CLOSE WINDOW

N4331: rnal 'byor spyod pa'i sa las rnam grangs bsdu ba
Wyliee-texts based on the ACIP/ALL Input

པར་བྱའོ། །འདུལ་བ་མ་མོ་རྫོགས་ཏེ། འདུལ་བ་བསྡུ་བ་རྫོགས་།།རྒྱ་གར་གྱི་མཁན་པོ་པྲཛ་རྨ་དནེག་འཛན་མི་ཏྲ་དད། ཞུ་དང། ཞུ་ཆེན་གྱི་ལོ་ཙྪ་བ་བནདེ་ཡེ་ཤེས་སྡེ་ལ་སོགས་པས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། །། *།།རྣམ་གྲངས་བསྡུ་བ ་རྣལ་འབྱོར་སྤྱོད་པའི་ས་ལས་རྣམ་གྲངས་བསྡུ་བ། སྦྱི་སྡོམ་ཞི། དཀར་བའི་ཕྱོགས་དང་ནག་པོའི་ཕྱོགས། །རྣམ་གྲངས་དག་ནི་ཡང་དག་བཤད། །དོན་གྱི་བློ་རབ་རྟོགས་བྱའི་ཕྱིར། །སྤྱི་ཡི་སྡོམ་ནི་བསྡུས་པ་ཡིན། །སྡོམ་ནི། སྟོན་དང་མཆོག་ཉིད་ཤེས་རབ་བཞིན ་དེ་བཞིན་ལགས་པར་གསུངས་པ་དང། །གང་གཞི་ཡོད་དང་སྦྱིན་པ་དང། །ཚུལ་ཁྲིམས་ལར་རབ་རྒྱས་པ་ཡིན། །དེ་ལ་སྟོན་པའི་དེ་བཞིན་གཤེགས་པའོ། །རབ་ཏུ་སྟོན་པ་ནི་དེའི་སློབ་མའི་མཆོག་རྣམས་ཏེ་གནས་བརྟན་ཤཱ་རིའི་བུ་ལ་སོགས་པའོ། །རྗེས་སུ་སྟོན་བ་ནི་སློབ ་དཔོན་དང། མཁན་པོ་དང་ཆོས་མཐུན་པར་རྣམས་དང། སྐུལ་བར་བྱེད་པ་རྣམས་དང། དྲན་པར་བྱེད་པ་རྣམས་སོ། །དེ་ལ་སྟོན་པ་ནི་སྟོན་པར་བྱེད་པའོ། །རབ་ཏུ་སྟོན་པ་ནི་རབ་ཏུ་སྟོན་པར་བྱེད་པའོ། །རྗེས་སུ་སྟོན་པ་ནི་རྗེས་སུ་སྟོན་པར་བྱེད་པའོ། །བྱ་བ་རྗེས་སུ་གནང་བ། ་བྱ་བ་མ་ཡིན་པ་འགོག་པ་དང། དུས་དུས་སུ་གང་མ་དག་དང་རྗེས་སུ་བསྟན་པ་ལ་རབ་ཏུ་འཇུག་པར་བྱེད་པའི་ཕྱིར། དེ་དག་ཉིད་གསུང་བ་དང། རབ་ཏུ་གསུང་བ་དང། རྗེས་སུ་གསུང་བ་ཡིན་པའི་རིག་པར་བྱའོ། །འདྲེན་པ་ནི་མ་ཡིན་པ་ལ་བརྩོན་པ་རྣམས་ཚར ་གཅོད་པར་བྱེད་པའོ་རྣམ་པར་འདྲེན་པ་ནི་བྱ་བ་ལ་བརྩོན་བ་རྣམས་ཡང་དག་པར་མགུ་བར་བྱེད་པའོ། །རབ་ཏུ་འདྲེན་པ་ནི་དེ་གཉི་ཀ་ཡང་དག་པར་སྐུལ་བར་བྱེད་པའོ། །འདྲེན་པར་བྱེད་པ་ནི་ཐེ་ཚོམ་སྐྱེས་ཤིང་བྱུང་བ་ཡང་དང་ཡང་དུ་རྣམ་པར་སེལ་བར་བྱེད་པའོ། །རྣམ་པར་འདྲེན་པར ་བྱེད་བ་ནི་འགྱོད་པ་རྣམས་ཡང་དང་ཡོད་དུ་རྣམ་པར་སེལ་བར་བྱེད་པའོ། །རབ་ཏུ་འདྲེན་པར་བྱེད་པ་ནི་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་རྣམས་ཡང་དང་ཡང་དུ་རྣམ་པར་སེལ་བར་བྱེད་པའོ། །ཡང་ཐེ་ཚོམ་རྣམས་གཅོད་པར་བྱེད་པ་དང། དོན་རྣམ་པར་ཕྱེ་བ ་རྣམས་རྣམ་པར་འབྱེད་པར་བྱེད་པ་དང། དོན་རྣམ་པར་གསལ་བར་བྱེད་པ་དང། དོན་དང་ཚིག་ཟབ་མོ་ཤེས་རབ་ཀྱི་ཡང་དང་ཡང་དུ་རྟོགས་པར་བྱས་ཏེ། རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་པའི་ཕྱིར། འདྲེན་པར་བྱེད་པ་ལ་སོགས་པ་དང་གོ་རིམས་བཞིན་ནོ། ། ་སློབ་དཔོན་ནི་བླ་མའི་གནས་སུ་ཁས་བླང་བར་བྱའོ། །གཉིས་པ་ནི་གྲོགས་བྱེད་པ་སྟེ། དེ་དང་མཐུན་པར་རྗེས་སུ་འཇུག་པའི་ཕྱིར་རོ། །མཛའ་བཤེས་ནི་ཁྱིམ་པའི་ཚེའི་གྲོགས་པོ་རྙིང་པའོ། །སྙིང་དུ་སྡུག་པ་ནི་ཕ་དང་མ་དང་དེ་དང་འབྲེལ་པའོ། །སྙིང་བརྩེ ་བ་ནི་འབྲེལ་པ་མེད་པར་ཕན་འདོགས་པའོ། །དོན་ཞེས་བྱ་བ་ནི་དོན་དུ་གཉེར་བ་དང་དོན་དང་ལྡན་པའོ། །དེ་འདོད་པ་ནི་ངོན་འདོད་པའོ། །ཕན་པ་ཞེས་བྱ་བ་ནི་དགེ་བ་སྤྱོད་པའོ། །དེ་འདོད་པ་ནི་ཕན་པ་འདོད་པའོ། །རེག་པར་གནས་པ་ནི་ལུས་དང་སེམས་ལ་ཕན ་འདོགས་པའི་དོན་གྱིས་བདེ་བ་ཞེས་བྱའོ། །དེ་འདོད་པ་ནི་བདེ་བ་འདོད་པའོ། །རེག་པར་འདོད་པ་ནི་མཐོང་བའི་ཆོས་ཀྱི་བདེ་བ་ལས་བརྩམ་པའོ། །གྲུབ་པ་དང་བདེ་བར་འདོད་པ་ནི་ཚེ་ཕྱི་ནའི་བདེ་བ་ལས་བརྩམས་པའོ། །མངོན་བར་ཡིད་ཆོས་པ་ནི་ཐམས་ཅད་ལ་མངོན ་པར་ཡིད་ཆེས་པའོ། །དེ་ཉིད་དེས་ཡོན་ཏན་དང་མཐུ་དང་ཤེས་རབ་མཆོག་ཏུ་འབྱུང་བ་ཐོས་ནས། གང་ཟག་གི་རྟེན་གྱི་སྒོ་ནས་དང་པའོ། །དེ་ཉིད་ཆོས་ཀྱི་གཞི་དང་རིགས་པའི་སྒོ་དང་མཐུན་པ་ནི་དང་པ་སྟེ། གང་གི་དབང་དུ་བྱས་ཏེ་སྤུ་ཟིང་ཞེས་བྱེད་པ་དང། མཚན?་བཀྲུག་ཅེས་བྱེད ་པ་ལ་སོགས་པར་?་བའི་?་འཕྱུང་བ་ཡིན་ནོ། །ངེས་བར་རྟོགས་པས་ནི་ཡོན་ཏན་ལ་སོགས་པ་མ་ཐོས་པས་སྤྱོད་ལམ་དང་སྦྱོར་པ་དང། གནས་པ་དག་ལས་དེ་ལ་ཡོན་ཏན་ཡོད་པར་ཡིད་ཆེས་པའོ། །འདུན་པ་ནི་དེ་ཕྱེད་འདོད་པ་དང། ཐོབ་པར་འདོད་པ་གང་ཡིན་པའོ། ། ་བརྩོན་འགྲུས་ནི་བརྩོན་འགྲུས་བརྩམས་བའི་སེམས་མངོན་པར་སྦྲ་བ་གང་ཡིན་པའོ། །རྩོལ་བ་ནི་སྤྲོ་བ་བྱས་པ་སྦྱོར་བ་དེ་ལ་རྩོལ་བའོ། །ངེས་པར་འབྱུང་བ་ནི་བརྩན་འགྲུས་བརྩམས་པ་མི་བཏོང་ཞིང་རྒྱུན་དུ་བྱེད་པ་སྟེ་ཕྱིར་མི་བཟློག་པའོ། །བརྟུལ་བ་ནི་བརྩོན་འགྲུས་གུས ་བར?་བརྩོམ་པའོ། །མཐུ་ནི་མཚན་མོ་འམ་ཐུན་འདས་ནས་བརྩོན་འགྲུས་འདི་དང་འདི་ལྟ་བུ་ཞིག་བརྩམ་མོ་ཞེས་སྔ་ནས་སེམས་དཔའ་ཨི་གོ་ཆ་གང་ཡིན་པའོ། །རྩོད་པ་ནི་ཇི་ལྟར་གོ་ཆ་བགོས་པ་འམ་ཁྱད་པར་དུ་འཕགས་པར་བརྩོན་འགྲུས་རྩོམ་པའོ། །སྒོ་བ་ནི་བརྩོན་འགྲུས་བརྩམས་པ ་དེའི་འབྲས་བུའི་ཕན་ཡོན་མཐོང་བའོ། །བཟོད་སྤྲོ་ནི་དེ་དང་ལྡན་པ་གྲང་བ་ལ་སོགས་པའི་གནོད་པ་དང་དུ་ལེན་པའོ། །མངོན་པར་སྤོ་བ་ནི་སྔ་ཕྱིའི་ཁྱད་པར་ཤེས་ནས་གོང་མའི་ཁྱད་པར་ཐོབ་པར་བྱ་བ་ལ་ཡིད་ཆེས་པ་སྐྱེས་པའི་རྩོན་འགྲུས་གང་ཡིན་པའོ། །ཕྱིར་མི་ཟློག་པ ་ནི་ཁྱད་པར་དུ་ཅུང་ཟད་ཙམ་མ་མ། ངན་ངོན་ཙམ་ཞིག་རྟོགས་ནས་བར་མདོར་སྒྱིད་མི་ལུག་པ་སྟེ་དགེ་བ་སྒོམ་པས་ཆོག་མི་ཤེས་པའོ། །སེམས་ཡང་དག་པར་སྡུད་པ་ནི་བརྩོན་འགྲུས་ཀྱི་གེགས་སུ་གྱུར་པ་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་བདུད་ཀྱི་ལས་རྣམས་ལས་བློ ་སེམས་ཡང་དག་པར་སྡོམ་པའོ། །རྒྱུན་ཏུ་བྱེད་པ་ནི་སྦྱོར་བ་དེ་ཉིད་ལ་རྒྱུན་དུ་བྱེད་པ་གང་ཡིན་པ་སྟེ་བརྩོན་པ་མི་གཏོང་བའོ། །དང་པ་ནི་འདི་ལྟ་སྟེ། ངེས་སྟོན་པས་ཆོས་སྟོན་པའི་ཆོས་དེ་ཐོས་ནས་དད་བརྙེད་པ་གང་ཡིན་པའོ། །བག་ཡོད་པ་ནི་དད་པ་ཐོབ་པ་ངེས་པར་འབྱུང་བ ་བར་འདོད་པའི་གགས་སུ་གྱུར་པའི་ཆོས་དག་ལས་སེམས་ཀུན་ཏུ་སྲུང་བ་གང་ཡིན་པ་དང་རྒྱུན་དུ་དག་བའི་ཆོས་སྒོམ་པར་བརྩོན་པའོ། །སྦྱོར་བ་ནི་ལུང་དང་ཁ་ཏོན་དང་ཡོངས་སུ་འདྲི་བ་དང། འབྲེལ་པའི་གཏམ་རྣམ་པར་ངེས་པ་ཡང་དག་པར་རབ་ཏུ་སྦྱོར་བའི ་སེམས་པ་ནི་ཇི་སྐད་བསྟན་པ་དང་མ་ནོས་པའི་ཆོས་དང་དོན་ལ་ཡོངས་སུ་རྟོགས་པའོ། །དྲན་པ་ནི་ཡོངས་སུ་བརྟགས་པའི་དོན་མི་བརྗེད་པ་དང། ཡུན་རིང་མི་ཞིག་ན་བྱས་པ་དང་བཤད་པ་ཡང་རྗེས་སུ་དྲན་པའོ། །རྣམ་པར་རྟོག་པ་ནི་ཆོས་དང་དོན་དེ་ཉིད་ལ་བརྟེན་ཏེ། ངེས་པར ་འབྱུང་བ་ལ་སོགས་པ་རྣམ་པར་རྟོག་པའོ། །ཡེ་ཤེས་ནི་འཇིག་རྟེན་ལས་འདས་པའི་སྦྱོར་བ་ལས་བྱུང་བའི་ཤེས་རབ་གང་ཡིན་པའོ། །ཤེས་རབ་འཇིག་རྟེན་ལས་འདས་པའི་ཤེས་རབ་པོ། །ཤེས་རབ་ཐོབ་པ་ནི་འཇིག་རྟེན་ལས་འདས་པའི་ཤེས་རབ་ཀྱི་རྗེས་ལས་ཐོབ་པ་འཇིག ་རྟེན་པའི་ཤེས་པ་གང་ཡིན་པའོ། །སྤྱོད་པ་ནི་དཔྱོད་པའི་ཡིད་ལས་བྱེད་པས་སྤངས་པ་དང་མ་སྤངས་པ་དང། ལྷག་མ་དང་བཅས་པ་དང། ལྷག་མ་མ་ལུས་པ་ལ་སོ་སོར་རྟོགས་པ་གང་ཡིན་པའོ། ཚངས་པར་སྤྱོད་པ་ནི་འཕགས་པའི་ལམ་ཡན་ལག་བརྒྱད་པ་དང། ཚངས ་པར་སྤྱོད་པ་མ་ཡིན་པ་འཁྲིག་པའི་ཆོས་སྤོང་བའོ། །ལྷག་མ་བྱང་ཆུབ་ཀྱི་ཕྱོགས་སུམ་ཅུ་རྩ་བདུན་ནི་ཚངས་པར་སྤྱོད་པ་ཀུན་ཏུ་འདྲེན་པར་བྱེད་པ་སྟེ། དེ་དག་ཀྱང་དེའི་རང་བཞིན་ཡིན་པའི་ཕྱིར་དང། དེའི་ཕྱོགས་ཡིན་པའི་ཕྱིར་ཞི་གནས་དང་ལྷག་མཐོང་དང། ལུས་སུ ་གཏོགས་པའི་དྲན་པ་དང། གནས་གསུམ་དག་གིས་ཅི་རིགས་པར་བསྡུས་སོ། །དེ་ལ་དད་པ་དང་དྲན་པ་ནི་གཉི་གའི་ཕྱོགས་ཡིན་ནོ། །དེ་ལ་སྟོན་པ་དེ་ཉིད་རང་གི་དོན་སྒྲུབ་པའི་ཕྱིར་མཆོག་ཅེས་བྱའོ། །གཞན་གྱི་དོན་སྒྲུབ་པའི་ཕྱིར་གཙོ་བོ་ཞེས་བྱའོ། །དེ་གཉི་ག ་སྒྲུབ་བའི་ཕྱིར་ཁྱད་པར་དུ་འཕགས་པ་ཞེས་བྱའོ། །མུ་སྟེགས་ཅན་ཐམས་ཅད་ཟིལ་གྱིས་གནོན་པའི་ཕྱིར་བླ་མ་ཞེས་བྱའོ། །ཉན་ཐོས་དང་རང་སངས་རྒྱས་ཟིལ་གྱིས་གནོན་པའི་ཕྱིར་བླ་ན་མེད་པ་ཞེས་བྱའོ། །མུ་སྟེགས་ཅན་དང་ཐུན་མོང་མ་ཡིན་པའི་ཆོས་མངོན་པར ་རྫོགས་བར་བྱང་ཆུབ་པའི་ཕྱིར་མི་མཉམ་པ་ཞེས་བྱའོ། །ཉན་ཐོས་དང་རང་སངས་རྒྱས་དང་ཐུན་མོང་མ་ཡིན་པའི་ཆོས་མངོན་པར་རྫོགས་པར་བྱང་ཆུབ་པའི་ཕྱིར་མི་མཉམ་པ་དང་མཉམ་པ་ཞེས་བྱའོ། །རྣམ་གྲངས་གཞན་ཡང་འཇིག་རྟེན་པའི་དགེ་བ་ཕུན་སུམ་ཚོགས་པ ་ཐམས་ཅད་དང་མཐུན་པའི་ཕྱིར་མཆོག་གོ། ཉན་ཐོས་ཀྱི་དགེ་བ་ཕུན་སུམ་ཚོགས་པ་ཐམས་ཅད་ཐུན་མོང་པའི་ཕྱིར་གཙོ་བོའོ། །རང་སངས་རྒྱས་ཀྱི་དགེ་བ་ཕུན་སུམ་ཚོགས་པ་ཐམས་ཅད་དང་ཐུན་མོང་པའི་ཕྱིར་ཁྱད་པར་དུ་འཕགས་པའོ། །ཉོན་མོངས་པའི་སྒྲིབ་པ ་རྣམ་པར་དག་པའི་ཕྱིར་བླ་མའོ། །ཤེས་བྱའི་སྒྲིབ་པ་རྣམ་པར་དག་པའི་ཕྱིར་བླ་ན་མེད་པའོ། །རྣམ་གྲངས་གཞན་ཡང་འདོད་པ་ན་སྤྱོད་པའི་དགེ་བ་ཕུན་སུམ་ཚོགས་པའི་ཕྱིར་མཆོག་གོ་།གཟུགས་ན་སྤྱོད་པའི་དགེ་བ་ཕུན་སུམ་ཚོགས་པའི་ཕྱིར་གཙོ་བོའོ། །གཟུགS ་མེད་པ་ན་སྤྱོད་པའི་དགེ་བ་ཕུན་སུམ་ཚོགས་པའི་ཕྱིར་ཁྱད་པར་དུ་འཕགས་པའོ། །ཁམས་གསུམ་པ་ཐམས་ཅད་ལས་ཡང་དག་པར་འདས་པ་འཇིག་རྟེན་ལས་འདས་པའི་དགེ་བ་ཕུན་སུམ་ཚོགས་པའི་ཕྱིར་བླ་མའོ། །ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད ་ལས་ཡང་དག་པར་འདས་པའི་དགེ་བ་ཕུན་སུམ་ཚོགས་པའི་ཕྱིར་བླ་ན་མེད་པའོ། །སེམས་ཅན་རྐང་མེད་རྣམས་ནི་འདི་ལྟ་སྟ་སྤྲུལ་ལ་སོགས་པའོ། །སེམས་ཅན་རྐང་གཉིས་རྣམས་ནི་འདི་ལྟ་སྟེ་མི་ལ་སོགས་པའོ། །སེམས་ཅན་རྐང་བཞི་རྣམ་ནི་འདི་ལྟ་སྟེ ་གླང་པོ་ཆེ་ལ་སོགས་པའོ། །སེམས་ཅན་རྐང་མངས་རྣམས་ནི་འདི་ལྟ་སྟེ་སྲིན་མེད་ལ་སོགས་པའོ། །སེམས་ཅན་གཟུགས་ཅན་རྣམས་ནི་འདི་ལྟ་སྟེ། འདོད་པའི་ཁམས་ནས་གཟུང་སྟེ། བསམ་གཏན་བཞི་པའི་བར་དག་གོ་།སེམས་ཅན་འདུ་ཤེས་ཅན་རྣམས་ནི ་འདི་ལྟ་སྟེ། འདུ་ཤེས་མེད་པའི་སེམས་ཅན་མ་གཏོགས་པ་འདོད་པའི་ཁམས་ནས་གཟུང་སྟེ། ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་བར་དག་གོ། འདུ་ཤེས་མེད་པའི་སེམས་ཅན་རྣམས་ནི་འདི་ལྟ་སྟེ། འདུ་ཤེས་མེད་པའི་ལྷ་རྣམས་སོ། །འདུ་ཤེས་མེད་མིན་གྱི་སེམས ་ཅན་རྣམས་ནི་འདི་ལྟ་སྟེ། འདུ་ཤེས་མེད་འདུ་ཤེས་མེད་མིན་དུ་ཉེ་བར་འགྲོ་བའི་ལྷ་རྣམས་སོ། །མདོར་བསྡུ་ན་རྣམ་པ་དེ་དག་གིས་ནི་དེ་བཞིན་གཤེགས་བ་ཡོངས་སུ་གཡོ་བ་དང། སྐུ་དང་ཐུགས་ཀྱི་སྒོ་ནས་མཆོག་ཉིད་རྣམ་པ་གསུམ་ཡོངས་སུ་བསྟན་པ་ཡིན་ནོ།། ་ཤེས་རབ་རྙེད་པ་ཞེས་བྱ་བ་བྱེ་བྲག་མེད་པར་དགེ་བ་དང། དོན་དང་ལྡན་པའི་ཤེས་རབ་གང་ཡིན་པའོ། །ཤེས་རབ་རྒྱས་པ་དང་འཕེལ་བ་དང་ཡངས་པ་ཞེས་བྱ་བ་ནི་ཆུང་ངུ་དང་འབྲིང་དང་ཆེན་པོར་ཁྱད་པར་དུ་འཕགས་པའོ། །ཤེས་རབ་རྣམ་པར་བྱང་བ་ནི་སྔོན་གོམས་པར ་བྱས་པའི་ཤེས་རབ་དུས་གཞན་དུ་ཡོངས་སུ་སྨིན་པའོ། །ཤེས་རབ་འབྱོར་བ་ནི་ཉོན་མོངས་པ་ཡོངས་སུ་ཤེས་པ་དང། སྤོང་བའི་ཤེས་རབ་གང་ཡིན་པའོ། །ཤེས་རབ་ཡོངས་སུ་སྐོང་བ་དེ་ཉིད་མཐར་ཐུག་པར་འགྲོ་བའོ། །ཤེས་རབ་ཡོངས་སུ་མི་ཉམས་པ་ནི་དེ་ཉིད་ཡོངས་སུ་མི་ཉམས ་པའི་ཆོས་ཅན་ཡིན་ཏེ། ཤིན་ཏུ་ཚར་ཕྱིན་པའོ། །ཤེས་རབ་མྱུར་བ་ཉིན་ནི་སྐྱེན་ཕར་རབ་ཏུ་ཤེས་པའོ། །ཤེས་རབ་མ་གྱོགས་པ་ཉིད་ནི་ཤེས་རབ་ཡོངས་སུ་མི་གཏུགས་པའོ། །ཤེས་རབ་རྣོ་བ་ཉིད་ནི་ཇི་སྙེད་པ་དང་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པའོ། །ངེས་པར ་འབྱུང་བའི་ཤེས་རབ་ཉིད་ནི་ངེས་པར་འབྱུང་བའི་ཆོས་རྣམས་དང། འཇིག་རྟེན་པའི་འདོད་ཆགས་དང་བྲལ་བ་ཡང་རབ་ཏུ་ཤེས་པའོ། །ངེས་པར་འབྱེད་པའི་ཤེས་རབ་ཉིད་ནི་འཇིག་རྟེན་ལས་འདས་པའི་འདོད་ཆགས་དང་བྲལ་བ་རབ་ཏུ་ཤེས་པའོ། །ཤེས་རབ་ཟབ་པ་ནི་ཟབ ་མོ་སྟོང་པ་ཉིད་དང་ལྡན་བ་རྟེན་ཅིང་འབྲེལ་པར་འབྱུང་བ་དང་རྗེས་སུ་མཐུན་པའོ་ཆོས་རབ་ཏུ་ཤེས་པ་དང། དོན་དང་ཚིག་ཟབ་མོ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་རྟོག་པ་སྟེ། དེ་ལ་དེ་བཞིན་གཤེགས་པ་ནི་དེ་དག་གདགས་པ་ལ་ཤེས་རབ་ཡིན་ནོ། །ཉན་ཐོས་རྣམས ་ཀྱི་ནི་གདགས་བ་ལ་ཤེས་རབ་ཆེན་པོ་ཡིན་ཏེ། ཤེས་རབ་དེ་ཉིད་དུས་ཡུན་རིང་པོ་ནས་ཡོངས་སུ་གོམས་པར་བྱ་བའི་ཕྱིར་རོ། །ཤེས་རབ་ཡངས་པ་ནི་དེ་ཉིད་ཚད་མེད་པ་དང་མཛའ་ཡས་པའི་སྤྱོད་ཡུལ་ལོ། །ཤེས་རབ་མཉམ་བ་མེད་པ་ནི་གཞན་དག་དང་མི ་མཚུང?་པའི་ཤེས་རབ་བོ། །ཤེས་རབ་རིན་པོ་ཆེ་ནི་ཤེས་རབ་དབང་པོ་ཐམས་ཅད་ཀྱི་གཙོ་བོ་ཡིན་པ་སྟེ། འཁོར་ལོས་སྒྱུར་བའི་ནོར་བུ་རྣམས་ཀྱི་ནང་ན་བཻ་ཌཱུརྱ་ལྟར་འོད་ཀྱིས་སྣེད་བར་བྱེད་པའི་ཕྱིར་རོ། །དེ་དང་ལྡན་པ་ནི་ཤེས་རབ་རིན་པོ་ཆེ་དང་ལྡན་པའོ། །ཤེས་རབ་མིག་ནི་ལྷན ་ཅིག་སྐྱེས་པའི་ཤེས་རབ་བོ། །ཤེས་རབ་སྣང་བ་ནི་གཞན་ལས་བསྒྲུབས་ཤིང་གཞན་གྱིས་སྐྱེད་པ་སྦྱོར་བ་ལས་བྱུང་བའི་ཤེས་རབ་གང་ཡིན་པའོ། །ཤེས་རབ་འོད་ནི་ཤེས་རབ་དེ་ཉིད་སྦྱོར་བ་ལས་བྱུང་བ་སྟེ། ཐོས་པ་དང་བསམས་པ་ལས་བྱུང་པའོ། །ཤེས་རབ་གསལ་བ་ནི ་ཤེས་རབ་དེ་ཉིད་བསྒོམ་པ་ལས་བྱུང་བའོ། །ཤེས་རབ་མར་མེ་ནི་དེ་བཞིན་གཤེགས་པས་གསུངས་པའི་མདོ་སྡེ་ཟབ་མོ་རྣམས་རྣམ་པར་འཇོག་པ་གང་ཡིན་པ་སྟེ་རབ་ཏུ་གསལ་བར་བྱེད་པའོ། །ཤེས་རབ་སྐར་མངའ་ནི་ཆོས་སྟོན་པའི་དུས་ཙམ་གྱི་རྗེས་སུ་འཇུག་བའོ། །ཤེས་རབ ་སྒྲོན་མ་ནི་དེ་དང་དེ་དག་ཏུ་ཤེས་རབ་ཀྱིས་ཆོས་རྣམས་ལ་ཤིན་ཏུ་ལེགས་པར་བརྟགས་ཤིང་དུས་ཕྱིས་ཀྱང་རྗེས་སུ་འཇུག་པ་སྟེ། ལུས་གྱི་མངོན་དུ་བྱས་པས་ནི་མ་ཡིན་པའོ། །ཤེས་རབ་མུན་པ་མེད་པ་ནི་ལུས་ཀྱིས་མངོན་དུ་བྱས་པའོ། །ཤེས་རབ་དབང་པོ་ནི་གཞན་དག་གི ་རྟོགས་པའི་དབང་དུ་བྱས་ནས་ཤེས་རབ་གང་ཡིན་པའོ། །ཤེས་རབ་སྟོབས་ནི་བདག་ཉིད་ཀྱི་སྔ་ཕྱིའི་ཁྱད་པར་རྟོགས་བ་ལེགས་པར་རྟོགས་པའི་དབང་དུ་བྱས་ཏེ། རིག་པ་དང་ཆོས་ལ་རྫིབ་མེད་པའི་ཤེས་རབ་པོ། །ཤེས་རབ་ནོར་ནི་དབང་ཕྱུག་ཐམས་ཅད་ཀྱི་ནང་ན ་དབང་ཕྱུག་གི་མཆོག་གི་རབ་སྐྱེར་པ་དང་རང་གི་སེམས་ལ་དབང་བསྒྱུར་བ་ཐོབ་པར་བྱེད་པ་དང་ནོར་ཐམས་ཅད་ཀྱི་གཙོ་བོ་དང། འཇིག་རྟེན་པའི་ནོར་ཐམས་ཅད་ཀྱི་རྩ་བའི་རྒྱུ་གང་ཡིན་པའོ། །ཤེས་རབ་རིན་པོ་ཆེ་ནི་ཇི་སྐད་དུ་བཤད་པའོ། །ཤེས་རབ་རལ་གྲི་དང་ཤེས་རབ ་མཚོན་ཆ་ནི་ཀུན་དུ་སྦྱོར་བ་ཐམས་ཅད་གཅོད་པར་བྱེད་བའོ། །ཤེས་རབ་མཚོན་ཆ་ནི་ཉོན་མོངས་པ་དང། ལྷའི་བུའི་བ་རུང་རིང་དུ་སྤོང་བའོ། །ཤེས་རབ་འདེབS་པ་ནི་ཡིད་ཀྱི་དབང་པོའི་རྟ་དགེ་བ་སྤྱོད་པར་འདེབས་པའོ། །ཤེས་རབ་ལྟུང་བར་བྱེད་པ་ནི་ལུས་ཐམས་ཅད་དང ་འབྲལ་བ་དང། རྣམ་པར་འཇིག་པར་བྱེད་པའོ། །ཤེས་རབ་རབ་ནི་ཉོན་མོངས་པ་ཐམས་ཅད་ཀྱི་སྒོ་དུམ་འགོག་པར་ཞུགས་པའོ། །ཤེས་རབ་ཐེམ་སྐས་ནི་ནི་སྦྱོར་བ་ལས་བྱུང་བའི་ལམ་མོ། །ཤེས་རབ་ཁང་བཟངས་ནི་མཐར་ཕྱིན་པར་སོང་བའོ། །ཡང་རབ ་ལ་སོགས་པ་དེ་དག་ཉིད་གཏན་ལ་དབབ་པའི་ཕྱིར་འདི་གསུམ་བརྗོད་པར་བྱ་སྟེ། འདི་ལྟ་སྟེ། ཁམས་ཤེས་པ་དང་ཁམས་སྣ་ཚོགས་པ་དང། ཁམས་དུ་མ་ཤེས་པའོ། །ཡང་དག་པའི་ལྟ་བ་ནི་དེ་ཁོ་ཉིད་རབ་ཏུ་རྟོགས་པ་ལ་སློབ་པའི་ཤེས་རབ་གང་ཡིན་པའོ། །ཚུལ ་བཞིན་ཡིད་ལ་བྱེད་པ་ནི་དེ་སྐྱེད་པར་བྱེད་པའོ། །སེམས་རྣམ་པར་གྲོལ་བ་དང། ཤེས་རབ་རྣམ་པར་གྲོལ་བ་ནི་གོང་མ་སྟེ། སློབ་མ་རྣམས་ཀྱི་ནི་རྒྱུན་ཏུ་ཞུགས་པའི་འབྲས་བུས་བསྡུས་པ་དང། ལན་ཅིག་ཕྱིར་འོང་བ་དང། ཕྱིར་མི་འོང་བའི་འབྲས་བུས་བསྡུས་པའོ། །མི་སློབ ་པ་རྣམས་ཀྱི་ནི་དགྲ་བཅོམ་པ་ཉིད་ཀྱི་འབྲས་བུས་བསྡུས་པའོ། །རང་སངས་རྒྱས་རྣམས་ཀྱི་ནི་རང་སངས་རྒྱས་ཀྱི་བྱང་ཆུབ་ཀྱིས་བསྡུས་པའོ། །སངས་རྒྱས་རྣམས་ཀྱི་ནི་བྱང་ཆུབ་དམ་པས་བསྡུས་པའོ། །དེ་ལ་ཇི་ལྟར་ན་ཁམས་ཤེས་པར་བྱ་བ་ཡིན་ཞེ་ན། སྨྲས་པ། ཁམས ་དུ་མ་དང་ཁམས་སྣ་ཚོགས་ཤས་པར་བྱ་སྟེ། ཁམས་བཅོ་བརྒྱད་ཅེས་བྱ་བ་ནི་ཁམས་དུ་མ་ཤེས་པའོ། །དེ་དག་གི་རྣམ་པ་སྣ་ཚོགས་ཤེས་པ་ནི་ཁམས་སྣ་ཚོགས་ཤེས་པའོ། །ཡང་དེ་དག་གི་རབ་ཏུ་དབྱེ་བ་ནི་ཁམས་དང་འགྲོ་བ་དང་ས་དང་གང་ཟག་དང། རྣམ་པའི ་དབྱེ་བ་ཤེས་པའོ། །ཞིབ་མོ་དེ་ཁོ་ན་དང། ཟབ་མོའི་དོན་ལ་འཇུག་བའོ། །བརྟོགས་པ་ནི་དོན་མཛའ་དག་ལ་འཇུག་པའོ། །མཁས་པ་ནི་སྐྱེད་པའི་ཤེས་རབ་དང་ལྡན་པའོ། །མཛངས་པ་ནི་ལྷན་ཅིག་སྐྱེས་པའི་ཤེས་རབ་དང་ལྡན་པའོ། །ཡང་ན་བཟློག་པའོ། །མིག་ནི ་མངོན་སུམ་གྱི་དངོས་པོ་འཛིན་པའོ། །ཤེས་པ་ནི་ལྐོག་ཏུ་གྱུར་པའི་རིགས་འཛིན་པའོ། །རིག་པ་ནི་དངོས་པོ་ཇི་སྙེད་ཡོད་པ་ལ་འཇུག་པའོ། །བློ་ནི་ཇི་ལྟ་བ་བཞིན་དུ་རྗེས་སུ་རྟོགས་པའོ། །དོན་སྤྱོད་པ་ནི་བསམས་པ་ལས་བྱུང་བའི་དགེ་བས་ཡང་དག་པར་བསྡུས་པའོ།། ་ཆོས་སྤྱོད་པ་ནི་ཐོས་པ་ལས་བྱུང་བའི་དགེ་བས་ཡང་དག་པར་བསྡུས་པའོ། །དགེ་བ་སྤྱོད་པ་ནི་སྦྱིན་པ་དང་ཚུལ་ཁྲིམས་ལས་བྱུང་བའི་དགེ་བས་ཡང་དག་པར་བསྡུས་པའོ། །དགེ་ལེགས་སྤྱོད་པ་ནི་བསྒོམ་པ་ལས་བྱུང་བའི་དགེ་བས་ཡང་དག་པར་བསྡུས་པའོ། །ལེགས་བར་གསུངས་པ་ནི ་ཚིག་དང་ཡི་གེ་ཕུན་སུམ་ཚོགས་པའོ། །ལེགས་པར་བསྟན་པ་ནི་དོན་དང་ཤིན་ཏུ་མངོན་པར་འབྲེལ་པའོ། །ངེས་པར་འབྱུང་བ་ནི་འཇིག་རྟེན་པའི་ལམ་གྱི་སྡུག་བསྔལ་སྤོང་བས་ངེས་པར་འབྱུང་བའོ། །རྫོགས་པའི་བྱང་ཆུབ་ཏུ་འགྲོ་བར་བྱེད་པ་ནི་འཇིག་རྟེན་ལས་འདས་པའི་ལམ་གྱིས ་སྡུག་བསྔལ་ལས་ཡང་དག་པར་འདའ་བར་བྱ་བའི་ཕྱིར་དེ་ཁོ་ན་མངོན་པར་བྱང་ཆུབ་པའོ། །མི་མཐུན་པ་མེད་པ་ནི་སྟན་པ་དང་ཉན་ཐོས་རྣམས་ཀྱི་བཤད་པ་དོན་དང་དོན་དུ། ཚིག་དང་ཚིག་ཏུ་ཕན་ཚུན་མཐུན་པ་སྟེ་གཅིག་ལ་གཅིག་མི་འགལ་བའོ། །འདུལ་བ་དང་ལྡན་པ་ནི་མུ་སྟེགས་ཅན ་དང་བདུད?་དང་འཇིག་རྟེན་བ་ཐམས་ཅད་ཀྱིས་མི་བསྐྱོད་པའོ། །བརྟེན་པ་ཡོང་པ་ནི་རྟོན་པ་བཞི་ཆུད་མི་གསོན་པའོ། །འདི་སྟོན་པ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཞེས་བྱ་བ་ནི་ལུང་རྣམ་པར་དག་པའོ། །དེ་ལ་མདོར་བསྡུ་ན་ཚིག་འདི་དག་གིས ་ནི་བཅོམ་ལྡན་འདས་ཀྱིས་ལེགས་པར་གསུངས་པའི་ཆོས་འདུལ་བ་ནི་ལེགས་པར་བསྟན་པ་ཞེས་བྱ་བ་ཕུན་སུམ་ཚོགས་པ་རྣམ་པ་བཞིར་བསྟན་པ་ཡིན་ཏེ། ཚིག་གཉིས་ཀྱིས་ཡི?་དང་དོན་ཕུན་སུམ་ཚོགས་པར་བསྟན་ཏོ། །གཉིས་ཀྱིས་ནི་འབྲས་བུ་ཕུན་སུམ་ཚོགས་པར་བསྟན་ཏོ། ། ་གསུམ་གྱིས་ནི་སྒྲུབ་པ་ཕུན་སུམ་ཚོགས་པར་བསྟན་ཏོ། །གཅིག་གིས་ནི་སྟོན་པ་ཕུན་སུམ་ཚོགས་པར་བསྟན་པ་ཡིན་ནོ། །བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པ་ནི་གླེང་གཞི་ཡོད་པ་ཞེས་བྱ་བ་ནི་ཀུན་ནས་སློང་བ་དང་བཅས་པར་བསླབ་པའི་གཞི་བཅས་པའོ། །དེས་པར་འབྱུང་བ་ཡོད ་པS་ནི་རྣམ་པར་འདས་ན་ཆོས་བཞིན་དུ་ཕྱིར་བྱ་བའི་ཕྱིར་བཅས་པའོ། །རྟོན་བ་ཡོད་པ་ནི་རྟོན་པ་བཞིས་འཆལ་བའི་ཚུལ་ཁྲིམས་ཐམས་ཅད་ལས་ཡང་དག་པར་འདའ་བར་བྱ་བའི་ཕྱིར་བཅས་པའོ། །རྩོལ་བ་ཡོད་པ་ནི་འདོད་པའི་བསོད་ཉམས་དང་ལུས་དུབ་པའི་མཛའ་སྤངས་ཏེ། སྐྱེས ་བུའི་རྩལ་གྱིས་འགྲུབ་པ་དང་མཐུན་པར་བྱ་བའི་ཕྱིར་བཅས་བྱའོ། །ཆོ་འཕྲུལ་ཡོད་པ་ནི་ཆོ་འཕྲུལ་གསུམ་གྱིས་མངོན་པར་ཤེས་པ་མྱུར་བར་བྱ་པའི་གདམས་ངག་གང་ན་མེད་པ་བཅས་པའོ། །ལྷུག་པར་གཏོང་བ་ནི་སྦྱིན་པ་དང་འབྲས་བུར་མ་འབྲེལ་པ་སྟེ། མྱ་ངན ་ལས་འདས་པར་ཡོངས་སུ་བསྔོས་པའི་ཕྱིར་རོ། །ལག་བརྐྱང་བ་ནི་གུས་པ་དང་རྒྱ་ཚོ་ན?་རབ་ཏུ་སྦྱིན་པའོ། །རྣམ་པར་གཏོང་བ་ལ་དགའ་བ་ནི་སྦྱིན་པའི་སྔོན་རོལ་དང། སྦྱིན་པའི་ཚེ་དང་བྱིན་ཟིན་ནས་ཡིད་རངས་པ་དང་འགྱོད་པ་མེད་པའོ། །སྦྱིན་པ་མི་འཆད་པར་བྱེད་པ་ནི་གཅིག་ཏུ ་ཆོས་དང་བབ་བཅོལ་མ་ཡིན་པས་ལོངས་སྤྱོད་བསྒྲུབ་ཏེ་དུས་དུས་སུ་ཡང་དང་ཡང་དུ་སྦྱིན་པར་བྱ་བའི་དངོས་པོ་ཡོངས་སུ་གཏོང་བའོ། །གཏོང་བ་ཕུན་སུམ་ཚོགས་པ་ནི་སྦྱིན་གནས་དག་ལ་དབུལ་བའོ། །སྦྱིན་པ་ལ་འགེད་པར་དགའ་བ་ནི་དུས་དུས་སུ་ཕ་དང་མ་དང་བུ ་དང་བྲན་ལ་སོགས་པ་ལ་ཀུན་བགེད་པའོ། །ཡང་དེ་དག་ཐམས་ཅད་མདོར་བསྡུ་ན་སྦྱིན་པ་རྣམ་པ་དྲུག་ཡིན་ཏེ། མི་རྟེན་པའི་སྦྱིན་པ་དང། རྒྱ་ཆེན་པོའི་སྦྱིན་པ་དང། དགའ་བའི་སྦྱིན་པ་དང། ཡང་དང་ཡང་དུ་སྦྱིན་པ་དང། སྣོད་དུ་གྱུར་པ་ལ་སྦྱིན་པ་དང། ཡོངས་སུ་སྦྱིན་པ ་དང། འཁོར་ལ་སྦྱིན་པ་སྟེ། ཇི་ལྟར་སྦྱིན་པ་དང། གང་ལ་སྦྱིན་པའི་དབང་དུ་བྱས་པའོ། །ཚུལ་ཁྲིམས་རབ་ཏུ་རྒྱས་པའི་བར་གྱི་སྡོམ་ནི། ཚུལ་ཁྲིམས་དང་ཆོས་དང་སྲོག་གཅོད་པ་དང། ཚུལ་ཁྲིམས་དང་ལྡན་པ་ཞེས་རྒྱས་པར་རོ། །དེ་ཚུལ་ཁྲིམས་ནི་འཆལ་བའི་ཚུལ་ཁྲིམས ་ཀྱི་ཁ་ན་མ་ཐོ་བས་ཀུན་དུ་གདུངས་པ་ཉེ་བར་ཞི་བར་བྱེད་པ་དང། ངང་ཆུལ་དུ་བྱ་བའི་དོན་ཏོ། །སྡོམ་པ་ནི་སྤོང་བའི་རང་བཞིན་ནོ། །ཕུན་སུམ་ཚོགས་པ་ནི་འགྱོད་པ་མེད་པ་ཡོངས་སུ་འཛིན་པའོ། །ཀུན་དུ་སྤྱོད་པ་ཡོངས་སུ་དག་པ་ནི་ཏིང་ངེ་འཛིན་ཡོངས་སུ་འཛིན་པའོ། །དགེ ་བ་ནི་འབྲས་བུ་ཡིད་དུ་འོང་བ་ཡོངས་སུ་འཛིན་པའོ། །ཁ་ན་མ་ཐོ་བ་མེད་པ་ནི་བདག་དང་གཞན་ལ་ཕན་པ་ཡོངས་སུ་འཛིན་པའོ། །གནོད་པ་མེད་པ་ནི་མཚོན་ཆ་ལེན་པ་དང། དབྱུག་པ་ལེན་པ་དང་འཐབ་མོ་དང་མཆོད་འབྲུ་བ་ལ་སོགས་བ་དང་མི་མཐུན་པར་གནས་པའོ། །རྗེས་སུ ་མཐུན་པ་ནི་དགེ་སྦྱོང་གི་འབྲས་བུ་དང་ཡོན་ཏན་ཁྱད་པར་ཅན་འཐོབ་པའི་རྗེས་སུ་མཐུན་པའོ། །རྗེས་སུ་འཕྲོས་པ་ནི་དགེ་བ་མི་སྦྱིམས་པའོ། །ཐབས་ནི་སྡིག་པ་འཆགས་པའོ། །འཚམ་པ་ནི་འདོད་པ་ཆུང་བ་ལ་སོགས་པ་དགེ་སྦྱོང་རྒྱན་ཡོངས་སུ་འཛིན་པའོ། །མཐུན་པ་ནི་ལྟ་བ་དང་ཀུན་དུ་སྤྱོས་པ་དང ་འཚོ་བ་ཕུན་སུམ་ཚོགས་པ་ཡོངས་སུ་འཛིན་པའོ། །གདུང་བ་མེད་པ་ནི་ལུས་ངལ་བའི་མཛའ་སྤོང་བའོ། །ཉེ་བར་གདུང་བ་མེད་པ་ནི་འདོད་པའི་བསོད་ཉམས་ལྷུར་ལེན་པའི་མཛའ་སྤོང་བའོ། །འགྱོད་པ་མེད་བ་ནི་ཉོན་མོངས་པ་ཅན་ལ་མངོན་པར་མི་དགའ་ནས་སྲེད་པར་གྱུར་པ་སྤོང་བའོ། ། ་ཆོས་ནི་རིགས་པར་གཏོགས་པ་སྟེ་ལེགས་པར་བྱེད་པའི་ཕྱིར་རོ། །འདུལ་བ་ནི་ཉོན་མོངས་པ་འདུལ་བ་དང་མཐུན་པའོ། །འཕགས་པ་ནི་ཀུན་ནས་ཉོན་མོངས་པའི་ཆོས་ལས་རིང་དུ་ཞུགས་པའོ། །དགེ་བ་ནི་ཁ་ན་མ་ཐོ་བ་མེད་པ་དང་འདོད་པའི་འབྲས་བུ་སྐྱེད་པའོ། །བསྟེན་པར་བྱ་བ་ནིངེས་བར ་བསྟེན་པར་བྱ་བར་འོས་པའོ། །ལེགས་པ་ནི་མཁས་པ་རྣམས་ཀྱིས་རབ་ཏུ་བསྔགས་པའི་དངོས་པོའོ། །སྲོག་གཅོད་པ་ནི་འདི་ན་ལ་ལ་ཞེས་བྱ་བ་སྟེ། རྒྱས་པར་ནི་དཀར་པོའི་ཕྱོགས་དང་ནག་པོའི་ཕྱོགས་དང་བཅས་པ་འདི་ལྟ་སྟེ་རྟོག་པ་དང་བཅས་པ་དང་དཔྱོད་པ་དང་བཅས་པའི་ས ་ལས་འབྱུང་བ་བཞིན་དུ་རིག་པར་བྱའོ། །ཚུལ་ཁྲིམས་དང་ལྡན་པར་གནས་པས་བསྡམས་པ་ཞེས་བྱ་བ་རྒྱས་པར་འབྱུང་བ་དང། དབང་པོ་དག་གི་སྒྲོ་བསྡམས་ཏེ་གནས་པ་དང་དྲན་པ་ཀུན་དུ་བསྲུངས་པ་ཞེས་བྱ་བ་རྒྱས་པར་འབྱུང་བ་དང། ཟས་ཀྱི་ཆོད་རིག་པ་སོ་སོར་བརྟགས་ཤིང ་ཟས་ཟ་བར་བྱེད་ཀྱི་རྒོད་པའི་ཕྱིར་མ་ཡིན་པ་དང། རྒྱགས་པའི་ཕྱིར་མ་ཡིན་པ་ཞེས་བྱ་བ་རྒྱས་པར་འབྱུང་བ་དང། འགྲོ་བ་དང་ལྡོག་པ་ནི་ཤེས་བཞིན་དུ་གནས་པ་ཡིན་ནོ་ཞེས་བྱ་བ་རྒྱས་པར་འབྱུང་བ་དེ་དག་ཐམས་ཅད་རྒྱས་པ་ནི་འདི་ལྟ་སྟེ། ཉན་ཐོས་ཀྱི་ས་ལས་འབྱུང་བ་བཞིན ་དུ་རིག་པར་བྱའོ། །ལམ་རབ་ཏུ་རྒྱས་བའི་བར་གྱི་སྡོམ་ནི། དྲན་དང་སྤོང་དང་རྫུ་འཕྲུལ་དང། །དབང་པོ་རྣམས་དང་སྟོབས་རྣམས་དང། །བྱང་ཆུབ་ཡན་ལག་ལམ་ཡན་ལག་།ཚད་མེད་པ་ནི་ཐ་མ་ཡིན། །དྲན་པ་ཉེ་བར་གཞག་པ་བཞི་བསྒོམ་པར་བྱ་བའི་ཕྱིར་འདུན་པ་དག་པོ ་ཆེན་པོ་ཞེས་བྱ་བ་ནི། ཡིད་ལ་མི་བྱེད་པའི་ཉེས་པ་སྤོང་བའོ། །བརྩོན་འགྲུས་ནི་རྩོལ་བ་ལྷོད་པར་གྱུར་པའི་ཉེས་པ་སྤོང་བའོ། །རྩོལ་བ་ནི་རྒོད་པ་དང་བྱིང?་བའི་ཉོན་མོངས་པའི་སྐྱོན་སྤོང་པའོ། །སྤྲོ་བ་ནི་བདག་ཉིད་ལ་བརྙས་པར་མི་བྱེད་པའོ། །བཟོད་སྤྲོ་ནི་བརྙས? ་པ་ལ་བཟོད་པའོ། །ཕྱིར་མི་ལྡོག་པ་ནི་ཆུད་ཟད་དང་ངན་དོན་ཙམ་གྱིས་ཆོག་པར?་མི་འཛིན་པའོ། །དྲན་པ་ནི་བསྡམས་ངག་མི་བརྗེད་པའོ། །ཤེས་བཞིན་ནི་ལྟུང་བ་མི་བྱེད་པའོ། །བག་ཡོད་པ་ནི་བརྩོན་པ་མི་གཏོང་པའོ། །བརྟུན་པ་དང་ལྡན་པར་གནས་པ་ནི་ལེ་ལོའི ་གཉེན་པོ་བསྒོམ་པའོ། །དྲན་པ་དང་ལྡན་པ་ནི་བསྒོམ་པ་བརྗེད་ངས་པའི་གཉེན་པོ་བསྒོམ་པའོ། །འཇིག་རྟེན་ལ་བརྣབ་སེམས་དང་ཡིད་མི་བདེ་བ་རྣམ་པར་སྤངས་ཏེ། ཞེས་བྱ་བ་ནི་འཇིག་རྟེན་པའི་ཆོས་རྗེས་སུ་ཆགས་པ་དང་ཁོང་ཁྲོ་བའི་གཉེན་པོ་བསྒོམ་པའོ། །དེ་བས ་ན་འདི་ནི་དྲན་པ་ཉེ་བར་གཞག་པ་བསྒོམ་པ་ལ་བརྩོན་པའི་དགེ་སློང་གིས་གཉེན་པོ་རྣམ་པ་བཞི་བསྒོམ་པར་བྱའོ་ཞེས་ཡོངས་སུ་བསྟན་པ་ཡིན་ནོ། །ཡང་དག་པར་སྤོང་པ་དག་དང། རྫུ་འཕྲུལ་གྱི་རྐང་པ་དག་གི་རྣམ་གྲངས་གང་ཡིན་པ་དེ་དག་རྒྱས་པར་ནི་འདི་ལྟ་སྟེ། ་ཉན་ཐོས་ཀྱི་ས་ལས་འབྱུང་བ་བཞིན་དུ་རིག་པར་བྱའོ། །དེ་བཞིན་གཤེགས་པ་ལ་དད་བ་ཞེན་པ་ཡིན་ཞེས་བྱ་བ་ནི་རྒྱས་པ་ནི་འདི་ལྟ་སྟེ། རྣམ་པར་གཏན་ལ་དབབ་པ་བསྡུ་བ་ལས་འབྱུང་བ་བཞིན་ནོ། །མཐུ་དང་ལྡན་པར་གནས། བརྩོན་འགྲུས་དང་ལྡན། སྤྲོ་བ་དང ་ལྡན་པ་ཞེས་བྱ་བ་ནི་རྒྱས་པར་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་ཨི་ས་ལས་འབྱུང་བ་བཞིན་དུ་རིག་པར་བྱའོ། །ཆོས་རྣམ་པར་འབྱེད་དོ། །རབ་ཏུ་རྣམ་པར་འབྱེད་དོ། །ཡོངས་སུ་རྟོགས་པར་བྱེད་དོ། །ཡོངས་སུ་དབྱོད་པར་བྱེད་དོ། །ཞེས་བྱ་བ་ནི་འདི་ལྟ་སྟེ་ཉན་ཐོས་ཀྱིས་ལས ་འབྱུང་བ་བཞིན་ནོ། །ཟག་བ་མེད་པའི་ཡིད་ལ་བྱེད་པ་ཐོས་བ་ནས་བཟུང་སྟེ། བདེན་པ་ལ་དམིགས་པ་ཟག་པ་མེད་པའི་ཡིད་ལ་བྱེད་པ་དང་ལྡན་པ་ཐམས་ཅད་ནི་ཆོས་རྣམ་པར་འབྱེད་པ་ཞེས་བྱའོ། །ཆོས་རབ?་ཏུ་རྣམ་པར་འབྱེད་པ་ནི་དེའི་གཞི་མདོ་ལ་སོགས་པའི་ཆོ་ག་རབ་ཏུ ་རྣམ་པར་འབྱེད་པ་སྟེ། དེ་ལྟར་དེ་ལ་བརྟེན་ནས་སྔ་མ་གཉིས་འབྱེད་པར་བྱེད་པའོ། །དེ་ལ་རྣམ་པར་འབྱེད་པ་ངེས་པར་འཛིན་པ་ནི་རྟོག་པའོ། །རབ་ཏུ་རྣམ་པར་འབྱེད་པ་ངེས་པར་འཛིན་པ་ནི་ཡང་དག་པར་རྟོག་པའོ། །ཆོས་རབ་ཏུ་རྣམ་པར་འབྱེད་པ་ངེས་པར་འཛིན་པ་ནི་ཉེས ་པར་རྟོག་པའོ། །དེ་ལ་སྔ་མ་ནི་ཀུན་ཏུ་ཚོལ་བའི་ལམ་མོ། །འདི་ནི་རྣམ་པར་ངེས་པའི་ལམ་མོ། །རྣམ་གྲངས་གཞན་ཡང་རྟོག་པ་ནི་ཤེས་བྱའི་དངོས་པོ་ལ་ཡིད་ལ་བྱེད་པ་གཏོད་པའོ། །ཡང་དག་པར་རྟོག་པ་ནི་གཏད་བའི་འོག་ཏུ་ཡོངས་སུ་ཚོལ་བའོ། །ཉེ་བར་རྟོག་པ་ནི་ཡོངས ་སུ་བཙལ་བའི་འོག་ཏུ་གཏན་ལ་འབེབས་པའོ། །བསྟེན་པ་ནི་རྣམ་པར་རྟོག་པའི་ལུས་ཤེས་པའོ། །ཡང་དག་པར་རྟོགS་པ་ནི་ཤེས་བྱའི་དངོས་པོ་ཤེས་པའོ། །རྣམ་གྲངས་གཞན་ཡང་རང་གི་མཚན་ཉིད་ཀྱི་སྒོ་ནས་བསྟན་པའོ། །སྤྱིའི་མཚན་ཉིད་ཀྱི་སྒོ་ནས་ཡང་དག་པར་རྟོགས ་པའོ། །ཡོད་འཛིན་ནི་ཇི་སྙེད་ཡོད་པ་དང་ཇི་ལྟར་ཡོད་བ་བཞིན་འཛིན་པའོ། །རྒྱས་པར་འགྱུར་བ་དང། འཕེལ་བ་དང། །ཡངས་པ་ནི་སྔ་མ་དང་ཕྱི་མ་ལས་སོ། །ཡིད་གཞུངས་པ་ནི་དེའི་དོན་སྔ། ཕྱི་མི་བརྗེད་པའོ། །བློ་ནི་རྣམ་པར་འབྱེད་པར་ནུས་པའི་ཤེས་རབ་ལྷན་ཅིག་སྐྱེས ་བ་གང་ཡིན་པའོ། །མཁས་པ་ནི་ཡང་དག་པར་བླངས་པའི་ཤེས་རབ་གང་ཡིན་པའོ། །ཤེས་རབ་རྒྱུ་བ་ནི་ལུང་དང་ཁ་རྟན?་དང་ཡོངས་སུ་འདྲི་བ་དང། འབྲེལ་བའི་གཏམ་རྣམ་པར་ངེས་པ་ལ་སོགས་པས་དོན་རྣམ་པར་ཤེས་པ་དེ་གོང་ནས་གོང་དུ་རྣམ་པར་ཤེས་པར་བྱ་བ་དང་ལྡན ་བའི་ཤེས་རབ་གང་ཡིན་པའོ། །ལྷག་མཐོང་ནི་སྔར་རྣམ་པར་ཤེས་ཟིན་པའི་དོན་ལ་སོ་སོར་རྟོགས་པའོ། །གཏོང་བ་ནི་རྟོག་པ་སྔོན་དུ་བཏང་བའི་དམིགས་པ་ཡིད་ལ་བྱེད་པ་གང་ཡིན་པ་དང། དེར་སེམས་གཏོད་པར་བྱེད་པའོ། །རྣམ་པར་གཏོད་པ་ནི་གང་གི་མཇུག་དུལ?་བར་བྱེད་པའོ ་རྟོག་པ་ནི་མཚན་མར་འཛིན་པའོ། །རབ་ཏུ་རྟོག་པ་ནི་མངོན་རྟགས་སུ་འཛིན་པའོ། །རྣམ་གྲངས་གཞན་ཡང་རྟོག་པ་ནི་ཀུན་ཏུ་ཚོལ་བའི་སེམས་ཀྱིས་རྟོགས་པའོ། །རབ་ཏུ་རྟོག་པ་ནི་ཀུན་དུ་ལྟ་བས་སོ་སོར་རྟོག་པའོ། །མངོན་བར་རྟོག་པ་ནི་ཡོན་ཏན་དང་སྐྱོན་ལ་རྟོག་པའོ། །དེ ་དག་ཉིད་ལུད་ལ་བརྟེན་ནས་བྱེ་བྲག་ཏུ་རྟོག་པ་དང་བྱེ་བྲག་བགྲང་བའོ། །མངོན་སུམ་ལ་བརྟེན་ནས་རྟོག་པ་དང་རྣམ་པར་རྟོག་པའོ། །རྗེས་སུ་དཔག་པ་ལ་བརྟེན་ནས་ཡང་དག་རྟོག་པ་དང། ཡང་དག་པར་རྟོག་པ་ཉིད་དོ། །ཀུན་དུ་སྤོང་བ་ནི་ལྷག་པའི་བསམ་པས་སྤོང་བ་ངེས་པར ་སྐྱེ་བའོ། རྣམ་པར་སྤོང་བ་ནི་གཞན་ལས་ཡང་དག་པར་ལེན་པའོ། །ཉེ་བར་སྤོང་བ་ནི་ཡང་དག་པར་བླངས་པའི་འོག་ཏུ་ཚུལ་ཁྲིམས་རྗེས་སུ་སྲུང་པའོ། །སོ་སོར་སྤོང་བ་ནི་ལྟུང་བ་འབྱུང་བ་ཆོས་བཞིན་དུ་ཡང་ཕྱིར་བྱེད་པའོ། །དེ་ལ་ཡང་དག་པར་སྡོམ་པ་དང། སྡོམ་པ་གཉིས་ཀྱིས ་ཚུལ་ཁྲིམས་རྗེས་སུ་སྲུང་བ་ཞེས་བྱ་བ་དེ་ལ་ཡང་དག་པར་སྡོམ་པ་ནི་བཟོད་པ་དང། ངེས་པ་དང་འདོད་པ་ཆུད་པ་དང་བྱམས་པའི་སེམས་ལ་སོགས་པའོ། །སྡོམ་པ་ནི་དབང་པོའི་སྒོ་བསྡམས་པའོ། །མི་བྱ་བ་ནི་བདག་ཀྱང་མི་བྱེད་ལ། གཞན་ལ་ཡང་བྱེད་དུ་མི་གཞུག་པའོ།། ་མི་སྤྱད་པ་ནི་ཤེས་བཞིན་དུ་མི་བྱེད་པའོ། །སྤྱད་པ་མ་ཡིན་པ་ནི་དྲན་བཞིན་དུ་མི་སྤྱོད་པའོ། །ཆུ་ལོན་ནི་དེ་ལ་བརྟེན་ནས་སྡིག་པའི་ཆོས་ལས་བརྒལ་བའོ། །དུས་ཚོད་ནི་དེ་དང་འགལ་བར་གནས་པ་དང་དེའི་བར་ཆད་བྱེད་པའི་ཆོས་སྐྱེས་སོ་ཅོག་གཉེན་པོ་ལ་བརྟེན་ནས་དེང་དུ ་མི་ལན་ཅིང་སྤོང་པའོ། །སྤོང་ལྡན་ནི་སྤོང་པ་དེ་དག་ལ་ལྷག་པའི་བསམ་པ་ཕུན་སུམ་ཚོགས་པའོ། །མི་འདའ་བ་ནི་བསླབ་པའི་ཚོགས་ཐམས་ཅད་རྣམ་པར་འབྱེད་པར་མི་བྱེད་ཅིང་མི་སྤོང་བའོ། །རྣམ་པར་མི་འདའ་བ་ནི་ཕྱོགས་འགའ་ཡང་འཕམ་མི་འབྱིན་ཞིང་མི་སྤོང ་པའོ། །གནས་པ་ནི་སེམས་འཇོག་པར་བྱེད་པ་གང་ཡིན་པའོ། །ཡང་དག་པར་འཇོག་པ་ནི་ཡང་དག་པར་འཇོག་པ་གང་ཡིན་པ་སྟེ། རྒྱས་བར་ནི་འདི་ལྟ་སྟེ། ཉན་ཐོས་ཀྱི་ས་ལས་སེམས་གནས་པ་རྣམ་པར་གུ་འབྱུང་བ་བཞིན་དུ་རྟོགས་པར་བྱའོ། །སྡོམ་ནི། ་ཤེས་དང་སྟོན་དང་དགེ་བ་དང། འདུན་པ་དང་བརྟུན་དང་གཅིག་བུ་དང། རྡུལ་བྲལ་ནང་དང་སྣད་བ་དང། །བདག་དང་སྲེད་བཅད་སྐྱེ་བ་ཟད། །ལྷར་བཅས་སྐྱེ་བོ་མང་པོ་དང། །ཕུང་པོ་དང་ནི་ངར་འཛིན་པའོ། །ཤེས་པ་ཞེས་བྱ་བ་ནི་ཐོས་པའི་ཐ་སྙད་སྔོན་དུ་འགྲོ་བའི་ཤེས་རབ་གོ། ་མཐོང་བ་ནི་མཐོང་བའི་ཐ་སྙད་སྔོན་དུ་འགྲོ་བའི་ཤེས་རབ་བོ། །རིག་པ་ནི་བྱེ་བྲག་ཕྱེད་པའི་ཐ་སྙད་སྔོན་དུ་འགྲོ་བའི་ཤེས་རབ་བོ། །རྣམ་པར་ཤེས་པ་ནི་རྣམ་པར་ཤེས་པའི་ཐ་སྙད་སྔོན་དུ་འགྲོ་བའི་ཤེས་རབ་བོ། །ཡེ་ཤེས་ནི་ལྡོག་ཏུ་མྱུར་པ་ཤེས་པའོ། །མཐོང་བ་ནི་མངོན་དུ་མངོན ་སུམ་དུ་གྱུར་པ་མཐོང་པའོ། །རིག་པ་ནི་མ་རིག་པ་ལས་བཟློག་པའི་བྱེ་བྲག་ཏུ་རྟོགས་པའོ། །བློ་ནི་ཡང་དག་པར་ཡོད་པའི་དོན་ཤེས་པའོ། །རྟོག་པ་ནི་ཡང་དག་པ་མ་ཡིན་པ་ལ་སྒྲོ་མི་འདོགས་པའོ། །ཤེས་རབ་ནི་ལྷན་ཅིག་སྐྱེས་པའི་ཤེས་རབ་གང་ཡིན་པ་སྟེ་སྐྱེས་ནས་ཐོབས ་པའོ། །སྣད་བའི་སྦྱོར་བ་ལས་ཡང་དག་པར་བསྒྲུབ་པའི་ཤེས་རབ་གང་ཡིན་པའོ། །མངོན་པར་རྟོགས་པ་ནི་ཆོས་མངོན་པར་རྟོགས་པ་དང་ལྡན་པ་ཆོས་རྣམས་ལ་གཞན་གྱི་དྲིང་མི་འཇོག་ཅིང། ལྐོག་ཏུ་གྱུར་པ་མ་ཡིན་པ་ནང་གི་སོ་སོའི་ནང་གི་ཤེས་རབ་གང་ཡིན་པའོ། །སྟོན ་པ་ནི་དྲིས?་པ་ལུང་སྟོན་པ་གང་ཡིན་པའོ། །འདོགས་པར་བྱེད་པ་ནི་ལུང་སྟོན་པར་འདོད་པའི་མིང་དང་ཚིག་དང་ཡི་གེའི་ཚོགས་རྣམས་མཐར་གྱིས་ལེགས་བར་བསྡེབ་པར་བྱེད་པའོ། །རབ་ཏུ་འཇོག་པར་བྱེད་པ་ནི་མཐར་གྱིས་ལེགས་པར་བསྡེབས་པ་རྣམས་སྟོན་པར་བྱེད་པའོ། །བྱེ ་བྲག་ཏུ་འགྲེལ་པ་ནི་བསྟན་པ་རྣམས་བྱེ་བྲག་ཏུ་སྟོན་པར་བྱེད་ཅིང་དོན་འཆད་པའོ། །རྣམ་པར་འགྲེལ་བ་ནི་གཞན་གྱིས་ཐེ་ཚོམ་སྐྱེས་སོ་ཅོག་སེལ་བར་བྱེད་པའོ། །གསལ་བར་བྱེད་པ་ནི་དོན་དང་ཚིག་ཟབ་མོ་ཡང་དང་ཡན་ཏུ་རྟོགས་པར་བྱས་ནས་རབ་ཏུ་སྟོན་པར་བྱེད་པའོ། ། ་སྟོན་པར་བྱེད་པ་ནི་སྙིབ་བརྩེ་བས་མ་དྲིས་མ་བཅོལ་བར་ཆོས་འཆད་པར་བྱེད་ཅིང་ཀུན་ཏུ་སྟོན་པའོ། །ཡང་དག་པར་རབ་ཏུ་སྟོན་པ་ནི་བར་ཆད་མེད་པར་སྟོན་པའོ། །སློབ་དཔོན་གྱི་དཔེ་མཁྱུད་མི་བྱེད་པ་ནི་འཆབ་པ་མི་བྱེད་པའོ། །ཐོག་མར་དགེ་བ་ནི་ཉན་པ་རྣམས་རབ་ཏུ ་དགའ་བ་སྐྱེད་བའོ། །བར་དུ་དགེ་བ་ནི་རབ་ཏུ་སྦྱོར་བ་རྣམས་ཚོགས་ཆུང་ངུས་མཛའ་གཉིས་རྣམ་པར་སྤངས་པ་དབུ་མའི་ལམ་ལ་ཡང་དག་པར་བརྟེན་པའོ། །ཐ་མར་དགེ་བ་ནི་ཤིན་ཏུ་དྲི་མ་མེད་པ་དང། ཤིན་ཏུ་མཐར་ཕྱིན་པའི་ཕྱིར་དང་ཐམས་ཅད་ལ་འདོད་ཆགས་དང་བྲལ ་བ་དང། ཤིན་ཏུ་འདོད་ཆགས་དང་བྲལ་བའི་མཐར་གྱུར་བའི་ཕྱིར་རོ། །དོན་བཟང་པོ་ནི་ཕན་པ་དང། བདེ་བ་དང་ལྡན་པའི་ཕྱིར་རོ། །ཚིག་འབྲུ་བཟང་པོ་ནི་མིང་གི་ཚོགས་ལ་སོགས་པ་ལེགས་པར་སྦྱར་པ་དང། ཚིག་ཏུ་འདོན་པ་ཟུར་ཕྱིན་པ་དང ་ལྡན་པའོ། །མ་འདྲེས་པ་ནི་འདི་ལས་ཕྱི་རོལ་པ་རྣམས་དང་ཐུན་མོང་མ་ཡིན་པའོ། །ཡོངས་སུ་རྫོགས་པ་ནི་ཚད་མེད་པའི་ཕྱིར་ཐམས་ཅད་ཀྱི་མཆོག་ཏུ་བྱུང་བའོ། །ཡོངས་སུ་དག་པ་ནི་རང་བཞིན་རྣམ་པར་གྲོལ་བའོ། །ཡོངས་སུ་བྱང་བ་ནི་རྒྱུད་རྣམ་པར་གྲོལ་བའོ། ། ་ཚངས་པར་སྤྱོད་པ་ནི་འཕགས་པའི་ལམ་ཡན་ལག་བརྒྱད་དེ། དེ་ནི་མ་འདྲེས་པའི་རྣམ་པ་ལ་སོགས་པས་མཚན་ཉིད་རྣམ་པ་བཞིར་བསྟན་ཏོ། །ཉོན་ལ་ཞེས་བྱ་བ་ནི་མཚན་ཉིད་དེ་ལྟ་བུའི་ཆོས་ལ་སྣ་གཏོང་པར་ཡང་དག་པར་སྦྱོར་བར་བྱེད་པའོ། ། ་ཤིན་ཏུ་ལེགས་པར་ཞེས་བྱ་བ་ནི་ཕྱིན་ཅི་མ་ལོག་པ་དང། རྒྱུན་མི་འཆད་པ་དང། གུས་པར་ཚུལ་བཞིན་ཡིད་ལ་བྱེད་པ་དང་ཡང་དག་པར་སྦྱོར་བར་བྱེད་པའོ། །འདུན་པ་དྲག་པོ་ནི་ནམ་ཞིག་ན་གནས་ཏེ་ཞེས་བྱ་བ་རྒྱས་བར་འབྱུང་བའོ། །དགའ་བ་དྲག ་པོ་ནི་ཡང་དག་པར་སྦྱོར་བ་ལ་དགའ་བའོ། །རབ་ཏུ་དགའ་བ་དྲག་པོ་ནི་སྟོན་པར་བྱེད་པ་སྟོན་པ་འམ་བླ་མའི་གནས་ལྟ་བུ་ལ་རབ་ཏུ་དགའ་བའོ། །དང་བ་དྲག་པོ་ནི་ཆོས་སྟོན་པ་དང་གདམས་ངག་རྗེས་སུ་སྟོན་པ་ལ་དང་བའོ། །བརྟུན་པར་བྱ་བའི་ཕྱིར་ཞེས་བྱ་བ ་ནི་མངོན་པར་ཤེས་བ་མྱུར་བར་བྱ་བའི་ཕྱིར་ཏེ། སང་བྱ་སང་བྱའོ་ཞེས་མི་སྡོང་པར་བརྩོན་འགྲུས་རྩོམ་པའོ། །རྫེས་སུ་བརྩོན་པར་བྱ་བའི་ཕྱིར་ཞེས་བྱ་བ་ནི། ཇི་ལྟར་བསླབ་པ་དང་མཉམ་པ་འམ། ལྷག་པར་རབ་ཏུ་སྦྱོར་གྱི། ཆུང་དུ་ནི་མ་ཡིན་ནོ། །སྤང་བའི ་ཕྱིར་ཞེས་བྱ་བ་ནི་ཉོན་མོངས་པ་རྣམས་ཀྱི་གཉེན་པོ་བསྒོམ་པའོ། །ནང་དུ་ཡང་དག་གཞག་པའི་ཕྱིར་ཞེས་བྱ་བ་ནི་བས་མཛའ་ཨི་གནས་མལ་དག་ཏུ་མ་འདྲེས་པར་གནས་ཤིང་ཏིང་ངེ་འཛིན་མངོན་སུམ་དུ་བྱ་བ་ལ་ཏིང་ངེ་འཛིན་གང་ལ་བརྟེན་ནས་གཉེན་པོ་བསྒོམ ་པའོ། །གཅིག་བུ་ནི་དབེན་པའི་གནས་མལ་དུ་སོང་བ་གཉིས་ལྷན་ཅིག་ཏུ་མི་གནས་པའོ། །མ་འདྲེས་པ་ནི་ཉོན་མོངས་པ་ཅན་དང་ལུང་དུ་མ་བསྟན་པའི་ཡིད་ལ་བྱེད་པ་ལ་ཀུན་ཏུ་མི་སྤྱོད་པའོ། །བག་ཡོད་པ་ནི་འདོད་པའི་རྣམ་པར་རྟོག་པ་ལ་སོགས་པ་སྡིག་པ་ཅན་གྱི་ཆོས་ལས་སེམས་སྲུང ་བ་དང། དགེ་བ་ལ་ཡང་དག་པར་སྦྱོར་བའོ། །བརྟུན་པ་ཅན་ནི་སྔ་མ་བཞིན་ནོ། །བདག་ཉིད་གཏོང་པ་ནི་སྒྲིབ་པ་ལྔ་སྤངས་ནས་སེམས་ཅན་རབ་ཏུ་ནང་དུ་གནོད་པ་དང་འདིས་བླ་ན་མེད་པའི་གྲུབ་པ་དང་བདེ་བ་ལ་སེམས་གཏོང་བ་ཡིན་ནོ། །རྡུལ་དང་བྲལ་བ་ཞེས་བྱ་བ་ནི་མཐར་མ་ཐུག་པའི་ཤེS ་པ་སྐྱེས་པ་ལ་མངོན་པར་རྟོགས་པའི་བར་ཆད་བྱེད་པ་ངའོ་སྙམ་པའི་ང་རྒྱལ་བར་ཆད?་དང་བཅས་པ་དང་བར་ཆད་མེད་བར་འབྱུང་བ་གང་ཡིན་པ་དེ་ནི་རྡུལ་ཞེས་བྱའོ། །དྲི་མ་ནི་དེའི་ཕྱོགས་དང་མཐོང་བས་སྤང་བར་བྱ་བའི་ཕྱོགས་ཀྱི་གནས་ངན་ལེན་ཏོ། །དེ་དག་མེད་པའི་ཕྱིར་རྡུལ ་དང་བྲལ་བ་དང་དྲི་མ་དང་བྲལ་བའོ། །ཡང་བོར?་སྙམ་པའི་ང་རྒྱལ་དེ་དང། མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་ནི་རྡུལ་ལོ། །ཕྱོགས་གཉིས་ཀའི་གནས་ངན་ལེན་ནི་དྲི་མའོ། །ཆོས་རྣམས་ལ་ཞེས་བྱ་བ་ནི་རང་དང་སྤྱིའི་མཚན་ཉིད་དུ་གནས་བ་དག་ལའོ། ཆོས་ཀྱིས་དམིཌ? ་ནི་ཆོས་ཙམ་ཡང་དག་པ་ཇི་ལྟ་བ་བཞིན་མངོན་སུམ་དུ་ཉམས་སུ་མྱོང་བ་ཅན་གྱི་ཤེས་རབ་བོ། །ཆོས་མཐོང་བ་ནི་སྡུག་བསྔལ་ལ་སོགས་པ་ལ་ཡང་དག་པ་ཇི་ལྟ་བ་བཞིན་དུ་མཐོང་བའོ། །ཆོས་ཐོབ་པ་ནི་དགེ་སྦྱོང་གི་འབྲས་བུ་མཐུན་པར་ཐོབ་པའོ། །ཆོས་རྟོགས་པ་དེ ་ཐོབ་པ་ན་བདག་གིས་ཐོབ་བོ། །བདག་ནི་རྒྱུན་ཏུ་ཞུགས་པ་སྟེ་ལྟུང་བའི་ཆོས་མ་ཡིན་ཞེས་བྱ་བར་ཤེས་པའོ། །ཆོས་ཀྱི་གཏིང་སླེབས་པ་ནི་བདེན་པ་མངོན་པར་རྟོགས་པའི་དབང་དུ་བྱས་ཏེ་ཤེས་ནས་དད་པ་རྙེད་པའི་ཕྱིར་སྟོན་པ་དང་ཆོས་དང་དགེ་འདུན་དང་བདག་ཉིད་ཀྱི་འཕཌ ་པ་དགྱེས་པའི་ཚུལ་ཁྲིམས་རྣམས་རྣམ་པའི་སྒོ་ནས་ཡང་དག་པ་ཇི་ལྟ་བ་བཞིན་དུ་གཏིང་རྟོགས་པའོ། །སོམ་ཉི་ལས་རྒལ་བ་ནི་རང་གི་རྟོགས་པ་ལའོ། །ཐེ་ཚོམ་ལས་བརྒལ་བ་ནི་གཞན་དག་གི་རྟོགས་པ་དག་ལའོ། །གཞན་གྱི་དྲིང་མི་འཇོག་པ་ནི་ཆོས་དེ་བདག་ཉིད་ཀྱིས ་ཡང་དག་པར་རྟོགས་ཀྱི་གཞན་ལས་མཐུན་པ་ལ་སོགས་པ་དག་ལས་ནི་མ་ཡིན་པའོ། །གཞན་གྱིས་བཀྲིར་མི་བཏུབ་པ་ནི་སྟོན་པའི་བསྟན་པ་ལ་བས་ཀྱི་རྒོལ་བ་ཐམས་ཅད་ཀྱིས་མི་འཕྲོགས་པའོ། །ཆོས་རྣམས་ལ་མི་འཇིགས་པ་ཐོབ་པ་ནི་རྟོགས་པ་དེ་ལ་གཞན ་གྱིས་དྲི་མ་ཀྱང་སྤ་བཀོད?་པ་མེད་པའོ། །མངོན་པར་བརྒལ་བ་མངོན་པར་བརྒལ་བ་ཞེས་བྱ་བ་ནི་རྒྱུན་ཕྱོགས་ལས་བཟློག་བའི་ལམ་ལ་ཡང་དག་པར་ཞུགས་པའོ། །ལན་གཉིས་སུ་བརྗོད་པ་ནི་ཤིན་ཏུ་མངོན་པར་བརྒལ་བ་ལས་ཕྱིར་མི་ལྡོག་པའོ། །རྣམ་གྲངས་གཞན་ཡང ་བརྡར་བཏགས་པ་དང་དོན་དམ་པའི་ཚོས་ཁས་བླངས་བར་རིག་པར་བྱའོ། །ནང་དུ་སྣང་ངོ་ཞེས་རྒྱས་པར་བཤད་པ་གང་ཡིན་པ་ཇི་ལྟར་ན་ནད་ལ་སོགས་པར་སྣང་བ་ཡིན་ཞེ་ན། འདིའི་ནང་ནི་འདི་མ་ཡིན་མོད་ཀྱི་ཞེས་བྱ་བ་རྒྱས་པར་འབྱུང་བ་སྟེ། འོན་ཀྱང་དེ་དང་པོ་ཉིད་དུ་མི ་རྟག་ལ་སོགས་པའི་རྣཾ་པས་དེ་ལྟར་རྣམ་པར་སུན་ཕྱུང་བ་ཡིན་ཏེ། གང་ཞིག་ཡིད་ལ་བྱེད་པ་ན་འགྲོགས་པར་མི་འདོད་པས་ནད་ལ་སོགས་པ་བཞིན་དུ་མི་མཐུན་པར་འཛིན་པ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་མཇུག་ཐོགས་སུ་མི་རྟག་པ་ལ་སོགས་པའི་རྣམ་པ་སྨོས་ཏེ། ་དེ་ལྟར་སྣང་བ་དེ་ནི་དེར་ཡོངས་སུ་བརྟགས་པའི་འབྲས་བུ་ཡིན་ནོ། །མི་རྟག་པ་ཉིད་དུ་ཞེས་བྱ་བ་ནི་ཚེའི་སྐད་ཅིག་བརྒྱུད་པ་མཐོང་བ་སྟེ། སྐད་ཅིག་བརྒྱུད་པ་ནི་དཔེར་ན་མངོན་སུམ་པ་དང། གཞན་གྱི་དྲིང་མི་འཇོག་པའི་ཤེས་པས་རེག་པ་དང་དེ་དང་དེ་ཀུན་ཏུ ་འབྱུང་བ་དང་ནུབ་པའི་སྒོ་ནས་ཚོར་བ་དེ་དང་ཀུན་ཏུ་འབྱུང་བ་དང་ནུབ་པའི་རྒྱུན་མཐོང་བ་ལྟ་བུའོ། །སྡུག་བསྔལ་ཉིད་དུ་ཞེས་བྱ་བ་ནི་སྡུག་བསྔལ་རྣམ་པ་གཉིས་ཏེ་སྐྱེ་བ་ལ་སོགས་པའི་སྡུག་བསྔལ་དང། གང་ཅི་ཚོར་ཡང་རུང་བ་དེ་ནི་འདིར་སྡུག་བསྔལ་ལོ་ཞེས་བྱའོ། ་ཆའི?་སྐད་ཅིག་བརྒྱུད་པ་མཐོང་བའི་སྒོ་ནས་ཅི་རིགས་པར་དེ་ཉིད་ལ་འཇུག་སྟེ། །ཤི་བའི་འོག་ཏུ་སྐྱེའོ་སྐྱེས་ནས་ཀྱང་རྒ་བ་ལ་སོགས་པས་སྡུག་བསྔལ་ཏེ་དེའི་ཕྱིར་གང་མི་རྟག་པ་དེ་ནི་སྡུག་བསྔལ་ལོ་ཞེས་སྐྱེ་བ་བརྒྱུད་པའི་སྒོ་ནས་སྡུག་བསྔལ་བ་ཉིད་ལ་འཇུག་གོ་།ཇི ་ལྟར་ན་གང་ཅི་ཚོར་ཡང་དུང་དེ་ནི་འདིར་སྡུག་བསྔལ་བའོ་ཞེས་བྱ་ཞེ་ན། བདེ་བའི་ཚོར་བ་ནི་འགྱུར་བའི་སྡུག་བསྔལ་ཉིད་ཀྱིས་སྡུག་བསྔལ་ལོ། །སྡུག་བསྔལ་ནི་སྡུག་བསྔལ་གྱི་སྡུག་བསྔལ་ཉིད་ཀྱིས་སྐྱེ་བ་དང་གནས་བས་སྡུག་བསྔལ་ལོ། །བདེ་བ་ཡང་མ་ཡིན་སྡུག་བསྔལ་བ ་ཡང་མ་ཡིན་པ་ནི་མི་རྟག་པ་དང་འགོག་པའི་ཆོས་ཅན་བས་སྡུག་བསྔལ་ལོ། །དེ་ལ་བདེ་བ་ནི་མི་རྟག་པའི་ཕྱིར་ཡོངས་སུ་འགྱུར་རོ། །སྡུག་བསྔལ་ནི་མི་རྟག་པའི་ཕྱིར་སྐྱེའོ། །རྒྱུན་ཏུ་འབྱུང་བའི་ཕྱིར་གནས་སོ། །སྡུག་བསྔལ་བ་ཡང་ཡིན་བདེ་བ་ཡང་མ་ཡིན་པ ་ཡང་འགགས་པ་ནི་མི་རྟག་པ། སྐྱེས་པ་ནི་འགག་པའི་ཆོས་ཅན་ཏེ། དེ་འགགས་ཀྱང་དེ་གཉིས་དང་མ་བྲལ་བ་ན་དི་གཉིས་དང་རྗེས་སུ་འབྲལ་བ་ཡིན་པས་དེའི་ཕྱིར་དེ་ཡང་སྡུག་བསྔལ་ཡིན་ནོ། །ཇི་ལྟར་བདེ་བའི་ཚོར་བ་སྡུག་བསྔལ་བ་ཉིད་དུ་ལྟ་ཞེ་ན། དེ་ལ་འདོད་ཆགS ་རྒྱས་པར་འགྱུར་ལ། དེ་ཡང་ཚེ་ཕྱི་མ་ལ་སྡུག་བསྔལ་ཡོངས་སུ་འཛིན་པ་དང། །མཐོང་པའི་ཆོས་ལ་ཡང་ངེས་འགྱུར་བའི་སྡུག་བསྔལ་བསྐྱེད་པར་བྱེད་དེ། དེ་ལྟར་ན་སྡུག་བསྔལ་ཉིད་དུ་བལྟ་བར་བྱའོ། །ཇི་ལྟར་ན་སྡུག་བསྔལ་ལ་ཟུག་རྔུ་ཉིད་དུ་བལྟ་བར་བྱ་ཞེ་ན། ་མངོན་དུ་གྱུར་ན་ཟུག་རྔུ་བཞིན་དུ་གནོད་པ་བྱེད་པའི་ཕྱིར་རོ། །བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པ་ནི་མི་རྟག་པ་འགྱུར་བའི་ཆོས་ཅན་ནོ་ཞེས་བྱ་བ་ན་འགགས་པ་གང་ཡིན་པ་ནི་མི་རྟག་པའོ། །མ་འགགས་པ་གང་ཡིན་པ་ནི་འགོག་པའི་ཆོས་ཅན་ཏེ་མི་རྟག་པ་གང ་ཡིན་པ་དེ་ལས་ནི་བདེ་བ་འམ་སྡུག་བསྔལ་མི་སྐྱེའོ། །འགོག་པའི་ཆོས་ཅན་ནི་དེས་བདེ་བ་དང་སྡུག་བསྔལ་བདག་ལས་ཡོངས་སུ་མ་གྲོལ་བ་ཡིན་ནོ། །སྟོང་པ་ཉིད་ཅེས་བྱ་བ་ནི་རྟག་པ་དང་བརྟན་པ་དང་མི་འགྱུར་བའི་ཆོས་ཅན་གྱི་བདག་དང་བྲལ་བའོ། །བདག་མེད ་པ་ཉིད་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་དང་རང་དབང་མེད་པའོ། །སྣང་བ་ནི་རང་བཞིན་གྱིས་སོ་།རབ་ཏུ་སྣང་བ་ནི་དེ་ཡོངས་སུ་ཤེས་པར་བྱ་བ་དང། སྤང་བར་བྱ་བའོ་ང་ན་པར་སྣང་བ་ནི་དེ་ཡོངས་སུ་མ་ཤེས་ཤིང་མ་སྤངས་ན། སྐྱོན་ནི་འདི་ལྟ་བུ་དང་མཐུན་པར ་གྱུར་ཞེས་བྱ་བའོ། །ཀུན་ཤེས་པ་ནི་མཚན་ཉིད་སོ་སོར་ཡང་དག་པར་རྟོགས་པས་སོ། །རྣམ་པར་ཤེས་པ་ནི་མོས་པ་ཡིད་ལ་བྱེད་པས་སོ། །རབ་ཏུ་ཤེས་པ་ནི་རབ་ཏུ་དབེན་པ་དང་ལྡན་པ་ལ་སོགས་པས་སོ། །ཡང་དག་པར་རྟོག་པར་བྱེད་པ་ནི་རང་གི་མཚན་ཉིད་ཀྱི ་སྒོ་ནས་སོ། །ཉེ་བར་རྟོག་པར་བྱེད་པ་ནི་སྤྱིའི་མཚན་ཉིད་ཀྱི་སྒོ་ནས་སོ། །སྟེན་པར་བྱེད་པ་ནི་ཇི་སྙེད་ཡོད་པ་ལས་སོ། །སོ་སོར་རྟོག་པ་ནི་ཇི་ལྟ་བ་བཞིན་དུ་ཡོད་པ་ལས་སོ། །རེག་པར་བྱེད་པ་ནི་འཕགས་པའི་ལམ་ཡན་ལགས་བརྒྱད་ཚངས་པར་སྤྱོད་པས་ཡང་དག་པར ་བསྡུས་པའོ། །མངོན་སུམ་དུ་བྱེད་པ་ནི་འབྲས་བུ་མྱ་ངན་ལས་འདས་པའོ། །བདག་ནི་ཉེ་བར་ལེན་པའི་ཕུང་པོ་ལྔ་རྣམས་ལ་བདག་དང་བདག་གིར་ལྟ་བ་ཀུན་ཏུ་སྤྱོད་པའོ། །སེམས་ཅན་ནི་ཡོད་པའི་ཆོས་དེ་ཡང་དག་པ་ཇི་ལྟ་བ་བཞིན་དུ་མ་ཤེས་པ་དང་དེ་དག་ལ ་ཆགས་པའོ། །ཤེད་ལས་སྐྱེས་པ་ནི་ཡིད་ཀྱི་རྣམ་པའོ། །ཤེད་བུ་ནི་ང་རྒྱལ་ལ་བརྟེན་ནས་མཐོ་དམན་དུ་གྱུར་པའོ། །གོས་བ་ནི་ཡང་འབྱུང་བ་པའི་སྲིད་པའི་ལམ་གྱིས་རྒྱས་པར་བྱས་པའོ། །སྐྱེས་བུ་ནི་སྐྱེས་བུའི་རྩལ་བྱེད་པའོ། །གང་ཟག་ནི་ཡང་དང་ཡང་དུ ་འགྲོ་བ་ལ་ངོམས་པ་དང་མཆོག་མི་ཤེས་པའོ། །སྲོག་ནི་ཚེ་དང་ལྷན་ཅིག་གསོན་ཞིང་གནས་པའོ། །སྐྱེ་བ་པོ་ནི་སྐྱེ་བ་ལ་སོགས་པའི་ཆོས་སོ། །ཀུན་ཏུ་སྦྱོར་བ་རྣམས་རྣམ་པར་བཟློག་ནས་སྲེད་པ་བཅད་པ་དང་ལྡན་ཞེས་བྱ་བ་ནི་འདི་ལྟ་སྟེ། བདེན་པ་མངོན་པར ་རྟོགས་པ་དང་བཅས་པ་ཀུན་ཏུ་སྦྱོར་བ་གསུམ་སྤངས་པའི་ཕྱིར་ཡང་སྲིད་པའི་སྲེད་པ་ཀུན་ཏུ་མི་སྤྱོད་པའོ། །དེ་དུས་གཞན་ན་ཡང་དང་ཡང་དུ་སྐྱེ་བ་དང་འཇིག་པ་རྗེས་སུ་མཐོང་ནས་ང་རྒྱལ་མ་ལུས་པར་རབ་ཏུ་སྤོང་སྟེ་དེའི་ཕྱིར་ང་རྒྱལ་ཡང་དག་པར་མངོན་པར་རྟོཌ ་པ་ཞེས་བྱའོ། །དེའི་སྲེད་པའི་བག་ལ་ཉལ་འདི་ཐམས་ཅད་སྤངས་པ་ཡིན་ཏེ་དེའི་ཕྱིར་ཕྱི་མ་ལ་སྡུག་བསྔལ་ཡང་མི་སྐྱེ་བའི་ཆོས་ཉིད་རྙེད་པའི་ཕྱིར་སྡུག་བསྔལ་མཐར་བྱས་པ་ཞེས་བྱའོ། །བདག་གི་སྐྱེ་བ་ཟད་དོ་ཞེས་བྱ་བ་ནི་ཡང་སྲིད་པ་བརྒྱད་པ་ཕན་ཆད་དོ། ། ་ངས་པར་སྤྱོད་པ་བསྟེན་ཏོ་ཞེས་བྱ་བ་ནི་ལམ་ཤིན་ཏུ་གོམས་པར་བྱ་བའི་ཕྱིར་ཡོངས་སུ་མི་ཉམས་པའོ། །བྱ་བ་བྱས་པ་ཞེས་བྱ་བ་ནི་ཀུན་ཏུ་སྦྱོར་བ་ཐམས་ཅད་ཡོངས་སུ་གཏུགས་པ་དང་ལམ་མཛའ་དག་ཐོབ་པའོ། །འདི་ལས་སྲིད་པ་གཞན་མི་ཤེས་སོ་ཞེས་བྱ་བ་ནི་སྲིད ་བ?་བདུན་ཡང་ཟད་པའོ། །ཡང་བདག་གི་སྐྱེ་བ་ཟད་དོ་ཞེས་བྱ་བ་ནི་སྐྱེ་བ་ནི་གཉིས་ཏེ་སྐྱེ་བའི་སྐྱེ་བ་དང། ཉོན་མོངས་པའི་སྐྱེ་བ་སྟེ་སྐྱེ་བའི་སྐྱེ་བ་ནི་སྔ་མ་བཞིན་ནོ། །དེ་གཉིས་བསྲབས་པ་ནི་ཟད་པ་སྟེ། འབྲས་བུ་དང་པོ་གཉིས་སྟོན་ཏོ། །ཚངས་ཡང་སྤྱོད་བ་བསྟེན་ཞེས་བྱ་བ་ནི ་ཕྱིར་མི་འོང་བས་མི་ཚང་བར་སྤྱོད་པའི་འདོད་ཆགས་སྤངས་པའོ། །བྱ་བ་བྱས་སོ་འདི་ལས་སྲིད་པ་གཞན་མི་ཤེས་སོ་ཞེས་བྱ་བ་ནི་དགྲ་བཅོམ་པ་ཉིད་དོ། །དེ་དག་ནི་ཀུན་ཤེས་པ་བརྡ་སྤྲོད་པའི་རྣམ་པ་ཡིན་པར་རིག་པར་བྱའོ། །ལྷ་དང་བཅས་པའི་འཛིན་རྟེན་ཞེས་བྱ་བ ་ནི་མདོར་བསྟན་བའོ། །དེ་ནི་རྣམ་པ་གཉིས་ཏེ་བདུད་དང་བཅས་པ་དང། ཆངས་པ་དང་བཅས་པའོ། །དགེ་སྦྱོང་དང་བྲམ་ཟེར་བཅས་པའི་སྐྱེ་དགུ་ཞེས་བྱ་བ་ནི་དགེ་སྦྱོང་དང་བྲམ་ཟེ་གང་དག་མི་རྣམས་ཀྱི་ནང་དུ་སྐྱེས་པ་ཚངས་པ་འམ་བདུད་གྱི་ཕྱིར་ཞུགས་པའོ། །ལྷ་དང་མིར ་བཅས་པའི་སྐྱེ་དགུ་ཞེས་བྱ་བ་ནི་ལྷ་ངག་གི་ནང་ན་ནི་ཚངས་པ་དང་བདུད་དག་མ་གཏོགས་སོ། །མི་དག་གི་ནང་ན་ནི་དགེ་སྦྱོང་དང་བྲམ་ཟེ་མ་གཏོགས་སོ། །གྲོལ་བ་ནི་འཆིད་བ་གསུམ་གྱི་དབང་དུ་བྱས་པའོ། །ངེས་པར་འབྱུང་བ་ནི་འདུན་བའི་འདོད་ཆགས་འདུལ་བ་དང། སྤོང ་བ་དང་ཡང་དག་པར་འདའ་བར་ཞེས་བྱ་བ་ལ་འདུལ་བ་ནི་མཚན་ཉིད་སོ་སོ་ཡང་དག་པར་རིག་པ་དང། མོས་པ་ཡིད་ལ་བྱེད་པ་གཉིས་ཀྱིས་སོ། །སྤོང་བ་ནི་རབ་ཏུ་དབེན་པ་ལ་སོགས་པ་དང་ལྡན་པས་སོ། །ཡང་དག་པར་འདའ་བ་ནི་སྦྱོར་བ་མཐར་ཕྱིན་པའི་འབྲས་བུས ་སོ། །རྣམ་པར་མི་ལྡན་པ་ནི་ཀུན་དུ་སྦྱོར་བ་དགུ་དང་རྣམ་པར་བྲལ་བའོ། །རབ་ཏུ་རྣམ་པར་གྲོལ་བ་ནི་སྐྱེ་བ་དང་རྒ་བ་ལ་སོགས་པ་ལས་སོ། །ཕྱིན་ཅི་ལོག་དང་བྲལ་བ་ཞེས་བྱ་བ་ནི་མཐོང་བའི་ལམ་གྱིས་སོ། །མང་ཞེས་བྱ་བ་ནི་བསྒོམ་པའི་ལམ་གྱིས་ལན་མང་དུ་བྱས ་པའོ། །སྐྱེ་བོ་མང་པོ་ལ་ཕན་པ་དང་བདེ་བའི་ཕྱིར་ཞེས་བྱ་བ་ལ་ཕན་པ་ཞེས་བྱ་བ་ནི་དགེ་བ་སྤྱོད་པའོ། །བདེ་བ་ནི་གནོད་པ་མེད་པའོ། །སྙིང་བརྩེ་བ་ནི་འདི་ལྟ་སྟེ། ཁ་ཅིག་དགེ་བ་དང་གནོད་པ་མེད་པའི་སྤྱོད་པའི་གཞན་ལ་སྙིང་བརྩེ་བའོ། །དོན་ནི ་དོན་དུ་གཉེར་བ?