་བྱའོ། །ངེས་པར་འབྱིན་པའི་ལམ་གྱི་རྣམ་པ་ཐམས་ཅད་ཅེས་བྱ་བ་ནི་སྦྱོར་བ་ནས་བཟུང་སྟེ། མཐར་ཕྱིན་པའི་ལམ་གྱི་བར་དུ་རིག་པར་བྱའོ། །དྲན་པ་ཉེ་བར་བཞག་པ་གསུམ་ནི་འདི་ལ་སྟོན་པ་ཐུགས་བརྩེ་བ་ཅན་ཐུགས་རྗེ་དང་ལྡན་པ ་དོན་བཞེད་པ། ཕན་པ་བཞེད་པ། ཐུགས་རྗེ་ཅན་ཉན་ཐོས་རྣམས་ལ་དགེ་སློང་དག་འདི་ནི་ཕན་པར་འགྱུར་བའོ། །འདི་ནི་བདེ་བར་འགྱུར་བའོ། །ཞེས་ཆོས་སྟོན་པ་འདི་ལ་ཉན་ཐོས་དེ་དག་གུས་པར་ཉན་པ་དང། རྣ་བ་གཏོད་པ་དང། ཀུན་ཤེས་པའི་སེམས ་ཉེ་བར་འཇོག་པ་དང། ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་སྒྲུབ་པ་དེ་ལ་དེ་བཞིན་གཤེགས་པ་དགྱེས་པར་མི་འགྱུར། ཡིད་བདེ་བར་མི་འགྱུར། ཐུགས་དགའ་བ་ཡ་ཡ་པོར་མི་འགྱུར་གྱི། བཏང་སྙོམས་ཅན་དུ་དེ་བཞིན་གཤེགས་པ་དེ་ལ་གནས་ཏེ། ་དྲན་པ་དང་ཤེས་བཞིན་དང་ལྡན་པ་ནི་མ་འདྲེས་པའི་དྲན་པ་ཉེ་བར་གཞག་པ་དང་པོ་སྟེ། གང་འཕགས་པ་བརྟེན་པ་བསྟེན་ནས་ཀྱང་འཁོར་ལ་རྗེས་སུ་བསྟན་པར་འོས་པའོ། །གཞན་ཡང་སྟོན་པ་འདི་ནི་ཕན་པ་དང་བདེ་བར་འགྱུར་པའོ། །ཞེས་བྱ་བའི་བར་དུ་ཆོས་སྟོན ་པ་དེ་ལ་ཉན་ཐོས་དེ་དག་གུས་པར་མི་ཉན་པ་ནས། ཆོས་ཀྱིས་རྗེས་སུ་མཐུན་པའི་ཆོས་མི་སྒྲུབ་པའི་བར་དེ་ལ་དེ་བཞིན་གཤེགས་པ་ཀུན་ནས་མནར་སེམས་སུ་མི་འགྱུར། མི་བཟོད་པར་མི་འགྱུར། ཐུགས་མི་ཆོས་པར་མི་འགྱུར། ཐུགས་མི་མཉེས་པར ་མི་འགྱུར་གྱི་བཏང་སྙོམས་ཅན་དུ་དེ་ལ་ཞེས་བྱ་བ་རྒྱ་ཆེར་སྦྱར་བ་སྟེ་འདི་ནི་གཉིས་པའོ། །གསུམ་པའི་བྱེ་བྲག་ནི་འདི་ཡིན་ཏེ། དེ་ལ་ཉན་ཐོས་ཁ?་ཅིག་གུས་པར་ཉན་པ་ནས་ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་སྒྲུབ་པར་བྱེད་པ་དང། ཁ་ཅིག་གུས་པར་མི་ཉན ་པ་ནས་ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་མི་སྒྲུབ་པའི་བར?་དེ་ལ?་དེ་བཞིན་གཤེགས་པར་གྱེས་པར་མི་འགྱུར་བ་ཞེས་ཐུགས་མི་མཉེས་པར་མི་འགྱུར་བའི་བར་དུའོ། །དྲན་པ་ཉེ་བར་གཞག་པ་གསུམ་པོ་འདི་དག་ནི་སྟོན་པའི་ཚོགས་ཡོངས་སུ་སྡུད་པ་ལ་གོ་རིམ་བཞིན་དུ་རྗེས ་སུ་ཆགས་པ་དང། །ཁོང་ཁྲོ་བ་དང། དེ་གཉི་གའི་ཀུན་ནས་ཉོན་མོངས་པ་དང། བག་ཆགས་ཀྱི་རྣམ་པ་ཐམས་ཅད་ཀུན་ཏུ་མི་འབྱུང་བ་ཡང་དག་པར་འབྱོར་བའི་ཏིང་ངེ་འཛིན་ལ་སོགས་པའོ། །བསྲུང་བ་མེད་པ་གསུམ་ནི་དེ་བཞིན་གཤེགས་པའི་སྐུའི་ཕྲིན་ལས ་ཀྱི་སྤྱོད་པ་ཡོངས་སུ་དག་པ་སྟེ། དེ་བཞིན་གཤེགས་པ་ལ་སྐུའི་ཕྲིན་ལས་ཡོངས་སུ་མ་དག་པ་མེད་དེ། བདག་ལ་གཞན་གྱིས་ཤེས་སུ་འོང་ངོ། །ཞེས་བཅབ་པར་དགོངས་པ་མེད་པ་དང། དེ་བཞིན་དུ་གསུང་དང་ཐུགས་ཀྱི་ཕྲིན་ལས་ལ་ཡང་རིག་པར་བྱའོ། །དེ་དག ་གི་ཐ་སྙད་གདགས་སུ་མེད་པས་དོགས་པ་མི་མངའ་བའི་ཕྱིར། སྟོན་པ་ཉིད་ཀྱིས་གདུལ་བའི་སྐྱེ་བོ་བསྡུ་བ་ལས་བརྩམས་ཏེ། ཇི་ལྟར་བཞེང་པ་བཞིན་དུ་ཚར་བཅད་དེ་སྤ་བཀོད་ནས་གདགས་པ་དང་རྗེས་སུ་བསྟན་པ་ལ་སྦྱོར་བ་ཡང་དག་པར་འབྱོར་བར་རིག་པར ་བྱའོ། །བསྙེལ་བ་མེད་པའི་ཆོས་ཉིད་ནི་གདུལ་བའི་བྱ་བ་ཐམས་ཅད་ལས་བརྩམས་ཏེ། ཇི་ལྟ་བ་བཞིན་དུ་མཛད་པ་དང་གསུངས་པའི་རྣམ་པ་ཐམས་ཅད་མངོན་པར་བརྗོད་པ་ཡང་དག་པར་འབྱོར་པའི་ཏིང་ངེ་འཛིན་ལ་སོགས ་པའོ། བག་ཆགས་ལེགས་པར་བཅོམ་པ་ནི་ཐམས་ཅད་མཁྱེན་པར་གྱུར་ནས་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པའི་ལྷག་མ་ཡོད་པ་སྟོན་པའི་སྐུ་དང་གསུང་གི་གཡོ་བ་ཀུན་ཏུ་མི་འབྱུང་བ་ཡང་དག་པར་འབྱོར་པའི་ཏིང་ངེ་འཛིན་ལ་སོགས་པའོ། །ཐུགས་རྗེ ་ཆེན་པོ་ནི་ཁམས་གསུམ་ན་སྤྱོད་པའི་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་གྱི་རྣམ་པ་ཐམས་ཅད་ལ་དམིགས་པའི་ཐུགས་རྗེ་ལ་གནས་པ་ཡང་དག་པར་འབྱོར་པའི་ཏིང་ངེ་འཛིན་ལ་སོགས་པའོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ནི་བཅོ་བརྒྱད་སྟེ། ་འདི་ལྟ་སྟེ་དེ་བཞིན་གཤེགས་པ་ལ་འཁྲུལ་པ་མེད་པ་དང། ཅ་ཅོ་མེད་པ་དང། བསྙེལ་བ་མེད་པ་དང། སེམས་མཉམ་བར་མ་བཞག་པ་མེད་པ་དང། ཐ་དད་པའི་འདུ་ཤེས་མེད་པ་དང། སོ་སོར་མ་བརྟགས་པའི་བཏང་སྙོམས་མེད་པ་དང། འདུན་པ ་ཉམས་པ་མེད་པ་དང། བརྩོན་འགྲུས་ཉམས་པ་མེད་པ་དང། དྲན་པ་ཉམས་པ་མེད་པ་དང། ཏིང་ངེ་འཛིན་ཉམས་པ་མེད་པ་དང། ཤེས་རབ་ཉམས་པ་མེད་པ་དང། རྣམ་པར་གྲོལ་བ་ཉམས་པ་མེད་པ་དང། དེ་བཞིན་གཤེགས་པའི་ལུས་ཀྱི་ལས་ཐམས་ཅད ་ཡེ་ཤེས་སྔོན་དུ་འགྲོ་ཞིང་ཡེ་ཤེས་ཀྱི་རྗེས་སུ་འབྲང་བ་དང། དག་གི་ལས་ཐམས་ཅད་ཡེ་ཤེས་སྔོན་དུ་འགྲོ་ཞིང་ཡེ་ཤེས་ཀྱི་རྗེས་སུ་འབྲང་བ་དང། ཡིད་ཀྱི་ལས་ཐམས་ཅད་ཡེ་ཤེས་སྔོན་དུ་འགྲོ་ཞིང་ཡེ་ཤེས་ཀྱི་རྗེས་སུ་འབྲང་བ་དང། འདས་པའི་དུས ་ལ་མ་ཆགས་མ་ཐོགས་པའི་ཡེ་ཤེས་དང། མ་འོངས་པའི་དུས་ལ་མ་ཆགས་མ་ཐོགས་པའི་ཡེ་ཤེས་དང། དེ་ལྟར་བྱུང་བའི་དུས་ལ་མ་ཆགས་མ་ཐོགས་པའི་ཡེ་ཤེས་སོ། །དེ་དག་གི་རྣམ་པར་བཞག་པ་ནི་འདི་ལྟ་སྟེ། དགེ་སློང་དགྲ་བཅོམ་པ?་ཟག་པ ་ཟད་པ་བསོད་སྙོམས་ཀྱི་ཕྱིར་གྲོང་དུ་རྒྱུ་བ་ན་རེས་དགའ་གླང་པོ་ཆེ་གཏུམ་པོ་དང་ལྷན་ཅིག་འགྲོ་བ་དང། གླང་པོ་ཆེ་གཏུམ་པོ་དང་ཇི་ལྟ་བ་བཞིན་དུ་རྟག་གཏུམ་བོ་དང་།བ?་རྡུང་དྲུས་མ་དང། ཁྱི་ཟ་བ་དང། ཆང་ཆིང་ཚེར་མས་འཛིངས་པ་དང། སྤྲུལ་ལ་རྐང་པ་གཉིས་རྐང ་བརྫི་བ་དང། གང་དུ་བུད་མེད་མི་རིགས་པས་བསྐྱེད་པས་བོས་བའི་ཁྱིམ་དེ་ལྟ་བུར་འཇུག་པ་དང། དགོན་པར་ལམ་ནོར་ནས་ལམ་ལོག་པར་འགྲོ་བ་དང། ཆོས་རྐུན་རྣམས་དང། རྐུན་པོ་རྣམས་དང། སེང་གེ་དང། སྟག་དང། སྤྱང་ཀི་དང་ལྷན་ཅིག་འགྲོ་བ་དང། ་དེ་ལྟ་བུ་དང་མཐུན་པ་ལ་སོགས་པ་དགྲ་བཅོམ་པའི་འཁྲུལ་པ་དེ་དེ་བཞིན་གཤེགས་པ་ལ་ཐམས་ཅད་ཀྱི་ཐམས་ཅད་དུ་མི་མངའ་ཨོ། །གཞན་ཡང་དགྲ་བཅོམ་པ་རེས་འགའ་དགོན་པ་ན་ནགས་ཁྲོད་ཆེན་པོར་རྒྱུ་བ་ན་ལམ་བོར་ཏེ། གྲོང་སྟོང་དུ་ཕྱིན་ནས་སྒྲ་འབྱིན་པ ་དང། སྒྲ་སྒྲོགས་པ་དང། ཀུ་ཙེ?་ཆེར་འདོན་པ་དང། བག་ཆགས་ཀྱི་ཉེས་པ་ལ་བརྟེན་ནས་ཉོན་མོངས་པ་ཅན་གྱི་གད་མོ་རྟ་གང་སོ་སྣང་བར་རྒོད་པ་དང། འཕྱ་བ་ཉེ་བར་སྟོན་པ་དང། དེ་ལྟ་བུ་དང་མཐུན་པའི་དགྲ་བཅོམ་པའི་ཅ་ཅོ་དེ་དེ་བཞིན་གཤེགས་པ་ལ ་ཐམས་ཅད་ཀྱི་ཐམས་ཅད་དུ་མི་མངའ་བའོ། །དེ་བཞིན་གཤེགས་པ་ལ་བསྙེལ་བ་མེད་དེ་ཉོན་མོངས་བ་མེད་པར་ཡུན་རིང་པོ་ནས་མཛད་པ་དང། གསུངས་པ་རྗེས་སུ་དྲན་པའི་ཕྱིར་རོ། །གཞན་ཡང་དགྲ་བཅོམ་པ་ནི་སྙོམས་པར་ཞུགས་ནས་མཉམ་པར ་བཞག་པར་འགྱུར་གྱི་ལངས་ནས་མཉམ་པར་བཞག་པ་ནི་མ་ཡིན་ནོ། །དེ་བཞིན་གཤེགས་པ་ལ་ནི་གནས་སྐབས་ཐམས་ཅད་དུ་སེམས་མཉམ་པར་མ་བཞག་པ་མེད་དོ། །གཞན་ཡང་དགྲ་བཅོམ་པ་ནི་ཕུང་པོ་ལ་ཤིན་ཏུ་མི་མཐུན་པའི་འདུ་ཤེས་སུ་ལྟ ་ཞིང་ཕུང་པོ་མེད་པ་མྱ་ངན་ལས་འདས་པ་ལ་བཞི་བའི་འདུ་ཤེས་སུ་འགྱུར་རོ། །དེ་བཞིན་གཤེགས་པ་ལ་ནི་ཕུང་པོ་དང་མྱ་ངན་ལས་འདས་པ་ལ་ཐ་དད་པའི་འདུ་ཤེས་མི་མངའ་ཨོ། །གཞན་ཡང་དགྲ་བཅོམ་པ་ནི་སོ་སོར་མ་བརྟགས་པར་སེམས་ཅན་ ་གྱི་དོན་ཡལ་བར་འདོར་རོ། །དེ་བཞིན་གཤེགས་པ་ལ་ནི་དེ་ལྟ་བུ་དང་མཐུན་པ་སོ་སོར་མ་བརྟགས་པའི་བཏང་སྙོམས་མི་མངའ་ཨོ། །གཞན་ཡང་དགྲ་བཅོམ་པ་ནི་ཤེས་བྱའི་སྒྲིབ་པ་རྣམ་པར་དག་པ་ལས་བརྩམས་ཏེ། འདུན་པ་ལས ་ཀྱང་མ་ཐོབ་པའི་ཡོངས་སུ་ཉམས་པས་ཡོངས་སུ་ཉམས་སོ། །བརྩོན་འགྲུས་དང་དྲན་པ་དང་ཏིང་ངེ་འཛིན་དང། ཤེས་རབ་དང་རྣམ་པར་གྲོལ་བ་ལས་ཀྱང་ཡོངས་སུ་ཉམས་སོ། །དེ་བཞིན་གཤེགས་པ་ལ་ནི་ཡོངས་སུ་ཉམས་པ་རྣམ་པ་འདི་དྲུག ་མེད་དོ། །འཕྲིན་ལས་གཞན་ཡང་དགྲ་བཅོམ་པ་ནི་དེས་འགའ་ལུས་ཀྱི་ལས་དགེ་བ་ལ་འཇུག། ངེས་འགའ་ལུང་དུ་མ་བསྟན་པ་ལ་འཇུག་གོ་།ལུས་ཀྱི་ལས་ཇི་ལྟ་བར་དག་གི་ལས་དང་ཡིད་ཀྱི་ལས་ཀྱང་དེ་བཞིན་ནོ། །དེ་བཞིན་གཤེགས་པའི ་ཕྲིན་ལས་གསུམ་པོ་ནི་ཡེ་ཤེས་སྔོན་དུ་འགྲོ་བ་དང། ཡེ་ཤེས་ཀྱི་རྗེས་སུ་འབྲང་བའི་ཕྱིར་ལུང་དུ་མ་བསྟན་པའི་ལས་མེད་དོ། །དེ་ལ་ཡེ་ཤེས་ཀྱིས་ཀུན་ནས་བསླང་བའི་ཕྱིར་ཡེ་ཤེས་སྔོན་དུ་འགྲོ་བའོ། །ཡེ་ཤེས་དང་ལྷན་ཅིག་རྒྱུ་བའི་ཕྱིར་ཡེ་ཤེས ་ཀྱི་རྗེས་སུ་འབྲང་བའོ། །གཞན་ཡང་དགྲ་བཅོམ་པ་ནི་རྩོལ་བ་ཙམ་གྱིས་དུས་གསུམ་གྱི་ཤེས་བྱའི་དངོས་པོ་རྟོགས་པར་མི་འགྱུར་ཏེ། དེས་ན་དེའི་ཡེ་ཤེས་མཐོང་བ་ཆགས་པར་འགྱུར་རོ། །ཐམས་ཅད་རྟོགས་པར་ཡང་མི་འགྱུར་ཏེ། དེས་ན་དེའི ་ཡེ་ཤེས་མཐོང་བ་ཐོགས་པར་འགྱུར་རོ། །དེ་བཞིན་གཤེགས་པ་ནི་རྩོལ་བ་ཙམ་གྱིས་དུས་གསུམ་གྱི་ཤེས་བྱའི་དངོས་པོ་ཐམས་ཅད་རྟོགས་ཏེ། དེ་ལྟ་བས་ན་དེ་དག་ནི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཅེས་བྱའོ། །དེ་ལ ་འདི་དག་ལས་དང་པོ་དྲུག་ནི་སྐུ་དང་གསུང་དང་ཐུགས་ཀྱི་ཕྲིན་ལས་ཐུན་མོང་མ་ཡིན་པ་ཡོངས་སུ་དག་པ་ཡང་དག་པར་འབྱེད་པའི་ཏིང་ངེ་འཛིན་ལ་སོགས་པའོ། །དེ་ལ་འཁྲུལ་པ་མེད་ཅེས་བྱ་བ་འདི་ནི་སྐུའི་ཕྲིན་ལས་ཡོངས་སུ་དག་པ་ལས་བཙམS ་པའོ། །ཅ་ཅོ་མེད་ཅེས་བྱ་བ་འདི་ནི་གསུང་གི་ཕྲིན་ལས་ཡོངས་སུ་དག་པ་ལས་བརྩམས་པའོ། །བསྙེལ་བ་མེད་པ་དང། ཐ་དད་པའི་འདུ་ཤེས་མེད་པ་དང། སེམས་མཉམ་པར་མ་བཞག་པ་མེད་པ་དང། སོ་སོར་མ་བརྟགས་པའི་བཏང་སྙོམས་མེད་ཅེས ་བྱ་བ་འདི་བཞིས་ནི་ཐུགས་ཀྱི་ཕྲིན་ལས་ཡོངས་སུ་དག་པར་རིག་པར་བྱའོ། །འདུན་པ་ཉམས་པ་མེད་ཅེས་བྱ་བ་ནས་རྣམ་པར་གྲོལ་བ་ཉམས་པ་མེད་ཅེས་བྱ་བའི་བར་དུ་དྲུག་ནི་དེ་བཞིན་གཤེགས་པའི་དབང་པོ་ལྔ་གནས་དང་བཅས་པ་དང། འབྲས ་བུ་དང་བཅས་པ་རྣམས་མ་ཐོབ་པའི་ཡོངས་སུ་ཉམས་པ་མེད་པ་ཡང་དག་པར་འབྱོར་པའི་ཏིང་ངེ་འཛིན་ལ་སོགས་པས། དེ་ལ་གནས་ནི་འདུན་པའོ། །འབྲས་བུ་ནི་རྣམ་པར་གྲོལ་བའོ། །དབང་པོ་ནི་བརྩོན་འགྲུས་ལ་སོགས་པར་རིག་པར་བྱའོ། །ལུས་ཀྱི ་ལས་དང་ངག་གི་ལས་དང་ཡིད་ཀྱི་ལས་ཐམས་ཅད་ཡེ་ཤེས་སྔོན་དུ་འགྲོ་ཞིང་ཡེ་ཤེས་ཀྱི་རྗེས་སུ་འབྲང་བ་ཞེས་བྱ་བ་འདི་གསུམ་ནི་ཐུན་མོང་མ་ཡིན་པའི་ཕྲིན་ལས་མཛད་པ་ཡང་དག་པར་འབྱོར་པའི་ཏིང་ངེ་འཛིན་ལ་སོགས་པའོ། །འདས་པའི་དུས ་ལ་མ་ཆགས་མ་ཐོགས་པའི་ཡེ་ཤེས་ཞེས་བྱ་བ་ནས། ད་ལྟར་བྱུང་བའི་དུས་ལ་ཞེས་བྱ་བ་འདི་གསུམ་ནི་ཡེ་ཤེས་ལ་གནས་པ་ཐུན་མོངས་མ་ཡིན་པ་ཡང་དག་པར་འབྱོར་བའི་ཏིང་ངེ་འཛིན་ལ་སོགས་པའོ། །ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་ལ ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡང་དག་པར་འབྱོར་པ་ཞེས་བྱ་པ་ནི་ཕུང་པོ་ལ་སོགས་པའི་ངོ་བོ་ཉིད་དང་ཁྱད་པར་གྱི་མཚན་ཉིད་དང་རབ་ཏུ་དབྱེ་བའི་ཐར་ཐུག་པ་མཁྱེན་པ་གྲུབ་ཅེས་བྱ་བའི་ཐ་ཚིག་གོ་།དེ་དག་ནི་མངོན་པར་སྒྲུབ་པ་གནས་དང། མངོན་པར ་སྒྲུབ་པ་པོ་གང་ཟག་དང། མངོན་པར་སྒྲུབ་པའི་ཐབས་ཀྱིས་ཡོངས་སུ་བསྟན་ནོ། །མངོན་པར་སྒྲུབ་པའི་ཐབས་ནི་ཇི་ལྟར་རྣམ་པར་བཞག་པ་བཞིན་དུ་ལན་མང་དུ་ཡིད་ལ་བྱེད་པ་སྟེ་།ཇི་ལྟར་བསྟན་པ་བཞིན་དུ་སེམས་མཉམ་པར་བཞག་ནས་ཡང ་དང་ཡང་དེ་ལ་འཇོག་ཅེས་བྱ་བའི་ཐ་ཚིག་གོ་།འདི་ལྟ་སྟེ་ཚད་མེད་པ་མངོན་པར་སྒྲུབ་པར་འདོད་པ་བྱམས་པ་དང་ལྡན་པའི་སེམས་ཁོ་ན་མེད་པ་འགྲན་ཟླ་མེད་པ་ཞེས་བྱ་བ་ལ་སོགས་པས་བསྟན་པ་བསམ་གཏན་ལ་བརྟེན་ནས ་བསམས་པས་ཡིད་ལ་བྱེད་པས་མང་དུ་བྱེད་དོ། །དེ་བཞིན་དུ་མངོན་པར་ཤེས་པ་ལ་སོགས་པ་མངོན་པར་སྒྲུབ་པར་འདོད་པས་གཅིག་ཏུ་གྱུར་ནས་མང་པོར་འགྱུར་ཞེས་བྱ་བ་ལ་སོགས་པ་རྣམ་པར་བཞག་པ་ཡིད་ལ་བྱེད་པས་མང་དུ་བྱེད་དོ། །ཞེས ་སྦྱར་བར་བྱའོ། །ཚད་མེད་པ་ལ་སོགས་པ་ཡོན་ཏན་འདི་དག་ནི་རྣམ་པ་གཉིས་ཏེ། རང་གི་བྱ་བ་ལ་ཉེ་བར་གནས་པ་ནི་གང་དག་གིས་འཕགས་པ་ཅི་རིགས་སུ་མི་མཐུན་པའི་ཕྱོགས་སྤོང་བ་ལ་སོགས་པའི་ལས་བྱེད་པའོ། །གནས་པ་ལས་གྱུར་པ་ནི ་མཆོག་ཏུ་ཞི་བ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་བསྡུས་པ་དམིགས་པ་མེད་པའི་ཚད་མེད་པ་ལ་སོགས་པ་གང་དག་གིས་མཐོང་བའི་ཆོས་ལ་བདེ་བར་གནས་པའོ། །དེ་ལ་ཚད་མེད་པ་རྣམས་ཀྱིས་མི་མཐུན་པའི་ཕྱོགས་སྤོང་ངོ། །ཞེས ་བྱ་བ་ནི་གནོད་སེམས་དང། རྣམ་པར་འཚེ་བ་དང། མི་དགའ་བ་དང། རྗེས་སུ་ཆགས་པ་དང། ཁོང་ཁྲོ་བ་དང། གོ་རིམ་བཞིན་ནོ། །ཚད་མེད་པ་བཞི་པོ་འདི་དག་ནི་སྙིང་བརྩེ་བ་ཞེས་བྱ་སྟེ། འདི་དག་གིས་སེམས་ཅན་གྱི་དོན་རྗེས་སུ ་མཐུན་པར་འཇུག་པའི་ཕྱིར་རོ། །དེའི་ཕྱིར་དེ་དག་གི་གནས་ན་སེམས་ཅན་ཐམས་ཅད་ལ་ཐུགས་བརྩེ་བར་གནས་པས་བསོད་ནམས་ཀྱི་ཚོགས་ཡོངས་སུ་རྫོགས་པར་མཛད་དོ། །དེ་ཉིད་ཀྱི་ཕྱིར་སེམས་ཅན་ཡོངས་སུ་སྨིན་པར་མཛད་པ་ལ ་ཡོངས་སུ་མི་སྐྱོ་སྟེ། སེམས་ཅན་ཐམས་ཅད་ལ་ཐུགས་བརྩེ་བས་བདག་ལ་མི་ལྟ་བའི་ཕྱིར་རོ། །རྣམ་པར་ཐར་པ་རྣམས་ལས་གཉིས་ཀྱིས་ནི་སྤྲུལ་པའི་ལམ་མངོན་པར་སྒྲུབ་པོ། །གསུམ་པས་ནི་དགེ་བ་སྤྲུལ་པ་ལ་ཀུན་ནས་ཉོན་མོངས ་པར་མི་འགྱུར་རོ། །གཟུགས་མེད་པའི་རྣམ་པར་ཐར་པ་བཞི་ནི་ཞི་བའི་རྣམ་པར་ཐར་པ་རྣམས་ལ་མི་ཆགས་སོ། །ཐམས་ནི་འཕགས་པའི་གནས་པ་མཆོག་ཏུ་རབ་ཏུ་ཞི་བའི་གནས་པས་གནས་ཏེ། དེ་ལྟ་དེ་ལྟར་མོས་པའི་ཆོས་ནི་རྣམ་པར་ཐོར་བའི ་དོན་དུ་རིག་པར་བྱའོ། །ཟིལ་གྱིས་གནོན་པའི་སྐྱེ་མཆེད་ལ་སོགས་པའི་ལས་ཀྱང་སྔ་མ་བཞིན་དུ་དེ་བསྟན་པའི་ཚུལ་དུ་སྦྱར་བར་བྱའོ། །ཉོན་མོངས་པ་མེད་པས་ནི་གཞན་གྱིས་སེམས་རྗེས་སུ་བསྲུང་བ་གཅེས་སུ་བྱེད་པས་ཇི་ལྟར་མཆོད་པ ་བཞིན་དུ་སྨྲ་བའི་ཕྱིར་གཟུང་བའི་ཚིག་གུ་འགྱུར་རོ། །བསམས་ནས་ཤེས་པས་ནི་ཐམས་ཅད་ཤེས་སོ། །ཞེས་གུས་པར་བྱ་བའི་ཕྱིར་འཇིག་རྟེན་ན་མང་པོས་བཀུར་བར་འགྱུར་རོ། །སོ་སོ་ཡང་དག་པར་རིག་པ་རྣམས་ཀྱིས་ནི་རྣམ་པ་སྣ་ཚོགས་མང་པོས ་ཐེ་ཚོམ་གཅོད་པའི་ཕྱིར་བཤད་པས་སེམས་ཅན་རྣམས་ཀྱི་སེམས་ཚིམ་པར་མཛད་དོ། །རྫུ་འཕྲུལ་དང། ལྷའི་རྣ་བ་དང། གཞན་གྱི་སེམས་ཤེས་པ་དང། སྔོན་གྱི་གནས་དང། འཆི་འཕོ་བ་དང། སྐྱེ་བ་དང་།ཟག་པ་ཟད་པའི་མངོན་པར་ཤེས་པ ་རྣམས་ཀྱིས་ནི་གོ་རིམ་བཞིན་དུ་ལུས་ཀྱི་ལས་ལ་སོགས་པས་བསྟན་པ་ལ་འདུན་པར་མཛད་དོ། །ལྷའི་རྣ་བའི་མངོན་པར་ཤེས་པས་ནི་སྒྲའི་རྣམ་པ་ཐམས་ཅད་རྟོགས་ནས་ངག་གི་ལས་ཀྱིས་འདུན་པར་མཛད་པར་རིག་པར་བྱའོ། །གནས་ཡོངས་སུ ་དག་པས་ནི་ཇི་ལྟར་བཞེད་པ་བཞིན་དུ་གནས་ལེན་པ་དང། བཞུགས་པ་དང། ཡོངས་སུ་གཏོང་པའི་དབང་དུ་བྱས་ནས་སྲིད་པར་སྐྱེ་བ་ཡོངས་སུ་འཛིན་པ་ལ་སོགས་པ་གསུམ་དུ་རིག་པར་བྱའོ། །དམིགས་པ་ཡོངས་སུ་དག་པས་ནི་ཆོས་ལ་དབང་སྒྱུར་རོ།། ་སེམས་ཡོངས་སུ་དག་པས་ནི་ཏིང་ངེ་འཛིན་ལ་དབང་སྒྱུར་རོ། །ཡེ་ཤེས་ཡོངས་སུ་དག་བས་ནི་དམ་པའི་ཆོས་ཡང་དག་པར་འཛིན་ཏོ་།སྟོབས་རྣམས་ཀྱི་ནང་ནས་སྟོབས་གཉིས་ཀྱིས་ནི་མངོན་པར་མཐོ་བའི་ལས་སྟོན་ཏོ། །ལྷག་མ་རྣམས་ཀྱིས ་ནི་ངེས་བར་ལེགས་པའི་ལམ་སྟོན་ཏེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་མཛད་པ་ནི་འདི་དག་གོ་།དེ་ལ་བཅོམ་ལྡན་འདས་ཀྱི་གནས་དང་གནས་མ་ཡིན་པ་མཁྱེན་པའི་སྟོབས་ཀྱིས་ནི་མངོན་པར་མཐོ་པ་རྒྱུ་མེད་པ་ལས་བྱུང་བ་དང། ་རང་བཞིན་དང་དབང་ཕྱུག་ལ་སོགས་པའི་རྒྱུ་ལས་བྱུང་ངོ། ཞེས་རྒྱུ་མེད་པ་དང་མི་མཐུན་པ་རྒྱུར་སྨྲ་པ་དེ་སྤོང་ངོ། །ལས་བདག་གིར་བྱ་བ་མཁྱེན་པའི་སྟོབས་ཀྱིས་ནི་ལས་བདག་གི་མ་བྱས་ཀྱང་ལས་འོང་ངོ། །ཞེས་ལས་མ་བྱས་བ་དང་ཕྲད་པར་སྨྲ་བ་དེ ་སྤོང་སྟེ། འདི་ལྟར་ཡང་དག་པར་མ་ནོར་པར་?་འགྲོའི་ལམ་སྟོན་ཏོ། །བསམ་གཏན་དང་རྣམ་པར་ཐར་པ་དང་ཏིང་ངེ་འཛིན་དང་སྙོམས་པར་འཇུག་པ་མཁྱེན་པའི་སྟོབས་ཀྱིས་ནི་སེམས་ཅན་གྱི་སེམས་ཀྱི་སྤྱོད་བ་རྣམས་ཏེ། སེམས་ཀྱི་རྒྱུ་བ་རྣམས་རྗེས་སུ ་རྟོགས་སོ། །དབང་པོ་མཆོག་དང་མཆོག་མ་ཡིན་པ་མཁྱེན་པའི་སྟོབས་ཀྱིས་ནི་བཤད་པའི་སྣོད་དང་བ་ལ་སོགས་པའི་དབང་པོ་ཡོངས་སུ་སྨིན་པ་རྗེས་སུ་རྟོགས་སོ། །མོས་པ་སྣ་ཚོགས་མཁྱེན་པའི་སྟོབས་ཀྱིས་ནི་བསམ་པ་སྟེ་།ངན་པ་དང་བཟང ་པོ་ལ་མོས་པ་རྗེས་སུ་རྟོགས་སོ། །ཁམས་སྣ་ཚོགས་མཁྱེན་པའི་སྟོབས་ཀྱིས་ནི་བག་ལ་ཉ་ལ་སྐྱེད་ནུས་པའི་ཉོན་མོངས་པ་རྗེས་སུ་རྟོགས་སོ། །ཐམས་ཅད་དུ་འགྲོ་པའི་ལམ་མཁྱེན་པའི་སྟོབས་ཀྱིས་ནི་དམིགས་པ་ཉན་ཐོས་ཀྱི་ཐེག་པའམ། །ཐེག ་བ་ཆེན་པོ་བསྟན་པའི་ཆོས་ཀྱིས་བསྡུས་བ་རྗེས་སུ་རྟོགས་སོ། །སྔོན་གྱི་གནས་རྗེས་སུ་དྲན་པ་མཁྱེན་པའི་སྟོབས་ཀྱིས་ནི་ཚེ་རབས་སྔ་མ་དག་ན་ཚོགས་ཡང་དག་པར་སྒྲུབ་པ་འཕགས་པའི་ལམ་གྱི་རྒྱུ་རྗེས་སུ་རྟོགས་སོ། །འཆི་འཕོ་དང་སྐྱེ་བ་མཁྱེན ་པའི་སྟོབས་ཀྱིས་ནི་ཕྱི་མ་ལ་འོས་སུ་འགྱུར་པ་རྗེས་སུ་རྟོགས་སོ། །ཟག་པ་ཟང་བ་མཁྱེན་པའི་སྟོབས་ཀྱིས་ནི་འཇིག་རྟེན་ན་ཐམས་ཅད་ནས་ངེས་པར་འབྱུང་བ་རྗེས་སུ་རྟོགས་ཏེ། གང་ལས་ཇི་ལྟ་བ་བཞིན་དུ་ཐར་པའི་ལས་སྟོན་ཏོ། །སྟོབས་ཉིད་ནི་འདི ་དག་གི་ཕུང་པོ་དང། ཉོན་མོངས་པ་དང། ལྷའི་བུ་དང། འཆི་བདག་གི་བདུད་ཆར་གཅོད་པའི་ཁྱད་པར་གྱི་ཕྱིར་རོ། །ཁྱད་པར་ནི་ཤེས་བྱའི་སྒྲིབ་པ་སྤངས་ནས་བར་ཆད་མི་བྱེད་པ་དང། གནས་དང་གནས་མ་ཡིན་པ་ནས་ཟག་པ་ཟད་པ་མཁྱེན་པའི་སྟོབས་ཀྱིས་བར ་ཐམས་ཅད་དུ་དྲི་བ་དྲིས་ན་ལུང་སྟོན་པ་ལ་ཐོགས་པ་མེད་པའི་ཕྱིར་རོ། །མི་འཇིགས་པ་རྣམས་ཀྱིས་ནི་འཁོར་གྱི་ནང་དུ་བདག་སྟོན་པ་ཡང་དག་པ་བདག་དང་གཞན་ལ་ཕན་པར་ཞུགས་པ་ཉིད་དུ་འཇོག་གོ་།མངོན་པར་རྫོགས་པར་བྱང་ཆུབ་པ་ནས་ལམ་གྱི་བར་ལ ་རྒོལ་པའི་མུ་སྟེགས་ཅན་རྣམས་ཆོས་དང་མཐུན་པས་ཚར་གཅོད་དོ། །དྲན་པ་ཉེ་བར་བཞག་པ་རྣམས་ཀྱིས་ནི་གུས་བར་ཉན་པ་ལ་སོགས་པ་ལ་རྗེས་སུ་ཆགས་པ་ལ་སོགས་པའི་ཀུན་ནས་ཉོན་མོངས་པ་མེད་པའི་ཕྱིར་རོ། །ཀུན་ནས་ཉོན་མོངས་པ་ཅན་མ ་ཡིན་པས་ཚོགས་ཡོངས་སུ་སྡུད་དོ། །བསྲུང་བ་མེད་པ་རྣམས་ཀྱིས་ནི་རང་གི་ཉེས་པ་བརྗོད་དུ་དོགས་ནས་བསྲུང་པ་མེད་པའི་ཕྱིར་རྒྱུན་མི་འཆད་པར་ཚོགས་ལ་འདོམས་སོ། །བསྙེལ་བ་མེད་པའི་ཆོས་ཉིད་ཀྱིས་ནི་སེམས་ཅན་གྱི་དོན་བྱ་བ་ཉེ་བར་གནས་པ་ལ་སྐད ་ཅིག་ཡང་བག་མེད་བས་འགལ་བར་མི་འཛིན་པའི་ཕྱིར་སངས་རྒྱས་ཀྱི་མཛད་པ་མི་འདོར་རོ། །བག་ཆགས་ལེགས་པར་བཅོམ་པས་ནི་ཇི་ལྟར་དགྲ་བཅོམ་པ་ལ་འཁྲུལ་པ་ལ་སོགས་པ་སྟོན་པ་ལྟ་བུ་མ་ཡིན་ཏེ། ཉོན་མོངས་པ་མེད་པས་ཉོན་མོངས་པ ་ལྟ་བུའི་སྤྱོད་པ་མི་སྟོན་ཏོ། །ཐུགས་རྗེ་ཆེན་པོས་ནི་སུ་ཉམས་པར་འགྱུར་སུ་འཕེལ་བར་འགྱུར་ཞེས་བྱ་བ་ལ་སོགས་པའི་རྣམ་པ་རྣམས་ཀྱིས་སོ་སོར་རྟོགས་པའི་ཕྱིར་ཉིན་མཚན་ལན་དྲུག་ཏུ་འཇིག་རྟེན་ལ་རྣམ་པར་གཟིགས་སོ། །སངས་རྒྱས་ཀྱི ་ཆོས་མ་འདྲེས་པ་རྣམས་ནི་སྐུ་དང་གསུང་དང་ཐུགས་ཀྱི་ཕྲིན་ལས་ཐུན་མོང་མ་ཡིན་པ་ཡོངས་སུ་དག་པར་འབྱོར་པའི་ཞེས་བྱ་བ་ལ་སོགས་པའི་མཚན་ཉིད་བསྟན་པའི་སྐབས་བཞིན་དུ་སྐུར་བར་བྱའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་ནི ་ཐམས་ཅད་དུ་ཡེ་ཤེས་ཐོགས་པ་མེད་པས་སེམས་ཅན་ཐམས་ཅད་ཀྱི་ཐེ་ཚོམ་གཅོད་དོ། །ཐེ་ཚོམ་གཅད་པའི་ཕྱིར་དེ་དང་དེར་བསྟན་པའི་ཆོས་ཀྱི་རྣམ་གྲངས་རྣམས་ཡང་དག་པར་བསྡུས་པའི་རིམ་གྱིས་ཡང་དག་པར་བསྡུས་ནས ་ཆོས་ཀྱི་ཚུལ་ཡང་ཡུན་རིང་དུ་འཇོག་གོ་།ཆོས་ཀྱི་ཚུལ་དེ་ལ་བརྟེན་ནས་སེམས་ཅན་ཡོངས་སུ་མ་སྨིན་པ་རྣམས་ནི་ཡོངས་སུ་སྨིན་པར་མཛད། ཡོངས་སུ་སྨིན་པ་རྣམས་ནི་རྣམ་པར་གྲོལ་བར་མཛད་དོ། །ཁྱད་པར་དུ་འཕགས་པའི་ལམ་ཐོབ་ན་ལམ ་དམན་པ་འདོར་བ་ནི་འདི་ལྟ་སྟེ། འབྲས་བུས་བསྡུས་པའི་ལམ་ཐོབ་པར་གྱུར་ན་འཇུག་པའི་ལམ་རྣམ་པར་འདོར་ཞེས་བྱ་སྟེ། ཡང་སྔོན་དུ་མི་བྱེད་པའི་ཕྱིར་རོ། །སྡོམས་ཏེ་སྤོང་བ་ཡང་མངོན་སུམ་དུ་བྱེད་དོ། །ཞེས་པ་ལ་ནི་འབྲས་བུ་ཐོབ་པའི་དུས་ཏེ། ་དེའི་མི་མཐུན་པའི་རིགས་ཀྱི་ཉོན་མོངས་པའི་ཕྱོགས་ཀྱི་གནས་ངན་ལེན་མ་ལུས་པར་སྤངས་པས་གནས་གྱུར་པའི་ཁྱད་པར་ཐོབ་པའི་ཕྱིར་རོ། །རྒྱུན་ཡང་དག་པར་གཅོད་པའི་རྣམ་པར་འདོར་བས་རྣམ་པར་སྤོང་ཞེས་བྱ་བ་ནི་གཏན་དུ་ཀུན་ཏུ་མི་སྤྱོད་བས ་རྣམ་པར་འདོར་ཞེས་བྱ་བའི་ཐ་ཚིག་གོ་།བྱང་ཆུབ་སེམས་དཔའ་ནི་དེ་ལྟར་རྣམ་པར་སྤོང་བ་མ་ཡིན་ཏེ་།དེའི་ལམ་ནི་སེམས་ཅན་ཐམས་ཅད་ཡོངས་སུ་མྱ་ངན་ལས་འདའ་བའ་ཨི་བསམ་པ་སྔོན་དུ་བཏང་བའི་ཕྱིར་རོ། །དེའི་ཕྱིར་བྱང་ཆུབ་སེམས་དཔའ་ ་རྣམས་ནི་དགེ་བའི་རྩ་བ་མི་ཟད་པ་དང་ཡོན་ཏན་མི་ཟད་པ་ཞེས་བྱ་སྟེ། འདི་ལྟར་བློ་གྲོས་མི་ཟད་པས་བསྟན་པའི་མདོ་ལས་མི་ཟད་པ་བསྟན་པ་རྣམས་ཡིན་ནོ། །འཇིག་རྟེན་རྟག་པའོ་མི་རྟག་པའོ། །ཞེས་བྱ་བ་ལ་སོགས་པ་དྲི་བ་ལ་ལུང་མི་སྟོན ་པའི་དངོས་པོ་རྣམ་པར་བཞག་པ་ནི་དོན་དང་མི་ལྡན་པས་ཚུལ་བཞིན་མ་ཡིན་པའི་ཕྱིར་རོ། །འདྲི་བ་དེ་དག་གི་འདྲི་བའི་དོན་དང་ལྡན་པ་ཇི་ལྟ་བུ་ཞེ་ན། འདི་ལྟ་སྟེ། འཕགས་པའི་བདེན་པ་བཞི་ལས་བརྩམས་ནས་གང་འདྲི་བ་སྟེ། འདི་ལྟར་དེ་རྒྱུ ་དང་འབྲས་བུ་དང་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་སེམས་པའི་ནང་དུ་གཏོགས་པའི་ཕྱིར་རོ། །བྱང་ཆུབ་སེམས་དཔའ་ཨི་སྐྱོན་མེད་པ་ལ་ཞུགས་ཀྱང་རྒྱུན་ཏུ་ཞུགས་པ་ལ་སོགས་པར་རྣམ་པར་མི་བཞག་པ་ནི་མི་གནས་པའི་ལམ་ཐོབ་པའི་རྒྱུན་ལ་འཇུག་པ ་ཡོངས་སུ་མ་གྲུབ་པའི་ཕྱིར་རོ། །ཞེས་བྱ་བ་ནི་རྣམ་པ་དྲུག་སྟེ། འཁྲུལ་པ་ནས་མ་འཁྲུལ་པའི་རྒྱུ་མཐུན་པའི་བར་དུའོ། །དེ་ལ་འཁྲུལ་པ་ནི་གཟུང་བ་དང་འཛིན་པར་མངོན་པར་ཞེན་པའོ། །འཁྲུལ་པའི་གནས་ནི་འཕགས་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་འདུ་བྱེད་ཀྱི ་རྒྱུ་ཙམ་ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པའི་བདག་ཉིད་དུ་གྱུར་པ་གང་ལ་བྱིས་པ་རྣམས་མངོན་པར་ཞེན་པས་འཇུག་པའོ། །མ་འཁྲུལ་བའི་གནས་ནི་དེ་བཞིན་ཉིད་དེ། དེ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་རྟེན་ཡིན་པའི་ཕྱིར་རོ། །འཁྲུལ་པ་ཡང་ཡིན ་ལ་མ་འཁྲུལ་པ་ཡང་ཡིན་པ་ནི་འཇིག་རྟེན་ལས་འདས་པའི་ཡེ་ཤེས་དང་མཐུན་པ་ཐོས་པ་ལས་བྱུང་བ་ལ་སོགས་པ་དགེ་བའི་ཆོས་རྣམས་ཏེ། ཤེས་བྱ་ལ་རྣམ་པར་རྟོག་པ་དང། རྣམ་པར་མི་རྟོག་པའི་ཡེ་ཤེས་དང་མཐུན་པའི་ཕྱིར་རོ། །མ་འཁྲུལ ་པ་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་སོ། །མ་འཁྲུལ་པའི་རྒྱུ་མཐུན་པ་ནི་འཕགས་པའི་ལམ་གྱི་རྗེས་ལ་ཐོབ་པའི་དགེ་བའི་ཆོས་རྣམས་སོ། །ཐབས་ལ་མཁས་པ་ནི་རྣམ་པ་བཞི་སྟེ། སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་ལ་མཁས་པ་ནི་བསྡུ་བའི་དངོས? ་པོ་བཞི་སྟེ། དེ་དག་གིས་བསྡུས་ནས་དགེ་བ་རྣམས་ལ་འཛུད་པའི་ཕྱིར་རོ། །སངས་རྒྱས་ཀྱི་ཆོས་ཡོངས་སུ་རྫོགས་པར་བྱ་བ་ལ་མཁས་པ་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ ་ཡོངས་སུ་རྫོགས་པར་བྱེད་པར་འདོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ་བསླབ་པར་བྱའོ། །ཞེས་གསུངས་པའི་ཕྱིར་རོ། མངོན་པར་ཤེས་པ་མྱུར་བ་རླ་མཁས་པ་ནི་ཉིན་མཚན་ལན་དྲུག་ཏུ ་སྡིག་པ་བཤགས་པ་དང། བསོད་ནམས་ལ་རྗེས་སུ་ཡི་རང་བ་དང། སངས་རྒྱས་ལ་གསོལ་བ་གདབ་པ་དང?། དགེ་བའི་རྩ་བ་ཡོངས་སུ་བསྔོ་བ་སྟེ་།འཕགས་པ་བྱམས་པས་ཞུས་པ་ལས་ཇི་སྐད་གསུངས་བ ་ལྟ་བུའོ། །ལམ་རྒྱུན་མ་འཆད་པ་ལ་མཁས་པ་?