| Wylie | e-texts based on the ACIP/ALL Input |
རྣལ་འབྱོར་སྤྱོད་པའི་ས་ལས་བྱང་ཆུབ་སེམས་དཔའ་ཨི་ས། བམ་པོ་དང་པོ། །སངས་རྒྱས་དང་བྱང་ཆུབ ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འཕགས་པ་བྱམས་པ་ལ་ཕྱག་འཚལ་ལོ། །ཆོས་བཅུ་པོ་འདི་དག་ནི་ཐེག ་པ་ཆེན་པོ་བྱང་ཆུབ་སེམས་དཔའ་ཨི་ལམ་འབྲས་བུ་དང་བཅས་པ་སྡུད་པར་བྱེད་པ་ཡིན་ནོ། །བཅུ་གང་ཞེ་ན། གཞི་དང་། ་རྟགས་དང། ཕྱོགས་དང། ལྷག་པའི་བསམ་པ་དང། གནས་པ་དང། སྐྱེ་བ་དང། ཡོངས་སུ་འཛིན་པ་དང། ས་དང་སྤྱོད་པ ་དང། རབ་ཏུ་གནས་པའོ། །སྡོམ་ལ། གཞི་དང་རྟགས་དང་ཕྱོགས་རྣམས་དང། །ལྷག་པའི་བསམ་དང་གནས་པ ་དང། །སྐྱེ་དང་ཡོངས་སུ་འཛིན་དང་ས། །སྤྱོད་དང་རབ་གནས་ཐ་མ་ཡིན། །དེ་ལ་གཞི་གང་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་ཨི ་རང་གི་རིགས་དང། དང་པོ་སེམས་བསྐྱེད་པ་དང། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཐམས་ཅད་ནི་གཞི་ཞེས་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ་འདི་ལ་བྱང་ཆུབ་སེམས་དཔའ་ནི་རིགས་ལ་བརྟེན་ཅིང་གནས་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས ་པར་འཚང་རྒྱ་བའི་སྐལ་བ་ཅན་དུ་འགྱུར་ཞིང། མཐུ་ཡོད་པར་འགྱུར་བའི་ཕྱིར་ཏེ། དེ་ལྟ་བས་ན་རིགས་ནི་སྐལ་བ་དང་ལྡན་པའི་གཞི་ཞེས་བྱའོ། །འདི ་ལ་བྱང་ཆུབ་སེམས་དཔའ་ནི་དང་པོ་སེམས་བསྐྱེད་པ་ལ་བརྟེན་ཅིང་གནས་ནས། སྦྱིན་པ་ལ་ཡང་སྦྱོར་བར་བྱེད། ཚུལ་ཁྲིམས་དང། བཟོད་པ་དང། ་བརྩོན་འགྲུས་དང། བསམ་གཏན་དང། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་སྦྱོར་བར་བྱེད་དོ། །དེ་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་བསོད་ནམས ་ཀྱི་ཚོགས་དང། ཡེ་ཤེས་ཀྱི་ཚོགས་དང། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཐམས་ཅད་ལ་སྦྱོར་བར་བྱེད་པའི་ཕྱིར་ཏེ། དེ་ལྟ་བས་ན་དང་པོ་སེམས ་བསྐྱེད་པ་ནི་བྱང་ཆུབ་སེམས་དཔའ་ཨི་སྤྱོད་པ་ལ་སྦྱོར་བ་དེ་ནི་གཞི་ཞེས་བྱའོ། །འདི་ལ་བྱང་ཆུབ་སེམས་དཔའ་ནི་བྱང་ཆུབ་སེམས་དཔའ་ཨི་སྤྱོད་པ་ལ ་སྦྱོར་བ་དེ་ཉིད་ལ་བརྟེན་ཅིང་གནས་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡོངས་སུ་རྫོགས་པར་འགྱུར་བའི་ཕྱིར་ཏེ། ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་ཨི་སྤྱོད་པ་ལ་སྦྱོར་བ་དེ་ནི། བྱང་ཆུབ་ཆེན་པོ་ཡོངས་སུ་རྫོགས་པ་དེའི་གཞི་ཞེས་བྱའོ། །གང་ཟག་རིགས་ལ་གནས་པ་མ ་ཡིན་པ་རིགས་མེད་པ་ནི་སེམས་ཀྱང་སྐྱེད་ཅིང་འབད་པ་ལ་ཡང་དག་པར་གནས་པ་ཡོད་དུ་ཟིན་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡོངས་སུ་རྫོགས ་པར་འགྱུར་བའི་སྐལ་བ་མེད་དོ། །དེ་ལྟ་བས་ན་རྣམ་གྲངས་འདིས་ནི་བྱང་ཆུབ་སེམས་དཔའ་བྱང་ཆུབ་ཀྱི་སེམས་ཀྱང་མ་བསྐྱེད་ལ། བྱང་ཆུབ་སེམས་དཔའ་ཨི་སྤྱོད་པ ་ལ་སྦྱོར་བ་མ་བྱས་ཀྱང། རིགས་ནི་གཞི་ཡིན་པར་རིག་པར་བྱའོ། །གལ་ཏེ་རིགས་ལ་གནས་ཀྱང་སེམས་བསྐྱེད་པར་མི་བྱེད་ལ། བྱང་ཆུབ་སེམས་དཔའ་ཨི ་སྤྱོད་པ་དག་ལ་ཡང་སྦྱོར་བར་མི་བྱེད་ན་ནི་སྐལ་པ་ཡོད་ཀྱང་བྱང་ཆུབ་མྱུར་དུ་འགྲུབ་པར་མི་འགྱུར་རོ། །དེ་ལས་བཟློག་པ་ནི་མྱུར་དུ་འགྲུབ་བར་འགྱུར་བར་རིག་པར་བྱའོ། །རིགས་དེ་ནི་གཞི་ཞེས་ཀྱང་བྱ། རྟོན་པ ་དང། རྒྱུ་དང། རྟེན་དང། ཉེར་གནས་དང། སྔོན་དུ་འགྲོ་བ་དང། གནས་ཞེས་ཀྱང་བྱའོ། །རིགས་ཇི་ལྟ་བ་བཞིན་དུ་དང་པོ་སེམས་བསྐྱེད་པ་དང། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཐམས་ཅད་ཀྱང་དེ་དང་འདྲའོ། །དེ ་ལ་རིགས་གང་ཞེ་ན། མདོར་བསྡུ་ན་རྣམ་པ་གཉིས་ཏེ། རང་བཞིན་གྱི་གནས་པ་དང། ཡང་དག་པར་བསྒྲངས་པའོ། །དེ་ལ་རང་བཞིན་གྱི་གནས་པའི་རིགས་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྐྱེ་མཆེད ་དྲུག་གི་ཁྱད་པར་གང་ཡིན་པ་སྟེ། དེ་ནི་གཅིག་ནས་གཅིག་ཏུ་རྒྱུད་དེ་འོངས་བ་ཐོག་མ་མེད་པའི་དུས་ཅན་ཆོས་ཉིད་ཀྱིས་ཐོབ་པ་དེ་ལྟ་བུ་ཡིན་ནོ། །དེ་ལ་ཡང་དག་པར་བསྒྲུབས་པའི་རིགས་ནི་སྔོན ་དགེ་བའི་རྩ་བ་གོམས་པར་བྱས་པ་ལས་ཐོབ་པ་གང་ཡིན་པ་སྟེ། དོན་གྱི་སྐབས་འདིར་ནི་རྣམ་པ་གཉི་ག་ཡང་འདོད་དོ། །རིགས་དེ་ནི་ས་བོན་ཞེས་ཀྱང་བྱ། ཁམས་དེ་ནི་རང་བཞིན་ཞེས་ཀྱང་བྱའོ། །དེ་ཡང ་འབྲས་བུ་ཡང་དག་པར་མ་གྲུབ་པ་ནི་འབྲས་བུ་མེད་པས་ཆ་ཕྲ་པ་ཡིན་ནོ། །འབྲས་བུ་ཡང་དག་པར་གྲུབ་པ་ནི་འབྲས་བུ་དང་བཅས་པ་རགས་པ་ཡིན་ནོ། །བྱང་ཆུབ་སེམས་དཔའ་ཨི་རིགས་དེ་དང་ལྡན་པ ་རྣམས་ནི་ཉན་ཐོས་དང། རང་སངས་རྒྱས་ཐམས་ཅད་ལས་ཀྱང་འདས་པ་ཡིན་ན། སེམས་ཅན་གཞན་ཐམས་ཅད་ལྟ་ལས་ཅི་སྨོས་ཏེ། བླ་ན་མེད་པའི་ཁྱད་པར་ཅན་ཡིན ་པར་རིག་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། མདོར་ན་རྣམ་པར་དག་པ་ནི་གཉིས་ཏེ། ཉོན་མོངས་པའི་སྒྲིབ་པ་རྣམ་པར་དག་པ་དང། ཤེས་བྱའི་སྒྲིབ་པ་རྣམ་པར་དག་པ་ཡིན་ནོ། །དེ་ལ་ཉན་ཐོས ་དང་རང་སངས་རྒྱས་རྣམས་ཀྱི་རིགས་དེ་ནི་ཉོན་མོངས་པའི་སྒྲིབ་པ་རྣམ་པར་དག་པར་འགྱུར་གྱི། ཤེས་བྱའི་སྒྲིབ་པ་རྣམ་པར་དག་པས་ནི་མ་ཡིན་ནོ། །བྱང་ཆུབ་སེམས་དཔའ་ཨི་རིགས་ནི་ཉོན ་མོངས་པའི་སྒྲིབ་པ་རྣམ་པར་དག་བ་དང། ཤེས་བྱའི་སྒྲིབ་པ་རྣམ་པར་དག་པས་ཀྱང། རྣམ་པར་དག་པར་འགྱུར་བའི་ཕྱིར་ཏེ། དེ་ལྟ་བས་ན་ཐམས་ཅད་ལས་ཁྱད་པར་དུ་འཕགས་པ་བླ་ན་མེད་པ་ཞེས ་བྱའོ། །གཞན་ཡང་བྱང་ཆུབ་སེམས་དཔའ་ནི་རྣམ་པ་བཞིས་ན་ཉན་ཐོས་དང་རང་སངས་རྒྱས་རྣམས་ལས་ཁྱད་པར་དུ་འཕགས་པ་རིག་པར་བྱ་སྟེ། བཞི་གང་ཞེ་ན། དབང་པོ་ལས་གྱུར་པ་དང། ་སྒྲུབ་པ་ལས་གྱུར་པ་དང། མཁས་པ་ལས་གྱུར་པ་དང། འབྲས་བུ་ལས་གྱུར་པའོ། །དེ་ལ་དབང་པོ་ལས་གྱུར་པའི་ཁྱད་པར་ནི་འདི་ཡིན་ཏེ། བྱང་ཆུབ་སེམས ་དཔའ་ནི་རང་བཞིན་གྱིས་དབང་པོ་རྣོ་བ་ཡིན་ལ། རང་སངས་རྒྱས་ནི་དབང་པོ་འབྲིང་ཡིན། ཉན་ཐོས་ནི་དབང་པོ་བརྟུལ་བ་ཡིན་ནོ། །དེ་ལ་སྒྲུབ་པ་ལས་གྱུར་པའི་ཁྱད་པར་ནི་འདི་ཡིན་ཏེ། ཉན་ཐོས་དང་རང་སངས་རྒྱས་ནི་བདག་ལ་ཕན་པའི་ཕྱིར་ཞུགས་པ་ཡིན་ལ། ་བྱང་ཆུབ་སེམས་དཔའ་ནི་བདག་ལ་ཡང་ཕན་པ་དང། གཞན་ལ་ཡང་ཕན་པ་སྐྱེ་བོ་མང་པོ་ལ་ཕན་པ་དང། སྐྱེ་བོ་མང་པོ་ལ་བདེ་བ་དང། འཇིག་རྟེན་ལ་སྙིང་བརྩེ་བ་དང། ལྷ་དང་མི་རྣམས་ཀྱི་སྐྱེ་བོ་ཕལ་པོ་ཆེའི་དོན་དང། ཕན་པ་དང་བདེ་བའི་ཕྱིར་ཞུགས་པ་ཡིན་ནོ། །དེ་ལ ་མཁས་པ་ལས་གྱུར་པའི་ཁྱད་པར་ནི་འདི་ཡིན་ཏེ། ཉན་ཐོས་དང་རང་སངས་རྒྱས་ནི་ཕུང་པོ་དང། ཁམས་དང། སྐྱེ་མཆེད་དང། རྟེན་ཅིང་འབྲེལ་པར་འབྱུང་བ་དང། གནས་དང་གནས་མ་ཡིན་པ་དང། བདེན་པ་ལ་མཁས་པར་བྱེད་ཅིང། བྱང་ཆུབ་སེམས་དཔའ་ནི་དེ་དག ་དང། རིགས་པའི་གནས་གཞན་ཐམས་ཅད་ལ་ཡང་མཁས་པར་བྱེད་དོ། །དེ་ལ་འབྲས་བུ་ལས་གྱུར་པའི་ཁྱད་པར་ནི་འདི་ཡིན་ཏེ། ཉན་ཐོས་ནི་ཉན་ཐོས་ཀྱི་བྱང་ཆུབ་ཀྱི་འབྲས་བུ་ཐོབ་པར་བྱེད་དོ། །རང་སངས་རྒྱས་ནི་རང་བྱང་ཆུབ་ཀྱི་འབྲས་བུ་ཐོབ་པར་བྱེད་དོ། །བྱང་ཆུབ ་སེམས་དཔའ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་འབྲས་བུ་ཐོབ་པར་བྱེད་དོ། །གང་དག་གིས་ན་འདི་ནི་བྱང་ཆུབ་སེམས་དཔའ་ཡིན་ནོ་ཞེས་གཞན་དག་གིས་དེ་ལྟར་ཤེས་པར་འགྱུར་བ་བྱང་ཆུབ་སེམས་དཔའ་ཨི་ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱི་རིགས་ཀྱི་རྟགས་ཡོད ་པ་ནི་དྲུག་པོ་འདི་དག་ཡིན་ཏེ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་རིགས་ཀྱི་རྟགས་དང། ཚུལ་ཁྲིམས་དང། བཟོད་པ་དང། བརྩོན་འགྲུས་དང། བསམ་གཏན་དང། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རིགས་ཀྱི་རྟགས་སོ། །དེ་ལ་བྱང་ཆུབ་སེམས་དཔའ་ཨི་སྦྱིན་པའི་ཕ་རོལ་ཏུ་ཕྱིན ་པའི་རིགས་ཀྱི་རྟགས་ནི་འདི་ཡིན་ཏེ། འདི་ལ་བྱང་ཆུབ་སེམས་དཔའ་ནི་རང་བཞིན་གྱི་སྦྱིན་པ་ལ་དགའ་བ་ཡིན་ཏེ། སྦྱིན་པར་བྱ་བའི་ཆོས་རྣམས་ཡོད་དེ། བདོག་ན་རྟག་ཏུ་རྒྱུན་མི་འཆད་པར་གཞན་དག་ལ་བགོ་བཤའ་བྱེད་པའི་ངང་ཚུལ་ཅན་ཡིན་ནོ། །རབ་ཏུ་དགའ་ ་བའི་སེམས་ཀྱི་སྦྱིན་པར་བྱེད་ཀྱི། ཡིད་མི་དགའ་བས་ནི་མ་ཡིན་ནོ། །ཉུང་ངུ་ལས་ཀྱང་བགོ་བཤའ་བྱེད་པ་ཡིན་ཏེ། བཟང་པོ་སྦྱིན་པར་བྱེད་ཀྱི། ངན་པ་ནི་མ་ཡིན་ནོ། །སྦྱིན་པ་མི་བྱེད་མ་བྱིན་བར་ལེན་པ་ལ་ཡང་འཛེམ་པར་བྱེད་དོ། །ཟེར་རོ། ། ་གཞན་དག་ལ་ཡང་སྦྱིན་པའི་བསྔགས་པ་བརྗོད་པར་བྱེད་དོ། །དེ་དག་ཀྱང་སྦྱིན་པ་ལ་འདུན་བ་སྐྱེད་དུ་འཇུག་པར་བྱེད་དོ། །སྦྱིན་ཕོང་པ་མཐོང་ན་ཡང་ཡི་རངས་བ་དང། ཡིད་བདེ་བར་འགྱུར་རོ། །བླ་མ་རྣམས་དང། རྒན་རབས་རྣམས་དང། ཡོན་གནས་རྣམས་དང། ་བཀུར་སྟི་བྱ་བར་འོས་པ་རྣམས་ལ་ཡང་ལངས་ནས་སྟན་སྟོབས་བར་བྱེད་དོ། །སེམས་ཅན་གྱི་བྱ་བ་དག་ལ་དྲིས་ཀྱང་རུང། མ་དྲིས་ཀྱང་རུང་སྟེ། དེ་དང་དེ་དག་ལ་འཇིག་རྟེན་འདི་དང་འཇིག་རྟེན་ཕ་རོལ་ཏུ་བདེ་བར་འགྱུར་བའི་རིགས་པའི་མན་ངག་སྦྱིན་པར་བྱེད་དོ ་རྒྱལ་པོ་དང། དགྲ་དང། ཆོམ་རྐུན་དང། མེ་དང། ཆུ་ལ་སོགས་པས་འཇིག་སྐྲག་པའི་སེམས་ཅན་རྣམས་ལ་མི་འཇིགས་པ་སྦྱིན་པར་བྱེད་ཅིང། དེ་དག་ལ་འཇིགས་པ་སྣ་ཚོགས་མང་པོ་དྲག་པོ་དེ་ལས་ཀྱང་ཅི་ནུས་ཀྱིས་ཡོངས་སུ་སྐྱོབ་པར་བྱེད་དོ། །དེའི་ལག་ཏུ ་གཞན་གྱི་ནོར་གཏམས་ན་ཡང་ངོར?་མི་བྱེད་དོ། །གཞན་གྱི་བུ་ལོན་ཆགས་ན་ཡང་སླུ་བར་མི་བྱེད་ཅིང་ངོར་མི་བྱེད། རང་གི་རིགས་རྒྱུད་ལ་ཡང་གཡོ་མི་བྱེད་ཅིང། ཀླན་ཀ་མི་ཚོལ་ལོ། །ནོར་བུ་དང། མུ་ཏིག་དང། བཻ་ཌཱུརྱ་དང། དུང་དང། མན་ཤེལ་དང། བྱུ་རུ་དང། གསེར་དང ་དངུལ་དང། རྡོའི་སྙིང་པོ་དང། སྤུག་དང། རིན་པོ་ཆེ་དམར་པོ་དང། གཡས་སུ་འཁྱིལ་པ་ལ་སོགས་པ་ཡོ་བྱད་ཀྱི་རྣམས་པ་དག་ལ་རྨོངས་ཤིང་སེམས་ཕྱིན་ཅི་ལོག་ཏུ་གྱུར་པ་ལ་ཡང། དེ་ཅི་ནས་གཞན་གྱིས་ཀྱང་སླུ་བར་མི་འགྱུར་བར་ཡང་དག་པར་ཁོང་དུ་ཆུད ་བར་བྱེད་ན། དེ་ལ་ཡང་བདག་ཉིད་ཀྱིས་སླུ་བར་ལྟ་ག་ལ་བྱེད། རང་བཞིན་གྱིས་ལོངས་སྤྱོད་རྒྱ་ཆེན་པོ་ལ་མོས་པ་ཡིན་ལ། དེ་ལ་ལོངས་སྤྱོད་དང་ཡོངས་སུ་སྤྱོད་པ་རྒྱ་ཆེན་པོ་ཐམས་ཅད་ལ་ཡང་སེམས་འཇུག་པར་བྱེད་དོ། །ལས་ཀྱི་མཛའ་རྒྱ་ཆེན་པོ་དག་ལ་མོས་པ་ཡིན ་གྱི་འདུ་བའི་སྒོ་ཆུང་ངུ་དག་ལ་མ་ཡིན་ནོ། །འཇིག་རྟེན་ན་ཞུགས་པ་ནི་འདིར་ག་ཡིན་ཏེ། འདི་ལྟ་སྟེ། བུད་མེད་ལ་ཞུགས་པ་དང། ཆང་ལ་ཞུགས་པ་དང་བརྒྱན་མོ་ལ་ཞུགས་པ་དང། ཟློས་གར་མཁན་དང། བྲོ་གར་མཁན་དང། བཞད་གར་བྱེད་པ་དང། འཇོ་གར? ་བྱེད་པ་ལ་སོགས་པ་ལ་ལྟ་བ་ལ་ཞུགས་པ་དང། དེ་ལྟ་བུ་དག་ལས་ཞུགས་པ་ལས་མྱུར་བ་མྱུར་བར་འདོད་ཆགས་དང་བྲལ་བར་ཐོབ་པར་འགྱུར་ཏེ། ངོ་ཚ་ཤེས་པ་དང། ཁྲེལ་ཡོད་པ་སྟོན་ཏོ། །ལོངས་སྤྱོད་རྒྱ་ཆེན་པོ་དག་རྙེད་ན་ཡང་ཤས་ཆེར་སྐམ་པར་མི་འགྱུར་ན། ཆུང་ངུ་ལྟ་ལ ་ཅི་སྨོས་ཏེ། དེ་ལྟར་འདི་ལྟ་བུ་དག་དང་མཐུན་པ་འདི་དག་ནི། བྱང་ཆུབ་སེམས་དཔའ་ཨི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་རིགས་ཀྱི་རྟགས་ཡིན་པར་རིག་པར་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའ་ཨི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་བའི་རིགས་ཀྱི་རྟགས་ནི་འདི་དག་ཡིན་ཏེ། འདི་ལ་བྱང ་ཆུབ་སེམས་དཔའ་ནི་རང་བཞིན་གྱིས་ལུས་དང་ངག་གི་ལས་མི་དགེ་བ་ཆུང་ངུ་དང་ལྡན་པ་ཡིན་གྱི། ཤིན་ཏུ་དྲག་པོ་དང། སེམས་ཅན་ལ་ཤིན་ཏུ་གནོད་པ་དང་ལྡན་པ་མ་ཡིན་ཏེ། སྡིག་པའི་ལས་ཤིག་བྱས་སུ་ཟིན་ཀྱང་མྱུར་པ་མྱུར་པར་འགྱོད་པར་འགྱུར་ལ། དེ་ལ་ཡང་འཇོམ་བཞིན ་དུ་སྤྱོད་ཀྱི་དགའ་བཞིན་བསམ་ཡིན་ནོ། །སེམས་ཅན་རྣམས་ལ་ལག་པ་དང། བོར་བ་དང། དབྱུག་པ་དང། མཚོན་ཆ་ལ་སོགས་པས་རྣམ་པར་མི་འཚེ་བའི་རང་བཞིན་ཅན་ནོ། །རང་བཞིན་གྱིས་མཉེས་གཤིན་པ་དང། སེམས་ཅན་རྣམས་ལ་དགའ་བ་ཡིན་ནོ། །བཀུར་སྟི ་བྱེ་བར་འོས་པར་རྣམས་ལ་ཡང་དུས་སུ་གུས་པར་སྨྲ་བ་དང། ཕྱག་བྱ་བ་དང། ལྡང་བ་དང། ཐལ་མོ་སྦྱོར་བ་དང། འདུད་པའི་ལས་ཀྱི་བསྙེན་བཀུར་བྱེད་པ་ཡིན། མཐུན་པར་འཛིན་པ་དང། བཤེས་གཉེན་ཅན་དང། ཕ་རོལ་གྱི་སེམས་དང་མཐུན་པར་འཇུག་པ་ཡིན། འཛུམ ་པ་སྔོན་དུ་གཏོང་བ་དང། བཞིན་གྱིས་མདངས་འབྱིན་པ་དང། ཁྲོ་གཉེར་མེད་པ་དང། གསོང་པོར་སྨྲ་བ་ཡིན་ནོ། །སེམས་ཅན་རྣམས་ལ་ཕན་འདོགས་འདོགས་པ་རྣམས་ལ་བྱས་པ་གཟོ་ཞིང་བྱས་པ་ཤེས་པ་ཡིན། སེམས་ཅན་སློང་བ་རྣམས་ལ་དྲང་པོར་བྱེད་ཀྱི། དེ་དག་ལ་གཡོ ་དང་རྒྱུས་སླུ་བར་མི་བྱེད་དོ། །ཆོས་ཀྱི་བབ་ཆོལ?་མ་ཡིན་པར་ལོངས་སྤྱོད་སྒྲུབ་པར་བྱེད་ཀྱི་ཆོས་མ་ཡིན་པས་ནི་མ་ཡིན་ནོ། །རང་བཞིན་གྱིས་ཀྱང་བསོད་ནམས་ལ་དགའ་བ་ཡིན་ཏེ། གཞན་བསོད་ནམས་བྱེད་པ་དག་ལ་ཡང་བསྟོད་པར་བྱེད་ན། བདག་ཉིད་བྱེད་པ་ལྟ་ཅི ་སྨོས། འདི་ལྟ་སྟེ་གཞན་དག་ལ་གསོད་པ་དང། འཆིང་བ་དང། གཅོད་པ་དང། བརྡེག་པ་དང། སྨོད་པ་དང། བསྡིགས་པ་ལ་སོགས་པ་བྱེད་པ་མཐོང་ཡང་རུང། ཐོས་ཀྱང་རུང་སྟེ། གཞན་ལ་གནོད་པས་ཤིན་ཏུ་གནོད་པར་འགྱུར་རོ། །ཆོས་ཡང་དག་པར་སླང་པ་ཆེད་ཆེར་འཛིན ་པ་དང། ཚེ་ཕྱི་མ་ཆེད་ཆེར་འཛིན་པ་ཡིན། །ཁ་ན་མ་ཐོ་བ་ཕྲ་རབ་ཙམ་དག་ལ་ཡང་འཇིགས་པར་ལྟ་ན་མང་པོ་ལྟ་ལ་ཅི་སྨོས། གཞན་གྱི་ལས་དང་གཞན་གྱི་བྱ་བ་དག་ལ་གྲོགས་བྱེད་དུ་འགྲོ་སྟེ། འདི་ལྟ་སྟེ་ཞིང་ལས་དང། ཚོང་བྱ་བ་དང། བ་ལང་འཚོ་བ་དང། རྒྱལ་པོའི་ཞི ་འབྲིང་བྱ་བ་དང། ཡི་གེ་བྲི་བ་དང། རྩིས་བྱ་བ་དང། ཤོ་དགོད་པ་དང། གྲངས་བཟུང་བ་དང། ལག་རྩིས་བྱ་བ་དང། རྗེ་བོ་དང་བསྡུམ་པ་དང། ཁྱིམས་མི་དང་བསྡུམ་པ་དང། འཛའ་བཤེས་དང་མི་འཛའ་བ་བསྡུམ་པ་དང། རྒྱལ་པོ་དང་བསྡུམ་པ་དང། ལོངས་སྤྱོད་རྣམས་སྒྲུབ ་པ་དང། བསྲུང་བ་དང། བསྡུ་བ་དང། ཕྱིར་འགྱེད་པ་དང། གཏོང་བ་དང། བག་མ་གཏོང་བ་དང། བག་མ་ལེན་པ་དང། ལྷག་པར་ཟ་བ་དང། འདུས་ཤིང་ཟ་བ་རྣམས་དང། དེ་ལྟ་བུ་ལ་མཐུན་པ་ལ་གྲོགས་བྱེད་དུ་འགྲོ་བར་བྱེད་ཀྱི། བདག་དང་གཞན་དག་ལ་གནོད་པ་དང ་སྡུག་བསྔལ་དང། ཕན་པར་མི་འགྱུར་བ་གང་དག་ཡིན་པའི་ཐབ་མོ་དང། འཚང་འདྲུ་བ་དང། འགྱེད་བ་དང། རྩོད་པ་རྣམས་དང། ཕ་རོལ་ལ་རྣམ་པར་འཚེ་བའི་ལས་གཞན་དག་ལ་ནི་མ་ཡིན་ནོ། །བྱ་བ་མ་ཡིན་པ་འདི་ལྟ་སྟེ། སྡིག་པ་མི་དགེ་བ་བཅུའི་ལས་ཀྱི་ལམ ་དག་ལས་ཀྱང་དེ་དག་ཟློག་པར་བྱེད་དོ། །གཞན་གྱི་དབང་དུ་བྱེད་ཅིང། གཞན་ལ་རག་ལས་པར་བྱེད་དེ་བཟོད་པ་དང། ཚུལ་ཁྲིམས་མཚུངས་པའི་ཕྱིར། གཞན་དག་གིས་བདག་གི་དོན་འདོར་དུ་བཅུག་ནས་རང་གི་དོན་ལ་ཅི་དགའ་མགུར་བསྐོ་བར་བྱེད་དོ།། ་སེམས་གཉེན་ཞིང་སེམས་ངེས་པ་ཡིན་ལ། ཀུན་ནས་མནར་སེམས་དང། ཁོང་ཁྲོ་བའི་སེམས་ཡུན་རིང་དུ་འཛིན་པར་མི་བྱེད་དེ། གཞན་དུ་ན་དེའི་མོད་ལ་དེའི་སེམས་བཟང་པོར་འགྱུར་རོ། །བདེན་པ་ཆེད་ཆེར་འཛིན་པ་ཡིན་ཏེ། ཡང་དག་པར་མ་ཡིན་པའི་ཚིག་གིས་གཞན་ལ་སླུ་བར ་མི་བྱེད་དོ། །གཞན་དག་གི་མཛའ་བཤེས་ལ་དབྱེ་ན་བྱ་བར་མི་དགའ་ཞིང་མི་བྱེད་དོ། །མ་གཙིགས་པ་དང། མི་དགོས་པ་དང། དོན་མེད་པ་དང། བབ་ཆོལ་དུ་ཡང་སྨྲ་བར་མི་བྱེད་དོ། །བདག་གི་བྲན་ལ་སོགས་པ་གཡོག་འཁོར་རྣམས་ལ་ཡང་སྙན་བར་སྨྲ་ཞིང་ཕ་རོལ་གྱི་ཞེ ་གཅོད་པ་མི་སྨྲ་ན་གཞན་དག་ལྟ་ལ་ཅི་སྨོས་ཡོན་ཏན་ལ་དགའ་བ་ཡིན་ཏེ། གཞན་དག་གི་ཡང་དག་པའི་བསྔགས་པ་བརྗོད་པར་བྱེད་དེ། དེ་ལྟར་འདི་ལྟ་བུ་དང་མཐུན་པ་རྣམས་ནི་བྱང་ཆུབ་སེམས་དཔའ་ཨི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་རིགས་ཀྱི་རྟགས་ཡིན་པར ་རིགས་པར་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའ་ཨི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་རིགས་ཀྱི་རྟགས་ནི་འདི་དག་ཡིན་ཏེ། འདི་ལ་བྱང་ཆུབ་སེམས་དཔའ་ནི་གཞན་དག་གིས་གནོད་པ་བྱས་ཀྱང་རང་བཞིན་གྱིས་ཀུན་ནས་མནར་སེམས་སུ་མི་བྱེད་ལ། གནོད་པར་ཡང་མི་བྱེད་དོ ་གྲོས?་བཏབ་ན་ཡང་མྱུར་དུ་ཉན་པར་བྱེད་ལ་ཞེ་ལ་མི་འཛིན་ཅིང། ཡུན་རིང་དུ་མཁོན་དུ་འཛིན་པར་མི་བྱེད་དེ། དེ་ལྟར་འདི་ལྟ་བུ་དང་མཐུན་པ་རྣམས་ནི་བྱང་ཆུབ་སེམས་དཔའ་ཨི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་རིགས་ཀྱི་རྟགས་ཡིན་པར་རིག་པར་བྱའོ། །དེ་ལ་བྱང་ཆུབ ་སེམས་དཔའ་ཨི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་རིགས་ཀྱི་རྟགས་ནི་འདི་དག་ཡིན་ཏེ། འདི་ལ་བྱང་ཆུབ་སེམས་དཔའ་ནི་རང་བཞིན་གྱིས་འབད་པ་དང་ལྡན་པ་ཡིན་ཏེ། ནང་པར་སྔར་སྡང་ཞིང་དགོངས་ཀར་ཉལ་བར་བྱེད་པ་དང། གཉིད་ཀྱི་བདེ་བ་དང། ཉལ་བའི ་བདེ་བ་དང། ལོགས་ཀྱིས་འབབ་པའི་བདེ་བ་ཧ་ཅང་ཉམས་སུ་ལེན་པར་མི་བྱེད་པ་དང། བྱ་བ་ཞིག་བྱུང་ན་དོན་དེ་འགྲུབ་པར་བྱ་བའི་ཕྱིར་བྱེད་མི་འདོད་པ་ཟིལ་གྱིས་མནན་ཏེ། ལེ་ལོ་ལ་སོར་སོར་བརྟགས་ནས་བརྩོམས་པར་བྱེད་པ་དང་བྱ་བ་ཐམས་ཅད་རྩོལ་བ་ལ་ཡང་ངེས་པར་བརྟན་པ་ཡིན ་ཏེ?་ནམ་བྱས་སམ་མ་ཟིན་གྱི་བར་དུ། ཐམས་ཅད་ཀྱི་ཐམས་ཅད་དུ་བརྩོན་པ་མི་འདོར་ཞིང། བར་མ་དོར་ཡང་སྒྱིད་ལུག་པར་མི་བྱེད་པ་དང། དོན་གྱི་མཆོག་རྒྱ་ཆེན་པོ་དག་ལ་ཡང་སེམས་ཞུམ་པར་མི་བྱེད་ཅིང། བདག་ལ་ཁྱད་དུ་གསོད་པར་མི་བྱེད་པ་དང། ་བདག་གིས་ནི་འདི་དག་རྟོགས་པར་ནུས་ཏེ། ཞོ་ཤ་དང་ལྡན་ནོ་སྙམ་དུ་སྤྲོ་བ་བསྐྱེད་པ་དང། ཚོགས་པ་ཆེན་པོའི་ནང་དུ་འགྲོ་བ་འམ། གཞན་དག་དང་འགྱོད་པར་རམ། ཕྱིར་རྒལ་བ་འམ། དེ་ལས་གཞན་པའི་ལས་དཀའ་བ་དག་ལ་ཡང་བརྟེན་པ་ཡིན་ཞིང། དོན་དང་ལྡན་པའི ་རྩོལ་བ་ཆེན་པོ་དག་ལ་ཡང་ཤས་ཆེར་སྐྱེ་བར་མི་བྱེད་ན། ཆུང་ངུ་དག་ལྟ་ལ་ཅི་སྨོས་ཏེ། དེ་ལྟར་འདི་ལྟ་བུ་དང་མཐུན་བ་རྣམས་ནི་བྱང་ཆུབ་སེམས་དཔའ་ཨི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་རིགས་ཀྱི་རྟགས་ཡིན་པར་རིག་པར་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའ་ཨི་བསམ ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་རིགས་ཀྱི་རྟགས་ནི་འདི་དག་ཡིན་ཏེ། འདི་ལ་བྱང་ཆུབ་སེམས་དཔའ་ནི་ཆོས་ཀྱི་དོན་ལ་ངེས་པར་སེམས་པ་ནི་རང་བཞིན་གྱིས་གཡེང་བ་མི་མང་བ་ཡིན་པ་དང། དགོན་པ་ནགས་ཚལ་གྱི་གནས་པས་མཛའ་ཨི་གནས་མལ་མི་རྣམས་ཀྱིས ་དབེན་པར་གྱུར་པ་སྡིག་པའི་སྐྱེ་བོ་མེད་པ། ནང་དུ་ཡང་དག་འཇོག་དང་འཚམ་པ་དག་མཐོང་ངམ་ཐོས་པ་ན། ཀྱེ་མ་མངོན་པར་འབྱུང་བ་དང། རབ་དུ་དབོན་པ་ནི་བདེའོ་ཞེས་མངོན་པར་འབྱུང་བ་དང། རབ་ཏུ་དབེན་པ་ལ་ཤིན་ཏུ་སྤྲོ་བསྐྱེད་དོ། །རང་བཞིན་གྱིས་ཀྱང་ཉོན་མོངས་བ ་ཤས་ཆུང་ཞིང། སྒྲིབ་པ་ཤས་ཆུང་ལ་གནས་ངན་ལེན་ཤས་ཆུང་བ་ཡིན་ནོ། དེ་རབ་ཏུ་དབེན་པ་ན་གནས་ཤིང། རང་གི་དོན་ལ་ཡོངས་སུ་རྟོག་པ་ན། སྡིག་པ་ཅན་གྱི་རྟོག་པ་རུང་པ་མ་ཡིན་པ་དག་གིས་ཤིན་ཏུ་སེམས་འཁྲུག་པར་མི་འགྱུར་ཞིང་ཡོངས་སུ་བཟུང་ནས་མི་གནས་སོ། །མི་འཛའ ་བའི་ཕྱོགས་ལ་ཡང་མྱུར་བ་མྱུར་བར་བྱམས་པའི་སེམས་ཉེ་བར་འཇོག་པར་བྱེད་ན། མཛའ་བོ་དང་ཐ་མལ་པའི་ཕྱོགས་ལྟ་བ་ཅི་སྨོས། སེམས་ཅན་སྡུག་བསྔལ་རྣམ་པ་སྣ་ཚོགས་ཀྱིས་སྡུག་བསྔལ་བ་དག་གི་མཐོང་ངམ་ཐོས་ན་སྙིང་རྗེའི་ཆེན་པོའི་སེམས་སྐྱེད་དེ། སེམས་ཅན ་དེ་དག་གི་སྡུག་བསྔལ་བསལ་བའི་ཕྱིར། ཅི་ནུས་ཅི་ལྕོགས་ཀྱིས་ཉམས་སུ་ལེན་པར་བྱེད་དོ། །རང་བཞིན་གྱིས་ཀྱང་སེམས་ཅན་རྣམས་ལ་ཕན་པར་འདོད་པ་དང། བདེ་བར་འདོད་པ་ཡིན་ནོ། །རྒུད་པར་གྱུར་པ་ཉེ་དུས་སྡུག་བསྔལ་བ་འམ། ལོངས་སྤྱོད་ཀྱིས་སྡུག་བསྔལ་བ་འམ། བསད་པ་འམ། བཅིངས ་པ་འམ། སྤྱུག་པ་འམ། དེ་ལྟ་བུ་དང་མཐུན་པའི་རྒུད་པ་དག་ལ་ཡང་མི་དགའ་བ་མེད་པ་ཡིན། ཡིད་ཀྱང་གཞུངས་ཏེ། ཆོས་རྣམས་བླངས་པ་དང། བཟུང་བ་དང། ཤིན་ཏུ་འཛིན་པར་ནུས་སོ། །དྲན་པའི་སྟོབས་དང་ལྡན་པ་ཡིན་ཏེ། དེས་བྱས་ནས་ཡུན་རིང་དུ་ལོན་པ་དང་བཤད་ནས་ཡུན ་རིང་དུ་ལན་པ་ཡང་རྗེས་སུ་དྲན་ལ། གཞན་དག་ལ་ཡང་རྗེས་སུ་དྲན་པར་བྱེད་དོ། །དེ་ལྟར་འདི་ལྟ་བུ་དང་མཐུན་པ་རྣམས་ནི་བྱང་ཆུབ་སེམས་དཔའ་ཨི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་རིགས་ཀྱི་རྟགས་ཡིན་པར་རིག་པར་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའ་ཨི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རིགས? ་ཀྱི་རྟགས་ནི་འདི་དག་ཡིན་ཏེ། འདི་ལ་བྱང་ཆུབ་སེམས་དཔའ་ནི་རིག་པའི་གནས་ཞེས་བྱ་བ་ཐམས་ཅད་ལ་འཇུག་པར་བྱ་བའི་ཕྱིར་ལྷན་ཅིག་སྐྱེས་པའི་ཤེས་རབ་དང་ལྡན་པ་ཡིན། ཡིད་མི་རྟུལ་བ་ཡིན། བློ་མི་ཞན་པ་ཡིན། རྨོངས་པའི་རང་བཞིན་ཅན་མ་ཡིན་ནོ། །བག་མེད་པའི ་གནས་དངང?་དེ་དག་སྤོང་བ་ལ་སོ་སོར་རྟོག་པའི་མཐུ་དང་ལྡན་པ་ཡིན་ཏེ། དེ་ལྟར་འདི་ལྟ་བུ་དང་མཐུན་བ་རྣམས་ནི་བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རིགས་ཀྱི་རྟགས་ཡིན་པར་རིག་པར་བྱ་སྟེ། དེ་དག་ནི་བྱང་ཆུབ་སེམས་དཔའ་ཨི་རིགས་ཀྱི་རྟགས་རགས ་པ་དང། རྗེས་སུ་དཔག་ཏུ་རུང་བ་ཡིན་པར་རིག་པར་བྱའོ། །ཡང་དག་པའི་དོན་དུ་ངེས་པར་བྱ་བ་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཉིད་ཀྱི་ས་མངོན་སུམ་དུ་གཟིགས་པར་ཟད་དོ། །གང་གི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རིགས་དེ་ནི་རང་བཞིན་གྱིས་དེ་ལྟར་ཡོན་ཏན་དང ་ལྡན་ཞིང་བཟང་ལ་དགེ་བ་དང། དཀར་པོའི་ཆོས་དང་ལྡན་པ་དེའི་ཕྱིར་དེ་བཞིན་གཤེགས་པའི་གོ་འཕང་དེ་ཙམ་དུ་བསྐྱེད་པར་དཀའ་བ། གཙོ་བོར་གྱུར་པ། བསམ་གྱིས་མི་ཁྱབ་པ། མི་གཡོ་བ། བླ་ན་མེད་པ་དེ་འཐོབ་པའི་རྒྱུར་རུང་གི། དེ་མ་ཡིན་དུ་ཟིན་ན་ནི་མི་རུང་ངོ། །བྱང་ཆུབ ་སེམས་དཔའ་ནི་ཇི་སྲིད་དུ་དཀར་པོའོ་ཆོས་དང་མི་མཐུན་པ་ཉེ་པའི་ཉོན་མོངས་པ་བཞི་ལས། ཟད་པར་རམ། ཁ་ཅིག་གིས་ཉེ་བའི་ཉོན་མོངས་པ་ཅན་དུ་མ་གྱུར་པ་དེ་སྲིད་དུ། རང་བཞིན་གྱིས་འདི་ལྟར་དགེ་བའི་ཆོས་དེ་དག་དང་ལྡན་བར་འགྱུར་རོ། །གང་གི་ཚེ་ཉེ་བའི ་ཉོན་མོངས་པ་ཅན་དུ་གྱུར་པ་དེའི་ཚེ། དེ་དཀར་པོའི་ཆོས་འདི་དག་ལ་ཡང་མི་སྣང་ལ་ངན་སོང་དག་ཏུ་ཡང་སྐབས་འགའ་སྐྱེ་པར་འགྱུར་ཏེ། བྱང་ཆུབ་སེམས་དཔའ་ནི་ངན་སོང་དུ་སྐྱེས་ན་ཡང། རིགས་ཀྱིས་བསྒྱུར་བས་དེ་ལས་གཞན་པའི་སེམས་ཅན་ངན་སོང་དུ་སྐྱེས་པ ་རྣམས་ལས་ཤས་ཆེར་ཁྱད་པར་འཕགས་པར་རིག་པར་བྱའོ། །འདི་ལ་བྱང་ཆུབ་སེམས་དཔའ་ནི་ཡུན་རིང་མོ་ཞིག་ནས་བརྒྱ་ལམ་བརྒྱ་ལམ་ན་ངན་སོང་དུ་སྐྱེ་བར་ཟད་དེ། སྐྱེས་པར་གྱུར་ན་ཡང་ངན་སོང་དག་ནས་མྱུར་དུ་ཡོངས་སུ་ཐར་པར་འགྱུར་ལ། ཇི་ལྟར་སེམས་ཅན་གཞན ་དག་ངན་སོང་དུ་སྐྱེས་པ་དེ་བཞིན་དུ་ངན་སོང་དུ་སྡུག་བསྔལ་དྲག་པོ་ཚོར་བ་མྱོང་བར་མི་འགྱུར་ཏེ། སྡུག་བསྔལ་གྱི་ཚོར་བ་ཤིན་ཏུ་ཆུང་ངུ་དེས་རེག་ན་ཡང་ཤས་ཆེར་སྐྱོ་བ་སྐྱེས་པར་འགྱུར་རོ། །དེར་སྐྱེས་པའི་སེམས་ཅན་སྡུག་བསྔལ་དེ་དག་ལ་ཡང་འདི་ལྟར་སངས་རྒྱས ་ཀྱི་སྙིང་རྗེ་ཆེན་པོའི་རྒྱུའི་རིགས་དེ་ཉིད་ཀྱིས་བསྐུལ་བས། སྙིང་རྗེའི་སེམས་སྐྱེ་བར་འགྱུར་ཏེ། འདི་ལྟ་བུ་དང་མཐུན་པ་དག་གིས་ན། བྱང་ཆུབ་སེམས་དཔའ་ངན་སོང་དུ་སྐྱེས་པ་ནི་དེ་ལས་གཞན་པའི་སེམས་ཅན་ངན་སོང་དུ་སྐྱེས་པ་རྣམས་ལས་ཁྱད་པར་དུ་འཕགས ་པར་རིག་པར་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའ་ཨི་དཀར་པོའི་ཆོས་དང་མི་མཐུན་པའི་ཉེ་བའི་ཉོན་མོངས་པ་བཞི་པོ་དེ་དག་གང་ཞེ་ན། སྔོན་བག་མེད་པར་གྱུར་ཅིང། ཉོན་མོངས་པ་ལ་གོམས་པས་ཉོན་མོངས་པ་དྲག་པོ་དང། ཉོན་མོངས་པ་ཡུན་རིང་བ་འདི་ནི་ཉེ་བའི ་ཉོན་མོངས་པ་དང་པའོ། །བླུན་ཞིང་མི་མཁས་ལ་སྡིག་པའི་གྲོགས་པོ་ལ་བརྟེན་པ་འདི་ནི་ཉེ་བའི་ཉོན་མོངས་པ་གཉིས་པའོ། བླ་མ་དང། རྗེ་བོ་དང། རྒྱལ་པོ་དང། ཆོམ་རྐུན་དང། ཕྱིར་རྒོལ་པ་སོགས་པས་ནན་གྱིས་མནན་ཏེ། བདག་ལ་དབང་མེད་པ་དང། སེམས་ཀྱི་འཁྲུལ་པ ་འདི་ནི་ཉེ་བའི་ཉོན་མོངས་པ་གསུམ་པའོ། །ཡོ་བྱད་མེད་ཅིང་འཚོ་བ་ལ་ལྟ་བ་འདི་ནི་ཉེ་བའི་ཉོན་མོངས་པ་བཞི་པའོ། བྱང་ཆུབ་སེམས་དཔའ་ཨི་རིགས་དང་ལྡན་པ་ཡང་རྒྱུ་བ་ཞིས་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་མི་ནུས་སོ་། ་བཞི་གང་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་དང་པོ་ཉིད་ནས་ཀྱང་དགེ་བའི་བཤེས་གཉེན་སངས་རྒྱས་བྱང་ཆུབ་སེམས་དཔའ་བྱང་ཆུབ་ཀྱི་ལམ་ཕྱིན་ཅི་མ་ལོག་པར་སྟོན་པ་དང་མ་ཕྲད་པ་འདི་ནི་རྒྱུ་དང་པོའོ། །གཞན་ཡང་བྱང་ཆུབ་སེམས་དཔའ་དགེ་བའི་བཤེས་གཉེན་དང ་ཕྲད་དུ་ཟིན་ཀྱང་བྱང་ཆུབ་སེམས་དཔའ་ཨི་བསླབ་པ་དག་ལ་ཕྱིན་ཅི་ལོག་དུ་འཛིན་ཅིང། ཕྱིན་ཅི་ལོག་དུ་སློབ་པ་འདི་ནི་རྒྱུ་གཉིས་པའོ། །གཞན་ཡང་བྱང་ཆུབ་སེམས་དཔའ་དགེ་བའི་བཤེས་གཉེན་དང་ཡང་ཕྲད་ལ། བྱང་ཆུབ་སེམས་དཔའ་ཨི་བསླབ་པ་དག་ལ་ཕྱིན་ཅི་ལོག་དུ་མི ་སློབ་ཏུ་ཟིན་ཀྱང། སྦྱོར་བ་དེ་ལ་སྦྱོར་བ་གཡེལ་ཞིང་ལེ་ལོ་བྱེད་པ་ཡིན་ཏེ། ཤས་ཆེར་རྒྱུན་ཏུ་བརྩོན་པ་དང་མི་ལྡན་པ་འདི་ནི་རྒྱུ་གསུམ་པའོ། །གཞན་ཡང་བྱང་ཆུབ་སེམས་དཔའ་དགེ་བའི་བཤེས་གཉེན་དང་ཡང་ཕྲད་ལ་བྱང་ཆུབ་སེམས་དཔའ་ཨི་བསླབ་པ་དག་ལ་ཡང་ཕྱིན་ཅི ་མ་ལོགས་པར་སློབ་ཅིང། སྦྱོར་བ་དེ་ལ་བརྩོན་འགྲུས་བརྩམས་སུ་ཟིན་ཀྱང། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ཡུན་རིང་དུ་ཉམས་འོག་ཏུ་ཆུད་པར་མ་བྱས་པས་དབང་པོ་ཡོངས་སུ་མ་སྨིན་པ་དང་བྱང་ཆུབ་ཀྱི་ཚོགས་ཡོངས་སུ་རྫོགས་པ་འདི་ནི་རྒྱུ་བཞི་པ་སྟེ། རིགས་ཡོད་དུ ་ཟིན་ཀྱང་རྒྱུ་འདི་དག་དང་ལྡན་པའི་ཕྱིར་བྱང་ཆུབ་མི་ཐོབ་ལ། མི་ལྡན་ན་ནི་ཐོབ་པར་འགྱུར་རོ། །རིགས་མེད་ན་ནི་ཐམས་ཅད་ཀྱི་ཐམས་ཅད་རྣམ་པ་ཐམས་ཅད་དུ་བྱང་ཆུབ་ཐོབ་པར་མི་འགྱུར་བ་ཁོ་ནར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་ཨི་སའི་གཞིའི་རྣལ་འབྱོར ་གྱི་གནས་ལས། རིགས་ཀྱི་ལེའུ་སྟེ་དང་པོའོ།། །།འདི་ལ་བྱང་ཆུབ་སེམས་དཔའ་ཨི་དང་པོའི་སེམས་བསྐྱེད་པ་ནི་བྱང་ཆུབ་སེམས་དཔའ་ཨི་ཡང་དག་པའི་སྨོན་ལམ་ཐམས་ཅད་ཀྱི་ནང་ན་ཡང་དག་པའི་སྨོས་ལམ་གྱི་དང་པོ་ནི་ཏེ། དེ་ལས་གཞན་པའི ་ཡང་དག་པའི་སྨོན་ལམ་རྣམས་སྡུད་པ་ཡིན་ནོ། །དེ་ལྟ་བས་ན་དེ་ནི་ཡང་དག་པའི་སྨོན་ལམ་དང་པོའི་ངོ་བོ་ཉིད་ཡིན་ནོ། །བྱང་ཆུབ་སེམས་དཔའ་དེ་བྱང་ཆུབ་ཏུ་སེམས་ཀྱིས་སྨོན་ལམ་འདེབས་པ་ན། འདི་ལྟར་སེམས་མངོན་པར་འདུ་བྱེད་ཅིང། ཚིག་འདི་སྐད་ཅེས་ཀྱང་སྨྲས་ཏེ། ་ཀྱེ་མ་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་གྱུར་ཅིག་།སེམས་ཅན་ཐམས་ཅད་ཀྱི་དོན་ཡང་བྱེད་ཅིང་ཤིན་ཏུ་མཐར་ཐུག་པའི་མྱ་ངན་ལས་འདས་པ་དང། དེ་བཞིན་གཤེགས་པའི་ཡེ་ཤེས་ལ་འགོད་པར་གྱུར་ཅིག་ཅེས་དེ་དེ་ལྟར ་བདག་གི་བྱང་ཆུབ་དང་སེམས་ཅན་གྱི་དོན་སྒྲུབ་པ་ན། སེམས་བསྐྱེད་པར་བྱེད་དོ། །དེ་ལྟ་བས་ན་སེམས་བསྐྱེད་པ་ནི་སྒྲུབ་པའི་རྣམ་པ་ཡིན་ནོ། །སེམས་བསྐྱེད་པ་དེ་ཡང་བྱང་ཆུབ་དེ་དང། སེམས་ཅན་གྱི་དོན་ལ་དམིགས་ནས་སྒྲུབ་པར་བྱེད་ཀྱི། དམིགས་པ་མེད་པར་ནི་མ ་ཡིན་ཏེ། དེ་ལྟ་བས་ན་སེམས་བསྐྱེད་པ་དེ་ནི་བྱང་ཆུབ་ལ་དམིགས་པ་དང། སེམས་ཅན་གྱི་དོན་ལ་དམིགས་པ་ཡིན་ནོ། །སེམས་བསྐྱེད་པ་དེ་ཡང་བྱང་ཆུབ་ཀྱི་ཕྱོགས་ཀྱི་དགེ་བའི་རྩ་བ་ཐམས་ཅད་སྡུད་པའི་ཐོག་མར་འགྲོ་བའི་ཕྱིར། དགེ་བ་དང། མཆོག་དུ་དགེ་བ་དང། ་བཟང་བ་དང། མཆོག་དུ་བཟང་པ་དང། ལེགས་པ་དང། མཆོག་དུ་ལེགས་པའི་ཡོན་ཏན་དང་ལྡན་པ་དང། སེམས་ཅན་ཐམས་ཅད་ལ་བརྟེན་པའི་ལུས་དང་ངག་དང་ཡིད་ཀྱི་ཉེས་པ་སྤྱོད་པ་དང་མི་མཐུན་པ་ཡིན་ནོ། །འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་ཨི ་དང་པོ་སེམས་བསྐྱེད་པ་དེ་ནི་དེ་ལས་གཞན་པ་འཇིག་རྟེན་པ་དང། འཇིག་རྟེན་ལས་འདས་པའི་དོན་དག་ལ་ཡང་དག་པའི་སྨོན་ལམ་དགེ་བ་དེ་དག་ཐམས་ཅད་ཀྱི་ནང་ན་ཡང་དག་པའི་སྨོན་ལམ་གྱི་མཆོག་བླ་ན་མེད་པ་ཡིན་ནོ། །དེ་ལྟར་ན་དང་པོ་སེམས་བསྐྱེད་པ་དེ་ནི་ངོ་བོ་ཉིད ་ལས་ཀྱང་རིག་པར་བྱ། རྣམ་པ་དང། དམིགས་པ་དང། ཡོན་ཏན་དང། ཁྱད་པར་དུ་འཕགས་པ་ལས་ཀྱང་མཚན་ཉིད་ལྔར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་ནི་སེམས་དེ་བསྐྱེད་མ་ཐག་ཏུ་བླ་ན་མེད་པའི་བྱང་ཆུབ་ཐེག་པ་ཆེན་པོ་ལ་ཞུགས་པ་དང། འདི་ལྟ་སྟེ། བརྡ?་དང། ་ཐ་སྙད་ཀྱི་ཚུལ་གྱིས་བྱང་ཆུབ་སེམས་དཔའ་ཞེས་བྱ་བའི་གྲངས་སུ་འགྲོ་བ་ཡང་ཡིན་ཏེ། དེ་ལྟ་བས་ན་སེམས་བསྐྱེད་པ་དེ་ནི་འཇུག་པར་བསྡུས་བ་ཡིན་ནོ། །བྱང་ཆུབ་སེམས་དཔའ་སེམས་དེ་བསྐྱེད་ནས་རིམ་གྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་རྫོགས་པར ་འཚང་རྒྱ་བར་འགྱུར་གྱི། མ་བསྐྱེད་པར་ནི་མ་ཡིན་ཏེ། དེ་ལྟ་བས་ན་སེམས་བསྐྱེད་དེ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་རྩ་བ་ཡིན་ནོ། །བྱང་ཆུབ་སེམས་དཔའ་སེམས་ཅན་སྡུག་བསྔལ་རྣམས་ལ་སྙིང་རྗེ་དང་ལྡན་ཞིང། ཡོངས་སུ་བསྐྱབ་པར་སེམས་པ་ཡང་སེམས་དེ ་བསྐྱེད་པར་བྱེད། དེ་ལྟ་བས་ན་སེམས་བསྐྱེད་པ་དེ་ནི་སྙིང་རྗེའི་རྒྱུ་མཐུན་པ་ཡིན་ནོ། །བྱང་ཆུབ་སེམས་དཔའ་ནི་སེམས་བསྐྱེད་པ་དེ་ལ་རྟེན་ཅིང་གནས་ནས། བྱང་ཆུབ་སེམས་དཔའ་ཨི་བསླབ་པ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་དང། སེམས་ཅན་གྱི་དོན་བྱ་བ་དག་ལ་སྦྱོར་བར་བྱེད་དེ། ་དེ་ལྟ་བས་ན་སེམས་བསྐྱེད་བ་དེ་ནི་བྱང་ཆུབ་སེམས་དཔའ་ཨི་བསླབ་པ་རྣམས་ཀྱི་རྟེན་ཡིན་ཏེ། དེ་ལྟར་དང་པོ་སེམས་བསྐྱེད་པ་དེ་ནི་བསྡུ་བ་དང། རྩ་བ་དང། རྒྱུ་མཐུན་པ་དང། རྟེན་དུ་གྱུར་པ་ལས་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་ཨི་དང་པོ་སེམས་བསྐྱེད་པ་དེ་ཡང་མདོར་ན་རྣམ་པ ་གཉིས་ཏེ། ངེས་པ་འབྱིན་པ་དང། ངེས་པར་འབྱིན་པ་མ་ཡིན་པའོ། །དེས་ངེས་པར་འབྱིན་པ་ནི་གང་སྐྱེས་ནས་གཏན་དུ་འཇུག་ལ་ཕྱིར་ལྡོག་པར་མི་འགྱུར་བའོ། །དེས་པར་འབྱིན་པ་མ་ཡིན་པ་ནི་གང་སྐྱེས་ནས་གཏན་དུ་མི་འཇུག་ལ་ཕྱིར་ལྡོག་པར་འགྱུར་བའོ། །སེམས་བསྐྱེད་པ་དེའི་སྡོག ་པ་ལ་ཡང་རྣམ་པ་གཉིས་ཏེ། གཏན་དུ་བ་དང། བཏན་དུ་བ་མ་ཡིན་པའོ། །དེ་ལ་གཏན་དུ་བ་ནི་འདི་ལྟར་སེམས་ལན་ཅིག་ལོག་ནས་ཕྱིས་བྱང་ཆུབ་ཀྱི་ཕྱིར་མི་སྐྱེ་བའོ། །གཏན་དུ་བ་མ་ཡིན་པ་ནི་འདི་ལྟར་སེམས་ལོགས་ཀྱང་བྱང་ཆུབ་ཀྱི་ཕྱིར་ཡང་དང་ཡང་སྐྱེ་བར་འགྱུར་བའོ། །སེམས་སྐྱེ ་བ་དེ་ཡང་རྐྱེན་བཞི་དང། རྒྱུ་བཞི་དང། སྟོབས་བཞིས་སྐྱེ་བར་རིག་པར་བྱའོ། །དེ་ལ་རྐྱེན་བཞི་གང་ཞེ་ན། འདི་ལ་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོས་དེ་བཞིན་གཤེགས་པ་འམ། བྱང་ཆུབ་སེམས་དཔའ་ཨི་ཆོ་འཕྲུལ་དང། མཐུ་བསམ་གྱིས་མི་ཁྱབ་པ་དང། རྨད་དུ་བྱུང་བ་མཐོང་ངམ། ་ཡིད་བརྟན་པ་ལས་ཐོས་ཀྱང་རུང་སྟེ། དེས་མཐོང་ངམ་ཐོས་ནས་འདི་སྙམ་དུ་སེམས་ཏེ། ཀྱེ་མ་གང་ལ་གནས་པར་འགྱུར་བ་འམ། ཞུགས་པར་གྱུར་པའི་མཐུ་དེ་ལྟ་བུ་དེ་དང། ཆོ་འཕྲུལ་དེ་ལྟ་བུ་དེ་མཐོང་བ་དང། ཐོས་པའི་བྱང་ཆུབ་དེ་ནི་མཐུ་ཆེ་བ་ཡིན་ནོ། །སྙམ་ནས ་དེ་མཐུ་མཐོང་བ་དང་ཐོས་པ་དེ་ཉིད་ཀྱི་དབང་དུ་བྱས་ཏེ། བྱང་ཆུབ་ཆེན་པོར་མོས་ཤིང་བྱང་ཆུབ་ཆེན་པོར་སེམས་བསྐྱེད་པར་བྱེད་པ་འདི་ནི་སེམས་སྐྱེ་བའི་རྐྱེན་དང་པོའོ། །དེ་མཐོང་བ་འམ་ཐོས་པ་མེད་དུ་ཟིན་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས ་བརྩམས་ཏེ། །བྱང་ཆུབ་ཀྱི་སྡེ་སྣོད་སྟོན་པ་ན་དམ་པའི་ཆོས་ཉན་པར་བྱེད་དོ། །མཉན་ནས་ཀྱང་མངོན་པར་དད་པར་བྱེད་དོ། །མངོན་པར་དད་ནས་ཀྱང་དམ་པའི་ཆོས་ཐོས་པའི་དབང་དུ་བྱས་ནས། དེ་བཞིན་གཤེགས་པའི་ཡེ་ཤེས་ལ་མོས་ཤིང། དེ་བཞིན་གཤེགས ་པའི་ཡེ་ཤེས་ཐོབ་པར་བྱ་བའི་ཕྱིར། སེམས་བསྐྱེད་པར་བྱེད་པ་འདི་ནི་སེམས་སྐྱེ་བའི་རྐྱེན་གཉིས་པའོ། །དེས་ཆོས་མ་ཐོས་སུ་ཟིན་ཀྱང་བྱང་ཆུབ་སེམས་དཔའ་ཨི་དམ་པའི་ཆོས་ནུབ་ཏུ་ཆ་བར་ཉེ་བར་གྱུར་བ་དག་མཐོང་ངོ། །མཐོང་ནས་ཀྱང་ཡང་དེ་འདི་སྙམ་དུ་སེམས་ཏེ། ཀྱེ ་མ་བྱང་ཆུབ་སེམས་དཔའ་ཨི་དམ་པའི་ཆོས་གནས་པ་ནི་སེམས་ཅན་དཔག་ཏུ་མེད་པ་དག་གི་སྡུག་བསྔལ་སེལ་བར་བྱེད་པ་ཡིན་གྱིས། བདག་གིས་འདི་ལྟ་སྟེ། སེམས་ཅན་འདི་དག་ཉིད་ཀྱི་སྡུག་བསྔལ་གསལ་བའི་ཕྱིར། བྱང་ཆུབ་སེམས་དཔའ་ཨི་དམ་པའི་ཆོས ་ཡུན་རིང་དུ་གནས་པར་བྱ་བའི་དོན་དུ་སེམས་བསྐྱེད་པར་བྱ་གོར་མ་ཆག་སྙམ་ནས། དེ་དམ་པའི་ཆོས་གཟུང་བ་ཉིད་ཀྱི་དབང་དུ་བྱས་ཏེ། དེ་བཞིན་གཤེགས་པའི་ཡེ་ཤེས་ལ་མོས་ཤིང་།དེ་བཞིན་གཤེགས་པའི་ཡེ་ཤེས་ཐོབ་པར་བྱ་བའི་ཕྱིར། སེམས་བསྐྱེད ་པར་བྱེད་པ། འདི་ནི་སེམས་སྐྱེ་བའི་རྐྱེན་གསུམ་པའོ། །དེས་དམ་པའི་ཆོས་ནུབ་དུ་ཉེ་བར་གྱུར་པ་མ་མཐོང་དུ་ཟིན་ཀྱང། དུས་ཀྱི་ཐ་མ་དུས་ཀྱི་འཇུག་ཏུ་བབ་པའི་ཚེ། དུས་ངན་པའི་སེམས་ཅན་རྣམས་ཀྱི་ལུས་འདི་ལྟར་ཉེ་བའི་ཉོན་མོངས་པ་བཅུ་པོ་འདི་ལྟ་སྟེ། གཏི་མུག ་ཤེས་ཆེ་བ་དང། ངོ་ཚ་མེད་ཅིང་ཁྲེལ་མེད་པ་ཤས་ཆེ་དང། ཕྲག་དོག་དང་སེར་སྣ་ཤས་ཆེ་བ་དང། སྡུག་བསྔལ་ཤས་ཆེ་བ་དང། གནས་ངན་ལེན་ཤས་ཆེ་བ་དང། ཉོན་མོངས་པ་ཤས་ཆེ་བ་དང། ཉེས་པར་སྤྱོད་པ་ཤས་ཆེ་བ་དང། བག་མེད་པ་ཤས་ཆེ་བ་དང། ལེ་ལོ་ཤས་ཆེ་བ་དང། མ ་དང་བ་ཤས་ཆེ་བ་རྣམས་ཀྱིས་ཉེ་བར་ཉོན་མོངས་པ་མཐོང་ངོ། །མཐོང་ནས་ཀྱང་ཡང་འདི་སྙམ་དུ་སེམས་ཏེ། ཀྱེ་མ་སྙིགས་མའི་དུས་ཆེན་པོ་དེ་ནི་བྱུང་གིས་མེད་དོ། །ཉེ་བའི་ཉོན་མོངས་པ་ཅན་གྱི་དུས་འདིའི་སྐབས་སུ་ནི་ཉན་ཐོས་དང་རང་སངས་རྒྱས་ཀྱི་བྱང་ཆུབ་དམན་པ་ལ་སེམས ་བསྐྱེད་པ་ཡང་རྙེད་པར་སླ་བ་མ་ཡིན་ན། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལྟ་ཅི་སྨོས་ཏེ། རེ་ཞིག་བདག་གིས་སེམས་བསྐྱེད་དང། དེ་དག་ཀྱང་འདི་ལྟར་བདག་གིས་རྗེས་སུ་སློབ་ཅིང། གཞན་དག་གིས་ཀྱང་སེམས་བསྐྱེད་པར་འགྱུར་རོ་སྙམ་ནས། དེས་དུས་ཀྱི་ཐ ་མའི་ཚེ། སེམས་བསྐྱེད་པ་རྙེད་པར་དཀའ་བའི་དབང་དུ་བྱས་ཏེ། བྱང་ཆུབ་ཆེན་པོ་ལ་མོས་ཤིང་བྱང་ཆུབ་ཆེན་པོར་སེམས་བསྐྱེད་པར་བྱེད་འདི་ནི་སེམས་བསྐྱེད་པའི་རྒྱེན་བཞི་པའོ། །དེ་ལ་རྒྱུ་བཞི་གང་ཞེ་ན། རིགས་ཕུན་སུམ་ཚོགས་པ་ནི་བྱང་ཆུབ་སེམས་དཔའ་སྐྱེ་བའི་རྒྱུ ་དང་པོའོ། །སངས་རྒྱས་དང། བྱང་ཆུབ་སེམས་དཔའ་དང། དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་ཟིན་པ་ནི་བྱང་ཆུབ་སེམས་དཔའ་ཨི་སེམས་བསྐྱེ་བའི་རྒྱུ་གཉིས་པའོ། །སེམས་ཅན་རྣམས་ལ་སྙིང་རྗེ་བ་ནི་བྱང་ཆུབ་སེམས་དཔའ་སེམས་སྐྱེ་པའི་རྒྱུ་གསུམ་པའོ། ། ་འཁོར་བའི་སྡུག་བསྔལ་དང། དཀའ་བ་སྤྱད་པའི་སྡུག་བསྔལ་ཡུན་རིང་པོ་རྣམ་པ་སྣ་ཚོགས་པ་དྲག་པ་བར་ཆད་མེད་པས་ཀྱང་མི་འཇིགས་པ་དེ་ནི་བྱང་ཆུབ་སེམས་དཔའ་སེམས་སྐྱེ་བའི་རྒྱུ་བཞི་པའོ། །དེ་ལ་བྱང་ཆུབ་སེམས་དཔའ་ཨི་རིགས་ཕུན་སུམ་ཚོགས་པ་ནི། ཆོས་ཉིད ་ཀྱིས་ཐོབ་པ་ཉིད་ཡིན་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་ཨི་བཤེས་གཉེན་ཕུན་སུམ་ཚོགས་པ་ནི་རྣམ་པ་བཞིར་རིག་པར་བྱ་སྟེ། འདི་ལ་བྱང་ཆུབ་སེམས་དཔའ་ཨི་བཤེས་གཉེན་ནི་ཐོག་མ་ནས་ཀྱང། བླུན་པོ་མ་ཡིན་ཞིང། ཡིད་བརྟུལ་བའི་རང་བཞིན་ཅན་མ་ཡིན། ཏེ་མཁས ་ཤིང་མཛངས་ལ་ལྟ་བ་ངན་པ་ལ། ཞུགས་པ་ཡང་མ་ཡིན་པ་འདི་ནི་བཤེས་གཉེན་ཕུན་སུམ་ཚོགས་པ་དང་པོའོ། བག་མེད་པ་ལ་ཡང་དེ་འཇུག་པར་མི་བྱེད་ལ། བག་མེད་པའི་གནས་ཀྱང་དེ་ལ་སྒྲུབ་པར་མི་བྱེད་བ་འདི་ནི་བཤེས་གཉེན་ཕུན་སུམ་ཚོགས་པ ་གཉིས་པའོ། །ཉེས་པར་སྤྱོད་པ་ལ་ཡང་དེ་འཇུག་པར་མི་བྱེད་ལ་ཉེས་པར་སྤྱོད་པའི་གནས་ཀྱང་དེ་ལ་སྒྲུབ་པར་མི་བྱེད་པ་འདི་ནི་བཤེས་གཉེན་ཕུན་སུམ་ཚོགས་པ་གསུམ་པའོ། །དེ་དད་པ་དང། འདུན་པ་དང། ཡང་དག་པར་བླང་བ་དང། བརྩོན་འགྲུས་དང། ཐབས་ཀྱི་ཡོན་ཏན ་ཆོས་ཁྱད་པར་འཕགས་པ་དག་ལས་འདུན་པ་བཟློག་ལ། དད་པ་དང། འདུན་པ་དང། ཡང་དག་པར་བླང་པ་དང། བརྩོན་འགྲུས་དང། ཐབས་ཀྱི་ཡོན་ཏན་ཆེས་དམན་པ་དག་ལ་འཇུག་པར་མི་བྱེད་དེ། འདི་ལྟ་སྟེ། ཐེག་པ་ཆེན་པོ་ལས་འདུན་པ་བཟློག་ལ། ཉན་ཐོས་ཀྱི་ཐེག་པ ་འམ། རང་སངས་རྒྱས་ཀྱི་ཐེག་པ་ལ་འཇུག་པར་མི་བྱེད་པ་དང། བསྒོམས་པ་ལས་བྱུང་བ་ལས་འདུན་པ་བཟློག་ལ། བསམ་པ་ལས་བྱུང་བ་ལས་འཇུག་པ་འམ། བསམས་པ་ལས་བྱུང་བ་ལས་བདུན་པ་བཟློག་ལ། ཐོས་པ་ལས་བྱུང་བ་ལ་འཇུག་པར་བྱེད་པ་འམ ་ཐོས་པ་ལས་བྱུང་བ་ལས་འདུན་པ་བཟློག་ལ། ཞལ་ཏ་བྱེད་པ་ལ་འཇུག་པར་བྱེད་པ་འམ། ཚུལ་ཁྲིམས་ལས་བྱུང་བ་ལས་འདུན་པ་བཟློག་ལ། སྦྱིན་པ་ལས་བྱུང་བ་ལ་འཇུག་པ་འམ། དེ་ལྟར་འདི་ལྟ་བུ་དང་མཐུན་པའི་ཡོན་ཏན་ཆེས་ཁྱད་པར་དུ་འཕགས་པ་དག ་ལས་འདུན་པ་བཟློག་ལ། འདི་ལྟ་བུ་དང་མཐུན་པའི་ཡོན་ཏན་ཆས་དམན་པ་དག་འཛིན་དུ་འཇུག་པར་མི་བྱེད་པ་འདི་ནི་བཤེས་གཉེན་ཕུན་སུམ་ཚོགས་པ་བཞི་པའོ། །བྱང་ཆུབ་སེམས་དཔའ་ནི་རྒྱུ་རྣམ་པ་བཞིས་ན། སེམས་ཅན་རྣམས་ལ་སྙིང་རྗེ་པའི་ཤས་ཆེ་བ ་ཡིན་ཏེ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་མཛའ་ཡས་མུ་མེད་པ་དག་ན་འཇིག་རྟེན་གྱི་ཁམས་གང་ན་སྡུག་བསྔལ་མེད་པ་དེ་ལྟ་བུ་དག་ཀྱང་ཡོད་ན། བྱང་ཆུབ་སེམས་དཔའ་དེ་ནི་གང་ན་སྡུག་བསྔལ་ཡོད་ཅིང་སྡུག་བསྔལ་དང་བཅས་པའི་ཁམས་སུ་སྐྱེ་བར་བྱེད་ཀྱི། ་སྡུག་བསྔལ་མེད་པར་ནི་མ་ཡིན་ཏེ། གཞན་སྡུག་བསྔལ་ཅི་ཡང་རུང་བས་ཐེབས་ཤིང་གནོད་པར་གྱུར་ཏེ། ནོན་པ་ཐ་མར་མཐོང་བ་དང། བདག་ཀྱང་སྡུག་བསྔལ་ཅི་ཡང་རུང་བས་ཐེབས་ཤིང་གནད་པར་གྱུར་ཏེ་ནོན་པ་མཐོང་བ་དང། གཞན་ནམ་བདག་གམ་གཉིས་ལ་ཡང་རུང་སྟེ། ་སྡུག་བསྔལ་ཡུན་རིང་པ་རྣམ་པ་སྣ་ཚོགས་པ་དྲག་པོ་བར་ཆད་མེད་པས་ཐེབས་ཤིང་གནོད་པར་འགྱུར་ཏེ། ནོན་པ་མཐོང་ན་འདི་ལྟར་བྱང་ཆུབ་སེམས་དཔའ་དེ་ནི་རང་གི་རིགས་ལ་བརྟེན་ཅིང། རང་བཞིན་གྱིས་དགེ་བས་ན་གོམས་པ་མེད་པར་ཡང་དམིགས་པ་རྟེན་བཞིག་འདི་དག་གིས ་སྙིང་རྗེ་ཆུང་ངུ་དང། འབྲིང་པོ་དང། །ཆེན་པོ་སྐྱེ་བར་འགྱུར་རོ། །བྱང་ཆུབ་སེམས་དཔའ་ནི་སེམས་ཅན་རྣམས་ལ་སྙིང་རྗེ་ཡང་དག་པར་མངོན་དུ་བཏང་ནས་རྒྱུ་བཞི་པོ་འདི་དག་གིས་འཁོར་བའི་སྡུག་བསྔལ་ཡུན་རིང་པ་རྣམ་པ་སྣ་ཚོགས་པ་དྲག་པོ་བར་ཆད་མེད་པས་ཀྱང་མི་འཇིགས ་ཤིང་མི་སྐྲག་ན་ཆུང་ངུས་ལྟ་ཅི་སྨོས་ཏེ། རང་བཞིན་གྱིས་སྙིང་སྟོབས་ཆེ་ཞིང་བརྟེན་པ་དང་ལྡན་པས་སྟོབས་དང་ལྡན་པ་ཡིན་ཏེ། འདི་ནི་རྒྱུ་དང་པོའོ། །མཁས་པ་དང་ཡང་དག་པར་སེམས་དཔའ་ཨི་ངང་ཚུལ་ཅན་དང། སོ་སོར་རྟོག་པའི་སྟོབས་དང་ལྡན་པ་ཡིན་ཏེ། འདི་ནི་རྒྱུ་གཉིས་པའོ། །བླ་ན་མེད ་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་མོས་པ་ཆེན་པོ་དང་ལྡན་པ་ཡིན་ཏེ། འདི་ནི་རྒྱུ་གསུམ་པའོ། །སེམས་ཅན་རྣམས་ལ་ཡང་ཆེད?་སྙིང་རྗེ་བ་དང་ལྡན་པ་ཡིན་ཏེ། འདི་ནི་རྒྱུ་བཞི་པའོ། །སྟོབས་བཞི་གང་ཞེ་ན། རང་གི་སྟོབས་དང། གཞན་གྱི་སྟོབས་དང། རྒྱུའི་སྟོབས་དང། སྦྱོར་བའི་སྟོབས་སོ ་དེ་ལ་རང་གི་མཐུས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འདོད་པར་གྱུར་པ་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའ་ཨི་བྱང་ཆུབ་ཏུ་སེམས་སྐྱེ་བའི་རང་གི་སྟོབས་ཞེས་བྱའོ། །གཞན་གྱི་མཐུས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་འདོད་པ་སྐྱེད་པ་གང་ཡིན་པ ་དེ་ནི་བྱང་ཆུབ་སེམས་དཔའ་ཨི་སེམས་སྐྱེ་བའི་གཞན་གྱི་སྟོབས་ཞེས་བྱའོ། །སྔོན་ཐེག་པ་ཆེན་པོ་དང་ལྡན་པའི་དགེ་བའི་ཆོས་ལ་གོམས་པས་ད་ལྟར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་མཐོང་བ་ཙམ་མམ། དེ་དག་གི་བསྔགས་པ་ཐོས་པ་ཙམ་གྱིས་ཀྱང་མྱུར་དུ་སེམས་སྐྱེ་བར ་འགྱུར་ན། དམ་པའི་ཆོས་ཐོས་པ་འམ། མཐུ་མཐོང་བས་ལྟ་ཅི་སྨོས་ཏེ། དེ་ནི་བྱང་ཆུབ་སེམས་དཔའ་ཨི་སེམས་སྐྱེ་བའི་རྒྱུའི་སྟོབས་ཞེས་བྱའོ། །བྱང་ཆུབ་སེམས་དཔའ་ཚེ་འདི་ཉིད་ལ་སྐྱེས་བུ་དམ་པ་ལ་བརྟེན་པ་དང། དམ་པའི་ཆོས་མཉན་པ་དང། སེམས་པ་ལ་སོགས་པ་དགེ ་བའི་ཆོས་ཡུན་རིང་དུ་གོམས་པར་བྱས་པ་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའ་ཨི་སེམས་སྐྱེ་བའི་སྦྱོར་བའི་སྟོབས་ཞེས་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའ་ཨི་རྐྱེན་བཞི་དང། །རྒྱུ་བཞི་པོའི་དག་ཚོགས་པ་འམ། སོ་སོ་ལ་བརྟེན་ནས་གལ་ཏེ་སྟོབས་གཉིས་པོ་ནང་གི་སྟོབས་དང། རྒྱུའི་སྟོབས ་འདི་གཉིས་ཚོགས་པ་འམ། སོ་སོ་ལས་སེམས་དེ་སྐྱེས་ན་ནི་དེས་ནད་བརྟན་པ་དང། སྙིང་པོར་གྱུར་པ་དང། མི་གཡོ་བར་འགྱུར་རོ། །གཞན་གྱི་སྟོབས་དང། སྦྱོར་བའི་སྟོབས་གཉིས་ལས་སྐྱེས་པའི་སེམས་དེ་མི་བརྟན་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་ལྡོག ་པའི་རྒྱུ་ནི་རྣམ་པ་བཞི་སྟེ། བཞི་གང་ཞེ་ན། རིགས་དང་མི་ལྡན་པ་ཡིན། སྡིག་པའི་གྲོགས་པོས་ཡོངས་སུ་ཟིན་པ་ཡིན། སེམས་ཅན་རྣམས་ལ་སྙིང་རྗེ་ཆུང་བ་ཡིན། འཁོར་བའི་སྡུག་བསྔལ་ཡུན་རིང་པོ་རྣམ་པ་སྣ་ཚོགས་པ་དྲག་པོ་བར་ཆད་མེད་པས་འཇིགས་ཏེ། ཤིན་ཏུ་འཇིགས ་ཤིང་སྐྲག་ལ་དངངས་པར་འགྱུར་བ་ཡིན་ཏེ། སེམས་ལྡོག་པར་འགྱུར་བའི་རྒྱུ་བཞི་པ་འདི་དག་ནི་སེམས་སྐྱེ་བའི་རྒྱུ་བཞི་པོ་འདི་དག་བཟློག་པ་ལས་སྔ་མ་བཞིན་དུ་རྒྱས་པར་རིག་པར་བྱའོ། །འདི་གཉིས་ནི་བྱང་ཆུབ་སེམས་པ་དང་པོ་སེམས་བསྐྱེད་པ་བརྟན་པའི་ངོ་མཚར་རྨད་དུ ་བྱུང་བའི་ཆོས་འཇིག་རྟེན་དང་ཐུན་མོང་མ་ཡིན་པ་སྟེ། གཉིས་གང་ཞེ་ན། སེམས་ཅན་ཐམས་ཅད་ཆུང་མའི་ཚུལ་དུ་ཡོངས་སུ་འཛིན་པ་དང། ཆུང་མ་ཡོངས་སུ་འཛིན་པའི་ཉེས་པས་ཀྱང་གོས་པ་འགྱུར་བ་མ་ཡིན་ནོ། །དེ་ལ་ཆུང་མ་ཡོངས་སུ་འཛིན་པའི་ཉེས་པ་ནི་འདི་ཡིན་ཏེ། ཆུང་མ་ལ ་ཕན་འདོགས་པ་དང་།གནོད་པ་བྱེད་པ་ལས་མཐུན་པ་དང་མི་མཐུན་པས་ཉོན་མོངས་པ་ཅན་དུ་འགྱུར་བ་སྟེ། དེ་གཉིས་ནི་བྱང་ཆུབ་སེམས་དཔའ་ལ་མེད་དོ། །འདི་གཉིས་ནི་བྱང་ཆུབ་སེམས་དཔའ་དང་པོ་སེམས་བསྐྱེད་པ་བརྟན་པའི་སེམས་ཅན་རྣམས་ལ་ལྷག་པའི་བསམ་པ ་བཟང་བ་འཇུག་པར་འགྱུར་བ་ཡིན་ཏེ། གཉིས་གང་ཞེ་ན། ཕན་པ་བྱ་བའི་ལྷག་པའི་བསམ་པ་དང། བདེ་བ་བྱ་བའི་ལྷག་པའི་བསམ་པའོ། །དེ་ལ་ཕན་པར་བྱ་བའི་ལྷག་པའི་བསམ་པ་ནི་མི་དགེ་བའི་གནས་ནས་བཏོན་ནས། དགེ་པའི་གནས་སུ་འགོད་པར་འདོད་པ་གང་ཡིན་པའོ། །བདེ་བར་བྱ་བ ་ལྷག་པའི་བསམ་པ་ནི་སེམས་ཅན་འཕོངས་པ་དང། མགོན་མེད་པ་དང། རྟེན་མེད་པ་རྣམས་ལ་ཉོན་མོངས་པ་ཅན་སྤངས་ཏེ། ཕན་པའི་དངོས་པོ་སྒྲུབ་པར་འདོད་པ་གང་ཡིན་པའོ། །འདི་གཉིས་ནི་བྱང་ཆུབ་སེམས་དཔའ་དང་པོ་སེམས་བསྐྱེད་པ་བརྟན་པའི་སྦྱོར་བ་ཡིན་ཏེ། ལྷག་པའི ་བསམ་པའི་སྦྱོར་བ་དང། སྒྲུབ་པའི་སྦྱོར་བའོ། །དེ་ལ་ལྷག་པའི་སྦྱོར་བ་ནི་ཕན་པའི་བྱ་བ་དང། བདེ་བ་བྱ་བའི་ལྷག་པའི་བསམ་པ་དེ་ཉིད་ཉིན་གཅིག་བཞིན་དུ་ཡང་དག་པར་སྤེལ་བའོ། །སྒྲུབ་པའི་སྦྱོར་བ་ནི་ཉིན་ཅིག་བཞིན་དུ་བདག་གིས་སངས་རྒྱས་ཀྱིས་ཆོས་ཡོངས་སུ་སྨིན ་པར་བྱེད་པའི་སྦྱོར་བ་དང། ལྷག་པའི་བསམ་པའི་སྦྱོར་བ་ཉིད་ལ་བརྟེན་ནས་ཅི་ནུས་ཅི་ལྕོགས་ཀྱིས་སེམས་ཅན་རྣམས་ལ་ཕན་པ་དང། བདེ་བ་སྒྲུབ་པའི་སྦྱོར་བའོ། །འདི་གཉིས་ནི་བྱང་ཆུབ་སེམས་དཔའ་དང་པོ་སེམས་བསྐྱེད་བརྟན་པའི་དགེ་བའི་ཆོས་ཆེན་པོ་འདུ་བའི་སྒོ ་ཡིན་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡང་དག་པར་བསྒྲུབ་པའི་ཕྱིར་བདག་གི་དོན་ལ་སྦྱོར་བ་དང། སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་ཐམས་ཅད་བསལ་བའི་ཕྱིར་གཞན་གྱི་དོན་ལ་སྦྱར་བར། །འདུ་བའི་སྒོ་གཉིས་ཇི་ལྟ་བ་བཞིན་དུ་དགེ་བའི་ཆོས་ཀྱི་ཚོགས ་ཆེན་པོ་གཉིས་དང། དགེ་བའི་ཆོས་ཀྱི་ཕུང་པོ་དཔག་ཏུ་མེད་པ་གཉིས་ཀྱང་དེ་བཞིན་དུ་སྦྱར་རོ། །འདི་གཉིས་ནི་བྱང་ཆུབ་སེམས་དཔའ་དང་པོ་སེམས་བསྐྱེད་པ་བརྟན་པའི་སེམས་བསྐྱེས་པ་ནས་བཟུང་སྟེ། བྱང་ཆུབ་ཀྱི་ཕྱིར་དགེ་བའི་ཡོངས་སུ་འཛིན་པ་ནི་དེ་ལས་གཞན་པའི་དགེ་བ་ཡོངས་སུ ་འཛིན་པ་ལས་ཁྱད་པར་དུ་འཕགས་པ་ཡིན་ཏེ། རྒྱུ་ཁྱད་པར་དུ་འཕགས་པ་དང། འབྲས་བུ་ཁྱད་པར་དུ་འཕགས་པའོ། །བྱང་ཆུབ་སེམས་དཔའ་ཨི་དགེ་བའི་ཡོངས་སུ་འཛིན་པ་དེ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་རྒྱུ་ཡིན་ཏེ། དེ་ཡང་དེའི་འབྲས་བུ་ཡིན་ནོ། །དེ་ལས་ ་གཞན་བ་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱི་དགེ་བ་ཡོངས་སུ་འཛིན་པ་ཡང་དེ་ལྟ་མ་ཡིན་ན། དེ་ལས་གཞན་པའི་སེམས་ཅན་རྣམས་ཀྱི་ལྷ་ཅི་སྨོས། དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དགེ་བའི་ཡོངས་སུ་འཛིན་པ་ནི་དེ་ལས་གཞན་པའི་དགེ་བ་ཡོངས་སུ ་འཛིན་པ་ཐམས་ཅད་ལས་རྒྱུ་དང་འབྲས་བུའི་ངོ་བོས་ཁྱད་པར་དུ་འཕགས་པ་ཡིན་ནོ། །འདི་གཉིས་ནི་བྱང་ཆུབ་སེམས་དཔའ་ཨི་དང་པོའི་སེམས་བསྐྱེད་པ་བརྟན་པའི་སེམས་བསྐྱེད་པའི་ཕན་ཡོན་ཡིན་ཏེ། སེམས་བསྐྱེད་མ་ཐག་གིས་ཀྱང་སེམས་ཅན་ཐམས་ཅད་ཀྱི་ཡོན་གནས་སུ་གྱུར་པ་དང ་བླ?་མར་གྱུར་པ་དང། བསོད་ནམས་ཀྱི་ཞིང་དང། སྐྱེ་དགུ་རྣམས་ཀྱི་ཕ་དང་འདྲ་བར་གྱུར་བ་དང། གནོད་པ་མེད་པའི་བསོད་ནམས་ཡོངས་སུ་འཛིན་པར་བྱེད། །དེ་ལས་གནོད་པ་མེད་པའི་བསོད་ནམས་ནི་གང་དང་ལྡན་ན་བྱང་ཆུབ་སེམས་དཔའ་འཁོར་ལོས་སྒྱུར་བ་ཀུན་ནས་བསྲུང་བའི་ཉིས་འགྱུར ་ཀྱིས་བསྲུང་བ་ཡིན་ཏེ། ཀུན་ནས་བསྲུང་བ་དེ་དག་དེ་ལ་རྟག་ཏུ་ཉེ་བར་གནས་པས། གཉིད་ལོག་གམ། མྱོས་པར་གྱུར་པ་འམ། བག་མེད་པར་གྱུར་པ་ན་ཡང། གདུག་པ་འམ་གནོད་སྦྱིན་ནམ། མི་མ་ཡིན་པ་གཉུག་མར་གནས་པ་རྣམས་ཀྱིས་གཙོ་བར་མི་ནུས་སོ། །ཚེམ?་རྗེས་པའི་འོག་ཏུ་ཡང ་བྱང་ཆུབ་སེམས་དཔའ་དེ་ནི་བསོད་ནམས་ཡོངས་སུ་བཟུང་བ་དེས་ན། གནོད་པ་ཉུང་ཞིང་རང་བཞིན་གྱིས་ནད་མེད་པ་ཡིན་ཏེ། གནོད་པ་ཡུན་རིང་པ་དང། དྲག་པོས་འདེབས་པར་མི་འགྱུར་རོ། །དེ་ལུས་དང་ངག་གིས་སེམས་ཅན་གྱི་དོན་དང། སེམས་ཅན་གྱི་བྱ་བ་དག་ལ་བརྩོལ་བ་དང་ཆོས་སྟོན ་པ་ན་ཤས་ཆེར་ལུས་ངལ་བར་མི་འགྱུར་ཞིང། བརྗེད་ངེས་པར་མི་འགྱུར་ལ། སེམས་ཉམས་པར་མི་འགྱུར་རོ། །བྱང་ཆུབ་སེམས་དཔའ་ཨི་རིགས་ལ་གནས་པ་ནི་རང་བཞིན་གྱིས་ཀྱང་གནས་ངན་ལེན་ཤས་ཆུང་བ་ཡིན་ལ། སེམས་བསྐྱེད་ན་འདི་ལྟ་སྟེ། ལུས་ཀྱི་གནས་ངན ་ལེན་དང། སེམས་ཀྱི་གནས་ངན་ལེན་གྱི་གནས་ངན་ལེན་ཤིན་ཏུ་ཆུང་བར་འགྱུར་རོ། །གསང་སྔགས་ཀྱི་ཚིག་དང། རིགས་སྔགས་ཀྱི་ཚིག་སེམས་ཅན་རྣམས་ཀྱི་ཡམ་གྱི་ནང་དང། གནོད་པ་དང། ནད་འགོ་བ་ཞི་བར་བྱེད་བ་དག་དེ་ལས་གཞན་པའི་སེམས་ཅན་གྱི་ལག་ན་འདུག་པ་མ་གྲུབ་པ་རྣམས ་ཀྱང་དེའི་ལག་ཏུ་འོངས་ན་འགྲུབ་པར་འགྱུར་ན། གྲུབ་པ་དག་ཅི་སྨོས། ལྷག་པར་ཡང་བཟོད་པ་དང། ངེས་པ་དང་ལྡན་ཏེ། ཕ་རོལ་གྱི་གནོད་པ་བྱས་པ་བཟོད་པ་ཡིན་ནོ། །གཞན་ལ་ཡང་གནོད་པ་མི་བྱེད་ལ། གཞན་གནོད་པ་བྱེད་དམ། །ཞན་གྱིས་གཞན་ལ་གནོད་པ་བྱེད་པ་མཐོང་ངམ་ཐོས་ན་ཡང་ཤིན་ཏུ་མི་དགའ་ ་བར་འགྱུར་རོ། །དེའི་ཉེ་བའི་ཉོན་མོངས་པ་ཁོང་ཁྲོ་བ་དང། ཕྲ་དོག་དང། གཡོ་དང་འཆབ་བ་ལ་སོགས་པ་རྣམས་ཀྱང་བཅོམ་སྟེ། ཉམས་སྨད་པས་བརྒྱ་ལ་སྤྱོད་པར་གྱུར་ན་ཡང་མྱུར་དུ་འབྲལ་བར་འགྱུར་རོ། །དེ་གྲོང་གི་གནས་པ་དེ་ཡང་འཇིགས་པ་དང། འཇིགས་པར་འགྱུར་པ་དང། མུ་གེའི་ཉེས་པ་རྣམས་དང། མི་ ་དང་མི་མ་ཡིན་པས་བྱས་པའི་གནོད་པ་མ་བྱུང་བ་རྣམས་ནི་འབྱུང་བར་མི་འགྱུར་ལ། བྱུང་བ་རྣམས་ནི་རྣམ་པར་ཞི་བར་འགྱུར་རོ། །གལ་ཏེ་བྱང་ཆུབ་སེམས་དཔའ་དང་པོ་སེམས་བསྐྱེད་པ་དེ་ལན་འགའ་ཞིག་ངན་སོང་གི་སེམས་ཅན་དམྱལ་བ་རྣམས་སུ་སྐྱེས་སུ་ཟིན་ཀྱང་དེ་ནི་གནོད་པ་མེད་པའི་བསོད་ནམས་ཡོངས་སུ་འཛིན་པའི་རྒྱུས་ཆེས ་ཆེར་ཤིན་ཏུ་མྱུར་བར་ཐར་པར་འགྱུར་ལ། སྡུག་བསྔལ་གྱི་ཚོར་བ་ཡང་ཤིན་ཏུ་ཚབས་ཆུང་བ་མྱོང་བར་འགྱུར་ཏེ། སྐྱེ་བ་ཡང་ཤིན་ཏུ་སྐྱེ་བར་འགྱུར་རོ། །སེམས་ཅན་དེ་དག་ལ་སྙིང་རྗེའི་སེམས་བསྐྱེད་པར་འགྱུར་རོ། །དེ་ལྟར་བྱང་ཆུབ་སེམས་དཔའ་དང་པོ་སེམས་བསྐྱེད་པས་ནི་གནོད་པ་མེད་པའི་བསོད་ནམས ་ཡོངས་སུ་འཛིན་པ་ལས་འདི་ལྟ་བུ་དང་མཐུན་པའི་ཕན་ཡོན་མང་པོ་ཉམས་སུ་མྱོང་བར་འགྱུར་རོ། །བྱང་ཆུབ་སེམས་དཔའ་ཨི་སའི་གཞིའི་རྣལ་འབྱོར་གྱི་གནས་ལས་སེམས་བསྐྱེད་པའི་ལེའུ་སྟེ་གཉིས་པའོ།། །།བམ་པོ་གཉིས་པ། འདི་ལྟར་སེམས་བསྐྱེད་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི ་བྱང་ཆུབ་སེམས་དཔའ་ཨི་སྤྱོད་པ་གང་ཞེ་ན། དེ་ལ་རྣམ་པ་གསུམ་དུ་རིག་པར་བྱའོ་ཞེས་སྟོན་པ། མདོར་བསྡུ་ན་བྱང་ཆུབ་སེམས་དཔའ་རྣམས་གང་ལ་སློབ་པ་དང། ཇི་ལྟར་སློབ་པ་དང། གང་དག་སློང་བ་དེ་དག་ཐམས་ཅད་གཅིག་ཏུ་བསྡུས་པ་ནི་བྱང་ཆུབ་སེམས་དཔའ་ཨི་སྤྱོད་པ་ཞེས་བྱའོ། །བྱང་ཆུབ་སེམས་དཔའ་རྣམས་གང་ལ་སློབ་ཅེ་ན། གནས་བདུན ་ལ་སློབ་སྟེ། གནས་བདུན་པོ་དག་གང་ཞེ་ན། བདག་གི་དོན་དང། གཞན་གྱི་དོན་དང། དེ་ཁོ་ནའི་དོན་དང། མཐུ་དང། སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་དང། རང་གི་སངས་རྒྱས་ཀྱི་ཆོས་ཡོངས་སུ་སྨིན་པར་བྱ་བ་དང། གནས་བདུན་པ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་པོ། །སྡོམ་ནི། བདག ་དང་གཞན་དོན་དེ་ཉིད་དོན། །མཐུ་དང་སེམས་ཅན་སྨིན་བྱེད་དང། །རང་གི་སངས་རྒྱས་ཆོས་རྣམས་སྨིན། །བྱང་ཆུབ་མཆོག་ནི་བདུན་པ་ཡིན། །བདག་དང་གཞན་གྱི་དོན་གང་ཞེ་ན། མདོར་བསྡུ་ན་བདག་དང་གཞན་གྱི་དོན་ནི་རྣམ་པ་བཅུར་རིག ་པར་བྱའོ། །འབའ་ཞིག་དང། གཞན་དང་འབྲལ་བ་དང། ཕན་པའི་རྒྱུ་དང། བདེ་བའི་རྒྱུ་དང། རྒྱུར་བསྡུས་པ་དང། འབྲས་བུར་བསྡུས་པ་དང། ཚེ་འདི་བ་དང། ཚེ་རབས་གཞན་པ་དང། གཏན་དུ་བ་དང། གཏན་དུ་བ་མ་ཡིན་པའོ། །དེ་ལ་བདག་གིས་དོན་དང ་གཞན་གྱི་དོན་འབབ་ཞིག་པ་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའ་ཨི་བྱ་བ་ལས་ཐལ་ཞིང། འཚམ་པ་མ་ཡིན་པའི་ཕྱིར། བྱང་ཆུབ་སེམས་དཔས་ཡོངས་སུ་ཤེས་པར་བྱས་ལ་སྤང་བར་བྱའོ། །ལྷག་མ་རྣམས་ནི་བསླབ་པར་བྱའོ། །དེ་ལ་ངེས ་ཡོངས་སུ་ཤེས་ནས་སྤང་བར་བྱ་བ་གང་ཡིན་པའི་བདག་གི་དོན་ནི་འདི་ཡིན་ཏེ། བདག་ཉིད་བདེ་བར་འདོད་པ་ལོངས་སྤྱོད་པ་དང། ཉེ་བར་སྤྱད་པ་རྣམས་ཡོངས་སུ་ཚོལ་པ་དང། ཆོས་ལ་སེར་སྣ་བྱེད་པ་དང། སངས་རྒྱས་དང་བྱང་ཆུབ་སེམས་དཔས་བཤད་པ ་རྣམས་ཡོངས་སུ་ཚོལ་ཞིང་འཛིན་པར་བྱེད་པ་དང། མཐོ་རིས་འདོད་པ་མཐོ་རིས་ཀྱི་དོན་དུ་ཚུལ་ཁྲིམས་དང། བརྩོན་འགྲུས་རྩོམ་ཞིང་བསམ་གཏན་དང་ཤེས་རབ་ཡང་དག་པར་བླངས་ནས་འདུག་པ་དང། འཇིག་རྟེན་གྱི་ཟང་ཟིང་གི་འབྲས་བུ་འདོད་པ ་འཇིག་རྟེན་གྱི་ཟང་ཟིང་འཐོབ་པའི་རྒྱུར་དེ་བཞིན་གཤེགས་པའི་མཆོད་རྟེན་ལ་མཆོད་པ་བྱེད་པ་དང། རྙེད་པ་འདོད་པ་རྙེད་པའི་རྒྱུ་དང། རྙེད་པ་འགྲུབ་པའི་ཡང་དག་པ་མ་ཡིན་པའི་ཡོན་ཏན་སྣ་ཚོགས་དོན་མེད་པ་གཞན་དག་གི་སྤྲོ་བ་སྐྱེད ་པ་དག་སྟོན་པ་དང། བདག་ལ་བསྙེན་བསྐུར་བྱ་བ་བདག་གིར་བྱ་བར་འདོད་པ་བསྙེན་བསྐུར་བྱ་བ་བདག་གིར་བྱ་བའི་དོན་དུ་ཆོས་མ་ཡིན་པས་ཚོགས་སྡུད་པར་བྱེད་ཀྱི། ཆོས་ཀྱིས་མ་ཡིན་པ་དང། གཞན་གྱི་བྲན་དུ་གྱུར་པའི་སེམས་ཅན ་རྣམས་བདག་གིས་བྲན་དུ་བྱ་བའི་ཆེད་ཀ་ཙམ་གྱི་ཕྱིར་བྲན་བྱེད་པ་ལས་ཐར་པར་བྱེད་པ་དང། སེམས་ཅན་བཅིང་བས་བཅིངས་པ་རྣམས་བདག་གིས་བྱ་བ་བསྒྲུབ་པའི་ཆེད་ཙམ་གྱི་ཕྱིར། བཅིངས་པ་ལས་ཐར་པར་བྱས་ཏེ། བདག་ཉིད་ཀྱིས་འཆིང་བར་བྱེད་པ་དང། ་སེམས་ཅན་ཆད་པ་ལ་སོགས་པའི་འཇིགས་པས་སྐྲག་པ་རྣམས་བདག་ཉིད་ཀྱིས་འཇིགས་པར་བྱ་པའི་ཚད་ཙམ་གྱི་ཕྱིར། གཞན་གྱི་ཆད་པ་ལ་སོགས་པའི་འཇིགས་པ་ལས་ཐར་བར་བྱེད་པ་དང། ཚེ་འདིའི་བདེ་བ་ལ་གནས་ཤིང། སེམས་ཅན ་གྱི་དོན་ལ་ངེས་པར་སེམས་པ་དང་བྲལ་བ་ནི། བྱང་ཆུབ་སེམས་དཔའ་ཨི་བདག་གི་དོན་འབའ་ཞིག་ཡིན་པར་རིག་པར་བྱ་སྟེ། དེ་ལྟར་འདི་ལྟ་བུ་དང་མཐུན་པ་རྣམས་ནི་བྱང་ཆུབ་སེམས་དཔས་ཡོངས་སུ་ཤེས་པར་བྱས་ནས་སྤང་བར་བྱ་བ་གང་ཡིན་པ། བྱང ་ཆུབ་སེམས་དཔའ་ཨི་བདག་གི་དོན་འབའ་ཞིག་ཡིན་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་ཨི་སྦྱིན་པ་དང། བཟོད་པ་དང། སྙིང་རྗེ་སྔོན་དུ་འགྲོ་བ་འམ། བྱང་ཆུབ་དུ་ཡོངས་སུ་བསྔོས་པ་འམ། མཐོ་རིས་ཀྱི་ཕྱིར་བསྔོས་པ་ནི་དུས་ཐམས་ཅད་དུ་བདག ་གི་དོན་གཞན་དང་འབྲེལ་པ་ཁོ་ན་ཡིན་པར་རིག་པར་བྱའོ། །དེ་ལྟར་ཇི་སྐད་བསྟན་པའི་རྣམ་པ་དེ་དག་ལ་མ་གཏོགས་པར་དེ་མ་ཡིན་པ་དེ་ལས་བཟློག་པ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བདག་གི་དོན་ཐམས་ཅད་ནི་གཞན་གྱི་དོན་དང་འབྲེལ་པ ་ཡིན་པར་རིག་པར་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའ་ཨི་གཞན་གྱི་དོན་འབའ་ཞིག་ཡིན་པས། བྱང་ཆུབ་སེམས་དཔས་ཡོངས་སུ་ཤེས་པར་བྱས་ནས་སྤང་བར་བྱ་བ་ནི་འདི་ཡིན་ཏེ། ལྟ་བ་ལོག་པར་ཞུགས་པ་དང། འོང་བ་མ་མཐོང་བ་དང། འབྲས་བུ ་མ་མཐོང་བའི་སྦྱིན་པ་དང། ཚུལ་ཁྲིམས་ཉམས་པ་དང། སྒྲུབ་པ་མེད་པ་གཞན་དག་ལ་ཆོས་སྟོན་པ་དང། ས་འོག་མ་ལས་ཡང་དག་པར་འདས་པ། ས་འོག་མའི་དགེ་བའི་ཆོས་སྒྲུབ་པ་དང། བསམ་གཏན་བ་སྒྱུར་བ་ལ་མཁས་པའི་བྱང་ཆུབ་སེམས་དཔའ་ ་དེ་འདི་ལྟར་བསམ་གཏན་དག་གིས། གནས་ནས་བསྒྱུར་ཏེ། སྨོན་ལམ་བཏབ་ན་འདོད་པའི་ཁམས་གང་དུ་འདོད་པ་དེར་སྐྱེ་བར་འགྱུར་བ་དང། བྱང་ཆུབ་སེམས་དཔའ་དབང་ཐོབ་པ་ཕྱོགས་བཅུ་དག་ཏུ་སྤྲུལ་པ་སྣ་ཚོགས་དག་གིས་སེམས ་ཅན་སྣ་ཚོགས་དག་གི་དོན་བྱེད་པ་དང། ཐུབ་པ་དེ་དེ་བཞིན་གཤེགས་པ་རང་གི་དོན་མཛད་ཟིན་པ་སྟོབས་དང། མི་འཇིགས་པ་ལ་སོགས་པ་དང། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ཐམས་ཅད་ལ་བསྟེན་ནས། སེམས་ཅན་ཚད་མེད་པ་དག་ལ་དོན་ཚད ་མེད་མཛད་པ་དེ་ཡང་གཞན་དོན་འབའ་ཞིག་ཡིན་པར་རིག་པར་བྱའོ། །དེ་ལ་གཞན་གྱི་དོན་འབའ་ཞིག་ཡིན་པ་ཇི་སྐད་བསྟན་པ་སྔ་མ་གཉིས་ནི་བྱང་ཆུབ་སེམས་དཔས་ཡོངས་སུ་ཤེས་པར་བྱས་ནས་སྤང་བར་བྱ་བ་ཡིན་ནོ། །དེ་མ་ཡིན ་པའི་གཞན་གྱི་དོན་འབའ་ཞིག་པ་ནི་ལྷུར་བསླབ་པར་བྱའོ། །རྣམ་པ་དེ་དག་ལ་ལས་མ་གཏོགས་པ་དང། དེ་དག་ལས་བཟློག་པ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གཞན་གྱི་དོན་ཐམས་ཅད་ནི་བདག་གི་དོན་དང་འབྲེལ་པ་ཡིན་ཏེ། དེ་ལ ་ཡང་བྱང་ཆུབ་སེམས་དཔའ་བསླབ་པར་བྱའོ། །བྱང་ཆུབ་སེམས་དཔའ་ཨི་བདག་དང་གཞན་གྱི་དོན་ཕན་པའི་རྒྱུ་གང་ཞེ་ན། མདོར་བསྡུ་ན་ལྔ་ཡོད་པར་རིག་པར་བྱ་སྟེ། ཁ་ན་མ་ཐོ་བ་མེད་པའི་མཚན་ཉིད་དང། ཕན་འདོག་པའི་མཚན་ཉིད་དང། ་ཚེ་འདི་པ་དང། ཚེ་གཞན་པ་དང། ཞི་བར་བྱེད་པའོ། །དེ་ལ་བྱང་ཆུབ་སེམས་དཔའ་ནི་བདག་ཀྱང་དགེ་བ་ཡོངས་སུ་བཟུང་བ་དང། དགེ་བ་སོགས་པ་ཆེ་ཡང་རུང་ཆུད་ཀྱང་རུང་སྟེ། གང་ཅི་ཡང་རུང་བྱེད་པ་དང། གཞན་ཡང་དགེ་པའི་ཡོངས་སུ་བཟུང ་བ་དང། དགེ་བ་སོགས་པ་ཆེ་ཡང་རུང་ཆུད་ཡང་རུང་བ་ཡང་དག་པར་འཛིན་དུ་འཇུག་འདུལ་བར་བྱེད། འཛུད་པར་བྱེད། འཇོག་པར་བྱེད་པ་དེ་ནི་བྱང་ཆུབ་སེམས་དཔའ་ཨི་བདག་དང་གཞན་གྱི་དོན་ཕན་པའི་རྒྱུ་ཁ་ན་མ་ཐོ་བ་མེད་པའི་མཚན ་ཉིད་ཡིན་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་བདག་གམ་གཞན་ལ་ཡོ་བྱད་ཀྱི་བདེ་བ་འམ། བསམ་གཏན་ལ་གནས་པའི་བདེ་བ་ཡང་རུང་བ་སྟེ། ཉོན་མོངས་པ་ཅན་སྤངས་པའི་བདེ་བ་གང་ཅི་ཡང་རུང། ཉེ་བར་སྒྲུབ་པ་དེ་ནི་བྱང་ཆུབ ་སེམས་དཔའ་ཨི་བདག་དང་གཞན་གྱི་དོན་ཕན་པའི་རྒྱུ་ཕན་འདོགས་པའི་མཚན་ཉིད་ཡིན་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་ཨི་བདག་དང་གཞན་གྱི་དོན་ཚེ་འདི་ལ་ཕན་པ་ལ། ཚེ་གཞན་ན་དེ་ལྟ་བུ་མ་ཡིན་པ་ཡང་ཡོད། ཚེ་གཞན ་ན་ཕན་ལ་ཚེ་འདི་ལ་དེ་ལྟ་མ་ཡིན་པ་ཡང་ཡོད། ཚེ་ན་གཞན་ཡང་ཕན་ལ་ཚེ་འདི་ལ་ཡང་ཕན་པ་ཡང་ཡོད། ཚེ་གཞན་ན་ཡང་གནོད་ལ། ཚེ་འདི་ལ་ཡང་གནོད་པ་ཡང་ཡོད་དེ། བདག་དང་གཞན་གྱི་དོན་རྣམ་པ་བཞི་པོ་དེ་ཡང་ཆོས་ཡང་དག་པར་བླང་བ ་བཞི་པོ་དག་ཏུ་གོ་རིམས་བཞིན་དུ་ཅི་རིགས་སུ་བལྟ་བར་བྱའོ། །ཆོས་ཡང་དག་པར་བླང་བ་བཞི་པོ་གང་ཞེ་ན། ཆོས་ཡང་དག་པར་བླང་བ་དེ་ལྟར་བྱུང་བ་ན་བདེ་ལ་ཕྱི་མ་ལ་རྣམ་པར་སྨིན་པ་སྡུག་བསྔལ་བར་འགྱུར་བ་ཡང་ཡོད། ཆོས་ཡང་དག ་པར་བླང་བ་ད་ལྟར་བྱུང་བ་ན་སྡུག་བསྔལ་ལ། ཕྱི་མ་ལ་རྣམ་པར་སྨིན་པ་བདེ་བ་ཡང་ཡོད། ད་ལྟར་བྱུང་བ་ན་ཡང་བདེ་ལ། ཕྱི་མ་ལ་ཡང་རྣམ་པར་སྨིན་པ་བདེ་བ་ཡང་ཡོད། ད་ལྟར་བྱུང་བ་ན་ཡང་སྡུག་བསྔལ་ལ། ཕྱི་མ་ལ་ཡང་རྣམ་པར ་སྨིན་པ་སྡུག་བསྔལ་བ་ཡང་ཡང་དེ་དེ་དག་གི་རྣམ་པར་དབྱེ་བ་ནི་མདོ་ལས་ཇི་སྐད་འབྱུང་པ་ཁོ་ན་བཞིན་དུ་བལྟ་བར་བྱའོ། །དེ་ལ་མྱ་ངན་ལས་འདས་པ་དང། མྱ་ངན་ལས་འདས་པ་ཡང་དག་པར་ཐོབ་པར་བྱེད་པ་དག་དང། མྱ་ངན་ལས ་འདས་པའི་ཕྱོགས་འཇིག་རྟེན་པ་དང། འཇིག་རྟེན་ལས་འདས་པའི་ཆོས་དེ་དག་ནི་མདོར་བསྡུ་ན་བྱང་ཆུབ་སེམས་དཔའ་ཨི་བདག་དང་གཞན་གྱི་དོན་ཕན་པའི་རྒྱུ་ཞི་བར་བྱེད་ཅེས་བྱ་བ་ཡིན་ཏེ། ཐམས་ཅད་ལས་ཁྱད་པར་དུ་འཕགས་པ་བླ་ན་མེད་པ་ཡིན ་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་ཨི་བདག་དང་གཞན་གྱི་དོན་བདེ་པའི་རྒྱུ་གང་ཞེ་ན། མདོར་བསྡུ་ན་བདེ་བ་རྣམ་པ་ལྔར་བསྡུ་བར་རིག་པར་བྱ་སྟེ། དེ་ལ་བདེ་བ་རྣམ་པ་ལྔ་པོ་ནི་འདི་དག་ཡིན་ཏེ། རྒྱུ་བ་དེ་བ་དང། ཚོར་བ་བདེ་བ་དང། སྡུག ་བསྔལ་གྱི་གཉེན་པོའི་བདེ་བ་དང། ཚོར་བའི་རྒྱུན་ཆད་པའི་བདེ་བ་དང། གནོད་པ་མེད་པའི་བདེ་བ་དང་ལྔའོ། །དེ་ལ་བདེ་བའི་ཕྱོགས་ཀྱི་དབང་པོ་དང། ཡུལ་གཉིས་དང། རྒྱུ་དེ་ལས་བྱུང་བའི་བདེ་བའི་ཚོར་བར་འགྱུར་བའི་རེག་པ་གང་ཡིན་པ་དང་ཚེ ་ཕྱི་འམ་ཚེ་རབས་གཞན་དུ་འདོད་པའི་འབྲས་བུ་བྱུང་བའི་ལས་གང་ཡིན་པ་ཅི་ཡང་རུང། དེ་ཐམས་ཅད་གཅིག་ཏུ་བསྡུས་པ་ནི་རྒྱུ་བདེ་བ་ཞེས་བྱ་སྟེ། འདི་ལས་གོང་ན་ཡང་མེད། འདི་ལས་ལྷག་པ་ཡང་མེད་དོ། །སྡུག་བསྔལ་རབ་ཏུ་ཞི་བ་ལ་མི ་ལྟོས་པར་རྒྱུ་བདེ་བར་སྡུས་པའི་རྒྱུ་གསུམ་པོ་དེ་དག་ཉིད་ལས་བྱུང་བ་ལུས་དང་སེམས་ལ་ཕན་འདོགས་པའི་མྱོང་བ་ནི་ཚོར་བ་བདེ་བ་ཞེས་བྱ་སྟེ། དེ་ཡང་མདོར་བསྡུ་ན་རྣམ་པ་གཉིས་ཏེ། ཟག་པ་དང་བཅས་པ་དང། ཟག་པ་མེད་པའོ། །དེ་ལ་ཟག ་པ་མེད་པ་གང་ཡིན་པ་དེ་ནི་སློབ་པ་དང། མི་སློབ་པའི་ཟག་པ་དང་བཅས་པ་ནི་ཁམས་སུ་གསུམ་པའི་སྟེ། འདོད་པ་དང། གཟུགས་དང། གཟུགས་མེད་པ་དང་ལྡན་པའོ། །དེ་ཡང་ཅི་རིགས་པར་ཁམས་གསུམ་པ་ཐམས་ཅད་ཀྱི་སྐྱེ་མཆེད་རྣམ་པ ་དྲུག་གི་བྱེ་བྲག་ལས་མིག་གི་འདུས་ཏེ་རེག་པ་ལས་བྱུང་བ་ནས། ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་པར་དག་གོ་།རྣམ་པ་དྲུག་པོ་དེ་དག་ཀྱང་རྣམ་པ་གཉིས་སུ་འགྱུར་ཏེ། ལུས་ཀྱི་དང་སེམས་ཀྱིའོ། །དེ་ལ་རྣམ་པར་ཤེས་པའི་ཚོགས་ལྔ་དང ་མཚུངས་པར་ལྡན་པའི་ལུས་ཀྱིའོ། །ཡིད་ཀྱི་རྣམ་པར་ཤེས་པ་དང་མཚུངས་པར་ལྡན་པ་ནི་སེམས་ཀྱིའོ། །གྲང་པ་དང་ཚ་བ་དང། བཀྲེས་པ་དང། སྐོམ་པ་ལ་སོགས་པའི་སྡུག་བསྔལ་རྣམ་པ་དུ་མ་དང། སྣ་ཚོགས་པ་མང་པོ་འབྱུང་ངོ་ཅོག་ལ ་གྲང་བ་དང། ཚ་བ་དང། བཀྲེས་པ་དང། སྐོམ་པ་ལ་སོགས་པ་སྡུག་བསྔལ་གཉེན་པོས་ཞི་བར་བྱས་ཏེ། སྡུག་བསྔལ་ཞི་བར་གྱུར་པ་ཙམ་པོ་དེ་ཉིད་ལ་བདེ་བའི་བློ་སྐྱེ་བ་གང་ཡིན་པ་དེ་ནི་སྡུག་བསྔལ་གྱི་གཉེན་པོའི་བདེ་བ་ཞེས་བྱའོ། །འདུ་ཤེས་དང་ཚོར ་བ་འགོག་པ་ལ་སྙོམས་པར་འཇུག་པ་ནི་ཚོར་བའི་རྒྱུན་ཆད་པའི་བདེ་བ་ཞེས་བྱའོ། །གནོད་པ་མེད་པའི་བདེ་བ་ནི་མདོར་བསྡུ་ན་རྣམ་པ་བཞིར་རིག་པར་བྱ་སྟེ། མངོན་པར་འབྱུང་བའི་བདེ་བ་དང། རབ་ཏུ་དབེན་པའི་བདེ་བ་དང། ཉེ་བར་ཞི་བའི་བདེ་བ་དང། རྫོགས ་པར་བྱང་ཆུབ་པའི་བདེ་བའོ། །དེ་ལ་དད་པས་ཁྱིམ་ནས་ཁྱིམ་མེད་པར་ལེགས་པ་ཁོ་ནར་རབ་ཏུ་བྱུང་སྟེ། ཁྱིམ་སོའི་སྡུག་བསྔལ་རྣམ་པ་སྣ་ཚོགས་ལས་ངེས་པར་ཐར་པ་ནི་མངོན་པར་བྱུང་བའི་བདེ་པ་ཞེས་བྱའོ། །འདོད་པ་དང། སྡིག་པ་མི་དགེ་བའི ་ཆོས་སྤངས་ཏེ། དབེན་པས་བསམ་གཏན་དང་པོ་ལ་དབེན་བ་ལས་སྐྱེས་པའི་དགའ་བ་དང། བདེ་བ་ནི་རབ་ཏུ་དབེན་པའི་བདེ་བ་ཞེས་བྱའོ། །བསམ་གཏན་གཉིས་པ་ལ་སོགས་པ་ལ་རྟོག་པ་དང། དཔྱོད་པ་ཉེ་བར་ཞི་བ་ནི་ཉེ་བར་ཞི་བའི་བདེ་བ་ཞེས ་བྱའོ། །ཉོན་མོངས་པ་ཐམས་ཅད་དང་གཏན་བྲལ་བ་དང། ཤེས་བྱའི་དངོས་པོ་ཡང་དག་པར་ཇི་ལྟ་བ་བཞིན་དུ་མངོན་པར་རྫོགས་པར་བྱང་ཆུབ་པས་བདེ་བ་གང་ཡིན་པ་དེ་ནི་རྫོགས་པར་བྱང་ཆུབ་པའི་བདེ་བ་ཞེས་བྱའོ། །དེ་ལ་རྒྱུ་བདེ་བ་ནི་བདེ་བའི་རྒྱུར་གྱུར ་པའི་ཕྱིར་བདེ་བ་ཡིན་གྱི། ངོ་བོ་ཉིད་ཀྱིས་ནི་མ་ཡིན་ནོ། །ཚོར་བའི་བདེ་བ་ནི་རྒྱུའི་དངོས་པོས་ནི་མ་ཡིན་གྱི་ངོ་བོ་ཉིད་ཁོ་ནས་སོ། །སྡུག་བསྔལ་གྱི་གཉེན་པོའི་བདེ་བ་ནི་རྒྱུའི་དངོས་པོས་ཀྱང་མ་ཡིན་ལ། ངོ་བོ་ཉིད་ཀྱིས་ཀྱང་མ་ཡིན་ཏེ། སྡུག་བསྔལ་ཞི་བར ་གྱུར་བ་ཙམ་དང། སྡུག་བསྔལ་གསལ་བས་བདེ་བ་ཡིན་ནོ། །ཚོར་བའི་རྒྱུན་ཆད་པའི་བདེ་བ་ནི། རྒྱུའི་དངོས་པོས་ཀྱང་མ་ཡིན། །ངོ་བོ་ཉིད་ཀྱིས་ཀྱང་མ་ཡིན། སྡུག་བསྔལ་བསལ་བས་ཀྱང་མ་ཡིན་གྱི། འདི་ལ་ཚོར་བ་གང་ཅི་ཡང་རུང་བ་དེ་ནི་སྡུག་བསྔལ་བ ་ཡིན་ལ། ཡང་དག་པར་སྡུག་བསྔལ་བ། དུས་དེ་ཙམ་ཞིག་གནས་པས་ཞི་བར་གྱུར་པ་ནི་བདེ་བ་སྟེ། གནོད་པ་མེད་པའི་བདེ་བར་གཏོགས་སོ། །ཐ་མ་རྫོགས་པར་བྱང་ཆུབ་ཀྱི་བདེ་བ་ནི་ཕྱི་མ་ཡང་དག་པར་སྡུག་བསྔལ་པ་དེ་ནི་གཏན་དུ་ཞི་བར ་གྱུར་ཚེ་འདི་ལ་ཡང་ཉོན་མོངས་པའི་ཕྱོགས་ཀྱི་གནས་ངན་ལེན་རྟེན་ལ་ཡོད་པ་ཐམས་ཅད་གཏན་མེད་པར་གྱུར་པའི་ཕྱིར་བདེ་བ་ཡིན་ནོ། །གནོད་པ་མེད་པ་དེའི་ལྷག་མ་རྣམས་ཀྱང་ཐ་མ་དེ་དང་མཐུན་དང། དེའི་ཕྱོགས་ཡིན་པ་དང། དེ་འདྲེན ་པ་ཡིན་པའི་ཕྱིར་གནོད་པ་མེད་པའི་བདེ་བ་ཡིན་པར་རིག་པར་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའ་ནི་ཕན་པའི་ཕྱོགས་ཀྱི་བདེ་བ་གང་ཡིན་པ་དེ་ཉིད་སེམས་ཅན་རྣམས་ལ་སྒྲུབ་པར་བྱེད་ཀྱི། གནོད་པའི་ཕྱོགས་ནི་མ་ཡིན་ནོ། །གནོད་པའི་ཕྱོགས ་ཀྱི་བདེ་བ་ནི་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡང་དག་པའི་ཤེས་རབ་ཀྱི་ཡོངས་སུ་ཤེས་པར་བྱས་ཤིང་ཡོངས་སུ་ཤེས་པར་བྱས་ལ། དེ་ལ་སེམས་ཅན་རྣམས་འདུན་པ་བཟློག་པར་བྱ་སྟེ། ཅི་ནུས་ཀྱིས་དེ་ལས་བཟློག་ཅིང་གསལ་བའི་ཕྱིར་འབད ་པར་བྱའོ། །ཕན་པར་འགྱུར་བ་གང་ཡིན་པ་དེ་ནི་སྡུག་བསྔལ་དང་འབྲེལ་དུ་ཟིན་ཀྱང་བྱང་ཆུབ་སེམས་དཔའ་ཐབས་མཁས་པ་ལ་བརྟེན་ནས་སྡུག་བསྔལ་དང་བཅས་པ་དང། ཡིད་མི་བདེ་བ་བཅས་པར་སེམས་ཅན་རྣམས་ལ་མི་འདོད་བཞིན ་དུ་སྒྲུབ་པར་བྱའོ། །མི་ཕན་པར་འགྱུར་བ་གང་ཡིན་པ་དེ་ནི་བདེ་བ་དང་འབྲེལ་དུ་ཟིན་ཀྱང་ཐབས་མཁས་པ་ལ་བརྟེན་ནས་བདེ་བ་དང་བཅས་པ་དང། ཡིད་བདེ་བ་དང་བཅས་པར་སེམས་ཅན་རྣམས་མི་དགའ་བཞིན་དུ་བཟློག་པར་བྱ་ཞིང་དྲང་བར ་བྱའོ། །དེ་ཅིའི་ཕྱིར་ཞེ་ན། སྡུག་བསྔལ་དང་བཅས་པའི་བདེ་བ་སྒྲུབ་པ་གང་ཡིན་པ་དེ་དང་བདེ་བ་དང་བཅས་པའི་མི་ཕན་པ་ལས་བཟློག་པ་དེ་ནི་སེམས་ཅན་རྣམས་ལ་ཕྱིས་བདེ་བ་ཁོ་ན་ཡིན་པར་ངེས་པར་རིག་པར་བྱ་བའི་ཕྱིར་རོ། །དེ་བས་ན ་བྱང་ཆུབ་སེམས་དཔའ་སེམས་ཅན་རྣམས་ལ་ཕན་པར་འདོད་པ་གང་ཡིན་པ་དེ་ནི་དོན་གྱིས་ན་བདེ་བ་འདོད་པ་ཡིན་པར་ཤེས་པར་བྱའོ། །ཕན་པ་སྦྱིན་པ་གང་ཡིན་པ་དེ་ནི་བདེ་བ་སྦྱིན་པ་ཡིན་པར་ཤེས་པར་བྱ་སྟེ། འདི་ལྟར་ཕན་པ་ནི་རྒྱུ་ལྟ་བུ་ཡིན་ལ། བདེ་བ་ནི ་འབྲས་བུ་ལྟ་བུ་ཡིན་པའི་ཕྱིར་རོ། །དེ་ལྟ་བས་ན་གང་ལ་ལ་སེམས་ཅན་རྣམས་ལ་ཕན་པ་དང་ལྡན་པ་དེ་ནི་བདེ་བ་དང་ལྡན་པ་ཉིད་ཡིན་པར་རིག་པར་བྱའོ། །དེ་ལ་ཚེ་འདི་དང་ཚེ་རབས་གཞན་དུ་འདོད་པའི་འབྲས་བུར་འགྱུར་བའི་ལས་རྒྱུ་བདེ་བར་གཏོགས ་པ་གང་ཡིན་པ་དང། སྡུག་བསྔལ་གྱིས་གཉེན་པོའི་བདེ་བ་གང་ཡིན་པ་དང། ཚོར་བའི་རྒྱུན་ཆད་པའི་བདེ་བ་གང་ཡིན་པ་དང། གནོད་པ་མེད་པའི་བདེ་བ་གང་ཡིན་པ་དེ་དག་ནི་ཕན་འདོགས་པ་དང། ཁ་ན་མ་ཐོ་བ་མེད་པ་ཡིན་པས་དེ་དག་བྱང་ཆུབ་སེམས ་དཔས་སེམས་ཅན་རྣམས་ལ་སྤྱད་མི་དགོས་པར་ངེས་པར་བསྒྲུབ་པར་བྱའོ། །ཚོར་བའི་བདེ་བ་དང། རྒྱུ་བདེ་བ་དབང་པོ་དང། ཡུལ་དང་རེག་པས་བསྡུས་པ་ཀུན་ནས་ཉོན་མོངས་པར་འགྱུར་བ་དང། ཉོན་མོངས་པ་ཅན་དང། ཁ་ན་མ་ཐོ་བ་དང་བཅས་པ ་མི་ཕན་པ་དང་མི་འཕྲོད་པ་གང་ཡིན་པ་དེ་ནི་བསྒྲུབ་པར་མི་བྱའོ། །ཀུན་ནས་ཉོན་མོངས་པར་མི་འགྱུར་བ་དང། ཀུན་ནས་ཉོན་མོངས་པ་ཅན་མ་ཡིན་པ་དང། ཁ་ན་མ་ཐོ་བ་མེད་པ་ཕན་པ་དང། འཕྲོད་པ་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔས་སེམས་ཅན ་རྣམས་ལ་ཅི་ནུས་ཅི་ལྕོགས་པ་བཞིན་དུ་བསྒྲུབ་པར་བྱའོ། །བདག་ཉིད་ཀྱིས་ཀྱང་དེ་བཞིན་དུ་ཡང་དག་པར་སྤྱད་པར་བྱའོ། །བསླབ་པར་བྱ། ཉམས་སུ་མྱོང་བར་བྱའོ། །འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བདག་དང་གཞན་གྱི་དོན་ཕན་པ་དང་བདེ་བའི་རྒྱུ་ཡིན ་པར་རིག་པར་བྱ་སྟེ། འདི་ལས་གོང་ན་ཡང་མེད་འདི་ལས་ལྷག་པ་ཡང་མེད་དོ། །དེ་ལ་བྱང་ཆུབ་སེམས་དཔའ་ཨི་བདག་དང་གཞན་གྱི་དོན་རྒྱུ་དང་འབྲས་བུར་བསྡུས་པ་གང་ཞེ་ན། མདོར་བསྡུས་ན་རྒྱུ་ཡང་རྣམ་པ་གསུམ་ཡོད་ལ། འབྲས་བུ་ཡང་རྣམ་པ་གསུམ་ཡོད ་པར་རིག་པར་བྱ་སྟེ། རྣམ་པར་སྨིན་པའི་རྒྱུ་དང། རྣམ་པར་སྨིན་པའི་འབྲས་བུ་དང། བསོད་ནམས་ཀྱི་རྒྱུ་དང། བསོད་ནམས་ཀྱི་འབྲས་བུ་དང། ཡེ་ཤེས་ཀྱི་རྒྱུ་དང། ཡེ་ཤེས་ཀྱི་འབྲས་བུའོ། །དེ་ལ་རྣམ་པར་སྨིན་པར་གང་ཞེ་ན། མདོར་བསྡུ་ན་རྣམ་པ་སྨིན་པ་ནི་བརྒྱད་དེ། ཚེ་ཕུན་སུམ ་ཚོགས་པ་དང། ཁ་དོག་ཕུན་ཚོགས་པ་དང། རིགས་ཕུན་སུམ་ཚོགས་པ་དང། དབང་ཕྱུག་ཕུན་སུམ་ཚོགས་པ་དང། ཚིག་བཙུན་པ་དང། དབང་ཆེ་བར་གྲགས་པ་ཉིད་དང། སྐྱེས་པ་ཉིད་དང། བརྒྱད་པ་སྟོབས་ཕུན་སུམ་ཚོགས་པ་ཉིད་དོ། །དེ་ལ་བྱང་ཆུབ་སེམས་དཔའ་ཨི་ཚེ ་ཕུན་སུམ་ཚོགས་པ་ནི་ཚེ་རིང་ཞིང་ཡུན་རིང་དུ་གནས་པ་ཉིད་དོ། །ཁ་དོག་ཕུན་སུམ་ཚོགས་པ་ནི་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ་ཉིད་དོ། །རིགས་ཕུན་སུམ་ཚོགས་པ་ནི་རིགས་མཐོན་པོ་རྣམས་སུ་སྐྱེ་བའོ། །དབང་ཕྱུག་ཕུན་སུམ་ཚོགས་པ་ནི་ལོངས་སྤྱོད་ཆེ་བ་དང ་རྩ་ཞིང་ཆེ་བ་དང། འཁོར་བ་ལ་ཆེ་བ་ཡིན་ནོ། །ཚིག་བཙུན་བ་ནི་ཡིད་བརྟན་དུ་རུང་ཞིང་ཡིད་ཆེ་བ་ཡིན་ཏེ། སེམས་ཅན་རྣམས་རྩོད་པ་བྱུང་ངོ་ཙོག་དུ་ཚང་མར་གཞག་པར་འོས་ལ། གཞལ་གླུགས་ལ་གཡོ་མི་བྱེད་པ་དང། འཇལ་བ་ལ་གཡོ་བྱེད་པ་ལ་སོགས་པ་དང། གཡོ ་དང་སྒྱུ་དང་ནོར་བཏམས་པ་ལ་དོར་མི་བྱེད་ཅིང་སླུ་བར་མི་བྱེད་དོ། །གཞི་དེས་སེམས་ཅན་རྣམས་ཀྱིས་ཚིག་འཛིན་པར་འགྱུར་དེ་ནི་ཚིག་བཙུན་པ་ཞེས་བྱའོ། །དབང་ཆེ་བར་གྲགས་པ་ནི་དེའི་གྲགས་པ་ཆེན་པོར་བསྙན་པ་འདི་ལྟ་སྟེ། དབའ་བ་འམ། བརྩོན་པ་འམ། བརྟན ་པ་འམ། མཁས་པ་འམ། བཤེས་གཉེན་ཆེ་བ་འམ། དང་ཚུལ་བཟང་བ་འམ། བཟོ་དང་ལས་ཀྱིས་གནས་རྣམ་པ་སྣ་ཚོགས་དག་ལ་ལྷག་པར་བར་དང་ཕུལ་དུ་མཁས་པ་ཡན་ཆད་ཀྱིས་འཇིག་རྟེན་དུ་གྲགས་པ་ཡིན་ཏེ། གཞི་དེས་སྐྱེ་བའི་ཚོགས་ཆེན་པོའི་བླ་མར་གྱུར་ཞིང ་བཀུར་སྟི་བྱ་བ་དང། བཙུན་པར་བྱ་བ་དང། རི་མོར་བྱ་བ་དང་མཆོད་པར་བྱ་བའི་གནས་སུ་གྱུར་པ་དེ་ནི་དབང་ཆེ་བར་གྲགས་པ་ཞེས་བྱའོ། །སྐྱེས་པ་ཉིད་ནི་ཕོའི་དངོས་པོ་དང། ཕོའི་དབང་པོ་དང་ལྡན་པ་ཡིན་ནོ། །རང་བཞིན་གྱིས་སྟོབས་ཕུན་སུམ་ཚོགས་པ་ནི་གནོད་པ་ཆུང་བ ་དང། ནང་མེད་པའི་རང་བཞིན་ཅན་དང། སྤྲོ་བ་ཆེ་བ་ཡིན་ནོ། །རྣམ་པར་སྨིན་པའི་རྒྱུ་བར་ཞེ་ན། སེམས་ཅན་རྣམས་ལ་མི་འཚེ་བ་དང། མི་འཚེ་བའི་བསམ་པ་ནི་ཚེ་ཕུན་སུམ་ཚོགས་པའི་རྒྱུ་ཡིན་ནོ། །སྣང་བ་དང་གོས་སར་པ་སྦྱིན་པ་ནི་ཁ་དོག་ཕུན་སུམ་ཚོགས་པའི་རྒྱུ་ཡིན་ནོ། །སེམས་ཅན ་རྣམས་ལ་ང་རྒྱལ་ལེགས་པར་བཅོམ་པ་ནི་རིགས་ཕུན་སུམ་ཚོགས་པའི་རྒྱུ་ཡིན་ནོ། །སློང་བ་རྣམས་དང་ཡོ་བྱད་མི་བདོག་པ་རྣམས་ལ་སྦྱིན་པ་ནི་དབང་ཕྱུག་ཕུན་སུམ་ཚོགས་པའི་རྒྱུ་ཡིན་ནོ། །བདེན་པའི་ཚིག་དང་ལྡན་ཞིང་ཕྲ་མ་མེད་པ་དང། ཚིག་རྩུབ་པ་མེད་པ་དང། ་ཚིག་བརྐྱལ་པ་མེད་པ་ལ་གོམས་པ་ནི་ཚིག་བཙུན་པའི་རྒྱུ་ཡིན་ནོ། །ཚེ་ཕྱི་མ་བདག་ཉིད་ལ་ཡོན་ཏན་རྣམ་པ་སྣ་ཚོགས་སྒྲུབ་པར་སྨོན་ལམ་འདེབས་ཤིང། དཀོན་མཆོག་གསུམ་ལ་མཆོད་པར་བྱེད་པ་དང། བླ་མ་ལ་མཆོད་པ་བྱེད་པ་ན་དབང་ཆེ་བར་གྲགས་པ་ཉིད་ཀྱི་རྒྱུ ་ཡིན་ནོ། །སྐྱེས་པའི་དངོས་པོ་ལ་མངོན་པར་དགའ་ཞིང་བུད་མེད་ཀྱིས་དངོས་པོ་ལ་མི་དགའ་སྟེ། དེ་ལ་ཉེས་དམིགས་སུ་ལྟ་བ་དང། བུད་མེད་རྣམས་ཀྱི་བུད་མེད་ཀྱི་དངོས་པོ་ལ་མངོན་པར་དགའ་བ་རྣམས་ཀྱང་བུད་མེད་ཀྱི་དངོས་པོ་ལ་འདུན་པ་བཟློག་པ་དང། ་ཕོའི་དབང་པོ་བཅད་པའི་ཕྱིར་བཟུང་སྟེ། ཁྲིད་བའི་མི་རྣམས་ཆོས་དང་མཐུན་པས་ངེས་པར་རྣམ་པར་ཐར་པར་བྱེད་པའི་རྒྱུ་གཉིས་ཀྱིས་གཞན་དག་ལ་སྐྱེས་པ་ཉིད་སྒྲུབ་པ་ནི་སྐྱེས་པ་ཉིད་ཀྱི་རྒྱུ་ཡིན། །ལུས་ཀྱིས་སེམས་ཅན་རྣམས་ཀྱི་བྱ་བ་བྱུང་ངོ་ཅོག་ལ་ཆོས ་དང་མཐུན་པ་དང། གཟུ་ལུམས་མེད་པར་ཅི་ནུས་ཅི་ལྕོགས་པ་བཞིན་དུ་ཞལ་ཏ་བྱེད་པ་དང། གྲོགས་བྱེད་པ་དང། འབྲས་ཆན་དང། སྐྱོ་མ་དང། ཐུབ་པ་བཏུང་བ་དང། རྟས་པར་འགྱུར་བ་དང། སྤྲོ་བ་སྐྱེད་པར་བྱེད་པའི་ཟས་དང། སྐོམ་དག་སེམས་ཅན་རྣམས་ལ ་སྒྲུབ་པ་ནི་སྟོབས་ཕུན་སུམ་ཚོགས་པའི་རྒྱུ་ཡིན་ཏེ། དེ་ལྟར་དེ་དག་གི་རྣམ་པར་སྨིན་པ་རྣམ་པ་བརྒྱད་ཀྱི་རྒྱུ་རྣམ་པ་བརྒྱད་ཡིན་པར་རིག་པར་བྱའོ། །རྒྱུ་དེ་དག་ཀྱང་མདོར་བསྡུ་ན་རྒྱུ་གསུམ་གྱིས་རྣམ་པར་སྨིན་པ་ཡོངས་སུ་རྫོགས་པ་དང། རྟས་པ་དང། རྒྱ་ཆེ་བ་མངོན ་པར་འགྲུབ་པར་འགྱུར་པའི་ཕྱིར་རྒྱས་པར་འགྱུར་ཏེ། རྒྱུ་གསུམ་པོ་གང་ཞེ་ན། སེམས་རྣམ་པར་དག་པ་དང། སྦྱོར་བ་རྣམ་པར་དག་པ་དང། ཞིང་རྣམ་པར་དག་པའོ། །དེ་ལ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་དགེ་པའི་རྩ་བ་དེ་དག ་ཡོངས་སུ་བསྔོས་པས་བསམས་པ་དག་པར་གྱུར་པ་གང་ཡིན་པ་དང། སྙིང་ཐག་པ་ནས་ལྷག་པའི་བསམ་པ་རྒྱ་ཆེ་ཞིང་དང་བས་སྐྱོད་པའི་ཕྱིར། བསམ་པ་དྲག་པོར་གྱུར་པ་གང་ཡིན་པ་དང། དེ་དག་ཆོས་མཐུན་པར་སྤྱོད་པ་མཐོང་ན། མངོན་པར་དགའ་བ་གང་ཡིན ་པ་དང། ཉིན་གཅིག་བཞིན་དུ་སྐད་ཅིག་རེ་རེ་ལ་དེ་དང་མཐུན་པའི་ཆོས་ཁོ་ན་ལ་ལན་མང་དུ་རྟོག་ཅིང་སྤྱོད་པ་གང་ཡིན་པ་དེ་ནི་སེམས་རྣམ་པར་དག་པར་ཞེས་བྱའོ། །དེ་ལ་ཡུན་རིང་པོར་གོམས་པར་བྱེད་ཅིང། རྒྱུན་ཏུ་བྱེད་ལ་གྲིམས་པར་བྱེད་པ་དང། དགེ ་བ་དེ་ཡང་དག་པར་མ་བླངས་པ་གཞན་དག་ལ་ཡང་ཡང་དག་པར་ལེན་དུ་གཞུག་པའི་ཕྱིར་བསྔགས་པ་བརྗོད་པ་དང། ཡང་དག་པར་བླངས་པ་རྣམས་ལ་ཡང་ཡང་དག་པར་དགའ་བ་བསྐྱེད་བའི་ཕྱིར་བསྔགས་པ་བརྗོད་པ་དང། དེ་དག་ཉིད་དགེ་བའི་རྩ་བ་དེ ་ལ་འཛུད་པ་དང། འགོད་པར་བྱེད་པ་གང་ཡིན་པ་དེ་ནི་སྦྱོར་བ་རྣམ་པར་དག་པ་ཞེས་བྱའོ། །དེ་ལ་མདོར་བསྡུ་ན་སྦྱོར་བ་ཡང་དག་པ་བསྒྲུབ་པ་དང། ཡང་དག་པར་སྦྱོར་བ་དེ་ཉིད་ཀྱི་འབྲས་བུ་ལ་གནས་པའི་ཕྱིར། ཞིང་རྣམ་པར་དག་པ་ཡིན་པར་རིག ་པར་བྱའོ། །དེ་ལ་རྣམ་པར་སྨིན་པའི་འབྲས་བུ་གང་ཞེ་ན། བྱང་ཆུབ་སེམས་དཔའ་ཚེ་ཕུན་སུམ་ཚོགས་པར་གྱུར་ན། བདག་གི་དོན་དང། གཞན་གྱི་དོན་ལས་བརྩམས་ནས་ཡུན་རིང་བོར་དགེ་བའི་ཕྱོགས་ལ་སྦྱོར་བ་དང། དགེ་བའི་རྩ་བ་མང་པོ་སོགས་པར ་བྱེད་པ་འདི་ནི་ཚེ་ཕུན་སུམ་ཚོགས་པའི་འབྲས་བུ་ཡིན་ནོ། །བྱང་ཆུབ་སེམས་དཔའ་ཁ་དོག་ཕུན་སུམ་ཚོགས་པར་གྱུར་ན། སྐྱེ་བོའི་ཚོགས་ཆེན་པོའི་སྙིང་སྡུག་པར་འགྱུར་ཏེ། སྙིང་དུ་སྡུག་ན་དྲུང་དུ་འདུ་པར་འགྱུར་ལ། གཟུགས་ཡིད་དུ་འོང་བ་དང། ་མངོན་དུ་ཕྲད་པར་གྱུར་པས་སྐྱེ་བོའི་ཚོགས་ཆེན་པོ་དང། དེའི་ཚིག་མཉམ་པ་དང་བྱ་བར་སེམས་ཏེ། དེ་ནི་བྱང་ཆུབ་སེམས་དཔའ་ཨི་ཁ་དོག་ཕུན་སུམ་ཚོགས་པའི་འབྲས་བུ་ཡིན་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་རིགས་ཕུན་སུམ་ཚོགས་པར་གྱུར་ན། སྐྱེ་བོའི་ཚོགས ་ཆེན་པོས་བཀུར་པ་དང། མཆོད་པ་དང་བསྔགས་པར་འགྱུར་རོ། །བཀུར་ཞིང་མཆོད་ལ་བསྔགས་ན་སེམས་ཅན་རྣམས་དོན་གང་དང་གང་ལ་འཛུད་པ་དེ་དང་དེ་ལ་དེ་དག་གཟི་བྱིན་གྱིས་ནོན་པས་མྱུར་དུ་འཇུག་པར་འགྱུར་ཏེ། མི་བྱའོ་ཞེས་ཟློག་པར་མི་བྱེད། ལོག་པར ་མི་བྱེད་པ་དེ་ནི་བྱང་ཆུབ་སེམས་དཔའ་ཨི་རིགས་ཕུན་སུམ་ཚོགས་པའི་འབྲས་བུ་ཡིན་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་དབང་ཕྱུག་ཕུན་སུམ་ཚོགས་པར་གྱུར་ན། སྦྱིན་པས་སེམས་ཅན་རྣམས་སྡུད་ཅིང་ཡོངས་སུ་སྨིན་པར་བྱེད་དེ། དེ་ནི་བྱང་ཆུབ་སེམས ་དཔའ་ཨི་དབང་ཕྱུག་ཕུན་སུམ་ཚོགས་པའི་འབྲས་བུ་ཡིན་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་ཚིག་བཙུན་པར་གྱུར་ན། སྙན་པར་སྨྲ་བ་དང། དོན་སྤྱོད་པ་དང། དོན་མཐུན་པས་སེམས་ཅན་རྣམས་སྡུད་ཅིང་ཡོངས་སུ་སྨིན་པར་བྱེད་དེ། དེ་ནི་བྱང་ཆུབ་སེམས་དཔའ་ཨི ་ཚིག་བཙུན་པའི་འབྲས་བུ་ཡིན་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་དབང་ཆེ་བར་གྲགས་པར་གྱུར་ན། བྱ་བ་བྱེད་པ་རྣམ་པ་སྣ་ཚོགས་དག་གིས་སེམས་ཅན་གྱི་གྲོགས་བྱེད་དུ་འགྲོ་ཞིང་ཕན་འདོགས་པར་བྱེད་དོ། །ཕན་བཏགས་པའི་དེས་ན། སེམས་ཅན ་རྣམས་ཀྱི་སེམས་དང་འབྲལ་བར་འགྱུར་བས་དེ་ལ་གུས་པ་དང། བྱས་པ་གཟོ་བར་གྱུར་ན། བཀུར་སྟི་དང། གུས་པ་དང་བཅས་པས་མྱུར་པ་མྱུར་བར་བསྒོ་བ་བཞིན་དུ་ཉན་པར་བྱེད་དེ། དེ་ནི་བྱང་ཆུབ་སེམས་དཔའ་ཨི་དབང་ཆེ་བར་གྲགས་པའི་འབྲས་བུ ་ཡིན་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སྐྱེས་པ་ཉིད་དུ་གྱུར་ན། ཕོའི་དབང་པོ་དང་ལྡན་པས། ཡོན་ཏན་ཐམས་ཅད་དང། རྩོལ་བ་ཐམས་ཅད་དང། ཤེས་བྱ་ཐམས་ཅད་རབ་ཏུ་རྣམ་པར་འབྱེད་པ་དག་གི་སྣོད་དུ་གྱུར་པ་ཡིན་ཏེ། འཇིགས་པ ་མེད་པར་གྱུར་ལ། དུས་ཐམས་ཅད་དུ་སེམས་ཅན་ཐམས་ཅད་དང་འགྲོ་བ་འམ་སྨྲ་བ་འམ། འགྲོགས་པ་འམ། ལོངས་སྤྱོད་པ་འམ། དབེན་པ་དབེན་པར་གནས་པ་རྣམས་ལ་འཇུག་ལ། སྒྲིབ་པ་མེད་པ་དེ་ནི་བྱང་ཆུབ་སེམས་དཔའ་ཨི་སྐྱེས་པ་ཉིད་ཀྱི་འབྲས ་བུ་ཡིན་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སྟོབས་ཕུན་སུམ་ཚོགས་པར་གྱུར་ན། དགེ་བའི་ཆོས་སྒྲུབ་པའི་སྦྱོར་བ་དང། སེམས་ཅན་ཕན་གདགས་པའི་སྦྱོར་བས་མི་སྐྱོ་བར་འགྱུར་བ།?་བརྩོན་འགྲུས་རྩོན་པར་འགྱུར་ཞིང། བརྩོན་འགྲུས་བརྟན་པ་དང། ་མངོན་པར་ཤེས་པ་མྱུར་བར་འགྱུར་ཏེ། དེ་ནི་བྱང་ཆུབ་སེམས་དཔའ་ཨི་སྟོབས་ཕུན་སུམ་ཚོགས་པའི་འབྲས་བུ་ཡིན་པར་རིག་པར་བྱའོ། །དེ་ལྟར་འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྣམ་པར?་སྨིན་པ་རྣམ་པ་བརྒྱད་ཀྱི་འབྲས་བུ་རྣམ་པ་བརྒྱད་ཡིན་ཏེ། དེ ་ཡོད་ན་སེམས་ཅན་རྣམས་ལ་ཡང་ཕན་པ་དང། སངས་རྒྱས་ཀྱི་ཆོས་རྣམས་སྐྱེ་བ་ལ་ཡང་ཐུན་ཞིང་འཕྲོད་པ་ཡིན་ཏེ། བྱང་ཆུབ་སེམས་དཔའ་རྣམ་པར་སྨིན་པའི་འབྲས་བུ་འདི་ལ་གནས་ན། བདག་ཉིད་ཀྱང་སེམས་ཅན་རྣམས་ཀྱི་དོན་སྣ་ཚོགས་མང་པོ་བྱ ་བ་ལ་ནུས་ཤིང་ལྕོགས་པར་འགྱུར་ལ། དེས་གདུལ་བར་བྱ་བ་དེ་དག་ཀྱང་འདི་ལྟ་སྟེ། །རང་གི་དོན་བྱ་བ་ཡན་ཆད་ལ་ཇི་ལྟར་འདོད་པ་བཞིན་དུ་བྱ་བ་དག་ལ་བསྒོ་བ་བཞིན་དུ་ཉན་པར་འགྱུར་རོ། །གལ་ཏེ་བྱང་ཆུབ་སེམས་དཔའ་དེ་བདག་ཉིད་ཀྱིས་ལྕོགས་སུ ་ཟིན་ཀྱང་གདུལ་བར་བྱ་བ་དེས་བསྒོ་བ་བཞིན་དུ་མི་ཉན་པར་གྱུར་ན། དེ་ལྟ་ན་ཡང་དེའི་གཞན་གྱི་དོན་བྱ་བ་ལས་དོན་ཆེ་བ་མ་ཡིན་མཐུན་པ་མ་ཡིན་ཏེ། དེས་ན་དེས་གཞན་གྱི་དོན་བྱེད་མི་ནུས་སོ། །གལ་ཏེ་བྱང་ཆུབ་སེམས་དཔའ་དེ་བདག་ཉིད་ཀྱིས་ནི་མི་ནུས ་མི་ལྕོགས་ལ། དེས་གདུལ་བར་བྱ་བ་རྣམས་ནི་རང་གི་དོན་བྱ་བ་ཡན་ཆད་ལ་བསྒོ་བ་བཞིན་དུ་ཉན་པར་གྱུར་ན། དེ་ལྟར་ན་ཡང་བྱང་ཆུབ་སེམས་དཔའ་ཨི་གཞན་གྱི་བྱ་བ་ལགས་དོན་ཆེ་བ་མ་ཡིན་མཐུན་པ་མ་ཡིན་ཏེ། དེས་ན་གཞན་གྱི་དོན་བྱེད་མི་ནུས་སོ། །དེ་ལྟ་བས་ན ་དེ་གཉི་ག་ཚོགས་ལ་གཉི་ག་འབྱོར་བར་གྱུར་ན། བྱང་ཆུབ་སེམས་དཔའ་ཨི་སེམས་ཅན་གྱི་དོན་བྱ་བ་ལ་ལས་དོན་ཆེ་ཞིང་མཐུན་པར་འགྱུར་ཏེ། དེས་ན་གཞན་གྱི་དོན་བྱེད་ནུས་བར་འགྱུར་རོ། །དེ་ལྟར་གྱུར་ན་བྱང་ཆུབ་སེམས་དཔའ་དེས་བདག་ཉིད་ཀྱང་སངས་རྒྱས་ཀྱི་ཆོས་རྣམས་དང། ་སེམས་ཅན་རྣམས་ཀྱང་ཐེག་པ་གསུམ་ལ་མྱུར་བ་ཉིད་དུ་ཡོངས་སུ་སྨོན་པར་བྱེད་ལ། བདག་ཉིད་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཞིང། སེམས་ཅན་ཡོངས་སུ་སྨིན་པ་རྣམས་ཀྱང་རྣམ་པར་གྲོལ་བར་བྱེད་དོ། །དེ་བས་ན ་རྣམ་གྲངས་དེས་གང་གི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྣམ་པར་སྨིན་པའི་འབྲས་བུ་རྣམ་པ་རྣམ་པ་བརྒྱད་པོ་དག་སེམས་ཅན་རྣམས་ལ་ཕན་པ་དང། བདེ་བར་འགྱུར་བ་དེའི་ཕྱིར་སེམས་ཅན་ཐམས་ཅད་ཀྱི་འཁོར་བ་ཚེ་འབྲས་བུ་མེད་ཅིང་དོན་མེད་པ་དེ་ཡང་དེ་དག་ལ་འབྲས ་བུ་ཡོད་པ་དང་དོན་ཆེ་བར་འགྱུར་རོ། །དེ་ལ་བསོད་ནམས་ནི་གང་ཡིན། །ཡེ་ཤེས་ནི་གང་ཡིན་ཞེ་ན། བསོད་ནམས་ཞེས་བྱ་བ་ནི་མདོར་བསྡུ་ན་ཕ་རོལ་ཏུ་ཕྱིན་པ་གསུམ་སྟེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང། བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ། ། ་ཡེ་ཤེས་ནི་ཕ་རོལ་ཏུ་ཕྱིན་པ་གཅིག་པུ་སྟེ། འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ནི་བསོད་ནམས་ཀྱི་ཕྱོགས་དང། ཡེ་ཤེས་ཀྱི་ཕྱོགས་སུ་རིག་པར་བྱ་སྟེ། བརྩོན་འགྲུས་ལ་བརྟེན་ནས་སྦྱིན་པ་བྱིན ་བ་དང། ཚུལ་ཁྲིམས་ཡང་དག་པར་ལེན་ཅིང་བསྲུང་བ་དང། བྱམས་པ་ལ་སོགས་པ་ཚད་མེད་པ་རྣམས་བསྒོམ་པ་འམ། དེ་ལྟ་བུ་དང་མཐུན་པ་གང་ཡིན་པ་དེ་ནི་བསོད་ནམས་ཀྱི་ཕྱོགས་ཀྱི་བརྩོན་འགྲུས་སོ། །བརྩོན་གྲུས་ལ་བརྟེན་ནས་ཐོས་པ་དང་བསམ་བ་དང། བསྒོམ ་པའི་ཤེས་རབ་ལ་སྦྱོར་བར་བྱེད་ཅིང་ཕུང་པོ་ལ་མཁས་པ་དང། ཁམས་ལ་མཁས་པ་དང། སྐྱེ་མཆེད་ལ་མཁས་པ་དང། རྟེན་ཅིང་འབྲེལ་པར་འབྱུང་བ་ལ་མཁས་པ་དང། གནས་པ་དང་གནས་མ་ཡིན་པ་ལ་མཁས་པ་བྱེད་པ་དང། སྡུག་བསྔལ་ལ་ནི་སྡུག་བསྔལ་བས་ཀུན ་འབྱུང་བ་ལ་ནི་ཀུན་འབྱུང་བར། འགོག་པ་ལ་ནི་འགོག་པར། ལམ་ལ་ནི་སོ་སོར་རྟོག་པ་འམ། དགེ་བ་དང་མི་དགེ་བའི་ཆོས་རྣམས་དང། ཁ་ན་མ་ཐོ་བ་དང་བཅས་པ་དང། ཁ་ན་མ་ཐོ་བ་མེད་པ་དང། བརྟེན་པར་བྱ་བ་དང། བསྟེན་པར་བྱ་བ་མ་ཡིན་པ་དང། ངན་པ་དང། བཟང ་པོ་དང། ནག་པོ་དང། དཀར་པོ་དང། རྟེན་ཅིང་འབྲེལ་པར་འབྱུང་བ་རབ་ཏུ་རྣམ་པར་དབྱེ་བ་དང་བཅས་པའི་ཆོས་རྣམས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་རྣམ་པར་འབྱེད་ཅིང། སོ་སོར་རྟོགས་པ་འདི་ནི་ཡེ་ཤེས་ཀྱི་ཕྱོགས་ཀྱི་བརྩོན་འགྲུས་ཞེས་བྱའོ། །བསམ་གཏན་ལ་བརྟེན ་ནས་སྦྱིན་པ་བྱིན་པ་འམ། ཚུལ་ཁྲིམས་ཡང་དག་པར་ལེན་ཅིང་བསྲུང་བ་འམ། བྱམས་པ་ལ་སོགས་པ་ཚད་མེད་པ་རྣམས་བསྒོམ་པ་འམ། དེ་ལྟ་བུ་དང་མཐུན་པ་གང་ཡིན་པ་དེ་ནི་བསོད་ནམས་ཀྱི་ཕྱོགས་ཀྱི་བསམ་གཏན་ཡིན་ནོ། །བསམ་གཏན་ལ་བརྟེན་ནས་ཐོས་པ ་དང། བསམ་པ་དང། སྒོམ་པའི་ཤེས་རབ་ལ་སྦྱོར་བར་བྱེད་ཅིང། ཕུང་པོ་ལ་མཁས་པ་ནས། སྔར་བརྩོན་འགྲུས་ཀྱི་སྐབས་སུ་ཇི་སྐད་བསྟན་པ་དེ་བཞིན་དུ་ཐམས་ཅད་བརྗོད་པར་བྱ་སྟེ། འདི་ནི་ཡེ་ཤེས་ཀྱི་ཕྱོགས་ཀྱི་བསམ་གཏན་ཡིན་ནོ། །བསོད་ནམས་དང། ཡེ་ཤེས ་དེ་ཡང་མདོར་བསྡུ་ན། རྣམ་པ་དྲུག་ཡོད་དོ། །དེ་རེ་རེའི་རྣམ་པར་དབྱེ་བ་ནི། ཚད་མེད་པར་རིག་པར་བྱའོ། །བསོད་ནམས་དང་ཡེ་ཤེས་ཀྱི་རྒྱུ་གང་ཞེ་ན། བསོད་ནམས་དང་ཡེ་ཤེས་ཀྱི་རྒྱུ་ནི་མདོར་བསྡུ་ན་རྣམ་པ་གསུམ་ཡོད་པར་རིག་པར་བྱ་སྟེ། བསོད་ནམས་དང། ་ཡེ་ཤེས་ཐོབ་པ་དང། གནས་པ་དང་འཕེལ་པར་འགྱུར་བ་ལ། འདུན་པ་གང་ཡིན་པ་དང། མཐུན་ལ་མི་མཐུན་པ་མེད་པའི་རྐྱེན་དང། སྔོན་ཡང་བསོད་ནམས་དང་ཡེ་ཤེས་ལ་གོམས་པའོ། །དེ་ལ་མི་མཐུན་པ་མེད་པའི་རྐྱེན་ནི་འདི་ཡིན་ཏེ། ཕྱིན་ཅི་ལོག་གི་རྐྱེན་ནི་ཞེ ་བར་མི་གནས་ཤིང་ཉེ་བར་མ་གྱུར་ལ། ཕྱིན་ཅི་མ་ལོག་པའི་རྐྱེན་ནི་ཉེ་པར་གནས་ཤིང། ཉེ་བར་གྱུར་པ་གང་ཡིན་པའོ། །དེ་ལ་སྡིག་པའི་གྲོགས་དང་ཕྲད་ནས་བསོད་ནམས་དང་ཡེ་ཤེས་ཕྱིན་ཅི་ལོག་ཏུ་བསྟན་པ་འམ། ཕྱིན་ཅི་ལོག་གི་ཡིད་ལ་བྱེད་པས། ཕྱིན་ཅི་ལོག་ཏུ་བཟུང ་བ་དེ་ནི་ཕྱིན་ཅི་ལོག་གི་རྐྱེན་ཉེ་བར་གྱུར་པ་ཞེས་བྱའོ། །དེ་ལ་བཟློག་པ་དཀར་པོའི་ཕྱོགས་ནི་ཕྱིན་ཅི་མ་ལོག་པའི་རྐྱེན་ཉེ་བར་གྱུར་པ་མ་ཡིན་པར་རིག་པར་བྱའོ། །བསོད་ནམས་དང། ཡེ་ཤེས་འཐོབ་པ་དང། གནས་པ་དང་འཕེལ་བར་བྱ་བའི་ཕྱིར་སྦྱོར་བ་ལ་བར་དུ་བཅོད་པ་གང་ཡིན་པ་དེ་དག ་སྤོང་ཞིང་མི་སྐྱེད་པ་འདི་ཡང་བྱང་ཆུབ་སེམས་དཔའ་ཨི་བསོད་ནམས་དང་ཡེ་ཤེས་ཀྱི་མི་མཐུན་པ་མེད་པའི་རྐྱེན་ཅེས་བྱའོ། །རྒྱུ་གསུམ་པོ་འདི་དག་ལས་གང་ཡང་རུང་བ་ཅིག་ཚང་ན་ཡང་བསོད་ནམས་ཀྱང་སྐྱེ་བར་མི་འགྱུར་ལ། ཡེ་ཤེས་ཀྱང་སྐྱེ་བར་མི་འགྱུར་བར་རིག་པར་བྱའོ། ་བསོད་ནམས་དང་ཡེ་ཤེས་ཀྱི་འབྲས་བུ་གང་ཞེ་ན། བསོད་ནམས་ལ་བརྟེན་ནས་བྱང་ཆུབ་སེམས་དཔའ་གནོད་པ་མེད་པར་འཁོར་བ་ན་འཁོར་ཞིང་སྡུག་བསྔལ་དག་གིས་ཤིན་ཏུ་གཟིར་བ་མེད་པ་དང། ཅི་དགའ་མགུར་སེམས་ཅན་གྱི་དོན་དང། སེམས་ཅན་ལ་ཕན་འདོགས ་ནུས་པར་འགྱུར་རོ། །ཡེ་ཤེས་ལ་བརྟེན་ན་བྱང་ཆུབ་སེམས་དཔའ་ཡང་དག་པར་བསོད་ནམས་ཡོངས་སུ་འཛིན་པར་བྱེད་ཀྱི། ལོག་པས་མ་ཡིན་པ་དང་མཁས་པར་བྱ་བ་རྣམ་པ་སྣ་ཚོགས་དཔག་ཏུ་མེད་པ་དག་གིས་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས ་པར་འཚང་རྒྱ་བའི་བར་དུ་འགྱུར་རོ། །དེ་ལྟར་བསོད་ནམས་དང་ཡེ་ཤེས་ཀྱི་འབྲས་བུ་ནི་མདོར་བསྡུ་ན་ཅི་རིགས་པར་རྣམ་པ་བཞིར་རིག་པར་བྱའོ། །དེ་དག་གི་རྣམ་པ་རབ་ཏུ་དབྱེ་བ་ནི་ཚད་མེད་དོ། །དེ་ལ་རྣམ་པར་སྨིན་པ་གང་ཡིན་པ་དང། རྣམ་པར་སྨིན་པའི་རྒྱུ་གང་ཡིན་པ་དང། རྣམ ་པར་སྨིན་པའི་འབྲས་བུ་གང་ཡིན་པ་དེ་དག་ཐམས་ཅད་ནི་བསོད་ནམས་ལ་བརྟེན་ཅིང། བསོད་ནམས་ལས་བྱུང་བ་ཡིན་ནོ། །བསོད་ནམས་ཀྱང་ཡེ་ཤེས་ལ་བརྟེན་ཅིང་ཡེ་ཤེས་ལས་བྱུང་བ་ཡིན་ནོ། །དེ་པས་ན་འདི་གཉིས་གང་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི ་བྱང་ཆུབ་འཐོབ་པར་འགྱུར་བའི་གཙོ་བོ་ཡིན་ཏེ། བསོད་ནམས་ནི་གཙོ་བོ་ཡིན་ལ་ཡེ་ཤེས་ནི་བླ་ན་མེད་པ་ཡིན། །བསོད་ནམས་དང་ཡེ་ཤེས་ལས་གང་ཡང་རུང་བ་ཞིག་མེད་པ་བྱང་ཆུབ་སེམས་དཔའ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མི་འཐོབ་སྟེ། དེ་ལྟར ་ན་འདི་ནི་བྱང་ཆུབ་སེམས་དཔའ་ཨི་བདག་དང་གཞན་གྱི་དོན་རྒྱུ་དང་འབྲས་བུར་བསྡུས་པ་ཡིན་པར་རིག་པར་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའ་ཨི་ཚེ་འདིའི་བདག་དང་གཞན་གྱི་དོན་ནི་གང་ཡིན། ཚེ་རབས་གཞན་གྱི་བདག་དང་གཞན་གྱི་དོན་ནི་གང་ཡིན ་ཞེ་ན། སྐྱེས་བུའི་བྱེད་པ་རིགས་པའི་བཟོའི་གནས་དང། ལས་ཀྱི་གནས་ཀྱིས་ལོངས་སྤྱོད་བསྒྲུབ་པ་གང་ཡིན་པ་དང། བསྒྲུབས་པ་དེ་དག་ཀྱང་ཚོད་ཟིན་པར་ལོངས་སྤྱོད་པ་དང། འདོད་པའི་འབྲས་བུ་རྣམ་པར་སྨིན་པར་འགྱུར་བའི་སྔོན་གྱི་ལས་ཀྱི་རྣམ་པར་སྨིན་པའི ་འབྲས་བུ་ཚེ་འདི་ལ་ལོངས་སྤྱད་པར་འགྱུར་བ་གང་ཡིན་པ་དང། བྱང་ཆུབ་སེམས་དཔའ་བསམ་གཏན་སྒྱུར་བ་ལམ་གས་པས་ཚེ་འདི་ཉིད་ལ་བདེ་བའི་དོན་དུ་བྱ་བ་དང། དེ་ལ་བརྟེན་ནས་ཚེ་འདི་ཉིད་ལ་གཞན་གྱི་དོན་སྒྲུབ་པའི་ཕྱིར། བསམ་གཏན་ལ་བརྟེན་པ་དང། ་ཚེ་འདི་ཉིད་ལ་དེ་བཞིན་གཤེགས་པར་གྱུར་པའི་མྱ་ངན་ལས་འདས་པ་གང་ཡིན་པ་དང། ཚེ་འདི་ཉིད་ལ་མྱ་ངན་ལས་འདས་པ་ཐོབ་པར་བྱེད་པའི་ཆོས་འདུས་བྱས་དང་འདུས་མ་བྱས་འཇིག་རྟེན་པ་དང། འཇིག་རྟེན་ལས་འདས་པ་གང་ཡིན་པ་དེ་ནི་བྱང ་ཆུབ་སེམས་དཔའ་ཨི་ཚེ་འདི་ཉིད་ལ་བདག་གི་དོན་དུ་འགྱུར་བ་ཞེས་བྱ་སྟེ། བྱང་ཆུབ་སེམས་དཔའ་ཇི་ལྟ་བ་བཞིན་དུ། སེམས་ཅན་གཞན་གང་དག་བྱང་ཆུབ་སེམས་དཔས་བརྟུལ་བ་རྣམས་ཀྱི་གཞན་གྱི་དོན་ཡང་ཡིན་པར་རིག་པར་བྱའོ། །དེ་ལ་ཕྱི་མ་ལ ་འདོད་པའི་ཁམས་སུ་ལོངས་སྤྱོད་ཕུན་སུམ་ཚོགས་པར་འགྱུར་བ་གང་ཡིན་པ་དང། ཕྱི་མ་ལ་ལུས་ཕུན་སུམ་ཚོགས་པར་འགྱུར་བ་གང་ཡིན་པ་དང། ཕྱི་མ་ལ་བསམ་གཏན་དང། གཟུགས་མེད་པར་སྐྱེ་བ་གང་ཡིན་པ་དང། ཚེ་འདི་སྡུག་བསྔལ་དང་བཅས། ་ཡིད་མི་བདེ་བ་དང་བཅས་པས། སོ་སོར་བརྟགས་ཤིང་ཕྱི་མ་ལ་ལོངས་སྤྱོད་དང། ལུས་ཕུན་སུམ་ཚོགས་པར་འགྱུར་པ་དང། བསམ་གཏན་དང། གཟུགས་མེད་པར་སྐྱེ་བ་དེའི་རྒྱུ་ལ་བརྟེན་པ་གང་ཡིན་པ་དེ་ནི། བྱང་ཆུབ་སེམས་དཔའ་ཨི་ཚེ་རབས་གཞན་གྱི་བདག་དང ་གཞན་གྱི་དོན་ཁོ་ན་ཡིན་པར་རིག་པར་བྱའོ། །ཚེ་འདི་ལ་བདེ་བ་དང་བཅས་པ་དང། ཡིད་བདེ་བ་དང་བཅས་པས་ལོངས་སྤྱོད་དང། ལུས་ཕུན་སུམ་ཚོགས་པར་འགྱུར་བའི་རྒྱུ་ལ་བརྟེན་པ་གང་ཡིན་པ་དང། འདིར་ཉམས་པར་འགྱུར་བའི་ཆ་དང་མཐུན་པ་མ་ཡིན་པའི ་བསམ་གཏན་དང། གཟུགས་མེད་པའི་སྙོམས་པར་འཇུག་པ་གང་ཡིན་པ་དེ་ནི་ཚེ་འདི་ཉིད་དང། ཚེ་རབས་གཞན་གྱི་བདག་དང་གཞན་གྱི་དོན་ཡིན་པར་རིག་པར་བྱའོ། །བདག་དང་གཞན་གྱི་དོན་གཏན་དུ་བ་ནི་གང། གཏན་དུ་མ་ཡིན་པ་ནི་གང་ཞེ་ན། འདོད་པའི་ཁམས་སུ ་ལོངས་སྤྱོད་པ་དང། ལུས་ཕུན་སུམ་ཚོགས་པར་འགྱུར་བ་རྒྱུ་དང་འབྲས་བུར་བཅས་པ་དང། སོ་སོའི་སྐྱེ་བོ་རྣམས་ཀྱི་འཇིག་རྟེན་པའི་དག་པ་རྒྱུ་དང་འབྲས་བུར་བཅས་པ་ནི་བདག་དང་གཞན་གྱི་དོན་གཏན་དུ་བ་མ་ཡིན། །ཉོན་མོངས་པ་ཐམས་ཅད་གཏན་སྤངས ་པ་དང། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང། དེ་ལ་རྟེན་ནས་འཇིག་རྟེན་པའི་བདེ་བའི་ཆོས་རྣམས་ཐོབ་པ་གང་ཡིན་པ་དེ་ནི་བདག་དང་གཞན་གྱི་དོན་གཏན་དུ་བ་ཡིན་ནོ། །དེ་ལ་ངོ་བོ་ཉིད་དང། ཡོངས་སུ་ཉམས་པ་དང། འབྲས་བུ་ལོངས་སྤྱོད་པས་ཡོངས་སུ ་ཟད་པ། རྒྱུ་རྣམ་པ་གསུམ་གྱིས་ན་གཏན་དུ་བ་དང། གཏན་དུ་བ་མ་ཡིན་པར་རིག་པར་བྱའོ། །དེ་ལ་མྱ་ངན་ལས་འདས་པ་ནི་ངོ་བོ་ཉིད་ཀྱིས་གཏན་དུ་བ་ཡིན། །འདུས་བྱས་ནི་ཐམས་ཅད་ཀྱང་གཏན་དུ་བ་མ་ཡིན་ནོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་ནི ་ཡོངས་སུ་ཉམས་པ་མ་ཡིན་པ་དང། འབྲས་བུ་ལོངས་སྤྱད་པས་ཡོངས་སུ་ཟད་པར་མི་འགྱུར་བའི་ཕྱིར་གཏན་དུ་བ་ཡིན་ནོ། །དེ་ལས་གཞན་པ་དགེ་པའི་ཟག་པ་དང་བཅས་པའི་ཆོས་རྣམས་ནི་ཡོངས་སུ་ཉམས་པ་དང། འབྲས་བུ་ལོངས་སྤྱད་ནས་ཡོངས་སུ་ཟད་པར་འགྱུར ་བའི་ཕྱིར་གཏན་དུ་བ་མ་ཡིན་ཏེ། དེ་ལྟར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བདག་དང་གཞན་གྱི་དོན་བསྡུས་པ་དང། རྒྱས་པ་རྣམ་པ་བཅུ་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཅི་ནུས་ཅི་ལྕོགས་ཀྱིས་གང་ལ་བསླབ་པར་བྱ་བ་ཡིན་ཏེ། འདི་ལས་གོང་ན་མེད ་གོང་ན་ཡང་མེད། འདིས་ལྷས་ལྷག་པ་ཡང་མེད་དོ། །འདས་པ་དང་མ་འོངས་པའི་དུས་ན་བདག་དང་གཞན་གྱི་དོན་ལ་བསླབས་པ་དང། སློབ་པར་འགྱུར་བ་གང་ཡིན་པ་དེ་དག་ཐམས་ཅད་ཀྱང་བདག་དང་གཞན་གྱི་དོན་རྣམ་པ་བཅུ་པོ་འདི་ཉིད་ལ་སྟེ། འདི་ལས་གོང ་ན་ཡང་མེད། འདི་ལས་ལྷག་པ་ཡང་མེད་དོ། །བྱང་ཆུབ་སེམས་དཔའ་སའི་གཞིའི་རྣལ་འབྱོར་གྱི་གནས་ལས་བདག་དང། གཞན་གྱི་དོན་གྱི་ལེའུ་སྟེ་གསུམ་པའོ།། །།དེ་ཁོ་ནའི་དོན་གང་ཞེ་ན། མདོར་བསྡུ་ན་རྣམ་པ་གཉིས་ཏེ་ཇི་ལྟར་ཡོད་པ་ལས་བརྩམས་ཏེ། ་ཆོས་རྣམས་ཀྱི་ཡང་དག་པར་ཉིད་གང་ཡིན་པ་དང། ཇི་སྙེད་ཡོད་པ་ལས་བརྩམས་ཏེ་ཆོས་རྣམས་ཀྱི་ཐམས་ཅད་ཉིད་གང་ཡིན་པ་སྟེ། དེ་ལྟར་ཡང་དག་པ་ཉིད་དང། ཐམས་ཅད་ཉིད་ནི་ཆོས་རྣམས་ཀྱི་དེ་ཁོ་ནའི་དོན་མཛའ་དག་ཡིན་པར་རིག་པར་བྱའོ། །དེ་ཁོ་ནའི་དོན་དེ ་ཡང་རབ་ཏུ་དབྱེ་ན་རྣམ་པ་བཞི་སྟེ། འཇིག་རྟེན་གྱི་གྲགས་པ་དང། ཉོན་མོངས་པའི་སྒྲིབ་པ་རྣམ་པར་དག་པའི་ཤེས་པའི་སྤྱོད་ཡུལ་དང། ཤེས་བྱའི་སྒྲིབ་པ་རྣམ་པར་དག་པའི་ཤེས་པའི་སྤྱོད་ཡུལ་ལོ། །དེ་ལ་བརྡ་དང། ཀུན་རྫོབ་ལ་འདྲིས་པའི་རྗེས་སུ་འགྲོ་བས་ཞུགས ་པའི་བློས་དངོས་པོ་གང་ལ་འཇིག་རྟེན་པ་ཐམས་ཅད་ཀྱི་ལྟ་བ་མཚུངས་པར་གྱུར་པ་འདི་ལྟ་སྟེ། ས་ལ་འདི་ནི་ས་ཁོ་ན་ཡིན་གྱི་མེ་མ་ཡིན་ནོ་ཞེས་བྱ་བ་དང། ས་ལ་ཇི་ལྟ་བ་བཞིན་དུ་མེ་དང། ཆུ་དང། རླུང་དང། གཟུགས་རྣམས་དང། སྒྲ་རྣམས་དང། དྲི་རྣམས་དང། རོ་རྣམས ་དང། རེག་བྱ་རྣམས་དང། ཟས་དང། སྐོམ་དང། བཞོན་པ་དང། གོས་དང། རྒྱན་དུ་བྱ་བ་དང། སྣོད་སྤྱད་དང། སྤོས་དང། མེ་ཏོག་ཕྲེང་དང། བྱུག་པ་དང། བྲོ་གར་དང། གླུ་དང། རོལ་མོ་དང། སྣང་བ་དང། སྐྱེས་པ་དང། བུད་མེད་ཀྱི་དགའ་མགུར་སྤྱོད་པ་དང། ཞིང་དང། ཚོང ་ཁང་དང། ཁྱིམ་གྱི་དངོས་པོ་དང། བདེ་བ་དང། སྡུག་བསྔལ་བ་ཡང་དེ་བཞིན་ཏེ། འདི་ནི་སྡུག་བསྔལ་བ་ཡིན་གྱི། བདེ་བ་མ་ཡིན་ནོ། །འདི་ནི་བདེ་བ་ཡིན་གྱི་སྡུག་བསྔལ་བ་མ་ཡིན་ནོ་ཞེས་བྱ་བ་ལྟ་བུ་སྟེ། མདོར་བསྡུ་ན་འདི་ནི་འདི་ཡིན་གྱི། འདི་མ་ཡིན་ནོ། །འདི་ནི་འདི་ལྟ་བུ ་ཡིན་གྱི་གཞན་དུ་མ་ཡིན་ནོ་ཞེས་འཇིག་རྟེན་པ་ཐམས་ཅད་ཀྱིས་ངེས་པར་མོས་པའི་སྤྱོད་ཡུལ་གཅིག་ནས་གཅིག་ཏུ་འོངས་པའི་མིང་གིས་རང་གི་རྣམ་པར་རྟོག་པ་ལས་གྲགས་པ། མ་བསམས་མ་དཔྱད་མ་བརྟགས་པར་བཟུང་བའི་དངོས་པོ་གང་ཡིན་པ་དེ་ནི་འཇིག་རྟེན་གྱི་གྲགས ་པའི་དེ་ཁོ་ན་ཞེས་བྱའོ། །རིགས་པས་གྲགས་པའི་དེ་ཁོ་ན་གང་ཞེ་ན། དམ་པའི་རིགས་པའི་དོན་ལ་མཁས་པ། མཛངས་པ། རྟོག་གེ་པ་དང། དཔྱོད་པ་དང་ལྡན་པ། རྟོག་པར་རྟོགས་པའི་ས། རང་གི་སྤོབས་པ་ལས་བྱུང་བའོ། །སོ་སོའི་སྐྱེ་བོ་པ། དཔྱོད་པའི་རྗེས་སུ་དཔྱོད་པ་ལ་གནས་བ ་རྣམས་ཀྱི་ཤེས་པ་ཤིན་ཏུ་རྣམ་པར་ཕྱེ་བ་ངེས་པའི་སྤྱོད་ཡུལ་ཤེས་བྱའི་དངོས་པོ་མངོན་སུམ་དང། རྗེས་སུ་དཔག་པ་དང། ཡིད་ཆེས་པའི་ལུང་གི་ཚད་མ་ལ་བརྟེན་ནས། འཐད་པ་བསྒྲུབས་པའི་རིགས་པས་རབ་ཏུ་བསྒྲུབས་ཤིང་རྣམ་པར་བཞག་པ་དེ་ནི་རིགས་པས་གྲགས་པའི་དེ ་ཁོ་ན་ཞེས་བྱའོ། །ཉོན་མོངས་པའི་སྒྲིབ་པ་རྣམ་པར་དག་པའི་ཤེས་པའི་སྤྱོད་ཡུལ་གྱི་དེ་ཁོ་ན་གང་ཞེ་ན། ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱི་ཟག་པ་མེད་པ་དང། ཟག་པ་མེད་པ་ཐོབ་པར་བྱེད་པ་དང། ཟག་པ་མེད་པའི་རྗེས་ལས་ཐོབ་པ་འཇིག་རྟེན་པའི་ཤེས་པས ་སྤྱོད་ཡུལ་དུ་བྱ་བའི་ཡུལ་དེ་ནི་ཉོན་མོངས་པའི་སྒྲིབ་པ་རྣམ་པར་དག་པའི་ཤེས་པའི་སྤྱོད་ཡུལ་གྱི་དེ་ཁོ་ན་ཞེས་བྱ་སྟེ། དེ་ལ་དམིགས་པས་ཉོན་མོངས་པའི་སྒྲིབ་པ་ལས་ཤེས་བ་རྣམ་པར་དག་པར་འགྱུར་ཞིང། ཕྱིས་སྒྲིབ་པ་མེད་པ་ཉིད་དུ་ཡང་དག་པར་གནས་པར་འགྱུར ་ཏེ། དེ་བས་ན་ཉོན་མོངས་པའི་སྒྲིབ་པ་རྣམ་པར་དག་པའི་ཤེས་པའི་སྤྱོད་ཡུལ་གྱི་དེ་ཁོ་ན་ཞེས་བྱའོ། །དེ་ཁོ་ན་དེ་ཡང་གང་ཞེ་ན། འཕགས་པའི་བདེན་པ་བཞི་སྟེ། སྡུག་བསྔལ་བ་དང། ཀུན་འབྱུང་བ་དང། འགོག་པ་དང། ལམ་མོ། ཤེས་པ་དེ་ནི་འཕགས་པའི་བདེན་པ ་བཞི་པོ་དེ་དག་ལ་རབ་ཏུ་རྣམ་པར་འབྱེད་པ་དང། མངོན་པར་རྟོགས་པ་དང། མངོན་པར་རྟོགས་པར་གྱུར་པ་ན་སྐྱེ་བར་འགྱུར་རོ། །བདེན་པ་མངོན་པར་རྟོགས་པ་དེ་ཡང་ཉན་ཐོས་དང། རང་སངས་རྒྱས་ཕུང་པོ་ཙམ་དུ་དམིགས་ཤིང། ཕུང་པོ་རྣམས་ལས་གུད་ན་དོན་གཞན་དུ་གྱུར ་པའི་བདག་མི་དམིགས་པ་རྣམས་སུ་གྱུར་བ་ན། རྟེན་ཅིང་འབྲེལ་བར་འབྱུང་བའི་འདུ་བྱེད་སྐྱེ་བ་དང། འཇིག་པ་དང་ལྡན་པའི་ཤེས་རབ་ཀྱིས་ཕུང་པོ་ལ་མ་གཏོགས་པའི་གང་ཟག་མེད་པར་ལྟ་བ་གོམས་པར་བྱས་བ་ལས་འབྱུང་ངོ། །ཤེས་བྱའི་སྒྲིབ་པ་རྣམ་པར ་དག་པའི་ཤེས་པའི་སྤྱོད་ཡུལ་གྱི་དེ་ཁོ་ན་གང་ཞེ་ན། ཤེས་བྱ་ལ་ཤེས་པའི་བགེགས་བྱེད་པ་ནི་སྒྲིབ་པ་ཞེས་བྱ་སྟེ། ཤེས་བྱའི་སྒྲིབ་པ་དེ་ལས་རྣམ་པར་གྲོལ་བའི་ཤེས་པའི་སྤྱོད་ཡུལ་གྱི་ཡུལ་གང་ཡིན་པ་དེ་ནི་ཤེས་བྱའི་སྒྲིབ་པ་རྣམ་པར་དག་པའི་ཤེས་པའི ་སྤྱོད་ཡུལ་གྱི་དེ་ཁོ་ན་ཡིན་པར་རིག་པར་བྱའོ། །དེའང་གང་ཞེ་ན། ཆོས་ཐམས་ཅད་བརྗོད་དུ་མེད་པའི་ངོ་བོ་ཉིད་པས་བརྩམས་ཏེ། བྱང་ཆུབ་སེམས་དཔའ་རྣམས་དང། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཡེ་ཤེས་ཆོས་བདག་མེད་པ་ལ་འཇུག་པ་དང། ཞུགས ་བར་གྱུར་བ་ཤིན་ཏུ་རྣམ་པར་དག་པ་འདོགས་པའི་ཚིག་གིས་ངོ་བོ་ཉིད་རྣམ་པར་མི་རྟོག་པ་དང། མཚུངས་པས་སྤྱོད་ཡུལ་གྱི་ཡུལ་དུ་བྱ་བ་གང་ཡིན་པ་དེ་ནི་དེ་བཞིན་ཉིད་མཆོག་བླ་ན་མེད་པ། ཤེས་བྱའི་མཛའ་ཐུག་པ་ཡིན་ལ། དེ་ལས་ཡང་དག་པར་ཆོས་ཐམས ་ཅད་རབ་ཏུ་རྣམ་པར་འབྱེད་པ་འགྲུབ་པར་འགྱུར་ཏེ། འདའ་བར་མི་འགྱུར་རོ། །དེ་ཁོ་ནའི་མཚན་ཉིད་དེ་ཡང་རྣམ་པར་བཞག་པས་ནི་གཉིས་སུ་མེད་པས་རབ་ཏུ་ཕྱེ་བ་ཡིན་པར་རིག་པར་བྱའོ། །གཉིས་ཞེས་བྱ་བ་ནི་དངོས་པོ་དང། དངོས་པོ་མེད་པའོ། །དེ་ལ་དངོས་པོ ་ནི་འདོགས་པའི་ཚིག་གི་ངོ་བོ་ཉིད་དུ་རྣམ་པར་གཞག་པ་གང་ཡིན་པ་སྟེ། དེ་ཁོ་ན་བཞིན་དུ་ཡུན་རིང་པོ་ནས་འཇིག་རྟེན་གྱིས་མངོན་པར་ཞེན་པར་བྱས་པ་དང། འཇིག་རྟེན་གྱི་རྣམ་པར་རྟོག་པ་དང། སྤྲོས་པ་ཐམས་ཅད་ཀྱི་རྩ་བར་གྱུར་པ་སྟེ། འདི་ལྟ་སྟེ། གཟུགས་ཞེས ་བྱ་བའམ། ཚོར་བ་དང། འདུ་ཤེས་དང། འདུ་བྱེད་རྣམས་དང། རྣམ་པར་ཤེས་པ་ཞེས་བྱ་བ་འམ། མིག་ཅེས་བྱ་བ་འམ། རྣ་བ་དང། སྣ་དང། ལྕེ་དང། ལུས་དང། ཡིད་ཅེས་བྱ་བ་འམ། ས་ཞེས་བྱ་བ་འམ། ཆུ་དང། མེ་དང། རླུང་ཞེས་བྱ་བའམ། གཟུགས་ཞེས་བྱ་བ ་འམ། སྒྲ་དང། དྲི་དང། རོ་དང། རེག་བྱ་ཞེས་བྱ་བ་འམ། དགེ་བ་ཞེས་བྱ་བ་འམ། མི་དགེ་བ་ཞེས་བྱ་བ་འམ། ལུང་དུ་མ་བསྟན་པ་ཞེས་བྱ་བ་འམ། སྐྱེ་བ་ཞེས་བྱ་བ་འམ། འཇིག་པ་ཞེས་བྱ་བ་འམ། རྟེན་ཅིང་འབྲེལ་པར་འབྱུང་པ་ཞེས་བྱ་བ་འམ། འདས་པ་ཞེས་བྱ་བ་འམ། མ་འོངས ་པ་ཞེས་བྱ་བ་འམ། ད་ལྟར་བྱུང་བ་ཞེས་བྱ་བ་འམ། འདུས་བྱས་ཞེས་བྱ་བ་འམ། འདུས་མ་བྱས་ཞེས་བྱ་བ་འམ། འཇིག་རྟེན་འདི་དང། འཇིག་རྟེན་ཕ་རོལ་དང། ཉི་མ་དང། ཟླ་བ་འདི་གཉིས་དང། མཐོང་བ་དང། ཐོས་པ་དང། བྱེ་བྲག་ཕྱེད་བ་དང། རྣམ་པར་ཤེས་པ་གང་ཡིན་པ ་དང། ཐོབ་པ་དང། ཡོངས་སུ་ཚོལ་བ་དང། ཡིད་ཀྱིས་རྗེས་སུ་རྟོག་པ་དང། རྗེས་སུ་དཔྱོད་པ་ཞེས་བྱ་བ་འམ། ཐ་ན་མྱ་ངན་ལས་འདས་པ་ཞེས་བྱ་བའི་བར་དུ་སྟེ། དེ་ལྟ་བུ་དང་མཐུན་པ་འདོགས་པའི་ཚིག་གི་གྲགས་པའི་ངོ་བོ་ཉིད་ཀྱི་ཆོས་རྣམས་ནི་འཇིག་རྟེན་གྱི་དངོས་པོ་ཞེས ་བྱའོ། །དེ་ལ་དངོས་པོ་མེད་པ་ནི་གཟུགས་ཞེས་བྱ་བར་འདོགས་པའི་ཚིག་ནས། ཐ་ན་མྱ་ངན་ལས་འདའ་བ་ཞེས་བྱ་བའི་བར་དུ་འདོགས་པའི་ཚིག་དེ་ཉིད་དངོས་པོ་མེད་པ་ཉིད་དང། མཚན་མ་མེད་པ་ཉིད་དེ་གང་ལ་བརྟེན་ནས་འདོགས་པའི་ཚིག་བླ་དགས་འཇུག་པར ་འགྱུར་བའི་འདོགས་པའི་ཚིག་གི་རྟེན་ཐམས་ཅད་ཀྱི་ཐམས་ཅད་དུ་མེད་པ་དང། ཡོད་པ་མ་ཡིན་པ་ཉིད་དེ་ནི་དངོས་པོ་མེད་པ་ཞེས་བྱའོ། །དངོས་པོ་སྔ་མ་གང་ཡིན་པ་དེ་དང། དངོས་པོ་མེད་པ་འདི་གཉིས་ཀྱི་ཡོད་པ་དང། མེད་པ་ལས་རྣམ་པར་གྲོལ་བའི་ཆོས་ཀྱི་མཚན ་ཉིད་ཀྱིས་བསྡུས་པའི་དངོས་པོ་དེ་ནི་གཉིས་སུ་མེད་པ་ཡིན་ནོ། །གཉིས་སུ་མེད་པ་གང་ཡིན་པ་དེ་ནི་དབུ་མའི་ལམ་མཛའ་གཉིས་སྤངས་པ། བླ་ན་མེད་པ་ཞེས་བྱ་སྟེ། དེ་ཁོ་ན་དེ་ལ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཡེ་ཤེས་ནི་ཤིན་ཏུ་རྣམ་པར་དག་པ་རིག་པར་བྱའོ ་དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཤེས་པ་ནི་སློབ་པའི་ལམ་གྱི་རབ་ཏུ་ཕྱེ་བ་ཡིན་པར་རིག་པར་བྱས་ཏེ། ཤེས་རབ་དེ་དང་བྱང་ཆུབ་སེམས་དཔའ་ཨི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་བྱ་བའི་ཐབས་ཆེན་པོ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ་འདི་ལྟར་བྱང་ཆུབ་སེམས་དཔའ་ཨི་ནི་སྟོང་པ་ཉིད་ལ་མོས་པ་ངེས་ན། སྐྱེས་པ་དེ་དང་དེ་དང་ཏུ་སྦྱོར་བ་ན་སེམས་ཅན་དང་རང་གི་སངས་རྒྱས་ཀྱི་ཆོས་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་འཁོར་བ་ན་འཁོར་ཏེ། འཁོར་བ་དེ་ཡང་དག་པར་ཇི་ལྟ་བ་བཞིན་དུ་རབ ་ཏུ་ཤེས་ལ། འཁོར་བ་དེ་ལས་ཀྱང་མི་རྟག་པ་ལ་སོགས་པའི་རྣམ་པ་དག་གིས་ཡིད་སྐྱོ་བར་མི་བྱེད་དོ། །གལ་ཏེ་འཁོར་བ་ལ་ཡང་དག་པར་ཇི་ལྟ་བ་བཞིན་དུ་ཡོངས་སུ་མ་ཤེས་ན་ནི། འདོད་ཆགས་དང། ཞེ་སྡང་དང། གཏི་མུག་ལ་སོགས་པ་ཀུན་ནས་ཉོན་མོངས ་པ་ཐམས་ཅད་ལ་སེམས་ལྷག་པར་བཏང་སྙོམས་སུ་འཇོག་པར་མི་ནུས་སོ། །ལྷག་པར་བཏང་སྙོམས་སུ་མ་བྱས་ན་ནི། སེམས་ཀུན་ནས་ཉོན་མོངས་པ་ཅན་དུ་གྱུར་པས། འཁོར་བ་ན་འཁོར་བར་འགྱུར་རོ། །ཀུན་ནས་ཉོན་མོངས་པ་ཅན་གྱི་སེམས་ཀྱིས་འཁོར་བ་ནི། ་སངས་རྒྱས་ཀྱི་ཆོས་རྣམས་དང། སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་པར་མི་ནུས་སོ། །གལ་ཏེ་མི་རྟག་པ་ལ་སོགས་པའི་རྣམ་པ་དག་པའི་འཁོར་བ་ལས་སེམས་སྐྱོ་བར་གྱུར་ན། དེ་ལྟ་ན་ནི་བྱང་ཆུབ་སེམས་དཔའ་མྱུར་བ་མྱུར་བར་ཡོངས་སུ་མྱ་ངན་ལས ་འདའ་བར་འགྱུར་རོ། །བྱང་ཆུབ་སེམས་དཔའ་མྱུར་པ་མྱུར་བར་ཡོངས་སུ་མྱ་ངན་ལས་འདས་ནི། དེ་ལྟ་ན་ཡང་སངས་རྒྱས་ཀྱི་ཆོས་རྣམས་དང། སེམས་ཅན་རྣམས་ཀྱང་ཡོངས་སུ་སྨིན་པར་བྱེད་མི་ནུས་ན། བླ་ན་མེད་པ་ཡང་དག་པའི་རྫོགས་པའི་བྱང་ཆུབ་མངོན་པར ་རྫོགས་པར་འཚང་རྒྱ་བར་ལྟ་ག་ལ་འགྱུར།། །།བམ་པོ་གསུམ་པ། བྱང་ཆུབ་སེམས་དཔའ་སྟོང་པ་ཉིད་དུ་མོས་པ་དེས་སྦྱོར་བ་ན། མྱ་ངན་ལས་འདས་པས་སྐྲག་པར་ཡང་མི་འགྱུར་ལ། མྱ་ངན་ལས་འདས་པ་དོན་དུ་གཉེར་བར་ཡང་མི་བྱེད་དོ། །གལ་ཏེ ་བྱང་ཆུབ་སེམས་དཔའ་མྱ་ངན་ལས་འདས་པས་སྐྲག་པར་གྱུར་ན་ནི། འདི་ལྟར་ཡིད་སྐྲག་པས་མྱ་ངན་ལས་འདས་པའི་ཕན་ཡོན་མ་མཐོང་བ་དང། དེ་ལ་ཡོད་པའི་ཡོན་ཏན་མཐོང་བའི་དད་པ་དང། མོས་པ་སྤངས་པའི་བྱང་ཆུབ་སེམས་དཔའ་དེ་གོང་དུ་མྱ ་ངན་ལས་འདས་བའི་ཚོགས་ཡོངས་སུ་རྫོགས་པར་མི་འགྱུར་རོ། །གལ་ཏེ་བྱང་ཆུབ་སེམས་དཔའ་མྱ་ངན་ལས་འདས་པ་དོན་དུ་གཉེར་བ་ལ་ཤས་ཆེར་གནས་པར་གྱུར་ན་ནི། མྱུར་བ་ཉིད་དུ་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་རོ། །མྱུར་དུ་ཡོངས་སུ་མྱ་ངན་ལས་འདས་ན་སངས་རྒྱས ་ཀྱི་ཆོས་རྣམས་དང། སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་པར་མི་འགྱུར་རོ། །དེ་ལ་འཁོར་བ་ཡང་དག་པར་ཇི་ལྟ་བ་བཞིན་དུ་ཡོངས་སུ་མ་ཤེས་ཏེ། ཀུན་ནས་ཉོན་མོངས་པ་ཅན་གྱི་སེམས་ཀྱིས་འཁོར་བ་ན་འཁོར་བ་གང་ཡིན་པ་དང། འཁོར་བ་ལས་ཡིད་སྐྱོ་སྟེ། ་མྱུར་དུ་མྱ་ངན་ལས་འདས་པ་གང་ཡིན་པ་དང། མྱ་ངན་ལས་འདས་པས་ཡིད་སྐྲག་སྟེ། དེའི་ཚོགས་ཡོངས་སུ་རྫོགས་པར་མི་འགྱུར་བ་གང་ཡིན་པ་དང། མྱ་ངན་ལས་འདས་པ་དོན་དུ་གཉེར་བ་ལས་ཤས་ཆེར་གནས་ཏེ། མྱུར་དུ་ཡོངས་སུ་མྱ་ངན་ལས་འདའ་བ་གང ་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའ་ཨི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་བྱ་བ་ལ་ཐབས་མི་མཁས་པ་ཡིན་པར་རིག་པར་བྱའོ། །འཁོར་བ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་ཏེ། ཀུན་ནས་ཉོན་མོངས་པ་ཅན་མ་ཡིན་པའི་སེམས་ཀྱིས ་འཁོར་བ་ན་འཁོར་བ་གང་ཡིན་པ་དང། འཁོར་བ་ལ་མི་རྟག་པ་ལ་སོགས་པ་རྣམ་པ་གང་གིས་ཡིད་མི་སྐྱེ་སྟེ་མྱུར་དུ་ཡོངས་སུ་མྱ་ངན་ལས་མི་འདའ་བ་གང་ཡིན་པ་དང། མྱ་ངན་ལས་འདས་པས་ཡིད་མི་སྐྲག་སྟེ། དེའི་ཚོགས་ཡོངས་སུ་རྫོགས་པར་འགྱུར་བ ་གང་ཡིན་པ་དང། མྱ་ངན་ལས་འདས་པའི་ཡོན་ཏན་དང། ཕན་ཡོན་མཐོང་ཏེ། ཧ་ཅང་སྤྲོ་བར་མི་འགྱུར་ཅིང་མྱུར་དུ་མྱ་ངན་ལས་འདའ་བ་མ་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའ་ཨི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་བྱ་བའི་ཐབས་ཆེན་པོ་ཡིན་ནོ ་ཐབས་དེ་ཡང་སྟོང་པ་ཉིད་ཀྱི་མཆོག་ལ་མོས་པ་འདི་ལ་བརྟེན་པ་ཡིན་ཏེ། དེ་བས་ན་སྟོང་པ་ཉིད་ཀྱི་མཆོག་ལ་མོས་པ་བསྒོམ་པ། བྱང་ཆུབ་སེམས་དཔའ་ཨི་སློབ་པའི་ལམ་གྱིས་བསྡུས་པ་ནི་འདི་ལྟ་སྟེ། དེ་བཞིན་གཤེགས་པ་ཡེ་ཤེས་ཐོབ་པར་བྱ་བའི་ཐབས་ཆེན ་པོ་ཞེས་བྱའོ། །བྱང་ཆུབ་སེམས་དཔའ་དེ་ནི་ཆོས་བདག་མེད་པའི་ཡེ་ཤེས་རིང་དུ་ཞུགས་པ་དེས་ཆོས་ཐམས་ཅད་ཀྱི་བརྗོད་དུ་མེད་བའི་ངོ་བོ་ཉིད་ཡང་དག་པར་ཇི་ལྟ་བ་བཞིན་དུ་རྟོགས་པ་དངོས་པོ་ཙམ་མམ། དེ་བཞིན་ཉིད་ཙམ་དུ་འཛིན་པ་མ་གཏོགས་པར ་ཆོས་གང་ལ་ཡང་རུང་སྟེ། ཇི་ལྟ་བུར་ཡང་རྣམ་པར་རྟོག་པར་མི་བྱེད་དོ། །འོན་ཀྱང་འདི་སྙམ་དུ་འདི་ནི་དངོས་པོ་ཙམ་མོ། །འདི་ནི་དེ་བཞིན་ཉིད་ཙམ་མོ་སྙམ་དུ་ཡང་དེ་མི་སེམས་ལ། བྱང་ཆུབ་སེམས་དཔའ་དེ་དོན་ནི་སྤྱོད་པར་བྱེད་དོ། །དོན་གྱི་དམ་པ་ལ་སྤྱོད་ན། ཆོས་ཐར ་དེ་བཞིན་ཉིད་དེ་དང་མཚུངས་མཉམ་པར་ཡང་དག་པ་ཇི་ལྟ་བ་བཞིན་དུ། ཤེས་རབ་ཀྱིས་མཐོང་སྟེ། ཐམས་ཅད་ལ་མཉམ་པར་ལྟ་ཞིང་སེམས་སྙོམས་པས་བཏང་སྙོམས་ཀྱི་མཆོག་ཐོབ་པར་འགྱུར་རོ། །དེ་ལ་བརྟེན་ན་བྱང་ཆུབ་སེམས་དཔའ་ཨི་རག་པའི་གནས ་ཐམས་ལ་མཁས་པར་བྱ་བ་ལ་སྦྱོར་བ་ན། ཡོངས་སུ་ངལ་པ་ཐམས་ཅད་དང། སྡུག་བསྔལ་གྱིས་ཐེབས་པ་ཐམས་ཅད་ཀྱིས་སྒྱིད་ལུག་པར་མི་འགྱུར་ལ། ལུས་ངལ་བ་མེད་པ་དང། སེམས་ངལ་པ་མེད་པས་དེ་ལ་མཁས་པ་མྱུར་དུ་ཡང་དག་པར་སྒྲུབ ་པར་བྱེད། དྲན་པའི་སྟོབས་བསྐྱེད་པ་ཆེན་པོ་ཡང་ཐོབ་པར་འགྱུར་རོ། །མཁས་པར་གྱུར་པ་དེས་ཀྱང་ཁེངས་པར་མི་འགྱུར་ལ། གཞན་དག་ལ་ཡང་སློབ་དཔོན་གྱི་དཔེ་མཁྱུད་མི་བྱེད་དོ། །མཁས་པར་བྱ་བ་ཐམས་ཅད་ལ་ཡང་སེམས་ཞུམ་པར་མི་འགྱུར་ཞིང། ་སྤྲོ་བ་དང་ལྡན་ཏེ། འཇུག་པ་ཡང་ཐོགས་པ་མེད་པར་འགྱུར་རོ། །གོ་ཆའི་སྦྱོར་བ་ཡང་བསྟན་པར་འགྱུར་ཏེ། ཇི་ལྟ་ཇི་ལྟར་འཁོར་བ་ན་འཁོར་བའི་ཚེ། སྡུག་བསྔལ་བའི་ཁྱད་པར་རྙེད་པ་དེ་ལྟ་དེ་ལྟར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་སྤྲོ་བ ་སྐྱེ་བར་འགྱུར་རོ། །ཇི་ལྟ་ཇི་ལྟར་ལུས་ཀྱི་ཁྱད་པར་ཐོབ་པར་གྱུར་པ་དེ་ལྟ་དེ་ལྟར་སེམས་ཅན་རྣམས་ལ་ཤིན་ཏུ་ང་རྒྱལ་མེད་པར་འགྱུར་རོ། །ཇི་ལྟ་ཇི་ལྟར་ཤེས་པའི་ཁྱད་པར་ཐོབ་པ་དེ་ལྟ་དེ་ལྟར་གཞན་ལ་ཀླན་ཀ་ཚོལ་བ་དང། རྩོད་པ་དང། སྨྲ་བ་མང་བ་དང། ་ཉོན་མོངས་པ་དང། ཉེ་བའི་ཉོན་མོངས་པ་རྣམས་དང། ཚུལ་འཁྲུལ་པ་ཀུན་ཏུ་སྤྱོད་པ་རྣམས་ཡོངས་སུ་ཤེས་པར་བྱས་ཤིང་ཡོངས་སུ་ཤེས་པར་བྱས་ནས་ཤེས་ཆེར་སེམས་ཀྱིས་ལྷག་པར་བཏང་སྙོམས་སུ་བྱེད་དེ། ཇི་ལྟ་ཇི་ལྟར་ཡོན་ཏན་དག་གིས་སྐྱེ་བ་དེ་ལྟ་དེ་ལྟར་དགེ་བ་མི་བཅོམ་པར ་འགྱུར་ཞིང། གཞན་ལས་ཤེས་ཀྱི་ཁེ་དང། རྙེད་པ་དང། བཀུར་སྟི་མི་ཚོལ་ཏེ། བྱང་ཆུབ་སེམས་དཔའ་ཡེ་ཤེས་དེ་ལ་བརྟེན་པ་ལ་ནི་དེ་ལྟ་བུ་འདི་དག་དང་མཐུན་པའི་ཕན་ཡོན་མང་པོ་བྱང་ཆུབ་ཀྱི་ཕྱོགས་དང། བྱང་ཆུབ་དང་མཐུན་པ་དག་འབྱུང་བ་འགྱུར་རོ། །དེ་བས་ན་གང ་ལ་ལ་དག་བྱང་ཆུབ་ཐོབ་པར་གྱུར་པ་དང། གང་ལ་ལ་དག་ཐོབ་པར་འགྱུར་བ་དང། གང་དག་ཐོབ་པ་དེ་དག་ཐམས་ཅད་ནི་ཡེ་ཤེས་དེ་ཉིད་ལ་བརྟེན་ནས་ཏེ། དམན་པ་འམ། ཁྱད་པར་ཅན་གཞན་ལས་མ་ཡིན་ནོ། །བྱང་ཆུབ་སེམས་དཔའ་དེ་ལྟར་སྤྲོས་པ་མེད་པའི ་ཚུལ་ལ་ཞུགས་ཤིང། དེ་ལྟར་ཕན་ཡོན་མང་པོ་དང་ལྡན་པ་ནི། བདག་ཉིས་ཀྱང་སངས་རྒྱས་ཀྱི་ཆོས་ཡོངས་སུ་སྨིན་པར་བྱ་བ་དང། གཞན་དག་ཀྱང་ཐེག་པ་གསུམ་གྱི་ཆོས་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་ཡང་དག་པར་ཞུགས་པ་ཡིན་ནོ། །འདི་ལྟར་ཡང་ཡང་དག་པར་ཞུགས ་པ་ཡིན་ཏེ། ལོངས་སྤྱོད་རྣམས་དང། ལུས་ལ་ཡང་སྲེད་པ་མེད་ལ། སེམས་ཅན་རྣམས་ལ་ལོངས་སྤྱོད་དང། ལུས་ཡོངས་སུ་གཏོང་བའི་ཕྱིར་ཡང་སྲེད་པ་མེད་པར་སློབ་བོ། །སེམས་ཅན་རྣམས་ཀྱི་དོན་གྱི་ཕྱིར་ལུས་དང་ངག་བསྡམས་ཤིང། ཤིན་ཏུ་བསྡམས་པ ་ཡང་ཡིན་ལ། རང་བཞིན་གྱིས་སྡིག་པ་ལ་མི་དགའ་བ་དང། རང་བཞིན་གྱིས་བཟང་ཞིང་དགེ་བའི་ཕྱིར་སྡོག་པ་ལ་ཡང་སློབ་པའོ། །གཞན་ལས་གནོད་པ་དང། ལོག་པར་སྒྲུབ་པ་བྱུང་བ་ཐམས་ཅད་ལ་ཡང་བཟོད་པ་ཡིན་ལ། ཁྲོ་བ་ཆུང་བར་བྱ་བ་དང། གཞན་ལ ་གནོད་པ་མི་བྱ་བའི་ཕྱིར་བཟོད་པ་ལ་ཡང་སློབ་པོ། །སེམས་ཅན་རྣམས་ཀྱི་ཐེ་ཚོམ་གསལ་བ་དང། ཕན་གདགས་པ་བསྒྲུབ་པ་དང། བདག་ཉིད་ཐམས་ཅད་མཁྱེན་པ་ཉིད་ཀྱི་རྒྱུ་ཡོངས་སུ་གཟུང་བའི་ཕྱིར་རིག་པའི་གནས་ཐམས་ཅད་ལ་ཡང་བརྩོན་པ་འམ། མཁས་པ ་ཡིན་ནོ། །སེམས་ཅན་ནང་ན་གནས་ཤིང་སེམས་ཤིན་ཏུ་མཉམ་པར་གཞག་པ་ཡང་ཡིན་ལ། སེམས་གནས་པར་བྱ་བ་དང། ཚངས་པའི་གནས་པ་བཞི་ཡོངས་སུ་དག་པར་བྱ་བ་དང། མངོན་པར་ཤེས་པ་ལྔས་རྣམ་པར་རྩེ་བས་སེམས་ཅན་གྱི་བྱ་བ་སྒྲུབ ་པ་དང། མཁས་པར་བྱ་བ་ཐམས་ཅད་ལ་མངོན་བར་བརྩོན་པ་ལས་བྱུང་བའི་དལ་པ་བསལ་བའི་ཕྱིར་ཡང་སློབ་བོ། །མཛད་བ་ཤིན་དེ་ཁོ་ན་ཆོག་ཤེས་པ་ཡང་ཡིན་ལ། ཕྱི་མ་ལ་བདག་ཉིད་ཐེག་པ་ཆེན་པོས་ཡོངས་སུ་མྱ་ངན་ལས་འདའ་བར་བྱ་བའི་ཕྱིར། དེ་ཁོ ་ན་ཆོག་ཤེས་པ་ལ་ཡང་སློབ་པོ། །བྱང་ཆུབ་སེམས་དཔའ་དེ་ལྟར་ཡང་དག་པའི་སྦྱོར་བ་བྱེད་བྱེད་པ་དེ་ནི་སེམས་ཅན་ཡོན་ཏན་དང་ལྡན་པ་རྣམས་ལ་ནི་མཆོད་པ་དང། རྙེད་པ་དང། བཀུར་སྟི་བྱེད་པར་ཉེ་བར་གནས་པ་ཡིན་ནོ། །སེམས་ཅན་སྐྱོན་ཅན་རྣམས་ལ་ནི། ་མཆོག་ཏུ་སྙིང་རྗེ་བའི་སེམས་དང། སྙིང་བརྩེ་བའི་སེམས་ཀྱིས་ཉེ་བར་གནས་པ་ཡིན་ཏེ། ཅི་ནུས་ཅི་ལྕོགས་སུ་དེ་དག་གི་སྐྱོན་བསལ་བའི་ཕྱིར་ཡང་སྦྱོར་བར་བྱེད་དོ། །སེམས་ཅན་གནོད་པ་བྱེད་པ་རྣམས་ལ་ནི་བྱམས་པའི་སེམས་ཀྱིས་ཉེ་བར་གནས་པ ་ཡིན་ཏེ། གནོད་པར་བྱེད་པ་དེ་དག་གི་རང་གི་བསམ་པ་དང། སྦྱོར་བའི་ཉེས་པས་ཁོ་ན་གྱི་སེམས་སུ་གྱུར་པ་སྤང་བའི་ཕྱིར། གཡོ་དང་སྒྱུ་མེད་པར་ཅི་ནུས་ཅི་ལྕོགས་སུ་ཕན་པ་དང། བདེ་བ་ཉེ་བར་སྒྲུབ་བོ། །སེམས་ཅན་ཕན་འདོགས་པ་རྣམས་ལ་ནི་བྱས་པ་གཟོ ་བས་ལན་དུ་ཕན་གདགས་པ་དེ་དང་མཉམ་བ་འམ། ལྷག་པར་ཉེ་བར་གནས་པ་ཡིན་ཏེ། དེ་དག་གི་ཆོས་དང་མཐུན་བའི་བསམ་པ་ཡང་ཅི་ནུས་ཅི་ལྕོགས་སུ་ཡོངས་སུ་རྫོགས་པར་བྱེད་དོ། །མཐུ་མངོན་ཡང་མ་བཅོལ་བར་དོན་དུ་བྱ་བ་དེ་དང་དེ་དག་ལ་གུས་པར ་རྩོལ་བ་སྟོན་པར་བྱེད་དེ། ལན་འགའ་བྱས་པ་ཙམ་གྱིས་མི་གཏོང་ཞིང། ཅི་ནས་བདག་གིས་མ་ནུས་པ་ཡིན་གྱི་བྱེད་མི་འདོད་པ་ནི་མ་ཡིན་ནོ་སྙམ་དུ་དེས་ཤེས་པར་བྱེད་དོ། དེ་ལྟ་བུ་དང་མཐུན་པ་དེ་དག་ནི་བྱང་ཆུབ་སེམས་དཔའ་སྤྲོས་སྤྲོས་པ་མེད་པའི་ཚུལ ་ལ་ཞུགས་ཤིང་དེ་ཁོ་ན་ཆོག་ཤེས་པ་ལ་བརྟེན་པའི་ཡང་དག་པའི་སྦྱོར་བ་ཡིན་པར་རིག་པར་བྱའོ། །དེ་ལ་རིགས་པ་གང་གིས་ཆོས་ཐམས་ཅད་བརྗོད་དུ་མེད་པའི་ངོ་བོ་ཉིད་ཡིན་པར་རིག་པར་ཇི་ལྟར་ཁོང་དུ་ཆུད་པར་བྱ་ཞེ་ན། ཆོས་རྣམས་ཀྱི་ངང་གི་མཚན་ཉིད་དུ ་འདོགས་པ་འདི་ལྟ་སྟེ། གཟུགས་ཞེས་བྱ་བ་འམ། ཚོར་བ་ཞེས་བྱ་བ་འམ། འདུ་ཤེས་ཞེས་བྱ་བ་འམ། འདུ་བྱེད་རྣམས་ཤེས་བྱ་བ་འམ། རྣམ་པར་ཤེས་པ་ཞེས་བྱ་བ་ནས། སྔ་མ་བཞིན་དུ་ཐ་ན་མྱ་ངན་ལས་འདས་པ་ཞེས་བྱ་བའི་བར་གང་ཡིན་པ་དེ་ནི་བཏགས་པ ་ཙམ་དུ་ཟད་པར་རིག་པར་བྱ་སྟེ། ངོ་བོ་ཉིད་ཀྱང་མ་ཡིན་དེ་ལས་མ་གཏོགས་པ་དང་དེ་ལས་གུང་ན་ཡང་དག་གི་སྤྱོད་ཡུལ་དང་ངག་གི་ཡུལ་མེད་དོ། །དེ་ལྟར་ན་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་ནི་ཇི་ལྟར་བརྗོད་པ་དེ་བཞིན་དུ་ཡོང་པར་མི་འགྱུར་ལ། ཐམས་ཅད་ཀྱི་ཐམས ་ཅད་དུ་མེད་པ་ཡང་མ་ཡིན་ནོ། །དེ་དེ་ལྟར་ཡོད་པ་ཡང་མ་ཡིན་ལ། ཐམས་ཅད་ཀྱི་ཐམས་ཅད་དུ་མེད་པ་ཡང་མ་ཡིན་ན། ཇི་ལྟར་ཡང་ཅེ་ན། རང་གི་མཚན་ཉིད་ཀྱི་ཡོད་པ་མ་ཡིན་པ་ལ་སྒྲོ་བཏགས་པའི་ལེགས་པར་མ་ཟིན་པ་སྤངས་པ་དང། ཡང་དག་པ་ལ་སྐུར ་བ་བཏབ་པའི་ལེགས་པར་མ་ཟིན་པ་སྤངས་པ་ཡོད་དོ། །ཆོས་ཐམས་ཅད་ཀྱི་དོན་དམ་པའི་ངོ་བོ་ཉིད་དེ་ཡང་རྣམ་པར་མི་རྟོག་པའི་ཡེ་ཤེས་ཁོ་ནའི་སྤྱོད་ཡུལ་ཡིན་པར་རིག་པར་བྱའོ། །གལ་ཏེ་ཆོས་གང་དག་དང། དངོས་པོ་གང་ལ་ཇི་ལྟར་བརྗོད་པ་འཇུག ་པ་བཞིན་དུ་ཆོས་དེ་དག་དང་དངོས་པོ་དེ་དེའི་བདག་ཉིད་དུ་འགྱུར་ན་ནི། དེ་ལྟར་ན་ནི་ཆོས་གཅིག་པུ་དང། དངོས་པོ་གཅིག་བུའི་ངོ་བོ་ཉིད་རྣམ་པ་སྣ་ཚོགས་མང་པོར་འགྱུར་བར་རིགས། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཆོས་གཅིག་པུ་དང། དངོས་པོ་གཅིག་བུ་ལ ་མེད་པ་དག་གིས་རྣམ་པ་སྣ་ཚོགས་མང་པོར་བརྗོད་ཅིང་འདོགས་ཏེ་ཉེ་བར་འདོགས་པར་བྱེད་ལ། འདོགས་པའི་ཚིག་རྣམ་པ་སྣ་ཚོགས་མང་པོ་དག་ལས་འདོགས་པའི་ཚིག་གང་ཡང་རུང་བ་གཅིག་ཅིག་ཆོས་དེ་དང་དངོས་པོ་དེ་ལ་དེའི་བདག་ཉིད་དང་དེའི་རང ་བཞིན་གྱི་ངོ་བོ་ཉིད་དུ་འགྱུར་ལ། འདོགས་པའི་ཚིག་ལྷག་མ་གཞན་དག་ནི་མ་ཡིན་ནོ། །ཞེས་བྱ་བའི་དེས་པ་ཅི་ཡང་མི་དམིགས་ཏེ། དེ་བས་ན་འདོགས་པའི་ཚིག་ཐམས་ཅད་ནི་མཛའ་དག་གམ། ཁ་ཅིག་ཀྱང་རུང་སྟེ། ཆོས་ཐམས་ཅད་དང་དངོས ་པོ་ཐམས་ཅད་ཀྱི་དེའི་བདག་ཉིད་འགྱུར་བ་ཡང་མེད་ལ། དེའི་རང་བཞིན་གྱི་ངོ་བོ་ཉིད་དུ་འགྱུར་བ་ཡང་མེད་དོ། །གཞན་ཡང་གལ་ཏེ་གཟུགས་ལ་སོགས་པའི་ཆོས་སྔར་ཇི་སྐད་བསྟན་པ་རྣམས་འདགས་པའི་ཚིག་གི་ངོ་བོ་ཉིད་མ་ཡིན་དུ་ཟིན་ན། དེ་ལྟ་ན་ཇེ?་དངོས ་བོར་སྔར་བྱུང་ལ། ཕྱིས་དེ་ལ་དགའ་མགུར་འདོགས་པའི་ཚིག་ཉེ་བར་འདོགས་ན་ནི། འདོགས་པའི་ཚིག་གིས་ཉེ་བར་འདོགས་པའི་སྔ་རོལ་འདོགས་པའི་ཚིག་གིས་ཉེ་བར་མ་བཏགས་པའི་ཚེ། ཆོས་དེ་དང་དངོས་པོ་དེ་ངོ་བོ་ཉིད་མེད་པ་ཁོ་ནར་འགྱུར་རོ། ། ་ངོ་བོ་ཉིད་མེད་པར་གྱུར་ན་ཡང་དངོས་པོ་མེད་པ་ལ་ནི་འདོགས་པའི་ཚིག་གིས་ཉེ་བར་གདགས་སུ་མི་རུང་ངོ། །འདོགས་པའི་ཚིག་གིས་ཉེ་བར་འདོགས་པ་མེད་ན་ཡང། ཆོས་དང་དངོས་པོ་འདོགས་པའི་ཚིག་གི་ངོ་བོ་ཉིད་དུ་ཡོད་པར་མི་རུང་ངོ། །གལ་ཏེ་འདོགས ་པའི་ཚིག་ཉེ་བར་འདོགས་པའི་སྔ་རོལ་ནས། གཟུགས་དེ་གཟུགས་ཀྱི་བདག་ཉིད་ཡིན་ཏེ། ཕྱིས་ཀྱང་གཟུགས་ཀྱི་བདག་ཉིད་ལ་གདགས་པའི་ཚིག་གིས་བསྡུས་པའི་གཟུགས་སུ་ཉེ་བར་འདོགས་པར་བྱེད་ན་ཡང། དེ་ལྟ་ན་ནི་གཟུགས་ཞེས་འདོགས ་པའི་ཚིག་ཉེ་བར་འདོགས་པ་དེ་མེད་གཞན་དུ་ཡང་གཟུགས་ཞེས་བྱ་བར་འགྱུར་བའི་ཆོས་དང། གཟུགས་ཞེས་བྱ་བར་འགྱུར་བའི་དངོས་པོ་དེ་ལ་གཟུགས་ཀྱི་བློ་འཇུག་པར་འགྱུར་བའི་རིགས་ན་མི་འཇུག་སྟེ། དེ་བས་ན་གཏན་ཚིགས་འདི་དང། རིགས ་འདིས་ཆོས་ཐམས་ཅད་བརྗོད་དུ་མེད་པའི་ངོ་བོ་ཉིད་དུ་ཁོང་དུ་ཆུད་པར་བྱའོ། །གཟུགས་ལ་ཇི་ལྟ་བ་བཞིན་དུ་ཚོར་བ་ལ་སོགས་པ་ནས། ཐ་ན་མྱ་ངན་ལས་འདས་པའི་པ་དུ་ཇི་སྐད་བསྟན་པའི་ཚེས་རྣམས་ལ་ཡང་དེ་བཞིན་དུ་རིག་པར་བྱའོ། །གཟུགས ་ལ་སོགས་པའི་ཆོས་རྣམས། གཟུགས་ལ་སོགས་པའི་དངོས་པོ་ལ་འདོགས་བའི་ཚིག་གི་ངོ་བོ་ཉིད་ཀྱི་རང་གི་མཚན་ཉིད་ཡོད་པ་མ་ཡིན་པ་ལ་སྒྲོ་བཏགས་ནས་མངོན་པར་ཞེན་པ་གང་ཡིན་པ་དང། འདོག་པའི་ཚིག་གི་མཚན་མའི་གཞི་འདོགས་པའི་ཚིག་གི ་མཆན་མའི་རྟེན་དུ་གྱུར་པ། བརྗོད་དུ་མེད་པའི་བདག་ཉིད་ཀྱིས་དོན་དམ་པར་ཡོད་པ་ཡང་དག་པའི་དངོས་པ་ལ་ཐམས་ཅད་ཀྱི་ཐམས་ཅད་དུ་མེད་དོ་ཞེས་སྐུར་པ་འདེབས་ཤིང་ཆུད་གཟོན་པར་བྱེད་པ་གང་ཡིན་པ་འདི་གཉིས་ནི་ཆོས་འདུལ་བ་འདི་ལ་རབ་ཏུ་ཉམས་པ ་ཡིན་པར་རིག་པར་བྱའོ། །ཡོད་པ་མ་ཡིན་བ་ལ་སྒྲོ་འདོགས་པའི་ཉེས་པ་གང་ཡིན་པ་དེ་དག་ནི་ཐོག་མ་ཉིད་དུ་དཔྱད་ཅིང་བསལ་བར་བྱས་ལ། བསྐྲོལ་ཞིང་བརྟན་ཟིན་ཏེ་ཉེས་པ་དེ་དག་གིས་གཟུགས་ལ་སོགས་པའི་དངོས་པོ་ཡོད་པ་མ་ཡིན་པ་ལ་སྒྲོ་བཏགས་པས ་ཆོས་འདུལ་བ་འདི་ལས་རབ་ཏུ་ཉམས་བ་ཡིན་པར་རིགས་པར་བྱའོ། གཟུགས་ལ་སོགས་པའི་ཆོས་རྣམས་ཀྱི་དངོས་པོ་ཙམ་ལ་ཡང་སྐུར་བ་དེབས་ཤིང། ཐམས་ཅད་ཆུང་གཟོན་པ་དེ་དག་ཆོས་འདུལ་པ་འདི་ལས་ཇི་ལྟར་རབ་ཏུ་ཉམས་པར་འགྱུར་བ་དེ? ་ལྟར་བཤད་པར་བྱ་སྟེ། གཟུགས་ལ་སོགས་པའི་ཆོས་རྣམས་ཀྱི་དངོས་པོ་ཙམ་ལ་སྐུར་པ་འདེབས་པ་ལ་ནི་དེ་ཁོ་ན་ཡང་མེད་པ་ལ་འདོགས་པ་ཡང་དེ་གཉིས་ཀ་ཡང་མི་རིགས་སོ། །འདི་ལྟ་སྟེ་དཔེར་ན་གཟུགས་ལ་སོགས་པའི་ཕུང་པོ་རྣམས་ཡོད་ན། གང་ཟག ་གདགས་སུ་རུང་གི། མེད་དུ་ཟིན་ན་ནི་དངོས་པོ་མེད་པ་ལ་གང་ཟག་གདགས་སུ་མོད་དོ། །དེ་བཞིན་དུ་གཟུགས་ལ་སོགས་པའི་ཆོས་རྣམས་ཀྱི་དངོས་པོ་ཙམ་ཡོད་ན། གཟུགས་ལ་སོགས་པའི་ཆོས་འདོག་པའི་ཚིག་ཉེ་བར་གདགས་སུ་རུང་གི་མེད་དུ་ཟིན་ན་དངོས་པོ་མེད ་པ་ལ་གདགས་པའི་ཚིག་གིས་ཉེ་བར་འདོགས་པ་མེད་དོ། །དེ་ལ་འདོགས་པའི་གཞི་མེད་དུ་ཟིན་ན་ནི། གཞི་མེད་པར་གྱུར་པས་འདོགས་པ་འང་མེད་པར་འགྱུར་རོ། །དེ་བས་ན་གང་དག་ཁ་ཅིག་ཤེས་པར་དཀའ་བའི་མདོ་སྡེ་ཐེག་པ་ཆེན་པོ་དང་ལྡན་པ་ཟབ་མོ་སྟོང་བ ་ཉིད་དང་ལྡན་པ། དགོངས་པའི་དོན་བསྟན་པ་དག་ཐོས་ན་བཤད་པའི་དོན་ཡང་དག་པ་ཇི་ལྟ་བ་བཞིན་དུ་མ་ཤེས་ན་ཚུལ་བཞིན་མ་ཡིན་པ་རྣམ་པར་བརྟགས་ཏེ། རིགས་པ་མ་ཡིན་པས་བསྐྱེད་པའི་རྟོགས་པ་ཙམ་གྱིས་འདི་ཐམས་ཅད་ནི ་བརྟགས་པ་ཙམ་དུ་ཟད་དེ། འདི་ནི་དེ་ཁོ་ན་ཡིན་ནོ། སུ་འདི་ལྟར་ལྟ་བ་དེ་ནི་ཡང་དག་པར་ལྟ་བ་ཡིན་ནོ་ཞེས་དེ་ལྟར་ལྟ་ཞིང་དེ་སྐད་སྨྲའོ། །དེ་དག་གི་ལྟར་ན་འདོགས་པའི་གཞི་དངོས་པོ་ཙམ་ཡང་མེད་པས། འདོགས་པ་དེ་ཉིད་ཀྱང་ཐམས་ཅད་ཀྱི་ཐམས་ཅད་དུ་མེད ་པར་འགྱུར་ན། བཏགས་ཙམ་གྱི་དེ་ཁོ་ན་ལྟ་ཡོད་པར་ག་ལ་འགྱུར་ཏེ། དེ་བས་ན་རྣམས་གྲངས་དེས་ན་དེ་དག་གིས་ནི་དེ་ཁོ་ན་དང། བཏགས་པ་དེ་གཉི་ག་ལ་ཡང་སྐུར་པ་བཏབ་པར་འགྱུར་ཏེ། བཏགས་པ་དང། དེ་ཁོ་ན་ལ་སྐུར་པ་བཏབ་པས་ན། མེད ་པར་ལྟ་བའི་གཙོ་བོ་ཡིན་པར་རིག་པར་བྱའོ། །དེ་ལྟར་མེད་པ་དེ་ནི་ཚངས་པ་མཚུངས་པར་སྤྱོད་པ་མཛངས་པ་རྣམས་ཀྱིས་སྨོས་པའི་འོས་མ་ཡིན་པ་དང། འགྲེགས་པར་མི་བྱ་བ་ཡིན་ཏེ། དེ་ནི་བདག་ཉིད་ཀྱང་འཕུང་པར་བྱེད་ལ། འཇིག་རྟེན་གང་དེའི ་ལྟ་བ་ལ་ཕྱོགས་པ་ཡང་འཕུང་བར་བྱེད་དོ། །བཅོམ་ལྡན་འདས་ཀྱིས་འདི་ལ་དགོངས་ནས། འདི་ན་ལ་ལ་གང་ཟག་ཏུ་ལྟ་བ་ནི་བླའི། ལ་ལ་སྟོང་པ་ཉིད་ལ་ལོག་པར་ཟིན་པ་ནི་དེ་ལྟ་མ་ཡིན་ནོ?་ཞེས་བཀའ་སྩལ་ཏེ། དེ་ཅིའི་ཕྱིར་ཞེ་ན། གང་ཟག་དུ་ལྟ་བ་ཅན ་གྱི་སྐྱེ་བ་པོ་ནི་ཤེས་བྱ་ལ་རྨོངས་པ་འབའ་ཞིག་ཏུ་ཟད་དོ། །ཤེས་བྱ་ཐམས་ཅད་ལ་སྐུར་པ་འདེབས་པ་མ་ཡིན་ཏེ། གཞི་ངེས་སེམས་ཅན་དམྱལ་བ་རྣམས་སུ་སྐྱེ་བར་མི་འགྱུར་ལ། གཞན་ཆོས་འདོད་པ་དང། སྡུག་བསྔལ་ལས་རྣམ་པར་ཐར་པར་འདོད ་པ་དག་ཀྱང་ཕུང་པོར་མི་བྱེད་ཅིང་སླུ་བར་མི་བྱེད་ལ། ཆོས་དང་བདེན་པ་ལ་ཡང་འགོད་པར་བྱེད་དོ། །བསླབ་པའི་གཞི་དག་ལ་ཡང་གཡེལ་བར་མི་འགྱུར་རོ། །སྟོང་པ་ཉིད་ལ་ལོག་པར་ཟིན་པ་ནི་ཤེས་བྱའི་དངོས་པོ་ལ་ཡང་རྨོངས་ལ། ཤེས་བྱ་ཐམས་ཅད ་ལ་ཡང་སྐུར་པ་འདེབས་ཏེ། གཞི་ངེས་སེམས་ཅན་དམྱལ་བ་རྣམས་སུ་ཡང་སྐྱེ་བར་འགྱུར་ལ། གཞན་ཆོས་འདོད་པ་དང། སྡུག་བསྔལ་ལས་རྣམ་པར་ཐར་པར་འདོད་པ་རྣམས་ཀྱང་ཕུང་བར་བྱེད་དོ། །བསླབ་པའི་གཞི་དག་ལ་ཡང་གཡེལ་བར་འགྱུར་ཏེ། དེ་ལྟར་ཡང་དག ་པ་ཇི་ལྟ་བ་བཞིན་གྱིས་དངོས་པོ་ལ་སྐུར་པ་འདེབས་པ་ནི་ཆོས་འདུལ་བ་འདི་ལས་རབ་ཏུ་ཉམས་པ་ཡིན་ནོ། །ཇི་ལྟར་ན་སྟོང་པ་ཉིད་ལ་ལོག་པར་འཛིན་པ་ཡིན་ཞེ་ན། དགེ་སློང་ངམ། བྲམ་ཟེ་གང་ལ་ལ་དག་གང་གིས་སྟོང་པ་དེ་ཡང་མི་འདོད་ལ་གང་གིས་གང་སྟོང་པ ་དེ་ཡང་མི་འདོད་པ་འདི་ལྟ་བུ་འདི་ནི་སྟོང་པ་ཉིད་ལ་ལོག་པར་ཟིན་པ། །ཞེས་བྱའོ། །དེ་ཅིའི་ཕྱིར་ཞེ་ན། གང་གིས་སྟོང་པ་དེ་མེད་པ་དང། གང་སྟོང་པ་དེ་ཡོད་པའི་སྟོང་པ་ཉིད་ནི་རིགས་པའི་ཕྱིར་རོ། །ཐམས་ཅད་མེད་ན་ནི་གང་དུ་ཅི་ཞིག་གང་གིས་སྟོང་པར་འགྱུར་ཏེ། དེས ་ན་དེ་ཉིད་སྟོང་པ་ཉིད་དུ་འགྱུར་དུ་ནི་མེ་རུང་ངོ། །དེ་བས་ན་དེ་ལྟ་བུ་ནི་སྟོང་པ་ཉིད་ལ་ལོག་པར་ཟིན་པ་ཡིན་ནོ། །ཇི་ལྟར་ན་སྟོང་པ་ཉིད་ལ་ལེགས་པར་ཟིན་པ་ཡིན་ཞེ་ན། གང་གི་ཕྱིར་གང་ལ་གང་མེད་པ་དེ་ནི་དེས་སྟོང་པར་ཡང་དག་པར་མཐོང་ལ། འདི་ལ་ལྷག་མ་གང ་ཡིན་པ་དེ་ནི་འདི་ན་ཡང་དག་པར་ཡོད་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་དེ་ནི་སྟོང་པ་ཉིད་ལ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཕྱིན་ཅི་མ་ལོག་པར་ཞུགས་པ་ཞེས་བྱ་སྟེ། འདི་ལྟ་སྟེ་གཟུགས་ཞེས་བྱ་བ་ལ་སོགས་པ་ཇི་སྐད་བསྟན་པའི་དངོས་པོ ་རྣམས་ལ་གཟུགས་ཞེས་བྱ་བ་ལ་སོགས་པར་འདོགས་པའི་ཚིག་གི་བདག་ཉིད་ཀྱི་ཆོས་མེད་དེ་བས་ན་གཟུགས་ཞེས་བྱ་བ་ལ་སོགས་པའི་དངོས་པོ་གཟུགས་ཞེས་བྱ་བ་ལ་སོགས་པར་འདོགས་པའི་ཚིག་གིས་བདག་ཉིད་དེས་སྟོང་དེ། །གཟུགས་ཞེས ་བྱ་བ་ལ་སོགས་པའི་དངོས་པོ་དེའི་ལྷག་མ་གང་ཞེ་ན། འདི་ལྟ་སྟེ། གཟུགས་ཞེས་པ་ལ་སོགས་པར་འདོགས་པའི་ཚིག་ཙམ་པོ་འདི་ཡིན་ཏེ། དེ་གཉི་ག་ཡང་འདི་ལྟ་སྟེ། དངོས་པོ་ཙམ་ཡོད་པ་དང། དངོས་པོ་ཙམ་དུ་འདོགས་པ་ཙམ་ཡོད་པར་ཡང ་དག་པར་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཏེ། ཡོད་པ་མ་ཡིན་པ་ལ་ཡང་སྒྲོ་མི་འདོགས་ལ། ཡང་དག་པ་ལ་ཡང་སྐུར་བ་མི་འདེབས་སོ། །ལྷག་པར་ཡང་མི་བྱེད་ལ་ཉུང་ངུར་ཡང་མི་བྱེད་དོ། །འདོར་བར་ཡང་མི་བྱེད་ལ། སྨོན་པར་ཡང་མི་བྱེད ་དེ་ཡང་དག་པ་ཇི་ལྟ་བ་དེ་བཞིན་ཉིད་བརྗོད་དུ་མེད་པའི་ངོ་བོ་ཉིད་དུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་དེ་ནི་སྟོང་པ་ཉིད་ལེགས་པར་ཟིན་པ་ཞེས་བྱ་སྟེ། ཡང་དག་པའི་ཤེས་རབ་ཀྱིས་ཤིན་ཏུ་རྟོགས་པ་ཞེས་བྱའོ། །འདི་ནི་རེ་ཞིག་འཐད་པས་སྒྲུབ ་བའི་རིགས་པ་དང་རྗེས་སུ་མཐུན་པ་ཡིན་ཏེ། འདིས་ཆོས་ཐམས་ཅད་བརྗོད་དུ་མེད་པའི་ངོ་བོ་ཉིད་དུ་རིག་པར་བྱའོ། །ཡིད་ཆེས་པའི་ལུང་གིས་ཀྱང་ཆོས་ཐམས་ཅད་བརྗོད་དུ་མེད་པའི་ངོ་བོ་ཉིད་དུ་རིག་པར་བྱ་སྟེ། བཅོམ་ལྡན་འདས་ཀྱིས་ཀྱང་སྲིད་པ་འཕོ་བའི ་མདོ་ལས། དོན་འདི་ཉིད་ཚིགས་སུ་བཅད་པའི་དབྱངས་ཀྱིས་འདི་སྐད་དུ། མིང་ནི་གང་དང་གང་གིས་སུ། ཆོས་རྣམས་གང་དང་གང་བརྗོད་པ། །དེ་ལ་དེ་ནི་ཡོང་མ་ཡིན། །འདི་ནི་ཆོས་རྣམས་ཆོས་ཉིད་དོ། །ཞེས་གསུངས་ཏེ། ཚིགས་སུ་བཅད་པ་འདིས་དོན་ཇི་ལྟར ་བསྟན་ཅེ་ན། གཟུགས་ལ་སོགས་པར་མིང་བརྟགས་པའི་ཆོས་ཀྱི་གཟུགས་ཞེས་བྱ་བ་ལ་སོགས་པའི་མིང་གང་ཡིན་པ་གཟུགས་ཞེས་བྱ་བ་ལ་སོགས་པའི་མིང་དེས་གཟུགས་ལ་སོགས་པར་མིང་བཏགས་པའི་ཆོས་དེ་དག་ལ་གཟུགས་ཞེས་བྱ་བ ་འམ། ཚོར་བ་ཞེས་བྱ་བ་ནས་རྒྱས་པར་མྱ་ངན་ལས་འདས་པ་ཞེས་བྱ་བའི་བར་དུ་བརྗོད་ཅིང་བསྙད་པ་དེ་ལ་གཟུགས་ཞེས་བྱ་བ་ལ་སོགས་པའི་ཆོས་རྣམས་བདག་ཉིད་ཀྱིས་ཀྱང་གཟུགས་ཀྱི་བདག་ཉིད་མ་ཡིན་ལ། དེ་དག་ལ་ཡང་དེ་ལས་གཞན་པ ་གཟུགས་ལ་སོགས་པའི་བདག་ཉིད་ཀྱི་ཆོས་མེད་དེ། གཟུགས་ལ་སོགས་པར་མིང་བཏགས་པའི་ཆོས་དེ་དག་གིས་བརྗོད་དུ་མེད་པའི་དོན་དུ་ཡོད་པ་ཉིད་གང་ཡིན་པ་དེ་ནི། ཡང་དག་པར་ངོ་བོ་ཉིད་ཀྱི་ཆོས་ཉིད་ཡིན་པར་རིག་པར་བྱའོ། །བཅོམ་ལྡན ་འདས་ཀྱི་དོན་གྱི་སྡེ་ཚན་དག་ལས་ཀྱང། འཇིག་རྟེན་དག་ནས་ཀུན་རྫོབ་གང་ཅི་ཡོད། །དེ་ཀུན་ཐུབ་པས་ཞལ་གྱིས་མི་བཞེས་ཏེ། གཟིགས་དང་གསན་ལ་བཞེད་པར་མི་མཛད་པས། །དེ་ནི་ཞལ་གྱིས་མི་བཞེས་གང་གིས་འཛིན་ཅེས་གསུངས་ཏེ། ཚིགས་སུ་བཅད་པ་འདིས ་དེའི་དོན་ཇི་ལྟར་བསྟན་ཅེ་ན། གཟུགས་ལ་སོགས་པར་མིང་བཏགས་པའི་དངོས་པོ་ལ་གཟུགས་ཞེས་བྱ་བ་ལ་སོགས་པར་བཏགས་པ་གང་ཡིན་པ་དེ་དག་ནི་ཀུན་རྫོབ་ཅེས་བྱ་སྟེ། བཏགས་པ་དེ་དག་ནི་དངོས་པོ་དེའི་བདག་ཉིད་ཡིན་ནོ། །ཞེས་བྱ་བར་དེ་ལྟར་མི་བཞེད་དེ། ་དེ་དག་ཀུན་རྫོབ་ཡིན་པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། དེ་ལ་ནི་བསྐྱེད་པ་དང་བསྐུར་བའི་ལྟ་བ་ནི་མི་མངའ་སྟེ། དེ་ལྟ་བས་ན་དེ་ལ་ཕྱིན་ཅི་ལོག་ཉེ་བར་འཇོག་པའི་ལྟ་བ་དེ་མི་མངའ་བའི་ཕྱིར། ཞལ་གྱིས་མི་བཞེས་ཞེས་བྱའོ། །དེ་དེ་ལྟར་ཞལ་གྱིས་མི་བཞེས་པས་ལྟ་བ་དེ ་མེད་པར་དངོས་པོ་དེ་ལ་སྒྲོ་འདོགས་པ་འམ། སྐུར་པ་འདེབས་པར་གང་གིས་འཛིན། འཛིན་པ་མི་མངའ་ན་ཤེས་བྱ་ཡང་དག་པར་གཟིགས་པ་ཡིན་ཏེ། དེ་ནི་དེའི་གཟིགས་པ་ཡིན་ནོ། །ཤེས་བྱ་དེ་ཉིད་ཀྱིས་བརྗོད་པ་གསན་པ་གང་ཡིན་དེ་ནི་དེའི་གསན་པ་མིན་ཏེ ་གཟིགས་པ་དང་གསན་པ་དེ་ལ་སྲེད་པ་སྐྱེད་པར་མི་མཛད་འཕེལ་བར་མི་མཛད་ཀྱི། །དམིགས་པ་དེ་སྤོང་ཞིང་བཏང་སྙོམས་ཅན་དུ་གནས་ཏེ། དེ་ལྟར་ན་བཞེད་པར་མི་མཛད་དོ། །ཡང་བཅོམ་ལྡན་འདས་ཀྱིས་སྡུམས་པྱད་ཀ་ཏའི་བུ་ལས་བརྩམས་ཏེ། བཀའ་སྩལ ་པ་འདི་ན་དགེ་སློང་སྡུམས་བྱེད་ནི་ས་ལ་བརྟེན་ཅིང་བསམ་གཏན་མི་བྱེད་དོ། །ཆུ་དང། མེ་དང། རླུང་དང། ནམ་མཁའ་དང། ཅི་ཡང་མེད་པའི་སྐྱེ་མཆེད་དང། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་དང། འཇིག་རྟེན་འདི་དང། འཇིག་རྟེན་ཕ་རོལ་དང། ཉི་མ་དང། ཟླ་བ ་འདི་གཉིས་དང། མཐོང་བ་དང། ཐོས་པ་དང། བྱེ་བྲག་ཕྱེད་པ་དང། རྣམ་པར་ཤེས་པ་དང། རྙེད་པ་དང། བཙལ་བ་དང། ཡིད་ཀྱི་རྗེས་སུ་བཏགས་པ་དང། རྗེས་སུ་དཔྱད་པ་དེ་དག་ཐམས་ཅད་ལ་བརྟེན་ཅིང་བསམ་གཏན་མི་བྱེད་དོ། །བསམ་གཏན་པ་ཇི་ལྟར་ས་ལ་བརྟེན་ཅིང ་བསམ་གཏན་མི་བྱེད་ལ། རྒྱས་པ་ཐམས་ཅད་ཀྱི་བར་ལ་བརྟེན་ཅིང་བསམ་གཏན་མི་བྱེད་ཅེ་ན། འདི་ན་དགེ་སློང་སྡུམས་བྱེད་ནི་ས་ལ་སར་འདུ་ཤེས་པ་གང་ཡིན་པ་དེ་བསལ་བ་ཡིན་ནོ། །ཆུ་ལ་ཆུར་འདུ་ཤེས་པ་ནས་རྒྱས་པར་ཐམས་ཅད་ལ ་ཐམས་ཅད་དུ་འདུ་ཤེས་པ་གང་ཡིན་པ་དེ་བསལ་བ་ཡིན་ཏེ། དེ་ལྟར་དགེ་སློང་བསམ་གཏན་པ་ནི་ས་ལ་བརྟེན་ཅིང་བསམ་གཏན་མི་བྱེད་ལ། རྒྱས་པར་ཐམས་ཅད་ལ་ཐམས་ཅད་ཅེས་བྱ་བའི་བར་དུ་བརྟེན་ཅིང་བསམ་གཏན་མི་བྱེད་དོ། །དགེ་སློང་བསམ་གཏན་པ་དེ ་དག་ལྟ་བུ་ལ་ནི་དབང་པོ་དང་བཅས་པའི་ལྷ་རྣམས་དང། དབང་བདག་དང་བཅས་པ་རྣམས་དང། སྐྱེ་དགུའི་བདག་པོ་དང་བཅས་པ་རྣམས། སྐྱེས་བུ་ཅང་ཤེས་ཁྱོད་ལ་ཕྱག་འཚལ་ལོ། །སྐྱེས་བུ་དམ་པ་ཁྱོད་ལ་ཕྱག་འཚལ་ལོ། །ཅི་ལ་ཁྱོད་རྟེན་བསམ་གཏན་མཛད ་པ་ཡི། །ཁྱོད་ཀྱི་དེ་ནི་བདག་ཅག་མ་འཚལ་ཏོ། །ཞེས་རྒྱང་མ་ནས་ཕྱག་འཚལ་བར་བྱེད་དོ། །མདོའི་ཚིག་དེར་དོན་འདི་ཇི་ལྟར་སྟོན་ཅེ་ན། ས་ལ་སོགས་པར་མིང་བཏགས་པའི་དངོས་པོ་ལས་ཞེས་བྱ་བ་ལ་སོགས་པའི་མིང་དུ་བརྡར་བཏགས་པ་གང་ཡིན་པ ་དེ་ནི་ས་ལ་སོགས་པའི་འདུ་ཤེས་ཞེས་བྱའོ། །འདུ་ཤེས་དེ་ཡང་ས་ལ་སོགས་པར་མིང་བཏགས་པའི་དངོས་པ་ལ་སྒྲོ་འདོགས་པ་དང། སྐུར་པ་འདེབས་པ་ཡིན་ཏེ། དེའི་ངོ་བོ་ཉིད་ཀྱི་དངོས་པོར་འཛིན་པ་ནི་སྒྲོ་འདོགས་པ་ཡིན་ནོ། །དངོས་པོ་ཙམ་གྱི་ཡང་དག ་པ་འཇིག་པར་འཛིན་པ་ནི་སྐུར་པ་འདེབས་པའི་འདུ་ཤེས་བྱ་སྟེ། དེའི་འདུ་ཤེས་དེ་བསལ་བ་ཡིན་ནོ། །བསལ་ཅེས་བྱ་བ་ནི་སྤངས་པ་དང་བཏང་བའོ། །དེ་བས་ན་ལུས་ཀྱིས་ཀྱང་དེ་བཞིན་གཤེགས་པ་མཆོག་ཏུ་ཡིད་ཆེས་པའི་ལུང་ལས་ཆོས་ཐམས་ཅད ་བརྗོད་དུ་མེད་པའི་ངོ་བོ་ཉིད་ཡིན་པར་རིག་པར་བྱའོ། །དེ་ལྟར་ཆོས་ཐམས་ཅད་བརྗོད་དུ་མེད་པའི་ངོ་བོ་ཉིད་ཡིན་ན། ཅིའི་ཕྱིར་བརྗོད་པ་སྦྱོར་བར་བྱེད་ཅེ་ན། འདི་ལྟར་བརྗོད་པ་མེད་ན་ཡང་བརྗོད་དུ་མེད་པའི་ཆོས་ཉིད་དེ་གཞན་དག་ལ་བརྙད་པ་དང། ཐོས་པར་བྱེད ་ཀྱང་མི་ནུས་ལ། ཚིགས་དང་ཐོས་པ་མེད་ན་ཡང་བརྗོད་དུ་མེད་པའི་ངོ་བོ་ཉིད་དེ་ཤེས་པར་མི་ནུས་སོ། །དེ་བས་ན་ཐོས་པ་དང་ཤེས་པར་བྱ་བའི་ཕྱིར་བརྗོད་པར་ཡང་སྦྱོར་བར་བྱེད་དོ། །དེ་བཞིན་ཉིད་དེ་དེ་ལྟར་ཡོངས་སུ་མ་ཤེས་པས། གཞི་དེ་ལས་བྱིས་པ་རྣམས་ཀྱི་རྣམ་པར་རྟོག་པ ་གཞི་གསུམ་བསྐྱེད་བ་དང། སེམས་ཅན་དང། སྣོད་ཀྱི་འཇིག་རྟེན་ཐམས་ཅད་སྒྲུབ་པ་རྣམ་པ་བརྒྱད་འབྱུང་བར་འགྱུར་ཏེ། འདི་ལྟ་སྟེ་ངོ་བོ་ཉིད་དུ་རྣམ་པར་རྟོག་པ་དང། བྱེ་བྲག་ཏུ་རྣམ་པར་རྟོག་པ་དང། རིལ་པོར་འཛིན་པའི་རྣམ་པར་རྟག་པ་དང། བདག་གོ་སྙམ་པའི་རྣམ ་པར་རྟོགས་པ་དང། བདག་གི་སྙམ་པའི་རྣམ་པར་རྟོག་པ་དང། སྡུག་པར་རྣམ་པར་རྟོག་པ་དང། མི་སྡུག་པར་རྣམ་པར་རྟོག་པ་དང། དེ་གཉི་ག་ལས་བཟློག་པའི་རྣམ་པར་རྟོག་པའོ། །རྣམ་པར་རྟོག་པ་རྣམ་པ་བརྒྱད་པོ་དེ་གཞི་གསུམ་པོ་གང་དག་གིས་བསྐྱེད་པ་ཡིན་ཞེ ་ན། ངོ་བོ་ཉིད་དུ་རྣམ་པར་རྟོག་པ་གང་ཡིན་པ་དང། བྱེ་བྲག་ཏུ་རྣམ་པར་རྟོག་པ་གང་ཡིན་པ་དང། རིལ་པོར་འཛིན་པ་རྣམ་པར་རྟོག་པ་གང་ཡིན་པའི་རྣམ་པར་རྟོག་པ་གསུམ་པོ་འདི་དག་ནི་རྣམ་པར་རྟོག་པ་སྤྲོས་པའི་གནས་དང། རྣམ་པར་རྟོག་པ་སྤྲོས་པའི་དམིགས ་པའི་དངོས་པོ་གཟུགས་ལ་སོགས་པར་མིང་བཏགས་པར་བསྐྱེད་དོ། །དངོས་པོ་དེ་ལ་བརྟེན་ནས་སྤྲོས་པར་བྱེད་ན། མིང་གི་འདུ་ཤེས་ཀྱི་བརྗོད་པ་ཡོངས་སུ་བཟུང་བ་མིང་གི་འདུ་ཤེས་ཀྱི་བརྗོད་པས་ཡོངས་སུ་བསྒོམས་པའི་རྣམ་པར་རྟོག་པ་སྣ་ཚོགས་མང་པོ་རྣམ ་པ་དུ་མ་དངོས་པོ་དེ་ཉིད་ལས་འབྱུང་བར་འགྱུར་རོ། །དེ་ལ་བདག་གོ་སྙམ་པའི་རྣམ་པ་གང་ཡིན་པ་དང། བདག་གི་སྙམ་པའི་རྣམ་པར་རྟོག་པ་འདི་གཉིས་ནི་འཇིག་ཚོགས་ལ་ལྟ་བ་དེ་ལས། ཞན་པའི་ལྟ་བ་ཐམས་ཅད་ཀྱི་རྩ་བར་གྱུར་པ་དང། ང་རྒྱལ་གྱི་རྩ་བ་ངའོ ་སྙམ་པའི་ང་རྒྱལ་དེ་ལས་གཞན་པའི་ང་རྒྱལ་ཐམས་ཅད་ཀྱི་རྩ་བར་གྱུར་པ་བསྐྱེད་དོ། །དེ་ལ་སྡུག་པར་རྣམ་པར་རྟོག་པ་དང། མི་སྡུག་པར་རྣམ་པར་རྟོག་པ་དང། དེ་གཉི་ག་ལས་བཟློག་པའི་རྣམ་པར་རྟོག་པ་ནི་ཅི་རིགས་པར་འདོད་ཆགས་དང། ཞེ་སྡང་དང། གཏི ་མུག་རྣམས་བསྐྱེད་དོ། །དེ་ལྟར་ན་རྣམ་པར་རྟོག་པ་རྣམ་པ་བརྒྱད་པོ་འདི་ནི་འདི་ལྟ་སྟེ། རྣམ་པར་རྟོག་པའི་གནས་སྤྲོས་པའི་གཞི། ལྟ་བ་དང་ངའོ་སྙམ་པའི་ང་རྒྱལ་དང། འདོད་ཆགས་དང། ཞེ་སྡང་དང། གཞི་མུག་རྣམས་དང། དངོས་པོ་འདི་གསུམ ་བསྐྱེད་པར་འཇུག་པ་ཡིན་ནོ། །དེ་ལ་རྣམ་པར་རྟོག་པའི་སྤྲོས་པའི་དངོས་པོ་ལ་ནི་འཇིག་ཚོགས་ལ་ལྟ་བ་དང། ངའོ་སྙམ་པའི་ང་རྒྱལ་བརྟེན་ནོ། །འཇིག་ཚོགས་ལ་ལྟ་བ་དང། ངའོ་སྙམ་པའི་ང་རྒྱལ་ལ་ནི་འདོད་ཆགས་དང། ཞེ་སྡང་དང། གཏི་མུག་རྣམས ་བརྟེན་ཏེ། གཞི་གསུམ་པོ་འདི་དག་གིས་འཇིག་རྟེན་ཐམས་ཅད་ཀྱི་འཇུག་པའི་ཕྱོགས་མ་ལུས་པར་བསྟན་པ་ཡིན་ནོ། །དེ་ལ་ངོ་བོ་ཉིད་དུ་རྣམ་པར་རྟོག་པ་གང་ཞེན་གཟུགས་ལ་སོགས་པར་མིང་བཏགས་པའི་དངོས་པོ་ལ་གཟུགས་ཞེས་བྱ་བ་ལ་སོགས་པར ་རྣམ་པར་རྟོག་པ་གང་ཡིན་པ་དེ་ནི་ངོ་བོ་ཉིད་དུ་རྣམ་པར་རྟོག་པ་ཞེས་བྱའོ། །བྱེ་བྲག་ཏུ་རྣམ་པར་རྟོག་པ་གང་ཞེ་ན། གཟུགས་ལ་སོགས་པར་མིང་བཏགས་པའི་དངོས་པོ་དེ་ཉིད་ལ་འདི་ནི་གཟུགས་ཅན་ནོ། །འདི་ནི་གཟུགས་ཅན་མ་ཡིན་ནོ། །འདི་ནི་བསྟན་དུ་ཡོད་པའོ།། ་འདི་ནི་བསྟན་དུ་མེད་པའོ། །དེ་བཞིན་དུ་ཐོགས་པ་དང་བཅས་པ་དང། ཐོགས་པ་མེད་པ་དང། བཅས་པ་དང། ཟག་པ་མེད་པ་དང། འདུས་བྱས་དང། འདུས་མ་བྱས་དང། དགེ་བ་དང། མི་དགེ་བ་དང། ལུང་དུ་མ་བསྟན་པ་དང། འདས་པ་དང། མ་འོངས་པ་དང། ་ད་ལྟར་བྱུང་བ་དང། དེ་ལྟ་བུ་དང་མཐུན་པའི་ཚུལ་གྱི་དབྱེ་བ་ཚད་མེད་པས། ངོ་བོ་ཉིད་དུ་རྣམ་པར་རྟོག་པ་ལ་བརྟེན་པ་དེ་བྱེ་བྲག་ཏུ་བྱ་བའི་ཕྱིར་རྣམ་པར་རྟོག་པ་གང་ཡིན་པ་དེ་ནི་བྱེ་བྲག་ཏུ་རྣམ་པར་རྟོག་པ་ཞེས་བྱའོ། །རིལ་པོར་འཛིན་པའི་རྣམ་པར ་རྟོག་པ་གང་ཞེ་ན། གཟུགས་ལ་སོགས་པར་མིང་བཏགས་པའི་དངོས་པོ་དེ་ཉིད་ལ་བདག་དང། སེམས་ཅན་དང། སྲོག་དང། སྐྱེ་བ་པོའི་མིང་གི་བརྡ་དང་ལྡན་པ། ཁྱིམ་དང། དམག་དང། ནགས་ལ་སོགས་པ་དང། ཟས་དང། སྐོམ་དང། བཞོན་པ་དང ་གོས་ལ་སོགས་པ་དེ་དག་ལ་དེ་དག་གི་མིང་གི་བརྡ་དང་ལྡན་པ། ཆོས་མང་པོ་བསྡུས་པ་དག་ལ་རིལ་པོར་འཛིན་པའི་རྒྱུ་ལས་བྱུང་བ་འཇུག་པ་གང་ཡིན་པ་དེ་ནི་རིལ་པོར་འཛིན་པའི་རྣམ་པར་རྟོག་པ་ཞེས་བྱའོ། །བདག་གོ་སྙམ་པ་དང། བདག་གི་སྙམ་པའི་རྣམ་པར ་རྟོག་པ་གང་ཞེ་ན། དངོས་པོ་གང་ཟག་པ་དང་བཅས་པ་ཉེ་བར་ལེན་པ་དང། མཐུན་པར་བཅས་པ་གང་ལ་ཡུན་རིང་པོ་ནས་བདག་ཏུ་འམ། བདག་གིར་འདྲིས་ཤིང་མངོན་པར་ཞེན་པ་ལ་གོམས་པས། ལོགས?