་དང་དོན་དང་ལྡན་པ་སྟེ། འདོད་པ་དང་ཁ་ན་མ་ཐོ་བ་མེད་པ་གང་ཡིན་པའོ། །ཕན་པ་དང་བདེ་བའི་ཕྱིར་ཞེས་བྱ་བ་ནི་རྒྱལ་རིགས་ལ་སོགས་པ་མི་གང་དག་དགེ་བ་དང་གནོད་པ་མེད་པའི་སྤྱོད་པའི་འཇུག་པ་མང་པོ་ཕལ་ཆེར་སངས་རྒྱས་འབྱུང་བ་དང ་ལེགས་པར་གསུངས་པའི་ཆོས་དང། དགེ་འདུན་ལེགས་པར་བསྒྲུབ་པས་ཕན་པ་དང་བདེ་བ་ཡིན་པ་དེ་དག་བདག་ཉིད་ལ་ཕན་པ་དང་བདེ་བ་མང་པོ་བྱས་ནས་འཇིག་རྟེན་ལ་སྙིང་བརྩེ་བར་བྱེད་དེ། དེ་དག་འདི་སྙམ་དུ་ཇི་ལྟར་ན་གཞན་དག་ལ་ཕན་པ་དང་བདེ ་བས་ཡང་དག་པར་རབ་ཏུ་སྦྱོར་བར་འགྱུར་སྙམ་དུ་སེམས་ལ་གཞན་དག་ཀྱང་འདི་སྙམ་དུ་ཇི་ལྟར་བདག་ཅག་ལ་ཕན་པ་བྱེད་སྙམ་དུ་སེམས་པར་འགྱུར་བ་སྟེ་དེའི་ཕྱིར་དོན་དང་ཕན་པ་དང་བདེ་བའི་ཕྱིར་ཞེས་བསྟན་ཏོ། །ལྷ་དང་མི་རྣམས་ལ་ཞེས་བྱ་བ་ནི་དེ ་དག་དོན་ཀུན་ཤེས་པ་དང་བསྒྲུབ་པར་ནུས་པའོ། །རྫས་ནི་ཉེ་བར་ལེན་པའི་ཕུང་པོ་ལྔ་དང། ཕ་དང་མ་དང་བུ་ལ་སོགས་པ་ཡོངས་སུ་བཟུང་བའི་རྫས་བདུན་ནོ། །བྱེ་བྲག་ཏུ་མ་བཤད་ན་ནི་འདུན་པའི་འདོད་ཆགས་ཀྱང་ཉེ་བར་ལེན་པ་ཡིན་ནོ། །བྱེ་བྲག་ཏུ་བཤད་ན ་ནི་ཉེ་བར་ལེན་པ་བཞི་ཡིན་ནོ། །སེམས་ཀྱི་རྟེན་ནི་རྣམ་པར་ཤེས་པ་གནས་བཞི་ཡིན་ནོ། །མངོན་པར་ཞེན་པ་ནི་ཉོན་མོངས་པ་དང་དག་གིས་ཕུང་པོ་འཛིན་པ་དེ་དག་གིས་ཀུན་ནས་བཀྲིས་པའོ། །དེའི་ཕྱོགས་ཀྱི་གནས་ངན་ལེན་ནི་བག་ལ་ཉལ་ཞེས་བྱ་སྟེ། ་དེ་ལྟར་ན་དེ་དག་ནི་རྫས་དང་ཉེ་བར་ལེན་པ་དང། སེམས་ཀྱི་རྟེན་དང་མངོན་པར་ཞེན་པ་དང། བགལ?་ཉལ་ལོ། །རྣམ་པར་ཤེས་པ་དང་བཅས་པའི་ལུས་འདི་དང་ཕྱིའི་རྒྱུ་ཐམས་ཅད་ལ་ཞེས་བྱ་བ་ནི་ངར་འཛིན་པ་དང། བདག་ཏུ་འཛིན་པ་དང། ངའོ་སྙམ་པའི་ང་རྒྱལ ་དུ་བདག་ཏུ་ཞེན་པའི་བག་ལ་ཉལ་རྣམས་ཀྱི་གཞི་དང་དམིགས་པའི་རྒྱུ་དག་པ་སྟེ། དེ་ལ་ངར་འཛིན་པ་དང་བདག་ཏུ་འཛིན་པ་ངག་ན་འཇིག་ཚོགས་ལ་ལྟ་བའོ། །ངའོ་སྙམ་པའི་ང་རྒྱལ་ནི་དེ་དག་ཉིད་དོ། །དེ་དག་གིས་ཀུན་ནས་བཀྲིས་པ་ནི་མངོན་པར་ཞེན་པའོ། །གནས་ངན་ལེན་ནི ་བག་ལ་ཉལ་ལོ། །དེ་ལ་རབ་ཏུ་མངོན་པར་ཞེན་པ་ནི་ཕྱི་པ་རྣམས་ཀྱིའོ། །བག་ལ་ཉལ་ནི་གཉི་གའིའོ། །སྡོམ་ནི། དེ་བཞིན་གཤེགས་དང་མི་རྟག་པའི། །འདུ་ཤེས་གསུམ་འཇིགས་འདུས་མ་བྱས། །བདག་ཏུ་མ་གྱུར་མཚམས་སྦྱོར་མེད། །སྟོང་པ་ཉིད་མི་རྟག་མ་ལུས་སྤོང། ། ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཞེས་བྱ་བ་ནི་ཇི་ལྟར་མདོ་ལS་རྣམ་པར་ཕྱེ་བ་བཞིན་ཏེ། དགྲ་བཅོམ་པ་ཞེས་བྱ་བ་ནི་མཆོད་པར་འོས་པའོ། །རིག་པ་དང་ཞབས་སུ་ལྡན་པ་ཞེས་བྱ་བ་ལ་རིག་པ་ནི་གསུམ་མོ། །ཞབས་ནི་སྤྱོད་པ་དང ་ཟློག་པ་ཕུན་སུམ་ཚོགས་པ་དང་ལྷག་པའི་སེམས་ལས་བྱུང་བ་བཞི་པོ་མཐོང་བའི་ཆོས་ལ་བདེ་བར་གནས་པའོ། །དང་པོ་ནི་རྒྱུ་བའི་ཞབས་སོ། །ཐ་མ་ནི་གནས་པའི་ཞབས་ཏེ། དེ་ལ་སྐུ་དང་གསུང་དང་ཐུགས་ཀྱི་ཀུན་དུ་སྤྱོད་པ་ཡོངས་སུ་དག་པ་དང། འཚོ་བ་ཡོངས་སུ་དག ་པ་ནི་སྤྱོད་པའོ། །དབང་པོའི་སྒོ་བསྲུངས་པ་ནི་བཟློག་པའོ། །དེ་གཉིས་ནི་དེ་བཞིན་གཤེགས་པའི་སྲུང་བ་མེད་པ་གསུམ་དང་བསྙེལ་བ་མེད་པའི་ཆོས་ཡིན་ནོ། །བསམ་གཏན་དག་གིས་སྤྱོད་པ་དྲག་པོ་བཀག་པའི་ཕྱིར་འཇིག་རྟེན་ལ་ཉེས་པ་མི་སྤྱོད་པའོ། །བདེ་བར ་གཤེགས་པ་ནི་ཡུན་རིང་པོ་ནས་རྣམ་པ་ཐམས་ཅད་དུ་བདག་དང་གཞན་ལ་ཕན་པར་དགྱེས་པའོ། །འཇིག་རྟེན་མཁྱེན་པ་ནི་སེམས་ཅན་དང་སྣོད་ཀྱི་འཇིག་རྟེན་གྱི་རྣམ་པ་ཐམས་ཅད་མཁྱེན་པ་སྟེ། དེ་ལ་སེམས་ཅིན་སྔོན་དང་ཕྱི་མའི་མཛའ་ལས་བརྩམས་ཏེ། སྔོན ་གྱི་གནས་དང། འཆི་འཕོ་དང་སྐྱེ་བ་མཁྱེན་པའོ། །དུས་ཐམས་ཅད་ལས་བརྩམས་ཏེ་སྤྱོད་པ་བརྒྱད་ཁྲི་བཞི་སྟོང་ལ་འཇུག་པའོ། །སྣོད་ཀྱི་འཇིག་རྟེན་ནི་ཤར་ཕྱོགས་ལ་སོགས་པ་ཕྱོགས་བཅུའི་འཇིག་རྟེན་འཇིག་པ་དང་ཆགས་པ་མཛའ་དག་མཁྱེན་པ་དང་ ་འཇིག་པའི་ཆོས་རྣམས་ཀྱི་རང་བཞིན་དང། གླེང་བཞི་དང་སྲེད་པ་དང་ཉེས་དམིགས་དང་ངེས་པར་འབྱུང་བ་དང། དེར་འགྲོ་བའི་ལམ་ཡང་མཁྱེན་པའོ། །བླ་ན་མེད་པ་ནི་མཉམ་པ་མེད་པ་མཁྱེན་པ་དང་དེ་ལས་ཆེས་མཆོག་ཏུ་གྱུར་བ་མེད་པ་དང་མཐོང་བའི་ཆོས་ལ ་མཉམ་པ་མེད་པའོ། །སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་ནི་འདི་སྐྱེས་བུ་ཡང་ཡིན་ལ་གདུལ་བར་བྱ་བའི་སྐྱེས་བུ་རྣམས་ཀྱང་ཕལ་ཆེར་འདུལ་བར་བྱེད་པའོ། །ཁ་ལོ་སྒྱུར་བ་ཞེས་བྱ་བ་ནི་མཆོག་དང་གཙོ་བོའོ། །ལྷ་དང་མི་རྣམས་ཀྱི་སྟོན་པ་ཞེས་བྱ་བ་ནི་དེ་དག་དོན་རྟོགས་པ ་དང་སྒྲུབ་པར་ནུས་པའི་ཕྱིར་རོ། །སངས་རྒྱས་ནི་བག་ཆགས་དང་བཅས་པའི་ཉོན་མོངས་པ་སྤངས་པ་སྟེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པའོ། །བཅོམ་ལྡན་འདས་ནི་བྱང་ཆུབ་ཀྱི་སྙིང་པོར་སྡིག་པ་ཅན་གྱི་ཆོས་དང། བདུད་ཀྱི་གཡུལ ་གྱི་སྟོབས་ཐམས་ཅད་བཅོམ་པའོ། །དེ་བཞིན་གཤེགས་པ་ཞེས་བྱ་བ་ནི་མདོར་བསྟན་པའོ། །འདི་ལྟར་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཞེས་བྱ་བ་ནི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་ལས་རྣམ་པར་གྲོལ་བའོ། །དེ་ཡང་ཐུན་མོངས་དང་ཐུན་མོང་མ་ཡིན་པ་སྟེ། ་རེ་ཞིག་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཞེས་བྱ་བ་འདིས་ནི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་ལས་རྣམ་པར་གྲོལ་པ་ཐུན་མོང་བ་བསྟན་ཏོ། །རིགས་པ་དང་ཞབས་སུ་ལྡན་པ་ཞེས་བྱ་བ་ལ་སོགས་པས་ནི་ཐུན་མོང་མ་ཡིན་པ་བསྟན་ཏོ། ་མདོ་ལས་མི་རྟག་པའི་འདུ་ཤེས་བསྒོམ་པ་ཞེས་བྱ་བ་ནི་ཀུན་དུ་བསྟེན་པ་དང། གོམས་པར་བྱས་པ་རྒྱས་པར་འབྱུང་བའོ། །བསྒོམས་པའི་འབྲས་བུ་ནི་འདོད་པའི་འདོད་ཆགས་ཞེས་བྱ་བ་རྒྱས་པར་འབྱུང་བའོ། །བསྒོམ་པའི་རྣམ་པ་ནི་དཔེའི་དབྱེ་བ་དག་གིས་སོ་།བསྒོམ་པའི ་ཐབས་ནི་དགོན་པར་སོང་སྟེ་འམ་ཞེས་བྱ་བ་རྒྱས་པར་འབྱུང་བའོ། །དེ་ལ་ཀུན་དུ་བསྟེན་པ་ནི་མཚན་ཉིད་སོ་སོ་ཡང་དག་པར་རིག་པའི་ཡིད་ལ་བྱེད་པས་སོ། །གོམས་པར་བྱས་པ་ནི་མོས་པ་ཡིད་ལ་བྱེད་པས་སོ། །ལན་མང་དུ་བྱས་པས་ནི་མ་ལུས་པ་དག་གིས་སོ། །ཡང་ཀུན་ཏུ ་བསྟེན་པ་ནི་ཤེས་བྱའི་དངོས་པོ་ལ་ཀུན་ཏུ་གཏོང་པའོ། །གོམས་པར་བྱས་པ་ནི་རྒྱུན་མི་ཆད་པ་དང་གུས་པར་བྱས་ཏེ་སྦྱོར་པའོ། །ལན་མང་དུ་བྱས་པ་ནི་ཡུན་རིང་བོ་ནས་འདྲིས་པར་བྱས་པའོ། །ཐེག་པར་བྱས་པ་ནི་རྟེན་གྱི་སྒོ་ནས་སོ། །དངོས་པོར་བྱས་པ་ནི་དམིགས་པའི་སྒོ་ནས་སོ། ། ་ནན་ཏན་དུ་བྱས་པ་ནི་ཡིད་ལ་བྱེད་པའི་སྒོ་ནས་སོ། །ཡོངས་སུ་འདྲིས་པ་ནི་ཅི་འདོད་པ་དང་ཚེགས་མེད་པར་འཐོབ་པའོ། །ལེགས་པར་མཐར་ཕྱིན་པ་ནི་ཆོས་མཉན་པའོ། །ལེགས་པར་བརྩམས་པ་ནི་ནང་དུ་ཚུལ་བཞིན་ཡིད་ལ་བྱེད་པའོ། །ཡང་ལེགས་པར་མཐར་ཕྱིན་པ་ནི ་གུས་པར་ཡིད་ལ་བྱེད་པའོ། །ལེགས་པར་བརྩམS་པ་ནི་རྒྱུན་མི་འཆད་པར་ཡིད་ལ་བྱེད་པའོ། །ཡང་ལེགས་པར་རྫོགས་པ་ནི་མཐར་ཕྱིན་པར་འགྲོ་བའོ། །ལེགས་པར་བརྩམས་པ་ནི་ཡང་དག་པར་སྦྱོར་བའོ། །འདོད་པའི་འདོད་ཆགས་ཀྱི་རྗེས་སུ་མཐུན་པའི་ཕྱིར་རྒོད་པ ་བསྟན་ཏོ། །གཟུགས་ཀྱི་འདོད་ཆགས་ཀྱི་རྗེས་སུ་མཐུན་པའི་ཕྱིར་ང་རྒྱལ་བསྟན་ཏོ། །གཟུགས་མེད་པའི་འདོད་ཆགས་ཀྱི་རྗེས་སུ་མཐུན་པའི་ཕྱིར་མ་རིག་པ་བསྟན་ཏོ། །རྩ་བའི་འཆིན་བ་གཅོད་པ་ནི་བག་ལ་ཉལ་ཡང་ངག་པར་འཇོམས་པའོ། །རྩེ་མོ་ཡང་དག ་པར་གཡོ་བར་བྱེད་པ་ས་འོག་མའི་དགེ་བའི་ཆོས་སྤོང་བའོ། །རྩཝ་དག་སེལ་བ་ནི་མི་རྟག་པར་འདུ་ཤེས་པ་ལ་དམིགས་པ་ལ་མི་རྟག་པའི་འདུ་ཤེས་སུ་ཡང་དག་པར་སྟོན་པ་སྟེ། རང་གི་ཡིད་ལ་བྱེད་པ་ལ་མི་རྟག་པར་ཡོངས་སུ་རྟོག་པའི་ཕྱིར་རོ། །བརྩེགས་པ་ནི་རྣམ ་པར་གྲོལ་པ་དང་ལྷན་ཅིག་པའི་མི་རྟག་པར་འདུ་ཤེས་པའོ། །ཕྱམ?་དགུ་པོ་དག་ནི་དེའི་རྒྱུར་གྱུར་པ་རྣམས་སོ། །གླང་པོ་ཆེའི་རྗེས་ནི་སྡུག་པ་ལ་སོགས་པའི་འདུ་ཤེས་རྣམས་ཀྱི་ནང་ན་དམིགས་པ་རྒྱ་ཆེན་པོའི་ངོ་བོས་མཆོག་ཏུ་གྱུར་པའོ། །འབབ་པ་ནི་རྣམ་པར ་གྲོལ་བའི་རྒྱུ་དང་ལྷན་ཅིག་པའི་མི་རྟག་པར་འདུ་ཤེས་པ་རྣམས་མྱ་ངན་ལས་འདས་པ་འབབ་པའོ། །ཉི་མ་ཤར་བ་ནི་མ་རིག་པའི་མུན་པའི་གཉེན་པོའོ། །འཁོར་ལོས་སྒྱུར་བ་ལྟ་བུ་ནི་མི་བསླབ་པའི་མི་རྟག་པར་འདུ་ཤེས་སོ། །ཁམས་ཀྱི་རྒྱལ་ཕྲན་ལྟ་བུ་ནི་དེ་ལས ་གཞན་པ་རྣམས་སོ། །དགོན་པ་དང་ཤིང་དྲུང་དང་ཁང་སྟོང་དག་གིས་བླ་གབ་མེད་པ་དང། ཤིང་དྲུང་དང། སྒྲིབ་གཡེག་སྨོས་པ་ནི་གནས་མལ་ཐམས་ཅད་བསྡུས་ཏེ་རབ་ཏུ་དབྱེ་བ་ནི་དེ་ལྟ་བུའོ། །གཟུགས་མི་རྟག་པ་ཉིད་དམ་ཞེས་བྱ་བ་ནི་གཟུགས་ཙམ ་གྱི་བདག་ནི་མེད་དོ་ཞེས་དེ་ལྟར་ཡང་དག་བར་རབ་ཏུ་སྦྱོར་བའོ། །ལམ་དུ་འགྲོ་བ་ལ་བར་ཆད་བྱེད་པ་གཞི་ལམ་རྣམ་པ་གཉིས་ལ་སོགས་པ་སྟེ་དེ་ལ་ཐེ་ཚོམ་གྱིས་ནི་འགྲོ་བར་མི་རྩོལ་བ་ཉིད་དོ། །རྣམ་པར་རྟོག་པ་དག་དང་ལོག་པའི་ཡན་ལག་གིས་ནི་བརྩལ་ཀྱང ་རྣམ་པར་རྟོག་པ་དང་ལྟ་བ་སྤྱོད་པ་དག་གཞན་དུ་འགྲོ་བར་འགྱུར་རོ། །ད་དག་མེད་ཀྱང་གདམས་ངག་རྗེས་སུ་བསྟན་པ་ལ་མི་བཟོད་པར་འགྱུར་ཏེ་ཞོ?་བ་ནི་གཞན་དག་སྨྲ་བ་ལ་འཁྲུག་པའོ། །རབ་ཏུ་འབྱུང་བ་ལ་ཡང་རང་དབང་མེད་པ་དང་གཞན་ལ་རག་ལུས་པ ་དང། མི་བཟང་པ་དང་ངན་པའི་སྤྱོད་པ་དག་གིས་དག་པ་མ་ཡིན་པ་དག་དང་འདྲེས་བ་སྟེ། གནོད་པའི་དངོས་པོ་ཡིན་པའི་ཕྱིར་རོ། །དེ་གཉིས་ནི་གཡེངས་ཡིན་ཏེ། དེ་གཉིས་ཀྱིས་ཀྱང་འགྲོ་བ་ལ་བར་ཆད་བྱེད་དོ། །དེ་དག་མེད་ཀྱང་རྙེད་པ་དང་བཀུར་བསྟིའི་ནགས ་ཁྲོད་དུ་ཞུགས་པའི་ཕྱིར་བར་ཆད་བྱེད་པ་ནི་མི་བཟད་པའི་ཐིབས་པོའི་ནང་དུ་ཞུགས་པའི་ཕྱིར་ཏེ། འདི་ལྟར་ཡོངས་སུ་བཟུང་བ་བཏང་ཡང་སྤང་བར་མི་ནུས་པའོ། །འཇིགས་པ་དང་བཅས་པ་ནི་ཆོམ་རྐུན་དང་གཡོ་རྒྱུ་ཅན་གྱི་འཇིགས་པ་ཡོད་པའོ། །མི་མངོན་པའི ་འཇིགས་པ་དང་བཅས་པ་ནི་ཉེ་འཁོར་ཐིབས་པོ་ཡིན་པ་དང་གཅན་ཟན་དང་མི་མ་ཡིན་པའི་འཇིག་པ་ཡོད་པའོ། །ཚེར་མ་དང་བཅས་པ་ནི་ཐམས་ཅད་ནས་ཚེར་མས་གང་བའོ། །ལམ་གོལ་བ་ནི་གཞན་དུ་འགྲོ་བའོ། །ལམ་ངན་པ་ནི་མི་མཉམ་པ་སྟེ། དེ ་ལྟར་ན་ལྔ་པོ་དེ་དག་ནི་ལམ་གྱི་སྐྱོན་ཡིན་ནོ། །འགྲོ་བ་ངན་པ་སྡང་བའི་འགྲོ་བ་ནི་འགྲོ་བའི་སྐྱོན་ནོ། །ལམ་གོལ་བ་དང་ལམ་ངན་པར་འགྲོ་བ་ནི་སྐྱེས་བུ་དམ་པ་མ་ཡིན་པ་ཀུན་དུ་བསྟན་པའི་ཕྱིར་འགྲོ་བ་པོའི་གང་ཟག་གི་ཉེས་པ་སྟེ། ཆོམ་རྐུན་པ་ལ་སོགས་པ་སྐྱེས ་བུ་དན་པ་མ་ཡིན་པ་དག་དང་ཀུན་ཏུ་བསྟེན་པའི་ཕྱིར་རོ། །མི་གཡོ་བ་ནི་མཚན་མ་ཐམས་ཅད་བྲལ་བའོ། །མཛའ་ཡས་པ་ནི་སྨེད་པ་ཟད་པ་དང་ཡུལ་གྱི་ཡོངས་སུ་མི་འགྱུར་རོ། །མཐོང་བར་དཀའ་བ་ནི་ཟབ་པའོ། །འཆི་བ་མེད་པ་ནི་སྐྱེ་བ་དང་རྒ་བ་དང་ན་བ་དང་འཆི་བ་ཡང་དག་པར ་ཟད་པའོ། །བདེ་བ་ནི་མི་དང་མི་མ་ཡིན་པས་གཙེ་བའི་འཇིགས་པ་ཐམས་ཅད་ལས་ཡང་དག་པར་འདས་པའོ། །ཞི་བ་ནི་སྡུག་བསྔལ་ཐམས་ཅད་ཉེ་བར་ཞི་བ་དང་མཆོག་ཏུ་གསིལ་བར་གྱུར་པའོ། །དངོས་པོ་བཟང་པོ་ནི་མཐོང་བའི་ཆོས་ལ་བདེ་བར་གནས་པར་བྱ་བའི་ཕྱིར་དམིགས ་པ་ཡིན་ནོ། །བདེ་ལེགས་སུ་འགྱུར་བ་ནི་ཉོན་མོངས་པ་ཐམས་ཅད་སྤང་བར་བྱ་བའི་དམིགས་པའོ། །མྱ་ངན་མེད་པ་ནི་དགའ་བ་དང་མི་དགའ་བ་ལས་ཡང་དག་པར་འདས་པ་དང་ཐོབ་པ་ཆུད་མི་ཟ་བའོ། །འཆི་འཕོ་མེད་པ་ནི་རྟག་པ་དང་ཕྱིར་མི་ལྡོག་པའོ། །རིམས་ནད་མེད ་པ་ནི་རྣམ་པར་བྱང་བའོ། །ཡོངས་སུ་གདུང་བ་མེད་པ་ནི་འདོད་པས་ཕོངས་པ་མེད་པའོ། །ནད་མེད་པ་ནི་ནང་དང་འབྲས་ཐམས་ཅད་རྣམ་པར་ཞི་བའོ། །མི་གཡོ་བ་ནི་གཡོ་བ་དང་རློམ་པ་ཐམས་ཅད་ཟད་པའོ། །མྱ་ངན་ལས་འདས་པ་ནི་ཕུང་པོ་ཐམས་ཅད་བཟློག་པའོ། །བདག ་ཏུ་མ་གྱུར་ཅིག་།བདག་གིར་མ་གྱུར་ཅིག་ཅེས་བྱ་བ་ནི་མ་འོངས་པའི་དུས་ལས་བརྩམས་ཏེ། བདག་དང་བདག་གི་ངོ་བོར་ཉེ་བར་སོང་བ་ནང་དང་ཕྱིའི་སྐྱེ་མཆེད་ཀྱིས་བསྡུས་པ་བདག་གི་ལུས་དང་ཡོངས་སུ་བཟུང་བའི་དངོས་པོ་མི་སྐྱེ་བ་དོན་དུ་གཉེར་བའོ། །ཡང་ལུས ་མི་སྐྱེ་བ་དོན་དུ་གཉེར་བ་དང། དེ་ལ་བརྟེན་པའི་ཚོར་བ་མི་སྐྱེ་བ་དོན་དུ་གཉེར་བ་ཡང་ཡོངས་སུ་བསྟན་ཏོ། །བདག་ཏུ་མ་གྱུར་ཅིག་བདག་གིར་མ་གྱུར་ཅིག་ཅེས་བྱ་བ་ནི་ད་ལྟར་བྱུང་བའི་དུས་ལས་བརྩམས་ཏེ། འདི་ནི་མི་རྟག་པའི་འགོགས་པ་ལ་ཡོངས་སུ་རྟོག་པ ་སྔོན་དུ་འགྲོ་བ་སོ་སོར་བརྟགས་པའི་འགོག་པ་ལ་ཡོངས་སུ་རྟོག་པ་སྡེ་སྔར་ལེགས་སུ་སྨོན་པ་བྱས་ནས། ཕྱིས་ད་ལྟར་བྱུང་བའི་རྒྱུ་ལ་མི་རྟག་པར་ཡོངས་སུ་རྟོག་གོ་།ཉིད་མཚམས་མི་སྦྱོར་བ་ནི་ཤི་འཕོས་པའི་རྣམ་པར་ཤེས་པ་མི་སྐྱེ་བའོ། །ལེན་པ་མེད་པ་ནི་མི། ་གནས་པའི་རྣམ་པར་ཤེས་པ་ལ་མིང་དང་གཟུགས་མི་འཇུག་པའི་ཕྱིར་ལུས་མི་སྐྱེ་བའོ། །མི་སྐྱེ་བ་ནི་མིང་དང་གཟུགས་འཕེལ་བ་དང་རྒྱས་པ་མེད་པའོ། །འདུས་བྱས་ཐམས་ཅད་ཞི་བ་ནི་ཕུང་པོ་ལྔ་ཞོག་པའོ། །སྟོང་པ་ཉིད་ནི་ཉོན་མོངས་པ་ཐམས་ཅད་དང ་བྲལ་བའོ། །མི་དམིགས་པ་ནི་མཚན་མ་ཐམས་ཅད་དང་བྲལ་པའོ། །སྲེད་པ་ཟད་པ་ནི་མ་འོངས་པ་ལ་དོན་དུ་གཉེར་བ་མེད་པའོ། །འདོད་ཆགས་དང་བྲལ་བ་ནི་ད་ལྟར་བྱུང་བའི་ལོངས་སྤྱོད་ལ་དགའ་བ་མེད་པའོ། །འགོག་པ་ནི་དེ་ལས་གཞན་པའི་ཉོན་མོངས་པ་སྤངས་པའོ། ། ་མྱ་ངན་ལས་འདས་པ་ནི་ཕུང་པོའི་ལྷག་མ་མ་ལུས་པའོ། །མི་རྟག་པ་ནི་ཞིག་པ་དང་འཇིག་པའི་ཆོས་ཅན་ནོ། །འདུས་བྱས་ནི་སྔོན་གྱི་མཛའ་ལས་བརྩམས་ཏེ་རྣམ་པར་བརྟགས་པ་གང་ཡིན་པའོ། །བསམས་པ་ནི་ཕྱི་མའི་མཛའ་ལས་བརྩམས་ཏེ་དོན་དུ་གཉེར་བ་གང་ཡིན་བའོ ་རྟེན་ཅིང་འབྲེལ་པར་འབྱུང་བ་ནི་ད་ལྟར་གྱི་དུས་སུ་རྒྱུ་དང་རྐྱེན་གྱི་དབང་གིས་བྱུང་བ་གང་ཡིན་པའོ། །ཟད་པའི་ཆོས་ཅན་ནི་ཕྱོགས་གཅིག་ཟད་པའོ། །འཇིག་པའི་ཆོས་ཅན་ནི་ཐམས་ཅད་འགག་པའོ། །ཡང་ཟད་པའི་ཆོས་ཅན་ནི་ཐམས་ཅད་འགག་པའོ། །འཇིག་པའི ་ཆོས་ཅན་ནི་རྒྱུན་རྣམ་པར་འགྱུར་བའོ། །འདོད་ཆགས་དང་བྲལ་བའི་ཆོས་ཅན་ནི་ཉེས་དམིགས་དང་ལྡན་པའོ། །འགོག་པའི་ཆོས་ཅན་ནི་འདུས་བྱས་ཀྱི་ཆོས་ཐམས་ཅད་ལས་ངེས་པར་འབྱུང་བའོ། །མ་ལུས་པར་སྤོང་བ་ཞེས་བྱ་བ་ནི་མདོར་བསྟན་པའོ། །ཕྱིར ་སྤངས་པ་ནི་ཀུན་ནས་བཀྲིས་པ་སྤངས་པའོ། །བྱང་བར་གྱུར་པ་ནི་བག་ལ་ཉལ་སྤངས་པའོ། །ཟད་པ་ནི་འདས་པ་ལས་རྣམ་པར་གྲོལ་བའོ། །འདོད་ཆགས་དང་བྲལ་བ་ནི་ད་ལྟར་བྱུང་བ་ལས་རྣམ་པར་གྲོལ་བའོ། །འགོག་པ་ནི་མ་འོང་པ་ལས་རྣམ་པར་གྲོལ་བའོ། །རྣམ ་པར་ཞི་བ་ནི་མཐོང་བའི་ལམ་གྱིས་སོ། །ནུབ་པ་ནི་བསྒོམ་པའི་ལམ་གྱིས་ཏེ། །འདི་ནི་ལམ་གཉིས་ཀྱིས་ཉོན་མོངས་པའི་དངོས་པོ་སྤངས་པའི་ཕྱིར་མ་ལུས་པར་སྤོང་བར་ཡོངས་སུ་བསྟན་ཏོ། །སྡོམ་ནི། འདོད་པ་གཉིས་དང་བོད་བྱ་དང། །ཆོས་དང་དགེ་འདུན་ ་བཞི་དང་ནི། །ཡིད་བྱུང་བྲམ་ཟེ་མི་རྟག་ཉིད། །དབུ་མ་རྔོས་པ་ཐ་མ་ཡིན། །མི་རྟག་པ་དང་གསོག་དང་གསོག་དང་བསླུ་བ་ཞེས་བྱ་བ་ནི་ཕྱིན་ཅི་ལོག་རྣམ་པ་བཞི་ཡིན་པའི་ཕྱིར་འདོད་པ་དག་གི་ཕྱིན་ཅི་མ་ལོག་པ་བསྟན་པ་སྟེ། དེ་ལ་གསོབ་ཀྱིས་ནི་སྟོང་བ་ཉིད་བསྟན་ཏོ། །གསོག་གིས་ནི ་མི་སྦུག་པ་ཉིད་བསྟན་ཏེ། །བསླུ་བས་ནི་བདེན་པར་ན་བདེ་བ་མ་ཡིན་ནོ་ཞེས་སྡུག་བསྔལ་ཉིད་བསྟན་ཏོ། །དེ་ལྟར་ན་དེ་དག་ནི་རྟག་པ་ལ་སོགས་པར་སྣང་བས་ཕྱིན་ཅི་ལོག་?