| Wylie | e-texts based on the ACIP/ALL Input |
རྣལ་འབྱོར་སྤྱོད་པའི་ས་ལས་ཉན་ཐོས་ཀྱི་ས། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ཉན་ཐོས་ཀྱི་ས ་ཐམས་ཅད་ཀྱི་བསྡུས་པའི་སྡོམ་གྱི་ཚིགས་སུ་བཅད་པ་ནི། རིགས་དང་གང་ཟག་རྣམས་དང་ནི། །ངེས་པར་སྦྱོར་དང་འཇིག་རྟེན་པ།། ་འཇིག་རྟེན་འདས་པ་འདི་ལ་ནི། །མདོར་ན་ས་ནི་འདི་དག་གོ་།སྡོམ་ནི། རིགས་དང་འཇུག་དང་ངེས་འབྱུང་བ། །མིང་དུ་བྱས ་པའི་ས་གསུམ་མོ། །དེ་དག་རྣམས་ནི་མདོར་བསྡུ་ན། །ཉན་ཐོས་ཀྱི་ནི་ས་ཞེས་བྱ། །རིགས་ཀྱི་ས་གང་ཞེ་ན། ་སྨྲས་པ། རིགས་གང་ཡིན་པ་དང། རིགས་ཀྱི་རྣམ་པར་བཞག་པ་གང་ཡིན་པ་དང། རིགས་ལ་གནས་པའི་གང ་ཟག་རྣམས་ཀྱི་རྟགས་གང་ཡིན་པ་དང། རིགས་ལ་གནས་པའི་གང་ཟག་གང་ཡིན་པ་དེ་དག་ཐམས་ཅད་གཅིག་ཏུ་བསྡུས་པ་ནི་རིགས་ཀྱི ་ས་ཞེས་བྱའོ། །དེ་ལ་རིགས་གང་ཞེ་ན། སྨྲས་པ། རིགས་ལ་གནས་པའི་གང་ཟག་གི་ས་བོན་གྱི་ཆོས་གང་ཡིན་པ་སྟེ། གང་ཡོད ་ཅིང་མེད་པ་མ་ཡིན་ལ་རིགས་ལ་གནས་པའི་གང་ཟག་རྣམས་ཀྱི་རྐྱེན་ཡང་རྙེད་ན། མྱ་ངན་ལས་འདས་པ་འཐོབ་པ་དང། རེག་པར ་ནུས་ཤིང་མཐུ་ཡོད་པར་འགྱུར་བའོ། །རིགས་དེའི་མིང་གི་རྣམ་གྲངས་དག་གང་ཞེ་ན། ས་བོན་དང། ཁམས་དང། རང་བཞིན་ཞེས་བྱ་བ་ནི་མིང་གི ་རྣམ་གྲངས་དག་ཡིན་ནོ། །འོ་ན་རིགས་དེའི་རང་བཞིན་ཇི་ལྟ་བུ་ཞེ་ན། དེ་ནི་ལུས་ལས་ཁྱད་པར་དུ་གྱུར་པ་དང། སྐྱེ་མཆེད་དྲུག་གིས་ཟིན་པ་དང། ཆོས ་ཉིད་ཀྱིས་འཐོབ་པ་དང། ཐོག་མ་མེད་པའི་དུས་ནས་བརྒྱུད་དེ་འོངས་པ་དེ་ལྟ་བུ་ཡིན་ཏེ། གང་ལ་འདི་ལྟ་སྟེ། རིགས་དང། ས་བོན་དང། ཁམས་དང། ་རང་བཞིན་ཞེས་བྱ་བའི་མིང་གི་རྣམ་གྲངས་འདི་དག་ཡོད་པ་དེ་ནི་རིགས་ཞེས་བྱའོ། །རིགས་ཀྱི་རྣམ་པར་གཞག་པ་ནི་གང། རིགས་དེ་ཕྲ་བ་འམ། རགས ་པ་ཞེས་བརྗོད་པར་བྱ་ཞེ་ན། སྨྲས་པ། ཕྲ་བ་ཞེས་བརྗོད་པར་བྱའོ། །ཅིའི་ཕྱིར་ཞེ་ན། ས་བོན་དེས་འབྲས་བུ་མ་བསྐྱེད་ཅིང་འབྲས་བུ་མ་གྲུབ་ན་ནི་དེས ་དེ་ཕྲ་བ་ཞེས་བྱའོ། །གང་གི་ཚེ་འབྲས་བུ་བསྐྱེད་ཅིང་འབྲས་བུ་གྲུབ་པར་གྱུར་པ་དེའི་ཚེ་ན་ནི་ས་བོན་གང་ཡིན་པ་དེ་དང་འབྲས་བུ་གང་ཡིན་པ་དེ་གཅིག་ཏུ་བསྡུས་ནས ་དེའི་ཕྱིར་རིགས་དེ་རགས་པ་ཞེས་བྱ་བར་རྟོགས་པར་འགྱུར་རོ། །འོ་ན་ཅི་རིགས་དེ་རྒྱུད་གཅིག་ཏུ་གཏོགས་པ་ཞིག་གམ། འོན་ཏེ་རྒྱུད་དུ་མར་གཏོགས་པར་བརྗོད་པར་བྱ་ཞེ་ན། སྨྲས་པ། ་རྒྱུད་གཅིག་པར་བརྗོད་པར་བྱའོ། །ཅིའི་ཕྱིར་ཞེ་ན། སྨྲས་པ་ཆོས་གང་དག་མཚན་ཉིད་ཐ་དད་པ་དང་དངོས་པོ་ཐ་དད་པར་འཇུག་པ་དེ་དག་ནི་སོ་སོ་རང་གི་རྒྱུད་སྣ་ཚོགས་དང་འཇུག་པ་སྣ ་ཚོགས་སུ་སྟོན་པར་འགྱུར་གྱི། ས་བོན་དེ་ནི་སྐྱེ་མཆེད་དྲུག་པོ་དེ་དག་ལས་ལོགས་ཤིག་ན་ཐ་དད་པའི་མཚན་ཉིད་མེད་དེ་ཐོག་མ་མེད་པའི་དུས་ནས་རྒྱུད་དེ་འོངས་པ་དང། ཆོས་ཉིད་ཀྱིས ་ཐོབ་པའི་སྐྱེ་མཆེད་དྲུག་པོ་དེ་ལྟར་གྱུར་པའི་གནས་སྐབས་དེ་ལ་རིགས་དང། ས་བོན་དང། ཁམས་དང། རང་བཞིན་ཞེས་བྱ་བའི་མིང་དང་ཐ་སྙེད་དེ་དག་བཏགས་པར་ཟད་པས། དེའི་ཕྱིར་དེ་ནི ་རྒྱུད་གཅིག་ཏུ་གཏོགས་པ་ཞེས་བྱའོ། །སྨྲས་པ། གལ་ཏེ་རིགས་ལ་གནས་པའི་གང་ཟག་རྣམས་ཡོངས་སུ་མྱ་ངན་ལས་འདའ་བའ་ཨི་ཆོས་ཅན་ཡིན་ལ། རིགས་ལ་གནས་པ་མ་ཡིན་པ་རྣམས་ནི་ཡོངས་སུ ་མྱ་ངན་ལས་འདའ་བའ་ཨི་ཆོས་ཅན་མ་ཡིན་པར་བལྟ་ན། འོ་ན་ཅིའི་ཕྱིར་ཡོངས་སུ་མྱ་ངན་ལས་འདའ་བའ་ཨི་ཆོས་ཅན་རྣམས་སྔོན་གྱི་མཛའ་ནས་ཡུན་རིང་པོར་འཁོར་བར་གྱུར་ཅིང། ཡོངས་སུ་མྱ་ངན་ལས ་མ་འདས་ཤེ་ན། སྨྲས་པ། རྒྱུ་བཞིས་ཡོངས་སུ་མྱ་ངན་ལས་མ་འདས་ཏེ། བཞི་གང་ཞེ་ན། མི་ཁོམ་པར་སྐྱེས་པ་དང། བག་མེད་པའི་ཉེས་པ་དང། ལོག་པར་ཞུགས་པ་དང། སྒྲིབ་པའི་ཉེས ་བས་སོ། །དེ་ལ་མི་ཁོམ་པར་སྐྱེས་པ་གང་ཞེ་ན། སྨྲས་པ། གང་དུ་འཁོར་བཞི་པོ་རྣམས་དང། དམ་པ་རྣམས་དང། ཡང་དག་པར་སོང་བ་རྣམས་དང། སྐྱེས་བུ་དམ་པ་རྣམས་མི་འགྲོ་བའི་མཛའ་ ་འཁོབ་གྱི་མི་རྐུན་མ་རྣམས་དང། ཀླ་ཀློ་རྣམས་སུ་སྐྱེས་པ་ཡིན་ཏེ་དེ་ནི་མི་ཁོམ་པ་སྐྱེས་པ་ཞེས་བྱའོ། །བག་མེད་པ་གང་ཞེ་ན། སྨྲས་པ། དེ་གང་དུ་འཁོར་བཞི་པོ་རྣམས་དང། དམ ་པ་རྣམས་དང། ཡང་དག་པར་སོང་བ་རྣམས་དང། སྐྱེས་བུ་དམ་པ་རྣམས་འགྲོ་བའི་དབུས་ཀྱི་མི་རྐུན་མ་མ་ཡིན་པ་རྣམས་དང། ཀླ་ཀློ་མ་ཡིན་པ་རྣམས་སུ་སྐྱེས་ཤིང། རིགས་མཐོན་པོ་ལོངས་སྤྱོད་ཕུན་སུམ ་ཚོགས་པ་དག་ཏུ་སྐྱེས་པར་གྱུར་ཀྱང། འདོད་པ་དག་ལ་ལོག་པར་ཆགས་ཤིང་ཡོངས་སུ་ལོངས་སྤྱོད་པར་བྱེད་དེ། ཉེས་དམིགས་སུ་མི་ལྟ་ཞིང་ངེས་པར་འབྱུང་བ་རབ་ཏུ་མི་ཤེས་པ་ཡིན ་ཏེ། དེ་ནི་བག་མེད་པ་ཞེས་བྱའོ། །ལོག་པར་ཞུགས་པ་གང་ཞེ་ན། སྨྲས་པ། འདི་ལྟར་དབུས་ཀྱི་མི་རྣམས་སུ་སྐྱེས་པའི་བར་དུ་རྒྱས་པར་གྱུར་ཀྱང་མུ་སྟེགས་ཅན་གྱི་ལྟ་བ་དང་ལྡན་པར་གྱུར་ནས་སྦྱིན་པ ་མེད་དོ་ཞེས་བྱ་བ་ནས་འདི་ལས་སྲིད་པ་གཞན་མི་ཤེས་སོ། །ཞེས་བྱ་བ་མེད་དོ་ཞེས་བྱ་བའི་བར་དུ་རྒྱས་པར་དེ་ལྟར་ལྟ་ཞིང་དེ་སྐད་སྨྲ་བ་ཡིན་ཏེ། མུ་སྟེགས་ཅན་གྱི་ལྟ་བ་དེ་ཡང་དེས་སངས་རྒྱས་རྣམས་འབྱུང ་བ་མེད་པ་དང། དམ་པའི་ཆོས་སྟོན་པའི་དགེ་བའི་བཤེས་གཉེན་རྣམས་མེད་པའི་ཚེ་ན་རྙེད་པར་འགྱུར་ཏེ། དེ་ནི་ལོག་པར་ཞུགས་པ་ཞེས་བྱའོ། །སྒྲིབ་པ་གང་ཞེ་ན། སྨྲས་པ། འདི་ལྟར་དབུས་ཀྱི་མི་རྣམས་སུ་སྐྱེས ་པའི་བར་དུ་སྔ་མ་བཞིན་དུ་གྱུར་ཅིང་སངས་རྒྱས་འཇིག་རྟེན་དུ་བྱུང་བ་དང། དམ་པའི་ཆོས་སྟོན་པའི་དགེ་པའི་བཤེས་གཉེན་དག་རྙེད་པར་གྱུར་ཀྱང། དེ་གླེན་པ་དང། དགི་པ་དང། ལྐུགས་པ་དང། ལག་པས་བརྡ་བྱེད་པར་གྱུར་ཅིང་ལེགས ་པར་གསུངས་པ་དང། ཉེས་པར་བཤད་པའི་ཆོས་རྣམས་ཀྱི་དོན་ཀུན་ཤེས་པར་མི་ནུས་པ་དང། མཚམས་མེད་པའི་ལས་རྣམས་བྱེད་པར་འགྱུར་བ་དང། ཉོན་མོངས་པ་ཡུན་རིང་བ་ཡིན་ཏེ། དེ་ནི་སྒྲིབ་པ་ཞེས་བྱའོ། ། ་རྒྱུ་གང་དག་གིས་ཡོངས་སུ་མྱ་ངན་ལས་འདའ་བའ་ཨི་ཆོས་ཅན་རྣམས་ཡོངས་སུ་མྱ་ངན་ལས་མ་འདས་པའི་རྒྱུ་ནི་བཞི་པོ་དེ་དག་ཡིན་ནོ། །དེ་དག་ཀྱང་གང་གི་ཚེ་སངས་རྒྱས་འབྱུང་བ་དང། དམ་པའི་ཆོས་ཉན་པ་དང་རྗེས་སུ་མཐུན་པའི་གདམས་ངག་རྗེས་སུ་བསྟན་པ་རྙེད་ཅིང། ་རྒྱུ་དེ་དག་ཀྱང་མེད་པར་གྱུར་པ་དེའི་ཚེ་ན་དགེ་བའི་རྩ་བ་དག་ཡོངས་སུ་སྨིན་ཅིང་རིམ་གྱིས་ཡོངས་སུ་མྱ་ངན་ལས་འདའ་བར་ཡང་འགྱུར་རོ། །ཡོངས་སུ་མྱ་ངན་ལས་མི་འདའ་བའ་ཨི་ཆོས་ཅན་རྣམས་ནི་ངེས་པའི་ཚོགས་ལ་གནས་པ་ཡིན་པས། དེ་དག་ནི་རྐྱེན་རྙེད ་ཀྱང་རུང་མ་རྙེད་ཀྱང་རུང་སྟེ། རྣམ་པ་ཐམས་ཅད་ཀྱི་ཐམས་ཅད་དུ་ཡོངས་སུ་མྱ་ངན་ལས་འདའ་བའ་ཨི་སྐལ་བ་མེད་པ་ཁོ་ན་ཡིན་ནོ། །དེ་ལ་ཡོངས་སུ་མྱ་ངན་ལས་འདའ་བའ་ཨི་ཆོས་ཅན་རྣམས་ཀྱི་གང་དག་མ་ཚང་ཞིང་མེད་ལ་ཉེ་བར་མ་གྱུར་ན་ཡོངས་སུ་མྱ ་ངན་ལས་འདའ་བའ་ཨི་རྐྱེན་རྣམས་གང་ཞེ་ན། སྨྲས་པ། རྐྱེན་གཉིས་ཏེ། གཉིས་གང་ཞེ་ན། གཙོ་བོ་དང། དམན་པའོ། །རྐྱེན་གཙོ་བོ་གང་ཞེ་ན། སྨྲས་པ། འདི་ལྟ་སྟེ། དམ་པའི་ཆོས་ཀྱི་དབང་དུ་བྱས་པའི་གཞན་གྱི་སྒྲ་དང། ནང་གི་ཚུལ་བཞིན་ཡིད་ལ ་བྱེད་པའོ། །རྐྱེན་དམན་པ་གང་ཞེ་ན། སྨྲས་པ། རྐྱེན་དམན་པ་ནི་མང་སྟེ། འདི་ལྟ་སྟེ། བདག་གི་འབྱོར་པ་དང། གཞན་གྱི་འབྱོར་པ་དང། དགེ་བའི་ཆོས་ལ་འདུན་པ་དང། རབ་ཏུ་བྱུང་བ་དང། ཚུལ་ཁྲིམས་ཀྱི་སྡོམ་པ་དང། དབང་པོ་སྡོམ་པ་དང། ཟས ་ཀྱི་ཚོད་རིག་པ་ཉིད་དང། ནམ་གྱི་ཆ་སྟོད་དང་ནམ་གྱི་ཆ་སྨད་ལ་མི་ཉལ་བར་སྦྱོར་བའི་རྗེས་སུ་བརྩོན་པ་ཉིད་དང། ཤེས་བཞིན་དུ་སྤྱོད་པ་ཉིད་དང། རབ་ཏུ་དབེན་པར་གནས་པ་དང། སྒྲིབ་པར་དག་པ་དང། ཏིང་ངེ་འཛིན་ལ་ཡང་དག་པར་གནས་པའོ། །དེ་ལ ་བདག་གི་འབྱོར་པ་གང་ཞེ་ན། མིར་གྱུར་པ་དང། ཡུལ་དབུས་སུ་སྐྱེས་པ་དང། དབང་པོ་མ་ཚང་བ་མེད་པ་དང། གནས་ལ་དད་པར་གྱུར་པ་དང། ལས་ཀྱི་མཛའ་མ་ལོག་པ་གང་ཡིན་པའོ། །དེ་ལ་མིར་གྱུར་པ་གང་ཞེ་ན། འདི་ལྟར་འདི་ན་ལ་ལ་མི་རྣམས ་དང་སྐལ་པ་མཉམ་པར་སྐྱེས་པའི་དབང་པོ་དང་ལྡན་པ་འམ། བུད་མེད་དུ་སྐྱེས་པ་ཡིན་ཏེ། དེ་ནི་མིར་གྱུར་པ་ཞེས་བྱའོ། །ཡུལ་དབུས་སུ་སྐྱེས་པ་གང་ཞེ་ན། འདི་ལྟར་འདི་ན་ལ་ལ་སྔ་མ་བཞིན་དུ་གང་དུ་སྐྱེས་བུ་དམ་པའི་བར་དག ་འགྲོ་བའི་ཡུལ་དབུས་ཀྱི་མི་རྣམས་སུ་སྐྱེས་པ་ཡིན་ཏེ། དེ་ནི་ཡུལ་དབུས་སུ་སྐྱེས་པ་ཞེས་བྱའོ། །དབང་པོ་མ་ཚང་བ་མེད་པ་གང་ཞེ་ན། འདི་ལྟར་འདི་ན་ལ་ལ་གླེན་པ་མ་ཡིན་ཞིང་དིག?་པ་དང་ལྐུགས་པ་མ་ཡིན་པའི་བར་དུ་རྒྱས་པར་གྱུར་པ་དང། ཡན ་ལག་དང་ཉིང་ལག་མ་ཚང་བ་མེད་པར་གྱུར་ཅིང་རྣ་བ་མ་ཚང་བ་མེད་པ་ལ་སོགས་པ་ཡན་ལག་དང་ཉིང་ལག་མ་ཚང་བ་མེད་པ་གང་གིས་དགེ་བའི་ཕྱོགས་ཡང་དག་པར་སྒྲུབ་པའི་སྐལ་པ་ཡོད་པ་ཡིན་ཏེ། དེ་ནི་དབང་པོ་མ་ཚང་བ་མེད་པ་ཞེས་བྱའོ། །གནས ་ལ་དད་པར་གྱུར་པ་གང་ཞེ་ན། འདི་ལྟར་འདི་ན་ལ་ལས་དེ་བཞིན་གཤེགས་པས་གསུངས་པའི་ཆོས་འདུལ་བ་ལ་དད་པ་དང། སེམས་དང་བ་ཐོབ་པར་གྱུར་པ་ཡིན་ཏེ། དེ་ནི་གནས་ལ་དད་པར་གྱུར་པ་ཞེས་བྱའོ། །དེ་ལ་གནས་ཞེས་བྱ་བ་ནི་དེ་བཞིན་གཤེགས ་པས་གསུངས་པའི་ཆོས་འདུལ་བ་ལ་བྱ་སྟེ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དཀར་པོའི་ཆོས་ཐམས་ཅད་སྐྱེ་བའི་གནས་ཡིན་པའི་ཕྱིར་རོ། །དེས་མངོན་དུ་དྲངས་པའི་དབང་གིས་དེ་ལ་དད་པ་གང་ཡིན་པ་དེ་ནི་གནས་ལ་དད་པར་གྱུར་པ་ཡིན་ཏེ། ཉོན ་མོངས་པའི་དྲི་མ་དང་རྙོག་པ་ཐམས་ཅད་དང་བྲལ་བའི་ཕྱིར་རོ། །ལས་ཀྱི་མཛའ་མ་ལོག་པ་གང་ཞེ་ན། གང་གི་ཚེ་འདི་ཉིད་ལ་མཚམས་མེད་པའི་ལས་ལྔ་པོ་འདི་ལྟ་སྟེ། མ་གསོད་པ་དང། ཕ་གསོད་པ་དང། དགྲ་བཅོམ་པ་གསོད་པ་དང། དགེ་འདུན་གྱི་དབྱེ་ན ་བྱེད་པ་དང། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་འབྱིན་པ་དག་ལས་མཚམས་མེད་པའི་ལས་གང་ཡང་རུང་བ་མ་བྱས་ཤིང་བྱེད་དུ་མ་བཅུག་པ་ཡིན་ཏེ། དེ་ནི་ལས་ཀྱི་མཛའ་མ་ལོག་པ་ཞེས་བྱའོ། །ཚེ་འདི་ཉིད་ལ་མཚམས་མེད་པའི་ལས་ལྔ་པོ་དེ ་དག་བྱས་ཤིང་བསགས་ལ་ཡོངས་སུ་མ་སྤངས་ན་ཡོངས་སུ་མྱ་ངན་ལས་འདའ་ཞིང་འཕགས་པའི་ལམ་སྐྱེད་པའི་སྐལ་བ་མེད་པས་ན་དེའི་ཕྱིར་དེ་དག་ནི་ལས་ཀྱི་མཛའ་ལོག་པ་ཞེས་བྱའོ། །དེས་བདག་ཉིད་དེས་ལུས་དེ་ཡན་ལག་ལྔ་པོ་དེ་དག་གིས་འབྱོར་པར་བྱེད་པས་ན་དེའི ་ཕྱིར་བདག་གིས་འབྱོར་པ་ཞེས་བྱའོ། །གཞན་གྱི་འབྱོར་པ་གང་ཞེ་ན། འདི་ལྟ་སྟེ། སངས་རྒྱས་རྣམས་འབྱུང་བ་དང། དམ་པའི་ཆོས་སྟོན་པ་དང། ཆོས་བསྟན་པ་རྣམས་གནས་པ་དང། ཆོས་གནས་པ་རྣམས་རྗེས་སུ་འཇུག་པ་དང། གཞན་གྱི་ཕྱིར་རྗེས་སུ་སྙིང་བརྩེ་བར ་བྱེད་པའོ། །དེ་ལ་སངས་རྒྱས་རྣམས་འབྱུང་བ་གང་ཞེ་ན། འདི་ལྟར་འདི་ན་ལ་ལ་སེམས་ཅན་ཐམས་ཅད་ལ་དགེ་ལེགས་དང་ཕན་པའི་བསམ་པ་བསྐྱེད་ནས། དཀའ་བ་སྟོང་ཕྲག་མང་པོ་དང། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཆེན་པོས་བསྐལ་པ་གྲངས་མེད་པ་གསུམ་གྱིས ་ཐ་མའི་ལུས་ཕྱི་མ་ཐོབ་ནས་བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་སྟེ། སྒྲིབ་པ་ལྔ་སྤངས་ནས། དྲན་པ་ཉེ་བར་གཞག་པ་བཞི་ལ་སེམས་ལེགས་པར་གནས་ཏེ། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་བསྒོམས་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས ་པར་འཚང་རྒྱ་བ་ཡིན་ཏེ། དེ་ནི་སངས་རྒྱས་རྣམས་འབྱུང་བ་ཞེས་བྱའོ། །འདས་པ་དང། མ་འོངས་པ་དང། ད་ལྟར་བྱུང་བའི་དུས་རྣམས་སུ་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་དེ་ཁོ་ན་བཞིན་དུ་འབྱུང་བ་ཡིན་ནོ། །དམ་པའི་ཆོས་སྟོན་པ་གང་ཞེ་ན། སངས་རྒྱས་བཅོམ་ལྡན ་འདས་དེ་དག་ཉིད་དང། དེ་དག་ཉིད་ཀྱི་ཉན་ཐོས་རྣམས་འཇིག་རྟེན་དུ་བྱུང་ནས། འཇིག་རྟེན་ལ་རྗེས་སུ་ཐུགས་བརྩེ་བའི་ཕྱིར། འཕགས་པའི་བདེན་པ་བཞི་པོ་སྡུག་བསྔལ་བ་དང། ཀུན་འབྱུང་བ་དང། འགོག་པ་དང། ལམ་རྣམས་ལས་བརྩམས་ནས་འདི་ལྟ་སྟེ་མདོ་སྡེའི་དང། ་དབྱངས་ཀྱིས་བསྙད་པའི་སྡེ་དང། ལུང་དུ་བསྟན་པའི་སྡེ་དང། ཚིགས་སུ་བཅད་པའི་སྡེ་དང། ཆེད་དུ་བརྗོད་པའི་སྡེ་དང། གླེང་གཞིའི་སྡེ་དང། རྟོགས་པ་བརྗོད་པའི་སྡེ་དང། དེ་ལྟ་བུའི་བྱུང་བའི་སྡེ་དང། སྐྱེས་པ་རབས་ཀྱི་སྡེ་དང། ཤིན་ཏུ་རྒྱས་པའི་སྡེ་དང། རྨད་དུ་བྱུང་བའི་སྡེ་དང། ་གཏན་ལ་ཕབ་པ་བསྟན་པའི་སྡེའི་ཆོས་སྟོན་པར་མཛད་པ་ཡིན་ཏེ། དེ་ནི་དམ་པའི་ཆོས་སྟོན་པ་ཞེས་བྱའོ། །ཆོས་འདི་ནི་དམ་པ་ཡང་སངས་རྒྱས་རྣམས་དང་སངས་རྒྱས་ཀྱི་ཉན་ཐོས་རྣམས་ཀྱིས་བརྟགས་ཤིང་བསྟན་པ་འམ་བསྔགས་པ ་ཡིན་པས་དེའི་ཕྱིར་དམ་པའི་ཆོས་ཏེ། དེ་བཤད་པ་གང་ཡིན་པ་དེས་ནི་དམ་པའི་ཆོས་སྟོན་པ་ཞེས་བྱའོ། །ཆོས་བསྟན་པ་རྣམས་གནས་པ་གང་ཞེ་ན། སངས་རྒྱས་བཅོམ་ལྡན་འདས་རྣམས་འཚོ་ཞིང་གཞེས་ལ། ཆོས་ཀྱི་འཁོར་ལོ་བསྐོར་ཏེ་དམ་པའི་ཆོས ་བསྟན་པ་ནས། སངས་རྒྱས་བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་པའི་བར་གྱི་དུས་ཇི་སྲིད་པར་སྒྲུབ་པ་མི་ཉམས་པ་དང། དམ་པའི་ཆོས་མི་ནུབ་པ་ཡིན་ཏེ། དེ་ནི་དམ་པའི་ཆོས་གནས་པ་ཞེས་བྱའོ། །གནས་པ་དེ་ཡང་དོན་དམ་པའི་ཆོས ་མངོན་སུམ་དུ་བྱ་བའི་ཚུལ་གྱིས་ཡིན་པར་རིག་པར་བྱའོ། །ཆོས་གནས་པ་རྣམས་རྗེས་སུ་འཇུག་པ་གང་ཞེ་ན། དམ་པའི་ཆོས་རྟོགས་པ་གང་ཡིན་པ་དེ་ཉིད་ཀྱིས་སྐྱེ་བོ་རྣམས་ལ་དམ་པའི་ཆོས་མངོན་སུམ་དུ་བྱ་བའི་སྐལ་བ་དང་མཐུ་ཡོད་པར་རིག་ནས། ཇི ་ལྟར་རྟོགས་པ་ཁོ་ན་དང་རྗེས་སུ་མཐུན་པའི་གདམས་ཤིང་རྗེས་སུ་བསྟན་པ་ལ་རྗེས་སུ་འཇུག་པར་བྱེད་པ་ཡིན་ཏེ། དེ་ནི་ཆོས་གནས་པ་རྣམས་རྗེས་སུ་འཇུག་པ་ཞེས་བྱའོ། །གཞན་གྱིས་ཕྱིར་རྗེས་སུ་བརྩེ་བར་བྱེད་པ་གང་ཞེ་ན། གཞན་ཞེས་བྱ་བ་ནི་སྦྱིན་པ་པོ་དང་སྦྱིན ་བདག་རྣམས་ཏེ། དེ་དག་གིས་འཚོ་བའི་ཡོ་བྱད་རྐྱེན་དུ་འབབ་པ་འདི་ལྟ་སྟེ། ཆོས་གོས་དང། བསོད་སྙོམས་དང། མལ་ཆ་དང། སྟན་དང། ནད་ཀྱི་གསོས་སྨན་དང། ཡོ་བྱད་གང་ཡང་རུང་བ་དེ་དག་གིས་ཕྱིར་རྗེས་སུ་བརྩེ་བར་བྱེད་པ་ཡིན་ཏེ། དེ་ནི་གཞན ་གྱིས་ཕྱིར་རྗེས་སུ་སྙིང་བརྩེ་བར་བྱེད་པ་ཞེས་བྱའོ། །དགེ་བའི་ཆོས་ལ་འདུན་པ་གང་ཞེ་ན། འདི་ལྟར་འདི་ན་ལ་ལ་དེ་བཞིན་གཤེགས་པ་འམ། དེ་བཞིན་གཤེགས་པའི་ཉན་ཐོས་དག་ལས་ཆོས་ཐོས་ཤིང་དད་པ་ཐོབ་པར་གྱུར་ལ་དེས་དེ་ཐོས་ནས་འདི་ལྟར་ཁྱིམ ་ན་གནས་པ་ནི་གནོད་པ་དང་ཉོན་མོངས་པའི་གནས་ཡིན་གྱིས་རབ་ཏུ་བྱུང་བ་ནི་མངོན་པར་སྐབས་ཡོད་པ་ཡིན་པས། འདི་ལྟར་བདག་གིས་བུད་མེད་ཀྱི་ཚོགས་དང་ནོར་དང་འབྲུ་དང་དབྱིག་ཐམས་ཅད་སྤངས་ལ། ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་ཁྱིམ་ནས་ཁྱིམ་མེད་པར ་ལེགས་པ་ཁོ་ནར་རབ་ཏུ་འབྱུང་བར་བྱ་ཞིང། རབ་ཏུ་བྱུང་ནས་ཀྱང་ནན་ཏན་གྱིས་བསྒྲུབ་པར་བྱའོ་ཞེས་དེ་ལྟར་ཡང་དག་པར་སློབ་པར་བྱེད་པ་ཡིན་ཏེ། དེ་ལྟར་དགེ་བའི་ཆོས་རྣམས་ལ་འདུན་པ་སྐྱེས་པ་གང་ཡིན་པ་དེ་ནི་དགེ་བའི་ཆོས་ལ་འདུན་པ་ཞེས་བྱའོ། །རབ་ཏུ་བྱུང ་བ་གང་ཞེ་ན། དགེ་བའི་ཆོས་ལ་འདུན་པ་དེ་ཉིད་ཀྱི་དབང་དུ་བྱས་ནས་གསོལ་བ་དང་བཞིའི་ལས་ཀྱིས་བསྙེན་པར་རྫོགས་པར་བྱས་པ་དང། དགེ་སློང་གི་ཚུལ་ཁྲིམས་ཡང་དག་པར་བླངས་པ་གང་ཡིན་པ་སྟེ་དེ་ནི་རབ་ཏུ་བྱུང་བ་ཞེས་བྱ་བའོ། །ཚུལ་ཁྲིམས་ཀྱི་སྡོམ་པ་གང ་ཞེ་ན། དེ་ལྟར་རབ་ཏུ་བྱུང་བ་དེ་ཚུལ་ཁྲིམས་དང་ལྡན་པར་གནས་པ་དང། སོ་སོར་ཐར་པའི་བསྡོམ་པས་བསྡམས་པ་དང། ཆོ་ག་ཕུན་སུམ་ཚོགས་པ་དང། སྤྱོད་ཡུལ་ཕུན་སུམ་ཚོགས་པ་དང། ཁ་ན་མ་ཐོ་བ་ཕྲ་རབ་ཙམ་དག་ལ་ཡང་འཇིགས་པར་ལྟ་བ་དང། བསླབ ་བའི་བཞི་རྣམས་ཡང་དག་པར་བླངས་ཤིང་སློབ་པར་བྱེད་པ་ཡིན་ཏེ། དེ་ནི་ཚུལ་ཁྲིམས་ཀྱི་སྡོམ་པ་ཞེས་བྱའོ། །དབང་པོ་སྡོམ་པ་གང་ཞེ་ན། ཚུལ་ཁྲིམས་ཀྱི་སྡོམ་པ་དེ་ཉིད་ལ་བརྟེན་ནས། དྲན་པ་ཀུན་ཏུ་བསྲུངས་པ་དང། དྲན་པ་ལ་རྟག་འགྲུས་བྱེད་པ་དང། དྲན་པས་ཡིད ་ཀུན་ཏུ་བསྲུངས་པ་དང། གནས་སྐབས་མཉམ་པ་ལ་འཇོག་པར་བྱེད་ཅིང་དེས་མིག་གི་གཟུགས་རྣམས་མཐོང་བ་ན་མཚན་མར་མི་འཛིན་ཅིང་མངོན་རྟགས་སུ་མི་འཛིན་ལ། གཞི་གང་ཁོ་ནས་ལས་དེའི་སེམས་ཀྱི་རྗེས་སུ་སྡིག་པ་མི་དགེ་བའི་ཆོས་རྣམས་ཟག་པར ་འགྱུར་བ་དེ་དག་བསྡམ་པར་བྱ་བའི་ཕྱིར་སྒྲུབ་པར་བྱེད་ཅིང། མིག་གི་དབང་པོ་ཡང་སྲུང་བར་བྱེད་ལ། མིག་གི་དབང་པོས་ཀྱང་སྡོམ་པ་སྒྲུབ་པར་བྱེད་པ་དང། དེ་རྣ་བས་སྒྲ་དག་དང། སྣས་དྲི་དག་དང། ལྕེས་རོ་དག་དང། ལུས་ཀྱིས་རེག་བྱ་དག་དང། ཡིད་ཀྱིས་ཆོས་རྣམས་རྣམ ་པར་ཤེས་པ་ན་ཡང་མཚན་མར་མི་འཛིན་ཅིང། མངོན་རྟགས་སུ་མི་འཛིན་ལ། གཞི་གང་ཁོ་ན་ལས་དེའི་རྗེས་སུ་སྡིག་པ་མི་དགེ་བའི་ཆོས་རྣམས་ཟག་པར་འགྱུར་བ་དེ་དག་བསྡམ་པར་བྱ་བའི་ཕྱིར་སྒྲུབ་པར་བྱེད་ཅིང། ཡིད་ཀྱི་དབང་པོ་ཡང་བསྲུང་བར ་བྱེད་ལ། ཡིད་ཀྱི་དབང་པོས་ཀྱང་སྡོམ་པ་སྒྲུབ་པར་བྱེད་པ་ཡིན་ཏེ་དེ་ནི་དབང་པོ་སྡོམ་པ་ཞེས་བྱའོ། །ཟས་ཀྱི་ཚོད་རིག་པ་ཉིད་གང་ཞེ་ན། དེ་ལྟར་དབང་པོ་བསྡམས་པ་དེ། སོ་སོར་བརྟགས་ཤིང། ཟས་ཟ་བར་བྱེད་ལ། རྣམ་པར་རྟོག་པའི་ཕྱིར་མ་ཡིན། རྒྱགས་པའི ་ཕྱིར་མ་ཡིན། སྒེག་པའི་ཕྱིར་མ་ཡིན། བརྒྱན་པའི་ཕྱིར་མ་ཡིན། འདི་ལྟ་སྟེ། ལུས་འདི་ན་གནས་པར་བྱ་བ་དང། འཚོ་བར་བྱ་བ་དང། བཀྲེས་པ་བསལ་བར་བྱ་བ་དང། ཚངས་པར་སྤྱད་པ་ལ་ཕན་པར་བྱ་བ་དང། ཚོར་བ་རྙིང་བ་རྣམས་སྤང་བར་བྱ་བ་དང། ་གསར་བ་རྣམས་མི་སྐྱེ་བར་བྱ་བའི་ཕྱིར་དང། བདག་འཚོ་ཞིང་སྟོབས་དང་བདེ་བ་དང། ཁ་ན་མ་ཐོ་བ་མེད་པ་དང། བདེ་བ་ལ་རེག་པར་གནས་པར་འགྱུར་རོ་སྙམ་དུ་སེམས་པ་ཡིན་ཏེ། དེ་ནི་ཟས་ཀྱི་ཚོད་རིག་པ་ཉིད་ཅེས་བྱའོ། །ནམ་གྱི་ཆ་སྟོད་དང་ནམ་གྱི་ཆ་སྨད་ལ་མི ་ཉལ་བར་སྦྱོར་བའི་རྗེས་སུ་བརྩོན་པ་ཉིད་གང་ཞེ་ན། དེ་ལྟར་ཟས་ཀྱི་ཚོད་རིག་པར་གྱུར་པ་དེ་ཉིན་མོ་འཆག་པ་དང་འདུག་པ་དག་གིས་སྒྲིབ་པར་འགྱུར་བའི་ཆོས་རྣམས་ལས་སེམས་ཡོངས་སུ་སྤྱོད་པར་བྱེད་ཅིང་མཚན་མོའི་ཐུན་དང་པོ་ལ་ཡང་འཆག་པ་དང་འདུག་པ ་དག་གིས་སྒྲིབ་པར་འགྱུར་བའི་ཆོས་རྣམས་ལས་སེམས་ཡོངས་སུ་སྦྱོང་བར་བྱེད་ལ། ཡོངས་སུ་སྦྱངས་ནས་དེའི་འོག་ཏུ་གཙུག་ལག་ཁང་ནས་ཕྱིར་བྱུང་སྟེ་གཙུག་ལག་ཁང་གི་ཕྱི་རོལ་ཏུ་རྐང་པ་བཀྲུས་ནས་གཙུག་ལག་ཁང་གི་ནང་དུ་ཞུགས་ཏེ། གློ་གཡས་པ ་ཕབ་ནས་རྐང་པ་རྐང་པའི་སྟེང་དུ་གཞག་སྟེ། སྣང་བའི་འདུ་ཤེས་དང། དྲན་པ་དང་ཤེས་བཞིན་དང། ལྡང་བ་ཁོ?་ནའི་འདུ་ཤེས་ཡིད་ལ་བྱེད་བཞིན་དུ་ཉལ་བར་བྱེད་པ་དང། དེ་མཚན་མོའི་ཐུན་ཐ་མ་ལ་ཡང་མྱུར་བ་མྱུར་བ་ཁོ་ནར་སད་པར་བྱས་ནས་འཆག་པ ་དང་འདུག་པ་དག་གིས་སྒྲིབ་པར་གྱུར་པའི་ཆོས་རྣམས་ལས་ཡོངས་སུ་སྤྱོད་པར་བྱེད་པ་ཡིན་ཏེ། དེ་ནི་ནམ་གྱི་ཆ་སྟོད་དང་ནམ་གྱི་ཆ་སྨད་ལ་མི་ཉལ་བར་སྦྱོར་བའི་རྗེས་སུ་བརྩོན་པ་ཉིད་ཅེས་བྱའོ། །ཤེས་བཞིན་དུ་སྤྱོད་པ་ཉིད་གང་ཞེ་ན། དེ་ལྟར་མི་ཉལ་བར་སྦྱོར་བའི་རྗེས་སུ ་བརྩོན་པར་གྱུར་པ་དེ་འགྲོ་བ་དང་ལྡོག་པ་ལ་ཤེས་བཞིན་དུ་སྤྱོད་པར་བྱེད་པ་དང། ཅུང་ཟད་བལྟས་པ་དང། རྣམ་པར་བལྟས་པ་དང། བསྐུམ་པ་དང། བརྐྱད་བ་དང། སྣམ་སྦྱར་དང། ཆོས་གོས་དང། ལྷུང་བཟོད་བཅད་པ་དང། ཟོས་པ་དང། འཐུངས་པ་དང། ་འཆོས་པ་དང། མྱངས་པ་དང། སོད་བ་དང། སྡོད་པ་དང། འདུག་པ་དང། ཉལ་བ་དང། མི་ཉལ་བ་དང། སྨྲ་བ་དང། མི་སྨྲ་བ་དང། གཉིད་ཀྱི་སྙོམ་པ་བསད་པ་ལ་ཡང་ཤེས་བཞིན་དུ་སྤྱོད་པ་ཡིན་ཏེ། དེ་ནི་ཤེས་བཞིན་དུ་སྤྱོད་པ་ཉིད་ཅེས་བྱའོ། །རབ་ཏུ་དབེན་པར་གནས་པ ་གང་ཞེ་ན། དེ་ཆོས་དེ་དག་གིས་ཡོངས་སུ་སྤྱད་པར་བྱ་བའི་ས་སྦྱངས་ནས་གནས་མལ་དབེན་པ་དགོན་པ་དག་གམ། ཤིང་དྲུང་དག་གམ། ཁང་སྟོང་དག་གམ། རི་ཁྲོད་དམ། རི་ཕུག་གམ། རྩ་ཁང་དམ། བླ་གབ་མེད་པའམ། དུར་ཁྲོད་དམ། ནགས་འདབ་བམ། བས་མཛའ་ཨི་གནས ་པ་ལ་དག་ཏུ་གནས་པར་བྱེད་པ་ཡིན་ཏེ། དེ་ནི་རབ་ཏུ་དབེན་པར་གནས་པ་ཞེས་བྱའོ། །སྒྲིབ་པ་རྣམ་པར་དག་པ་གང་ཞེ་ན། དེ་དགོན་པ་ན་འདུག་ཀྱང་རུང། ཤིང་དྲུང་ན་འདུག་ཀྱང་རུང། ཁང་སྟོང་ན་འདུག་ཀྱང་རུང། སྒྲིབ་པ་ལྔ་པོ་འདོད་པ་ལ་འདུན་པ་དང། གནོད་སེམས ་དང། རྨུགས་པ་དང། གཉིད་དང། རྒོད་པ་དང། འགྱོད་པ་དང། ཐེ་ཚོམ་དག་ལས་སེམས་རྣམ་པར་སྤྱོད་པར་བྱེད་ཅིང། དེ་སྒྲིབ་པ་དེ་དག་ལས་སེམས་རྣམ་པར་སྦྱངས་ནས། སྒྲིབ་པ་མེད་པས་ཏིང་ངེ་འཛིན་གྱི་ཉམས་བདེ་བ་ལ་ཉེ་བར་གནས་པ་ཡིན་ཏེ། དེ་ནི་སྒྲིབ ་པ་རྣམ་པར་དག་པ་ཞེས་བྱའོ། །ཏིང་ངེ་འཛིན་ལ་ཡང་དག་པར་གནས་པ་གང་ཞེ་ན། །དེ་སྒྲིབ་པ་ལྔ་པོ་སེམས་ཉེ་བར་ཉོན་མོངས་པར་བྱེད་ལ། ཤེས་རབ་ཉམ་ཆུང་བར་བྱེད་པ་རྒུད་པའི་ཕྱོགས་སུ་གྱུར་ལ་ཀུན་ནས་ཉོན་མོངས་པ་འཕེལ་པར་གྱུར་པ་དག་སྤངས་ནས། ་འདོད་པ་དག་ལས་དབེན་པ། སྡིག་པ་མི་དགེ་བའི་ཆོས་རྣམས་ལས་དབེན་པ་རྟོག་པ་དང་བཅས་པ། དཔྱོད་པ་དང་བཅས་པ། དབེན་པ་ལས་སྐྱེས་པའི་དགའ་བ་དང། བདེ་བ་ཅན་བསམ་གཏན་དང་པོ་བསྒྲུབས་ཏེ་གནས་པ་དང། དེ་རྟོག་པ་དང ་དཔྱོད་པ་དང་བྲལ་ཞིང་ནང་ཡོངས་སུ་དང་སྟེ། སེམས་ཀྱི་རྒྱུད་ཅིག་ཏུ་གྱུར་པས་རྟོག་པ་མེད་པ་སྤྱོད་པ་མེད་པ་ཏིང་ངེ་འཛིན་ལས་སྐྱེས་པའི་དགའ་བ་དང་བདེ་བ་ཅན་བསམ་གཏན་གཉིས་པ་བསྒྲུབས་ཏེ། གནས་པ་དང། དེ་དགའ་བའི་འདོད་ཆགས་དང་བྲལ་བའི ་བཏང་སྙོམས་ལ་གནས་ཤིང། དྲན་པ་དང་ཤེས་བཞིན་ཅན་ཡིན་ཏེ། བདེ་བ་ལུས་ཀྱིས་མྱོང་ལ། འཕགས་པ་རྣམས་ཀྱིས་གང་དེ་དྲན་པ་དང་ལྡན་པ། བདེ་བ་ལ་གནས་པ་བཏང་སྙོམས་པའོ་ཞེས་བརྗོད་པ་སྟེ། དགའ་བ་མེད་པའི་བསམ་གཏན ་གསུམ་པ་བསྒྲུབས་ཏེ་གནས་པ་དང། དེ་བདེ་བ་ཡང་སྤངས་ཏེ། སྔ་ནས་སྡུག་བསྔལ་བ་ཡང་སྤངས་ཤིང་ཡིད་བདེ་བ་དང། ཡིད་མི་བདེ་བ་ཡང་ནུབ་པས། བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པ་བཏང་སྙོམས་དང་དྲན་པ་ཡོངས་སུ་དག་པ། ་བསམ་གཏན་བཞི་པ་བསྒྲུབས་ཏེ་གནས་པ་ཡིན་ཏེ། དེ་ནི་ཏིང་ངེ་འཛིན་ལ་ཡང་དག་པར་གནས་པ་ཞེས་བྱའོ། །དེ་རིམ་པ་འདིས་དང་པོ་བདག་གི་འབྱོར་པ་ནས་ཐ་མ་ཏིང་ངེ་འཛིན་ལ་ཡང་དག་པར་གནས་པའི་བར?་གྱི་རྐྱེན་ཁྱད་པར་ཅན་དང། ཤིན་ཏུ་ཁྱད་པར ་ཅན་དང། མཆོག་ཏུ་ཁྱད་པར་ཅན་རྣམས་གོང་ནས་གོང་དུ་ཡང་བསྒྲུབ་པར་བྱེད་དོ། །དེ་དེ་ལྟར་སེམས་ཡོངས་སུ་དག་པ་ཡོངས་སུ་བྱང་པ། ཉོན་མོངས་པ་མེད་པ། ཉེ་བའི་ཉོན་མོངས་པ་དང་བྲལ་བ། དྲང་པོར་གྱུར་པ་ལས་སུ་རུང་བ། མི་གཡོ་བར་གྱུར་པ ་ལ་གནས་ན། གལ་ཏེ་འཕགས་པའི་བདེན་པ་བཞི་ལས་བརྩམས་ཏེ། དེ་དག་ཡོངས་སུ་ཤེས་པར་བྱ་བ་དང། སྤང་བར་བྱ་བ་དང། མངོན་སུམ་དུ་བྱ་བ་དང། བསྒོམ་པར་བྱ་བའི་ཕྱིར་གཞན་ལས་གདམས་ཤིང་རྗེས་སུ་བསྟན་པའི་སྒྲ་ཐོས་པར་གྱུར་ན། ་དེ་ལྟ་ན་དེ་ནི་རིགས་པས་བསྐྱེད་པའི་ཡིད་ལ་བྱེད་པ་དང། དེ་སྔོན་དུ་བཏང་བའི་ཡང་དག་པའི་ལྟ་བ་བསྐྱེད་པར་བྱ་བའི་སྐལ་པ་དང་མཐུ་ཡོད་པ་ཡིན་ཏེ། དེས་འཕགས་པའི་བདེན་པ་བཞི་པོ་དག་མངོན་པར་རྟོགས་པར་བྱེད་ཅིང། རྣམ་པར་གྲོལ་བར་ཡང་ཡོངས་སུ་རྫོགས་པར་བྱེད་ལ། ་ཕུང་པོ་ལྷག་མ་མེད་པའི་དབྱིངས་སུ་མྱ་ངན་ལས་འདའ་བར་བྱེད་དོ། །དེ་ལ་ཡང་དག་པའི་ལྟ་བ་ལ་བརྟེན་ནས་རྣམ་པར་གྲོལ་བ་ཡོངས་སུ་རྫོགས་པ་དང། ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པ་གང་ཡིན་པ་དེ་ནི་རིགས་ཡང་དག་པར་གྲུབ་པ་ཡིན་པར་རིག་པར་བྱའོ། །དེ་ལ་བང?་པ། ་གི་འབྱོར་བ་ནས་གཟུངས་ཏེ། ཏིང་ངེ་འཛིན་ཡང་དག་པར་གནས་པའི་བར་གང་ཡིན་པ་དེ་ནི་ཡང་དག་པར་འགྲུབ་པའི་རྐྱེན་དམན་པ་ཡིན་པར་རིག་པར་བྱའོ། །དེ་ལ་བདེན་པ་བཞི་སྟོན་པའི་གདམས་ངག་གི་དབང་དུ་བྱས་པའི་གཞན་གྱི་སྒྲ་གང་ཡིན་པ་དང། ནང་གི་ཚུལ་བཞིན་ཡིད ་ལ་བྱེད་པ་གང་ཡིན་པ་དེ་ནི་ཡང་དག་པའི་གྲུབ་པའི་རྐྱེན་གཙོ་བོ་ཡིན་པར་རིག་པར་བྱ་སྟེ། དེ་ནི་རིགས་ཀྱི་རྣམ་པར་གཞག་པ་ཞེས་བྱའོ། །རིགས་ལ་གནས་པའི་གང་ཟག་གི་རྟགས་རྣམས་གང་ཞེ་ན། སྨྲས་པ་ཡོངས་སུ་མྱ་ངན་ལས་མི་འདའ་བའ་ཨི་ཆོས་ཅན་གྱི་རྟགས་གང་དག་ཡིན་པ ་དེ་དག་ལས་བཟློག་པ་ནི་རིགས་ལ་གནས་པའི་གང་ཟག་གི་རྟགས་རྣམས་ཡིན་པར་རིག་པར་བྱའོ། །གང་དག་དང་ལྡན་ན་ཡོངས་སུ་མྱ་ངན་ལས་མི་འདའ་བའ་ཨི་ཆོས་ཅན་གྱི་གང་ཟག་ལ། འདི་ནི་ཡོངས་སུ་མྱ་ངན་ལས་མི་འདའ་བའ་ཨི་ཆོས་ཅན་ཡིན་ནོ་ཞེས་ཤེས་པར་འགྱུར་བའི་ཡོངས ་སུ་མྱ་ངན་ལས་མི་འདའ་བའ་ཨི་ཆོས་ཅན་གྱི་རྟགས་རྣམས་གང་ཞེ་ན། སྨྲས་པ། ཡོངས་སུ་མྱ་ངན་ལས་མི་འདའ་བའ་ཨི་ཆོས་ཅན་གྱི་རྟགས་ནི་མང་དུ་ཡོད་མོད་ཀྱི། ཕྱོགས་ཙམ་ཞིག་བརྗོད་པར་བྱའོ། །འདི་ལ་ཡོངས་སུ་མྱ་ངན་ལས་མི་འདའ་བའ་ཨི་ཆོས་ཅན་གྱི་གང་ཟག་གི་ལུས་ལ་གཞིའི་སྲེད་པའི ་དང་པོ་ཉིད་ནས་ཀུན་ཏུ་ཞེན་པ། སངས་རྒྱས་ཐམས་ཅད་ཀྱིས་ཀྱང། ཐམས་ཅད་ཀྱི་ཐམས་ཅད་དང། རྣམ་པ་ཐམས་ཅད་ཀྱི་ཐམས་ཅད་དུ་སྤང་པར་མི་སྤྱོད་པའི་ཆོས་ཅན་མ་བཤིག་པ་རིང་དུ་སོད་པ་རབ་ཏུ་དམ་པོར་ཀུན་ཏུ་ཞེན་པ་ཡོད་དེ། དེ་ནི་རིགས་མེད་པ་ལ་གནས་པའི་གང་ཟག་གི་ ་རྟགས་དང་པོ་ཡིན་ནོ། །གཞན་ཡང་རིགས་མེད་པ་ལ་གནས་པའི་གང་ཟག་ནི་འཁོར་བའི་སྐྱོན་སྣ་ཚོགས་དང། རབ་ཏུ་མང་པོ་དག་རྣམ་གྲངས་དུ་མར་ཐོས་ཀྱང་ངེས་འདས་པའི་དུས་ལས་བརྟེན་ཏེ། འཁོར་བའི་སྤྲོས་པ་ལས་སྐྱོན་དུ་ལྟ་བ་དང། ཉེས་དམིགས་སུ ་ལྟ་བ་དང། སྐྱོ་བ་ཅུང་ཟད་ཙམ་ཡང་མ་བསྐྱེད་ཅིང། མ་འོངས་པའི་དུས་ལ་བརྟེན་ཏེ་སྐྱེད་པར་ཡང་མི་འགྱུར། ད་ལྟར་གྱི་དུས་ལ་བརྟེན་ཏེ་བསྐྱེད་པར་ཡང་མི་བྱེད་ལ་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བའི་དུས་རྣམས་ལ་བརྟེན་པ། མྱ་ངན་ལས་འདས་པ་སྲེད་པ ་ཟད་པ། འདོད་ཆགས་དང་བྲལ་བ། འགོག་པ་ལ་ཡོན་ཏན་དུ་ལྟ་བ་དང། ཕན་ཡོན་དུ་ལྟ་བ་དང། དད་པ་ཅུང་ཟད་ཙམ་དང། ཆ་ཅུང་ཟད་ཙམ་དང། ངན་དོན་ཙམ་ཡང་མ་བསྐྱེད་སྐྱེད་པར་མི་འགྱུར། བསྐྱེད་པར་མི་བྱེད་དེ། དེ་ནི་རིགས་མེད་པ་ལ་གནས་པའི་རྟགས ་གཉིས་པ་ཡིན་ནོ། །གཞན་ཡང་རིགས་མེད་པ་ལ་གནས་པའི་གང་ཟག་ནི་དང་པོ་ཉིད་ནས་ངོ་ཚ་མེད་པ་དང། ཁྲེལ་མེད་པ་ཆེན་པོ་དང་ལྡན་པ་ཡིན་ཏེ། དེས་དེ་སྙིང་རྗེ་མེད་པ་དང། བག་ཚ་བ་མེད་པའི་སེམས་དང། རབ་ཏུ་རངས་པའི་སེམས་ཀྱིས། སྡིག་པ་ཐམས་ཅད ་ལྷག་པར་སྤྱོད་པར་བྱེད་ཅིང། གཞི་ངེས་ལན་འགའ་ཡང་འགྱོད་པར་མི་བྱེད་ལ། གཞི་ངེས་ཚེ་འདིའི་ཟང་ཟིང་དང་བཅས་པའི་བདག་ཉིད་ཉམས་པ་ཁོ་ན་ཙམ་དུ་མཐོང་བར་ཟད་དེ། དེ་ནི་རིགས་མེད་པ་ལ་གནས་པའི་རྟགས་གསུམ་པ་ཡིན་ནོ། །གཞན་ཡང་རིགས ་མེད་པ་ལ་གནས་པའི་གང་ཟག་ནི་སྡུག་བསྔལ་ལམ། ཀུན་འབྱུང་བའམ། འགོག་པ་འམ། ལམ་ལས་བརྩམས་ཏེ། རྣམ་པ་ཐམས་ཅད་ཡོངས་སུ་རྫོགས་པ་གསལ་བ་རིགས་པ་སྣ་ཚོགས་པ་གོ་སླ་བ་དམ་པའི་ཆོས་སྟོན་ཅིང་ཡང་དག་པར་སྟོན་པ་ན། ཅུང་ཟད ་སེམས་གཏོང་པ་ཙམ་དང། མོས་བ་ཙམ་ཡང་མ་ཐོབ་ན། འདས་པ་དང། མ་འོངས་པ་དང། ད་ལྟར་བྱུང་བའི་དུས་རྣམས་ལ་བརྟེན་ཏེ་སྤུ་ཟིང་ཞེས་བྱེད་པ་འམ། མཆི་མ་བཀྲུག་ཅེས་བྱེད་པ་ཐོབ་པར་གྱུར་པ་ལྟ་ཅི་སྨོས་ཏེ། དེ་ནི་རིགས་མེད་པ་ལ་གནས ་པའི་རྟགས་བཞི་པ་ཡིན་ནོ་།གཞན་ཡང་རིགས་མེད་པ་ལ་གནས་པའི་གང་ཟག་ནི་གལ་ཏེ་བརྒྱ་ལ་བརྒྱ་ལམ་ན་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་ན་ཡང་དེ་རྒྱལ་པོས་གཅོས་པ་འམ། ཆོམ་རྐུན་པས་གཙེས་པ་འམ། བུ་ལོན་གྱིས་ཉམ་ཐག་པ ་འམ། འཇིགས་པས་ཉམ་ཐག་པ་འམ། མི་འཚེ་བས་འཇིགས་ཤིང་སྐྲག་པའི་ཕྱིར་ཡིན་གྱི། བདག་ཉིད་དུལ་བར་བྱ་བའི་ཕྱིར་མ་ཡིན། བདག་ཉིད་ཞི་བར་བྱ་བའི་ཕྱིར་མ་ཡིན། བདག་ཉིད་ཡོངས་སུ་མྱ་ངན་ལས་འདའ་བར་བྱ་བའི་ཕྱིར་མ་ཡིན། དགེ་སྦྱོང་གི་ཕྱིར ་མ་ཡིན། བྲམ་ཟེའི་ཕྱིར་མ་ཡིན་ཏེ། དེ་ལྟར་རབ་ཏུ་བྱུང་ནས་ཀྱང་ཁྱིམ་ན་གནས་པ་དང། རབ་ཏུ་བྱུང་བ་དག་དང་འདྲེན་མར་གནས་ཤིང། ལྷའམ་ལྷ་གང་ཡང་རུང་བ་དག་ཏུ་སྨོན་པའི་ཕྱིར་ཚངས་པར་སྤྱད་པ་སྤྱོད་པར་བྱེད་པ་དང། བསླབ་པ་ཕུལ་ནས་སྤངས་པ ་ལ་འཇུག་པར་འགྱུར་བ་དང། ཚུལ་ཁྲིམས་འཆལ་པ་དང། ནང་མྱགས་པ་དང། ཉེས་འཛག་ཏུ་གྱུར་པ་དང། ཤིང་རུལ་པ་ལྟ་བུར་གྱུར་པ་དང། ལུང་བོད་ལྟར་ཀུན་ཏུ་སྤྱོད་ཅིང་དགེ་སྤྱོད་མ་ཡིན་པར་དགེ་སྦྱོང་དུ་ཁས་འཆེ་བ་དང། ཚངས་པར་སྤྱོད་པ་མ་ཡིན་པར ་ཚངས་པར་སྤྱོད་པར་ཁས་འཆེ་བ་ཡིན་ཏེ། རིགས་མེད་པ་ལ་གནས་པའི་གང་ཟག་ནི་འདས་པ་དང། མ་འོངས་པ་དང། ད་ལྟར་བྱུང་བའི་དུས་རྣམས་སུ་ཡང་དེ་ཁོ་ན་བཞིན་དུ་རབ་ཏུ་བྱུང་བ་ཡིན་པར་རིག་པར་བྱའོ། །བསླབ་པ་འདོད་པ་མ་ཡིན་པའི་གང་ཟག་གིས་རབ་ཏུ ་བྱུང་བ་དང། བསྙེན་པར་རྫོགས་པའི་དགེ་སློང་གི་དངོས་པོ་མ་ཡིན་ཏེ། དེའི་ཕྱིར་རྣམ་གྲངས་དེ་དང་བསམ་པ་དེས་ན་དེའི་དོན་དོན་གྱི་སྒོ་ནས་རབ་ཏུ་བྱུང་བ་མ་ཡིན་གྱི་རབ་ཏུ་བྱུང་བའི་རྟགས་དང་ཆ་ལུགས་འཛིན་པ་ཙམ་གྱིས་རབ་ཏུ་བྱུང་བ་ཞེས་བྱ་བའི་གྲངས་སུ་འགྲོ་བ ་ཁོ་ནར་ཟད་དེ། དེ་ནི་རིགས་མེད་པ་ལ་གནས་པའི་གང་ཟག་གི་རྟགས་ལྔ་པ་ཡིན་ནོ། །གཞན་ཡང་རིགས་མེད་པ་ལ་གནས་པའི་གང་ཟག་ནི་ལུས་སམ་ངག་གམ་ཡིད་ཀྱི་དགེ་བའི་ལས་གང་ཅུང་ཟད་ཅི་བྱེད་ཀྱང་རུང་སྟེ། དེ་ཐམས་ཅད་སྲིད་པའི་བསམ་པའི་ཕྱིར་ཏེ་ཕྱི་ལ ་ཡང་འབྱུང་བའི་སྲིད་པ་ཁྱད་པར་འཕགས་པ་དག་འདོད་པའི་ཕྱིར་རམ། ལོངས་སྤྱོད་ཀྱི་བསམ་པའི་ཕྱིར་ཏེ། ལོངས་སྤྱོད་ཁྱད་པར་དུ་འཕགས་པ་དག་འདོད་པའི་ཕྱིར་བྱེད་པ་ཡིན་ཏེ། དེ་ནི་རིགས་མེད་པ་ལ་གནས་པའི་གང་ཟག་གི་རྟགས་དྲུག་པ་ཡིན་ནོ།། ་གང་དང་ལྡན་ན་ཡོངས་སུ་མྱ་ངན་ལས་མི་འདའ་པའི་ཆོས་ཅན་གྱི་གང་ཟག་ལ་འདི་ནི་ཡོངས་སུ་མྱ་ངན་ལས་མི་འདའ་བའ་ཨི་ཆོས་ཅན་གྱི་གང་ཟག་ཡིན་ནོ། ཞེས་བྱ་བའི་གྲངས་སུ་འགྲོ་བ་དེའི་རྟགས་ནི་དེ་ལྟ་བུ་དང་མཐུན་པ་མང་དུ་ཡོད་དོ། དེ་ལ་རིགས་ལ་གནས་པའི ་གང་ཟག་རྣམས་གང་ཞེ་ན། སྨྲས་པ། རིགས་ལ་གནས་པའི་གང་ཟག་ནི་རིགས་ལ་གནས་པ་ཁོ་ན་ཡིན་ལ། མ་ཞུགས་ཤིང་ངེས་པར་མ་བྱུང་བ་ཡང་ཡོད་དོ། །རིགས་ལ་གནས་ལ་ཞུགས་ཤིང་ངེས་པར་མ་བྱུང་བ་ཡང་ཡོད་དོ། །རིགས་ལ་གནས་ལ་ཞུགས་ཤིང ་ངེས་པར་བྱུང་བ་ཡང་ཡོད་དོ། །དབང་པོ་རྟུལ་པོ་དང། དབང་པོ་འབྲིང་པོ་དང། དབང་པོ་རྣོན་པོ་དང། འདོད་ཆགས་སྤྱད་པ་དང། ཞེ་སྡང་སྤྱད་པ་དང། གཏི་མུག་སྤྱད་པ་དང། མི་ཁོམ་པར་སྐྱེས་པ་དང། ཁོམ་པར་སྐྱེས་པ་དང། བག་མེད་པ་དང་ལྡན་པ་དང ་བག་ཡོད་པ་དང་ལྡན་པ་དང། །ལོག་པར་ཞུགས་པ་དང། ལོག་པ་མ་ཡིན་པར་ཞུགས་པ་དང། བསྒྲིབས་པ་དང། མ་བསྒྲིབས་པ་དང། ཡུན་རིང་བ་དང། ཐག་ཉེ་བ་དང། ཡོངས་སུ་མ་སྨིན་པ་དང། ཡོངས་སུ་སྨིན་པ་དང། རྣམ་པར་མ་དག་པ་དང། རྣམ་པར ་དག་པ་དག་ཀྱང་ཡོད་དོ། །དེ་ལ་རིགས་ལ་གནས་པའི་གང་ཟག་རིགས་ལ་གནས་པ་ཁོ་ན་ཡིན་ལ། མ་ཞུགས་ཤིང་ངེས་པར་མ་བྱུང་བ་གང་ཞེ་ན། འདི་ལྟར་འདི་ན་གང་ཟག་ལ་ལ་འཇིག་རྟེན་ལས་འདས་པའི་ཆོས་ཀྱི་ས་བོན་དང་ལྡན་པ་ཁོ་ན་ཡིན་ལ། ད་དུང་སྐྱེས ་བུ་དམ་པ་ལ་ལེགས་པར་བརྟེན་པའམ། བརྟེན་ནས་དམ་པའི་ཆོས་ཉན་པ་འམ། དེ་བཞིན་གཤེགས་པས་གསུངས་པའི་ཆོས་འདུལ་བ་ལ་དད་པ་ཐོབ་པ་མ་ཡིན་ཞིང། ཚུལ་ཁྲིམས་ཡང་དག་པར་ལེན་པར་མི་བྱེད། ཐོས་པ་འཛིན་པར་མི་བྱེད། གཏོང་བ་སྤེལ ་བར་མི་བྱེད། ལྟ་བ་སྤྱོད་བར་མི་བྱེད་པ་ཡིན་ཏེ། དེ་ནི་རིགས་ལ་གནས་པ་ཁོ་ན་ཡིན་ལ། མ་ཞུགས་ཤིང་ངེས་པར་མ་བྱུང་བ་ཡིན་ནོ། །རིགས་ལ་གནས་ལ་ཞུགས་ཤིང་ངེས་པར་མ་གྲུབ་པ་གང་ཞེ་ན། སྔར་བཤད་པའི་ནག་པོའི་ཕྱོགས་ལས་བཟློག་པ་དཀར་པོའི་ཕྱོགས་ནི ་རིགས་ལ་གནས་ལ་ཞུགས་ཤིང་ངེས་པར་མ་བྱུང་བ་ཡིན་པར་རིག་པར་བྱ་སྟེ། བྱེ་བྲག་ནི་འཕགས་པའི་ལམ་དང་དེའི་འབྲས་བུ་ཉོན་མོངས་པ་དང་བྲལ་བ་མ་ཐོབ་པ་དེ་ཡོད་དོ། །རིགས་ལ་གནས་ལ་ཞུགས་ཤིང་ངེས་པར་བྱུང་བ་གང་ཞེ་ན། དེ་དག་ཉིད་བརྗོད་ནས། བྱེ་བྲག་ནི ་འཕགས་པའི་ལམ་དང། དེའི་འབྲས་བུ་ཉོན་མོངས་པ་དང་བྲལ་པ་ཐོབ་པར་བྱ་བ་དེ་ཡོད་དོ། །དེ་ལ་དབང་པོ་རྟུལ་པོ་གང་ཞེ་ན། གང་ཟག་ཤེས་བྱའི་དངོས་པོ་དམིགས་པ་ལ་འདི་ལྟ་སྟེ། ཐོས་པ་ལས་བྱུང་བ་དང། བསམས་པ་ལས་བྱུང་བ་དང། བསྒོམ་པ་ལས་བྱུང་བའི་ཡིད ་ལ་བྱེད་པ་དང་མཚུངས་པར་ལྡན་པའི་དབང་པོ་དད་པ་དང། བརྩོན་འགྲུས་དང། དྲན་པ་དང། ཏིང་ངེ་འཛིན་དང། ཤེས་རབ་དག་ཤིན་ཏུ་བུལ་བར་འཇུག་ཅིང་ངལ་བར་འཇུག་ལ། ཆོས་དང་དོན་རབ་ཏུ་འབྱེད་པ་དང། མྱུར་བ་དང། དེ་ཁོ་ན་རབ་ཏུ་འབྱེད་པར་ཡང་མི་ནུས་ཤིང་མཐུ་མེད ་པ་གང་ཡིན་པ་སྟེ། དེ་ནི་གང་ཟག་དབང་པོ་རྟུལ་པོ་ཞེས་བྱའོ། །དེ་ལ་དབང་པོ་འབྲིང་གང་ཞེ་ན། ཤེས་བྱའི་དངོས་པོ་དམིགས་པ་ལ་དབང་པོ་རྣམས་ཤིན་ཏུ་བུལ་ཤིང་ངལ་བར་འཇུག་པ་མ་ཡིན་པར་ཐམས་ཅད་སྔ་མ་བཞིན་དུ་རྒྱས་པར་བརྗོད་པར་བྱ་བ་གང་ཡིན་པ་སྟེ། དེ་ནི་གང་ཟག་དབང ་པོ་འབྲིང་ཞེས་བྱའོ། །གང་ཟག་དབང་པོ་རྣོན་པོ་གང་ཞེ་ན། གང་ཟག་ཤེས་བྱའི་དངོས་པོ་དམིགས་པ་ལ་འདི་ལྟ་སྟེ། ཐོས་པ་ལས་བྱུང་བ་དང། བསམས་པ་ལས་བྱུང་བ་དང། བསྒོམ་པ་ལས་བྱུང་བའི་ཡིད་ལ་བྱེད་པ་དང་མཚུངས་པར་ལྡན་པའི་དབང་པོ། །དད་པ་དང། ་བརྩོན་འགྲུས་དང། དྲན་པ་དང། ཏིང་ངེ་འཛིན་དང། ཤེས་རབ་དག་བུལ་བ་མ་ཡིན་པར་འཇུག་ཅིང་ངལ་བ་མ་ཡིན་པར་འཇུག་ལ། ཆོས་དང་དོན་རབ་ཏུ་འབྱེད་པ་དང། མྱུར་བ་དང། དེ་ཁོ་ན་རབ་ཏུ་འབྱེད་པར་ཡང་ནུས་ཤིང་མཐུ་ཡོད་པ་གང་ཡིན་པ་སྟེ། དེ་ནི་གང་ཟག ་དབང་པོ་རྣོན་པོ་ཞེས་བྱའོ། །གང་ཟག་འདོད་ཆགས་སྤྱད་པ་གང་ཞེ་ན། ཆགས་པར་འགྱུར་བའི་དམིགས་པ་ལ་འདོད་ཆགས་དྲག་པོ་དང་འདོད་ཆགས་ཡུན་རིང་པོ་འབྱུང་བར་འགྱུར་བ་གང་ཡིན་པ་སྟེ། དེ་ནི་གང་ཟག་འདོད་ཆགས་སྤྱད་པ ་ཞེས་བྱའོ། །གང་ཟག་ཞེ་སྡང་སྤྱད་པ་གང་ཞེ་ན། ཞེ་སྡང་བར་འགྱུར་བ་ཁོང་ཁྲོ་བ་དང་མཐུན་པའི་དམིགས་པ་ལ་ཞེ་སྡང་དྲག་པོ་ཞེ་སྡང་ཡུན་རིང་པོ་འབྱུང་བར་འགྱུར་བ་གང་ཡིན་པ་སྟེ། དེ་ནི་གང་ཟག་ཞེ་སྡང་སྤྱད་པ་ཞེས་བྱའོ། །གང་ཟག་གཏི་མུག་སྤྱད་པ་གང ་ཞེ་ན། ཤེས་བྱའི་དངོས་པོ་ལ་གཏི་མུག་དྲག་པོ་དང་གཏི་མུག་ཡུན་རིང་པོ་འབྱུང་བར་འགྱུར་བ་གང་ཡིན་པ་སྟེ། དེ་ནི་གང་ཟག་གཏི་མུག་སྤྱད་པ་ཞེས་བྱའོ། །གང་ཟག་མི་ཁོམ་པར་སྐྱེས་པ་དང། བག་མེད་པ་དང་ལྡན་པ་དང། ལོག་པར་ཞུགས་པ་དང། ་བསྒྲིབས་པ་རྣམས་ནི་སྔ་མ་བཞིན་དུ་རིག་པར་བྱའོ། །དེ་ལས་བཟློག་པ་ནི་ཁོམ་པར་སྐྱེས་པ་དང། བག་ཡོད་པ་དང་ལྡན་པ་དང། ལོག་པ་མ་ཡིན་པར་ཞུགས་པ་དང། མ་བསྒྲིབས་པ་དག་ཡིན་པར་རིག་པར་བྱའོ། །གང་ཟག་ཡུན་རིང་བ་གང་ཞེ་ན། གང་ཟག་དུས ་ཡུན་རིང་བས་མྱ་ངན་ལས་འདའ་བ་ཡུན་རིང་བ་ཡང་ཡོད་དོ། །སྦྱོར་བ་ཡུན་རིང་བས་མྱ་ངན་ལས་འདའ་བ་ཡུན་རིང་བ་ཡང་ཡོད་དོ། །དེ་ལ་དུས་ཡུན་རིང་བས་མྱ་ངན་ལས་འདའ་བ་ཡུན་རིང་བ་གང་ཞེ་ན། ཚེ་རབས་བརྒྱ་ཕྲག་དུ་མ་དག་དང། ཚེ་རབས་སྟོང་ཕྲག ་དུ་མ་དག་དང། ཚེ་རབས་འབུམ་ཕྲག་དུ་མ་ངག་གི་འོག་ཏུ་གོང་དེ?་རྐྱེན་རྙེད་ནས་ཡོངས་སུ་མྱ་ངན་ལས་འདའ་བའ་ཨི་སྐལ་བ་ཡོད་པར་འགྱུར་རོ། །སྦྱོར་བ་ཡུན་རིང་བས་མྱ་ངན་ལས་འདའ་བ་ཡུན་རིང་བ་གང་ཞེ་ན། །གང་ཟག་རིགས་ལ་གནས་པ་ཁོ་ན་ཡིན་ལ། ་མ་ཞུགས་པ་གང་ཡིན་པ་སྟེ། དེ་ནི་ཡོངས་སུ་མྱ་ངན་ལས་འདའ་བའ་ཨི་རྐྱེན་མྱུར་དུ་འཐོབ་པའི་སྐལ་བ་ཡོད་པ་ཡིན་ནོ། །དེ་ཡང་ཡོངས་སུ་མྱ་ངན་ལས་འདའ་བའ་ཨི་ཕྱིར་སྦྱོར་བ་མ་བརྩམས་པ་ཙམ་དུ་ཟད་པས་སྤྱོད་པ་ཡུན་རིང་བའི་ཕྱིར་མྱ་ངན་ལས་འདའ་ ་བ་ཡུན་རིང་བ་ཡིན་གྱིས། དུས་ཡུན་རིང་བས་ནི་མ་ཡིན་ཏེ། དེ་དག་ནི་གང་ཟག་ཡུན་རིང་བ་ཞེས་བྱའོ། །གང་ཟག་ཉེ་བ་གང་ཞེ་ན། གང་ཟག་དུས་ཐག་ཉེ་བས་མྱ་ངན་ལས་འདའ་བ་ཐག་ཉེ་བ་ཡང་ཡོད་དོ། །སྦྱོར་བ་ཐག་ཉེ་བས་མྱ་ངན་ལས་འདའ་བ་ཐག་ཉེ་བ་ཡང་ཡོད་དོ།། ་དེ་ལ་དུས་ཐག་ཉེ་བས་མྱ་ངན་ལས་འདའ་བ་ཐག་ཉེ་བ་གང་ཞེ་ན། ལུས་དང་གནས་ཀྱི་དངོས་པོ་ཐ་མ་ལ་གནས་ཤིང་དེ་ལུས་དེ་ཉིད་ཀྱིས་ཡོངས་སུ་མྱ་ངན་ལས་འདའ་བར་བྱེད་པ་དང། སྐད་ཅིག་དེ་ལ་བར་ཆད་མེད་པར་ཉོན་མོངས་པ་སྤོང་བ་མངོན་སུམ་དུ་བྱེད་པ་གང ་ཡིན་པ་སྟེ། དེ་ནི་དུས་ཐག་ཉེ་བས་མྱ་ངན་ལས་འདའ་བ་དུས་ཐག་ཉེ་བ་ཡིན་ནོ། །སྦྱོར་བ་ཐག་ཉེ་བས་མྱ་ངན་ལས་འདའ་བ་ཐག་ཉེ་བ་གང་ཞེ་ན། དེ་ནི་རིགས་ལ་གནས་ཤིང་ཞུགས་པ་གང་ཡིན་པ་སྟེ། དེ་དག་གཅིག་ཏུ་བསྡུས་པ་ནི་གང་ཟག་ཐག་ཉེ་བ་ཞེས་བྱའོ།། ་གང་ཟག་ཡོངས་སུ་མ་སྨིན་པ་གང་ཡིན་ཞེ་ན། གང་ཟག་གང་ལ་གནས་ནས་ཡོངས་སུ་མྱ་ངན་ལས་འདའ་བ་དང། ཡང་དག་པ་ཉིད་དུ་ངེས་པ་ལ་འཇུག་པར་འགྱུར་པའི་ཐ་མའི་ལུས་ཕྱི་མ་མ་ཐོབ་པ་གང་ཡིན་པ་སྟེ། དེ་ནི་གང་ཟག་ཡོངས་སུ་མ་སྨིན་པ་ཞེས ་བྱའོ། །གང་ཟག་ཡོངས་སུ་སྨིན་པ་གང་ཞེ་ན། གང་ཟག་གང་ལ་གནས་ནས་ཡོངས་སུ་མྱ་ངན་ལས་འདའ་བ་དང། ཡང་དག་པ་ཉིད་དུ་ངེས་པ་ལས་འཇུག་པར་འགྱུར་བའི་ཐ་མའི་ལུས་ཕྱི་མ་ཐོབ་པ་གང་ཡིན་པ་སྟེ། དེ་ནི་གང་ཟག་ཡོངས་སུ་སྨིན་པ་ཞེས ་བྱའོ། །གང་ཟག་རྣམ་པར་མ་དག་པ་གང་ཞེ་ན། གང་ཟག་འཕགས་པའི་ལམ་བསྐྱེད་ཅིང། དེའི་འབྲས་བུ་ཉོན་མོངས་པ་དང་བྲལ་བ་མངོན་སུམ་དུ་མ་བྱས་པ་གང་ཡིན་པ་སྟེ། དེ་ནི་གང་ཟག་རྣམ་པར་མ་དག་པ་ཞེས་བྱའོ། །གང་ཟག་རྣམ་པར་དག་པ་གང ་ཞེ་ན། དེ་ལས་བཟློག་པ་ཡིན་པར་རིག་པར་བྱའོ། །དེ་དག་ནི་རིགས་ལ་གནས་པའི་གང་ཟག་རྣམས་ཤེས་བྱ་སྟེ། འདི་ལྟ་སྟེ། མ་ཞུགས་པ་རྣམས་གཞུག་པར་བྱ་བ་དང། ཡོངས་སུ་མ་སྨིན་པ་རྣམས་ཡོངས་སུ་སྨིན་པར་བྱ་བ་དང། རྣམ་པར་མ་དག་པ་རྣམས ་རྣམ་པར་དག་པར་བྱ་བ་གང་དག་གི་དོན་དུ་སངས་རྒྱས་བཅོམ་ལྡན་འདས་རྣམས་འཇིག་རྟེན་དུ་བྱུང་ཞིང། ཆོས་ཀྱི་འཁོར་ལོ་དག་བསྐོར་བར་མཛད་པ་དང། བསླབ་པའི་གཞི་རྣམས་འཆའ་བར་མཛད་པ་དག་ཡིན་ནོ། །བར་གྱི་སྡོམ་ནི། རང་བཞིན་དང་ནི ་དེ་རྣམ་གཞག་།རྟགས་རྣམས་དང་ནི་གང་ཟག་དག་།དེ་དག་ཐམས་ཅད་མདོར་བསྡུས་ཏེ། །རིགས་ཀྱི་སར་ནི་ཤེས་པར་བྱ། །ཉན་ཐོས་ཀྱིས་ལས་རིགས་ཀྱིས་རྫོགས་སོ།། །།དེ་ལ་འཇུག་པའི་ས་གང་ཞེ་ན། སྨྲས་པ། འཇུག་པའི་རང་བཞིན་གང་ཡིན་པ ་དང། རྣམ་པར་གཞག་པ་གང་ཡིན་པ་དང། ཞུགས་པའི་གང་ཟག་གི་རྟགས་གང་ཡིན་པ་དང། ཞུགས་པའི་གང་ཟག་གང་དག་ཡིན་པ་དེ་དག་ཐམས་ཅད་གཅིག་ཏུ་བསྡུས་པ་ནི་འཇུག་པའི་ས་ཞེས་བྱའོ། །དེ་ལ་འཇུག་པའི་རང་བཞིན་གང་ཞེ་ན། འདི་ལ་རིགས་ལ ་གནས་པའི་གང་ཟག་མྱ་ངན་ལས་འདས་པའི་ས་བོན་གྱི་ཆོས་དང་ལྡན་པ་དེ་ནི། གང་གི་ཚེ་སངས་རྒྱས་འབྱུང་བ་ཡོད་ཅིང། ཡུལ་དབུས་ཀྱི་མི་རྐུན་མ་མ་ཡིན་པ་དག་དང། ཀླ་ཀློ་མ་ཡིན་པ་རྣམས་སུ་རྒྱས་པར་སྔ་མ་བཞིན་དུ་སྐྱེས་པར་གྱུར་ན། དང་པོ་ཁོ་ནར་སངས ་རྒྱས་རྣམས་དང། སངས་རྒྱས་ཀྱི་ཉན་ཐོས་རྣམས་ལ་བལྟ་བ་དང། དྲུང་དུ་འགྲོ་བ་དང། བསྙེན་བཀུར་བྱ་བ་རྙེད་པར་འགྱུར་ཞིང། དེ་དག་ལས་ཆོས་ཐོས་ནས་དང་པོར་དང་པ་འཐོག་པ་དང། ཚུལ་ཁྲིམས་ཡང་དག་པར་ལེན་པ་དང། ཐོས་པ་འཛིན་པ་དང། ་གཏོང་བ་སྤེལ་བ་དང། ལྟ་བ་སྤྱོད་པར་བྱེད་དོ། །དེའི་འོག་ཏུ་ཆོས་ཡང་དག་པར་བླངས་པའི་རྒྱུ་དེ་དང་རྐྱེན་དེས། ལུས་ཞིག་ཅིང་ཚེ་དེ་ཡང་དག་པར་འདས་ནས་ཀྱང། རྣམ་པར་སྨིན་པའི་སྐྱེ་མཆེད་དྲུག་གིས་ཟིན་པའི་དབང་པོ་ཁྱད་པར་དུ་འཕགས་པ་དག་འཐོབ་པར ་འགྱུར་ཞིང། དེའི་དེ་དག་ཀྱང་དད་པ་ཤིན་ཏུ་མཆོག་རྣམས་དང། ཤིན་ཏུ་གཙོ་བོ་དག་སྐྱེ་བའི་རྟེན་དུ་འགྱུར་བ་དང། ཚུལ་ཁྲིམས་ཡང་དག་པར་བླངས་པ་དང། ཐོས་པ་གཟུང་བ་དང། གཏོང་བ་སྤེལ་བ་དང། ལྟ་བ་སྤྱངས་བ་ཤིན་ཏུ་མཆོག་དང། གཙོ་བོ་དང། དམ ་པར་གྱུར་པ་དག་གི་རྟེན་དུ་གྱུར་པར་ཡང་འགྱུར་རོ། །དད་པ་ལ་སོགས་པའི་ཆོས་ཤིན་ཏུ་མཆོག་དང་གཙོ་བོ་དང། དམ་པར་གྱུར་པ་གང་དག་ཡིན་པ་དེ་དག་ཀྱང་ཡང་དག་པར་སྨིན་པ་གཞན་གྱི་རྟེན་དུ་འགྱུར་ཞིང། རྣམ་པར་སྨིན་པ་དེ་ཡང་འཇིག་རྟེན་ལས་འདས་པའི་ཆོས་དང་རྗེས་སུ ་མཐུན་པའི་དགེ་པ་གཞན་དག་གི་རྟེན་དུ་འགྱུར་ཏེ། དེ་ལྟར་གཅིག་གི་རྒྱུ་དང་རྟེན་དུ་གཅིག་གྱུར་པའི་སྦྱིན་པའི་སྟོབས་བསྐྱེད་པས། གོང་ནས་གོང་དུ་གང་ལ་གནས་ན་ཡོངས་སུ་མྱ་ངན་ལས་འདའ་བ་དང། ཡང་དག་པ་ཉིད་དུ་ངས་པ་ལ་འཇུག་པར་འགྱུར་བའི་ཐ་མའི་ལུས ་ཕྱི་མ་ཐོབ་པའི་བར་གྱི་སྐྱེ་བ་ཁྱད་པར་ཅན་དུ་འགྲོ་བ་གང་ཡིན་པ་དེ་ནི་འཇུག་པ་ཞེས་བྱའོ། །དེ་ཅིའི་ཕྱིར་ཞེ་ན། དེ་དེའི་ཚེ་ན་མྱ་ངན་ལས་འདའ་བ་ཐོབ་པར་བྱ་བ་དང། མྱ་ངན་ལས་འདའ་བ་འགྲོ་བར་བྱ་བ་དང། རིམ་གྱིས་འགྲོ་བར་བྱ་བ་དང། ཤིན་ཏུ ་མཐར་ཐུག་པར་བྱ་བའི་ཕྱིར། ལམ་གང་ཡིན་པ་དང། ལམ་སྲད་གང་ཡིན་པ་དང། སྒྲུབ་པ་གང་ཡིན་པ་དེར་ཞུགས་པ་དང། ཡང་དག་པར་ཞུགས་པ་དང་རབ་ཏུ་ཞུགས་པ་ཡིན་པས་ན་དེའི་ཕྱིར་ཞུགས་པ་ཞེས་བྱ་སྟེ། དེ་ནི་འཇུག་པའི་རང་བཞིན་ཞེས་བྱའོ།། ་འཇུག་པའི་རྣམ་པར་གཞག་པ་གང་ཞེ་ན། རིགས་ཡོད་པ་དང། འཇུག་པ་ཡོད་པ་དང། ཡོངས་སུ་སྨིན་པར་བྱེད་པ་ཉིད་ཡོད་པ་དང། ཡོངས་སུ་སྨིན་པ་ཡོད་པ་སྟེ། ཞུགས་པ་ཁོ་ན་ཡིན་ལ་ཡོངས་སུ་སྨིན་པར་བྱེད་པ་ཉིད་ཀྱང་མ་ཡིན་ཡོངས་སུ་སྨིན་པ་ཡང་མ་ཡིན ་པ་ཡང་ཡོད་དོ། །ཞུགས་པ་ཡང་ཡིན། ཡོངས་སུ་སྨིན་པར་བྱེད་པ་ཉིད་ཀྱང་ཡིན་ལ། ཡོངས་སུ་སྨིན་པ་མ་ཡིན་པ་ཡང་ཡོད་དོ། །ཞུགས་པ་ཡང་ཡིན། ཡོངས་སུ་སྨིན་པ་ཡང་ཡིན་ལ། ཡོངས་སུ་སྨིན་པར་བྱེད་པ་ཉིད་མ་ཡིན་པ་ཡང་ཡོད་དོ། །ཞུགས་པ་ཡང་མ ་ཡིན། ཡོངས་སུ་སྨིན་པར་བྱེད་པ་ཉིད་ཀྱང་མ་ཡིན། ཡོངས་སུ་སྨིན་པ་ཡང་མ་ཡིན་པ་ཡང་ཡོད་དོ། །དེ་ལ་རིགས་གང་ཞེ་ན། སྨྲས་པ། སྔ་མ་ཡིན་ནོ། །དེ་ལ་ཞུགས་པ་གང་ཞེ་ན། རིགས་ལ་གནས་པའི་གང་ཟག་གིས། སྔོན་དེ་བཞིན་གཤེགས་པས་གསུངས་པའི་ཆོས་ ་འདུལ་བ་ལ་དད་པ་མ་ཐོབ་པ་ལས་དང་པོར་ཐོབ་པར་གྱུར་ཅིང། ཚུལ་ཁྲིམས་ཡང་དག་པར་ལེན་པ་དང། ཐོས་པ་འཛིན་པ་དང། གཏོང་བ་སྤེལ་བ་དང། ལྟ་བ་སྤྱོད་པར་བྱེད་པ་གང་ཡིན་པ་སྟེ། དེ་ནི་ཞུགས་པ་ཞེས་བྱའོ། །ཡོངས་སུ་སྨིན་པར ་བྱེད་པ་ཉིད་གང་ཞེ་ན། དེ་ལྟར་ཞུགས་པའི་གང་ཟག་དེ་ཉིད་གང་ལ་གནས་ན། ཡོངས་སུ་མྱ་ངན་ལས་འདའ་བ་དང། ཡང་དག་པ་ཉིད་དུ་ངེས་པ་ལ་འཇུག་པར་འགྱུར་བའི་ཐ་མའི་ལུས་ཕྱི་མ་ཐོབ་པ་མ་གཏོགས་པ། ཞུགས་པའི་གོང་ཡན་ཆད་ནས་སྐྱེ་བ་གོང ་ནས་གོང་མ་དག་ཏུ་དབང་པོ་ཤིན་ཏུ་མཆོག་དང། གཙོ་བོ་དང། དམ་པ་དང། ཤིན་ཏུ་ཁྱད་པར་དུ་འཕགས་པ་དག་ཡང་དག་པར་སྒྲུབ་པར་བྱེད་པ་གང་ཡིན་པ་སྟེ། །དེ་ནི་ཡོངས་སུ་སྨིན་པ་ཉིད་ཅེས་བྱའོ། །དེ་ལ་ཡོངས་སུ་སྨིན་པ་གང་ཞེ་ན། དེས་གང་ལ་གནས ་ན་ཡོངས་སུ་མྱ་ངན་ལས་འདའ་བ་དང། ཡང་དག་པ་ཉིད་དུ་ངེས་པ་ལ་འཇུག་པར་འགྱུར་བའི་ཐ་མའི་ལུས་ཀྱི་ཕྱི་མ་ཐོབ་པར་གྱུར་པ་གང་ཡིན་པ་སྟེ། དེ་ནི་ཡོངས་སུ་སྨིན་པ་ཞེས་བྱའོ། །དེ་ལ་ཞུགས་པ་ཁོ་ན་ཡིན་ལ། ཡོངས་སུ་སྨིན་པར་བྱེད་པ་ཉིད ་ཀྱང་མ་ཡིན། ཡོངས་སུ་མ་སྨིན་པ་ཡང་མ་ཡིན་པ་གང་ཞེ་ན། དེ་བཞིན་གཤེགས་པས་གསུངས་པའི་ཆོས་འདུལ་བ་ལ་དང་པོར་དད་པ་དང། ལྟ་བ་སྤྱོད་བར་བྱེད་པའི་བར་ནི་ཐོབ་པར་གྱུར་ལ། དེའི་གོང་དུ་ནི་སྐྱེ་བ་གཅིག་ཙམ་ཡང་མངོན་པར་བསྒྲུབ་པར་མི་བྱེད ་པ་གང་ཡིན་པ་སྟེ། དེ་ནི་ཞུགས་པ་ཁོ་ན་ཡིན་ལ། ཡོངས་སུ་སྨིན་པར་བྱེད་པ་ཉིད་ཀྱང་མ་ཡིན། ཡོངས་སུ་སྨིན་པ་ཡང་མ་ཡིན་པ་ཞེས་བྱའོ། །དེ་ལ་ཞུགས་པ་ཡང་ཡིན། ཡོངས་སུ་སྨིན་པར་བྱེད་པ་ཉིད་ཀྱང་ཡིན་ལ། ཡོངས་སུ་སྨིན་པ་མ་ཡིན་པ་གང་ཞེ་ན། དེ ་བཞིན་གཤེགས་པས་གསུངས་པའི་ཆོས་འདུལ་བ་ལ་དང་པོར་དད་པ་དང། ལྟ་བ་སྤྱོད་པར་བྱེད་པའི་བར་ཡང་ཐོབ་པར་གྱུར་ལ། དེའི་གོང་དུ་སྐྱེ་བ་གཅིག་གམ། གཉིས་སམ། རབ་ཏུ་མང་པོ་དག་ཀྱང་མངོན་པར་སྒྲུབ་པར་བྱེད་མོད་ཀྱི། གང་ལ་གནས་ན་ཡོངས་སུ་མྱ ་ངན་ལས་འདའ་བ་དང། ཡང་དག་པ་ཉིད་དུ་ངེས་པ་ལ་འཇུག་པར་འགྱུར་པའི་ཐ་མའི་ལུས་ཕྱི་མ་མ་ཐོབ་པ་གང་ཡིན་པ་སྟེ། དེ་ནི་ཞུགས་པ་ཡང་ཡིན། ཡོངས་སུ་སྨིན་པར་བྱེད་པ་ཉིད་ཀྱང་ཡིན་ལ། ཡོངས་སུ་སྨིན་པ་མ་ཡིན་པ་ཞེས་བྱའོ། །དེ་ལ་ཞུགས་པ ་ཡང་ཡིན། ཡོངས་སུ་སྨིན་པ་ཡང་ཡིན་ལ། ཡོངས་སུ་སྨིན་པར་བྱེད་པ་ཉིད་མ་ཡིན་པ་གང། འདི་ལྟ་སྟེ། དེ་ལྟར་ཞུགས་པའི་གང་ཟག་དེ་ཉིད་ཀྱིས། གང་ལ་གནས་ན་ཡོངས་སུ་མྱ་ངན་ལས་འདའ་བ་དང། ཡང་དག་པ་ཉིད་དུ་ངེས་པ་ལ་འཇུག་པར་འགྱུར ་པའི་ཐ་མའི་ལུས་ཀྱི་ཕྱི་མ་ཐོབ་ཅིང་རྙེད་པར་གྱུར་པ་གང་ཡིན་པ་སྟེ། དེ་ནི་ཞུགས་པ་ཡང་ཡིན། ཡོངས་སུ་སྨིན་པ་ཡང་ཡིན་ལ། ཡོངས་སུ་སྨིན་པར་བྱེད་པ་ཉིད་མ་ཡིན་པ་ཞེས་བྱའོ། །དེ་ལ་ཞུགས་པ་ཡང་མ་ཡིན། ཡོངས་སུ་སྨིན་པར་བྱེད་པ་ཉིད་ཀྱང་མ་ཡིན། ཡོངས ་སུ་སྨིན་པ་ཡང་མ་ཡིན་པ་གང་ཞེ་ན། འདི་ལྟ་སྟེ། ཡོངས་སུ་མྱ་ངན་ལས་འདའ་བའ་ཨི་ཆོས་ཅན་གྱི་གང་ཟག་རིགས་ཁོ་ན་ལ་གནས་ལ། མ་ཞུགས་པ་གང་ཡིན་པ་སྟེ། དེ་ནི་གང་ཟག་ཞུགས་པ་ཡང་མ་ཡིན། ཡོངས་སུ་སྨིན་པར་བྱེད་པ་ཉིད་ཀྱང་མ་ཡིན། ཡོངས་སུ ་མ་སྨིན་པ་ཡང་མ་ཡིན་པ་ཞེས་བྱ་སྟེ། འོན་ཀྱང་དེ་ནི་འཇུག་པ་དང། ཡོངས་སུ་སྨིན་པར་འགྱུར་བའི་སྐལ་བ་ཡོད་པ་ཁོ་ན་ཡིན་ནོ། །གང་ཟག་འཇུག་པ་དང། ཡོངས་སུ་སྨིན་པར་འགྱུར་བའི་སྐལ་བ་མེད་པ་ཁོ་ན་ཡིན་པ་ཡང་ཡོད་དེ། འདི་ལྟ་སྟེ་ཡོངས་སུ་མྱ་ངན་ལས་མི ་འདའ་བའ་ཨི་ཆོས་ཅན་གྱི་གང་ཟག་རིགས་མེད་པ་གང་ཡིན་པ་སྟེ། དེ་ནི་འཇུག་པ་དང། ཡོངས་སུ་སྨིན་པར་འགྱུར་བའི་སྐལ་པ་ཡང་གཏན་མེད་པ་ཁོ་ན་ཡིན་ན། ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་བའི་སྐལ་བ་ཡོད་པ་ལྟ་ཡིན་རེ་སྐན།། །།རྣལ ་འབྱོར་སྤྱོད་པའི་ས་ལས། ཉན་ཐོས་ཀྱིས། །བམ་པོ་གཉིས་པ། །དེ་ལ་གང་ཟག་དེ་དག་ཐམས་ཅད་ནི། གནས་དྲུག་གིས་བསྡུས་པ་ཡིན་ཏེ། དྲུག་གང་ཞེ་ན། སྐལ་བ་དང་ལྡན་པ་དང། དགེ་བའི་རྩ་བ་ཆུང་ངུ་དང་ལྡན་པ་དང། དགེ་བའི་རྩ་བ་འབྲིང་དང ་ལྡན་པ་དང། དགེ་བའི་རྩ་བ་ཆེན་པོ་དང་ལྡན་པ་དང། མཐར་ཐུག་པའི་སྦྱོར་བ་ལ་གནས་པ་དང། མཐར་ཐུག་པར་གྱུར་པས་སོ། །དེ་ལ་གང་ཟག་སྐལ་བ་དང་ལྡན་པ་གང་ཞེ་ན། རིགས་ལ་གནས་པ་ནི་ཡིན་ལ། ད་དུང ་དེ་བཞིན་གཤེགས་པས་གསུངས་པའི་ཆོས་འདུལ་བ་ལ། དང་པོར་དད་པ་དང། ལྟ་བ་སྤྱོད་བར་བྱེད་པའི་བར་དག་མ་ཐོབ་པ་གང་ཡིན་པ་སྟེ། དེ་ནི་གང་ཟག་སྐལ་བ་དང་ལྡན་པ་ཞེས་བྱའོ། །དེ་ལ་གང་ཟག་དགེ་བའི་རྩ་བ་ཆུང་ངུ་དང་ལྡན་པ་གང་ཞེ་ན། ་རིགས་ལ་གནས་པ་དེས་དེ་བཞིན་གཤེགས་པས་གསུངས་པའི་ཆོས་འདུལ་བ་ལ། དང་པོར་དད་པ་དང། ལྟ་བ་སྤྱོད་པའི་བར་དག་ཐོབ་པར་གྱུར་པ་གང་ཡིན་པ་སྟེ། དེ་ནི་གང་ཟག་དགེ་བའི་རྩ་བ་ཆུང་ངུ་ལྡན་པ་ཞེས་བྱའོ། །དེ་ལ་གང་ཟག་དགེ་བའི་རྩ་བ ་འབྲིང་དང་ལྡན་པ་གང་ཞེ་ན། གང་ཟག་རིགས་ལ་གནས་པས་དེ་བཞིན་གཤེགས་པས་གསུངས་པའི་ཆོས་འདུལ་བ་ལ། དང་པོར་དད་པ་ཐོབ་ཅིང་ལྟ་བ་སྦྱངས་པའི་བར་དུ་ཡང་བྱས་ལ། དེའི་འོག་ཏུ་སྐྱེ་བ་གཅིག་གམ། གཉིས་སམ། རབ་ཏུ་མང་པོ ་དག་མངོན་པར་སྒྲུབ་པར་བྱེད་ཅིང། ཁྱད་པར་དུ་འགྲོ་བར་ཡང་བྱེད་ལ། གང་ལ་གནས་ན་ཡོངས་སུ་མྱ་ངན་ལས་འདའ་བ་དང། ཡང་དག་པ་ཉིད་དུ་ངེས་པ་ལ་འགྱུར་བའི་ཐ་མའི་ལུས་ཕྱི་མ་ནི་མ་ཐོབ་པ་གང་ཡིན་པ་སྟེ། དེ་ནི་གང་ཟག་དགེ་བའི་རྩ་བ་འབྲིང ་དང་ལྡན་པ་ཞེས་བྱའོ། །དེ་ལ་གང་ཟག་དགེ་བའི་རྩ་བ་ཆེན་པོ་དང་ལྡན་པ་གང་ཞེ་ན། གང་ཟག་ཁྱད་པར་དུ་འགྲོ་བ་དེ་ཉིད་ཀྱིས། གང་གི་ཚེ་གང་ལ་གནས་ན་ཡོངས་སུ་མྱ་ངན་ལས་འདའ་བ་དང། ཡང་དག་པ་དེ་ཉིད་དུ་ངེས་པ་ལ་འཇུག་པར་འགྱུར ་བའི་ཐ་མའི་ལུས་ཕྱི་མ་ཐོབ་པར་འགྱུར་བ་གང་ཡིན་པ་སྟེ། དེ་ནི་དགེ་བའི་རྩ་བ་ཆེན་པོ་དང་ལྡན་པ་ཞེས་བྱའོ། །དེ་ལ་གང་ཟག་མཐར་ཐུགས་པའི་སྦྱོར་བ་ལ་གནས་པ་གང་ཞེ་ན། གང་ཟག་གང་ལ་གནས་ན་ཡོངས་སུ་མྱ་ངན་ལས་འདའ་བ་དང། ་ཡང་དག་པ་ཉིད་དུ་ངས་པ་ལ་འཇུག་པར་འགྱུར་བའི་ཐ་མའི་ལུས་ཕྱི་མ་ཐོབ་ཅིང། ཟག་པ་ཟད་པར་བྱ་བའི་ཕྱིར། ཡང་དག་པའི་གདམས་ངག་དང་རྗེས་སུ་བསྟན་པའི་དམ་པའི་ཆོས་ཉན་པ་ཡང་ཐོབ་ནས། ཡང་དག་པ་ཉིད་དུ་བརྩོན་པར་བྱེད་ལ། ད་དུང་རྣམ་པ་ཐམས ་ཅད་ཀྱི་ཐམས་ཅད་དུ་ཟག་པ་ཟད་པ་ནི་མཐོབ་ཅིང། མཐར་ཐུག་པར་ཡང་མི་འགྲོ་བ་གང་ཡིན་པ་སྟེ། དེ་ནི་གང་ཟག་མཐར་ཐུག་པའི་སྦྱོར་བ་ལ་གནས་པ་ཞེས་བྱའོ། །དེ་ལ་གང་ཟག་མཐར་ཐུག་པར་གྱུར་པ་གང་ཞེ་ན། འདི་ལྟ་སྟེ། ཟག་པ་ཟད་པར་བྱ་བའི ་ཕྱིར། ཇི་ལྟ་ཇི་ལྟར་ཡང་དག་པར་གདམས་ཤིང་རྗེས་སུ་བསྟན་པ་དེ་ལྟ་དེ་ལྟར་སྒྲུབ་པར་བྱེད་ཅིང། རྣམ་པ་ཐམས་ཅད་ཀྱི་ཐམས་ཅད་དུ་ཟག་པ་ཟད་པ་ཡང་ཐོབ་ལ། བྱ་བ་བྱས་ཤིང་མཆོག་ཏུ་བསིལ་བའི་དངོས་པོ་ཐོབ་པར་གྱུར་པ་གང་ཡིན་པ་སྟེ། དེ་ནི་གང་ཟག ་མཐར་ཐུག་པར་གྱུར་པ་ཞེས་བྱའོ། །དེ་ལ་གང་ཟག་སྐལ་བ་དང་ལྡན་པའི་རང་བཞིན་ཅན་ནི་རིགས་ལ་བརྟེན་ཅིང་གནས་ནས། དགེ་བའི་རྩ་བ་ཆུང་ངུ་དག་ཐོབ་ཅིང་ཞུགས་པར་ཡང་འགྱུར་རོ། །དེ་ཞུགས་པར་གྱུར་ནས། དགེ་བའི་རྩ་བ་ཆུང་ངུ་དག་ལ་བརྟེན ་ཅིང་གནས་ནས། དགེ་བའི་རྩ་བ་འབྲིང་དག་ཐོབ་ཅིང་དེ་དག་གིས་ཀྱང་བདག་ཉིད་ཡོངས་སུ་སྨིན་པར་བྱེད་དོ། །དེ་དེ་ལྟར་ཡོངས་སུ་སྨིན་པར་བྱེད་པ་ན། དགེ་བའི་རྩ་བ་འབྲིང་དག་ལ་བརྟེན་ཅིང་གནས་ནས། དགེ་བའི་རྩ་བ་ཆེན་པོ་དག་འཐོབ་ཅིང་ཡོངས་སུ ་སྨིན་པར་ཡང་འགྱུར་རོ། །དེ་དགེ་བའི་རྩ་བ་ཆེན་པོ་དག་གི་རྒྱུས་ཡང་དག་པར་བསྒྲུབས་པའི་ལུས་ཐོབ་པ་ནས། གང་གི་ཚེ་ཚོགས་ཡང་དག་པར་སྒྲུབ་པར་བྱེད་ཅིང། སེམས་རྩེ་གཅིག་པ་ཉིད་ལ་ཡང་རེག་པར་བྱེད་ལ། ཡང་དག་པ་ཉིད་དུ་དེས་པ་ལ་འཇུག ་པར་བྱེད་དེ། རྒྱུན་དུ་ཞུགས་པའི་འབྲས་བུ་འམ། ལན་ཅིག་ཕྱིར་འོང་བའི་འབྲས་བུ་འམ། ཕྱིར་མི་འོང་བའི་འབྲས་བུ་མངོན་སུམ་དུ་བྱེད་ལ། འབྲས་བུའི་མཆོག་དགྲ་བཅོམ་པ་ཉིད་ནི་མངོན་སུམ་དུ་མི་བྱེད་པ་དེའི་ཚེ་ན་ནི། མཐར་ཐུག་པའི་སྦྱོར་བ་ལ་གནས ་པ་ཞེས་བྱའོ། །གང་གི་ཚེ་ཉོན་མོངས་པ་ཐམས་ཅད་སྤངས་པའི་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱེད་པ་དེའི་ཚེ་ན་ནི་མཐར་ཐུག་པར་གྱུར་པ་ཡིན་ནོ། །གང་ཟག་རྣམ་པར་གཞག་པ་དྲུག་པོ་དེ་དག་གིས་ནི་ཉན་ཐོས་ཀྱི་སྤྱོད་པ ་ཐམས་ཅད་ཀྱི་དང་པོ་དང། དབུས་དང། ཐ་མ་དེ་དག་བསྟན་ཏེ། དེ་ལ་རིགས་ཀྱིས་ནི་ཉན་ཐོས་ཀྱི་སྤྱོད་པ་དང་པོ་བསྟན་ཏོ། །མཐར་ཐུག་པར་གྱུར་པས་ནི་མཐར་བསྟན་ཏོ། །དེ་ལས་གཞན་པ་དག་གིས་ནི་དབུས་བསྟན་ཏོ། །དེ་ལ་ཅི་ཞུགས་པའི་གང ་ཟག་ཐམས་ཅད་ཀྱི་ཡོངས་སུ་མྱ་ངན་ལས་འདའ་བ་དུས་ཀྱི་ཚད་དེས་ཤིང་མཉམ་པ་ཡིན་ནམ། འོན་ཏེ་ཐམས་ཅད་ཀྱི་ཡོངས་སུ་མྱ་ངན་ལས་འདའ་བའ་ཨི་དུས་ཀྱི་ཚད་མ་ངེས་ཤིང་མི་མཉམ་པ་ཡིན་ཞེ་ན། སྨྲས་པ་དེ་དག་ཐམས་ཅད་ཀྱི་ཡོངས་སུ་མྱ་ངན ་ལས་འདའ་པའི་དུས་ཀྱི་ཚད་ངེས་པ་ཡང་མ་ཡིན་ལ་མཉམ་པ་ཡང་མ་ཡིན་ནོ། །འོན་ཀྱང་དེ་དག་ནི་ཇི་ལྟར་རིགས་དང། རྐྱེན་ཇི་ལྟར་རྙེད་པས་ཡོངས་སུ་མྱ་ངན་ལས་འདའ་བར་རིགས་པར་བྱ་སྟེ། ཁ་ཅིག་ནི་ཡུན་རིང་པོས་ཡོངས་སུ་མྱ་ངན་ལས་འདའ་། ་བར་འགྱུར་རོ། །ཁ་ཅིག་ཧ་ཅང་ཡུན་རིང་པོ་མ་ཡིན་པས་སོ། །ཁ་ཅིག་ནི་མྱུར་བ་ཁོ་ནས་སོ། །དེ་ལྟར་མོད་ཀྱི་རིགས་ལ་གནས་པའི་གང་ཟག་ཐམས་ཅད་པས། མྱུར་བར་ཡོངས་སུ་མྱ་ངན་ལས་འདའ་བར་བྱེད་པ་གང་ཡིན་པ་དེ་ཡང། གདོན་མི་ཟ ་བར་སྐྱེ་བ་གསུམ་མངོན་པར་སྒྲུབ་པར་བྱེད་དེ། སྐྱེ་བ་གཅིག་ལ་ནི་འཇུག་པར་བྱེད་དེ། །གཅིག་ལ་ནི་ཡོངས་སུ་སྨིན་པར་བྱེད་དོ། །གཅིག་ལ་ནི་ཡོངས་སུ་སྨིན་པར་གྱུར་པ་ཡིན་ཏེ། དེ་ཉིད་ལས་ཡོངས་སུ་མྱ་ངན་ལས་འདའ་བར་བྱེད་དོ། །གལ་ཏེ ་ཡོངས་སུ་མྱ་ངན་ལས་མི་འདའ་ན་ནི། དེ་གདོན་མི་ཟ་བར་སློབ་པས་འཆི་བའི་དུས་བྱེད་པར་འགྱུར་ཞིང། དེ་ལྟར་ཐོགས?་ན་ཡང་སྲིད་པ་བདུན་ལས་ལྷག་པ་མངོན་པར་སྒྲུབ་པར་ནི་མི་བྱེད་དོ། དེ་ནི་འཇུག་པའི་རྣམ་པར་བཞག་པ་ཞེས་བྱའོ། །ཞུགས་པ ་གང་གི་རྟགས་རྣམས་གང་ཞེ་ན། འདི་ལ་རིགས་ལ་གནས་པའི་གང་ཟག་ནི་ཞུགས་པ་ཁོ་ན་ཙམ་གྱིས་གང་གི་ཚེ། ཚེ་གཞན་དུ་འཕོས་ཤིང་རང་གི་སྟོན་པ་དང། ཆོས་འདུལ་བ་དག་བརྗེད་པར་གྱུར་ཀྱང། ཉེས་པར་བཤད་པ་དང། ལེགས་པར་གསུངས་པའི་ཆོས་འདུལ་བ ་དག་ཡོད་ཅིང་མེད་པ་མ་ཡིན་ལ། ཉེས་པར་བཤད་པའི་ཆོས་འདུལ་བའི་བསྔགས་པ་དང། བསྟོད་པ་དང། ཕན་ཡོན་དག་རྣམ་གྲངས་སུ་དུ་མར་ཐོས་ཀྱང། དེ་ལ་འཇུག་པར་མི་བྱེད་ཅིང་རབ་ཏུ་འབྱུང་བར་མི་བྱེད་དོ། །ཞུགས་ཤིང་རབ་ཏུ་བྱུང་ན་ཡང། ་དཔེར་ན་སྦྲང་རྩི་ལས་སྐྱེས་པའི་སྲོག་ཆགས་ཚར་བཅུག་པའམ། འདོད་པ་ལ་ལོངས་སྤྱོད་པར་བྱེད་པ་ལྗོན?་ལྗིན་གྱི་རྫབ་ཏུ་བཅུག་པ་བཞིན་དུ། དེ་ཡང་འདི་ལྟ་སྟེ། སྔོན་གྱི་རྒྱུའི་སྟོབས་བསྐྱེད་པ་ཁོ་ནས་དེ་ལ་རང་བཞིན་གྱིས་མི་དགའ་བཞིན་དུ་གནས་ཤིང་མྱུར ་བ་མྱུར་བ་ཁོ་ནར་ཕྱིར་ལྡོག་པར་འགྱུར་རོ། །ལེགས་པར་གསུངས་པའི་ཆོས་འདུལ་བའི་བསྔགས་པ་དང། བསྟོད་པ་དང། ཕན་ཡོན་ཅུང་ཟད་ཙམ་དང་ངན་དོན་ཙམ་དག་མཉན་ཀྱང་རུང་མ་མཉན་ཀྱང་རུང། ཐོས་ཀྱང་རུང་མ་ཐོས་ཀྱང་རུང་སྟེ། མྱུར་བ་མྱུར་བ་ཁོ ་ནར་དེ་ལ་འཇུག་ཅིང། རབ་ཏུ་འབྱུང་ལ་དེ་ལྟར་ཞུགས་ཤིང་རབ་ཏུ་བྱུང་ནས་ཀྱང། དཔེར་ན་སྦྲང་རྩི་ལ་སྐྱེས་པའི་སྲོག་ཆགས་སྦྲང་རྩིར་བཅུག་པ་འམ། འདོད་པ་ལ་ལོངས་སྤྱོད་པར་བྱེད་པ་འདོད་པའི་སྤྱོད་པ་གྱ་ནོམ་པ་དག་ལ་བཀོད་པ་བཞིན་དུ། དེ་ཡང་འདི་ལྟ་སྟེ། ་སྔོན་གྱི་རྒྱུའི་སྟོབས་བསྐྱེད་པ་ཁོ་ནས། དེ་ལ་རང་བཞིན་གྱིས་དགའ་བ་བཞིན་དུ་གནས་ཤིང། ཕྱིར་ལྡོག་པར་མི་འགྱུར་ཏེ། དེ་ནི་ཞུགས་པའི་གང་ཟག་གི་རྟགས་དང་པོ་ཡིན་ནོ། །གཞན་ཡང་ཞུགས་པའི་གང་ཟག་ནི། རེ་ཞིག་ངན་སོང་དང་མི་ཁོམ་པར་འགྲོ་བར་འགྱུར་བའི་ཉོན ་མོངས་པ་རྣམས་དང་བྲལ་བ་མ་ཡིན་ན་ཡང། མི་ཁོམ་པ་རྣམས་སུ་སྐྱེ་བར་མི་འགྱུར་ཏེ། བཅོམ་ལྡན་འདས་ཀྱིས་ཞུགས་པའི་གང་ཟག་ལ་དགོངས་ནས། གང་ལ་འཇིག་རྟེན་ཡང་དག་ལྟ། །ཆེན་པོ་ཡོད་པར་གྱུར་པ་དེ། །ཚེ་རབས་སྟོང་ཕྲག་རྣམས་སུ་ཡང། །ངན་འགྲོར་འགྲོ་བར་མི ་འགྱུར་རོ། ཞེས་གསུངས་པ་ལྟ་བུའོ། །དེ་ཡང་གང་གི་ཚེ་ཡོངས་སུ་སྨིན་པར་འགྱུར་བའི་དགེ་བའི་ཆོས་ཆེན་པོ་དག་ལ་རིམ་གྱིས་ཞུགས་པར་གྱུར་པ་དེའི་ཚེ། མི་ཁོམ་པ་རྣམས་སུ་སྐྱེ་བར་མི་འགྱུར་བ་ལ་བྱའི། །གཞན་དག་ལ་ཞུགས་པ་ནི་མ་ཡིན་ཏེ། དེ་ནི་ཞུགས ་པའི་གང་ཟག་གི་རྟགས་གཉིས་པ་ཡིན་ནོ། །གཞན་ཡང་ཞུགས་པའི་གང་ཟག་ནི་སངས་རྒྱས་སམ། ཆོས་སམ། དགེ་འདུན་གྱི་ཡོན་ཏན་དག་ཐོས་སམ་དྲན་ནས་དགེ་བ་ངེས་པར་འབྱུང་བ་དང་ལྡན་པའི་དད་པ་རྒྱ་ཆེན་པོའི་སེམས་ཐོབ་པར་འགྱུར་ཞིང། དམིགས་པ ་དེས་ཡང་དང་ཡང་དུ་དད་པས་བརླན་པའི་སེམས་ཀྱིས་མཆི་མ་ཁྲུག་ཅེས་བྱེད་པ་དང། སྤུ་ཟིང་ཞེས་བྱེད་པ་འཐོབ་པར་འགྱུར་ཏེ། དེ་ནི་ཞུགས་པའི་གང་ཟག་གི་རྟགས་གསུམ་པ་ཡིན་ནོ། །གཞན་ཡང་ཞུགས་པའི་གང་ཟག་ནི། འདི་ལྟ་སྟེ། ཁ་ན་མ་ཐོ་བ་ཀུན་འབྱུང་བའི ་གནས་ཐམས་ཅད་ལ། རང་བཞིན་གྱིས་ངོ་ཚ་ཤེས་པ་དང། ཁྲེལ་ཡོད་པ་ཤས་ཆེན་པོ་དང་ལྡན་པ་ཡིན་ཏེ། དེ་ནི་ཞུགས་པའི་གང་ཟག་གི་རྟགས་བཞི་པ་ཡིན་ནོ། །གཞན་ཡང་ཞུགས་པའི་གང་ཟག་ནི། ལུང་ནོད་པ་དང། ཁ་ཏོན་བྱ་བ་དང། ཡོངས་སུ་ཞུ་བ་དང། རྣལ་འབྱོར་དུ ་བྱ་བ་དང། ཡིད་ལ་བྱ་བ་དག་ལ་འདུན་ཅིང་འདུན་པ་དྲག་པོ་དང་ལྡན་ལ། དགེ་བ་གང་ཡིན་ཞེས་ཚོལ་བར་བྱེད་དེ། དེ་ནི་ཞུགས་པའི་གང་ཟག་ལྔ་པ་ཡིན་ནོ། །གཞན་ཡང་ཞུགས་པའི་གང་ཟག་ནི་འདི་ལྟ་སྟེ། ཡང་དག་པར་སྒྲུབ་པའི་ཕྱིར། ལས་ཀྱི་མཛའ་ཁ་ན་མ་ཐོ་བ་མེད་པ་ཐམས ་ཅད་དང། དགེ་བའི་ཕྱོགས་ཀྱི་སྦྱོར་བ་ཡང་དག་པར་བླང་བ་ཐམས་ཅད་ལ། དམ་དུ་རྩོམ་པ་དང། བརྟན་པར་རྩོམ་པ་དང། ཤིན་ཏུ་ངེས་པར་རྩམ་པ་ཡིན་ཏེ། དེ་ནི་ཞུགས་པའི་གང་ཟག་གི་རྟགས་དྲུག་པ་ཡིན་ནོ། །གཞན་ཡང་ཞུགས་པའི་གང་ཟག་ནི་རང་བཞིན་གྱིས་འདོད་ཆགས ་ཆུང་བ་ཡིན་ཏེ། ཉོན་མོངས་པའི་ཀུན་ནས་དཀྲིས་པ་ཆུང་ངུ་ཆུང་ངུ་དག་འབྱུང་པར་འགྱུར་ཞིང་རྒྱུན་གནས་པར་མི་བྱེད་ལ། གཡོ་མེད་པ་དང། སྒྱུ་མེད་པ་དང། རྒྱགས་པ་དང། ང་རྒྱལ་དང། ངར་འཛིན་པ་དེས་པར་བཅོམ་པ་དང། ཡོན་ཏན་ལ་མངོན་པར་ཞུགས་པ་དང། སྐྱོན་ལ་སྡང ་བ་ཡིན་ཏེ། དེ་དག་ནི་ཞུགས་པའི་གང་ཟག་གི་རྟགས་བདུན་པ་ཡིན་ནོ། །གཞན་ཡང་ཞུགས་པའི་གང་ཟག་ནི་རྟོགས་པར་བྱ་བའི་གནས་རྒྱ་ཆེན་པོ་དག་ལ་སེམས་ཀུན་ཏུ་ཞུམ་པར་མི་འགྱུར་ཞིང། བདག་ཉིད་སྤ་བགོད?་བར་མི་བྱེད་ལ། མཐུ་མེད་པ་ལ་གནས་པར་མི་བྱེད་ཅིང་མོས་པ ་མང་བ་ཡིན་ཏེ། དེ་ནི་ཞུགས་པའི་གང་ཟག་གི་རྟགས་བརྒྱད་པ་ཡིན་ནོ། །ཞུགས་པའི་གང་ཟག་རྣམས་ཀྱི་རྟགས་ནི་དེ་ལྟ་བུ་དང་མཐུན་པ་མང་དུ་ཡོད་པར་རིག་པར་བྱ་སྟེ། དེ་དག་ལས་འདི་ནི་ཕྱོགས་ཙམ་ཞིག་བརྗོད་པ་ཡིན་ནོ། །རྟགས་དེ་དག་ཀྱང་ཞུགས་པའི་གང་ཟག་དགེ ་བའི་རྩ་བ་ཆུང་ངུ་ལ་གནས་པ་དག་གི་ནི་བར་དུ་འཆད་པ་དང། རྒྱུན་ཆགས་པ་མ་ཡིན་པ་དང། རྣམ་པར་མ་དག་པ་སྟེ་ཆུང་བ་ཡིན་ནོ། །དགེ་བའི་རྩ་བ་འབྲིང་ལ་གནས་པ་དགྲ?