་པར་འཛིན་ཅིང་འདྲིས་པ་དེ་ལས་རང་གི་ལྟ་བའི་གནས ་དང་མཐུན་པའི་དངོས་པོ་ལ་བརྟེན་ནས་འབྱུང་བ་ལོག་པའི་རྣམ་པར་རྟོག་པ་གང་ཡིན་པ་དེ་ནི་བདག་གོ་སྙམ་པ་དང། བདག་གི་སྙམ་པའི་རྣམ་པར་རྟོག་པ་ཞེས་བྱའོ། །སྡུག་པར་རྣམ་པར་རྟོག་པ་གང་ཞེ་ན། མཛེས་པ་ཡིད་དུ་འོང་བའི་དངོས་པོ་ལ་དམིགས་པའི ་རྣམ་པར་རྟོག་པ་གང་ཡིན་པའོ། །མི་སྡུག་པར་རྣམ་པར་རྟོག་པ་གང་ཞེ་ན། མི་མཛེས་པ་ཡིད་དུ་མི་འོང་བའི་དངོས་པོ་ལ་དམིགས་པའི་རྣམ་པར་རྟོག་པ་གང་ཡིན་པའོ། །སྡུག་པ་དང་མི་སྡུག་པ་གཉི་ག་ལས་བཟློག་པའི་རྣམ་པར་རྟོག་པ་གང་ཞེ་ན། མཛེས་པ ་དང་མི་མཛེས་པ་ཡིད་དུ་འོང་བ་དང་ཡིད་དུ་མི་འོང་བ་དེ་གཉིས་ལ་མ་གཏོགས་པའི་དངོས་པོ་ལ་དམིགས་པའི་རྣམ་པར་རྟོག་པ་གང་ཡིན་པ་སྟེ། དེ་ཡང་མདོར་བསྡུ་ན་རྣམ་པ་གཉིས་སུ་འགྱུར་ཏེ། རྣམ་པར་རྟོག་པ་དང། རྣམ་པར་རྟོག་པའི་རྟེན་རྣམ་པར་རྟོག་པའི ་དམིགས་པའི་དངོས་པོའོ། །དེ་གཉི་ག་ཡང་ཐོག་མ་མེད་པ་དང། གཅིག་གི་རྒྱུ་ལས་གཅིག་བྱུང་བ་ཡིན་པར་རིག་པར་བྱ་སྟེ། རྣམ་པར་རྟོག་པ་སྔ་མ་ནི་ད་ལྟར་བྱུང་བའི་རྣམ་པར་རྟོག་པའི་དམིགས་པའི་དངོས་པོ་འབྱུང་བའི་རྒྱུ་ཡིན་ནོ། །ད་ལྟར་བྱུང་བའི་རྣམ་པར ་རྟོག་པའི་དམིགས་པའི་དངོས་པོ་བྱུང་བ་ནི། ད་ལྟར་བྱུང་བ་དེ་ལ་དམིགས་པའི་རྣམ་པར་རྟོག་པ་འབྱུང་བའི་རྒྱུ་ཡིན་ནོ། །དེ་ལ་ད་ལྟར་གྱི་རྣམ་པར་རྟོག་པ་ཡོངས་སུ་མ་ཤེས་པ་ནི་ཕྱི་མ་ལ་དེའི་དམིགས་པའི་དངོས་པོ་འབྱུང་བའི་རྒྱུའོ། །དེ་བྱུང་ན་དེ་ལ་གནས་པ ་དེ་ལ་བརྟེན་པའི་རྣམ་པར་རྟོག་པ་ཡང་ངེས་པར་འབྱུང་བར་འགྱུར་རོ། །རྣམ་པར་རྟོག་པ་དེ་ཇི་ལྟར་ཤེས་པར་འགྱུར་ཞེ་ན། ཡོངས་སུ་ཚོལ་བ་རྣམ་པ་བཞི་དང། ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པ་རྣམ་པ་བཞིས་འགྱུར་ཏེ། ཡོངས་སུ་ཚོལ་བ་རྣམ་པ ་བཞི་གང་ཞེ་ན། མིང་ཡོངས་སུ་ཚོལ་བ་དང། དངོས་པོ་ཡོངས་སུ་ཚོལ་བ་དང། ངོ་བོ་ཉིད་དུ་བཏགས་པ་ཡོངས་སུ་ཚོལ་བ་དང། བྱེ་བྲག་ཏུ་བཏགས་པ་ཡོངས་སུ་ཚོལ་བའོ། །དེ་ལ་མིང་ཡོངས་སུ་ཚོལ་བ་ནི་བྱང་ཆུབ་སེམས་དཔའ་གང་མིང་ལ་མིང་ཙམ་དུ་ལྟ་བའོ། །དེ་བཞིན་དུ་དངོས ་པོ་ལ་དངོས་པོ་ཙམ་དུ་ལྟ་བ་ནི། དངོས་པོ་ཡོངས་སུ་ཚོལ་བའོ། །ངོ་བོ་ཉིད་དུ་བཏགས་པ་ལ་ངོ་བོ་ཉིད་དུ་བཏགས་པ་ཙམ་དུ་ལྟ་བ་ནི་ངོ་བོ་ཉིད་དུ་བཏགས་པ་ཡོངས་སུ་ཚོལ་བའོ། །བྱེ་བྲག་ཏུ་བཏགས་པ་ལ་བྱེ་བྲག་ཏུ་བཏགས་པ་ཙམ་དུ་ལྟ་བ་ནི་བྱེ་བྲག་ཏུ་བཏགས ་པ་ཡོངས་སུ་ཚོལ་བ་སྟེ། དེས་མིང་དང་དངོས་པོའི་མཚན་ཉིད་ཐ་དད་པ་དང། འབྲེལ་པར་ཡང་མཛའ་ཨོ་ལ། མིང་དང་དངོས་པོ་འབྲེལ་པ་ལ་བརྟེན་པ་ངོ་བོ་ཉིད་དུ་བཏགས་པ་དང་བྱེ་བྲག་ཏུ་བཏགས་པ་ཡང་ཁོང་དུ་ཚུད?་དོ། །ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས ་པ་བཞི་པོ་དག་གང་ཞེ་ན། མིང་ཚོལ་བར་གྱུར་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པ་དང། དངོས་པོ་ཚོལ་བར་གྱུར་པ་དང། ངོ་བོ་ཉིད་དུ་བཏགས་པ་ཚོལ་བར་གྱུར་པ་དང། བྱེ་བྲག་དུ་བཏགས་པ་ཚོལ་བར་གྱུར་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ ་ཡོངས་སུ་ཤེས་པའོ། །མིང་ཚོལ་བར་གྱུར་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པ་གང་ཞེ་ན། བྱང་ཆུབ་སེམས་དཔའ་དེས་མིང་ལ་མིང་ཙམ་དུ་ཡོངས་སུ་བཙལ་ནས། མིང་དེ་ལ་འདི་ལྟར་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་ཏེ། འདི་ལྟར་མིང ་འདི་ནི་འདི་ལྟ་བུའི་དོན་དུ་དངོས་པོ་ལ་རྣམ་པར་འཇོག་སྟེ། འདི་ལྟར་འདུ་བྱེད་ཀྱི་དོན་དང། ལྟ་བའི་དོན་དང། ཉེ་བར་འདོགས་པའི་དོན་དུའོ། །གལ་ཏེ་གཟུགས་ལ་སོགས་པར་མིང་དུ་བཏགས་པའི་དངོས་པོ་ལ་གཟུགས་ཞེས་བྱ་བའི་མིང་རྣམ་པར་མི ་འཇོག་ན་ནི། སུས་ཀྱང་དངོས་པོ་དེ་ལ་གཟུགས་ཞེས་བྱ་བར་དེ་ལྟར་ཤེས་པར་མི་འགྱུར་རོ། །མི་ཤེས་ན་ནི་སྒྲོ་འདོགས་ཤིང་མངོན་པར་ཞེན་པར་མི་འགྱུར་རོ། །མངོན་པར་ཞེན་པ་མེད་ན་བརྗོད་པར་མི་འགྱུར་ཏེ། གང་གིས་དེ་ལྟར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་དེ་ནི ་མིང་ཚོལ་བར་གྱུར་པ་ཡང་དག་པར་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པ་ཞེས་བྱའོ། །དངོས་པོ་ཚོལ་བར་གྱུར་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པ་གང་ཞེ་ན། འདི་ལྟར་བྱང་ཆུབ་སེམས་དཔའ་དངོས་པོ་ལ། །དངོས་པོ་ཙམ་དུ་ཡོངས་སུ་བཙལ་ནས། ་གཟུགས་ལ་སོགས་པར་མིང་བཏགས་པའི་དངོས་པོ་དེ་བརྗོད་པ་ཐམས་ཅད་དང་མ་འདྲེས?་ཤིང་བརྗོད་པར་མཐོང་སྟེ། འདི་ནི་དངོས་པོ་ཚོལ་བར་གྱུར་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པ་གཉིས་པའོ། །ངོ་བོ་ཉིད་དུ་བཏགས་པ་ཚོལ་བར་གྱུར་བ་ཡང་དག ་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པ་གང་ཞེ་ན། འདི་ལྟར་བྱང་ཆུབ་སེམས་དཔའ་གཟུགས་ལ་སོགས་པར་མིང་བཏགས་པའི་དངོས་པོ་ལ་ངོ་བོ་ཉིད་དུ་བཏགས་པ་ལ་བཏགས་པ་ཙམ་དུ་ཡོངས་སུ་བཙལ་ནས། ངོ་བོ་ཉིད་དུ་བཏགས་པ་དེས་དེའི་ངོ་བོ་ཉིད་མ་ཡིན་པའི ་དངོས་པོ་ལ་དེའི་ངོ་བོ་ཉིད་དུ་སྣང་བར་ཡང་དག་པར་ཇི་ལྟ་བ་བཞིན་དུ་ཁོང་དུ་ཆུད་ཅིང་རབ་ཏུ་ཤེས་ཏེ། དེས་དེའི་ངོ་བོ་ཉིད་སྤྲུལ་པ་དང། གཟུགས་བརྙན་དང། བྲག་ཆ་དང། མིག་ཡོད་དང། ཆུ་ཟླ་དང། རྨི་ལམ་དང། སྒྱུ་མ་ལྟ་བུར་མཐོང་སྟེ། དེར་སྣང་བ་ནི་དེའི་བདག་ཉིད ་མ་ཡིན་པར་མཐོང་ན་དེ་ནི་ཤིན་ཏུ་ཟབ་པའི་དོན་སྤྱོད་ཡུལ་དུ་གྱུར་པ་ངོ་བོ་ཉིད་དུ་བཏགས་པ་ཚོལ་བར་གྱུར་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པ་གསུམ་པའོ། །བྱེ་བྲག་ཏུ་བཏགས་པ་ཚོལ་བར་གྱུར་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པ་གང་ཞེ ་ན། འདི་ལྟར་བྱང་ཆུབ་སེམས་དཔའ་བྱེ་བྲག་ཏུ་བཏགས་པ་ལ་བཏགས་པ་ཙམ་དུ་བཙལ་ནས། གཟུགས་ལ་སོགས་པར་མིང་བཏགས་པའི་དངོས་པོ་དེ་ལ་བྱེ་བྲག་ཏུ་བཏགས་པ་རྣམས་ལ་གཉིས་སུ་མེད་པའི་དོན་དུ་མཐོང་ལ། དངོས་པོ་དེ་ཡང་ཡོད་པ་ཡང་མ ་ཡིན། མེད་པ་ཡང་མ་ཡིན་ཏེ། བརྗོད་པའི་བདག་ཉིད་ཀྱིས་ཡོངས་སུ་གྲུབ་པ་མ་ཡིན་པའི་ཕྱིར། ཡོད་བ་མ་ཡིན་ལ་བརྗོད་དུ་མེད་པའི་བདག་ཉིད་དུ་རྣམ་པར་གནས་པའི་ཕྱིར་མེད་པ་ཡང་མ་ཡིན་ནོ། །དེ་བཞིན་དུ་དོན་དམ་པའི་བདེན་པས་ནི། གཟུགས་ཅན ་མ་ཡིན་ལ། ཀུན་རྫོབ་ཀྱི་བདེན་པས་ནི་དེ་ལ་གཟུགས་སུ་ཉེ་བར་འདོགས་པས་གཟུགས་ཅན་མ་ཡིན་ནོ། །དངོས་པོ་ཡོད་པ་དང། དངོས་པོ་མེད་པ་དང། གཟུགས་ཅན་དང་གཟུགས་ཅན་མ་ཡིན་པ་ཇི་ལྟ་བ་བཞིན་དུ་བསྟན་དུ་ཡོད་པ་དང། བསྟན་དུ་མེད་པ་ལ་སོགས་པར་བྱེ་བྲག་ཏུ་བཏགས ་པའི་རྣམ་གྲངས་ཐམས་ཅད་ལ་ཡང་ཚུལ་འདིས་དེ་ལྟར་རིག་པར་བྱ་སྟེ། དེ་ལྟར་གང་གིས་བྱེ་བྲག་ཏུ་བཏགས་པ་དེ་གཉིས་སུ་མེད་པའི་དོན་དུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་འདི་ནི་བྱེ་བྲག་ཏུ་བཏགས་པ་ཚོལ་བར་གྱུར་པ་ཡང་དག་པ་ཇི་ལྟ་བ ་བཞིན་དུ་ཡོངས་སུ་ཤེས་པ་ཞེས་བྱའོ། །དེ་ལ་བྱིས་པ་རྣམས་ཀྱི་ལོག་པར་རྟོག་པ་རྣམ་པ་བརྒྱད་པོ་གཞི་གསུམ་སྐྱེད་པ་འཇིག་རྟེན་འགྲུབ་པར་བྱེད་པ་གང་ཡིན་པ་དེ་ནི་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པ་རྣམ་པ་བཞི་པོ་དེ་མེད་ཅིང། མི་གནས་ན ་འབྱུང་བར་འགྱུར་རོ། །ལོག་པའི་རྣམ་པར་རྟོག་པ་དེ་ལས་ནི་ཀུན་ནས་ཉོན་མོངས་པ་འབྱུང་བར་འགྱུར་རོ། །ཀུན་ནས་ཉོན་མོངས་པ་ལས་ནི་འཁོར་བ་ན་འཁོར་བར་འགྱུར་རོ། །འཁོར་བ་ན་འཁོར་བ་ལས་ནི་འཁོར་བའི་རྗེས་སུ་སོང་བ་སྐྱེ་བ་དང། རྒ་བ་དང། ན་བ་དང། ་འཆི་བ་ལ་སོགས་པའི་སྡུག་བསྔལ་འབྱུང་བར་འགྱུར་རོ། །གང་གི་ཚེ་བྱང་ཆུབ་སེམས་དཔས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པ་རྣམ་པ་བཞི་པོ་ལ་བརྟེན་ནས། རྣམ་པར་རྟོག་པ་རྣམ་པ་བརྒྱད་པོ་དེ་ཡོངས་སུ་ཤེས་པར་གྱུར་པ་ན། ཚེ་འདི་ཉིད་ལ་དེ ་ཡོངས་སུ་ཤེས་པར་གྱུར་པས་ཕྱིས་མ་ལ་དེའི་རྟེན་དང་དེའི་དམིགས་པ་སྤྲོས་པར་ལྟུང་བའི་དངོས་པོ་འབྱུང་བར་མི་འགྱུར་རོ། །དེ་མ་སྐྱེས་ཤིང་མ་བྱུང་བས་དེ་ལ་དམིགས་པའི་རྣམ་པར་རྟོག་པ་ཡང་ཕྱི་མ་ལ་འབྱུང་བར་མི་འགྱུར་རོ། །དེ་ལྟར་ན་དངོས་པོ་དང ་བཅས་པའི་རྣམ་པར་རྟོག་པ་དེའི་འགོག་པ་གང་ཡིན་པ་དེ་ནི་སྤྲོས་པ་ཐམས་ཅད་འགོག་པ་ཡིན་པར་རིག་པར་བྱའོ། །སྤྲོས་པ་འགོག་པ་དེ་ལྟ་བུ་ནི་བྱང་ཆུབ་སེམས་དཔའ་ཨི་ཐེག་པ་ཆེན་པོ་ཡོངས་སུ་མྱ་ངན་ལས་འདས་པ་ཡིན་པར་རིག་པར་བྱའོ། །ཚེ་འདི་ཉིད་ལ་དེ་ཁོ་ནའི ་དོན་གྱི་མཆོག་སྤྱོད་ཡུལ་བའི་ཡེ་ཤེས་དེ་རྣམ་པར་དག་པས་བྱང་ཆུབ་སེམས་དཔའ་དེས་ཐམས་ཅད་ལ་དབང་ཐོབ་པ་རྙེད་པར་འགྱུར་ཏེ། འདི་ལྟ་སྟེ་སྤྲུལ་པ་སྣ་ཚོགས་ལ་ཡང་སྤྲུལ་པའི་རྫུ་འཕྲུལ་གྱིས་སོ། །ཡོངས་སུ་བསྒྱུར་བ་སྣ་ཚོགས་ལ་ཡང་ཡོངས་སུ་བསྒྱུར་བའི་རྫུ ་འཕྲུལ་གྱིས་སོ། །ཤེས་བྱ་ཐམས་ཅད་ཤེས་པ་ཡང་ངོ། །ཇི་སྲིད་དུ་འདོད་པ་དེ་སྲིད་དུ་གནས་པ་དང། གནོད་པ་མེད་པར་དགའ་མགུར་འཆི་འཕོ་བ་ཡང་ངོ། །དེ་དེ་ལྟར་དབང་ཐོབ་པས་ན་སེམས་ཅན་ཐམས་ཅད་ཀྱི་གཙོ་བོ་བླ་ན་མེད་པ་ཡིན་ནོ། །དེ་ལྟར་ཐམས་ཅད་ལ་དབུང ་བའི་བྱང་ཆུབ་སེམས་དཔའ་དེ་ལ་ཕན་ཡོན་གྱི་མཆོག་རྣམ་པ་ལྔ་ཡོད་པར་རིག་པར་བྱ་སྟེ། གནས་པ་རབ་ཏུ་ཞི་བས་མཆོག་ཐོབ་པར་འགྱུར་ཏེ། ཉོན་མོངས་པ་རབ་ཏུ་ཞི་བས་ནི་མ་ཡིན་པ་དང། རིགས་པའི་གནས་ཐམས་ཅད་ལ་དེའི་ཡེ་ཤེས་མཐོང་བ་ཐོགས་པ ་མེད་པ་ཡོངས་སུ་དག་པ། ཡོངས་སུ་བྱང་བ་འཇུག་པ་དང། སེམས་ཅན་རྣམས་ཀྱི་དོན་དུ་འཁོར་བ་ན་འཁོར་བས་མི་སྐྱོ་བར་འགྱུར་བ་དང། དེ་བཞིན་གཤེགས་པ་རྣམས་ཀྱིས་ལྡེམ་པོའི་ངག་ཐམས་ཅད་ལ་འཇུག་པ་དང། གཞན་གྱི་དྲིང་མི་འཇོག་པའི་ཕྱིར་ཐེག་པ་ཆེན ་པོ་ལ་མོས་པ་མི་ཟློག་པ་ཡིན་ནོ། །ཕན་ཡོན་རྣམ་པ་ལྔ་པོ་དེ་དག་གི་ལས་ཀྱང་རྣམ་པ་ལྔ་ཁོ་ནར་རིག་པར་བྱ་སྟེ། བྱང་ཆུབ་སེམས་དཔའ་བྱང་ཆུབ་ཀྱི་ཕྱིར་སྦྱོར་བ་ཚར་ཕྱིན་པའི་ལུས་དང་སེམས་ཀྱིས་འབད་པ་དང། ངལ་བ་མེད་པའི་ཕྱིར་ཚེ་འདི་ལ་བདེ་བར་གནས ་པའི་མཆོག་དེ་ནི་སེམས་ཞི་བའི་ཕན་ཡོན་གྱི་ལས་ཡིན་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་ཨི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་སྨིན་པར་བྱེད་པ་དེ་ནི་རིག་པའི་གནས་ཐམས་ཅད་ལ་ཤེས་པ་ཐོགས་པ་མེད་པའི་ཕན་ཡོན་གྱི་ལས་ཡིན་པར་རིག་པ ་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་ཨི་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་དེ་ནི་འཁོར་བས་མི་སྐྱེ་བའི་ཕན་ཡོན་གྱི་ལས་ཡིན་པར་རིག་པར་བྱའོ། །གདལ་བ་རྣམས་ཀྱི་ཐེ་ཚོམ་སྐྱེ་སོ་ཅོག་སེལ་བ་དང། བསྟན་པ་ནུབ་པར་བྱེད་པ་དམ་པའི་ཆོས ་ལྟར་བཅོས་པ་རྣམས་ཡོངས་སུ་ཤེས་པ་དང། བསྟན་པ་དང་བསལ་བས་ཆོས་ཀྱི་ཚུལ་ཡུན་རིང་པོར་ཡོངས་སུ་སྡུད་ཅིང། ཡང་དག་པར་འཛིན་པ་དེ་ནི་ལྡེམ་པོའི་ངག་ཐམས་ཅད་ལ་འཇུག་པའི་ཕན་ཡོན་གྱི་ལས་ཡིན་པར་རིག་པར་བྱེའོ། །ཕས་ཀྱི་རྒོལ་བ་ཐམས་ཅད ་ཚར་གཅོད་པ་དང། བརྩོན་འགྲུས་བརྟན་པ་དང། སྨོན་ལམ་མི་ཉམས་པ་དེ་ནི་གཞན་གྱི་དྲིང་མི་འཇོག་པས་མི་འཕྲོགས་པའི་ཕན་ཡོན་གྱི་ལས་ཡིན་པར་རིག་པར་བྱའོ། །དེ་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱང་ཆུབ་སེམས་དཔའ་ཨི་བྱ་བ་གང་ཅི ་ཡང་རུང་བ་དེ་དག་ཐམས་ཅད་ནི་ཕན་ཡོན་གྱི་ལས་རྣམ་པ་ལྔ་པོ་འདི་དག་གིས་ཡོངས་སུ་བསྡུས་པ་ཡིན་ནོ། །བྱ་བ་དེ་དག་ཀྱང་གང་ཞེ་ན། བདག་གི་བདེ་བ་ལ་ཀུན་ནས་ཉོན་མོངས་པ་མེད་པ་དང། སངས་རྒྱས་ཀྱི་ཆོས་ཡོངས་སུ་སྨིན་པར་བྱ་བ་དང། སེམས་ཅན ་ཡོངས་སུ་སྨིན་པར་བྱ་བ་དང། དམ་པའི་ཆོས་བཟུང་བ་དང། སྨོན་ལམ་མི་འགྱུར་ཞིང་བརྩོན་འགྲུས་དྲག་པོས་ཕས་ཀྱི་རྒོལ་པ་རྣམ་པར་ཚར་གཅོད་པའོ། །དེ་ལ་དེ་ཁོ་ནའི་དོན་རྣམ་པ་བཞི་ལ་དང་པོ་གཉིས་ནི་ཐ་མའོ། །གསུམ་པ་ནི་འབྲིང། བཞི་པ་ནི་མཆོག ་ཡིན་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་ཨི་སའི་གཞིའི་རྣལ་འབྱོར་གྱི་གནས་ལས་དེ་ཁོ་ནའི་ལེའུ་སྟེ་བཞི་པའོ།། །།བམ་པོ་བཞི་པ། དེ་ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མཐུ་གང་ཞེ་ན། མདོར་བསྡུ་ན་སེམས ་ལས་སུ་རུང་བ། སེམས་ཤིན་ཏུ་ཡོངས་སུ་བསྒོམས་པ། ཏིང་ངེ་འཛིན་ལ་དབང་ཐོབ་པ། ཏིང་འཛིན་ལ་བརྟེན་ནས་འདོད་པ་ཙམ་གྱིས་དོན་ཐམས་ཅད་འགྲུབ་པ་ནི་འཕགས་པའི་མཐུ་ཞེས་བྱའོ། །ཆོས་རྣམས་ཀྱི་འབྲས་བུ་ཆེན་པོ་དང། ཕན་ཡོན་ཆེན་པོ་གང་ཡིན ་པ་ཡང་དེ་དག་གི་མཐུ་ཞེས་བྱའོ། །སངས་རྒྱས་རྣམས་དང། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསོད་ནམས་ཀྱི་ཚོགས་ཆེན་པོ་སྔོན་བསགས་པ་ལས་ལྷན་ཅིག་སྐྱེས་པའི་ངོ་མཚར་རྨད་དུ་བྱུང་བའི་ཆོས་དེ་ཡང་དག་གི་ལྷན་ཅིག་སྐྱེས་པའི་མཐུ་གཞན་ཡིན་པར་རིག་པར་བྱའོ། ། ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མཐུ་དེ་ཡང་རྣམ་པའི་རབ་ཏུ་དབྱེ་བས་རྣམ་པ་ལྔར་འགྱུར་ཏེ། མངོན་པར་ཤེས་པའི་མཐུ་དང། ཆོས་ཀྱི་མཐུ་དང། ལྷན་ཅིག་སྐྱེས་པའི་མཐུ་དང། ཉན་ཐོས་དང། རང་སངས་རྒྱས་རྣམས་དང། ཐུན་མོང་པ་དང། ཐུན་མོང་མ་ཡིན ་བའོ། །དེ་ལ་མངོན་པར་ཤེས་པ་དྲུག་པོ་རྫུ་འཕྲུལ་གྱི་ཡུལ་དང། ལྷའི་རྣ་བ་དང། སེམས་ཀྱི་རྣམ་གྲངས་དང། སྔོན་གྱི་གནས་རྗེས་སུ་དྲན་པ་དང། འཆི་འཕོ་དང། སྐྱེ་བ་མཐོང་བ་དང། ཟག་པ་ཟད་པ་ཞེས་པ་མངོན་སུམ་དུ་བྱ་བ་ནི་མངོན་པར་ཤེས་པའི་མཐུ་ཞེས་བྱའོ། ། ་དེ་ལ་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་སྦྱིན་པ་དང། ཚུལ་ཁྲིམས་དང། བཟོད་པ་དང། བརྩོན་འགྲུས་དང། བསམ་གཏན་དང། ཤེས་རབ་ནི་ཆོས་རྣམས་ཞེས་བྱ་སྟེ། ཆོས་དེ་དག་གི་མཐུ་གང་ཡིན་པ་དེ་ནི་ཆོས་ཀྱི་མཐུ་ཞེས་བྱའོ། །དེ་ལ་རྫུ་འཕྲུལ་གང་ཞེ་ན། མདོར་བསྡུ་ན་རྣམ་པ ་གཉིས་ཏེ། ཡོངས་སུ་བསྒྱུར་བ་དང། སྤྲུལ་བའོ། །རྣམ་པ་དེ་གཉིས་ལ་ཡང་རྣམ་པའི་རབ་ཏུ་དབྱེ་བས་ནི་རྣམ་པ་དུ་མ་ཡོད་དོ། །དེ་ལ་ཡོངས་བསྒྱུར་བའི་རྫུ་འཕྲུལ་གྱི་རྣམ་པའི་རབ་ཏུ་དབྱེ་བ་གང་ཞེ་ན། འདི་ལྟ་སྟེ། གཡོ་བར་བྱེད་པ་དང། འབར་བར་བྱེད་པ་དང། ཁྱབ་པར ་བྱེད་པ་དང། རྣམ་པར་སྟོན་པ་དང། གཞན་དུ་འགྱུར་བར་བྱེད་པ་དང། འགྲོ་བ་དང། འོང་བ་དང། སྡུད་པ་དང། རྒྱས་པར་བྱེད་པ་དང། །གཟུགས་ཐམས་ཅད་ལུས་སུ་འཇུག་པར་བྱེད་པ་དང། སྐལ་པ་སྙམ་པའི་གནད་དུ་འགྲོ་བ་དང། སྣང་བར་བྱེད་ཅིང་མི་སྣང་བར་ཡང ་བྱེད་པ་དང་ཡང་བྱེད་པ་དང། གཞན་གྱི་རྫུ་འཕྲུལ་ཟིལ་གྱིས་གནོན་པ་དང། སྤོབས་པ་སྦྱིན་པ་དང། དྲན་པ་སྦྱིན་པ་དང། བདེ་བ་སྦྱིན་པ་དང། འོད་ཟེར་འབྱིན་པ་དང། དེ་ལྟ་བུ་དང་མཐུན་པའི་རྫུ་འཕྲུལ་ནི་ཡོངས་སུ་བསྒྱུར་བ་ཞེས་བྱའོ། །དེ་ལ་གཡོ་བར་བྱེད་པ་ནི་འདི ་ལ་དེ་བཞིན་གཤེགས་པའམ། ཏིང་ངེ་འཛིན་ལ་དབང་ཐོབ་པ་སེམས་ལས་སུ་རུང་བའི་བྱང་ཆུབ་སེམས་དཔས་གཙུག་ལག་ཁང་གཡོ་བར་བྱེད། ཁྱིམ་དང། གྲོང་དང། གྲོང་ཁྱེར་དང། ཞིང་དང། སེམས་ཅན་དམྱལ་བའི་འཇིག་རྟེན་དང། དུད། ་འགྲོའི་འཇིག་རྟེན་དང། ཡི་དགས་ཀྱི་འཇིག་རྟེན་དང། མིའི་འཇིག་རྟེན་དང། ལྷའི་འཇིག་རྟེན་དང། གླིང་བཞི་པ་དང། སྟོང་གི་འཇིག་རྟེན་དང། སྟོང་གཉིས་ཀྱི་འཇིག་རྟེན་གྱི་ཁམས་དང། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་དང། ་སྟོང་གསུམ་པ་བརྒྱ་དང། སྟོང་གསུམ་པ་སྟོང་དང། སྟོང་གསུམ་པའི་འཇིག་རྟེན་གྱི་ཁམས་འབུམ་ནས། སྟོང་པ་གསུམ་པའི་འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པ་གྲངས་མེད་པའི་བར་དུ་ཡང་གཡོ་བར་བྱེད་དོ། །དེ་ལ་འབར་བར་བྱེད་པ་ནི་རོ་སྟོང ་ནས་མེ་འབར་བར་བྱེད་ལ། རོ་སྨད་ནས་ཆུ་གྲང་མོའི་རྒྱུན་འབྱིན་པ་དང། རོ་སྨད་ནས་མེ་འབར་བར་བྱེད་ལ། རོ་སྟོང་ནས་ཆུ་གྲང་མོའི་རྒྱུན་འབྱིན་པ་དང། མེའི་ཁམས་ལ་ཡང་སྙོམས་པར་འཇུག་ཅིང་ལུས་ཐམས་ཅད་ནས་མེ་འབར་བར་བྱེད་དོ།། ་ལུས་ཐམས་ཅད་ནས་མེ་འབར་བ་ན། ལུས་ལས་འོད་ཟེར་སྣ་ཚོགས་སྔོན་པོ་དང། སེར་པོ་དང། དམར་པོ་དང། དཀར། པོ་དང། བཙོང་ཁ་དང། ཤེལ་གྱི་ཁ་དོག་ལྟ་བུ་འབྱུང་བའོ། །དེ་ལ་ཁྱབ་པར་བྱེད་པ་ནི་འདི་ལྟ་སྟེ། ཁྱིམ་ཡང་འོད་ཀྱིས་ཁྱབ ་པར་བྱེད། གཙུག་ལག་ཁང་ནས་སྔ་མ་བཞིན་དུ་འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་གྲངས་མེད་པའི་བར་དུ་ཡང་ཁྱབ་པར་བྱེད་པ་ལྟ་བུ་སྟེ། སྔ་མ་བཞིན་དུ་འདི་ལྟ་སྟེ། གཡོ་བར་བྱེད་པ་དང་འདྲའོ། །དེ་ལ་རྣམ་པར་སྟོན་པ་ནི་འདི་ལྟ་སྟེ། དགེ་སྦྱོང་དང། ་ཟམ་ཟེ་དང། ཉན་ཐོས་དང། བྱང་ཆུབ་སེམས་དཔའ་དང། ལྷ་དང། ཀླུ་དང། གནོད་སྦྱིན་དང། ལྷ་མ་ཡིན་དང། ནམ་མཁའ་ལྡིང་དང། མི་འམ་ཅི་དང། ལྟོ་འཕྱེ་ཆེན་པོ་ལྷགས་ཤིང་བདེ་བར་འཁོད་པའི་འཁོར་དུ་དེ་བཞིན་གཤེགས་པ་འམ། ་བྱང་ཆུབ་སེམས་དཔའ་འོག་ཏུ་ནི་ངན་སོང་དག་ཀྱང་རྣམ་པར་སྟོན། སྟེང་དུ་ནི་ལྷ་དང་མི་རྣམས་ཀྱང་རྣམ་པར་སྟོན་པ་དང། དེ་མ་ཡིན་པ་སངས་རྒྱས་ཀྱི་ཞིང་དག་ཀྱང་རྣམ་པར་སྟོན་པ་དང། དེ་དག་ཏུ་ཡང་སངས་རྒྱས་དང། བྱང་ཆུབ་སེམས་དཔའ་རྣམས་སྟོན་ཏེ། ་སངས་རྒྱས་ཀྱི་ཞིང་གངྒཱའི་གླུང་གི་བྱེ་མ་སྙེད་དག་ལས?་ཀྱང་འདའ་ཞིང། སངས་རྒྱས་ཀྱི་ཞིང་མིང་ཇི་སྐད་གྲགས་པ་དང། སངས་རྒྱས་ཀྱི་ཞིང་དེ་ནི་དེ་བཞིན་གཤེགས་པའི་མཚན་གང་ཡིན་པའི་སངས་རྒྱས་ཀྱི་ཞིང་དེ་དང། དེ་བཞིན་གཤེགས་པ་དེ་ཡང ་སྟོན་ལ། སངས་རྒྱས་ཀྱི་ཞིང་དེའི་མིང་དེ་དང། དེ་བཞིན་གཤེགས་པའི་མཚན་དེ་ཡང་སྟོན་པ་དང། དེའི་ཚུ་རོལ་དང། དེའི་ཕ་རོལ་དག་ཀྱང་གང་འདོད་པ་དང། ཇི་སྲིད་དུ་འདོད་བར་རྣམ་པར་སྟོན་ཅིང་བརྗོད་པར་བྱེད་པའོ། །དེ་ལ་གཞན་དུ་འགྱུར་བར་བྱེད་པ་ནི ་གལ་ཏེ་ས་ལ་ཆུར་མོས་ན་ཡང་དེ་དེ་ཁོ་ན་བཞིན་དུ་འགྱུར་གྱི་གཞན་དུ་མི་འགྱུར་བ་དང། མེ་དང་རླུང་དུ་མོས་ན་ཡང་དེ་དེ་ཁོ་ན་བཞིན་དུ་འགྱུར་གྱི་གཞན་དུ་མི་འགྱུར་བ་དང། གལ་ཏེ་ཆུ་ལ་སར་མོས་སམ། མེ་དང་རླུང་དུ་མོས་ན་ཡང་དེ་དེ་ཁོ་ན་བཞིན་དུ ་འགྱུར་གྱི་གཞན་དུ་མི་འགྱུར་བ་དང། གལ་ཏེ་མེ་ལ་སར་མོས་སམ། ཆུ་འམ། རླུང་དུ་མོས་སམ། གལ་ཏེ་རླུང་ལ་སར་མོས་སམ། ཆུ་དང་མེར་མོས་ན་ཡང་དེ་དེ་ཁོ་ན་བཞིན་དུ་འགྱུར་གྱི། གཞན་དུ་མི་འགྱུར་བ་དང། ཇི་ལྟར་འབྱུང་བ་ཆེན་པོ་རྣམས ་ཕན་ཚུན་དུ་བསྒྱུར་ཞིང་གཞན་དུ་འགྱུར་བར་བྱེད་པ་བཞིན་དུ་གཟུགས་དང། སྒྲ་དང། དྲི་དང། རོ་དང། རེག་བྱ་རྣམས་ལ་ཡང་དེ་བཞིན་དུ་རིག་པར་བྱའོ། །གལ་ཏེ་རྩཝ་དང། ལོ་མ་དང། བ་ལང་གི་ལྕི་བ་དང། ས་ལ་སོགས་པའི་རྫས་རྣམས་ལས། ཟས་དང། ་སྐོམ་དང། གཞོན་པ་དང། གོས་དང། རྒྱན་དང། སྣོད་དཔྱད་དང། སྤོས་དང། མེ་ཏོག་ཕྲེང་དང། བྱུག་པར་མོས་སམ། རྡོ་དང། གསེག་མ་དང། གྱོ་དུམ་དང། གྱོ་ཡོ་ལ་སོགས་པ་ལ་ནོར་བུ་དང། མུ་ཏིག་དང། བཻཌཱུརྱ་དང། དུང་དང། མན་ཤེལ་དང། བྱུ་རུར་མོས ་སམ་རིའི་རྒྱལ་པོ་གངས་ལ་སོགས་པ་རི་ཐམས་ཅད་ལ་གསེར་དུ་མོས་ན་ཡང་དེ་དག་ཐམས་ཅད་དེ་ཁོ་ན་བཞིན་དུ་འགྱུར་གྱི་གཞན་དུ་མི་འགྱུར་བ་དང། དེ་བཞིན་དུ་སེམས་ཅན་མདོག་བཟང་པོ་རྣམས་ལ་མདོག་ངན་པ་དག་ཏུ་མོས་སམ། མདོག་ངན་པ ་རྣམས་ལ་མདོག་བཟང་པོ་དག་ཏུ་འམ། དེ་གཉི་ག་ལ་མ་གཏོགས་པ་རྣམས་ལ་མདོག་བཟང་པོ་དག་ཏུ་འམ། མདོག་ངན་པ་དག་ཏུ་འམ། དེ་གཉི་གར་རམ། མདོག་བཟང་པོ་དང། མདོག་ངན་པ་རྣམས་ལ་ཇི་ལྟ་བ་དེ་བཞིན་དུ། ཡན་ལག་མ་ཚང་བ་དང། ཡན་ལག་ཚང ་བ་དང། རིང་པ་དང་འཚོ་བ་ལ་སོགས་པ་རང་གི་མཚན་ཉིད་དུ་ཡོད་པ་ལས་གཞན་དུ་བསྒྱུར་བ་ཅི་ཡང་རུང་བ་དང། ནུས་པའི་ངོ་བོ་ལ་གཞན་དུ་མོས་པ་དེ་དག་ཐམས་ཅད་ཇི་ལྟར་མོས་པ་དེ་བཞིན་དུ་འགྱུར་བ་ཡིན་ནོ། །དེ་ལ་འགྲོ་བ་དང་འོང་བ་ནི་རྩིག་པ་ལ་ཡང ་ཐད་ཀར། རི་བྲག་ལ་ཡང་ཐད་ཀར། ར་བ་ལ་ཡང་ཐད་ཀར་ལུས་ཀྱིས་ཐོགས་པ་མེད་པར་འགྲོ་སྟེ། རྒྱས་པར་ཚངས་པའི་འཇིག་རྟེན་དུ་ཡང་འགྲོ་ཞིང་ཕྱིར་ཡང་འོང་བ་ནས། གོང་དུ་འོག་མིན་ལ་ཐུག་པ་དང། ཐད་ཀར་ཡང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག ་རྟེན་གྱི་ཁམས་དགའ་?་ཏུ་མེད་གྲངས་མེད་པའི་བར་དུ་ཡང་འབྱུང་བ་ཆེན་པོ་བཞི་ལས་བྱུང་བའི་ལུས་རགས་པས་འགྲོ་ཞིང་ཕྱིར་ཡང་འོང་བ་དང། རྒྱང་རིང་པོ་ལ་ཉེ་བར་མོས་ན་ཡིད་ལ་དང་འདྲ་བར་མགྱོགས་པར་འགྲོ་བ་དང་འོང་བ་ཡིན་ནོ། །དེ་ལ་སྡུད་པ་དང ་རྒྱས་པར་བྱེད་པ་ནི་རིའི་རྒྱལ་པོ་གངས་ཀྱང་རྡུལ་ཕྲ་རབ་ཙམ་དུ་སྡུད་ལ། རྡུལ་ཕྲ་རབ་ཀྱང་རིའི་རྒྱལ་པོ་གངས་ཙམ་དུ་སྐྱེད་པ་ཡིན་ནོ། །དེ་ལ་གཟུགས་ཐམས་ཅད་ལུས་སུ་འཇུག་པར་བྱེད་པ་ནི། འཁོར་ཆེན་པོ་སྣ་ཚོགས་ཀྱི་མདུན་དུ། གྲོང་དང། གྲོང་ཁྱེར་དང། ་གྲོང་བརྡལ་དང། རྩཝ་དང། ནགས་ཚལ་དང། ས་གཞི་དང། རིའི་གཟུགས་ཀྱི་ཚོགས་བདག་གི་ལུས་སུ་འཇུག་པར་བྱེད་དོ། །འཁོར་དེ་ཐམས་ཅད་ཀྱིས་ཀྱང་བདག་ཅག་ལུས་དེ་ཉིད་ཀྱི་ནང་དུ་སོང་བར་ཤེས་པ་ཡིན་ནོ། །དེ་ལ་སྐལ་པ་མཉམ་པའི་གན་དུ་འགྲོ་བ ་ནི། རྒྱལ་རིགས་ཀྱི་འཁོར་གྱི་ནང་དུ་སོང་སྟེ། ཕྱིན་ནས་དེ་དག་གི་ཁ་དོག་རྒྱས་པ་ཇི་ལྟ་བུར་འདུག་པ་དེ་བཞིན་དུ། དེའི་ཡང་དེ་དང་འདྲ་བ་དང། དེ་དག་གི་ཆུ་ཞེང་ཇི་ལྟ་བ་དང། སྨྲ་བའི་སྟངས་ཇི་ལྟ་བ་བཞིན་དུ་དེའི་ཡང་དེ་དང་འདྲ་བ་དང། དེ་དག་དོན་གང་སྨྲ་བར་བྱེད་པ་དེ ་ནི་དེ་ཡང་སྨྲ་པར་མི་བྱེད་པ་དེ་ནི་དེ་ཡང་སྨྲ་བར་མི་བྱེད་པ་དང། མཇུག་ཏུ་དེ་དག་ལ་ཆོས་དང་མཐུན་པའི་གཏམ་གྱིས་ཡང་དག་པར་བསྟན། ཡང་དག་པར་འཛིན་དུ་བཅུག་།ཡང་དག་པར་གཟེངས་བསྟོད། ཡང་དག་པར་རབ་ཏུ་དགའ་བར་བྱས་ནས་མི་སྣང་བར་བྱེད་ལ། ་དེ་མི་སྣང་བར་གྱུར་པ་ལ་མི་སྣང་བར་གྱུར་པ་འདི་ལྷ་འམ། མི་འམ། སུ་ཞིག་སྙམ་དུ་མི་སེམས་སོ། །རྒྱལ་རིགས་ཀྱི་འཁོར་ལ་ཇི་ལྟ་བ་བཞིན་དུ་བྲམ་ཟེ་དང། ཁྱིམ་བདག་དང། དགེ་སྦྱོང་གི་འཁོར་དང། རྒྱལ་ཆེན་བཞིའི་རིགས་ཀྱི་ལྷ་རྣམས་དང། གསུམ་ཅུ་རྩ ་གསུམ་དང། འཐབ་བྲལ་དང། དགའ་ལྡན་དང། འཕྲུལ་དགའ་དང། གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་དང། དེ་བཞིན་དུ་ཚངས་རིས་དང། ཚངས་པ་མདུན་ན་འདོན་དང། ཚངས་ཆེན་དང། འོད་ཆུང་དང། ཚད་མེད་འོད་དང། འོད་གསལ་དང། དགེ་ཆུང་དང། ་ཆད་མེད་དགེ་དང། དགེ་རྒྱས་དང། སྤྲིན་མེད་དང། བསོད་ནམས་སྐྱེས་དང། འབྲས་བུ་ཆེ་དང། མི་ཆེ་བ་དང། མི་གདུང་བ་དང། ཤིན་ཏུ་མཐོང་བ་དང། གྱ་ནོམ་སྣང་བ་དང། འོག་མིན་དུ་ཡང་དེ་བཞིན་ནོ། །དེ་ལ་སྣང་བར་ཡང་མི་བྱེད་མི་སྣང་བར་ཡང་མི་བྱེད་པ་ནི་འཁོར ་ཆེན་པོའི་མདུན་དུ་ལན་བརྒྱ་འམ། ལན་སྟོང་ངམ། དེ་བས་ལྷག་པར་ཡང་མི་སྣང་བར་བྱེད་ལ། ཕྱིར་ཡང་དེ་བཞིན་དུ་བདག་ཉིད་སྟོན་ཅིང་སྣང་བར་བྱེད་པ་ཡིན་ནོ། །དེ་ལ་དབང་བྱེད་པ་ནི་སེམས་ཅན་གྱི་ཁམས་གང་ཇི་སྙེད་ཡོད་པ་དེ་ཐམས་ཅད་འགྲོ་བ་དང། འོང་བ་དང། ་གནས་པ་ལ་སོགས་པའི་བྱ་བ་རྣམས་ལ་ཡང་དབང་བྱེད་པ་སྟེ། གལ་ཏེ་དེས་འདི་སྙམ་དུ་སོང་ཞིག་སྙམ་ན་ནི་འགྲོ་བར་འགྱུར། སྡོད་ཅིག་སྙམ་ན་ནི་སྡོད་པར་འགྱུར་རོ། །འོངས་ཤིག་སྙམ་ན་ནི་འོངས་པར་འགྱུར། སྨྲོས་ཤིག་སྙམ་ན་སྨྲ་བར་འགྱུར་བ་ཡིན་ནོ། །དེ ་ལ་གཞན་གྱི་རྫུ་འཕྲུལ་ཟིལ་གྱིས་གནོན་པ་ནི་དེ་བཞིན་གཤེགས་པ་ནི་དེ་ལས་གཞན་པ་རྫུ་འཕྲུལ་དང་ལྡན་པ་ཐམས་ཅད་ཀྱི་རྫུ་འཕྲུལ་མངོན་པར་འདུ་བྱེད་པ་ཟིལ་གྱིས་མནན་ནས། ཅི་དགྱིས་པར་དོན་སྒྲུབ་པར་མཛད་པ་དང། མཐར་ཕྱིན་པའི ་བྱང་ཆུབ་སེམས་དཔའ་སྐྱེ་བ་གཅིག་གིས་ཐོགས་པ་དང། སྲིད་པ་ཐ་མ་པ་ནི་དེ་བཞིན་གཤེགས་པ་དང་མཚུངས་པར་གྱུར་པའི་བྱང་ཆུབ་སེམས་དཔའ་མ་གཏོགས་པར་དེ་ལས་གཞན་པ་ཐམས་ཅད་ཀྱི་རྫུ་འཕྲུལ་མངོན་པར་འདུ་བྱེད་པ་ཟིལ་གྱིས་གནོན་པ་དང། ་དེ་ལས་གཞན་པའི་བྱང་ཆུབ་སེམས་དཔའ་རྣམས་ནི་ཆེས་མཆོག་ཏུ་གྱུར་པའི་ས་ལ་ཞུགས་པ་རྣམས་དང་མཚུངས་པར་གྱུར་པའི་བྱང་ཆུབ་སེམས་དཔའ་རྣམས་མ་གཏོགས་པར་དེ་ལས་གཞན་པ་རྫུ་འཕྲུལ་དང་ལྡན་པ་ཐམས་ཅད་ཀྱི་རྫུ་འཕྲུལ ་མངོན་པར་འདུ་བྱེད་པ་ཟིལ་གྱིས་གནོན་པ་ཡིན་ནོ། །དེ་ལ་སྤོབས་པ་སྦྱིན་པ་ནི་སྤོབས་པ་ཡོངས་སུ་གཏུགས་པ་ལ། སྤོབས་པ་ཉེ་བར་སྒྲུབ་པ་ཡིན་ནོ། །དེ་ལ་དྲན་པ་སྦྱིན་པ་ནི་ཆོས་རྣམས་ལ་དྲན་པ་བརྗེད་པ་ལ་དྲན་པ་ཉེ་བར་སྒྲུབ་པ་ཡིན་ནོ། །དེ་ལ་བདེ་བ་སྦྱིན་པ ་ནི་དེ་སྟོན་པ་ན། གང་དག་ཆོས་ཉན་པ་དེ་དག་ལ་ཤིན་ཏུ་སྦྱངས་པའི་བདེ་བ་གང་གིས་དེ་དག་སྒྲིབ་པ་མེད་པར་ཆོས་ཉན་པར་འགྱུར་པ་དེ་ལྟ་བུའི་ལུས་དང་སེམས་ལ་ཕན་འདོགས་པ་ཉེ་བར་སྒྲུབ་པར་བྱེད་དེ། དེ་ཡང་དེ་ཙམ་གྱི་ཚུལ་གྱིས་བྱེད་ཀྱིས་གཏན ་དུ་ནི་མ་ཡིན་ནོ། །ཁམས་མ་སྙོམས་པ་དང། གནོད་པ་ལས་བྱུང་བ་དང། མི་མ་ཡིན་པས་བཏང་བའི་ནང་འགོ་བ་ཡང་ཞི་བར་བྱེད་པ་ཡིན་ནོ། །དེ་ལ་འོད་ཟེར་འབྱིན་པ་ནི་བྱང་ཆུབ་སེམས་དཔའ་འམ། དེ་བཞིན་གཤེགས་པས་རྫུ་འཕྲུལ་གྱི་འོད་ཟེར་འདི་ལྟ ་བུ་ལུས་ལས་འབྱིན་ཏེ། གང་དག་ཁ་ཅིག་ཕྱོགས་ཅུའི་འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་གྲངས་མེད་པ་དག་ཏུ་དོང་ན། སེམས་ཅན་དམྱལ་བའི་སེམས་ཅན་རྣམས་ཀྱི་སེམས་ཅན་དམྱལ་བ་པའི་སྡུག་བསྔལ་རྒྱུན་གཅོད་པར་བྱེད་པ་དང། ཁ ་ཅིག་ནི་ལྷའི་འཇིག་རྟེན་ན་གནས་པའི་ལྷ་དང། ཀླུ་དང། གནོད་སྦྱིན་དང། ལྷ་མ་ཡིན་དང། ནམ་མཁའ་ལྡིང། མི་འམ་ཅི་དང། ལྷོ་འཕྱེ་ཆེན་པོ་རྒྱ་ཆེན་པོ་རྣམས་ཀྱི་རང་གི་གནས་སུ་དོང་ནས་འདིར་འོང་པར་བྱ་བའི་ཕྱིར་སྐུལ་བར་བྱེད་དོ། །དེ་བཞིན་དུ་ཕྱོགས་བཅུའི་འཇིག ་རྟེན་གྱི་ཁམས་དཔག་ཏུ་མེད་གྲངས་མེད་པ་དག་ན། འཇིག་རྟེན་གྱི་ཁམས་གཞན་ན་གནས་པའི་བྱང་ཆུབ་སེམས་དཔའ་དག་འདིར་འོངས་པར་བྱ་བའི་ཕྱིར་སྐུལ་བར་བྱེད་དོ། །མདོར་བསྡུ་ན་དེ་བཞིན་གཤེགས་པས་འོད་ཟེར་སྣ་ཚོགས་དཔག་ཏུ་མེད་པ་དག་གིས་སེམས་ཅན ་ཚད་མེད་པ་དག་གིས་དོན་དཔག་ཏུ་མེད་པ་དག་མཛད་པའོ། །ཡོངས་སུ་བསྒྱུར་བའི་རྫུ་འཕྲུལ་དེ་དག་ཐམས་ཅད་ཀྱི་རྣམ་པ་ནི་རེ་རེ་ནས་དབྱེ་ན་དཔག་ཏུ་མེད་གྲངས་མེད་པར་རིག་པར་བྱ་སྟེ། རང་བཞིན་དེ་མ་ཡིན་དེ་མ་ཡིན་པའི་དངོས་པོ་དེ་ལས་གཞན་དུ་བསྒྱུར་ཞིང ་བསྒྲུབ་པ་ལ་ནི་ཡོངས་སུ་བསྒྱུར་པ་ཞེས་བྱ་སྟེ། དེ་ལྟ་བས་ན་འདི་ནི་ཡོངས་སུ་བསྒྱུར་བའི་རྫུ་འཕྲུལ་ཞེས་བྱའོ། །དེ་ལ་སྤྲུལ་པའི་རྫུ་འཕྲུལ་གང་ཞེ་ན། མདོར་བསྡུ་ན། དངོས་པོ་མེད་པ་ལས་སྤྲུལ་པ་སྟེ། སྤྲུལ་པའི་སེམས་ཀྱིས་ཇི་ལྟར་འདོད་པ་བཞིན་དུ། མངོན ་པར་འདུས་བྱས་ནས་འགྲུབ་པར་འགྱུར་བ་དེ་ནི་སྤྲུལ་པའི་རྫུ་འཕྲུལ་ཞེས་བྱའོ། །དེ་ཡང་ལུས་སྤྲུལ་པ་དང། དག་སྤྲུལ་པ་དང། ཡུལ་སྤྲུལ་པ་རྣམ་པ་དུ་མ་ཡོད་དེ། ལུས་སྤྲུལ་པ་དེ་ཡང་དེ་བདག་དང་འདྲ་བ་འམ། མི་འདྲ་བ་འམ། གཞན་དང་འདྲ་བ་འམ། མི ་འདྲ་བར་སྤྲུལ་པ་སྟེ། ལུས་སྤྲུལ་པ་བདག་དང། གཞན་དང་འདྲ་བ་དང། མི་འདྲ་བ་དེ་ཡང་དབང་པོ་དང་འདྲ་བ་དང། དབང་པོའི་རྟེན་སྤྲུལ་པར་བྱེད་ཀྱི་དབང་པོ་ཉིད་ནི་མ་ཡིན་ནོ། །ཡུལ་དང་འདྲ་བའི་སྤྲུལ་པ་སྤྲུལ་པར་བྱེད་པ་ནི། འདི་ལྟ་སྟེ། ཟས་དང་སྐོམ་ལ ་སོགས་པ་དང། ནོར་བུ་དང། མུ་ཏིག་དང། བཻ་ཌཱུརྱ་ལ་སོགས་པ་དང། གཟུགས་དང། སྒྲ་དང། དྲི་དང། རོ་དང། རེག་བྱར་གཏོགས་པའི་ཕྱི་རོལ་གྱི་ཡོ་བྱད་དེ་གང་ཅི་ཡང་རུང་བ་དེ་དང་འདྲ་བ་དེ་མ་ཡིན་པ་ཐམས་ཅད་ཇི་ལྟར་འདོད་པ་བཞིན་དུ་སྤྲུལ་པར་བྱེད་དོ། །བདག་དང ་འདྲ་བ་དེ་ཡང་རྣམ་པ་དུ་མ་མང་པོ་སྣ་ཚོགས་ཡོད་དེ། ལྷ་དང། ཀླུ་དང། གནོད་སྦྱིན་དང། ལྷ་མ་ཡིན་དང། ནམ་མཁའ་ལྡིང་དང། མི་འམ་ཅི་དང། ལྷོ་འཕྱེ་ཆེན་པོའི་བྱད་གཟུགས་དང། མིའི་བྱད་གཟུགས་དང། དུད་འགྲོ་དང། ཡི་དགས་དང། སེམས་ཅན་དམྱལ ་བ་པའི་བྱད་གཟུགས་དང། ཉན་ཐོས་ཀྱི་བྱད་གཟུགས་དང། རང་སངས་རྒྱས་ཀྱི་བྱད་གཟུགས་དང། བྱང་ཆུབ་སེམས་དཔའ་ཨི་བྱད་གཟུགས་དང། དེ་བཞིན་གཤེགས་པའི་བྱེད་རྣམས་སོ། །དེ་གལ་ཏེ་བྱང་ཆུབ་སེམས་དཔའ་ཉིད་ཅི་འདྲ་བ། དེ་འདྲ་བ་ཉིད་དུ་སྤྲུལ་པ ་སྤྲུལ་པ་ན། དེའི་སྤྲུལ་པ་འདི་ནི་བདག་དང་འདྲ་བ་ཡིན་ནོ། །དེ་ལྷ་མ་ཡིན་པ་ནི་སྤྲུལ་པ་བདག་དང་མི་འདྲ་བར་འགྱུར་རོ། །གལ་ཏེ་གཞན་དག་ལྷར་གྱུར་པ་དེ་དང་འདྲ་བར་སྤྲུལ་ན་ནི། དེའི་གཞན་དང་འདྲ་བའི་སྤྲུལ་པ་ཡིན་ནོ། །གལ་ཏེ་མི་འདྲ་བར་སྤྲུལ་ན་ནི་གཞན ་དང་མི་འདྲ་བ་ཡིན་ནོ། །ལྷར་གྱུར་བ་ཇི་ལྟ་བ་བཞིན་དུ་དེ་བཞིན་གཤེགས་པར་གྱུར་པའི་བར་དུ་ཡང་དེ་བཞིན་དུ་རིག་པར་བྱའོ། །དེ་ལ་ལུས་ཀྱི་སྤྲུལ་པ་མང་པོ་གང་ཞེ་ན། འདི་ལ་དེ་བཞིན་གཤེགས་པ་འམ། བྱང་ཆུབ་སེམས་དཔས་ཕྱོགས་བཅུའི་འཇིག་རྟེན ་གྱི་ཁམས་དཔག་ཏུ་མེད་གྲངས་མེད་པ་དག་ཏུ་སེམས་ཅན་དཔག་ཏུ་མེད་གྲངས་མེད་པ་དག་གི་དོན་སྤྲུལ་པ་བྱད་གཟུགས་སྣ་ཚོགས་དེ་དག་གིས་ཅིག་ཅར་མཛད་པ་དང། བྱང་ཆུབ་སེམས་དཔའ་འམ། དེ་བཞིན་གཤེགས་པ་འདས་པའི་འོག་ཏུ་ཡང།། ་སྤྲུལ་པ་ལ་ལ་གནས་པ་ཁོ་ནར་བྱིན་གྱིས་རློབ་པ་དང། སངས་རྒྱས་དང། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྲུལ་པ་ལ་ལ་ནི་སེམས་རྣམས་ལ་རྣམ་པར་བསྟན་པ་ཙམ་དུ་ཟད་དེ། སྒྱུ་མ་ལྟ་བུ་ཡིན་པ་དང། ལ་ལ་ནི་ནོར་རྫས་གང་གིས་ནོར་རྫས་ཀྱི་བྱ་བ་ཡང་དག ་པའི་ཟས་དང། སྐོམ་དང། བཞོན་པ་དང། གོས་ལ་སོགས་པ་དང། ནོར་བུ་དང། མུ་ཏིག་དང། བཻཌཱུརྱ་དང། དུང་དང། མན་ཤེལ་དང། བྱུ་རུ་ལ་སོགས་པར་སྤྲུལ་པ་དེ་ཁོ་ན་བཞིན་དུ་འབྱུང་བ་ཡིན་ཏེ། གཞན་དུ་མི་འགྱུར་པ་འདི་ནི་རེ་ཞིག་ལུས་ཀྱི་སྤྲུལ་པ ་ཡིན་ནོ། །དག་གི་སྤྲུལ་པ་ནི་གདངས་སྙན་པ་དང་ལྡན་པ་ཡང་ཡོད། སྐད་གསལ་བ་དང་ལྡན་པ་དང། བདག་དང་འབྲེལ་པ་དང། གཞན་དང་འབྲེལ་བ་དང། འབྲེལ་པ་མ་ཡིན་པ་དང། ཆོས་སྟོན་པར་གཏོགས་པ་དང། བག་མེད་པ་ལས་བསྐུལ་བར་བཏོགས་པ་ཡང ་ཡོད་དོ། །དེ་ལ་གདངས་སྙན་པ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚིག་བརྗོད་པའི་སྤྲུལ་པ་ཟབ་པ་ཡིན་ཏེ། འབྲུག་སྒྲ་ལྟ་བུ་དང། ཀ་ལ་པིངཀའི་སྐད་ཡིད་དུ་འོང་བ་འདྲ་བ་དང། དགའ་བར་བྱེད་པས་སྙིང་དུ་འཐད་མ་དང། དག་སྤྲུལ་པ་དེ་གྲོང ་ཁོར་དུ་འགྲོ་བ་ཡིན་པ་དང། སྙན་ཅིང་འཇེབས་པ་དང། རྣམ་པར་སྙན་པ་དང། ཟུར་ཕྱིན་པ་དང། བརྡ་ཕྲད་པ་དང། སྙན་པ་དང། མི་མཐུན་པ་མེད་པ་དང། མི་རྟེན་པ་དང། མི་ཐང་པོ་ཡིན་ནོ། །དེ་ལ་སྐད་གསལ་བ་ནི་དེ་བཞིན་གཤེགས་པ་འམ། བྱང་ཆུབ་སེམས་དཔའ་ ་བཞེད་ན། ལྷ་དང། ཀླུ་དང། གནོད་སྦྱིན་དང། ལྷ་མ་ཡིན་དང། ནམ་མཁའ་ལྡིང་དང། མི་འམ་ཅི་དང། ལྟོ་འཕྱེ་ཆེན་པོ་དང། ཉན་ཐོས་དང། བྱང་ཆུབ་སེམས་དཔའ་ཨི་འཁོར་སྣ་ཚོགས་འདུས་ཤིང་ཁོང་པའི་འཁོར་གྱི་དཀྱིལ་འཁོར་དཔག་ཚད་གཅིག་གི་བར ་གྱི་མཐར་ཐུག་བར་གང་དག་ཐག་རིང་པོ་ན་འདུག་པ་འམ། གང་དག་དྲུང་ན་འདུག་པ་ཡང་རུང་སྟེ། ཐམས་ཅད་ལ་ཡང་གསུང་ཤིན་ཏུ་ཡོངས་སུ་རྫོགས་པས་གོ་བར་མཛད་པ་དང། བཞད་ན་སྟོང་ཆུང་ངུའི་འཇིག་རྟེན་གྱི་ཁམས་སུ་གསུང་གོ་བར་མཛད་པ་དང། སྟོང་པ ་གཉིས་པ་འམ། སྟོང་གསུམ་པ་འམ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་གྲངས་མེད་པ་དག་ཏུ་གསུང་གིས་གོ་བར་མཛད་དེ། སྒྲ་དེ་ལས་ཀྱང་སེམས་ཅན་རྣམས་ལ་ཆོས་སྟོན་པ། སེམས་ཅན་རྣམས་ཀྱི་དོན་དུ་འགྱུར་བ་གང་ཡིན་པ་རྣམ་པ ་དུ་མ་འབྱུང་པར་འགྱུར་པ་ཡིན་ནོ། །དེ་ལ་བདག་དང་འབྲེལ་པའི་དག་གི་སྤྲུལ་པ་ནི་བདག་ཉིད་ཀྱིས་སྤྲུལ་པའི་ཚིག་གིས་ཆོས་སྟོན་པ་འམ། བག་མེད་པ་ལས་བསྐུལ་བ་གང་ཡིན་པའོ། །གཞན་དང་འབྲེལ་པ་ནི་གཞན་སྤྲུལ་པའི་ཚིག་གིས་ཆོས་སྟོན་པ ་འམ། བག་མེད་པ་ལས་བསྐུལ་བ་གང་ཡིན་པའོ། །དེ་ལ་འབྲེལ་པ་མ་ཡིན་པའི་ངག་གི་སྤྲུལ་པ་ནི་ནམ་མཁའ་དང། སྤྲུལ་པ་སེམས་ཅན་གྱི་སེམས་ཀྱི་རྒྱུད་མ་ཡིན་པ་ལས་ཚིག་འབྱུང་བ་གང་ཡིན་པའོ། །དེ་ལ་ཆོས་སྟོན་པའི་སྤྲུལ་པ་ནི་དེ? ་དེར་རྨོངས་པ་རྣམས་ལ་རིགས་པས་ཡང་དག་པར་སྟོན་པའི་ཆེད་གང་ཡིན་པའོ། །དེ་ལ་སྐུལ་བའི་སྤྲུལ་པ་ནི་རྨོངས་པ་མེད་ཅིང་དང་བརྙེད་པ་བག་མེད་པར་གྱུར་པ་རྣམས་བག་མེད་པ་ལ་ངོ་ཚ་བ་སྐྱེད་པ་དང། བག་ཡོད་པ་ཡང་དག་པར་འཛིན་དུ་འཇུག་པའི་ཚད ་གང་ཡིན་པའོ། །སྤྲུལ་པ་རྣམ་པ་དུ་མ་དེ་ཡང་མདོར་བསྡུ་ན་ལུས་ཀྱི་སྤྲུལ་པ་དང། དག་གི་སྤྲུལ་པ་དང། ཡུལ་གྱི་སྤྲུལ་པ་ཡིན་པར་རིག་པར་བྱའོ། །དེ་ལྟར་ན་སྤྲུལ་པའི་རྫུ་འཕྲུལ་དེ་དག་ཀྱང་རེ་རེ་ནས་རྣམ་པར་དབྱེ་ན་དཔག་ཏུ་མེད་གྲངས་མེད་པར་རིག་པར ་བྱ་སྟེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྫུ་འཕྲུལ་རྣམ་པ་དེ་གཉིས་ཀྱང་མདོར་བསྡུ་ན། དོན་རྣམ་པ་གཉིས་སྒྲུབ་པ་ཡིན་ཏེ། །སེམས་ཅན་རྣམས་རྫུ་འཕྲུལ་གྱི་ཆོ་འཕྲུལ་གྱིས་འདུན་པར་བྱས་ནས་སངས་རྒྱས་ཀྱི་བསྟན་པ་ལ་འཇུག ་པར་བྱེད་པ་དང། སེམས་ཅན་སྡུག་བསྔལ་བ་རྣམས་ལ་ཕན་གདགས་པ་རྣམ་པ་དུ་མ་མང་པོ་སྣ་ཚོགས་ཉེ་བར་སྒྲུབ་པ་ཡིན་ནོ། །དེ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྔོན་གྱི་གནས་མཁྱེན་པ་གང་ཞེ་ན། འདི་ལ་དེ་བཞིན་གཤེགས ་པ་འམ། བྱང་ཆུབ་སེམས་དཔའ་བདག་ཉིད་ཀྱིས་བདག་ཉིད་ཀྱི་སྔོན་གྱི་གནས་ཡང་དག་པར་དགོངས་ཏེ། གང་དུ་སེམས་ཅན་ཆེ་གེ་མོ་ཞེས་བྱ་བ་དེ་དག་གི་ནང་དུ་བདག་འབྱུང་བ་ན་མིང་ཞེས་བྱ་བའོ། །ཞེས་རྒྱ་ཆེར་མདོ་ལས་འབྱུང་བ་བཞིན་དུ་སེམས ་ཅན་གྱི་ལུས་ཚོགས་ལ་སོགས་པ་ཐམས་ཅད་ཀྱང་རྗེས་སུ་དགོངས་སོ། །ཇི་ལྟར་བདག་ཉིད་ཀྱིས་བདག་ཉིད་ཀྱི་ཡང་དག་པར་རྗེས་སུ་དགོངས་པ་དེ་བཞིན་དུ། གཞན་དག་ལ་ཡང་དྲན་པར་མཛད་དེ། བདག་ཉིད་ཀྱིས་ཀྱིས་གཞན་དག་གི་ཡང་དགོངས་སོ། སྔོན་གྱི ་མཛའ་སེམས་ཅན་གྱི་ཚོགས་གང་ཡིན་པ་དེ་དག་གི་བདག་ཉིད་ཀྱིས་དགོངས་ཤིང། གཞན་དག་ལ་ཡང་དྲན་པར་མཛད་དེ། གང་དུ་སེམས་ཅན་ཆེ་གེ་མོ་ཞེས་བྱ་བ་དེ་དག་གི་ནང་དུ་བདག་བྱུང་བ་ནི་མིང་འདི་ཞེས་བྱའོ། །ཞེས་རྒྱ་ཆེར་སྤྱད་པར་བྱའོ། །སེམས་ཅན་དེ་དག་གི ་སྔོན་གྱི་གནས་ཐམས་ཅད་ཀྱང་བདག་གི་ཚེ་འདི་ཉིད་ཇི་ལྟ་བ་དེ་ཁོ་ན་བཞིན་དུ་ཡང་དག་པར་དགོངས་སོ། །ཆ་ཕྲ་བ་ཡང་ཡང་དག་པར་རྗེས་སུ་དགོངས་སོ། །སྔོན་གྱི་སྤྱོད་པ་ཉུང་ངུ་འམ། མང་པོ་སྔོན་དྲན་པ་ལས་བརྗོད་པ་གང་ཅི་ཡང་རུང་བ་ཡང་ངོ། །སྐད་ཅིག་པར་ཆད ་མེད་པའི་ཚུལ་གྱིས་གོ་རིམས་གང་གིས་རྒྱུན་མ་ཆད་པར་བྱས་བར། རྒྱུན་ཆགས་པ་ཡང་ཡང་དག་པར་རྗེས་སུ་དགོངས་སོ། །གང་བསྐལ་པ་བགྲང་བའི་ཚུལ་གྱིས་གྲང་སུ་བྱར་ནུས་པའི་ཚད་ཀྱང་རྗེས་སུ་དགོངས་སོ། །གང་བསྐལ་པ་བགྲང་བའི་ཚུལ་གྱིས་གྲངས་སུ་བྱར་མི་ནུས་པ ་དཔག་ཏུ་མེད་གྲངས་མེད་པ་ཡང་རྗེས་སུ་དགོངས་སོ། །དེ་སྔོན་གྱི་གནས་མཁྱེན་པ་ནི་མདོར་བསྡུ་ན་གང་བཞེད་པ་དང། ཇི་ལྟར་བཞེད་པ་དང། ཇི་ཙམ་བཞེད་པར་ཐོགས་པ་མེད་པར་འཇུག་ཏེ། བྱང་ཆུབ་སེམས་དཔའ་དང། དེ་བཞིན་གཤེགས་པའི་སྔོན་གྱི་གནས་སུ་གཏོགས ་པའི་མཐུ་ནི་དེ་ལྟ་བུ་ཡིན་ནོ། དེ་སྔོན་གྱི་གནས་རྗེས་སུ་དྲན་པ་མཁྱེན་པ་དེས་སེམས་ཅན་རྣམས་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་དད་པ་བསྐྱེད་པ་དང། གུས་པ་བསྐྱེད་པ་དང། སྐྱོ་བ་སྐྱེད་པའི་ཕྱིར་བྱང་ཆུབ་སེམས་དཔའ་ཨི་སྔོན་གྱི་སྤྱོད་པའི་མཆོག་ཏུ ་རྨད་དུ་བྱུང་བའི་སྤྱོད་པའི་སྐྱེས་པའི་རབས་སྣ་ཚོགས་རྣམ་པ་དུ་མ་སྟོན་ཏོ། །སེམས་ཅན་རྣམས་ཀྱི་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ལས་བརྩམས་ཏེ། སྔོན་གྱི་ཚུལ་དང་ལྡན་པའི་དེ་ལྟ་བུ་བྱུང་བ་དག་ཀྱང་སྟོན་ཏོ། །འདི་ལྟ་སྟེ། སྔོན་གྱི་མཐར་རྟོག་པའི ་རྟག་པར་སྨྲ་བ་རྣམས་དང། ཁ་ཅིག་རྟག་པར་འཛིན་པའི་སེམས་ཅན་རྟག་པར་ལྟ་བ་རྣམས་ཀྱི་རྟག་པར་ལྟ་བ་ཡང་སེལ་པར་མཛད་དོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལྷའི་རྣ་བ་མཁྱེན་པ་གང་ཞེ་ན། འདི་ལ་དེ་བཞིན་གཤེགས་པ་འམ ་བྱང་ཆུབ་སེམས་དཔས་ལྷའི་རྣ་བས་ལྷ་དང་མིའི་སྒྲ་དང། འཕགས་པ་རྣམས་དང། འཕགས་པ་མ་ཡིན་པ་རྣམས་དང། སྒྲ་ཆེན་པོ་རྣམས་དང། སྒྲ་ཆུང་ངུ་རྣམས་དང། གསལ་བ་རྣམས་དང། མི་གསལ་བ་རྣམས་དང། སྤྲུལ་པ་རྣམས་དང། ་སྤྲུལ་པ་མ་ཡིན་པ་རྣམས་དང། རྒྱང་རིང་པོ་དང། དྲུང་ན་འདུག་པ་རྣམས་ཐོས་པ་ཡིན་ཏེ། དེ་ལྷ་རྣམས་ཀྱི་སྒྲ་ནི་གལ་ཏེ་ཡན་ཆད་དུ་འཇུག་པར་མི་མཛད་ན། གོང་དུ་འོག་མིན་གྱི་གནས་མན་ཆད་དུ་སེམས་ཅན་སྐྱེས་པ་རྣམས་ཀྱིའོ། །ཇི་སྟེ་འཇུག་པ ་མཛད་ན་ནི་གྱེན་དུ་དེ་ལས་འདས་པའི་འཇིག་རྟེན་གྱི་ཁམས་གཞན་གྱི་ཡང་གསན་ཏོ། །དེ་ལ་མི་རྣམས་ཀྱི་སྒྲ་ནི་ཐད་ཀར་གླིང་བཞི་པ་ཐམས་ཅད་དུ་སེམས་ཅན་སྐྱེས་པ་རྣམས་ཀྱིའོ། །དེ་ལ་སྒྲ་འཕགས་པ་རྣམས་ཀྱི་སངས་རྒྱས་རྣམས་དང། སངས ་རྒྱས་ཀྱི་ཉན་ཐོས་རྣམས་དང། བྱང་ཆུབ་སེམས་དཔའ་རྣམས་དང། རང་སངས་རྒྱས་རྣམས་ཀྱི་སྒྲ་དང། དེ་ལས་གཞན་པའི་སེམས་ཅན་རྣམས་ཀྱིས་དེ་དག་ཐོས་ནས། རྗེས་སུ་སྒྲོགས་པར་བྱེད་དེ། འདི་ལྟ་སྟེ། དགེ་བ་ཡང་དག་པར་བླང་བ་དང། མི་དགེ ་བ་སྤང་པ་ལས་བརྩམས་ནས་ཡང་དག་པར་སྟོན་པ་དང། ཡང་དག་པར་ལེན་དུ་འཇུག་པ་དང། ཡང་དག་པར་གཟེངས་བསྟོད་པ་དང། ཡང་དག་པར་དགའ་བར་བྱེད་པ་རྣམས་ཀྱི་གང་དག་ཡིན་པའོ། །དེ་བཞིན་དུ་ཀུན་ནས་ཉོན་མོངས་པ་ཅན་མ་ཡིན་པའི ་སེམས་ཀྱིས་ལུང་ནོད་པ་དང། ཁ་ཏོན་བྱེད་པ་དང། གཏན་ལ་འབེབས་པ་དང། ལེགས་པར་བསྐུལ་བ་དང། དྲན་པར་བྱེད་པ་དང། འདོམས་པ་དང། རྗེས་སུ་སྟོན་པ་ཡང་ངོ། །གཞན་ཡང་ལེགས་པར་སྨྲས་པ་དང། ལེགས་པར་བརྗོད་པ་དང། དོན་དང ་ལྡན་པ་གཞན་གང་ཅི་ཡང་རུང་པ་དེ་དག་ནི་སྒྲ་འཕགས་པ་རྣམས་ཞེས་བྱའོ། །སྒྲ་འཕགས་པ་མ་ཡིན་པ་རྣམས་ནི་སེམས་ཅན་རྣམས་ཀྱི་བརྫུན་དུ་སྨྲ་བ་དང། ཕྲ་མ་དང། ངག་རྩུབ་པོ་དང། ཚིག་ཀྱལ་པའི་སྒྲ་གང་ཡིན་པ་རྣམས་དང། འོག་ཏུ་ངན ་སོང་རུ་སྐྱེས་པ་རྣམས་དང། གོང་དུ་ལྷའི་ནང་དུ་སྐྱེས་པ་རྣམས་དང། ཐད་ཀར་མིའི་ནང་དུ་སྐྱེས་པ་རྣམས་ཀྱིའོ། །དེ་ལ་སྒྲ་ཆེན་པོ་རྣམས་ནི་སེམས་ཅན་གྱི་ཚོགས་ཆེན་པོའི་སྒྲ་རྣམས་སམ། གནོད་པ་རྣམ་པ་སྣ་ཚོགས་ཀྱིས་གནོད་པར་གྱུར་ནས། ཉམ་ཐག ་པའི་སྐད་ཀྱིས་དུ་ཞིང། ཀུ་ཅོ་འདོན་པ་རྣམས་ཀྱི་འམ། འབྲུག་སྒྲ་གྲགས་པ་འམ། དུང་དང། རྔ་པོ་ཆེ་དང། རྔ་པ་ཊ་ཧའི་སྒྲ་རྣམས་ཡིན་ནོ། །སྒྲ་ཆུང་ངུ་རྣམས་ཐ་ན་རྣ་བར་གཤུབ་པའི་སྒྲ་ཡན་ཆད་དོ། །སྒྲ་གསལ་བ་རྣམས་ནི་གང་དག་གིས་དོན་གོ་བ ་ཡིན་ནོ། །སྒྲ་མི་གསལ་བ་རྣམས་ནི་གང་དག་གིས་དོན་གོ་བར་མི་འགྱུར་བ་སྟེ། འདི་ལྟ་སྟེ། འགྲོ་ལྡིང་བའི་གསང་སྔགས་རྣམས་སམ། རླུང་དང། ནགས་ཚལ་དང། ནེ་ཙོ་དང། རི་སྐེགས་དང། ཁུ་ཕྱུག་དང། ཤང་ཤང་ཏེའུ་ལ་སོགས་པ་རྣམས་ཀྱི་སྒྲ ་ཡིན་ནོ། །དེ་ལ་སྒྲ་སྤྲུལ་པ་རྣམས་ནི་རྫུ་འཕྲུལ་དང་ལྡན་པ་སེམས་ལ་དབང་ཐོབ་པ་རྣམས་ཀྱིས་རྫུ་འཕྲུལ་མངོན་པར་འདུས་བྱས་པ་གང་ཡིན་པ་རྣམས་སོ། །རྒྱང་རིང་པོའི་སྒྲ་རྣམས་ནི་གྲོང་གི་གནས་སམ། གཙུག་ལག་ཁང་གང་ན་དེ་བཞིན་གཤེགས་པའམ། ་བྱང་ཆུབ་སེམས་དཔའ་བཞུགས་པ་དེར་སྒྲ་བྱུང་བ་གང་ཡིན་པ་དེ་དག་མ་གཏོགས་པར་དེ་ལས་གཞན་པ་འཇིག་རྟེན་གྱི་ཁམས་གྲངས་མེད་དཔག་ཏུ་མེད་པ་དག་རབ་ཏུ་བྱུང་བ་ཡིན་ནོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་འཆི ་འཕོ་བ་དང། སྐྱེ་བ་མཁྱེན་པ་གང་ཞེ་ན། འདི་ལ་དེ་བཞིན་གཤེགས་པ་འམ། བྱང་ཆུབ་སེམས་དཔས་ལྷའི་མིག་རྣམ་པར་དག་པ་མིའི་ལས་འདས་པས་སེམས་ཅན་འཆི་འཕོའི་ཚེ་དང། ཤི་འཕོས་པ་ན་ཡང་གཟིགས་ཏེ། མདོག་སྡུག་པ་དང། མདོག ་མི་སྡུག་པ་དང། ངན་པ་དང། བཟང་པོ་དང། ཕྱི་མའི་མཐར་མེས་ཤིང་རྒས་པའི་རྒྱུས་དབང་པོ་རྣམས་ཡོངས་སུ་སྨིན་པས་ལུས་ཀྱི་སྤྱོད་པ་སྣ་ཚོགས་གིས་དགེ་བ་དང། མི་དགེ་བ་ན། །ལུང་དུ་མ་བསྟན་པ་ལ་འཇུག་པ་རྣམས་དང། དེ་བཞིན་དུ་སྣང་བ ་ཡང་གཟིགས་ཤིང་མཁྱེན་ཏོ། །ཆ་ཕྲ་ཡང་གཟིགས་ཤིང་མཁྱེན་ཏོ། །གཟུགས་སྤྲུལ་པ་གང་ཡིན་པ་དང། ལྷའི་གཟུགས་དང་བ་གང་ཡིན་པ་གཟིགས་སོ། །གལ་ཏེ་འོག་དང་སྟེང་གི་འཇིག་རྟེན་གྱི་ཁམས་དག?་ཏུ་གཟུགས་གཟིགས་པ་དག་ལས་བརྩམ ་ཏེ། འཇུག་པ་མི་མཛད་ན་ནི་འོག་ཏུ་མནར་མེད་པ་ལ་ཐུག་པ་ཡན་ཆད་གོང་དུ་འོག་མིན་གྱི་གནས་ལ་ཐུག་པ་མན་ཆད་གཟིགས་སོ། །ཇི་སྟེ་ཆེད་དུ་གཟིགས་ན་ནི་དེ་ལས་འདས་པའི་འོག་ཏུ་སྟེང་པར?་ཐད་ཀར་འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པ་གྲངས་མེད ་པ་དག་ན་གཟུགས་ཡོད་པ་ཐམས་ཅད་གཟིགས་ཏེ། ཆེར་ན་སངས་རྒྱས་ཀྱི་ཞིང་དེ་དང་དེ་དག་ན་དེ་བཞིན་གཤེགས་པ་འཁོར་སྣ་ཚོགས་ཀྱི་དཀྱིལ་འཁོར་ཆེན་པོའི་ནང་ན་ཆོས་སྟོན་ཅིང་བཞུགས་པ་དེ་དང་དེ་དག་ཀྱང་གཟིགས་སོ། །དེ་ལ་དེ་བཞིན་གཤེགས ་པ་འམ། བྱང་ཆུབ་སེམས་དཔས་ལྷའི་མིག་གིས་ཕྱོགས་བཅུའི་སེམས་ཅན་རྣམས་ཀྱིས་ལུས་ཀྱི་སྤྱད་པ་དགེ་བ་དང། མི་དགེ་བ་དག་གཟིགས་ནས་ཅི་རིགས་ཅི་འོས་པར་དེ་དག་ལ་ནན་ཏན་མཛད་དོ། །ལྷའི་རྣ་བས་ཀྱང་ངག་གི་སྤྱོད་པ་དག་དགེ་བ་དང། མི ་དགེ་བ་བསན?་ནས་སེམས་ཅན་དེ་དག་ལ་ཅི་རིགས་ཅི་འོས་པར་ནན་ཏན་མཛད་དོ། །མདོར་བསྡུ་ན་བྱང་ཆུབ་སེམས་དཔའ་དང། དེ་བཞིན་གཤེགས་པ་རྣམས་ནི་ལྷའི་མིག་དང། ལྷའི་རྣ་བ་འདིས་འཕྲིན་ལས་མཛད་དོ། །དེ་ལས་སངས་རྒྱས་དང། བྱང་ཆུབ་སེམས ་དཔའ་རྣམས་ཀྱི་སེམས་ཀྱི་རྣམ་གྲངས་མཁྱེན་པ་གང་ཡིན་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་འམ། དེ་བཞིན་གཤེགས་པ་ནི་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་གྲངས་མེད་པ་དག་ན་སེམས་ཅན་འཁོར་པ་གཞན་དག་གི་སེམས་ཉོན ་མོངས་པས་ཀུན་ནས་དགྲེས་པ་དང། ཉོན་མོངས་པས་ཀུན་ནས་དཀྲིས་པ་དང་བྲལ་བ་དང། ཉོན་མོངས་པ་དང་འབྲེལ་བར་བཅས་ཤིང་བག་ལ་ཉལ་བ་དང་བཅས་པ་དང། ཉོན་མོངས་པ་དང་འབྲེལ་པ་མ་ཡིན་ཞིང་བག་ལ་ཉལ་མེད་པ་ཡང་མཁྱེན་ཏོ། ། ་སྨོན་ལམ་ལོག་པར་གཏབ་པའི་སེམས་འདི་ལྟ་སྟེ། མུ་སྟེགས་ཅན་གྱི་སེམས་དང། ཟང་ཟིང་དང་བཅས་པའི་བསམ་པ་ཅན་གྱི་ཉོན་མོངས་པ་མ་ཡིན་པའི་སེམས་གང་ཡང་རུང་བ་ཡང་མཁྱེན་ནོ། །དེ་ལ་བཟློག་པ་སྨོན་ལམ་ལེགས་པར་བཏབ་པའི་སེམས་ཀྱང་མཁྱེན ་ཏོ། །དམན་པའི་སེམས་འདི་ལྟ་སྟེ། འདོད་པའི་ཁམས་སུ་སྐྱེས་པའི་སེམས་ཅན་ཐ་ན་རི་དགས་དང་བྱ་ཡན་ཆད་ཐམས་ཅད་ཀྱི་སེམས་ཀྱང་མཁྱེན་ཏོ། །བར་མའི་སེམས་འདི་ལྟ་སྟེ། གཟུགས་ཀྱི་ཁམས་སུ་སྐྱེས་པའི་སེམས་ཅན་ཐམས་ཅད་ཀྱི་ཡང་མཁྱེན་ཏོ། །གྱ ་ནོམ་པའི་སེམས་འདི་ལྟ་སྟེ། གཟུགས་མེད་པར་སྐྱེས་པའི་སེམས་ཅན་ཐམས་ཅད་ཀྱི་ཡང་མཁྱེན་ཏོ། །བདེ་བ་དང་ལྡན་པ་དང། སྡུག་བསྔལ་དང་ལྡན་པ་དང། སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པའི་ཚོར་བ་དང་ལྡན་པའི་སེམས་ཀྱང་མཁྱེན་ཏོ།། ་ཕ་རོལ་གྱི་སེམས་མཁྱེན་པ་གཅིག་གི་སེམས་གང་ཡིན་པ་དང། ཇི་ལྟ་བུ་དང། ཇི་འདྲ་བ་དང། ཇི་སྙེད་ཉེ་བར་གནས་པ་དེ་ཡང་ཅིག་ཅར་ཡང་དག་པ་ཇི་ལྟ་བ་བཞིན་དུ་མཁྱེན་ཏོ། །ཕ་རོལ་གྱི་སེམས་མཁྱེན་པ་གཅིག་ཁོ་ནས་སེམས་ཅན་མང་པོ་གང་དག ་གིས་སེམས་གང་ཡིན་པ་དང། ཇི་ལྟ་བུ་དང། ཅི་འདྲ་བ་དང། ཇི་སྙེད་ཉེ་བར་གནས་པ་དེ་ཡང་ཅིག་ཅར་ཡང་དག་པ་ཇི་ལྟ་བ་བཞིན་དུ་མཁྱེན་ཏོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མངོན་པར་ཤེས་པ་དེ་ཡང་སེམས་ཅན་རྣམས་ཀྱི་དབང་པོ་མཆོག ་དང་མཆོག་མ་ཡིན་པ་མཁྱེན་པ་དང། མོས་པ་སྣ་ཚོགས་མཁྱེན་པ་དང། ཁམས་དང། སྤྱོད་པ་སྣ་ཚོགས་མཁྱེན་པ་དང། མྱ་ངན་ལས་འདས་པར་འགྲོ་བའི་ལམ་སྣ་ཚོགས་དག་ཏུ་ཅི་རིགས་པར་ཡང་དག་པར་སྦྱོར་བར་བྱེད་པ་སྟེ། དེ་ནི་དེའི་ལས་ཡིན་པར་རིག་པར་བྱའོ། ་དེ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཟག་པ་ཟད་པ་མཁྱེན་པ་གང་ཞེ་ན། འདི་ལ་དེ་བཞིན་གཤེགས་པ་འམ། བྱང་ཆུབ་སེམས་དཔའ་ཉོན་མོངས་པ་རྣམས་ཟད་པ་ཐོབ་པ་ཟག་པ་ཟད་པ་བདག་གིས་སམ། གཞན་དག་གིས་ཐོབ་འམ། །མ ་ཐོབ་པ་ཡང་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །བདག་དང་གཞན་དག་གི་ཟག་པ་ཟད་པ་འཐོབ་པའི་ཐབས་ཀྱང་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །ཐབས་ཇི་ལྟ་བ་བཞིན་དུ་ཐབས་མ་ཡིན་པ་ཡང་ཡང་དག་པ་ཇི་ལྟ་བ ་བཞིན་དུ་རབ་ཏུ་མཁྱེན་ཏོ། །གཞན་དག་གི་ཟག་པ་ཟད་པ་ཐོབ་པའི་མངོན་པའི་ང་རྒྱལ་ཡང་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །མངོན་པའི་ང་རྒྱལ་མེད་པ་ཡང་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །བྱང་ཆུབ་སེམས་དཔའ་ནི་དེ་དག ་ཐམས་ཅད་ནི་མཁྱེན་ཀྱང་ཟག་བ་ཟད་པ་ཡང་དག་ཉིད་ཀྱིས་མངོན་སུམ་དུ་མི་མཛད་དོ། །དེ་བས་ན་བྱང་ཆུབ་སེམས་དཔའ་ནི་ཟག་པ་དང་བཅས་པའི་དངོས་པོ་ཟག་པ་རྣམས་དང་ལྷན་ཅིག་ཏུ་མི་འདོར་རོ། །ཟག་བ་དང་བཅས་པའི་དངོས་པོ་དེ་ལ་ཡང་སྤྱོད ་ལ་ཀུན་ནས་ཉོན་མོངས་པ་ཅན་དུ་ཡང་མི་འགྱུར་ཏེ། དེ་ནི་དེའི་མཐུ་ཐམས་ཅད་ཀྱི་ནང་མཆེས་མཐུ་ཆེ་བ་ཡིན་པར་རིག་པར་བྱ་སྟེ། ཟག་པ་ཟད་པ་མཁྱེན་པ་ངེས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་བདག་ཉིད་ཀྱང་ཀུན་ནས་ཉོན་མོངས་པ་ཅན་དུ ་མི་འགྱུར་ལ། གཞན་དག་ལ་ཡང་སྟོན་ཅིང་མངོན་པའི་ང་རྒྱལ་ཡང་སེལ་བར་མཛད་པ་འདི་ནི་དེའི་ལས་ཡིན་པར་རིག་པར་བྱའོ། །དེ་ལ་ཆོས་ཀྱི་མཐུ་གང་ཞེ་ན། སྦྱིན་པའི་མཐུ་དང། ཚུལ་ཁྲིམས་དང། བཟོད་པ་དང། བརྩོན་འགྲུས་དང། ་བསམ་གཏན་དང། ཤེས་རབ་ཀྱི་མཐུའོ། །སྦྱིན་པ་ལ་སོགས་པའི་ཚེས་འདི་དག་གི་མཐུ་དེ་ཡང་མདོར་བསྡུ་ན་རྣམ་པ་བཞིར་རིག་པར་བྱ་སྟེ། མི་མཐུན་པའི་ཕྱོགས་སྤོང་པ་དང། ཚོགས་ཡོངས་སུ་མིན་པར་བྱེད་པ་དང། བདག་དང་གཞན་ལ་ཕན་འདོགས ་པ་དང། ཕྱི་མ་ལ་འབྲས་བུ་འབྱིན་པར་བྱེད་པའོ། །བྱང་ཆུབ་སེམས་དཔའ་སྦྱིན་པ་ན་སྦྱིན་པའི་མི་མཐུན་པའི་ཕྱོགས་སེར་སྣ་སྤོང་ངོ། །དེའི་སྦྱིན་པ་དེ་བདག་ཉིད་ཀྱི་བྱང་ཆུབ་ཀྱི་ཚོགས་སུ་གྱུར་པ་ཡང་ཡིན་ལ། བསྡུ་བའི་དངོས་པོ་སྦྱིན་པས་ཀྱང་སེམས་ཅན ་ཡོངས་སུ་སྨིན་པར་བྱེད་དོ། །སྦྱིན་པའི་སྔ་རོལ་ཏུ་ཡང་ཡིད་དགའ་ལ། སྦྱིན་པའི་ཚེ་ཡང་སེམས་དད་བར་བྱེད་ཅིང་བྱིན་པའི་འོག་ཏུ་ཡང་འགྱོད་པ་མེད་དེ། དུས་གསུམ་དུ་རབ་ཏུ་དགའ་བའི་སེམས་ཀྱིས་བདག་ཉིད་ལ་ཕན་འདོགས་པ་དང། གཞན་དག་གི་དཀྲེས་པ་དང། ་སྒོམ་པ་དང། གྲང་བ་དང། ཚ་བ་དང། ན་བ་དང། འདོད་པས་འཕོངས་པ་དང། འཇིགས་པའི་སྡུག་བསྔལ་སེལ་བས་གཞན་ལ་ཕན་འདོགས་པ་དང། ཕ་རོལ་ཏུ་ཡང་གང་དང་གང་དུ་སྐྱེས་པས་ཕྱུག་པ་དང། ལོངས་སྤྱོད་ཆེ་བ་དང། རྩ་འཛིང?་ཆེ་བ་དང། གཡོག ་འཁོར་མང་བར་འགྱུར་ལ། སྦྱིན་པ་ལ་ཡང་མོས་པར་འགྱུར་ཏེ། དེ་ལྟར་ན་རྣམ་པ་བཞི་པོ་འདི་དག་ནི་སྦྱིན་པའི་མཐུ་ཡིན་ཏེ། འདི་ལས་ལྷག་པ་ཡང་མེད་དོ། །བྱང་ཆུབ་སེམས་དཔའ་ལུས་དང་ངག་གི་སྡོམ་པའི་ཚུལ་ཁྲིམས་ཡང་དག་པར་ལེན་པ་ན། ཚུལ ་ཁྲིམས་ཀྱི་མི་མཐུན་པའི་ཕྱོགས་འཆལ་པའི་ཚུལ་ཁྲིམས་ཀྱང་སྤོང་ངོ། །དེའི་ཚུལ་ཁྲིམས་ཡང་དག་པར་བླངས་པ་དེ་བྱང་ཆུབ་ཀྱི་ཚོགས་སུ་འགྱུར་པ་ཡང་ཡིན་ལ། དོན་མཐུན་པའི་བསྡུ་བའི་དངོས་པོས་ཀྱང་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་དོ། ། ་འཆལ་པའི་ཚུལ་ཁྲིམས་ཀྱི་རྐྱེན་གྱིས་འཇིགས་པ་དང། ཁ་ན་མ་ཐོ་བ་དང། ཁོ་ན་དུ་འཛིན་པ་སྤོང་བ་ན་བདག་ཉིད་ལ་ཕན་འདོགས་ཏེ། བདེ་བར་གཉིད་ཀྱིས་ལོག་ཅིང་བདེ་བར་སད་པར་འགྱུར་ལ། དེ་བཞིན་དུ་ཚུལ་ཁྲིམས་དང་ལྡན་པ་ལ་ནི་འགྱོད་པ ་མེད་ཅིང་མཆོག་ཏུ་དགའ་བ་ནས། སེམས་ཀྱི་ཏིང་ངེ་འཛིན་པའི་བར་དུ་འགྱུར་ཏེ། དེ་ལྟར་བདག་ཉིད་ལ་ཕན་འདོགས་སོ། །སེམས་ཅན་ཐམས་ཅད་ལ་ཡང་རྣམ་པ་ཐམས་ཅད་ཀྱིས་རྣམ་པར་ཐོ་མི་འཚམས་པས་མི་འཇིགས་པ་སྦྱིན་པར་བྱེད་དེ། དེ་ལྟར ་གཞན་ལ་ཕན་འདོགས་སོ། །ལུས་ཞིག་ནས་ཀྱང་གཞི་ངེས་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་དུ་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་ཞིང། ཚུལ་ཁྲིམས་ལ་ཡང་མོས་པར་འགྱུར་ཏེ། དེ་ལྟར་ན་རྣམ་པ་བཞི་པོ་འདི་དག་ནི་ཚུལ་ཁྲིམས་ཀྱི་མཐུ་ཡིན་ཏེ། ་འདི་ལས་གོང་ན་ཡང་མེད་དོ། །འདི་ལས་ལྷག་པ་ཡང་མེད་དོ། །བྱང་ཆུབ་སེམས་དཔའ་བཟོད་པ་དང་ལྡན་པ་ནི་བཟོད་པའི་མི་མཐུན་པའི་ཕྱོགས་མི་བཟོད་པ་ཡང་སྤོང་ངོ། །དེའི་བཟོད་པ་དེའི་བྱང་ཆུབ་ཀྱི་ཕྱོགས་སུ་གྱུར་པ་ཡང་ཡིན་ལ། དོན་མཐུན ་པས་ཀྱང་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་དོ། །བདག་དང་གཞན་ཡང་འཇིགས་པ་ཆེན་པོ་ལས་ཡོངས་སུ་སྐྱོབ་པར་བྱེད་པས་ན། བཟོད་པ་དེས་བདག་དང་གཞན་ལ་ཡང་ཕན་འདོགས་སོ། །གཞི་དེས་བྱང་ཆུབ་སེམས་དཔའ་ཕྱི་མ་ལ་འཁོན་པ་མང་བར ་འགྱུར་ཞིང། འབྱེད་པ་མི་མང་ལ་སྡུག་བསྔལ་པ་དང། ཡིད་མི་བདེ་བ་མང་བར་མི་འགྱུར་ཏེ། ཚེ་འདི་ཉིད་ལ་ཡང་འགྱོད་པ་མེད་པར་འཆི་བའི་དུས་བྱེད་པར་འགྱུར་ལ། ལུས་ཞིག་ནས་ཀྱང་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་ན་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་ཞིང། ་བཟོད་པ་ལ་མོས་པར་འགྱུར་ཏེ། དེ་ལྟར་ན་རྣམ་པ་བཞི་པོ་འདི་དག་ནི་བཟོད་པའི་མཐུ་ཡིན་ཏེ། འདི་ལས་གོང་ན་མེད་དོ། །འདི་ལས་ལྷག་པ་ཡང་མེད་དོ། །བྱང་ཆུབ་སེམས་དཔའ་བརྩོན་འགྲུས་བརྩམས་ཏེ། གནས་པ་ནི་བརྩོན་འགྲུས་ཀྱི་མི་མཐུན་པའི་ཕྱོགས ་ལེ་ལོ་ཡང་སྤོང་ངོ། །བརྩོན་འགྲུས་དེ་ནི་བྱང་ཆུབ་ཀྱི་ཚོགས་སུ་གྱུར་པ་དང། རྟེན་ཡང་ཡིན་ལ་དོན་མཐུན་པས་ཀྱང་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་དོ། །བརྩོན་འགྲུས་བརྩམས་པ་སྡིག་པ་མི་དགེ་བའི་ཆོས་རྣམས་དང་མ་འདྲེས་པར་བདེ་བ་ལ་རེག་པར་གནས ་བ་ན། སྔོན་ལས་གོང་དུ་བོགས་པར་གྱུར་པ་མཐོང་ནས། དགའ་ཞིང་མཆོག་ཏུ་དགའ་བས་བདག་ཉིད་ལ་ཡང་ཕན་འདོགས་སོ། །དགེ་བའི་ཕྱོགས་ལ་བརྩོན་པས་གཞན་ལ་ལུས་དང་ངག་གིས་རྣམ་པར་མི་འཚེ་བ་དང། གཞན་དག་ཀྱང་བརྩོན་འགྲུས་རྩོམ་པ་ལ་ ་འདུན་པ་སྐྱེད་དེ། དེ་ལྟར་གཞན་ལ་ཡང་ཕན་འདོགས་སོ། །ཕྱི་མ་ལ་ཡང་རྒྱུའི་སྟོབས་དང་ལྡན་ཞིང་སྐྱེས་བུའི་རྩལ་ལ་མངོན་པར་དགའ་བར་འགྱུར་ཏེ། དེ་ལྟར་ན་རྣམ་པ་བཞི་པོ་འདི་དག་ནི་བརྩོན་འགྲུས་ཀྱི་མཐུ་ཡིན་ཏེ། འདི་ལས་གོང་ན་ཡང་མེད་དོ། །འདི་ལས ་ལྷག་པ་ཡང་མེད་དོ། །བྱང་ཆུབ་སེམས་དཔས་བསམ་གཏན་ལ་སྙོམས་པར་འཇུག་པ་ན། བསམ་གཏན་གྱི་མི་མཐུན་པའི་ཕྱོགས་ཀྱི་ཉོན་མོངས་པའི་ཚིག་གི་རྟོག་པ་དང། དགའ་བ་དང། བདེ་བ་དང། གཟུགས་ཀྱི་འདུ་ཤེས་ལ་སོགས་པའི་ཉེ་བའི་ཉོན་མོངས་པ་རྣམས་ཀྱང ་སྤོང་ངོ། །དེའི་བསམ་གཏན་དེ་བྱང་ཆུབ་ཀྱི་ཚོགས་སུ་འགྱུར་པའི་རྟེན་དུ་གྱུར་པ་ཡང་ཡིན་ལ་དོན་མཐུན་པས་ཀྱང་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་དོ། །ཚེ་འདི་ཉིད་ལ་བདེ་བར་གནས་པས་བདག་ལ་ཕན་འདོགས་སོ། །ཞི་ཞིང་རབ་ཏུ་ཞི་པ་ལ་སེམས་འདོད་ཆགས ་དང་བྲལ་བས་སེམས་ཅན་རྣམས་ཀྱི་ནང་ན་གནོད་པ་མེད་ཅིང་རྣམ་པར་མི་འཁྲུགས་པས་གཞན་ལ་ཕན་འདོགས་སོ། །བསམ་གཏན་གྱི་འབྲས་བུ་ཕྱི་མ་ལ་ཡེ་ཤེས་རྣམ་པར་དག་པ་དང། མངོན་པར་ཤེས་པ་མངོན་པར་སྒྲུབ་པ་དང། རྣམ་པར་དག་པའི་ལྷར་སྐྱེ་བར ་འགྱུར་ཏེ། དེ་ལྟར་རྣམ་པ་བཞི་པོ་འདི་དག་ནི་བསམ་གཏན་གྱི་མཐུ་ཡིན་ཏེ། འདི་ལས་གོང་ན་ཡང་མེད་དོ། །འདི་ལས་ལྷག་པ་ཡང་མེད་དོ། །བྱང་ཆུབ་སེམས་དཔའ་ཤེས་རབ་དང་ལྡན་པ་ནི་ཤེས་རབ་ཀྱི་མི་མཐུན་པའི་ཕྱོགས་མ་རིག་པ་ཡང་སྤོང་ངོ། །དེའི་ཤེས ་རབ་དེ་བྱང་ཆུབ་ཀྱི་ཚོགས་སུ་གྱུར་པ་ཡང་ཡིན་ལ་སྦྱིན་པ་དང། སྙན་པར་སྨྲ་བ་དང། དོན་མཐུན་པ་དང། དོན་སྤྱོད་པས་ཀྱང་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་དོ། །ཤེས་བྱའི་དངོས་པོ་དོན་ཇི་ལྟ་བ་བཞིན་དུ། སོ་སོར་རྟོགས་པ་དང་ལྡན་པའི་དགའ་བ་དང། ་མཆོག་ཏུ་དགའ་བ་རྒྱ་ཆེན་པོས་བདག་ཉིད་ལ་ཕན་འདོགས་སོ། །ཐམས་ཅད་དུ་རིགས་པས་ལུང་འབོག་པས་ཚེ་འདི་དང་ཚེ་ཕྱི་མ་ལ་ཕན་པ་དང། བདེ་བས་སེམས་ཅན་རྣམས་ལ་ཡང་ཕན་འདོགས་སོ། །ཕྱི་མ་ལ་དེས་དགེ་བའི་རྩ་བ་ཐམས་ཅད་ཀྱང་ཡང་དག་པར ་བསྡུད་པར་བྱེད་ཅིང། སྒྲིབ་པ་རྣམས་པ་གཉིས་དང་བྲལ་བ་དང། ཉོན་མོངས་པའི་སྒྲིབ་པ་དང་བྲལ་བ་དང། ཤེས་བྱའི་སྒྲིབ་པ་དང་བྲལ་བ་མངོན་སུམ་དུ་བྱེད་པར་འགྱུར་ཏེ། རྣམ་པ་བཞི་པོ་འདི་དག་ནི་ཤེས་རབ་ཀྱི་མཐུ་ཡིན་ཏེ། འདི་ལས་གོང་ན་ཡང་མེད་དོ། ། ་འདི་ལས་ལྷག་པ་ཡང་མེད་དེ། འདི་ནི་ཆོས་ཀྱི་མཐུ་ཞེས་བྱའོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལྷན་ཅིག་སྐྱེས་བའི་མཐུ་གང་ཞེ་ན། རང་བཞིན་གྱི་ཚེ་རབས་དགོངས་པ་དང། སེམས་ཅན་རྣམས་ཀྱི་དོན་གྱི་ཕྱིར་སོ་སོར་བཏགས ་ནས་སྡུག་བསྔལ་ཡུན་རིང་པོ་རྣམ་པ་སྣ་ཚོགས་མི་བཟད་པ་རྒྱུན་མི་འཆད་པས་མི་འཛད་པ་དང། སེམས་ཅན་རྣམས་ཀྱི་དོན་ཁོ་ནའི་ཕྱིར་སེམས་ཅན་གྱི་དོན་སྒྲུབ་པའི་སྡུག་བསྔལ་བས་དགའ་བ་དང། དགའ་ལྡན་དུ་སྐྱེས་ནས་ཚེའི་ཚད་ཇི་སྲིད་པར་དགའ་ལྡན་ན ་གནས་པ་དང། དགའ་ལྡན་དུ་སྐྱེས་པའི་ལྟའི་བུ་གཞན་རྣམས་གནས་གསུམ་པོ་ལྷའི་ཚེ་དང། ལྷའི་མདོག་དང། ལྷའི་གྲགས་པས་ཟིལ་གྱིས་གནོན་པ་དང། ཡུམ་གྱི་ལྷུམས་སུ་གཤེགས་པ་ན་སྣང་བ་ཆེན་པོས་འཇིག་རྟེན་གྱི་ཁམས་ཁྱབ་པར་མཛད་པ་དང། ་ཡང་དག་པར་མཁྱེན་བཞིན་དུ་ཡུམ་གྱི་ལྷུམས་སུ་གཤེགས་པ་དང། གནས་པ་དང། བལྟམ་ཁ་དང། བལྟམ་པ་དང། བལྟམས་མ་ཐག་ཏུ་ཡང་སུས་ཀྱང་མ་བརྟེན་པར་ས་ལ་གོམ་པ་བདུན་མདོར་ཞིང་ཚིག་ཀྱང་གསུང་བ་དང། བལྟམས་པ་ན་ལྷ་དང། ཀླུ་དང། ་གནོད་སྦྱིན་དང། ལྷ་མ་ཡིན་དང། ནམ་མཁའ་ལྡིང་དང། མི་འམ་ཅི་དང། ལྟོ་འཕྱེ་ཆེན་པོ་དང་ཆེ་བ་དག་གིས་ལྷའི་མེ་ཏོག་ཕྲེང་དང། རོལ་མོའི་སྒྲ་དང། བདུག་པ་དང། ན་ཟ་འབུལ་བ་དང། གདུགས་དང། རྒྱལ་མཚན་དང། བ་དན་ལ་སོགས་པ་དམ་པ་རབ་མཆོག ་གིས་མཆོད་པའི་ལས་བྱེད་པ་དང། སྐྱེས་བུ་ཆེན་པོའི་མཚན་བླ་ན་མེད་པ་སུམ་ཅུ་རྩ་གཉིས་ཀྱི་སྐུ་ལ་མཚན་ལེགས་པར་བཏབ་པ་དང། སྲིད་པ་ཐ་མ་སྐུ་ཚེ་ཐ་མལ་ཕྱིར་རྒོལ་བ་དང། བདུད་ཀྱི་སྡེ་ཐམས་ཅད་དང། གནོད་པ་ཐམས་ཅད་ཀྱིས་མི་རྫི་བ་དང། བྱང ་ཆུབ་ཀྱི་སྙིང་པོ་ལ་ཞུགས་ནས། བདུད་ཀྱི་དབུང་ཐམས་ཅད་བྱམས་པས་ཕམ་པར་མཛད་པ་དང། སྐུའི་ཚིགས་ཐམས་ཅད་ཀྱི་ཚིགས་རེ་རེ་ལ་ཡང་སྲེད་མེད་ཀྱི་བུའི་སྟོབས་མངའ་བ་དང། སྐུ་ནས་གཞོན་ཏེ་བདག་ཉིད་ཀྱིས་མཁས་པ་ལ་བྱང་བར་སྦྱངས་པ ་མ་མཛད་བཞིན་དུ་འཇིག་རྟེན་གྱི་གཟོ་དང། ལས་ཀྱི་གནས་ཐམས་ཅད་མྱུར་བ་མྱུར་བར་ཐུགས་སུ་ཆུད་པ་དང། གཅིག་པུ་སློབ་དཔོན་མེད་པར་བདག་ཉིད་ཀྱིས་སྟོང་གསུམ་གྱི་སྟོང་ཆེན་པོར་བྱང་ཆུབ་ཆེན་པོ་མངོན་པར་རྫོགས་པར་བྱང་ཆུབ་པ་དང། མི་མཛད་ཀྱི་བདག་པོ་ཚངས ་པ་ཡང་རང་འོངས་ནས། འཇིག་རྟེན་དུ་དམ་པའི་ཆོས་བཤད་པར་སྐུལ་བ་དང། འབྲུག་སྒྲ་ཆེན་པོ་ཡང་མི་གསན་ཅིང་མི་བཞེངས་པས་སྙོམས་པར་འཇུག་པ་ཞི་བ་དང། བྱང་ཆུབ་སེམས་དཔའ་ལ་རི་དགས་དང། བྱ་དང། རི་དགས་ཕྲ་མོ་རྣམས་ཀྱང་མཆོག་ཏུ་ཡིད ་སྟོན་ཏེ། རྟག་ཏུ་འོང་ཞིང་དེའི་དྲུང་དུ་ཅི་དགའ་བར་འཁོད་པ་དང། དེ་བཞིན་གཤེགས་པ་ལ་ནི་ཐ་ན་དུད་འགྲོ་རྣམས་ཀྱང་མཆོད་པ་བྱེད་དེ། འདི་ལྟ་སྟེ། དེ་བཞིན་གཤེགས་པ་ལ་སྤྲེའུས་སྦྲང་རྩི་མ་སྐོལ་བ་ཕུལ་ཏེ། བཅོམ་ལྡན་འདས་ཀྱིས་དེ་བཞེས་ནས། སྤྲེའུ ་དེ་ཡིད་དགའ་བར་གྱུར་ཏེ། གར་བྱེད་ཅིང་ཕྱིར་ལོག་མྱུར་དུ་སོང་བ་ལྟ་བུ་དང། །སྤྲིན་ཡང་དེ་བཞིན་གཤེགས་པ་ཁྲུས་མཛད་ཀྱིས་འདི་ལ་ཁྲུས་གསོལ་ལོ་སྙམ་སྟེ། བཅོམ་ལྡན་འདས་འབའ་ཞིག་གི་ཕྱིར་སྡོད་པ་དང། བྱང་ཆུབ་སེམས་དཔའ་འམ། དེ་བཞིན ་གཤེགས་པའི་ཤིང་དྲུང་ན་བཞུགས་ན། ཤིང་ཐམས་ཅད་ཀྱི་གྲིབ་མ་ཤར་ཕྱོགས་སུ་སོང་ཡང་ཤིང་དེའི་གྲིབ་མ་སྐུ་ལས་མི་ཡོལ་བ་དང། བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པའི་དེ་བཞིན་གཤེགས་པ་ལ་བདུད་ཀྱིས་གླགས་བཙལ་ཀྱང་ལོ ་དྲུག་གི་བར་དུ་གླགས་མ་རྙེད་པ་དང། རྟག་ཏུ་དྲན་པ་དང་ལྡན་པས་རྟག་པར་རྒྱུན་ཏུ་ཉེ་བར་གནས་པ་དང། དྲན་པ་དང་ལྡན་པས་ཚོར་བ་རྣམས་དང། འདུ་ཤེས་རྣམས་དང། རྟོག་པ་རྣམས་སོ་སོར་ཡང་དག་པར་མཁྱེན་བཞིན་དུ། འབྱུང་བ་དང། གནས་པ་དང ་འགག་པར་འགྱུར་བ་དང། དེ་བཞིན་དུ་སངས་རྒྱས་རྣམས་ཀྱི་ལྷན་ཅིག་སྐྱེས་པའི་མཐུ་ནི་མཐོང་བ་དང། འཕགས་པའི་སྤྱོད་པ་དང། གནས་པས་བསྡུས་པས་ཀྱང་ཕན་འདོགས་པར་མཛད་དེ། དེ་མཐོང་བས་ཕན་འདོགས་པར་མཛད་པ་ནི་འདི་ལྟ་སྟེ། ་སྨྱོས་པ་དང། སེམས་འཁྲུགས་པ་རྣམས་ཀྱི་དེ་བཞིན་གཤེགས་པ་མཐོང་ན་རང་གི་སེམས་ཐོབ་པར་འགྱུར་བ་དང། བུད་མེད་མངལ་མི་མཐུན་པར་གནས་པ་རྣམས་མངལ་མཐུན་པར་གནས་པར་འགྱུར་བ་དང། ལོང་བ་རྣམས་མིག་ཐོབ་པར་འགྱུར ་བ་དང། འོན་པ་རྣམས་རྣ་བས་ཐོས་པར་འགྱུར་བ་དང། ཆགས་པ་རྣམས་འདོད་ཆགས་ཀྱིས་ཀུན་ནས་དཀྲིས་པ་དང་བྲལ་བར་འགྱུར་བ་དང། ཞེ་སྡང་བ་རྣམས་ཞེ་སྡང་གིས་ཀུན་ནས་དཀྲིས་པ་དང་བྲལ་བ་འགྱུར་བ་དང། རྨོངས་པ་རྣམས་གཏི་མུག་གིས ་ཀུན་ནས་དཀྲིས་པ་དང་བྲལ་བར་འགྱུར་བ་དང། དེ་ལྟ་བུ་དང་མཐུན་པ་རྣམས་ནི་མཐོང་བས་ཕན་འདོགས་པར་མཛད་པའི་ལྷན་ཅིག་སྐྱེས་པའི་མཐུ་ཡིན་པར་རིག་པར་བྱའོ། །དེ་ལ་འཕགས་པའི་སྤྱོད་པ་དང། གནས་པས་བསྡུས་པ་ལྷག་ཅིག་སྐྱེས་པའི་མཐུ ་ནི་འདི་ལྟ་སྟེ། གློ་གཡས་ཕྱོགས་ཀྱིས་སེངྒེའི་ཉལ་ཐབས་ཀྱིས་གཟིམས་ཏེ། དེའི་རྩ་དང་ལོ་མ་བཏིང་བ་དེ་ཡང་ཕྱོགས་གཅིག་ཏུ་འདུག་པ་ཡིན་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གཟིམས་མལ ་མི་འཁྲུགས་པ་དང། དེའི་ཆོས་གོས་ལུས་ལས་རླུང་གིས་མི་སྐྱོད་པ་དང། སེངྒེའི་སྟབས་སུ་གཤེགས་པ་དང། ཁྱུ་མཆོག་གི་སྟབས་སུ་གཤེགས་པ་དང། ཐོག་མ་ཞབས་གཡས་པ་འདེབས་ལ། དེའི་འོག་ཏུ་ཞབས་གཡོན་པ་དེའི་ཕྱི་བཞིན་གཏོང ་པ་དང། དེ་བཞིན་གཤེགས་པ་ནས་ཕྱོགས་བཅུའི་མཐོན་པོ་ནི་དམའ་བར་འགྱུར་ལ། དམའ་བ་ནི་མཐོན་པོར་འགྱུར་ཏེ། །ལག་མཐིལ་ལྟར་མཉམ་པར་གྱུར་པ་དང། རྡོ་དང། གསེག་མ་དང། གྱོ་མོ་མེད་པ་དང། དབེན་པ་ལ་གཞོལ་བའི་སེམས་ཀྱིས ་གྲོང་དུ་གཤེགས་པ་དང། གཤེགས་པའི་ཚེ་ཡང་སྒོ་དམའ་བ་རྣམས་མཐོན་པོར་འགྱུར་བ་དང། ཞལ་ཟས་གསོལ་བ་ན་འབྲས་ཆེན་འབྲུམ་བུ་གཅིག་ཀྱང་ལེགས་པར་མ་བཅས་པར་མི་གསོལ་བ་དང། ཞལ་ཁམ་ཕྱི་མ་གསོལ་བ་ཙམ་ན ་ལྷག་མ་མི་ལུས་པ་དང། དེ་ལྟ་བུ་དང་མཐུན་པ་རྣམས་ནི་འཕགས་པའི་སྤྱོད་པ་དང་གནས་པས་བསྡུས་པའི་མཐུ་ཡིན་པར་རིག་པར་བྱའོ། །ཡོངས་སུ་མྱ་ངན་ལས་འདའ་བའ་ཨི་ཚེ་ཡང་ས་ཆེན་པོ་གཡོ་བ་དང། སྐར་མངའ་ལྟུང་བ་དང། ཕྱོགས་མེ་འབར་བ་ལྟ་བུ་དང ་བར་སྣང་ལས་ལྷའི་རྔ་སྒྲ་དག་སྒྲོགས་ཏེ། དེ་ཡང་དེ་བཞིན་གཤེགས་པ་རྣམས་ཀྱི་ལྷན་ཅིག་སྐྱེས་པའི་མཐུ་ཁོ་ན་ཡིན་གྱི། མངོན་པར་ཤེས་པས་མངོན་པར་འདུ་བྱས་པ་ནི་མ་ཡིན་ཏེ། དེ་ནི་སངས་རྒྱས་དང། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལྷན་ཅིག ་སྐྱེས་པའི་མཐུ་ཞེས་བྱའོ། །དེ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མཐུ་ཉན་ཐོས་དང། རང་སངས་རྒྱས་རྣམས་དང། ཐུན་མོང་མ་ཡིན་པ་ནི་གང། ཐུན་མོང་བ་ནི་གང་ཞེ་ན། ཐུན་མོང་མ་ཡིན་པ་ནི་མདོར་བསྡུ་ན་རྣམ་པ་གསུམ་དུ་རིག་པར་བྱ ་སྟེ། ཆ་ཕྲ་བ་དང། རྣམ་པ་དང་ཁམས་སོ། །འདི་ལ་དེ་བཞིན་གཤེགས་པ་འམ་བྱང་ཆུབ་སེམས་དཔའ་ནི་མཐུའི་ཐབས་དཔག་ཏུ་མེད། གྲངས་མེད་པས་ཇི་ལྟར་སེམས་ཅན་དཔག་ཏུ་མེད་གྲངས་མེད་པ་རྣམས་ཀྱི་དོན་མཛད་པ་དེ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ ་ཏུ་མཁྱེན་ཏེ། དེ་ལྟ་བུ་ནི་ཆ་ཕྲ་བའོ། །མངོན་པར་ཤེས་པའི་མཐུ་དང། ཆོས་ཀྱི་མཐུ་དང། ལྷན་ཅིག་སྐྱེས་པའི་མཐུ་རྣམ་པ་ཐམས་ཅད་དང་ལྡན་པ་ཡིན་ཏེ། དེ་ལྟ་བུ་ནི་རྣམ་པའོ། །འཇིག་རྟེན་གྱི་ཁམས་ཐམས་ཅད་དང། སེམས་ཅན་གྱི་ཁམས་ཐམས་ཅད་དེའི་མཐུའི་ཡུལ་ཡིན ་ཏེ། དེ་ལྟ་བུ་ནི་ཁམས་སོ། །ཉན་ཐོས་ཀྱི་མངོན་པར་ཤེས་པའི་ཡུལ་ནི་སྟོང་པ་གཉིས་པའི་འཇིག་རྟེན་གྱི་ཁམས་སེམས་ཅན་གྱི་ཁམས་དང་བཅས་པ་ཡིན་ནོ། །རང་སངས་རྒྱས་ཀྱི་མངོན་པར་ཤེས་པའི་ཡུལ་ནི་སྟོང་གསུམ་པ་ཐམས་ཅད་ཁོ་ནའོ། །དེ་ཅིའི ་ཕྱིར་ཞེ་ན། འདི་ལར་དེ་དག་ནི་བདག་གཅིག་པུ་འདུལ་བའི་ཕྱིར་ཞུགས་པ་ཡིན་གྱི། སེམས་ཅན་ཐམས་ཅད་ཀྱི་ཕྱིར་མ་ཡིན་ཏེ། དེ་བས་ན་དེ་དག་གི་མཐུའི་ཡུལ་ནི་འཇིག་རྟེན་གྱི་ཁམས་གཅིག་པུར་ཟད་དོ། །རྣམ་པ་འདི་དག་ལ་མ་གཏོགས་པ་སངས་རྒྱས ་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མཐུ་དེ་ལས་གཞན་པ་ནི་ཉན་ཐོས་དང། རང་སངས་རྒྱས་རྣམས་དང་ཐུན་མོང་བ་ཡིན་པར་རིག་པར་བྱའོ། །དེའི་ཕྱིར་དེ་ལྟར་ཉན་ཐོས་དང། རང་སངས་རྒྱས་རྣམས་ཀྱང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས ་དང། མངོན་པར་ཤེས་པ་མཉམ་པ་མ་ཡིན་ན། ལྷ་དང་མི་དང། མུ་སྟེགས་ཅན་སོ་སོའི་སྐྱེ་བོ་ཐམས་ཅད་དང། ལྟ་མཚུངས་རེ་སྐན། བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྫུ་འཕྲུལ་དང། ཀུན་བརྗོད་པ་དང། རྗེས་སུ་བསྟན་པར་གཏོགས་པའི་ཆོ་འཕྲུལ་གྱི་མཐུ་གང ་ཡིན་པ་དེ་ཡང་མངོན་པར་ཤེས་པའི་མཐུ?་རྫུ་འཕྲུལ་གྱི་ཡུལ་དང་སེམས་ཀྱི་རྣམ་གྲངས་དང། ཟག་པ་ཟད་པ་ཤེས་པའི་མངོན་པར་ཤེས་པའི་མཐུ་རྣམས་སུ་ཅི་རིགས་པར་འདུས་པ་ཁོ་ནར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་ཨི་སའི་གཞིའི་རྣལ་འབྱོར་གྱི ་གནས་ལས་མཐུའི་ལེའུ་སྟེ་ལྔ་བའོ།། །།བམ་པོ་ལྔ་པ། དེ་ལ་ཡོངས་སུ་སྨིན་པ་གང་ཞེ་ན། ཡོངས་སུ་སྨིན་པ་ནི་མདོར་བསྡུ་ན་རྣམ་པ་དྲུག་ཏུ་རིགས་པར་བྱ་སྟེ། ངོ་བོ་ཉིད་དང། ཡོངས་སུ་སྨིན་པར་བྱ་བའི་གང་ཟག་དང། ཡོངས་སུ་སྨིན་པའི་རྣམ་པའི་དབྱེ ་བ་དང། ཡོངས་སུ་སྨིན་པར་བྱ་བའི་ཐབས་དང། ཡོངས་སུ་སྨིན་པར་བྱེད་པའི་གང་ཟག་དང། ཡོངས་སུ་སྨིན་པའི་གང་ཟག་གི་མཚན་ཉིད་དོ། །དེ་ལ་ཡོངས་སུ་སྨིན་པའི་ངོ་བོ་ཉིད་ནི་འདི་ཡིན་ཏེ། དགེ་བའི་ཆོས་ཀྱི་ས་བོན་ཡོད་ན། དགེ་བའི་ཆོས་རྣམས་ལ་ཀུན་ཏུ་བསྟེན ་པའི་རྒྱུས་ཉོན་མོངས་པ་དང། ཤེས་བྱའི་སྒྲིབ་པ་སྤང་པ་རྣམ་པར་དག་པ་དང་མཐུན་པའི་ལུས་དང་སེམས་ལས་སུ་རུང་བ་དང། ཉམས་བདེ་བ་ཡང་དག་པའི་སྦྱོར་བ་མཐར་ཕྱིན་པ་དེ་ལ་གནས་ན་སྟེན་པ་དང། ཕྲད་ཀྱང་རུང། སྟོན་པ་དང་མ་ཕྲད་ཀྱང་རུང་སྟེ། དེའི ་མོད་ལ་ཉོན་མོངས་པའི་སྒྲིབ་པ་སྤང་བ་རྣམས། ཤེས་བྱའི་སྒྲིབ་པ་སྤང་བ་མངོན་སུམ་དུ་བྱ་བའི་སྐལ་པ་དང་ལྡན་ཞིང་མཐུ་ཡོད་པར་འགྱུར་རོ། །འདི་ལྟ་སྟེ། མ་ནི་གང་གི་ཚེ་བརྟོལ་ལ་རག་པར་མཐར་ཐུག་པར་གྱུར་པ་ན། དེའི་མོད་ལ་བརྟོལ་བའི་འོས ་ཡིན་ཏེ། དེ་ནི་ཡོངས་སུ་སྨིན་པ་ཞེས་བྱའོ། །བུམ་པ་དང། རྗེའུ་དང། ཁམ་ཕོར་ལ་སོགས་པ་ཁམ་སའི་སྣོད་ནི་གང་གི་ཚེ་སྤྱད་ལ་རག་པར་སྦྱོར་བ་མཐར་ཐུག་པར་གྱུར་པ་ན་དེའི་མོད་ལ་སྤྱད་པའི་འོས་ཡིན་ཏེ། དེའི་ཚེ་ཆོས་བ་ཞེས་བྱའོ། །ཤིང་ཐོག་ཨ་འབྲ་འམ། པ་ན ་ས་ལ་སོགས་པའི་ནི་གང་གི་ཚེ་ཡོངས་སུ་ལོངས་སྤྱད་ལ་རག་པར་མཐར་ཐུག་པར་གྱུར་པ་ན། དེའི་མོད་ལ་ཡོངས་སུ་ལོངས་སྤྱད་པར་འོས་པ་ཡིན་ཏེ། དེའི་ཚེ་ཡོངས་སུ་སྨིན་པ་ཞེས་བྱའོ། །དེ་བཞིན་དུ་དགེ་པའི་ཆོས་རྣམས་ལ་ཀུན་ཏུ་བསྟེན་པའི་རྒྱུས་ཡང་དག་པའི་སྦྱོར་བ་གང་ཡིན ་པའི་མཐར་ཐུག་པ་ན། དེའི་མོད་ལ་རྣམ་པར་དག་པར་འགྱུར་ཏེ། དེ་ནི་ཡོངས་སུ་སྨིན་པའི་ངོ་བོ་ཉིད་ཡིན་ནོ། །དེ་ལ་ཡོངས་སུ་སྨིན་པར་བྱ་བའི་གང་ཟག་རྣམས་ནི་སྒྲུབ་པ་དང་འབྲས་བུའི་དབྱེ་བས་མདོར་བསྡུ་ན་རྣམ་པ་བཞི་སྟེ། བྱང་ཆུབ་སེམས་དཔའ་རྣམས་དང། སངས ་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཉན་ཐོས་ཀྱི་རིགས་ནི་ཉན་ཐོས་ཀྱི་ཐེག་པ་ལ། རང་སངས་རྒྱས་ཀྱི་རིགས་ནི་རང་སངས་རྒྱས་ཀྱི་ཐེག་པ་ལ། སངས་རྒྱས་ཀྱི་རིགས་ནི་ཐེག་པ་ཆེན་པོ་ལ་ཡོངས་སུ་སྨིན་པར་མཛད་པ་དང། གང་ཟག་རིགས་མེད་བ་ཡང་བདེ་འགྲོར་འགྲོ ་བར་བྱ་བའི་ཕྱིར་ཡོངས་སུ་སྨིན་པར་མཛད་པ་ཡིན་ཏེ། གང་ཟག་རྣམ་པ་བཞི་པོ་དེ་དག་ནི་གཞི་རྣམ་པ་བཞི་པོ་འདི་དག་ཏུ་ཡོངས་སུ་སྨིན་པར་བྱ་བ་ཡིན་ནོ། །དེ་ལྟར་ན་ཡོངས་སུ་སྨིན་པར་བྱ་བའི་གང་ཟག་ལས་ཡོངས་སུ་སྨིན་པར་རིག་པར་བྱའོ། །དེ་ལ་ཡོངས་སུ་སྨིན་པའི་རྣམ་པའི ་དབྱེ་བ་གང་ཞེ་ན། མདོར་བསྡུ་ན་རྣམ་པ་དྲུག་སྟེ། དབང་པོ་ཡོངས་སུ་སྨིན་པ་དང། དགེ་བའི་རྩ་བ་ཡོངས་སུ་སྨིན་པ་དང། ཤེས་པ་ཡོངས་སུ་སྨིན་པ་དང། ཡོངས་སུ་སྨིན་པ་ཆུང་ངུ་དང། འབྲིང་དང་ཆེན་པོའོ། །དེ་ལ་དབང་པོ་ཡོངས་སུ་སྨིན་པ་ནི་ཚེ་དང་མདོག་དང། རིགས་དང། དབང ་ཕྱུག་ཕུན་ཚོགས་པ་དང། ཚིག་བཙུན་པ་དང། དབང་ཆེ་པར་གྲགས་པ་དང། སྐྱེས་པ་ཉིད་དང། སྤྲོ་བ་ཆེན་པོ་གང་ཡིན་པ་སྟེ། རྣམ་པར་སྨིན་པའི་འབྲས་བུ་ཕུན་སུམ་ཚོགས་པའི་ལུས་དེ་ལ་བརྟེན་ནས་བརྟུལ་བ་དང། རྗེས་སུ་སྦྱོར་བའི་སྐལ་བ་ཅན་དུ་འགྱུར་ཏེ། རིག་པའི ་གནས་ཐམས་ཅད་ལ་ཡང་དག་པར་སྒྲུབ་པར་བརྩོན་པར་བྱ་བ་རྣམས་ལ་ཡིད་ཡོངས་སུ་སྐྱོ་བར་མི་འགྱུར་བ་ཡང་ཡིན་ནོ། །དགེ་བའི་རྩ་བ་ཡོངས་སུ་སྨིན་པ་གང་ཞེ་ན། རང་བཞིན་གྱིས་ཉོན་མོངས་པ་ཆུང་བ་དེ་ལ་གནས་ན་དེ་རང་བཞིན་གྱིས ་སྡིག་པ་མི་དགེ་བའི་ཆོས་རྣམས་ལ་སེམས་མི་འཇུག་ཅིང། སྒྲིབ་པ་ཆུང་བ་དང། རྟོག་པ་ཉུང་བ་དང། དྲང་ཞིང་མཐུན་བར་འཛིན་པ་ཡིན་ནོ། །ཤེས་པ་ཡོངས་སུ་སྨིན་པ་གང་ཞེ་ན། དྲན་པ་དང་ལྡན་པ་དང། ཡིད་གཞུངས་པ་དང། ལེགས་པར་བཤད་པ ་དང། ཉེས་པར་བཤད་པའི་ཆོས་རྣམས་ཀྱི་དོན་ཀུན་ཏུ་ཤེས་པར་བྱ་བ་དང། བླང་བར་བྱ་བ་དང། གཟུང་བར་བྱ་བ་དང། རབ་ཏུ་རྟོགས་པར་བྱ་བར་ནུས་པ་ལྷན་ཅིག་སྐྱེས་པའི་ཤེས་རབ་དང་ལྡན་པ་ཡིན་ཏེ། ཤེས་རབ་དེ་ལ་བརྟེན་ན་ཐམས་ཅད ་ནས་ཉོན་མོངས་པ་ཐམས་ཅད་ལས་སེམས་གཏན་ཏུ་རྣམ་པར་གྲོལ་བར་བྱེད་བའི་སྐལ་བ་དང་ལྡན་ཞིང་ནུས་པ་ཡིན་ནོ། །དེ་ལ་དབང་པོ་ཡོངས་སུ་སྨིན་པས་ནི་རྣམ་པར་སྨིན་པའི་སྒྲིབ་པ་ལས་རྣམ་པར་གྲོལ་བར་འགྱུར་རོ། །དགེ་བའི་རྩ་བ་ཡོངས་སུ ་སྨིན་པས་ནི་ལས་ཀྱི་སྒྲིབ་པ་ལས་རྣམ་པར་གྲོལ་བར་འགྱུར་རོ། །ཤེས་པ་ཡོངས་སུ་སྨིན་པས་ནི་ཉོན་མོངས་པའི་སྒྲིབ་པ་ལས་རྣམ་པར་གྲོལ་བར་འགྱུར་རོ། །ཡོངས་སུ་སྨིན་པ་ཆུང་ངུ་གང་ཞེ་ན། རྒྱུ་རྣམ་པ་གཉིས་ཀྱིས་ཡོངས་སུ་སྨིན་པ་ཆུང་ངུར་འགྱུར་ཏེ། ་དབང་པོ་དང། དགེ་བའི་རྩ་བ་དང། ཤེས་པ་ཡོངས་སུ་སྨིན་པའི་རྒྱུ་ལ་ཡུན་རིང་པོ་ནས་མ་གོམས་པ་དང། རྒྱུ་ཡོངས་སུ་རྟས་པ་དང། ཆུང་ངུ་ལ་གོམས་པའོ། །ཡོངས་སུ་སྨིན་པ་འབྲིང་ནི་རྒྱུ་དེ་གཉིས་ལས་གང་ཡང་རུང་བ་ཞིག་མེད་ལ། གང་ཡང་རུང་བ་ཞིག ་ཡོད་པ་ཡིན་པར་རིག་པར་བྱའོ། །ཡོངས་སུ་སྨིན་པ་ཆེན་པོ་ནི་རྒྱུ་དེ་གཉིས་ཀ་ཡོད་པར་ཡིན་པར་རིག་པར་བྱའོ། །དེ་ལ་ཡོངས་སུ་སྨིན་པར་བྱ་བའི་ཐབས་གང་ཞེ་ན། རྣམ་པ་ཉི་ཤུ་རྩ་བདུན་དུ་རིག་པར་བྱ་སྟེ། ཁམས་རྟས་པ་དང། ད་ལྟར་གྱི་རྐྱེན་ཉེ་བར ་སྒྲུབ་པ་དང། འཇུག་པ་དང། དགའ་བར་འཛིན་པ་དང། དང་པོ་འཇུག་པ་དང། དང་པོ་འཇུག་པ་མ་ཡིན་པ་དང། རྣམ་པར་དག་པ་ཐག་རིང་བ་དང། རྣམ་པར་དག་པ་ཐག་ཉེ་བ་དང། སྦྱོར་བ་དང། བསམ་པ་དང། ཟང་ཟིང་ཉེ་བར་བསྒྲུབ་པ་དང། ཆོས་ཉེ་བར་སྒྲུབ་པ་དང། རྫུ་འཕྲུལ ་གྱིས་འདུན་པར་བྱེད་པ་དང། ཆོས་སྟོན་པ་དང། གསང་ཏེ་ཆོས་བརྗོད་པ་དང། རྣམས་པར་ཕྱེ་སྟེ་ཆོས་བརྗོད་ལ་དང། སྦྱོར་བ་ཆུང་ངུ་དང། སྦྱོར་བ་འབྲིང་དང། སྦྱོར་བ་ཆེན་པོ་དང། ཐོས་པ་དང། སེམས་པ་དང། སྒོམ་པ་དང། སྡུད་པ་དང། ཚར་གཅོད་པ་དང། ་བདག་ཉིད་ཀྱིས་བྱེད་པ་དང། གཞན་ལ་བཅོལ་བ་དང། དེ་གཉི་གའོ། །དེ་ལ་ཁམས་རྟས་པ་གང་ཞེ་ན། རང་བཞིན་གྱིས་དགེ་བའི་ཆོས་ཀྱི་ས་བོན་ཕུན་སུམ་ཚོགས་པ་ལ་བརྟེན་ནས། སྔོན་དགེ་བའི་ཆོས་ལ་གོམས་པ་ལས་དགེ་བའི་ཆོས་ཀྱི་ས་བོན་རྣམས ་ཕྱིར་ཞིང་རབ་ཏུ་རྟས་ལ། ཕུལ་དུ་རྟས་པ་སྐྱེ་ཞིང་གནས་པ་འདི་ནི་ཁམས་རྟས་པ་ཞེས་བྱའོ། །དེ་ལ་ད་ལྟར་གྱི་རྐྱེན་ཉེ་བར་བསྒྲུབ་པ་གང་ཞེ་ན། ཚེ་འདི་ཉིད་ལ་ཕྱིན་ཅི་མ་ལོག་པའི་ཆོས་སྟོན་ལ། དེ་ལ་ཡང་ཕྱིན་ཅི་མ་ལོག་པར་འཛིན་པ་དང། ཇི་ལྟ་བ་བཞིན ་དུ་ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་སྒྲུབ་པའོ། །དེ་ལ་ཁམས་རྟས་པ་ནི་སྔོན་གྱི་རྒྱུས་ད་ལྟར་གྱི་ཡོངས་སུ་སྨིན་པ་འགྲུབ་པ་ཡིན་ནོ། །དེ་ལྟར་གྱི་རྐྱེན་ཉེ་བར་བསྒྲུབ་པ་ནི་རྒྱུ་ཡང་ད་ལྟར་གྱི་ཉིད་ཡིན་ལ། ཡོངས་སུ་སྨིན་པ་ཡང་ད་ལྟར་གྱི་ཉིད་ཡིན་པར་རིག་པར ་བྱའོ། །འཇུག་པ་གང་ཞེ་ན། དང་པ་ཐོབ་པའི་དབང་དུ་བྱས་ནས། ཁྱིམ་ན་གནས་ན་ཉེས་པར་སྤྱོད་པ་ལས་དབེན་པའི་བསླབ་པའི་གཞི་ཡང་དག་པར་ལེན་པ་དང། ཁྱིམ་ན་གནས་པ་མ་ཡིན་ཏེ། རབ་ཏུ་བྱུང་ན་འདོད་པ་ལས་དབེན་པའི་བསླབ་པའི་གཞི ་ཡང་དག་པར་ལེན་པ་ཡིན་ནོ། །དགའ་བར་འཛིན་པས་གང་ཞེ་ན། སྡུག་བསྔལ་ཐམས་ཅད་ལ་ངེས་པར་འབྱིན་པའི་ལམ་དང། འདོད་པའི་བདེ་བ་དང། བདག་ཉིད་དུ་བ་པར་བྱེད་པའི་མཛའ་སྤངས་པ་བདེ་བའི་ལམ་ལ་བརྟེན་ནས། ལེགས་པར་གསུངས་ ་པའི་ཆོས་འདུལ་བ་བསྟན་པ་ལ་མངོན་པར་དགའ་བ་གང་ཡིན་པའོ། །དེ་ལ་དང་པོར་འཇུག་པ་གང་ཞེ་ན། ཐོག་མ་ཁོ་ནར་སྐྱོ་བར་བྱ་བའི་ཆོས་རྣམས་ལ་ཡིད་བྱུང་བ་ལ་བརྟེན་ནས། རིགས་པས་དོན་སྒྲུབ་པའི་ཕན་ཡོན་ཡང་ཁོང་དུ་ཆུད་ནས། ་འཇུག་པ་གང་ཡིན་པ་དེ་ནི་དང་པོ་འཇུག་པ་ཞེས་བྱའོ། །དང་པོ་འཇུག་པ་མ་ཡིན་པ་གང་ཞེ་ན། གང་ཞུགས་ཟིན་པ་ཡོངས་སུ་སྨིན་པར་བྱ་བ་ལ་རག་ལས་པར་གྱུར་པ། བྱང་ཆུབ་སེམས་དཔའ་ཨི་རྣམས་དང། སངས་རྒྱས་རྣམས་ཀྱིས་བཏང་སྙོམས་མི་མཛད་པར ་གྱུར་པ་ལ་བརྟེན་ཅིག་དཀྲོལ་བའི་གནས་རྣམས་ཡང་དང་ཡང་དུ་གསལ་བར་བྱེད་པ་ལ་ཡང་བརྟེན་ནས། ཕྱིར་ཞིང་ཕྱིར་ཞིང་ཡོངས་སུ་སྨིན་པར་འགྱུར་བ་གང་ཡིན་པའོ། །དེ་ལ་རྣམ་པར་དག་པ་ཐག་རིང་བ་གང་ཞེ་ན། ལེ་ལོ་འམ་རྐྱེན་དང་མི་ལྡན་པ་ལ་བརྟེན་དུས་རིང་པོ ་འགྱངས་པ་ཚེ་རབས་བརྗེས་པ་འམ། བསྐལ་པ་བརྗེས་པ་མང་པོ་ཞིག་གིས་རྣམ་པར་དག་པར་འགྱུར་པའི་སྐལ་པ་ཅན་དུ་འགྱུར་བ་གང་ཡིན་པའོ། །དེ་ལ་བཟློག་པ་ནི་རྣམ་པར་དག་པ་ཐག་ཉེ་བར་ཡིན་པར་རིག་པར་བྱའོ། །དེ་ལ་སྦྱོར་བ་གང་ཞེ་ན་ན། རང་གི་དོན ་ཐོབ་པར་བྱ་བ་ལ་འདུན་པ་དྲག་པོ་ལ་ཡང་རྟེན། ཕྱི་མ་ལ་ཡང་ལོག་པར་ལྟུང་བའི་འཇིགས་པ་དང། ཚེ་འདི་ཉིད་ལ་གཞན་པ་ལ་མི་སྙན་པར་གྲགས་པའི་འཇིགས་པ་ལ་ཡང་བརྟེན་ནས། བསླབ་པའི་གཞི་དག་ལ་རྟག་ཏུ་བྱེད་པ་དང། གུས་པར་བྱེད་པར་བསྲུང་བ ་གང་ཡིན་པའོ། །དེ་ལ་བསམ་པ་གང་ཞེ་ན། ཆོས་འདུལ་བ་འདི་ལས་མི་འཕྲོག་པར་བྱ་བའི་ཕྱིར། ཆོས་རྣམས་ལ་ཡང་དག་པར་རྟོག་པའི་བཟོད་པ་ལ་ཡང་བརྟེན་ཅིང། ཡོན་ཏན་སྲིད་པ་ལ་ཡང་བརྟེན་ནས། གཞན་དག་གི་ཐོབ་པ་ལ་ཡིད་ཆེས་པ་དང། དཀོན ་མཆོག་གསུམ་དང་བདག་གི་དོན་ཐོབ་པར་བྱ་བ་ལ་དད་པ་མི་གཡོ་བ་གང་ཡིན་པའོ། །ཟང་ཟིང་ཉེ་བར་སྒྲུབ་པ་གང་ཞེ་ན། ཟས་དང། སྐོམ་ལ་སོགས་པ་ཐམས་ཅད་ཀྱིས་ཐམས་ཅད་དུ་མེད་པ་རྣམས་ལ། ཟས་དང་སྐོམ་པ་ལ་སོགས་པ་ཉེ་བར་སྒྲུབ་པ་དང། མཐུན ་པའི་ཟས་དང་སྐོམ་ལ་སོགས་པ་མེད་པ་རྣམས་ལ་ཡང། མཐུན་པའི་ཟས་དང་སྐོམ་ལ་སོགས་པ་ཉེ་བར་བསྒྲུབ་པ་གང་ཡིན་པའོ། །དེ་ལ་ཆོས་ཉེ་བར་བསྒྲུབ་པ་གང་ཞེ་ན། ལུང་འབོགས་པས་སམ། དོན་ཡང་དག་པར་འབྲེལ་བས་ཆོས་རྣམས་སྦྱིན་པར་བྱེད་པ་གང ་ཡིན་པའོ། །དེ་ལ་རྫུ་འཕྲུལ་གྱིས་འདུན་པར་བྱེད་པ་གང་ཞེ་ན། རྫུ་འཕྲུལ་དང་ལྡན་པས་སེམས་ཅན་འདི་དག་ནི་རྫུ་འཕྲུལ་མཐོང་ངམ། ཐོས་ན་བསྟན་པ་ལ་བསམ་པ་དག་པ་ཐོབ་པར་འགྱུར་ཞིང། ཡང་དག་པར་སྦྱོར་བར་འགྱུར་རོ། སྙམ་སྟེ། སེམས་ཅན་རྣམས ་ཀྱི་བསམ་པ་དག་པ་འམ། སྦྱོར་བ་དག་པའི་དབང་དུ་བྱས་ནས་ནི། སེམས་ཅན་རྣམས་ལ་སྙིང་རྗེ་བས་རྫུ་འཕྲུལ་གྱི་ཆོ་འཕྲུལ་རྣམ་པར་སྟོན་ཏེ། དེ་དག་ཀྱང་ཆོ་འཕྲུལ་དེས་འདུན་པར་བྱས་པའི་ཡིད་ཀྱིས་བསམ་པ་དག་པ་ཐོབ་པ་འམ། ཡང་དག་པར་སྦྱོར ་པར་འགྱུར་པ་གང་ཡིན་པའོ། །དེ་ལ་ཆོས་སྟོན་པ་གང་ཞེ་ན། བདག་ཉིད་ཀྱིས་རང་གི་དོན་འཐོབ་པར་མི་ནུས་པ་ལ་ཡང་དག་པར་སྒྲུབ་པའི་གྲོགས་སུ་གྱུར་པའི་དམ་པའི་ཆོས་སྟོན་པ་དང། ནུས་པ་ལ་ཡང་མྱུར་དུ་མངོན་པར་ཤེས་པར་འགྱུར་བ་དང། མཐུན་པའི ་དམ་པའི་ཆོས་སྟོན་པའོ། །དེ་ལ་གསང་སྟེ་ཆོས་བརྗོད་པ་གང་ཞེ་ན། སེམས་ཅན་བྱིས་པའི་ཤེས་རབ་ཅན་རྣམས་ལ་ཤིན་ཏུ་རྒྱ་ཆེ་ཞིང་ཟབ་པའི་དོན་བཅས་ཏེ། གསལ་ཞིང་འཇུག་པར་སླ་ལ། ཐབས་སླ་བས་འཇུག་པའི་ཆོས་སྟོན་པ་གང་ཡིན་པའོ། །རྣམ་པར ་ཕྱེ་སྟེ་ཆོས་བརྗོད་པ་གང་ཞེ་ན། སེམས་ཅན་ཤེས་རབ་རྒྱ་ཆེ་ཞིང་སངས་རྒྱས་ཀྱི་བསྟན་པའི་ཚུལ་ལ་ལེགས་པར་ཞུགས་པ་རྣམས་ལ། ཤིན་ཏུ་རྒྱ་ཆེ་ཞིང་ཟབ་པའི་གནས་རྣམ་པར་འགྲེལ་པ་གང་ཡིན་པའོ། །དེ་ལ་སྦྱོར་བ་ཆུང་ངུ་གང་ཞེ་ན། རྟག་ཏུ་སྦྱོར་བ་མེད ་པ་དང། གུས་པར་སྦྱོར་བ་མེད་པ་གང་ཡིན་པའོ། །སྦྱོར་བ་འབྲིང་གང་ཞེ་ན། རྟག་ཏུ་སྦྱོར་བ་མེད་པ་དང། གུས་པར་སྦྱོར་བ་མེད་པའི་སྦྱོར་བ་འདི་གཉིས་ལས་གང་ཡང་རུང་བ་མེད་པ་གང་ཡིན་པའོ། །སྦྱོར་བ་ཆེན་པོ་གང་ཞེ་ན། སྦྱོར་བ་དེ་གཉིས་ཀ་དང་ལྡན་པ་སྟེ། ་རྟག་ཏུ་སྦྱོར་བ་དང་ལྡན་པ་དང། གུས་པས་སྦྱོར་བ་དང་ལྡན་པ་གང་ཡིན་པའོ། །སངས་རྒྱས་ཀྱི་གསུང་རབ་ལ་མོས་པས་མདོ་ལ་སོགས་པའི་ཆོས་རྣམས་ལེན་པ་དང། འཛིན་པ་དང་ཁ་ཏོན་བྱེད་པ་ལ་མངོན་པར་བརྩོན་པ་གང་ཡིན་པའོ། །སེམས་དཔའ་གང་ཞེ ་ན། རབ་ཏུ་དབེན་པར་ཆོས་ངེས་པར་སེམས་པ་ལ་མངོན་པར་དགའ་བས་དོན་ལ་མངོན་པར་རྟོག་པ་དང། ཀུན་ཏུ་སྤྱོད་པ་དང། གཏན་ལ་འབེབས་གང་ཡིན་པའོ། །སྒོམ་པ་གང་ཞེ་ན། ཞི་གནས་དང། རབ་ཏུ་འཛིན་པ་དང། བཏང་སྙོམས་ཀྱི་རྒྱུ་རྣམས་ཡང་དག་པར ་རྟོགས་པ་སྔོན་དུ་འགྲོ་བ་ཞི་གནས་ནས། ལྷག་མཐོང་བ་དང། བཏང་སྙོམས་ལ་གོམས་པར་བྱེད་པར་དགའ་བའོ། །སྡུད་པ་གང་ཞེ་ན། ཡང་དག་པར་ཟང་ཟིང་མེད་པའི་སེམས་ཀྱིས་སློབ་དཔོན་དང། མཁན་པོའི་ཚུལ་དུ་རྟེན་སྦྱིན་པར་བྱེད་པ་དང། བསྙེན་བཀུར ་རྣམ་པ་སྣ་ཚོགས་ཀྱང་བྱེད་དེ། འདི་ལྟ་སྟེ་ནད་པ་ལ་རིམ་གྲོས་བསྙེན་བཀུར་བྱེད་པ་དང། ཆོས་དང་མཐུན་པར་གོས་དང། ཟས་དང། མལ་ཆ་དང། སྟན་དང། ན་བའི་གསོས་སྨན་གྱིས་བསྙེན་བཀུར་བྱེད་པ་དང། མྱ་ངན་དང་འགྱོད་པ་བསལ་བས་བསྙེན་བཀུར་བྱེད ་པ་དང། ཉོན་མོངས་པ་བསལ་བས་བསྙེན་བཀུར་བྱེད་པ་དང། དེ་ལྟ་བུ་དང་མཐུན་པ་དག་ནི་བསྙེན་བཀུར་རྣམ་པ་སྣ་ཚོགས་བྱེད་པ་ཡིན་པར་རིག་པར་བྱའོ། །ཚར་གཅོད་པ་གང་ཞེ་ན། བདག་ལ་ཡོད་པའི་ཀུན་ནས་ཉོན་མོངས་པ་རྣམས་ཀུན་ཏུ་བསྲུངས་ནས། ་ཉེས་པ་ཆུང་ངུ་བྱེད་པ་ལ་ནི་འཁྲུལ་བ་གླང་པར་བྱེད། ཉེས་པ་འབྲིང་བྱེད་པ་ལ་ནི་སྦྱོང་བར་བྱེད། ཉེས་པ་ཆེན་པོ་བྱེད་པ་ལ་ནི་སྐྲོད་པར་བྱེད་དེ། དེ་ལ་གླང་བ་གང་ཡིན་པ་དང། སྤྱོད་བ་གང་ཡིན་པ་དེ་ནི་དེ་དག་ཉིད་དང། དེ་ལས་གཞན་པ་དག་ལ་ཕན་པ་དང། བདེ ་བའི་དོན་དུ་འགྱུར་བ་ཡིན་ནོ། །སླར་དགུག་པའི་ཕྱིར་བསྐྲད་པ་གང་ཡིན་པ་དེ་ཡང་དེ་དག་ཉིད་དང། གཞན་དག་ལ་ཕན་པ་དང་བདེ་བར་འགྱུར་རོ། །སླར་མི་དགུག་པར་བསྐྲད་པ་གང་ཡིན་པ་དེ་ནི་གཞན་དག་ཁོ་ན་ལ་ཕན་པ་དང་བདེ་བར་གྱུར་པ་ཡིན་ཏེ། འདི་ལྟར ་གཞན་དག་གིས་ཉེས་པར་བྱས་པའི་གཞིས་བསྐྲད་དེ། གཞན་དག་ལ་མཐོང་ནས་ཉེས་པ་མི་བྱ་བར་སེམས་དཔའ་ཨི་ཕྱིར་རོ། །ཇི་ལྟར་ན་བདག་ཉིད་ཀྱིས་ཡོངས་སུ་སྨིན་པར་བྱེད་ཅེ་ན། མི་དགེ་བའི་གནས་ནས་བླངས་ཏེ། དགེ་བའི་གནས་སུ་བཞག་པའི་ཕྱིར་མཐུན་པའི་ཆོས ་སྟོན་ཏེ། །ཇི་སྐད་དུ་སྨྲས་པ་དེ་བཞིན་དུ་བྱེད་པ་ཡང་ཡིན་ཏེ། རང་གི་ཚིག་དང་མཐུན་པར་རང་ཉིད་རྗེས་སུ་ཞུགས་པ་ནི་ཆོས་ཀྱི་རྗེས་སུ་མཐུན་པའི་ཆོ་ག་ལ་ཞུགས་ནས། དེ་དང་མཐུན་པར་འཇུག་སྟེ། ཇི་ནས་གཞན་དག་ཇི་སྐད་དུ་ཁྱོད་བདག་ཉིད་ཀྱང་ད་དུང་མི་དགེ་བའི ་གནས་ནས་མ་ལངས་ཤིང། དགེ་བའི་གནས་ལ་ཡང་གནས་པར་མ་གྱུར་ན། ཅིའི་ཕྱིར་ཁྱོད་ཀྱིས་གཞན་དག་དེ་ལ་ཡང་དག་པར་ལེན་དུ་འཇུག་ཅིང་བསྐུལ་བ་དང། དྲན་པར་བྱེད་པར་སེམས། ཁྱོད་བདག་ཉིད་ཀྱང་ད་དུང་གཞན་དག་གིས་བསྐུལ་བར་དང། དྲན་པར ་བྱ་བ་དང། ཡང་དག་པར་ལེན་དུ་གཞུག་དགོས་སོ་ཞེས་ཟེར་བར་མི་འགྱུར་བར་བྱ་བ་ཡིན་ནོ། །ཇི་ལྟར་གཞན་ལ་བཅོལ་བ་ཡིན་ཞེ་ན། སེམས་ཅན་རྣམས་གང་ལ་ཤས་ཆེར་དགའ་ཞིང་གུས་པ་ཡོད་པར་གྱུར་ལ། དེ་ཡང་ཆོས་བསྟེན་པའི་ཐབས་ཤེས་ཤིང་ལེགས་པར ་བསླབ་པར་གྱུར་པ་དེ་ལ་བཅོལ་ཅིང་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་བྱེད་དུ་འཇུག་པ་ཡིན་ནོ། །གཉི་གས་བྱ་བ་ནི་དེ་གཉིས་འདུས་པ་སྟེ། བདག་ཀྱང་བྱེད་ཅིང་གཞན་དག་ལ་ཡང་བཅོལ་ནས་ཡོངས་སུ་སྨིན་པར་བྱེད་པ་ཡིན་པར་རིག་པར་བྱ་སྟེ། དེ་ལྟར་ན་ཡོངས་སུ་སྨིན ་པར་བྱ་བའི་ཐབས་ཚུལ་རྣམ་པ་ཉི་ཤུ་རྩ་བདུན་པོ་འདིས་ཡོངས་སུ་སྨིན་པའི་རབ་ཏུ་དབྱེ་བ་རྣམ་པ་དྲུག་པོ་དབང་པོ་ཡོངས་སུ་སྨིན་པ་དང། དགེ་བའི་རྩ་བ་ཡོངས་སུ་སྨིན་པ་དང། ཤེས་པ་ཡོངས་སུ་སྨིན་པ་དང། ཡོངས་སུ་སྨིན་པ་ཆུང་ངུ་དང། འབྲིང་དང། ཆེན་པོ་དང་ཕུན ་སུམ་ཚོགས་པ་ཡིན་པར་རིག་པར་བྱའོ། །དེ་ལ་ཡོངས་སུ་སྨིན་པར་བྱེད་པའི་གང་ཟག་རྣམས་གང་ཞེ་ན། མདོར་བསྡུ་ན་བྱང་ཆུབ་སེམས་དཔའ་ས་དྲུག་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམ་པ་དྲུག་པོ་དག་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་དེ ་མོས་པ་སྤྱོད་པའི་ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་མོས་པར་སྤྱོད་པ་དང། ལྷག་པའི་བསམ་པ་དག་པའི་ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་ལྷག་པའི་བསམ་པ་དག་པ་དང། སྤྱོད་པ་ལ་འཇུག་པའི་ས་ལ་གནས་པའི་བྱང་ཆུབ་སེམས ་དཔའ་སྤྱོད་པ་ལ་ཞུགས་པ་དང། དེས་པའི་ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་ངེས་པར་གྱུར་པ་དང། ངེས་པར་སྤྱོད་པ་སྒྲུབ་པའི་ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་ངེས་པར་སྤྱོད་པའི་ས་ལ་ཞུགས་པ་དང། མཐར་ཐུག་པར་འགྱུར་བའི་ས་ལ་གནས ་པའི་བྱང་ཆུབ་སེམས་དཔའ་མཐར་ཐུག་པར་འགྱུར་བ་ཡིན་ནོ། །དེ་ལ་རིགས་མེད་པར་གནས་པའི་གང་ཟག་རྣམས་ཀྱི་བདེ་འགྲོར་འགྲོ་བའི་ཡོངས་སུ་སྨིན་པ་ནི་ཡང་དང་ཡང་དུ་ཕྱིར་ལྡོག་ཅིང་ཡང་དང་ཡང་དུ་བྱ་དགོས་པ་ཡིན་ནོ། །རིགས་ལ་གནས་པ ་རྣམས་ཀྱི་ཡོངས་སུ་སྨིན་པ་ནི་ཕྱིར་མི་ལྡོག་ཅིང་ཡང་དང་ཡང་དུ་བྱ་མི་དགོས་པ་ཡིན་ནོ། །དེ་ལ་ཡོངས་སུ་སྨིན་པའི་གང་ཟག་གི་མཚན་ཉིད་མཚན་མ་དང་རྟགས་གང་གིས་སེམས་ཅན་རྣམས་ཀྱི་ཡོངས་སུ་སྨིན་པའི་བྱེ་བྲག་གཅོད་ཅིང་ཉེ་བར་མཚོན་པར ་བྱེད་པ་ནི་སྨིན་པའི་མཚན་ཉིད་དེ་བརྗོད་དོ། །ཡང་མདོར་བསྡུ་ན་རྒྱུ་དང་འབྲས་བུའི་བྱེ་བྲག་གིས་རྣམ་པ་གཉིས་སོ། །རྒྱུར་རྟོག་པའི་མཚན་ཉིད་ཀྱང་གཉིས་ཏེ། བསམ་པ་དང་ལས་ཀྱི་བྱེ་བྲག་གིས་སོ། །དེས་ན་སྨྲས་པ། མཚན་ཉིད་གང་ཞེ་ན། ཉན ་ཐོས་ནི་སྟོན་དགེ་བ་ལ་གོམས་པས་གང་གི་ཚེ་སྨིན་པ་ཆུང་ངུ་ལ་གནས་པར་གྱུར་པ་དེ་ནི་མདུན་པ་ཆུང་བ་དང། སྦྱོར་བ་ཆུང་བ་ཡིན་ཏེ། ངན་སོང་རྣམས་སུ་ཡང་འགྲོ་ལ་ཚེ་དེ་ཉིད་ལ་དགེ་སྦྱོང་གི་འབྲས་བུ་ཡང་མི་ཐོག་ཅིང་ཚེ་འདི་ཉིད་ལ་མྱ་ངན་ལས་འདས་པ་ཡང་མི་འཐོབ་པོ།། ་གང་གི་ཚེ་སྦྱིན་པ་འབྲིང་ལ་གནས་པར་གྱུར་པ་དེ་ནི་འདུན་པ་འབྲིང་དང་སྦྱོར་བ་འབྲིང་ཡིན་ཏེ། ངན་སོང་རྣམས་སུ་ཡང་མི་འགྲོ་ལ་ཚེ་དེ་ཉིད་ལ་དགེ་སྦྱོང་གི་འབྲས་བུ་འཐོབ་པར་འགྱུར་ཏེ། ཚེ་དེ་ཉིད་ལ་ཡོངས་སུ་མྱ་ངན་ལས་འདའ་བར་མི་འགྱུར་རོ། །ཡོངས་སུ་སྨིན་པ ་ཆེན་པོ་ལ་གནས་པ་འདི་ནི་འདུན་པ་ཆེ་བ་དང། སྦྱོར་བ་ཆེ་བ་ཡིན་ཏེ། ངན་སོང་རྣམས་སུ་ཡང་མི་འགྲོ་ལ་ཚེ་འདི་ཉིད་ལ་ཡང་དགེ་སྦྱོང་གི་འབྲས་བུ་ཐོབ་པར་འགྱུར་ཞིང། ཚེ་དེ་ཉིད་ལ་ཡོངས་སུ་མྱ་ངན་ལས་འདས་པར་ཡང་འགྱུར་རོ། །རང་སངས་རྒྱས་ནི་ཉན་ཐོས་ཇི་ལྟ་བ་དེ ་ཁོ་ན་བཞིན་དུ་རིག་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་ཉན་ཐོས་རྣམས་དང། ལམ་གྱི་རང་བཞིན་མཚུངས་པའི་ཕྱིར་རོ། །ཉན་ཐོས་རྣམས་ལས་རང་སངས་རྒྱས་ཀྱི་བྱེ་བྲག་ནི་འདི་ཡིན་ཏེ། སྲིད་པ་ཐ་མ་པ་ལུས་ཐ་མ་ཐོབ་པར་འགྱུར་བ་ནི་སློབ་དཔོན་མེད་པར་སྔོན་གོམས ་པའི་དབང་གིས་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་པོ་རྣམས་བསྒོམས་པས། ཉོན་མོངས་པ་ཐམས་ཅད་སྤངས་པའི་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱེད་དེ། དེ་ལྟ་བས་ན་རང་སངས་རྒྱས་ཞེས་བྱ་བའོ། །བྱང་ཆུབ་སེམས་དཔའ་ཨི་མོས་པས་སྤྱོད་པའི ་ས་ལ་གནས་པ་ནི་ཡོངས་སུ་སྨིན་པ་ཆུང་ངུ་ཡིན་པར་རིག་པར་བྱའོ། །ལྷག་པའི་བསམ་པ་དག་ནི་སྨིན་པ་འབྲིང་པོ་ཡིན་ནོ། །དེས་པ་དང་མཐར་ཐུག་པར་གྱུར་པ་ནི་སྨིན་པ་ཆེན་པོ་ཡིན་ནོ། །འདི་ལ་སྨིན་པ་ཆུང་ངུ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་འདུན་པ ་ཆུང་ངུ་དང་སྦྱོར་བ་ཆུང་ངུ་ཡིན་ཏེ། ངན་སོང་རྣམས་སུ་ཡང་འགྲོ་ལ། བསྐལ་པ་གྲངས་མེད་པ་དང་པོར་གཏོགས་པར་རིག་པར་བྱ་སྟེ། དགེ་བའི་ཆོས་བྱང་ཆུབ་ཀྱི་ཕྱོགས་སྦྱངས་པ་དང། མི་གཡོ་བ་དང། ཤིན་ཏུ་རྣམ་པར་དག་པ་ཐམས་ཅད་དང་མི་ལྡན་པ ་ཁོ་ན་ཡིན་ནོ། །སྨིན་པ་འབྲིང་གི་བྱང་ཆུབ་སེམས་དཔའ་ནི་འདུན་པ་འབྲིང་དང་སྦྱོར་བ་འབྲིང་ཡིན་ཏེ། ངན་སོང་རྣམས་སུ་ཡང་མི་འགྲོ་ལ། བསྐལ་པ་གྲངས་མེད་པ་གཉིས་པར་གཏོགས་ཏེ། དགེ་བའི་ཆོས་བྱང་ཆུབ་ཀྱི་ཕྱོགས་སྦྱངས་པ་དང། མི་གཡོ་བ་རྣམས་དང་ནི ་ལྡན་ལ་ཤིན་ཏུ་རྣམ་པར་དག་པ་རྣམས་དང་མི་ལྡན་པ་ཡིན་ནོ། །ཡོངས་སུ་སྨིན་པ་ཆེན་པོ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་འདུན་པ་ཆེ་བ་ཡིན་ཏེ། ངན་སོང་རྣམས་སུ་ཡང་མི་འགྲོ་ལ། བསྐལ་པ་གྲངས་མེད་པ་གསུམ་པར་གཏོགས་ཏེ། དགེ་བའི་ཆོས ་བྱང་ཆུབ་ཀྱི་ཕྱོགས་སྦྱངས་པ་དང། མི་གཡོ་བ་དང། ཤིན་ཏུ་རྣམ་པར་དག་པ་རྣམས་དང་ལྡན་པ་ཡིན་ནོ། །དེ་ལ་རང་བཞིན་གྱིས་བརླིང་བ་དང། གསལ་བ་དང་འབྲས་བུ་ཤིན་ཏུ་ཆེ་བ་དང། ཕན་ཡོན་ཤིན་ཏུ་ཆེ་བའི་ཕྱིར་སྦྱངས་ཞེས་བྱའོ། །ཕྱིར་མི་ལྡོག ་པ་དང། ཡོངས་སུ་མི་ཉམས་པ་དང། ཁྱད་པར་དུ་འགྲོ་བའི་ཕྱིར་མི་གཡོ་བ་ཞེས་བྱའོ། །བྱང་ཆུབ་སེམས་དཔའ་ཨི་སའི་ནང་ནས་མེད་པའི་ཕྱིར་ཤིན་ཏུ་རྣམ་པར་དག་པ་ཞེས་བྱའོ། །དེ་ལ་ཟང་ཟིང་ལས་གྱུར་པའི་ཡོངས་སུ་སྨིན་པ་གང་ཡིན་པ་དང། རྫུ་འཕྲུལ་གྱིས་འདུན ་བར་བྱ་བ་ལས་བྱུང་བ་གང་ཡིན་པ་དང། གསང་སྟེ་ཆོས་བརྗོད་པ་ལས་བྱུང་བ་གང་ཡིན་པ་དང། སྦྱོར་པ་ཆུང་ངུ་ལས་བྱུང་བ་གང་ཡིན་པ་དང། ཐོས་པ་ཙམ་ལས་བྱུང་བའི་ཡོངས་སུ་སྨིན་པ་གང་ཡིན་པ་དང། ཡོངས་སུ་སྨིན་པ་རྣམ་པ་ལྔ་པོ་འདི་དག་ནི་དགེ་བའི ་ཆོས་དེ་དག་ཡུན་རིང་པོར་གོམས་པར་བྱས་ཀྱང་ཆུང་ངུ་ཁོ་ན་ཡིན་ལ། ཡུན་ཐུང་ངུར་གོམས་པར་བྱས་པ་ལྟ་ཅི་སྨོས། ཡོངས་སུ་སྨིན་པའི་རྒྱུ་དེ་ལས་གཞན་པ་ཐམས་ཅད་ནི་ཡོངས་སུ་སྨིན་པ་རྣམ་པ་གསུམ་གྱི་ཚུལ་དུ་རིག་པར་བྱ་སྟེ། ཆུང་ངུ་གོམས་པས་ནི ་ཆུང་ངུར་འགྱུར་རོ། །འབྲིང་དུ་གོམས་པས་ནི་འབྲིང། ཆེར་གོམས་པས་ནི་ཡོངས་སུ་སྨིན་པ་ཆེ་བར་རིག་པར་བྱའོ། །ཡོངས་སུ་སྨིན་པ་ཆུང་ངུ་དང། འབྲིང་དང། ཆེ་བ་དེ་དག་རེ་རེ་ལ་ཡང་རྣམ་པ་གསུམ་གསུམ་གྱི་ཚུལ་དུ་རིག་པར་བྱ་སྟེ། ཆུང་ངུ་ལ་ཡང་ཆུང་ངུའི་ཆུང ་ངུ་དང། ཆུང་ངུའི་འབྲིང་པོ་དང། ཆུང་ངུའི་ཆེན་པོ་དང། འབྲིང་པོ་ལ་ཡང་འབྲིང་པོའི་ཆུང་ངུ་དང། འབྲིང་པོའི་འབྲིང་པོ་དང། འབྲིང་པའི་ཆེན་པོ་དང། ཆེན་པོ་ལ་ཡང་ཆེན་པོའི་ཆུང་དུ་དང། ཆེན་པོའི་འབྲིང་པོ་དང། ཆེན་པོའི་ཆེན་པོའོ། །དེ་ལྟ་བུ་དང་མཐུན་པར ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་གོང་ནས་གོང་དུ་རབ་ཏུ་དབྱེ་བའི་ཚུལ་གྱིས་སེམས་ཅན་རྣམས་ཀྱིས་ཡོངས་སུ་སྨིན་པའི་རབ་ཏུ་དབྱེ་བ་ཚད་མེད་པར་མཛད་པར་རིག་པར་བྱའོ། །ཇི་སྐད་བསྟན་པའི་ཐབས་དེ་དག་གིས་གཞན་གསོལ་བ་འདེབས་པ ་མ་གཏོགས་པའི་བདེ་བ་གཉིས་ལ་རྒྱུད་ལ་དབང་པོ་ཡོངས་སུ་སྨིན་པ་ནས་ཉེས་པ་སྨིན་པའི་བར་དང། སྨིན་པ་ཆུང་ངུ་ནས་ཆེན་པོའི་བར་གྱིས་བུདྡྷའི་ཆོས་རྣམས་རྒྱུ་འབྲས་སྨིན་པ་ནི་གང་སྨིན་པ་ནི་བདག་ཅེས་པ་དང། སེམས་ཅན་གཞན་རྣམས་ཐམས་ཅད་ཅེས་པ་དང། གང ་ཟག་གཞན་རྣམས་ཞེས་པ་གསུམ་མོ། །དེ་བཞིན་སེམས་ཅན་གཞན་དང་གང་ཟག་གཞན་ཡང་དབང་པོ་ལ་སོགས་པ་ཐོབ་པའོ། །དེ་ལ་བྱང་ཆུབ་སེམས་དཔའ་ནི་ཡོངས་སུ་སྨིན་པའི་རྒྱུ་ད་སྐད་བསྟན་པ་འདི་དག་གི་སངས་རྒྱས་ཀྱི་ཆོས་ཡོངས་སུ་སྨིན་པར་བྱ་བ་དང། ་སེམས་ཅན་གཞན་རྣམས་དང། གང་ཟག་གཞན་རྣམས་ཐེག་པ་གསུམ་གྱིས་ངེས་པར་འབྱུང་བར་བྱ་བའི་ཕྱིར་དབང་པོ་ཡོངས་སུ་སྨིན་པ་དང། དགེ་བའི་རྩ་བ་ཡོངས་སུ་སྨིན་པ་དང། ཤེས་པ་ཡོངས་སུ་སྨིན་པ་དང། ཡོངས་སུ་སྨིན་པ་ཆུང་ངུ་དང། འབྲིང་དང། ཆེན་པོ ་ཡང་དག་པར་སྒྲུབ་པར་བྱེད་དོ། །བྱང་ཆུབ་སེམས་དཔའ་ཨི་སའི་གཞིའི་རྣལ་འབྱོར་གྱི་གནས་ལས་ཡོངས་སུ་སྨིན་པའི་ལེའུ་སྟེ་དྲུག་པའོ།། །།དེ་ལ་བྱང་ཆུབ་གང་ཞེ་ན། མདོར་བསྡུ་ན་སྤངས། ང་རྣམ་པ་གཉིས་དང། ཡེ་ཤེས་རྣམ་པ་གཉིས་ལ ་ནི་བྱང་ཆུབ་ཅེས་བྱ་སྟེ། དེ་ལ་སྤངས་པ་རྣམ་པ་གཉིས་ནི་ཉོན་མོངས་པའི་སྒྲིབ་པ་སྤངས་པ་དང། ཤེས་བྱའི་སྒྲིབ་པ་སྤངས་པའོ། །ཡེ་ཤེས་རྣམ་པ་གཉིས་ནི་ཉོན་མོངས་པའི་སྒྲིབ་པ་སྤངས་ནས་དྲི་མ་མེད་ཅིང། ཉོན་མོངས་པ་ཐམས་ཅད་དང་རྗེས་སུ་མེད་པའི་ཡེ་ཤེས ་གང་ཡིན་པ་དང། ཤེས་བྱའི་སྒྲིབ་པ་སྤངས་ནས་ཤེས་བྱ་ཐམས་ཅད་ལ་ཐོགས་པ་མེད་ཅིང་སྒྲིབ་པ་མེད་པའི་ཡེ་ཤེས་གང་ཡིན་པའོ། །རྣམ་གྲངས་གཞན་ཡང་དག་པའི་ཡེ་ཤེས་དང། ཐམས་ཅད་མཁྱེན་པ་དང། ཆགས་པ་མེད་པའི་ཡེ་ཤེས་དང། ་ཉོན་མོངས་པའི་བག་ཆགས་ཐམས་ཅད་ཡང་དག་པར་བཅོམ་པ་དང། ཉོན་མོངས་པ་ཅན་མ་ཡིན་པའི་མ་རིགས་པ་མ་ལུས་པར་སྤངས་པ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཅེས་བྱའོ། །དེ་ལ་ཉོན་མོངས་པ་བག་ཆགས་དང་བཅས་པ་ཐམས ་ཅད་རྣམ་པ་ཐམས་ཅད་དུ་གཏན་སྤངས་པའི་ཡེ་ཤེས་གང་ཡིན་པ་དེ་ནི་དག་པ་ཞེས་བྱའོ། །ཁམས་ཐམས་ཅད་དང། དངོས་པོ་ཐམས་ཅད་དང། རྣམ་པ་ཐམས་ཅད་དང། དུས་ཐམས་ཅད་དུ་མཁྱེན་པ་ཐོགས་མེད་པར་འཇུག་པ་གང་ཡིན་པ་དེ་ནི་ཐམས་ཅད་མཁྱེན ་པ་ཞེས་བྱའོ། །དེ་ལ་ཁམས་ནི་རྣམས་པ་གཉིས་ཏེ། འཇིག་རྟེན་གྱི་ཁམས་དང། སེམས་ཅན་གྱི་ཁམས་སོ། །དེ་ལ་དངོས་པོ་ནི་རྣམ་པ་གཉིས་ཏེ་འདུས་བྱས་དང། འདུས་མ་བྱས་སོ། །འདུས་མ་བྱས་དང་འདུས་མ་བྱས་ཀྱི་དངོས་པོ་དེ་གཉིས་ལ་ཡང་རང་གི་མཚན་ཉིད་ཀྱི་ཕྱི་མ་ཕྱི ་མའི་རྣམ་པའི་རབ་ཏུ་དབྱེ་བ་དང། སྤྱིའི་མཚན་ཉིད་ཀྱི་རབ་ཏུ་དབྱེ་བ་དང་བརྒྱུ་དང་འབྲས་བུའི་རབ་ཏུ་དབྱེ་བ་དང། ཁམས་དང། འགྲོ་བ་དང། དགེ་པ་དང། མི་དགེ་བ་དང། ལུང་དུ་མ་བསྟན་པ་ལ་སོགས་པའི་རབ་ཏུ་དབྱེ་བས་རྣམ་པའི་རབ་ཏུ་དབྱེ་བ་ཚད་མེད་དོ། །དེ་ལ་དུས ་ནི་རྣམ་པ་གསུམ་སྟེ། འདས་པ་དང། མ་འོངས་པ་དང། ད་ལྟར་བྱུང་བའོ། །དེ་ལྟར་ཁམས་ཐམས་ཅད་དང། དངོས་པོ་ཐམས་ཅད་དང། རྣམ་པ་ཐམས་ཅད་དང་དུས་ཐམས་ཅད་མཁྱེན་པ་ཞེས་བྱའོ། །དེ་ལ་ཆགས་པ་མེད་པའི་ཡེ་ཤེས་ནི་དགོངས་པ་ཙམ་ཁོ་ནས ་ཐམས་ཅད་དུ་ཐོགས་པ་མེད་ཅིང། མྱུར་བར་ཡེ་ཤེས་ཆགས་པ་མེད་པར་འཇུག་པ་གང་ཡིན་པ་སྟེ། ཡེ་ཤེས་དེ་ཡང་དང་ཡང་དུ་དགོངས་པར་མཛད་པ་ནི་མ་ཡིན་གྱི། ལན་ཅིག་དགོངས་པ་དང་འབྲེལ་པ་ཁོ་ན་ཡིན་ནོ། །རྣམ་གྲངས་གཞན་ཡང་སངས་རྒྱས་ཀྱི་ཆོས་མ ་འདྲེས་པ་བརྒྱ་བཞི་བཅུ་དང། དེ་བཞིན་གཤེགས་པའི་ཉོན་མོངས་པ་མེད་པ་དང། སྨོན་ནས་མཁྱེན་པ་དང། སོ་སོར་ཡང་དག་པར་རིག་པ་གང་ཡིན་པ་དེ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཅེས་བྱའོ། །དེ་ལ་སངས་རྒྱས་ཀྱི་ཆོས་བརྒྱ་བཞི་བཅུ་ནི ་འདི་དག་ཡིན་ཏེ། སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང། དཔེ་བྱད་བཟང་པོ་བརྒྱད་ཅུ་དང། རྣམ་པ་ཐམས་ཅད་ཡོངས་སུ་དག་པ་བཞི་དང། སྟོབས་བཅུ་དང། མི་འཇིགས་པ་བཞི་དང། དྲན་པ་ཉེ་བར་གཞག་པ་གསུམ་དང། བསྲུང་བ་མེད་པ་གསུམ་དང། ་སྙིང་རྗེ་ཆེན་པོ་དང། བསྙེལ་བ་མི་མངའ་བའི་ཆོས་ཉིད་དང། བག་ཆགས་ཡང་དག་པར་བཅོམ་པ་དང། རྣམ་པ་ཐམས་ཅད་དང་མཆོག་མཁྱེན་པའོ། །སངས་རྒྱས་ཀྱི་ཆོས་དེ་དག་གི་རྣམ་པར་དབྱེ་བ་ནི་རྣམ་པར་རབ་ཏུ་གནས་པའི་ལེའུ་ལས་འབྱུང་པའོ། །དེ་ལ་བྱང་ཆུབ ་སེམས་དཔའ་དམ་པ་འདི་ནི་དམ་པ་བདུན་དང་ལྡན་པ་ཡིན་ཏེ། དེས་ན་འདི་ནི་བྱང་ཆུབ་ཐམས་ཅད་ཀྱི་དམ་པ་ཞེས་བྱའོ། །དམ་པ་བདུན་གང་ཞེ་ན། སྐུ་དམ་པ་དང། བསྒྲུབ་པ་དམ་པ་དང། ཕུན་སུམ་ཚོགས་པ་དམ་པ་དང། ཡེ་ཤེས་དམ་པ་དང། མཐུ་དམ་པ་དང། སྤངས་པ ་དམ་པ་དང། གནས་པ་དམ་པའོ། །གང་དེ་བཞིན་གཤེགས་པ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་ལེགས་པར་བརྒྱན་པའི་སྐུ་དང་ལྡན་པ་དེ་ནི་དེའི་སྐུ་དམ་པ་ཞེས་བྱའོ། །གང་དེ་བཞིན་གཤེགས་པ་བདག་ལ་ཕན་པ་དང། གཞན་ལ་ཕན་པ་དང། ་སྐྱེ་བོ་མང་པོ་ལ་ཕན་པ་དང། སྐྱེ་བོ་མང་པོ་ལ་བདེ་བ་དང། འཇིག་རྟེན་ལ་ཐུགས་བརྩེ་བ་དང། ལྷ་རྣམས་དང་མི་རྣམས་ཀྱི་དོན་དང། ཕན་པ་དང། བདེ་བའི་ཕྱིར་ཞུགས་པ་དེ་ནི་དེའི་སྒྲུབས་པ་དམ་པ་ཞེས་བྱའོ། །གང་དེ་བཞིན་གཤེགས་པ་ཕུན་སུམ་ཚོགས་པ་གོང ་ན་མེད་པ། ཟླ་མེད་པ་བཞི་པོ་ཚུལ་ཁྲིམས་ཕུན་སུམ་ཚོགས་པ་དང། ལྟ་བ་ཕུན་སུམ་ཚོགས་པ་དང། ཆོ་ག་ཕུན་སུམ་ཚོགས་པ་དང། །འཚོ་བ་ཕུན་སུམ་ཚོགས་པ་དང་ལྡན་པ་དེ་དེའི་ཕུན་སུམ་ཚོགས་པ་དམ་པ་ཞེས་བྱའོ། །གང་དེ་བཞིན་གཤེགས་པ་སོ་སོ ་ཡང་དག་པར་རིག་པ་གོང་ན་མེད་པ་ཟླ་མེད་བ་བཞི་པོ་ཆོས་སོ་སོར་ཡང་དག་པར་རིག་པ་དང། དོན་སོ་སོ་ཡང་དག་པར་རིག་པ་དང། ངེས་པའི་ཚིགས་སོ་སོ་ཡང་དག་པར་རིག་པ་དང། སྤོབས་པ་སོ་སོ་ཡང་དག་པར་རིག་པ་དང་ལྡན་པ་དེ་ནི་ཡེ་ཤེས་དམ་པ་ཞེས་བྱའོ།། ་གང་དེ་བཞིན་གཤེགས་པ་མངོན་པར་ཤེས་པ་གོང་ན་མེད་པ། ཟླ་མེད་པ་དྲུག་པོ་སྔར་ཇི་སྐད་བསྟན་པ་རྣམས་དང་ལྡན་པ་དེ་ནི་དེ་བཞིན་གཤེགས་པའི་མཐུ་དམ་པ་ཞེས་བའོ། །གང་དེ་བཞིན་གཤེགས་པ་ཉོན་མོངས་པ་བག་ཆགས་དང་བཅས་པ་ཐམས་ཅད་སྤངས། ་པ་དང། ཤེས་བྱའི་སྒྲིབ་པ་སྤངས་པ་གོང་ན་མེད་པ་ཟླ་མེད་པ་དང་ལྡན་པ་དེ་ནི་དེའི་སྤངས་པ་དམ་པ་ཞེས་བྱའོ། །གང་དེ་བཞིན་གཤེགས་པའི་གནས་པ་གོང་ན་མེད་པ་ཟླ་མེད་པ་གསུམ་པོ་འཕགས་པའི་གནས་པ་དང། ལྷ་དང་ཚངས་པའི་གནས་བས་མང་དུ་གནས ་བ་དེ་ནི་དེའི་གནས་པ་དམ་པ་ཞེས་བྱའོ། །དེ་ལ་སྟོང་པ་ཉིད་དང། མཚན་མ་མེད་པ་དང། སྨོན་མེད་པས་གནས་པ་དང། འགོག་པའི་སྙོམས་པར་འཇུག་པར་གནས་པ་ནི་འཕགས་པའི་གནས་པ་ཞེས་བྱའོ། །བསམ་གཏན་བཞི་དང། གཟུགས་མེད་པའི་སྙོམས་པར་འཇུག ་པ་རྣམས་ནི་ལྷའི་གནས་པ་ཞེས་བྱའོ། །ཚད་མེད་པ་བཞི་ནི་ཚངས་པའི་གནས་པ་ཞེས་བྱའོ། །གནས་པ་གསུམ་པོ་དེ་དག་ཀྱང་གཞི་ནི་གནས་པ་དམ་པ་ཡིན་ཏེ། གནས་པ་དེ་དག་གིས་དེ་བཞིན་གཤེགས་པ་མང་དུ་གནས་པར་མཛད་དེ། འཕགས་པའི་གནས་པ་ལས ་སྟོང་པ་ཉིད་ཀྱི་གནས་པ་དང། འགོག་པའི་སྙོམས་པར་འཇུག་པས་གནས་པ་དང། ལྷའི་གནས་པ་ལས་བསམ་གཏན་བཞི་པ་མི་གཡོ་བས་གནས་པ་དང། ཚངས་པའི་གནས་པ་ལ་སྙིང་རྗེ་གནས་པ་སྟེ། དེས་དེ་བཞིན་གཤེགས་པ་རྣམས་སངས་རྒྱས་ཀྱི་སྤྱན་གྱིས་སུ ་འཕེལ་སུ་འགྲིབས་སུའི་དགེ་བའི་རྩ་བ་མ་བསྐྱེད་པ་རྣམས་བསྐྱེད་པར་བྱ་ཞེས་བྱ་བ་ནས་རྒྱས་པར་བྱ་སྟེ། སུ་ཞིག་འབྲས་བུའི་མཆོག་དགྲ་བཅོམ་པ་ཉིད་ལ་གཞག་པར་བྱ་ཞེས་བྱ་བའི་བར་དུ་ཉིན་ལན་གསུམ་མཚན་ལན་གསུམ་སྟེ། ཉིན་མཚན་ལན་དྲུག་འཇིག་རྟེན ་ལ་རྣམ་པར་གཟིགས་པར་མཛད་དོ། །དེ་ལ་སྐུ་དམ་པས་ནི་དེ་བཞིན་གཤེགས་པ་རྣམས་སྐྱེས་བུ་ཆེན་པོ་ཞེས་བྱའོ། །སྒྲུབ་པ་དམ་པས་ནི་ཐུགས་རྗེ་ཆེན་པོ་དང་ལྡན་པ་ཞེས་བྱའོ། །ཕུན་སུམ་ཚོགས་པ་དམ་པས་ནི་ཚུལ་ཁྲིམས་ཆེན་པོ་དང། ཆོས་ཆེན་པོ་ཞེས་བྱའོ། ། ་ཡེ་ཤེས་དམ་པས་ནི་ཤེས་རབ་ཆེན་པོ་ཞེས་བྱའོ། །མཐུ་དམ་པས་ནི་མངོན་པར་ཤེས་པ་ཆེན་པོ་ཞེས་བྱའོ། །སྤངས་པ་དམ་པས་ནི་རྣམ་པར་གྲོལ་བ་ཆེན་པོ་ཞེས་བྱའོ། །གནས་པ་དམ་པས་ནི་གནས་པ་ཆེན་པོས་མང་དུ་གནས་པ་ཞེས་བྱའོ། །རྣམ་པ་བཅུས་དེ་བཞིན ་གཤེགས་པ་དེ་དག་གི་ཡོན་ཏན་བརྗོད་པ་དང། ཡོན་ཏན་རྗེས་སུ་དྲན་པ་ཡིན་ཏེ། བཅུ་པོ་གང་དག་ཞེ་ན། འདི་ལྟར་བཅོམ་ལྡན་འདས་དེ་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན ་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་ཞེས་བྱ་སྟེ། དེ་ལ་ཕྱིན་ཅི་མ་ལོག་པར་གསུངས་པས་ན། དེ་བཞིན་གཤེགས་པ་ཞེས་བྱའོ། །ཐོབ་པར་བྱ་བའི་དོན་ཐམས་ཅད་བརྙེས་པ་དང། བསོད ་ནམས་ཀྱི་ཞིང་བླ་ན་མེད་པ་ཡིན་པའི་མཆོད་པར་འོས་པ་ཡང་ཡིན་པས་ན་དགྲ་བཅོམ་པ་ཞེས་བྱའོ། །ཆོས་རྣམས་ཇི་ལྟ་བ་བཞིན་དུ་དོན་དམ་པར་ཐུགས་སུ་ཆུད་པས་ན་ཡང་དག་པར་རྫོགས་པའི་སངས་རྒྱས་ཞེས་བྱའོ། །རིག་པ་གསུམ་དང། མདོ་ལས་ཇི་སྐད་གསུངས ་པའི་ཞབས་ལྷག་མཐོང་དང། ཞི་གནས་དང། དེ་གཉིས་ཀའི་ཕྱོགས་དང་ཤིན་ཏུ་ལྡན་པས་ན། རིག་པ་དང་ཞབས་སུ་ལྡན་པ་ཞེས་བྱའོ། །མཆོག་ཏུ་ཁྱད་ཞུགས་པར་གཤེགས་པ་དང། ཡང་ཕྱིར་མི་ལྡོག་པར་གཤེགས་པས་ན། བདེ་བར་གཤེགས་པ་ཞེས་བྱའོ? ་སེམས་ཅན་གྱི་ཁམས་དང། འཇིག་རྟེན་གྱི་ཁམས་ཀྱི་ཀུན་ནས་ཉོན་མོངས་པ་དང། རྣམ་པར་བྱང་བའི་རྣམ་པ་ཐམས་ཅད་མཁྱེན་པས་ན། འཇིག་རྟེན་མཁྱེན་པ་ཞེས་བྱའོ། །སེམས་ཅན་འདུལ་པའི་ཐབས་དམ་པ་མཁྱེན་པ་དང། འཇིག་རྟེན་དུ་སྐྱེས་བུར་གྱུར་པ ་གཅིག་པུ་བྱུང་བས་ན། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ་ཞེས་བྱའོ། །མིག་ལྟ་བུར་གྱུར་པ་དང། ཡེ་ཤེས་དང། དོན་དང་ཆོས་སུ་གྱུར་པའི་ཕྱིར། དོན་གསལ་བ་གཏན་ལ་འབེབས་པའི་ཕྱིར་དང། དོན་ཐམས་ཅད་སྟོན་པ་དང། མི་རྟོག་པའི་དོན་རྟོགས ་པར་མཛད་པ་དང། ཐེ་ཚོམ་སྐྱེས་པ་གཅོད་པར་མཛད་པ་དང། ཟབ་མོའི་གནས་རྣམ་པར་འགྲེལ་པ་དང། ཡོངས་སུ་བྱང་བར་མཛད་པ་དང། དེ་ཆོས་ཐམས་ཅད་ཀྱི་རྩ་བ་ཡིན་པ་དང། དེ་འདྲེན་པ་ཡིན་པ་དང། དེ་སྟོན་པ་ཡིན་པས་ན་ལྷ་དང་མི་རྣམས་ལ་སྡུག་བསྔལ ་ཐམས་ཅད་ལས་བྱུང་བ་ཡང་དག་པར་སྟོན་ཅིང། རྣམ་པར་བརྗོད་པས་ན་དེའི་ཕྱིར་ལྷ་དང་མི་རྣམས་ཀྱི་སྟོན་པ་ཞེས་བྱའོ། །དོན་དང་ལྡན་པའི་ཆོས་ཀྱི་ཚོགས་དང། དོན་དང་མི་ལྡན་པའི་ཆོས་ཀྱི་ཚོགས་དང། དོན་དང་ལྡན་པ་ཡང་མ་ཡིན། མི ་ལྡན་པ་ཡང་མ་ཡིན་པའི་ཆོས་ཀྱི་ཚོགས་མཛའ་དག་རྣམ་པ་ཐམས་ཅད་དུ་མངོན་པར་རྫོགས་པར་ཐུགས་སུ་ཆུད་པས་ན་སངས་རྒྱས་ཞེས་བྱའོ། །བདུད་དཔུང་དང་བཅས་པ་ཐམས་ཅད་ཀྱི་གཡུལ་ཆེན་པོ་བཅོས་པས་ན། བཅོམ་ལྡན་འདས་ཞེས་བྱའོ། །དེ་ལ ་བསྐལ?་པ་དུ་མར་སངས་རྒྱས་གཅིག་ཀྱང་མི་འབྱུང་ལ། བསྐལ་པ་གཅིག་ལ་ཡང་སངས་རྒྱས་མང་པོ་འབྱུང་བར་འགྱུར་ཏེ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པ་གྲངས་མེད་པ་དེ་དང་དེ་དག་ཏུ་སངས་རྒྱས་དཔག་ཏུ་མེད་གྲངས་མེད་པ་དག ་འབྱུང་བར་རིག་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཕྱོགས་བཅུའི་དག་ན་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་གྲངས་མེད་པ་གང་དག་དུས་གཅིག་ཏུ་སྨོན་ལམ་བཏབ་པ་དང། ཚོགས་ཡང་དག་པར་བསྒྲུབས་པ་མཚུངས་པ་དག་ཡོད་པའི་ཕྱིར་ཏེ། ཞག་དང་ཟླ་བ ་ཕྱེད་པ་དང། ཟླ་བ་དང། ལོ་གང་ཁོ་ན་ལ་བྱང་ཆུབ་སེམས་དཔའ་གཅིག་གིས་བྱང་ཆུབ་སེམས་ཀྱིས་སྨོན་ལམ་བཏབ་པ་དེའི་ཉིན་མོ་དང། ཟླ་བ་ཕྱེད་དང། ཟླ་བ་དང། ལོ་དེ་ཁོ་ན་ལ་ཐམས་ཅད་ཀྱིས་སྨོན་ལམ་བཏབ་སྟེ། གཅིག་གིས་ཇི་ལྟར་སྤྲོ་བ་བསྐྱེད་པ་དང ་བསྒྲུབས་པ་དང། བཙལ་བ་དེ་བཞིན་དུ་ཀུན་གྱིས་ཀྱང་བཙལ་ཏེ། འདི་ལྟར་འཇིག་རྟེན་གྱི་ཁམས་འདི་ཉིད་ན་ཡང་བྱང་ཆུབ་སེམས་དཔའ་བརྒྱ་ཕྲག་དུ་མ་གང་དག་དུས་གཅིག་ཏུ་སྨོན་ལམ་འདེབས་པ་དང། སྟོང་པ་མཚུངས་པ་དང། ཚུལ་ཁྲིམས་མཚུངས་པ ་དང། བཟོད་པ་མཚུངས་པ་དང། བརྩོན་འགྲུས་མཚུངས་པ་དང། ཏིང་ངེ་འཛིན་མཚུངས་པ་དང། ཤེས་རབ་མཚུངས་པ་དག་སྣང་བ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐ་ཡས་མུ་མེད་པ་དག་ན་ལྟ་ཅི་སྨོས། སངས་རྒྱས་ཀྱི་ཞིང་སྟོང་གསུམ་གྱི་སྟོང་ཆེན་པོ་ཡང ་ཕྱོགས་བཅུ་དག་ན་དཔག་ཏུ་མེད་གྲངས་མེད་པ་དག་ཡོད་དོ། །བྱང་ཆུབ་སེམས་དཔའ་ཚོགས་ཡང་དག་པར་སྒྲུབས་པ་མཚུངས་པ་གཉིས་འཇིག་རྟེན་གྱི་ཁམས་སངས་རྒྱས་ཀྱི་ཞིང་ཅིག་ཅར་བྱུང་པའི་སྐབས་ཀྱང་མེད་ན། དཔག་ཏུ་མེད་གྲངས་མེད་པ་དག་ལྟ་ཅི་སྨོས། ཚོགས་མཚུངས ་པ་རྣམས་རིམ་གྱིས་གོ་རིམས་སུ་བྱུང་བ་ཡང་མི་རིགས་ལ། ཐམས་ཅད་ཀྱིས་ཐམས་ཅད་དུ་འབྱུང་བར་འགྱུར་བར་ཡང་མི་རིགས་ཏེ། དེ་ལྟ་བས་ན་ཕྱོགས་བཅུ་དཔག་ཏུ་མེད་གྲངས་མེད་པ་ཇི་ལྟར་ཡོངས་སུ་དག་པར་བྱས་པ། དེ་བཞིན་གཤེགས་པས་སྟོང་པ ་དེ་དག་ཏུ་བྱང་ཆུབ་སེམས་དཔའ་ཚོགས་མཚུངས་པ་རྣམས་སངས་རྒྱས་ཀྱི་ཞིང་ཐ་དད་པ་འབྱུང་བར་རིག་པར་བྱའོ། །དེའི་ཕྱིར་རྣམས་གྲངས་འདིས་འཇིག་རྟེན་གྱི་ཁམས་མང་པོ་དག་ཏུ་སངས་རྒྱས་མང་པོ་འབྱུང་བ་དག་རིགས་ཀྱི། སངས་རྒྱས ་ཀྱི་ཞིང་གཅིག་ཏུ་དེ་བཞིན་གཤེགས་པ་གཉིས་ཅིག་ཅར་འབྱུང་བར་མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་ནི་ཡུན་རིང་པོ་ནས་འདི་སྐད་དུ་ཇི་ནས་བདག་ཡོངས་སུ་འདྲེན་པ་མེད་པའི་འཇིག་རྟེན་དུ་ཡོངས་སུ་འདྲེན་པར་གྱུར་ནས་སེམས ་ཅན་རྣམས་འདུལ་ཞིང་སྡུག་བསྔལ་ཐམས་ཅད་ལས་རྣམ་པར་གྲོལ་པར་བྱས་ཏེ། ཡོངས་སུ་མྱ་ངན་ལས་ཟློ་བར་གྱུར་ཅིག་ཅེས་སྨོན་ལམ་བསྐྱེད་པའི་ཕྱིར་ཏེ། དེ་ལྟར་ཡུན་རིང་པོ་ནས་སྨོན་ལམ་བསྐྱེད་པ་ཡང་དག་པར་བསྒྲུབ་པའི་ཡོངས་སུ་བཟུང་པ་དེ་འགྲུབ ་པ་ཉིད་དུ་འགྱུར་རོ། །ཡང་དེ་བཞིན་གཤེགས་པ་གཅིག་གིས་ཀྱང་སྟོང་གསུམ་གྱི་སྟོང་ཆེན་པོ་སངས་རྒྱས་ཀྱི་ཞིང་གཅིག་ཏུ་སངས་རྒྱས་ཀྱི་ཕྲིན་ལས་ཐམས་ཅད་མཛད་པར་སྤྱོད་དོ། །དེའི་ཕྱིར། དེ་བཞིན་གཤེགས་པ་གཉིས་པ་འབྱུང་བ་འདི་ནི་དོན་དོན་མེད་པ་ཉིད་དུ ་འགྱུར་རོ། །ཡང་དེ་བཞིན་གཤེགས་པ་གཅིག་འཇིག་རྟེན་དུ་བྱུང་ན་སེམས་ཅན་རྣམས་ཀྱི་རང་གི་དོན་བྱ་བ་འགྲུབ་པ་ཆོས་མང་བར་འགྱུར་ཞིང་ཆེས་མཐུན་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། དེ་དག་འདི་སྙམ་དུ་སེམས་ཏེ། དེ་བཞིན་གཤེགས་པ ་ནི་འགྲོ་བ་མ་ལུས་པ་ལ་འདི་གཅིག་པུར་ཟད་དེ། གཉིས་མེད་ན་ལྡོངས་རྒྱུ་ཞིང་གཤེགས་སམ། ཡོངས་སུ་མྱ་ངན་ལས་འདས་པར་གྱུར་ན་ནི། གཞན་གང་གིས་ཐད་དུ་བདག་ཅག་གིས་ཞེ་ན། དེ་དག་འདི་སྙམ་དུ་སེམས་ཏེ། དེ་བཞིན་གཤེགས་པ་ནི ་འགྲོ་བ་མ་ལུས་པ་ལ་གཅིག་པུར་ཟད་དེ། གཉིས་མེད་ན་ལྗོངས་རྒྱུ་ཞིང་གཤེགས་སམ། ཡོངས་སུ་མྱ་ངན་ལས་འདས་པར་གྱུར་ན་ནི། གཞན་གང་གིས་ཐང་དུ་བདག་ཅག་གིས་ཚངས་པར་སྤྱོད་པར་སྤྱད་པར་བྱ་བ་འམ། ཆོས་མཉན་པར་བྱ་བ་གཉིས་སུ་ཡང་མེད་དོ། །སྙན ་དུ་རིག་ནས་ཚངས་པར་སྤྱོད་པ་ལ་གནས་པར་བྱ་བ་དང། དམ་པའི་ཆོས་མཉམ་པའི་ཕྱིར་འདུན་པ་དང། རྩོལ་པ་ཤིན་ཏུ་དྲག་པོ་མྱུར་དུ་བྱེད་པར་འགྱུར་གྱི། དེ་དག་གིས་སངས་རྒྱས་མང་པོ་མཐོང་དུ་ཟིན་ན་སྐྱེན་པར་མི་བྱེད་དེ། དེ་ལྟར་ན་སངས་རྒྱས་གཅིག་བྱུང་ན ་དེ་དག་ནི་རང་གི་དོན་གྱི་བྱ་བ་འགྲུབ་བ་ཆེས་མང་བར་འགྱུར་ཞིང་ཆེས་མཐུན་པར་འགྱུར་རོ། །དེ་ལ་སངས་རྒྱས་ཐམས་ཅད་ནི་གནས་བཞི་པོ་སྐུ་ཚེ་དང། མཚན་དང། གདུང་དང། སྐུ་མ་གཏོགས་པར་ཐམས་ཅད་མཚུངས་མཉམ་སྟེ། ཁྱད་པར་མེད་དོ། །སངས ་རྒྱས་རྣམས་ནི་ཆོས་བཞི་པོ་འདི་དག་གིས་སྐྱེད་འབྲིར་འགྱུར་ཞིང་མི་མཐུན་པར་ཟད་ཀྱི་གཞན་གང་གིས་ཀྱང་མ་ཡིན་ནོ། །བུད་མེད་ཀྱིས་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་མི་རྒྱ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར ་བྱང་ཆུབ་སེམས་དཔའ་ནི་བསྐལ་པ་གྲངས་མེད་པ་དང་པོ་འདས་པ་ཉིད་ནས་བུད་མེད་ཀྱི་དངོས་པོ་སྤངས་པས་ན། ནམ་བྱང་ཆུབ་ཀྱི་སྙིང་པོ་ལ་གནས་ཀྱི་བར་དུ་ནམས་ཀྱང་བུད་མེད་དུ་མ་འགྱུར་བ་དང། བུད་མེད་ཐམས་ཅད་ནི་རང་བཞིན་གྱིས་ཉོན་མོངས་པ་མང་བ ་དང། ཤེས་རབ་འཆལ་པ་ཡིན་ལ་རང་བཞིན་གྱི་ཉོན་མོངས་པ་མང་བའི་རྒྱུད་དང། ཤེས་རབ་འཆལ་པའི་རྒྱུད་ཀྱིས་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་མི་ནུས་པའི་ཕྱིར་རོ། །དེ་ལྟར་ན་བླ་ན་མེད་པ་ཡང ་དག་པར་རྫོགས་པའི་བྱང་ཆུབ་འདི་ངོ་བོ་ཉིད་ཀྱིས་ཀྱང་ཇི་སྐད་བསྟན་པ་བཞིན་ཡང་དག་པར་ཇི་ལྟ་བ་བཞིན་དུ་རིག་པར་བྱའོ། །དམ་པར་གྱུར་པ་དང། ཡོན་ཏན་བརྗོད་པ་དང། རྗེས་སུ་དྲན་པ་དང། འབྱུང་བ་དང། ཁྱད་པར་གྱིས་ཀྱང་ཇི་སྐད་བསྟན་པ་བཞིན་ཡང་དག་པ་ཇི་ལྟ ་བ་བཞིན་དུ་རིག་པར་བྱའོ། །ཡང་རྟོགས་པའི་ལམ་ཐམས་ཅད་ལས་ཡང་དག་པར་འདས་པའི་ཕྱིར་བསམ་གྱིས་མི་ཁྱབ་པ་ཉིད་དོ། །ཡོན་ཏན་དཔག་ཏུ་མེད་པ་དང་ལྡན་པའི་ཕྱིར་དཔག་ཏུ་མེད་པ་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ནི་ཉན་ཐོས་དང། ་རང་སངས་རྒྱས་དང། དེ་བཞིན་གཤེགས་པ་རྣམས་མངོན་པར་འགྲུབ་པར་བྱེད་པ་ཡིན་ནོ། །དེ་ལྟ་བས་ན་བྱང་ཆུབ་འདི་ནི་མཆོག་དང། གཙོ་བོ་དང། གྱ་ནོམ་པ་ཡིན། །བྱང་ཆུབ་སེམས་པའི་སའི་གཞིའི་རྣལ་འབྱོར་གྱི་གནས་ལས་བྱང་ཆུབ་ཀྱི་ལེའུ་སྟེ་བདུན་པའོ།། ་རེ་ཞིག་བྱང་ཆུབ་སེམས་དཔའ་གང་ལ་བསླབ་པར་བྱ་བ་ནི་བསྟན་ཟིན་ཏོ། །ཇི་ལྟར་བསླབ་པར་བྱ་བ་དེ་བསྟན་པར་བྱའོ། །སྡོམས་ནི། མོས་པ་མང་པ་ཉིད་དང། ནི། །ཆོས་ཚོལ་བ་དང་སྟོན་པ་དང། སྒྲུབ་པ་དང་ནི་དེ་བཞིན་དུ། །ལེགས་བར་གདམས་དང་རྗེས་བསྟན ་དང། །ལུས་དང་དག་དྲང་ཡིད་ཀྱི་ལས། །ཐབས་དང་བཅས་པ་ཕྱི་མ་ཡིན། །འདི་ལ་བྱང་ཆུབ་སེམས་དཔའ་བསླབ་པ་དག་ལ་བསླབ་པར་འདོད་པས་ཐོག་མ་ཁོ་ནར་མོས་པ་མང་བར་བྱའོ། །ཆོས་ཡོངས་སུ་ཚོལ་བ་དང། ཆོས་སྟོན་པ་དང། ཆོས་ཀྱི་རྗེས་སུ་འཇུག་པ་ལ ་ཆོས་བསྒྲུབ་པ་དང། ལགས་པར་གདམས་པ་དང། རྗེས་སུ་བསྟན་པ་ལ་གནས་པ་དང། ཐོབས་ཀྱིས་ཡོངས་སུ་ཟིན་པ་ཡི་ལུས་དང། ངག་དང་ཡིད་ཀྱི་ལས་ཅན་དུ་བྱའོ། །ཇི་ལྟར་ན་བྱང་ཆུབ་སེམས་དཔའ་མོས་པ་མང་བ་ཡིན་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་ ་མོས་པའི་གནས་བརྒྱད་པོ་སངས་རྒྱས་དང། ཆོས་དང། དགེ་འདུན་གྱི་ཡོན་ཏན་དཀོན་མཆོག་གསུམ་གྱི་ཡོན་ཏན་རྣམས་དང། སངས་རྒྱས་དང། བྱང་ཆུབ་སེམས་དཔའ་ཨི་མཐུ་ཇི་སྐད་བསྟན་པ་དང། དེ་ཁོ་ནའི་དོན་ཇི་སྐད་བསྟན་པ་དང། རྒྱུ་དང་འབྲས་བུ་སྣ་ཚོགས ་ཅི་རིགས་པར་གྱུར་པ་དང། ཐོབ་བར་བྱ་བའི་དོན་ཕྱིན་ཅི་མ་ལོག་པ་ལ་བདག་གིས་ཐོབ་པར་ནུས་སོ་ཞེས་བྱ་བ་དང། ཐོབ་པར་བྱ་བའི་དོན་ལ་ཇི་ལྟ་བར་ཐོབ་པའི་ཐབས་ལ་ཡང་དེ་བཞིན་ཏེ། ཐོབ་པར་བྱ་བའི་དོན་གྱི་འཐོབ་པའི་ཐབས་དེ་ནི་ཡོད་དོ་ཞེས་པ་སྟེ ་དེ་ལ་ཐོབ་པར་བྱ་བའི་དོན་ནི་བླ་ན་མེད་པའི་བྱང་ཆུབ་པོ། །འཐོབ་པའི་ཐབས་ནི་བྱང་ཆུབ་སེམས་དཔའ་ཨི་སློབ་པའི་ལམ་ཐམས་ཅད་དོ། །དེ་བཞིན་དུ་ལེགས་པར་གསུངས་བ། ལེགས་པར་བསྙད་པ། ལེགས་པར་བརྗོད་པ་འདི་ལྟ་སྟེ། མདོའི་སྡེ་དང། དབྱངས?་ཀྱིས ་བསྙད་པའི་སྡེ་དང། ལུང་བསྟན་པའི་སྡེ་ལ་སོགས་པའི་ཆོས་རྣམས་ལ་དད་པ་དང། དེད?་བ་སྔོན་དུ་འགྲོ་བའི་ངེས་པ་དང་འདོད་པ་དང་ལྡན་པ་ཡིན་ནོ། །དེ་ལ་མོས་པའི་གནས་རྣམ་པ་བརྒྱད་པོ་འདི་ལ་རྒྱུ་གཉིས་ཀྱིས་བྱང་ཆུབ་སེམས་དཔའ་མོས་པ་མང་བར་འགྱུར་བར ་རིག་པར་བྱ་སྟེ། མོས་པ་ལ་གོམས་པ་ལན་མང་དུ་བྱེད་པ་དང། བཟོད་པ་དྲག་པོ་ཡོད་དོ། །དེ་ལ་བྱང་ཆུབ་སེམས་དཔའ་ཆོས་ཚོལ་བས་ཅི་ཞིག་ཚོལ། ཇི་ལྟར་ཚོལ་ཅིའི་ཕྱིར་ཚོལ་ཞེ་ན། མདོར་བསྡུ་ན་བྱང་ཆུབ་སེམས་དཔའ་ནི་བྱང་ཆུབ་སེམས་དཔའ་ཨི་སྡེ་སྣོད་ཚོལ་བའོ། ཉན་ཐོས་ཀྱི་སྡེ ་སྣོད་དང། ཕྱི་རོལ་གྱི་བསྟན་བཅོས་རྣམས་དང། འཇིག་རྟེན་པའི་བཟོ་དང། ལས་ཀྱི་གནས་རྣམས་ཚོལ་ལོ། །དེ་ལ་དེའི་གཞི་དབྱེ་བ་སྟོན་ཏེ་གསུངས་རབ་ཏུ་གཏོགས་པ་ཡན་ལག་བཅུ་གཉིས་ལས་ཤིན་ཏུ་རྒྱས་པའི་སྡེ་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའ་ཨི་སྡེ ་སྣོད?་ཡིན་ནོ། །ལྷག་མ་ནི་ཉན་ཐོས་ཀྱི་སྡེ་སྣོད་ཡིན་པར་རིག་པར་བྱའོ། །ཕྱི་རོལ་གྱི་བསྟན་བཅོས་རྣམས་ནི་མདོར་བསྡུ་ན་རྣམ་གསུམ་སྟེ། གཏན་ཚིགས་ཀྱི་བསྟན་བཅོས་དང། སྒྲའི་བསྟན་བཅོས་དང། གསོ་བའི་བསྟན་བཅོས་སོ། །དེ་ལ་འཇིག་རྟེན་པའི་བཟོ་དང། ལས? ་ཀྱི་གནས་ནི་རྣམ་པ་དུ་མ་རྣམ་པ་སྣ་ཚོགས་མང་པོ་ཡོད་དེ། གསེར་མགར་དང། ལྕགས་མགར་དང། ནོར་བུ་མཁན་གྱི་ལས་ཞེས་པ་ལ་སོགས་པ་སྟེ། རིག་པའི་གནས་ཀྱིས་ཡོངས་སུ་བསྡུས་པ་དེ་དག་ཐམས་ཅད་ནི་རིག་པའི་གནས་ལྔ་པོ་དག་ཡིན་ཏེ། ནང་གི་རིག་པ ་དང། གཏན་ཚིགས་ཀྱི་རིག་པ་དང། སྒྲའི་རིག་པ་དང། ནད་གསོ་བའི་རིག་པ་དང། བཟོ་དང་ལས་ཀྱི་གནས་ཀྱི་རིག་པའོ། །བྱང་ཆུབ་སེམས་དཔས་བཙལ་བ་གང་ཡིན་པ་དེ་ནི་རིག་པའི་གནས་ལྔ་པོ་འདི་དག་ཡིན་ཏེ། དེ་ལྟར་ན་དེས་རིག་པའི་གནས་ཐམས་ཅད་བཙལ ་བ་ཡིན་ནོ། །དེ་ལ་སངས་རྒྱས་ཀྱི་གསུངས་རབ་ནི་ནང་གི་བསྟན་བཅོས་ཞེས་བྱ་སྟེ། དེ་ཡང་རྣམ་བ་དུས་འཇུག་།དེ་བཞིན་དུ་འཇིག་རྟེན་པའི་བཟོ་དང། ལས་ཀྱི་གནས་ཀྱི་བར་དུ་རྣམ་པ་དུས་འཇུག་ཅེ་ན། སངས་རྒྱས་ཀྱི་གསུང་རབ་ནི་མདོར་བསྡུ་ན་རྣམ་པ་གཉིས་ཀྱིས ་འཇུག་སྟེ། རྒྱུ་དང་འབྲས་བུ་ཡང་དག་པར་སྟོན་པའི་རྣམ་པ་དང། བྱས་པ་ཆུང་མི་ཟ་ཞིང་མ་བྱས་པ་དང། འཕྲད་བར་མི་འགྱུར་བར་སྟོན་པའི་རྣམ་པའོ། །གཏན་ཚིགས་ཀྱི་བསྟན་བཅོས་ཀྱང་རྣམ་པ་གཉིས་ཏེ། ཕ་རོལ་ཀླན་ཀ་ཚོལ་བ་བརྗོད་པའི་ཕན་ཡོན་སྟོན ་པའི་རྣམ་བ་དང། གཞན་ལས་བྱུང་བའི་དེ་ལྟ་བུ་སྨྲ་བ་ལས་ཐར་པའི་ཕན་ཡོན་སྟོན་པའི་རྣམ་པའོ། །སྒྲའི་བསྟན་བཅོས་ཀྱང་རྣམ་པ་གཉིས་ཏེ། སྐད་ཀྱི་བྱིངས་ཀྱི་ངོ་བོ་སྒྲུབ་པ་རྣམ་པར་བཞག་པ་སྟོན་པའི་རྣམ་པ་དང། ཚིག་ལེགས་པར་སྦྱོར་བའི་ཕན་ཡོན་སྟོན ་པའི་རྣམ་པའོ། །གསོ་བའི་བསྟན་བཅོས་ནི་རྣམ་པ་བཞིས་འཇུག་སྟེ། ནད?་ལ་མཁས་པའི་རྣམ་པ་དང། ཅི་ལས་བྱུང་བ་ལ་མཁས་བ་སྟོན་པའི་རྣམ་པ་དང། ནད་བྱུང་བ་བསལ་བ་ལ་མཁས་པའི་སྟོན་པའི་རྣམ་པ་དང། ནད་བསལ་ནས་ཕྱིས་མི་འབྱུང་བར་བྱ ་བ་ལ་མཁས་པ་སྟོན་པའི་རྣམ་བའོ། །འཇིག་རྟེན་པའི་བཟོ་དང། ལས་ཀྱི་གནས་ཞེས་བ་རྣམས་རང་རང་གི་བཟོ་དང། ལས་ཀྱི་གནས་སྒྲུབ་པའི་འབྲས་བུ་ཡོངས་སུ་གྲུབ་པ་སྟོན་པའི་རྣམ་པའོ། །ཇི་ལྟར་ན་སངས་རྒྱས་ཀྱི་གསུང་རབ་རྒྱུ་དང་འབྲས་བུ་ཕྱིན་ཅི་མ་ལོག ་པ་སྟེ་ཅེ་ན། ཀུན་ནས་ཉོན་མོངས་པ་དང། རྣམ་པར་བྱང་བ་དང། འཇིག་རྟེན་པ་རྣམས་ཀྱི་ལོག་རྟོག་ལ་སོགས་པ་ལུང་དུ་མ་བསྟན་པ་དེ་དང། དེ་དག་བྱུང་བའི་རྒྱུ་བཅུ་པ་འདི་དག་ནི་ཕྱིན་ཅི་མ་ལོག་པའི་རྒྱུ་རྣམ་པར་གཞག་པ་དང། རྒྱུ་ཐམས་ཅད་བསྡུས་པ་ཡིན་པར ་རིག་པར་བྱའོ། །རྒྱུ་བཅུ་པོ་དག་གང་ཞེ་ན། རྗེས་སུ་ཐ་སྙད་འདོགས་པའི་རྒྱུ་དང། བལྟོས་པའི་རྒྱུ་དང་འཕེན་པའི་རྒྱུ་དང། ཡོངས་སུ་འཛིན་པའི་རྒྱུ་དང། མངོན་པར་འགྲུབ་པའི་རྒྱུ་དང། འདྲེན་པའི་རྒྱུ་དང། སོ་སོ་ངེས་པའི་རྒྱུ་དང། ལྷན་ཅིག་བྱེད་པའི་རྒྱུ་དང། མི་མཐུན ་པའི་རྒྱུ་དང། མི་མཐུན་པ་མེད་པའི་རྒྱུའོ། །དེ་ལ་ཆོས་ཐམས་ཅད་ཀྱི་མིང་དང། མིང་སྔོན་དུ་འགྲོ་བའི་འདུ་ཤེས་དང། འདུ་ཤེས་སྔོན་དུ་འགྲོ་བའི་བརྗོད་པ་གང་ཡིན་པ་དེ་ནི་ཆོས་དེ་དང་དེ་དག་གི་རྗེས་སུ་ཐ་སྙད་འདོགས་པའི་རྒྱུ་ཡིན་ནོ། །དེ་ལ་གང་ལ་བལྟོས་ཤིང་རྒྱུ་གང ་ལས་བྱུང་བ་དངོས་པོ་གང་ལ་འདོད་པ་དང་ལན་པར་གྱུར་པ་དེ་ནི་དེའི་བལྟོས་པའི་རྒྱུ་ཞེས་བྱ་སྟེ། འདི་ལྟ་སྟེ། ལག་པ་ལ་བལྟོས་ཤིང་ལག་པའི་རྒྱུ་ལས་བྱུང་བ་ནི་ལེན་པའི་ལས་སོ། །རྐང་པ་ལ་བལྟོས་ཤིང་རྐང་པའི་རྒྱུ་ལས་བྱུང་བ་ནི་འགྲོ་བ་དང་འོང་བའི་ལས་སོ ་ཚིགས་ལས་བལྟས་ཤིང་ཚིགས་ཀྱི་རྒྱུ་ལས་བྱུང་བ་ནི་བརྐུམ་པ་དང་བརྐྱང་བའི་ལས་སོ། །བཀྲེས་པ་དང་སྐོམ་པ་ལ་བལྟོས་ཤིང་བཀྲེས་པ་དང་སྐོམ་པའི་རྒྱུ་ལས་བྱུང་བ་ནི་ཟས་དང་སྐོམ་ལེན་པ་དང། ཚོལ་བ་ཡིན་ཏེ། དེ་ལྟ་བུ་དང་མཐུན་པའི་ཚད་མེད་པའི ་ཡུལ་དང་ལྡན་པ་ནི་བལྟོས་པའི་རྒྱུ་ཡིན་པར་རིག་པར་བྱའོ། །དེ་ལ་ས་བོན་ནི་རང་གི་འབྲས་བུ་ཐ་མའི་བར་གྱི་འཕེན་པའི་རྒྱུ་ཡིན་ནོ། །ས་བོན་མ་གཏོགས་པར་དེ་ལས་གཞན་པའི་རྐྱེན་ནི་ཡོངས་སུ་འཛིན་པའི་རྒྱུ་ཡིན་ནོ། །ས་བོན་དེ་ཉིད་ནི་ངང་གི་འབྲས་བུ་མངོན་པར ་འགྲུབ་པའི་རྒྱུ་ཡིན་ནོ། །ས་བོན་ལས་གྲུབ་པའི་འབྲས་བུ་དེ་ནི་ས་བོན་གྱིས་འཕངས་པའི་འབྲས་བུ་ཕྱི་མའི་འདྲེན་པའི་རྒྱུ་ཡིན་ནོ། །རྣམ་བ་སྣ་ཚོགས་རྣམ་པ་ཐ་དད་པའི་རྒྱུ་ཉིད་སོ་སོ་ངེས་པའི་རྒྱུ་ཡིན་ནོ། །ལྟོས་པའི་རྒྱུ་གང་ཡིན་པ་དང། ཡོངས་སུ ་འཛིན་པའི་རྒྱུ་གང་ཡིན་པ་དང། མངོན་པར་འགྲུབ་པའི་རྒྱུ་གང་ཡིན་པ་དང། འདྲེན་པའི་རྒྱུ་གང་ཡིན་པ་དང། སོ་སོར་ངེས་པའི་རྒྱུ་གང་ཡིན་པའི་རྒྱུ་དེ་དག་ཐམས་ཅད་གཅིག་ཏུ་བསྡུས་པ་ནི་ལྷན་ཅིག་བྱེད་པའི་རྒྱུ་ཞེས་བྱའོ། །སྐྱེ་བ་ལ་བར་དུ་གཅོད་པའི་རྒྱུ ་ནི་མི་མཐུན་པའི་རྒྱུ་ཡིན་ནོ། །བར་དུ་གཅོད་པ་མེད་པ་ནི་མི་མཐུན་པ་མེད་པའི་རྒྱུ་ཡིན་ནོ། །དེ་ལ་མི་མཐུན་པའི་རྒྱུ་ནི་མདོར་བསྡུ་ན་རྣམ་པ་དྲུག་སྟེ། ཚིག་མི་མཐུན་པ་ནི་འདི་ལྟ་སྟེ། དགེ་སྦྱོང་དང། བྲམ་ཟེ་ཁ་ཅིག་གིས་བསྟན་བཅོས་སྔ་ཕྱི་མི་མཐུན་པ་རྣམས་ལྟ་བུ་ཡིན་ནོ། ། ་རིགས་པ་འགལ་བའི་སྒྲུབ་པར་བྱེད་པ་ཤེས་པར་བྱ་པའི་དོན་སྒྲུབ་པ་ལ་འཐད་པ་སྒྲུབ་པའི་རིགས་པ་མི་རུང་བ་ཡིན་ནོ། །སྐྱེ་བ་དང་མི་མཐུན་པ་ནི་འདི་ལྟ་སྟེ། སྐྱེ་བའི་རྐྱེན་མེད་པ་དང། སྐྱེ་བ་ལ་བར་དུ་གཅོད་པའི་ཆོས་ཡོད་ན། སྐྱེ་པར་མི་འགྱུར་བ་ལྟ་བུ་ཡིན་ནོ། ། ་ལྷན་ཅིག་གནས་པ་མི་མཐུན་པ་ནི་འདི་ལྟ་སྟེ། སྣང་པ་དང་མུན་པ་གཉིས་དང། འདོད་ཆགས་དང་ཞེ་སྡང་གཉིས་དང། བདེ་བ་དང་སྡུག་བསྔལ་གཉིས་ལྟ་བུ་ཡིན་ནོ། །མི་འཕྲོད་པའི་མི་མཐུན་པ་ནི་འདི་ལྟ་སྟེ། སྤྲུལ་དང་སྲ་མོང་གཉིས་དང། བྱི་ལ་དང། བྱི ་བ་གཉིས་དང། གཅིག་ལ་གཅིག་ཕྱིར་རྒོལ་ཞིང་དགྲར་གྱུར་པ་གཉིས་ལྟ་བུ་ཡིན་ནོ། །མི་མཐུན་པའི་ཕྱོགས་དང་གཉེན་པོའི་ཕྱོགས་ཀྱི་མི་མཐུན་པ་ནི་འདི་ལྟ་སྟེ། མི་སྡུག་པ་བསྒོམ་པ་དང། འདོད་ཆགས་གཉིས་དང། བྱམས་པ་བསྒོམས་པ་དང། ་གནོད་སེམས་གཉིས་དང། སྙིང་རྗེ་བསྒོམས་པ་དང། རྣམ་པར་འཚེ་བ་གཉིས་དང། བྱང་ཆུབ་ཀྱི་ཡན་ལག་དང། ལམ་ཡན་ལག་བརྒྱད་པ་བསྒོམ་པ་དང། ཁམས་གསུམ་ན་སྤྱོད་པའི་ཉོན་མོངས་པ་ཐམས་ཅད་ལྟ་བུ་ཡིན་ནོ། །དོན་གྱི་སྐབས་འདིར་ནི་སྐྱེ ་བ་དང་མི་མཐུན་པ་ཉིད་དུ་འདོད་དོ། །ཡང་རྒྱུ་འདི་དག་ཐམས་ཅད་ནི་རྒྱུ་གཉིས་ཀྱིས་བསྡུས་ཏེ་བསྐྱེད་པའི་རྒྱུ་དང། ཐབས་ཀྱི་རྒྱུ་ཡིན་ནོ། །དེ་ལ་འཕེན་པ་དང་མངོན་པར་འགྲུབ་པར་བྱེད་པའི་ས་བོན་གང་ཡིན་པ་དེ་ནི་བསྐྱེད་པའི་རྒྱུ་ཡིན་ནོ། །རྒྱུ་ལྷག་མ་རྣམས ་ནི་ཐབས་ཀྱི་རྒྱུ་ཡིན་པར་རིག་པར་བྱའོ།། །།བམ་པོ་དྲུག་པ། རྐྱེན་ནི་བཞི་སྟེ། རྒྱུའི་རྐྱེན་དང། མཚུངས་པ་དེ་མ་ཐག་པའི་རྐྱེན་དང། དམིགས་པའི་རྐྱེན་དང། བདག་པོའི་རྐྱེན་ཏོ། །དེ་ལ་སྐྱེས་པའི་རྒྱུ་གང་ཡིན་པ་དེ་ནི་རྒྱུའི་རྐྱེན་ཏོ། །ཐབས་ཀྱི ་རྒྱུ་གང་ཡིན་པ་དེ་ནི་བདག་པོའི་རྐྱེན་ཡིན་པར་རིག་པར་བྱའོ། །མཚུངས་པ་དེ་མ་ཐག་པའི་རྐྱེན་དང། དམིགས་པའི་རྐྱེན་ནི། སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་ཀྱི་ཡིན་ཏེ། འདི་ལྟར་སེམས་དང་སེམས་ལས་བྱུང་བའི ་ཆོས?་སྔ་མ་སྐྱེས་པ་རྣམས་སྐབས་འབྱེད་པས་ཡོངས་སུ་ཟིན་པ་དང། དམིགས་པས་ཡོངས་སུ་ཟིན་པ་འབྱུང་ཞིང་འཛུག་པར་འགྱུར་རོ། །དེ་ལྟ་བས་ན་དེ་མ་ཐག་པའི་རྐྱེན་དང། དམིགས་པའི་རྐྱེན་ནི་ཡོངས་སུ་འཛིན་པའི་རྒྱུས་བསྡུས་པར་རིག་པར་བྱའོ། །དེ་ལ་རྒྱུ ་བཅུ་པོ་འདི་དག་གིས་འཇིག་རྟེན་པའི་དངོས་པོ་ཐམས་ཅད་ནི་ཇི་ལྟར་འབྱུང་བར་འགྱུར། །ཀུན་ནས་ཉོན་མོངས་པ་ནི་ཇི་ལྟར་འགྱུར། རྣམ་པར་བྱང་བ་ནི་ཇི་ལྟར་འགྱུར་ཞེ་ན། འདི་ལྟར་འཇིག་རྟེན་ན་འབྲུའི་གྲངས་སུ་གཏོགས་པའི་ལོ་རྟོག་གང་དག་གིས ་འཇིག་རྟེན་འདི་འཚོ་བར་བྱེད་པ་གང་ཡིན་པ་དེ་དག་གི་མིང་དང། འདུ་ཤེས་དང། ཚིག་ཏུ་བརྗོད་པ་རྣམ་པ་སྣ་ཚོགས་འདི་ལྟ་སྟེ། ནས་དང། འབྲས་སཱ་ལུ་དང། གྲོ་དང། ཏིལ་དང། མོན་སྲན་སྡེའུ་དང། མོན་སྲན་གྲེའུ་དང། རྒྱ་སྲན་ཞེས་བྱ་བ་ལ་སོགས་པ ་འདི་ནི་དེ་དག་གི་ཐ་སྙད་ནས་ཁྱེར་ཏེ་ཤོག་།ཁྱེར་ཅིག་ཐོགས་ཤིག་ཞོགས་ཤིག་ཅེས་བྱ་བ་ལ་སོགས་པའི་རྗེས་སུ་ཐ་སྙད་འདོགས་པའི་རྒྱུ་ཡིན་ནོ། །ནས་ལ་ཇི་ལྟ་བ་བཞིན་དུ་ལྷག་མ་རྣམས་ལ་ཡང་དེ་བཞིན་དུ་རིག་པར་བྱའོ། །བཀྲེས་པ་དང། སྐོམ་པ ་དང། ཉམ་ཆུང་བ་དང། ལུས་གནས་པར་བྱ་བ་ལ་བལྟོས་པ་དང། ཁམས་ཀྱི་ཟས་མྱང་བར་བྱེད་པ་ལ་བལྟོས་ནས། དེ་དག་འདོད་པ་དང། ཚོལ་བ་དང། ལོངས་སྤྱོད་པར་བྱེད་པ་འདི་ནི་དེ་དག་གི་བལྟོས་པའི་རྒྱུ་ཡིན་ནོ། །རང་གི་ས་བོན་གང་དང ་གང་འབྱུང་བའི་ས་བོན་དེ་ནི་དེའི་འཕེན་པའི་རྒྱུ་ཡིན་ནོ། །ས་དང་ཆར་པ་ལ་སོགས་པའི་རྐྱེན་ཡས་མྱུ་གུ་འབྱུང་བར་གྱུར་པ་དེ་ནི་ཡོངས་སུ་འཛིན་པའི་རྒྱུ་ཡིན་ནོ། །ས་བོན་དེ་ནི་མྱུ་གུ་དེའི་མངོན་པར་འགྲུབ་པའི་རྒྱུ་ཡིན་ནོ། །མྱུ་གུ་དང་སྡོང་པོ་དང་ལོ ་མ་གཅིག་ནས་གཅིག་ཏུ་བརྒྱུད་པའི་རྒྱུན་དེ་ནི་ལོ་ཏོག་དེ་ཡོངས་སུ་སྨིན་པའི་འདྲེན་པའི་རྒྱུ་ཡིན་ནོ། །ནས་ཀྱི་ས་བོན་ལས་ཀྱང་ནས་ཀྱི་མྱུ་གུ་དང། ནས་ཀྱི་ལོ་ཏོག་འབྱུང་བར་འགྱུར་གྱི་གཞན་ནི་མ་ཡིན་ནོ། །དེ་བཞིན་དུ་ལྷག་མ་རྣམས་ལ་ཡང་རིག་པར་བྱ་སྟེ། ་འདི་ནི་དེ་དག་གི་སོ་སོར་ངེས་པའི་རྒྱུ་ཡིན་ནོ། །བལྟོས་པའི་རྒྱུ་ནས་བཟུང་སྟེ། སོ་སོར་ངེས་པའི་རྒྱུ་དེ་དག་ཐམས་ཅད་ནི་ལོ་ཏོག་འགྲུབ་པའི་ལྷན་ཅིག་བྱེད་པའི་རྒྱུ་ཡིན་ནོ། །འབྲུ་དེ་རྒྱུ་གང་ཡང་རུང། མཚང་ན?