། མི་གནས་པའི་མྱ་ངན་ལས་འདས་པས་ཕྱིར་ཞིང་རྒྱུན་མི་འཆད་པར་གཏན་དུ་འཇིག་རྟེན་གྱི་ཁམས་ཀུན་ཏུ་འདུལ་བ་ཇི་ལྟ་བ་བཞིན་དུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཨི་སྤྱོད་བ ་ཀུན་ཏུ་སྟོན་པའི་ཕྱིར་རོ། །ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པ་ནི་རྣམ་བ་བཅུ་སྟེ། རྩ་པའི་རྣམ་པར་རྟོག་པ་ནི་ཀུན་གཞི་རྣམས་པར་ཤེས་པ་སྟེ། རྣམ་པར་རྟོག་པ་ཐམས་ཅད་ཀྱི་ས་བོན་དུ་གྱུར་པའི་ཕྱིར་རོ། །མཚན་མའི་རྣམ་པར་རྟོག་པ ་ནི་ལུས་དང་གནས་དང་ལོངས་སྤྱོད་ཀྱི་རྣམ་པར་རིག་པ་སྟེ། གཟུང་པ་མཚན་མར་གྱུར་པའི་ཕྱིར་རོ། །དེ་དག་ནི་དབང་པོ་གཟུགས་ཅན་དང་སྣོད་ཀྱི་འཇིག་རྟེན་དང་གཟུགས་ལ་སོགས་པའི་ཡུལ་གྱི་མཚན་ཉིད་དང་གོ་རིམ་བཞིན་དུ་བལྟའོ། །མཚན ་མར་སྣང་པའི་རྣམ་པར་རྟོག་པ་ནི་རྣམ་པར་ཤེས་པའི་ཚེགས་དྲུག་དང་ཡིད་དེ་གཟུང་བའི་མཚན་མ་ཇི་སྐད་དུ་བཤད་པའི་རྣམ་པར་གྱུར་པའི་ཕྱིར་རོ། །མཚན་མར་འགྱུར་བའི་རྣམ་པར་རྟོག་པ་ནི་ཇི་སྐད་བཤད་པའི་ལུས་ལ་སོགས་པའི་མཚན ་མའི་རྣམ་པ་གཞན་དུ་བསྐྱེད་པའོ། །མཚན་མར་སྣང་བར་འགྱུར་པའི་རྣམ་པར་རྟོག་པ་ནི་མིག་གི་རྣམ་པར་ཤེས་པ་ལ་སོགས་པ་མཚན་མར་སྣང་བ་ཇི་སྐད་དུ་བསྟན་པ་དག་བདེ་བ་ལ་སོགས་པའི་གནས་སྐབས་གཞན་དུ་བསྐྱེད་པའོ། །གཞན ་གྱིས་བསྟན་པའི་རྣམ་པར་རྟོག་པ་ནི་བསྟན་པར་བསྡུས་པའི་མིང་དང་ཚིག་དང་ཡི་གེའི་ཚོགས་ཀྱི་མཚན་ཉིད་དོ། །དེ་ལ་ཡང་རྣམ་པ་གཉིས་ཏེ། ཉེས་པར་བཤད་པའི་ཆོས་ཀྱི་ཚུལ་གྱི་བདག་ཉིད་དང་ལེགས་པར་བཤད་པའི་ཆོས་ཀྱི་ཚུལ་གྱི ་བདག་ཉིད་དོ། །དེའི་ཕྱིར་དེའི་དབང་དུ་བྱས་པ་ཡིད་ལ་བྱེད་པས་བསྡུས་བ་ཚུལ་བཞིན་མ་ཡིན་པའི་རྣམ་པར་རྟོག་པ་དང། ཚུལ་བཞིན་གྱི་རྣམ་པར་རྟོག་པ་དང་གོ་རིམ་བཞིན་དུ་རིག་པར་བྱའོ། །མངོན་པར་ཞེན་པའི་རྣམ་པར་རྟོག་པ་ནི་ཆུལ་བཞིན་མ་ཡིན་པའི་རྣམ་བར ་རྟོག་པ་ལས་ལྟ་བར་སོང་བ་དྲུག་ཅུ་རྩ་གཉིས་སུ་བསྡུས་པའི་རྣམ་པར་རྟོག་པ་གང་ཡིན་པའོ། །རྣམ་པར་གཡེང་བའི་རྣམ་པར་རྟོག་པ་ནི་ཚུལ་བཞིན་རྣམ་པར་རྟོག་པ་ལས་དངོས་པོ་མེད་པ་ལ་སོགས་པ་འཛིན་པའི་མཚན་ཉིད་ཀྱི་རྣམ་པར་རྟོག་པ་གང ་ཡིན་པའོ། །དེ་ཡང་རྣམ་པ་བཅུ་སྟེ། དངོས་པོ་མེད་པར་རྣམ་པར་རྟོག་བ་ནས་དོན་ཇི་ལྟ་བ་བཞིན་དུ་མིང་དུ་རྣམ་པར་རྟོག་པའི་པར་དུའོ། །རྣམ་པར་རྟོག་པ་ནི་འདི་བཅུ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཐོག་མར་བསྟན་པའི་དབང་དུ་བྱས་པར ་རིག་པར་བྱ་སྟེ། ཇི་སྐད་དུ་ཤཱ་རིའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་ནི་བྱང་ཆུབ་སེམས་དཔའ་ཉིད་ཡོད་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་དག་པར་རྗེས་སུ་མི་མཐོང་ངོ། །བྱང་ཆུབ་སེམས་དཔའ་ཨི་མིང་ཡང་དག་པར་རྗེས་སུ་མི་མཐོང་ངོ། །ཤེས་རབ་ཀྱི ་ཕ་རོལ་ཏུ་ཕྱིན་པ་ཡང་དག་པར་རྗེས་སུ་མི་མཐོང། བྱང་ཆུབ་ཀྱི་སེམས་ཡང་དག་པར་རྗེས་སུ་མི་མཐོང། སྤྱོད་ཅེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང། མི་སྤྱོད་ཅེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་སྟེ་།འདི་ལྟར་མིང་ནི་མིང་གི་ངོ་བོ་ཉིད ་ཀྱིས་སྟོང་སྟེ། སྟོང་པ་ཉིད་ཀྱིས་ནི་སྟོང་བ་མ་ཡིན་ནོ། །གཟུགས་ནི་ངོ་བོ་ཉིད་ཀྱིས་སྟོང་སྟེ་།སྟོང་བ་ཉིད་ཀྱིས་ནི་སྟོང་པ་མ་ཡིན་ནོ། །རྣམ་པར་ཤེས་པའི་བར་དུ་ངོ་བོ་ཉིད་ཀྱིས་སྟོང་སྟེ། སྟོང་པ་ཉིད་ཀྱིས་ནི་སྟོང་བ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ་གཟུགས་ཀྱི་སྟོང་པ་ཉིད་གང་ཡིན་པ་དེ་གཟུགས་མ་ཡིན་ནོ། །སྟོང་པ་ཉིད་ལས་གཟུགས་གཞན་པའང་མ་ཡིན་ནོ། །གཟུགས་ཉིད་སྟོང་པ་ཉིད་དོ། །སྟོང་བ་ཉིད་གཟུགས་སོ། །དེ་བཞིན་དུ་རྣམ་པར་ཤེས་པའི་བར་དུའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟ་སྟེ། ་བྱང་ཆུབ་སེམས་དཔའ་ཨི་མིང་ཞེས་བྱ་བ་དང། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་དང། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་དང། བྱང་ཆུབ་ཅེས་བྱ་བ་དང། གཟུགས་ཞེས་བྱ་བ་ནས་རྣམ་པར་ཤེས་པ་ཞེས་བྱ་བའི་བར་འདི་ནི་མིང ་ཙམ་སྟེ། ངོ་བོ་ཉིད་ཀྱིས་མི་སྐྱེ་མི་འགག་།ཀུན་ནས་ཉོན་མོངས་པ་མ་ཡིན། རྣམ་པར་བྱང་བ་མ་ཡིན་ནོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་ནི་སྐྱེ་བ་ཡང་དག་པར་རྗེས་སུ་མི་མཐོང་བ་ནས། རྣམ་པར་བྱང་བའི་བར་དུ ་ཡང་དག་པར་རྗེས་སུ་མི་མཐོང་ངོ། །དེ་ཅིའི་ཕྱིར་ཞེ་ན། མིང་བཅོས་མ་ལ་ཆོས་དེ་དག་སོ་སོར་བརྟགས་ནས། གློ་བུར་གྱི་མིང་གིས་རྗེས་སུ་ཐ་སྙད་འདོགས་པའི་ཕྱིར་རོ། །ཇི་ལྟ་ཇི་ལྟར་རྗེས་སུ་ཐ་སྙད་འདོགས་པ་དེ་ལྟ་དེ་ལྟར་མངོན་བར་ཞེན་ཏོ། །བྱང་ཆུབ ་སེམས་དཔའ་ནི་མིང་ཐམས་ཅད་ཡང་དག་པར་རྗེས་སུ་མི་མཐོང་ངོ། །ཡང་དག་པར་རྗེས་སུ་མི་མཐོང་བས་མངོན་པར་ཞེན་པ་མེད་དོ། །དེ་ལ་དངོས་པོ་མེད་པ་རྣམ་པར་རྟོག་པའི་གཉེན་པོར་བྱང་ཆུས་སེམས་དཔའ་ཉིད་དུ་ཡོད་དོ། །ཞེས་བྱ་བ་ལ་སོགས་པ ་གསུངས་ཏེ། ཡོད་པའི་སྒྲ་ནི་དངོས་པོའི་དོན་ཡིན་པའི་ཕྱིར་རོ། །དངོས་པོར་རྣམ་པར་རྟོག་པའི་གཉེན་པོར་བྱང་ཆུབ་སེམས་དཔའ་ཡང་དག་པར་རྗེས་སུ་མི་མཐོང་བ་ནས། མི་སྤྱོད་དོ་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ། །ཞེས་བྱ་བའི་བར་དུ ་གསུངས་ཏེ། གང་ཟག་དང་ཆོས་ཀྱི་དངོས་པོ་བཀག་པའི་ཕྱིར་རོ། །སྒྲོ་འདོགས་པའི་རྣམ་པར་རྟོག་པའི་གཉེན་པོར་འདི་ལྟར་མིང་ནི་ངོ་བོ་ཉིད་ཀྱིས་སྟོང་ངོ། །ཞེས་བྱ་བ་གསུངས་ཏེ། ཡང་དག་མ་ཡིན་པའི་ཀུན་བརྟགས་པའི་ངོ་བོ་དཀག་པའི་ཕྱིར་རོ། །སྐུར་པ ་འདེབས་པའི་རྣམ་པར་རྟོག་པའི་གཉེན་པོར་སྟོང་པ་ཉིད་ཀྱིས་མ་ཡིན་ཞེས་བྱ་བ་གསུངས་ཏེ། མིང་དེ་ཀུན་བརྟགས་པའི་ངོ་བོ་ཉིད་དེ་དང་བྲལ་བ་ཉིད་དུ་ཐམས་ཅད་དུ་ཡོད་པའི་ཕྱིར་རོ། །གཅིག་པ་ཉིད་དུ་རྣམ་པར་རྟོག་པའི་གཉེན་པོར་གཟུགས་ཀྱི་སྟོང་པ་ཉིད་གང ་ཡིན་པ་དེ་གཟུགས་མ་ཡིན་ནོ། །ཞེས་བྱ་བ་ནས། རྣམ་པར་ཤེས་པའི་སྟོང་པ་ཉིད་གང་ཡིན་པ་དེ་རྣམ་པར་ཤེས་པ་མ་ཡིན་ནོ། །ཞེས་བྱ་བའི་བར་དུ་གསུངས་ཏེ། ངོ་བོ་ཉིད་གཞན་ཡིན་པའི་ཕྱིར་གཟུགས་ལ་སོགས་པ་ནི་ཀུན་བརྟགས་པའི་ངོ་བོ་ཉིད་དོ། ། ་སྟོང་པ་ཉིད་ནི་ཡོངས་སུ་གྲུབ་པའོ། །ཐ་དད་པ་ཉིད་དུ་རྣམ་པར་རྟོག་པའི་གཉེན་པོར་སྟོང་པ་ཉིད་ལས་གཟུགས་གཞན་པ་ཡང་མ་ཡིན་ནོ། །གཟུགས་ཉིད་སྟོང་པ་ཉིད་དོ། །སྟོང་པ་ཉིད་གཟུགས་སོ། །ཞེས་བྱ་བ་ནས་རྣམ་པར་ཤེས་པའི་བར་དུ་གསུངས་ཏེ། ཀུན་བརྟགས ་པའི་ངོ་བོ་ཉིད་ཀྱི་མཚན་ཉིད་ཡིན་པས། དེ་ལས་མ་གཏོགས་པར་དེ་མེད་པའི་ཕྱིར་རོ། །ངོ་བོ་ཉིད་དུ་རྣམ་པར་རྟོག་པའི་གཉེན་པོར་འདི་ལྟ་སྟེ་།གཟུགས་ཞེས་བྱ་བ་ནས་རྣམ་པར་ཤེས་པའི་བར་འདི་ནི་མིང་ཙམ་མོ། །ཞེས་བྱ་བ་གསུངས་ཏེ། བརྗོད་པ་ལས་མ ་གཏོགས་པར་བརྗོད་པའི་ངོ་བོ་ཉིད་མེད་པའི་ཕྱིར་རོ། །ཁྱད་པར་དུ་རྣམ་པར་རྟོག་པའི་གཉེན་པོར་ངོ་བོ་ཉིད་ཀྱིས་མི་སྐྱེ་བ་ཞེས་བྱ་བ་ནས། རྣམ་པར་བྱང་བ་ཡང་དག་པར་རྗེས་སུ་མི་མཐོང་ངོ། །ཞེས་བྱ་བའི་བར་དུ་གསུངས་སོ། །སྐྱེ་པ་ལ་སོགས་པའི་ཁྱད་པར་གྱི ་མཚན་ཉིད་བཀག་པའི་ཕྱིར་རོ། །མིང་ཇི་ལྟ་བ་བཞིན་དུ་དོན་དུ་རྣམ་པར་རྟོག་པའི་གཉེན་པོར་མིང་བཅོས་མ་ཆོས་དེ་དག་སོ་སོར་བརྟགས་ནས་གློ་བུར་གྱི་མིང་གིས་རྗེས་སུ་ཐ་སྙད་འདོགས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དོན་ཇི་ལྟར་བ་བཞིན་དུ་མིང་དུ ་རྣམ་པར་རྟོག་པའི་གཉེན་པོར་བྱང་ཆུབ་སེམས་དཔའ་ཨི་མིང་དེ་དག་ཐམས་ཅད་ཡང་དག་པར་རྗེས་སུ་མི་མཐོང་ངོ། །ཡང་དག་པར་རྗེས་སུ་མི་མཐོང་བས་མངོན་པར་ཞེན་པ་མེད་དོ། །ཞེས་བྱ་བ་གསུངས་ཏེ། དོན་ཇི་ལྟ་བ་བཞིན་དུ་མིང་དུ་མི་མཐོང་ན་མངོན་པར ་ཞེན་བ་མེད་པའི་ཕྱིར་རོ། །རྣམ་པར་མི་རྟོག་པ་ཉིད་ནི་རྣམ་པ་གསུམ་སྟེ། ཆོག་པར་འཛིན་པའི་རྣམ་པར་མི་རྟོག་པ་ལ་སོགས་པའོ། །དེ་ལ་སོ་སོའི་སྐྱེ་བོ་རྣམས་ནི་གང་མི་རྟག་པ་ཉིད་ལ་སོགས་པ་ཆོས་ཉིད་འགའ་ཞིག་ལས་བརྩམས་ནས་སེམས་པ ་མཐར་ཁྲིད་དེ། འདི་ནི་དེ་བཞིན་ནོ། །ཞེས་ངེས་པར་འབྱེད་ཅིང་ཡོངས་སུ་ཚིམ་པ་ཐོབ་པར་འགྱུར་ཏེ། དེ་དག་ནི་ཆོག་པར་འཛིན་པའི་རྣམ་པར་རྟོག་པ་ཉིད་ཅེས་བྱ་སྟེ་།དེ་ལ་མི་རྟོག་པ་ཞེས་བྱ་བ་ནི་རྣམ་པར་རྟོག་པ་ཐམས་ཅད་རྒྱུན ་བཅད་པའི་ཕྱིར་རོ། །ཉན་ཐོས་རྣམས་ནི་ཕུང་པོ་རྣམས་ལ་རྟག་པ་ལ་སོགས་པ་ཕྱིན་ཅི་ལོག་གི་གཉེན་པོར་ཇི་ལྟ་བ་བཞིན་དུ་གཟུགས་ལ་སོགས་པ་ལ་ཆོས་ཙམ་དུ་ཡོངས་སུ་བརྟགས་ནས་འཇིག་རྟེན་ལས་འདས་པའི་ཤེས་པས་བདག་མེད་པར ་རྟོགས་ཏེ། དེའི་ཕྱིར་དེ་དག་གི་དེ་ནི་ཕྱིན་ཅི་ལོག་པའི་རྣམ་པར་མི་རྟོག་པ་ཉིད་ཅེས་བྱའོ། །བྱང་ཆུབ་སེམས་དཔའ་ནི་གཟུགས་ལ་སོགས་པ་ཆོས། དེ་ཡང་སྤྲོས་པ་རིག་ནས་ཆོས་ཐམས་ཅད་ཀྱི་མཚན་མ་རྣམ་པར་བཤིག་སྟེ། འཇིག་རྟེན་ལས་འདས ་པའི་ཡེ་ཤེས་མཆོག་ཏུ་ཞི་བས་དེ་བཞིན་ཉིད་ཐམས་ཅད་དུ་འགྲོ་བ་རྟོགས་ཏེ། དེའི་ཕྱིར་དེ་དག་གི་དེ་ནི་སྤྲོས་པ་མེད་པའི་རྣམ་པར་མི་རྟོག་པ་ཉིད་ཅེས་བྱའོ། །ཇི་ལྟར་ན་དེ་སྤྲོས་པ་མེད་པའི་རྣམ་པར་མི་རྟོག་པ་ཞེས་བྱ་བ་ཞེ་ན། གལ་ཏེ་ཡིད་ལ་བྱེད་པ་མེད ་པས་དེ་སྐད་ཅེས་བྱ་ན་ནི་ངེས་ན་གཉིད་ཀྱིས་ལོག་པ་དང། ར་རོ་བ་ལ་སོགས་པ་ཡང་རྣམ་པར་མི་རྟོག་པ་ཉིད་དུ་འགྱུར་ཏེ། དེ་དག་ལ་ཆོས་ཀྱི་མཚན་མ་ཡིད་ལ་བྱེད་པ་མེད་པའི་ཕྱིར་རོ། །ཇི་སྟེ་ཡང་དག་པར་འདས་པས་དེ་སྐད་ཅེས་བྱ་ན་ནི ་ངེས་ན་བསམ་གཏན་གཉིས་པ་ལ་སོགས་པ་ཡང་རྣམ་པར་མི་རྟོག་པ་ཉིད་དུ་འགྱུར་ཏེ། རྟོག་པ་དང་དཔྱོད་པའི་རྣམ་པར་རྟོག་པ་རྣམས་ལས་ཡང་དག་པར་འདས་པའི་ཕྱིར་རོ། །དེའི་ཕྱིར་ན་རྣམ་པར་རྟོག་པའི་ལུས་ནི་ཁམས་གསུམ ་བའི་སེམས་དང་སེམས་ལས་བྱུང་བའོ། །ཞེས་བྱ་བ་འདི་དང་འགྲེལ་ལོ། །ཇི་སྟེ་རྣམ་པར་ཞི་བས་དེ་སྐད་བྱ་ན་ནི་དེས་ན་འདུ་ཤེས་དང་ཚོར་པ་འགོག་པའི་སྙོམས་པར་འཇུག་པ་ཡང་རྣམ་པར་མི་རྟོག་པ་ཉིད་དུ་འགྱུར་ཏེ། དེར་སེམས་དང ་སེམས་ལས་བྱུང་བའི་རྣམ་པར་རྟོག་པ་ཞི་བའི་ཕྱིར་རོ། །དེའི་ཕྱིར་ཤེས་པ་མེད་པར་འགྱུར་རོ། །ཇི་སྟེ་ངོ་བོ་ཉིད་ཀྱིས་དེ་སྐད་བྱ་ན་ནི། དེས་ན་གཟུགས་ཀྱང་རྣམ་པར་མི་རྟོག་པ་ཉིད་དུ་འགྱུར་ཏེ། དེ་རྣམ་པར་མི་རྟོག་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །ཇི་སྟེ་དམིགས་པ་ལ ་མངོན་པར་འདུ་བྱེད་པ་མེད་པས་དེ་སྐད་བྱ་ན་ནི། དེས་ན་རྣམ་པར་རྟོག་པ་དང་བཅས་པ་ཉིད་རྣམ་པར་མི་རྟོག་པ་ཉིད་དུ་འགྱུར་ཏེ། འདི་ནི་རྣམ་པར་མི་རྟོག་པའོ། །ཞེས་མངོན་པར་འདུ་བྱེད་པ་འདི་ནི་མཚན་མ་ལ་རྣམ་པར་རྟོག་པའི་མཆན་ཉིད་ཡིན་པའི་ཕྱིར་རོ།། ་དེ་ལྟ་བས་ན་རྣམ་པ་དེ་དག་གིས་རྣམ་པར་མི་རྟོག་པ་ཉིད་དུ་མི་བལྟ་སྟེ། འོན་ཀྱང་དམིགས་པ་ལ་མངོན་པར་འདུ་བྱེད་པ་མེད་པར་བལྟའོ། །ཇི་སྟེ་ཞེ་ན་གང་གི་ཚེ་བྱང་ཆུབ་སེམས་དཔའ་སྟེ། རྗེས་སུ་མཐུན་པ་ཉིད་ཀྱི་གདམས་པ་ལ་བརྟེན་ནས། ཆོས ་ཐམས་ཅད་ཀྱི་མཚན་མ་ལ་ནི་རང་བཞིན་གྱིས་ཡོངས་སུ་མ་གྲུབ་པར་རྣམ་པར་རྟོག་སྟེ། རྣམ་པར་རྟོག་པ་དེ་ལ་གོམས་པའི་སྟོབས་བསྐྱེད་པས་སོ་སོ་རང་གིས་མངོན་པར་འདུ་བྱེད་པ་མེད་པ་ཉིད་ཀྱིས་ཇི་ལྟ་བ་བཞིན་དུ་སྤྲོས་པ་མེད་པའི་དབྱིངས ་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ལ་སེམས་མཉམ་པར་འཇིག་སྟེན་དེ་ནི་དེའི་སྤྲོས་པ་མེད་པའི་རྣམ་པར་མི་རྟོག་པ་ཉིད་ཅེས་བྱའོ། །བྱང་ཆུབ་སེམས་དཔའ་ནི་རང་བཞིན་གྱིས་དབང་པོ་རྣོན་པོ་ཞེས་སྔར་བཤད་ན། དེ་ཇི་ལྟར་དུས་དུས་སུ་དབང་པོ ་ནམས་སྦྱང་བར་བྱ་ཞེ་ན་།རང་གི་རིགས་ཀྱི་དབང་པོ་བརྟུལ་པོ་ལ་སོགས་པ་རྣམ་པ་གསུམ་གྱིས་གོང་ནས་གོང་དུ་མངོན་པར་བསྒྲུབས་པས་དེ་སྦྱར་བར་རིག་པར་བྱའོ། །གཞན་དུན་དབང་པོ་རྣོན་པོའི་རིགས་རྣམས་ཀྱི་དབང་པོ་རྣམས་རྣམ་པ་གཅིག་ཏུ ་གྱུར་ན་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་དབང་པོར་གྱུར་པའི་ཁྱད་པར་མི་དམིགས་པར་འགྱུར་ན། དེ་ལ་དམིགས་པ་དེའི་ཕྱིར་ཇི་སྐད་བཤད་པ་དེ་གྲུབ་བོ།། །ཁམ་པོ་བཅུ་བ་སྟེ་ཐ་མའོ། །འབེལ་བའི་གཏམ་གྱིས་རྣམ་པར་ངེས ་བ་རྣམ་པ་བདུན་ལ་དོན་རྣམ་པར་ངེས་པ་ནི་ངོ་བོ་ཉིད་ཀྱིས་དོན་ལ་སོགས་བ་དོན་དྲུག་ལས་བརྩམས་པར་རིག་པར་བྱའོ། །དེ་ལ་ངོ་བོ་ཉིད་ཀྱི་དོན་ནི་ངོ་བོ་ཉིད་གསུམ་སྟེ། ཀུན་བརྟགས་པ་དང། གཞན་གྱི་དབང་དང། ཡོངས་སུ ་གྲུབ་པའོ། །རྒྱུའི་དོན་ནི་རྒྱུ་གསུམ་སྟེ། སྐྱེ་བའི་རྒྱུ་ནི་འདི་ལྟ་སྟེ། རྒྱུ་དང། དེ་མ་ཐག་པ་དང། དམིགས་པ་དང། བདག་པོའི་རྐྱེན་རྣམས་ཏེ། དེ་ལ་འདུས་བྱས་ཐམས་ཅད་གྲུབ་པའི་ཕྱིར་རོ། །འབྱུང་བའི་རྒྱུ་ནི་འདི་ལྟ་སྟེ། མ་རིག་པའི་རྐྱེན་གྱིས ་འདུ་བྱེད་རྣམས་ཞེས་བྱ་བ་ནས་ཀུན་འབྱུང་བར་འགྱུར་བ་དང། འགག་བར་འགྱུར་རོ། །ཞེས་བྱ་བའི་བར་འདིས་མཐར་གྱིས་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་འབྱུང་བའི་ཕྱིར་རོ། །འགྲུབ་པའི་རྒྱུ་ནི་མངོན་སུམ་དུ་དམིགས་པ ་དང་མི་དམིགས་པ་མཚུངས་པ་བསྙད་པས་བསྡུས་པ་ཏེ། དེས་བསྒྲུབ་པ་མ་གྲགས་པའི་དོན་སྒྲུབ་པའི་ཕྱིར་རོ། །འབྲས་བུའི་དོན་ནི་འབྲས་བུ་ལྔ་སྟེ་རྣམ་པར་སྨིན་པའི་འབྲས་བུ་ནི་འདི་ལྟ་སྟེ། ཀུན་གཞི་རྣམ་པར་ཤེས་པའོ། །རྒྱུ ་མཐུན་པའི་འབྲས་བུ་ནི་འདི་ལྟ་སྟེ། སྔར་སྐྱེས་པའི་དགེ་བ་ལ་སོགས་པའི་ཆོས་རྣམས་ཀྱི་དེའི་རྒྱུ་ལས་གྱུར་བ་དགེ་བ་ལ་སོགས་པ་ཆོས་ཕྱི་མ་རྣམས་སོ། །བདག་པོའི་འབྲས་བུ་ནི་འདི་ལྟ་སྟེ། སེམས་ཅན་ཐམས་ཅད་ཀྱི་ཐུན་མོང་གི་ལས་ཀྱི་དབང ་གིས་སྣོད་ཀྱི་འཇིག་རྟེན་ནོ། །སྐྱེས་བུ་བྱེད་པའི་འབྲས་བུ་ནི་འདི་ལྟ་སྟེ་།ལོ་ཏོག་ལ་སོགས་པའོ། །བྲལ་བའི་འབྲས་བུ་ནི་འཕགས་པའི་ལམ་གྱི་བག་ལ་ཉལ་ལེགས་པར་བཅོམ་པའོ། །ལས་ཀྱི་དོན་ནི་འདི་ལྟ་སྟེ་།ལས་ཀྱི་ཀུན་ནས་ཉོན ་པ་བ་སྟན་པའོ། །ལྡན་པའི་དོན་ནི་རྣམ་པ་ལྔ་སྟེ་།མང་པོ་ལས་གྱུར་པའི་ལྡན་པ་ནི་འདི་ལྟ་སྟེ་།ཁང་པའི་ཤིང་དང་ཕྲ་གུ་ལ་སོགས་པའོ། །རྗེས་སུ་འཆིང་བ་ལས་གྱུར་བའི་ལྡན་པ་ནི་འདི་ལྟ་སྟེ་།བག་ལ་ཉལ་ལ་སོགས་པའི་རྒྱུ་སྟེ། འདི ་ལྟར་དེ་ཡོད་ན་ཀུན་ཏུ་མི་སྤྱོད་ཀྱང་ཉོན་མོངས་པ་ལ་སོགས་པ་དང་ལྡན་པ་ཞེས་བྱའོ། །འབྲེལ་པར་གྱུར་པའི་ལྡན་པ་ནི་འདི་ལྟ་སྟེ། རང་གི་སྐྱེ་བ་རྣམས་ཀྱི་ཕན་ཚུན་འབྲེལ་བའོ། །གནས་སྐབས་ལས་གྱུར་པའི་ལྡན་པ་ནི་འདི་ལྟ་སྟེ། ཕན་འདོགས་པ ་ལ་སོགས་པའི་སེམས་ཀྱི་རྒྱུད་ཀྱི་གནས་ཏེ། འདི་ལྟར་དེའི་འཕྲལ་དུ་བདེ་བ་དང་ལྡན་པ་ནས་སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པའི་བར་དང་ལྡན་པ་ཞེས་བྱའོ། །འགྱུར་པ་ལས་གྱུར་པའི་ལྡན་བ་ནི་འདི་ལྟ་སྟེ། གློ་བུར་གྱི་ཉེ་བའི་ཉོན་མོངས ་པ་ལ་སོགས་པ་མངོན་དུ་གྱུར་པ་སྟེ། འདི་ལྟ་སྟེ། དེ་ཡོད་ན་འདོད་ཆགས་ལ་སོགས་པ་དང། དད་པ་ལ་སོགས་པ་དང་ལྡན་པ་ཞེས་བྱའོ། །འཇུག་པའི་དོན་ནི་འཇུག་པ་ལྔ་སྟེ། མཚན་ཉིད་ལ་འཇུག་པ་ནི་སྐྱེ་བ་ལ་སོགས་པ་འདུས་བྱས་ཀྱི་མཚན་ཉིད ་གསུམ་སྟེ། དེ་དག་གི་རྣམ་པར་འབྱུང་བའི་ཕྱིར་རོ། །རྟེན་ལ་འཇུག་པ་ནི་རྟེན་ལ་གནས་པར་བྱ་བ་གནས་པ་སྟེ། འདི་ལྟར་ས་ལ་སེམས་ཅན་རྣམས་སོ། །ཕྱིན་ཅི་ལོག་གི་འཇུག་པ་ནི་ཀུན་ནས་ཉོན་མོངས་པའི་ཆོས་རྣམས་ཏེ། ཡང་དག་པ་ཇི་ལྟ་བ་བཞིན་མ ་ཡིན་པར་འཇུག་པའི་ཕྱིར་རོ། །ཕྱིན་ཅི་ལོག་མ་ཡིན་པའི་འཇུག་པ་ནི་འཕགས་པའི་ལམ་སྟེ་།དེ་ཕྱིན་ཅི་མ་ལོག་པར་འཇུག་པའི་ཕྱིར་རོ། །རབ་ཏུ་དབྱེ་བའི་འཇུག་པ་ནི་ཆོས་རྣམས་ཀྱི་རྣམ་པ་ཐ་དད་པ་གང་ཡིན་པ་སྟེ། འདི་ལྟར་འདུ་བྱེད་ཐམས་ཅད་འདས ་པ་དང་མ་འོངས་པ་དང། ད་ལྟར་བྱུང་བ་དང་ནང་དང་ཕྱི་ལ་སོགས་པའི་རྣམ་པར་འཇུག་པའི་ཕྱིར་རོ། །རྣམ་པར་བཤད་བ་རྣམ་པར་ངེས་པ་ནི་གང་གིས་མདོ་སྡེ་རྣམས་ཀྱི་དོན་སྟོན་པ་སྟེ་།དེ་ཡང་ཡོངས་སུ་ཤེས་པར་བྱ་བའི་དངོས་པོ་ལ་སོགས་པ་དོན ་དྲུག་པོ་དག་མདོ་སྡེ་སོ་སོར་ཇི་ལྟར་མཐུན་མཐུན་དུ་སྟོན་པའི་ཕྱིར་རོ། །དེ་ལ་ཡོངས་སུ་ཤེས་པར་བྱ་བའི་དངོས་པོ་ནི་ཕུང་པོ་ལ་སོགས་པའོ། །ཡོངས་སུ་ཤེས་པར་བྱ་བའི་དོན་ནི་མི་རྟག་པ་ཉིད་ལ་སོགས་པའོ། །ཡོངས་སུ་ཤེས་པར་བྱ་བའི་རྒྱུ་ནི་ཚུལ ་ཁྲིམས་དང་དབང་པོའི་སྒོ་བསྡམས་པ་ལ་སོགས་བའོ། །ཡོངས་སུ་ཤེས་པ་ནི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་སོ། །ཡོངས་སུ་ཤེས་པའི་འབྲས་བུ་ནི་རྣམ་པར་གྲོལ་བའོ། །དེ་རབ་ཏུ་ཤེས་པ་ནི་རྣམ་པར་གྲོལ ་བའི་ཡེ་ཤེས་མཐོང་བའོ། །ཡང་རྣམ་པར་བཤད་པའི་སྒོ་བཅུ་བཞི་སྟེ། རྣམ་པར་བཤད་པ་བསྡུ་བའི་སྒོ་ནི་གང་ན་མདོ་སྡེ་འབྱུང་བའི་དགོས་པ་དང། ཚིག་གི་དོན་དང། མཚམས་སྦྱར་བ་དང། དགོངས་པ་དང། བརྒལ་བ་དང། ལན ་བརྗོད་པའོ། །དངོས་པོ་བསྡུ་བའི་སྒོ་ནི་གང་ན་མདོ་སྡེ་བསླབ་པ་དང། འཕགས་པའི་བདེན་པ་དང། དངོས་པོ་ལ་སོགས་པར་སྟོན་པ་སྟེ། འདི་ལྟ་སྟེ། སྡིག་པ་ཐམས་ཅད་མི་བྱ་སྟེ། དགེ་བ་ཕུན་སུམ་ཚོགས་པར་བྱ། །རང་གི་སེམས་ནི་ཡོངས་སུ ་གདུལ། །འདི་ནི་སངས་རྒྱས་བསྟན་པའོ། །ཞེས་བྱ་བའི་ཚིགས་སུ་བཅད་པ་བསླབ་པ་གསུམ་གྱི་དབང་དུ་བྱས་པ་ལ་སོགས་པའོ། །ཡན་ལག་དང་ཉེ་བའི་ཡན་ལག་གི་སྒོ་ནི་གང་དུ་ཚིག་གཅིག་གིས་བསྟན་པ་ལྷག་མ་རྣམས་ཀྱིས་བཤད་དོ།། ་ཞེས་རབ་ཏུ་སྟོན་པ་སྟེ། དཔེར་ན་དལ་བ་ཕུན་སུམ་ཚོགས་པ་བཅུ་གཉིས་བསྟན་པ་ལས་བདག་ཕུན་སུམ་ཚོགས་པ་དང། གཞན་ཕུན་སུམ་ཚོགས་པ་ཞེས་བྱ་བའི་ཚིག་འདི་གཉིས་གོ་རིམ་བཞིན་དུ་ཚིག་འོག་མ་ལྔ་ལྡས་བཤད་པ་ལྟ་བུ་སྟེ། ་འདི་ལྟ་སྟེ་མི་ཉིད་དང། ཡུལ་དབུས་སུ་སྐྱེས་པ་དང་།དབང་པོ་རྣམས་ཚང་པ་དང། ལས་ཀྱི་མཛའ་སྨིན་པར་མ་གྱུར་བ་དང། གནས་སུ་གྱུར་པ་ལ་དད་པ་དང། སངས་རྒྱས་རྣམས་བྱུང་བ་དང། དམ་པའི་ཆོས་སྟོན་པ་དང། བསྟན་པའི་ཆོས ་རྣམས་གནས་པ་དང། གནས་པའི་ཆོས་རྣམས་ཀྱི་རྗེས་སུ་འཇུག་པ་དང། གཞན་ལ་སྙིང་བརྩེ་བའོ། །གོང་ནས་གོང་དུ་མངོན་པར་བསྒྲུབ་པའི་སྒོ་ནི་གང་དུ་འོག་མ་ནི་གོང་མ་མངོན་པར་བསྒྲུབ་པའི་གནས་ཡིན་པའི་ཕྱིར་ཆོས་དེ་དག་ནི་དེ ་ལྟར་བསྟན་ཏོ། །ཞེས་སྟོན་པའོ། །དཔེར་ན་དབང་པོ་ལྔ་པོ་རྣམས་ཏེ། འདི་ལྟར་དང་ན་བརྩོན་འགྲུས་རྩོམ་མོ། །བརྩོན་འགྲུས་བརྩམས་ནས་དྲན་པ་ཉེ་བར་གནས་སོ། །དྲན་པ་ཉེ་བར་གནས་ན་སེམས་མཉམ་པར་འཇོག་གོ། སེམས་མཉམ་པར་བཞག ་ན་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ཞེས་བྱའོ། །སྤོང་བའི་སྒོ་ནི་འདི་ལས་བརྩམས་ནས་འདི་སྤང་བར་སྟོན་པ་སྟེ། འདི་ལྟ་སྟེ། སྟེ་བུའི་ཡུ་ལྟ་བུའི་མདོ་ལས་ཟག་པ་ཟད་པ་ལས་བརྩམས་ནས་འདི་ལས་ཕྱི་རལ་པ་དང། ཆོས་འདི་པ་ཐོས་པ་དང། སེམས ་པ་ཙམ་གྱིས་ཆོག་པར་འཛིན་པ་དང། སྒོམ་པས་ཡོངས་སུ་ཡི་ཆད་པ་དང། ཚོགས་ཡོངས་སུ་མ་རྫོགས་པའོ། །དགེ་སློང་དག་ང་ནི་ཤེས་བཞིན་དུ་ཟག་པ་རྣམས་ཟད་པར་སྨྲའོ། །ཞེས་བྱ་བ་ལ་སོགས་པའི་མདོའི་ཆིག་གི་དུམ་བུས་དང་པོའི་གང ་ཟག་སྤངས་སོ། །སྒོམ་པར་སྦྱོར་བ་ལ་བརྩོན་པ་ཞེས་བྱ་བ་ལ་སོགས་པས་ནི་གཉིས་པ་སྤངས་སོ། །སྟེ་ཡུའི་དཔེས་ནི་གསུམ་པ་སྤངས་སོ། །གྲུའི་དཔེས་ནི་བཞི་པ་སྤངས་སོ། །ཡི་གེ་ཡོངས་སུ་བསྒྱུར་བའི་སྒོ་ནི་གང་དུ་དོན་གཞན་ལ་རབ་ཏུ་གྲུབ་བའི་ཡི་གེ ་རྣམས་གཞན་དུ་ཡོངས་སུ་བསྒྱུར་བ་སྟེ། དཔེར་ན་མི་གང་མ་དང་བྱས་མི་གཟོ་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་ལྟ་བུའོ། །ཆུང་ཟ་བ་དང་ཆུང་མི་ཟ་བའི་སྒོ་ནི་གང་དུ་རབ་ཏུ་ཆུང་ཟ་བ་དང། རབ་ཏུ་ཆུད་མི་ཟ་བ་དང། དེ་གཉི་གའི་ཐབས་དང།། ་དེ་གཉི་གའི་རབ་ཏུ་དབྱེ་བ་སྟོན་སྟེ། དཔེར་ན་ལེགས་པར་སྐྱེས་ཀྱི་མདོ་ལས་རབ་ཏུ་ཆུད་མི་ཟ་བ་ནི་ཕྱི་དང་ནང་གི་རྫས་ལ་རབ་ཏུ་ཆགས་པའོ། །དེ་ལ་ཕྱིའི་རྫས་ནི་ཁྱིམ་དང་ཆུད་མ་ལ་སོགས་པའི་མཚན་ཉིད་དོ། །ནང་གི་རྫས་ནི་ཉེ་བར་ལེན་པའི་ཕུང་པོ ་ལྔའི་མཚན་ཉིད་དོ། །རབ་ཏུ་ཆུང་མི་ཟ་བ་ནི་གཉི་ག་ལ་ལྷག་བར་ཆགས་པ་དང་བྲལ་བའོ། །རབ་ཏུ་ཆུད་ཟ་བའི་ཐབས་ནི་རབ་ཏུ་མི་འབྱུང་བ་དང། རབ་ཏུ་བྱུང་ནས་ཀྱང་ཟག་པ་ཟད་པར་བྱ་བ་ལ་བག་མི་བྱེད་པའོ། །དེ་ལས་བཟློག་པ་ནི་ཆུད་མི་ཟ་བའི་ཐབས་སུ ་བལྟ་བར་བྱའོ། །དེ་ལ་ཀྱེ་མ་རིགས་ཀྱི་བུ་ལེགས་པར་སྐྱེས་འདི་ནི་གཉིས་ཀྱིས་མཛེས་ཏེ། གང་སྐྲ་དང་ཁ་སྤུ་བྲེགས་ནས་རབ་ཏུ་བྱུང་བའི་བར་དང། གང་ཟག་པ་ཟད་ནས་རབ་ཏུ་ཤེས་སོ། །ཞེས་བྱ་བའི་བར་འདིས་ཆུང་མི་ཟ ་བ་དང། དེའི་ཐབས་ཉེ་བར་བསྟན་པས་དེ་ལས་བཟློག་པའི་མཚན་ཉིད་ཆུད་ཟ་བ་དང་དེའི་ཐབས་བསྟན་པར་འགྱུར་རོ། །ཆུད་མི་ཟ་བ་རབ་ཏུ་དབྱེ་བའི་ཚིགས་སུ་བཅད་བའི་དབྱངས་ཀྱིས་རབ་ཏུ་བསྟན་པ། དགེ་སློང་འདི་ནི་མཛེས་པ་སྟེ། །ཉེ་བར་ཞི་ཞིང་ཟག ་པ་ཟད་ཅེས་བྱ་བའོ། །དེ་ལྟར་རབ་ཏུ་བྱུང་བ་དང་ཟག་པ་ཟད་པ་ཡོངས་སུ་བསྟན་ཏོ། །ཟག་པ་ཟད་པ་དེ་ཡང། འདོད་ཆགས་བྲལ་ཞིང་བྲལ་བ་སྟེ། །ཉེར་ལེན་མེད་པས་མྱ་ངན་འདས། །བདུད་ཀྱི་སྡེ་ནི་ཕམ་བྱས་ནས། །ལུས་ཀྱི་ཐ་མ་འཛིན་པ་ཡིན་ཞེས ་བྱ་བ་སྟེ། འདི་ནི་འཇིག་རྟེན་པའི་ལམ་ལ་འདོད་ཆགས་དང་བྲལ་ནས་འཇིག་རྟེན་ལས་འདས་པའི་ལམ་གྱིས་ཐ་མའི་ཆེ?་དང་མཐུན་པའི་ཀུན་ཏུ་སྦྱོར་བ་སྤངས་པ་དང། གོང་མའི་ཆ་དང་མཐུན་པའི་ཀུན་ཏུ་སྦྱོར་བ་ཡང་སྤངས་པ་དང། ནང་གི་རྫས ་ཡོངས་སུ་སྤངས་པར་ཡང་བསྟན་པའོ། །རྒྱུ་དང་འབྲས་བུ་ཟད་བའི་སྐབས་ཡིན་པས་ཀྱང་འདི་བསྟན་བར་བལྟའོ། །འདི་ལས་བཟློག་པ་ནི་རབ་ཏུ་ཆུད་ཟ་བའི་རབ་ཏུ་དབྱེ་བ་བསྙད་པར་བལྟ་བར་བྱའོ། །གང་ཟག་རྣམ་པར་བཞག་བའི་སྒོ་ནི་གང་དུ་གང་ཟག ་འདི་སྙེད་ཀྱི་དབང་དུ་བྱས་ནས་འདི་གསུངས་སོ། །ཞེས་བྱ་བར་སྟོན་པ་སྟེ། དཔེར་ན་ཆུ་ལས་གྱུར་བ་ལྟ་བུའི་མདོ་ལས་བྱུང་བ་ལྟ་བུ་སྟེ། དེ་ནི་གང་ཟག་གཉིས་དང་གསུམ་དང་བཞིར་རབ་ཏུ་དབྱེ་བའི་དབང་དུ་མཛད་ནས་གསུངས་ཏེ། སོ་སོའི་སྐྱེ་བ་དང ་བདེན་པ་མཐོང་བའོ། །སོ་སོའི་སྐྱེ་བོ་ནི་གསུམ་དུ་རབ་ཏུ་ཕྱེ་ནས་བསྙད་བར་བལྟ་བར་བྱ་སྟེ། དཀར་པོ་མ་ཡིན་པ་དང་ཆུང་ཟད་དཀར་བ་དང། ཆེར་དཀར་བའོ། །བདེན་པ་མཐོང་བ་ནི་བཞིར་རབ་ཏུ་དབྱེ་སྟེ། འབྲས་བུ་ལ་གནས་པ་བཞི་སྟེ། གསུམ་ནི ་སློབ་བའོ། །གཅིག་ནི་མི་སློབ་པའོ། །རབ་ཏུ་དབྱེ་བ་རྣམ་པར་བཞག་པའི་སྒོ་ནི་གང་དུ་མུ་བཞི་ལ་སོགས་པ་དྲི་བ་རྣམས་ཀྱི་དོན་བརྗོད་པ་སྟེ། དཔེར་ན་མི་རྟག་བའི་མདོ་ལས་གང་གིས་འདི་ལེགས་པར་མཐོང་བ་དེས་གཟུགས་ཐམས་ཅད་མཐོང་ངམ། གང་གིས ་གཟུགས་ཐམས་ཅད་མཐོང་བ་ནས་འདི་ཐམས་ཅད་ལེགས་པར་མཐོང་དམ། ཞེས་བྱ་བ་མུ་བཞིའོ། །མུ་དང་པོ་ནི་ཚོར་བ་ལ་སོགས་པ་ཕུང་པོ་བཞི་ལ་རྟག་པ་དང་གཙང་བ་དང། བདེ་བ་དང་བདག་ཏུ་ཕྱིན་ཅི་ལོག་ཏུ་སྒྲོ་མ་བཏགས་པར་ཡོངས་སུ་ཤེས ་པར་བྱ་བ་དང་སྤང་བར་བྱ་བ་དེ་ཡང་དག་པར་རྗེས་སུ་བལྟ་བའིའོ། །མུ་གཉིས་པ་ནི་གཟུགས་ལ་རྟག་པ་དང་གཙང་བ་དང་བདེ་བ་དང་བདག་ཏུ་ཕྱིན་ཅི་ལོག་ཏུ་སྒྲོ་བཏགས་ནས་ཡོངས་སུ་ཤེས་བར་བྱ་བ་མ་ཡིན་པ་དང། ཡོངས་སུ་སྤང་བར་བྱ ་བ་མ་ཡིན་པར་ཡང་དག་པར་རྗེས་སུ་བལྟ་བའིའོ། །མུ་གསུམ་པ་ནི་གཟུགས་ལ་རྟག་པ་དང་གཙང་བ་དང་བདེ་བ་དང་བདག་ཏུ་ཕྱིན་ཅི་ལོག་ཏུ་སྒྲོ་མ་བཏགས་པར་ཡོངས་སུ་ཤེས་པར་བྱ་བ་དང་ཡོངས་སུ་སྤང་བར་བྱ་བར་ཡང་དག་པར་རྗེས་སུ་བལྟ ་བའིའོ། །མུ་བཞི་པ་ནི་ཚོར་བ་ལ་སོགས་པ་ཕུང་པོ་བཞི་ལ་རྟག་པ་དང་གཙང་བ་དང་བདེ་བ་དང་བདག་ཏུ་ཕྱིན་ཅི་ལོག་ཏུ་སྒྲོ་བཏགས་ནས་ཡོངས་སུ་ཤེས་པར་བྱ་བ་མ་ཡིན་པ་དང། སྤང་པར་བྱ་བ་མ་ཡིན་པར་ཡང་དག་པར་རྗེས་སུ་བལྟ་བའིའོ།། ་གཟུགས་ལ་མུ་བཞི་ཇི་ལྟ་བ་དེ་བཞིན་དུ་ཚོར་བ་ལ་སོགས་པ་ཐམས་ཅད་ལ་ཡང་རྒྱ་ཆེར་སྦྱར་བར་བྱའོ། །གང་བྱ་བ་བྱས་པ་དེ་ཐམས་ཅད་འདི་ལས་སྲིད་པ་གཞན་མི་ཤེས་སོ། །ཞེས་བྱ་བ་ཡིན་ནམ། གང་འདི་ལས་སྲིད་པ་གཞན་ཡི་ཤེས ་པ་དེ་ཐམས་ཅད་བྱ་བ་བྱས་པ་ཡིན་ནམ་ཞེས་བྱ་བའི་བར་དུའོ། །སྨྲས་པ་མུ་བཞི་སྟེ། མུ་དང་པོ་ནི་ཇི་སྲིད་འཚོའི་བར་དུ་ལེགས་པར་སྤྱད་པ་སྤྱོད་པའི་སོ་སོའི་སྐྱེ་བོའིའོ། །གཉིས་པ་ནི་ཆད་བར་ལྟ་བ་ལ་སོགས་པའིའོ། །གསུམ་པ་ནི་མི་སློབ་བའིའོ ་བཞི་པ་ནི་རྣམ་པ་དེ་དག་མ་གཏོགས་པའིའོ། །ཞེས་འབྱུང་བ་ལྟ་བུའོ། །ཚུལ་གྱི་སྒོ་ནི་གང་དུ་ཚུལ་ཅུག་གིས་དོན་བརྗོད་པ་སྟེ་།དེ་ཁོ་ནའི་དོན་གྱི་ཚུལ་དང། འཐོབ་པའི་ཚུལ་དང། བཤད་བའི་ཚུལ་དང། མཛའ་གཉིས་སྤངས ་པའི་ཚུལ་དང། བསམ་གྱིས་མི་ཁྱབ་པའི་ཚུལ་དང། དགོངས་པའི་ཚུལ་གྱིས་སོ། །ཚུལ་དྲུག་པ་འདི་དག་ལས་ཆུལ་གོང་མ་གསུམ་ནི་ཚུལ་གོང་མ་གསུམ་གྱི་གོ་རིམ་བཞིན་དུ་རིག་པར་བྱ་སྟེ། དཔེར་ན་རོ་མྱང་བའི་མདོ་ལས་དགེ་སློང་དག་གཟུགས ་ལ་རོ་མྱང་བ་ཡོད་དོ། །ཞེས་བྱ་བ་ལ་སོགས་པས་ནི་སྐུར་བ་འདེབས་པའི་མཛའ་དང། སྒྲོ་འདོགས་བའི་མཛའ་ཨི་སྤངས་ནས་དེ་ཁོ་ནའི་དོན་གྱི་ཚུལ་སྟོན་ཏོ། །རོ་མྱང་བ་དང་ཉེས་དམིགས་དང། ངེས་པར་འབྱུང་བ་ཡོད་དོ། །ཞེས་བྱ་བ་འདིས་ནི་སྐུར་བ་འདེབས ་བའི་མཐོང་སྤངས་སོ། །གཟུགས་ནས་རྣམ་པར་ཤེས་པ་ཞེས་བྱ་བའི་བར་འདིས་ནི་སྒྲོ་འདོགས་པའི་མཛའ་སྤངས་ཏེ། ཕུང་པོ་ཅོམ་ལ་ཀུན་ནས་ཉོན་མོངས་བ་འམ། རྣམ་པར་བྱང་བར་ཟང་ཀྱི་བདག་ནི་མེད་དོ། །ཞེས་རབ་ཏུ་བསྟན་ཏོ། །དགེ་སློང་དག ་ངེས་ཇི་ཙམ་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་དུ་མངོན་པར་རྫོགས་པར་སངས་རྒྱས་སོ། །ཞེས་བྱ་བར་ནང་དུ་འདུ་ཤེས་སོ། །ཞེས་བྱ་བ་འདིས་ནི་འཐོབ་པའི་ཚུལ་བསམ་གྱིས་མི་ཁྱབ་བའི་ཚུལ་གྱིས་ཡོངས་སུ་བསྟན་ཏེ། ་སོ་སོ་རང་གིས་རིག་པར་བྱ་བ་ཐོབ་པར་སྟོན་བའི་ཕྱིར་རོ། །མདོ་འདི་ཐམས་ཅད་ནི་བཤད་པའི་ཚུལ་ལོ། །དེ་ཡང་དགོངས་པའི་ཚུལ་གྱིས་ཁོང་དུ་ཆུད་བར་བྱ་སྟེ། ཡོངས་སུ་ཤེས་པར་བྱ་བའི་དངོས་པོ་དང། ཡོངས་སུ་ཤེས་པར་བྱ་བའི་དོན ་དང། ཡོངས་སུ་ཤེས་པ་དང། ཡོངས་སུ་ཤེས་པའི་འབྲས་བུ་དང། དེ་རབ་ཏུ་ཤེས་པ་ལ་དགོངས་ནས་མདོ་དེ་དག་བཤད་དོ། །དེ་ལ་ཡོངས་སུ་ཤེས་པར་བྱ་བའི་དངོས་པོ་ནི་གཟུགས་ལ་སོགས་པའོ། །ཡོངས་སུ་ཤེས་པར་བྱ་བའི་དོན་ནི་རོ་མྱང ་བ་ལ་སོགས་པ་སྟེ། རྣམ་པ་དེས་གཟུགས་ལ་སོགས་པའི་དངོས་པོ་དེ་ཡོངས་སུ་ཤེས་པའི་ཕྱིར་རོ། །ཡོངས་སུ་ཤེས་པ་ནི་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་དེ་དག་དེ་ལྟར་གསུམ་དུ་བསྒྱུར་བས་ཡང་དག་བ་ཇི་ལྟ་བ་བཞིན་དུ་རྟོགས་པའི་ཤེས་པའོ། །ཡོངས་སུ ་ཤེས་པའི་འབྲས་བུ་ནི་ལྷ་དང་བཅས་པའི་འཇིག་རྟེན་འདི་ལས་ཞེས་བྱ་བ་ནས། ལྷ་དང་མི་དང་བཅས་པ་ཞེས་བྱ་བའི་བར་ལས་གྲོལ་བ་ནས་རྣམ་པར་རབ་ཏུ་གྲོལ་ཞེས་བྱ་བའི་བར་དུའོ། །དེ་རབ་ཏུ་ཤེས་པ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང ་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པར་ནང་དུ་ཤེས་སོ། །ཞེས་བྱའོ། །ཡོངས་སུ་ཤེས་པ་ལ་སོགས་པའི་སྒོ་ནི་གོང་དུ་དེ་ཁོ་ནའི་མཚན་ཉིད་ལས་བརྩམས་ནས་ཡོངས་སུ་ཤེས་པའི་མཚན་ཉིད་དང། སྤོང་བའི་མཚན་ཉིད་དང། མངོན ་སུམ་དུ་བྱེད་བའི་མཚན་ཉིད་དང། སྒོམ་པའི་མཚན་ཉིད་དང། དེ་ཁོ་ནའི་མཚན་ཉིད་ལ་སོགས་པ་འདི་དག་གི་རྣམ་པའི་རབ་ཏུ་དབྱེ་བའི་མཚན་ཉིད་དང། གནས་དང་གནས་པར་འབྲེལ་པའི་མཚན་ཉིད་དང། ཡོངས་སུ་ཤེས་པ་ལ་སོགས ་པའི་བར་དུ་གཅོད་པའི་ཆོས་ཀྱི་མཚན་ཉིད་དང། རྗེས་སུ་མཐུན་བའི་མཚན་ཉིད་དང། ཡོངས་སུ་མ་ཤེས་པ་ལ་སོགས་པ་དང། ཡོངས་སུ་ཤེས་པ་ལ་སོགས་པ་ལ་ཉེས་དམིགས་དང་ཕན་ཡོན་གྱི་དོན་སྟོན་པ་སྟེ། དཔེར་ན་རོ་མྱང་པའི་མདོ ་དེ་ཉིད་ལས་འབྱུང་བ། དེ་ལ་དེ་ཁོ་ནའི་མཚན་ཉིད་ནི་ཉེ་བར་ལེན་པའི་ཕུང་པོ་ལྔས་པ་སྡུག་བསྔལ་གྱི་བདེན་པའོ། །ཡོངས་སུ་ཤེས་པའི་མཚན་ཉིད་ནི་རོ་མྱང་བ་ལ་སོགས་པས་དེ་ཉིད་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ།། ་སྤོང་པའི་མཚན་ཉིད་དང། མངོན་སུམ་དུ་བྱེད་པའི་མཚན་ཉིད་ནི་འཇིག་རྟེན་ཐམས་ཅད་ལས་རྣམ་པར་གྲོལ་བ་སྟེ། སྒྲིབ་པ་སྤོང་བ་དང་གནས་གྱུར་བ་མངོན་སུམ་དུ་བྱེད་བའི་ཕྱིར་རོ། །བསྒོམ་བའི་མཚན་ཉིད་ནི་ཕྱི་ཅི་ལེག་དང ་བྲལ་བའི་སེམས་ཀྱི་ལན་མང་དུ་གནས་བའོ། །རྣམ་པར་རབ་ཏུ་དབྱེ་བའི་མཚན་ཉིད་ནི་དེ་ཁོ་ནའི་མཚན་ཉིད་རྣམ་པ་ལྔའི་དབྱེ་བ་སྟེ། གཟུགས་ནས་རྣམ་པར་འདོད་བའི་བར་དུའོ། །ཡོངས་སུ་ཤེས་པའི་མཚན་ཉིད་ནི་རྣམ་པ་གསུམ་དུ་རབ་ཏུ ་དབྱེ་སྟེ། ཉེས་དམིགས་ལ་ཉེས་དམིགས་དང། ངེས་པར་འབྱུང་བའི་བ་དེ་ལ་ངེས་བར་འབྱུང་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །སྤོང་བའི་མཚན་ཉིད་དང། མངོན་སུམ་དུ་བྱེད་བའི་མཚན་ཉིད་ནི་རྣམ་པ་གཉིས་སུ་དབྱེ་སྟེ། ་ཉོན་མོངས་པ་ལས་རྣམ་པར་གྲོལ་བ་དང། སྡུག་བསྔལ་ལས་རྣམ་པར་གྲོལ་བའོ། །དེ་ལ་ལྷ་དང་བཅས་བའི་འཇིག་རྟེན་ན་ཞེས་བྱ་བ་ནས། ལྷ?་དང་མིང་བཅས་བའི་སྐྱེ་དགུའི་བར་ལས་གྲོལ་བ་ནི་ཉོན་མོངས་པ་རྣམས་ལས་རྣམ་པར་ཐར། ་པའི་ཕྱིར་རོ། །དེ་བས་ན་དེ་བྱེ་བྲག་ཏུ་བྱ་བའི་ཕྱིར་ངེས་པར་འབྱུང་བ་ཞེས་བྱ་བ་གསུངས་ཏེ། འདི་ལྟར་མདོ་གཞན་ལས་དེས་པར་འབྱུང་བ་གང་ཞེ་ན། གང་འདིར་འདུན་པ་དང། འདོད་ཆགས་འདུལ་བ་དང། འདུན་པ་དང། འདོད་ཆགས་སྤོང་བ ་དང། འདུན་པ་དང་འདོད་ཆགས་ལས་ཡང་དག་པར་འདའ་བའ་ཨོ། །ཞེས་གསུངས་སོ། །དེ་ལྟར་མ་འོངས་པའི་སྡུག་བསྔལ་མངོན་པར་འགྲུབ་བར་བྱེད་པའི་ཉོན་མོངས་པ་དང་བྲལ་ན་སྡུག་བསྔལ་ལས་ཀྱང་རྣམ་པར་གྲོལ་བར་འགྱུར་རོ། །ཞེས ་བྱེ་བྲག་ཏུ་བྱ་བའི་ཕྱིར་བྲལ་བ་དང་རྣམ་བར་རབ་ཏུ་གྲོལ་བ་ཞེས་བྱ་བ་གསུངས་སོ། །བསྒོམ་པའི་མཚན་ཉིད་ནི་རྣམ་པ་གཉིས་སུ་རབ་ཏུ་དབྱེ་སྟེ། མཐོང་བའི་ལམ་དང་བསྒོམS་བའི་ལམ་མོ། །དེ་ལ་ཕྱིན་ཅི་ལོག་པར་བྲལ་བའི་སེམས་ཀྱིས ་ཤེས་བྱ་བས་ནི་མཐོང་པའི་ལམ་སྟོན་ཏོ། །ལན་མང་དུ་གནས་པར་གྱུར་ཏོ། །ཞེས་བྱ་བ་འདིས་ནི་བསྒོམ་བའི་ལམ་སྟོན་ཏོ། །གནས་དང་གནས་བར་འབྲེལ་བའི་མཚན་ཉིད་ནི། དེ་ཁོ་ནའི་མཚན་ཉིད་ལ་སོགས་པ་འོག་མ་གོང་མའི་གནས ་ཡིན་པར་སྟོན་པའི་ཕྱིར་རོ། །ཡོངས་སུ་ཤེས་པ་ལ་སོགས་པའི་བར་དུ་གཙང་པའི་མཚན་ཉིད་ནི་དེ་ལྟར་གསུམ་དུ་བསྒྱུར་བ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རྣམ་པར་མི་ཤེས་པའོ། །རྗེས་སུ་མཐུན་བའི་མཚན་ཉིད་ནི་གཟུགས་ལ་སོགས་པ་འདི ་དག་ཇི་ལྟར་གནས་པ་བཞིན་དུ་ཉེས་དམིགས་ལ་སོགས་པར་རྣམ་པར་སྦྱོད་པའོ། །ཡོངས་སུ་མི་ཤེས་པ་ལ་སོགས་པ་ལ་ཉེས་དམིགས་ཀྱི་མཚན་ཉིད་ནི་མི་གྲོལ་བ་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་མི་རྒྱ་བའི ་བར་དུའོ། །དེ་ལས་བཟློག་པ་ནི་ཕན་ཡོན་གྱི་མཚན་ཉིད་དུ་རིག་པར་བྱའོ། །སྟོབས་དང་སྟོབས་མ་ཡིན་བའི་སྒོ་ནི་གང་དུ་ཚིག་གཅིག་མ་བརྗོད་ན་དོན་འདི་གོ་བར་མི་འགྱུར་བས་ཚིག་སོ་སོ་ཐམས་ཅད་ཀྱིས་ནུས་པ་སྟོན་པ་སྟེ། དཔེར་ན་རྟེན་ཅིང་འབྲེལ་པར ་འབྱུང་བའི་མདོ་ལས་འདི་ཡོད་པས་འདི་འབྱུང། འདི་སྐྱེས་པའི་ཕྱིར་འདི་སྐྱེ་བ་སྟེ། འཇི་ལྟར་མ་རིག་བའི་རྐྱེན་གྱིས་འདུ་བྱེད་རྣམས་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལྟ་བུའོ། །ཚིག་འདི་དག་གི་སོ་སོའི་ནུས་པ་ནི་ཇི་ལྟར་གོང་དུ་རྟེན་ཅིང་འབྲེལ་བར ་འབྱུང་བའི་མཚན་ཉིད་དུ་བཤད་པ་བཞིན་དུ་རིག་པར་བྱའོ། །བཟླས་ཏེ་བརྗོད་པའི་སྒོ་ནི་མདོ་གང་དུ་ཚིག་ཅིག་བཟུང་བས་རྒྱ་ཆེར་དོན་ཡང་དག་པར་སྟོན་པ་སྟེ། དཔེར་ན་ཆོས་དྲུག་དང་ལྡན་པའི་དགེ་སློང་གི་ཁའི་དབུགས་ཀྱིས་རིའི་རྒྱལ་པོ་གངས་རི་ཡང ་འཐོར་ན་རོ་ལྟ་བུའི་མ་རིག་པ་ལྟ་སྨོས་ཀྱང་ཅི་དགོས། དྲུག་གང་ཞེ་ན། དགེ་སློང་དག་འདི་ལ་དགེ་སློང་སེམས་བསྐྱེད་བ་ལ་མཁས་པ་ཡིན་པ་ནས། ཐབས་ལ་མཁས་པས་ཡིན་ནོ། །ཞེས་བྱ་བའི་བར་དུ་གསུངས་པ་ལྟ་བུའོ། །མདོ་འདི་ལས་ཇི་ལྟར་ན་དགེ ་སློང་སེམས་བསྐྱེད་བ་ལ་མཁས་པ་ཡིན་ཞེ་ན། འདི་ལ་དགེ་སློང་འདོད་པ་ལས་དབེན་པར་ནས་བསམ་གཏན་བཞི་པིའོ་བར་དུ་རྫོགས་པར་བྱས་ནས་གནས་ཏེ། དེ་ལྟར་ན་དགེ་སློང་སེམས་?་བ་ཡིན་ནོ། །ཇི་ལྟར་དགེ་སློང་སེམས་གནས་པ་ལ་མཁས་པ་ ་ཡིན་ཞེ་ན། འདི་ལ་དགེ་སློང་ནི་ཀུན་ཏུ་བརྟེན་པའི་རྒྱུའི་བར་གྱིས་གང་ཉམས་པའི་ཆ་དང་མཐུན་པ་བསམ་གཏན་དེ་གནས་པའི་ཆ་དང་མཐུན་པར་བྱེད་དེ། དེ་ལྟར་ན་དགེ་སློང་དེ་སེམས་གནས་པ་ལ་མཁས་པ་ཡིན་ནོ། །ཇི་ལྟར ་ནོ་དགེ་སློང་དེ་སེམས་ལྡང་བར་བྱེད་པ་ལ་མཁས་པ་ཡིན་ཞེ་ན། འདི་ལ་དགེ་སློང་ནི་ཀུན་ཏུ་བརྟེན་པའི་རྒྱུས་གནས་པའི་ཆ་དང་མཐུན་པའི་བསམ་གཏན་དེ་ཁྱད་པར་དུ་གྱུར་པའི་ཆ་དང་མཐུན་པར་བྱེད་དེ། དེ་ལྟར་ན་དགེ་སློང་ལྡང་བར་བྱེད་བ་ལ ་མཁས་པ་ཡིན་ནོ། །ཇི་ལྟར་ན་དགེ་སློང་འཕེལ་བ་ལ་མཁས་པ་ཡིན་ཞེ་ན་།འདི་ལ་དགེ་སློང་ནི་དགེ་བའི་ཆོས་མ་སྐྱེས་པ་རྣམས་ཞེས་བྱ་བ་ཡང་དག་བར་སྤོང་བ་གཉིས་རྒྱ་ཆེར་བྱ་སྟེ། དེ་ལྟར་ན་དགེ་སློང་འཕེལ་བ་ལ་མཁས་པ་ཡིན་ནོ།། ་ཇི་ལྟར་ན་དགེ་སློང་འབྲི་བ་ལ་མཁས་པ་ཡིན་ཞེ་ན། སྡིག་པ་མི་དགེ་བའི་ཆོས་སྐྱེས་པ་རྣམས་ཞེས་བྱ་བ་ཡང་དག་པར་སྤོང་བ་གཉིས་ཀྱིས་རྒྱ་ཆེར་བྱ་སྟེ། དེ་ལྟར་ན་དགེ་སློང་འབྲི་བ་ལ་མཁས་པ་ཡིན་ནོ། །ཇི་ལྟར་ན་དགེ་སློང་ཐབས་ལ ་མཁས་པ་ཡིན་ཞེ་ན། འདི་ལ་དགེ་སློང་ནི་འདུན་པའི་ཏིང་ངེ་འཛིན་སྤོང་བའི་འདུ་བྱེད་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་པ་བསྒོམ་མོ། །ཞེས་བྱ་བ་ལ་སོགས་པ་རྫུ་འཕྲུལ་གྱི་རྐང་པ་བཞི་རྒྱ་ཆེར་སྦྱར་ཏེ། དེ་ལྟར་དགེ་སློང་ཐབས་མཁས་པ་ཡིན་ནོ། །ཞེས ་འབྱུང་ངོ། །མངོན་པར་བསྒྲུབ་པའི་སྒོ་ནི་གང་དུ་ཚིག་རེ་རེ་ལ་ཡང་མུ་བཞི་ལ་སོགས་པ་སྟོན་པ་སྟེ། མུ་བཞི་པ་ལ་སོགས་པ་དེ་དག་གི་ཚིག་རེ་རེ་ལ་ཡང་གཞན་བཞི་ལ་སོགས་པས་ཐུག་པ་མེད་པར་མངོན་པར་སྒྲུབ་པར་རིག་པར་བྱ་སྟེ། དཔེར་ན ་སངས་རྒྱས་བརྩོམ་པའི་མདོ་ལས་བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་བྱང་ཆུབ་ཡོངས་སུ་སྦྱོང་བར་བྱེད་བའི་ཆོས་རྣམས་ཏེ། སྟོང་པ་ཉིད་བསྒོམ་པ་དང། སེམས་ཅན་ཐམས་ཅད་ལ་ཞེས་འགྲས་པ་མེད་པའི ་སེམས་དང། བྱང་ཆུབ་སེམས་དཔའ་རྣམས་ལ་རྟག་ཏུ་བན་པ་ཉེ་བར་སྒྲུབ་པའི་སེམས་དང། ཟང་ཟིངས་མེད་པའི་སེམས་ཀྱིས་ཆོས་ཀྱི་སྦྱིན་པ་ཡང་དག་པར་རབ་ཏུ་སྟོན་པའོ། །ཞེས་བྱ་བ་བཞི་ནི་བདག་དང་གཞན་གྱི་དོན་ལས་བརྩམས་ཏེ། བྱང་ཆུབ་ཡོངས ་སུ་སྦྱང་བའི་ཕྱིར་མི་མཐུན་པའི་ཕྱོགས་བཞིའི་གཉེན་པོར་རིག་བར་བྱའོ། །མི་མཐུན་པའི་ཕྱོགས་བཞི་ནི་སྙོམས་པར་འཇུག་བའི་རོ་མྱང་བ་དང། གནོད་སེམས་དང། ང་རྒྱལ་དང། རྙེད་པ་དང། ཀུར་སྟི་ལ་སྲེད་པའོ། །རྣམ་གྲངས་གཞན་དུན་ཆོས་དང་པོས་ནི ་ཉོན་མོངས་པ་སྤོང་བའི་གཉེན་པོ་བསྟན་ཏོ། །ལྷག་མ་རྣམས་ཀྱིས་ནི་རྒྱུ་གསུམ་གྱིས་ཐེག་པ་དམན་པ་ཡོངས་སུ་སྤང་བར་བསྟན་ཏེ། བྱང་ཆུབ་ཀྱི་སེམས་ཀྱིས་སེམས་ཅན་ཐམས་ཅད་ཉེ་བར་འཛིན་པ་དང། ཞུགས་པ་ཡོངས་སུ་སྨིན་བར་བྱེད་བ་དང། མ ་ཞུགས་པ་འཇུག་པར་བྱེད་པས་སོ། །རྣམ་གྲངས་གཞན་དུ་ན་དང་པོས་ནི་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་བསྟན་ཏོ། །གསུམ་གྱིས་ནི་བསོད་ནམས་ཀྱི་ཚོགས་ཡོངས་སུ་བསྟན་ཏེ། ཉེ་བར་འཛིན་པ་དང། ཡོངས་སུ་སྨིན་པར་བྱེད་པ་དང། འཇུག་པ་རྣམས ་རེ་རེ་ནས་ཀྱང་བསོད་ནམས་ཀྱི་ཁྱད་བར་བསྐྱེད་པའི་ཕྱིར་རོ། །ཡང་རྒྱུ་གཉིས་ཀྱིས་རིག་པར་བྱ་སྟེ། བསམ་པས་ནི་བྱམས་བའི་སེམས་སུའོ། །བསྒྲུབ་བས་ནི་ཐོབ་པ་དང་ལུང་སྟོན་བར་རིག་པར་བྱའོ། །ཆོས་བཞི་དང་ལྡན་ན་བྱང་ཆུབ་སེམས་དཔའ་སྟོང་པ་ཉིད ་བསྒོམ་སྟེ། ནང་དུ་སེམས་སུ་རྣམ་པར་མི་རྟོག་པ་དང། མོས་པ་ལ་རབ་ཏུ་རྣམ་པར་འབྱེད་བའི་སྟོབས་སྐྱེད་བ་དང། ཆོས་ཐམས་ཅད་ཇི་ལྟ་བ་བཞིན་དུ་རྟོགས་པར་བྱེད་པ་དང། སྒྲིབ་པ་ཐམས་ཅད་ལས་རྣམ་པར་ཐར་བ་སྟེ། འདི་དག་གིས་ནི་གང་ལས ་བརྟེན་ནས་ཇི་ལྟར་བསྒོམ་པ་དེ་ཡོངས་སུ་བསྟན་ཏོ། །གང་ལ་བརྟེན་ནས་ཤེ་ན། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལའོ། །ཇི་ལྟར་བསྒོམ་ཞེ་ན། སོ་སོའི་སྐྱེ་བོའི་ལམ་གྱིས་ཐོས་པ་དང། བསམ་པའི་སྟོབས་བསྐྱེད་བ་དང། སློབ་པའི་ལམ་དང། ་མི་སློབ་པའི་ལམ་གྱིས་སོ། །བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན། སེམས་ཅན་ཐམས་ཅད་ལ་ཞེ་འགྲས་པ་མེད་པའི་སེམས་དང་ལྡན་པ་ཡིན་ཏེ། བྱམས་པ་བསྒོམ་པ་དང། སྒྲུབ་པ་རྣམ་པར་མི་འཁྲུགས ་བ་དང། མཚན་མ་ལ་རྣམ་པར་མི་རྟོག་པ་དང། སྐྱོ་བ་བཟོད་པའོ། །འདིར་ཡང་གང་ལ་བརྟེན་ནས་ཇི་ལྟར་ཞེ་འགྲས་བ་མེད་པའི་སེམས་དང་ལྡན་པ་ཡིན་པ་དེ་ཡོངས་སུ་བསྟན་ཏོ། །གང་ལ་བརྟེན་ནས་ཤེ་ན། ཚེ་རབས་སྔ་མའི་བྱམས་པ ་བསྒོམ་པ་ལའོ། །ཇི་ལྟར་ཞེ་འགྲས་པ་མེད་པའི་སེམས་དང་ལྡན་པ་ཡིན་ཞེ་ན། ལོག་པར་སྒྲུབ་པ་ལ་གནས་པ་རྣམས་ལ་སེམས་རྣམ་པར་མི་འཁྲུགས་པ་དང། གནོད་པ་བྱེད་པ་རྣམས་ལ་གནོད་པ་བྱེད་པའི་མཚན་མར་རྣམ་པར་མི ་རྟོག་པ་དང། གཞན་ལ་བན་པའི་དོན་དུ་རྩོལ་བ་ལ་ཡོངས་སུ་མི་སྐྱོ་བའོ། །བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན་བྱང་ཆུབ་སེམས་དཔའ་རྣམས་ལ་རྟག་ཏུ་ཕན་པ་ཉེ་བར་བསྒྲུབ་བ་ཡིན་ཏེ། བདག་ཡོངས་སུ་འཇལ་བ་དང། ཡང ་དག་པའི་གདམས་པ་ལ་འཇུག་པ་དང། དེས་ཤིང་འགྲོགས་ན་བདེ་བ་དང། མཆོད་པ་དང་རྙེད་པ་དང་བཀུར་སྟི་དང། བསྙེན་བཀུར་བྱ་བ་ཉེ་བར་སྒྲུབ་བའོ། །འདིར་ཡང་གང་ལ་བརྟེན་ནས་ཇི་ལྟར་ཉེ་བར་བསྒྲུབ་པ་དེ་ཡོངས་སུ་བསྟན་ཏོ། །གང་ལ ་བརྟེན་ནས་ཤེ་ན། ང་རྒྱལ་བཅག་བའོ། །ཇི་ལྟར་ཉེ་བར་བསྒྲུབ་ཅེ་ན། ཇི་སྐད་བསྟན་པ་རྣམ་པ་གསུམ་གྱིས་དམའ་བ་དང་མཚུངས་པ་དང། ཁྱད་པར་དུ་འཕགས་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་གོ་རིམ་བཞིན་ནོ། །བྱང་ཆུབ་སེམས ་དཔའ་ཆོས་བཞི་དང། ལྡན་ན་ཟ་ཟིང་མེད་པའི་སེམས་ཀྱིས་ཆོས་ཀྱི་སྦྱིན་པ་ཡང་དག་པར་རབ་ཏུ་སྟོན་ཏེ། བར་དུ་གཅོད་པའི་ལེགས་པར་རབ་ཏུ་རྟོགས་པ་དང། རྨོངས་པ་དང་བྱིང་བ་སེལ་བ་ལ་རབ་ཏུ་མཁས་པ་དང། ཡིད་བདེ་བ་ཉེ་བར ་སྒྲུབ་བ་དང། མགོན་བྱེད་བའི་ཆོས་ལ་དགའ་བའོ། །འདིར་ཡང་གང་ལ་བརྟེན་ནས་ཇི་ལྟར་ཡང་དག་པར་རབ་ཏུ་སྟོན་བ་དེ་ཡོངས་སུ་བསྟན་ཏོ། །གང་ལ་བརྟེན་ནས་ཤེ་ན། རྙེད་པ་དང་བཀུར་སྟི་བར་དུ་གཅོད་པར་བྱེད་པ་ཉིད་དུ་ལེགས་པར་རྟོགས་པ་ལའོ ་ཇི་ལྟར་ཡང་དག་པར་རབ་ཏུ་སྟོན་ཅེ་ན། རྨོངས་པ་རྣམས་ལ་ཡང་དག་པར་སྟོན་པ་དང། བག་མེད་པ་ལ་ཆགས་པ་དང། བདག་དམན་བར་འཛིན་པས་ཞུམ་པ་རྣམས་ལ་ཡང་དག་པར་འཛིན་དུ་འཇུག་པ་དང། ཡང་དག་པར་བཟེངས་བསྟོང་པ ་དང་ཡང་དག་པར་ཞུགས་པ་རྣམས་ལ་ཡང་དག་པར་རབ་ཏུ་དགའ་བར་བྱེད་པ་དང། རང་བཞིན་གྱིས་ཆོས་ལ་དགའ་བས་སོ། །དེ་ལྟར་བཞི་པ་གཞན་ནི་བཞི་པ་དང། པོའི་ཚིག་རབ་ཏུ་དབྱེ་བ་མངོན་པར་སྒྲུབ་བར་རིག་པར་བྱའོ། །རབ་ཏུ་ཕྱེ་ནས་ཀུན་ཏུ ་བསྟན་པ་རྣམ་པར་ངེས་པ་ནི་ཇི་སྐད་དུ་བསྟན་པའི་ཕུང་པོ་ལ་སོགས་པའི་ཆོས་རྣམས་ལ་གཅིག་ནས་རྟོག་པ་ལ་སོགས་པར་ཅི་རིགས་པར་སྦྱར་རོ། །དེ་ལ་གཅིག་ནས་རྟོག་པ་ཞེས་བྱ་བ་དྲི་བ་ནི་གང་གིས་ཆོས་གཅིག་ཆོས་ལྷག་མ་རྣམས་དང་ལྷན་ཅིག་ཏུ་རེ་རེ་ནས ་དྲིས་ནས་དེ་བོར་ཏེ། དེས་གཉིས་པ་ལ་ཡང་གཞན་རྣམས་དང་ལྷན་ཅིག་ཏུ་འདྲི་བའོ། །དེ་བཞིན་དུ་རེ་རེ་ནས་ཐམས་ཅད་འདྲི་བ་སྟེ། དཔེར་ན་གང་མིག་གི་སྐྱེ་མཆེད་དང་ཡང་ལྡན་པ་དེ་གཟུགས་ཀྱི་སྐྱེ་མཆེད་དང་ཡང་ལྡན་ནམ། གང་གཟུགས་ཀྱི ་སྐྱེ་མཆེད་དང་ལྡན་པ་དེ་མིག་གི་སྐྱེ་མཆེད་དང་ཡང་ལྡན་ནམ། ཞེས་བྱ་བ་ནི་ཚིག་གོང་མ་དང་སྦྱར་བའོ། །གང་མིག་གི་སྐྱེ་མཆེད་དང་ལྡན་པ་དེ་རྣ་བའི་སྐྱེ་མཆེད་དང་ཡང་ལྡན་ནམ་ཞེས་བྱ་བ་འདི་ལ་མུ་བཞིའོ། །དེ་བཞིན་དུ་དེ་ཡིད་ཀྱི་སྐྱེ་མཆེད་དང ་ཡང་ལྡན་ནམ་ཞེས་བྱ་བའི་བར་དུ་འདི་ལ་ཅི་རིགས་སུ་སྦྱར་བར་བྱའོ། །དེ་ལ་ཆོས་ཀྱི་སྐྱེ་མཆོད་དང་ཡང་ལྡན་ནམ་ཞེས་བྱ་བ་འདི་ནི་ཚིག་གོང་མ་དང་སྦྱར་བར་བྱའོ། །གཟུགས་ཀྱི་སྐྱེ་མཆེད་དང་ལྡན་པ་གང་ཡིན་པ་དེ་མིག་གི་སྐྱེ་མཆེད་དང། ་ཡང་ལྡན་ནམ། གང་མིག་གི་སྐྱེ་མཆེད་དང་ལྡན་པ་དེ་གཟུགས་ཀྱི་སྐྱེ་མཆེད་དང་ཡང་ལྡན་ནམ། ཞེས་བྱ་བ་ནི་ཚིག་འོག་མ་དང་སྦྱར་རོ། །གང་གཟུགས་ཀྱི་མཆེད་དང་ལྡན་པ་དེ་རྣ་བའི་སྐྱེ་མཆེད་དང་ཡང་ལྡན ་ནམ་ཞེས་བྱ་བ་འདི་ཡང་ཚིག་འོག་མ་དང་སྦྱར་བའོ། །དེ་བཞིན་དུ་ཆོས་ཀྱི་སྐྱེ་མཆེད་དང་ཡང་ལྡན་ནམ། །ཞེས་ཅི་རིགས་སུ་སྦྱར་བར་བྱའོ། །གང་རྣ་བའི་སྐྱེ་མཆེད་དང་ལྡན་པ་དེ་མིག་གི་སྐྱེ་མཆེད་དང་ཡང་ལྡན་ནམ། ཞེས་བྱ་བ་འདི་ལ་མུ་བཞིའོ ་དེ་བཞིན་དུ་ཆོས་ཀྱི་སྐྱེ་མཆེད་ཀྱི་བར་དུ་ཡང་སྦྱར་བར་བྱའོ། །དེ་ལྟར་རེ་རེ་ནས་གསལ་བའི་ཚུལ་གྱིས་སྐྱེ་མཆེད་ཕན་ཚུན་དུ་སྦྱར་བར་བྱའོ། །ཚིག་གོང་མ་དང་སྦྱོར་བ་གཉིས་ན་ཆོས་འགའ་ཞིག་ལ་བརྩམས་ནས་ཕན་ཚུན་དྲིས་ན་ཆོས ་གོང་མ་ལ་བརྟེན་ནས་གང་ལུང་སྟོན་པ་སྟེ། དཔེར་ན་ཤེས་པ་གང་ཡིན་པ་ཤེས་བྱ་ཡང་དེ་འམ། ཤེས་བྱ་གང་ཡིན་པ་ཤེས་པ་ཡང་དེ་འམ། ཞེས་བྱ་བ་ནི་ཚིག་གོང་མ་དང་སྦྱོར་བ་སྟེ། ཤེས་པ་གང་ཡིན་པ་ཤེས་བྱ་ཡང་དེ་ཡིན་ནོ། །ཤེས ་བྱ་ཡིན་ལ་ཤེས་པ་མ་ཡིན་བའང་ཡོད་དེ། དེ་ལས་གཞན་པའི་ཆོས་རྣམས་སོ། །ཚིག་འོག་མ་དང་སྦྱོར་བ་ནི། དེ་བཞིན་དུ་གཉིས་གཉིས་དྲིས་པ་ལ་གང་ཕྱི་མ་ལ་བརྟེན་ནས་ལུང་སྟོན་པ་སྟེ། དཔེར་ན་གཟུང་བ་གང་ཡིན་པ་དེ ་འཛིན་པའང་དེ་ཡིན་ནམ། འཛིན་པ་གང་ཡིན་པ་དེ་གཟུང་བའང་དེ་འམ་ཞེས་བྱ་བ་ནི་ཚིག་འོག་མ་དང་སྦྱོར་བ་སྟེ། འཛིན་པ་གང་ཡིན་པ་གཟུང་བའང་དེའོ། །གཟུང་བ་ཡིན་ལ་འཛིན་པ་མ་ཡིན་པའང་ཡོད་དེ། གཟུགས་ལ་སོགས ་པ་ཡུལ་ལྔ་པོ་དག་དང་མཚུངས་པར་ལྡན་པ་མ་གཏོགས་པའི་ཆོས་ཀྱི་སྐྱེ་མཆེད་དོ། །མུ་གཉིས་པ་ནི་གང་དུ་མུ་གཉིས་སྟོན་པ་སྟེ། དེ་ལས་གཞན་མེད་པའི་ཕྱིར་རོ། །དཔེར་ན་ཕུང་པོ་རྣམས་པར་བཞག་པ་དང། ཁམས་རྣམ ་པར་བཞག་པ་ལ་བརྟེན་ནས་བརྗོད་པ་སྟེ། ཕུང་པོའི་གྲངས་གང་ཡིན་པ་ཁམས་ཀྱི་གྲངས་ཀྱང་དེ་འམ། ཁམས་ཀྱི་གྲངས་གང་ཡིན་པ་ཕུང་པོའི་གྲངས་ཀྱང་དེ་འམ་ཞེས་བྱ་བ་ནི་མུ་གཉིས་པ་སྟེ། ཕུང་པོའི་གྲངས་ཡིན་ལ། ཁམས་ཀྱི་གྲངས་མ་ཡིན ་པའང་ཡོད་དེ་གཟུགས་ཀྱི་ཕུང་པོ་དང་རྣམ་པར་ཤེས་པའི་ཕུང་པོའོ། །འདི་ལྟར་གཟུགས་ཀྱི་ཕུང་པོའི་མཚན་ཉིད་མཛའ་དག་གམ་རྣམ་པར་ཤེས་པའི་ཕུང་པོའི་མཚན་ཉིད་མཛའ་དག་ཁམས་གཅིག་ཏུ་གྱུར་བ་མེད་དོ། །ཁམས་ཀྱི་གྲངས་ཡིན ་ལ་ཕུང་པོའི་གྲངས་མ་ཡིན་པའང་ཡོད་དེ། ཆོས་ཀྱི་ཁམས་སོ། །མུ་གསུམ་པ་ནི་གང་དུ་མུ་གསུམ་བ་ཁོ་ན་སྟོན་པ་སྟེ། དཔེར་ན་ཕུང་པོའི་གྲངས་གང་ཡིན་པ་སྐྱེ་མཆེད་ཀྱི་གྲངས་ཀྱང་དེ་འམ། སྐྱེ་མཆེད་ཀྱི་གྲངས་གང་ཡིན་པ་ཕུང་པོའི་གྲངས་ཏེ ་ཀྱང་དེ་འམ་ཞེས་བྱ་བ་ནི་མུ་གསུམ་པ་སྟེ། ཕུང་པོའི་གྲངས་ཡིན་ལ་སྐྱེ་མཆེད་ཀྱི་གྲངས་མ་ཡིན་པའང་ཡོད་དེ། གཟུགས་ཀྱི་ཕུང་པོའོ། །སྐྱེ་མཆེད་ཀྱི་གྲངས་ཡིན་ལ་ཕུང་པོའི་གྲངས་མ་ཡིན་པའང་ཡོད་དེ། ཆོས་ཀྱི་སྐྱེ་མཆེད་དོ། །ཕུང་པོའི་གྲངས་ཀྱང ་ཡིན་ལ་སྐྱེ་མཆེད་ཀྱི་གྲངས་ཀྱང་ཡིན་པ་ཡོད་དེ། རྣམ་བར་ཤེས་པོའི་ཕུང་པོ་དང་ཡིད་ཀྱི་སྐྱེ་མཆེད་དོ། །གཉི་ག་མ་ཡིན་པའི་གྲངས་ནི་ཕུང་པོ་དང་སྐྱེ་མཆེད་ལ་མེད་དོ། །མུ་བཞི་པ་ནི་གང་དུ་མུ་བཞི་སྟོན་པ་སྟེ། དཔེར་ན་མིག་གི་དབང་པོ་དང་ལྡན་པ་གང་ཡིན་པ་རྣ་བའི་དབང ་པོ་དང་ལྡན་པའང་དེ་འམ། རྣ་བའི་དབང་པོ་དང་ལྡན་པ་གང་ཡིན་པ་མིག་གི་དབང་པོ་དང་ལྡན་པའང་དེ་འམ་ཞེས་བྱ་བ་ནི་མུ་བཞི་པ་སྟེ་།མུ་དང་པོས་ནི་མིག་སྐྱེས་ཤིང་མ་ཉམས་ལ་འོན་པའོ། །མུ་གཉིས་པ་ནི་རྣ་བ་སྐྱེས་ཤིང་མ་ཉམས་བ་ལ་ལོང་བའོ། །མུ ་གསུམ་པ་ནི་མིག་དང་རྣ་བ་སྐྱེས་ཤིང་མཉམས་པའོ། །མུ་བཞི་པ་ནི་རྣམ་པར་དེ་དག་མ་གཏོགས་པའོ། །དེ་དེ་བཞིན་ནོ། །ཞེས་བྱ་བ་ནི་གང་དྲིས་པ་ལུང་དུ་བསྟན་པ་ལ་དེ་བཞིན་ནོ་ཞེས་བརྗོད་པ་སྟེ། དེ་དེ་བཞིན་ནོ་ཞེས་ཁས་ལེན་ཅེས་བྱ་བའི་ཐ་ཚིག་གོ། དཔེར་ན་གང་དག ་མི་རྟག་པ་དེ་དག་ཐམས་ཅད་འདུས་བྱས་ཡིན་ནམ། འདུས་བྱས་གང་ཡིན་པ་དེ་དག་ཐམས་ཅད་མི་རྟག་པ་འམ་ཞེས་དྲིས་པ་ལ་དེ་བཞིན་ནོ། ཞེས་བསྟན་པར་བྱའོ། །སྤོང་བ་ནི་གང་དུ་མ་ཡིན་ནོ། །ཞེས་སྤོང་བ་སྟེ། དཔེར ་ན་ཕུང་པོ་ལྔ་ལས་མ་གཏོགས་པའི་འདུ་བྱེད་རྣམས་བདེན་པ་གང་དག་གིས་བསྡུས་ཞེས་ཟེར་བ་ལ། ཕུང་པོ་ལྔ་ལས་མ་གཏོགས་པའི་འདུ་བྱེད་དག་མེད་དོ། །ཞེས་སྤོང་བའོ། །ཡང་དག་པར་དྲི་བ་རྣམ་པར་ངེས་པ་ནི་རྣམ་པ་བརྒྱད་དེ། ་ཅི་ཞེས་བསྟན་པ་ནི་འདི་ལྟ་སྟེ་།སུ་ཞིག་མི་དམིགས་ཞེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཐོབ་བའི་བྱང་ཆུབ་སེམས་དཔའ་ཨོ། །ཅི་མི་དམིགས་ཤེ་ན། གཟུང་བའི་མཚན་ཉིད་དང་འཛིན་བའི་མཚན་ཉིད་དོ། །གང་གིས་མི་དམིགས་ཤེ་ན། ཤེས་རབ ་ཀྱི་ཕ་རོལ་ཏུ་ཕྱིན་བས་སོ། །ཅིའི་ཕྱིར་མི་དམིགས་ཤེ་ན། སེམས་ཅན་ཐམས་ཅད་ཡོངས་སུ་བསྐྱབ་པ་དང། བླ་ན་མེད་པ་ཡང་དག་པར་རྫོགས་བའི་བྱང་ཆུབ་བར་བྱ་བའི་ཕྱིར་རོ། །གང་ལས་མི་དམིགས་ཤེ་ན། སངས་རྒྱས་འབྱུང་བ་ལ ་མཉེས་པར་བྱེད་པ་དང། དམ་པའི་ཆོས་ཉན་པ་དང། ཚུལ་བཞིན་ཡིད་ལ་བྱེད་པ་དང། ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་སྒྲུབ་པ་ལས་སོ། །གང་དག་མི་དམིགས་ཤེ་ན། ཆོས་ཐམས་ཅད་ཀྱིའོ། །གང་དུ་མི་དམིགས་ཤེ་ན། མོས་པས་སྤྱོད་པའི ་ས་ནས་ས་བཅུ་བའི་བར་དུའོ། །རྣམ་པ་དུ་ཞིག་མི་དམིགས་ཤེ་ན། རྣམ་པ་བཅུ་གཅིག་སྟེ། སྐྱེས་ནས་འགགས་པ་དང། མ་སྐྱེས་པ་དང། མངོན་ཏུ་གྱུར་པ་དང། རྒྱུའི་སྟོབས་ལས་བྱུང་བ་དང། མཛའ་བོའི་སྟོབས་ལས་བྱུང་བ ་དང། ཆོས་ཐམས་ཅད་མི་དམིགས་པ་དང། སྟོང་པ་ཉིད་མི་དམིགས་པ་དང། ངའོ་སྙམ་པའི་ང་རྒྱལ་དང་བཅས་པ་དང། ངའོ་སྙམ་པའི་ང་རྒྱལ་མེད་པ་དང། ཚོགས་མ་བསགས་པ་དང། ཚོགས་བསགས་པ་སྟེ། མི་དམིགས ་པ་འདི་དག་ནི་གང་ཅི་ཡང་རུང་སྟེ། འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བ་དང། ནད་དང་ཕྱི་དང། རགས་པ་དང་ཕྲ་བ་དང། ངན་པ་དང་བཟང་པོ་དང། རྒྱད་རིང་བ་དང་ཐག་ཉེ་བ་དང་ཞེས་བྱ་བ་འདི་དག་གི་གོ་རིམ་གྱི་ཚུལ་གྱིས་བལྟ་བར ་བྱའོ། །ཅི་ཞེས་བསྟན་པ་ལ་ཇི་བལྟ་བར་གང་ཞེས་བསྟན་པ་ལ་ཡང་དེ་བཞིན་ནོ། །ཞེས་བྱ་བ་འདི་འང་གང་ཞིག་མི་དམིགས་པ་དང། གང་དང་གང་གིས་དང། གང་གི་ཕྱིར་དང། གང་ལས་དང། གང་གི་དང། གང་དུ་མི་དམིགས་པ་དང། ཇི་སྣེད་ཅིག ་མི་དམིགས་པའོ། །ཡང་རྣམ་པར་ངེས་པའི་ལམ་བཞི་སྟེ། སུན་འབྱིན་བར་བྱེད་པ་ལ་སོགས་པའོ། །དེ་ལ་སུན་འབྱིན་པར་བྱེད་པ་ནི་གཞན་གྱི་ཕྱོགས་ཉེས་པར་སྨྲས་པ་ལ། འདི་ལེགས་པ་མ་ཡིན་ནོ། །ཞེས་སེལ་བར་བྱེད་བའོ། །སྒྲུབ་བར་བྱེད་བ་ནི་རང་གི ་ཕྱོགས་ལེགས་པར་སྨྲས་པ་ལ་འདི་ནི་ལེགས་པའོ། །ཞེས་འཇོག་པར་བྱེད་དོ། །གཅོད་པར་བྱེད་པ་ནི་གཞན་དག་གི་ཐེ་ཚོམ་སྐྱེས་པ་འམ། མ་སྐྱེས་བ་ལ་རྣམ་པར་ངེས་པ་སྦྱིན་པར་བྱེད་པའོ། །ཁོད་དུ་ཆུད་པར་བྱེད་པ་ནི་དོན་དེ་དང་དེ་དག་ལ་རྨོངས ་པ་རྣམས་ལ་དོན་དེ་སྟོན་པར་བྱེད་བའོ། །བྱ་བ་སྒྲུབ་པ་རྣམ་པར་ངེས་པ་ནི་འཇིག་རྟེན་ཕན་ཚུན་དུ་འཚོ་བའི་ཐབས་ལ་སོགས་པའི་དགོས་པ་སྒྲུབ་བའོ། །འཇུག་པ་རྣམ་པར་ངེས་པ་ནི་ཐེག་པ་གསུམ་པོ་དག་ལས་ཐེག་པ་གང་ལ་འཇུག་པར་བྱ་ཞིང་གཞུག་པར ་བྱ་ཞེས་རྣམ་པར་དཔྱོད་བའོ། །མོས་པར་རྣམ་པར་ངེས་པ་ནི་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་ཇི་ལྟར་ཐོས་བ་བཞིན་དུ་ཡིད་ཆེས་བའོ། །རིགས་པས་རྣམ་པར་ངེས་པ་ནི་བསམ་པ་ལས་བྱུང་བའི་ཤེས་རབ་ཀྱིས་སྔ་ཕྱིའི་དགོངས་པ་ཡོངས་སུ་འདྲལ? ་བའོ། །འབྲེལ་བའི་གཏམ་གྱིས་རྣམ་པར་ངེས་པ་ནི་ཇི་ལྟར་ཐོས་བ་དང་བསམས་པ་རྣམས་དྲི་བ་དང་ཕྱིར་ཞིང་བྲི་བར་བྱ་བའི་ཚུལ་གྱིས་ཕན་ཚུན་ཆོས་ལ་རྫོགས་བར་ལོངས་སྤྱོད་བའོ། །རབ་ཏུ་རྟོགས་བས་རྣམ་པར་ངེས་པ་ནི་མཐོང་བའི་ལམ་སྟེ་ ་དེས་བདེན་པ་རབ་ཏུ་རྟོགས་པའི་ཕྱིར་རོ། །རྣམ་པར་དག་པས་རྣམ་པར་ངེས་པ་ནི་བསྒོམ་པའི་ལམ་སྟེ། དེས་ཉོན་མོངས་པ་མ་ལུས་པར་རྣམ་པར་སྤོང་བའི་ཕྱིར་རོ། །མངོན་པར་སྒྲུབ་པས་རྣམ་པར་ངེས་པ་ནི་ཁྱད ་པར་གྱི་ལམ་སྟེ་།དེ་ས་ཡོན་ཏན་ཁྱད་པར་ཅན་མངོན་པར་སྒྲུབ་པའི་ཕྱིར་རོ། །ཚིག་རབ་ཏུ་དབྱེ་བ་རྣམ་པར་དེས་པ་ནི་གཉིས་པ་དང་གསུམ་པ་དང་གཞི་པ་ལ་སོགས་པའི་རྣམ་པ་མངོན་པར་སྒྲུབ་པའི་སྒོ་ནས་ཆོས་སྟོན་པ་མཛའ་ཡས་སོ། ། ་ལྷུན་གྱིས་གྲུབ་པ་དང་རྩོལ་བ་ཙམ་གྱིས་དོན་ཐམས་ཅད་འགྲུབ་པ་རྣམ་པར་ངེས་པ་ནི་དེ་བཞིན་གཤེགས་པའི་ཡེ་ཤེས་ཏེ། སྔོན་གྱི་རྩོལ་བ་མེད་པར་ཡང་དོན་ཐམས་ཅད་ལ་རྩོལ་བའི་མདོ་ལས་ཆགས་པ་མེད་པ་དང། ཐོགས་པ་མེད ་པའི་ཡེ་ཤེས་མཐོང་བ་འཇུག་པའི་ཕྱིར་རོ། །སྨྲ་བ་རྣམ་པར་ངེས་པ་ནི་སྨྲ་བ་དང། སྨྲ་བའི་ཞལ་འཆེ་བ་ལ་སོགས་པ་ལ་མཁས་པ་སྟེ། དེ་ལ་སྨྲ་བ་ནི་ཚིག་ཐམས་ཅད་དོ། སྨད་ཁྱེད་བར་སྨྲ་བ་ནི་འཇིག་རྟེན་ན་རྣམ་པར་སྨྲ་བའོ། །རྩོད་པ་སྨྲ་བ་ནི ་མི་མཐུན་པར་སྨྲ་བའོ། །ཚིག་ངན་པར་སྨྲ་བ་ནི་སྨད་པར་སྨྲ་བའོ། །མཐུན་པར་སྨྲ་བ་ནི་རྗེས་སུ་མཐུན་པར་སྨྲ་བའོ། །གདམས་པར་སྨྲ་བ་ནི་ཁོང་དུ་ཆུད་པར་བྱ་བའི་ཕྱིར་སྨྲ་བའོ། སྨྲ་བའི་ཞལ་འཆེ་བ་ནི་གང་དུ་སྨྲ་བར་བྱ་བ་སྟེ། འདི་ལྟ་སྟེ། རྒྱལ་པོའི ་ཕྲོ་བྲང་ནི་གང་ན་རྒྱལ་པོ་ཉིད་བཞུགས་པའོ། །བསྐོས་པ་འདུ་བའི་ས་ནི་གང་དུ་རྒྱལ་པོས་བསྐོས་པ་རྣམས་འདུ་བའོ། །འདུས་པ་ནི་ཚོང་པ་འདུས་པ་ལ་སོགས་པའོ། །ཚད་མར་རུང་བའི་ཟླ་གྲོགས་ནི་གང་དག་གི་ཚིག་སྨྲ་བ་དང་ཕྱིར་རྒོལ་བ ་གཉི་གས་མི་གཅོད་པའོ། །དགེ་སྦྱོང་དང་བྲམ་ཟེ་ཆོས་དང་དོན་ལ་མཁས་པ་རྣམས་ནི་གང་དག་བསྟན་བཅོས་དེ་དང་དེ་དག་གི་ཚིག་དང་དོན་ལ་བློ་བྱང་བའོ། །སྨྲ་བའི་གཞི་ནི་གང་ལ་བསྟེན་སྨྲ་བར་བྱ་བ་སྟེ་།འདི་ལྟ་སྟེ་སྒྲུབ་པ་དང་གྲུབ་པའོ། །དེ་ལ ་ངོ་བོ་ཉིད་སྒྲུབ་པ་ནི་བདག་གི་ངོ་བོ་ཉིད་དང། ཆོས་ཀྱི་ངོ་བོ་ཉིད་དེ་ཡོད་དོ་ཞེ་འམ། མེད་དོ་ཞེས་བྱ་བའོ། །ཁྱད་པར་བསྒྲུབ་བ་ནི་བདག་གི་ཁྱད་པར་དང་ཆོས་ཀྱི་ཁྱད་པར་ཏེ་།ཐམས་ཅད་དུ་སོང་བ་འམ། ཐམས་ཅད་དུ་སོང་བ་མ་ཡིན་པ་འམ། རྟག་པ་འམ ་མི་རྟག་པ་འམ། གཟུགས་ཅན་ནམ་གཟུགས་ཅན་མ་ཡིན་པ་ཞེས་བྱ་བ་ལ་སོགས་པའི་རྣམ་པ་རྣམས་སུའོ། །དམ་བཅའ་?་བ་ནི་བདག་འདོད་པ་བསྒྲུབ་པའི་དོན་གཞན་ལ་གོ་བར་སྟོན་པ་ཞེས་བྱ་བ་ལ། གལ་ཏེ་སྒྲུབ་པ་མ་སྨོས་ན་བདག་གི་ཕྱོགས ་གྲུབ་ཟིན་པ་ཡང་གཞན་དག་ལ་བསྟན་པར་དམ་བཅའ་བར་འགྱུར་རོ། །བདག་འདོད་པའི་དོན་མ་སྨོས་ན་ནི་གཞན་གྱི་ཕྱོགས་བསྒྲུབ་པའི་ཚིག་ཀྱང་དམ་བཅའ་བར་འགྱུར་རོ། །གཞན་མ་སྨོས་ན་ནི་གཅིག་པུ་ཡང་ཚིག་དེ་དམ་བཅའ་བར་འགྱུར་རོ།། ་གལ་ཏེ་གོ་པ་མ་སྨོས་ན་ནི་ལུས་ཀྱི་དོན་དེ་བརྡ་སྤྲོད་པ་ཡང་དམ་བཅའ་བར་འགྱུར་རོ། །གལ་ཏེ་སྟོན་པ་མ་སྨོས་ན་ནི་ཉན་པ་རྣམས་ཀྱིས་དོན་དེ་མ་ཤེས་ན་ཡང་དམ་བཅའ་བར་འགྱུར་རོ། །ཇི་ལྟར་བསྟན་པ་བཞིན་དུ་རྣམ་པར་བཞག་པ་ལ ་ཉེས་པ་འདི་དག་ཐམས་ཅད་མེད་པར་འགྱུར་ཏེ། དེ་ལྟ་བས་ན་འདི་རྣམ་པར་བཞག་པར་རིག་བར་བྱའོ། །གཏན་ཚིགས་ནི་སྒྲུབ་པ་ཉིད་ལ་མ་གྲགས་པའི་དོན་ཡིད་ཆེས་པར་བྱེད་པའི་རྒྱུ་མངོན་སུམ་དུ་དམིགས་པ་དང། མི་དམིགས་པར་བསྙད་པའོ།། ་ཞེས་བྱ་བ་ལ། ཡིད་ཆོས་པའི་རྒྱུའི་དོན་ནི་འདིར་གཏན་ཚིགས་ཀྱི་དོན་ཅེས་བྱ་བར་སྟོན་ཏེ། འདི་ལྟར་མངོན་སུམ་དུ་དམིགས་པ་དང། མ་དམིགས་པ་ཞེས་བསྟན་པ་འདིས་སྒྲུབ་པ་དེ་ཉིད་ལ་མ་གྲགས་པའི་དོན་ལ་ཡིད་ཆེས་པ་སྐྱེ་བ་སྟེ་།དེས་ན་དེ ་བསྙད་པའི་རྒྱུར་གྱུར་པའི་ཕྱིར་གཏན་ཚིགས་ཞེས་བྱའོ། །མངོན་སུམ་དུ་དམིགས་པ་དང་མ་དམིགས་པ་ནི་ངོ་བོ་ཉིད་དང་རྟགས་ཀྱི་དབང་དུ་བྱས་པར་རིག་པར་བྱའོ། །དཔེ་ནི་མཛའ་མཐོང་བ་དང། མཛའ་མ་མཐོང་བ་མཚུངས་པར་སྦྱང་ཞིང ་བསྙད་པའོ། །ཞེས་བྱ་བ་ནི་གྲགས་པའི་ཆ་དང་མ་གྲགས་པའི་ཆ་རྟོགས་པར་བྱ་བའི་ཕྱིར། བསྙེད་ཅེས་བྱ་བའི་ཐ་ཚིག་གོ་།ཉེ་བར་སྦྱར་བ་ནི་དེའི་རིགས་ཀྱི་ཆོས་ལྷག་མ་དེ་དང་འདྲ་བ་ལ་དེའི་ཆོས་སྦྱར་བའི་ཕྱིར་ཚུལ་གྱིས ་མཐུན་པར་སྙད་པའོ། །ཞེས་བྱ་བ་ནི་ཇི་ལྟར་བསྒྲུབས་པའི་དོན་ཡན་ལག་གསུམ་གྱིས་བསྒྲུབས་པ་དེ་བཞིན་དུ། ལྷག་མ་དེ་དང་འདྲ་བ་གྲུབ་པ་རྣམས་ལ་ཡང་གྲུབ་པའི་དོན་གྱིས་ཆོས་སྦྱར་བའི་ཕྱིར། ཚུལ་གྱིས་མཐུན་པར་བསྙད་ཅིང ་རིགས་པས་འདྲ་བར་སྟོན་པ་ན་ཉེ་བར་སྦྱར་བར་བྱའོ། །མཇུག་བསྡུས་པས་ནི་མཐར་ཕྱིན་པར་བསྙད་པའོ། །ཞེས་བྱ་བ་ནི་གང་གི་ཕྱིར་དེ་ལྟར་རིགས་པས་ལེགས་པར་འཐད་པ་དེའི་ཕྱིར་དེ་ནི་དེ་བཞིན་ནོ། །ཞེས་བྱ་བ་དེ་ནི་མཇུག་བསྡུད་དུ ་རིག་པར་བྱའོ། །དམ་བཅའ་བ་ལ་སོགས་པ་འདི་དག་གི་དཔེར་བརྗོད་པ་ཙམ་འདི་རབ་ཏུ་བསྟན་པར་བྱ་སྟེ་།དཔེར་ན་རྩོད་པའི་ཕྱིར་རྒོལ་བ་དང་བཅས་པ་དེ་ལ་བདག་མེད་པར་སྨྲ་བས་བདག་མེད་དོ། །ཞེས་བྱ་བའི་ཚིག་འདི་དམ་བཅའ་ ་བའོ། །ཕུང་པོ་ལ་བདག་ཏུ་འདོགས་པ་ལ་ཉེས་པ་རྣམ་པ་བཞི་དམིགས་པའི་ཕྱིར་ཞེས་བྱ་བ་ནི་གཏན་ཚིགས་ཏེ་།བདག་དེ་ལ་འདོགས་ན་ཕུང་པོའི་མཚན་ཉིད་དུ་འམ། ཕུང་པོ་རྣམས་ལ་འམ། ཕུང་པོ་རྣམས་ལས་གཞན་པ་འམ་།ཕུང ་པོ་མེད་པ་ཞིག་ཏུ་བརྟགས་གྲང་ན་།དེ་གལ་ཏེ་ཕུང་པོའི་མཚན་ཉིད་ཅེས་བྱར་ནི་ཕུང་པོ་དེ་དག་རང་དབང་མེད་པ་རྟེན་ཅིང་འབྲེལ་པར་འབྱུང་བ་དང་འཇིག་པའི་ཆོས་ཅན་ཏེ། བདག་དེའི་མཚན་ཉིད་དུ་མི་འཐད་པས་ཉེས་པར་འགྱུར་རོ།། ་ཇི་སྟེ་ཕུང་པོ་རྣམས་ལ་འདོགས་ན་ནི་དེས་ན། ཕུང་པོ་མེ་རྟག་པ་ལ་བརྟེན་པས་བདག་མི་རྟག་པར་འགྱུར་བའི་ཕྱིར་ཉེས་པར་འགྱུར་རོ། །ཇི་སྟེ་ཕུང་པོ་དག་ལས་གཞན་དུ་འདོགས་ན་ནི་དེས་ན་བདག་གི་ལུས་མེད་ཅིང་བསྒྲིམ་མི་དགོས་པའི ་ཕྱིར་ཉེས་པར་འགྱུར་རོ། །གལ་ཏེ་ཕུང་པོ་མེད་པར་འདོགས་ན་ནི། རང་བཞིན་གྱིས་གྲོལ་བ་མ་འདྲེས་པ་ཡིན་པས་ཐར་པར་བྱ་བའི་ཕྱིར་འབད་བ་དོན་མེད་པའི་ཉེས་པར་འགྱུར་རོ། །ད་ལྟར་ལ་འདས་པ་འདོགས་པ་བཞིན་ནོ། །ཞེས་བྱ་བ་དཔེའོ། །འདས ་པ་དེ་ཡོད་པའི་མཚན་ཉིད་ཁོ་ནར་འདོགས་པ་ན། ད་ལྟར་གྱི་མཚན་ཉིད་དུ་འམ་།ད་ལྟར་བྱུང་བ་ལ་འམ། ད་ལྟར་བྱུང་བ་ལས་གཞན་དཱུང། ད་ལྟར་བྱུང་བ་ལས་མི་བལྟོས་པ་ཞིག་ཏུ་གདགས་གྲང་ན་།དེ་གལ་ཏེ་ད་ལྟར་གྱི་མཚན་ཉིད་དུ་འདོགས ་ན་ནི་དེས་ན་ད་ལྟར་ནི་བྱུང་ལ་མ་འགགས་པ་ཡིན་པས་དེའི་མཚན་ཉིད་འདས་པ་ཡང་བྱུང་ལ་མ་འགགས་པའི་མཚན་ཉིད་ཀྱིས་ཉེས་པར་འགྱུར་རོ། །ཇི་སྟེ་ད་ལྟ་ལ་འདོགས་ན་དེས་ནམ་འགགས་པ་ནི་འབྲག་པའི་བདག་ཉིད་དང་འབྲེལ་པར་མི་རུང་བས ་ཉེས་པར་འགྱུར་རོ། །ཇི་སྟེ་ད་ལྟར་ལས་གཞན་དུ་འདོགས་ན་ནི་དེས་ན་ད་ལྟར་བོར་ན་དངོས་པོ་དེ་ཅི་ཡང་མི་དམིགས་ཏེ། དེ་ལ་དེ་འདོགས་པ་དེ་ཉེས་པར་འགྱུར་རོ། །ཇི་སྟེ་ད་ལྟར་ལ་མི་བལྟོས་ན་ནི་དེས་འདུས་མ་བྱས་ཀྱང་འདས་པར ་འགྱུར་པས་ཉེས་པར་འགྱུར་རོ། །འདས་པ་དེ་ནི་མཚན་ཉིད་ཉམས་པའི་ཕྱིར་མཚན་ཉིད་ཀྱིས་མེད་པར་གྲུབ་བོ། །དེའི་ཕྱིར་ད་ལྟར་ལ་འདོགས་པ་ལ་ཉེས་པ་བཞིན་གྲུབ་པ་འདིས། བདག་མེད་པ་མ་གྲུབ་པ་ཡང་ཕུང་པོ་ལ་འདོགས་པ ་ལ་ཉེས་པ་རྣམ་པ་བཞི་དམིགས་པའི་ཕྱིར་མེད་པར་རབ་ཏུ་གྲུབ་པོ། །དེ་ལྟར་བདག་ཏུ་ཕྱིན་ཅི་ལོག་པ་བཀག་ནས་རིགས་པ་འདིས་རྟག་པ་ལ་སོགས་པ་ཡང་མེད་དོ། །ཞེས་འདྲ་བར་སྟོན་པ་ནི་ཉེ་བར་སྦྱར་བའོ། །གང་གི་ཕྱིར་དེ་ལྟ་ཡིན ་པ་དེའི་ཕྱིར་ཕུང་པོ་ལྔ་ནི་མི་རྟག་པ་ནས་བདག་གི་བ་མེད་པའོ། །ཞེས་བྱ་བ་ནི་མཇུག་བསྡུད་དོ། །མངོན་སུམ་ནི་རང་གི་དོན་ཡོད་ཅིང་སྣང་ལ་མ་ནོར་བའོ། །ཞེས་བྱ་བ་དེ་ལ་རང་གི་དོན་ནེ་འདི་ལྟ་སྟེ་།མིག་གི་གཟུགས་སོ། །ཡོད་པ་སྨོས་པ་ནི ་བུམ་པ་ལ་སོགས་པའི་རྫས་འཇིག་རྟེན་ན་མངོན་སུམ་དུ་གྲགས་པ་རྣམས་མངོན་སུམ་མ་ཡིན་བ་གསལ་བའི་ཕྱིར་ཏེ། བཏགས་པ་ཙམ་གྱི་ཕྱིར་རོ། །སྣང་བ་སྨོས་པ་ནི་བསྒྲིབས་པ་ལ་སོགས་པ་མི་དམིགས་པའི་རྒྱུ་རྣམས ་ཀྱིས་མི་སྣང་བར་འགྱུར་པའི་ཡུལ་གསལ་བའི་ཕྱིར་རོ། །མ་ནོར་བ་སྨོས་བ་ནི་འགལ་མེ་བསྐོར་བ་དང། སྒྱུ་མ་དང། སྨིག་རྒྱུ་ལ་སོགས་པ་བསལ་པའི་ཕྱིར་རོ། །རྗེས་སུ་དཔག་པ་ནི་མངོན་སུམ་གྱི་ལྷག་མ་ཡིད་ཆེས་པའོ། །ཞེས་བྱ་བ་ལ ་མངོན་སུམ་ལས་གཞན་གང་ཡིན་པ་ནི་ལྷག་མ་མངོན་སུམ་མ་ཡིན་པ་སྟེ་།ངེས་པར་དེ་དང་ལྷན་ཅིག་གནས་པར་མཐོང་བ་པོ་ལ་སྔར་རབ་ཏུ་གྲུབ་པའོ། །མངོན་སུམ་དེ་ལྟ་བས་ན་དེ་ལས་གཞན་པ་ལྷག་མ་ལ་འདིར་ནི་འདི་དེ་དང་ལྷན ་ཅིག་གནས་པ་ཡིན་ནོ། །ཞེས་ཡིད་ཆེས་བར་འབྱུང་པ་དེ་མངོན་སུམ་སྔོན་དུ་སོང་བའི་རྗེས་སུ་དཔག་པ་སྟེ་།དཔེར་ན་དུ་བ་མཐོང་བ་ལ་མེ་ལྟ་བུའོ། །ཡིད་ཆེས་པའི་ལུང་ནི་གཉི་ག་དང་མི་འགལ་བར་སྟོན་པ་སྟེ། ཉེ་བར་བསྟན་པ་གང་ལ ་མངོན་སུམ་དང་རྗེས་སུ་དཔག་པ་དེ་རྣམ་པ་ཐམས་ཅད་དུ་འགལ་བ་མེད་ཅིང་འཁྲུལ་པ་མེད་པ་སྟེ། ཡིད་ཆོས་པའི་ལུང་ནི་ཡིད་ཆེས་པར་བྱེད་པའི་ཕྱིར་རོ། །སྨྲ་པའི་རྒྱན་ནི་གང་དང་ལྡན་ན་སྨྲ་བ་སྨྲ་པར་བྱེད་པའི་ཚེ་ཤིན་ཏུ་མཛེས་བའོ། །དེ་ཡང ་བདག་དང་གཞན་གྱི་གཞུང་ལུགས་ཤེས་པ་ལ་སོགས་པ་སྟེ། དེ་ལ་བདག་དང་གཞན་གྱིས་གཞུང་ལུགས་ཤེས་པ་ནི་རང་གི་གྲུབ་བའི་མཛའ་དང་གཞན་གྱི་གྲུབ་པའི་མཛའ་ཨི་ལས་བརྩམས་ཏེ། ཚིག་དང་དོན་སྔ་ཕྱི་རྒྱུན་ཆགས ་པར་རྣམ་པར་སྟོན་པར་ལྕོགས་པའོ། །ཚིག་ཟུར་ཕྱིན་པ་ཕུན་སུམ་ཚོགས་པ་ནི་སྒྲ་སྨྲ་བ་འོག་ནས་འབྱུང་བའི་གཏམ་གྱི་ཉེས་པ་ལས་བཟློག་པ་སྟེ་།ཅལ་ཅོལ་ལ་སོགས་པ་མེད་པའི་ཕྱིར་རོ། །མི་འཇིགས་པ་ནི་དུ་མ་བརྩུན་པ ་དང་མངོན་པར་ཞེན་པ་ཅན་མཁས་པ་དག་འདུས་པར་ཡང་སྨྲ་ཞིང་བག་ཚང་མེད་ལ་འཛེམ་པ་མེད་པའོ། །བརྟན་པ་ནི་ཕྱིར་རྒོལ་བའི་ཚིག་མཇུག་ཏུ་ཕྱིན་པར་བསྡད?་ནས་ཡིད་དལ་དུ་སྨྲ་བའོ། །མཐུན་པར་བྱེད་པ་ནི་རང་བཞིན་གྱིས་བཟང་བས་གཟུ་བོ་དང་ཕྱིར་རྒོལ ་བའི་སེམས་དང་མཐུན་པའོ། །སྨྲ་བ་ཆད་པས་གཅད་པ་ནི་གང་གིས་སྨྲ་བ་ཆད་པས་གཅད་ཅེས་བྱ་བ་སྟེ་།དེ་ཡང་གཏམ་རྗེས་གཅད་པ་ལ་སོགས་པའོ། །དེ་ལ་གཏམ་རྗེས་གཅད་པ་ནི་བདག་ནི་མ་ལེགས་སོ། །ཁྱོད་ནི་ལེགས་སོ། །ཞེས་བྱ་བ་ལ་སོགས ་པའི་རྣམ་པ་རྣམས་ཀྱིས་རང་དང་གཞན་གྱི་སྨྲ་བའི་སྐྱོན་དང་ཡོན་ཏན་ཁས་བླང་བའོ། །གཏམ་འཕྲ?་ལུས་པ་ནི་གཞན་ནས་གཞན་དུ་བརྒྱུད་པ་ལ་སོགས་པས་བསྐལ་པའོ། །གཏམ་གྱིས་ཉེས་པ་ནི་ཅལ་ཅོལ་ལ་སོགས་པའི་ཚིག་གོ་།དེ་ལ་ཅལ་ཅོལ ་ནི་གང་སྐབས་བོར་ཏེ་།གཏམ་སྣ་ཚོགས་རྒྱས་པར་བྱེད་པའོ། །འཁྲུགས་པ་ནི་ཁོང་ཁྲོས་པས་གཡེངས་པ་དང། དགའ་བས་གཡེངས་པའོ། །བརྡ་ཕྲང་དུ་མི་རུང་བ་ནི་གང་ཆོས་དང་དོན་འཁོར་དང་ཕྱིར་རྒོལ་བ་རྣམས་ཀྱིས་མ་ཟིན་པའོ། །ངན་པ་མ ་ཡིན་པ་ནི་གང་ཚིག་ལྷག་མ་དང་ཟློས་པ་དང་ཉུངས་པའོ། །དོན་དང་ལྡན་པ་མ་ཡིན་པ་ནི་རྣམ་པ་ལྔར་བལྟ་བར་བྱ་སྟེ། དོན་མེད་པ་དང་།དོན་དང་བྲལ་བ་དང། རིགས་པ་དང་བྲལ་བ་དང། བསྒྲུབ་པར་མཚུངས་པ་དང། ལྟག་ཆོད་དང་ལྡན་པ་སྟེ ་དོན་མི་དམིགས་པའི་ཕྱིར་རོ། །དོན་དང་མ་འབྲེལ་པའི་ཕྱིར་རོ། །མ་ངེས་པའི་ཕྱིར་རོ། །གྲུབ་པ་ཡང་བསྒྲུབ་དགོས་པའི་ཕྱིར་རོ། །ཚུལ་བཞིན་མ་ཡིན་པ་དང། ཚོགས་པར་དབྱུང་བ་མ་ཡིན་པ་དང། སྨྲ་བ་ཐམས་ཅད་དང་ལྡན་པའི་ཕྱིར་རོ། ། ་དུས་ཚིགས་མ་ཡིན་པར་སྨྲ་བ་ནི་གང་སྔར་སྨྲ་བར་བྱ་བ་དེ་ཕྱིས་སྨྲ་བ་དང། ཕྱིས་སྨྲ་བར་བྱ་བ་དེ་སྔར་སྨྲ་བའོ། །མི་བརྟན་པ་ནི་གང་དམ་བཅས་ནས་སྨོད་པ་དང། སྨད་ནས་ཡང་དམ་འཆའ་བ་དང། མྱུར་ཆོས་པས་ཧ་ཅང་ཏབ་ཏབ་པོར་གྱུར་ཏེ་མི ་གསལ་བའོ། །ཚིག་མི་གསལ་བ་ནི་གང་སྒྲའི་མཚན་ཉིད་དང་འགལ་བ་དང། ཕྱིར་མ་བཟླས་བར་ལན་སྨྲས་པ་དང། ལེགས་བར་སྦྱར་བ་ལས་བརྩམས་ཏེ། ཐ་མལ་པས་མཐར་ཕྱུང་བ་དང། ཐ་མལ?