་གི་ནི་འབྲིང་ཡིན་ནོ། །དགེ་བའི་རྩ་བ་ཆེན་པོ་ལ་གནས་པ་དག་གི་བར་དུ་ཆད་པ་མེད་པ་དང། རྒྱུན ་ཆགས་པ་དང། རྣམ་པར་དག་པ་སྟེ། ཆེ་བ་ཡིན་ནོ། །དེ་དག་ནི་ཞུགས་པའི་གང་ཟག་གི་རྟགས་རྣམས་ཡིན་ཏེ། ཞུགས་པའི་རྟགས་དེ་དག་དང་ལྡན་ན་ཞུགས་པ་ཞེས་བྱ་བའི་གྲངས་སུ་འགྲོ་བ་ཡིན་ནོ་།རིགས་ལ་གནས་པ་དང་ཞུགས་པའི་གང་ཟག་རྣམས་ཀྱི་རྟགས་དེ་དག་ནི ་རྗེས་སུ་དཔག་པར་བྱ་བ་ཡིན་པར་རིག་པར་བྱའོ། །སྐྱོབ་པ་སངས་རྒྱས་བཅོམ་ལྡན་འདས་རྣམས་དང། ཉན་ཐོས་དམ་པའི་ཕ་རོལ་ཏུ་སོན་པ་རྣམས་ཀྱིས་ནི་དེ་དག་ལ་ཡེ་ཤེས་དང་གཟིགས་པ་རྣམ་པར་དག་པས་འདི་ལྟ་སྟེ། རིགས་དང་ཞུགས་པ་དག་།མངོན་སུམ་དུ ་གཟིགས་སོ་།ཞུགས་པའི་གང་ཟག་རྣམས་གང་ཞེ་ན། ཞུགས་པའི་གང་ཟག་ཞུགས་པ་ཁོ་ན་ཡིན་ལ། ཡོངས་སུ་སྨིན་པར་བྱེད་པ་ཡང་མ་ཡིན། ཡོངས་སུ་སྨིན་པར་ཡང་མ་ཡིན། ངེས་པར་བྱུང་བ་མ་ཡིན་པ་ཡང་ཡོད་དོ་།ཡོངས་སུ་སྨིན་པར་བྱེད་པ་ཡིན་ལ། ཡོངས་སུ་སྨིན་པ་ཡང ་མ་ཡིན། ངེས་པར་བྱུང་བ་མ་ཡིན་པ་ཡང་ཡོད་དོ། ཡོངས་སུ་སྨིན་པ་ཡང་ཡིན་ལ། ངེས་པར་བྱུང་བ་མ་ཡིན་པ་ཡང་ཡོད་དོ། །ངེས་པར་བྱུང་བ་ཡང་ཡོད་དེ། དེ་དག་གི་རྣམ་པར་དབྱེ་བ་ནི་སྔ་མ་བཞིན་དུ་རིག་པར་བྱའོ། །གང་དག་དེ་དག་ལས་གཞན་པ་གང་ཟག་དབང་པོ་བརྟུལ་པོ་ལ་སོགས་པའི་དབྱེ་བ ་རིགས་ཀྱི་སའི་སྐབས་སུ་བསྟན་པ་དེ་དག་ཀྱང་འདིར་ཅི་རིགས་སུ་རིགས་པར་བྱའོ། །དེ་ལ་འཇུག་པའི་རང་བཞིན་གང་ཡིན་པ་དེ་དང། རྣམ་པར་གཞག་པ་གང་ཡིན་པ་དེ་དང། ཞུགས་པའི་གང་ཟག་གི་རྟགས་གང་དག་ཡིན་པ་དེ་དག་དང། ཞུགས ་པའི་གང་ཟག་དག་ཡིན་པ་དེ་དག་ཐམས་ཅད་གཅིག་ཏུ་བསྡུས་པ་ནི་འཇུག་པའི་ས་ཞེས་བྱའོ། །བར་གྱི་སྡོམ་ནི། རང་བཞིན་དང་ནི་དེ་རྣམ་གཞག་།རྟགས་རྣམས་དང་ནི་གང་ཟག་དག་།དེ་དག་ཐམས་ཅད་མདོར་བསྡུས་ཏེ། །འཇུག་པའི་སར་ནི་ཤེས་པར་བྱ།། ་ཉན་ཐོས་ཀྱིས་ལས་འཇུག་པའི་ས་རྫོགས་སོ།། །།དེ་ལ་ངེས་པར་འབྱུང་བའི་ས་གང་ཞེ་ན། སྨྲས་པ། འཇིག་རྟེན་པའི་ལམ་གྱིས་འདོད་ཆགས་དང་བྲལ་བར་འགྱུར་བ་གང་ཡིན་པ་དང། འཇིག་རྟེན་ལས་འདས་པའི་ལམ་གྱིས་འདོད་ཆགས་དང་བྲལ་བར ་འགྱུར་བ་གང་ཡིན་པ་དང། དེ་དག་ཉིད་ཀྱི་ཚོགས་གང་ཡིན་པ་དེ་དག་གཅིག་ཏུ་བསྡུས་པའི་ངེས་པར་འབྱུང་བའི་ས་ཞེས་བྱའོ། །དེ་ལ་འཇིག་རྟེན་པའི་ལམ་གྱིས་འདོད་ཆགས་དང་བྲལ་བར་འགྱུར་བ་གང་ཞེ་ན། འདི་ལྟར་འདི་ན་ལ་ལ་འདོད་པའི་ཁམས་ལ་རགས་པར ་ལྟ་ཞིང་སྙོམས་པར་འཇུག་པ་དང་སྐྱེ་བ་ཡོད་ལ། དབེན་པ་ལས་སྐྱེས་པའི་དགའ་བ་དང། བདེ་བ་ཅན་གྱི་བསམ་གཏན་དང་པོ་ལ་ནི་ཞི་བར་ལྟའོ། །དེ་དེ་ལྟར་ལྟ་ཞིང་དེ་ལ་ལན་མང་དུ་གནས་པ་ན་འདོད་པ་ལ་འདོད་ཆགས་དང་བྲལ་བ་ཐོབ་ཅིང། བསམ་གཏན་དང་པོ་ལ ་ཡང་སྙོམས་པར་འཇུག་བར་འགྱུར་རོ། དེ་བཞིན་དུ་བསམ་གཏན་དང་པོའི་གོང་མ་དག་ནས། ས་འོག་མ་ཐམས་ཅད་ལ་རགས་པར་ལྟ་ཞིང་ས་གོང་མ་ཐམས་ཅད་ལ་ཞི་བར་ལྟའོ། །དེ་དེ་ལྟར་ལྟ་ཞིང་དེ་དག་ལ་ལན་མང་དུ་གནས་པ་ནི་ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་བར་གྱི ་འདོད་ཆགས་དང་བྲལ་བ་འཐེབ་ཅིང། འདུ་ཤེས་མེད་མིན་སྐྱེ་མཆེད་ལ་ཡང་སྙོམས་པར་ཞུགས་པ་སྟེ། དེ་ནི་འཇིག་རྟེན་པའི་ལམ་གྱིས་འདོད་ཆགས་དང་བྲལ་བར་འགྱུར་བ་ཞེས་བྱ་སྟེ། དེ་ལས་གདོན་ཡང་མེད་ལ་དེ་ལས་ལྷག་པ་ཡང་མེད་དོ། །དེ་ལ་འཇིག་རྟེན་ལས ་འདས་པའི་ལམ་གྱི་འདོད་ཆགས་དང་བྲལ་བར་འགྱུར་བ་གང་ཞེ་ན། འདི་ལྟར་འདི་ན་སྐྱེས་བུ་དམ་པ་རྣམས་མཐོང་བ། འཕགས་པའི་ཆོས་རྣམས་ལ་མཁས་པ། འཕགས་པའི་ཆོས་རྣམས་བཟོ་བ་ལ་ལ་སྡུག་བསྔལ་ལ་སྡུག་བསྔལ་བ་དང། ཀུན་འབྱུང་བ་ཀུན་འབྱུང ་བ་དང། འགོག་པ་ལ་འགོག་པ་དང། ལམ་ལ་ལམ་དུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཤིང་སློབ་པའི་ཡེ་ཤེས་དང་མཐོང་པ་དང་ལྡན་པར་གྱུར་ན། དེའི་གོང་དུ་ལམ་སྒོམ་པར་བྱེད་པ་ན། ཁམས་གསུམ་པོའི་མཐོང་བ་དང། བསྒོམ་པས་སྤང་བར་བྱ་བའི་ཆོས་རྣམས ་ལས་བདག་ཉིད་འབྲལ་བར་བྱེད། རྣམ་པར་གྲོལ་བར་བྱེད་ཅིང། དེ་ལྟར་དེ་ཁམས་གསུམ་པ་ལས་ཡང་དག་པར་འདའ་བར་འགྱུར་བ་སྟེ། དེ་ནི་འཇིག་རྟེན་ལས་འདས་པའི་ལམ་གྱིས་འདོད་ཆགས་དང་བྲལ་བར་འགྱུར་བ་ཞེས་བྱའོ། །དེ་དག་ཉིད་ཀྱིས་ཚོགས་གང་ཞེ་ན། འདི ་ལྟ་སྟེ། བདག་གི་འབྱོར་པ་དང། གཞན་གྱི་འབྱོར་པ་དང། དགེ་བའི་ཆོས་ལ་འདུན་པ་དང། ཚུལ་ཁྲིམས་ཀྱི་སྡོམ་པ་དང། དབང་པོའི་སྡོམ་པ་དང། ཟས་ཀྱི་ཆོད་རིག་པ་ཉིད་དང། ནམ་གྱི་ཆ་སྟོད་དང། ནམ་གྱི་ཆ་སྨན་ལ་མི་ཉལ་བར་སྦྱོར་བའི་རྗེས་སུ་བརྩོན་པ་ཉིད་དང། ཤེས ་བཞིན་དུ་སྤྱོད་པ་ཉིད་དང། དགེ་བའི་བཤེས་གཉེན་དང། དམ་པའི་ཆོས་ཉན་པ་དང། སེམས་པ་དང་བར་ཆད་མེད་པ་དང། གཏོང་བ་སྤེལ་བ་དང། དགེ་སྦྱོང་གི་རྒྱན་གང་ཡིན་པ་སྟེ། ཆོས་དེ་དག་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལམ་གྱིས་འདོད་ཆགས་དང་བྲལ ་བར་འགྱུར་བའི་ཚོགས་ཞེས་བྱའོ། །དེ་ལ་བདག་གི་འབྱོར་པ་དང། གཞན་གྱི་འབྱོར་པ་དང། དགེ་བའི་ཆོས་ལ་འདུན་བ་གང་ཡིན་པ་དེ་དག་གི་རྣམ་པར་དབྱེ་བ་ནི་སྔར་ས་བོན་ཡང་དག་པར་འགྲུབ་པའི་རྐྱེན་དམན་པ་བཤད་པའི་སྐབས་སུ་བསྟན་པ་བཞིན་དུ་རིག་པར་བྱའོ། །དེ་ལ་ཚུལ ་ཁྲིམས་ཀྱི་སྡོམ་པ་གང་ཞེ་ན། འདི་ལྟར་འདི་ན་ལ་ལ་ཚུལ་ཁྲིམས་དང་ལྡན་པར་གནས་པ་དང། སོ་སོར་ཐར་པའི་སྡོམ་པས་བསྡམས་པ་དང། ཆོག་ཕུན་སུམ་ཚོགས་པ་དང། སྤྱོད་ཡུལ་ཕུན་སུམ་ཚོགས་པ་དང། ཁ་ན་མ་ཐོ་བ་ཕྲར?་བ་ཙམ་དག་ལ་ཕར་འཇིགས་པར་ལྟ་བ་དང། ་བསླབ་པའི་གཞི་རྣམས་ཡང་དག་པར་བླངས་ཤིང་སློབ་པར་བྱེད་པ་ཡིན་ནོ། །དེ་ལ་ཇི་ལྟར་ན་ཚུལ་ཁྲིམས་དང་ལྡན་པར་གནས་པ་ཡིན་ཞེ་ན། བསླབ་པའི་གཞི་ཇི་ལྟར་ཡང་དག་པར་བླངས་པ་དག་ལ། ལུས་ཀྱི་ལས་ཀྱི་མཛའ་མ་ལོག་པ་དང། དག་གི་ལས ་ཀྱི་མཛའ་མ་ལོག་པར་གྱུར་ཅིང། མ་ཉམས་པར་བྱེད་པ་དང། སྐྱོན་མེད་པར་བྱེད་པ་ཡིན་ཏེ། དེ་ལྟར་ན་ཚུལ་ཁྲིམས་དང་ལྡན་པར་གནས་པ་ཡིན་ནོ། །ཇི་ལྟར་ན་སོ་སོར་ཐར་བའི་སྡོམ་པས་བསྡམས་པ་ཡིན་ཏེ། སྡེ་ཚན་བདུན་པོ་དག་གི་ཚུལ་ཁྲིམས་ནི་སོ་སོར་ཐར་པའི ་སྡོམ་པ་ཞེས་བྱ་སྟེ། སྡེ་ཚན་དེ་དག་གི་བྱེ་བྲག་ལས་སྡོམ་པ་ཡང་མང་པོར་གྱུར་པ་ཡིན་ནོ། །སྐབས་འདིར་ནི་དགེ་སློང་གི་སྡོམ་པ་ལ་བརྟེན་ནས། སོ་སོར་ཐར་པའི་སྡོམ་པས་བསྡམས་པ་ཞེས་བྱའོ། །ཇི་ལྟར་ན་ཆོ་ག་ཕུན་སུམ་ཚོགས་པ་ཡིན་ཞེ་ན། འདི་ལྟ་སྟེ་སྤྱོད ་ལམ་མམ། འཕྲལ་གྱི་བྱ་བ་འམ། དགེ་བའི་ཕྱོགས་ཀྱི་སྦྱོར་བ་ལ་བརྟན་ནས། འཇིག་རྟེན་དང་རྗེས་སུ་མཐུན་ཞིང་འཇིག་རྟེན་དང་མི་འགལ་བ་དང། འདུལ་བ་དང། རྗེས་སུ་མཐུན་ཤིང་འདུལ་བ་དང་མི་འགལ་བའི་ཆོ་ག་དང་ལྡན་པ་ཡིན་ནོ། །དེ་ལ་ཇི་ལྟར་ན་སྦྱོད་ལམ ་ལས་བརྟེན་པའི་ཆོ་ག་འཇིག་རྟེན་དང་མི་འགལ་ཞིང་འདུལ་བ་དང་མི་འགལ་བ་ཡིན་ཞེ་ན། འདི་ལྟ་སྟེ་གང་དུ་བཅག་པར་བྱ་བ་དང། ཇི་ལྟར་བཅག་པར་བྱ་བ་དེར། གང་གིས་འཇིག་རྟེན་གྱི་དམ་པ་རྣམས་དང། ཡང་དག་པར་སོང་བ་རྣམས་དང། སྐྱེས་བུ་རྣམས ་ཀྱིས་སྨད་པར་མི་འགྱུར་བ་དང། ཆོས་མཐུན་པ་རྣམས་དང། འདུལ་བ་འཛིན་པ་རྣམས་དང་འདུལ་བ་ལ་བསླབ་པ་རྣམས་ཀྱིས་སྨད་ཅིང་བཤུང?་བར་མི་འགྱུར་བ་དེ་ལྟར་འཆག་པར་བྱེད་པ་སྟེ། འཆག་པ་ཇི་ལྟ་བ་བཞིན་དུ་འགྲེང?་བ་དང། འདུག་པ ་དང། ཉལ་བ་རྣམས་ཀྱང་དེ་བཞིན་དུ་རིག་པར་བྱའོ། །དེ་ལ་ཇི་ལྟར་ན་ཕྲལ་གྱི་བྱ་བ་ལས་བརྟེན་པའི་ཆོ་ག་འཇིག་རྟེན་དང་མི་འགལ་ཞིང་འདུལ་བ་དང་མི་འགལ་པ་ཡིན་ཞེ་ན། འཕྲལ་གྱི་བྱ་བ་ཞེས་བྱ་བ་ནི་ཆོས་གོས་བགོ་བ་དང། བཤད་པ་དང། གཅི་བ ་དང། ཆུ་འཐུང་བ་དང། སོ་ཤིང་ཟ་བ་དང། གྲོང་དུ་འཇུག་པ་དང། བསོད་སྙོམས་བསྒྲུབ་པ་དང། བཟའ་བ་དང། ལྷུང་བཟེད་བཀྲུ་ཞིང་བཞག་པ་དང། རྐང་པ་བཀྱུ་བ་དང། མལ་དང། སྟན་བཤམ་པ་དང། དེ་དག་ཉིང་བསྡུ་བ་དང་ལྷུང་བཟེད་ཀྱི་ལས་དང། ཆོས་གོས་ཀྱི་ལས་དང། ་ཅུང་ཟད་དེ་ལྟ་བུ་དང་མཐུན་པ་ཡིན་པ་རྣམས་ནི་འཕྲལ་གྱི་བྱ་བ་ཞེས་བྱ་སྟེ། དེ་དག་ཀྱང་ཇི་ལྟར་རིག་པ་དང། གང་དུ་བྱ་བ་དང། ཇི་ལྟར་བྱ་བ་དང་གང་གིས་འཇིག་རྟེན་རྟེན་པ་རྣམས་དང་རྩོད་པར་མི་འགྱུར་ཞིང་སྨད་པར་མི་འགྱུར་བ་དང། འདུལ་བ་འཛིན་པ་རྣམས་དང་འདུལ་བ་ལ ་བསླབ་པ་རྣམས་ཀྱིས་སྨད་པར་མི་འགྱུར་བ་དང། དམ་པ་རྣམས་དང། ཡང་དག་པར་སོང་བ་རྣམས་དང། ཆོས་མཐུན་པ་རྣམས་ཀྱིས་སྨད་པར་མི་འགྱུར་བ་དེ་ལྟར་བྱེད་པ་སྟེ། དེ་ལྟར་ན་ཕྲལ་གྱི་བྱ་ལས་བརྟེན་པའི་ཆོ་ག་འཇིག་རྟེན་དང་མི་འགལ་ཞིང་འདུལ་བ་དང་མི་འགལ་བ ་ཡིན་ནོ། །དེ་ལ་ཇི་ལྟར་ནི་དགེ་བའི་ཕྱོགས་ཀྱི་སྦྱོར་བ་ལས་བརྟེན་པའི་ཆོ་ག་འཇིག་རྟེན་དང་མི་འགལ་ཞིང་འདུལ་བ་དང་མི་འགལ་བ་ཡིན་ཞེ་ན། དགེ་བའི་ཕྱོགས་ཞེས་བྱ་བ་ནི་འདི་ལྟ་སྟེ། བཏོན་བྱ་བ་དང། བླ་མ་རྣམས་ལ་འདུད་པ་དང། ལྔར་བའི་ལས་བྱ་བ་དང། དེ་བཞིན ་གཅིག་ལ་གཅིག་རྗེས་སུ་སྙིང་བརྩེ་བའི་སེམས་ཉེ་བར་བཞག་སྟེ་ནག་གཡོག་བྱ་བ་དང། འདུན་པ་སྦྱིན་པ་དང། ལུང་འབོགས་པ་དང། རབ་ཏུ་སྦྱོར་བ་དང། ཡོངས་སུ་ཞུ་བ་དང། ཆོས་མཉན་པ་དང། ཚངས་པ་མཚུངས་པར་སྤྱོད་པ་མཁས་པ་རྣམས་ལས་མཁས་ཤིང་ལེ་ལོ ་མེད་པ་རྣམས་ལ་ལུས་ཀྱི་ཞལ་ཏ་བྱ་བ་དང། གཞན་དག་ཀྱང་དགེ་བའི་ཕྱོགས་ཡང་དག་པར་འཛིན་དུ་འཇུག་པ་དང། ཆོས་བསྟན་པ་དང། ནང་དུ་ཡང་དག་འཇོག་པ་དང། འཇུག་པ་དང་སྐྱིལ་མོ་ཀྲུང་བཅའ་བ་དང། འདུག་པ་དང་གཞན་ཡང་དེ་ལྟ་བུ་དང་མཐུན་པའི་ཆོས་གང་ཡིན་པ་དེ་ནི ་དགེ་བའི་ཕྱོགས་ཀྱི་སྦྱར་བ་ཞེས་བྱ་སྟེ། དེ་དག་དགེ་བའི་ཕྱོགས་ཀྱི་སྦྱོར་བ་ཇི་སྐད་སྨོས་པ་དེ་དག་ཅི་རིགས་པར་གང་དུ་བྱ་བ་དང་ཇི་ལྟར་བྱ་བ་དེར་གང་གིས་འཇིག་རྟེན་པ་རྣམས་དང། འདུལ་བ་འཛིན་པ་རྣམས་དང། འདུལ་བ་ལ་བསླབས་པ་རྣམས་དང། དམ་པ་རྣམས་དང། ཡང་དག་པར་སོང ་རྣམས་དང། སྐྱེས་བུ་དམ་པ་རྣམས་དང། ཆོས་མཐུན་པ་རྣམས་དང། མི་རྩོད་ཅིང་སྨད་པར་མི་འགྱུར་བ་དེ་ལྟར་བྱེད་པ་སྟེ། དེ་ནི་དགེ་པའི་ཕྱོགས་ཀྱི་སྦྱོར་བ་ལ་བརྟེན་པའི་ཆོ་ག་འཇིག་རྟེན་དང་མི་འགལ་ཞིང་འདུལ་བ་དང་མི་འགལ་བ་ཞེས་བྱའོ།། ་ཆོ་གའི་རྣམ་པ་དེ་ལྟ་བུ་དག་དང་ལྡན་པ་གང་ཡིན་པ་དེ་ནི་ཆོ་ག་ཕུན་སུམ་ཚོགས་པ་ཞེས་བྱ་སྟེ། དེ་ལྟར་ན་ཆོ་ག་ཕུན་སུམ་ཚོགས་པ་ཡིན་ནོ། །ཇི་ལྟར་ན་སྦྱོང་ལམ་ཕུན་སུམ་ཚོགས་པ་ཡིན་ཞེ་ན། དགེ་སློང་གི་སྦྱོད་ཡུལ་མ་ཡིན་པ་ནི་ལྔ་སྟེ། ལྔ་གང་ཞེ་ན། འདི ་ལྟ་སྟེ། ཤེན་པའི་གནས་དང། སྨད་འཚོང་མའི་གནས་དང། ཆང་འཚོང་གི་གནས་དང། རྒྱལ་པོའི་ཕོ་བྲང་དང། ལྔ་པ་གདོལ་བའི་ཁྱིམ་ཁོ་ན་སྟེ། དེ་བཞིན་གཤེགས་པ་སྨད་པ་སྤྱོད་ཡུལ་མ་ཡིན་པ་དེ་དག་སྤངས་ནས། སྤྱོད་ཡུལ་ཁ་ན་མ་ཐོ་བ་མེད་པ་གཞན་དག་ཏུ ་སྤྱོད་པར་བྱེད་ཅིང། དེར་ཡང་དུས་སུ་སྤྱོད་པར་བྱེད་པ་གང་ཡིན་པ་སྟེ། དེ་ལྟར་སྤྱོད་ཡུལ་ཕུན་སུམ་ཚོགས་པ་ཡིན་ནོ། །ཇི་ལྟར་ན་ཁ་ན་མ་ཐོ་བ་ཕྲ་རབ་ཙམ་དག་ལ་ཡང་འཇིགས་པར་ལྟ་བ་ཡིན་ཞེ་ན། ཁ་ན་མ་ཐོ་བ་ཕྲ་རབ་ཙམ་དག་ཅེས་བྱ་བ་ནི། བསླབ་པའི་གཞི་ཕྲ་བ ་དང་ཤིན་ཏུ་ཕྲ་བ་གང་དག་ལ་ལྟུང་བ་བྱུང་བ་དང། བསླང་པར་བྱ་བ་ཡོད་པ་དེ་དག་གི་ལྟུང་བ་འབྱུང་བ་གང་ཡིན་པ་དེ་ནི་ཁ་ན་མ་ཐོ་བ་ཕྲ་རབ་ཙམ་དག་ཅེས་བྱའོ། །ཡང་འདི་ལྟར་ལྟུང་བ་འབྱུང་བ་དེ་ལས་ཚེགས་ཆུན་ངུས་ལྡང་བར་འགྱུར་བས། དེའི་ཕྱིར་ཡང་དེ་ནི་ཁ ་ན་མ་ཐོ་བ་ཕྲ་རབ་ཙམ་ཞེས་བྱའོ། །དེ་ལ་ཇི་ལྟར་ན་འཇིགས་པར་ལྟ་བ་ཡིན་ཞེ་ན། བདག་ལྟུང་བ་བྱུང་བ་འདིའི་རྒྱུས་མ་ཐོབ་པ་ཐོབ་པར་བྱ་བ་དང། མ་རྟོགས་པ་རྟོགས་པར་བྱ་བ་དང། མངོན་སུམ་དུ་མ་བྱས་པ་མངོན་སུམ་དུ་བྱ་བའི་སྐལ་བ་མེད་པར་འགྱུར་བ་འམ། ་ངན་སོང་དུ་ཉེ་བར་འགྲོ་བའི་ངན་སོང་དུ་འགྲོ་བར་འགྱུར་པ་འམ། བདག་ལ་བདག་ཉིད་དམ། སྟོན་པ་འམ། ལྷ་རྣམས་ཀྱིས་སྨད་པར་འགྱུར་བའམ། ཚངས་པ་མཚུངས་པར་སྤྱོད་པ་མཁས་པ་མཁས་པ་རྣམས་ཀྱིས་ཆོས་ཉིད་ཀྱིས་སྨད་པར་འགྱུར་བ་འམ། ཕྱོགས་དང ་ཕྱོགས་མཚམས་རྣམས་སུ་བདག་སྡིག་པ་ཅན་གྱི་མི་སྙན་པ་བསྔགས་པ་མ་ཡིན་པའི་སྒྲའི་ཚོགས་གྲགས་པར་གྱུར་ན་མི་རུང་ངོ་སྙམ་ནས་དེ་དེའི་རྒྱུར་གྱུར་བ་ཚེ་འདི་དང་ཚེ་ཕྱི་མ་ལ་མི་འདོད་པར་འགྱུར་བའི་ཆོས་དེ་དག་ལ་འཇིགས་པར་ལྟ་ཞིང་དེས་ན་སོགས་གི་ཕྱིར་ཡང་བསླབ་པའི་གཞི་ཕྲ་བ ་དང་ཤིན་ཏུ་ཕྲ་བ་དེ་དག་ལ་བསམས་བཞིན་དུ་ལྟུང་བ་འབྱིན་པར་ཡང་མི་བྱེད་དོ། །བརྒྱ་ལ་བརྒྱ་ལམ་ན། བརྗེད་ངེས་པས་ལྟུང་བ་བྱུང་བ་གྱུར་ན་ཡང། མྱུར་བ་མྱུར་བ་ཁོ་ནར་ཆོས་བཞིན་དུ་ཕྱིར་བྱེད་ཅིང་སློང་བར་བྱེད་དེ། དེ་ལྟར་ན་ཁ་ན་མ་ཐོ་བ་ཕྲ་རབ་ཙམ་དག་ལ་ཡང་འཇིགས ་པར་ལྟ་བ་ཡིན་ནོ། །ཇི་ལྟར་ན་བསླབ་པའི་གཞི་རྣམས་ཡང་དག་པར་བླངས་ཤིང་སློབ་པར་བྱེད་པ་ཡིན་ཞེ་ན། སྨྲས་པ། དེས་སྔོན་སོ་སོར་ཐར་པའི་སྔོན་པ་ཡང་དག་པར་ལེན་པའི་ཚེ་གསལ་པ་དང་བཞིའི་ལས་ཀྱིས་བསྙེན?་པར་རྫོགས་པར་བྱེད་པ་ན། བསླབ་པའི་གཞི་ཁ་ཅིག་གི ་རང་བཞིན་ཐོས་ཤིང། དེ་ལས་གཞན་པ་བསླབ་པའི་གཞི་ལྷག་མ་སོ་སོར་ཐར་པའི་མདོ་ལས་གསུངས་པ་ཉིས་བརྒྱ་ལྔ་བཅུ་པོ་དག་ཀྱང། ཟླ་བ་ཕྱེད་ཕྱེད་ཅིང་སོ་སོར་ཐར་པའི་མདོ་འདོན་པའི་ཚེ། མཁན་པོ་འམ། སློབ་དཔོན་ནམ། གཏམ་འདྲེས་པའམ། ཕེབས་པར ་སྨྲ་བ་འམ། སྨོས་འདྲིན་ནམ། གྲོགས་བཤེས་པོ་དག་ལས་ཐོས་ནས། ཐམས་ཅད་ལ་བསླབ་པར་བྱའོ་ཞེས་དམ་བཅའ་བ་ཁོ་ནར་ཁས་བླངས་པས་དེའི་ཕྱིར། དེས་བསླབ་པའི་གཞི་ཐམས་ཅད་ཡང་དག་པར་བླངས་པའི་རྒྱུས་སོ་སོར་ཐར་པའི་སྡོམ་པ་ཐོབ་བོ། །དུས་དེ་ཕྱིན་ཆད ་ནི་བསླབ་པའི་གཞི་གང་དག་ལ་མཁས་པར་གྱུར་བ། དེ་དག་ལ་ནི་རེ་ཞིག་ལྟུང་བ་མི་འབྱུང་སྟེ། ལྟུང་བ་བྱུང་ན་ཆོས་བཞིན་དུ་ཕྱིར་བྱེད་དོ། །སྔོན་དམ་བཅས་པ་ཡང་དག་པར་བླངས་པས་ཡང་དག་པ་བླངས་པའི་བསླབ་པའི་གཞི་གང་དག་ལ་མི་མཁས་ཤིང་བློ་བྱང་བར་མ་གྱུར་པ་དེ་དག་ནི། ད་ལྟར་མཁན་པོ ་འམ། སློབ་དཔོན་ནམ། སྔ་མ་བཞིན་དུ་ཇི་སྐད་བསྟན་པའི་གནས་དེ་དག་ལས་བྱེ་བྲག་ཏུ་བཤད་པ་ལ་མཁས་པས་ཡང་དག་པར་ལེན་པར་བྱེད་དོ། །བྱེ་བྲག་ཏུ་བཤད་པ་ལ་མཁས་པས་ཡང་དག་པར་བླངས་ནས་ཀྱང། ཇི་ལྟར་རྗེས་བསྟན་པ་བཞིན་དུ་ལྷག་ཆད་མེད་པར་སློབ་པར་བྱེད་ཅིང། བླ་མ ་བླ་མ་ལྟ་བུ་དག་གིས་བསྟན་པའི་གཞི་དེ་དག་ལ་དོན་དང་ཚིག་དང་འབྲུ་ཕྱིན་ཅི་མ་ལོག་པར་ཡོངས་སུ་འཛིན་པར་བྱེད་དོ། །དེ་ལྟར་ན་བསླབ་པའི་གཞི་རྣམས་ཡང་དག་པར་བླངས་ཤིང་སློབ་པར་བྱེད་པ་ཡིན་ཏེ། དེ་ནི་རེ་ཞིག་ཚུལ་ཁྲིམས་ཀྱི་སྡོམ་པའི་རྣམ་པར་དབྱེ་བ་རྒྱ་ཆེར་བྱས ་པ་ཡིན་ནོ། །དེ་ལ་དོན་མདོར་བསྡུ་བ་གང་ཞེ་ན། དེ་ལ་བཅོམ་ལྡན་འདས་ཀྱིས་ཚུལ་ཁྲིམས་ཀྱི་ཕུང་པོའི་མཚན་ཉིད་གསུམ་ཡོངས་སུ་བསྟན་པ་གང་ཡིན་པ་དེ་ནི་དོན་མདོར་བསྡུ་བ་ཡིན་ཏེ། འདི་ལྟ་སྟེ། ཆུང་མི་ཟ་བའི་མཚན་ཉིད་དང། རང་བཞིན་གྱི་མཚན་ཉིད་དང། རང་བཞིན ་གྱི་ཡོན་ཏན་གྱི་མཚན་ཉིད་དོ། །དེ་ཡང་གང་ཞེ་ན། ཚུལ་ཁྲིམས་དང་ལྡན་པར་གནས་པ་ཞེས་གང་གསུངས་པ་དེ་ནི་ཚུལ་ཁྲིམས་ཀྱི་སྡོམ་པའི་ཆུད་མི་ཟ་བའི་མཚན་ཉིད་བསྟན་ཏོ། །སོ་སོར་ཐར་པའི་སྡོམ་པས་བསྡམས་པ་ཞེས་གསུངས་པའི་དེས་ནི་རང་བཞིན་གྱིས་མཚན ་ཉིད་མཚན་ཏོ། །ཆོ་ག་ཕུན་སུམ་ཚོགས་པ་དང། སྤྱོད་ཡུལ་ཕུན་སུམ་ཚོགས་པ་ཞེས་གསུངས་པའི་ངེས་ནི། ཕ་རོལ་ལས་བརྟེན་ནས་དེ་ལྟར་ཡང་དག་པར་བླངས་པའི་སོ་སོར་ཐར་པའི་སྡོམ་པའི་ཡོན་ཏན་གྱི་མཚན་ཉིད་བསྟན་ཏེ། འདི་ལྟར་གཞན་གྱི་ཆོ་ག་དང་སྤྱོད་ཡུལ་ཕུན་སུམ་ཚོགས ་པ་དེ་དག་མཐོང་ན། མ་དང་བ་རྣམས་ཀྱང་དང་པར་འགྱུར་ལ། དད་པ་རྣམས་ཀྱང་ཕྱིར་ཞིང་འཕེལ་བར་འགྱུར་བ་དང། དད་པ་རྣམས་ལྷག་པར་དད་པར་བྱ་བ་དང། ཡིད་ལ་འཁྲུག་པར་མི་བྱེད་ཅིང་མི་སྙན་པ་བརྗོད་པར་མི་བྱེད་དོ། །གཞན་དུ་ན་ཚུལ་ཁྲིམས་དང་ལྡན་དུ་ཟིན་ཀྱང། ཆོ་ག་དང ་སྦྱོར་ཡུལ་ཕུན་སུམ་ཚོགས་པ་མ་ཡིན་ན། དེ་ལ་ནི་གཞན་གྱི་དབང་གིས་བྱུང་བའི་ཡོན་ཏན་དང། རྗེས་སུ་བསྔགས་པ་དག་འབྱུང་བར་མི་འགྱུར་ཞིང། དེ་ལ་དེ་ལས་བཟློག་པའི་སྐྱེན་འབབ་ཞིག་འབྱུང་བའི་ཕྱིར་རོ། །ཁ་ན་མ་ཐོ་བ་ཕྲ་རབ་ཙམ་དག་ལ་ཡང་འཇིགས་པར་ལྟ་བ་དང། ་བསླབ་པའི་གཞི་རྣམས་ཡང་དག་པར་བླངས་ཤིང་སློབ་པར་བྱེད་པ་ཞེས་གང་གསུངས་པ་དེས་ནི། བདག་གིས་དབང་གིས་བྱུང་བ་ཁོ་ནའི་ཡོན་ཏན་དང། རྗེས་སུ་བསྔགས་པའི་མཚན་ཉིད་བསྟན་ཏོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཆོ་ག་དང་སྟོང་ཡུལ་ཕུན་སུམ་ཚོགས་ཤིང ་གཞན་གྱི་དབང་གིས་བྱུང་བའི་ཡོན་ཏན་དང། རྗེས་སུ་བསྔགས་པ་ཐོབ་ཏུ་ཟིན་ཀྱང། ཚུལ་ཁྲིམས་ཉམས་པར་བྱས་ན། རྒྱུ་དེ་དང་རྐྱེན་དེས་ངན་སོང་རྣམས་སུ་ཡང་སྐྱེ་བར་འགྱུར་ན། སྔ་མ་བཞིན་དུ་མ་ཐོབ་པར་བྱ་བའི་སྐལ་པ་མེད་པར་འགྱུར་བ་ལྟ་ཅི་སྨོས་ཏེ། གང་ན་མ་ཐོ་བ་ཕྲ་རབ ་ཙམ་དག་ལ་ཡང་འཇིགས་པར་ལྟ་བ་དང། བསླབ་པའི་གཞི་ཆེན་པོ་དག་ཡང་དག་པར་བླངས་ཤིང། སློབ་པར་བྱེད་པ་ནི། དེའི་ཕྱིར་རྒྱུ་དེ་དང་རྐྱེན་དེས་ངན་སོང་རྣམས་སུ་སྐྱེ་བར་མི་འགྱུར་ཞིང་བདེ་འགྲོ་ལྷ་དང་མི་རྣམས་སུ་སྐྱེ་བར་འགྱུར་བ་དང། སྔ་མ་བཞིན་དུ་མ་ཐོབ་པ་ཐོས་པར་བྱ་བའི་སྐལ ་བ་ཡོད་པར་འགྱུར་བའི་ཕྱིར་ཏེ། རྒྱུ་དེས་ན་བདག་གི་དབང་གིས་བྱུང་བ་འདི་ནི་ཚུལ་ཁྲིམས་ཀྱི་སྡོམ་པའི་ཡོན་ཏན་དང། རྗེས་སུ་བསྔགས་པ་ཞེས་བྱའོ། །རྣམ་གྲངས་གཞན་ཡང་མདོར་བསྡུ་ན། བཅོམ་ལྡན་འདས་ཚུལ་ཁྲིམས་ཡང་དག་པར་བླངས་པ་དང། ངེས་པར་འབྱིན་པའི་ཚུལ ་ཁྲིམས་དང། ཚུལ་ཁྲིམས་བསྒོམས་པ་ཞེས་གསུངས་པ་ཡིན་ཏེ། དེ་ལ་རེ་ཞིག་ཚུལ་ཁྲིམས་དང་ལྡན་པར་གནས་པ་ཞེས་གང་གསུངས་པ་དེས་ནི། ཚུལ་ཁྲིམས་ཡང་དག་པར་བླངས་པ་བསྟན་ཏོ། །སོ་སོར་ཐར་པའི་སྡོམ་པས་བསྡམས་པ་ཞེས་གང་གསུངས་པ་དེས་ནི། ངེས་པར ་འབྱིན་པའི་ཚུལ་ཁྲིམས་བསྟན་ཏེ། འདི་ལྟར་སོ་སོར་ཐར་པའི་སྡོམ་པས་ཡང་དག་པར་བསྡུས་པའི་ཚུལ་ཁྲིམས་ནི་ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་ཞེས་བྱ་སྟེ། ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་ལ་བརྟེན་ནས། ལྷག་པའི་སེམས་དང་ལྷག་པའི་ཤེས་རབ་ཀྱི་བསླབ་པ ་སྒོམ་པར་བྱེད་དོ། །དེ་ལྟར་ན་དེ་ནི་འདི་ལྟ་སྟེ། སྡུག་བསྔལ་ཐམས་ཅད་ཟད་པར་བྱ་བའི་ཕྱིར་ལྷག་པའི་ཚུལ་ཁྲིམས་ལ་གནས་ཤིང་སྔོན་དུ་བཏང་ནས་ངེས་པར་འབྱུང་བར་འགྱུར་པའི་ཕྱིར་ཏེ། དེའི་ཕྱིར་སོ་སོར་ཐར་པའི་སྡོམ་པ་ནི་ངེས་པར་འབྱིན་པའི་ཚུལ་ཁྲིམས་ཞེས་བྱའོ།། ་ཆེ་ག་དང་སྤྱོད་ཡུལ་ཕུན་སུམ་ཚོགས་པ་དང། ཁ་ན་མ་ཐོ་བ་ཕྲ་རབ་ཙམ་ལ་ཕྱི?་གཟིགས་པར་ལྟ་བ་དང། བསླབ་པའི་གཞི་རྣམས་ཡང་དག་པར་བླངས་ཤིང་སློབ་པར་བྱེད་པ་ཞེས་གང་གསུངས་པ་དེས་ནི། ཚུལ་ཁྲིམས་བསྒོམས་པ་བསྟན་ཏེ། རྣམ་པ་དེ་དག་གིས་སོ་སོར་ཐར་པའི ་སྡོམ་པའི་ཚུལ་ཁྲིམས་དེ་བསྒོམ་པར་བྱའོ། །དེ་ལྟར་བསྒོམས་ན་ལེགས་པར་བསྒོམས་པའི་ཕྱིར་རོ། །ཚུལ་ཁྲིམས་ཀྱི་སྡོམ་པ་གཅིག་པུ་ལ་ཡང་བཤད་པ་སོ་སོར་གནས་པ་རྣམ་པ་དྲུག་ཡོད་པར་རིག་པར་བྱའོ། །ཚུལ་ཁྲིམས་ཀྱི་སྡོམ ་པ་དེ་ཡང་རྒྱུ་རྣམ་པ་བཅུ་པ་ཉམས་པ་ཡིན་ལ། དེ་ལས་བཟློག་པ་རྣམ་པ་བཅུས་ནི་ཕུན་སུམ་ཚོགས་པ་ཡིན་པར་རིག་པར་བྱའོ། །ཉམས་པར་འགྱུར་བའི་རྒྱུ་རྣམ་པ་བཅུ་གང་ཞེ་ན། དང་པོ་ཉིད་ནས་ཉེས་པར་བླངས་པ་དང། ཧ་ཅང་ཞུམ་པ་དང། ཐལ་ཆེས་པ་དང། བག་མེད་པ་དང། ་ལེ་ལོས་ཡོངས་སུ་ཟིན་པ་དང། ལོག་པར་སྨོན་པ་དང། ཆོ་ག་ཉམས་པས་ཡོངས་སུ་ཟིན་པ་དང། འཚོ་བ་ཉམས་པས་ཡོངས་སུ་ཟིན་པ་དང། མཛའ་གཉིས་སུ་ལྷུང་བ་དང། ངེས་པར་འབྱུང་བ་མ་ཡིན་པ་དང། ཡང་དག་པར་བླངས་པ་ཡོངས་སུ་ཉམས་པར་གྱུར་པའོ། །དེ་ལ་ཇི ་ལྟར་ན་དང་པོ་ཉིད་ནས་ཚུལ་ཁྲིམས་ཉེས་པར་བླངས་པ་ཡིན་ཞེ་ན། འདི་ལྟར་འདི་ན་ལ་ལ་རྒྱལ་པོས་གཙོས་པ་འམ། ཆོམ་རྐུན་པས་གཙོས་པ་འམ། བུ་ལོན་གྱི་ཉམ་ཐག་པ་འམ། འཇིགས་པས་ཉམ་ཐག་པ་འམ། མི་འཚོ་བས་འཇིགས་ཤིང་སྐྲག་པའི་ཕྱིར་རབ་ཏུ་བྱུང་གི་།དགེ ་སྦྱོང་གི་ཕྱིར་མ་ཡིན། བྲམ་ཟེའི་ཕྱིར་མ་ཡིན། བདག་དུལ་བར་བྱ་བའི་ཕྱིར་མ་ཡིན། བདག་ཞི་བར་བྱ་བའི་ཕྱིར་མ་ཡིན། བདག་ཡོངས་སུ་མྱ་ངན་ལས་འདའ་བར་བྱ་བའི་ཕྱིར་མ་ཡིན་པ་སྟེ། དེ་ལྟར་ན་དང་པོ་ཉིད་ནས་ཉེ་བར་བླངས་པ་ཡིན་ནོ། །ཇི་ལྟར་ན་ཧ་ཅང་ནུམ་པ་ཡིན་ཞེ་ན། ་འདི་ལྟར་འདི་ན་ལ་ལ་བསླབ་པའི་གཞི་རྣམས་ལ་ངོ་ཚ་མེད་པ་དང། འགྱོད་པ་ཆུང་བ་དང་ལྷོད་ཅིང་གཡེལ་བར་བྱེད་པ་ཡིན་ཏེ། དེ་ལྟར་ཧ་ཅང་ཞུམ་པ་ཡིན་ནོ། །ཇི་ལྟར་ན་ཐལ་ཆེས་པ་ཡིན་ཞེ་ན། འདི་ལྟར་འདི་ན་ལ་ལ་ཉེས་པར་བཟུང་བ་འཛིན་ཅིང་གནས་མ་ཡིན་པ་ལ ་འགྱོད་པར་བྱེད་དེ། དེ་འགྱོད་པར་བྱེད་པའི་གནས་མ་ཡིན་པ་དག་ལ་འགྱོད་པར་བྱེད་པ་ན་གནས་མ་ཡིན་པ་གཞན་དག་ལ་མནར་བའི་སེམས་སམ། ཀུན་ནས་མནར་སེམས་ཀྱི་སེམས་བསྐྱེད་པར་བྱེད་པ་དང། གོ་བར་བྱེད་པ་ཡིན་ཏེ། དེ་ལྟར་ན་ཐལ་ཆེས་པ་ཡིན་ནོ། །ཇི ་ལྟར་ན་བག་མེད་པ་དང་ལེ་ལོས་ཡོངས་སུ་ཟིན་པ་ཡིན་ཞེ་ན། འདི་ལྟར་འདི་ན་ལ་ལ་འདས་པའི་དུས་ལ་བརྟེན་ནས། ལྟུང་བ་འབྱུང་བ་གང་ཡིན་པ་དེ་ཡང། དེ་བརྗེད་ངས་པར་གྱུར་པས། འགའ་ཡང་ཆོས་བཞིན་དུ་ཕྱིར་མ་བྱས་པ་དང། འདས་པའི་དུས་ལ་བརྟེན་ནས། ཇི་ལྟ་བ ་བཞིན་དུ་མ་འོངས་པ་དང། ད་ལྟར་གྱི་དུས་ལས་བརྟེན་ནས་ལྟུང་བ་བྱུང་བ་གང་ཡིན་པ་དེའང་དེ་བརྗེད་ངས་པར་གྱུར་པས། །འགའ་ཡང་ཆོས་བཞིན་དུ་ཕྱིར་མ་བྱས་པ་དང། ལྟུང་བ་མ་བྱུང་བའི་སྔ་རོལ་ནས་ཀྱང་ཕྱིས་ལྟུང་བ་མི་འབྱུང་བར་བྱ་བའི་ཕྱིར། བདག་གིས་ཇི་ལྟ་ཇི ་ལྟར་སྤྱད་ཅིང། ཇི་ལྟ་ཇི་ལྟར་གནས་ན། ཕྱིས་ལྟུང་བ་འབྱུང་བར་མི་འགྱུར་བ་དེ་ལྟ་དེ་ལྟར་སྤྱད་ཅིང་དེ་ལྟར་གནས་པར་བྱའོ་ཞེས་སྤྲོ་བ་ཤས?