་འགྲུབ་པར་མི་འགྱུར་ཏེ། དེ་ལྟ་བས་ན་དེ་དང། ཐད? ་ཚོགས་པ་ནི་ལྷན་ཅིག་བྱེད་པའི་རྒྱུ་ཞེས་བྱའོ། །སེར་པ་དང་ལོ་ཏོག་ལ་གནོད་པ་བྱུང་བ་ལ་སོགས་པ་བར་དུ་གཅོད་པ་རྣམས་ནི་མི་མཐུན་པའི་རྒྱུ་ཡིན་ནོ། །དེ་དག་མེད་དེ་བར་དུ་གཅོད་པ་མེད་པ་ནི་མི་མཐུན་པ་མེད་པའི་རྒྱུ་ཡིན་ནོ། །དེ་ལྟར་རྒྱུ་བཅུ་པ་དེ་དག་ནི་འབྲུ་བསྡུས ་པ་རྣམས་ལ་ཇི་ལྟ་བ་བཞིན་དུ་དེ་ལས་གཞན་འཇིག་རྟེན་པའི་དངོས་པོ་དག་ལ་ཡང་ཅི་རིགས་པར་སྦྱར་བར་རིག་པར་བྱའོ། །དེ་ལ་འདི་ལྟར་རྟེན་ཅིང་འབྲེལ་པར་འབྱུང་བ་ཐམས་ཅད་ཀྱི་མིང་དང། འདུ་ཤེས་དང་ཚིག་ཏུ་བརྗོད་པ་འདི་ལྟ་སྟེ། མ་རིག་པ་དང། འདུ ་བྱེད་རྣམས་དང། རྣམ་པར་ཤེས་པ་དང། མིང་དང་གཟུགས་ནས་རྒྱས་པར་རྒ་ཤི་དང། མྱ་ངན་དང། སྨྲེ་སྔགས་འདོན་པ་དང། སྡུག་བསྔལ་བ་དང། ཡིད་མི་བདེ་བ་དང། འཁྲུག་པ་ཞེས་བྱ་བ་འདི་ནི་རེ་ཤིག་ཀུན་ནས་ཉོན་མོངས་པའི་ཐ་སྙད་མ་རིག་པའི ་རྐྱེན་གྱིས་འདུ་བྱེད་རྣམས་ཞེས་བྱ་བ་ནས་སྐྱེ་བའི་རྐྱེན་གྱིས་རྒ་ཤི་ཞེས་བྱ་བ་ལ་སོགས་པའི་རྗེས་སུ་ཐ་སྙད་འདོགས་པའི་རྒྱུ་ཡིན་ནོ། །ཡུལ་མྱོང་བ་ལ་ལྟོས་ནས་སྲིད་པའི་ཡན་ལག་འདི་དག་འཇུག་པ་དེ་ནི་དེའི་ཀུན་ནས་ཉོན་མོངས་པའི་ལྟོས་པའི་རྒྱུ་ཡིན་ནོ། ། ་ཚེ་འདི་ལ་སྐྱེས་ཤིང་བྱུང་བའི་མ་རིག་པ་ལ་སོགས་པའི་ཆོས་རྣམས་ཀྱི་ས་བོན་གང་དག་ཡིན་པ་དེ་དག་ནི་སྐྱེ་བ་དང། རྒ་ཤིའི་འཕེན་པའི་རྒྱུ་ཡིན་ནོ། སྐྱེས་བུ་དམ་པ་མ་ཡིན་པ་ལ་བརྟེན་པ་དང། དམ་པའི་ཆོས་མ་ཡིན་པ་ཐོས་པ་དང། ཚུལ་བཞིན་མ ་ཡིན་པ་ཡིད་ལ་བྱེད་པ་དང། སྔོན་གོམས་པའི་འཕེན་པ་ནི་མ་རིགས་པ་ལ་སོགས་པ་དག་འབྱུང་བའི་ཡོངས་སུ་འཛིན་པའི་རྒྱུ་ཡིན་ནོ། །མ་རིག་པ་ལ་སོགས་པའི་རང་རང་གི་ས་བོན་ནི་མངོན་པར་འགྲུབ་པའི་རྒྱུ་ཡིན་ནོ། །མ་རིག་པ་ལ་སོགས་པ་སྲིད་པ་ལ ་ཐུགས་པ་དེ་དག་ནི་ཕྱི་མ་ཕྱི་མ་འདྲེན་ཅིང་གཅིག་ནས་གཅིག་ཏུ་བརྒྱུད་པས་ཚེ་གཞན་གྱི་སྐྱེ་བ་དང། རྒ་ཤི་དེའི་འདྲེན་པའི་རྒྱུ་ཡིན་ནོ། །མ་རིག་པ་ལ་སོགས་པ་སྲིད་པའི་མཐར་ཐུག་པ་རང་གི་ས་བོན་རྣམས་དང་བཅས་པ་གཞན་དག་སེམས་ཅན་དམྱལ་བར་སྐྱེ ་བར་འགྱུར་བ་དང། གཞན་དག་དུད་འགྲོ་དང། ཡི་དགས་དང། ལྷ་དང་མིར་འགྱུར་བ་དེ་ནི་ཀུན་ནས་ཉོན་མོངས་པའི་སོ་སོར་ངེས་པའི་རྒྱུ་ཡིན་ནོ། །བལྟོས་པའི་རྒྱུ་ལ་སོགས་པ་སོ་སོར་ངེས་པའི་རྒྱུ་ལ་ཐུག་པ་ཡན་ཆད་རྒྱུ་དེ་དག་ཐམས་ཅད་ལྷན་ཅིག་བྱེད་པའི་རྒྱུ ་ཞེས་བྱའོ། །ཀུན་ནས་ཉོན་མོངས་པ་དེའི་མི་མཐུན་པའི་རྒྱུ་ནི་རིགས་དང་ལྡན་པ་དང། སངས་རྒྱས་རྣམས་འབྱུང་བ་དང། དམ་པའི་ཆོས་བསྟན་པ་དང། སྐྱེས་བུ་དམ་པ་ལ་བསྟེན་པ་དང། དམ་པའི་ཆོས་མཉན་པ་དང། ཚུལ་བཞིན་ཡིད་ལ་བྱ་བ་དང། ་ཆོས་ཀྱི་རྗེས་སུ་འཐུན་པའི་ཆོས་སྒྲུབ་པ་དང། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཐམས་ཅད་དོ། །མི་མཐུན་པ་མེད་པའི་རྒྱུ་ནི་ཇི་སྐད་བསྟན་པའི་ཆོས་འདི་དག་ཉིད་མེད་པ་བྲལ་བ་ཉིད་དོ། །དེ་ལྟར་བཅུ་པོ་འདི་དག་གིས་སེམས་ཅན་ཐམས་ཅད་ཀྱི་ཀུན་ནས་ཉོན ་མོངས་པ་ཐམས་ཅད་རིག་པར་བྱའོ། །དེ་ལ་རྣམ་པར་བྱང་བའི་ཕྱོགས་ཀྱི་ཆོས་ཐམས་ཅད་དང། འགོག་པ་མྱ་ངན་ལས་འདས་པ་ལ་མྱ་ངན་ལས་འདས་པའི་མིང་དང། འདུ་ཤེས་དང། ཚིག་ཏུ་བརྗོད་པ་གང་ཡིན་པ་དེ་ནི་རྣམ་པར་བྱང་བའི་རྗེས་སུ་ཐ་སྙད ་འདོགས་པའི་རྒྱུ་ཡིན་ཏེ། དྲན་པ་ཉེ་བར་གཞག་བ་རྣམས་དང། ཡང་དག་བར་སྤང་བ་རྣམས་དང། འཕགས་པའི་ལམ་ཡན་ལག་བརྒྱད་པའི་བར་དང། མ་རིག་པ་འགགས་པས་འདུ་བྱེད་འགགས་ནས་རྒྱས་པར་སྐྱེ་བ་འགགས་པས་རྒ་ཤི་འགགས་པའི་བར་དེ་དག་དང། དེ་ལྟ་བུ ་དང་མཐུན་པ་རྣམས་ནི་རྗེས་སུ་ཐ་སྙད་འདོགས་པའི་རྒྱུ་ཡིན་ནོ། །དེ་ལ་འདུ་བྱེད་ཀྱི་ཉེས་དམིགས་ལ་བལྟོས་ནས་རྣམ་པར་བྱང་བ་ཚོལ་བ་དང། རྣམ་པར་བྱང་བ་ཡོངས་སུ་འཛིན་པ་དང། རྣམ་པར་བྱང་བ་ཡོངས་སུ་གྲུབ་པ་གང་ཡིན་པ་དེ་ནི་དེའི་བལྟོས་པའི་རྒྱུ་ཡིན་ནོ། ། ་གང་ཟག་རིགས་ལ་གནས་པའི་རིགས་དང་ལྡན་པ། ཕུང་པོ་ལྷག་མ་དང་བཅས་པ་དང། ཕུང་པོ་ལྷག་མ་མེད་པ་འཐོབ་པའི་སྔོན་དུ་འགྲོ་བ་གང་ཡིན་པ་དེ་ནི་རྣམ་པར་བྱང་བ་འཕེན་པའི་རྒྱུ་ཡིན་ནོ། །སྐྱེས་བུ་དམ་པ་ལ་བསྟན་པ་དང། དམ་པའི་ཆོས་མཉན་བ ་དང། ཚུལ་བཞིན་ཡིད་ལ་བྱ་བ་དང། སྔོན་དབང་པོ་ཡོངས་སུ་སྨིན་པར་བྱས་པ་ནི་ཡོངས་སུ་འཛིན་པའི་རྒྱུ་ཡིན་ནོ། །རིགས་ཀྱིས་བསྡུས་པ་ནི་ཟག་པ་མེད་པ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཀྱི་ས་བོན་དེ་དག་ནི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཀྱི་དེ་དག་གི་མངོན་པར་འགྲུབ་པའི ་རྒྱུ་ཡིན། །བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་དང་རང་གི་ས་བོན་ལས་མངོན་པར་འགྲུབ་པ་དེ་དག་ནི་ཕུང་པོའི་ལྷག་མ་དང་བཅས་པ་དང། ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་ཀྱི་རིམ་གྱིས་འདྲེན་པའི་རྒྱུ་ཡིན་ནོ། །དེ་ལ་ཉན་ཐོས་ཀྱི་རིགས་གང་ཡིན་པ ་དེ་ནི་ཉན་ཐོས་ཀྱི་ཐེག་པས་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་བ་དང། རང་སངས་རྒྱས་ཀྱི་རིགས་ནི་རང་སངས་རྒྱས་ཀྱི་ཐེག་པས་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་བ་དང། ཐེག་པ་ཆེན་པོའི་རིགས་ནི་ཐེག་པ་ཆེན་པོས་ཡོངས་སུ་མྱ་ངན་ལས་འདའ་ ་པར་འགྱུར་བ་དེ་ནི་རྣམ་པར་བྱང་བའི་སོ་སོར་ངེས་པའི་རྒྱུ་ཡིན་ནོ། །བལྟོས་པའི་རྒྱུ་རྣམ་པར་བྱང་བའི་ཕྱོགས་གང་ཡིན་པ་ནས། སོ་སོར་ངེས་པའི་རྒྱུ་གང་ཡིན་པའི་བར་དེ་ནི་དེའི་ལྷན་ཅིག་བྱེད་པའི་རྒྱུ་ཞེས་བྱའོ། །རིགས་དང་མི་ལྡན་པ་དང། སངས་རྒྱས ་མི་འབྱུང་བ་དང། མི་ཁོམ་པར་སྐྱེས་པ་དང། སྐྱེས་བུ་དམ་པ་མ་ཡིན་པ་ལ་བསྟེན་པ་དང། དམ་པའི་ཆོས་མ་ཡིན་པ་མཉམ་པ་དང། ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་དང། ལོག་པར་སྒྲུབ་པ་ནི་མི་མཐུན་པའི་རྒྱུ་ཡིན་ནོ། །མི་མཐུན་པའི་རྒྱུ་དེ ་ཉིད་མེད་པ་དང་བྲལ་བ་ཉིད་གང་ཡིན་པ་དེ་ནི་མི་མཐུན་པ་མེད་པའི་རྒྱུ་ཞེས་བྱའོ། །དེ་ལ་ཀུན་ནས་ཉོན་མོངས་པའི་ཕྱོགས་ལ་མི་མཐུན་པའི་རྒྱུ་གང་ཡིན་པ་དེ་ནི་རྣམ་པར་བྱང་བའི་རྒྱུ་ཡིན་པར་ལྟ་བར་བྱའོ། །རྣམ་པར་བྱང་པའི་ཕྱོགས ་ལ་མི་འཐུན་པའི་རྒྱུ་གང་ཡིན་པ་དེ་ནི་ཀུན་ནས་ཉོན་མོངས་པའི་རྒྱུ་ཡིན་པར་བལྟ་བར་བྱའོ། །དེ་ལྟར་རྒྱུ་བཅུ་པོ་དེ་དག་གིས་ཀུན་ནས་ཉོན་མོངས་པར་འགྱུར་ལ། བཅུ་པོ་དེ་དག་ཉིད་ཀྱིས་རྣམ་པར་བྱང་བར་འགྱུར་ཏེ། འདས་པའི་དུས་ན་བྱུང་བ་དང། ་མ་འོངས་པའི་དུས་ན་འབྱུང་བར་འགྱུར་བའི་ཀུན་ནས་ཉོན་མོངས་པ་འམ། རྣམ་པར་བྱུང་བའི་རྒྱུ་གཞན་ནི་འདི་ལས་གོང་ན་ཡང་མེད་དོ། །འདི་ལས་ལྷག་པ་ཡང་མེད་དོ། །འདི་ལ་འབྲས་བུ་གང་ཞེ་ན། མདོར་བསྡུ་ན་འབྲས་བུ་ནི་ལྔ་སྟེ། རྣམ ་པར་སྨིན་པའི་འབྲས་བུ་དང། རྒྱུ་མཐུན་པའི་འབྲས་བུ་དང། བྲལ་བའི་འབྲས་བུ་དང། སྐྱེས་བུ་བྱེད་པའི་འབྲས་བུ་དང་བདག་པོའི་འབྲས་བུའོ། །མི་དགེ་བའི་ཆོས་རྣམས་ནི་རྣམ་པར་སྨིན་པ་ངན་སོང་དག་ཏུ་རྣམ་པར་སྨིན་པར་འགྱུར་བ་དང། དགེ་བ ་བ་ཟག་པ་དང་བཅས་པ་རྣམས་ཀྱི་བདེ་འགྲོར་རྣམ་པར་སྨིན་པར་འགྱུར་བ་དེ་ནི་རྣམ་པར་སྨིན་པའི་འབྲས་བུའོ། །མི་དགེ་བ་ལ་གོམས་པས་མི་དགེ་བ་ལ་དགའ་ཞིང་མི་དགེ་བ་མང་བར་གནས་པ་དང། དགེ་བ་ལ་གོམས་པས་དགེ་བ་ལ་དགའ་ཞིང ་དགེ་བ་མང་བ་དང། སྔོན་གྱི་ལས་དང་མཐུན་པས་ཕྱིས་འབྲས་བུ་རྗེས་སུ་མཐུན་པ་གང་ཡིན་པ་དེ་ནི་རྒྱུ་མཐུན་པའི་འབྲས་བུ་ཡིན་ནོ། །འཕགས་པའི་ལམ་ཡན་ལག་བརྒྱད་པས་ཉོན་མོངས་པ་འགོག་པ་ནི་བྲལ་བའི་འབྲས་བུའོ། །སོ་སོའི་སྐྱེ ་པོ་རྣམས་ཀྱི་འཇིག་རྟེན་པའི་ལམ་གྱིས་ཉོན་མོངས་པ་འགོག་པ་གང་ཡིན་པ་དེ་ནི་གཏན་དུ་རྗེས་སུ་འཇུག་པ་ཡིན་ཏེ། དེ་ལྟ་བས་ན་དེ་ནི་བྲལ་བའི་འབྲས་བུ་མ་ཡིན་ནོ། །ཚེ་འདི་ལ་ལ་ལ་གཟོ་དང་ལས་ཀྱི་གནས་གང་ཡང་རུང་བ་ལ་བརྟེན ་ནས། སྐྱེས་བུ་བྱེད་པས་ཡང་ན་ཞིང་རྨེད་པ། ཡང་ན་ཚོང་བྱེད་དམ། ཡང་ན་རྒྱལ་པོའི་ཞ་འབྲིང་བྱེད་དམ། ཡི་གེ་དང་རྩིས་དང། ཤོད་རྒོད་པ་དང། བགྲང་བ་དང། ལག་རྩིས་ཀྱི་ལོ་ཏོག་ལ་སོགས་པ་དང། རྙེད་པ་ལ་སོགས་པའི་འབྲས་བུ་མངོན་པར ་འགྲུབ་པ་གང་ཡིན་པ་དེ་ནི་སྐྱེས་བུའི་བྱེད་པའི་འབྲས་བུ་ཞེས་བྱའོ། །མིག་གི་རྣམ་པར་ཤེས་པ་ནི་མིག་གི་དབང་པོའི་བདག་པོའི་འབྲས་བུའོ། །དེ་བཞིན་དུ་ཡིད་ཀྱི་རྣམ་པར་ཤེས་པ་ནི་ཡིད་ཀྱི་དབང་པོ་ཡིན་ནོ། །དེ་བཞིན་དུ་སྲོག་དང་མ་བྲལ་བ་ནི་སྲོག ་གི་དབང་པོ་ཡིན་ནོ། །དེ་ལྟར་ན་དབང་པོའི་ཉི་ཤུ་རྩ་གཉིས་པོ་ཐམས་ཅད་ཀྱི་སོ་སོའི་དབང་གིས་འབྲས་བུ་གང་གྲུབ་པ་དེ་ནི། བདག་པོའི་འབྲས་བུ་ཡིན་པར་རིག་པར་བྱའོ། །དབང་པོ་ཉི་ཤུ་རྩ་གཉིས་པོ་རྣམས་ཀྱི་དབང་པོ་དེ་ནི་འདི་ལྟ་སྟེ། བཞི ་བསྡུ་པ་ལས་རིག་པར་བྱའོ། །དེ་ལྟར་བྱང་ཆུབ་སེམས་དཔས་སངས་རྒྱས་ཀྱི་གསུང་རབ་རྒྱུ་དང་འབྲས་བུ་ཡང་དག་པར་སྟོན་པའི་རྣམ་པར་རྟོགས་ནས་གནས་དང་གནས་མ་ཡིན་པ་ཤེས་པའི་སྟོབས་ཀྱི་རིགས་ཀུན་ཏུ་བསྟན་པའི་རྒྱུས་རིམ་གྱིས ་རྣམ་པར་དག་པར་བྱེད་ཅིང་རྣམ་པར་འཕེལ་བར་བྱེད་དོ། །མ་བྱས་པ་དང། གཞན་གྱིས་བྱས་པ་ནི་སུ་ལ་ཡང་རྣམ་པར་སྨིན་པར་མི་འགྱུར་ལ། བྱས་པ་དང་བདག་གིས་བྱས་པའི་ལས་རྣམས་ནི་འབྲས་བུ་འབྱིན་ཅིང་བསྐལ་པ་བརྒྱར་ཡང ་ཆུང་ཟ་བར་མི་འགྱུར་རོ། །དེ་བཞིན་དུ་མ་བྱས་པ་དང། ཕྲད་པར་མི་འགྱུར་བ་དང། བྱས་པ་ཆུད་མི་ཟ་བ་སངས་རྒྱས་ཀྱི་གསུང་རབ་བསྟན་པ་ཡང་བྱང་ཆུབ་སེམས་དཔས་ཡང་དག་པར་ཇི་ལྟ་བ་བཞིན་དུ་རྟོགས་ནས། ལས་བདག་གིར་བྱ་བ་ཤེས་པའི ་སྟོབས་ཀྱིས་རིགས་རིམ་གྱིས་རྣམ་པར་དག་པར་བྱེད་ཅིང་རྣམ་པར་འཕེལ་བར་བྱེད་དོ། །དེ་ལ་ཇི་ལྟར་བྱང་ཆུབ་སེམས་དཔའ་ཐོས་པ་ཚོལ་ཞེས་ན། འདི་ལ་བྱང་ཆུབ་སེམས་དཔའ་ནི་གུས་པ་ཆེན་པོས་ཉེ་བར་བཞག་ནས་ལེགས་པར་གསུངས་པ་ལེགས ་བར་བསྙད་པའི་ཆོས་ཚོལ་ཏེ། དེ་ནི་མདོར་ན་འདི་བུའི་ཚུལ་གྱིས་ཀྱང་ལེགས་པར་གསུངས་པ་ལ་གུས་པ་ཉེ་བར་གནས་པ་ཡིན་ཏེ། བྱང་ཆུབ་སེམས་དཔའ་དེ་ནི་ལེགས་པར་གསུངས་པ་གཅིག་མཉན་པའི་ཕྱིར་ཡང་གལ་ཏེ་དེ ་ལྟར་མ་བྱས་ན་ལེགས་པར་གསུངས་པ་ཐོས་པར་མི་འགྱུར་བ་ལྟ་ན་ལྕགས་ཀྱིས་གཞི་ཚ་ཞིང་འབར་བ་ལ་ཡང་མཆོག་ཏུ་དགའ་བ་དང། གུས་པའི་མཆོག་གིས་འགྲོ་བར་བྱེད་ན། ལེགས་པར་གསུངས་པ་མང་པོའི་ཕྱིར་ལྟ་ཅི་སྨོས། བྱང ་ཆུབ་སེམས་དཔའ་ཨི་ལུས་ཀྱི་ཡོ་བྱད་ཟས་དང། སྐོམ་ལ་སོགས་པ་གཞན་དག་ལ་ལྟ་ཅི་སྨོས་ཀྱི། བདག་གི་ལུས་ཀྱི་ཁོག་པ་ལ་དགའ་བ་དང། གུས་པ་གང་ཡིན་པ་དང། ལེགས་པར་གསུངས་པ་མཉན་པ་ལ་དགའ་བ་དང། གུས་པ་གང ་ཡིན་པ་ལས་དགའ་བ་དང། གུས་པ་སྔ་མ་ནི་དགའ་བ་དང། གུས་པ་ཕྱི་མ་དང། སྦྱར་ན་བརྒྱའི་ཆར་ཡང་མི་ཕོང་ངོ། །སྟོང་གི་ཆ་དང། གྲངས་དང། ཆ་དང། བགྲང་བ་དང། རྒྱུར་ཡང་མི་ཕོད་དོ། །དེ་དེ་ལྟར་ལེགས་པར་གསུངས་པ་ལ་གུས ་པར་གྱུར་ནས། ལེགས་པར་གསུངས་པ་ཉན་པ་ན་སྐྱོ་བར་ཡང་མི་འགྱུར། ཆོག་ཤེས་པར་ཡང་མི་འགྱུར་ཏེ། དད་པ་དང་ལྡན་ཞིང་དད་པ་མང་བ་དང། རྒྱུད་མཉེན་ཅིང་གྲང་བ་དང། ལྟ་བ་དྲང་པ་ཡིན་ནོ། །དེ་ཡོན་ཏན་འདོད་པས་ཆོས་སྨྲ་བའི ་ཐང་དུ་འགྲོ་བར་བྱེད་ཀྱི། ཀླན་ཀ་ཆོལ་བའི་སེམས་ཀྱིས་ནི་མ་ཡིན་ནོ། །གུས་པ་དང་བཅས་པས་འགྲོའི་ང་རྒྱལ་གྱིས་ཁེངས་པས་ནི་མ་ཡིན་ནོ། །དགེ་བ་ཇི་ལྟ་བུ་ཞིག་བཙལ་སྙམ་པས་འགྲོའི་བདག་ཉིད་བསྒྲགས་པའི་ཕྱིར་ནི་མ་ཡིན་ནོ། ་བདག་དང་གཞན་དག་དགེ་བའི་རྩ་བ་ལ་ཡང་དག་པར་སྦྱོར་བར་བྱའོ་སྙམ་གྱི་རྙེད་པ་དང་བཀུར་སྟིའི་ཕྱིར་མ་ཡིན་ནོ། །དེ་དེ་ལྟར་འགྲོ་བ་དང་ལྡན་པས་ཀུན་ནས་ཉོན་མོངས་པ་མེད་པ་དང། རྣམ་པར་གཡང་བ་མེད་པར་ཆོས་ཉན་ཏོ། །ཇི་ལྟར་ཀུན ་ནས་ཉོན་མོངས་པ་མེད་པར་ཉན་ཅེ་ན། ཁེངས་པའི་ཀུན་ནས་ཉོན་མོངས་པ་དང་བྲལ་བ་དང། །བྱང་དུ་གསོད་པའི་ཀུན་ནས་ཉོན་མོངས་པ་དང་བྲལ་བ་དང། ཞུམ་པའི་ཀུན་ནས་ཉོན་མོངས་པ་དང་བྲལ་བས་སོ། །དེ་ལ་རྣམ་པ་དྲུག་གིས་ནི་ཁེངས་པའི་ཀུན་ནས་ཉོན ་མོངས་པ་དང་བྲལ་བར་འགྱུར། རྣམ་པ་བཞིས་ནི་ཁྱད་དུ་བསོད་པའི་ཀུན་ནས་ཉོན་མོངས་པ་དང་བྲལ་བར་འགྱུར། རྣམ་པ་གཅིག་གིས་ནི་ཞུམ་པའི་ཀུན་ནས་ཉོན་མོངས་པ་དང་བྲལ་བར་འགྱུར་ཏེ་དུས་སུ་ཉན་པ་དང། བཀུར་སྟི་བྱེད་པ་དང། སྲིད་ཞུ ་བྱེད་པ་དང། མི་ཁྲོ་བ་དང། རྗེས་སུ་སྒྲུབ་པ་དང། ཀླན་ཀ་མི་ཚོལ་བ་དང། རྣམ་པ་དྲུག་པོ་དེ་དག་གིས་ནི་ཁེངས་པའི་ཀུན་ནས་ཉོན་མོངས་པ་དང་བྲལ་བར་འགྱུར་རོ། །ཆོས་ལ་གུས་པ་ཉེ་བར་གཞག་པ་དང། ཆོས་སྨྲ་བའི་གང་ཟག་ལ་གུས་པ་ཉེ་བར ་གཞག་པ་དང། ཆོས་ལ་ཁྱད་དུ་མི་གསོད་པ་དང། ཆོས་སྨྲ་བའི་གང་ཟག་ལ་ཁྱད་དུ་མི་གསོད་པ་དང། རྣམ་པར་བཞི་པོ་དེ་དག་གིས་ནི་ཁྱད་དུ་གསོད་པའི་ཀུན་ནས་ཉོན་མོངས་པ་དང་བྲལ་བར་ཉན་ནོ། །བདག་ཉིད་ལ་ཁྱད་དུ་མི་གསོད་པར་ཉན་པར ་བྱེད་དོ། །རྣམ་པ་གཅིག་པོ་འདིས་ཞུམ་པའི་ཀུན་ནས་ཉོན་མོངས་པ་དང་བྲལ་བར་བྱེད་དེ། དེ་ལྟར་ན་བྱང་ཆུབ་སེམས་དཔའ་ཀུན་ནས་ཉོན་མོངས་པ་མེད་པར་ཆོས་ཉན་པ་ཡིན་ནོ། །དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམ་པར་མི་གཡེང་བར ་ཆོས་ཉན་ཅེ་ན། རྣམ་པ་ལྔ་སྟེ། ཀུན་ཤེས་པར་བྱ་བའི་སེམས་དང་ལྡན་པ་དང། སེམས་རྩེ་གཅིག་པ་དང། རྣ་བླགས་པ་དང། ཡིད་བཏུད་པ་དང། སེམས་ཀུན་གྱིས་བསམས་ནས་ཆོས་ཉན་པ་ཉན་ནུས་ཏེ། བྱང་ཆུབ་སེམས་དཔའ་ ་ནི་དེ་ལྟར་ཐོས་པ་ཚོལ་བར་བྱེད་དོ། །དེ་ལ་བྱང་ཆུབ་སེམས་དཔའ་ཅིའི་ཕྱིར་ཐོས་པ་ཚོལ་བར་བྱེད་ཅེ་ན། བྱང་ཆུབ་སེམས་དཔའ་ནི་ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་ཀྱི་ནན་ཏན་གྱིས་ཡང་དག་པར་སྒྲུབ་པར་བྱ་བའི་ཕྱིར་དང། གཞན་དག་ལ ་ཡང་རྒྱ་ཆེར་ཡང་དག་པར་བསྟན་པར་བྱ་བའི་ཕྱིར། སངས་རྒྱས་ཀྱི་བཀའ་ཡོངས་སུ་ཚོལ་བར་བྱེད་དོ། །བྱང་ཆུབ་སེམས་དཔའ་ནི་གཏན་ཚིགས་ཀྱི་རིགས་པ་ཚོལ་བར་བྱེད་དེ། བསྟན་ཆོས་དེ་ཉིད་ལ་ཉེས་བ་བཤད་པ་དང། ཉེས་པར ་བརྗོད་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པར་བྱ་བའི་ཕྱིར་དང། ཕས་ཀྱི་རྒོལ་བ་ཚར་བཅད་པའི་ཕྱིར་དང། བསྟན་པ་འདི་ལ་མ་དད་པ་རྣམས་དང་པར་བྱ་བའི་ཕྱིར་དང། དད་པ་རྣམས་ཀྱང་ཕྱིར་ཞིང་འཕེལ་བར་བྱ་བའི་ཕྱིར་རོ། །བྱང་ཆུབ ་སེམས་དཔའ་ནི་སྒྲའི་རིག་པ་ཚོལ་བར་བྱེད་དེ། ཚིག་དང་ཡི་གེ་ངེས་པའི་ཚིག་བཟང་པོ་སྤྱོད་པས་ལེགས་པར་སྦྱར་ཏེ། བརྗོད་པ་ལ་མོས་པ་རྣམས་བདག་ལ་ཡིད་ཆེས་པ་བསྐྱེད་པའི་ཕྱིར་དང། དོན་གཅིག་ལ་ཡང་ངེས་པའི་ཚིག་རྣམ་པར ་སྣ་ཚོགས་ཀྱིས་རྗེས་སུ་ཐ་སྙད་གདགས་པ་ལ་འཇུག་པར་བྱ་བའི་ཕྱིར་རོ། །བྱང་ཆུབ་སེམས་དཔའ་ནི་གསོ་བའི་བསྟན་ཆོས་འཚོལ་བར་བྱེད་དེ། སེམས་ཅན་རྣམས་ཀྱི་ནད་རྣམ་པ་སྣ་ཚོགས་རྣམ་པར་ཞི་བར་བྱ་བའི་ཕྱིར་དང། སྐྱེ་བོའི་ཚོགས ་ཆེན་པོ་ལ་ཕན་གདགས་པར་བྱ་བའི་ཕྱིར་རོ། །བྱང་ཆུབ་སེམས་དཔའ་ནི་འཇིག་རྟེན་པའི་བཟོ་དང། ལས་ཀྱི་གནས་ཤེས་པ་རྣམས་ཚོལ་བར་བྱེད་དོ། །སེམས་ཅན་རྣམས་ཀྱི་དོན་དུ་ཚེགས་ཆུང་ངུས་ལོངས་སྤྱོད་སྒྲུབ་པའི་ཕྱིར་དང། སེམས་ཅན ་རྣམས་ཀྱིས་གཅེས་པར་བྱ་བ་བསྐྱེད་པའི་ཕྱིར་དང། གཟོ་དང་ལས་ཀྱི་གནས་ཤེས་པ་སྦྱིན་པའི་ཕན་འདོགས་པས་བསྡུས་པའི་ཕྱིར་རོ། །བྱང་ཆུབ་སེམས་དཔས་རིག་པའི་གནས་ལྔ་པོ་འདི་དག་ཐམས་ཅད་ཚོལ་ཡང་བླ་ན་མེད་པ་ཡང་དག་པར་རྫོགས ་པའི་བྱང་ཆུབ་ཀྱི་ཡེ་ཤེས་ཀྱི་ཚོགས་ཆེན་པོ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་ཏེ། ཐམས་ཅད་ལ་དེ་ལྟར་མ་བསླབས་ན་རིམ་གྱིས་ཐམས་ཅད་མཁྱེན་པའི་ཡེ་ཤེས་སྒྲིབ་པ་མེད་པ་ཐོབ་པར་མི་འགྱུར་རོ། །བྱང་ཆུབ་སེམས་དཔའ་གང་ཚོལ་བ་དང། ་ཇི་ལྟར་ཚོལ་བ་དང། གང་གི་ཕྱིར་ཚོལ་བ་དེ་ནི་བཤད་ཟིན་ཏོ། །དེ་ལ་བྱང་ཆུབ་སེམས་དཔས་གཞན་དག་ལ་ཅི་ཞིག་སྟོན་ཅིང་ཅི་ལྟར་སྟོན། ཅིའི་ཕྱིར་སྟོན་ཅེ་ན། དེ་ལ་གང་བཙལ་བ་དེ་ཉིད་སྟོན་ཏོ། །གང་གི་ཕྱིར་བཙལ་བ་དེ་ཉིད་ཀྱི་ཕྱིར་གཞན་དག་ལ ་སྟོན་ཏོ། །རྣམ་པ་གཉིས་ཀྱིས་སྟོན་ཏེ། མཐུན་པའི་ཕྱིར་གཏམ་བརྗོད་པ་དང། །ཡོངས་སུ་དག་པས་སོ། །དེ་ལ་ཇི་ལྟར་མཐུན་པའི་གཏམ་བརྗོད་ཅེ་ན། སྤྱོད་ལམ་གྱི་ཚུལ་དང། མཐུན་པའི་གནས་པ་ལ་སྟོན་གྱི། ཚུལ་དང་མི་མཐུན་པ་ལ་མ་ཡིན་ཏེ། ་མན་བར་སྟན་ཆེས་མཐོ་བ་ལ་འདུག་པ་ལ་མ་ཡིན། མགོ་གཡོགས་པ་ལ་མ་ཡིན། མདུན་དུ་འགྲོ་བ་ལ་མ་ཡིན་ཏེ། རྒྱས་པར་མདོ་ལས་ཇི་སྐད་བྱུང་བ་བཞིན་དུ་རིག་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ ་རྣམས་ཀྱི་བླ་མ་ཡིན་པའི་ཕྱིར་ཏེ། ཆོས་ལ་བཀུར་སྟི་བྱས་ན་གཞན་དག་ཀྱང་ཤས་ཆེར་ཆོས་ལ་གུས་པ་བསྐྱེད་པར་འགྱུར་ལ། ཉན་པའི་ཚེ་ཡང་གུས་པར་བྱེད་ཅིང་ཁྱད་དུ་གསོད་པར་མི་བྱེད་དོ། །ཆོས་ལ་སེར་སྣ་མི་བྱེད་པ་དང། ཆོས་རྣམས་ལ་སློབ ་དཔོན་གྱིས་དཔེ་མཁྱུད་མེད་པར་ཐམས་ཅད་ལ་སྟོན་ཅིང་རྒྱུན་མི་འཆད་པར་ཐམས་ཅད་ལ་སྟོན་ཏོ། །ཚིག་དང་ཡི་གེ་གོ་རིམ་བཞིན་དུ་སྟོན་ཅིང། ཚིག་དང་ཡི་གེ་གོ་རིམ་བཞིན་དུ་བསྟན་ནས་ཀྱང། གོ་རིམ་ཁོ་ན་བཞིན་དུ་དོན་རྣམ་པར་འབྱེད་དོ། །ཆོས ་ཀྱང་དོན་དང་ལྡན་པ་དང། དོན་ཡང་ཆོས་དང་ལྡན་པར་སྟོན་ཅིང་འཆད་ཀྱི། དོན་དང་མི་ལྡན་པ་ནི་མ་ཡིན་ནོ། །ཡང་དག་པར་བསྟན་པར་འོས་པ་རྣམས་ལ་ནི་ཡང་དག་པར་སྟོན། ཡང་དག་པར་འཛིན་དུ་གཞུག་པར་འོས་པ་རྣམས་ལ་ནི་ཡང་དག་པར ་འཛིན་དུ་འཇུག་།ཡང་དག་པར་གཟེངས་བསྟོད་པར་འོས་པ་རྣམས་ལ་ནི་ཡང་དག་པར་གཟེངས་བསྟོད། ཡང་དག་པར་དགའ་བར་བྱ་བར་འོས་པ་རྣམས་ལ་ནི། ཡང་དག་པར་དགའ་བར་བྱེད་དོ། །མངོན་སུམ་དང། རྗེས་སུ་དཔག་པ་དང། ཡིད ་ཆེས་པའི་ལུང་དང་ལྡན་པའི་གཏམ་བྱེད་ཀྱི། ཚད་མ་དང་མི་ལྡན་པ་ནི་མ་ཡིན་ནོ། །བདེ་འགྲོར་འགྲོ་བ་དང། མཐུན་པ་དང། འཇུག་སླ་ཞིང་ཀླགས་དཀའ་བ་མ་ཡིན་པས་རྣམ་པར་མ་འཁྲུགས་པ་དང། འཕགས་པའི་བདེན་པ་བཞི་དང་ལྡན་པ་ལ ་ཡང་ངོ། །འཁོར་ཐམས་ཅད་དུ་འཁོར་གང་ལ་གཏམ་གང་བྱ་བར་འོས་པ་དེ་ཉིད་ལ་གཏམ་དེ་བྱེད་དེ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་གཏམ་ནི་རེ་ཞིག་རྣམ་པ་བཅོ་ལྔ་པོ་དེ་དག་གིས་སེམས་ཅན་རྣམས་ལ་གཞན་གྱི་དོན་ཐམས་ཅད་ལ་མཐུན་པ་ཡིན ་པར་བྱའོ། །ཡང་བྱང་ཆུབ་སེམས་དཔའ་ནི་སེམས་ཅན་གནོད་པ་བྱེད་པ་དག་ལ་ནི་བྱམས་པའི་སེམས་ཉེ་བར་བཞག་སྟེ་གཏམ་བྱེད་དོ། །སེམས་ཅན་ཉེས་པར་སྤྱོད་པ་རྣམས་ལ་ནི་ཕན་པའི་སེམས་ཉེ་བར་གཞག་སྟེ་གཏམ་བྱེད་དོ། །སེམས་ཅན་སྐྱིད་པ ་དང་སྡུག་བསྔལ་བ་དང། བག་མེད་པ་རྣམས་དང། ཞུམ་པ་རྣམས་ལ་ཕན་པ་དང། བདེ་བ་དང་སྙིང་བརྩེ་བའི་སེམས་ཉེ་བར་གཞག་སྟེ་གཏམ་བྱེད་དོ། །ཕྲག་དོག་གིས་ཀུན་ནས་དཀྲིས་པའི་དབང་དུ་བྱས་ཏེ། བདག་ལ་བསྟོད་པར་མི་བྱེད། ་གཞན་ལ་སྨོད་བར་མི་བྱེད་དོ། །ཟང་ཟིང་མེད་པའི་སེམས་ཀྱིས་རྙེད་པ་དང། བཀུར་སྟི་དང། ཚིགས་སུ་བཅད་པ་ལ་མི་རེ་བར་གཞན་དག་ལ་ཆོས་སྟོན་ཏེ། བྱང་ཆུབ་སེམས་དཔའ་ནི་རྣམ་པ་ལྔ་པོ་དག་གིས་ཡོངས་སུ་དག་པའི་གཏམ་བྱེད་དོ། །དེ་དག་ཀྱང ་མདོར་བསྡུ་ན་རྣམ་པ་ཉི་ཤུར་འགྱུར་ཏེ། དུས་དང་བཀུར་སྟི་དང། གོ་རིམས་དང། མཚམས་སྦྱོར་བ་དང། རྗེས་སུ་མཐུན་པ་དང། དགའ་བར་བྱེད་པ་དང། འདོད་པར་བྱེད་པ་དང། མགུ་བར་བྱེད་པ་དང། སྤྲོ་བར་བྱེད་པ་དང། སྨ་མི་འབེབས་པ་དང། རིག ་པ་དང། འཚམ་པ་དང། མ་འདྲེས་པ་དང། ཆོས་དང་ལྡན་པ་དང། འཁོར་བ་ཇི་ལྟ་བ་དང། བྱམས་པའི་སེམས་དང། ཕན་པའི་སེམས་དང། སྙིང་རྩེ་བའི་སེམས་དང། རྙེད་པ་དང་བཀུར་སྟི་དང་ཚིགས་སུ་བཅད་པ་ལས་མི་གནས་པ་དང། ་བདག་ལ་མི་སྟོད་གཞན་ལ་མི་སྨོད་པ་སྟེ། བྱང་ཆུབ་སེམས་དཔའ་ནི་དེ་ལྟར་གཞན་དག་ལ་ཆོས་སྟོན་པར་བྱེད་དོ། །དེ་ལ་བྱང་ཆུབ་སེམས་དཔའ་ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་བསྒྲུབ་པ་གང་ཞེ་ན། མདོར་བསྡུ་ན། རྣམ་པ་ལྔར་རིག་པར་བྱ་སྟེ། ཇི་ལྟར་ཡོངས་སུ་བཙལ ་བ་དང། ཇི་ལྟར་གཟུང་བའི་ཆོས་དེ་དག་ཉིད་ལུས་དང་ངག་དང་ཡིད་ཀྱིས་རྗེས་སུ་བསྒྲུབ་པ་དང། ལེགས་པར་སེམས་པ་དང། སྒོམ་པར་བྱེད་པ་དང། བཅོམ་ལྡན་འདས་ཀྱིས་ཆོས་གང་དག་ལུས་དང་ངག་དང་ཡིད་ཀྱིས་བྱེད་དུ་མ་གནང་བ་དག་དང། གང་དག་ལུས ་དང་ངག་དང་ཡིད་ཀྱིས་བྱེད་དུ་མ་གནང་བ་ལུས་དང་ངག་དང་ཡིད་ཀྱི་ལས་དེ་ཁོ་ན་བཞིན་དུ་ཡོངས་སུ་སྤོང་བ་དང། སོ་སོར་སྟེན་ཅིང་ཡང་དག་པར་སྡུད་ལ། ལུས་དང་ངག་དང་ཡིད་ཀྱིས་རྗེས་སུ་སྒྲུབ་པ་ནི་ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་སྒྲུབ་པ་ཞེས་བྱའོ། །དེ་ལ་བྱང་ཆུབ ་སེམས་དཔའ་ཨི་ལེགས་པར་སེམས་པ་གང་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་ཇི་སྐད་ཐོས་པའི་ཆོས་རྣམས་བསམས་པར་འདོད་པ་དང། གཞལ་བར་འདོད་པ་དང། ཉེ་བར་བརྟག་པར་འདོད་པ་ནི་གཅིག་པུ་དབེན་པར་སོང་སྟེ། ཐོག་མ་ཁོ་ནར་བསམ ་བར་བྱ་བ་མ་ཡིན་པའི་གནས་རྣམས་སྤངས་ནས། ཆོས་རྣམས་བསམ་པ་བརྩོན་པར་བྱེད་དོ། །རྟག་ཏུ་བྱེད་པ་དང། གུས་པར་བྱེད་པའི་སྦྱོར་བས་རྒྱུན་དུ་སེམས་པར་བྱེད་དེ། ལྷོད་པར་མི་བྱེད་དོ། །བྱང་ཆུབ་སེམས་དཔའ་སེམས་པ་ལ་ཞུགས་པ་ནི། ལ་ལ ་ལ་ནི་རིགས་པས་དཔྱད་ཅིང་རྗེས་སུ་འཇུག་པར་བྱེད་དོ། །ལ་ལ་ལ་ནི་མོས་པ་ཁོ་ནར་བྱེད་དོ། །སེམས་པ་ན་ཡང་དོན་ལ་རྟོན་པར་བྱེད་ཀྱི། ཚིག་འབྲུ་ལ་རྟོན་པ་མ་ཡིན་ནོ། །ནག་པོ་བསྟན་པ་དང། ཆེན་པོ་བསྟན་པ་རྣམས་ཀྱང་ཡང་དག་པར་ཇི་ལྟ་བ་བཞིན་དུ་རབ་ཏུ ་ཤེས་སོ། །ཐོག་མ་འཇུག་པ་ནས་ཀྱང་སེམས་པ་ལ་འཇུག་གོ་།ཞུགས་ནས་ཀྱང་ཡང་དང་ཡང་དུ་ཡིད་ལ་བྱེད་པས་སྙིང་པོ་ཉིད་ཐོབ་པར་བྱེད་དོ། །བྱང་ཆུབ་སེམས་དཔའ་བསམ་པར་བྱ་བ་མ་ཡིན་པ་།སྤོང་བ་ན་རྨོངས་བ་དང་སེམས་གཡེངས་པར་མི ་འགྱུར་རོ། །རྟག་ཏུ་བྱེད་པ་དང་གུས་པར་བྱེད་པའི་སྦྱོར་བས་རྒྱུན་ཏུ་སེམས་པར་བྱེད་ན་སྔོན་མ་གཏོགས་པའི་དོན་ཁོངས་སུ་ཆུད་ཅིང་ཐོབ་པར་འགྱུར་ལ། རྟོགས་ཤིང་ཐོབ་པར་འགྱུར་བའི་དོན་ཡང་ཆུད་ཟ་བར་མི་འགྱུར་ཏེ། བརྗེད་པར་མི་འགྱུར་རོ། ། ་ལ་ལ་ནི་རིགས་པས་རྣམ་པར་དབྱེ་ཞིང་བརྟགས་ན་རིགས་པས་བརྟགས་པའི་ཆོས་དེ་དག་ལ་གཞན་གྱི་དྲིང་མི་འཇོག་པར་འགྱུར་རོ། །ལ་ལ་ཞིག་མོས་པའི་ཚེ་ཆོས་ཟབ་མོ་གང་དག་ལ་དེའི་བློ་འཇུག་པར་མ་གྱུར་ན་ཡང་ཆོས་དེ་དག་ནི་དེ་བཞིན་གཤེགས ་པའི་སྤྱོད་ཡུལ་ཡིན་གྱི། བདག་གི་བློའི་སྤྱོད་ཡུལ་མ་ཡིན་ནོ་ཞེས་དེ་ལྟར་དེས་དེ་དག་མི་སྤོང་ན་བདག་ཉིད་མ་སྨྲས་མ་ཉམས་པར་བསྲུང་ཞིང་ཁ་ན་མ་ཐོ་བ་མེད་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་དོན་ལ་རྟོན་གྱི་ཚིག་འབྲུ་ལ་མི་རྟོན་ན་ནི་སངས་རྒྱས ་བཅོམ་ལྡན་འདས་ཀྱིས་དགོངས་ཏེ་གསུངས་པ་ཐམས་ཅད་ཀྱི་རྗེས་སུ་འཇུག་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་ནག་པོ་བསྟན་པ་དང། ཆེན་པོ་བསྟན་པ་ལ་མཁས་པ་ནི་དེ་ཁོ་ནའི་དོན་ལ་སུས་ཀྱང་རྣམ་པར་བསྐྱེད་པ་འམ། རྣམ་པར་བསྐུལ་བར་ཇི་ལྟར ་ཡང་མི་ནུས་སོ། །བྱང་ཆུབ་སེམས་དཔའ་ཐོག་མ་ནས་སེམས་དཔའ་ལ་འཇུག་པ་བཟོད་པ་སྔོན་མ་ཐོབ་པ་ཐོབ་པར་འགྱུར་ཏེ་བྱང་ཆུབ་སེམས་དཔའ་བཟོད་པ་ཐོབ་པ་དེ་ཉིད་སྙིང་པོར་བྱེད་པ་ནི་སྒོམ་པ་ལ་རྗེས་སུ་འཇུག་པ་སྟེ། བསམ་པར་བསྡུས་པ་རྣམ་པ ་བརྒྱད་པོ་འདི་དག་གིས་བྱང་ཆུབ་སེམས་དཔའ་ཨི་ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་སྒྲུབ་པ་ལ་ཞུགས་པ་ཡིན་ནོ། །སྒོམ་པ་གང་ཞེ་ན། མདོར་བསྡུ་ན་རྣམ་པ་བཞིར་རིག་པར་བྱ་སྟེ། ཞི་གནས་དང། ལྷག་མཐོང་དང། ཞི་གནས་དང་ལྷག་མཐོང་ལ་གོམས ་པ་དང། ཞི་གནས་དང་ལྷགས་ཐོང་ལ་མངོན་པར་དགའ་བའོ། །དེ་ལ་ཞི་གནས་གང་ཞེ་ན། འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་བསམ་པ་རྣམ་པ་བརྒྱད་པོ་དག་ཤིན་ཏུ་རྫོགས་པའི་ཕྱིར་བརྗོད་དུ་མེད་པའི་དངོས་པོ་ཙམ་དང། དོན་ཙམ་གྱི་དམིགས ་པ་ལ་སེམས་པ་ངེས་པར་གཏང་ནས། སྤྲོས་པ་ཐམས་ཅད་དང་བྲལ་བ་དང། སེམས་ཡོངས་སུ་གཡེང་བ་ཐམས་ཅད་དང་བྲལ་བའི་འདུ་ཤེས་ཡིད་ལ་བྱེད་པས་དམིགས་པ་ཐམས་ཅད་ལ་མོས་པས་ན། ནང་གི་ཏིང་ངེ་འཛིན་གྱི་མཚན་མ་རྣམས་ལ་སེམས་འཇོག ་པར་བྱེད་པ་དང། ཡང་དག་པར་འཇོག་པར་བྱེད་པ་ནས། རྒྱས་པར་རྒྱུད་གཅིག་ཏུ་བྱེད་པ་དང། ཏིང་འཛིན་དུ་བྱེད་རྩེ་གཅིག་ཏུ་བྱེད་ཅིང་མཉམ་པར་འཇོག་པའི་བར་འདི་ནི་ཞི་གནས་ཞེས་བྱའོ། །ལྷག་མཐོང་གང་ཞེ་ན། ཞི་གནས་ཡོངས་སུ་བསྒོམས ་པའི་ཡིད་ལ་བྱེད་པ་དེ་ཉིད་ཀྱིས་ཇི་ལྟར་བསམ་པའི་ཆོས་དེ་དག་ཉིད་ཀྱི་མཚན་མ་ཡིད་ལ་བྱེད་ཅིང་འབྱེད་པ་དང། རབ་ཏུ་རྣམ་པར་འབྱེད་པ་དང། ཆོས་རབ་ཏུ་རྣམ་པར་འབྱེད་པ་ནས། རྒྱས་པར་མཁས་པ་དང། ཤེས་རབ་ཀྱི་འཇུག་པའི་བར་གང ་ཡིན་པ་འདི་ནི་ལྷག་མཐོང་ཞེས་བྱའོ། །ཞི་གནས་དང། ལྷག་མཐོང་ལ་གོམས་པ་གང་ཞེ་ན། ཞི་གནས་དང་ལྷག་མཐོང་ལ་རྟག་ཏུ་སྦྱོར་ཞིང་གུས་པར་སྦྱོར་བ་གང་ཡིན་པའོ། །ཞི་གནས་དང་ལྷག་མཐོང་ལ་མངོན་པར་དགའ་བ་གང་ཞེ་ན། ཞི ་གནས་དང་ལྷག་མཐོང་གི་མཚན་མ་དེ་དག་གཉིས་ལས་སེམས་མི་གཡོ་ལ་རང་གི་རང་གིས་མངོན་པར་འདུ་ཤེས་པ་མེད་པར་འཇུག་ཅིང་གནས་པ་དང། སྡུད་ཅིང་མི་འཕྲོ་བ་གང་ཡིན་པ་འདི་ནི་ཞི་གནས་དང། ལྷག་མཐོང་ལ་མངོན་པར་དགའ་ ་པ་ཞེས་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའ་ནི་ཇི་ལྟ་ཇི་ལྟར་ཞི་གནས་དང་ལྷག་མཐོང་ལ་གོམས་པར་བྱེད་པ་དེ་ལྟ་དེ་ལྟར་ཞི་གནས་དང་ལྷག་མཐོང་ལ་མངོན་པར་དགའ་བར་གནས་པར་འགྱུར་རོ། །ཇི་ལྟ་ཇི་ལྟར་ཞི་གནས་དང་ལྷག་མཐོང ་ལ་མངོན་པར་དགའ་བ་གནས་པ་དེ་ལྟ་དེ་ལྟར་ཞི་གནས་དང་ལྷག་མཐོང་ཡོངས་སུ་དག་པར་འགྱུར་རོ། །ཇི་ལྟ་ཇི་ལྟར་ཞི་གནས་རྣམ་པར་དག་པ་དེ་ལྟ་དེ་ལྟར་ལུས་ཤིན་ཏུ་སྦྱངས་པ་དང། སེམས་ཤིན་ཏུ་སྦྱངས་པ་ཆེ་བ་དང། འཕེལ་བ་དང་རྒྱས་པར ་འགྱུར་རོ། །ཇི་ལྟ་ཇི་ལྟར་ལྷག་མཐོང་རྣམ་པར་དག་པ་དེ་ལྟ་དེ་ལྟར་ཡེ་ཤེས་མཐོང་བ་ཆེ་བ་དང་འཕེལ་བ་དང་རྒྱས་པར་འགྱུར་རོ། །བསྒོམ་པའི་བྱ་བ་ནི་འདིར་ཟད་དེ། འདི་ལྟ་སྟེ། རྟེན་ལ་ཡོད་པའི་གནས་ངན་ལེན་བསལ་བར་བྱ་བ་དང། ་ཤེས་བྱ་ཐམས་ཅད་ལ་ཡང་ཡེ་ཤེས་མཐོང་བ་རྣམ་པར་དག་པར་བྱ་བ་སྟེ། བྱང་ཆུབ་སེམས་དཔའ་ཨི་བསྒོམ་པའི་ལས་དེ་དག་ཐམས་ཅད་ཀྱང་བསྒོམ་པ་རྣམས་པ་བཞི་པོ་འདིས་འགྲུབ་པར་འགྱུར་རོ། །གདམས་ངག་གང་ཞེ་ན། མདོར་བསྡུ་ན་རྣམ་པ ་བརྒྱད་དུ་རིག་པར་བྱ་སྟེ། འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་ནི་གང་དག་ལ་འདོམས་པར་འདོད་པ་འམ། བྱང་ཆུབ་སེམས་དཔའ་གཞན་ནམ། དེ་བཞིན་གཤེགས་པ་དེ་ལ་འདོམས་པར་མཛད་པ་གང་ཡང་རུང་སྟེ། ངེས་ཐོག་མ་ཉིད་དུ་ཏིང་ངེ ་འཛིན་ལ་བརྟེན་ཏམ། འགྲོགས་པའི་རྒྱུས་སེམས་བཙལ་ནས་མཁྱེན་ཏོ། །སེམས་བཙལ་ནས་དབང་པོ་བཙལ་ཏེ་མཁྱེན་ཏོ། །དབང་པོ་བཙལ་ནས་བསམ་པ་བཙལ་ཏེ་མཁྱེན་ཏོ། །བསམ་པ་བཙལ་ནས་བག་ལ་ཉལ་བཙལ་ཏེ་མཁྱེན་ཏོ ་བག་ལ་ཉལ་བཙལ་ནས་ཅི་རིགས་ཅི་འོས་པར་འཇུག་པའི་སྒོ་སྣ་ཚོགས་དག་ཏུ་ཡང་ན་ནི་མི་སྡུག་བ་འམ། ཡང་ན་ནི་བྱམས་པ་འམ། ཡང་ན་རྐྱེན་འདི་ཉིད་ཀྱིས་རྟེན་ཅིང་འབྲེལ་པར་འབྱུང་བ་འམ། ཡང་ན་ནི་ཁམས་རབ་ཏུ་དབྱེ་བ་འམ། ་ཡང་ན་ནི་དབུགས་དབྱུང་བ་དང་རྡུབ་པ་དྲན་པས་འཛུད་པར་མཛད་དོ། །ཅི་རིགས་ཅི་འོས་པར་འཇུག་པའི་སྒོ་དག་ལ་བཙུད་ནས་ལེགས་པར་བཟུང་བ་མ་ཡིན་པའི་རྟག་པའི་མཛའ་ཨི་གཉེན་པོར་དབུ་མའི་ལམ་སྟོན་པ་དང། ལེགས་པར་བཟུང་བ་མ ་ཡིན་པའི་ཆད་པའི་མཛའ་ཨི་གཉེན་པོར་དབུ་མའི་ལམ་སྟོན་པ་དང། མ་བྱས་པ་ལ་བྱས་སོ་སྙམ་པའི་མངོན་པར་ང་རྒྱལ་མདོར་དུ་གཞུག་པ་དང། མ་ཐོབ་པ་དང། མ་རེག་པ་དང། མངོན་སུམ་དུ་མ་བྱས་པ་ལ་མངོན་སུམ་དུ་བྱས་སོ་སྙམ་པའི་ང་རྒྱལ ་འདོར་དུ་འཇུག་པའོ། །གདམས་ངག་རྣམ་པ་བརྒྱད་པོ་དེ་དག་ཀྱང་མདོར་བསྡུ་ན་གནས་གསུམ་གྱིས་བསྡུས་པར་རིག་པར་བྱའོ། །གནས་གསུམ་པ་དག་གང་ཞེ་ན། སེམས་མི་གནས་པ་གནས་པར་བྱ་བའི་ཕྱིར་ཐོག་མར་དམིགས་པ་ལ་ལེགས་པར་གཏོང་བ ་དང། སེམས་གནས་པ་ལ་རང་གི་དོན་ཐོབ་པར་བྱ་བའི་ཕྱིར་ཐབས་ཀྱི་ལམ་ཡང་དག་པར་སྟོན་པ་དང། རང་གི་དགོས་པ་མཐར་མ་ཕྱིན་པ་ལ་བར་མ་དོའི་གནས་མདོར་འཇུག་པའོ། །དེ་ལ་སེམས་དང་དབང་པོ་དང། བསམ་པ་དང། བག་ལ་ཉལ་ཤེས ་པ་དང། ཅི་རིགས་པ་ཤེས་པ་སྒོར་འཇུད་པས་ནི་སེམས་གནས་པར་བྱ་བའི་ཕྱིར་དམིགས་པ་ལ་སེམས་ལེགས་པར་གཏོང་པའི་རིག་པར་བྱའོ། །དེ་ལ་ལེགས་པར་བཟུང་བ་མ་ཡིན་པའི་རྟག་པ་དང་ཆད་པའི་མཛའ་ཨི་གཉེན་པོར་དབུ་མའི་ལམ་གྱིས ་ནི་སེམས་གནས་པའི་རང་གི་དོན་ཐོབ་པར་བྱ་བའི་ཕྱིར་ཐབས་ཀྱི་ལམ་ཡང་དག་པར་སྟོན་པ་ཡིན་པར་རིག་པར་བྱའོ། །དེ་ལ་མ་བྱས་པ་ལས་མངོན་སུམ་དུ་མ་བྱས་པའི་བར་དག་ལ་མངོན་སུམ་དུ་བྱས་སོ་སྙམ་པའི་མངོན་པའི་ང་རྒྱལ་འདོར་དུ ་བཅུག་པས་ནི་རང་གིས་དགོས་པ་མཐར་མ་ཕྱིན་པའི་བར་མ་དོའི་གནས་ཡོངས་སུ་སྤོང་བར་རིག་པར་བྱ་སྟེ། དེ་ལྟར་ན་གནས་གསུམ་པོ་འདི་དག་གིས་གདམས་ངག་རྣམ་པ་བརྒྱད་པོ་བསྡུས་པ་ཡིན་པར་རིག་པར་བྱའོ། །དེ་ལྟར་ན་བྱང་ཆུབ་སེམས། ་པས་གདམས་ངག་གཞན་ལས་ཐོས་པ་འམ། གཞན་དག་ལ་སྦྱིན་པས་སྟོབས་བརྒྱད་པོ་བསམ་གཏན་དང། རྣམ་པར་ཐར་པ་དང། ཏིང་ངེ་འཛིན་དང། སྙོམས་པར་འཇུག་པ་མཁྱེན་པའི་སྟོབས་དང། དབང་པོ་མཆོག་དང་མཆོག་མ་ཡིན་པ ་མཁྱེན་པའི་སྟོབས་དང། མོས་པ་སྣ་ཚོགས་མཁྱེན་པའི་སྟོབས་དང། ཁམས་སྣ་ཚོགས་མཁྱེན་པའི་སྟོབས་དང། ཐམས་ཅད་དུ་འགྲོ་བའི་ལམ་མཁྱེན་པའི་སྟོབས་དང། སྔོན་གྱི་གནས་མཁྱེན་པའི་སྟོབས་དང། འཆི་འཕོ་དང་སྐྱེ་བ་མཁྱེན ་པའི་སྟོབས་དང། ཟག་པ་ཟད་པ་མཁྱེན་པའི་སྟོབས་ཀྱི་རིགས་རིམ་གྱིས་རྣམ་པར་སྦྱོང་ཞིང་རྣམ་པར་འཕེལ་བར་བྱེད་དོ། །དེ་ལ་རྗེས་སུ་བསྟན་པ་གང་ཞེ་ན། དེ་ནི་རྣམ་པ་ལྔར་རིག་པར་བྱ་སྟེ། ཁ་ན་མ་ཐོ་བ་དང་བཅས་པ་ཀུན་ཏུ་སྤྱོད ་པ་དགག་པ་དང། ཁ་ན་མ་ཐོ་བ་མེད་པ་ཀུན་ཏུ་སྤྱོད་པ་སྣང་བ་དང། དགག་པ་དང། གནང་བའི་ཆོས་རྣམས་ལ་འཁྲུལ་པར་ཀུན་ཏུ་སྤྱོད་པ་བསྐུལ་པ་དང། ཡང་དང་ཡང་དུ་མ་གུས་པར་གྱུར་ཏེ། འཁྲུལ་པ་ལ་རྙོག་པ་མེད་པ་དང། མི་མཐུན་པ་མེད ་པ་དང། སྣུམ་པའི་བསམ་པས་སྨ་དབབ་པས་དྲན་པར་བྱེད་དུ་གཞུག་པ་དང། ཡང་དག་པར་ཞུགས་པ་ལ་དགག་པ་དང། གནང་བའི་ཆོས་རྣམས་ལས་ཡོན་ཏན་ཡང་དག་པ་དང། དགའ་བ་བསྙད་པས་ཡང་དག་པར་དགའ་བར་བྱའོ། །བྱང་ཆུབ ་སེམས་དཔའ་ཨི་རྫས་སུ་བསྟན་པ་འདི་ནི་མདོར་བསྡུ་ན། རྣམ་པ་ལྔར་རིག་པར་བྱ་སྟེ། འདི་ལྟ་སྟེ། དགག་པ་དང། གནང་བ་དང། བསྐུལ་བ་དང། སྨ་དབབ་པ་དང། ཡང་དག་པར་དགའ་བར་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི ་ལུས་དང་ངག་དང་ཡིད་ཀྱི་ལས་ཐབས་ཀྱིས་ཟིན་པ་གང་ཞེ་ན། མདོར་བསྡུ་ན་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསྡུ་བའི་དངོས་པོ་བཞི་ནི་ཐབས་ཞེས་བྱ་སྟེ། བཅོམ་ལྡན་འདས་ཀྱིས་ཀྱང་བྱང་ཆུབ་སེམས་དཔའ་བསྡུ་བའི་དངོས་པོ་བཞིས ་བསྡུས་པའི་ཐབས་དང་ལྡན་པ་ནི་བྱང་ཆུབ་སེམས་དཔའ་ཞེས་བྱའོ། །ཞེས་ཇི་སྐད་གསུངས་པ་ལྟ་བུའོ། །ཅིའི་ཕྱིར་བསྡུ་པའི་དངོས་པོ་བཞི་ལ་ཐབས་ཤེས་བྱ་ཞེ་ན། མདོར་བསྡུ་ན་སེམས་ཅན་རྣམས་གདུལ་བ་དང། བསྡུ་བའི་ཐབས་ནི ་རྣམ་པ་བཞི་སྟེ། འདི་ལས་གོང་ན་ཡང་མེད་དོ། །འདི་ལས་ལྷག་པ་ཡང་མེད་དོ། །འདི་ལྟ་སྟེ། ཕན་འདོགས་པ་དང། འཛིན་དུ་འཇུག་པ་དང། འཇུག་པར་བྱེད་པ་དང། མཐུན་པར་སྒྲུབ་པའོ། །དེ་ལ་སྦྱིན་པ་ནི་བྱང་ཆུབ་སེམས་དཔའ་ཨི ་ཕན་འདོགས་པའི་ཐབས་ཡིན་ཏེ། འདི་ལྟར་ཟང་ཟིང་གི་སྦྱིན་པ་སྣ་ཚོགས་ཀྱིས་ཕན་བརྟགས་ན། སེམས་ཅན་རྣམས་ཚིག་མཉན་པ་དང་བྱེད་པར་སེམས་སོ། །དེའི་འོག་ཏུ་བྱང་ཆུབ་སེམས་དཔའ་སྙན་པར་སྨྲ་བས་དེ་དང་དེར་ཀུན་ཏུ་རྨོངས་པ་རྣམས་ཀྱིས་ཀུན ་ཏུ་རྨོངས་པ་མ་ལུས་པ་གསལ་བའི་ཕྱིར་རིགས་པ་འཛིན་དུ་འཇུག་ཅིང་ཡང་དག་པར་སྟོན་པར་བྱེད་དོ། དེ་ལྟར་ན་དེའི་སྙན་པར་སྨྲ་བ་ནི་འཛིན་དུ་འཇུག་པའི་ཐབས་ཡིན་ནོ། །དེ་ལྟར་རིགས་པས་འཛིན་དུ་འཇུག་ཅིང་ཡང་དག་པར་བསྟན་པའི་སེམས་ཅན་རྣམས ་མི་དགེ་བའི་གནས་ལས་བསླབས་ནས་དགེ་བའི་གནས་ཡང་དག་པར་འཛིན་དུ་འཇུག་ཅིང་འདུལ་བ་དང། འཇོག་པ་དང། འགོད་པ་དེ་ནི་དེའི་དོན་སྤྱོད་པ་སྟེ། འཇུག་པར་བྱེད་པའི་ཐབས་ཡིན་ནོ། །དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་ཅན་དེ་དག་བཙུད ་ནས་དེ་དག་དང་མཐུན་པའི་ཚུལ་ཀུན་ཏུ་སྤྱད་པས་མཐུན་པར་སྒྲུབ་སྟེ། གང་གིས་ན་དེ་ལ་ད་དུང་ཁྱེད་བདག་ཉིད་དད་པ་དང་ལྡན་པ་མ་ཡིན། ཚུལ་ཁྲིམས་དང་ལྡན་པ་མ་ཡིན། གཏོང་བ་དང་ལྡན་པ་མ་ཡིན། ཤེས་རབ་དང་ལྡན་པ་མ་ཡིན། ཅིའི་ཕྱིར་ཁྱོད་ཀྱིས་གཞན་དག་དེ་ལ་ཡང་དག ་པར་འཛིན་དུ་འཇུག་པར་བྱེད་ལ། ངེས་བསྐུལ་བར་བྱེད་ཅིང་དྲན་པར་བྱས་ནས། འདུལ་བ་རྣམས་སྨྲ་བར་མི་འགྱུར་བར་བྱེད་དོ། །དེ་ལྟ་བས་ན་དོན་མཐུན་པ་ནི་བྱང་ཆུབ་སེམས་དཔའ་མཐུན་པར་སྒྲུབ་པའི་ཐབས་ཏེ། བཞི་པ་ཡིན་པར་རིག་པར་བྱའོ།། ་དེ་ལྟར་བྱང་ཆུབ་སེམས་དཔའ་ཨི་ལུས་ཀྱི་ལས་དང། ངག་གི་ལས་དང། ཡིད་ཀྱི་ལས་ཐབས་བཞི་པོ་དེ་དག་བསྡུས་པ་འམ། སོ་སོ་བས་ཡོངས་སུ་ཟིན་པའི་གང་ཡིན་པ་དེ་ནི་སེམས་ཅན་རྣམས་ཡང་དག་པར་བསྡུ་བ་དང། གདུལ་བ་དང། ཡོངས་སུ་སྨིན་པར ་བྱ་བ་ལ་ཐེབས་ཀྱིས་ཡོངས་སུ་ཟིན་པ་ཞེས་བྱའོ། །བྱང་ཆུབ་སེམས་དཔའ་ཨི་སའི་གཞིའི་རྣལ་འབྱོར་གྱི་གནས་ལས་སྟོབས་ཀྱི་རིགས་ཀྱི་ལེའུ་སྟེ་བརྒྱད་པའོ།། །།སྡོམ་ནི། །ངོ་བོ་ཉིད་དང་ཐམས་ཅད་དང། དཀའ་བ་དང་ནི་སྒོ་ཀུན་དང། །སྐྱེས་བུ་དམ་པ ་ལྡན་པ་དང། །དེ་བཞིན་རྣམ་པ་ཐམས་ཅད་དང། །འཕོངས་ཤིང་འདོད་དང་ལྡན་པ་དང། །འདི་དང་གཞན་དུ་བདེ་འགྱུར་དང། །དེ་བཞིན་རྣམ་དག་དེ་མདོར་ན། །བྱང་ཆུབ་སེམས་དཔའ་ཨི་སྦྱིན་པ་ཡིན། །འདི་ལ་བྱང་ཆུབ་སེམས་དཔའ་ཕ་རོལ་ཏུ ་ཕྱིན་པ་དྲུག་རིམ་གྱིས་ཡོངས་སུ་རྫོགས་པར་བྱས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་སྟེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང། བཟོད་པའི་ཕ་རོལ་དུ་ཕྱིན་པ་དང། བརྩོན ་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །དེ་ལ་བྱང་ཆུབ་སེམས་དཔའ་ཨི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་གང་ཞེ་ན། སྦྱིན་པ་རྣམ་པ་དགུ་ནི་བྱང་ཆུབ་སེམས་དཔའ་ཨི་སྦྱིན་པའི་ཕ་རོལ་ཏུ་ཕྱིན ་པ་ཞེས་བྱ་སྟེ། སྦྱིན་པའི་ངོ་བོ་ཉིད་དང། །ཐམས་ཅད་སྦྱིན་པ་དང། དཀའ་བ་སྦྱིན་པ་དང། ཐམས་ཅད་ཀྱི་སྒོ་ནས་སྦྱིན་པ་དང། སྐྱེས་བུ་དམ་པའི་སྦྱིན་པ་དང། རྣམ་པ་ཐམས་ཅད་ཀྱི་སྦྱིན་པ་དང། འཕོངས་ཤིང་འདོད་པ་ལ་སྦྱིན་པ་དང། འདི་དང ་གཞན་དུ་བདེ་བར་འགྱུར་བའི་སྦྱིན་པ་དང། རྣམ་པར་དག་པའི་སྦྱིན་པའོ། །སྦྱིན་པའི་ངོ་བོ་ཉིད་གང་ཞེ་ན། ཡོ་བྱད་ཐམས་ཅད་དང། རང་གི་ལུས་ལ་མི་ལྟ་བའི་བྱང་ཆུབ་སེམས་དཔའ་མ་ཆགས་པ་དང་ལྷན་ཅིག་སྐྱེས་པའི་སེམས་པ་གང་ཡིན་པ་དང་། ་དེས་ཀུན་ནས་བསླང་བའི་སྦྱིན་པར་བྱ་བའི་དངོས་པོ་ཡོངས་སུ་གཏོང་བའི་ལུས་དང། རང་གི་ལས་དང། སྦྱིན་པར་བྱ་བའི་དངོས་པོ་ཁ་ན་མ་ཐོ་བ་མེད་པ་ཐམས་ཅད་ཡོངས་སུ་གཏོང་བ་དང། སྡོམ་པ་ལ་གནས་པ་དང། འོང་བ་མཐོང་ཞིང་འབྲས་བུ་ལ ་ལྟ་བ་དང། སུ་གང་འདོད་པ་དེ་ལ་དངོས་པོ་དེ་སོ་སོར་སྦྱིན་པར་བྱེད་བ་ནི་བྱང་ཆུབ་སེམས་དཔའ་ཨི་སྦྱིན་པའི་ངོ་བོ་ཉིད་ཡིན་པར་རིག་པར་བྱའོ། །དེ་ལ་ཐམས་ཅད་སྦྱིན་པ་གང་ཞེ་ན། ཐམས་ཅད་ཅེས་བྱ་བ་ན་མདོར་བསྡུ་ན། སྦྱིན་པར་བྱ་བའི་དངོས་པོ་རྣམ་པ ་གཉིས་ཏེ། ནང་གི་དང། ཕྱི་རོལ་གྱིའོ། །དེ་ལ་རྐང་ཡན་ཆད་རང་གི་ལུས་ཡོངས་སུ་གཏོང་བ་ནི་བྱང་ཆུབ་སེམས་དཔའ་ཨི་ནང་གི་དངོས་པོ་ཡོངས་སུ་གཏོང་པ་འབའ་ཞིག་པ་ཞེས་བྱའོ། །སེམས་ཅན་སྐྱབས?་པ་ཟ་བས་འཚོ་བ་རྣམས་ཀྱི་ཕྱིར་བྱང་ཆུབ་སེམས་དཔས་ཟས ་སྐོམ་ཟོས་འཐུངས་ཤིང་སྐྱུགས་པར་བྱེད་པ་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའ་ཨི་ནང་དང་ཕྱི་རོལ་གྱི་དངོས་པོ་འདྲེས་པའི་སྦྱིན་པ་ཞེས་བྱའོ། །ཇི་སྐད་སྨྲས་པ་འདི་ལ་མ་གཏོགས་པ་ལྷག་མའི་སྦྱིན་པ་བྱ་བའི་དངོས་པོ་ཡོངས་སུ་གཏོང་བ་ནི་ཕྱི་རོལ་གྱི་སྦྱིན་པར་བྱ་བའི ་དངོས་པོ་ཡོངས་སུ་གཏོང་བ་ཁོ་ན་ཞེས་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའ་ནི་ཕ་རོལ་འདོད་པ་དག་ལ་མདོར་ན་རྣམ་པ་གཉིས་ཀྱིས་རང་གི་ལུས་སྦྱིན་པར་བྱེད་དེ། ཅི་དགའ་མགུར་བྱེད་དུ་འཇུག་པས་གཞན་ལ་དབང་ཡོད་པ་དང། གཞན་ལ་རག་ལས་པར་བྱེད་ཅིང ་བདག་ཉིད་གཞན་དག་ལ་སྦྱིན་པར་བྱེད་དོ། །དཔེར་ན་ལ་ལ་ཞིག་ཟས་དང་སྐོམ་གྱི་ཕྱིར་གཞན་དག་ལ་བྲན་གྱི་དངོས་པོར་ཁས་ལེན་པ་བཞིན་དུ། བྱང་ཆུབ་སེམས་དཔའ་ཟང་ཟིང་མེད་པའི་སེམས་དང་ལྡན་པ་ཡང་བྱང་ཆུབ་དམ་པ་འདོད་དོ། །ཕ་རོལ་ལ་ཕན་པ་དང། ་བདེ་བར་བྱ་བར་འདོད། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་འདོད་དེ། ཅི་དགའ་མགུར་བྱེད་དུ་འཇུག་།མི་གཞན་དག་ལ་དབང་ཡོད་པ་དང། རག་ལུས་པར་བྱེད་ཅིང། བདག་ཉིད་སྦྱིན་པར་བྱེད་པ་དང། ལག་པ་དང། རྐང་པ་དང། མིག ་དང། མགོ་བོ་དང། ཡན་ལག་དང། ཉིང་ལག་རྣམས་འདོད་པ་དག་དང། ཤ་དང། ཁྲག་དང། རྒྱུས་པ་འདོད་པ་དང་རྐང་གི་བར་དུ་འདོད་པ་དག་ལ་རྐང་གི་བར་དུ་སྦྱིན་པར་བྱེད་དོ། །བྱང་ཆུབ་སེམས་དཔའ་ནི་རྣམ་པ་གཉིས་ཀྱིས་ཕྱི་རོལ་གྱི་དངོས་པོ ་སེམས་ཅན་ལ་ཡོངས་སུ་གཏོང་ཏེ། ཅི་བ་དེར་ལོངས་སྤྱོད་དུ་གཞུག་རྤའི་ཕྱིར་བརྙན་པོར་སྦྱིན་པ་དང། དེ་དབང་པོར་བྱ་བའི་ཕྱིར་ཐམས་ཅད་ཀྱི་ཐམས་ཅད་དུ་གཏོང་པའི་སེམས་ཀྱིས་སྦྱིན་པར་བྱེད་དོ། །འོན་ཀྱང་བྱང་ཆུབ་སེམས་དཔའ་ནི་ནང་དང་ཕྱི་རོལ་གྱི་དངོས ་པོ་ཐམས་ཅད་བྱེ་བྲག་མེད་པར་རྣམ་པ་ཐམས་ཅད་དུ་སེམས་ཅན་རྣམས་ལ་ནི་སྦྱིན་པར་ནི་མི་བྱེད་དོ། །འོ་ན་བྱང་ཆུབ་སེམས་དཔའ་ནི་ནང་དང་ཕྱི་རོལ་གྱི་དངོས་པོ་རྣམ་པ་གཉིས་ལས་ཅི་ཞིག་ནི་སེམས་ཅན་རྣམས་ལ་སྦྱིན་པར་བྱེད། །ཅི་ཞིག ་སྦྱིན་པར་མི་བྱེད། ཇི་ལྟར་ན་སྦྱིན་པར་བྱེད། ཇི་ལྟར་ན་སྦྱིན་པར་མི་བྱེད་ཅེ་ན། ནང་དང་ཕྱི་རོལ་གྱི་དངོས་པོ་དེ་ལས་སྦྱིན་པར་གང་སེམས་ཅན་རྣམས་ལ་བདེ་བ་ཁོ་ནར་འགྱུར་གྱི། ཕན་པར་མི་འགྱུར་བའམ། ཡང་ན་བདེ་བར་མི་འགྱུར་ལ། ཕན་པར ་ཡང་མི་འགྱུར་བ་དེ་ནི་བྱང་ཆུབ་སེམས་དཔས་གཞན་དག་ལ་སྦྱིན་པར་མི་བྱེད་དོ། །སྦྱིན་པ་གང་ཕན་པར་ནི་འགྱུར་ལ། བདེ་བར་ནི་མ་ངེས་པ་འམ། ཡང་བདེ་བར་ཡང་འགྱུར་ལ་ཕན་པར་ཡང་འགྱུར་བ་དེ་ནི་བྱང་ཆུབ་སེམས་དཔས་གཞན་ལ་སྦྱིན་པར ་བྱེད་དོ། །དེ་ལྟར་འདི་ནི་སྦྱིན་པ་དང། མི་སྦྱིན་པའི་མདོར་བསྟན་པ་ཡིན་ནོ། །འདི་མན་ཆད་ནི་རྒྱས་པར་རྣམ་པར་དབྱེ་བ་ཡིན་པར་རིག་པར་བྱ་སྟེ། འདི་ལ་བྱང་ཆུབ་སེམས་དཔའ་ནི་ཕ་རོལ་ལ་གནོད་པར་བྱ་བ་དང། ཕ་རོལ་བྲིང་བ་དང། མི ་རིགས་བསྐྱེད་པས་བྱེད་དུ་བཅུག་ན་ཕ་རོལ་དབང་ཡོད་པ་དང། ཕ་རོལ་ལ་རག་ལས་པར་བྱེད་པར་བདག་ཉིད་སྦྱིན་པར་མི་བྱེད་དེ། བྱང་ཆུབ་སེམས་དཔའ་ནི་གཞན་དག་ལ་བདག་ཉིད་ཀྱི་སྲོག་ལན་བརྒྱ་འམ། ལན་སྟོང་ངམ། ལན་འབུམ་དུ་ཡོངས་སུ ་གདོང་བར་ཁས་ལེན་མོད་ཀྱི། འོན་ཀྱང་ཕ་རོལ་གྱིས་བསྒོ་བ་དང། ཕ་རོལ་དགའ་བར་བྱ་བའི་ཕྱིར་ཕ་རོལ་ལ་གནོད་པ་འམ། ཕ་རོལ་གསད་པ་འམ། ཕ་རོལ་འདྲིང་པར་མི་བྱེད་དོ། །གལ་ཏེ་བྱང་ཆུབ་སེམས་དཔའ་སྦྱིན་པ་ལས་བརྩམས ་ཏེ། བསམ་པ་དག་པ་ཡིན་དུ་ཟིན་ཀྱང། དེ་ཡང་སེམས་ཅན་གྱི་དོན་མང་པོ་བྱ་བ་ཉེ་བར་གནས་པར་གྱུར་ན་རང་གི་ལུས་དང། ཡན་ལག་དང་ཉིང་ལག་སློང་བ་བྱུང་ཡང། རང་གི་ལུས་དང་ཡན་ལག་དང་ཉིང་ལག་རྣམས་སྦྱིན་པར་མི་བྱེད་དོ། ། ་དེ་ཅིའི་ཕྱིར་ཞེ་ན། །བྱང་ཆུབ་སེམས་དཔའ་སྦྱིན་པ་ལས་བརྩམས་ཏེ། བསམ་པ་དག་པ་དེ་ནི་རྣམ་གྲངས་གང་གིས་ཀྱང་འདི་ནི་སྦྱིན་ནོ། །འདི་ནི་མི་སྦྱིན་ནོ་སྙམ་དུ་སེམས་ཞུམ་པ་མེད་པའི་ཕྱིར་ཏེ། དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་དོན་གང་གི་ཚེ་བསམ་པ་དག་པར་བྱ་བའི ་ཕྱིར། སེམས་ཅན་གྱི་དགོས་པ་འབྱུང་བ་བཏང་སྙོམས་སུ་བྱས་ཏེ། སྦྱིན་པར་མི་བྱེད་ན། དེ་ནི་དེའི་བསམ་པ་དག་པ་ཡིན་པའི་ཕྱིར་སེམས་ཅན་གྱི་དགོས་པ་བྱུང་བ་བཏང་སྙོམས་སུ་བྱས་ཏེ་སྦྱིན་པར་མི་བྱེད་དོ། །བདུད་ཀྱི་རིགས་ཀྱི་ལྷ་རྣམས་རྣམ་པར་ཐོ་ཙམ་པའི་བསམ ་པས་སློང་དུ་འོངས་པ་རྣམས་ལ་ཡང་དེ་དག་ཉིད་ལ་གནོད་པ་དང། ཕུང་བ་ཆེན་པོར་མི་འགྱུར་བར་བྱ་བའི་ཕྱིར། རང་གི་ལུས་དང་ཡན་ལག་གསེ་ཞིང་སྦྱིན་པར་མི་བྱེད་དེ། །བདུད་ཀྱི་རིགས་ཀྱི་ལྷ་རྣམས་ལ་ཇི་ལྟ་བ་བཞིན་དེས་བྱིན་གྱིས་བརླབས་པའི་སེམས་ཅན་རྣམས ་ལ་ཡང་དེ་དང་འདྲ་བར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་ནི་སྨྱོས་པ་དང། །སེམས་འཁྲུགས་པ་རྣམས་ལ་ཡང་རང་གི་ལུས་དང་ཡན་ལག་གསེ་ཞིང་སྦྱིན་པར་མི་བྱེད་དེ། །དེ་དག་ནི་རང་གི་སེམས་ལ་གནས་པ་ཡང་བ་ཡིན་ལ། འདོད་པའི་ཕྱིར་སློང་བ་མ་ཡིན ་ཏེ། དེ་ནི་དེ་དག་གིས་སེམས་ལ་རང་དབང་མེད་པའི་ཕྱིར། བརླ་རྡོལ་ཙམ་དུ་ཟད་པས་དེའི་ཕྱིར་སྦྱིན་པར་མི་བྱེད་དོ། །རྣམ་པ་དེ་དག་མ་གཏོགས་པར་དེ་ལས་བཟློག་པའི་འདོད་པ་རྣམས་ལ་ནི་བྱང་ཆུབ་སེམས་དཔའ་རང་གི་ལུས་ཕ་རོལ་དབང་བར་བྱས་པ་ཙམ་གྱི ་ཕྱིར་རམ། ཡན་ལག་དང་ཉིང་ལག་གསེ་ཞིང་ཡོངས་སུ་གཏོང་བར་ཡང་བྱེད་དོ། །བྱང་ཆུབ་སེམས་དཔའ་ཨི་ནང་གི་དངོས་པོ་སྦྱིན་པ་དང། མི་སྦྱིན་པ་ནི་དེ་ལྟ་བུ་ཡིན་པར་རིག་པར་བྱའོ། །ཕྱི་རོལ་གྱི་དངོས་པོ་ལས་ནི་བྱང་ཆུབ་སེམས་དཔས་དུག་དང། མེ་དང། མཚོན ་ཆ་དང། ཆང་སེམས་ཅན་རྣམས་ལ་གནོད་པར་འགྱུར་བ་གང་ཡིན་པ་དེ་དག་ནི་བདག་ལ་གནོད་པར་བྱ་བ་འམ། ཕ་རོལ་ལ་གནོད་པར་བྱ་བའི་ཕྱིར་འདོད་དེ་སློང་ན། སློང་བ་རྣམས་ལ་སྦྱིན་པར་མི་བྱེད་དོ། །དུག་དང། མེ་དང་མཚོན་དང། ཆང་སེམས་ཅན ་རྣམས་ལ་ཕན་པར་འགྱུར་བ་གང་ཡིན་པ་དེ་དག་ནི་བྱང་ཆུབ་སེམས་དཔའ་བདག་ལ་ཕན་པར་བྱ་བ་འམ། ཕ་རོལ་ལ་ཕན་པར་བྱ་བའི་ཕྱིར་འདོད་དེ། སློང་ན་སློང་བ་རྣམས་ལ་སྦྱིན་པར་བྱེད་དོ། །བྱང་ཆུབ་སེམས་དཔའ་ནི་ཕ་རོལ་ཡིད་བརྟན་པ ་མ་ཡིན་པའི་རྫས་ཀྱང་གཞན་དག་ལ་སྦྱིན་པར་མི་བྱེད་དོ། །བྱང་ཆུབ་སེམས་དཔའ་ནི་སྨྱན་བྱེད་ཅིང་ཕ་རོལ་གྱི་ཆུང་མ་བཀུག་སྟེ། གཞན་དག་ལ་ཡང་སྦྱིན་པར་མི་བྱེད་དོ། །བཟའ་བ་དང་བཏུང་བ་སྲོག་ཆགས་དང་བཅས་པ་ཡང་སྦྱིན་པར་མི་བྱེད་དོ། །བྱང་ཆུབ ་སེམས་དཔའ་ཨི་སྦྱིན་པར་བྱ་བའི་དངོས་པོ་གང་དགའ་བ་དང། རྩེ་བ་དང་ལྡན་པ་སེམས་ཅན་རྣམས་ལ་གནོད་པ་དང་ལྡན་པ་དེ་ཡང་བྱང་ཆུབ་སེམས་དཔས་སློང་བ་རྣམས་ལ་སྦྱིན་པར་མི་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་བྱིན་ན་དེ་དག་བྱང་ཆུབ་སེམས་དཔའ་ ་པ་ལ་སེམས་དགའ་བ་ཙམ་སྐྱེ་བར་འགྱུར་མོད་ཀྱི། འོན་ཀྱང་སྦྱིན་པ་དེ་ནི་དེ་ལ་གནོད་པ་ཆེས་ཆེ་བ་བྱེད་པ་ཡིན་ཏེ། དེའི་རྒྱུས་དེ་དག་རྒྱགས་པ་དང། བག་མེད་པ་དང། ཉེས་པ་སྤྱོད་པ་ལ་ཞུགས་པས་ལུས་ཞིག་ནས་ངན་སོང་དག་ཏུ་སྐྱེ་བར་འགྱུར ་བའི་ཕྱིར་རོ། །གལ་ཏེ་དགའ་བ་དང། རྩེད་མོ་ལ་སོགས་པའི་དངོས་པོ་ཡིན་ལ། ངན་སོང་དུ་འགྲོ་བར་བྱེད་པ་ཡང་མ་ཡིན། མི་དགེ་བའི་རྩ་བ་ལ་སོགས་པར་འགྱུར་བ་ཡང་མ་ཡིན་ན་ནི། དེ་ལྟ་བུའི་དགའ་བའི་རྩེ་མོ་ལ་སོགས་པའི་དངོས་པོ ་སེམས་དགའ་བར་བྱ་བའི་ཕྱིར། སློང་བ་རྣམས་ལ་སྦྱིན་པར་བྱེད་དེ། དངོས་པོ་དེས་ཀྱང་སྡུད་པ་དང། ཡོངས་སུ་སྨིན་པར་བྱེད་པའི་ཕྱིར་རོ། །བྱང་ཆུབ་སེམས་དཔའ་སློང་བ་རྣམས་ལ་དགའ་བ་དང། རྩེད་མོའི་དངོས་པོ་ཇི་ལྟ་བུ་ནི་སྦྱིན་པར་མི་བྱེད། ་ཇི་ལྟ་བུ་ནི་སྦྱིན་པར་བྱེད་ཅེ་ན། འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་ནི་རི་དགས་གསད་པའི་ཐབས་བསླབ་པ་སྦྱིན་པར་མི་བྱེད་དོ། །མཆོད་སྦྱིན་ངན་པ་ཡོ་ལང་ཆེན་པོར་གང་དུ་སྲོག་ཆགས་མང་པོ་བསོགས་ནས་གསོད་པར་འགྱུར་བ་དེ་ལྟ་བུའི་མཆོད ་སྦྱིན་དག་བདག་ཉིད་ཀྱང་མི་བྱེད་ལ། གཞན་དག་ཀྱང་མཆོད་སྦྱིན་བྱེད་དུ་མི་འཇུག་གོ་།ལྷ་རྟེན་རྣམས་སུ་ཕྱུགས་གསོད་པ་སྦྱིན་པར་ཡང་མི་བྱེད་དོ། །སྲོག་ཆགས་མང་པོ་གནས་པའི་ས་ཕྱོགས་སྲོག་ཆགས་ཆུ་ནས་སྐྱེས་པ་འམ། སྐམ་ལས་སྐྱེས་པ་རྣམས ་གནས་པ་ལྟ་བུ། སྲོག་ཆགས་དེ་དག་ལ་གནོད་པར་བྱ་བའི་ཕྱིར་སློང་ན་སྦྱིན་པར་མི་བྱེད་དོ། །རྒྱ་དང་རྔེན་གྱི་འཁྲུལ་འཁོར་བསླབ་པ་ཡང་སྲོག་ཆགས་རྣམས་གནོད་པར་བྱ་བའི་ཕྱིར་སློང་ན་སྦྱིན་པར་མི་བྱེད་དོ། །སྤྱོ་བ་དང། བསད་པ་དང། བཅིང་བ ་དང། ཆད་པས་བཅད་པ་དང། གནོད་པ་བྱེད་དུ་གཞུག་པའི་ཕྱིར་ཡང་དགྲ་རྣམས་ཀྱི་དགྲ་སྦྱིན་པར་མི་བྱེད་དེ། མདོར་བསྡུ་ན་བྱང་ཆུབ་སེམས་དཔའ་ནི་སེམས་ཅན་རྣམས་ཀྱི་དགའ་བ་དང། རྩེད་མོའི་དངོས་པོ་སེམས་ཅན་ཕ་རོལ་ལ་གནོད་པར་འགྱུར་བ་དང། ་སེམས་ཅན་ཕ་རོལ་ལ་སྡུག་བསྔལ་བར་འགྱུར་བ་གང་ཅི་ཡང་རུང་དེ་ཐམས་ཅད་སློང་བ་རྣམས་ལ་སྦྱིན་པར་མི་བྱེད་དོ། །གླང་པོ་ཆེ་དང། རྟ་དང། ཤིང་རྟ་དང། འདེགས་པ་དང། གཞོན་པ་རྣམས་དང། གོས་དང་རྒྱན་རྣམས་དང། བཟའ་བ་དང། ་བཏུང་བ་དང། གསོད་པ་རྣམས་དང། གར་དང། གླུ་དང། རོལ་མོའི་སྒྲ་བསླབ་པ་རྣམས་དང། གར་དང། གླུ་དང། རོལ་མོའི་སྒྲའི་ཆ་བྱད་རྣམས་དང། སྤོས་དང། མེ་ཏོག་འཕྲེང་བ་དང། བྱུག་པ་དང། ཚོགས་དང། སྣོད་སྤྱད་སྣ་ཚོགས་དང། ་བསྐྱེད་མོས་ཆལ་དང། ཁང་ཁྱིམ་དང། དགའ་མགུར་སྤྱོད་པའི་བུད་མེད་རྣམས་དང། བཟོ་དང་ལས་ཀྱི་གནས་རྣམ་པ་སྣ་ཚོགས་བསླབ་པ་གང་ཡིན་པ་དེ་དག་དང། དེ་ལྟ་བུའི་དགའ་བ་དང། རྩེད་མོའི་དངོས་པོ་གང་ཡིན་པ་རྣམས་ནི་བྱང་ཆུབ་སེམས ་དཔས་སེམས་དགའ་བར་བྱ་བའི་ཕྱིར་སློང་བ་རྣམས་ལ་སྦྱིན་པར་བྱེད་དོ། །བྱང་ཆུབ་སེམས་དཔའ་ནི་ནད་པ་སློང་དུ་ཟིན་ཀྱང་ཁ་ཟས་དང་བཏུང་བ་ཚོད་མ་ཟིན་པའམ། གནོད་པར་འགྱུར་པ་སྦྱིན་པར་ཡང་མི་བྱེད་དོ། །སེམས་ཅན་བརྐམ་པའི་རང་བཞིན་ཅན ་འདྲངས་པ་རྣམས་ལ་བཟའ་བ་དང་བཏུང་བ་གསོད་པ་སྦྱིན་པར་ཡང་མི་བྱེད་དོ། །སེམས་ཅན་མྱ་ངན་གྱིས་གདུངས་པ་རྣམས་རང་འགེག་པར་བྱེད་པ་འམ། རྡེག་པར་བྱེད་པ་དུག་འཐུང་བའམ། གཡང་དུ་མཆོད་པ་ལ་ཡང་དགའ་དགུར་བྱེད་དུ ་མི་འཇུག་གོ། །།བམ་པོ་བདུན་པ། བྱང་ཆུབ་སེམས་དཔའ་ནི་སློང་བ་རྣམས་ལ་ཕ་མ་ཐམས་ཅད་ཀྱི་ཐམས་ཅད་དུ་སྦྱིན་པར་ཡང་མི་བྱེད་དེ། འདི་ལྟར་བྱང་ཆུབ་སེམས་དཔའ་ཨི་ཕ་མ་ནི་བླ་མ་ལྟ་བུ་མཆོག་ཡིན་ཏེ། ནུབ་སྣུན་པ་དང། གསོ ་བ་དང། སྐྱེད་པ་ཡིན་པས་དེའི་ཕྱིར་བྱང་ཆུབ་སེམས་དཔའ་ཡུན་རིང་པོར་སྤྱི་བོ་ལ་ཁྱེར་ཡང་སྐྱོ་བར་མི་བྱ་སྟེ། སྤུ་གཏའ་དང། གཏར་གཞུག་པ་དང། གཙོ་བའི་ཚུལ་གྱིས་བདག་ཉིད་དེ་གཉིས་ལ་སྦྱིན་ཞིང་དབང་བ་དང། རག་ལུས་པར་བྱ་བ་ཡིན ་ན། བྱང་ཆུབ་སེམས་དཔས་གཞན་ལ་སྦྱིན་པར་ཇི་ལྟར་སེམས་ཏེ། སྦྱིན་པར་ལྟ་ག་ལ་བྱེད། བྱང་ཆུབ་སེམས་དཔའ་ནི་རྒྱལ་པོ་སྤྱི་བོ་ནས་དབང་བསྐུར་བའི་བདག་པོར་གྱུར་ན་ཡང་བདག་གི་རིས་སུ་གཏོགས་པའི་སེམས་ཅན་ཡོངས་སུ་འཛིན་པ་དང ་བཅས་པ་རྣམས་ཀྱི་གཞན་གྱི་བུ་དང་ཆུང་མ་གཞན་དག་ལས་ཕྲོགས་ཏེ། གཞན་དག་ལས་སྦྱིན་པར་མི་བྱེད་ཀྱི། ང་ལ་ཇི་ལྟར་གྱུར་པ་ལྟར་དེ་དག་ལ་དེ་བཞིན་དུ་གྱུར་ཅིག་སྙམ་ནས་གྲོང་རིལ་པོ་འམ། གྲོང་གི་ཕྱོགས་འགའ་འམ། ལྗོངས ་རིལ་པོ་འམ། ལྗོངས་ཀྱི་ཕྱོགས་འགའ་ལོངས་སྤྱོད་དུ་བྱ་བར་སྦྱིན་པར་ཟད་དོ། །བྱང་ཆུབ་སེམས་དཔའ་ནི་བདག་གི་བུ་དང། ཆུང་མ་དང། བྲན་དང། བྲན་མོ་དང། ལས་བྱེད་པ་དང། ཞོ་ཤས་འཚོ་བ་དང། ཡོངས་སུ་ཟིན་པ་རྣམས་ལེགས ་པར་བརྡ་མ་སྤྲད་པ་འམ། མི་འདོད་བཞིན་དུ་ཡང་ཡིད་མ་དགའ་བཞིན་དུ་གཞན་འདོད་པ་རྣམས་ལ་ཡང་སྦྱིན་པར་ཡང་མི་བྱེད་དོ། །ལེགས་པར་བརྡ་སྤྲད་དེ་ཡིད་དགའ་ཞིང་འདུན་པར་རྒྱུར་ཏུ་ཟིན་ཀྱང་མི་བཟའ་བ་རྣམས་དང། གནོད་སྦྱིན་དང། ་སྲིན་པོ་རྣམས་དང། བརྗེད་ངས་པ་སྦྱིན་པར་མི་བྱེད་དོ། །བུ་དང་ཆུང་མ་སྐྱིད་དེ་བར་འདུག་པ་རིགས་ཀྱི་མི་ནི་བྲན་དུ་སྦྱིན་པར་ཡང་མི་བྱེད་དོ། །བྱང་ཆུབ་སེམས་དཔའ་ནི་སློང་བ་པོ་ཤས་ཆེར་གཞན་ལ་གནོད་པར་བྱེད་པར་ཞུགས་ཤིང་བརྗེད་པ་རྣམས་པ་རྒྱལ ་སྲིད་སྦྱིན་པར་ཡང་མི་བྱེད་དོ། །གལ་ཏེ་ད་བྱུང་བའི་མཐུ་ཡོད་ན་དེ་འདྲ་བའི་གང་ཟག་ནི་རྒྱལ་སྲིད་ལས་ཀྱང་འབྱིན་པར་བྱེད་དོ། །བྱང་ཆུབ་སེམས་དཔའ་ནི་ཕ་མའི་ལོངས་སྤྱོད་ཕྲོགས་ཏེ། སློང་བ་རྣམས་ལ་སྦྱིན་པར་མི་བྱེད་དོ། །ཕ་མ་ཇི་ལྟ་བ་བཞིན་དུ ་བུ་དང་ཆུང་མ་དང། བྲན་དང། བྲན་མོ་དང། ལས་བྱེད་པ་དང། ཞོ་ཤས་འཚོ་བ་རྣམས་ཀྱི་ཡང་དེ་དང་འདྲའོ། །ཕ་མ་ལ་གནོད་པ་བྱས་པ་ནས། རྒྱས་པར་ལས་བྱེད་པ་དང་ཞོ་ཤས་འཚོ་བའི་བར་དག་ལ་གནོད་པ་བྱས་ནས་ཕ་རོལ ་སློང་བ་རྣམས་ལ་སྦྱིན་པར་བྱ་བའི་དངོས་པོ་ཡོངས་སུ་གཏོང་བར་ཡང་མི་བྱེད་དོ། །བྱང་ཆུབ་སེམས་དཔའ་ནི་ཆོས་ཀྱི་བབ་ཆོལ་མ་ཡིན་པར་ལོངས་སྤྱོད་རྣམས་བསྒྲུབས་ནས། སྦྱིན་པ་སྦྱིན་པར་བྱེད་ཀྱི། ཆོས་མ་ཡིན་པས་མ་ཡིན། བབ་ཆོལ་དུ་མ་ཡིན ་ཕ་རོལ་ལ་གནོད་པ་བྱས་ཤིང་ཉམ་ང་བར་བྱས་པས་ཀྱང་མ་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བསྟན་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་ཇི་ལྟ་བུར་ཡང་བསླབ་པ་ལས་འགལ་བར་བྱས་ཏེ་སྦྱིན་པ་སྦྱིན་པར་མི་བྱེད་དོ། །བྱང་ཆུབ ་སེམས་དཔའ་ནི་སྦྱིན་པ་བྱིན་ན་ཡང་མཛའ་བཤེས་དང། དགྲ་དང་ཐ་མལ་པ་རྣམས་དང། ཡོན་ཏན་ཅན་རྣམས་དང། སྐྱོན་ཅན་རྣམས་དང། དམའ་བ་རྣམས་དང། མཚུངས་པ་རྣམས་དང། ཁྱད་པར་དུ་འཕགས་པ་རྣམས་དང། སྐྱིད་པ ་རྣམས་དང། སྡུག་པ་རྣམས་ལ་ཡོན་གནས་ཡིན་པའི་བློ་ཉེ་བར་གཞག་སྟེ། སེམས་ཅན་ཐམས་ཅད་ལ་སྙོམས་པར་སེམས་ཀྱིས་སྦྱིན་པ་སྦྱིན་པར་བྱེད་དོ། །བྱང་ཆུབ་སེམས་དཔའ་ནི་ཇི་སྐད་སྨྲས་པ་དང། ཇི་ལྟར་དམ་བཅས་པ་ལས ་བསྙུངས་ཏེ། སློང་བ་ལ་སྦྱིན་པ་སྦྱིན་པར་ཡང་མི་བྱེད་ཀྱི། མཚུངས་པ་འམ་ལྷག་མ་ཁོ་ནར་བྱེད་དོ། །བྱང་ཆུབ་སེམས་དཔའ་ནི་དངོས་པོ་སྦྱིན་པར་དམ་བཅས་པ་ན། ངན་པ་དང་ཐ་ཅད་སྦྱིན་པར་མི་བྱེད་དེ། ངན་པ་དང། ཐ་ཅད་སྦྱིན་པར ་དེས་དམ་བཅས་སུ་ཟིན་ཀྱང། བཟང་པོ་ཡོད་ན་བཟང་པོ་འབའ་ཞིག་སྦྱིན་པར་བྱེད་དོ། །བྱང་ཆུབ་སེམས་དཔའ་ཡིད་མི་དགའ་བ་དང། ཁྲོས་པ་དང། ཡིད་འཁྲུགས་པས་སྦྱིན་པ་སྦྱིན་པར་ཡང་མི་བྱེད་དོ། །སྦྱིན་པ་བྱིན་ནས་ཀྱང་ཡང་དང་ཡང་དུ་བརྗོད ་ཅིང་ཁྱོད་ནི་འདི་དང་འདི་ལྟ་བུར་ངས་སྦྱིན་པས་ཕན་བཏགས་སོ་ཞེ་འམ། བསྐྱེད་དོ་ཞེ་འམ། དྲངས་སོ་ཞེས་སྨོད་པར་ཡང་མི་བྱེད་དོ། །བྱང་ཆུབ་སེམས་དཔའ་ནི་མི་ངན་པ་ལ་སྦྱིན་པ་བྱིན་ན་ཡང་བརྙས་ཤིང་མ་གུས་པར་སྦྱིན་པ་བྱིན་པར་མི་བྱེད་ན ་ཡོན་ཏན་ཅན་ལྟ་ལ་ཅི་སྨོས། བྱང་ཆུབ་སེམས་དཔའ་ནི་སློང་བ་པོ་ལོག་པར་སྒྲུབ་པ་རྣམས་རྣམ་པ་སྣ་ཚོགས་དག་ལ་གནས་པ། རྒོད་པ་བདག་ཉིད་མ་བསྡམས་པ། གཤེ་བ། ཁྲོ་བ། སྤྱོད་འདེམས་བྱེད་པ་རྣམས་ཀྱི་ལོག་པར་སྒྲུབ་པས་སྐྱོ ་བའི་ཡིད་ཀྱིས་སྦྱིན་པ་སྦྱིན་པར་ཡང་མི་བྱེད་ཀྱི། བྱང་ཆུབ་སེམས་དཔའ་ནི་དེ་དག་ཉིད་ལ་ཤས་ཆེར་ཉོན་མོངས་པས་བརླམས་པའི་རང་བཞིན་ཅན་ཡིན་པར་རྟོགས་ནས། སྙིང་རྩེ་བའི་སེམས་ཁོ་ན་ཉེ་བར་གཞག་སྟེ། སྦྱིན་པ་སྦྱིན་པར་བྱེད་དོ། ། ་ལྟ་བ་ངན་པ་མཆོག་ཏུ་འཛིན་ཅིང་སྦྱིན་པ་སྦྱིན་པར་མི་བྱེད་དོ། །འདི་ལྟ་སྟེ། གནོད་པ་ཆེན་པོའི་མཆོད་སྦྱིན་རྣམས་དང། འཚེ་བའི་སྦྱིན་པས་ཆོས་སུ་འགྱུར་བར་མི་འཛིན་པ་དང། དགེ་མཚན་དང་བཀྲ་ཤིས་དང་སྦྱར་ཏེ། སྦྱིན་པ་སྦྱིན་པར་ཡང ་མི་བྱེད་དོ། །རྣམ་པ་ཐམས་ཅད་ཀྱི་སྦྱིན་པ་ཙམ་ཤིན་ཏུ་རྣམ་པར་དག་པས་ཀྱང་འཇིག་རྟེན་པ་དང། འཇིག་རྟེན་ལས་འདས་པའི་འདོད་ཆགས་དང་བྲལ་བ་རྣམ་པར་དག་པར་འགྱུར་བར་ཡང་མི་འཛིན་ཏེ། སྦྱིན་པ་ནི་རྣམ་པར་དག་པར་འགྱུར་བའི ་ཚོགས་ཙམ་འབའ་ཞིག་ཡིན་པར་འཛིན་ཏོ། །འབྲས་བུ་ལ་ལྟ་ཞིང་སྦྱིན་པར་ཡང་མི་བྱེད་དོ། །སྦྱིན་པ་ཐམས་ཅད་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བྱེད་དོ། །སྦྱིན་པ་རྣམ་པ་ཐམས་ཅད་ཀྱི་འབྲས་བུ་རྣམ་པ་ཐམས་ཅད ་རྣམ་པར་སྨིན་པ་ཡང་དག་པར་ཇི་ལྟ་བ་བཞིན་དུ་མཐོང་ཞིང་མངོན་པར་ཡིད་ཆེས་པ་སྐྱེས་པའི་བྱང་ཆུབ་སེམས་དཔའ་ནི་གཞན་གྱི་དྲིང་མི་འཇོག་ཅིང། གཞན་གྱིས་བཀྲི་བ་མེད་པར་སྦྱིན་པ་སྦྱིན་པར་བྱེད་དོ། །དཔེར་ན་ཟས་སྦྱིན་པས་ནི་སྟོབས་ཅན་འགྱུར། གོས ་བྱིན་པས་ནི་ཁ་དོག་ལྡན། །གཞོན་པ་བྱིན་པས་བདེ་འགྱུར་བསྟན། །མར་མི་བྱིན་པས་མིག་དང་ལྡན། །ཞེས་བྱ་བ་ལ་སོགས་པ་རྒྱས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་ནི་དབུལ་པོར་འགྱུར་དུ་དོགས་པའི་འཇིགས་པས་སྦྱིན་པ་སྦྱིན ་པར་མི་བྱེད་དོ། །སྙིང་རྗེའི་བསམ་པ་འབའ་ཞིག་གིས་བྱེད་དོ། །བྱང་ཆུབ་སེམས་དཔའ་ནི་སློང་བ་རྣམས་དང་མི་མཐུན་པའི་སྦྱིན་བ་སྦྱིན་པར་མི་བྱེད་དེ། འདི་ལྟ་སྟེ། སྡོམ་པ་ལ་བརྩོན་པ་རྣམས་ལ་ཟས་དང། སྐོམ་ལྷག་མར་གྱུར་བ་འམ། ཕྱིས་ས ་དང། གཅིན་དང། མཆིལ་མ་དང། སྣབས་དང། སྐྱུགས་པ་དང། དམྱང་བུ་དང། རྣག་དང། ཁྲག་གིས་འབགས་པ་དང། ཞག་ལོན་པའི་ཁེངས་པ་མ་བསྙད་མ་སྤྲན་པ། འབྲས་ཆན་དང། ཟན་དྲོན་དོར་བར་འོས་པ་རྣམས། དེ་བཞིན་དུ ་སྒོག་བཙོང་མི་ཟ་བ་དག་ལ་སྒོག་བཙོང་གིས་འབགས་པའམ། དེ་བཞིན་དུ་ཤ་མི་ཟ་བ་དང། ཆང་མི་འཐུང་བ་དག་ལ་ཆང་དང་འདྲེས་ཤིང་ཆང་དང་འབགས་པའམ། དེ་བཞིན་དུ་མི་མཐུན་པའི་ལས་བྱེད་དུ་མི་འཇུག་ཅིང། བྱང་ཆུབ་སེམས་དཔའ་གཞན ་དག་ལ་སྦྱིན་པ་སྦྱིན་པར་མི་བྱེད་དོ། འདི་ལྟ་བུ་དང་མཐུན་པ་རྐྱེན་དུ་མི་འབབ་པའི་སྦྱིན་པ་སྦྱིན་པར་མི་བྱེད་དོ། །བྱང་ཆུབ་སེམས་དཔའ་ནི་སློང་བ་པོ་ཡང་དང་ཡང་བསླང་དགོས་པ་དང། སོང་ཞིང་ཕྱིར་འོང་དུ་གཞུག་པ་དང། བསྙེན་པས་འཚོ་བའི་ཚུལ ་གྱིས་སྙོན་རྨོངས་ཤིང་སྦྱིན་པ་སྦྱིན་པར་ཡང་མི་བྱེད་དེ། བསླངས་མ་ཐག་ཁོ་ནར་སྦྱིན་པར་བྱེད་དོ། །བྱང་ཆུབ་སེམས་དཔའ་ནི་གྲགས་པ་དང། སྒྲ་དང། ཚིགས་སུ་བཅད་པ་ལ་བརྟེན་ཅིང་སྦྱིན་པ་སྦྱིན་པར་ཡང་མི་བྱེད་དོ། །ཕ་རོལ་ལ་ལན་འོང ་བ་ལ་བརྟེན་པ་དང། བརྒྱ་བྱིན་དང། བདུད་ཉིད་དང། འཁོར་ལོས་སྒྱུར་བ་ཉིད་དང། དབང་ཕྱུག་ལ་བརྟེན་ཅིང་སྦྱིན་པ་སྦྱིན་པར་ཡང་མི་བྱེད་དེ། ཕ་རོལ་རྒྱལ་པོ་དང། ཞང་བློན་ཆེན་པོ་དང། གྲོང་བརྡལ་གྱི་མི་འམ། ལྗོངས་ཀྱི་མི་རྣམས་དང། བྲམ་ཟེ་རྣམས་དང། ཁྱིམ ་བདག་རྣམས་དང། ཕྱུག་པོ་རྣམས་དང། ཚོང་དཔོན་རྣམས་དང། དེད་དཔོན་རྣམས་ཀྱིས་གཏོང་ཕོད་པ་དང། སྦྱིན་བདག་ཡིན་པར་ཤེས་ནས་བཀུར་སྟི་བྱེད། བླ་མར་བྱེད། རི་མོར་བྱེད། མཆོད་བར་བྱེད་པར་འགྱུར་ཀྱང་ཅི་མ་རུང་སྙམ་སྟེ། ་གཞན་དག་ལ་ཚུལ་འཆོས་པའི་ཕྱིར་ཡང་སྦྱིན་པར་མི་བྱེད་པའི་ཕྱིར་རོ། །བཀྲེན་པའི་ཚུལ་དུ་སྦྱིན་པ་སྦྱིན་པར་ཡང་མི་བྱེད་དོ། །ཉུང་ངུ་ལས་ཀྱང་ཕལ་ཆེར་སྦྱིན་པར་བྱེད་ན། མང་པོ་ལྟ་ཅི་སྨོས། འདི་སྦྱིན་པ་དེས་བྲིད་དེ། ཡིད་ཆེས་པར་བྱས་ལ། ་དེའི་འོག་ཏུ་བསླུ་བར་བྱའོ། །སྙམ་སྟེ། གཞན་དག་ལ་གླགས་བཙལ་བའི་ཕྱིར་སྦྱིན་པ་སྦྱིན་པར་ཡང་མི་བྱེད་དོ། །འདི་ལྟ་སྟེ། སྦྱིན་པས་གྲོང་ངམ། གྲོང་གི་ཕྱོགས་གཅིག་གམ། ལྗོངས་སམ། ལྗོངས་ཀྱི་ཕྱོགས་གཅིག་གི་དབྱེན་བྱས་ཏེ། ་བདག་པོ་དག་ལས་ཕྲོགས་ལ་བཀུར་བར་བྱའོ་སྙམ་དུ། གཞན་དག་དང་དབྱེ་བའི་ཕྱིར། གཞན་དག་ལ་དབྱེ་བ་སྦྱིན་པ་སྦྱིན་པར་མི་བྱེད་དོ། །བྱང་ཆུབ་སེམས་དཔའ་ནི་མཁས་པ་དང། ལེ་ལོ་མེད་པ་དང། སྒྲུབ་ཕོད་ཅིང་བདག་ཉིད་ཀྱིས་ལྟ་གོན་དུ་བསྡོགས ་པ་ཡིན་ཏེ། སྦྱིན་པར་བྱ་བའི་དངོས་པོ་ཡོངས་སུ་གཏོང་བའི་སྔོན་དུ་འགྲོ་བས། རང་གིས་ཀྱང་སྦྱིན་པར་བྱེད་ལ། གཞན་དག་ཀྱང་སྦྱིན་དུ་འཇུག་ཅིང། བདག་ཉིད་སྙོམས་ལས་མེད་པར་བསྟན་ཏེ། གཞན་དག་སྦྱིན་དུ་འཇུག་ཅིང་མ་དག་པར་ཡང་མི ་བྱེད་དེ། །སློང་བའི་ཚོགས་ཆེན་པོ་འདུས་པ། ཚུལ་ཁྲིམས་དང་ལྡན་པ་དང། ཚུལ་ཁྲིམས་འཆལ་བ་རྣམས་འདུས་ཤིང་འཁོད་པར་ཤེས་ནས། རྒན་རིམ་ནས་གཞོན་རིམ་གྱི་བར་དུ་གྲལ་རིམ་བཞིན་དུ་ཡང་དང་ཡང་འགྲོ་ཞིང་འོང་སྟེ། སྦྱིན་པར་བྱ་བའི ་དངོས་པོ་ཐམས་ཅད་སྦྱིན་པར་བྱེད་དོ། །བྱང་ཆུབ་སེམས་དཔའ་ནི་ལོངས་སྤྱོད་མང་པོ་རྒྱ་ཆེ་ཞིང་རྒྱས་པ་ཡོད་བཞིན་དུ་སྦྱིན་པ་ཉུང་དུ་སྦྱིན་པར་མི་བྱེད་དོ། །གཞན་པ་དག་ལ་རྩེ་བའི་ཕྱིར། གཞན་དག་ལ་སྦྱིན་པ་སྦྱིན་པར་མི་བྱེད་དེ། གཤེ་པ་འམ། ་ཁྲོ་བ་འམ། རྡོག་པ་འམ། བསྡིགས་པའམ། སྨད་པའམ། གསད་པ་འམ། བཅིང་བ་འམ། གཅང་པའམ། གོ་རར་གཞུག་པ་འམ། བ་སྤང་པའི་ཕྱིར་སྨིན་པར་མི་བྱེད་དོ། །བྱང་ཆུབ་སེམས་དཔའ་ནི་སྦྱིན་པའི་སྔ་རོལ་ཉིད་ནས་ཀྱང ་ཡིད་དགའ་ལ་སྦྱིན་པ་སྦྱིན་པའི་ཚེ་ཡང་སེམས་དགའ་བར་བྱེད་ཅིང་བྱིན་ནས་ཀྱང་འགྱོད་པ་མེད་དོ། །ནོར་བུ་དང། མུ་ཏིག་དང། བཻཌཱུརྱ་དང། དུང་དང། མན་ཤེལ་དང། བྱུ་རུ་ལ་སོགས་པ་འདྲ་བར་བཅོས་པ་རྣམས་ཀྱང་དེ་འདོད་པའི་སེམས ་པའི་སེམས་ཅན་རྣམས་ལ་གཡོ་རྒྱུའི་སྦྱིན་པ་སྦྱིན་པར་མི་བྱེད་དོ། །བྱང་ཆུབ་སེམས་དཔའ་ནི་སྦྱིན་པར་བྱ་བའི་དངོས་པོ་ཉུང་ངཱུམ། མང་པོ་ཅི་ཡང་རུང་སྟེ། སྔ་ནས་སེམས་ཀྱིས་སེམས་ཅན་ཐམས་ཅད་ལ་མ་བཏང་བ་མེད ་དེ། ཕྱིས་སློང་བ་པོས་བདག་གིས་ནོར་བསྙན་པོར་བཏང་བ། བྱང་ཆུབ་སེམས་དཔའ་ལས་ཕྱིར་འགུགས་པ་བཞིན་ནོ། །བྱང་ཆུབ་སེམས་དཔའ་ནི་དུས་དུས་སུ་སྦྱིན་པར་བྱེད་ཀྱི། དུས་མ་ཡིན་པར་ནི་མ་ཡིན་ནོ། །བདག་དང་ཕ་རོལ་ལ་རུང་བ ་སྦྱིན་པར་བྱེད་ཀྱི། མི་རུང་བ་ནི་མ་ཡིན་ནོ། །ཚུལ་བཞིན་དུ་ཡིད་ལ་བྱེད་ཀྱི། ཚུལ་བཞིན་མ་ཡིན་པར་མི་བྱེད་དོ། །སེམས་མ་གཡེངས་པས་སྦྱིན་པར་བྱེད་ཀྱི། སེམས་གཡེངས་པ་ནི་མ་ཡིན་ནོ། །བྱང་ཆུབ་སེམས་དཔའ་ནི་སློང་བ་ལ་འཕྱ ་བར་མི་བྱེད་ཀྱི། བསྟིང་བར་མི་བྱེད་ཅིང། །དེ་སྤ་བཀོང་བར་ཡང་མི་བྱེད་དོ། །ཁྲོ་གཉེར་ཅན་དུ་ཡང་མི་བྱེད་དོ། །བཞིན་གྱི་མདངས་གསལ་ཞིང་སྔར་འཛུམ་ལ་གསོང་པོར་སྨྲ་བར་བྱེད་དོ། །སྦྱིན་པ་བརྒྱངས་ཏེ་སྦྱིན་བར་མི་བྱེད་ཀྱི། ལ ་གོར་སྦྱིན་པར་བྱེད་དོ། །བྱང་ཆུབ་སེམས་དཔའ་ནི་མ་བསླངས་པར་བདག་ཉིད་ཀྱིས་སྐབས་ཕྱེ་ཞིང་གཞན་དག་ལ་སུ་ཅི་འདོད་བ་དེ་ལ་སྦྱིན་པར་བྱེད་དོ། །རང་རང་གིས་བླངས་པ་དེ་དག་ལ་འང་རྗེས་སུ་གནང་བར་བྱེད་དོ། །བྱང་ཆུབ་སེམས་དཔའ་ནི་འཆལ་ ་པའི་ཤེས་རབ་ཀྱིས་སྦྱིན་པར་མི་བྱེད་དོ། །སྦྱིན་པ་ནི་ཤེས་རབ་ཅན་གྱི་སྦྱིན་པ་ཁོ་ན་སྦྱིན་པར་བྱེད་དོ། །བྱང་ཆུབ་སེམས་དཔའ་ཨི་ཤེས་རབ་ཅན་གྱི་སྦྱིན་པ་གང་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་ནི་སྦྱིན་པར་བྱ་བའི་ཆོས་དག་ཡོད་དེ། བདོག ་ན་སློང་བ་མ་འོངས་པའི་སྔ་རོལ་ཉིད་ནས། སེམས་ཅན་འདི་སྙམ་དུ་མངོན་པར་འདུ་བྱེད་དེ། སྦྱིན་པར་བྱ་བའི་ཆོས་བདོག་ཀྱང་རུང། མ་བདོག་ཀྱང་རུང། ཟང་ཟིང་གི་སྦྱིན་པ་ཁྱིམ་པ་དབང་དུ་བྱས་པ། གལ་ཏེ་སྐྱིད་ཅིང་བཀྲེན་པ་མ་ཡིན ་ལ། འཕོངས་པ་མ་ཡིན་པ། མགོན་དང་བཅས། བརྟེན་དང་བཅས་བ་དང། སྡུག་ཅིང་བཀྲེན་ལ་འཕོངས་ལ་མགོན་མེད་པ། རྟེན་མེད་པ་རྣམ་པ་གཉིས་ཤིག་།བདག་ལ་སློང་དུ་འོངས་ན་དེ་ལ་བདག་གིས་གལ་ཏེ་གཉི་ག་ཡང་ཡིད་ཚིམ ་པར་ཡང་བྱ་བ་དང། འདོད་པ་བཞིན་དུ་ཡོངས་སུ་བསྐང་བའི་ལོངས་སྤྱོད་འབྱོར་ན་ནི་དེའི་ཚེ་བདག་གིས་གཉི་ག་ཡང་ཚིམ་པར་བྱ་ཞིང་གཉི་གའི་འདོད་པ་ཡོངས་སུ་བསྐང་བར་བྱའོ། །གལ་ཏེ་བདག་གིས་གཉི་ག་ཚིམ་པར་བྱ་བ་འམ། འདོད་པ ་བཞིན་དུ་ཡོངས་སུ་བསྐང་བར་བྱ་བའི་ལོངས་སྤྱོད་མ་འབྱོར་ན་ནི་སྐྱིད་པ་ཤོས་བཏང་སྟེ། སྡུག་པོ་ཤོས་ལ་སྦྱིན་པ་སྦྱིན་ནོ། །བཀྲེན་པ་མ་ཡིན་ཞིང་ཕོངས་པ་མ་ཡིན་ལ་མགོན་དང་བཅས། རྟེན་དང་བཅས་པ་བཏང་སྟེ། བཀྲེན་ཞིང་ཕོངས་པ ་མགོན་མེད་པ་དང། རྟེན་མེད་པ་ལ་སྦྱིན་པ་སྦྱིན་པར་བྱའོ་སྙམ་མོ། །དེ་དེ་ལྟར་ན་སེམས་མངོན་པར་འདུ་བྱས་ནས། ཇི་ལྟར་མངོན་པར་འདུ་བྱས་པ་ཁོ་ན་བཞིན་དུ་ལས་སུ་སྒྲུབ་པར་བྱེད་དོ། །གལ་ཏེ་སློང་བ་སྐྱིད་པ་ཤོས་ཀྱི་འདོད་པ་བཞིན་དུ་ཡོངས་སུ་བཀང་བ ་མ་ནུས་ན་ཡང་དེས་བདག་གི་གནོད་སེམས་མངོན་པར་འདུ་བྱེད་པའི་རྟོག་པ་སྔ་མ་དེ་ཉིད་ལ་བརྟེན་ཏེ། སློང་བ་དེ་ལ་འདི་སྐད་དུ་སྡུག་པ་འདི་ལ་སྦྱིན་པར་བྱ་བའི་དངོས་པོ་འདི་ངས་བཏང་ཟིན་ཏེ། སྔ་ནས་ཡི་དམ་དུ་བཅས་པའི་ཕྱིར་རམ། འདི་ལ་བྱིན ་པ་ཡིན་གྱི། ཁྱོད་ལ་སྦྱིན་མི་འདོད་པ་མ་ཡིན་ནོ། །དེ་བས་ན་བཞིན་བཟངས་ཁྱོད་པོ་བཟློག་གོ་སྙམ་དུ་ང་ལ་མ་སེམས་ཤིག་ཅེས་ཤད་ཀྱིས་བྱང་བར་བྱས་ཏེ། གཏོང་བར་བྱེད་དོ། །གཞན་ཡང་བྱང་ཆུབ་སེམས་དཔའ་སྦྱིན་པ་སྦྱིན་བར་བྱ་བའི་ཆོས་དག ་ཡོད་དེ། མདོག་ན་སེར་སྣ་ཅན་གྱི་ཁྱིམ་དང། མཆོག་ཏུ་སེར་སྣ་ཅན་གྱི་ཁྱིམ་ཡོ་བྱད་རྣམས་ཀུན་ཏུ་འཛིན་ཅིང་འཇུངས་ལ། ལན་འགའ་ཡང་དགེ་སྦྱོང་དང། བྲམ་ཟེ་རྣམས་ལ་སྦྱིན་པར་བྱ་བའི་ཆོས་རྣམས་གཏོང་མ་མྱོང་བའི་ཁྱིམ་དེ་དག་ཏུ་བྱང་ཆུབ ་སེམས་དཔའ་སོང་ནས། ཡང་དག་པར་མགུ་བར་བྱས་ཤིང་བག་ཕེབས་པར་བྱས་ཏེ། འདི་སྐད་དུ། ཀྱེ་ཚུར་ཤོག་།ཁྱོད་ནོར་གོད་པ་མེད་པར་ང་ལ་ཕན་གདགས་པ་ཆེན་པོས་ཉེ་བར་གནས་པར་གྱིས་ཤིག་།དེའི་ཁྱིམ་ན་ལོངས་སྤྱོད་རྒྱ་ཆེན་པོ ་དང། སྦྱིན་པར་བྱ་བའི་ཆོས་རྒྱ་ཆེན་པོ་དག་ཡོད་དེ། ངའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་སློང་བ་པོ་འདོད་ཀྱིས་གལ་ཏེ་ཁྱོད་སློང་བ་དང་ཕྲད་ན་བཟློག་སྟེ། མ་བཏང་བར་ཡང་ན་ནི། ངའི་ནོར་སྦྱིན་པར་བྱ་བའི་ཆོས་ལས ་ལོང་ལ་དེ་དག་ལ་ཅི་བདེར་བྱིན་ཅིག་།ཡང་ན་ནི་སློང་བ་དེ་དག་ངའི་ཐད་དུ་ཁྲིད་དེ་ཤོག་ཤིག་།ངས་སྦྱིན་པ་སྦྱིན་པ་རྗེས་སུ་ཡི་རང་བར་ཡང་གྱིས་ཤིག་ཅེས་བསྒོའོ། །དེ་དག་གིས་ཀྱང་དེ་ལས་ཐོས་ནས། ནོར་མི་འགོད་ཅིང་དགའ་བར་བྱ་བས་རིགས ་ཀྱི་བུ་འདི་དག་ལ་སེམས་དགའ་བར་འགྱུར་སྙམ་སྟེ། དེ་བཞིན་དུ་བྱེད་པར་འགྱུར་རོ། །དེ་ལྟར་བྱང་ཆུབ་སེམས་དཔའ་དེས་དེ་དག་ལ་ཕྱི་མ་སེར་སྣའི་དྲི་མ་བསལ་བའི་ས་བོན་བཏབ་པ་ཡིན་ཏེ། རིམ་གྱིས་གོམས་པར་བྱས་པ་དེ་དག ་ཤེས་རབ་སྔོན་དུ་འགྲོ་བའི་ཐབས་ལ་མཁས་པ་དེས་ན་རང་རང་གིས་ཀྱང་ནོར་ཉུང་དུ་སྦྱིན་བར་བྱེད་ཅིང་མ་ཆགས་པ་ཉུང་ངུ་ལ་བརྟེན་ནས་འབྲིང་པོ་ཐོབ་པར་འགྱུར་ལ། འབྲིང་ལ་བརྟེན་ནས་ཆེན་པོ་ཐོབ་པར་འགྱུར་རོ། །གཞན་ཡང་བྱང་ཆུབ་སེམས་དཔའ་དེའི་མཁན་པོ་དང། སློབ་དཔོན་དང། ་ལྷན་ཅིག་གནས་པའི་སློབ་མ་དང། ཚངས་པ་མཚུངས་པར་སྤྱོད་པ་གང་སྤྱོད་པ་གང་དག་ཆགས་པའི་རང་བཞིན་ཅན་དང། བདམ?་བའི་རང་བཞིན་ཅན་ཡིན་ནམ། གང་དག་བརྐམ་པོའི་རང་བཞིན་ཅན་མ་ཡིན་ཡང་སྦྱིན་པར་བྱ་བའི་ཆོས་མེད་དེ།། ་འདོད་པས་འཕོངས་པར་གྱུར་ན། དེ་ལ་བྱང་ཆུབ་སེམས་དཔའ་སངས་རྒྱས་ལ་བརྟེན་པ་འམ། ཆོས་དང་དགེ་འདུན་ལ་བརྟེན་ཏེ། སྦྱིན་པ་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་བྱེད་པར་འདོད་པས་སྦྱིན་པར་བྱ་བའི་ཆོས་དེ་རྣམས་དེ་དག་ཉིད ་ལ་སྦྱིན་ཞིང་དེ་དག་བྱེད་དུ་འཇུག་ཏེ། བདག་ཉིད་མི་བྱེད་དོ། །དེ་ལྟར་བྱས་པས་བྱང་ཆུབ་སེམས་དཔའ་དེས་བདག་ཉིད་ཀྱིས་ཀྱང་བསོད་ནམས་ཤིན་ཏུ་མང་དུ་བསྐྱེད་པ་ཡིན། ཚངས་པ་མཚུངས་པར་སྤྱོད་པ་དེ་ཁ་ཅིག་གིས་ཉོན་མོངས་པ་ཡང་བཏུལ་བ ་ཡིན། དེ་ཁ་ཅིག་གི་ཆོས་འདོད་པ་ཡང་ཡོངས་སུ་རྫོགས་པར་བྱ་བ་ཡིན་ཏེ། སེམས་ཅན་བསྡུས་པ་དང། སེམས་ཅན་ཡོངས་སུ་སྨིན་པར་བྱས་པར་ཡང་འགྱུར་རོ། །གཞན་ཡང་བྱང་ཆུབ་སེམས་དཔའ་ནི་སྦྱིན་པར་བྱ་བའི་ཆོས་དག་ཡོད་དེ། བདོག་ན ་སློང་བ་པོའི་བསམ་པ་མཚན་མ་ཙམ་གྱིས་རྟོགས་ན་ཡང་ཅི་འདོད་པ་སྦྱིན་པར་བྱ་བའི་ཆོས་རྣམས་སྦྱིན་པར་བྱེད་དོ། །གང་ཞིག་འདི་སྒྱུ་ཚོར་གི་བྲིད་པར་བྱའོ་སྙམ་སྟེ། དེའི་ཐད་དུ་འོངས་ན་ཡང་དེའི་བསམ་པ་རྟོགས་ན་ཡང་དེའི་ཉེས་པར་སྤྱོད་པ་གཞན ་དག་ལ་ཡང་འཆབ་པར་བྱེད་ན། དེ་ཉིད་ལྟ་ལ་ཅི་སྨོས། དེའི་འདོད་པ་ཡོངས་སུ་རྫོགས་པར་བྱེད་ལ་ཅི་ནས་ཀྱང་དེའི་སྐྱེད་པར་མི་འགྱུར་བ་དང། མགུ་ཞིང་འཇིགས་པ་མེད་པ་དང། ཡིད་དགའ་བར་འགྱུར་བས་ཕྱིར་འགྲོ་བར་བྱེད་དོ། །གང་གིས་བྱང་ཆུབ ་སེམས་དཔའ་། གཡོ་སྒྱུས་བྲིད་པར་གྱུར་ལ། བྲིད་པ་དེ་ཡང་དེས་སྔར་མ་རྟོགས་ཏེ། ཕྱིས་རྟོགས་པར་གྱུར་ན་ཡང་འབྲིད་པའི་གང་ཟག་དེ་ལ་གཞི་དེས་གླེང་པ་འམ། དྲན་པར་མི་བྱེད་ལ། དེའི་རྒྱུ་ཐབས་ཀྱིས་མ་བྱིན་པར་ལེན་པ་དེ་དག་ཐམས་ཅད་ལ་ཡང ་བསམ་པས་རྗེས་སུ་དགའ་བར་བྱེད་དེ། དེ་ལྟ་བུ་དང་མཐུན་པ་ཡང་བྱང་ཆུབ་སེམས་དཔའ་སྦྱིན་པར་བྱ་བའི་ཆོས་ཡོད་དེ། མདོག་པ་རྣམས་ཤེས་རབ་ཅན་གྱི་སྦྱིན་པ་ཡིན་པར་རིག་པར་བྱའོ། །གཞན་ཡང་བྱང་ཆུབ་སེམས་དཔའ་ནི་སྦྱིན་པར་བྱ་བའི་ ་ཆོས་དག་མེད་དེ། མི་བདག་ན་ཡང་བྱང་ཆུབ་སེམས་དཔའ་བཟོ་དང་ལས་ཀྱི་གནས་དེ་དང་དེ་དག་ལ་སྦྱངས་པ་དེ་བཟོ་དང་ལས་ཀྱི་གནས་དེ་ལྟ་བུ་མངོན་དུ་བྱེད་ཅིང། དེས་ཚེགས་ཆུང་ངུས་ནོར་གྱི་ཕུང་པོ་ཆེན་པོ་བསྒྲུབས་ཏེ་གནས་སོ། །ཡང་ན་བྱང་ཆུབ ་སེམས་དཔའ་གཏམ་སྣ་ཚོགས་དང། སྙན་པའི་གཏམ་དང། སྤོབས་པ་དགེ་བ་དང་ལྡན་པ་ཅི་ནས་སེམས་ཅན་དབུལ་པོ་རྣམས་ཀྱང་སྦྱིན་པར་བྱེད་འདོད་པར་གྱུར་ན། ཕྱུག་པོ་རྣམས་ལྟ་སྨོས་ཀྱང་ཅི་འཚལ་བ་དང། སེར་སྣ་ཅན་རྣམས་ཀྱང་སྦྱིན་པར ་བྱེད་པར་འདོད་པར་གྱུར་ན། གཏོང་བའི་རང་བཞིན་ཅན་རྣམས་ལྟ་སྨོས་ཀྱང་ཅི་དགོས་པ་དེ་ལྟ་བུར་གཞན་དག་ལ་ཆོས་སྟོན་པར་བྱེད་དོ། །ཡང་ན་སློང་བ་པོ་ལྷགས་ཤིང་ལྷགས་པ་རྣམས་དད་པ་དང་ལྡན་པའི་ཁྱིམ་གང་དག་ན་ལོངས ་སྤྱོད་རྒྱ་ཆེན་པོ་དང་ལྡན་པས་ཉིན་གཅིག་བཞིན་དུ་སྦྱིན་པར་བྱ་བའི་ཆོས་ཁོ་ན་ལ་འཇུག་པའི་ཁྱིམ་དེ་དག་ཏུ་གཏོང་བར་བྱེད་དོ། །བདག་ཉིད་ཀྱང་སྦྱིན་པ་སྦྱིན་ཞིང་བསོད་ནམས་བྱེད་པ་དག་ཏུ་སོང་ནས་མཁས་པ་དང། ལེ་ལོ་མེད་པ་དང། སྒྲུབ ་ཐོད་པས་སེམས་མངོན་པར་དགའ་བར་བྱས་ནས། ལུས་དང་ངག་གིས་ཅི་ནུས་ཅི་ལྕོགས་ཀྱིས་ཉམས་སུ་ལེན་པར་བྱེད་ན། སྦྱིན་པ་དེ་ཡང་སློད་པ་རྣམས་ལ་ལེགས་པར་སྦྱིན་པར་བྱེད་དོ། །དེ་ལྟར་ན་ངོ་མ་སྙོམས་པ་དང། ཚུལ་མ་ཡིན་པ་འམ ་བརྗོད་ངས་པས་ཞལ་ལྟ་བྱེད་པ་དང། མི་མཐུན་པའི་ཕྱིར་སྦྱིན་པ་དེ་ཉེས་པར་བྱིན་པར་འགྱུར་བ་གང་ཡིན་པ་དེ་མེད་པར་འགྱུར་རོ། །དེ་ལྟར་ན་བྱང་ཆུབ་སེམས་དཔའ་ནི་ཇི་སྲིད་དུ་བསམ་པ་རྣམ་པར་དག་པ་མ་ཐོབ་ཀྱི་བར་དུ་ལོངས་སྤྱོད་ངག་མེད་དེ། ་མི་བདོག་བཞིན་དུ་ཤེས་རབ་ཅན་གྱི་སྦྱིན་བ་སྦྱིན་པར་བྱེད་པ་ཡིན་ནོ། །བྱང་ཆུབ་སེམས་དཔའ་ལྷག་པའི་བསམ་པ་དག་པ་ནི་ཇི་ལྟ་བུར་ངན་སོང་ལས་ཡང་དག་པར་འདས་པ་ཐོབ་པར་འགྱུར་བ་དེ་ལྟ་བུར་ཚེ་རབས་ཐམས་ཅད་དུ་ལོངས་སྤྱོད་ཟད་མི་ཤེས ་པ་ཐོབ་པར་འགྱུར་རོ། །གཞན་ཡང་བྱང་ཆུབ་སེམས་དཔའ་ནི་མུ་སྟེགས་ཅན་གླེགས་བམ་འཚོལ་བ་ལ་ཆོས་ཁས་འཆང་པ་འམ། གླེགས་བམ་དུ་བྱས་པ་ལ་ཡང་སྦྱིན་པར་མི་བྱེད་དོ། །ཆགས་པའི་རང་བཞིན་ཅན་གླེགས་བམ་འཚོང་བར་འདོད ་པའམ། སྤེད་པར་འདོད་པའམ། དེ་ཤེས་པས་དོན་དུ་གཉེར་བ་མ་ཡིན་པ་ལས་ཡང་སྦྱིན་པར་མི་བྱེད་དོ། །ཤེས་རབ་འདོད་པ་ལ་ནི་གལ་ཏེ་གླེགས་བམ་བདག་ལ་དགོས་པའི་དོན་བྱས་ཟིན་ན། དེ་ལ་ཅི་བདེར་སྦྱིན་པར་བྱེད་དོ། །གལ་ཏེ་དེས ་གང་གི་དོན་དུ་གླེགས་བམ་དེ་བསྒྲུབ་པའི་དོན་མ་གྲུབ་ན་ནི། འདི་ལྟར་བྱང་ཆུབ་སེམས་དཔའ་དེས་དཔེ་གཞན་མཐོང་ན་སྦྱིན་པར་བྱེད་དོ། །ཡང་ན་ནི་གཞན་བྲིས་ཏེ་སྦྱིན་པར་བྱེད་དོ། །གལ་ཏེ་དཔེ་གཞན་ཡང་མ་མཐོང་ངམ། འདྲི་ཡང་མི་ནུས ་ན་ནི་དེས་ཐོག་མ་ཁོ་ནར་བདག་གི་སེམས་ལ་བརྟག་པར་བྱ་ཏེ། བདག་གི་སེམས་ཆོས་ལ་སེར་སྣ་བྱེད་པའི་དྲི་མས་ཀུན་ནས་དཀྲིས་པར་མ་གྱུར་གྲང། བདག་ཆོས་བྲིས་བ་སྙིང་ནས་སྦྱིན་པར་མི་འདོད་པ་ཁོ་ན་མ་ཡིན་གྲང་སྙམ་དུ་བརྟག་པར་བྱའོ། ། ་གལ་ཏེ་དེ་ལྟར་བརྟགས་པ་ན་བདག་ལ་ཆོས་ལ་སེར་སྣ་བྱེད་པ་ཆུང་ཟད་ཀུན་ཏུ་སྤྱོད་པ་ཡང་ཡོད་དོ། །སྙམ་དུ་ཤེས་ན་ནི། བྱང་ཆུབ་སེམས་དཔའ་དེས་འདི་སྙམ་དུ་གལ་ཏེ་བདག་ཆོས་ཀྱི་སྦྱིན་པ་འདིས་ཚེ་འདི་ལ་ལྐུག་པ་ཁོ་ནར་འགྱུར་ན་ཡང་བདག་གིས་ ་ཉོན་མོངས་པ་དང་དུ་བླང་བར་མི་བྱ་སྟེ། ཆོས་ཀྱི་སྦྱིན་པ་ངེས་པར་སྦྱིན་དགོས་ན། ཡེ་ཤེས་ཀྱི་ཚོགས་མེད་པར་འགྱུར་བ་ལྟ་ཅི་སྨོས། སྙམ་དུ་སེམས་མངོན་པར་འདུ་བྱས་ཏེ། ཆོས་ཀྱི་སྦྱིན་པ་དེས་ངེས་པ་ཁོ་ནར་སྦྱིན་པར་བྱའོ། །གལ་ཏེ ་དེ་ལྟར་རྟོག་པ་ན་བདག་ལ་ནི་ཆོས་ལ་སེར་སྣ་བྱེད་པའི་དྲི་མ་ཆུད་ཟད་ཙམ་དུ་ཀུན་ཏུ་སྤྱོད་པ་ཡང་མེད་དོ་སྙམ་དུ་ཤེས་ན་ནི་བྱང་ཆུབ་སེམས་དཔའ་དེས་འདི་ལྟར་བསླབ་པར་བྱ་སྟེ། བདག་གིས་ནི་ཉོན་མོངས་པ་གཞོམ་པའི་ཕྱིར་རིམ། ཡེ་ཤེས་ཀྱི ་ཚོགས་ཡོངས་སུ་རྫོགས་པ་དེ་བྱ་བའི་ཕྱིར་རམ། སེམས་ཅན་དགའ་བར་བྱ་བའི་ཕྱིར་ཆོས་ཀྱི་སྦྱིན་པ་འདི་སྦྱིན་པར་བྱ་བ་ཡིན་ན། ངས་ཉོན་མོངས་པ་ཡང་མ་མཐོང་ལ། མ་བྱིན་ན་ཚེ་འདི་དང་ཕྱི་མ་ལ་ཡེ་ཤེས་ཀྱི་ཚོགས་ཆེས་མང་དུ་མཐོང་ལ། བྱིན་ན་ནི་རྟོགས ་པ་ཆེན་པོར་མི་འགྱུར་ཞིང་ཚེ་ཕྱི་མ་ལ་ཆོས་ཀྱི་རྙེད་པ་ཆེན་པོར་འགྱུར་གྱི། ཆུང་བ་མ་ཡིན་ལ། མ་བྱིན་ན་ནི་ངས་སེམས་ཅན་ཐམས་ཅད་ལ་ཕན་པ་དང། བདེ་བར་བྱ་བའི་ཕྱིར་ཡེ་ཤེས་བསྒྲུབས་པས་སེམས་ཅན་གཞན་ཐམས་ཅད་དགའ་བར་བྱེད་པར ་འགྱུར་གྱི། བྱིན་དུ་ཟིན་ན་ནི་སེམས་ཅན་འདི་གཅིག་པུ་དགའ་བར་འགྱུར་རོ་སྙམ་སྟེ། དེ་ལྟར་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་ནས་གལ་ཏེ་བྱང་ཆུབ་སེམས་དཔའ་མ་བྱིན་ན་ནི། ཁ་ན་མཐོ་བར་ཡང་མི་འགྱུར། འགྱོད་པར་ཡང་མི་འགྱུར། བྱང་ཆུབ ་སེམས་དཔའ་ཨི་ཚུལ་ལས་ཀྱང་འགལ་བར་ཡང་མི་འགྱུར་རོ། །ཇི་ལྟར་མི་སྦྱིན་ཅེ་ན། བྱང་ཆུབ་སེམས་དཔའ་ནི་སློང་བ་ལ་ཁྱོད་ལ་མི་སྦྱིན་ནོ་ཞེས་ཚིག་བརླང་པོས་ཕྱིར་ཟློག་པར་མི་བྱེད་མོད་ཀྱི། འོན་ཀྱང་ཐབས་མཁས་པས་བརྡ་སྤྲད་ཏེ། །གཏོང་བར་བྱེད་དོ།། ་དེ་ལས་ཐབས་མཁས་པ་ནི་འདི་ཡིན་ཏེ། བྱང་ཆུབ་སེམས་དཔས་ནི་ཡོ་བྱད་ཐམས་ཅད་དང། སྦྱིན་པར་བྱ་བའི་ཆོས་ཐམས་ཅད་ཐོག་མ་ནས་ཕྱོགས་བཅུའི་སངས་རྒྱས་དང། བྱང་ཆུབ་སེམས་དཔའ་རྣམས་ལ་བསམ་པ་རྣམ་པར་དག་པས ་ཕུལ་ཞིང་བསྔོས་ཟིན་ཏེ། དཔེར་ན་དགེ་སློང་གིས་སློབ་དཔོན་ནམ། མཁན་པོ་ལ་ཆོས་གོས་བསྔོས་པ་བཞིན། །དེས་དེ་ལྟར་བསྡོས་པའི་ཕྱིར་ཡོ་བྱད་དང་སྦྱིན་བར་བྱ་བའི་ཆོས་སྣ་ཚོགས་རྒྱ་ཆེན་པོ་ཐམས་ཅད་བསགས་པར་གྱུར་དུ་ཟིན་ཀྱང་འཕགས ་པའི་རིགས་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཞེས་བྱའོ། །བསོད་ནམས་དཔག་ཏུ་མེད་པ་ཡང་འཕེལ་བར་འགྱུར་རོ། །དེའི་བསོད་ནམས་དེ་ཡང་རྟག་ཏུ་དེ་ལན་མང་དུ་ཡིད་ལ་བྱེད་པས། དུས་ཐམས་ཅད་དུ་ལྡན་པར་མངོན་པར་འཕེལ་བར ་འགྱུར་རོ། །དེས་སྦྱིན་པར་བྱའི་ཆོས་དེ་དག་ཀྱང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གཏམས་ཏེ། གཞག་པ་དང་འདྲ་བར་འཆང་བར་བྱེད་དོ། །གལ་ཏེ་སློང་བ་པོ་མཐོང་ལ་དེ་ལ་སྦྱིན་པའི་ཆོས་ཅི་འདོད་པ་སྦྱིན་པར་འོས་པ་ཞིག་མཐོང་ན ་ནི། དེ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེམས་ཅན་རྣམས་ལ་ཡོངས་སུ་མ་བཏང་བ་དེ་གང་ཡང་མེད་དོ་སྙམ་དུ་ཤེས་པར་བྱས་ནས། སློང་བ་པོའི་འདོད་པ་ཡོངས་སུ་རྫོགས་པར་བྱེད་དོ། །གལ་ཏེ་འོས་པ་མ་ཡིན་པར་མཐོང་ན་ནི་དེས ་རྟོག་པ་དེ་ཉིད་ལ་རྟེན་ནས། བཞིན་བཟངས་ངག་འདི་ནི་གཞན་གྱི་ཡིན་ཏེ། །ཁྱེད་ལ་སྦྱིན་པ་གནང་བ་མེད་དོ་ཞེས་དེ་ལ་ཚིག་འཇམ་པོས་གོ་བར་བྱས་ཏེ་གཏོང་བར་བྱེད་དོ། །ཡང་ན་དེ་གཞན་དེའི་ཉིས་འགྱུར་རམ། སུམ་འགྱུར་སྦྱིན་ཞིང་རིམ་གྲོ ་དང། བཀུར་སྟི་བྱས་ནས་གཏོང་བར་བྱེད་དོ། །ཅི་ནས་དེ་བྱང་ཆུབ་སེམས་དཔའ་འདི་ནི་ཆགས་པའི་རང་བཞིན་ཅན་དུ་གྱུར་ཏེ། བདག་ཅག་ལ་སྦྱིན་པར་མི་འདོད་པ་མ་ཡིན་གྱི། འདི་ནི་གླེགས་བམ་གྱི་ཆོས་འདི་ནི་སྦྱིན་པའི་དབང་མེད་པ་ཞིག ་གོར་མ་ཆགས་ཏེ། དེའི་ཕྱིར་སྦྱིན་པར་མི་བྱེད་དོ་སྙམ་དུ་ཤེས་པར་བྱེད་དེ། འདི་ཡང་བྱང་ཆུབ་སེམས་དཔའ་ཨི་ཆོས་ཀྱི་སྦྱིན་པས་བརྩམས་ཏེ། ཤེས་རབ་ཅན་གྱི་སྦྱིན་པ་ཡིན་པར་རིག་པར་བྱའོ། །གཞན་ཡང་བྱང་ཆུབ་སེམས་དཔའ་ནི་ཆོས་དང་ཟང ་ཟིང་གི་རང་བཞིན་གྱི་སྦྱིན་པ་ཐམས་ཅད་རྣམ་གྲངས་དང། མཚན་ཉིད་དང། ངེས་པའི་ཚིག་དང། རྒྱུ་དང་འབྲས་བུ་དང། རབ་ཏུ་དབྱེ་བ་ལས་ཀྱང་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་ནས་སྦྱིན་པར་བྱེད་དེ། འདི་ཡང་བྱང་ཆུབ་སེམས་དཔའ་ཨི་ཤེས་རབ ་ཅན་གྱི་སྦྱིན་པ་ཡིན་པར་རིག་པར་བྱའོ། །གཞན་ཡང་བྱང་ཆུབ་སེམས་དཔའ་ནི་སེམས་ཅན་ལ་གནོད་པ་བྱེད་པ་རྣམས་ལ་བྱམས་པའི་བསམ་པས་སྦྱིན་པ་སྦྱིན་པར་བྱེད་དོ། །སྡུག་བསྔལ་བ་རྣམས་ལ་ནི་སྙིང་རྗེའི་བསམ་པ་དང། ཡོན་ཏན་ཅན་རྣམས ་ལ་དགའ་བའི་བསམ་པ་དང། ཕན་འདོགས་པ་རྣམས་དང། མཛའ་ཤེས་རྣམས་དང་སྙིང་དུ་སྡུག་པ་རྣམས་ལ་ནི་བཏང་སྙོམས་ཀྱི་བསམ་པས་སྦྱིན་པ་སྦྱིན་པར་བྱེད་དེ། འདི་ཡང་བྱང་ཆུབ་སེམས་དཔའ་ཨི་ཤེས་རབ་ཅན་གྱི་སྦྱིན་པ་སྦྱིན་པར་རིག ་པར་བྱའོ། །གཞན་ཡང་བྱང་ཆུབ་སེམས་དཔའ་ནི་སྦྱིན་པའི་གེགས་བྱེད་པ་དང། སྦྱིན་བའི་གེགས་བྱེད་པའི་གཉེན་པོ་ཡང་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །དེ་ལ་སྦྱིན་པའི་གེགས་བྱེད་པ་ནི་བཞི་སྟེ། བཞི་གང་ཞེ་ན། སྔོན་མ་གོམས ་པ་དང། སྦྱིན་པར་བྱ་བའི་ཆོས་ཉུངས་ཏེ་མི་ལྡན་པ་དང། དངོས་པོ་མཆོག་དང་ཡིད་དུ་འོང་བ་ལ་ཞེན་པ་དང། ཕྱི་མ་ལ་ལོངས་སྤྱོད་ཕུན་སུམ་ཚོགས་པའི་འབྲས་བུ་ལ་ལྟ་ཞིང་མངོན་པར་དགའ་བའོ། །གང་གི་ཕྱིར་བྱང་ཆུབ་སེམས་དཔའ་ ་སྦྱིན་པར་བྱ་བའི་ཆོས་དག་ཡང་བཞིན་དུ་སློང་བ་པོ་ལེགས་པར་འོངས་པ་ནི་སྦྱིན་པ་མི་སེམས། མི་འཇུག་ན་དེ་ཉེས་པ་འདི་ནི་བདག་མ་གོམས་པའི་ལན་ནོ་སྙམ་དུ་མྱུར་བ་མྱུར་བར་ཤེས་རབ་ཀྱིས་རྟོགས་པར་འགྱུར་ཞིང་འདི་ལྟར་ཡང་བདག་གིས ་ནི་སྔོན་སྦྱིན་པ་བྱིན་པར་གོར་མ་ཆག་སྟེ། དེས་ན་བདག་ད་ལྟར་ལོངས་སྤྱོད་རྣམས་ཀྱང་ཡོད་ལ། སློང་བ་པོ་ཡང་དག་པར་གནས་བཞིན་དུ་སྦྱིན་པ་ལ་སེམས་མི་འཇུག་གོ་།གལ་ཏེ་ད་ལྟར་སོ་སོར་བརྟགས་ནས་སྦྱིན་པ་མ་བྱས་ན་ཕྱི་མ་ལ ་ཡང་བདག་སྦྱིན་པ་ལ་ཞེ་སྣང་བར་འགྱུར་རོ་སྙམ་དུ་རྟོགས་པར་བྱེད་དེ། དེས་དེ་ལྟར་རྟོགས་པ་ནས་ཀྱང་སྦྱིན་པའི་བགེགས་བྱེད་པའི་གཉེན་པོ་ལ་བརྟེན་ནས་སོ་སོར་བརྟགས་ཏེ་སྦྱིན་པར་བྱེད་ཀྱི། མ་གོམས་པའི་ལས་གྱུར་པའི་ཉེས་པའི་རྗེས་སུ་འབྲེད ་ཞིང་དེའི་དཔང་དུ་འགྲོ་བ་མ་ཡིན་ནོ། །གཞན་ཡང་གལ་ཏེ་སློང་བ་པོ་ལགས་པར་འོངས་པ་ན། ལོངས་སྤྱོད་ཆུང་བས་སྦྱིན་པ་ལ་བྱང་ཆུབ་སེམས་དཔའ་སེམས་མི་འཇུག་ན་ངེས་སྦྱིན་པའི་གེགས་བྱེད་པའི་རྒྱུ་འཕོངས་པ་ལས་གྱུར་པ་མྱུར་བ་མྱུར་བར་ཤེས ་རབ་ཀྱིས་རྟོགས་ནས་འཕོངས་པ་ལས་གྱུར་པའི་སྡུག་བསྔལ་དེ་དང་དུ་བླངས་ཏེ། སོ་སོར་བརྟོགས་ནས་སྙིང་རྗེས་སྦྱིན་པ་སྦྱིན་པར་བྱེད་དེ། དེ་འདི་སྙམ་དུ་འཁོར་བ་ན་ཕ་རོལ་ལ་ཕན་བཏགས་པ་སྔོན་གྱི་ལས་ཀྱི་ཉེས་པ་འམ། གཞན་གྱི་དབང ་དུ་བྱས་པས་བདག་གིས་བཀྲེས་པ་དང། སྐོམ་པ་ལ་སོགས་པའི་སྡུག་བསྔལ་བཟོད་བརླག་མེད་པ་མང་དུ་མྱོང་བར་གྱུར་གྱིས། གལ་ཏེ་ཚེ་འདིའི་སྡུག་བསྔལ་གཞན་ལ་ཕན་འདོགས་པའི་རྒྱུ་ལས་བྱུང་བའི་སྦྱིན་པ་ངེས་པ་དག་འཆི་ཞིང་དུས་བྱེད ་པར་འགྱུར་དུ་ཟིན་ནས་ཀྱང་བདག་ནི་སྦྱིན་པ་ཁོ་ན་ལེགས་པར་འགྱུར་གྱི། སློང་བ་པོ་ཕྱིར་ཟློག་པ་ནི་དེ་ལྟ་མ་ཡིན་གྱི། དེ་མེད་དུ་ཟིན་ཀྱང་ཁ་ཅིག་སྔོ་དང་ཅི་ཡང་རུང་བ་ཙམ་གྱིས་འཚོ་འོ་སྙམ་དུ་སེམས་ཏེ། དེ་ལྟར་བྱང་ཆུབ་སེམས་དཔས་འཕོངས ་པ་ལས་གྱུར་པའི་སྡུག་བསྔལ་དེ་དང་དུ་བླངས་ནས་སྦྱིན་པ་སྦྱིན་པར་བྱེད་དོ། །གཞན་ཡང་སློང་བ་པོ་ལེགས་པར་འོངས་ན། གལ་ཏེ་སྦྱིན་པར་བྱ་བའི་དངོས་པོ་ཤས་ཆེར་ཡིད་དུ་འོང་ཞིང་མཆོག་ཏུ་གྱུར་པའི་ཕྱིར་སྦྱིན་པ་ལ་བྱང་ཆུབ་སེམས་དཔས ་སེམས་མི་འཇུག་ན། བྱང་ཆུབ་སེམས་དཔས་ཞེན་པ་ལས་གྱུར་པའི་ཉེས་པ་དེ་མྱུར་བ་མྱུར་བར་ཤེས་རབ་ཀྱིས་རྟོགས་ནས་བདག་སྡུག་བསྔལ་ལ་བདེའོ་སྙམ་དུ་བདག་གི་འདུ་ཤེས་ཕྱིན་ཅི་ལོག་པ་འདི་ནི་ཕྱིར་ལོག་པ། འདི་ནི་ལོག་པ། འདི་ཕྱི་མ་ལ་ཅི་ལ ་སྡུག་བསྔལ་བསྐྱེད་པ་ཡིན་ནོ་སྙམ་དུ་ཕྱིན་ཅི་ལོག་ཏུ་ཡོངས་སུ་ཤེས་ནས། དེ་སྤངས་ཏེ་ཡོངས་སུ་སོ་སོར་བཏགས་ནས་དངོས་པོ་དེ་སྦྱིན་པར་བྱེད་དོ། །གཞན་ཡང་བྱང་ཆུབ་སེམས་དཔའ་གལ་ཏེ་སྦྱིན་པ་སྦྱིན་ནས། སྦྱིན་པའི་འབྲས་བུ་ལོངས་སྤྱོད་ཆེན་པོའི ་ཕན་ཡོན་ལ་ལྟ་བར་གྱུར་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ཕན་ཡོན་ལ་མི་ལྟ་བར་གྱུར་ན། བྱང་ཆུབ་སེམས་དཔའ་ལོགས་པའི་འབྲས་བུ་ལ་ལྟ་བ་ལས་གྱུར་པའི་ཉེས་པ་དེ་མྱུར་བ་མྱུར་བར་ཤེས་རབ་ཀྱིས་རྟོགས་ནས། འདུ ་བྱེད་ཐམས་ཅད་སྙིང་པོ་མེད་པ་ཉིད་དུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་སོ་སོར་རྟོགས་ཏེ། འདུ་བྱེད་ཐམས་ཅད་ནི་སྐད་ཅིག་ལ་འཇིག་པའི་དང་ཅན་དང། འབྲས་བུ་ལོངས་སྤྱད་པ་རྣམས་ནི་ཡོངས་སུ་ཟད་ནས། འཇིག་པའི་དང་ཅན་དང་བྲལ་བས་འཇིག ་པའི་དང་ཅན་ནོ་སྙམ་སྟེ། དེ་དེ་ལྟར་སོ་སོར་རྟོགས་པ་ན་འབྲས་བུ་ལ་ལྟ་བ་སྤངས་ནས། སྦྱིན་པ་གང་ཅི་ཡང་རུང་སྟེ། དེ་ཐམས་ཅད་བྱང་ཆུབ་ཆེན་པོར་ཡོངས་སུ་བསྔོས་པ་ཁོ་ནས་སྦྱིན་པར་བྱེད་དེ། འདི་ནི་བྱང་ཆུབ་སེམས་དཔའ་ཨི་སྦྱིན་པ་ལ་གེགས ་བྱེད་པ་རྣམ་པ་བཞི་དང། སྦྱིན་པ་ལ་གེགས་བྱེད་པའི་གཉེན་པོ་རྣམ་པ་བཞི་ཤེས་པ་ཡིན་པར་རིག་པར་བྱ་སྟེ། རྟོགས་པ་དང། སྡུག་བསྔལ་དང་དུ་ལེན་པ་དང། ཕྱིན་ཅི་ལོག་ཡོངས་སུ་ཤེས་པ་དང། འདུ་བྱེད་པ་སྙིང་པོ་མེད་པ་ཉིད་དུ་ལྟ་བའོ ་དེ་ལ་གཉེན་པོ་ཤེས་པ་སྔ་མ་རྣམ་པ་གསུམ་གྱིས་ནི་བྱང་ཆུབ་སེམས་དཔའ་ངེས་པ་དང། ལེགས་པར་སྦྱིན་པ་སྦྱིན་པར་བྱེད་དོ། །གཉེན་པོ་ཤེས་པ་ཐ་མ་གཅིག་གིས་ནི་ཡང་དག་པའི་བསོད་ནམས་ཀྱི་འབྲས་བུ་ཡོངས་སུ་འཛིན་པར་བྱེད་དེ། འདི་ཡང ་བྱང་ཆུབ་སེམས་དཔའ་ཨི་ཤེས་རབ་ཅན་གྱི་སྦྱིན་པ་ཡིན་པར་རིག་པར་བྱའོ། །གཞན་ཡང་བྱང་ཆུབ་སེམས་དཔའ་ནི་དབེན་པར་སོང་སྟེ། ནང་དུ་བསྡུས་ནས་བསམ་པ་དག་ཅིང། སྙིང་ཐག་པ་ནས་དང་བས་ཀུན་ཏུ་རྟོག་པ་དག་གིས ་སྦྱིན་པར་བྱ་བའི་ཆོས་རྣམ་པ་སྣ་ཚོགས་པ་རྒྱ་ཆེན་པོ་དགེ་ཏུ་མེད་པ་དག་མོས་ཤིང་སེམས་ཅན་རྣམས་ལ་སྦྱིན་པ་སྟོབས་པར་འདོད་དོ། །དེས་བྱང་ཆུབ་སེམས་དཔའ་ཚོགས་ཆུང་ངུས་བསོད་ནམས་དཔག་ཏུ་མེད་པ་འཕེལ་བར་འགྱུར་རོ། །འདི ་ཡང་བྱང་ཆུབ་སེམས་དཔའ་ཤེས་རབ་ཅན་གྱི་སྦྱིན་པ་ཡིན་པར་རིག་པར་བྱའོ། །འདི་ནི་བྱང་ཆུབ་སེམས་དཔའ་ཨི་ཤེས་རབ་ཆེན་པོ་དང་ལྡན་པའི་ཤེས་རབ་ཅན་གྱི་སྦྱིན་པ་ཡིན་ནོ། །དེ་ལྟར་ན་མདོར་བསྡུ་ན་ཟང་ཟིང་གི་སྦྱིན་པར་གཏོགས་པའི་སྦྱིན་པར ་བྱ་བའི་ཆོས་བདོག་པ་རྣམས་དང། མི་བདོག་པ་རྣམས་དང། དེ་བཞིན་དུ་ཆོས་ཀྱི་སྦྱིན་པ་ལས་བརྟེན་ནས། སོ་སོ་ཡང་དག་པར་རིག་པ་ལ་བརྟེན་པ་དང། ལྷག་པའི་བསམ་པའི་སྦྱིན་པ་ལ་བརྟེན་པ་དང། སྦྱིན་པ་ལ་གེགས་བྱེད་པའི ་གཉེན་པོའི་ཤེས་པ་ལ་བརྟེན་པ་དང། ལྷག་པའི་བསམ་པས་མོས་པའི་སྦྱིན་པ་ལ་བརྟེན་པ་ན། བྱང་ཆུབ་སེམས་དཔའ་ཁོ་ནའི་མ་འདྲེས་པ་ཡིན་པར་རིག་པར་བྱ་སྟེ། བྱང་ཆུབ་སེམས་དཔའ་ནང་དང་ཕྱི་རོལ་གྱི་དངོས་པོ་ཐམས་ཅད་སྦྱིན ་པའི་རབ་ཏུ་དབྱེ་བ་རྒྱས་པ་ནི། དེ་ལྟ་བུ་ཡིན་པར་རིག་པར་བྱའོ། །འདི་མན་ཆད་དཀའ་བའི་སྦྱིན་པ་ལ་སོགས་པ་ཐམས་ཅད་ནི་སྦྱིན་པ་འདི་ཉིད་ཀྱི་རབ་ཏུ་དབྱེ་བར་བྱ་བར་ཡིན་པར་རིག་པར་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའ་ཨི་དཀའ་བའི ་སྦྱིན་པ་གང་ཞེ་ན། བྱང་ཆུབ་སེམས་དཔའ་སྦྱིན་པར་བྱེད་པའི་དངོས་པོ་ཆུང་ངུ་བདོག་ན་བདག་ཉིད་ལ་གནོད་པར་བྱས་ཏེ། །སྡུག་བསྔལ་དང་དུ་བླངས་ནས་གཞན་དག་ལ་སྦྱིན་པར་བྱེད་པ་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའ་དཀའ་ ་བའི་སྦྱིན་པ་དང་པོའོ། །བྱང་ཆུབ་སེམས་དཔའ་སྡུག་པའི་དངོས་པོ་རང་བཞིན་གྱིས་བྱམས་པ་འམ། ཡུན་རིང་པོ་ནས་འདྲིས་པར་རམ། ཤས་ཆེར་ཕན་པ་འམ། སྦྱིན་པར་བྱ་བའི་དངོས་པོ་མཆོག་དང་མཆོག་ཏུ་གྱུར་པ་ལ་ཞེན་པ་བསལ་ནས། །གཞན ་དག་ལ་སྦྱིན་པར་བྱེད་པ་གང་ཡིན་པ་འདི་ནི་བྱང་ཆུབ་སེམས་དཔའ་ཨི་དཀའ་བའི་སྦྱིན་པ་གཉིས་པའོ། །བྱང་ཆུབ་སེམས་དཔའ་ཨི་སྦྱིན་པར་བྱ་བའི་ཆོས་ཚེགས་ཆེན་པས་བསྒྲུབས་པ་རྣམས། གཞན་དེ་དག་ལ་སྦྱིན་པར་བྱེད་པ་འདི་ནི་བྱང་ཆུབ་སེམས ་དཔའ་ཨི་དཀའ་བའི་སྦྱིན་པ་གསུམ་པའོ། །དེ་ལ་བྱང་ཆུབ་སེམས་དཔའ་ཨི་ཐམས་ཅད་ཀྱི་སྒོ་ནས་སྦྱིན་པ་གང་ཞེ་ན། བྱང་ཆུབ་སེམས་དཔའ་བདག་ཉིད་ཀྱི་འམ། ཡང་ན་གཞན་དག་ལས་བསླངས་ནས་སྦྱིན་པར་རྒྱ་པའི་དངོས་པོ་བདག་གི་ཚལ ་ཟ་དང། ཕ་མ་དང། །བུ་དང། ཆུང་མ་དང། བྲན་དང། བྲན་མོ་དང། ལས་བྱེད་པ་དང། ཞོ་ཤས་འཚོ་བ་དང། མཛའ་བཤེས་དང། གྲོས་འགྲོགས་དང། ཉེ་དུ་དང། རྒན་རབས་རྣམས་སམ། ཡང་ན་གཞན་འདོད་པ་རྣམས་ལ་སྦྱིན ་པར་བྱེད་པ་གང་ཡིན་པ་རྣམ་པ་བཞི་པོ་འདི་ནི་མདོར་བསྡུ་ན། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྒོ་ནས་སྦྱིན་པ་ཞེས་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའ་ཨི་སྐྱེས་བུ་དམ་པ་རྣམས་ཀྱི་དམ་པའི་སྦྱིན་པ་གང་ཞེ་ན། བྱང་ཆུབ་སེམས་དཔའ་ནི ་དད་པ་དང། བཀུར་སྟི་དང། རང་གི་ལག་པ་དང། དུས་ལ་བབ་པ་དང། གཞན་ལ་མི་གནོད་པ་སྦྱིན་པ་སྦྱིན་པར་བྱེད་པ་གང་ཡིན་པ་འདི་ནི། བྱང་ཆུབ་སེམས་དཔའ་ཨི་སྐྱེས་བུ་དམ་པ་རྣམས་ཀྱི་སྐྱེས་བུ་དམ་པའི་སྦྱིན་པ་ཞེས་བྱའོ། །དེ་ལ ་བྱང་ཆུབ་སེམས་དཔའ་ཨི་རྣམ་པ་ཐམས་ཅད་ཀྱི་སྦྱིན་པ་གང་ཞེ་ན། མི་བརྟེན་པར་སྦྱིན་པ་དང། མི་བསྲེ་བར་སྦྱིན་པ་དང། དགའ་བས་སྦྱིན་པ་དང། རྒྱུན་མི་འཆད་པར་སྦྱིན་པ་དང། སྣོད་ལ་སྦྱིན་པ་དང་སྣོད་མ་ཡིན་པ་ལ་སྦྱིན་པ་དང། ་ཐམས་ཅད་སྦྱིན་པ་དང། ཀུན་ལ་སྦྱིན་པ་དང། དུས་ཐམས་ཅད་དུ་སྦྱིན་པ་དང། ཁ་ན་མཐོ་བ་མེད་པའི་སྦྱིན་པ་དང། སེམས་ཅན་གྱི་དངོས་པོ་སྦྱིན་པ་དང། ཡུལ་གྱི་དངོས་པོ་སྦྱིན་པ་དང། ནོར་དང་འབྲུའི་དངོས་པོ་སྦྱིན་པ་དང་། ་སྦྱིན་པ་རྣམ་པ་བཅུ་གསུམ་པོ་ནི་བྱང་ཆུབ་སེམས་དཔའ་ཨི་རྣམ་པ་ཐམས་ཅད་ཀྱི་སྦྱིན་པ་ཞེས་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའ་ཨི་ཕོངས་ཤིང་འདོད་པ་ལ་སྦྱིན་པ་གང་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་ཟས་དང་སྐོམ་གྱིས་འཕོངས ་ཤིང་འདོད་པ་རྣམས་ལ་ཟས་དང་སྐོམ་སྦྱིན་པར་བྱེད་པ་དང། བཞོན་པ་འདོད་པ་རྣམས་ལ་བཞོན་པ་དང། གོས་འདོད་པ་རྣམས་ལ་གོས་དང། རྒྱན་འདོད་པ་རྣམས་ལ་བརྒྱན་དང། སྣོད་སྤྱད་རྣམ་པ་སྣ་ཚོགས་འདོད་པ་རྣམས་ལ་སྣོད་སྤྱད ་རྣམ་པ་སྣ་ཚོགས་སྦྱིན་པར་བྱེད་པ་དང། སྤོས་དང་མེ་ཏོག་ཕྲེང་དང། བྱུག་པ་འདོད་པ་རྣམས་ལ་མེ་ཏོག་བྲེང?་དང། བྱུག་པ་དང། གནས་འདོད་པ་རྣམས་ལ་གནས་དང། སྣང་བས་ཕོངས་ཤིང་འདོད་པ་རྣམས་ལ་སྣང་བ་སྦྱིན ་པར་བྱེད་པ་དང། རྣམ་པ་བརྒྱད་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་ཨི་ཕོངས་ཤིང་འདོད་པ་རྣམས་ལ་སྦྱིན་པ་ཡིན་པར་རིག་པར་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའ་འདི་དང། གཞན་དུ་བདེ་བར་འགྱུར་བའི་སྦྱིན་པ་གང་ཞེ་ན། ཟང་ཟང་གི་སྦྱིན ་པ་དང། ཆོས་ཀྱི་སྦྱིན་པ་དང། མི་འཇིགས་པའི་སྦྱིན་པ་ནི་མདོར་བསྡུ་ན། སེམས་ཅན་རྣམས་ཀྱི་འདི་དང། གཞན་དག་ཏུ་བདེ་བར་འགྱུར་པའི་སྦྱིན་པ་ཡིན་པར་རིག་པར་བྱའོ། །ཟང་ཟིང་གི་སྦྱིན་པ་དེ་ནི་སེར་སྣའི་དྲི་མ་དང། སོག་འཇོག་གི་དྲི་མ ་བསལ་ནས་བཟང་པོ་དང། གཙང་བ་དང། རུང་བ་སྦྱིན་པར་བྱེད་པའོ། །དེ་ལ་སེར་སྣའི་དྲི་མ་བསལ་བ་ནི། སེམས་ཀྱིས་ཀུན་ཏུ་འཛིན་པ་ཡོངས་སུ་བཏང་བའི་ཕྱིར་རོ། །གསོག་འཇོག་གི་དྲི་མ་བསལ་བ་ནི་ལོངས་སྤྱོད་ཀུན་ཏུ་འཛིན་པ ་ཡོངས་སུ་བཏང?་བ་ཡིན་པར་རིག་པར་བྱའོ། །མི་འཇིགས་པ་སྦྱིན་པ་ནི་སེང་གེ་དང། སྟག་དང། ཆུ་སྲིན་འཛིན་ཁྲི་དང། རྒྱལ་པོ་དང། ཆོམ་རྐུན་དང། ཆུ་ལ་སོགས་པའི་འཇིགས་པ་ལས་ཡོངས་སུ་སྐྱོབ་པ་ཡིན་པར་རིག་པར་བྱའོ། །ཆོས་ཀྱི་སྦྱིན ་པ་ནི་ཕྱིན་ཅི་མ་ལོག་པར་ཆོས་སྟོན་པ་དང། རིགས་པར་ཆོས་སྟོན་པ་དང། བསླབ་པའི་གཞི་ཡང་དག་པར་འཛིན་ཏུ་འཇུག་པ་སྟེ། བྱང་ཆུབ་སེམས་དཔའ་ཨི་སྦྱིན་པའི་རྣམ་པ་དགུ་པོ་དེ་དག་ཐམས་ཅད་གཅིག་ཏུ་བསྡུས་པ་ནི། སེམས་ཅན་རྣམས ་ཀྱི་འདི་དང་གཞན་དུ་བདེ་བར་འགྱུར་བའོ། །དེ་ལ་ཟང་ཟིང་དང། མི་འཇིགས་པའི་སྦྱིན་པ་རབ་ཏུ་དབྱེ་བ་དང་བཅས་པ་ནི་ཚེ་འདིའི་བདེ་བའོ། །ཆོས་ཀྱི་སྦྱིན་པ་གང་རབ་ཏུ་དབྱེ་བ་དང་བཅས་པ་ནི་གཞན་ན་བདེ་བའོ། །དེ་ལ་བྱང་ཆུབ་སེམས་དཔའ་ཨི་རྣམ ་པར་དག་པའི་སྦྱིན་པ་གང་ཞེ་ན། དེ་ནི་རྣམ་པ་བཅུར་རིག་པར་བྱ་སྟེ། ཐོགས་པ་མེད་པ་དང། མཆོག་ཏུ་འཛིན་པ་མེད་པ་དང། བསགས་པ་མེད་པ་དང། ཁེངས་པ་མེད་པ་དང། མི་རྟེན་པ་དང། ཞུམ་པ་མེད་པ་དང། ངན་པ་མ་ཡིན་པ་དང། ་རྒྱབ་ཀྱིས་ཕྱོགས་པ་མེད་པ་དང། ལན་ལ་མི་ལྟ་བ་དང། རྣམ་པར་སྨིན་པ་ལ་མི་ལྟ་བའོ། །དེ་ལ་ཐོགས་པ་མེད་པའི་སྦྱིན་པ་གང་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་ནི་སློང་བ་པོ་ལེགས་པར་འོངས་ནས་མི་སྐྱོད་པར་ལ་གོར་སྐྱེན་པར་སྦྱིན་པར་བྱེད་དེ། ་བྱང་ཆུབ་སེམས་དཔའ་ནི་འདི་ལྟར་སྦྱིན་པ་ལས་བརྩམས་ཏེ། སྐྱེན་དུ་བྱེད་པ་ལྟ་བུར་ནི་སློང་བ་པོས་རྙེད་པ་ལས་བརྩམས་ཏེ། དེ་ལྟར་སྐྱེན་པར་མི་བྱེད་དེ། །མཆོག་ཏུ་འཛིན་པ་མེད་པའི་སྦྱིན་པ་གང་ཞེ་ན། བྱང་ཆུབ་སེམས་དཔའ་ནི་འདི་ལྟར ་སྦྱིན་པ་འདིའི་འབྲས་བུ་མེད་དོ་ཞེ་འམ། འཚེ་བའི་སྦྱིན་པས་ཆོས་སུ་འགྱུར་རོ་ཞེ་འམ། སྦྱིན་པ་ཤིན་ཏུ་རྫོགས་པ་ཙམ་གྱིས་འཇིག་རྟེན་པ་དང། འཇིག་རྟེན་ལས་འདས་པའི་རྣམ་པར་དག་པར་འགྱུར་རོ་ཞེས་ལྷ་བས་མཆོག་ཏུ་འཛིན་པར་མི་བྱེད་དོ། ་བསགས་པ་མེད་པའི་སྦྱིན་པ་གང་ཞེ་ན། བྱང་ཆུབ་སེམས་དཔའ་ཨི་སྦྱིན་པར་བྱ་བའི་ཆོས་ཡུན་རིང་པོར་བསགས་ཤིང་ཚོགས་བྱས་ནས། ཕྱིས་གཅིག་ཅར་སྦྱིན་པ་སྦྱིན་པར་མི་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་ ་ནི་སྦྱིན་པར་བྱ་བའི་ཆོས་གང་དག་ཡོད་བཞིན་དུ་སློང་བ་པོ་ལེགས་པར་འོངས་པ་ཕྱིར་བཟློག་པར་མི་བྱེད་ལ། གང་གི་ཕྱིར་བཟློག་པར་བྱ་བའི་འོས་ཀྱང་མི་མཐོང་ན། རྩོགས་པ་ལྟ་ག་ལ་བྱེད། བྱང་ཆུབ་སེམས་དཔས་ནི་བསགས་པའི་སྦྱིན་པ ་ལས་བསོད་ནམས་འདུ་བའི་སྒོ་ལྷག་པར་འགྱུར་བར་མ་མཐོང་སྟེ། སྦྱིན་པར་བྱ་བའི་དངོས་པོ་ཡང་མཚུངས་ལ། སློང་བ་པོ་སྔ་ཕྱི་དང་མགོ་མཉམ་དུ་འོངས་པ་དང་མཚུངས་པ་རྣམས་ལ་མཐར་གྱིས་སྦྱིན་པ་དང། ཅིག་ཅར་སྦྱིན་པ་ན། ཅིའི ་ཕྱིར་བསོད་ནམས་ཁྱད་པར་ཡོད་པར་ཡོངས་སུ་འཛིན་པར་འགྱུར་སྙམ་དུ་མཐོང་བའི་ཕྱིར་རོ། །གཞན་ཡང་བྱང་ཆུབ་སེམས་དཔའ་ནི་བསགས་པའི་སྦྱིན་པ་ནི་ཁ་ན་མ་ཐོ་བ་དང་བཅས་པ་ཡིན་གྱི། ལོངས་སྤྱོད་ཇི་ལྟར་བྱུང་བ་བཞིན་དུ་སྦྱིན་པ་ནི་ཁ ་ན་མ་ཐོ་བ་མེད་པར་མཐོང་ངོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་བསགས་པའི་སྦྱིན་པ་སྦྱིན་པས་ནི། སློང་བ་པོ་རྣམས་ཀྱིས་བསླངས་པ་ན་སྔར་སློང་བ་བརྒྱ་ཕྱིར་ཟློག་ནས། དེ་དག་གིས་ཀུན་ནས་མནར་སེམས་དང། མི་བཟོད་པ་དང། ཡིད ་མི་ཆེས་པ་བསྐྱེད་པའི་འོག་ཏུ་མ་སླངས་པར་ཡང་ཁ་ཅིག་ལ་བསགས་པའི་སྦྱིན་པ་སྦྱིན་པར་བྱེད་པའི་ཕྱིར་ཏེ། དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་ནི་བསགས་ཏེ་སྦྱིན་པ་སྦྱིན་པར་མི་བྱེད་དོ། །ཁེངས་པ་མེད་པའི་སྦྱིན་པ་གང་ཞེ་ན། ་བྱང་ཆུབ་སེམས་དཔའ་ནི་སློང་བ་པོ་ལ་དམའ་བའ་ཨི་སེམས་ཀྱིས་སྦྱིན་པ་སྦྱིན་པར་མི་བྱེད་དོ། །གཞན་ལ་འགྲན་པའི་ཕྱིར་ཡང་སྦྱིན་པར་མི་བྱེད་དོ། །སྦྱིན་པ་བྱིན་ནས་ཀྱང་བདག་ཉིད་ནི་གཏོང་ཕོད་ཅིང་སྦྱིན་པའི་བདག་པོ་ཡིན་གྱི། གཞེན ་དག་ནི་དེ་ལྟ་མ་ཡིན་ནོ། །སྙམ་དུ་སྦྱིན་པ་དེས་རློམ་སེམས་སུ་མི་བྱེད་དོ། །མི་རྟེན་པའི་སྦྱིན་པ་གང་ཞེ་ན། བྱང་ཆུབ་སེམས་དཔའ་ནི་གྲགས་པ་དང། སྒྲ་དང། ཚིགས་སུ་བཅད་པ་ལ་བརྟེན་ཅིང། སྦྱིན་པ་སྦྱིན་པར་མི་བྱེད་དོ། །གྲགས་པ་ནི་རྣམ་པར་རྟོག་པའི་ཡི ་གེ་ལས་བྱུང་བ་དང། སྒྲ་ཙམ་དང་འབྲེལ་པ་དང། ལོ་མ་སྐམ་པོ་ལྟ་བུ་ཡིན་པར་འཛིན་པའི་ཕྱིར་རོ། །ཞུམ་པ་མེད་པའི་སྦྱིན་པ་གང་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་ནི་སྦྱིན་པའི་སྔ་རོལ་ནས་ཡིད་དགའ་ཞིང་སྦྱིན་པའི་ཚེ་སེམས་དང་བས་བྱེད་ལ། བྱིན ་ནས་ཀྱང་འགྱོད་པ་མེད་པ་ཡིན་ནོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྦྱིན་པ་ཡངས་ཤིང་མཆོག་ཏུ་རྒྱ་ཆེ་བ་དག་ཐོས་ན་ཡང་བདག་ཉིད་ལ་ཁྱད་དུ་གསོད་ཅིང་ཞུམ་པར་མི་བྱེད་དོ། །ངན་པ་མ་ཡིན་པ་སྦྱིན་པ་གང་ཞེ་ན། བྱང་ཆུབ་སེམས་དཔའ་ནི་སྦྱིན ་པར་བྱ་བའི་ཆོས་དག་ལས་ནན་ཏན་དུ་གདགས་ཤིང་གདམས་ཤིང་ཟས་དང། སྐོམ་དང། བཞོན་པ་དང། གོས་ལ་སོགས་པ་མཆོག་དང། རབ་མཆོག་གང་ཡིན་པ་དེ་དག་སྦྱིན་པར་བྱེད་དོ། །རྒྱབ་ཀྱིས་ཕྱོགས་བ་མེད་པའི་སྦྱིན་པ་གང་ཞེ་ན། ་བྱང་ཆུབ་སེམས་དཔའ་ནི་སྙོམ་པའི་སེམས་ཀྱིས་འཛའ་བོ་དང། དགྲ་དང། ཐ་མལ་པ་རྣམས་ལ་ཕྱོགས་སུ་འབྱེད་པ་མེད་པར་སྙོམས་པའི་སྙིང་རྗེས་སྦྱིན་པ་སྦྱིན་པར་བྱེད་དོ། །ལན་ལ་མི་ལྟ་བའི་སྦྱིན་པ་གང་ཞེ་ན། བྱང་ཆུབ་སེམས་དཔའ་སྙིང་རྗེའི ་སེམས་དང། སྙིང་བརྩེ་བའི་སེམས་དང་ལྡན་པར་སྦྱིན་པ་སྦྱིན་པ་ནི། ཕ་རོལ་ལས་ལན་དུ་ཕན་འདོགས་སུ་རེ་བ་མེད་དོ། །སྐྱེ་བོ་བདེ་བར་འདོད་པ་དང། སྲེད་པའི་མེས་ཚིག་པ་དང། མཐུ་མེད་པ་དང། རང་བཞིན་གྱིས་སྡུག་བསྔལ་བདག་མཐོང་བའི ་ཕྱིར་རོ། །རྣམ་པར་སྨིན་པ་ལ་མི་ལྟ་བའི་སྦྱིན་པ་གང་ཞེ་ན། བྱང་ཆུབ་སེམས་དཔའ་ནི་སྦྱིན་པ་བྱིན་ནས། ཕྱི་མ་ལ་ལོངས་སྤྱོད་ཕུན་སུམ་ཚོགས་པ་འམ། ལུས་ཕུན་སུམ་ཚོགས་པར་གྱུར་པར་སྦྱིན་པའི་འབྲས་བུ་རྣམ་པར་སྨིན་པ་ལ་རེ་བ ་མེད་དོ། །འདུ་བྱེད་ཐམས་ཅད་ནི་སྙིང་པོ་མེད་པར་ལྟ་ལ། བྱང་ཆུབ་མཆོག་ལ་ནི་ཕན་ཡོན་དུ་ལྟ་བའི་ཕྱིར་རོ། །རྣམ་པ་བཅུ་པོ་འདི་དག་གིས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྦྱིན་པ་རྣམ་པར་དག་ཅིང་ཤིན་ཏུ་རྣམ་པར་དག་པར ་འགྱུར་རོ། །དེ་ལྟར་བྱང་ཆུབ་སེམས་དཔའ་རྣམས་སྦྱིན་པ་རྣམ་པ་དགུ་པོ་འདི་དག་ལ་རྟེན་ཏེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱས་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར ་འགྱུར་རོ། །བྱང་ཆུབ་སེམས་དཔའ་སའི་གཞིའི་རྣལ་འབྱོར་གྱི་གནས་ལས་སྦྱིན་པའི་ལེའུ་སྡེ་དགུ་པའོ།། །།བམ་པོ་བརྒྱད་པ། སྡོམ་ནི། ངོ་བོ་ཉིད་དང་ཐམས་ཅད་དང། དཀའ་བ་དང་ནི་སྒོ་ཀུན་དང། །སྐྱེས་བུ་དང་ནི ་ལྡན་པ་དང། །དེ་བཞིན་རྣམ་པ་ཐམས་ཅད་དང། །ཕོངས་ཤིང་འདོད་པ་ལྡན་པ་དང། །འདི་དང་གཞན་དུ་བདེ་འགྱུར་དང། །རྣམ་པར་དག་དང་རྣམ་དགུ་སྟེ། །མདོར་ན་ཚུལ་ཁྲིམས་དེ་ཡིན་ནོ། །དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚུལ ་ཁྲིམས་གང་ཞེ་ན། དེ་ནི་རྣམ་པ་དགུར་རིག་པར་བྱ་སྟེ། ཚུལ་ཁྲིམས་ཀྱི་ངོ་བོ་ཉིད་དང། ཚུལ་ཁྲིམས་ཐམས་ཅད་དང། དཀའ་བའི་ཚུལ་ཁྲིམས་དང། ཐམས་ཅད་ཀྱི་སྒོ་ནས་ཚུལ་ཁྲིམས་དང། སྐྱེས་བུ་དམ་པའི་ཚུལ་ཁྲིམས་དང།། ་རྣམ་པ་ཐམས་ཅད་ཀྱི་ཚུལ་ཁྲིམས་དང། འཕོངས་ཤིང་འདོད་པ་ལ་ཚུལ་ཁྲིམས་དང། འདི་དང་གཞན་དུ་བདེ་བར་འགྱུར་བའི་ཚུལ་ཁྲིམས་དང། རྣམ་པར་དག་པའི་ཚུལ་ཁྲིམས་སོ། །དེ་ལ་ཚུལ་ཁྲིམས་ཀྱི་ངོ་བོ་ཉིད་གང་ཞེ་ན། མདོར་བསྡུ་ན་ཡོན ་ཏན་རྣམ་པ་བཞི་དང་ལྡན་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚུལ་ཁྲིམས་ཀྱི་ངོ་བོ་ཉིད་ཡིན་པར་རིག་པར་བྱ་སྟེ། བཞི་གང་ཞེ་ན། ཕ་རོལ་ལས་ལེགས་པར་ཡང་དག་པར་བླངས་པ་དང། བསམ་པ་ཤིན་ཏུ་རྣམ་པར་དག་པ་དང། ཉམས ་པར་གྱུར་ན་ཕྱིར་གསོ་བར་བྱེད་པ་དང། མི་ཉམས་པར་བྱ་བའི་ཕྱིར་གུས་པ་སྐྱེས་ནས་དྲན་པ་ཉེ་བར་གནས་པའོ། །དེ་ལ་ཕ་རོལ་ལས་ཚུལ་ཁྲིམས་ཡང་དག་པར་བླངས་པས་ནི་བྱང་ཆུབ་སེམས་དཔའ་བསླབ་པ་ལས་ཉམས་པར་བྱེད་པ་ན། ཕ་རོལ ་བརྟེན་ཏེ་ཁྲེལ་ཡོད་པ་སྐྱེ་བར་འགྱུར་རོ། །བསམ་པ་ཤིན་ཏུ་རྣམ་པར་དག་པས་ནི་བྱང་ཆུབ་སེམས་དཔའ་ཚུལ་ཁྲིམས་ལས་རྣམ་པར་ཉམས་པར་བྱེད་པ་ན། བདག་ཉིད་ལ་བརྟེན་ནས་ངོ་ཚ་ཤེས་པ་སྐྱེ་བར་འགྱུར་རོ། །བརླབ་པའི་གཞི་ཉམས ་པ་རྣམས་ཕྱིར་གསོ་བ་དང། ཐོག་མ་ཉིད་ནས་ཉམས་པར་མི་འགྱུར་བར་གུས་པ་སྐྱེས་པའི་རྒྱུ་འདི་གཉིས་ཀྱིས་ནི་བྱང་ཆུབ་སེམས་དཔའ་འགྱོད་པ་མེད་པར་འགྱུར་ཏེ། དེ་ལྟར་བྱང་ཆུབ་སེམས་དཔའ་ཡང་དག་པར་བླངས་པ་དང། བསམ་པ་རྣམ་པར ་དག་པ་བརྟན་ནས། ངོ་ཚ་ཤེས་པ་དང། ཁྲེལ་ཡོད་པ་སྐྱེད་དོ། །ངོ་ཚ་ཤེས་པ་དང། ཁྲེལ་ཡོད་པར་གྱུར་ན། ཚུལ་ཁྲིམས་ཡང་དག་པར་བླངས་པ་བསྲུངས་པར་འགྱུར་རོ། །བསྲུངས་ན་འགྱོད་པ་མེད་པར་འགྱུར་རོ། །དེ་ལ་ཕ་རོལ་ལས་ཡང་དག་པར་བླངས་པ་གང་ཡིན་པ ་དང། ལྷག་པའི་བསམ་པ་རྣམ་པར་དག་པའི་ཆོས་གང་ཡིན་པ་འདི་གཉིས་ནི་ཉམས་པ་ལས་ཕྱིར་གསོ་བ་གང་ཡིན་པ་དང། ཉམས་པར་མི་འགྱུར་བར་གུས་པར་བྱེད་པ་གང་ཡིན་པའི་ཆོས་འདི་གཉིས་འདྲེན་པ་ཡིན་ནོ། །དེ་ལ་ཕ་རོལ ་ལས་ཡང་དག་པར་བླངས་པ་གང་ཡིན་པ་དང། ལྷག་པའི་བསམ་པ་ཤིན་ཏུ་རྣམ་པར་དག་པ་གང་ཡིན་པ་དང། ཉམས་པར་མི་འགྱུར་བར་གུས་པར་བྱེད་པ་གང་ཡིན་པའི་ཆོས་འདི་གསུམ་གྱིས་ནི་བྱང་ཆུབ་སེམས་དཔའ་ཨི་ཚུལ་ཁྲིམས ་ཉམས་པར་མི་འགྱུར་བར་རིག་པར་བྱའོ། །ཉམས་པ་ལས་ཕྱིར་གསོ་བར་བྱེད་པས་ནི་ཞིག་པ་ལས་ཕྱིར་འཆོས་ཤིང་སློང་བར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚུལ་ཁྲིམས་ཀྱི་ངོ་བོ་ཉིད་ཡོན་ཏན་བཞི་དང་ལྡན་པ་དེ་ནི་ཡང ་དག་པར་བླངས་པ་དང། རྗེས་སུ་སློབ་པས་བདག་ལ་ཕན་པ་དང། གཞན་ལ་ཕན་པ་དང། སྐྱེ་བོ་མང་པོ་ལ་ཕན་པ་དང། སྐྱེ་བོ་མང་པོ་ལ་བདེ་བ་དང། འཇིག་རྟེན་ལ་སྙིང་བརྩེ་བ་དང། ལྷ་དང་མི་རྣམས་ཀྱི་དོན་དང། ཕན་པ ་དང་བདེ་བར་འགྱུར་བའི་ཕྱིར་དགེ་བར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་ཨི་བསླབ་པའི་གཞི་དཔག་ཏུ་མེད་པ་ཡོངས་སུ་བསྡུས་པས་དཔག་ཏུ་མེད་པར་རིག་པར་བྱའོ། །སེམས་ཅན་ཐམས་ཅད་ལ་ཕན་པ་དང། བདེ་བའི་ཕྱིར་ཉེ་བར་གནས ་པས་སེམས་ཅན་ལ་ཕན་འདོགས་པ་ཡིན་པར་རིག་པར་བྱའོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་འབྲས་བུ་ཡོངས་སུ་འཛིན་ཅིང་སྦྱིན་པར་བྱེད་པས་འབྲས་བུ་དང་ཕན་ཡོན་ཆེ་བར་རིག་པར་བྱའོ། །དེ་ལ་བྱང་ཆུབ་སེམས ་དཔའ་ཨི་ཚུལ་ཁྲིམས་ཐམས་ཅད་གང་ཞེ་ན། མདོར་བསྡུ་ན་བྱང་ཆུབ་སེམས་དཔའ་ཨི་ཚུལ་ཁྲིམས་ཁྱིམ་པའི་ཕྱོགས་སུ་གཏོགས་པ་དང། རབ་ཏུ་བྱུང་བའི་ཕྱོགས་སུ་གཏོགས་པ་ནི་ཚུལ་ཁྲིམས་ཐམས་ཅད་ཅེས་བྱའོ། །ཁྱིམ་པའི་ཕྱོགས ་ལ་བརྟེན་པ་དང། རབ་ཏུ་བྱུང་བའི་ཕྱོགས་ལ་རྟེན་པའི་ཚུལ་ཁྲིམས་དེ་ཡང་མདོར་བསྡུ་ན་རྣམ་པ་གསུམ་ཏེ། སྡོམ་པའི་ཚུལ་ཁྲིམས་དང། དགེ་བའི་ཆོས་སྡུད་པའི་ཚུལ་ཁྲིམས་དང། སེམས་ཅན་ཕན་འདོགས་པའི་ཚུལ ་ཁྲིམས་སོ། །དེ་ལ་བྱང་ཆུབ་སེམས་དཔའ་ཨི་སྡོམ་པའི་ཚུལ་ཁྲིམས་ནི་སོ་སོར་ཐར་པའི་སྡོམ་པ་ཡང་དག་པར་བླངས་པ་རིས་བདུན་པོ་དགེ་སློང་དང། དགེ་སློང་མ་དང། དགེ་ཚུལ་དང། དགེ་ཚུལ་མ་དང། དགེ་སྙེན་དང། དགེ་བསྙེན ་མའི་ཚུལ་ཁྲིམས་གང་ཡིན་པ་སྟེ། དེ་ཡང་ཁྱིམ་པ་དང། རབ་ཏུ་བྱུང་བའི་ཕྱོགས་ལ་ཅི་རིགས་པར་རིག་པར་བྱའོ། །དེ་ལ་དགེ་བའི་ཆོས་སྡུད་པའི་ཚུལ་ཁྲིམས་ནི་བྱང་ཆུབ་སེམས་དཔའ་སྡོམ་པའི་ཚུལ་ཁྲིམས་ཡང་དག་པར་བླངས ་བའི་འོག་ཏུ་བྱང་ཆུབ་ཆེན་པོའི་ཕྱིར་ལུས་དང་ངག་གིས་དགེ་བ་བསགས་པ་གང་ཅི་ཡང་རུང་བ་དེ་དག་ཐམས་ཅད་ནི་མདོར་བསྡུ་ན། དགེ་བའི་ཆོས་སྡུད་པའི་ཚུལ་ཁྲིམས་ཞེས་བྱའོ། །དེ་ཡང་གང་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་ནི་ཚུལ་ཁྲིམས ་ལ་གནས་ནས། ཐོས་པ་དང། བསམས་པ་དང། ཞི་གནས་དང། ལྷག་མཐོང་བསྒོམ་པ་དང། གཅིག་ཏུ་དགའ་བ་ལ་བརྩོན་པར་བྱེད་དོ། །དེ་བཞིན་དུ་བླ་མ་རྣམས་ལ་དུས་དུས་སུ་གུས་པར་སྨྲ་བ་དང། ཕྱག་འཚལ་བ་དང། མྱུར་དུ་ལྡང་བ ་དང། ཐལ་མོ་སྦྱོར་བར་བྱེད་པ་ཡིན་ནོ། །དེ་བཞིན་དུ་དུས་དུས་སུ་བླ་མ་དེ་དག་ཉིད་ལ་གུས་པར་རིམ་གྲོ་བྱེད་པ་ཡིན་ནོ། །ནད་པ་རྣམས་ལ་རིམ་གྲོ་བྱས་ཏེ། སྙིང་རྗེས་ནང་གཡོག་བྱེད་པ་ཡིན་ནོ། །དེ་བཞིན་དུ་ལེགས་པར་སྨྲས་པ་ལ་ལེགས་སོ་ཞེས་བྱ་བ་སྦྱིན ་པར་བྱེད་བ་ཡིན་ནོ། །གང་ཟག་ཡོན་ཏན་དང་ལྡན་པ་རྣམས་ཀྱིས་ཡང་དག་པའི་བསྔགས་པ་ཀུན་བརྗོད་པར་བྱེད་པ་ཡིན་ནོ། །དེ་བཞིན་དུ་ཕྱོགས་བཅུའི་སེམས་ཅན་ཐམས་ཅད་ཀྱི་བསོད་ནམས་ཐམས་ཅད་ལ་བསམ་པ་ཐག་པ་ནས་དགའ་བའི་སེམས ་བསྐྱེད་ནས། ཚིག་ཏུ་བརྗོད་ཅིང་རྗེས་སུ་ཡི་རང་བར་བྱེད་པ་ཡིན་ནོ། །དེ་བཞིན་དུ་གཞན་དག་གིས་ཉེས་པ་བྱས་པ་ཐམས་ཅད་ལ་སོ་སོར་བརྟགས་ཏེ། བཟོད་པ་བྱེད་པ་ཡིན་ནོ། །དེ་བཞིན་དུ་ལུས་དང་ངག་དང་ཡིད་ཀྱིས་དགེ་བ་བྱས་པ་དང། མ་བྱས་པ ་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བྱེད་པ་ཡིན་ནོ། །དུས་དུས་སུ་ཡང་དག་པར་སྨོན་ལམ་རྣམ་པ་སྣ་ཚོགས་འདེབས་པ་དང། དཀོན་མཆོག་གསུམ་ལ་མཆོད་པ་རྒྱ་ཆེན་པོ་རྣམ་པ་ཐམས་ཅད་བྱེད་པ་ཡིན་ནོ།། ་རྟག་ཏུ་རྒྱུན་མི་འཆད་པར་དགེ་བའི་ཕྱོགས་རྣམས་ལ་བརྩོན་ཞིང་བརྩོན་འགྲུས་རྩོམ་པར་བྱེད་དེ། བག་ཡོད་པར་གནས་པ་ཡིན་ནོ། །ལུས་དང་ངག་གིས་བསླབ་པའི་གཞི་རྣམས་ལ་དྲན་པ་དང་ཤེས་བཞིན་དུ་སྤྱོད་པས་ཀུན་ནས་སྲུང་བར་བྱེད་པ་ཡིན་ནོ།། ་དབང་པོ་རྣམས་ཀྱི་སྒོ་སྲུངས་ཤིང་ཟས་ཀྱི་ཚོར་རིག་པ་ཡིན་ནོ། །ནམ་གྱི་ཆ་སྟོང་དང་ནམ་གྱི་ཆ་སྨད་ལ་མི་ཉལ་པར་སྦྱོར་བ་ལ་བརྩོན་པ་ཡིན་ནོ། །སྐྱེས་བུ་དམ་པ་ལ་བསྟེན་པ་དང། དགེ་བའི་བཤེས་གཉེན་ལ་བསྟེན་པ་ཡིན་ནོ། ། ་བདག་གིས་འཁྲུལ་བ་རྣམས་ཀྱང་ཡོངས་སུ་ཤེས་ཤིང་ཉེས་པར་ལྟ་བ་ཡིན་ཏེ། ཤེས་ཤིང་ཉེས་པར་མཐོང་ནས་ཀྱང་གཏོང་བར་བྱེད་པ་ཡིན་ནོ། །འཁྲུལ་པ་ཡང་སངས་རྒྱས་དང། བྱང་ཆུབ་སེམས་དཔའ་རྣམས་དང། ཆོས་མཐུན་པ་རྣམས་ལ་ཉེས ་པ་འཆགས་པར་བྱེད་དེ། དེ་ལྟ་བུ་དང་མཐུན་པའི་དགེ་བའི་ཆོས་རྣམས་སྒྲུབས་པ་དང། སྲུང་བ་དང། རྣམ་པར་འཕེལ་བར་བྱེད་པའི་ཚུལ་ཁྲིམས་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའ་ཨི་དགེ་བའི་ཆོས་སྡུད་པའི་ཚུལ་ཁྲིམས་ཞེས་བྱའོ། །དེ་ལ ་བྱང་ཆུབ་སེམས་དཔའ་ཨི་སེམས་ཅན་ལ་ཕན་འདོགས་པའི་ཚུལ་ཁྲིམས་གང་ཞེ་ན། དེ་ནི་མདོར་བསྡུ་ན་རྣམ་པ་བཅུ་གཅིག་ཏུ་རིག་པར་བྱ་སྟེ། རྣམ་པ་བཅུ་གཅིག་གང་ཞེ་ན། སེམས་ཅན་གྱི་བྱ་བ་དོན་དང་ལྡན་པ་རྣམ་པ་སྣ་ཚོགས་ལ་གྲོགས་བྱེད ་ཅིང། སེམས་ཅན་རྣམས་ལ་ནད་ལ་སོགས་པའི་སྡུག་བསྔལ་བྱུང་ངོ་ཅོག་ལ་ནད་གཡོག་ལ་སོགས་པས་གྲོགས་བྱེད་པ་དང། དེ་བཞིན་དུ་འཇིག་རྟེན་བ་དང་འཇིག་རྟེན་ལས་འདས་པའི་དོན་རྣམས་ལ་ཆོས་བསྟན་པ་སྔོན་དུ་གཏོང་བ་དང། ་ཐབས་བསྟན་པ་སྔོན་དུ་གཏོང་བའི་རིགས་པ་སྟོན་པ་དང། ཕན་འདོགས་འདོགས་པའི་སེམས་ཅན་རྣམས་ལ་བྱས་པ་བཟོ་བ་རྗེས་སུ་བསྲུང་ཞིང་འཚམ་པར་ལན་དུ་ཕན་འདོགས་པས་ཉེ་བར་གནས་པ་དང། སེང་གེ་དང། སྟག་དང། རྒྱལ་པོ ་དང། ཆོམ་རྐུན་དང། ཆུ་དང་མེ་ལ་སོགས་པའི་འཇིགས་པའི་གནས་རྣམ་པ་སྣ་ཚོགས་ལས་སེམས་ཅན་རྣམས་ཀུན་ནས་བསྲུང་བ་དང། ལོངས་སྤྱོད་དང། གཉེན་གྱིས་སྡུག་བསྔལ་བར་གནས་བ་རྣམས་ལ་མྱ་ངན་སེལ་བ་དང། སེམས་ཅན ་ཡོ་བྱད་ཀྱིས་འཕོངས་པ་རྣམས་ལ་རིགས་པས་ཡོད་བྱད་ཐམས་ཅད་ཉེ་བར་སྒྲུབ་པ་དང། ཡང་དག་པའི་རྟེན་སྦྱིན་པས་ཆོས་ཀྱི་ཚོགས་ཡོངས་སུ་སྡུད་པ་དང། སྨྲ་བ་དང། ཀུན་ཏུ་སྨྲ་བ་དང། སོ་སོ་ཡང་དག་པར་དགའ་བར་བྱ་བས་དུས་དུས་སུ་ཐད་དུ་འགྲོ་བ་དང། ་གཞན་ལས་ཟས་དང། སྐོམ་ལ་སོགས་པ་ལེན་པ་དང། འཇིག་རྟེན་པའི་དོན་དང་མཐུན་པར་སྤྱོད་པ་དང། བོས་ན་འོང་ཞིང་འགྲོ་བ་དང། མདོར་བསྡུ་ན་དོན་དང་ལྡན་པ་མ་ཡིན་པ་ཡིད་དུ་མི་འོང་བ་ཀུན་ཏུ་སྤྱོད་པ་ཐམས་ཅད་མ་གཏོགས་པ་ལ་སེམས་དང ་མཐུན་པར་བྱེད་པ་དང། དེ་ཉིད་ཀྱི་ཡང་དག་པའི་ཡོན་ཏན་རྣམས་ལྐོག་གམ། མིང་སྔར་བསྒྲགས་པས་ཡང་དག་པར་དགའ་བར་བྱ་བ་དང། འདི་ལྟ་སྟེ། མི་དགེ་བའི་གནས་ནས་བསླང་སྟེ། དགེ་བའི་གནས་ལ་ཡང་དག་པར་གཟུང་བའི་ཕྱིར་ནང ་གི་སེམས་འཇམ་ཞིང་ཕན་པ་དང། ལྷག་པའི་བསམ་པ་དང་ལྡན་པས་ཚར་བཅད་པར་བྱ་བ་དམའ་དབབ་པ་དང། ཆད་པའི་ལས་བྱེད་དུ་གཞུག་པ་འམ། བསྐྲད་པ་དང། རྫུ་འཕྲུལ་གྱི་སྟོབས་ཀྱི་སེམས་ཅན་དམྱལ་བ་ལ་སོགས་པའི་འགྲོ་བ་མངོན ་སུམ་དུ་བསྟན་པས་མི་དགེ་བ་ལས་སྐྱོ་བར་བྱེད་ཅིང་སངས་རྒྱས་ཀྱི་བསྟན་པ་ལ་འཇུག་པར་བྱ་བའི་ཕྱིར་བདུན་པར་བྱེད། མགུ་བར་བྱེད། ཡ་མཚན་དུ་འཛིན་པར་བྱེད་པའོ། །བྱང་ཆུབ་སེམས་དཔའ་སྡོམ་པའི་ཚུལ་ཁྲིམས་ལ་གནས་པ་དང། དགེ ་བ་ཆོས་སྡུད་པའི་ཚུལ་ཁྲིམས་ལ་གནས་པ་དང། སེམས་ཅན་གྱི་དོན་བྱེད་པའི་ཚུལ་ཁྲིམས་ལ་གནས་པ་ཇི་ལྟར་ན་ལེགས་པར་བསྡམས་པའི་ཚུལ་ཁྲིམས་ཅན་དང། དགེ་བ་ལེགས་པར་སྡུད་པའི་ཚུལ་ཁྲིམས་ཅན་གྱི་སེམས་ཅན་གྱི་དོན་གྱི་རྣམ་པ ་ཐམས་ཅད་བྱ་བའི་ཚུལ་ཁྲིམས་དུ་འགྱུར་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་སོ་སོར་ཐར་པའི་སྡོམ་པ་ལ་གནས་པ། གལ་ཏེ་འཁོར་ལོས་སྒྱུར་པའི་རྒྱལ་སྲིད་ཀྱང་པོར་ཏེ། རབ་ཏུ་བྱུང་བར་གྱུར་ན། དེ་འཁོར་ལོས་སྒྱུར་བའི་རྒྱལ་ ་སྲིད་དེ་ལ་འདི་ལྟར་མི་བལྟ་བ་ཡིན་ཏེ། དཔེར་ན་རྩཝ་འམ། མི་གཙང་བ་ལ་ཅི་ལྟ་བ་བཞིན་ནོ། །ཇི་ལྟར་བྱང་ཆུབ་སེམས་དཔའ་བསམ་པ་རྣམ་པར་དག་པ་ལ་བརྟེན་ཏེ། རབ་ཏུ་བྱུང་བ་མིའི་འདོད་པའི་ཐམས་ཅད་ཀྱི་མཆོག་འཁོར་ལོ་སྒྱུར ་བའི་འདོད་པ་རྣམས་ལ་མི་ལྟ་བ་དེ་ལྟར་ནི་མི་ངན་པ་འཚོ་བའི་བསམ་པ་ཅན་འདོད་པ་རྣམས་སངས་ཏེ། རབ་ཏུ་བྱུང་བ་འདོད་པ་ཐ་ཆད་དེ་དག་ལ་མི་ལྟ་བར་མི་འགྱུར་རོ། །བྱང་ཆུབ་སེམས་དཔའ་ནི་འདོད་པ་དེ་དག་འཇིགས་པ་ཆེན་པོ་སྣ་ཚོགས་གཟིང ་གཟིང་བར་འཇུག་པ་ལྟ་བུར་ཡང་དག་པར་ཇི་ལྟ་བ་བཞིན་དུ་མཐོང་བའི་ཕྱིར་མི་འོངས་པ་དག་ན་བདུད་ཀྱི་གནས་སུ་གཏོགས་པའི་འདོད་པ་རྣམས་ལ་ཡང་མངོན་པར་དགའ་བ་མ་ཡིན་ཏེ། དེ་དག་གི་དོན་དུ་སྨོན་ལམ་བཏབ་ན། ཚངས་པར་སྤྱད ་པར་སྤྱོད་པར་མི་བྱེད་ན། དེ་ལས་གཞན་པའི་ལྷ་རྫས་རྣམས་ལྷ་ལ་ཅི་སྨོས་བྱང་ཆུབ་སེམས་དཔའ་རབ་ཏུ་བྱུང་བ་ནི་ད་ལྟར་གྱི་དུས་ན་ཡང་སེམས་ཅན་རྒྱ་ཆེན་པོ་དག་གི་རྙེད་པ་དང་བཀུར་སྟི་རྒྱ་ཆེན་པོ་ཡང་ཁ་ཟས་ཀྱི་སྐྱུགས་པ་དང་འདྲ་བར་ཡང་དག ་པའི་ཤེས་རབ་ཀྱིས་མཐོང་སྟེ། རོ་མྱང་བར་མི་བྱེད་ན། སེམས་ཅན་ཐམས་ཅད་དག་གི་རྙེད་པ་དང་བཀུར་སྟི་ཐ་ཆད་ལྟ་ལ་ཅི་སྨོས། གཅིག་པུ་རབ་ཏུ་དབེན་པར་མངོན་པར་དགའ་བ་ཡིན་ལ། དགེ་འདུན་ཚོགས་ཀྱི་ནང་ན་འདུག་ཀྱང་དུས་ཐམས་ཅད ་དུ་སེམས་དབེན་པར་གནས་ཏེ། དེ་ཚུལ་ཁྲིམས་ཀྱི་སྡོམ་པ་ཙམ་གྱིས་ཆོག་པར་མི་འཛིན་གྱི། ཚུལ་ཁྲིམས་ལ་བརྟེན་ཅིང་གནས་ནས་བྱང་ཆུབ་སེམས་དཔའ་ཨི་ཏིང་ངེ་འཛིན་དཔག་ཏུ་མེད་པ་གང་ཡིན་པ་དེ་དག་མངོན་པར་སྒྲུབ་པ་དང། དབང་ཐོབ ་པའི་ཕྱིར་འབད་པར་བྱེད་དེ། །འདུ་འཛིའི་ནང་ན་འདུག་ཀྱང་ངན་པའི་གཏམ་དང། ངན་པའི་ཚིག་ཅུང་ཟད་དང་དུ་ལེན་པར་མི་བྱེད་ལ། རབ་ཏུ་དབེན་པ་ན་འདུག་ཀྱང་རྟོག་པ་ངན་པ་ཅུང་ཟད་ཀྱང་མི་སེམས་སོ། །བརྗེད་ངས་པས་དེ་ཀུན་ཏུ་སྤྱོད་པའི ་ཕྱིར་དུས་དུས་སུ་འགྱོད་པ་དག་པོ་དང་ཉེས་དམིགས་སུ་ལྟ་བ་སྐྱེད་པར་བྱེད་དེ། རྒྱུན་མི་འཆད་པར་འགྱོད་པ་དང་ཉེས་དམིགས་སུ་ལྟ་བ་དེ་ལ་བརྟེན་ནས་ངན་པའི་གཏམ་དང། རྟོག་པ་ངན་པ་བྱུང་མ་ཐོག་ཏུ་མྱུར་བ་མྱུར་བར་དྲན་པ་ཉེ་བར་གནས་ཤིང་མི་བྱ ་བའི་སེམས་ཀྱང་ཐོབ་པར་འགྱུར་ཏེ། །དེས་ན་འདོར་བར་འགྱུར་རོ། །འདོར་བ་ལ་གོམས་ན་རིམ་གྱིས་སྔོན་ཇི་ལྟར་དེ་ཀུན་ཏུ་སྤྱོད་པ་ལ་དགའ་བར་འགྱུར་བ་དེ་ལྟར་དེ་ཀུན་ཏུ་མི་སྤྱོད་པ་ལ་དགའ་བ་དང། ཀུན་ཏུ་སྤྱོད་པ་དང་མི་མཐུན་པར་ཡང་གནས་སོ། ། ་དེ་བྱང་ཆུབ་སེམས་དཔའ་ས་ཆེན་པོར་ཆུང་བ་རྣམས་ཀྱི་བྱང་ཆུབ་སེམས་དཔའ་ཨི་བསླབ་པའི་གཞི་རྒྱ་ཆེ་ཞིང་དཔག་ཏུ་མེད་ལ་བསམ་གྱིས་མི་ཁྱབ་ཅིང། ད་ལྟ་རིང་དུ་ལོན་པ་དང། མཆོག་ཏུ་དགའ་བ་ཐམས་ཅད་ཐོས་ན་ཡང་སེམས་སྐྲག་པ་འམ། ཞུམ ་ཞིང་འགོད་པར་མི་འགྱུར་ཏེ། དེ་འདི་སྙམ་དུ་དེ་དག་ཀྱང་མིར་གྱུར་པ་ཡིན་ལ། བྱང་ཆུབ་སེམས་དཔའ་ཨི་བསླབ་པ་དག་ལ་རིམ་གྱིས་བརླབས་པས་ལུས་དང་ངག་གི་སྡོམ་པ་དཔག་ཏུ་མེད་ཅིང་བསམ་གྱིས་མི་ཁྱབ་པ་དག་དང་ལྡན་པར་གྱུར་དུ་ཟད་པས། ་བདག་ཀྱང་མིར་གྱུར་པ་ཡིན་ཏེ། རིམ་གྱིས་བསླབས་ན་ལུས་དང་ངག་གི་སྡོམ་པ་ཕུན་སུམ་ཚོགས་པ་དེ་དག་གདོན་མི་ཟ་བར་ཐོབ་པར་འགྱུར་རོ་སྙམ་དུ་སེམས་སོ། །བྱང་ཆུབ་སེམས་དཔའ་ཚུལ་ཁྲིམས་ཀྱི་སྡོམ་པ་ལ་གནས་པ་ནི་བདག་གི་ཉེས་པ་དང ་འཁྲུལ་བ་ལ་རྟོག་པར་བྱེད་ཀྱི། གཞན་གྱི་ཉེས་པ་དང་འཁྲུལ་བ་ལ་རྟོག་པར་མི་བྱེད་དོ། །ཆོས་བཞིན་གྱི་སྙིང་རྗེ་ཆེན་པོ་ལ་བརྟེན་ནས་སེམས་ཅན་མ་རུངས་པ་དང། ཚུལ་ཁྲིམས་འཆལ་པ་ཐམས་ཅད་ལ་ཀུན་ནས་མནར་སེམས་ཀྱི་སེམས་དང་། ་ཁོང་ཁྲོ་བའི་སེམས་མེད་དེ། དེ་དག་ལ་བྱང་ཆུབ་སེམས་དཔའ་ཤས་ཆེད་སྙིང་བརྩེ་བའི་སེམས་དང། བྱེད་འདོད་པའི་སེམས་ཉེ་བར་གནས་པ་ཡིན་ནོ། །བྱང་ཆུབ་སེམས་དཔའ་སྡམ་པའི་ཚུལ་ཁྲིམས་ལ་གནས་པ་ནི་ལག་པ་དང། བོད་བ་དང། ་དབྱུག་པ་དང། མཚོན་ཆས་བསྣུན་ཀྱང་གཞན་དག་ལ་སེམས་ཀྱིས་ཀྱང་སྡང་བར་མི་བྱེད་ན། སྡིག་པའི་ཚིག་འབྱིན་པ་འམ། ཕྱིར་རྡེག་པར་ལྟ་ག་ལ་བྱེད་དེ། སྤྱོ་བ་འམ། ཁྲོ་བའམ། བརྒྱད་བཀག་པ་དག་གིས་སྡུག་བསྔལ་བར ་འགྱུར་བའི་གནོད་པ་ཆུང་ངུ་དག་གིས་ལྟ་ཅི་སྨོས། བྱང་ཆུབ་སེམས་དཔའ་ཨི་སྡོམ་པའི་ཚུལ་ཁྲིམས་ལ་གནས་པ་ནི་ཡན་ལག་ལྔས་བསྡུས་པའི་བག་ཡོད་པ་དང་ལྡན་པ་ཡིན་ཏེ། སྔོན་གི་མཛའ་དང་ལྡན་པ་དང། ཕྱི་མའི་མཛའ་དང་ལྡན་པ་དང། ་དབུས་ཀྱི་མཛའ་དང་ལྡན་པ་དང། སྔ་ནས་བྱ་བ་དང། ལྷན་ཅིག་རྗེས་སུ་དཔྱོད་པའོ། །བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའ་ཨི་སླབ་པ་དག་ལ་སློབ་པ་ནི་འདས་པའི་དུས་ལ་བརྟེན་ནས་ཉེས་པ་བྱུང་བ་གང་ཡིན་པ་དེ་དེས་ཆོས་བཞིན་དུ་ཕྱིར ་བཅོས་པ་དེ་ནི་དེའི་སྔོན་གྱི་མཛའ་དང་ལྡན་པའི་བག་ཡོད་པའོ། །མ་འོངས་པའི་དུས་ལ་བརྟེན་ནས་ཉེས་པ་འབྱུང་བར་འགྱུར་བ་གང་ཡིན་པ་དེ་ཡང་ཆོས་བཞིན་དུ་ཕྱིར་བཅོས་པར་འགྱུར་བ་དེ་ནི་དེའི་ཕྱི་མིའི་མཛའ་དང་ལྡན་པའི་བག་ཡོད ་པའོ། །ད་ལྟར་བྱུང་བའི་དུས་ལ་བརྟེན་ནས། ཉེས་པ་བྱུང་བ་གང་ཡིན་པ་དེ་ཡང་ཆོས་བཞིན་དུ་ཕྱིར་འཆོས་པ་དེ་ནི་དེའི་དབུས་ཀྱི་མཛའ་དང་ལྡན་པའི་བག་ཡོད་པའོ། །ཉེས་པ་མ་བྱུང་བ་ནི་སྔ་རོལ་ནས་བྱང་ཆུབ་སེམས་དཔའ་བདག་ཇི་ལྟ་ཇི ་ལྟར་སྤྱོད་ཅིང་ཇི་ལྟ་ཇི་ལྟར་གནས་ན་ཉེས་པ་འབྱུང་བར་མི་འགྱུར་བ་དེ་ལྟར་སྤྱོད་ཅིང་དེ་ལྟ་དེ་ལྟར་གནས་ཀྱང་ཅི་མ་རུང་སྙམ་དུ་རབ་ཏུ་སྒྲིམ་པར་བྱེད་པ་དེ་ནི་བྱང་ཆུབ་སེམས་དཔའ་ཨི་སྔ་ནས་བྱ་བའི་བག་ཡོད་པའོ། །དེ་སྔ་ནས་བྱས་པའི་བག ་ཡོད་པ་ཉིད་ལ་བརྟེན་ནས་ཇི་ལྟ་ཇི་ལྟར་སྤྱོད་ཅིང་ཇི་ལྟ་ཇི་ལྟར་གནས་ན་ཉེས་པ་འབྱུང་བར་མི་འགྱུར་བ་དེ་དེ་ལྟར་སྤྱོད་ཅིང། དེ་ལྟ་དེ་ལྟར་གནས་པ་དེ་ནི་དེའི་ལྷན་ཅིག་རྗེས་སུ་སྤྱོད་པའི་བག་ཡོད་པའོ། །བྱང་ཆུབ་སེམས་དཔའ་སྡོམ་པའི ་ཚུལ་ཁྲིམས་ལ་གནས་པ་ནི་དགེ་བ་མི་སྤྱོམས་ཤིང་སྡིག་པ་རྣམ་པར་འབྱེད་པ་དང། འདོད་པ་ཆུང་བ་དང། ཆོག་ཤེས་པ་དང། སྡུག་བསྔལ་ལ་ཇི་མི་སྙམ་པ་དང། ཡོངས་སུ་གདུང་བ་མེད་པའི་རང་བཞིན་ཅན་དང། རྒོད་པ་མེད་པ་དང། ཡེངས་ཡེང་པོ་མ་ཡིན་པ ་དང། སྤྱོད་ལམ་རབ་ཏུ་ཞི་བ་དང། ཚུལ་འཆོས་བ་ལ་སོགས་པ་ལོག་པར་འཚོ་བར་བྱེད་པའི་ཆོས་ཐམས་ཅད་རྣམ་པར་སྤངས་པ་སྟེ། ཡན་ལག་བཅུ་པ་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་ཨི་སྡོམ་པའི་ཚུལ་ཁྲིམས་ལ་གནས་པ་འདི་ལྟ་སྟེ། འདས ་པའི་འདོད་པ་རྣམས་ལ་མི་ལྟ་བ་དང། མ་འོངས་པ་རྣམས་ལ་མངོན་པར་དགའ་བ་མེད་པ་དང། ད་ལྟར་བྱུང་བ་རྣམས་ལ་ལྷག་པར་ཞེན་པ་མེད་པ་དང། རབ་ཏུ་དབེན་པར་གནས་པར་མངོན་པར་དགའ་བ་དང། དག་དང་རྟོག་པ་ཡོངས་སུ་དག་པར་བྱེད་པ་དང། ་བདག་ཉིད་ལ་ཁྱད་དུ་མི་བསོད་པ་དང། ངེས་པ་དང། བཟོད་པ་དང། བག་ཡོད་པ་དང། ཆོག་དང། འཚོ་བ་རྣམ་པར་དག་པའི་ཕྱིར་ལེགས་པར་བསྡམས་པའི་ཚུལ་ཁྲིམས་ཅན་ཡིན་ནོ། །ཡང་བྱང་ཆུབ་སེམས་དཔའ་དགེ་བ་སྡུད་པའི་ཚུལ་ཁྲིམས ་ལ་གནས་པ་ནི་ལུས་དང་ལོངས་སྤྱོད་ལ་ལྟ་བ་བྱུང་བ་ཆུང་ངུ་ཡང་དང་ཡང་དུ་ལེན་པར་མི་བྱེད་ན་མང་པོ་ལྟ་ཅི་སྨོས། འཆལ་བའི་ཚུལ་ཁྲིམས་ཀྱི་གཞིར་གྱུར་པ་ཉོན་མོངས་པ་དང། ཉེ་བའི་ཉོན་མོངས་པ་ཁྲོ་བ་དང། ཁོན་དུ་འཛིན་པ་ལ་སོགས་པ་བྱུང ་བ་ཐམས་ཅད་དང་དུ་ལེན་པར་མི་བྱེད་དོ། །གཞན་དག་ལ་ཀུན་ནས་མནར་སེམས་དང། ཁོང་ཁྲོ་དང། ཁོན་པའི་སེམས་བྱུང་བ་དང་དུ་ལེན་པར་མི་བྱེད་དོ། །སྙོམ་ལས་དང་ལེ་ལོ་སྐྱེས་པ་དང་དུ་ལེན་པར་མི་བྱེད་དོ། །སྙོམས་པར་འཇུག་པའི་རོ ་མྱང་བ་དང། སྙོམ་པར་འཇུག་པའི་ཉོན་མོངས་པ་བྱུང་བ་དང་དུ་ལེན་པར་མི་བྱེད་དོ། །གནས་ལྔ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཏེ། དགེ་བའི་འབྲས་བུའི་ཕན་ཡོན་ཡང་དགེ་བ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །དགེ་བའི་རྒྱུ་དང། ་དགེ་བའི་རྒྱུའི་འབྲས་བུ་ལ་ཕྱིན་ཅི་ལོག་པ་དང། ཕྱིན་ཅི་མ་ལོག་པ་དང། དགེ་བ་སྡུད་པ་ལ་བར་དུ་གཅོད་པ་ཡང་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །བྱང་ཆུབ་སེམས་དཔའ་ནི་དགེ་བའི་འབྲས་བུ་ལ་ཕན་ཡོན་དུ་མཐོང་ནས། ་དགེ་བ་སྡུད་པའི་ཕྱིར་དགེ་བའི་རྒྱུ་ཡོངས་སུ་ཚོལ་ལོ། །བྱང་ཆུབ་སེམས་དཔས་ཕྱིན་ཅི་ལོག་པ་དང། ཕྱིན་ཅི་མ་ལོག་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཏེ། དགེ་བའི་འབྲས་བུ་ཐོབ་ནས་མི་རྟག་པ་ལ་རྟག་པར་ལྟ་བར་མི་འགྱུར། སྡུག ་བསྔལ་བ་ལ་བདེ་བར་མི་འགྱུར། མི་གཙང་བ་ལ་གཙང་བར་ལྟ་བར་མི་འགྱུར། བདག་མེད་པ་ལ་བདག་ཏུ་ལྟ་བར་མི་འགྱུར་རོ། །དགེ་བ་སྡུད་པའི་བར་དུ་གཅོད་པ་ཡང་རབ་ཏུ་ཤེས་ནས་ཡོངས་སུ་སྤོང་བར་བྱེད་དོ། །རྣམ་པ་བཅུ་གཉིས་པོ ་འདི་དག་གིས་དགེ་བ་སྡུད་པའི་ཚུལ་ཁྲིམས་ལ་གནས་པ་དེ་མྱུར་བ་ཁོ་ནར་དགེ་བ་སྡུད་པར་འགྱུར་ཞིང། རྣམ་པ་ཐམས་ཅད་ཀྱང་སྡུད་པར་འགྱུར་ཏེ། འདི་ལྟ་སྟེ། སྦྱིན་པའི་ཉེར་གནས་དང། ཚུལ་ཁྲིམས་ཀྱི་ཉེར་གནས་དང། བཟོད་པའི ་ཉེར་གནས་དང། བརྩོན་འགྲུས་ཀྱི་ཉེར་གནས་དང། བསམ་གཏན་གྱི་ཉེར་གནས་དང། ཤེས་རབ་ཀྱི་རྣམ་པ་ལྔས་སྡུད་དོ། །ཡང་བྱང་ཆུབ་སེམས་དཔའ་རྣམ་པ་བཅུ་གཅིག་གིས་སེམས་ཅན་གྱི་དོན་བྱ་བའི་ཚུལ་ཁྲིམས་རྣམ་པ་ཐམས ་ཅད་ལ་གནས་པ་ནི་རེ་རེ་ཡང་རྣམ་པ་ཐམས་ཅད་དང་ལྡན་པ་ཡིན་ཏེ། འདི་ལ་བྱང་ཆུབ་སེམས་དཔའ་ནི་སེམས་ཅན་རྣམས་ཀྱི་བྱ་བ་དེ་དང་དེ་དག་ལ་གྲོགས་སུ་འགྲོ་བ་ན། བྱ་བ་སེམས་པ་དང། བྱ་བ་གཏན་ལ་འབེབས་པ་དང། ལམ་དུ་འགྲོ་ཞིང ་འོང་བ་དང། ཡང་དག་པའི་ལས་ཀྱི་མཛའ་ལ་སྦྱོར་བ་དང། ལོངས་སྤྱོད་རྣམས་བསྲུང་བ་དང། བྱ་བ་རྣམས་ཕན་ཚུན་བསྡུམ་པ་དང། དགའ་སྟོན་དང་བསོད་ནམས་བྱ་བ་ལ་གྲོགས་སུ་འགྲོ་བའོ། །ཡང་བྱང་ཆུབ་སེམས་དཔའ་ནི་སྡུག་བསྔལ་བ ་རྣམས་ཀྱི་གྲོགས་སུ་འགྲོ་བར་བྱེད་དེ། སེམས་ཅན་ནད་ཀྱིས་ཐེབས་པ་རྣམས་ཀྱི་ནད་གཡོགས་བྱེད་དོ། །ལོང་བ་རྣམས་ཁྲིད་ཅིང་ལམ་སྟོན་པར་བྱེད་དོ། །འོན་པ་རྣམས་ལ་མིང་གི་མཚན་མ་སྟོན་པའི་སྒོ་ནས་ལག་བརྡས་དོན་གོ་བར་བྱེད་དོ། །རྐང་ལག་མེད་པ ་རྣམས་ལ་མགོ་བོ་འམ། གཞོན་པས་བཏེགས་ཏེ་ཁྱེར་བར་བྱེད་དོ། །སེམས་ཅན་འདོང་བའི་འདུན་པས་ཀུན་ནས་དཀྲིས་པས་སྡུག་བསྔལ་བ་རྣམས་ཀྱི་འདོད་པའི་འདུན་པས་ཀུན་ནས་དཀྲིས་པའི་སྡུག་བསྔལ་སེལ་བར་བྱེད་དོ། །སེམས་ཅན་གནོད་སེམས་དང ་རྨུགས་པ་དང། གཉིད་དང། རྒོད་པ་དང། འགྱོད་པ་དང། ཐེ་ཚོམ་གྱིས་ཀུན་ནས་དཀྲིས་པས་སྡུག་བསྔལ་བ་རྣམས་ཀྱི་ཐེ་ཚོམ་གྱིས་ཀུན་ནས་དཀྲིས་པ་སེལ་བར་བྱེད་དོ། །སེམས་ཅན་འདོད་པའི་རྟོག་པས་ཀུན་ནས་དཀྲིས་པས་སྡུག་བསྔལ ་པ་རྣམས་ཀྱི་འདོད་པའི་རྟོག་པ་སེལ་བར་བྱེད་དོ། །འདོད་པའི་རྟོག་པ་ཅི་ལྟ་བ་བཞིན་དུ་གནོད་སེམས་དང། རྣམ་པར་འཚེ་བ་དང། ཉེ་དུ་དང། ཡུལ་གི་མིང་དང། མི་འཆི་བའི་རྟོག་པ་དང། ཁྱད་དུ་གསོད་པ་དང་ལྡན་པ་དང། ཁྱིམ་གྱིས་འབྱོར་བ ་དང་ལྡན་པའི་རྟོག་པ་ཡང་དེ་དག་འདྲ་བར་རིག་པར་བྱའོ། །སེམས་ཅན་གཞན་གྱིས་སྨ་ཕབ་ཅིང་ཕམ་པར་བྱས་པའི་སྡུག་བསྔལ་གྱི་སྡུག་བསྔལ་བ་རྣམས་ཀྱིས་གཞན་གྱི་སྨ་ཕབ་ཅིང་ཕམ་པར་བྱས་པའི་སྡུག་བསྔལ་སེལ་བར་བྱེད་དོ། །ལམ་གྱི་ངལ་བར་གྱུར་བ་རྣམས་ལ ་གནས་དང་སྟན་སྦྱིན་པ་དང། ལུས་མཉེ་བས་ངལ་དུབ་པའི་སྡུག་བསྔལ་སེལ་བར་བྱེད་དོ། །ཡང་བྱང་ཆུབ་སེམས་དཔའ་ནི་སེམས་ཅན་རྣམས་ལ་རིགས་པས་སྟོན་པར་བྱེད་དོ། །སེམས་ཅན་ཉེས་པར་སྤྱད་པ་སྤྱོད་པ་རྣམས་ཀྱི་ཉེས་པར་སྤྲད་པ་སྤང ་བའི་ཕྱིར་ཚིག་འབྲུ་འབྱོར་པ་རྣམས་དང། འབྲེལ་པ་རྣམས་དང། རྗེས་སུ་མཐུན་པ་རྣམས་དང། རྗེས་སུ་འཕྲོད་པ་རྣམས་དང། ཐབས་དང་ལྡན་པ་རྣམས་དང། འཚམ་པ་རྣམས་དང། མཐུན་པ་རྣམས་དང། འགྲུས་སྦྱོང་གི་ཡན་ལག་གི་ཚོགས་རྣམས ་ཀྱི་ཆོས་སྟོན་ཏོ། །ཡང་ན་ཐབས་མཁས་པས་ཀྱང་སྟོན་པར་བྱེད་དོ། །སེམས་ཅན་ཉེས་པར་སྤྱད་པ་སྤྱོད་པ་རྣམས་ཀྱི་ཉེས་པར་སྤྱོད་པ་སྤང་བའི་ཕྱིར། ཇི་ལྟ་བ་བཞིན་དུ་སེར་སྣ་ཅན་རྣམས་ཀྱི་སེར་སྣ་སྤང་བ་དང། ཚེ་འདི་ལ་ཡང་དག་པ་དང། ་ཚེགས་ཆུང་ངུས་ལོངས་སྤྱོད་རྣམས་སྒྲུབ་པ་དང། བསྲུང་བ་དང། བསྟན་པ་འདི་ལ་ལྟ་བ་རྣམས་དད་པ་ཐོབ་པར་བྱ་བ་དང། ལྟ་བ་རྣམ་པར་དག་པས་ངན་སོང་ལས་ཡང་དག་པར་འདའ་བར་བྱ་བ་དང། ཀུན་ཏུ་སྦྱོར་བ་ཐམས་ཅད་མཐར་ཐུག་པས་སྡུག ་བསྔལ་ཐམས་ཅད་ལས་ཡང་དག་པར་འདའ་བར་བྱ་བར་ཡང་དེ་དང་འདྲའོ། །ཡང་བྱང་ཆུབ་སེམས་དཔའ་ནི་ཕན་འདོགས་པའི་སེམས་ཅན་རྣམས་ལ་བྱས་པ་གཟོ་བ་སྟོན་པའི་ཚེ་མཐོང་ན་གུས་པར་བྱས་ཏེ། ཚུར་སྤྱོན་ལེགས་པར་བྱོན་ཏེ ་ཞེས་བརྗོད་པས་སྨྲ་ཞིང་ཀུན་ཏུ་སྨྲ་ལ། ཡང་དག་པར་དགའ་བར་བྱེད། སྟན་དང་གནས་སྦྱིན་པས་ཀྱང་བསུ་བར་བྱེད་དོ། །དེའི་རྙེད་པ་དང། བཀུར་སྟིའི་ལན་དེ་དང་མཉམ་པ་འམ། ལྷག་པས་ཉེ་བར་གནས་པར་བྱེད་ཀྱི། ཆུང་ངུས་ནི་མ་ཡིན་ནོ། །དེའི ་བྱ་བ་རྣམས་ལ་ནི་མ་བཅོས་པར་གྲོགས་སུ་འགྲོ་ལ་བཅོལ་ན་ལྟ་ཅི་སྨོས། བྱ་བ་རྣམས་ལ་ཇི་ལྟ་བ་བཞིན་དུ་སྡུག་བསྔལ་བ་རྣམས་དང། ཚུལ་བཞིན་དུ་བསྟན་པ་དང། འཇིགས་པའི་སྐྱབས་བྱ་བ་དང། སྡུག་བསྔལ་བར་གནས་པ་མྱ་ངན་བསལ་བ ་དང། ཡོ་བྱད་ཉེ་བར་སྒྲུབ་པ་དང། གནས་སྦྱིན་པ་དང། སེམས་དང་མཐུན་པར་བྱ་བ་དང། ཡང་དག་པའི་ཡོན་ཏན་གྱིས་དགའ་བར་བྱ་བ་དང། ནང་གི་སེམས་འཇམ་པོས་ཚར་བཅད་པ་དང། རྫུ་འཕྲུལ་གྱིས་སྐྲག་པར་བྱ་བ་དང། འདུན་པར་བྱ ་བ་ལ་ཡང་དེ་དང་འདྲ་བར་སྦྱར་བར་བྱའོ། །ཡང་བྱང་ཆུབ་སེམས་དཔའ་ནི་སེམས་ཅན་འཇིགས་པ་རྣམས་འཇིགས་པ་དག་ལས་སྲུང་བར་བྱེད་དོ། །གཅན་གཟན་གྱི་གནོད་པའི་འཇིགས་པ་ལས་ཀྱང་སེམས་ཅན་རྣམས་སྲུང་ངོ། །ཀློག་དང་ཆུ་སྲིན ་འཛིན་ཁྲིའི་འཇིགས་པ་དང། རྒྱལ་པོའི་འཇིགས་པ་དང། ཆོམས་རྐུན་གྱི་འཇིགས་པ་དང། ཕྱིར་རྒོལ་བས་འཇིགས་པ་དང། རྗེ་བོ་དང་བདག་པོའི་འཇིགས་པ་དང། འཚོ་བ་མེད་པའི་འཇིགས་པ་དང། མི་སྙན་པའི་འཇིགས་པ་དང། འཁོར་དུ་བག་ཚ་བའི་འཇིགས ་པ་དང། མི་མ་ཡིན་པ་དང། རོ་ལངས་ཀྱི་འཇིགས་པ་ལས་ཀྱང་སྲུང་བར་བྱེད་དོ། །ཡང་བྱང་ཆུབ་སེམས་དཔའ་ནི་སེམས་ཅན་སྡུག་བསྔལ་ཅིང་འདུག་པ་རྣམས་ཀྱི་མྱ་ངན་སེལ་བར་བྱེད་དེ། གཉེན་བཤེས་ཀྱི་སྡུག་བསྔལ་ལས་བརྩམས་ཏེ། ་ཕ་མ་ཤིན་ཡང་མྱ་ངན་སེལ་བར་བྱེད་དོ། །བུ་དང་ཆུང་མ་ཤི་བ་དང། བྲན་དང་བྲན་མོ་དང། ལས་བྱེད་པ་དང། ཞོ་ཤས་འཚོ་བ་ཤི་བ་དང། མཛའ་ཤེས་དང། གྲོས་གྲོགས་དང། ཉེ་དུ་དང། རྒན་རབས་ཤི་བ་དང། སློབ་དཔོན་དང། མཁན་པོ་དང། བླ་མ་ལྟ ་བུ་ཤིན་ཡང་མྱ་ངན་སེལ་བར་བྱེད་དོ། །ཡང་ལོངས་སྤྱོད་ཀྱི་སྡུག་བསྔལ་ལས་བརྩམས་ཏེ། གལ་ཏེ་གཞན་དག་གི་ལོངས་སྤྱོད་རྒྱལ་པོས་ཕྲོགས་ན་ཡང་དེ་ལ་མྱ་ངན་སེལ་བར་བྱེད་དོ། །ཆོམ་རྐུན་གྱིས་ཕྲོགས་པར་གྱུར་པ་འམ། མེས་ཚིག་གམ། ཆུས ་ཁྱེར་རམ། གཏེར་དག་ཏུ་ལེགས་པར་མ་སྤས་པས་ཆུང་ཟོས་པ་འམ། ལས་རྣམས་ནན་ཏན་དུ་མ་བྱས་པས་མ་རུངས་པས་གྱུར་པ་འམ། བགོ་སྐལ་ལ་སྤྱོད་པ་མི་མཛའ་བ་རྣམས་ཀྱིས་ཁྱེར་བར་གྱུར་པའམ། ཁྱིམ་དུ་ཁྱིམ་གྱི་ཕུང་ཁྲོལ་བྱུང་བར་གྱུར་པ་འམ། ་གང་གིས་ལོངས་སྤྱོད་དེ་དག་ལ་ཚུལ་མ་ཡིན་པས་སྡུག་བསྔལ་བྱས་པར་གྱུར་ཏེ་གཞི་དེ་ལས་སེམས་ཅན་རྣམས་ཀྱི་མྱ་ངན་ཆུང་ངུ་དང། འབྲིང་དང། ཆེན་པོ་རྣམས་སྐྱེས་པ་ཡང་བྱང་ཆུབ་སེམས་དཔས་ཡང་དག་པར་སེལ་བར་བྱེད་དོ། །ཡང་བྱང་ཆུབ་སེམས་དཔའ་ ་ནི་ཡོ་བྱད་འདོད་པ་རྣམས་ལ་ཡོ་བྱད་སྒྲུབ་པར་བྱེད་དོ། །ཟས་འདོད་པ་རྣམས་ལ་ཟས་སྦྱིན་པར་བྱེད་དོ། །སྐོམ་འདོད་པ་རྣམས་ལ་སྐོམ་དང། གཞོན་པ་འདོད་པ་རྣམས་ལ་གཞོན་པ་དང། གོས་འདོད་པ་རྣམས་ལོགས་དང། ་རྒྱན་འདོད་པ་རྣམས་ལ་རྒྱན་དང། སྣོད་སྤྱད་འདོད་པ་རྣམས་ལ་སྣོད་སྤྱད་དང། སྤོས་དང་མེ་ཏོག་ཕྲེང་དང། བྱུག་པ་འདོད་པ་རྣམས་ལ། སྤོས་དང། མེ་ཏོག་ཕྲེང་དང། བྱུག་པ་དང། གནས་འདོད་པ་རྣམས་ལ་གནས་དང། སྣང་བ་འདོད་པ་རྣམས་ལ་སྣང་བ་སྦྱིན ་པར་བྱེད་དོ། །ཡང་བྱང་ཆུབ་སེམས་དཔའ་ནི་ཡོངས་སུ་སྡུད་པའི་ཚུལ་ཁྲིམས་ཀྱིས་སེམས་ཅན་རྣམས་ཚོགས་ཡོངས་སུ་བསྡུ་བའི་ཚུལ་གྱིས་ཡོངས་སུ་སྡུད་པར་བྱེད་དོ། སྙིང་བརྩེ་བའི་སེམས་ཁོ་ན་སྔོན་དུ་བཏབ་ཏེ། ཟང་ཟིང་མེད་པའི་སེམས་ཀྱིས་ཐོག་མར་རྗེ་གནས་སྦྱིན ་པར་བྱེད་དོ། །དེའི་འོག་ཏུ་དེ་དག་གི་དོན་གྱི་ཕྱིར་བྲམ་ཟེ་དང། ཁྱིམ་བདག་དང་བཅན་རྣམས་ལས་ཆོས་བཞིན་དུ་གོས་དང། ཟས་དང། །མལ་ཆ་དང། སྟན་དང། ན་བའི་གསོས་སྨན་དང། ཡོ་བྱད་རྣམས་ཚོལ་བར་བྱེད་དོ། །རང་གི་གོས་དང། ཟས་དང ་མལ་ཆ་དང། སྟན་དང། ན་བའི་གསོས་སྨན་དང། ཡོ་བྱད་ཆོས་དང་མཐུན་ཞིང་ཆོས་བཞིན་དུ་རྙེད་པ་རྣམས་ཀྱང་ཐུན་མོང་དུ་ལོངས་སྤྱོད་པར་བྱེད་དེ། སྦེད?་ཅིང་སྤྱོད་པ་མ་ཡིན་ནོ། །དུས་དུས་སུ་མཐུན་པའི་གདམས་ངག་རྣམ་པ་བརྒྱད་ཀྱང་སྦྱིན་པར་བྱེད་ལ། ་རྗེས་སུ་བསྟན་པ་རྣམ་པ་ལྔ་ཡང་རྗེས་སུ་སྟོན་པར་བྱེད་དོ། །གདམས་ངག་རྗེས་སུ་བསྟན་པ་ནི་སྟོབས་ཀྱི་རིགས་ཀྱི་ལེའུ་ལས་ཇི་སྐད་བསྟན་པ་ཡིན་ཏེ། འདིར་ཡང་དེ་བཞིན་དུ་རིག་པར་བྱའོ། །ཡང་བྱང་ཆུབ་སེམས་དཔའ་ནི་སེམས་དང་མཐུན་པར་བྱེད་པའི་ཚུལ་ཁྲིམས ་ཀྱི་སེམས་དང་མཐུན་པར་བྱེད་པ་ན། ཐོག་མ་ཁོ་ནར་སེམས་ཅན་རྣམས་ཀྱི་བསམ་པ་དང། རང་བཞིན་དང། ཁམས་ཤེས་སོ། །བསམ་པ་དང། རང་བཞིན་དང། ཁམས་ཤེས་ནས་སེམས་ཅན་གང་དག་དང། ཇི་ལྟར་ལྷན་ཅིག་གནས་པར་བྱ་བ་དེ ་ལྟར་དེ་དག་གནས་སོ། །སེམས་ཅན་གང་དག་ལ་ཇི་ལྟར་བསྒྲུབ་པར་བྱ་བ་དེ་ལྟར་དེ་དག་སྒྲུབ་པར་བྱེད་དོ། །བྱང་ཆུབ་སེམས་དཔའ་སེམས་ཅན་གང་གིས་སེམས་དང་མཐུན་པར་བྱེད་འདོད་པར་གྱུར་པ་དེ་ལ་གལ་ཏེ་ལུས་དང་ངག་གི་དངོས་པོ་ཀུན་ཏུ་སྤྱོད་བ ་དེ་ལྟ་བུ་དེ་འདྲ་བས་དེའི་སྡུག་བསྔལ་དང། ཡིད་མི་བདེ་བ་སྐྱེ་བར་མཐོང་ལ། སྡུག་བསྔལ་བ་དང་ཡིད་མི་བདེ་བ་དེས་ཀྱང་དེ་མི་དགེ་བའི་གནས་ནས་བསླང་སྟེ། དགེ་བའི་གནས་སུ་འཇོག་པར་མི་འགྱུར་ན་ནི་བྱང་ཆུབ་སེམས་དཔས་སོ་སོར་བརྟགས་ནས་ལུས་དང་ངག་གིས ་ཀུན་ཏུ་སྤྱོད་པ་དེ་བསྒྲིམས་ཏེ་ཡོངས་སུ་སྤོང་ཞིང་ཀུན་ཏུ་སྦྱོད་བར་མི་བྱེད་དོ། །གལ་ཏེ་སྡུག་བསྔལ་བ་དང། ཡིད་མི་བདེ་བ་དེས་ཀྱང་དེ་མི་དགེ་བའི་གནས་ནས་བསླང་ཏེ་དགེ་བའི་གནས་སུ་འཇོག་པར་མཐོང་ན་ནི། བྱང་ཆུབ་སེམས་དཔའ་འདི་ལྟ་སྟེ། གཞན་སྙིང ་བརྩེ་བ་ཁོ་ན་ཉེ་བར་བཟུང་ནས་སོ་སོར་བརྟགས་ཏེ། གཞན་གྱི་སེམས་དང་མཐུན་པར་མི་བྱེད་དོ། །གཞན་དག་ལ་ལུས་དང། ངག་གི་དངོས་པོ་ཀུན་ཏུ་སྤྱོད་བ་གང་གིས་གཞན་དག་གི་སྡུག་བསྔལ་བ་དང། ཡིད་མི་བདེ་བ་སྐྱེ་བར་འགྱུར་བ། དེ་ཡང་གཞན་ ་དག་དང། དེ་ལས་གཞན་པ་རྣམས་མི་དགེ་བའི་གནས་ནས་བསླང་སྟེ། དགེ་བའི་གནས་སུ་འཇོག་པར་མི་འགྱུར་ན་ཡང། བྱང་ཆུབ་སེམས་དཔས་སོ་སོར་བརྟགས་ཏེ། དེ་ལས་གཞན་བ་རྣམས་ཀྱི་སེམས་པ་མཐུན་པར་མི་བྱ་བའི་ཕྱིར། ལུས་དང་ངག ་གི་ཀུན་ཏུ་སྤྱོད་པ་དེ་གཏོང་བར་བྱེད་དོ། །གལ་ཏེ་གཞན་དག་དང། དེ་ལས་གཞན་པ་རྣམས་སམ། དེ་གཉིས་ཀ་མི་དགེ་བའི་གནས་ནས་བསླང་སྟེ། དགེ་བའི་གནས་སུ་འཇོག་པར་མཐོང་ན་ནི་བྱང་ཆུབ་སེམས་དཔས་སྙིང་བརྩེ་བའི་སེམས་ཁོ་ན་ཉེ་བར ་གཞག་སྟེ། སོ་སོར་བརྟགས་ནས་ལུས་དང་ངག་གི་ཀུན་ཏུ་སྤྱོད་བར་བྱེད་དེ། སེམས་ཅན་དེ་དག་གི་སེམས་དང་མཐུན་པར་མི་བྱེད་དོ། །བྱང་ཆུབ་སེམས་དཔའ་ནི་བདག་ཉིད་ཀྱི་ལུས་དང་ངག་གིས་དངོས་པོ་ཀུན་ཏུ་སྤྱོད་པ་གང་གིས་ཕ་རོལ་དག་གི་སྡུག ་བསྔལ་བ་དང། ཡིད་མི་བདེ་བ་སྐྱེ་བར་ཡང་དག་པར་མཐོང་ལ། ལུས་དང་ངག་གི་ཀུན་ཏུ་སྤྱོད་པ་དེ་ཡང་བསླབ་པའི་གཞིར་གཏོགས་པ་མ་ཡིན། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དང་ལྡན་པ་ཡང་མ་ཡིན་ལ། སྡུག་བསྔལ་བ་དང། ཡིད་མི་བདེ ་བ་དེས་ཀྱང་གཞན་དག་མི་དགེ་བའི་གནས་ནས་ཞེས་བྱ་བ་ལ་སོགས་པ་ནི་སྔ་མ་བཞིན་དུ་རིག་པར་བྱ་སྟེ། གཞན་གྱི་སེམས་བསྲུང་བའི་ཕྱིར་བྱང་ཆུབ་སེམས་དཔས་ལུས་དང་ངག་གི་ཀུན་ཏུ་སྤྱོད་པ་གཏོང་བར་བྱེད་དོ། །དེ་ལས་བཟློག་པའི་ཀུན་ཏུ ་སྤྱོད་པ་ཡང་སྔ་མ་བཞིན་དུ་རིག་པར་བྱའོ། །སྡུག་བསྔལ་བ་དང་ཡིད་མི་བདེ་བ་ཇི་ལྟ་བ་བཞིན་དུ། བདེ་བ་དང་ཡིད་བདེ་བ་ཡང་དེ་དང་འདྲ་སྟེ། ཅི་རིགས་པར་རྒྱས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་གཞན་གྱི་སེམས་དང་མཐུན་པར་བྱེད་པ་ནི་གཞན ་ཁྲོ་བའི་ཀུན་ནས་དཀྲིས་པས་ཀུན་ནས་དཀྲིས་པ་ལ་ཁྲོ་བའི་ཀུན་ནས་དཀྲིས་པ་མེད་པར་མ་གྱུར་གྱི་བར་དུ་མངོན་སུམ་དུ་བསྔགས་པ་ཡང་མི་བརྗོད་ན་བསྔགས་པ་མ་ཡིན་པ་ལྟ་ཅི་སྨོས་ཏེ། ཤད་ཀྱིས་སྦྱང་བར་མི་བྱེད་དོ། །ཡང་བྱང་ཆུབ་སེམས་དཔའ་ ་གཞན་གྱི་སེམས་དང་མཐུན་པར་བྱེད་པ་ནི། གཞན་མི་སྨྲ་བ་ལ་ཡང་སྨྲ་ཞིང་ཡང་དག་པར་དགའ་བར་བྱེད་ན། སྨྲ་བ་དང་ཡང་དག་པར་དགའ་བར་བྱེད་པ་ལྟེ་ལ་ཅི་སྨོས། བྱང་ཆུབ་སེམས་དཔའ་གཞན་གྱི་སེམས་དང་མཐུན་པར་བྱེད་པ་ནི་གཞན་དག་ལ ་འཁྲུག་པར་མི་བྱེད་དེ། དེ་དག་ཉིད་ལ་སྙིང་བརྩེ་བའི་ཕྱིར་དམའ་དབབ་པར་འདོད་པར་ཟད་དེ། དབང་པོ་རྣམས་རབ་ཏུ་ཞི་བར་དམའའབེབས་པར་བྱེད་དོ། །བྱང་ཆུབ་སེམས་དཔའ་གཞན་གྱི་སེམས་དཔའ་མཐུན་པར་བྱེད་པ་ནི་གཞན་ལ་འཕྱ་བར་ཡང་མི ་བྱེད། བསྟིང་པར་མི་བྱེད་ལ། དེ་བག་ཁུམས་པར་མི་བྱེད་དོ། །བདེ་བ་ལ་རེག་པར་མི་གནས་པར་བྱ་བའི་ཕྱིར་ཐེ་ཚོམ་སློང་བར་ཡང་མི་བྱེད་དོ། །ཆད་པས་བཅད་ཅིང་སྨ་བབ་ཟིན་པ་ལ་ཡང་ཆད་པའི་གནས་ཀྱིས་གླེང་བར་མི་བྱེད་དོ། །དགའ་བའི་ཤས ་ཆུང་བ་ལ་ཡང་བདག་ཉིད་མཐོ་བར་མི་སྟོན་ཏོ། །བྱང་ཆུབ་སེམས་དཔའ་གཞན་གྱི་སེམས་དང་མཐུན་པར་བྱེད་པ་ནི་གཞན་དག་ལ་མི་སྟེན་པར་ཡང་མི་བྱེད། ཧ་ཅང་སྟེན་པར་ཡང་མི་བྱེད། དུས་མ་ཡིན་པར་ཡང་སྟན་པར་ཡང་མི་བྱེད། དེ་དག་གི་མདུན་ཏུ་མཛའ་ ་བོ་ལ་སྨོད་པར་ཡང་མི་བྱེད། མི་འཛའ་བའ་ཨི་བསྔགས་པ་ཡང་མི་བརྗོད། མ་འདྲིས་པ་ལ་ཡིད་རྟོན་པར་ཡང་མི་བྱེད། རྒྱུན་ཏུ་སློང་བར་ཡང་མི་བྱེད། བླང་བ་ལ་ཡང་ཚོད་ཤེས་པ་ཡིན། ཟས་དང་སྐོམ་ལ་སོགས་པ་འཁོས་ན་ཡང་སྤོང་བར་མི་བྱེད་དོ། །ཡང་ན་ཆོས ་དང་མཐུན་པར་ཤད་ཀྱིས་བྱེད་པར་བྱེད་དོ། །ཡང་བྱང་ཆུབ་སེམས་དཔའ་ནི་ཡང་དག་པའི་ཡོན་ཏན་གྱིས་ཡང་དག་པར་དགའ་བར་བྱ་བའི་ཚུལ་ཁྲིམས་ཀྱིས་སེམས་ཅན་རྣམས་ཡང་དག་པར་དགའ་བར་བྱེད་པ་ན། དད་པའི་ཡོན་ཏན་དང་ལྡན་པ་རྣམས་ལ་ནི་དད་པའི ་ཡོན་ཏན་གྱི་འབྲེལ་བའི་གཏམ་གྱིས་ཡང་དག་པར་དགའ་བར་བྱེད་དོ། །ཚུལ་ཁྲིམས་ཀྱི་ཡོན་ཏན་དང་ལྡན་པ་རྣམས་ལ་ནི་ཚུལ་ཁྲིམས་ཀྱི་ཡོན་ཏན་གྱི་འབྲེལ་བའི་གཏམ་གྱིས་ཡང་དག་པར་དགའ་བར་བྱེད་དོ། །ཐོས་པའི་ཡོན་ཏན་དང་ལྡན་པ་རྣམས་ལ ་ནི་ཐོས་པའི་ཡོན་ཏན་གྱི་འབྲེལ་བའི་གཏམ་གྱིས་ཡང་དག་པར་དགའ་བར་བྱེད་དོ། །གཏོང་པའི་ཡོན་ཏན་དང་ལྡན་པ་རྣམས་ལ་ནི་གཏོང་པའི་ཡོན་ཏན་གྱི་འབྲེལ་བའི་གཏམ་གྱིས་ཡང་དག་པར་དགའ་བར་བྱེད་དོ། །ཤེས་རབ་ཀྱི་ཡོན་ཏན་དང་ལྡན་པ ་རྣམས་ལ་ནི་ཤེས་རབ་ཀྱི་ཡོན་ཏན་གྱི་འབྲེལ་བའི་གཏམ་གྱིས་ཡང་དག་པར་དགའ་བར་བྱེད་དོ། །ཡང་བྱང་ཆུབ་སེམས་དཔའ་ནི་ཚར་བཅད་པའི་ཚུལ་ཁྲིམས་ཀྱིས་སེམས་ཅན་རྣམས་ཚར་གཅོད་པར་བྱེད་དེ། ཉེས་པ་ཆུང་ངུ་དང། འགལ་བ་ཆུང་ངུ་ལ ་ནི་བསམ་པ་འཇམ་པོ་དང་སྔད་བ་མེད་པས་འཇམ་པོ་དང་སྔད་བ་མེད་པ་སྨྲ་དབབ་པ་ཆུང་ངུས་སྨ་འབེབས་པར་བྱེད་དོ། །ཉེས་པ་འབྲིང་དང་འགལ་བ་འབྲིང་ལ་ནི་སྨ་དབབ་པ་འབྲིང་གིས་སྨ་འབེབས་པར་བྱེད་དོ། །ཉེས་པ་ཆེན་པོ་དང་འགལ་བ་ཆེན་པོ་ལ་སྨ ་དབབ་པ་ཆེན་པོས་སྨ་འབེབས་པར་བྱེད་དོ། །སྨ་དབབ་པ་ཇི་ལྟར་བ་བཞིན་དུ་ཆད་པས་བཅད་པ་ཡང་དེ་དང་འདྲ་བར་རིག་པར་བྱའོ། །ཉེས་པ་ཆུང་ངུ་དང། འབྲིང་དང། འགལ་བ་ཆུང་ངུ་དང། འབྲིང་ལ་ནི་བྱང་ཆུབ་སེམས་དཔས་དེ་དག་ཉིད་དང་གཞན་དག་ལ ་ལེགས་པར་རྗེས་སུ་བསྟན་པའི་ཕྱིར། སྙིང་བརྩེ་བའི་སེམས་དང། ཕན་པའི་སེམས་ཀྱིས་ཕྱིར་དགུག་པའི་ཕྱིར། རེ་ཞིག་པའི་ཚུལ་གྱིས་བསྐྲོད་པར་བྱེད་དོ། །ཉེས་པ་ཆེན་པོ་དང་འགལ་བ་ཆེན་པོ་ལ་ནི་དེ་དག་ཉིད་ལ་སྙིང་བརྩེ་བས་དེ་དག ་བསྟན་པ་འདི་ལ་བསོད་ནམས་མ་ཡིན་པ་ཆོས་མང་དུ་ཡོངས་སུ་འཛིན་པར་མི་འགྱུར་བར་བྱ་བའི་ཕྱིར་དང། གཞན་དག་ལ་ཡང་ཕན་པར་འདོད་པས་ལེགས་པས་རྗེས་སུ་བསྟན་པའི་ཕྱིར་ཕྱིན་ཆད་འགྲོགས་པར་མི་བྱ་བ་དང། ལོངས་སྤྱོད་པར་མི་བྱ་བ་དང ་ཇི་སྲད་འཚོའི་བར་དུ་ཡང་ཕྱིར་མི་དགུག་པའི་ཚུལ་གྱིས་སྐྲོད་པར་བྱེད་དོ། །ཡང་བྱང་ཆུབ་སེམས་དཔའ་རྫུ་འཕྲུལ་གྱི་སྟོབས་ཀྱིས་སེམས་ཅན་རྣམས་སྐྲག་པར་བྱེད་པ་འདོད་པས་དང། འདུན་པར་བྱེད་འདོད་པ་ནི་སེམས་ཅན་ཉེས་པར་སྤྱད་པ་སྤྱོད་བ ་རྣམས་ལ་ཉེས་པར་སྤྱད་པ་སྤྱོད་པའི་རྣམ་པར་སྨིན་པའི་འབྲས་བུ་ངན་སོང་སེམས་ཅན་དམྱལ་བ་རྣམས་དང། སེམས་ཅན་དམྱལ་བ་ཆེན་པོ་རྣམས་དང། གྲང་བའི་སེམས་ཅན་དམྱལ་བ་རྣམས་དང། ཉི་ཆེ་བའི་སེམས་ཅན་དམྱལ་བ་རྣམས་བསྟེན ་ཅིང་སྟོན་པར་བྱེད་དེ། མིར་གྱུར་པ་གང་གིས་ཉེས་པར་སྤྱོད་པ་བྱས་ཤིང་བསགས་པའི་མི་སྡུག་པའི་འབྲས་བུ་རྣམ་པར་སྨིན་པ་མི་བཟང་ཅིང། མཆོག་ཏུ་ཚ་བ་སོ་སོར་ཉམས་སུ་མྱོང་བ་འདི་ལྟ་བུ་འདི་དག་ལ་ཁྱེད་ལྟོས་ཞེས་བསྒོ་ནས། དེ་དག་གིས་ཀྱང ་དེ་མཐོང་སྟེ། སྐྲག་ཅིང་སྐྱོ་བར་གྱུར་ནས་ཉེས་པར་སྤྱོད་པ་སྤོང་བར་བྱེད་དོ། །སེམས་ཅན་ཁ་ཅིག་བྱང་ཆུབ་སེམས་དཔའ་འཁོར་ཆེན་པོའི་ནང་ན་འདུག་པ་ལ་དྲི་བས་རྨ་དབབ་པས་ཚིག་མི་བཙུན་པར་བྱ་བར་འདོད་པ་ངག་ལ་བྱང་ཆུབ་སེམས་དཔའ་ལག ་ན་རྡོ་རྗེ་འམ། གནོད་སྦྱིན་ཁ་དོག་དཔའ་ཞིང་ལུས་ཆེ་ལ་སྟོབས་ཆེ་བ་གང་ཡང་རུང་བ་ཞིག་ཏུ་མངོན་པར་སྤྲུལ་ནས་འཇིགས་པར་བྱེད། སྐྲག་པར་བྱེད་དེ། རྒྱུ་དེས་ཡིད་ཆེས་པ་སྐྱེས་ཤིང་གཅེས་པར་འཛིན་པར་འགྱུར་ལ། གུས་པ་བྱེད་པར་གྱུར་པ་ལ་དྲི ་བ་ལེགས་པར་ཁོ་ནར་ལུང་བསྟན་པར་བྱ་བ་དང། སྐྱེ་བོ་ཕལ་པོ་ཆེ་དེ་དག་སོ་སོར་དྲིས་པ་ལུང་བསྟན་པ་དེས་གདུལ་བའི་ཕྱིར་རོ། །ཡང་ན་རྫུ་འཕྲུལ་མངོན་པར་འདུ་བྱེད་པ་རྣམ་བ་སྣ་ཚོགས་འདི་ལྟ་སྟེ། གཅིག་ཏུ་གྱུར་ནས་མང་པོར་འགྱུར་བ་དང། མང་པོར ་གྱུར་ནས་གཅིག་ཏུ་འགྱུར་བ་དང། རྩིག་པ་ལས་ཡང་ཐད་ཀར་འགྲོ་བ་དང། རི་བྲག་ལ་ཡང་ཐད་ཀར་འགྲོ་བ་དང། རབ་ལས་ཡང་ཐད་ཀར་འགྲོ་བ་ལ་ལུས་ཀྱིས་ཐོགས་པ་མེད་པར་འགྲོ་བ་ནས། རྒྱས་པར་ཚངས་པའི་འཇིག་རྟེན་གྱི་བར་དུ་ལུས ་ཀྱིས་དབང་བྱེད་པ་དང། མེས་ཁམས་ལ་ཡང་སྙོམས་པར་འཇུག་ཅིང་ཆོ་འཕྲུལ་ཕྲུགས་སུ་སྟོན་པ་དང། ཡང་ན་ཉན་ཐོས་དང་ཐུན་མོང་པའི་རྫུ་འཕྲུལ་བསྟན་པས་འདུན་པར་བྱས། མགུ་པར་བྱས། ཡང་དག་པར་དགའ་བར་བྱས་ནས། མ་དད་པ་ནི་དད་པ ་ཕུན་སུམ་ཚོགས་པ་ལ་འགོད་པར་བྱེད། ཚུལ་ཁྲིམས་འཆལ་པ་ནི་ཚུལ་ཁྲིམས་ཕུན་སུམ་ཚོགས་པ་ལ་འགོད་པར་བྱེད། ཐོས་པ་ཉུང་ངུ་ནི་ཐོས་པ་ཕུན་སུམ་ཚོགས་པ་ལ་འགོད་པར་བྱེད། སེར་སྣ་ཅན་ནི་གཏོང་བ་ཕུན་སུམ་ཚོགས་པ་ལ ་འགོད་པར་བྱེད། །ཤེས་རབ་འཆལ་པ་ནི་ཤེས་རབ་ཕུན་སུམ་ཚོགས་པ་ལ་འགོང་པར་བྱེད་དོ། །དེ་ལྟར་ན་བྱང་ཆུབ་སེམས་དཔའ་རྣམ་པ་ཐམས་ཅད་ཀྱིས་སེམས་ཅན་གྱི་དོན་བྱ་བའི་ཚུལ་ཁྲིམས་དང་ལྡན་པ་ཡིན་ཏེ། བྱང་ཆུབ་སེམས་དཔའ་ཨི ་ཚུལ་ཁྲིམས་ཀྱི་ཕུང་པོ་གསུམ་པོ་སྡོམ་པའི་ཚུལ་ཁྲིམས་སུ་གཏོགས་པ་དང། དགེ་བ་སྡུད་པའི་ཚུལ་ཁྲིམས་སུ་གཏོགས་པ་དང། །སེམས་ཅན་གྱི་དོན་བྱ་བའི་ཚུལ་ཁྲིམས་སུ་གཏོགས་པའི་ཚུལ་ཁྲིམས་ཀྱི་ཕུང་པོ་དེ་དག་ནི་བསོད་ནམས་ཀྱི ་ཕུང་པོ་དཔག་ཏུ་མེད་པ་ཡིན་ནོ། །དེ་ལ་བྱང་ཆུབ་སེམས་དཔའ་ཁྱིམ་པ་འམ་རབ་ཏུ་བྱུང་བ་རྣམས་བྱང་ཆུབ་སེམས་དཔའ་ཨི་བསླབ་པ་ཚུལ་ཁྲིམས་ཀྱི་ཕུང་པོ་རྣམ་པ་གསུམ་པོ་འདི་དག་ལ་སློབ་པར་འདོད་ཅིང། བླ་ན་མེད་པ་ཡང་དག་པར་རྫོགས ་པའི་བྱང་ཆུབ་ཏུ་སྨོན་ལམ་བཏབ་པས། བྱང་ཆུབ་སེམས་དཔའ་སྨོན་ལམ་བཏབ་པའི་ཆོས་མཐུན་པ། སྡོམ་པ་བླངས་པ་མཁས་པ། ངག་གི་རྣམ་པར་རིག་བྱེད་ཀྱི་དོན་འཛིན་པ་དང། གོ་བར་ནུས་པ་དེ་ལྟ་བུའི་བྱང་ཆུབ་སེམས་དཔའ་ཨི་རྐང ་པ་གཉིས་ལ་ཐོག་མར་ཕྱག་བྱས་?