་གཞི་ཡིན་པའི་ཕྱིར་བསླུ་བའི་ཆོས་སོ། །ཇི་ལྟར་ན་བསླུ་བའི་ཆོས་ཡིན་པ་ནི་དཔེས་བསྒྲུབ་པར་བྱ་སྟེ་སྒྱུ་མ་ལྟ ་བུ་ནི་རྟག་པ་ལ་སོགས་པ་མ་ཡིན་ཡང་དེ་བཞིན་དུ་སྣང་བས་ཆོས་མཐུན་པའོ། །བྱིས་པ་འདྲིད་པ་ནི་ཡང་དག་པ་ཇི་ལྟ་བ་དེ་བཞིན་དུ་མི་ཤེས་པའི་ཕྱིར་བྱིས་པ་ཐོས་པ་དང་མི་ལྡན་པ་རྣམས་ལ་ཡིན་ཏེ། །དེ་དག་གིས་ཡུན་རིང་པོ་ནས་སླུ་བ་ལ་ལྷག་པར་ཆགས་པའི་སྐོ ་ནས་རྣམ་པར་འགྱུར་བ་ལས་སྐྱེས་བའི་སྡུག་བསྔལ་གྱིས་རེག་པའོ། །མཁས་པ་རྣམས་ནི་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པའི་ཕྱིར་དེ་ལྟ་མ་ཡིན་ནོ། །རུས་པའི་ཀེང་རུས་ལྟ་བུ་ནི་ངོམས་མི་ཤེས་པའོ། །ཤའི་ཁམ་ཚད་ལྟ་བུ་ནི་མང་པོ་དང་ཐུན་མོང་པའོ། ། ་རྩཝའི་སྒྲོན་མ་ལྟ་བུ་ནི་ཆོས་མ་ཡིན་པ་སྤྱོད་པ་དང་མི་མཐུན་པ་སྤྱོད་པའི་རྒྱུའོ། །མེའི་དོང་ལྟ་བུ་ནི་འདོད་པའི་སྲེད་པའི་ཡོངས་སུ་གདུང་བ་འཕེལ་བར་བྱེད་པའོ། །སྤྲུལ་གདུག་པ་ལྟ་བུ་ནི་མཁས་པ་རྣམས་སྤང་བར་བྱའོ། །རྨི་ལམ་ལྟ་བུ་ནི་མྱུར་དུ་འཇིག་པར་འགྱུར་བའོ། ། ་བརྙན་པའི་རྒྱན་ལྟ་བུ་ནི་རྐྱེན་ལ་?་ལས་པའོ། །ཤིང་རྟོག་ལྟ་བུ་ནི་བག་མེད་པའི་སའོ། །མི་གཙང་བ་རྣམས་ཞེས་བྱ་བ་ནི་མདོར་བསྟན་པའོ། །དྲི་མི་ཞིམ་པ་ནི་ཟས་དང་སྐོམ་དང་ལོངས་སྤྱོད་རྣམ་པར་འགྱུར་བ་སྟེ། དེ་ལ་བཤད་བ་དང་གཅིང་པ་ལ་སོགས་པ་མི་དང ་གཙང་བར་ཡོངས་སུ་གྱུར་པ་ནི་དྲི་མི་ཞིམ་པའོ། །དྲི་ང་བ་དང་ཤ་དང་ཁྲག་ལ་སོགས་པ་ཡོངས་སུ་གྱུར་པའོ། །མི་མཐུན་པ་ནི་འཁྲིག་པའི་ལོངས་སྤྱོད་ཡོངས་སུ་གྱུར་ན་མི་མཐུན་པའོ། །གུས་པར་བོད?་པར་བྱ་བ་ནི་འཇིག་རྟེན་པའི་ཟང་ཟིང་ཡོངས་སུ་བཏང་བར་བྱ་བའི་ཕྱིར ་བོད་པའོ། །རབ་ཏུ་བོད་པར་བྱ་བ་ནི་སྲེད་པ་ཟད་པར་བྱ་བའི་ཕྱིར་བོད་པའོ། །འབྲས་བུ་འདོད་པ་དག་གིས་ནི་གུས་པར་བོད་པར་བྱ་བའོ། །ཐར་པ་འདོད་པ་དག་གིས་ནི་རབ་ཏུ་བོད་པར་བྱ་བའོ། །ཐལ་མོ་སྦྱོར་བར་བྱ་བ་ནི་དོན་དེ་ཉིད་དེ་དག་གིས་སློང་བའི་དུས ་ནའོ། །འདུས་པར་བྱ་བ་ནི་ཕྱག་ལ་སོགས་པ་བྱ་བར་འོས་པ་དང་ཚུལ་ཁྲིམས་དང་ལྟ་བ་མཐུན་པར་ཁས་བླངས་པར་འོས་པའོ། །འཇིག་རྟེན་གྱི་བསོད་ནམས་ཀྱི་ཞིང་བླ་ན་མེད་པ་དང་སྦྱིན་གནས་ཞེས་བྱ་བ་ནི་དེ་ལ་ཡོན་ཕུལ་བའི་འབྲས་བུ་གཞན་དུ་མེད་པའོ། །ལེགས་པར ་གསུངས་བ་ཞེས་བྱ་བ་ནི་དོན་བཟང་པོ་ཚིག་འབྲུ་བཟང་པོའོ། །ཡང་དག་པར་མཐོང་བ་ནི་མཐོང་བའི་ཆོས་ལ་རྟོགས་པར་བྱ་བའོ། །རིམས་ནད་མེད་པ་ནི་ཉོན་མོངས་པ་མེད་པའོ། །དུས་ཆད་པ་མེད་པ་ནི་དུས་གསུམ་ལས་རྣམ་པར་གྲོལ་བའོ། །ཉེ་བར་གཏོད་པ་ནི་རྒ ་བ་དང་ན་བ་དང་འཆི་བ་ལ་སོགས་པས་ཉེ་བར་མི་བཀྲི་བའོ། །འདི་མཐོང་བ་ལ་ཡོད་པ་ནི་ལྷ་ལ་སོགས་པའི?་འགྲོ་བ་དག་ལ་ཡང་སྣང་བའོ། །སོ་སོ་རང་གིས་རིག་པར་བྱ་བ་ནི་གཞན་ལ་དད་པ་ལ་སོགས་པས་ཡང་དག་པར་རིག་པར་བྱ་བ་མ་ཡིན་པའོ། །མཁས ་པ་དག་གིས་ཞེས་བྱ་བ་ནི་སློབ་པ་དང་མི་སློབ་པ་དག་གིས་སོ། །གནས་དང་གླིང་དང་མགོན་དང་སྐྱབས་དང། དཔུང་གཉེན་ཞེས་བྱ་བ་ནི་ཕྱི་མ་ཕྱི་མ་བཤད་པ་ཡིན་ཏེ། དེ་དག་ནི་ངེས་པར་འབྱུང་བར་བྱ་བའི་ཕྱིར་ཡོངས་སུ་བསྟན་ཏོ། །འཕགས་པའི་བདེན་པ་བཞི ་ཤེས་ན་ཡང་དག་པའི་ལྟ་བ་དུས་ཐམས་ཅད་དུ་སྐྱེའོ་ཞེས་སྐབས་འབྱེད་པར་མཛད་པ་ནི་འདས་པ་དང་ད་ལྟར་བྱུང་བ་དང་མ་འོངས་པའི་སློབ་པ་རྣམས་ཀྱི་སྐྱེས་པ་དང་སྐྱེ་བ་དང་སྐྱེ་བར་འགྱུར་བའོ། །ད་ལྟར་སྐྱོས?་པ་ནི་གང་དག་གིས་ད་ལྟར་གྱི་དུས་སུ་ཐོབ་པ་དང། ་བསྒོམ་པ་ཡོངས་སུ་རྫོགས་པར་གྱུར་པའོ། །དུས་ཕྱིས་སྐྱེད་པར་བྱེད་པ་ནི་གང་དག་གིས་མ་ཐོབ་པ་ལས་རབ་ཏུ་བརྩོན་པ་རྣམས་སོ། །ཀུན་ཏུ་བསྟེན་པར་བྱ་གོམས་པར་བྱ་ལན་མང་དུ་བྱ་ཞེས་བྱ་བ་ནི་ཅི་རིགས་པར་སྔ་མ་བཞིན་ནོ། །མཐུན་པར་བསྲུང་བར་བྱ་བ་ནི་ཡོངས ་སུ་ཉམས་པར་འགྱུར་བ་ནི་ཆོས་རྣམ་པར་སྤངས་པའོ། །རེག་པར་བྱ་བ་ནི་ཁྱད་པར་ཅན་གྱི་ཆ་དང་མཐུན་པའི་ཆོས་བསྟེན་པ་འམ། ལུས་ཀྱི་རེག་པར་བྱའོ། །འབྲས་བུ་འམ་ཤེས་པ་ཕྱི་མ་འམ། རྟོགས་པའི་སྒོ་ནས་ནི་མངོན་སུམ་དུ་བྱ་བའོ། །དུས་སུ་གཏམ་བྱ་ཞེས་བྱ་བ་ནི་ཕ་རོལ ་པོ་སྟན་དམའ་བ་ལ་འདུག་པ་ལ་སོཌ་པའི་སྒོ་ནས་ཉན་པ་དང་འདོད་པ་དང་ཉན་པར་འོས་པར་ཤེས་ཤིང་འདི་ནི་སྔར་གཏམ་བྱ་བའི་དུས་ཡིན་ནོ། །འདི་ནི་ཡང་དག་པར་འཕག་སྤའི་དུས་ཡིན་ནོ་ཞེ་བྱ་བར་ཤེས་ནས་གཏམ་བྱ་བའོ། །གུས་པར་བྱས་ཏེ་ཞེས་བྱ་བ་ནི་ཅི་ནུས་པར ་བདག་ཉིད་ཐམས་ཅད་ཀྱི་ཆོས་སྟོན་པ་སྟེ། རྣམ་གྲངས་དེ་དང་དེ་དག་གིས་མི་འཁྲུག་ཅིང་དོན་རབ་ཏུ་བསྟན་པར་འདོད་ཀྱི། སྟོན་པ་ཙམ་དུ་འདོད་པ་ནི་མ་ཡིན་པའོ། །མཐར་གྱིས་ཞེས་བྱ་བ་ནི་དོན་ཡང་དག་པར་རབ་ཏུ་སྟོན་པའི་སྒོ་ནས་སོ། །མཚམས་སྦྱར་བ་ནི་རྒོལ་བར ་བྱེད་ནུས་སོ། །མཐུན་པར་འབྲེལ་པ་ནི་དེའི་ལན་ཡང་དག་པར་རབ་ཏུ་སྟོན་པའི་སྒོ་ནས་སོ། །རངས་པར་བྱེད་པ་ནི་ཡང་དག་པར་བླངས་ཏེ་འདུག་པ་རྣམས་ལའོ། །དགའ་བར་བྱེད་པ་ནི་བར་མར་གནས་པ་རྣམས་ལའོ། །མགུ་བར་བྱེད་པ་ནི་ཞེ་འགྲས་པ་རྣམས་ལའོ། །སྤྲོ ་བར་མི་བྱེད་པ་ནི་བསྟེན་པ་དང་མགུ་བའི་སེམས་ཀྱིས་ཕ་རོལ་པོའི་ཡང་དག་པའི་ཡོན་ཏན་རྣམས་ལ་སྤྲོ་བར་བྱེད་ཀྱི། རང་གི་མིང་གིས་མི་སྟོན་པའོ། །སྦ་བཀོད་པར་མི་བྱེད་པ་ནི་ཞེ་སྡང་གི་ཕ་རོལ་པོའི་ཡང་དག་པའི་སྐྱོན་རང་གི་མིང་གིས་མི་སྟོན་པའོ། །རིགས་པ་དང་ལྡན ་པ་ནི་རིགས་པ་བཞི་པོ་བལྟོས་པའི་རིགས་པ་དང། གཏན་ཚིགས་སྒྲུབ་པའི་རིགས་པ་དང་བྱ་བ་བྱེད་པའི་རིགས་པ་དང་ཆོས་ཉིད་ཀྱིས་རིགས་པ་གཞི་དང་ལྡན་པའོ། །འབྲེལ་པ་ནི་སྐབས་མི་མདོར་བའོ། །མ་འདྲེས་པ་ནི་མ་འཁྲུགས་པ་དང་འབྲེལ་བའོ། །ཆོས་དང ་མཐུན་པ་ནི་དོན་དང་ལྡན་པ་སྟེ། །སྡུག་བསྔལ་ལ་སོགས་པ་དང་ངེས་པར་འབྱུང་བ་དང་རབ་ཏུ་དབེན་པ་ལས་སྐྱེས་པའི་ཆོས་རྣམ་པ་དུ་མ་ལས་བརྩམས་པའོ། །འཁོར་ཇི་ལྟ་བ་བཞིན་ཞེས་བྱ་བ་ནི་ལརྒྱལ་རིགས་ལ་སོགས་པ་འཁོར་བཞི་ལ་རུང་བའོ། །བྱམས་པའི་སེམས་ ་ཀྱི་ཞེས་བྱ་བ་ནི་དོན་དེ་རྟོག་བ་དང་ཕན་པར་འདོད་པའོ། །ཕན་པའི་སེམས་ཀྱིས་ཤེས་བྱ་བ་ནི་ཅི་ནས་ཀྱང་དེ་གུས་པར་ཆོས་ཉན་པར་འགྱུར་བ་དང། ཀུན་ཤེས་པར་འགྱུར་བ་དང་དེས་ན་དེ་དག་ལ་ཕན་པར་འགྱུར་རོ་སྙམ་དུ་སེམས་པའོ། །སྙིང ་བརྩེ་བའི་སེམས་ཀྱིས་ཞེས་བྱ་བ་ནི་ཆོས་དང་མཐུན་པའི་ཆོས་སྒྲུབ་པར་འདོད་པས་སོ། །རྙེད་པ་དང་བཀུར་བསྟི་དང་ཚིགས་སུ་བཅད་པ་དག་ལ་མི་བརྟན་པ་ཞེས་བྱ་བ་ནི་ཆོས་གོས་ལ་སོགས་པ་ལས་བརྩམས་ཏེ་མ་ཡིན། ཕྱག་འཚལ་བ་ལ་སོགས་པ་དག་གི་ཕྱིར ་མ་ཡིན་གྱི། གཞན་དག་གཡེན་སྦྱོའོ་སྙམ་པ་འབའ་ཞིག་ཏུ་སེམས་པའོ་ཞེས་བྱ་བ་རྒྱས་པར་འབྱུང་བའོ། །བདག་ལ་བསྟོད་པར་མི་བྱེད་ཅིང་གཞན་ལ་སྨོད་པར་མི་བྱེད་པ་ནི་རྙེད་པ་དང་བཀུར་སྟི་འདོད་པས་བདག་ནི་ཆོས་འདུལ་བ་འདི་ཀུན་ཤེས་སོ། །ཁྱོད་ནི་མི ་ཤེས་སོ་ཞེས་བྱ་བ་རྒྱ་ཆེར་བདག་གི་ཡོན་ཏན་མི་བརྗོད་ཅིང་གཞན་གྱི་སྐྱོན་ནས་མི་བརྗོད་པའོ། །དུས་སུ་ཆོས་མཉན་པར་བྱ་བ་ནི་བདག་གི་གཏམ་འདི་ནི་ཕན་པ་མང་པོ་བྱེད་དོ་སྙམ་དུ་བདག་ཉིད་ཀྱིས་གཏམ་བྱ་བ་གང་ཡིན་པའི་དུས་ལ་བབ་པར་མཐོང་ཞིང། ་གཞན་གྱི་ཡང་འདིའི་བར་ཆད་དུ་མི་འགྱུར་རོ་ཞེས་སྟོན་པའི་འདུ་ཤེས་ནས་གཏམ་བྱ་བའོ། །གུས་བར་བྱ་བ་ནི་སེམས་དམའ་བས་བསྟན་དམའ་བ་ལ་འདུག་སྟེ། སྤྱོད་ལམ་ཕུན་སུམ་ཚོགས་པར་གྱུར་པས་ཅི་ནུས་སུ་ཆོས་མཉན་པའོ། །གུས་པར་ཉེན་པ་ནི ་དོན་བྱེ་བྲག་ཏུ་མ་རྟོགས་པ་བྱེ་བྲག་ཏུ་རྟོག་པར་བྱ་བའི་ཕྱིར་དང་པོ་ཉིད་དུ་དྲི་བ་དང་བྱེ་བྲག་ཏུ་རྟོགས་པ་ཐེ་ཚོམ་ཅན་ཡང་ཐེ་ཚོམ་གསལ་བར་བྱ་བའོ། །སྤང་བར་མི་བྱ་བས་ཞེས་བྱ་བ་ནི་ཁྱད་པར་ཆེས་འཕགས་པའོ། །རྗེས་སུ་མཐུན་བར་བྱ་བ་ནི་མཉམ་པ ་དང་དམན་པ་གཉིས་སོ། །ཆོས་བསྙེན་བཀུར་ཉེ་བར་བཞག་སྟེ་ཞེས་བྱ་བ་ནི་དེའི་འབྲས་བུ་ཆེན་པོ་དང་ཕན་ཡོན་ཆེན་པོ་རྟོགས་ནས་དེ་ལ་བཀུར་སྟི་བསྐྱེད་ནས་ཉན་པའོ། །ཆོས་སྨྲ་བ་ལ་ཞེས་བྱ་བ་ནི་དེ་སྟོན་པ་ནི་འདིའོ་ཞེས་བྱ་བའོ། །ཆོས་ལ་མི ་བརྙས་པས་ཞེས་བྱ་བ་ནི་འདི་ནི་ཡི་གེ་དང་ཚིག་དང་ཚིག་འབྲུ་བཟང་པོ་མ་ཡིན་གྱི། འདི་ནི་ཚིག་དང་ཡི་གེ་ཡང་བ་དང་མངོན་པའོ་ཞེས་བརྙས་པར་མི་བྱེད་པའོ། །ཆོས་སྨྲ་བ་ལ་ཞེས་བྱ་བ་ནི་འདི་ནི་བདག་པས་རིགས་དམའ་ཞིང་ཆེས་ངན་པ་ཡིན་ནོ་ཞེས་བརྙས་བར་མི་བྱེད་པའོ ་བདག་ཉིད་ལ་ཞེས་བྱ་བ་ནི་བདག་ཉིད་ལ་ནི་ཆོས་འདི་ཀུན་ཤེས་པར་བྱ་བའི་མཐུ་མེད་དོ་ཞེས་བྱ་རྟོགས་པར་བྱ་བ་ལ་སྤ་མའི་གོང་པའོ། །ཀུན་ཤེས་པར་འདོད་པའི་སེམས་ཀྱིས་ཞེས་བྱ་བ་ནི་མཐོ་མི་འཚམ་པའི་བསམ་པས་ཤེས་པར་འདོད་པའོ། །རྩེ་གཅིག་པའི་སེམས་ཀྱིས ་ཞེས་བྱ་བ་ནི་ཡི་གེའི་བྱ་དྲག་རྟོགས་པར་བྱ་བའོ། །རྣ་བ་བསྟད་དོ་ཞེས་བྱ་བ་ནི་སྒྲ་རྟོགས་པར་བྱ་བའོ། །ཡིད་ཡང་དག་པར་བསྟད་དོ། །ཞེས་བྱ་བ་ནི་དོན་དང་མཐུན་པར་འཇུག་པར་བྱ་བའོ། །སེམས་ཅན་ཐམས་ཅད་ཀྱིས་བསམས་ཏེ་ཞེས་བྱ་བ་ནི་ཅི་ནས་ཀྱང་འགའ་ཡང ་དག་པར་མི་རྟོགས་པར་མི་འགྱུར་བར་བྱ་བའི་བར་ཆད་མེད་པར་ཡི་གེ་དང་སྒྲའི་བྱེ་བྲག་རྟོགས་པར་བྱའོ། །བཅོམ་ལྡན་འདས་ཀྱིས་ཉན་ཐོས་ཀྱི་དགེ་འདུན་ནི་ལེགས་པར་ཞུགས་པ་ཞེས་བྱ་བ་ནི་མདོར་བསྟན་པའོ། །རིཌ་པར་ཞུཌ་པ་ཞེས་བྱ་བ་ནི་སློང་པ་འབྲས་བུ་ལ་གནས ་པ་རྣམས་སོ། །དྲང་པོར་ཞུགས་པ་ཞེས་བྱ་བ་ནི་ཞུགས་པའི་ལམ་ལ་གནས་པ་རྣམས་སོ། །མཐུན་པར་ཞུགས་པ་ནི་མི་སློབ་པ་རྣམས་ཏེ་དེ་དག་ནི་སྟོན་པ་དང་ཆོས་དང་བསླབ་པ་ལ་སོགས་པ་ལ་གུས་པར་བྱེད་པ་འབའ་ཞིག་ཏུ་ཟད་དོ། །མཐུན་བའི་ཆོས་སྤྱོད་པ་ཞེས ་བྱ་བ་ནི་རྒྱུ་ལ་གནས་པ་རྣམས་སོ། །ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་སྒྲུབ་པ་ནི་གང་དག་ཕ་རོལ་གྱི་སྒྲའི་སྒྱུ་ལས་བྱུང་བས་ནང་དུ་ཚུལ་བཞིན་ཡིད་ལ་བྱེད་པའོ། །ཡང་ལེགས་པར་ཞུགས་པ་ནི་དེའི་ལམ་དེའི་འབྲས་བུ་འགོག་པ་ལ་ཞུགས་པའོ། །དྲང་པོར་ཞུགས་པ་ནི ་ཇི་ལྟར་བསྟན་པ་བཞིན་དུ་སྒྲུབ་པ་སྟེ་གཡོ་དང་སྒྱུ་མེད་པར་ཡང་དག་པར་ཇི་ལྟ་བ་བཞིན་དུ་འཆགས་བའོ། །མཐུན་པར་ཞུགས་པ་ནི་མགུ་བར་འགྱུར་བའི་ཆོས་དྲུག་དང་ལྡན་པའོ། །མཐུན་པའི་ཆོས་སྤྱོད་པ་ནི་ཆོས་དང་མཐུན་པའི་ཆོས་སྤྱོད་པའོ། །དགྲ་བཅོམ་པ ་དང་ཟག་པ་ཟད་ཞེས་རྒྱས་བར་འབྱུང་བ་དང། ཤིན་ཏུ་མཐར་ཐུག་པ་ཞེས་རྒྱས་པར་འབྱུང་བ་དང། གཏན་པ་མེད་པ་དང་འོབས་བོར་བ་དང་འོབས་ལས་ཡང་དག་པར་རྒལ་བ་ཞེས་རྒྱས་པར་འབྱུང་བ་དང། ཡན་ལག་ལྔ་སྤངས་བ་དང་ཡན་ལག ་དྲུག་དང་ལྡན་པ་ཞེས་རྒྱས་པར་འབྱུང་བ་དང་རྒྱུན་ཏུ་ཞུགས་པ་དང་རྣམ་པར་མི་ལྟུང་བའི་ཆོས་ཅན་དང་ངེས་པར་རྫོགས་པའི་བྱང་ཆུབ་ཏུ་འགྲོ་བ་ཞེས་རྒྱས་པར་འབྱུང་བ་འདི་དག་ཐམས་ཅད་ནི་གཞི་བསྡུ་བར་རང་གི་གནས་ནས་བཤད་པར་རིག་པར་བྱའོ། །སྟོན་པའི ་སྲས་ཞེས་བྱ་བ་ནི་མདོར་བསྟན་པའི་ཚིག་གོ་།ཐུགས་ལས་སྐྱེས་པ་ཞེས་སྲས་ཀྱི་ནང་ན་དམན་པས་སོ་སོའི་སྐྱེ་བོ་བསལ་བའི་ཕྱིར་རོ། །གསུང་ལས་སྐྱེས་པ་ནི་ཆོས་བསྟན་པའི་སྒྲ་ལས་སྐྱེས་བའོ། །ཆོས་ལས་སྐྱེས་པ་ནི་ཚུལ་བཞིན་ཡིད་ལ་བྱེད་པ་དང་ཆོས ་དང་མཐུན་བའི་ཆོས་སྒྲུབ་པ་ལས་སྐྱེས་པའོ། །ཆོས་ཀྱི་སྤྲུལ་པ་ནི་ཆོས་ཀྱི་སྐུ་ཡོངས་སུ་གྲུབ་པ་དང་ཆོས་མཐུན་པ་པ་ཡིན་ནོ། །ཆོས་ཀྱི་བགོ་སྐལ་ལ་སྤྱོད་པ་ནི་ཟག་པ་མེད་པའི་ཆོས་ཀྱི་ལོངས་སྤྱོད་པ་ཆོས་མཐུན་པ་ཡིན་ནོ། །དེ་དག་གིས་ནི་སྐྱེ་བ་ཕུན་སུམ་ཚོཌ ་པ་དང། ཡབ་དང་ཆོས་མཐུན་པ་ཕུན་སུམ་ཚོགས་པ་ཡོངས་སུ་བསྟན་པ་ཡིན་ཏེ། ཚིག་དང་པོས་ནི་སྐྱེ་བ་བཟང་པོ་ཕུན་སུམ་ཚོགས་པ་སྣོད་ཀྱི་སྐྱོན་དགག་པ་བསྟན་ཏོ། །གཉིས་པས་ནི་ཁུ་བ་དང་ཁྲག་མི་གཙང་བ་ལས་སྐྱེ་བ་དགག་པར་བསྟན་ཏོ། །གསུམ་བས ་ནི་དམ་པའི་ཆོས་མ་ཡིན་པ་འདོད་པའི་འདོད་ཆགས་ལས་སྐྱེ་བ་དགག་པ་བསྟན་ཏོ། །ཚིག་གསུམ་པོ་དེ་དག་གིས་སྐྱེ་བ་བཟང་པོ་ཕུན་སུམ་ཚོགས་པ་ཡོངས་སུ་བསྟན་ཏོ། །ཚིག་བཞི་བས་ནི་བདག་ནང་ཆོས་མཐུན་པ་བསྟན་ཏོ། །ལྔ་པས་ནི་ལོངས་སྤྱོད་ལ་ཆོས ་མཐུན་པ་བསྟན་ཏོ། །ཚིག་འདི་གཉིས་ཀྱི་ཆོས་མཐུན་པ་པ་ལ་སྐྱེ་བ་ཕུན་སུམ་ཚོགས་པ་ཡོངས་སུ་བསྟན་ཏོ། །གཞི་ནི་རྐྱེན་དང་ཀུན་འབྱུང་བ་དང་རྒྱུའོ། །རྐྱེན་གྱི་དབང་དུ་བྱས་ནས་དེ་ལས་སྐྱེ་བའོ། །རྒྱུའི་དབང་དུ་བྱས་ནས་དེ་ལས་རབ་ཏུ་སྐྱེས་པའོ། །རྒྱུ ་ལས་རབ་ཏུ་སྐྱེ་ཡང་རྐྱེན་གྱི་དབང་གིས་ནི་སྐྱེའི་གཞན་དུ་ནི་མ་ཡིན་ནོ་ཞེས་བྱ་བའོ། །ཡང་ན་ཚིག་ཕྱི་མ་བཤད་པ་ཡིན་པར་རིག་པར་བྱའོ། །ལེགས་བར་མཐོང་བ་ཞེས་བྱ་བ་ནི་མདོར་བསྟན་བའོ། །ལེགས་པར་རིགས་པ་ནི་ཆོས་དང་དོན་སོ་སོ་ཡང་དག་པར་རིག་པའོ། །ལེགས་པར ་ཡིད་ལ་བྱས་པ་ཡང་དག་པར་ཚུལ་བཞིན་ཡིད་ལ་བྱེད་པའོ། །ལེགས་པར་བསྟེན་པ་ནི་ཀུན་ནས་སོ། །ལེགས་པར་རྟོགས་པ་ནི་ཡང་དག་པ་ཇི་ལྟ་བ་བཞིན་གྱི་སྒོ་ནས་ཏེ། དེ་གཉིས་ནི་ལེགས་པར་མཐོང་བ་ཡིན་ནོ། །ལྔ་མ་གཉིས་ནི་དེའི་སྦྱོར་བ་ཡིན་ནོ། །འཕགས་པ་ནི་ཟག ་བ་མེད་པ་དང་འཕགས་པའི་རྒྱུ་ལ་ཡོད་པའི་ཕྱིར་རོ། །ངེས་པར་འབྱུང་བ་ནི་ཁམས་གསུམ་པའི་སྡུག་བསྔལ་ལས་ངེས་པར་འབྱུང་བའོ། །ངེས་པར་རྟོགས་པ་ཅན་ནི་ཤིན་ཏུ་ངེས་པར་འབྱུང་བ་དང་ཕྱིར་མི་བཟློག་པའོ། །བཅོམ་ལྡན་འདས་ནི་ཆོས་ཐམས་ཅད་ཀྱི་རྩ་བ་ཞེས ་བྱ་བ་ནི་དང་པོར་མངོན་པར་རྫོགས་པར་བྱང་ཆུབ་པའོ། །བཅོམ་ལྡན་འདས་ནི་འབྲེལ་པ་བྱེད་བ་ཞེས་བྱ་བ་ནི་མངོན་པར་རྫོགས་པར་བྱང་ཆུབ་ནས་ལྷ་དང་མིའི་བར་ལ་ཡང་དག་པར་རབ་ཏུ་སྟོན་པའོ། །བཅོམ་ལྡན་འདས་ནི་རྟེན་ཞེས་བྱ་བ་ནི་ཆོས་བསྟན་པ་ལ་ཐེ་ཚོམ་སྐྱེས་པ ་ཐམས་ཅད་ཡང་དང་ཡང་དུ་སེལ་བའོ། །བཅོམ་ལྡན་འདས་དེ་མིག་ཏུ་གྱུར་པ་ཞེས་བྱ་བ་ནི་ལྷན་ཅིག་སྐྱེས་བའི་ཤེས་རབ་སྒྲུབ་བའོ། །ཡེ་ཤེས་སུ་གྱུར་པ་ཞེས་བྱ་བ་ནི་སྦྱོར་བ་ལས་བྱུང་བའི་ཤེས་རབ་སྒྲུབ་བའོ། །མངོན་དུ་གྱུར་བ་ནི་བསམ་པ་ལས་བྱུང་བའི་ཤེས་རབ་སྒྲུབ་བའོ།། ་ཆོས་སུ་གྱུར་པ་ནི་ཐོས་པ་ལས་བྱུང་བའི་ཤེས་རབ་སྒྲུབ་པའོ། །དོན་གསལ་བར་གཏན་ལ་འབེབས་པར་བྱེད་པ་ནི་ཐེ་ཚོམ་ཐམས་ཅད་གཅོད་པར་བྱེད་པའོ། །དོན་ཐམས་ཅད་ཀྱི་རྟེན་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པ་ཐམས་ཅད་སྒྲུབ་པའོ། །ཡིད་བྱུང་བ་ནི ་མཐོང་བའི་ལམ་ལའོ། །འདོད་ཆགས་དང་བྲལ་བ་ནི་སྒོམ་པའི་ལམ་ཡོངས་སུ་རྫོགས་པ་དག་ལའོ། །འགོག་པ་ནི་ཕུང་པོ་ཐམས་ཅད་འགོག་པའོ། །ཡིད་བྱུང་བ་དང་འདོད་ཆགས་དང་བྲལ་བ་ལ་ཞུགས་པ་ནི་དེ་གཉིས་ཀྱི་སྦྱོར་བ་ལ་གནས་པ་རྣམས་ཡིན་ནོ། །འགོག་པ་ལ ་ཞུགས་པ་རྣམས་ནི་མི་སློབ་པ་ཡིན་ནོ། །ཡིད་འབྱུང་བར་འགྱུར་བ་ནི་བདེན་པ་མཐོང་བས་འདུས་བྱས་ཐམས་ཅད་ལས་མི་མཐུན་པར་འཛིན་བའོ། །དེ་ནས་འདོད་ཆགས་དང་བྲལ་བར་འགྱུར་ཞེས་བྱ་བ་ནི་བསྒོམ་པའི་ལམ་ལ་འདོད་ཆགས་སྤོང་པའོ། །རྣམ་པར་གྲོལ ་བར་འགྱུར་ཞེས་བྱ་བ་ནི་དེ་ནས་འདོད་ཆགས་དང་དེ་དང་དེ་གྲུབ་པ་དང་བདེ་བ་གཅིག་ལ་དེ་ལས་གཞན་པའི་ཉོན་མོངས་པ་རྣམས་ལས་སེམས་རྣམ་པར་གྲོལ་བའོ། །ཡོངས་སུ་གྲོལ་བ་ནི་ཉོན་མོངས་པ་སྤངས་པའི་ཕྱིར་སྐྱེ་བ་ལ་སོགས་པའི་སྡུག་བསྔལ་ལས་གྲོལ་བའོ། ། ་དེ་ནི་བྲམ་ཟེ་ཞེས་བྱ་བ་ནི་ཕ་རོལ་གྱི་མཐར་ཐུག་པར་འགྲོ་བ་དང་སྡིག་པ་བསལ་བའོ། །དེའི་མཚན་ཉིད་ལ་ཐེ་ཚོམ་མེད་པ་ཞེས་བྱ་བ་ལ་སོགས་པ་ནི་རང་གི་རྟོགས་པ་ལ་ཐེ་ཚོམ་མེད་པའོ། །འགྱོད་པ་བཅད་པ་ནི་བྱ་བ་མི་བྱེད་པ་མེད་པ་དང་བྱ་བ་མ་ཡིན་པ་བྱེད་པ་མེད་པའོ།། ་སྲེད་པ་དང་བྲལ་བ་ནི་རྙེད་པ་དང་བཀུར་སྟི་ལ་སྲེད་པ་མེད་པའོ། །འབྱུང་བ་དང་ཞིག་པ་ལ་ཆགས་པ་རྒྱས་པར་མི་འགྱུར་ཞེས་བྱ་བ་ནི་བག་ལ་ཉལ་སྤངས་པའོ། །དེ་ལ་ད་ལྟར་དང་མ་འོངས་པའི་དུས་ནི་འབྱུང་བའོ། །འདས་པ་ནི་ཞིག་པ་སྟེ་དེ་དག་གིས་ནི་བྲམ་ཟེད?