་པ་ལས ་བརྩམས་ཏེ་ལེགས་པར་སྦྱར་བས་མཐར་ཕྱུང་བའོ། །ཚིག་རྒྱུན་ཆགས་པ་མ་ཡིན་པ་ནི། བར་སྐབས་སུ་ཚིགས་དང་སྤོབས་པ་ཐོགས་པ་དང་རྒྱུན་ཆད་པའོ། །སྨྲ་བ་ལས་བྱུང་བ་ནི་གང་གི་སྨྲ་བ་ལས་བྱུང་བ་སྟེ་།སྨྲ་བའི་ཡོན་ཏན་དང་ཉེས ་པ་བཏགས་ནས་མི་བྱེད་པས་འབྱུང་བ་ནི་ཆད་པའི་གནས་སུ་མི་འགྱུར་བའི་ཕྱིར་རོ། །བྱེད་པས་འབྱུང་བ་ནི་ལྕོགས་པའི་ཕྱིར་རོ། །དེ་ལ་ཕྱིར་རྒོལ་བ་སྣོད་མ་ཡིན་པ་ནི་མི་དགེ་བའི་གནས་ནས་བསླང་སྟེ། དགེ་བའི་གནས་སུ་བཞག་པར་མི ་ནུས་པའོ། །འཁོར་ཡོན་ཏན་མེད་པ་ནི་ཚོགས་པ་རུང་བ་མ་ཡིན་པ་དང། མངོན་པར་ཞེན་པ་ཅན་དང། ཕྱོགས་སུ་ལྷུང་བ་ལ་སོགས་པའོ། །བདག་ཀྱང་མི་མཁས་པ་ནི་སྨྲ་བ་ནས་སྨྲ་བའི་རྒྱན་གྱི་བར་ལ་མ་བྱང་བའོ། །དེ་ལས་བཟློག་པ་ནི་འཁོར ་སྣོད་དུ་གྱུར་བ་ལ་སོགས་པར་རིག་པར་བྱའོ། །སྨྲ་བ་ལ་གཅེས་སྤྲས་བྱེད་པའི་ཆོས་རྣམས་ནི་གང་དང་སྨྲ་བ་རྣམས་ལ་གདོན་མི་ཟ་བར་དགོས་པ་སྟེ། འདི་ལྟར་གཞན་གྱི་གཞུང་ལུགས་ལ་མཁས་པ་ནི་སྨྲ་བ་ལ་གཅེས་སྤྲས་བྱེད་པའི་ཆོས་ཏེ། ་དེས་གཏམ་གྱི་གཞི་ཐམས་ཅད་དུ་སྨྲ་བར་བྱེད་དོ། །ལྷག་མ་རྣམས་ནི་གོ་སླ་བས་མ་བཤད་དོ། །དགེ་བའི་ཆོས་ལ་བརྩོན་པ་ཞེས་གསུངས་ནས་ནན་ཏན་སྙིང་པོར་བྱེད་པ་ཞེས་བཀའ་སྩལ་པ་ནི་བསམ་པ་རྣམ་པར་དག་པ་བསྟན་པའི་ཕྱིར་ཏེ། ་རྙེད་པ་དང་བཀུར་སྟི་ལ་སོགས་པའི་རྒྱུར་ཐོས་པ་ལ་སོགས་ལ་དགེ་བའི་ཕྱོགས་ལ་བརྩོན་པ་མ་ཡིན་ཞེས་བྱ་བའི་ཐ་ཚིག་གོ་།སེམས་ཅན་བསྡུས་པ་ནི་ཉན་ཐོས་ལ་སོགས་པ་ལས་བྱེ་བྲག་ཏུ་བྱ་བའི་ཕྱིར་ཏེ། གཞན་ལ་ཕན་པར་སྒྲུབ ་པ་ལྟུར་ལེན་ཅེས་བྱ་བའི་ཐ་ཚིག་གོ་།དེ་ལྟར་བདག་ལ་ཕན་པ་དང། གཞན་ལ་ཕན་བར་ཞུགས་པ་ནི་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་ཞེས་བྱ་བ་འདི་ནི་ཚིག་འདི་དག་གི་མཚམས་སྦྱར་བར་རིག ་པར་བྱའོ། །མི་རྩོད་པར་སྨྲ་བར་བྱེད་དུ་ཟིན་ཀྱང་ཐེག་པ་ཆེན་པོའི་ཆོས་ནི་རང་བཞིན་གྱིས་ཟབ་པའི་ཕྱིར་ཀུན་ཤེས་པ་དཀོན་ན་རྩོད་པས་ལྟ་སྨོས་ཀྱང་ཅི་དགོས། །གང་དག་དང་ལྷན་ཅིག་ཏུ་རྩོད་པས་སྨྲ་བར་བྱ་བའི་ཕྱིར། སྨྲ་བ་དེ་དག་ཀུན་ཤེས་པར་བྱའི? ་བསམ་པས་ཕྱིར་སྨྲ་བ་མ་ཡིན་གྱི་སྐྱོན་གདགས་པའི་བསམས་བས་སོ། །གཟུ་བོ་གང་དག་གི་མདུན་དུ་དེ་སྨྲ་བར་བྱ་བའི་ཚོགས་དེ་དག་ཀྱང་རུང་བ་མ་ཡིན་ཞིང་བྱ་བ་མ་ཡིན་པ་འམ་མངོན་པར་ཞེན་པ་ཅན་དག་གོ་།སྨྲ་བར་བྱ་བ་ཐམས་ཅད་ཀྱང་ཕལ་ཆེར ་ཉེས་པ་དྲུག་དང་ལྡན་པ་ཡིན་ཏེ། འདི་ལྟར་སྨྲ་བར་བྱེད་པ་ན་ཡང་རེས་འགའ་བྱུང་རྒྱལ་དུ་ཕྱོགས་ངན་པ་ཡང་ཡོངས་སུ་བཟུང་ནས་མངོན་པར་ཞེན་པ་དང་།ཚིག་དོར་དང་ལྟག་ཆོད་དང་།ཆད་པའི་གནས་རྣམས་ལ་ཡང་སྦྱར་བ་དང། ཚིག་མཇུག་ཏུ ་ཕྱིན་ཕྱིན་དུ་མི་སྡོད་པར་དུས་མ་ཡིན་པར་སྨྲ་བར་རྩོམ་བ་དང་།ཕྱིར་རྒོལ་བས་ལེགས་པར་སྨྲས་ཀྱང་གཏམ་དུ་གསོད་དེ་སྨོད་ཅེས་བྱ་བའི་ཐ་ཚིག་གོ་།ཚིག་བརླང་པོ་ཡང་སྨྲ་བ་སྟེ་།དེས་ཕྱིར་རྒོལ་བ་ལ་སོགས་པའི་སེམས་འཁྲུག་པར་བྱེད་བ་དང། ་བདག་ཀྱང་དེ་དག་ལ་སེམས་འཁྲུག་པ་ཞེས་བྱ་བའི་ཉེས་པ་འདི་དྲུག་དང་ལྡན་པ་ཡིན་ནོ། །ཉེ་བར་ཞི་བ་ནི་སྨྲ་བ་དཀོན་ནོ། །ཉེ་བར་ཞི་བ་ལ་ནི་གང་གིས་གཞན་དད་པ་འཐོབ་པར་འགྱུར་བ་དང། རྣམ་པར་གྲོལ་བའི་གནས་དང་ལྡན་པས་རང་གི་སེམས ་མཉམ་པར་འཇོག་པར་འགྱུར་པ་དང་། གཞན་གྱི་སེམས་བསྲུང་པ་དང། རང་གི་སེམས་བསྲུང་བ་གཉི་ག་དཀོན་ནོ། །སྨྲ་བ་ཕལ་ཆེར་ནི་ཇི་ལྟར་ན་བདག་རྒྱལ་བར་འགྱུར་ཞིང་ཕ་རོལ་ཕམ་པར་འགྱུར་སྙམ་པའི་སེམས་དེ་ཀུན་ཏུ་འབྱུང་ངོ།། ་དེ་ཡོད་ན་ཡོངས་སུ་གདུང་བའི་སྡུག་བསལ་གྱིས་ཀུན་ནས་ཉོན་མོངས་པར་འགྱུར་རོ། །དེ་ཡོད་ན་བདེ་བ་ལ་གནས་པར་མི་འགྱུར་རོ། །དེའི་ཕྱིར་རྒྱུན་མི་འཆད་པར་དགེ་བའི་ཕྱོགས་ལ་སྦྱོར་མི་ནུས་སོ། །དེའི་ཕྱིར་ཁྱད ་པར་ཐོབ་པར་བྱ་བ་ལ་མ་ཐོབ་པའི་ཡོངས་སུ་ཉམས་པར་འགྱུར་རོ། །ཕ་དང་མ་ནི་བསང་བྱས་ཤིང་ཞེས་བྱ་བའི་ཚིགས་སུ་བཅད་པ་འདིར་ནི་འཇིག་རྟེན་གང་ཤིན་ཏུ་ཁ་ན་མ་ཐོ་བ་སྡིག་ཏོར་རྩི་བ་དེ་བརྗོད་པའི་ཡི་གེ་རྣམས་རྣམ་པར་དག་པར ་ཡོངས་སུ་བསྒྱུར་བའོ། །འཇིག་རྟེན་ན་ཤིན་ཏུ་ཁ་ན་མ་ཐོ་བར་གྲགས་པ་ནི་སྐྱེ་བློ་མ་བསད་པ་དག་།སྐྱེ་བོ་ཚན་བོ་བསད་པའོ། །སྐྱེ་བོ་བླ་མ་དེ་རྣམ་པ་གཉིས་ཏེ། སོ་སོར་དེས་པ་དང། འཇིག་རྟེན་དང་ཐུན་མོང་པའོ། །འཇིག་རྟེན་དང་ཐུན ་མོང་པ་ལ་ཡང་རྣམ་པ་གཉིས་ཏེ། ཡོངས་སུ་སྐྱོང་བར་བྱེད་པ་དང། སྦྱིན་གནས་སོ། །དེ་ལ་སོ་སོར་ངེས་པའི་སྐྱོ་བོ་བླ་མ་ནི་ཕ་དང་མའོ། །སྐྱོང་བར་བྱེད་པ་ནི་རྒྱལ་པོའོ། །སྦྱིན་གནས་ནི་བྲམ་ཟེ་གཙད་སྦྲ་ཅན་རྣམས་ཏེ། དེ་དག་ནི་ཤིན་ཏུ ་དག་པར་གྲགས་པའི་ཕྱིར་རོ། །དེ་དག་ཐམས་ཅད་གསད་ན་ནི་སྐྱེ་བོ་བླ་མ་བསད་པ་ཞེས་བྱའོ། །སྐྱེ་བོ་ཆེན་པོ་བསད་པ་ནི་ཡུལ་འཁོར་འཁོར་དང་བཅས་བཅོམ་ནས་ཞེས་བྱའོ། །འཁོར་ནི་བ་ལང་དང། རྟ་དང། རྔ་མོ་དང། མ་ཧེ་ལ ་སོགས་པར་རིག་པར་བྱའོ། །ཇི་ལྟར་ཡི་གེ་འདི་དག་དག་པར་ཡོངས་སུ་བསྒྱུར་ཞེ་ན། མ་ལ་སོགས་པ་བསད་པའི་ཚིག་ནི་སྲེད་པ་ལ་སོགས་པ་སྤོང་བར་ཡོངས་སུ་བསྒྱུར་བའི་ཕྱིར་ཏེ། གོ་རིམ་བཞིན་དུ་སྲེད་པ་དང་།ལས་ཀྱི་སྲིད་པ ་དང། ཉེ་བར་ལེན་པ་དང་བཅས་པའི་རྣམ་པར་ཤེས་པ་དང། ལྟ་བ་དང། ཚུལ་ཁྲིམས་དང། བརྟུལ་ཞུགས་མཆོག་ཏུ་འཛིན་པ་གཉིས་དང། སྐྱེ་མཆེད་དྲུག་སྤྱོད་ཡུལ་དང་བཅས་པའི་དབང་དུ་བྱས་ནས། མ་ལ་སོགས་པར་བལྟ ་བར་བྱ་སྟེ། དེ་དང་འདྲ་བའི་ཕྱིར་རོ། །དེ་ལ་སྲེད་པ་ནི་མངོན་པར་འགྲུབ་པའི་རྒྱུའོ། །ལས་ཀྱི་སྲིད་པ་ནི་སྐྱེ་བའི་རྒྱུ་སྟེ། དེ་ནི་བསྒོས་པའི་བག་ཆགས་སྐྱེད་བའི་ཚུལ་གྱིས་ཕ་ལྟ་བུར་བལྟ་བར་བྱའོ། །རྒྱུ་འདི་གཉིས་ལས་ནི་ཉེ་བར་ལེན་པ་དང ་བཅས་པའི་རྣམ་པར་ཤེས་པ་འབྱུང་ངོ། །དེ་དེ་ལྟར་འབྱུང་ན་ཐར་པ་འདོད་དུ་ཟིན་ཀྱང་མཆོག་དང་དག་པར་ཡིད་ཆེས་པར་བྱེད་བའི་མཆོག་ཏུ་འཛིན་པ་གཉིས་ཐར་པ་ཐོབ་པ་ལ་གེགས་བྱེད་དོ། །འདི་གཉིས་གཙང་སྦྲ་ཅན་དང་འདྲ་བ་ནི ་འདི་ལྟ་བུར་རིག་པར་བྱ་སྟེ། འདི་ལྟར་མཆོག་དང་འདག་པར་མངོན་པར་ཞེན་པའོ། །རྣམ་པར་ཤེས་པ་དེའི་གནས་དང་དམིགས་པའི་དངོས་པོས་སྐྱེ་མཆེད་དྲུག་སྤྱོད་ཡུལ་དང་བཅས་པར་རིག་པར་བྱའོ། །ཡིད་མི་ཆེས་དང་བྱས་མི་གཟོ། །ཞེས ་བྱ་བའི་ཚིགས་སུ་བཅད་པ་འདིར་ནི་།དོན་ངན་པ་བརྗོད་པའི་ཡི་གེ་རྣམས་མཆོག་གི་དོན་དུ་ཡོངས་སུ་བསྒྱུར་བའོ། །འཇིག་རྟེན་ན་ངན་པ་རྣམ་པ་བཞི་སྟེ། ཡིད་ཀྱི་ལས་ངན་པ་དང། ལུས་ཀྱི་ལས་ངན་པ་དང། དག་གི་ལས་ངན་པ་དང། ལོངས ་སྤྱོད་ངན་པའོ། །ཡིད་ཀྱི་ལས་ངན་པ་ཡང་རྣམ་པ་གཉིས་ཏེ་།དགེ་བ་ལ་འཇུག་པ་དང། མི་མཐུན་པས་ཡིད་མི་ཆེས་པ་སྟེ། འཇིག་རྟེན་ཕ་རོལ་ལ་སོགས་པ་ལ་ཡིད་མི་ཆེས་པས། སྦྱིན་པ་ལ་སོགས་པ་ལ་མི་སྦྱོར་བའི་ཕྱིར་རོ། །མི་དགེ་བ་ལ་འཇུག ་པ་དང་།མཐུན་པས་བྱས་པ་མི་གཟོ་བ་སྟེ། སྔོན་ཕན་བཏགས་པ་ལ་མི་ལྟ་བར་མ་གསོད་པ་ལ་སོགས་པར་ཉེས་པར་སྤྱོད་པ་ལ་ཡང་མི་ལྡོག་པའི་ཕྱིར་རོ། །ལུས་ཀྱི་ལས་ངན་པ་ནི་ཁྱིམ་འབིགས་པའི་རྐུན་པོ་སྟེ་།འཚོ་བ་ཤིན་ཏུ་སྨད་པའི་ཕྱིར་རོ། ། ་དག་གི་ལས་ངན་པ་ནི་བརྫུན་ཏུ་སྨྲ་བ་ལ་སོགས་པ་ལྷུར་ལེན་པ་སྟེ། དེ་ལྟ་བུ་དང་ལྡན་པ་ནི་ཚོགས་པ་ལ་སོགས་པའི་ནང་དུ་འཇུག་ཏུ་མི་རུང་བའི་ཕྱིར་རོ། །ལོངས་སྤྱོད་ངན་པ་ནི། ཁྱི་དང། བྱ་རོག་དང། ཡི་དགས་ལ་སོགས་པ་སྟེ། སྐྱུགS་པ་ཟ ་པའི་ཕྱིར་རོ། །ཇི་ལྟར་ཡི་གེ་འདི་དག་མཆོག་གི་དོན་དུ་ཡོངས་སུ་བསྒྱུར་ཞེ་ན། ཡིད་མི་ཆོས་པ་ལ་སོགས་པའི་ཚིག་རྣམས་ནི་དགྲ་བཅོམ་པར་ཡོངས་སུ་བསྒྱུར་བའི་ཕྱིར་རོ། །དེ་ལ་ཡིད་མི་ཆེས་པ་ནི ་རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་དང་ལྡན་པས་རང་གིས་ཡིད་ཆེས་པའི་ཕྱིར་རོ། །བྱས་བ་མི་གཟེ་བ་ནི་འདུས་མ་བྱས་པ་མྱ་ངན་ལས་འདས་པ་ཤེས་པའི་ཕྱིར་རོ། །ཁྱིམ་འབིགས་པར་བྱེད་པ་ནི་ཡང་སྲིད་པར་ཉིད་མཚམས ་སྦྱོར་པའི་རྒྱུ་ཉོན་མོངས་པ་སྤངས་པའི་ཕྱིར་རོ། །གོ་སྐབས་བཅོམ་ཞེས་བྱ་བ་ནི། ཕྱི་མ་ལ་འགྲོ་བ་ཐམས་ཅད་དུ་སྡུག་བསྔལ་མངོན་པར་མི་འགྲུབ་པའི་ཕྱིར་རོ། །སྐྱུགས་པ་ཟ་བ་ནི་མཐོང་བའི་ཆོས་ལ་ཡོ་བྱད་ཀྱི་སྟོབས་ཀྱིས་ལུས ་འཛིན་ཀྱང་ལོངས་སྤྱོད་དང་སྲོག་ལ་རེ་བ་མེད་པའི་ཕྱིར་རོ། །སྙིང་པོ་མེད་ལ་སྙིང་པོར་ཤེས་ཞེས་བྱ་བའི་ཚིགས་སུ་བཅད་པ་འདིའི་དོན་ནི་སྔ་མ་བཞིན་དུ་བཤད་པར་བྱའོ། །འདིའི་ལུས་ནི་བྱང་ཆུབ་སེམས་དཔའ་ཏིང་ངེ་འཛིན་ལ ་བརྟེན་ནས་མཐོང་བ་དང། བསྒོམ་པའི་ལམ་གཉིས་ཀྱིས་བྱང་ཆུབ་ཆེན་པོ་ལ་རེག་པའོ། །སེར་སྣའི་ཆོས་ཉིད་འཕེལ་བར་བྱེད་པ་ནི་བག་ཆགས་དང་བཅས་པའི་སེར་སྣའི་བག་ལ་ཉལ་སྤངས་པས་དེའི་དེ་བཞིན་ཉིད་གནས་གྱུར ་པ་མངོན་དུ་བྱེད་པའི་ཕྱིར་རོ། །སྦྱིན་པས་ཡོངས་སུ་སྐྱོ་བ་ནི་ཡུན་རིང་པོར་སྦྱིན་པའི་རྒྱུ་མཆོག་ཏུ་བྱ་དཀའ་བས་ངལ་བར་བྱ་བ་ཁས་བླངས་པའི་ཕྱིར་རོ། །སློང་བ་ལ་ཚིག་པ་ཟ་བ་ནི་རང་གིས་ལེན་པར་འདོད་པས་སློད་བ་དང་མི ་མཐུན་པའི་ཕྱིར་རོ། །རེས་འགའ་ཅི་ཡང་སྦྱིན་པར་མི་བྱེད་པ་ནི་དངོས་པོ་ཐམས་ཅད་།རྟག་ཏུ་སྦྱིན་པའི་ཕྱིར་རོ། །སྦྱིན་པ་ལས་རིང་དུ་གྱུར་པ་ནི་ཉེ་བ་ལ་སྦྱིན་པ་ལ་སོགས་པ་ཡོངས་སུ་སྤངས་པའི་ཕྱིར་རོ། །ཚངས་པར་སྤྱོད་པ ་མཆོག་དང་ལྡན་པ་ཞེས་བྱ་བ་ནི། འཇིག་རྟེན་ལས་འདས་པའི་ལམ་དང་ལྡན་ཞེས་བྱ་བའི་ཐ་ཚིག་གོ་།འཁྲིག་པ་ལས་གཞན་དུ་འཁྲིག་པ་ལས་ངེས་པར་འབྱུང་བ་འཚོལ་པ་ནི་དེ་ཉིད་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་ནས་སྤོང ་བའི་ཕྱིར་རོ། །དེ་ལ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པ་ནི། དེའི་དེ་བཞིན་ཉིད་རབ་ཏུ་རྟོགས་པར་རིག་པར་བྱའོ། །འཁྲིག་པ་སྤོང་བ་ལ་གཡེལ་བ་ནི་མི་ཚངས་པར་སྤྱོད་པ་སྤོང་བའི་ཐབས་ལ་རྟོག་པའི་ཕྱིར་རོ། །འཁྲིག་པའི ་འདོད་ཆགས་སྐྱེས་པ་དང་དུ་ལེན་པ་ནི། འདོད་པ་ལ་འདོད་ཆགས་ནང་དུ་སྐྱེས་པ་ཕྱི་རོལ་དུ་སྤོང་བའི་ཕྱིར་རོ། །འཁྲིག་པའི་གཉེན་པོའི་ཆོས་ཀྱིས་སྐྲག་པ་ནི་དེའི་གཉེན་པོའི་ཆོས་ཀྱིས་སེམས་ཅན་ཐམས་ཅད་བསྒྲལ་བའི་དོན་དུ་རྩོལ་བའི ་ཕྱིར་རོ། །རྒྱུན་མི་འཆད་པར་གཉིས་ཀྱིས་གཉིས་སྦྱོར་བ་ནི། ཞི་གནས་དང་ལྷག་མཐོང་གཉིས་ཀྱིས་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པ་གཉིས་ལ་སྙོམས་པར་འཇུག་པ་སྟེ་།ཀུན་ནས་ཉོན་མོངས་པ་དང། རྣམ་པར་བྱང་བ་གཉིས་འབྲས་བུ་དང ་རྒྱུའི་བྱེ་བྲག་གིས་བདེན་པ་བཞིའི་བདག་ཉིད་དུ་གྱུར་པའི་དོན་དུ་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ལམ་གཉིས་ལ་སྙོམས་པར་འཇུག་པའི་ཕྱིར་རོ། །བསྟན་བཅོས་འདི་ཅིའི་ཕྱིར་ཆོས་མངོན་པ་ཀུན་ལས་བརྟུས་པ་ཞེས་བྱ་བར ་མིང་བཏགས་ཤེ་ན། ངེས་པའི་ཚིག་གི་ཚུལ་གྱིས་རྟོགས་ནས་བསྡུས་པའི་ཕྱིར་ཏེ། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་དེ་ཁོ་ན་ཉིད་མངོན་པར་རྟོགས་ཤིང་ཁོང་དུ་ཆུད་ནས་མདོར་བསྡུས་ཞེས་བྱ་བའི་ཐ་ཚིག་གོ་།ཀུན་ལས་བཏུས་པའི་ཕྱིར ་ཞེས་བྱ་བ་ནི་ཆོས་མངོན་པའི་མདོ་རྣམས་ལས་ཏེ། བསམ་པའི་གནས་ཐམས་ཅད་བསྡུས་པའི་ཕྱིར་ཞེས་བྱ་བའི་ཐ་ཚིག་གོ་།ཡང་དག་པར་མཐོ་བའི་གནས་ཡིན་པའི་ཕྱིར། ཞེས་བྱ་བ་ནི་ཕྱིན་ཅི་མ་ལོག་པའི་ཐབས་ཀྱིས་སངས་རྒྱས་ཉིད་ཀྱི ་བར་དུ་ཐོབ་པར་བྱེད་པའི་ཕྱིར་ཞེས་བྱ་བའི་ཐ་ཚིག་གོ་།ཆོས་མངོན་པ་ཀུན་ལས་བཏུས་པའི་བཤད་པ། སློབ་དཔོན་རྒྱལ་བའི་སྲས་ཀྱིས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཛི ་ན་མི་ཏྲ་དང། ཤཱི་ལེནདཱ?་བོ་དྷི་དང། ཞུ་ཆེན་གྱི་ལོ་ཙཱ་བ་བནདེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །།བམ་པོ་ནི་བཅུ་ཡོད་དོ།། །།ཆོས་མངོན་པར་ཀུན་ནས་བཏུས་པའི་རྣམ་པར་བཤད ་