་གསོལ་བ་གདབ་པར་བྱ་སྟེ། འདི་ལྟར་བདག་རིགས་ཀྱི་བུ་ཁྱོད་ལས་བྱང་ཆུབ་སེམས་དཔའ་ཨི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླངས་པ་ནོད་པར་འཚལ་གྱིས། དེ་ལས་གནོད་པ་མ་མཆིས་ན་བདག་ལ་ཐུགས་བརྩེ ་བའི་སླད་དུ་ཅུང་ཟད་ཅིག་གསན་ཅིང་སྩལ་བའི་རིགས་སོ་ཞེས་བརྗོད་པར་བྱའོ། །དེ་ནས་བྱང་ཆུབ་སེམས་དཔའ་ནུས་པ་དེས། །བྱང་ཆུབ་སེམས་དཔའ་འདོད་པ་དེ་ལ་བྱང་ཆུབ་སེམས་དཔའ་སྡོམ་པའི་ཕན་ཡོན་རྒྱ ་ཆེར་བརྗོད་ནས། སྡོམ་པ་འདོད་པ་དེ་ལ་བསླབ་པའི་གཞི་ལྕི་ཡང་དག་ཀྱང་བརྗོད་ཅིང་སྤྲོ་བ་བསྐྱེད་པར་ཡང་བྱ་སྟེ། འདི་སྐད་ཅེས་བརྗོད་པར་བྱའོ། །རིགས་ཀྱི་བུ་ཁྱོད་ཉོན་ཅིག་།ཁྱོད་འདི་ལྟར་སེམས་ཅན་མ་རྒལ་བ་རྣམས་བསྒྲལ་བ་དང། མ་གྲོལ ་བ་རྣམས་སྒྲོལ་བ་དང། དབུགས་མ་ཕྱིན་བ་རྣམས་དབུགས་དབྱུང་བ་དང། ཡོངས་སུ་མྱ་ངན་ལས་མ་འདས་པ་རྣམས་ཡོངས་སུ་མྱ་ངན་ལས་འདའ་བ་དང། སངས་རྒྱས་ཀྱི་གདུང་རྒྱུན་མི་འཆད་པར་འདོད་དམ། དེ་ལ་ཁྱོད་ཀྱིས་སེམས་བསྐྱེད་པ་བརྟན ་བ་དང། ཡི་དམ་བརྟན་པར་ཡང་བྱའོ། །ཞེས་དེ་ལྟར་མི་ཤེས་པའི་རིགས་མཐོང་ནས། སྤྲོ་བ་བསྐྱེད་པའི་ཕྱིར་བརྗོད་པར་བྱའོ། །དེ་ནས་འདོད་པ་དེས་ལེགས་པར་གསོལ་བ་བཏབ་ནས་བླ་གོས་ཕྲག་པ་གཅིག་ཏུ་བཟད?་ཏེ། འདས་པ་དང། མ ་བྱོན་པ་དང། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་དང། བྱང་ཆུབ་སེམས་དཔའ་ས་ཆེན་པོ་ལ་བཞུགས་པ་ཡེ་ཤེས་དང། མཐུ་ཆེན་པོ་ཐོབ་པ་ཕྱོགས་བཅུ་ན་བཞུགས་པ་རྣམས་ལ་མཆོད་པ་བྱས་ནས། དེ་དག་གི་ཡོན་ཏན་རྣམས ་ཀྱང་མངོན་སུམ་དུ་བྱས་ལ་བསམ་པ་ཐག་པ་ནས་དང་བའི་སེམས་སམ། ཡང་ན་དེས་ཅི་ནུས་པ་དང། རྒྱུའི་སྟོབས་ཅི་ཡོད་པས་ཆུང་དུས་ཡང་བསྐྱེད་ལ་དེ་བཞིན་གཤེགས་པའི་སྐུ་གཟུགས་མདུན་དུ་བཞག་སྟེ། ལེགས་པར་མཆོད་བར་བྱས་ནས་མདུད་པའི ་ཚུལ་གྱིས་པུས?་མོ་ལྷ་ང་ས་ལ་བཙུགས་པ་འམ། ཙོག་ཙོག་པོར་འདུག་ཀྱང་རུང་སྟེ། བྱང་ཆུབ་སེམས་དཔའ་མཁས་པ་དེ་ལ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། རིགས་ཀྱི་བུ་འམ། ཚེ་དང་ལྡན་པ་འམ། བཙུན་པས་བྱང་ཆུབ་སེམས་དཔའ་ཨི་ཚུལ་ཁྲིམས་ཀྱི་སྡོམ་པ ་ཡང་དག་པར་བླངས་པ་བདག་ལ་སྩལ་དུ་གསོལ་ཞེས་སྨྲས་ནས་དྲན་བ་རྩེ་གཅིག་ཏུ་གཞག་སྟེ། སེམས་དད་བ་ཁོ་ན་བསྐྱེད་ནས། ད་ནི་བདག་གིས་རིང་པོར་མི་ཐོགས་པར་བསོད་ནམས་ཀྱི་གཏེར་ཆེན་པོ་བླ་ན་མེད་པ་ཟད་མི་ཤེས་ཤིང། དཔག་ཏུ་མེད་པ ་ཐོབ་པར་འགྱུར་རོ་སྙམ་དུ་དོན་དེ་ཉིད་རྗེས་སུ་བསམ་ཞིང་ཅད་མི་སྨྲ་བར་བྱའོ། །དེ་ལྟར་ཞུགས་པའི་བྱང་ཆུབ་སེམས་དཔའ་དེ་ལ་བྱང་ཆུབ་སེམས་དཔའ་མཁས་པ་འགྲེང་ཡང་རུང། སྟན་ལ་འདུག་ཀྱང་རུང་སྟེ། ངས་སེམས་མ་ཡངས་བར་འདི་སྐད་ཅེས ་བརྗོད་པར་བྱ་སྟེ། རིགས་ཀྱི་བུ་འམ་ཆོས་ཀྱི་སྤུ་ན་མིང་འདི་ཞེས་བྱ་བ་ཁྱོད་བྱང་ཆུབ་སེམས་དཔའ་ཡིན་ནམ། བྱང་ཆུབ་ཏུ་སྨོན་ལམ་བཏབ་བམ་ཞེས་སྨྲོས་ཤིག་།དེས་ཀྱང་ལགས་སོ་ཞེས་ཁས་ལོང་ཞིག་།དེའི་འོག་ཏུ་དེ་ལ་ཡང་འདི་སྐད་ཅེས་རྗོད་པར ་བྱ་སྟེ། རིགས་ཀྱི་བུ་མིང་འདི་ཞེས་བྱ་བ་ཁྱོད་འདས་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བསླབ་པའི་གཞིར་གྱུར་པ་གང་ཡིན་པ་རྣམས་དང། ཚུལ་ཁྲིམས་སུ་གྱུར་པ་གང་ཡིན་པ་དང། མ་འོངས་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི ་བསླབ་པའི་གཞིར་གྱུར་པ་གང་ཡིན་པ་རྣམས་དང། ཚུལ་ཁྲིམས་སུ་གྱུར་པ་གང་ཡིན་པ་དང། ད་ལྟར་ན་ཕྱོགས་བཅུ་དག་ནི་ད་ལྟར་བྱུང་བའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བསླབ་པའི་གཞི་གང་ཡིན་པ་རྣམས་དང། ཚུལ་ཁྲིམས་གང་ཡིན་པ་བསླང ་པའི་གཞི་གང་དག་དང། ཚུལ་ཁྲིམས་གང་དག་ལ་འདས་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བསླབ་པར་གྱུར་བ་དང། མ་འོངས་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་སློབ་པར་འགྱུར་བ་དང། ཕྱོགས་བཅུ་དག་ན་ད་ལྟར་བྱུང་བའི ་བྱང་ཆུབ་སེམས་དཔའ་ཐམས་ཅད་ད་ལྟར་ན་སློབ་པ་བྱང་ཆུབ་སེམས་དཔའ་ཨི་བསླབ་པའི་གཞི་ཐམས་ཅད་དང། བྱང་ཆུབ་སེམས་དཔའ་ཨི་ཚུལ་ཁྲིམས་ཐམས་ཅད་དེ། སྡོམ་པའི་ཚུལ་ཁྲིམས་དང། དགེ་བའི་ཆོས་སྡུད་པའི་ཚུལ་ཁྲིམས་དང། ་སེམས་ཅན་གྱི་དོན་བྱ་བའི་ཚུལ་ཁྲིམས་ང་ལས་དོན་དམ་ཞེས་སྨྲོས་ཤིག་།དེས་ཀྱང་ནོད་ལགས་སོ་ཞེས་ཁས་ལོང་ཞིག་བྱང་ཆུབ་སེམས་དཔའ་མཁས་པ་དེས་ཀྱང་དེ་ལྟར་ལན་གཉིས་གསུམ་དུ་བརྗོད་པར་བྱའོ། །དྲིས་ན་ནོད་པའི་བྱང་ཆུབ་སེམས་དཔའ་ ་དེས་ཀྱང་ལན་གསུམ་གྱི་བར་དུ་ཁས་བླངས་པར་བྱའོ། །དེ་ལྟར་བྱང་ཆུབ་སེམས་དཔའ་མཁས་པ་དེས་ནོད་པའི་བྱང་ཆུབ་སེམས་དཔའ་དེ་ལ། བྱང་ཆུབ་སེམས་དཔའ་ཨི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླང་བ་ལན་གསུམ་གྱི་བར་དུ་ཕོབ? ་སྟེ། ཁས་ལེན་དུ་ཡང་བཅུག་ནས་ནོད་པའི་བྱང་ཆུབ་སེམས་དཔའ་དེ་མ་ལངས་པར་དེ་བཞིན་གཤེགས་པའི་སྐུ་གཟུགས་དེ་ཉིད་ཀྱི་སྤྱན་སྔར་ཕྱོགས་བཅུའི་སངས་རྒྱས་དང། བྱང་ཆུབ་སེམས་དཔའ་བཞུགས་ཤིང་འཚོ་བ་ཐམས་ཅད་ཀྱི་ཞབས ་ལ་གཏུགས་ཏེ་ཐལ་མོ་སྦྱར་ནས་འདི་ལྟར་མཁྱེན་པར་མཛད་དུ་གསོལ་བ་བྱ་སྟེ། བྱང་ཆུབ་སེམས་དཔའ་མིང་འདི་ཞེས་བགྱི་བ་འདིས། བདག་བྱང་ཆུབ་སེམས་དཔའ་ཨི་མིང་འདི་ཞེས་བྱ་བ་ལས་བྱང་ཆུབ་སེམས་དཔའ་ཨི་ཚུལ་ཁྲིམས་ཀྱི་སྡོམ་པ ་ཡང་དག་པར་བླང་བ་ལན་གསུམ་གྱི་བར་དུ་མནོས་ལགས་ཏེ། བདག་མིང་འདི་ཞེས་བགྱི་བ་བྱང་ཆུབ་སེམས་དཔའ་ཨི་མིང་འདི་ཞེས་དགྱི་བ་འདིའི་བྱང་ཆུབ་སེམས་དཔའ་ཨི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླངས་པ་བདག་དཔང་དུ་གྱུར་པ ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་མཛའ་ཡས་མུ་མེད་པ་ན་བཞུགས་པའི་འཕགས་པའི་མཆོག་ལྐོག་ཏུ་གྱུར་ཀྱང་ཐམས་ཅད་དུ་སེམས་ཅན་ཐམས་ཅད་ལ་ལྐོག་ཏུ་མ་གྱུར་པའི་ཐུགས་མངའ་བ་རྣམས་ལ་མཁྱེན་པར་གསོལ་ལོ། །ཞེས་དེ་སྐད་ལན་གཉིས ་ལན་གསུམ་གྱི་བར་དུ་བརྗོད་པར་བྱའོ།། །།བམ་པོ་དགུ་པ། འདི་ནི་ཆོས་ཉིད་ཡིན་ཏེ། དེ་ལྟར་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླང་བའི་ལས་ཡོངས་སུ་རྫོགས་མ་ཐག་ཏུ་ཕྱོགས་བཅུའི་འཇིག་རྟེན་ཁམས་མཛའ་ཡས་མུ་མེད་པ་དག་ན། ་དེ་བཞིན་གཤེགས་པ་རྣམས་དང་ས་ཆེན་པོར་བཞུགས་པའི་བྱང་ཆུབ་སེམས་དཔའ་བཞུགས་ཏེ། འཚོ་བ་རྣམས་གང་གིས་དེ་དག་འདི་སྙམ་དུ་བྱང་ཆུབ་སེམས་དཔའ་དེས་བྱང་ཆུབ་སེམས་དཔའ་ཨི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླང་བ་ཡང་དག་པར ་མནོས་སོ་སྙམ་དུ་དགོངས་པར་འགྱུར་བ་དེ་ལྟ་བུའི་ལྟས་འབྱུང་བར་འགྱུར་རོ། །དེའི་རྗེས་ལ་དེ་དག་ཀྱང་བྱང་ཆུབ་སེམས་དཔའ་དེ་ལ་དགོངས་པར་འགྱུར་ཏེ། དགོངས་པར་གྱུར་ན་ཡེ་ཤེས་གཟིགས་པ་འཇུག་གོ་།དེ་དག་གིས་ཡེ་ཤེས་གཟིགས་པ་དེས ་འདི་ལྟར་བྱང་ཆུབ་སེམས་དཔའ་མིང་འདི་ཞེས་བྱ་བས་འཇིག་རྟེན་གྱི་ཁམས་ག་གེ་མོ་ཞིག་ཏུ་བྱང་ཆུབ་སེམས་དཔའ་མིང་འདི་ཞེས་བྱ་བ་ལས་བྱང་ཆུབ་སེམས་དཔའ་ཨི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླངས་པ་ལེགས་པར་མནོས་སོ་ཞེས་བྱ་བར ་དེ་ལྟར་ཡང་དག་པར་ཇི་ལྟ་བ་བཞིན་ཐུགས་སུ་ཆུད་པར་འགྱུར་ཏེ། དེ་དག་ཐམས་ཅད་ཀྱང་དེ་ལ་བུ་དང་འདྲ་བ་དང། སྤུན་དང་འདྲ་བར་དགོངས་པ་བཟང་པོས་སོ་སོ་ནས་ཐུགས་བརྩེ་བར་མཛད་དོ། །དེ་ལྟར་དགོངས་པ་བཟང་པོས་སོ་སོ་ནས་ཐུགས་བརྩེ་བར ་མཛད་པའི་བྱང་ཆུབ་སེམས་དཔའ་དེའི་དགེ་བའི་ཆོས་རྣམས་ནི་རྒྱ་ཆེར་འཕེལ་བར་འགྱུར་ཏེ། ཉམས་པར་མི་འགྱུར་བར་ཤེས་པར་བྱའོ། །ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླངས་པ་མཁྱེན་པར་གསོལ་བ་དེ་ཡང་དེ་དག་གི་ཐུགས་སུ་ཆུད་པར་རིག་པར ་བྱའོ། །བྱང་ཆུབ་སེམས་དཔའ་ཨི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླང་བའི་ལས་དེ་ཡོངས་སུ་རྫོགས་ནས། བྱང་ཆུབ་སེམས་དཔའ་དེ་གཉིས་ཀས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་མཛའ་ཡས་མུ་མེད་པ་དག་ན་བཞུགས་པའི་སངས ་རྒྱས་དང། བྱང་ཆུབ་སེམས་དཔའ་དེ་དག་ལ་མཆོད་པ་བྱས་ལ། ཞབས་ལ་གཏུགས་ཏེ་ལྡང་བར་བྱའོ། །བྱང་ཆུབ་སེམས་དཔའ་དེའི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླང་བ་འདི་ནི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླང་བ་ཐམས་ཅད་ལས ་ཁྱད་པར་དུ་འཕགས་པ་ཡིན་ཏེ། བླ་ན་མེད་པ་དང། བསོད་ནམས་ཀྱི་ཕུང་པོ་དཔག་ཏུ་མེད་པ་དང་ལྡན་པ་དང། སེམས་ཀྱི་བསམ་པ་མཆོག་ཏུ་དགེ་བས་བསྐྱེད་པ་དང། སེམས་ཅན་ཐམས་ཅད་ལ་ཉེས་པར་སྤྱོད་པ་རྣམ་པ་ཐམས་ཅད་ཀྱི་གཉེན་པོར ་གྱུར་པ་ཡིན་ནོ། །སོ་སོར་ཐར་པའི་སྡོམ་པ་ཡང་དག་པར་བླང་བ་ཐམས་ཅད་ནི་འདི་ལྟ་སྟེ། བསོད་ནམས་ཡོངས་སུ་བཟུང་བ་ལ་བརྟེན་ནས། ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླང་བ་དེ་ནི། བརྒྱའི་ཆར་ཡང་ཉེ་བར་མི་འགྲོའོ། །སྟོང་གི་ཆ་དང། ་གྲངས་དང། ཆ་དང། བགྲང་བ་དང། དཔེ་དང། རྒྱུར་ཡང་ཉེ་བར་མི་འགྲོའོ། །བྱང་ཆུབ་སེམས་དཔའ་ཨི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླང་བ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ངེས་འདི་ལྟར་བདག་ཉིད་ཀྱིས་ཀྱང་བརྟག་ཅིང་བརྟག་ཅིང་འདི ་ནི་བྱང་ཆུབ་སེམས་དཔའ་བྱ་བའི་ཆ་ཡིན་ནོ། །འདི་ནི་བྱ་བའི་ཆ་མ་ཡིན་ནོ། །སྙམ་ནས། དེ་ཕྱིན་ཆད་དེ་ཁོ་ན་བཞིན་དུ་ལས་སུ་བསྒྲུབ་པར་བྱ་ཞིང་བསྲུང་བར་བྱའོ། །བྱང་ཆུབ་སེམས་དཔའ་ཨི་མདོ་སྡེའི་སྡེ་སྣོད་ལས་ཀྱང་བསྒྲིམས་ཏེ། མཉམ་པ་འམ། ་ཡང་ན་བྱང་ཆུབ་སེམས་དཔའ་ཨི་མདོ་སྡེའི་སྡེ་སྣོད་ཀྱི་མ་མོ་བསྡུས་པ་འདི་ལས་ཀྱང་མཉན་ཏེ། འདི་ལྟར་བཅོམ་ལྡན་འདས་ཀྱི་མདོ་སྡེ་དེ་དང་དེ་དག་ཏུ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བསླབ་པའི་གཞི་སྟོང་ཕྲག་དུ་མ་གསུངས་པ་དག་བསྒྲུབ་པའི ་ཕྱིར་དེ་ཁོ་ན་བཞིན་དུ་བསླབ་པར་བྱའོ། །མཁས་པ་ཡིན་དུ་ཟིན་ཀྱང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལས་བྱང་ཆུབ་སེམས་དཔའ་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླང་བ་དེ་མནོད་པར་མི་བྱ་སྟེ། དད་པ་མེད་པ་ཡང་ཐོག་མར་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང ་དག་པར་བླང་པ་འདི་ལམ་མོས་ཤིང་མི་འཇུག་ལ་མི་རྟོག་པ་ལས་ཀྱང་མནོད་པར་མི་བྱའོ། །བརྐ་མ་ཆགས་ཅན་དང། ཆགས་པས་ཟིལ་གྱིས་ནོན་པ་དང། འདོད་པ་ཆེ་བ་དང། ཆོག་མི་ཤེས་པ་ལས་ཀྱང་མནོད་པར་མི་བྱའོ། །ཚུལ་ཁྲིམས་ཉམས་ཉམས ་པ་དང། བསླབ་པ་དག་ལ་གུས་པར་མི་བྱེད་དེ། ལྷོད་པ་ལས་ཀྱང་མནོད་པར་མི་བྱའོ། །ཁྲོ་བ་དང། ཁོན་དུ་འཛིན་པ་དང། མི་བཟོད་པའི་ཤས་ཆེ་བ་དང། ཕ་རོལ་གྱི་ཉེས་པ་མི་བཟོད་པ་ལས་མནོད་པར་མི་བྱའོ། །སྙོམ་ལས་ཅན་དང། ལེ་ལོ་ཅན ་དང། ཤས་ཆེར་ཉིན་མཚན་དུ་གཉིད་ཀྱིས་བདེ་བ་དང། བློས་འབེབས་པའི་བདེ་བ་དང། ཉལ་བའི་བདེ་བ་ཉམས་སུ་ལེན་པ་དང། འདུ་འཛིའི་གཏམ་གྱིས་དུས་ཡོལ་བར་བྱེད་པ་ལས་ཀྱང་མནོད་པར་མི་བྱའོ། །སེམས་རྣམ་པར་གཡེངས་ཏེ། ཐ་ན་བ ་འཇོས་ཙམ་བར་དུ་ཡང་དགེ་བ་ལ་སེམས་རྩེ་གཅིག་ཏུ་སྒོམ་མི་ནུས་པ་ལས་ཀྱང་མནོད་པར་མི་བྱའོ། །ཡིད་རྟུལ་བ་དང། རྨོངས་པའི་རང་བཞིན་ཅན་དང། ཧ་ཅང་སེམས་ཞུམ་པ་དང། བྱང་ཆུབ་སེམས་དཔའ་ཨི་མདོ་སྡེའི་སྡེ་སྣོད་དང། བྱང་ཆུབ་སེམས་དཔའ་ཨི ་སྡེ་སྣོད་ཀྱི་མ་མོ་ལ་སྐུར་པ་འདེབས་པ་ལས་ཀྱང་མནོད་པར་མི་བྱའོ། །བྱང་ཆུབ་སེམས་དཔའ་སྡོམ་པ་ཡང་དག་པར་བླང་བའི་ཆོ་ག་འདི་བཟུང་ཞིང་ཀུན་ཆུབ་པར་བྱས་ཀྱང། བྱང་ཆུབ་སེམས་དཔའ་ཨི་སྡེ་སྣོད་ལ་སྡོང་ཞིང་མ་དད་པའི་སེམས་ཅན་རྣམས་ལ་གྱ ་ཙོམ་དུ་བསྒྲག་པར་མི་བྱ་ཞིང་ཤེས་པར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་དག་གིས་ཐོས་ན་མ་མོས་ཤིང་མི་ཤེས་པའི་སྒྲིབ་པ་ཆེན་པོས་བསྒྲུབས་པས་བསྐུར་པ་འདེབས་པར་འགྱུར་བའི་ཕྱིར་ཏེ། དེ་ལ་སྐུར་པ་འདེབས་པ་དེ་ནི་སྡོམ་པ་ལ་གནས ་པའི་བྱང་ཆུབ་སེམས་དཔའ་བསོད་ནམས་ཀྱི་ཕུང་པོ་དཔག་ཏུ་མེད་པ་ཇི་ཙམ་དང་ལྡན་པར་འགྱུར་བ་དེ་ཙམ་དུ། དེ་ནི་སྡིག་པའི་ཚིག་དང། སྡིག་པའི་ལྟ་བ་དང། སྡིག་པའི་ཀུན་ཏུ་རྟོགས་པ་དེ་དག་ཇི་སྲིད་དུ་ཐམས་ཅད་ཀྱི་ཐམས་ཅད་དུ་མ ་སྤངས་ཀྱི་བར་དུ་བསོད་ནམས་མ་ཡིན་པའི་ཕུང་པོ་དཔག་ཏུ་མེད་པ་དེ་ཙམ་ཁོ་ན་དང་ལྡན་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླང་བར་འདོད་པ་ལ་སྔ་ནས་བྱང་ཆུབ་སེམས་དཔའ་ཨི་མདོ་སྡེའི་སྡེ་སྣོད་ཀྱི་མ་མོ་འདི་ལས ་བྱང་ཆུབ་སེམས་དཔའ་ཨི་བསླབ་པའི་གཞི་དང། ཉེས་པའི་གནས་གང་དག་བསྟན་པ་དེ་དག་བསྒྲགས་པར་བྱ་སྟེ། གལ་ཏེ་སྙིང་ནས་བརྟགས་ཤིང་ཤེས་རབ་ཀྱིས་སོ་སོར་བརྟགས་ནས། སྤྲོས་པར་གྱུར་ལ་ཕ་རོལ་གྱིས་ཡང་དག་པར་འཛིན་ཏུ་བཅུག ་པའི་ཕྱིར་ཡང་མ་ཡིན། ཕ་རོལ་དང་འགྲན་པའི་ཕྱིར་ཡང་མ་ཡིན་ན། བྱང་ཆུབ་སེམས་དཔའ་བསྟན་པོ་ཡིན་པར་རིག་པར་བྱ་སྟེ། ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླང་བ་འདི་ཆོ་ག་འདི་བཞིན་དུ་དེས་ཀྱང་མནོད་པར་བྱ་ཞིང་དེ་ལ་དཔོག་པར་ཡང ་བྱའོ། །དེ་ལྟར་བྱང་ཆུབ་སེམས་དཔའ་ཚུལ་ཁྲིམས་ཀྱི་སྡོམ་པ་ལ་གནས་པའི་ཕམ་པའི་གནས་ལྟ་བུའི་ཆོས་བཞི་ཡོད་དེ། བཞི་གང་ཞེ་ན། རྙེད་པ་དང་བཀུར་སྟི་ལ་ལྷག་པར་ཞེན་ཏེ། བདག་ལ་བསྟོད་པ་དང། གཞན་ལ་སྨོད་པ་བྱང་ཆུབ་སེམས་དཔའ་ ་ཕམ་པའི་གནས་ལྟ་བུའི་ཆོས་དང། ལོངས་སྤྱོད་དག་ཡོད་དེ། བདག་བཞིན་དུ་ཆགས་པའི་རང་བཞིན་གྱིས་སྡུག་བསྔལ་བ་དང། བཀྲེན་པ་དང། མགོན་མེད་པ་དང། རྟེན་མེད་པའི་སློང་བ་པོ་ལེགས་པར་འོངས་པ་རྣམས་ལ་སྙིང་སྲ་བས་ཟང་ཟིང ་མི་གཏོང་བ་དང། ཆོས་ལ་སེར་སྣ་བྱེད་པའི་ཕྱིར་དོན་དུ་གཉེར་བ་ལེགས་པར་འོངས་པ་རྣམས་ལ་ཆོས་ཀྱི་སྒོ་བ་ཤའ་མི་བྱེད་པ་ནི་བྱང་ཆུབ་སེམས་དཔའ་ཨི་ཕམ་པའི་གནས་ལྟ་བུའི་ཆོས་དང། གང་གིས་བྱང་ཆུབ་སེམས་དཔའ་ཨི་ཚིག་རྩུབ་པོས་སྨྲས་པ ་ཙམ་གྱིས་གཏོད་པར་མི་བྱེད་དེ། ཁྲོ་བའི་ཀུན་ཏུས་དཀྲིས་པ་དེ་ལྟ་བུ་འཕེལ་བར་བྱེད་ལ། ཁྲོ་བའི་ཟིལ་གྱིས་ནོན་ནས་ལག་པ་འམ། བོང་བ་འམ། དབྱུག་པས་སེམས་ཅན་རྣམས་ལ་རྡེག་པ་བྱེད། རྣམ་པར་འཚེ་བར་བྱེད། རྣམ་པར་ཐོ་འཚམ་པར་བྱེད་པ་ལ། ་གཞན་དག་གིས་འགལ་བ་ཤད་ཀྱིས་སྦྱངས་ཀྱང་ཁྲོ་བའི་བསམ་པ་བདོ་བའི་ཁོ་ན་ཞེ་ལ་བཟུང་སྟེ། གཞན་གྱིས་ཤད་ཀྱིས་སྦྱངས་ཀྱང་མི་ཉན་ཅིང་མི་བཟོད་ལ། བསམ་པས་མི་གཏོང་བ་འདི་ཡང་བྱང་ཆུབ་སེམས་དཔའ་ཨི་ཕམ་པའི་གནས་ལྟ་བུའི་ཆོས་དང། ་བྱང་ཆུབ་སེམས་དཔའ་ཨི་སྡེ་སྣོད་ལ་སྐུར་པ་འདེབས་པ་དང། བདག་ཉིད་དམ། གཞན་དག་གི་གཡམ་ལ། དམ་པའི་ཆོས་ལྟར་བཅོས་པ་ལ་མོས་ནས་དམ་པའི་ཆོས་ལྟར་བཅོས་པ་རྣམས་ལ་དགའ་བ་དང། སྟོན་པ་དང། འཇོག་པ་ནི་བྱང་ཆུབ་སེམས་དཔའ་ཨི ་ཕམ་པའི་གནས་ལྟ་བུའི་ཆོས་སོ། །བཞི་པ་དེ་དག་ནི་ཕམ་པའི་གནས་ལྟ་བུའི་ཆོས་རྣམས་ཡིན་ཏེ། དེ་དག་ལས་བྱང་ཆུབ་སེམས་དཔའ་གང་ཡང་རུང་བ་བྱས་ན་ཡང་ཚེ་འདི་ལ་བྱང་ཆུབ་ཀྱི་ཚོགས་རྒྱ་ཆེན་པོ་གསོགས་པ་དང། ཡོངས་སུ་འཛིན ་པའི་སྐལ་པ་མེད་པར་འགྱུར་ན་ཐམས་ཅད་ལ་བྱས་ན་ལྟ་ཅི་སྨོས། ཚེ་འདི་ཉིད་ལ་བསམ་པ་རྣམ་པར་དག་པར་འགྱུར་བའི་སྐལ་པ་ཡང་མེད་དེ། དེ་ནི་བྱང་ཆུབ་སེམས་དཔའ་ལྟར་བཅོས་པ་ཡིན་གྱི་ཡང་དག་པའི་བྱང་ཆུབ་སེམས་དཔའ་མ་ཡིན་ནོ།། ་ཕམ་པའི་གནས་ལྟ་བུ་བཞི་པོ་འདི་དག་གི་ཀུན་ནས་དཀྲིས་པ་ཆུང་ངུ་དང། འབྲིང་གིས་ནི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླངས་པ་དེ་བྱང་ཆུབ་སེམས་དཔས་བཏང་བར་མི་འགྱུར་རོ། །ཀུན་ནས་དཀྲིས་པ་ཆེན་པོས་ནི་བཏང་བར་འགྱུར་ཏེ། གང་གི ་ཕྱིར་བྱང་ཆུབ་སེམས་དཔས་ཕམ་པའི་གནས་ལྟ་བུའི་ཆོས་བཞི་པོ་འདི་དག་རྒྱུན་མི་འཆད་པར་ཀུན་ཏུ་སྤྱོད་པ་དང། ངོ་ཚ་ཤེས་པ་དང། ཁྲེལ་ཡོད་པ་ཆུང་ངུ་ཙམ་ཡང་མི་སྐྱེད་པ་དང། དེས་མགུ་བར་བྱེད་ཅིང་དེ་ལ་དགའ་བ་དང། དེ་ཉིད་ལ་ཡོན་ཏན ་དུ་ལྟ་བ་ཅན་དུ་གྱུར་པ་འདི་ནི་ཀུན་ནས་དཀྲིས་པ་ཆེན་པོ་ཡིན་པར་རིག་པར་བྱའོ། །འདི་ལྟ་སྟེ། ཕམ་པའི་ཆོས་རྣམས་བྱས་པའི་དགེ་སློང་གིས་སོ་སོར་ཐར་པའི་སྡོམ་པ་བཏང་བར་འགྱུར་བ་བཞིན་དུ། བྱང་ཆུབ་སེམས་དཔའ་ཨི་ཕམ་པའི་གནས ་ལྟ་བུའི་ཆོས་ཅན་ལན་ཅིག་ཙམ་ཀུན་ཏུ་དཔྱད་པས་ནི་བྱང་ཆུབ་སེམས་དཔའ་ཨི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླངས་པ་བཏང་བར་མི་འགྱུར་རོ། །བྱང་ཆུབ་སེམས་དཔའ་ནི་ཡང་དག་པར་བླངས་པར་ཡོངས་སུ་བཏང་དུ་ཟིན་ཀྱང་ཚེ་འདི་ལ་བྱང་ཆུབ ་སེམས་དཔའ་ཨི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླངས་པའི་ཕྱིར་མནོད་པའི་སྐལ་པ་ཡོད་དེ། འདི་ལྟ་སྟེ། དགེ་སློང་སོ་སོར་ཐར་བའི་སྡོམ་པ་ལ་གནས་པ་ཕམ་པ་བྱུང་བ་བཞིན་དུ་སྐལ་པ་མེད་པ་ཁོ་ནར་འགྱུར་བ་མ་ཡིན་ནོ། །མདོར ་བསྡུ་ན་རྒྱུ་གཉིས་ཁོ་ནས་བྱང་ཆུབ་སེམས་དཔའ་ཨི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླངས་པ་བཏང་བར་འགྱུར་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྨོན་པ་ཡོངས་སུ་བཏང་བ་དང། ཕམ་པའི་གནས་ལྟ་བུའི་ཆོས་ཀྱི་ཀུན་ནས་དཀྲིས་པ་ཆེན་པོ ་ཀུན་ཏུ་སྤྱོད་པའོ། །བྱང་ཆུབ་སེམས་དཔའ་གང་གིས་སྨོན་ལམ་ཡང་མ་བཏང་ལ། ཕན་པའི་གནས་ལྟ་བུའི་ཆོས་རྣམས་ཀྱི་ཀུན་ནས་དཀྲིས་པ་ཆེན་པོ་ཡང་ཀུན་ཏུ་མ་སྤྱད་ན། ཚེ་རྗེས་སུ་ཟིན་ཀྱང་འོག་དང་སྟེང་དང་ཐད་ཀར་ཐམས་ཅད་དུ་སྐྱེས་པ་ན། བྱང་ཆུབ ་སེམས་དཔས་བྱང་ཆུབ་སེམས་དཔའ་ཨི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླངས་པ་སྤོང་བར་མི་འགྱུར་རོ། །བྱང་ཆུབ་སེམས་དཔའ་ཚེ་བརྗེས་ཏེ་བརྗེས་ནེ་ཡང་དགེ་བའི་བཤེས་གཉེན་བསྟེན་པ་ལ་བརྟེན་ནས། དྲན་པ་གསོ་བའི་ཕྱིར་ཡང་དང་ཡང ་ནོད་པར་བྱེད་པར་ཟད་ཀྱི། གསར་དུ་ཡང་དག་པར་ལེན་པ་ནི་མ་ཡིན་ནོ། །དེ་ལྟར་བྱང་ཆུབ་སེམས་དཔའ་ཨི་ཚུལ་ཁྲིམས་ཀྱི་སྡོམ་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཨི་ཉེས་པ་དང་ཉེས་པ་མ་ཡིན་པ་དང། ཉོན་མོངས་པ་ཅན་དང། ཉོན་མོངས་ཅན་མ་ཡིན ་པ་དང། ཆུང་ངུ་དང། འབྲིང་དང། ཆེན་པོར་ཡང་རིག་པར་བྱ་སྟེ། དེ་ལྟར་བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའ་ཨི་ཚུལ་ཁྲིམས་ཀྱི་སྡོམ་པ་ལ་གནས་པས་ཉིན་ཅིག་བཞིན་དུ་དེ་བཞིན་གཤེགས་པ་འམ། དེ་བཞིན་གཤེགས་པའི་མཆོད་རྟེན་ནམ། ཆོས་སོ ་ཆོས་ཀྱི་གླེགས་བམ་དུ་བྱས་པ་བྱང་ཆུབ་སེམས་དཔའ་ཨི་མདོ་སྡེའི་སྡེ་སྣོད་དམ། བྱང་ཆུབ་སེམས་དཔའ་ཨི་མདོ་སྡེའི་སྡེ་སྣོད་ཀྱི་མ་མོ་འམ། དགེ་འདུན་ལ་ཡང་རུང་སྟེ། ཕྱོགས་བཅུ་དག་ན་ས་ཆེན་པོར་ཆུད་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དགེ་འདུན་གང་ཡིན་པ ་ལ་མཆོད་པའི་བྱ་བ་ཆུང་ངུ་འམ། ཆེན་པོ་ཅི་ཡང་རུང་སྟེ། ཐ་ན་ལུས་ཀྱིས་ཕྱག་གཅིག་ཙམ་འཚལ་བ་དང། ཐ་ན་སངས་རྒྱས་དང་ཆོས་དང་དགེ་འདུན་རྣམས་ཀྱི་ཡོན་ཏན་རྣམས་ལས་བརྩམས་ཏེ་ཚིག་བཞི་པའི་ཚིགས་སུ་བཅད་པ་གཅིག་ཙམ་ཞིག་ཚིག་ཏུ་བརྗོད ་པ་དང། ཐ་ན་སེམས་ཀྱིས་སངས་རྒྱས་དང། ཆོས་དང། དགེ་འདུན་གྱི་ཡོན་ཏན་རྗེས་སུ་དྲན་པ་སྔོན་དུ་འགྲོ་བའི་དད་པ་གཅིག་ཙམ་ཡང་མ་བྱས་པར་ཉིན་མཚན་འདའ་བར་བྱེད་ན། ཉེས་པ་དང་བཅས་ཤིང་འགལ་བ་དང་བཅས་པར་འགྱུར་ཏེ། གལ་ཏེ་མ་གུས ་པ་དང། སྙོམ་ལས་དང། ལེ་ལོས་ཉེས་པ་བྱུང་ན་ནི། ཉོན་མོངས་པ་ཅན་གྱི་ཉེས་པར་འགྱུར་རོ། །གལ་ཏེ་བརྗེས་པས་ཉེས་པ་བྱུང་ན་ནི་ཉོན་མོངས་པ་ཅན་མ་ཡིན་པའི་ཉེས་པ་འབྱུང་བར་འགྱུར་རོ། །སེམས་འཁྲུགས་པ་ལ་ནི་ཉེས་པ་མེད་དོ།། ་བསམ་པ་དག་པའི་སར་ཆུད་པ་ལ་ཉེས་པ་མེད་དེ། འདི་ལྟར་བྱང་ཆུབ་སེམས་དཔའ་ནི་བསམ་པ་དག་པའི་ཕྱིར་ཏེ། དཔེར་ན་དགེ་སློང་གིས་ཤེས་ནས་དད་པ་ཐོབ་པ་ནི་དུས་ཐམས་ཅད་དུ་ཡང་ཆོས་ཉིད་ཀྱིས་སྟོན་པ་དང། ཆོས་དང་དགེ་འདུན་ལ ་བསྙེན་བཀུར་བྱེད་ཅིང་མཆོད་པ་དམ་པས་མཆོད་པ་བྱེད་པ་ལྟ་བུའོ། །བྱང་ཆུབ་སེམས་དཔའ་འདོད་པ་ཆེ་བ་དང། ཆོག་མི་ཤེས་པ་དང། རྙེད་པ་དང། བཀུར་སྟི་ལ་ཆགས་པ་བྱུང་བ་དང་དུ་ལེན་པར་བྱེད་ན། ཉེས་པ་དང་བཅས་ཤིང་འགལ་བ་དང་བཅས་པར ་འགྱུར་ཏེ། ཉོན་མོངས་པ་ཅན་གྱི་ཉེས་པར་འགྱུར་རོ། །དེ་སྤང་བའི་ཕྱིར་འདུན་པ་སྐྱེས་ཤིང་བརྩོན་འགྲུས་རྩོམ་ལ་དེའི་གཉེན་པོ་ཡོངས་སུ་འཛིན་པས་དེའི་གགས་ལ་གནས་པ་རང་བཞིན་གྱི་ཉོན་མོངས་བ་ཤས་ཆེ་བའི་ཕྱིར་ཟིལ་གྱིས་མནན ་ནས་ཡང་དང་ཡང་དུ་ཀུན་ཏུ་སྤྱོད་པ་ལ་ཉེས་པ་མེད་དོ། །བྱང་ཆུབ་སེམས་དཔའ་ཆས་རྒན་ཞིང་ཡོན་ཏན་དང་ལྡན་ལ། བཀུར་སྟི་བྱ་བར་འོས་པ་ཆོས་མཐུན་པ་མཐོང་བ་ན། ང་རྒྱལ་གྱིས་ནོན་ཏམ། ཀུན་ནས་མནར་སེམས་ཀྱི་སེམས་དང་ལྡན་ནམ། ཁོང ་ཁྲོ་བའི་སེམས་དང་ལྡན་ཡང་རུང་སྟེ། ལངས་ཤིང་སྟན་མི་སྟོབས་པ་དང། གཞན་དག་ལ་སྨྲ་ཞིང་ཀུན་ཏུ་སྨྲ་ལ། ཡང་དག་པར་དགའ་བར་བྱེད་ཅིང་འདྲི་བ་ལ་ང་རྒྱལ་ཁོ་ནས་ནོན་ཏམ། ཀུན་ནས་མནར་སེམས་ཀྱི་སེམས་དང་ལྡན་ནམ་ཁོང་ཁྲོ་བའི་སེམས ་དང་ལྡན་ཡང་རུང་སྟེ། རིགས་པའི་ཚུལ་གྱིས་ཚིག་སླར་བརྗོད་པར་མི་བྱེད་ན། ཉེས་པ་དང་བཅས་ཤིང་འགལ་པ་དང་བཅས་པར་འགྱུར་ཏེ། ཉོན་མོངས་པ་ཅན་གྱི་ཉེས་པར་འགྱུར་རོ། །གལ་ཏེ་ང་རྒྱལ་གྱིས་ནོན་པ་མ་ཡིན། ཀུན་ནས་མནར་སེམས་ཀྱི ་སེམས་དང་ལྡན་པ་མ་ཡིན། ཁོང་ཁྲོ་བའི་སེམས་དང་ལྡན་པ་ཡིན་ཡང་རུང་སྟེ། །སྙོམ་ལས་དང། ལེ་ལོ་འམ་ལུང་དུ་མ་བསྟན་པའི་སེམས་སམ། བརྗེད་པས་བྱས་ནས་ཉེས་པ་དང་བཅས་ཤིང་འགལ་བ་དང་བཅས་པ་ཁོ་ནར་འགྱུར་གྱི། ཉོན་མོངས་པ་ཅན ་གྱི་ཉེས་པར་ནི་མི་འགྱུར་རོ། ནང་ཚབས་ཆེ་བ་འམ། སེམས་འཁྲུགས་པ་ལ་ཉེས་པ་མེད་དོ། །དེ་གཉིད་ཀྱིས་ལོག་པ་ལ་སང་བའི་འདུ་ཤེས་ཀྱིས་འཁྱུད་པར་བྱེད་པ་དང། སྨྲ་བ་དང། ཀུན་ཏུ་སྨྲ་བ་དང། ཡང་དག་པར་དགའ་བར་བྱེད་པ་དང། འདྲི་བ་ལ་ཉེས ་བ་མེད་དོ། །གཞན་དག་ལ་ཆོས་སྟོན་པ་འམ། འབྲེལ་བའི་གཏམ་རྣམ་པར་གཏམ་ལ་འབེབས་པ་ལ་བརྩོན་པ་ལ་ཉེས་པ་མེད་དོ། །དེ་མ་ཡིན་པ་གཞན་དག་ཡང་དག་པར་དགའ་བར་བྱེད་ན་ཉེས་བ་མེད་དོ། །གཞན་དག་ཆོས་སྟོན་པ་འམ། འབྲེལ་བའི ་གཏམ་རྣམ་པར་གཏན་ལ་འབེབས་པ་ལ་རྣ་བླགས་ཏེ་ཉན་ན་ཉེས་པ་མེད་དོ། །ཆོས་ཀྱི་གཏམ་ལ་མི་དགའ་བར་འགྱུར་བ་དང། ཆོས་སྨྲ་བའི་སེམས་བསྲུང་ན་ཉེས་པ་མེད་དོ། །ཐབས་དེས་སེམས་ཅན་དེ་དག་དུལ་བར་བྱེད་ཅིང་འདུལ་ལ། མི་དགེ་བའི་གནས་ནས་བསླད་སྟེ། དགེ ་བའི་གནས་ལ་འགོད་ན་ཉེས་པ་མེད་དོ། །དགེ་འདུན་གྱི་ནང་ཁྲིམས་བསྲུང་ན་ཉེས་པ་མེད་དོ། །གཞན་ཆེས་མང་བ་རྣམས་ཀྱི་སེམས་བསྲུང་ན་ཉེས་པ་མེད་དོ། །བྱང་ཆུབ་སེམས་དཔའ་གཞན་དག་གིས་ཁྱིམ་མམ། གཙུག་ལག་ཁང་གཞན་ནམ། ཁྱིམ་གཞན་དུ་ཟས ་དང་སྐོམ་དང། གོས་ལ་སོགས་པ་ཡོ་བྱད་རྣམས་ལ་བོས་པ་ལས་ང་རྒྱལ་གྱིས་ནོན་ཏམ། ཀུན་ནས་མནར་སེམས་ཀྱི་སེམས་དང་ལྡན་ནམ། ཁོང་ཁྲོ་བའི་སེམས་དང་ལྡན་ཡང་རུང་སྟེ། མིན་འདོད་འདི་བོས་པ་བདག་གིར་མི་བྱེད་ན། ཉེས་པ་དང་བཅས་ཤིང་འགལ་བར ་བཅས་པར་འགྱུར་ཏེ། ཉོན་མོངས་པ་ཅན་གྱིས་ཉེས་པར་འགྱུར་རོ། །སྙོམས་ལས་ལེ་ལོའི་དབང་གིས་མ་སོང་ན་ནི་ཉོན་མོངས་པ་ཅན་མ་ཡིན་པའི་ཉེས་པར་འགྱུར་རོ། །ན་སྟེ་མི་ནུས་པ་འམ། སེམས་འཁྲུགས་པ་ལ་ཉེས་པ་མེད་དོ། །ཡུལ་མཛད་མ་རིང་དུ་གྱུར་བའམ ་ལམ་ན་འཇིགས་པ་ཡོད་ན་ཉེས་པ་མེད་དོ། །ཐབས་དེས་དེ་དུལ་བར་བྱེད་འདོད་ཅིང་འདུལ་བར་འདོད་ལ་མི་དགེ་བའི་གནས་ནས་བསླངས་ཏེ། དགེ་བའི་གནས་སུ་འཇོག་པར་འདོད་ན་ཉེས་པ་མེད་དོ། །ཚེར་སྔར་གཞན་ལ་ཁས་བླངས་ན་ཉེས་པ་མེད་དོ། །རྒྱུན་ཏུ་དགེ ་བའི་ཕྱོགས་ཀྱི་བར་ཆད་དུ་འགྱུར་བ་བསྲུང་བའི་ཕྱིར་མ་སོང་ན་ཉེས་པ་མེད་དོ། །ཆོས་ཀྱི་དོན་དང་ལྡན་པ་སྔོན་མ་ཐོས་པ་མཉན་པ་ལས་ཉམས་པར་འགྱུར་དུ་དོགས་པའི་ཕྱིར་མ་སོང་ན་ཉེས་པ་མེད་དོ། །ཆོས་ཀྱི་དོན་མཉན་པ་ཇི་ལྟ་བ་བཞིན་དུ་འབྲེལ་བའི་གཏམ ་རྣམ་པར་གཉམ་པ་འབབས་པ་ལ་ཡང་དེ་དང་འདྲ་བར་རིག་པར་བྱའོ། །ཐོ་འཚལ་བའི་བསམ་པས་བོས་ན་ཉེས་པ་མེད་དོ། །གཞན་ཆེས་སུ་ཡང་དག་གིས་ཀུན་ནས་ཉོན་མོངས་སེམས་ཀྱི་བསམས་བསྲུང་ན་ཉེས་པ་མེད་དོ། །དགེ་འདུན་གྱི་ནང་ཁྲིམས་བསྲུང་ན་ཉེས་པ ་མེད་དོ། །བྱང་ཆུབ་སེམས་དཔའ་གཞན་དག་ལས་གསེར་དང། དངུལ་དང། ནོར་བུ་དང། མུ་ཏིག་དང། བཻཌཱུརྱ་ལ་སོགས་པ་ནོར་གྱི་སྣ་གྲངས་རྣམ་པ་སྣ་ཚོགས་མང་པོ་མཆོག་རྣམས་ཐོབ་ཅིང། དུས་ཀྱིས་བཏབས་པ་ལས་ཀུན་ནས ་མནར་སེམས་ཀྱི་སེམས་དང་ལྡན་ནམ། ཁོང་ཁྲོ་བའི་སེམས་དང་ལྡན་པས་ལེན་དུ་མི་གཏུབ་ཅིང་སྤོང་བར་བྱེད་ན་ཉེས་པ་དང་བཅས་ཤིང་འགལ་བ་དང་བཅས་པར་འགྱུར་ཏེ། སེམས་ཅན་ཡལ་བར་འདོད་པའི་ཕྱིར་ཉོན་མོངས་པ་ཅན་གྱི་ཉེས་པར ་འགྱུར་རོ། །སྙོམ་ལས་དང་ལེ་ལོས་ལེན་པར་མི་བྱེད་ན། ཉེས་པ་དང་བཅས་ཤིང་འགལ་བ་དང་བཅས་པར་ནི་འགྱུར་ལ་ཉོན་མོངས་པ་ཅན་གྱི་ཉེས་པར་ནི་མི་འགྱུར་རོ། །སེམས་འཁྲུགས་པ་ལས་ཉེས་པ་མེད་དོ། །དེ་བླངས་པས་སེམས་ཆགས་པར ་འགྱུར་བར་མཐོང་ན་ཉེས་པ་མེད་དོ། །དེ་ཕྱིས་འགྱོད?་པར་འགྱུར་དུ་དོགས་ན་ཉེས་པ་མེད་དོ། །དེས་སྦྱིན་པ་འཁྲུལ་དུ་དོགས་ན་ཉེས་པ་མེད་དོ། །ཀུན་ཏུ་འཛིན་པ་བཏང་བ་དེའི་རྒྱུས་སྦྱིན་བདག་དབུལ་ཞིང་འཕོངས་པར་འགྱུར་དུ་དོགས་ན་ཉེས་པ་མེད་དོ ་དགེ་འདུན་གྱི་འམ། མཆོད་རྟེན་གྱི་ཡིན་དུ་དོགས་ན་ཉེས་པ་མེད་དོ། །གཞན་ལས་མི་རིགས་པར་ཕྱོགས་པ་ཡིན་དུ་དོགས་ཏེ་རྒྱུ་དེས་བསད་པ་འམ། བཅིང་པ་འམ། ཆད་བས་བཅད་པའམ། གནོད་པར་འགྱུར་པའམ། སྨད་པར་འགྱུར་བ ་ཞིག་ཡིན་ན་ཉེས་པ་མེད་དོ། །བྱང་ཆུབ་སེམས་དཔའ་གཞན་ཆོས་འདོད་པ་རྣམས་ལ་ཀུན་ནས་མནར་སེམས་ཀྱི་སེམས་དང་ལྡན་ནམ། ཁོང་ཁྲོ་པའི་སེམས་དང་ལྡན་ནམ། རང་བཞིན་གྱིས་ཕྲག་དོག་ཅན་ཡིན་ཡང་རུང་སྟེ། ཆོས་སྦྱིན་པར ་མི་བྱེད་ན། ཉེས་པ་དང་བཅས་ཤིང་འགལ་བ་དང་བཅས་པར་འགྱུར་ཏེ། ཉོན་མོངས་པ་ཅན་གྱི་ཉེས་པར་འགྱུར་རོ། །སྙོམ་ལས་དང་ལེ་ལོས་སྦྱིན་པར་མི་བྱེད་ན་ཉེས་པ་དང་བཅས་ཤིང་འགལ་པ་དང་བཅས་པར་ནི་འགྱུར་ལ། ཉོན་མོངས་པ་ཅན་གྱི ་ཉེས་པར་མི་འགྱུར་རོ། །ཆུ་སྟེགས་ཅན་གླགས་ཚོལ་བ་ལ་མ་བྱིན་ན་ཡང་ཉེས་པ་མེད་དོ། །ནད་ཚབས་ཆེ་བ་དང། སེམས་འཁྲུགས་པ་ལ་ཉེས་པ་མེད་དོ། །ཐབས་དེས་འདུལ་བར་བྱེད་འདོད་ཅིང་འདུལ་བར་འདོད་ལ། མི་དགེ་པའི་གནས་ནས་བསླང་སྟེ་དགེ་བའི ་གནས་སུ་འགོད་པར་འདོད་ན་ཉེས་པ་མེད་དོ། །གལ་ཏེ་མ་གུས་ཤིང་ཞེས་མེད་ལ་སྤྱོད་ལམ་ངན་པས་ནོད་པ་ལ་མ་བྱིན་ན་ཉེས་པ་མེད་དོ། །དབང་པོ་རྟུལ་པོ་ཆོས་རྒྱ་ཆེན་པོ་བསྟན་པས། ཆོས་ཐོས་པས་སྐྲག་ཅིང་ལོག་པར་ལྟ་བ་དང། ལོག་པར་མངོན་པར་ཞེན་པ་དང། ་གནོད་པ་དང། ཉམས་པར་འགྱུར་དུ་གདོགས་ན་ཉེས་པ་མེད་དོ། །དེའི་ལག་ཏུ་སོང་ན་གཞན་སྣོད་དུ་མ་གྱུར་པ་རྣམས་ལ་ཆོས་འཕེལ་དུ་དོགས་ན་ཉེས་པ་མེད་དོ། །བྱང་ཆུབ་སེམས་དཔའ་སེམས་ཅན་མ་རུངས་པ་རྣམས་དང། ཚུལ་ཁྲིམས་འཆལ་བ་རྣམས་མ་རུང་བ་ཡིན་པ ་དང། ཚུལ་ཁྲིམས་འཆལ་པ་མིན་པའི་རྐྱེན་གྱིས་ཀུན་ནས་མནར་སེམས་ཀྱི་སེམས་དང་ལྡན་ནམ། ཁོང་ཁྲོ་བའི་སེམས་དང་ལྡན་པས་ཡལ་བར་འདོར་བ་འམ། ཁྱད་དུ་བསོད་ན་ཉེས་པ་དང་བཅས་ཤིང་འགལ་པ་དང་བཅས་པར་འགྱུར་ཏེ། ཉོན་མོངས་པ་ཅན ་གྱིས་ཉེས་པར་འགྱུར་རོ། །སྙོམ་ལས་དང་ལེ་ལོས་ཡལ་བར་འདོར་བ་དང། བརྗེད་པས་ཁྱད་དུ་བསད་ནས་ཉེས་པ་དང་བཅས་ཤིང་འགལ་བ་དང་བཅས་པར་ན་འགྱུར་ལ། ཉོན་མོངས་པ་ཅན་གྱི་ཉེས་པར་ནི་མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ ་སེམས་དཔའ་ནི་སེམས་ཅན་མ་རུངས་པ་རྣམས་དང། ཚུལ་ཁྲིམས་འཆལ་པ་རྣམས་དང། སྡུག་བསྔལ་གྱི་རྒྱུ་ལ་གནས་པ་རྣམས་ལ་ཇི་ལྟར་སྙིང་རྩེ་པའི་སེམས་དང། བྱེད་འདོད་པས་ཉེ་བར་གནས་པ་ལྟ་བུར་ཚུལ་ཁྲིམས་དང་ལྡན་ཞིང། ལུས་དང ་ངག་དང་ཡིད་ཀྱི་ལས་ཀྱི་སྤྱོད་པ་ཞི་བ་ལ་ནི་དེ་ལྟར་མ་ཡིན་པའི་ཕྱིར་རོ། །སེམས་འཁྲུགས་པ་ལ་ནི་ཉེས་པ་མེད་དོ། །ཐབས་དེས་དེ་འདུལ་བར་བྱེད་འདོད་པ་ལས་སྔ་མ་བཞིན་ཏེ་ཉེས་པ་མེད་དོ། །གཞན་མང་པོ་དག་གི་སེམས་བསྲུང་ན་ཉེས་པ་མེད་དོ། ། ་དགེ་འདུན་གྱི་ནང་ཁྲིམས་བསྲུང་ན་ཉེས་པ་མེད་དོ། །བྱང་ཆུབ་སེམས་དཔའ་ནི་བཅོམ་ལྡན་འདས་ཀྱིས་གཞན་དག་གི་སེམས་བསྲུང་བའི་ཕྱིར་མ་དད་པ་རྣམས་དད་པར་བྱ་བ་དང། དད་པ་རྣམས་ཕྱིར་ཞིང་དབྱུང་པར་བྱ་བའི་ཕྱིར། སོ་སོར་ཐར་པའི་འདུལ ་བ་ལས་བཅས་པའི་ཁ་ན་མ་ཐོ་བ་དང་བཅས་པ་རྣམ་པར་བཞག་པ་གང་ཡིན་པ་དེ་ལ་ཉན་ཐོས་རྣམས་དང་མཚུངས་པར་སློབ་སྟེ། ཐ་དད་པར་མི་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། ཉན་ཐོས་རྣམས་ནི་བདག་གི་དོན་ལྷུར་ལེན་པ་ཙམ་དུ་ཟད་ན། དེ་དག་ཀྱང་མ་དད་པ་རྣམས ་དད་པར་བྱ་བ་དང། དད་པ་རྣམས་ཕྱིར་ཞིང་འབྱུང་བར་བྱ་བའི་ཕྱིར་གཞན་གྱི་ཡིད་མི་སྲུང་བར་མི་བྱེད་དེ། བསླབ་པ་རྣམས་ལ་སློབ་ན། བྱང་ཆུབ་སེམས་དཔའ་གཞན་གྱི་དོན་ལྷུར་ལེན་རྣམས་ལྟ་ཅི་སྨོས་བཅོམ་ལྡན་འདས་ཀྱིས་ཉན་ཐོས་རྣམས་ཀྱི་དོན་ཉུང་པ ་དང། བྱ་བ་ཉུང་པ་དང། སྙིང་ལས་ཆུང་ངུར་གནས་པར་བྱ་བ་ལས་བརྩམས་ཏེ། བཅས་པའི་ཁ་ན་མ་ཐོ་བ་དང་བཅས་པ་དེ་ལ་ནི། བྱང་ཆུབ་སེམས་དཔས་ཉན་ཐོས་རྣམས་དང། མཚུངས་པར་སློབ་པར་མི་བྱེད་དོ། །དེ་ཅིའི་ཕྱིར་ན། ཉན་ཐོས་བདག་གི་དོན ་ལྷུར་བྱེད་ཅིང་གཞན་གྱི་དོན་ལ་མི་ལྟ་བས། གཞན་གྱི་དོན་ལས་བརྩམས་ཏེ། དོན་ཉུང་ཞིང་བྱ་བ་ཉུང་ལ། སྙིང་ལས་ཆུང་ངུར་གནས་པ་ནི་མཛེས་ཀྱི། བྱང་ཆུབ་སེམས་དཔའ་གཞན་གྱི་དོན་ལྷུར་ལེན་པས། གཞན་གྱི་དོན་ལས་བརྩམས་ཏེ། དོན་ཉུང་ཞིང ་བྱང་པ་ཉུང་ལ་སྙིང་ལས་ཆུང་ངུར་གནས་པ་ནི་མཛེས་པ་མ་ཡིན་ཏེ། འདི་ལྟར་བྱང་ཆུབ་སེམས་དཔས་གཞན་དག་གི་དོན་དུ་གོས་བརྒྱ་སྙེད་དང། གོས་སྟོང་སྙེད་ཉེ་དུར་མི་འོང་བའི་བྲམ་ཟེ་དང་ཁྱིམ་བདག་རྣམས་ལ་བཙལ་བར་བྱ་སྟེ། སྐབས་འབྱེད་པ་ཞིག ་ཡོད་ན་ཡང་སེམས་ཅན་དེ་དག་གི་ཆོག་གམ་མི་ཆོག་ཇེ་བརྟགས་ནས། ཅི་ཙམ་དགོས་པ་བླང་བར་བྱའོ། །གོས་རྣམས་ཇི་ལྟ་བ་བཞིན་དུ་ལྷུང་བཟེད་རྣམས་ཀྱང་དེ་དང་འདྲའོ། །ཇི་ལྟར་བཙལ་བར་བྱ་བ་དེ་བཞིན་དུ་བདག་ཉིད་གྱི་རྒྱུ་སྐུད་པ་བླངས་པ་ཉེ་དུར ་མི་འོང་བའི་ཐ་ག་པ་ལ?་འཐག་ཏུ་འཇུག་པ་ཡང་དེ་དང་འདྲའོ། །གཞན་དག་གི་དོན་དུ་མོན་དར་གྱི་མ་ལ་སྟན་བརྒྱ་སྙེད་དང། སྟན་དུ་གདིང་བ་བརྒྱ་སྙེད་ཀྱང་བསྟབས་པར་བྱའོ། །གསེར་དངུལ་སྲད་བྱེ་བ་ཕྲག་འབུམ་པས་ལྷག་པ་ཡང་བདག་གིར་བྱའོ། །བྱང་ཆུབ་སེམས་དཔའ་ ་བྱང་ཆུབ་སེམས་དཔའ་ཨི་ཚུལ་ཁྲིམས་ཀྱི་སྡོམ་པ་ལ་གནས་པ་དེ་ལ་སོགས་པ་ཉན་ཐོས་རྣམས་ཀྱི་དོན་ཉུང་ཞིང་བྱ་བ་ཉུང་ལ་སྙིང་ལས་ཆུང་ངུར་གནས་པ་ལས་བརྩམས་ཏེ། བཅས་པའི་ཁ་ན་མ་ཐོ་བ་དང་བཅས་པ་ལ་མཚུངས་པར་སློབ་ཅིང་སེམས་ཅན་གྱི་དོན ་ལས་བརྩམས་ཏེ། ཀུན་ནས་མནར་སེམས་ཀྱི་སེམས་དང་ལྡན་པ་དང། ཁོང་ཁྲོ་བའི་སེམས་དང་ལྡན་པས་དོན་ཉུང་ཞིང་བྱ་བ་ཉུང་ལ་སྙིང་ལས་ཆུང་ངུར་གནས་པར་བྱེད་ན་ཉེས་པ་དང་བཅས་ཤིང་འགལ་བ་དང་བཅས་པར་འགྱུར་ཏེ། ཉོན་མོངས་པ་ཅན་གྱི་ཉེས ་པར་འགྱུར་རོ། །སྙོམ་ལས་དང་ལེ་ལོས་དོན་ཉུང་ཞིང་བྱ་བ་ཉུང་ལ་སྙིང་ལས་ཆུང་ངུར་གནས་པར་བྱེད་ན་ཉེས་པ་དང་བཅས་ཤིང་འགལ་བ་དང་བཅས་པར་ནི་འགྱུར་ལ་ཉོན་མོངས་པ་ཅན་གྱི་ཉེས་པར་ནི་མི་འགྱུར་རོ། །རང་བཞིན་གྱིས་ཁ་ན་མ་ཐོ་བ་དང་བཅས ་པ་ལ་བྱང་ཆུབ་སེམས་དཔའ་ཐབས་མཁས་པ་དེ་ལྟ་བུས་ཀུན་ཏུ་སྤྱད་ན་དེས་ཉེས་པར་ཡང་མི་འགྱུར་ལ། བསོད་ནམས་མང་པོ་ཡང་འཕེལ་བར་འགྱུར་པ་ཡང་ཡོད་དེ། འདི་ལྟར་ཆོམ་པོ་དང་རྐུན་པོས་སྲོག་ཆགས་ཆེ་བའི་བདག་ཉིད་ཅན་ཉན་ཐོས་དང་རང ་སངས་རྒྱས་དང། བྱང་ཆུབ་སེམས་དཔའ་བརྒྱ་ཕྲག་མང་པོ་དག་ཟང་ཟིང་ཅུང་ཟད་ཀྱི་ཕྱིར་བསད་པར་ཆད་དེ། མཚམས་མེད་པའི་ལས་མང་པོ་བྱེད་པ་ལ་ཞུགས་པ། བྱང་ཆུབ་སེམས་དཔས་མཐོང་ལ། མཐོང་ནས་ཀྱང་འདི་སྙམ་དུ་སེམས་ཀྱིས་སེམས་མངོན་པར ་འདུ་བྱེད་དེ། སྲོག་ཆགས་འདི་བསད་ན་བདག་སེམས་ཅན་དམྱལ་བ་རྣམས་སུ་སྐྱེ་པར་འགྱུར་མོད་ཀྱི་བདག་སེམས་ཅན་དམྱལ་བར་སྐྱེ་བར་འགྱུར་བ་ནི་འདོད་མོད། སེམས་ཅན་འདིས་མཚམས་མེད་པའི་ལས་བྱས་ནས། སེམས་ཅན་དམྱལ་བར་འགྲོ་ན་མི་རུང་ངོ ་སྙམ་སྟེ། དེ་ལྟ་བུའི་བསམ་པས་བྱང་ཆུབ་སེམས་དཔའ་དགེ་བའི་སེམས་སམ་ལུང་དུ་མ་བསྟན་པའི་སེམས་སུ་རིག་ནས་འཛེམ་བཞིན་དུ་ཕྱི་མ་ལ་སྙིང་བརྩེ་བའི་སེམས་ཁོ་ནས་སྲོག་ཆགས་དེ་བསད་ན། ཉེས་པར་ཡང་མི་འགྱུར་ལ་བསོད་ནམས་མང ་པོ་ཡང་འཕེལ་བར་འགྱུར་རོ། །འདི་ལྟར་བྱང་ཆུབ་སེམས་དཔའ་ནི་ནུས་ན། སེམས་ཅན་རྒྱལ་པོ་འམ། བློན་པོ་ཆེན་པོ་གང་དག་ཤས་ཆེར་བསླངས་ཞིང་སེམས་ཅན་རྣམས་ལ་སྙིང་བརྩེ་མེད་ལ། གཅིག་ཏུ་ངེས་པར་ཕ་རོལ་ལ་གནོད་པ་བྱེད་པ་ལ་ཞུགས ་པ་དང། །གང་ལ་གནས་ན་གཞི་དེས་བསོད་ནམས་མ་ཡིན་པ་མང་དུ་འཕེལ་བར་འགྱུར་བ་དེ་དག་སྙིང་བརྩེ་བའི་སེམས་དང་ཕན་པའི་བསམ་པས་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་དབང་པོ?་དེ་ལས་འབྱིན་པར་བྱེད་དོ། །ཆོམ་པོ་དང་རྐུན་པོ་གཞན་གྱི་ནོར་འཕྲོགས ་པ་གང་དགེ་གིས་དགེ་འདུན་དང་མཆོད་རྟེན་གྱི་ནོར་མང་པོ་ཕྲོགས་ནས་བདག་གིས་བྱས་ཏེ། ལོངས་སྤྱོད་པར་འདོད་པ་དེ་དག་ལས་བྱང་ཆུབ་སེམས་དཔས་ནོར་ཕྱིར་ཕྲོགས་ཏེ། ནོར་ལོངས་སྤྱོད་པ་དེ་དེ་དག་ལ་ཡུན་རིང་པོར་གནོད་པ་དང། ཕན་པ་མ་ཡིན་པ ་ཁོ་ནར་འགྱུར་ན་མི་རུང་ངོ་སྙམ་ནས། རྐྱེན་དེ་ཁོ་ནའི་ཕྱིར་སླར་ཕྲོགས་ཏེ། དགེ་འདུན་གྱི་ནི་དགེ་འདུན་ལ་འབུལ་བར་བྱེད། མཆོད་རྟེན་གྱི་ནི་མཆོད་རྟེན་ལ་འབུལ་བར་བྱེད་དོ། །ཞལ་ལྟ་བྱེད་པ་འམ། སྐྱེད་མོས་ཚལ་བསྲུང་བ་གང་དག་གིས་དགེ་འདུན ་ནམ། མཆོད་རྟེན་གྱི་ནོར་མི་རིག་པར་ཆུད་གསོན་པ་དང། གང་ཟག་བདག་ཉིད་ཀྱིས་སྤྱད་པར་བྱེད་པ་དེ་དག་ལ་བྱང་ཆུབ་སེམས་དཔས་སོ་སོར་བརྟགས་ནས་ལས་དེ་དག་ལོག་པར་ལོངས་སྤྱད་པ་དེས་དེ་དག་ལ་ཡུན་རིང་པོར་གནོད་པ་དང། ཕན་པ་མ་ཡིན ་པར་གྱུར་ན་མི་རུང་ངོ་སྙམ་ནས་དབང་བྱེད་པ་དེ་ལས་འབྱིན་པར་བྱེད་དེ། དེ་ལྟར་རྣམ་གྲངས་དེས་བྱང་ཆུབ་སེམས་དཔའ་མ་བྱིན་བར་ལེན་བཞིན་དུ་ཉེས་པར་མི་འགྱུར་ལ། བསོད་ནམས་ཀྱང་མང་དུ་འཕེལ་བར་འགྱུར་རོ། །འདི་ལྟར་བྱང་ཆུབ་སེམས་དཔའ་ ་ཁྱིམ་པས་བུད་མེད་མགོ་གཙང་མི་ཚངས་པར་སྤྱད་པར་འདོད་པས་གཟིར་བ་དང། འབྲེལ་པའི་སེམས་དང་ལྡན་པ་ཞིག་ལ། ཀུན་ནས་མནར་སེམས་ཀྱི་སེམས་དང་ལྡན་པར་གྱུར་ནས། བསོད་ནམས་མ་ཡིན་པ་མང་དུ་འཕེལ་བར་འགྱུར་ན་མི་རུང་ངོ་སྙམ་ནས ་ཅི་དགའ་དགུར་དགེ་བའི་རྩ་བ་ལ་གཟུང་བ་དང། མི་དགེ་བའི་རྩ་བ་ཡོངས་སུ་གཏོང་དུ་གཞུག་པ་ལ་དབང་དུ་འགྱུར་རོ་སྙམ་སྟེ། སྙིང་བརྩེ་བའི་སེམས་ཁོ་ན་ཉེ་བར་གཞག་ནས་མི་ཚངས་པར་སྤྱོད་པ་འཁྲིག་པའི་ཆོས་བསྟེན་ཀྱང་ཉེས་པར་མི་འགྱུར་ལ་བསོད་ནམས ་ཀྱང་མང་དུ་འཕེལ་བར་འགྱུར་རོ། །བྱང་ཆུབ་སེམས་དཔའ་རབ་ཏུ་བྱུང་བ་ཉན་ཐོས་ཀྱི་བསྟན་པ་མི་འཇིག་པར་རྗེས་སུ་བསྲུང་པས་ནི་མི་ཚངས་པར་སྤྱོད་པ་བསྟེན་པ་རྣམ་པ་ཐམས་ཅད་དུ་མི་བྱའོ། །འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་ཅན་མང་པོ་སྲོག ་ཐར་བར་བྱ་བ་དང། བཅིངས་པ་ལས་ཐར་པར་བྱ་བ་དང། ལག་པ་དང། རྐང་པ་དང། སྣ་དང་རྣ་བ་བཅད་པ་ལས་ཐར་བར་བྱ་བ་དང། མིག་དབྱུང་བ་ལས་བསྐྱབ་པའི་ཕྱིར། བྱང་ཆུབ་སེམས་དཔས་བདག་གི་སྲོག་གི་ཕྱིར་ཡང་ཤེས་བཞིན་དུ་བརྫུན་གྱི་ཚིག་མི ་སྨྲ་བ་གང་ཡིན་པ་དེ་སེམས་ཅན་དེ་དག་གི་དོན་གྱི་ཕྱིར་སོ་སོར་བརྟགས་ནས་སྨྲ་བར་བྱེད་དེ། དེ་ལྟར་མདོར་བསྡུ་ན་བྱང་ཆུབ་སེམས་དཔའ་ནི་ཅི་དང་ཅིས་ཀྱང་སེམས་ཅན་རྣམས་ཀྱི་དོན་ཁོ་ན་མཐོང་བའི་དོན་མ་ཡིན་པ་ནི་མ་ཡིན་ཏེ། བདག་ཉིད་ཀྱང་ཟང་ཟིང ་མེད་པའི་སེམས་དང་ལྡན་ལ། སེམས་ཅན་ལ་ཕན་པར་འདོད་པའི་གཞི་འབའ་ཞིག་གིས་འདུ་ཤེས་བསྒྱུར་ཏེ། ཤེས་བཞིན་དུ་ཚིག་གཞན་ལ་སྨྲ་ལ། སྨྲ་བཞིན་དུ་ཉེས་པ་ཡང་མི་འགྱུར་ཏེ། བསོད་ནམས་མང་པོ་ཡང་འཕེལ་བར་འགྱུར་རོ། །འདི ་ལྟར་བྱང་ཆུབ་སེམས་དཔའ་ནི་སེམས་ཅན་གང་དག་མི་དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་ཟིན་པ་དེ་དག་ལ་སྙིང་རྩེ་བའི་སེམས་ཁོ་ན་ལ་བརྟེན་ནས་སེམས་ཅན་འདི་དག་སྡིག་པའི་གྲོགས་པོ་དང་བསྟེན་པས་ཡུན་རིང་པོར་གནོད་པ་དང། ཕན་པ་མ ་ཡིན་པར་གྱུར་ན་མི་རུང་ངོ་སྙམ་སྟེ། ཅི་ནུས་ཅི་ལྕོགས་ཀྱིས་མི་དགེ་བའི་བཤེས་གཉེན་དེ་དང་དབྲལ་བའི་ཚིག་སྨྲ་བར་བྱེད་དེ། ངེས་དགའ་ཞིང་དབྲལ་བར་ཀུན་ཏུ་དགའ་ཨོ། །བྱང་ཆུབ་སེམས་དཔའ་རྣམ་གྲངས་ངེས་མཛའ་བའི་དབེན་བྱས་ཀྱང ་ཉེས་པར་མི་འགྱུར་ལ། བསོད་ནམས་མང་པོ་ཡང་འཕེལ་བར་འགྱུར་རོ། །འདི་ལྟར་བྱང་ཆུབ་སེམས་དཔའ་ནི་སེམས་ཅན་ལམ་ལོག་པར་ཞུགས་ཤིང་མི་རིགས་པ་རྣམས་བྱེད་པ་དག་ལ་ཐབས་དེས་ཅི་ཙམ་དུ་མི་དགེ་བའི་གནས་ནས་བླང་སྟེ། དགེ་བའི ་གནས་སུ་འགོད་པའི་ཕྱིར་རྟག་ཏུ་ཚིག་རྩུབ་མོ་དྲག་པོས་སྨྲ་འབེབས་པར་བྱེད་དེ། དེ་ལྟར་བྱང་ཆུབ་སེམས་དཔའ་ཚིག་ཙུབ་པོ་སྨྲས་ཀྱང་ཉེས་པར་མི་འགྱུར་ལ། བསོད་ནམས་ཀྱང་མང་དུ་འཕེལ་བར་འགྱུར་རོ། །འདི་ལྟར་བྱང་ཆུབ་སེམས་དཔའ་ནི་སེམས ་ཅན་གར་དང་གླུ་དང་རོལ་མོའི་སྒྲ་ལ་མོས་པ་རྣམས་དང། སེམས་ཅན་རྒྱལ་པོ་དང། ཚེམ་རྐུན་དང། ཟས་དང། སྐོམ་དང། སྨད་འཚོང་མ་དང། ལམ་སྲང་གི་གཏམ་ལ་སོགས་པ་ལ་མོས་པ་རྣམས་ལ་གང་དང། གླུ་དང། རོལ་མོའི་སྒྲ་དང། གཏམ་སྣ ་ཚོགས་ལ་མཁས་ཏེ། སྙིང་བརྩེ་བའི་བསམ་པས་གང་དང། གླུ་དང། རོལ་མོའི་སྒྲ་དང། ཚིག་བཀྱལ་པ་དང་ལྡན་པའི་གཏམ་རྣམ་པ་སྣ་ཚོགས་ཀྱིས་མགུ་བར་བྱས་ཤིང་འདུན་པར་བྱས་ཏེ། དབང་དུ་བྱེད་ཅིང་དག་ཉན་དུ་བཅུག་ནས། མི་དགེ་བའི་གནས ་ནས་བསླང་སྟེ། དགེ་བའི་གནས་སུ་འགོད་པར་བྱེད་དེ། དེ་ལྟར་ན་བྱང་ཆུབ་སེམས་དཔའ་ཚིག་བཀྱལ་པ་སྨྲ་ཡང་ཉེས་པར་མི་འགྱུར་ལ། བསོད་ནམས་ཀྱང་མང་དུ་འཕེལ་བར་འགྱུར་རོ། །བྱང་ཆུབ་སེམས་དཔའ་ཚུལ་འཆོས་པ་དང། ཁ་གསག་དང། ་གཞོག་སློངས་དང། ཐོབ་ཀྱིས་འཇལ་བ་དང། རྙེད་པས་རྙེད་པར་བྱེད་འདོད་པ་ལོག་པས་འཚོ་བར་བྱེད་པའི་ཆོས་བྱུང་བ་རྣམས་དང་དུ་ལེན་པར་བྱེད་ཅིང་དེ་དག་གིས་མི་འཛེམ་ལ་སེལ་བར་མི་བྱེད་ན། ཉེས་པ་དང་བཅས་ཤིང་འགལ་བ་དང་བཅས་པར ་འགྱུར་ཏེ། ཉོན་མོངས་པ་ཅན་གྱི་ཉེས་པར་འགྱུར་རོ། །དེ་བསལ་བའི་ཕྱིར་འདུན་པ་སྐྱེས་ཤིང་འབད་པ་རྩོམ་ལ། ཉོན་མོངས་བ་ཤས་ཆེ་པའི་སེམས་ཟིལ་གྱིས་མནན་ཏེ། ཀུན་ཏུ་སྤྱོད་ན་ནི་ཉེས་པ་མེད་དོ། །བྱང་ཆུབ་སེམས་དཔའ་རྒོད་པས་ཡོངས་སུ་ཟིན་པའི ་སེམས་ཀྱིས་རྣམ་པར་མ་ཞི་ཞིང། རྣམ་པར་མ་ཞི་བ་ལ་དགའ་བ་རྟ་སྐད་དུ་དགོད་པ་དང། ཀུན་ཏུ་རྩེ་ཞིང། ཀུན་ཏུ་ཅ་ཅོ་འདོད་པ། དགོད་ཅིང་གཡེང་བ་སྟེན་པ་དང། གཞན་དག་གོང་དུ་གཞུག་པར་འདོད་ཅིང་དགའ་བར་བྱ་བར་འདོད་ན། རྐྱེན་དེ་ཉིད་ཀྱིས་ཉེས ་པ་དང་བཅས་ཤིང་འགལ་བ་དང་བཅས་པར་འགྱུར་ཏེ། ཉོན་མོངས་པ་ཅན་གྱི་ཉེས་པར་འགྱུར་རོ། །རྗེད་པས་བྱས་ན་ནི་ཉོན་མོངས་པ་ཅན་མ་ཡིན་པའི་ཉེས་པས་འགྱུར་རོ། །དེ་བསལ་བའི་ཕྱིར་འདུན་པ་སྐྱེས་པ་ནི་ཉེས་པ་མེད་དེ་སྔ་མ་བཞིན་ནོ།། ་གཞན་དག་གི་ཀུན་ནས་མནར་སེམས་སྐྱེས་པ་ཐམས་ཅད་དེས་ཕྱིར་བསལ་བར་འདོད་ན་ཉེས་པ་མེད་དོ། །གཞན་དག་གི་མྱ་ངན་སྐྱེས་པ་བསལ་བར་འདོད་ན་ཉེས་པ་མེད་དོ། །གཞན་དེའི་རང་བཞིན་ཅན་དེ་ལ་དགའ་པ་རྣམས་བསྡུ་བ་འམ་གཅུག? ་པ་བསྲུང་བ་འམ། དེ་དང་མཐུན་པར་བྱ་བའི་ཕྱིར་བྱེད་ན་ཉེས་པ་མེད་དོ། །གཞན་དག་བྱང་ཆུབ་སེམས་དཔའ་ལ་མི་དགའ་བར་གྱུར་དུ་དོགས་པ་དང། ཀུན་ནས་མནར་སེམས་དང། རྒྱབ་ཀྱི་ཕྱོགས་པར་གྱུར་དུ་དོགས་པ་རྣམས་ལ་དགའ་བའི་བཞིན ་གྱིས་ནང་གི་བསམ་པ་དག་པར་བསྟན་པའི་ཕྱིར་བྱས་པ་མེད་དོ། །བྱང་ཆུབ་སེམས་དཔའ་གང་བྱང་ཆུབ་སེམས་དཔའ་ནི་མྱ་ངན་ལས་འདས་ལ་མངོན་པར་དགའ་བས་གནས་པར་མི་བྱའོ། །མྱ་ངན་ལས་འདས་པ་ལ་རྒྱབ་ཀྱིས་ཕྱོགས་ཏེ ་གནས་པར་བྱའོ། །ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་རྣམས་ཀྱིས་ཀྱང་འཇིགས་པར་མི་བྱའོ། །དེ་དག་ལས་སེམས་ཀྱང་ཤིན་ཏུ་དབེན་པར་མི་བྱ་སྟེ། འདི་ལྟར་བྱང་ཆུབ་སེམས་དཔའ་ནི་བསྐལ་པ་གྲངས་མེད་པ་གསུམ་དུ་འཁོར་བ་མ་འཁོར་ཞིང ་བྱང་ཆུབ་སེམས་དཔའ་ཡང་དག་པར་བསྒྲུབ་པར་བྱ་བ་དགོས་སོ་སྙམ་དུ་དེ་ལྟར་ལྟ་ཞིང་དེ་སྐད་སྨྲ་ན་ཉེས་པ་དང་བཅས་ཤིང་འགལ་བ་དང་བཅས་པར་འགྱུར་ཏེ། ཉོན་མོངས་པ་ཅན་གྱི་ཉེས་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་ ་ནི་ཉན་ཐོས་ཀྱིས་ཇི་ལྟར་མྱ་ངན་ལས་འདས་པ་ལ་མངོན་པར་དགའ་བ་ཀུན་ཏུ་བསྟེན་པར་བྱ་ཞིང། ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་རྣམས་ལ་སེམས་སྐྱོ་བར་བྱ་བ་དེ་ལས་བྱེ་བ་ཕྲག་འབུམ་འགྱུར་དུ་མྱ་ངན་ལས་འདས་པ་ལ་མངོན་པར་དགའ་བ ་ཀུན་ཏུ་བསྟན་པར་བྱ་ཞིང་ཉོན་མོངས་པ་དང། ཉེ་བའི་ཉོན་མོངས་པ་རྣམས་ལས་སེམས་སྐྱེ་བ་བསྒོམ་པར་བྱ་དགོས་ཏེ། འདི་ལྟར་ཉན་ཐོས་ནི་བདག་གཅིག་པུའི་དོན་ལ་བརྩོན་གྱི་བྱང་ཆུབ་སེམས་དཔའ་ནི་སེམས་ཅན་ཐམས་ཅད་ཀྱི་དོན་ལ་བརྩོན་པ ་ཡིན་ལ། དེས་དེ་ལྟར་སེམས་ཀུན་ནས་ཉོན་མོངས་པ་མེད་པ་ལ་གོམས་པར་བྱ་བ་ཡང་དག་པར་སྒྲུབ་དགོས་ཏེ། དེ་ནི་འདི་ལྟར་དགྲ་བཅོམ་པ་མ་ཡིན་དུ་ཟིན་ཀྱང་དེ་ལས་ཁྱད་པར་དུ་འཕགས་པར་ཀུན་ནས་ཉོན་མོངས་པ་མེད་པ་དང་ལྡན་པས ་ཟག་པ་ཟད་པ་དང་བཅས་པའི་དངོས་པོ་ལ་སྤྱོད་པའི་ཕྱིར་རོ། །བྱང་ཆུབ་སེམས་དཔའ་བདག་གི་ཚིག་མི་བཙན་པར་འགྱུར་པའི་དྲི་ངས་དང། མི་སྙན་པ་དང། གཏམ་ངན་འགྱུར་བ་བདེན་པའི་དངོས་པོ་མི་སྲུང་ཞིང་སེལ་པར་མི་བྱེད་ན་ཉེས་པ་དང ་བཅས་ཤིང་འགལ་བ་དང་བཅས་པར་འགྱུར་ཏེ། ཉོན་མོངས་པ་ཅན་གྱི་ཉེས་པར་འགྱུར་རོ། །བདེན་པའི་དངོས་པོ་མ་ཡིན་པ་མི་བསྲུང་ཞིང་སེལ་བར་མི་བྱེད་ན་ཉེས་པ་དང་བཅས་ཤིང་འགལ་བ་དང་བཅས་པར་མི་འགྱུར་ལ། ཉོན་མོངས་པ་ཅན་གྱི ་ནི་ཉེས་པར་མི་འགྱུར་རོ། །ཕ་རོལ་མུ་སྟེགས་ཅན་ཡིན་ནམ། གཞན་གང་ཡང་རུང་མངོན་པར་ཞེན་པ་ཞིག་ཡིན་ན་ཉེས་པ་མེད་དོ། །རབ་ཏུ་བྱུང་བ་དང། སློངས་མོ་སྤྱོད་པ་དང། དགེ་བ་སྤྱོད་པའི་གཞིས་མི་སྙན་པར་བརྗོད་ན་ཉེས་པ་མེད་དོ། །ཁྲོ་པས་ཟིལ་གྱིས ་གནོན་ཅིང་སེམས་ཕྱིན་ཅི་ལོག་དུ་གྱུར་པས་བརྗོད་ན་ཉེས་པ་མེད་དོ། །བྱང་ཆུབ་སེམས་དཔའ་གནོད་པའི་ཐབས་དང་ཐབས་དྲག་པོ་གང་གིས་སེམས་ཅན་གྱི་དོན་དུ་འགྱུར་བ་མཐོང་བཞིན་དུ་ཡིད་མི་དགའ་བར་འབྱུང་བ་བསྲུང་བའི་ཕྱིར་ཐབས་དེ་མི་བྱེད་ན་ཉེས་པ་དང ་བཅས་ཤིང་འགལ་བ་དང་བཅས་པར་འགྱུར་ཏེ། ཉོན་མོངས་པ་ཅན་མ་ཡིན་པའི་ཉེས་པར་འགྱུར་རོ། །ཚེ་འདིའི་དོན་ཆུང་ངུ་ཞིག་ཏུ་འགྱུར་པ། གཞི་ངས་ཡིད་མི་བདེ་བ་ཆེན་པོར་འགྱུར་ན་ཉེས་པ་མེད་དོ། །བྱང་ཆུབ་སེམས་དཔའ་གཞན་དག་གི་ཤ་བ་ལ་ཕྱིར ་གཤེ་པ་དང། ཁྲོ་བ་ལ་ཕྱིར་ཁྲོ་བ་དང། རྡེག་པ་ལ་ཕྱིར་རྡེག་པ་དང། འཚང་འབྲུ་བ་ལ་ཕྱིར་འཆང་འབྲུ་བར་བྱེད་ན་ཉེས་པ་དང་བཅས་ཤིང་འགལ་བ་དང་བཅས་པར་འགྱུར་ཏེ། ཉོན་མོངས་པ་ཅན་ཀྱི་ཉེས་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་གཞན་ད་གླ་ཉེས ་པ་བྱས་སམ། ཉེས་པ་བྱས་སུ་དོགས་ཀྱང་རུང་སྟེ། ཀུན་ནས་མནར་སེམས་ཀྱི་སེམས་དང་ལྡན་པ་དང། ང་རྒྱལ་གྱིས་ནོན་པས་མཐུན་པར་བཤད་ཀྱིས་བྱང་བར་མི་བྱེད་དེ། ཡལ་པར་འདོར་ན་ཉེས་པ་དང་བཅས་ཤིང་འགལ་བ་དང་བཅས་པར་འགྱུར་ཏེ། ཉོན་མོངས ་པ་ཅན་གྱི་ཉེས་པར་འགྱུར་རོ། །སྙོམ་ལས་སམ། ལེ་ལོའམ། བག་མེད་པས་ཤད་ཀྱིས་སྦྱར་བར་མ་བྱས་ན་ཉེས་པ་དང་བཅས་ཤིང་འགལ་བ་དང་བཅས་པར་མི་འགྱུར་ལ། ཉོན་མོངས་པ་ཅན་གྱི་ཉེས་པར་ནི་མི་འགྱུར་རོ། །ཐབས་དེས་དུལ་བར་བྱ་བར་འདོད་ཅིང ་འདུལ་བར་འདོད་ལ་མི་དགེ་བའི་གནས་ནས་བསླང་སྟེ། དག་བའི་གནས་སུ་འགོད་པར་འདོད་ན་ཉེས་པ་མེད་དོ། །མུ་སྟེགས་ཅན་གྱི་ཡིན་ན་ཉེས་པ་མེད་དོ། །རུང་བ་མ་ཡིན་པ་ཁ་ན་མ་ཐོ་བ་དང་བཅས་པ་ཀུན་ཏུ་སྤྱོད་པས་ཤད་ཀྱིས་སྦྱང་བ་བྱེད་དུ་འཇུག་པར ་འདོད་པ་ཞིག་ན་ཉེས་པ་མེད་དོ། །གལ་ཏེ་རང་བཞིན་གྱིས་འཐབ་ཀྲོལ་ཅན་ཞིག་ཡིན་ཏེ། རྩོད་བ་བྱེད་ལ། ཤད་ཀྱིས་སྦྱང་བར་བྱས་ན་ཤས་ཆེར་འཁྲུགས་ཏེ། ཤེད་སྐྱེ་བར་འགྱུར་ན་ཉེས་པ་མེད་དོ། །ཕ་རོལ་བཟོད་པའི་དང་ཚུལ་ཅན་ཡིན་ཞིང་ཀུན་ནས་མནར ་སེམས་མེད་པའི་ངང་ཚུལ་ཅན་ཡིན་དུ་རེ་ལ། གཞན་ལ་ཉེས་པ་བྱས་པ་ལས་བརྩམས་ཏེ། ཤད་ཀྱིས་སྦྱང་བ་བྱེད་པས་ཤིན་ཏུ་ངོ་ཚ་པར་བྱེད་པ་ཞིག་ཡིན་ན་ཉེས་པ་མེད་དོ། །བྱང་ཆུབ་སེམས་དཔའ་རྩོད་པ་གང་ལ་གཞན་ཉེས་པ་བྱུང་བ་དག ་ཆོས་བཞིན་དུ་མཐུན་པར་ཤད་ཀྱིས་སྦྱང་བར་བྱེད་ཀྱང། ཀུན་ནས་མནར་སེམས་ཀྱི་སེམས་དང་ལྡན་ཞིང་གཞན་ལ་ཐེ་མཚམ?་པའི་བསམ་པས་བཤད་ཀྱིས་སྦྱད་བ་མི་ཉན་ན་ཉེས་པ་དང་བཅས་ཤིང། འགལ་བ་དང་བཅས་པར་འགྱུར་ཏེ། ཉོན་མོངས་པ་ཅན་གྱི ་ཉེས་པར་འགྱུར་རོ། །གལ་ཏེ་ཀུན་ནས་མནར་སེམས་ཀྱི་སེམས་དང་མི་ལྡན་གྱི། མི་བཟོད་པའི་ངང་ཚུལ་ཅན་ཡིན་པས་མི་ཉན་ན། ཉོན་མོངས་པ་ཅན་གྱི་ཉེས་པ་ཉིད་དུ་འགྱུར་རོ། །ཐབས་དེས་ཕ་རོལ་འདུལ་བར་འདོད་ན་ཉེས་པ་མེད་དོ། །སྔ་མ་བཞིན་དུ་ཐམས་ཅད ་རིག་པར་བྱའོ། །ཆོས་བཞིན་མ་ཡིན་པ་དང། མཐུན་པ་མ་ཡིན་པར་ཤད་ཀྱིས་སྦྱོང་བར་བྱེད་ན་ཉེས་པ་མེད་དེ། །བྱང་ཆུབ་སེམས་དཔའ་གཞན་དག་ལ་ཁྲོ་བའི་བསམ་པ་འབྱུང་ཞིང་འཛིན་ལ་བྱུང་བ་དང་དུ་ལེན་ན་ཉེས་པ་དང་བཅས་ཤིང་འགལ་བ་དང ་བཅས་པར་འགྱུར་ཏེ། ཉོན་མོངས་པ་ཅན་གྱི་ཉེས་པར་འགྱུར་རོ། །དེ་སྤང་བའི་ཕྱིར་འདུན་པ་སྤྱེས་ན། ཉེས་པ་མེད་དེ་སྔ་མ་བཞིན་ནོ།། །།ཁམ་པོ་བཅུའོ། །བྱང་ཆུབ་སེམས་དཔའ་རིམ་གྲོ་བྱ་བ་དང། བསྙེན་བཀུར་བྱ་བ་ལ་ཡོངས་སུ་ཞེ་ན ་པའི་དབང་དུ་བྱས་ཏེ། ཟང་ཟིང་དང་བཅས་པའི་སེམས་ཀྱིས་འཁོར་སྡུད་པར་བྱེད་ན། ཉེས་པ་དང་བཅས་ཤིང་འགལ་བ་དང་བཅས་པར་འགྱུར་ཏེ། ཉོན་མོངས་པ་ཅན་གྱི་ཉེས་པར་འགྱུར་རོ། །ཟང་ཟིང་མེད་པའི་བསམ་པས་རིམ་གྲོ་དང། བསྙེན་བཀུར་བྱ་བ་བདག ་གིར་བྱེད་ན་ཉེས་པ་མེད་དོ། །བྱང་ཆུབ་སེམས་དཔའ་སྙོམ་ལས་དང་ལེ་ལོ་སྐྱེས་ཏེ། གཉིད་ཀྱིས་བདེ་བ་དང། ཉལ་བའི་བདེ་བ་དང། གློས་འབེབས་བའི་བདེ་བ་དུས་མ་ཡིན་པ་དང། ཚོད་མ་ཡིན་པར་བདག་གིར་བྱེད་ན་ཉེས་པ་དང་བཅས་ཤིང་འགལ་བ་བཅས་པར་འགྱུར་ཏེ། ་ཉོན་མོངས་པ་ཅན་གྱི་ཉེས་པར་འགྱུར་རོ། །ན་སྟེ་མི་ནུས་ན་ཉེས་པ་མེད་དོ། །ལམ་གྱིས་དུ་བ་ན་ཉེས་པ་མེད་དོ། །དེ་སྤང་བའི་ཕྱིར་འདུན་པ་སྐྱེས་པ་ལ་ཉེས་པ་མེད་དོ། །སྔ་མ་བཞིན་དུ་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་འདུ་འཛིའི་གཏམ་ལ་ཀུན་ཏུ་ཆགས་པའི་སེམས ་ཀྱིས་དུས་ཡོལ་བར་བྱེད་མཉེས་པ་དང་བཅས་ཤིང་འགལ་བ་དང་བཅས་པར་འགྱུར་ཏེ། ཉོན་མོངས་པ་ཅན་གྱི་ཉེས་པར་འགྱུར་རོ། །བརྗེད་པས་ཡོལ་བར་བྱེད་ན་ཉོན་མོངས་པ་ཅན་མ་ཡིན་པའི་ཉེས་པར་འགྱུར་རོ། །ཕ་རོལ་སྨྲ་ཞིང་འདུག་ལ་དེ་ཡང་དྲན་པ་ལ་གནས ་བཞིན་དུ་ཕ་རོལ་གྱི་ངོར་སྐད་ཅིག་གཅིག་ཙམ་ཉན་པ་ལ་ནི་ཉེས་པ་མེད་དོ། །ཡ་མཚན་དུ་འཛིན་ཏེ། འདྲི་བ་ཙམ་དང། དྲིས་པའི་ལན་འདེབས་པ་ཙམ་བྱེད་པ་ལ་ཉེས་པ་མེད་དོ། །བྱང་ཆུབ་སེམས་དཔའ་སེམས་གནས་པར་བྱ་བ་ལས་བརྩམས་ཏེ། སེམས་མཉམ་པར ་བཞག་པར་འདོད་ལ། ཀུན་ནས་མནར་སེམས་ཀྱི་སེམས་དང་ལྡན་པ་དང། ང་རྒྱལ་གྱིས་ནོན་སྟེ། གདམས་ངག་ནོད་དུ་མི་འགྲོ་ན་ཉེས་པ་དང་བཅས་ཤིང་འགལ་བ་དང་བཅས་པར་འགྱུར་ཏེ། ཉོན་མོངས་པ་ཅན་གྱི་ཉེས་པར་འགྱུར་རོ། །སྙོམ་ལས་དང་ལེ་ལོས་བྱས་ན། ་ཉོན་མོངས་ཅན་མ་ཡིན་པའི་ཉེས་པར་འགྱུར་རོ། །ན་སྟེ་མི་ནུས་ན་ཉེས་པ་མེད་དོ། །གདམས་ངག་ལོག་པར་འབྱུང་དུ་དོགས་ན་ཉེས་པ་མེད་དོ། །བདག་ཉིད་མང་དུ་ཐོས་པ་ཡིན་ཏེ། སེམས་མཉམ་པར་འཇོག་ནུས་སམ། དེས་གདམས་ངག་གིས་གདམས་པའི་བྱ་བ ་བྱས་ཟིན་ན་དེས་ཉེས་པ་མེད་དོ། །བྱང་ཆུབ་སེམས་དཔའ་འདོད་པ་ལ་འདུན་པའི་སྒྲིབ་པ་བྱུང་བ་དང་དུ་ལེན་ཅིང་སེལ་བར་མི་བྱེད་ན། ཉེས་པ་དང་བཅས་ཤིང་འགལ་བ་དང་བཅས་པར་འགྱུར་ཏེ། ཉོན་མོངས་ཅན་གྱི་ཉེས་པར་འགྱུར་རོ། །དེ་སྤང་པའི་ཕྱིར་འདུན་པ ་སྐྱེས་ཤིང་འབད་ཀྱང་ཉོན་མོངས་པ་དྲག་པས་སེམས་ཟིལ་གྱིས་ནོན་ཏེ། ཀུན་ཏུ་སྤྱོད་ན་ཉེས་པ་མེད་དོ། །འདོད་པ་ལྔ་འདུན་པ་ཇི་ལྟ་བ་བཞིན་དུ། གནོད་སེམས་དང། རྨུགས་པ་དང། གཉིད་དང། རྒོད་པ་དང། འགྱོད་བ་དང། ཐེ་ཚོམ་ཡང་དེ་དང་འདྲ་བར་རིག་པར་བྱའོ།། ་བྱང་ཆུབ་སེམས་དཔའ་བསམ་གཏན་གྱི་རོ་མྱང་བར་བྱེད་ཅིང་བསམ་གཏན་གྱི་རོ་མྱང་བ་ལ་ཡང་ཡོན་ཏན་དུ་ལྟ་ན་ཉེས་པ་དང་བཅས་ཤིང་འགལ་བ་དང་བཅས་པར་འགྱུར་ཏེ། ཉོན་མོངས་པ་ཅན་གྱི་ཉེས་པར་འགྱུར་རོ། །དེ་སླང?་བའི་ཕྱིར་རོ་འདུན་པ ་བསྐྱེད་པ་ལ་ནི་ཉེས་པ་མེད་དོ་སྔ་མ་བཞིན་ནོ། །བྱང་ཆུབ་སེམས་དཔའ་གང་བྱང་ཆུབ་སེམས་དཔས་ཉན་ཐོས་ཀྱི་ཐེག་པ་དང་ལྡན་པའི་ཆོས་མཉན་པར་མི་བྱའོ། །གཟུང་བར་མི་བྱའོ། །དེ་ལ་བསླབ་པར་ཡང་མི་བྱའོ། །བྱང་ཆུབ་སེམས་དཔས་ཉན་ཐོས་ཀྱི ་ཐེག་པ་དང་ལྡན་པའི་ཆོས་མཉན་པ་དང། གཟུང་བས་ཅི་ཞིག་བྱ་སྟེ། དེ་ལ་བསླབ་མི་དགོས་སོ་ཞེས་དེ་ལྟར་ལྟ་ཞིང། དེ་སྐད་སྨྲ་ན་ཉེས་པ་དང་བཅས་ཤིང་འགལ་བ་དང་བཅས་པར་འགྱུར་ལ་ཉོན་མོངས་པ་ཅན་གྱི་ཉེས་པར་འགྱུར་ཏེ། འདི་ལྟར ་བྱང་ཆུབ་སེམས་དཔས་ནི་མུ་སྟེགས་ཅན་གྱི་བསྟན་བཅོས་རྣམས་ལ་ཡང་བཙོན་པར་བྱ་དགོས་ན། སངས་རྒྱས་ཀྱི་གསུང་རབ་ལྟ་ལ་ཅི་སྨོས། གཅིག་ཏུ་ངེས་པར་དེ་ལྷུང་ལེན་པའི་འདུན་པ་ཟློག་པའི་ཕྱིར་ན་ཉེས་པ་མེད་དོ། །བྱང་ཆུབ་སེམས་དཔའ་ ་བྱང་ཆུབ་སེམས་དཔའ་ཨི་སྡེ་སྣོད་ཡོང་ལ། བྱང་ཆུབ་སེམས་དཔས་སྡེ་སྣོད་ལ་བརྩོན་པར་མ་བྱས་པར་བྱང་ཆུབ་སེམས་དཔའ་ཨི་སྡེ་སྣོད་ཐམས་ཅད་ཀྱི་ཐམས་ཅད་དུ་ཡང་ཡལ་བར་བོར་ནས། ཉན་ཐོས་ཀྱི་སྡེ་སྣོད་ལ་བརྩོན་པར་བྱེད་ན། ཉེས་པ་དང། ་བཅས་ཤིང་འགལ་བ་དང་བཅས་བར་འགྱུར་ཏེ། ཉོན་མོངས་པ་ཅན་གྱི་ཉེས་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི་གསུང་རབ་ཡོད་ལ། སངས་རྒྱས་ཀྱི་གསུང་རབ་ལ་བརྩོན་པ་མ་བྱས་པར་མུ་སྟེགས་ཅན་གྱི་བསྟན་བཅོས། ཕྱི་རོལ ་གྱི་བསྟན་བཅོས་དག་ལ་བརྩོན་པར་བྱེད་ན་ཉེས་པ་དང་བཅས་ཤིང་འགལ་བ་དང་བཅས་པར་འགྱུར་ཏེ། ཉོན་མོངས་པ་ཅན་གྱི་ཉེས་པར་འགྱུར་རོ། །ཤིན་ཏུ་ཡིད་གཞུངས་པ་དང་ལྡོག་སྐྱོན་པ་དང། ཡུན་རིང་དུ་མི་བརྗེད་པར་ནུས་པ་དང། དོན་སེམས ་དཔའ་དང། རྟོག་པར་བྱེད་ནུས་བ་དང། སངས་རྒྱས་ཀྱི་གསུང་རབ་ལ་རིགས་པས་རྟོགས་པ་དང་ལྡན་པས་བློ་མི་འགྱུར་བ་དང་ལྡན་ཏེ། དེ་ལས་ཉིས་འགྱུར་དུ་ཉིན་ཅིག་བཞིན་དུ་སངས་རྒྱས་ཀྱི་གསུང་རབ་ལ་བརྩོན་པར་ཕྱིར་ན་ཉེས་པ་མེད་དོ། །བྱང་ཆུབ་སེམས་དཔའ་དེ་ལྟ་བུའི ་ཚུལ་དང་ཡང་མ་འགལ་བར་མུ་སྟེགས་ཅན་གྱི་བསྟན་བཅོས་ཕྱི་རོལ་གྱི་བསྟན་བཅོས་དག་ལ་མཁས་པར་བྱེད་པ་ན། དེར་མངོན་པར་དགའ་བའི་ཚུལ་གྱིས་བྱེད་ཅིང་ངེས་དགའ་བར་འཛིན་པ་དེས་རངས་པར་བྱེད་དེ། སྨན་ཚ་བ་བསྟེན་པ་དེ་བཞིན་དུ་མི་བྱེད་ན་ཉེས་པ་དང ་བཅས་ཤིང་འགལ་བ་དང་བཅས་པར་འགྱུར་ཏེ། ཉོན་མོངས་པ་ཅན་གྱི་ཉེས་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའ་ཨི་སྡེ་སྣོད་ལས་དེ་ཁོ་ནའི་དོན་ནམ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཨི་མཐུ་ལས་བརྩམས་ཏེ། ཟབ་པ་མཆོག ་ཏུ་ཟབ་པའི་གནས་དག་ཐོབ་ནས། མ་མོས་ཤིང་སྐུར་པ་འདེབས་ཏེ། འདི་དག་ནི་དོན་དང་ལྡན་པ་མ་ཡིན། ཆོས་དང་ལྡན་པ་མ་ཡིན། དེ་བཞིན་གཤེགས་པས་གསུངས་པ་མ་ཡིན། སེམས་ཅན་རྣམས་ལ་ཕན་པ་དང་བདེ་བར་འགྱུར་བ་མ་ཡིན་ཞེས ་ཟེར་ན། བདག་ཉིད་ཀྱི་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་འམ། གཞན་གྱི་རྗེས་སུ་ཞུགས་པས་སྐུར་པ་འདེབས་ཀྱང་རུང། ཉེས་པ་དང་བཅས་ཤིང་འགལ་བ་དང་བཅས་པར་འགྱུར་ཏེ། ཉོན་མོངས་པ་ཅན་གྱི་ཉེས་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་ ་ཟབ་ཅིང་མཆོག་ཏུ་ཟབ་པའི་གནས་དག་ཐོས་ནས། སེམས་མོས་པར་མ་གྱུར་ན་།དེས་བྱང་ཆུབ་སེམས་དཔས་དད་པ་དང་གཡོ་མེད་པས་འདི་ལྟར་བདག་ནི་ལོང་བར་འགྱུར་ཏེ། མིག་མེད་ལ་དེ་བཞིན་གཤེགས་པའི་སྤྱན་གྱི་རྗེས་སུ་སྤྱོད་པར་ཟད་པས། དེ་བཞིན ་གཤེགས་པས་དགོས་ཏེ་གསུངས་པ་སྤངས་པ་ནི་བདག་གི་ཆ་མ་ཡིན་ནོ་ཞེས་ཡང་དག་པར་བསླབ་པར་བྱའོ། །དེ་ལྟར་བྱང་ཆུབ་སེམས་དཔའ་དེས་བདག་ཉིད་མི་ཤེས་པར་བརྩིས་ལ་དེ་བཞིན་གཤེགས་པ་ཉིད་ཆོས་དེ་དག་ལ་ལྐོག་ཏུ་མ་གྱུར་པར་ཡང་ ་དག་པར་ལྡན། དེ་ལྟར་ན་ཡང་དག་པར་ཞུགས་པ་ཡིན་ནོ། །མོས་པ་མེད་དུ་ཟིན་ཀྱང། སྐུར་པ་མི་འདེབས་ན་ཉེས་པ་མེད་དོ། །བྱང་ཆུབ་སེམས་དཔའ་ཟང་ཟིང་དང་བཅས་པའི་སེམས་དང། ཁོང་ཁྲོ་བའི་སེམས་ཀྱིས་གཞན་དག་ལ་བདག ་ལ་བསྟོད་ཅིང་གཞན་དག་ལ་སྨོད་པར་བྱེད་ན་ཉེས་པ་དང་བཅས་ཤིང་འགལ་བ་དང་བཅས་པར་འགྱུར་ཏེ། ཉོན་མོངས་པ་ཅན་གྱི་ཉེས་པར་འགྱུར་རོ། །བསྟན་པ་གནས་པར་བྱ་བར་འདོད་པའི་ཕྱིར། མུ་སྟེགས་ཅན་རྣམས་ཟིལ་གྱིས་མནན་པར་འདོད་པ་ལ་ཉེས ་པ་མེད་དོ། །ཐབས་དེས་གང་ཟག་དེ་ཉིད་འདུལ་བར་འདོད་པ་ལ་ཉེས་པ་མེད་དོ། །རྒྱས་པར་སྔ་མ་བཞིན་ནོ། །མ་དད་པ་རྣམས་དད་པར་བྱ་བ་དང། དད་པ་རྣམས་ཕྱིར་ཞིང་འབྱུང་བར་བྱ་བའི་ཕྱིར་བྱེད་ན་ཉེས་པ་མེད་དོ། །བྱང་ཆུབ་སེམས་དཔའ་ཆོས་སྒྲོགས ་པ་དང། དམ་པའི་ཆོས་ཀྱི་འཕེལ་བའི་གཏམ་རྣམ་པར་གཏན་ལ་འབེབས་པ་ན། ང་རྒྱལ་གྱིས་ནོན་པ་དང། ཀུན་ནས་མནར་སེམས་ཀྱིས་སེམས་དང་ལྡན་པ་དང། ཁོང་ཁྲོ་པའི་སེམས་དང་ལྡན་པས་མི་འགྲོ་ན་ཉེས་པ་དང་བཅས་ཤིང་འགལ་བ་དང ་བཅས་པར་འགྱུར་ཏེ། ཉོན་མོངས་པ་ཅན་གྱི་ཉེས་པར་འགྱུར་རོ། །སྙོམ་ལས་དང་ལེ་ལོས་མི་འགྲོ་ན་ཉོན་མོངས་པ་ཅན་མ་ཡིན་པའི་ཉེས་པར་འགྱུར་རོ། །མཚོར་ན་ཉེས་པ་མེད་དོ། །ན་ཏེ་མི་ནུས་ན་ཉེས་པ་མེད་དོ། །ལོག་པར་སྟོན་དུ་དོགས་ན་ཉེས་པ་མེད་དོ།། ་ཆོས་སྨྲ་བའི་སེམས་བསྲུང་ན་ཉེས་པ་མེད་དོ། །ཡང་དང་ཡང་དུ་ཐོས་ཤིང་བཟུང་ལ་ཤེས་ཟིན་པའི་དོན་གྱི་གཏམ་ཡིན་པར་ཤེས་ན་ཉེས་པ་མེད་དོ། །མང་དུ་ཐོས་པ་དང། ཐོས་པ་འཛིན་པ་དང། ཐོས་པ་བསགས་པ་ཡིན་ན་ཉེས་པ་མེད་དོ། །རྟག་ཏུ ་དམིགས་པ་ལ་སེམས་གནས་ཏེ། བྱང་ཆུབ་སེམས་དཔའ་ཨི་ཏིང་ངེ་འཛིན་མངོན་པར་བསྒྲུབ་པ་ལ་བརྩོན་ན་ཉེས་པ་མེད་དོ། །ཤིན་ཏུ་ཤེས་རབ་རྟུལ་སྟེ་ཆོས་ལེན་པ་ལ་ཞན། འཛིན་པ་ལ་ཞན་ཅིང་དམིགས་པ་ལ་སེམས་མཉམ་པར་འཇོག་པ་ལ ་ཞན་པ་ཞིག་ཡིན་ན་ཉེས་པ་མེད་དོ། །བྱང་ཆུབ་སེམས་དཔའ་ཆོས་སྨྲ་བའི་གང་ཟག་ལ་བསམས་བཞིན་དུ་ཁྱད་དུ་བསོད་ཅིང་བཀུར་བསྟི་མི་བྱེད་ལ། འཆད་ཞིང་སྟིང་བར་བྱེད་པ་དང། ཚིག་འབྲུ་ལ་རྟོན་གྱི་དོན་ལ་རྟོན་པར་མི་བྱེད་ན། ཉེས་པ་དང་བཅས་ཤིང་འགལ་བ་དང ་བཅས་པར་འགྱུར་ཏེ། ཉོན་མོངས་པ་ཅན་གྱི་ཉེས་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་སྡོམ་པ་ལ་གནས་པའི་སེམས་ཅན་གྱི་བྱ་བ་འདི་ལྟ་སྟེ། བྱ་བ་གཏན་ལ་འབེབས་པ་འམ། ལམ་དུ་འགྲོ་ཞིང་འོང་བ་འམ། ཡང་དག་པའི་ཐ་སྙད་དང། ལས་ཀྱི་མཛའ་ལ ་སྦྱོར་བ་འམ། ལོངས་སྤྱོད་བསྲུང་བ་འམ། བྱེ་བ་བསྡུམ་པ་འམ། དགའ་སྟོན་ནམ། བསོད་ནམས་བྱེད་པ་ལ་ཀུན་ནས་མནར་སེམས་ཀྱི་སེམས་དང་ལྡན་པ་དང། ཁོང་ཁྲོ་བའི་སེམས་དང་ལྡན་པས་གྲོགས་བྱེད་དུ་མི་འགྲོ་ན། ཉེས་པ་དང་བཅས་ཤིང་འགལ་བ་དང ་བཅས་པར་འགྱུར་ཏེ། ཉོན་མོངས་པ་ཅན་གྱི་ཉེས་པར་འགྱུར་རོ། །སྙོམས་ལས་དང་ལེ་ལོས་གྲོགས་བྱེད་དུ་མི་འགྲོ་ན། ཉོན་མོངས་པ་ཅན་མ་ཡིན་པའི་ཉེས་པར་འགྱུར་རོ། །ན་སྟེ་མི་ནུས་ན་ཉེས་པ་མེད་དོ། །རང་བྱེད་ནུས་པ་དང། རྟེན་ཡོང་དེ་མི་འཆོལ་ན་ཉེས ་པ་མེད་དོ། །གནོད་པ་དང་ལྡན་པ་དང། ཆོས་དང་ལྡན་པ་མ་ཡིན་པའི་བྱ་བ་ལ་མ་སོང་ན་ཉེས་པ་མེད་དོ། །ཐབས་དེས་འདུལ་བར་འདོད་ན་ཉེས་པ་མེད་དེ་རྒྱས་པར་སྔ་མ་བཞིན་ནོ། །གཞན་ལ་ཆེས་སྔར་ཁས་བླངས་ན་ཉེས་པ་མེད་དོ། །ནུས་པ་གཞན་ལ་བཅོལ་ན་ཉེས ་པ་མེད་དོ། །རང་བཞིན་གྱིས་ཡིད་རྟུལ་ཞིང་ལུང་འབོག་མི་མཁས་ན་ཉེས་པ་མེད་དེ་སྔ་མ་བཞིན་ནོ། །གཞན་ཆེས་མང་བ་དག་གི་སེམས་བསྲུང་བར་འདོད་ན་ཉེས་པ་མེད་དོ། །དགེ་འདུན་གྱི་ནང?་ཁྲིམས་བསྲུང་བར་འདོད་ན་ཉེས་པ་མེད་དོ། །བྱང་ཆུབ་སེམས་དཔའ་ནང་པ་ནང་ཀྱིས་ཐེབས་པ་དང་ཕྲད་པ་ན ་ཀུན་ནས་མནར་སེམས་ཀྱི་སེམས་དང་ལྡན་པ་དང། ཁོང་ཁྲོ་བའི་སེམས་དང་ལྡན་པས་རིམ་གྲོ་དང་བསྙེན་བཀུར་མི་བྱེད་ན་ཉེས་པ་མེད་དོ། །ཤིང་འགལ་བ་དང་བཅས་པར་འགྱུར་ཏེ་ཉོན་མོངས་པ་ཅན་གྱི་ཉེས་པར་འགྱུར་རོ། །སྙོམ་ལས་དང་ལེ་ལོས་མི་བྱེད་ན། ཉོན་མོངས་པ་ཅན་མ་ཡིན ་པའི་ཉེས་པར་འགྱུར་རོ། །བདག་ཉིད་ན་སྟེ་མི་ནུས་ན་ཉེས་པ་མེད་དོ། །ཕ་རོལ་ནུས་ཤིང་མཐུན་པ་ལ་བཅོལ་ན་ཉེས་པ་མེད་དོ། །ནད་པ་མགོན་ཡོད་ཅིང་རྟེན་ཡོད་ན་ཉེས་པ་མེད་དོ། །བདག་ཉིད་ཀྱིས་བདག་གི་རིམ་གྲོ་དང་བསྙེན་བཀུར་བྱེད་ནུས་ན ་ཉེས་པ་མེད་དོ། །ནད?་རྒྱུན་རིངས་ཀྱིས་ཐེབས་ཏེ་སོ་ཙམ་དུ་འདུག་ན་ཉེས་པ་མེད་དོ། །དགེ་བའི་ཕྱོགས་རྒྱ་ཆེན་པོ་ལ་རྟག་ཏུ་བརྩོན་ཏེ་དགེ་བའི་ཕྱོགས་ཀྱི་བར་ཆད་དུ་འགྱུར་བ་བསྲུང་བའི་ཕྱིར་མི་བྱེད་ན་ཉེས་པ་མེད་དོ། །ཤིན་ཏུ་ཤེས་རབ་བརྟུལ་ཞིང་ལེགས ་པར་ཆོས་སྟོན་མི་ནུས་ལ། ལེགས་པར་འཛིན་མི་ནུས་ཤིང་དམིགས་པ་ལ་སེམས་མཉམ་པར་འཇོག་མི་ནུས་ན་ཉེས་པ་མེད་དོ། །གཞན་ལ་ཆེས་སྔར་ཁས་བླངས་ན་ཉེས་པ་མེད་དོ། །ནད་གཡོག་ལ་ཇི་ལྟ་བ་བཞིན་དུ་སྡུག་བསྔལ་བའི་སྡུག་བསྔལ་གསལ ་བའི་གྲོགས་བྱ་བ་ཡང་དེ་དང་འདྲ་བར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་ཆེ་འདི་དང་ཚེ་ཕྱི་མའི་དོན་ལ་ཚུལ་མ་ཡིན་པར་ཞུགས་པ་དགེ་མཐོང་ན། ཀུན་ནས་མནར་སེམས་ཀྱི་སེམས་དང་ལྡན་པ་དང། ཁོང་ཁྲོ་བའི་སེམས་དང་ལྡན་པས་རིགས་པ་དང ་ཚུལ་བཞིན་སྟོན་པར་མི་བྱེད་ན་ཉེས་པ་དང་བཅས་ཤིང་འགལ་བ་དང་བཅས་པར་འགྱུར་ཏེ། ཉོན་མོངས་པ་ཅན་གྱི་ཉེས་པར་འགྱུར་རོ། །སྙོམས་ལས་དང་ལེ་ལོས་སྟོན་པར་མི་བྱེད་ན། ཉོན་མོངས་པ་ཅན་མ་ཡིན་པའི་ཉེས་པར་འགྱུར་རོ། །བདག་མི་ཤེས ་ཏེ་མི་ནུས་ན་ཉེས་པ་མེད་དོ། །གཞན་ནུས་པ་ལ་བཅོལ་ན་ཉེས་པ་མེད་དོ། །དེ་ཉིད་ཀྱི་ནུས་ན་ཉེས་པ་མེད་དོ། །དགེ་བའི་བཤེས་གཉེན་གཞན་གྱིས་ཟིན་ཡོངས་སུ་ཟིན་ན་ཉེས་པ་མེད་དོ། །ཐབས་དེས་འདུལ་བར་འདོད་ན་ཉེས་པ་མེད་དོ། རྒྱས་པར་སྔ་མ ་བཞིན་ནོ། །གང་ལ་རིགས་པས་བསྟན་པར་བྱ་བ་དེ་ཀུན་ནས་མནར་སེམས་ཀྱི་སེམས་དང་ལྡན་ཞིང་བཀའ་བློ་མི་བདེ་བས་ལོག་པར་འཛིན་པ་དང། དགའ་ཞིང་གུས་པ་མེད་པས་རྨུ་རྒོད་ཀྱི་རང་བཞིན་ཅན་ཞིག་ཡིན་ན་ཉེས་པ་མེད་དོ། །བྱང་ཆུབ་སེམས་དཔའ་ ་སེམས་ཅན་ཕན་འདོགས་པ་རྣམས་ལ་བྱས་པ་མི་གཟོ་ཤིང་བྱས་པ་མི་ཚོར་སྟེ། ཀུན་ནས་མནར་སེམས་ཀྱི་སེམས་དང་ལྡན་པས་མཐུན་པའི་ཕན་གདགས་པས་ལན་དུ་ཕན་མི་འདོགས་ན་ཉེས་པ་དང་བཅས་ཤིང་འགལ་བ་དང་བཅས་པར་འགྱུར་ཏེ། ཉོན་མོངས་པ་ཅན ་གྱིས་ཉེས་པར་འགྱུར་རོ། །སྙོམ་ལས་དང་ལེ་ལོས་མི་བྱེད་ན་ཉོན་མོངས་པ་ཅན་མ་ཡིན་པའི་ཉེས་པར་འགྱུར་རོ། །བསྒྲིམས་བཞིན་དུ་མི་ནུས་ཤིང་མ་ཐོགས་ན་ཉེས་པ་མེད་དོ། །ཐབས་དེས་འདུལ་བར་འདོད་ན་ཉེས་པ་མེད་དོ། །སྔ་མ་བཞིན་ནོ། །དེ་ཉིད་ལན་དུ་ཕན ་འདོགས་པར་མི་འདོད་ན་ཉེས་པ་མེད་དོ། །བྱང་ཆུབ་སེམས་དཔའ་སེམས་ཅན་ཉེ་དུ་དང་ལོངས་སྤྱོད་ལས་གྱུར་པའི་སྡུག་བསྔལ་ལ་གནས་པ་རྣམས་ཀྱི་མྱ་ངན་བྱུང་བ་ཀུན་ནས་མནར་སེམས་ཀྱི་སེམས་དང་ལྡན་པས་སེལ་བར་མི་བྱེད་ན། ཉེས་པ་དང་བཅས་ཤིང་འགལ ་བ་དང་བཅས་པར་འགྱུར་ཏེ། ཉོན་མོངས་པ་ཅན་གྱི་ཉེས་པར་འགྱུར་རོ། །སྙོམ་ལས་དང་ལེ་ལོས་སེལ་པར་མི་བྱེད་ན། ཉོན་མོངས་པ་ཅན་མ་ཡིན་པའི་ཉེས་པར་འགྱུར། །ཉེས་པ་མི་འགྱུར་བ་ནི་འདི་ལྟ་སྟེ། བྱ་བ་དག་ལ་གྲོགས་མི་བྱེད་པ་ལས་བརྩམས་པ ་སྔ་མ་བཞིན་དུ་རིགས་པར་བྱའོ། །བྱང་ཆུབ་སེམས་དཔའ་ཟས་དང་སྐོམ་ལ་སོགས་པ་འདོད་པ་རྣམས་ཡང་དག་པར་སྤོང་པ་ལ་ཟས་དང་སྐོམ་ལ་སོགས་པ་ཡོད་བྱད་རྣམས་ཀུན་ནས་མནར་སེམས་ཀྱི་སེམས་དང་ལྡན་པ་དང། ཁོང་ཁྲོ་བའི་སེམས་དང ་ལྡན་པས་མ་བྱིན་ན་ཉེས་པ་དང་བཅས་ཤིང་འགལ་བ་དང་བཅས་པར་འགྱུར་ཏེ། ཉོན་མོངས་པ་ཅན་གྱི་ཉེས་པར་འགྱུར་རོ། །སྙོམ་ལས་དང་ལེ་ལོས་བག་མེད་པས་མ་བྱིན་ན་ཉོན་མོངས་པ་ཅན་མ་ཡིན་པའི་ཉེས་པར་འགྱུར་རོ། །ལོངས་སྤྱོད་དག་མེད་དེ་མི་འདོད ་ན་ཉེས་པ་མེད་དོ། །རུང་བ་མ་ཡིན་པ་དང། མི་འཕྲོད་པ་སློང་བ་ན་ཉེས་པ་མེད་དོ། །ཐབས་དེས་འདུལ་བར་བྱ་བར་འདོད་ཅིང་འདུལ་བར་བྱ་བར་འདོད་ན་ཉེས་པ་མེད་དོ། །སྔ་མ་བཞིན་ནོ། །རྒྱལ་པོ་ལ་གནོད་པ་བསྲུང་ན་ཉེས་པ་མེད་དོ། །དགེ་འདུན་གྱི་ནད་ཁྲིམས ་བསྲུང་མཉེས་པ་མེད་དོ། །བྱང་ཆུབ་སེམས་དཔའ་འཁོར་བསྡུས་ལ་ཀུན་ནས་མནར་སེམས་ཀྱི་སེམས་དང་ལྡན་པས་དུས་དུས་སུ་ལེགས་པར་མི་འདོམས་ཤིང་ལེགས་པར་རྗེས་སུ་མི་སྟོན་པ་དང། འབོངས་པ་དེ་དག་གི་ཕྱིར་བྲམ་ཟེ་དང ་ཁྱིམ་བདག་དད་པ་རྣམས་ལས་གོས་དང། ཟས་དང་མལ་ཆ་དང། སྟན་དང་ན་བའི་གསོས་སྨན་དང། ཡོ་བྱད་རྣམས་ཆོས་བཞིན་དུ་ཡོངས་སུ་ཚོལ་བར་མི་བྱེད་ན། ཉེས་པ་དང་བཅས་ཞིང་འགལ་པ་དང་བཅས་པར་འགྱུར་ཏེ། ཉོན་མོངས་པ་ཅན་གྱི་ཉེས་པར ་འགྱུར་རོ། །སྙོམ་ལས་སམ་ལེ་ལོ་འམ། བག་མེད་པས་མི་འདོམས་ཤིང་རྗེས་སུ་མི་སྟོན་ལ་ཡོངས་སུ་ཚོལ་བར་མི་བྱེད་ན། ཉོན་མོངས་པ་ཅན་མ་ཡིན་པའི་ཉེས་པར་འགྱུར་རོ། །ཐབས་དེས་དུལ་བར་བྱ་བར་འདོད་ཅིང་རྡུལ་བར་འདོད་ན་ཉེས་པ་མེད་དེ་སྔ་མ་བཞིན་ནོ ་དགེ་འདུན་གྱི་ནང་ཁྲིམས་བསྲུང་ན་ཉེས་པ་མེད་དོ། །ན་སྟེ་སྦྱོར་མི་བཟོད་ན་ཉེས་པ་མེད་དོ། ནུས་པ་གཞན་དག་ལ་བཅོལ་ན་ཉེས་པ་མེད་དོ། །འཁོར་བསོད་ནམས་ཆེན་པོ་དང་ལྡན་པ་འམ་ཡང་ན་བདག་ཉིད་ཆོས་གོས་ལ་སོགས་པ་ཡོངས་སུ་ཚོལ་ནུས་པར་ཤེས་པ་དང། དེ་དག་གི ་གདམས་ངག་རྗེས་སུ་བསྟན་པས་གདམས་ངག་དང་རྗེས་སུ་བསྟན་པའི་བྱ་བ་བྱས་ཟིན་ན་ཉེས་པ་མེད་དོ། །སྔོན་མུ་སྟེགས་ཅན་ཡིན་པ་ལས་ཆོས་རྐུར་འོངས་ལ་དེར་ཡང་འདུལ་བའི་སྐལ་པ་མེད་པའི་རང་བཞིན་ཅན་ཞིག་ཡིན་ན་ཉེས་པ་མེད་དོ། །བྱང་ཆུབ་སེམས་དཔའ་ཀུན ་ནས་མནར་སེམས་ཀྱི་སེམས་དང་ལྡན་པས་གཞན་དག་གི་སེམས་དང་མཐུན་པར་མི་བྱེད་ན། ཉེས་པ་དང་བཅས་ཤིང་འགལ་བ་དང་བཅས་པར་འགྱུར་ཏེ། ཉོན་མོངས་པ་ཅན་གྱི་ཉེས་པར་འགྱུར་རོ། །སྙོམ་ལས་དང་ལེ་ལོ་དང། བག་མེད་པས་མཐུན་པར ་མི་བྱེད་ན་ཉོན་མོངས་པ་ཅན་མ་ཡིན་པའི་ཉེས་པར་འགྱུར། གཞན་དག་གི་འདོད་པ་གང་ཡིན་པ་དེ་མི་འཕྲོད་པར་འགྱུར་པ་ཡིན་ན་ཉེས་པ་མེད་དོ། །ན་སྟེ་སྦྱོར་མི་བཟོད་ན་ཉེས་པ་མེད་དོ། །དགེ་འདུན་གྱི་ནང་ཁྲིམས་བསྲུང་ན་ཉེས་པ་མེད་དོ། །དེའི་འདོད་པ་འཕྲོད ་པ་མ་ཡིན་དུ་ཟིན་ཀྱང། གཞན་ཆེས་མང་བ་དག་གི་འདོད་པ་མ་ཡིན་ཞིང་མི་འཕྲོད་ན་ཉེས་པ་མེད་དོ། །མུ་སྟེགས་ཅན་ཚར་བཅད་པའི་ཕྱིར་ན་ཉེས་པ་མེད་དོ། །ཐབས་དེས་དུལ་བར་བྱ་བར་འདོད་ན་ཉེས་པ་མེད་དེ་སྔ་མ་བཞིན་ནོ། །བྱང་ཆུབ་སེམས་དཔའ་ཀུན་ནས་མནར་སེམས ་ཀྱི་སེམས་དང་ལྡན་པས་གཞན་དག་གི་ཡང་དག་པའི་ཡོན་ཏན་བརྗོད་པར་མི་བྱེད་ཅིང། ཡང་དག་པའི་བསྔགས་པ་མི་བརྗོད་པ་དང། ལེགས་པར་སྨྲ་བ་ལ་ལེགས་སོ་ཞེས་བྱ་བ་མ་བྱིན་ན་ཉེས་པ་དང་བཅས་ཤིང་འགལ་བ་དང་བཅས་པར་འགྱུར་ཏེ། ཉོན་མོངས་པ ་ཅན་གྱི་ཉེས་པར་འགྱུར་རོ། །སྙོམ་ལས་དང་ལེ་ལོ་དང། བག་མེད་པས་སྨྲས་ན་ཉོན་མོངས་པ་ཅན་མ་ཡིན་པའི་ཉེས་པར་འགྱུར་རོ། །རང་བཞིན་གྱིས་འདོད་པ་ཆུང་ངུ་ཡིན་པར་དཔགས་ཏེ། དེ་དང་མཐུན་པར་བྱེད་ན་ཉེས་པ་མེད་དོ། །ན་དེ་མི་ནུས་ན་ཉེས་པ་མེད་དོ། །ཐབས ་དེས་དུལ་བར་བྱ་བར་འདོད་ཅིང། འདུལ་བར་འདོད་ན་ཉེས་པ་མེད་དེ། སྔ་མ་བཞིན་ནོ། །དགེ་འདུན་གྱི་ནང་ཁྲིམས་བསྲུང་ན་ཉེས་པ་མེད་དོ། །གཞི་དེས་ཀུན་ནས་ཉོན་མོངས་པ་དང་རྒྱགས་པ་དང། ཁེངས་པ་དང། གནོད་པར་འགྱུར་དུ་དོགས་ཏེ། དེ་བསལ་བའི་ཕྱིར་ན ་ཉེས་པ་མེད་དོ། །ཡོན་ཏན་རྣམས་ཡོན་ཏན་ལྟར་བཅོས་པ་ཡིན་ཏེ། ཡང་དག་པ་མ་ཡིན་པ་དང། ལེགས་པར་སྨྲས་པ་ཡང་ལེགས་པར་སྨྲས་པ་ལྟར་བཅོས་པ་ཡིན་ཏེ། ཡང་དག་པ་མ་ཡིན་ན་ཉེས་པ་མེད་དོ། །མུ་སྟེགས་ཅན་ཚར་བཅད་པའི་ཕྱིར་ན་ཉེས་པ་མེད་དོ། །གཏམ་རྫོགས ་རྫོགས་སུ་སྡོད་ན་ཉེས་པ་མེད་དོ། །བྱང་ཆུབ་སེམས་དཔའ་སེམས་ཅན་སྨ་དབབ་པའི་རིགས་པ་དང། ཆད་པས་བཅད་པའི་རིགས་པ་དང། བསྐྲད་པའི་རིགས་པ་རྣམས་ཉོན་མོངས་པ་ཅན་གྱི་སེམས་ཀྱིས་སྨ་མི་འབེབས་སམ། སྨ་འབེབས་སུ་ཟིན་ཀྱང་ཆེད་པས ་བཅད་པས་མི་འཆོས་སམ། འཚོས་སུ་ཟིན་ཀྱང་སྐྲོད་པར་མི་བྱེད་ན། ཉེས་པ་དང་བཅས་ཤིང་འགལ་བ་དང་བཅས་པར་འགྱུར་ཏེ། ཉོན་མོངས་པ་ཅན་གྱི་ཉེས་པར་འགྱུར་རོ། །སྙོམ་ལས་དང་ལེ་ལོ་དང། བག་མེད་པས་སྨ་འབེབས་པར་མི་བྱེད་པ་ནས། སྐྲོད ་པའི་བར་དུ་མི་བྱེད་ན། ཉོན་མོངས་པ་ཅན་མ་ཡིན་པའི་ཉེས་པར་འགྱུར་རོ། །བཅོས་སུ་མི་རུང་བའི་རང་བཞིན་ཅན་ཞིག་སྟེ། གཏམ་བྱ་བར་མི་རུང་བ་དང། བཀའ་བློ་མི་བདེ་ཞིང་ཀུན་ནས་མནར་སེམས་ཀྱི་ཤས་ཆེ་བ་ལ་ཡལ་བར་བོར་ན་ཉེས་པ་མེད་དོ།། ་དུས་ལ་སྡོད་ན་ཉེས་པ་མེད་དོ། །གཞི་དེ་ལས་འཐབ་པ་དང། འཚང་འབྲུ་བ་དང། འབྱེད་པ་དང། །ནོད?་པར་འགྱུར་བར་མཐོང་ན་ཉེས་པ་མེད་དོ། །དགེ་འདུན་འཁྲུག་ཅིང་དབྱེ་བར་མཐོང་ན་ཉེས་པ་མེད་དོ། །སེམས་ཅན་དེ་དག་གཡོ་མེད་དེ། ཆེས་ཆེར་ངོ་ཚ་ཤེས་པ ་དང། ཁྲེལ་ཡོད་པ་དང་ལྡན་པས་མྱུར་བ་མྱུར་བར་མཐུན་པར་བྱེད་པ་བྱེད་པ་ཞིག་ན་ཉེས་པ་མེད་དོ། །བྱང་ཆུབ་སེམས་དཔའ་རྫུ་འཕྲུལ་དང་རྣམ་པར་འཕྲུལ་པ་དང། མཐུ་རྣམ་པ་སྣ་ཚོགས་དང་ལྡན་ལ། སེམས་ཅན་སྐྲག་པར་བྱ་བའི་རིགས་པ་རྣམས་འདུན་པར ་བྱ་བ་དང། དད་པས་བྱིན་པ་སྤོང་དུ་གཞུག་པའི་ཕྱིར་རྫུ་འཕྲུལ་གྱིས་སྐྲག?་པར་མི་བྱེད་འདུན་པར་མི་བྱེད་ན་ཉེས་པ་དང་བཅས་ཤིང་འགལ་བ་དང་བཅས་པར་འགྱུར་ཏེ། ཉོན་མོངས་པ་ཅན་མ་ཡིན་པའི་ཉེས་པར་འགྱུར་རོ། །སེམས་ཅན་རྣམས ་གང་དུ་ཤས་ཆེར་མངོན་པར་ཞེན་པ་མུ་སྟེགས་ཅན་འཕགས་པ་ལ་སྐུར་པ་འདེབས་པ། ལོག་པར་ལྟ་བ་དང་ལྡན་པ་དག་ཅིག་ན་མ་བསྟན་ཀྱང་ཉེས་པ་མེད་དོ། །ཐམས་ཅད་ལ་ཡང་སེམས་འཁྲུག་པ་དང། སྡུག་བསྔལ་གྱི་ཚོར་བས་ཉེན་པ་དང། སྡོམ་པ ་མ་མནོས་པ་ལ་ནི་ཤིན་ཏུ་ཉེས་པ་མེད་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསླབ་པའི་གཞི་འདི་དག་ནི་དངོས་སུ་བྱུང་བ་ཤ་སྟག་སྟེ། སྡོམ་པའི་ཚུལ་ཁྲིམས་དང། དགེ་བའི་ཆོས་སྡུད་པའི་ཚུལ་ཁྲིམས་དང། སེམས་ཅན་གྱི ་དོན་བྱ་བའི་ཚུལ་ཁྲིམས་ལས་བརྩམས་ནས་བཅོམ་ལྡན་འདས་ཀྱིས་མདོ་སྡེ་གཞན་དེ་དང་དེ་དག་ཏུ་ཐོར་བུ་ཐོར་བུར་གསུངས་པ་དེ་བྱང་ཆུབ་སེམས་དཔའ་ཨི་སྡེ་སྣོད་གྱི་མ་མོ་འདིར་ཚང་བར་བཤད་དེ། བྱང་ཆུབ་སེམས་དཔའ་གུས་པ་སྐྱེས་པས་དེ་དག་ལ ་སློབ་པར་འདོད་པའི་བསམ་པ་རྣམ་པར་དག་པ་དང། བྱང་ཆུབ་སེམས་འདོད་པའི་བསམ་པ་དང། སེམས་ཅན་གྱི་དོན་བྱ་བའི་བསམ་པས་གཞན་ལས་སྡོམ་པ་ཡང་དག་པར་བླང་བར་བྱས་ནས་མཆོག་ཏུ་གུས་པར་བྱ་སྟེ། བསླབ་པར་བྱའོ། །ཐོག་མ་ཉིད་ནས་ཀྱང ་ཉེས་པ་མི་འབྱུང་བར་གུས་པ་བསྐྱེད་པར་བྱའོ། །ཉེས་པ་བྱུང་ན་ཡང་ཆོས་བཞིན་དུ་གསོ་བས་ཉེས་པ་ལ་གསོ་བར་བྱའོ། །བྱང་ཆུབ་སེམས་དཔའ་ཨི་ཉེས་པ་ཉིད་དག་ཐམས་ཅད་ནི་ཉེས་བྱས་སུ་བསྡུ་བར་རིག་པར་བྱ་སྟེ། ཉན་ཐོས་ཀྱི་ཐེག་པ་འམ། ཐེག་པ་ཆེན ་པོ་པ་གང་སུ་ཡང་རུང་སྟེ། གང་དག་གི་རྣམ་པར་རིག་བྱེད་དེ་དག་ཁོང་དུ་ཆུད་ཅིང་འཛིན་ནུས་པ་ལ་བཤགས་པར་བྱའོ། །གལ་ཏེ་ཀུན་ནས་དཀྲིས་པ་ཆེན་པོས་བྱང་ཆུབ་སེམས་དཔའ་ལ་ཕན་པའི་གནས་ལྟ་བུའི་ཆོས་བྱུང་བར་གྱུར་ན་དེས་སྡོམ་པ་གཏང ་བ་ལན་གཉིས་སུ་སླར་ཡང་ནོད་པར་བྱའོ། །གལ་ཏེ་ཀུན་ནས་དཀྲིས་པ་འབྱུང་གིས་ཉེས་པ་བྱུང་བ་ནི་དེས་གང་ཟག་གསུམ་འམ། དེ་ཡན་ཆད་ལ་ཉེས་བྱས་བཤགས་པར་བྱ་སྟེ། མདུན་དུ་འདུག་ནས་ཐོག་མར་དངོས་པོ་བརྗོད་དེ། འདི་སྐད་ཅེས་ཚེ་དང་ལྡན་པ ་དགོངས་སུ་གསོལ། བདག་མིང་འདི་ཞེས་མ?་གྱི་པ་ལ་ཇི་སྐད་ཡོངས་སུ་བརྗོད་པའི་གཞི་ལས་བྱང་ཆུབ་སེམས་དཔའ་ཨི་འདུལ་བ་དང། འགལ་བ་ཉེས་བྱས་ཀྱི་ནོངས་པ་བྱུང་སྟེ་ཞེས་བརྗོད་ལ། །ལྷག་མ་ནི་དགེ་སློང་ཉེས་བྱས་འཆགས་པ་ཇི་ལྟ་བ་དེ་བཞིན ་དུ་བརྗོད་པར་བྱའོ། །ཀུན་ནས་དཀྲིས་པ་ཆུང་ངུས་འཕམ་པའི་གནས་ལྟ་བུའི་ཆོས་བྱུང་བ་དང། དེ་པས་གཞན་པའི་ཉེས་པ་རྣམས་ནི་གཅིག་གི་མདུན་དུ་བཤགས་པར་བྱ་བར་རིག་པར་བྱའོ། །གང་གི་མདུན་དུ་བཤགས་པར་བྱ་བའི་གང་ཟག་མཐུན་པ་མེད ་ན། བྱང་ཆུབ་སེམས་དཔས་བསམ་པ་ཐག་པ་ནས་ཕྱིན་ཅིང?་མི་བྱ་བར་སེམས་བསྐྱེད་པར་བྱ་བའི་ཕྱིན་ཅད་ཀྱང་བསྡམ་པར་བྱའོ། །དེ་ལྟར་བྱས་ན་ཉེས་པ་དེ་ལས་བྱུང་ཞེས་བྱའོ། །བྱང་ཆུབ་སེམས་དཔའ་ཨི་སྡོམ་པ་ཡང་དག་པར་བླང་བ་དེ་དག་ཡང་དག ་གལ་ཏེ་ཡོན་ཏན་དེ་དག་དང་ལྡན་པའི་གང་ཟག་མེད་པར་གྱུར་ན། བྱང་ཆུབ་སེམས་དཔས་དེ་བཞིན་གཤེགས་པའི་སྐུ་གཟུགས་ཀྱི་སྤྱན་སྔར་བདག་ཉིད་ཀྱིས་བྱང་ཆུབ་སེམས་དཔའ་ཨི་ཚུལ་ཁྲིམས་སྡོམ་པ་ཡང་དག་པར་བླང་བར་བྱ་སྟེ། འདི་ལྟར་སྔར་བླ ་གོས་ཕྲག་པ་གཅིག་ལ་གཟར་ནས་བུས་མོ་གཡས་པའི་ལྷ་ངེས་ལ་གཙུགས་ནས་སམ། ཙོག་ཙོག་པོར་འདུག་ཀྱང་རུང་སྟེ། འདི་སྐད་དུ་བདག་མིང་འདི་ཞེས་བགྱི་བ་ཕྱོགས་བཅུའི་དེ་བཞིན་གཤེགས་པ་དང་ས་ཆེན་པོ་ལ་ཞུགས་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ ་གསོལ་བ་འཚལ་ཏེ། དེ་དག་གི་སྤྱན་སྔར་བྱང་ཆུབ་སེམས་དཔའ་ཨི་བསླབ་པའི་གཞི་ཐམས་ཅད་དང། བྱང་ཆུབ་སེམས་དཔའ་ཨི་ཚུལ་ཁྲིམས་ཐམས་ཅད་དེ་སྡོམ་པའི་ཚུལ་ཁྲིམས་དང། དགེ་བའི་ཆོས་སྡུད་པའི་ཚུལ་ཁྲིམས་དང། ། ་སེམས་ཅན་གྱི་དོན་བྱ་བའི་ཚུལ་ཁྲིམས་གང་ལ་འདས་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བསླབས་པ་དང། མ་འོངས་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་སློབ་པར་འགྱུར་བ་དང། ཕྱོགས་བཅུ་ན་ད་ལྟར་བྱུང་བའི་བྱང་ཆུབ་སེམས་དཔའ་ཐམས་ཅད ་ད་ལྟར་སློབ་པ་རྣམས་བདག་གིས་ཡང་དག་པར་བླང་ངོ་ཞེས་བརྗོད་པར་བྱ་སྟེ། ལན་གཉིས་ལན་གསུམ་དུ་བརྗོད་ནས་ལྡང་བར་བྱའོ། །ལྷག་མ་ཐམས་ཅད་ནི་སྔ་མ་བཞིན་དུ་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་ཨི་ཉེས་པའི་ལམ་ལ་ཡང་ཉེས་པ་ལྷག་མ་ཡང་མེད་པ ་ནི་མེད་དེ། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་ཨི་ཉེས་པ་ནི་ཕལ་ཆེར་ཞེ་སྡང་ལས་འབྱུང་གི་།འདོད་ཆགས་ལས་བྱུང་བ་ནི་མ་ཡིན་པར་ཤེས་པར་བྱའོ་ཞེས་གསུངས་པ་དེ་ལ་དགོངས་པ་ནི་འདི་ཡིན་པར་ལྟ་བར་བྱ་སྟེ། བྱང་ཆུབ་སེམས་དཔའ་ ་སེམས་ཅན་ལ་རྗེས་སུ་ཆགས་ཤིང་སེམས་ཅན་ལ་བྱམས་པའི་དབང་དུ་བྱས་ནས་གང་ཅི་སྤྱད་ཀྱང་རུང་དེ་དག་ཐམས་ཅད་ནི་བྱང་ཆུབ་སེམས་དཔས་བྱ་བ་ཡིན་ཏེ། མི་བྱ་བ་མ་ཡིན་པ་ལ་བྱ་བའི་རིགས་པ་བྱེད་པ་ནི་ཉེས་པར་འགྱུར་བ་མི་རིགས་སོ། །བྱང ་ཆུབ་སེམས་དཔའ་སེམས་ཅན་རྣམས་ལ་སྡང་བ་ནི་བདག་གཞན་རྣམས་ལ་ཕན་པར་སྤྱོད་པ་མ་ཡིན་ལ། དེ་ཡང་བྱང་ཆུབ་སེམས་དཔའ་ཨི་བྱ་བ་མ་ཡིན་ཏེ། དེ་ལྟར་བྱ་བ་མ་ཡིན་པ་བྱེད་པ་ནི་ཉེས་པར་འགྱུར་བར་རིགས་སོ། །བྱང་ཆུབ་སེམས་དཔའ་ཨི་ཉེས་པ་རྣམས་ནི ་ཆུང་ངུ་དང། འབྲིང་དང། ཆེན་པོར་རིག་པར་བྱ་སྟེ། འདི་ལྟ་སྟེ། གཞི་བསྡུ་བ་ལས་འབྱུང་བ་བཞིན་ནོ། །དེ་ལྟར་བྱང་ཆུབ་སེམས་དཔའ་རང་གི་འདུལ་བ་ལ་བསླབ་པ་ལ་བརྩོན་པ་ནི་ཕུན་སུམ་ཚོགས་པ་གསུམ་པོ་སྦྱོར་བ་ཕུན་སུམ་ཚོགས་པ་དང། བསམ་པ་ཕུན ་སུམ་ཚོགས་པ་དང། སྔོན་གྱི་རྒྱུ་ཕུན་སུམ་ཚོགས་པ་དང་ལྡན་པས་ཕ་རོལ་ལ་རག་པར་གནས་སོ། །དེ་ལ་སྦྱོར་བ་ཕུན་སུམ་ཚོགས་པ་གང་ཞེ་ན། འདི་ལྟར་བྱང་ཆུབ་སེམས་དཔའ་ནི་ཚུལ་ཁྲིམས་དག་འདྲལ་བར་མི་བྱེད་ཅིང་ལུས་དང་ངག་དང་ཡིད་ཀྱིས་ཀུན་ཏུ་སྤྱོད་པ ་ཡོངས་སུ་དག་པ་དང། ཉེས་པ་རྒྱུན་ཏུ་མི་བྱེད་པ་དང། སྡིག་པ་འཆགས་པ་ཡིན་ཏེ། འདི་ནི་སྦྱོར་བ་ཕུན་སུམ་ཚོགས་པ་ཞེས་བྱའོ། བསམ་པ་ཕུན་ཚོགས་པ་གང་ཞེ་ན། ཆོས་ཀྱི་བསམ་པས་རབ་ཏུ་བྱུང་བ་ཡིན་གྱི། འཚོ་བའི་བསམ་པས་མ་ཡིན། བྱང་ཆུབ ་སེམས་དཔའ་ཆེན་པོ་དོན་དུ་གཉེར་བ་ཡིན་གྱི། དོན་དུ་མི་གཉེར་བ་མ་ཡིན། དགེ་སྦྱོང་གི་ཚུལ་དང་མྱ་ངན་ལས་འདའ་བ་དོན་དུ་གཉེར་བ་ཡིན་གྱི། དོན་དུ་མི་གཉེར་བ་མ་ཡིན་པ་དང། དེ་དེ་ལྟར་དོན་དུ་གཉེར་བས་ལེ་ལོས་གནས་པ་མ་ཡིན་ཞིང། བརྩོན ་འགྲུས་མི་ཞན་པ་དང། ཀུན་ནས་ཉོན་མོངས་པ་དང། ཡང་འབྱུང་བ་པ་དང། རིམས་ནད་དང་བཅས་པ་དང། རྣམ་པར་སྨིན་པ་སྡུག་བསྔལ་བ་དང། ཕྱི་མ་ལ་སྐྱེ་བ་དང། རྒ་ཤིང་འགྱུར་བའི་སྡིག་པ་མི་དགེ་བའི་ཆོས་རྣམས་དང་མ་འདྲེས་པ་སྟེ། དེ་ནི་བསམ ་པ་ཕུན་སུམ་ཚོགས་པ་ཞེས་བྱའོ། །སྔོན་གྱི་རྒྱུ་ཕུན་སུམ་ཚོགས་པ་གང་ཞེ་ན། འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་སྔོན་ཚེ་རབ་གཞན་དག་ཏུ་བསོད་ནམས་བྱས་ཤིང་དགེ་བ་བྱས་ཏེ། དེས་ད་ལྟར་བདག་ཉིད་ཀྱང་གོས་དང། ཟས་དང། མལ་ཆ་དང། སྟན་དང ་ན་བའི་གསོས་སྨན་དང། ཡོ་བྱད་རྣམས་ཀྱིས་འཕོངས་པར་མི་འབྱུང་ལ། གཞན་དག་ལ་ཡང་བགོ་བཤའ་བྱེད་ནུས་པ་སྟེ། འདི་ནི་བྱང་ཆུབ་སེམས་དཔའ་ཨི་སྔོན་གྱི་རྒྱུ་ཕུན་སུམ་ཚོགས་པ་ཡིན་པར་རིག་པར་བྱ་སྟེ། བྱང་ཆུབ་སེམས་དཔའ་འདུལ ་པ་ལ་བསླབ་པ་ལ་བརྩོན་པ་ཕུན་སུམ་ཚོགས་པ་གསུམ་པོ་འདི་དག་དང་ལྡན་པ་ནི་བདེ་བ་ལ་རེག་པར་གནས་སོ། །དེ་ལས་བཟློག་པའི་འཕོངས་པ་གསུམ་དང་ལྡན་པ་ནི་སྡུག་བསྔལ་ལ་རེག་པར་གནས་པར་རིག་པར་བྱ་སྟེ། འདི་ནི་བྱང་ཆུབ་སེམས་དཔའ་ཁྱིམ་པའི་ཕྱོགས་སུ ་གཏོགས་པ་དང། རབ་ཏུ་བྱུང་བའི་ཕྱོགས་སུ་གཏོགས་པ་ཐམས་ཅད་ཀྱི་ཚུལ་ཁྲིམས་ཀྱི་མདོ་དང་རྒྱས་པ་ཞེས་བྱའོ། །དེ་ལས་གཞན་པ་དཀའ་བའི་ཚུལ་ཁྲིམས་ལ་སོགས་པ་ནི་ཚུལ་ཁྲིམས་ཐམས་ཅད་འདིའི་རབ་ཏུ་དབྱེ་བ་ཡིན་པར་རིག་པར་བྱའོ། །དེ་ལ་བྱང ་ཆུབ་སེམས་དཔའ་ཨི་དཀའ་བའི་ཚུལ་ཁྲིམས་གང་ཞེ་ན། འདི་ནི་རྣམ་པ་གསུམ་དུ་བལྟ་བར་བྱ་སྟེ། བྱང་ཆུབ་སེམས་དཔའ་ལོངས་སྤྱོད་ཆེ་བ་དབང་ཕྱུག་ཆེན་པོ་ལ་དབང་བྱེད་ཅིང་འདུག་པ་ལས་ལོངས་སྤྱོད་སྤངས་ཤིང། དབང་ཕྱུག་ཆེན་པོ་ལ་དབང་བྱེད་པ་སྤངས ་ནས། ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་ལེན་པ་ནི་བྱང་ཆུབ་སེམས་དཔའ་ཨི་དཀའ་བའི་ཚུལ་ཁྲིམས་ཞེས་བྱའོ། །བྱང་ཆུབ་སེམས་དཔའ་ཚུལ་ཁྲིམས་བླངས་ནས་ཉམ་ཐག་ཏེ། སྲོག་ལ་ཐུག་ཀྱང་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླངས་པ་དེ་ཉམས ་བར་ཡང་མི་བྱེད་ན་མེད་པར་ལྟ་ག་ལ་བྱེད་དེ། འདི་ནི་བྱང་ཆུབ་སེམས་དཔའ་ཨི་དཀའ་བའི་ཚུལ་ཁྲིམས་ཞེས་བྱ་བ་སྟེ་གཉིས་པའོ། །ཇི་སྲིད་འཚོ་བའི་པར་དུ་ཅི་ནས་ཉེས་པ་ཕྲ་རབ་ཀྱང་མི་འབྱུང་ཞིང། ཚུལ་ཁྲིམས་ལ་འགྲུལ་པ་ཡང་མི་འབྱུང་ན་ལྕི་བ་ལྟ ་འབྱུང་བར་ག་ལ་འགྱུར་བ་དེ་ལྟ་དེ་ལྟར་བྱང་ཆུབ་སེམས་དཔའ་སྤྱོད་པ་དང་གནས་པ་ཐམས་ཅད་ཡིད་ལ་བྱེད་པ་དག་ལ་དྲན་པ་ཉེ་བར་གནས་ཤིང་བག་ཡོད་པ་ཡིན་སྟེ། འདི་ནི་བྱང་ཆུབ་སེམས་དཔའ་ཨི་དཀའ་བའི་ཚུལ་ཁྲིམས་ཞེས་བྱ་སྟེ། གསུམ་པའོ།། ་དེ་ལ་བྱང་ཆུབ་སེམས་དཔའ་ཨི་ཐམས་ཅད་ཀྱི་སྒོ་ནས་ཚུལ་ཁྲིམས་གང་ཞེ་ན། འདི་ནི་རྣམ་པ་བཞིར་བལྟ་བར་བྱ་སྟེ། ཡང་དག་པར་བླངས་པ་དང། རང་བཞིན་གྱིས་ཚུལ་ཁྲིམས་དང། གོམས་བ་དང། ཐབས་དང་ལྡན་པའོ། །དེ་ལ་ཡང་དག་བླངས་པའི་ཚུལ་ཁྲིམས ་ནི་གང་གིས་བྱང་ཆུབ་སེམས་དཔའ་ཨི་ཚུལ་ཁྲིམས་རྣམ་པ་གསུམ་པོ་སྡོམ་པའི་ཚུལ་ཁྲིམས་དང། དགེ་བ་ཆོས་བསྡུད་པའི་ཚུལ་ཁྲིམས་དང་སེམས་ཅན་གྱི་དོན་བྱེད་པའི་ཚུལ་ཁྲིམས་ཡང་དག་པར་བླང་བར་བྱས་པ་ཡིན་ནོ། །དེ་ལ་རང་བཞིན་གྱིས་ཚུལ ་ཁྲིམས་ནི་བྱང་ཆུབ་སེམས་དཔའ་ཨི་རིགས་ལ་གནས་པ་ཉིད་ཀྱི་སེམས་ཀྱི་རྒྱུད་རང་བཞིན་གྱིས་དགེ་བ་ཁོ་ན་ཡིན་པས། ལུས་དང་ངག་གི་ལས་ཡོངས་སུ་དག་པར་འཇུག་པ་གང་ཡིན་པའོ། །དེ་ལ་གོམས་པའི་ཚུལ་ཁྲིམས་ནི། བྱང་ཆུབ་སེམས་དཔའ་གང ་གིས་སྔོན་གྱི་ཚེ་རབས་གཞན་དག་ཏུ་ཇི་སྐད་བསྟན་པའི་ཚུལ་ཁྲིམས་རྣམ་པ་གསུམ་ཅར་ལ་གོམས་པར་བྱས་པ་ཡིན་ཏེ། དེ་སྔོན་གྱི་རྒྱུའི་སྟོབས་སྐྱེད?་པ་དེས་སྡིག་པ་ཀུན་ཏུ་སྤྱོད་པ་ལ། ཐམས་ཅད་ཀྱིས་ཐམས་ཅད་དུ་མི་དགའ་ཞིང་སྡིག་པ་ལས་ཡིད ་བྱུང་ལ། དགེ་བ་ཀུན་ཏུ་སྤྱོད་པ་ལ་དགའ་ཞིང། དགེ་བ་ཀུན་ཏུ་སྤྱོད་པ་ཁོ་ན་འདོད་པའོ། །དེ་ལ་ཐབས་དང་ལྡན་པའི་ཚུལ་ཁྲིམས་ནི་འདི་ཡིན་ཏེ། བྱང་ཆུབ་སེམས་དཔའ་བསྡུ་བའི་དངོས་པོ་བཞི་ལ་བརྟེན་ནས། སེམས་ཅན་རྣམས་ལུས་དང་ངག ་གི་ལས་དགེ་བ་ལ་འཇུག་པ་གང་ཡིན་པའོ། །དེ་ལ་བྱང་ཆུབ་སེམས་དཔའ་ཨི་སྐྱེས་བུ་དམ་པའི་ཚུལ་ཁྲིམས་གང་ཞེ་ན། དེ་ནི་རྣམ་པ་ལྟར་རིག་པར་བྱ་སྟེ། འདི་ལ་བྱང་ཆུབ་སེམས་དཔའ་བདག་ཉིད་ཀྱང་ཚུལ་ཁྲིམས་དང་ལྡན་པ་དང། གཞན་དག་ཀྱང ་ཚུལ་ཁྲིམས་ཡང་དག་པར་ལེན་དུ་འཇུག་པ་དང། ཚུལ་ཁྲིམས་ཀྱི་བསྔགས་པ་ཡང་བརྗོད་པ་དང། ཆོས་དང་མཐུན་པ་མཐོང་ན་ཡིད་དགའ་བར་འགྱུར་བ་དང། ཉེས་པ་བྱུང་ན་ཆོས་བཞིན་དུ་འཆོས་པའོ། །དེ་ལ་བྱང་ཆུབ་སེམས་དཔའ་ཨི་རྣམ ་པ་ཐམས་ཅད་ཀྱི་ཚུལ་ཁྲིམས་གང་ཞེ་ན། དེ་ནི་རྣམ་པ་དྲུག་དང། རྣམ་པ་བདུན་ཏེ། གཅིག་ཏུ་བསྡོམས་ན་རྣམ་པ་བཅུ་གསུམ་དུ་རིག་པར་བྱ་སྟེ། བསླབ་པའི་གཞི་རྒྱ་ཆེན་པོ་ཡོངས་སུ་བཟུང་བ་དང། བྱང་ཆུབ་ཆེན་པོར་ཡོངས་སུ་བསྔོས་པའི་ཕྱིར ་རྒྱ་ཆེ་བ་དང། འདོད་པའི་བསོད་ཉམས་དང། བདག་ཉིད་དུབ་པར་བྱེད་པའི་མཛའ་གཉིས་སྤངས་པའི་ཕྱིར་ཁ་ན་མ་ཐོ་བ་མེད་པ་དང། རབ་ཏུ་དགའ་བའི་གནས་དང། མཐུན་པ་དང། ཇི་སྲིད་འཚོའི་བར་དུ་ཡང་བསླབ་པ་འབུལ་བར་མི་བྱེད་པའི་ཕྱིར་རྟག་ཏུ ་བྱེད་པ་དང། རྙེད་པ་དང། བཀུར་སྟི་དང། ཕས་ཀྱི་རྒོལ་བ་དང། ཉོན་མོངས་པ་དང། ཉེ་བའི་ཉོན་མོངས་པ་རྣམས་ཀྱིས་ཟིལ་གྱིས་མི་ནོན་ཅིང་མི་འཕྱོགས་པའི་ཕྱིར་བརྟན་པ་དང། ཚུལ་ཁྲིམས་ཀྱི་རྒྱན་དང་ལྡན་པ་སྟེ། ཚུལ་ཁྲིམས་ཀྱི་རྒྱན་ནི་འདི་ལྟ་སྟེ། ་ཉན་ཐོས་ཀྱིས་ལས་བྱུང་བ་??་དུ་རིག་པར་བྱའོ། །སྲོག་གཅོད་པ་ལ་སོགས་པ་སྤངས་པའི་ཕྱིར་ལྡོག་པའི་ཚུལ་ཁྲིམས་དང། དགེ་བ་སྡུད་པ་དང། སེམས་ཅན་གྱི་དོན་བྱེད་པའི་ཕྱིར་འཇུག་པའི་ཚུལ་ཁྲིམས་དང། འཇུག་པ་དང། ལྡོག་པའི་ཚུལ་ཁྲིམས ་རྗེས་སུ་བསྲུང་བའི་ཕྱིར་ཀུན་ནས་བསྲུང་བའི་ཚུལ་ཁྲིམས་དང། སྐྱེས་བུ་ཆེན་པོའི་མཚན་རྣམ་པར་སྨིན་པར་བྱེད་པའི་ཚུལ་ཁྲིམས་དང། ལྷག་པའི་སེམས་རྣམ་པར་སྨིན་པར་བྱེད་པའི་ཚུལ་ཁྲིམས་དང། སྡུག་པའི་འགྲོ་བ་རྣམ་པར་སྨིན་པར་བྱེད་པའི་ཚུལ ་ཁྲིམས་དང། སེམས་ཅན་གྱི་དོན་རྣམ་པར་སྨིན་པར་བྱེད་པའི་ཚུལ་ཁྲིམས་སོ། །དེ་ལ་བྱང་ཆུབ་སེམས་དཔའ་ཨི་འཕོངས་ཤིང་འདོད་པའི་ཚུལ་ཁྲིམས་གང་ཞེ་ན། དེ་ནི་རྣམ་པ་བརྒྱད་དུ་རིག་པར་བྱ་སྟེ། འདི་ལ་བྱང་ཆུབ་སེམས་དཔའ་བདག་ཉིད་འདི་སྙམ་དུ ་རྗེས་སུ་སེམས་ཏེ། འདི་ལྟར་བདག་ནི་བདག་ལ་སུ་ཡང་གསོད་པ་དང། མ་བྱིན་པར་ལེན་པ་དང། འདོད་པ་རྣམས་ལ་ལོག་པར་གཡེམ་པ་དང། བརྫུན་གྱི་ཚིག་སྨྲ་བ་དང། ཕྲ་མ་དང། ངག?་རྩུབ་པོ་དང། ཚིག་འཁྱལ་པ་བྱེད་པ་དང། ལག་པ་དང། བོང་བ་དང། ་ལྕག་གིས་བསྣུན་ཅིང་རྣམ་པར་འཚེ་བའི་རེག་པ་མི་འདོད་པ་དག་ཀུན་ཏུ་སྤྱོད་པ་བྱེད་པར་མ་གྱུར་ཅིག་སྙམ་དུ་འདོད་ལ་བདག་དེ་ལྟ་བུ་འདོད་བཞིན་དུ། གལ་ཏེ་གཞན་གྱིས་ལོག་པ་བྱས་པར་གྱུར་ན། དེས་བདག་འཕོངས་པར་འགྱུར་ཞིང་བདག་གི་ཡིད་དུ་མི་འོང་བར ་འགྱུར་པས་ནི་གཞན་ཡང་བདག་ཇི་ལྟ་བ་བཞིན་དུ་གཞན་གྱིས་བསད་པར་མ་གྱུར་ཅིག་ཅེས་བྱ་བ་ནས་རྒྱས་པར་རྣམ་པར་འཚེ་བའི་རེག་པ་དག་བྱེད་པར་མ་གྱུར་ཅིག་སྙམ་དུ་འདོད་དེ། དེ་དག་ཀྱང་དེ་ལྟར་འདོད་བཞིན་དུ་གལ་ཏེ་བདག་གིས་ལོག་པར་ཀུན་ཏུ་སྤྱད་པར ་གྱུར་ན། དེས་དེ་དག་འཕོངས་པར་འགྱུར་ཞིང་དེ་དེ་དག་གི་ཡིད་དུ་མི་འོང་བར་གྱུར་ན། དེ་ལྟར་བདག་དང་གཞན་དག་གི་ཡིད་དུ་མི་འོང་བ་གང་ཡིན་པ་དེ་བདག་གིས་གཞན་དག་ལ་ཅིའི་ཕྱིར་ཀུན་ཏུ་སྤྱད་པར་བྱ་སྙམ་དུ་སེམས་ཏེ། བྱང་ཆུབ་སེམས་དཔའ་དེ་ལྟར ་སོ་སོར་བརྟགས་ནས་སྲོག་གི་ཕྱིར་ཡང་གཞན་དག་ལ་ཡིད་དུ་མི་འོང་བ་རྣམ་པ་བརྒྱད་པོ་ཀུན་ཏུ་སྤྱོད་བར་མི་བྱེད་པ་སྟེ། འདི་ནི་བྱང་ཆུབ་སེམས་དཔའ་ཨི་འཕོངས་ཤིང་འདོད་པའི་ཚུལ་ཁྲིམས་རྣམ་པ་བརྒྱད་ཅེས་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའ་ཨི་འདི་དང ་གཞན་དུ་བདེ་བར་འགྱུར་པའི་ཚུལ་ཁྲིམས་གང་ཞེ་ན། དེ་ནི་རྣམ་པ་དགུར་རིག་པར་བྱ་སྟེ། འདི་ལ་བྱང་ཆུབ་སེམས་དཔའ་སེམས་ཅན་དགག་པར་བྱ་བའི་གནས་སུ་གྱུར་བ་རྣམས་ནི་འགོག་པར་བྱེད། གནས་པར་བྱ་བའི་གནས་སུ་གྱུར་པ་རྣམས་ནི་གནང་བར་བྱེད། ་སེམས་ཅན་བསྡུ་བར་བྱ་བ་རྣམས་ནི་སྡུད་པར་བྱེད། སེམས་ཅན་ཚར་གཅད་པར་བྱ་བ་རྣམས་ནི་ཚར་གཅོད་པར་བྱེད་ཅིང། དེ་ལ་བྱང་ཆུབ་སེམས་དཔའ་ཨི་ལུས་དང་ངག་གི་ལས་ཡོངས་སུ་དག་པར་འཇུག་སྟེ། འདི་ནི་རེ་ཞིག་ཚུལ་ཁྲིམས་རྣམ་པ་བཞིའོ། །གཞན ་ཡང་སྦྱིན་པ་དང་ལྡན་པའི་ཚུལ་ཁྲིམས་དང། བཟོད་པ་དང་ལྡན་པ་དང། བརྩོན་འགྲུས་དང་ལྡན་པ་དང། བསམ་གཏན་དང་ལྡན་པ་དང། ཤེས་རབ་དང་ལྡན་པ་དང། རྣམ་པ་ལྔའོ། །དེ་གཉིས་གཅིག་ཏུ་བསྡུས་ན་ཚུལ་ཁྲིམས་རྣམ་པ་དགུར་འགྱུར་ཏེ། བྱང་ཆུབ་སེམས་དཔའ་ ་དེ་དང་གཞན་དག་ལ་ཚེ་འདི་དང་ཚེ་ཕྱི་མ་ལ་བདེ་བར་འགྱུར་བས་ན་དེའི་ཕྱིར་འདི་དང་གཞན་དུ་བདེ་བར་འགྱུར་བ་ཞེས་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའ་ཨི་རྣམ་པར་དག་པའི་ཚུལ་ཁྲིམས་གང་ཞེ་ན། དེ་ནི་རྣམ་པ་བཅུར་རིག་པར་བྱ་སྟེ། དགེ་སྦྱོང་གི་ཚུལ ་དང། རྫོགས་པའི་བྱང་ཆུབ་འདོད་པའི་ཕྱིར་ཡིན་གྱི། འཚོ་བ་འདོད་པའི་ཕྱིར་མ་ཡིན་པས་དང་པོ་ཉིད་ནས་ལེགས་པར་བླངས་པ་དང་འགལ་བ་བྱས་པ་ལ་ཆུང་ངུ་འགྱོད་པ་མེད་པའི་ཕྱིར་ཧ་ཅང་ཞུམ་པ་མ་ཡིན་པ་དང། གནས་པ་མ་ཡིན་པར་འགྱོད་པ་མེད་པའི ་ཕྱིར་ཧ་ཅང་ཐལ་བ་མ་ཡིན་པ་དང། གཉིད་ཀྱིས་བདེ་བ་དང། གློས་འབེབས་པའི་བདེ་བ་དང། ཉལ་བའི་བདེ་བ་ཉམས་སུ་མི་ལེན་པ་དང། ཉིན་མཚན་དུ་དགེ་བའི་ཕྱོགས་ལ་མངོན་པར་བརྩོན་པའི་ཕྱིར་ལེ་ལོ་མེད་པ་དང། སྔ་མ་བཞིན་དུ་ཡན་ལག་ལྔའི་བག་ཡོད ་པ་ལ་བསྟེན་པས་བག་ཡོད་པས་ཡོངས་སུ་ཟིན་པ་དང། རྙེད་པ་དང་བཀུར་སྟི་ལ་ཞེན་པ་མེད་པ་དང། ལྷ་ཉིད་དུ་སྨོན་ནས་ཚངས་པར་སྤྱོད་པ་ལ་གནས་པར་ཁས་བླངས་པ་མ་ཡིན་པའི་ཕྱིར་སྨོན་ལམ་ལེགས་པར་བཏབ་པ་དང། སྤྱོད་ལམ་དང། འཕྲལ་གྱི་བྱ་བ ་དང། དགེ་བའི་ཕྱོགས་ལ་སྦྱོར་བ་རྣམས་ལ་ལུས་དང་ངག་གི་ཀུན་ཏུ་སྤྱོད་པ་ཤིན་ཏུ་ཕུན་སུམ་ཚོགས་པས་ཡོངས་སུ་ཟིན་པ་དང། ཚུལ་འཆོས་པ་ལ་སོགས་པ་ལོག་པར་འཚོ་བར་བྱེད་པའི་ཉེས་པ་ཐམས་ཅད་རྣམ་པར་སྤང་པའི་ཕྱིར་འཚོ་བ་ཕུན་སུམ ་ཚོགས་པས་ཡོངས་སུ་ཟིན་པ་དང། འདོད་པའི་བསོད་ཉམས་དང། བདག་ཉིད་དུབ་པར་བྱེད་པའི་རྗེས་སུ་སྦྱོར་བ་རྣམ་པར་སྤངས་པའི་ཕྱིར་མཛའ་གཉིས་རྣམ་པར་སྤངས་པ་དང། མུ་སྟེགས་ཅན་ཐམས་ཅད་ཀྱི་ལྟ་བ་རྣམ་པར་སྤངས་པའི་ཕྱིར་ངེས་པར་འབྱིན ་པ་དང། ཉམས་པར་མི་བྱེད་ཅིང་མེད་པར་མི་བྱེད་པའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚུལ་ཁྲིམས་ཡང་དག་པར་བླངས་པ་ཡོངས་སུ་མ་ཉམས་པ་སྟེ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚུལ་ཁྲིམས་རྣམ་པ་བཅུ་པོ་འདི་དག་ནི་རྣམ་པར་དག་པ་ཞེས ་བྱའོ། །དེ་ལྟར་ན་བྱང་ཆུབ་སེམས་དཔའ་ཨི་ཚུལ་ཁྲིམས་ཀྱི་ཕུང་པོ་ཆེན་པོ་འདི་ནི་བྱང་ཆུབ་ཆེན་པོའི་འབྲས་བུ་བསྐྱེད་པ་སྟེ། འདི་ལ་བརྟེན་ན་བྱང་ཆུབ་སེམས་དཔའ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི ་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །ཇི་སྲིད་དུ་མངོན་པར་རྫོགས་པར་སངས་མ་རྒྱས་པ་དེ་སྲིད་དུ། བྱང་ཆུབ་སེམས་དཔའ་ཨི་ཚུལ་ཁྲིམས་ཀྱི་ཕུང་པོ་དཔག་ཏུ་མེད་པ་དི་ལ་སློབ་པ་ན་ཕན་ཡོན་རྣམ་པ་ལྔ་འཐོབ་པར་འགྱུར་ཏེ། སངས་རྒྱས ་རྣམས་ཀྱི་དགོངས་པར་འགྱུར་བ་དང། མཆོག་ཏུ་དགའ་བ་ཆེན་པོ་ལ་གནས་བཞིན་དུ་འཆི་བའི་དུས་བྱེད་པར་འགྱུར་བ་དང། ལུས་ཞིག་ནས་ཀྱང་གང་ན་དེ་དང་ཚུལ་ཁྲིམས་མཚུངས་པ་འམ། ལྷག་པའི་བྱང་ཆུབ་སེམས་དཔའ་སྐལ་པ་འདྲ་ཞིང་ཆོས ་མཐུན་པ་དགེ་བའི་བཤེས་གཉེན་དུ་གྱུར་པ་དག་གནས་པ་དེར་སྐྱེ་བར་འགྱུར་བ་དང། ཚེ་འདི་ལ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་པའི་བསོད་ནམས་ཀྱི་ཕུང་པོ་ཚད་མེད་པ་དང་ལྡན་པར་འགྱུར་བ་དང་ཚེ་ཕྱི་མ་ལ་ཡང་རང་འཁྲུངས་ཀྱི ་ཚུལ་ཁྲིམས་ཉིད་དེ། ཚུལ་ཁྲིམས་དེའི་བདག་ཉིད་ཐོབ་པར་འགྱུར་རོ། །ཚུལ་ཁྲིམས་ཀྱི་ངོ་བོ་ཉིད་ལ་སོགས་པ་རྣམ་པ་དགུ་པོ་ཇི་སྐད་བསྟན་པའི་ཚུལ་ཁྲིམས་དེ་ཐམས་ཅད་ནི་སྡོམ་པའི་ཚུལ་ཁྲིམས་དང། དགེ་བའི་ཆོས་སྡུད་པའི་ཚུལ་ཁྲིམས་དང། སེམས་ཅན ་གྱི་དོན་བྱེད་བའི་ཚུལ་ཁྲིམས་དང། ཚུལ་ཁྲིམས་རྣམ་པ་གསུམ་གྱིས་བསྡུད་པར་རིག་པར་བྱའོ། །ཚུལ་ཁྲིམས་རྣམ་པ་གསུམ་པོ་དེ་དག་ཀྱང་མདོར་བསྡུ་ན་བྱང་ཆུབ་སེམས་དཔའ་ཨི་བྱ་བ་རྣམ་པ་གསུམ་བྱེད་དེ། སྡོམ་པའི་ཚུལ་ཁྲིམས་ནི་སེམས་གནས་པར ་བྱེད་དོ། །དགེ་བའི་ཆོས་སྡུད་པ་ནི་བདག་གི་སངས་རྒྱས་ཀྱི་ཆོས་ཡོངས་སུ་སྨིན་པར་བྱེད་དོ། །སེམས་ཅན་གྱི་དོན་བྱེད་པའི་ཚུལ་ཁྲིམས་ནི་སེམས་ཅན་ཡོངས་སུ་སྨིན་པར་བྱེད་དོ། །བྱང་ཆུབ་སེམས་དཔའ་ཨི་བྱ་བ་ཐམས་ཅད་ནི་འདི་དག་ཏུ་ཟད་དེ། འདི་ལྟ་སྟེ། ཚེ་འདི ་ལ་བདེ་བར་གནས་པར་བྱ་བའི་ཕྱིར། སེམས་གནས་པ་དང། ལུས་དང་སེམས་དུབ་པ་མེད་པར་སངས་རྒྱས་ཀྱི་ཆོས་ཡོངས་སུ་སྨིན་པར་བྱ་བ་དང། སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཡིན་ཏེ། བྱང་ཆུབ་སེམས་དཔའ་ཨི་ཚུལ་ཁྲིམས་ནི་དེ་དག་དུ ་ཟད་དོ། །བྱང་ཆུབ་སེམས་དཔའ་ཨི་ཚུལ་ཁྲིམས་ཀྱི་ཕན་ཡོན་ཡང་དེ་དག་ཏུ་ཟད་དོ། །བྱང་ཆུབ་སེམས་དཔའ་ཨི་ཁྲིམས་ཀྱི་བྱ་བ་ཡང་དེ་དག་དུ་ཟད་དོ། །དེ་ལས་གོས་ན་ཡང་མེད་དོ། །དེ་ལས་ལྷག་པ་ཡང་མེད་དོ། །དེ་ལ་ནི་འདས་པའི་བྱང་ཆུབ་སེམས་དཔའ་བྱང ་ཆུབ་ཆེན་པོ་འདོད་པ་རྣམས་ཀྱིས་ཀྱང་བསླབས་སོ། །མ་འོངས་པ་རྣམས་ཀྱང་སློབ་པར་འགྱུར་རོ། །ད་ལྟར་ཕྱོགས་བཅུ་འཇིག་རྟེན་གྱི་ཁམས་མཛའ་ཡས་མུ་མེད་བ་ན་གནས་པ་དག་ཀྱང་སློབ་པོ། །བྱང་ཆུབ་སེམས་དཔའ་ཨི་སའི་གཞིའི་རྣལ་འབྱོར་གྱི་གནས ་ལས་ཚུལ་ཁྲིམས་ཀྱི་ལེའུ་སྟེ་བཅུ་པའོ།། །།སྡོམ་ནི་འདི་ལྟ་སྟེ། སྔ་མ་ཚུལ་ཁྲིམས་ཀྱི་ལེའུ་བཞིན་དུ་རིག་པར་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའ་ཨི་བཟོད་པའི་ངོ་བོ་ཉིད་གང་ཞེ་ན། སོ་སོར་བརྟགས་པའི་སྟོབས་ལ་བསྟེན་ནས་སམ ་ཡང་ན་རང་བཞིན་གྱིས་གཞན་གནོད་པར་བྱེད་པ་ལ་ཇི་མི་སྙམ་པ་དང། ཐམས་ཅད་ཀྱི་ཇི་མི་སྙམ་པ་དང། ཐམས་ཅད་ལ་ཇི་མི་སྙམ་པ་སྟེ། ཟང་ཟིང་མེད་པའི་སེམས་དང། སྙིང་རྗེ་འབའ་ཞིག་གིས་ཇི་སྙམ་པ་གང་ཡིན་པ་འདི་ནི་མདོར་བསྡུ་ན་བྱང་ཆུབ ་སེམས་དཔའ་ཨི་བཟོད་པའི་ངོ་བོ་ཉིད་ཡིན་པར་རིག་པར་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའ་ཨི་བཟོད་པ་ཐམས་ཅད་གང་ཞེ་ན། དེ་ནི་རྣམ་པ་གཉིས་སུ་ལྟ་བར་བྱ་སྟེ། ཁྱིམ་པའི་ཕྱོགས་ལ་བརྟེན་པ་དང། རབ་ཏུ་བྱུང་བའི་ཕྱོགས་ལ་བརྟེན་པའོ། །ཕྱོགས་དེ ་གཉིས་ལ་བརྟེན་པ་དེ་ཡང་རྣམ་པ་གསུམ་དུ་རིག་པར་བྱ་སྟེ། གཞན་གནོད་པ་བྱེད་པ་ལ་ཇི་མི་སྙམ་པའི་བཟོད་པ་དང། སྡུག་བསྔལ་དང་དུ་ལེན་པའི་བཟོད་པ་དང། ཆོས་ངེས་པར་སེམས་པ་ལ་མོས་པའི་བཟོད་པའོ། །དེ་ལ་ཇི་ལྟར་ན་བྱང་ཆུབ ་སེམས་དཔའ་གཞན་གནོད་པ་བྱེད་པ་ལ་ཇི་མི་སྙམ་པར་བཟོད་པར་བྱེད་ཅེ་ན། འདི་ལ་བྱང་སེམས་དཔའ་ནི་གཞན་གནོད་པ། བྱེད་པ་ལས་བྱུང་བའི་སྡུག་བསྔལ་དྲག་བ་རྒྱུན་མི་འཆད་པ་སྣ་ཚོགས་ཡུན་རིང་བ་མངོན་དུ་བྱུང་ན་འདི་ལྟར་ཡང་དག་པར་སློབ་སྟེ། འདི་ནི་རང་གི་ལེ ་ལན་ཡིན་ཏེ། དེས་ན་བདག་རང་གི་བྱས་པའི་མི་དགེ་བའི་ལས་ཀྱི་སྡུག་བསྔལ་གྱི་འབྲས་བུ་འདི་འདྲ་བ་ཉམས་སུ་མྱོང་ལ། །བདག་གི་སྡུག་བསྔལ་མི་བཟོད་དེ། མི་བཟོད་པ་འདི་ནི་ཕྱི་མ་ལ་ཡང་སྡུག་བསྔལ་གྱི་རྒྱུའི་གནས་སུ་འགྱུར་ལ། བདག་གིས ་སྡུག་བསྔལ་གྱི་རྒྱུར་གྱུར་པའི་ཆོས་དེ་ཡང་དག་པར་བླངས་ཏེ། འདུག་ན་ནི་བདག་ཉིད་ལ་མི་སྡུག་པ་གང་ཡིན་པ་དེ་ལ་བདག་ཉིད་ཀྱིས་བདག་ཉིད་སྦྱོར་བ་བྱེད་པར་ངེས་སོ། །དེའི་ཕྱིར་བདག་ཉིད་ཀྱིས་བདག་ཉིད་ལ་གནོད་པ་བྱས་པར་འགྱུར་ཏེ། གཞན་དག་ལ་ནི་དེ་ལྟ་མ ་ཡིན་ནོ། །བདག་དང་གཞན་གྱི་སེམས་ཀྱི་རྒྱུད་ལ་ཡོད་པའི་འདུ་བྱེད་འདི་དག་ཐམས་ཅད་ནི་ངོ་བོ་ཉིད་ཀྱིས་ཀྱང་སྡུག་བསྔལ་བའི་རང་བཞིན་ཡིན་ཏེ། གཞན་དག་གིས་ནི་དེ་མ་ཤེས་པས་བདག་རང་བཞིན་གྱིས་སྡུག་བསྔལ་བ་ཡང་སྡུག་བསྔལ་བསྐྱེད་ན། བདག་ཤེས ་བཞིན་དུ་བདག་གིས་ཀྱང་གཞན་རང་བཞིན་གྱིས་སྡུག་བསྔལ་བ་རྣམས་ལ་ཡང་སྡུག་བསྔལ་བསྐྱེད་པ་ནི་ཆ་མ་ཡིན་ནོ། །གཅིག་ཏུ་ན་ཉན་ཐོས་བདག་ཉིད་ཀྱི་དོན་ལ་ཞུགས་པ་རྣམས་ལ་ཡང། བདག་དང་གཞན་དག་གི་སྡུག་བསྔལ་བསྐྱེད་པའི་མི་བཟོད་པ་རིགས ་བའི་མ་ཡིན་ན། གཞན་གྱི་དོན་ལ་ཞུགས་པ་དག་ལ་ལྟ་ཅི་སྨོས་སྙམ་དུ་དེ་ལྟར་སོ་སོར་བརྟགས་ནས། བྱང་ཆུབ་སེམས་དཔའ་དེ་འདུ་ཤེས་རྣམ་པ་ལྔ་བསྒོམ་ཞིང་སེམས་ཅན་འཛའ?་བ་དང། མི་འཛའ་བ་དང། ཐ་མལ་པ་རྣམས་དང། དམའ་བ་དང་མཚུངས ་པ་དང། ཁྱད་པར་དུ་འཕགས་པ་རྣམས་དང། སྐྱིད་པ་དང། སྡུག་པ་རྣམས་དང། ཡོན་ཏན་དང། སྐྱོན་དང་ལྡན་པ་རྣམས་ལ་གནོད་པ་ཐམས་ཅད་བཟོད་པར་བྱེད་དོ། །འདུ་ཤེས་ལྔ་གང་ཞེ་ན། སྔོན་གྱི་ཚེ་རབས་སུ་སྙིང་དུ་སྡུག་པར་གྱུར་པའི་འདུ་ཤེས་དང། ཆོས་ཙམ ་གྱི་རྗེས་སུ་འབྲང་བའི་འདུ་ཤེས་དང། མི་རྟག་པའི་འདུ་ཤེས་དང། སྡུག་བསྔལ་བའི་འདུ་ཤེས་དང། ཡོངས་སུ་བཟུང་པའི་འདུ་ཤེས་སོ། །བྱང་ཆུབ་སེམས་དཔའ་སེམས་ཅན་གནོད་པར་བྱེད་པ་རྣམས་ལ་སྙིང་དུ་སྡུག་པའི་འདུ་ཤེས་ཇི་ལྟ་བར་སྒོམ་ཞེ་ན། འདི་ལ་བྱང ་ཆུབ་སེམས་དཔའ་ནི་འདི་ལྟར་ཡང་དག་པར་སློབ་སྟེ། དུས་རིང་པོ་འདས་པ་སྔོན་གྱི་ཚེ་རབས་གཞན་དག་ཏུ་སེམས་ཅན་གང་བདག་གིས་ཕ་འམ་མ་འམ་སྤུན་ནམ། སྲིང་མོ་འམ། སློབ་དཔོན་ནམ། མཁན་པོ་འམ། བླ་མ་འམ། བླ་མ་ལྟ་བུར་མ་གྱུར་པ་ནི་ཚུལ་གྱིས་རྙེད་པར་དཀའ་ཨོ ་སྙམ་དུ་དེ་དེ་ལྟར་ཚུལ་བཞིན་ཡིད་ལ་བྱེད་པས་སེམས་ཅན་གནོད་པ་བྱེད་པ་རྣམས་ལ་དགྲའི་འདུ་ཤེས་ནི་མེད་པར་འགྱུར་ལ་སྙིང་དུ་སྡུག་པའི་འདུ་ཤེས་ནི་གནས་པར་འགྱུར་ཏེ། དེ་སྙིང་དུ་སྡུག་པའི་འདུ་ཤེས་དེ་ལ་བརྟེན་ནས། གནོད་པ་ལ་ཇི་མི་སྙམ་པར་བྱེད། བཟོད ་པར་བྱེད་དོ། །བྱང་ཆུབ་སེམས་དཔའ་སེམས་ཅན་གནོད་པར་བྱེད་པ་རྣམས་ལ་ཆོས་ཙམ་དུ་རྗེས་སུ་འབྲང་བའི་འདུ་ཤེས་ཇི་ལྟར་སྒོམ་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་ནི་འདི་ལྟར་ཡང་དག་པར་སློབ་སྟེ། འདི་ནི་རྐྱེན་ལ་རག་ལུས་པ་དང། འདུ་ཤེས་ཙམ་དང། ཆོས ་ཙམ་དུ་ཟད་དེ། འདི་ལ་ནི་གཤེ་བར་བྱེད་པ་འམ། ཁྲོ་བར་བྱེད་པ་འམ། རྡེག་པར་བྱེད་པ་འམ། མཚང་འབྲུ་བར་བྱེད་པ་འམ། བརྒྱད་བཀག་བྱེད་པ་གང་ཡིན་པ་དང། གཤེ་བར་བྱེད་པ་འམ། ཁྲོ་བར་བྱ་བ་འམ། བརྡེག་པར་བྱ་བ་འམ། འཚང་འབྲུ་བར་བྱ་བ་འམ། བརྒྱད ་བཀག་བྱ་བ་གང་ཡིན་པའི་བདག་གམ། སེམས་ཅན་ནམ། སྲོག་གམ། སྐྱེ་བ་པོ་ཅི་ཡང་མེད་དོ་སྙམ་དུ་དེ་ལྟར་ཚུལ་བཞིན་ཡིད་ལ་བྱེད་པས་སེམས་ཅན་དུ་འདུ་ཤེས་པ་མེད་པར་འགྱུར་ལ་ཆོས་ཙམ་དུ་འདུ་ཤེས་པ་ནི་གནས་པར་འགྱུར་ཏེ། དེ་ཆོས་ཙམ་དུ་འདུ ་ཤེས་པ་དེ་ལ་བརྟེན་ཅིང་གནས་ནས། གཞན་གྱི་གནོད་བ་ཐམས་ཅད་ལ་ཇི་ལྟར་སྙམ་པར་བྱེད། བཟོད་པར་བྱེད་དོ། བྱང་ཆུབ་སེམས་དཔའ་སེམས་ཅན་གནོད་པ་བྱེད་པ་རྣམས་ལ་མི་རྟག་པར་འདུ་ཤེས་ཇི་ལྟར་བསྒོམ་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་ནི་འདི་ལྟར ་ཡང་དག་པར་སློབ་སྟེ། སེམས་ཅན་སྐྱེ་ཞིང་འབྱུང་བ་གང་དག་སུ་ཡང་རུང་བ་དེ་དག་ཐམས་ཅད་ནི་མི་རྟག་པ་དང་འཆི་བའི་ཆོས་ཅན་ཡིན་ལ་གནོད་པའི་མཆོག་ནི་འདི་ལྟ་སྟེ། སྲོག་དང་བྲལ་བར་བྱེད་པ་འདི་ཡིན་པས་ན། དེ་ལྟར་སེམས་ཅན་རང་བཞིན་གྱིས་འཆི་བའི་ཆོས་ཅན་མི ་རྟག་པ་རྣམས་ལ་སྐྱེས་བུ་མཁས་པས་རྙོག་པའི་སེམས་བསྐྱེད་པ་ཡང་མ་ཡིན་ན། ལག་པ་འམ། པོང་པ་འམ། དབྱུག་པས་བསྣུན་བ་ལྟ་ཅི་སྨོས་ཏེ། གཏན་དུ་བསད་བ་ལྟ་ཅི་སྨོས་སྙམ་ནས། དེ་དེ་ལྟར་ཚུལ་བཞིན་ཡིད་ལ་བྱེད་པས་རྟག་པ་དང་སྙིང་པོར་འདུ་ཤེས་པ་ནི ་སྤོང་ལ། མི་རྟག་པ་དང་སྙིང་པོ་མེད་པའི་འདུ་ཤེས་ནི་གནས་པར་འགྱུར་ཏེ། དེ་མི་རྟག་པའི་འདུ་ཤེས་དེ་ལ་བརྟེན་ནས། གནོད་པ་ཐམས་ཅད་ལ་ཇི་མི་སྙམ་པར་བྱེད་བཟོད་པར་བྱེད་དོ། །བྱང་ཆུབ་སེམས་དཔའ་སེམས་ཅན་གནོད་པར་བྱེད་པ་རྣམས་ལ་སྡུག་བསྔལ ་བའི་འདུ་ཤེས་ཇི་ལྟར་བསྒོམ་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔས་ནི་སེམས་ཅན་གང་དག་ཕུན་སུམ་ཚོགས་པ་ཆེན་པོ་ལ་གནས་པ་དེ་དག་ཀྱང་སྡུག་བསྔལ་གསུམ་པོ་འདུ་བྱེས་ཀྱི་སྡུག་བསྔལ་དང། འགྱུར་བའི་སྡུག་བསྔལ་དང། སྡུག་བསྔལ་གྱི་སྡུག་བསྔལ ་དང་འབྲེལ་པར་མཐོང་ན་རྒྱུད་པ་ལ་གནས་པའི་རྣམས་ལྟ་ཅི་སྨོས་ཏེ། དེས་དེ་ལྟར་མཐོང་བ་ན་འདི་ལྟར་ཡང་དག་པར་སློབ་ཏེ། དེ་ལྟར་རྟག་ཏུ་སེམས་ཅན་སྡུག་བསྔལ་དང་ལྡན་པ་རྣམས་ཀྱི་སྡུག་བསྔལ་བསལ་པའི་ཕྱིར་རོ། །བདག་གིས་བརྩལ་བར་བྱ་བའི་སྡུག་བསྔལ ་སྒྲུབ་པའི་ཕྱིར་ནི་མི་བྱའོ་སྙམ་སྟེ། དེ་དེ་ལྟར་ཚུལ་བཞིན་ཡིད་ལ་བྱེད་པས་བདེ་བའི་འདུ་ཤེས་ནི་མེད་པར་འགྱུར་ཞིང། སྡུག་བསྔལ་གྱི་འདུ་ཤེས་འབྱུང་བར་འགྱུར་ཏེ། དེ་སྡུག་བསྔལ་པའི་འདུ་ཤེས་དེ་ལ་བརྟེན་ནས། གཞན་གནོད་པ་བྱེད་པ་ཐམས་ཅད་ལ་ཇི་མི ་སྙམ་པར་བྱེད། བཟོད་པར་བྱེད་དོ། །བྱང་ཆུབ་སེམས་དཔའ་སེམས་ཅན་གནོད་པ་བྱེད་པ་རྣམས་ལ་ཡོངས་སུ་བཟུང་བའི་འདུ་ཤེས་ཇི་ལྟར་བསྒོམ་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་ནི་འདི་ལྟར་ཡང་དག་པར་སློབ་སྟེ། བདག་གིས་བྱང་ཆུབ་ཏུ་སེམས་བསྐྱེད་པ་ན། ་སེམས་ཅན་ཐམས་ཅད་ཀྱི་དོན་བདག་གིས་བྱའོ་ཞེས་སེམས་ཅན་ཐམས་ཅད་ཆུང་མའི་ཚུལ་ཏུ་བཟུང་སྟེ། བདག་གིས་འདི་ལྟར་སེམས་ཅན་ཐམས་ཅད་ཉེ་བར་བཟུང་ནས། དེ་དག་གི་དོན་བྱའོ་ཞེས་བྱས་པ་ལས་གནོད་བ་བྱེད་ཅིང། གནོད་པ་བྱེད་པ་ལས ་ཇི་སྙམ་པར་མི་བྱེད་པ་འདི་ནི་བདག་གི་ཆ་ཡིན་ནོ་སྙམ་སྟེ། དེ་དེ་ལྟར་ཚུལ་བཞིན་ཡིད་ལ་བྱེད་པས། སེམས་ཅན་གནོད་པ་བྱེད་པ་རྣམས་ལ་གཞན་ཡིན་ནོ་སྙམ་པའི་འདུ་ཤེས་ནི་མེད་པར་འགྱུར་ཞིང། ཡོངས་སུ་བཟུང་བའི་འདུ་ཤེས་ནི་གནས་པར་འགྱུར་ཏེ། ཡོངས་སུ་བཟུང་བའི ་འདུ་ཤེས་ལ་བརྟེན་ནས། གཞན་གནོད་པར་བྱེད་པ་ཐམས་ཅད་ལ། ཇི་མི་སྙམ་པར་བཟོད་པར་བྱེད་དོ། །དེ་ལ་བཟོད་པ་གང་ཞེ་ན། མི་འཁྲུགས་པ་དང། ཕྱིར་གནོད་པ་མི་བྱེད་བ་དང། སེམས་ལ་ཡང་ཁོ་ན་དུ་མི་འཛིན་པ་གང་ཡིན་པ་དེ་ནི་བཟོད་པ་ཞེས་བྱ་བའོ། །དེ་ལ་བྱང ་ཆུབ་སེམས་དཔའ་ཨི་སྡུག་བསྔལ་དང་དུ་ལེན་པའི་བཟོད་པ་གང་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་ནི་འདི་ལྟར་ཡང་དག་པར་སློབ་སྟེ། བདག་སྔོན་འདོད་པ་པ་སྤྱོད་པ་དག་ལ་གནས་ཤིང་འདོད་པ་རྣམས་ཡོངས་སུ་ཚོལ་བ་ན། སྡུག་བསྔལ་གྱི་རྒྱུ་ཡིན་པར་ཚོར་བཞིན ་དུ། འདོད་པ་སྡུག་བསྔལ་གྱི་རང་བཞིན་ཅན་རྣམས་ཀྱི་ཕྱིར། ཞིང་ལས་དང། ཚོང་དང། རྒྱལ་པོ་ལ་ཞོ་ཤས་འཚོ་བ་ལ་ཞུགས་ནས། སྡུག་བསྔལ་མང་པོ་དྲག་པོ་དག་ཉམས་སུ་བླངས་ཤིང་དང་དུ་བླངས་ལ་ཉམས་སུ་མྱོང་བ་དེ་དེ་ལྟར་དོན་མེད་དེ། སྡུག་བསྔལ་ཁོ་ནའི ་ཕྱིར་ཚོར་བཞིན་དུ་མི་ཤེས་པའི་ཉེས་པས་བདག་གིས་སྡུག་བསྔལ་ཆེན་པོ་ཉམས་སུ་བླངས་ན། ང་ནི་བདག་བདེ་བ་བསྒྲུབ་པའི་དགེ་བ་ལ་ཞུགས་པར་ཚོར་བཞིན་དུ་དེ་ལས་བྱེ་བ་ཕྲག་འབུམ་འགྱུར་དུ་སྡུག་བསྔལ་དང་དུ་བླངས་ཤིང་ཉམས་སུ་བླངས་པ་ནི་ཆ་ཡིན་ན། དེ་བས ་ཆུང་ངུ་ལྷ?་ལ་ཅི་སྨོས་ཏེ། བྱང་ཆུབ་སེམས་དཔའ་བྱང་ཆུབ་ལ་ཞུགས་པ་དེ་ལྟར་ཚུལ་བཞིན་ཡིད་ལ་བྱེད་ཅིང། གཞི་ཐམས་ཅད་ལས་བྱུང་བའི་སྡུག་བསྔལ་དང་དུ་ལེན་པར་བྱེད་དོ། །གཞི་ཐམས་ཅད་ལས་བྱུང་བའི་སྡུག་བསྔལ་གང་ཞེ་ན། དེ་ནི་འདིར་བསྡུ་ན་རྣམ་པ ་བརྒྱད་དུ་རིག་པར་བྱེད། །གནས་ལས་བརྟེན་པ་དང། འཇིག་རྟེན་གྱི་ཆོས་ལས་བརྟེན་པ་དང། སྤྱོད་ལམ་ལས་བརྟེན་པ་དང། ཆོས་ཡོངས་སུ་འཛིན་པ་ལས་བརྟེན་པ་དང། སློངས་མོས་ཡོངས་སུ་འཚོ་བ་ལ་བརྟེན་པ་དང། མངོན་བར་བརྩོན་པས་དུབ་པ་ལ་བརྟེན་པ་དང། སེམས ་ཅན་གྱི་དོན་བྱེད་པ་ལ་བརྟེན་པ་དང། འཕྲལ་གྱི་བྱ་བ་ལ་བརྟེན་པའོ། །གནས་ནི་གཞི་སྟེ། གང་ལ་བརྟེན་ན་ལེགས་པར་གསུངས་པའི་ཆོས་འདུལ་བ་ལས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་ཏེ། དགེ་སློང་གིས་དངོས་པོར་འགྱུར་པ་འདི་ལྟ་སྟེ། ཆོས་གོས་དང། ་བསོད་སྙོམས་དང། མལ་ཆ་དང། སྟན་དང། ན་བའི་གསས་སྨན་ཡོ་བྱད་རྣམས་ཏེ། དེ་དག་ངན་པ་དང། ཉུང་བ་དང། མ་གུས་པ་དང། བརྒྱངས་པས་ཐོབ་པར་བྱང་ཆུབ་སེམས་དཔའ་མི་དགའ་བར་མི་འགྱུར། ཡོངས་སུ་ཡིད་ཆད་པར་མི་འགྱུར་ལ། གཞི་དེས ་བརྩོས་ཀྱང་གཏོང་བར་མི་བྱེད་པ་སྟེ། དེ་ལྟར་གནས་ཀྱི་རྟེན་གྱི་སྡུག་བསྔལ་དང་དུ་ལེན་པར་བྱེད་དོ། །འཇིག་རྟེན་གྱི་ཆོས་ཀྱི་ནི་དགུ་སྟེ། མ་རྙེད་པ་དང། མི་སྙན་པ་དང། སྨད་པ་དང། སྡུག་བསྔལ་པ་དང། འཇིག་པའི་ཆོས་ཅན་འཇིག་པ་དང། ཟད་པའི་ཆོས་ཅན ་ཟད་བ་དང། རྒ་བའི་ཆོས་ཅན་དགའ་བ་དང། ན་པའི་ཆོས་ཅན་ན་བ་དང། འཆི་བའི་ཆོས་ཅན་འཆི་བ་སྟེ། འཇིག་རྟེན་གྱི་ཆོས་འདི་དག་མཛའ་དག་གམ། སོ་སོར་འོང་ཞིང་མངོན་དུ་གྱུར་པ་ལས་སྡུག་བསྔལ་འབྱུང་བ་གང་ཡིན་པ་དེ་ནི་འཇིག་རྟེན་གྱི་ཆོས ་ལས་བརྟེན་པ་ཞེས་བྱ་སྟེ། བྱང་ཆུབ་སེམས་དཔའ་ནི་དེས་ཐེབས་ཀྱང་གཞི་དེས་བརྩོན་འགྲུས་གཏོང་པར་མི་བྱེད་དེ། སོ་སོར་བརྟགས་ནས་ཉམས་སུ་ལེན་ཅིང་དང་དུ་ལེན་པར་བྱེད་དོ། །སྤྱོད་ལམ་ནི་བཞི་སྟེ། འཇུག་པ་དང། འགྲེང་བ་དང། འདུག་པ་དང། ཉལ ་བའོ། །དེ་ལ་བྱང་ཆུབ་སེམས་དཔའ་ནི་འཆག་པ་དང། འདུག་པ་དང་གཉིས་ཀྱིས་སྒྲིབས་པའི་ཆོས་རྣམས་ལས་ཉིན་མཚན་དུ་སེམས་ཡོངས་སུ་སྦྱོང་བར་བྱེད་དེ། གཞི་དེ་ལས་ངལ་བའི་སྡུག་བསྔལ་བྱུང་བ་དང་དུ་ལེན་པར་བྱེད་ཀྱི་དུས་མ་ཡིན་པར་ཁྲི་འམ། ཁྲིའུ ་འམ། རྩ་བཏིང་བ་འམ། ལོ་མ་བཏིང་བ་ལ་གློས་འབེབས་པར་མི་བྱེད་དོ། །ཆོས་ཡོངས་སུ་འཛིན་པ་ནི་རྣམ་པ་བདུན་ཏེ། དཀོན་མཆོག་གསུམ་ལ་མཆོད་པ་དང། རིམ་གྲོ་བྱ་བ་དང། བླ་མ་ལ་མཆོད་པ་བྱ་བ་དང། རིམ་གྲོ་བྱ་བ་དང། ཆོས་རྣམས་གཟུང ་བ་དང། གཟུང་བ་རྣམས་གཞན་དག་ལ་རྒྱ་ཆེར་སྟོན་པ་དང། བསང་བསྟོད་དེ། ཁ་ཏོན་དུ་བྱ་བ་དང། གཅིག་ཏུ་དབེན་པར་གནས་ཏེ་ཡང་དག་པར་སེམས་ཤིང་འཇལ་ལ་ཉེ་བར་རྟོག་པ་དང། རྣལ་འབྱོར་ཡིད་ལ་བྱེད་པས་ཟིན་པའི་ཞི་གནས་དང་ལྷག་མཐོང་བསྒོམ ་པའོ། །ཆོས་ཡོངས་སུ་འཛིན་པ་རྣམ་པ་བདུན་པོ་འདི་དག་ལ་བྱང་ཆུབ་སེམས་དཔའ་རྩོལ་བ་ན། སྡུག་བསྔལ་བ་གང་ཡིན་པ་དེ་ཡང་དང་དུ་ལེན་ཅིང་གཞི་དེས་བརྩོན་འགྲུས་གཏོང་བར་མི་བྱེད་དོ། །སློངས?་མོས་འཚོ་བ་ཡང་རྣམ་པ་བདུན་ཏུ་རིག་པར་བྱ་སྟེ། ཁྱིམ ་པའི་མཚན་མ?་སྤངས་པའི་ཕྱིར། སྐྲ་དང་ཁ་སྤུ་བྲེགས་པ་ལ་སོགས་པས་གཟུགས་མི་སྡུག་པ་ཉམས་སུ་བླང་བ་དང། གོས་དྲས་པ་དང། ཁ་དོག་ངན་འཆང་བའི་ཕྱིར་ཁ་དོག་ངན་པ་ཉམས་སུ་བླང་བ་དང། འཇིག་རྟེན་པའི་སྤྱོད་པ་ཐམས་ཅད་ལ་གདམས་ནས ་གནས་པའི་ཕྱིར་ཚུལ་གཞན་བྱ་བ་དང། ཞིང་ལས་ལ་སོགས་པའི་མཛའ་རྣམ་པར་སྤངས་ཏེ། གཞན་ལས་རྙེད་པས་འཚོལ་བར་བྱ་བའི་ཕྱིར་གཞན་ལ་རག་ལས་པའི་འཚོ་བ་ཅན་དང། རྙེད་པ་རྣམ་གསོགས་ཤིང་ལོངས་སྤྱོད་པའི་ཕྱིར། ཇི་སྲིད་འཚོའི ་བར་དུ་གཞན་ལ་ཆོས་གོས་ལ་སོགས་པ་འཚོལ་བ་དང། མི་ཚངས་པར་སྤྱོད་པ་འཁྲིག་པའི་ཆོས་སྤངས་པའི་ཕྱིར། ཇི་སྲིད་འཚོའི་བར་དུ་མི་འདོད་པ་རྣམས་ལས་ལྡོག་པར་བྱ་བ་དང། ཟློས་གར་དང། གང་ཐབས་དང། བཞད་གང་དང། སྒེག་པ་ལ་སོགས ་པ་ལ་ལྟ་བ་སྤངས་ཤིང། མཛའ་བོ་དང། སྙིང་དུ་སྡུག་པ་དང། ཆུང་པོ་གྲོགས་དག་དང། བགད?་པ་དང། རྩེ་བ་དང། དགའ་བ་དང། དགའ་དགུར་སྤྱོད་པ་སྤངས་པའི་ཕྱིར། ཇི་སྲིད་འཚོའི་བར་དུ་མིའི་དགའ་བ་དང་རྩེད་མོ་རྣམས་ལས་ལྡོག་པར་བྱ་སྟེ། ་དེ་ལྟ་བུ་ཉམས་ང་བ་དང། གནོད་པའི་སློངས?་མོ་སྤྱོད་པ་ལ་བརྟེན་ནས། སྡུག་བསྔལ་བྱུང་བ་དེ་ཡང་བྱང་ཆུབ་སེམས་དཔའ་དང་དུ་ལེན་པར་བྱེད་ལ། གཞི་དེས་བརྩོན་འགྲུས་གཏོང་བར་མི་བྱེད་དོ། །བྱང་ཆུབ་སེམས་དཔའ་དགེ་པའི་ཕྱོགས་ལ་མངོན་པར་བརྩོན་པ་ལ་ལུས ་ཀྱི་དུབ་པ་དང། སེམས་ཀྱི་འཁྲུག་པ་ཡོངས་སུ་རོལ་པའི་གཞི་ལས་གང་དག་བྱུང་ཡང་བྱང་ཆུབ་སེམས་དཔའ་གཞི་དེས་བརྩོན་འགྲུས་གཏོང་བར་མི་བྱེད་དོ། །སེམས་ཅན་གྱི་དོན་གྱི་ལས་ནི་སྔ་མ་བཞིན་དུ་རྣམ་པ་བཅུ་གཅིག་ཏུ་རིག་པར་བྱ་སྟེ། བྱང་ཆུབ་སེམས ་དཔའ་ནི་གཞི་དེས་སྡུག་བསྔལ་བྱུང་ཡང་དང་དུ་ལེན་པར་བྱེད་ལ། གཞི་དེས་བརྩོན་འགྲུས་གཏོང་བར་མི་བྱེད་དོ། །འཕྲལ་གྱི་བྱ་བ་ནི་རབ་ཏུ་བྱུང་བའི་ནི་ཆོས་གོས་དང། ལྷུང་བཟེད་ཀྱི་ལས་ལ་སོགས་པའོ། །ཁྱིམ་པའི་ནི་ཡང་དག་པའི་ཞིང་ལས་དང། ཚོང ་བྱ་བ་དང། རྒྱལ་པོ་ལ་ཞོ་ཤས་འཚོ་བ་ལ་སོགས་པ་སྟེ། བྱང་ཆུབ་སེམས་དཔའ་ནི་གཞི་དེ་ལས་བྱུང་བའི་སྡུག་བསྔལ་ཡང་དང་ཡང་དུ་ལེན་པར་བྱེད་ལ། གཞི་དེས་བརྩོན་འགྲུས་ཀྱང་གཏང་བར་མི་བྱེད་དོ། །བྱང་ཆུབ་སེམས་དཔའ་ནི་སྡུག་བསྔལ་གང་ཡང ་རུང་བས་ཐེབས་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་འཇུག་པ་ཁོ་ནར་བྱེད་ཀྱི། མི་འཇུག་པར་ནི་མི་བྱེད་ལ། ཞུགས་ནས་ཀྱང་ལྡོག་པར་མི་བྱེད་ཅིང། ཡིད་མི་དགའ་བ་མེད་ལ། ཀུན་ནས་ཉོན་མོངས་པ་ཅན་མ་ཡིན་པའི་སེམས་ཀྱིས་འཇུག ་བ་འདི་ནི་དེའི་སྡུག་བསྔལ་དང་དུ་ལེན་པའི་བཟོད་པ་ཞེས་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའ་ཨི་ཆོས་ལ་ངེས་པར་སེམས་དཔའ་ལ་མོས་པའི་བཟོད་པ་གང་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་ནི་ཡང་དག་པའི་ཚེས་རབ་ཏུ་རྣམ་པར་འབྱེད་པ་ཤིན་ཏུ་བརྟགས ་པའི་བློས་མོས་པའི་གནས་རྣམ་པ་བརྒྱད་པོ་དཀོན་མཆོག་གི་ཡོན་ཏན་རྣམས་དང། དེ་ཁོ་ནའི་དོན་དང། སངས་རྒྱས་དང། བྱང་ཆུབ་སེམས་དཔའ་རྣམས་ཀྱི་མཐུ་ཆེན་པོ་དང། རྒྱུ་དང་འབྲས་བུ་དང། བདག་གིས་ཐོབ་པར་བྱ་བའི་དོན་དང། དེས་ཐོབ་པའི་ ་ཐབས་དང། ཤེས་བྱའི་སྤྱོད་ཡུལ་ལ་མོས་པ་ཤིན་ཏུ་གནས་པ་ཡིན་ནོ། །མོས་པ་དེ་ཡང་རྒྱུ་གཉིས་ཀྱིས་ལེགས་པར་གནས་པ་ཡིན་ཏེ། ཡུན་རིང་པོ་ནས་གོམས་པ་དང། ཤེས་པ་ཤིན་ཏུ་རྣམ་པར་དག་པར་ཐོབ་པས་སོ། །།འདི་ནི་བྱང་ཆུབ ་སེམས་དཔའ་རྣམས་ཀྱི་ཕྱོགས་རྣམ་པ་གཉིས་ལ་བརྟེན་པའི་བཟོད་པ་ཐམས་ཅད་དེ། དེ་ལ་བརྟེན་ནས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དཀའ་བའི་བཟོད་པ་ལ་སོགས་པར་རྒྱས་པར་བྱེད་པར་རིག་པར་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའ་ཨི་དགའ་བའི་བཟོད་པ་གང ་ཞེ་ན། དེ་ནི་རྣམ་པ་གསུམ་དུ་ལྟ་བར་བྱ་སྟེ། འདི་ལ་བྱང་ཆུབ་སེམས་དཔའ་སེམས་ཅན་ཉམ་ཆུང་བ་རྣམས་ཀྱིས་གནོད་པར་བྱས་པ་བཟོད་པར་བྱེད་པ་འདི་ནི་དཀའ་བའི་བཟོད་པ་དང་པོའོ། །རྗེ་དཔོན་དུ་གྱུར་པ་ལ་བདག་ཉིད་བཟོད་པར་བྱེད་པ་འདི་ནི་དཀའ་བའི ་བཟོད་པ་གཉིས་པའོ། །སེམས་ཅན་རིགས་དང་རུས་ཆེས་དམའ་བ་དག་གིས་གནོད་པ་མཆོག་ཏུ་ཆེན་པོ་བྱས་པ་བཟོད་པ་ནི་དཀའ་བའི་བཟོད་པ་གསུམ་པའོ། །དེ་ལ་བྱང་ཆུབ་སེམས་དཔའ་ཨི་ཐམས་ཅད་ཀྱི་སྒོ་ནས་བཟོད་པ་གང་ཞེ་ན། དེ་ནི་རྣམ་པ་བཞིར་བལྟ་བར ་བྱ་སྟེ། འདི་ལ་བྱང་ཆུབ་སེམས་དཔའ་ནི་མཛའ་བ་དང། མི་མཛའ་བ་དང། ཐ་མལ་པར་གསུམ་ཆར་གྱི་དམའ་བ་དང། མཚུངས་པ་དང། ལྷག་པ་རྣམས་ཀྱིས་གནོད་པ་བྱས་པ་བཟོད་པའོ། །དེ་ལ་བྱང་ཆུབ་སེམས་དཔའ་ཨི་སྐྱེས་བུ་དམ་པའི་བཟོད་པ་གང་ཞེ ་ན། དེ་ནི་རྣམ་པ་ལྔར་བལྟ་བར་བྱ་སྟེ། འདི་ལ་བྱང་ཆུབ་སེམས་དཔའ་ནི་ཐོག་མ་ཁོ་ནར་བཟོད་པ་ལ་ཕན་ཡོན་དུ་ལྟ་བར་ཡིན་ཏེ། གང་ཟག་བཟོད་པ་ཅན་ནི་ཕྱི་མ་ལ་དགྲ་མང་བར་མི་འགྱུར་བ་དང། དབྱེ་བ་མང་བར་མི་འགྱུར་བ་དང། བདེ་བ་དང་ཡིད་བདེ་བ ་མང་བར་འགྱུར་བ་དང། འགྱོད་པ་མེད་པར་འཆི་བའི་དུས་བྱེད་པར་འགྱུར་བ་དང། ལུས་ཞིག་ཀྱང་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་དུ་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ་སྙམ་སྟེ། དེ་དེ་ལྟར་ཕན་ཡོན་དུ་བལྟ་བར་བདག་ཉིད་ཀྱིས་ཀྱང་བཟོད་ཅིང། གཞན་ཡང ་བཟོད་པ་ཡང་དག་པར་འཛིན་དུ་འཇུག་པ་དང། བཟོད་པའི་བསྔགས་པ་ཡང་བརྗོད་ཅིང། གང་ཟག་བཟོད་པ་བཙམ་མཐོང་ན་ཡང་ཡིད་དགའ་ཞིང་ཀུན་ཏུ་དགའ་བར་འགྱུར་བ་ཡིན་ནོ། །དེ་ལ་བྱང་ཆུབ་སེམས་དཔའ་ཨི་རྣམ་པ་ཐམས་ཅད་ཀྱི་བཟོད་པ་གང་ཞེ་ན། དེ་ནི་རྣམ ་པ་དྲུག་དང་བདུན་ཏེ། གཅིག་ཏུ་བསྡུས་ན་རྣམ་པ་བཅུ་གསུམ་དུ་ཡོད་པར་རིག་པར་བྱ་སྟེ། འདི་ལ་བྱང་ཆུབ་སེམས་དཔའ་ནི་མི་བཟོད་པ་མི་སྡུག་པའི་རྣམ་པར་སྨིན་པར་འགྱུར་བར་རིག་པས་འཇིགས་པ་ལས་ཀྱང་བཟོད་པ་དང། སེམས་ཅན་རྣམས་ལ་སྙིང་བརྩེ་བའི ་སེམས་དང། སྙིང་རྗེའི་སེམས་དང། གཉེན་པོའི་སེམས་ཀྱིས་བྱམས་པས་ཀྱང་བཟོད་པ་དང། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་འདུན་པ་དྲག་པོ་དང་ལྡན་པས། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་པར་འདོད་པས་བྱེད ་རྒྱུའི་རྒྱུས་ཀྱང་བཟོད་པ་དང། བཅོམ་ལྡན་འདས་ཀྱིས་རབ་ཏུ་བྱུང་བ་རྣམས་ནི་བཟོད་པའི་སྟོབས་ཅན་ཡིན་ནོ་ཞེས་གསུངས་པས་རྣམ་གྲངས་དེས་ཀྱང་ཚུལ་ཁྲིམས་ཡང་དག་པར་བླངས་ཤིང་རབ་ཏུ་བྱུང་བ་ལ་བཟོད་པ་མེད་པ་ནི་རིགས་པའི་ཚུལ་མ་ཡིན་པས ་ཆོས་ཡང་དག་པར་བླངས་པས་ཀྱང་བཟོད་པ་དང། རིགས་ཕུན་སུམ་ཚོགས་པ་དང། སྔོན་བཟོད་པ་གོམས་པར་བྱ་བ་ལ་གནས་ཤིང་འདུག་པས། རང་བཞིན་གྱིས་ཀྱང་བཟོད་པ་དང། ཆོས་ཐམས་ཅད་ལ་སེམས་ཅན་མེད་པར་རིག་ནས་བརྗོད་དུ་མེད་པའི་ཆོས་ཙམ་དུ ་མཐོང་བས་ཆོས་ལ་ངེས་པར་སེམས་པས་ཀྱང་བཟོད་པ་དང། གནོད་པར་བྱེད་པ་ཐམས་ཅད་ཀྱང་བཟོད་པ་དང། ཐམས་ཅད་ཀྱིས་ཀྱང་བཟོད་པ་དང། ཡུལ་ཐམས་ཅད་དེ་ལྐོག་གམ་སྐྱེ་བོ་མང་སྔར་ཡང་བཟོད་པ་དང། དུས་ཐམས་ཅད་དེ་སྔ་དྲོ་དང། ཉི་མའི་གུང་དང། ་ཉི་མ་ཕྱེད་དང། མཚན་མོ་དང། ཉིན་མོ་དང། འདས་པ་དང། མ་འོངས་པ་དང། ད་ལྟར་བྱུང་བ་ནས་ཡང་བཟོད་པ་དང། ན་བ་དང། ཐ་མལ་པ་དང། རྒུད་པ་དང། དར་བའི་ཚེ་ཡང་བཟོད་པ་དང། སྣུན་པར་མི་བྱེད་པའི་ཕྱིར་ལུས་ཀྱིས་བཟོད་པ་དང། ཡིད་དུ་མི་འོང ་བའི་ཚིག་མི་འབྱིན་པའི་ཕྱིར་ངག་གིས་ཀྱང་བཟོད་པ་དང། མི་འཁྲུག་པ་དང། བསམ་པ་རྙོག་པ་ཅན་མི་འཛིན་པའི་ཕྱིར་ཡིད་ཀྱིས་ཀྱང་བཟོད་པའོ། །དེ་ལ་བྱང་ཆུབ་སེམས་དཔའ་ཕོངས་ཤིང་འདོད་པའི་བཟོད་པ་གང་ཞེ་ན། དེ་ནི་རྣམ་པ་བརྒྱད་དུ་བལྟ ་བར་བྱ་སྟེ། འདི་ལ་བྱང་ཆུབ་སེམས་དཔའ་ནི་སློང་བ་པོ་སྡུག་བསྔལ་བ་རྣམས་ལས་སློང་བའི་གནོད་པ་བཟོད་པ་དང། སེམས་ཅན་མ་རུངས་པ་སྡིག་པ་ཆེན་པོའི་ལས་བྱེད་པ་རྣམས་ལ་ཆོས་ཀྱི་སྙིང་རྗེ་ཆེན་པོ་ལ་བརྟེན་ནས། ཀུན་ནས་མནར་སེམས་མི་བྱེད་པའི ་བཟོད་པ་དང། རབ་ཏུ་བྱུང་བ་ཚུལ་ཁྲིམས་འཆལ་རྣམས་ལ་ཆོས་ཀྱི་སྙིང་རྗེ་ཆེན་པོ་ལ་བརྟེན་ནས། ཀུན་ནས་མནར་སེམས་མི་བྱེད་པའི་བཟོད་པ་དང། བརྩལ་བ་རྣམས་ལ་ལྔ་མི་འཇེད་པའི་བཟོད་པ་སྟེ། སེམས་ཅན་སྡུག་བསྔལ་བ་རྣམས་ཀྱི་སྡུག་བསྔལ ་བསལ་བའི་ཕྱིར་འབད་པ་དང། ཆོས་རྣམས་ཡོངས་སུ་བཙལ་བ་དང། ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་སྒྲུབ་པ་དང། ཆོས་དེ་དག་ཉིད་གཞན་དག་ལ་རྒྱ་ཆེར་བསྟན་པ་དང། སེམས་ཅན་གྱི་བྱེད་པ་རྣམས་དང། སེམས་ཅན་གྱི་བྱ་བ་རྣམས་ལ་ཡང་དག་པའི ་གྲོགས་སུ་བཙལ་བ་ལ་མི་མཇེད་པ་གང་ཡིན་པ་དེ་ནི་ཕོངས་ཤིང་འདོད་པའི་བཟོད་པ་རྣམ་པ་བརྒྱད་ཅེས་བྱ་སྟེ། སེམས་ཅན་རྣམས་གང་གིས་ཕོངས་པར་འགྱུར་བ་དེ་ནི་བཟོད་པས་ཡོངས་སུ་སྤོང་བར་བྱེད་ལ། གང་འདོད་པ་དེ་ནི་སྒྲུབ་པར་བྱེད་པའི་ཕྱིར་རོ།། ་དེ་ལ་བྱང་ཆུབ་སེམས་དཔའ་འདི་དང་གཞན་དུ་བདེ་བར་འགྱུར་བའི་བཟོད་པ་གང་ཞེ་ན། དེ་ནི་རྣམ་པར་གུར་ལྟ་བར་བྱེད་དེ། འདི་ལ་བྱང་ཆུབ་སེམས་དཔའ་བག་ཡོད་པར་དགེ་བའི་ཆོས་རྣམས་ལ་གནས་པ་ནས་སེམས་ཅན་རྣམས་ལ་སྙིང་བརྩེ་བ་ཉིད ་གཙོ་བོར་བྱས་ཏེ། གྲང་བ་དང། ཚ་བ་དང། བཀྲེས་པ་དང། སྐོམ་པ་དང། སྦྲང་བུས་ཟིན་པ་དང། ཤ་སྦྲང་གིས་ཟིན་པ་དང། རླུང་དང། ཉིན་མཚན་དང། སྡིག་སྦྲུལ་གྱིས་ཟིན་པ་རྣམས་བཟོད་པ་དང། ངལ་བ་ལས་བྱུང་བའི་ལུས་དང་སེམས་དུབ་པ་དང། འཁྲུག? ་པ་བཟོད་པ་དང། འཁོར་བ་ནས་ཡོད་པའི་སྐྱེ་བ་དང། རྒ་བ་དང་ན་བ་དང། འཆི་བ་ལ་སོགས་པའི་སྡུག་བསྔལ་རྣམས་བཟོད་པ་སྟེ། དེ་ལྟར་བཟོད་པའི་བྱང་ཆུབ་སེམས་དཔའ་ནི་སྡིག་པ་མི་དགེ་བའི་ཆོས་རྣམས་དང་མི་འདྲེ་བར་བདག་ཉིད་ཀྱང་ཚེ་འདི་ལ་བདེ་བར་རེག་པར ་གནས་ཤིང་ཚེ་ཕྱི་མ་ལ་ཡང་བདེ་བའི་རྒྱུད་ཡང་དག་པར་བླངས་ཏེ་འདུག་ལ་གཞན་དག་ཀྱང་ཚེ་འདི་དང། ཚེ་ཕྱི་མ་ལ་བདེ་བར་བྱ་བའི་ཕྱིར་ཞུགས་པ་ཡིན་ཏེ། དེ་བས་ན་འདི་ནི་འདི་དང་གཞན་དུ་བདེ་བར་འགྱུར་བའི་བཟོད་པ་ཞེས་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའ་ཨི ་རྣམ་པར་དག་པའི་བཟོད་པ་གང་ཞེ་ན། དེ་ནི་རྣམ་པ་བཅུར་བལྟ་བར་བྱ་སྟེ། འདི་ལ་བྱང་ཆུབ་སེམས་དཔའ་ནི་གཞན་དག་གིས་གནོད་པ་དང། ཕོངས་པ་དང། འགལ་བ་བྱས་པ་ན་ཕྱིར་གནོད་པར་ཡང་མི་བྱེད་པ་དང། ཡིད་འཁྲུག་པར་ཡང་མི་འགྱུར་བ་དང། དགྲར? ་བསམ་པར་ཡང་མི་འཛིན་པ་དང། སྔར་ཇི་ལྟ་བ་བཞིན་དུ་ཕྱིས་ཀྱང་ཕན་གདགས་པའི་ཕྱིར་བརྩོན་པར་བྱེད་དོ། །ཕན་འདོགས་པའི་བྱ་བ་བྱེད་པ་ལ་བརྣགས་པར་མི་བྱེད་པ་དང། གནོད་པ་བྱེད་པ་རྣམས་ལ་ཡང་བདག་ཉིད་ཀྱིས་ཤིང་ཀྱིས་སྦྱང་བར་བྱེད་པ་དང། མི ་དགའ་བར་བྱས་ན་ཡང་མི་དགའ་བར་གྱུར་ཀྱང་རུང་ཞེས་གཞན་དག་ལ་འཆགས་སུ་མི་གཞུགས་པ་དང་དེ་ཉིད་རྐྱེན་དུ་བྱས་ནས་མི་བཟོད་པ་ལས་བརྩམས་ཏེ། ཤས་ཆེར་ངོ་ཚ་ཤེས་པ་དང། ཁྲེལ་ཡོད་པ་དང་ལྡན་པ་དང། བཟོད་པ་ལས་བརྩམས་ཏེ་སྟོན་པ་ལ ་ཤས་ཆེར་སྡུག་པར་འཛིན་ཅིང་གུས་པ་དང་ལྡན་པ་དང། སེམས་ཅན་ལ་རྣམ་པར་ཐོ་མི་འཚམ་པ་ལས་བརྩམས་སོ། །སེམས་ཅན་རྣམས་ལ་ཤས་ཆེར་སྙིང་རྗེ་བའི་བསམ་པ་དང་ལྡན་པ་དང། ཡང་ན་མི་བཟོད་པའི་ཆོས་ཀྱི་གྲོགས་དང་བཅས་པ། ཐམས་ཅད་ཀྱི ་ཐམས་ཅད་དུ་སྤངས་པས་འདོད་པའི་འདོད་ཆགས་དང་བྲལ་བ་སྟེ། རྣམ་པ་བཅུ་པོ་དེ་དག་གིས་བྱང་ཆུབ་སེམས་དཔའ་ཨི་བཟོད་པ་རྣམ་པར་དག་ཅིང་དྲི་མ་མེད་པར་རིག་པར་བྱའོ། །བཟོད་པའི་ངོ་བོ་ཉིད་ལ་སོགས་པ་རྣམ་པར་དག་པའི་བཟོད་པ་ལ་ཐུག་པའི་བཟོད་པ་རྒྱ་ཆེར ་ཞིང་ཚད་མེད་ལ་བྱང་ཆུབ་ཆེན་པོའི་འབྲས་བུ་འབྱུང་བ་འདི་དག་བརྟེན་ན་བྱང་ཆུབ་སེམས་དཔའ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ།། །།བྱང་ཆུབ་སེམས་དཔའ་ཨི་སའི་གཞིའི ་རྣལ་འབྱོར་གྱི་གནས་ལས་བཟོད་པའི་ལེའུ་སྟེ་བཅུ་གཅིག་པའོ།། །།སྡོམས་ནི་སྔ་མ་བཞིན་དུ་རིག་པར་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའ་བརྩོན་འགྲུས་ཀྱི་ངོ་བོ་ཉིད་གང་ཞེ་ན། དགེ་བའི་ཆོས་དཔག་ཏུ་མེད་པ་བསྡུ་བ་དང། སེམས་ཅན་གྱི་དོན་བྱ་བའི ་ཕྱིར། བྱང་ཆུབ་སེམས་དཔའ་ཨི་སེམས་མངོན་པར་སྤྲོ་སྦྱངས་པ་བར་ཆད་མེད་པ་ཕྱིན་ཅི་མ་ལོག་པ་དང། དེ་ལས་བྱུང་བའི་ལུས་དང་ངག་དང། ཡིད་ཀྱི་ཡོངས་སུ་གཡོ་བ་གང་ཡིན་པ་སྟེ། འདི་ནི་བྱང་ཆུབ་སེམས་དཔའ་ཨི་བརྩོན་འགྲུས་ཀྱི་ངོ་བོ་ཉིད་དུ་རིག་པར་བྱའོ།། ་དེ་ལ་བྱང་ཆུབ་སེམས་དཔའ་ཨི་བརྩོན་འགྲུས་ཐམས་ཅད་གང་ཞེ་ན། དེ་ནི་མདོར་བསྡུ་ན་རྣམ་པ་གཉིས་སུ་རིག་པར་བྱའོ། །ཁྱིམ་པའི་ཕྱོགས་ལ་བརྟེན་པ་དང། རབ་ཏུ་བྱུང་བའི་ཕྱོགས་ལ་བརྟེན་པའོ། །ཕྱོགས་གཉིས་ལ་བརྟེན་པ་དེ་ཡང་རྣམ་པ་གསུམ་དུ་རིག ་པར་བྱ་སྟེ། གོ་ཆའི་བརྩོན་འགྲུས་དང། དགེ་བའི་ཕྱོགས་ཀྱི་ཆོས་སྡུད་པ་དང། སེམས་ཅན་གྱི་དོན་བྱ་བའོ། །དེ་ལ་བྱང་ཆུབ་སེམས་དཔའ་ཨི་གོ་ཆའི་བརྩོན་འགྲུས་ནི་འདི་ཡིན་ཏེ། འདི་ལ་བྱང་ཆུབ་སེམས་དཔའ་ནི་བརྩོན་འགྲུས་རྩོམ་པ་ལ་སྦྱོར་བའི་སྔ་རོལ ་ནས་སེམས་ཀྱི་མངོན་པར་སྤྲོ་བ་སྔོན་དུ་འགྲོ་བའི་གོ་ཆ་འདི་ལྟར་གྱོན་པར་བྱེད་དེ། བདག་ནི་གལ་ཏེ་སེམས་ཅན་གཅིག་སྡུག་བསྔལ་ལས་ཐར་བར་བྱ་བའི་ཕྱིར་ཡང། ཉིན་མཚན་བསྐལ་པ་ཆེན་པོ་སྟོང་དང་མཉམ་པ་དག་གིས་འགྲོ་བ་གཞན་དུ་མི་གནས ་པར་སེམས་ཅན་དམྱལ་བ་ཁོ་ནར་གནས་པས་དུས་ཇི་སྲིད་གཅིག་གིས་བྱང་ཆུབ་སེམས་དཔའ་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བའི་དུས་དེ་ཉིད་བྱེ་བ་ཕྲག་འབུམ་འགྱུར་སྲིད་ཀྱིས་བདག་གིས ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་འགྱུར་བ་ལྟ་ཡང་བདག་སྤྲོ་བར་བྱེད་དེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ཕྱིར་མི་བརྩོན་པར་མི་བྱེད་ལ། བརྩོན་འགྲུས་ལ་ཞུགས་པ་ཡང་འདོར་བར་མི་བྱེད་ན། དུས་ཀྱི་ཡུན་ཚེས་ཐུང་བ་དང། སྡུག ་བསྔལ་ཆེས་ཆུང་བས་ལྟ་ལ་ཅི་སྨོས་སྙམ་པ་དེ་ལྟ་བུ་ནི་བྱང་ཆུབ་སེམས་དཔའ་ཨི་གོ་ཆའི་བརྩོན་འགྲུས་ཡིན་ཏེ། བྱང་ཆུབ་སེམས་དཔའ་གང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་གོ་ཆའི་བརྩོན་འགྲུས་དེ་ལྟ་བུ་ལ་མོས་པ་ཙམ་དང། དད་བ་ཙམ་སྐྱེས་པའི་བྱང་ཆུབ ་སེམས་དཔའ་དེ་ཡང་བརྟན་པོ་ཡིན་ཏེ། བྱང་ཆུབ་ཀྱི་ཕྱིར་བརྩོན་འགྲུས་རྩོམ་པ་དཔག་ཏུ་མེད་པའི་རྒྱུ་ཡོངས་སུ་རྟས་པར་བྱེད་པ་ཡིན་ན། བྱང་ཆུབ་སེམས་དཔའ་གང་གོ་ཆའི་བརྩོན་འགྲུས་དེ་ལྟ་བུ་ཉིད་དང་ལྡན་པ་ལྟ་ཅི་སྨོས། བྱང་ཆུབ་སེམས་དཔའ་དེ་ལ་ནི་བྱང་ཆུབ ་ཀྱི་དོན་དང། སེམས་ཅན་རྣམས་ཀྱི་དོན་གྱི་ཕྱིར། ལས་གང་ལ་བྱང་ཆུབ་སེམས་དཔའ་དེའི་སེམས་ཞུམ་པར་འགྱུར་བ་འམ། དཀའ་བ་བྱ་དགོས་པའི་བྱ་དཀའ་བ་ཅི་ཡང་མེད་དོ། །དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དགེ་བའི་ཆོས་སྡུད་པའི་བརྩོན་འགྲུས ་གང་ཞེ་ན། བརྩོན་འགྲུས་གང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡང་དག་པར་འགྲུབ་པར་བྱ་བའི་ཕྱིར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱོར་བར་བྱེད་པ་དང། བརྩོན་འགྲུས་གང་ཤེས་རབ་ཀྱི་བར་དུ་ཡང་དག་པར་འགྲུབ་པར་བྱ་བའི་ཕྱིར་ཚུལ་ཁྲིམས་དང། བཟོད ་པ་དང་བརྩོན་འགྲུས་དང། བསམ་གཏན་དང། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱོར་བར་བྱེད་དོ། །དེ་ཡང་མདོར་བསྡུ་ན་རྣམ་པ་བདུན་དུ་རིག་པར་བྱ་སྟེ། རྟོག་པ་དང། རྣམ་པར་རྟོག་པ་དང། ཉོན་མོངས་པ་དང། ཉེ་བའི་ཉོན་མོངས་པ་དང། ཕས་ཀྱི་རྒོལ་བ་དང། ་སྡུག་བསྔལ་གྱི་གནོད་པ་ཐམས་ཅད་ཀྱིས་མི་གཡོས་པའི་ཕྱིར་མི་གཡོ་བ་དང། གུས་པར་སྦྱོར་བ་ཅན་ཡིན་པའི་ཕྱིར་བརྟན་པ་དང། རིག་པའི་གནས་ཐམས་ཅད་ཡང་དག་པར་འགྲུབ་པར་ཉེ་བར་གནས་པའི་ཕྱིར་དཔག་ཏུ་མེད་པ་དང། ཐོབ་པར་བྱ་བའི་དོན ་གྱི་ལམ་ཕྱིན་ཅི་མ་ལོགས་པ་དང་ལྡན་པའི་ཕྱིར་དང། མཉམ་པ་ཉིད་ཁོང་དུ་ཆུད་པར་བྱ་བའི་ཕྱིར་ཐབས་དང་ལྡན་པ་དང། ཐོབ་པར་བྱ་བའི་དོན་དང་ལྡན་པ་ཐོབ་པར་སྨོན་པའི་ཕྱིར་ཡང་དག་པའི་བརྩོན་འགྲུས་དང། རྟག་ཏུ་སྦྱོར་བ་ཅན ་ཡིན་པའི་ཕྱིར་རྒྱལ་བ་དང། བརྩོན་འགྲུས་རྩོམ་པ་དེས་མཐོང་བར་སེམས་པ་མེད་པའི་ཕྱིར་ང་རྒྱལ་མེད་པ་སྟེ། རྣམ་པ་བདུན་པོ་དག་གིས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དགེ་བའི་ཆོས་སྡུད་པའི་བརྩོན་འགྲུས་རྩོམ་པར་སྦྱོར་བ་ནི་མྱུར་དུ་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ ་རྫོགས་པར་བྱད་ཅིང། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་བྱེད་དོ། །གང་གི་ཕྱིར་བྱང་ཆུབ་སེམས་དཔའ་ཨི་དགེ་བའི་ཆོས་རྣམས་དེ་ལྟར་ཡང་དག་པར་འགྲུབ་པར་བྱ་བའི་རྒྱུའི་གཙོ་བོ་དང་མཆོག་ནི་བརྩོན་འགྲུས་ཁོ་ན་ཡིན་གྱི་གཞན་ནི་དེ་ལྟར་མ ་ཡིན་པ་དེའི་ཕྱིར། བརྩོན་འགྲུས་ནི་བླ་ན་མེད་པ་ཡང་དག་པ་རྫོགས་པའི་བྱང་ཆུབ་ཐོབ་པར་བྱེད་པའོ། །ཞེས་དེ་བཞིན་གཤེགས་པ་རྣམས་ཀྱིས་བསྟན་པ་སྟོན་པ་བྱེད་དོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེམས་ཅན་གྱི་དོན་བྱ་བའི་བརྩོན་འགྲུས་ནི་འདི་ལྟ་སྟེ ་ཚུལ་ཁྲིམས་ཀྱི་ལེའུ་ལས་འབྱུང་བ་བཞིན་དུ་རྣམ་པ་བཅུ་གཅིག་ཏུ་རིག་པར་བྱ་སྟེ། དེར་ཚུལ་ཁྲིམས་ཞེས་བརྗོད་པ་གང་ཡིན་པ་དེ་འདིར་བརྩོན་འགྲུས་ཞེས་བརྗོད་པར་བྱ་སྟེ། བྱེ་བྲག་ནི་དེ་ཡོད་དེ་ལ་བྱང་ཆུབ་སེམས་དཔའ་ཨི་དཀའ་བའི་བརྩོན་འགྲུས་གང་ཞེ་ན། དེ ་ནི་རྣམ་པ་གསུམ་དུ་ལྟ་བར་བྱ་སྟེ། འདི་ལྟར་བྱང་ཆུབ་སེམས་དཔའ་ནི་གོས་ཀྱི་འདུ་ཤེས་དང། ཟས་ཀྱི་འདུ་ཤེས་དང། མལ་ཆ་དང། སྟན་གྱི་འདུ་ཤེས་དང། བདག་ཏུ་འདུ་ཤེས་ཀྱང་མི་བྱེད་པར་དགེ་བའི་ཆོས་རྣམས་སྒོམ་པ་ལ་རྟག་ཏུ་རྒྱུན་མི་འཆད་པར ་ཞུགས་པ?་ཡིན་ཏེ། དེ་ནི་བྱང་ཆུབ་སེམས་དཔའ་ཨི་དཀའ་བའི་བརྩོན་འགྲུས་དང་པོའོ། །ཡང་བྱང་ཆུབ་སེམས་དཔའ་ནི་རིས་མཐུན་པ་མ་དོར་གྱི་བར་དུ་དུས་ཐམས་ཅད་དུ་བརྩོན་འགྲུས་རྩོམ་པ་དེ་ལྟ་བུ་དེས་ཞུགས་པ་ཡིན་ཏེ། དེ་ནི་བྱང་ཆུབ་སེམས་དཔའ་ཨི་དཀའ་ ་བའི་བརྩོན་འགྲུས་གཉིས་པའོ། །ཡང་བྱང་ཆུབ་སེམས་དཔའ་ནི་མཉམ་པ་ཉིད་ཁོང་དུ་ཆུད་པའི་ཡོན་ཏན་དང་ལྡན་པ། ཧ་ཅང་ཞུམ་པ་ཡང་མ་ཡིན། ཧ་ཅང་བརྟུན་ངས་པ་ཡང་མ་ཡིན་ལ། ཕྱིན་ཅི་མ་ལོག་ཅིང་དོན་དང་ལྡན་པའི་བརྩོན་འགྲུས་དང་ལྡན་པ་ཡིན་ཏེ། དེ་ནི་བྱང ་ཆུབ་སེམས་དཔའ་ཨི་དཀའ་བའི་བརྩོན་འགྲུས་གསུམ་པ་ཡིན་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་དཀའ་བའི་བརྩོན་འགྲུས་འདི་སྡུད་པའི་རྒྱུ་ནི་སྟོབས་དང། སེམས་ཅན་རྣམས་ལ་སྙིང་རྗེ་བ་དང། ཤེས་རབ་ཡིན་པར་རིག་པར་བྱའོ། །དེ་ལ་བྱང ་ཆུབ་སེམས་དཔའ་རྣམས་ཀྱི་ཐམས་ཅད་ཀྱི་སྒོ་ནས་བརྩོན་འགྲུས་གང་ཞེ་ན། དེ་ནི་རྣམ་པ་བཞིར་བལྟ་བར་བྱ་སྟེ། ཉོན་མོངས་པ་ཅན་གྱི་ཆོས་རྣམ་པར་ཡོད་པར་བྱེད་པ་དང། དཀར་པོའི་ཆོས་སྒྲུབ་པར་བྱེད་པ་དང། ལས་ཡོངས་སུ་དག་པར་བྱེད་པ་དང། ཤེས་པ་རྣམ ་པར་འཕེལ་བར་བྱེད་པའོ། །དེ་ལ་བྱང་ཆུབ་སེམས་དཔའ་ཨི་བརྩོན་འགྲུས་ཉོན་མོངས་པ་ཅན་གྱི་ཆོས་རྣམ་པར་སྤོང་བར་བྱང་བ་ནི་ཀུན་ཏུ་སྦྱོར་བ་དང། འཆིང་བ་དང། བག་ལ་ཉལ་བ་དང། ཉེ་བའི་ཉོན་མོངས་པ་དང། ཀུན་ནས་དཀྲིས་པ་མ་སྐྱེས་པ་རྣམས་མི་སྐྱེ་བར ་བྱེད་པ་དང། སྐྱེས་པ་རྣམས་སྤོང་པར་བྱེད་པའོ། །དེ་ལ་བྱང་ཆུབ་སེམས་དཔའ་ཨི་བརྩོན་འགྲུས་དཀར་པོའི་ཆོས་སྒྲུབ་པར་བྱེད་པ་ནི་དགེ་བའི་ཆོས་མ་སྐྱེས་པ་རྣམས་བསྐྱེད་པའི་བརྩོན་འགྲུས་གང་ཡིན་པ་དང། སྐྱེས་པ་རྣམས་གནས་པར་བྱེད་པ་དང། མི་ཉམས་པར ་བྱེད་པ་དང། འཕེལ་ཞིང་རྒྱས་པར་བྱེད་པའི་བརྩོན་འགྲུས་གང་ཡིན་པའོ། །དེ་ལ་བྱང་ཆུབ་སེམས་དཔའ་ཨི་བརྩོན་འགྲུས་ལས་ཡོངས་སུ་དག་པར་བྱེད་པ་ནི་ལས་རྣམ་པ་གསུམ་པོ་ལུས་ཀྱི་ལས་དང། ངག་གི་ལས་དང། ཡིད་ཀྱི་ལས་དགེ་བར་རྣམ་པར་དག་པར་བྱེད་པ ་དང། སྡུད་པར་བྱེད་པ་གང་ཡིན་པའོ། །དེ་ལ་བྱང་ཆུབ་སེམས་དཔའ་ཨི་བརྩོན་འགྲུས་ཤེས་པ་རྣམ་པར་འཕེལ་བར་བྱེད་པ་ནི་ཐོས་པ་དང། བསམ་པ་དང། བསྒོམས?་པ་ལས་བྱུང་བའི་ཤེས་རབ་ཡང་དག་པར་འགྲུབ་པ་དང། རྣམ་པར་འཕེལ་བར་བྱེད་པ་གང་ཡིན་ ་བའོ། དེ་ལ་བྱང་ཆུབ་སེམས་དཔའ་ཨི་སྐྱེས་བུ་དམ་པའི་བརྩོན་འགྲུས་གང་ཞེ་ན། དེ་ནི་རྣམ་པ་ལྔར་བལྟ་བར་བྱ་སྟེ། འདུན་པ་དང་སྦྱོར་བ་ཐམས་ཅད་ཀྱི་ཐམས་ཅད་དུ་མི་གཏོང་བའི་ཕྱིར་མ་བཏང་བ་དང། ཇི་ལྟར་བླངས་པ་བཞིན་དུ་མཚུངས་པ ་འམ། ལྷག་པར་བརྩོན་འགྲུས་རྗེས་སུ་འཕེལ་བར་བྱེད་པའི་ཕྱིར་ཉམས་པ་མེད་པ་སྦྱོར་བ་དང། ཡུན་རིང་བ་དང། རྒྱུན་མི་འཆད་པར་བརྩོན་འགྲུས་རྩོམ་པ་ལ་སེམས་མི་འགོང་ཞིང་སྒྱིད་ལུག་པ་མེད་པའི་ཕྱིར་ཞུམ་པ་མེད་པ་དང། དོན་དང་ལྡན་པའི་ཐབས ་ཀྱིས་ཡོངས་སུ་ཟིན་པའི་ཕྱིར་ཕྱིན་ཅི་མ་ལོག་པ་དང། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་རིངས་པའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བརྩོན་འགྲུས་བརྟུན་དེ་སྦྱོར་བའོ། །དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྣམ་པ་ཐམས་ཅད་ཀྱི་བརྩོན ་འགྲུས་གང་ཞེ་ན། དེ་ནི་རྣམ་པ་དྲུག་དང། རྣམ་པ་བདུན་ཏེ་གཅིག་ཏུ་བསྡུས་ན་རྣམ་པ་བཅུ་གསུམ་དུ་རིག་པར་བྱ་སྟེ། རྒྱུན་ཏུ་སྦྱོར་བའི་ཕྱིར་རྟག་པའི་བརྩོན་འགྲུས་དང། ལྷུར་སྤྱོད་པའི་ཕྱིར་གུས་པའི་བརྩོན་འགྲུས་དང། སྔོན་གྱི་རྒྱུའི་སྟོབས་ཀྱིས་བསྐྱེད་པའི ་ཕྱིར་རྒྱུ་མཐུན་པའི་བརྩོན་འགྲུས་དང། སོ་སོར་བརྟགས་ཤིང་བརྟགས་ཤིང་དགེ་བའི་ཕྱོགས་ལ་སྦྱོར་བའི་ཕྱིར་སྦྱོར་པ་ལས་བྱུང་བའི་བརྩོན་འགྲུས་དང། སྡུག་བསྔལ་གྱི་གནོད་པ་ཐམས་ཅད་ཀྱིས་མི་འཁྲུགས་ཤིང་གཞན་དུ་བསྒྱུར་དུ་མེད་པའི་ཕྱིར་ ་མི་འཁྲུགས་པའི་བརྩོན་འགྲུས་དང། བྱེ་བྲག་ཐོབ་པ་ཆུད་དུ་དང། ངན་དོན་ཙམ་གྱིས་མི་ཆོག་པའི་ཕྱིར་ཆོག་མི་ཤེས་པའི་བརྩོན་འགྲུས་སོ། །འདི་ནི་རེ་ཞིག་རྣམ་པ་ཐམས་ཅད་ཀྱི་བརྩོན་འགྲུས་རྣམ་པ་དྲུག་སྟེ། དེ་དང་ལྡན་ན་བྱང་ཆུབ་སེམས་དཔའ་དགེ་བའི ་ཆོས་རྣམས་ལ་བརྩོན་འགྲུས་བརྩམས་པ་དང། མཐུ་དང་ལྡན་པ་དང། བརྩོན་འགྲུས་དང་ལྡན་པ་དང། སྤྲོ་བ་དང་ལྡན་པ་དང། བརྟུན་པ་བརྟན་པ་དང། བརྩོན་པ་མི་གཏོང་བ་ཞེས་བྱ་བ་ཞེས་བྱའོ། །རྣམ་པ་བདུན་ནི་ཕྱི་ཕྱིར་ཞིང་བླ་ན་མེད་པ་ཡང་དག་པར་རྫོགས ་པའི་བྱང་ཆུབ་ཏུ་ཤས་ཆེར་འདུན་པ་དང། སྨོན་པ་རྗེས་སུ་འཕེལ་བར་བྱེད་པའི་བྱང་ཆུབ་སེམས་དཔའ་ཨི་བརྩོན་འགྲུས་འདུན་པ་དང་ལྡན་པ་དང། བརྩོན་འགྲུས་གང་གིས་བྱང་ཆུབ་སེམས་དཔའ་དགེ་བའི་ཆོས་རྣམས་ལ་མཐུན་ཞིང་རྣལ་འབྱོར་དུ་གནས་པར་འགྱུར་ལ། ཉོན་མོངས ་པ་དང་ཉེ་བའི་ཉོན་མོངས་པ་གང་ཡང་རུང་བས་སེམས་ཉོན་མོངས་པ་ཅན་དུ་མ་གྱུར་ཅིག་།ཀུན་ནས་དཀྲིས་པ་མེད་པའི་བྱང་ཆུབ་སེམས་དཔའ་ཨི་བརྩོན་འགྲུས་གང་མཐུན་པ་དང་ལྡན་པ་དང། ཉེ་བའི་ཉོན་མོངས་པ་གང་ཡང་རུང་བས་སེམས་ཉེ་བའི་ཉོན་མོངས་པ་ཅན ་དུ་གྱུར་ཞིང། སེམས་ཀུན་ནས་དཀྲིས་པའི་ཉེ་བའི་ཉོན་མོངས་པ་དེ་སྤང་བའི་ཕྱིར་མགོ་ལ་མེ་འབར་བ་གསོད་པ་ལྟ་བུའི་བརྩོན་འགྲུས་གང་ཡིན་པ་བྱང་ཆུབ་སེམས་དཔའ་ཨི་བརྩོན་འགྲུས་ཁྱད་པར་ཅན་དང། རིག་པའི་གནས་ཐམས་ཅད་ཡོངས་སུ་ཚོལ་བའི་ཕྱིར་བྱང ་ཆུབ་སེམས་དཔའ་ཨི་བརྩོན་འགྲུས་ཚོལ་བ་པ་དང། ཡོངས་སུ་བཙལ་བའི་ཆོས་དེ་དག་ཉིད་ལ་ཇི་ལྟར་མཐུན་པ་དང། ཇི་ལྟར་འོས་པར་ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་ནན་ཏན་གྱིས་བསྒྲུབ་པའི་ཕྱིར་བྱང་ཆུབ་སེམས་དཔའ་ཨི་བསླབ་པའི་བརྩོན་འགྲུས་དང། བྱང་ཆུབ་སེམས་དཔའ་ཨི་ཕ ་རོལ་གྱི་དོན་བྱེད་པའི་བརྩོན་འགྲུས་ནི་སྔ་མ་བཞིན་དུ་རྣམ་པ་བཅུ་གཅིག་ཏུ་ལྟ་བར་བྱའོ། །བདག་ཉིད་ཀྱི་ཡང་དག་པའི་སྦྱོར་བ་ཀུན་ནས་བསྲུང་བ་དང། འཁྲུལ་པ་ཆོས་བཞིན་དུ་ཕྱིར་འཆོས་བ་ནི་བྱང་ཆུབ་སེམས་དཔའ་ཨི་བརྩོན་འགྲུས་བདུན་པ་ཡིན་ཏེ། རྣམ་པ་བཅུ་གསུམ ་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་ཨི་རྣམ་པ་ཐམས་ཅད་ཀྱི་བརྩོན་འགྲུས་ཞེས་བྱའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་འཕོངས་ཤིང་འདོད་པའི་བརྩོན་འགྲུས་དང། འདི་དང་གཞན་དུ་བདེ་བར་འགྱུར་བའི་བརྩོན་འགྲུས་ནི་བཟོད་པ་བཞིན་དུ་བལྟ་བར་བྱའོ། །དེ་ལ་བྱེ་བྲག་ནི ་འདི་ཡོད་དེ། དེར་བཟོད་པ་ཞེས་བྱ་བ་གང་ཡིན་པ་དེ་འདིར་བརྩོན་འགྲུས་མངོན་པར་སྤྲོ་བ་ཞེས་བརྗོད་པར་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའ་ཨི་རྣམ་པར་དག་པའི་བརྩོན་འགྲུས་གང་ཞེ་ན། དེ་ནི་མདོར་སྡུ་ན་རྣམ་པ་བཅུར་རིག་པར་བྱ་སྟེ། འཚམ་པ་དང། གོམས་པ་དང། ་མི་གཡེལ་བ་དང། ལེགས་པར་ཟིན་པ་དང། དུས་སུ་གོམས་པར་བརྩོན་པ་དང། མཚན་མ་རྟོགས་པ་དང་ལྡན་པ་དང། ཞུམ་པ་མེད་པ་དང། མི་ལྡན་པ་མེད་པ་དང། སྙོམས་པ་དང། བྱང་ཆུབ་ཆེན་པོར་ཡོངས་སུ་བསྔོ་བ་སྟེ། འདི་ལ་བྱང་ཆུབ་སེམས ་དཔའ་ཉེ་བའི་ཉོན་མོངས་པ་གང་དང་གང་གིས་ཤིན་ཏུ་གནོད་པར་གྱུར་པའི་ཉེ་བའི་ཉོན་མོངས་པ་དེ་དང་དེ་སྤང་བའི་ཕྱིར་འཚམ་པའི་གཉེན་པོ་བསྟེན་ཏེ། འདོད་པ་ལ་འདོད་ཆགས་ཀྱི་གཉེན་པོར་མི་སྡུག་པ་སྒོམ་པ་དང། གནོད་སེམས་ཀྱི་གཉེན་པོར་བྱམས་པ ་དང། གཏི་མུག་གི་གཉེན་པོར་རྐྱེན་འདི་པ་ཉིད་ཀྱི་རྟེན་ཅིང་འབྲེལ་བར་འབྱུང་བ་སྒོམ་པ་དང། རྣམ་པར་རྟོག་པའི་གཉེན་པོར་དབུག་དབྱུང་བ་དང། རྡུབ?་པ་དྲན་པ་དང། ང་རྒྱལ་གྱི་གཉེན་པོར་ཁམས་རབ་ཏུ་དབྱེ་བ་སྒོམ་པ་དང། དེ་ལྟ་བུ་དང་མཐུན་པ་རྣམས་ནི་བྱང ་ཆུབ་སེམས་དཔའ་ཨི་འཚམ་པའི་བརྩོན་འགྲུས་ཞེས་བྱའོ། །འདི་ལྟ་སྟེ་གདགས་པ་དང། རྗེས་སུ་བསྟན་པ་ལ་སེམས་གནས་པར་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའ་ལས་དང་པོ་པ་ལས་ཐོག་མ་པའི་བརྩོན་འགྲུས་དང་ལྡན་པ་མ་ཡིན་ཏེ། སྦྱོར་བ་གོམས་པ་ཡིན ་ཞིང། སྦྱོར་བ་འདྲིས་པ་འདི་ནི་བྱང་ཆུབ་སེམས་དཔའ་ཨི་གོམས་པའི་བརྩོན་འགྲུས་ཞེས་བྱའོ། །བྱང་ཆུབ་སེམས་དཔའ་གདམས་པ་དང། རྗེས་སུ་བསྟན་པ་ལ་སེམས་གནས་པ་ལས་བརྩམས་ཏེ། སྦྱོར་བ་ལ་གོམས་པ་མ་ཡིན་ཞིང། བྱང་ཆུབ་སེམས་དཔའ་ལས་དང ་པོ་པ་ཉིད་ཡིན་ཞིང་དུ། རྟག་ཏུ་གུས་པར་སྦྱོར་བའི་ཕྱིར། སྦྱོར་བ་དེ་ལ་མི་གཡེལ་བར་སྦྱོར་བ་ཡིན་ཏེ། འདི་ནི་བྱང་ཆུབ་སེམས་དཔའ་ཨི་མི་གཡེལ་བའི་བརྩོན་འགྲུས་ཞེས་བྱའོ། །ཡང་བྱང་ཆུབ་སེམས་དཔའ་བླ་མ་རྣམས་སམ། བདག་ཉིད་ཀྱི་མང་དུ་ཐོས་པའི ་སྟོབས་བསྐྱེད་པས་ཕྱིན་ཅི་མ་ལོག་པར་ཟིན་པས་སེམས་གནས་པར་བྱ་བའི་ཕྱིར། བརྩོན་འགྲུས་རྩོམ་པ་འདི་ནི་བྱང་ཆུབ་སེམས་དཔའ་ཨི་ལེགས་པར་ཟིན་པའི་བརྩོན་འགྲུས་ཞེས་བྱའོ། །ཡང་བྱང་ཆུབ་སེམས་དཔའ་དེ་ལྟར་ཕྱིན་ཅི་མ་ལོག་པར་ཟིན་པས་ཞིག་ནས ་ཀྱི་དུས་སུ་ནི་ཞི་གནས་བསྒོམ་ལ། རབ་ཏུ་འཛིན་པའི་དུས་སུ་ནི་སེམས་རབ་ཏུ་འཛིན་ཅིང། བཏང་སྙོམས་ཀྱི་དུས་སུ་ནི་བཏང་སྙོམས་སྒོམ་པ་འདི་ནི་དེའི་དུས་སུ་བརྩོན་འགྲུས་ཞེས་བྱའོ། །ཡང་བྱང་ཆུབ་སེམས་དཔའ་ཞིག་གནས་དང། རབ་ཏུ་འཛིན་པ་དང། བཏང་སྙོམས ་ཀྱི་མཚན་མ་རྣམས་དང་ཏིང་ངེ་འཛིན་ལ་འཇུག་པ་དང། ཏིང་ངེ་འཛིན་ལ་གནས་པ་དང། ལྡང་བའི་མཚན་མ་རྣམས་ཤེས་པ་དང། མི་བརྗེད་པ་དང། རྟོགས་པ་བྱ་བའི་ཕྱིར་རྟག་ཏུ་བྱེད་ཅིང། གུས་པར་བྱེད་པ་འདི་ནི་བྱང་ཆུབ་སེམས་དཔའ་ཨི་མཚན་མ་རྟོགས་པའི་བརྩོན་འགྲུས་ཞེས ་བྱའོ། །ཡང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བརྩོན་འགྲུས་བརྩམ་པ་མཆོག་ཏུ་རྒྱ་ཆེ་ཞིང་མཆོག་ཏུ་ཟབ་ལ། བསམ་གྱིས་མི་ཁྱབ་ཅིང། དཔག་ཏུ་མེད་པ་དག་བསྟན་པ་ཐོས་ན། བདག་ཉིད་ལ་ཁྱད་དུ་མི་གསོད་ཅིང། སེམས་ཞུམ་པར་ཡང་མེ་བྱེད་ལ། ཁྱད་པར ་ཐོབ་པ་ཆུང་ངུ་ཙམ་དང། ངན་དོན་ཙམ་གྱིས་ཆོག་བར་མི་འཛིན་ཏེ། གོང་དུ་མི་འབད་པར་མི་བྱེད་པ་འདི་ནི་བྱང་ཆུབ་སེམས་དཔའ་ཨི་ཞུམ་པ་མེད་པའི་བརྩོན་འགྲུས་ཞེས་བྱའོ། །ཡང་བྱང་ཆུབ་སེམས་དཔའ་དུས་དུས་སུ་དབང་པོའི་སྒོ་རྣམས་བསྲུང་ཞིང། ཟས་ཀྱི་ཚོད?་རིག ་པ་དང། ནམ་གྱི་ཆ་སྟོད་ད་ཆ་སྨད་ལ་མི་ཉལ་བར་རྗེས་སུ་བརྩོན་པ་དང། ཤེས་བཞིན་དུ་གནས་པ་དང། དེ་ལྟ་བུ་དང་མཐུན་པའི་ཏིང་ངེ་འཛིན་གྱི་ཚོགས་རྣམས་ཡང་དག་པར་བླངས་ཏེ། འདུག་ཅིང་དེ་རྣམས་ལ་བརྩོན་པར་ཡང་བྱེད་ཅིང་ཕྱིན་ཅི་མ་ལོགས་པའི་དོན་དང་ལྡན ་པ་ཐམས་ཅད་ལ་འབད་པ་རྩོལ་པ་འདི་ནི་བྱང་ཆུབ་སེམས་དཔའ་ཨི་མི་ལྡན་པ་མེད་པའི་བརྩོན་འགྲུས་ཞེས་བྱའོ། །ཡང་བྱང་ཆུབ་སེམས་དཔའ་ཧ་ཅང་ཡང་མི་ཞུམ། ཧ་ཅང་ཡང་བརྟུན་མི་ངས་པར་བརྩོན་འགྲུས་རྩོམ་སྟེ། སྦྱོར་པ་སྙོམས་པར་བྱེད་ཅིང། བརྩམ་པར ་བྱ་བ་ཐམས་ཅད་ལ་སྙོམས་པར་གུས་པར་བྱེད་པ་འདི་ནི་བྱང་ཆུབ་སེམས་དཔའ་སྙོམས་པའི་བརྩོན་འགྲུས་ཞེས་བྱའོ། །ཡང་བྱང་ཆུབ་སེམས་དཔའ་བརྩོན་འགྲུས་བརྩོམ་པ་མངོན་པར་འདུ་བྱེད་པ་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ ་ཏུ་ཡོངས་སུ་བསྔོ་བ་འདི་ནི་བྱང་ཆུབ་སེམས་དཔའ་ཨི་ཡང་དག་པའི་ཡོངས་སུ་བསྔོ་བའི་བརྩོན་འགྲུས་ཞེས་བྱ་བ་སྟེ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བརྩོན་འགྲུས། བརྩོན་འགྲུས་ཀྱི་ངོ་བོ་ཉིད་ནས་རྣམ་པར་དག་པའི་བར་གྱི་བརྩོན་འགྲུས་འདི་དག? ་ནི་བྱང་ཆུབ་ཆེན་པོའི་འབྲས་བུ་འབྱུང་བ་སྟེ། དེ་ལ་བརྟེན་ནས་བྱང་ཆུབ་སེམས་དཔའ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱས་ཏེ། བླ་ན་མེད་པ་ཡང་དག་པར་རྫོག་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་སོ། །མངོན་པར་རྫོགས ་པར་འཚང་རྒྱ་བར་འགྱུར་རོ། །མངོན་པར་རྫོགས་པར་འཚང་རྒྱའོ། །བྱང་ཆུབ་སེམས་དཔའ་སའི་གཞིའི་རྣལ་འབྱོར་གྱི་གནས་ལས་བརྩོན་འགྲུས་ཀྱི་ལེའུ་སྟེ་བཅུ་གཉིས་པའོ།། །།སྡོམ་ནི་སྔ་མ་བཞིན་དུ་རིག་པར་བྱའོ། །དེ་ལ་བྱང་ཆུབ ་སེམས་དཔའ་རྣམས་ཀྱི་བསམ་གཏན་གྱི་ངོ་བོ་ཉིད་གང་ཞེ་ན། བྱང་ཆུབ་སེམས་དཔའ་ཨི་སྡེ་སྣོད་ཐོས་པ་དང། བསམ་པ་སྔོན་དུ་འགྲོ་བའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་སེམས་རྩེ་གཅིག་པ་དགེ་བའི་སེམས ་གནས་པ་ཞི་གནས་ཀྱི་ཕྱོགས་སམ། ལྷག་མཐོང་གི་ཕྱོགས་སམ། ཟུང་དུ་འབྲེལ་བར་འཇུག་པའི་ལམ་དེ་གཉི་ཀའི་ཕྱོགས་གང་ཡིན་པ་སྟེ། འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསམ་གཏན་གྱི་ངོ་བོ་ཉིད་དུ་རིག་པར་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའ་ ་རྣམས་ཀྱི་བསམ་གཏན་ཐམས་ཅད་གང་ཞེ་ན། དེ་ནི་རྣམ་པ་གཉིས་སུ་རིག་པར་བྱ་སྟེ། འཇིག་རྟེན་པའི་དང། འཇིག་རྟེན་ལས་འདས་པའོ། །དེ་ཡང་ཅི་རིགས་པར་རྣམ་པ་གསུམ་དུ་རིག་པར་བྱ་སྟེ། ཚེ་འདི་ལ་བདེ་བར་གནས་པར་བྱ་བའི་བསམ་གཏན་དང། ་བྱང་ཆུབ་སེམས་དཔའ་ཨི་ཏིང་ངེ་འཛིན་གྱི་ཡོན་ཏན་སྒྲུབ་པའི་བསམ་གཏན་དང། སེམས་ཅན་གྱི་དོན་བྱ་བའི་བསམ་གཏན་ནོ། །དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསམ་གཏན་རྣམ་པར་རྟོག་པ་ཐམས་ཅད་དང་བྲལ་བ། ལུས་དང་སེམས་ཀྱི་ཤིན་ཏུ་སྦྱངས ་བསྐྱེད་པ། མཆོག་ཏུ་རབ་ཏུ་ཞི་བ། རློམ་སེམས་དང་བྲལ་བ། རོ་མྱང་བ་མེད་པ། མཚན་མ་ཐམས་ཅད་དང་བྲལ་བ་གང་ཡིན་པ་འདི་ནི། དེ་དག་གི་ཚེ་འདི་ལ་བདེ་བར་གནས་པ་ཡིན་པར་རིག་པར་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསམ་གཏན་སྟོབས་བཅུའི ་རིགས་ཀྱིས་བསྡུས་པའི་ཏིང་ངེ་འཛིན་རྣམ་པ་སྣ་ཚོགས་བསམ་གྱིས་མི་ཁྱབ་ཅིང་ཚད་མེད་པ་སྒྲུབ་པར་བྱེད་པ་གང་ཡིན་པ་དང། ཏིང་ངེ་འཛིན་གང་དག་ཉན་ཐོས་དང། རང་སངས་རྒྱས་རྣམས་ཀྱིས་ཀྱང་མིང་ཡང་མི་ཤེས་ན་སྙོམས་པར་འཇུག་པར་ལྟ་ག་ལ་འགྱུར ་བ་དང། བྱང་ཆུབ་སེམས་དཔའ་ཨི་རྣམ་པར་ཐར་པ་དང། ཟིལ་གྱིས་ནོན་པའི་སྐྱེ་མཆེད་དང། ཟད་པར་གྱི་སྐྱེ་མཆེད་རྣམས་དང། སོ་སོར་ཡང་དག་པར་རིག་པ་དང། ཉོན་མོངས་པ་མེད་པ་དང། སྨོན་གནས་ཤེས་པ་ལ་སོགས་པའི་ཡོན་ཏན་ཉན་ཐོས་དང། ཐུན་མོང་བ ་རྣམས་མངོན་པར་སྒྲུབ་པར་བྱེད་པ་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའ་ཨི་ཏིང་ངེ་འཛིན་གྱི་ཡོན་ཏན་སྒྲུབ་པའི་བསམ་གཏན་ཡིན་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་ཨི་སེམས་ཅན་གྱི་དོན་བྱ་བའི་བསམ་གཏན་ནི་རྣམ་པ་བཅུ་གཅིག་སྟེ། སྔ་མ་བཞིན་དུ་རིག ་པར་བྱ་སྟེ། བསམ་གཏན་གང་ལ་བརྟེན་ན། བྱང་ཆུབ་སེམས་དཔའ་སེམས་ཅན་རྣམས་ཀྱི་བྱ་བ་དོན་དང་ལྡན་པ་དག་ལ་གྲོགས་སུ་འགྲོ་བ་དང། སེམས་ཅན་སྡུག་བསྔལ་བ་རྣམས་ཀྱི་སྡུག་བསྔལ་སེལ་བ་དང། རིགས་པར་སྟོན་པ་དང། བྱས་པ་བཟོ་ཞིང་བྱས་པ་ཚོར ་སྟེ། ཕན་འདོགས་པ་རྣམས་ལ་ལན་དུ་ཕན་འདོགས་པ་དང། འཇིགས་པ་རྣམས་ལ་བསྲུང་བ་དང། སྡུག་བསྔལ་བར་གནས་པ་རྣམས་ཀྱིས་མྱ་ངན་སེལ་བ་དང། ཡོ་བྱད་མེད་པ་རྣམས་ལ་ཡོ་བྱད་སྟོབ་པ་དང། ཡང་དག་པའི་འཁོར་ལེགས་པར་སྡུད་པ་དང། ་སེམས་དང་ཐུན་པར་འཇུག་པ་དང། ཡང་དག་པའི་ཡོན་ཏན་རྣམས་ཀྱིས་དགའ་བར་བྱེད་པ་དང། ལེགས་པར་ཚར་གཅོད་པ་དང། རྫུ་འཕྲུལ་གྱིས་སྐྲག་པར་བྱེད་པ་དང། འདུན་པར་བྱེད་པ་སྟེ། འདི་དག་ཐམས་ཅད་གཅིག་ཏུ་བསྡུས་པ་ནི་བྱང་ཆུབ་སེམས་དཔའ་ ་རྣམས་ཀྱི་བསམ་གཏན་ཐམས་ཅད་ཅེས་བྱ་སྟེ། འདི་ལས་གོང་ན་ཡང་མེད་དོ། །འདི་ལས་ལྷག་པ་ཡང་མེད་དོ། །དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དཀའ་བའི་བསམ་གཏན་གང་ཞེ་ན། དེ་ནི་རྣམ་པ་གསུམ་དུ་བལྟ་བར་བྱ་སྟེ། བྱང་ཆུབ་སེམས ་དཔའ་རྣམས་བསམ་གཏན་ལ་གནས་པ་མངོན་པར་སྒྲུབ་པ་རྒྱ་ཆེན་པོ་རྣམ་པ་སྣ་ཚོགས་ཤིན་ཏུ་འདྲིས་པ་དག་གིས་གནས་ནས། རང་དགར་བསམ་གཏན་གྱི་བདེ་བ་མཆོག་དེ་བཟློག་སྟེ། སོ་སོར་བརྟགས་ནས། སེམས་ཅན་རྣམས་ལ་སྙིང་བརྩེ་བས་སེམས ་ཅན་གྱི་དོན་བྱ་བ་མང་པོ་དག་དང། སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་ཡང་དག་པར་མཐོང་ནས། འདོད་པའི་ཁམས་རྣམས་སུ་སྐྱེ་བར་བྱེད་པ་གང་ཡིན་པ་འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་དཀའ་བའི་བསམ་གཏན་དང་པོ་ཡིན་པར་རྗེས་སུ་རིག་པར་བྱའོ ་ཡང་བྱང་ཆུབ་སེམས་དཔའ་བསམ་གཏན་ལ་བརྟེན་ནས། བྱང་ཆུབ་སེམས་དཔའ་ཨི་བསམ་གཏན་དཔག་ཏུ་མེད་གྲངས་མེད་བསམ་གྱིས་མི་ཁྱབ་པ། ཉན་ཐོས་དང་རང་སངས་རྒྱས་ཀྱི་ཡུལ་ཐམས་ཅད་ལས་ཡང་དག་པར་འདས་པ་མངོན་པར་བསྒྲུབ་པ་གང་ཡིན ་པ་འདི་ནི། བྱང་ཆུབ་སེམས་དཔའ་ཨི་དཀའ་བའི་བསམ་གཏན་གཉིས་པ་ཡིན་པར་རིག་པར་བྱའོ། ཡང་བྱང་ཆུབ་སེམས་དཔའ་བསམ་གཏན་ལ་བརྟེན་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་བྱ་བ་གང་ཡིན ་པ་འདི་ནི། བྱང་ཆུབ་སེམས་དཔའ་ཨི་དཀའ་བའི་བསམ་གཏན་གསུམ་པ་ཡིན་པར་རིག་པར་བྱའོ། །དེ་ལ་ཐམས་ཅད་ཀྱི་སྒོ་ནས་བསམ་གཏན་གང་ཞེ་ན། རྣམ་པ་བཞིར་བལྟ་བར་བྱ་སྟེ། རྟོག་པ་དང་བཅས་དཔྱོད་པ་དང་བཅས་པ་དང། དགའ་བ་དང་ལྡན ་པ་དང། བསམ་པའི་བདེ་བ་དང་ལྡན་པ་དང། བཏང་སྙོམས་དང་ལྡན་པའོ། །དེ་ལ་བྱང་ཆུབ་སེམས་དཔའ་ཨི་སྐྱེས་བུ་དམ་པའི་བསམ་གཏན་གང་ཞེ་ན། དེ་ནི་རྣམ་པ་ལྔར་བལྟ་བར་བྱ་སྟེ། རོ་མྱང་བ་མེད་པ་དང། བྱམས་པ་དང་ལྡན་པ་དང། སྙིང་རྗེ་དང་ལྡན་པ ་དང། དགའ་བ་དང་ལྡན་པ་དང། བཏང་སྙོམས་དང་ལྡན་པའོ། །དེ་ལ་བྱང་ཆུབ་སེམས་དཔའ་ཨི་རྣམ་པ་ཐམས་ཅད་ཀྱི་བསམ་གཏན་གང་ཞེ་ན། ད་ནི་རྣམ་པ་དྲུག་དང་རྣམ་པ་བདུན་ཏེ། གཅིག་ཏུ་བསྡུས་ནས་རྣམ་པ་བཅུ་གསུམ་ཡོད་པར་རིག་པར་བྱ་སྟེ། དགེ་བའི་བསམ ་གཏན་དང། སྤྲུལ་པ་སྤྲུལ་པའི་ཕྱིར་ལུང་དུ་མ་བསྟན་པའི་བསམ་གཏན་དང། ཞི་གནས་ཀྱི་ཕྱོགས་དང། ལྷག་མཐོང་གི་ཕྱོགས་དང། བདག་དང་གཞན་གྱི་དོན་ལེགས་པར་ངེས་པར་བསམ་པའི་བསམ་གཏན་དང། མངོན་པར་ཤེས་པའི་མཐུ་ཡོན་ཏན་མངོན ་པར་སྒྲུབ་པའི་བསམ་གཏན་དང། མིང་ལ་དམིགས་པ་དང། དོན་ལ་དམིགས་པ་དང། ཞི་གནས་ཀྱི་མཚན་མ་ལ་དམིགས་པ་དང། རབ་ཏུ་འཛིན་པའི་མཚན་མ་ལ་དམིགས་པ་དང། བཏང་སྙོམས་ཀྱི་མཚན་མ་ལ་དམིགས་པ་དང། ཚེ་འདི་ལ་བདེ་བར་གནས ་པ་དང། གཞན་གྱི་དོན་བྱ་བའི་བསམ་གཏན་ཏེ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསམ་གཏན་རྣམ་པ་བཅུ་གསུམ་པོ་འདི་དག་ནི་རྣམ་པ་ཐམས་ཅད་ཀྱིས་བསམ་གཏན་ཞེས་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའ་ཨི་ཕོངས་ཤིང་འདོད་པའི་བསམ་གཏན་གང ་ཞེ་ན། དེ་ནི་རྣམ་པ་བརྒྱད་དུ་བལྟ་བར་བྱ་སྟེ། དུག་དང། ཐོག་དང། རིམས་དྲག་པོ་དང། འབྱུང་པོ་དང། གདོན་ལ་སོགས་པའི་གནོད་པ་ཡང་དག་པར་ཞི་བ་བསྒྲུབ་པའི་གསང་སྔགས་རྣམས་བྱིན་གྱིས་རློབས་པའི་བསམ་གཏན་དང། ཁམས་འཁྲུག་པ ་ལས་གྱུར་པའི་ནང་རྣམ་པ་སྣ་ཚོགས་རྣམ་པར་ཞི་བར་བྱེད་པའི་བསམ་གཏན་དང། མུ་གེའི་ངུ་འབོད་ཆེན་པོ་དག་བྱུང་བའི་ཚེ་ཚར་སྒྲུབ་པར་བྱེད་པའི་བསམ་གཏན་དང། མི་དང་མི་མ་ཡིན་པས་བྱས་པའི་འཇིགས་པ་སྣ་ཚོགས་ཆུ་དང་ཐང་ལ་ཡོད་པ་རྣམས་ལས ་ལེགས་པར་ཡོངས་སུ་བསྐྱབ་པའི་བསམ་གཏན་དང། དེ་བཞིན་དུ་འབྲོག་དགོན་པ་ན་གནས་པ་ཟས་དང། སྐོམ་གྱིས་འཕོངས་པ་རྣམས་ལ་ཟས་དང་སྐོམ་ཉེ་བར་བསྒྲུབ་པའི་བསམ་གཏན་དང། དབུལ་བ་ལོངས་སྤྱོད་མེད་པ་རྣམས་ཀྱི་ལོངས་སྤྱོད་ཉེ་བར ་བསྒྲུབ་པའི་བསམ་གཏན་དང། ཕྱོགས་བཅུ་དག་ན་སེམས་ཅན་བག་མེད་པ་རྣམས་ལ་ལེགས་པར་བསྐུལ་བའི་བསམ་གཏན་དང། སེམས་ཅན་གྱི་བྱ་བ་བྱུང་ངོ་ཅོག་ལེར་པར་བྱ་བའི་བསམ་གཏན་ནོ། །དེ་ལ་བྱང་ཆུབ་སེམས་དཔའ་ཨི་འདི ་དང་གཞན་དུ་བདེ་བར་འགྱུར་བའི་བསམ་གཏན་གང་ཞེ་ན། དེ་ནི་རྣམ་པ་དགུར་བལྟ་བར་བྱ་སྟེ། རྫུ་འཕྲུལ་གྱི་ཆོ་འཕྲུལ་གྱིས་སེམས་ཅན་རྣམས་གདུལ་བའི་བསམ་གཏན་དང། ཀུན་བརྗོད་པའི་ཆོ་འཕྲུལ་དང། རྗེས་སུ་བསྟན་པའི་ཆོ་འཕྲུལ་གྱིས་སེམས ་ཅན་རྣམས་གདུལ་བའི་བསམ་གཏན་དང། སྡིག་པ་བྱེད་པ་རྣམས་ལ་ངན་སོང་གི་རྣམ་པར་སྟོན་པའི་བསམ་གཏན་དང། སེམས་ཅན་སྤོབས་པ་མེད་པར་གྱུར་པ་རྣམས་ལ་སྤོབས་པ་ཉེ་བར་བསྒྲུབ་པའི་བསམ་གཏན་སེམས་ཅན་བརྗེད་ངས་པ་རྣམས་ལ་དྲན་པ་ཉེ་བར ་བསྒྲུབ་པའི་བསམ་གཏན་དང། དམ་པའི་ཆོས་ཡུན་རིང་དུ་གནས་པར་བྱ་བའི་ཕྱིར་ཕྱིན་ཅི་མ་ལོག་པའི་བསྟན་ཆོས་དང། སྙན་ངག་དང། མདོ་སྦྱར་བ་རྣམ་པར་བཞག་པའི་བསམ་གཏན་དང། འཇིག་རྟེན་པའི་གཟོ་དང་ལས་ཀྱི་གནས་དོན་དང་ལྡན ་པ་སེམས་ཅན་རྣམས་ལ་ཕན་པ་རྣམས་དང། ཡི་གེ་དང་རྩིས་དང་ཤོད་དགོད་དང་གྲངས་དང་ལག་རྩིས་ལ་སོགས་པ་དང། ཁྲི་དང་ཁྲིའུ་དང། གདུགས་དང། ལྷམ་ལ་སོགས་པ་དང། སྣོད་བྱད་རྣམ་པ་སྣ་ཚོགས་རྣམ་པ་མང་པོ་རྣམས་འབྱུང་བར ་བྱེད་པའི་བསམ་གཏན་དང། སེམས་ཅན་ངན་སོང་གི་སར་སྐྱེས་པ་རྣམས་ཀྱི་ངན་སོང་གི་སྡུག་བསྔལ་དེའི་མོད་ལ་གསལ་བའི་ཕྱིར་འོད་ཟེར་འགྱེད་པའི་བསམ་གཏན་ནོ། །དེ་ལ་བྱང་ཆུབ་སེམས་དཔའ་རྣམ་པར་དག་པའི་བསམ་གཏན་གང་ཞེ་ན ་དེ་ནི་རྣམ་པ་བཅུ་རེ་རིག་པར་བྱ་སྟེ། འཇིག་རྟེན་པའི་དག་པས་རྣམ་པར་དག་པར་མྱང་བ་མེད་པའི་བསམ་གཏན་དང། འཇིག་རྟེན་ལས་འདས་པའི་དག་པས་རྣམ་པར་དག་པ་ཉོན་མོངས་པ་ཅན་མ་ཡིན་པའི་བསམ་གཏན་དང། སྦྱོར་བའི་དག་པས་དག ་པ་དང། དངོས་བཞི་དག་པས་དག་པ་དང། དངོས་བཞི་ལས་ཁྱད་པར་གོང་མ་རྣམ་པར་དག་པས་རྣམ་པར་དག་པའི་བསམ་གཏན་དང། འཇུག་པ་དང། གནས་པ་དང། གནས་པ་དང། ལྡང་པ་ལ་དབང་བ་རྣམ་པར་དག་པས་རྣམ་པར་དག་པའི་བསམ་གཏན་དང། བསམ་གཏན ་བཟློག་ན་ཡང་སྙམས་པར་འཇུག་པ་ལ་དབང་བ་དག་པས་རྣམ་པར་དག་པའི་བསམ་གཏན་དང། མངོན་པར་ཤེས་པས་རྣམ་པར་འཕྲུལ་བ་ལ་དབང་བ་དག་ལས་རྣམ་པར་དག་པའི་བསམ་གཏན་དང། ལྟ་བར་གྱུར་པ་ཐམས་ཅད་དང་བྲལ་བ་རྣམ་པར་དག་པས ་རྣམ་པར་དག་པའི་བསམ་གཏན་དང། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་སྤོང་བ་རྣམ་པར་དག་པའི་བསམ་གཏན་ན། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསམ་གཏན་དཔག་ཏུ་མེད་པ་འདི་དག་ནི་བྱང་ཆུབ་ཆེན་པོའི་འབྲས་བུར་གྱུར་པ་སྟེ། དེ་དག་ལ ་བརྟེན་ནས། བྱང་ཆུབ་སེམས་དཔའ་རྣམས་བསམ་གཏན་གི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་སོ། །མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །མངོན་པར ་རྫོགས་པར་འཚང་རྒྱའོ།། །།བྱང་ཆུབ་སེམས་དཔའ་ཨི་སའི་གཞིའི་རྣལ་འབྱོར་གྱི་གནས་ལས་བསམ་གཏན་གྱི་ལེའུ་སྡེ་བཅུ་གསུམ་པའོ། །ཁམ་པོ་བཅུ་གཉིས་པ། སྡོམ་ནི་སྔ་མ་བཞིན་དུ་རིག་པར་བྱའོ། །དེ་ལ་བྱང་ཆུབ ་སེམས་དཔའ་ཨི་ཤེས་རབ་ཀྱི་ངོ་བོ་ཉིད་གང་ཞེ་ན། ཤེས་པ་ཐམས་ཅད་ལ་འཇུག་པ་རང། ཤེས་བྱ་ཐམས་ཅད་ལ་ཞུགས་པ་དང། ཆོས་རྣམས་རབ་ཏུ་རྣམ་པར་འབྱེད་པ་གང་ཡིན་པ་དང། རིག་པའི་གནས་ལྔ་པོ་ནང་གི་རིག་པ་དང། གཏན་ཚིགས་ཀྱི ་རིག་པ་དང། གསོ་བའི་རིག་པ་དང། སྒྲའི་རིག་པ་དང། བཟོ་དང་ལས་ཀྱི་གནས་ཀྱི་རིག་པ་ལ་དམིགས་ནས་འཇུག་པ་འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཤེས་རབ་ཀྱི་ངོ་བོ་ཉིད་ཡིན་པར་རིག་པར་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི ་ཤེས་རབ་ཐམས་ཅད་གང་ཞེ་ན། དེ་ནི་རྣམ་པ་གཉིས་སུ་བལྟ་བར་བྱ་སྟེ། འཇིག་རྟེན་པའི་དང། འཇིག་རྟེན་ལས་འདས་པའོ། །དེ་ཡང་མདོར་བསྡུས་ན་རྣམ་པ་གསུམ་དུ་རིག་པར་བྱ་སྟེ། ཤེས་བྱ་ལ་དེ་ཁོ་ན་ཁོང་དུ་ཆུད་ཅིང་རྟོགས་པར་བྱ་བ་དང ་ཇི་སྐད་བསྟན་པའི་རིག་པའི་གནས་ལྔ་པོ་རྣམས་དང། ཆོ་གས་གསུམ་ལ་མཁས་པར་བྱ་བ་དང། སེམས་ཅན་གྱི་དོན་བྱ་བའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཤེས་རབ་གང་ཆོས་བདག་མེད་པ་བརྗོད་དུ་མེད་པ་ལས་བརྩམས་ཏེ། བདེན་པ་རྟོགས་པར་བྱ་བའི ་བདེན་པ་རྟོགས་པའི་དུས་སམ། བདེན་པ་མངོན་པར་ཡང་དག་པར་རྟོགས་པ་ཡན་ཆད་མཆོག་ཏུ་རབ་ཏུ་ཞི་བར་ཉེ་བར་གནས་པ། རྣམ་པར་མི་རྟོག་པ་སྤྲོས་པ་ཐམས་ཅད་དང་བྲལ་བ། ཆོས་ཐམས་ཅད་ལ་མཉམ་པ་ཉིད་ཀྱི་རྗེས་སུ་སོང་བ། སྤྱིའི་མཚན་ཉིད་ཆེན་པོ་ལ་ཞུགས ་པ། ཤེས་བྱའི་མཐར་ཕྱིན་པ། སྒྲོ་འདོགས་པ་དང། སྐུར་བ་འདེབས་པའི་མཛའ་གཉིས་རྣམ་པར་སྤངས་པའི་ཕྱིར། དབུ་མའི་ལམ་དུ་འགྲོ་བ་འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དེ་ཁོ་ན་ཁོང་དུ་ཆུད་ཅིང་རྟོགས་པའི་ཤེས་རབ་ཡིན་པར་རིག་པར་བྱའོ། །རིག ་པའི་གནས་ལྔ་ལ་མཁས་པ་ནི་རྒྱས་པར་སྔ་མ་བཞིན་དུ་འདི་ལྟ་སྟེ། སྟོབས་ཀྱི་རིགས་ཀྱི་ལེའུ་ལས་འབྱུང་བ་དང་འཕྲ་བར་རིག་པར་བྱའོ། །ཚོགས་གསུམ་ནི་དོན་དང་ལྡན་པའི་ཆོས་རྣམས་ཀྱི་ཚོགས་དང་མི་ལྡན་པའི་ཆོས་རྣམས་ཀྱི་ཚོགས་དང་ལྡན་པ་ཡང་མ་ཡིན་དོན་དང་མི་ལྡན་པ་ཡང ་མ་ཡིན་པའི་ཆོས་རྣམས་ཀྱི་ཚོགས་ཏེ། གནས་བརྒྱད་པ་འདི་དག་ལ་ཤེས་རབ་ཀྱི་མཁས་པ་ཡོངས་སུ་འཛིན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ཕྱིར་ཡེ་ཤེས་ཀྱི་ཚོགས་ཆེན་པོ་གོང་ན་མེད་པ་ཡོངས་སུ་རྫོགས་པར་བྱེད་དོ། །སེམས་ཅན་གྱི ་དོན་བྱ་བ་ནི་སྔ་མ་བཞིན་དུ་རྣམ་པ་བཅུ་གཅིག་ཁོ་ན་རིག་པར་བྱ་ཏེ། གནས་དེ་དག་གི་ཤེས་རབ་གང་ཡིན་པ་དེ་ནི་སེམས་ཅན་གྱི་དོན་བྱ་བའི་ཤེས་རབ་ཡིན་པར་རིག་པར་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའ་དཀའ་བའི་ཤེས་རབ་གང་ཞེ་ན། དེ་ནི་རྣམ་པར ་གསུམ་དུ་བལྟ་བར་བྱ་སྟེ། ཆོས་བདག་མེད་པ་ཟབ་མོ་ཤེས་རབ་དཀའ་བ་དང། སེམས་ཅན་རྣམས་འདུལ་བའི་ཐབས་ཤེས་པར་དཀའ་བ་དང། ཤེས་བྱ་ཐམས་ཅད་ལ་སྒྲིབ་པ་མེད་པར་ཤེས་པ་མཆོག་ཏུ་དཀའ་བའོ། །དེ་ལ་བྱང་ཆུབ་སེམས་དཔའ་ཨི་ཐམས་ཅད་ཀྱི ་སྒོ་ནས་ཤེས་རབ་གང་ལ་ན། དེ་ནི་རྣམ་པ་བཞིར་བལྟ་བར་བྱ་སྟེ། ཉན་ཐོས་ཀྱི་སྡེ་སྣོད་དང། བྱང་ཆུབ་སེམས་དཔའ་ཨི་སྡེ་སྣོད་ལ་བརྩམས་ཏེ། ཐོས་པ་ལས་བྱུང་བའི་ཤེས་རབ་དང། བསམ་པ་ལས་བྱུང་བའི་ཤེས་རབ་དང། སོ་སོར་བརྟགས་ནས་བྱང་ཆུབ་སེམས་དཔའ་ཨི ་བྱ་བ་ལ་འཇུག་པ་དང། བྱ་བ་མ་ཡིན་པ་ལས་ལྡོག་པའོ། །སོ་སོར་བརྟགས་པའི་སྟོབས་ཀྱིས་བསྡུས་པའི་ཤེས་རབ་དང། བསྒོམ་པའི་སྟོབས་ཀྱིས་བསྡུས་པའི་མཉམ་པར་གཞག་པའི་ས་བའི་ཤེས་རབ་ཚད་མེད་པའོ། །དེ་ལ་བྱང་ཆུབ་སེམས་དཔའ་སྐྱེས་བུ ་དམ་པ་རྣམས་ཀྱི་སྐྱེས་བུ་དམ་པའི་ཤེས་རབ་གང་ཞེ་ན། དེ་ནི་རྣམ་པ་ལྔར་བལྟ་བར་བྱ་སྟེ། དམ་པའི་ཆོས་མཉན་པས་ཡང་དག་པར་ཐོབ་པ་དང། སོ་སོ་ནང་གི་ཚུལ་བཞིན་ཡིད་ལ་བྱེད་པ་དང་ལྡན་པ་དང། བདག་དང་གཞན་གྱི་དོན་སྒྲུབ་པའི་ཐབས་དང་ལྡན་པ་དང། ་ཆོས་རྣམས་ཀྱི་ཆོས་གནས་པའི་ཆོས་རྣམ་པར་གནས་པའི་ཕྱིན་ཅི་མ་ལོག་པ་ལས་བརྩམས་ཏེ། ཤིན་ཏུ་རྣམ་པར་གཏན་ལ་དབབ་པའི་ཤེས་རབ་དང། ཉོན་མོངས་པ་རྣམ་པར་སྤོང་བའི་ཤེས་རབ་བོ། །རྣམ་གྲངས་གཞན་ཡང་ཤེས་བྱ། ཇི་ལྟ་བར་ཡོད་པ་བཞིན ་དུ་འཇུག་པའི་ཕྱིར་ཆ་ཕྲ་བ་དང། ཤེས་བྱ་ཇི་སྙེད་ཡོད་པ་ལ་འཇུག་པའི་ཕྱིར་མཁས་པ་དང། ཡེ་ཤེས་ཀྱི་ཚོགས་སྔར་ཡང་དག་པར་ཐོབ་པའི་ཕྱིར་ལྷན་ཅིག་སྐྱེས་པ་དང། སངས་རྒྱས་རྣམས་དང། ས་ཆེན་པོ་ལ་ཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས ་ཡང་དག་པར་བསྟན་པའི་ཆོས་དང་དོན་ལེན་ཅིང། འཛིན་པའི་ཕྱིར་ལུང་དང་ལྡན་པ་དང། བསམ་པ་དག་པའི་ས་ཡན་ཆད་མཐར་ཐུག་པར་འགྲོ་བའི་ས་མན་ཆད་ཡོངས་སུ་བཟུང་བའི་ཕྱི་རྟོགས་པ་དང་ལྡན་པའོ། །དེ་ལ་བྱང་ཆུབ་སེམས་དཔའ་ཨི་རྣམ་པ་ཐམས་ཅད ་ཀྱིས་ཤེས་རབ་གང་ཞེ་ན། དེ་ནི་རྣམ་པ་དྲུག་དང་རྣམ་པ་བདུན་ཏེ། གཅིག་ཏུ་བསྡུས་ན་རྣམ་པ་བཅུ་གསུམ་ཡོད་པར་རིག་པར་བྱ་སྟེ། བདེན་པ་རྣམས་ལ་སྡུག་བསྔལ་ཤེས་པ་དང། ཀུན་འབྱུང་བ་ཤེས་པ་དང། འགོག་པ་ཤེས་པ་དང། ལམ་ཤེས ་པ་དང། མཐར་ཐུག་པ་ཟད་པ་ཤེས་པ་དང། མི་སྐྱེ་བ་ཤེས་པ་འདི་ནི་ཤེས་རབ་རྣམ་པ་དྲུག་གོ་།རྣམ་པ་བདུན་ནི་ཆོས་ཤེས་པ་དང། རྗེས་སུ་རྟོགས་པ་ཤེས་པ་དང། ཀུན་རྫོབ་ཤེས་པ་དང། མངོན་པར་ཤེས་པ་ཤེས་པ་དང། མཚན་ཤེས་པ་དང། སྟོབས་བཅུ་མངོན ་དུ་འགྲོ་པ་ཤེས་པ་དང། རིགས་པ་བཞི་པོ་དག་ལ་རིགས་པ་ཤེས་པའོ། །དེ་ལ་བྱང་ཆུབ་སེམས་དཔའ་འཕོངས་ཤིང་འདོད་པའི་ཤེས་རབ་གང་ཞེ་ན། དེ་ནི་རྣམ་པ་བརྒྱད་དུ་བལྟ་བར་བྱ་སྟེ། ཆོས་རྣམས་ཀྱི་རྣམ་གྲངས་ཤེས་པ་ལས་བརྩམས་ཏེ། བྱང ་ཆུབ་སེམས་དཔའ་ཨི་ཆོས་སོ་སོ་ཡང་དག་པར་རིག་པ་དང། ཆོས་རྣམས་ཀྱི་མཚན་ཉིད་ཤེས་པ་ལས་བརྩམས་ཏེ། དོན་སོ་སོ་ཡང་དག་པར་རིག་པ་དང། ཆོས་རྣམས་ཀྱི་ངེས་པའི་ཚིག་ཤེས་པ་ལས་བརྩམས་ཏེ། དེས་པའི་ཚིག་སོ་སོ་ཡང་དག་པར་རིག ་པ་དང། ཆོས་རྣམས་ཀྱི་རྣམ་པའི་གཞི་རབ་ཏུ་དབྱེ་བ་ལས་བརྩམས་ཏེ། སྤོབས་པ་སོ་སོ་ཡང་དག་པར་རིག་པ་དང། ཕས་ཀྱི་རྒོལ་བ་ཐམས་ཅད་ཚར་གཅོད་པ་བྱང་ཆུབ་སེམས་དཔའ་ཨི་ཤེས་རབ་དང། བདག་གི་སྨྲ་བ་རྣམ་པར་གཞག་པ་ཐམས་ཅད་རྣམ་པར ་འཇོག་པའི་ཤེས་རབ་དང། ཁྱིམ་བརྒྱུད་ལེགས་པར་བསྐྱང་བ་དང། ཁྱིམ་སྦྱོར་བར་བྱ་བའི་ཤེས་རབ་དང། རྒྱལ་པོའི་ཚུལ་དང། འཇིག་རྟེན་པའི་ཐ་སྙད་ཀྱི་ཚུལ་རྣམས་ལ་བྱང་ཆུབ་སེམས་དཔའ་ཨི་ངེས་པའི་ཤེས་རབ་པོ། །དེ་ལ་བྱང་ཆུབ་སེམས་དཔའ་ཨི ་འདི་དང་གཞན་དུ་བདེ་བར་འགྱུར་པའི་ཤེས་རབ་གང་ཞེ་ན། དེ་ནི་རྣམ་པར་དགུར་རིག་པར་བྱ་སྟེ། ནང་གི་རིག་པ་ལ་ཤིན་ཏུ་རྣམ་པར་བྱང་ཞིང་རབ་ཏུ་གནས་པའི་ཤེས་རབ་དང། གསོ་བའི་རིག་པ་དང། གཏན་ཚིགས་རིག་པ་དང། སྒྲའི་རིག་པ་དང། འཇིག ་རྟེན་པའི་གཟོ་དང། ལས་ཀྱི་གནས་ཀྱི་རིག་པ་ལ་ནི་ཤིན་ཏུ་རྣམ་པར་བྱང་ལ། །རབ་ཏུ་གནས་པ་ནི་མ་ཡིན་པའི་ཤེས་རབ་དང། རིག་པ་རྣམ་པ་ལྔ་པོ་ཤིན་ཏུ་རྣམ་པར་བྱང་བ་དེ་དག་ཉིད་ལ་བརྟེན་ནས། གདུལ་བྱ་རྨོངས་པ་རྣམས་དང། བག་མེད་པ་རྣམས་དང། ཞུམ་པ ་རྣམས་དང། ཡང་དག་པར་ཞུགས་པ་གཞན་དག་ལ་གོ་རིམས་བཞིན་དུ་ཡང་དག་པར་བསྟན་པ་དང། ཡང་དག་པར་འཛིན་དུ་གཞུག་པ་དང། ཡང་དག་པར་གཟེངས་སྟོང་པ་དང། ཡང་དག་པར་དགའ་བར་བྱ་བའི་བྱང་ཆུབ་སེམས་དཔའ་ཨི་ཤེས་རབ་གང་ཡིན་པའོ། །དེ ་ལ་བྱང་ཆུབ་སེམས་དཔའ་ཨི་རྣམ་པར་དག་པའི་ཤེས་རབ་གང་ཞེ་ན། དེ་ནི་མདོར་བསྡུ་ན་རྣམ་པ་བཅུར་རིག་པར་བྱ་སྟེ། དེ་ཁོ་ནའི་དོན་ཇི་སྙེད་ཡོད་པ་དང། ཇི་ལྟར་ཡོད་པ་བཞིན་དུ་འཛིན་པའི་ཕྱིར་དེ་ཁོ་ནའི་དོན་རྣམ་པ་གཉིས་དང། རྒྱུ་དང་འབྲས་བུ་ལེགས་པར་འཛིན ་པའི་ཕྱིར། འཇུག་པའི་རྣམ་པ་གཉིས་དང། ཕྱིན་ཅི་ལོག་དང་ཕྱིན་ཅི་མ་ལོག་པ་ཡང་དག་པ་ཇི་ལྟ་བཞིན་དུ་ཡོངས་སུ་ཤེས་པའི་ཕྱིར་ལེན་པའི་དོན་རྣམ་པ་གཉིས་དང། བྱ་བ་དང་བྱ་བ་མ་ཡིན་པ་ཐམས་ཅད་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པའི་ཕྱིར ་ཐབས་ཀྱི་དོན་དམ་པ་གཉིས་དང། ཀུན་ནས་ཉོན་མོངས་པ་ལ་ཀུན་ནས་ཉོན་མོངས་པ་དང། རྣམ་པར་བྱང་བ་ལ་རྣམ་པར་བྱང་བ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པའི་ཕྱིར་མཐར་ཐུག་པའི་དོན་ཀྱང་རྣམ་པ་གཉིས་ཏེ། བྱང་ཆུབ་སེམས་དཔའ་རྣམས ་ཀྱི་ཤེས་རབ་རྣམས་པ་ལྔ་པོ་རབ་ཏུ་དབྱེ་བ་བཅུ་པོ་འདི་དག་ནི་རྣམ་པར་དག་པ་མཆོག་གིས་རྣམ་པར་དག་པར་རིག་པར་བྱའོ། །དེ་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཤེས་རབ་ཤིན་ཏུ་རྣམ་པར་ངེས་ཤིང་དཔག་ཏུ་མེད་པ་འདི་ནི་བྱང་ཆུབ་ཆེན་པོའི་འབྲས ་བུར་འགྱུར་བ་སྟེ། དེ་ལ་བརྟེན་ནས་བྱང་ཆུབ་སེམས་དཔའ་རྣམས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱའོ། །འདི་ནི་མདོ་སྡེ་གཞན་དེ་དང་དེ་དག་ཏུ་བཅོམ་ལྡན ་འདས་ཀྱིས་ཕ་རོལ་ཏུ་ཕྱིན་པ་དྲུག་པ་དག་ཐོར་བུ་ཐོར་བུ་བསྟན་པ་རྣམས་ཀྱི་མདོར་བསྡུས་ཏེ་བསྟན་པ་ཡིན་པར་རིག་པར་བྱའོ། །དེ་བཞིན་གཤེགས་པས་གསུངས་པ་མདོ་སྡེ་གང་ལས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་འམ། ཤེས་རབ་ཀྱི་ཕ་རོལ་ཏུ ་ཕྱིན་པའི་བར་དག་བསྟན་པ་འམ། བཤད་པ་འབྱུང་བ་དེ་ནི་སྦྱིན་པའི་ངོ་བོ་ཉིད་ནས། རྣམ་པར་དག་པའི་སྦྱིན་པའི་བར་དུ་སྦྱར་བར་བྱ་སྟེ། དེའི་བསྡུ་བ་ཡང་ཅི་རིགས་པ་རིག་པར་བྱའོ། །དེ་བཞིན་དུ་ཚུལ་ཁྲིམས་ལ་སོགས་པ་ཤེས་རབ་ལ་ཐུག་པ ་ཇི་སྙེད་བསྟན་པ་གཞན་དག་གི་སྦྱར་བ་དང། བསྡུ་བ་ཡང་ཅི་རིགས་པ་རེག་པ་རིག་པར་བྱའོ། །དེ་བཞིན་གཤེགས་པ་རྣམས་ཀྱི་བྱང་ཆུབ་སེམས་དཔའ་ཨི་སྤྱོད་པ་དག་ཏུ་སྐྱེས་པའི་རབས་དཔག་ཏུ་མེད་པ་དཀའ་བ་སྤྱོད་པ་དང་ལྡན་པ་གང་ཡིན་པ་དེ་དག་ཐམས ་ཅད་ལས་སྦྱིན་པ་དང་ལྡན་པ་རྣམས་ནི་སྦྱིན་པ་ལས་བརྩམས་པར་རིག་པར་བྱའོ། །སྦྱིན་པ་ཇི་ལྟ་དེ་བཞིན་དུ་ཚུལ་ཁྲིམས་དང། བཟོད་པ་དང། བརྩོན་འགྲུས་དང། བསམ་གཏན་དང་ཤེས་རབ་དང་ལྡན་པ་ཐམས་ཅད་ཀྱང་ཤེས་རབ་ལས་བརྩམས་པར ་རིག་པར་བྱའོ། །ཁ་ཅིག་ནི་སྦྱིན་པ་ཁོ་ན་ལས་བརྩམས་པ་ནས། ཁ་ཅིག་ནི་ཤེས་རབ་ཁོ་ན་ལས་བརྩམས་པའི་བར་དང། ཁ་ཅིག་ནི་གཉིས་འདྲེས་པ་དང། ཁ་ཅིག་ནི་གསུམ་འདྲེས་པ་དང། ཁ་ཅིག་ནི་བཞི་འདྲེས་པ་དང། ཁ་ཅིག་ནི་ལྔ་འདྲེས་པ་དང། ་ཁ་ཅིག་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་ཐམས་ཅད་ལས་བརྩམས་པར་རིག་པར་བྱའོ། །ཕ་རོལ་ཏུ་ཕྱིན་པ་དྲུག་པོ་འདི་དག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡང་དག་པར་ཐོབ་པར་བྱེད་པའི་བྱང་ཆུབ་སེམས་དཔའ་རྣམས་ནི་དཀར་པོའི་ཆོས ་ཀྱི་ཆུ་ཆེན་པོ་དང། དཀར་པོའི་ཆོས་ཀྱི་རྒྱ་མཚོ་ཆེན་པོ་ཞེས་བྱ་སྟེ། སེམས་ཅན་ཐམས་ཅད་ཀྱི་རྣམ་པ་ཐམས་ཅད་ཕུན་སུམ་ཚོགས་པའི་རྒྱུ་རིན་པོ་ཆེ་ཆེན་པོ་སྦྱིན་པ་ཡིན་ནོ། །དེ་ལྟར་དེ་དག་གི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡང་དག་པར་འགྲུབ་པ ་དཔག་ཏུ་མེད་པ་དེའི་འབྲས་བུ་ཇི་ལྟར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དང་མཐུན་པ་ལྟ་བུ་གཞན་མེད་དོ། །བྱང་ཆུབ་སེམས་དཔའ་ཨི་སའི་གཞིའི་རྣལ་འབྱོར་གྱི་གནས་ལས། ཤེས་རབ་ཀྱི་ལེའུ་སྟེ་བཅུ་བཞི་པའོ།། །།སྡོམས་ནི་སྔ་མ ་བཞིན་དུ་རིག་པར་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྙན་པར་སྨྲ་བའི་ངོ་བོ་ཉིད་གང་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་སེམས་ཅན་རྣམས་ལ་ཡིད་དུ་འོང་བ་དང། བདེན་པ་དང། ཆོས་དང་མཐུན་པ་དོན་དང་ལྡན་པའི་ཚིག་སྨྲ་བ་རྣམས་འདི་ནི་མདོར་བསྡུ ་ན་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྙན་པར་སྨྲ་བའི་ངོ་བོ་ཉིད་དོ། །དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྙན་པར་སྨྲ་བའི་ངོ་བོ་ཉིད་གང་ཞེ་ན། དེ་ནི་རྣམ་པ་གསུམ་དུ་ལྟ་བར་བྱ་སྟེ། འདི་ལ་བྱང་ཆུབ་སེམས་དཔའ་ཨི་དག་གང་ཡང་དག་པར་དགའ་བར་བྱེད་པ་ནི། ་བྱང་ཆུབ་སེམས་ཁྲོ་གཉེར་མེད་པ་ལ་སོགས་གསོད་པོར་སྨྲ་ཞིང། བཞིན་གྱི་མདངས་འབྱིན་ལ་འཛུམ་པ་སྔོན་དུ་གཏོང་ཞིང་ཚིག་གང་གི་བདེ་བ་དང། བདེ་ལེགས་སུ་འགྱུར་བ་ཡོངས་སུ་འདྲི་བ་འམ། ཁམས་སྙོམས་པ་ཡོངས་སུ་འདྲི་བ་འམ། །མཚན་མོ་དང། ཉིན ་མོར་བདེ་བ་ཡོངས་སུ་དྲི་བ་འམ། ཚུར་ཤོ་ལེགས་པར་འོངས་སོ་ཞེས་སྨྲ་བ་འམ། རྣམ་པ་དེ་ལྟ་བུ་ལ་སོགས་པ་དག་གིས་འཇིག་རྟེན་པའི་ཚུལ་གྲོང་ཁྱེར་བ་ཉིད་དང་མཐུན་པར་འཇུག་ཅིང་སེམས་ཅན་རྣམས་སོ་སོར་ཡང་དག་པར་དགའ་བར་བྱེད་པ་དང། བྱང་ཆུབ ་སེམས་དཔའ་ཨི་དག་གང་ཀུན་ཏུ་དགའ་བར་བྱེད་པ་ནི་བྱང་ཆུབ་སེམས་དཔའ་སེམས་ཅན་བདག་ཉིད་ཀྱི་འབྱོར་པ་ཁོང་དུ་ཆུད་པ་རྣམས་ལ་བུ་འབྱོར་པའམ། ཆུང་མ་འབྱོར་པའམ། ཉེ་དུ་འབྱོར་པའམ། ནོར་འབྱོར་པའམ། འབྲུ་འབྱོར་པ་མཐོང་ན་བསྙད་ཅིང ་ཀུན་ཏུ་དགའ་བར་བྱེད་པའམ། དད་པ་དང། ཚུལ་ཁྲིམས་དང། ཐོས་པ་དང། གཏོང་བ་དང། ཤེས་རབ་འབྱོར་པས་ཀུན་ཏུ་དགའ་བར་བྱེད་པ་དང། བྱང་ཆུབ་སེམས་དཔའ་ཨི་དག་གང་རྣམ་པ་ཐམས་ཅད་ཀྱི་ཡོན་ཏན་དང་ལྡན་པའི་ཆོས་སྟོན་པ་དང་ལྡན་པ་ནི་སེམས་ཅན ་རྣམས་ལ་ཕན་པ་དང་བདེ་བའི་ཕྱིར། རྟག་ཏུ་རྒྱུན་མི་འཆད་པ་ཉེ་བར་གནས་པ་དང། ཕན་པའི་མཆོག་གིས་ཕན་འདོགས་པར་འགྱུར་བ་སྟེ། འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྙན་པར་སྨྲ་བ་རབ་ཏུ་དབྱེ་བས་ཐམས་ཅད་ཡིན་པར་རིག ་པར་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྙན་པར་སྨྲ་པ་ཐམས་ཅད་ནི་མདོར་བསྡུ་ན་དེ་ནི་རྣམ་པ་གཉིས་སུ་བལྟ་བར་བྱ་སྟེ། འཇིག་རྟེན་གྱི་ཚུལ་དང་ལྡན་པ་དང། ཡང་དག་པའི་ཆོས་བསྟན་པ་དང་ལྡན་པའོ། །དེ་ལ་ཡང་དག་པར་དགའ་བར་བྱེད་པའི ་དག་གང་ཡིན་པ་དང། ཀུན་ཏུ་དགའ་བར་བྱེད་པ་གང་ཡིན་པ་དེ་ནི་འཇིག་རྟེན་གྱི་ཚུལ་དང་ལྡན་པར་རིག་པར་བྱའོ། །དེ་ལ་དག་གང་དག་གིས་ཕན་འདོགས་པས་མཆོག་ཏུ་ཕན་འདོགས་པ་ཉེ་བར་གནས་པར་བསྟན་པ་གང་ཡིན་པ་དེ་ནི་ཡང་དག་པའི་ཆོས ་བསྟན་པ་དང་ལྡན་པར་རིག་པར་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའ་ཨི་དཀའ་བའི་སྙན་པར་སྨྲ་བ་གང་ཞེ་ན། དེ་ནི་རྣམ་པ་གསུམ་དུ་བལྟ་བར་བྱ་སྟེ། བྱང་ཆུབ་སེམས་དཔའ་གསོད་པའི་དགྲ་ཕྱིར་རྒོལ་བ་རྣམས་ལ་ཤིན་ཏུ་རྣམ་པར་དག་ཅིང་སྐྱོན་མེད ་པའི་སེམས་ཀྱིས་སོ་སོར་བརྟགས་ནས་ཡང་དག་པར་དགའ་བར་བྱེད་པ་འམ། ཀུན་དགའ་བར་བྱེད་པ་འམ། ཕན་པར་བྱ་བའི་ཚིག་བརྗོད་པ་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའ་དཀའ་བའི་སྙན་པར་སྨྲ་བ་དང་པོ་ཡིན་པར་རིག་པར་བྱའོ། །ཡང ་བྱང་ཆུབ་སེམས་དཔའ་སེམས་ཅན་ཤས་ཆེར་རྨོངས་ཤིང་དབང་པོ་བརྟུལ་པ་རྣམས་ལ་སོ་སོར་བརྟགས་ནས་ཡོངས་སུ་ཡི་ཆད་པ་མེད་ཅིང། ཆོས་དང་མཐུན་པའི་གཏམ་བརྗོད་ཅིང་སྐྱོ་བ་དང་དུ་བླངས་ཏེ། རིགས་པའི་ཆོས་དགེ་པ་འཛིན་དུ་འཇུག་པ་གང ་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའ་ཨི་དཀའ་བའི་སྙན་པར་སྨྲ་པ་གཉིས་ཡིན་པར་རིག་པར་བྱའོ། །ཡང་བྱང་ཆུབ་སེམས་དཔའ་སེམས་ཅན་གཡོན་ཅན་དང་སྒྱུ་མ་མཁན་པོ་དང། སློབ་དཔོན་དང། བླ་མ་དང། ཡོན་གནས་སླུ་བར་བྱེད་པ། ལོག་པར་ཞུགས ་པ་རྣམས་ལ་ཀུན་ནས་མནར་སེམས་ཀྱི་སེམས་མེད་པ་དང། ཁོང་ཁྲོ་བའི་སེམས་མེད་པར་ཡང་དག་པར་དགའ་བར་བྱེད་པ་དང། ཀུན་ཏུ་དགའ་བར་བྱེད་པ་དང། ཕན་པའི་ཚིག་བརྗོད་པ་གང་ཡིན་པ་འདི་ནི་བྱང་ཆུབ་སེམས་དཔའ་ཨི་དཀའ་བའི་སྙན་པར་སྨྲ་བ་གསུམ་པ་ཡིན ་པར་རིག་པར་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའ་ཨི་ཐམས་ཅད་ཀྱི་སྒོ་ནས་སྙན་པར་སྨྲ་བ་གང་ཞེ་ན། དེ་ནི་རྣམ་པ་བཞིར་བལྟ་བར་བྱ་སྟེ། སྒྲིབ་པ་སྤང་བར་བྱ་བ་དང། བདེ་འགྲོར་སྐྱེ་བར་བྱ་བའི་ཕྱིར་སྔ་རོལ་ཏུ་བྱ་བའི་ཆོས་བསྟན་པ་དང། སྒྲིབ་པ་དང་བྲལ་ཞིང་སེམས ་ཀྱི་ཉམས་བདེ་བ་དང་ལྡན་ཏེ་ཡང་དག་ཕུལ་གྱི་འཕགས་པའི་བདེན་པ་བཞི་དང་ལྡན་པའི་ཆོས་བསྟན་པ་དང། སེམས་ཅན་ཁྱིམ་པ་དང། རབ་ཏུ་བྱུང་བ་བག་མེད་པ་རྣམས་བག་མེད་པའི་སྤྱོད་པ་ལས་བསླང་སྟེ། བག་ཡོད་པའི་སྤྱོད་པ་ལ་དགོང་པའི་ཕྱིར ་ཡང་དག་པར་བསྐུལ་བ་དང། ཐེ་ཙོམ་བྱུང་ངོ་ཅོག་གསལ་བའི་ཕྱིར་ཆོས་བསྟན་པ་དང། འབེལ་པའི་གཏམ་ངེས་པར་རྣམ་པར་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའ་སྐྱེས་བུ་དམ་པ་རྣམས་ཀྱི་སྐྱེས་བུ་དམ་པའི་སྙན་པར་སྨྲ་བ་གང་ཞེ་ན། དེ་ནི་རྣམ་པ་ལྔར ་བལྟ་བར་བྱ་སྟེ། འདི་ལ་བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔར་གྱུར་པ་དང། དེ་བཞིན་གཤེགས་པར་གྱུར་པ་རྣམས་གླེང་གཞི་དང་བཅས་པ་དང། ངེས་པར་འབྱུང་བ་དང་བཅས་པ་དང། སྟོན་པ་དང་བཅས་པ་དང། རྟུལ་བ་དང་བཅས་པ་དང། ་ཆོ་འཕྲུལ་དང་བཅས་པའི་ཆོས་སྟོན་པ་ཏེ། བྱུང་བ་དང་བཅས་པའི་བསླབ་པའི་གཞིའི་གནས་སུ་འཆའ་བར་བྱེད་དེ། དེ་ལྟ་བས་ན་དེ་དག་གི་ཆོས་གླེང་གཞི་དང་བཅས་པ་ཡིན་ནོ། །ཡང་དག་པར་བླངས་པའི་བསླབ་པ་རྣམས་ལས་ཉེས་པ་བྱུང་བ་དག་ཉེས་པ ་བས་དབྱུང་བ་འཆའ་བར་བྱེད་དེ། དེ་ལྟ་བས་ན་དེ་དག་གི་ཆོས་ངེས་པར་འབྱུང་བ་དང་བཅས་པ་ཡིན་ནོ། །ཆོས་འདུལ་བ་འདི་ལ་སྟོན་པ་བཞིས་བསྡུས་པ་ཕྱིན་ཅི་མ་ལོག་པའི་སྒྲུབ་པ་འཆའ་བར་བྱེད་དེ། དེ་ལྟ་བས་ན་དེ་དག་གི་ཆོས་སྟོན་པ་དང་བཅས་པ་ཡིན་ནོ།། ་སྡུག་བསྔལ་ཐམས་ཅད་ལས་ངེས་པར་འབྱིན་པ་ཕྱིར་མི་ལྡོག་པའི་ལམ་ཡང་དག་པར་སྟོན་ཏེ། དེ་ལྟ་བས་ན་དེ་དག་གི་ཆོས་རྟུལ་བ་དང་བཅས་པ་ཡིན་ནོ། །བསྟན་པ་དང་ཐམས་ཅད་ཆོ་འཕྲུལ་གསུམ་པོ་དག་གིས་དོན་ཡོད་པར་བྱེད་དེ། ་དེ་ལྟ་བས་ནད་དེ་དག་གི་ཆོས་ཆོ་འཕྲུལ་དང་བཅས་པ་ཡིན་ནོ། །དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྣམ་པ་ཐམས་ཅད་ཀྱི་སྙན་པར་སྨྲ་བ་གང་ཞེ་ན། དེ་ནི་རྣམ་པ་དྲུག་དང་རྣམ་པ་བདུན་ཏེ། གཅིག་ཏུ་བསྡུས་ན་རྣམས་པ་བཅུ་གསུམ་དུ་བལྟ་བར་བྱ་སྟེ། ་གནང་བར་བྱ་བའི་ཆོས་རྣམས་ལ་གནང་བའི་སྙན་པར་སྨྲ་བ་དང། དགག་པར་བྱ་བའི་ཆོས་རྣམས་ལ་དགག་པའི་སྙན་པར་སྨྲ་བ་དང། ཆོས་རྣམས་ཀྱི་ཆོས་ཀྱི་རྣམ་གྲངས་བརྗོད་པར་བྱེད་པའི་སྙན་པར་སྨྲ་བ་དང། ཆོས་ཀྱི་མཚན་ཉིད ་ཕྱིན་ཅི་མ་ལོག་པ་རྗོད་པར་བྱེད་པ་དང། ཆོས་ཀྱི་ངེས་པའི་ཚིག་ཕྱིན་ཅི་ལོག་པ་རྗོད་པར་བྱེད་པ་དང། ཆོས་ཀྱི་ཚིག་གི་རྣམ་པ་གཞིའི་རབ་ཏུ་དབྱེ་བའི་རྗོད་པར་བྱེད་པའི་སྙན་པར་སྨྲ་བ་དང་བདག་པར་དགའ་བར་བྱེད་པའི་སྙན་པར་སྨྲ་བ་དང། ཀུན་ཏུ་དགའ་བར ་བྱེད་པའི་སྙན་པ་སྨྲ་བ་དང། ཡོ་བྱད་ཐམས་ཅད་ལ་སྙིང་ལས་ཆུང་བར་བྱ་བའི་དང། ཡང་དག་པར་གཏོགས་པའི་བྱ་བ་ཐམས་ཅད་ལ་སྙིང་ལས་ཆུང་བར་བྱ་བར་རྒྱ་ཆེར་སྟོབས་པའི་སྙན་པར་སྨྲ་བ་དང། འཇིགས་པ་རྣམ་པ་སྣ་ཚོགས་ཀྱིས་སྐྲག ་པ་རྣམས་དབུགས་འབྱིན་པའི་སྙན་པར་སྨྲ་བ་དང། རིགས་པ་བསྟན་པས་བསྡུས་པའི་སྙན་པར་སྨྲ་བ་སྟེ། མི་དགེ་བའི་གནས་ནས་བླངས་ཏེ། དགེ་པའི་གནས་སུ་དགོད་པའི་ཕྱིར་ལེགས་པར་མཐོང་བ་དང། ཐོས་པ་དང། དོགས་པ་ལ་གླེང་ཞིང་སྨྲ་དབབ ་པའི་སྙེན་པར་སྨྲ་བ་དང། གཞན་ནུས་པ་ལ་བཅོལ་ཏེ་སྒྲུབ་པའི་སྙན་པར་སྨྲ་བ་སྟེ། འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྣམ་པ་ཐམས་ཅད་ཀྱི་སྙན་པར་སྨྲ་བ་བཅུ་གསུམ་ཡིན་པར་རིག་པར་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་འདོད ་ཤིང་འདོད་པའི་སྙན་པར་སྨྲ་བ་གང་ཞེ་ན། དེ་ནི་རྣམ་པ་བརྒྱད་དུ་བལྟ་བར་བྱ་སྟེ། བྱང་ཆུབ་སེམས་དཔའ་ཨི་དག་རྣམ་པར་དག་པ་རྣམ་པ་བཞི་ལ་བརྟེན་ནམ། འཕགས་པའི་ཐ་སྙད་བརྒྱད་པོ་དག་གིས་ངག་གང་ཡིན་པ་དེ་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱིས ་ཕོངས་ཤིང་འདོད་པའི་སྙན་པར་སྨྲ་བ་ཞེས་བྱའོ། །དེ་ལ་དག་རྣམ་པར་དག་པ་རྣམ་པ་བཞི་ནི་འདི་དག་ཡིན་ཏེ། བརྫུན་དུ་སྨྲ་བ་སྤངས་པ་དང། ཕྲ་མ་དང། ངག་བརྩུབ་མོ་དང། ཚིག་ཁྱལ་པ་སྤངས་པའོ། །དེ་ལ་འཕགས་པའི་ཐ་སྙད་བརྒྱད་ནི་འདི་དག་ཡིན་ཏེ ་མཐོང་བ་ལ་མཐོང་ཞེས་སྨྲ་བ་དང། ཐོས་པ་དང། བྱེ་བྲག་ཕྱེད་པ་དང། རྣམ་པར་ཤེས་པ་ལ་རྣམ་པར་ཤེས་སོ་ཞེས་སྨྲ་བ་དང། མ་མཐོང་བ་ལ་མ་མཐོང་ཞེས་སྨྲ་བ་དང། ཐོས་པ་དང། བྱེ་བྲག་མ་ཕྱེད་པ་དང། རྣམ་པར་མ་ཤེས་པ་ལ་རྣམ་པར་མ་ཤེས་ཞེས ་སྨྲ་བའོ། །དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་འདི་དང་གཞན་དུ་བདེ་བར་འགྱུར་བའི་སྙེན་པར་སྨྲ་བ་གང་ཞེ་ན། དེ་ནི་རྣམ་པ་དགུར་བལྟ་བར་བྱ་སྟེ། ཉེ་དུ་ལས་གྱུར་པའི་སྡུག་བསྔལ་གྱི་མྱ་ངན་བསང་བའི་ཕྱིར་སྙན་པར་སྨྲ་བ་དང། ལོངས་སྤྱོད་ཀྱིས ་ཕོངས་པའི་སྡུག་བསྔལ་གྱི་མྱ་ངན་བསང་བ་དང། ནད་མེད་པས་ཕོངས་པའི་མྱ་ངན་བསང་བའི་ཕྱིར་སྙན་པར་སྨྲ་བ་དང། ཚུལ་ཁྲིམས་ཀྱིས་འཕོངས་པ་སྤང་བ་དང། ལྟ་བས་འཕོངས་པ་སྤང་བའི་ཕྱིར་སྙན་པར་སྨྲ་པ་དང། ཚུལ་ཁྲིམས་ཕུན་སུམ་ཚོགས ་པ་དང། ལྟ་བ་ཕུན་སུམ་ཚོགས་པ་དང། ཆོ་ག་ཕུན་སུམ་ཚོགས་པ་དང། འཚོ་བ་ཕུན་སུམ་ཚོགས་པ་ལ་སྙན་པར་སྨྲ་བ་གང་ཡིན་པ་སྟེ། དམ་པའི་ཆོས་སྟོན་པའོ། །དེ་ལ་བྱང་ཆུབ་སེམས་དཔའ་ཨི་རྣམ་པར་དག་པའི་སྙན་པར་སྨྲ་བ་གང་ཞེ་ན། དེ་ནི་རྣམ་པ་ཉི་ཤུར ་བལྟ་བར་བྱ་སྟེ། རྣམ་པ་ཉི་ཤུས་ཆོས་སྟོན་པ་གང་ཡིན་པའོ། །དེ་ཡང་འདི་ལྟ་སྟེ། སྟོབས་ཀྱི་རིགས་ཀྱི་ལེའུ་ལས་སྔར་བསྟན་པ་བཞིན་དུ་རིག་པར་བྱའོ། །དེ་ལ་དོན་སྤྱོད་པ་ནི་སྙན་པར་སྨྲ་བ་ཇི་ལྟ་བ་དེ་བཞིན་དུ་ཡང་རྒྱས་པར་རིག་པར་བྱའོ། །དེ་ལས་བྱེ་བྲག ་དུ་གྱུར་པའི་དོན་སྤྱོད་པ་གཞན་ཡང་བརྗོད་པར་བྱ་སྟེ། འདི་ལྟར་བྱང་ཆུབ་སེམས་དཔའ་ནི་རྣམ་པ་ཐམས་ཅད་ཀྱི་སྙན་པར་སྨྲ་བ་དེས་དེ་དང་ལྡན་ཞིང་དེ་དང་ལྡན་པའི་དོན་སེམས་ཅན་རྣམས་ལ་ཀུན་ཏུ་སྤྱོད་པའོ། །དེ་ལ་བྱང་ཆུབ་སེམས ་དཔའ་རྣམས་ཀྱི་དོན་སྤྱོད་པའི་ངོ་བོ་ཉིད་གང་ཞེ་ན། དེ་ལྟར་སྙན་པར་སྨྲ་བས་རིགས་པས་ཡང་དག་པར་བསྟན་པའི་སེམས་ཅན་རྣམས་ལ་སྙིང་རྗེའི་སེམས་ཉེ་བར་གཞག་ཏེ། ཟང་ཟིང་མེད་པའི་སེམས་ཀྱིས་བསླབ་པ་རྣམས་དང། དོན་སྤྱོད་པ་དང། ཆོས ་ཀྱི་རྗེས་སུ་མཐུན་པའི་ཆོས་སྒྲུབ་པའི་སྤྱོད་ཚུལ་ཅི་རིགས་པར་ཡང་དག་པར་འཛིན་དུ་འཇུག་པ་དང། འདུལ་བ་དང། འཛུད་པ་དང། འགོད་པ་འདི་ནི་དོན་སྤྱོད་པའི་ངོ་བོ་ཉིད་མདོར་བསྟན་པ་ཡིན་ནོ། །དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དོན་སྤྱོད་པ་ཐམས་ཅད ་གང་ཞེ་ན། ད་ནི་རྣམ་པ་གཉིས་སུ་བལྟ་བར་བྱ་སྟེ། སེམས་ཅན་ཡོངས་སུ་མ་སྨིན་པ་རྣམས་སྨིན་པར་བྱ་བ་དང། སེམས་ཅན་ཡོངས་སུ་སྨིན་པ་རྣམས་རྣམ་པར་དཀྲོལ་པའོ། །དེ་ཡང་སྒོ་གསུམ་དུ་རིག་པར་བྱ་སྟེ། ཆ་འདིའི་དོན་ཡང་དག་པར་འཛིན་དུ་གཞུག་པ་དང ་ཚེ་ཕྱི་མའི་དོན་ཡང་དག་པར་འཛིན་དུ་གཞུག་པ་དང། ཚེ་འདི་དང་ཚེ་ཕྱི་མའི་དོན་ཡང་དག་པར་འཛིན་དུ་གཞུག་པའོ། །དེ་ལ་ཆོས་མཐུན་པའི་ལས་ཀྱི་ཡོན་ཏན་དག་གིས་ལོངས་སྤྱོད་རྣམས་སྒྲུབ་པ་དང། བསྲུང་བ་དང། སྤེལ་བ་ཡང་དག་པར་འཛིན་དུ ་གཞུག་པས། ཚེ་འདིའི་དོན་ཡང་དག་པར་འཛིན་དུ་འཇུག་པ་ཡིན་པར་རིག་པར་བྱ་སྟེ། དེས་ན་དེ་གཞན་ལས་བསྔགས་པ་ཡང་ཐོབ་ལ། ཚེ་འདི་ལ་ཡང་ཡོ་བྱད་ཀྱི་བདེ་བས་ཕན་བཏགས་པས་བདེ་བར་གནས་པར་འགྱུར་རོ། །དེ་ལ་ལོངས་སྤྱོད་སྤངས་ནས ་སླེངས?་མོ་བའི་བྱེད་ཚུལ་འཆོ་བ་ལ་རག་ལས་པའི་བར་ཏུ་བྱུང་བ་ཡང་དག་པར་འཛིན་དུ་འཇུག་པ་ནི་ཚེ་ཕྱི་མིའི་དོན་ཡང་དག་པར་འཛིན་དུ་འཇུག་པ་ཡིན་པར་རིག་པར་བྱ་སྟེ། དེས་ན་དེ་ཚེ་ཕྱི་མ་ལ་གདོན་མི་ཟ་བར་བདེ་བར་འགྱུར་གྱི། ཚེ་འདི་ལ་ནི་ངེས་པ་མེད་དོ།། ་དེ་ལ་ཁྱིམ་པ་འམ་རབ་ཏུ་བྱུང་ཡང་རུང། རིམ་གྱིས་འདོད་ཆགས་དང་བྲལ་བར་འགྱུར་བ་ཡང་དག་པར་འཛིན་དུ་འཇུག་པ་གང་ཡིན་པ་འདི་ནི་ཚེ་འདི་དང་ཚེ་ཕྱི་མའི་དོན་ཡང་དག་པར་འཛིན་དུ་འཇུག་པ་ཡིན་པར་རིག་པར་བྱ་སྟེ། དེས་ན་དེ་ཚེ་འདི་ལ་ཡང་ལུས་ཤིན་ཏུ ་སྦྱངས་པ་དང། སེམས་ཤིན་ཏུ་སྦྱངས་པ་དང། བདེ་བ་ལ་རེག་པར་གནས་པར་འགྱུར་ལ། ཚེ་ཕྱི་མ་ལ་ཡང་རྣམ་པར་དག་པའི་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་བ་འམ། ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདས ་པར་འགྱུར་རོ། །དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དཀའ་བའི་དོན་སྤྱོད་པ་གང་ཞེ་ན། དེ་ནི་རྣམ་པ་གསུམ་དུ་ལྟ་བར་བྱ་སྟེ། སེམས་ཅན་སྔོན་དགེ་བའི་རྩ་བའི་རྒྱུ་མ་སྤྱད་པ་རྣམས་ལ་དོན་སྤྱོད་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དཀའ་བ་ཡིན་ཏེ། འདི་ལྟར་དེ ་དག་ནི་དགེ་བ་ཡང་དག་པར་འཛིན་དུ་གཞུག་པ་དཀའ་བའི་ཕྱིར་རོ། །སེམས་ཅན་ལོངས་སྤྱོད་ཕུན་སུམ་ཚོགས་པ་ཆེན་པོ་ལ་གནས་ཤིང་དེ་ལ་ལྷག་པར་ཞེན་པར་གྱུར་པ་རྣམས་ལ་དོན་སྤྱོད་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དཀའ་བ་ཡིན་ཏེ། འདི་ལྟར་དེ་དག ་ནི་བག་མེད་པའི་གཞི་དང། བག་མེད་པའི་གནས་ཆེན་པོ་ལ་གནས་པའི་ཕྱིར་རོ། །འདི་ལས་ཕྱི་རོལ་པ་མུ་སྟེགས་ཅན་རྣམས་དང། སྔོན་མུ་སྟེགས་ཅན་གྱི་ལྟ་བ་སྤྱོད་སྤྱོད་པའི་སེམས་ཅན་རྣམས་ལ་དོན་སྤྱོད་པ་ནི་བྱང་ཆུབ་སེམས་ཅན་རྣམས་ཀྱི་བཀའ་བ ་ཡིན་ཏེ། འདི་ལྟར་དེ་དག་ནི་བདག་ཉིད་ཀྱིས་བླུན་པ་དང། ཆོས་འདུལ་བ་འདི་ལ་སྡང་བའི་ཕྱིར་རོ། །དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐམས་ཅད་ཀྱི་སྒོ་ནས་དོན་སྤྱོད་པ་གང་ཞེ་ན། དེ་ནི་རྣམ་པ་བཞིན་བལྟ་བར་བྱ་སྟེ། འདི་ལ་བྱང་ཆུབ་སེམས་དཔའ་མ ་དད་པ་ནི་དད་པ་ཕུན་སུམ་ཚོགས་པ་ཡང་དག་པར་འཛིན་དུ་འཇུག་པར་བྱེད་པ་ནས། འགོད་པའི་བར་དུ་བྱེད་པ་དང། ཚུལ་ཁྲིམས་འཆལ་པ་ནི་ཚུལ་ཁྲིམས་ཕུན་སུམ་ཚོགས་པ་དང། ཤེས་རབ་འཆལ་པ་ནི་ཤེས་རབ་ཕུན་སུམ་ཚོགས་པ་དང། སེར་སྣ་ཅན ་ནི་གཏོང་བ་ཕུན་སུམ་ཚོགས་པ་ཡང་དག་པར་འཛིན་དུ་འཇུག་པར་བྱེད་པ་ནས་འགོད་པའི་བར་དུ་བྱེད་པའོ། །དེ་ལ་བྱང་ཆུབ་སེམས་དཔའ་ཨི་སྐྱེས་བུ་དམ་པའི་དོན་སྤྱོད་པ་གང་ཞེ་ན། དེ་ནི་རྣམ་པ་ལྔར་བལྟ་བར་བྱ་སྟེ། འདི་ལ་བྱང་ཆུབ་སེམས་དཔའ་ ་སེམས་ཅན་རྣམས་ཡང་དག་པའི་དོན་ཡང་དག་པར་འཛིན་དུ་འཇུག་པ་དང། དུས་སུ་ཡང་དག་པར་འཛིན་དུ་འཇུག་པ་དང། དོན་དང་ལྡན་པའི་དོན་ཡང་དག་པར་འཛིན་དུ་འཇུག་པ་དང། འཇམ་པས་ཡང་དག་པར་འཛིན་དུ་འཇུག་པ་དང། བྱམས་པའི་སེམས་ཀྱིས ་ཡང་དག་པར་འཛིན་དུ་འཇུག་པའོ། །དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྣམ་པ་ཐམས་ཅད་ཀྱི་དོན་སྤྱོད་པ་གང་ཞེ་ན། དེ་ནི་རྣམ་པ་དྲུག་དང་རྣམ་པ་བདུན་ཏེ། གཅིག་ཏུ་བསྡུས་ན་རྣམ་པ་བཅུ་གསུམ་དུ་བལྟ་བར་བྱ་སྟེ། འདི་ལ་བྱང་ཆུབ་སེམས་དཔའ་སེམས་ཅན ་བསྡུ་བར་བྱ་བ་རྣམས་ལེགས་པར་སྡུད་པ་དང། སེམས་ཅན་ཚར་བཅད་པར་བྱ་བ་རྣམས་ཡང་དག་པར་ཚར་གཅོད་པ་དང། སེམས་ཅན་བསྟན་པ་དང་ཞེ་འདྲས་པ་རྣམས་ཀྱི་ཞེ་འདྲས་པ་སེལ་བར་བྱེད་པ་དང། སེམས་ཅན་ཐ་མལ་བར་གནས་པ་རྣམས་བསྟན་པ་འདི ་ལ་འཇུག་པར་བྱེད་པ་དང། སེམས་ཅན་ཞུགས་པ་རྣམས་ཐེག་པ་གསུམ་པོ་དག་ལ་ལེགས་པར་ཡོངས་སུ་སྨིན་པར་བྱེད་པ་དང། སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་རྣམས་རྣམ་པར་གྲོལ་བར་བྱེད་པ་རྣམས་དང། དེ་དག་ཁ་ཅིག་འདི་ལྟ་སྟེ། ཐེག་པ ་དམན་པས་ངེས་པར་འབྱུང་བ་ལས་བརྩམས་པ་དང། ཐེག་པ་ཆེན་པོས་ངེས་པར་འབྱུང་བ་ལས་བརྩམས་ཏེ། ཚོགས་བསྲུང་བ་དང། བསག་པ་ལ་ཡང་དག་པར་འཛུད་པ་དང། ཚོགས་བསྲུང་ཞིང་བསགས་པ་ཇི་ལྟ་བ་དེ་བཞིན་དུ་རབ་ཏུ་དབེན་པ་ཉིད་དང། ་སེམས་རྩེ་གཅིག་ཏུ་བྱ་བ་དང། སྒྲིབ་པ་རྣམ་པར་དག་པར་བྱ་བ་དང། ཡིད་ལ་བྱེད་པ་སྙོམས་པ་ལ་ཡང་དག་པར་འཛུད་པ་དང། ཉན་ཐོས་དང། རང་སངས་རྒྱས་ཀྱི་རིགས་ཅན་རྣམས་ཉན་ཐོས་དང། རང་སངས་རྒྱས་ཀྱི་ཐེག་པ་ལ་ཡང་དག་པར་འཛུད་པ ་དང། དེ་བཞིན་གཤེགས་པའི་རིགས་ཅན་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་སེམས་ཐེག་པ་ལ་འཛུད་པའོ། །དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཕོངས་ཤིང་འདོད་པའི་དོན་སྤྱོད་པ་གང་ཞེ་ན། དེ་ནི་རྣམ་པ་བརྒྱད་དུ་བལྟ་བར་བྱ་སྟེ་སེམས་ཅན ་ངོ་ཚ་བར་བྱ་བའི་གནས་རྣམས་ངོ་ཚ་བ་མེད་པའི་ཀུན་ནས་དཀྲིས་པ་ཀུན་ནས་དཀྲིས་པ་རྣམས་ཀྱི་ངོ་ཚ་མེད་པའི་ཀུན་ནས་དཀྲིས་པ་སེལ་བར་བྱེད། སྤོང་བར་བྱེད་པ་དང། ངོ་ཚ་མེད་མེད་པའི་ཀུན་ནས་དཀྲིས་པ་ཇི་ལྟ་བ་བཞིན་དུ་ཁྲེལ་ཡོད་པར་བྱ་བ་རྣམས་ལ ་ཁྲེལ་མེད་པའི་ཀུན་ནས་དཀྲིས་པ་དང། རྨུགས་པའི་ཀུན་ནས་དཀྲིས་པ་དང། གཉིད་ཀྱིས་ཀུན་ནས་དཀྲིས་པ་དང། རྒོད་པའི་ཀུན་ནས་དཀྲིས་པ་དང། འགྱོད་པའི་ཀུན་ནས་དཀྲིས་པ་དང། ཕྲག་དོག་གི་ཀུན་ནས་དཀྲིས་པ་དང། སེར་སྣས་ཀུན་ནས་དཀྲིས་པ ་སེལ་བར་བྱེད། སྤོང་བར་བྱེད་པའོ། །དེ་ལ་བྱང་ཆུབ་སེམས་དཔའ་ཨི་འདི་དང་གཞན་དུ་བདེ་བར་འགྱུར་བའི་དོན་སྤྱོད་པ་གང་ཞེ་ན། དེ་ནི་རྣམ་པ་དགུར་བལྟ་བར་བྱ་སྟེ། སེམས་ཅན་གཞན་དག་གི་ལུས་ཀྱི་ལས་ཡོངས་སུ་དག་པར་བྱ་བ་ལས་བརྩམས་ཏེ། སྲོག ་གཅོད་པའི་རྣམ་པ་ཐམས་ཅད་སྤངས་པ་ཡང་དག་པར་འཛིན་དུ་འཇུག་པ་དང། མ་བྱིན་པར་ལེན་པའི་རྣམ་པ་ཐམས་ཅད་སྤང་བ་ཡང་དག་པར་འཛིན་དུ་འཇུག་པ་དང། འདོད་པ་ལ་ལོག་པར་གཡེམ་པའི་རྣམ་པ་ཐམས་ཅད་སྤང་བ་ཡང་དག་པར ་འཛིན་དུ་འཇུག་པ་དང། འབྲུའི་ཆང་དང། བཅོས་པའི་ཆང་མྱོས་པར་འགྱུར་བ་བག་མེད་པའི་གནས་རྣམ་པ་ཐམས་ཅད་སྤང་པ་ཡང་དག་པར་འཛིན་དུ་འཇུག་པ་དང། ངག་གི་ལས་ཡོངས་སུ་དག་པར་བྱ་བ་ལས་བརྩམས་ཏེ། བརྫུན་ཏུ་སྨྲ་བའི་རྣམ་པ་ཐམས་ཅད ་སྤངས་པ་ཡང་དག་པར་འཛིན་དུ་འཇུག་པ་དང། ཕྲ་མའི་རྣམ་པ་ཐམས་ཅད་སྤང་བ་ཡང་དག་པར་འཛིན་དུ་འཇུག་པ་དང། ཚིག་རྩུབ་པའི་རྣམ་པ་ཐམས་ཅད་སྤང་པ་ཡང་དག་པར་འཛིན་དུ་འཇུག་པ་དང། ཚིག་བཀྱལ་པའི་རྣམ་པ་ཐམས་ཅད་སྤང་པ ་ཡང་དག་པར་འཛིན་དུ་འཇུག་པ་དང། ཡིད་ཀྱི་ལས་ཡོངས་སུ་དག་པ་ལས་བརྩམས་ཏེ། བརྣབ་སེམས་དང། གནོད་སེམས་དང། ལོག་པར་ལྟ་བའི་རྣམ་པ་ཐམས་ཅད་སྤང་པ་ཡང་དག་པར་འཛིན་དུ་འཇུག་པའོ། །དེ་ལ་བྱང་ཆུབ ་སེམས་དཔའ་ཨི་རྣམ་པར་དག་པའི་དོན་སྤྱོད་པ་གང་ཞེ་ན། དེ་ནི་རྣམ་པར་བཅུར་བལྟ་བར་བྱ་སྟེ། ཕྱི་རོལ་དག་པ་ལས་བརྟེན་ཏེ་རྣམ་པ་ལྔ་དང། ནང་དག་པ་ལས་བརྟེན་ཏེ་རྣམ་པ་ལྔའོ། །དེ་ལ་ཕྱི་རོལ་དག་པ་ལས་བརྟེན་ཏེ། བྱང་ཆུབ་སེམས་དཔའ་ ་རྣམས་ཀྱི་སེམས་ཅན་རྣམས་ལ་དོན་སྤྱོད་པ་རྣམ་པ་ལྔ་གང་ཞེ་ན། ཁ་ན་མ་ཐོ་བ་མེད་པ་དང། ཕྱིར་མི་ལྡོག་པ་དང། རིམས་སུ་འབབ་པ་དང། ཀུན་ཏུ་འགྲོ་བ་དང། མཐུན་མཐུན་དུ་སྦྱོར་བ་སྟེ། འདི་ལ་བྱང་ཆུབ་སེམས་དཔའ་ཉེས་པར་སྤྱོད་པ་དང། ་འདྲེས་ཤིང་ཉེས་པར་སྤྱོད་པ་སྔོན་དུ་འགྲོ་བ་ཁོ་ན་མ་ཐོ་བ་དང་བཅས་ཤིང། ཀུན་ནས་ཉོན་མོངས་པ་ཅན་གྱི་མི་དགེ་བ་ལ་སེམས་ཅན་རྣམས་འཛུད་པར་མི་བྱེད་དེ། འདི་ནི་དེའི་སེམས་ཅན་རྣམས་ལ་དོན་སྤྱོད་པ་ཁ་ན་མ་ཐོ་བ་མེད་པ་ཡིན་ནོ། ། ་ཡང་བྱང་ཆུབ་སེམས་དཔའ་ནི་ཐར་པ་མ་ཡིན་པ་དང། གཅིག་ཏུ་ངེས་པ་རྣམ་པར་དག་པ་མ་ཡིན་པའི་གནས་ལ་འདི་ནི་ཐར་པའོ། །འདི་ནི་གཅིག་ཏུ་ངེས་པ་རྣམ་པར་དག་པའོ། །ཞེས་སེམས་ཅན་རྣམས་དེ་ཉིད་ཡང་དག་པར་འཛིན་དུ་འཇུག ་པར་མི་བྱེད་དོ་འདི་ནི་དེའི་སེམས་ཅན་རྣམས་ལ་དོན་སྤྱོད་པ་ཕྱིར་མི་ལྡོག་པ་ཡིན་ནོ། །ཡང་བྱང་ཆུབ་སེམས་དཔའ་ནི་རིམ་གྱིས་དགེ་བའི་ཕྱོགས་ཡང་དག་པར་འགྲུབ་པར་བྱ་བའི་ཕྱིར། སེམས་ཅན་བྱིས་པའི་ཤེས་རབ་ཅན་རྣམས་ལ་ཐོག་མར ་སླ་བའི་ཆོས་སྟོན་པར་བྱེད་ཅིང་སླ་པའི་གདམས་ངག་དང། རྗེས་སུ་བསྟན་པ་རྗེས་སུ་འཇུག་པར་བྱེད་དོ། །དེ་དག་ཤེས་རབ་འབྲིང་དང་ལྡན་པར་གྱུར་པར་རྟོགས་ནས། ཆོས་བསྟན་པ་འབྲིང་དང། གདམས་ངག་དང། རྗེས་སུ་བསྟན་པ་འབྲིང་དང་རྗེས་སུ ་འཇུག་པར་བྱེད་དོ། །དེ་དག་ཤེས་རབ་རྒྱ་ཆེན་པོ་དང་ལྡན་པར་གྱུར་པར་རྟོགས་ནས་ཆོས་ཟབ་མོ་སྟོན་ཅིང། གདམས་ངག་དང་རྗེས་སུ་བསྟན་པ་ཕྲ་བ་རྗེས་སུ་འཇུག་པར་བྱེད་དོ། །འདི་ནི་དེའི་སེམས་ཅན་རྣམས་ལ་དོན་སྤྱོད་པ་རིམ་སུ་འབབ་པ་ཡིན་ནོ། །ཡང ་བྱང་ཆུབ་སེམས་དཔའ་ནི་རིགས་བཞི་དང། ལྷ་དང་ནི་རྣམས་དང། སེམས་ཅན་ཐམས་ཅད་ཀྱི་དོན་ཅི་ནུས་ཅི་ལྕོགས་ཀྱིས་སྤྱོད་ཅིང། ཕན་པ་དང། བདེ་བ་ཡོངས་སུ་ཚོལ་པ་དང། དེ་ཉིད་ལ་ཡང་དག་པར་འཛུད་པར་བྱེད་དེ། འདི་ནི་དེའི་སེམས་ཅན་རྣམས ་ལ་དོན་སྤྱོད་པ་ཀུན་ཏུ་འགྲོ་བ་ཡིན་ནོ། །ཡང་བྱང་ཆུབ་སེམས་དཔའ་ནི་སེམས་ཅན་གང་དག་རང་གི་དོན་དགེ་བ་ཆུང་ངུ་འམ། འབྲིང་འམ། ཆེན་པོ་གང་ལ་ཡང་དག་པར་གཟུང་པར་ནུས་པ་དང། ཐབས་གང་གིས་ཡང་དག་པར་གཟུང་བར་ནུས་པ་དེ་ལ ་དེ་དག་མཐུན་མཐུན་དུ་དར་ཡང་དག་པར་འཛུད་པར་བྱེད་དེ་དེ་ནི་རེ་ཞིག་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེམས་ཅན་རྣམས་ཀྱི་དོན་སྤྱོད་པའི་ཕྱི་རོལ་དག་པ་རྣམ་པ་ལྔ་ཡིན་ནོ། །དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དོན་སྤྱོད་པ་ནང་དག་པ་རྣམ་པ་ལྔ་གང་ཞེ་ན། ་འདི་ལ་བྱང་ཆུབ་སེམས་དཔའ་ནི་སྙིང་རྗེའི་བསམ་པ་རྒྱ་ཆེན་པོས་ཉེ་བར་གནས་པས་སེམས་ཅན་རྣམས་དོན་ཀུན་ཏུ་སྤྱོད་དོ། །ཡང་བྱང་ཆུབ་སེམས་དཔའ་ནི་སེམས་ཅན་རྣམས་ཀྱི་དོན་ལ་སྡུག་བསྔལ་ཐམས་ཅད་ཀྱིས་དལ་བར་གྱུར་ཀྱང་ཡིད་ཡོངས་སུ ་མི་སྐྱོ་ཞིང་རབ་ཏུ་དགའ་བ་ཁོ་ནས་སེམས་ཅན་རྣམས་ཀྱི་དོན་ཀུན་ཏུ་སྤྱོད་དོ། །ཡང་བྱང་ཆུབ་སེམས་དཔའ་ནི་ཕུན་སུམ་ཚོགས་པ་མཆོག་དམ་པ་ལ་གནས་ཀྱང་བྲན་དང་འདྲ་བ་དང། མངག་གཞུག་པ་དང་འདྲ་བ་དང། དབང་བ་དང་འདྲ་བ་དང། ་བུ་དང་འདྲ་བ་དང། གདོལ་བའི་བུ་དང་འདྲ་བར་རྒྱགས་པ་དང། ཁེངས་པ་དང། ང་རྒྱལ་བཅོམ་ནས་དམའ་བའ་ཨི་སེམས་ཀྱིས་སེམས་ཅན་རྣམས་ལ་དོན་ཀུན་ཏུ་སྤྱོད་དོ། །ཡང་བྱང་ཆུབ་སེམས་དཔའ་ནི་ཟང་ཟིང་མེད་པ་དང། བཅོས་མ་མ་ཡིན་པ་དང། ་མཆོག་ཏུ་བྱམས་པས་སེམས་ཅན་རྣམས་ཀྱི་དོན་ཀུན་ཏུ་སྤྱོད་དོ། །ཡང་བྱང་ཆུབ་སེམས་དཔའ་ནི་གཏན་དུ་ཕྱིར་མི་ལྡོག་པའི་བྱམས་པའི་སེམས་ཀྱིས་སེམས་ཅན་རྣམས་ཀྱི་དོན་ཀུན་ཏུ་སྤྱོད་དེ། འདི་ནི་བྱང་ཆུབ་སེམས་དཔའ་ཨི་སེམས ་ཅན་རྣམས་ཀྱི་དོན་སྤྱོད་པ་ནང་དག་པ་རྣམ་པ་ལྔ་ཡིན་པར་རིག་པར་བྱ་སྟེ། ཕྱི་རོལ་དག་པ་རྣམ་པ་ལྔ་པོ་གང་ཡིན་པ་དང། ནད་དག་པ་རྣམ་པ་ལྔ་པོ་གང་ཡིན་པ་དེ་དག་ཐམས་ཅད་གཅིག་ཏུ་བསྡུས་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྣམ་པར་ ་དག་པའི་དོན་སྤྱོད་པ་བཅུ་ཞེས་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའ་ཨི་དོན་མཐུན་པ་གང་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་དོན་གང་དང། དགེ་བའི་རྩ་བ་གང་ལ་གཞན་དག་ཡང་དག་པར་འཛུད་པའི་དོན་དེ་དང། དགེ་བའི་རྩ་བ་དེ་ལ་མཚུངས་པ ་འམ། ལྷག་པར་བདག་ཉིད་ཡང་དག་པར་སྟོན་ཏེ། དེ་ལྟར་བྱང་ཆུབ་སེམས་དཔའ་ཨི་གཞན་དག་དང་དོན་མཚུངས་པ་གང་ཡིན་པ་འདི་དོན་དང་མཐུན་པ་ཞེས་བྱའོ། །བྱང་ཆུབ་སེམས་དཔའ་ཨི་དོན་མཐུན་པ་དེ་འདུལ་བ་གཞན་དག་གིས་མཐོང་ན། དགེ ་བ་ཡང་དག་པར་བླངས་པ་དེ་ལ་བརྟན་ཅིང་ངེས་ཏེ། ཕྱིར་མི་ལྡོག་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། དེ་དག་འདི་སྙམ་དུ་སེམས་པར་འགྱུར་ཏེ། བདག་གི་ཕྱིར་བྱང་ཆུབ་སེམས་དཔའ་འདིས་གང་ཁོ་ན་ལ་བདག་ཅག་ཡང་དག་པར་བཙུད་པ་དེ་ཉིད ་ལ། བདག་ཉིད་ཀྱིས་ཀྱང་ཀུན་ཏུ་སྤྱོད་པར་བྱེད་པ་ལས་ན། བྱང་ཆུབ་སེམས་དཔའ་འདིས་བདག་ཅིག་གང་ལ་ཡང་དག་པར་བཙུད་པ་འདི་ནི་བདག་ཅག་ལ་ཕན་པ་དང། འདི་ནི་བདེ་བ་ཡིན་པར་གོར་མ་ཆག་སྟེ། འདི་ནི་ཤེས་བཞིན་དུ་ཕན་པ་མ ་ཡིན་པ་དང། བདེ་བ་མ་ཡིན་པ་ལ་བདག་ཉིད་ཀུན་ཏུ་སྤྱོད་པར་བྱེད་པ་ནི་མི་སྲིད་དོ་སྙམ་དུ་སེམས་པའི་ཕྱིར་རོ། །དོན་མཐུན་པའི་བྱང་ཆུབ་སེམས་དཔའ་དེ་ལ་ནི་ཕ་རོལ་སྨྲ་བ་དེ་དག་ཀྱང་འདི་སྐད་དུ་ཁྱེད་བདག་ཉིད་ཀྱང་དགེ་བ་ཡང་དག་པར་བླངས་ཏེ། ་མི་འདུག་ན་ཅིའི་ཕྱིར་ཁྱོད་གཞན་དགེ་བ་ལ་ཤིན་ཏུ་ཡང་དག་པར་གཟུང་བར་བྱ་བ་དང། བསྟན་པར་བྱ་བ་དང། གདམས་པར་བྱ་བར་སེམས། ཁྱོད་ཉིད་ཀྱང་རེ་ཞིག་གཞན་དག་གི་བསྟན་ཅིང་གདམས་པ་དང་བཅོས་དགོས་སོ་ཞེས་མི་ཟེར་རོ། །བྱང་ཆུབ ་སེམས་དཔའ་ནི་གཞན་དག་དང་དོན་མཐུན་པ་ཁོ་ན་ཡིན་ལ། དོན་མཐུན་པ་དེ་གཞན་དག་ལ་སྟོན་པར་མི་བྱེད་པ་ཡང་ཡོད་དོ། །དོན་མཐུན་པ་ཁོ་ན་ནི་མ་ཡིན་ལ། དོན་མཐུན་པ་སྟོན་པ་ཡང་ཡོད་དོ། །དོན་མཐུན་པ་ཁོ་ན་ཡིན་ལ། དོན་མཐུན་པ་སྟོན་པ་ཡང་ཡོད་དོ།། ་དོན་མཐུན་པ་ཡང་མ་ཡིན་ལ། དོན་མཐུན་པར་སྟོན་པར་མི་བྱེད་པ་ཡང་ཡོད་དོ། །དེ་ལ་མུ་དང་པོ་ནི་བྱང་ཆུབ་སེམས་དཔའ་ཡོན་ཏན་དང་མཐུ་མཉམ་ཞིང། བྱང་ཆུབ་སེམས་དཔའ་ཨི་ལམ་ལ་སློབ་དཔོན་དུ་ཁས་བླངས་པ་རྣམས་ལ། བྱང་ཆུབ་སེམས་དཔའ་ཡོན་ཏན ་དང་མཐུ་མཉམ་པས། དགེ་བ་མི་སྦྱོམས་པས་ཡོན་ཏན་དང་མཐུ་སྟོན་པར་མི་བྱེད་པའོ། །མུ་གཉིས་པ་ནི་སེམས་ཅན་དམན་པ་མོས་ཤིང། ཟབ་མོའི་གནས་དག་ལ་སྐྲག་པ་རྣམས། བྱང་ཆུབ་སེམས་དཔའ་སོ་སོར་བརྟགས་ནས་སེམས་ཅན་དེ་དག ་ལ་ཐབས་དེས་འདུལ་བའི་ཕྱིར་བདག་ཉིད་ཆོས་མཐུན་པར་སྟོན་པར་བྱེད་དེ། རིགས་ངན་ཡན་ཆད་དང། ཁྱི་ཡན་ཆད་ཀྱི་དོན་བྱ་བར་འདོད། གནོད་པ་ཡང་དག་པར་ཞི་བར་བྱ་བར་འདོད་པ། གདུལ་བར་བྱ་བ་ལ་འོད་དེ། རིགས་ངན་ཡན་ཆད་དང། ཁྱི་ཡན་ཆད ་དག་དང། སྐལ་པ་མཉམ་པར་བསམས་བཞིན་དུ་སྐྱེ་བར་བྱེད་པའོ། །མུ་གསུམ་པ་ནི་འདུལ་བ་དགེ་བའི་རྩ་བ་ཡང་དག་པར་བླངས་པར་གྱུར་པ་རྣམས་བསྟན་པར་བྱ་བའི་ཕྱིར་བྱང་ཆུབ་སེམས་དཔའ་དོན་མཐུན་པ་འམ། དོན་ལྷག་པས་དོན་མཐུན་པ་སྟོན ་པའོ། །མུ་བཞི་པ་ནི་བདག་ཉིད་ཀྱང་བག་མེད་ལ་གཞན་གྱི་དོན་ཡང་ཡལ་བར་འདོར་བའོ། །དེ་ལ་སྦྱིན་པ་རྣམས་པ་དུ་མར་བསྟན་པ་གང་ཡིན་པ་དང། ཚུལ་ཁྲིམས་གང་ཡིན་པ་ནས་དོན་མཐུན་པ་གང་ཡིན་པའི་བར་དུ་རྒྱ་ཆེར་བསྟན་པ་དེ་ལ་ཕ་རོལ ་ཏུ་བྱིན་པ་རྣམས་ཀྱིས་ནི་བདག་གི་སངས་རྒྱས་ཀྱི་ཆོས་ཡོངས་སུ་སྨིན་པར་བྱེད་དོ། །བསྡུ་བའི་དངོས་པོ་རྣམས་ཀྱིས་ནི་སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱེད་དེ། མདོར་བསྡུ་ན་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དགེ་བའི་ཆོས ་རྣམས་ཀྱི་ལས་ནི་དེ་ཡིན་པར་བྱའོ། །དེ་ལ་སྦྱིན་པ་རྣམ་པ་དུ་མ་གང་ཡིན་པ་ནས། སྔ་མ་བཞིན་དུ་དོན་མཐུན་པའི་བར་གྱི་དགེ་བའི་ཆོས་བྱང་ཆུབ་ཀྱི་ཕྱོགས་རྣམ་པ་དུ་མ་དཔག་ཏུ་མེད་པ་དེ་དག་ནི་རྒྱུ་གསུམ་གྱིས་ཀུན་ཏུ་སྤྱོད་པར་རིག་པར་བྱའོ། །རྒྱུ ་གཉིས་ཀྱིས་ཕུལ་དུ་བྱུང་བར་རིག་པར་བྱའོ། །རྒྱུ་གསུམ་གྱིས་ནི་རྣམ་པར་དག་པར་རིག་པར་བྱ་སྟེ། ལུས་དང་ངག་དང་ཡིད་ཀྱིས་ནི་ཀུན་ཏུ་སྤྱོད་པར་རིག་པར་བྱའོ། །རྒྱ་ཆེ་བའི་ཕྱིར་དང། ཀུན་ནས་ཉོན་མོངས་པ་ཅན་མ་ཡིན་པའི་ཕྱིར་ཕུལ་དུ་བྱུང་བ ་དང། བླ་ན་མེད་པ་དང། ཐུན་མོངས་མ་ཡིན་པར་རིག་པར་བྱའོ། །དེ་ལ་སེམས་ཅན་ལ་དབྱེ་བ་མེད་པ་དང། དངོས་པོ་ལ་དབྱེ་བ་མེད་པ་དང། དུས་ལ་དབྱེ་བ་མེད་པས་ནི་རྒྱ་ཆེར་རིག་པར་བྱའོ། །དེ་ལ་སེམས་ཅན་ལ་དབྱེ་བ་མེད་པ་ནི། བྱང་ཆུབ ་སེམས་དཔའ་སེམས་ཅན་ཐམས་ཅད་ལས་བརྟེན་ཅིང། སེམས་ཅན་ཐམས་ཅད་ལས་བརྩམས་ནས་སྦྱིན་པ་ལ་སོགས་པ་དགེ་བའི་རྩ་བ་དེ་དག་ཀུན་ཏུ་སྤྱོད་པར་བྱེད་ཀྱིས། བདག་ཁོ་ན་འབའ་ཞིག་གི་ཕྱིར་མ་ཡིན་པ་གང་ཡིན་པའོ།། ་དེ་ལ་དངོས་པོ་ལ་དབྱེ་བ་མེད་པ་ནི། བྱང་ཆུབ་སེམས་དཔའ་སྦྱིན་པ་ལ་སོགས་པ་དགེ་བའི་རྩ་བ་དེ་དག་ཐམས་ཅད་དང། རྣམ་པ་ཐམས་ཅད་ཡང་དག་པར་བླངས་ཏེ་འདུག་པ་གང་ཡིན་པའོ། །དེ་ལ་དུས་ལ་དབྱེ་བ་མེད་པ་ནི། བྱང་ཆུབ་སེམས ་དཔའ་ཚེ་འདི་ལ་མཚན་མོ་འམ། ཉིན་མོ་རྟག་ཏུ་རྒྱུན་མི་འཆད་པར་སྦྱོར་བ་མི་གཏོང་ཞིང་བརྩོན་པ་མི་འདོད་བ་དང། རྒྱུ་དེ་ཉིད་ཀྱིས་ཚེ་ཕྱི་མ་ལ་ཡང་སྦྱིན་པ་ལ་སོགས་པ་དགེ་བའི་རྩ་བ་དེ་དག་ཀུན་ཏུ་སྤྱོད་པར་བྱེད་པ་གང་ཡིན་པའོ། །དེ་ལ་ཀུན ་ནས་ཉོན་མོངས་པ་ཅན་མ་ཡིན་པ་ནི་རྣམ་པ་བཞིར་རིག་པར་བྱ་སྟེ། འདི་ལ་བྱང་ཆུབ་སེམས་དཔའ་ནི་སེམས་དགའ་བ་དང། སྡུག་བསྔལ་བ་མེད་པ་དང། ཡིད་མི་བདེ་བ་མེད་པས་དགེ་བའི་ཆོས་དེ་དག་ལ་བརྟེན་པར་བྱེད་དེ། གཞི་དེས་འགྱོད་པར་ཡང་དག་གི ་བྱེད་དོ། །ཡང་བྱང་ཆུབ་སེམས་དཔའ་ནི་གཞན་ལ་གནོད་པ་མེད་པ་དང། ལྟ་བ་གྱུར་པ་ལ་མངོན་པར་ཞེན་པ་མེད་པར་སྦྱིན་པར་ལ་སོགས་པ་དགེ་བའི་རྩ་བ་ཉེས་པར་སྤྱོད་པ་དང་མ་འདྲེས་པ་དེ་དག་ཀུན་ཏུ་སྤྱོད་དོ། །ཡང་བྱང་ཆུབ་སེམས་དཔའ་ནི་གུས་པ་དང ་སྙིང་ཐག་པ་ནས་དེ་དག་ཉིད་ལ་ཡོན་ཏན་དུ་ལྟ་ཤིང་སྙིང་པོར་ལྟ་ལ་ཞི་བར་ལྟ་སྟེ། ཤིན་ཏུ་ངེས་པ་དང། གཞན་གྱི་དྲིང་མི་འཇོག་ཅིང། གཞན་གྱིས་མི་བཀྲི་བར་སྦྱིན་པ་ལ་སོགས་པ་དགེ་བའི་ཆོས་དེ་དག་ཡང་དག་པར་བླངས་ཏེ་གནས་སོ། །ཡང་བྱང ་ཆུབ་སེམས་དཔའ་ནི་སྦྱིན་པ་ལ་སོགས་པ་དགེ་བའི་ཆོས་དེ་དག་གི་རྣམ་པར་སྨིན་པ་འཁོར་ལོས་སྒྱུར་བ་ཉིད་དང། བརྒྱ་བྱིན་ཉིད་དང། བདུད་ཉིད་དམ། ཚངས་པ་ཉིད་དུ་རེ་བ་མེད་དོ། །གཞན་ལས་ལན་དུ་ཕན་འདོགས་པ་ལ་ཡང་རེ་བ་མེད་དེ། ཁེ་དང་རྙེད ་བ་དང། བཀུར་སྟི་དང། ཚིགས་སུ་བཅད་པ་ཐམས་ཅད་བ་ཐམས་ཅད་ལ་རྟེན་པར་མི་བྱེད་དོ། །ཐ་ན་ལུས་དང་སྲོག་ལ་ཡང་རྟེན་པར་མི་བྱེད་དོ། །དེ་ལྟར་རྣམ་པ་དེ་དག་གིས་དང་བ་དང། མཆོག་ཏུ་དགའ་བ་དང་ལྡན་པ་དང། མི་མཐུན་པ་མེད་པ་དང། གུས་པ་དང། ་མི་རྟེན་པར་སྦྱིན་པ་ལ་སོགས་པ་ནས། དོན་མཐུན་པ་ལ་ཐུག་པའི་དགེ་པའི་ཆོས་རྣམས་ཀུན་ཏུ་སྤྱོད་པ་གང་ཡིན་པ་དེ་ནི། ཀུན་ནས་ཉོན་མོངས་པ་ཅན་མ་ཡིན་པ་ཞེས་བྱའོ། །རྣམ་པར་དག་པ་ནི་སྦྱངས་པ་དང། མི་གཡོ་བ་དང། ཤིན་ཏུ་རྣམ་པར་དག ་པར་རིག་པར་བྱའོ། །དེ་ལ་བསམ་པ་དག་པའི་ས་ལ་ཞུགས་པའི་བྱང་ཆུབ་སེམས་དཔའ་ཨི་དགེ་བའི་རྩ་བ་དེ་དག་ནི་སྦྱངས་པ་དང། མི་གཡོ་པ་ཡིན་ནོ། །དེ་ལ་སྦྱངས་པ་ནི་འདི་ཡིན་ཏེ། འདི་ལྟར་བསམ་པ་དག་པའི་བྱང་ཆུབ་སེམས་དཔའ་ཨི་དགེ་བའི་དགེ་ཆོས ་དེ་དག་ཐམས་ཅད་ནི་སོ་སོར་མ་བརྟག་པར་བྱེད་པ་ཡིན་ནོ། །དེ་ལ་མི་གཡོ་བ་ནི་འདི་ཡིན་ཏེ། འདི་ལྟར་བསམ་པ་དག་པའི་བྱང་ཆུབ་སེམས་དཔའ་ནི་དགེ་བའི་ཆོས་ཇི་ལྟར་ཐོབ་པ་རྣམས་དང། ཇི་ལྟར་བསམས་པ་དེ་དག་ལས་ཡོངས་སུ་ཉམས ་པར་མི་འགྱུར་ཞིང། ཕྱིས་ཀྱང་ཡོངས་སུ་ཉམས་པའི་སྐལ་པ་ཅན་དུ་མི་འགྱུར་ཏེ། མཚན་མོ་དང་ཉིན་མོ་དེ་དང་དེ་དག་འདས་པ་དང། ལུས་དེ་དང་དེ་དག་འདས?་པ་ན་ཟླ་བ་ཡང་གྱི་དོར་གྱུར་པ་བཞིན་དུ་དགེ་པའི་ཆོས་རྣམས་ཀྱིས་འཕེལ་བ་དང་ཁོ་ནར ་འགྱུར་ཏེ། དེ་དག་གིས་ཡོངས་སུ་འགྲིབ་པར་མི་འགྱུར་རོ། །བྱང་ཆུབ་སེམས་དཔའ་མཐར་ཐུག་པར་འགྲོ་བའི་ས་ལ་གནས་པ་དང། བྱང་ཆུབ་སེམས་དཔའ་སྐྱེ་བ་གཅིག་གིས་ཐོགས་པ་དང། སྲིད་པ་ཐ་མ་པའི་དགེ་བའི་ཆོས་དེ་དག་ནི་ཤིན་ཏུ་རྣམ ་པར་དག་པར་རིག་པར་བྱ་སྟེ། བྱང་ཆུབ་སེམས་དཔའ་ཨི་ས་ལ་དེ་དག་ལས་ཆེར་ཡོངས་སུ་དག་པ་གོང་ན་མེད་དོ། །དེ་ལྟར་ན་སྦྱིན་པ་ལ་སོགས་པ་ནས་དོན་མཐུན་པ་ལ་ཐུག་པའི་དགེ་བའི་ཆོས་དེ་དག་རྒྱུ་གསུམ་པོས་ཀུན་ཏུ་སྤྱོད་པ་དང། རྒྱུ་གཉིས་ཀྱི་ཕུལ ་དུ་བྱུང་བ་དང། རྒྱུ་གསུམ་གྱིས་ཤིན་ཏུ་རྣམ་པར་དག་པར་རིག་པར་བྱའོ། །དེ་ལ་སྦྱིན་པ་ཐམས་ཅད་དང། ཚུལ་ཁྲིམས་ཐམས་ཅད་ནས་རྒྱས་པར་དོན་མཐུན་པ་ཐམས་ཅད་ཀྱི་བར་དག་ཏུ་བསྟེན་ཅིང་ཤིན་ཏུ་རྣམ་པར་དག་པར་བྱས་ཏེ། མཛའ་ ་དག་ཀུན་ཏུ་རྟོགས་པར་བྱས་པ་ལས་ནི་འབྲས་བུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དང། རྡོ་རྗེ་སྙིང་པོའི་སྐུ་དང། དམ་པའི་ཆོས་ཡུན་རིང་དུ་གནས་པ་མངོན་པར་འགྲུབ་པོ། །དེ་ལ་དཀའ་བའི་སྦྱིན་པ་དང། དཀའ་བའི་ཚུལ་ཁྲིམས ་ནས། དཀའ་བའི་དོན་མཐུན་པའི་བར་དུ་ཀུན་ཏུ་བསྟེན་ཅིང་ཤིན་ཏུ་རྣམ་པར་དག་པར་བྱས་པས་ནི་འབྲས་བུ་དེ་བཞིན་གཤེགས་པའི་ངོ་མཚར་སྨད་དུ་བྱུང་བའི་ཆོས་མཚུངས་པ་མེད་པ་དང་ལྡན་པ་མངོན་པར་འགྲུབ་པོ། །དེ་ལ་ཐམས་ཅད ་ཀྱི་སྒོ་ནས་སྦྱིན་པ་དང། ཐམས་ཅད་ཀྱི་སྒོ་ནས་ཚུལ་ཁྲིམས་ནས་རྒྱས་པར་ཐམས་ཅད་ཀྱི་སྒོ་ནས་དོན་མཐུན་པའི་བར་གྱིས་ནི་འབྲས་བུ་དེ་བཞིན་གཤེགས་པའི་ཐམས་ཅད་ལས་གཙོ་བོར་གྱུར་པའི་སེམས་ཅན་ལྷ་དང་མི་རྣམས་ཀྱིས་མཆོད་པར ་འགྱུར་པ་ཉིད་མངོན་པར་འགྲུབ་བོ། །དེ་ལ་སྐྱེས་བུ་དམ་པའི་སྦྱིན་པ་དང། སྐྱེས་བུ་དམ་པའི་ཚུལ་ཁྲིམས་ནས། སྐྱེས་བུ་དམ་པའི་དོན་མཐུན་པའི་བར་གྱི་འབྲས་བུ་ནི་དེ་བཞིན་གཤེགས་པའི་སེམས་ཅན་གང་དག་སུ་ཡང་རུང་བ། རྐང་མེད་དང། །རྐང ་གཉིས་པ་འམ། རྐང་བཞི་པ་འམ། རྐང་མངས་སམ། གཟུགས་ཅན་ནམ། གཟུགས་མེད་པ་འམ། འདུ་ཤེས་ཅན་ནམ། འདུ་ཤེས་མེད་པ་འམ། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་དུ་ཉེ་བར་སོང་བའི་སེམས་ཅན་དེ་དག་ཐམས་ཅད་ཀྱི ་མཆོག་ཏུ་འགྱུར་བ་མངོན་པར་འགྲུབ་བོ། །དེ་ལ་རྣམ་པ་ཐམས་ཅད་ཀྱི་སྦྱིན་པ་དང། རྣམ་པ་ཐམས་ཅད་ཀྱི་ཚུལ་ཁྲིམས་ནས་རྒྱས་པར་རྣམ་པ་ཐམས་ཅད་ཀྱི་དོན་མཐུན་པའི་བར་གྱི་འབྲས་བུ་ནི་དེ་བཞིན་གཤེགས་པའི་སྐྱེས་བུ་ཆེན་པོའི་མཚན ་སུམ་ཅུ་རྩ་གཉིས་དང། དཔེ་བྱད་བཟང་པོ་བརྒྱད་བཅུའི་སྐུ་བསོད་ནམས་སྣ་ཚོགས་དཔག་ཏུ་མེད་པས་ཡོངས་སུ་བསྡུས་པ་མངོན་པར་འགྲུབ་པོ། །དེ་ལ་འཕོངས་ཤིང་འདོད་པའི་སྦྱིན་པ་དང། འཕོངས་ཤིང་འདོད་པའི་ཚུལ་ཁྲིམས་ནས་རྒྱས ་པར་ཕོངས་ཤིང་འདོད་པའི་དོན་མཐུན་པའི་བར་གྱི་འབྲས་བུ་ནི་དེ་བཞིན་གཤེགས་པའི་བྱང་ཆུབ་ཀྱི་སྙིང་པོ་ལ་བཞུགས་པའི་བདུད་དང། ཕྱིར་རྒོལ་བ་ཐམས་ཅད་ཀྱིས་གནོད་པར་བྱ་བ་དང། ཐོ་འཚམ་པ་དང། བསྐྱོད་པར་མི་ནུས་པ་མངོན ་པར་འགྲུབ་པོ། །དེ་ལ་འདི་དང་གཞན་དུ་བདེ་བར་འགྱུར་བའི་སྦྱིན་པ་དང། འདི་དང་གཞན་དུ་བདེ་བར་འགྱུར་བའི་ཚུལ་ཁྲིམས་ནས་རྒྱས་པར་འདི་དང་གཞན་དུ་བདེ་བར་འགྱུར་བའི་དོན་མཐུན་པའི་བར་གྱིས་འབྲས་བུ་ནི་དེ་བཞིན་གཤེགས་པའི ་བསམ་གཏན་དང། རྣམ་པར་ཐར་པ་དང། ཏིང་ངེ་འཛིན་དང། སྙོམས་པར་འཇུག་པའི་བདེ་བའི་མཆོག་མངོན་པར་འགྲུབ་བོ། །དེ་ལ་རྣམ་པར་དག་པའི་སྦྱིན་པ་དང། རྣམ་པར་དག་པའི་ཚུལ་ཁྲིམས་ནས་རྒྱས་པར་རྣམ་པར ་དག་པའི་དོན་མཐུན་པའི་བར་དུ་བསྟན་ཅིང། ཤིན་ཏུ་རྣམ་པར་དག་པར་བྱས་ཏེ། མཛའ་དག་ཀུན་ཏུ་རྫོགས་པར་བྱས་པའི་འབྲས་བུ་ནི་དེ་བཞིན་གཤེགས་པའི་རྣམ་པ་ཐམས་ཅད་ཡོངས་སུ་དག་པའི་བཞི་སྟེ། སྐུ་རྣམ་པར་དག་པ་དང། དམིགས ་པ་རྣམ་པར་དག་པ་དང། ཐུགས་རྣམ་པར་དག་པ་དང། ཡེ་ཤེས་རྣམ་པར་དག་པ་མངོན་པར་འགྲུབ་པོ། །དེ་བཞིན་དུ་བསྲུང་བ་མེད་པ་གསུམ་དང། སྟོབས་བཅུ་དང། མི་འཇིགས་པ་དང། དྲན་པ་དང། དྲན་པ་ཉེ་བར་གཞག་པ་དང། ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ཐམས་ཅད་རྣམ་པར་དག་པ་ཡང་མངོན་པར་འགྲུབ་སྟེ། འདི་ནི་བྱང་ཆུབ་སེམས་དཔའ་ཨི་སྦྱིན་པ་ལ་སོགས་པ་དགེ་བའི་ཆོས་རྣམས་ཀྱི་མཐར་ཐུག་པར་གྱུར་པའི་འབྲས་བུ་བླ་ན་མེད་པའོ། །གཞན ་ཡང་འཁོར་བའི་ཚེ་བྱང་ཆུབ་སེམས་དཔའ་ཨི་སྤྱོད་པ་ལ་དེའི་འབྲས་བུ་ཚད་མེད་པ་དང། སྡུག་པ་དང། ཁ་ན་མ་ཐོ་བ་མེད་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་ཨི་སའི་གཞིའི་རྣལ་འབྱོར་གྱི་གནས་ལས་བསྡུ་བའི་དངོས་པོའི ་ལེའུ་སྟེ་བཅོ་ལྔ་པའོ།། །།བམ་པོ་བཅུ་གསུམ་པ། སྡོམ་ནི་དཀོན་མཆོག་མཆོད་དང་མཛའ་བསྟེན་དང། ཚད་མེད་པ་ནི་ཐ་མ་ཡིན། དེ་ལ་བྱང་ཆུབ་སེམས་དཔའ་ཨི་དེ་བཞིན་གཤེགས་པ་རྣམས་ལ་དེ་བཞིན་གཤེགས་པ ་ལ་མཆོད་པ་གང་ཞེ་ན། དེ་ནི་མདོར་བསྡུ་ན་རྣམ་པ་བཅུར་རིག་པར་བྱ་སྟེ། སྐུ་ལ་མཆོད་པ་དང། མཆོད་རྟེན་ལ་མཆོད་པ་དང། མངོན་སུམ་དུ་མཆོད་པ་དང། མངོན་སུམ་མ་ཡིན་པར་མཆོད་པ་དང། བདག་གིས་བྱས་པའི་མཆོད་པ་དང ་གཞན་བྱེད་དུ་འཇུག་པའི་མཆོད་པ་དང། རྙེད་པ་དང། བཀུར་སྟའི་མཆོད་པ་དང། རྒྱ་ཆེན་པོའི་མཆོད་པ་དང། ཀུན་ནས་ཉོན་མོངས་པ་ཅན་མ་ཡིན་པའི་མཆོད་པ་དང། སྒྲུབ་པའི་མཆོད་པའོ། །དེ་ལ་བྱང་ཆུབ་དཔའ་དེ་བཞིན་གཤེགས ་པའི་གཟུགས་ཀྱི་སྐུ་ཉིད་ལ་མངོན་སུམ་དུ་མཆོད་པ་བྱེད་པ་དེ་ནི་དེའི་སྐུ་ལ་མཆོད་པ་ཞེས་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པའི་ཕྱིར་མཆོད་རྟེན་ནམ། གཙང་ཁང་ཕྱུར་བུ་འམ། གཙང་ཁང་ངམ། མཆོད་རྟེན་རྙིང་ངམ། ་མཆོད་རྟེན་སར་ལ་མཆོད་ལ་མཆོད་པ་བྱེད་པ་དེ་ནི་དེའི་མཆོད་རྟེན་ལ་མཆོད་པ་ཞེས་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པའི་སྐུ་འམ། དེ་བཞིན་གཤེགས་པའི་མཆོད་རྟེན་ལ་མངོན་དུ་གྱུར་པར་དབང་པོ་ལ་སྣང ་བར་མངོན་སུམ་དུ་མཆོད་པ་བྱེད་པ་དེ་ནི་མངོན་སུམ་དུ་མཆོད་པ་ཞེས་བྱའོ་དེ་ལ་བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པ་འམ། དེ་བཞིན་གཤེགས་པའི་མཆོད་རྟེན་ལ་མངོན་སུམ་དུ་བྱེད་པ་ན། འདི་ལྟར་ལྷག་པའི་བསམ་པ་དང ་ལྡན་པ་དང། དགའ་བ་དང་ལྡན་པའི་སེམས་མངོན་པར་འདུ་བྱེད་དེ། དེ་བཞིན་གཤེགས་པ་གཅིག་གི་ཆོས་ཉིང་གང་ཡིན་པ་འདི་ནི་འདས་པ་དང། མ་བྱོན་པ་དང། ད་ལྟར་བྱུང་བའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཉིད ་ཡིན་ལ། དེ་བཞིན་གཤེགས་པའི་མཆོད་རྟེན་གཅིག་གིས་ཆོས་ཉིད་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའི་མཆོད་རྟེན་ཐམས་ཅད་ཀྱི་ཆོས་ཉིད་ཡིན་ཏེ། དེའི་ཕྱིར་བདག་གིས་དེ་བཞིན་གཤེགས་པ་མངོན་དུ་གྱུར་པ་འདི ་ལ་ཡང་མཆོད་པ་བྱའོ། །འདས་པ་དང། མ་བྱོན་པ་དང། ད་ལྟར་བྱུང་བའི་དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ལ་ཡང་མཆོད་པ་བྱའོ། །དེ་བཞིན་གཤེགས་པའི་མཆོད་རྟེན་མངོན་དུ་གྱུར་པ་འདི་ལ་ཡང་མཆོད་པ་བྱའོ། ། ་དེ་མ་ཡིན་པ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་མཛའ་ཡས་མུ་མེད་པ་དག་ན་མཆོད་རྟེན་དང། གཙང་ཁང་ཕྱུར་བུ་དང། གཙང་ཁང་དག་མཆོད་རྟེན་རྙིང་པ་དང། མཆོད་རྟེན་གསར་བ་བཞུགས་པ་ཐམས་ཅད་ལ་ཡང་མཆོད་པར་བྱའོ་སྙམ་དེ་ནི་རེ་ཞིག་བྱང ་ཆུབ་སེམས་དཔའ་ཨི་དེ་བཞིན་གཤེགས་པ་དང། དེ་བཞིན་གཤེགས་པའི་མཆོད་རྟེན་ལ་མངོན་སུམ་དང། མངོན་སུམ་མ་ཡིན་པའི་ཐུན་མོང་གི་མཆོད་པ་ཡིན་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པ་འམ། དེ་བཞིན་གཤེགས ་པའི་མཆོད་རྟེན་མངོན་སུམ་དུ་མ་གྱུར་པ་ལ་སངས་རྒྱས་ཐམས་ཅད་ཀྱི་ཕྱིར་དང། དེ་བཞིན་གཤེགས་པའི་མཆོད་རྟེན་ཐམས་ཅད་ཀྱི་ཕྱིར། དེ་བཞིན་དུ་སེམས་མངོན་པར་འདུ་བྱས་ཏེ། མཆོད་པ་བྱེད་པ་དེ་ནི་དེའི་མངོན་སུམ་མ་ཡིན་པ་འབའ་ཞིག ་གི་མཆོད་པ་ཡིན་པར་རིག་པར་བྱའོ། །དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་ནས། དེ་བཞིན་གཤེགས་པའི་ཕྱིར་བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པའི་སྐུ་འམ། མཆོད་རྟེན་ནམ། གཙང་ཁང་ཕྱུར་བུ་འམ། གཙོང་ཁང་གཅིག ་གམ། གཉིས་སམ། མང་པོ་ནས་ཕྱེ་བ་ཕྲག་འབུམ་གྱི་བར་དུ་ཅི་ནུས་ཅི་ལྕོགས་ཀྱིས་བྱེད་དུ་འཇུག་པ་དེ་ཡང་བྱང་ཆུབ་སེམས་དཔའ་ཨི་དེ་བཞིན་གཤེགས་པ་རྣམས་ལ་མངོན་སུམ་ཡིན་པའི་མཆོད་པ་རྒྱ་ཆེན་པོ་བསོད་ནམས་ཚད་མེད་པའི་འབྲས་བུ ་ཅན་ཚངས་པ་དུ་མའི་བསོད་ནམས་ཀྱི་ཡོངས་སུ་ཟིན་པ་ཡིན་ཏེ། དེས་བྱང་ཆུབ་སེམས་དཔའ་བསྐལ་བ་དུ་མར་ལོག་པར་ལྟུང་བར་འགྲོ་བར་མི་འགྱུར་ལ། གཞི་དེ་ལས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ཚོགས་ཀྱང་ཡོངས་སུ་རྫོགས ་པར་མི་བྱེད་པར་མི་འགྱུར་རོ། །དེ་ལ་བྱང་ཆུབ་སེམས་དཔའ་དེའི་དེ་བཞིན་གཤེགས་པའམ། དེ་བཞིན་གཤེགས་པའི་ཆོས་རྟེན་ཁ་ན་མཆོད་པ་བྱེད་པ་གང་ཡིན་པ་དེ་ནི་རེ་ཞིག་བསོད་ནམས་ཀྱི་འབྲས་བུ་རྒྱ་ཆེ་བ་བལྟ་བར་བྱའོ། །མངོན་སུམ་མ་ཡིན ་འབའ་ཞིག་གི་བསོད་ནམས་ཀྱི་འབྲས་བུ་ནི་དེ་བས་ཀྱང་ཆེས་རྒྱ་ཆེ་བར་བལྟ་བར་བྱའོ། །མངོན་སུམ་དང་མངོན་སུམ་མ་ཡིན་པའི་སྤྱིའི་མཆོད་པའི་བསོད་ནམས་ཀྱི་འབྲས་བུ་ནི་དེ་བས་ཀྱང་ཤིན་ཏུ་རྒྱ་ཆེར་བར་བལྟ་བར་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའ་ ་དེ་བཞིན་གཤེགས་པའམ། དེ་བཞིན་གཤེགས་པའི་མཆོད་རྟེན་ལ་མཆོད་པ་བྱ་བར་འདོད་པས་བདག་ཉིད་ཀྱི་རང་གི་ལག་གིས་བྱེད་དེ། ལེ་ལོ་དག་སྙོམས་ལས་དང། བག་མེད་པའི་གནས་ལ་བརྟེན་ཏོ། །བྲན་དང་བྲན་མོ་དང་ལས་བྱེད་པ་དང། ཞོ་ཤས ་འཚོ་བ་དང། མཛའ་བཤེས་དང། གྲོས་གྲོགས་དང། ཉེ་དུ་དང་སྣག་གི་གཉེན་མཚམས་བྱེད་དུ་མི་འཇུག་པ་དེ་ནི་བྱང་ཆུབ་སེམས་དཔའ་ཨི་བདག་གིས་བྱས་པའི་མཆོད་པ་ཡིན་པར་རིག་པར་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པ་འམ ་དེ་བཞིན་གཤེགས་པའི་མཆོད་རྟེན་ལ་མཆོད་པ་བྱ་བར་འདོད་པས། བདག་ཉིད་འབའ་ཞིག་མི་བྱེད་པར་ཕ་མ་གཉིས་ཀྱང་བྱེད་དུ་འཇུག་པ་དང། བུ་དང་ཆུང་མ་དང། བྲན་དང་བྲན་མོ་དང། ལས་བྱེད་པ་དང་ཞོ་ཤས་འཚོ་བ་རྣམས་དང། མཛའ་བཤེས་དང། ་གྲོས་གྲོགས་དང། ཉེ་དུ་དང། སྣག་གི་གཉེན་འཚམས་རྣམས་དང། གཞན་རྒྱལ་པོ་རྣམས་དང། བློན་པོ་ཆེན་པོ་རྣམས་དང། བྲམ་ཟེ་རྣམས་དང། ཁྱིམ་བདག་རྣམས་དང། གྲོང་རྡལ་བ་རྣམས་དང། ཡུལ་གྱི་མི་རྣམས་དང། ཁྱུག་པོ་རྣམས་དང། ཡུལ་གྱི་མི་རྣམས་དང། ཕྱུག་པོ་རྣམས་དང། ་ཚོང་དཔོན་རྣམས་དང། དེད་དཔོན་རྣམས་དང། ཐན་སྐྱེས་པ་དང། བུད་མེད་དང། ཁྱེའུ་དང། བུ་མོ་རྣམས་དང། བཀྲེན་པ་རྣམས་དང། སྡུག་བསྔལ་བ་རྣམས་དང། རིགས་ངན་ཡན་ཆད་ཀྱང་བྱེད་དུ་འཇུག་པ་དང། དེ་བཞིན་དུ་མཁན་པོ་དང། སློབ་དཔོན་རྣམས ་དང། ལྷན་ཅིག་པ་གནས་པའི་སློབ་མ་རྣམས་དང། ཚངས་པ་མཚུངས་པར་སྤྱོད་པ་རབ་ཏུ་འབྱུང་བ་རྣམས་དང། གཞན་མུ་སྟེགས་ཅན་རབ་ཏུ་བྱུང་བ་རྣམས་ཀྱང་དེ་བཞིན་གཤེགས་པ་འམ། དེ་བཞིན་གཤེགས་པའི་མཆོད་རྟེན་ལ་མཆོད་པ ་བྱེད་དུ་འཇུག་པ་དེ་ནི་བྱང་ཆུབ་སེམས་དཔའ་ཨི་བདག་དང་གཞན་གྱིས་བྱས་པའི་ཐུན་མོང་གི་མཆོད་པ་ཡིན་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་མཆོད་པ་བྱ་བའི་སྦྱིན་པར་བྱ་བའི་དངོས་པོ་ཆུང་ངུ་ཡོད་ལ་སྙིང་རྗེ་དང་ལྡན ་བའི་སེམས་ཀྱིས་སེམས་ཅན་སྡུག་བསྔལ་བ་བསོད་ནམས་ཆུང་ཞིང་མི་ནུས་པ་འདི་དག་གི་དེ་བཞིན་གཤེགས་པ་འམ། དེ་བཞིན་གཤེགས་པའི་མཆོད་རྟེན་ལ་བྱ་བ་བྱས་ན་བདེ་བར་འགྱུར་རོ་སྙམ་ནས། དངོས་པོ་དེ་བསམས་བཞིན་དུ་གཞན ་དག་ཁོ་ན་ལ་སྦྱིན་པར་བྱེད་ལ། གཞན་དག་གིས་ཀྱང་དངོས་པོ་དེས་དེ་བཞིན་གཤེགས་པ་འམ། དེ་བཞིན་གཤེགས་པའི་མཆོད་རྟེན་ལ་མཆོད་པ་བྱེད་དེ། བྱང་ཆུབ་སེམས་དཔའ་ནི་མི་བྱེད་པ་དེ་ནི་བྱང་ཆུབ་སེམས་དཔའ་ཨི་གཞན་བྱེད་དུ་བཅུག ་པའི་མཆོད་པོ་ཡིན་པར་རིག་པར་བྱའོ། །དེ་ལ་བདག་འབའ་ཞིག་གིས་བྱས་པ་གང་ཡིན་པ་དེ་ནི་བསོད་ནམས་ཀྱི་འབྲས་བུ་ཆ་བ་ཡིན་ནོར་གཞན་འབའ་ཞིག་བྱེད་དུ་བཅུག་པ་གང་ཡིན་པ་དེ་ནི་བསོད་ནམས་ཀྱི་འབྲས་བུ་ཆེས་ཆེ་བ་ཡིན་ནོ། །ཐུན ་མོང་གང་ཡིན་པ་དེ་ནི་བསོད་ནམས་ཀྱི་འབྲས་བུ་ཤིན་ཏུ་ཆེ་བ་བ་ཡིན་ནོ། །གོང་ན་མེད་པར་རིགས་པར་བྱའོ། །བྱང་ཆུབ་སེམས་དཔའ་དེ་ལ་དེ་བཞིན་གཤེགས་པ་འམ། དེ་བཞིན་གཤེགས་པའི་མཆོད་རྟེན་ལ་ན་བཟའ་དང། ཞལ་ཟས་དང། གཟིམས ་ཆ་དང། གདན་དང། སྙུན་གྱི་གསོས་སྨན་དང། ཡོ་བྱད་རྣམས་དང། གུས་པར་སྨྲ་བ་དང། ཕྱག་འཚལ་བ་དང། སྔོན་དུ་ལྡང་བ་དང། ཐལ་མོ་སྦྱར་བ་དང། མཆོད་པའི་ལ་ས་བདུག་པའི་སྤོས་རྣམས་དང། ཕྱེ་མའི་སྤོས་རྣམས་དང། བྱུག་པའི ་སྤོས་རྣམས་དང། མེ་ཏོག་ཕྲེང་བ་རྣམ་པ་སྣ་ཚོགས་དང། རོལ་མོའི་སྒྲ་རྣམས་པ་སྣ་ཚོགས་དང། གདུགས་དང། རྒྱལ་མཚན་དང། བ་དན་དང། མར་མེ་རྣམ་པ་སྣ་ཚོགས་འབུལ་བ་དང། བསྟོད་པ་རྣམ་པ་སྣ་ཚོགས་བརྗོད་པ་དང། ཡན་ལག ་ལྔས་ཕྱག་བྱ་བ་དང། གཡས་ཕྱོགས་སུ་བསྐོར་བདག་གིས་མཆོད་པ་བྱེད་པ་དང། དེ་བཞིན་དུ་ཟད་མི་ཤེས་པ་ཅན་གྱི་སྦྱིན་པ་དང། ནོར་སྦྱིན་པ་དང། ནོར་བུ་དང་མུ་ཏིག་དང། བཻཌཱུརྱ་དང། དུད་དང། མན་ཤེལ་དང། བྱུ་རུ་དང། རྡོའི་སྙིང་པོ་དང། སྤུག་དང། ་གསེར་དང། དངུལ་དང། པདྨ་རཱ་ག་དང། གཡས་སུ་འཁྱིལ་པ་ལ་སོགས་པ་རིན་པོ་ཆེ་རྣམས་འབུལ་བ་དང། ནོར་བུས་སྤྲས་པའི་སྙན་ཆ་གདུབ་ཀོང་དང། དཔུང་རྒྱན་ལ་སོགས་པ་རྒྱུན་རྣམས་འབུལ་བ་དང། ཐ་ན་དྲིལ་བུ་དབུལ་བ་དང། ཀརཥ་པ་ནི ་གཏོར་བ་དང། སྲད་བུས་དཀྲིས་པ་རྣམས་ཀྱིས་མཆོད་པར་བྱེད་པ་དེ་ནི་བྱང་ཆུབ་སེམས་དཔའ་ཨི་དེ་བཞིན་གཤེགས་པ་འམ། དེ་བཞིན་གཤེགས་པའི་རྟེན་ལ་རྙེད་པ་དང། བཀུར་སྟིས་མཆོད་པ་ཡིན་པར་རིག་པར་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའ་དེ་བཞིན ་གཤེགས་པ་འམ། དེ་བཞིན་གཤེགས་པའི་མཆོད་རྟེན་ལ་རྙེད་པ་དང་བཀུར་སྟི་དེ་དག་ཉིད་ཀྱིས་ཡུན་རིང་པོ་མཆོད་པ་བྱེད་དངོས་པོ་མང་པོ་དང། མངོན་སུམ་དང། མངོན་སུམ་མ་ཡིན་པ་དང། བདག་གིས་བྱས་པ་དང། གཞན་གྱིས་བྱས་པ་དང། ་སྙིང་ཐག་པ་ནས་དགའ་བ་མངོན་དུ་གྱུར་ཅིང། མོས་པ་དྲག་པོ་མཆོད་པ་བྱེད་པ་དང། དགེ་བའི་རྩ་བ་དེ་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བྱེད་པ་དེ་ནི་བྱང་ཆུབ་སེམས་དཔའ་ཨི་མཆོད་པ་རྣམ་པ་བདུན་རྒྱ་ཆེན་པོ་ཞེས ་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པ་འམ། དེ་བཞིན་གཤེགས་པའི་མཆོད་རྟེན་ལ་རང་གི་ལག་གིས་བྱས་བྱེད་དེ། ཁྱད་དུ་གསོད་པ་འམ། བག་མདོ་བ་འམ། ལེ་ལོས་གཞན་དག་བྱེད་དུ་མི་འཇུག་པ་དང། གུས་པས་བྱེད་དེ་མ ་གུས་པས་མ་ཡིན་པ་དང། སེམས་མི་གཡེང་བས་བྱེད་པ་དང། སེམས་ཀུན་ནས་ཉོན་མོངས་པ་ཅན་མ་ཡིན་པས་བྱེད་པ་དང། སངས་རྒྱས་ལ་མངོན་པར་དང་བའི་རྒྱལ་པོ་ལ་སོགས་པ་སེམས་ཅན་རྒྱ་ཆེན་པོ་དག་ལས་རྙེད་པ་དང། བཀུར་སྟིའི་རྒྱུས ་ཚུལ་འཆོས་པའི་ཕྱིར་མི་བྱེད་པ་དང། མཐུན་པའི་དངོས་པོས་མཆོད་པར་བྱེད་དེ་བབ་ལས་འབྱུང་བ་དང། མར་ཁུས་བཀྲུ་བ་དང། བུ་གུལ་གྱིས་བདུག་པ་དང། ཨ་རྒའི་མེ་ཏོག་ལ་སོགས་པ་དང། གཞན་ཡོ་བྱད་རུང་བ་མ་ཡིན་པ་དག་གིས ་མི་བྱེད་པ་དེ་ནི། བྱང་ཆུབ་སེམས་དཔའ་ཨི་མཆོད་པ་རྣམ་པ་དྲུག་ཀུན་ནས་ཉོན་མོངས་པ་ཅན་མ་ཡིན་པར་རིག་པར་བྱའོ། །རྙེད་པ་དང་བཀུར་སྟིའི་མཆོད་པ་རྒྱ་ཆེ་བ་དང། ཀུན་ནས་ཉོན་མོངས་པ་ཅན་མ་ཡིན་པ་དེ་ཡང་བྱང་ཆུབ་སེམས་དཔའ་ལོངས་སྤྱོད་ཀྱི ་གཞིར་རང་གི་ཞོ་ཤེས་བསྒྲུབས་པ་རྣམས་སམ། གཞན་ལས་ཡོངས་སུ་བཙལ་བ་རྣམས་སམ། ཡོ་བྱད་ལ་དབང་ཐོབ་པ་རྣམས་ཀྱིས་དེ་བཞིན་གཤེགས་པའམ། དེ་བཞིན་གཤེགས་པའི་མཆོད་རྟེན་ལ་མཆོད་པ་བྱེད་དེ། དེ་ལ་ཡོ་བྱད་ལ་དབང་ཐོབ་པའི་བྱང་ཆུབ་སེམས་དཔས ་ལུས་གཉིས་སམ། གསུམ་མམ། ལུས་མང་པོ་ལུས་བྱ་བ་ཁྲག་ཁྲིག་འབུམ་ཕྲག་དུ་མའི་བར་དག་མངོན་པར་སྤྲུལ་ནས། ལུས་དེ་དག་ཐམས་ཅད་ཀྱིས་དེ་བཞིན་གཤེགས་པ་རྣམས་ལ་ཕྱག་འཚལ་ཏེ། ལུས་ངག་རེ་རེ་ལ་ཡང་ལག་པ་བརྒྱ་འམ ་ལག་པ་སྟོང་ངམ། དེ་བས་ཀྱང་ལྷག་པར་དག་སྤྲུལ་ནས། ལག་པ་དེ་དག་ཐམས་ཅད་ཀྱིས་ལྷའི་ལས་ཡང་དག་པར་འདས་པའི་མེ་ཏོག་མཆོག་ཏུ་དྲི་ཞིམ་པ། མཆོག་ཏུ་ཡིད་དུ་འཇོ་བ་དག་གིས་དེ་བཞིན་གཤེགས་པ་དེ་དག་ལ་མངོན་པར་འཐོར་བ་དང། ་ལུས་དེ་དག་ཐམས་ཅད་ཀྱིས་དེ་བཞིན་གཤེགས་པའི་ཡང་དག་པའི་ཡོན་ཏན་ལྡན་པའི་བསྟོད་པ་ཤིན་ཏུ་རྒྱ་ཆེན་པོ་དག་བརྗོད་ཅིང། ལུས་དེ་དག་ཐམས་ཅད་ཀྱིས་དཔུང་རྒྱན་དང། ནོར་བུས་སྤྲས་པའི་རྣ་ཆ་གདུབ་ཀོར་རྣམས་དང། གདུགས་དང། ་རྒྱལ་མཚན་དང། བ་དན་རྣམ་པ་སྣ་ཚོགས་མཆོག་དུ་གྱུར་པ་གྱ་ནོམ་པ་དག་དེ་བཞིན་གཤེགས་པ་རྣམས་ལ་འབུལ་ཞིང་འདོགས་པར་བྱེད་དེ། དེ་ལྟ་བུའི་དང་མཐུན་པའི་ཡོ་བྱད་ལ་དབང་ཐོབ་པའི་བྱང་ཆུབ་སེམས་དཔའ་ནི་རང་གི་སེམས་ལ ་དབང་ཡོད་པའི་མཆོད་པ་བྱེད་དེ། དེས་ན་སངས་རྒྱས་བྱུང་བ་ལ་རེ་བར་བྱས་ཤིང་དོན་དུ་གཉེར་བར་མི་བྱ་མི་དགོས་སོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ནི་ཕྱིར་མི་ལྡོག་པའི་ས་ལ་ཞགས་པས་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་ཐོགས་པ་མེད་པར་འགྲོ་བའི་ཕྱིར་རོ། ་བྱང་ཆུབ་སེམས་དཔའ་རང་གི་ཞེ་ཤས་བསྒྲུབས་པ་ཡང་མེད་ལ། གཞན་ལས་ཡོངས་སུ་བཙལ་ཏེ་རྙེད་པ་ཡང་མེད། བྱང་ཆུབ་སེམས་དཔའ་ཨི་ལོངས་སྤྱོད་ལ་དབང་ཐོབ་པ་ཡང་མ་ཡིན་ན་ཡང། དེ་བཞིན་གཤེགས་པའི་མཆོད་པ་གང་ཅི་ཡང་རུང་བ་འཛམ་བུ ་གླིང་ངམ། གླིང་ཞི་པའམ། སྟོང་ངམ། སྟོང་གཉིས་སམ། སྟོང་གསུམ་གྱི་སྟོང་ཆེན་པོ་འམ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་མཛའ་ཡས་མུ་མེད་པ་དག་ན་ཆུང་ངུ་དང། འབྲིང་དང། ཆེན་པོ་ཡོད་པ་དེ་དག་ཐམས་ཅད་ཀྱང་བྱང་ཆུབ་སེམས་དཔའ་དད་པ ་ཅན་གྱིས་དགའ་བ་དང་ལྡན་པ་དང། རྒྱ་ཆེན་པོ་ལ་མོས་པ་དང་ལྡན་པའི་སེམས་ཀྱིས་ཁྱབ་པར་བྱས་ན་རྗེས་སུ་ཡི་རང་བར་བྱེད་དེ། དེ་ཡང་བྱང་ཆུབ་སེམས་དཔའ་ཨི་ཚོགས་སུ་ཆུང་དུས་སུ་དེ་བཞིན་གཤེགས་པ་ལ་མཆོད་པ་ཆེན་པོ་ཚད་མེད་པ། བྱང་ཆུབ་ཀྱི་ཚོགས ་ཆེན་པོས་ཡོངས་སུ་བསྡུས་པ་ཡིན་ཏེ། དེ་ལ་ནི་བྱང་ཆུབ་སེམས་དཔའ་རྟག་ཏུ་རྒྱུན་མི་འཆད་པར་སེམས་ཉམས་བདེ་བ་དང། སེམས་དགའ་བས་བརྩོན་པར་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའ་ནི་ཅུང་ཟད་ཅུང་ཟད་དང། ཡུད་ཙམ་ཡུད་ཙམ་དུ་ཐ་ན་བ ་འཇོས་ཙམ་གྱི་བར་དུ་ཡང་སེམས་ཅན་སྲོག་ཆགས་འབྱུང་པོ་ཐམས་ཅད་ལ་བྱམས་པའི་སེམས་པའི་སེམས་སྒོམ་པར་བྱེད། སྙིང་རྗེ་དང་ལྡན་པ་དང། དགའ་བ་དང་ལྡན་པ་དང། བཏང་སྙོམས་དང་ལྡན་པའི་སེམས་བསྒོམ་པར་བྱའོ། དེ་བཞིན་དུ་འདུ་བྱེད་ཐམས ་ཅད་ལ་མི་རྟག་པའི་འདུ་ཤེས་དང། མི་རྟག་པ་ལ་སྡུག་བསྔལ་གྱི་འདུ་ཤེས་དང། སྡུག་བསྔལ་ལ་བདག་མེད་པའི་འདུ་ཤེས་དང། མྱ་ངན་ལས་འདས་པ་ལ་ཕན་ཡོན་གྱི་འདུ་ཤེས་སྒོམ་པར་བྱེད། དེ་བཞིན་དུ་དེ་བཞིན་གཤེགས་པ་རྗེས་སུ་དྲན་པ་དང། ་ཆོས་དང། དགེ་འདུན་དང། ཕ་རོལ་ཏུ་ཕྱིན་པ་རྗེས་སུ་དྲན་པར་སྒོམ་པར་བྱེད། དེ་བཞིན་དུ་ཅུང་ཟད་ཅུང་ཟད་དང། ཡུད་ཙམ་ཡུད་ཙམ་ལ་ཡང་ཐམས་ཅད་ལ་བཟོད་བ་ཆུང་ངུའི་ཤེས་པ་ཕྱོགས་གཅིག་པས་ཀྱང་བརྗོད་དུ་མེད་པའི་ཆོས་ཀྱི་ངོ་བོ་ཉིད ་ལ་མོས་ཤིང་རྣམ་པར་རྟོགས་པ་དང། མཚན་ཉིད་མེད་པའི་སེམས་ཀྱིས་གནས་པར་བྱེད་ན། དེའི་གོང་དང་དེ་ལས་ལྟག་པར་ལྟ་ཅི་སྨོས། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཚུལ་ཁྲིམས་ཀྱི་སྡོམ་པ་ཡོངས་སུ་བསྲུང་བ་དང། ཞི་གནས་དང། ལྷག་མཐོང་དང། ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ལ་བརྩོན་པར་བྱེད་པ་དང། དེ་བཞིན་དུ་ཕ་རོལ་ཏུ་ཕྱིན་པ་རྣམས་དང། བསྡུ་བའི་དངོས་པོ་རྣམས་ལ་ཡང་དག་པར་བརྩོན་པར་བྱེད་པ་དེ་ནི་བྱང་ཆུབ་སེམས་དཔའ་ཨི་སྒྲུབ་པར་གཏོགས་པས་དེ་བཞིན་གཤེགས་པ་ལ ་མཆོད་པའི་མཆོག་དམ་པ་གྱ་ནོམ་པ། གོང་ན་མེད་པ་ཡིན་ཏེ། སྔ་མའི་རྙེད་པ་དང། བཀུར་སྟིའི་མཆོད་པ་རྣམ་པ་ཐམས་ཅད་དང། མཆོད་པ་དེའི་བརྒྱའི་ཆ་དང། སྟོང་གི་ཆར་ཡང་ཉེ་བར་མི་འགྲོ་བ་ནས་རྒྱས་པར་རྒྱུའི་བར་དུ་ཡང་ཉེ་བར་མི་འགྲོ་སྟེ། ་དེ་ནི་རྣམ་པ་བཅུ་པོ་དག་གིས་དེ་བཞིན་གཤེགས་པ་ལ་མཆོད་པའི་བྱེ་བྲག་རྣམ་པ་ཐམས་ཅད་ཡིན་པར་རིག་པར་བྱའོ། །དེ་བཞིན་གཤེགས་པ་ལ་མཆོད་པ་ཇི་ལྟ་བ་བཞིན་ཆོས་ལ་མཆོད་པ་དང། དགེ་འདུན་ལ་མཆོད་པ་ཡང་དེ་དང་འདྲ་བར ་ཅི་རིགས་པར་བྱའོ། །དེ་ལ་དཀོན་མཆོག་གསུམ་ལ་མཆོད་པ་རྣམ་པ་བཅུ་པོ་དེ་དག་བྱེད་པའི་བྱང་ཆུབ་སེམས་དཔའ་ནི་དེ་བཞིན་གཤེགས་པ་ལ་དམིགས་པའི་ལྷག་པའི་བསམ་པ་དྲུག་གིས་བྱེད་དེ། ཡོན་ཏན་གྱི་ཞིང་བླ་ན་མེད་པའི་ལྷག་པའི་བསམ ་པ་དང། ཕན་འདོགས་པ་བླ་ན་མེད་པའི་ལྷག་པའི་བསམ་པ་དང། རྐང་མེད་དང། རྐང་གཉིས་ལ་སོགས་པ་སེམས་ཅན་ཐམས་ཅད་ཀྱི་མཆོག་ཏུ་གྱུར་པའི་ལྷག་པའི་བསམ་པ་དང། ཨུ་དུམྦཱ་རའི་མེ་ཏོག་བཞིན་དུ་ཤིན་ཏུ་དཀོན་པའི་ལྷག་པའི ་བསམ་པ་དང། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་གཅིག་པུ་འབྱུང་སྟེ། འབའ་ཞིག་པའི་ལྷག?་པའི་བསམ་པ་དང། འཇིག་རྟེན་དང། འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པའི་དོན་ཐམས་ཅད་སྟོན་པའི་ལྷའི་བསམ་པ་དང། ་དེའི་ལྷག་པའི་བསམ་པ་དྲུག་པོ་འདི་དག་གིས་དེ་བཞིན་གཤེགས་པ་འམ། དེའི་ཆོས་སམ། དེའི་དགེ་འདུན་ལ་མཆོད་པ་བྱས་པ་ནི་ཆུང་ངུ་ཡང་འབྲས་བུ་དཔག་ཏུ་མེད་པར་འགྱུར་ན། མང་པོ་ལྟ་ཅི་སྨོས། དེ་ལ་རྣམ་པ་དུ་མ་དང་ལྡན་ན་བྱང་ཆུབ་སེམས་དཔའ་ ་དགེ་བའི་བཤེས་གཉེན་དུ་རིག་པར་བྱ། རྣམ་པ་དུ་ཞིག་གིས་ནི་དགེ་བའི་བཤེས་གཉེན་ཉིད་ཡོད་པ་ཡིན། རྣམ་པ་དུ་ཞིག་དང་ལྡན་ན། དགེ་བའི་བཤེས་གཉེན་དང་པའི་གཞིའི་གནས་ལ་གནས་པ་ཡིན། བྱང་ཆུབ་སེམས་དཔའ་ཨི་དགེ་བའི་བཤེས ་གཉེན་དུ་གྱུར་པའི་འདུལ་བ་རྣམས་ལ་དགེ་བའི་བཤེས་གཉེན་གྱི་བྱ་བ་ནི་དུ་ཞིག་ཡོད། བྱང་ཆུབ་སེམས་དཔའ་དགེ་བའི་བཤེས་གཉེན་ལ་སྟེན་པ་ནི་རྣམ་པ་དུ་ཞིག་ཡོད་འདུ་ཤེས་རྣམ་པ་དུས་ནི་བྱང་ཆུབ་སེམས་དཔས་དགེ་བའི་བཤེས་གཉེན ་ལ་ཆོས་མཉན་པར་བྱ། བྱང་ཆུབ་སེམས་དཔའ་དགེ་བའི་བཤེས་གཉེན་ལ་ཆོས་ཉན་པ་ན། གང་ཟག་ཆོས་སྨྲ་བ་དེ་ལ་གནས་དུ་ཞིག་ལ་ནི་ཡིད་ལ་མི་བྱེད་པར་བྱ་ཞེ་ན། དེ་ལ་རྣམ་པ་བརྒྱད་དང་ལྡན་ན་བྱང་ཆུབ་སེམས་དཔའ་ཨི་དགེ་བའི་བཤེས་གཉེན ་རྣམ་པ་ཐམས་ཅད་རྫོགས་པ་ཡིན་པར་རིག་པར་བྱ་སྟེ། བྱང་ཆུབ་སེམས་དཔའ་ཨི་སྡོམ་པའི་ཚུལ་ཁྲིམས་རྣམས་ལ་གནས་ཤིང་མ་ཉམས་པ་དང། སྐྱོན་མེད་པར་བྱེད་པས་ཚུལ་ཁྲིམས་ལ་གནས་པ་ཡིན། བློ་མ་བྱད་བ་མ་ཡིན་པས་མད་དུ་ཐོས་པ་ཡིན། ་བསྒོམས་པ་ལས་བྱུང་བའི་དགེ་བ་གང་ཡང་རུང་པ་ཐོབ་ཅིང། ཞི་གནས་དང་ལྷག་མཐོང་ཐོབ་པས་རྟོགས་པ་དང་ལྡན་པ་ཡིན། སྙིང་རྗེ་དང་ལྡན་པས་སྙིང་རྩེ་བ་ཅན་ཡིན་ཏེ། དེ་ཚེ་འདི་ལ་རང་གི་བདེ་བར་གནས་པ་ཡལ་བར་བོར་ནས་གཞན་དག་གི ་དོན་ལ་སྦྱོར་བ་ཡིན། དེ་གཞན་དག་ལ་ཆོས་སྟོན་པ་ནི་བག་ཚ་བའི་འཇིགས་པས་དྲན་པ་དང། སྤོབས་པ་ཉམས་པ་མེད་པས་འཇིགས་པ་མེད་པ་ཡིན། གཞན་དག་གིས་བརྙས་པ་རྣམས་དང། འཕྱ་བ་དང། བཏིངས་པ་དང། ངན་དུ་བརྗོད་པ ་དང། ངན་དུ་སྨྲ་བ་ལ་སོགས་པ་མི་འདོད་པའི་ཚིག་གི་ལམ་རྣམས་དང། སེམས་ཅན་གྱི་ལོག་པར་ཞུགས་པ་རྣམ་པ་སྣ་ཚོགས་རྣམས་བཟོད་པ་ཡིན། འཁོར་བཞི་པོ་དག་ལ་ཆོས་བསྟན་པ་ལ་སྟོབས་དང་ལྡན་-ཞིང་ངལ་བ་མེད་པས་ཡིད་ཡོངས་སུ་མི་སྐྱོ་བ ་ཡིན། ཚིག་ཆོས་ཉིད་ལས་མཉམ་པ་ཤིང་གསལ་ཏེ། ཚིག་བྱ་བ་དང་ལྡན་པས་དགེ་བའི་ཚིག་དང་ལྡན་པ་ཡིན་ནོ། །དེ་ལ་བྱང་ཆུབ་སེམས་དཔའ་ཨི་དགེ་བའི་བཤེས་གཉེན་དེ་ལྟ་བུའི་ཡོན་ཏན་གྱི་རྣམ་པ་ཐམས་ཅད་དང་ལྡན་པ་ནི་རྣམ་པ་ལྔས་དགེ་བའི ་བཤེས་གཉེན་གྱི་བྱ་བ་དོན་ཡོད་པ་ཡིན་ཏེ། དེ་ནི་སྔ་ནས་ཀྱང་གཞན་དག་ལ་ཕན་པ་དང་བདེ་བར་འདོད་པ་ཡིན། ཕན་པ་དང་བདེ་བ་དེ་ཡང་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་ཡིན། དེ་ལ་བློ་ཕྱིན་ཅི་ལོག་ཏུ་མི་འགྱུར་པ་ཡིན། ཐབས་གང་དང་ཆོས ་བསྟན་པའི་ཚུལ་གང་གིས་སེམས་ཅན་གང་འདུལ་ནུས་པ་ནུས་ཤིང་མཐུ་ཡོད་པ་དང། ཡིད་ཡོངས་སུ་མི་སྐྱོ་བ་ཡིན། སེམས་ཅན་ཐ་མ་དང་འབྲིང་དང། ཁྱད་པར་དུ་འཕགས་པ་ཐམས་ཅད་ལ་ཕྱོགས་འཛིན་པ་མེད་དེ། སྙིང་རྗེ་སྙོམས་པ་ཡིན་ནོ། །དེ་ལ ་དགེ་བའི་བཤེས་གཉེན་དེ་ནི་རྣམ་པ་ལྔས་དད་པའི་གཞི་ལ་གནས་པ་ཡིན་ཏེ། གང་གི་ཕྱིར་གཏམ་ཐོས་པས་ཀྱང་དེ་ལ་གཞན་དག་ཤིན་ཏུ་དད་པར་བྱེད་ན། མངོན་སུམ་དུ་མཐོང་བས་ལྟ་སྨོས་ཀྱང་ཅི་དགོས་ཏེ། སྤྱོད་ལམ་རབ་ཏུ་ཞི་བ་དང། སྤྱོད་ལམ ་དང་ལྡན་པ་དང། ཡན་ལག་དང་ཉིང་ལག་ཐམས་ཅད་མི་འགྱུར་བའི་སྤྱོད་ལམ་ཕུན་སུམ་ཚོགས་པ་ཡིན། ལུས་དང་ངག་དང་ཡིད་ཀྱི་ལས་ཀྱི་མཛའ་ཨི་རྒྱུ་བ་ལ་རྒོལ་པ་མེད་ཅིག་འགྱུར་བ་མེད་པས་བརྟན་པ་ཡིན། གཞན་དག་ལ་ཚུལ་འཆོས་པའི་ཕྱིར ་སོ་སོར་བཏགས་ནས་སྤྱོད་ལམ་དང། བརྟན་པ་ལྟར་མི་འཆོས་པའི་ཚུལ་འཆོས་བ་མེད་པ་ཡིན། གཞན་དག་གི་ཆོས་ཀྱི་གཏམ་མམ། རྙེད་དེ་བ་དང། བཀུར་སྟི་ལས་བརྩམས་ཏེ། མི་བཟོད་པ་སྐྱེ་བར་མི་བྱེད་ཀྱི་གཞན་དག་གིས་ཆོས་ཀྱི་གཏམ་བྱ་བར་བདག་ལ ་གསོལ་བ་གཏབ་པ་དང། རྙེད་པ་དང། བཀུར་སྟི་རྒྱ་ཆེན་པོ་རྙེད་ན་ཡང་གཡོ་མེད་ཅིང་དགའ་བའི་སེམས་ཀྱི་གཞན་ལ་གསོལ་བ་འདེབས་སུ་འཇུག་ལ་ཆོས་ཀྱི་གཏམ་དེ་དང། རྙེད་པ་དང་བཀུར་སྟི་དེ་ཡང་གཞན་དག་སྟོབས་པར་བྱེད་དེ། ཇི་ལྟར་བདག་གིས་རྙེད་པ ་དང། བཀུར་སྟིས་མགུ་པར་འགྱུར་དེ་བཞིན་དུ་གཞན་གྱི་སྙེད་པ་དང། གཞན་གྱི་བཀུར་སྟིས་ཆེས་ཤིན་ཏུ་མགུ་བར་འགྱུར་བར་ཕྲག་དོག་མེད་པ་ཡིན། སྣོད་སྦྱད་བསྙུངས་ཞིང་ཡོ་བྱད་བསྙུངས་ལ་འཚོག་ཆས་རྙེད་དོ་ཅོག་ཐམས་ཅད་ཡོངས་སུ་གཏོང་བས་ཡོ་བྱད ་བསྙུངས་པ་ཡིན་ནོ། །དེ་ལ་བྱང་ཆུབ་སེམས་དཔའ་ཨི་དགེ་བའི་བཤེས་གཉེན་དུ་གྱུར་པ་དེ་ནི། རྣམ་པ་ལྔས་གདུལ་བ་གཞན་དག་ལ་དགེ་བའི་བཤེས་གཉེན་གྱི་བྱ་བ་བྱེད་དེ། གླེང་བར་བྱེད་པ་ཡིན་དྲན་པར་བྱེད་པ་ཡིན། འདེམས་པ་བྱེད་པ་ཡིན། རྗེས་སུ་སྟོན་པར ་བྱེད་པ་ཡིན། ཆོས་སྟོན་པར་བྱེད་པ་ཡིན་ཏེ། ཚིག་དེ་དག་གི་རྒྱས་པར་དབྱེ་བ་ནི་འདི་ལྟ་སྟེ། ཉན་ཐོས་ཀྱི་ས་ལས་རིག་པར་བྱའོ། །གདམས་ངག་དང་རྗེས་སུ་བརྟན་ན། དེ་བས་ཀྱང་ལྷག་པར་འདི་ལྟ་སྟེ། སྟོབས་ཀྱི་རིགས་ཀྱི་ལེའུ་ལས་རིག་པར་བྱའོ། །དེ་ལ ་བྱང་ཆུབ་སེམས་དཔའ་ཨི་དགེ་བའི་བཤེས་གཉེན་ལ་བསྟེན་པ་ནི་རྣམ་པ་བཞིས་ཡོངས་སུ་རྫོགས་པར་རིག་པར་བྱ་སྟེ། དུས་དུས་སུ་ནད?་གཡོག་བྱ་བ་དང། ཐ་མ་པའི་གཡོག་དང། བྱམས་པ་དང། གུས་པ་དང། དགའ་བ་དང་ལྡན་པ་དང། དུས་དུས་སུ་གུས ་པར་སྨྲ་བ་དང། ཕྱག་བྱ་བ་དང། མངོན་དུ་བྱ་བ་དང། ཐལ་མོ་སྦྱར་བ་དང། འདུད་པར་བྱ་བ་དང། མཆོད་བར་བྱ་བ་དང། ཆོས་དང་མཐུན་པའི་གོས་དང། ཟས་དང། མལ་ཆ་དང། སྟན་དང། ན་བའི་གསོས་སྨན་དང། ཡོ་བྱད་སྨིན་པས་མཆོད་པ་དང། ་གནས་བཅས་ནས་ཡང་དག་པར་གཟུང་པ་དང། རྣམ་པར་གཟུང་བ་ཆོས་དང་མཐུན་བའི་དོན་ལ་དབང་བྱེད་ལ། རྣམ་པར་མི་གཡོ་ཞིང་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཆགས་པ་དང། དུས་སུ་ཤེས་པར་བྱ་བའི་བསམ་པས་དྲུང་དུ་འགྲོ་བ་དང། བསྙེན་བཀུར ་བྱེད་པ་དང། འདྲི་བ་དང། ཉན་པའོ། དེ་ལ་བྱང་ཆུབ་སེམས་དཔས་དགེ་བའི་བཤེས་གཉེན་ལས་ཆོས་ཉན་པར་འདོད་པས་ནི་འདུ་ཤེས་རྣམ་པ་ལྔས་ཆོས་མཉན་པར་བྱ་སྟེ། དཀོན་པའི་དོན་གྱིས་རིན་པོ་ཆེའི་འདུ་ཤེས་དང། ལྷན་ཅིག་སྐྱེས་པའི་ཤེས་རབ་རྒྱ་ཆེན ་པོ་འཐོབ་པའི་རྒྱུའི་རང་བཞིན་གྱི་དོན་གྱིས་མིག་གི་འདུ་ཤེས་དང། ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་མིག་ཐོབ་ནས་ཀྱང་ཤེས་བྱ་ཡང་དག་པར་ཇི་ལྟ་བ་བཞིན་དུ་རྣམ་པ་ཐམས་ཅད་ཡང་དག་པར་སྟོན་པའི་དོན་གྱིས་སྣང་པའི་འདུ་ཤེས་དང། མྱ་ངན་ལས ་འདས་པ་དང། རྫོགས་པའི་བྱང་ཆུབ་བླ་ན་མེད་པའི་གོ་འཕང་འཐོབ་པའི་རྒྱུའི་དངོས་པོའི་དོན་གྱིས་འབྲས་བུ་དང། ཕན་ཡོན་ཆེ་པའི་འདུ་ཤེས་དང། ཚེ་འདི་ལ་མྱ་ངན་ལས་འདས་པ་དང། རྫོགས་པའི་བྱང་ཆུབ་ཀྱི་ཆོས་མ་ཐོབ་པ་ཡང་དག་པ་ཇི་ལྟ་བ་བཞིན ་དུ་རབ་ཏུ་རྣམ་པར་འབྱེད་པའི་ཞི་གནས་དང། ལྷག་མཐོང་གི་དགའ་བ་ཆེན་པོ་ཁ་ན་མ་མཐོ་བ་མེད་པའི་རྒྱུའི་དངོས་པོ་དོན་གྱིས་དགའ་བའི་ཁ་ན་མ་ཐོ་བ་མེད་པའི་འདུ་ཤེས་སོ། །དེ་ལ་བྱང་ཆུབ་སེམས་དཔའ་དགེ་བའི་བཤེས་གཉེན་ལ་ཆོས་ཉན་པ་ན། གང་ཟག ་ཆོས་སྨྲ་བ་དེ་ལ་གནས་ལྔར་ཡིད་ལ་བྱེད་པ་མི་བྱ་བར་རྣ་བླགས་ཏེ། དད?་པའི་ཡིད་ཀྱིས་ཆོས་མཉན་པར་བྱའོ། །ཚུལ་ཁྲིམས་ཉམས་པ་ལ་ཡིད་ལ་བྱེད་པར་མི་བྱ་སྟེ། འདི་ལྟར་འདི་ནི་ཚུལ་ཁྲིམས་ཉམས་ཤིང་སྡོམ་པ་ལ་གནས་པ་མ་ཡིན་གྱིས། བདག ་གིས་འདི་ལས་མཉན་པར་མི་བྱའོ་སྙམ་དུ་སེམས་མངོན་པར་འདུ་མི་བྱའོ། །རིགས་དམའ་བ་ལ་ཡང་ཡིད་ལ་བྱེད་པར་མི་བྱ་སྟེ། འདི་ལྟར་འདི་ནི་རིགས་དམའ་བ་ཡིན་གྱིས། འདི་ལས་བདག་གིས་མཉན་པར་མི་བྱའོ་སྙམ་དུ་སེམས་མངོན་པར་འདུ་མི ་བྱའོ། །བྱང་ངན་པ་ལ་ཡིད་ལ་བྱེད་བར་མི་བྱ་སྟེ། འདི་ལྟར་འདི་ནི་བྱང་ངན་གྱིས་བདག་ཉིད་འདི་ལ་མཉན་པར་མི་བྱའོ། །སྙམ་དུ་སེམས་མངོན་པར་འདུ་མི་བྱའོ། །ཚིག་འབྲུ་ངན་པ་ལ་ཡང་ཡིད་ལ་བྱེད་པར་མི་བྱ་སྟེ། འདི་ལྟར་འདི་ནི་ཚིག་ལེགས་པར་སྦྱར་བ་མ་ཡིན ་གྱིས། འདི་ལས་བདག་གིས་མཉན་པར་མི་བྱའོ་སྙམ་དུ་སེམས་མངོན་པར་འདུ་མི་བྱ་སྟེ། དོན་ལ་རྟོན་པར་བྱའི། ཚིག་འབྲུ་ལ་རྟོན་པར་མི་བྱའོ། །སྙན་པ་མེད་པ་ཡང་ཡིད་ལ་བྱེད་པར་མི་བྱ་སྟེ། འདི་ལྟར་འདི་ནི་ཚིག་རྩུབ་ཅིང་ཁྲོལ་སྙན་པར་ཆོས་སྨྲ་བ་ཡང ་མ་ཡིན་གྱིས། བདག་གིས་འདི་ལ་མཉན་པར་མི་བྱའོ། །སྙམ་དུ་སེམས་མངོན་པར་འདུ་མི་བྱའོ། །གནས་ལྔ་པོ་འདི་དག་ལ་ཡིད་ལ་བྱེད་པར་མི་བྱ་བར་བྱང་ཆུབ་སེམས་དཔས་གུས་པ་དང་བཅས་པས་དམ་པའི་ཆོས་ཡོངས་སུ་བཟུང་བར་བྱ་སྟེ། ཆོས་ནི་རྣམས་ཀྱང་གང ་ཟག་གི་སྐྱོན་གྱིས་སྐྱོན་ཅན་དུ་མི་འགྱུར་བའི་ཕྱིར་རོ། །དེ་ལ་བྱང་ཆུབ་སེམས་དཔའ་ཤེས་རབ་རྟུལ་པོ་གང། གང་ཟག་གི་སྐྱོན་རྣམས་ལ་སེམས་སྡང་ཞིང་ཆོས་ཉན་པར་མི་འདོད་པ་དེ་ནི། བདག་ཉིད་ཁོ་ན་ལ་གནོད་ཅིང་ཤེས་རབ་ཡོངས་སུ་ཉམས་པར་འགྱུར ་བར་ཞུགས་པ་ཡིན་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་ཇི་ལྟར་ཚད་མེད་པ་བཞི་སྒོམ་ཞེ་ན། བྱམས་པ་དང། སྙིང་རྗེ་དང། དགའ་བ་དང། བཏང་སྙོམས་ཏེ། མདོར་བསྡུ་ན་འདི་ལ་བྱང་ཆུབ་སེམས་དཔའ་ནི་ཚད་མེད་པ་བཞི་རྣམ་པ་གསུམ་དུ ་བསྒོམས་པར་བྱེད་དེ། སེམས་ཅན་ལ་དམིགས་པ་དང། ཆོས་ལ་དམིགས་པ་དང། དམིགས་པ་མེད་པའོ། །བྱང་ཆུབ་སེམས་དཔའ་སེམས་ཅན་ཐམས་ཅད་བདེ་བ་དང་ལྡན་པ་དང། སྡུག་བསྔལ་དང་ལྡན་པ་དང། སྡུག་བསྔལ་བ་ཡང་མ་ཡིན། བདེ་པ ་ཡང་མ་ཡིན་པ་དང་ལྡན་པའི་ཚོགས་གསུམ་དུ་རྣམ་པར་བཞག་ནས། སེམས་ཅན་བདེ་བ་འདོད་པ་རྣམས་ཀྱི་དབང་དུ་བྱས་ཏེ། བདེ་བ་སྒྲུབ་པའི་ལྷག་པའི་བསམ་པ་དང་ལྡན་པའི་བྱམས་པའི་སེམས་ཀྱིས་ཕྱོགས་བཅུ་ཁྱབ་པར་བྱས་ནས། སེམས ་ཅན་ལ་མོས་པས་གནས་པ་དེ་ནི་དེའི་སེམས་ཅན་ལ་དམིགས་པའི་བྱམས་པ་ཡིན་པར་རིག་པར་བྱའོ། །ཆོས་ཙམ་དུ་འདུ་ཤེས་པ་དང་ལྡན་པ། ཆོས་ཙམ་ལ་སེམས་ཅན་དུ་འདོགས་པར་བསམ་པ་ཐག་པ་ནས་མཐོང་སྟེ། བྱམས་པ་དེ་ཉིད ་སྒོམ་པར་བྱེད་པ་དེ་ནི་དེའི་ཆོས་ལ་དམིགས་པའི་བྱམས་པ་ཡིན་པར་རིག་པར་བྱའོ། །ཆོས་སུ་རྣམ་པར་རྟོག་པ་ཡང་མེད་པར་བྱམས་པ་དེ་ཉིད་སྒོམ་པར་བྱེད། དེའི་དམིགས་པ་མེད་པའི་བྱམས་པའི་ཡིན་པར་བྱའོ། །སེམས་ཅན་ལ་དམིགས་པ་དང། ཆོས་ལ ་དམིགས་པ་དང། དམིགས་པ་མེད་པའི་བྱམས་པ་ཇི་ལྟ་བ་བཞིན་དུ་སྙིང་རྗེ་དང། དགའ་བ་དང། བཏང་སྙོམས་ཀྱང་དེ་དང་འདྲ་བར་རིག་པར་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་ཅན་སྡུག་བསྔལ་དང་ལྡན་པ་རྣམས་ལས་བརྩམས་ཏེ། ཕྱོགས་བཅུ ་དག་ཏུ་སྡུག་བསྔལ་བསལ་བའི་ལྷག་པའི་བསམ་པ་སྙིང་རྗེ་དང་ལྡན་པའི་སེམས་སྒོམ་པར་བྱེད་པ་དེ་ནི་དེའི་སྙིང་རྗེའི་ཡིན་ནོ། །སེམས་ཅན་བདེ་བ་དང་ལྡན་པ་རྣམས་ལ་བརྩམས་ཏེ། ཕྱོགས་བཅུ་དག་ཏུ་བདེ་བ་ལ་རྗེས་སུ་ཡིད་རང་བའི་ལྷག་པའི་བསམ་པ ་དགའ་བ་དང་ལྡན་པའི་སེམས་སྒོམ་པར་བྱེད་པ་དེ་ནི་དེའི་དགའ་བ་ཡིན་ནོ། །དེའི་ཕྱོགས་བཅུ་དག་ཏུ་སེམས་ཅན་སྡུག་བསྔལ་བ་ཡང་མ་ཡིན་ནོ། །བདེ་བ་ཡང་མ་ཡིན་པ་དང་ལྡན་པ་དང། སྡུག་བསྔལ་དང་ལྡན་པ་དང། བདེ་པ་དང་ལྡན་པ་རྣམ་པ་གསུམ་པོ་དེ་དག ་ཉིད་ཀྱིས་ཉོན་མོངས་པ་གོ་རིམས་བཞིན་དུ་གཏི་མུག་དང་ཞེ་སྡང་དང་འདོད་ཆགས་བསལ་བའི་ལྷག་པའི་བསམ་པ་བཏང་སྙོམས་དང་ལྡན་པའི་སེམས་སྒོམ་པར་བྱེད་པ་དེ་ནི་དེའི་བཏང་སྙོམས་ཡིན་ནོ། །དེ་ལ་བྱང་ཆུབ་སེམས་དཔའ་བྱམས་པ་ལ་སོགས ་པ་ཚད་མེད་པ་སེམས་ཅན་ལ་དམིགས་པ་གང་ཡིན་པ་དེ་དག་ནི་གཞན་མུ་སྟེགས་ཅན་དང་ཐུན་མོང་པ་ཡིན་ནོ། །ཆོས་ལ་དམིགས་པ་གང་ཡིན་པ་དེ་དག་ནི་ཉན་ཐོས་དང། རང་སངས་རྒྱས་དང་ཐུན་མོང་པ་ཡིན་གྱི། མུ་སྟེགས་ཅན་དང་ནི་ཐུན་མོང་བ ་ཡིན་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་ཨི་དམིགས་པ་མེད་པའི་ཚད་མེད་པ་གང་ཡིན་པ་དེ་དག་ནི། མུ་སྟེགས་ཅན་དང། ཉན་ཐོས་དང། རང་སངས་རྒྱས་ཐམས་ཅད་དང་ཐུན་མོང་མ་ཡིན་པར་རིག་པར་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའ་ཨི་ཚད་མེད་པ་བྱམས ་པ་དང། སྙིང་རྗེ་དང། དགའ་བ་གསུམ་ནི་བདེ་བར་བྱ་བའི་ལྷག་པའི་བསམ་པས་བསྡུས་པར་རིག་པར་བྱའོ། །ཚད་མེད་པ་གཅིག་ནི་ཕན་པ་བྱ་བའི་ལྷག་པའི་བསམ་པས་བསྡུས་པར་རིག་པར་བྱ་སྟེ། འདི་ལྟ་སྟེ། བཏང་སྙོམས་སོ། །བྱང་ཆུབ་སེམས་དཔའ་ཨི ་ཚད་མེད་པ་དེ་དག་ཐམས་ཅད་ནི་སྙིང་བརྩེ་བ་ཞེས་བྱ་སྟེ། དེ་ལྟ་བས་ན་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྙིང་བརྩེ་བ་ཅན་ཞེས་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ནི་སེམས་ཅན་གྱི་ཁམས་ན་སྡུག་བསྔལ་རྣམ་པ་བརྒྱ་རྩ་བཅུ་མཐོང ་བས་སེམས་ཅན་རྣམས་ལ་སྙིང་རྗེ་སྒོམ་པར་བྱེད་དོ། །སྡུག་བསྔལ་རྣམ་པ་རྒྱ་རྩ་བཅུ་གང་ཞེ་ན། སྡུག་བསྔལ་རྣམ་པ་གཅིག་ནི་བྱེ་བྲག་མེད་པར་འཇུག་པའི་སྡུག་བསྔལ་ལས་བརྩམས་ཏེ། སེམས་ཅན་ཐམས་ཅད་འཇུག་པར་གཏོགས་པའི་སྡུག་བསྔལ ་དང་ལྡན་པའོ། །སྡུག་བསྔལ་རྣམ་པ་གཉིས་ནི་འདུན་པའི་རྩ་བ་ཅན་ཏེ། དགའ་བའི་དངོས་པོ་གང་དག་འགྱུར་ཞིང་གཞན་དུ་འགྱུར་བ་ལས་སྡུག་བསྔལ་སྐྱེ་བ་དང། རྣམ་པར་སྨིན་པ་རྨོངས་པ་ཅན་གྱི་སྡུག་བསྔལ་ཏེ། ལུས་ཀྱི་ཚོར་བ་དྲག་པོ་གང ་དག་གིས་ཐེབས་ན། ལུས་དེ་ལ་བདག་ཅེས་བྱ་བ་འམ། བདག་གི་ཞེས་བྱ་བ་རྣོངས་ནས་ཤིན་ཏུ་མྱ་ངན་བྱེད་ཅིང་གང་གིས་ལུས་དང་སེམས་ཀྱི་ཚོར་བའི་ཟུག་རྔུ་གཉིས་མྱོང་བའོ། །སྡུག་བསྔལ་རྣམས་གསུམ་ནི་སྡུག་བསྔལ་གྱི་སྡུག ་བསྔལ་དང། འདུ་བྱེད་ཀྱི་སྡུག་བསྔལ་དང། འགྱུར་བའི་སྡུག་བསྔལ་ལོ་སྡུག་བསྔལ་རྣམ་པ་བཞི་ནི། བྲལ་བའི་སྡུག་བསྔལ་ཏེ། སྡུག་པ་རྣམས་དང་བྲལ་བ་ལས་སྐྱེ་བ་གང་ཡིན་པ་དང། རྒྱུན་ཆད་པའི་སྡུག་བསྔལ་ཏེ། རིགས་མཐུན་པའི ་འདོར་བ་འཆི་བ་ལས་སྐྱེ་བ་གང་ཡིན་པ་དང། རྒྱུན་གྱི་སྡུག་བསྔལ་ཏེ། ཤི་བའི་འོག་ཏུ་སྐྱེ་བ་གཅིག་ནས་གཅིག་ཏུ་བརྒྱུད་པ་ལས་སྐྱེ་བ་གང་ཡིན་པ་དང། གཏན་ཏུ་སྡུག་བསྔལ་བ་ཏེ། ཡོངས་སུ་མྱ་ངན་ལས་མི་འདའ་བའ་ཨི་ཆོས་ཅན ་གྱི་སེམས་ཅན་རྣམས་ཀྱི་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་གང་ཡིན་པ་རྣམས་སོ། །སྡུག་བསྔལ་རྣམ་པ་ལྔ་ནི་འདོད་བ་ལ་འདུན་པའི་ཀུན་ནས་དཀྲིས་པའི་རྐྱེན་ཅན་དང། གནོད་སེམས་དང། རྨུགས་པ་དང། གཉིད་དང། རྒོད་པ་དང་འགྱོད་པ་དང། ཐེ་ཚོམ ་གྱིས་ཀུན་ནས་དཀྲིས་པའི་རྐྱེན་ཅན་གྱི་སྡུག་བསྔལ་ལོ། །སྡུག་བསྔལ་རྣམ་པ་དྲུག་ནི་ངན་སོང་གི་རྒྱུ་རྟེན་པའི་ཕྱིར་རྒྱུའི་སྡུག་བསྔལ་དང། ངན་སོང་དུ་སྐྱེས་པའི་ཕྱིར་འབྲས་བུའི་སྡུག་བསྔལ་དང། ལོངས་སྤྱོད་ལས་བརྩམས་ཏེ་ཡོངས་སུ་ཚོལ་བའི ་སྡུག་བསྔལ་དང། བསྲུང་བའི་སྡུག་བསྔལ་དང། ཆོག་མི་ཤེས་པའི་སྡུག་བསྔལ་དང། མེད་པར་འགྱུར་བའི་སྡུག་བསྔལ་ཏེ། དེ་དག་བསྡུས་པ་ནི་སྡུག་བསྔལ་རྣམ་པ་དྲུག་ཡིན་ནོ། །སྡུག་བསྔལ་རྣམ་པ་བདུན་ནི་སྐྱེ་བའི་སྡུག་བསྔལ་དང། རྒ་བ་དང། ་ན་བ་དང། འཆི་བ་དང། མི་སྡུག་པ་དང། ཕྲད་བ་དང། སྡུག་པ་མེད་པར་འགྱུར་བ་དང། འདོད་པ་བཙལ་ཏེ་མ་རྙེད་པ་གང་ཡིན་པ་དེ་ཡང་སྡུག་བསྔལ་ལོ། །སྡུག་བསྔལ་རྣམ་པ་བརྒྱད་ནི་གྲང་བའི་སྡུག་བསྔལ་དང། ཚ་བའི་སྡུག་བསྔལ་དང། བཀྲེས ་པའི་སྡུག་བསྔལ་དང། སྐོམ་པའི་སྡུག་བསྔལ་དང། རང་དབང་མེད་པའི་སྡུག་བསྔལ་དང། བདག་ལ་གནོད་པ་བྱེད་པའི་སྡུག་བསྔལ་འདི་ལྟ་སྟེ། གཅེར་བུ་པ་ལ་སོགས་པ་རྣམས་ཀྱི་ལྟ་བུ་དང། གནོད་བ་གཞན་ལས་བྱུང་བའི་སྡུག ་བསྔལ་འདི་ལྟ་སྟེ། གཞན་གྱི་ལག་པ་དང། བོང་བས་བསྣུན་པ་ལ་སོགས་པ་དང། ཤ་སྦྲང་དང། སྦྲང་བུ་མཆུ་རིངས་ལ་སོགས་པས་ཟིན་པ་དང། སྤྱོད་ལམ་སྣ་གཅིག་གིས་གནས་པའི་སྡུག་བསྔལ་ལོ། །སྡུག་བསྔལ་རྣམ་པ་དགུ་ནི། བདག ་ཉིད་རྒྱུད་པའི་སྡུག་བསྔལ་དང། གཞན་རྒྱུད་པའི་སྡུག་བསྔལ་དང། ཉེ་དུ་རྒྱུད་པའི་སྡུག་བསྔལ་དང། ལོངས་སྤྱོད་ཉམས་པའི་སྡུག་བསྔལ་དང། ནད་མེད་པ་ལས་ཉམས་པའི་སྡུག་བསྔལ་དང། ཚུལ་ཁྲིམས་ཉམས་པའི་སྡུག་བསྔལ་དང། ལྟ་བ་ཉམས ་པའི་སྡུག་བསྔལ་དང། ཚེ་འདི་པའི་སྡུག་བསྔལ་དང། ཚེ་ཕྱི་མའི་སྡུག་བསྔལ་ལོ། །སྡུག་བསྔལ་རྣམ་པ་བཅུ་ནི་ལུས་ཀྱི་ཡོ་བྱད་ཁ་ཟས་མེད་པའི་སྡུག་བསྔལ་དང། བཏུང་བ་དང། བཞོན་པ་དང། གོས་དང། རྒྱན་དང། སྣོད་སྤྱད་ཀྱི་ཡོ་བྱད་མེད་པའི་སྡུག ་བསྔལ་དང། སྤོས་དང། མེ་ཏོག་ཕྲེང་དང། བྱུག་པའི་ཡོ་བྱད་མེད་པའི་སྡུག་བསྔལ་དང། གང་དང་གླུ་དང་རོལ་མོའི་སྒྲའི་ཡོ་བྱད་མེད་པའི་སྡུག་བསྔལ་དང། སྣང་བའི་ཡོ་བྱད་མེད་པའི་སྡུག་བསྔལ་དང་བཅུ་པ་སྟེ། སྐྱེས་པ་དང། བུད་མེད་དགའ་མགུར་སྤྱོད ་པའི་ལུས་ཀྱི་ཡོ་བྱད་མེད་པའི་སྡུག་བསྔལ་ལོ། །ཡང་སྡུག་བསྔལ་ནི་རྣམ་པ་དགུར?་རིག་པར་བྱ་སྟེ། སྡུག་བསྔལ་ཐམས་ཅད་དང། སྡུག་བསྔལ་ཆེན་པོ་དང། ཐམས་ཅད་ཀྱི་སྒོ་ནས་སྡུག་བསྔལ་དང། ལོག་པར་ཞུགས་པའི་སྡུག་བསྔལ་དང། ་འཇུག་པའི་སྡུག་བསྔལ་དང། མི་འདོད་པའི་བྱས་པའི་སྡུག་བསྔལ་དང། ཕོངས་པའི་སྡུག་བསྔལ་དང། རྗེས་སུ་འབྲེལ་པ་ལས་བྱུང་བའི་སྡུག་བསྔལ་དང། རྣམ་པ་ཐམས་ཅད་ཀྱི་སྡུག་བསྔལ་ལོ། །དེ་ལ་སྡུག་བསྔལ་ཐམས་ཅད་ནི་སྔོན་གྱི་རྒྱུ་ལས ་བྱུང་བ་དང། དེ་ལྟར་གྱི་རྐྱེན་ལས་བྱུང་པའོ། །དེ་ལ་སྡུག་བསྔལ་ཆེན་པོ་ནི་ཡུན་རིང་བ་དང། བཟང་བརླག་པ་དང། སྣ་ཚོགས་པ་དང། རྒྱུན་མི་འཆད་པའོ། །དེ་ལ་ཐམས་ཅད་ཀྱི་སྒོ་ནས་སྡུག་བསྔལ་ནི་སེམས་ཅན་དམྱལ་བ་པའི་དང། དུད་འགྲོའི་སྐྱེ ་གནས་པའི་དང། ཡི་དགས་ཀྱི་འཇིག་རྟེན་པའི་དང། བདེ་འགྲོར་གཏོགས་པའོ། །དེ་ལ་ལོག་པར་ཞུགས་པའི་སྡུག་བསྔལ་ནི་ཆ་འདི་ལ་གཞན་གྱིས་གནོད་པར་བྱས་པ་དང། གཞན་ལ་གནོད་པར་བྱས་པ་ལས་བྱུང་བ་དང། ཀུན་ནས་སློང་པ་དང ་ཁ་ཟས་མི་མཐུན་པའི་ཟོས་པས་ཁམས་མ་སྙོམས་པ་ལས་བྱུང་བའི་སྡུག་བསྔལ་ཀུན་ནས་སློང་པ་དང། ཆོས་འདི་ལ་བདག་ཉིད་ཀྱིས་མི་རིགས་པར་སྡུག་བསྔལ་བར་བྱས་པ་ལས་བདག་གིས་བྱས་པའི་སྡུག་བསྔལ་ཀུན་ནས ་སློང་བ་དང། ཚུལ་བཞིན་མ་ཡིན་པའི་ཡིད་ལ་བྱེད་པ་དང། དེ་ལ་ཤས་ཆེར་གནས་པས་ཉོན་མོངས་པ་དང། ཉེ་བའི་ཉོན་མོངས་པས་ཀུན་ནས་དཀྲིས་པའི་སྡུག་བསྔལ་ཉམས་སུ་མྱོང་བར་འགྱུར་བ་དང། ལུས་དང་ངག་དང་ཡིད་ཀྱི་ཉེས་པར ་སྤྱོད་པ་ཤས་ཆེ་བས་ཕྱི་མ་ལ་ངན་སོང་བའི་སྡུག་བསྔལ་ཉམས་སུ་མྱོང་བར་འགྱུར་རོ། །དེ་ལ་འཇུག་པའི་སྡུག་བསྔལ་ནི་མ་ངེས་པ་རྣམ་པ་དྲུག་ལས་འབྱུང་བའི་སྟེ། འཁོར་བར་འཁོར་བ་ན་ལུས་མ་ངེས་པ་རྒྱལ་པོར་གྱུར་པ་ལས་མི་དབུལ་པོར ་གྱུར་པ་དང། ཕ་མ་མ་ངེས་པ་དང། བུ་དང་ཆུང་མ་མ་ངེས་པ་དང། བྲན་དང་བྲན་མོ་དང། ལས་བྱེད་པ་དང། ཞེ་ཤས་འཚོ་བ་མ་ངེས་པ་དང། མཛའ་ཤེས་དང། གྲོས་གྲོགས་དང། དེ་ཉེ་དུ་དང་སྣག་གི་གཉེན་མཚམས་མ་ངེས་པ་ལས་བྱུང ་བ་སྟེ། འཁོར་པར་འཁོར་བ་ན། ཕ་མར་གྱུར་པ་རྒྱས་པར་མཛའ་ཤེས་དང། གྲོས་གྲོགས་དང། ཉེ་དུ་དང། སྣག་གི་གཉེན་མཚམས་ཀྱི་བར་དུ་གྱུར་པ་ལས་དུས་གཞན་དུ་འཁོར་བར་འཁོར་བ་ན། གསོད་པ་དང་ཕྱིར་རྒོལ་བ་དང། དགྲ་བོར ་གྱུར་པ་དང། འཁོར་བར་འཁོར་ན་ལོངས་སྤྱོད་མ་ངེས་པས། ལོངས་སྤྱོད་ཆེན་པོར་གྱུར་པ་ལས། ཕྱིས་གཞན་དུ་མཆོག་ཏུ་དབུལ་པོར་འགྱུར་རོ། །དེ་ལ་མི་འདོད་པས་བྱས་པའི་སྡུག་བསྔལ་ནི་ཚེ་རིང་བར་འདོད་པ་ལས་མི་འདོད་པ་ལས ་མི་འདོད་བཞིན་དུ་ཚེ་ཐུང་བར་འགྱུར་བ་ལས་འབྱུང་བ་དང། བྱད་བཟང་བར་འདོད་པ་ལས་ཀྱང་མི་འདོད་བཞིན་དུ་བྱད་ངན་པར་འགྱུར་བ་དང། རིགས་མཐོན་པོར་སྐྱེ་བར་འདོད་པ་ལས་ཀྱང་མི་འདོད་བཞིན་དུ་རིགས་དམའ་བར་སྐྱེ་བར ་འགྱུར་བ་དང། དབང་ཕྱུག་འདོད་པ་ལས་ཀྱང་མི་འདོད་བཞིན་དུ་དབུལ་བོར་འགྱུར་བ་དང། སྟོབས་ཆེ་བར་འདོད་པ་ལས་ཀྱང་མི་འདོད་བཞིན་དུ་སྟོབས་ཆུང་ངུར་འགྱུར་བ་ལས་འབྱུང་བ་དང། ཤེས་བྱ་ཤེས་པར་འདོད་པ་ལས་ཀྱང་མི་འདོད་བཞིན་དུ་རྨོངས་པ་ཀུན་ཏུ། ་སྤྱོད་པ་ལས་འབྱུང་བ་དང། ཕ་རོལ་ཕམ་པར་འདོད་པ་ལས་ཀྱང། མི་འདོད་བཞིན་དུ་བདག་ཉིད་ཕམ་པ་ལས་བྱུང་བའི་སྡུག་བསྔལ་ལོ། །དེ་ལ་འཕོངས་པའི་སྡུག་བསྔལ་ནི་ཁྱིམ་པ་རྣམས་ཀྱི་བུ་དང་ཆུང་མ་ལ་སོགས་པ་འགྲིབ་པ་ལས་འབྱུང་བ་དང། རབ་ཏུ ་འབྱུང་བ་རྣམས་ཀྱི་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་འཕེལ་བས་ལས་བྱུང?་བའི་སྡུག་བསྔལ་དང། སྡུག་བསྔལ་གང་མུ་གེས་འཕོངས་པ་འམ། ཕ་རོལ་གྱི་དམག་ཚོགས་ཀྱིས་འཕོངས་པ་འམ། དགོན་པ་དང། གཅོང་རོང་དུ་འགྲོ་བའི་ཉམས་ང ་བས་འཕོངས་པ་ལས་བྱུང་བ་དང། སྡུག་བསྔལ་གང་ཕ་རོལ་ལས་རག་ལས་པས་འཚོ་བ་ལས་བྱུང་བ་དང། སྡུག་བསྔལ་གང་ཡན་ལག་དང་ཉིང་ལག་ཉམས་པས་འཕོངས་པར་གྱུར་བ་ལས་བྱུང་བ་དང། སྡུག་བསྔལ་གང་གསད་པ་དང། བཅིང་བ་དང། ་བཅད་པ་དང། བརྡེག་པ་དང། བསྐྲད་པ་ལ་སོགས་པས་འཕོངས་པ་ལས་འབྱུང་བའོ། །དེ་ལ་རྗེས་སུ་འབྲེལ་བ་ལས་འབྱུང་བའི་སྡུག་བསྔལ་བ་ནི་འཇིག་རྟེན་གྱི་ཆོས་བརྒྱད་ཀྱི་སྡུག་བསྔལ་གང་ཡིན་པ་སྟེ། འཇིག་པའི་ཆོས་ཅན་འཇིག་པ་དང། ཟད་པའི ་ཆོས་ཅན་ཟད་པ་དང། རྒ་བའི་ཆོས་ཅན་རྒ་བ་དང། ན་བའི་ཆོས་ཅན་ན་བ་དང། འཆི་བའི་ཆོས་ཅན་འཆི་བ་དང། ཡང་མ་རྙེད་པ་དང། མི་སྙན་པ་འམ། སྨད་པ་ལས་སྡུག་བསྔལ་འབྱུང་བ་གང་ཡིན་པ་སྟེ། སྡུག་བསྔལ་རྣམས་པ་བརྒྱད་པོ་འདི་དག་དང། ་འདོད་པའི་སྡུག་བསྔལ་དང། འདི་རྣམས་ནི་རྗེས་སུ་འབྲེལ་པ་ལས་བྱུང་བའི་སྡུག་བསྔལ་ཞེས་བྱའོ། །དེ་ལ་རྣམ་པ་ཐམས་ཅད་ཀྱི་སྡུག་བསྔལ་ནི་བདེ་བ་རྣམ་པ་ལྔ་ཇི་སྐད་བསྟན་པའི་མི་མཐུན་པའི་ཕྱོགས་ཀྱི་སྡུག་བསྔལ་གང་ཡིན་པ་སྟེ། རྒྱུའི་སྡུག ་བསྔལ་དང། ཚོར་བའི་སྡུག་བསྔལ་དང། བདེ་བ་མེད་པ་ཅན་གྱི་སྡུག་བསྔལ་དང། ཚོར་བ་རྒྱུན་མི་འཆད་པའི་སྡུག་བསྔལ་དང། མངོན་པར་འབྱུང་བ་དང། རབ་ཏུ་དབེན་པ་དང། ཉེ་བར་ཞི་བ་དང། རྫོགས་པའི་བྱང་ཆུབ་ཀྱི་བདེ་བའི་མི་མཐུན་པའི ་ཕྱོགས་ཁྱིམ་པ་དང། འདོད་པའི་ཁམས་དང། ཀུན་ཏུ་སྦྱོར་བ་ལས་བྱུང་བའི་རྟོག་པ་དང། སོ་སོར་སྐྱེ་བོའི་སྡུག་བསྔལ་ནི་ལྔ་པ་ཡིན་པར་རིག་པར་བྱ་སྟེ། སྡུག་བསྔལ་རྣམ་པ་ལྔ་པོ་འདི་དང་གནོད་པ་ལས་བྱུང་བ་དང། ཡོ་བྱད་མེད་པ་ལས་བྱུང་བ་དང། ཁམས ་མ་སྙོམས་པ་ལས་བྱུང་བ་དང། དགའ་བ་འགྱུར་བ་ལས་བྱུང་བ་དང། ཁམས་གསུམ་ན་སྤྱོད་པའི་ཉོན་མོངས་པའི་ཕྱོགས་གནས་ངན་ལེན་གྱི་སྡུག་བསྔལ་ལྔ་པོ་དེ་དང། སྔ་མའི་རྣམ་པ་ལྔ་གཅིག་ཏུ་བསྡུས་ཏེ། སྡུག་བསྔལ་རྣམ་པ་བཅུ་ནི་རྣམ་པ་ཐམས་ཅད ་ཅེས་བྱའོ། །དེ་ལྟར་སྔ་མའི་རྣམ་པ་ལྔ་བཅུ་རྩ་ལྔ་པོ་དང། རྣམ་པ་ལྔ་བཅུ་རྩ་ལྔ་པོ་འདི་དག་གཅིག་ཏུ་བསྡུས་ན་སྡུག་བསྔལ་རྣམ་པ་བརྒྱ་རྩ་བཅུར་འགྱུར་བ་ནི་བྱང་ཆུབ་སེམས་དཔའ་ཨི་སྙིང་རྗེ་ཡི་དམིགས་པ་སྟེ། དམིགས་པ་དེས་བྱང་ཆུབ་སེམས་དཔའ་རྣམས ་ཀྱི་སྙིང་རྗེ་སྐྱེ་ཞིང་རྣམ་པར་འཕེལ་ལ་སྒོམ་པ་ཡོངས་སུ་རྫོགས་པར་འགྱུར་རོ། །སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་དེ་ལས་སྡུག་བསྔལ་རྣམ་པ་བཅུ་དགུ་ལ་དམིགས་ལས་ནི་སྙིང་རྗེ་ཆེན་པོ་འཇུག་པར་འགྱུར་ཏེ། སྡུག་བསྔལ་རྣམ་པ་བཅུ་དགུ་པོ་གང་ཞེ་ན། ་རྣམ་པར་སྨིན་པ་རྨོངས་པ་ཅན་གྱི་སྡུག་བསྔལ་དང། འདུ་བྱེད་ཀྱི་སྡུག་བསྔལ་དུ་གཏོག་པའི་སྡུག་བསྔལ་དང། གཏན་དུ་སྡུག་བསྔལ་དང། རྒྱུའི་སྡུག་བསྔལ་དང། སྐྱེ་བའི་སྡུག་བསྔལ་དང། བདག་ཉིད་ཀྱིས་གནོད་པར་བྱས་པའི་སྡུག་བསྔལ་དང། ་ཚུལ་ཁྲིམས་ཉམས་པའི་སྡུག་བསྔལ་དང། ལྟ་པའི་ཉམས་པའི་སྡུག་བསྔལ་དང། སྔོན་གྱི་རྒྱུ་ལས་བྱུང་བའི་སྡུག་བསྔལ་དང། སྡུག་བསྔལ་ཆེན་པོ་དང། སེམས་ཅན་དམྱལ་བ་བའི་སྡུག་བསྔལ་དང། བདེ་འགྲོར་གཏོགས་པའི་སྡུག་བསྔལ་དང ་ལོག་པར་ཞུགས་པ་རྣམས་ལས་བྱུང་བའི་སྡུག་བསྔལ་ཐམས་ཅད་དང། འཇུག་པའི་སྡུག་བསྔལ་ཐམས་ཅད་དང། མི་ཤེས་པའི་སྡུག་བསྔལ་དང། རྒྱས་པ་ལས་བྱུང་བའི་སྡུག་བསྔལ་དང། རྗེས་སུ་འབྲེལ་པ་ལས་བྱུང་བའི་སྡུག་བསྔལ་དང། ཚོར་བའི་སྡུག ་བསྔལ་དང། གནས་ངན་ལེན་གྱི་སྡུག་བསྔལ་ལོ། །དེ་ལ་སྙིང་རྗེ་ནི་རྒྱུ་རྣམ་པ་བཞིས་སྙིང་རྗེ་ཆེན་པོ་ཞེས་བྱ་སྟེ། སེམས་ཅན་རྣམས་ཀྱི་སྡུག་བསྔལ་ཟ་བ་ཅིང་ཆ་ཕྲ་བ་ལ་རྟོགས་པར་དགའ་བ་ལ་དམིགས་ནས་སྐྱེས་པ་ཡིན་ནོ། །བསྐལ་པ་འབུམ་ཕྲག་དུ་མ་ནས ་གོམས་པ་ཡུན་རིང་པོར་ནས་འདྲིས་པ་ཡིན་ནོ། །བརྩོལ་བ་དྲག་པོས་དམིགས་པ་ལ་ཞུགས་པ་ཡང་ཡིན་སྟེ། བརྩོལ་པ་འདི་ལྟ་བུ་དང་ལྡན་ཞིང་སྙིང་རྗེས་ཟིན་པའི་བྱང་ཆུབ་སེམས་དཔའ་དེ་ནི་སེམས་ཅན་རྣམས་ཀྱི་སྡུག་བསྔལ་བསལ་པའི་ཕྱིར། བདག ་ཉིད་ཀྱི་ཕྱོགས་བརྒྱ་ཡང་ཡོངས་སུ་གཏོང་ན་སྲོག་གཅིག་ལྟ་ཅི་སྨོས། ལུས་ཀྱི་ཡོ་བྱད་ལྟ་ཡང་ཅི་སྨོས་ཏེ། སྡུག་བསྔལ་གྱིས་གནོད་པའི་རྣམ་པ་ཐམས་ཅད་ཀྱང་ཉམས་སུ་ལེན་པར་བྱེད་པ་ཡིན། ཤིན་ཏུ་རྣམ་པར་དག་པ་ཡང་ཡིན་ཏེ། འདི་ལྟ་སྟེ། མཐར ་ཐུག་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱང་ཆུབ་སེམས་དཔའ་ཨི་ས་ཡང་རྣམ་པར་དག་པའི་ཕྱིར་དང། དེ་བཞིན་གཤེགས་པ་རྣམས་ཀྱི་དེ་བཞིན་གཤེགས་པའི་སའི་ཡང་རྣམ་པར་དག་པའི་ཕྱིར་རོ། །བྱང་ཆུབ་སེམས་དཔའ་གང་དག་སྡུག་བསྔལ་རྒྱ་རྩ ་བཅུ་པོ་འདིས་སེམས་ཅན་རྣམས་ལ་སྙིང་རྗེ་སྒོམ་པར་བྱེད་པའི་བྱང་ཆུབ་སེམས་དཔའ་དེ་དག་ནི་བྱང་ཆུབ་སེམས་དཔའ་ཨི་སྙིང་རྗེ་ཐམས་ཅད་བསྒོམ་པ་ཡིན་ནོ། །དེ་དག་གིས་ནི་བསམ་པ་དག་པའི་ས་ལ་ཞུགས་པའི་སྙིང་རྗེའི་བསམ་པ་རྣམ་པར་དག་པ་ཡང་མྱུར ་བ་ཉིད་དུ་ཐོབ་པར་འགྱུར་རོ། །སེམས་ཅན་རྣམས་ལ་ཡང་སེམས་ཤིན་ཏུ་གཉེན་པ་དང། བྱམས་པའི་སེམས་དང། བྱེད་འདོད་པའི་སེམས་དང། སྐྱོ་པ་མེད་པའི་སེམས་དང། སྡུག་བསྔལ་ཉམས་སུ་ལེན་པའི་སེམས་དང། ལས་སུ་རུང་ཞིང་དབང་དུ་གྱུར་པའི་སེམས ་དང་ལྡན་པ་ཡིན་ནོ། །འཕགས་པ་ཉན་ཐོས་སྡུག་བསྔལ་གྱི་བདེན་པ་མངོན་པར་རྟོགས་པ་དང་ལྡན་པ་མཐར་ཐུག་པ་སྐྱོ་བ་དང་ལྡན་པའི་སེམས་ཀྱི་རྒྱུད་ཐག་རིང་དུ་སོང་བར་གྱུར་པ་ཡང་ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་ཅན་རྣམས ་ལ་སྙིང་རྗེ་ཆེན་པོ་སྔོན་དུ་འགྲོ་བའི་སེམས་ཀྱི་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་རྣམ་པ་བརྒྱ་རྩ་བཅུར་འདུས་པ་ཡང་དག་པར་མཐོང་ནས་འཇུག་པ་དེ་ལྟར་མི་འཇུག་གོ་།བྱང་ཆུབ་སེམས་དཔའ་དེ་ལྟར་སྙིང་རྗེས་ཡིད་ཡོངས་སུ་བསྒོས་པ་ནི་ནང་དང་ཕྱི་རོལ་གྱི ་དངོས་པོ་གང་ཅི་ཡང་ཡོངས་སུ་མི་གཏོང་བ་མེད་དོ། །ཚུལ་ཁྲིམས་ཀྱི་སྡོམ་པ་གང་ཡང་དག་པར་ལེན་པའི་མི་བྱེད་པ་དེ་མེད་དོ། །གཞན་གནོད་པ་བྱེད་པ་གང་མི་བཟོད་པ་དེ་ཅི་ཡང་མེད་དོ། །བརྩོན་འགྲུས་གང་མི་རྩོམ་བ་མེད་དོ། །བསམ་གཏན་གང་ལ་མི ་འཇུག་པ་དེ་མེད་དོ། །ཤེས་རབ་གང་ལ་མི་འཇུག་པ་དེ་མེད་དོ། །དེ་ལྟ་བས་ན་དེ་བཞིན་གཤེགས་པ་རྣམས་ལ་བྱང་ཆུབ་སེམས་དཔའ་ཨི་བྱང་ཆུབ་གང་ལ་གནས་ཤེས་ཞུས་ན། བྱང་ཆུབ་སེམས་དཔའ་ཨི་བྱང་ཆུབ་ནི་སྙིང་རྗེ་ལ་གནས་སོ་ཤེས་ཡང་དག་བར་ལུང ་སྟོན་པས་ལུང་སྟོན་པར་མཛད་དོ། །དེ་ལ་འདིར་བྱང་ཆུབ་སེམས་དཔའ་ཨི་ཚད་མེད་པ་རེ་རེ་ཞིང་ཇི་སྐད་བསྟན་པ་ནི་ཚད་མེད་པ་ཕུན་སུམ་ཚོགས་པས་ཕུན་སུམ་ཚོགས་པར་འཇུག་ཏེ། སྡུད་པའི་འབྲས་བུ་ཚད་མེད་པ་ཡོངས་སུ་འཛིན་ཅིང་རྣམ་པ་གཅིག་ཏུ་ངེས་པར་དགེ ་ཞིང་ཁ་ན་མ་ཐོ་བ་མེད་པ་ཚད་མེད་པ་དག་གིས་འཇུག་པའི་ཕྱིར་རོ། །བྱང་ཆུབ་སེམས་དཔའ་དེ་ལྟར་མེད་པ་བསྒོམ་པ་ལ་བརྩོན་པ་ནི་ཕན་ཡོན་བཞི་ཡོད་པར་རིག་པར་བྱ་སྟེ། ཚད་མེད་པ་སྒོམ་པ་དེ་ནི་ཐོག་མ་ཁོ་ནར་ཚེ་འདི་ལ་བདེ་བ་མཆོག་ལ་གནས ་པར་འགྱུར་པ་དང། བསོད་ནམས་ཀྱི་ཚོགས་ཚད་མེད་པ་ཡོངས་སུ་འཛིན་ཅིང་འཕེལ་བར་འགྱུར་བ་དང། བླ་ན་མེད་པ་ཡང་དག་བར་རྫོགས་པའི་བྱང་ཆུབ་ལ་བསམ་པ་བརྟན་པར་འགྱུར་བ་དང། སེམས་ཅན་རྣམས་ཀྱི་དོན་གྱི་ཕྱིར་འཁོར་བ་ན་སྡུག་བསྔལ ་ཐམས་ཅད་ཉམས?་སུ?་ལེན?་པར་འགྱུར་བའོ། བྱང་ཆུབ་སེམས་དཔའ་ཨི་སའི་གཞིའི་རྣལ་འབྱོར་གྱི་གནས་ལ་མཆོད་པ་དང། བརྟེན་པ་དང། ཚད་མེད་པའི་ལེའུ་སྟེ་བཅུ་དྲུག་པའོ།། །།བམ་པོ་བཅུ་བཞི་པ། །སྡོམ?་མི་ངོ་ཚེ་བརྟན་དང་མི ་སྐྱེ་དག་།དེ་བཞིན་བསྟན་ཆོས་འཇིག་རྟེན་ཤེས། །ལགས་བར་སྟོན་པར་བྱེད་པ་དང། །དེ་བཞིན་སོ་སོར་ཡང་དག་རིག་།ཚོགས་དང་བྱང་ཆུབ་ཕྱོགས་རྣམས་དང། །ཞི་གནས་དང་ནི་ལྷག་མཐོང་དང། །ཐབས་ལ་ཡང་ནི་མཁས་པ་དང། །གཟུངས་རྣམས་དང་ནི ་སྨོན་ལམ་དང། །ཏིང་འཛིན་གསུམ་དུ་ཤེས་བར་བྱ། །ཆོས་ཀྱི་མདོ་ནི་རྣམ་པ་བཞི། །དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ངོ་ཚ་ཤེས་པ་དང། །ཁྲེལ་ཡོད་པ་གང་ཞེ་ན། །དེ་ནི་མདོར་བསྡུས་ན་རྣམ་པ་གཉིས་སུ་རིག་པར་བྱ་སྟེ། །ངོ་བོ་ཉིད་དང་གནས་སོ། །བྱང ་ཆུབ་སེམས་དཔའ་ཁ་ན་མ་ཐོ་བ་ཀུན་ཏུ་སྤྱོད་པ་ན་བདག་གི་ཚམ་ཡིན་པར་ཤེས་ནས་འཛེམ་པ་ནི་ངོ་ཚ་ཤེས་པའོ། །དེ་ཉིད་ལ་གཞན་དག་ལ་འཇིགས་ཤིང་གུས་པས་འཛེམ་པ་ནི་ཁྲེལ་ཡོད་པའོ། །བྱང་ཆུབ་སེམས་དཔའ་ཨི་འཛེམ་པ་དེ་ཡང་རང ་བཞིན་གྱིས་ཤས་ཆེ་བ་ཡིན་ན། གོམས་པ་ལྟ་ཅི་སྨོས་ཏེ། བྱང་ཆུབ་སེམས་དཔའ་ཨི་ངོ་ཚ་ཤེས་པ་དང། ཁྲེལ་ཡོད་པའི་ངོ་བོ་ཉིད་ནི་དེ་ལྟ་བུ་ཡིན་པར་རིག་པར་བྱའོ། །གནས་ནི་མདོར་བསྡུས་ན་རྣམ་པ་བཞི་སྟེ། བྱང་ཆུབ་སེམས་དཔའ་ཨི་བྱ་བ་ལ་ནན ་ཏན་མི་བྱེད་པ་ལ་འཛེམ་པ་གང་ཡིན་དེ་ནི་གནས་དང་པོའོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཨི་བྱ་བ་མ་ཡིན་པ་ལ་ནན་ཏན་བྱེད་པ་ལ་འཛེམ་པ་གང་ཡིན་པ་དེ་ནི་གནས་གཉིས་པའོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཨི་བདག་ཉིད་ཀྱི་སྡིག་པ ་འཆབ་པ་ལ་འཛེམ་པ་ནི་གནས་གསུམ་པོའོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཨི་བདག་ཉིད་ཀྱི་འདོད་པ་སྐྱེས་པོ་རྟན་པ་དང་བཅས་པ་ཞར་ལ་བྱུང་བ་ལ་འཛེམ་པ་གང་ཡིན་པ་དེ་ནི་གནས་བཞི་པ་སྟེ། གནས་དེ་ནི་དེ་ལྟ་བུ་ཡིན་པར་རིག་པར་བྱའོ། །དེ་ ་ལ་བྱང་ཆུབ་སེམས་དཔའ་བརྟན་པའི་སྟོབས་བསྐྱེད་པ་གང་ཞེ་ན། དེ་ཡང་རྣམ་པ་གཉིས་སུ་བལྟ་བར་བྱ་བ་སྟེ། ངོ་བོ་ཉིད་དང་གནས་སོ། །ཉོན་མོངས་པ་ཅན་གྱི་སེམས་ཅན་དག་པར་སྡོམ་པ་དང། ཉོན་མོངས་པའི་དབང་དུ་མི་འགྲོ་བ་དང། སྡུག་བསྔལ་དང ་དུ་ལེན་པའི་ངང་ཚུལ་ཅན་ཉིད་དང། འཇིགས་ཤིང་སྐྲག་པ་རྣམ་པ་སྣ་ཚོགས་མང་པོ་མི་བཟད་པ་མངོན་དུ་བྱུང་བ་དག་གིས་ཀྱང་ཡང་དག་པའི་སྦྱོར་བ་ལས་མི་གཡོ་བ་དང། རང་བཞིན་གྱིས་སྙིང་སྟོབས་དང་ལྡན་པ་འམ། སོ་སོར་བརྟགས་པས་བསྟན ་པ་འདི་ནི་བརྟན་པའི་སྟོབས་བསྐྱེད་པའི་ངོ་བོ་ཉིད་ཡིན་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་ཨི་བརྟན་པའི་སྟོབས་བསྐྱེད་པ་དེའི་གནས་ནི་མདོར་སྡུས་ན་རྣམ་པ་ལྔ་ཡོད་པར་རིག་པར་བྱའོ། །འཁོར་བའི་སྡུག་བསྔལ་རྣམ་པ་སྣ་ཚོགས་དང་ཕྲད་བ ་དང། འདུལ་བ་ལས་གྱུར་པའི་ལོག་པར་འཇུག་པ་རྣམ་པ་སྣ་ཚོགས་དང། ཡུན་རིང་པོར་སེམས་ཅན་རྣམས་ཀྱི་དོན་གྱི་ཕྱིར་འཁོར་བ་ཁས་བླངས་པ་དང། བས་ཀྱི་རྒོལ་བ་དག་གིས་ཉམས་བསྐྱོད་ཀྱང་འཁོར་བ་ཕལ་པོའི་ནང་དུ་ཆོས་སྟོན་པ་དང། བྱང ་ཆུབ་སེམས་དཔའ་ཨི་བསླབ་པའི་གཞི་ཐམས་ཅད་ཁས་བླངས་ཏེ། རྒྱ་ཆེ་ཞིང་ཟབ་པའི་ཆོས་ཉན་པ་ནི་གནས་ལྔ་པར་རིག་པར་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡང་དག་པའི་སྦྱོར་བ་ཐམས་ཅད་ལ་རྒྱུ་ལྔས་ཡིད་ཡོངས་སུ་མི་སྐྱོ་བར་རིག་པར་བྱའོ།། ་འདི་ལ་བྱང་ཆུབ་སེམས་དཔའ་ནི་རང་བཞིན་གྱིས་སྟོབས་དང་ལྡན་པ་ཡིན་ཏེ། དེས་ན་ཡོངས་སུ་སྐྱོ་བར་མི་འགྱུར་རོ། །ཡང་དེས་ཡིད་ཡོངས་སུ་མི་སྐྱོ་བ་དེ་ཉིད་ཡང་དང་ཡང་དུ་གོམས་པར་བྱས་པ་ཡིན་ཏེ། དེས་ན་ཡོངས་སུ་སྐྱོ་བར་མི་འགྱུར་རོ། །ཡང་ཐབས་ཀྱིས ་ཡོངས་སུ་ཟིན་པའི་བརྩོན་འགྲུས་རྩོམ་པ་དང་ལྡན་པ་ཡིན་ཏེ། དེས་ན་སྔ་ཕྱི་བྱེ་བྲག་ཡང་དག་པར་མཐོང་བས་ཡོངས་སུ་སྐྱོ་བར་མི་འགྱུར་རོ། །ཤེས་རབ་ཀྱིས་སོ་སོ་རྟོག་པའི་སྟོབས་དྲག་པོ་དང་ལྡན་པ་ཡིན་ཏེ། དེས་ན་ཡོངས་སུ་སྐྱོ་བར་མི་འགྱུར་རོ། །སེམས ་ཅན་རྣམས་ལ་བྱང་ཆུབ་སེམས་དཔའ་དེའི་སྙིང་རྗེའི་སེམས་དང་སྙིང་བརྩེ་བའི་སེམས་དྲག་པོ་རྟག་ཏུ་རྒྱུན་མི་འཆད་པར་ཉེ་བར་གནས་པ་ཡིན་ཏེ། དེས་ན་ཡོངས་སུ་སྐྱོ་བར་མི་འགྱུར་རོ། །དེ་ལ་བྱང་ཆུབ་སེམས་དཔའ་ཨི་བསྟན་བཅོས་ཤེས་པ་གང་ཞེ་ན། འདི་ལ་བྱང་ཆུབ ་སེམས་དཔའ་རིག་པའི་གནས་ལྔ་པོ་དག་ལས་བརྩམས་ཏེ། མིང་གི་ཚོགས་དང། ཚིག་གི་ཚོགས་དང། ཡི་གེའི་ཚོགས་དང་ལྡན་པའི་ཆོས་གཞན་ལ་ལགས་པར་གཟུང་སྟེ། ཁ་ཏོན་ལེགས་པར་བྱ་བ་ཡིན། ཆོས་ཀྱི་དོན་དེ་ཉིད་ཀྱང་གཞན་ལས་ལེགས ་པར་ཐོས་པ་ཡིན། ཡང་ན་བདག་ཉིད་ཀྱིས་ལེགས་པར་བསམ་ཤིང། ལེགས་པར་བརྟགས་པ་ཡིན་ཏེ། དེ་ལྟར་བྱང་ཆུབ་སེམས་དཔའ་ཆོས་ཤེས་ཤིང་དོན་ཤེས་པས་ཆོས་དང་དོན་དེ་ཉིད་མི་བརྗེད་པར་བྱ་བའི་ཕྱིར་དང། ཆོས་དང་དོན་གྱི་བྱེ་བྲག ་སར་པ་སར་པ་དག་གོང་ནས་གོང་དུ་ཤེས་པར་བྱ་བའི་ཕྱིར་སྦྱོར་བ་མི་གཏོང་བ་ཡིན་ནོ། །ཐོས་པ་དང་བསམ་པའི་མཐར་ཐུག་པའི་དཔེ་ཆོས་དང་དོན་དེ་ལ་དུས་གཞན་ན་ཡོངས་སུ་སྨིན་པར་བྱས་པའི་དད་པ་ཐོབ་པ་ཡང་ཡིན་ཏེ། རྣམ་པ་དེ་དག་གིས་ན་བྱང་ཆུབ་སེམས ་དཔའ་ཨི་བསྟན་བཅོས་ཤེས་པ་ཚད་མེད་པ་དང། ཡོངས་སུ་རྫོགས་པ་དང། ཕྱིན་ཅི་མ་ལོག་པ་ཉིད་དུ་རིག་པར་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའ་ཨི་འཇིག་རྟེན་ཤེས་པ་གང་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔས་སེམས་ཅན་གྱི་འཇིག་རྟེན་ལས་བརྩམས་ནས། ་འདི་ལྟར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཏེ། ཀྱེ་མ་འཇིག་རྟེན་འདི་ནི་ཉམས་ང་བར་ཞུགས་པ་ཏེ། འདི་ལྟར་སྐྱེ་ཡང་སྐྱེ། རྒ་ཡང་རྒ། འཆི་ཡང་འཆི། འཆི་འཕོ་ཡང་འཆི་འཕོ། །སྐྱེ་ཡང་སྐྱེ་མོད་ཀྱི། འོན་ཀྱང་སེམས་ཅན་འདི་དག་རྒ་ཤིའི་འོག ་ཏུ་ངེས་པར་འབྱུང་བ་ཡང་དག་པ་ཇི་ལྟར་བ་བཞིན་དུ་རབ་ཏུ་མི་ཤེས་སོ་སྙམ་མོ། །ཡང་འདི་ལྟ་སྟེ། ཚེའི་སྙིགས་མ་དང། སེམས་ཅན་གྱི་སྙིགས་མ་དང། ཉོན་མོངས་པའི་སྙིགས་མ་དང། ལྟ་བའི་སྙིགས་མ་དང། དུས་ཀྱི་སྙིགས་མ་སྟེ། སྙིགས་མ་ལྔ་པོ་དག ་ལས་བརྩམས་ནས་སེམས་ཅན་གྱི་འཇིག་རྟེན་གྱི་སྙིགས་མ་ཤས་ཆེ་བའི་དུས་དང། སྙིགས་མ་མེད་པའི་དུས་དང། སྙིགས་མ་ཤས་ཆུང་བའི་དུས་ཀྱང་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཏེ། འདི་ལྟ་སྟེ། ད་ལྟར་གྱི་མི་རྣམས ་ནི་འཚོ་བའི་ཡུན་ཐུང་སྟེ། གང་ཡུན་རིང་དུ་འཚོ་བ་དེས་ཀྱང་ལོ་བརྒྱ་ཐུབ་པར་ཟད་དོ། །འདི་ལྟ་སྟེ། ད་ལྟར་གྱི་སེམས་ཅན་དག་ནི་ཕལ་ཆེར་པར་མི་འཛིན་པ། མར་མི་འཛིན་པ། དགེ་སྦྱོང་དུ་མི་འཛིན་པ། བྲམ་ཟེར་མི་འཛིན་པ་དང། རིགས་ཀྱི་གཙོ་བོ ་ལ་རིམ་གྲོ་མི་བྱེད་པ། དོན་དུ་འགྱུར་བར་མི་བྱེད་པ། བྱ་བའི་རིགས་པ་མི་བྱེད་པ། འཇིག་རྟེན་དང་འཇིག་རྟེན་ཕ་རོལ་ཏུ་ཁ་ན་མ་ཐོ་བ་རྣམས་ལ་འཇིག་པར་མི་ལྟ་བ། སྦྱིན་པ་དག་མི་བྱེད་པ། བསོད་ནམས་དག་མི་བྱེད་པ། བསྙེན་ཏེ་གནས་པ་ཉེ་བར ་མི་གནས། ཚུལ་ཁྲིམས་ཡང་དག་པར་བླངས་ཏེ་མི་འཇུག་པར་ཤ་སྟག་གོ་།འདི་ལྟ་སྟེ། ད་ལྟར་ཕལ་ཆེར་ཆོས་མ་ཡིན་པ་ལ་འདོད་ཆགས་པ་དང། མི་མཐུན་པས་ཆགས་པ་དང། མཚོན་ཆ་ཐོགས་པ་དང། དབྱུག་པ་ཐོགས་པ་དང། ་འཐབ་པ་དང། འཚང་འབྲུ་བ་དང། འགྱེད་བ་དང། རྩོད་པ་དང། གཡོ་བ་དང། འདྲིས་པ་དང། མི་སྲུན་པ་དང། བརྫུན་དུ་སྨྲ་བ་དང། ལོག་པའི་ཆོས་སུ་གཏོགས་པ་སྡིག་པ་མི་དགེ་བའི་ཆོས་རྣམ་པ་དུ་མ་དག་སྣང་ངོ། །འདི་ལྟ་སྟེ། ད་ལྟར ་དམ་པའི་ཆོས་འཇིག་པར་འགྱུར་བ་དང། དམ་པའི་ཆོས་ནུབ་པར་འགྱུར་བའི་དམ་པའི་ཆོས་ལྟར་བཅོས་པ་མང་པོ་ལོག་པར་ཆོས་ཀྱི་དོན་དཔྱོད་པ་སྔོན་དུ་འགྲོ་བ་དག་འབྱུང་ངོ། །འདི་ལྟ་སྟེ། ད་ལྟར་མུ་གེའི་བར་གྱི་བསྐལ་པ་དག་ཉེ ་བར་འགྱུར་ཏེ། མུ་གེ་ཕལ་ཆེར་སྣང་ངོ། །ནད་ཀྱི་བར་གྱི་བསྐལ་པ་ཡང་ཉེ་བར་གྱུར་ཏེ་ནད་རྣམས་ཕལ་ཆེར་སྣང་ངོ། །མཚོན་གྱི་བར་གྱི་བསྐལ་བ་ཡང་ཉེ་བར་འགྱུར་ཏེ། མཚོན་ཆས་བྱས་པའི་སོག་གཅོད་བདག་ཕལ་ཆེར་སྣང་སྟེ། སྔོན ་ནི་དེ་ལྟ་བུ་མ་བྱུང་ངོ་ཞེས་བྱ་བ་སྟེ། དེ་ལྟར་ན་བྱང་ཆུབ་སེམས་དཔའ་ནི་སེམས་ཅན་གྱི་འཇིག་རྟེན་ལས་བརྩམས་ཏེ། འཇིག་རྟེན་ཤེས་པ་ཡིན་ནོ། །ཡང་བྱང་ཆུབ་སེམས་དཔའ་སྣོད་ཀྱི་འཇིག་རྟེན་གྱི་འཇིག་པ་དང། འཆགས་པ་དང། སྣོད་ཀྱི་འཇིག་རྟེན་ཇི་ལྟར ་འཇིག་པ་དང། འཆགས་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ཡང་བྱང་ཆུབ་སེམས་དཔའ་ནི་འཇིག་རྟེན་དང། འཇིག་རྟེན་ཀུན་འབྱུང་བ་དང། འཇིག་རྟེན་འགོག་པ་དང། འཇིག་རྟེན་ཀུན་འབྱུང་བ་འགྱུར་བའི་ལམ་དང། འཇིག་རྟེན་འགོག་པར ་འགྱུར་བའི་ལམ་དང། འཇིག་རྟེན་གྱི་རོ་མྱང་བ་དང། ཉེས་དམིགས་དང། ངེས་པར་འགྱུར་བ་ཡང་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ཡང་བྱང་ཆུབ་སེམས་དཔའ་མིག་དང་ཡིད་ཀྱི་བར་དང། ཕུང་པོ་གཟུགས་ཅན་མ་ཡིན་པ་དང། འབྱུང་བ་ཆེན་པོ ་བཞི་ལས་གྱུར་པ་ནི་མིའི་ལུས་དེ་ཙམ་ལ་མི་ཉིད་ཅེས་བྱའོ། །དེ་ལ་བདག་གམ། སེམས་ཅན་ཞེས་བྱ་བའི་འདུ་ཤེས་གང་ཡིན་པ་དེ་ནི་འདུ་ཤེས་ཙམ་ཁོ་ནར་ཟད་དོ། །དེ་ལ་བདག་གིས་ནི་མིག་གིས་གཟུགས་རྣམས་མཐོང་ངོ། །ཡིད་ཀྱིས་ཆོས་རྣམས ་ཤེས་སོ། །ཞེས་བྱ་བའི་བར་དུ་དམ་འཆའ་བ་གང་ཡིན་པ་འདི་ནི་དམ་འཆའ་བ་ཙམ་ཁོ་ནར་ཟད་དོ། །དེ་ལ་འདི་ལྟར་ཚེ་དང་ལྡན་པ་དེ་མིང་ནི་འདི་ཞེས་བྱ། རིགས་ནི་འདི་ཞེས་བྱ། རུས་ནི་འདི་ཞེས་བྱ། ཁ་ཟས་ནི་འདི་ལྟ་བུ་ཞིག་ཟ་ཟ། བདེ་བ་དང ་སྡུག་བསྔལ་ནི་འདི་ལྟ་བུ་ཞིག་མྱོང། ཚེ་ནི་འདི་ཙམ་དུ་རིང། ཡུན་ནི་འདི་སྲིད་དུ་གནས་གནས། ཚེའི་མཛའ་ནི་འདི་ཙམ་མོ་ཞེས་བྱ་བའི་ཐ་སྙད་གང་ཡིན་པ་འདི་ནི་ཐ་སྙད་ཙམ་ཁོ་ནར་ཟད་དོ་ཞེས་ཐམས་ཅད་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། ། ་དེ་ལྟར་མ་བྱང་ཆུབ་སེམས་དཔའ་དེས་སེམས་ཅན་གྱི་འཇིག་རྟེན་གྱི་འཇུག་པ་དང། སྣོད་ཀྱི་འཇིག་རྟེན་གྱི་འཇུག་པ་དང། འཇིག་རྟེན་བརྟག་པའི་དོན་བརྒྱད་དང། འཇིག་རྟེན་གྱི་དོན་དམ་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཏེ། དེ་ལྟ་བས་ན ་འཇིག་རྟེན་ཤེས་པ་ཞེས་བྱའོ། །ཡང་བྱང་ཆུབ་སེམས་དཔའ་ནི་ཆེས་རྒན་པ་འམ། ཆོས་ཡོན་ཏན་གྱི་ཁྱད་པར་དུ་འཕགས་པ་ཞིག་མཐོང་ན་ལེགས་པར་ཀུན་ཏུ་སྨྲ་བར་བྱེད། ལངས་ཏེ་སྟན་སྟོབ་པར་བྱེད། གུས་པར་སྨྲ་ཞིང་ཕྱག ་འཚལ་བ་དང། མངོན་དུ་ལྡང་བ་དང། ཐལ་མོ་སྦྱར་བ་དང། འདུད་པའི་ལས་བྱེད། ཡང་ན་མཆོད་དང་ཡོན་ཏན་ངག་གིས་མཚུངས་པ་ཞིག་མཐོང་ན་ནི། འཇམ་པ་དང། མཉེན་པའི་ཚིག་གིས་ལེགས་པར་སྨྲ་བར་བྱེད། ཀུན་ཏུ་སྨྲ་བར་བྱེད། ཡང ་དག་པར་དགའ་བར་བྱེད་ཀྱི། ང་རྒྱལ་ལ་བརྟེན་ནས། དེ་དང་བདག་ཡོངས་སུ་དཔོག་པར་ནི་མི་བྱེད་དོ། །ཡང་ན་ན་ཚོད་དང་ཡོན་ཏན་དག་གིས་དམའ་བ་ཞིག་མཐོང་ན་ཡོན་ཏན་བསྐྱེད་པ་ལས་བརྩམས་ཏེ་ནུས་པ་བཞིན་དུ་སྤྲོ་བ་སྐྱེད་པར་བྱེད་དོ། དེའི་ཡང་དག་པའི ་ཡོན་ཏན་ཆུང་ངུ་ཡང་བརྗོད་པར་བྱེད། གང་གིས་དེ་གནོད་བར་འགྱུར་བའི་ཉེས་པ་ཡང་དག་ཡང་འཆབ་པར་བྱེད་དེ། སྒྲོགས་པར་མི་བྱེད་དོ། །དེ་ལ་བརྙས་པར་ཡང་མི་བྱེད་དོ། །ཆོས་དང་ཟང་ཟིང་འགའ་ཞིག་འདོད་ན་ཡང་དེ་ཤེས་ནས། ཕྱིར་ཕྱོགས ་ཤིང་ཁྲོ་གཉེར་མི་བྱེད་དོ། །དེ་ལ་འཁྲུལ་བ་ལ་ཡང་ཕྱིས་མི་བྱེད། དམའ་བ་ལ་ཡང་བརྙེས་པར་མི་བྱེད་དོ། །དེ་བཞིན་དུ་དམའ་བ་དང། མཚུངས་པ་དང། ཁྱད་པར་དུ་འཕགས་པའི་སེམས་ཅན་ཐམས་ཅད་ལ་ཡང་གསོད ་པོར་སྨྲ་ཞིང་ཚུར་ཤོག་།བདེ་བར་འོད་སོ་ཞེས་སྨྲ་ལ། ལེགས་པར་ངལ་སོར་འཇུག་སྟེ། ཡང་དག་པར་ཆོས་དང་ཟང་ཟིང་གིས་ཅི་ནུས་ཀྱིས་སྡུས་པར?