་ཡོངས་སུ་བརྟག ་པར?་བྱའོ། །དེ་ལ་ཐོས་པ་མང་པོ་དང་ཤེས་བཞིན་དང་དག་བའི་ཕྱོགས་ལ་བརྩོན་པ་ལ་ཡང་གོང་མ་གསུམ་སྲིད་པས་དེའི་ཕྱིར་ལུང་སྟོན་པས་ན་བཞི་བས་ཀྱང་ཡོངས་སུ་བརྟག་པར་བྱའོ། །དེ་ལ་ཆགས་པ་ཞེས་བྱ་བ་ནི་ཆགས་པ་བརྒྱད་དེ། ཞིག་པ་ལ་མྱ་ངན་དུ་གྱུར་པ ་དང། དེ་ལྟར་གྱིས་ཡང་དག་པར་བསྡུས་པ་འབྱུང་བ་ལ་ལྔ་སྟེ། བྱི་དོར་བྱས་པ་དང་སྦེས?་པ་དང་བདག་གིར་བྱས་པ་དང་གྱེན་དུ་བསྒྲེང་བ་དང། ཆུང་དུ་བསྒྲེང་བའོ། །མ་འོངས་པ་ལ་གཉིས་ཏེ། རྣམ་པར་སྤྱད་པ་དང། རྣམ་པར་སྐྱོད་པའོ། །གསུམ་ཀ་ལ་ནི་སྡུག་བོར ་བྱས་པ་དང། རོ་བྲོ་ཐར་བྱས་པའོ། །དེ་ལ་མྱ་ངན་དུ་གྱུར་པ་ནི་སྡུག་པ་ཡོངས་སུ་གྱུར་པའོ། །བྱི་དོར་བྱས་པ་ནི་གསོས་པ་དང་ཡོངས་སུ་བསྐྱངས་པའོ། །སྤྲས་པ་ནི་འཚེ་བའི་གནས་ལས་སྐྱབས་པའོ། །བདག་གིར་བྱས་པ་ནི་བདག་གིར་བྱ་བས་རང་གིར་བྱས་པའོ། །གྱེན་དུ ་བསྒྲེང་བ་ནི་བདག་མཆོག་གོ་སྙམ་པའི་ང་རྒྱལ་ཏེ། བཅོམ་ལྡན་འདས་ཀྱིས་སྐྱེ་དགུ་ནི་ང་རྒྱལ་གྱི་རྒྱལ་མཚན་ཅན་ནོ་ཞེས་གསུངས་སོ། །ཆུང་དུ་བསྒྲེང་བ་ནི་བདག་ཆུང་ངོ་སྙམ་པའི་ང་རྒྱལ་ལོ། །རྣམ་པར་སྦྱང་བ་ནི་མ་འོངས་བ་དོན་དུ་གཉེར་བའི་སྲེད་པའོ། །རྣམ་པར་སྐྱོད?་པ་ནི་དོན་དུ་? ་བ་ཡོངས་སུ་ཚོལ་བའོ། །སྟུག་པར་བྱས་པ་ནི་གང་ཞིག་འདོད་ལ་ཉེ་བར་ལོངས་སྤྱད་པར་བྱ་བ་མ་ཡིན་པ་སྟེ། འདི་ལྟ་སྟེ། གསེར་རམ་ཟོང་གཞན་དག་གོ་།རོ་བྲོ་བར་བྱས་པ་ནི་ཉེ་བར་ལོངས་སྤྱད་པར་བྱ་བ་གང་ཡིན་པའོ། །རྣམ་གྲངས་གཞན་ཡང་མདོར་བསྡུ་ན། ཚིག་ལྔས་ལན ་རྟོགས་པ་དང་ལམ་རྟོགས་པའི་འབྲས་བུ་མངོན་དུ་བྱ་བ་ཡོངས་སུ་བསྟན་ཏེ། དེ་ལ་དེ་ནི་བྲམ་ཟེ་ཞེས་བྱ་བས་ནི་ལམ་རྟོགས་པ་ཡོངས་སུ་བསྟན་ཏོ། །ཐེ་ཚོམ་མེད་པ་དང་འགྱོད་པ་ཆད་པ་དང། སྲེད་པ་བྲལ་བ་དང་འབྱུང་བ་དང་ཞིག་པ་ལ་ཆགས་པ་རྒྱས་པར་མི་འགྱུར་ཞེས་བྱ་བའི་ཚིག ་འདི་དག་གིS་ནི་ལམ་རྟོགས་པའི་འབྲས་བུ་མངོན་དུ་བྱ་བ་ཡོངས་སུ་བསྟན་ཏེ། ཀུན་ཤེས་པ་ཐོབ་པ་དང་ལུང་སྟོན་པའི་ཐེ་ཚོམ་སྤོང་བ་དང། རྒྱུ་བ་ན་སྤྱོད་པ་བརྗེད་པའི་ཆོས་ཉིད་སྤོང་བ་དང། མ་འོངས་པའི་སྡུག་བསྔལ་གྱི་རྒྱུ་སྤོང་བ་དང། ད་ལྟར་གྱི་སྡུག་བསྔལ་གྱི་རྒྱུ་གནས་ངན ་ལེན་སྤོང་པའི་ཕྱིར་རོ། །དེ་ལ་དོན་གྱི་སྐབས་འདིར་ནི་འབྱུང་བ་ནི་ཁམས་གསུམ་པར་གཏོགས་བའི་མཚན་མ་ཡིན་ལ་བྱེད་པ་ཡིན་པར་བལྟ་བར་བྱའོ། །ཞིག་པ་ནི་མཚན་མ་མེད་པ་ཡིད་ལ་བྱེད་པའོ། །ཆགས་པ་ཡང་དོན་གྱི་སྐབས་འདིར་ནི་འདོད་ཆགས་དང་ཞེ་སྡང་དང་གཏི ་མུག་རྣམས་ཏེ། དེ་དག་ཀྱང་ཇི་ལྟར་མཚན་མ་མེད་པ་ལ་སྙོམས་པར་ཞུགས་པའི་སློབ་པ་ལ་རྒྱས་པར་འགྱུར་བ་ལྟར་དགྲ་བཅོམ་པ་ནི་དེ་ལྟ་མ་ཡིན་ནོ། །རྣམ་པར་རྟོག་པ་དང་སྤྲོས་པ་དང། ཆགས་པ་དང། འདུ་ཤེས་ཞེས་བྱ་བ་ནི་ཉོན་མོངས་པ་རྣམ་པ་བཞི་སྟེ། སྔ་མ་གཉིས་ནི་རབ ་ཏུ་བྱུང་བའི་ཕྱོགས་ཀྱི་ཡིན་ནོ། །གཉིས་ནི་ཁྱིམ་པའི་ཕྱི་མའི་ཕྱོགས་ཀྱི་ཡིན་ཏེ། ཆགས་པ་རྒྱས་ན་དེ་སྐྱེ་བར་འགྱུར་རོ། །རབ་ཏུ་བྱུང་བ་རྣམས་ནི་ཡུལ་ཉམས་སུ་མྱོང་བ་རྗེས་སུ་དྲན་པ་ལས་རྗེས་སུ་རྟོགས་པ་ཙམ་ཡིན་ལ་གཡོ་བ་ཀུན་ཏུ་སྤྱོད་པ་ལས་ནི་སྦྲོས་པ་ཡིན་གྱི། ཁྱིམ་པ? ་རྣམས་ནི་ཡུལ་ཉེ་བར་གནས་པ་ལས་ཆགས་པ་ཡིན་ནོ། །ཆགས་པ་དང་དེའི་མཚན་མ་ལ་འཛིན་པ་ལས་དིའི་འདུ་ཤེས་པ་ཡིན་ནོ། །ཀུན་ནས་ཉོན་མོངས་པའི་རྒྱུ་ནི་གཉིས་ཏེ། ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་དང། དེའི་གནས་ཀྱི་ཆོས ་རྣམས་ཏེ། རྒྱུ་གང་ལས་སྐྱེ་བ་དེ་ནི་དེའི་རྒྱུ་ཡིན་ནོ། །མི་རྟག་པ་གང་ཡིན་པ་དེ་ནི་སྡུག་བསྔལ་ལོ། །ཞེས་བྱ་བ་ནི་དོན་ཅི་ཞེ་ན། གང་གིས་ན་མི་རྟག་པ་དང་རིས་མཐུན་པ་དེས་སྐྱེ་བ་དང་རྒ་བ་ལ་སོགས་པའི་སྡུག་བསྔལ་སྐྱེ་བ་དང། གང་གིས་ན་རེག་པ་ལ་རག་ལུས་ཏེ་ཚོར་བ་དེས ་ན་རྣམ་པར་འགྱུར་ལ། སྐྱེ་ཞིང་འཇིག་སྟེ་དེའི་ཕྱིར་ཚོར་བ་གསུམ་པོ་ཐམས་ཅད་སྡུག་བསྔལ་ལོ་ཞེས་བཤད་དོ། །གང་ཡང་སྐྱེ་བ་ལ་སོགས་པའི་སྡུག་བསྔལ་གྱི་ཆོས་ཅན་དེ་དང། གང་ཡང་རྣམ་པར་འགྱུར་བ་ལ་སོགས་པའི་སྡུག་བསྔལ་གྱི་ཆོས་ཅན་དེ་དག་ནི་བདག་ཉིད་ཀྱིས ་བདག་མེད་པས་བདག་མེད་བའམ། དེ་ལ་བདག་མི་གནས་པས་ན་བདག་མེད་པ་སྟེ། དེས་ན་སྟོང་པ་ཉིད་དང་བདག་མེད་པའི་རྣམ་པ་སྨོས་པ་ཡིན་ནོ། །ཀུན་ཤེས་པར་བྱེད་པ་ནི་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་ཏེ། ཤེས་བ་གསུང་བ་འདི་སྐད་དུ་གསུང་དོ་ཞེས་བྱ་བའོ ་ཡང་དག་པར་ཤེས་པར་བྱེད་པ་ནི་བསམས་པ་ལས་བྱུང་བའོ། །ངེས་པར་རྟོག་པ་ནི་བསྒོམས་པ་ལས་བྱུང་བའི་སྟེ། ཤེས་རབ་རྣམ་པ་གསུམ་རྒྱུ་བ་དེ་ཉིད་ལ་བཟོད་པ་གང་ཡིན་པ་དེ་ནི་མགུ་བ་དང་ཡང་དག་པར་མགུ་བ་དང། ཡོངས་སུ་མགུ་བའོ། །མི་རྟོག་པར་རྗེས་སུ་བལྟ། ་འདོད་ཆགས་དང་བྲལ་བར་རྗེས་སུ་བལྟ། འགོག་པར་རྗེས་སུ་བལྟ་ཞེས་བྱ་བ་ནི་འདི་ལྟ་སྟེ། ཉན་ཐོས་ཀྱི་ས་ལས་འབྱུང་བ་བཞིན་ནོ། །མི་རྟག་པ་དང། གཡོ་བ་དང། འཇིགས་པ་ཞེས་བྱ་བ་རྒྱས་བར་འབྱུང་བ་ནི་གཅིག་ལས་འཕྲོས་བ་མཐུན་པར་སྦྱོར་བ་ལས་མི་རྟག་པ་ལ་སོཌ ་པའི་རྣམ་གྲངས་ནས་སྡིག་བའི་རྣམ་གྲངས་ལ་ཐུག་པའི་བར་དུ་ཅི་རིགས་པར་རིག་པར་བྱའོ། །མ་ཐོབ་པ་ཐོབ་པར་བྱ་བ་ནི་དེ་དང་པོ་ནས་མ་ཐོབ་པ་འམ་སྔ་མ་ལས་ཉམས་པའོ། །རྟོགས་པར་བྱ་བ་ནི་གོང་མའི་ཁྱད་པར་རྟོགས་པའོ། །མངོན་སུམ་དུ་བྱ་བ་ནི་སྤངས་པའོ། ། ་ལྟ་བ་ཞེས་བྱ་བ་འདིས་ནི་ཤེས་རབ་བསྟན་ཏོ། །ངེས་པར་རྟོག་པ་ཞེས་བྱ་བ་འདིས་ནི་ཏིང་ངེ་འཛིན་བསྟན་ཏོ། །ཚུལ་བཞིན་ཡོངས་སུ་རྟོག་ཅེས་བྱ་བ་ནི་ཆོས་གཉིས་པོ་དེ་དག་ཉིད་ལ་ཕྱིན་ཅི་མ་ལོག་པར་འཇུག་པར་བསྟན་ཏོ། །མེད་ཀྱང་སྣང་ངོ་ཞེས་བྱ་བ་ནི་དེ་ལ་བདེ་བ་མེད ་པའོ། །གསོབ་ཅེས་བྱ་བ་ནི་བདག་གིས་སྟོང་བའོ། །གསོག་ཅེས་བྱ་བ་ནི་མི་གཙང་བའོ། །སྙིང་པོ་མེད་ཅེས་བྱ་བ་ནི་མི་རྟག་པ་ཉིད་དེ། དེ་ལྟར་ན་དེ་དག་གིས་ནི་ཕྱིན་ཅི་ལོག་བཞི་མེད་པར་ཡོངས་སུ་བསྟན་ཏོ། །ཇི་ལྟར་ན་གཟུགས་དབུ་བ་རྡོས་པ་ལྟ་བུ་ཡིན་ཞེ་ན། བསགས་པ ་དང་འཇིག་པ་མྱུར་བ་དང། ཆུའི་ཁམས་ལས་འབྱུང་བ་ལྟར་ཟས་དང་སྐོམ་གྱི་རོ་དང། རྣམ་པར་རྟོག་པའི་ཆུ་ལས་བྱུང་བའི་ཕྱིར་རོ། །བཅང་བར་མི་བཟོད་པ་ཉིད་ནི་བཅང་བར་མི་བཟོད་པ་དང་འཇི་བའི་གོང་བུ་ལ་སོགས་པ་བཞིན་དུ་བསྒྱུར་བར་མི་ནུས་པའོ། །སེམས་ཅན་གཅིག ་ཏུ་མོས་བའི་ཕྱིར་གོང་བུ་མ་ཡིན་ཡང་གོད་བུར་སྣང་བའོ། །ཚོར་བ་དེ་ནི་ཆུ་བུར་ལྟ་བུ་ནི་གསུམ་འདུས་པ་ལས་སྐྱེས་བ་དང་མི་གནས་པར་ཆོས་མཐུན་བའི་ཕྱིར་ཏེ། དེ་ལས་ལྟ་བུ་ནི་དབང་པོ་སྟེ། དེ་སྐྱེ་བའི་གནས་ཡིན་པའི་ཕྱིར་རོ། །ཡུལ་ལྟ་བུ་ནི་སྤྲིན་ནོ། །ཆུ་ལྟ་བུ་ནི་རྣམ་པར ་ཤེས་པའོ། །ཆར་བས་བཏགས་པ་ལྟ་བུ་ནི་རེག་པའོ། །ཆུའི་ཆུ་བུར་ལྟ་བུ་ནི་ཚོར་བ་སྟེ། མྱུར་དུ་འགག་པ་དང་མི་གནས་པའོ། །འདུ་ཤེས་སྨིག་རྒྱུ་ལྟ་བུ་ནི་གཡོ་བའི་བདག་ཉིད་དང་རྣམ་པ་དུ་མ་འབྱུང་བ་དང། དམིགས་པ་ལ་ཕྱིན་ཅི་ལོག་ཏུ་བྱེད་པ་དང། སྐྱེས་པ་དང་བུད་མེད ་བ་སོགས་པ་ཡོངས་སུ་གཅད་པའི་ཚུལ་གྱིས་ཡུལ་གསལ་བར་བྱེད་པའོ། །ཇི་ལྟར་ན་འདུ་བྱེད་རྣམས་ཆུ་ཤིང་ལྟ་བུ་ཡིན་ཞེ་ན། འདི་ལྟ་སྟེ། སྐྱེས་བུ་མིག་དང་ལྡན་པ་ཞེས་བྱ་བ་ནི་འཕགས་པ་ཉན་ཐོས་སོ། །སྟ་རེ་རྣོན་པོ་ཞེས་བྱ་བ་ནི་ཤེས་རབ་ཀྱི་མཚོན་ཆའོ་ཚལ་དུ་འཇུག ་ཅེས་བྱ་བ་ནི་འགྲོ་བ་ལྔར་གཏོང་བའོ། །ཆུ་ཤིང་གི་སྡོང་པོ་ཞེས་བྱ་བ་ནི་སྡུག་བསྔལ་སྣ་ཚོགས་ཀྱི་ལུས་ཤིང་དང་ཆོས་མཐུན་པའོ། །སར་བ་དྲང་པོ་ཞེས་བྱ་བ་ནི་བདག་བྱེད་པ་པོ་དང་ཟ་བ་བོར་ལྟ་བའོ། །དེས་དེ་དྲུང་ནས་བཅད་ནས་ཞེས་བྱ་བ་ནི་བདག་ཏུ་ལྟ་བ་སྤོང་བའོ། ། ་ལོ་མའི་གླེགས་བུ་རྣམ་པར་བཤིག་སྟེ་ཞེས་བྱ་བ་ནི་སེམས་ལ་དུ་མའི་འདུ་བྱེད་རྣམ་པར་སྨིན་པ་ཙམ་དུ་རབ་ཏུ་རྣམ་པར་འབྱེད་བའོ། །དེས་དེའི་སྙིང་པོ་མ་ཡིན་པ་ཡང་མི་རྙེད་ན་ཞེས་བྱ་བ་ནི་དེ་དང་དུས་གཞན་དུ་མི་གནས་པའོ། །སྙིང་པོ་ལྟ་ཞིག་སྨོས ་ཀྱང་ཅི་དགོས་ཞེས་བྱ་བ་ནི་ཤིན་ཏུ་རྟག་པ་དང་བརྟན་པའི་བདག་དང་བྱེད་པ་པོ་དང་ཟག་པ་ག་ལ་སྣང་ཞེས་བྱ་བའོ། །ཇི་ལྟར་ན་རྣམ་པར་ཤེས་པ་སྒྱུ་མ་ལྟ་བུ་ཡིན་ཞེ་ན། སྒྱུ་མ་བྱེད་པ་ཞེས་བྱ་བ་ནི་བསོད་ནམས་དང་བསོད་ནམས་མ་ཡིན་པ་དང་མི་གཡོ་བར་རྣམ་པར ་ཤེས་པའི་ཚིག་བླ་དགས་སོ། །ལམ་པོ་ཆེའི་བཞི་མདོར་འཇུག་སྟེ་ཞེས་བྱ་བ་ནི་རྣམ་པར་ཤེས་པ་གནས་པ་བཞི་ལ་བརྟེན་པའོ། །སྒྱུ་མ་རྣམ་པ་བཞི་བྱེད་ཅེས་བྱ་བ་ནི་ཇི་ལྟར་དེ་དག་ཏུ་གླང་པོ་ཆེའི་ཚོགས་ལ་སོགས་པ་སྣད་བའོ། །གླང་པོ་ཆེ་ལ་སོགས་པའི་ཚོགS ་དེ་དག་ཡོངས་སུ་གྲུབ་པ་མ་ཡིན་པ་དེ་བཞིན་དུ། བསོད་ནམས་དང་བསོད་ནམས་མ་ཡིན་པ་དང་མི་གཡོ་བ་ཉེ་བར་འགྲོ་བའི་རྣམ་པར་ཤེས་པ་གནས་པ་བཞི་ལ་བརྟེན་ཅིང་དམྱལ་བ་ལ་སོགས་པའི་ལུས་སྟོན་པ་དེ་ཡང་མི་སྣང་བར་འགྱུར་བའི་ཕྱིར་དེ་ཉིད་ཀྱིས་དེའི་ལུས ་ཡོངས་སུ་གྲུབ་པ་མེད་དེ། སྒྱུ་མའི་གཟུགས་བཞིན་ནོ། །དཀར་པོའི་ཕྱོགས་ཀྱི་རྣམ་གྲངས་རྫོགས་སོ།། །།སྡོམ་ནི། སྐྱེ་དང་རྒ་དང་འཆི་བ་དང། །ཆགས་དང་འདོད་དང་ཉོན་མོངས་དང། །འདོད་ཆགས་རབ་རྒྱས་ཞེ་སྡང་དང། །གཏི་མུག་ཆུང་དང་ཁྱད་པར་ཉིད། །སྐྱེ ་བ་ནི་དང་པོ་ཉིད་དུ་ཉིད་མཚམ་སྦྱོར་བའི་འབྲེལ་པ་སྟེ། མིང་དང་གཟུགས་ཀྱི་གནས་སྐབས་སོ། །ཀུན་ཏུ་སྐྱེ་བ་ནི་ལུས་ཡོངས་སུ་རྫོགས་པའོ། །བྱུང་བ་ནི་རུམ་ནས་བྱུང་བའོ། །མངོན་པར་གྲུབ་བ་ནི་ལང་ཚོའི་གནས་སྐབས་ནས་བཟུང་སྟེ། དར་ལ་བབ་པ་དང་དང་ཡོལ་བའི་གནས ་སྐབས་གང་ཡིན་པའོ། །ཆེས་འགྲས་ནི་རྒས་པའི་གནས་སྐབས་ཀྱི་བར་གང་ཡིན་པའོ། །ཕུང་པོ་རྙེད་པ་ནི་མིང་དང་གཟུགས་ཀྱི་གནས་སྐབས་སོ། །ཁམས་རྙེད་པ་ནི་དེ་ཉིད་དུ་དེའི་ས་བོན་རྙེད་པའོ། །སྐྱེ་མཆེད་རྙེད་པ་ནི་མིང་དང་གཟུགས་འཕེལ་བས་སྐྱེ་མཆེད་དྲུག་ཡོངས་སུ ་རྫོགས་པའོ། །ཕུང་པོ་མངོན་པར་འགྲུབ་བར་ནི་འབྱུང་བ་ནས་བཟུང་སྟེ་རྒས་པའི་བར་རོ། །སྲོག་གི་དབང་པོ་བྱུང་བ་ནི་རིས་མཐུན་པ་སྔ་མ་ཡོངས་སུ་བཏང་སྟེ་རིས་མཐུན་པ་གསར་གྱི་ཚེ་ཡོངས་སུ་འཛིན་པའོ། །རྒ་བ་ནི་ན་ཚོད་ཡོངས་སུ་གྱུར་པས་འགྲོ་བ་མ་རྡེག?་འཆའ་ཞིང་བགྱེལ་བའོ། ། ་མགོ་སྐྱ་ནི་སྐྲ་དང་བ་སྦུམ་ཚང་ཞིང་མདོག་དཀར་བ་དང་སེར་བའོ། །གཉེར་མས་གང་བ་ནི་པགས་པ་འཁུམས་པའོ། །བརྙིངས་བ་ནི་ན་ཚོད་ཡོངས་སུ་གྱུར་པ་གཉིས་མདངས་མེད་ཅིང་སྐྱ་བོར་གྱུར་པ་གང་ཡིན་པའོ། །ཁོམ་པ་ནི་མཐུ་དང་བརྩོན་འགྲུས་དང་སྟོབས་དང་རྩལ་མེད་པའ ་སྒུར་པོ་ཕྱམ་དགུ་པོ་ལྟར་ཡོ་བ་ཞེས་བྱ་བ་ན་ལུས་མདུན་དུ་དགུ་བ་གང་ཡིན་པ་སྟེ། ཁར་བ་ལ་བརྟེན་པ་གང་ཡིན་པའོ། །ལུས་སྨེ་བ་ནག་པོས་གང་བ་ནི་སྨེ་བ་ནག་པོ་དག་གིས་ལུས་བཀྲ་བར་བྱས་བའོ། །ཐེག་ཆེ་བ་ནི་འཕྲལ་གྱི་བྱ་བ་འགྲེང་བ་དང་འཆག་པ་དག་མི་མང་བའོ། ། ་ཉམ་དམའ་བ་ནི་ཡུལ་དག་ལ་དབང་པོ་རྣམས་རྒུ་བ་མི་མང་བའོ། །ཉམས་པ་ནི་དྲན་པ་དང་བློ་མི་མང་བའོ། །ཡོངས་སུ་ཉམས་པ་ནི་དབང་པོ་ལ་སོགས་པ་དེ་དག་ཉིད་སྐད་ཅིག་དེ་དང་དེ་དག་ཉིད་འདས་ཤིང་འདྲི་བའོ། །དབང་པོ་རྣམས་ཡོངས་སུ་སྨིན་པ་ནི་དེ ་དག་ཉིད་ཀྱི་བྱེ་བྲག་གོ་།འདུས་བྱས་རྣམས་བརྙིངས་པར་གྱུར་པ་ནི་དབང་པོའི་གནས་རྣམས་དུས་གཞན་དུ་གནས་པའོ། །བརྙིངས་པ་ནི་དེ་དག་ཉིད་གཞན་དུ་འགྱུར་བའོ། །ཤི་འཕོས་པ་ནི་ལུས་ཡོངས་སུ་བོར་བའོ། །འཆི་འཕོ་བ་ཉིད་ནི་འཆི་ཀ་ཉིད་དོ། །ཞིག་པ་ནི་གང་ན ་ལུས་རོར་འདུག་པའོ། །ནུབ་པ་ནི་གང་ན་ནི་གནས་པའོ། །ཡང་ཞིག་པ་ནི་གཟུགས་ཀྱི་ལུས་སོ། །ནུབ་པ་ནི་མིང་གི་ལུས་སོ་ཚེ་ཉམས་ཤིང་དྲོད་ཉམས་ཞེས་བྱ་བ་ནི་འཆི་ཀར་དའི་དུས་སུ་སྙིང་ཀར་གནས་པའོ། །སྲོག་གི་དབང་པོ་འགགས་པ་ནི་ཚེ་ཐམས་ཅད་ཡོངས་སུ ་གཏུག་པའོ། །འཆི་བ་ནི་རྣམ་པར་ཤེས་པ་སྙིང་གར་ཡོངས་སུ་འདོར་བའོ། །དུས་བྱས་པ་ནི་དེ་ཕྱིན་ཆད་དེ་ཤི་ནས་ཞག་གཅིག་གམ་གཉིས་སམ་ཞག་གསུམ་མམ་ཞག་བདུན་ལོན་པའོ། །སྐྱེ་མཆེད་དྲུག་ལ་བྱིས་པ་སོ་སོའི་སྐྱེ་བོ་ཐམས་ཅད་བདག་ཏུ་འཛིན་པས་ནི་ཆཌ ་པར་འགྱུར་རོ། །བདག་གིར་འཛིན་པས་ནི་ཉེ་བར་ཆགས་པར་འགྱུར་རོ། །འཇིག་ཚོགས་ལ་ལྟ་བ་ནི་རྩ་བ་ཅན་འཇིག་རྟེན་སོ་སོའི་ལྟ་བར་གྱུར་པ་རྣམས་དང་ངའོ་སྙམ་པའི་ང་རྒྱལ་གྱི་དབང་ཅན་སྲེད་པ་རྣམ་པར་སྤྱོད་པ་རྣམས་ཀྱིས་ནི་ལྷག་པར་ཆགས་སོ། །བདེ་བའི་ཚོར ་བའི་གནས་ལྟ་བུའི་སྐྱེ་མཆེད་དྲུག་ལ་ནི་འདོད་ཆགས་དང་བཅས་བར་རོ་མྱང་བར་བྱེད་བའོ། །སྡུག་བསྔལ་གྱི་ཚོར་བའི་གནས་ལྟ་བུ་ལ་ནི་ཞེ་སྡང་དང་བཅས་པས་སྤོང?