་ཆེ་བ་སྐྱེ་བར་མི་འགྱུར་བ་དང། ཅི་ནམ་ལྟུང་བ་འབྱུང་བར་འགྱུར་བ། དེ་ལྟར་སྤྱོད་ཅིང་གནས་པར་བྱེད་དེ། དེ་སྔོན་གྱི་མཛའ་དང ་ལྡན་པ་དང། ཕྱི་མའི་མཛའ་དང་ལྡན་པ་དང། དབུས་ཀྱི་མཛའ་དང་ལྡན་པ་དང། སྔོན་གྱི་དུས་སུ་བྱ་བ་དང། རྗེས་སུ་འཇུག་པ་དེས་བག་མེད་པ་དང་ལྡན་པ་ཡིན་ནོ། །གཉིད་ཀྱི་བདེ་བ་དང། ཉལ་བའི་བདེ་བ་དང། གློས་འབེབས་པའི་བདེ་བ་བདག་གིར་བྱེད་པ་དང། མི་མཁས་པ ་དང། ལེ་ལོ་ཅན་དང། སྒྲུབ་མི་ཕོད་པ་ཡིན་ཞིང། ཚངས་པ་ཚུངས་པར་སྤྱོད་པ་མཁས་པ་རྣམས་ལ། ལུས་ཀྱི་ཞལ་ལྟ་བྱ་བའི་བྱེད་པ་པོ་མ་ཡིན་པ་སྟེ། དེ་ལྟ་ད་ལྟར་ན་བག་མེད་པ་དང་ལེ་ལོས་ཡོངས་སུ་ཟིན་པ་ཡིན་ནོ། །ཇི་ལྟར་ན་ལོག་པར་སྨོན་པ་ཡིན་ཞེ་ན། འདི་ལྟར ་འདི་ན་ལ་ལ་བདག་ཚུལ་ཁྲིམས་སམ། བརྟུལ་ཞུགས་སམ། དཀའ་ཐུབ་བམ། ཚངས་པར་སྤྱོད་པ་ལ་གནས་པ་འདིས་ལྷ་འམ། ལྷ་གང་ཡང་རུང་བ་དག་ཏུ་གྱུར་ཅིག་ཅེས་སྨོན་ནས། ཚངས་པར་སྤྱད་པ་སྤྱོད་བར་བྱེད་པ་དང། རྙེད་པ་དང། བཀུར་སྟི་འདོད་དེ། གཞན་དག ་ལས་རྙེད་པ་དང། བཀུར་སྟི་སྒྲུབ་པར་བྱེད་ཅིང། བརྙེད་པ་དང་བཀུར་སྟི་ལ་དགའ་བར་བྱེད་པ་ཡིན་ཏེ། དེ་ལྟར་ན་ལོག་པར་སྨོན་པ་ཡིན་ནོ། །ཇི་ལྟར་ན་ཆོ་ག་ཉམས་པས་ཡོངས་སུ་ཟིན་པ་ཡིན་ཞེ་ན། འདི་ལྟར་འདི་ན་ལ་ལ་སྤྱོད་ལམ་མམ། འཕྲལ་གྱི་བྱ་བ་འམ། དགེ་བའི་ཕྱོགས ་ཀྱི་སྐྱོར་བ་ལ་བརྟེན་ནས། འཇིག་རྟེན་དང་འགལ་བ་དང་འདུལ་བ་དང་འགལ་བའི་ཆོ་ག་སྔར་བཤད་པ་ལྟ་བུ་དང་ལྡན་པ་སྟེ། དེ་ལྟར་ན་ཆོ་ག་ཉམས་པས་ཡོངས་སུ་ཟིན་པ་ཡིན་ནོ། །ཇི་ལྟར་ན་འཚོ་བ་ཉམས་པས་ཡོངས་སུ་ཟིན་པ་ཡིན་ཞེ་ན། འདི་ལྟར་འདི་ན་ལས ་ལ་འདོད་ཆེན་ཆེ་བ་དང། ཆོ་ག་མི་ཤེས་པ་དང། གསོ་དཀའ་བ་དང། དགང་དཀའ་བའི་རང་བཞིན་ཅན་ཡིན་ལ། དེ་ལ་ཆོས་མ་ཡིན་པས་ཆོས་གོས་ཡོངས་སུ་ཚོལ་བར་བྱེད་ཅིང། ཆོས་ཀྱིས་མ་ཡིན་པ་དང། ཆོས་མ་ཡིན་པས་བསོད་སྙོམས་དང་མལ་ཆ་དང་སྟན་དང། ནད་ཀྱི་གསོས ་སྨན་དང། ཡོ་བྱད་ཡོངས་སུ་ཚོལ་བར་བྱེད་ཅིང། ཆོས་ཀྱིས་མ་ཡིན་པ་སྟེ། དེ་ཆོས་གོས་དང་བསོད་སྙོམས་དང། མལ་ཆ་དང་སྟན་དང། ནད་ཀྱི་གསོས་སྨན་དང། ཡོ་བྱད་ཀྱི་ཆེད་དུ་བདག་ཉིད་ལ་ཡོན་ཏན་ཡོད་པར་བསྟན་པའི་ཕྱིར། སྤྱོད་ལམ་རང་བཞིན་མ་ཡིན་པར། གཞན་དུ ་བསྒྱུར་བ་དང་གཞན་དག་ལ་དབང་པོ་རྒོད་པ་མ་ཡིན་པ་ཉིད་དང། དབང་པོ་གཡོ་བ་མ་ཡིན་པ་ཉིད་དང། དབང་པོ་ཞི་བ་ཉིད་དུ་སྟོན་པར་བྱེད་དེ། དེས་དེ་ལ་ཡོན་ཏན་ཡོད་པར་ཤེས་ནས་གཞན་དག་འདི་ལྟ་སྟེ། ཆོས་གོས་དང་བསོད་སྙོམས་དང་མལ་ཆ་དང་སྟན་དང། ན་བའི ་གསོས་སྨན་དང། ཡོ་བྱད་དག་སྦྱིན་ཞིང་བྱའོ་སྙམ་དུ་སེམས་པ་དང། གཅོད་པ་དང། ནུད?་ཙེར?་སྨྲ་བ་དང། སྤྱི་བརྟོལ་ཆེ་བ་དང། ཁ་འཇམ་ཟེར་བ་དང། མིང་རུས་སྒྲོགས་པར་བྱེད་པ་དང། ཡང་ན་མང་དུ་ཐོས་ཤིང་ཆོས་འཛིན་པ་ཞིག་ཡིན་པར་གྱུར་ན། རྙེད་པའི་ཕྱིར་ཁོ་ནར ་གཞན་དག་ལ་ཉན་ཐོས་ཀྱིས་བཤད་པ་འམ། སངས་རྒྱས་ཀྱིས་གསུངས་པའི་ཆོས་དག་ཀུན་ཏུ་བརྗོད་པར་བྱེད་པ་དང། བདག་ཉིད་ཀྱི་ཡོན་ཏན་ཡང་དག་པ་འམ། ཅུང་ཟད་ཙམ་སྒྲོ་བཏགས་ཏེ་བདག་ཉིད་ཀྱིས་བརྗོད་པར་བྱེད་པ་འམ། གཞན་དག་སྒྲོགས་སུ་འཇུག་པ་དང། མཚན་མ ་གཞན་དག་གིས་སྟོན་པར་བྱེད་པ་དང། ཆོས་གོས་འདོད་པ་འམ། དགེ་སྦྱོང་གི་ཡོ་བྱད་མང་པོ་འམ། བཟང་པོ་གང་ཡང་རུང་བ་དག་འདོད་པ་དང། འཕོངས་པ་མེད་བཞིན་དུ་ཡང་འདི་ལྟར་བྲམ་ཟེ་དང། ཁྱིམ་བདག་དད་པ་ཅན་རྣམས་ཀྱིས། བདག་ཆོས་གོས་ཀྱིས་ཕོངས་པར ་ཤེས་ནས། ཆོས་གོས་མང་པོ་དང། བཟང་པོ་དག་སྦྱིན་པ་འམ། བྱ་བར་སེམས་པར?་བྱ?་བའི་ཕྱིར། ཆོས་གོས་ངན་པ་སྟོན་པར་བྱེད་པ་དང། ཆོས་གོས་ལ་ཇི་ལྟ་བ་བཞིན་དུ་དགེ་སྦྱོང་གི་འཚོ་བའི་ཡོད་བྱད་གང་ཡང་རུང་བདག་ལ་ཡང་དེ་བཞིན་ནོ། །བྲམ་ཟེ་དང། ཁྱིམ་བདག་དད་པ་ཅན ་དག་ལས་ཇི་ལྟར་འདོད་པ་བཞིན་མ་ཐོབ་པ་དང། ལོངས་སྤྱོད་མེད་ཅིང་མི་བདག་པ་ལས་ཇི་ལྟར་འདོད་པ་བཞིན་མ་ཐོབ་པ་ན་ཡང་འདི་ལྟར་ནན་གྱིས་ཐོབ་ཀྱིས་འཇལ་ཞིང། དེ་དག་གཤེ་བཞིན་དུ་སློང་བར་བྱེད་པ་དང། ལོངས་སྤྱོད་ཡོད་ཅིང་བདོག་པ་དག་ལས་ངན་པ་ཞིག་ཐོབ་ན ་ཡང་རྙེད་པ་དེ་ལ་མི་བསྟོད་ཅིང་སྨོད་པར་བྱེད་ལ། སྦྱིན་པ་པོ་དང། སྦྱིན་བདག་གི་མངོན་སུམ་དུ་འདི་སྐད་ཅེས། ཀྱེ་རིགས་ཀྱི་བུ་གང་དག་ཁྱོད་པས་ཤིན་ཏུ་རིགས་དམན་ཞིང། ཤིན་ཏུ་དབུལ་པའི་རིགས་ཀྱི་བུ་དང། རིགས་ཀྱི་བུ་མོ་ཁ་ཅིག་ཀྱང་ཡོད་དེ། དེ་དག་ཀྱང་འདི་དང ་འདི་ལྟ་བུའི་གྱ་ནོམ་པ་སྦྱིན་པར་བྱེད་པ་དང། ཡིད་དུ་འོང་བ་སྦྱིན་པར་བྱེད་པ་ཡིན་ན། ཁྱོད་དེ་དམ་པས་ཤིན་ཏུ་རིགས་མཐོ་ཞིང་ཤིན་ཏུ་ཕྱུག་པ་ཡིན་ན། ཅིའི་ཕྱིར་འདི་ལྟར་ཡིད་དུ་མི་འོང་བ་སྦྱིན་པར་བྱེད་ཅིང། ངན་དང། ཆུང་ངུ་སྦྱིན་པར་བྱེད་ཅེས་ཀྱང་ཟེར་ཏེ། རྣམ་པ་དེ་དག ་གིས་ཚུལ་འཚོས་པ་དང། ཁ་གསག་པ་དང་གཞོག་སློངས་དང། ཐོབ་ཀྱིས་འཇལ་བ་དང། རྙེད་པས་རྙེད་པའི་བྱེད་འདོད་པ་ལ་བརྟེན་ནས། གཞན་དག་ལས་ཆོས་གོས་དང། བསོད་སྙོམས་དང། མལ་ཆ་དང། སྟན་དང་ནད་ཀྱི་གསོས་སྨན་དང་ཡོ་བྱད་དག་ཡོངས་སུ་ཚོལ ་བར་བྱེད་པ་གང་ཡིན་པ་དེ་ནི། ཆོས་མ་ཡིན་པ་ཡོངས་སུ་ཚོལ་པར་བྱེད་པ་ཡིན་གྱི། ཆོས་ཀྱི་ནི་མ་ཡིན་ནོ། །གང་ཆོས་ཀྱིས་མ་ཡིན་པ་དེ་ནི་དེའི་ལོག་པས་ཚོལ་བ་ཡིན་ཏེ། དེ་ལྟར་ན་ཚུལ་ཁྲིམས་དེ་ནི་འཚོ་བ་ཉམས་པས་ཡོངས་སུ་ཟིན་པ་ཡིན་ནོ། །ཇི་ལྟར་ན་མཛའ་ ་གཉིས་སུ་ལྟུང་བ་ཡིན་ཞེ་ན། འདི་ལྟར་འདི་ན་ལ་ལ་འདོད་པའི་བསོད་སྙོམས་ལ་རྗེས་སུ་བརྩོན་པར་བྱེད་དེ། ཆོས་སམ་ཆོས་མ་ཡིན་པས་གཞན་དག་ལས་ཐོབ་པའི་ཆོས་གོས་དང་བསོད་སྙོམས་དང། མལ་ཆ་དང་སྟན་དང། ནད་ཀྱི་གསོས་སྨན་དང། ཡོ་བྱད་དེ་དག་ལ ་ལྷག་པར་ཆགས་པས་ཡོངས་སུ་སྤྱོད་པར་བྱེད་ཅིང། ཉེས་དམིགས་སུ་མི་ལྟ་ལ། ངེས་པར་འབྱུང་བ་རབ་ཏུ་མི་ཤེས་པ་ཡིན་ཏེ། དེ་ནི་མཛའ་གཅིག་ཅེས་བྱའོ། །གཞན་ཡང་འདི་ན་ལ་ལ་བདག་ཉིད་ངལ་བ་ལ་རྗེས་སུ་བརྩོན་པར་བྱེད་དེ། རྣམ་གྲངས་དུ་མར ་བདག་ཉིད་ཀུན་ཏུ་གདུང་བར་བྱེད་ཅིང་ཡོངས་སུ་གདུང་བར་བྱེད་ལ། དཀའ་ཐུབ་དྲག་པོ་དག་ཀྱང་ཡང་དག་པར་ལེན་པར་བྱེད་དེ། འདི་ལྟ་སྟེ་ཚེར་མའི་ནང་ན་ཉལ་བའམ། ཐལ་བའི་ནང་ན་ཉལ་བ་འམ། གཏུན་བུ་ལ་གཉེས་པ་འམ། སྤང་ལེབ་ཀྱི་སྟེང་ན་ཉལ་བ་འམ། ་ཙོག་པུར་འདུག་ཅིང་ཙོག་པུ་ནི་སྤོང་བའི་སྦྱོར་བ་ཡིན་ནོ་ཞེས་རྗེས་སུ་བརྩོན་པར་བྱེད་པ་འམ། མེ་ལ་ཡོངས་སུ་སྤྱོད་པར་བྱེད་དེ། ལན་གསུམ་གྱི་བར་དུ་ཡང་མེ་ལ་ཡོངས་སུ་སྤྱོད་པར་བྱེད་པ་འམ། ཆུར་ལྷག་པར་འཇུག་པར་བྱེད་དེ། ལན་གསུམ་གྱི་བར་དུ་ཡང་ཆུར ་ལྷག་པར་འཇུག་པར་བྱེད་པ་འམ། རྐང་པ་ཡ་གཅིག་གིས་འགྲེང་ཤིང་ཉི་མ་གང་པ་ན་དེ་ལོགས་སུ་འགྱུར་བར་བྱེད་པ་འམ། གང་དེ་ལྟ་བུ་ལ་སོགས་པས་བདག་ཉིད་ངལ་བ་རྗེས་སུ་བརྩོན་པར་བྱེད་པ་དེ་ནི་མཛའ་གཉིས་པ་ཞེས་བྱ་སྟེ། འདི་ལྟར་ན་མཛའ་གཉིས་སུ་ལྷུང་བ་ཡིན་ནོ། ། ་ཇི་ལྟར་ན་ངེས་པར་འབྱུང་བ་མ་ཡིན་ཞེ་ན། འདི་ལྟར་འདི་ན་ལ་ལ་དག་ཚུལ་ཁྲིམས་སམ། བརྟུལ་ཞུགས་འདི་ཁོ་ནས་དག་པ་དང་གྲོལ་བ་དང། ངེས་པར་འབྱུང་བར་འགྱུར་རོ་ཞེས་ཚུལ་ཁྲིམས་སམ། བརྟུལ་ཞུགས་ཀྱི་ལྟ་བ་མཆོག་ཏུ་འཛིན་པར་བྱེད་དེ། འདི ་ལས་ཕྱི་རོལ་པ་རྣམས་ཀྱི་ཚུལ་ཁྲིམས་ཐམས་ཅད་ནི་དེ་ལྟ་བུའི་རྣམ་པར་དག་པས་ཤིན་ཏུ་བསྲུངས་ཤིང། ཤིན་ཏུ་རྣམ་པར་དག་ཀྱང་ངེས་པར་འབྱུང་བ་མ་ཡིན་ཞེས་བྱ་སྟེ། དེ་ལྟར་ན་ངེས་པར་འབྱུང་བ་མ་ཡིན་པ་ཡིན་ནོ། །ཇི་ལྟར་ན་ཡང་དག་པར་བླངས་པ ་ཡོངས་སུ་ཉམས་པ་ཡིན་ཞེ་ན། འདི་ལྟར་འདི་ན་ལ་ལ་རྣམ་པ་ཐམས་ཅད་ཀྱི་ཐམས་ཅད་དུ་ངོ་ཚ་མེད་ཅིང་དགེ་སྦྱོང་ལ་མི་ལྟ་བ་ཡིན་ཏེ། དེ་ཡང་ཚུལ་ཁྲིམས་འཆལ་པ་དང། སྡིག་པའི་ཆོས་ཅན་དང། ནང་མྱགས་པ་དང། ཉེས་འཛག་དུ་གྱུར་པ་དང། ཤིང་རུལ་པ ་ལྟ་བུར་གྱུར་པ་དང། ལུང་བོང་ལྟ་བུར་ཀུན་ཏུ་སྤྱོད་པ་དང། དགེ་སྦྱོང་མ་ཡིན་པར་དགེ་སྤྱོད་དུ་ལས་འཆེ་བ་དང། ཚངས་པར་སྤྱོད་པ་མ་ཡིན་པར་ཚངས་པར་སྤྱོད་པར་ལས?་འཆེ་བ་ཡིན་ཏེ། དེ་ལྟར་ཡང་དག་པར་བླངས་པ་ཡོངས་སུ་ཉམས་པ་ཡིན་ནོ། །རྒྱུ་བཅུ་པོ་དེ་དག་གིས་ཚུལ་ཁྲིམས ་ཉམས་པ་ནི། བཅོམ་ལྡན་འདས་ཀྱི་ཚུལ་ཁྲིམས་ཉམས་པ་ཡིན་ནོ་ཞེས་གསུངས་ཏེ། བཅོམ་ལྡན་འདས་ཀྱིས་ཚུལ་ཁྲིམས་རྒུད་པ་ཡིན་ནོ་ཞེས་ཀྱང་གསུངས་སོ། །དེ་ཡང་རྒྱུ་དེ་དག་ལ་ངེས་པར་འབྱུང་བ་མ་ཡིན་པ་དང། ཡང་དག་པར་བླངས་པ་ཡོངས་སུ་མ་ཉམས་པ་གང ་ཡིན་པའི་རྒྱུ་གཉིས་ཀྱིས་རིག་པར་བྱའོ། །དེ་ལས་གཞན་པའི་རྒྱུ་རྣམས་ཀྱིས་ནི་ཚུལ་ཁྲིམས་ཉམས་པ་ཁོ་ན་ཡིན་པར་རིག་པར་བྱ་སྟེ། ནག་པོའི་ཕྱོགས་ཀྱི་རྒྱུ་རྣམ་པར་བཞག་པ་དེ་དག་ཉིད་ལས་བཟློག་པ་དཀར་པོའི་ཕྱོགས་ཀྱི་རྒྱུ་རྣམས་ཀྱིས། ཚུལ་ཁྲིམས་ཕུན་སུམ ་ཚོགས་པ་དང། ཚུལ་ཁྲིམས་རྣམ་པར་དག་པ་ཡིན་པར་རིག་པར་བྱའོ། །བཅོམ་ལྡན་འདས་ཀྱིས་ལ་ལར་ཚུལ་ཁྲིམས་རྩ་བའི་དོན་དུ་གསུངས་ཏེ། རྩ་བ་ཤིན་ཏུ་བརྟེན་པ་དང། ཞི་བའི་སེམས་ལ་དགའ་བ་དང། །འཕགས་པའི་ལྟ་དང་སྡིག་པའི་ལྟ། །ལྡན་པར་བྱ་ཞིང་འབྲལ ་བར་བྱ། །ཞེས་ཚིགས་སུ་བཅད་པ་ལས་ཇི་སྐད་གསུངས་པ་ལྟ་བུའོ། །ལ་ལར་ནི་རྒྱན་གྱི་སྒྲར་ཡང་གསུངས་ཏེ། ཚུལ་ཁྲིམས་ཀྱི་རྒྱན་དང་ལྡན་པའི་དགེ་སློང་དང། དགེ་སློང་མ་ནི་སྡིག་པ་སྤོང་བར་བྱེད་ཅིང། དགེ་བ་སྒོམ་པར་བྱེད་དོ་ཞེས་ཇི་སྐད་གསུངས་པ་ལྟ་བུའོ། །ལ་ལར་ནི ་བྱུག་པའི་སྒྲར་ཡང་གསུངས་ཏེ། དེ་ལས་ཚུལ་ཁྲིམས་ཀྱི་བྱུག་པ་དང་ལྡན་པའི་དགེ་སློང་དང། དགེ་སློང་མ་ནི་སྔ་མ་བཞིན་ནོ་ཞེས་གསུངས་པ་ལྟ་བུའོ། །ལ་ལར་ནི་སྤོས་ཀྱི་རྣམ་པའི་སྒྲར་ཡང་གསུངས་ཏེ། དེ་ལས་ཀུན་དགའ་བོ་སྤོས་ཀྱི་རྣམ་པ་དེ་ཡོད་ན་དེའི་དྲི་ནི་རྫི ་ཕྱོགས་སུ་ཡང་དང་ལྡང་བའོ། །དེའི་དྲི་ནི་རྫི་ཕྱོགས་མ་ཡིན་པ་དང། རྫི་ཕྱོགས་དང་རྫི་ཕྱོགས་མ་ཡིན་པར་ཡང་དང་ལྡང་ངོ་ཞེས་གསུངས་པ་ལྟ་བུའོ། །ལ་ལར་ནི་ལེགས་པར་སྤྱད་པའི་སྒྲར་ཡང་གསུངས་ཏེ། དེ་ལས་ལུས་ཀྱིས་ལེགས་པར་སྤྱད་པ་ནི། ཚེ་འདི་དང་ཚེ ་ཕྱི་མ་ལ་རྣམ་པར་སྨིན་པ་འདོད་པ་ཡིན་ཏེ། དག་གིས་ལེགས་པར་སྤྱད་པ་ཡང་དེ་བཞིན་ནོ་ཞེས་གསུངས་པ་ལྟ་བུའོ། །ལ་ལར་ནི་སྡོམ་པའི་སྒྲར་ཡང་གསུངས་ཏེ། དེ་ལས་སྦྱིན་པ་པོ་དང་སྦྱིན་བདག་ནི་ཚུལ་ཁྲིམས་དང་ལྡན་ཞིང་སྡོམ་པ་ལ་གནས ་པ་དང། མ་འོངས་པ་ལ་ལྟ་བ་དང། ལུང་ལས་གསུངས་པའི་འབྲས་བུ་མཐོང་ཞིང་ཐོས་པར་འགྱུར་རོ་ཞེས་གསུངས་པ་དང། གཞན་ཡང་ཚུལ་ཁྲིམས་དང་ལྡན་པར་གནས་པ་ནི། སོ་སོར་ཐར་པའི་སྡོམ་པས་བསྡམས་པ་ཡིན་ནོ་ཞེས་རྒྱ་ཆེར་གསུངས་པ་ལྟ་བུའོ།། ་དེ་ལ་ཅིའི་ཕྱིར་བཅོམ་ལྡན་འདས་ཀྱིས་ཚུལ་ཁྲིམས་རྩ་བའི་དོན་དུ་གསུངས་ཤེ་ན། རྩ་བའི་དོན་ནི་གཞིའི་དོན་དང་རྟེན་གྱི་དོན་ཡིན་ཏེ། དེ་ཡང་ཚུལ་ཁྲིམས་དེ་ནི་འཇིག་རྟེན་དང་འཇིག་རྟེན་འདས་པའི་ཡོན་ཏན་ཁ་ན་མ་ཐོ་བ་མེད་པ། མཆོག་གཙོ་བོ་དམ་པ་བདེ་བར ་འདྲེན་པར་བྱེད་པར་ཐམས་ཅད་སྐྱེ་བ་དང་འཐོབ་པར་འགྱུར་བའི་གཞི་ད་ལྟ་བུ་དང་རྟེན་དེ་ལྟ་བུ་ཡིན་པས། དེའི་ཕྱིར་རྩ་བའི་སྒྲར་ཡང་གསུངས་ཏེ། འདི་ལྟ་སྟེ། དཔེར་ན་ས་གཞི་རྩཝ་དང་གལ་པ་དང། སྨན་དང་ནགས་ཚལ་རྣམས་སྐྱེ་བའི་གཞི་དང་རྟེན་དུ་གྱུར་པ ་དེ་བཞིན་དུ་ཚུལ་ཁྲིམས་ཀྱང་སྔར་བཤད་པ་བཞིན་དུ་རྒྱ་ཆེར་བརྗོབ?་པར་བྱས་སོ། །ཅིའི་ཕྱིར་ཚུལ་ཁྲིམས་རྒྱན་གྱི་སྒྲར་གསུངས་ཞེན། སྨྲས་པའི་གང་དག་དེ་ལས་གཞན་པའི་རྒྱན་འདི་ལྟ་སྟེ། མགུལ་རྒྱན་ནམ། གདུབ་བུ་རྒྱན་ཅན་ནམ། དཔུང་རྒྱན་ནམ། སོར ་གདུབ་རྒྱན་ནམ། གསེར་དང་དངུལ་གྱི་ཕྲེང་བའི་རྒྱན་དེ་དག་ནི་ཇི་ཙམ་དུ་བྱིས་པ་གཞོན་ནུ་སྐྲ་གནག་པ་ལང་ཚོ་ལ་གསར་དུ་བབ་པ་དང་ལྡན་པ་དེ་ལ་བཏགས་ན། རེ་ཞིག་མཛེས་པར་འགྱུར་བ་ཙམ་དུ་ཟད་ཀྱི། ལོ་བརྒྱད་ཅུ་ལོན་པ་འམ། ལོ་དགུ་བཅུ་ལོན་པའི ་རྒན་པ་རྙིངས་པ་འཁོགས་པ་སོ་ལྷུང་བ་མགོ་སྐྱ་བ་ལ་རྒྱན་དེ་དག་བཏགས་ན་ནི། དེ་ལྟ་མ་ཡིན་ཞིང་དེ་ཅོ་འདྲི་བ་ཁོ་ན་ལྟ་བུར་འགྱུར་པ་དང། ནད་དང་མོད་པས་རྒུད་པ་དང། ལོངས་སྤྱོད་ཀྱིས་རྒུད་པ་དང། ཉེ་དུས་རྒུད་པར་གྱུར་པ་དག་ལ་ཡང་མཛེས་པ་མ་ཡིན་གྱི། ་ཚུལ་ཁྲིམས་ནི་ཐམས་ཅད་ལ་ཡང་དུས་ཐམས་ཅད་དུ་མཛེས་པར་བྱེད་པ་ཡིན་པས་དེའི་ཕྱིར་བརྒྱན་གྱི་སྒྲར་ཡང་གསུངས་སོ། །ཅིའི་ཕྱིར་ཚུལ་ཁྲིམས་བྱུག་པའི་སྒྲར་གསུངས་ཤེ་ན། དགེ་བ་ཁ་ན་མ་ཐོ་བ་མེད་པའི་ཚུལ་ཁྲིམས་དེ་ཡང་དག་པ་བླང་ནས་དཔྱིད་ཀ་ཤིན་ཏུ་ཚ་བའི་དུས་ལ ་བབ་པའི་ཚེ། ཚ་བས་མངོན་པར་གདུངས་པ་ལ་ཙནདན་གྱི་བྱུག་པ་འམ་ག་བུར་གྱི་བྱུག་པས་བྱུགས་པ་བཞིན་དུ། ཚུལ་ཁྲིམས་འཚལ་བ་ཡང་དག་པར་བླངས་པའི་རྒྱུ་ལས་བྱུང་བའི་ལུས་ཀྱི་ཡོངས་སུ་གདུང་བ་དང། སེམས་ཀྱི་ཡོངས་སུ་གདུང་པ་ཐམས་ཅད་ཡོངས་སུ་སེལ་བར ་བྱེད་པས་ན། དེའི་ཕྱིར་ཚུལ་ཁྲིམས་བྱུགས་པའི་སྒྲར་གསུངས་སོ། ཅིའི་ཕྱིར་ཚུལ་ཁྲིམས་སྤོས་ཀྱི་རྣམ་པའི་སྒྲར་གསུངས་ཤེ་ན། ཚུལ་ཁྲིམས་དང་ལྡན་པའི་སྐྱེས་བུ་གང་ཟག་ནི། རྩ་བའི་སྤོས་སམ། སྙིང་པོའི་སྤོས་སམ། མེ་ཏོག་གི་སྤོས་ཀྱི་རྣམ་པ་སྣ་ཚོགས་རླུང་གིས ་བསྐྱོད་པ་ལས་ཕྱོགས་དང་ཕྱོགས་མཚམས་རྣམས་སུ་སྤོས་ཀྱི་དང་ཡིད་དུ་འོང་བ་དག་ལྡང་བ་བཞིན་དུ་ཕྱོགས་དང་ཕྱོགས་མཚམས་རྣམས་སུ་དགེ་བ་སྙན་པ་བསྔགས་པ་གྲགས་པའི་སྒྲ་སྣ་ཚོགས་གྲགས་པར་འགྱུར་བས་ན་དེའི་ཕྱིར་ཚུལ་ཁྲིམས་ནི་སྤོས་ཀྱི་རྣམ་པའི་སྒྲར་ཡང ་གསུངས་སོ། །ཅིའི་ཕྱིར་ཚུལ་ཁྲིམས་ལེགས་པར་སྤྱད་པའི་སྒྲར་གསུངས་ཤེ་ན། སྤྱད་པ་དེ་ནི་བདེ་བར་འགྲོ་བ་ཡིན་པ་དང། སྤྱད་པ་དེ་ནི་མཐོ་རིས་སུ་འགྲོ་བ་ཡིན་པ་དང། བདེ་འགྲོར་འགྲོ་བ་ཡིན་པས་ན་དེའི་ཕྱིར་ལེགས་པར་སྤྱད་པ་ཞེས་བྱའོ། །ཅིའི་ཕྱིར་ཚུལ་ཁྲིམས་སྡོམ ་པའི་སྒྲར་གསུངས་ཤེ་ན། ཆོས་དེ་ནི་ལྡོག་པའི་རང་བཞིན་པ་དང། ལྡོག་པའི་མཚན་ཉིད་དང། སྤོང་བའི་རང་བཞིན་ཡིན་པས་ན། དེའི་ཕྱིར་སྡོམ་པའི་སྒྲར་ཡང་གསུངས་སོ།། །།བམ་པོ་གསུམ་པ། །ཚུལ་ཁྲིམས་ཀྱི་སྡོམ་པ་དེ་ཡང་ཡོངས་སུ་དག་པར་བྱ ་བའི་ཕྱིར། རྣམ་པ་གསུམ་ལ་སོ་སོར་རྟོག་པར་བྱེད་དེ། རྣམ་པ་གསུམ་གང་ཞེ་ན། འདི་ལྟ་སྟེ། ལུས་ཀྱི་ལས་ལ་སོ་སོར་རྟོག་པ་དང། ངག་གི་ལས་ལ་སོ་སོར་རྟོག་པ་དང། ཡིད་ཀྱི་ལས་ལ་སོ་སོར་རྟོག་པའོ། །ཇི་ལྟ་བ་ན་ལས་དེ་དག་ལ་སོ་སོར་རྟོག་པ་ན། ཚུལ་ཁྲིམས་ཀྱི་སྡོམ་པ ་ཡོངས་སུ་སྦྱོང་བར་བྱེད་ཅེ་ན། ལས་གང་བསམ་ནས། ལུས་ཀྱི་བྱ་བར་འདོད་པ་དེ་ཉིད་ལ་འདི་ལྟར་ཅི་བདག་གི་ལུས་ཀྱི་ལས་འདི་བདག་དང། གཞན་དག་ལ་གནོད་པར་འགྱུར་ཞིང་མི་དགེ་བ། སྡུག་བསྔལ་འབྱུང་བ་རྣམ་པར་སྨིན་པ་སྡུག་བསྔལ་བཞིག ་ཡིན་ནམ། འོ་ན་ཏེ་བདག་གི་ལུས་ཀྱི་ལས་འདི་བདག་དང་གཞན་དག་ལ་གནོད་པར་མི་འགྱུར་ཞིང། དགེ་བས་བདེ་བ་འབྱུང་བ་རྣམ་པར་སྨིན་པ་བདེ་བ་ཞིག་ཡིན་ཞེས་སོ་སོར་རྟོག་པར་བྱེད་དོ། །དེ་དེ་ལྟར་སོ་སོར་རྟོག་པ་ན། གལ་ཏེ་བདག་གིས་ལུས་ཀྱི་ལས་དེ ་བདག་དང་གཞན་དག་ལ་གནོད་པར་འགྱུར་ཞིང། མི་དགེ་བ་སྡུག་བསྔལ་འབྱུང་བ་རྣམ་པར་སྨིན་པ་སྡུག་བསྔལ་བར་ཤེས་ན། དེ་ལས་དེ་ཕྱིར་ལྡོག་ཅིང་མི་བྱེད་ལ་རྗེས་སུ་འཇུག་པར་མི་བྱེད་དེ། །དེ་དེ་ལྟར་སོ་སོར་རྟོག་པ་ན་གལ་ཏེ་བདག་གི་ལུས་ཀྱི་ལས་དེ་གནོད ་པར་མི་འགྱུར་ཞིང་དགེ་བ་ཡིན་པར་སྔ་མ་བཞིན་དུ་ཤེས་པར་གྱུར་ན། དེ་ལས་དེ་ལུས་ཀྱི་བྱེད་ཅིང་ཕྱིར་མི་ལྡོག་ལ་རྗེས་སུ་འཇུག་པར་བྱེད་དོ། །དེས་འདས་པའི་དུས་ལས་བརྟེན་ཏེ་ལུས་ཀྱི་ལས་ག་བྱས་པར་གྱུར་བ་དེ་ལས་ཡང་འདི་ལྟར་ཅི་བདག་གི་ལུས་ཀྱི་ལས་ཀྱིས ་དེ་གནོད་པར་གྱུར་པ་ཞིག་གམ་ཞེས་སྔ་མ་བཞིན་དུ་ཡང་དང་ཡང་དུ་སོ་སོར་རྟོག་པར་བྱེད་དོ། །དེ་དེ་ལྟར་སོ་སོར་རྟོག་པ་ན་གལ་ཏེ་བདག་གི་ལུས་ཀྱི་ལས་དེ་གནོད་པར་གྱུར་པའམ་ཞེས་སྔ་མ་བཞིན་དུ་ཤེས་ན་དེ་ཚངས་པར་མཚུངས་པར་སྤྱོད་པ་མཁས་བདག་གི་མདུན་དུ་སོ་སོར་འཆགས་ཤིང། ཆོས་བཞིན་དུ་ཕྱིར་བྱེད་དོ། །དེ་དེ་ལྟར་སོ་སོར་རྟོག་པ་ན། གལ་ཏེ་བདག་གི་ལུས་ཀྱི་ལས་དེ་གནོད་པར་གྱུར་པ་མ་ཡིན་ནོ་ཞེས་སྔ་མ་བཞིན་དུ་ཤེས་ན། དེ་དགའ་བ་དང་མཆོག་ཏུ་དགའ་བ་དེ་ཉིད་མཚན་རྗེས་སུ་སློབ་ཅིང་ལན་མང ་དུ་གནས་པར་བྱེད་དོ། དེ་ལྟར་ན་དེ་འདི་ལྟ་སྟེ། འདས་པ་དང་མ་འོངས་བ་དང། ད་ལྟར་བྱུང་བའི་དུས་རྣམས་སུ་ལུས་ཀྱི་ལས་དེ་ལས་ངལ་སོ་སོར་རྟོག་ཅིང་ཤིན་ཏུ་སྤྱོད་བར་བྱེད་པ་ཡིན་ནོ། །ལུས་ཀྱི་ལས་ཇི་ལྟ་བུ་བཞིན་དུ་ངག་གི་ལས་ཀྱང་དེ་བཞིན་དུ་རིག་པར་བྱའོ།། ་ཡིད་ནི་འདས་པའི་འདུ་བྱེད་ལས་བརྟེན་ཏེ། སྐྱེ་ཞིང་ཡིད་ནི་མ་འོངས་པ་དང། ད་ལྟར་བྱུང་བའི་འདུ་བྱེད་ལས་བརྟེན་ཏེ། སྐྱབས་ཡིད་དེ་ལ་ཡང་འདི་ལྟར་ཅི་བདག་གི་ཡིད་འདི་གནོད་པར་འགྱུར་པ་ཞིག་ཡིན་ནམ་ཞེས་སྔ་མ་བཞིན་དུ་ཡང་དང་ཡང་སོ་སོར་རྟོག་པར་བྱེད་པ་ནས་ཡིད་ཀྱི ་ལས་དེ་སྐྱེ་བར་མི་བྱེད་ཅིང་ཕྱིར་ལྡོག་པར་བྱེད་ལ་རྗེས་སུ་འཇུག་པར་བྱེད་པ་དང། དཀར་པོའི་ཕྱོགས་ཀྱི་ཡིད་ཀྱི་ལས་དེ་ནི་སྐྱེ་བར་བྱེད་ཅིང་ཕྱིར་ལྡོག་པར་མི་བྱེད་ལ་རྗེས་སུ་འཇུག་པའི་བར་དུ་བྱེད་དེ། དེ་ལྟར་ན་དེ་འདི་ལྟ་སྟེ། འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བའི་དུས་རྣམས ་སུ་ཡིད་ཀྱི་ལས་དེ་ལ་སོ་སོར་རྟོག་ཅིང། ཤིན་ཏུ་ཡོངས་སུ་སྤྱོད་བར་བྱེད་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བའི་དུས་རྣམས་སུ་དགེ་སྦྱོང་ངམ་བྲམ་ཟེ་གང་ལ་ལས་སོ། ལུས་ཀྱི་ལས་དང། ངག་གི་ལས་དང་ཡིད་ཀྱི་ལས་ལ་སོ་སོར ་བརྟགས་ཤིང་ཡིད་ལ་ཡོངས་སུ་སྦྱངས་ལ། ཡོངས་སུ་སྦྱང་ནས་ལན་མང་དུ་གནས་པར་གྱུར་པ་དེ་དག་ཐམས་ཅད་ཀྱིས་ཀྱང་དེ་བཞིན་དུ་སོ་སོར་བརྟགས་ཤིང་ཡོངས་སུ་སྦྱངས་པའི་ཕྱིར་རོ། །བཅོམ་ལྡན་འདས་ཀྱིས་ཀྱང་ཚེ་དང་ལྡན་པ་སྒྲ་གཅན་ཟིན་ལས ་བཙམས་ཏེ། སངས་རྒྱས་བསྟན་པ་དྲན་བྱེད་ན། །ལུས་ལས་དེ་བཞིན་ངག་ལས་དང། །ཡིད་ཀྱི་ལས་ལ་ཡང་ཡང་དུ། །སོ་སོར་རྟོགས་ཤིག་སྒྲ་གཅན་ཟིན། །དེ་ལ་ཁྱོད་ནི་སློབ་བྱེད་ན། །ལེགས་པ་སྡིག་མེད་ཁོ་ན་སྟེ། །དེ་ནི་དགེ་སྦྱོང་ལས་ཡིན་གྱི། ་འདི་ལ་སློབ་ཤིག་སྒྲ་གཅན་ཟིན་ཞེས་ཇི་སྐད་གསུངས་པ་ལྟ་བུའོ། །དེ་ལ་དེ་ལྟར་ཅི་བདག་གི་ལུས་ཀྱི་ལས་དང། ངག་གི་ལས་དང་ཡིད་ཀྱི་ལས་འདི་གནོད་པར་འགྱུར་བ་ཞིག་ཡིན་ནམ་ཞེས་སྔ་མ་བཞིན་དུ་རྒྱས་པར་རྣམ་པར་འབྱེད་པ་གང་ཡིན་པ་དེ་ནི་སོ་སོར་རྟོག་པ་ཡིན་ནོ། །ལ་ལ་ལས་ཕྱིར ་ལྡོག་ཅིང་སོ་སོར་འཆགས་པར་བྱེད་པ་དང། ལེ་ལོའི་རྗེས་སུ་འཇུག་ཅིང་དགའ་བ་དང། མཆོག་ཏུ་དགའ་བ་དེ་ཉིད་ཀྱི་ཉིན་མཚན་དུ་རྗེས་སུ་སློབ་ཅིང། ལན་མང་དུ་གནས་པར་བྱེད་པ་གང་ཡིན་པ་དེ་ནི་ཡོངས་སུ་སྤྱོད་བ་ཞེས་བྱའོ། །དེ་ལ་དེ་ལྟར་ཚུལ་ཁྲིམས་ཀྱི་སྡོམ་པ་ཡོངས་སུ་དག་པ ་ལ་ཕན་ཡོན་བཅུ་ཡོད་པར་རིག་པར་བྱ་སྟེ། བཅུ་གང་ཞེ་ན། འདི་ལ་སྐྱེས་བུ་གང་དག་ཚུལ་ཁྲིམས་དང་ལྡན་པ་ནི། བདག་ཉིད་ཀྱི་ཚུལ་ཁྲིམས་རྣམ་པར་དག་པ་ལ་སོ་སོར་རྟོག་པ་ན་འགྱོད་པ་མེད་པ་ཐོབ་པར་འགྱུར་རོ། །འགྱོད་པ་མེད་ན་མཆོག་ཏུ་དགའ་བ་ལ་དགའ་བ ་སྐྱེའོ། །ཡིད་དགའ་ནས་ལུས་ཤིན་ཏུ་སྦྱངས་པར་འགྱུར་རོ། །ལུས་ཤིན་ཏུ་སྦྱངས་པས་བདེ་བ་མྱོང་བར་བྱེད་དོ། །བདེ་བར་བྱེད་པའི་སེམས་མཉམ་པར་འཇོག་གོ་།སེམས་མཉམ་པར་གཞག་ན་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་སོ། །ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཐོང་ངོ།། ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས། ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཐོང་ན་སྐྱོ་བར་འགྱུར་རོ། །སྐྱོན་འདོད་ཆགས་དང་བྲལ་བར་འགྱུར་རོ། །འདོད་ཆགས་དང་བྲལ་ན་རྣམ་པར་གྲོལ་བར་འགྱུར་རོ། །རྣམ་པར་གྲོལ་བ་ལ་བདག་རྣམ་པར་གྲོལ་ལོ་སྙམ་པའི་ཡེ་ཤེས་དང། ་མཐོང་བ་འབྱུང་བ་དང། ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདས་པའི་བར་དུ་འགྱུར་ཏེ། སྐྱེས་བུ་གང་ཟག་ཚུལ་ཁྲིམས་དང་ལྡན་པ་ཚུལ་ཁྲིམས་རྣམ་པར་དག་པའི་དབང་གིས་བྱུང་བ། འགྱོད་པ་མེད་པའི་རིམ་གྱིས ་མྱ་ངན་ལས་འདས་པར་འགྱུར་བའི་བར་དག་ཐོབ་པར་འགྱུར་བ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱི་ཕན་ཡོན་དང་པོ་ཡིན་ནོ། །གཞན་ཡང་སྐྱེས་བུ་གང་ཟག་ཚུལ་ཁྲིམས་དང་ལྡན་པ་ནི། འཆི་བའི་དུས་ལ་བབ་པར་འགྱུར་བ་དེའི་ཚེ། ཀྱེ་མ་བདག་ནི་ལུས་དང་ངག་དང་ཡིད ་ཀྱི་ལགས་པར་སྤྱད་པ་ནི་བྱས་སོ། །ཀྱེ་མ་བདག་གི་ལུས་དང་ངག་དང་ཡིད་ཀྱི་ཉེས་པར་སྤྱད་པར་ནི་མ་བྱས་ཏེ། དེའི་ཕྱིར་བདག་ཤི་འཕོས་ནས་ཀྱང། བསོད་ནམས་བྱས་པ་རྣམས་དང། དགེ་བ་བྱས་པ་རྣམས་དང། འཇིགས་ཤིང་སྐྲག་པར་འགྱུར་བའི་སྐྱབས་བྱས་པ་རྣམས ་ཀྱི། འགྲོ་བ་གང་ཡིན་པའི་འགྲོ་བ་དེར་འགྲོ་བ་འགྱུར་སྙམ་ནས། བདེ་འགྲོར་འགྲོ་བའི་ཕྱིར་འགྱོད་པ་མེད་པ་གཉིས་པ་ཡང་ཐོབ་པར་འགྱུར་ཏེ། སྐྱེས་བུ་གང་ཟག་འགྱོད་པ་མེད་པར་གྱུར་པའི་འཆི་བ་ནི་བཟང་བ་ཡིན། དུས་བྱེད་པ་ཡང་བཟང་བ་ཡིན། ཚེ་ཕྱི་མ་ཡང་བཟང ་པ་ཡིན། དེ་ནི་ཚུལ་ཁྲིམས་ཀྱི་ཕན་ཡོན་གཉིས་པ་ཡིན་ནོ། །གཞན་ཡང་སྐྱེས་བུ་གང་ཟག་ཚུལ་ཁྲིམས་དང་ལྡན་པ་ནི་ཕྱོགས་དང་ཕྱོགས་མཚམས་རྣམས་སུ་དགེ་བ་བསྔགས་པ་སྙན་པ་གྲགས་པའི་སྒྲའི་ཚོགས་གྲགས་པར་འགྱུར་ཏེ། དེ་ནི་ཚུལ་ཁྲིམས་ཀྱི་ཕན་ཡོན་གསུམ་པ་ཡིན ་ནོ། །གཞན་ཡང་སྐྱེས་བུ་གང་ཟག་ཚུལ་ཁྲིམས་དང་ལྡན་པ་ནི་ཡོངས་སུ་གདུང་བ་མེད་པའི་ལུས་དང་སེམས་ཀྱི་བདེ་བར་གཉིད་ཀྱིས་ཡོག་ཅིང། བདེ་བར་སད་པར་འགྱུར་ཏེ། དེ་ནི་ཚུལ་ཁྲིམས་ཀྱི་ཕན་ཡོན་བཞི་པ་ཡིན་ནོ། །གཞན་ཡང་སྐྱེས་བུ་གང་ཟག་ཚུལ་ཁྲིམས་དང་ལྡན་པ ་ནི། གཉིད་ལོག་པ་ན་ཡང་ལྷ་རྣམས་བསྲུང་བར་འགྱུར་ཏེ། དེ་ནི་ཚུལ་ཁྲིམས་ཀྱི་ཕན་ཡོན་ལྔ་པ་ཡིན་ནོ། །གཞན་ཡང་སྐྱེས་བུ་གང་ཟག་ཚུལ་ཁྲིམས་ལྡན་པ་ནི། གཞན་ཡང་སྡིག་པའི་བག་ཚ་བ་མེད་ཅིང། འཇིགས་པ་ཡང་མེད་ཡིད་ཀུན་ཏུ་དར་བ་ཡང་མེད་དེ། དེ་ནི་ཚུལ་ཁྲིམས ་ཀྱི་ཕན་ཡོན་དྲུག་པ་ཡིན་ནོ། །གཞན་ཡང་སྐྱེས་བུ་གང་ཟག་ཚུལ་ཁྲིམས་དང་ལྡན་པ་ནི། གསོད་པ་རྣམས་དང་ཕྱིར་རྒོལ་བ་རྣམས་དང། དགྲ་བོ་རྣམས་ཀྱིས་གླགས་ཤིག་རྙེད་པར་གྱུར་ན་ཡང། ཀྱེ་མ་སྐྱེས་བུ་གང་ཟག་འདི་ནི་ཚུལ་ཁྲིམས་དང་ལྡན་པ་ཡིན་ནོ་སྙམ་དུ་རིག་ནས ་བསྲུང་བ་བྱེད་ཅིང། མཛའ་བཤེས་ཉིད་དང། ཐ་མལ་པར་གནས་པ་ཉིད་དུ་འགྱུར་ཏེ། དེ་ནི་ཚུལ་ཁྲིམས་ཀྱི་ཕན་ཡོན་བདུན་པ་ཡིན་ནོ། །གཞན་ཡང་སྐྱེས་བུ་གང་ཟག་ཚུལ་ཁྲིམས་དང་ལྡན་པ་ནི། གནོད་སྦྱིན་དང་མི་མ་ཡིན་པ་གདུག་པ་གཉུག་མར་གནས་པ་རྣམས་ཀྱིས་གླགས ་རྙེད་ཅིང་སྐབས་ཤིག་རྙེད་པར་གྱུར་ན་ཡང་འདི་ལྟ་སྟེ། ཚུལ་ཁྲིམས་དེ་ཉིད་ཀྱི་དབང་དུ་བྱས་ནས་བསྲུང་བར་འགྱུར་ཏེ། དེ་ནི་ཚུལ་ཁྲིམས་ཀྱི་ཕན་ཡོན་བརྒྱད་པ་ཡིན་ནོ། །གཞན་ཡང་སྐྱེས་བུ་གང་ཟག་ཚུལ་ཁྲིམས་དང་ལྡན་པ་ནི་འདི་ལྟ་སྟེ། ཚུལ་ཁྲིམས་ཀྱི་གཞིའི་རྒྱུས་གཞན་དག ་ལས་འདི་ལྟ་སྟེ། ཆོས་གོས་དང། བསོད་སྙོམས་དང། མལ་ཆ་དང། སྟན་དང། ནད་ཀྱི་གསོས་སྨན་དང། ཡོ་བྱད་ཀྱི་རྙེད་པ་དག་ཆོས་ཀྱི་ཚོགས་ཆུང་ངུས་འཐོབ་པར་འགྱུར་ཞིང། རྒྱལ་པོ་རྣམས་དང། བློན་པོ་རྣམས་དང། གྲོང་མི་རྣམས་དང། ལྗོངས་ཀྱི་མི་རྣམས་དང། ཕྱུག ་བོ་རྣམས་དང། དེད?་དཔོན་རྣམས་དང། དེད་དཔོན་རྣམས་ཀྱང་བཀུར་སྟི་བྱེད། བླ་མར་བྱེད་པར་འགྱུར་ཏེ། དེ་ནི་ཚུལ་ཁྲིམས་ཀྱི་ཕན་ཡོན་དགུ་པ་ཡིན་ནོ། །གཞན་ཡང་སྐྱེས་བུ་གང་ཟག་ཚུལ་ཁྲིམས་དང་ལྡན་པ་ནི་འདི་ལྟ་སྟེ། ཚུལ་ཁྲིམས་དག་རྣམ་པར ་དག་པར་གྱུར་པའི་ཕྱིར། སྨོན་ལམ་ཐམས་ཅད་ཡང་དག་པར་འགྲུབ་པར་འགྱུར་ཏེ། གལ་ཏེ་འདོད་པའི་ཁམས་སུ་རྒྱལ་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་རྣམས་སམ། བྲམ་ཟེའི་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་རྣམས་སམ། ཁྱིམ་བདག་གི་རིགས་ཤིང་སཱ་ལ་ཆེན་པོ ་ལྟ་བུ་རྣམས་སམ། རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་སམ། སུམ་ཅུ་རྩ་གསུམ་པ་རྣམས་སམ། འཐབ་བྲལ་བ་རྣམས་སམ། དགའ་ལྡན་རྣམས་སམ། འཕྲུལ་དགའ་རྣམས་སམ། གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་དང་སྐལ་བ་མཉམ་པ་ཉིད་དུ་སྐྱེ ་པར་འདོད་ན་ཡང། །འདི་ལྟ་སྟེ། ཚུལ་ཁྲིམས་རྣམ་པར་དག་པའི་ཕྱིར་སྐྱེ་བར་འགྱུར་རོ། །གལ་ཏེ་ཨེ་མའོ། །ཀྱེ་མ་བསམ་གཏན་རྣམས་ལ་སྙོམས་པར་ཞུགས་ཏེ། ཚེ་འདི་ལ་བདེ་བར་གནས་པར་བྱ་ཞིང་གཟུགས་སུ་ཉེ་བར་འགྲོ་བའི་ལྷ་རྣམས་དང། སྐལ་བ་མཉམ་པ ་ཉིད་དུ་སྐྱེ་བར་བྱའོ་ཞེས་འདོད་པར་གྱུར་ན་ཡང་གནས་ཤིང་སྐྱེ་བར་འགྱུར་ཏེ། དེ་ཡང་ཚུལ་ཁྲིམས་དང་ལྡན་ཞིང་འདོད་ཆགས་དང་བྲལ་བའི་སྨོན་ལམ་ནི་ཡང་དག་པར་འགྲུབ་པོ། །གལ་ཏེ་གཟུགས་ལས་ཡང་དག་པར་འདས་ཏེ། གཟུགས་མེད་པའི་ཞི་བའི་རྣམ་པར ་ཐར་པ་གང་ཡིན་པར་སྒྲུབས་ཏེ་གནས་པར་བྱ་ཞིང་གཟུགས་མེད་པར་ཉེ་བར་འགྲོ་བའི་ལྷ་རྣམས་དང་སྐལ་བ་མཉམ་པ་ཉིད་དུ་སྐྱེ་བར་བྱའོ་ཞེས་འདོད་པར་གྱུར་ན་ཡང་གནས་ཤིང་སྐྱེ་བར་འགྱུར་རོ། །གལ་ཏེ་ཤིན་ཏུ་མཐར་ཐུག་པའི་མྱ་ངན་ལས་འདས་པའི་དབྱིངས ་རྟོགས་པར་གྱུར་ཅིག་ཅེས་འདོད་པར་གྱུར་ན་ཡང་རྟོགས་པར་འགྱུར་ཏེ། དེ་ཡང་ཚུལ་ཁྲིམས་རྣམ་པར་དག་ཅིང་ཐམས་ཅད་དུ་འདོད་ཆགས་དང་བྲལ་བའི་ཕྱིར་ཏེ། དེ་ནི་ཚུལ་ཁྲིམས་ཀྱི་ཕན་ཡོན་བཅུ་པ་ཡིན་པར་རིག་པར་བྱའོ། །ཚུལ་ཁྲིམས་ཀྱི་ཕུང་པོའི ་རྣམ་པར་དབྱེ་བ་བསྟན་པ་དང། ཉམས་པ་དང། ཕུན་སུམ་ཚོགས་པ་བསྟན་པ་དང། མིང་གི་རྣམ་གྲངས་དག་བསྟན་པ་དང། ཡོངས་སུ་དག་པ་དང། སོ་སོར་རྟོགས་པ་བསྟན་པ་དང། ཕན་ཡོན་བསྟན་པ་དེ་ནི་རྣམ་པ་ཐམས་ཅད་ཡོངས་སུ་རྫོགས་པའི་ཚུལ་ཁྲིམས་ཀྱི་སྡོམ་པ་ཚོགས ་སུ་གཏོགས་པ་ཡིན་པར་བསྟན་ཏེ། གསལ་བར་བྱས། རྣམ་པར་ཕྱེ། རབ་ཏུ་བཤད་པ་ཡིན་ཏེ། རིགས་ཀྱི་བུ་བདག་ལ་ཕན་པར་འདོད་པ་དང། དགེ་སྦྱོང་གི་ལམ་དང། བྲམ་ཟེའི་ལམ་འདོད་པ་རྣམས་ཀྱི་དེ་ལ་བསླབ་པར་བྱའོ། །བར་གྱི་སྡོམ་ནི། རྣམ་དབྱེ་རྣམ་གསུམ་ཤེས ་པར་བྱ། །ཕུན་སུམ་ཚོགས་པ་རྣམ་བཅུར་འགྱུར། །རྣམ་གྲངས་རྣམ་པ་དྲུག་ཡིན་ཏེ། །རྣམ་དག་རྣམ་པ་གསུམ་དུ་འདོད། །ཕན་ཡོན་རྣམ་པ་བཅུ་ཡིན་ཏེ། །དེ་ནི་ཚུལ་ཁྲིམས་སྡོམ་པ་ཡིན། །དབང་པོའི་སྡོམ་པ་གང་ཞེ་ན། འདི་ལྟར་འདི་ན་ལ་ལ་དབང་པོ་རྣམས་ཀྱི་སྒོ་བསྡམས ་པ་དང། དྲན་པ་ཀུན་ཏུ་བསྲུངས་པ་དང། དྲན་པ་རྟག་འགྲུས་བྱེད་པ་དང། དྲན་པས་ཡིད་ཀུན་ཏུ་བསྲུངས་པ་དང། གནས་སྐབས་མཉམ་པ་ལ་འཇོག་པར་བྱེད་ཅིང་གནས་པ་ཡིན་ནོ། ཞེས་བྱ་བ་ལ་སོགས་པ་རྒྱས་པར་སྔ་མ་བཞིན་ནོ། །དེ་ལ་ཇི་ལྟར་ན་དབང་པོ་རྣམས་ཀྱི་སྒོ ་བསྡམས་པ་ཡིན་ཞེ་ན། དྲན་པ་ཀུན་ཏུ་བསྲུངས་པ་དང། དྲན་པ་ལ་རྟག་འགྲུས་བྱེད་པ་ནས་ཡིད་ཀྱི་དབང་པོ་ཡང་བསྲུང་བར་བྱེད་ལ། ཡིད་ཀྱི་དབང་པོས་ཀྱང་སྡོམ་པ་སྒྲུབ་པར་བྱེད་པ་ཡིན་ཏེ། ཞེས་བྱ་བའི་བར་དུ་རྒྱས་པར་བྱ་སྟེ། དེ་ལྟར་ན་དབང་པོ་རྣམས་ཀྱི་སྒོ་བསྡམས ་ཏེ་གནས་པ་ཡིན་ནོ། །དེ་ལ་ཇི་ལྟར་ན་དྲན་པ་ཀུན་ཏུ་བསྲུངས་པ་ཡིན་ཞེ་ན། འདི་ལྟར་འདི་ན་ལ་ལ་དབང་པོ་རྣམས་ཀྱི་སྒོ་བསྡམས་པ་ཉིད་ཀྱི་དབང་དུ་བྱས་ཏེ། ཐོས་པ་བཟུང་བ་དང། བསམ་པ་དང། ཡང་དང་ཡང་དུ་བསྒོམ་པར་གྱུར་ནས། དེ་ཐོས་པ་བསམ་པ་དང་བསྒོམས ་པའི་དབང་གི་དྲན་པ་ཐོབ་པར་གྱུར་ཅིང། དྲན་པ་ཐོབ་པ་དོ?་ཉིད་མི་བརྗེད་པར་བྱ་བ་དང། མི་ཉམས་པར་བྱ་བ་དང། ཆུད་མི་ཟ་བར་བྱ་བའི་ཕྱིར། ཐོས་པ་དེ་ཉིད་ལ་དུས་དུས་སུ་སྦྱོར་བར་བྱེད་དེ། གོམ་པར་བྱེད་ཅིང་བསམ་པ་དང་བསྒོམས་པ་ལ་ཡང་སྦྱོར་བར་བྱེད་དེ་གོམས་པར་བྱེད། ་སྦྱོར་བ་ལྷོད་པ་དང་སྦྱོར་བ་གཏོང་བར་ཡང་མི་འགྱུར་རོ། །དེ་ལྟར་དེས་ཐོས་པས་ཡང་དག་པར་བསྒྲུབས་པའི་དྲན་པ་དེ། ཐོས་པ་དང་བསམ་པ་དང། བསྒོམས་པའི་སྦྱོར་བའི་བྱ་བས། དུས་དུས་སུ་ཀུན་ཏུ་བསྲུངས་པ་ཡིན་ཏེ། དེ་ལྟར་ན་དྲན་པ་དང་ཀུན་ཏུ ་བསྲུངས་པ་ཡིན་ནོ། །ཇི་ལྟར་ན་དྲན་པ་ལ་རྟག་འགྲུས་བྱེད་པ་ཡིན་ཞེ་ན། དེ་དྲན་པ་དེ་ཉིད་ལ་རྟག་ཏུ་བྱེད་པ་དང། འགྲུས་པར་བྱེད་པ་ཡིན་ཏེ། དེ་ལ་རྟག་ཏུ་བྱེད་པ་གང་ཡིན་པ་དེ་ནི་རྒྱུན་ཏུ་བྱེད་པ་ཞེས་བྱའོ། །དེ་ལ་འགྲུས་པར་བྱེད་པ་གང་ཡིན་པ་དེ་ནི་གུས་པར་བྱེད་པ་ཞེས ་བྱ་སྟེ། དེ་ལྟར་རྒྱུན་ཏུ་བྱེད་པ་དང་གུས་པར་བྱེད་པ་དེ་ནི་དྲན་པ་ལ་རྟག་འགྲུས་བྱེད་པ་ཞེས་བྱའོ། དེས་ཇི་ཙམ་དུ་དྲན་པ་ཀུན་ཏུ་བསྲུངས་པ་དེ་ཙམ་དུ་དྲན་པ་དེ་བརྗེད་པར་མི་འགྱུར་ལ། རེ་ཇི་ཙམ་དུ་དྲན་པ་ལ་རྟག་འགྲུས་བྱེད་པ་དེ་ཙམ་དུ་དྲན་པ་མ་བརྗེད་པ་དེ་ཉིད་ལ་སྟོབས ་བསྐྱེད་པ་ཐོབ་པར་འགྱུར་ཞིང། དེས་གཟུགས་རྣམས་ཟིལ་གྱིས་གནོན་པ་དང། སྒྲ་རྣམས་དང། དྲི་རྣམས་དང། རོ་རྣམས་དང་རེག་བྱ་རྣམས་དང་ཆོས་རྣམས་ཟིལ་གྱིས་གནོན་པར་ནུས་ཤིང་མཐུ་ཡོད་པར་ཡང་འགྱུར་རོ། །ཇི་ལྟར་ན་དྲན་པས་ཡིད་ཀུན་ཏུ་བསྲུངས་པ་ཡིན ་ཞེ་ན། མིག་དང་གཟུགས་རྣམས་ལ་བརྟེན་ནས། མིག་གི་རྣམ་པར་ཤེས་པ་སྐྱེ་ལ། མིག་གི་རྣམ་པར་ཤེས་པའི་མཇུག་ཐོགས་སུ་རྣམ་པར་རྟོག་པར་བྱེད་པ་ཡིད་ཀྱི་རྣམ་པར་ཤེས་པ་འབྱུང་སྟེ། ཡིད་ཀྱི་རྣམ་པར་ཤེས་པ་དེ་ལ་ཡང་ཚུལ་བཞིན་མ་ཡིན་པ་རྣམ ་པར་རྟོག་པ་དང་ལྡན་པ་ཀུན་ནས་ཉོན་མོངས་པ་ཀུན་ནས་སློང་བར་བྱེད་པ་ཡོད་དེ། རྣམ་པར་རྟོག་པར་བྱེད་པ་ཡིད་ཀྱི་རྣམ་པར་ཤེས་པ་དེས་གཟུགས་ཀྱི་རང་བཞིན་སྡུག་གུ་དག་ལ་ནི་ཀུན་ཏུ་ཆགས་པར་བྱེད། གཟུགས་ཀྱི་རང་བཞིན་མི་སྡུག་པ་དག་ལ་ནི་ཁོང་ཁྲོ་བར ་བྱེད་པས་དེས་དྲན་པ་དེ་ཉིད་ཀྱི་དབང་དུ་བྱས་ཏེ། ཅི་ནས་ཀུན་ནས་ཉོན་མོངས་པ་དེ་འབྱུང་བར་མི་འགྱུར་བར་ཚུལ་བཞིན་མ་ཡིན་པར་རྣམ་པར་རྟོག་པ་ཀུན་ནས་ཉོན་མོངས་པ་ཀུན་ནས་སློང་བར་བྱེད་པ་དེ་ལས། ཡིད་དེ་ཀུན་ཏུ་བསྲུང་བར་བྱེད་དོ། །དེ་བཞིན་དུ་རྣ་བ ་དང། སྣ་དང་ལྕེ་དང་ལུས་དང། ཡིད་དང་ཆོས་རྣམས་ལ་བརྟེན་ནས། ཡིད་ཀྱི་རྣམ་པར་ཤེས་པ་སྐྱེ། ཡིད་ཀྱི་རྣམ་པར་ཤེས་པ་དེ་ལ་ཡང་ཚུལ་བཞིན་མ་ཡིན་པར་རྣམ་པར་རྟོག་པ་དང་ལྡན་པ། ཀུན་ནས་ཉོན་མོངས་པ་ཀུན་ནས་སློང་བར་བྱེད་པ་ཡོད་དེ། དེས་ཆོས་ཀྱི་རང ་བཞིན་སྡུག་གུ་དག་ལ་ནི་ཀུན་ཏུ་ཆགས་པར་བྱེད། ཆོས་ཀྱི་རང་བཞིན་མི་སྡུག་པ་དག་ལ་ནི་ཁོང་ཁྲོ་བར་བྱེད་པས། དེས་དྲན་པ་དེ་ཉིད་ཀྱི་དབང་དུ་བྱས་ཏེ། ཇི་ནས་ཀྱང་ཀུན་ནས་ཉོན་མོངས་པ་དེ་འབྱུང་བར་མི་འགྱུར་བར་ཚུལ་བཞིན་མ་ཡིན་པར་རྣམ་པར་རྟོག་པ་ཀུན ་ནས་ཉོན་མོངས་པ་ཀུན་ནས་སློང་བར་བྱེད་པ་དེ་ལས་ཡིད་དེ་ཀུན་ཏུ་བསྲུང་བར་བྱེད་དེ། དེ་ལྟར་དྲན་པས་ཡིད་ཀུན་ཏུ་བསྲུངས་པ་ཡིན་ནོ། །ཇི་ལྟར་ན་གནས་སྐབས་མཉམ་པ་ལ་འཇོག་པར་བྱེད་པ་ཡིན་ཞེ་ན། གནས་སྐབས་མཉམ་པ་ཞེས་བྱ་བ་ནི་དགེ་བ་འམ་ལུང ་དུ་མ་བསྟན་པའི་བཏང་སྙོམས་ལ་བྱ་སྟེ། དེས་ཚུལ་བཞིན་མ་ཡིན་པར་རྣམ་པར་རྟོག་པ་ཀུན་ནས་ཉོན་མོངས་པ་ཀུན་ནས་སློང་བར་བྱེད་པ་དེ་ལས་ཡིད་ཀུན་ཏུ་བསྲུངས་ནས་དགེ་བ་འམ། ལུང་དུ་མ་བསྟན་པའི་བཏང་སྙོམས་ལ་འཇོག་པར་བྱེད་པས་ན། དེའི ་ཕྱིར་གནས་སྐབས་མཉམ་པ་ལ་འཇོག་པར་བྱེད་པ་ཞེས་བྱ་སྟེ། དེ་ལྟར་ན་གནས་སྐབས་མཉམ་པ་ལ་འཇོག་པར་བྱེད་པ་ཡིན་ནོ། །ཇི་ལྟར་ན་ཚུལ་བཞིན་མ་ཡིན་པར་རྣམ་པར་རྟོག་པ་ཀུན་ནས་ཉོན་མོངས་པ་ཀུན་ནས་སློང་བར་བྱེད་པ་དེ་ལས་ཡིད་ཀུན་ཏུ ་བསྲུང་བར་བྱེད་པ་ཡིན་ཞེ་ན། གཞི་གང་ཁོ་ན་ལས་སེམས་ཀྱི་རྗེས་སུ་སྡིག་པ་མི་དགེ་བའི་རྣམ་པར་རྟོག་པ་ཟད་པར་འགྱུར་བའི་གཟུགས་དང། སྒྲ་དང་དྲི་དང། རོ་དང་རེག་བྱ་དེ་དག་ལ་མཚན་མར་མི་འཛིན་ཅིང། མངོན་རྟགས་སུ ་མི་འཛིན་པ་དང། གལ་ཏེ་མཚན་མར་འཛིན་པ་དང། མངོན་རྟགས་སུ་འཛིན་པ་རྣམ་པར་སྤངས་སུ་ཟིན་ཀྱང་བརྗེད་ངས་པ་དང། ཀུན་ནས་ཉོན་མོངས་པ་མང་བས། སེམས་ཀྱི་རྗེས་སུ་སྡིག་པ་མི་དགེ་བའི་ཆོས་ཟག་པར་འགྱུར་བ་དག་འབྱུང་བར ་གྱུར་ན་དེ་དག་བསྡམ་པའི་ཕྱིར་ཡང་སྒྲུབ་པར་བྱེད་དེ། རྣམ་པ་དེ་གཉིས་ཀྱི་ཚུལ་བཞིན་མ་ཡིན་པར་རྣམ་པར་རྟོག་པ་ཀུན་ནས་ཉོན་མོངས་པ་ཀུན་ནས་སློང་བར་བྱེད་པ་དེ་ལས་ཡིད་དེ་ཀུན་ཏུ་བསྲུང་བར་བྱེད་པ་ཡིན་ནོ། །ཇི་ལྟར་ན་ཡིད་དེ་རྣམ་པར ་གཉིས་ཀྱི་ཀུན་ཏུ་སྲུང་ནས་དགེ་བ་འམ། ལུང་དུ་མ་བསྟན་པའི་བཏང་སྙོམས་ལ་འཇོག་པར་བྱེད་པ་ཡིན་ཞེ་ན། རྣམ་པ་གཉིས་ཁོ་ན་སྟེ། གཉིས་གང་ཞེ་ན། མིག་གི་དབང་པོ་ཡང་སྲུང་བར་བྱེད་ལ་མིག་གི་དབང་པོས་ཀྱང་སྡོམ་པ་སྒྲུབ་པར་བྱེད་པ་དང། མིག་གི་དབང་པོས་ཇི་ལྟ་བ ་དེ་བཞིན་དུ་རྣ་བ་དང། སྣ་དང་ལྕེ་དང་ལུས་དང། ཡིད་ཀྱི་དབང་པོ་ཡང་སྲུང་བར་བྱེད་ལ། ཡིད་ཀྱི་དབང་པོས་ཀྱང་སྡོམ་པ་སྒྲུབ་པར་བྱེད་པ་ཡིན་ནོ་ཞེས་གང་གསུངས་པ་སྟེ། རྣམ་པ་དེ་གཉིས་ཀྱི་ཡིད་དེ་དགེ་བ་འམ། ལུང་དུ་མ་བསྟན་པའི་བཏང་སྙོམས་ལ་འཇོག་པར་བྱེད་པ་ཡིན་ནོ། །ཇི་ལྟར ་ན་མིག་གི་རྣམ་པར་ཤེས་པར་བྱ་བའི་གཟུགས་རྣམས་ལ་མཚན་མར་མི་འཛིན་པ་ཡིན་ཞེ་ན། མཚན་མར་འཛིན་པ་ཞེས་བྱ་བ་ནི་མིག་གི་རྣམ་པར་ཤེས་པའི་སྤྱོད་ཡུལ་གྱི་གཟུགས་གང་ཡིན་པའི་སྤྱོད་ཡུལ་དེ་ལ། མིག་གི་རྣམ་པར་ཤེས་པས་འཛིན་པར་བྱེད་པ་ཡིན་ཏེ། དེ་ལྟ་བུའི་མིག ་གི་རྣམ་པར་ཤེས་པར་བྱ་བའི་གཟུགས་རྣམས་ལ་མཚན་མིར་འཛིན་པ་ཡིན་ནོ། །གལ་ཏེ་མིག་གི་རྣམ་པར་ཤེས་པའི་སྤྱོད་ཡུལ་ཏེ། ཡོངས་སུ་སྤོང་བར་བྱེད་ན། དེ་ནི་མིག་གི་རྣམ་པར་ཤེས་པར་བྱ་བའི་གཟུགས་རྣམས་ལ་མཚན་མར་མི་འཛིན་པ་ཡིན་ནོ། །མིག་གི་རྣམ་པར་ཤེས ་པར་བྱ་བའི་གཟུགས་རྣམས་ལ་ཇི་ལྟ་བ་བཞིན་དུ། རྣ་བ་དང་སྣ་དང་ལྕེ་དང་ལུས་དང་ཡིད་ཀྱི་རྣམ་པར་ཤེས་པར་བྱ་བའི་ཆོས་རྣམས་ལ་མཚན་མར་མི་འཛིན་པ་ཡང་དེ་བཞིན་ནོ། །ཇི་ལྟར་ན་མིག་གི་རྣམ་པར་ཤེས་པར་བྱ་བའི་གཟུགས་རྣམས་དང། ཡིད་ཀྱི་རྣམ་པར་ཤེས་པར་བྱ་བའི ་ཆོས་རྣམས་ཀྱི་བར་ལ་མངོན་རྟགས་སུ་མི་འཛིན་པ་ཡིན་ཞེ་ན། མངོན་རྟགས་སུ་འཛིན་པ་ཞེས་བྱ་བ་ནི་མིག་གི་རྣམ་པར་ཤེས་པར་བྱ་བའི་གཟུགས་དེ་དག་ཉིད་ལ། མིག་གི་རྣམ་པར་ཤེས་པ་ཁོ་ནའི་རྗེས་ལ་འཇུག་ཐོགས་སུ་བྱུང་བ་རྣམ་པར་རྟོག་པར་བྱེད་པའི་ཡིད་ཀྱི་རྣམ་པར ་ཤེས་པར་ཀུན་ཏུ་ཆགས་པར་འགྱུར་བ་དང། ཀུན་ཏུ་ཞེ་སྡང་བར་འགྱུར་བ་འམ། ཀུན་ཏུ་གཏི་མུག་པར་འགྱུར་བའི་སྤྱོད་ཡུལ་གང་ཡིན་པ་དེ་ལ་ཡིད་ཀྱི་རྣམ་པར་ཤེས་པ་འཛིན་པར་བྱེད་པ་ཡིན་ཏེ། སྤྱོད་ཡུལ་དེ་ཡོངས་སུ་སྤོང་བར་བྱེད་ཅིང། དམིགས་པ་དེ་ལ་ཡིད་ཀྱི་རྣམ་པར་ཤེས་པ་དེ་སྐྱེད་པར་མི ་བྱེད་ན། དེ་ནི་འདི་ལྟ་སྟེ། མིག་གི་རྣམ་པར་ཤེས་པར་བྱ་བའི་གཟུགས་རྣམས་ལ་མངོན་རྟགས་སུ་མི་འཛིན་པ་ཡིན་ཏེ། རྣ་བ་དང་སྣ་དང་ལྕེ་དང་ལུས་དང་ཡིད་ཀྱི་རྣམ་པར་ཤེས་པར་བྱ་བའི་ཆོས་རྣམས་ལ་ཡང་དེ་བཞིན་ནོ། །མཚན་མར་འཛིན་པ་དང། མངོན་རྟགས་སུ་འཛིན་པའི་རྣམ་གྲངས ་གཞན་ཡང་ཡོད་དེ། དེ་ལ་མཚན་མར་འཛིན་པ་ནི་མིག་གིས་གཟུགས་སྣང་བར་གྱུར་པ་རྣམ་པ་དེ་དང་འབྱུང་བ་ཡིད་ལ་བྱེད་པ་མངོན་སུམ་དུ་བྱས་ནས་མཐོང་བ་གང་ཡིན་པའོ། །དེ་ལ་མངོན་རྟགས་སུ་འཛིན་པ་ནི་མིག་གི་གཟུགས་དེ་དག་ཉིད་སྣང་བར་མ་གྱུར་ཅིང། དེ་དང་འབྱུང་བ་ཡིད་ལ ་བྱེད་པ་མངོན་སུམ་དུ་བྱས་ནས། མཐོང་པ་མ་ཡིན་མོད་ཀྱི་འོན་ཀྱང་གཞན་ལས་རྗེས་སུ་མཉན་པ་སྔོན་དུ་བཏང་ནས། མིག་གི་རྣམ་པར་ཤེས་པར་བྱ་བ་འདི་ལྟ་བུ་དང། འདི་ལྟ་བུ་དག་ཡོད་དོ་ཞེས་ཐོས་ཤིང། དེ་དང་རྗེས་སུ་འབྲེལ་བའི་མིང་དང་ཚིག་དང་མངོན་རྟགས་གང་དག་ཡིན་པ་དེ་དང་དེ ་དག་གི་དབང་དུ་བྱས་ཏེ། དེ་དག་ལ་རྟེན་ཅིང་དེ་དག་ལ་གནས་ནས། སྐྱེས་བུ་གང་ཟག་དེ་མིག་གི་རྣམ་པར་ཤེས་པར་བྱ་བའི་གཟུགས་ཇི་ལྟར་ཐོས་པ་དག་ལ་རྣམ་པར་རྟོག་པར་བྱེད་པ་སྟེ། དེ་ནི་མངོན་རྟགས་སུ་འཛིན་པ་ཞེས་བྱའོ། །མིག་གི་རྣམ་པར་ཤེས་པར་བྱ་བའི་གཟུགས་རྣམས་ལ་ཇི ་ལྟ་བ་བཞིན་དུ། རྣ་བ་དང་སྣ་དང་ལྕེ་དང་ལུས་དང་ཡིད་ཀྱི་རྣམ་པར་ཤེས་པར་བྱ་བའི་ཆོས་རྣམས་ལ་ཡང་དེ་བཞིན་དུ་རིག་པར་བྱའོ། །མཚན་མར་འཛིན་པ་དང། མངོན་རྟགས་སུ་འཛིན་པ་དེ་ཡང། རྒྱུ་དེ་དང་གཞི་དེ་དང། དབང་དེས་དེའི་སེམས་ཀྱི་རྗེས་སུ་སྡིག་པ་མི་དགེ་བའི་ཆོས ་རྣམས་ཟག་པར་འགྱུར་བ་ཡང་ཡོད་དོ། །རྒྱུ་དེ་མེད་པ་དང། གཞི་དེ་མེད་པ་དང་དབང་དེ་མེད་པས། དེའི་སེམས་ཀྱི་རྗེས་སུ་སྡིག་པ་མི་དགེ་བའི་ཆོས་རྣམས་ཟག་པར་མི་འགྱུར་བ་ཡང་ཡོད་དེ། དེ་ལ་མཚན་མར་འཛིན་པ་དང། མངོན་རྟགས་སུ་འཛིན་པ་གང་ཡིན་པ་དེ་ནི ་ཚུལ་ཁྲིམས་མ་ཡིན་པ་སྟེ། རྒྱུ་དེ་དང། གཞི་དེ་དང། དབང་དེས་དེའི་སེམས་ཀྱི་རྗེས་སུ་སྡིག་པ་མི་དགེ་བའི་ཆོས་རྣམས་ཟག་པ་འགྱུར་པས་ན། དེས་མཚན་མར་འཛིན་པ་དང། མངོན་རྟགས་སུ་འཛིན་པའི་རང་བཞིན་དེ་ཡོངས་སུ་སྤོང་བར་བྱེད་དོ། །སྡིག་པ ་མི་དགེ་བའི་ཆོས་རྣམས་གང་ཞེ་ན། འདོད་ཆགས་དང་འདོད་ཆགས་ཀྱིས་ཀུན་ནས་བླང་བ། ལུས་ཀྱིས་ཉེས་པར་སྤྱད་པ་དང། ངག་གི་ཉེས་པར་སྤྱད་པ་དང། ཡིད་ཀྱིས་ཉེས་པར་སྤྱད་པ་དང། ཞེ་སྡང་དང། གཏི་མུག་དང། གཏི་མུག་གི་ཀུན་ནས་བསླང་བ། ལུས་ཀྱིས་ཉེས་པར ་སྤྱད་པ་དང། ངག་གིས་ཉེས་པར་སྤྱད་པ་དང། ཡིད་ཀྱིས་ཉེས་པར་སྤྱད་པ་རྣམས་ཏེ། དེ་དག་ནི་སྡིག་པ་མི་དགེ་བའི་ཆོས་རྣམས་ཞེས་བྱའོ། །ཇི་ལྟར་ན་དེ་དག་སེམས་ཀྱི་རྗེས་སུ་ཟག་པར་འགྱུར་ཞེ་ན། དམིགས་པ་གང་དང་གང་དག་ལ། སེམས་དང་ཡིད་རྣམ་པར་ཤེས་པ་སྐྱེ་ཞིང ་འགྲོ་ལ་འབྲང་བར་འགྱུར་བའི་དམིགས་པ་དེ་དང་དེ་དག་ལ་སེམས་དང་ཡིད་རྣམ་པར་ཤེས་པ་དེ་དང་མཚུངས་པར་ལྡན་ལ། ལུས་དང་ངག་དང་ཡིད་ཀྱིས་ཉེས་པར་སྤྱད་པ་ཀུན་ནས་སློང་བར་བྱེད་ལ། འདོད་ཆགས་དང་ཞེ་སྡང་དང་གཏི་མུག་དེ་དག་ཀྱང་སྐྱེ་ཞིང་འགྲོལ་འཕྲེང?