་བྱེད་དོ། །སེམས་ཅན་རྣམས་གྱ་གྱུས་དྲོང་མི་ཟིན་པ་དང་ལྡན་པར་མི་བྱེད། ཐོས་པའི་ཁྱད་པར་འགའ་ ་ཙམ་གྱིས་ཀྱང་བགྱིད་པར་མི་བྱེད་དོ། །སེམས་ཅན་བསྡུས་པ་བཞིན་དུ་ནང་པ་འམ། ཐ་མལ་པ་ལ་ཡང་རུང་སྟེ། ཡོ་བྱད་ཐམས་ཅད་དང་མཐུན་པའི་ལུས་དང་ངག་གིས་ཀྱང་ཡལ་བར་མི་འདོད་དོ། །འདྲིས་པ་ལ་ཇི་ལྟ་བ་བཞིན་དུ་མ་འདྲིས་པ་ཡང་དེ་ཁོ་ན ་བཞིན་ནོ། །ཐམས་ཅད་ཀྱང་མཛའ་བོ་དང་གྲོགས་པོར་བྱེད་དོ། །ཕྱིར་རྒོལ་བ་མེད་པ་བཞིན་ནོ། །སེམས་ཅན་མགོན་མེད་ཅིང་རྟེན་པ་མེད་པ་ཐམས་ཅད་ཀྱི་བྱ་བ་ཅི་ནུས་ཅི་ལྕོགས་ཀྱིས་བྱེད་དོ། །འདི་དག་ཐང་ཅིག་ཙམ་ཡང་མི་བདེ་བར་གནས་ཀྱང་ཅི་མ་རུང་སྙམ་ན། རྣམ ་གྲངས་གང་གིས་ཀྱང་གཞན་དག་ལ་སྡུག་བསྔལ་བ་དང་ཡིད་མི་བདེ་བར་སྒྲུབ་པར་མི་བྱེད་དོ། །དེ་ཉིད་རྐྱེན་དུ་བྱས་ཏེ་གནས་དག་དང་རྒོད་བར་བྱེད་ན་ཡང་ངན་པར་འགོད་པར་བྱེད་ཀྱི། མ་འོང་པར་དགོད་བར་མི་བྱེད་དོ། །སྐྱོན་མི་འབྱུང་ཞིང་མཆོག་ཏུ་ཡིད་བརྟན ་པར་གྱུར་བའི་གྲོགས་པོ་དག་ལ་ཡང་ཚོགས་པར་མི་བྱུང་པའི་ཚིག་བརྗོད་པར་མི་བྱེད་དོ། །གཞན་དག་ལ་ཡུན་རིང་དུ་ཁྲོ་བར་ཡང་མི་བྱེད་དོ། །ཁྲོས་སུ་ཟིན་ཀྱང་གཞན་དག་གིས་འཚང་སྒྲོགས་པར་མི་བྱེད་དོ། །གཞན་དག་གིས་ལུས་དང་ངག་གིས་བསྟིངས་སུ་ཟིན་ཀྱང ་སོ་སོར་བརྟགས་ནས་ཆོས་ཉིད་ལ་རྟོན་ཏམ། ཡང་ན་བདག་ཉིད་ཀྱི་ལན་ཁོ་ན་ཡིན་པར་ལྟ་བར་བྱེད་དོ། །སེམས་བརྟན་ཞིང་མི་རྒོད་བ་ཡིན། ལུས་དང་ངག་དང་ཡིད་ཀྱི་རྒྱུ་བ་བརྟན་པ་ཡིན། དྲི་མའི་ལས་ཀྱི་མཛའ་བཅུ་བཞི་དང་བྲལ་བ་ཡིན་ཕྱོགས་དྲུག ་གིས་བཀབ་བ་ཡིན། སྡིག་པའི་བྲོགས་པོ་བཞི་སྤངས་པ་ཡིན། དགེ་བའི་བཤེས་གཉེན་བཞི་ཡོངས་སུ་བཟུང་བ་ཡིན་ཏེ། དེ་དག་ཐམས་ཅད་མདོ་ལས་ཇི་སྐད་འབྱུང་བ་བཞིན་དུ་རིག་པར་བྱའོ། །ཚེ་འདི་ལ་ཕན་པའི་ཕྱིར་ལོངས་སྤྱོད་དང་ལྡན་པ་ལས ་བརྩམས་ཏེ། སྒྲུབ་ཕོད་པ་དང། ཀུན་ནས་བསྲུང་བ་དང་ལྡན་པ་དང། མཐུན་པར་འཚོ་བ་དང། འཇིག་རྟེན་པའི་བགྲོ?་དང། ལས་ཀྱི་གནས་རྣམས་ལ་མཁས་པར་གྱུར་པ་ཡིན་ནོ། །གཡོ་དང་རྒྱུ་མེད་པ་ཡིན་ཏེ། ཕ་རོལ་འདྲིང་པའི་ངང་ཚུལ་ཅན་ཡིན་ནོ། །ཁ་ན་མ ་ཐོ་བ་ཀུན་ཏུ་སྤྱོད་པ་རྣམས་ལ་ཡང་ངོ་ཚ་དང་ལྡན་པ་ཡིན་ནོ། །སྦྱོར་བ་ལྷུར་ལེན་ཅིང་བསྲུང་བས་ན་སྤྱོད་པ་ཕུན་སུམ་ཚོགས་པ་ཡིན། །གཞན་གྱིས་རྫས་ཡིད་བསྟན་ཏེ་གཏམས་པ་ལ་གཡོ་མི་བྱེད་པ་ཡིན། གཞན་གྱི་བུ་ལོན་ཆགས་པ་ལ་དོར་མི་བྱེད ་པ་ཡིན། བགོ་སྐལ་གཅིག་པ་ལ་མི་འདྲིས་པ་ཡིན། རིན་པོ་ཆེ་འམ། རིན་པོ་ཆེ་སྨོས་པ་མན་ཆད་ཀརཥ་པ་ན་ཡན་ཆད་རྨོངས་པ་དེ་ལ། བསླུ་བ་དག་གིས་མི་བསླུ་བ་ཡིན། དེ་བཞིན་དུ་འཇིག་རྟེན་པའི་ཐ་སྙད་ཀྱི་ཚུལ་འཇིག་རྟེན་ལ་ཕན ་འདོགས་པ་རྣམས་ལ་གཡར་བ་ཡིན། དོན་བྱ་བ་དེ་དང་དེ་དག་ལ་གཞན་དག་གིས་བཅོལ་ན་གྲོགས་སུ་འགྲོ་སྟེ། མི་འགྱུར་ཞིང་གཏམ་རླུང་ལ་བསྐུར་བར་མི་བྱེད་པ་ཡིན། ལས་ཀྱི་མཛའ་བཟང་པོ་དང་ལྡན་ཏེ། ལས་ཀྱི་མཛའ་ངན་པ་དང་ལྡན་པ་མ ་ཡིན། ཡང་རྒྱལ་པོ་བྱེད་ན་ཡང་ཆོས་བཞིན་དུ་བྱེད་ཀྱི། ཆོས་མ་ཡིན་པས་མི་བྱེད་པ་དང། ཆད་པས་གཅོད་པ་ལ་དགའ་བར་མི་བྱེད་ཅིང། སྐྱེ་བོ་ཕལ་པོ་ཆེ་འཆལ་པའི་ཚུལ་ཁྲིམས་ལས་བཟློག་ནས། ཚུལ་ཁྲིམས་དག་ལ་ཡང་དག་པར་འཛུད ་པར་བྱེད་དོ། །དེ་བཞིན་དུ་འཕགས་པའི་ཐ་སྙད་བརྒྱད་དང་ལྡན་པ་ཡིན་ཏེ་མཐོང་བ་ལ་མཐོང་ངོ་ཞེས་སྨྲ་བ་དང། ཐོས་པ་དང། བྱེ་བྲག་ཕྱེད་པ་དང། རྣམ་པར་ཤེས་པ་ལ་རྣམ་པར་ཤེས་སོ་ཞེས་སྨྲ་བ་དང། མ་མཐོང་བ་ལ་མ་མཐོང་ངོ་ཞེས་སྨྲ་བ་དང ་མ་ཐོས་པ་དང། བྱེ་བྲག་མ་ཕྱེད་པ་དང། རྣམ་པར་མ་ཤེས་པ་ལ་རྣམ་པར་མ་ཤེས་སོ་ཞེས་སྨྲ་བ་སྟེ། དེ་དག་དང་དེ་ལྟ་བུ་དང་མཐུན་པ་ཆོས་རྣམས་དང་ལྡན་པའི་བྱང་ཆུབ་སེམས་དཔའ་ནི་འཇིག་རྟེན་ཇི་ལྟར་ཤེས་པར་བྱ་བ་དང་འཇིག་རྟེན་ན ་གནས་པར་བྱ་བ་དེ་དག་ཐམས་ཅད་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཏེ། དེ་ལྟ་བས་ན་འཇིག་རྟེན་ཤེས་པ་ཞེས་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའ་རྟོན་པ་བཞི་པོ་དག་ལ་ཇི་ལྟར་སྦྱོར་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་ནི་དོན་འདོད ་པའི་ཕྱིར། གཞན་ལས་ཆོས་ཉན་པར་བྱེད་ཀྱི། ཚིག་འབྲུ་ལེགས་པར་སྦྱར་བ་འདོད་པའི་ཕྱིར་མ་ཡིན་ཏེ། དེ་དོན་འདོད་པའི་ཕྱིར་ཆོས་ཉན་གྱི། ཚིག་འབྲུ་འདོད་པའི་ཕྱིར་མ་ཡིན་པས་ན། ཕལ་པའི་སྐད་ཀྱི་ཆོས་སྟོན་ན་ཡང་བྱང་ཆུབ་སེམས ་དཔའ་དོན་ལ་རྟོན་པ་ནི་གུས་པར་བྱས་ཏེ་ཉན་པར་བྱེད་དོ། །ཡང་བྱང་ཆུབ་སེམས་དཔའ་ནི་ནག་པོ་བསྟན་པ་དང། ཆེན་པོ་བསྟན་པ་ཡང་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཏེ། རབ?་ཏུ་ཤེས་པས་ཀྱང?་རིགས་པ་ལ་རྟོན་པར་བྱེད་པ་ཡིན་གྱི་གནས་བརྟན་ནམ། ་ཤེས་པའི་གང་ཟག་གམ། དེ་བཞིན་གཤེགས་པ་འམ། དགེ་འདུན་གྱིས་ཆོས་འདི་དག་བཤད་དོ་ཞེས་གང་ཟག་ལ་རྟོན་པ་མ་ཡིན་ནོ། །དེ་ལྟར་རིགས་པ་ལ་རྟོན་གྱིས་གང་ཟག་ལ་མི་རྟོན་པ་དེ་ནི་དེ་ཁོ་ནའི་དོན་ལས་མི་གཡོ་ཞིང་ཆོས་རྣམས་ལ་གཞན་གྱི ་དྲིང་མི་འཇོག་པ་ཡང་ཡིན་ནོ། །ཡང་བྱང་ཆུབ་སེམས་དཔའ་ནི་དེ་བཞིན་གཤེགས་པ་ལ་དད་པ་ཞེན་ཅིང་དགའ་བ་ཞེན་ཏེ། གསུང་ལ་གཅིག་ཏུ་ངེས་པར་མངོན་པར་དགའ་བ་དང། དེ་བཞིན་གཤེགས་པའི་ངེས་པའི་དོན་གྱིས་མདོ་སྡེ་ལ་རྟོན་གྱི། དྲང་བའི་དོན ་ལ་མ་ཡིན་ཏེ། ངེས་པའི་དོན་གྱི་མདོ་སྡེ་ལ་རྟོན་ན། ཆོས་འདུལ་བ་འདི་ལས་མི་འཕྲོགས་པར་འགྱུར་ཏེ། འདི་ལྟར་དྲང་བའི་དོན་གྱི་མདོ་སྡེ་ནི་སྒོ་སྣ་ཚོགས་ནས་ཞུགས་པའི་དོན་གྱི་རྣམ་པར་དབྱེ་བ་མ་ངེས་པ་ཐེ་ཚོམ་སྐྱེད་པ་ཡིན་པའི་ཕྱིར་རོ། །གལ་ཏེ ་བྱང་ཆུབ་སེམས་དཔའ་ངེས་པའི་དོན་གྱི་མདོ་སྡེ་པ་ཡང་ངེས་པའི་མེད་པར་གྱུར་ན་ནི་དེ་ལྟར་ན་དེ་ཆོས་འདུལ་བ་འདི་ལས་འཕྲོགས་པར་འགྱུར་རོ། །ཡང་བྱང་ཆུབ་སེམས་དཔའ་ནི་རྟོགས་པའི་ཡེ་ཤེས་ལ་སྙིང་པོ་ལྟ་བ་ཡིན་གྱི། ཐོས་པ་དང་བསམས་པས ་ཆོས་དང་དོན་དང་རྣམ་པར་ཤེས་པ་ཙམ་ལ་ནི་མ་ཡིན་ནོ། །ངེས་སྒོམས་པའི་ཤེས་པས་ཤེས་པར་བྱ་བ་གང་ཡིན་པ་དེ་ནི་ཐོས་པ་དང་བསམས་པས་དོན་རྣམ་པར་ཤེས་པ་ཙམ་གྱིས་རྣམ་པར་ཤེས་པར་མི་ནུས་པར་རིག་ནས། དེ་བཞིན་གཤེགས་པས ་གསུངས་པའི་ཆོས་མཆོག་ཏུ་ཟབ་པ་དག་ཐོས་ན་ཡང་སྤོང་བར་མི་བྱེད་ཅིང་སྐུར་པ་མི་འདེབས་ཏེ། དེ་ལྟར་བྱང་ཆུབ་སེམས་དཔའ་རྟོན་པ་བཞི་པོ་དག་ལ་སྦྱོར་བར་བྱེད་དོ། །དེ་ལྟར་ན་ལེགས་པར་ཞུགས་པ་ཡིན་ནོ། །རྟོན་པ་བཞི་པོ་དེ་དག་ལས་ནི་མདོར་བསྡུས ་ན། ཚད་མ་ཉིད་བཞི་བསྟན་ཏེ་བསྟན་པའི་དོན་དང། རིགས་པ་དང། སྟོན་པ་དང། བསྒོམ་པ་ལས་བྱུང་རྟོགས་པའི་ཡེ་ཤེས་སོ། །རྟོན་པ་བཞི་པོ་ཐམས་ཅད་ཀྱིས་ནི་བྱང་ཆུབ་སེམས་དཔའ་ཨི་ཡང་དག་པའི་སྦྱོར་བ་རྩོམ་པ་ལ་ཞུགས ་པའི་ངེས་པར་འབྱིན་པ་འཁྲུལ་པ་མེད་པ་མངོན་པར་གསལ་བར་བྱས་པ་ཡིན་ནོ། །དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱང་ཆུབ་སེམས་དཔའ་ཨི་སོ་སོ་ཡང་དག་པར་རིག་པ་བཞི་གང་ཞེ་ན། ཆོས་ཐམས་ཅད་ཀྱི་རྣམ་གྲངས་ཐམས་ཅད་ལ་ཇི་སྙེད་ཡོད ་པ། །ཇི་ལྟར་ཡོད་པས་བསྒོམས་པས་ལས་བྱུང་བའི་ཤེས་པ་ཐོགས་པ་མེད་ཅིང་མི་བཟློག་པ་གང་ཡིན་པ་དེ་ནི་དེ་དག་གིས་ཆོས་སོ་སོར་ཡང་དག་པར་རིག་པའོ། །ཆོས་ཐམས་ཅད་ཀྱི་མཚན་ཉིད་ཐམས་ཅད་ལ་ཇི་སྙེད་ཡོད་པ་དང། ཇི་ལྟར་ཡོད ་པ་བསྒོམ་པ་ལས་བྱུང་བའི་ཤེས་པས་ཐོགས་པ་མེད་ཅིང་མི་ཟློག་པ་གང་ཡིན་པ་དེ་ནི་དེ་དག་གིས་དོན་སོ་སོར་ཡང་དག་པར་རིག་པའོ། །ཆོས་ཐམས་ཅད་ཀྱི་ངེས་པའི་དག་ཐམས་ཅད་ལ་ཇི་སྙེད་ཡོད་པ་དང། ཇི་ལྟར་ཡོད་པས་བསྒོམ་པ་ལས་བྱུང ་བའི་ཤེས་པ་ཐོགས་པ་མེད་ཅིང་མི་ཟློགས་པ་གང་ཡིན་པ་དེ་ནི་དེ་དག་གི་ངེས་པའི་ཚིགས་སོ་སོ་ཡང་དག་པར་རིག་པའོ། །ཆོས་ཐམས་ཅད་ཉིད་ཀྱི་རྣམ་པ་རབ་ཏུ་དབྱེ་བ་ཐམས་ཅད་ལ་ཇི་སྙེད་ཡོད་པ་དང། ཇི་ལྟར་ཡོད་པས་བསྒོམ་པ་ལས་བྱུང་བའི ་ཤེས་པ་ཐོགས་པ་མེད་ཅིང་མི་ཟློག་པ་གང་ཡིན་པ་དེ་ནི་དེ་དག་གི་སྤོབས་པ་སོ་སོ་ཡང་དག་པར་རིག་པ་སྟེ། བྱང་ཆུབ་སེམས་དཔའ་ཨི་སོ་སོ་ཡང་དག་པར་རིག་པ་བཞི་པོ་དེ་དག་ལ་རྟེན་ན། བྱང་ཆུབ་སེམས་དཔའ་རྣམས་ཀྱི་གནས་ལྔ་ལ་མཁས་པ་དཔག ་ཏུ་མེད་པར་འགྱུར་བར་རིག་པར་བྱ་སྟེ། ཕུང་པོ་ལ་མཁས་པ་དང། ཁམས་དང་སྐྱེ་མཆེད་དང། རྟེན་ཅིང་འབྲེལ་བར་འབྱུང་བ་དང། གནས་དང་གནས་མ་ཡིན་པ་ལ་མཁས་པའོ། །བྱང་ཆུབ་སེམས་དཔའ་ནི་ཆོས་རྣམ་པ་འདི་བཞིས་ཆོས་ཐམས་ཅད་བདག་ཉིད ་ཀྱིས་ལེགས་པར་མངོན་པར་རྫོགས་པར་སངས་རྒྱས་པར་འགྱུར་ལ། གཞན་དག་ལ་ཡང་རབ་ཏུ་བསྟན་ཏེ། དེ་ལས་གོང་ན་བདག་ཉིད་ཀྱིས་མངོན་པར་རྫོགས་པར་བྱང་ཆུབ་པ་ཡང་མེད་ན། ཕ་རོལ་དག་ལ་རབ་ཏུ་བསྟན་པ་ལྟ་ག་ལ་ཡོད། དེ་ལ ་བྱང་ཆུབ་སེམས་དཔའ་ཨི་བྱང་ཆུབ་ཀྱི་ཚོགས་གང་ཞེ་ན། དེ་ནི་རྣམ་པ་གཉིས་སུ་བལྟ་བར་བྱ་སྟེ། བསོད་ནམས་ཀྱི་ཚོགས་དང། ཡེ་ཤེས་ཀྱི་ཚོགས། །ཚོགས་རྣམ་པ་དེ་དག་གཉིས་ཀྱི་རྒྱས་པར་དབྱེ་བ་ནི་འདི་ལྟར་སྟེ། བདག་དང་གཞན་གྱི་དོན་གྱི་ལེའུ་ལས་འབྱུང ་བ་བཞིན་དུ་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་ཨི་བསོད་ནམས་དང། ཡེ་ཤེས་ཀྱི་ཚོགས་དེ་ཡང་བསྐལ་པ་གྲངས་མེད་པ་དང་པོ་ལ་ནི་ཆུབ་པར་རིག་པར་བྱའོ། །གཉིས་པ་ལ་ནི་འབྲིང་ངོ། །གསུམ་པ་ནི་ཚ་བར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་བྱང་ཆུབ ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་པོ་དག་ལ་ཇི་ལྟར་སྦྱོར་བར་བྱེད་ཅེ་ན། འདི་ལ་བྱང་ཆུབ་སེམས་དཔའ་ནི་བྱང་ཆུབ་སེམས་དཔའ་ཨི་སོ་སོ་ཡང་དག་པར་རིག་པ་བཞི་པོ་དག་ལ་བརྟེན་ནས། ཐབས་ཀྱིས་ཡོངས་སུ་ཟིན་པའི་ཡེ་ཤེས་ཀྱིས་བྱང་ཆུབ་ཀྱི ་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ལ། དེ་དག་མངོན་སུམ་དུ་ནི་མི་བྱེད་དོ། །དེས་ཐེག་པའི་ཚུལ་རྣམ་པ་གཉིས་པོ་ཉན་ཐོས་ཀྱི་ཐེག་པ་ཆེན་པོའི་ཚུལ་གྱིས་ཀྱང་དེ་དག་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ།། ་དེ་ལ་ཉན་ཐོས་ཀྱི་ཐེག་པའི་ཚུལ་གྱིས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་ནི་འདི་ལྟ་སྟེ། ཉན་ཐོས་ཀྱི་ས་ལས་ཐམས་ཅད་ཇི་སྐད་བསྟན་པ་བཞིན་དུ་རིག་པར་བྱའོ། །བྱང་ཆུབ་སེམས་ཐེག་པ་ཆེན་པོའི་ཚུལ་གྱིས་བྱང་ཆུབ་ཀྱི་ཕྱོགས ་ཀྱི་ཆོས་སུམ་ཅུ་རྩ་བདུན་ཇི་ལྟར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཤེ་ན། འདི་ལ་བྱང་ཆུབ་སེམས་དཔའ་ནི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་ཀྱང། ལུས་ལ་ལུས་ཀྱི་དངོས་པོ་རྣམ་པར་རྟོགས་པར་མི་བྱེད་ལ། ཐམས་ཅད ་ཀྱི་ཐམས་ཅད་དུ་མེད་པར་ཡང་མི་ལྟ་སྟེ། ལུས་བརྗོད་དུ་མེད་པའི་ངོ་བོ་ཉིད་ཀྱི་ཆོས་ཉིད་དེ་ཡང་ཡང་དག་པར་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་དེ་ནི་དེའི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་བའི་དྲན་པ་ཉེ་བར་གཞག་པ་དོན་དམ་པའོ། ། ་ཀུན་རྫོབ་ཀྱི་ཚུལ་དུ་ནི་བྱང་ཆུབ་སེམས་དཔའ་ཨི་རྣམ་པར་བཞག་པའི་ཚུལ་ཚད་མེད་པ་ཤེས་པ་དང་ལྡན་པའི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་བའི་དྲན་པ་ཉེ་བར་གཞག་པ་ཡིན་པར་རིག་པར་བྱའོ། །ལུས་ལ་ལུས་ཀྱི་ཕྱོགས་བལྟ་བའི་དྲན་པ་ཉེ་བར་བཞག ་པ་ཇི་ལྟ་བ་བཞིན་དུ། དྲན་པ་ཉེ་བར་གཞག་པ་ལྷག་མ་རྣམས་དང། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ལྷག་མ་རྣམས་ཀྱང་དེ་དང་འདྲི་བར་རིག་པར་བྱའོ། །དེ་ནི་ལུས་ལ་སོགས་པའི་ཆོས་རྣམས་ལ་སྡུག་བསྔལ་ལམ། ཀུན་འབྱུང་བར་ཡང་རྣམ་པར ་མི་རྟོག་ལ། དེས་བྱས་པའི་སྤོང་བ་ལ་ཡང་འགོག་པར་མི་རྟོག་གོ་།དེ་ཐོབ་པའི་རྒྱུ་ལ་ཡང་ལམ་དུ་མི་རྟོག་ལ། བརྗོད་དུ་མེད་པའི་ངོ་བོ་ཉིད་ཀྱིས་སྡུག་བསྔལ་གྱི་ཆོས་ཉིད་དང། ཀུན་འབྱུང་གི་ཆོས་ཉིད་དང། འགོག་པའི་ཆོས་ཉིད་དང། ལམ ་གྱི་ཆོས་ཉིད་ཀྱང་ཡང་དག་པར་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཏེ། དེ་ནི་དེའི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་བསྒོམ་པ་དོན་དམ་པ་ལ་རྟེན་ནས་བདེན་པ་བསྒོམ་པ་ཡིན་ནོ། །ཀུན་རྫོབ་ཏུ་ནི་བྱང་ཆུབ་སེམས་དཔའ་བདེན་པ་ལ་དམིགས་པའི་བསྒོམ ་པ་རྣམ་པར་བཞག་པའི་ཚུལ་ཚད་མེད་པ་ཤེས་པ་དང་ལྡན་པར་བལྟ་བར་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའ་ཨི་ཆོས་དེ་དག་ལ་དེ་ལྟར་རྣམ་པར་མི་རྟོག་པ་གང་ཡིན་པ་དེ་ནི་དེའི་ཞི་གནས་ཡིན་པར་བལྟ་བར་བྱའོ། །ཆོས་རྣམས་ལ་ཡང ་དག་པར་ཇི་ལྟ་བ་བཞིན་དུ་ཤེས་པ་དོན་དམ་པ་གང་ཡིན་པ་དེ་དང། རྣམ་པར་བཞག་པའི་ཚུལ་ཚད་མེད་པ་ཤེས་པ་གང་ཡིན་པ་དེ་ནི་དེའི་ལྷག་མཐོང་ཡིན་པར་བལྟ་བར་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའ་ཨི་ཞི་གནས་ནི་མདོར་བསྡུ་ན་རྣམ ་པ་བཞིར་རིགས་པར་བྱའོ། །དོན་དམ་པ་དང། བརྡར་བཏགས་པའི་ཤེས་པ་སྔོན་དུ་འགྲོ་བ་དང། དོན་དམ་པ་པ་དང། བརྡར་བརྟགས་པའི་ཤེས་པའི་འབྲས་བུ་དང། སྤྲོས་པའི་འདུ་ཤེས་ཐམས་ཅད་ལ་ལྷུན་གྱིས་གྲུབ་པར་འཇུག་པ་དང། བརྗོད་དུ་མེད་པའི་དངོས་པོ ་ཙམ་དེ་ལ་ཡང། མཚན་མ་མེད་པའི་ཕྱིར་རྣམ་པར་མི་རྟོག་པའི་སེམས་ཞི་པས་ཆོས་ཐམས་ཅད་མཉམ་པ་ཉིད་དུ་རོ་གཅིག་པར་འགྲོ་བ་ཅན་ཡིན་ཏེ། རྣམ་པར་བཞི་པོ་འདི་དག་གིས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཞི་གནས་ཀྱི་ལམ་ནི་བླ་ན་མེད་པ་ཡང ་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ཡེ་ཤེས་གཟིགས་པ་ཡོངས་སུ་འགྲུབ་པ་དང། ཡང་དག་པར་གྲུབ་པའི་བར་དུ་འཇུག་གོ་།དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ལྷག་མཐོང་ཡང་མདོར་བསྡུ་ན་རྣམ་པ་བཞི་ཁོ་ནར་རིག་པར་བྱ་སྟེ། ཞི་གནས་སྔོན་དུ་འགྲོ་བ ་རྣམ་པ་བཞི་པོ་དེ་ཉིད་དང། ཆོས་ཐམས་ཅད་ལ་སྒྲོ་འདོགས་པ་འཛིན་པའི་ངན་པའི་མཛའ་རྣམ་པར་སྤངས་པ་དང། སྐུར་པ་འདེབས་པ་འཛིན་པ་ངན་པའི་མཛའ་རྣམ་པར་སྤངས་པ་དང། ཚེས་རབ་ཏུ་དབྱེ་བ་རྣམ་པར་གཞག་པའི་ཚུལ་ཚད་མེད་པ་དང་ལྡན་པའི ་ལྷག་མཐོང་ཡིན་ཏེ། རྣམ་པ་བཞི་པོ་འདི་དག་གིས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལྷག་མཐོང་གིས་ལམ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ཡེ་ཤེས་གཟིགས་པ་ཡོངས་སུ་འགྲུབ་པ་དང། ཡང་དག་པར་འཐོབ་པའི་བར་དུ་འཇུག་གོ་།འདི ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཞི་གནས་དང་ལྷག་མཐོང་མདོར་བསྟན་པ་ཡིན་ནོ། །དེ་ལ་བྱང་ཆུབ་སེམས་དཔའ་ཨི་ཐབས་ལ་མཁས་པ་གང་ཞེ་ན། དེ་ནི་མདོར་བསྡུ་ན་རྣམ་པ་བཅུ་གཉིས་ཏེ། ནང་གི་སངས་རྒྱས་ཀྱི་ཆོས་ཡང་དག་པར་འགྲུབ་ལས ་བརྩམས་ཏེ། རྣམ་པ་དྲུག་དང། ཕྱི་རོལ་གྱི་སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་ལས་བརྩམས་ཏེ། རྣམ་པ་དྲུག་ཉིད་དོ། །དེ་ལ་ནང་གི་སངས་རྒྱས་ཀྱི་ཆོས་ཡང་དག་པར་འགྲུབ་པ་ལས་བརྩམས་ཏེ། ཐབས་ལ་མཁས་པ་རྣམ་པ་དྲུག་གང་ཞེ་ན། བྱང ་ཆུབ་སེམས་དཔའ་ཨི་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་དང་ལྡན་པར་ལྟ་བ་གང་ཡིན་པ་དང། འདུ་བྱེད་ཐམས་ཅད་ལ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པ་གང་ཡིན་པ་དང། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡེ ་ཤེས་འདོད་པ་གང་ཡིན་པ་དང། སེམས་ཅན་ལྟ་བ་ལ་བརྟེན་ནས། འཁོར་བ་ཡོངས་སུ་མི་གཏོང་བ་གང་ཡིན་པ་དང། འདུ་བྱེད་རྣམས་ལ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པ་ལས་བརྟེན་ནས། ཀུན་ནས་ཉོན་མོངས་པ་ཅན་མ་ཡིན་པའི་སེམས་ཀྱི ་འཁོར་བ་ན་འཁོར་བ་གང་ཡིན་པ་དང། སངས་རྒྱས་ཀྱི་ཡེ་ཤེས་འདོད་པ་ལ་བརྟེན་ནས་བརྩོན་འགྲུས་འབར་བ་གང་ཡིན་པ་དེ། འདི་ནི་ནང་གི་སངས་རྒྱས་ཀྱི་ཆོས་ཡང་དག་པར་འགྲུབ་པ་ལས་བརྩམས་ཏེ། ཐབས་མཁས་པ་རྣམ་པ་དྲུག་ཡིན་པར ་རིག་པར་བྱའོ། །དེ་ལ་ཕྱི་རོལ་གྱི་སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་ལས་བརྩམས་ཏེ། ཐབས་ལ་མཁས་པ་རྣམ་པ་དྲུག་གང་ཞེ་ན། ཐབས་ལ་མཁས་པ་གང་གི་བྱང་ཆུབ་སེམས་དཔའ་སེམས་ཅན་རྣམས་ཀྱི་དགེ་བའི་རྩ་བ་ཆུང་ངུ་ཡང་འབྲས་བུ ་ཚད་མེད་པར་སྒྱུར་བར་བྱེད་པ་དང། དེ་བཞིན་དུ་ཚོགས་ཆུང་ངུས་དགེ་བའི་རྩ་བ་རྒྱ་ཆེ་ཞིང་ཚད་མེད་པ་ཡང་དག་པར་སྐྱེད་པར་བྱེད་ཅིང་ཉེ་བར་སྒྲུབ་པར་བྱེད་པ་དང། དེ་བཞིན་དུ་སངས་རྒྱས་ཀྱི་བསྟན་པ་ལ་སེམས་ཅན་ཞེ་འགྲས་པ་རྣམས་ཀྱི་ཁོང་ཁྲོ་བ ་སེལ་བར་བྱེད་ལ། ཐ་མལ་པ་རྣམས་ནི་འཛུད་པར་བྱེད། ཞུགས་པ་རྣམས་ནི་ཡོངས་སུ་སྨིན་པར་བྱེད། ཡོངས་སུ་སྨིན་པ་རྣམ་པ་ནི་རྣམ་པར་གྲོལ་བར་བྱེད་པའོ། །དེ་ལ་བྱང་ཆུབ་སེམས་དཔས་སེམས་ཅན་རྣམས་ཀྱི་དགེ་བའི་རྩ་བ་ཆུང་ངུ་རྣམས་འབྲས་བུ་ཚད ་མེད་པར་ཇི་ལྟར་སྒྱུར་བར་བྱེད་ཅེ་ན། འདི་ལ་བྱང་ཆུབ་སེམས་དཔའ་སེམས་ཅན་གང་སུ་ཡང་རུང་བས་དངོས་པོ་ཐམས་ཅད་ཐ་ན་ཕྱེ་ཁྱོར་གང་ཙམ་ཡང་ཞིང་ཐ་ཆང་ཁོ་ན་ལ་སྦྱིན་དུ་འཇུག་ཅིང། ཐ་ན་དུད་འགྲོའི་སྐྱེ་གནས་སུ་སྐྱེས་པའི་སྲོག་ཆགས ་འབྱུང་པོ་ལ་སྦྱིན་དུ་འཇུག་ཅིང། སྦྱིན་དུ་བཅུག་ནས་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྡོར་འཇུག་སྟེ། དེ་ལྟར་དགེ་བའི་རྩ་བ་དེ་དངོས་པོ་དང་ཞིང་གིས་ཀྱང་ཆུང་མོད་ཀྱི། དེ་ཡང་ཡོངས་སུ་བསྔོ་བའི་དབང་གིས་འབྲས་བུ་ཚད་མེད ་པར་བསྒྱུར་བ་ཡིན་ནོ། །བྱང་ཆུབ་སེམས་དཔའ་ཚོགས་ཆུང་ངུས་སེམས་ཅན་རྣམས་ཀྱི་དགེ་བའི་རྩ་བ་རྒྱ་ཆེ་ཞིང་ཚད་མེད་པ་ཇི་ལྟར་སྐྱེད་ཅེ་ན། འདི་ལ་བྱང་ཆུབ་སེམས་དཔའ་ནི་སེམས་ཅན་ཟླ་བར་སྨྱུར་ཞིང། ཁ་ཟས་མི་ཟ་བ་ལ་སོགས་པ་ལོག་པ ་ལ་མོས་པ་རྣམས་ལ་འཕགས་པའི་བསྙེན་ཏེ་གནས་པ་ཡན་ལག་བརྒྱད་པ་སྟོན་པར་བྱེད་དེ། ཚོགས་ཆེ་ཞིང་མི་སྡུག་པའི་འབྲས་བུ་ཅན་གྱི་བསྙེན་ཏེ་གནས་པ་དེ་ལས་འདུན་བཟློག་ཅིང་ཡང་དག་པར་བླང་བ་ཚོགས་ཆུང་ཞིང། འབྲས་བུ་ཆེ་བའི ་བསྙེན་ཏེ་གནས་པ་ལ་ཡང་དག་པར་འཛུད་དོ། །དེ་བཞིན་དུ་སེམས་ཅན་བདག་ཉིད་དུབ་པར་བྱ་བའི་སྦྱོར་བ་ལ་བརྩོན་པ། ཐར་པ་འདོད་ལ། ལོག་པར་ཞུགས་པ་རྣམས་ལ་དབུ་མའི་ལམ་མཛའ་གཉིས་དང་བྲལ་བ་སྟོན་ཅིང་དེ་ལ་འཛུད་པར་བྱེད་དོ། །དེ་བཞིན ་དུ་མར་འཇུག་པ་དང། གཡང་སར་འཚོང་བ་དང། ཁ་ཟས་མི་ཟ་བར་འདུག་པ་ལ་སོགས་པ་མཐོ་རིས་འདོད་ཏེ། ལོག་པར་ཞུགས་པའི་སེམས་ཅན་རྣམས་ལ་ཚེ་འདི་ལ་བདེ་བར་གནས་པར་བྱ་བ་དང། ཕྱི་མ་ལ་ཡང་ཚོགས་མེད་པ་ཁོ་ནར་བདེ་བ་དང ་བཅས། ཡིད་བདེ་བ་དང་བཅས་པས་མཐོ་རིས་སུ་སྐྱེ་བར་བྱ་བའི་ཕྱིར་བསམ་གཏན་ཡང་དག་པར་སྟོན་ཏོ། །ཡང་རིག་བྱེད་ལས་འབྱུང་བའི་གསང་ཚིག་ལུང་ནོད་ཅིང་ཁ་དོན་དུ་བྱ་བས་དག་པའི་མཐར་ཐུག་པར་འགྱུར་བར་མོས་པའི་སེམས་ཅན་རྣམས ་སངས་རྒྱས་ཀྱི་བཀའ་ལུང་ནོད་པ་དང། ཁ་དོན་བྱ་བ་དང། དོན་སེམས་དཔའ་ལ་ཡང་དག་པར་འཛུད་དོ། །ཡང་དེ་བཞིན་གཤེགས་པས་གསུངས་པ་ཟབ་མོ་སྟོང་པ་ཉིད་དང་ལྡན་པའི་ཆོས་རྣམས་གཞན་དག་གིས་ཐོས་ན་ཅི་ནས་ཤས་ཆེར ་སྐྱོ་བ་དང། ཅི་ནས་ཤས་ཆེར་དད་པ་སྐྱེད་པར་འགྱུར་བ་དེ་ལྟ་དེ་ལྟར་གསལ་བར་བྱེད་ཅིང་སྟོན་པར་བྱེད་དེ། སྐད་ཅིག་གཅིག་ཙམ་ཞིག་སྐྱོ་བ་དང། དགའ་བ་དང་ལྡན་པའི་སེམས་དེ་ཡང། དགེ་བའི་རྩ་བ་རྒྱ་ཆེན་པོ་སྡུད་པའི་གྲོགས་སུ ་འགྲོ་ན། རྒྱུན་ཆགས་སུ་བྱུང་བ་ལྟ་ཅི་སྨོས། ཡང་བྱང་ཆུབ་སེམས་དཔའ་ནི་དད་པ་དང་ལྡན་པའི་ལྷག་པའི་བསམ་པས་ཕྱོགས་བཅུ་དག་གིས་འཇིག་རྟེན་ན་མེ་ཏོག་ཕྲེང་དང། སྤོས་རྣམ་པ་སྣ་ཚོགས་པར་མཆོག་གྱི་ནོམ་པ་གང་ཅི་ཡང་རུང་པ་ཡོད་པ་དེ ་དག་གིས་སངས་རྒྱས་དང་ཆོས་དང། དགེ་འདུན་དཀོན་མཆོག་གསུམ་ལ་མཆོད་པར་མོས་པ་བྱེད་ལ། གཞན་དག་ཀྱང་མོས་པ་བྱེད་དུ་འཇུག་གོ་།ཡང་ཕྱོགས་ཐམས་ཅད་དུ་དད་པ་དང་ལྡན་པའི་ལྷག་པའི་བསམ་པ་དེ་ཉིད་ཀྱིས་རྒྱས་པར ་བྱས་ནས། དཀོན་མཆོག་གསུམ་ལ་མཆོད་པ་ཐམས་ཅད་ལ་མངོན་པར་རྗེས་སུ་ཡི་རང་ལ། གཞན་དག་ཀྱང་རྗེས་སུ་ཡི་རང་བར་བྱེད་དུ་འཇུག་གོ་།ཡངས་སངས་རྒྱས་རྗེས་སུ་དྲན་པ་དང། ཆོས་རྗེས་སུ་དྲན་པ་དང། ལྷ་རྗེས་སུ་དྲན་པའི་བར་དུ་རྟག་ཏུ་རྒྱུན་མི་འཆད ་པར་སྒོམ་པར་བྱེད་ལ། གཞན་དག་ཡང་དག་པར་འཛིན་དུ་འཇུག་གོ་།ཡང་ཡིད་ལ་བརྗོད་པ་དག་གིས་དཀོན་མཆོག་གསུམ་ལ་ཕྱག་འཚལ་བས་དུས་དོན་ཡོད་པར་བྱེད་ཅིང་བྱེད་དུ་འཇུག་གོ་།ཡང་སེམས་ཅན་ཐམས་ཅད་ཀྱི་བསོད ་ནམས་ཐམས་ཅད་ལ་རྗེས་སུ་ཡི་རང་བར་བྱེད་ཅིང། རྗེས་སུ་ཡི་རང་དུ་འཇུག་གོ་།ཡང་སྙིང་རྗེ་ཆེན་པོ་ལ་ཞུགས་པའི་ལྷག་པའི་བསམ་པས་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་ཐམས་ཅད་བདག་ཉིད་ཀྱི་ཡང་དག་པར་ལེན་པར་བྱེད་ལ། ་གཞན་ཡང་དེ་ཉིད་ལ་ཡང་དག་པར་འཛིན་དུ་འཇུག་གོ་།ཡང་འདས་པ་དང། ད་ལྟར་བྱུང་བའི་འཁྲུལ་པ་ཐམས་ཅད་དང། ཉེས་པ་ཐམས་ཅད་དག་ཅིང་བསླབ་པར་འདོད་པ་དང་ལྡན་པའི་སེམས་ཀྱི་ཕྱོགས་ཐམས་ཅད་དུ་སངས་རྒྱས་བཅོམ་ལྡན ་འདས་རྣམས་ལ་སོ་སོར་འཆགས་པར་བྱེད་ལ་གཞན་དག་ཀྱང་དེ་ཉིད་ཡང་དག་པར་འཛིན་དུ་འཇུག་གོ་།དེ་དེ་ལྟར་རྒྱུན་མི་འཆད་པར་འཁྲུལ་པ་སོ་སོར་བཤགས་ན། ཚོགས་ཆུང་ངུས་ལས་ཀྱི་སྒྲིབ་པ་ཐམས་ཅད་ལས་རྣམ་པར་ཐར་པར་འགྱུར་རོ། །ཡང་བྱང་ཆུབ ་སེམས་དཔའ་རྫུ་འཕྲུལ་ཅན་སེམས་ལ་དབང་ཐོབ་པ་ནི་ཕྱོགས་བཅུ་ཐམས་ཅད་དུ་སངས་རྒྱས་དང། ཆོས་དང། དགེ་འདུན་ལ་བརྟེན་ཅིང། སེམས་ཅན་ལ་བརྟེན་ཏེ། སྤྲུལ་པ་མང་པོ་རྣམ་པ་སྣ་ཚོགས་ཀྱི་བསོད་ནམས་དཔག་ཏུ་མེད་པ་སྡུད་པར་བྱེད་དོ།། ་ཡང་བྱང་ཆུབ་སེམས་དཔའ་ནི་བྱམས་པ་དང། སྙིང་རྗེ་དང། དགའ་བ་དང། བཏང་སྙོམས་སྒོམ་པར་བྱེད་ལ། གཞན་ཡང་དེ་ཉིད་ཡང་དག་པར་འཛིན་དུ་འཇུག་སྟེ། དེ་ལྟར་ན་བྱང་ཆུབ་སེམས་དཔའ་ཨི་ནི་ཚོགས་ཆུང་ངུས་དགེ་བའི་རྩ་བ་རྒྱ་ཆེན་པོ་དཔག ་ཏུ་མེད་པའི་འབྲས་བུ་ཅན་དག་མངོན་པར་འགྲུབ་པར་བྱེད། ཡང་དག་པར་འགྲུབ་པར་བྱེད་དོ། །བྱང་ཆུབ་སེམས་དཔའ་ཇི་ལྟར་སེམས་ཅན་ཞི་འགྲས་པ་རྣམས་ཀྱི་ཁོང་ཁྲོ་བ་ནི་སེལ་བར་བྱེད། ཐ་མལ་པ་ནི་འཛུད་པར་བྱེད། ཞུགས་པ་རྣམས་ནི་ཡོངས་སུ ་སྨིན་པར་བྱེད། ཡོངས་སུ་སྨིན་པ་རྣམས་ནི་རྣམ་པར་གྲོལ་བར་བྱེད་ཅེ་ན། བྱང་ཆུབ་སེམས་དཔའ་དེའི་སེམས་ཅན་གྱི་དོན་རྣམ་པ་བཞི་མངོན་པར་འགྲུབ་པར་བྱེད་པ་འདི་ལ་ཡང་མདོར་སྡུ་ན་ཐབས་རྣམ་པ་དྲུག་ཁོ་ན་ཡོད་པར་རིག་པར་བྱ་སྟེ། མཐུན་པ་དང། ་འཁྱིག་ཅིང་སྡོད་པ་དང། མི་མཐུན་པའི་བསམ་པ་དང། ནན་ཐུར་ལས་བྱུང་བ་དང། བྱས་པ་ལ་ལན་ཀློན་པ་དང། དག་པ་ན་ཐབས་དྲུག་པའོ། །དེ་ལ་བྱང་ཆུབ་སེམས་དཔའ་ཨི་མཐུན་པའི་ཐབས་ནི་འདི་ཡིན་ཏེ། འདི་ལ་བྱང་ཆུབ་སེམས་དཔའ་ནི་སེམས ་ཅན་གང་དག་ལ་ཆོས་སྟོན་པར་འདོད་པ་དེ་དག་ལ་ཐོག་མ་ཁོ་ནར་ལུས་དང་ངག་གིས་ཀུན་ཏུ་སྤྱོད་པ་འཇམ་ཞིང་མཉེན་པ་དག་དང། ཉེ་བར་རབ་ཏུ་སྦྱིན་པ་དང། མཐུན་པར་འཇུག་པའི་ཀུན་ཏུ་སྤྱད་པ་དག་གིས་བདག་ལ་ཡོད་པ་དེ་དག་གི་ཁོང་ཁྲོ་བ་སེལ་བར་བྱེད་དོ།། ་ཁོང་ཁྲོ་བསལ་ནས་དགའ་བ་དང་གུས་བ་སྐྱེད་པར་བྱེད་དོ། །དགའ་བ་དང་གུས་པ་སྐྱེད་ནས་ཆོས་ལ་འདོད་པ་སྐྱེད་པར་བྱེད་དོ། །དེའི་འོག་ཏུ་དེ་དག་ལ་ཆོས་སྟོན་པར་བྱེད་དོ། །ཆོས་དེ་ཡང་ཅི་རིགས་པ་དང་ལེགས་པར་འཇུག་པར་འགྱུར ་བ་དང། བརྡ་ཕྲད་པར་དུས་སུ་རིམ་གྱིས་ཕྱིན་ཅི་མ་ལོག་པ་དང། དོན་དང་ལྡན་པར་སྟོན་ཏོ། །འཁྲུག་པ་ཡང་མི་འཇེད་པར་བྱེད་དོ། །སེམས་ཅན་འདུལ་པ་ལ་མཆོག་ཏུ་བྱེད་འདོད་པ་དང། སྙིང་བརྩེ་བའི་སེམས་དང་ཡང་ལྡན་ནོ། །དེ་རྫུ་འཕྲུལ་དང་སེམས ་ཀུན་རྗོད་པ་དང། རིགས་པའི་ཚུལ་གྱིས་ཆོས་བསྟན་པས་བསམ། གཞན་ལ་བཅོལ་བས་བསམ། སྤྲུལ་པས་རྣམ་པ་སྣ་ཚོགས་མང་པོ་དག་གིས་སེམས་ཅན་རྣམས་འདུལ་བར་བྱེད་དོ། །དོན་དང་ལྡན་པའི་བསྟན་ཆོས་མདོར་བསྡུས་པ་རྣམས ་རབ་ཏུ་རྒྱས་པར་བྱེད་པ་དང། ཧ་ཅང་རྒྱ་ཆེ་བ་རྣམས་མདོར་བསྡུས་པ་དང། དེ་བཞིན་དུ་ལུང་དབོག་པ་དང། ཟློས་སུ་འཇུག་པ་དང། འདྲི་བའི་སྐབས་དབྱེ་བ་དང། ཆོས་བཟུང་བ་རྣམས་དང། བླངས་པ་རྣམས་ཀྱི་དོན་ལེགས་པར་འགྲེལ་བ་དང། དམིགས ་པ་ཐམས་ཅད་དང་ལྡན་པའི་ཏིང་ངེ་འཛིན་ལ་འཇུག་པའི་སྒོ་རྣམས་དང་མཐུན་པའི་གདམས་ངག་རྗེས་སུ་བསྟན་པས་སེམས་ཅན་རྣམས་ལ་ཕན་འདོགས་ཤིང་སེམས་ཅན་རྣམས་ཀྱི་དོན་ཀུན་ཏུ་སྤྱོད་དོ། །སེམས་ཅན་གང་དག་དེ་བཞིན་གཤེགས ་པས་གསུངས་པའི་མདོ་སྡེ་ཟབ་མོ་སྟོང་པ་ཉིད་དང་ལྡན་པ་རྣམས་ཀྱི་དེ་བཞིན་གཤེགས་པ་རྣམས་ཀྱི་དགོངས་པའི་དོན་མ་ཤེས་ཏེ། མདོ་སྡེ་གང་དག་ལས་ཆོས་རྣམས་ཀྱི་ངོ་བོ་ཉིད་མེད་པར་སྟོན་པ་དང། ཆོས་རྣམས་དངོས་པོ་མེད་པ་དང། སྐྱེ་བ ་མེད་པ་དང། འགག་པ་མེད་པ་དང། ནམ་མཁའ་དང་འདྲ་བ་དང། སྒྱུ་མ་དང་རྨི་ལམ་ལྟ་བུར་སྟོན་པ་དེ་དག་གི་དོན་ཇི་ལྟ་བ་བཞིན་དུ་མ་ཤེས་ནས། སེམས་སྐྲག་ཏེ། འདི་དག་ནི་དེ་བཞིན་གཤེགས་པས་གསུངས་པ་མ་ཡིན་ནོ་ཞེས་མདོ་སྡེ་དེ་དག ་ཐམས་ཅད་ཀྱི་ཐམས་ཅད་དུ་སྤོང་བར་བྱེད་པའི་སེམས་ཅན་དེ་དག་ལ་ཡང་བྱང་ཆུབ་སེམས་དཔའ་ནས་མཐུན་པར་བྱེད་པའི་ཐབས་ལ་མཁས་པས་མདོ་སྡེ་དེ་དག་གི་དེ་བཞིན་གཤེགས་པའི་དགོངས་པའི་དོན་ཇི་ལྟ་བ་བཞིན་དུ་མཐུན་པར་བྱེད་ཅིང།?་སེམས་ཅན ་དེ་དག་ཀྱང་འཛིན་དུ་འཇུག་གོ་།འདི་ལྟ་བུར་ཡང་མཐུན་པར་བྱེད་དོ། །འདི་ལྟར་ཆོས་འདི་དག་ནི་ཐམས་ཅད་ཀྱི་ཐམས་ཅད་དུ་མེད་པ་མ་ཡིན་གྱི། འདི་དག་ལ་ནི་བརྗོད་པའི་བདག་ཉིད་ཀྱི་ངོ་བོ་ཉིད་མེད་དེ། དེའི་ཕྱིར་དེ་དག་ངོ་བོ་ཉིད་མེད་པ་ཞེས་བྱའོ། །གང་ལ ་བརྟེན་ནས་བརྗོད་པ་འཇུག་པའི་བརྗོད་པའི་དངོས་པོ་ཡོད་པ་དེ་ཡང་བརྗོད་པར་གང་དག་གི་ངོ་བོ་ཉིད་གང་བརྗོད་པ་ཡང་དག་པ་དེའི་ངོ་བོ་ཉིད་མ་ཡིན་ཏེ། དེ་ལྟ་བས་ན་དངོས་པོ་མེད་པ་ཞེས་བྱའོ། །དེ་ལྟ་ཡིན་པས་ཆོས་རྣམས་ཀྱི་བརྗོད་པར་བྱ་བའི་ངོ་བོ་ཉིད ་དེ་དག་ཀྱང་ཐོག་མ་ཉིད་ནས་ཐམས་ཅད་ཀྱི་ཐམས་ཅད་དུ་མེད་ན། དེ་དག་ཅི་ཞིག་སྐྱེ་བ་འམ། འགག་པར་འགྱུར་བ་དེ་ལྟ་བས་མ་མི་སྐྱེ་བ་དང། མི་འགག་པ་ཞེས་བྱའོ། །དཔེར་ན་ནམ་མཁའ་ལ་གཟུགས་རྣམས་དང། གཟུགས་ཀྱི་བྱ་བ་རྣམ་པ་སྣ་ཚོགས ་མང་པོ་སྣང་བས་ན་གཟུགས་རྣམས་དང། གཟུགས་ཀྱི་བྱ་བ་དེ་དག་ཐམས་ཅད་ཀྱི་འགྲོ་བ་དང། འོང་བ་དང། །འགྲེང་བ་དང། འཕར་བ་དང། ལྟུང་བ་དང། བསྐུམ་བ་དང། བརྐྱང་བ་དང། ལ་སོགས་པའི་གོ་སྐབས་ཀྱང་འབྱེད་ལ་གང་གི་ཚེ་གཟུགས ་དེ་དག་དང། གཟུགས་ཀྱི་བྱ་བ་དག་གསལ་བའི་ཚེ། གཟུགས་མེད་པ་ཙམ་གྱི་བདག་ཉིད་ཁོ་ནས་ནམ་མཁའ་ཡོངས་སུ་དག་པར་སྣང་པ་བཞིན་དུ། ནམ་མཁའ་ལྟ་བུའི་བརྗོད་དུ་མེད་པའི་དངོས་པོ་ལ་བརྗོད་པས་སྣ་ཚོགས་ཀྱིས་བྱས་པའི་འདུ་ཤེས ་རྣམས་དང། རྣམ་པར་རྟོག་པ་སྤྲོས་པ་ལ་ཆགས་པ་དང་ལྡན་པ་གཟུགས་དང་ལས་ལྟ་བུ་རྣམས་འབྱུང་སྟེ། བརྗོད་པས་བྱས་པའི་འདུ་ཤེས་དང། རྣམ་པར་རྟོག་པའི་སྤྲོས་པ་ལ་ཆགས་པ་དང་ལྡན་པ། གཟུགས་དང་ལས་ལྟ་བུ་རྣམ?་པ ་སྣ་ཚོགས་དེ་དག་ཐམས་ཅད་ཀྱི་གོ་སྐབས་ཀྱང་བརྗོད་དུ་མེད་པའི་དངོས་པོ་ན་མཁའ་ལྟ་བུ་དམ་འབྱེད་པར་བྱེད་དེ། གང་གིས་ཚེ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡེ་ཤེས་འཕགས་པས་བརྗོད་པ་སྐྱེད་པའི་ལོག་པའི་འདུ་ཤེས ་དང་རྣམ་པར་རྟོག་པ་སྤྲོས་པ་ལ་ཆགས་པ་དང་ལྡན་པ་དེ་དག་རྣམ་པ་ཐམས་ཅད་ཀྱི་ཐམས་ཅད་དུ་བསལ་བ་དེའི་ཚེ། བྱང་ཆུབ་སེམས་དཔའ་འཕགས་པའི་མཆོག་དེ་དག་གི་ཡེ་ཤེས་འཕགས་པ་དེས་བརྗོད་དུ་མེད་པའི་དངོས་པོ་དེ་བརྗོད་པ ་ཐམས་ཅད་ཀྱི་ངོ་བོ་ཉིད་མེད་པ་ཙམ་དུ་ནམ་མཁའ་ལྟ་བུར་ཡོངས་སུ་དག་པར་སྣང་ཞིང། དེའི་ཕ་རོལ་ཏུ་དེའི་རང་བཞིན་གཞན་ཚོལ་བར་མི་བྱེད་དེ། དེ་ལྟ་བས་ན་ཆོས་རྣམས་ནི་ནམ་མཁའ་ལྟ་བུ་ཞེས་བྱའོ། །དཔེར་ན་སྒྱུ་མ་ནི་ཇི་ལྟར་སྣང་བ་དེ་བཞིན་དུ་ཡོད ་པ་ཡང་མ་ཡིན་ལ། སྒྱུ་མ་བྱས་པ་ཐམས་ཅད་ཀྱི་ཐམས་ཅད་དུ་མེད་པ་ཡང་མ་ཡིན་པ་དེ་བཞིན་དུ་ཆོས་འདི་དག་ཀྱང་བརྗོད་པ་དང། འདྲིས་པའི་དབང་གིས་བྱིས་པ་རྣམས་ལ་ཇི་ལྟར་སྣང་བ་དེ་བཞིན་དུ་ཡོད་པ་ཡང་མ་ཡིན་ལ། དོན་དམ་པ ་པ་བརྗོད་དུ་མེད་པའི་བདག་ཉིད་དུ་ཐམས་ཅད་ཀྱི་ཐམས་ཅད་དུ་མེད་པ་ཡང་མ་ཡིན་ནོ། །དེ་དག་ཀྱང་འཇུག་པའི་ཚུལ་འདིས་སྒྱུ་མ་བཞིན་དུ་ཡོད་པ་ཡང་མ་ཡིན། མེད་པ་ཡང་མ་ཡིན་ཏེ། གཉིས་སུ་མེད་པས་དེའི་ཕྱིར་སྒྱུ་མ་ལྟ་བུ་ཞེས་བྱའོ། དེ་ལྟར ་ན་བྱང་ཆུབ་སེམས་དཔའ་ནི་ཆོས་ཀྱི་དབྱིངས་ཐམས་ཅད་ལ་ཅི་ཡང་དབྲི་བར་ཡང་མི་བྱེད། སྣོན་པར་མི་བྱེད། ཉུང་ངུར་ཡང་མི་བྱེད། ལྷག་པར་ཡང་མི་བྱེད། རྣམ་པར་འཇུག་པར་ཡང་མི་བྱེད་དེ། ཡང་དག་པར་ལ་ཡང་དག་པར་རབ་ཏུ་ཤེས ་ལ། དེ་ཁོ་ན་བཞིན་དུ་ཡང་ཡང་དག་པར་སྟོན་པར་བྱེད་པ་འདི་ནི་བྱང་ཆུབ་སེམས་དཔའ་ཨི་མཐུན་པའི་ཐབས་ཡིན་པར་རིག་པར་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའ་འཁྱིག་ཅིང་སྡོད་པའི་ཐབས་གང་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་ ་ནི་སེམས་ཅན་ཟས་དང་སྐོམ་ལ་སོགས་པ་ལུས་ཀྱི་ཡོ་བྱད་བཅུ་འདོད་པ་རྣམས་ལ་གལ་ཏེ་ཁྱེད་ཕར་འཛིན་པ་དང། མར་འཛིན་པ་དང། དགེ་སྦྱོང་དུ་འཛིན་པ་དང། བྲམ་ཟེར་འཛིན་པ་སྔ་ནས་བཞིན་དུ་རྒྱས་པར་གལ་ཏེ་ཁྱེར་རྣམས་ཚུལ་ཁྲིམས་ཡང་དག ་པར་ལེན་པའི་བར་དུ་བྱེད་ན་ནི་དེ་ལྟར་ན་ངས་ཁྱེད་ཅག་ལ་ཟས་དང་སྐོམ་ལ་སོགས་པ་ལུས་ཀྱི་ཡོ་བྱད་རྣམས་ལས་ཇི་ཙམ་འདོད་པ་སྦྱིན་པར་བྱའི། དེ་ལྟ་མ་ཡིན་ན་སྦྱིན་མི་འདོད་ཅེས་འཁྱིག་ཅིང་སྡོད་པར་བྱེད་དོ། །དེ་བཞིན་དུ་ཞིང་གི་དངོས་པོ་དང། ་ཁྱིམ་གྱི་དངོས་པོ་དང། ཟོད?་དགྲམ་པའི་ཁང་པའི་དངོས་པོ་དང། རྒྱལ་སྲིད་ཀྱི་དངོས་པོ་དང། ཡུལ་གྱི་དངོས་པོ་དང། ནོར་གྱི་དངོས་པོ་དང། འབྲུའི་དངོས་པོ་འདོད་པ་རྣམས་དང། དེ་བཞིན་དུ་བཟོ་དང། ལས་ཀྱི་གནས་ཀྱི་རིག་པ་འདོད་པ་རྣམས་དང། ་དེ་བཞིན་དུ་དེ་གྲོགས་བྱ་བར་འདོད་པ་རྣམས་དང། བག་མ་ལེན་པ་དང། བག་མ་གཏོང་བར་འདོད་པ་རྣམས་དང། ལྷག་བར་ཟ་བ་རྣམས་དང། འདུ་ཤིང་ཟ་བར་འདོད་པ་རྣམས་དང། བྱ་བའི་གྲོགས་འདོད་པའི་སེམས་ཅན་རྣམས་ལ་གལ་ཏེ ་ཁྱེད་རྣམས་པར་འཛིན་པར་བྱེད་ན་ནི། འདི་ལྟར་ངས་ཁྱེད་ཅག་ལ་ཞེས་བྱ་བ་ནས་རྒྱས་པར་བྱ་བ་དག་ལ་གྲོགས་སུ་འགྲོའོ་ཞེས་བྱ་བའི་བར་དུ་སྔ་མ་བཞིན་དུ་སྦྱར་ཏེ། བྱ་བ་ལ་འཁྱིག་ཅིང་སྡོད་པར་བྱེད་དོ། །ཡང་བྱང་ཆུབ་སེམས་དཔའ་ནི་སེམས་ཅན ་ཉེས་པ་བྱུང་བ་སུན་འབྱིན་པ་ལ་གནོད་པར་བྱེད་བ་གཞན་དག་གིས་གསང་པ་དང། བཅིང་བ་དང། གཅད་པ་དང། བརྡེག་པ་དང། སྨད་པ་དང། བསྡིགས་པ་དང། བསྐྲད་པའི་ཕྱིར་ཟིན་པ་དང། སྤུ་གཏའ་དང། གཏའ་དང། བརྩོད་བའི་ཕྱིར་ཟིན ་པ་རྣམས་ལ་གལ་ཏེ་ཕར་འཛིན་པ་དང། མར་འཛིམས་བྱེད་ན་ནི་ཞེས་བྱ་བ་ནས་རྒྱས་པར་སྔ་མ་བཞིན་ཏེ། དེ་ལྟར་ན་ངས་ཁྱེད་ཅག་སྡུག་བསྔལ་འདི་ལས་ཐར་པར་བྱའོ་ཞེས་ནུས་ཤིང་མཐུ་ཡོད་བཞིན་དུ་འཁྱིག་ཅིང་སྡོད་པར་བྱེད་དོ། །ཡང་བྱང ་ཆུབ་སེམས་དཔའ་ནི་སེམས་ཅན་རྒྱལ་པོ་དང། ཆོམ་རྐུན་དང། ཆུ་དང། མེ་དང་མི་དང་མི་ཡིན་པ་དང། འཚོ་བ་མེད་པ་དང། མི་སྙན་པ་ལ་སོགས་པའི་འཇིགས་པས་སྐྲག་པ་རྣམས་ལ་གལ་ཏེ་བར་འཛིན་པར་བྱེད་ན་ནི་ཞེས་བ་ནས། རྒྱས་པར་སྔ་མ་བཞིན ་ཏེ། དེ་ལྟར་ན་ངས་ཁྱེད་ཅག་འཇིགས་པ་འདི་ལ་ཡོངས་སུ་བསྐྱབས་པར་བྱའོ་ཞེས་འཁྱིག་ཅིང་སྡོད་པར་བྱེད་དོ། །ཡང་བྱང་ཆུབ་སེམས་དཔའ་ནི་སེམས་ཅན་སྡུག་པ་དང་ཕྲད་པར་འདོད་པ་རྣམས་དང། མི་སྡུག་པ་དང་བྲལ་བར་འདོད་པ་རྣམས་ལ་གལ་ཏེ་ཕར ་འཛིན་པར་བྱེད་ན་ནི་ཞེས་བྱ་བ་ནས་རྒྱས་པར་སྔ་མ་བཞིན་ཏེ། དེ་ལྟར་ན་ངས་ཁྱེད་ཅག་སྡུག་པ་དང། ཕྲད་པ་དང། མི་སྡུག་པ་དང་བྲལ་པར་བྱའོ། །ཞེས་འཁྱིག་ཅིང་སྡོད་པར་བྱའོ། །ཡང་བྱང་ཆུབ་སེམས་དཔའ་ནི་སེམས་ཅན་ནད་ཀྱིས་ཐེབས་ཏེ་ན་བ་རྣམས་ལ ་གལ་ཏེ་ཕར་འཛིན་པར་བྱེད་ན་ནི། ཞེས་བྱ་བ་ནས་རྒྱས་པར་སྔ་མ་ཡིན་ཏེ། དེ་ལྟར་ན་ངས་ཁྱེད་ཅག་ནད་ཀྱི་སྡུག་བསྔལ་འདི་ལས་ཐར་བར་བྱའོ་ཞེས་འཁྱིག་ཅིང་སྡོད་པར་བྱེད་དོ། །སེམས་ཅན་དེ་དག་ཀྱང་སྡིག་པ་སྤང་བ་དང། དགེ་བ་ཡང་དག་པར་བླང་བ ་དེ་ལ་མྱུར་བ་མྱུར་བར་བྱང་ཆུབ་སེམས་དཔའ་དེ་ལྟར་འཁྱིག་ཅིང་སྡོད་པའི་དགའ་མགུར་བྱེད་པར་འགྱུར་བ་དེ་ནི་བྱང་ཆུབ་སེམས་དཔའ་ཨི་འཁྱིག་ཅིང་སྡོད་པའི་ཐབས་ཞེས་བྱ་སྟེ། སེམས་ཅན་གང་དག་ཇི་སྐད་བརྗོད་པའི་དངོས་པོ་རྣམས་ལ། མྱུར་བ ་མྱུར་བར་བྱང་ཆུབ་སེམས་དཔའ་དེ་ལྟར་འཁྱིག་ཅིང་སྡོད་པའི་དགའ་མགུར་འཇུག་པར་མི་བྱེད་པ་དེ་དག་ལ་ནི་བྱང་ཆུབ་སེམས་དཔས་ཇི་སྐད་བརྗོད་པའི་དངོས་པོ་རྣམས་འདོད་པ་དག་ལ་ཕན་པར་འདོད་པའི་ཕྱིར་དངོས་པོ་དེ་དག་སྦྱིན་པར་མི་བྱེད་དེ། སྦྱིན ་པར་མི་འདོད་པའི་བསམ་པས་ནི་མ་ཡིན་ནོ། །སེམས་ཅན་སྡུག་བསྔལ་བར་གནས་པ་རྣམས་དང། སྐྲག་པ་རྣམས་དང། སྡུག་པ་དང་མི་སྡུག་པ་དང་ཕྲད་པ་དང་བྲལ་བར་འདོད་པ་རྣམས་དང། ནད་ཀྱི་སྡུག་བསྔལ་གྱིས་ཉམ་ཐག་པ་རྣམས་ལ་ཕན་པར ་འདོད་པའི་ཕྱིར་རོ་ཞིག་ཡལ་བར་འཇོག་ཏེ། ཡལ་བར་འདོར་བའི་བསམ་པ་དང། ཡོངས་སུ་སྐྱབས་པར་མི་བྱ་བའི་བསམ་པས་ནི་མ་ཡིན་ནོ། །སེམས་ཅན་དེ་དག་ཀྱང་དེ་ལྟར་བྱང་ཆུབ་སེམས་དཔའ་ལས་དྲག་པོ་ལ་འཇུག་ལ། སྙིང་ནས་ནི་བྱེད་ན་སྡིག་པ་སྤངས་པ་དང། ་དགེ་བའི་རྩ་བ་ཡང་དག་པར་བླང་བའི་ཕྱིར། ཕྱིས་དགའ་མགུར་བྱེད་པར་འགྱུར་རོ། །སེམས་ཅན་གང་དག་བྱང་ཆུབ་སེམས་དཔའ་ལ་སློང་བ་ཡང་མེད་ལ། སྡུག་བསྔལ་གནས་པ་ཡང་མ་ཡིན་པ་ནས་རྒྱས་ཕར་ནད་ཀྱིས་ཐེབས་པའི་བར་དག་ཀྱང་མ་ཡིན་ལ་དེ ་དག་དེ་དང་འདྲིས་ཤིང། མཛའ་བ་དེ་དག་ཀྱང་བྱང་ཆུབ་སེམས་དཔའ་འདི་ལྟ་སྟེ། ཕར་འཛིན་པ་ནས་རྒྱས་པར་ཚུལ་ཁྲིམས་ཡང་དག་པར་བླངས་ཏེ། གནས་པར་བྱ་བའི་བར་གྱི་ཕྱིར། དགེ་བའི་རྩ་བ་དེ་ཉིད་ཡང་དག་པར་འཛིན་དུ་འཇུག་གོ་།དེ་ལྟར་བྱང་ཆུབ་སེམས ་དཔས་ཡང་དག་པར་འཛིན་དུ་བཅུག་ཀྱང་གལ་ཏེ་འགྱུར་ཞིང་འཇུག་པར་མི་བྱེད་ན། དེ་དག་ལ་བྱང་ཆུབ་སེམས་དཔས་ཕན་པར་འདོད་པའི་ཕྱིར། བདག་ཉིད་འཁྲུག་པར་ཡང་སྟོན་ཏེ། སྙིང་ནས་འཁྲུག་པ་ནི་མ་ཡིན་ནོ། །བྱ་བ་རྣམས་ཡང་ཕན་པར་འདོད་པའི་ཕྱིར། ་རྒྱབ་ཀྱིས་ལྟ་བར་སྟོན་ཏེ། སྙིང་ནས་རྒྱབ་ཀྱིས་ལྟ་བ་ནི་མ་ཡིན་ནོ། །ཕན་པར་འདོད་པའི་ཕྱིར་དེ་ལ་འཇིག་རྟེན་པའི་ཕྱིར་གནོད་པ་འགའ་ཡང་བྱེད་དེ། སྙིང་ནས་གནོད་པ་བར་འདོད་པ་མ་ཡིན་ནོ། །བྱང་ཆུབ་སེམས་དཔའ་དེའི་བསམ་པ་དེ་དང། སྤྱོད་པ་དེ་ནི་སེམས་ཅན ་དེ་དག་ལ་མི་མཐུན་པར་བྱེད་དེ། དེས་ཀྱང་སེམས་ཅན་དེ་དག་སྡིག་པ་སྤོང་བ་དང། དགེ་བ་ཡང་དག་པར་བླང་བ་དེ་ལ་ཡང་དག་པར་འཛུད་དེ། དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་ཨི་སེམས་ཅན་འདུལ་བའི་ཐབས་འདི་ནི་མི་མཐུན་པའི་བསམ་པ་ཞེས་བྱའོ། །དེ་ལ ་བྱང་ཆུབ་སེམས་དཔའ་ཨི་ནི་ནན་ཐུར་ལས་བྱུང་བའི་ཐབས་གང་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་ནི་ཇོ་བོར་གྱུར་པ་འམ། རྒྱལ་པོར་གྱུར་པ་ཡང་རུང་སྟེ། བདག་པོར་གྱུར་ནས། བདག་གི་བྲན་ཉུག་མ་འམ། ཕབ་སྟེ་ཁུགས་པ་ཡང་རུང་བ་ལ་འདི་སྐད་དུ་ངའི ་འབངས་གཉུག་མ་འམ། ཕབ་སྟེ་ཁུགས་པ་སུ་ཡང་རུང་སྟེ། ཕར་མི་འཛིན་པ་ནས་རྒྱས་པར་འཆལ་བའི་ཚུལ་ཁྲིམས་བླངས་ནས། འདུག་པ་དེ་ལ་ངས་ཐང་གི་དབང་བའི་ཟས་དང་གོས་ཀུན་གཅད་དམ་གཅོད་དུ་གཞུག་གོ་།ཡང་ན་དེ་ལ་བརྡེག ་ཏུ་གཞུག་གོ་།ཡང་ན་ནོར་ཐམས་ཅད་དང་དབྲལ་ལོ། །ཡང་ན་ཐམས་ཅད་ཀྱི་ཐམས་ཅད་དུ་ཡུལ་ནས་སྤྱུག་གོ་ཞེས་ཡང་དག་པར་འཆོས་པར་བྱེད་དོ། །ལས་དེ་ལས་ཡང་ཞོ་ཤས་འཚོལ་བ་མཁས་པ་དང། བཤེས་གཉེན་ཅན་དག་སྐོ་བར་བྱེད་དོ། །སེམས་ཅན ་དེ་དག་ཀྱང་ཆད་པ་ཆེན་པོ་དེས་སྐྲག་ནས། སྡིགས་པ་ཡང་སྤོང་ཞིང་དགེ་བ་ཡང་དག་པར་བླངས་ཏེ་གནས་སོ། །སེམས་ཅན་དེ་དག་མི་འདོད་བཞིན་དུ་ཡང་ནན་གྱིས་གནན་པ་དེ་དང། ཐབས་ངས་དགེ་བ་ལ་འཛུད་པར་བྱེད། དེ་ལྟ་བས་ན་འདི་ནི་ནན་ཐུར་ལས ་བྱུང་བའི་ཐབས་ཞེས་བྱའོ།། །།བམ་པོ་བཅོ་ལྔ་པ། །དེ་ལ་བྱང་ཆུབ་སེམས་དཔའ་ཨི་བྱས་པ་ལན་ལྡོན་པའི་ཐབས་གང་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔས་སེམས་ཅན་གང་དག་ལ་སྔོན་སྦྱིན་པ་འམ། སྡུག་བསྔལ་བའི་སྐྱབས་སམ། འཇིགས ་པའི་སྐྱབས་སམ། སྡུག་པ་དང་མི་སྡུག་པ་དང་ཕྲད་པ་དང་བྲལ་བར་བྱས་པ་འམ། ནད་ཞི་བའི་ཕན་པ་ཉུང་ཡང་རུང། མང་ཡང་རུང་བ་བྱས་ལ་བྱས་པ་གཟོ་ཞིང་བྱས་པ་ཤེས་ཏེ། ཕྱིར་ལན་དུ་ཕན་འདོགས་པར་འདོད་པ་དེ་དག་ལ་བྱང་ཆུབ་སེམས་དཔས ་དགེ་བ་ཡང་དག་པར་བླང་བ་ཁོ་ན་ལན་དུ་འཆོལ་བར་བྱེད་ལ། ཁས་ལེན་ཏེ། འཇིག་རྟེན་གྱི་ཟང་ཟིང་ནི་ཅུང་ཟད་ཀྱང་མ་ཡིན་ནོ། །དེ་སྐད་དུ་གལ་ཏེ་ཁྱེད་ཀྱིས་ཕར་འཛིན་པ་དང། མར་འཛིན་པ་ནས་རྒྱས་པ་ཚུལ་ཁྲིམས་ཡང་དག་པར་བླང་བའི་བར་དུ་བྱས ་ནས། དེ་ཉིད་ཁྱེད་ཀྱི་ང་ལ་ལན་དུ་ཕན་བཏགས་པ་ཆེན་པོ་ཡིན་ནོ་ཞེས་ཟེར་ཞིང། བྱས་པའི་ལན་གློན་པ་དགེ་བ་ཡང་དག་པར་བླངས་པ་གཞན་ལས་རེ་བར་བྱེད་ལ། ཐབས་དེས་གཞན་དགེ་བ་དེ་ལ་ཡང་དག་པར་འཛུད་པར་བྱེད། དེ་ལྟ་བས་ན་ཐབས་དེ་ནི ་བྱས་པ་ལེན་གློན་པ་ཞེས་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའ་ཨི་རྣམ་པར་དག་པའི་ཐབས་གང་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་མཐར་ཐུག་པར་གྱུར་པའི་བྱང་ཆུབ་སེམས་དཔའ་ཨི་ས་ལ་གནས་ཤིང། བྱང་ཆུབ་སེམས་དཔའ་ཨི་ལམ་ཤིན་ཏུ་རྣམ་པར་སྦྱངས་པ་ནི ་བྱང་ཆུབ་སེམས་དཔའ་ཆེ་གེ་མོ་ཞིག་དགའ་ལྡན་གྱི་ལྷའི་རིགས་སུ་སྐྱེས་ཏེ། དེ་ནི་རིང་པོ་མི་ཐོག་པར་འཛམ་བུའི་གླིང་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་གྱིས། བདག་ཅག་གིས་དེས་མཉེས་པར་བྱས་ཏེ ་མི་མཉེས་པར་མི་བྱའོ། །བྱང་ཆུབ་སེམས་དཔའ་དེའི་དྲུང་དུ་ཡང་བདག་ཅག་སྐྱེ་བར་གྱུར་ཅིག་སྙམ་དུ་སེམས་པར་འགྱུར་བར་སེམས་ཅན་དཔག་ཏུ་མེད་པའི་ཡང་དག་པའི་འདུན་པ་སྐྱེད་པ་དང། འདུན་པ་ཆེ་བར་བྱ་བའི་ཕྱིར་དགའ་ལྡན་གྱི་ལྷའི་རིས་སུ་སྐྱེ ་པའོ། །ཡང་བྱང་ཆུབ་སེམས་དཔའ་དགའ་ལྡན་ལྷའི་རིས་ནས་ཤི་འཕོས་ནས། རིགས་མཐོན་པོ་འམ། ཀུན་གྱིས་བཀུར་བའི་ཁྱིམ་འདི་ལྟ་སྟེ། རྒྱལ་པོའི་ཕོ་བྲང་ངམ། མདུན་ན་འདོན་གྱི་ཁྱིམ་དུ་སྐྱེ་བར་འགྱུར་ཏེ། རང་སེམས་ཅན་རྣམས་ཀྱིས་གཅེས ་པ་བྱ་བ་སྐྱེད་པའི་ཕྱིར་འདོད་པ་རྒྱ་ཆེན་པོ་དག་སྤངས་ནས། མངོན་པར་འབྱུང་བར་བྱེད་དོ། །ཡང་སེམས་ཅན་དཀའ་བ་སྤྱོད་པ་ལ་མོས་པ་རྣམས་ཀྱི་འདུན་པ་བཟློག་པའི་ཕྱིར་དཀའ་བ་སྤྱོད་པ་ཉམས་སུ་ལེན་པར་བྱེད་དོ། །ཡང་དེ་ལས་གཞན་པའི་སེམས་ཅན ་རྣམས་ཀྱི་བྱང་ཆུབ་དང་རྣམ་པར་གྲོལ་བ་ཐུན་མོང་དུ་འགྱུར་བའི་འདོད་པ་སྐྱེད་པའི་ཕྱིར། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་བྱེད་དོ། །ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར ་སངས་རྒྱས་ནས། ད་ལྟར་གང་ལ་ཆོས་བསྟན་པར་བྱ་བའི་ཕྱིར་ཚངས་པ་ཉིད་བཅོམ་ལྡན་འདས་ལ་གསོལ་བ་འདེབས་པ་ལས་ན། ཀྱེ་མ་ཆོས་བསྟན་པ་འདི་ནི་ངན་དོན་ཙམ་མ་ཡིན་ནོ་སྙམ་སྟེ། སེམས་ཅན་དེ་དག་ཆོས་ལ་གུས་པ་བསྐྱེད་པའི་ཕྱིར། ་རེ་ཞིག་སེམས་ཅན་རྣམས་ལ་ཆོས་མི་སྟོན་པར་ཚངས་པས་གསོལ་བ་བཏབ་པ་ལ་བཞེས་པར་མཛད་དོ། །ཡང་འདིས་ནི་ཚངས་པས་གསོལ་བ་བཏབ་པ་ཁོ་ནས་ཚངས་པའི་ངོར་བྱ་བ་དང། གཞན་གྱིས་བསྐུལ་བའི་ཕྱིར་ཆོས་སྟོན ་པར་ཟད་ཀྱི། བདག་ཉིད་སེམས་ཅན་རྣམས་ལ་སྙིང་རྗེའི་སེམས་དང། བདག་ཉིད་ཀྱི་ཚུལ་གྱིས་ནི་མ་ཡིན་ནོ་སྙམ་དུ་ཤེས་ནས། སེམས་ཅན་ཁ་ཅིག་དེ་ལྟར་ལོག་པར་འཛིན་པ་བསལ་བའི་ཕྱིར། སངས་རྒྱས་ཀྱི་སྤྱན་གྱིས་འཇིག་རྟེན་ལ་རྣམ་པར་གཟིགས ་སོ། །ཡང་ཆོས་ཀྱི་འཁོར་ལོ་འཇིག་རྟེན་དུ་སྔོན་མ་སྐོར་བ་བསྐོར་བར་མཛད་དེ། དེ་ལྟར་ཆོས་སྟོན་པར་མཛད། བསླབ་པའི་གཞི་དག་ཀྱང་འཆའ་བར་མཛད་དེ། འདི་ནི་བྱང་ཆུབ་སེམས་དཔའ་ཨི་རྣམ་པར་དག་པའི་ཐབས་ཞེས་བྱ་སྟེ། ཐབས་འདི་ལས ་གོང་ན་ཐབས་ཚེས་ལྷག་པ་དང། ཆོས་གྱ་ནོམ་པ་གཞན་མེད་དོ། །དེ་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐབས་མཁས་པ་རྣམ་པ་དྲུག་པོ་འདི་དག་མདོ་དང། རྒྱས་པར་བསྟན་པས། སེམས་ཅན་ཞེ་འགྲས་པ་རྣམས་ཀྱི་ཁོང་ཁྲོ་བ་ནི་སེལ། ་ཐ་མལ་པ་རྣམས་ནི་འཛུད་པར་བྱེད། ཞུགས་པ་རྣམས་ནི་ཡོངས་སུ་སྨིན་པར་བྱེད། ཡོངས་སུ་སྨིན་པ་རྣམས་ནི་རྣམ་པར་གྲོལ་བར་བྱེད་དེ། འདི་ལས་གོང་ན་ཡང་མེད་དོ། །འདི་ལས་ལྷག་པ་ཡང་མེད་དོ། །འདི་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐབས ་ལ་མཁས་པ་ཡིན་ནོ། །དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གཟུངས་གང་ཞེ་ན། དེ་ནི་མདོར་སྡུ་ན་རྣམ་པ་བཞིར་བལྟ་བར་བྱ་སྟེ། ཆོས་ཀྱི་གཟུངས་དང། དོན་གྱི་གཟུངས་དང། གསང་སྔགས་ཀྱི་གཟུངས་དང། བྱང་ཆུབ་སེམས་དཔའ་བཟོད་པ ་འཐོབ་པར་བྱེད་པའི་གཟུངས་སོ། །དེ་ལ་ཆོས་ཀྱི་གཟུངས་གང་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་ནི་གང་གིས་ཐོས་པ་ཙམ་ཁོ་ནས་མ་གོམས་ཤིང་ཁ་ཏོན་བྱེད་བར་མ་བྱས་པའི་མིང་དང། ཚིག་དང་ཡི་གེར་གཏོགས་བའི་རིམ་བཞིན་དུ་བསྡེབས་ཤིང ་རིམ་བཞིན་དུ་སྦྱར་བའི་ཡི་གེ་ཚད་མེད་པ་དག་ཏུ་ཚད་མེད་པར་འཛིན་པར་འགྱུར་བ་དེ་ལྟ་བུ་དྲན་པ་དང། ཤེས་རབ་ཀྱི་སྟོབས་བསྐྱེད་པ་ཐོབ་པར་འགྱུར་རོ། །དེ་ལ་དོན་གྱི་གཟུངས་གང་ཞེ་ན། སྔ་མ་དང་འདྲ་བ་ལས། དེའི་ཁྱད་པར་ནི་འདི་ཡོད་དོ། །ཆོས་དེ་དག་ཉིད་ཀྱི ་དོན་ཚད་མེད་པ་དག་མ་གོམས་ཤིང། ཡིད་ཀྱིས་བྱང་བར་མ་བྱས་པར་དུས་ཚད་མེད་པ་དག་ཏུ་འཛིན་པའོ། །དེ་ལ་གསང་སྔགས་ཀྱི་གཟུངས་གང་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་ནི་གང་གིས་གསང་སྔགས་ཀྱི་གཞི་གང་དག་སེམས་ཅན་རྣམས་ཀྱི་ཡམས ་ཀྱི་ནད་ཡང་དག་པར་ཞི་བར་བྱ་བའི་ཕྱིར་བྱིན་གྱིས་རློབ་པར་བྱེད་དེ། ཡམས་ཀྱི་ནད་རྣམ་པ་དུ་མ་ཡང་དག་པར་ཞི་བར་བྱ་བ་ལ། དེ་དག་གྲུབ་ཅིང་མཆོག་ཏུ་གྲུབ་ལ་དོན་ཡོད་པ་དེ་ལྟ་བུའི་ཏིང་ངེ་འཛིན་གྱི་དབང་ཐོབ་པར་འགྱུར་བ་སྟེ། འདི་ནི་བྱང་ཆུབ་སེམས་དཔའ་ཨི ་གསང་སྔགས་ཀྱི་གཟུང་ཤེས་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱང་ཆུབ་སེམས་དཔའ་ཨི་བཟོད་པ་འཐོབ་པར་བྱེད་པའི་གཟུངས་གང་ཞེ་ན། འདི་ནི་བྱང་ཆུབ་སེམས་དཔའ་བདག་ཉིད་ཀྱི་རྒྱུ་ལ་ཤིན་ཏུ་སྤྱད་པ། ཤེས་རབ་དང་ལྡན་པ། དབེན་པ་ན་གནས ་ཤིང། ཚིག་ཀྱང་མ་སྨྲ་ལ། སུ་དང་ཡང་མི་ཕྲད་ཅིང། དེ་བཞིན་དུ་རན་པར་ཟ་བ་དང། བབ་ཅོལ་དུ་མི་ཟ་བ་དང། ཁ་ཟས་སྣ་གཅིག་པ་དང། སེམས་དཔའ་ལྷུར་བྱེད་པ་དང། མཚན་མོ་ཡུན་ཐུང་དུ་ཉལ་ཞིང་ཡུན་རིང་དུ་མི་ཉལ་བ་ནི་བྱང་ཆུབ་སེམས་དཔའ་ཨི་བཟོད་པ ་ཐོབ་པར་འགྱུར་བའི་གསང་སྔགས་ཀྱི་གཞི་གང་དག་དེ་བཞིན་གཤེགས་པས་གསུངས་པ། ཏདྱ་ཐཱ། ཨི་ཊི། མི་ཊི། ཀི་ཊི། བྷིཀཤ་ན་ཏི། པ་ད་ནི་སྭཱཧཱ། ཞེས་བྱ་བའི་གསང་སྔགས་ཀྱི་གཞི་དེ་དག་གི་དོན་སེམས་ཤིང་འཇལ་ལ་ཉེ་བར་རྟོག་སྟེ། དེ་གསང ་སྔགས་ཀྱི་གཞི་འདི་དག་ལ་ཡང་དག་པར་ཞུགས་ཏེ། སུ་ལས་ཀྱང་མ་ཐོས་པར་བདག་ཉིད་ཀྱིས་འདི་ལྟར་གསང་སྔགས་ཀྱི་གཞི་འདི་དག་ལ་ནི་དོན་ཡོངས་སུ་གྲུབ་པ་ཅི་ཡང་མེད་དེ། འདི་དག་ནི་དོན་མེད་པ་ཁོ་ནའོ། །འདི་དག་གི་དོན་འདི་ལྟ་སྟེ། དོན་མེད་པ ་ཁོ་ན་ཉིད་དོ་སྙམ་དུ་དེ་ལྟ་བུའི་དོན་ཁོང་དུ་ཆུད་པར་འགྱུར་ཏེ། དེའི་ཕ་རོལ་ཏུ་དོན་གཞན་ཚོལ་བར་ཡང་མི་བྱེད་དེ། དེ་ཙམ་གྱིས་ན་དེས་གསང་སྔགས་ཀྱི་གཞི་དེ་དག་གི་དོན་ལེགས་པར་ཁོང་དུ་ཆུད་པ་ཡིན་ནོ། །དེས་གསང་སྔགས་ཀྱི ་གཞི་དེ་དག་གི་དོན་ཡང་དག་པར་ཁོང་དུ་ཆུད་ནས། དོན་དེ་ཉིད་ཀྱི་རྗེས་སུ་འབྲང་བས་ཆོས་ཐམས་ཅད་ཀྱི་དོན་ཡང་ལེགས་པར་ཁོང་དུ་ཆུད་པར་འགྱུར་རོ། །གཞན་ལས་མ་ཐོས་པར་བདག་ཉིད་ཀྱི། དོན་འདི་ལྟ་བུ་ཡང་ཁོང་དུ་ཆུད་པར་འགྱུར་ཏེ། བརྗོད་པ ་ཐམས་ཅད་ཀྱི་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་ཀྱི་དོན་ཡོངས་སུ་གྲུབ་པ་མེད་དོ། །དེ་དག་གི་བརྗོད་དུ་མེད་པའི་ངོ་བོ་ཉིད་གང་ཡིན་པ་དེ་ནི་དེ་དག་གི་ངོ་བོ་ཉིད་ཀྱི་དོན་ཡིན་ནོ་སྙམ་མོ། །དེས་དེ་ལྟར་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་ཀྱི་དོན་ལེགས ་པར་ཁོང་དུ་ཆུད་ནས། དེ་ལས་དོན་གཞན་མི་ཚོལ་ལ་དོན་དེ་ཁོང་དུ་ཆུད་པས་དགའ་བ་དང། མཆོག་ཏུ་དགའ་བ་རྒྱ་ཆེན་པོ་ཡང་ཐོབ་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་དེས་གཟུངས་ཀྱི་ཚིག་ཐོབ་པ་དེ་དག་ལ་བརྟེན་ནས། བྱང་ཆུབ་སེམས ་དཔའ་ཨི་བཟོད་པ་ཞེས་བྱ་སྟེ། དེ་ཐོབ་པས་ཀྱང་བྱང་ཆུབ་སེམས་དཔའ་དེ་རིང་པོར་མི་ཐོགས་པར་ལྷག་པའི་བསམ་པ་དག་པ་ཐོབ་པར་འགྱུར་ཞིང་མོས་པས་སྤྱོད་པའི་སའི་བཟོད་པ་ཆེན་པོ་ལ་གནས་པར་འགྱུར་ཏེ། འདི་ནི་བྱང་ཆུབ་སེམས་དཔའ་ ་རྣམས་ཀྱི་བྱང་ཆུབ་སེམས་དཔའ་ཨི་བཟོད་པ་ཐོབ་པར་བྱེད་པའི་གཟུངས་ཡིན་པར་རིག་པར་བྱའོ། །དེ་ལ་ཆོས་ཀྱི་གཟུངས་དང། དོན་གྱི་གཟུངས་དང། དོན་གྱི་གཟུངས་ནི་བྱང་ཆུབ་སེམས་དཔའ་བསྐལ་པ་གྲངས་མེད་པ་དང་པོ་འདས་ནས། ་ལྷག་པའི་བསམ་པའི་དག་པའི་ས་ལ་ཞུགས་པའི་ཚེ་ཐོབ་པར་འགྱུར་ཏེ། ངེས་པ་དང། བརྟན་པ་དང། རྒྱ་ཆེ་བ་ཡིན་ནོ། །དེ་ཚུན་ཚད་ནི་སྨོན་ལམ་གྱིས་དབང་འམ?། བསམ་གཏན་ལ་བརྟེན་ནས་།ཐོབ་པར་འགྱུར་ཏེ། ངེས་པར་ཡང་མ་ཡིན ་བརྟན་པ་ཡང་མ་ཡིན། རྒྱ་ཆེ་བ་ཡང་མ་ཡིན་ནོ། །ཆོས་དང་དོན་གྱི་གཟུངས་ཇི་ལྟ་བ་བཞིན་དུ། གསང་སྔགས་ཀྱི་གཟུངས་ཀྱང་དེ་དང་འདྲ་བར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་ཨི་བཟོད་པ་ཐོབ་པར་བྱེད་པའི་གཟུངས་ནི་ཇི་སྐད་བརྗོད་པ་དེ་ཁོ་ན་བཞིན་དུ་ཐོབ ་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་ཡོན་ཏན་གཞི་དང་ལྡན་ན་གཟུངས་འདི་དག་ཐམས་ཅད་འཐོབ་སྟེ། གང་ཡང་རུང་བ་མ་ཚང་བས་ནི་མ་ཡིན་ནོ། །བཞི་གང་ཞེ་ན། འདོད་པ་ནམས་ལ་ལྷག་པར་ཞེན་ཕ?་མེད་པ་དང། གཞན་མ་ཐོས་པ་དག་ལ་ཕྲག་དོག་མི ་སྐྱེད་དེ། ཕྲག་དོག་མེད་པ་དང། བསླངས་པ་ཐམས་ཅད་རབ་ཏུ་སྦྱིན་ཞེས་འགྱོད་པ་མེད་པར་སྦྱིན་པ་དང། བྱང་ཆུབ་སེམས་དཔའ་ཨི་སྡེ་སྣོད་དམ་སྡེ་སྣོད་ཀྱི་མ་མོ་ལས་བརྩམས་ཏེ། ཆོས་ལ་ཀུན་ཏུ་དགའ་ཞིང། ཆོས་ལ་དགའ་བ་ཡིན་ནོ། །དེ་ལ་བྱང་ཆུབ་སེམས ་དཔའ་རྣམས་ཀྱི་བྱང་ཆུབ་སེམས་དཔའ་ཨི་སྨོན་ལམ་གང་ཞེ་ན། དེ་ནི་མདོར་སྡུ་ན་རྣམ་པ་ལྔར་བལྟ་བར་བྱ་སྟེ། སེམས་བསྐྱེད་པའི་སྨོན་ལམ་དང། སྐྱེ་བའི་སྨོན་ལམ་དང། སྤྱོད་ལམ་གྱི་སྨོན་ལམ་དང། ཡང་དག་བའི་སྨོན་ལམ་དང། སྨོན་ལམ་ཆེན་པོའོ། ། ་དེ་ལ་དང་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་ནི། བྱང་ཆུབ་སེམས་དཔའ་ཨི་སེམས་བསྐྱེད་པའི་སྨོན་ལམ་ཞེས་བྱའོ། །ཕྱི་མ་ལ་སེམས་ཅན་གྱི་དོན་གྱི་མཐུན་པའི་འགྲོ་བའི་རྣམས་སུ་སྐྱེ་བར་སྨོན་པ་ནི། བྱང་ཆུབ་སེམས་དཔའ་ཨི ་སྐྱེ་བའི་སྨོན་ལམ་ཞེས་བྱའོ། །ཆོས་ཡང་དག་པར་རབ་ཏུ་རྣམ་པར་འབྱེད་པར་སྨོན་པ་དང། ཚད་མེད་པ་ལ་སོགས་པ་དགེ་བའི་ཆོས་བསྒོམ་པའི་ཡུལ་ལ་སྨོན་པ་ནི། བྱང་ཆུབ་སེམས་དཔའ་ཨི་སྤྱོད་ཡུལ་གྱི་སྨོན་ལམ་ཞེས་བྱའོ། །ཕྱི་མ་ལ་མདོ་འམ། རྒྱས ་པར་བྱང་ཆུབ་སེམས་དཔའ་ཨི་དགེ་བ་ཐམས་ཅད་བསྡུ་བ་དང། ཡོན་ཏན་ཐམས་ཅད་བསྡུ་བའི་ཕྱིར་སྨོན་པ་ནི་བྱང་ཆུབ་སེམས་དཔའ་ཨི་ཡང་དག་པའི་སྨོན་ལམ་ཞེས་བྱའོ། །བྱང་ཆུབ་སེམས་དཔའ་ཨི་སྨོན་ལམ་ཆེན་པོ་ནི་ཡང་དག་པའི་སྨོན་ལམ་དེ་ཉིད ་ལས་རིགས་པར་བྱའོ། །དེ་ཡང་རྣམ་པ་བཅུ་སྟེ། །ཕྱི་མ་ལ་དེ་བཞིན་གཤེགས་པ་ལ་མཆོད་པ་དང། རིམ་གྲོ་བྱ་བའི་རྣམ་པ་ཐམས་ཅད་དཔག་ཏུ་མེད་པར་བྱ་བ་ནི་སྨོན་ལམ་ཆེན་པོ་དང་པོ་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས ་ཀྱི་དམ་པའི་ཆོས་ཡོངས་སུ་བཟུང་ཞིང་བསྲུང་བར་བྱ་བ་དང། ཆོས་ཀྱི་ཚུལ་ཡང་དག་པར་གཟུང་བར་བྱ་བའི་ཕྱིར་སྨོན་ལམ་ཆེན་པོ་དང། དགའ་ལྡན་གྱི་གནས་ན་བཞུགས་པ་ནས། སྒྱུ?་མ་བཞིན་དུ་ཡོངས་སུ་མྱ་ངན་ལས་འདའ་བའ་ཨི་བར་གྱི་སྨོན་ལམ་ཆེན་པོ ་དང། བྱང་ཆུབ་སེམས་དཔའ་ཨི་སྤྱོད་པའི་རྣམ་པ་ཐམས་ཅད་ལེགས་པར་སྦྱད་པར་བྱ་བའི་སྨོན་ལམ་ཆེན་པོ་དང། སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བའི་སྨོན་ལམ་ཆེན་པོ་དང། འཇིག་རྟེན་གྱི་ཁམས་ཐམས་ཅད་ཡང་དག་པར་བསྟན་པའི ་བྱ་བའི་སྨོན་ལམ་ཆེན་པོ་དང། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ་བའི་སྨོན་ལམ་ཆེན་པོ་དང། ཐེག་པ་ཆེན་པོ་ལ་འཇུག་པར་བྱ་བའི་ཕྱིར་བྱང་ཆུབ་སེམས་དཔའ་ཐམས་ཅད་དང། བསམ་པ་དང་སྦྱོར་བ་གཅིག་པར་བྱ་བའི་སྨོན་ལམ་ཆེན་པོ་དང། ་ཡང་དག་པར་སྦྱོར་བ་ཐམས་ཅད་འབྲས་བུ་ཡོད་པར་བྱ་བའི་སྨོན་ལམ་ཆེན་པོ་དང། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་བྱང་ཆུབ་བར་བྱ་བའི་སྨོན་ལམ་ཆེན་པོའོ། །དེ་ལ་བྱང་ཆུབ་སེམས་དཔའ་ཨི་སྟོང་པ་ཉིད ་ཀྱི་ཏིང་འཛིན་གང་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་ཨི་བརྗོད་པ་ཐམས་ཅད་ཀྱི་བདག་ཉིད་ཀྱི་ངོ་བོ་དང་བྲལ་བ། བརྗོད་དུ་མེད་པའི་ངོ་བོ་ཉིད་ཀྱི་དངོས་པོ་མཐོང་ནས། སེམས་གནས་པ་གང་ཡིན་པ་དེ་ནི་དེའི་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ཅེས་བྱའོ ་སྨོན་པ་མེད་པའི་ཏིང་ངེ་འཛིན་གང་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་བརྗོད་དུ་མེད་པའི་ངོ་བོ་ཉིད་ཀྱི་དངོས་པོ་དེ་ཉིད་ལ་ལོག་པར་རྣམ་པར་བརྟགས་པ་ལས་བྱུང་བའི་ཉོན་མོངས་པ་དང། སྡུག་བསྔལ་གྱིས་ཡོངས་སུ་ཟིན་པའི་ཕྱིར་ཉེས་པ་དུ་མའི ་སྐྱོན?་ཆགས་པར་ཡང་དག་པར་མཐོང་ནས། ཕྱིས་དེ་ལ་མི་སྨོན་པ་སྔོན་དུ་འགྲོ་བའི་སེམས་གནས་པ་གང་ཡིན་པ་དེ་ནི་དེའི་སྨོན་པ་མེད་པའི་ཏིང་ངེ་འཛིན་ཅེས་བྱའོ། །མཚན་མ་མེད་པའི་ཏིང་ངེ་འཛིན་གང་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་བརྗོད ་དུ་མེད་པའི་ངོ་བོ་ཉིད་ཀྱི་དངོས་པོ་དེ་ཉིད་ཀྱིས་རྣམ་པར་རྟོག་པ་དང། སྤྲོས་པའི་མཚན་མ་ཐམས་ཅད་བསལ་ནས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཞི་བར་ཡིད་ལ་བྱེད་པས་སེམས་གནས་པ་གང་ཡིན་པ་དེ་ནི་དེའི་མཚན་མ་མེད་པའི་ཏིང་ངེ་འཛིན་ཅེས་བྱའོ།། ་ཅིའི་ཕྱིར་ཏིང་ངེ་འཛིན་གསུམ་པོ་འདི་དག་གཞག་གི། འདི་ལས་གོང་ན་ཡང་མེད་ལ་འདི་ལས་ལྷག་པ་ཡང་མེད་ཅེ་ན། ཡོད་པ་དང་མེད་པ་འདི་གཉིས་ཡིན་ཏེ། དེ་ལ་འདུས་བྱས་དང། འདུས་མ་བྱས་ནི་ཡོད་པའོ། །བདག་གམ་བདག་གི་ནི་མེད ་པའོ། །དེ་ལ་འདུས་བྱས་ལ་མི་མཐུན་པར་བདེན་པར་སྨོན་པ་ལས་ནི་སྨོན་པ་མེད་པའི་ཏིང་ངེ་འཛིན་རྣམ་པར་གཞག་གོ། འདུས་མ་བྱས་མྱ་ངན་ལས་འདས་པ་ལ་སྨོན་ཅིང་ཡང་དག་པར་མངོན་པར་དགའ་བར་འཛིན་པ་ལས་ནི་མཚན་མ་མེད་པའི་ཏིང་ངེ ་འཛིན་རྣམ་པར་བཞག་གོ། མེད་པ་ཁོ་ནའི་དངོས་པོ་གང་ཡིན་པ་དེ་ལ་ནི་བྱང་ཆུབ་སེམས་དཔའ་སྨོན་པ་འམ། མི་སྨོན་པར་མི་བྱ་བར་དེ་མེད་པ་ཁོ་ནར་ཡང་དག་པར་ཇི་ལྟ་བ་བཞིན་དུ་བལྟ་བར་བྱ་སྟེ། བལྟ་བ་དེའི་དབང་དུ་བྱས་ནས། སྟོང་པ་ཉིད་ཀྱི་ཏིང་ངེ ་འཛིན་རྣམ་པར་བཞག་བར་རིག་པར་བྱའོ། །དེ་ལྟར་བྱང་ཆུབ་སེམས་དཔའ་ཏིང་འཛིན་གསུམ་པོ་འདི་དག་ལ་སྦྱོར་བར་བྱེད། དེ་ལྟར་རྣམ་པར་བཞག་པ་ཡང་ཡང་དག་པར་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ?་དེ་ལས་གཞན་པའི་རྣམ་པ་གང་དག་ལ ་ཉན་ཐོས་རྣམས་སློབ་ཅིང། ཡང་དག་པར་འགྲུབ་པའི་ཏིང་ངེ་འཛིན་གསུམ་ཡང་ཡང་དག་པ་ཇི་ལྟ་བ་བཞིན་དུ་རྣམ་པར་བཞག་པའི་ཚུལ་ལ་འཇུག་པ་དང། སྒོམ་པའི་ཚུལ་ལ་འཇུག་པས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ཆོས་ཀྱི ་མདོ་བཞི་ནི་འདི་དག་ཡིན་ཏེ། དེ་དག་ནི་སེམས་ཅན་རྣམས་རྣམ་པར་དག་པར་བྱ་བའི་ཕྱིར་སངས་རྒྱས་རྣམས་དང། བྱང་ཆུབ་སེམས་དཔའ་རྣམས་སྟོན་པར་མཛད་དོ། །བཞི་གང་ཞེ་ན། འདུ་བྱེད་ཐམས་ཅད་ལ་མི་རྟག་གོ་ཞེས ་བྱ་བ་ཆོས་ཀྱི་མདོ་དང་འདུ་བྱེད་ཐམས་ཅད་སྡུག་བསྔལ་བའོ་ཞེས་བྱ་བར་ཆོས་ཀྱི་མདོ་དང། ཆོས་ཐམས་ཅད་བདག་མེད་པའོ་ཞེས་བྱ་བ་ཆོས་ཀྱི་མདོ་དང་མྱ་ངན་ལས་འདས་བ་ཞི་པའོ་ཞེས་བྱ་བ་ཆོས་ཀྱི་མདོའོ། །སངས་རྒྱས་དང་བྱང་ཆུབ ་སེམས་དཔའ་རྣམས་ནི་སེམས་ཅན་རྣམས་ལ་དེ་དག་དང་ལྡན་པའི་དོན་གྱི་ཆོས་ཕལ་ཆེར་སྟོན་ཏེ། དེའི་ཕྱིར་དེ་དག་ནི་ཆོས་ཀྱི་མདོ་ཞེས་བྱའོ། །ཐུབ་པ་ཐུགས་ཞི་བ་སྔ་མ་རྣམས་ཀྱིས་རྟག་ཏུ་བརྗོད་ཅིང་བརྗོད་པའི་ཕྱིར་ཡང་མདོ་ཞེས་བྱའོ། ། ་འདི་ནི་འབྱོར་བ་ཆེན་པོར་འགྱུར་བ་དང། སྲིད་པའི་རྩེ་མོའི་གོང་དུ་འགྲོ་བའི་ལམ་ཡིན་ཏེ་དེའི་ཕྱིར་མདོ་ཞེས་བྱའོ། །བྱང་ཆུབ་སེམས་དཔས་འདུ་བྱེད་ཐམས་ཅད་མི་རྟག་པ་ཇི་ལྟར་ཡང་དག་པར་མཐོང་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔས ་འདུ་བྱེད་ཐམས་ཅད་ཀྱི་བརྗོད་དུ་མེད་པའི་ངོ་བོ་ཉིད་རྟག་ཏུ་ཁོ་ནར་དམིགས་ནས། འདུ་བྱེད་ཐམས་ཅད་མི་རྟག་པར་མཐོང་ངོ། །ཡང་བརྗོད་དུ་མེད་པའི་དངོས་པོ་དེ་ཉིད་ཡང་དག་པར་ཡོངས་སུ་མ་ཤེས་པའི་ཕྱིར། ཡོངས་སུ་མ་ཤེས་པའི་རྒྱུ་ལས ་བྱུང་བའི་སྐྱེ་བ་དང། འཇིག་པ་དམིགས་ནས། བརྗོད་དུ་མེད་པའི་ངོ་བོ་ཉིད་ཀྱི་འདུ་བྱེད་ཐམས་ཅད་མི་རྟག་པར་ཡང་དག་པར་མཐོང་ཏེ། དེས་འདས་པའི་འདུ་བྱེད་རྣམས་ནི་སྐྱེས་ནས་འགག་པར་ཡང་དག་པར་མཐོང་ལ། དེ་དག་གི་རྒྱུ་དང ་ངོ་བོ་ཉིད་ཀྱང་མི་དམིགས་སོ། །དེ་ལྟ་པས་ན་དེ་དག་ནི་རྒྱུ་དང་ངོ་བོ་ཉིད་ཀྱིས་ཀྱང་ཡོད་པར་ཡང་དག་པར་མཐོང་ངོ། །དེ་ལྟར་བྱུང་བ་རྣམས་ན་སྐྱེས་ལ་མ་འགགས་པར་ཡང་དག་པར་མཐོང་ངོ། །དེ་དག་གི་རྒྱུ་ནི་མི་དམིགས་ཏེ། །འབྲས་བུ་སྐྱེད ་ཟིན་བའི་ཕྱིར་རོ། །ངོ་བོ་ཉིད་ནི་མི་དམིགས་ཏེ། མ་འགགས་པའི་ཕྱིར་རོ། །དེ་ལྟ་བས་ན་དེ་དག་ངོ་བོ་ཉིད་ཀྱིས་ཡོད་པར་ཡང་དག་བར་མཐོང་གི། རྒྱུ་ལས་ནི་མ་ཡིན་ནོ། །མ་འོངས་པའི་འདུ་བྱེད་རྣམས་ནི་མ་སྐྱེས་པ་དང་མ་འགག་པར་མཐོང་ངོ། །དེ་དག་གི་རྒྱུ་ནི་དམིགས ་ཏེ། འབྲས་བུ་མ་བསྐྱེད་པའི་ཕྱིར་རོ། །ངོ་བོ་ཉིད་ནི་མི་དམིགས་ཏེ་མ་སྐྱེད་པའི་ཕྱིར་རོ། །དེ་ལྟ་བས་ན་བྱང་ཆུབ་སེམས་དཔས་དེ་དག་རྒྱུ་ལས་ནི་ཡོད་པར་མཐོང་གི་ངོ་བོ་ཉིད་ལས་ནི་མ་ཡིན་ནོ། །དེས་དེ་ལྟར་དུས་གསུམ་འདུ་བྱེད་ཀྱི་རྒྱུད་རྒྱུན་མི་འཆད་པར ་འཇུག་པར་མཐོང་ནས་འདུ་བྱེད་ཀྱི་སྐད་ཅིག་པ་རེ་རེ་ལ་འདུས་བྱས་རྣམས་ཀྱི་འདུས་བྱས་ཀྱི་མཚན་ཉིད་གསུམ་མཐོང་བ། སྐད་ཅིག་གི་འོག་ཏུ་ནི་འདུས་བྱས་ཀྱི་མཚན་ཉིད་བཞི་པ་ཡང་དག་པར་མཐོང་ངོ། །དེ་ལ་འདུ་བྱེད་ཀྱི་སྐད་ཅིག་བ་དང་པོ ་ལ་ངོ་བོ་ཉིད་ཞིག་མ་ཐག་ཏུ་སྔ་ནས་མེད་པའི་འདུ་བྱེད་ཀྱི་སྐད་ཅིག་གི་ངོ་བོ་ཉིད་འབྱུང་བ་གང་ཡིན་པ་དེ་ནི་སྐྱེ་བར་མཐོང་ངོ། །སྐྱེས་ཟིན་པ་དེ་ཉིད་ཀྱི་ཚེ་ན་མ་ཞིག་པ་གང་ཡིན་པ་དེ་ནི་གནས་པར་མཐོང་ངོ། །སྔར་འགག་པའི་འདུ་བྱེད་ཀྱི་སྐད་ཅིག ་གི་ངོ་བོ་ཉིད་སྔར་འགག་པ་དེ་ལས་ལྟོས་ནས་སྐྱེས་པ་དེ་གཞན་ནམ་གཞན་དུ་འགྱུར་བ་གང་ཡིན་པ་དེ་ནི་དགའ་བར་མཐོང་ངོ། །སྐྱེ་བའི་སྐད་ཅིག་དེའི་འོག་ཏུ་འདུ་བྱེད་ཀྱི་སྐད་ཅིག་འབྱུང་བ་དེ་ཉིད་ཀྱི་ངོ་བོ་ཉིད་འཇིག་པ་གང་ཡིན་པ་དེ་ནི་འཇིག ་པར་མཐོང་ངོ། །དེས་འདུ་བྱེད?་ཀྱི་སྐད་ཅིག་བྱུང་བ་དེའི་ངོ་བོ་ཉིད་ཡང་དག་པར་མཐོང་བ་གང་ཡིན་པར་དེའི་སྐྱེ་བ་དང་གནས་པ་དང། རྒ་བ་ཡང་དེ་ཉིད་ཀྱི་ངོ་བོ་ཡིན་གྱི། དེ་ལས་གཞན་པའི་ངོ་བོ་ཉིད་མ་ཡིན་པར་མཐོང་ངོ། །སྐད་ཅིག་དེའི་འོག ་ཏུ་འདུ་བྱེད་ཀྱི་སྐད་ཅིག་གི་ངོ་བོ་ཉིད་མེད་པར་འགྱུར་བ་གང་ཡིན་པ་དེ་ཡང་སྐྱེ་བ་དང་ལ་སོགས་པ་དེ་དག་གི་ཡང་དེ་ཉིད་ཡིན་པར་ཡང་དག་པར་ཇི་ལྟ་བ་བཞིན་དུ་མཐོང་ངོ། །འདུས་བྱས་ཀྱིས་མཚན་ཉིད་བཞི་པོ་དེ་དག་བསྡུས་ན་འདུ་བྱེད་རྣམས ་ཀྱི་གནས་སྐབས་ནི་མདོར་བསྡུ་ན་གཉིས་ཀྱིས་རབ་ཏུ་ཕྱེ་བ་སྟེ། ཡོད་པས་རབ་ཏུ་ཕྱེ་བ་དང། མེད་པས་རབ་ཏུ་ཕྱེ་བའོ། །དེ་ལ་བཅོམ་ལྡན་འདས་ཀྱིས་ཡོད་པ་གང་ཡིན་པ་དེ་ནི་འདུས་བྱས་ཀྱི་མཚན་ཉིད་གཅིག་ཏུ་རྣམ་པར་བཞག་གོ་།ངོ་བོ ་ཉིད་གང་ཡིན་པ་དེ་ནི་འདུས་བྱས་ཀྱི་མཚན་ཉིད་གཉིས་པ་རྣམ་པར་བཞག་གོ་།འདུ་བྱེད་དེ་དག་གི་ཡོད་པ་དེ་ནི་གནས་པ་ལས་གཞན་དུ་གྱུར་བས་རབ་ཏུ་ཕྱེ་བའི་ཕྱིར། འདུས་བྱས་ཀྱི་མཚན་ཉིད་གསུམ་རྣམ་པར་བཞག་གོ་།དེ་ལ་བྱང་ཆུབ་སེམས་དཔའ་ ་ནི་འདུ་བྱེད་ཙམ་མ་གཏོགས་པར་དེའི་སྐྱེ་བ་དང་གནས་པ་དང། རྒ་བ་དང། མི་རྟག་པའི་རྫས་ཀྱི་ངོ་བོ་ཉིད་ཡོངས་སུ་གྲུབ་པ་རྟག་ཏུ་མ་མཐོང་ངོ། །དེ་ཅིའི་ཕྱིར་ཞེ་ན། དེས་འདུ་བྱེད་ཙམ་ཞིག་འབྱུང་བར་དམིགས་པར་ཟད་ཀྱི། དེའི་སྐྱེ་བ་དང། གནས ་པ་དང། རྒ་བ་དང། མི་རྟག་པ་གཞན་ནི་མ་དམིགས་ཏེ། འདུ་བྱེད་ཙམ་ཁོ་ན་ཞིག་གནས་པ་དང། རྒ་བ་དང་འཇིག་པར་དམིགས་པར་ཟད་ཀྱི་དེའི་སྐྱེ་བ་དང། གནས་པ་དང། རྒ་བ་དང། མི་རྟག་པ་ཉིད་ནི་མ་དམིགས་པའི་ཕྱིར་རོ། །རིགས་པས་དཔྱད ་ན་ཡང་བྱང་ཆུབ་སེམས་དཔས་སྐྱེ་བ་ལ་སོགས་པ་འདི་དག་རྫས་སུ་མི་དམིགས་སོ། །འདི་ལྟར་དཔྱད་ན་མི་དམིགས་ཏེ། གལ་ཏེ་གཟུགས་ལ་སོགས་པ་འདུ་བྱེད་མ་གཏོགས་པར་སྐྱེ་བའི་ཆོས་གཞན་ཞིག་ཡོད་པར་གྱུར་ན་ནི་དེ་གཟུགས་ལ་སོགས ་པའི་འདུ་བྱེད་ཇི་ལྟར་བདག་ཉིད་ཀྱིས་སྐྱེ་བ་དེ་བཞིན་དུ་དེ་ཡང་སྐྱེ་བར་འགྱུར་བའི་རིགས་སོ། །དེ་ལྟ་བས་ན་འདུ་བྱེད་ཀྱི་སྐྱེ་བ་གང་ཡིན་པ་དང། སྐྱེ་བའི་སྐྱེ་བ་གང་ཡིན་པའི་སྐྱེ་པ་གཉིས་སུ་འགྱུར་རོ། །དེ་ལ་འདུ་བྱེད་ཀྱི་སྐྱེ་བ་དེ་སྐྱེ་བའི་སྐྱེ་བ་དེ་ལས ་གཞན་མ་ཡིན་པ་ཞིག་གམ་གཞན་ཞིག་དུ་འགྱུར་གྲང་ན། གལ་ཏེ་གཞན་མ་ཡིན་ན་ནི་དེ་ལྟར་ན་སྐྱེ་བ་རྫས་སུ་ཡོད་པར་རྟོག་པར་དོན་མེད་པར་འགྱུར་ཏེ། སྐྱེ་བ་གཞན་ཞིག་རྫས་སུ་ཡོད་དོ་ཞེས་བྱར་མི་རུང་ངོ། །ཇི་སྟེ་གཞན་ཡིན་ན་ནི་དེ་ལྟ་ན་འདུ་བྱེད ་ཀྱི་སྐྱེ་བ་ནི་སྐྱེ་བ་ཡིན་པར་མི་འགྱུར་ཏེ། འདུ་བྱེད་ཀྱི་སྐྱེ་བ་ལ་སྐྱེ་བ་ཞེས་བྱར་མི་རུང་ངོ། །སྐྱེ་བ་ཇི་ལྟ་བ་བཞིན་དུ་གནས་པ་དང། རྒ་བ་དང། འཇིག་པ་ཡང་རྒྱས་པར་དེ་དང་འདྲ་བར་རིག་པར་བྱའོ། །གལ་ཏེ་འཇིག་པ་ཞེས་བྱ་བའི་ཆོས་ངོ་བོ་ཉིད་ཀྱིས་ཡོངས་སུ ་གྲུབ་པ་ཞིག་ཡོད་ན་ནི་དེ་ཡང་སྐྱེ་བ་འམ། འགག་པར་འགྱུར་རོ། །གང་གི་ཚེ་འཇིག་པར་སྐྱེས་པར་འགྱུར་བ་དེའི་ཚེ། འདུ་བྱེད་ཐམས་ཅད་འགག་པར་འགྱུར་ཏེ། དེ་ལྟ་ན་ནི་འགོག་པའི་སྙོམས་པར་ཞུགས་པ་ལྟར་ཚོགས་ཆུང་ངུས་སེམས་གང་སེམས ་ལས་བྱུང་བའི་ཆོས་རྣམས་འཇུག་པར་མི་འགྱུར་རོ། །འཇིག་པ་དེ་འགག་པར་འགྱུར་ན་ནི་འདུ་བྱེད་འགགས་ཟིན་པ་དེ་དག་ཀྱང་ཡང་འབྱུང་བར་འགྱུར་ཏེ། དེ་དག་གི་འཇིགས་པ་མེད་པའི་ཕྱིར་རོ། །དེའི་ཕྱིར་འཇིགས་པ་སྐྱེ་ཞེས་བྱ་བ་འམ། འགག་ཅེས ་བྱ་བར་མི་རུང་ངོ། །རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་རྫས་སུ་ཡོད་པ་དུས་ཐམས་ཅད་ན་ཡོད་པ་དང། བཏགས་པའི་ཡོད་པ་ཡང་ངོ་བོ་ཉིད་ཀྱིས་ཡོངས་སུ་གྲུབ་པར་མཐོང་བའི་སྐྱོ་བ་དང། འདོད་ཆགས་དང་བྲལ་པ་དང། རྣམ་པར་གྲོལ་བར་ཡང་མི་རུང་ངོ། །དེ ་ལས་བཟློག་པ་ནི་མི་རུང་སྟེ། དེ་ལྟར་རྣམ་པ་དེ་དག་གི་བྱང་ཆུབ་སེམས་དཔས་འདུ་བྱེད་ཐམས་ཅད་མི་རྟག་པར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ཡང་བྱང་ཆུབ་སེམས་དཔའ་ཨི་དེ་ལྟར་འདུ་བྱེད་ཀྱི་རྒྱུན་གྱིས་འཇུག་སྟེ། མི་རྟག་པ་དེ ་དག་སྡུག་བསྔལ་རྣམ་པ་གསུམ་པོ་འདུ་བྱེད་ཀྱི་སྡུག་བསྔལ་དང། འགྱུར་བའི་སྡུག་བསྔལ་དང། སྡུག་བསྔལ་གྱི་སྡུག་བསྔལ་གྱི་གནས་ཀྱི་དངོས་པོ་མཐོང་སྟེ། དེ་ལྟར་ན་བྱང་ཆུབ་སེམས་དཔས་འདུ་བྱེད་ཐམས་ཅད་སྡུག་བསྔལ་པར་ཡང ་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ཡང་བྱང་ཆུབ་སེམས་དཔས་འདུས་བྱས་དང་འདུས་མ་བྱས་ཀྱིས་ཆོས་ཐམས་ཅད་བདག་མེད་པ་རྣམ་པ་གཉིས་སུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཏེ། གང་ཟག་ལ་བདག་མེད་པ་དང། ཆོས་ལ ་བདག་མེད་པའོ། །དེ་ལ་གང་ཟག་ལ་བདག་མེད་པ་ནི་འདི་ཡིན་ཏེ། འདི་ལྟར་ཆོས་ཡོད་པ་འདི་དག་ནི་གང་ཟག་ལ་ཡིད་ལ་ཆོས་ཡོད་པ་ལ་མ་གཏོགས་པའི་གང་ཟག་གཞན་ཡང་མེད་དོ། །དེ་ལ་ཆོས་ལ་བདག་མེད་པ་ནི་འདི་ཡིན་ཏེ། འདི་ལྟར ་བརྗོད་པར་བྱ་བའི་དངོས་པོ་ཐམས་ཅད་ལ་བརྗོད་པའི་ངོ་བོ་ཉིད་ཀྱི་ཆོས་ཐམས་ཅད་མེད་པ་སྟེ། དེ་ལྟར་ན་བྱང་ཆུབ་སེམས་དཔས་ཆོས་ཐམས་ཅད་བདག་མེད་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ཡང་འདུ་བྱེད་དེ་དག་ཉིད་ཀྱིས་སྒྱུ་སྔར་ཡང ་དག་པར་ཆད་ལ་ཕྱིས་མ་ལུས་པར་མེད་པར་གྱུར་ནས་དེ་ལས་གཞན་པ་རྣམས་ཀྱང་གཏན་དུ་མངོན་པར་མི་འགྲུབ་ཅིང། འབྱུང་པར་མི་འགྱུར་བ་གང་ཡིན་པ་འདི་ནི་མྱ་ངན་ལས་འདས་པ་ཞེས་བྱ་སྟེ། དེ་ཡང་ཉོན་མོངས་པ་དང། ཉེ་བའི་ཉོན་མོངས་པ་ཉེ ་པར་ཞི་བ་དང། སྡུག་བསྔལ་ཉེ་བར་ཞི་བའི་ཕྱིར་ཞི་བའི་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་ཨི་ལྷག་པའི་བསམ་པ་མ་དག་པ་འམ། ཉན་ཐོས་ཀྱི་ཐེག་པ་པ་བདེན་པ་མ་མཐོང་བ་ནི་དེ་ལྟར་རེ་ཞིག་མྱ་ངན་ལས་འདས་པ་ལ་མོས་པར་འགྱུར་ཏེ། མྱ་ངན་ལས ་འདས་པ་ནི་ཞི་བའོ་ཞེས་དེ་སྐད་ཟེར་མོད་ཀྱི། འོན་ཀྱང་དེ་ནི་མྱ་ངན་ལས་འདས་པ་དེ་ལ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རྟོགས་པ་འམ། ཇི་ལྟ་བ་བཞིན་དུ་ཡེ་ཤེས་མཐོང་བ་འཇུག་པ་ནི་མ་ཡིན་ནོ། །ཚུལ་བཞིན་ཡིད་ལ་བྱེད་པ་དེ་ཡོད་དེ། འདི་ལྟ་སྟེ། ་དཔེར་ན་རྒྱལ་པོའི་བུ་འམ། ཁྱིམ་བདག་གི་བུ་ཡང་རུང་སྟེ། རྒྱལ་པོ་འམ། ཁྱིམ་བདག་གིས་ཁྱིམ་གྱི་ནང་དུ་སྐྱེད་པར་གྱུར་ལ་བྱིས་པ་གཞོན་ནུར་འདུག་པ་དེ་ལ་རྒྱལ་པོ་འམ། ཁྱིམ་བདག་དེས་བཅོས་མའི་རི་དགས་ཀྱི་ཤིང་རྟ་འམ། བ་ལང་དང། རྟའི ་ཤིང་རྟ་འམ། གླང་པོ་ཆེའི་ཤིང་རྟ་ཕྱིན་ལ་རྒྱལ་པོའི་བུ་འམ། ཁྱིམ་བདག་གི་བུ་དེ་ཡང་དེ་དག་གིས་རྩེ་ཞིང་དགའ་ལ་དགའ་འགྱུར?་སྤྱོད་དེ། བཅོས་མའི་རི་དགས་དེ་དག་ལ་རི་དགས་ཀྱི་འདུ་ཤེས་སྐྱེད་ཅིང་བཅོས་མའི་བ་ལང་དང། རྟ་དང། གླང་པོ་ཆེ ་དག་པ་གླང་པོ་ཆེའི་འདུ་ཤེས་བསྐྱེད་པར་བྱའོ། །དེ་ནས་རེ་ཞིག་ཅིག་ན། རྒྱལ་པོ་འམ་ཁྱིམ་བདག་དེས་བདག་གི་བུ་ཚེར་སྐྱེས་ཤིང་དབང་པོ་ཡོངས་སུ་སྨིན་པར་གྱུར་པས། ཡང་དག་པའི་རི་དགས་ཀྱི་བསྔགས་པ་བརྗོད་ཅིང། ཡང་དག་པའི་གླང་པོ་ཆེའི་བར་གྱི ་བསྔགས་པ་བརྗོད་པར་བྱེད་དེ། རྒྱལ་པོའི་བུ་འམ། ཁྱིམ་བདག་གི་བུ་དེས་ཀྱང་བསྔགས་པ་བརྗོད་པ་དེ་ཐོས་ནས་འདི་སྙམ་དུ་སེམས་ཏེ། རྒྱལ་པོ་འམ་ཁྱིམ་བདག་འདི་ནི་བདག་ལ་རི་དགས་ཤིང་རྟ་རྣམས་ནས། གླང་པོ་ཆེའི་ཤིང་རྟའི་བར་འདི་དག་གིས ་བསྔགས་པ་བརྗོད་པོ་སྙམ་མོ། །དེ་ནས་དུས་གཞན་ཞིག་ན་རྒྱལ་པོ་འམ། ཁྱིམ་བདག་དེས་བདག་གི་བུ་ཁྱིམ་གྱི་ཕྱི་རོལ་དུ་ཕྱུང་སྟེ། དེ་ལ་ཡང་དག་པའི་རི་དགས་བསྟན་ཅིང། ཡང་དག་པའི་གླང་པོ་ཆེའི་པར་དུ་བསྟན་ཏེ། དེས་དེ་དག་མཐོང་ནས། དེའི་ཚེ་བདག ་ཉིད་ཀྱིས་སོ་སོར་རིག་པར་ཡང་དག་པར་ཇི་ལྟ་བ་བཞིན་དུ་སྐྱེས་ཏེ། བདག་གི་ཕས་ཡུན་རིང་མོ་ཞིག་ནས་གང་དག་གི་བསྔགས་པ་བརྗོད་པའི་རི་དགས་ཀྱི་ཤིང་རྟ་ནས། རྒྱས་པར་གླང་པོ་ཆེའི་ཤིང་རྟའི་བར་དེ་དག་གི་ཡང་དག་པའི་དོན་ནི་འདི་དག་ཡིན ་པར་ལྟ་ཞིག་ན། བདག་ཉིད་ནི་ཡང་དག་པ་མ་ཡིན་པའི་དོན་དེ་ལྟ་བུར་བཅོས་པ་ཙམ་གྱི་གཟུགས་བརྙན་སྣང་བ་ཙམ་དེ་ལ་མོས་པར་གྱུར་ཏོ་སྙམ་སྟེ། སྔོན་གྱི་མོས་པ་དེས་ངོ་ཚ་བར་འགྱུར་རོ། །དེ་བཞིན་དུ་འཁོར་བའི་ཁྱིམ་གྱི་ནང་ནས་སྐྱེས་པ་བསམ ་བ་མ་དག་པའི་བྱང་ཆུབ་སེམས་དཔའ་རྣམས་དང། ཉན་ཐོས་བདེན་པ་མ་མཐོང་བ་བུ་དང་འདྲ་བ་རྣམས་ཀྱང། ཕ་ལྟ་བུའི་སངས་རྒྱས་རྣམས་དང། ས་ཆེན་པོ་ལ་ཞུགས་པའི་བྱང་ཆུབ་སེམས་དཔའ་མྱ་ངན་ལས་འདས་པ་མངོན་སུམ་དུ་གཟིགས ་བ་རྣམས་ཀྱིས་བྱང་ཆུབ་སེམས་དཔའ་དང་ཉན་ཐོས་དེ་དག་གི་མདུན་དུ་ཇི་ལྟར་གཟིགས་པའི་མྱ་ངན་ལས་འདས་པའི་བསྔགས་པ་བརྗོད་ལ་དེ་དག་གིས་ཀྱང། མྱ་ངན་ལས་འདས་པ་དེ་ཡོན་ཏན་ལས་སྦྲུ་ཙམ་གྱིས་རྗེས་སུ་འབྲངས་པའི་བློས ་ཡུན་རིང་མོ་ནས་མོས་ལ། གང་གི་ཚེ་དེ་དག་གི་ཚོགས་ཡོངས་སུ་སྨིན་ཅིང་འཕེལ་བར་གྱུར་པ་ན་ནི། བསམ་པ་དག་པའི་བྱང་ཆུབ་སེམས་དཔའ་རྣམས་དང། ཉན་ཐོས་བདེན་པ་མཐོང་བ་རྣམས་མྱ་ངན་ལས་འདས་པ་ལ་མངོན་སུམ་གྱི་ཤེས་པ ་སྐྱེས་བར་འགྱུར་ཏེ། དེའི་ཚེ་བདག་གི་སོ་སོ་ཡང་དག་པར་རིག་པ་ཡང། ཡང་དག་པ་ཇི་ལྟ་བ་བཞིན་དུ་སྐྱེ་བར་འགྱུར་ཏེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་གང་གི་བསྔགས་པ་བརྗོད་པ་དེ་ནི་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱིས ་མྱ་ངན་ལས་འདས་པ་འདི་ཡིན་པ་ལྟ་ཞིག་ན་བདག་གིས་ནི་སྔོན་བྱིས་པའི་ཤེས་པས་ཡང་དག་པ་ཇི་ལྟ་བ་བཞིན་དུ་མོས་པར་མ་གྱུར་ཏེ། དེ་ལྟ་བུར་བཅོས་པ་དེ་ཡང་ཡོད་ལ། སྣང་བ་ཙམ་ཡང་ཡོད་དོ་སྙམ་ཏེ། ཕྱི་མའི་ཡང་དག་པ་ཇི་ལྟ་བའི་མོས་པ་ལ ་བརྟེན་ནས། སྔ་མའི་མོས་པ་དེས་ངོ་ཚ་བར་འགྱུར་རོ། །དཔེར་ན་མི་ནད་ཀྱིས་ཐེབས་པ་ལ་ལ་ཞིག་ལ་སྨན་པ་ཆེན་པོ་ལ་ལ་ཞིག་གིས་དེ་ལ་ཡོད་པའི་ནད་ཞི་བར་བྱ་བའི་ཕྱིར། དེ་དང་མཐུན་པའི་སྨན་དག་གིས་རིམ་གྲོ་བྱས་ནས། མི་ནད་པ་དེས་སྨན་པ་དེ ་དག་ཡུན་རིང་པོར་བསྟེན་པས། དེ་དག་ལ་མོས་ཤིང་དེ་དག་ལ་དགའ་བར་འགྱུར་ཏེ། དེ་དག་ཉིད་ལ་སྙིང་པོར་འཛིན་པར་གྱུར་ལ། དེ་ནས་མི་ནད་ཀྱིས་ཐེབས་པ་དེའི་ནང་སྔ་མ་དེ་ཡང་སྨན་པ་བསྟེན་པ་དེས་ཞི་བར་གྱུར་བའི་འོག་ཏུ་དེ་མ་ཡིན་པའི་ནད་སྔ་ན ་མེད་པའི་སྨན་གཞན་དག་གིས་གསོ་དགོས་པ་ཞིག་བྱུང་ལ། དེ་ནས་སྨན་པ་ཆེན་པོ་དེས། ནད་སྔ་མ་ནི་ཞི་བར་གྱུར་ལ། ཕྱི་མ་སྨན་གཞན་དག་གིས་གསོ་དགོས་པ་ནི་བྱུང་བར་ཤེས་ནས། སྨན་གྱི་སྦྱོར་བ་སྔ་མ་དེ་བཏང་སྟེ། མཐུན་པ་གཞན་བསྟན་ན ་བྱིས་པ་ལྟ་བུའི་མི་ནད་པ་སྨན་སྔ་མ་ལ་མོས་ཤིང། དེ་དག་ཉིད་ལ་ཕན་པར་འདུ་ཤེས་པ་སྟེ། སྨན་པ་ཆེན་པོ་གང་གིས་སྨན་སྔ་མ་དང་ཕྱི་མ་དེ་དག་བསྟན་ནས། དེས་མངོན་དུ་སྨན་སྔ་མ་དེ་དག་ནི་ནང་ཕྱི་མ་ལ་མི་ཕན་ནོ། །ཞེས་དེ་སྐད་དུ་ཡང་སྟོན་པ་དེ་ལ ་ཡིད་ཆེས་པར་མི་བྱེད་ཅིང། དེའི་ཚིག་ལ་མངོན་པར་དད་པར་མི་འགྱུར་པ་དེ་བཞིན་དུ། བྱིས་པ་ལྟ་བུའི་བྱང་ཆུབ་སེམས་དཔའ་དང། ཉན་ཐོས་རྣམས་ཀྱང་དེ་དང་འདྲ་བར་རིག་པར་བྱ་སྟེ། མི་ནད་ཀྱིས་ཐེབས་པ་ལྟ་བུ་ཉོན་མོངས་པས་ཟིན་པ་དེ་དག་ཀྱང། སྨན ་པ་ཆེན་པོ་དེ་བཞིན་གཤེགས་པའི་ཆོས་བསྟན་པ་བླ་མ་ལས་ཀྱང་ཆེས་བླ་མར་གྱུར་ཅིང། །ཤིན་ཏུ་བླ་མར་གྱུར་པ་གསལ་བ་པས་གསལ་ཞིང། ཟབ་པ་བས་ཆེས་ཟབ་ལ་ཤིན་ཏུ་ཟབ་པ། དམའ་པ་བས་རྒྱ་ཆེ་ལ་ཆེས་རྒྱ་ཆེ་ཞིང་ཤིན་ཏུ་རྒྱ་ཆེ་བ། ཡང ་དག་པར་བསྟན་ཅིང། གཏམས་ཏེ་རྗེས་སུ་བསྟན་པ་ལ་མི་འཇུག་ཅིང་མ་མོས་ཏེ། ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་ཁོང་དུ་ཆུད་དོ། །དེ་ལ་བྱང་ཆུབ་སེམས་དཔའ་འམ། ཉན་ཐོས་དང་པ་དང་ལྡན་པའི་དེ་བཞིན་གཤེགས་པས་གསུངས་པ་གང་ལ་ཡང་ཡིད་གཉིས ་དང། སོམ་ཉི་མི་སྐྱེད་པ་དེ་ནི། ཅང་ཤེས་ཀྱི་ཤིང་རྟ་ཡན་ལག་དང་ཡོ་བྱད་ཐམས་ཅད་དང་ཤིན་ཏུ་ལྡན་པ་དང་འདྲ་བའི་དེ་བཞིན་གཤེགས་པས་གསུངས་པའི་ཆོས་ཀྱི་ཤིང་རྟ་དེ་ལ་ཞོན་ནས། ཁ་ལོ་པ་མཁས་པ་བཞིན་དུ་ངེས་ས་ཇི་སྲིད་འགྲོད་པར་བྱ་བ་དང ་སོན་པར་བྱ་བ་དེར་མི་བུལ་བ་མྱུར་བ་མྱུར་བར་འགྲོ་བར་འགྱུར་རོ། །བྱང་ཆུབ་སེམས་དཔའ་ཨི་སའི་གཞིའི་རྣལ་འབྱོར་གྱིས་གནས་ལས། བྱང་ཆུབ་ཀྱི་ཕྱོགས་ཀྱི་ལེའུ་སྟེ་བཅུ་བདུན་པའོ།། །།སྡོམ་ནི། ངོ་མཚར་ངོ་མཚར་མ ་ཡིན་དང། །སྙོམས་པའི་སེམས་དང་ཕན་འདོགས་དང། །ལན་དུ་ཕན་འདོགས་དེ་བཞིན་སྨོན། །སྦྱོར་བ་འབྲས་བུ་ཡོད་པ་ཉིད། །ལྔ་པོ་འདི་དག་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ཐེག་པ་ལ་སློབ་པའི་བྱང་ཆུབ་སེམས་དཔའ་ཨི་ངོ་མཚར་རྨད ་དུ་བྱུང་བའི་ཆོས་ཡིན་པར་རིག་པར་བྱ་སྟེ། ལྔ་གང་ཞེ་ན། རྒྱུ་མེད་པར་སེམས་ཅན་ཐམས་ཅད་ལ་མཉེན་བཤེན་པ་དང། སེམས་ཅན་རྣམས་ཁོ་ནའི་དོན་དུ་འཁོར་བ་ན་སྡུག་བསྔལ་དཔག་ཏུ་མེད་པས་མི་འཇེད་པ་དང། སེམས་ཅན་ཉོན་མོངས་པ་ཤས་ཆེ ་ཞིང་གདུལ་དཀའ་བ་རྣམས་ཀྱིས་གདུལ་བའི་ཐབས་ཤེས་པ་དང། མཆོག་ཏུ་རྟོགས་པར་དཀའ་བའི་དེ་ཁོ་ནའི་དོན་ལ་འཇུག་པ་དང། མཐུ་བསམ་གྱིས་མི་ཁྱབ་པ་སྟེ། ལྔ་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ངོ་མཚར་རྨད་དུ་བྱུང་བའི ་ཆོས་ཏེ། དེ་ལས་གཞན་པའི་སེམས་ཅན་ཐམས་ཅད་དང་ཐུན་མོང་མ་ཡིན་པའོ། །ལྔ་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་ཨི་ངོ་མཚར་མ་ཡིན་ལ། གང་དག་དང་ལྡན་ན་བྱང་ཆུབ་སེམས་དཔའ་ངོ་མཚར་རྨད་དུ་བྱུང་བའི་ཆོས་དང་ལྡན་པ་ཞེས་བྱ་སྟེ། ལྔ ་གང་ཞེ་ན། བྱང་ཆུབ་སེམས་དཔའ་ནི་གཞན་ལ་ཕན་པའི་རྒྱུ་ལས་བྱུང་བའི་སྡུག་བསྔལ་གྱིས་བདེ་བའི་བདག་ཉིད་ཁོ་ནར་གྱུར་ནས་གཞན་ལ་ཕན་པའི་རྒྱུ་ལས་བྱུང་བའི་སྡུག་བསྔལ་ཟད་པར་ཉམས་སུ་ལེན་ཏེ། དེ་ནི་བྱང་ཆུབ་སེམས་དཔའ་ཨི་ངོ་མཚར་མ ་ཡིན་མ་ཡིན་པའི་ཆོས་དང་པོ་སྟེ། དེ་དང་ལྡན་ན་བྱང་ཆུབ་སེམས་དཔའ་ངོ་མཚར་རྨད་དུ་བྱུང་བའི་ཆོས་དང་ལྡན་པ་ཞེས་བྱའོ། །གཞན་ཡང་བྱང་ཆུབ་སེམས་དཔའ་ནི་འཁོར་བའི་ཉེས་པ་ཤེས་ཤིང་མྱ་ངན་ལས་འདས་པའི་ཡོན་ཏན་ཡང་ཤེས ་བཞིན་དུ། སེམས་ཅན་ཡོངས་སུ་དག་པར་དགའ་ཞིང། དེ་ཉིད་ཀྱིས་བདེ་བའི་བདག་ཉིད་དུ་འགྱུར་ཏེ། སེམས་ཅན་ཡོངས་སུ་དག་པར་བྱ་བ་ཁོ་ནས་དབང་དུ་བྱས་ནས། འཁོར་བ་ཉམས་སུ་ལེན་ཏེ། དེ་ནི་བྱང་ཆུབ་སེམས་དཔའ་ཨི་ངོ་མཚར་མ་ཡིན་པ་གཉིས ་པ་སྟེ། སྔ་མ་བཞིན་ནོ། །གཞན་ཡང་བྱང་ཆུབ་སེམས་དཔའ་ནི་མི་སྨྲ་བའི་ཚུལ་གྱིས་བདེ་བའི་ཉམས་ཤེས་བཞིན་དུ་སེམས་ཅན་ཡོངས་སུ་དག་པར་དགའ་ཞིང་དེ་ཉིད་ཀྱིས་བདེ་བའི་བདག་ཉིད་དུ་འགྱུར་ཏེ། སེམས་ཅན་ཡོངས་སུ་དག་པར་བྱ་བ་ཁོ་ནའི ་དབང་དུ་བྱས་ནས་སེམས་ཅན་རྣམས་ལ་ཆོས་སྟོན་པར་སྦྱོར་བར་བྱེད་དེ། དེ་ནི་བྱང་ཆུབ་སེམས་དཔའ་ངོ་མཚར་མ་ཡིན་པ་གསུམ་པ་སྟེ། སྔ་མ་བཞིན་ནོ། །གཞན་ཡང་བྱང་ཆུབ་སེམས་དཔའ་ནི་སེམས་ཅན་ཡོངས་སུ་དག་པར་དགའ་ཞིང། ་དེ་ཉིད་ཀྱིས་དགའ་བའི་བདག་ཉིད་དུ་གྱུར་ཏེ། སེམས་ཅན་ཡོངས་སུ་དག་པར་བྱ་བ་ཁོ་ནའི་དབང་དུ་བྱས་ནས། ཕ་རོལ་ཏུ་ཕྱིན་པ་དྲུག་བསགས་པའི་དགེ་བའི་རྩ་བ་སེམས་ཅན་ཐམས་ཅད་ལ་བསམ་པ་ཐག་པ་ནས་ཡང་དག་བདག་ཉིད་ལ། ཡང་དག་པར ་བཏང་བ་དེའི་རྣམ་པར་སྨིན་པ་ཡང་མི་འདོད་དོ། །དེ་ནི་བྱང་ཆུབ་སེམས་དཔའ་ངོ་མཚར་མ་ཡིན་པ་བཞི་པ་སྟེ། སྔ་མ་བཞིན་ནོ། །གཞན་ཡང་བྱང་སེམས་དཔའ་ནི་གཞན་གྱི་བྱ་བ་བདག་གི་ཉིད་དུ་བྱེད་ཅིང་གཞན་གྱི་བྱ་བའི་དོན་བྱེད་པ་ཐམས་ཅད་ལ ་སྣང་སྟེ། དེ་ནི་བྱང་ཆུབ་སེམས་དཔའ་ཨི་ངོ་མཚར་མ་ཡིན་པ་ལྔ་པ་སྟེ། དེ་དང་ལྡན་ན་བྱང་ཆུབ་སེམས་དཔའ་ཨི་ངོ་མཚར་རྨད་དུ་བྱུང་བའི་ཆོས་དང་ལྡན་པ་ཞེས་བྱའོ། །བྱང་ཆུབ་སེམས་དཔའ་ནི་རྣམ་པ་ལྔས་སེམས་ཅན་ཐམས་ཅད་ལ་སེམས་སྙོམས་པར ་རིག་པར་བྱ་སྟེ། ལྔ་གང་ཞེ་ན། དང་པོ་བྱང་ཆུབ་ཏུ་སེམས་བསྐྱེད་པའི་སྨོན་ལམ་གྱི་འགྱུར་ཏེ། འདི་ལྟར་བྱང་ཆུབ་སེམས་དཔའ་ནི་སེམས་ཅན་ཐམས་ཅད་ཀྱི་དོན་ལ་སྙོམས་པར་སེམས་ཏེ་བསྐྱེད་པ་ཡིན། བྱང་ཆུབ་སེམས་དཔའ་ནི་སེམས་ཅན་ཐམས་ཅད ་ལ་སྙིང་རྩེ་བ་དང་ལྡན་པའི་སེམས་ཀྱིས་སེམས་སྙོམས་པ་ཡིན། བྱང་ཆུབ་སེམས་དཔའ་ནི་སེམས་ཅན་ཐམས་ཅད་ལ་བུ་གཅིག་པ་བཞིན་དུ་སྡུག་པ་དང་ལྡན་པའི་སེམས་ཀྱི་སེམས་སྙོམས་པར་ཡིན། བྱང་ཆུབ་སེམས་དཔའ་ནི་སེམས་ཅན ་ཐམས་ཅད་ལ་རྟེན་ཅིང་འབྲེལ་པར་འབྱུང་བའི་འདུ་བྱེད་རྣམས་ལ་སེམས་ཅན་ཞེས་བྱ་བར་རིག་ནས་སེམས་ཅན་གཅིག་གི་ཆོས་ཉིད་གང་ཡིན་པ་དེ་ནི་ཐམས་ཅད་ཀྱི་ཡིན་ནོ་ཞེས་ཆོས་མཉམ་པ་ཉིད་དང་ལྡན་པའི་སེམས་ཀྱི་སེམས་ཅན ་ཐམས་ཅད་ལ་སེམས་སྙོམས་པར་གནས་པ་ཡིན། ཇི་ལྟར་སེམས་ཅན་གཅིག་གི་དོན་ཏུ་ཡོད་པ་བཞིན་དུ་ཐམས་ཅད་ལ་ཡང་དེ་དང་འདྲ་སྟེ། དེ་ལྟར་ན་བྱང་ཆུབ་སེམས་དཔའ་དོན་བྱེད་པ་དང་ལྡན་པའི་སེམས་ཀྱི་སེམས་ཅན་ཐམས་ཅད་ལ ་སེམས་སྙོམས་པར་གནས་པ་སྟེ། རྣམ་པ་ལྔ་པོ་དེ་དག་གིས་བྱང་ཆུབ་སེམས་དཔའ་སེམས་ཅན་རྣམས་ལ་སེམས་སྙོམས་པ་ཡིན་ནོ། །སེམས་ཅན་རྣམས་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཕན་འདོགས་པའི་བྱ་བ་ཐམས་ཅད ་ནི་རྣམ་པ་ལྔར་རིག་པར་བྱ་སྟེ། ལྔ་གང་ཞེ་ན། ཡང་དག་པའི་འཚོ་བ་སྟོན་པར་སྒྲུབ་པ་དང། བྱ་བ་མི་མཐུན་པ་དོན་དང་ལྡན་པའི་མི་མཐུན་པ་དག་ལ་མཐུན་པར་སྟོན་པར་སྒྲུབ་པ་དང། མགོན་མེད་པ་སྡུག་བསྔལ་བཀྲེན་པ། རྟེན་མེད་པ་རྣམས་ལ ་མགོན་ཡོད་པར་བྱེད་པ་དང། བདེ་འགྲོར་འགྲོ་བའི་ལམ་སྟོན་པར་སྒྲུབ་པ་དང། ཐེག་པ་གསུམ་སྟོན་པར་སྒྲུབ་པ་སྟེ། སེམས་ཅན་རྣམས་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཕན་འདོགས་པའི་བྱེ་བ་ནི་ལྔ་པོ་དེ་དག་ཡིན་པར་རིག་པར་བྱའོ།། ་རྣམ་པ་ལྔས་སེམས་ཅན་དག་བྱང་ཆུབ་སེམས་དཔའ་ཕན་འདོགས་འདོགས་པ་ལ་ལན་དུ་ཕན་འདོགས་པར་ཉེ་བར་གནས་པ་ཡིན་ཏེ། རྣམ་པ་ལྔ་གང་ཞེ་ན། བདག་ཉིད་ཡོན་ཏན་རྣམས་དང་ཡང་དག་པར་སྦྱོར་བ་དང། གཞན་གྱི་ཡོན་ཏན ་བསྐྱེད་པ་ལ་སྦྱོར་བ་དང། སེམས་ཅན་མགོན་མེད་པ་སྡུག་བསྔལ་བ་བཀྲེན་པ་རྟེན་མེད་པ་རྣམས་ལ་སྟོང་པར་བྱེད་པ་དང། དེ་བཞིན་གཤེགས་པ་རྣམས་ལ་མཆོད་པ་བྱེད་པ་དང། དེ་བཞིན་གཤེགས་པས་གསུངས་པའི་ཆོས་ཁ་ཏོན་དུ་བྱེད ་པ་དང། འདྲིར་བཅུག་སྟེ། འཆང་ཞིང་དེ་ལ་མཆོད་པ་བྱེད་པའོ། །ལྔ་པོ་འདི་དག་ནི་བྱང་ཆུབ་སེམས་དཔས་རྟག་ཏུ་སྨོན་པར་བྱ་བ་ཡིན་ཏེ། ལྔ་གང་ཞེ་ན། སངས་རྒྱས་འབྱུང་བ་མཉེས་པར་བྱ་བ་དང། སངས་རྒྱས་དེ་དག་ཉིད་ལས་ཕ་རོལ་ཏུ ་ཕྱིན་པ་དྲུག་དང། བྱང་ཆུབ་སེམས་དཔའ་ཨི་སྡེ་སྣོད་མཉན་པ་དང། རྣམ་པ་ཐམས་ཅད་དུ་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་མཐུ་ཡོད་པ་དང། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་བྱ་བ་དང། བྱང་ཆུབ་མངོན་པར་རྫོགས ་པར་སངས་རྒྱས་ནས་ཀྱང། ཉན་ཐོས་མཐུན་པར་འགྱུར་བའོ། །བྱང་ཆུབ་སེམས་དཔའ་སེམས་ཅན་རྣམས་ལ་དོན་བྱ་བའི་སྦྱོར་བ་ནི་རྣམ་པ་ལྔས་འབྲས་བུ་ཡོད་པར་འགྱུར་ཏེ། ལྔ་གང་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་ནི། ཐོག་མ་ཁོ་ནར་སེམས་ཅན་རྣམས ་ལ་ཕན་པ་དང། བདེ་བར་འདོད་པ་ཡིན། ཕན་པ་དང་བདེ་བའི་དེ་ཡང་ཡང་དག་པར་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་ཡིན། བློ་ཕྱིན་ཅི་མ་ལོག་པ་ཡིན་ཏེ། འདི་ལྟ་སྟེ་མཆོད་པ་དང། བསྟེན་པ་དང། ཚད་མེད་པའི་ལེའུ་ལས་སྔར་ཇི་སྐད་བསྟན་པ་བཞིན ་དུ་རིག་པར་བྱའོ། །སྡོམ་ནི། ཡང་དག་སྦྱོར་དང་འདྲི་བ་དང། དེ་བཞིན་ཁྱད་པར་འགྲོ་བ་དང། ཡོན་ཏན་འདྲ་བར་བཅོས་རྣམས་དང། ཡང་དག་རྣམས་དང་དེ་བཞིན་འདུལ། བྱང་ཆུབ་སེམས་དཔའ་ཨི་ཡང་དག་པའི་སྦྱོར་བ་ཐམས་ཅད་ནི་སྦྱོར་བ་རྣམ་པ ་ལྔས་བསྡུས་པར་རིག་པར་བྱ་སྟེ། ལྔ་གང་ཞེ་ན། རྗེས་སུ་བསྲུང་བའི་སྦྱོར་བ་དང། ཁ་ན་མ་ཐོ་བ་མེད་པའི་སྦྱོར་བ་དང། སོ་སོར་རྟོག་པའི་སྟོབས་ཀྱི་སྤྱོད་པ་དང། ལྷག་པའི་བསམ་པ་དག་པའི་སྦྱོར་བ་དང། ངེས་པར་གྱུར་པའི་སྦྱོར་བའོ། །དེ་ལ་བྱང་ཆུབ ་སེམས་དཔའ་ནི་རྗེས་སུ་བསྲུང་བའི་སྦྱོར་བས་ཡིད་གཟུགས་པ་སྲུང་སྟེ། ལྷན་ཅིག་སྐྱེས་པའི་ཤེས་པ་དེས་ཆོས་རྣམས་མྱུར་བ་མྱུར་བར་ཁོ་ནོར་འཛིན་ཏོ། །དྲན་པ་སྲུང་སྟེ་དྲན་པ་ངེས་ནི་བླངས་པའི་ཆོས་རྣམས་འཛིན་པར་བྱེད་དོ། །ཤེས་པ་བསྲུངས ་ཏེ་ཤེས་པ་ངེས་ནི་གཟུང་བའི་ཆོས་རྣམས་ཀྱི་དོན་ལ་ཉེ་བར་རྟོག་གོ། ཡང་དག་པའི་ཤེས་པ་བསྲུང་སྟེ། དེ་ནི་ཡིད་གཞུངས་པ་དང། དྲན་པ་དང་བློ་འགྲིབ་བ་དང། མཐུན་པའི་གཞི་ཡོངས་སུ་སྤོང་བ་དང། གནས་པ་དང། འཕེལ་བ་དང་མཐུན་པའི ་གཞི་སོ་སོར་བསྟེན་པས་སོ་སོར་རྟོགས་པར་འགྱུར་རོ། །དཔང་པོ་རྣམས་ཀྱི་སྒོ་བསྡམས་པ་ནི་རང་གི་སེམས་ཀུན་ཏུ་གསུངས་ངོ། །ལེགས་པར་གཞན་གྱི་སེམས་དང་མཐུན་པར་འཇུག་པས་ནི་གཞན་གྱི་སེམས་ཀུན་ཏུ་བསྲུངས་སོ། དེ་ལ་བྱང་ཆུབ་སེམས ་དཔའ་ཨི་ཁ་ན་མ་ཐོ་བ་མེད་པའི་སྦྱོར་བ་ནི། དགེ་བའི་ཆོས་རྣམས་ཕྱིན་ཅི་མ་ལོགས་དང། འབར་བ་ལྟ་བུ་དང། ཚར་མེད་པ་དང། རྟག་པ་དང། བྱང་ཆུབ་ཏུ་ཡོངས་སུ་བསྔོས་པའོ། །སོ་སོར་རྟོག་པའི་སྟོབས་ཀྱི་སྦྱོར་བ་ནི་མོས་པས་སྤྱོད་པའི་ས་དེ ་ཐམས་ཅད་ལས་བལྟ་བར་བྱའོ། །ལྷག་པའི་བསམ་པ་དག་པའི་སྦྱོར་བ་ནི། ལྷག་པའི་བསམ་པ་དག་པའི་ས་དང། སྦྱོར་བ་སྒྲུབ་པའི་ས་ལ་བལྟ་བར་བྱའོ། །དེས་པར་གྱུར་པའི་སྦྱོར་བ་ནི། ངེས་པའི་ས་དང། སྤྱོད་པའི་ངེས་པའི་ས་དང། མཐར ་ཐུག་པར་འགྲོ་བའི་ས་ལས་བལྟ་བར་བྱ་སྟེ། དེ་ལྟར་མ་སྦྱོར་བ་ལྔ་པོ་འདི་དག་གིས་བྱང་ཆུབ་སེམས་དཔའ་ཨི་ཡང་དག་པའི་སྦྱོར་བ་ཐམས་ཅད་བསྡུས་སོ། །ལྔ་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་ཨི་འབྲི་བ་དང་མཐུན་པའི་ཆོས་ཡིན་པར་རིག་པར་བྱ་སྟེ ་ལྔ་གང་ཞེ་ན། ཆོས་དང་ཆོས་སྨྲ་བ་ལ་མ་གུས་པ་དང། བག་མེད་པ་དང། ལེ་ལོ་དང། ཉོན་མོངས་པ་ལ་བསྟེན་པ་དང་དུ་ལན་པ་དང། ཉེས་པར་སྤོད་པ་སྟན་པ་དང་དུ་ལེན་པ་དང། དེ་ལས་གཞན་པའི་བྱང་ཆུབ་སེམས་དཔའ་རྣམས་དང་དཔོག་པར ་བྱེད་ཅིང་མངོན་པའི་ང་རྒྱལ་བྱེད་པ་དང། ཆོས་ལ་ཕྱིན་ཅི་ལོག་ཏུ་མངོན་པའི་ང་རྒྱལ་བྱེད་པའོ། །ལྔ་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་ཨི་ཆོས་རྣམས་ཁྱད་པར་དུ་འགྲོ་བ་དང་མཐུན་པ་ཡིན་པར་རིག་པར་བྱ་སྟེ། དེ་དག་ཀྱང་ནག་པོའི་ཕྱོགས་ལྔ་པོ ་དེ་དག་ཉིད་ལས་གོ་རིམས་བཞིན་དུ་བཟློག་པ་ཡིན་པར་རིག་པར་བྱའོ། །ལྔ་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡོན་ཏན་ལྟར་བཅོས་པའི་བྱང་ཆུབ་སེམས་དཔའ་ཨི་སྐྱོན་ཡིན་པར་རིག་པར་བྱ་སྟེ། ལྔ་གང་ཞེ་ན། སེམས་ཅན་མ་རུངས་པ ་ཚུལ་ཁྲིམས་འཆལ་བ་དག་ལ་གཞི་ངེས་གནོད་པ་བྱེད་པ་དང། ཚུལ་འཆོས་ཤིང་སྤྱོད་ལམ་ཕུན་སུམ་ཚོགས་པར་བྱེད་པ་དང། འཇིག་རྟེན་རྒྱང་འཕན་པའི་གསང་ཚིག་རྣམས་དང། མུ་སྟེགས་ཅན་གྱིས་བསྟན་བཅོས་དང་ལྡན་པ་དག་གིས ་ཤེས་ཀྱི་ཁ་ཐོབ་ཅིང། །མཁས་པའི་གྲངས་སུ་ཆུད་པར་བྱེད་པ་དང། ཁ་ན་མ་ཐོ་བ་དང་བཅས་པའི་སྤྲིན་པ་ལ་སོགས་པའི་དགེ་བ་ལ་ལྷག་པར་སྤྱོད་པ་དང། དམ་པའི་ཆོས་ལྟར་བཅོས་པ་རྣམས་ལ་སྲེད་ཅིང་སྟོན་པ་རྣམ་པར་འཇོག་པའི། །ལྔ་པོ ་འདི་དག་ནི་བྱང་ཆུབ་སེམས་དཔའ་ཨི་ཡང་དག་པའི་ཡོན་ཏན་དུ་རིག་པར་བྱ་སྟེ། ལྔ་གང་ཞེ་ན། སེམས་ཅན་མ་རུངས་པ་ཚུལ་ཁྲིམས་འཆལ་པ་རྣམས་ལ་ལྷག་པར་སྙིང་རྗེ་བའི་སེམས་དང། རང་བཞིན་གྱིས་སྤྱོད་ལམ་ཕུན་སུམ་ཚོགས་པ་དང། དེ་བཞིན ་གཤེགས་པས་གསུངས་པའི་ལུང་འོང་དུ་ཆུད་པས་ཤེས་ཀྱི་ཁེ་འཐོབ་ཅིང་མཁས་པའི་གྲངས་སུ་ཆུད་པ་དང། ཁ་ན་མ་ཐོ་བ་མེད་པའི་སྦྱིན་པ་ལ་སོགས་པའི་དགེ་བ་བྱེད་པ་དང་དམ་པའི་ཆོས་ལྟར་བཅོས་པ་རྣམས་སྤོང་བའོ། །བྱང་ཆུབ་སེམས་དཔའ་ ་རྣམས་ནི་མདོར་ན་འདུལ་བའི་སྐྱེ་བོ་རྣམས་གནས་བཅུར་ལེགས་པ་ཁོ་ནར་འདུལ་བར་བྱེད་དེ། བཅུ་གང་ཞེ་ན། ཉེས་པར་སྤྱོད་པ་ལས་དབེན་པ་དང། འདོད་པ་ལས་དབེན་པ་དང། ཉེས་པར་མི་སྤྱོད་ཅིང་འབྱུང་བར་བྱེད་པ་དང། དབང་པོ་རྣམས་ཀྱི་སྒོ ་བསྡམས་པ་དང། ཤེས་བཞིན་དུ་གནས་པ་དང། འདུ་འཛི་ལ་དབེན་པ་དང། རབ་ཏུ་དབེན་པར་གྱུར་ནས་རྟོགས་པ་ངན་པ་ལས་དབེན་པ་དང། སྒྲིབ་པ་ལས་དབེན་པ་དང། ཉོན་མོངས་པའི་ཀུན་ནས་བཀྲིས་པ་ལས་དབེན་པ་དང། ཉོན་མོངས་ ་པའི་ཕྱོགས་ཀྱི་གནས་ངན་ལེན་ཡང། དབེན་པའོ།། །།བམ་པོ་བཅུ་དྲུག་པ། སྡོམ་ནི། ལུང་བསྟན་པ་དང་ངེས་པར་ཞུགས། །ངེས་པར་ཁོ་ནར་བྱ་བ་དང། །རྟག་པར་ཡང་ནི་བྱ་བ་དང། །གཙོ་བོར་བྱ་བ་ཐ་མ་ཡིན། །དེ་བཞིན་གཤེགས ་པ་རྣམས་ནི་མདོར་ན་རྣམ་པ་དྲུག་གིས་བྱང་ཆུབ་སེམས་དཔའ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་སྟོན་པར་མཛད་དེ། དྲུག་གང་ཞེ་ན། རིགས་ལ་གནས་ལ་སེམས་མ་བསྐྱེས་པ་དང། དེ་བཞིན་དུ་སེམས་བསྐྱེད་པ་དང། མངོན ་སུམ་དུ་འདུག་པ་དང། ལྐོག་ན་འདུག་པ་དང། དུས་ཀྱི་ཚད་ངེས་པ་མེ་དུས་སྲིད་ཅིག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ་ཞེས་བྱ་བ་དང། དུས་ཆད་མེད་པ་ཡང་ལུང་སྟོན་པ་སྟེ། དུས ་ངེས་པར་ནི་མི་མཛད་དོ། །བྱང་ཆུབ་སེམས་དཔའ་ཨི་ངེས་པར་ཞུགས་པ་ནི་རྣམ་པ་གསུམ་སྟེ། གསུམ་གང་ཞེ་ན། བྱང་ཆུབ་སེམས་དཔའ་ཨི་རིགས་ལ་གནས་པ་ཉིད་ལ་ངེས་པར་ཞུགས་པ་ཞེས་བྱའོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་རྐྱེན་དང་ཕྲད་ནས་ངེས་པར་བླ་ན་མེད་པ ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བའི་སྐལ་པ་ཅན་ཡིན་པའི་ཕྱིར་རོ། །ཡང་བྱང་ཆུབ་སེམས་དཔའ་ལ་ལ་ནི། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་སེམས་བསྐྱེད་དེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི ་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ཀྱི་བར་དུ་དེ་ལས་ཕྱིར་ལྡོག་པར་མི་འགྱུར་རོ། །ཡང་བྱང་ཆུབ་སེམས་དཔའ་དབང་ཐོབ་པ་ནི། སེམས་ཅན་གྱི་དོན་སྤྱོད་པ་ཐམས་ཅད་ལ་ཇི་ལྟར་འདོད་པ་དང། ཇི་ལྟར་རྩོམ་པ་དེ་བཞིན་དུ་འབྲས་བུ་ཡོད་པར་བྱེད་དོ། ་ངེས་པར་ཞུགས་པ་གསུམ་པོ་དེ་དག་གི་རིགས་ལ་གནས་པའི་ངེས་པར་ཞུགས་པ་དང། སེམས་བསྐྱེད་པའི་ངེས་པར་ཞུགས་པ་དང། སྤྱོད་པ་འབྲས་བུ་ཡོད་པའི་ངེས་པར་ཞུགས་པའོ། །དེ་ལ་དེ་བཞིན་གཤེགས་པ་རྣམས་ནི། ངེས་པར་ཞུགས་པ་ཐ ་མ་ལས་བརྩམས་ཏེ། ངེས་པར་ཞུགས་པར་བྱང་ཆུབ་སེམས་དཔའ་ལུང་སྟོན་པ་ས་ལུང་སྟན་པར་མཛད་དོ། །བྱང་ཆུབ་སེམས་དཔའ་ཨི་ངེས་པར་བྱ་བ་ནི་ལྔ་པོ་འདི་དག་ཡིན་ཏེ། དེ་དག་མ་བྱས་ན་བྱང་ཆུབ་སེམས་དཔའ་བླ་ན་མེད་པ་ཡང་དག་པར་རྫོགས་པའི ་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བའི་སྐལ་བ་མེད་པར་འགྱུར་ཏེ། ལྔ་གང་ཞེ་ན། དང་པོ་སེམས་བསྐྱེད་པ་དང། སེམས་ཅན་རྣམས་ལ་སྙིང་བརྩེ་བ་དང། བརྩོན་འགྲུས་འབར་བ་དང། རིག་པའི་གནས་ཐམས་ཅད་ལ་སྦྱོར་བ་དང། སྐྱོ་བ་མེད་པའོ།། ་བྱང་ཆུབ་སེམས་དཔའ་ཨི་བརྟགས་པར་བྱ་བའི་གནས་ནི་ལྔ་པོ་འདི་དག་ཡིན་ཏེ། ལྔ་གང་ཞེ་ན། བྱང་ཆུབ་སེམས་དཔའ་ཨི་རྟག་པར་བྱ་བ་ན་བག་ཡོད་པ་དང། སེམས་ཅན་མགོན་མེད་པ་རྣམས་དང། སྡུག་བསྔལ་པ་དང། རྟེན་མེད་པ་རྣམས་ལ་བཏང་བར་བྱ་བ་དང། དེ ་བཞིན་གཤེགས་པ་ལ་མཆོད་པ་དང། འཁྲུལ་པ་ཡོངས་སུ་ཤེས་པ་དང། བྱ་བ་དང། སྤྱོད་པ་དང། གནས་པ་དང། ཡིད་ལ་བྱེད་པ་ཐམས་ཅད་ལ་བྱང་ཆུབ་ཀྱི་སེམས་སྔོན་དུ་འགྲོ་བ་ནི་བྱང་ཆུབ་སེམས་དཔའ་ཨི་རྟག་པར་བྱ་བ་ལྔ་པའོ། །བྱང་ཆུབ་སེམས་དཔའ་ ་རྣམས་ཀྱི་གཙོ་བོར་འདོད་པ་ནི་ཆོས་བཅུ་པོ་འདི་དག་ཡིན་ཏེ། དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མཆོག་ཏུ་འཛིན་ཅིང། མཆོག་ཏུ་འདོགས་པ་རྣམས་ལ་འདོགས་པར་བྱེད་པ་སྟེ། བཅུ་གང་ཞེ་ན། བྱང་ཆུབ་སེམས་དཔའ་ཨི་རིགས་ནི། རིགས་ཐམས་ཅད་ཀྱི་གཙོ ་བོ་ཡིན་པ་དང། དང་པོ་སེམས་བསྐྱེད་པ་ནི་ཡང་དག་པའི་སྨོན་ལམ་ཐམས་ཅད་ཀྱི་གཙོ་བོ་ཡིན་པ་དང། བརྩོན་འགྲུས་དང་ཤེས་རབ་ནི་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཀྱི་གཙོ་བོ་ཡིན་པ་དང། སྙན་པར་སྨྲ་བ་ནི་བསྡུ་བའི་དངོས་པོ་ཐམས་ཅད་ཀྱི་གཙོ་བོ་ཡིན་པ་དང། ་དེ་བཞིན་གཤེགས་པ་ནི་སེམས་ཅན་ཐམས་ཅད་ཀྱི་གཙོ་བོ་ཡིན་པ་དང། སྙིང་རྗེ་ནི་ཚད་མེད་པ་རྣམས་ཀྱི་གཙོ་བོ་ཡིན་པ་དང། བསམ་གཏན་བཞི་པ་ནི་བསམ་གཏན་ཐམས་ཅད་ཀྱི་གཙོ་བོ་ཡིན་པ་དང། ཏིང་འཛིན་གསུམ་གྱི་ནང་ན་ནི་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན ་གཙོ་བོ་ཡིན་པ་དང། སྙོམས་པར་འཇུག་པ་ཐམས་ཅད་ཀྱི་ནང་ན་ནི་འགོག་པའི་སྙོམས་པར་འཇུག་པ་གཙོ་བོ་ཡིན་པ་དང། ཐབས་ལ་མཁས་པ་ཐམས་ཅད་ཀྱི་ནང་ན་ནི་ཇི་སྐད་བསྟན་པའི་ཐབས་ལ་མཁས་པ་རྣམ་པར་དག་པའི་གཙོ་བོ་ཡིན་པའོ། །སྡོམ་ནི། གདགས ་པ་རྣམ་པར་བཞག་པ་དང། །དེ་བཞིན་ཆོས་རྣམས་ཚོལ་བ་དང། །ཡང་དག་ཇི་བཞིན་ཡོངས་སུ་ཤེས། དེ་བཞིན་དཔག་ཏུ་མེད་པ་དང། །བསྟན་པ་ཡི་ནི་འབྲས་བུ་དང། །ཆེ་དང་ཐེག་པ་བསྡུ་བ་དང། །བྱང་ཆུབ་སེམས་དཔའ་བཅུར་ཤེས་བྱ། །མིང་དང་གདགས ་པ་དེ་བཞིན་ནོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་གདགས་པ་རྣམ་པར་གཞག་པ་ནི་བཞི་པོ་འདི་དག་ཡིན་ཏེ། དེ་དག་ནི་བྱང་ཆུབ་སེམས་དཔའ་འམ། དེ་བཞིན་གཤེགས་པ་ཁོ་ན་ཡང་དག་པར་འདོགས་ཤིང། རྣམ་པར་འཇོག་པར་མཛད་ཀྱི། ལྷར་གྱུར་བ་འམ ་མིར་གྱུར་པ་འམ། དགེ་སྦྱོང་དང། བྲམ་ཟེར་གྱུར་པ་གཞན་གང་གིས་ཀྱང་མི་ནུས་ཏེ། དེ་དག་ཉིད་ལས་ཐོས་པ་ནི་མ་གཏོགས་སོ། །བཞི་གང་ཞེ་ན། ཆོས་གདགས་པ་རྣམ་པར་བཞག་པ་དང། བདེན་པ་གདགས་པ་རྣམ་པར་བཞག་པ་དང། རིགས་པ་གདགས་པ་རྣམ་པར ་བཞག་པ་དང། ཐེག་པ་གདགས་པ་རྣམ་པར་བཞག་པའོ། །དེ་ལ་མདོའི་སྡེ་ལ་སོགས་པ་གསུང་རབ་ཏུ་གཏོགས་པ་ཡན་ལག་བཅུ་གཉིས་པོ་གོ་རིམ་བཞིན་དུ་སྦྱོར་བ་དང། གོ་རིམ་བཞིན་དུ་རྣམ་པར་བཞག་ཅིང་སྡེབས་པ་གང་ཡིན་པ་དེ་ནི་ཆོས་གདགས་པ ་རྣམ་པར་བཞག་པའོ། །བདེན་པ་གདགས་པ་རྣམ་པར་བཞག་པ་ནི་རྣམ་པ་དུ་མ་ཡོད་དེ། ཕྱིན་ཅི་མ་ལོག་པའི་དོན་གྱིས་ནི། བདེན་པ་གཅིག་ཁོ་ན་སྟེ་གཉིས་སུ་མེད་དོ། །བདེན་པ་རྣམ་པ་གཉིས་ནི་ཀུན་རྫོབ་ཀྱི་བདེན་པ་དང། དོན་དམ་པའི་བདེན་པའོ། །བདེན་པ ་རྣམ་པ་གསུམ་ནི། མཚན་ཉིད་ཀྱི་བདེན་པ་དང། རག་གི་བདེན་པ་དང། བྱ་བའི་བདེན་པའོ། །བདེན་པ་རྣམ་པ་བཞི་ནི། སྡུག་བསྔལ་གྱི་བདེན་པ་ནས། །ལམ་གྱི་བདེན་པའི་བར་དག་གོ་།བདེན་པ་རྣམ་པར་ལྔ་ནི་རྒྱུའི་བདེན་པ་དང། འབྲས་བུའི་བདེན་པ་དང། ་ཤེས་པའི་བདེན་པ་དང། ཤེས་བྱའི་བདེན་པ་དང། མཆོག་གི་བདེན་པའོ། །བདེན་པ་རྣམ་པ་དྲུག་ནི། བདེན་པའི་བདེན་པ་དང། རྫུན་པའི་བདེན་པ་དང། ཡོངས་སུ་ཤེས་པར་བྱ་བའི་བདེན་པ་དང། སྤང་བར་བྱ་བའི་བདེན་པ་དང། མངོན་སུམ་དུ་བྱ་བའི་བདེན་པ ་དང། བསྒོམ་པར་བྱ་བའི་བདེན་པའོ། །བདེན་པ་རྣམ་པ་བདུན་ནི་རོ་མྱང་བའི་བདེན་པ་དང། ཉེས་དམིགས་ཀྱི་བདེན་པ་དང། །ངེས་པར་འབྱུང་བའི་བདེན་པ་དང། ཆོས་ཉིད་ཀྱི་བདེན་པ་དང། མོས་པའི་བདེན་པ་དང། འཕགས་པའི་རྣམས་ཀྱི་བདེན་པ་དང། འཕགས ་པ་མ་ཡིན་པ་རྣམས་ཀྱི་བདེན་པའོ། །བདེན་པ་རྣམ་པ་བརྒྱད་ནི་འདུས་བྱེད་ཀྱི་སྡུག་བསྔལ་གྱི་བདེན་པ་དང། འགྱུར་བའི་སྡུག་བསྔལ་གྱི་བདེན་པ་དང། སྡུག་བསྔལ་གྱི་སྡུག་བསྔལ་གྱི་བར་ན་པ་དང། འཇུག་པའི་བདེན་པ་དང། ལྡོག་པའི་བདེན་པ་དང། ཀུན་ནས་ཉོན ་མོངས་པའི་བདེན་པ་དང། རྣམ་པར་བྱ་བའི་བདེན་པ་དང། ཡང་དག་པའི་སྦྱོར་བའི་བདེན་པའོ། །བདེན་པ་རྣམ་པ་དགུ་ནི། མི་རྟག་པའི་བདེན་པ་དང། སྡུག་བསྔལ་བའི་བདེན་པ་དང། སྟོང་པའི་བདེན་པ་དང། བདག་མེད་པའི་བདེན་པ་དང། འབྱུང་བ་ལ་སྲེད་པའི ་བདེན་པ་དང། འཇིག་པ་ལ་སྤེད་པའི་བདེན་པ་དང། དེ་སྤང་བའི་ཐབས་ཀྱི་བདེན་པ་དང། ཕུང་པོའི་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པའི་བདེན་པ་དང། ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་བདེན་པའོ། །བདེན་པ་རྣམ་པ་བཅུ་ནི། གནོད་པ་ལས ་བྱུང་བའི་སྡུག་བསྔལ་གྱི་བདེན་པ་དང། ལོངས་སྤྱོད་དང་མི་ལྡན་པའི་སྡུག་བསྔལ་གྱི་བདེན་པ་དང། ཁམས་མ་སྙོམས་པའི་སྡུག་བསྔལ་གྱི་བདེན་པ་དང། སྡུག་པ་འགྱུར་བའི་སྡུག་བསྔལ་གྱི་བདེན་པ་དང། གནས་ངན་ལེན་གྱི་བདེན་པ་དང། ལས་ཀྱི་བདེན་པ་དང། ་ཉོན་མོངས་པའི་བདེན་པ་དང། དེ་བཞིན་དུ་ཐོས་པ་ཚུལ་བཞིན་དུ་ཡིད་ལ་བྱེད་པའི་བདེན་པ་དང། ཡང་དག་པའི་ལྟ་བའི་བདེན་པ་དང། ཡང་དག་པའི་ལྟ་བའི་འབྲས་བུའི་བདེན་པ་སྟེ། འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བདེན་པ་གདགས་པ་རྣམ་པར ་གཞག་པ་ཞེས་བྱའོ། །དེའི་རྣམ་པར་དབྱེ་བ་ནི་ཚད་མེད་པར་རིག་པར་བྱའོ། །རིགས་པ་གཞི་ནི་རིགས་པ་གདགས་པ་རྣམ་པར་གཞག་པ་ཞེས་བྱ་སྟེ། དེ་དག་གི་རབ་ཏུ་དབྱེ་བ་ཡང་སྔ་མ་བཞིན་དུ་རིག་པར་བྱའོ། །ཐེག་པ་གསུམ་པོ་དག་ལས། ཉན་ཐོས་ཀྱི་ཐེག་པ ་དང། རང་སངས་རྒྱས་ཀྱི་ཐེག་པ་དང། ཐེག་པ་ཆེན་པོ་རེ་རེ་ཡང་རྣམ་པ་བདུན་གྱིས་གདམས་པ་རྣམ་པར་གཞག་པ་ནི་ཐེག་པ་གདམས་པ་རྣམ་པར་གཞག་པ་ཞེས་བྱའོ། །འཕགས་པའི་བདེན་པ་བཞི་པོ་དག་ལས་ཤེས་རབ་གང་ཡིན་པ་དང། ཤེས་རབ་དེ་ཉིད་ ་ཀྱི་རྟེན་དང། དམིགས་པ་དང། གྲོགས་དང། ལས་དང། ཚོགས་གང་ཡིན་པ་དང། ཤེས་རབ་དེ་ཉིད་ཀྱི་འབྲས་བུ་གང་ཡིན་པ་སྟེ། རྣམ་པ་བདུན་པོ་འདི་མཛའ་དག་གིས་ཉན་ཐོས་ཀྱི་ཐེག་པ་གདགས་པ་རྣམ་པར་གཞག་པར་རིག་པར་བྱའོ། ་ཉན་ཐོས་ཀྱི་ཐེག་པ་གདགས་པ་རྣམ་པར་གཞག་པ་ཇི་ལྟ་བ་བཞིན་དུ་རང་སངས་རྒྱས་ཀྱི་ཐེག་པ་གདགས་པ་རྣམ་པར་གཞག་པ་ཡང་དེ་དང་འདྲའོ། །བརྗོད་དུ་མེད་པའི་དངོས་པོ་ལ་དམིགས་པར་བྱས་ནས། ཆོས་ཐམས་ཅད་ལ་དེ་བཞིན་ཉིད་རྣམ་པར་མི ་རྟོག་མཉམ་པ་ཉིད་ལས་བྱུང་བའི་ཤེས་རབ་གང་ཡིན་པ་དང། ཤེས་རབ་དེ་ཉིད་ཀྱི་རྟེན་དང། དམིགས་པ་དང། གྲོགས་དང། ལས་དང་ཚོགས་གང་ཡིན་པ་དང། ཤེས་རབ་དེ་ཉིད་ཀྱིས་འབྲས་བུ་གང་ཡིན་པ་དང། རྣམ་པ་བདུན་པོ་འདི་དག་གིས་ཐེག་པ ་ཆེན་པོའི་གདམས་པ་རྣམ་པར་གཞག་པ་འང་རིག་པར་བྱའོ། །འདས་པ་དང། མ་འོངས་པ་དང། ད་ལྟར་བྱུང་བའི་དུས་དག་ན། བྱང་ཆུབ་སེམས་དཔའ་གང་ཡང་རུང་བ་དེ་དག་ཐམས་ཅད་ཀྱིས་དངོས་པོ་བཞི་པོ་འདི་དག་གིས་ཡང་དག་པར་གདགས་པ་རྣམ ་པར་གཞག་པ་བྱས་ཤིང་བྱེད་པར་འགྱུར་ལ་བྱེད་དེ། འདི་ལས་ལྷག་པའི་གཞན་མེད་དོ། །འདི་ལས་གོང་ན་ཡང་མེད་དོ། །བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཆོས་ཐམས་ཅད་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པར་བྱ་བའི་ཕྱིར ་ཡོངས་སུ་བཙལ་པའི་དངོས་པོ་ཡིན་ཏེ། མིང་ཡོངས་སུ་ཚོལ་བ་དང་དངོས་པོ་ཡོངས་སུ་ཚོལ་བ་དང་ངོ་བོ་ཉིད་གདགས་པ་ཡོངས་སུ་ཚོལ་བ་དང། བྱེ་བྲག་གདགས་པ་ཡོངས་སུ་ཚོལ་བ་དང། འདི་རྣམས་ཀྱི་རྣམ་པར་དབྱེ་བ་ནི་འདི་ལྟ་སྟེ། དེ་ཁོ་ནའི་དོན་གྱི་ལེའུ་ལས་རིག ་པར་བྱའོ། །བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཆོས་ཐམས་ཅད་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པ་སྟེ། བཞི་གང་ཞེ་ན། མིང་ཡོངས་སུ་ཚོལ་བར་གྱུར་པ་ཡང་དག་པར་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པ་དང། དངོས་པོ་ཡོངས་སུ་ཚོལ ་བར་གྱུར་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པ་དང། ངོ་བོ་ཉིད་གདགས་པ་ཡོངས་སུ་ཚོལ་བར་གྱུར་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པ་དང། བྱེ་བྲག་གདགས་པ་ཡོངས་སུ་ཚོལ་བར་གྱུར་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པ་སྟེ། ་འདི་དག་གིས་རྣམ་པར་དབྱེ་བ་ཡང་སྔ་མ་བཞིན་དུ་འདི་ལྟ་སྟེ། དེ་ཁོ་ནའི་དོན་གྱི་ལེའུ་ལས་རིག་པར་བྱའོ། །དཔག་ཏུ་མེད་པ་ལྔ་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐམས་ཅད་ལ་མཁས་པར་བྱེད་པར་འགྱུར་བ་སྟེ། ལྔ་གང་ཞེ་ན། སེམས་ཅན ་གྱི་ཁམས་དཔག་ཏུ་མེད་པ་དང། འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པ་དང། ཆོས་ཀྱི་ཁམས་དཔག་ཏུ་མེད་པ་དང། འདུལ་པའི་ཁམས་དཔག་ཏུ་མེད་པ་དང། འདུལ་བའི་ཐབས་དཔག་ཏུ་མེད་པའོ། །དེ་ལ་སེམས་ཅན་གྱི་ཁམས་ནི་སེམས་ཅན་གྱི་རིས་དྲུག ་ཅུ་རྩ་བཞི་སྟེ། འདི་ལྟ་སྟེ། ཡིད་ཀྱིས་ལས་འབྱུང་བ་བཞིན་ཏེ། རྒྱུད་ཀྱི་བྱེ་བྲག་གིས་ནི་དཔག་ཏུ་མེད་པའོ། །འཇིག་རྟེན་གྱི་ཁམས་རྣམས་ནི་ཕྱོགས་བཅུ་དག་ཏུ་དཔག་ཏུ་མེད་ཅིང་མིང་ཡང་དཔག་ཏུ་མེད་དོ། །དཔེར་ན་འདི་ནི་འཇིག་རྟེན་གྱི་ཁམས་མི་མཇེད་དེ ་དེའི་མིང་ལས་མི་མཇེད་ཀྱི་བདག་པོ་ཆངས་པ་ཞེས་བྱ་བ་བཞིན་ནོ། །དགེ་བ་དང། མི་དགེ་པ་དང། ལུང་དུ་མ་བསྟན་པའི་ཆོས་རྣམས་ནི་རབ་ཏུ་དབྱེ་བའི་ཚུལ་གྱི་དཔག་ཏུ་མེད་པར་རིག་པར་བྱའོ། །སེམས་ཅན་ཐམས་ཅད་འདུལ་བ་ཡིན་པའི་ཕྱིར། འདུལ་བ་ནི ་གཅིག་ཏུ་འགྱུར་རོ། །རྣམ་པ་གཉིས་ཀྱང་ཡོད་དེ། མཛའ་དག་གིས་བཅིངས་པ་དང། མཛའ་དག་མ་ཡིན་པས་བཅིངས་པའོ། །རྣམ་པ་གསུམ་ཡང་ཡོད་དེ། དབང་པོ་རྟུལ་པོ་དང། དབང་པོ་འབྲིང་དང། དབང་པོ་རྣོན་པའི། །རྣམ་པ་བཞི་ནི། རྒྱལ་རིགས་དང། ་བྲམ་ཟེ་དང། རྗེའུ་རིགས་དང། དམང་རིགས་སོ། །རྣམ་པ་ལྔ་ནི་འདོད་ཆགས་སྤྱོད་པ་དང། ཞེ་སྡང་སྤྱོད་པ་དང། གཏི་མུག་སྤྱོད་པ་དང། ང་རྒྱལ་སྤྱོད་པ་དང། རྣམ་པར་རྟོགས་སྤྱོད་པའོ། །རྣམ་པ་དྲུག་ནི་ཁྱིམ་པ་དང། རབ་ཏུ་བྱུང་བ་དང། ཡོངས་སུ་མ་སྨིན་པ་དང། ཡོངས་སུ་སྨིན་པ་དང། ་རྣམ་པར་གྲོལ་བ་དང། རྣམ་པར་མ་གྲོལ་བའོ། །རྣམ་པ་བདུན་ནི་ཞེ་འབྲས་པ་དང། ཐ་མལ་པ་དང། སྤྲོས་པས་ཤེས་པ་དང། མགོ་གླེངས་པས་ཤེས་པ་དང། དེའི་མོད་ལ་འདུལ་བར་འགྱུར་བ་དང། ཕྱིས་འདུལ་བར་འགྱུར་བ་དང། རྐྱེན་ལས ་གྱུར་པའི་འདུལ་བ་སྟེ། རྐྱེན་ཇི་ལྟ་བུ་དང་ཕྲད་པ་དེ་ལྟ་དེ་ལྟར་འགྱུར་པའོ། །རྣམ་པ་བརྒྱད་ནི་འཁོར་བརྒྱད་དེ། རྒྱལ་རིགས་ཀྱི་འཁོར་ལ་སོགས་པ་ནས། ཚངས་པའི་འཁོར་གྱི་བར་དག་གོ་།རྣམ་པ་དགུ་ནི་དེ་བཞིན་གཤེགས་པས་འདུལ་བ་དང། ཉན་ཐོས་དང། རང ་སངས་རྒྱས་ཀྱིས་འདུལ་བ་དང། བྱང་ཆུབ་སེམས་དཔས་འདུལ་བ་དང། བསྒྲུབ་པར་དཀའ་བ་དང། བསྒྲུབ་པར་སླ་བ་དང། འཇམ་པོས་བསྒྲུབ་པར་སླ་བ་དང། ཚར་གཅང་པས་བསྒྲུབ་པར་བསླ་བ་དང། རྒྱང་རིང་པོ་ནས་འདུལ་བ་དང། དྲུང་ནས་འདུལ་བའོ།། ་རྣམ་པ་བཅུ་ནི་སེམས་ཅན་དམྱལ་བ་པ་དང། དུད་འགྲོའི་སྐྱེ་གནས་པ་དང། གཤིན་རྗེའི་འཇིག་རྟེན་པ་དང། འདོད་པ་ན་སྤྱོད་པའི་ལྷ་དང་མི་དང། བར་མ་དོའི་སྲིད་པ་དང། གཟུགས་ཅན་དང། གཟུགས་མེད་པ་དང། འདུ་ཤེས་ཅན་དང། འདུ་ཤེས་མེད་པ ་དང། འདུ་ཤེས་ཅན་ཡང་མ་ཡིན། འདུ་ཤེས་ཅན་མ་ཡིན་པ་ཡང་མ་ཡིན་པ་སྟེ། འདི་ཡང་རྣམ་པའི་རབ་ཏུ་དབྱེ་བས་ནི་རྣམ་པ་ལྔ་བཅུ་རྩ་ལྔའོ། །རྒྱུད་ཀྱི་རབ་ཏུ་དབྱེ་བས་ནི་ཚད་མེད་པར་རིག་པར་བྱའོ། །དེ་ལ་སེམས་ཅན་གྱི་ཁམས་དང། འདུལ་བའི ་ཁམས་ལ་ཐ་དད་དུ་བྱ་བ་ཅི་ཡོད་ཅེ་ན། རིགས་ལ་གནས་པ་དང། རིགས་ལ་གནས་པ་མ་ཡིན་པའི་སེམས་ཅན་ཐམས་ཅད་ནི་སེམས་ཅན་གྱི་ཁམས་སུ་བྱེ་བྲག་མེད་དོ། །རིགས་ལ་གནས་པ་གནས་སྐབས་དེ་དང་དེ་དག་ཏུ་གནས་པ་གང་ཡིན་པ་དེ་ནི ་འདུལ་བའི་ཁམས་ཞེས་བྱའོ། །འདུལ་པའི་ཐབས་ནི་སྔར་ཇི་སྐད་བསྟན་པ་བཞིན་དུ་རིག་པར་བྱའོ། །དེ་ཡང་རྣམ་པར་དབྱེ་བས་དཔག་ཏུ་མེད་དེ། དེ་དག་བསྡུས་ན་དཔག་ཏུ་མེད་པ་ལྔར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་སེམས་ཅན ་གང་དག་གི་དོན་ལ་སྦྱོར་བ་དེ་ནི། དཔག་ཏུ་མེད་པ་དང་པོའོ། །སེམས་ཅན་དེ་དག་གང་ལ་གནས་པ་པར་དམིགས་པ་དེ་ནི་དཔག་ཏུ་མེད་པ་གཉིས་པའོ། །སེམས་ཅན་དེ་དག་འཇིག་རྟེན་གྱི་ཁམས་དེ་དང་དེ་དག་ན། ཆོས་གང་དག་གིས་ཀུན་ནས་ཉོན་མོངས་པ་དང ་རྣམ་པར་དག་པར་གྱུར་པ་དམིགས་པ་དེ་ནི། དཔག་ཏུ་མེད་པ་གསུམ་པའོ། །སེམས་ཅན་དེ་དག་གི་ནང་ནས་སེམས་ཅན་གང་དག་སྐལ་པ་དང་ལྡན་ཞིང་གཏན་དུ་སྡུག་བསྔལ་ལས་རྣམ་པར་ཐར་པར་བྱེད་ནུས་པར་མཐོང་བ་དེ་ནི་དཔག་ཏུ་མེད་པ་བཞི་པའོ། །སེམས་ཅན ་དེ་དག་ཉིད་རྣམ་པར་ཐར་པར་བྱ་བའི་ཐབས་གང་ཡིན་པ་དེ་ནི་དཔག་ཏུ་མེད་པ་ལྔ་པའོ། །དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དཔག་ཏུ་མེད་པ་ལྔ་པོ་དེ་དག་ནི། ཐམས་ཅད་ལ་མཁས་པར་བྱེད་པར་འགྱུར་རོ། །ལྔ་པོ་འདི་དག་ནི་སངས་རྒྱས་དང་བྱང་ཆུབ ་སེམས་དཔའ་རྣམས་ཀྱིས་སེམས་ཅན་རྣམས་པ་ཆོས་བསྟན་པའི་འབྲས་བུའི་ཕན་ཡོན་རྒྱ་ཆེ་བ་ཡིན་པར་རིག་པར་བྱ་སྟེ། ལྔ་གང་ཞེ་ན། དེ་དག་ལས་སེམས་ཅན་ཁ་ཅིག་ནི་དམ་པའི་ཆོས་བསྟན་པ་དེ་ཉིད་ཀྱི་ཚེ། ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང། ་བྲལ་བ་བསྐྱེད་པར་འགྱུར་རོ། །དེ་དག་ལས་སེམས་ཅན་ཁ་ཅིག་ནི་དམ་པའི་ཆོས་བསྟན་པའི་མོད་ལ་ཟག་པ་ཟད་པ་ཐོབ་པར་འགྱུར་རོ། །དེ་དག་ལས་སེམས་ཅན་ཁ་ཅིག་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་བྱེད་དོ། །དེ ་དག་ལས་སེམས་ཅན་ཁ་ཅིག་ནི་དམ་པའི་ཆོས་ཐོས་པ་དེ་ཉིད་ཀྱི་མོད་ལ། བྱང་ཆུབ་སེམས་དཔའ་ཨི་བཟོད་པ་མཆོག་ཐོབ་པར་འགྱུར་རོ། །སངས་རྒྱས་རྣམས་དང། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་དམ་པའི་ཆོས་བསྟན་པས། ལུང་འབོག་པ་དང། ཁ་ཏོན ་བྱེད་པ་དང། ཡང་དག་པར་སྒྲུབ་པ་གཅིག་ནས་གཅིག་ཏུ་བརྒྱུད་པའི་ཚུལ་གྱིས། དམ་པའི་ཆོས་ཡུན་རིང་དུ་གནས་པར་བྱེད་པར་འགྱུར་ཏེ། ལྔ་པོ་འདི་དག་ནི་བསྟན་པའི་འབྲས་བུའི་ཕན་ཡོན་རྒྱ་ཆེ་བ་ཡིན་པར་རིག་པར་བྱའོ། །ཆེན་པོ་བདུན་པོ་འདི་དག་ནི་གང ་དག་དང་ལྡན་ན། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐེག་པ་ལ་ཐེག་པ་ཆེན་པོ་ཞེས་བྱ་བར་འགྱུར་བ་སྟེ། བདུན་གང་ཞེ་ན། ཆོས་ཆེན་པོ་ནི་འདི་ལྟ་སྟེ། གསུང་རབ་ཏུ་གཏོགས་པ་ཡན་ལག་བཅུ་གཉིས་ལས་འབྱུང་བའི་བྱང་ཆུབ་སེམས་དཔའ་ཨི་སྡེ་སྣོད་ཤིན ་ཏུ་རྒྱས་པའི་སྡེའོ། །སེམས་བསྐྱེད་པ་ཆེན་པོ་ནི་འདི་ལྟ་སྟེ། འགའ་ཞིག་གི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་ཟད་པའོ། །མོས་པ་ཆེན་པོ་ནི་འདི་ལྟ་སྟེ། འགའ་ཞིག་ནི་ཆོས་ཆེན་པོ་དེ་ཉིད་ལ་མོས་པར་ཟད་པའོ། །ལྷག་པའི ་བསམ་པ་ཆེན་པོ་མི་འདི་ལྟ་སྟེ། འགའ་ཞིག་གིས་མོས་པས་སྤྱོད་པའི་ས་ལས་ཡང་དག་པར་འདས་ཏེ། ལྷག་པའི་བསམ་པ་དག་པའི་ས་ལ་འཇུག་པར་ཟད་དོ། །ཆོས་ཆེན་པོ་ནི་བསོད་ནམས་ཀྱི་ཚོགས་དང། ཡེ་ཤེས་ཀྱི་ཚོགས་གང་ཡང་དག་པར་གྲུབ ་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་པར་འགྱུར་བའོ། །དུས་ཆེན་པོ་ནི་བསྐལ་པ་གྲངས་མེད་པ་གསུམ་པོ་གང་ཡིན་པའི་དུས་དེས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར ་འཚང་རྒྱ་བའོ། །ཡང་དག་པར་འགྲུབ་པ་ཆེན་པོ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་སྟེ། སྐུ་ཡང་དག་པར་འགྲུབ་པ་དེ་ལ་ནི་ལུས་ཡང་དག་པར་འགྲུབ་པ་གཞན་མཚུངས་པ་ཡང་མེད་ན། གོང་དུ་ཕྱིན་པ་ལྟ་ག་ལ་ཡོད་དེ། ལྷག་པ་ལྟ་ཡང་ག ་ལ་ཡོད། དེ་ལ་ཆོས་ཆེན་པོ་གང་ཡིན་པ་དང། སེམས་སྐྱེད་པ་ཆེན་པོ་གང་ཡིན་པ་དང། མོས་པ་ཆེན་པོ་གང་ཡིན་པ་དང། ལྷག་པའི་བསམ་པ་ཆེན་པོ་གང་ཡིན་པ་དང། ཚོགས་པ་ཆེན་པོ་གང་ཡིན་པ་དང། དུས་ཆེན་པོ་གང་ཡིན་པ་དང། ཆེན་པོ་དྲུག་པོ ་འདི་དག་ནི་ཡང་དག་པར་འགྲུབ་པ་ཆེན་པོའི་རྒྱུར་གྱུར་པ་ཡིན་ནོ། །ཡང་དག་པར་འགྲུབ་པ་ཆེན་པོ་དེ་གཅིག་པུ་ནི་དྲུག་པོ་དེ་དག་གི་འབྲས་བུའི་གནས་ཡིན་པར་རིག་པར་བྱའོ། །ཆོས་བརྒྱད་པོ་འདི་དག་ནི་ཐེག་པ་ཆེན་པོ་ཐམས་ཅད་སྡུད་པར་བྱེད་པ་སྟེ། བྱང ་ཆུབ་སེམས་དཔའ་ཨི་སྡེ་སྣོད་བསྟན་པ་དང། བྱང་ཆུབ་སེམས་དཔའ་ཨི་སྡེ་སྣོད་དེ་ཉིད་དུ་ཆོས་ཐམས་ཅད་ཀྱི་དེ་ཁོ་ནའི་དོན་བསྟན་པ་གང་ཡིན་པ་དང། བྱང་ཆུབ་སེམས་དཔའ་ཨི་སྡེ་སྣོད་དེ་ཉིད་དུ་སངས་རྒྱས་དང། བྱང་ཆུབ་སེམས་དཔའ་རྣམས་ཀྱི་མཐུ་བསམ་གྱི་མི་ཁྱབ ་ཅིང་མཆོག་ཏུ་རྒྱ་ཆེ་བ་བསྟན་པ་གང་ཡིན་པ་དང། དེ་ཚུལ་བཞིན་དུ་ཉན་པ་དང། ཚུལ་བཞིན་དུ་སེམས་པ་སྔོན་དུ་འགྲོ་བའི་ལྷག་པའི་བསམ་པ་ཉམས་སུ་བླང་བ་གང་ཡིན་པ་དང། ལྷག་པའི་བསམ་པ་ཉམས་སུ་བླང་བ་སྔོན་དུ་འགྲོ་བའི་སྒོམས་པའི་རྣམ་པས ་འཇུག་པ་དང། བསྒོམ་པའི་རྣམ་པས་འཇུག་པ་སྔོན་དུ་འགྲོ་བའི་བསྒོམ་པའི་འབྲས་བུ་ཡོངས་སུ་འགྲུབ་པ་དང། བསྒོམ་པའི་འབྲས་བུ་ཡོངས་སུ་འགྲུབ་པ་དེ་ཉིད་ཀྱི་གཏན་དུ་ངེས་པར་འབྱིན་པ་སྟེ། བྱང་ཆུབ་སེམས་དཔའ་དེ་ལྟར་སློབ་པ་རྣམས་ནི་བླ་ན་མེད ་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱའོ། །བྱང་ཆུབ་སེམས་དཔའ་གང་དག་དེ་ལྟར་སློབ་ན། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བ་དེ་དག་གང་ཞེ་ན། དེ་དག་ནི་མདོར ་སྡུ་ན་རྣམ་པ་བཅུར་རིག་པར་བྱ་སྟེ། རིག་ལ་གནས་པ་དང། ཞུགས་པ་དང། བསམ་པ་མ་དག་པ་དང། བསམ་པ་དག་པ་དང། ཡོངས་སུ་མ་སྨིན་པ་དང། ཡོངས་སུ་སྨིན་པ་དང། ངེས་པར་ཞུགས་པ་མ་ཡིན་པ་དང། ངེས་པར་ཞུགས་པ་དང་སྐྱེ་བ་གཅིག་གིས ་ཐིགས་པ་དང། སྲིད་པ་ཐ་མ་པའོ། །དེ་ལ་རིག་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་སློབ་པ་ན་སེམས་བསྐྱེད་པར་བྱེད་པ་དེ་ནི་ཞུགས་པ་ཞེས་བྱའོ། །ཞུགས་པ་དེ་ཉིད་ཇི་སྲིད་དུ་བསམ་པ་དག་པའི་ས་ལ་ཞུགས་པ་དེ་སྲིད་དུ་ནི་བསམ་པ་མ་དག ་པ་ཞེས་པའོ། །ཞུགས་པ་ནི་བསམ་པ་དག་པ་ཡིན་ནོ། །བསམ་པ་དག་པ་དེ་ཉིད་ཇི་སྲིད་དུ་མཐར་ཐུག་པར་འགྲོ་པའི་ས་ལ་མ་ཞུགས་པ་དེ་སྲིད་དུ་ནི་ཡོངས་སུ་མ་སྨིན་པ་ཞེས་བྱའོ། །ཞུགས་པ་ནི་ཡོངས་སུ་སྨིན་པ་ཡིན་ནོ། །ཡོངས་སུ་མ་སྨིན་པ་དེ་ཡང་ཇི་སྲིད་དུ ་ངེས་པ་དང། སྤྱོད་པ་ངེས་པའི་ས་ལ་ངེས་པར་མ་ཞུགས་པ་དེ་སྲིད་དུ་མ་ངེས་པ་ཞེས་བྱའོ། །ཞུགས་པ་ནི་ངེས་པ་ཡིན་ནོ། །ཡོངས་སུ་སྨིན་པ་དེ་ཡང་རྣམ་པ་གཉིས་ཏེ། སྐྱེ་བ་གཅིག་གིས་ཐོགས་པ་ནི་ཚེ་ཕྱི་མ་ལ། བླ་ན་མེད་པ་ཡང་དག་པར་རྫོགས ་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བ་གང་ཡིན་པ་དང། སྲིད་པ་ཐ་མ་པ་ནི་ཚེ་འདི་ཉིད་ལ་གནས་བཞིན་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བ་གང་ཡིན་པའོ། །རིགས་ཡན ་ཆད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་དུ་བྱང་ཆུབ་སེམས་དཔའ་བཅུ་པོ་དེ་དག་བསྟན་པ་གང་ཡིན་པ་དག་བྱང་ཆུབ་སེམས་དཔའ་ཨི་བསླབ་པ་རྣམས་ལ་སློབ་པ་དེ་དག་གི་བསླབ་པ་ནི་གང་ལ་སློབ་པ་དང། ཇི་ལྟར་སློབ་པ་དེ་ལས་གོང་ན་མེད་དོ། ་དེ་ལས་ལྷག་པ་ཡང་མེད་དོ། །ཇི་སྐད་བསྟན་པའི་བྱང་ཆུབ་སེམས་དཔའ་དེ་དག་ལས་གོང་ན་ཡང་གང་དག་བྱང་ཆུབ་སེམས་དཔའ་ཨི་བསླབ་པའི་རྣམས་ལ་སློབ་པའི་བྱང་ཆུབ་སེམས་དཔའ་མེད་དོ། ཡང་བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ཀྱི་མིང ་དབྱེར་མེད་པ་འདི་ལྟ་བུ་འདི་དག་ནི་ཡོན་ཏན་ལས་བཏགས་པར་རིག་པར་བྱ་སྟེ། འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེ། །བློ་དང་ལྡན་པ་གསལ་པའི་མཆོག་།རྒྱལ་བའི་སྲས་དང་རྒྱལ་བའི་གཞི། །རྒྱལ་པའི་མྱུ་གུ་རྣམ་རྒྱལ་བྱེད། །རྩལ ་དང་ལྡན་པ་འཕགས་པའི་མཆོག་།དེད་དཔོན་གྲགས་པ་ཆེན་པོ་སྟེ། །སྙིང་རྗེ་ཅན་དང་བསོད་ནམས་ཆེ། །དབང་ཕྱུག་དེ་བཞིན་ཆོས་དང་ལྡན། །ཡང་ཕྱོགས་བཅུ་མཛའ་ཡས་མུ་མེད་པའི་འཇིག་རྟེན་གྱི་ཁམས་དག་ན་བྱང་ཆུབ་སེམས་དཔའ་མུ་མེད ་པ་གནས་པ་དེ་དག་གི་སོ་སོ་རང་གི་མིང་དུ་གདགས་པ་ནི། དཔག་ཏུ་མེད་པར་རིག་པར་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའ་གང་དག་བདག་ནི་བྱང་ཆུབ་སེམས་དཔའ་ཞེས་ཁས་འཆེ་བར་གནས་ལ། བྱང་ཆུབ་སེམས་དཔའ་ཨི་བསླབ་པ་རྣམས་ལ ་ལེགས་པར་མི་སྒྲུབ་པར་བྱང་ཆུབ་སེམས་དཔའ་ལྟར་བཅོས་པ་ཡིན་པར་རིག་པར་བྱ་སྟེ། །བྱང་ཆུབ་སེམས་དཔའ་ཡང་དག་པ་མ་ཡིན་ནོ། །བྱང་ཆུབ་སེམས་དཔའ་གང་དག་བདག་ནི་བྱང་ཆུབ་སེམས་དཔའ་ཡིན་ནོ་ཞེས་ཁས་འཆེ་བར་གནས་ལ་བྱང་ཆུབ་སེམས་དཔའ་ཨི་བསླབ ་པ་རྣམས་ལ་ཡང་ལེགས་པར་སློབ་པ་དེ་དག་ནི་ཡང་དག་པའི་བྱང་ཆུབ་སེམས་དཔའ་ཡིན་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་ཨི་སའི་གཞིའི་རྣལ་འབྱོར་གྱི་གནས་ལས་བྱང་ཆུབ་སེམས་དཔའ་ཨི་ཡོན་ཏན་གྱི་ལེའུ་སྟེ་བཅོ་བརྒྱད་པའོ།། །། ་གཞིའི་རྣལ་འབྱོར་གྱི་གནས་རྫོགས་སོ།། །།སྡོམ་ནི། ངོ་བོ་ཉིད་དང་གནས་དང་ནི། །འབྲས་བུ་གོ་རིམ་བསྡུ་བ་ཡིན། །ལྔ་པོ་འདི་དག་ནི་ཡང་དག་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱང་ཆུབ་སེམས་དཔའ་ཨི་བརྟགས་ཡིན་ཏེ། དེ་དག་དང་ལྡན་ན་བྱང་ཆུབ ་སེམས་དཔའ་བྱང་ཆུབ་སེམས་དཔའ་ཞེས་བྱ་བའི་གྲངས་སུ་འགྲོའོ། །ལྔ་གང་ཞེ་ན། སྙིང་བརྩེ་བ་དང་ལྡན་པར་སྨྲ་བ་དང། བརྟན་པ་དང། ལག་རྐྱོང་བ་དང། དོན་དང་དགོངས་པ་ཟབ་མོ་ངེས་པར་འགྲེལ་པའོ། །ཆོས་ལྔ་པོ་འདི་དག་ནི། ལྔར་བསྒྲ་པར་རིག་པར་བྱ་སྟེ ་ངོ་བོ་ཉིད་དང། གནས་དང། འབྲས་བུའི་ཕན་ཡོན་དང། གོ་རིམ་དང། བསྡུ་པའོ། །དེ་ལ་སྙིང་རྩེ་བའི་ངོ་བོ་ཉིད་ནི་རྣམ་པ་གཉིས་ཏེ། བསམ་པར་གཏོགས་པ་དང། སྒྲུབ་པར་གཏོགས་པའོ། །དེ་མ་བསམ་པར་གཏོགས་པ་ནི། བྱང་ཆུབ་སེམས་དཔའ་ཨི་ཕན ་པའི་བསམ་པ་དང། བདེ་བའི་བསམ་པ་སྟེ། སེམས་ཅན་རྣམས་ལ་སྙིང་བརྩེ་བ་ཞེས་བྱའོ། །སྙིང་བརྩེ་བའི་སྒྲུབ་པར་གཏོགས་པའི་ངོ་བོ་ཉིད་ནི། སེམས་ཅན་རྣམས་ལ་བྱང་ཆུབ་སེམས་དཔའ་ཨི་བསམ་པ་གང་ཡིན་པ་དེ་ཉིད་ཅི་ནུས་ཅི་ལྕོགས་ཀྱི་ལུས་དང་ངག ་གིས་ཉེ་བར་སྒྲུབ་པའོ། །དེ་ལ་སྙན་པར་སྨྲ་བའི་ངོ་བོ་ཉིད་ནི་སྔ་མ་བཞིན་དུ་ཡང་དག་པར་དགའ་བར་བྱེད་པ་དང། ཀུན་ཏུ་དགའ་བར་བྱེད་པ་དང། ཕན་འདོགས་པའི་ཚིགས་ཡིན་ཏེ། འདི་ལྟ་སྟེ། བསྡུ་བའི་དངོས་པོའི་ལེའུ་ལས་རིག་པར་བྱའོ། །དེ་ལ་བྱང་ཆུབ ་སེམས་དཔའ་ཨི་སྙིང་སྟོབས་དང། སྲན་ཐུབ་པ་དང། ཞུམ་པ་མེད་པའི་སྟོབས་དང་ལྡན་པ་གང་ཡིན་པ་དེ་ནི། བརྟན་པའི་ངོ་བོ་ཉིད་ཅེས་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའ་ཨི་རྒྱ་ཆེད་སྦྱིན་པ་དང། ཀུན་ནས་ཉོན་མོངས་པ་ཅན་མ་ཡིན་པའི་སྦྱིན ་པ་གང་ཡིན་པ་འདི་ནི། ལག་རྐྱོང་བའི་ངོ་བོ་ཉིད་ཡིན་པར་རིག་པར་བྱའོ། །སོ་སོ་ཡང་དག་པར་རིག་པ་བཞི་དང། དེ་དག་ཉིད་མངོན་པར་སྒྲུབ་པའི་ཕྱིར་ཡང་དག་པའི་སྦྱོར་བ་ལས་བྱུང་བའི་ཤེས་པ་འདི་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་དོན ་དང་དགོངས་པ་ཟབ་མོ་ངེས་པར་འགྲེལ་པའི་ངོ་བོ་ཉིད་ཡིན་པར་རིག་བྱའོ། །དེ་ལ་སྙིང་བརྩེ་བའི་གནས་ནི་ལྔ་སྟེ། ལྔ་གང་ཞེ་ན། སེམས་ཅན་སྡུག་བསྔལ་བ་རྣམས་དང། ཉེས་པར་སྤྱད་པ་སྤྱོད་པ་རྣམས་དང། བག་མེད་པ་རྣམས་དང། ལོག་པར་ཞུགས ་པ་རྣམས་དང། ཉོན་མོངས་པའི་བག་ལ་ཉལ་དང་ལྡན་པ་རྣམས་སོ། །དེ་ལ་སེམས་ཅན་དམྱལ་བའི་སེམས་ཅན་ཡན་ཆད་གང་སུ་ཡང་རུང་པ་དག་གི་སྡུག་བསྔལ་གྱི་ཚོར་བ་རྒྱུན་ཏུ་གནས་ཤིང། རྒྱུད་ལ་ཞན་པར་འདུག་པའི་སེམས་ཅན་དེ་དག་ནི ་སྡུག་བསྔལ་བ་ཞེས་བྱའོ། །གང་དག་སྡུག་བསྔལ་བར་ངེས་པ་ནི་མེད་མོད་ཀྱི། ཤས་ཆེར་ལུས་ཀྱི་ཉེས་པར་སྤྱོད་པ་ལྷག་པར་སྤྱོད་ཅིང། ངག་གི་ཉེས་པར་སྤྱོད་པ་དང། ཡིད་ཀྱི་ཉེས་པར་སྤྱོད་པ་ལྷག་པར་སྤྱོད་དེ། དེ་ལ་མངོན་པར་དགའ་བའི་རང ་བཞིན་དུ་གནས་པའི་སེམས་ཅན་དེ་དག་ནི་ཉེས་པར་སྤྱད་པ་སྤྱོད་པ་ཞེས་བྱ་སྟེ། འདི་ལྟ་སྟེ། ཤན་པ་དང། བག?་གསོད་པ་དང། བྱ་གག་གསོད་པ་དང། སོགས་བ་ལྟ་བུའོ། །གང་དག་སྡུག་བསྔལ་བ་དང། ཉེས་པར་སྤྱོད་པར་ངེས་པ་མེད་མོད ་ཀྱི། འདོད་པ་རྣམས་ལ་ལྷག་པར་ཞེན་ཅིང་སྤྱོད་པ་དང། ཟློས་གར་མཁན་དང། བྲོ་གར་མཁན་དང། བཞད་གང་མཁན་དང། འཇོ་སྒེག་ཅན་དང། ལྟད་མོ་ལྷུར་ལེན་ཅིང་གནས་པ་དང། བདག་གི་བྱི་དོར་ལྷུར་ལེན་པའི་སེམས་ཅན་དེ་དག་ནི་བག ་ཆག་ཞེས་བྱ་སྟེ། འདི་ལྟ་སྟེ། ཁ་ཅིག་འདོད་པ་ལ་ལོངས་སྤྱོད་པ་ལྟ་བུའོ། །གང་དག་སྡུག་བསྔལ་བ་དང། ཉེས་པར་སྤྱད་པ་སྤྱོད་པ་དང། བག་མེད་པར་སྤྱོད་པ་ནི་མེད་མོད་ཀྱི། ལྟ་བ་ཉམས་པ་ལ་བརྟེན་ནས་སྡུག་བསྔལ་ལས་རྣམ་པར་ཐར་པར་བྱ་བའི་ཕྱིར ་ཞུགས་པའི་སེམས་ཅན་དེ་དག་ནི་ལོག་པར་ཞུགས་པ་ཞེས་བྱ་སྟེ། འདི་ལྟ་སྟེ། འདོད་པ་རྣམས་སྤངས་པ་ནས་ཉེས་པར་བཤད་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་བ་ལྟ་བུའོ། །སེམས་ཅན་གང་དག་སྡུག་བསྔལ་བ་ནས་རྒྱས་པར་ལོག་པར་ཞུགས ་པའི་བར་དུ་ངེས་པ་ནི་མེད་མོད་ཀྱི། ཉོན་མོངས་པ་མཛའ་དག་གིས་བཅིངས་པ་དང། མཛའ་དག་མ་ཡིན་པས་བཅིངས་པའི་སེམས་ཅན་དེ་དག་ནི་ཉོན་མོངས་པའི་བག་ལ་ཉལ་དང་ལྡན་པ་ཞེས་བྱ་སྟེ། འདི་ལྟ་སྟེ། ཡང་དག་པར་ཞུགས་པའི་སེམས ་ཅན་སོ་སོའི་སྐྱེ་བོ་དགེ་བ་གང་ཡིན་པ་དག་དང། སློབ་པ་གང་ཡིན་པ་དག་ལྟ་བུའོ། །འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྙིང་བརྩེ་བའི་གནས་ཡིན་ཏེ། གནས་དེ་དང་དམིགས་པ་དེས་སྙིང་བརྩེ་བ་འབྱུང་བར་འགྱུར་ཏེ། དེ་ལས་གོང་ན་ཡང་མེད།། ་དེ་ལས་ལྷག་པར་ཡང་མེད་དོ། །ལྔ་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སྙན་པར་སྨྲ་བའི་གནས་ཡིན་ཏེ། ལྔ་གང་ཞེ་ན། ལེགས་པར་སྨྲ་བར་བྱ་བ་དང། ལེགས་པར་ཀུན་ཏུ་དགའ་བར་བྱ་བ་དང། ལེགས་པར་དབུགས་དབྱུང་བ་དང། ལེགས ་བར་བསྟབས་པ་དང། རིགས་པས་བསྟན་པའོ། །དེ་རྣམས་ཀྱི་རབ་ཏུ་དབྱེ་བ་ནི་འདི་ལྟ་སྟེ། བསྡུ་བའི་དངོས་པོའི་ལེའུ་ལས་རིག་པར་བྱའོ། །གནས་ལྔ་པོ་འདི་དག་དང། དམིགས་པ་འདི་དག་གིས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྙན་པར་སྨྲ་བ ་འབྱུང་བར་འགྱུར་ཏེ། འདི་ལས་གོང་ན་ཡང་མེད་པའོ། །འདི་ལས་ལྷག་པ་ཡང་མེད་དོ། །ལྔ་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་ཨི་བསྟན་པའི་གནས་ཡིན་པར་རིག་པར་བྱ་སྟེ། ལྔ་གང་ཞེ་ན། བྱང་ཆུབ་ཀྱི་ཕྱོགས་ཀྱི་ལེའུ་རྣམ་པ་ལྔ་པོ་གང་དག་གིས ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསྟན་པའི་སྟོབས་བསྐྱེད་པ་བསྟན་པ་དེ་དག་ཉིད་བྱང་ཆུབ་སེམས་དཔའ་ཨི་བསྟན་པའི་གནས་ཡིན་པར་རིག་པར་བྱའོ། །གནས་དེ་དག་དང། དམིགས་པ་དེ་དག་གིས་བྱང་ཆུབ་སེམས་དཔའ་ཨི་བརྟན་པ ་འབྱུང་པར་འགྱུར་ཏེ། འདི་ལྟས་གོང་ན་ཡང་མེད་དོ། །འདི་ལས་ལྷག་པ་ཡང་མེད་དོ། །ལྔ་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་ལག་རྐྱོང་བའི་གནས་ཡིན་ཏེ། ལྔ་གང་ཞེ་ན། རྒྱུན་མི་འཆད་པར་-སྦྱིན་པ་དང། དགའ་བཞིན་དུ་སྦྱིན་པ་དང། གུས་པར་སྦྱིན་པ ་དང། ཀུན་ནས་ཉོན་མོངས་པ་ཅན་མ་ཡིན་པར་སྦྱིན་པ་དང། མི་གནས་པར་སྦྱིན་པའོ། །འདི་རྣམས་ཀྱི་རྣམ་པར་དབྱེ་བ་ནི་རྒྱས་པར་འདི་ལྟ་སྟེ། སྦྱིན་པའི་ལེའུ་ལས་རིག་པར་བྱའོ། །གནས་འདི་དང་དམིགས་པ་འདི་དག་གི་བྱང་ཆུབ་སེམས་དཔའ་རྣམས ་ཀྱི་ལག་རྐྱོང་བར་འབྱུང་བར་འགྱུར་ཏེ། འདི་ལས་གོང་ན་ཡང་མེད་དོ། །འདི་ལས་ལྷག་པ་ཡང་མེད་དོ། །ལྔ་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་ཨི་རྣམས་ཀྱི་དོན་དང། དགོངས་པ་ཟབ་མོ་ངེས་པར་འགྲེལ་པའི་གནས་ཡིན་ཏེ། ལྔ་གང་ཞེ་ན། དེ་བཞིན་གཤེགས ་པས་གསུངས་པའི་མདོ་སྡེ་ཟབ་མོ། ཟབ་པར་སྣང་བ་དང། སྟོང་པ་ཉིད་དང་ལྡན་པ། རྐྱེན་འདི་ཉིད་ཀྱི་རྟེན་ཅིང་འབྲེལ་པར་འབྱུང་བ་དང་ལྡན་པ་གང་ཡིན་པ་འདི་ནི་གནས་དང་པོའོ། །འདུལ་བའི་ཉེས་པ་ལ་མཁས་པ་དང། ཉེས་པ་ལས་འབྱིན་པ་ལས་མཁས ་པ་འདི་ནི་གནས་གཉིས་པའོ། །མ་མོ་ལ་ཆོས་ཀྱི་མཚན་ཉིད་ཕྱིན་ཅི་མ་ལོག་པར་རྣམ་པར་བཞག་པ་འདི་ནི་གནས་གསུམ་པའོ། །དགོངས་པ་ཅན་བརྟག་དཀའ་བའི་ཆོས་ཀྱི་མིང་དང། དོན་རྣམ་པར་འབྱེད་པ་འདི་ནི་གནས་བཞི་པའོ། །ཆོས་ཐམས་ཅད ་ཀྱི་ཆོས་དང། དོན་དང། ངེས་པའི་ཚིག་དང། རྣམ་པར་རབ་ཏུ་དབྱེ་པ་འདི་ནི་གནས་ལྔ་པའོ། །གནས་དེ་དང་དམིགས་པ་དེས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དོན་དང། དགོངས་པ་ཟབ་མོ་ངེས་པར་འགྲེལ་པ་འབྱུང་བར་འགྱུར་ཏེ། འདི་ལས་གོང་ན་ཡང ་མེད་དོ། །འདི་ལས་ལྷག་པ་ཡང་མེད་དོ། །བྱང་ཆུབ་སེམས་དཔའ་ཨི་སྙིང་བརྩེ་པ་ནི། སེམས་ཅན་རྣམས་ལ་ཐོག་མ་ཉིད་དུ་ལོ་ནས་སྤོང་བར་འགྱུར་པའོ། དེ་བཞིན་དུ་སྙིང་བརྩེ་བ་ཅན་གྱི་བྱང་ཆུབ་སེམས་དཔའ་ནི། སེམས་ཅན་གྱི་དོན་བྱ་བ་ཐམས་ཅད་ལ་ཡིད་ཞུམ ་པ་མེད་པར་སྦྱོར་ཞིང། སྦྱོར་བ་དེ་ལ་ཡོངས་སུ་མི་སྐྱོ་བ་དང། སྙིང་བརྩེ་པ་དེས་ཤས་ཆར་གནས་པར་བྱེད་དེ། དེ་ཁོ་ནས་ཐོབ་མེད་པར་ཚེ་འདི་ལ་བདེ་བར་གནས་པ་དང། ཚེ་ཕྱི་མ་ལ་ཕན་པར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་བྱམས་པའི་ཕན་ཡོན་གང་དག ་གསུངས་པ་དེའི་ལུས་ལ་དུག་གིས་མི་ཚུགས། མཚོན་གྱིས་མི་ཚུགས་ཞེས་བྱ་བ་ལ་སོགས་པ་དེ་དག་ཐམས་ཅད་ནི་སྙིང་བརྩེ་བའི་བྱང་ཆུབ་སེམས་དཔའ་ལ་ཡང་ཡོད་པར་རིག་པར་བྱ་སྟེ། དེ་ལྟར་འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྙིང་བརྩེ་བའི ་འབྲས་བུའི་ཕན་ཡོན་ཡིན་པར་བལྟ་བར་བྱའོ། །བྱང་ཆུབ་སེམས་དཔའ་ཨི་སྙན་པར་སྨྲ་བ་ནི་ཚེ་འདི་ལ་དག་གི་ཉེས་པ་རྣམ་པ་བཞི། བརྫུན་དུ་སྨྲ་བ་དང། ཕྲ་མ་དང། ངག་བཙུབ་མོ་དང། ཚིག་ཁྱལ་པ་རྣམས་སྤོང་སྟེ། དེའི་ཚིག་དེ་ཡང་བདག་ལ་ཕན་འདོགས་པ ་དང། གཞན་ལ་ཕན་འདོགས་པར་ཞུགས་པ་ཡིན་ནོ། །སྙན་པར་སྨྲ་བའི་བྱང་ཆུབ་སེམས་དཔའ་ནི་ཚེ་འདི་དང། ཚེ་ཕྱི་མ་ལ་ཚིག་བཙུན་ཞིང་བཟུང་བར་འོས་པར་འགྱུར་ཏེ། ད་ལྟར་ན་འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྙན་པར་སྨྲ་བའི་འབྲས་བུའི་ཕན་ཡོན ་ཡིན་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་བསྟན་པ་ནི་ཚེ་འདི་ཉིད་ལ་ཡང་ཐམས་ཅད་ཀྱི་ཐམས་ཅད་དུ་སྙོམས་ལས་དང། ལེ་ལོ་དང་བྲལ་བར་འགྱུར་རོ། །སེམས་རབ་ཏུ་དགའ་བས་བྱང་ཆུབ་སེམས་དཔའ་ཨི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་ལེན་པར་བྱེད་དོ།། ་བླངས་ནས་ཀྱང་སྒྱིད་ལུག་པར་མི་འགྱུར་རོ། །བདག་དང་གཞན་ལ་ཡང་བགྲོད?་པས་ཕན་འདོགས་པར་བྱེད་དོ། །ཕྱི་མ་ལ་ཡང་བྱང་ཆུབ་སེམས་དཔའ་ཨི་བྱ་བ་ཡང་དག་པར་བརྩམས་པ་དག་ལ། རང་བཞིན་གྱི་ཡང་དག་པར་རྩོམ་པ་བརྟན་པར་འགྱུར་རོ།། ་མ་བྱས་པར་ཕྱིར་མི་ལྡོག་གོ་དེ་ལྟ་ན་འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བརྟན་པའི་འབྲས་བུའི་ཕན་འདོགས་ཡིན་པར་བྱའོ། །ལག་རྐྱོང་བ་དང། དོན་དང། དགོངས་པ་ཟབ་མོ་ངེས་པར་འགྲེལ་པའི་འབྲས་བུའི་ཕན་ཡོན་ནི་འདི་ལྟ་སྟེ། ་མཐུའི་ལེའུ་ལས་སྦྱིན་པའི་མཐུ་དང། ཤེས་རབ་ཀྱི་མཐུ་བསྟན་པ་བཞིན་དུ་རིག་པར་བྱ་སྟེ། འདི་ནི་བྱང་ཆུབ་སེམས་དཔའ་ཨི་རྟགས་དེ་དག་གི་འབྲས་བུའི་ཕན་ཡོན་ཡིན་ནོ། །དེ་དག་གོར་མི་གང་ཞེ་ན། ཐོག་མ་ཁོ་ནར་ནི་བྱང་ཆུབ་སེམས་དཔའ་སྙིང་བརྩེ་བས ་སེམས་ཅན་རྣམས་ལ་ཕན་འདོགས་ཏེ། དེ་དག་ལ་ལྟ་ཞིང་དོན་བྱེད་འདོད་པར་འགྱུར་རོ། །དེ་ནས་མི་དག་པའི་གནས་ནས་བླངས་ཏེ། དགེ་བའི་གནས་སུ་དགོད་པའི་ཕྱིར། རིགས་པ་སྨྲ་ཞིང་འཛིན་དུ་འཇུག་ལ་སྟོན་པར་བྱེད་དོ། །དེ་ལྟར་ཞུགས་པ་སེམས་ཅན ་རྣམས་ལ་སེམས་ཅན་ཡང་དག་བར་སྒྲུབ་པ་དང། ལོག་པར་སྒྲུབ་པ་ལ་གནས་པ་རྣམས་མ་གཏོང་བས་སེམས་ཅན་ལོག་པར་བསྒྲུབ་པ་ཉོན་མོངས་པས་རྣམ་པར་གནོད་པ་རྣམ་པ་ལྔ་ཚོགས་དང་ལྡན་པ་དག་ལ་འཁྲུག་པ་བཟོད་པར་འགྱུར་རོ། །དེ་དེ ་ལྟར་བརྟན་པས་སེམས་ཅན་ཁ་གཅིག་ནི་ཟང་ཟིང་གི་བསྡུ་བས་ཡོངས་སུ་སྨིན་པར་བྱེད་དོ། །ཁ་ཅིག་ནི་ཆོས་ཀྱི་བསྡུ་པས་ཡོངས་སུ་སྨིན་པར་བྱེད་དོ། །ཁ་ཅིག་ནི་ཆོས་དང་ཟང་ཟིང་གི་བསྡུ་བ་གཉིས་ཀས་ཡོངས་སུ་སྨིན་པར་བྱེད་དོ། །འདི་ནི་བྱང་ཆུབ་སེམས ་དཔའ་ཨི་རྟགས་ལྔ་པོ་དག་གི་རིམས་ཡིན་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་ཨི་རྟགས་ལྔ་པོ་དེ་དག་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དག་སྟེ། ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དེ་དག་ལས་ཕ་རོལ་ཏུ་ཕྱིན་པ་གང་དང་གང་གིས་བྱང་ཆུབ་སེམས་དཔའ་ཨི་རྟགས ་གང་དང་གང་བསྡུས་ཤེ་ན། སྙིང་བརྩེ་བ་ནི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པས་བསྡུས་སོ། །སྙན་པར་སྨྲ་བ་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་བསྡུས་སོ། །བསྟན་པ་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང། ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་བསྡུས་ཏེ། ལག་རྐྱོང་བ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དགོངས་བསྡུས་སོ། །དོན་དང་དགོངས་པ་ཟབ་མོ་ངེས་པར་འགྲེལ་པ་ནི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང། ཤེས་རབ་ཀྱི་ཕ་རོལ ་ཏུ་ཕྱིན་པས་བསྡུས་ཏེ། དེ་ལྟར་ན་བྱང་ཆུབ་སེམས་དཔའ་ཨི་རྟགས་ལྔ་པོ་འདི་དག་ནི་སྔར་བསྒྲེ་བར་རིག་པར་བྱ་སྟེ། ངོ་བོ་ཉིད་དང། གནས་དང། འབྲས་བུའི་ཕན་ཡོན་དང། གོ་རིམས་དང། བསྡུ་པ་དང་ལྔར་བསྒྲེ་བར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་ཨི ་སའི་གཞིའི་མཐུན་པའི་ཆོས་ཀྱི་རྣལ་འབྱོར་གྱི་གནས་དང། བྱང་ཆུབ་སེམས་དཔའ་ཨི་རྟགས་ཀྱི་ལེའུ་སྟེ་དང་པོའོ།། །།སྡེམ་ནི། ལས་མཛའ་ལེགས་པར་བྱས་པ་དང། །མཁས་དང་གཞན་ལ་ཕན་འདོགས་དང། །ཡོངས་སུ་བསྔོ་བ་ཐ་མ་ཡིན།། ་བྱང་ཆུབ་སེམས་དཔའ་ཁྱིམ་པའི་ཕྱོགས་སམ། རབ་ཏུ་བྱུང་པའི་ཕྱོགས་ལ་གནས་པའི་ཆོས་ནི་མདོར་བསྡུ་ན། རྣམ་པ་བཞིར་རིག་པར་བྱ་སྟེ། དེ་དག་ལ་བྱང་ཆུབ་སེམས་དཔའ་ཁྱིམ་པ་འམ། རབ་ཏུ་བྱུང་བས་བསླབས་ན་མྱུར་བ་ཁོ་ནར་བླ་ན་མེད་པ་ཡང ་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །བཞི་གང་ཞེ་ན། ལས་ཀྱིས་མཛའ་ལེགས་པར་བྱས་པ་དང། མཁས་པ་དང། གཞན་ལ་ཕན་འདོགས་པ་དང། ཡོངས་སུ་བསྔོ་བའོ། །དེ་ལ་བྱང་ཆུབ་སེམས་དཔའ་ཨི་ལས་ཀྱི ་མཛའ་ལེགས་པར་བྱས་པ་གང་ཞེ་ན། གང་ཕ་རོལ་ཏུ་ཕྱིན་པ་རྣམས་ལ་ངེས་པར་བྱེད་པ་དང། བྱང་བར་བྱེད་པ་དང། རྟག་ཏུ་བྱེད་པ་དང། ཁ་ན་མ་ཐོ་བ་མེད་པར་བྱེད་པ་སྟེ། བྱང་ཆུབ་སེམས་དཔའ་ཨི་ངེས་པར་བྱེད་པ་ཇི་ལྟ་བུ་ཡིན་ཞེ་ན། འདི་ལྟ་སྟེ། སྦྱིན ་པ་ལ་བྱེད་པ་ནི་འདི་ལ་བྱང་ཆུབ་སེམས་དཔའ་སྦྱིན་པར་བྱ་བའི་ཆོས་ཀྱང་བདོག་ལ། སློང་བ་པོ་ཡང་ལེགས་པར་འོངས་ན། གནོད་བར་བྱས་ཀྱང་རུང། ཕན?་པ་བྱས་ཀྱང་རུང། ཡོན་ཏན་ཅན་ཡང་རུང། སྐྱོན་ཅན་ཡང་རུང་བ་ལ་ངེས་པར་སྦྱིན་པར་བྱེད་དེ། དེའི་སྦྱིན་པའི་སེམས ་མི་འམ། མི་མ་ཡིན་པ་འམ། དགེ་སྦྱོང་ངམ། བྲམ་ཟེ་འམ། སུ་ཡང་རུང་སྟེ། འཇིག་རྟེན་ནས་སུ་ཡང་རུང་པས་ཆོས་མཐུན་པས་བསྐྱོད་པར་མི་ནུས་སོ། །བྱང་ཆུབ་སེམས་དཔའ་ཨི་བྱད་བར་བྱེད་པ་ཇི་ལྟ་བུ་ཡིན་ཞེ་ན། འདི་ལྟ་སྟེ། སྦྱིན་པ་ལ་བྱེད་པ ་ནི་འདི་ལ་བྱང་ཆུབ་སེམས་དཔའ་སྦྱིན་པར་བྱ་བའི་ཆོས་ཀྱང་བདོག་ལ། སློང་བ་པོ་ཡང་ལེགས་པར་འོངས་ན། ཐམས་ཅད་སྦྱིན་པར་བྱེད་དེ། དེའི་ནང་གི་དངོས་པོ་ཡང་སེམས་ཅན་རྣམས་ལ་མི་གཏང་བར་བྱ་བ་ཅི་ཡང་མེད་ན། ཕྱི་རོལ་ལྟ་ཅི་སྨོས ་བྱང་ཆུབ་སེམས་དཔའ་ཨི་རྟག་ཏུ་དབྱེད་པ་ཇི་ལྟ་བུ་ཡིན་ཞེ་ན། འདི་ལྟ་སྟེ། སྦྱིན་པ་བྱེད་པ་ནི་འདི་ལ་བྱང་ཆུབ་སེམས་དཔའ་སྦྱིན་པས་ཡོངས་སུ་སྐྱོ་བ་མེད་པར་རྟག་ཏུ་རྒྱུན་མི་འཆད་པར་ཁོ་ནར་དུས་ཐམས་ཅད་དུ་སྦྱིན་པར་བྱ་བའི་ཅི་བདོག་པ་སྦྱིན་པར་བྱེད ་པའོ། །བྱང་ཆུབ་སེམས་དཔའ་ཨི་ཁ་ན་མ་ཐོ་བ་མེད་པར་བྱེད་པ་ཇི་ལྟ་བུ་ཡིན་ཞེ་ན། འདི་ལྟ་སྟེ། སྦྱིན་པ་ལ་བྱེད་པ་ནི་འདི་ལ་བྱང་ཆུབ་སེམས་དཔའ་ཀུན་ནས་ཉོན་མོངས་པ་ཅན་གྱི་སྦྱིན་པ་སྦྱིན་པའི་ལེའུ་ལས་བསྟན་པ་གང་ཡིན་པའི་ཀུན་ནས་ཉོན་མོངས ་པ་ཅན་དེ་སྤངས་ན། ཀུན་ནས་ཉོན་མོངས་པ་ཅན་མ་ཡིན་པའི་སྦྱིན་པ་སྦྱིན་པར་བྱེད་དེ། དེ་ལྟར་ན་བྱང་ཆུབ་སེམས་དཔའ་ནི་འདི་ལྟ་སྟེ། སྦྱིན་པ་ལེགས་པར་སྦྱིན་པར་བྱེད་པ་ཡིན་ནོ། །སྦྱིན་པ་ལ་ཇི་ལྟ་བ་བཞིན་དུ་ཚུལ་ཁྲིམས་དང། བཟོད་པ་དང ་བརྩོན་འགྲུས་དང། བསམ་གཏན་དང། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམས་ལ་ཡང་ངེས་པར་བྱེད་པ་དང། བྱད་པར་བྱེད་པ་དང། རྟག་པར་བདེ་པ་དང། ཁ་ན་མ་ཐོ་བ་མེད་པ་རྣམ་པ་བཞི་པོ་འདི་དག་ཅི་རིགས་པར་རིག་པར་བྱའོ། །དེ་ལ་བྱང་ཆུབ ་སེམས་དཔའ་ཨི་མཁས་པ་གང་ཞེ་ན། དེ་ནི་མདོར་བསྡུ་ན་རྣམ་པ་བཅུར་རིག་པར་བྱ་སྟེ། སེམས་ཅན་ཞེས་འགྲས་པ་རྣམས་ཀྱི་སྡང་པ་བསལ་པའི་ཐབས་ལ་མཁས་པ་དང། ཐ་མལ་བ་རྣམས་འཇུག་པར་བྱ་བ་དང། ཞུགས་པ་རྣམས་ཡོངས་སུ་སྨིན་པར ་བྱ་བ་དང། ཡོངས་སུ་སྨིན་པ་རྣམས་རྣམ་པར་གྲོལ་བར་བྱ་བའི་ཐབས་ལ་མཁས་པ་དང། འཇིག་རྟེན་པའི་བསྟན་བཅོས་ཐམས་ཅད་ལ་མཁས་པ་དང། བྱང་ཆུབ་སེམས་དཔའ་ཨི་སྡོམ་པ་ཡང་དག་པར་བླངས་པ་ལ་འཁྲུལ་བ་བྱུང་བ་ལ་རྟོག་པ་ལ་མཁས ་པ་དང། ཡང་དག་པའི་སྨོན་ལམ་ལ་མཁས་པ་དང། ཉན་ཐོས་ཀྱི་ཐེག་པ་ལ་མཁས་པ་དང། རང་སངས་རྒྱས་ཀྱི་ཐེག་པ་ལ་མཁས་པ་དང། ཐེག་པ་ཆེན་པོ་ལ་མཁས་པ་སྟེ། མཁས་པ་འདི་དག་ཐམས་ཅད་ཀྱང་སྔ་མ་བཞིན་དུ། བྱང་ཆུབ ་སེམས་དཔའ་ཨི་ས་འདི་ཉིད་ཀྱི་རྣམ་པར་དབྱེ་བ་དེ་དང། དེ་དག་ལས་ཅི་རིགས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་ཨི་མཁས་པ་བཅུ་པོ་འདི་དག་གི་བྱ་བ་ལྔ་བྱེད་པ་ཡིན་ཏེ། མཁས་པ་གོང་མ་བཞིས་ནི་བྱང་ཆུབ་སེམས་དཔས་སེམས་ཅན ་རྣམས་རང་གི་དོན་ལ་འཛུད་དོ། །འཇིག་རྟེན་པའི་བསྟན་ཆོས་ཐམས་ཅད་ལ་མཁས་པས་ནི་བྱང་ཆུབ་སེམས་དཔས་པས་ཀྱི་རྒོལ?