་བར་བྱེད་དོ། །སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པའི་ཚོར་བའི་གནས་ལྟ་བུ་ལ་ནི་གཏི་མུག ་དང་བཅས་པས་ཁས་ལེན་པར་བྱེད་དོ། །འདས་པའི་སྐྱེ་མཆེད་དྲུག་ལ་ནི་བལྟས་པ་དང་བཅས་པས་རྒྱས་པར་བྱེད་དོ། །མ་འོངས་པ་ལ་ནི་མངོན་པར་དགའ་བ་དང་བཅས་པས་གནས་སོ། །ད་ལྟར་བྱུང་བ་ལ་ནི་ལྷག་པར་ཞེན་བ་དང་བཅས་བས་མངོན་པར་ཞེན་ཏོ། །རང ་གི་ཡོངས་སུ་གཟུང་བར་འགྱུར་བ་གཞན་གྱི་རྒྱུད་ལ་ཡོད་བའི་སྐྱེ་མཆེད་དྲུག་ལ་ནི་བདག་གིར་བྱེད་དོ། །རང་གི་ཡོངས་སུ་གཟུང་བར་མ་གྱུར་པ་གཞན་གྱི་རྒྱུད་ལ་ཡོད་པ་ཐ་མ་དང་འབྲིང་དང་ཁྱད་པར་ཅན་ལ་ནི་ང་རྒྱལ་གྱི་རྣམ་པ་ལ་བརྟེན་པས་རློམ་སེམས་སུ་བྱེད་དོ། །མཉཾ ་པར་བཞག་པ་ཡིན་པའི་ས་བ་འདོད་པ་དང་མཚུངས་བར་ལྡན་པ་ལ་ནི་གོང་ནས་གོང་དུ་དོན་དུ་གཉེར་བར་བྱེད་དོ། །མཉམ་པར་གཞག་བའི་ས་པ་གཟུགས་དང་གཟུགས་མེད་པ་དང་མཚུངས་པར་ལྡན་པ་ནི་ཇི་ལྟར་སྲིད་བར་རྒྱ་ཆེ་བ་དང་གྱ་ནོམ་པ་ཡིན་པའི་ཕྱིར་བརྟེན ་པར་བྱེད་དོ། །ཁྱིམ་པའི་ཕྱོགས་ལ་བརྟན་པ་གཟུགས་དང་སྒྲ་དང་དྲི་དང་རོ་དང་རེག་བྱ་ནི་རོའི་སྒོ་ནས་འཁོར་གྱི་རྗེས་སུ་སོང་བ་ཡིན་པའི་ཕྱིར་རོ་མྱང་བར་བྱེད་དོ། །རབ་ཏུ་འབྱུང་བའི་ཕྱོགས་ལ་བརྟེན་པའི་སྐྱེ་མཆེད་དྲུག་ལ་ནི་ལེ་ལོ་དང་བག་མེད་པ་དང་ལྡན་པའི་ཕྱིར་ཐམས་ཅད ་ཀྱི་ཐམས་ཅད་དུ་མི་འདོར་རོ། །འདོད་པ་དང་སྡུག་དགའ་བ་དང་ཡིད་དུ་འཐད་པ་ཞེས་བྱ་བའི་ཚིག་བཞི་པོ་འདི་དག་ནི་མདོར་བསྡུ་ན། འདོད་བའི་དངོས་པོ་ཡོངས་སུ་སྟོན་པར་བྱེད་པ་ཡིན་པར་རིག་བར་བྱའོ། །འདོད་བའི་དངོས་པོ་དེ་ཡང་མདོར་བསྡུ་ན་རྣམ་པ་གསུམ ་སྟེ། གཙལ་བར་བྱ་བ་དང་བརྟག་པར་བྱ་བ་དང་ལྷག་བར་ཞེན་པར་བྱ་བའོ། །དེ་ལ་འདོད་པ་མ་འོངས་པ་ནི་བཙལ་བར་བྱ་བ་ཡིན་པའི་ཕྱིར་འདོད་པ་ཡིན་ནོ། །འདོད་པ་འདས་པ་ནི་འདོད་པར་བྱས་པ་དང་དགའ་བར་བྱས་པ་འབའ་ཞིག་ཡིན་བའི་ཕྱིར་སྡུག་པ་ཡིན་ནོ། །འདོད ་བའི་དངོས་པོ་ད་ལྟར་བྱུང་བ་ནི་རྣམ་པ་གཉིས་ཏེ། ཡུལ་གྱི་དངོས་པོ་དང་མྱོང་བའི་དངོས་པོའོ། །དེ་ལ་ཇི་སྙེད་དུ་ཡུལ་གྱི་དངོས་པོ་ལ་འདོད་པ་དེ་ནི་དགའ་བ་ཡིན་ནོ། །མྱོང་ཟིན་པའི་དངོས་པོ་ལ་འདོད་པ་གང་ཡིན་པ་དེ་ནི་ཡིད་དུ་འཐད་པའོ། །འདོད་པའི་དངོས་པོ་འདས་པ ་འམ་མ་འོངས་བ་འམ་ད་ལྟར་བྱུང་བའམ། ཡུལ་ལམ་མྱོང་བ་ནི་འདི་དག་ཙམ་དུ་ཟད་དེ། འདིའི་བཙལ་བར་བྱ་བ་འམ། བརྟག་པར་བྱ་བ་འམ་ལྷག་པར་ཆགས་པར་བྱ་བ་དེ་དག་ཐམས་ཅད་ནི་ཚིག་འདི་དག་གི་བསྟན་པ་ཡིན་ནོ། །འདོད་པ་ནི་མ་འོངས་པའི་དུས་ལ ་བརྟེན་ནས་བཅལ་བར་བྱ་བ་ཡིན་ནོ། །སྡུག་པ་ནི་ད་ལྟའི་དུས་ལ་བརྟེན་ནས་ངོམས་མི་མྱོང་བས་འདོད་པར་བྱ་བ་ཡིན་པའི་ཕྱིར་རོ། །ཡིད་དུ་འཐད་པ་ནི་འདས་པའི་དུས་ལ་བརྟེན་ནས་རྗེས་སུ་དྲན་པའི་སྒོ་ནས་ཡིད་དུ་འོང་བས་མངོན་པར་བརྗོད་པའི་ཕྱིར་རོ། །དགའ་བའི་ངོ ་བོ་ནི་སྡུག་པ་གང་ལ་བརྟེན་ནས་དུས་གསུམ་ལས་འདོད་པར་འགྱུར་བ་དང། འདོད་པ་དང་ཡིད་དུ་འོང་བས་མངོན་པར་བརྗོད་པའོ། །འདོད་པ་དང་ལྡན་པ་ནི་འདོད་པ་དང་མཚུངས་པར་ལྡན་པའི་ཕྱིར་རམ། ལོངས་སྤྱོད་རྣམ་པ་སྣ་ཚོགས་འདོད་པའི་གནས་ལྟ་བུར་གྱུར་བའི་ཕྱིར་རོ། ། ་ཆགས་པར་བྱ་བ་ནི་འདོད་ཆགས་ཀྱི་གནས་སུ་གྱུར་བའི་ཕྱིར་རོ། །དངོས་པོ་ལྔ་ལ་ཀུན་དུ་སྦྱོར་བར་བྱེད་པ་ཡིན་པའི་ཕྱིར་ཀུན་དུ་སྦྱོར་བ་རྣམས་སོ། །དངོས་པོ་རྣམ་པ་ལྔ་ནི་ཀུན་དུ་སྦྱར་བར་བྱ་བ་དང། ཀུན་དུ་སྦྱོར་བ་དང་ཁ་ན་མ་ཐོ་བ་མེད་བའི་དངོས་པོ་དང་རྒྱུ་མཐུན་པའི་དངོས་པོ ་དང་འགྲོ་བའི་དངོས་པོའོ། །དེ་ལ་ཀུན་དུ་སྦྱར་བར་བྱ་བ་ནི་ཀུན་ཏུ་སྦྱོར་བ་རྣམས་ཀྱི་དམིགས་པ་ཡིན་ཏེ། འདི་ལྟར་རྗིས་སུ་ཆགས་པ་ལ་སོགས་པས་སོ་སོའི་མཚན་མའི་རྗེས་སུ་འབྲང་བས་དེ་ལ་ཀུན་ཏུ་སྦྱོར་བར་བྱེད་པའོ། །ཀུན་ཏུ་སྦྱོར་བ་རྣམས་ནང་ཡང་ཕན་ཚུན་འདྲེན ་པར་བྱེད་པ་ཡིན་པའི་ཕྱིར་ཀུན་དུ་སྦྱོར་བར་བྱེད་དོ། །ཀུན་དུ་སྦྱོར་བའི་གཞི་མཐོང་བའི་ཆོས་ཀྱི་ཁ་ན་མ་ཐོ་བསྐྱེད་བར་འགྱུར་ཞིང། དེ་ལས་སྐྱེས་པ་སེམས་ལས་བྱུང་བའི་སྡུག་བསྔལ་དང་ཡིད་མི་བདེ་བའི་བར་དུ་ཡང་སོ་སོ་མྱོང་བར་བྱེད་དོ། །དེའི་ཕྱིར་ཁ་ན་མ་ཐོ་བ་མེད་པའི ་ཕྱིར་དངོས་པོ་ལ་ཡང་ཀུན་ཏུ་སྦྱར་བར་བྱེད་དོ། །མ་འོངས་པ་ན་འདོད་ཆགས་དྲག་པོ་ལ་སོགས་པའི་རྒྱུར་གྱུར་པའི་ཕྱིར་རྒྱུ་མཐུན་པ་ལ་ཡང་ཀུན་དུ་སྦྱོར་བར་བྱེད་དོ། །འགྲོ་བ་ལྔ་ཡིན་པའི་ཕྱིར་འགྲོ་བ་རྣམས་སུ་ཀུན་ཏུ་སྦྱོར་བར་བྱེད་དོ། །དེའི་རྒྱུ་ལས་ཉེ་བར་སྤྱོད་པ་ཀུན་ཏུ་སྦྱོང ་པའི་ཕྱིར་བདག་ལ་གཞན་གྱི་དབྱུག་པ་དང་གསར་པ་དང་བཅིང་བ་དང་བརྡེག་པ་དང་སྤྱོད་པ་དང་སྦྱུག་པ་ལ་སོགས་པའི་གནོད་པ་སྐྱེད་པའི་ཕྱིར་བདག་ལ་གནོད་པར་འགྱུར་བའོ། །བདག་ལ་མ་ཡིན་ཡང་གཞན་ལ་སྐྱེད་བས་གཞན་ལ་གནོད་པར་འགྱུར་བའོ། །གཉིས་ཀ་ལ་སྐྱེད ་པས་ན་གཉིས་ཀ་ལ་གནོད་པར་འགྱུར་བའོ། །མཐོང་བའི་ཆོས་ཀྱི་ཁ་ན་མ་ཐོ་བ་སྐྱེད་པར་བྱེད་ཅེས་བྱ་བ་དེ་ནི་ཇི་སྐད་དུ་སྨོས་པ་དེ་ཉིད་ཡིན་ཏེ། དེས་གདོན་མི་ཟ་བར་ངན་སོང་དུ་འགྲོ་བ་ནི་མ་ཡིན་ནོ། །ཚེ་ཕྱི་མ་ནི་གང་གཞན་དག་གིས་འདི་ལ་མི་ཤེས་ཀྱང་དེའི་རྒྱུ་ཅན་གྱིས ་ནི་ངན་སོང་དུ་འགྲོ་བའོ། །གང་གཞན་དག་གིས་འདི་ལ་ཤེས་ཀྱང་ངན་སོང་དུ་ཡང་འགྲོ་བ་ནི་མཐོང་བའི་ཆོས་དང་ཚེ་ཕྱི་མ་གཉིས་ག་ཡིན་ནོ། །དེ་ལས་སྐྱེས་པའི་སེམས་ལས་བྱུང་བ་སྡུག་བསྔལ་དང་ཡིད་མི་བདེ་བ་ནི་ཆགས་བར་གྱུར་པ་རྣམས་ཀྱི་ཇི་ལྟ་བ་བཞིན་དུ་མི་འབྱོར ་བའི་ཕྱིར་རོ། །གཙོ་ཆེར་ནི་ཀུན་ཏུ་སྦྱོར་བ་དགུ་ཁོ་ནའོ། །འདོད་དགུར་མི་བྱེད་པའི་དོན་གྱིས་ན་འཆིང་བ་གསུམ་སྟེ། འདོད་ཆགས་དང་ཞེ་སྡང་དང་གཏི་མུག་རྣམས་སོ། །ཚོར་བ་གསུམ་གྱི་དབང་དུ་བྱས་པའི་ཕྱིར་ཏེ། དེ་དག་གིས་ནི་དེ་དག་ལས་ཐར་བར་འདོད་ཀྱང ་མི་འགྲོལ་ལོ། །ཉོན་མོངས་པའི། །ཕྱོགས་ཀྱི་གནས་ངན་ལེན་ས་བོན་དང་མཐུན་པར་གྱུར་པ་ནི་བག་ལ་ཉལ་ཏེ། རྗེས་སུ་འབྲེལ་བ་ཕྲ་བའི་དོན་གྱིས་སོ། །རྩ་བ་སྨོས་བའི་ཕྱིར་ན་བདུན་ནོ། །ཉོན་མོངས་པ་ལས་སྐྱེས་པའི་ཕྱིར་དང། ཉན་མོངས་པ་དང་ཉེ་བར་གྱུར་བའི ་ཕྱིར་དང། སེམས་ཀྱི་རྒྱུན་ཉེ་བར་ཉོན་མོངས་པར་བྱེད་བའི་ཕྱིར་ན་ཉེ་བའི་ཉོན་མོངས་པ་རྣམས་ཏེ། བག་ལ་ཉལ་བར་མ་གཏོགས་པ་སེམས་ལས་བྱུང་བ་ཉོན་མོངས་པ་ཅན་རྣམས་སོ། །སྐྱེ་བའི་རྒྱུན་མི་འཆད་བའི་དོན་གྱིས་ན་ཀུན་ནས་དཀྲིས་པ་རྣམས་ཏེ་ངོ་ཚ་བ་མེད་པ་ལ་སོགས ་བརྒྱད་དོ། །དེ་དག་ནི་ཤིན་ཏུ་རྒྱུན་ཆགས་པར་བྱེད་པ་ཡིན་པའི་ཕྱིར་རོ། །ལུས་དང་སེམས་ལས་སུ་མི་རུང་བར་བྱེད་པའི་ཕྱིར་ཐ་བ་རྣམས་ཏེ། ལས་སུ་མི་རུང་བའི་ཞིང་རྩུབ་བོ་བཞིན་ནོ། །རྟེན་གྱི་བྱེ་བྲག་གིས་ནི་ཐེ་ཚོམ་གྱི་བྱེ་བྲག་སེམས་ཀྱི་ཐ་བ་རྣམས་ལྔའོ། །འདོད་ཆགས་ལ ་སོགས་པ་གསུམ་ནི་མི་གཙང་བར་བྱེད་པའི་ཕྱིར་ན་དྲི་མ་རྣམས་སོ། །སྐྱེ་མཆེད་རྣམས་ཀྱི་སྒོ་ནས་རྟག་ཏུ་འཛག་པའི་ཕྱིར་དང་དྲག་ཏུ་གནོད་བར་བྱེད་བའི་ཕྱིར་ན་རྟག་འཛག་རྣམས་སོ། །མ་ཞི་བར་བྱེད་པའི་ཕྱིར་ན་ཟུག་རྔུ་རྣམས་ཏེ་ཟུག་རྔུ་མ་བྱུང་བ་བཞིན་ནོ། །བཏང་སྙོམས་ཀྱི་བར་ཆད ་བྱེད་པའི་ཕྱིར་དང་སྤྲས་པ་དང་བཅས་པ་ཡིན་པའི་ཕྱིར་ན་ཅི་ཡང་རྣམས་སོ། །ཆོས་མ་ཡིན་པ་དང་མི་མཐུན་པའི་སྤྱོད་པ་ཉེ་བར་གནས་པའི་ཕྱིར་ན་ཉེས་པར་སྤྱོད་པ་རྣམས་སོ། །ཉོན་མོངས་པ་དང་ཉེས་པར་སྤྱོད་པ་ཀུན་ནས་སློང་བར་བྱེད་པའི་ཕྱིར་ན་རྩ་བ་རྣམས་སོ། །ཕྱི་མ་ལ་སྐྱེ་བ་སྐྱེད ་པའི་ཕྱིར་ན་ཟག་པ་རྣམས་སོ། །སྐྱེས་པ་ལ་རྒ་བ་དང་ན་བ་དང་འཆི་བ་ལ་སོགས་པ་གནོད་པ་བྱེད་པའི་ཕྱིར་ན་གནོད་པ་རྣམས་སོ། །མི་སྡུག་པ་དང་ཕྲད་པ་དང། སྡུ་པ་དང་བྲལ་བ་དང། འདོད་པ་ནི་རྙེད་པ་དགེ་གི་ཡོངས་སུ་གདུངས་པའི་ཕྱིར་ན་ཡོངས་སུ་གདུད་བ་རྣམས་སོ། །མྱ་ངན་དང ་སྨྲེ་སྔགས་འདོན་པ་དང་སྡུག་བསྔལ་དང་ཡིད་མི་བདེ་བ་དང་འཁྲུག་པར་བྱེད་པའི་ཕྱིར་ན་འཁྲུག་པ་རྣམས་སོ། །རྒྱུན་ཕྱོགས་སུ་ཁྱེར་བར་བྱེད་པའི་ཕྱིར་ན་ཆུ་བོ་རྣམས་སོ། །སྔོན་གྱི་མཛའ་ནས་བཟུང་སྟེ་མཐོང་བའི་ཆོས་ལ་སྐྱེ་བ་དང་འཁོར་བའི་ཐབས?་སུ་གྱུར་པའི་ཕྱིར་ན་སྦྱོར ་བ་རྣམས་སོ། །ད་ལྟར་བྱུང་བ་ནས་བཟུང་སྟེ་མ་འོངས་པའི་ཐབས་སུ་གྱུར་བའི་ཕྱིར་ན་ཉེ་བར་ལེན་པ་རྣམས་སོ། །དགོལ?་བར་དཀའ་བའི་ཕྱིར་ན་མདུད་པ་རྣམས་སོ། །ཤེས་བྱའི་དངོས་པོ་ལ་ཤེས་པའི་སྒྲིབ་པར་གྱུར་པའི་ཕྱིར་ན་སྒྲིབ་པ་རྣམས་སོ། །གཟུགས་དང་གཟུགས ་མེད་པའི་ཁམས་ཚུན་ཆད་ཀྱི་ཆ་ནི་འདོད་པའི་ཁམས་སོ། །བསྒོམ་བའི་ལམ་ཚུན་ཆད་ཀྱི་ཆ་ནི་མཐོང་བའི་ལམ་མོ། །དེ་གཉིས་ནི་ཐ་མ་ཡང་ཡིན་ལ་ཆ་ཡང་ཡིན་ཏེ། དེའི་ཕྱིར་ཅི་རིགས་པར་ཚུན་ཆད་ཀྱི་ཆ་དང་མཐུན་པ་འམ་ཐ་མའི་ཆ་དང་མཐུན་པའི་སྒྲིབ ་པ་ལྔ་ཡིན་ནོ། །དེ་ལས་བཟློག་པ་ནི་གོང་མའི་ཆ་དང་མཐུན་པ་རྣམས་སོ། །འཕགས་པའི་ལམ་སྐྱེ་བའི་བགེགས་བྱེད་པའི་ཕྱིར་རྣམ་པར་འཆིང་བ་རྣམས་ཏེ་ལུས་ལ་ལྟ་བ་ལ་སོགས་པ་རྣམ་པ་ལྔའོ། །ཆུང་དུའི་ཆར་གཏོགས་པ་རྣམས་ལ་ཡང་རབ་ཏུ་རྒྱ་བཀྱེད་པའི་ཕྱིར ་ན་མི་རྣམས་ཏེ། སྲིད་བའི་རྩེ་མོར་སོང་བ་རྣམས་ལ་ཡང་ཉོན་མོངས་པའི་རྣམ་པ་ཐམས་ཅད་འཕེལ་བར་བྱེད་པའི་ཕྱིར་དང། དམ་པ་རྣམས་ཀྱིས་རིང་དུ་ཡོངས་སུ་སྤང་བར་བྱ་བའི་ཕྱིར་རོ། །ལུས་དང་སེམས་ཀུན་ཏུ་གདུད་བར་བྱེད་བའི་ཕྱིར་ན་རིམས་ནད་རྣམས་སོ། ། ་འཇིག་ཚོགས་ལན་པའི་ཕྱིར་ན་ཀུན་དུ་ལེན་པ་རྣམས་སོ། །ནགས་ཞེས་བྱ་བ་ནི་སྡུག་བསྔལ་སྣ་ཚོགས་ཀྱི་ཕུང་པོའི་ལུས་མངོན་པར་སྒྲུབ་པའོ། །ནགས་སྦྱོར་ནི་དེ་སྐྱེད་པར་བྱེད་བའི་ཆགས་པ་གང་ཡིན་པའོ། །འཐབ་མོ་ལ་སོགས་པས་རྣམ་པ་སྣ་ཚོགས་རྩོམ་པའི་ཕྱིར ་ན་འཐབས་པ་རྣམས་སོ། །རིག་བའི་མི་མཐུན་པའི་ཕྱོགས་སུ་གྱུར་པའི་ཕྱིར་ན་ནག་བོའོ། །སྡུག་བསྔལ་དང་ལྡན་པའི་ཕྱིར་ཕུང་པོའོ། །འགྲོ?་བ་མེད་བའི་ཕྱིར་ན་དམན་པའོ། །ཉོན་མོངས་པ་ཅན་ཡིན་པའི་ཕྱིར་ན་ཁ་ན་མ་ཐོ་བ་དང་བཅས་པའོ། །བཙལ་བར་བཤད་པ་མ ་ཡིན་བའི་ཕྱིར་ན་ཡོངས་སུ་སྤང་བར་བྱའོ། །ཚུལ་ཁྲིམས་འཆལ་བ་ནི་མནོས་ཉམས་པར་བྱེད་བའི་ཕྱིར་རོ། །སྡིག་པའི་ཆོས་ནི་ངོ་ཚ་མི་ཤེས་པ་དང་ཁྲེལ་མེད་པ་དྲག་པོས་སངས་རྒྱས་ལ་སོགས་པ་ལམ་དད་པ་དང། འཕགས་པ་ལ་བསྐུར་བ་འདེབས་པ་ལ་སོགས ་པ་ལོག་པར་ལྟ་བ་དང་ལྡན་པའོ། །ཡང་ན་སྡིག་བའི་ཆོས་སྣ་ཚོགས་པ་ཀུན་ཏུ་སྤྱོད་བའི་ཕྱིར་ཏེ། བརྣབ་སེམས་དང་ལྡན་པ་ཡིན། གནོད་སེམས་ཅན་གྱི་སེམས་ཞེས་བྱ་བ་དང་མཐུན་པར་སྦྱར་རོ། །ཁོང་མྱགས་པ་ནི་ཕྱི་དགེ་སྦྱོང་གི་རྟགས་འཆད་བའི་ཕྱིར་དང། ་ནང་ན་དགེ་སྦྱོང་དུ་བྱེད་པའི་ཆོས་མེད་བའི་ཕྱིར་ཏེ། དཔེར་ན་ཤིང་ཕྱི་རོལ་མདོག་བཟང་བ་ཡིན་ལ། ནང་ནི་སྲིན་བུ་ལ་སོགས་པས་ཟོས་ཤིང་ཁོང་སྟོང་དུ་བྱས་བ་ལྟ་བུའོ། །ཉེས་འཛག་ནི་ཇི་ལྟར་ཉེས་འཛག་དང་ཉེས་འཛག་མ་ཡིན་པའི་ཆོས་ཀྱི་རྣམ་གྲངས་ལས་འབྱུང་བ་བཞིན་ནོ། །ཤིང ་རུལ་གྱིས་བརྙོགས་པའི་ཆུ་ལྟ་བུར་གྱུར་པ་ཞེས་བྱ་བ་ནི་དེས་ཐོས་པ་གཟུང་བར་གྱུར་བ་གང་ཡིན་པ་དེ་ནི་སྲེད་བསིལ་བའི་ཕྱིར་ཆུ་ལྟ་བུ་ཡིན་ལ། དེའི་དེ་ནི་འཆལ་པའི་ཚུལ་ཁྲིམས་ལ་སོགས་པའི་ཤིང་རུས་གྱིས་བརྙོགས་བའོ། །དེའི་ཕྱིར་ཤིང་རུལ་གྱིས་བརྙོགས་པའི་ཆུ་བཞིན་དུ ་འཚོ་བར་བྱེད་པ་མ་ཡིན་སྟེ། གཞན་དག་གིས་ཡོངས་སུ་སྤང་བར་བྱེ་བ་མ་ཡིན་པའི་ཕྱིར་རོ། །ལུང་བོད་ལྟར་སྦྱོད་པ་ནི་དགེ་སྦྱོང་འདུས་པ་དག་ཏུ་རྙེད་པ་དང་ཚུལ་ཤིང་ནོད་པ་དང། མལ་ཆ་དང་སྟན་བགོད་པ་དག་ལ་ལོའི་དང་པོའི་དུས་ཙམ་ཞིག་བརྗོད་པའི་ཕྱིར་རོ། །དགེ་སྦྱོང་མ་ཡིན་པར ་དགེ་སྦྱོང་དུ་ཁས་འཆེ་བ་ནི་དགེ་སྦྱོང་གི་ངོ་བོ་ལས་ཉམས་ལ་དགེ་སློང་གི་ངོ་བོར་ཁས་འཆེ་བའི་ཕྱིར་རམ། འདོད་ཆེན་གྱིས་དོན་དམ་པའི་དགེ་སློང་དུ་ཁས་འཆེ་བའི་ཕྱིར་རོ། །ཚངས་པར་སྤྱོད་པ་མ་ཡིན་པ་ཞེས་བྱ་བ་ནི་འཁྲིག་པ་མ་སྤངས་པར་སྤངས་པའི་ཁས་འཆེ་བའོ། །ཡང་དགེ་སློང ་གི་ངོ་བོ་ལས་ཉམས་པ་དགེ་སློང་ཉིད་དུ་ཁས་འཆི་བའི་ཕྱིར་ན་ཚངས་པར་སྤྱོད་པར་ཁས་ཆེ་བའོ། །དོན་དམ་པའི་དགེ་སྦྱོང་དུ་ཁས་འཆེ་བའི་ཕྱིར་ན་དགེ་སློང་དུ་ཁས་འཆེ་བའོ། །ཡང་དག་པར་བླངས་པ་བཏང་བའི་ཕྱིར་ན་ཚུལ་ཁྲིམས་འཆལ་པའོ། །སྡིག་བའི་ཆོས་མངོན་པར ་བཏང་བ་ལ་ཡང་ལེན་བའི་ཕྱིར་ན་སྡིག་པའི་ཆོས་རྣམས་སོ། །རྟགས་ཀྱི་བསམ་པ་བསླུ་བའི་ཕྱིར་ན་ནང་མྱགས་པའོ། །དགའ་མགུར་སྤྱོད་ཅིང་གནས་པའི་ཕྱིར་ན་ཉེས་འཛག་གོ་།ཐོས་པ་ཉམས་པའི་ཕྱིར་ན་ཤིང་རུལ་གྱིས་བརྙོགས་པའི་ཆུ་ལྟ་བུར་གྱུར་པའོ། །དང་?་བྱིན་པ་ལོག ་པར་སྤྱོད་བའི་ཕྱིར་ན་ལུང་བོད་ལྟར་སྦྱོང་པའོ། །ལོག་བར་སྨྲ་བའི་ཕྱིར་ན་དགེ་སྦྱོང་དང་ཚངས་པར་སྦྱོད་པར་ཁས་འཆེ་བའོ། །ཆགས་པ་དང་ཞེ་སྡང་དང་གཏི་མུག་དང་ཁྲོ་བ་དང་ཁོན་དུ་འཛིན་པ་ནི་ཞེས་བྱ་བ་ནི་རྒྱས་པར་གཞི་བསྡུ་བའི་ནང་དུ་བཞི་ཕྲན་ཚོགས་བཤད་པར་བྱའོ། ། ་མི་རྟག་པ་དང་སྡུག་བསྔལ་བ་དང་བདག་མེད་པ་དང་སྐྱེ་བའི་ཆོས་དང་རྒ་བའི་ཆོས་དང་གདུང་བར་བྱེད་པ་དང། མེ་མུར་ཞེས་བྱ་བའི་བར་ནི་དེ་ཉིད་ཀྱི་ནང་ནས་ཇི་ལྟར་གནས་པ་བཞིན་དུ་བཤད་པར་བྱའོ། །ཆགས་པ་ནི་ལོངས་སྤྱོད་ལ་མངོན་པར་དགའ་བས་སོ། །ཆགས ་པ་ནི་དེ་ཉིད་ལ་མི་ལྟ་བ་མེད་པས་སོ། །འཆུམས་པ་ནི་མ་འོངས་པ་ན་འཐོབ་པའི་ལོངས་སྤྱོད་ལ་མངོན་པར་འདོད་པའོ། །མདུད་པ་བོར་བ་ནི་དེ་ལས་གཞན་པའི་ཉོན་མོངས་པ་འགྲོགས་པར་བྱེད་པ་མདུད་པ་འདོད་པའོ། །བརྒྱལ་བ་ནི་འོག་ནས་བཤད་པར་བྱའོ། །ལྷག་པར་ཆགས་པ ་ནི་ཐོབ་པ་དག་ལ་མི་རྩོམ་པ་མེད་པའོ། །ལྷག་པར་ཆགས་པར་གྱུར་པ་ནི་མ་ཐོབ་པ་དག་ལ་ཡོངས་སུ་ཚོལ་བར་སྦྱོར་བའོ། །མདུན་པ་ནི་མ་ཐོབ་པ་དང་ཐོབ་པ་དག་ལ་ཐོབ་པ་དང་ལོངས་སྤྱད་པར་འདོད་པ་ཉིད་དོ། །འདོད་ཆགས་ནི་ལོངས་སྤྱོད་ལ་མངོན་པར་ཆགས་པར་ལྷག་པར ་ཆགས་པའོ། །འདོད་པ་དང་དགའ་བ་ནི་འདོད་པར་འགྱུར་བ་དང་དགའ་བར་འགྱུར་བ་བཞིན་ནོ། །ཀུན་དུ་ཞེན་པ་ནི་ནང་གི་ལུས་སུ་གཏོགས་པ་རྣམས་ལ་སྲེད་པའོ། །འཆུམས་པ་ནི་གཞན་གྱི་རྒྱུད་ལ་ཡོད་པ་རྣམས་ལའོ། །ལྷག་པར་ཆགས་པ་ནི་བདག་གི་ཡུལ་དག་ལ ་སྲེད་པའོ། །སྐོཾ་པ་ནི་ཡང་དང་ཡང་དུ་འདོད་པའོ། །ཆགས་པར་འགྱུར་བ་ནི་འདོད་ཆགས་ཀྱི་གནས་ཡིན་པའོ། །རྒྱགས་པར་འགྱུར་བ་ནི་རྒྱགས་པ་རྣམ་པ་བདུན་གྱི་གནས་ཡིན་པའོ། །བྱམས་པར་འགྱུར་བ་ནི་ལོངས་སྤྱོད་ལ་འདོད་པ་རྣམ་པ་སྣ་ཚོགས་ཀྱི་གནས་ལྟ་བུར་གྱུར ་པའོ། །འདོད་པར་འགྱུར་བ་ནི་འདས་པ་ལ་ལྟ་བའི་གནས་ལྟ་བུ་ལ་སྲེད་པ་རྗེས་སུ་འབྲེལ་བའོ། །དགའ་བར་གྱུར་པ་ནི་ད་ལྟའི་དུས་ལ་བརྟེན་ནས་ཏེ་དགའ་བའི་ཡིད་བདེ་བའི་གནས་ལྟ་བུར་འགྱུར་པའོ། །ཡང་མཐོང་བའི་ཆོས་ལ་གོམས་པས་སྲེད་པར་བྱས་པ་ནི་བྱམས་པའོ། ། ་སྔོན་གོམས་པར་བྱས་པ་ནི་དགའ་བའོ། །བརྒྱལ་བར་འགྱུར་བ་ནི་ཡོན་ཏན་དང་སྐྱོན་དཔྱད་པ་ལ་རྒྱབ་ཀྱིས་ཕྱོགས་པའོ། །ཆགས་པར་འགྱུར་བ་ནི་སེམས་ཀུན་ཏུ་འཛིན་པའི་གནས་སུ་གྱུར་པའོ། །འཆིང་བར་འགྱུར་བ་ནི་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གི་གནས་སུ ་གྱུར་པའོ། །དོན་དུ་གཉེར་བར་འགྱུར་བ་ནི་སྲེད་བ་སྐྱེད་པར་བྱེད་པའོ། །ཀུན་དུ་སྦྱོར་བར་འགྱུར་བ་ནི་ཀུན་ཏུ་སྦྱོར་བའི་གནས་སུ་གྱུར་པ་དང་སྡིག་པ་མི་དགེ་བའི་ཆོས་ལ་ཀུན་ཏུ་སྦྱོར་བར་བྱེད་པའོ། །དགའ་བ་དང་མངོན་པར་དགའ་བ་ནི་མངོན་དུ་བྱ་བའི་ཕྱིར་དོན་དུ་གཉེར་བའོ། །སྨྲ ་བ་དང་མངོན་པར་སྨྲ་བ་ནི་མངོན་དུ་བྱ་བའི་ཕྱིར་ཚིག་ཡོངས་སུ་ཚོལ་བའོ། །ཁོང་དུ་ཆུད་པར་བྱ་བའི་ཕྱིར་རྩོལ་བས་ན་ལྷག་པར་ཆགས་པར་འགྱུར་བ་སྟེ་ལུས་ཀྱིས་ཡོངས་སུ་ཚོལ་བའི་ཕྱིར་རོ། །ལྷག་པར་ཆགས་པར་བྱ་བའི་ཕྱིར་གནས་ཞེས་བྱ་བ་ནི་ཐོབ་པ་ལ་མངོན་པར་ཞེན་པའོ། ། ་ཆགས་པ་ནི་བདེ་བའི་ཚོར་བ་ལ་འདོད་ཆགས་པ་སྟེ་དེ་ཉིད་ཀུན་དུ་ཆགས་པ་ཡིན་ནོ། །སྡུག་བསྔལ་གྱི་ཚོར་བ་ལ་ནི་ཁོང་ཁྲོ་བ་དང་ལྡན་པར་འགྱུར་རོ། །ཀུན་དུ་རྨོངས་པ་ནི་གསུམ་ག་ལ་གཏི་མུག་གིས་སོ། །འདས་པ་ལ་ནི་ལྟ་བ་དང་ལྡན་ནོ། །མ་འོངས་པ་ལ་ནི་སེམས་འབྲེལ ་ཏོ། །དལ་བ་ནི་དེའི་གཞི་ཡོངས་སུ་ཚོལ་བ་ལ་ཞུགས་པའོ། །རིམས་ནད་ནི་འདོད་པ་འབྱོར་པ་དག་ལ་སེམས་ཉོན་མོངས་པ་ཅན་ནོ། །ཡོངས་སུ་གདུང་བ་ནི་འདོད་པ་མ་འབྱོར་བ་དག་ལའོ། །འཁྲུག་པ་ནི་ཐོབ་པ་ཡོངས་སུ་འགྱུར་བའི་ཕྱིར་རོ། །ཀུན་དུ་སློང་བས་ཞེས་བྱ་བ་ནི ་ལྟད་མོ་དང་བཀྲ་ཤིས་ལ་སོགས་པ་ཉེ་བར་ལེན་པའི་སྲེད་པ་སྟོན་པར་བྱེད་དོ། །དགའ་བས་ཤེས་བྱ་བས་ནི་མཆོག་ཏུ་འཛིན་པ་ཉེ་བར་ལེན་པའི་སྲེད་པ་སྟོན་པར་བྱེད་དོ། །དོན་དུ་གཉེར་བས་ཞེས་བྱ་བ་ནི་རབ་ཏུ་སྦྱིན་པའི་རྙེད་པ་ཉེ་བར་ལེན་པའི་སྲེད་པ་སྟོན་པར་བྱེད་དོ། །མངོན་པར ་དགའ་བས་ཞེས་བྱ་བ་ནི་ཡིད་དུ་འཐད་པ་ལ་གཅིག་ཏུ་ཀུན་ཏུ་རྟོག་པ་ཉེ་བར་ལེན་པའི་སྲེད་པ་སྟོན་པར་བྱེད་དོ། །དེ་དག་ཉིད་ལ་སེམས་འཇུག་གོ་།རབ་ཏུ་འགྱིང་ངོ་ཞེས་བྱ་བ་ནི་རྒྱས་པར་འདི་ལྟ་སྟེ། མཉམ་པར་གཞག་པའི་སར་ངེས་པར་འབྱུང་བའི་ཁམས་ལྔ་ལས་རིག་པར ་བྱའོ། །མྱོས་པ་ནི་རྒྱགས་པ་གསུམ་དང་ལྡན་པའོ། །རབ་ཏུ་མྱོས་པ་ནི་རྒྱགས་པ་ལ་བརྟེན་ནས་སྡིག་པ་མི་དགེ་བའི་ཆོས་རྣམས་ལས་སེམས་ཀུན་དུ་མི་བསྲུང་བའོ། །རབ་ཏུ་རྒྱགས་པར་གྱུར་པ་ནི་སྡིག་པ་ཀུན་དུ་རྩོམ་པར་སྦྱོར་བའོ། །རྒྱགས་པར་འགྱུར་བ་ནི་རྒྱགས ་བའི་རྒྱུ་ཀུན་དུ་བསླངས་ནས་འདུག་པའོ། །འདོད་པ་དག་ལ་ཀུན་དུ་རྒྱགས་པར་གྱུར་པ་ནི་ཉེས་དམིགས་སུ་མི་ལྟ་བར་འདོད་པ་ལ་ཡོངས་སུ་ལོངས་སྤྱོད་པའོ། །སིམ?་པ་ནི་བདེ་བ་ཚོར་བའི་རང་གི་མཚན་ཉིད་ལ་བརྟེན་ནས་སོ། །མྱོང་བར?་འགྱུར་བ་ནི་སྤྱིའི་མཚན་ཉིད་ལ ་བརྟེན་ནས་སོ། །ཚོར་བར?་འགྱུར་བ་ནི་དེ་ལས་གཞན་པའི་ཚོར་བར་གྱུར་པ་རྣམས་ཀྱི་རྒྱུའི་མཚན་ཉིད་ལ་བཏོན་ནས་སོ། །འདོད་པ་དང་འདོད་ཆགས་དང་ལྷག་པར་ཆགས་པ་དང། རྣམ་པར་འཆིང་བ་དང། ཡོངས་སུ་ཞེན་པ་དང། ཀུན་དུ་འདོད་ཆགས་པ་རྣམས་ནི་འདི་ལྟ་སྟེ། ་ཐོས་པ་ལས་བྱུང་བའི་ས་ལས་རྟོགས་པར་བྱའོ། །ནང་གི་དྲི་མ་ནི་ཁོ་ན་དུ་འཛིན་པའི་བསམ་པ་འཛིན་པའོ། །ནང་གི་འགྲན་ཟླ་ནི་འདོད་པ་ལ་བགེགས་བྱེད་པའོ། །ནང་གི་ཕྱིར་རྒོལ་བ་ནི་མི་འདོད་པ་ལ་གཏོད་པའོ། །ནང་གི་དགྲ་བོ་ནི་མི་མཐུན་པ་ལ་གཏོད་པའོ། །མི་སྡུག་པ་ནི་འདོད ་པ་དང་ཡིད་དུ་མི་འཐད་པ་ལ་སོགས་པ་ནི་འདོད་པ་ལ་སོགས་པ་ལས་ཟློག་པའོ། །སྡུག་བསྔལ་པ་ནི་རང་བཞིན་གྱིས་རྗེས་སུ་དྲན་པ་ནའོ། །གནོད་པ་ནི་མངོན་དུ་གྱུར་པ་ནའོ། །མི་མཐུན་པ་ནི་དུས་གསུམ་པ་ཡིད་ལ་བྱེད་པ་ནའོ། །ཡིད་དང་འགལ་བ་ནི་སྡུག་བསྔལ་མངོན་སུམ ་དུ་གྱུར་པ་སྟེ། གནོད་པ་བྱེད་པར་ནི་འགྱུར་བའི་ཕྱིར་རོ། །སྡུག་བསྔལ་མི་བཟང་བརྩུབ་པ་དྲག་པ་ཡིད་དུ་མི་འཐད་པ་ཞེས་བྱ་བ་ནི་འདི་ལྟ་སྟེ། གཞི་བསྡུ་པ་ལས་འབྱུང་བ་བཞིན་རྟོགས་པར་བྱའོ། །གཏུམ་པ་ཞེས་བྱ་བ་ནི་བསྟན་པའོ། །ཀུན་ཏུ་ཟ་བ་ནི་རྣ་བ་དང་གཏུམ་པོར་སྨྲ ་བའོ། །གཟུགས་བོར་སྨྲ་བ་ནི་ཡི་གེར་བརྟོན་ནས་འཛེམ་པ་མེད་པར་ཚིག་རྩུབ་པོར་སྨྲ་བའོ། །ནང་པ་ནི་བསམ་པ་ཁྲོས་པའི་འཁྲུག་པ་ནི་དག་གི་བྱེ་བྲག་གིས་བསམ་པ་ཁྲོས་པ་སྟོན་པའོ། །གནོད་སེམས་སུ་བྱེད་པ་ནི་ལག་པ་ལ་སོགས་པས་ཚོགས་པའོ། །ནང་སྟེ་འདུག ་པ་ནི་འཁྲུགས་པའི་མཇུག་ཏུ་གཉེར་དང་བཅས་པར་གནས་ཤིང་ཚིག་ཏུ་མི་སྨྲ་བའོ། །འཁྲུག་པ་ཀུན་ཏུ་སྐྱེད་པར་བྱེད་པ་ནི་གནོད་པར་བྱེད་པའི་རྒྱུའི་རྗེས་སུ་འབྲང་བས་ཡང་དང་ཡང་དུ་ཁོ་ན་དུ་འཛིན་པའོ། །ཉོན་མོངས་པ་བྱུང་ནས་སེམས་ཀུན་ནས་ཉོན་མོངས་པར་བྱེད་པས ་དེའི་ཕྱིར་སྡུག་བསྔལ་བར་གནས་པ་སྟེ། ཇི་སྐད་དུ་དགེ་སློང་དག་སྡིག་པ་དང་འདྲེས་པ་དག་གིས་ནི་ལེ་ལོ་ཅན་སྡུག་བསྔལ་བར་གནས་སོ་ཞེས་གསུངས་པ་ལྟ་བུའོ། །མ་འོངས་པའི་སྡུག་བསྔལ་ལེན་པས་དེའི་ཕྱིར་སྡུག་བསྔལ་དང་བཅས་པའོ། །དགེ་བའི་ཕྱོགས་ལས་རིང་དུ་བྱེད ་པས་དེའི་ཕྱིར་གནོད་པ་དང་བཅས?་པའོ། །ཉོན་མོངས་པ་གཞན་གྱི་རྒྱུ་ཡིན་པས་དེའི་ཕྱིར་འཚེ་བ་དང་བཅས་པའོ། །འགྱོད་པར་བྱེད་པའི་ཕྱིར་ཡོངས་སུ་གདུང་བ་དང་བཅས་པའོ། །ཡང་སྨྲས་པ། སྡུག་བསྔལ་ཞེས་བྱ་བ་ནི་བསྟན་པའོ། །སྡུག་བསྔལ་དང་བཅས་པ་ཞེས་བྱ་བ་ནི ་སྡུག་བསྔལ་དང་ཡིད་མི་བདེ་བ་དང་ལྡན་པའོ། །གནོད་པ་དང་བཅས་པ་ཞེས་བྱ་བ་ནི་བདེ་བའི་ཚོར་བ་རྣམ་པར་འགྱུར་བའོ། །འཚོ་བ་དང་བཅས་པ་ནི་བདེ་བ་ཡང་མ་ཡིན་སྡུག་བསྔལ་ཡང་མ་ཡིན་པའི་ཚོར་བ་ལ་དེ་གཉི་ག་ལས་མཐར་བའོ། །ཡོངས་སུ་གདུང་བ་དང་བཅས་པ་ཞེS ་བྱ་བ་ནི་བདེ་བ་ལ་སོགས་པ་དག་ལ་ཅི་རིགས་པར་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གི་མེས་སོ། །ཡང་འདས་པ་ནི་སྡུག་བསྔལ་དང་བཅས་པའོ། །མ་འོངས་པ་ལ་ནི་གནོད་པ་དང་བཅས་པའོ། །གསད་པར་བྱེད་པ་ཞེས་བྱ་བ་ནི་ཆེར་འཁོན་དུ་ཡོངས་སུ་འཛིན་པ་སྟོན་པར་བྱེད ་པའོ། །ཕྱིར་རྒོལ་བ་དང་དགྲ་བོ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །ཕམ་པ་ནི་སྐྱེས་བུའི་རྩལ?་མ་སྐྱེས་པ་སྐྱེ་བ་དང་འགལ་བར་བྱེད་པའོ། །ཞོམ་པ་ནི་སྐྱེས་པ་དང་གནས་པ་དང་འགལ་བར་བྱེད་པའོ། །འཇིགས་པ་ནི་ཡང་དང་ཡང་དུ་མངོན་དུ་ཕྱོགས་པའོ། །གཞན་རྒྱལ་བ་ནི ་རྩལ?་མ་སྐྱེས་པ་སྐྱེ་བ་དང་འགལ་བར་བྱེད་པའོ། །རྒྱབ་ཀྱིས་བསྟན་པ་ནི་རྩལ་སྐྱེས་པ་གནས་པ་དང་འགལ་བར་བྱེད་པའོ། །ངན་པར་ཞོམ་པ་དང་རྣམ་པར་ཞོམ་པ་དང་བྱེ་བྲག་ཏུ་བཅོམ་པ་དང་གནོད་པ་དང་བསྒྱེལ་བ་ཞེས་བྱ་བའི་ཚིག་འདི་དག་གི་དོན་ནི་ཚིག་འདི་དག་གིས ་རིག་པར་བྱའོ། །སྔོན་གྱི་མཛའ་མི་ཤེས་པ་ནི་འདས་པའི་འདུ་བྱེད་རྣམས་ལ་མི་རྟག་པ་ཉིད་དུ་མི་ཤེས་པ་གང་ཡིན་པའོ། །ཕྱི་མའི་མཛའ་ནི་ད་ལྟར་བྱུང་བ་རྣམས་ལ་ཟང་པའི་ཆོས་ཉིད་དུ་མི་ཤེས་པ་གང་ཡིན་པའོ། །སྔོན་གྱི་མཛའ་དང་ཕྱི་མའི་མཛའ་དི་མ་འོངས་པ་རྣམས་སྐྱེ་བོ ་ཆོས་ཉིད་དང་སྐྱེས་པ་རྣམས་ཟད་བའི་ཆོས་ཉིད་དུ་མི་ཤེས་པ་གང་ཡིན་པའོ། །དེ་དེ་ལྟར་མ་ཤེས་པས་སྔོན་གྱི་མཛའ་ལ་སོགས་པ་ལས་རྣམས་ནས་ཅི་བདག་འདས་པའི་དུས་ནས་བྱུང་བར་གྱུར་རམ་ཞེས་བྱ་བ་རྒྱས་པར་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་དེ། ་ཇི་ལྟར་འདུག་ཇི་ལྟ་བུར་གྱུར། སེམས་ཅན་བཞི་དག་ག་ལས་འོངས། འདི་ནས་ཤི་འཕོས་ནས་གང་དུ་འགྲོ་བར་འགྱུར་བ་ཞེས་བྱ་བ་འདི་ནི་སྔོན་གྱི་མཛའ་དང་ཕྱི་མའི་མཛའ་ལས་བརྩམས་ནས་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པའོ། །ད་དེ་ལྟར་མི་རྟག་པ་ཉིད་ལ་ཀུན་དུ་རྨོངས ་པས་འདུ་བྱེད་རྣམས་ལ་བདག་ཏུ་ལྔ་བའི་རྗེས་སུ་འབྲེལ་ཅིང་ནང་དང་ཕྱི་དང་གཉི་ག་དག་ལ་ཆོས་ཙམ་དུ་མི་ཤེས་ཏེ། ?་ནི་ནང་གི་སྐྱེ་མཆེད་རྣམ་ལའོ། །ཕྱི་ནི་ཕྱིའི་ལྔ་བོ་དག་ལ་ཕོ?་ཕྱེ་དང་ནང་ནི་དབང་པོའི་རྟེན་དང་དེ་གཉིད་དང་ཆོས་ཀྱི་སྐྱེ་མཆེད་ལ་སྟེ། ཆོས་དེ་དག་ནི་ནང་གི་ཡིན་པར་ཡང ་དམིགས་ཤིང་ཕྱིའི་སྐྱེ་མཆེད་དག་གིས་བསྡུས?་པ་ཡིན་ནོ། །ལས་མི་ཤེས་པ་ལས་འདུ་བྱེད་ཙམ་དུ་མི་ཤེས་པ་བདག་དང་བྱེད་པ་པོར་རྟོགས་པར་བྱེད་པ་གང་ཡིན་པའོ། །རྣམ་པར་སྨིན་པ་མི་ཤེས་པ་ནི། སེམས་ཅན་དང་སྣོད་དག་དང་ཡུལ་གཞན་ལས་རྒྱུ་ཅན་རྣམས་ལ ་དབང་ཕྱུག་དང་བྱེད་པ་པོ་དང་འབྱིན་པ་པོར་རྟོགས་པར་བྱེད་པ་གང་ཡིན་པའོ། །ལས་དང་རྣམ་པར་སྨིན་པ་མི་ཤེས་པ་ནི་ཐམས་ཅད་རྨོངས་པ་ལས་དང་འབྲས་བུ་ལ་སྐུར་བ་འདེབས་པར་བྱེད་པའི་ལོག་པར་ལྟ་བ་ཐོབ་པ་གང་ཡིན་པ་སྟེ། འདི་ནི་འདི་ལས་ཕྱི་རོལ་པ་རྣམས ་ཀྱི་མི་ཤེས་པ་ཡིན་པར་བཤད་དོ། །ཆོས་འདི་བ་སོ་སོའི་སྐྱེ་བོ་རྣམས་སངས་རྒྱས་མི་ཤེས་པ་ནི་ཆོས་ཀྱི་སྐུའི་རྣམ་པ་དག་གིས་སྒོ་ནས་སོ། །ཆོས་མི་ཤེས་པ་ནི་མ?་ལེགས་པར་གསུངས་པ་ལ་སོགས་པའི་དམ?་པའི་སྒོ?་ནས་སོ། །དགེ་འདུན་མི་ཤེས་བ་ནི་ལེགས ་པར་ཞུགས་པ་ལ་སོགས་པའི་རྣམ་པའི་སྒོ་ནས་སོ། །སྡུག་བསྔལ་ལ་སོགས་པ་མི་ཤེས་པ་ནི་མདོ་སྡེ་དག་ལས་ཇི་ལྟར་རྣམ་པར་ཕྱེ་བ་འམ?། རྣམ་པ་བཅུ་དྲུག་གི་སྒོ་ནས་སོ། །རྒྱུ་དག་མི་ཤེས་པ་ནི་མ་རིག་པ་ལ་སོགས་པ་སྲིད་པའི་ཡན་ལག་རྣམས་འདུ་བྱེད་ལ་སོགS? ་བའི་རྒྱུ་ཉིད་ནི?་ཤེས་པའོ། །རྒྱུ་ལས་བྱུང་བ་ཞེས་བྱ་བ་ནི་འདུ་བྱེད་ལ་སོགས་པ་མ་རིག་པ་ལ་སོགས་པའི་རྒྱུ་ལས་བྱུང་བ་ཉིད་དུ་མི་ཤེས་པའོ། །ཀུན་ནས་ཉོན་མོངས་པ་རྣམ་པར་བྱང་བའི་ཕྱོགས་ཀྱི་ཆོས་མི་དགེ་བ་རྣམས་དང་དགེ་བ་རྣམས་སོ། །ཁ ་ན་མ་ཐོ་བ་དང་བཅས་པ་དང་ཁ་ནས་ཐོ་བ་མེད་པ་ནི་ཉེས་དམིགས་དང། ཕན་ཡོན་དང་ལྡན་པའོ། །ནག་པོ་དང་དཀར་པོ་རྣམས་ནི་མ་རིག་པ་དང་རིག་པའི་ཆ་དང་མཐུན་པའོ། །གནག་ཅིང་རྣམ་པར་སྨིན་པ་གནག་པ་རྣམས་དང་དཀར་ཞིང་རྣམ་པར་སྨིན་པ་དཀར་བ་རྣམས་སོ ་སོར་དབྱེ་བ་དང་བཅས་པ་རྣམས་ནི་དཀར་བ་དང། གནག་པོ་གང་དག་རྣམ་པར་སྨིན་པ་དཀར་བ་དང་གནག་པ་དེ་དག་ཐམས་ཅད་ནི་རྒྱུ་དང་རྐྱེན་ལས་བྱུང་བའི་ཕྱིར་ན་རྟེན་ཅིང་འབྲེལ་པར་འབྱུང་བ་ཞེས་བྱ་བར་དེ་དག་མི་ཤེས་པའོ། །རེག་པའི་སྐྱེ་མཆེད་དྲུག་ཡང་དག་པ་འཛི? ་ལྟ་བ་གཞིན་མ་རྟགས་པ་འམ་ཞེས་བྱ་བ་ནི་སྐྱེ་མཆེད་དྲུག་གི་སྒོ་ནས་བདེ་བ་མྱོང་བར་འགྱུར་བ་ལ་སོགས་པའི་རེག་བ་སྐྱེས་པ་རྣམས་དིང་དེ་འགག་པ་དང་ཉེ་བར་ཞི་བ་རྣམས་ཡང་དག་པ་ཇི་ལྟ་བ་བཞིན་མི་ཤེས་པའོ། །ཡང་དག་པ་ཇི་ལྟ་བ་བཞིན་མ་ཤེས་པས་ཞེས་བྱ ་བའི་སྦྱོར་བ་འདི་ནི་ཆོས་ཡང་དག་པ་ཇི་ལྟ་བ་བཞིན་རྟོགས་བར་བྱ་ཞིང་ཡེ་ཤེས་དང་མཐོང་བ་དང་རྟོགས་པར་བྱ་བའི་ཕྱིར་རོ། །གང་དེ་དང་དེར་ཞེས་བྱ་བ་ནི་ཇི་སྐད་དུ་བཤད་པའམ་མ་བཤད་པར་རོ། །མི་ཤེས་པ་ཞེས་བྱ་བ་ནི་ལྐོག་ཏུ་གྱུར་པའོ། །མ་མཐོང་བ་ཞེས་བྱ ་བ་ནི་མངོན་སུམ་དུ་མངོན་དུ་མ་གྱུར་པ་ལའོ། །མངོན་པའམ་རྟོགས་པ་ནི་ཡང་དག་བ་ཇི་ལྟ་བ་བཞིན་དུ་རྟོགས་བར་བྱ་བ་གཞན་གྱི་དྲིང་མི་འཇོག་པ་ལའོ། །མུན་པ་ནི་ཡང་དག་པའི་དངོས་པོ་མི་ཤེས་པའོ། །ཀུན་ཏུ་རྨོངས་པ་ནི་ཡང་དག་པ་མ་ཡིན་པའི་དངོས་བོ ་སྒྲེ་འདོགས་པའོ། །མ་རིག་པ་ནི་ཤེས་བྱའི་དངོས་པོ་ལ་མི་མཁས་པ་དེ་དང་དེ་དག་ལམ་བྱང་བ་སྟེ། འདི་ལྟར་བཤད་པ་དེ་དང་དེའི་དོན་དང་མིང་དང་ཚིག་དང་ཡི་གེའི་ཚོགས་མི་ཤེས་པའོ། །མུན་པ་ནི་ཐམས་ཅད་ལ་སྐུར་བ་འདེབས་པའི་ལོག་པར་ལྟ་བ་དང་ལྡན ་པ་རྣམས་ཀྱིའོ། །སྒྲིབ་པ་དང་ཆོད་པ་དང་ལོངས་བར་བྱེད་པ་ཞེས་བྱ་བ་ནི་རྒྱས་པར་འདི་ལྟ་སྟེ། གཞི་བསྡུ་བ་ལས་རྟོགས་པར་བྱེད་པའོ། །ཀུན་དུ་བསྒྲིབས་པ་དང་ཆོད་པ་དང་མཐོ་བ་དང་ཡོངས་སུ་མཐོ་བ་ཞེས་བྱ་བ་ནི་རྒྱས་པར་འདི་ལྟ་སྟེ། སྲེད ་པ་ཅན་གྱི་མདོ་ལས་འབྱུང་བ་བཞིན་རྟོགས་པར་བྱའོ་ཞེས་མི་བྱེད་པ་ནི་ཞེས་མི་བྱེད་པར་སྦྱོར་བའོ། །བླ་མར་མི་བྱེད་པ་ནི་ཡོན་ཏན་ལ་ཡིད་མི་ཆེས་པས་སོ། །མཉེས་པར་མི་བྱེད་པ་ནི་འདོད་པས་ཕོངས་པར་སྦྱོར་བའོ། །མཆོད་པར་མི་བྱེད་པ་ནི་ཐོབ་པ་མེད་པར་སྦྱོར ་བའོ། །ཡང་ཞེས་མི་བྱེད་ཅེས་བྱ་བ་ནས་མཆོད་པར་མི་བྱེད་ཅེས་བྱ་བའི་བར་ནི་ཚིག་འོག་མ་འོག་མ་བཤད་པ་ཡིན་ནོ། །གུས་པར་མ་བྱས་པས་ཆོས་ཉན་བླ་མར་མ་བྱས་ཡིད་ཆེས་པར་མ་བྱས་པར་ཞེས་བྱ་བ་ནི་རྒྱས་པར་འདི་ལྟ་སྟེ། རྣམ་པར་གཏན་ལ་དབབ་པ ་བསྡུ་བ་ལས་རིག་པར་བྱའོ། །གུས་པར་མི་ཉན་པ་ནི་ཉན་པར་མི་འདོད་པའོ། །རྣ་མི་གཏོང་པ་ནི་སེམས་རྣམ་པར་གཡེངས་པའོ། །ཀུན་ཤེས་པར་འདོད་པའི་སེམས་ཉེ་བར་འཇོག་པར་མི་བྱེད་པ་ནི་སྒྲུབ་པར་མི་འདོད་པ་ཉིད་དོ། །སྒྲུབ་པར་མི་བྱེད་པ་ནི་ཆོས་དང་མཐུན ་པའི་ཆོས་ལ་བསམ་པ་ཇི་ལྟ་བ་བཞིན་ཡང་དག་པར་མི་རྟོག་པའོ། །ཡང་དག་པར་བླངས་ཏེ་མི་གནས་པ་ནི་སྟོན་པའི་བསྟན་པ་ཁོང་དུ་མ་ཆུད་པའོ། །གསོན་པོ་རྣམས་ཀྱི་ནང་ན་གཉིད་ལོག་པ་ནི་དོན་མེད་པའོ། །ཞེས་བྱ་བ་ནི་བསྟན་པའི་ཚིག་གོ་།འབྲས་བུ ་མེད་པ་ཞེས་བྱ་བ་ནི་བདེ་འགྲོར་འགྲོ་བར་འགྱུར་བའི་རྒྱུ་བསླུ་བའོ། །འབྲས་བུ་མ་ཡིན་པ་ཞེས་བྱ་བ་ནི་དེའི་འབྲས་བུ་བསླུ་བའོ། །དོན་མེད་པ་ནི་མྱ་ངན་ལས་འདས་པ་འཐོབ་པའི་རྒྱུ་བསླུ་བའོ། །ཕན་ཡོན་མེད་པ་ནི་དེའི་འབྲས་བུ་འཐོབ་པ་བསླུ་བའོ། །གནོད་པ་ཆུད་? ་ཞེས་དྲི་བ་ནི་ཁམས་མ་སྙོམས་པ་མེད་པ་ལ་བརྟེན་ནས་སོ། །ཉམ་པ་བ་ཆུང་ངམ་ཞེས་བྱ་བ་ནི་ལས་ཀྱི་མཛའ་སྦྱོར་བ་མི་མཉམ་པ་མེད་པ་ལ་བརྟེན་ནས་སོ། །སྐྱོད་པ་ཡང་ངན་ཞེས་བྱ་བ་ནི་ཟས་ཡི་གར་འོང་བ་དང་ཟོས་པ་བདེ་བླག་སུ་འཆུ་བ་ལ་བརྟེན་ནས་སོ།། ་འཚོ་བ་དང། སྟོབས་དང། བདེ་བ་དང། ཁ་ན་མ་ཐོ་བ་མེད་པ་རྣམས་འདི་ལྟར་ཉན་ཐོས་ཀྱི་སའི་ནང་དུ་ཁ་ཟས་ཀྱི་ཚེད་རིག་པ་ཤེས་པར་བྱའོ། །རྣམ་པར་མི་འབྱེད་སོ་སོར་རྣམ་པར་མི་འབྱེད་པ་ཞེས་བྱ་བ་ནི་རྒྱས་བར་འདི་ལྟ་སྟེ། ཉན་ཐོས་གྱིས་ལས་རིག་པར་བྱའོ། ། ་སེམས་པར་མི་བྱེད་འཇལ་བར་མི་བྱེད་ཅེས་བྱ་བ་ནི་རྒྱས་པར་འདི་ལྟ་སྟེ། ཉན་ཐོས་ཀྱི་ས་ལས་རིག་པར་བྱའོ། །ཉུང་བ་ནི་རབ་ཙམ་ཞིག་མེད་པའོ། །ཆུང་ངུ་ནི་དམན་པ་ཙམ་ཞིག་དང་ལྡན་པའོ། །ཉུང་ཤས་ནི་ཐ་སྙད་དུ་བྱ་བ་ཙམ་ཞིག་ཡོངས་སུ་བཟུང་བའོ། ། ་ཁྱད་པར་རམ་ཞེས་བྱ་བ་ནི་རང་གི་མཚན་ཉིད་ཀྱི་ཁྱད་པར་རོ། །བསམ་པའམ་ཞེས་བྱ་བ་ནི་ཀུན་རྫོབ་ཀྱི་མཚན་ཉིད་ཀྱི་བྱེ་བྲག་གོ་།ཐ་དད་དུ་བྱ་བ་འམ་ཞེས་བྱ་བ་ནི་རྒྱུའི་མཚན་ཉིད་ཀྱི་ཁྱད་པར་ཏེ། འདི་ནི་རྣམ་གྲངས་བསྡུ་བ་ཞེས་བྱའོ། །འདི་དག་ནི་བདག་གི་ཐ་སྙད ་མང་པོ་ལ་དགས་པའི་རྣམ་གྲངས་ཆེ་ལོང་ཆེ་ལོང་མདོ་སྡེ་ལས་བཏུས་ནས། དོན་གྱི་སྒོ་ནས་ཡོངས་སུ་བསྟན་པ་ཡིན་གྱི། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་རྣམ་གྲངས་སྟོན་པ་ནི་ཚད་མེད་དེ། ཕྱོགས་འདི་དང་བསླབ་པ་འདི་དང་བསྟན་པ་འདིས་ཀྱང་འདི ་དག་དང་རྣམ་གྲངས་གཞན་རྣམས་དང་དོན་གྱི་རྣམ་གྲངས་གཞན་དག་ལ་ཡང་བརྟག་ཅིང་བརྟག་ཅིང་ཡོངས་སུ་བསྟན་པར་བྱ། རྣམ་ཨཔར་བཞག་པར་བྱའོ། །རྣལ་འབྱོར་སྤྱོད་པའི་ས་ལས་རྣམ་གྲངས་བསྡུ་བརྫོགས་སོ།། །།འདི་ལ་ཤལོ་ཀ་བདུན ་བརྒྱ་ཉི་ཤུ་རྩ་ལྔ་ཡོད་དོ།། །།*། །རྣམ་བཤད་བསྡུ་བ་ཐོགས་མེད་ཀྱིས་མཛད་པ་བཞུགས་སོ། །*། །རྣལ་འབྱོར་སྤྱོད་པའི་ས་ལས་རྣམ་པར་བཤད་པ་བསྡུ་བ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །རྣམ་པར་བཤད་པ་བསྡུ་བ་གང་ཞེ་ན། ་