་བར་འགྱུར ་བས་ན། དེའི་ཕྱིར་སེམས་ཀྱི་རྗེས་སུ་ཟག་པར་འགྱུར་བ་ཞེས་བྱའོ། །མཚན་མར་འཛིན་པ་དང། མངོན་རྟགས་སུ་འཛིན་པ་ཡོངས་སུ་སྤོང་བར་བྱེད་པ་དེ་ལ་ནི། དེ་ལྟར་མིག་གི་རྣམ་པར་ཤེས་པར་བྱ་བའི་གཟུགས་རྣམས་དང། ཡིད་ཀྱི་རྣམ་པར་ཤེས་པར་བྱ་བའི་ཆོས་རྣམས ་ཀྱིས་བར་ལ་མཚན་མར་འཛིན་པ་དང། མངོན་རྟགས་སུ་འཛིན་པ་ལས་བྱུང་བའི་ཀུན་ནས་ཉོན་མོངས་པ་གང་ཡིན་པ་དེ་དག་འབྱུང་བར་མི་འགྱུར་རོ། །གལ་ཏེ་བརྗེད་ངས་པ་འམ། ཉོན་མོངས་པ་མེད་པས། གཅིག་པུར་གནས་པ་ན་མིག་གི་རྣམ་པར་ཤེས་པར་བྱ་བའི་གཟུགས་རྣམས ་སྔོན་མཐོང་བ་རྣམས་ཀྱི་དབང་དུ་བྱས་ཤིང་རྣ་བ་དང་སྣ་དང་ལྕེ་དང་ལུས་དང་ཡིད་ཀྱི་རྣམ་པར་ཤེས་པར་བྱ་བའི་ཆོས་སྔོན་ཉམས་སུ་མྱོང་བ་རྣམས་ཀྱི་དབང་དུ་བྱས་ཏེ། སྡིག་པ་མི་དགེ་བའི་ཆོས་རྣམས་འབྱུང་བར་འགྱུར་ན། དེ་དག་བྱུང་ཡང་དང་དུ་མི་ལེན་ཅིང་སྤོང་བར་བྱེད། སེལ་བར་བྱེད། ་བྱེད་པར་བྱེད་བསམ?་ན་དེའི་ཕྱིར་དེ་དག་བསྡམས་པར་བྱ་བའི་ཕྱིར་དེ་སྒྲུབ་པར་བྱེད་པ་ཞེས་བྱའོ། །དེ་མིག་གི་རྣམ་པར་ཤེས་པར་བྱ་བའི་གཟུགས་གང་དག་ལ་མིག་བསྟོད་པར་བྱ་བ་དང། རྣ་བ་དང་སྣ་དང་ལྕེ་དང་ལུས་དང་ཡིད་ཀྱི་རྣམ་པར་ཤེས་པར་བྱ་བའི་ཆོས་གང་དག་ལ་ཡིད་བསྟད་པར་བྱ་བ་དེ་དག་ལ ་ཡང་གཏོད་པར་བྱེད་ཅིང། ཅི་ནས་ཀྱང་ཀུན་ནས་ཉོན་མོངས་པར་མི་འགྱུར་བ་དེ་ལྟར་གཏོད་པར་བྱེད་དེ། དེ་ལྟར་ན་དེས་ཉོན་མོངས་པ་དེ་དག་ལས་དབང་པོ་ཀུན་ཏུ་བསྲུངས་པ་ཡིན་པས་ན། དེའི་ཕྱིར་མིག་གི་དབང་པོ་ཡང་སྲུང་བར་བྱེད་པ་ཞེས་བྱའོ། །དེ་མིག་གི་རྣམ་པར་ཤེས་པར་བྱ་བའི་གཟུགས ་གང་དག་ལ་མིག་གི་དབང་པོ་བསྟད་པར་བྱ་བ་མ་ཡིན་པ་དང། རྣ་བ་དང་སྣ་དང་ལྕེ་དང་ལུས་དང་ཡིད་ཀྱི་རྣམ་པར་ཤེས་པར་བྱ་བའི་ཆོས་གང་དག་ལ། ཡིད་ཀྱི་དབང་པོ་བསྟད་པར་བྱ་བ་མ་ཡིན་པ་དེ་དག་ལ་ནི་རྣམ་པ་ཐམས་ཅད་ཀྱི་ཐམས་ཅད་དུ་གཏོད་པར་མི་བྱེད་པས་ན། དེའི་ཕྱིར ་མིག་གི་དབང་པོས་ཀྱང་སྡོམ་པ་སྒྲུབ་པར་བྱེད་པ་དང། ཡིད་ཀྱི་དབང་པོའི་བར་གྱིས་ཀྱང་སྡོམ་པ་སྒྲུབ་པར་བྱེད་པ་ཞེས་བྱ་སྟེ། དེ་ནི་རེ་ཞིག་དབང་པོ་སྡོམ་པའི་རྣམ་པར་དབྱེ་བ་རྒྱས་པ་ཡིན་པར་ཤེས་པར་བྱའོ། །དོན་མདོར་བསྡུ་བ་གང་ཞེ་ན། དེ་ལ་དོན་མདོར་བསྡུ་བ་ནི་འདི ་ཡིན་ཏེ། གང་གིས་སྡོམ་པར་བྱེད་པ་དང། གང་ཞིག་སྡོམ་པར་བྱེད་པ་དང། གང་ལས་སྡོམ་པར་བྱེད་པ་དང། ཇི་ལྟར་སྡོམ་པར་བྱེད་པ་དང། སྡོམ་པ་དེ་གང་ཡིན་པ་དེ་དག་ཐམས་ཅད་གཅིག་ཏུ་བསྡུས་པ་ནི་དབང་པོ་སྡོམ་པ་ཞེས་བྱའོ། །དེ་ལ་གང་གིས་སྡོམ་པར་བྱེད་ཅེ་ན། དྲན ་བ་ཀུན་ཏུ་བསྲུངས་པ་དང། དྲན་པ་ལ་རྟག་འགྲུས་བྱེད་པ་བསྒོམས་པ་གང་ཡིན་པ་སྟེ། དེས་སྡོམ་པར་བྱེད་དོ། །གང་ཞིག་སྡོམ་པར་བྱེད་ཅེ་ན། མིག་གི་དབང་པོ་སྡོམ་པར་བྱེད་པ་དང། རྣ་བ་དང། སྣ་དང། ལྕེ་དང། ལུས་དང། ཡིད་ཀྱི་དབང་པོ་སྡོམ་པ་སྟེ། དེ་སྡོམ་པར་བྱེད་དོ། །གང ་ལས་སྡོམ་པར་བྱེད་ཅེ་ན། གཟུགས་དང། སྒྲ་དང། དྲི་དང། རོ་དང། རེག་བྱ་དང། ཆོས་ཀྱི་རང་བཞིན་སྡུག་པ་དང་མི་སྡུག་པའི་བར་དག་ལས་ཏེ། དེ་ལས་སྡོམ་པར་བྱེད་དོ། །ཇི་ལྟར་སྡོམ་པར་བྱེད་ཅེ་ན། མཚན་མར་མི་འཛིན་ཅིང་མངོན་རྟགས་སུ་མི་འཛིན་པ་དང། གཞི ་གང་ཁོ་ན་ལས་དེའི་སེམས་ཀྱི་རྗེས་སུ་སྡིག་པ་མི་དགེ་བའི་ཆོས་རྣམས་ཟག་པར་འགྱུར་བ་དེ་དག་བསམ་པའི་ཕྱིར་སྒྲུབ་པར་བྱེད་པ་དང། དབང་པོ་ཡང་སྲུང་བར་བྱེད་ལ། དབང་པོས་ཀྱང་སྡོམ་བ་སྒྲུབ་པར་བྱེད་པ་ཡིན་ཏེ། དེ་ལྟར་སྡོམ་པར་བྱེད་དོ། །སྡོམ་པ་དེ ་གང་ཞེ་ན། དྲན་པས་ཡིད་ཀུན་ཏུ་བསྲུངས་པ་དང། གནས་སྐབས་མཉམ་པ་ལས་འཇོག་པར་བྱེད་པ་གང་ཡིན་པ་སྟེ། དེ་ནི་སྡོམ་པ་ཞེས་བྱའོ། །དོན་མདོར་བསྡུ་བ་གཞན་ཡང་སྡོམ་པའི་ཐབས་གང་ཡིན་པ་དང། བསྡམ་པར་བྱ་བའི་གཞི་གང་ཡིན་པ་དང། སྡོམ་པ ་གང་ཡིན་པ་དེ་དག་གཅིག་ཏུ་བསྡུས་པ་ནི། དབང་པོ་སྡོམ་པ་ཞེས་བྱའོ། །དེ་ལ་སྡོམ་པའི་ཐབས་གང་ཞེ་ན། དྲན་པ་ཀུན་ཏུ་བསྲུངས་པ་དང། དྲན་པ་ལ་རྟག་འགྲུས་བྱེད་པ་དང། མིག་གི་གཟུགས་རྣམས་མཐོང་བ་དང། མཚན་མར་མི་འཛིན་ཅིང་མངོན་རྟོགས་སུ་མི་འཛིན ་པ་དང། ཡིད་ཀྱི་ཆོས་རྣམས་རྣམ་པར་ཤེས་པ་ན། མཚན་མར་མི་འཛིན་ཅིང་མངོན་རྟགས་སུ་མི་འཛིན་པའི་བར་དང། གཞི་གང་ཁོ་ན་ལས་དེའི་སེམས་ཀྱི་རྗེས་སུ་སྡིག་པ་མི་དགེ་བའི་ཆོས་རྣམས་ཟག་པར་འགྱུར་བ་དེ་དག་བསྡམ་པའི་ཕྱིར་སྒྲུབ་པར་བྱེད་པ་དང། ་དབང་པོ་ཡང་སྲུང་བར་བྱེད་ལ། དབང་པོས་ཀྱང་སྡོམ་པ་སྒྲུབ་པར་བྱེད་དོ་ཞེས་གང་གསུངས་པ་སྟེ། དེ་ནི་སྡོམ་པའི་ཐབས་ཞེས་བྱའོ། །བསྡམ་པར་བྱ་བའི་གཞི་གང་ཞེ་ན། མིག་དང་གཟུགས་རྣམས་དང། དེ་བཞིན་དུ་ཡིད་དང། ཆོས་རྣམས་ཀྱི་བར་དག་སྟེ། དེ་ནི ་བསྡམ་པར་བྱ་བའི་གཞི་ཞེས་བྱའོ། །དེ་ལ་སྡོམ་པ་གང་ཞེ་ན། དྲན་པས་ཡིད་ཀུན་ཏུ་བསྲུངས་པ་དང། གནས་སྐབས་མཉམ་པ་ལ་འཇོག་པར་བྱེད་པ་ཞེས་གང་གསུངས་པ་སྟེ། དེ་ནི་སྡོམ་པ་ཞེས་བྱའོ། །དབང་པོ་སྡོམ་པ་འདི་ཡང་མདོར་བསྡུ་ན། རྣམ་པ་གཉིས་ཏེ། སོ་སོར ་རྟོག་པའི་སྟོབས་ཀྱིས་ཟིན་པ་དང། བསྐོམ་པའི་སྟོབས་ཀྱིས་ཟིན་པའོ། །དེ་ལ་སོ་སོར་རྟོག་པའི་སྟོབས་ཀྱིས་ཟིན་པ་ནི། གང་གིས་ཡུལ་རྣམས་ལ་ཉེས་དམིགས་སུ་མཐོང་ལ་ཉེས་དམིགས་དེ་སེལ་བ་དང། སྤོང་བར་ནི་མི་བྱེད་པའོ། །དེ་ལ་སྒོམ་པའི་སྟོབས་ཀྱིས ་ཟིན་པ་ནི། གང་གིས་ཡུལ་རྣམས་ལ་ཉེས་དམིགས་སུ་མཐོང་ལ་ཉེས་དམིགས་དེ་ཡང་སེལ་བ་དང། སྤོང་པར་བྱེད་པའོ། །དེ་ལ་སོ་སོར་རྟོག་པའི་སྟོབས་ཀྱི་ཟིན་པའི་དབང་པོ་སྡོམ་པས་ནི། ཡུལ་ལ་དམིགས་པའི་ཉོན་མོངས་པ་ཀུན་ནས་དཀྲིས་བསྐྱེད་པར་མི་བྱེད་ཅིང། མངོན ་སུམ་དུ་མི་བྱེད་པར་ཟད་ཀྱི་ཡུལ་ལ་ཞེན་པའི་བག་ལ་ཉལ་སྤོང་བ་དང། འཇོམས་པར་ནི་མི་བྱེད་དོ། །དེ་ལ་བསྒོམ་པའི་སྟོབས་ཀྱིས་ཟིན་པའི་དབང་པོ་སྡོམ་པས་ནི། ཡུལ་ལ་དམིགས་པའི་ཉོན་མོངས་པའི་ཀུན་ནས་དཀྲིས་པ་ཡང་སྐྱེད་པར་མི་བྱེད་ཅིང། མངོན་སུམ་དུ་མི ་བྱེད་ལ་ལུས་ལ་ཞེན་པའི་བག་ལ་ཉལ་ཡང་དུས་ཐམས་ཅད་ཀྱི་ཐམས་ཅད་དུ་སྤོང་ཞིང་འཇོམས་པར་བྱེད་དེ། སོ་སོར་རྟོག་པའི་སྟོབས་ཀྱིས་ཟིན་པ་དང། བསྒོམ་པའི་སྟོབས་ཀྱིས་ཟིན་པའི་དབང་པོ་སྡོམ་པའི་བྱེ་བྲག་ནི་དེ་ཡིན། བསམ་པ་ནི་དེ་ཡིན། ཐ་དད་དུ་བྱ ་བ་ནི་དེ་ཡིན་ནོ། །དེ་ལས་སོ་སོར་རྟོག་པའི་བསྟོབས་ཀྱི་ཟིན་པའི་དབང་པོ་སྡོམ་པ་གང་ཡིན་པ་དེ་ནི། ལམ་གྱི་ཚོགས་སུ་གཏོགས་པ་ཡིན་ནོ། །བསྒོམ་པའི་སྟོབས་ཀྱིས་ཟིན་པའི་དབང་པོ་སྡོམ་པ་གང་ཡིན་པ་དེ་ནི་འདོད་ཆགས་དང་བྲལ་བའི་སར་གཏོགས་པ་ཡིན་པར་རིག་པར་བྱའོ།། ་ཟས་ཀྱི་ཚོད་རིག་པ་ཉིད་གང་ཞེ་ན། འདི་ལྟར་འདི་ན་ལ་ལས་སོ་སོར་བརྟགས་ཤིང་ཟས་ཟ་བར་བྱེད་ལ། རྣམ་པར་རྟོག་པའི་ཕྱིར་མ་ཡིན། རྒྱགས་པའི་ཕྱིར་མ་ཡིན། སྒག་པའི་ཕྱིར་མ་ཡིན། བརྒྱན་པའི་ཕྱིར་མ་ཡིན། འདི་ལྟ་སྟེ་ལུས་འདི་གནས་པར་བྱ་བ་དང། འཚོ་བར་བྱ ་བཀྲེས་པ་བསལ་པར་བྱ་བ་དང། ཚངས་པར་སྤྱོད་པ་ལ་ཕན་པར་བྱ་བ་དང། ཚོར་པ་རྙིང་པ་རྣམས་སྤང་པར་བྱ་བ་དང། གསར་བ་རྣམས་མི་སྐྱེ་བར་བྱ་བའི་ཕྱིར་དང། བདག་འཚོ་ཞིང་སྟོབས་དང་བདེ་བ་དང། ཁ་ན་མ་ཐོ་བ་མེད་པ་དང། བདེ་བ་ལ་རེག་པར་གནས་པ་ཡང་འགྱུར་རོ ་སྙམ་དུ་སེམས་པ་ཡིན་ནོ། །དེ་ལ་ཅི་ལྟར་སོ་སོར་བརྟགས་ཤིང་ཟས་ཟ་བར་བྱེད་པ་ཡིན་ཞེ་ན། སོ་སོར་རྟོག་པ་ཞེས་བྱ་བ་ནི་ཤེས་རབ་སྟེ། ཤེས་རབ་དེས་ཁམས་ཀྱི་ཟས་ཀྱི་ཉིས་དམིགས་ཡང་དག་པར་རྗེས་སུ་མཐོང་ཞིང། ཉེས་དམིགས་སུ་མཐོང་བས་སུན་ཕྱུང་སྟེ། ཟས་ཟ་བར་བྱེད་པའོ།། ་ཉེས་དམིགས་སུ་མཐོང་བ་དེ་ཡང་གང་ཞེ་ན། འདི་ལྟ་སྟེ་ཁམ་གྱི་ཟས་དེ་ཉིད་ལ་ཡོངས་སུ་ལོངས་སྤྱད་པའི་རྒྱུ་ལས་བྱུང་བ་དང། ཡོངས་སུ་འཇུ་བའི་རྒྱུ་ལས་བྱུང་བ་དང། ཡོངས་སུ་ཚོལ་བའི་རྒྱུ་ལས་བྱུང་བའོ། །དེ་ལ་ཡོངས་སུ་ལོངས་སྤྱོད་པའི ་རྒྱུ་ལས་བྱུང་བའི་ཉེས་དམིགས་གང་ཞེ་ན། འདི་ལྟར་འདི་ན་ལ་ལ། གང་གི་ཚེ?་ཟས་ཁ་དོག་ཕུན་སུམ་ཚོགས་པ་དང། དྲི་ཕུན་སུམ་ཚོགས་པ་དང། རོ་ཕུན་སུམ་ཚོགས་པ་དང། ཤིན་ཏུ་བསོད་པ་དག་ཟ་བར་བྱེད་ཅིང། གང་གི་ཚེ་ཁམ་གྱི་ཟས་དེ་དེའི་ཁར་བཅུག ་མ་ཐག་ཁོ་ནར་སོ་སོའི་འཁྲུལ་འཁོར་གྱིས་བལྡང་ཅིང། མཆིལ་མའི་ཚོགས་ཀྱིས་བརླན་ལ། བད་ཀན་གྱིས་ཡོངས་སུ་དཀྲིས་ཤིང། དེ་མིང་པའི་སྤུབས་སུ་ཞུགས་པར་གྱུར་ལ། དེ་སྔོན་གྱི་ཡིད་དུ་འོང་བ་གང་ཡིན་པ་སྟེ། རྣམ་པ་ཐམས་ཅད་ཀྱི་ཐམས་ཅད་དུ་ཉམས ་ཤིང་ལྷག་པར་མི་སྡུག་པར་གྱུར་ལ། དེ་མི་སྡུག་པར་གྱུར་པ་ན། སྐྱུགས་པ་ལྟ་བུར་གྱུར་བའི་གནས་སྐབས་སུ་གྱུར་པ་དེའི་ཚེ། ཟབ་པོའི་སྐྱེས་བུ་གང་ཟག་དེས་གལ་ཏེ་དེ་དེའི་རྣམ་པའི་སྒོ་ནས་ཡིད་ལ་བྱས་ཤིང་རྗེས་སུ་དྲན་པར་བྱས་ལ། དེ་རེ་ཞིག་ཟས་ཡོངས ་སུ་མ་གྱུར་པ་བཟང་པོ་གཞན་དག་ལ་ཡང་རྣམ་པ་ཐམས་ཅད་ཀྱི་ཐམས་ཅད་དུ་ཟ་བར་མི་འདོད་ཅིང། འདུག་པར་གྱུར་ན་དེ་ལྟ་བུའི་གནས་སྐབས་སུ་གྱུར་པ་དེ་ལ་ལྟ་སྨོས་ཀྱང་ཅི་དགོས་ཏེ། དེ་ལྟ་བུའི་རྣམ་པ་དུ་མའི་རིམ་པ་ངེས། ཟས་ལ་ཡོངས་སུ ་ལོངས་སྤྱོད་པའི་དབང་དུ་བྱས་ཏེ། ཁ་དོག་བཟང་པོའི་མདོག་གང་ཡིན་པ་དེ་ནུབ་ཅིང་མི་གཙང་བས་ཟིན་པའི་ཉེས་དམིགས་འབྱུང་བར་འགྱུར་བ་གང་ཡིན་པ་དེ་ནི། འདི་ལྟ་སྟེ། ཟས་ལ་ཡོངས་སུ་ལོངས་སྤྱོད་པའི་རྒྱུ་ལས་བྱུང་བའི་ཉེས་དམིགས་ཞེས་བྱའོ།། ་དེ་ལ་ཟས་ཡོངས་སུ་འཇུ་བའི་རྒྱུ་ལས་བྱུང་བའི་ཉེས་དམིགས་གང་ཞེ་ན། དེས་ཟས་དེ་ཟོས་ཤིང་མིང་པར་གྱུར་ནས། གང་གི་ཚེ་མཚན་མོ་ཐུན་པར་པ་འམ། ཐུན་ཐ་མལ་ཡོངས་སུ་འཇུ་བར་འགྱུར་བའི་ཚེ། དེས་དེའི་ལུས་དེ་ལ་ཤ་དང་ཁྲག་དང། ཆུ ་རྒྱུས་དང་རུས་པ་དང། པགས་པ་ལ་སོགས་པ་མི་གཙང་བའི་རྫས་རྣམ་པ་དུ་མ་རྣམ་པ་མང་པོ་སྣ་ཚོགས་དུ་མ་དག་རྣམ་པར་འཕེལ་ཞིང་སྐྱེ་ལ་ལྟ་བར་འགྱུར་བ་དང། དེ་དག་ལས་ལ་ལ་ནི་བཤང་པ་དང། གཅི་བའི་དངོས་པོར་ཡོངས་སུ་འཇུ་བར་འགྱུར་ཞིང། ཡོངས་སུ ་ཞུ་ནས་ཀྱང་སྨད་ཀྱི་ཆ་ལོགས་སུ་གནས་པར་འགྱུར་ལ། དེ་ཡང་དེས་ཉིན་ཅིག་མི་ཚང་བར་བསལ་བར་བྱ་དགོས་པར་འགྱུར་བ་དང། དེས་ལག་པ་འམ། རྐང་པ་འམ། ཡན་ལག་དང། ཉིང་ལག་གང་ཡང་རུང་བ་ལ་ལག་པར་གྱུར་པ་གང་ཡིན་པ་དེ་ཡང་བདག་དང ་གཞན་དག་གིས་ཤིན་ཏུ་སྨད་པར་འགྱུར་བ་དང། གཞི་དེ་ལས་དེའི་ལུས་ལ་ལུས་ཀྱི་ནད་རྣམ་པ་མང་པོ་འདི་ལྟ་སྟེ། འབྲས་དང། ཕོལ་མིག་དང། ཤུ་བ་དང། རྐང་ཤུ་དང། གཡའ་བ་དང། མཛེ་དང། འབྲུམ་བུ་ཕྲ་མ་དང། ཤ་བཀྲ་དང། རིམས་དང། ལུང ་པ་དང། སྐྲངས་པ་དང། སྐེམས་པ་དང། བློང་བ་དང། བཀྲེས་རྔབ?་དང། སྐྱ་རྦབ་དང། ཁྲག་ནད་དང། མཁྲིས་ནད་དང། མཚན་པར་རྡོལ་པ་དག་འབྱུང་བར་འགྱུར་ཞིང། དེ་དག་དང་གཞན་ཡང་དེ་ལྟ་བུ་དང་མཐུན་པའི་ལུས་ཀྱི་ནད་མང་པོ་དག་ལུས ་ལ་འབྱུང་བར་འགྱུར་བ་དང། དེས་ཟོས་ནས་མི་འཇུ་ཞིང། དེས་དེའི་ལུས་ལ་གསུང་པར་འགྱུར་བ་སྟེ། དེ་ནི་འདི་ལྟ་སྟེ། ཟས་ཡོངས་སུ་འཇུ་བའི་རྒྱུ་ལས་ཉེས་དམིགས་ཞེས་བྱའོ། །དེ་ལ་ཟས་ཡོངས་སུ་ཚོལ་བའི་རྒྱུ་ལས་བྱུང་བའི་ཉེས་དམིགས་གང་ཞེ་ན། ་ཡོངས་སུ་ཚོལ་བའི་རྒྱུ་ལས་བྱུང་བའི་ཉེས་དམིགས་ནི་རྣམ་པ་མང་སྟེ། སྒྲུབ་པ་ལས་བྱུང་བ་དང། ཀུན་ཏུ་སྲུང་བ་ལས་བྱུང་བ་དང། མཛའ་བ་ཡོངས་སུ་ཉམས་པ་ལས་བྱུང་བ་དང། ངོ་མི་ཤེས་པ་ལས་བྱུང་བ་དང། རང་དབང་མེད་པ་ལས་བྱུང་བ་དང། ཉེས? ་པར་སྤྱད་པ་ལས་བྱུང་བའོ། །དེ་ལ་ཟས་བསྒྲུབ་པ་ལས་བྱུང་བའི་ཉེས་དམིགས་གང་ཞེ་ན། འདི་ལྟར་འདི་ན་ལ་ལས་ཟས་ཀྱི་རྒྱུ་དང། ཟས་ཀྱི་གཞིའི་ཕྱིར་གྲང་བའི་ཚེ་ཡང་གྲང་བས་ཉེན་བཞིན། ཚ་བའི་ཚེ་ཡང་ཚ་བས་གདུངས་ཤིན་དུ་ཞིང་ལས་སམ། ཕྱུགས ་བཅའ་བ་འམ། ཚོང་བྱ་བ་འམ། ཡི་གེ་དང། བགྲང་བ་དང། ཤོད་དགོད་པ་དང། རྩིས་དང། ལག་རྩིས་བྱ་བ་དང། བཟོའི་གནས་དང། ལས་ཀྱི་གནས་རྣམ་པ་སྣ་ཚོགས་དང། དེ་དག་གི་ཕྱིར་རམ། ཟས་མ་ཐོབ་པ་ཐོབ་པར་བྱ་བ་དང། བསག་པར ་བྱ་བའི་ཕྱིར་བརྩོན་པར་བྱེད་འབད་པར་བྱེད། རྩོལ་བར་བྱེད་ཅིང་ཟས་ཀྱི་ཕྱིར་ཇི་ལྟ་བ་བཞིན་དུ་ཟས་ཀྱི་རྒྱུའི་ཕྱིར་ཡང་དེ་བཞིན་ཏེ། དེ་དེ་ལྟར་བརྩོན་པ་དང། འབད་པ་དང། རྩོལ་བར་བྱེད་པ་ན། གལ་ཏེ་ལས་ཀྱི་མཛའ་དེ་དག་རྒྱུད་པར་གྱུར་ན། དེ་གཞི་དེ་ལས་ཀྱེ ་མ་བདག་གི་འབད་པ་ནི་དོན་མེད་ཅིང་འབྲས་བུ་མེད་དོ་ཞེས་མྱ་ངན་བྱེད། གདུང་པར་བྱེད། སྨྲེ་བསྔགས་འདོན་པར་བྱེད། བྲང་བརྡུང་བར་བྱེད། ཆོ་ངེས་འདེབས་པར་བྱེད་ཅིང། ཀུན་ཏུ་རྨོངས་པར་འགྱུར་ཏེ། དེ་ནི་འདི་ལྟ་སྟེ། ཟས་སྒྲུབ་པའི་མོད་ལས་སྐྱེས་པའི ་ཉེས་དམིགས་ཡིན་ནོ། །གལ་ཏེ་འབྱོར་ན་ཡང་དེ་འདི་སྙམ་དུ་མ་ལ་བདག་གི་ལོངས་སྤྱོད་རྒྱལ་པོ་འམ། ཆོམ་རྐུན་གྱིས་ཕྲོགས་པ་འམ། མེས་ཚིག་པ་འམ། ཆུས་ཁྱེར་བ་འམ། གཏེར་ངན་པ་དག་ཏུ་སྤས་པ་ཆུང་ཟ་འམ། ལས་ཀྱི་མཛའ་ལེགས ་པར་མ་བྱས་པས་ཉམས་པ་འམ། རིགས་རྒྱུད་སྡང་བ་དག་གི་དབང་དུ་བྱས་པ་འམ། རིགས་ཀྱི་ནང་ན་པ་ཚན་གྱི་དཀྲུགས་མ་བྱེད་པ་གང་ཡིན་པ་དག་གི་ལོངས་སྤྱོད་འདི་དག་ཚུལ་བཞིན་མ་ཡིན་པས་ཕུང་བར་བྱེད་པ་འམ། ཅིག་ཏུ་མི་འགྱུར་གྲང ་སྙམ་ན། དེ་ཀུན་ཏུ་བསྲུང་བའི་གཞི་ལས་རྩོལ་བ་དྲག་པོ་འབྱུང་བར་འགྱུར་ཏེ། དེ་ནི་འདི་ལྟ་སྟེ། ཟས་ཀུན་ཏུ་བསྲུང་བའི་མོད་ལས་སྐྱེས་པའི་ཉེས་དམིགས་ཡིན་ནོ། །མཛའ་བ་ཡོངས་སུ་ཉམས་པ་ལས་བྱུང་བའི་ཉེས་དམིགས་གང་ཞེ་ན། འདི་ལྟ་སྟེ་ཟས་ཀྱི ་རྒྱུ་དང། ཟས་ཀྱི་གཞི་ལས། མ་ནི་བུ་ལ་བུ་ཡང་མ་ལ། ཕ་ཡང་བུ་ལ་བུ་ཡང་ཕ་ལ་མིང་པོ་ཡང་སྲིང་མོ་ལ་སྲིང་མོ་ཡང་མིང་པོ་ལ། གྲོགས་ཀྱང་གྲོགས་ལ་མི་སྙན་པ་བརྗོད་པར་བྱེད་ན། སྐྱེ་བོ་སྐྱེ་བོ་ལ་ལྟ་སྨོས་ཀྱང་ཅི་དགོས་ཏེ། དེ་དག་ཕན་ཚུན་འཐབ་ཅིང ་རྩོད་པར་གྱུར་པ་དང་?། དེ་བཞིན་དུ་བྲམ་ཟེ་དང་རྒྱལ་རིགས་དང། ཁྱིམ་བདག་རྒྱ་ཆེ་བ་ཤིང་སཱ་ལ་ཆེན་པོ་ལྟ་བུ་དག་ཀྱང་ཟས་ཀྱི་གཞིའི་ཕྱི་ཁོ་ནར་ཕན་ཚུན་འཐབ་ཅིང་རྩོད་པར་བྱེད་དེ། ལག་པས་ཀྱང་བརྡེག་པར་བྱེད། བོང་བ་དང། དབྱུག་པ་དང། མཚོན་གྱིས་ཀྱང་འདེབས ་པར་བྱེད་པ་ལྟ་བུ་སྟེ། ཟས་ལ་མཛའ་བ་ཡོངས་སུ་ཉམས་པ་ལས་བྱུང་བའི་ཉེས་དམིགས་ཞེས་བྱའོ། །དེ་ལ་ངོམས་མི་ཤེས་པ་ལས་བྱུང་བའི་ཉེས་དམིགས་གང་ཞེ་ན། འདི་ལྟ་སྟེ་རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བ་དག་རང་རང་གི་གྲོང་ཁྱེར་དང། གྲོང་རྡལ་དང་ཡུལ་འཁོར་དང ་རྒྱལ་པོའི་ཕོ་བྲང་འཁོར་དག་ན། ཆོག་མི་ཤེས་པར་གནས་པ་ན་ཕན་ཚུན་ནས་གཡུལ་གྱི་བཀོད་པ་དག་བཤམས་ཏེ། དུང་ངག་འབུད། རྔ་པ་ཊ་ཧ་དག་བརྡུང། མངའ་སྣ་ཚོགས་ངག་འཕེན་བཞིན་དུ་ཆས་ཤིང་དེ་དག་རྟ་རྒྱགས་པ་དང་ལྷན་ཅིག་ཏུ་འདུ་བར་བྱེད། གླང་པོ་ཆེ་དང་ཤིང་རྟ་དང ་དཔུང་བུ་ཆུང་རྒྱགས་པ་ངག་དང་ལྷན་ཅིག་འདུ་བར་བྱེད་པའི་ཚེ་མདའ་དག་དང་མདུང་ཐུང་རྣམས་ཀྱི་ལུས་ངག་བཙགས་ཤིང་འཆི་བ་འམ། འཆི་བ་ལ་ཐུག་པ་ཙམ་གྱི་སྡུག་བསྔལ་ཐོབ་པར་འགྱུར་བ་ལྟ་བུ་དང། གཞན་ཡང་གང་དེ་ལྟ་བུ་དང་མཐུན་པ་དེ་ནི་ངོ་མས་མི་ཤེས་པ་ལས་བྱུང ་བའི་ཉེས་དམིགས་ཞེས་བྱའོ། །དེ་ལ་རང་དབང་མེད་པ་ལས་བྱུང་བའི་ཉེས་དམིགས་གང་ཞེ་ན། འདི་ལྟ་སྟེ། རྒྱལ་པོ་ལ་ཞོ་ཤས་འཚོ་བའི་མི་དག་གྲོང་ཁྱེར་བསྲུང་བ་དག་ཏུ་འཇུག་པ་ན། འབྲུ་མར་བསྐོལ་བ་འམ། ཞག་སྐོལ་བ་འམ། བ་ལང་གི་ལྕི་བའི་ཐུག་བསྐོལ་བ་དག་ཟངས ་ཁུ་སྐོལ་བ་དང། ཁྲོ་ཆུ་སྐོལ་བ་དག་གིས་གཏོར་ཅིང། མདའ་དག་དང་མདུང་ཐུང་དག་གིས་ལུས་དང། གཙིགས་ཏེ་འཆི་བ་འམ། འཆི་བ་ལ་ཐུག་པའི་སྡུག་བསྔལ་ཐོབ་པར་འགྱུར་བ་ལྟ་བུ་དང། གཞན་ཡང་གལ་ཏེ་དེ་ལྟ་བུ་དང་མཐུན་པ་དེ་ནི་རང་དབང་མེད་པ་ལས་བྱུང་བའི་ཉེས་དམིགས་ཞེས ་བྱའོ། །དེ་ལ་ཉེས་པར་སྤྱད་པ་ལས་བྱུང་བའི་ཉེས་དམིགས་གང་ཞེ་ན། འདི་ལྟ་སྟེ། ལ་ལས་ཟས་ཀྱི་རྒྱུ་དང་ཟས་ཀྱི་ཕྱིར་ལུས་ཀྱི་ཉེས་པར་སྤྱད་པ་མང་པོ་བྱས་ཤིང་བསགས་པ་དང། ལུས་ཀྱི་ཇི་ལྟ་བ་བཞིན་དུ་ངག་དང་ཡིད་ཀྱིས་ཀྱང་དེ་བཞིན་ཏེ། དེ་གང་གི་ཚེ་ནང་ཀྱི་བཏབ་ཅིང་སྡུག ་བསྔལ་བར་གྱུར་ཅིང་ནད་ཚབས་ཆེ་བའི་ཚེ་ན། སྔོན་ལུས་ཀྱི་ཉེས་པར་སྤྱོད་པ་དང། ངག་དང་ཡིད་ཀྱི་ཉེས་པར་སྤྱད་པ་དེ་དག་དེ་ལ་བྱེ་འབྲེད་ཀྱི་རིའི་རྩེ་མོའི་གྲིབ་མ་བཞིན་དུ་གཞོལ་བ་དང། རབ་ཏུ་གཞོལ་བ་དང། མངོན་པར་རབ་ཏུ་གཞོལ་བར་གྱུར་པ་ན། ་དེ་འདི་སྙམ་དུ་སེམས་ཏེ། ཀྱེ་མ་བདག་གི་ལུས་དང་ངག་དང། ཡིད་ཀྱིས་སྡིག་པ་ནི་བྱས་ལ། ཀྱེ་མ་བདག་གིས་བསོད་ནམས་ནི་མ་བྱས་པས། བདག་ཤི་འཕོས་ནས་ཀྱང་སྡིག་པ་བྱས་པ་རྣམས་ཀྱིས་འགྲོ་བ་གང་ཡིན་པ་དེར་འགྲོ་བར་འགྱུར་རོ་སྙམ་ནས། འགྱོད་བཞིན་དུ ་འཆི་བའི་དུས་བྱེད་པར་འགྱུར་ཏེ། ཤི་བའི་དུས་བྱས་ནས་ཀྱང། ངན་སོང་འདི་ལྟ་སྟེ། སེམས་ཅན་དམྱལ་བ་རྣམས་དང། དུད་འགྲོ་རྣམས་དང། ཡི་དགས་རྣམས་སུ་སྐྱེ་བར་འགྱུར་བ་ལྟ་བུ་སྟེ། དེ་ནི་ཉེས་པར་སྤྱད་པ་ལས་བྱུང་བའི་ཉེས་དམིགས་ཞེས་བྱའོ། །དེ ་འདི་སྙམ་དུ་སེམས་ཏེ། དེ་ལྟར་ཟས་འདི་ནི་ཡོངས་སུ་ཚོལ་བ་ན་ཡང་ཉེས་དམིགས་དང་བཅས་པ་ཡིན། ཡོངས་སུ་ལོངས་སྤྱོད་པ་དང། ཡོངས་སུ་འཇུ་བ་ན་ཡང་ཉེས་དམིགས་དང་བཅས་པ་ཁོ་ན་ཡིན་མོད་ཀྱི། འོན་ཀྱང་ཟས་འདི་ལ་ཕན་ཡོན་འགའ་ཙམ་ཡང་ཡོད་དེ། ་དེའང་གང་ཞེ་ན། ལུས་འདི་ནི་ཟས་ཀྱི་གནས་པ་ཡིན་ཏེ། ཟས་ལ་བརྟེན་ནས་གནས་པར་འགྱུར་གྱི། ཟས་མེད་ན་ནི་མ་ཡིན་ཏེ། དེ་ནི་འདིའི་ཕན་ཡོན་ཡིན་ནོ། །དེ་ལྟར་ཟས་ཀྱི་གནས་པའི་ལུས་འདི་ཡང་ཤིན་ཏུ་ཡུན་རིང་བར་གནས་ན་ཡང། ལོ་བརྒྱ་འམ། ལེགས ་པར་ཡོངས་སུ་བསྲུངས་ན། དེ་བས་ཅུང་ཟད་རིང་དུ་གནས་པར་ཟད་དེ། འདི་ལ་སྔར་འཆི་བ་ཡང་ཡོད་དོ། །དེ་ལ་གང་དག་ལུས་གནས་པ་ཙམ་ལ་ཞུགས་པ་དེ་དག་ནི་ལེགས་པར་ཞུགས་པ་མ་ཡིན་ལ། གང་དག་ལུས་གནས་པ་ཙམ་གྱིས་ཆོག་པར་འཛིན་པ་དེ་དག་ཀྱང ་ལེགས་པར་ཆོག་ཤེས་པ་མ་ཡིན་ཏེ། དེ་དག་གིས་ནི་ཟས་ལས་བྱུང་བའི་ཕན་ཡོན་ཁ་ན་མ་ཐོ་བ་མེད་པ་དག་ཡོངས་སུ་རྫོགས་པར་ཉམས་སུ་མྱོང་བར་མི་འགྱུར་རོ། །གང་དག་ལུས་གནས་པ་ཙམ་གྱིས་ཆོག་པར་མི་འཛིན་ཅིང་ལུས་གནས་པ་ཙམ་ལ་ཞུགས་པ་ཡང ་མ་ཡིན་ལ། ལྷག་པར་ཡང་ལུས་གནས་པར་གྱུར་པ་དེ་ཉིད་ལ་བརྟེན་ནས། ཚངས་པར་སྤྱོད་པ་ཡང་དག་པར་སྒྲུབ་པའི་ཕྱིར་ཞུགས་པ་དེ་དག་ནི་ལེགས་པར་ཞུགས་པ་ཡིན་ཏེ། དེ་དག་ཉིད་ཀྱིས་ཟས་ལས་བྱུང་བའི་ཕན་ཡོན་ཁ་ན་མ་ཐོ་བ་མེད་པ་དག་ཡོངས་སུ་རྫོགས་པར་ཉམས་སུ ་མྱོང་བར་འགྱུར་བས་ན། དེའི་ཕྱིར་བདག་ཟས་ཀྱི་ཕན་ཡོན་ཏན་དོན་ཙམ་གྱི་ཆོག་པར་འཛིན་ཅིང་གནས་པ་དེ་ནི་བདག་གི་ཚུལ་དང་མཐུན་པ་མ་ཡིན་ཞིང། བདག་བྱིས་པ་དང་སྐལ་བ་མཉམ་པ་རྣམས་ཀྱི་བྱིས་པའི་ཆོས་དང་མཐུན་པར་བྱེད་པ་དེ་ཡང་བདག་གི་ཚུལ་དང་མཐུན་པ་མ་ཡིན་ནོ ་སྙམ་དུ་སེམས་ཤིང། དེ་ལྟར་ཟས་ཀྱི་ཉེས་དམིགས་རྣམ་པ་ཐམས་ཅད་དུ་ཡོངས་སུ་རྫོགས་པར་ཤེས་ནས། དེ་དེ་ལས་སོ་སོར་བརྟགས་ཏེ། ཉེས་དམིགས་སུ་ལྟ་ཞིང་ངེས་པར་འབྱུང་བ་ཡོངས་སུ་ཚོལ་ལ། ཟས་ལས་ངེས་པར་འབྱུང་བར་བྱ་བ་ཁོ་ནའི་དོན་དུ། ་?