་བ་ཐམས་ཅད་ཟིལ་གྱིས་གནོན་པར་བྱེད་དོ། །བྱང་ཆུབ་སེམས་དཔའ་ཨི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར ་བླངས་པ་ལ་འཁྲུལ་བ་བྱུང་བ་ལ་རྟོག་པ་ལ་མཁས་པས་ནི་བྱང་ཆུབ་སེམས་དཔས་ཉེས་པ་མི་འབྱུང་བ་འམ། ཉེས་པ་བྱུང་ན་ཡང་ཆོས་བཞིན་དུ་འཆོས་པར་བྱེད་ཅིང། ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླངས་པ་ཤིན་ཏུ་ཡོངས་སུ་དག་པ ་བསྲུང་བར་བྱེད་དོ། །ཡང་དག་པའི་སྨོན་ལམ་ལ་མཁས་པ་ནི། བྱང་ཆུབ་སེམས་དཔའ་ཕྱི་མ་ལ་འདོད་པའི་དོན་ཐམས་འགྲུབ་པར་འགྱུར་བར་བྱེད་དོ། །ཐེག་པ་གསུམ་ལ་མཁས་པས་ནི་བྱང་ཆུབ་སེམས་དཔའ་རིགས་དང། དབང་པོ་དང། མོས་པ་ཇི་ལྟ་བ་རྣམས ་ལ་དེ་དང་མཐུན་པར་ཆོས་སྟོན་ཅིང། འཚམ་པ་དང། རིགས་པར་སྟོན་ཏེ། དེ་ལྟར་ནམ་མཁས་པ་བཅུ་པོ་འདི་དག་གིས་བྱང་ཆུབ་སེམས་དཔས་བྱ་བ་ལྔ་བྱེད་དེ། དེའི་བྱ་བ་ལྔ་པོ་དེ་དག་གིས་ཚེ་འདི་དང་ཚེ་ཕྱི་མའི་དོན་ལས་བརྩམས་ཏེ། བྱ་བ་ཐམས་ཅད ་ཡོངས་སུ་རྫོགས་པར་འགྱུར་རོ། །དེ་ལ་བྱང་ཆུབ་སེམས་དཔའ་ཨི་གཞན་ལ་ཕན་འདོགས་པ་གང་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་ནི་བསྡུ་བའི་དངོས་པོ་བཞི་པོ། །སྦྱིན་པ་དང་སྙན་པར་སྨྲ་བ་དང། དོན་སྤྱོད་པ་དང། དོན་མཐུན་པ་རྣམས ་ལ་བརྟེན་ནས་དེ་དག་ལས་སེམས་ཅན་ཁ་ཅིག་ལ་ནི་ཕན་པ་ཉེ་བར་སྒྲུབ་བདེ་བ་ཡང་ཉེ་བར་སྒྲུབ་སྟེ། ཕན་པ་དང་བདེ་བ་ཡང་ཉེ་བར་སྒྲུབ་སྟེ། འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གཞན་ལ་ཕན་འདོགས་པ་མདོར་བསྟན་པའོ། །རྒྱས་པར་བསྟན་པ་ནི ་སྔ་མ་བཞིན་དུ་འདི་ལྟ་སྟེ། བདག་དང་གཞན་གྱི་ལེའུ་ལས་རིག་པར་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའ་ཨི་ཡོངས་སུ་བསྔོ་བ་གང་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་ནི་ལས་ཀྱི་མཛའ་ལེགས་པར་བྱས་པ་དང། མཁས་པ་དང། གཞན་ལ་ཕན ་འདོགས་པའི་སྒོ་གསུམ་པོ་འདི་དག་གིས་འདས་པ་དང། མ་འོངས་པ་དང། ད་ལྟར་བྱུང་བའི་དགེ་བའི་རྩ་བ་གང་ཅི་ཡང་བས་གསོ་ཅོག་དེ་དག་ཐམས་ཅད་སྙིང་ཐག་པ་ནས་དང་བས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ ་བསྔོ་བར་བྱེད་ཅིང་དགེ་བའི་རྩ་བ་དེའི་འབྲས་བུ་རྣམ་པར་སྨིན་པ་གཞན་མི་འདོད་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཁོ་ན་འདོད་དོ། །བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་ཁྱིམ་པ་རྣམས་དང། རབ་ཏུ་བྱུང་བ་རྣམས ་ཀྱི་བསླབ་པའི་ཆོས་བསྟན་པ་གང་ཅི་ཡང་རུང་བ་དེ་དག་ཐམས་ཅད་ནི་ལས་ཀྱི་མཛའ་ལེགས་པར་བྱས་པ་དང། མཁས་པ་དང། གཞན་ལ་ཕན་འདོགས་པ་དང། ཡོངས་སུ་བསྔོ་བ་བཞི་པོ་འདི་དག་དུ་བསྡུ་བར་རིག་པར་བྱའོ། །དེ་ལྟ་བས་ན་བྱང ་ཆུབ་སེམས་དཔའ་དེ་ལྟར་ལས་ཀྱི་མཛའ་ལེགས་པར་བྱས་པ་དང། མཁས་པ་དང། གཞན་ལ་ཕན་འདོགས་པ་ལ་ཞུགས་པ་དང། ཡོངས་སུ་བསྔོ་བར་བྱེད་པ་ལ་ནི་འདི་ལྟར་འཐོབ་པར་དཀའ་ཞིང་རྟོགས་པར་དཀའ་པའི་བྱང་ཆུབ་ཀྱང་ཉེ་བར ་གྱུར་ཅིང། ཡང་དག་པར་ཉེ་བར་གྱུར་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་གང་སུ་ཡང་རུང་བ་དེ་དག་ཐམས་ཅད་ཀྱིས་ཁྱིམ་པ་དང། རབ་ཏུ་བྱུང་བའི་ཕྱོགས་རྣམས་ལ་བསླབ་ནས། ཆོས་བཞི་པོ་དེ་དག་ཁོ་ནས་འདས་པ་དང། མ་འོངས་པ་དང། ་ད་ལྟར་བྱུང་བའི་དུས་དག་ཏུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས། མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར། མངོན་པར་རྫོགས་པར་འཚང་རྒྱ་སྟེ། འདི་ལས་གོང་ན་ཡང་མེད་དོ། །འདི་ལས་ལྷག་པ་ཡང ་མེད་དོ། །དེ་ལྟར་ཆོས་བཞི་པོ་དེ་དག་ལ་བྱང་ཆུབ་སེམས་དཔའ་ཁྱིམ་པ་འམ། རབ་ཏུ་བྱུང་བདག་ཡང་དག་པར་སྦྱོར་དུ་ཟིན་ཀྱང། བྱང་ཆུབ་སེམས་དཔའ་ཁྱིམ་པ་བས། བྱང་ཆུབ་སེམས་དཔའ་རབ་ཏུ་བྱུང་བ་ནི་ཤིན་ཏུ་བྱེ་བྲག་ཆེར ་འཕགས་པ་དང། ཤིན་ཏུ་ཁྱད་ཆེ་བར་རིག་པར་བྱ་སྟེ། འདི་ལྟར་བྱང་ཆུབ་སེམས་དཔའ་རབ་ཏུ་བྱུང་བ་ནི་ཐོག་མ་ཁོ་ན་རང་མ་དང། བུ་དང་ཆུང་མ་ལ་སོགས་པ་བུ་སྨད་ཡོངས་སུ་འཛིན་པའི་ཉེས་པ་ལས་ཡོངས་སུ་གྲོལ་བ་ཡིན་གྱི། ཁྱིམ་པ་ནི་ཡོངས་སུ ་མ་གྲོལ་བར་རིག་པར་བྱའོ། །ཡང་བྱང་ཆུབ་སེམས་དཔའ་རབ་ཏུ་བྱུང་བ་ནི་ཡོངས་སུ་གཟུང་བ་དེ་ཉིད་ཀྱི་དོན་དུ་ཞིང་ལས་དང། ཉོ་ཚོང་དང། རྒྱལ་པོ་ལ་ཞོ་ཤས་འཚོ་བ་ལ་སོགས་པས་ཉོན་མོངས་པ་དང། རྣམ་པར་ཆགས་པའི་སྡུག་བསྔལ་བ་རྣམས ་ལས་ཡོངས་སུ་གྲོལ་བ་ཡིན། ཁྱིམ་པ་ནི་ཡོངས་སུ་མ་གྲོལ་བ་ཡིན་པར་རིག་པར་བྱའོ། །ཡང་བྱང་ཆུབ་སེམས་དཔའ་རབ་ཏུ་བྱུང་བ་ནི་ཚངས་པར་སྤྱོད་པ་ཅིག་ཏུ་ངེས་པར་ལུ་གུ་རྒྱུད་བཞིན་དུ་བརྟན་པར་སྤྱོད་ནུས་ཀྱི། བྱང་ཆུབ་སེམས་དཔའ་ཁྱིམ་པས ་ནི་མི་ནུས་སོ། །ཡང་བྱང་ཆུབ་སེམས་དཔའ་རབ་ཏུ་བྱུང་བ་ནི་བྱང་ཆུབ་སེམས་ཀྱི་ཕྱོགས་ཀྱི་ཆོས་ཐམས་ཅད་ལ་མངོན་པར་ཤེས་པ་མྱུར་བ་ཡིན་ཏེ། དགེ་བ་གང་དང་གང་རྩོམ་པ་དེ་དང་དེ་ཉིད་ལ། མྱུར་བ་མྱུར་བར་མཐར་ཕྱིན་པར་འགྱུར་གྱི། བྱང་ཆུབ ་སེམས་དཔའ་ཁྱིམ་པ་ནི་དེ་ལྟ་མ་ཡིན་ནོ། །ཡང་བྱང་ཆུབ་སེམས་དཔའ་རབ་ཏུ་བྱུང་བ་ནི་བརྟུལ་ཞུགས་ངེས་པར་གནས་པའི་ཕྱིར། གཞན་དག་ལ་ཚིག་བཙུན་པ་ཡིན་གྱི། བྱང་ཆུབ་སེམས་དཔའ་ཁྱིམ་པ་ནི་དེ་ལྟ་མ་ཡིན་ནོ། །བྱང་ཆུབ ་སེམས་དཔའ་ཁྱིམ་པ་དང། རབ་ཏུ་བྱུང་བ་གཉིས་ནི་དེ་ལྟ་བུ་དང་མཐུན་པའི་ཆོས་རྣམས་ཀྱིས་ཤིན་ཏུ་ཁྱད་ཆེ་བར་ཞུགས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་ཨི་སའི་གཞིའི་མཐུན་པའི་ཆོས་ཀྱི་རྣལ་འབྱོར་གྱི་གནས་ལས་ཕྱོགས་ཀྱི་ལེའུ་སྟེ ་གཉིས་པའོ།། །།བམ་པོ་བཅུ་བདུན་པ། །སྡོམ་ནི། སེམས་ཅན་རྣམས་ལ་བློ་ལྡན་གྱི། །མཉེས་གཤིན་པ་ནི་རྣམ་བདུན་དང། །དེ་དག་བསམ་པ་བཅོ་ལྔ་སྟེ། བྱ་བ་བཅུ་ནི་བྱེད་བར་བསྟན། །སེམས་ཅན་རྣམས་ལ་བྱང་ཆུབ་སེམས་དཔའ་རྣམས ་ཀྱི་མཉེས་གཤིན་པ་རྣམ་པ་བདུན་འབྱུང་སྟེ། མཉེས་གཤིན་པ་དེ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་རྣམས་ནི། དགེ་བའི་བསམ་པ་ཅན་མཆོག་ཏུ་དགེ་བའི་བསམ་པ་ཅན་ཞེས་བྱའོ། །མཉེས་གཤིན་པ་རྣམས་པ་བདུན་གང་ཞེ་ན། འཇིགས་པ ་མེད་པ་དང། རིགས་པ་དང། མི་སྐྱོ་བ་དང། གསོལ་བ་མ་བཏབ་པ་དང། ཟང་ཟིང་མེད་པ་དང། རྒྱ་ཆེ་བ་དང། མཉམ་པའོ། །བྱང་ཆུབ་སེམས་དཔའ་ནི་སུ་ལ་ཡང་འཇིགས་པའི་ཕྱིར། མཉེས་གཤིན་པར་བྱེད་པ་མ་ཡིན་ཏེ། མཐུན་པའི་ལུས་དང་ངག ་དང་ཡིད་ཀྱི་ལས་ཡིད་དུ་འོང་ཞིང་ཕན་པ་དང། བདེ་བ་དང་ལྡན་པ་ཀུན་ཏུ་སྤྱོད་པར་བྱེད་ཀྱི་བྱང་ཆུབ་སེམས་དཔའ་ནི་སེམས་ཅན་རྣམས་ལ་རིགས་པ་མ་ཡིན་པས་བསྐྱེད་པའི་མཉེས་གཤིན་པ་འདི་ལྟ་སྟེ། ཆེས་མ་ཡིན་པ་དང། འདུལ་བ་མ་ཡིན་པ ་དང། ཚོགས་པར་ཀུན་ཏུ་སྤྱོད་པར་མི་འོངས་པ། གནས་མ་ཡིན་པ་ལ་འཛུད་པའི་ཕྱིར་འབྱུང་བ་མ་ཡིན་ནོ། །བྱང་ཆུབ་སེམས་དཔའ་ནི་ཅི་ནས་དེ་དག་གི་དོན་ལ་བརྩམས་པ་ཐམས་ཅད་ཀྱིས་ཡོངས་སུ་མི་སྐྱོ་བར་དེ་ལྟར་སེམས་ཅན་རྣམས་ལ་མཉེས་གཤིན ་པ་ཡིན་ནོ། །བྱང་ཆུབ་སེམས་དཔའ་ནི་གསོལ་བ་མ་བཏབ་པར་སེམས་ཅན་རྣམས་ལ་མཉེས་གཤིན་པ་ཡིན་གྱི། ལ་ལ་ཞིག་གིས་གསོལ་བ་བཏབ་པ་ནི་མ་ཡིན་ནོ། །ཟང་ཟིང་མེད་པའི་སེམས་ཀྱིས་མཉེས་གཤིན་པ་ཡིན་གྱི། གཞན་ལས་ལན་དུ་ཕན་འདོགས ་པ་རེ་བ་འམ། ཚེ་ཕྱི་མ་ལ་སྡུག་པའི་རྣམ་པར་སྨིན་པ་ལ་རེ་བའི་ཕྱིར་ནི་མ་ཡིན་ཏེ། དེ་ལྟར་ན་བྱང་ཆུབ་སེམས་དཔའ་ནི་སེམས་ཅན་རྣམས་ལ་རྒྱུ་མེད་པར་མཉེས་གཤིན་པ་ཡིན་ནོ། །བྱང་ཆུབ་སེམས་དཔའ་ཨི་མཉེས་གཤིན་པ་དེ་ནི་རྒྱ་ཆེ་བ་ཡིན་ཏེ། ཆུང་པ་མ་ཡིན་ནོ། ་བྱང་ཆུབ་སེམས་དཔའ་ནི་སེམས་ཅན་དེ་དག་ལས་ཇི་ལྟར་གནོད་པ་བྱེད་པའི་རྣམ་པ་ཐམས་ཅད་དང་ཕྲད་ཀྱང་སྤོང་བར་མི་བྱེད་དེ། བདག་ཉིད་ལ་དགའ་དགུར་མི་སྡུག་པར་བྱེད་ཀྱང་སྲིད་ཀྱི། གཞན་དག་ལ་ནི་རྣམ་གྲངས་གང་གིས་ཀྱང་སྡིག་པར་བྱེད་པར་མི་འདོད ་དེ། དེ་ལྟར་རྒྱ་ཆེ་བ་ཡིན་ནོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་མཉེས་གཤིན་པ་དེ་ལྟ་བུའི་མཚན་ཉིད་དང། དེ་ལྟ་བུའི་ཡོན་ཏན་དང་ལྡན་པ་དེ་ནི་སེམས་ཅན་ཐམས་ཅད་ཁོ་ན་ལ་མཚུངས་མཉམ་པ་ཡིན་གྱི། སེམས་ཅན་གྱི་ཁམས་ལ་ཉི་ཚེ་བའི་ནི་མ་ཡིན་ཏེ། དེ ་ལྟར་ན་མཉེས་གཤིན་པ་རྣམ་པ་བདུན་པོ་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་རྣམས་ནི། དགེ་པའི་བསམ་པ་ཅན་མཆོག་ཏུ་དགེ་བའི་བསམ་པ་ཅན་ཞེས་བྱའོ། །དེ་ལ་སངས་རྒྱས་ཀྱི་ཆོས་རྣམས་ལ་མོས་པ་དང། སོ་སོར་རྟོག་པ་དང། ངེས་པར་བྱེད ་པ་དང། དད་པ་སྔོན་དུ་འགྲོ་བ་དང། ཆོས་རྣམ་པར་བྱེད་པ་སྔོན་དུ་འགྲོ་བ་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའ་དེའི་ལྷག་པའི་བསམ་པ་ཞེས་བྱའོ། །བྱང་ཆུབ་སེམས་དཔའ་ཨི་ལྷག་པའི་བསམ་པ་དེ་དག་ཀྱང་མདོར་བསྡུ་ན་རྣམ་པ་བཅོ་ལྔར་རིག་པར་བྱ་སྟེ། ་བཅོ་ལྔ་གང་ཞེ་ན། མཆོག་གི་བསམ་པ་དང། ཚུལ་ཁྲིམས་ཀྱི་བསམ་པ་དང། ཕ་རོལ་ཏུ་ཕྱིན་པའི་བསམ་པ་དང། དེ་ཁོ་ནའི་དོན་གྱི་བསམ་པ་དང། མཐུའི་བསམ་པ་དང། ཕན་པའི་བསམ་པ་དང། བདེ་བའི་བསམ་པ་དང། ལྷུག་པའི་བསམ་པ་དང། ་བསྟན་པའི་བསམ་པ་དང། མི་སླུ་བའི་བསམ་པ་དང། མ་དག་པའི་བསམ་པ་དང། དག་པའི་བསམ་པ་དང། ཤིན་ཏུ་དག་པའི་བསམ་པ་དང། ཆར་བཅད་པའི་བསམ་པ་དང། ལྷན་ཅིག་སྐྱེས་པའི་བསམ་པའོ། །དེ་ལ་སངས་རྒྱས་དང། ་ཆོས་དང། དགེ་འདུན་དཀོན་མཆོག་རྣམས་ལ་བྱང་ཆུབ་སེམས་དཔའ་ཨི་ལྷག་པའི་བསམ་པ་གང་ཡིན་པ་དེ་ནི་མཆོག་གི་བསམ་པ་ཞེས་བྱའོ། །བྱང་ཆུབ་སེམས་དཔའ་ཨི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླངས་པ་ལ་ལྷག་པའི་བསམ་པ ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱི་བསམ་པ་ཞེས་བྱའོ། །སྦྱིན་པ་དང། བཟོད་པ་དང། བརྩོན་འགྲུས་དང། བསམ་གཏན་དང། ཤེས་རབ་ཡང་དག་པར་འགྲུབ་པར་བྱ་བའི་ལྷག་པའི་བསམ་པ་གང་ཡིན་པ་དེ་ནི་ཕ་རོལ་ཏུ་ཕྱིན་པའི་བསམ་པ་ཞེས་བྱའོ། ་ཆོས་དང་གང་ཟག་ལ་བདག་མེད་པ་དོན་དམ་པ་ཆོས་ཀྱི་དེ་བཞིན་ཉིད་ཟབ་མོ་ལ་ལྷག་པའི་བསམ་པ་གང་ཡིན་པ་དེ་ནི་དེ་ཁོ་ནའི་དོན་གྱི་བསམ་པ་ཞེས་བྱའོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མངོན་པར་ཤེས་པའི་མཐུ་འམ། ་ལྷན་ཅིག་སྐྱེས་པའི་མཐུ་བསམ་གྱིས་མི་ཁྱབ་པ་ལ་ལྷག་པའི་བསམ་པ་གང་ཡིན་པ་དེ་ནི་མཐུའི་བསམ་པ་ཞེས་བྱའོ། །སེམས་ཅན་རྣམས་ལ་དགེ་བ་ཉེ་བར་སྒྲུབ་པར་འདོད་པ་ནི་ཕན་པའི་བསམ་པ་ཞེས་བྱའོ། །སེམས་ཅན་རྣམས་ལ་ཕན ་གདགས་པ་ཉེ་བར་སྒྲུབ་པར་འདོད་པ་ནི་བདེ་བའི་བསམ་པ་ཞེས་བྱའོ། །སེམས་ཅན་རྣམས་ལ་ཟང་ཟིང་མེད་པའི་སེམས་དང་སྡུག་པའི་རྣམ་པར་སྨིན་པ་དང་འབྲེལ་པ་མེད་པའི་སེམས་ནི་ལྷུག་པའི་བསམ་པ་ཞེས་བྱའོ། །བླ་ན་མེད་པ་ཡང་དག་པར ་རྫོགས་པའི་བྱང་ཆུབ་ཏུ་སེམས་གཅིག་ཏུ་ངེས་པ་ནི་བསྟན་པའི་བསམ་པ་ཞེས་བྱའོ། །སེམས་ཅན་གྱི་དོན་གྱི་ཐབས་དང། བྱང་ཆུབ་ཀྱི་ཐབས་ལ་ཕྱིན་ཅི་མ་ལོག་པའི་ཤེས་པ་དང་ལྡན་པའི་མོས་པ་ནི་མི་སླུ་བའི་བསམ་པ་ཞེས་བྱའོ། །མོས ་པས་སྤྱོད་པའི་ས་ཐམས་ཅད་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལྷག་པའི་བསམ་པ་གང་ཡིན་པ་དེ་ནི་མ་དག་པའི་བསམ་པ་ཞེས་བྱའོ། །བསམ་པ་དག་པའི་ས་ནས་བཟུང་སྟེ། སྤྱོད་པ་ངེས་པའི་སའི་བར་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལྷག་པའི་བསམ ་པ་ནི་དག་པའི་བསམ་པ་ཞེས་བྱའོ། །མཐར་ཐུག་པར་འགྲོ་བའི་ས་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལྷག་པའི་བསམ་པ་ནི་ཤིན་ཏུ་དག་པའི་བསམ་པ་ཞེས་བྱའོ། །དེ་ལ་མ་དག་པའི་ལྷག་པའི་བསམ་པ་གང་ཡིན་པ་དེ་ཉིད་ནི་ཚར་བཅད་པ་ཞེས་བྱ་སྟེ། སོ་སོར ་བརྟག་པར་བྱ་བ་ཡིན་པའི་ཕྱིར་རོ། །དག་པ་དང་ཤིན་ཏུ་དག་པའི་ལྷག་པའི་བསམ་པ་གང་ཡིན་པ་དེ་ནི་ལྷག་ཅིག་སྐྱེས་པའི་བསམ་པ་ཞེས་བྱ་སྟེ། རང་བཞིན་གྱིས་དེའི་བདག་ཉིད་དུ་གྱུར་པ་དང། རྟེན་ལ་ཤིན་ཏུ་གནས་པའི་ཕྱིར་རོ། །བྱང་ཆུབ་སེམས་དཔའ་རྣམས ་ནི་མདོར་བསྡུ་ན་ལྷག་པའི་བསམ་པ་དག་པས་ཐམས་ཅད་དུ་གཏོགས་པ་བཅོ་ལྔ་པོ་འདི་དག་གིས་བྱ་བ་བཅུ་བྱེད་དེ། བཅུ་གང་ཞེ་ན། མཆོག་གི་བསམ་པས་ནི་དཀོན་མཆོག་ལ་མཆོད་པ་བྱང་ཆུབ་ཀྱི་ཚོགས་ཐམས་ཀྱི་མཆོག་ཏུ་གྱུར་པའི་རྣམ་པ་ཐམས་ཅད ་ལ་སྦྱོར་བར་བྱེད་དོ། །ཚུལ་ཁྲིམས་ཀྱི་བསམ་པས་ནི་བྱང་ཆུབ་སེམས་དཔའ་ཨི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླངས་པ་ལ་སྲོག་གི་ཕྱིར་ཡང་བསམ་བཞིན་དུ་ཉེས་པ་འབྱུང་བར་མི་བྱེད་ལ། ཉེས་པ་བྱུང་ན་ཡང་མྱུར་བ་མྱུར་བར་སོ་སོར་འཆགས་པར་བྱེད་དོ། ། ་ཕ་རོལ་ཏུ་ཕྱིན་པའི་བསམ་པས་ནི་དགེ་བའི་ཆོས་རྣམས་བསྒོམ་པ་རྟག་ཏུ་བྱེད་པས་བག་ཡོད་པར་གནས་ཤིང་མཆོག་ཏུ་བག་ཡོད་པར་གནས་པར་བྱེད་དོ། །དེ་ཁོ་ནའི་དོན་གྱི་ལྷག་པའི་བསམ་པས་ནི་སེམས་ཅན་གྱི་ཕྱིར་ཀུན་ནས་ཉོན་མོངས་པ་ཅན་མ་ཡིན ་པའི་སེམས་ཀྱིས་འཁོར་བ་ན་འཁོར་བར་ཡང་བྱེད་ལ། མྱ་ངན་ལས་འདས་པའི་ལྷག་པའི་བསམ་པ་མི་གཏོང་བར་ཡང་བྱེད་དོ། །མཐུའི་ལྷག་པའི་བསམ་པས་ནི་བསྟན་པ་ལ་སྙིང་ཐག་པ་ནས་དང་ཅིང་སྦྱོན་པར་ཡང་བྱེད་ལ། སྒོམ་པ་ལ་ཡང་གཅེས་པར ་འཛིན་ཏེ། འདོད་པ་སྐྱེས་པས་ཤས་ཆེར་གནས་ལ། ཐོས་པ་དང། བསམ་པ་ཙམ་གྱིས་ཆོག?་པར་མི་འཛིན་ཏོ། །ཕན་པའི་བསམ་པ་དང། བདེ་བའི་བསམ་པ་དང། ལྷུག་པའི་བསམ་པས་ནི་སེམས་ཅན་གྱི་དོན་བྱ་བའི་རྣམ་པ་ཐམས་ཅད ་ལས་སྦྱོར་བར་བྱེད་དེ། སྦྱོར་བ་བྱས་ནས་ཀྱང་ཡོངས་སུ་མི་སྐྱོའོ། །བསྟན་པའི་ལྷག་པའི་བསམ་པས་ནི། བརྩོན་འགྲུས་འབར་བ་དང། བརྩོན་འགྲུས་རྒྱ་ཆེན་པོ་ཡང་དག་པར་རྩོམ་པར་གནས་ཏེ། སྦྱོར་བ་ལྷོང་པར་མི་འགྱུར་ཞིངས་སྦྱོར་བ་ཉམས་པར ་མི་འགྱུར་རོ། །མི་སླུ་བའི་ལྷག་པའི་བསམ་པས་ནི་དགེ་བའི་ཆོས་མངོན་པར་སྒྲུབ་པ་དེ་དང་དེ་དག་ལ་མངོན་པར་ཤེས་པ་མྱུར་བར་འགྱུར་ཏེ། ཁྱད་པར་ཐོབ་པ་དམའ་བ་དང། ཆུང་ངུ་ཙམ་དང། ངན་དོན་ཙམ་གྱིས་ཆོག་པར་མི་འཛིན་ཏོ། །ཚར་བཅད་པའི ་ལྷག་པའི་བསམ་པས་ནི། ལྷན་ཅིག་སྐྱེས་པའི་ལྷག་པའི་བསམ་པ་འདྲེན་ཏོ། །ལྷན་ཅིག་སྐྱེས་པའི་ལྷག་པའི་བསམ་པས་ནི་ལྷ་དང། མི་རྣམས་ཀྱི་དོན་དང་ཕན་པ་དང་བདེ་བའི་ཕྱིར་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར ་རྫོགས་པར་འཚང་རྒྱ་བར་བྱེད་དོ། །དེ་ལ་བཅོམ་ལྡན་འདས་ཀྱིས་སྐབས་དེ་དང་དེ་དག་ཏུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལྷག་པའི་བསམ་པ་བསྟན་པ་དང། བརྟགས་པ་དང། བཤད་པ་གང་ཡང་རུང་པ་དེ་དག་ཐམས་ཅད་ནི་ལྷག་པའི་བསམ་པ ་བཅོ་ལྔ་པོ་འདི་དག་གིས་བསྡུས་པར་རིག་པར་བྱའོ། །དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་གང་དག་ལྷག་པའི་བསམ་པ། དགེ་བ་རྣམས་ཀྱིས་འདས་པ་དང། མ་འོངས་པ་དང། ད་ལྟར་བྱུང་བའི་དུས་དག་ཏུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ ་མངོན་པར་རྫོགས་པར་སངས་རྒྱས་པ་དང། མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བ་དང། མངོན་པར་རྫོགས་པར་འཚང་རྒྱ་བ་དེ་དག་ཐམས་ཅད་ནི་ལྷག་པའི་བསམ་པ་བཅོ་ལྔ་པོ་འདི་དག་ཁོ་ན་ཏེ། འདི་ལས་གོང་ན་ཡང་མེད་དོ། །འདི་ལས་ལྷག ་བ་ཡང་མེད་དོ། །དེ་ལྟར་ན་བྱང་ཆུབ་སེམས་དཔའ་ཨི་ལྷག་པའི་བསམ་པ་བཅོ་ལྔ་པོ་འདི་དག་ནི་བྱང་ཆུབ་ཆེན་པོའི་འབྲས་བུའི་ཕན་ཡོན་ཅན་ཡིན་ཏེ། དེ་ལྟ་བས་ན་བྱང་ཆུབ་སེམས་དཔས་དེ་དག་ལ་བརྟེན་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ ་འཐོབ་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་ཨི་སའི་གཞིའི་མཐུན་པའི་ཆོས་ཀྱི་རྣལ་འབྱོར་གྱི་གནས་ལས། ལྷག་པའི་བསམ་པའི་ལེའུ་སྟེ་གསུམ་པའོ།། །།སྡོམ་ནི། རིགས་དང་དེ་བཞིན་མོས་པ་དང། །རབ་ཏུ་དགའ་དང་ལྷག་ཁྲིམས་དང། །ལྷག ་པའི་སེམས་དང་ཤེས་རབ་གསུམ། །མཚན་མ་མེད་པ་རྣམ་པ་གཉིས། །རྩོལ་དང་བཅས་དང་ལྷུན་གྱི་གྲུབ། །སོ་སོ་ཡང་དག་རིག་དང་མཆོག་།དེ་བཞིན་གཤེགས་པའི་གནས་པ་མཆོག་དེ་ལྟར་རིགས་ཕུན་སུམ་ཚོགས་པ་ནས་བཟུང་སྟེ། ཇི་སྐད་དུ་བསྟན་པའི ་བྱང་ཆུབ་སེམས་དཔའ་ཨི་བསླབ་པ་ལ་སློབ་ཅིང་ཇི་སྐད་བསྟན་པའི་བྱང་ཆུབ་སེམས་དཔའ་ཨི་རྟགས་རྣམས་ལ་ཡང་དག་པར་སྣང་བ་དང། བྱང་ཆུབ་སེམས་དཔའ་ཨི་ཕྱོགས་ཀྱི་སྦྱོར་བ་རྣམས་ལ་ཡང་དག་པར་ཞུགས་པ་དང། ཇི་སྐད་བསྟན་པའི་བྱང་ཆུབ་སེམས་དཔའ་ཨི ་ལྷག་པའི་བསམ་པ་རྣམ་པར་སྦྱོར་བའི་བྱང་ཆུབ་སེམས་དཔའ་ཨི་རྣམས་ཀྱི་བྱང་ཆུབ་སེམས་དཔའ་ཨི་གནས་པ་ནི་མདོར་བསྡུ་ན། བཅུ་གཉིས་ཡོད་དེ། བྱང་ཆུབ་སེམས་དཔའ་ཨི་གནས་པ་དེ་རྣམས་ཀྱིས། བྱང་ཆུབ་སེམས་དཔའ་ཨི་སྤྱོད་པ་ཐམས་ཅད་བསྡུས་པར་རིག ་པར་བྱའོ། །བཅུ་གསུམ་པ་ནི་དེ་བཞིན་གཤེགས་པའི་གནས་པ་སྟེ། དེ་ནི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་དེའི་གནས་པ་བླ་ན་མེད་པའོ། །དེ་ལ་བྱང་ཆུབ་སེམས་དཔའ་ཨི་གནས་པ་བཅུ་གཉིས་གང་ཞེ་ན། རིགས་ལ་གནས་པ་དང། མོས་པས ་སྤྱོད་པ་ལ་གནས་པ་དང། རབ་ཏུ་དགའ་བ་ལ་གནས་པ་དང། ལྷག་པའི་ཚུལ་ཁྲིམས་ལ་གནས་པ་དང། ལྷག་པའི་སེམས་ལ་གནས་པ་དང། ལྷག་པའི་ཤེས་རབ་ལ་གནས་པ་གསུམ་པོ་བྱང་ཆུབ་ཀྱི་ཕྱོགས་དང་ལྡན་པ་དང། བདེ་བ་དང་ལྡན་པ་དང། རྟེན་ཅིང ་འབྲེལ་བར་འབྱུང་བ་ལ་འཇུག་པ་དང། ལྡོག་པ་དང་ལྡན་པའོ། །དེ་ལྟར་བྱང་ཆུབ་སེམས་དཔའ་གང་གིས་དེ་ལྟར་མཐོང་བ་དང། དེ་ཁོ་ན་གང་མཐོང་བ་དང། དེ་ཁོ་ན་དེ་མ་ཤེས་པས་སེམས་ཅན་རྣམས་ཀྱི་སྡུག་བསྔལ་ཇི་ལྟར་འཇུག་པ་དང། ཤེས ་པས་སྡུག་བསྔལ་མི་འཇུག་པ་དེ་ནི་སྒོ་གསུམ་ནས་ཤེས་རབ་ཀྱིས་རྣམ་པར་དཔྱོད་པའི་བྱང་ཆུབ་སེམས་དཔའ་ཨི་ལྷག་པའི་ཤེས་རབ་ལ་གནས་པ་རྣམ་པ་གསུམ་ཡིན་པ་དང། མཚན་མ་མེད་པ་ལ་གནས་པ་མངོན་པར་འདུ་བྱེད་པ་དང་བཅས་ཤིང་རྩོལ་བ་དང ་བཅས་པ་ལ་རྒྱུན་ཆགས་ཀྱི་ལམ་ལ་འཇུག་པ་དང། མཚན་མ་མེད་པ་ལ་གནས་པ་ཉིད་མངོན་པར་འདུ་བྱེད་པ་མེད་ཅིང་ལྷུན་གྱིས་གྲུབ་པའི་ལམ་ལ་འཇུག་པ་དང། སོ་སོ་ཡང་དག་པར་རིག་པ་ལ་གནས་པ་དང། བྱང་ཆུབ་སེམས་དཔའ་ཨི་གནས་པ ་མཆོག་ཡོངས་སུ་གྲུབ་པ་སྟེ། བཅུ་གཉིས་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱང་ཆུབ་སེམས་དཔའ་ཨི་གནས་པ་ཡིན་ནོ། །དེ་རྣམས་ཀྱིས་དེ་དག་གི་གནས་པ་ཐམས་ཅད་བསྡུས་ཏེ། བྱང་ཆུབ་སེམས་དཔའ་ཨི་སྤྱོད་པ་ཐམས་ཅད་བསྡུས་སོ། །དེ་བཞིན ་གཤེགས་པའི་གནས་པ་ནི་བྱང་ཆུབ་སེམས་དཔའ་ཨི་གནས་པ་ཐམས་ཅད་ལས་ཡང་དག་པར་འདས་པ་གང་ཡིན་པ་སྟེ། བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་དེའི་གནས་པ་ཡིན་ནོ། །དེ་ལ་དེ་བཞིན་གཤེགས་པའི་གནས་པ་ཐ་མ་ནི་རབ་ཏུ ་གནས་པའི་རྣལ་འབྱོར་གྱི་གནས་ཐ་མ་ལས་རིལ་གྱིས་སྟོན་ཏོ། །བྱང་ཆུབ་སེམས་དཔའ་གནས་པ་བཅུ་གཉིས་ནི་ཇི་ལྟར་རྣམ་པར་གནས་པ་དེ་བཞིན་དུ་བསྟན་པར་བྱ་སྟེ། བྱང་ཆུབ་སེམས་དཔའ་ཨི་རིགས་ལ་གནས་པ་ནི་གང་ཡིན། བྱང་ཆུབ ་སེམས་དཔའ་ཨི་རིགས་ལ་གནས་པ་ནི་ཇི་ལྟར་གནས་ཤེ་ན། འདི་ལ་བྱང་ཆུབ་སེམས་དཔའ་ཨི་རིགས་ལ་གནས་པ་ནི་རང་བཞིན་གྱིས་སེམས་ཀྱི་རྒྱུད་དགེ་བའི་ཕྱིར་རང་བཞིན་གྱིས་བྱང་ཆུབ་སེམས་དཔའ་ཨི་ཡོན་ཏན་བྱང་ཆུབ་སེམས་དཔའ་ལ་འོས ་པའི་དགེ་བའི་ཆོས་རྣམས་དང་ལྡན་པ་ཡིན་ཏེ། དེ་ཡང་དག་པར་སྤྱོད་པ་ལ་ཡང་དག་པར་སྣང་ལ། རང་བཞིན་གྱིས་དགེ་བ་ཁོ་ནས་རང་གིས་དགེ་བ་དེ་ལ་འཇུག་གི་སོ་སོར་བརྟགས་ཏེ། གེགས་དང་བཅས་པར་གྱུར་པ་ནི་མ་ཡིན་ནོ། །རིགས་ལ་གནས་པའི་བྱང་ཆུབ ་སེམས་དཔའ་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་ས་བོན་འཛིན་པ་ཡིན་ཏེ། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་ས་བོན་ཐམས་ཅད་དེའི་ལུས་ལ་གནས་ཤིང། རྟེན་ལ་གནས་པར་ཡོད་དོ། །རིགས་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་དྲི་མ་རགས་པ་དང ་བྲལ་བ་ཡིན་ཏེ། དེ་ནི་ཀུན་ནས་དཀྲིས་པ་གང་གིས་ཀུན་ནས་དཀྲིས་ན་མཚམས་མེད་པ་གང་ཡང་རུང་བའི་ལས་ཀུན་ཏུ་སྤྱོད་པར་འགྱུར་པ་འམ། དགེ་བའི་རྩ་བ་རྒྱུན་ཆད་པར་འགྱུར་བ་དེ་ལྟ་བུའི་ཉོན་མོངས་པའི་ཀུན་ནས་དཀྲིས་པར་མངོན་དུ་བྱེད་པའི་ཆ་མ་ཡིན་ནོ།། ་རིགས་ཀྱི་ལེའུ་ལས་རིགས་ལ་གནས་པའི་བྱ་བ་བསྟན་པ་གང་ཡིན་པ་དེ་ཡང་རྒྱས་པར་རིགས་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཡིན་པར་རིག་པར་བྱ་སྟེ། འདི་ནི་བྱང་ཆུབ་སེམས་དཔའ་ཨི་རིགས་ལ་གནས་པ་ཞེས་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའ་ཨི ་མོས་པས་སྤྱོད་པ་ལ་གནས་པ་གང་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་དང་པོ་སེམས་བསྐྱེད་པ་ནས་བཟུང་སྟེ། ལྷག་པའི་བསམ་པ་མ་དག་པའི་བྱང་ཆུབ་སེམས་དཔའ་ཨི་སྤྱོད་པ་གང་ཅི་ཡང་རུང་བ་དེ་ནི་དེའི་མོས་པ་སྤྱོད་པ་ལ་གནས་པ་ཞེས་བྱའོ། ། ་དེ་ལ་རིགས་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་དེ་ལས་གཞན་པ་བྱང་ཆུབ་སེམས་དཔའ་ཨི་གནས་པ་བཅུ་གཅིག་པོ་ཐམས་ཅད་དང། དེ་བཞིན་གཤེགས་པའི་གནས་པའི་རྒྱུ་ཙམ་ལ་འཇུག་ཅིང། རྒྱུ་ཡོངས་སུ་འཛིན་པར་ཟད་ཀྱི། དེས་བྱང་ཆུབ ་སེམས་དཔའ་ཨི་གནས་པ་གཞན་ཅི་ཡང་བརྩམས་པ་ཡང་མེད། ཐོབ་པ་ཡང་མེད། རྣམ་པར་སྦྱངས་པ་ཡང་མེད། དེ་བཞིན་གཤེགས་པའི་གནས་པ་ལྟ་ཅི་སྨོས། མོས་པས་སྤྱོད་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་བྱང་ཆུབ་སེམས ་དཔའ་ཨི་གནས་ཐམས་ཅད་དང། དེ་བཞིན་གཤེགས་པའི་གནས་པ་ཡང་བརྩམས་པ་ཡིན་ཏེ། ཐོབ་པ་ནི་མ་ཡིན་ཞིང་རྣམ་པར་སྦྱངས་པ་ཡང་མ་ཡིན་ནོ། །མོས་པ་སྤྱོད་པ་ལ་གནས་པ་དེ་ཉིད་ནི་ཐོབ་པ་ཡིན་ཏེ། དེ་ཉིད་རྣམ་པར་སྦྱངས་པ་ལ ་ཞུགས་སོ། །མོས་པས་སྤྱོད་པ་ལ་གནས་པ་ཡོངས་སུ་དག་ན། རབ་ཏུ་དགའ་བ་ལ་གནས་པ་སྔོན་དུ་བརྩམས་པ་ཉིད་ཐོབ་པར་འགྱུར་ཏེ། དེ་ཉིད་རྣམ་པར་སྦྱངས་པ་ལ་ཡང་ཞུགས་སོ། །རབ་ཏུ་དགའ་བ་ལ་གནས་པ་ཡོངས་སུ་དག་ན། ལྷག་པའི་ཚུལ་ཁྲིམས་ལ ་གནས་པ་སྔོན་བརྩམས་པ་ཉིད་ཐོབ་པར་འགྱུར་ཏེ། དེ་ཉིད་རྣམ་པར་སྦྱངས་པ་ལ་ཡང་ཞུགས་སོ། །དེ་བཞིན་དུ་རྒྱས་པར་བྱང་ཆུབ་སེམས་དཔའ་ཨི་གནས་པ་མཆོག་ཡོངས་སུ་གྲུབ་པའི་བར་དུ་ཡང་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་ཨི་གནས་པ་མཆོག་ཡོངས་སུ ་གྲུབ་པ་ཡོངས་སུ་དག་ན། དེ་མ་ཐག་དུ་སྔོན་བརྩམས་པའི་དེ་བཞིན་གཤེགས་པའི་གནས་པ་ཅིག་ཅར་དུ་འཐོབ་ཅིང། རྣམ་པར་དག་པར་ཡང་རིག་པར་བྱའོ། །འདི་ནི་དེ་བཞིན་གཤེགས་པའི་གནས་པ་དང། བྱང་ཆུབ་སེམས་དཔའ་ཨི་གནས་པ་རྣམས ་ཀྱི་ཁྱད་པར་ཡིན་པར་རིག་པར་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའ་ཨི་རབ་ཏུ་དགའ་བ་ལ་གནས་པ་གང་ཞེ་ན། ལྷག་པའི་བསམ་པ་དག་པའི་བྱང་ཆུབ་སེམས་དཔའ་ཨི་གནས་པ་གང་ཡིན་པའོ། །དེ་ལ་བྱང་ཆུབ་སེམས་དཔའ་ཨི་ལྷག་པའི་ཚུལ་ཁྲིམས་ལ་གནས ་པ་གང་ཞེ་ན། ལྷག་པའི་བསམ་པ་དག་པའི་གཞིས་རང་བཞིན་གྱིས་ཚུལ་ཁྲིམས་དང་ལྡན་པའི་གནས་པ་གང་ཡིན་པའོ། །དེ་ལ་བྱང་ཆུབ་སེམས་དཔའ་ཨི་ལྷག་པའི་སེམས་ལ་གནས་པ་གང་ཞེ་ན། ལྷག་པའི་ཚུལ་ཁྲིམས་ལ་གནས་པ་རྣམ་པར ་དག་པའི་གཞི་དག་གིས་འཇིག་རྟེན་པའི་བསམ་གཏན་དང། ཏིང་ངེ་འཛིན་དང། སྙོམས་པར་འཇུག་པ་རྣམས་ཀྱིས་གནས་པ་གང་ཡིན་པའོ། །དེ་ལ་བྱང་ཆུབ་སེམས་དཔའ་ཨི་བྱང་ཆུབ་ཀྱི་ཕྱོགས་དང་ལྡན་པའི་ལྷག་པའི་ཤེས་རབ་ལ་གནས་པ་གང་ཞེ་ན། ་འཇིག་རྟེན་པའི་ཤེས་པ་རྣམ་པར་དག་པའི་གནས་སུ་གྱུར་པའི་ཏིང་ངེ་འཛིན་ལ་བརྟེན་ནས། བདེན་པ་རྟོགས་པར་བྱ་བའི་ཕྱིར་དྲན་པ་ཉེ་བར་གཞག་པ་ལ་སོགས་པ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་བཅུ་རྩ་བདུན་ཡང་དག་པར་རབ་ཏུ་རྣམ་པར་འབྱེད་པའི་གནས ་པ་གང་ཡིན་པའོ། །དེ་ལ་བྱང་ཆུབ་སེམས་དཔའ་ཨི་བདེན་པ་དང་ལྡན་པའི་ལྷག་པའི་ཤེས་རབ་ལ་གནས་པ་གང་ཞེ་ན། བྱང་ཆུབ་ཀྱི་ཕྱོགས་རབ་ཏུ་རྣམ་པར་འབྱེད་པ་ལ་བརྟེན་ནས་ཇི་ལྟ་བ་བཞིན་དུ་བདེན་པ་རྟོགས་པའི་གནས་པ་གང་ཡིན་པའོ། །དེ་ལ་བྱང ་ཆུབ་སེམས་དཔའ་ཨི་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་འཇུག་པ་དང། ལྡོག་པ་དང་ལྡན་པའི་ལྷག་པའི་ཤེས་རབ་ལ་གནས་པ་གང་ཞེ་ན། བདེན་པ་རྟོགས་པ་དེ་ཉིད་ཀྱི་དབང་དུ་བྱས་ནས། དེ་མ་ཤེས་པས་སྡུག་བསྔལ་འབྱུང་བ་རྒྱུ་དང་བཅས་པར་རབ་ཏུ་རྣམ ་པར་འབྱེད་པས་རབ་ཏུ་ཕྱེ་བས་དང། དེ་ཤེས་པས་སྡུག་བསྔལ་རྒྱུ་དང་བཅས་པ་འགོག་པ་རབ་ཏུ་རྣམ་པར་འབྱེད་པས་རབ་ཏུ་ཕྱེ་བའི་གནས་པ་གང་ཡིན་པའོ། །དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མཚན་མ་མེད་པ་ལ་གནས་པ་མངོན་པར་འདུ་བྱེད ་པ་དང་བཅས་ཤིང་བརྩོལ་བ་དང་བཅས་པ་གང་ཞེ་ན། ལྷག་པའི་ཤེས་རབ་ལ་གནས་པ་རྣམ་པ་དེ་གསུམ་གྱི་དབང་དུ་བྱས་ནས། མངོན་པར་འདུ་བྱེད་པ་དང་རྩོལ་བས་རྒྱུན་ཆགས་སུ་བར་ཆད་མེད་པར་ཆོས་ཐམས་ཅད་ལ་དེ་བཞིན་ཉིད་རྣམ་པར་མི་རྟོག ་པའི་ཤེས་རབ་སྒོམ་པ་དང་ལྡན་པའི་གནས་པ་གང་ཡིན་པའོ། །དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མཚན་མ་མེད་པ་ལ་གནས་པ་མངོན་པར་འདུ་བྱེད་པ་མེད་ཅིང། ལྷུན་གྱིས་གྲུབ་པ་གང་ཞེ་ན། མཚན་མ་མེད་པ་ལ་གནས་པ་སྔ་མ་དེ་ཉིད་ཤས་ཆེར ་བསྒོམས་པས། རང་གི་རང་ཉིད་ཀྱིས་རྒྱུན་ཆགས་སུ་བར་ཆད་མེད་པར་འཇུག་པའི་ལམ་དང་ལྡན་པའི་གནས་པ་གང་ཡིན་པའོ། །དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སོ་སོ་ཡང་དག་པར་རིག་པ་ལ་གནས་པ་གང་ཞེ་ན། ཤེས་རབ་དང་ལྡན་པའི་ཏིང་ངེ ་འཛིན་ཡོངས་སུ་དག་ཅིང་མི་གཡོ་བ་དེ་ཉིད་ལ་བརྟེན་ནས་བློ་གྲོས་ཆེན་པོ་རྒྱ་ཆེ་བ་རྗེས་སུ་ཐོབ་སྟེ། གཞན་དག་ལ་ཆོས་ཡང་དག་པར་སྟོན་པ་བླ་ན་མེད་པ་ལས་བརྩམས་ནས་ཆོས་རྣམས་ཀྱི་རྣམ་གྲངས་དང། དོན་དང། ངས་པའི་ཚིག་དང། རབ་ཏུ་དབྱེ ་བ་རབ་ཏུ་རྣམ་པར་འབྱེད་པའི་གནས་པ་གང་ཡིན་པའོ། །དེ་ལ་བྱང་ཆུབ་སེམས་གནས་པ་མཆོག་གང་ཞེ་ན། བྱང་ཆུབ་སེམས་དཔའ་གང་ལ་གནས་ནས། བྱང་ཆུབ་སེམས་དཔའ་ཨི་ལམ་གྱི་མཐར་ཐུག་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ ་ཏུ་ཆོས་ཀྱི་དབང་སྐུར་བ་ཆེན་པོ་ཐོབ་པ་སྐྱེ་བ་གཅིག་གིས་ཐོགས་པ་འམ། ཡང་ན་སྲིད་པ་ཐ་མ་པ་ཡིན་ཏེ། གནས་པ་དེའི་མཇུག་ཐོགས་སུ་བར་ཆད་མེད་པ་ཁོ་ནར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས ་སངས་རྒྱས་ཀྱི་འཕྲིན་ལས་ཐམས་ཅད་མཛད་དོ། །དེ་ལ་མོས་པ་སྤྱོད་པ་ལ་གནས་པ་ལ་ནི་བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའ་ཨི་བསྒོམ་པ་ལ་ཆུང་ངུར་བྱེད་པ་དང། རྒྱུན་ཆགས་མ་ཡིན་པར་བྱེད་པ་དང། ངེས་པར་མི་བྱེད་པ་དང། ཐོབ་པ་ལས ་ཀྱང་ཡོངས་སུ་ཉམས་པར་འགྱུར་རོ། །རབ་ཏུ་དགའ་བ་ལ་གནས་པ་ལ་ནི། བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའ་ཨི་སྒོམ་པ་དེ་ཉིད་ལ་རྒྱ་ཆེར་བྱེད་པ་དང། རྒྱུན་ཆགས་སུ་བྱེད་པ་དང། རྒྱུན་ངེས་པར་བྱེད་པ་དང། ཇི་ལྟར་ཐོབ་པ་ལས་ཡོངས་སུ་ཉམས་པར ་མི་འགྱུར་རོ། །རབ་ཏུ་དགའ་བ་ལ་གནས་པ་ལ་ཇི་ལྟ་བ་བཞིན་དུ་ལྷག་པའི་ཤེས་རབ་ལ་གནས་པ་གསུམ་གྱི་བར་དུ་ཡང་དེ་དང་འདྲ་པོ། །མཚན་མ་མེད་པ་ལ་གནས་པ་དང་པོ་ནས་བཟུང་སྟེ། བྱང་ཆུབ་སེམས་དཔའ་ཨི་གནས་པ་མཆོག་གི་བར་དུ་བྱང ་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའ་ཨི་སྒོམ་པ་ལ་ཚད་མེད་པར་བྱེད་པ་དང། རྒྱུན་ཆགས་སུ་བྱེད་པ་དང། ངེས་པར་བྱེད་པ་ཡིན་ནོ། །དེ་ལ་མོས་པས་སྤྱོད་པ་ལ་གནས་པ་ལ་ནི་བྱང་ཆུབ་སེམས་དཔའ་ཨི་མཚན་མ་མེད་པ་བསྒོམ་པ་ཡང་དག་པར་བརྩོན ་པར་རིག་པར་བྱའོ། །རབ་ཏུ་དགའ་བ་ལ་གནས་པ་དང། ལྷག་པའི་ཚུལ་ཁྲིམས་དང། ལྷག་པའི་སེམས་དང། ལྷག་པའི་ཤེས་རབ་ལ་གནས་པ་རྣམས་ལ་ནི་བྱང་ཆུབ་སེམས་དཔའ་ཨི་མཚན་མ་མེད་པ་བསྒོམ་པ་དེ་འཐོབ་པར་རིག་པར་བྱའོ། །མཚན་མ ་མེད་པ་ལ་གནས་པ་དང་པོ་ལ་ནི་ཡང་དག་པར་འགྲུབ་བོ། །མཚན་མ་མེད་པ་ལ་གནས་པ་གཉིས་པ་ལ་ནི་བྱང་ཆུབ་སེམས་དཔའ་ཨི་མཚན་མ་མེད་པ་སྒོམ་པ་ཡོངས་སུ་དག་པར་རིག་པར་བྱའོ། །སོ་སོ་ཡང་དག་པར་རིག་པ་ལ་གནས་པ་དང། གནས་པ་མཆོག་ལ་ནི ་བྱང་ཆུབ་སེམས་དཔའ་ཨི་མཚན་མ་མེད་པའི་བསྒོམ་ལ་དེ་ཉིད་ཀྱི་འབྲས་བུ་སོ་སོར་མྱོང་བར་རིག་པར་བྱའོ། །མོས་པས་སྤྱོད་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཨི་རྣམ་པ་ནི་གང་དག་ཡིན། རྟགས་ནི་གང་དག་ཡིན། མཚན་མ་ནི་གང་དག་ཡིན་ཞེ་ན། མོས ་པས་སྤྱོད་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་སོ་སོར་རྟོག་པའི་སྟོབས་ཅན་ཡིན་ཏེ། བྱང་ཆུབ་སེམས་དཔའ་ཨི་བྱ་བའི་སྦྱོར་བ་དག་ལ་སོ་སོར་བརྟགས་ཤིང་སོ་སོར་བརྟགས་ཤིང་ཤེས་རབ་ཀྱིས་སྦྱོར་བར་བྱད?་ཀྱི། རང་བཞིན་གྱིས་དེའི་བདག་ཉིད་དུ ་གྱུར་པས་བྱང་ཆུབ་སེམས་དཔའ་སྒོམ་པ་མི་འགྱུར་བ་དང། བརྟན་པ་དང། ཕྱིར་མི་ལྡོག་པ་ཐོབ་པ་ནི་མ་ཡིན། །བསྒོམ་པ་ཇི་ལྟ་བ་བཞིན་དུ། བསྒོམ་པའི་འབྲས་བུ་སོ་སོ་ཡང་དག་པར་རིག་པ་དང། མངོན་པར་ཤེས་པ་དང། རྣམ་པར་ཐར་པ་དང། ཏིང་ངེ་འཛིན ་དང། སྙོམས་པར་འཇུག་པ་རྣམ་པ་སྣ་སོགས་ཀྱང་དེ་དང་འདྲའོ། །འཇིགས་པ་རྣམ་པ་ལྔ་པ་འཚོ་བ་མེད་པའི་འཇིགས་པ་དང། ཚིགས་སུ་བཅད་པ་མེད་པའི་འཇིགས་པ་དང། འཆི་བའི་འཇིགས་པ་དང། ངན་འགྲོའི་འཇིགས་པ་དང། འཁོར་བའི་ནང་དུ ་བག་ཆ་བའི་འཇིགས་པ་རྣམས་ལས་ཀྱང་འདས་པ་མ་ཡིན་ནོ། །སེམས་ཅན་གྱི་དོན་རྣམས་ལས་ཀྱང་སོ་སོར་བརྟགས་ཏེ། སྦྱོར་གྱི་རང་བཞིན་གྱིས་སྙིང་བརྩེ་ཞིང་བྱམས་པས་ནི་མ་ཡིན་ནོ། །ཆེད་འགའ་ནི་སེམས་ཅན་རྣམས་ལ་ལུས་དང་ངག་དང་ཡིད ་ཀྱིས་ལོག་པར་བསྒྲུབ་བོ། །ཆེད་འགའ་ནི་ཡུལ་རྣམས་ལ་ཡང་ལྷག་པར་ཞེན་པར་འགྱུར་རོ། །ཆེད་འགའ་ནི་ཡོ་བྱད་རྣམས་ལ་ཀུན་ཏུ་འཛིན་པར་ཡང་སྣང་ངོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་གཞན་དག་ལ་ཡང་དད་པས་འགྲོ ་པར་འགྱུར་གྱི། འདི་ལྟ་སྟེ། དེ་བཞིན་གཤེགས་པ་འམ་ཆོས་སམ། དགེ་འདུན་ནམ། དེ་ཁོ་ནའི་དོན་ནམ། སངས་རྒྱས་དང། བྱང་ཆུབ་སེམས་དཔའ་ཨི་མཐུ་འམ། རྒྱུ་འམ། འབྲས་བུ་འམ། ཐོབ་པར་བྱ་བའི་དོན་ནམ། ཐོབ་པར་བྱ་བའི་ཐབས་སམ། སྤྱོད ་ཡུལ་ལས་བརྩམས་ཏེ། སོ་སོར་རང་ལ་དེ་ཁོ་ན་ཤེས་པ་ནི་མ་ཡིན་ནོ། །ཐོས་པ་ལས་བྱུང་བ་དང། བསམས་པ་ལས་བྱུང་བའི་ཤེས་རབ་ཆུང་ངུ་དང་ལྡན་པ་ཡིན་གྱི། ཚད་མེད་པ་དང་ལྡན་པའི་ནི་མ་ཡིན་ནོ། །དེ་ཉིད་ཀྱང་དེས་ཆེད་འགའ་བརྗོད་པར ་འགྱུར་ཏེ། བརྗོད་ངས་པའི་ཆོས་ཅན་ཡིན་ནོ། །བྱང་ཆུབ་སེམས་དཔའ་ཨི་ལམ་མངོན་པར་ཤེས་པ་བུལ་བ་དཀའ་བ་དང་ལྡན་པ་ཡང་ཡིན་ནོ། །བྱང་ཆུབ་ཆེན་པོ་ལ་ཡང་འདུན་པ་དྲག་པོ་མེད་དོ། །བརྩོན་འགྲུས་འབར་བ་མ་ཡིན་ནོ། །ཟབ་མོ་ལ་དཀའ་ལེགས ་པར་གནས་པ་མ་ཡིན་ནོ། །གནས་པ་གསུམ་པོ་རྣམས་སུ་ཡང་བརྗེད་ངས་པ་ཡིན་ཏེ། ཡུལ་གཟུགས་དང། སྒྲ་དང། དྲི་དང། རོ་དང། རེག་བྱ་དང། ཆོས་ཡིད་དུ་འོང་པ་དང། ཡིད་དུ་མི་འོང་བ་རྣམས་ལ་ཆེད་འགའ་ཕྱིན་ཅི་ལོག་དུ་སེམས་དཔའ་དང། ་སྐྱེ་བ་ལུས་ཐ་དད་པ་དེ་དང། དེར་སྐྱེས་པ་ནས་ལུས་སྔ་མ་བརྗེད་པ་དང། ཆོས་ལུང་མནོས་པ་དང། བཟུང་བ་དང། བྱས་ནས་ཡུན་རིང་དུ་ལོན་པ་དང། སྨྲས་ནས་ཡུན་རིང་དུ་ལོན་པ་དག་ཀྱང་ཆེད་དགའ་བརྗེད་པས་ན། དེ་ལྟར་གནས་གསུམ་པོ་དེ་དག ་ཏུ་བརྗེད་ངེས་པ་ཡིན་ནོ། །ཚད་འགའ་ནི་ཡིད་གཞུངས་པར་འགྱུར་ཏེ། ཆོས་རྣམས་ལེན་པ་དང། འཛིན་པ་དང། དོན་ལ་འཇུག་པར་ནུས་ལ། ཆེད་འགའ་ནི་དེ་ལྟ་མ་ཡིན་ནོ། །ཆེད་འགའ་ནི་དྲན་པ་དང་ལྡན་པར་འགྱུར་ལ། ཆེད་འགའ་ནི་བརྗེད་ངས་པའི ་རང་བཞིན་ཅན་དུ་འགྱུར། །སེམས་ཅན་རྣམས་འདུལ་བའི་ཐབས་ཀྱང་ཇི་ལྟ་བ་བཞིན་དུ་མངོན་པར་མི་ཤེས་ལ། རང་གི་སངས་རྒྱས་ཀྱི་ཆོས་སྒྲུབ་པའི་ཐབས་ཀྱང་མངོན་པར་མི་ཤེས་སོ། །གཞན་དག་ལ་ཡང་ནན་གྱིས་ཆོས་སྟོན་ཅིང་གདམས་པ་དང། ་རྗེས་སུ་བསྟན་པ་ལ་འཇུག་པར་བྱེད་དེ། དེས་ནན་གྱིས་འཇུག་པར་བྱས་པ་དེ་ཡང། ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པས་མ་ཡིན་ཏེ། མཚན་མོ་མངའ་འཕངས་པ་བཞིན་དུ། སྟེས་དབང་དུ་འགྲུབ་པར་ཟད་པས་ན། ཆེད་འགའ་ནི་འབྲས་བུ་མེད་པར ་འགྱུར། ཆེད་འགའ་ནི་འབྲས་བུ་ཡོད་པར་འགྱུར་རོ། །ཆེད་འགའ་ནི་བྱང་ཆུབ་ཆེན་པོར་སེམས་བསྐྱེད་པ་ལས་ཀྱང་གཏོང་བར་འགྱུར། ཆེད་འགའ་ནི་བྱང་ཆུབ་སེམས་དཔའ་ཨི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླངས་པ་ལས་ཀྱང་ལྡོག་པ་འམ། ཡང ་ན་སྤྲོ་བ་མེད་པར་འགྱུར་རོ། །ཆེད་འགའ་ནི་སེམས་ཅན་གྱི་དོན་བྱ་བ་ཞུགས་པ་ལས་ཀྱང་བར་མ་དོར་སྐྱོ་བར་གྱུར་ནས། སེམས་ཅན་གྱི་དོན་བྱ་བའི་སྦྱོར་བ་དེ་ལས་ཕྱིར་ལྡོག་པར་འགྱུར་རོ། །བསམ་པ་ཐག་པ་ནས་བདག་ཉིད་བདེ་བར་འདོད་ལ ་གཞན་གྱི་བདེ་བ་ནི་སོ་སོར་བརྟགས་ཏེ་འདོད་པར་ཟད་དོ། །བྱང་ཆུབ་སེམས་དཔའ་ཨི་འཁྲུལ་བ་རྣམས་ལ་ཡང་ཡོངས་སུ་ཤེས་པ་མང་མོད་ཀྱི། ཡང་དང་ཡང་དུ་འཁྲུལ་པ་ལྷག་པར་སྤྱོད་པས་ཡོངས་སུ་ཤིས་ཤིང། མ་ལུས་པར་སྤོང་བ་དང་ལྡན་པ་ནི་མ ་ཡིན་ནོ། །ཆེད་འགའ་ནི་བྱང་ཆུབ་སེམས་དཔའ་ཨི་སྡེ་སྣོད་ཀྱི་ཆོས་འདུལ་བ་འདི་ལས་ཁྲིད་པར་འགྱུར་རོ། །ཆེད་འགའ་ནི་ཆོས་བསྟན་པ་ཟབ་ཅིང་རྒྱ་ཆེ་བ་ཐོས་ནས་སྐྲག་པར་འགྱུར་ཞིང་དེའི་སེམས་གཡོ་བ་དང། ཡིད་གཉིས་དང། ཐེ་ཚོམ་ཟ་བར ་འགྱུར་རོ། །སེམས་ཅན་རྣམས་ལ་སྙིང་རྗེ་ཆེན་པོ་ཀུན་ཏུ་སྤྱོད་པ་ཡང་ཐམས་ཅད་ཀྱི་ཐམས་ཅད་དུ་རྣམ་པར་སྤོང་པར་འགྱུར་རོ། །སེམས་ཅན་རྣམས་ལ་ཕན་པ་དང་བདེ་བ་ཆུང་ངུ་སྒྲུབ་པས་ཉེ་བར་གནས་པ་ཡིན་ཏེ། རྒྱ་ཆེ་བ་དང་ཚད་མེད་པ་ནི་མ ་ཡིན་ནོ། །ཇི་སྐད་བསྟན་པའི་བྱང་ཆུབ་སེམས་དཔའ་ཨི་བསླབ་པ་ཡོངས་སུ་རྫོགས་པ་ཐམས་ཅད་ལ་ཡང་སློབ་པར་མི་བྱེད་དོ། །ཇི་སྐད་བསྟན་པའི་བྱང་ཆུབ་སེམས་དཔའ་ཨི་རྟགས་ཡོངས་སུ་རྫོགས་པ་ཐམས་ཅད་དང་ལྡན་པ་ཡང་མ་ཡིན་ནོ། ། ་ཇི་སྐད་བསྟན་པའི་བྱང་ཆུབ་སེམས་དཔའ་ཨི་ཕྱོགས་ཀྱི་སྦྱར་བ་ཡོངས་སུ་རྫོགས་པ་ཐམས་ཅད་ལ་ཡང་དག་པར་མི་སྣང་ངོ། །བདག་ཉིད་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་རིང་བར་འཛིན་ཏེ། །དེ་ནི་འཁོར་བ་ན་འཁོར་བ་ལ་ཇི་ལྟར ་ལྷག་པའི་བསམ་པ་གནས་པ་ལྟར་མྱ་ངན་ལས་འདས་པ་ལ་དེ་ལྟ་མ་ཡིན་ནོ། །དགེ་བ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སྦྱངས་ཤིང་མི་གཡོ་བ་རྣམས་དང་ལྡན་པ་ཡིན་ཏེ། དེ་དག་དང་དེ་ལྟ་བུ་དང་མཐུན་པའི་རྟགས་མཚན་མ་དང། རྣམ་པར་དག་ནི ་མོས་པར་སྤྱོད་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཡིན་པར་རིག་པར་བྱའོ། །མོས་པར་སྤྱོད་པ་ལ་གནས་པ་ལ་བཟོད་པ་ཆུང་ངུ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ལ་ནི་རྣམ་པ་དང། བརྟགས་དང། མཚན་མ་ཇི་སྐད་བསྟན་པ་དེ་དག ་ཤས་ཆེ་བར་རིག་པར་བྱའོ། །བཟོད་པ་འབྲིང་ལ་གནས་པ་ལ་ནིའི?་བྲིང་དུ་རིག་པར་བྱའོ། །བཟོད་པ་ཆེན་པོ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ལ་ནི་རྣམ་པ་དང། བརྟགས་དང་མཆན་མ་དེ་དག་ཆུང་ཞིང་སྲབ་པར་རིག་པར་བྱའོ། །བཟོད་པ་ཆེན་པོ ་ལ་གནས་པ་ཉིད་ཀྱི་བྱང་ཆུབ་སེམས་དཔའ་ནི་རྣམ་པ་དང། རྟགས་དང། མཚན་མ་དེ་དག་ཀྱང་མ་ལུས་པར་སྤོང་ལ། དེ་མ་ཐག་ཏུ་རབ་ཏུ་དགའ་བའི་གནས་པ་ལ་ཡང་འཐོབ་པའི་ཚུལ་གྱིས་འཇུག་པར་རིག་པར་བྱའོ། །རབ་ཏུ་དགའ་བའི་གནས ་པ་ལ་གནས་པ་དེ་ལ་ནི་མོས་པས་སྤྱོད་ལ་གནས་པས་གནས་པ་ལ་ཡོད་པར་བསྟན་པ་གང་ཡིན་པའི་ཆོས་དེ་དག་ཐམས་ཅད་ཀྱི་ཐམས་ཅད་དུ་མེད་དོ། །དེ་ལས་བཟློག་པའི་དཀར་པོའི་ཕྱོགས་ཀྱི་ཆོས་ཐམས་ཅད་ནི་ཡོད་དེ། དེ་དག་དང་ལྡན་ན ་བྱང་ཆུབ་སེམས་དཔའ་ལྷག་པའི་བསམ་པ་དག་པ་ཞེས་བྱའོ། །མོས་པས་སྤྱོད་པ་ལ་གནས་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ལ་ཡང་ཆུང་ངུ་དང། །འབྲིང་དང་ཆེན་པོའི་ཚུལ་གྱིས་གོང་ནས་གོང་དུ་མོས་པ་དག་པ་ཡོད་མོད་ཀྱི། དེ་ལ་ནི ་ལྷག་པའི་བསམ་པ་དག་པ་ཞེས་མི་བྱའོ། །དེའི་ཅིའི་ཕྱིར་ཞེ་ན། འདི་ལྟར་མོས་པ་དེ་ནི་ཉེ་བའི་ཉོན་མོངས་པ་རྣམ་པ་དུ་མ་དེ་དག་གིས་ཉེ་བའི་ཉོན་མོངས་པ་ཅན་དུ་གྱུར་པས་འཇུག་ལ། རབ་ཏུ་དགའ་བའི་གནས་པ་ལ་གནས་པའི་བྱང་ཆུབ ་སེམས་དཔའ་ཨི་ནི་མོས་པའི་ཉེ་བར་ཉོན་མོངས་པ་དེ་དག་ཐམས་ཅད་སྤང་པའི་ཕྱིར། ཀུན་ནས་ཉོན་མོངས་པ་མེད་ཅིང་དག་པའི་མོས་པ་འཇུག་པའི་ཕྱིར་རོ། །དེ་ལ་རབ་ཏུ་དགའ་བའི་གནས་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམ་པ་ནི་གང ་དག་ཡིན། རྟགས་ནི་གང་དག་ཡིན། མཚན་མ་ན་གང་དག་ཡིན་པར་རིག་པར་བྱ་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་མོས་པས་སྤྱོད་པའི་ས་ལ་གནས་པ་ལས་རབ་ཏུ་དགའ་བའི་གནས་པ་ལ་འཇུག་པ་ན། བྱང་ཆུབ་སེམས་དཔའ་ཨི་བླ་ན ་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་སྨོན་ལམ་སྔ་མ་བྱང་ཆུབ་ལེགས་པར་མ་རྟོགས་པ། བྱང་ཆུབ་པར་བྱ་བའི་ཐབས་ལེགས་པར་མ་རྟོགས་པ་ཕལ་ཆེར་གཞན་གྱི་རྐྱེན་གྱིས་འགྲོ་བ་ངེས་པ་མ་ཡིན་པ་སྤངས་ནས། བྱང་ཆུབ་སེམས ་དཔའ་ཨི་སྨོན་ལམ་ཤིན་ཏུ་རྣམ་པར་ངེས་པ་རང་གི་བསྒོམས་པ་ལས་བྱུང་བའི་སར་པ་གཞན་རྣམ་པ་དྲུག་པོ་དེ་ལས་གཞན་པའི་དཀར་པོའི་སྨོན་ལམ་ཐམས་ཅད་ལས་ཡང་དག་པར་འདས་པ་མཚུངས་པ་མེད་ཅིང་འབྲས་བུ་ཐུན་མོང་བ་མ་ཡིན ་བདག་དེ་འཇིག་རྟེན་པ་དང་འཇིག་རྟེན་ཐམས་ཅད་ཀྱི་ཡུལ་ལས་ཡང་དག་པར་འདས་པ་དང། སེམས་ཅན་རྣམས་སྡུག་བསྔལ་ལས་ཡོངས་སུ་སྐྱབས་དང་ལྡན་པའི་ཕྱིར། ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་དང་ཐུན་མོང་མ་ཡིན་པ་དང། སྨོན་ལམ ་དེ་སྐད་ཅིག་ཙམ་སྐྱེས་ན་ཡང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དཀར་པོའི་ཆོས་ཀྱི་སྡུག་པའི་འབྲས་བུ་དཔག་ཏུ་མེད་པར་འགྱུར་བ་གང་དག་ཡིན་པ་དེ་ལྟ་བུའི་ཆོས་ཀྱི་རང་བཞིན་དེ་དང། སྨོན་ལམ་དེ་འགྱུར་བ་མེད་ཅིང་ཟད་མི་ཤེས་པ་ཡིན ་ཏེ། དེ་ཐོབ་པ་ལ་རྣམ་གྲངས་གང་གིས་ཀྱང། ཡོངས་སུ་ཉམས་པར་འགྱུར་བ་འམ། གཞན་དུ་འགྱུར་བ་མི་དམིགས་པ་དང། དེ་ཁྱད་པར་དུ་འགྲོ་བའི་ཆ་དང་མཐུན་ཞིང་ཕྱི་མའི་མཐར་ཕྱིན་པ་ལ། བྱང་ཆུབ་ཆེན་པོའི་མཐར་ཐུག་པ་དག་གིས་བསྐྱེད་པར་བྱེད་དེ། ་བྱང་ཆུབ་སེམས་དཔའ་ཨི་སྨོན་ལམ་ཤིན་ཏུ་རྣམ་པར་ངེས་པ་དེ་ནི་སེམས་བསྐྱེད་པ་ཞེས་བྱའོ་བྱང་ཆུབ་སེམས་དཔའ་ཨི་སེམས་བསྐྱེད་པ་དེ་ནི་མདོར་བསྡུ་ན་རྣམ་པ་བཞིར་རིག་པར་བྱ་སྟེ། བཞི་གང་ཞེ་ན། ཐོག་མ་ཁོ་ནར་བྱང་ཆུབ་སེམས་དཔའ་ཇི་ལྟ་བུ་དག ་ལ་སེམས་དེ་སྐྱེ་བ་དང། ཅི་ལ་དམིགས་ནས་སྐྱེ་བ་དང། ཇི་ལྟ་བུའི་མཚན་ཉིད་ཅི་འདྲ་ཞིང་གང་གི་བདག་ཉིད་དུ་སྐྱེ་བ་དང། སེམས་དེ་སྐྱེས་ན་ཕན་ཡོན་ཅིར་འགྱུར་པ་རྣམ་པ་བཞི་པོ་དེ་དག་གིས་སེམས་སྐྱེ་བ་དེ་རིག་པར་བྱའོ། །དེ་ལ་མདོར་བསྡུ་ན་མོས ་པས་སྤྱོད་པ་ལ་གནས་པ་ལ་རྣམ་པ་ཐམས་ཅད་དུ་དགེ་བའི་རྩ་བ་ཤིན་ཏུ་བརྩགས་ཤིང། བྱང་ཆུབ་སེམས་དཔའ་ཨི་སྤྱོད་པ་ལ་ཡང་དག་པ་ལ་ངེས་པར་བྱུང་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་སེམས་དེ་སྐྱེའོ། །མདོར་བསྡུ་ན་ཕྱི་མ་ལ་ཡང་དག་པར ་མྱུར་དུ་རྫོགས་པའི་བྱང་ཆུབ་ཀྱི་ཚོགས་ཐམས་ཅད་ཡོངས་སུ་རྫོགས་པར་བྱ་བ་དང། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སེམས་ཅན་གྱི་དོན་བྱ་བ་ཡོངས་སུ་རྫོགས་པར་བྱ་བ་དང། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དང། རྣམ་པ་ཐམས་ཅད ་དུ་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་བྱ་བ་དང། སངས་རྒྱས་ཀྱི་འཕྲིན་ལས་མཛད་པ་ཡོངས་སུ་རྫོགས་པར་བྱ་བ་ལ་དམིགས་པ་བྱས་ནས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེམས་དེ་སྐྱེའོ། །ཡང་དག་པར་མྱུར་དུ་རྣམ་པ་ཐམས་ཅད ་དུ་བྱང་ཆུབ་ཀྱི་ཚོགས་ཐམས་ཅད་དང་མཐུན་པ་དང། སེམས་ཅན་རྣམས་ལ་རྣམ་པ་ཐམས་ཅད་དུ་བྱང་ཆུབ་སེམས་དཔའ་ཨི་བྱ་བ་དང་མི་མཐུན་པ་དང། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་རང་བྱུང་གི་ཡེ་ཤེས་པ་ཐོབ་པ་དང། མཐུན་པ་དང། རྣམ་པ ་ཐམས་ཅད་དུ་སངས་རྒྱས་ཀྱི་འཕྲིན་ལས་མཛད་པ་དང། མཐུན་པའི་སེམས་དེ་སྐྱེའོ། །སེམས་དེ་སྐྱེས་པ་བྱང་ཆུབ་སེམས་དཔའ་བྱིས་པའི་བྱང་ཆུབ་སེམས་དཔའ་སོ་སོའི་སྐྱེ་བོའི་ས་ལས་འདས་པ་ཡིན། བྱང་ཆུབ་སེམས་དཔའ་ཨི་སྐྱོན་མེད་པ་ལ་ཞུགས ་པ་ཡིན་དེ་བཞིན་གཤེགས་པའི་རིགས་སུ་སྐྱེས་པ་ཡིན། དེ་བཞིན་གཤེགས་པའི་ཐུགས་ཀྱི་སྲས་ཡིན་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་འགྲོ་བ་དང། དེ་བཞིན་གཤེགས་པའི་རིགས་སུ་ངེས་པ་ཡིན་ནོ། །དེ་ལྟར་གྱུར་པ་དེ་ཤེས་ནས་དད་པ་ཐོབ་ནས ་མཆོག་ཏུ་དགའ་བ་མང་བ་ཡིན། གཞན་དག་ལ་ཤས་ཆེར་ཉེས་རྩོམ་མེད་པ་ཡིན། རྣམ་པར་འཚེ་བ་མེད་པ་ཡིན། ཁྲོ་བ་མེད་པ་མང་བ་ཡིན་ནོ། །རྣམ་པ་ཐམས་ཅད་དུ་བྱང་ཆུབ་སེམས་དཔའ་སེམས་ཅན་གྱི་དོན་བྱ་བ་དང། རྣམ་པ་ཐམས་ཅད་དུ ་བྱང་ཆུབ་ཀྱི་ཚོགས་ཡོངས་སུ་རྫོགས་པ་དང། རྣམ་པ་ཐམས་ཅད་དུ་བྱང་ཆུབ་དང། སངས་རྒྱས་ཀྱི་ཆོས་རྣམས་དང། སངས་རྒྱས་ཀྱི་འཕྲིན་ལས་སྒྲུབ་པ་ལྷག་པའི་བསམ་པ་དག་པས་དམིགས་པ་བྱས་ཤིང་མོས་པས་འཇུག་པ་ཆོས་འདི་ལ་མྱུར་དུ ་ཡང་དག་པར་འགྲུབ་པ་དང། མཐུན་པ་བདག་ཉིད་ཡང་དག་པར་མཐོང་ཞིང། ཁོང་དུ་ཆུད་ནས་མཆོག་ཏུ་དགའ་བ་མང་བར་འགྱུར་རོ། །བདག་ཉིད་དགེ་བ་རྒྱ་ཆེན་པོ་མངོན་པར་འབྱུང་བ་དང་ལྡན་པ་ཟང་ཟིང་མེད་པ་མཚུངས་པ་མེད་པ། ལུས་དང་སེམས ་ལ་ཕན་འདོགས་པའི་མཆོག་ཏུ་དགའ་བ་དང། དགེ་བའི་ཆོས་འབར་བ་དག་དང་ལྡན་ནོ། །བདག་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དང་ཉེ་བར་གྱུར་ཏོ། །བྱང་ཆུབ་ཆེན་པོ་ལ་བདག་གིས་ལྷག་པའི་བསམ་པ་མི་རྣམ་པར་དག་གོ། ་བདག་ནི་འཇིགས་པ་ཐམས་ཅད་དང་བྲལ་ལོ་སྙམ་ནས། དེའི་ཕྱིར་ཡང་མཆོག་ཏུ་དགའ་བ་མང་བ་ཡིན་ནོ། །འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་ཤིན་ཏུ་རྣམ་པར་ངེས་པར་བསྐྱེད་པ་ནི་འཇིགས་པ་ལྔ་སྤངས ་པ་ཡིན་ཏེ། བདག་མེད་པའི་ཡེ་ཤེས་ཤིན་ཏུ་ཡོངས་སུ་བསྒོམ་པ་ལ་ནི་བདག་ཏུ་འདུ་ཤེས་པ་ཡང་མི་འབྱུང་ན་དེ་ལ་བདག་ལ་ཆགས་པའམ། ཡོ་བྱད་ལ་ཆགས་པ་ལྟ་ག་ལ་འབྱུང་སྟེ། དེའི་ཕྱིར་དེ་ལ་འཚོ་བ་མེད ་པའི་འཇིགས་པ་མེད་དོ། །གཞན་དག་ལས་ཀྱང་ཅི་ཡང་རེ་བ་མེད་ལ། འདི་ལྟ་བུར་ཡང་འདོད་དེ། བདག་ཉིད་ཀྱིས་སེམས་ཅན་འདི་རྣམས་ཀྱི་དོན་ཐམས་ཅད་སྒྲུབ་པོ་སྙམ་སྟེ། དེའི་ཕྱིར་དེ་ལ་ཚིགས་སུ ་བཅད་པ་མེད་པའི་འཇིགས་པ་མེད་དོ། །བདག་ཏུ་ལྟ་བ་དང་བྲལ་བའི་ཕྱིར་ན་དེ་ལ་བདག་ཏུ་འདུ་ཤེས་པ་མི་འབྱུང་སྟེ། དེའི་ཕྱིར་དེ་ལ་འཆི་བའི་འཇིགས་པ་མེད་དོ། །བདག་ནི་ཤི་བའི་འོག་ཏུ་ཕྱི་མ་ལ་སངས་རྒྱས་དང་བྱང་ཆུབ ་སེམས་དཔའ་རྣམས་དང་ངེས་པར་ཕྲད་པར་འགྱུར་རོ་སྙམ་སྟེ། དེ་ལྟར་ངེས་པར་གྱུར་པས་ན། དེའི་ཕྱིར་དེ་ལ་ངན་འགྲོའི་འཇིགས་པ་མེད་དོ། །འཇིག་རྟེན་ཐམས་ཅད་ན་བདག་དང་བསམ་པ་མཚུངས་པ་མཉམ ་པ་སུ་ཡང་མ་མཐོང་ན། ཆེས་ལྷག་པ་ལྟ?་ག་ལ་ཡོད་སྙམ་སྟེ། དེའི་ཕྱིར་དེ་ལ་འཁོར་གྱི་ནང་དུ་བག་ཆེ་བའི་འཇིགས་པ་མེད་དོ། །དེ་དེ་ལྟར་འཇིགས་པ་ཐམས་ཅད་དང་བྲལ་བ་དང། ཟབ་མོ ་སྟོན་པ་ཐམས་ཅད་ཀྱིས་སྐྲག་པ་དང་བྲལ་བ་དང། ཐོས་པའི་ང་རྒྱལ་གྱིས་ཁེངས་པ་དང་བྲལ་བ་དང། གཞན་གྱི་གནོད་པ་དང་ལོག་པར་སྒྲུབ་པ་ཐམས་ཅད་ལ་ཞེ་སྡང་དང་བྲལ་བ་དང། འཇིག ་རྟེན་གྱི་འདུ་འཛིའི་དགའ་བ་ཐམས་ཅད་དང་བྲལ་བ་དང། ཉོན་མོངས་པ་ཅན་མ་ཡིན་པའི་ཕྱིར་ཉམས་པ་མེད་པ་དང། ཤིན་ཏུ་སྦྱངས་པའི་ཕྱིར་ཕལ?་པ་མ་ཡིན་པའི་བསམ་པས་དགེ་བའི་ཆོས་ཐམས་ཅད་ཡང་དག་པར་འགྲུབ་པའི་ཕྱིར། ཚེ་འདི་ལ་ཡང་རྣམ ་པ་ཐམས་ཅད་དུ། བྱང་ཆུབ་སེམས་དཔའ་ཨི་བརྩོན་འགྲུས་རྩོམ་པར་བྱེད་དོ། །དད་པའི་དབང་དུ་བྱ་བ་སྔོན་དུ་བཏང་སྟེ། ཕྱི་མ་ལ་ཡང་བྱང་ཆུབ་ཀྱི་ཕྱོགས་ཀྱི་ལེའུ་ལས་སྔར་བསྟན་པའི་སྨོན་ལམ་ཆེན་པོ་བཅུ་པོ་གང་ཡིན་པ་དེ་དག་བསམ་པ་དག་པ་ལ་བརྟེན་ནས ་རབ་ཏུ་དགའ་བ་ལ་གནས་པ་འདི་ལ་མངོན་པར་འགྲུབ་པར་བྱེད་དོ།། །།བམ་པོ་བཅོ་བརྒྱད་པ། །སེམས་ཅན་གྱི་མཆོག་ཡོན་གྱི་གནས་སྟོན་པ་ཆོས་ཀྱི་མངའ་བདག་ལ་མཆོད་པ་བྱ་བའི་སྨོན་ལམ་ཆེན་པོ་དང་གཉིས་པ་སྟེ། དེས་གསུངས་པའི ་དམ་པའི་ཆོས་ཡང་དག་པར་གཟུང་བ་དང། གསུམ་པ་སྟེ་དམ་པའི་ཆོས་གོ་རིམ་བཞིན་དུ་འབྱུང་བར་བྱ་བ་དང། བཞི་པ་སྟེ་དེ་དང་མཐུན་པའི་བྱང་ཆུབ་སེམས་དཔའ་ཨི་སྦྱོང་བ་སྤྱད་པ་དང། ལྔ་པ་སྟེ་དེའི་སྣོད་ཀྱི་སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་དང། ་དྲུག་པ་སྡེ་སངས་རྒྱས་ཀྱི་ཞིང་རྣམས་སུ་འགྲོ་བ་དང། དེ་བཞིན་གཤེགས་པ་ལ་བལྟ་བ་དང། དམ་པའི་ཆོས་མཉན་པ་དང། བདུན་པ་སྟེ་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ་བ་དང། བརྒྱད་པ་སྟེ་ཚེ་རབས་ཐམས་ཅད་དུ་སངས་རྒྱས་དང་བྱང་ཆུབ ་སེམས་དཔའ་རྣམས་དང་མི་འབྲལ་པར་བྱ་བ་དང། བྱང་ཆུབ་སེམས་དཔའ་རྣམས་དང་བསམ་པ་དང་སྦྱོར་བ་གཅིག་པར་བྱ་བ་དང། དགུ་བ་སྟེ། སེམས་ཅན་གྱི་དོན་བྱ་བ་ཐམས་ཅད་འབྲས་བུ་ཡོད་པར་བྱ་བ་དང། བཅུ་པ་སྟེ་བླ་ན་མེད་པ་ཡང་དག་པར་རྫོགས ་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་བྱ་བ་དང། སངས་རྒྱས་ཀྱི་མཛད་པ་བྱ་བའི་སྨོན་ལམ་ཆེན་པོ་མངོན་པར་སྒྲུབ་པོ། །སེམས་ཅན་གྱི་ཁམས་གཅིག་ནས་གཅིག་ཏུ་བརྒྱུད་པ་རྒྱུན་མི་འཆད་པ་ལྟ་བུ་དང། འཇིག་རྟེན་གྱི་ཆོས་རྒྱུན་མི་འཆད ་བ་བཞིན་དུ་བྱང་ཆུབ་ཀྱི་མཐར་ཐུག་པར་འགྲོ་བའི་བར་དུ། ཚེ་རབས་ཐམས་ཅད་དུ་བདག་གི་སྨོན་ལམ་ཆེན་པོ་འདི་ཐོབ་པ་དང། མི་བརྗེད་པ་དང། མི་འབྲལ་བར་གྱུར་ཅིག་ཅེས་སེམས་ཀྱིས་ཡང་དག་པར་སྨོན་པར་བྱེད་དོ། །སྔ་མ་ནི ་མངོན་པར་བྱ་བའི་དོན་ལ་སྨོན་པའོ། །བྱི་མ་ནི་སྨོན་ལམ་ཉིད་ལ་སྨོན་པར་རིག་པར་བྱ་སྟེ། དེའི་སྨོན་ལམ་ཆེན་པོ་འདི་དག་ལ་སོགས་པ་བྱང་ཆུབ་སེམས་དཔའ་དེའི་ཡང་དག་པའི་སྨོན་ལམ་རྣམས་ཀྱི་སྨོན་ལམ་གྲངས་མེད་པ་འབུམ་ཕྲག་བཅུ་སྐྱེ་བར ་འགྱུར་རོ། །དེ་ནི་འདི་ལྟར་ཕྱི་མ་ལ་ཡང་སྨོན་ལམ་དང་ལྡན་པར་འགྱུར་ལ། ཚེ་འདི་ལ་ཡང་བརྩོན་འགྲུས་བ་།མོས་པ་ནི་གནས་པ་ཡོངས་སུ་སྦྱངས་པའི་ཆོས་བཅུས་རབ་ཏུ་དགའ་བའི་གནས་པ་ཡོངས་སུ་དག་པར་བྱེད་དེ། སངས་རྒྱས་ཀྱི་ཆོས་ཐམས་ཅད ་ལ་མངོན་པར་དད་པ་དང། རྟེན་ཅིང་འབྲེལ་བར་འབྱུང་བའི་ཚུལ་གྱིས་སེམས་ཅན་རྣམས་ཀྱི་སྡུག་བསྔལ་གྱི་ཕུང་པོ་འབའ་ཞིག་པ་ཡང་དག་པར་འགྲུབ་པར་ལྟ་བའི་སྙིང་རྗེ་དང། བདག་གིས་སེམས་ཅན་འདི་དག་སྡུག་བསྔལ་གྱི་ཕུང་པོ་འབའ་ཞིག ་པ་འདི་ལས་རྣམ་པར་གྲོལ་པར་བྱའོ་སྙམ་དུ་ལྟ་བའི་བྱམས་པ་དང། སེམས་ཅན་ཐམས་ཅད་སྡུག་བསྔལ་ལས་ཡོངས་སུ་སྐྱབ་པའི་བསམ་པས་བདག་ཉིད་ལ་མི་ལྟ་ཏེ། དེ་ལ་མི་ལྟ་བས་སེམས་ཅན་རྣམས་ལ་ནང་དང་ཕྱི་རོལ་གྱི་དངོས་པོ་ཡོངས་སུ ་གཏོང་བ་དང། སེམས་ཅན་དེ་དག་ཉིད་ཀྱི་དོན་དུ་འཇིག་རྟེན་པ་དང། འཇིག་རྟེན་ལས་འདས་པའི་ཆོས་གཞན་ལས་ཡོངས་སུ་ཚོལ་པ་ལ་མི་སྐྱོབ་དང། མི་སྐྱོ་བས་བསྟན་བཅོས་ཐམས་ཅད་ཤེས་པ་ཡང་དག་པར་འགྲུབ་པ་རྣམ་པར་དག་པས་བསྟན ་བཅོས་ཤེས་པ་དང། བསྟན་བཅོས་ཤེས་པས་སེམས་ཅན་ཐ་མ་དང་འབྲིང་དང། ཁྱད་པར་དུ་འཕགས་པ་རྣམས་ལ་ཅི་ནུས་ཅི་འོས་སུ་དེ་བཞིན་ཉིད་དུ་སྒྲུབ་པས་འཇིག་རྟེན་ཤེས་པ་དང། སྟོན་པ་དེ་དག་ཉིད་ལ་དུས་དང་དུས་ཚོད་དང། ཚོད་ལ་སོགས ་པའི་སྤྱོད་པ་ལས་བརྩམས་ཏེ། ངོ་ཚ་ཤེས་ཤིང་ཁྲེལ་ཡོད་པ་དང། སྦྱོར་བ་དེ་དག་ཉིད་ལ་ཕྱིར་མི་ལྡོག་པས་སྲན་ཐུབ་པའི་སྟོབས་བསྐྱེད་པ་དང། བརྙེད་པ་དང་བཀུར་སྟི་དང་སྒྲུབ་པས་དེ་བཞིན་གཤེགས་པ་ལ་མཆོད་པ་དང། རིམ་གྲོ་བྱེད་པ་སྟེ། འདི་ལྟ་སྟེ ་དད་པ་དང་སྙིང་རྗེ་དང། བྱམས་པ་དང། གཏོང་བ་དང། མི་སྐྱོ་བ་དང། བསྟན་བཅོས་ཤེས་པ་དང། འཇིག་རྟེན་ཤེས་པ་དང། ངོ་ཚ་ཤེས་ཤིང་ཁྲེལ་ཡོད་པ་དང། སྲན་ཐུབ་པའི་སྟོབས་བསྐྱེད་པ་དང། དེ་བཞིན་གཤེགས་པ་ལ་མཆོད་པ་དང། རིམ་གྲོ ་བྱེད་པའི་ཆོས་བཅུ་པོ་འདི་དག་ནི་གནས་པ་ཡོངས་སུ་དག་པར་བྱེད་པའོ། །བྱང་ཆུབ་སེམས་དད་པ་དེ་ཡང་ཆོས་དེ་ཡང་དག་པར་བླངས་ཏེ་འདུག་ཅིང་ལན་མང་དུ་བྱེད་དོ། །དེ་མ་ཡིན་པའི་བྱང་ཆུབ་སེམས་དཔའ་ཨི་གནས་པ་ལྷག་པའི་ཚུལ་ཁྲིམས་ལ་སོགས ་པ་དགུ་པོ་རྣམས་ཀྱི་ལམ་གྱི་ཡོན་ཏན་དང་སྐྱོན་རྣམ་པ་ཐམས་ཅད་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལས་ཡོངས་སུ་ཚོལ་བར་བྱེད་དོ། །དེ་ཤེས་ནས་ཀྱང་ལམ་ཆུད་མི་ཟ་ཞིང་རྣམ་པ་དང། ཐོབ་པ་དང་རྒྱུ་མཐུན་པའི་མཚན་མ་ལེགས་པར་བཟུང ་ལ། བདག་ཉིད་ཀྱིས་ཀྱང་གནས་པ་ཐམས་ཅད་མནན་ནས། བྱང་ཆུབ་ཆེན་པོ་བདེ་བླག་ཏུ་འཐོབ་པར་འགྱུར་རོ། །སེམས་ཅན་གྱི་འགྲོན་པོ་ཕལ་པོ་ཆེ་ཡང་འཁོར་བའི་དགོན་པའི་ལམ་ལས་སྒྲོལ་ལོ། །རྣམ་པ་གང་དག་གིས་འཇུག་པར་བྱེད་པ་དེ་དག ་ནི་རྣམ་པ་དག་གོ་།འཇུག་པ་གང་ཡིན་པ་དེ་ནི་འཐོབ་པའོ། །ཞུགས་ཨནས་ཀྱང་འབྲས་བུ་ཆེན་པོའི་ཕན་ཡོན་འགྲུབ་ཅིང་ཡང་དག་པར་འགྲུབ་པ་དེ་ནི་རྒྱུ་མཐུན་པ་ཡིན་པར་རིག་པར་བྱའོ། །གནས་པ་དེ་ལ་གནས་པ་དེ་ལ་ནི་རྒྱུ་གཉིས་ཀྱིས་སངས་རྒྱས་མང ་པོ་ལྟར་སྣང་བར་འགྱུར་ཏེ། དེས་བྱང་ཆུབ་སེམས་དཔའ་ཨི་སྡེ་སྣོད་ལས་ཐོས་པ་གང་ཡིན་པ་དག་དང། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀྱི་མིང་སྣ་ཚོགས་པ་དག་ན། དེ་བཞིན་གཤེགས་པ་མཚན་སྣ་ཚོགས་པ་དག་བཞུགས་པར་སེམས་ཀྱིས་མོས ་པ་གང་ཡིན་པ་དེ་དག་ལ་དང་པ་རྒྱ་ཆེན་པོ་དང་ལྡན་པའི་སེམས་ཀྱིས་མཐོང་པར་བྱ་བའི་ཕྱིར་འདོད་པར་བྱེད་ལ། དེ་ལྟ་བུར་གྱུར་པ་དེའི་འདོད་པ་དེ་ནི་འགྲུབ་པ་ཁོ་ནར་འགྱུར་ཏེ། འདི་ནི་རྒྱུ་གཅིག་གོ་།སངས་རྒྱས་གང་དུ་འབྱུང་བ་དེར ་བདག་སྐྱེ་བར་གྱུར་ཅིག་ཅེས་དེ་ལྟར་ཡང་སེམས་ཀྱིས་སྨོན་པར་བྱེད་དེ། དེ་ལྟ་བུར་གྱུར་པ་དེའི་སྨོན་ལམ་དེ་ནི་འགྲུབ་པ་ཁོ་ནར་འགྱུར་ཏེ། དེས་དེ་ལྟར་དང་པ་རྒྱ་ཆེན་པོས་མཐོང་བ་དང། སྨོན་ལམ་གྱི་སྟོབས་ཀྱིས་དེ་བཞིན་གཤེགས་པ་དེ་དག ་མཐོང་ནས་མཆོད་པ་དང། བདེ་བའི་ཡོ་བྱད་ཀྱི་རྣམ་པ་ཐམས་ཅད་སྒྲུབ་པར་བྱེད་དོ། །ཅི་ནུས་ཅི་ལྕོགས་ཀྱིས་དགེ་འདུན་ལ་ཡང་བཀུར་སྟི་བྱེད་དོ། །དེ་བཞིན་གཤེགས་པ་དེ་དག་ལས་ཆོས་ཀྱང་ཉན་པ་དང། ལེན་པ་དང་འཛིན་པར་བྱེད་དོ། །ཆོས ་ཀྱི་རྗེས་སུ་མཐུན་པའི་ཆོས་ཀྱང་ནན་གྱིས་སྒྲུབ་པར་བྱེད་དོ། །དགེ་བའི་རྩ་བ་དེ་དག་ཐམས་ཅད་ཀྱང་བྱང་ཆུབ་ཆེན་པོར་ཡོངས་སུ་བསྔོ་བར་བྱེད་དོ། །བསྡུ་བའི་དངོས་པོ་བཞིས་ཀྱང་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་དོ། །དེ་བཞིན་གཤེགས་པ་དང། ་དགེ་འདུན་དང་ཆོས་ལ་མཆོད་པ་ཡོངས་སུ་འཛིན་པ་དང། བསྡུ་བའི་དངོས་པོ་རྣམས་ཀྱིས་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་དང། དགེ་བའི་རྩ་བ་རྣམས་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བ་སྟེ། དེའི་རྣམ་པར་དག་པའི་རྒྱུ་གསུམ་པོ་དེ་དག་གིས ་བསྐལ་པ་དུམ་བྱེ་བ་ཁྲག་ཁྲིག་འབུམ་གྱི་བར་དུ། དགེ་བའི་རྩ་བ་དེ་དག་རྒྱ་ཆེར་རྣམ་པར་དག་པར་འགྱུར་ཏེ། དཔེར་ན་གསེར་རང་བཞིན་དུ་གནས་པ་ནི་གསེར་མ་གར་མཁས་པས་ཇི་ལྟ་ཇི་ལྟར་མེར་བཅུག་པ་དེ་ལྟ་དེ་ལྟར་ཆེས་རྣམ་པར་དག ་པར་འགྱུར་རོ། །དེ་བཞིན་དུ་བསམ་པ་དག་པའི་བྱང་ཆུབ་སེམས་དཔའ་དེའི་དགེ་བའི་རྩ་བ་དེ་དག་ཀྱང་རྣམ་པར་དག་པའི་རྒྱུ་དེ་དག་གིས་ཚེས་རྣམ་པར་དག་པར་འགྱུར་རོ། །དེ་ལ་གནས་པ་དེ་ནི་སྐྱེ་བ་ལས་ཕལ་ཆེར་འཁོར་ལོས་སྒྱུར་བར་འགྱུར་ཏེ། ཚེ ་རབས་ཚེ་རབས་སུ་འཛམ་བུ་གླིང་གི་དབང་ཕྱུག་སེར་སྣའི་དྲི་མ་ཐམས་ཅད་དང་བྲལ་བ་སེམས་ཅན་རྣམས་ཀྱི་སེར་སྣའི་དྲི་མ་སེལ་བའི་བདག་པོར་འགྱུར་རོ། །བསྡུ་བའི་དངོས་པོ་བཞིས་ལས་གང་ཅི་རྩོམ་ཡང་རུང། དེ་དག་ཐམས་ཅད་ཀྱང་དཀོན་མཆོག ་དང། བྱང་ཆུབ་ཡང་དག་པར་འགྲུབ་པའི་རྣམ་པ་ཐམས་ཅད་ཡིད་ལ་བྱེད་པ་རྣམས་དང་མི་འབྲལ་ཏེ། བདག་སེམས་ཅན་ཐམས་ཅད་ཀྱི་མཆོག་དོན་ཐམས་ཅད་སྟོན་པར་གྱུར་ཀྱང་ཅི་མ་རུང་སྙམ་མོ། །འདོད་ན་ཁྱིམ་དང། ཆུང་མ་དང། ལོངས་སྤྱོད་ཐམས་ཅད་སྤངས ་ནས་དེ་བཞིན་གཤེགས་པའི་བསྟན་པ་ལ་རབ་ཏུ་འབྱུང་སྟེ། སྐད་ཅིག་དང་ཐད་ཅིག་དང། ཡུད་ཙམ་ཅིག་ལ་བྱང་ཆུབ་སེམས་དཔའ་ཨི་ཏིང་ངེ་འཛིན་བརྒྱ་ལ་སྙོམས་པར་འཇུག་པ་དང་ལྷའི་མིག་གིས་སངས་རྒྱས་ཀྱི་ཞིང་ཐ་དད་པ་དག་ཏུ་དེ་བཞིན ་གཤེགས་པ་བརྒྱ་མཐོང་བ་དང། དེ་དག་གི་སྤྲུལ་པ་དང། བྱིན་གྱིས་བརླབས་པ་དང། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱིན་གྱི་བརླབས་ཀྱང་ཤེས་པ་དང། འཇིག་རྟེན་གྱི་ཁམས་བརྒྱ་ཡང་གཡོ་བར་བྱེད་པ་དང། དེ་བཞིན་དུ་ལུས་ཀྱིས་ཀྱང་འགྲོ ་བར་བྱེད་པ་དང། འོད་ཀྱིས་རྒྱས་པར་བྱས་ནས་གཞན་དག་ལ་སྟོན་པ་དང། སྤྲུལ་པ་བརྒྱས་འདུལ་བའི་སེམས་ཅན་བརྒྱ་ཡོངས་སུ་སྨིན་པར་བྱེད་པ་གང་ཡིན་པ་དེ་ལྟ་བུའི་བརྩོན་འགྲུས་རྩོམ་པར་བྱེད་དོ། །འདོད་ན་བསྐལ་པ་བརྒྱར་ཡང་གནས ་པར་བྱིན་གྱིས་བརློབ་བོ། །སྔོན་གྱི་མཛའ་དང་ཕྱི་མའི་མཛའ་བསྐལ་པ་བརྒྱར་ཡང་ཡེ་ཤེས་མཐོང་བས་འཇུག་པར་བྱེད་དོ། །ཕུང་པོ་དང། ཁམས་དང། སྐྱེ་མཆེད་ལ་སོགས་པའི་ཆོས་ཀྱི་སྒོ་རྣམས་ཀྱི་ཆོས་ཀྱི་སྒོ་བརྒྱ་ཡང་རབ་ཏུ་རྣམ་པར ་འབྱེད་དོ། །ལུས་བརྒྱ་ཡང་སྤྲུལ་པར་བྱེད་དེ། ལུས་རེ་རེ་ཞིང་ཡང་བྱང་ཆུབ་སེམས་དཔའ་འཁོར་བརྒྱ་བརྒྱ་སྟོན་ཏོ། །དེ་ལས་ལྷག་པར་ཡང་རབ་ཏུ་དགའ་བའི་གནས་པ་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྨོན་ལམ ་གྱི་སྟོབས་ཀྱིས་མཐུའི་རྣམ་པར་སྤྲུལ་པའི་ཚད་མེད་པར་རིག་པར་བྱ་སྟེ། དེ་དག་ནི་སྨོན་ལམ་གྱི་སྟོབས་ཅན་ཡིན་པས་སྨོན་ལམ་གྱི་ཁྱད་པར་གྱིས་རྣམ་པར་འཕྲུལ་པར་བྱེད་དོ། །ཡང་དག་པའི་སྨོན་ལམ་དེ་དག་གི་གྲངས་ནི ་བསྐལ་པ་བྱེ་བ་ཁྲག་ཁྲིག་ཕྲག་འབུམ་གྱི་པར་དུ་ཡང་བཅད་པར་སླ་བ་མ་ཡིན་ནོ། །དེ་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རབ་ཏུ་དགའ་བ་ལ་གནས་པ་འདི་ནི། སེམས་བསྐྱེད་པ་རྣམ་པ་བཞི་དང་ཡང་དག་པའི་སྨོན་ལམ་གྱི་བརྩོན་འགྲུས ་བརྩམས་པ་མངོན་པར་སྒྲུབ་པ་དང། གནས་པ་ཡོངས་སུ་སྦྱོང་བ་དང། དེ་མ་ཡིན་པའི་གནས་པ་ལ་ཡང་བྱང་བ་དང། དགེ་བའི་རྩ་བ་ཡོངས་སུ་དག་པར་བྱེད་པ་དང། སྐྱེ་བ་དང་མཐུས་ཤིན་ཏུ་རྣམ་པར་ངེས་པ་ཡིན་ཏེ། དེ་ནི་མདོར་བསྟན་པ་ཡིན་པར ་རིག་པར་བྱའོ། །རྒྱས་པར་བསྟན་པ་ནི་ས་བཅུའི་མདོ་ལས་ཇི་སྐད་འབྱུང་བ་བཞིན་ནོ། །ས་རབ་ཏུ་དགའ་བ་ལ་གནས་བ་ནས་བཟུང་སྟེ། ས་བཅུའི་མདོ་ལས་བྱང་ཆུབ་སེམས་དཔའ་ཨི་ས་བཅུ་གང་ཡིན་པ་དེ་དག་ནི། བྱང་ཆུབ་སེམས་དཔའ་ཨི་སྡེ་སྣོད ་ཀྱི་མ་མོ་བསྟན་པ་འདི་ལ་བྱང་ཆུབ་སེམས་དཔའ་ཨི་གནས་པ་བཅུ་སྟེ། རབ་ཏུ་དགའ་བ་ལ་གནས་པ་ནས་བཟུང་སྟེ། གནས་པ་མཆོག་གི་པར་དུ་གོ་རིམ་བཞིན་དུ་སྦྱར་བར་རིག་པར་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡོངས་སུ་གཟུང་པའི ་དོན་གྱིས་ནི་ས་ཞེས་བྱའོ། །ལོངས་སྤྱད་པའི་གནས་ཀྱི་དོན་གྱིས་ནི་གནས་བ་ཞེས་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལྷག་པའི་ཚུལ་ཁྲིམས་ལ་གནས་པའི་རྣམ་པ་ནི་གང་དག་ཡིན། རྟགས་ནི་གང་དག་ཡིན། མཚན་མ་ནི ་གང་དག་ཡིན་པར་རིག་པར་བྱ་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔས་ཐོག་མ་ཉིད་དུ་རབ་ཏུ་དགའ་བ་ལ་གནས་པ་ལ་སེམས་ཀྱི་བསམ་པ་ལ་རྣམ་པ་བཅུས་བསམ་པ་དག་པ་ཐོབ་པ་ཡིན་ཏེ། སློབ་དཔོན་དང། བླ་མ་དང། སྦྱིན་གནས་ཐམས་ཅད ་ལ་མི་སླུ་བའི་ལྷག་པའི་བསམ་པ་དང། ཆོས་ཀྱི་མཐུན་པའི་བྱང་ཆུབ་སེམས་དཔའ་ལ་དེས་པ་དང་འགྲོགས་ན་བདེ་བའི་བསམ་པ་དང། ཉོན་མོངས་པ་དང། ཉེ་བའི་ཉོན་མོངས་པ་དང། བདུད་ཀྱི་ལས་ཐམས་ཅད་ཟིལ་གྱིས་མནན་ཅིང། རང་གི་སེམས་ལ་དབང ་བྱ་བའི་བསམ་པ་དང། འདུ་བྱེད་ཐམས་ཅད་ལ་ཉེས་པའི་བསམ་པ་དང། མྱ་ངན་ལས་འདས་པ་ལ་ཕན་ཡོན་གྱི་བསམ་པ་དང། བྱང་ཆུབ་ཀྱི་ཕྱོགས་དང་མཐུན་བའི་ཆོས་དགེ་བ་རྣམས་བསྒོམ་པ་ལ་རྟག་ཏུ་བྱ་བའི་བསམ་པ་དང། སྒོམ་པ་དེ་དག ་ཉིད་ཀྱི་རྗེས་སུ་མཐུན་པའི་བར་དུ་དབེན་པའི་བསམ་པ་དང། འཇིག་རྟེན་གྱི་ཟང་ཟིང་དང། ཐོས་པ་དང། རྙེད་པ་དང། བཀུར་སྟི་ཐམས་ཅད་ལ་མི་རྟ་བའི་བསམ་པ་དང། ཐེག་པ་དམན་པ་སྤངས་ཏེ་ཐེག་པ་ཆེན་པོ་རྟོགས་པར་བྱ་བའི ་བསམ་པ་དང། སེམས་ཅན་ཐམས་ཅད་ཀྱི་དོན་ཐམས་ཅད་བྱ་བའི་བསམ་པ་སྟེ། ཡང་དག་པའི་བསམ་པ་བཅུ་པོ་འདི་དག་ནི་སེམས་དེ་ལ་འཇུག་པ་ཡིན་ཏེ། དེ་དག་གི་ལྷག་པའི་བསམ་པ་དག་པ་ཞེས་བྱའོ། །བསམ་པ་དེ་དག་ཉིད་ཆེ་བའི་ཕྱིར་དང། ཡོངས་སུ ་རྫོགས་པའི་ཕྱིར་བྱང་ཆུབ་སེམས་དཔའ་ལྷག་པའི་ཚུལ་ཁྲིམས་ལ་གནས་པ་ས་གཉིས་པ་ལ་འཇུག་ཅིང་གནོན་ཏོ། །དེ་ལྷག་པའི་ཚུལ་ཁྲིམས་ལ་གནས་པ་ལས་རང་བཞིན་གྱིས་ཚུལ་ཁྲིམས་ཅན་ཡིན་ཏེ། ལོག་པའི་ལས་ཀྱི་ལམ་དུ་གཏོགས་པའི་འཆལ ་བའི་ཚུལ་ཁྲིམས་ཆུང་ངུ་ཡང་ཀུན་ཏུ་མི་སྤྱོད་ན། འབྲིང་ངམ་ཆེན་པོ་ལྟ་ཅི་སྨོས། དགེ་བའི་ལས་ཀྱི་ལམ་བཅུ་ཡོངས་སུ་རྫོགས་པ་དག་ལ་ཡང་རང་བཞིན་གྱིས་ཡང་དག་པར་སྣང་ངོ། །དེས་དེ་ལྟར་རང་བཞིན་གྱིས་ཚུལ་ཁྲིམས་ཅན་གྱི་ཤེས་རབ་ཀྱིས་ངན་འགྲོ ་རྣམས་དང། བདེ་འགྲོ་རྣམས་དང། ཐེག་པ་གསུམ་པོ་དག་ལ་ཉོན་མོངས་པ་ཅན་དང། ཉོན་མོངས་པ་ཅན་མ་ཡིན་པའི་ལས་ཀྱི་ལམ་རྣམས་ཀྱི་ལས་ཀུན་ཏུ་སྤྱོད་པའི་རྒྱུ་ལས་འབྲས་བུ་ཡང་དག་པར་འགྲུབ་པ་རྣམ་པར་བཞག་པ་ཡང་དག་པ་ཇི་ལྟ་བ་བཞིན ་བཞིན་ཏུ་རབ་ཏུ་ཤེས་སོ། །རྣམ་པར་སྨིན་པ་དང། རྒྱུ་མཐུན་པའི་འབྲས་བུ་ལས་ཀྱང་ལས་དེ་དག་ཡང་དག་པ་ཇི་ལྟ་བ་བཞིན་ཏུ་རབ་ཏུ་ཤེས་སོ། །བདག་ཉིད་ཀྱང་མི་དགེ་བའི་ལས་སྤོང་བ་དང། དགེ་བའི་ལས་ཡང་དག་པར་ལེན་པར་ཡང་དག་པར ་སྣང་ལ། གཞན་དག་ཀྱང་དེ་ཉིད་ལ་ཡང་དག་པར་འཛུད་པར་འདོད་ཅིང། ཡང་དག་པར་འཛུད་པར་བྱེད་དོ། །འཕོངས་པ་རྣམ་པ་སྣ་ཚོགས་ཀྱིས་ཕོངས་པར་གནས་པ་ལ་སྙིང་བརྩེ་ཞིང། སྙིང་བརྩེ་བ་རྒྱ་ཆེན་པོ་ཐོབ་ནས་ལས་མི་མཐུན་པ་ཀུན་ཏུ་སྤྱོད་པའི་ཉེས་པའི་སྐྱོན ་ཆགས་པའི་སེམས་ཅན་གྱི་ཁམས་དང་པ་འམ་རྒུད་པར་གནས་པ་ཐམས་ཅད་ལ་བྱེ་བྲག་མེད་པར་དོན་དམ་པར་སྡུག་བསྔལ་བ་ཡིན་པར་སོ་སོར་རྟོག་གོ་།ལྷག་པའི་ཚུལ་ཁྲིམས་ལ་གནས་པ་དེ་ལ་གནས་པའི་སངས་རྒྱས་མཐོང་བ་དང། དགེ་བའི་རྩ་བ་རྣམ་པར ་དག་པར་འགྱུར་བ་ནི་སྔ་མ་བཞིན་དུ་རིག་པར་བྱའོ། །དེ་ལ་བྱེ་བྲག་ནི་འདི་ཡོད་དེ། དཔེར་ན་གསེར་དེ་ཉིད་ལ་གསེར་མགར་མཁས་པས་ནག་ཚུར་གྱིས་པ་སྐུས་ནས་མེར་བཅུག་ན། ཤས་ཆེར་ཆེས་རྣམ་པར་དག་པར་འགྱུར་བ་དེ་བཞིན་དུ། བྱང་ཆུབ་སེམས་དཔའ་ ་དེའི་དགེ་བའི་རྩ་བ་དེ་ཆོས་རྣམ་པར་དག་པར་རིག་པར་བྱའོ། །གནས་པ་དེ་ལ་སེམས་ཀྱི་བསམ་པ་དག་པ་སྒྲུབ་པ་ལ་འཇུག་པ་ནི་སྐྱེ་བས་ཕལ་ཆེར་གླིང་བཞི་པའི་འཁོར་ལོས་སྒྱུར་བར་འགྱུར་ཏེ། ཤས་ཆེར་སེམས་ཅན་རྣམས་འཆལ་པའི་ཚུལ་ཁྲིམས ་དང། མི་དགེ་བའི་ལས་རྣམས་ལས་བཟློག་པར་བྱེད་ཅིང། དགེ་བའི་ལས་ཀྱི་ལམ་རྣམས་ལ་ཡང། ཡང་དག་པར་འཛུད་པར་བྱེད་དོ། །དེའི་མཐུ་ནི་སྔ་མ་ལས་བཅུ་འགྱུར་དུ་རིག་པར་བྱ་སྟེ། དེ་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལྷག་བའི་ཚུལ་ཁྲིམས ་ལ་གནས་པ་འདི་ནི་རང་བཞིན་གྱིས་ཚུལ་ཁྲིམས་དང། ཚུལ་ཁྲིམས་འཆལ་པའི་དྲི་མའི་རྣམ་པ་ཐམས་ཅད་སེལ་བ་དང། ལས་ཀྱི་ལམ་ཐམས་ཅད་ཀྱི་རྒྱུ་དང། འབྲས་བུའི་རྣམ་པ་ཐམས་ཅད་ཤེས་པ་སོ་སོར་རྟོགས་པ་དང། དགེ་བའི་ལས་ལ ་གཞན་ཡང་དག་བར་འཛུད་པར་འདོད་པ་དང། སྙིང་བརྩེ་བ་རྒྱ་ཆེན་པོ་ཐོབ་པ་དང། སེམས་ཅན་གྱི་ཁམས་ཀྱི་ལམ་ལས་སྐྱེས་པའི་སྡུག་བསྔལ་བ་དང། ཕོངས་པ་ལ་རྟོག་པ་དང། དགེ་བའི་རྩ་བ་རྣམ་པར་དག་པ་དང། སྐྱེ་བ་དང་མཐུ་ལས་མདོར་བསྟན་པར ་རིག་པར་བྱའོ། །རྒྱས་པར་བསྟན་པ་ནི་འདི་ལྟ་སྟེ། མདོ་ཉིད་ལས་ས་བཅུའི་ས་དྲི་མ་མེད་པའི་ས་ལས་ཇི་སྐད་འབྱུང་བ་བཞིན་ནོ། །འཆལ་བའི་ཚུལ་ཁྲིམས་ཀྱི་དྲི་མ་དང་བྲལ་བའི་ཕྱིར། དྲི་མ་མེད་པའི་ས་ཞེས་བྱ་བ་ལ་འཆལ་བའི་ཚུལ་ཁྲིམས་ཀྱི་དྲི ་མ་དང་བྲལ་བ་ཉིད་ཀྱི་ཕྱིར་ལྷག་པའི་ཚུལ་ཁྲིམས་ལ་གནས་པ་ཞེས་བྱ་བ་སྟེ། དེ་ལ་དྲི་མ་མེད་པའི་ས་གང་ཡིན་པ་དེ་འདིར་ལྷག་པའི་ཚུལ་ཁྲིམས་ལ་གནས་པ་ཡིན་པར་རིག་པར་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལྷག་པའི་སེམས ་ལ་གནས་པའི་རྣམ་པ་ནི་གང་དག་ཡིན། རྟགས་ནི་གང་དག་ཡིན། མཚན་མ་ནི་གང་དག་ཡིན་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔས་ཐོག་མ་ཉིད་དུ་ལྷག་པའི་ཚུལ་ཁྲིམས་ལ་གནས་པ་ལ་བསམ་པ་དག་པ་བཅུ་པོ་གང་དག་ཡིད་ལ་བྱས་ཤིང་བསྟན ་ཏེར་རྟོགས་བར་གྱུར་པའི་སེམས་ཀྱི་བསམ་པ་ཡིད་ལ་བྱེད་པ་དེ་དག་གཞན་རྣམ་པ་བཅུས་ཚེ་བའི་ཕྱིར་དང། ཡོངས་སུ་རྫོགས་པའི་ཕྱིར་ལྷག་པའི་ཚུལ་ཁྲིམས་ལ་གནས་པ་ལས་ཡང་དག་པར་འདས་ནས། ལྷག་པའི་སེམས་ཀྱིས་གནས་པ་ལ་འཇུག་སྟེ ་རྣམ་པ་བཅུས་བདག་གི་སེམས་ཀྱི་བསམ་པ་དག་པར་གྱུར་ཏོ། །སྙམ་པའི་ཡིད་ལ་བྱེད་པ་དང། བདག་གི་བསམ་པ་དགེ་བ་རྣམ་པ་བཅུ་པོ་འདི་ལས་ཡོངས་སུ་ཉམས་པར་འགྱུར་བའི་ཆ་མ་ཡིན་ནོ་སྙམ་པའི་ཡིད་ལ་བྱེད་པ་དང། ཟག་པ་དང་བཅས་པའི་ཆོས ་རྣམས་ལ་སེམས་མི་འཇུག་ཅིང་མི་མཐུན་པར་ཡང་གནས་སོ་སྙམ་པའི་ཡིད་ལ་བྱེད་པ་དང། དེའི་མཉེན་པོ་སྒོམ་པ་ལ་ཡང་བདག་གི་རྣམ་པར་ཤེས་པ་ཡང་དག་པར་གནས་སོ་སྙམ་པའི་བསམ་པ་ཡིད་ལ་བྱེད་པ་དང། བདག་ནི་གཉེན་པོ་འདི་ལས་ཡོངས་སུ་ཉམས ་བར་འགྱུར་བའི་ཆ་མ་ཡིན་ནོ་སྙམ་པའི་ཡིད་ལ་བྱེད་པ་དང། བདག་ནི་འདི་ལྟར་གཉེན་པོ་བརྟན་པོར་གྱུར་པས་ཟག་པ་དང་བཅས་པའི་ཆོས་དེ་དག་ཐམས་ཅད་དང། བདུད་ཐམས་ཅད་ཀྱིས་ཟིལ་གྱིས་ནོན་པར་འགྱུར་བའི་ཆ་མ་ཡིན་ནོ་སྙམ ་པའི་ཡིད་ལ་བྱེད་པ་དང། བདག་གི་ཡིད་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་ཞུམ་པ་མེད་པར་འཇུག་གོ་སྙམ་པའི་ཡིད་ལ་བྱེད་པ་དང། དཀའ་བ་སྤྱོད་པ་ཐམས་ཅད་ཀྱང་བདག་ལ་གནོད་པ་མེད་དོ་སྙམ་པའི་ཡིད་ལ་བྱེད་པ་དང། བདག་ནི་སེམས ་གཅིག་ཏུ་ངེས་པས་ཐེག་པ་ཆེན་པོ་ལ་མོས་ཀྱི། དེ་མ་ཡིན་པའི་ཐེག་པ་དམན་པ་རྣམས་ལ་ནི་མ་ཡིན་ནོ་སྙམ་པའི་ཡིད་ལ་བྱེད་པ་དང། བདག་གི་སེམས་ནི་སེམས་ཅན་ཐམས་ཅད་ཀྱི་དོན་ཐམས་ཅད་བྱ་བ་ལ་མངོན་པར་དགའ་ཨོ་སྙམ་པའི་ཡིད་ལ་བྱེད ་པ་སྟེ། སེམས་ཀྱི་བསམ་པ་བཅུ་པོ་དེ་དག་གིས་འཇུག་པར་བྱེད་དོ། །ལྷག་པའི་སེམས་ལ་གནས་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་འདུ་བྱེད་ཐམས་ཅད་ལ་ཉེས་དམིགས་ཀྱི་རྣམ་པར་སྣ་ཚོགས་ཀྱིས་སུན་འབྱིན་པར་བྱེད་དེ། དེ་དག ་ལས་ཡིད་སྐྱོ་བར་བྱེད་དོ། །སངས་རྒྱས་ཀྱི་ཡེ་ཤེས་ལ་ཕན་ཡོན་རྣམ་པ་སྣ་ཚོགས་ཀྱིས་ཕན་ཡོན་དུ་ལྟ་ཞིང་དེ་ལ་འདོད་པ་སྐྱེས་པ་ཡིན་ནོ། །སྙིང་ཐག་པ་ནས་འདུན་པ་སེམས་ཅན་གྱི་ཁམས་ལ་སྡུག་བསྔལ་རྣམ་པ་སྣ་ཚོགས་ཀྱིས་སྡུག་བསྔལ ་བར་རྣམ་པར་བལྟའོ། །སེམས་ཅན་དེ་དག་ལ་ལྟ་བའི་སེམས་དང་ལྡན་པ་ཡིན་ནོ། །འདུ་བྱེད་ཐམས་ཅད་ལ་བག་ཡོད་པ་དང། དོན་ལ་རྟོན་པའི་སེམས་དང། བྱང་ཆུབ་ཀྱི་ཕྱིར་བརྩོན་འགྲུས་འབར་བ་ཡིན། སེམས་ཅན་རྣམས་ལ་སྙིང་རྗེའི ་བསམ་པ་རྒྱ་ཆེན་པོ་དང་ལྡན་པ་ཡིན་ནོ། །སེམས་ཅན་དེ་དག་གཏན་ཏུ་སྡུག་བསྔལ་ལས་རྣམ་པར་གྲོལ་བར་བྱ་བའི་ཐབས་ནི་ཉོན་མོངས་པ་ཐམས་ཅད་ཀྱིས་མ་བསྒྲིབས་པའི་ཡེ་ཤེས་ཁོ་ན་ཡིན་པར་མཐོང་བ་ཡིན། རྣམ་པར་ཐར་པ་དེ ་ཡང་དག་པར་འགྲུབ་པར་བྱ་བའི་ཆོས་ཀྱི་དབྱིངས་ལ་རྣམ་པར་རྟོག་པའི་རྒྱུ་ཀུན་ནས་ཉོན་མོངས་པ་སྐྱེ་བ་ཐམས་ཅད་ཀྱི་གཉེན་པོ་ནི་ཤེས་རབ་ཡིན་པར་མཐོང་བ་ཡིན། ཡེ་ཤེས་ཀྱི་སྣང་བ་དེ་འགྲུབ་པར་བྱེད་པ་ནི་ཡང་དག་པར་ཏིང་ངེ་འཛིན་ཡིན་པར་མཐོང་བ ་ཡིན། བསམ་གཏན་དང། རྣམ་པར་ཐར་པ་དང། ཏིང་ངེ་འཛིན་དང། སྙོམ་པར་འཇུག་པ་དེ་དག་སྒྲུབ་པ་ནི་བྱང་ཆུབ་སེམས་དཔའ་ཨི་སྡེ་སྣོད་ཉན་པ་སྔོན་དུ་འགྲོ་པ་དང། ཉན་པའི་གཞི་ཡིན་པར་མཐོང་བ་ཡིན་ནོ། །མཐོང་ནས་ཀྱང་བརྩོན་འགྲུས་ཆེན་པོ་རྩོམ ་པས་ཐོས་པ་ཡོངས་སུ་ཚོལ་བར་བྱེད་དོ། །དམ་པའི་ཆོས་མཉན་པའི་ཕྱིར་ནོར་དང་ཡོ་བྱད་དང། ནང་དང་ཕྱི་རོལ་གྱི་དངོས་པོ་གང་ཡོངས་སུ་མི་གཏོང་པ་མེད་དོ། །བླ་མ་ལ་བསྙེན་བཀུར་བྱ་བ་གང་ཉམས་སུ་མི་ལེན་པ་དེ་མེད་དོ། །འདུད་པ་གང་ཉམས་སུ་མི་ལེན་པ་དེ་མེད་དོ ་ལུས་ཀྱི་གནོད་པ་གང་ཉམས་སུ་མི་ལེན་པ་མེད་དོ། །དེ་ནི་ཚིག་བཞི་པའི་ཚིགས་སུ་བཅད་པའི་གཅིག་ཐོས་པས་ཀྱང་ཆེས་དགའ་བར་འགྱུར་གྱིས། སྟོང་གསུམ་པོ་གང་པ་དང་མཉམ་པའི་རིན་པོ་ཆེའི་ཕུང་པོ་ཆེན་པོས་ནི་དེ་ལྟ་མ་ཡིན་ནོ། །ཡང་དག ་པར་རྫོགས་པའི་སངས་རྒྱས་ཀྱིས་གསུངས་པ་བྱང་ཆུབ་སེམས་དཔའ་ཨི་སྤྱོད་པ་ཡོངས་སུ་དག་པར་བྱེད་པའི་ཆོས་ཀྱི་ཚིག་གཅིག་ཙམ་ཐོས་པས་ནི་ཆོས་དགའ་བར་གྱུར་གྱི་བརྒྱ་བྱིན་ཉིད་དང་ཚངས་པ་ཉིད ་དང། བདུད་ཉིད་དང། འཇིག་རྟེན་སྐྱོང་བ་ཉིད་དང། འཁོར་ལོས་སྒྱུར་བ་ཉིད་ཀྱི་ལུས་ཐོབ་པ་རྣམས་ཀྱིས་ནི་དེ་ལྟ་མ་ཡིན་ནོ། །གལ་ཏེ་དེ་ལ་ལ་ལ་ཞིག་འདི་སྐད་དུ་ཇི་སྟེ་ཁྱེད་མེ་དོང་ཆེན་པོར་བདག་ཉིད་འདོད་བར་བྱེད་དམ། སྡུག་བསྔལ་གྱི ་གནོད་པ་ཆེན་པོ་ཉམས་སུ་ལེན་པར་བྱེད་ན་ནི། འདི་ལྟར་ངས་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་གསུངས་པ་བྱང་ཆུབ་སེམས་དཔའ་ཨི་སྤྱོད་པ་ཡོངས་སུ་དག་པར་བྱེད་པའི་ཆོས་ཀྱི་ཚིག་འདི་ཁྱོད་ལ་བསྒྲགས་སོ་ཞེས་ཟེར་པ་ཐོས་ན་ཡང། ་འདི་སྙམ་དུ་སེམས་ཏེ། བདག་གིས་ཆོས་ཀྱི་ཚིག་འདིའི་ཕྱིར་སྔ་མ་བཞིན་དུ་སྟོང་གསུམ་གྱི་སྟོང་ཆེན་པོ་གང་བ་དང་མཉམ་པའི་མ་དོང་དུ་ཡང་ཚངས་པའི་འཇིག་རྟེན་ནས་བདག་ཉིད་འདོར་བར་སྤྲོ་ན། ངན་དོན་གྱི་ནང་དུ་ལྟ་ཅི་སྨོས ་བདག་གིས་སེམས་ཅན་དམྱལ་པའི་སྡུག་བསྔལ་ལ་གནས་པ་དང་ཡང་བསྔོས་ཏེ། སངས་རྒྱས་ཀྱི་ཆོས་རྣམས་ཡོངས་སུ་བཙལ་དགོས་ན། སྡུག་བསྔལ་གྱི་གནོད་པ་ཕལ་པ་ལྟ་ཅི་སྨོས་ཏེ། དེ་ལྟ་བུའི་བརྩོན་འགྲུས་བརྩམས་པས་ཆོས་རྣམས་ཡོངས་སུ ་བཙལ་ནས། སངས་རྒྱས་ཀྱི་ཆོས་རྣམས་ནི་འདི་ལྟར་ཆོས་ཀྱི་རྗེས་མཐུན་པའི་ཆོས་སྒྲུབ་པ་ལ་བརྟེན་པ་ཡིན་གྱི། ཚིག་འབྲུ་དང་སྒྲ་ཙམ་གྱིས་རྣམ་པར་དག་པ་ནི་མ་ཡིན་ནོ་སྙམ་དུ་དེ་ལྟར་ཚུལ་བཞིན་ཡིད་ལ་བྱེད་དོ། །དེ་ལྟར་རིགས་ནས་ཐོས་པ་དེ་ཉིད་ལ ་བརྟེན་ཏེ། ཆོས་ཀྱི་མཚན་མ་རྣམས་ལ་ཡང་དག་པར་དམིགས་པ་བྱས་ནས། འདོད་པ་རྣམས་ལས་དབེན་པ་ནས། རྒྱས་པར་འཇིག་རྟེན་པའི་བསམ་གཏན་དང་པོ་དང། གཉིས་པ་དང། གསུམ་པ་དང། བཞི་པ་དང། འཇིག་རྟེན་པའི་གཟུགས་མེད་པའི ་སྙོམས་པར་འཇུག་པ་བཞི་དང། ཚད་མེད་པ་བཞི་དང། མངོན་པར་ཤེས་པ་ལྔ་བསྒྲུབས་ཏེ། གནས་སོ། །དེ་དེ་དག་གིས་ལན་མང་དུ་གནས་ཏེ། བསམ་གཏན་དང། རྣམ་པར་ཐར་པ་དང། ཏིང་ངེ་འཛིན་དང། སྙོམས་པར་འཇུག་པ་དེ་དག་ལས་བཟློག ་ནས། སྨོན་ལམ་གྱི་དབང་གིས་འདོད་པའི་ཁམས་གང་དུ་སེམས་ཅན་གྱི་དོན་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་ཡོངས་སུ་རྫོགས་པར་འགྱུར་བ་མཐོང་བ་དེར་སྐྱེ་བར་འགྱུར་ལ། དེ་དེ་དག་གི་དབང་གིས་སྐྱེ་བར་མི་འགྱུར་རོ། །དེ་ནི་འདོད་པའི་འདོད ་ཆགས་དང་བྲལ་བའི་ཕྱིར་འདོད་པའི་འཆིང་བ་རྣམས་སྤྲངས་པ་ཡིན་ལ། བསམ་གཏན་དང། རྣམ་པར་ཐར་པ་དང། ཏིང་ངེ་འཛིན་དང། སྙོམས་པར་འཇུག་པ་ལས་བཟློག་པའི་ཕྱིར་སྲིད་པའི་འཆིང་བ་རྣམས་སྤངས་པ་ཡིན་ནོ། །དེ་ནི་ཐོག་མ ་མོས་པ་སྤྱོད་པའི་ས་ཉིད་ནས། ཆོས་ཀྱི་དེ་བཞིན་ཉིད་ལ་མོས་པའི་ཕྱིར། ལྟ་བ་ལས་གྱུར་པའི་འཆིང་བ་རྣམས་སྤངས་པ་ཡིན་ནོ། །ལོག་པའི་འདོད་ཆགས་དང། ཞེ་སྡང་དང། གཏི་མུག་ནི་དེ་ལ་གཏན་མི་འབྱུང་ངོ། །དེའི་སངས་རྒྱས་མཐོང་བ་ནས་རྒྱས ་པར་དགེ་བའི་རྩ་བ་རྣམ་པར་དག་པ་ནི་སྔ་མ་བཞིན་དུ་རིག་པར་བྱའོ། །དེ་ལ་བྱེ་བྲག?་ནི་འདི་ཡོད་དེ། །དཔེར་ན་གསེར་མ་གར་མཁས་པའི་ལག་ན་ཡོད་པའི་གསར་དེ་ཉིད་དྲི་མ་དང། སྐྱོན་བག་ཀྱང་ཟད་ལ་སྐྱེ་བྲི་མེད་པར་ཚད་མཉམ་པ་དེ་བཞིན། དེའི་དགེ་བའི ་རྩ་བ་དེ་རྣམ་པར་དག་པར་རིག་པར་བྱའོ། །སྐྱེ་བས་ནི་ཕལ་ཆེར་ལྷའི་དབང་པོ་བརྒྱ་བྱིན་དུ་འགྱུར་ཏེ། སེམས་ཅན་རྣམས་ཀྱི་འདོད་པའི་འདོད་ཆགས་བཟློག་པ་ལ་མཁས་པའོ། །མཐུ་ནི་གནས་པ་སྔ་མ་གང་ལ་སྟོང་དུ་བསྟན་པ་དེ་འདིར་འབུམ་དུ་རིག ་པར་བྱའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལྷག་པའི་སེམས་ལ་གནས་པ་འདི་ནི་སེམས་ཀྱི་ཡིད་ལ་བྱེད་པ་འགྲུབ་པ་ལ་འཇུག་པ་དང། འདུ་བྱེད་དང། སེམས་ཅན་གྱི་ཁམས་དང། བྱང་ཆུབ་ཆེན་པོ་ཡང་དག་པར་སོ་སོར་རྟོགས་པ་དང། སེམས་ཅན ་སྡུག་བསྔལ་ལས་རྣམ་པར་ཐར་བར་བྱ་བའི་ཐབས་ཡང་དག་པར་ཡོངས་སུ་ཚོལ་བ་དང། གུས་པ་ཆེན་པོས་ཡོངས་སུ་ཚོལ་བ་དང། ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་ནན་ཏན་དུ་སྒྲུབ་པ་དང། འཇིག་རྟེན་པའི་བསམ་གཏན་དང། རྣམ་པར་ཐར་པ་དང། ཏིང་ངེ ་འཛིན་དང། སྙོམས་པར་འཇུག་པ་དང། མངོན་པར་ཤེས་པ་མངོན་པར་སྒྲུབ་ལ་གནས་པ་དང། དེ་ལས་བཟློག་ནས་སྨོན་ལམ་གྱིས་གང་དུ་འདོད་པར་སྐྱེ་བ་དང། དགེ་བའི་རྩ་བ་རྣམ་པར་དག་པ་དང། སྐྱེ་བ་དང། མཐུ་ལས་མདོར་བསྟན་པར ་རིག་པར་བྱའོ། །རྒྱས་པར་བསྟན་པ་ནི་འདི་ལྟ་སྟེ། ས་བཅུའི་མདོར་འོད་བྱེད་པ་ལས་འབྱུང་བ་བཞིན་ནོ། །ས་དེ་ནི་ཐོས་པའི་རྣམ་པའི་ཆོས་ཀྱི་སྣང་བ་གསལ་བ་དང། ཏིང་ངེ་འཛིན་གྱི་སྣང་བ་གསལ་བས་རབ་ཏུ་ཕྱེ་བའི་ཕྱིར། འོད་འབྱེད་པ་ཞེས་བྱའོ།། ་ནང་གི་སེམས་རྣམ་པར་དག་པ་ལ་བརྟེན་ནས། དེ་འོད་དང་ལྡན་པ་ཡིན་ཏེ། དེ་ལྟ་བས་ན་གནས་པ་དེ་ལྷག་པའི་སེམས་ཞེས་བྱའོ། །གང་གི་དོན་གྱིས་འོད་བྱེད་པའི་ས་ཞེས་བྱ་བའི་དོན་དེ་ཉིད་ཀྱིས་ལྷག་པའི་སེམས་ལ་གནས་པ་ཡིན ་པར་རིག་པར་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པ་དང་ལྡན་པའི་ལྷག་པའི་ཤེས་རབ་ལ་གནས་པ་གང་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་ཐོས་པ་ཡོངས་སུ་བཙལ་བའི་དབང་དུ་བྱས་ནས། ལྷག་པའི ་སེམས་ལ་དབང་དུ་གནས་པ་ལ་ཐོག་མ་ཉིད་དུ་ཆོས་ལ་སྣང་བ་འཇུག་པ་བཅུ་ཐོབ་པ་ཡིན་ཏེ། དེ་དག་ཆེ་བ་དང་ཡོངས་སུ་རྫོགས་པའི་ཕྱིར་ལྷག་པའི་སེམས་ལ་གནས་པ་ལས་འདས་ནས། ལྷག་པའི་ཤེས་རབ་ལ་གནས་པ་དང་པོ་ལ་འཇུག་གོ། ཆོས་ལ ་སྣང་བ་འཇུག་པ་བཅུ་པོ་དེ་དག་ཀྱང་གཞུང་ནི་མདོ་ལས་ཇི་སྐད་དུ་འབྱུང་བ་ཁོ་ན་བཞིན་དུ་རིག་པར་བྱ་སྟེ། གང་དག་འདོགས་པ་དང་གང་དུ་འདོགས་པ་དང་དེ་དག་ཀྱང་དོན་དམ་པར་གང་དང་མཉམ་པ་དང། ཀུན་ནས་ཉོན་མོངས་པ་དང། རྣམ་པར་བྱང ་བས་གང་ཀུན་ནས་ཉོན་མོངས་པ་ཅན་དུ་འགྱུར་བ་དང། རྣམ་པར་དག་པར་འགྱུར་བ་དང། གང་དང་ལྡན་པའི་ཀུན་ནས་ཉོན་མོངས་པས་ཀུན་ནས་ཉོན་མོངས་པ་ཅན་དུ་འགྱུར་བ་དང། རྣམ་པར་དག་པ་བླ་ན་མེད་པ་གང་གིས་རྣམ་པར་དག་པར་འགྱུར་བ་ཞེས་བྱ་བ་འདི་ནི། ཆོས་ལ་སྣང ་བ་བསྟན་པ་དེ་དག་གི་དོན་གྱི་མདོ་ཡིན་པར་རིག་པར་བྱའོ། །གནས་པ་དེ་ལ་གནས་པ་དེ་ནི་མི་ཕྱེད་པའི་བསམ་པ་ལ་སོགས་པ་ཡེ་ཤེས་ཡོངས་སུ་སྨིན་པར་བྱེད་པའི་ཆོས་མདོ་སྡེ་ལས་ཇི་སྐད་འབྱུང་བ་རྣམ་པ་བཅུ་དང་ལྡན་པས་ཡེ་ཤེས་ཡོངས་སུ ་སྨིན་པའི་ཕྱིར། དེའི་བདག་ཉིད་ཀྱི་ཆོས་རབ་ཏུ་ཐོས་པས་དེ་བཞིན་གཤེགས་པའི་རིགས་སུ་རབ་ཏུ་གྲུབ་པ་ཡིན་ནོ། །བྱང་ཆུབ་སེམས་དཔའ་ཨི་ལྟ་བ་རྣམ་པ་ཐམས་ཅད་ཀྱི་དབང་དུ་བྱས་ནས་དྲན་པ་ཉེ་བར་གཞག་པ་ལ་སོགས་པ་བྱང་ཆུབ་ཀྱི་ཕྱོགས ་དང་མཐུན་པའི་ཆོས་སུམ་ཅུ་རྩ་བདུན་མདོ་ཉིད་ལས་འབྱུང་བ་བཞིན་དུ་བསྒོམ་མོ། །དེས་ཆོས་དེ་དག་ཐབས་ཀྱིས་ཡོངས་སུ་ཟིན་པས་སྒོམ་པའི་ཕྱིར། དེ་འཇིགས་ཚོགས་ལ་ལྟ་བ་ཤིན་ཏུ་ཆ་ཕྲ་བ་དང། ཕུང་པོ་དང། ཁམས་དང། སྐྱེ་མཆེད་ལ་སོགས ་པ་ལ་མངོན་བར་ཞེན་པ་དང། གཡོ་བ་ཐམས་ཅད་ཀུན་ཏུ་མི་སྤྱོད་པས་གཏན་དུ་སྤོང་བར་བྱེད་དོ། །དེ་རྣམས་སངས་པས་དེ་བཞིན་གཤེགས་པས་སྨད་པའི་ལས་གང་ཡིན་པ་དེ་དག་ཐམས་ཅད་དུ་མི་སྤྱོད་དོ། །དེ་བཞིན་གཤེགས་པས་བསྔགས ་པ་གང་ཡིན་པ་དེ་དག་ཐམས་ཅད་ལ་ནི་ཇི་ལྟ་བ་བཞིན་དུ་འཇུག་པར་བྱེད་དོ། །དེ་ལྟར་གྱུར་ན་དེ་བས་ཀྱང་ཤས་ཆེར་སེམས་འཇམ་པ་དང། མཉེན་པ་དང། ལས་སུ་རུང་བར་ཡང་འགྱུར་རོ། །དེ་ལྟར་རྣམ་པ་སྣ་ཚོགས་ཀྱིས་སེམས་ཤིན་ཏུ་རྣམ་པར་དག་པར ་གྱུར་ན་བྱས་པ་གཟོ་བ་དང། བྱས་པ་ཚོར་བ་ལ་སོགས་པས་དེའི་བསམ་པ་དང་མཐུན་པའི་དཀར་པོའི་ཆོས་རྣམ་པ་སྣ་ཚོགས་དང་ལྡན་པར་འགྱུར་རོ། །ས་གོང་མ་ཡོངས་སུ་སྦྱོང་བར་བྱེད་པའི་ལས་རྣམས་ཀྱང་ཡང་དག་པར་ཡོངས་སུ་ཚོལ་ཞིང་བརྩོན ་འགྲུས་རྩོམ་པ་ཆེན་པོ་ཐོབ་སྟེ་གནས་སོ། །བཞི་དེས་དེའི་བསམ་པ་དང། ལྷག་པའི་བསམ་པ་དང། མོས་པའི་ཁམས་ཡོངས་སུ་རྫོགས་པར་འགྱུར་རོ། །གཞི་ངེས་ཀྱང་བསྟན་པའི་དགྲར་གྱུར་པ་མུ་སྟེགས་ཅན་དང་བདུད་ཐམས་ཅད་ཀྱིས ་ཀྱང་མི་འཕྲོགས་ཤིང་མི་བསྐྱོད་པར་འགྱུར་རོ། །སངས་རྒྱས་མཐོང་བ་ནས་རྒྱས་པར་དགེ་བའི་རྩ་བ་རྣམ་པར་དག་པ་ནི་སྔ་མ་བཞིན་དུ་རིག་པར་བྱའོ། །དེ་ལ་བྱེ་བྲག་ནི་འདི་ཡོད་དེ། དཔེར་ན་གསེར་དེ་ཉིད་གསེར་མགར་མཁས་པས་རྒྱན་གྱིས་རྣམ ་པར་བྱས་པ་ནི་རྒྱན་དུ་མ་བྱས་པའི་གསེར་རྣམས་ཀྱིས་མི་འཕྲོགས་པ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་དེའི་དགེ་བའི་རྩ་བ་དེ་དག་ནི་དེ་ལས་གཞན་པའི་བྱིས་པའི་གནས་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཨི་དགེ་བའི་རྩ་བ་རྣམས་ཀྱིས ་མི་འཕྲོགས་པ་ཡིན་ནོ། །དཔེར་ན་ནོར་བུ་རིན་པོ་ཆེ་སྣང་བ་རབ་ཏུ་གཏོང་པ་ནི་དེ་མ་ཡིན་པའི་ནོར་བུ་རྣམས་ཀྱིས་མི་འཕྲོགས་ཤིང། རླུང་དང་ཆུ་དང་ཆར་བ་རྣམས་ཀྱིས་འོད་མི་ཆོད་པ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་དེ་ཡང་ཉན་ཐོས་དང་རང་སངས ་རྒྱས་ཐམས་ཅད་ཀྱིས་མི་འཕྲོགས་ཤིང། ཤེས་རབ་ཀྱི་སྣང་བ་ཡང་བདུད་དང་ཕྱིར་རྒོལ་བ་ཐམས་ཅད་ཀྱིས་མི་ཆོད་པ་ཡིན་ནོ། །སྐྱེ་བས་ནི་ལྷའི་རྒྱལ་པོ་རབ་འཐབ་བྲལ་དུ་འགྱུར་ཏེ། སེམས་ཅན་རྣམས་ཀྱི་འཇིག་ཚོགས་ལ་ལྟ་བ་རྣམ་པར་བཟློག་པ་ལ་མཁས་སོ ་མཐུ་ནི་གནས་པ་སྔ་མ་གང་དུ་འབུམ་འགྱུར་དུ་བསྟན་པ་དེ་འདིར་བྱེ་བར་བསྟན་པར་རིག་པར་བྱ་སྟེ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ལྷག་པའི་ཤེས་རབ་ལ་གནས་པ་འདི་ནི་ཆོས་ལ་སྣང་བ་འཇུག་པ་འགྲུབ་པ་ཐོབ་པ་དང། ཡེ ་ཤེས་ཡོངས་སུ་སྨིན་པར་འགྱུར་བ་དང། བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་བསྟེན་པ་དང། འཇིག་ཚོགས་ལ་ལྟ་བ་ལ་སོགས་པ་ལ་མངོན་པར་ཞེན་པ་དང། གཡོ་བ་ཐམས་ཅད་སྤངས་པ་དང། བཀག་པ་དང། གནང་བའི་ལས་རྣམ་པར་སྤོང་བ་དང། ་བསྟེན་པ་དང་གཞི་དེས་སེམས་མཉེན་པར་འགྱུར་བ་དང། དེ་དང་མཐུན་པའི་ཡོན་ཏན་ཡང་དག་པར་འགྲུབ་པ་དང། ས་ཡོངས་སུ་དག་པར་བྱེད་པའི་ལས་ཡོངས་སུ་ཚོལ་བ་ལས་བརྩམས་ཏེ། བརྩོན་འགྲུས་ཆེན་པོ་བརྩམ་པ་དང། གཞི་དེས་བསམ་པ་དང་ལྷག་པའི ་བསམ་པ་དང་མོས་པ་རྣམ་པར་དག་པར་བྱེད་པ་དང། གཞི་དེས་བསྟན་པའི་དགྲ་ཐམས་ཅད་ཀྱིས་མི་འཕྲོགས་པ་དང། དགེ་བའི་རྩ་བ་རྣམ་པར་དག་པ་དང། སྐྱེ་བ་དང་མཐུ་ལས་མདོར་བསྟན་པར་རིག་པར་བྱའོ། །རྒྱས་པར་བསྟན་པ་ནི་ས་བཅུའི་འོད་འཕྲོ་ཅན ་ལས་ཇི་སྐད་བསྟན་པ་བཞིན་ཏེ། ས་དེ་ལ་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་རྣམས་ཡེ་ཤེས་ཀྱི་འོད་འཕྲོ་བར་གྱུར་པ་དང། ཡང་དག་པའི་ཆོས་སྟོན་པས་འཇིག་རྟེན་རྣམས་ལ་ཤེས་རབ་ཀྱི་སྣང་བ་བྱེད་པས་ནི་དེའི་ཕྱིར་ས་དེ་ལ་འོད་འཕྲོ་ཅན་ཞེས་བྱ་སྟེ། དེ་ཉིད ་འདིར་བྱང་ཆུབ་ཀྱི་ཕྱོགས་དང་འཐུན་པའི་ལྷག་པའི་ཤེས་རབ་ཀྱི་གནས་པ་ཞེས་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བདེན་པ་དང་ལྡན་པའི་ལྷག་པའི་ཤེས་རབ་ལ་གནས་པ་གཉིས་གང་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔས་ལྷག་པའི་ཤེས་རབ་ལ་གནས ་པ་སྔ་མ་ལ་རྣམ་པར་དག་པ་ལ་བསམ་པ་མཉམ་པ་ཉིད་བཅུ་ཐོབ་པ་གང་ཡིན་པ་དེ་དག་ཆེ་བའི་ཕྱིར་དང། ཡོངས་སུ་རྫོགས་པའི་ཕྱིར་ལྷག་པའི་ཤེས་རབ་ལ་གནས་པ་གཉིས་པ་ལ་འཇུག་གོ་།རྣམ་པར་དག་པ་ལ་བསམ་པ་ཉིད་བཅུའི་གཞུང་ནི་མདོ་ལས་ཇི་སྐད་འབྱུང་བ་བཞིན ་དུ་རིག་པར་བྱ་སྟེ། སངས་རྒྱས་རྣམས་ནི་མཉམ་པ་མེད་པའི་སངས་རྒྱས་རྣམས་དང། མཉམ་ལ་དེ་མ་ཡིན་པའི་སེམས་ཅན་གྱི་ཁམས་ལས་ཡང་དག་པར་འདས་པ་དང། ཆོས་གང་དག་དང་ཇི་ལྟར་མཉམ་པ་འདི་ནི་རྣམ་པར་དག་པ་ལ་བསམ་པ་ཉིད་རྣམས་ཀྱི་དོན ་གྱི་མདོ་ཡིན་པར་རིག་པར་བྱའོ། །གནས་པ་དེ་ལ་གནས་པ་དེ་ནི་ཕྱིར་ཞིང་ཡེ་ཤེས་ཁྱད་པར་ཅན་འདོད་པས་འཕགས་པའི་བདེན་པ་བཞི་ལ་རྣམ་པ་བཅུར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཏེ། གཞུང་ནི་མདོ་ཉིད་ལས་ཇི་སྐད་འབྱུང་བ་བཞིན་དུ་ཐམས་ཅད་རིག ་པར་བྱའོ། །གཞན་ལ་གོ་བར་བྱེད་པ་དང། སོ་སོ་རང་གིས་ཤེས་པ་དང། དེ་གཉི་གའི་གནས་ལས་བརྩམས་ཏེ་གང་བསྟན་པ་དང། མདོ་སྡེ་དང། འདུལ་བ་དང། མ་མོ་ལས་བརྩམས་ཏེ་གང་གིས་བསྟན་པ་དང། ད་ལྟར་བྱུང་བའི་སྡུག་བསྔལ་གྱི་བདག་ཉིད་དང། རྒྱུ ་ལས་མ་འོངས་པའི་སྡུག་བསྔལ་འབྱུང་བ་དང། རྒྱུ་ཟད་པས་དེ་ཟད་དེ་མི་སྐྱེ་བ་དང། དེ་སྤང་བའི་ཐབས་ལ་བསྟེན་པ་ལས་བརྩམས་ནས་ཇི་ལྟར་བསྟན་པ་སྟེ། དེ་ལྟར་ན་འདི་ནི་འཕགས་པའི་བདེན་པ་བཞི་ཤེས་པ་རྣམ་པ་བཅུའི་དོན་གྱི་མདོ་ཡིན་པར་རིག་པར་བྱའོ། ། ་དེ་ལྟར་བདེན་པ་ལ་མཁས་པ་དེ་ནི་འདུ་བྱེད་དུ་གྱུར་པ་ཐམས་ཅད་ཤེས་རབ་ཀྱིས་ཡང་དག་པར་རྣམ་པར་སུན་འབྱིན་པར་བྱེད་དོ། །སེམས་ཅན་གྱི་ཁམས་ལ་ཡང་སྙིང་རྗེའི་བསམ་པ་རྣམ་པར་འཕེལ་བར་འགྱུར་རོ། །སེམས་ཅན་བྱིས་པའི་ལོག་པར་སྒྲུབ་པ་ཡང ་སྔོན་གྱི་མཛའ་དང་ཕྱི་མའི་མཛའ་ལས་ཡང་དག་པར་རབ་ཏུ་རྟོགས་སོ། །དེ་དག་རྣམ་པར་ཐར་པར་བྱ་བའི་ཕྱིར་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཆེན་པོ་ཡོངས་སུ་བཟུང་བ་ལ་སེམས་ཀྱིས་སྨོན་པར་བྱེད་ཅིང་དེ་ལ་གནས་པའི་བསམ་པ་ཡང ་ཡང་དག་པར་འགྲུབ་བོ། །དྲན་པ་དང། བློ་གྲོས་དང། རྟོགས་པ་ལ་སོགས་པ་ཡོན་ཏན་མང་པོ་རྣམ་པ་སྣ་ཚོགས་པ་དང་ལྡན་པ་དང། ཡིད་ལ་བྱེད་པ་གཞན་དང་བྲལ་བ་དང། ཡོངས་སུ་སྨིན་པར་བྱ་བའི་ཐབས་སྣ་ཚོགས་ཀྱིས་ཀྱང་སེམས་ཅན་རྣམས་ཡོངས་སུ་སྨིན ་པར་བྱེད་དོ། །སེམས་ཅན་རྣམས་ལ་ཕན་འདོགས་པའི་འཇིག་རྟེན་པའི་ཡི་གེ་དང་བསྟན་བཅོས་དང། རྒྱ་དང། རྩིས་དང་ཤོད་ཐབས་ལ་སོགས་པ་བཟོ་དང་ལས་ཀྱི་གནས་མདོ་ལས་ཇི་སྐད་འབྱུང་བ་གང་དག་ཡིན་པ་དེ་དག་ཐམས་ཅད་ཀྱང་སེམས་ཅན ་རྣམས་ལ་འཇིག་རྟེན་པའི་ཐ་སྙད་དང་མཐུན་པར་བྱ་བ་དང་དབུལ་བ་བསལ་བར་བྱ་བ་དང། ཁམས་མ་སྙོམས་པ་དང་མི་དང་མི་མ་ཡིན་པས་བྱས་པའི་གནོད་པ་ཞི་བར་བྱ་བ་དང། ཁ་ན་མ་ཐོ་བ་མེད་པའི་རྩེད་མོ་དང། དགའ་བའི་དངོས་པོ་སྒྲུབ་པས་ཆོས་མ་ཡིན ་པ་ལ་དགའ་བ་ལས་བཟློག་པར་བྱ་བ་དང། ཁྱིམ་གྱི་ཡོ་བྱད་འདོད་པ་རྣམས་ལ་ཚོགས་ཆུང་ངུས་ཁྱིམ་གྱི་ཡོ་བྱད་བསྒྲུབ་པར་བྱ་བ་དང། རྒྱལ་པོ་དང་ཆོམ་རྐུན་ལ་སོགས་པའི་གནོད་པ་ལས་ཡོངས་སུ་བསྐྱབ་པར་བྱ་བ་དང། གནས་དང་གནས་མ་ཡིན་པའི་སྦྱོར ་བ་ལ་གནང་བ་དང་དགག་པར་བྱ་བ་དང། བཀྲ་ཤིས་དང། བཀྲ་མི་ཤིས་པའི་དངོས་པོ་བླང་བ་དང་དོར་བ་ལ་གཟུང?་བ་དང། ཚེ་འདི་ལ་གཅིག་ལ་གཅིག་མི་འཁུབ་དང། ཚེ་ཕྱི་མ་ལ་ཕྱིན་ཅི་མ་ལོག་པའི་མངོན་པར་མཐོ་བའི་ལམ་བསྟན་པ་དང། སྙིང་རྗེ་དང་ལྡན ་བས་མཐར་གྱིས་བྱང་ཆུབ་ལ་དགོད་པར་བྱ་བའི་ཕྱིར་མངོན་པར་སྒྲུབ་པ་སྟེ། དེ་ལྟར་ན་འདི་ནི་སེམས་ཅན་རྣམས་ལ་ཕན་འདོགས་པའི་བཟོ་དང་ལས་ཀྱི་གནས་དེ་དག་གི་དོན་གྱི་མདོ་ཡིན་པར་རིག་པར་བྱའོ། །གཞན་ཐམས་ཅད་ནི་སྔ་མ་བཞིན་ནོ། །དེ་ལ་བྱེ་བྲག ་ནི་འདི་ཡོད་དེ། དཔེར་ན་གསེར་དེ་ཉིད་གསེར་མགར་མཁས་པས་སྡུག་བྱི་དོར་བྱས་པས་སྤྲས་པ་ནི་མཚུངས་པ་མེད་པའི་ཕྱིར་དེ་མ་ཡིན་པའི་གསེར་དག་གིས་མི་འཕྲོགས་སོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་དེ་ཡང་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་དང། དེ་མ ་ཡིན་པའི་ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་མི་འཕྲོགས་པ་ཡིན་ནོ། །དཔེར་ན་ཟླ་བ་དང། ཉི་མ་དང་རྒྱུ་སྐར་རྣམས་ཀྱི་འོད་ནི་རླུང་གི་དཀྱིལ་འཁོར་ཐམས་ཅད་ཀྱིས་མི་འཕྲོགས་ལ་རླུང་དང་འགྲོ་བར་ནི་འདྲའོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་དེའི ་ཤེས་རབ་དེ་ཡང་ཉན་ཐོས་དང་སངས་རྒྱས་ཐམས་ཅད་ཀྱིས་མི་འཕྲོགས་ལ། འཇིག་རྟེན་པའི་བྱ་བ་བྱེད་པར་ནི་འདྲའོ། །སྐྱེ་བས་ནི་ལྷའི་རྒྱལ་པོ་ཡོངས་སུ་དགའ་ལྡན་དུ་འགྱུར་ཏེ། མུ་སྟེགས་ཅན་ཐམས་ཅད་བཟློག་པ་ལ་མཁས་སོ། །མཐུ་ནི་བྱེ་བ་ཕྲག་སྟོང་གི་གྲངས་སུ་བསྟན་པར ་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་བདེན་པ་དང་ལྡན་པའི་ལྷག་པའི་ཤེས་རབ་ལ་གནས་པ་འདི་ནི་རྣམ་པར་དག་པ་ལ་བསམ་པ་ཉིད་དུ་གྲུབ་པ་ལ་འཇུག་པ་དང། ཐབས་དང་བདེན་པ་དཔྱོད་པ་སོ་སོ་རྣམ་པར་འཕེལ་བ་དང། འདུ་བྱེད་རྣམ་པར་སུན་འབྱིན ་ཅིང་སེམས་ཅན་ལ་སྙིང་རྗེ་རྣམ་པར་འཕེལ་བ་དང། དེའི་དོན་དུ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསགས་པའི་སྨོན་ལམ་སྦྱར་བ་དང། དྲན་པ་དང། བློ་གྲོས་དང་རྟོགས་པ་ལ་སོགས་པའི་ཡོན་ཏན་འཕེལ་བ་དང་།གཞན་ཡིད་ལ་ཡི་བྱེད་བ་དང། རྣམ་པ་ཐམས་ཅད་དུ་སེམས ་ཅན་ཡོངས་སུ་སྨིན་པར་བྱ་བ་ལ་བརྩོན་པ་དང། འཇིག་རྟེན་པའི་བཟོ་སྒྲུབ་པ་དང། དགེ་བའི་རྩ་བ་རྣམ་པར་དག་པ་དང། སྐྱེ་བ་དང་མཐུ་ལས་མདོར་བསྟན་པར་རིག་པར་བྱའོ། །རྒྱས་པར་བསྟན་པ་ནི་འདི་ལྟ་སྟེ། ས་བཅུའི་ས་ཤིན་ཏུ་སྤྱད་དཀའ་བ་ལས་འབྱུང་བ་བཞིན་ནོ། །བདེན ་པ་རྣམས་ལ་རྣམ་པར་ངེས་པའི་ཤེས་པ་ནི་ཤིན་ཏུ་སྤྱད་དཀའ་ཞེས་བྱ་སྟེ། འདིར་ཡང་དེ་བསྟན་པས་ན་དེའི་ཕྱིར་ས་དེ་ལ་ཤིན་ཏུ་སྤྱད་དཀའ་ཞེས་བྱ་སྟེ། དོན་དེ་ཉིད་ཀྱིས་བདེན་པ་དང་ལྡན་པའི་ལྷག་པའི་ཤེས་རབ་ལ་གནས་པ་ཡིན་པར་བལྟ་བར་བྱའོ། །དེ་ལ་བྱང་ཆུབ་སེམས་ ་དཔའ་རྣམས་ཀྱི་རྟེན་ཅིང་འབྲེལ་པར་འབྱུང་བ་དང་ལྡན་པའི་ལྷག་པའི་ཤེས་རབ་ལ་གནས་པ་གང་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་བདེན་པ་དང་ལྡན་པའི་ལྷག་པའི་ཤེས་རབ་ལ་གནས་པ་ལ་ཐོག་མ་ཉིད་དུ་ཆོས་མཉམ་པ་ཉིད་བཅུ་ཐོབ་སྟེ། གཞུང ་ནི་མདོ་ལས་ཇི་སྐད་འབྱུང་བ་བཞིན་དུ་རིག་པར་བྱའོ། །དེ་དག་ཆེ་བའི་ཕྱིར་དང་ཡོངས་སུ་རྫོགས་པའི་ཕྱིར་གནས་པ་འདི་ལ་འཇུག་སྟེ། ཆོས་ཐམས་ཅད་ལ་དོན་དམ་པར་ཡོད་པའི་ངོ་བོ་ཉིད་ཀྱི་མཚན་མ་མེད་པའི་མཉམ་པ་ཉིད་དང། བརྗོད་པ་མངོན་པར་འདུ་བྱེད་པ་སྣང་བ ་མཚན་ཉིད་མེད་པའི་མཉམ་པ་ཉིད་དང། དེ་ཉིད་མཚན་ཉིད་མེད་པས་བདག་ཉིད་མ་སྐྱེས་པའི་མཉམ་པ་ཉིད་དང། རྒྱུ་ལས་ཀྱང་མ་སྐྱེས་པའི་མཉམ་པ་ཉིད་དང། རང་དང་རྒྱུ་ལས་ཀྱང་མ་སྐྱེས་པས་གཟོད་མ་ནས་ཤིན་ཏུ་ཞི་བའི་མཉམ་པ་ཉིད་དང། ཡོད་པའི་དངོས་པོ ་འཛིན་པའི་ཤེས་པ་སྤྲོས་པ་མེད་པའི་མཉམ་པ་ཉིད་དང། བླང་བ་དོད་དར་བའི་མངོན་པར་འདུ་བྱེད་པ་བྲལ་བའི་མཉམ་པ་ཉིད་དང། དེ་ཉིད་ཉོན་མོངས་པ་དང་སྡུག་བསྔལ་གྱི་ཀུན་ནས་ཉོན་མོངས་པ་དང་བྲལ་བའི་ཕྱིར་དབེན་པའི་མཉམ་པ་ཉིད་དང། རྩམ་པར་བརྟགས ་པའི་ཤེས་བྱའི་ངོ་བོ་ཉིད་སྒྱུ་མ་དང་སྤྲུལ་པ་ལྟ་བུའི་མཉམ་པ་ཉིད་དང། རྣམ་པར་མི་རྟོགས་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་གྱི་ངོ་བོ་ཉིད་ཀྱི་དངོས་པོ་དང་དངོས་པོ་མེད་པའི་གཉིས་སུ་མེད་པའི་མཉམ་པ་ཉིད་དེ་ནི་ཆོས་མཉམ་པ་ཉིད་བཅུ་པ་དེ་དག་གི་དོན་རྣམ་པར་དབྱེ་བ་ཡིན ་པར་རིག་པར་བྱའོ།། །།བམ་པོ་བཅུ་དགུ་པ། གནས་པ་དེ་ལ་གནས་པ་དེ་བྱང་ཆུབ་ལ་འདུན་པ་དག་པོས་འདོད་པ་སྐྱེས་ཤིང་སེམས་ཅན་རྣམས་ལ་སྙིང་རྗེ་རྒྱས་པས་འཇིག་རྟེན་རྣམས་ཀྱི་འབྱུང་བ་དང། འཇིག་པ་ལ་རྟེན་ཅིང་འབྲེལ་བར་འབྱུང་བའི་ལེགས ་པར་དཔྱོད་པའི་རྣམ་པ་ཐམས་ཅད་ཀྱི་དཔྱོད་པ་བྱེད་ཅིང་རབ་ཏུ་ཤེས་སོ། །རྟེན་ཅིང་འབྲེལ་པར་འབྱུང་བའི་ཤེས་པ་ལ་བརྟེན་ནས་དེའི་རྣམ་པར་ཐར་པའི་སྒོ་གསུམ་པོ་སྟོང་པ་ཉིད་དང། མཚན་མ་མེད་པ་དང། སྨོན་པ་མེད་པ་སྐྱེ་བའོ། །གཞི་དེས་ཀྱང་དེ་ལ ་བདག་དང་གཞན་དང། བྱེད་པ་པོ་དང། ཚོར་བ་པོ་དང། དངོས་པོ་དང། དངོས་པོ་མེད་པའི་འདུ་ཤེས་མི་འབྱུང་ངོ། །དེ་ལྟར་དོན་དམ་པ་ལ་མཁས་པ་དང། སེམས་ཅན་ལ་ལྟ་བ་དེ་ནི་ཉོན་མོངས་པ་དང་ལྡན་པ་དང། རྐྱེན་ཚོགས་པ་ལས་ནི་འདུས་བྱས་རང་བཞིན་གྱིས་ཉམ ་ཆུང་བ་བདག་དང་བདག་གི་དང་བྲལ་ཞིང་ཉེས་པ་དུ་མའི་སྐྱོན་ཆགས་པ་འབྱུང་ལ་ཉོན་མོངས་པ་དང་མི་ལྡན་པ་དང། རྐྱེན་མ་ཚོགས་པ་ལས་ནི་མི་འབྱུང་སྟེ། དེ་བས་ན་བདག་གི་ཉོན་མོངས་པ་དང་ལྡན་པ་དང། རྐྱེན་ཚོགས་པ་ནི་བདག་ཉིད་བསྲུང་བའི་ཕྱིར་ཚོགས ་པར་མི་བྱའོ། །སེམས་ཅན་རྣམས་ལ་ཕན་གདགས་པའི་དོན་དུ་ནི་ཐམས་ཅད་ཀྱི་ཐམས་ཅད་དུ་འདུས་བྱས་རྣམ་པར་ཞི་བར་མི་བྱའོ། །སྙམ་དུ་ཚུལ་བཞིན་དུ་རྟོག་པར་བྱེད་དོ། །དེ་ལྟར་ཡེ་ཤེས་དང་སྙིང་རྗེ་དང་ལྡན་པ་དེ་ནི་གནས་པ་དེ་ལ་ཆགས་པ་མེད་པའི་ཡེ་ཤེས ་ལ་མངོན་དུ་ཕྱོགས་པ་ཞེས་བྱ་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་མངོན་ཏུ་འགྱུར་ཏེ། དེས་ན་དེ་འཇིག་རྟེན་པའི་སྤྱོད་པ་ཐམས་ཅད་ལ་ཆགས་པ་མེད་པར་སྤྱོད་དེ། གནས་པ་དེ་ཡང་ས་བདུན་པ་ལ་སྦྱོར་བ་ལས་བྱུང་བའི་སྤྱོད་པ་མཐར་ཐུག་པའི་བྱང་ཆུབ ་སེམས་དཔའ་ཨི་བཟོད?་པ་རྗེས་སུ་མཐུན་པའི་བཟོད་པ་རྣོན་པོ་གང་ཡིན་པ་དེས་བསྡུས་པར་རིག་པར་བྱའོ། །དེ་ཆགས་པ་མེད་པའི་ཡེ་ཤེས་ལ་མངོན་པར་ཕྱོགས་པ་ཞེས་བྱ་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་མངོན་དུ་གྱུར་པས་བྱང་ཆུབ་འདྲེན་པར་བྱེད་པའི་རྐྱེན ་རྣམས་ཀྱང་འདྲེན་པར་བྱེད་པ་འཇིག་རྟེན་པ་རྣམས་ཀྱི་འདུས་བྱས་ཀྱི་གནས་པས་ཀྱང་གནས་པར་མི་བྱེད་དོ། །རབ་ཏུ་ཞི་བ་ལ་ཡང་ཞི་བར་ལྟ་ལ། དེ་ལ་ཡང་མི་གནས་སོ། །དེ་ལྟར་ཐབས་དང་ཤེས་རབ་ཀྱི་ཡེ་ཤེས་དང་ལྡན་པ་དེ་ལ་ནི་འཇུག་པ་སྟོང་པ་ཉིད་ཀྱི་ཏིང་ངེ ་འཛིན་ལ་སོགས་པ་ཏིང་ངེ་འཛིན་གྱི་སྒོ་འབུམ་ཕྲག་བཅུ་མངོན་དུ་འགྱུར་རོ། །སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ལ་ཇི་ལྟ་བ་བཞིན་དུ་སྨོན་པ་མེད་པ་དང། མཚན་མ་མེད་པའི་ཏིང་ངེ་འཛིན་གཉིས་ལ་ཡང་དེ་དང་འདྲ་བར་རིག་པར་བྱའོ། །དེ་དག་མངོན་དུ་གྱུར་པས་ན་མི ་ཕྱེད་པའི་བསམ་པ་ཅན་དུ་འགྱུར་རོ། །བསྟན་པའི་དགྲ་མུ་སྟེགས་ཅན་དང། བདུད་ཐམས་ཅད་ཀྱིས་ཀྱང་རྣམས་ཐམས་ཅད་དུ་བསྟན་པ་ལས་མི་འཕྲོགས་པར་འགྱུར་རོ། །ལྷག་མ་ནི་སྔ་མ་བཞིན་ནོ། །དེ་ལ་བྱེ་བྲག་ནི་འདི་ཡོད་དེ། དཔེར་ན ་གསེར་དེ་ཉིད་གསེར་མགར་མཁས་པས་ནོར་བུ་རིན་པོ་ཆེ་བེ་ཌཱུརྱ་བྱི་དོར་བྱས་པས་སྤྲས་པ་ནི་དེ་མ་ཡིན་པའི་གསེར་ཐམས་ཅད་ཀྱིས་མི་འཕྲོགས་པ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་དེའི་དགེ་བའི་རྩ་བ་དེ་དག་ཆོས་རྣམ་པར་དག་པ་དང་མི་འཕྲོགས་པར་འགྱུར ་རོ། །སྔ་མ་བཞིན་དུ་དཔེར་ན་ཟླ་བའི་འོད་ནི་སེམས་ཅན་རྣམས་ཀྱི་ལུས་ཀྱང་སིམ་པར་བྱེད་ལ། རླུང་གི་དཀྱིལ་འཁོར་བཞིས་ཀྱང་མི་ཆོད་པ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་དེའི་ཤེས་རབ་ཀྱི་འོད་དེ་ཡང་སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པའི་ཡོངས་སུ་གདུང ་བ་ཐམས་ཅད་ཀྱང་རབ་ཏུ་ཞི་བར་བྱེད་ལ། བདུད་དང་ཕྱིར་རྒོལ་བ་ཐམས་ཅད་ཀྱིས་ཀྱང་མི་ཆོད་པ་ཡིན་ནོ། །སྐྱེ་བས་ནི་ལྷའི་རྒྱལ་པོ་རབ་འཕྲུལ་དུ་འགྱུར་ཏེ། སེམས་ཅན་རྣམས་ཀྱི་མངོན་པའི་ང་རྒྱལ་ཐམས་ཅད་བཟློག་པ་ལ་མཁས་སོ། །མཐུ་ཡང་བྱེ་བ་ཕྲག་འབུམ ་གྱི་གྲངས་སུ་བསྟན་པར་བལྟ་བར་བྱའོ། །རྟེན་ཅིང་འབྲེལ་བར་འབྱུང་བ་དང་ལྡན་པའི་ལྷག་པའི་ཤེས་རབ་ལ་གནས་པ་འདི་ནི་ཆོས་མཉམ་པ་ཉིད་ཡོངས་སུ་གྲུབ་པ་ལ་འཇུག་པ་དང། རྟེན་ཅིང་འབྲེལ་བར་འབྱུང་བ་རྟོགས་པའི་རྣམ་པར་ཐར་པའི་སྒོ་འབྱུང་བ་དང། ལོག ་པའི་འདུ་ཤེས་ཐམས་ཅད་ཀུན་ཏུ་མི་འབྱུང་བ་དང། ཐབས་ཀྱིས་འཁོར་བ་ཡོངས་སུ་འཛིན་པ་དང། ཆགས་པ་མེད་པའི་ཡེ་ཤེས་ལ་མངོན་དུ་ཕྱོགས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་མངོན་དུ་གྱུར་པ་དང། ཏིང་ངེ་འཛིན་ཚད་མེད་པ་འཐོབ་པ ་དང། མི་ཕྱེད་པའི་བསམ་པ་འཐོབ་པ་དང། བསྟན་པ་ལས་མི་འཕྲོགས་པ་དང། དགེ་བའི་རྩ་བ་རྣམ་པར་དག་པ་དང། སྐྱེ་བ་དང་མཐུ་མདོར་བསྟན་པར་རིག་པར་བྱའོ། །རྒྱས་པར་བསྟན་པ་ནི་འདི་ལྟ་སྟེ། ས་མངོན་དུ་གྱུར་པ་ལས་འབྱུང་བ་བཞིན་ནོ། །ཆགས་པ་མེད ་པའི་ཡེ་ཤེས་ལ་མངོན་དུ་ཕྱོགས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་མངོན་དུ་གྱུར་པས་ན་མངོན་དུ་གྱུར་པ་ཞེས་བྱ་སྟེ། དོན་དེ་ཉིད་ཀྱིས་འདི་གནས་པ་ཡིན་པར་རིག་པར་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མཚན་མ་མེད་པ་ལ་གནས ་པ་མངོན་པར་འདུ་བྱེད་པ་དང་བཅས་ཤིང་རྩོལ་བ་དང་བཅས་པ་གང་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔས་ལྷག་པའི་ཤེས་རབ་ལ་གནས་པ་འདས་མ་ཐག་པ་ལ་ཐབས་དང་ཤེས་རབ་ཀྱིས་མངོན་པར་བསྒྲུབས་པ། སེམས་ཅན་ཐམས་ཅད་དང་ཐུན་མོང་མ ་ཡིན་པའི་འཇིག་རྟེན་བ། འཇིག་རྟེན་ཐམས་ཅད་དང་ཐུན་མོང་མ་ཡིན་པའི་ལམ་གཞན་བརྩམས་པའི་ཁྱད་པར་བཅུ་ཐོབ་པར་གྱུར་པ་དེ་དག་ཆེ་བའི་ཕྱིར་དང། ཡོངས་སུ་རྫོགས་པའི་ཕྱིར་གནས་པ་བདུན་པ་ལ་འཇུག་སྟེ། དེ་དག་གི་གཞུང་ནི་རྒྱས་པར་མདོ་ཉིད་ལས་འབྱུང་བ ་བཞིན་དུ་རིག་པར་བྱ་སྟེ། འཇིག་རྟེན་པའི་ཕུན་སུམ་ཚོགས་པ་འགྲུབ་པར་བྱེད་པའི་བསོད་ནམས་ཡོངས་སུ་འཛིན་པ་ལས་བརྩམས་པ་དང། སེམས་ཅན་རྣམས་ལ་ཕན་པ་དང་བདེ་བའི་བསམ་པ་ལས་བརྩམས་པ་དང། བྱང་ཆུབ་ཀྱི་ཕྱིར་བསོད་ནམས་ཀྱི་ཆགས་བྱང་ཆུབ ་ཀྱི་ཕྱོགས་དང་མཐུན་པའི་ཆོས་གོང་ནས་གོང་དུ་ཡར་སྐྱེ་བ་ལས་བརྩམས་པ་དང། ཉན་ཐོས་དང་ཐུན་མོང་མ་ཡིན་པ་ལས་བརྩམས་པ་དང། རང་སངས་རྒྱས་དང་ཐུན་མོང་མ་ཡིན་པ་ལས་བརྩམས་པ་དང། སེམས་ཅན་གྱི་ཁམས་པས་བརྩམས་པ་དང། འཇིག ་རྟེན་གྱི་ཁམས་ལས་བརྩམས་པ་དང། དེ་བཞིན་གཤེགས་པའི་སྐུ་དང། གསུང་དང། ཐུགས་ཤེས་པ་ལས་བརྩམས་ཏེ། དེ་ལྟར་འདི་ནི་ཐབས་དང་ཤེས་རབ་ཀྱིས་བསྒྲུབ་པའི་ལས་གཞན་བརྩམས་པའི་ཁྱད་པར་དེ་དག་གི་དབང་དུ་བྱས་པའི་དོན་གྱི་མདོ་ཡིན ་པར་རིག་པར་བྱའོ། །དེ་དག་དང་ལྡན་པས་དེ་བཞིན་གཤེགས་པའི་ཡུལ་ཚད་མེད་གྲངས་མེད་པ་ཁོང་དུ་ཆུད་པར་འགྱུར་རོ། །དེ་ཡང་དག་པར་བསྐྱེད་པའི་ཕྱིར་ཡང་ལྷུན་གྱིས་གྲུབ་ཅིང་མཚན་མ་མེད་པ་དང། རྟོག་པ་མེད་པ་དང། རྣམ་པར་རྟོག་པ་མེད་པས་སངས་རྒྱས ་ཀྱི་ཡུལ་ཚད་མེད་པ་ཡང་དག་པར་བསྐྱེད་པར་མཐོང་ནས། རྒྱུན་མི་འཆད་པ་དང། བར་ཆད་མེད་པར་སྦྱོར་བར་བྱེད་དོ། །སྤྱོད་ལམ་དང། སྤྱོད་བ་དང། གནས་པ་དང། ཡིད་ལ་བྱེད་པ་ཐམས་ཅད་དང། གནས་སྐབས་ཐམས་ཅད་ན་གནས་པ་དེ ་ལམ་དང་བྲལ་བར་མི་འགྱུར་རོ། །དེ་ནི་སེམས་ཀྱི་སྐད་ཅིག་རེ་རེ་ལ་ཕ་རོལ་ཏུ་ཕྱིན་པ་བཅུ་ལ་སོགས་པ་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་ཐམས་ཅད་ཁྱད་པར་དུ་འཕགས་པར་ཡོངས་སུ་རྫོགས་པར་འགྱུར་རོ། །གནས་པ་གཞན་དག་ལ་ནི་དེ་ལྟ་མ་ཡིན་ཏེ། དང་པོ ་རབ་ཏུ་དགའ་བ་ལ་གནས་པ་ལ་ནི། སྨོན་ལམ་ལ་ལྷག་པར་དམིགས་པ་དང། གཉིས་པ་ལ་ནི་སེམས་ཀྱི་འཆལ་བའི་ཚུལ་ཁྲིམས་ཀྱི་དྲི་མ་སེལ་བ་དང། གསུམ་པ་ལ་ནི་སྨོན་ལམ་རྣམ་པར་འཕེལ་ཞིང། ཆོས་ལ་སྣང་བ་ཐོབ་པ་དང། བཞི་པ་ལ་ནི་ལམ་ལ ་འཇུག་པ་དང། ལྔ་པ་ལ་ནི་འཇིག་རྟེན་པའི་བྱ་བ་ལ་འཇུག་པ་དང། དྲུག་པ་ལ་ནི་ཟབ་མོ་ལ་འཇུག་པ་ཡིན་ལ། གནས་པ་བདུན་པ་འདི་ལ་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡང་དག་པར་སྐྱེས་པས་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ཡོངས་སུ་རྫོགས་པར ་འགྱུར་བའི་ཕྱིར་རོ། །གནས་པ་འདི་ནི་བྱང་ཆུབ་སེམས་དཔའ་ཨི་སྦྱོར་བ་ལས་བྱུང་བའི་སྤྱོད་པ་ཡོངས་སུ་རྫོགས་པས་བསྡུས་པ་དང། ཡེ་ཤེས་དང། མངོན་པར་ཤེས་པ་དང། སྤྱོད་པ་རྣམ་པར་དག་པའི་གནས་པ་བརྒྱད་པ་ལ་འཇུག་པ་ཡིན་ཏེ། འདི་ལྟར་བྱང་ཆུབ ་སེམས་དཔའ་ནི་གནས་པ་འདིའི་མཇུག་ཐོགས་སུ་གནས་པ་བརྒྱད་པ་ལ་འཇུག་ཅིང། །གནས་པ་དེ་ནི་གཅིག་ཏུ་ངེས་པར་གནས་པར་དག་པ་ཡིན་པའི་ཕྱིར་རོ། །གནས་པ་བདུན་པོ་འདི་དག་ནི་འདྲེན་པ་ཡིན་ཏེ། གནས་པ་རྣམ་པར་དག་པའི་སྔོན་དུ་འགྲོ་བའི་ཕྱིར ་ནི་ཀུན་ནས་ཉོན་མོངས་པ་ཅན་མ་ཡིན་ལ། དེ་མ་ཐོབ་པའི་ཕྱིར་ནི་ཀུན་ནས་ཉོན་མོངས་པ་ཅན་གྱི་སྤྱོད་པར་གཏོགས་པར་བརྗོད་དོ། །གནས་པ་དེ་དག་ལ་དེའི་འདོད་ཆགས་ལ་སོགས་པ་ཉོན་མོངས་པ་ཐམས་ཅད་སྤོང་བར་འགྱུར་ཏེ། དེ་ནི་ཉོན་མོངས་པ་དང་བཅས་པ ་ཡང་མ་ཡིན་ལ། ཉོན་མོངས་པ་མེད་པ་ཡང་མ་ཡིན་པར་རིག་པར་བྱ་སྟེ། ཀུན་ཏུ་མི་སྤྱོད་པ་དང། སངས་རྒྱས་ཀྱི་ཡེ་ཤེས་འདོད་པའི་ཕྱིར་རོ། །དེ་ལྟར་གྱུར་པ་དེ་ནི་ལྷག་པའི་བསམ་པ་ཡོངས་སུ་དག་ཅིང། ལུས་དང་ངག་དང་ཡིད་ཀྱི་ལས་ཚད་མེད་པར་འཇུག་གོ་།དེ་ལས་གང ་དག་དེ་བཞིན་གཤེགས་པས་མི་བསྔགས་པ་རྣམས་ནི་སྔ་མ་བཞིན་ནོ། །དེའི་གནས་པ་ལྔ་བར་འཇིག་རྟེན་པའི་བཟོ་ཤེས་པ་མངོན་པར་སྒྲུབ་པ་རྣམས་ནི་འདིར་ཡོངས་སུ་རྫོགས་པར་འགྱུར་རོ། །སྟོང་གསུམ་གྱི་སྟོང་ཆེན་པོ་ན་གནས་པ་གོང་མ་ལ་གནས་པའི་བྱང་ཆུབ ་སེམས་དཔའ་རྣམས་དང། དེ་བཞིན་གཤེགས་པ་རྣམས་མ་གཏོགས་པས་སློབ་དཔོན་དུ་བཀུར་བར་འགྱུར་རོ། །ལྷག་པའི་བསམ་པ་དང་སྦྱོར་བ་མཚུངས་པ་འགའ་ཡང་མེད་དོ། །བསམ་གཏན་ལ་སོགས་པ་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་རྣམས་བསྒོམ་པའི ་རྣམ་པས་མངོན་དུ་གྱུར་པས་མངོན་དུ་འགྱུར་ཏེ། གནས་པ་བརྒྱད་པ་ལ་ཇི་ལྟ་བ་བཞིན་དུ་རྣམ་པར་སྨིན་པས་གནས་པ་ནི་མ་ཡིན་ནོ། །དེ་ལྟར་ཞུགས་པ་དེ་ནི་བྱང་ཆུབ་སེམས་དཔའ་ཨི་ཏིང་ངེ་འཛིན་རྣམ་པར་འབྱེད་པ་ཤིན་ཏུ་རྣམ་པར་ཕྱེ་བའི་ཏིང་ངེ་འཛིན་ལ་སོགས ་པའི་ཏིང་ངེ་འཛིན་འབུམ་ཕྲག་བཅུ་མངོན་པར་སྒྲུབ། དེ་དག་ཐོབ་པས་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཏིང་ངེ་འཛིན་གྱི་ཡུལ་ལས་ཡང་དག་པར་འདས་པར་འགྱུར་རོ། །དེ་དེ་ལྟར་ལུས་དང་ངག་དང་ཡིད་ཀྱི་ལས་ཉོན་མོངས་པ་ཐམས་ཅད་ལས་དབེན་པ་རྟོགས་པར ་དཀའ་བ། རྣམ་པར་རྟོག་པའི་སྤྱོད་པ་ཐམས་ཅད་དང་བྲལ་བས་གནས་ལ་སེམས་ཅན་ལ་ལྟ་བ་དང། བྱང་ཆུབ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་གོང་དུ་ཁྱད་པར་ཡོངས་སུ་ཚོལ་བ་ལ་མངོན་པར་བརྩོན་པ་ཡང་མི་གཏོང་ངོ། །དེའི་ལུས་དང་ངག་དང་ཡིད་ཀྱི་ལས་མཚན ་མ་ཐམས་ཅད་དང་བྲལ་བ་ཤིན་ཏུ་ཡོངས་སུ་སྦྱངས་པ་མི་སྐྱེ་བའི་ཆོས་ལ་བཟོད་པ་སྣང་བར་གྱུར་པ་ཚད་མེད་པ་འབྱུང་བར་འགྱུར་རོ། །གནས་པ་འདི་ལ་ནི་རང་གི་བློའི་ཡུལ་ཡིན་པས་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཡུལ་ཐམས་ཅད་ལས་ཡང་དག་པར་འདས་པ ་ཡིན་ཏེ། དེ་མ་ཡིན་པ་དྲུག་པོ་དག་ལ་ནི་སངས་རྒྱས་ཀྱི་ཆོས་ལ་ལྷག་པར་དམིགས་པས་ཡིན་ནོ། །གནས་པ་དྲུག་པ་ལ་ནི་བྱང་ཆུབ་སེམས་དཔའ་འགོག་པ་ལ་སྙོམས་པར་འཇུག་གོ་།འདི་ལ་ཇི་སྐད་ཅིག་རེ་རེ་ལ་སྙོམས་པར་འཇུག ་ཡང་དག་པའི་མཛའ་ལ་གནས་པས་ཀྱང་གནས་པར་བྱེད། འགོག་པ་ཡང་མངོན་དུ་མི་བྱེད་པ་གང་ཡིན་པ་འདི་ནི་དེའི་ཤིན་ཏུ་སྨད་དུ་བྱུང་བའི་ཆོས་བསམ་གྱིས་མི་ཁྱབ་པའོ། །དེ་ཐོབ་པས་དང་ཡེ་ཤེས་མངོན་པར་སྒྲུབ་པ་དེ་ཉིད་ཀྱི་དབང་དུ་བྱས་ནས། བྱང་ཆུབ ་སེམས་དཔའ་ཨི་སྤྱོད་པ་སེམས་ཅན་ཐམས་ཅད་དང་ཐུན་མོང་མ་ཡིན་ལ། འཇིག་རྟེན་པར་ཡང་སྣང་ཞིང། དེའི་རང་བཞིན་ཡང་མ་ཡིན་པ་སྤྱད་དེ། མོད?་ཉིད་ལས་ཇི་སྐད་འབྱུང་བ་བཞིན་ནོ། །དེའི་བསྡུས་པའི་དོན་ན་བསོད་ནམས་བྱ་བ་ལས་བརྩམས་པ་དང་ཆུང་མ ་དང་འཁོར་ཡོངས་སུ་འཛིན་པ་དང་མངོན་པར་གྲུབ་པའི་ཁྱད་པར་འདོད་པ་ཡང་དག་པར་བརྩམས་པ་དང། རྣམ་པར་ཐར་པ་གསུམ་ལ་གནས་པ་དང། ཐེག་པ་དམན་པ་ལ་མོས་པ་ཐབས་ཀྱིས་འདུལ་བ་དང། འདོད་པ་ཡོངས་སུ་སྤྱོད་པ་དང། འདོད་པའི་ཁྱད་པར་དོན་དུ་གཉེར ་པ་དང། མུ་སྟེགས་ཅན་བཟློག་པ་དང། གཞན་གྱི་སེམས་དང་མཐུན་པར་འཇུག་པ་དང། སྐྱེ་བོའི་ཚོགས་ཆེན་པོ་དང་མཐུན་པར་འཇུག་པ་ལས་བརྩམས་པའོ། །ལྷག་མ་ནི་སྔ་མ་བཞིན་ནོ། །དེ་ལ་བྱེ་བྲག་ནི་འདི་ཡོད་དེ། དཔེར་ན་གསེར་དེ་ཉིད་གསེར་མ་གང་མཁས་པ ་ནོར་བུ་རིན་པོ་ཆེ་ཕྱི་དོར་བྱས་པ་ཐམས་ཅད་ཀྱིས་སྤྲས་པ་ནི་ཤིན་ཏུ་མཛེས་ལ་དེ་མ་ཡིན་པ་འཛམ་བུའི་གླིང་པའི་རྒྱན་ཐམས་ཅད་ཀྱིས་ཀྱང་མི་འཕྲོགས་པ་དེ་བཞིན་དུ། དེའི་དགེ་བའི་རྩ་བ་དེ་དག་ཆེས་རྣམ་པར་དག་ལ་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱི ་དགེ་བའི་རྩ་བ་རྣམས་དང། དེ་མ་ཡིན་པ་གནས་ཆོས་དམའ་བ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཨི་དགེ་བའི་རྩ་བ་རྣམས་ཀྱིས་ཀྱང་མི་འཕོགས་པ་ཡིན། །དཔེར་ན་ཉི་མའི་འོད་ཀྱིས་ནི་འཛམ་བུའི་གླིང་གི་རླན་ཕལ་ཆེར་ཡོངས་སུ་སྐེམས་པར་བྱེད་ལ། དེ་མ་ཡིན ་བའི་འོད་ཐམས་ཅད་ཀྱིས་ཀྱང་མི་འཕྲོགས་པ་དེ་བཞིན་དུ། བྱང་ཆུབ་སེམས་དཔའ་དེའི་ཤེས་རབ་ཀྱིས་འོད་ཀྱིས་ནི་སེམས་ཅན་རྣམས་ཀྱི་ཉོན་མོངས་པའི་སྡུག་བསྔལ་ཐམས་ཅད་སྐེམས་པར་བྱེད་ལ། སྔ་མ་བཞིན་དུ་ཉན་ཐོས་ལ་སོགས་པའི་ཤེས་རབ་ཀྱི་འོད ་རྣམས་ཀྱིས་ཀྱང་མི་འཕྲོགས་པ་ཡིན་ནོ། །སྐྱེ་བས་ནི་ལྟའི་རྒྱལ་པོ་དབང་བྱེད་དུ་འགྱུར་ཏེ། ཉན་ཐོས་དང་རང་སངས་རྒྱས་ཀྱི་མངོན་པར་རྟོགས་པ་སྒྲུབ་པ་རྣམས་ལ་མཁས་སོ། །མཐུ་ནི་བྱེ་བ་ཁྲག་ཁྲིག་འབུམ་གྱི་གྲངས་སུ་བསྟན་པར་རིག་པར་བྱ་སྟེ། མཚན་མ་མེད་པ་ལ ་གནས་པ་ལ་རྩོལ་བ་དང་བཅས་པ་འདི་ནི་ཐབས་དང་ཤེས་རབ་ཀྱིས་མངོན་པར་བསྒྲུབ་པའི་ལམ་གཞན་བརྩམས་པའི་ཁྱད་པར་འགྲུབ་པ་ལ་འཇུག་པ་དང། དེ་བཞིན་གཤེགས་པའི་ཡུལ་ཡང་དག་པར་སྐྱེད་པ་ཁོང་དུ་ཆུད་པ་ལ་རྒྱུན་དུ་སྦྱོར་བ་དང། སྐད་ཅིག ་རེ་རེ་ལ་བྱང་ཆུབ་ཀྱི་ཕྱོགས་དང། མཐུན་པའི་ཆོས་ཐམས་ཅད་ཡང་དག་པར་འགྲུབ་པར་བྱེད་པ་དང། ཉོན་མོངས་པ་ཅན་དང་ཉོན་མོངས་པ་ཅན་མ་ཡིན་པར་རྣམ་པར་གཞག་པ་དང། སྤྱོད་པ་ལས་བྱུང་བའི་སྤྱོད་པ་ཡོངས་སུ་རྫོགས་པར་བསྡུས་པ་དང། བསམ ་པ་དག་པའི་ས་ལ་འཇུག་པའི་དབང་དུ་བྱས་པ་དང། འཇིག་རྟེན་པའི་བཟོ་དང་ལས་ལ་སོགས་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པ་དང། ཉན་ཐོས་དང་རང་སངས་རྒྱས་དང་ཐུན་མོང་མ་ཡིན་པའི་ཏིང་ངེ་འཛིན་དཔག་ཏུ་མེད་པ་འཐོབ་པ་དང། སྐད་ཅིག་རེ་རེ་ལ ་འགོག་པ་ལ་སྙོམས་པར་འཇུག་པ་དང། སེམས་ཅན་ཐམས་ཅད་དང་ཐུན་མོང་མ་ཡིན་པའི་འཇིག་རྟེན་པའི་སྤྱད་པ་སྤྱོད་པ་དང། དགེ་བའི་རྩ་བ་རྣམ་པར་དག་པ་དང། སྐྱེ་བ་དང་མཐུ་ལས་མདོར་བསྟན་པར་རིག་པར་བྱའོ། །རྒྱས་པར་ནི་སྔ་མ་བཞིན་དུ་འདི་ལྟ་སྟེ། ་ས་རིང་དུ་སོང་བ་ལས་འབྱུང་བ་བཞིན་ནོ། །བྱང་ཆུབ་སེམས་དཔའ་ཨི་སྦྱོར་བ་ལས་བྱུང་བའི་སྤྱོད་པ་ཡོངས་སུ་རྫོགས་པས་བསྡུས་པའི་ཕྱིར་རིང་དུ་སོང་བ་ཞེས་བྱ་སྟེ། དོན་དེ་ཉིད་ཀྱིས་གནས་པ་ཡིན་པར་རིག་པར་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་མཚན ་མ་མེད་པ་ལ་གནས་པ་ལྷུན་གྱིས་གྲུབ་པ་གང་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔས་གནས་པ་སྔ་མ་འདས་མ་ཐེག་པ་ལ་ཆོས་ཐམས་ཅད་ཀྱི་དོན་དམ་པ་ལ་འཇུག་པའི་ཡེ་ཤེས་རྣམ་པ་བཅུ་ཐོབ་སྟེ། དུས་གསུམ་དུ་ཅི་རིགས་པར་གཟེད? ་མ་ནས་མ་བྱུང་བ་དང། མ་སྐྱེས་པ་དང། མཚན་ཉིད་མེད་པ་ལས་བརྩམས་པ་དང། དེ་མ་ཡིན་པའི་རྒྱུའི་དངོས་པོ་འབྱུང་བ་མེད་ཅིང་རྣམ་པར་འཇིག་པ་མེད་པ་ལས་བརྩམས་པ་དང། དོན་དམ་པར་བརྗོད་དུ་མེད་པའི་ངོ་བོ་ཉིད་ཀྱི་དངོས་པོ་ལ་བརྗོད་པ་མངོན་པར ་འདུ་བྱེད་བ་སྣང་བའི་ངོ་བོ་ཉིད་མཚན་ཉིད་དང་རྒྱུའི་དངོས་པོ་མེད་པ་དང། ཀུན་ནས་ཉོན་མོངས་པའི་བདག་ཉིད་དུ་འཇུག་པ་ཡང་མེད་ལ། ལྡོག་པ་ཡང་མེད་པ་ལས་བརྩམས་པ་དང། ཡོད་པའི་དངོས་པོ་བརྗོད་དུ་མེད་པ་དེ་ལ་དེ་མ་ཤེས་པ་ལོག་པར་མངོན་པར་ཞེན་པའི ་རྒྱུ་ལས་བྱུང་བའི་ཀུན་ནས་ཉོན་མོངས་པ་ཐོག་མ་དང། བར་དང། ཐ་མའི་དུས་ཐམས་ཅད་དུ་མཉམ་པ་ཉིད་ལས་བརྩམས་པ་དང། དེ་བཞིན་ཉིད་ལ་ཡང་དག་པར་ཞུགས་པ་རྣམ་པར་མི་རྟོག་པའི་མཉམ་པ་ཉིད་ཀྱིས་ཀུན་ནས་ཉོན་མོངས་པ་དེ་བསལ་བ ་ལས་བརྩམས་པ་སྟེ། དེ་ལྟར་དེའི་ཡེ་ཤེས་རྣམ་པ་བཅུ་ཆེ་བའི་ཕྱིར་དང། ཡོངས་སུ་རྫོགས་པའི་ཕྱིར་གནས་བརྒྱད་པ་ཡོངས་སུ་དག་པ་འདི་ལ་འཇུག་སྟེ། འདི་ལ་གནས་པ་ནི་མི་སྐྱེ་བའི་ཆོས་ལ་བྱང་ཆུབ་སེམས་དཔའ་ཨི་བཟོད་པ་མཆོག་ཤིན་ཏུ་རྣམ་པར་དག་པ ་འཐོབ་པར་འགྱུར་རོ། །གང་ཞེ་ན་བྱང་ཆུབ་སེམས་དཔའ་དེས་ཡོངས་སུ་ཚལ?་བ་རྣམས་བཞིས་ཆོས་ཐམས་ཅད་ཡོངས་སུ་བཙལ་ནས། གང་གི་ཚེ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པ་བཞིས་ཡོངས་སུ་ཤེས་པ་དེའི་ཚེ?། ལོག་པར་རྟོག་པ་ལ་མངོན་པར ་ཞེན་པ་ཐམས་ཅད་བསལ་བ་ན། ཚེ་འདི་ལ་ཡང་ཆོས་ཐམས་ཅད་ཀྱི་ཀུན་ནས་ཉོན་མོངས་པ་ཐམས་ཅད་མི་སྐྱེ་བ་དང་མཐུན་པར་མཐོང་ལ། ཚེ་ཕྱི་མ་ལ་ཡང་སྔོན་གྱི་ལོག་པར་རྣམ་པར་རྟོག་པ་ལ་མངོན་པར་ཞེན་པའི་རྒྱུ་ལས་ཡང་དག་པར་སྐྱེས་པའི་ཆོས་དེ་དག་ཉིད ་མ་ལུས་པར་ཐམས་ཅད་ཀྱི་ཐམས་ཅད་དུ་མི་སྐྱེ་བར་མཐོང་ངོ། །ཡོངས་སུ་ཚོལ?་བ་བཞི་པོ་དེ་དག་དང། ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པ་བཞི་པོ་དག་ནི་དེ་ཁོ་ནའི་དོན་གྱི་ལེའུ་ལས་སྔར་ཇི་སྐད་བསྟན་པ་བཞིན་ཏེ། དེ་དག་མོས་པས་སྤྱོད་པ་ལ ་གནས་པ་ཡན་ཆད་མཚན་མ་མེད་པ་ལ་གནས་པ་རྩོལ་བ་དང་བཅས་པའི་བར་དུ་ནི་ཤིན་ཏུ་རྣམ་པར་དག་པ་མ་ཡིན་ནོ། །གནས་པ་འདི་ལ་ནི་ཡོངས་སུ་དག་པ་ཡིན་ཏེ། དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་དེ་ནི་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ་ཞེས་བྱའོ།། ་དེས་བཟོད་པ་དེ་ཐོབ་པས་བྱང་ཆུབ་སེམས་དཔའ་གནས་པ་ཟབ་མོ་ཐོབ་པ་ཡིན་ཏེ། མཚན་མ་མེད་པ་ལ་གནས་པ་སྔ་མ་ལ་དེའི་སྐྱོན་རྣམ་པ་བཞི་པོ་གང་ཡིན་པ་དེ་དག་ཀྱང་སྤངས་པ་ཡིན་ཏེ། རྩོལ་བའི་མངོན་བར་འདུ་བྱེད་པ་གང་ཡིན་པ་དེ་ཡང་སྤངས་པ་ཡིན། རྣམ་པར ་དག་པའི་གནས་པ་གོང་མ་ལ་སྙིང་ལས་སུ་གྱུར་པ་ཡང་སྤངས་པ་ཡིན། རྣམ་པ་ཐམས་ཅད་དུ་སེམས་ཅན་གྱི་དོན་བྱ་ནུས་པ་ལ་སྙིང་ལས་སུ་འགྱུར་བ་ཡང་སྤངས་པ་ཡིན། འདུ་ཤེས་ཕྲ་མོ་ཀུན་ཏུ་འབྱུང་བ་ཡང་སྤངས་པ་ཡིན་ཏེ། དེ་ལྟ་བས་ན་གནས་པ་དེ་ཤིན་ཏུ་ཡོངས ་སུ་དག་པ་ཞེས་བྱའོ། །ཟབ་མོའི་གནས་པ་དེ་ལ་མངོན་པར་དགའ་བ་དེའི་ཆོས་ཀྱི་སྒོའི་རྒྱུན་དེ་ལ་དེ་བཞིན་གཤེགས་པས་བསྐུལ་བ་དང། ཡང་དག་པར་འཛིན་དུ་འཇུག་པ་པ་དང། མངོན་པར་སྒྲུབ་པའི་སྒོ་དང། ཡེ་ཤེས་དང། མངོན་པར་ཤེས་པའི་ལས་དཔག་ཏུ ་མེད་པ་དེ་ཉེ་བར་སྒྲུབ་སྟེ། དེ་ལྟར་བསྐུལ་བས་ལུས་རྣམ་པར་དབྱེ་བ་ཤེས་པ་ཚད་མེད་པ་མངོན་པར་བསྒྲུབ་པ་དང། དབང་བཅུ་ཡང་ཐོབ་པར་འགྱུར་ཏེ། རྒྱས་པར་མདོ་ཉིད་ལས་ཇི་སྐད་འབྱུང་བ་བཞིན་དུ་རིག་པར་བྱའོ། །དབང་ཐོབ་པ་དེ་ནི་ཇི་སྲིད་དུ་འདོད་པ་དེ་སྲིད་དུ་གནས ་པར་འགྱུར་རོ། །བསམ་གཏན་དང། རྣམ་པར་ཐར་པ་ལ་སོགས་པ་སེམས་ཀྱི་གནས་པ་གང་གིས་གནས་པར་འདོད་པ་དེས་གནས་པར་བྱེད་དོ། །བསམ་པ་ཅེམ?་གྱི་མོད་ལ་དེའི་ཁ་ཟས་ལ་སོགས་པ་ཡོ་བྱད་ཐམས་ཅད་འགྲུབ་པར་འགྱུར་རོ། །བཟོ་དང་ལས་ཀྱི་གནས ་ཐམས་ཅད་ལ་ཡང་དེ་ཇི་ལྟར་འདོད་པ་བཞིན་དུ་སྤྱོད་པར་འགྱུར་རོ། །སྐྱེ་བར་འགྱུར་བའི་ལས་ཐམས་ཅད་དང། སྐྱེ་བའི་གནས་ཐམས་ཅད་ལ་ཡང་དེ་དགའ་མགུར?་སྐྱེ་བར་འགྱུར་རོ། །རྫུ་འཕྲུལ་གྱི་བྱ་བ་ཐམས་ཅད་ཀྱང། ཇི་ལྟར་འདོད་པ ་བཞིན་དུ་བྱེད་དོ། །དེའི་སྨོན་ལམ་ཐམས་ཅད་ཇི་ལྟར་འདོད་པ་བཞིན་དུ་འགྲུབ་བོ། །དངོས་པོ་གང་དང་གང་ལ་ཇི་ལྟར་མོས་པ་དེ་ཡང་དེ་ཁོ་ན་བཞིན་དུ་འགྱུར་གྱི་གཞན་དུ་མ་ཡིན་ནོ། །ཤེས་བྱ་གང་ཤེས་པར་འདོད་པ་དེ་ལ་ཡང་ཇི་ལྟ་བ་བཞིན་དུ་ཤེས་སོ། །མིང་གི ་ཚོགས་དང། ཚིག་གི་ཚོགས་དང། ཡི་གེའི་ཚོགས་རྣམས་ཀྱང་ཇི་ལྟར་འདོད་པ་བཞིན་ཐོབ་པར་འགྱུར་རོ། །ཆོས་ཐམས་ཅད་ཡང་དག་པར་རྣམ་པར་གཞག་པ་ལ་ཡང་མཁས་ཏེ། བྱང་ཆུབ་སེམས་དཔའ་དེ་ལྟར་དབང་ཐོབ་པ་དེའི་དབང་ཐོབ་པ་ལས་བྱུང་བའི་ཕན ་ཡོན་གཞན་ནི་རྒྱས་བར་མདོ་ཉིད་ལས་འབྱུང་བ་བཞིན་དུ་རིག་པར་བྱའོ། །སངས་རྒྱས་མཐོང་བ་རགས་པ་ཡང་སྤངས་ནས། རྟག་ཏུ་རྒྱུན་མི་འཆད་པར་སངས་རྒྱས་མཐོང་བ་དང་མི་འབྲལ་ལོ། །ལྷག་མ་དགེ་བའི་རྩ་བ་རྣམ་པར་དག་པ་ནི་གསེར་གྱི་དཔེ་དང་འོད་ཀྱི་དཔེ ་དང་བཅས་ཏེ། མདོ་ལས་ཇི་སྐད་འབྱུང་བ་བཞིན་དུ་རིག་པར་བྱའོ། །གནས་པ་དེ་ལ་བྱང་ཆུབ་སེམས་དཔའ་དེའི་སྐྱེ་བ་དང། མཐུའི་ཁྱད་པར་ཡང་མདོ་ཉིད་ལས་ཇི་སྐད་འབྱུང་བ་བཞིན་དུ་རིག་པར་བྱའོ། །མཚན་མ་མེད་པ་ལ་གནས་པ་ལྷུན་གྱིས་གྲུབ་པ་འདི་ནི་དོན ་དམ་པ་ལ་འཇུག་པའི་ཡེ་ཤེས་འགྲུབ་པ་ལ་འཇུག་པ་དང། མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ་དང། བྱང་ཆུབ་སེམས་དཔའ་ཨི་གནས་པ་སྐྱོན་ཐམས་ཅད་དང་བྲལ་བ་ཟབ་པ་ཐོབ་པ་དང། ཆོས་ཀྱི་སྒོའི་རྒྱུན་ལས་སངས་རྒྱས་རྣམས་ཀྱིས་མངོན་པར་སྒྲུབ་པའི་སྒོ ་དང། ཡེ་ཤེས་དང་མངོན་པར་ཤེས་པའི་ལས་དཔག་ཏུ་མེད་པ་ཉེ་བར་སྒྲུབ་པ་དང། ལུས་རྣམ་པར་དབྱེ་བ་ཤེས་པ་ཚད་མེད་པ་ལ་འཇུག་པ་དང་དབང་ཐོབ་པ་དང། དབང་གིས་ཕན་ཡོན་སོ་སོར་ཉམས་སུ་མྱོང་བ་དང། དགེ་བའི་རྩ་བ་རྣམ་པར་དག་པ་དང། སྐྱེ་བ་དང། ་མཐུ་ལས་མདོར་བསྟན་པར་རིག་པར་བྱའོ། །རྒྱས་པར་བསྟན་པ་ནི་འདི་ལྟ་སྟེ། མདོའི་ས་མི་གཡོ་བ་ལས་ཇི་སྐད་བསྟན་པ་བཞིན་ཏེ། སྔ་མའི་མངོན་པར་འདུ་བྱེད་པ་དང་བྲལ་བའི་ཕྱིར། ས་དེ་ལ་སེམས་དེ་ལྷུན་གྱིས་གྲུབ་ཅིང་མི་གཡོ་བར་འཇུག་པའི་ལམ་ལ་ཡང ་དག་པར་ཞུགས་པ་འབྱུང་ངོ། །དེ་ལྟ་བས་ན་ས་དེ་ལ་མི་གཡོ་བ་ཞེས་བྱ་སྟེ། དོན་དེ་ཉིད་ཀྱིས་འདི་གནས་པ་ཡིན་པར་བལྟ་བར་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སོ་སོ་ཡང་དག་པར་རིག་པ་ལ་གནས་པ་གང་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་ ་ནི་གནས་པ་ཟབ་མོ་དེས་ཀྱང་ཚོག་པར་མི་འཛིན་ཏེ། གོང་དུ་ཡེ་ཤེས་ཁྱད་པར་དུ་འཕགས་པའི་རྗེས་སུ་འགྲོ་ལ། ཆོས་ཤེས་པ་མངོན་པར་འདུ་བྱེད་པ་གང་དག་གིས་བྱང་ཆུབ་སེམས་དཔས་གཞན་དག་ལ། ཆོས་ཀྱི་རྣམ་པ་ཐམས་ཅད་བསྟན་པར་བྱ་བ ་དང། ཆོས་བསྟན་པའི་བྱ་བ་གང་ཡིན་པ་དེ་དག་ཐམས་ཅད་ཀྱང་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །དེ་ལ་ཆོས་ཡང་དག་པར་བསྟན་པའི་བྱ་བ་ནི་འདི་ཡིན་ཏེ། ཐིབས་པོ་རྒྱུ་བ་དག་ལ་གང་དག་ཀུན་ནས་ཉོན་མོངས་པར་འགྱུར་བ་དང། རྣམ་པར་དག ་པར་འགྱུར་བ་དང། གང་གིས་ཀུན་ནས་ཉོན་མོངས་པར་འགྱུར་བ་དང། གང་གིས་རྣམ་པར་དག་པར་འགྱུར་བ་དང། ཀུན་ནས་ཉོན་མོངས་པ་དང། རྣམ་པར་བྱང་བ་གང་ཡིན་པ་དང། དེའི་གཅིག་ཏུ་མ་ངེས་པ་གང་ཡིན་པ་དང། དེའི་གཅིག་ཏུ་ངེས་པ་གང ་ཡིན་པ་དང། དེའི་གཅིག་ཏུ་ངེས་པ་དང། གཅིག་ཏུ་མ་ངེས་པ་གང་ཡིན་པ་དེ་ཡང་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་སོ། །དེ་ལྟར་ཆོས་བསྟན་པ་ལ་མཁས་པ་དང། བསྟན་པའི་བྱ་བ་ལ་མཁས་པ་དང། གཟུངས་དཔག་ཏུ་མེད་པ་ཐོབ་པ་དང། ཚིག་གི ་ཡན་ལག་རྣམ་པར་དབྱེ་བ་ཐམས་ཅད་ལ་མཁས་པ་དང། སྤོབས་པ་མི་ཟད་པའི་རྣམ་པ་ཐམས་ཅད་དུ་ཆོས་སྨྲ་བ་ཆེན་པོ་ཉིད་གང་ཡིན་པ་དང། ཆོས་འཛིན་པ་དང། ལེན་ནུས་པ་ཇི་ལྟ་བུ་དང་ལྡན་པ་དང། བྱང་ཆུབ་སེམས་དཔའ་ཨི་སོ་སོ་ཡང་དག་པར་རིག་པས ་མངོན་པར་བསྒྲུབ་པའི་ཚིག་གང་ཡིན་པ་དང། ཆོས་ཀྱི་སྟན་ཇི་ལྟ་བུ་ལ་འདུག་པ་དང། གང་དུ་གང་དག་ལ་ཆོས་སྟོན་པ་དང། ཆོས་ཀྱི་སྒོ་ཇི་སྙེད་དང། གང་གིས་སེམས་ཅན་གོ་བར་བྱེད་ཅིང། མགུ་བར་བྱེད་པའི་བྱ་བ་ལ་ཡང་དག་པར ་འཛུད?་ནུས་པ་དང་ལྡན་པ་དེ་དག་ཐམས་ཅད་ནི་རྒྱས་པར་མདོ་ཉིད་ལས་བསྟན་པ་བཞིན་དུ་རིག་པར་བྱའོ། །དགེ་བའི་རྩ་བ་རྣམ་པར་དག་པ་དང། སྐྱེ་བ་དང་མཐུའི་ཁྱད་པར་ཡང་མདོ་ཉིད་ལས་འབྱུང་བ་བཞིན་དུ་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་རྣམས ་ཀྱི་སོ་སོ་ཡང་དག་པར་རིག་པ་ལ་གནས་པ་འདི་ནི་ཞི་པའི་རྣམ་པར་ཐར་པས་ཆོག་པར་མི་འཛིན་པ་ལ་འཇུག་པ་དང། ཆོས་ཡང་དག་པར་བསྟན་པའི་མངོན་པར་འདུ་བྱེད་པ་ཤེས་པ་དང། དེའི་བྱ་བ་ཤེས་པ་དང། བསམ་གྱིས་མི་ཁྱབ་པའི་ཆོས་སྨྲ་བ་ཆེན་པོ ་ཉིད་འཐོབ་པ་དང། དགེ་བའི་རྩ་བ་རྣམ་པར་དག་པ་དང། སྐྱེ་བ་དང་མཐུ་ལས་མདོར་བསྟན་པར་རིག་པར་བྱའོ། །རྒྱས་པར་བསྟན་པ་ནི་འདི་ལྟ་སྟེ། མདོ་ཉིད་ཀྱིས་ལེགས་པའི་བློ་གྲོས་ལས་འབྱུང་བ་བཞིན་ཏེ། སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བར་བྱ་བའི ་ཕྱིར། བྱང་ཆུབ་སེམས་དཔའ་ཨི་སོ་སོ་ཡང་དག་པར་རིག་པའི་བློ་གྲོས་ཆེན་པོ་ཡོངས་སུ་དག་པས། ཆོས་ཡང་དག་པར་བསྟན་པའི་སྐབས་ཡིན་པས་ན། ས་དེ་ལ་ལེགས་པའི་བློ་གྲོས་ཞེས་བྱ་སྟེ། དོན་དེ་ཉིད་ཀྱིས་འདི་ནི་གནས་པ་ཡིན་པར་བལྟ་བར་བྱའོ། །དེ་ལ་བྱང ་ཆུབ་སེམས་དཔའ་རྣམས་ཀྱི་གནས་པ་མཆོག་གང་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་སོ་སོ་ཡང་དག་པར་རིག་པའི་གནས་པ་རྣམ་པ་ཐམས་ཅད་ཀྱིས་ཡོངས་སུ་དག་པ་ལ་ཆོས་ཀྱི་རྒྱལ་པོར་འོས་ཤིང་ཆོས་ལ་དབང་བསྐུར་བ་ཐོབ་པ་དང། ཏིང་ངེ་འཛིན་དྲི?་མ ་མེད་པ་ལ་སོགས་པ་དཔག་ཏུ་མེད་པ་ཐོབ་ཅིང། དེའི་བྱ་བ་བྱེད་པ་དང། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱིས་ཁྱད་པར་ལ་དབང་བསྐུར་བའི་ཐ་མའི་ཏིང་ངེ་འཛིན་མངོན་དུ་གྱུར་པས་སངས་རྒྱས་ཐམས་ཅད་ལས་དང་འཚམ་པའི་སྟན་དང་ལུས་དང་འཁོར་?་? ་དང། བདག་ཉིད་ཀྱི་འོད་ཟེར་འགྲོ་བ་དང། ཕྱིར་འོང་བ་རྣམས་ཀྱིས་ཐམས་ཅད་མཁྱེན་པའི་ཡེ་ཤེས་རྣམ་པ་ཐམས་ཅད་དང་ལྡན་པར་དབང་བསྐུར་བ་ཐོབ་པ་དང། དབང་བསྐུར་ནས་ཀྱང་འདུལ་བ་ཐམས་ཅད་ཡང་དག་པར་སྡུད་ཅིང། དེ་དག་རྣམ་པར་ཐར་པར་བྱ་བའི་? ་ཐབས་སངས་རྒྱས་ཀྱི་མཛད་པ་ཤེས་པ་དང། རྣམ་པར་ཐར་པ་དང། ཏིང་ངེ་འཛིན་དང། གཟུངས་དང། མངོན་པར་ཤེས་པ་དཔག་ཏུ་མེད་པ་ཐོབ་པ་དང། དེའི་དབང་གིས་དྲན་པ་དང། ཤེས་པ་ཆེན་པོས་མངོན་པར་སྒྲུབ་པའི་ངེས་པའི་ཚིག་རྣམ་པར་གཞག་པ་དང། ་མངོན་པར་ཤེས་པ་ཆེན་པོ་མངོན་པར་སྒྲུབ་པ་དང། དགེ་བའི་རྩ་བ་རྣམ་པར་དག་པ་དང། སྐྱེ་བ་དང། མཐུའི་ཁྱད་པར་ལས་གནས་པ་མཆོག་མདོར་བསྟན་པར་རིག་པར་བྱའོ། །རྒྱས་པར་བསྟན་པ་ནི་འདི་ལྟ་སྟེ། མདོ་ཉིད་ཀྱི་བྱང་ཆུབ་སེམས་དཔའ་ཨི་ཆོས་ཀྱི་སྤྲིན་ལས ་འབྱུང་བ་བཞིན་ནོ། །བྱང་ཆུབ་སེམས་དཔའ་ཨི་ལམ་ཡོངས་སུ་རྫོགས་ཤིང། བྱང་ཆུབ་ཀྱི་ཚོགས་ཤིན་ཏུ་ཡོངས་སུ་རྫོགས་པའི་བྱང་ཆུབ་སེམས་དཔའ་དེ་ནི་དེ་བཞིན་གཤེགས་པ་རྣམས་ལས་ཆོས་ཀྱི་སྤྲིན་ལྟ་བུ་ཤིན་ཏུ་རྒྱ་ཆེ་ཞིང། དེ་མ་ཡིན་པའི་སེམས་ཅན་ཐམས ་ཅད་ཀྱིས་བཟོད་པར་དཀའ་བའི་དམ་པའི་ཆོས་ཀྱི་ཆར་ཡང་དག་པར་ནོད་དོ། །བདག་ཉིད་བྱང་ཆུབ་མངོན་པར་རྫོགས་པར་སངས་མ་རྒྱས་པ་དང། བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་ན་ཡང་སྤྲིན་ཆེན་པོ་ལྟ་བུའི་དམ་པའི་ཆོས་ཀྱི་ཆར་དཔེ་མེད་པས་སེམས ་ཅན་དཔག་ཏུ་མེད་པ་དག་གི་ཉོན་མོངས་པའི་རྡུལ་རྣམས་རབ་ཏུ་ཞི་བར་བྱེད་དོ། །ས་དེ་ལ་གནས་ནས་དགེ་བའི་རྩ་བའི་ལོ་ཏོག་རྣམ་པ་སྣ་ཚོགས་ཀྱང་སྐྱེད་པར་བྱེད། རྣམ་པར་འཕེལ་བར་བྱེད། ཡོངས་སུ་སྨིན་པར་བྱེད་དོ། །དེ་ལྟ་བས་ན་ས་དེ་ཆོས་ཀྱི་སྤྲིན་ཅེས་བྱ་སྟེ། ་དོན་དེ་ཉིད་ཀྱིས་གནས་པ་མཆོག་ཡིན་པར་བལྟའོ། གནས་པ་གོང་མ་གོང་མ་རྣམས་སུ་ཡན་ལག་གང་དག་བསྟན་པ་དེ་དག་ནི་གནས་པ་སྔ་མ་རྣམས་ལ་ཐམས་ཅད་ཀྱི་ཐམས་ཅད་དུ་མེད་པ་མ་ཡིན་མོད་ཀྱི། འོན་ཀྱང་ཆུང་བའི་ཕྱིར་གྲངས་སུ་མི་བརྩིའོ། །དེ་དག་ཉིད ་འབྲིང་དང་ཆེ་བའི་ཕྱིར་དེ་མ་ཡིན་པས་གོང་མ་འཐོབ་པ་འགྲུབ་པ་རྣམ་པར་གཞག་པར་རིག་པར་བྱའོ། །དེ་ལ་གནས་པ་རེ་རེ་ཡང་བསྐལ་པ་ཆེན་པོ་བྱེ་བ་འབུམ་ཕྲག་དུ་མ་འམ། ཡང་ན་དེ་བས་ཀྱང་ཆོས་མང་བས་འཐོབ་ཅིང་འགྲུབ་པར་འགྱུར་རོ།། ་གནས་པ་དེ་དག་ཐམས་ཅད་ནི་བསྐལ་པ་ཆེན་པོ་གྲངས་མེད་པ་གསུམ་གྱིས་ཡང་དག་པར་འགྲུབ་སྟེ། བསྐལ་པ་ཆེན་པོ་གྲངས་མེད་པ་དང་པོས་ནི་མོས་པས་སྦྱོད་བ་ལ་གནས་པ་ལས་ཡང་དག་པར་འདས་ནས་རབ་ཏུ་དགའ་བ་ལ་གནས་པ་འཐོབ་སྟེ། དེ་ཡང་རྟག་ཏུ ་འབད་པས་ཐོབ་ཀྱི་མི་འབད་པས་ནི་མ་ཡིན་ནོ། །བསྐལ་པ་ཆེན་པོ་གྲངས་མེད་པ་གཉིས་པས་ནི་རབ་ཏུ་དགའ་བ་ལ་གནས་པ་ནས། མཚན་མ་མེད་པ་ལ་གནས་པ་ལ་རྩོལ་བ་དང་བཅས་པའི་བར་ལས་འདས་ཏེ། མཚན་མ་མེད་པ་ལ་གནས་པ་ལྷུན་གྱིས་གྲུབ་པ་ཐོབ་པར ་འགྱུར་རོ། །དེ་ནི་ངེས་པ་ཁོ་ན་ཏེ། འདི་ལྟར་བསམ་པ་དག་པའི་བྱང་ཆུབ་སེམས་དཔའ་དེ་ནི་ངེས་པར་འབད་པའི་ཕྱིར་རོ། །བསྐལ་པ་ཆེན་པོ་གྲངས་མེད་པ་གསུམ་པས་ནི་མཚན་མ་མེད་པ་ལྷུན་གྱིས་གྲུབ་པ་དང། སོ་སོ་ཡང་དག་པར་རིག་པ་ལ་གནས་པ་ལས་ཡང ་དག་པར་འདས་ནས་བྱང་ཆུབ་སེམས་དཔའ་ཨི་གནས་པ་མཆོག་ཐོབ་པར་འགྱུར་རོ། །དེ་ལ་བསྐལ་པ་གྲངས་མེད་པ་ནི་གཉིས་སུ་རིག་པར་བྱ་སྟེ། བསྐལ་བ་ཆེན་པོ་གང་ཡིན་པ་དེ་ཡང་ཉིན་མཚན་དང། ཟླ་བ་དང། ཟླ་བ་ཕྱེད་དུ་བགྲང་བའི་ཚུལ་གྱིས་དུས་དཔག་ཏུ་མེད་པའི ་ཕྱིར། གྲངས་མེད་པ་ཞེས་བྱའོ། །བསྐལ་པ་ཆེན་པོ་དེ་དག་གི་བགྲང་བའི་ཚུལ་གྱིས་བགྲང་བ་ཐམས་ཅད་ལས་འདས་པའི་གྲངས་གང་ཡིན་པ་དེ་ཡང་གྲངས་མེད་པ་ཞེས་བྱ་སྟེ། བསྐལ་པ་གྲངས་མེད་པ་སྔ་མ་ཤོས་ཀྱིས་ནི་བསྐལ་པ་གྲངས་མེད་པ་མི་ཉུང་བ ་མིག་གིས་བྱང་ཆུབ་ཐོབ་པར་འགྱུར་རོ། །བསལ་བ་གྲངས་མེད་པ་ཕྱི་མ་ཤོས་ཀྱིས་ནི་གསུམ་ཁོ་ནས་འཐོབ་ཀྱི་ལྷག་བས་ནི་མ་ཡིན་ཏེ། སུ་བརྩོན་འགྲུས་རྩོམ་པ་ཆེན་པོའི་ཡང་ཆེན་པོས་སྦྱོར་བ་དེའི་ནང་ན་ལ་ལ་ནི་བར་གྱི་བསྐལ་པ་མང་པོ་ཞིག་འདུམས་བ་མེད་དོ། ་ལ་ལ་ནི་བསྐལ་པ་ཆེན་པོ་དག་གི་བར་དུ་འདུམས་པར་བྱེད་ཀྱི། གྲངས་མེད་པར་འདུམས་པར་བྱེད་པ་ནི་བགྲང་ཡང་མེད་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་ཨི་གནས་པ་བཅུ་གཉིས་པོ་དེ་དག་གིས་བསྐལ་པ་གྲངས་མེད་པ་གསུམ་པོ་དག་གིས་ཉོན་མོངས་པའི ་སྒྲིབས་པའི་ཕྱོགས་དང་མཐུན་པའི་གནས་ངན་ལེན་སྤོང་བར་འགྱུར་རོ། །དེ་ལ་གནས་པ་གསུམ་པོ་དག་ལ་ནི་ཉོན་མོངས་པའི་སྒྲིབ་པའི་ཕྱོགས་དང་མཐུན་པའི་གནས་ངན་ལེན་སྤོང་བར་རིག་པར་བྱ་སྟེ། རབ་ཏུ་དགའ་བ་ལ་ནི་ངན་སོང་བའི་ཉོན་མོངས་པའི་ཕྱོགས ་དང་མཐུན་པ་ཐམས་ཅད་ཀྱི་ཐམས་ཅད་དུ་སྤོང་ངོ། །ཀུན་ཏུ་སྤྱོད་པ་ལས་ནི་ཉོན་མོངས་པའི་ཕྱོགས་དང་མཐུན་པའི་ཆེན་པོ་དང་འབྲིང་ཐམས་ཅད་དོ། །མཚན་མ་མེད་པར་ལྷུན་གྱིས་གྲུབ་པ་ལ་གནས་པ་ལ་ནི་མི་སྐྱེད་པའི་ཆོས་ལ་བཟོད་པ་རྣམ་པར་དག་པ་ལ་བགེ? ་བྱེད་བའི་ཉོན་མོངས་པའི་ཕྱོགས་དང་མཐུན་པའི་གནས་ངན་ལེན་ཐམས་ཅད་དུ་སྤོང་བར་རིག་པར་བྱའོ། །ཀུན་ཏུ་སྤྱོད་པ་ལ་ནི་ཉོན་མོངས་པ་ཐམས་ཅད་དོ། །གནས་པ་མཆོག་ལ་ནི་ཉོན་མོངས་པ་དང། བག་ཆགས་དང། བག་ལ་ཉལ་གྱི་སྒྲིབ་པ་ཐམས་ཅད་སྤོང ་བར་རིག་པར་བྱ་སྟེ། དེ་ཡང་དེ་བཞིན་གཤེགས་པའི་གནས་པ་ལ་འཇུག་པའོ། །ཤེས་བྱའི་སྒྲིབ་པའི་ཕྱོགས་དང་མཐུན་པའི་གནས་ངན་ལེན་ནི་རྣམ་པ་གསུམ་དུ་རིག་པར་བྱ་སྟེ། བགས་ཤུན་ལ་ཡོད་པ་དང། སྤྲི་ལ་ཡོད་པ་དང། སྙིང་པོ་ལ་ཡོད་པ ་ལྟ་བུའོ། །དེ་ལ་བགས་ཤུན་ལ་ཡོད་པ་ལྟ་བུ་ནི་རབ་ཏུ་དགའ་བའི་གནས་པ་ལ་སྤོང་ངོ། །སྤྲི་ལ་ཡོད་པ་ལྟ་བུ་ནི་མཚན་མ་མེད་པ་ལྡན་གྱིས་གྲུབ་པ་ལ་སྤྱོད་དོ། །སྙིང་པོ་ལ་ཡོད་པ་ལྟ་བུ་ནི་དེ་བཞིན་གཤེགས་པའི་གནས་པ་ལ་སྤོང་སྟེ། སྒྲིབ་པ་ཐམས་ཅད་རྣམ ་པར་དག་པའི་ཡེ་ཤེས་ཉིད་ཀྱང་ཡིན་ནོ། །གནས་པ་གསུམ་པོ་དེ་དག་ལ་ཉོན་མོངས་པ་དང། ཤེས་བྱའི་སྒྲིབ་པ་སྤོང?་པ་དེའི་ཚོགས་སུ་གྱུར་པ་ནི་གོ་རིམས་བཞིན་དུ་དེ་མ་ཡིན་པའི་གནས་པ་རྣམས་ཡིན་ནོ། །གནས་པ་བཅུ་གསུམ་པ་དེ་དག་ལ་རྣམ་པར་དག ་པའི་ནི་མདོར་བསྡུས་ན་བཅུ་གཅིག་ཏུ་རིག་པར་བྱ་སྟེ། དང་པོ་ལ་ནི་རིགས་རྣམ་པར་དག་གོ་།གཉིས་པ་ལ་ནི་དད་པས་མོས་པ་རྣམ་པར་དག་གོ་།གསུམ་པ་ལ་ནི་ལྷག་པའི་བསམ་པ་རྣམ་པར་དག་གོ་།བཞི་པ་ལ་ནི་ཚུལ་ཁྲིམས ་རྣམ་པར་དག་གོ་།ལྔ་པ་ལ་ནི་སེམས་རྣམ་པར་དག་གོ་།དྲུག་པ་དང་བདུན་པ་དང་བརྒྱད་པ་ལ་ནི་ཡང་དག་པའི་ཡེ་ཤེས་ལ་ཀུན་དུ་རྩོམ་པ་རྣམ་པར་དག་གོ་།དགུ་པ་ལ་ནི་སྦྱོར་བ་ལས་བྱུང་བའི་སྤྱོད་པ་ཡོངས་སུ་རྫོགས་པ་རྣམ་པར་དག་གོ་།བཅུ་པ་ལ་ནི་དེ ་ཁོ་ན་ཤེས་པའི་མངོན་པར་ཤེས་པ་སྒྲུབ་པ་རྣམ་པར་དག་གོ་།བཅུ་གཅིག་པ་ལ་ནི་དེའི་དོན་ཡང་དག་པར་གཞན་ལ་བསྟན་པའི་སོ་སོ་ཡང་དག་པར་རིག་པ་རྣམ་པར་དག་གོ་།བཅུ་གཉིས་པ་ལ་ནི་རྣམ་པ་ཐམས་ཅད་དུ་ཤེས་བྱ་ཐམས་ཅད་ཀྱི ་རྗེས་སུ་འཇུག་པའི་ཡེ་ཤེས་རྣམ་པར་དག་གོ་།བཅུ་གསུམ་པ་སྟེ། དེ་བཞིན་གཤེགས་པའི་གནས་པ་ལ་ནི་ཉོན་མོངས་པ་དང། ཤེས་བྱའི་སྒྲིབ་པ་བག་ཆགས་དང་བཅས་པ་ཐམས་ཅད་རྣམ་པར་དག་གོ་།གནས་པ་བཅུ་གསུམ་པོ་འདི་དག་ནི་སྔར ་བསྟན་པའི་ཐེག་པ་ཆེན་པོ་སྡུད་པའི་ཆོས་བརྒྱད་པོ་དག་ཏུ་འདུས་པར་རིག་པར་བྱའོ། །གནས་པ་དང་པོ་དང་གཉིས་པ་ལ་ནི་དད་པ་སྐྱེས་ཤིང་མོས་པར་གྱུར་པ་བྱང་ཆུབ་སེམས་དཔའ་ཨི་སྡེ་སྣོད་ཉན?་ཅིང་སེམས་སོ། །གནས་པ་གསུམ་པ་ནི་སྒོམ་པའི་རྣམ་པ ་ཐོབ་པ་སྔོན་དུ་འགྲོ་བའི་ལྷག་པའི་བསམ་པ་ཉམས་སུ་ལེན་ཏོ། །དེ་ལས་གཞན་པའི་གནས་པ་རྣམས་ལ་ནི་མཚན་མ་མེད་པའི་རྩོལ་བ་དང་བཅས་པའི་བར་དུ་བསྒོམ་པ་མང་དུ་བྱེད་དོ། །དེའི་གོང་མ་བྱང་ཆུབ་སེམས་དཔའ་ཨི་གནས་པ་དཔྱོད་པ་ཡོངས་སུ ་དག་པས་བསྡུས་པ་གསུམ་པོ་དག་ལ་ནི་སྒོམ་པའི་འབྲས་བུ་ཡོངས་སུ་འགྲུབ་བོ། །དེ་བཞིན་གཤེགས་པའི་གནས་པ་ལ་ནི་གཏན་དུ་ངེས་པར་འབྱུང་བར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་ཨི་གནས་པ་བཅུ་གཉིས་པོ་འདི་དག་ནི་གོ་རིམས་བཞིན་དུ ་ཉན་ཐོས་ཀྱི་གནས་པ་དང་འདྲ་བར་རིག་པར་བྱ་སྟེ། ཉན་ཐོས་ཀྱི་རང་གི་རིགས་ལ་གནས་པ་ཇི་ལྟ་བ་དེ་བཞིན་དུ་ནི་འདིའི་གནས་པ་དང་པོ་ཡིན་པར་རིག་པར་བྱའོ། །དེའི་ཡང་དག་པར་སྐྱོན་མེད་པ་ལ་འཇུག་པའི་སྦྱོར་བའི་གནས་པ་ཇི་ལྟ་བ་དེ་བཞིན་དུ་ནི་འདིའི་གནས ་པ་གཉིས་པའོ། །དེའི་སྐྱོན་མེད་པ་ལ་འཇུག་པའི་གནས་པ་ཇི་ལྟ་བ་དེ་བཞིན་དུ་ནི་འདིའི་གནས་པ་གསུམ་པའོ། །དེའི་ཤེས་ནས་དང་པ་ཐོབ་པའི་གོང་དུ་ཟག་པ་ཟད་པར་བྱ་བའི་ཕྱིར་འཕགས་པ་དགྱེས་པའི་ལྷག་པའི་ཚུལ་ཁྲིམས་ལ་གནས་པ་ཇི་ལྟ་བ་དེ་བཞིན ་དུ་ནི་འདིའི་གནས་པ་བཞི་པའོ། །དེའི་ལྷག་པའི་ཚུལ་ཁྲིམས་ལ་བརྟེན་ནས། ལྷག་པའི་སེམས་ཀྱི་བསླབ་པ་སྒྲུབ་པ་ལ་གནས་པ་ཇི་ལྟ་བ་དེ་བཞིན་དུ་ནི་འདིའི་གནས་པ་ལྔ་པའོ། །དེའི་ཇི་ལྟར་ཐོབ་པའི་བདེན་པ་ཤེས་པའི་ལྷག་པའི་ཤེས་རབ་ཀྱི་བསླབ་པ་ལ ་གནས་པ་ཇི་ལྟ་བ་དེ་བཞིན་དུ་ནི་འདིའི་གནས་པ་དྲུག་པ་དང་བདུན་པ་དང་བརྒྱད་པར་རིག་པར་བྱའོ། །དེའི་ཤེས་བྱ་ཤིན་ཏུ་བརྟགས་ནས་མཚན་མ་མེད་པའི་ཏིང་ངེ་འཛིན་ལ་སྦྱོར་བ་ལ་གནས་པ་ཇི་ལྟ་བ་དེ་བཞིན་དུ་ནི། འདིའི་གནས་པ་དགུ་པའོ། །དེའི་མཚན ་མ་མེད་པ་ལ་གནས་པ་ཡོངས་སུ་གྲུབ་པ་ཇི་ལྟ་བ་དེ་བཞིན་དུ་ནི་འདིའི་གནས་པ་བཅུ་པའོ། །དེའི་ལངས་ནས་རྣམ་པར་གྲོལ་བའི་སྐྱེ་མཆོད་ལ་གནས་པ་ཇི་ལྟ་བ་དེ་བཞིན་དུ་ནི་འདིའི་གནས་པ་བཅུ་གཅིག་པའོ། །དེའི་རྣམ་པ་ཐམས་ཅད་དུ་དགྲ་བཅོམ་པ་ཉིད་ཀྱི ་གནས་ཇི་ལྟ་བ་དེ་བཞིན་དུ་ནི་འདིའི་གནས་པ་བཅུ་གཉིས་པ་ཡིན་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་ཨི་སའི་གཞིའི་མཐུན་པའི་ཆོས་ཀྱི་རྣལ་འབྱོར་གྱི་གནས་ལས། གནས་པའི་ལེའུ་སྟེ་བཞི་པའོ།། །།རྣལ་འབྱོར་གྱི་གནས་གཉིས ་པ་རྫོགས་སོ།། །།གནས་པ་ཐམས་ཅད་ལ་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྐྱེ་བ་སེམས་ཅན་ཐམས་ཅད་ལ་ཕན་པ་དང། བདེ་བའི་ཕྱིར་ཁ་ན་མ་ཐོ་བ་མེད་པ་ཐམས་ཅད་ནི་མདོར་བསྡུ་ན་རྣམ་པ་ལྔ་སྟེ། གནོད་པ ་ཡང་དག་པར་ཞི་བར་བྱེད་པ་དང། དེ་དང་སྐལ་པ་མཉམ་པར་མཐུན་པར་མཛད་པ་དང། ཆེན་པོར་སྐྱེ་བ་དང། བདག་པོར་སྐྱེ་བ་དང། ཐ་མའི་སྐྱེ་པའོ། །དེ་ལ་གནོད་པ་ཡང་དག་པར་ཞི་བར་བྱེད་པའི་སྐྱེ་བའི་སྐྱེ་བ་གང་ཞེ་ན། འདི་ལ་བྱང ་ཆུབ་སེམས་དཔའ་ནི་མུ་གེས་ཕོངས་ཤིང་གནོད་པ་ཆེན་པོ་འབྱུང་པའི་དུས་དག་ཏུ་སྨོན་ལམ་བཏབ་ནས། སེམས་ཅན་རྣམས་ཚོགས་ཆུང་ངུས་འཚོ་བར་འགྱུར་བའི་རྒྱུད། ཉ་ཆེན་པོ་ལ་སོགས་པའི་སྐྱེ་གནས་རྣམས་སུ་ལུས་ཆེན་པོ་དག་ཏུ་སྐྱེ་བར་འགྱུར ་ཏེ། དེར་སྐྱེས་པའི་འགྲོ་བ་མཛའ་དག་རང་གི་ཤས་ཚིམ་པར་བྱེད་དོ། །སེམས་ཅན་ནང་ཀྱིས་གནོད་པ་རྣམས་ལ་ནང་དེ་དག་རབ་ཏུ་ཞི་བར་བྱ་བའི་ཕྱིར་རོ། སྨོན་ལམ་བཏབ་ནས། རིག་སྔགས་འཆང་གྲུབ་པའི་སྨན་པ་ཆེན་པོའི་ལུས་ཡོངས་སུ་འཛིན་པར་བྱེད་དོ།། ་ཕ་རོལ་གྱི་དམག་ཚོགས་ཀྱིས་ཤིན་ཏུ་གནོད་པར་གྱུར་པའི་སེམས་ཅན་དག་ལ་ནི་ཆོས་བཞིན་དུ་སྙོམས་པར་ཐབས་མཁས་པས་ཕ་རོལ་གྱི་དམག་ཚོགས་ཀྱི་གནོད་པ་རབ་ཏུ་ནི་བར་བྱ་བའི་ཕྱིར། སྟོབས་དང་ལྡན་པའི་རྒྱལ་པོར་འགྱུར་རོ། །སེམས་ཅན ་ཕན་ཚུན་མི་མཐུན་པ་རྣམས་ལ་ནི་སྡུམས་བྱ་བ་དང། ཁོན་གྱི་བསམ་པ་སྤང་བའི་ཕྱིར་ཚིག་བཙན་པར་འགྱུར་རོ། །རྒྱལ་པོ་འབངས་རྣམས་ལ་ཆད་པ་དང་བཅིང་བ་དང། གནོད་པ་སྣ་ཚོགས་བྱེད་པ་ལ་ཞུགས་པ་དག་ལ་ནི། སེམས་ཅན་གྱི་གནོད་པ་དེ ་དག་ཉིད་བསལ་བའི་ཕྱིར། དེ་ལྟ་བའི་རྒྱལ་པོའི་ཕོ་བྲང་དག་ཏུ་སྐྱེ་སྟེ། རྒྱལ་པོ་ཆོས་དང་ལྡན་ཞིང་སེམས་ཅན་ལ་སྙིང་བརྩེ་བ་ཅན་དུ་འགྱུར་རོ། །སེམས་ཅན་ལ་གང་ལྷའི་གནས་འབའ་ཞིག་ལ་མོས་ནས་ལོག་པར་ལྟ་ཞིང་སྡིག་པ་བྱེད་པ་དག་ལ་ནི། དེ་དག་ལ ་སྙིང་བརྩེ་བས་ལོག་པར་ལྟ་བ་དང། ཉེས་པར་སྤྱོད་པ་སྤང་བའི་ཕྱིར། ལྷའི་གནས་དེ་ཉིད་དུ་སྐྱེ་བར་འགྱུར་ཏེ། སྨོན་ལམ་དང་དབང་གི་སྟོབས་ཀྱིས་སྙིང་བརྩེ་བ་སྔོན་དུ་འགྲོ་བ་འདི་ནི་དཔག་ཏུ་མེད་པར་རིག་པར་བྱ་སྟེ། རྒྱས་པར་བསྟན་པ་ནི་སྐྱེ་གནས་རྣམ་པ ་སྣ་ཚོགས་དེ་དང་དེ་དག་ཏུ་སྐྱེ་བ་སྟེ། འདི་ནི་དེའི་མདོར་བསྟན་པའོ། །དེ་དང་སྐལ་པ་མཉམ་པར་མཐུན་པར་འཇུག་པའི་སྐྱེ་བ་གང་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་ནི་སྨོན་ལམ་གྱིས་སམ། དབང་པོ་ཐོབ་པས་སེམས་ཅན་དུད་འགྲོའི་སྐྱེ་གནས་རྣམ་པ་སྣ ་ཚོགས་སུ་སྐྱེ་བ་པ་རྣམས་དང། ལྷ་དང། ཀླུ་དང། གནོད་སྦྱིན་དང། ལྷ་མ་ཡིན་ལ་སོགས་པ་གཅིག་ལ་གཅིག་འཁུ་ཞིང་མི་མཐུན་པ་རྣམས་དང། དེ་བཞིན་དུ་བྲམ་ཟེའི་ལོག་པར་ལྟ་པ་རྣམས་དང། དེ་བཞིན་དུ་ཉེས་པར་སྤྱད་པ་སྤྱོད་ཅིང་དེས་འཚོལ། ་དེར་མངོན་པར་དགའ་བ་རྣམས་དང། དེ་བཞིན་དུ་འདོད་པ་རྣམས་ལ་ཧ་ཅང་ལྷག་པར་ཞེན་ཅིང་འདོད་པ་ལ་མོས་པ་རྣམས་ལ་ཉེས་པ་དེ་བཟློག་པའི་ཕྱིར། སེམས་ཅན་དེ་དག་དང་སྐལ་པ་འདྲ་བར་གཙོ་བོར་སྐྱེ་བར་འགྱུར་ཏེ། དེ་གཙོ་བོར་གྱུར་ནས། སེམས་ཅན ་དེ་དག་ཀུན་ཏུ་སྤྱོད་པ་དེ་ནི་དེ་ཀུན་ཏུ་མི་སྤྱོད་དོ། །དེ་དག་དགེ་པ་གང་དག་ཏུ་མི་སྤྱོད་པ་དེ་ནི་དེ་ཀུན་ཏུ་སྤྱོད་དོ། །དགེ་པ་ཀུན་ཏུ་སྤྱད་པར་བྱ་བའི་ཕྱིར། ཡང་དེ་དག་ལ་ཆོས་སྟོན་ཏེ། དེ་དག་ཀྱང་ཆོས་བསྟན་པ་དེ་དང། མི་མཐུན་པར་ཀུན་ཏུ་སྤྱོད་པ་དེ་དང། ཐབས་མཁས་པ ་དང། ཉེས་པ་དེ་དག་ལས་ལྡོག་པར་འགྱུར་རོ། །སྐྱེ་བ་འདི་ཡང་དཔག་ཏུ་མེད་དེ་སྔ་མ་བཞིན་དུ་དགེ་པར་བྱའོ། །དེ་ལ་ཆེན་པོར་སྐྱེ་བ་གང་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་ནི་སྐྱེ་བ་ན་རང་བཞིན་གྱིས་འཇིག་རྟེན་ཐམས་ཅད་ལས་ཁྱད་པར་དུ་འཕགས་པའི་ཚེ་དང ་ཁ་དོག་དང་རིགས་དང། དབང་ཕྱུག་ལ་སོགས་པའི་རྣམ་པར་སྨིན་པ་མངོན་པར་འགྲུབ་པར་འགྱུར་ཏེ། རྣམ་པར་སྨིན་པ་དེས་ཀྱང་བདག་དང་གཞན་གྱི་དོན་གྱི་ལེའུ་ལས་ཇི་སྐད་བསྟན་པའི་ལས་བྱེད་དོ། །བྱང་ཆུབ་སེམས་དཔའ་ཨི་སྐྱེ་བ་དེ་ཡང་དཔག་ཏུ་མེད་དེ། ་སྐྱེ་གནས་དེ་དང་དེ་དག་དུ་སྐྱེ་བར་རིག་པར་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའ་ཨི་བདག་པོར་སྐྱེ་བ་གང་ཞེ་ན། བྱང་ཆུབ་སེམས་དཔའ་ཨི་རབ་ཏུ་དགའ་བ་ལ་གནས་པ་དང་པོ་ནས་བཟུང་སྟེ། གནས་པ་བཅུ་པའི་བར་དག་གི་སྐྱེ་བ་བརྗོད་པ་འཛམ་བུ་གླིང་གི་དབང་ཕྱུག ་ནས་བཟུང་སྟེ། འོག་མིན་པས་འདས་ནས་སྐྱེ་པའི་གནས་ཐམས་ཅད་ལས་ཁྱད་པར་དུ་འཕགས་པ་གང་དུ་གནས་པ་མཆོག་ཐོབ་པ་ཁོ་ནའི་བྱང་ཆུབ་སེམས་དཔའ་རྣམས་སྐྱེ་བར་འགྱུར་བ་དབང་ཕྱུག་ཆེན་པོའི་བར་དེ་དག་ནི་བདག་པོར་སྐྱེ་བ་ཞེས་བྱ ་སྟེ། དེ་ནི་དེ་དག་གི་ལས་ཀྱིས་དབང་གིས་གྲུབ་པ་ཡིན་ནོ། །དེ་ལ་བྱང་ཆུབ་སེམས་དཔའ་ཨི་ཐ་མའི་སྐྱེ་བ་གང་ཞེ་ན། སྐྱེ་བ་གང་དུ་བྱང་ཆུབ་སེམས་དཔའ་ཨི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོ་གས་ཡོངས་སུ་རྫོགས་ནས་མདུན་ན་འདོན་གྱི་ཁྱིམ་འམ། རྒྱལ་པོའི་ཕོ་བྲང ་དུ་སྐྱེས་ཏེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་ཞིང། སངས་རྒྱས་ཀྱི་འཕྲིན་ལས་ཐམས་ཅད་ཀྱང་མཛད་པ་འདི་ནི་ཐ་མའི་སྐྱེ་བ་ཡིན་ཏེ། ཕྱི་མ་ཞེས་བྱའོ། །བྱང་ཆུབ་སེམས་དཔའ་འདས་པ་དང་མ་འོངས་པ ་དང། ད་ལྟར་བྱུང་བའི་དུས་དག་ཏུ་དགེ་བ་དང། བཟང་བ་དང་ཤིས་པའི་སྐྱེ་བ་རྣམས་སུ་སྐྱེས་པ་དང། སྐྱེ་པར་འགྱུར་བ་དང། སྐྱེ་བ་གང་སུ་དག་ཀྱང་རུང་བ་དེ་དག་ཐམས་ཅད་ཀྱང་སྐྱེ་བ་ལྔ་པོ་འདི་དག་ཏུ་སྐྱེ་བར་ཟད་དེ། འདི་ལས་གོང་ན་ཡང་མེད་དོ། །འདི ་ལས་ལྷག་པ་ཡང་མེད་དོ། །བྱིས་པའི་སར་སྐྱེ་བ་ནི་མ་གཏོགས་ཏེ། འདི་ལྟར་སྐྱེ་བ་ལྔ་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་མཁས་པ་རྣམས་ཀྱིས་ཡིན་པར་འདོད་པའི་ཕྱིར་རོ། །སྐྱེ་པ་དེ་དག་ནི་བྱང་ཆུབ་ཆེན་པོའི་འབྲས་བུ་ཅན་ཡིན་ཏེ། དེ་དག་ལ་བརྟེན་ནས ་བྱང་ཆུབ་སེམས་དཔའ་རྣམས་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །བྱང་ཆུབ་སེམས་དཔའ་ཨི་སའི་གཞིའི་རྣལ་འབྱོར་གྱི་གནས་ཐ་མ་ལས་སྐྱེ་བའི་ལེའུ་སྟེ་དང་པོའོ།། ་བམ་པོ་ཉི་ཤུ་པ། དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གནས་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཨི་སྤྱོད་པ་ཐམས་ཅད་ལ་ནི་མདོར་བསྡུ་ན། སེམས་ཅན་ཐམས་ཅད་ཡང་དག་པར་ཡོངས་སུ་འཛིན་པར་རྣམ་པ་དྲུག་ཡོད་པར་བྱ་སྟེ ་སེམས་ཅན་ཐམས་ཅད་ཡང་ཅིག་ཅར་ཡོངས་སུ་འཛིན་པ་དང། བདག་པོས་ཡོངས་སུ་འཛིན་པ་དང། འཛིན་པས་ཡོངས་སུ་འཛིན་པ་དང། ཡུན་རིང་པོ་དང། ཡུན་རིང་པོ་མ་ཡིན་པ་དང། ཡོངས་སུ་འཛིན་པ་ཐ་མའོ། །དེ་ལ་བྱང་ཆུབ་སེམས་དཔའ་ནི་ཐོག་མ་སེམས་བསྐྱེད ་པའི་ཚེ་ཉིད་དུ་སེམས་ཅན་གྱི་ཁམས་ཐམས་ཅད་ཆུང་མའི་ཚུལ་དུ་ཡོངས་སུ་བཟུང་སྟེ། བདག་གིས་འདི་དག་ལ་ཅི་ནུས་ཅི་ལྕོགས་ཀྱིས་རྣམ་པ་ཐམས་ཅད་དུ་ཕན་པ་དང་བདེ་བ་སྒྲུབ་པར་བྱའོ་སྙམ་སྟེ། དེ་ཁོ་ན་བཞིན་དུ་ཡང་བྱེད་པ་འདི་ནི། བྱང་ཆུབ་སེམས་དཔའ་ ་སེམས་ཅན་ཐམས་ཅད་ཅིག་ཅར་ཡོངས་སུ་འཛིན་པ་ཡིན་ནོ། །བདག་པོར་གྱུར་པ་ན་ཕ་མ་དང། བུད་དང་ཆུང་མ་དང། བྲན་དང། བྲན་མོ་དང། ལས་བྱེད་པ་དང། ཞོ་ཤས་འཚོ་བ་ཡོངས་སུ་འཛིན་པ་དང། རྒྱལ་པོར་གྱུར་པ་ན་འབངས་ལ་བྱང་ཆུབ་སེམས་དཔའ་ཨི་བདག ་པོས་ཡོངས་སུ་འཛིན་པའི་འདུ་ཤེས་འབྱུང་སྟེ། དེ་ཡང་ཡོངས་སུ་འཛིན་པ་དེ་ལ་ཡོངས་སུ་འཛིན་པ་དང། འཚམ་པའི་བྱ་བ་བྱང་ཆུབ་སེམས་དཔའ་ཨི་ཚུལ་དང་འཐུན་པས་འཇུག་གོ་།ཕ་མ་ནི་དགེ་བ་ལ་ཡང་དག་པར་འཛུད་པར་བྱེད་དོ། །ཐབས་སྣ་ཚོགས་ཀྱིས་དུས་སུ ་མཆོད?་པ་དང། རིམ་གྲོ་ཡང་བྱེད་དོ། །བྱས་པ་བཟོ་བ་དང་བྱས་པ་ཚོར་བར་ཡང་བྱེད་དོ། །ཕ་མའི་སེམས་དང་མཐུན་པར་ཡང་བྱེད་དོ། །ཆོས་ཀྱི་དོན་དག་ལ་ཡང་དེའི་དབང་དུ་འགྱུར་བར་ཡང་བྱེད་དོ། །བུ་དང་ཆུང་མ་དང། བྲན་དང་བྲན་མི་ལ་སོགས་པ་ལ་ནི ་དུས་སུ་ཟས་དང་གོས་ལ་སོགས་པ་ལེགས་པར་སྦྱིན་པར་བྱེད་དོ། །དེ་དག་ལ་ལས་ཀྱིས་མཛའ་རྣམས་ཀྱིས་གནོད་པར་མི་བྱེད་དོ། །དེ་དག་གི་ཉེས་པ་ཡང་བཟོད་པར་བྱེད་དོ། །ན་བ་རྣམས་ལ་ཡང་ལེགས་པར་ནད་གཡོག་བྱེད་དོ། །དེ་དག་དགེ་བ་ལ་ཡང་དག ་པར་འཛུད་པར་བྱེད་དོ། །དུས་དུས་སུ་ལྷག་པར་བྱ་དགའ་སྦྱིན་པ་དང། ཚིག་སྙན་པས་ཚིག་འཛམ་པར་བྱེད་དོ། །དེ་དག་ལ་བྲན་དང་བྲན་མོའི་འདུ་ཤེས་ཀྱང་མི་བསྐྱེད་དོ། དེ་དག་ལ་བདག་ཉིད་དང་འདྲ་བའམ་ལྷག་པར་ཡོངས་སུ་སྐྱོང་བར་བྱེད་དོ། །བྱང་ཆུབ ་སེམས་དཔའ་རྒྱལ་པོར་གྱུར་པས་ནི། རྒྱལ་སྲིད་དང་འབངས་ལ་ཆད་པ་མེད་པ་དང། མཚོན་ཆ་མེད་པས་རྒྱལ་སྲིད་བྱེད་དོ། །ཆོས་བཞིན་དུ་ལོངས་སྤྱོད་སྒྲུབ་པར་བྱེད་དོ། །རྒྱུད་ཀྱིས་བྱུང་བའི་རྒྱལ་སྲིད་ལ་སྤྱོད་པར་བྱེད་ཀྱི་ཕ་རོལ་གྱི ་ཡུལ་འཁོར་གྱི་ཙམ?་དུ་མཐུས་འཕྲོག་པར་མི་བྱེད་དོ། །ཅི་ནུས་ཅི་ལྕོགས་ཀྱིས་སེམས་ཅན་རྣམས་སྡིག་པ་ལས་ཟློག་པར་བྱེད་དོ། །འབངས་རྣམས་ཀྱི་ཕ་དང་འདྲ་བ་ཡིན་ནོ། །སེམས་ཅན་གཞན་དག་ལ་ཡང་བགོ་བཤང་བྱེད་པའི་དང་ཚུལ་ཅན་ཡིན་ན། བདག ་གིས་ཚལ་ཟ་བ་རྣམས་ལ་ལྟ་ཅི་སྨོས། མི་འཁུ་བ་དང་བདེན་པར་སྨྲ་བ་ཡིན་ཏེ། གསང་པ་དང་བཅིང་བ་དང་ཆད་པས་གཅོད་པ་དང། བཏུབ་པ་དང་བརྡེག་པ་ལ་སོགས་པ་སེམས་ཅན་ལ་གནོད་པ་རྣམས་རྣམ་པར་སྤང་བ་ཡིན་ནོ། དེ་ལ་ཚོགས་ཡང་དག་པར ་སྡུད་པ་ནི་བྱང་ཆུབ་སེམས་དཔའ་ཨི་འཛིན་པས་ཡོངས་སུ་འཛིན་པ་ཞེས་བྱའོ། །དེ་ནི་རྒྱུ་གཉིས་ཀྱིས་འཁོར་ལེགས་པར་ཡོངས་སུ་འཛིན་པར་བྱེད་དོ། །ཟང་ཟིང་མེད་པའི་སེམས་ཀྱིས་ཡོངས་སུ་འཛིན་པ་དང། རང་གི་དོན་ལ་ལེགས་པར་འཛུད་པར་བྱེད་དེ། ལོག་པའི ་སྦྱོར་བས་སླུ་བར་མི་བྱེད་པའོ། །ཡོངས་སུ་འཛིན་པ་ཐམས་ཅད་ལ་ཡང་སེམས་སྙོམས་པ་ཡིན་ཏེ། ཕྱོགས་འཛིན་པར་མི་བྱེད་དོ། །དེ་དག་ལ་ཆོས་ཀྱི་སེར་སྣ་ཡང་མི་བྱེད་ལ་སློབ་དཔོན་གྱི་དཔེ་མཁྱུད་པར་མི་བྱེད་དོ། །དེ་དག་ལས་རིམ་གྲོ་དང་བསྙེན་བཀུར་བྱེད་པར ་ཡང་མི་རེ་ལ། དགེ་བ་འདོད་པའི་ཕྱིར་རང་བྱེད་པ་ལ་ཡང་དེ་དག་ཉིད་ཀྱི་བསོད་ནམས་ཀྱི་ཚོགས་རྩོགས་སུ་གཞུག་པའི་ཕྱིར་ཟློག་པར་མི་བྱེད་དོ། །དུས་ལ་བབ་ན་བདག་ཉིད་དེ་དག་ལ་རིམ་གྲོ་དང། བསྙེན་བཀུར་ཡང་བྱེད་དོ། །དེ་དག་གི་མ་རྟོགས་པའི་དོན་ཡང ་རྟོགས་པར་བྱེད་ལ། རྟོག་པ་ཡང་གསལ་བར་བྱེད་དོ། །ཐེ་ཙོམ་སྐྱེས་སོ་ཅོག་ཀྱང་སེལ་བར་བྱེད་དོ། །འགྱོད་པ་ཡང་སེལ་བར་བྱེད་དོ། །དོན་ཟབ་མོའི་ཚིག་ཀྱང་ཤེས་རབ་ཀྱིས་རྟོགས་པར་བྱས་ནས། དུས་དུས་སུ་སྟོན་པར་བྱེད་དོ། །སྡུག་བསྔལ་བ་དང་བདེ་བ་ཡང ་དེ་དག་དང་མཚུངས་པར་བྱེད་དོ། །བདག་ཉིད་ལས་དེ་དག་གིས་ཟང་ཟིང་ཐོབ་པར་བྱེད་པའི་ཕྱིར་ཡང་ལྷག་པའི་དོན་དུ་སྒྲུབ་པ་དང་ལྡན་ནོ། །དུས་དུས་སུ་དེ་རྣམས་ཀྱི་ཉེས་པ་ཡང་ལེགས་པར་གླེང་བར་བྱེད་དོ། །དུས་དུས་སུ་རིགས་པར་སྨོད་པར་བྱེད་དོ། །དེ་དག་ན་བའམ་མི ་དགའ་བས་ཐེབས་ན་ཡང་ནང་ཞི་པར་བྱ་བ་དང། ཡིད་མི་དགའ་བ་བསལ་བའི་ཕྱིར་རྣམ་པ་ཐམས་ཅད་དུ་ཡལ་བར་མི་འདོར་རོ། །དེ་དག་གཟུགས་དང་དྲན་པ་དང། བརྩོན་འགྲུས་དང། ཤེས་པ་ལ་སོགས་པས་དམན་པ་ཡང་བརྙས་པར་མི་བྱེད་དོ། །དུས་དུས་སུ་དེ་དག ་ལ་སྐྱོ་བ་དང་དུ་བླངས་ཏེ། རིགས་པའི་ཚུལ་གྱིས་ཆོས་སྟོན་པར་བྱེད་དོ། །དུས་དུས་སུ་དེ་དག་ལ་དམིགས་པའི་ཡང་དག་པའི་གདམས་ངག་ཀྱང་སྦྱིན་པར་བྱེད་དོ། །དེ་བཞིན་དུ་འཁོར་རྗེས་སུ་བསྲུང་པར་བྱ་བའི་ཕྱིར་དང་བདག་ཉིད་ཁྱད་པར་དུ་འགྲོ་བར་བྱ་བའི་ཕྱིར་དཀྲུག ་པ་ཡང་བཟོད་ཅིང་འཁྲུགས་པར་མི་འགྱུར་རོ། །དེ་དག་དང་ཚུལ་དང་ཀུན་ཏུ་སྤྱོད་པ་མཚུངས་པ་འམ། ལྷག་པར་བྱེད་དེ་དམན་པར་ཡང་མི་བྱེད་དོ། །རྙེད་པ་དང་བཀུར་སྟི་ལ་ཡང་ཆགས་པར་མི་བྱེད། སྙིང་རྗེ་དང་ལྡན་པ་ཡིན།?་རྒོད་བག་མེད་ཅིང་འཕྱར་པ་མ་ཡིན་ལ། ་ཚུལ་ཁྲིམས་དང་ལྟ་བ་དང་སྤྱོད་པ་དང་འཚེ་བ་ཕུན་སུམ་ཚོགས་པ་ཡིན་ནོ། །བཞིན་གྱི་མདངས་སྟོན་ཅིང་ཁྲོ་གཉེར་མེད་ལ། དེས་པ་དང་སྙན་པར་སྨྲ་བ་དང། གསོད་པོར་སྨྲ་བ་དང། འཛུམ་པ་སྔོན་དུ་གཏོང་པ་ཡིན་ནོ། །དགེ་བའི་ཕྱོགས་ལ་རྟག་ཏུ་རྒྱུན་མི་འཆད་པར ་བརྩོན་ཏེ། བག་མེད་པ་དང། ལེ་ལོ་དང་བྲལ་བ་ཡིན་ནོ། །བྱང་ཆུབ་སེམས་དཔའ་ནི་དུས་ཐམས་ཅད་དུ་འཁོར་ཡོངས་སུ་འཛིན་པར་མི་བྱེད་དོ། །མི་འཛིན་པར་ཡང་མི་བྱེད་དོ། །གཞན་དུ་ཡང་མི་བྱེད་དོ། །དེ་ལ་སེམས་ཅན་གང་དག་ཡོངས་སུ་སྨིན་པ་ཆུང་ངུ་ལ ་གནས་པ་དེ་དག་ནི་བྱང་ཆུབ་སེམས་དཔའ་ཨི་ཡུན་རིང་པོར་འཛིན་པ་ཞེས་བྱ་སྟེ། ཡུན་རིང་མོ་ཞིག་གིས་རྣམ་པར་དག་པར་འགྱུར་བའི་སྐལ་པ་ཅན་ཡིན་པའི་ཕྱིར་རོ། །གང་དག་ཡོངས་སུ་སྨིན་པ་འབྲིང་ལ་གནས་པ་དེ་དག་ནི་ཡུན་རིང་པོ་མ་ཡིན་པར་འཛིན་པ་ཞེས་བྱ་སྟེ། ་རིང་པོར་མི་ཐོགས་པར་རྣམ་པར་དག་པར་འགྱུར་བའི་སྐལ་བ་ཅན་ཡིན་པའི་ཕྱིར་རོ། །སེམས་ཅན་གང་དག་ཡོངས་སུ་སྨིན་པ་ཆེན་པོ་ལ་གནས་པ་དེ་དག་ནི་བྱང་ཆུབ་སེམས་དཔའ་ཨི་འཛིན་པའི་ཐ་མ་ཞེས་བྱ་སྟེ། ཚེ་འདི་ཉིད་ལ་རྣམ་པར ་དག་པར་འགྱུར་པའི་སྐལ་པ་ཅན་ཡིན་པའི་ཕྱིར་རོ། དེ་ལྟར་ན་རྣམ་པ་དྲག་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེམས་ཅན་ལེགས་པར་ཡོངས་སུ་འཛིན་པ་ཡིན་ཏེ། ཡོངས་སུ་འཛིན་པ་ངེས་འདས་པ་དང། མ་འོངས་པ་དང་ད་ལྟར་བྱུང་བའི་བྱང་ཆུབ ་སེམས་དཔའ་རྣམས་ཀྱིས་སེམས་ཅན་རྣམས་ཡོངས་སུ་བཟུང་ངོ། །ཡོངས་སུ་འཛིན་པར་འགྱུར་རོ། །ཡོངས་སུ་འཛིན་པར་བྱེད་དེ། །དེ་ལས་གོང་ན་ཡང་མེད་དོ། །དེ་ལས་ལྷག་པ་ཡང་མེད་དོ། །དེ་ལྟར་སེམས་ཅན་ལེགས་པར་ཡོངས་སུ་འཛིན་པ་ལ་ཞུགས་པའི་བྱང་ཆུབ་སེམས ་དཔའ་རྣམས་ནི་གནོད་ཅིང་ཉམ་ང་བ་བཅུ་གཉིས་དང་ཕྲད་པར་འགྱུར་པར་རིག་པར་བྱ་སྟེ། དེ་དག་ལ་བྱང་ཆུབ་སེམས་དཔའ་མཁས་པར་བྱའོ། །སེམས་ཅན་འགལ་བར་གནས་པ་རྣམས་ལ་ཡང་ན་ནི་གནོད་པར་བྱ་དགོས། ཡང་ན་ནི་ཡལ་བར་འདོར་དགོས་པ་ནི ་བྱང་ཆུབ་སེམས་དཔའ་ཨི་གནོད་ཅིང་ཉམ་ང་བ་དང་ཕྲད་པ་ཡིན་ནོ། །སེམས་ཅན་ལ་སྦྱོར་བ་དྲག་པོ་ཡང་ཀུན་ཏུ་སྤྱོད་པ། བདག་གི་བསམ་པའི་ཉོན་མོངས་པ་ཡང་སྲུང་བར་བྱེད་པ་ནི་གནོད་ཅིང་ཉམ་ང་བ་དང་ཕྲད་པ་ཡིན་ནོ། །སྦྱིན་པར་བྱ་བའི་ཆོས་ནི་ཉུང་ངུ་ཞིག ་ཡོད་ལ། སློང་བ་བོ་ནི་མང་པོ་ཞིག་སློང་དུ་འོངས་པ་ནི་གནོད་ཅིང་ཉམ་ང་བ་དང་ཕྲད་པ་ཡིན་ནོ། །དེ་ནི་གཅིག་པུ་ཡིན་ལ་སེམས་ཅན་མང་པོ་ཞིག་གིས་བྱ་བ་རྣམ་པ་སྣ་ཚོགས་བྱུང་བ་ལ་གྲོགས་བྱ་བར་བཅོལ་བ་ནི་གནོད་ཅིང་ཉམ་ང་བ་དང་ཕྲད་པ་ཡིན་ནོ།། ་སེམས་ལས་སུ་མི་རུང་ཞེང་བག་མེད་པའི་གནས་འཇིག་རྟེན་པའི་སྙོམས་ལས་པར་འཇུག་པ་དགེ་བ་དང། ལྷའི་འཇིག་རྟེན་དུ་སྐྱེ་བ་ནི་གནོད་ཅིང་ཉམ་ང་བ་དང་ཕྲད་པ་ཡིན་ནོ། །སེམས་ཅན་གྱི་དོན་བྱ་བར་འདོད་ལ་སེམས་ཅན་གྱི་དོན་བྱ་བར་མི་ནུས་པ་འདི ་གནོད་ཅིང་ཉམ་ང་བ་དང་ཕྲད་པ་ཡིན་ནོ། །སེམས་ཅན་བླུན་པོ་དང། གཡོན་ཅན་དང། དམུ་རྒོད་རྣམས་ལ་ཆོས་བསྟན་པ་འམ་ཡལ་བར་འདོར་བ་ནི་གནོད་ཅིང་ཉམ་ང་བ་དང་ཕྲད་པ་ཡིན་ནོ། །འཁོར་བ་ལ་རྟག་ཏུ་ཉེས་པར་ཡང་བལྟ་ལ། འཁོར་བ་གཏོང་བར་ཡང ་མི་བྱེད་པ་ནི་གནོད་ཅིང་ཉམ་ང་བ་དང་ཕྲད་པ་ཡིན་ནོ། །བསམ་པ་རྣམ་པར་མ་དག་བཞིན་དུ་གཞན་དག་གིས་དམ་པ་མཆོག་ཏུ་སྡུག་པའི་དངོས་པོ་སློང་བ་ནི་གནོད་ཅིང་ཉམ་ང་བ་དང་ཕྲད་པ་ཡིན་ནོ། །སེམས་ཅན་བསམ་པ་ཐ་དད་པ་སྣ་ཚོགས་ཅན་དང་མོས་པ་སྣ་ཚོགས ་ཅན་དག་ལ་བརྔ་སྤྲད་པར་བྱ་བ་འམ་ཡལ་བར་འདོར་བ་ནི་གནོད་ཅིང་ཉམ་ང་བ་དང་ཕྲད་པ་ཡིན་ནོ། །ཤིན་ཏུ་བག་ཡོད་པར་ཡང་བྱ་དགོས་ལ་ཉོན་མོངས་པ་རྣམས་ཀྱང་ཐམས་ཅད་དུ་སྤང་བར་མི་བྱ་བ་ནི་གནོད་ཅིང་ཉམ་ང་བ་དང་ཕྲད་པ་ཡིན་ཏེ། དེ་ལྟར་གནོད་ཅིང་ཉམ ་ང་བ་དང་ཕྲད་པ་ཡིན་ཏེ། དེ་ལྟར་གནོད་ཅིང་ཉམ་ང་བ་དང་ཕྲད་པའི་བྱང་ཆུབ་སེམས་དཔའ་ནི་ཁ་ཅིག་ཏུ་གནོད་པ་ཆེ་ཆུང་བརྟགས་ལ་དེ་ཁོ་ན་བཞིན་དུ་སྦྱར་བར་བྱའོ། །ཁ་ཅིག་ཏུ་ནི་གང་ཟག་ལ་བརྟག་པར་བྱའོ། །ཁ་ཅིག་ཏུ་ནི་བརྟན་པོར་དམིགས་ཤིང་རྒྱུ་ཡང ་དག་པར་བླངས་ཏེ། འདུག་པར་བྱས་ལ་སྨོན་ལམ་དག་ཀྱང་ལེགས་པར་གདབ་པར་བྱའོ། །ཁ་ཅིག་ཏུ་ནི་སེམས་འཇུག་པར་མི་བྱའོ། །ཁ་ཅིག་ཏུ་ནི་ཤས་ཆེར་སོ་སོར་བརྟགས་ཏེ་གནས་པར་བྱས་ལ་མི་སྐྱེ་བ་དང་བཟོད་པར་བྱའོ། །ཁ་ཅིག་ཏུ་ནི་བཏང་སྙོམས་སུ་བཞག་པར ་བྱའོ། །ཁ་ཅིག་ཏུ་ནི་བརྩོན་འགྲུས་བརྩམས་ཞིང་བརྟུན་ཏེ་བྱའོ། །ཁ་ཅིག་ཏུ་ནི་ཐབས་ལ་མཁས་པར་བྱ་སྟེ། དེ་ལྟར་ཡང་དག་པའི་མཉེན་པོ་ལ་མཁས་པའི་བྱང་ཆུབ་སེམས་དཔའ་ནི་གནོད་ཅིང་ཉམ་ང་བ་ཐམས་ཅད་དང་ཕྲད་ཅིང་མངོན་སུམ་དུ་གྱུར་ཀྱང་ཡི་ཆད་པར ་མི་འགྱུར་ཏེ། བདག་ཉིད་ཀྱང་ལེགས་པར་སྲུང་བར་བྱེད་དོ། །བྱང་ཆུབ་སེམས་དཔའ་སའི་གཞིའི་རྣལ་འབྱོར་གྱི་གནས་ཐ་མ་ལས་ཡོངས་སུ་འཛིན་པའི་ལེའུ་སྟེ་གཉིས་པའོ། །།ཇི་སྐད་བསྟན་པའི་གནས་པ་བཅུ་གསུམ་པོ་འདི་དག་དང་ལྡན་པའི་ས ་བདུན་ཡོད་པར་རིག་པར་བྱ་སྟེ། བྱང་ཆུབ་སེམས་དཔའ་ཨི་ས་དྲུག་དང། བྱང་ཆུབ་སེམས་དཔའ་དང་དེ་བཞིན་གཤེགས་པའི་ས་འདྲེན་མ་གཅིག་སྟེ། རིགས་ཀྱིས་དང། མོས་པས་སྤྱོད་པའི་ས་དང། ལྷག་པའི་བསམ་པ་དག་པའི་ས་དང། ་སྤྱོད་པ་སྒྲུབ་པའི་ས་དང། ངེས་པའི་ས་དང། སྤྱོད་པ་ངེས་པའི་ས་དང། མཐར་ཐུག་པར་འགྲོ་བའི་སའོ། །འདི་དག་ནི་བྱང་ཆུབ་སེམས་དཔའ་ཨི་ས་བདུན་ཡིན་ཏེ། དེ་དག་ལས་ཐ་མ་ནི་འདྲེན་མ་ཡིན་ནོ། །དེ་ལ་རིགས་ལ་གནས་པ་དང། མོས་པས་སྤྱོད་པ་ལ་གནས་པ ་ནི་ས་གཉིས་སོ། །རབ་ཏུ་དགའ་བ་ལ་གནས་པ་ནི་ལྷག་པའི་བསམ་པ་དག་པའི་སའོ། །ལྷག་པའི་ཚུལ་ཁྲིམས་ལ་གནས་པ་དང། ལྷག་པའི་སེམས་ལ་གནས་པ་དང། ལྷག་པའི་ཤེས་རབ་ལ་གནས་པ་གསུམ་དང་མཚན་མ་མེད་པ་ལ་གནས་པ་རྩོལ་བ་དང་བཅས ་པ་ནི་སྤྱོད་པ་སྒྲུབ་པའི་སའོ། །མཚན་མ་མེད་པ་ལ་གནས་པ་ལྷུན་གྱིས་གྲུབ་པ་ནི་ངེས་པའི་ས་སྟེ། ས་དེ་ལ་བྱང་ཆུབ་སེམས་དཔའ་ཨི་ངེས་པར་འཇུག་པའི་གསུམ་པ་ལ་ཞུགས་པ་ཡིན་ནོ། །སོ་སོ་ཡང་དག་པར་རིག་པ་ལ་གནས་པ་ནི་སྤྱོད་པ་ངེས་པའི་སའོ། །གནས ་པ་མཆོག་དང་དེ་བཞིན་གཤེགས་པའི་གནས་པ་མཐར་ཐུག་པར་འགྲོ་བའི་ས་སྟེ། དེ་བཞིན་གཤེགས་པའི་གནས་པ་དང་ས་ནི་སངས་རྒྱས་ཀྱི་ཆོས་ཀྱི་གནས་པའི་ལེའུ་ལས་འོག་ནས་འཆད་དོ། །དེ་ལ་བྱང་ཆུབ་སེམས་དཔའ་མོས་པས་སྤྱོད་པའི་ས་ལས ་ལྷག་པའི་བསམ་པ་དག་པའི་ས་ལ་འཇུག་པ་ན། ངན་སོང་རྣམས་ལས་ཇི་ལྟར་ཡང་དག་པར་འདའ་བར་འགྱུར་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་ནི་འཇིག་རྟེན་པའི་ཡོངས་སུ་དག་པའི་བསམ་གཏན་ལ་བརྟེན་ནས་མོས་པས་སྤྱོད་པའི་ས་ལ་བྱང་ཆུབ་ཀྱི་ཚོགས ་ལེགས་པར་བསགས་ཏེ་སྔར་བསྟན་པའི་རྣམ་པ་བརྒྱ་རྩ་བཅུས་གཞན་ཡིད་ལ་མི་བྱེད་པར་སེམས་ཅན་རྣམས་ལ་སྙིང་བརྩེ་བསྒོམ་པར་བྱེད་དེ། དེས་སྒོམ་པའི་རྒྱུས་སེམས་ཅན་རྣམས་ལ་དེ་ལྟ་བུའི་སྙིང་བརྩེ་བའི་བསམ་པ་དང་སྙིང་རྗེ་པའི་བསམ་པ་ཐོབ་པར ་འགྱུར་ཏེ། དེས་ན་སེམས་ཅན་རྣམས་ཀྱི་དོན་དུ་ངན་སོང་རྣམས་ལ་ཁྱིམ་གྱི་གནས་ཀྱི་ཚུལ་དུ་གནས་པར་བྱེད་དེ། གལ་ཏེ་བདག་འདི་དག་ཉིད་ན་གནས་བཞིན་དུ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡང་དག་པར་འགྲུབ་པར་འགྱུར་པ་ལྟ་ན་ཡང་བདག་སེམས ་ཅན་རྣམས་ཀྱི་སྡུག་བསྔལ་བསལ་བ་སྤྱོའོ་སྙམ་སྟེ། སེམས་ཅན་རྣམས་ཀྱིས་ངན་སོང་བའི་ལས་ཐམས་ཅད་བསམ་པ་དག་པ་དེས་བདག་ཉིད་ལ་རྣམ་པར་སྨིན་པར་འདོད་ལ། མི་དགེ་བའི་ལས་ཐམས་ཅད་གཏན་དུ་ཀུན་ཏུ་མི་སྤྱོད་པར་ཡང་ཡིད་ལ་སྨོན་པར་བྱེད་དོ།། ་དེས་དེ་ལྟར་འཇིག་རྟེན་པའི་ཡོངས་སུ་དག་པའི་བསམ་གཏན་དེ་ཡོངས་སུ་བསྒོམས་པས་ངན་སོང་བའི་ཉོན་མོངས་པའི་ཕྱོགས་དང་མཐུན་པའི་གནས་ངན་ལེན་གནས་ལས་སེལ་བར་བྱེད་དེ། དེ་སྤངས་པས་སྡིག་པ་ངན་སོང་བའི་ལས་གཏན་མི་བྱེད་པ་དང། ངན་སོང ་དུ་འགྲོ་བའི་ཕྱིར་རིང་པོ་མི་ཐོགས་པར་བྱང་ཆུབ་སེམས་དཔའ་དེའི་གནས་འགྱུར་ཏེ། དེ་ཙམ་གྱིས་ནི་བྱང་ཆུབ་སེམས་དཔའ་ངན་སོང་དུ་འགྲོ་བ་ཐམས་ཅད་ལས་ཡང་དག་པར་འདས་ཤིང་མོས་པས་སྤྱོད་པའི་ས་ལས་ཀྱང་ཡང་དག་པར་འདས་ལ། ལྷག་པའི ་བསམ་པ་དག་པའི་ས་ལ་ཡང་ཞུགས་པ་ཡིན་ནོ། །གནས་པའི་ལེའུ་ལས་དད་པ་ལ་སོགས་པ་རྣམ་པར་སྦྱོང་བའི་ཆོས་བཅུ་པོ་གང་དག་བསྟན་པ་དེ་དག་ནི་འདིར་ཡང་ས་རྣམ་པར་སྤྱོད་པ་ཡིན་པར་རིག་པར་བྱ་སྟེ། དེ་དག་ནི་མི་མཐུན་པའི་ཕྱོགས་ཀྱི་གཉེན་པོར ་རྣམ་པར་བཞག་པར་རིག་པར་བྱའོ། །དོན་གྱི་མདོ་དང་གོ་རིམས་ཀྱང་རིག་པར་བྱའོ། །དེ་ལ་བཅུ་པོ་འདི་དག་ནི་ས་རྣམ་པར་སྦྱོང་བའི་ཆོས་བཅུ་པོ་དེ་དག་གི་མི་མཐུན་པའི་ཕྱོགས་ཀྱི་ཆོས་ཡིན་ཏེ། དེ་དག་གི་གཉེན་པོར་འདི་དག་རྣམ་པར་བཞག་པ་ཡིན་ནོ། །བཅུ་གང་ཞེ་ན། ་ཐམས་ཅད་ཀྱི་ཐམས་ཅད་དུ་སེམས་བསྐྱེད་པར་མི་རྩོམ་ཞིང། བྱང་ཆུབ་སེམས་དཔའ་བསླབ་པའི་བཞི་ཡང་དག་པར་མི་ལེན་པ་འདི་ནི་དད་པའི་མི་མཐུན་པའི་ཕྱོགས་ཀྱི་ཆོས་ཡིན་ཏེ། དེའི་གཉེན་པོ་ནི་དད་པའོ། །སེམས་ཅན་རྣམས་ལ་རྣམ་པར་འཚེ་བའི་སེམས་ནི་སྙིང་རྗེའི ་མི་མཐུན་པའི་ཕྱོགས་ཡིན་ཏེ། དེའི་གཉེན་པོ་ནི་སྙིང་རྗེའོ། །སེམས་ཅན་རྣམས་ལ་གནོད་སེམས་བྱེད་པ་ནི་བྱམས་པའི་མི་མཐུན་པའི་ཕྱོགས་ཡིན་ཏེ། དེའི་གཉེན་པོ་ནི་བྱམས་པའོ། །ལོངས་སྤྱོད་དང་སྲོག་ལ་ལྟ་བ་ནི་སྦྱིན་པའི་མི་མཐུན ་པའི་ཕྱོགས་ཡིན་ཏེ། །དེའི་གཉེན་པོ་ནི་གཏོང་བའོ། །སེམས་ཅན་རྣམས་ལ་གནོད་པར་བྱེད་པ་དང། ལོག་པར་སྒྲུབ་པ་རྙེད་པ་དང། བྱ་བ་མང་པོ་ནི་སྐྱེ་བའི་མི་མཐུན་པའི་ཕྱོགས་ཡིན་ཏེ། དེའི་གཉེན་པོ་ནི་མི་སྐྱེ་བའོ། །ཐབས་མེད་པའི་སྦྱོར་བའི་བསྟན་བཅོས་ཤེས ་པའི་མི་མཐུན་པའི་ཕྱོགས་ཡིན་ཏེ། དེའི་གཉེན་པོ་ནི་བསྟན་བཅོས་ཤེས་པའོ། །མི་ངེས་ཤིང་གཞན་གྱི་སེམས་དང་མཐུན་པར་མི་བྱེད་པ་ནི་འཇིག་རྟེན་ཤེས་པའི་མི་མཐུན་པའི་ཕྱོགས་ཡིན་ཏེ། དེའི་གཉེན་པོ་ནི་འཇིག་རྟེན་ཤེས་པའོ། །དགེ་བའི་ཆོས་སྒོམ་པ ་ལ་བག་ཆགས་མེད་ཅིང་ལེ་ལ་བྱེད་པ་ནི་ངོ་ཚ་ཤེས་པ་དང་ཁྲེལ་ཡོད་པའི་མི་མཐུན་པའི་ཕྱོགས་ཡིན་ཏེ། དེའི་གཉེན་པོ་ནི་ངོ་ཚ་ཤེས་པ་དང་ཁྲེལ་ཡོད་པའོ། །འཁོར་བའི་སྡུག་བསྔལ་ཡུན་རིང་པོ་སྣ་ཚོགས་མི་བཟད་ཅིང་རྒྱུན་མི་འཆད་པ་དག་གིས་ཉེན་པ་ནི ་བརྟན་པའི་སྟོབས་བསྐྱེད་པའི་མི་མཐུན་པའི་ཕྱོགས་ཡིན་ཏེ། དེའི་གཉེན་པོ་ནི་བརྟན་པའི་སྟོབས་བསྐྱེད་པའོ། །སྟོན་པ་ལ་སོམ་ཉི་དང་ཡིད་གཉིས་དང་ཐེ་ཚོམ་ཟ་བ་ནི་དེ་བཞིན་གཤེགས་པ་ལ་མཆོད་པ་དང། རིམ་གོ་བྱེད་པའི་མི་མཐུན་པའི་ཕྱོགས་ཡིན་ཏེ། ་དེའི་གཉེན་པོ་ནི་དེ་བཞིན་གཤེགས་པ་ལ་མཆོད་པ་དང། རིམ་གོ་བྱེད་པའོ། །དེ་ལྟར་ན་དེ་དག་ནི་མི་མཐུན་པའི་ཕྱོགས་ཀྱི་གཉེན་པོར་རྣམ་པར་བཞག་པ་ཡིན་ནོ། །དེ་དག་གི་དོན་གྱི་མདོ་གང་ཞེ་ན། མདོར་བསྡུ་ན་ཆོས་བཅུ་པོ་འདི་དག་གིས་བསམ་པ་དག་པ ་དང། སྦྱོར་བ་དག་པར་ཡོངས་སུ་བསྟན་ཏོ། །དེ་ལ་དང་པོ་གསུམ་གྱིས་ནི་བསམ་པ་དག་པར་བསྟན། ལྷག་མ་རྣམས་ཀྱིས་ནི་སྦྱོར་བ་དག་པར་བསྟན་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་བྱང་ཆུབ་ལ་མངོན་པར་དད་པ་ནི་སེམས་ཅན་སྡུག་བསྔལ་པ་རྣམས ་ལ་སྙིང་རྗེའོ། །སྙིང་རྗེ་བར་གྱུར་ན་བདག་གིས་འདི་དག་ཡོངས་སུ་བསྐྱབ་པར་བྱའོ་སྙམ་དུ་བྱམས་པར་འགྱུར་རོ། །དེ་ལྟར་བྱམས་པའི་སེམས་སུ་གྱུར་ན། ལོངས་སྤྱོད་དང། སྲོག་ལ་མི་ལྟ་བས་དེ་དག་ལ་ཡོངས་སུ་གཏོང་བར་འགྱུར། མི་ལྟ་བས་དེ་དག་གི་དོན་ལ་སྦྱོར་བ ་ན་ཡོངས་སུ་མི་སྐྱེ་བའོ། ཡོངས་སུ་མི་སྐྱོ་ན་བསྟན་བཅོས་ཤེས་པར་འགྱུར་རོ། །བསྟན་བཅོས་ཤེས་ན་ངེས་ཇི་ལྟར་འཇིག་རྟེན་དུ་འཇུག་པར་བྱ་བ་དེ་བཞིན་དུ་ཤེས་ཏེ། དེ་ལྟར་ན་འཇིག་རྟེན་ཤེས་པ་ཡིན་ནོ། །བདག་ཉིད་ཀྱང་ཉོན་མོངས་པ་ཀུན་ཏུ་སྤྱོད་པས་ངོ་ཚ་ཞིང ་ཁྲེལ་ཡོད་པར་བྱེད་དོ། །ངོ་ཚ་ཤེས་པ་དང་ལྡན་ཞིང་ཁྲེལ་ཡོད་པ་དང་ལྡན་ན་ཉོན་མོངས་པའི་དབང་དུ་མི་འགྱུར་ཞིང། རྟན་པའི་སྟོབས་བསྐྱེད་པར་འགྱུར་རོ། །བརྟན་པའི་སྟོབས་བསྐྱེད་པ་ཐོབ་ན་ཡང་དག་པའི་སྦྱོར་བ་ལས་ཡོངས་སུ་ཉམས་པར་མི་འགྱུར་ཞིང། ་དགེ་བའི་ཆོས་རྣམས་ཀྱིས་རྣམ་པར་འཕེལ་ལ། སྒྲུབ་པའི་མཆོད་པ་དང། རྙེད་པ་དང། བཀུར་སྟིའི་མཆོད་པས་དེ་བཞིན་གཤེགས་པ་ལ་མཆོད་པ་དང། རིམ་གྲོ་བྱེད་པར་འགྱུར་ཏེ། དེ་ལྟར་ན་འདི་ནི་ཆོས་བཅུ་པོ་དེ་དག་གོ་རིམ་བཞིན་དུ་ཡང་དག་པར་འགྲུབ་པ་ཡིན ་པར་རིག་པར་བྱའོ། །ཆོས་བཅུ་པོ་འདི་རྣམས་ཀྱིས་ནི་ས་ཐམས་ཅད་རྣམ་པར་སྤྱོད་པར་འགྱུར་རོ། །གཞིའི་རྣལ་འབྱོར་གྱི་གནས་ཐ་མ་ལས། སའི་ལེའུ་སྟེ་གསུམ་པའོ།། །།མོས་པས་སྤྱོད་པའི་ས་ཡན་ཆད་བྱང་ཆུབ་སེམས་དཔའ་ཨི་ས ་ཐམས་ཅད་ལ་ནི་མདོར་བསྡུ་ན། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་པ་བཞི་ཡོད་པར་རིག་པར་བྱ་སྟེ། བཞི་གང་ཞེ་ན། །ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ་དང། བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་སྤྱོད་པ་དང། མངོན་པར་ཤེས་པའི་སྤྱོད་པ་དང། སེམས་ཅན ་ཡོངས་སུ་སྨིན་པའི་སྤྱོད་པའོ། །དེ་ལྟར་སྔར་བསྟན་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་དང། ཐབས་ལ་མཁས་པས་ཕ་རོལ་ཏུ་ཕྱིན་པ་དང། སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པ་དང། སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང། ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང། ཕ་རོལ་ཏུ་ཕྱིན ་པ་བཅུ་པོ་འདི་དག་བསྡུས་པ་ལ་ནི་ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ་ཞེས་བྱའོ། །དེ་ལྟར་སྔར་བསྟན་པའི་ཐབས་ལ་མཁས་པ་རྣམ་པ་བཅུ་གཉིས་ནི་ཐབས་ལ་མཁས་པའི་ཕ་རོལ་ཏུ་ཕྱིན་པའོ། །སྔར་བསྟན་པའི་སྨོན་ལམ་རྣམ་པ་ལྔ་ནི་སྨོན་ལམ ་གྱི་ཕ་རོལ་ཏུ་ཕྱིན་པའོ། །སྟོབས་བཅུའི་སྦྱོར་བ་རྣམ་པར་དག་པ་ནི་སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཆོས་ཐམས་ཅད་ལ་ཅི་ལྟ་བ་བཞིན་དུ་རྣམ་པར་གཞག་པ་ཤེས་པ་ནི་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །དེ་ལ་དོན་དམ་པ་འཛིན་པ་ལ་ཞུགས་པའི ་ཤེས་རབ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཀུན་རྫོབ་འཛིན་པ་ལ་ཞུགས་པ་ནི་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། འདི་གཉིས་ཀྱི་བྱེ་བྲག་ནི་དེ་ཡིན་ནོ། །རྣམ་གྲངས་གཞན་ཡང་ཡེ་ཤེས་ཆེད་མེད་པ་ནི་ཐབས་ལ་མཁས་པའི་ཕ་རོལ་ཏུ་ཕྱིན་པའོ། །གོང ་ནས་གོང་དུ་ཡེ་ཤེས་ཁྱད་པར་ཅན་དོན་དུ་གཉེར་བ་ནི་སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པའོ། །བདུད་ཐམས་ཅད་ཀྱིས་ལམ་མི་ཆོད་པ་ནི་སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཇི་ལྟ་བ་བཞིན་དུ་ཤེས་བྱ་རྟོ་ཁ་ནི་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །སྔར་ཇི་སྐད་བསྟན་པའི་དྲན་པ ་ཉེ་བར་གཞག་པ་ཡན་ཆད་བྱང་ཆུབ་ཀྱི་ཕྱོགས་དང་འཐུན་པའི་ཆོས་སུམ་ཅུ་རྩ་བདུན་དང། ཡོངས་སུ་ཚོལ་བ་བཞི་དང། ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པ་བཞི་པོ་དེ་དག་བསྡུས་པ་ལ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱང་ཆུབ་ཀྱི་ཕྱོགས་དང ་མཐུན་པའི་སྤྱོད་པ་ཞེས་བྱའོ། །མཐུའི་ལེའུ་ལས་ཇི་སྐད་བསྟན་པའི་མངོན་པར་ཤེས་པ་དྲུག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མངོན་པར་ཤེས་པའི་སྤྱོད་པ་ཞེས་བྱའོ། །སྔར་བསྟན་པའི་དཔག་ཏུ་མེད་པ་གཉིས་ཏེ། འདུལ་བ་དཔག་ཏུ་མེད་པ་དང། འདུལ་བའི ་ཐབས་དཔག་ཏུ་མེད་པ་དང། སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ལེའུ་ལས་ཇི་སྐད་བསྟན་པའི་སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་ཐམས་ཅད་བསྡུས་པ་ནི་བྱང་ཆུབ་སེམས་དཔའ་ཨི་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་སྤྱོད་པ་ཞེས་བྱ་སྟེ། བྱང་ཆུབ་སེམས་དཔའ་ཨི ་སྤྱོད་པ་འདི་བཞིས་ནི་བྱང་ཆུབ་སེམས་དཔའ་ཨི་སྤྱོད་པ་ཐམས་ཅད་བསྡུས་པར་རིག་པར་བྱའོ། །དེ་ལ་སྦྱིན་པ་ལ་སོགས་པའི་ཚེས་བཅུ་པོ་འདི་དག་ནི་ཡུན་རིན་པོ་བསྐལ་པ་གྲངས་མེད་པ་གསུམ་གྱིས་ཡང་དག་པར་འགྲུབ་པ་དང། དེ་མ་ཡིན་པ་འཇིག་རྟེན་པ་དང། ཉན་ཐོས ་རང་རང་སངས་རྒྱས་ཀྱི་དགེ་བའི་རྩ་བ་ཐམས་ཅད་པས་རང་བཞིན་གྱིས་རྣམ་པར་དག་པའི་ཁྱད་པར་དང། བྱང་ཆུབ་མཆོག་གི་འབྲས་བུ་ཡོངས་སུ་འཛིན་པའི་ཕྱིར། དུས་ཀྱི་མཆོག་གིས་ཡང་དག་པར་འགྲུབ་པ་དང། དེ་མ་ཡིན་པ་འཇིག་རྟེན་པ་དང། ཉན་ཐོས་དང ་རང་སངས་རྒྱས་ཀྱི་དགེ་བའི་རྩ་བ་ཐམས་ཅད་པས་རང་བཞིན་གྱིས་རྣམ་པར་དག་པའི་ཁྱད་པར་དང། བྱང་ཆུབ་མཆོག་གི་འབྲས་བུ་ཡོངས་སུ་འཛིན་པའི་ཕྱིར་དུས་ཀྱི་མཆོག་གི་ཡང་དག་པར་འགྲུབ་པ་དང། རང་བཞིན་རྣམ་པར་དག་པའི་མཆོག་གིས་རྣམ་པར་དག་པ ་དང། འབྲས་བུ་མཆོག་སྦྱིན་པར་བྱེད་པས་ན་དེའི་ཕྱིར་ཕ་རོལ་ཏུ་ཕྱིན་པའོ། །ཕ་རོལ་ཏུ་ཕྱིན་པ་རྣམས་ནི་རྒྱུ་གསུམ་གྱིས་གོ་རིམས་སུ་བཞག་པར་རིག་པར་བྱ་སྟེ། གསུམ་གང་ཞེ་ན། གཉེན་པ་དང། འབྱུང་བ་དང། རྣམ་པར་སྨིན་པའི་འབྲས་བུས་སོ། །དེ་ལ་སེར ་སྣ་དང། ཉེས་པར་སྤྱོད་པ་དང། སེམས་ཅན་རྣམས་ལ་ཁོ་ན་གྱིས་གནོད་པར་བྱེད་པ་དང། ལེ་ལོ་དང། རྣམ་པར་གཡེང་བ་དང། མོང་དམའ་ཞིང་ཏ་འདང་ཅན་དང། ཆོས་དྲུག་པོ་འདི་དག་ནི་ཟང་ཟིང་དང། ཆོས་དང། བྱང་ཆུབ་ལ་སྒྲིབ་པའི་གནས་ཡིན་ཏེ། ཚེས ་དྲུག་པོ་འདི་དག་གི་གཉེན་པོར་ཕ་རོལ་ཏུ་ཕྱིན་པ་དྲུག་ཅི་རིགས་པར་རིག་པར་བྱའོ། །དེ་མ་ཡིན་པའི་ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱང་འདི་དག་ཉིད་དུ་འདུས་ཏེ། དེ་ལྟར་ན་གཉེན་པོར་རྣམ་པར་བཞག་པ་ཡིན་ནོ། །འབྱུང་བས་ཇི་ལྟ་བུ་ཞེ་ན། འདི་ལ་ཐོག་མ་ཁོ་ནར་བྱང་ཆུབ ་སེམས་དཔའ་ལོངས་སྤྱོད་ལ་མི་ལྟ་ན་ཁྱིམ་གྱི་འདོད་པ་རྣམས་བཏང་ནས་ཚུལ་ཁྲིམས་ཡང་དག་པར་ལེན་པར་བྱེད་དོ། །ཚུལ་ཁྲིམས་ལ་གུས་ན་གཞན་གྱིས་རྣམ་པར་ཐོ་བ་ཙམ་པ་བཟོད་དེ་གཞན་ལ་རྣམ་པར་ཐོ་མི་འཚམ་མོ། དེ་ཡང་དག་པར་ལེན་པ་དང། ་བཟོད་པས་ཚུལ་ཁྲིམས་རྣམ་པར་དག་པ་ན་མི་འགྱུར་བ་དང། རྒྱུན་མི་འཆད་པར་དགེ་བའི་ཕྱོགས་ལ་སྦྱོར་བ་སྦྱོར་རོ། །དེ་དེ་ལྟར་བརྩོན་འགྲུས་ཀྱི་བག་ཡོད་པར་གྱུར་ན། སེམས་རྩེ་གཅིག་པ་དགེ་བ་ལ་རེག་པར་འགྱུར་རོ། །དེ་དེ་ལྟར ་སེམས་མཉམ་པར་བཞག་ན་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་བྱ་ཤེས་ཤིང་མཐོང་བར་བྱ་བ་མཐོང་སྟེ། དེ་ལྟར་ན་དེ་རྣམས་འབྱུང་བའི་གོ་རིམས་ཀྱིས་རྣམ་པར་གཞག་པར་རིག་པར་བྱའོ། །རྣམ་པར་སྨིན་པའི་འབྲས་བུས་ཇི་ལྟ་བུ་ཞེ་ན། འདི་ལ་བྱང ་ཆུབ་སེམས་དཔའ་ཚེ་འདི་ལ་སྦྱིན་པ་ལ་སོགས་པ་དགེ་པའི་ཆོས་འདི་དག་ཡང་དག་པར་བླངས་ཏེ་འདུག་པ་ནི། གཞི་དེས་ཕྱི་མ་ལ་སྦྱིན་པ་ལས་གྱུར་པའི་ཕྱི་རོལ་གྱི་ལོངས་སྤྱོད་ཕུན་སུམ་ཚོགས་པ་ཐོབ་པར་འགྱུར་ལ། དེ་མ་ཡིན་པ་ཚུལ་ཁྲིམས་ལ ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་ལས་གྱུར་པའི་ནང་གི་ལུས་ཀྱི་ཕུན་སུམ་ཚོགས་པ་རྣམ་པ་ལྔ་ཐོབ་པར་འགྱུར་ཏེ། ལུས་ཀྱི་ཕུན་སུམ་ཚོགས་པ་རྣམ་པ་ལྔ་གང་ཞེ་ན། བདེ་འགྲོར་གཏོགས་པའི་ལྷ་དང་མི་དང་དེ་མ་ཡིན་པའི་སེམས་ཅན ་རྣམས་ལས་ཚེ་ལ་སོགས་པ་ཁྱད་པར་དུ་འཕགས་པ་དང་ལྡན་པ་འདི་ནི་ཕུན་སུམ་ཚོགས་པ་དང་པོའོ། །རང་བཞིན་གྱིས་དགེ་བ་ལ་སྦྱོར་བ་ལ་མི་སྐྱོ་བ་དང། གཞན་གྱིས་ཉེས་པ་བཟོད་པ་དང་གཞན་ལ་གནོད་པ་མི་དགའ་བ་འདི་ནི་ཕུན་སུམ་ཚོགས་པ་གཉིས་པའོ། །རང ་བཞིན་གྱིས་བརྩམས་པ་ཐམས་ཅད་ལ་འབད་པ་བརྟན་པ་འདི་ནི་ཕུན་སུམ་ཚོགས་པ་གསུམ་པའོ། །རང་བཞིན་གྱིས་ཉོན་མོངས་པ་ཤས་ཆུང་ཞིང་དོན་ཐམས་ཅད་ལ་མངོན་པར་ཤེས་པ་མྱུར་བར་བྱ་བ་ལ་རང་གི་སེམས་ལ་དབང་ཞིང་སེམས་ལས་སུ་རུང་བ་འདི ་ནི་ཕུན་སུམ་ཚོགས་པ་བཞི་པའོ། །རང་བཞིན་གྱི་བློ་རྒྱ་ཆེ་བ་དང། དོན་ཐམས་ཅད་ལ་མཁས་ཤིང་མཛངས་པ་འདི་ནི་ཕུན་སུམ་ཚོགས་པ་ལྔ་པ་སྟེ། འབྲས་བུ་རྣམ་པར་སྨིན་པ་ལས་གྱུར་པ་འདི་དག་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་རྣམས་ཀྱི་གོ་རིམས་སུ་རྣམ་པར་གཞག ་པ་གཞན་ཡིན་པར་རིག་པར་བྱའོ། །དེ་ལ་ཕ་རོལ་ཏུ་ཕྱིན་པ་བཞི་ཚོགས་དང། རང་བཞིན་དང། འཁོར་དང། ཀུན་ཏུ་བསྲུང་པ་དང་བཅས་པས་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་ཡོངས་སུ་རྫོགས་པར་རིག་པར་བྱའོ། །བསམ་གཏན་གྱི ་ཕ་རོལ་ཏུ་ཕྱིན་པས་ནི་ལྷག་པའི་སེམས་ཀྱི་བསླབ་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ནི་ལྷག་པའི་ཤེས་རབ་ཀྱི་བསླབ་པ་སྟེ། བྱང་ཆུབ་སེམས་དཔའ་ཨི་བསླབ་པའི་ལམ་ནི་གསུམ་ལས་ལྷག་པ་མེད་དོ། །དེ་བས་ན་བྱང་ཆུབ་སེམས་དཔའ་ཨི་བསླབ་པའི་ལམ ་ཐམས་ཅད་འདུས་པའི་ཕྱིར་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་ཁོ་ནར་རྣམ་པར་གཞག་པ་ཡིན་ཏེ། འདི་ལས་གོང་ན་ཡང་མེད་དོ། །འདི་ལས་ལྷག་པ་ཡང་མེད་དོ། །བྱང་ཆུབ་སེམས་དཔའ་ཨི་བྱ་བ་ནི་མདོར་བསྡུ་ན་བཞི་པོ་འདི་དག་ཡིན་ཏེ། དེ་དག་གིས་དེ་རྣམས་ཀྱི་བྱ་བ་ཾ་ཐམས་ཅད་བསྡུས་ཏེ། བྱང་ཆུབ་ཀྱི་ཕྱིར་དགེ་བ་ལ་གོམས་པར་བྱེད་པ་དང། དེའི་སྔོན་དུ་འགྲོ་བའི་དེ་ཁོ་ནའི་དོན་རྟོག་པར་བྱེད་པ་དང། མཐུ་ཡང་དག་པར་འགྲུབ་པར་བྱ་བ་དང། སེམས་ཅན་ཡོངས་སུ་སྨིན་པར་བྱའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ནི་བྱ་བ ་བཞི་པོ་འདི་དག་སྤྱོད་པ་བཞི་པོ་དག་གི་གོ་རིམ་བཞིན་དུ་བྱེད་ཅིང་རྗེས་སུ་སྒྲུབ་བོ། །དེ་ལྟ་བས་ན་དེའི་གོང་དུ་སྤྱོད་པ་རྣམ་པར་བཞག་པ་མེད་དོ། །གཞིའི་རྣལ་འབྱོར་གྱི་གནས་ཐ་མ་ལས་སྤྱོད་པའི་ལེའུ་སྟེ་བཞི་པའོ།། །།དེ་ལ་དེ་བཞིན ་གཤེགས་པའི་གནས་པ་དང། དེ་བཞིན་གཤེགས་པའི་མཐར་ཐུག་པར་འགྲོ་བའི་ས་ལས་བརྩམས་ཏེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བརྒྱ་བཞི་བཅུ་ཡོད་དེ། སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང། དཔེ ་བྱད་བཟང་པོ་བརྒྱད་ཅུ་དང། རྣམ་པ་ཐམས་ཅད་ཡོངས་སུ་དག་པ་བཞི་དང། དེ་བཞིན་གཤེགས་པའི་སྟོབས་བཅུ་དང། མི་འཇིགས་པ་བཞི་དང། དྲན་པ་ཉེ་བར་བཞག་པ་གསུམ་དང། བསྲུང་བ་མེད་པ་གསུམ་དང། ཐུགས་རྗེ་ཆེན་པོ་དང། སྙེལ་བ་མི་མངའ་བའི ་ཆོས་ཉིད་དང། བག་ཆགས་ཡང་དག་པར་འཇོམས་པ་དང། རྣམ་པ་ཐམས་ཅད་དང་མཆོག་མཁྱེན་པའོ། །སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་པོ་དག་གང་ཞེ་ན། སྐྱེས་བུ་ཆེན་པོའི་ཞབས་ཤིན་ཏུ་གནས་པ་སྟེ། ་ས་ལ་མཉམ་པར་འབབ་པ་འདི་ནི་སྐྱེས་བུ་ཆེན་པོའི་མཚན་ཡིན་ནོ། །ཕྱག་དང་ཞབས་གཉིས་ཀྱི་མཐིལ་ནས་འཁོར་ལོ་རྩིབས་སྟོད་དང་ལྡན་པ་མུ་ཁྱུད་ཅན་ལྟེ་བ་དང་བཅས་པ་རྣམ་པ་ཐམས་ཅད་ཡོངས་སུ་རྫོགས་པ་བྱུང་བ་དང། སྐྱེས་བུ་ཆེན་པོའི་ཞབས ་སོར་མོ་རིང་པ་དང། ཞབས་ཀྱི་རྟིང་པ་ཡངས་པ་དང། ཕྱག་དང་ཞབས་འཇམ་ཞིང་གཞོན་ཤ་ཆགས་པ་དང། ཕྱག་དང་ཞབས་དྲ་བས་འབྲེལ་བ་དང། ཞབས་འབར་འབུར་མེད་པ་དང། བྱིན་པ་རི་དགས་ཨེ་ཎེ་ཡའི་ལྟ་བུ་དང། སྐུ་མ་བཏུད་པ་དང། འདོམས ་ཀྱི་སྤ་བ་སྤུངས་སུ་ནུབ་པ་དང། ཤིང་ནྱ་གྲོ་དྷ་ལྟར་ཆུ་ཞེང་གབ་པ་དང། སྐུའི་སྤུ་གྱེན་དུ་ཕྱོགས་པ་དང། སྡུ་རེ་རེ་སྟེ་དེའི་སྐུའི་སྤུ་རེ་རེ་ནས་སྐྱེ་ལ་འཇམ་ཞིང་མཐོན་མཐིང་ལ་ལྕང་ལོར་གཡས་སུ་འཁྱིལ་བ་དང། སྐུ་མདོག་གསེར་འདྲ་ཞིང་འོད་འདོམ་གང་དང ་ལྡན་པ་དང། ལྤགས་པ་སྲབ་སྟེ་ལྤགས་པ་སྲབ་པའི་ཕྱིར་དེའི་སྐུ་ལ་རྡུལ་དང་དྲི་མ་མི་ཆགས་པ་དང། སྐུའི་བདུན་མཐོ་བས་ཏེ་དེའི་སྐུ་བདུན་མཐོ་བར་གྱུར་པ་ནི་ཕྱག་ལ་གཉིས་དང། ཞབས་ལ་གཉིས། ཕྲག་པ་ལ་གཉིས་དང། མགུར་ལ་གཅིག་།རོ ་སྟོང་སེང་གེའི་འདྲ་བ་དང། དཔུང་ན་གོ་ལགས་པར་གྲུབ་པ་དང། ཐལ?་གོང་རྒྱས་པ་དང། སྐུ་ཆེ་ཞིང་དྲང་བ་དང། ཚེམས་བཞི་བཅུ་མངའ་བ་དང། ཚེམས་མཉམ་པ་དང། ཚེམས་ཐགས་བཟང་བ་དང། ཚེམས་ཤིན་ཏུ་དཀར་པ་དང། བགྲམ་པ་སེངྒེའི་འདྲ ་བ་དང། ལྗགས་རིང་ཞིང་སྲབ་པ་དང། ལྗགས་རིང་བས་ཞལ་ནས་ལྗགས་རྒྱང་ན་ཞལ་ཐམས་ཅད་དབུ་སྐྲའི་མཚམས་ལ་ཐུག་ཁེབས་པ་དང། རོ་བྲོ་བ་མཁྱེན་པ་དང། ཚངས་པའི་དབྱངས་དང་ལྡན་ཏེ། བྱ་ཀལ་པིངཀ་བཞིན་དུ་གསུང་ཡིད་དུ་འོང་ཞིང་གསུང་གི་གདངས་རྔ་སྒྲ་ལྟ་བུ་དང ་སྤྱན་མཐོན་མཐིང་དང། རྫིམ་བའི་ལྟ་བུ་དང། དབུ་གཙུག་ཏོར་དང་ལྡན་པ་དང། དེའི་མཛོད་སྤུ་དུང་གི་མདོག་འདྲ་བ་ལ་གཡས་སུ་འོ་འཁྱོལ་བ། སྨིན་མཚམས་སུ་བྱུང་བ་འདི་ནི་སྐྱེས་བུ་ཆེན་པོའི་མཚན་ཡིན་ནོ། །དཔེ་བྱད་བཟང་པོ་བརྒྱད་ཅུ་གང་ཞེ་ན། ཕྱག་དང་ཞབས་ཀྱི་སོར་མོ ་ཉི་ཤུ་ཚིགས་དང་བཅས་པ་དང། སེན་མོ་དང་བཅས་པ་རྣམས་དཔེ་བྱད་བཟང་པོ་ཉི་ཤུ་དང། ཕྱག་དང་ཞབས་གཉིས་ལ་མཐིལ་རྒྱབ་བརྒྱད་སྟེ། ཕྱག་གཉིས་ལོ་བཞི་དང། ཞབས་གཉིས་ལ་བཞི་སྟེ། དཔེ་བྱད་བཟང་པོ་བརྒྱད་དང། ལོང་བུ་དང། པུས་མོ་དང། བ ་རྣམ་པ་དྲུག་རྒྱས་པ་དཔེ་བྱད་བཟང་པོ་དྲུག་དང། ཕྱག་གི་རྣམ་པ་དྲུག་རྒྱས་པ་དཔེ་བྱད་བཟང་པོ་དྲུག་དང། སྟ་ཟུར་དང། རྐེད་པ་དང། འབྲས་བུ་གཉིས་ལ་དཔེ་བྱད་བཟང་པོ་གཉིས་དང། འདོམས་དང། ནམ་འཚོང་གཉིས་ལ་དཔེ་བྱད་བཟང་པོ་གཉིས་དང། དཀུད་དོ་དང། ་ཕྱལ་དང། ལྟ་བ་དང། རྩེ་བས་ལོགས་གཉིས་དང། མཚན་ཁུང་གཉིས་དང། ནུ་མ་གཉིས་བསྡུས་པ་ལ་དཔེ་བྱད་བཟང་པོ་དྲུག་དང། བྲང་དང་ཐུགས་ཀ་དང། མགུར་དང། རྒྱབ་དང། དཔེ་བྱད་བཟང་པོ་དྲུག་ཅུ་པོ་འདི་རྣམས་ནི་མགུར་ཡན་ཆད་མ་གཏོགས་པར་སྐུ ་མན་ཆད་དུ་གཏོགས་པ་ཡིན་ནོ། །ཚེམས་ཀྱི་ཕྲེང་བ་གཉིས་ལ་དཔེ་བྱད་བཟང་པོ་གཉིས་དང། དཀན་ཐོན་ཀོར་དང་བཅས་པ་དང་སྒྲོས་གཉིས་ལ་དཔེ་བྱད་བཟང་པོ་གཉིས་དང། མཁུར་བ་ཤིན་ཏུ་རྒྱས་པ་དང། འགྲམ་པ་རྒྱས་ཤིང་དབྱིབས་ལེགས་པ་དཔེ་བྱད་བཟང ་པོ་གཉིས་དང། སྤྱན་གཉིས་ཐོན་ཀོར་དང་བཅས་པ་དཔེ་བྱད་བཟང་པོ་གཉིས་དང། སྨིན་མ་གཉིས་དཔེ་བྱད་བཟང་པོ་གཉིས་དང། ཤངས་ཀྱི་བུ་ཀ་གཉིས་དཔེ་བྱད་བཟང་པོ་གཉིས་དང། དཔྲལ་བ་དང་སྤྱན་གྱི་གྲ་གཉིས་དང། སྙན་གཉིས་ནི་དཔེ་བྱད་བཟང་པོ་བཞི་དང། ་དབུ་སྐྲ་དང་བཅས་པའི་དཔེ་བྱད་བཟང་པོ་དང། འདི་རྣམས་ནི་མགུར་ཡན་ཆད་ཀྱི་དཔེ་བྱད་བཟང་པོ་ཉི་ཤུ་ཡིན་ཏེ། སྔ་མའི་དྲུག་ཅུ་དང། ཕྱི་མའི་ཉི་ཤུ་གཅིག་ཏུ་བསྡོམས་ནས་དཔེ་བྱད་བཟང་པོ་བརྒྱད་ཅུར་འགྱུར་ཏེ། མཚན་དང་དཔེ་བྱད་བཟང་པོ་འདི་དག་ནི་ལྷག་པའི ་བསམ་པ་དག་པའི་ས་ལ་ཞུགས་པའི་བྱང་ཆུབ་སེམས་དཔའ་རྣམ་པར་སྨིན་པས་འཐོབ་པ། །དེ་ཡན་ཆད་ནས་བྱང་ཆུབ་ཀྱི་སྙིང་པོ་ལ་ཞུགས་པའི་བར་དུ་ནི་དེ་དག་གོང་ནས་གོང་དུ་རྣམ་པར་དག་པར་འགྱུར་བར་རིག་པར་བྱའོ། ལྷག་མམ། ་འདྲེས་པ་རྣམ་པ་ཐམས་ཅད་ཡོངས་སུ་དག་པ་ལ་སོགས་པ་ཤིན་ཏུ་རྣམ་པར་དག་ཅིང་ཡོངས་སུ་རྫོགས་པ་རྣམས་ཀྱང་ཐོབ་པར་འགྱུར་རོ། །མ་རྫོགས་པ་ནི་ལྷག་པའི་བསམ་པ་དག་པའི་ས་ཡན་ཆད་ནས་སྔོན་བྱང་ཆུབ་སེམས་དཔར་འགྱུར་བ་ན་ཡང་དེ་དག་དང་ལྡན་པར ་ཡོད་དོ། བྱང་ཆུབ་ཀྱི་ཚོགས་ཐམས་ཅད་ནི་བྱེ་བྲག་མེད་པར་མཚན་དང་དཔེ་བྱད་བཟང་པོ་ཐམས་ཅད་འགྲུབ་པར་བྱེད་པ་ཡིན་ནོ། །བྱང་ཆུབ་ཀྱི་ཚོགས་དེ་ཡང་རྣམ་པ་གཉིས་བྱང་ཆུབ་དང་ཉེ་བ་དང་རིང་པའོ། །དེ་ལ་རིང་པ་ནི་རྣམ་པར་སྨིན་པས་མ་ཐོབ་པའི་མཚན ་དང་དཔེ་བྱད་བཟང་པོ་གང་ཡོད་པའོ། །ཉེ་བ་ནི་རྣམ་པར་སྨིན་པར་དང་པོ་ཐོབ་པའི་མཚན་དང་དཔེ་བྱད་བཟང་པོ་རྣམས་དང། དེ་ལས་གོང་ནས་གོང་དུ་རྣམ་པར་དག་པའི་ཁྱད་པར་དུ་གྱུར་པའི་ཚེ་གང་ཡིན་པའོ། །མཚན་དང་དཔེ་བྱད་བཟང་པོ་འདི་དག་ནི་ལས་རྣམ་པ་སྣ ་ཚོགས་མངོན་པར་འདུ་བྱེད་པའི་འབྲས་བུ་ཡིན་ཏེ། འདུལ་བ་འདོད་པ་རྣམས་ཀྱིས་དབང་དུ་མཛད་ནས་བཅོམ་ལྡན་འདས་ཀྱིས་གསུངས་སོ། །དེ་ཅིའི་ཕྱིར་ཞེ་ན། སེམས་ཅན་སྡིག་པའི་ལས་རྣམ་པ་སྣ་ཚོགས་ཀུན་ཏུ་སྤྱོད་པ་ལ་དགའ་བ་དེ་དག་ཅི་ལྟར་ན་སྡིག་པའི་ལས ་མི་མཐུན་པའི་ཕྱོགས་སུ་གྱུར་པ་རྣམ་པ་སྣ་ཚོགས་དེའི་གཉེན་པོ་དགེ་བ་རྣམ་པ་སྣ་ཚོགས་མཚན་དང་དཔེ་བྱད་བཟང་པོ་འགྲུབ་པར་བྱེད་པའི་ལས་གང་ཡིན་པ་དེའི་འབྲས་བུའི་ཕན་ཡོན་རྣམ་པ་སྣ་ཚོགས་དེ་ཐོས་ན། འབྲས་བུའི་ཕན་ཡོན་ཆེན་པོ་དེ་འདོད་ཆེས ་ནས་སྡིག་པ་དེ་ལས་ཀྱང་ལྡོག་པར་འགྱུར་ཞིང། དགེ་བ་དེ་ཡང་ཡང་དག་པར་བླངས་ཏེ་གནས་པར་འགྱུར་ཞིག་གུ་སྙམ་དུ་དགོངས་པའི་ཕྱིར་རོ། །མཚན་གྱི་མདོ་ལས་འདི་སྐད་གསུངས་པ་བཞིན་ཏེ་ཚུལ་ཁྲིམས་དང། བཟོད་པ་དང། བརྟུལ་ཞུགས་པ་དང ་གཏོང་བ་རྣམས་ལ་ཤིན་ཏུ་གནས་པས་ནི་ཞབས་ཤིན་ཏུ་གནས་པ་བརྙེས་སོ། །འགྲོ་བ་དང་འོང་བ་ལ་སོགས་པ་ཡོངས་སུ་གཡོ་བ་ལས་བརྟེན་ཏེ། ཕ་མ་ལ་བརྙེན་བཀུར་སྣ་ཚོགས་བྱས་པ་དང་རྣམ་པ་སྣ་ཚོགས་ཀྱིས་སེམས་ཅན་གནོད་པ་ལས་བསྲུང་བས་ནི་ཕྱག་དང་ཞབས ་འཁོར་ལོའི་མཚན་དང་ལྡན་པ་བརྙེས་སོ། །གཞན་ལ་རྣམ་པར་འཚེ་བ་དང་མ་བྱིན་པར་ལེན་པ་གཉིས་སྤངས་པ་དང། བླ་མ་རྣམས་ལ་གུས་པར་སྨྲ་བ་དང། ཕྱག་འཚལ་བ་དང། མངོན་དུ་ལྡང་བ་དང། ཐལ་མོ་སྦྱོར་ཞིང་འདུད་པའི་ལས་བྱས་པ་སྟེ། གཞན་དག་གི་ཡིད ་མགུ་བར་བྱས་པ་དང། དགའ་བའི་ལོངས་སྤྱོད་ཉམས་པར་མ་བྱས་པ་དང། ང་རྒྱལ་ངེས་པར་བཅོམ་པས་ནི་སྐྱེས་བུ་ཆེན་པོའི་མཚན་སོར་མོ་རིང་བ་བརྙེས་སོ། །ལས་གསུམ་པོ་གང་དག་གིས་སྐྱེས་བུ་ཆེན་པོའི་མཚན་གསུམ་པོ་གང་དག་བསྟན་པ་དེ་དང། ཐམས་ཅད་མཛའ་ ་དག་གིས་ནི་ཞབས་ཀྱི་རྟིང་པ་ཡངས་པ་བརྙེས་ཏེ། དེ་ལ་མཚན་གསུམ་པོ་དག་བརྟེན་པའི་ཕྱིར་རོ། །བསྡུ་པའི་དངོས་པོ་བཞིས་བླ་མ་རྣམས་བསྡུས་པས་ནི་ཕྱག་དང་ཞབས་དྲ་བས་འབྲལ་བ་བརྙེས་སོ། །བླ་མ་རྣམས་ལ་སྣུམ་བསྐུ་གཉེའ་བ་དང། དྲིལ་པ་དང། ཁྲུས་དང། ་གོས་བྱིན་པས་ནི་ཕྱག་དང་ཞབས་འཇམ་ཞིང་གཞོན་ཤ་ཆགས་པ་བརྙེས་སོ། །དགེ་བའི་ཆོས་རྣམས་ལ་ཆོག་མི་ཤེས་ཤིང་དགེ་བའི་ཆོས་རྣམས་གོང་ནས་གོང་དུ་སྤེལ་བས་ནི་ཞབས་འབར་འབུར་མེད་པ་བརྙེས་སོ། །ཇི་ལྟ་བ་བཞིན་དུ་ཆོས་བླངས་ཤིང་ཀུན ་ཆུབ་པར་བྱས་ནས། གཞན་དག་ལ་བསྟན་པ་དང། གཞན་དག་གིས་འཕྲིན་པ་ལེགས་པར་བྱས་པས་ནི་བྱིན་པ་རི་དགས་ཨེ་ཎ་ཡའི་ལྟ་བུ་བརྙེས་སོ། །གོ་རིམས་བཞིན་དུ་ཆོས་ཡང་དག་པར་བསྟན་པས་ཚུལ་གནས་པར་བྱས་པ་དང། ལུས་དང་ངག་དང་ཡིད་ཀྱི་སྡིག ་པའི་ལས་ལགས་པར་བསྡམས་ཤིང་དེར་མི་གཞོལ་བ་དང། ནད་པ་རྣམས་ལ་ནད་གཡོག་བྱས་ཤིང་སྨན་བྱིན་པ་དང། ནད་ཀྱི་ཐེབས་པ་གསོ་བ་དང། ཟས་ཀྱིས་ཆོད་ཤེས་པ་དང། འདོད་པ་རྣམས་ལ་མི་གཞོལ་བས་ནི་སྐུ་མ་བཏུད་པ་བརྙེས་སོ། །གཞན་དག་གིས ་སྤངས་པའི་སེམས་ཅན་རྣམས་ཆོས་བཞིན་དུ་མཐུན་པར་བསྡུས་པ་དང། ངོ་ཚ་དང་ལྡན་ཞིང་ཁྲེལ་ཡོད་པ་དང་ལྡན་པ་དང། གོས་བྱིན་པས་ནི་འདོམས་ཀྱི་སྤ?་བ་སྤུང་སུ་ནུབ་པ་བརྙེས་སོ། །བདག་ཉིད་ཀྱི་ལུས་དང་ངག་དང་ཡིད་བསྡམ་པ་བླང་བ་དང ་ཟས་ཀྱི་ཆོད་ཤེས་པ་དང། ནད་པ་རྣམས་ལ་སྨན་བྱིན་ཏེ། ལས་ཡང་བ་དང། བླང་བ་དང། ལོངས་སྤྱོད་མ་འོངས་པ་ལ་མི་འཇུག་པ་དང། ཁམས་མ་སྙོམས་པ་མཐུན་བར་བྱས་པས་ནི་ཤིང་ནྱ་གྲོ་དྷ་ལྟར་ཆུ་ཞེང་གབ་པ་བརྙེས་སོ། །ལས་གང་གིས་ཞབས་འབར་འབུར ་མེད་པ་བརྙེས་པ་དེ་ཉིད་ཀྱིས་ནི་སྐུའི་སྤུ་གྱེན་དུ་ཕྱོགས་པ་བརྙེས་སོ། །བདག་ཉིད་ཀྱིས་དགེ་བ་སྤྱད་པ་དང། མཁས་པ་དང། བཤེས་པ་ལ་བསྟེན་པ་དང། ཆ་ཕྲ་བའི་དོན་ལ་སེམས་པ་དང། བླ་མ་རྣམས་ཀྱིས་གནས་ཀྱི་བྱི་དོར་བྱས་པ་དང། མཉེ་ཞིང་དྲིལ་བ་དང་བྲུས ་བྱས་ཏེ། གཅིག་པུ་གནས་པ་དང། བཤེས་གཉེན་གཅིག་ལ་བརྟེན་པ་དང། ཆ་ཕྲ་བའི་དོན་འཇུག་པ་དང། རྩཝ་དང་ལོ་མ་ལ་སོགས་པའི་ཉལ་ཉིལ་བསལ་བ་དང། བློ་བུར་གྱི་དྲི་མ་བསལ་བས་ནི་སྤུ་ཉག་རེ་རེ་ནས་སྐྱེས་ཤིང་གཡས་སུ་འཁྱིལ་བ་བརྙེས་སོ། །ཡིད་དུ ་འོང་ཞིང་དགའ་བར་བྱེད་པའི་ཟས་དང་སྐོམ་དང། བཞོན་པ་དང། གོས་དང་རྒྱན་ལ་སོགས་པ་ལུས་ཀྱི་ཡོ་བྱད་བྱིན་པ་དང། ཁྲོ་བ་མེད་པས་ནི་སྐུ་མདོག་གསེར་འདྲ་བ་དང་འོད་འདོམ?་གང་དང་ལྡན་པ་བརྙེས་སོ། །ལས་གང་གིས་སྤུ་རེ་རེ་ནས་སྐྱེས་ཞིང་གཡས་སུ་འཁྱིལ ་བ་བསྟན་པ་དེ་ཉིད་ཀྱིས་ནི་ལྤགས་པ་སྲབ་པ་བརྙེས་པར་རིག་པར་བྱའོ། །ཟས་དང་སྐོམ་མང་པོ་གྱ་ནོམ་པ་ཕལ་པོ་ཆེས་སྐྱེ་བོའི་ཚོགས་མང་པོ་ཚིག་པར་བྱས་པས་ནི། སྐུའི་མདུན་མཐོ་བ་བརྙེས་སོ། །སེམས་ཅན་རྣམས་ཀྱི་ཆོས་ཀྱི་བྱ་བ་བྱུང་ངོ་ཅོག་ལ་ལ་གཙོ་བོར ་གནས་པ་དང། ང་རྒྱལ་མི་བྱེད་པ་དང། བརླང་བ་མི་བྱེད་པ་དང། སེམས་ཅན་རྣམས་གནོད་པ་ལས་ནི་བཟློག་།ཕན་པ་ལ་ནི་བཙུད་པས་སེམས་ཅན་གྱི་དོན་དག་ལ་སེང་གེ་བཞིན་དུ་རྟུལ་བའི་ངང་ཚུལ་ཅན་ཡིན་པས་ནི་རོ་སྟོང་སེངྒེའི་དྲ་བ་བརྙེས་སོ། །ལས་དེ ་ཁོ་ནས་ནི་དབུང་མགོ་ལེགས་པར་གྲུབ་པ་དང། ཐལ་གོང་རྒྱས་པ་བརྙེས་པར་རིག་པར་བྱའོ། །ལས་གང་གིས་སོར་མོ་རིང་བ་བརྙེས་པ་དེ་ཉིད་ཀྱིས་ནི་སྐུ་ཆེ་ཞིང་དྲང་བ་བརྙེས་སོ། །མཛའ་བཤེས་འབྱེད་པའི་འཕྲ་མའི་ཚིག་ནི་སྤངས། སེམས་ཅན་མི་མཐུན་པ་རྣམས ་མཐུན་པར་བྱས་པས་ནི་ཚེམས་བཞི་བཅུ་དང་མཉམ་པ་དང་ཐགས་བཟང་བ་བརྙེས་སོ། །འདོད་པ་ན་སྤྱོད་པའི་བྱམས་པ་བསྒོམས་པ་དང། ཆོས་གོས་ཀྱི་དོན་སེམས་པས་ནི་ཚེམས་ཤིན་ཏུ་དཀར་བ་བརྙེས་སོ། །སེམས་ཅན་འདོད་པ་རྣམས་ལ་ཅི་འདོད་པའི་ནོར་ལེགས ་པར་བཏང་བས་ནི་འབྲམ་པ་སེང་གེའི་ལྟ་བུ་བརྙེས་སོ། །སེམས་ཅན་རྣམས་བདག་གི་བུ་བཞིན་དུ་ལེགས་པར་བསྲུངས་པ། དད་པ་དང་ལྡན་པ་དང། སྙིང་བརྩེ་བ་དང་ལྡན་པ་དང། སྨན་བྱིན་པ་དང། དད་བ་དང་ཕན་པས་ནི་རོ་བྲོ་བའི་མཆོག་དང་ལྡན་པ་བརྙེས་སོ། །ཆོས་ཀྱི ་བཅུད་བྱིན་པ་དང། ཆོས་ཀྱི་བཅུད་ཀྱི་རོ་མྱངས་པ་དང། རེ་ཉམས་པ་བཅོས་པ་དང། སྲོག་གཅོད་པ་སྤོང་བ་ལ་སོགས་པ་བསླབ་པའི་གཞི་ལྔ་པོ་རྣམས་བདག་ཉིད་ཀྱིས་ཀྱང་ཡང་དག་པར་བླངས་ཏེ། ལེགས་པར་བསྲུངས་ཤིང་གཞན་རྣམས་ཀྱང་དེ་དག་ལ ་ཡང་དག་པར་བཙུད་པ་དང། སྙིང་རྗེའི་སེམས་ལ་བརྟན་ཏེ། ཆོས་ཡང་དག་པར་བླང་བ་ཆེན་པོ་ལ་ཞུགས་པས་ནི་དབུ་གཙུག་ཏོར་དང་ལྡན་པ་དང། ལྗགས་རིང་ཞིང་སྲབ་པ་བརྙེས་སོ། །བདེན་པར་སྨྲས་པ་དང། སྙན་པར་སྨྲས་པ་དང། དུས་སུ་སྨྲས་པ་དང་ཆོས་སྨྲས་པས་ཞིན ་ཚངས་པའི་དབྱངས་བརྙེས་སོ་སེམས་ཅན་མཛའ་དག་ལ་ཕ་མ་བཞིན་དུ་བྱམས་བའི་སེམས་ཀྱིས་སྙིང་བརྩེ་བས་ནི་སྤྱན་མཐོན་མཐིང་དང་རྫིམ་པའི་ལྟ་བུ་བརྙེས་སོ། །ཡོན་ཏན་ཅན་རྣམས་ཀྱིས་བདེན་པའི་བསྔགས་པ་བརྗོད་ཅིང་བསྒྲགས་པས་ནི་སྨིན་མཚམས་ཀྱི་མཛོད ་སྤུ་དུང?་གི་མདོག་ལྟར་དཀར་ལ་གཡས་སུ་འཁྱིལ་བ་བརྙེས་སོ། །ཞེས་གསུངས་སོ། །སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་པོ་ཐམས་ཅད་ཀྱང་བྱེ་བྲག་མེད་པར་ཚུལ་ཁྲིམས་ཀྱི་རྒྱུས་ཐོབ་པར་རིག་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་ཚུལ་ ་ཁྲིམས་ཉམས་པས་ནི་མིར་གྱུར་པ་ཉིད་ཀྱང་མི་ཐོབ་ན། དེས་སྐྱེས་བུ་ཆེན་པོའི་མཚན་ལྷག་ལ་འཐོབ་པའི་ཕྱིར་རོ། །དེ་ལ་དབུ་གཙུག་ཏོར་དང་ལྡན་པ་དང། སྤྱི་གཙུག་ལྟར་མི་མཐོང་བ་ནི་སྐྱེས་བུ་ཆེན་པོའི་མཚན་གཅིག་ཡིན་པར་རིག ་པར་བྱ་སྟེ། དེ་ལས་གུད་ན་ཡང་མེད་པའི་ཕྱིར་རོ། །འདི་ནི་མངོན་པར་འགྲུབ་པ་དང། མཐུན་པའི་ལས་རྣམ་པ་སྣ་ཚོགས་རྒྱས་པར་རྣམ་པར་བཞག་པ་ཡིན་ནོ། །མདོར་བསྡུ་བ་ནི་ལས་ཀྱི་མཛའ་ལེགས་པར་བྱས་པ་ཕྱོགས་གཉིས་སུ་གྱུར་པ་རྣམས་བཞིས ་མཚན་ཐམས་ཅད་མངོན་པར་འགྲུབ་པར་རིག་པར་བྱའོ། །དེ་ལ་ངེས་པར་འབྱེད་པས་ནི་ཞབས་ཤིན་ཏུ་གནས་པ་འགྲུབ་པར་འགྱུར་རོ། །བྱང་བར་བྱེད་པས་ནི་ཕྱག་དང་ཞབས་འཁོར་ལོའི་མཚན་དང་ལྡན་པ་དང། ཞབས་འབར་འབུར་མེད་པ་དང། ཕྱག་དང་ཞབས ་དྲ་བས་འབྲེལ་བ་དང། ལྤགས་པ་སྲབ་པ་དང། སྐུའི་བདུན་མཐོ་བ་དང། ཐལ་གོང་རྒྱས་པ་དང། དཔུང་མགོ་ལེགས་པར་གྲུབ་པ་དང། སྐུ་ཆེ་ཞིང་དྲང་བ་དང། ལྗགས་རིང་ཞིང་སྲབ་པར་འགྲུབ་བོ། །རྟག་ཏུ་བྱེད་པས་ནི་སོར་མོ་རིང་བ་དང། ཞབས་ཀྱི་རྟིང་བ་ཡོངས་སུ ་པ་དང། སྐུ་ཡ་བཏུད་པ་དང། ཤིང་ནྱ་གྲོ་དྷ་ལྟར་ཆུ་ཞེང་གབ་པ་དང། ཚམས་ཐགས་བཟང་བ་འགྲུབ་བོ། །ཁ་ན་མ་ཐོ་བ་མེད་པར་བྱེད་པས་ནི་མཚན་ལྷག་མ་རྣམས་མངོན་པར་འགྲུབ་སྟེ། དེ་ལ་སེམས་ཅན་རྣམས་ལ་གནོད་པ་མེད་པར་སྦྱོར་བས་ནི་ཕྱག་དང་ཞབས ་འཇམ་ཞིང་ཤ་ཆགས་པ་དང། ལྤགས་པ་སྲབ་ཅིང་འཇམ་པ་འགྲུབ་པོ། །དགེ་བ་ལ་གོ་རིམ་བཞིན་དུ་སྦྱོར་བ་དང་དུས་སུ་སྦྱོར་བས་ནི་བྱིན་པ་རི་དགས་ཨེ་ཎེ་ཡའི་ལྟ་བུ་འགྲུབ་བོ། །མཆོག་ཏུ་དགའ་བ་དང། དགའ་བ་དང། འོད་གསལ་བའི་སེམས་ཀྱི་དགེ་བ་ཀུན ་ཏུ་སྤྱོད་པས་ནི་སྐུ་མདོ་གསེར་འདྲ་ཞིང་འོད་འདོམ་གང་དང་ལྡན་པ་དང། ཚེམས་དཀར་བ་དང། མཛད་པུ་དཀར་པོ་འགྲུབ། གྲགས་པ་དང། སྒྲ་དང་ཚིགས་སུ་བཅད་པ་ལ་མི་བརྟེན་པ་དང། དགེ་བ་མི་སྦྱོམས་པས་ནི་འདོམས་ཀྱི་སྦ་བ་སྤུབས་སུ་ནུབ་པ་འགྲུབ་བོ། ་དགེ་བའི་རྩ་བ་བྱང་ཆུབ་ཏུ་ཡོངས་སུ་བསྔོས་པས་ནི་སྐུའི་སྤུ་གྱེན་དུ་ཕྱོགས་པ་དང། ཚེམས་བཞི་བཅུ་དང་མཉམ་པ་དང། རོ་བྲོ་བ་མཁྱེན་པ་དང། དབུ་གཙུག་ཏོར་དང་ལྡན་པ་འགྲུབ་བོ། །དགེ་བ་ལ་འབད་ཅིང་གི་ཞུམ་བར་བརྩོན་པས་ནི་རོ་སྟོད་སེངྒེའི་འདྲ་བ་དང། འགྲམ་པ་སངྒའི ་འདྲ་བ་འགྲུབ་བོ། །སེམས་ཅན་རྣམས་ལ་ཕན་པའི་སེམས་ཀྱིས་སྙོམས་པར་ལྟ་བས་ནི་ཆོས་མཉམ་པ་དང། སྤྱན་མཐོན་མཐིང་དང། རྫི་མ་བའི་ལྟ་བུ་འགྲུབ་བོ། །དམན་པས་ཚིག་པར་འཛིན་པར་སྦྱོར་བས་ན་ཚངས་པའི་དབྱངས་འགྲུབ་བོ། །དེ་ལྟར་ན་ལས་ཀྱི་མཛའ་ལེགས ་པར་བྱས་པ་རྣམ་པ་འདི་བཞིས་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སྐྱེས་དུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་པོ་འདི་དག་འཐོབ་པ་དང། རྣམ་པར་དག་པར་འགྱུར་རོ། །དེ་ལ་རིགས་ཀྱི་ས་ལ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མཚན་འདི་དག་ས་བོན་ཙོམ་ཞིག་གནས ་པར་ཟད་པར་རིག་པར་བྱའོ། །མོས་པས་སྤྱོད་པའི་ས་ནི་དེ་དག་ཐོབ་པར་བྱ་བའི་ཐབས་ལ་ཞུགས་པར་རིག་པར་བྱའོ། །ལྷག་པའི་བསམ་པ་དག་དེའི་ས་ལ་ནི་དེ་དག་ཐོབ་པར་རིག་པར་བྱའོ། །དེ་མ་ཡིན་པའི་བྱང་ཆུབ་སེམས་དཔའ་ཨི་ས་དེའི་གོང་མ་རྣམས་ལ་ནི་དེ ་དག་རྣམ་པར་དག་པར་རིག་པར་བྱའོ། །དེ་བཞིན་གཤེགས་པའི་མཐར་ཐུག་པར་འགྲོ་བའི་ས་ལ་ནི་དེ་དག་ཤིན་ཏུ་རྣམ་པར་དག་ཅིང་ཤིན་ཏུ་བླ་ན་མེད་པར་རིག་པར་བྱའོ། །དེ་ལ་མཚན་འདི་རྣམས་ནི་གཟུགས་ཅན་ཡིན་པའི་ཕྱིར། སེམས་ཅན་ཐ་མ་དང། ་འབྲིད་དང། རབ་རྣམས་ཀྱིས་རྟོགས་པར་བླ་བས་ན་སངས་རྒྱས་ཀྱི་ཆོས་སྐྱེས་བུ་ཆེན་པོའི་མཚན་ཡོད་པ་ཐམས་ཅད་ཀྱི་ནད་ན་འདི་དག་ཁོ་ན་སྐྱེས་བུ་ཆེན་པོའི་མཚན་རྣམས་སུ་རྣམ་པར་བཞག་གོ། སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་པོ་འདི་དག་རྟེན་གྱི་ཚུལ་གྱིས་འཛིན ་ཅིང་གཟུགས་བཟང་པོས་མཛེས་པར་བྱེད་པས་ན་དེའི་ཕྱིར་དཔེ་བྱས་བཟང་པོ་ཞེས་བྱའོ། །དེ་ལ་མདོར་བསྡུ་ན་སེམས་ཅན་ཐམས་ཅད་ཀྱི་བསོད་ནམས་དང་མཉམ་པའི་བསོད་ནམས་ཀྱི་ཕུང་པོས་ནི་དེ་བཞིན་གཤེགས་པའི་སྤུའི་ཁུང་བུ་རེ་རེ་མངོན་པར་འགྲུབ་བོ། །སྤུ་ཐམས་ཅད ་རུ་ཞུགས་པའི་བསོད་ནམས་ཀྱི་ཕུང་པོ་ཇི་སྙེད་པ་དེ་སྙེད་ཀྱི་བསོད་ནམས་ཀྱི་ཕུང་པོས་ནི་དཔེ་བྱད་བཟང་པོ་གཅིག་མངོན་པར་འགྲུབ་བོ། །དཔེ་བྱད་བཟང་པོ་ཐམས་ཅད་དུ་ཞུགས་པའི་བསོད་ནམས་ཀྱི་ཕུང་པོ་ཇི་སྙེད་པ་དེ་ལས་བརྒྱ་འགྱུར་དུ་བསྒྲེས་པའི ་བསོད་ནམས་ཀྱི་ཕུང་པོས་ན་དེ་བཞིན་གཤེགས་པའི་མཚན་གཅིག་མངོན་པར་འགྲུབ་བོ། །མཛོད་སྤུ?་དང་གཙུག་ཏོར་མ་གཏོགས་པར་མཚན་མ་ཐམས་ཅད་དུ་ཞུགས་པའི་བསོད་ནམས་ཀྱི་ཕུང་པོ་ཇི་སྙེད་པ་དེ་དག་ལ་སྟོང་འགྱུར་དུ་བསྒྲེས་པའི་བསོད་ནམས ་ཀྱི་ཕུང་པོས་ནི་མཛོད་སྤུ་མངོན་པར་འགྲུབ་བོ། །མཛད་སྤུར་ཞུགས་པ་བསོད་ནམས་ཀྱི་ཕུང་པོ་ཇི་སྙེད་པ་དེ་དག་ལས་འབུམ་འགྱུར་དུ་བསྒྲེ་པས་ནི་དབུའི་གཙུག་གཏོར་དང་ལྡན་ཞིང་སྤྱི་གཙུག་ལྟར་མི་སྣང་བ་མངོན་པར་འགྲུབ་བོ། །མཛད་སྤུར་ཞུགས་པའི་བསོད ་ནམས་ཀྱི་ཕུང་པོ་ཇི་སྙེད་པ་དེ་དག་ལས་བྱེ་བ་ཕྲག་འབུམ་འགྱུར་དུ་བསྒྲས་པའི་བསོད་ནམས་ཀྱི་ཕུང་པོས་ནི་དེ་བཞིན་གཤེགས་པའི་མཚན་དང་དཔེ་བྱད་བཟང་པོ་ལ་མ་གཏོགས་པ་ཆོས་ཀྱི་དུང་ཞེས་བྱ་བ་གཞན་མངོན་པར་འགྲུབ་སྟེ། དེས་ན་དེ་བཞིན ་གཤེགས་པ་བཞེད་ན་འཇིག་རྟེན་གྱི་ཁམས་མཛའ་ཡས་མུ་མེད་བདག་ཏུ་གསུང་གིས་གོ་བར་མཛད་དེ། དེ་ལྟར་ན་དེ་བཞིན་གཤེགས་པའི་སྐུ་བསམ་གྱིས་མི་ཁྱབ་ཅིང། བླ་ན་མེད་པ་ཕུན་སུམ་ཚོགས་པ་རྣམས་ཐམས་ཅད་ཀྱིས་ཡོངས་སུ་བསྡུས་པ་བསོད་ནམས ་གྱི་ཚོགས་དཔག་ཏུ་མེད་པས་ཡང་དག་པར་གྲུབ་པ་འགྲུབ་བོ། །མཚན་དང་དཔེ་བྱད་བཟང་པོ་འགྲུབ་པར་བྱེད་པའི་དགེ་བའི་ཆོས་དེ་དག་ནི་མདོར་བསྡུ་ན། རྒྱུ་རྣམ་པ་གསུམ་གྱི་དཔག་ཏུ་མེད་པར་རིག་པར་བྱ་སྟེ། བསྐལ་པ་གྲངས་མེད་པ་གསུམ་དུ་གོམས་པར་བྱས ་པས་འགྲུབ་པས་ན། དུས་དཔག་ཏུ་མེད་པ་དང། སེམས་ཅན་དཔག་ཏུ་མེད་པ་ལ་ཕན་པ་དང། བདེ་བའི་བསམ་པས་དབང་བྱེད་པས་ན། བསམ་པ་དཔག་ཏུ་མེད་པ་དང། དགེ་བའི་ལས་རྣམ་པ་སྣ་ཚོགས་དཔག་ཏུ་མེད་པ་དང། རྣམ་པ་དཔག་ཏུ་མེད་པ་སྟེ། དེ་ལྟ ་བས་ན་དེ་བཞིན་གཤེགས་པ་རྣམས་ཀྱི་མཚན་དང་དཔེ་བྱད་བཟང་པོ་འབྱོར་པ་ནི་བསོད་ནམས་ཀྱི་ཚོགས་དཔག་ཏུ་མེད་པ་ལས་ཡང་དག་པར་འགྲུབ་པའོ། །གཞིའི་རྣལ་འབྱོར་གྱི་གནས་ཐ་མ་ལས་མཚན་དང་དཔེ་བྱད་བཟང་པོའི་ལེའུ་སྟེ་ལྔ་པའོ།། །། ་བམ་པོ་ཉི་ཤུ་རྩ་གཅིག་པ། དེ་ལ་རྣམ་པ་ཐམས་ཅད་ཡོངས་སུ་དག་པ་བཞི་གང་ཞེ་ན། གནས་ཡོངས་སུ་དག་པ་དང། དམིགས་པ་ཡོངས་སུ་དག་པ་དང། སེམས་ཡོངས་སུ་དག་པ་དང། ཡེ་ཤེས་ཡོངས་སུ་དག་པའོ། །དེ་ལ་གནས་ཡོངས་སུ་དག་པ་གང་ཞེ་ན། ཉོན་མོངས ་པ་ཐམས་ཅད་ཀྱི་ཕྱོགས་དང་མཐུན་པའི་གནས་ངན་ལེན་བག་ཆགས་དང་བཅས་པ་རྣམས་གནས་ལས་མ་ལུས་པར་གཏན་མེད་པར་གྱུར་ལ། རང་གི་ལུས་ཀྱང་ཇི་ལྟར་འདོད་པ་བཞིན་དུ་ལེན་པ་དང། གནས་པ་དང། འཆི་འཕོ་བ་རང་ལ་དབང་ཡོད་པ་ནི་གནས ་རྣམ་པ་ཐམས་ཅད་ཡོངས་སུ་དག་པ་ཞེས་བྱའོ། །དེ་ལ་དམིགས་པ་ཡོངས་སུ་དག་པ་གང་ཞེ་ན། སྤྲུལ་པ་དང། བསྒྱུར་བ་དང། བསྟན་པ་དམིགས་པ་ཐམས་ཅད་ལ་དབང་ཡོད་པ་གང་ཡིན་པ་འདི་ནི་དམིགས་པ་རྣམ་པ་ཐམས་ཅད་པ་ཐམས་ཅད་ཡོངས་སུ་དག་པ་ཞེས་བྱའོ ་དེ་ལ་སེམས་ཡོངས་སུ་དག་པ་གང་ཞེ་ན། སྔ་མ་བཞིན་དུ་སེམས་གནས་ངན་ལེན་ཐམས་ཅད་དང་བྲལ་ལ། སེམས་ལ་དགེ་བའི་རྩ་བ་ཐམས་ཅད་བསགས་པས་ན། སེམས་རྣམ་པ་ཐམས་ཅད་དུ་ཡོངས་སུ་དག་པ་ཞེས་བྱའོ། །དེ་ལ་ཡེ་ཤེས་ཡོངས་སུ་དག་པ་གང་ཞེ་ན། ་སྔ་མ་བཞིན་དུ་མ་རིག་པའི་ཕྱོགས་དང་མཐུན་པའི་གནས་ངན་ལེན་ཐམས་ཅད་དང་བྲལ་ལ། ཤེས་བྱ་ཐམས་ཅད་ལ་ཡང་ཡེ་ཤེས་ཀྱི་སྒྲིབ་པ་མེད་དེ། ཡེ་ཤེས་ལ་དབང་བྱེད་པ་ནི་ཡེ་ཤེས་རྣམ་པ་ཐམས་ཅད་ཡོངས་སུ་དག་པ་ཞེས་བྱའོ། །དེ་ལ་དེ་བཞིན་གཤེགས ་པའི་སྟོབས་བཅུ་པོ་གང་ཞེ་ན། གནས་དང་གནས་མ་ཡིན་པ་མཁྱེན་པའི་སྟོབས་དང། ལས་བདག་གིར་བྱ་བ་མཁྱེན་པའི་ཐོབ་དང། བསམ་གཏན་དང། རྣམ་པར་ཐར་པ་དང། ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པ་མཁྱེན་པའི་སྟོབས་དང། དབང་པོའི ་མཆོག་དང་མཆོག་མ་ཡིན་པ་མཁྱེན་པའི་སྟོབས་དང། མོས་པ་སྣ་ཚོགས་མཁྱེན་པའི་སྟོབས་དང། ཁམས་སྣ་ཚོགས་མཁྱེན་པའི་སྟོབས་དང། ཐམས་ཅད་འགྲོ་བའི་ལམ་མཁྱེན་པའི་སྟོབས་དང། མངོན་གྱི་གནས་རྗེས་སུ་དྲན་པ་མཁྱེན ་པའི་སྟོབས་དང། ཤི་འཕོ་དང་སྐྱེ་བ་མཁྱེན་པའི་སྟོབས་དང། ཟག་བཟང་པ་མཁྱེན་པའི་སྟོབས་ཏེ། སྟོབས་བཅུ་པོ་འདི་དག་ནི་སྟོབས་བཅུའི་མདོ་ལས་རྒྱས་པར་ཅི་སྐད་བསྟན་པ་བཞིན་དུ་རིག་པར་བྱའོ། །དེ་ལ་དེས་གང་ཅི་བསྟན་པ་དང། བརྗོད་པ་དང། གསུངས་པ ་དེ་དག་ཐམས་ཅད་ནི་དེ་བཞིན་ཏེ། ཕྱིན་ཅི་མ་ལོག་པས་ན་དེའི་ཕྱིར་དེ་བཞིན་གཤེགས་པ་ཞེས་བྱའོ། །དེ་ལ་འབྲས་བུ་དགེ་བ་དང་མི་དགེ་བའི་རྒྱུ་བྱུང་བར་གྱུར་པ་མི་མཐུན་པ་མེད་པ་གང་ཡིན་པ་དེ་ནི་དེའི་གནས་དང་གཞི་དང་རྟེན་དང་མངོན་པར་འགྲུབ་པར་བྱེད་པ ་ཞེས་བྱའོ། །དེ་ལ་བཟློག་པ་རྒྱུ་མི་མཐུན་པ་ནི་འབྲས་བུ་དགེ་བ་དང། མི་དགེ་བ་ཉིད་ཀྱི་གནས་མ་ཡིན་ཞེས་བྱའོ། །མངོན་པའི་ང་རྒྱལ་མེད་པའི་ཡེ་ཤེས་ནི་ཡང་དག་པར་ཇི་ལྟ་བ་བཞིན་ཞེས་བྱ་བ་སྟེ། ཐམས་ཅད་མཁྱེན་པ་དང། ཆགས་པ་མེད་པའི་ཡེ་ཤེས་དང། ངག ་པ་དེ་ནི་མངོན་པའི་ང་རྒྱལ་མེད་པའི་ཡེ་ཤེས་ཡིན་པར་རིག་པར་བྱའོ། །ཐམས་ཅད་མཁྱེན་པ་ལ་སོགས་པའི་ཚིག་འདི་དག་ནི་སྔ་མ་བཞིན་དུ་འདི་ལྟ་སྟེ། བྱང་ཆུབ་མཆོག་གི་ལེའུ་ལས་བསྟན་པ་བཞིན་དུ་རིག་པར་བྱའོ། །དང་པོ་ནི་གོ་རིམས་ཀྱིས་བགྲངས་པའི་དང་པོ ་བླ་ན་མེད་པའི་ཕྱིར་དང། སེམས་ཅན་ཐམས་ཅད་ཀྱི་དོན་བྱ་བའི་རྣམ་པ་ཐམས་ཅད་བྱེད་ནུས་པ་དང་ལྡན་པའི་ཕྱིར་དང། བདུད་ཐམས་ཅད་ཀྱི་སྟོབས་གཏན་དུ་ཟིལ་གྱིས་མནན་པའི་ཕྱིར་སྟོབས་ཞེས་བྱའོ། །ཇི་ལྟ་བ་བཞིན་དུ་ཡང་དག་པར་འགྲུབ་པའི་རྒྱུ་ཡོངས་སུ ་འཛིན་པའི་ཕྱིར་ཇི་ལྟར་འདོད་པ་བཞིན་དུ་ཡང་དག་པར་སྤྱོད་པ་ལ་དབང་བྱེད་པ་ནི་ལྡན་པ་ཞེས་བྱའོ། །མྱ་ངན་ལས་འདས་པ་ནི་བླ་ན་མེད་པ་ཡིན་པས་ན། བརླབས་པོ་ཆེ་ཞེས་བྱའོ། །འཕགས་པའི་ལམ་ཡན་ལག་བརྒྱད་པས་འཐོབ་པའི་ཕྱིར་དང། གནོད་པ་དང ་འཇིགས་པ་ཐམས་ཅད་བྲལ་བའི་ཕྱིར་ཁྱུ་མཆོག་ཅེས་བྱའོ། །བདག་ཉིད་ཀྱིས་དེ་རྟོགས་པར་ཞལ་གྱིས་ཆེས་པས་ནད་མ་བཅས་པ་ཞེས་བྱའོ། །བདག་ཉིད་ཀྱི་ཐུགས་སུ་ཆུད་ནས་གཞན་དག་ལ་ཡང་ཐུགས་བརྩེ་བས་རྒྱས་པར་བསྟན་པས་ན། ཚངས་པའི་འཁོར་ལོ་ཞེས་བྱའོ།། ་དེ་ཅིའི་ཕྱིར་ཞེ་ན། འདི་ལྟ་སྟེ། ཚངས་པ་ཞེས་བྱ་བ་དང། ཞི་བ་ཞེས་བྱ་བ་དང། བསིལ་བར་གྱུར་པ་ཞེས་བྱ་བ་དེ་ནི་དེ་བཞིན་གཤེགས་པའི་ཚིག་བླ་དགས་ཡིན་པའི་ཕྱིར་ཏེ། དེ་བས་ན་དེ་ནི་ཐོག་མར་ངེས་བསྐོར་ཏོ། །ཚངས་པས་སྐྱོད་ནས་དེ་མ་ཡིན་པ་གཞན་དག ་གིས་ཀྱང་དེ་ལས་གཞན་པ་དག་ལ་སྟེ། འདི་ལྟར་གཅིག་ནས་གཅིག་ཏུ་བརྒྱུད་དེ། སེམས་ཅན་གྱི་རིས་ཐམས་ཅད་དུ་འཁོར་བས་དེའི་ཕྱིར་ཚངས་པའི་འཁོར་ལོ་ཞེས་བྱའོ། །མཆོག་ཏུ་གདགས་པར་གཏོགས་པ་དང། སྟོན་པ་ཕུན་སུམ་ཚོགས་པ་བླ་ན་མེད་པས ་བསྡུས་པར་བདག་ཉིད་རྣམ་པར་བསྒྲགས་པའི་ཕྱིར་དང། དེའི་ལམ་བསྟན་པས་ཀྱང་དེ་མ་ཡིན་པའི་ཡ་མཚན་ཅན་ཐམས་ཅད་སྤངས་པའི་ཕྱིར་དང། ལམ་དེ་དང་མི་མཐུན་པར་སྨྲ་བ་འོངས་པ་རྣམས་ལ་བག་འཁུམས་པ་མེད་པའི་ཕྱིར་དང། ཕས་ཀྱི་རྒོལ་བ་རྣམས ་ཟིལ་གྱིས་མནན་པའི་ཕྱིར་དང། རྒྱ་ཆེ་ཞིང་བླ་ན་མེད་པའི་གསུང་མངོན་པར་བརྗོད་པའི་ཕྱིར། འཁོར་གྱི་ནང་དུ་སེངྒེའི་སྒྲ་ཡང་དག་པར་སྒྲགས་ཞེས་བྱའོ། །མདོར་བསྡུ་ན་ནི་བདག་ལ་ཕན་པའི་སྒྲུབ་པ་ཕུན་སུམ་ཚོགས་པ་དང། གཞན་ལ་ཕན་པའི་སྒྲུབ་པ་ཕུན་སུམ ་ཚོགས་པ་དང། བདག་དང་གཞན་ལ་ཕན་པ་ཕུན་སུམ་ཚོགས་པ་ཐུན་མོང་མ་ཡིན་པ་དེ་དག་གསལ་བར་བྱས་ཤིང་བཀྲོལ་ཏེ། བཏགས་ཤིང་བསྟན་པ་ཡིན་ནོ། །དོན་གྱི་མདོའི་རྣམ་གྲངས་གཞན་ཡང་ཐོབ་པར་བྱ་བ་དང། དེ་ཐོ་པར་བྱ་བའི་ཐབས་དང། ཐབས་དེ་ཡང ་སྐྱེ་བོ་ཐམས་ཅད་ལ་ཕན་པ་ཡིན་ཏེ། ལྷར་གྱུར་པ་འམ། མིར་གྱུར་པ་གང་སུ་ཡང་རུང་བ་ཐབས་དེ་འདོད་པ་དེ་དག་ཐམས་ཅད་ཀྱིས་ནི་ང་ཉིད་ལས་ཐོབ་པར་འགྱུར་རོ་ཞེས་བསྟན་ཏོ། །དེ་ལ་ཕྱུ་མཆོག་རླབས་པོ་ཆེའི་གནས་ནི་ནང་རབ་ཏུ་ཞི་བ་དང་འདྲ་བར་བལྟ་བར་བྱའོ།། ་ཚངས་པའི་འཁོར་ལོ་བསྐོར་བ་ནི་ནད་རབ་ཏུ་ཞི་བར་བྱས་པའི་ཐབས་ལྟ་བུར་བལྟ་བར་བྱའོ། །འཁོར་གྱི་ནང་དུ་སེངྒེའི་སྒྲ་ཡང་དག་པར་བསྒྲགས་པ་ནི་སྨན་པ་ངན་པ་ཐམས་ཅད་ཀྱིས་དམ་བཅས་སྤངས་པ་ལྟ་བུ་དང། བདག་ཉིད་ཀྱིས་ངེས་པར ་ནད་རབ་ཏུ་ཞི་བར་དམ་བཅས་པ་ལྟ་བུར་བལྟ་བར་བྱའོ། །ལས་གང་དག་བྱས་ཤིང་བསགས་ལ་འགགས་པ་དེ་དག་ནི་འདས་པ་ཞེས་བྱའོ། །གང་དག་བྱས་པ་ཡང་མ་ཡིན་འགགས་པ་ཡང་མ་ཡིན་པ། བྱེད་པ་ཡང་མ་ཡིན་མོད་ཀྱི། ཕྱིར་བྱེད་པར་འགྱུར་བ་དེ་དག ་ནི་མ་འོངས་པ་ཞེས་བྱའོ། །ལས་གང་དག་བྱས་པ་ཡང་མ་ཡིན། འགགས་པ་ཡང་མ་ཡིན་མོད་ཀྱི། བྱ་བ་ཁོ་ནར་བསམས་ཤིང་རྩོལ་བ་དེ་དག་ནི་ད་ལྟར་བྱུང་བ་ཞེས་བྱའོ། །དེ་དག་ཀྱང་རྣམ་པའི་དབྱེ་བའི་སྒོ་ནས་ནི་ལུས་ཀྱི་ལས་དང། ངག་གི་ལས་དང། ་ཡིད་ཀྱི་ལས་གསུམ་དང། ཆོས་ཡང་དག་པར་བླངས་ཤིང་སྔར་ཇི་སྐད་བསྟན་པ་སྟེ། ཆོས་ཡང་དག་པར་བླང་བ་ད་ལྟར་བདེ་ལ་ཕྱི་མ་ལ་རྣམ་པར་སྨིན་པ་སྡུག་བསྔལ་བ་ཡང་ཡོད་ཅེས་བྱ་བ་ནས་རྒྱས་པར་སྦྱར་རོ། །དེ་དག་ཀྱང་ཚེ་འདི་དང་ཚེ་ཕྱི་མ་ལ་ཕན་པ་དང། གནོད་པའི ་སྦྱོར་བ་ལས་ནི་ཅི་རིགས་པར་བྱའོ། །ཡུལ་གང་དུ་བྱེད་པ་དེ་ནི་དེ་དག་གི་གནས་ཞེས་བྱའོ། །སེམས་ཅན་དུ་བགྲང་བ་འམ། སེམས་ཅན་དུ་བགྲང་བ་མ་ཡིན་པའི་དངོས་པོ་གང་ལ་བརྟེན་ནས། བྱེད་པ་དེ་ནི་དེ་དག་གི་དངོས་པོ་ཞེས་བྱའོ། །མི་དགེ་བའི་རྩ་བ་འམ། དགེ ་བའི་རྩ་བ་གང་རུང་ཞིག་གང་གིས་བྱེད་པ་དེ་ནི་དེ་དག་གི་རྒྱུ་ཞེས་བྱའོ། །སྡུག་པ་དང་མི་སྡུག་པ་དང་ཉེས་དམིགས་དང། ཕན་ཡོན་དང་ལྡན་པའི་འབྲས་བུ་མངོན་པར་འགྲུབ་པ་གང་ཡིན་པ་དེ་ནི་དེ་དག་གི་རྣམ་པར་སྨིན་པ་ཞེས་བྱའོ། །དེ་བས་ན་དེ་དག་བསྡུས་ནས། ་དུས་ཐམས་ཅད་དང། རྣམ་པ་ཐམས་ཅད་དང། གནས་སྐབས་ཐམས་ཅད་དུ་སྦྱོར་བ་དང། ཡུལ་ཐམས་ཅད་དང། གནས་ཐམས་ཅད་དང། གཞི་ཐམས་ཅད་དང། ཉེས་དམིགས་དང། ཕན་ཡོན་ཐམས་ཅད་ལ་དེ་བཞིན་གཤེགས་པ་རྣམས་ཀྱི་ལས ་མཁྱེན་པའི་རྣམ་པ་ཐམས་ཅད་དང་ལྡན་པ་ཡིན་ཏེ། དེ་ལས་གོང་ན་ཡང་མེད་དོ། །དེ་ལས་ལྷག་པ་ཡང་མེད་དོ། །བསམ་གཏན་བཞི་དང། རྣམ་པར་ཐར་པ་བརྒྱད་དང། བསམ་གཏན་དང། རྣམ་པར་ཐར་པ་རྣམས་ཀྱིས་སེམས་ལས་སུ་རུང་ཞིང། སེམས་ལ་དབང་ཐོབ ་པ་ཇི་ལྟར་འདོད་པའི་དོན་རབ་ཏུ་གྲུབ་པར་བྱ་བའི་ཕྱིར། དེ་དག་དང་མཐུན་པའི་ཏིང་ངེ་འཛིན་དེ་དང་དེ་ལ་སྙོམ་པར་འཇུག་པ་གང་ཡིན་པ་དེ་ནི་ཏིང་ངེ་འཛིན་ལ་སྙོམ་པར་འཇུག་པ་ཞེས་བྱ་སྟེ། ཇི་སྐད་དུ་བཅོམ་ལྡན་འདས་ཏིང་ངེ་འཛིན་དེ་ལྟ་བུ་ལ་སྙོམས་པར་ཞུགས་ཏེ། ཇི ་ལྟར་ཐུགས་མཉམ་པར་བཞག་པས་ཚངས་པའི་འཇིག་རྟེན་ཐམས་ཅད་སྣང་བ་ཆེན་པོས་ཁྱབ་པར་གྱུར་ཏོ། །དེས་གསུངས་པའི་སྒྲ་ཡང་ཐོས་ལ། དེ་ནི་སུས་ཀྱང་མི་མཐོང་ངོ་ཞེས་བྱ་རྒྱས་པར་གསུངས་པ་ལྟ་བུ་སྟེ། དེ་ལྟར་ན་དེ་བཞིན་གཤེགས་པ་ནི་འཇིག་རྟེན ་དང་ཐུན་མོང་བ་འམ། ཐུན་མོང་མ་ཡིན་པའི་དོན་གང་དང་གང་ཁོ་ན་སྒྲུབ་པར་བཞེད་པ་ན། དེ་དང་དེ་ལྟ་བུའི་ཏིང་ངེ་འཛིན་ལ་ཞུགས་ནས། མྱུར་བ་མྱུར་བ་ཁོ་ནར་འགྲུབ་པར་འགྱུར་རོ། །དེ་ལ་བསམ་གཏན་དང། རྣམ་པར་ཐར་པ་དག་གིས་སེམས་ལ་དབང་ཐོབ་པས ་འདོད་པའི་དོན་ཐམས་ཅད་འགྲུབ་པ་སེམས་ཀྱི་ཁ་ན་ལས་པ་ཡིན་ཏེ། བསམ་གཏན་པ་རྣམས་ཀྱི་བྱ་བ་ནི་དེ་ཁོ་ནར་ཟད་དེ། དེ་ལས་གོང་ན་ཡང་མེད་དོ། །དེ་ལས་ལྷག་པ་ཡང་མེད་དོ། །བསམ་གཏན་པའི་བྱ་བ་རྣམ་པ་ཐམས་ཅད་འདི་ནི་དེ་བཞིན་གཤེགས་པ ་རྣམ་ལ་མངའ་བས་ན། དེའི་ཕྱིར་བསམ་གཏན་དང། རྣམ་པར་ཐར་པ་དང། ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པ་ཁོ་ནར་བརྗོད་དོ། །བསམ་གཏན་ལ་སོགས་པ་འདི་རྣམས་ལ་ཡང་མདོར་བསྡུ་ན་ཀུན་ནས་ཉོན་མོངས་པ་གཉིས་ཡོད་དེ། དེ་དག་མ་ཐོབ་པའི་ཚེ ་ཐོབ་པར་བྱ་བ་ལ་བགེགས་བྱེད་པའི་ཀུན་ནས་ཉོན་མོངས་པ་འདི་ལྟ་སྟེ། ཐབས་མེད་པའི་སྦྱོར་བ་དང། སྒྲིབ་པ་གང་ཡང་རུང་བ་ཀུན་ཏུ་སྤྱོད་པ་དང། དེ་དག་ཐོབ་ཟིན་པ་ལ་ཡང་དེའི་ས་པའི་ཉོན་མོངས་པའི་ཀུན་ནས་དཀྲིས་པ་འམ། བག་ལ་ཉལ་ཡོད་པའོ། །རྣམ་པར་བྱད? ་བ་ནི་དེ་ལས་བཟློག་པ་ལས་རྣམ་པ་གཉིས་ཁོ་ནར་རིག་པར་བྱའོ། །བསམ་གཏན་ལ་སོགས་པ་སྣ་ཚོགས་མངོན་པར་བསྒྲུབས་པ་དེ་དག་ཉིད་མིང་དང་བརྡས་མཚན་པར་ཅི་རིགས་པར་རྣམ་པར་བཞག་པ་ཞེས་བྱའོ། །བསམ་གཏན་ལ་སོགས ་པ་ཐོབ་པར་གྱུར་པ་དེ་དག་ཉིད་གོང་དུ་བསྒོམས་པས་ཡོངས་སུ་རྫོགས་ཤིང། ཇི་འདོད་པ་བཞིན་དུ་ཐེབ་པ་དང། ངན་དོན་མ་ཡིན་པར་ཐོབ་པ་དང། ཚེགས་མེད་པར་ཐོབ་པ་གང་ཡིན་པ་དེ་ནི་དེ་དག་གི་རྣམ་པར་དག་པ་ཞེས་བྱའོ། །དེ་ལ་དེ་དག་ཅི་ལྟར་མ་ཐོབ་པ་དང། ཅི་ལྟར ་ཐོབ་པ་དང། ཐོབ་ནས་ཉམས་པ་གང་ཡིན་པ་དང། གྱ་ནོམ་པ་གང་ཡིན་པ་དང། དེ་དག་གི་མིང་གང་ཡིན་པ་དང། མཆོག་གི་མཐར་ཐུག་གང་ཡིན་པ་དེ་དག་ཐམས་ཅད་མཁྱེན་ཏེ། དེའི་ཕྱིར་དེ་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་བསམ་གཏན་དང། རྣམ་པར ་ཐར་བ་དང། ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པ་མཁྱེན་པ་བླ་ན་མེད་པ་ཞེས་བྱའོ། །ཅི་ལྟར་ཡོངས་སུ་སྨིན་པ་ཡང་དག་པར་འགྲུབ་པ་ལས་དད་པ་ལ་སོགས་པ་དབང་པོ་ལྔ་པོ་དག་གིས་ཆུང་ངུ་དང། འབྲིང་དང་ཆེན་པོ་ནི་དབང་པོ་མཆོག་དང་མཆོག་མ་ཡིན་པ ་ཞེས་བྱ་སྟེ། གཞན་ལས་ཡིད་ཆེས་པ་སྔོན་དུ་འགྲོ་བ་དང། ཆོས་སྤྱོད་པ་སྔོན་དུ་འགྲོ་བའོ། །འབོད་ཅིང་རྟོགས་པ་ཆུང་ངུ་དང། འབྲིང་དང་ཆེན་པོ་ནི་མོས་པ་སྣ་ཚོགས་ཞེས་བྱའོ། །རིགས་ལ་གནས་པ་སྣ་ཚོགས་ཉན་ཐོས་དང། རང་སངས་རྒྱས་དང། དེ་བཞིན ་གཤེགས་པའི་རིགས་རྣམས་དང། འདོད་ཆགས་ལ་སོགས་པ་ལ་སྤྱོད་པ་རབ་ཏུ་དབྱེ་བའི་ཆུ་ལ་གྱིས་སེམས་ཅན་གྱི་སྤྱོད་པ་བརྒྱད་ཁྲིའི་བར་རྣམས་ནི་ཁམས་སྣ་ཚོགས་པ་ཞེས་བྱའོ། །དེ་དག་ཉིད་ཀྱི་འཇུག་པའི་སྒོ་དང། འཚམ་པའི་ལམ་དཔེར་ན་འདོད ་ཆགས་སྤྱོད་པ་རྣམས་ལ་མི་སྡུག་བ་ལྟ་བུ་ནས་རྒྱས་པར་འདི་ལྟ་སྟེ། ཉན་ཐོས་ཀྱི་ས་ལས་འབྱུང་བ་བཞིན་དུ་སྦྱར་བ་ནི་ཐམས་ཅད་དུ་འགྲོ་བའི་ལམ་ཞེས་བྱའོ། །རྣམ་གྲངས་གཞན་ཡང་འགྲོ་བ་ལྟར་འགྲོ་བའི་ལམ་ཐམས་ཅད་ནི་ཐམས་ཅད་དུ་འགྲོ་བ་ཞེས་བྱའོ།། ་རྣམ་གྲངས་གཞན་ཡང་ཕན་ཚུན་མི་མཐུན་ཞིང་ཕྱོགས་སྣ་ཚོགས་ལ་བརྟེན་ནས། ལྟ་བ་དང་འདོད་པ་ཕན་ཚུན་མི་མཐུན་པར་སྨྲ་བ་ཐ་དད་པ་འདི་ལས་ཕྱི་རོལ་པའི་དགེ་སྦྱོང་དང། བྲམ་ཟེ་རྣམས་ལས་ལམ་གང་རྣམ་པ་ཐམས་ཅད་དུ་འདི་དང་ཕྱི་མ་ལ་ཁ་ན་མ་ཐོ་བ་མེད་པའི ་འགྲོ་བ་གང་ཡིན་པ་དེ་ནི་ཐམས་ཅད་དུ་འགྲོ་བ་ཞེས་བྱ་སྟེ། འདི་ལྟ་སྟེ། སྒྱུ་རྩལ་ཤེས་ཀྱི་བུའི་མདོ་ལ་སོགས་པ་ལས་འབྱུང་བ་བཞིན་ནོ། །སེམས་ཅན་གྱི་རིས་རྣམ་པ་སྣ་ཚོགས་འདི་ལྟ་སྟེ། ཤར་ཕྱོགས་རྣམས་དང། ལྷོ་ཕྱོགས་རྣམས་དང། བྱང་ཕྱོགས་རྣམས་དང། ་ནུབ་ཕྱོགས་རྣམས་དང། མིང་དང། བརྡ་སྣ་ཚོགས་རྣམ་པར་བཞག་པ་ཐ་དད་པ་རྣམས་ཀྱི་སྔོན་དུ་འདས་པའི་ལུས་རྣམས་ལ་སྔོན་གྱི་གནས་རྣམ་པ་དུ་མ་རྗེས་སུ་དྲན་པ་ནི་མདོར་བསྡུ་ན། ཐ་སྙད་ཀྱི་གཞི་བརྒྱད་ལ་བརྟེན་པའི་སྤྱོད་པ་དྲུག་རྗེས་སུ་དྲན་ནོ། །ཐ་སྙད་ཀྱི་གཞི་རྣམ་པ་བརྒྱད ་རྣམས་གང་ཞེ་ན། མིང་ནི་འདི་ཞེས་བྱ། རིགས་ནི་འདི་ཞེས་བྱ། རུས་ནི་འདི་ཞེས་བྱ། ཟས་ནི་འདི་ལྟ་བུ་ཞིག་ཟ་ཟ་བདེ་བ་དང་སྡུག་བསྔལ་འདི་ལྟ་བུ་ཞིག་མྱོང། ཚེ་རིང་ཁྱད་ནི་འདི་ལྟ་བུ་ཞིག་།ཡུན་ནི་འདི་སྲིད་ཅིག་གནས་ནས། ཚེ་ནི་འདི་ཙམ་ཞིག་ཐུབ་ཅེས་བྱའོ། །ཐ་སྙད་ཀྱི ་གཞི་བརྒྱད་ལ་བརྟེན་པའི་སྤྱོད་པ་དྲུག་གང་ཞེ་ན། བོད་པའི་བརྡ་དང། རྒྱལ་རིགས་ལ་སོགས་པའི་རིགས་རྣམས་དང། ཕ་མ་དང་ཟས་སྐོམ་ལ་སོགས་པའི་བྱ་བ་དང། དོར་བ་དང། རྒུད་པ་དང། ཚེའི་རྣམ་པ་སྣ་ཚོགས་ཏེ། འདི་ལྟར་འཇིག་རྟེན་ཐ་སྙད་ཀྱི་གཞི་བརྒྱད་པོ་འདི ་དག་ལ་བརྟེན་ནས། བདག་དང་གཞན་རྣམས་ཀྱི་སྤྱོད་པ་དྲུག་པོ་དག་ཐ་སྙད་འདོགས་པ་ན། བདག་གི་མིང་ནི་འདི་ཞེས་བྱ་བ་འམ། འདིའི་མིང་ནི་འདི་ཞེས་བྱ་བ་དང། བདག་གམ་ཡང་ན་འདིའི་རྒྱལ་རིགས་སོ། །བྲམ་ཟེའི་རིགས་སོ། །རྗེའུའི་རིགས་སོ། །བདག་གམ་ཡང་ན་འདི་ནི་དམངས ་རིགས་སོ། །ཞེས་བྱ་བ་དང། འདི་ནི་བདག་གམ་ཡང་ན་འདིའི་ཕ་ཡིན་ནོ་ཞེས་བྱ་བ་དང། ཕ་ཇི་ལྟ་བ་བཞིན་དུ་མ་ལ་ཡང་དེ་དང་འདྲ་བ་དང། བདག་གམ་ཡང་ན་འདི་ཟས་ནི་ལྡེ་གུ་འམ་སྣུམ་ཁུར་རམ། འབྲས་ཆན་ནམ། ཟན་དྲོན་ནམ་གང་ཡང་རུང་བ་དེ་ལྟ་བུ་ཞིག་ཟ་ཟའོ་ཞེས ་བྱ་བ་དང། བདག་གམ་ཡང་ན་འདི་དར་བ་དང། རྒུད་པ་ནི་འདི་ལྟ་བུ་ཞིག་ཏུ་གྱུར་ཏོ། །ཞེས་བྱ་བ་དང། བདག་གམ་ཡང་ན་འདི་ན་ཚོད་ཀྱིས་ནི་གཞོན་པའམ། བར་མའམ། རྒན་པ་འདི་ཙམ་ཞིག་ཏུ་རྣམ་པར་གནས་གནས་སོ་ཞེས་ཐ་སྙད་འདོགས ་པར་བྱེད་པའི་ཕྱིར་རོ། །དེ་ལྟར་ན་འདི་དག་ནི་ཐ་སྙད་ཀྱི་གཞི་བརྒྱད་ལ་བརྟེན་པའི་སྤྱོད་པ་དྲུག་ཡིན་ཏེ། དེ་ལས་གང་ན་ཡང་འདི་ཐ་སྙད་ཀྱི་གཞི་དང་དེའི་སྤྱོད་པ་མེད་དོ། །དེ་ལྟ་བས་ན་འདི་ཁོ་ན་རྗེས་སུ་དྲན་གྱི། དེ་བས་གོང་ན་ཡང་མེད་དོ། དེ་ལས་ལྷག་པ་ཡང་མེད ་དོ། །དེ་ལ་ཐ་སྙད་ཀྱི་གཞི་བརྒྱད་ལ་བརྟེན་པའི་སྤྱོད་པ་དྲུག་ནི་རྣམ་པའོ། །ཐ་སྙད་ཀྱི་གཞི་བརྒྱད་ནི་དོན་རྟགས་སོ། །དེ་རྗེས་སུ་དྲན་པས་ན་རྣམ་པ་དང་བཅས། དོན་རྟགས་དང་བཅས་པར་རྗེས་སུ་དྲན་པ་ཞེས་བྱའོ། །དེ་ལ་ལྷའི་གནས་པ་ནི་བསམ་གཏན་རྣམས་ཞེས་བྱའོ།། ་མིག་དེ་ནི་དེ་ལ་བརྟེན་པ་དང། དེའི་འབྲས་བུ་དང། དེས་བསྡུས་པའི་ཕྱིར་ལྷའི་མིག་ཅེས་བྱའོ། །ཤིན་ཏུ་ཡོངས་སུ་རྫོགས་པ་དང་ཤིན་ཏུ་ཡོངས་སུ་དག་པའི་བསམ་གཏན་གྱི་འབྲས་བུ་ཡིན་པས་ན། ཤིན་ཏུ་རྣམ་པར་དག་པ་ཞེས་བྱའོ། །མི་རྣམས་ལ་ཐ་ན་མིང་འདྲ ་བ་ཡང་མེད་པའི་ཕྱིར་ན། མི་ལས་འདས་འདས་པ་ཞེས་བྱ་སྟེ། འདོད་པ་ན་སྤྱོད་པའི་ལྷ་རྣམས་ལ་ནི་སྐྱེས་ནས་ཐོབ་པའི་ལྷའི་མིག་དེ་དང་མིང་མཐུན་པར་འདུག་པ་ཙམ་ཡང་ཡོད་མོད་ཀྱི། མི་རྣམས་ལ་ནི་དེ་ཡང་མེད་དོ། །སེམས་ཅན་འཆིའི་རྣམས་ལ་འཆི ་འཕོ་བ་ཞེས་བྱའོ། །བར་མདོའི་སྲིད་པ་ལ་གནས་པ་ནི་སྐྱེ་བ་ཞེས་བྱའོ། །རྣམ་པ་གཉིས་ཀྱིས་མུན་ཁྲོད་དུ་འགྲོ་བ་རྣམས་ནི་འདི་ལྟ་བུར་ཡིད་ལས་སྐྱེས་པའི་བར་མདོའི་སྲིད་པ་འགྲུབ་པར་འགྱུར་ཏེ། དཔེར་ནར་ཆར་ནག་པོའི་ཁ་དོག་འདྲ་བའམ། མཚན་མོའི་མུན ་པ་འཐིབས་པ་འདྲ་བས་ན། དེའི་ཕྱིར་ཁ་དོག་ངན་པ་ཞེས་བྱའོ། །རྒྱུ་རྣམ་པ་གཉིས་ཀྱིས་སྣང་བར་འགྲོ་བ་གང་ཡིན་པ་དེ་དག་ནི་འདི་ལྟ་བུར་ཡིད་ལས་སྐྱེས་པའི་བར་མ་དེའི་སྲིད་པ་འགྲུབ་པར་འགྱུར་ཏེ། དཔེར་ན་མཚན་མོ་ཟླ་བའི་འོད་ཡོད་པའམ། བ་ར་ཎཱ་སིའི ་རས་ཕུན་སུམ་ཚོགས་པ་འདྲ་བས་ན། དེའི་ཕྱིར་ཁ་དོག་བཟང་པོ་ཞེས་བྱའོ། །དེ་ལ་ཁ་དོག་ངན་པ་གང་ཡིན་པ་དེ་དག་ནི་ངན་པ་ཡིན་ནོ། །ཁ་དོག་བཟང་པོ་གང་ཡིན་པ་དེ་དག་ནི་བཟང་པོ་ཡིན་ནོ། །ངན་པ་གང་ཡིན་པ་དེ་དག་ནི་ངན་འགྲོར་འགྲོ་བའོ། །བཟང་པོ་གང ་ཡིན་པ་དེ་དག་ནི་བདེ་འགྲོར་འགྲོ་བའོ། །ཚུལ་ཁྲིམས་ཉམས་པ་ཀུན་ནས་སློངས་པ་དང་བཅས་པ་ལ་ནི་ལུས་དང་ངག་དང་ཡིད་ཀྱི་ཉེས་པར་སྤྱོད་པ་དང་ལྡན་པ་ཞེས་བྱའོ། །ལོག་པར་ལྟ་ཞིང་ལྟ་བ་ཉམས་པ་དང་ལྡན་པ་རྣམ་པ་གཉིས་ཏེ། ཐམས་ཅད་ལ་སྐུར་པ་འདེབས ་པ་དང། དེ་ལ་དགའ་བའི་མི་མཐུན་པའི་ཕྱོགས་ལ་གནས་པའི་འཕགས་པ་ལ་སྐུར་པ་འདེབས་པས་ན་ལོག་པར་ལྟ་བ་འཕགས་པ་རྣམས་ལ་སྐུར་པ་འདེབས་པ་ཞེས་བྱའོ། །ལོག་པར་ལྟ་བ་དེས་ན་རྒྱུ་དང་འབྲས་བུ་ལ་ལོག་པར་མངོན་པར་ཞེན་ཏོ། །དེས་ན་དེའི་རྐྱེན ་གྱིས་ལོག་པའི་ལས་མངོན་པར་འདུ་བྱེད་དོ། །ལོག་པའི་ལས་མངོན་པར་འདུ་བྱེད་ན་ཆོས་ཡང་དག་པར་བླངས་པ་དེ་ལྟར་བདེ་ལ། ཕྱི་མ་ལ་རྣམ་པར་སྨིན་པ་སྡུག་བསྔལ་བ་གང་ཡིན་པ་དང། ད་ལྟར་ཡང་སྡུག་བསྔལ་ལ་ཕྱི་མ་ལ་རྣམ་པར་སྨིན་པ་སྡུག་བསྔལ ་བ་དེ་ཡང་དག་པར་ལེན་ཏོ། །དེ་ལྟ་བས་ན་ལོག་པར་ལྟ་བའི་ལས་ཀྱི་ཆོས་ཡང་དག་པར་ལེན་པའི་རྒྱུས་ཞེས་བྱའོ། །དེ་མ་ཡིན་པའི་དགེ་བའི་ཆོས་རྣམ་པ་དུ་མ་དང་ལྡན་ཡང། དེ་ཉིད་ཀྱིས་ངན་འགྲོར་འགྲོ་བའི་ཕྱིར་རྒྱུ་དང་རྐྱེན་དེས་ཞེས་བྱའོ། །མིང་དང་གཟུགས ་གཅིག་ལ་གཅིག་མི་འབྲེལ་བར་གྱུར་པས་ན་ལུས་ཞིག་པ་ཞེས་བྱའོ། །འཆི་བ་ཐམས་ཅད་ཀྱི་ནང་ན་ཤི་བ་དེ་མཆོག་ཏུ་ངན་པ་ཡིན་པས་ན་ཤི་བའི་འོག་ཏུ་ཞེས་བྱའོ། །སེམས་ཅན་དམྱལ་བ་རྣམས་ཀྱི་མིང་བསྟན་པའི་ཕྱིར། ངན་སོང་ངན་འགྲོ་ལོག་པར་ལྷུང་བ ་ཞེས་བྱའོ། །རང་བཞིན་དང་ལུས་དང་དངོས་པོ་བསྟན་པའི་ཕྱིར་སེམས་ཅན་དམྱལ་བ་ཞེས་བྱའོ། །དེ་ལ་ངན་པར་སོང་ཞེས་བྱ་བ་ནི་ཆོས་ངན་པ་དང་སྤྱོད་པ་དང། ཡང་པ་སྤྱོད་པ་དང། དེས་དེར་སོང་བར་གྱུར་པས་དེ་ལྟ་བས་ན་ངན་སོང་ཞེས་བྱའོ། །སྡུག་བསྔལ་གྱི ་འདུས་ཏེ་རེག་པ་དང། སྡུག་བསྔལ་ཡུན་རིང་བ་སྣ་ཚོགས་མི་བཟང་བ་རྒྱུན་མི་འཆད་པ་མྱོང་བར་འགྲོ་བས་ན་ངན་འགྲོ་ཞེས་བྱའོ། །འོག་གི་ཕྱོགས་ན་གནས་པ་དང། གཡང་ས་ཆེན་པོ་ལྟ་བུ་ཡིན་པ་དང། ཉམ་ང་པ་དང་སྙིང ་རྗེ་བ་དང། ཞན་པའི་སྒྲ་ཆེན་པོ་འབྱིན་པའི་ཚུལ་གྱི་སྒྲ་འབྱིན་པའི་ཕྱིར་ན་ལོག་པར་ལྟུང་བ་ཞེས་བྱའོ། །ཤས་ཆེར་སྐྱོ་བ་སྐྱེད་པས་ན། སེམས་ཅན་དམྱལ་བ་ཁོ་ན་སྨོས་ཏེ། དེ་ལྟར་ན་གང་གིས་སྐྱེ་བ་དང། སྐྱེས་ནས་ཀྱང་གང་ཉམས་སུ་མྱོང་བ་དང། དེ་ཉམས་སུ ་མྱོང་ནས་ཀྱང་བདག་གིས་བྱས་པའི་སྡུག་བསྔལ་དེ་མ་ཡིན་པ་གཞན་ཡང་མངོན་པར་འགྲུབ་པ་སྟེ། འདི་དག་ནི་མིང་དེ་དག་གིས་བསྟན་ཏེ། །དགེ་བའི་ཕྱོགས་ཐམས་ཅད་ནི་དེ་ལས་བཟློག་པ་ལས་ཅི་རིགས་པར་རིག་པར་བྱའོ། །དེ་ལ་བྱེ་བྲག་ནི་འདི་ཡོད་དེ། ལེགས ་པར་སྤྲོད་པ་སྔོན་དུ་འགྲོ་བའི་འགྲོ་བ་ནི་བདེ་འགྲོ་ཞེས་བྱའོ། །བདེ་བ་ལ་ལོངས་སྤྱོད་པ་མཆོག་ཡིན་པའི་ཕྱིར་མཐོ་རིས་ཀྱི་འཇིག་རྟེན་ཞེས་བྱའོ། །ཟག་པ་ཐམས་ཅད་ཀྱི་བག་ལ་ཉལ་མ་ལུས་པར་སྤངས་པའི་ཕྱིར། དེའི་གཉེན་པོར་གྱུར་པ་ཟག་པ་མེད་པའི་སེམས ་དང། ཟག་པ་མེད་པའི་ཤེས་རབ་ལྷག་པའི་སེམས་དང། ལྷག་པའི་ཤེས་རབ་མཆོག་གིས་བསྡུས་པ་ནི་ཟག་པ་རྣམས་ཟད་པས། ཟག་པ་མེད་པའི་སེམས་རྣམ་པར་གྲོལ་བ་དང། ཤེས་རབ་རྣམ་པར་གྲོལ་བ་ཞེས་བྱའོ། །སེམས་རྣམ་པར་གྲོལ་བ་དང་ཤེས་རབ་རྣམ ་པར་གྲོལ་བ་དེ་ཡང་སྲིད་པ་ཐ་མ་དེ་ཉིད་ལ་མཐོང་བའི་ལམ་ལ་ཡང་བརྟེན། བསྒོམ་པའི་ལམ་ལ་ཡང་བརྟེན་ཏེ། ཐོས་པས་སྲིད་པ་ཐ་མ་དེ་ཉིད་ལ་བདག་གིས་ཐོབ་པོ་སྙམ་དུ་མངོན་པར་ཤེས་པ་དྲུག་པས་རང་གིས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་སོ། །འདོད་ན ་གཞན་དག་ལ་ཡང་སྟོན་ཏེ། དེ་ལྟ་བས་ན་ཚེ་འདི་ཉིད་ལ་རང་གི་མངོན་པར་ཤེས་པས་མངོན་སུམ་དུ་བྱས་ཏེ། བསྒྲུབས་ནས་བརྗོད་པར་བྱེད་ཅེས་བྱའོ། །བདག་གི་སྐྱེ་བ་ཟད་དོ་ཞེས་བྱ་བ་ལ་སོགས་པའི་ཚིག་རྣམས་ཀྱི་དབྱེ་བ་ནི་རྣམ་གྲངས་བསྡུ་བ་ལས་རིག་པར ་བྱའོ།། །།སྡོམ་ནི། རང་བཞིན་དང་ནི་རབ་དབྱེ་དང། །མ་འདྲེས་པ་དང་མཉམ་པ་ཉིད། །ལས་བྱེད་པ་དང་གོ་རིམས་དང། །ཐ་མ་ཡི་ནི་བྱེ་བྲག་ཡིན། །དེ་བཞིན་གཤེགས་པའི་སྟོབས་བཅུ་པོ་འདི་དག་གི་རང་བཞིན་ཡང་རིག་པར་བྱ། །རབ་ཏུ་དབྱེ་བ་ཡང ་རིག་པར་བྱ། མ་འདྲེས་པ་ཡང་རིག་པར་བྱ། མཉམ་པ་ཉིད་ཀྱང་རིག་པར་བྱ། ལས་བྱེད་པ་ཡང་རིག་པར་བྱ། །གོ་རིམས་ཀྱང་རིག་པར་བྱ། བྱེ་བྲག་ཀྱང་རིག་པར་བྱ་སྟེ། མདོར་བསྡུ་ན་རྣམ་པ་བདུན་པོ་འདི་དག་གིས་དེ་བཞིན་གཤེགས་པའི་སྟོབས་བཅུ་རིག་པར་བྱའོ།། ་དེ་ལ་དེ་དག་གི་རང་བཞིན་གང་ཞེ་ན། འདི་དག་གི་རང་བཞིན་ནི་དབང་པོ་ལྔ་ཡིན་ཏེ། འོན་ཀྱང་ཤེས་རབ་གཙོ་བོ་ཡིན་པའི་ཕྱིར། ཤེས་རབ་ཀྱི་རང་བཞིན་ཞེས་བྱ་སྟེ། འདི་ལྟར་གནས་དང་གནས་མ་ཡིན་པའི་མཁྱེན་པའི་སྟོབས ་ཞེས་བྱ་བའི་དད་པའི་སྟོབས་ཤེ་འམ། དེ་མ་ཡིན་པའི་སྟོབས་ཞེས་ནི་མི་བྱའོ། །གནས་དང་གནས་མ་ཡིན་པ་མཁྱེན་པའི་སྟོབས་ཅི་ལྟ་བ་བཞིན་དུ་ལྷག་མ་རྣམས་ཀྱང་དེ་དང་འདྲ་བར་བལྟ་བར་བྱའོ། །དེ་ལ་དེ་དག་གི་རབ་ཏུ་དབྱེ་བ་གང་ཞེ་ན། མདོར་བསྡུ་ན་རབ་ཏུ་དབྱེ ་བ་རྣམ་པ་གསུམ་གྱིས་དེ་དག་ཚད་མེད་པར་རིག་པར་བྱ་སྟེ། དུས་ཀྱི་རབ་ཏུ་དབྱེ་བས་ནི་འདས་པ་དང། མ་འོངས་པ་དང། ད་ལྟར་གྱི་དུས་སུ་གཏོགས་པའི་ཤེས་བྱ་ཐམས་ཅད་ལ་འཇུག་པའི་ཕྱིར་རོ། །རྣམ་པའི་རབ་ཏུ་དབྱེ་བས་ནི་འདུས་བྱས་ཀྱི་དངོས་པོ་རེ་རེའི་རང་གི་མཚན ་ཉིད་དང། སྤྱིའི་མཚན་ཉིད་ཀྱི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་འཇུག་པའི་ཕྱིར་རོ། །སེམས་ཀྱི་རྒྱུད་ཀྱི་རབ་ཏུ་དབྱེ་བས་ནི་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྒྱུད་ཐམས་ཅད་ཀྱི་རེ་རེའི་དོན་ཐམས་ཅད་ལ་འཇུག་པའི་ཕྱིར་རོ། །དེ་ལྟར་ན་རབ་ཏུ་དབྱེ་བ་གསུམ་པོ་འདི་དག་གིས། ་དེ་བཞིན་གཤེགས་པའི་སྟོབས་བཅུ་པོ་འདི་དག་དཔག་ཏུ་མེད་པར་རིག་པར་བྱ་སྟེ། འདི་ནི་དེ་རྣམས་ཀྱི་རབ་ཏུ་དབྱེ་བ་ཡིན་ནོ། །དེ་ལ་དེ་རྣམས་ཀྱི་འབའ་ཞིག་པ་གང་ཞེ་ན། སྟོབས་བཅུ་པོ་འདི་དག་ནི་དེ་བཞིན་གཤེགས་པ་ཁོ་ནའི་ཡིན་ཏེ། འབའ་ཞིག་པ་མ་འདྲེས་པ་ཡིན་གྱི ་ཉན་ཐོས་དང། རང་སངས་རྒྱས་ཐམས་ཅད་ཀྱི་ནི་མ་ཡིན་ཏེ། འདི་ནི་དེ་དག་གི་འབའ་ཞིག་པ་ཞེས་བྱའོ། །སྟོབས་བཅུ་འདི་དག་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཚུངས་ཤིང་ཁྱད་པར་མེད་དེ། འདི་ནི་དེ་དག་གི་མཉམ་པ་ཉིད་དོ། །གནས ་པའི་བྱེ་བྲག་གིས་ནི་དེ་བཞིན་གཤེགས་པ་རྣམས་གཞན་དང་གཞན་དུ་ཡང་འགྱུར་ཏེ། དེ་བཞིན་གཤེགས་པ་གཞན་སྟོབས་གཞན་གྱིས་གནས་པས་ཤས་ཆེར་གནས་ལ། གཞན་ནི་གཞན་གྱིས་སོ། །དེ་བཞིན་གཤེགས་པས་སྟོབས་བཅུ་པོ་དེ་དག་ལས་གང ་གིས་ལས་གང་མཛད་ཅེ་ན། གནས་དང་གནས་མ་ཡིན་པ་མཁྱེན་པའི་སྟོབས་ཀྱིས་ནི་དེ་བཞིན་གཤེགས་པས་རྒྱུ་ལ་ཡང་རྒྱུ་དང་འབྲས་བུ་ལ་ཡང་འབྲས་བུར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏེ། རྒྱུ་མེད་པ་དང་འབྲས་བུ་མེད་པ། རྒྱུ་མི་མཐུན་པར་སྨྲ་བའི ་དགེ་སྦྱོང་དང། བྲམ་ཟེ་རྣམས་ཀྱང་ཚར་གཅོད་པར་མཛད་དོ། །ལས་བདག་གིར་བྱ་བ་མཁྱེན་པའི་སྟོབས་ཀྱིས་ནི་དེ་བཞིན་གཤེགས་པས་བདག་གིས་བྱས་པའི་འབྲས་བུ་ལ་སྤྱོད་པའི་ལས་རྣམས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏེ། སྦྱིན་པ་དང། བསོད་ནམས ་འཕོ་བར་སྨྲ་བའི་དགེ་སྦྱོང་དང། བྲམ་ཟེ་རྣམས་ཀྱང་ཚར་གཅོད་པར་མཛད་དོ། །བསམ་གཏན་དང། རྣམ་པར་ཐར་པ་དང། ཏིང་ངེ་འཛིན་དང་སྙོམས་པར་འཇུག་པ་མཁྱེན་པའི་སྟོབས་ཀྱིས་ནི་དེ་བཞིན་གཤེགས་པས་འདུལ་བ་རྣམས་ལ་ཆོ་འཕྲུལ་གསུམ་གྱིས་ལགས ་པར་འདོམས་ཏེ། སོ་སོར་འགལ་བ་དང་མི་མཐུན་པའི་ཕྱོགས་མི་མཐུན་པར་སྨྲ་བ་ལ་གནས་པའི་དགེ་སྦྱོང་དང། བྲམ་ཟེ་རྣམས་ཀྱང་ཚར་གཅོད་པར་མཛད་དོ། །དབང་པོ་མཆོག་དང་མཆོག་མ་ཡིན་པ་མཁྱེན་པའི་སྟོབས་ཀྱིས་ནི་དེ་བཞིན་གཤེགས་པས་སེམས ་ཅན་རྣམས་ཀྱི་དབང་པོ་ཆུང་ངུ་དང། འབྲིང་དང། ཆེན་པོ་ཡང་རྣམ་པར་ཕྱེ་ནས། ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏེ། དེ་དག་ལ་ཡང་ཅི་རིགས་པ་དང། ཅི་འོས་པར་ཆོས་སྟོན་པར་མཛད་དེ། མོས་པ་སྣ་ཚོགས་མཁྱེན་པའི་སྟོབས་ཀྱིས་ནི་དེ་བཞིན་གཤེགས་པ ་དགེ་བ་དང་མི་དགེ་བ་ལ་མོས་པ་ཆུང་ངུ་དང་འབྲིང་དང་ཆེན་པོ་ཡང་དག་པ་ཇི་ལྟ་བཞིན་དུ་རབ་ཏུ་མཁྱེན་ཏེ། དགེ་བའི་མོས་པ་ནི་འཕེལ་བར་མཛད་དོ། །མི་དགེ་བའི་མོས་པ་ནི་འདོར་དུ་འཇུག་གོ་།ཁམས་སྣ་ཚོགས་མཁྱེན་པའི་སྟོབས་ཀྱིས་ནི་དེ་བཞིན་གཤེགས་པས་ཁམས ་ངན་པ་དང་འབྲིང་དང་བཟང་པོ་རྣམ་པར་ཕྱེ་ནས་ཡང་དག་པ་ཅི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏེ། དབང་པོ་ཇི་ལྟ་བ་དང། བསམ་པ་ཇི་ལྟ་བ་དང། བག་ལ་ཉལ་ཇི་ལྟ་བ་བཞིན་དུ་སེམས་ཅན་རྣམས་འཇུག་པའི་སྒོ་དེ་དང་དེ་དག་ཏུ་གདམས་པའི་བྱ་བས་ཡང་དག་པར་ཅི་རིགས་པར་ལགས ་བར་འཛུད་པར་མཛད་དེ། །དེ་ལ་དེ་བཞིན་གཤེགས་པ་རྣམས་ཀྱིས་ཅི་ལྟར་ཉན་ཐོས་རྣམས་ལ་འཇུག་པའི་སྒོ་དེ་དང་དེ་དག་ཏུ་གདམས་ངག་སྦྱིན་པར་མཛད་པ་དེ་ལྟ་བུ་ནི་ཉན་ཐོས་ཀྱི་ས་ལས་ཐམས་ཅད་ཀྱི་ཐམས་ཅད་དུ་རྒྱུན་ཆགས་སུ་བསྟན་ཅིང་གསལ་བར་བྱས་ཏེ། བཀྲོལ ་ཞིང་བཏགས་ནས་བཤད་ཟིན་ཏོ། དེ་བཞིན་གཤེགས་པ་རྣམས་ཀྱིས་བྱང་ཆུབ་སེམས་དཔའ་ལས་དང་པོ་པ་ལས་ཐོག་མ་པ་ཏིང་ངེ་འཛིན་གྱི་ཚོགས་ཡོངས་སུ་འཛིན་པ་ལ་གནས་པར་གྱུར་པ་སེམས་གནས་པར་འདོད་པ་དེ་ལ་བྱང་ཆུབ་སེམས་དཔའ་ཨི་སེམས་གནས་པར་བྱ་བའི ་ཕྱིར། ཅི་ལྟར་གདམས་ངག་སྟོན་པར་མཛད་ཅེ་ན། འདི་ལ་དེ་བཞིན་གཤེགས་པས་བྱང་ཆུབ་སེམས་དཔའ་གཡོ་བ་མེད་པའི་ཏིང་ངེ་འཛིན་གྱི་ཚོགས་ལྷུར་ལེན་པ་ལས་དང་པོ་ལ། ལས་ཐོག་མ་པ་དེ་ལ་ཐོག་མ་ཁོ་ནར་འདི་ལྟར་གདམས་ངག་སྟོན་པར་མཛད་དེ། རིགས ་ཀྱི་བུ་ཚུར་ཤོག་།རབ་ཏུ་དབེན་པའི་གནས་ལམ་དུ་གཅིག་པུ་གཉིས་པ་མེད་པར་འདུག་ལ། ཁྱོད་ཀྱི་ཕ་མ་གཉིས་སམ། མཁན་པོ་དང། སློབ་དཔོན་གཉིས་ཀྱིས་མིང་བཏགས་པ་གང་ཡིན་པའི་མིང་དེ་ཉིད་ནང་དུ་ཡིད་ལ་བྱོས་ལ། འདི་སྙམ་དུ་ཡང་ཅི་བདག་གི་སྐྱེ་མཆེད ་མ་གཏོགས་པའི་ཆོས་རང་བཞིན་གྱིས་ཡོངས་སུ་གྲུབ་པ་འགའ་ཞིག་ནང་ངམ་ཕྱི་རོལ་ན་ཡོད་དམ། གཉིས་ཀ་མེད་པ་ལ་ཡང་ཡོད་དམ། གང་ལ་མིང་དང་འདུ་ཤེས་དང་གདགས་པ་དང་ཉེ་བར་གདགས་པ་འཇུག་པ་ཡོད་དམ་སྙམ་དུ་ཡིད་ལ་བྱོས་ཤིག་དང། ཁྱོད་དེ་ལྟར ་ཡིད་ལ་བྱེད་པ་ན། ཁྱོད་ཀྱིས་ཆོས་དེ་མི་དམིགས་ཀྱི་ཁྱོད་འདི་ཁོ་ན་སྙམ་དུ་བློ་བུར་གྱི་ཆོས་རྣམས་ཁ་ན་གློ་བུར་གྱི་མིང་འབྱུང་ངོ་སྙམ་དུ་སེམས་པར་འགྱུར་ཏེ། རིགས་ཀྱི་བུ་ཁྱོད་གང་གི་ཚེ་རང་གི་མིང་དེ་ལས་གློ་བུར་བ་ཡིན་པར་འདུ་ཤེས ་སྐྱེས་ཤིང་ཐོབ་པར་གྱུར་པ་དང། ཁྱོད་ཀྱིས་ཁྱོད་ཀྱི་མིག་ལ་མིག་ཅེས་བྱ་བ་དང། མིག་ཏུ་འདུ་ཤེས་པ་དང། མིག་དུ་འདོགས་པ་གང་ཡིན་པ་དེ་ཡང་ནང་དུ་ཚུལ་བཞིན་ཡིད་ལ་བྱོས་ལ། འདི་སྙམ་དུ་ཡང་མིག་འདི་ལ་ནི་གཉིས་དམིགས་ཏེ། མིག་ཅེས་བྱ་བའི ་མིང་དང་འདུ་ཤེས་དང་གདགས་པ་འདི་དང་གང་ལ་མིང་དང་འདུ་ཤེས་དང། གདགས་པ་འདི་ཡོད་པའི་དངོས་པོ་ཙམ་འདི་ཡོད་པར་ཟད་དེ། འདི་ལས་གོང་ན་ཡང་མེད་དོ། །འདི་ལས་ལྷག་པ་ཡང་མེད་དེ། དེ་ལ་མིག་གི་མིང་དང། འདུ་ཤེས་དང། གདགས་པ་གང་ཡིན་པ ་དེ་ཡང་མིག་མ་ཡིན་ལ། གང་ལ་མིག་གི་འདུ་ཤེས་འབྱུང་བའི་དངོས་པོ་གང་ཡིན་པ་དེ་ཡང་རང་བཞིན་གྱིས་མིག་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དེ་ལ་མིག་གི་མིང་དང། མིག་གི་འདུ་ཤེས་དང། མིག་གི་གདགས་པ་མེད་པར་ནི་སུ་ཡང་མིག་གི་བློ་འཇུག་པར་མི ་འགྱུར་ལ། གལ་ཏེ་དངོས་པོ་དེ་མིང་གང་གིས་བརྗོད་པ་དེའི་བདག་ཉིད་ཁོ་ནས་ཡོངས་སུ་གྲུབ་པ་ཞིག་ཡིན་ན་ནི་དེར་ཡང་དེ་ལ་ལྟོས་ནས་བཟོད་མིག་ཅེས་བྱ་བའི་བློ་དེ་ལྟ་བུ་མི་འཇུག་གི་།མིང་མ་ཐོས་པ་དང། ཡོངས་སུ་མ་བརྟགས་པའི་རང་བཞིན་ཁོ་ན་འབའ་ཞིག་གིས་ ་དངོས་པོ་དེ་ལ་མིག་ཅེས་བྱ་བའི་བློ་འཇུག་པ་དེ་ལ་འཇུག་པ་ཡང་མི་དམིགས་སོ། །དེ་ལྟ་བས་ན་མིག་གི་མིང་དང་མིག་གི་འདུ་ཤེས་འདི་ཡང་གློ་བུར་བའི་ཆོས་ལ་གློ་བུར་དུ་བྱུང་བ་ཡིན་པར་ཡིད་ལ་གྱིས་ཤིག་།དེ་ལྟར་ཁྱོད་ནང་གི་མིག་འདི་ཚུལ་བཞིན་ཡིད་ལ ་བྱེད་པ་ན། མིག་གི་འདུ་ཤེས་ལ་ཡང་གློ་བུར་གྱི་འདུ་ཤེས་སྐྱེ་ཞིང་འཐོབ་པར་འགྱུར་རོ། །མིག་ལ་ཇི་ལྟ་བ་བཞིན་དུ་རྣ་བ་དང། སྣ་དང་ལྕེ་དང་ལུས་རྣམས་ནས་རྒྱས་པར་མཐོང་བ་དང། ཐོས་པ་དང། བྱེ་བྲག་ཕྱེད་པ་དང། རྣམ་པར་ཤེས་པ་རྣམས་དང། ཐོབ་པ་རྣམས ་དང། བཙལ་བ་རྣམས་དང། ཡིད་ཀྱིས་རྗེས་སུ་བརྟགས་པ་རྣམས་དང། རྗེས་སུ་དཔྱད་པ་རྣམས་ཀྱིས་བར་དུ་ཡང་དེ་དང་འདྲ་སྟེ། མདོར་བསྡུ་ན་ཆོས་ཐམས་ཅད་ཀྱི་འདུ་ཤེས་རྣམས་ལ་བློ་བུར་གྱི་འདུ་ཤེས་སྐྱེ་ཞིང་ཐོབ་པར་འགྱུར་རོ། །དེ་ལྟར་གྱུར་ན་ཁྱོད་རང་གི་དེ་དག་ལ་འདུ་ཤེས ་གང་ཡིན་པ་དེ་དང་བྲལ་བར་བྱ་བའི་སྦྱོར་བའི་ལམ་ཡང་དག་པར་ཡོངས་སུ་བཟུང་བར་འགྱུར་ཏེ། རྒྱས་པར་ཆོས་ཐམས་ཅད་ཀྱི་བར་གྱི་འདུ་ཤེས་གང་ཡིན་པ་དེ་དང་བྲལ་བར་བྱ་བའི་སྦྱོར་བའི་ལམ་ཡོངས་སུ་བཟུང་བར་འགྱུར་རོ། །དེ་ལྟར་ཁྱོད་ཀྱིས་ཤེས་བྱ་ཐམས་ཅད ་ཤིན་ཏུ་དཔྱད་པའི་བློས། ཆོས་ཐམས་ཅད་ཀྱི་འདུ་ཤེས་རྣམས་ལ་གློ་བུར་དུ་འདུ་ཤེས་ནས། ཆོས་ཐམས་ཅད་ལ་སྤྲོས་པ་ཐམས་ཅད་ཀྱི་འདུ་ཤེས་སོལ་ལ། རྣམ་པར་མི་རྟོག་པའི་སེམས་མཚན་མ་མེད་མངོན་ཙམ་འཛིན་པ་ལ་ཞུགས་པས་དངོས་པོ་དེ་ལ ་ལན་མང་དུ་གནས་པར་གྱིས་ཤིག་།དེ་ལྟར་བྱས་དང་ཁྱོད་དེ་བཞིན་གཤེགས་པའི་ཡེ་ཤེས་རྣམ་པར་དག་པའི་ཏིང་ངེ་འཛིན་གྱི་རིགས་ལས་སེམས་རྩེ་གཅིག་པ་ཐོབ་པར་འགྱུར་རོ། །ཁྱོད་གལ་ཏེ་མི་སྡུག་པ་ཡིད་ལ་བྱེད་པ་ན་ཡང་ཡིད་ལ་བྱེད་པ་འདིས་མ་བཏང ་ཤིག་།གལ་ཏེ་བྱམས་པའམ། རྐྱེན་འདི་བ་ཉིད་ཀྱི་རྟེན་ཅིང་འབྲེལ་བར་འབྱུང་བ་དང། ཁམས་རབ་ཏུ་དབྱེ་བ་དང། དབུགས་དབྱུང་བ་དང། རྡུབ་པ་དྲན་པ་དང། བསམ་གཏན་དང་ངོ་ནས་རྒྱས་པར་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་དང། བྱང་ཆུབ་སེམས ་དཔའ་ཨི་བསམ་གཏན་དང། མངོན་པར་ཤེས་པ་དང། ཏིང་ངེ་འཛིན་དང། སྙོམས་པར་འཇུག་པ་ཚད་མེད་པའི་བར་དུ་ཡིད་ལ་བྱེད་པ་ན་ཡང། ཡིད་ལ་བྱེད་པ་འདི་ཉིད་མ་བཏང་ཞིག་།དེ་ལྟར་བྱས་ན་ཁྱོད་ཀྱི་བྱང་ཆུབ་སེམས་དཔའ་ཨི་ཡིད་ལ་བྱེད་པ་འདི་མཐར་གྱིས་བླ་ན ་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་དུ་སྲེ་བར་འབྱུང་བར་འགྱུར་རོ་ཞེས་གདམས་ངག་སྟོན་པར་མཛད་དོ། །འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཐམས་ཅད་དུ་འགྲོ་བའི་ལམ་ཡིན་པར་རིག་པར་བྱ་སྟེ། འདས་པའི་དུས་ཀྱི་དེ་བཞིན་གཤེགས་པ་རྣམས ་ཀྱིས་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ལས་དང་པོ་ལ་དེ་ལྟར་གདམས་སོ། །མ་འོངས་པའི་དུས་ན་ཡང་དེ་ལྟར་འདོམས་པར་འགྱུར་རོ། །ད་ལྟར་བྱུང་བའི་དུས་ན་ཡང་དེ་ལྟར་འདོམས་སོ། །གལ་ཏེ་ཉན་ཐོས་ཀྱང་ཡིད་ལ་བྱེད་པ་འདིས་སྦྱོར་བར ་བྱེད་ལ། ཡིད་ལ་བྱེད་པ་འདི་ཇི་ལྟ་བ་བཞིན་དུ་གཏོགས་པར་གྱུར་ན་ནི། ཆོས་རྣམས་མངོན་པར་རྟོགས་པར་བྱ་བ་ལ། མངོན་པར་ཤེས་པ་ཤིན་ཏུ་མྱུར་བར་འགྱུར་རོ། །ཐམས་ཅད་དུ་འགྲོ་བའི་ལམ་མཁྱེན་པའི་སྟོབས་ཀྱིས་ནི་དེ་བཞིན་གཤེགས་པས་སྡུག་བསྔལ ་ཐམས་ཅད་ལས་ངེས་པར་འབྱིན་པ་དང། ངེས་པར་འབྱུང་བ་མ་ཡིན་པའི་ལམ་ཡང་དག་པ་ཇི་ལྟ་བ་བཞིན་དུ་བཏུན?་མཁྱེན་ཏེ། ངེས་པར་འབྱུང་བ་མ་ཡིན་པའི་ལམ་སྤངས་ནས། ངེས་པར་འབྱུང་བའི་ལམ་བསྒྲུབ་པར་མཛད་དོ། །མངོན་གྱི་གནས་རྗེས་སུ་དྲན་པ་མཁྱེན ་པའི་སྟོབས་ཀྱིས་ནི་དེ་བཞིན་གཤེགས་པས་སྔོན་གྱི་མཛའ་ཨི་རྗེས་སུ་དེ་ལྟ་བུ་བྱུང་བ་དང། སྐྱེས་པའི་རབ་རྣམས་དགོངས་ཤིང་འདུལ་བ་རྣམས་ཀྱི་སེམས་སྐྱོ་བར་བྱ་བ་དང། སེམས་དད་པར་བྱ་བའི་ཕྱིར་སྟོན་ཏེ། རྟག་པར་སྨྲ་བའི་དགེ་སྦྱོང་དང། བྲམ་ཟེ་རྣམས་ཀྱང ་ཆར?་གཅད་པར་མཛད་དོ། །འཆི་འཕོ་བ་དང་སྐྱེ་བ་མཁྱེན་པའི་སྟོབས་ཀྱིས་ནི་དེ་བཞིན་གཤེགས་པས་ཉན་ཐོས་ལས་བརྩམས་ཏེ། འདས་པའི་དུས་ན་ཤི་པའི་དུས་བྱས་པ་དང། སྐྱེ་བ་ཡང་ལུང་སྟོན་པ། ཆད་པར་སྨྲ་བའི་དགེ་སྦྱོང་དང། བྲམ་ཟེ་རྣམས་ཀྱང ་ཚར་གཅོད་པར་མཛད་དོ། །ཟག་པ་ཟད་པའི་མཁྱེན་པའི་སྟོབས་ཀྱིས་ནི་དེ་བཞིན་གཤེགས་པ་ཉིད་ཀྱི་རྣམ་པར་ཐར་པ་ལ་ཡང་སོམ་ཉི་མི་མངའ་ཞིང་ཐེ་ཚོམ་མི་མངའ་ལ། དགྲ་བཅོམ་པ་ཉིད་དུ་མངོན་པའི་ང་རྒྱལ་འཛིན་པའི་དགེ་སྦྱོང་དང། བྲམ་ཟེ་རྣམ་ཀྱང ་ཚར་གཅོད་པར་མཛད་དེ། །འདི་ནི་དེ་བཞིན་གཤེགས་པའི་སྟོབས་བཅུའི་ལས་ཡིན་པར་རིག་པར་བྱའོ། །དེ་ལ་དེ་བཞིན་གཤེགས་པའི་སྟོབས་བཅུ་འདི་དག་གི་གོ་རིམ་གང་ཞེ་ན། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར ་སངས་རྒྱས་མ་ཐག་ཏུ་དེ་བཞིན་གཤེགས་པས་སྟོབས་བཅུ་ཐམས་ཅད་ཅིག་ཅར་བརྙེས་ཏེ། ཅིག་ཅར་བརྙེས་ནས་ཀྱང་དེ་དག་རིམ་གྱིས་མངོན་སུམ་དུ་འགྱུར་ཏེ། མངོན་པར་རྫོགས་པར་སངས་རྒྱས་པ་ཉིད་ཀྱི་མདོ་ལ། དེ་བཞིན་གཤེགས་པས་གནས་དང ་གནས་མ་ཡིན་པ་མཁྱེན་པའི་སྟོབས་ཀྱིས་ཆོས་རྣམས་ཀྱི་རྒྱུ་དང་འབྲས་བུ་རྣམ་པར་བཞག་པ་ལ་ལེགས་པ་ཁོ་ནར་རྣམ་པར་གཟིགས་སོ། །རྣམ་པར་གཟིགས་ནས་འདོད་ཆགས་དང་བྲལ་བ་འདོད་པའི་སེམས་ཅན་རྣམས་ལ་ནི། བསམ་གཏན་དང། རྣམ ་པར་ཐར་པ་དང། ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པ་མཁྱེན་པའི་སྟོབས་ཀྱིས་འཇིག་རྟེན་པའི་འདོད་ཆགས་དང་བྲལ་བར་འགྱུར་བར་བྱ་བ་དང། ཇི་ལྟ་བ་བཞིན་དུ་ལམ་ཐོབ་པར་བྱ་བའི་གདམས་ངག་སྦྱིན་པར་མཛད་དོ། །འཇིག་རྟེན་ལས་འདས་པའི ་འདོད་ཆགས་དང་བྲལ་བ་འདོད་པ་རྣམས་ལ་ནི་དེ་མ་ཡིན་པའི་དེ་བཞིན་གཤེགས་པའི་སྟོབས་བདུན་གྱིས་འཇིག་རྟེན་ལས་འདས་པའི་འདོད་ཆགས་དང་བྲལ་བར་འགྱུར་བའི་ལམ་རྣམ་པར་སྟོན་ཏོ། །དེ་ལ་ཐོག་མར་ནི་དབང་པོ་མཆོག་དང་མཆོག་མ་ཡིན་པ་མཁྱེན ་པའི་སྟོབས་ཀྱིས་འཇིག་རྟེན་ལས་འདས་པའི་འདོད་ཆགས་དང་བྲལ་པ་འདོད་པ་རྣམས་ཀྱི་དབང་པོ་རྣམ་པར་གཟིགས་སོ། །དེའི་འོག་ཏུ་མོས་པ་སྣ་ཚོགས་མཁྱེན་པའི་སྟོབས་ཀྱིས་ནི་དབང་པོ་སྔོན་དུ་འགྲོ་བའི་བསམ་པ་ལ་རྣམ་པར་གཟིགས་སོ། །དེའི་འོག་ཏུ་ཁམས་སུ ་ཚོགས་མཁྱེན་པའི་སྟོབས་ཀྱིས་བསམ་བ་སྔོན་དུ་འགྲོ་བའི་བག་ལ་ཉལ་རྣམ་པར་གཟིགས་སོ། །དེ་ལྟར་དབང་པོ་དང། བསམ་གཏན་དང་བག་ལ་ཉལ་མཁྱེན་པ་དེས། ཐམས་ཅད་དུ་འགྲོ་བའི་ལམ་མཁྱེན་པའི་སྟོབས་ཀྱིས་ཅི་རིགས་པར་དམིགས་པ་ལ་འཇུག ་པའི་སྒོ་རྣམས་ལ་འཛུད་པར་མཛད་དོ། །དེའི་འོག་ཏུ་ཡང་སྔོན་གྱི་གནས་རྗེས་སུ་དྲན་པ་མཁྱེན་པའི་སྟོབས་དང། འཆི་འཕོ་བ་དང། སྐྱེ་བ་མཁྱེན་པའི་སྟོབས་ཀྱིས་ཉོན་མོངས་པ་ཐམས་ཅད་སྤང་པར་བྱ་བའི་ཕྱིར་འཚལ་བའི་དམིགས་པ་ལ་འཇུག་པའི་སྒོའི་སྦྱོར་བས་སེམས ་གནས་པ་ཡང་འཛིན་དུ་བཅུག་ལ། སྤྱོད་པ་རྣམས་ཀྱང་རྣམ་པར་དག་པར་མཛད་ནས་འཇིག་ཚོགས་ལ་ལྟ་བའི་རྩ་བ་རྟག་པ་དང། ཆད་པ་དང་མཐར་འཛིན་པ་རྣམ་པར་སྤངས་པའི་དབུ་མའི་ལམ་རྣམ་པར་སྟོན་ཏོ། །དེའི་འོག་ཏུ་དེ་ལྟར་ཡང་དག་པར ་བརྩོན་ཞིང། ཞི་གནས་ཀྱིས་ཉེ་བར་བརྟེན་ཏེ། ཉོན་མོངས་པ་མ་སྤངས་པ་ཀུན་ཏུ་མི་སྤྱོད་པ་དང་ལྡན་པས་མ་བྱས་པ་ལ་བྱས་པས་མངོན་པའི་ང་རྒྱལ་འཛིན་པའི་ང་རྒྱལ་ཟག་པ་ཟད་པ་མཁྱེན་པའི་སྟོབས་ཀྱིས་འདོར་དུ་འཇུག་སྟེ། འདི་ནི་སྟོབས་ཀྱི་གོ་རིམ་གྱི་རྣམ ་གྲངས་གཅིག་གོ། །།བམ་པོ་ཉི་ཤུ་རྩ་གཉིས་པ་སྟེ་ཐ་མའོ། །རྣམ་གྲངས་གཞན་ཡང་འདི་ལ་དེ་བཞིན་གཤེགས་པ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས། ཐོག་མ་ཁོ་ནར ་གནས་དང་གནས་མ་ཡིན་པར་མཁྱེན་པའི་སྟོབས་མངོན་སུམ་དུ་མཛད་དེ། རྟེན་ཅིང་འབྲེལ་པར་འབྱུང་བའི་ཆོས་རྣམས་ལ་ཆོས་གནས་པའི་ཡེ་ཤེས་དམ་པ་རྣམ་པར་སྤྱོད་པར་མཛད་དོ། །ཆོས་གནས་པའི་ཡེ་ཤེས་དེ་ལ་བརྟེན་ནས། ལས་བདག་གིར ་བྱ་བ་མཁྱེན་པའི་སྟོབས་ཀྱིས་ཁྱིམ་པའི་ཕྱོགས་ལ་རྣམ་པར་གཟིགས་ཏེ། ལས་རྣམ་པ་སྣ་ཚོགས་གང་དང་གང་གིས་ཁྱིམ་པའི་ཕྱོགས་ལ་གནས་པ་དེ་དག་ཡང་དག་པར་གྲུབ་པར་གྱུར་པ་དང། འགྲུབ་པར་འགྱུར་བ་དང། འགྲུབ་པར་གཟིགས་སོ། །ཁྱིམ ་བའི་ཕྱོགས་ལ་གཟིགས་ནས། བསམ་གཏན་དང། རྣམ་པར་ཐར་པ་དང། ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པ་མཁྱེན་པའི་སྟོབས་ཀྱིས་རབ་ཏུ་བྱུང་བའི་ཕྱོགས་ལ་རྣམ་པར་གཟིགས་ཏེ། ཅི་རབ་ཏུ་བྱུང་བའི་ཕྱོགས་འདི་ལ་སྡུག་བསྔལ་ལས་བྱུང་བ ་དང། སྡུག་བསྔལ་ལས་བྱུང་བའི་ལམ་སྟོན་པ་འགའ་ལྟ་ཡོད་དམ། འོན་ཏེ་མེད་ཞིག་གུ་སྙམ་ཏེ། དེས་མེད་པར་མཁྱེན་ནས། སྐྱབས་མེད་ཅིང་སྐྱོབ་པ་མེད་པའི་འཇིག་རྟེན་ཐམས་ཅད་ལ་བརྟགས་ཏེ། སྙིང་རྗེ་ཆེན་པོ་ལ་བརྟེན་ནས་སངས་རྒྱས་ཀྱི ་སྤྱན་གྱིས་འཇིག་རྟེན་ལ་རྣམ་པར་གཟིགས་སོ། །དེས་རྣམ་པར་གཟིགས་ཏེ། དབང་པོ་མཆོག་དང་མཆོག་མ་ཡིན་པ་མཁྱེན་པ་མངོན་སུམ་དུ་མཛད་ནས། རབ་ཏུ་མཁྱེན་ཏེ། འཇིག་རྟེན་ན་སེམས་ཅན་བྱུང་བ་དང། འཇིག་རྟེན་ན་སེམས་ཅན་སྐྱེས་པ་དང། དབང་པོ་རྟུལ་པོ ་དང། དབང་པོ་འབྲིང་པོ་དང། དབང་པོ་རྣོན་པོ་དག་ཀྱང་ཡོད་པར་ཐུགས་སུ་ཆུད་ནས། དེ་ཆོས་བསྟན་པ་ལ་སེམས་འཇུག་གོ་།དེའི་འོག་ཏུ་སྔ་མའི་གོ་རིམ་བཞིན་དུ་དེ་མ་ཡིན་པ་མཁྱེན་པའི་སྟོབས་མོས་པ་སྣ་ཚོགས་མཁྱེན་པ་ལས་རྩོགས་པ་ཐམས་ཅད་ཀྱང་འབྱུང་བར་རིག་པར་བྱ ་སྟེ། འདི་ནི་སྟོབས་རྣམས་ཀྱི་གོ་རིམས་ཀྱི་རྣམ་གྲངས་གཉིས་པའོ། །རྣམ་གྲངས་གཞན་ཡང་ཐོག་མ་ཁོ་ནར་དེ་བཞིན་གཤེགས་པ་མངོན་པར་རྫོགས་པར་སངས་རྒྱས་མ་ཐག་ཏུ། གནས་དང་གནས་མ་ཡིན་པ་མཁྱེན་པའི་སྟོབས་ཀྱིས་རྟེན་ཅིང་འབྲེལ་པར་འབྱུང་བའི ་ཆོས་ཀྱི་ཁམས་དཔྱོད་པར་མཛད་དོ། །དེའི་འོག་ཏུ་ལས་བདག་གིར་བྱ་བ་མཁྱེན་པའི་སྟོབས་ཀྱིས་རྟེན་ཅིང་འབྲེལ་བར་འབྱུང་བའི་ཆོས་གང་དག་ལ་སེམས་ཅན་དུ་མིང་དུ་བཏགས་པའི་སེམས་ཅན་གྱི་ཁམས་དེ་ལ། སེམས་ཅན་འདི་དག་ནི་རང ་གིས་བྱས་པའི་ལས་འདི་ལྟ་བུའི་འབྲས་བུ་འདྲ་བས་སོ་སོར་ཉམས་སུ་མྱོང་ངོ་སྙམ་དུ་རྣམ་པར་དཔྱོད་པར་མཛད་དེ། ཆོས་ཀྱི་ཁམས་དང། སེམས་ཅན་གྱི་ཁམས་ཅི་ལྟ་བ་བཞིན་དུ་རྣམ་པར་དཔྱད་ནས་བསམ་གཏན་དང། རྣམ་པར་ཐར་པ་དང། ཏིང་ངེ་འཛིན་ལ་སྙོམས་པར་འཇུག ་པ་མཁྱེན་པའི་སྟོབས་ཀྱིས་སེམས་ཅན་དེ་དག་ཉིད་སྡུག་བསྔལ་ལས་རྣམ་པར་ཐར་པར་བྱ་བའི་ཆོ་འཕྲུལ་གསུམ་གྱིས་ལེགས་པར་གདམས་པར་མཛད་དོ། །གདམས་ནས་ཀྱང་སྔ་མའི་གོ་རིམ་བཞིན་དུ་སྟོབས་ལྷག་མ་རྣམས་ཀྱིས་དབང་པོ་ལ་སོགས་པ་ཡང་མཁྱེན། ་ལམ་ལ་ཡང་བཙུད་ནས། སེམས་ཅན་དེ་དག་སྡུག་བསྔལ་ལས་རྣམ་པར་ཐར་པར་མཛད་དེ། འདི་ནི་སྟོབས་རྣམས་ཀྱི་གོ་རིམས་ཀྱི་རྣམ་གྲངས་གསུམ་པའོ། །དེ་ལ་གནས་དང་གནས་མ་ཡིན་པ་མཁྱེན་པའི་སྟོབས་དང། ལས་བདག་གིར་བྱ་བ་མཁྱེན་པའི་སྟོབས་ལ་བྱེ་བྲག ་ཅི་ཡོད་ཅེ་ན། དགེ་བ་དང་མི་དགེ་བའི་ལས་ཀྱི་འབྲས་བུ་སྡུག་པ་དང་མི་སྡུག་པ་འགྲུབ་པ་གང་ཡིན་པ་འདི་ནི་གནས་དང་གནས་མ་ཡིན་པ་མཁྱེན་པའི་སྟོབས་ཀྱིས་མཁྱེན་ཏོ། །དགེ་བ་དང་མི་དགེ་བའི་ལས་བྱེད་པ་གང་ཡིན་པ་དེ་ཉིད་ཀྱི་སྡུག་པ་དང་མི་སྡུག་པའི ་འབྲས་བུ་དེ་སོ་སོར་ཉམས་སུ་མྱོང་བར་འགྱུར་པ་གང་ཡིན་པ་འདི་ནི། ལས་བདག་གིར་བྱ་བ་མཁྱེན་པའི་སྟོབས་ཀྱིས་མཁྱེན་ཏོ། །བསམ་གཏན་དང་རྣམ་པར་ཐར་པ་ལ་སོགས་པ་སྙོམས་པར་འཇུག་པ་གང་ཡིན་པ་དེ་ཉིད་ལ་དེ་དག་འབྱུང་བར་འགྱུར་གྱིས། གཞན་ལ་མ་ཡིན་པ ་གང་ཡིན་པ་དེ་ནི་ལས་བདག་གིར་བྱ་བ་མཁྱེན་པའི་སྟོབས་ཀྱིས་སོ། །བསམ་གཏན་ལ་སོགས་པ་དེ་དག་ཉིད་ལ་བརྟེན་ནས། གདུལ་བ་རྣམས་ལ་ཆོ་འཕྲུལ་གསུམ་གྱིས་འདོམས་པར་མཛད་པ་གང་ཡིན་པ་འདི་ནི་བསམ་གཏན་དང། རྣམ་པར་ཐར་བ་དང། ཏིང་ངེ་འཛིན་ལ་སྙོམས་པར ་འཇུག་པ་མཁྱེན་པའི་སྟོབས་ཀྱིས་སོ། །དད་པ་ལ་སོགས་པ་དང། ལྷན་ཅིག་སྐྱེས་ཤིང་མཚུངས་པར་ལྡན་པའི་སེམས་ཐུགས་སུ་ཆུད་པ་གང་ཡིན་པ་འདི་ནི་བསམ་གཏན་དང། རྣམ་པར་ཐར་པ་དང། ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པ་མཁྱེན་པའི་སྟོབས་ཀྱིས་སོ། ། ་དབང་པོ་དེ་དག་ཉིད་ཆུང་ངུ་དང་འབྲིང་དང། ཆེན་པོའི་བྱེ་བྲག་འབྱེད་པ་གང་ཡིན་པ་འདི་ནི་དབང་པོ་མཆོག་དང་མཆོག་མ་ཡིན་པ་མཁྱེན་པའི་སྟོབས་ཀྱིས་སོ། །ཆོས་དེ་དང་དེ་དག་ལ་དབང་པོ་སྔོན་དུ་འགྲོ་བའི་བསམ་པ་ཐུགས་སུ་ཆུད་པ་གང་ཡིན་པ་འདི་ནི། དབང་པོ་མཆོག་དང ་མཆོག་མ་ཡིན་པ་མཁྱེན་པའི་སྟོབས་ཀྱིས་སོ། །བསམ་པ་དེ་ཉིད་སྣ་ཚོགས་སུ་བྱེ་བྲག་འབྱེད་པ་གང་ཡིན་པ་འདི་ནི་མོས་པ་སྣ་ཚོགས་མཁྱེན་པའི་སྟོབས་ཀྱིས་སོ། བསམ་པ་དེ་ཡང་མདོར་བསྡུ་ན་རྣམ་པར་དབྱེ་བ་རྣམ་པ་དྲུག་ཡོད་པར་རིག་པར་བྱ་སྟེ། ངེས་པར་འབྱུང་བ་མ ་ཡིན་པའི་བསམ་པ་ནི་འདི་ལྟ་སྟེ། དབང་ཕྱུག་ཆེན་པོ་དང། སྲེད་མེད་ཀྱི་བུ་དང། ཚངས་པའི་འཇིག་རྟེན་ལ་སོགས་པ་ལ་མོས་པ་ཐ་དད་པ་རྣམས་ཀྱིའོ། །ངེས་པར་འབྱུང་བའི་བསམ་པ་ནི་འདི་ལྟ་སྟེ། ཐེག་པ་གསུམ་པ་དག་ལ་མོས་པ་རྣམས་ཀྱིའོ། །རྣམ་པར་དག་པ་ལས་རིང ་བའི་བསམ་པ་ནི་འདི་ལྟ་སྟེ། ཡོངས་སུ་སྨིན་པ་ཆུང་ངུ་དང་འདྲིད་ལ་གནས་པ་རྣམས་ཀྱིའོ། །རྣམ་པར་དག་པ་དང་ཉེ་བའི་བསམ་པ་འདི་ལྟ་སྟེ། ཡོངས་སུ་སྨིན་པ་ཆེན་པོ་ལ་གནས་པ་རྣམས་ཀྱིའོ། །ཚེ་འདི་ཉིད་ལ་མྱ་ངན་ལས་འདས་པ་འཐོབ་པར་མོས་པ་རྣམས་ཀྱིའོ། །ཚེ་འདི་ཉིད་ལ་མྱ་ངན་ལས ་འདས་པ་འཐོབ་པའི་བསམ་པ་ནི་འདི་འདི་ལྟ་སྟེ། ཉན་ཐོས་ཀྱི་ཐེག་པས་མྱ་ངན་ལས་འདས་པ་ཐོབ་པར་མོས་པ་རྣམས་ཀྱིའོ། །ཕྱིས་མྱ་ངན་ལས་འདས་པ་འཐོབ་པའི་བསམ་པ་ནི་འདི་ལྟ་སྟེ། ཐེག་པ་ཆེན་པོས་ཡོངས་སུ་མྱ་ངན་ལས་འདའ་བ་འཐོབ་པར་མོས་པ་རྣམས་ཀྱིའོ། །མོས་པས ་བསྐྱེད་པས་དེ་དང་འདྲ་བའི་ས་བོན་ཐུགས་སུ་ཆུད་པ་གང་ཡིན་པ་འདི་ནི་མོས་པ་སྣ་ཚོགས་མཁྱེན་པའི་སྟོབས་ཀྱིས་སོ། །ས་བོན་དེ་ཉིད་བྱེ་བྲག་ཕྱེ་ནས་རྣམ་པ་དུ་མར་ཐུགས་སུ་ཆུད་པ་གང་ཡིན་པ་འདི་ནི་ཁམས་སྣ་ཚོགས་མཁྱེན་པའི་སྟོབས་ཀྱིས་སོ། །ཁམས་རབ་ཏུ་དབྱེ་བ་དེ་ཡང་མདོར་བསྡུ་ ་ན་རྣམ་པ་བཞིར་རིག་པར་བྱ་སྟེ། རང་བཞིན་དུ་གནས་པའི་ས་བོན་དང། སྔོན་གོམས་པ་ལས་བྱུང་བའི་ས་བོན་དང། རྣམ་པར་དག་པར་བྱར་རུང་བའི་ས་བོན་ནི་འདི་ལྟ་སྟེ། ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་བའི་ཆོས་ཅན་རྣམས་ཀྱིའོ། །རྣམ་པར་དག་པར་བྱར་མི་རུང་བའི་ས་བོན་ནི ་འདི་ལྟ་སྟེ། མྱ་ངན་ལས་འདའ་བར་འགྱུར་བའི་ཆོས་ཅན་མ་ཡིན་པ་རྣམས་ཀྱིའོ། །ཁམས་ཇི་ལྟ་བ་བཞིན་དུ་འཚམ་པའི་ལམ་ལ་འཇུག་པ་རབ་ཏུ་མཁྱེན་པ་གང་ཡིན་པ་འདི་ནི་ཁམས་སྣ་ཚོགས་མཁྱེན་པའི་སྟོབས་ཀྱིས་སོ། །ལམ་དེ་ཉིད་རྣམ་པ་ཐམས་ཅད་དུ་རབ་ཏུ་རྣམ ་པར་འབྱེད་ད། ལམ་འདི་ནི་ཀུན་ནས་ཉོན་མོངས་པར་འགྱུར་བའོ། །འདི་ནི་རྣམ་པར་དག་པར་འགྱུར་བའོ། །འདི་ནི་གཏན་དུ་རྣམ་པར་བྱང་བར་འགྱུར་བའོ། །འདི་ནི་གཏན་དུ་རྣམ་པར་བྱང་བར་འགྱུར་བ་མ་ཡིན་ནོ་ཞེས་བྱ་བ་གང་ཡིན་པ་འདི་ནི་ཐམས་ཅད་དུ་འགྲོ་བའི་ལམ་མཁྱེན ་པའི་སྟོབས་ཀྱིས་སོ། །སྔོན་གྱི་མཛའ་རྗེས་སུ་དྲན་ཏེ། འགྲོ་བ་ཐམས་ཅད་ཀྱི་རྒྱུ་སྔོན་གྱི་མཛའ་དང་ལྡན་པ་རྣམས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་པ་གང་ཡིན་པ་འདི་ནི་ཐམས་ཅད་དུ་འགྲོ་བའི་ལམ་མཁྱེན་པའི་སྟོབས་ཀྱིས་སོ། །རྣམ་པར་ཕྱེ་ནས་སྔ་མ་བཞིན་དུ་ཐ་སྙད་ཀྱི་ ་གཞི་ལ་བརྟེན་པའི་སྤྱོད་པ་རྣམ་པ་དྲུག་རབ་ཏུ་མཁྱེན་པ་གང་ཡིན་པ་འདི་ནི་སྔོན་གྱི་གནས་རྗེས་སུ་དྲན་པ་མཁྱེན་པའི་སྟོབས་ཀྱིས་སོ། །སྔོན་གྱི་མཛའ་ལས་བརྩམས་ཏེ། སེམས་ཅན་རྣམས་ཀྱི་འཆི་འཕོ་དང། སྐྱེ་བ་མཁྱེན་པ་རབ་ཏུ་མཁྱེན་པ་གང ་ཡིན་པ་འདི་ནི་སྔོན་གྱི་གནས་རྗེས་སུ་དྲན་པ་མཁྱེན་པའི་སྟོབས་ཀྱིས་སོ། །ཕྱི་མའི་མཛའ་ཨི་སེམས་ཅན་རྣམས་ཀྱི་ཤི་འཕོ་དང་སྐྱེ་བ་མཁྱེན་པ་གང་ཡིན་པ་འདི་ནི་ཤི་འཕོ་དང་སྐྱེ་བ་མཁྱེན་པའི་སྟོབས་ཀྱིས་སོ། །སེམས་ཅན་རང་གི་དོན་མཐར་ཕྱིན་པ་མ་ཡིན་པ་རྣམས་ཀྱི ་ཕྱི་མའི་མཐར་སྐྱེ་བ་དང། ཉིང་མཚམས་སྦྱོར་བ་རབ་ཏུ་མཁྱེན་པ་གང་ཡིན་པ་འདི་ནི་ཤི་འཕོ་བ་དང་སྐྱེ་བ་མཁྱེན་པའི་སྟོབས་ཀྱིས་སོ། །རང་གི་དོན་མཐར་ཕྱིན་ཏེ། སེམས་ཤིན་ཏུ་རྣམ་པར་གྲོལ་བ་རྣམས་ཀྱི་ཚེ་འདི་ལ་མྱ་ངན་ལས་འདས་པ་འཐོབ་པ་རབ་ཏུ་མཁྱེན ་པ་གང་ཡིན་པ་འདི་ནི་ཟག་པ་ཟད་པ་མཁྱེན་པའི་སྟོབས་ཀྱིས་ཏེ། འདི་ནི་དེ་བཞིན་གཤེགས་པའི་སྟོབས་བཅུ་པོ་དག་ཕན་ཚུན་བྱེ་བྲག་ཡོད་པ་དང། བྱེ་བྲག་མེད་པ་ཡིན་པར་རིག་པར་བྱའོ། །མི་འཇིགས་པ་བཞིའི་གཞུང་ནི་མདོ་ཉིད་ལས་ཇི་སྐད་འབྱུང་པ་བཞིན ་དུ་རིག་པར་བྱའོ། །དེ་ལ་གནས་བཞི་པོ་འདི་དག་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་འཁོར་གྱི་ནང་དུ་དམ་བཅའ་བར་བྱ་བ་ཡིན་ཏེ། ཉན་ཐོས་དང་ཐུན་མོང་མ་ཡིན་པ་ཤེས་བྱའི་སྒྲིབ་པ་ལས་རྣམ་པར་ཐར་པར་བྱ་བའི་ཕྱིར། རྣམ་པ་ཐམས་ཅད་དུ་ཆོས་ཐམས་ཅད ་མངོན་པར་རྫོགས་པར་བྱང་ཆུབ་པ་འདི་ནི་གནས་དང་པོའོ། །ཉན་ཐོས་དང་ཐུན་མོང་པ་ཉོན་མོངས་པའི་སྒྲིབ་པ་ལས་རྣམ་པར་ཐར་པ་འདི་ནི་གནས་གཉིས་པའོ། །རྣམ་པར་ཐར་པ་འདོད་པའི་སེམས་ཅན་རྣམས་སྡུག་བསྔལ་ལས་ཡང་དག་པར་འདའ་བར་འགྱུར ་བའི་ངེས་པར་འབྱིན་པའི་ལམ་འདི་ནི་གནས་གསུམ་པའོ། །ལམ་དེ་ཉིད་ཐོབ་པར་བྱ་བ་ལ་གེགས་སུ་གྱུར་པ་བར་དུ་གཅོད་པར་བྱེད་པའི་ཆོས་རྣམས་ཡོངས་སུ་སྤང་བར་བྱ་བ་འདི་ནི་གནས་བཞི་པའོ། །གནས་བཞི་པོ་འདི་དག་ལ་དེ་བཞིན་གཤེགས་པས་དོན་ཇི ་ལྟ་བ་བཞིན་དུ་དམ་བཅའ་བ་ཡིན་ཏེ། དེ་བས་ན་གནས་སྔ་མ་གཉིས་ཀྱི་དམ་བཅའ་བ་དང། མི་མཐུན་པའི་སྐུ་དང་གསུང་དང་ཐུགས་ཀྱི་སྤྱོད་པ་དང། གནས་ཕྱི་མ་གཉིས་ཀྱིས་དམ་བཅའ་བ་དང། མི་མཐུན་པའི་སྔ་ཕྱི་འགལ་བ་དང། མི་རིགས་པར་འགྱུར་བ་ཡོད་དོ་ཞེས་དམ ་བཅས་པའི་གནས་ཀྱི་གཉེན་པོར་ལྷའི་མིག་དང་ལྡན་པ་དང། ལྷའི་མིག་དང་ལྡན་པ་མ་ཡིན་པ་དང། ཕ་རོལ་གྱི་སེམས་ཤེས་པ་དང། ཕ་རོལ་གྱི་སེམས་ཤེས་པ་མ་ཡིན་པ་གཞན་དག་གིས་བརྒལ་བའི་རྒྱུར་འགྱུར་བ་ཡང་དག་པར་རྗེས་སུ་མ་གཟིགས་ཏེ། གནས་འདི་དག་ལ་མི་བརྙེངས ་པ་དང། ཐུགས་ཞུམ་པ་མི་མངའ་བ་དང། དོགས་པ་མི་མངའ་བ་དང། བག་ཚ་བ་མི་མངའ་བར་དམ་བཅའ་བར་མཛད་དོ། །སྟོན་པས་དམ་བཅའ་བར་བྱ་བ་ནི་འདི་ཡིན་ཏེ། འདི་ལྟ་སྟེ། བདག་ལ་ཕན་པ་སྒྲུབ་པ་དང། གཞན་ལ་ཕན་པ་སྒྲུབ་པ་ཡོངས་སུ་རྫོགས་པའོ། །དེ་ལ ་གནས་དང་པོ་གཉིས་ཀྱིས་ནི་བདག་ལ་ཕན་པ་བསྒྲུབ་པ་ཡོངས་སུ་རྫོགས་པར་དམ་བཅས་པ་ཡིན་ནོ། །གནས་ཕྱི་མ་གཉིས་ཀྱིས་ནི་གཞན་ལ་ཕན་པ་བསྒྲུབ་པ་ཡོངས་སུ་རྫོགས་པར་དམ་བཅས་པ་ཡིན་ནོ། །དེ་ལ་བདག་ཉིད་ཀྱིས་ཆོས་ཐམས་ཅད་མངོན་པར་རྫོགས་པར་བྱང་ཆུབ ་པས་ཡང་དག་པར་རྫོགས་པར་སངས་རྒྱས་བ་ནི་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དབང་དུ་མཛད་ནས། དེ་བཞིན་གཤེགས་པས་དམ་བཅས་པ་ཡིན་ནོ། །ཟག་པ་ཐམས་ཅད་ཟད་པ་ནི། ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་ལ་ཡང་དག ་པར་ཞུགས་པའི་སེམས་ཅན་རྣམས་ཀྱི་དབང་དུ་མཛད་དེ། དམ་བཅས་པ་ཡིན་ནོ།། །།ངེས་པར་འབྱིན་པའི་ལམ་དང། བར་དུ་གཅོད་པའི་ཆོས་རྣམས་ནི་དེ་གཉི་ཀའི་དབང་དུ་མཛད་དེ་དམ་བཅས་པ་ཡིན་ནོ། །དེ་བཞིན་གཤེགས་པས་མདོའི་ཚིག་འདི་སྐད ་དུ། ངེས་བྱང་ཆུབ་སེམས་དཔའ་རྣམས་དང། ཉན་ཐོས་རྣམས་ཀྱི་ངེས་པར་འབྱུང་བའི་ལམ་བསྟན་པ་གང་ཡིན་པ་ཞེས་རྒྱས་པར་གསུངས་པ་ལས་བྱང་ཆུབ་སེམས་དཔའ་ཞེས་བྱ་བའི་ཚིག་དེ་ཡང་དག་པར་སྡུད་པར་བྱེད་པ་རྣམས་ཀྱིས་ཉན་ཐོས་ཀྱི་སྡེ་སྣོད་ཀྱི་སྐབས་ནས་བྱུང་ངོ། ། ་བྱང་ཆུབ་སེམས་དཔའ་ཨི་སྡེ་སྣོད་ལས་ཀྱང་བྱང་ཆུབ་སེམས་དཔའ་ཨི་ཚིག་ཁོ་ན་འབའ་ཞིག་སྨོས་སོ། །དྲན་པ་ཉེ་བར་གཞག་པ་གསུམ་གྱི་གཞུང་ནི་མདོ་ལས་ཇི་སྐད་འབྱུང་བ་བཞིན་ཏེ། དེ་བཞིན་གཤེགས་པ་ནི་ཡུན་རིང་པོ་ནས་འདི་ལྟར་ངེས་ལེགས ་པར་བསྟན་པའི་ཆོས་འདུལ་བ་རྣམས་ལ་ནན་ཏན་བྱེད་ཅིང་ཇི་ལྟ་བ་བཞིན་དུ་གནས་ཀྱང་ཅི་མ་རུང་སྙམ་དུ་བཞེད་དེ། ཡུན་རིང་པོ་ནས་དེ་ལྟར་བཞེད་པ་ཆོས་ཀྱི་མངའ་བདག་ཚོགས་ཡོངས་སུ་སྡུད་བ་དེའི་བཞེད་པ་དེ་དག་གྲུབ་པ་དང། མ་གྲུབ་པ་དག་གིས་ཀུན་ནས་ཉོན་མོངས་པ ་མེད་པ་ནི་མདོར་བསྡུ་ན་དྲན་པ་ཉེ་བར་གཞག་པ་གསུམ་གྱིས་རབ་ཏུ་ཕྱེ་བ་ཡིན་ནོ། །དེ་དག་ཀྱང་འཁོར་གསུམ་གྱི་བྱེ་བྲག་གིས་གསུམ་དུ་རྣམ་པར་བཞག་སྟེ། འཁོར་གསུམ་པོ་གང་ཞེ་ན། ཐམས་ཅད་ཀྱང་གཅིག་ཏུ་ངེས་པར་ཡང་དག་པར་སྒྲུབ་པར་བྱེད་པ་འདི་ནི་འཁོར ་གཅིག་གོ་།ཐམས་ཅད་ཀྱང་གཅིག་ཏུ་ངེས་པར་ལོག་པར་སྒྲུབ་པར་བྱེད་པ་འདི་ནི་འཁོར་གཉིས་པའོ། །འཁོར་གསུམ་པ་ནི་གང་ལས་ཁ་ཅིག་ནི་ཡང་དག་པར་སྒྲུབ་ལ། ཁ་ཅིག་ནི་ལོག་པར་བསྒྲུབ་པའོ། །བསྲུང་བ་མེད་པ་གསུམ་གྱི་བཞུང་མདོ་ཉིད་ལས་ཇི་སྐད་འབྱུང་བ་བཞིན་དུ ་རིག་པར་བྱ་སྟེ། མདོར་བསྡུ་ན། རྣམ་པ་ཐམས་ཅད་དུ་ཉེས་པ་བྱས་པ་འཆབ་པ་སྤངས་པ་འདི་ནི་དེ་བཞིན་གཤེགས་པའི་བསྲུང་བ་མེད་པ་གསུམ་གྱིས་བསྟན་ཏེ། དགྲ་བཅོམ་པ་ལ་ཡང་བརྗོད་པའི་ཕྱིར། བརྒྱ་ལམ་བརྒྱ་ལམ་ན་ལུང་དུ་མ་བསྟན་པའི་ཉེས་པ་བྱས་པ ་ཙམ་ཅུང་ཟད་འབྱུང་བ་གང་ཡིན་པ་འདི་ན་དེ་བཞིན་གཤེགས་པ་དེ་ལ་ཡང་ཐམས་ཅད་ཀྱི་ཐམས་ཅད་དུ་མི་ངའོ། །དེ་བས་ན་དེ་བཞིན་གཤེགས་པ་ནི་ཇི་ལྟར་དམ་བཅས་པ་དེ་ལྟ་བུའི་རང་བཞིན་ཡིན་ཏེ། ཉན་ཐོས་རྣམས་ཚར་བཅད་ཅིང་བཀའ་སྩལ་ཏེ། །ཐིབས་ཀྱིས ་མནན་ཅིང་ཐིབས་ཀྱིས་མནན་ཅིང་ཁ་ཅིག་ལ་སྨྲ་འབེབས་མཛད། ཁ་ཅིག་ལ་ནི་སྤང་བར་མཛད་ཅིང་བརླང་པོར་ཡང་མཛད་དེ། འགྲོགས་པའི་རྒྱུ་ལས་ངའི་ཉན་ཐོས་རྣམས་ཀྱི་ལུས་དང། ངག་གི་ཀུན་ཏུ་སྤྱོད་པ་ཡོངས་སུ་མ་དག་པར་ཤེས་ནས། དངོས་པོ་དེས་ཡིད ་དུ་མི་འོང་ཞིང་མི་དགའ་བར་གྱུར་ནས་གླེང་བའམ། གཞན་དག་ལ་སྒྲོགས་པར་མི་འགྱུར་བ་གྲངས་མེད?་དུ་དེ་དག་ལ་རྗེས་སུ་བསྲུང་བ་དེ་ལ་མི་མངའ་ཨོ། །དེ་ལ་དེ་བཞིན་གཤེགས་པ་རྣམས་ཀྱི་ཐུགས་རྗེ་ཆེན་པོ་ནི་རྣམ་པ་ཐམས་ཅད་དུ་མཆོད་པ་དང། བརྟེན་པ་དང། ཚད་མེད་པའི་ལེའུ ་ལས་སྔར་ཇི་སྐད་བསྟན་པ་བཞིན་དུ་རིག་པར་བྱ་སྟེ། དེ་བཞིན་གཤེགས་པའི་ཐུགས་རྗེ་ཆེན་པོ་དེ་ནི་ཚད་མེད་པ་དང་བླ་ན་མེད་པར་རིག་པར་བྱའོ། །དེ་ལ་དེ་བཞིན་གཤེགས་པའི་ནན་ཏན་དུ་མཛད་པ་ནི་གང་དང་གང་དུ་དང། ཇི་ལྟར་དང། གང་གི་ཚེ་སྟེ་དེ་དང་དེར་དང། དེ་ལྟར ་དང། དེའི་ཚེ་ཡང་དང། པར་ནན་ཏན་མཛད་པས་ན། འདི་ནི་དེ་བཞིན་གཤེགས་པའི་བསྙེལ་བ་མི་མངའ་བའི་ཆོས་ཉིད་ཅེས་བྱ་སྟེ། འདི་ལྟར་དེ་བཞིན་གཤེགས་པའི་མཛད་པ་ཐམས་ཅད་དང། ཡུལ་ཐམས་ཅད་དང། མཛད་པའི་ཐབས་ཐམས་ཅད་དང། དུས་ཐམས་ཅད ་དུ་བསྙེལ་བ་མི་མངའ་སྟེ། རྟག་ཏུ་དགོངས་པ་ཉེ་བར་གནས་པ་འདི་ནི་བསྙེལ་བ་མི་མངའ་བའི་ཆོས་ཉིད་ཡིན་པར་བལྟ་བར་བྱའོ། དེ་ལ་དེ་བཞིན་གཤེགས་པའི་བསྐྱོད་པ་འམ། གཟིགས་བ་འམ། གསུང་བ་འམ། གནས་པ་ལ་ཉོན་མོངས་པ་མངའ་བ་འདྲ་བའི་ཀུན་ཏུ་སྤྱོད་པ་མི ་མངའ་བ་འདི་ནི་དེ་བཞིན་གཤེགས་པའི་བག་ཆགས་ཡང་དག་པར་བཅོམ་པ་ཞེས་བྱའོ། །དགྲ་བཅོམ་པ་རྣམས་ནི་ཉོན་མོངས་པ་སྤངས་པ་ཡིན་མོད་ཀྱི། གཟིགས་པ་འམ། བསྲུང་བ་འམ། ཉོན་མོངས་པ་ཡོད་པ་འདྲ་བའི་སྤྱོད་པ་དང། བསྐྱོད་པ་དང་ལྟ་བ་དང། སྨྲ་བ་དང། གནས་པ ་ཡང་ཡོད་དོ། །མདོར་བསྡུ་ན་དེ་བཞིན་གཤེགས་པ་ནི་ཆོས་རྣམས་ཀྱི་ཚོགས་གསུམ་པར་རྫོགས་པར་སངས་རྒྱས་ཏེ། གསུམ་གང་ཞེ་ན། དོན་དང་ལྡན་པའི་ཆོས་རྣམས་དང། དོན་དང་ལྡན་པ་མ་ཡིན་པ་རྣམས་དང། དོན་དང་ལྡན་པ་ཡང་མ་ཡིན་དོན་དང་མི་ལྡན་པ་ཡང་མ་ཡིན་པ ་རྣམས་སོ། །དེ་ལ་དེ་བཞིན་གཤེགས་པའི་དོན་དང་ལྡན་པ་མ་ཡིན་པ་དང། དོན་དང་ལྡན་པ་ཡང་མ་ཡིན་དོན་དང་མི་ལྡན་པ་ཡང་མ་ཡིན་པའོ་ཆོས་ཐམས་ཅད་མཁྱེན་པ་གང་ཡིན་པ་འདི་ནི་དེ་བཞིན་གཤེགས་པའི་རྣམ་པ་ཐམས་ཅད་མཁྱེན་པ་ཞེས་བྱའོ། །དེ་ལ་དེ་བཞིན ་གཤེགས་པའི་དོན་དང་ལྡན་པའི་ཆོས་ཐམས་ཅད་མཁྱེན་པ་གང་ཡིན་པ་འདི་ནི་དེ་བཞིན་གཤེགས་པའི་མཆོག་མཁྱེན་པ་ཞེས་བྱའོ། །དེ་ལ་རྣམ་པ་ཐམས་ཅད་མཁྱེན་པ་གང་ཡིན་པ་དང། མཆོག་མཁྱེན་པ་གང་ཡིན་པ་དེ་གཉིས་གཅིག་ཏུ ་བསྡུས་པ་ནི་རྣམ་པ་ཐམས་ཅད་དང་མཆོག་མཁྱེན་པ་ཞེས་བྱའོ། །དེ་དག་ཐམས་ཅད་སྡོམ་པ་ནི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བརྒྱ་བཞི་བཅུ་ཡིན་ནོ། །དེ་ལ་མཚན་དང་དཔེ་བྱད་བཟང་པོ་རྣམས་ནི་བྱང་ཆུབ་སེམས་དཔར་གྱུར་པ་དེས་སྲིད་པ་ཐ་མ་ལ་ཤིན་ཏུ་ཡོངས་སུ་དག་པར ་ཐོབ་པར་འགྱུར་རོ། །གང་གི་ཚེ་བྱང་ཆུབ་སེམས་དཔའ་བྱང་ཆུབ་ཀྱི་སྙིང་པོ་ལ་ཞུགས་ཏེ། བྱང་ཆུབ་ཀྱི་ཚོགས་ཀྱི་ལམ་ཤིན་ཏུ་ཡོངས་སུ་རྫོགས་པ་དེས་ནི་སྲིད་པ་ཐ་མ་དེའི་ཚེ་སློབ་དཔོན་མེད་པར་ཕྱི་མ་ལ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཚེས་སུམ་ཅུ་རྩ་བདུན་བསྒོམས་ནས། སྐད་ཅིག་གཅིག ་གིས་སྒྲིབ་པ་མང་བའི་ཡེ་ཤེས་སྦྱིན་པར་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་འཐོབ་པར་འགྱུར་ཏེ། སློབ་པར་གྱུར་པའི་བྱང་ཆུབ་སེམས་དཔའ་ཨི་རྡོ་རྗེའི་ལྟ་བུའི་ཏིང་ངེ་འཛིན་དུ་གཏོགས་པ་དེའི་མཇུག་ཐོགས་སུ་སྐད་ཅིག་གཉིས་པ་ལ་ལྷག་མ་སྟོབས་བཅུ་ལ་སོགས་བསངས ་རྒྱས་ཀྱིས་ཆོས་རྣམས་རྣམ་པ་ཐམས་ཅད་དང་མཆོག་མཁྱེན་པ་ལ་ཐུགས་ཤིན་ཏུ་རྣམ་པར་དག་ཅིང། བླ་ན་མེད་པ་རྣམས་ཅིག་ཅར་ཐོབ་པར་འགྱུར་རོ། །དེ་དག་ཐོབ་པས་ཆགས་པ་མེད་ཅིང་སྒྲིབ་པ་མེད་ལ། ཤིན་ཏུ་རྣམ་པར་དག་ཅིང་དྲི་མ་མེད་པའི་ཡེ་ཤེས་བཙལ་བ ་ཙམ་ལ་ཐོགས་པ་མེད་པ་ཤེས་བྱ་ཐམས་ཅད་ལ་འཇུག་གོ་།བརྣག་པ་ཡང་ཡོངས་སུ་རྫོགས་སོ། །དེ་ལྟར་ཐུགས་ལ་དགོངས་པ་ཡོངས་སུ་རྫོགས་ནས་བྱང་ཆུབ་སེམས་དཔའ་ཨི་སྤྱོད་པ་དང། བྱང་ཆུབ་སེམས་དཔའ་ཨི་ས་ལས་ཡང་དག་པར་འདས་ནས། དེ་བཞིན་གཤེགས་པའི་སྤྱོད་པ་དང། དེ་བཞིན་གཤེགས ་པའི་ས་ལ་བཞུགས་པ་ཡིན་ནོ། །ཤེས་བྱའི་སྒྲིབ་པའི་ཕྱོགས་གནས་ངན་ལེན་སྙིང་པོ་ལ་ཡོད་པ་ལྟ་བུ་ཡོད་མ་ལུས་པར་སྤངས་ནས་དེའི་གནས་གྱུར་པ་ཡིན་ནོ། །དེའི་གནས་གནས་གྱུར་པ་དེ་ནི་བླ་ན་མེད་པ་ཡིན་ནོ། །བྱང་ཆུབ་སེམས་དཔའ་གནས་པ་མཆོག་ལ་ཐུག་པ ་མན་ཆད་རྣམས་ཀྱི་གནས་གྱུར་པ་གཞན་ཐམས་ཅད་ནི་བླ་ན་མེད་པ་ཉིད་དུ་རིག་པར་བྱའོ། །དེ་ལ་མཐར་ཐུག་པར་འགྲོ་བའི་ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་དང། དེ་བཞིན་གཤེགས་པའི་ཡེ་ཤེས་ཁྱད་པར་ཡོད་པ་ཡེ་ཤེས་ཇི་ལྟ་བུ་ཞིག་གིས་བྱེ་བྲག་ཏུ་གྱུར་བར་རིག་པར ་བྱ་ཞེ་ན། འདི་ལ་མཐར་ཐུག་པར་འགྲོ་བའི་ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཨི་ཡེ་ཤེས་ནི་ཤེས་བྱ་ཐམས་ཅད་ལ་མིག་དང་ལྡན་པ་སེང་རས་ཀྱིས་བར་དུ་ཆོད་པའི་གཟུགས་ལ་ལྟ་བ་དང་འདྲ་བར་རིག་པར་བྱའོ། །དེ་བཞིན་གཤེགས་པའི་ཡེ་ཤེས་ནི་ཅེས་ཀྱང་པར་དུ་མཆོད ་པ་དང་འདྲ་བར་བལྟ་བར་བྱའོ། །དཔེར་ན་རི་མོ་རྣམ་པ་ཐམས་ཅད་དུ་ཚོན་ཚང་བར་བཀྱེ་ན། མཇུག་གི་ཚོན་གྱི་ས་བཅད་པ་ཤིན་ཏུ་རྣམ་པར་དག་པས་ཡོངས་སུ་དག་པར་མ་བྱས་པ་དང་འདྲ་བར་ནི་བྱང་ཆུབ་སེམས་དཔའ་དེའི་ཡེ་ཤེས་བལྟ་བར་བྱའོ། །དེ་བཞིན་གཤེགས་པའི་ཡེ ་ཤེས་ནི་ཤིན་ཏུ་རྣམ་པར་དག་པར་བྱས་པ་དང་འདྲ་བར་བལྟ་བར་བྱའོ། །དཔེར་ན་མིག་དང་ལྡན་པའི་མི་མུན་པ་མི་གནག་པའི་ནང་ན་གཟུགས་ལ་བལྟ་བ་དང་འདྲ་བར་ནི་བྱང་ཆུབ་སེམས་དཔའ་ཨི་སྔ་མ་བཞིན་དུ་སྦྱར་རོ། །དེ་བཞིན་གཤེགས་པའི་ཡེ་ཤེས་ནི་རྣམ་པ་ཐམས་ཅད་དུ་མུན ་པ་མེད་པ་དང་འདྲ་བར་བལྟ་བར་བྱའོ། །དཔེར་ན་མིག་དང་ལྡན་པ་ཐག་རིང་པོ་ནས་གཟུགས་ལ་ལྟ་བ་དང་འདྲ་བར་ནི་བྱང་ཆུབ་སེམས་དཔའ་ཨི་སྔ་མ་བཞིན་ནོ། །དེ་བཞིན་གཤེགས་པའི་ནི་ཉེ་བ་ནས་ལྟ་བ་དང་འདྲ་སྟེ་སྔ་མ་བཞིན་ནོ། །བྱང་ཆུབ་སེམས་དཔའ་ནི་རབ་རིབ་ཚབས་ཆུང་ངུ ་གཟུགས་ལ་ལྟ་བ་དང་འདྲ་སྟེ། སྔ་མ་བཞིན་ནོ། །དེ་བཞིན་གཤེགས་པའི་ནི་མིག་ཤིན་ཏུ་རྣམ་པར་དག་པ་དང་འདྲ་སྟེ་སྔ་མ་བཞིན་ནོ། །མཐར་ཐུག་པར་འགྲོ་བའི་ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་མངལ་ན་འདུག་པའི་ལུས་དང་འདྲ་བར་བལྟ་བར་བྱའོ། །དེ་བཞིན་གཤེགས ་པ་ནི་སྐྱེ་བའི་སྲིད་པར་སྐྱེས་པའི་ལུས་དང་འདྲ་བར་བལྟ་བར་བྱའོ། །དགྲ་བཅོམ་པའི་རྨི་ལམ་གྱི་སེམས་ཀྱི་རྒྱ་བ་ཅི་འདྲ་བར་དེ་ལྟ་བུར་ནི་མཐར་ཐུག་པར་འགྲོ་བའི་ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཨི་ཡེ་ཤེས་བལྟ་བར་བྱའོ། །དེ་ཉིད་སད་པའི་སེམས་ཀྱི་རྒྱུ་བ་ཅི་འདྲ་བ་དེ་ལྟ་བུར ་ནི་དེ་བཞིན་གཤེགས་པ་བལྟ་བར་བྱའོ། །མར་མེ་རྣམ་པར་མ་དག་པའི་རང་བཞིན་ཅི་འདྲ་བ་དེ་ལྟ་བུར་ནི་མཐར་ཐུག་པར་འགྲོ་བའི་ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཨི་ཡེ་ཤེས་ཀྱི་རང་བཞིན་བལྟ་བར་བྱའོ། །ཤིན་ཏུ་རྣམ་པར་དག་པའི་མར་མེའི ་རང་བཞིན་ཅི་འདྲ་བ་དེ་ལྟ་བུར་ནི་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་རང་བཞིན་བལྟ་བར་བྱ་སྟེ། དེ་བས་ན་དེ་བཞིན་གཤེགས་པ་དང་མཐར་ཐུག་པར་འགྲོ་བའི་ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་གཉིས་ནི་ཡེ་ཤེས་ཀྱི་ཁྱད་པར་དང། སྐུའི་ཁྱད་པར་དང། དགོངས ་པའི་ཁྱད་པར་ཁྱད་ཆེ་བར་རིག་པར་བྱའོ། །དེ་ལྟར་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པའི་དེ་བཞིན་གཤེགས་པ་ནི་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་སངས་རྒྱས་ཀྱི་མཛད་པ་ཐམས་ཅད་མཛད་དོ། །དེ་ལ་སངས་རྒྱས་ཀྱི་མཛད་པ་གང་ཞེ་ན། མདོར་བསྡུ་ན་བཅུ་པོ ་འདི་དག་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་དེ་བཞིན་གཤེགས་པའི་མཛད་པ་དང། དེ་བཞིན་གཤེགས་པའི་འཕྲིན་ལས་སུ་མཛད་པ་ཡིན་ཏེ། དེ་བཞིན་གཤེགས་པའི་མཛད་པ་རེ་རེ་ཡང་སེམས་ཅན་ཚད་མེད་པ་དག་གི་དོན་མཛད་པ་ཡིན་ཏེ། དེ་ལས་གང་ན་ཡང ་མེད་དོ། །དེ་ལས་ལྷག་པ་ཡང་མེད་དོ། །བཅུ་གང་ཞེ་ན། ཐོག་མ་ཁོ་ནར་བདག་ཉིད་ཀྱི་སྐྱེས་བུ་ཆེན་པོའི་སྐུ་ལ་སེམས་དགའ་བར་བྱེད། སྐྱེས་བུ་ཆེན་པོའི་དངོས་པོ་ལ་ཡིད་ཆེས་པ་སྐྱེད་པ་ནི་དེ་བཞིན་གཤེགས་པས་མཛད་པ་དང་པོ་སྟེ། དེ་ནི་དེ་བཞིན་གཤེགས་པས་མཚན་དང ་དཔེ་བྱད་བཟང་པོ་རྣམས་ཀྱིས་སྒྲུབ་པར་མཛད་དོ། །སེམས་ཅན་ཐམས་ཅད་ལ་རྣམ་པ་ཐམས་ཅད་དུ་གདམས་པའི་སྦྱོར་བ་ནི་དེ་བཞིན་གཤེགས་པའི་མཛད་པ་གཉིས་པ་སྟེ། དེ་ནི་དེ་བཞིན་གཤེགས་པས་རྣམ་པ་ཐམས་ཅད་ཡོངས་སུ་དག་པ་བཞིས་བསྒྲུབ་པར་མཛད་དོ།། ་སེམས་ཅན་ཐམས་ཅད་ཀྱི་དགོས་པ་བྱེད་ནུས་པ་དང། ཐེ་ཚོམ་ཐམས་ཅད་གཅོད་ནུས་པ་ནི། དེ་བཞིན་གཤེགས་པའི་མཛད་པ་གསུམ་པ་སྟེ། དེ་ནི་དེ་བཞིན་གཤེགས་པས་དེ་བཞིན་གཤེགས་པའི་སྟོབས་བཅུས་སྒྲུབ་པ་མཛད་དོ། །འདི་ལྟར་དེ་བཞིན་གཤེགས་པ ་ནི་སྔར་བསྟན་པའི་སྟོབས་བཅུ་པོ་དག་གིས་སེམས་ཅན་རྣམས་ཀྱི་དོན་སྒྲུབ་པར་སྤྱོད་དེ། གང་གིས་དེ་བཞིན་གཤེགས་པའི་སྟོབས་བཅུ་ལས་བརྩམས་ཏེ། དེ་ལ་ཞུས་ན་ཇི་ལྟར་གང་དག་དེ་བཞིན་གཤེགས་པས་མཁྱེན་པ་དང། གཟིགས་པ་དང། བྱེ་བྲག་ཕྱེད་པ་དང། ་རྣམ་པར་མཁྱེན་པ་དེ་ལྟར་དེ་དག་དེ་བཞིན་གཤེགས་པས་དེ་དག་གི་ཞུ་བ་ཞུས་པ་ལན་འདེབས་པར་མཛད་དོ། །ཕ་རོལ་གྱི་སྨྲ་བ་ཐམས་ཅད་ཚར་གཅོད་ཅིང་རང་གི་གཞུང་འཛུགས་པ་ནི་དེ་བཞིན་གཤེགས་པའི་མཛད་པ་བཞི་པ་སྟེ། དེ་ནི་དེ་བཞིན་གཤེགས་པའོ་མི ་འཇིགས་པ་རྣམས་ཀྱིས་སྒྲུབ་པར་མཛད་དོ། །དེ་བཞིན་གཤེགས་པས་བཀའ་སྩལ་པ་ལ་གནས་པ་དང་མི་གནས་པའི་གདུལ་བ་རྣམས་ལ་ཡང། ཐུགས་ཀུན་ནས་ཉོན་མོངས་པ་ཅན་དུ་འགྱུར་བ་མེད་པ་ནི་དེ་བཞིན་གཤེགས་པའི་མཛད་པ་ལྔ་པ་སྟེ། དེ་ནི་དེ་བཞིན་གཤེགས ་པས་དྲན་པ་ཉེ་བར་གཞག་པ་རྣམས་ཀྱིས་སྒྲུབ་པར་མཛད་དོ། །ཇི་སྐད་གསུངས་པ་དེ་བཞིན་དུ་མཛད་པ་ནི་དེ་བཞིན་གཤེགས་པའི་མཛད་པ་དྲུག་པ་སྟེ། དོན་དེ་བཞིན་གཤེགས་པས་སྲུང་བ་མེད་པ་རྣམས་ཀྱིས་སྒྲུབ་པར་མཛད་དོ། །སངས་རྒྱས་ཀྱི་སྤྱན་གྱིས་ཉིན་མཚན་དུ་འཇིག་རྟེན ་ཐམས་ཅད་ལ་རྣམ་པར་གཟིགས་པ་ནི། དེ་བཞིན་གཤེགས་པའི་མཛད་པ་བདུན་པ་སྟེ། དེ་ནི་དེ་བཞིན་གཤེགས་པས་ཐུགས་རྗེ་ཆེན་པོས་སྒྲུབ་པར་མཛད་དོ། །སེམས་ཅན་ཐམས་ཅད་ཀྱི་བྱ་བ་ཐམས་ཅད་ལས་མི་ཉམས་པ་ནི་དེ་བཞིན་གཤེགས་པའི་མཛད་པ་བརྒྱད་པ་སྟེ། ་དེ་ནི་དེ་བཞིན་གཤེགས་པས་བསྙེལ་བ་མི་མངའ་བའི་ཆོས་ཉིད་ཀྱིས་སྒྲུབ་པར་མཛད་དོ། །དེ་བཞིན་གཤེགས་པའི་ཚུལ་ཇི་ལྟ་བ་བཞིན་དུ་ཉམས་སུ་བླངས་ཞིང་ཉམས་སུ་སྤྱད་པར་བྱ་བ་ནི་དེ་བཞིན་གཤེགས་པའི་མཛད་པ་དགུ་པ་སྟེ། དེ་ནི་དེ་བཞིན་གཤེགས་པས་བག་ཆགས་ཡང ་དག་པར་བཅོམ་པས་བསྒྲུབ་པར་མཛད་དོ། །ཆོས་གང་དོན་དང་ལྡན་པ་མ་ཡིན་པ་རྣམས་དང། གང་དོན་དང་ལྡན་པ་ཡང་མ་ཡིན་དོན་དང་ལྡན་པ་མ་ཡིན་པ་ཡང་མ་ཡིན་པ་རྣམས་གཏན་སྤངས་ནས། ཆོས་གང་དོན་དང་ལྡན་པ་དེ་དག་ཡང་དག་པར་སྟོན་ཅིང་འགྲེལ་ལ་གསལ་བར་ ་མཛད་པ་ནི། དེ་བཞིན་གཤེགས་པའི་མཛད་པ་བཅུ་པ་སྟེ། དེ་ནི་དེ་བཞིན་གཤེགས་པ་རྣམ་པ་ཐམས་ཅད་དང། མཆོག་མཁྱེན་པས་གྲུབ་པར་མཛད་དེ། དེ་ལྟར་ན་དེ་བཞིན་གཤེགས་པས་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བརྒྱ་བཞི་བཅུ་པོ་འདི་དག་གིས་དེ ་བཞིན་གཤེགས་པའི་མཛད་པའི་བཅུ་མཛད་ཅིང་སངས་རྒྱས་ཀྱི་འཕྲིན་ལས་ཐམས་ཅད་མཛད་དོ། །རྒྱས་པར་དབྱེ་བ་ནི་བསྐལ་པ་བྱེ་བ་ཁྲག་ཁྲིག་ཕྲག་འབུམ་གྱི་བར་དུ་ཡང་སངས་རྒྱས་ཀྱི་འཕྲིན་ལས་འདི་ཉིད་ཀྱི་གྲངས་བཅད་པར་སླ་བ་མ་ཡིན་ནོ། །དེ་བཞིན་གཤེགས་པའི ་གནས་པ་དང། དེ་བཞིན་གཤེགས་པའི་ས་འདི་ནི་རབ་ཏུ་གནས་པ་ཞེས་བྱའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལ་བརྟེན་འདི་ལ་རབ་ཏུ་གནས་ནས། འདི་འདོད་པའི་བྱང་ཆུབ་སེམས་དཔའ་ཨི་རྣམས་བྱང་ཆུབ་སེམས་དཔའ་ཨི་བསླབ་པ་ལ་སློབ་པ་དང། རབ་ཏུ་གནས་པ་དེ་ཐོབ་ནས་ཀྱང་དེ་ཉིད་ལ ་བརྟེན། དེ་ཉིད་ལ་རབ་ཏུ་གནས་ནས་སེམས་ཅན་ཐམས་ཅད་ཀྱི་དོན་ཐམས་ཅད་སྒྲུབ་པར་མཛད་དེ། དེ་ལྟ་བས་ན་རབ་ཏུ་གནས་པ་ཞེས་བྱའོ། །དེ་བཞིན་གཤེགས་པ་རྣམས་ཀྱི་སངས་རྒྱས་ཀྱི་ཆོས་འདི་དག་ཐམས་ཅད་ནི་ཤིན་ཏུ་གཞན་གྱི་དོན་བྱ་བ་དང། མཐུན་པ་དང་གཞན ་གྱི་དོན་བྱ་བས་རབ་ཏུ་ཕྱེ་བ་ཡིན་གྱི། ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱིས་ནི་དེ་ལྟ་མ་ཡིན་ཏེ། དེ་ལྟ་བས་ན་དེའི་དེ་དག་ལ་མ་འདྲེས་པ་ཞེས་བྱའོ། །སངས་རྒྱས་ཀྱི་གང་དག་ཐམས་ཅད་ཀྱི་ཐམས་ཅད་དུ། ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ལ་དམིགས་པ་དེ་དག་ཀྱང ་ཡོད་དེ། འདི་ལྟ་སྟེ། ཐུགས་རྗེ་ཆེན་པོ་དང། བསྙེལ་བ་མི་མངའ་བའི་ཆོས་ཉིད་དང། བག་ཆགས་ཡང་དག་བཅོམ་པ་དང། རྣམ་པ་ཐམས་ཅད་དང་མཆོག་མཁྱེན་པའོ། །གང་དག་དམིགས་པ་དེ་དག་ཀྱང་རྣམ་པ་ཐམས་ཅད་དུ་ཡོངས་སུ་རྫོགས་པ་མ་ཡིན་ནོ། །དེ་བཞིན་གཤེགས ་པ་ལ་ནི་ཐམས་ཅད་ཀྱང་དམིགས་ལ། རྣམ་པ་ཐམས་ཅད་ཡོངས་སུ་རྫོགས་པ་དང། ཤིན་ཏུ་འདས་པ་དང། ཆོས་གྱ་ནོམ་པ་ཡིན་ནོ། །དེ་ལྟ་བས་ན་དེའི་མ་འདྲེས་བ་ཞེས་བྱའོ། །འབའ་ཞིག་གི་དོན་ནི་མ་འདྲེས་པའི་དོན་ཡིན་པར་རིག་པར་བྱའོ། །དེ་ལྟར་ན་འདིས་ནི་བྱང་ཆུབ་སེམས་དཔའ་ ་རྣམས་ཀྱི་བསླབ་པའི་ལམ་ཡོངས་སུ་རྫོགས་པ་དང་བསླབ་པའི་ལམ་གྱི་འབྲས་བུ་ཡང་བསྟན་ཏོ། །བྱང་ཆུབ་སེམས་དཔའ་ཨི་བསླབ་པའི་ལམ་ཐམས་ཅད་དང། བསླབ་པའི་ལམ་གྱི་འབྲས་བུ་རྣམ་པ་ཐམས་ཅད་ཀྱི་བསྟན་པའི་གནས་སུ་གྱུར་པ་ཡང་ཡིན་ནོ། །བྱང་ཆུབ་སེམས་དཔའ་ཨི་ས་འདི་ནི་བྱང་ཆུབ ་སེམས་དཔའ་ཨི་སྡེ་སྣོད་ཀྱི་མ་མོ་ཞེས་ཀྱང་བྱའོ། །ཐེག་པ་ཆེན་པོ་བསྡུས་པ་ཞེས་ཀྱང་བྱའོ། །ཆུད་ཟ་བ་དང་ཆུད་མི་ཟ་བ་མ་ཡིན་པའི་ལམ་འགྲེལ་པ་ཞེས་ཀྱང་བྱའོ། །སྒྲིབ་པ་མེད་པའི་ཡེ་ཤེས་རྣམ་པར་དག་པའི་རྩ་བ་ཞེས་ཀྱང་བྱའོ། །ལྷ་དང་མིར་བཅས་པའི་འཇིག་རྟེན་གྱི་ནང་ནས་ལྷར ་གྱུར་པའམ། མིར་གྱུར་པའམ། དགེ་སྦྱོང་ངམ་བྲམ་ཟེ་གང་ལ་ལས་བྱང་ཆུབ་སེམས་དཔའ་ཨི་ས་འདི་ལ་བརྟན་པོར་མོས་པ་བསྐྱེད་ནས། འདི་ཉན་པ་འམ་ལེན་པའམ། འཛིན་པ་འམ། བསྒོམ་པའི་རྣམ་པས་སྦྱོར་པར་བྱེད་དམ། གཞན་དག་ལ་རྒྱས་པར་སྟོན་པར་བྱེད་དམ། ཐ་ན་ཡི་གེར ་འདྲེར?་བཅུག་སྟེ། འཆང་བ་དང་མཆོད་པ་དང། བཀུར་སྟི་ཡང་བྱེད་པ་དེ་མདོར་བསྡུ་ན། བྱང་ཆུབ་སེམས་དཔའ་ཨི་སྡེ་སྣོད་དུ་གཏོགས་པའི་མདོ་སྡེ་ཉན་པ་ལ་སོགས་པའི་ལས་ཀྱི་བསོད་ནམས་ཀྱི་ཕུང་པོ་བཅོམ་ལྡན་འདས་ཀྱིས་གསུངས་ཤིང་གསལ་པར་མཛད་དེ། བཀྲོལ་ཞིང ་བརྟགས་ནས་བསྟན་པ་ཇི་སྙེད་པ་དེ་སྙེད་ཀྱི་བསོད་ནམས་ཀྱི་ཕུང་པོར་གྱུར་པར་རེ་བར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་བྱང་ཆུབ་སེམས་དཔའ་ཨི་ས་འདིར་ནི་བྱང་ཆུབ་སེམས་དཔའ་ཨི་སྡེ་སྣོད་དུ་བསྟན་པ་དང། བཤད་པའི་སྒོ་རྣམས་བསྡུས་ཤིང་བཤད་པའི་ཕྱིར་ཏེ། བྱང་ཆུབ་སེམས ་དཔའ་ས་འདིར་ཆོས་འདུལ་བ་རྒྱས་པར་བསྟན་པ་གང་ཡིན་པ་དེ་ལུང་ནོད་པ་དང། ཁ་ཏོན་བྱེད་བ་དང། ཚེས་ཀྱི་རྗེས་སུ་མཐུན་པའི་ནན་ཏན་དུ་སྒྲུབ་པ་དག་གིས་ཇི་སྲིད་དུ་ཡུན་རིང་དུ་གནས་ཤིང་རྒྱ་ཆེར་འཕེལ་ལ། རྒྱས་པར་འགྱུར་བ་དེ་སྲིད་དུ་དམ་པའི་ཆོས་ནུབ་པར་བྱེད་པའི་དམ་པའི་ཆོས ་ལྟར་བཅོམ་པ་རྣམས་འཕེལ་བར་མི་འགྱུར་རོ། །དམ་པའི་ཆོས་ལྟར་བཅོས་པ་རྣམས་འཕེལ་བར་གྱུར་བ་དེ་ཕྱིར་ཆད་ནི་དེའི་དམ་པའི་ཆོས་ཡང་དག་པར་དོན་དང་ལྡན་པ་དེ་ནུབ་བར་འགྱུར། །བྱང་ཆུབ་སེམས་དཔའ་ཨི་སའི་གཞིའི་རྣལ་འབྱོར་གྱི་གནས་ཐ་མ་ལས། རབ་ཏུ་གནས་པའི་ལེའུ་སྟེ ་དྲུག་པའོ།། །།གཞིའི་རྣལ་འབྱོར་གྱི་གནས་ཐ་མ་རྫོགས་ཏེ། བྱང་ཆུབ་སེམས་དཔའ་ཨི་ས་རྫོགས་སོ།། །།དེ་ལ་བྱང་ཆུབ་སེམས་དཔའ་ཨི་སའི་གོ་རིམ་ནི་འདི་ཡིན་ཏེ། རིགས་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཨི་དབུ? ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་བྱེད་དོ། །སེམས་བསྐྱེད་ནས་བདག་དང་གཞན་གྱི་དོན་ལ་སྦྱོར་རོ། །བདག་དང་གཞན་གྱི་དོན་ལ་སྦྱོར་ན་ཀུན་ནས་ཉོན་མོངས་པ་མེད་པར་བྱ་བའི་ཐབས་རྙེད་པར་འགྱུར་རོ། །ཀུན་ནས་ཉོན་མོངས་པ་མེད ་ན་མི་སྐྱེ་བར་བྱ་བའི་ཐབས་རྙེད་པར་འགྱུར་རོ། །སྐྱེ་བ་མེད་པའི་དགེ་བའི་རྩ་བ་འཕེལ་པར་བྱ་བའི་ཐབས་རྙེད་པར་འགྱུར། །དེ་དག་བའི་རྩ་བ་རྣམས་ཀྱིས་རྒྱས་པར་གྱུར་ན། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཏེ། ་བདག་དང་གཞན་གྱི་དོན་ལ་སྦྱོར་བ་དང། ཀུན་ནས་ཉོན་མོངས་པར་བྱ་བའི་ཐབས་དང། མི་སྐྱོ་བའི་ཐབས་དང། དགེ་བའི་རྩ་བ་འཕེལ་བའི་ཐབས་དང། བྱང་ཆུབ་སེམས་ཐོབ་པར་བྱ་བ་ལ་སྒྲུབ་པ་ན། ཐོག་མ་ཁོ་ནར་ཟབ་ཅིང་རྒྱ་ཆེ་བའི་ཆོས་རྣམས་ལ་མོས་པ་འཇོག་གོ ་དེ་ལ་མོས་ནས་ཆོས་དེ་དག་ཡོངས་སུ་ཚལ་ལོ། །ཡོངས་སུ་བཙལ་ནས་གཞན་དག་ལ་ཡང་སྟོན་ཅིང་བདག་ཉིད་ཀྱིས་ཀྱང་ནན་ཏན་གྱིས་སྒྲུབ་པར་བྱེད་དོ། །བསྒྲུབས་ནས་ཀྱང་གང་གིས་དང། གང་དུ་དང་གང་ཕྱིར་བསྒྲུབ་པར་བྱ་བ་དེས་དེར་དེའི་ཕྱིར་བསྒྲུབ་བོ། །དེས་དེར་དེའི་ཕྱིར་སྒྲུབ་པ་ན ་ཅི་ནས་བསོད་ནམས་སོགས་པ་དང། ཡེ་ཤེས་སོགས་པར་འགྱུར་བ་དེ་ལྟ་བུར་སྒྲུབ་བོ། །བསོད་ནམས་དང་ཡེ་ཤེས་ཀྱི་བསགས་ནས་འཁོར་བ་མི་སྤོང་བའི་ཐབས་བསྒྲུབ་བོ། །དེ་ལ་བསྒྲུབ་པ་ན་འཁོར་བའི་ཀུན་ནས་ཉོན་མོངས་པ་མེད་པར་བསྒྲུབ་བོ། །དེ་ལ་སྒྲུབ་པ་ནི ་བདག་གི་བདེ་བ་ལ་ལྷག་པར་ཅགས?་པ་མེད་པར་བསྒྲུབ་བོ། །དེ་ལ་སྒྲུབ་པ་ན་འཁོར་བའི་སྡུག་བསྔལ་གྱིས་ཡོང་སུ་མི་སྐྱེ་བར་བསྒྲུབ་བོ། །ངེས་ཡོངས་སུ་མི་སྐྱོ་བ་ན་བསྟན་བཅོས་རྣམས་ལ་བརྟེན་ནས་བསྟན་བཅོས་ཐམས་ཅད་ལ་མི་འཇིགས་པར་འགྱུར་རོ། བསྟན་བཅོས་ཤེས་ནས་སུ ་ལ་གང་ཅི་ལྟར་བསྟན་པར་བྱ་བ་དེ་ཤེས་པས་འཇིག་རྟེན་ཤེས་པར་འགྱུར་རོ། །དེ་ལྟར་བསྟན་བཅོས་ཤེས་ཤིང་འཇིག་རྟེན་ཤེས་ན། ཚུལ་བཞིན་དུ་ཆོས་རྣམས་ཡོངས་སུ་ཚོལ་བར་བྱེད་དོ། །དེ་ལྟར་ཚོལ་བས་སེམས་ཅན་ཐམས་ཅད་ཀྱི་ཐེ་ཚོམ་ཐམས་ཅད་གཅོད་ནུས་པར་འགྱུར་རོ། །དེ་ལྟར ་ནུས་ན་གཞན་གྱི་ཐེ་ཚོམ་གཅོད་པས་བསོད་ནམས་ཀྱི་ཚོགས་མངོན་པར་སྐྱེ་ཞིང་བསོད་ནམས་ཀྱི་ཚོགས་ཡོངས་སུ་རྫོགས་པར་བྱེད་དོ། །བདག་ཉིད་ཀྱང་ཡེ་ཤེས་ལས་མངོན་པར་སྐྱེ་བས་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་རྫོགས་པར་བྱེད་དོ། །ཚོགས་ཡོངས་སུ་རྫོགས་ན། བདེན ་པའི་རྣམ་བས་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་སྒོམ་པ་ལ་སྦྱོར་བར་འགྱུར་ཞིང་བསྒོམ་པའི་ཐབས་རབ་ཏུ་ཤེས་སོ། །དེ་ལྟར་བརྩོན་ན་བསྒོམ་པ་དེས་ཐེག་པ་ཆེན་པོའི་ཡོངས་སུ་མྱ་ངན་ལས་འདས་པར་ཡོངས་སུ་བསྔོ་བར་བྱེད་དེ། ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་བས་ཡོངས་སུ་མྱ་ངན ་ལས་འདས་པར་ནི་མ་ཡིན་ནོ། །དེ་ལྟར་ཐབས་ལ་མཁས་པས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་གསུངས་པ་ཐོས་པ་ཡང་འཛིན་པར་འགྱུར་ལ། སྔོན་མ་ཐོས་པའི་ཆོས་རྣམས་ཀྱང་བསྒོམ་པའི་སྟོབས་ཀྱིས་དེ་ལ་རྣམ་པ་ཐམས་ཅད་དུ་སྣང་བར་འགྱུར་རོ། །དེ་གཟུངས ་དང་སྤོབས་པ་དང་ལྡན་པས་རྣམ་པར་ཐར་བའི་སྒོ་གསུམ་གྱིས་དམིགས་པ་ཐམས་ཅད་སྤངས་པའི་ཕྱིར་བསྒྲུབ་བོ། །དེ་ལ་བསྒྲུབ་ན་བདག་དང་གཞན་རྣམས་ཀྱི་ཕྱིན་ཅི་ལོག་གི་མངོན་པའི་ང་རྒྱལ་སྤོང་བ་ལ་ཞུགས་པ་ཡིན་ཏེ། འདི་ནི་དེའི་རྣམ་པ་ཐམས་ཅད་དུ་བསྒྲུབ་པ་ཕུན་སུམ་ཚོགས་པ ་ཡིན་ནོ། །དེ་ལྟར་ཞུགས་པ་དེ་ནི་བསྒྲུབ་པའི་ཡོན་ཏན་གྱི་ཁྱད་པར་དང། ཕན་ཡོན་གྱི་ཡོན་ཏན་གྱི་ཁྱད་པར་སེམས་ཅན་ཐམས་ཅད་དང་ཉན་ཐོས་དང་རང་སངས་རྒྱས་རྣམས་ལ་ཁྱད་པར་དུ་འཕགས་པར་འགྱུར་རོ། །དེ་ལ་སྒྲུབ་པའི་ཡོན་ཏན་གྱི་ཁྱད་པར་ནི་བྱང་ཆུབ་སེམས་དཔའ་ནི་བདག་དང་གཞན་ལ་ཕན་པའི་ཕྱིར་ཞུགས ་པ་དང། གཞན་གྱི་དོན་རང་གི་དགོས་པ་ཡིན་ཏེ། ཉན་ཐོས་དང་རང་སངས་རྒྱས་ནི་དེ་ལྟར་གཞན་གྱི་དོན་བདག་གི་དགོས་པ་མ་ཡིན་ནོ། །སེམས་ཅན་ཐམས་ཅད་ལ་སེམས་སྙོམས་པ་ཡིན་ཏེ། སེམས་སྙོམས་པས་ན། རྟག་ཏུ་ཕན་འདོགས་པའི་ཕྱིར་འཇུག་ལ་ལན་དུ་ཕན ་འདོགས་པ་ལ་ཡང་རེ་བ་མེད་དོ། །དེ་ལྟར་བརྩོན་པ་ནི་རྟག་ཏུ་དེ་དག་ལ་ཕན་པ་དང། བདེ་བར་འདོད་དོ། །དེ་ལྟར་ཕན་པ་དང། བདེ་བའི་བསམ་པ་དང་ལྡན་པ་ནི་དེ་དག་ལ་འབྲས་བུ་ཡོད་པར་སྦྱོར་བར་བྱེད་དོ། །དེ་ལྟར་ན་འདིས་ནི་གོང་ནས། གོང ་དུ་བསྒྲུབ་པའི་ཡོན་ཏན་གྱིས་ཁྱད་པར་བསྒྲུབས་སོ། །དེ་ལ་ཕན་ཡོན་གྱི་ཡོན་ཏན་གྱི་ཁྱད་པར་ནི། བྱང་ཆུབ་སེམས་དཔའ་ནི་སངས་རྒྱས་རྣམས་ལ་ལུང་བསྟན་པ་འཐོབ་ཀྱི། ཉན་ཐོས་དང། རང་སངས་རྒྱས་རྣམས་ནི་དེ་ལྟ་མ་ཡིན་ནོ། །ལུང་བསྟན་ན་ཕྱིར་མི་ལྡོག་པའི་ས་ལ ་གནས་པར་འགྱུར་ཏེ། དེ་ལ་གནས་ན་དེས་པར་བྱ་བ་དང། རྟག་ཏུ་བྱ་དགོས་པ་ལ་བརྗོད་པ་མེད་པའི་ཆོས་ཉིད་ཐོབ་པར་འགྱུར་རོ། །དེ་ལྟར་བརྗེད་པ་མེད་པའི་ཆོས་ཉིད་ཐོབ་ཏུ་གྱུར་པ་ནི། སངས་རྒྱས་དང། བྱང་ཆུབ་སེམས་དཔའ་རྣམས་ཀྱིས། སེམས་ཅན་ཐམས་ཅད ་ཀྱི་མཆོག་ཏུ་གདགས་པ་ལ་འདོགས་པར་མཛོད། བྱ་བ་ཐམས་ཅད་ཀྱང་ཡོངས་སུ་ཉམས་པར་མི་བྱེད་དོ། །མ་ཐོབ་པའི་ཡོངས་སུ་ཉམས་པས་ཀྱང་ཡོངས་སུ་ཉམས་པར་མི་འགྱུར་རོ། །ཡོངས་སུ་མ་ཉམས་ན་རྟག་ཏུ་རྒྱུན་མི་འཆད་པར་དགེ་བའི་ཆོས་རྣམས་ཀྱིས་རྟག་ཏུ་སྐྱེ་བར་འགྱུར་ཏེ། ཟླ་བ ་ཡར་གྱི་ངོ་བཞིན་དུ་སྐྱེ་བ་ན་ཡང་དག་པའི་བྱང་ཆུབ་སེམས་དཔར་འགྱུར་ཏེ། བྱང་ཆུབ་སེམས་དཔའ་ཨི་ལྟར་བཅོས་པ་མ་ཡིན་ནོ། །ཡང་དག་པའི་བྱང་ཆུབ་སེམས་དཔར་གྱུར་ན། རྣམ་པ་ཐམས་ཅད་དུ་འདུལ་བའི་ཐབས་ཐམས་ཅད་ཤེས་སོ། །ཤེས་པར་གྱུར་ན ་གང་ལ་ཡོངས་སུ་བཙལ་བ་དང། གང་ཡོངས་སུ་བཙལ་བ་དང། གང་གིས་ཡོངས་སུ་བཅོལ་བ་རྣམ་པར་བཞག་པ། ཐམས་ཅད་ལ་མཁས་པར་འགྱུར། །ཡོངས་སུ་བཙལ་བ་ཡང་གང་གིས་མཐར་ཐུག་པར་གྱུར་པ་དེ་རྣམ་པར་འཇོག་པར་མཛད་དོ། །རྣམ་པར་བཞག ་པ་ལ་མཁས་ན་གདམས་ངག་ལ་མཁས་པར་འགྱུར་རོ། །གདམས་ངག་ལ་མཁས་པ་ན་དམིགས་པ་ཚང་མེད་པའི་ཏིང་ངེ་འཛིན་གྱི་རྒྱལ་པོ་ཐོབ་པར་འགྱུར་རོ། །ཏིང་ངེ་འཛིན་དེ་ཐོབ་པས་འབྲས་བུ་ཡོད་པའི་ཆོས་སྟོན་པར་འགྱུར་རོ། །རྣམ་པ་སྣ་ཚོགས་ཀྱིས་སྟོན་ན ་འབྲས་བུ་དང་བཅས་པར་བྱེད་དོ། །ཐེག་པ་ཆེན་པོས་ངེས་པར་འབྱུང་བར་འགྱུར་རོ། །ཐེག་པ་ཆེན་པོས་ངེས་པར་འབྱུང་ན། ཐེག་པ་ཆེན་པོ་སྡུད་པར་ཡང་འགྱུར་རོ། །ཐེག་པ་ཆེན་པོས་ངེས་པར་འབྱུང་བའི་གནས་སྐབས་དེ་དང་དེར་མིང་དེ་དང་དེ་ཐོབ་པར་འགྱུར་ལ། འཇིག ་རྟེན་ཐམས་ཅད་དང། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཀྱང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང། ཐུན་མོང་དུ་གྱུར་པའི་མིང་འདོགས་ཤིང་བསྟོད་པར་ཡང་མཛད་དེ། འདི་དག་ནི་ཕན་ཡོན་གྱི་ཡོན་ཏན་གྱི་ཁྱད་པར་ཡིན་པར་རིག་པར ་བྱའོ། །དེ་ལྟ་བུའི་མིང་ཅན་དེ་ནི་བྱང་ཆུབ་སེམས་དཔའ་ཨི་རྟགས་རྣམས་ཡིན་ཏེ། རྟགས་གང་དག་གིས་རྟགས་དེ་དང་ལྡན་ན། སྒྲུབ་པ་དེ་ཁྱིམ་པའི་ཕྱོགས་དང་རབ་ཏུ་བྱུང་བའི་ཕྱོགས་ལ་ཡང་རྣམ་པ་ཐམས་ཅད་དུ་སྒྲུབ་པར་བྱེད་དོ། །གཉི་གའི་ཕྱོགས་ལ་ཡང ་སྒྲུབ་པར་བྱེད་ན། སྒྲུབ་པ་སྙིང་པོར་བྱེད་པ་གཅིག་ཏུ་ངེས་པར་དགེ་བའི་ཕྱོགས་ལ་ལྷག་པའི་བསམ་པ་ཅན་དུ་འགྱུར་ཏེ། དེ་ལྟ་བུའི་བསམ་པས་ཇི་སྲིད་གནས་ཀྱི་བར་དུ་ཁྱིམ་པ་ཡོངས་སུ་བཟུང་བའམ་རབ་ཏུ་བྱུང་བ་ཡོངས་སུ་བཟུང་བ་དགེ་བའི་ཕྱོགས་ལ་འཛུད ་པར་བྱེད་དོ། །དེ་ཕྱིན་ཆད་ནི་གང་དུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་དང། །འགྲོགས་པར་འགྱུར་བ་དང། སེམས་ཅན་གྱི་དོན་དུ་བསམ་བཞིན་དུ་སྐྱེ་བ་འཛིན་ཏོ། །དེ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་རྟག་ཏུ་རྒྱུན་མི ་འཆད་པར་གནས་གདམས་ངག་གིས་ཉེ་བར་བསྟན་ཏེ། དགེ་བའི་ཕྱོགས་ཀྱི་ཁྱད་པར་ཐོབ་པའི་གནས་སྐབས་ཉམས་སུ་མྱོང་བར་འགྱུར་རོ། །དེ་ཉམས་སུ་མྱོང་བའི་ཕན་ཡོན་བཟུང་བས། ཁྱད་པར ་ཐོབ་པའི་གནས་སྐབས་དེར་ཁྱིམ་གྱི་ཚུལ་གྱིས་འཇུག་གོ་།གནས་སྐབས་དེར་བློ་གནས་ན། གོང་ནས་གོང་དུ་མཐར་ཐུག་པར་འགྲོ་བའི་བར་དུ། ཁྱད་པར་གྱི་གནས་སྐབས་རྣམས་ལ། རྣམ་པ་ཐམས་ཅད་དུ་རྟུལ་བར་བྱེད་ཅིང་ཆོག་མི་ཤེས་སོ། །དེ་ལྟར ་བརྟུལ་ན་མཐར་ཐུག་པའི་གནས་ཐོབ་པར་འགྱུར་ཏེ། དེ་ཕྱིན་ཆད་ཡང་ཡོངས་སུ་བཙལ་དུ་མེད་དེ། བླ་ན་མེད་པ་ཐོབ་པ་ཡིན་ནོ། །བྱང་ཆུབ་སེམས་དཔའ་ཨི་སའི་གོ ་རིམས་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་པྲ་ཛྙཱ་བ་རྨ་དང། ཞུ་ཆེན་གྱི་ལོཙྪ་བ། བནདེ་མཁན་པོ་ཡེ་ཤེས་སྡེ་ལ་སོགས་པས་བསྒྱུར་ཅིང ་ཞུས་ཏེ། གཏན་ལ་ཕབ་པ།། །།ཤོ་ལོ་ཀ་དྲུག་སྟོང་བདུན་བརྒྱ་ལྔ་བཅུ་ཡོད་དོ།། །།ཡེ་དྷ་རྡཝཱ?་ཏེ་ཏུ་པྲ་བྷ་ཝཱ་ཧེ་ཏུནྟེ?་ཥ་ན་ཏ་ཐཱ་ག་ཏྱོ?་ཧཡ་བ ་དཏ། ཏེ་ཥཱཉྩ་ཡོ་ནི་རོ་དྷ་ཡེ་བཾ་བཱ་དཱི་མཧཱ་ཤྲ་མ་ཎ(མདོ་འགྲེལ་