་བུའི་ཤ་ལྟ་བུའི་ཟས་དག་ཟ་བར་བྱེད་དོ། །དེ་འདི་སྙམ་དུ་སེམས་ཏེ། དེ་ལྟར་སྦྱིན་པ་པོ་དང་སྦྱིན་བདག་དེ་དག་གིས་ལོངས་སྤྱོད་དཀའ་བས་ཡང་དག་པར་བསྒྲུབས་ཤིང་ཡོངས་སུ་ཚོལ་བ་ལས་བྱུང་བའི་ཉེས་དམིགས་མང་པོ་དག་ཉམས་སུ་མྱོང་བར་འགྱུར་ཏེ། པགས་པ་དང། ་ཤ་དང་ཁྲག་རབ་ཏུ་བཙིར་ཅིང། འདི་ལྟ་སྟེ། འབྲས་བུ་ཁྱད་པར་ཅན་འདོད་པས། རྗེས་སུ་སྙིང་བརྩེ་བའི་ཕྱིར་སྦྱིན་པར་བྱེད་པས་ན། བདག་གིས་ཀྱང་དེ་ལྟར་ཐོབ་པའི་བསོད་སྙོམས་དེ་ལ་ཅི་ནས་ཀྱང་དེ་དག་གི་བྱ་བ་བྱས་པ་དེ་དག་ཤིན་ཏུ་འབྲས་བུ་ཆེ་བ་དང། ཕན་ཡོན ་ཆེ་བ་དང། སྣང་བ་ཆེ་བ་དང། རྒྱ་ཆེ་བར་འགྱུར་བ་དང། ཟླ་བ་ལྟར་ཁྱིམ་རྣམས་སུ་རྒྱུ་ཞིང་ལུས་དབེན་པ་དང། སེམས་དབེན་པ་དང། ངོ་ཚ་བ་དང་ལྡན་པ་དང། སྤྱི་རྟོལ་མེད་པ་དང། བདག་ལ་མི་བསྟོད་པ་དང། གཞན་ལ་མི་སྨོད་པ་དང། ཇི་ལྟར་རང་གིས་ཐོབ་ན ་དགའ་ཞིང་ཡིད་བདེ་བར་གྱུར་པ་དེ་བཞིན་དུ་གཞན་གྱིས་ཐོབ་ན་ཡང་དགའ་ཞིང་ཡིད་བདེ་བར་འགྱུར་བ་དང། རབ་ཏུ་བྱུང་ནས་གཞན་གྱི་ཁྱིམ་དག་ཏུ་བདག་ལ་གཞན་གྱིས་སྟེར་བར་འགྱུར་གྱི། མི་སྟེར་བར་མི་འགྱུར་བ་དང། བསྙེན་བཀུར་བྱེད་པར་འགྱུར་གྱི། བསྙེན ་བཀུར་མི་བྱེད་པར་མི་འགྱུར་བ་དང། མང་པོ་སྟེར་གྱི་ཉུང་ངུ་མ་ཡིན་པ་དང། བཟང་པོ་སྟེར་གྱི་ངན་པ་མ་ཡིན་པ་དང། མྱུར་བར་སྟེར་གྱི་འགྱངས་ཏེ་མ་ཡིན་པ་དེ་ལྟ་བུ་ལྟ་ག་ལ་རྙེད་སྙམ་པ་དེ་ལྟ་བུའི་སེམས་ཀྱིས་ཀྱང་ཁྱིམ་རྣམས་སུ་རྒྱུ་པར་འགྱུར ་ཞིང། བདག་དེ་ལྟ་བུའི་སེམས་ཀྱི་ཁྱིམ་རྣམས་སུ་རྒྱུ་བ་ན། གལ་ཏེ་གཞན་དག་གིས་མ་བྱིན་ན་ཡང། དེས་བདག་དེ་དག་ལ་ཀུན་ནས་མནར་སེམས་ཀྱི་སེམས་དང། ཁོང་ཁྲོ་བའི་སེམས་ཀྱི་རྣམ་པར་འབྱེད་པར་མི་འགྱུར་ཞིང། འདི་ལྟ་སྟེ་ཀུན་ནས་མནར ་སེམས་ཀྱི་སེམས་དང། ཁོང་ཁྲོ་བའི་སེམས་དེ་ཉིད་ཀྱི་དབང་དུ་བྱས་ནས་གཞི་དེས་ལུས་ཞིག་སྟེ། ངན་སོང་དུ་སྐྱེས་པས་ཉམ་ཐག་པར་མི་འགྱུར་བ་དང། གལ་ཏེ་བསྙེན་བཀུར་མ་ཡིན་པ་བྱས་ལ། བསྙེན་བཀུར་མ་བྱས་པ་དང། གལ་ཏེ་ཉུང་ངུ་སྟེར ་གྱི་མང་པོ་མ་ཡིན་པ་དང། གལ་ཏེ་ངན་པ་སྟེར་གྱི་བཟང་པོ་མ་ཡིན་པ་དང། གལ་ཏེ་འགྱངས་ཏེ་སྟེར་གྱི་མྱུར་བ་མ་ཡིན་པར་སྦྱིན་པར་གྱུར་ན་ཡང། དེས་བདག་དེ་དག་ལ་སྔ་མ་བཞིན་དུ་ཀུན་ནས་མནར་སེམས་ཀྱི་སེམས་དང། ཁོང་ཁྲོ་བའི་སེམས ་ཀྱི་རྣམ་པར་འབྱེད་པར་མི་འགྱུར་བ་དེ་ལྟར་བདག་ཉིད་བཞག་སྟེ། ཡོངས་སུ་སྤྱོད་པར་བྱེད་ན། དེ་ལྟར་ཡོངས་སུ་ལོངས་སྤྱོད་པར་བྱེད་པ་དེ་ནི། བདག་གི་ཚུལ་དང་མཐུན་པ་ཡིན་ཏེ། བདག་གི་ཁམ་གྱི་ཟས་འདི་ལ་བརྟེན་ནས་བདག་གི་སྲོག་གི་དབང་པོ ་འགག་པར་ཡང་མི་འགྱུར་ལ། ཟས་ཀྱི་རྨྱ་བར་མི་འགྱུར་ཞིང། བདག་གི་ཚངས་པར་སྤྱོད་པ་ལ་ཡང་ཕན་པར་འགྱུར་བ་དེ་ལྟ་དེ་ལྟར་དེ་དག་གི་ཚོད་རིག་པ་སྒྲུབ་པ་བྱས་ཏེ། དེ་ལྟར་ན་དགེ་སྦྱོང་གི་དངོས་པོ་དང། རབ་ཏུ་བྱུང་བའི་དངོས་པོ་ལ་གནས་པ་དང། ་བདག་གི་བསོད་སྙོམས་ཡོངས་སུ་ལོངས་སྤྱད་པ་འདི་ནི་ཚུལ་དང་མཐུན་པ་དང་ཡོངས་སུ་དག་པ་དང་ཁ་ན་མ་ཐོ་བ་མེད་པ་ཡིན་ནོ་སྙམ་དུ་སེམས་ཏེ། དེ་རྣམ་པ་དེ་དག་གི་སོ་སོར་བརྟགས་ཤིང་ཟས་ཟ་བར་བྱེད་དོ།། །།བམ་པོ་བཞི་པ། །དེ་ལ ་ཟས་གང་ཞེ་ན། ཟས་ནི་བཞི་སྟེ། ཁམ་གྱི་ཟས་དང། རེག་པ་དང། ཡིད་ལ་སེམས་པ་དང། རྣམ་པར་ཤེས་པའི་ཟས་སོ། །དོན་གྱི་སྐབས་འདིར་ནི་ཁམ་གྱི་ཟས་ལ་ཟས་སུ་དགོངས་ཏེ། དེ་ཡང་གང་ཞེ་ན། འདི་ལྟ་སྟེ། ལྡེ་གུ་དང། སྣུམ་ཁུར་དང། འབྲས་ཆན་དང། ཟན་དྲོན་དང། ་ཞུན་མར་དང། འབྲུ་མར་དང། སྦྲང་རྩི་དང། བུ་རམ་གྱི་དབུ་བ་དང། ཤ་དང། ཉ་ཤ་དང། ཤ་སྐམ་དང། ལན་ཚྭ་དང། འོ་མ་དང། ཞོ་དང། མར་དང་གཞན་ཡང་དེ་ལྟ་བུའི་ཡོ་བྱད་གང་དག་ཁམ་དུ་བྱས་ཏེ། བཟར་རུང་བདག་སྟེ། དེའི་ཕྱིར་ཁམ་གྱི་ཟས་ཞེས་བྱའོ། །ཟ ་བར་བྱེད་པ་ཞེས་བྱ་བ་ནི་ཟ་བར་བྱེད་པ་དང། སོ་སོར་བརྟེན་པར་བྱེད་པ་དང། བལྡང་པར་བྱེད་པ་དང། འཆའ་བར་བྱེད་པ་དང། མུར་བར་བྱེད་པ་དང། མྱང་བར་བྱེད་པ་དང། འཐུང་བར་བྱེད་པ་དང། འཇིབ་པར་བྱེད་པ་ཞེས་བྱ་བ་ནི་རྣམ་གྲངས་ཡིན་ནོ། །རྣམ་པར་རྟོག ་པའི་ཕྱིར་མ་ཡིན་ཞེས་བྱ་བ་ནི། ཇི་ལྟར་འདོད་པ་ལ་ལོངས་སྤྱོད་པར་བྱེད་པ་དག་འདི་ལྟར་བདག་ཅག་ཟས་ཀྱིས་ལུས་ངག་བརྟས་ཤིང་ཚིམ་པར་བྱས་ལ། ཕྱེ་མ་རེད་ཀྱི་དུས་ཚོད་ལ་བབ་ཅིང་ནམ་སྲོས་པའི་ཚེ། བུད་མེད་ཅོད་པན་ཅན་ལག་ངར་ཀུ་བའི་སྤུ་འདྲ་བ། ནུ་མ་ཕོ་ལོང ་འདྲ་བ་འཁོར་དང་བཅས་པ་རྣམས་དང། ལྷན་ཅིག་ཏུ་རྩེ་བར་བྱེད་དགའ་བར་བྱེད་དགའ་མགུར་སྤྱོད་པར་བྱེད་པ་ན། རྒོད་པ་དང། རྣམ་པར་རྟོག་པར་བྱའོ་སྙམ་ནས་དེའི་དོན་དུ་ཟས་ཟ་བར་བྱེད་དོ། འཕགས་པའི་ཆོས་འདུལ་བའི་སྐབས་སུ་འདི་ལྟ་སྟེ། འདོད་པའི་འདོད་ཆགས ་དང་ལྡན་པ་དང། འཁྲིག་པ་དང་ལྡན་ལ། སྡིག་པ་མི་དགེ་བའི་རྣམ་པར་རྟོག་པ་དེ་དག་ནི་རྣམ་པར་རྟོག་པ་ཞེས་བྱའོ། །དེ་དག་གིས་དེ་ཟ་བར་བྱེད་ཅིང་གནོད་པར་བྱེད་པ་ན། དབང་པོ་རྒོད་པ་དང། དབང་པོ་འདམ་བུ་ལྟར་མཐོང་བ་དང། ཡིད་གཡེང་བ་དང། ཡིད་འཕྱར་བ་དང། ་ཡིད་མི་གནས་པ་དང། ཡིད་ཉེ་བར་མ་ཞི་བར་འགྱུར་ཏེ། དེ་དག་དེའི་དོན་དུ་ཟས་ཟ་བར་བྱེད་པ་ནི། རྣམ་པར་རྟོག་པའི་ཕྱིར་ཟས་ཟ་བར་བྱེད་པ་ཞེས་བྱའོ། །འཕགས་པ་ཉན་ཐོས་ཐོས་པ་དང་ལྡན་པ། སོ་སོར་རྟོག་པའི་སྟོབས་དང་ལྡན་པ་ཉེས་དམིགས་སུ་ལྟ་བ། ངེས་པར ་འབྱུང་བ་རབ་ཏུ་ཤེས་པ་ནི་ཡོངས་སུ་ལོངས་སྤྱོད་པར་བྱེད་ཀྱང། ཇི་ལྟར་འདོད་པ་ལ་ལོངས་སྤྱད་པ་དེ་དག་ལོངས་སྤྱོད་པར་བྱེད་པ་དེ་ལྟར་མ་ཡིན་པས། དེའི་ཕྱིར་རྣམ་པར་རྟོག་པའི་ཕྱིར་མ་ཡིན་ཞེས་གསུངས་སོ། །རྒྱགས་པའི་ཕྱིར་མ་ཡིན། སྒེག་པའི་ཕྱིར ་མ་ཡིན། བརྒྱན་པའི་ཕྱིར་མ་ཡིན་གྱི་ཞེས་བྱ་བ་འདི་ལྟ་སྟེ། འདོད་པ་ལ་ལོངས་སྤྱོད་པར་བྱེད་པ། དེ་དག་འདི་ཉིད་འདི་ལྟར་བདག་ཅག་དང་འདི་ལྟ་སྟེ། ཟས་སྣུམ་པ་འདོད་པའི་འདོད་ཆགས་སྐྱེད་པ། འཕེལ་བར་བྱེད་པ་ལ་ཡོད་པ་ཁ་དོག་ཕུན་སུམ་ཚོགས་པ་དྲི་ཕུན་སུམ་ཚོགས་པ། ངོ?་ཕུན་སུམ ་ཚོགས་པ་མང་པོ་དག་ཡོག་དྲོད་ཀྱི་ཅི་ནུས་སུ་ཟོས་ཏེ། ཚིམ་པར་བྱས་ན་སང་ནམ་ལངས་པར་གྱུར་པ་ན་མཐུ་དང་ལྡན་པར་འགྱུར་ཞིང་འདི་ལྟ་སྟེ། གཞུང་གང་བ་འམ། ལུས་མཉེ་བ་འམ། རྡོ་བརྡེག་པ་འམ། དྲིལ་བ་འམ། ས་རྐོ་བ་འམ། སྟོབས་བརྒལ་བ་འམ། རྐང ་ཁྱོགས་བྱ་བ་འམ། རྒྱུག་པ་འམ། རྒྱལ་བ་འམ། མཆོད་པ་འམ། འཁོར་ལོ་འཕང་བའི་རྩོལ་བ་བྱེད་ནུས་པར་འགྱུར་ཏེ། རྩོལ་བ་དེ་ལ་བརྟེན་ནས་མཐུ་དང་ལྡན་པ་དང། ལུས་ཤིན་ཏུ་བཅགས་པ་དང། ཡུན་རིང་དུ་ནད་རྣམས་མེད་པར་འགྱུར་བ་དང། བདག་ཅག ་གི་ལང་ཚོ་ཡུན་རིང་རྗེས་སུ་འཇུག་པར་འགྱུར་བ་དང། མི་སྡུག་པར་བྱེད་པའི་རྒ་བས་ལུས་མྱུར་དུ་ཟིལ་གྱིས་མི་ནོན་པར་འགྱུར་བ་དང། ཤིན་ཏུ་ཡུན་རིང་དུ་འཚོ་བར་འགྱུར་བ་དང། མང་དུ་ཟོས་ན་ཡང་ཤིན་ཏུ་སྟོབས་དང་ལྡན་པར་འགྱུར་བ་དང། ཟོས་སོ་ཅོག་ཀྱང ་ལེགས་པར་ཡོངས་སུ་འཇུ་པར་འགྱུར་བ་དང། སྐྱོན་རྣམས་ཀྱང་སེལ་བར་བྱེད་པར་འགྱུར་རོ་ཞེས་དེའི་དོན་དུ་ཟས་ཟ་བར་བྱེད་པ་དེ་ནི། ནད་མེད་པས་རྒྱགས་པ་དང། ལང་ཚོས་རྒྱགས་པ་དང། གསོན་པས་རྒྱགས་པའི་དོན་དུ་ཟ་བ་ཡིན་ནོ། །དེ་དག་ཡང་འདི ་སྙམ་དུ་སེམས་ཏེ། བདག་ཅག་གིས་རྩོལ་བ་བྱས་ཟིན་པས། ཁྲུས་ཀྱི་ཆོ་ག་དག་བྱས་ཏེ། འདི་ལྟ་སྟེ། ཆུ་གཙང་མས་དག་བཀྲུ་བར་བྱ་ཞིང། ལུས་ངག་བཀྲུས་ནས་སྐྲ་དག་ཀྱང་བཅོས་པར་བྱ། བྱུག་པ་སྣ་ཚོགས་ཀྱིས་ལུས་ངག་བྱུགས་ལ། གོས་སྣ་ཚོགས་དང། མེ ་ཏོག་ཕྲེང་བ་སྣ་ཚོགས་དང། རྒྱན་སྣ་ཚོགས་དག་གིས་ལུས་བརྒྱན་པར་བྱའོ་སྙམ་དུ་སེམས་ཏེ། དེ་ལ་ཁྲུས་དང། བཙས་པ་དང། བྱུག་པ་གང་ཡིན་པ་དེ་ནི་དེ་དག་གི་སྒེག་པ་ཡིན་ནོ། །དེ་ལྟར་སྒེག་པར་གྱུར་པ་དག་གོས་དང། མེ་ཏོག་ཕྲེང་དང། རྒྱན་དག་ཐོགས་པ་གང་ཡིན་པ ་དེ་ནི་བརྒྱན་པ་ཞེས་བྱ་སྟེ། དེ་ལྟར་ན་སྒེག་པའི་དོན་དང་བརྒྱན་པའི་དོན་དུ་ཟ་བར་བྱེད་པ་ཡིན་ནོ། །དེ་དག་དེ་ལྟར་རྒྱགས་པས་བརྒྱགས་ཤིང། སྒེག་པར་གྱུར་ལ། ལུས་ངག་བརྒྱན་ནས་དྲོ་གའི་དུས་སམ། རྒོངས་ཀྱི་དུས་སུ་ཟས་ཀྱི་དུས་ལ་བབ་པར་གྱུར་བ་དེའི་ཚེ། སྐོམ་པ་དང། ་པཀྐེས་པར་གྱུར་ནས། ཤིན་ཏུ་རངས་པ་དང། ཤིན་ཏུ་འདུན་པ་དང། ཤིན་ཏུ་དགའ་བས་ཉེས་དམིགས་སུ་མི་ལྟ་ཞིང་ངེས་པར་འབྱུང་བ་རབ་ཏུ་མི་ཤེས་བཞིན་དུ་འདི་ལྟ་སྟེ། ཡང་དང་ཡང་དུ་རྣམ་པར་རྟོག་པའི་དོན་དང། རྒྱགས་པའི་དོན་དང། སྒེག་པའི་དོན་དང། བརྒྱན ་པའི་དོན་དུ་ཟས་ཅི་འབྱོར་པ་དག་ཟ་བར་བྱེད་དོ། །འཕགས་པ་ཉན་ཐོས་ཐོས་པ་དང་ལྡན་པ། སོ་སོར་རྟོག་པའི་སྟོབས་དང་ལྡན་པ། ཉེས་དམིགས་སུ་ལྟ་བ་ངེས་པར་འབྱུང་བ་རབ་ཏུ་ཤེས་པ་ནི། ཡོངས་སུ་ལོངས་སྤྱོད་པར་བྱེད་ཀྱང། ཇི་ལྟར་འདོད་པ་ལ་ལོངས ་སྤྱོད་པར་བྱེད་པ་དེ་དག་ཡོངས་སུ་ལོངས་སྤྱོད་པར་བྱེད་པ་དེ་ལྟར་མ་ཡིན་གྱི། ཟས་འདི་ནི་བདག་གིས་བརྟེན་པས་སྤངས་པར་བྱ་བ་ཡིན་ཏེ། བསྟེན་པ་ལ་ནས་སྤོང་བར་འགྱུར་རོ་སྙམ་དུ་སེམས་སོ། །འདི་ལྟར་ལུས་འདི་གནས་པར་བྱ་བའི་ཕྱིར་ཞེས་བྱ་བ་ནི་ཟོས་ན ་འཚོ་བར་འགྱུར་གྱི། མ་ཟོས་ན་མ་ཡིན་ལ། འཚོ་བ་གང་ཡིན་པ་དེ་ནི་ལུས་གནས་པ་ཞེས་བྱའོ། །བདག་གིས་ཟས་འདི་ཟོས་ན་འཚོ་བར་འགྱུར་ཞིང། འཆི་བར་མི་འགྱུར་རོ་སྙམ་ནས། ཟས་ཟ་བར་བྱེད་པ་སྟེ། དེའི་ཕྱིར་འདི་ལྟར་ལུས་འདི་གནས་པར་བྱ ་བའི་ཕྱིར་ཞེས་གསུངས་སོ། །ཇི་ལྟར་འཚོ་བར་བྱ་བའི་ཕྱིར་ཟས་ཟ་བར་བྱེད་པ་ཡིན་ཞེ་ན། འཚོ་བ་ནི་རྣམ་པ་གཉིས་ཏེ། དཀའ་བས་འཚོ་བ་ཡང་ཡོད། དཀའ་བ་མ་ཡིན་པས་འཚོ་བ་ཡང་ཡོད་དོ། །དེ་ལ་དཀའ་བས་འཚོ་བ་གང་ཞེ་ན། ཟས་ཇི་ལྟ་བུ་ཟོས་ན་བཀྲེས ་པ་འམ། ཉམ་ཆུང་བ་འམ། གནོད་པར་འགྱུར་བ་འམ། སྡུག་བསྔལ་བ་འམ། ནད་ཚབས་ཆེ་བར་འགྱུར་བ་འམ། ཆོས་མ་ཡིན་པས་བསོད་སྙོམས་ཡོངས་སུ་སློང་ཞིང། ཆོས་ཀྱི་མ་ཡིན་པ་འམ། ཆགས་པ་དང། ཞེན་པ་དང། ཆུམས ་པ་དང། མདུད་པ་པོར་པ་དང། རྒྱལ་བ་དང། ལྷག་པར་ཆགས་པ་དང། ལྷག་པར་ཆགས་པར་གྱུར་པས་ཡོངས་སུ་ལོངས་སྤྱོད་པར་བྱེད་པ་འམ། དེའི་ལུས་ལྕི་ཞིང་ལས་སུ་མི་རུང་བ་འམ། སྤོང་མི་བཟོད་པར་འགྱུར་ཞིང་དེས་དེའི་སེམས་བུལ་བར ་མཉམ་པར་འཇོག་པ་འམ། ཚོགས་ཆེན་པོས་དབུགས་རྡུབ་པ་དང། དབུགས་དབྱུང་བར་འགྱུར་བ་དང། རྨུགས་པ་དང་གཉིད་ཀྱི་སེམས་ཀུན་ནས་དཀྲིས་པར་འགྱུར་ཏེ། དེ་ནི་དཀའ་བས་འཚོ་བ་ཞེས་བྱའོ། །དཀའ་བ་མ་ཡིན་པས་འཚོ་བ་གང་ཞེ་ན། ་འདི་ལྟ་སྟེ། ཟས་ཅི་ལྟ་བུ་ཟས་ནས། བཀྲེས་པ་འམ། ཉམ་ཆུང་བར་མི་འགྱུར་བ་འམ། གནོད་པ་འམ། སྡུག་བསྔལ་བ་འམ། ནད་ཚབས་ཆེ་བར་མི་འགྱུར་བ་འམ། ཆོས་ཀྱི་བསོད་སྙོམས་ཡོངས་སུ་ཚོལ་ཞིང། ཆོས་མ་ཡིན་པས་མ་ཡིན་པ་འམ། ཆགས ་པ་མེད་པ་དང། ཞེན་པ་མེད་པ་དང། ཆུམས་པ་མེད་པ་དང། མདུད་པ་བོར་བ་མེད་པ་དང། རྒྱལ་བ་མེད་པ་དང། ལྷག་པར་ཆགས་པ་མེད་པ་དང། ལྷག་པར་ཆགས་པར་གྱུར་པ་མེད་པས་ཡོངས་སུ་ལོངས་སྤྱོད་པར་བྱེད་པ་འམ། དེའི་ལུས་མི་ལྕི་ཞིང་ལས ་སུ་རུང་བ་འམ། སྤོང་བཟོད་པར་འགྱུར་ཞིང། དེས་དེའི་སེམས་མྱུར་དུ་མཉམ་པར་འཇོག་པ་འམ། ཚོགས་ཆུང་དུས་དབུགས་རྡུབ་པ་འམ། དབུགས་དབྱུང་བར་འགྱུར་བ་འམ། རྨུགས་པ་དང་གཉིད་ཀྱིས་སེམས་ཀུན་ནས་དཀྲིས་པར་མི་འགྱུར་བ་སྟེ། དེ་ནི་དགའ་ ་བ་མ་ཡིན་པས་འཚོ་བ་ཞེས་བྱའོ། །དེ་ལ་དཀའ་བས་འཚོ་བ་གང་ཡིན་པ་དེ་ནི་ལུས་ཀྱི་སྲོག་གནས་པར་བྱེད་ལ། དེ་ཡང་ཁ་ན་མ་ཐོ་བ་དང་བཅས་པ་དང། ཀུན་ནས་ཉོན་མོངས་པ་ཅན་ཡིན་ནོ། །དེ་ལ་དཀའ་བ་མ་ཡིན་པས་འཚོ་བ་གང་ཡིན་པ་དེས་ནི། ལུས་ཀྱི་སྲོག་ཀྱང ་གནས་པར་བྱེད་ལ། དེ་ཡང་ཁ་ན་མ་ཐོ་བ་མེད་པ་དང། ཀུན་ནས་ཉོན་མོངས་པ་མེད་པ་ཡིན་ནོ། །དེ་ལ་འཕགས་པ་ཉན་ཐོས་ཐོས་པ་དང་ལྡན་པ་ནི། ཁ་ན་མ་ཐོ་བ་དང་བཅས་པ་དང། ཀུན་ནས་ཉོན་མོངས་པ་ཅན་གྱི་འཚོ་བ་ཡོངས་སུ་སྤོང་ཞིང། ཁ་ན་མ་ཐོ་བ་མེད་པ་དང། ཀུན་ནས ་ཉོན་མོངས་པ་མེད་པའི་འཚོ་བ་ལེན་ཅིང་སོ་སོར་རྟེན་པར་བྱེད་པས་ན། དེའི་ཕྱིར་འཚོ་བར་བྱ་བའི་ཕྱིར་ཞེས་གསུངས་སོ། །ཁ་ན་མ་ཐོ་བ་མེད་པ་དང། ཀུན་ནས་ཉོན་མོངས་པ་མེད་པའི་འཚོ་བར་སྔར་སྨས་པ་དེ་ཡང་ཇི་ལྟར་བྱེད་ཅེ་ན། སྨྲས་པ། བཀྲེས་པ་བསལ་བར་བྱ་བ་དང། ་ཚངས་པར་སྤྱད་པ་ལ་ཕན་པར་བྱ་བ་དང། ཚོར་བ་རྙིང་རྣམས་སྤང་བར་བྱ་བ་དང། གསར་རྣམས་མི་སྐྱེ་བར་བྱ་བའི་ཕྱིར་དང། བདག་འཚོ་ཞིང་སྟོབས་དང། བདེ་བ་དང་ཁ་ན་མ་ཐོ་བ་མེད་པ་དང། བདེ་བ་ལ་རིག་པར་གནས་པར་འགྱུར་རོ་སྙམ་དུ་སེམས་པ་ཡིན་ཞེས་གསུངས་པ་སྟེ། ་དེ་ལྟར་སོ་སོར་རྟན་པར་བྱེད་པ་ན། འཚོ་བ་ཁ་ན་མ་ཐོ་བ་མེད་པ་དང། ཀུན་ནས་ཉོན་མོངས་པ་མེད་པར་བྱེད་པ་ཡིན་ནོ། །དེ་ལ་ཇི་ལྟར་ན་བཀྲེས་པ་བསམ་བའི་ཕྱིར་ཟས་ཟ་བར་བྱེད་པ་ཡིན་ཞེ་ན། གང་གི་ཚེ་ཟས་ཀྱི་དུས་ལ་བབ་ཅིང་བཀྲེས་པར་གྱུར་པའི་ཚེ། བཀྲེས་པའི་ཀུན ་ནས་དཀྲིས་པ་བྲུ་བ་ཆེ་ཞིང་ཉམ་ཆུང་བ་དེ་ཉིད་བསལ་བའི་ཕྱིར་ཟ་བར་བྱེད་པ་སྟེ། དེ་ཡང་ཇི་ལྟར་ཟོས་ན་འདི་ལྟ་སྟེ། ཕྱེ་མ་རེད་ཀྱི་དུས་སམ། ནམ་སྲོས་པར་གྱུར་པ་འམ། སང་གི་ཟས་ཀྱི་དུས་ལ་མ་བབ་པའི་བར་དུ། དུས་མ་ཡིན་པར་བཀྲེས་ཤིང་ཉམ་ཆུང་བས་དེ་ལ་གནད ་པར་མི་འགྱུར་བའི་ཚོད་ཙམ་དུ་ཟ་བར་བྱེད་པ་ཡིན་ཏེ། དེ་ལྟར་ན་བཀྲེས་པ་བསལ་བར་བྱ་བའི་ཕྱིར་ཟས་ཟ་བར་བྱེད་པ་ཡིན་ནོ། །ཇི་ལྟར་ན་ཚངས་པར་སྤྱད་པ་ལ་ཕན་པར་བྱ་བའི་ཕྱིར་ཟས་ཟ་བར་བྱེད་པ་ཡིན་ཞེ་ན། ཟས་དེ་ལྟ་བུ་ཟ་ཞིང་ཚེ་དར?་ན་པར་ཟ་བ་སྟེ། དེས་དག་པའི་ཕྱོགས ་ལ་བརྩོན་པ་སྟེ། ཟོས་མ་ཐག་ཁོ་ནའི་ཚེ་འམ། དེ་ཉིད་ཀྱི་ཉིན་མོ་ལུས་མི་ལྕི་ཞིང། ལས་སུ་རུང་བ་དང་སྤོང་བཟོད་པར་འགྱུར་ཏེ། དེས་དེའི་སེམས་མྱུར་དུ་མཉམ་པར་འཇོག་པ་དང། ཚོགས་ཆུང་དུས་དབུགས་རྡུབས་པ་དང། དབུགས་འབྱུང་བར་འགྱུར་བ་དང། ་གཉིད་དང་རྨུགས་པས་སེམས་ཀུན་ནས་དཀྲིས་པར་མི་འགྱུར་ཞིང། དེས་ན་དེ་མྱུར་བ་ཁོ་ནར་མ་ཐོ་བ་པ་ཐོབ་པར་བྱ་བ་དང། མ་རྟོགས་བརྟོགས་པར་བྱ་བ་དང། མངོན་སུམ་དུ་མ་བྱས་པ་མངོན་སུམ་བྱ་བའི་སྐལ་བ་ཡོད་ཅིང། མཐུ་དང་ལྡན ་པར་འགྱུར་ཏེ། དེ་ལྟར་ན་ཚངས་པར་སྤྱད་པ་ལ་ཕན་པར་བྱ་བའི་ཕྱིར་ཟས་ཟ་བར་བྱེད་པ་ཡིན་ནོ། །ཇི་ལྟར་ན་ཚོར་བ་རྙིང་རྣམས་སྤང་བར་བྱ་བའི་ཕྱིར་ཟས་ཟ་བར་བྱེད་པ་ཡིན་ཞེ་ན། འདི་ལྟ་སྟེ། དེས་འདས་པའི་དུས་སུ་ཟས་ཀྱི་ཚོད་པ་རིག་པ་འམ། མི ་འཕྲོད་པ་འམ། མ་ཞུ་བར་ཟོས་པས། དེས་དེའི་ལུས་ལ་ལུས་ཀྱི་ནད་རྣམ་པ་སྣ་ཚོགས་འདི་ལྟ་སྟེ། གཡའ་བ་དང། མཛེ་དང། ཕོལ་མིག་དང། ཤ་བཀྲ་ལ་སོགས་པ་རྒྱས་པར་སྔར་བསྟན་པ་ལྟ་བུ་དང། ནང་དེའི་རྒྱུ་ལས་བྱུང་བའི་ལུས་ཀྱི་ཚོར་བ་སྡུག ་བསྔལ་མི་བཟད་པ། རྩུབ་པ་ཚ་བ། ཡིད་དུ་མི་འོང་བ་དག་བྱུང་བར་གྱུར་ན། དེས་ནད་དེ་དག་ཞི་བར་བྱ་བ་དང། དེ་དག་གི་རྒྱུ་ལས་བྱུང་བ་སྡུག་བསྔལ་གྱི་ཚོར་བ་དག་ཞི་བར་བྱ་བའི་ཕྱིར། སྨན་པས་བསྟན་པའི་སྨན་ཕན་པ་མཐུན་པ་འཕྲོད་པ་དང། རྗེས་སུ་མཐུན་པ་སྣ ་ཚོགས་དག་ལ་སོ་སོར་བརྟེན་ཅིང། ཟས་འཕྲོད་པ་དག་ཀྱང་ཟ་བར་བྱེད་དོ། །དེས་དེའི་ནད་དང། དེའི་རྒྱུ་ལས་བྱུང་པ་སྡུག་བསྔལ་གྱི་ཚོར་བ་སྐྱེས་པ་དེ་དག་སྤོང་བར་འགྱུར་ཏེ། དེ་ལྟར་ན་ཚོར་བ་རྙིང་རྣམས་སྤང་པར་བྱ་བའི་ཕྱིར་ཟས་ཟ་བར་བྱེད་པ་ཡིན་ནོ། །ཇི་ལྟར ་ན་ཚོར་བ་གསར་རྣམས་མི་སྐྱེ་བར་བྱ་བའི་ཕྱིར་ཟས་ཟ་བར་བྱེད་པ་ཡིན་ཞེ་ན། དེ་ད་ལྟར་བྱུང་བའི་དུས་ན། བདེ་ཞིང་ནད་མེད་ལ་སྟོབས་དང་ལྡན་པའི་ཚེ། ཟས་ཀྱི་ཚོད་མ་རིག་པ་དང། མི་འཕྲོད་པ་དང། མ་ཞུ་བར་མི་ཟ་བས་དེས་དེ་ལ་མ་འོངས་པའི་དུས་སང་ངམ། གནངས ་དག་ཏུ་དེའི་ལུས་ལ་གསུང་པ་འམ། ལུས་ཀྱི་ནད་གང་ཡང་རུང་བ་འདི་ལྟ་སྟེ། གཡའ་བ་དང་ཕོལ་མིག་དང། མཇེ་དང། ཤ་བཀྲ་ལ་སོགས་ཏེ། རྒྱས་པར་སྔར་བསྟན་པ་ལྟ་བུ་དག་དང། ནད་དེའི་རྒྱུ་ལས་བྱུང་བ་ལུས་ཀྱི་ཚོར་བ་སྔ་མ་ལྟ་བུ་དག་ལ་འབྱུང་བར་མི་འགྱུར་ཏེ། དེ ་ལྟར་ན་ཚོར་བ་གསར་རྣམས་མི་སྐྱེ་བར་བྱ་བའི་ཕྱིར་ཟས་ཟ་བར་བྱེད་པ་ཡིན་ནོ། །ཇི་ལྟར་ན་བདག་འཚོ་ཞིང་སྟོབས་དང། བདེ་བ་དང། ཁ་ན་མ་ཐོ་བ་མེད་པ་དང། བདེ་བ་ལ་རེག་པར་གནས་པར་ཡང་འགྱུར་རོ་སྙམ་ནས་ཟས་ཟ་བར་བྱེད་པ་ཡིན་ཞེ་ན། རེ་ཞིག་ཟོས་ན་འཚོ་བར་འགྱུར ་བ་གང་ཡིན་པ་དེ་འཚོ་བ་ཡིན་ནོ། །བཀྲེས་བ་དང་ཉམ་ཆུང་བ་སེལ་བར་བྱེད་པ་གང་ཡིན་པ་དེ་ནི་དེའི་སྟོབས་ཡིན་ནོ། །ཚོར་བ་རྙིང་རྣམས་སྤོང་བ་དང། གསར་རྣམས་མི་སྐྱེ་བར་བྱེད་པ་གང་ཡིན་པ་དེ་ནི་དེའི་བདེ་བ་ཡིན་ནོ། །ཆོས་ཀྱི་བསོད་ནམས་ཡོངས་སུ་བླངས་ནས། རྒྱས་པར་སྔ་མ ་བཞིན་དུ་ཆགས་པ་མེད་པ་དང། ཞེན་པ་མེད་པས་ཡོངས་སུ་ལོངས་སྤྱོད་པར་བྱེད་པ་གང་ཡིན་པ་དེ་ནི་དེའི་ཁ་ན་མ་ཐོ་བ་མེད་པ་ཉིད་ཡིན་ནོ། །ཟོས་ནས་རྒྱས་པར་སྔ་མ་བཞིན་དུ་ལུས་ལྕི་བར་མི་འགྱུར་ཞིང། ལས་སུ་རུང་བ་དང། སྤོང་བཟོད་པར་འགྱུར་བ་གང་ཡིན་པ་དེ་ནི་དེའི་བདེ་བ ་ལ་རེག་པར་གནས་པ་ཡིན་ནོ། །དེའི་ཕྱིར་སོ་སོར་བརྟགས་ཤིང་ཟས་ཟ་བར་བྱེད་ལ། རྣམ་པར་རྟོག་པའི་ཕྱིར་མ་ཡིན། རྒྱགས་པའི་ཕྱིར་མ་ཡིན། སྒེག་པའི་ཕྱིར་མ་ཡིན། བརྒྱན་པའི་ཕྱིར་མ་ཡིན་གྱི་ཞེས་བྱ་བ་ལ་སོགས་པ་རྒྱས་པར་སྔ་མ་བཞིན་དུ་གསུངས་ཏེ། དེ་ནི་རེ་ཞིག ་ཟས་ཀྱི་ཚོད་རིག་པ་ཉིད་ཀྱི་རྣམ་པར་དབྱེ་བ་རྒྱས་པ་ཡིན་ནོ། །དོན་མདོར་བསྡུ་བ་གང་ཞེ་ན། སྨྲས་པ། གང་ལ་ཡོངས་སུ་ལོངས་སྤྱོད་པ་དང། ཇི་ལྟར་ཡོངས་སུ་ལོངས་སྤྱོད་པ་དེ་ནི་དོན་མདོར་བསྡུ་བ་ཡིན་ནོ། །དེ་ལ་གང་ལ་ཡོངས་སུ་ལོངས་སྤྱོད་པར་བྱེད་པ་ཡིན་ཞེ་ན། འདི་ལྟ་སྟེ། ་ཁམ་གྱི་ཟས་ལྡེ་གུ་དང། སྣུམ་ཁུར་དང། འབྲས་ཆན་དང། ཟན་དྲོན་དག་ལ་སོགས་པ་རྒྱས་པར་སྔར་བསྟན་པ་དག་ལའོ། །ཇི་ལྟར་ཡོངས་སུ་ལོངས་སྤྱོད་པར་བྱེད་ཅེ་ན། སོ་སོར་བརྟགས་ཤིང་ཟས་ཟ་བར་བྱེད་ལ། རྣམ་པར་རྟོག་པའི་ཕྱིར་མ་ཡིན། རྒྱགས་པའི་ཕྱིར་མ ་ཡིན། སྒེག་པའི་ཕྱིར་མ་ཡིན། བརྒྱན་པའི་ཕྱིར་མ་ཡིན་ཞེས་བྱ་བ་ལ་སོགས་པ་རྒྱས་པར་སྔར་བསྟན་པ་ལྟར་རོ། །དོན་མདོར་བསྡུ་བ་གཞན་ཡང་གཉེན་པོས་ཡོངས་སུ་ཟིན་པ་དང། འདོད་པའི་བསོད་ཉམས་ཀྱི་མཛའ་རྣམ་པར་སྤངས་པ་དང། བདག་ཉིད་དུབ་པའི་མཛའ་ ་རྣམ་པར་སྤངས་པ་དང། ཚངས་པར་སྤྱད་པ་ལ་ཕན་པར་བྱ་བའི་ཕྱིར་ཡོངས་སུ་ལོངས་སྤྱོད་པར་བྱེད་པ་ཡིན་ནོ། །དེ་ལ་ཇི་ལྟར་ན་གཉེན་པོས་ཡོངས་སུ་ཟིན་པ་ཡིན་ཞེ་ན། སོ་སོར་བརྟགས་ཤིང་ཟས་ཟ་བར་བྱེད་པ་ཞེས་གང་གསུངས་པའོ། །ཇི ་ལྟར་ན་འདོད་པའི་བསོད་ནམས་ཀྱི་མཛའ་རྣམ་པར་སྤངས་པ་ཡིན་ཞེ་ན། རྣམ་པར་རྟོག་པའི་ཕྱིར་མ་ཡིན། རྒྱགས་པའི་ཕྱིར་མ་ཡིན། སྒེག་པའི་ཕྱིར་མ་ཡིན། བརྒྱན་པའི་ཕྱིར་མ་ཡིན་ཞེས་གང་གསུངས་པའོ། །ཇི་ལྟར་ན་བདག་ཉིད་ངལ་བའི་མཛའ་རྣམ་པར ་སྤངས་པ་ཡིན་ཞེ་ན། བཀྲེས་པ་བསལ་བ་དང། ཚོར་བ་རྙིང་རྣམས་སྤང་བར་བྱ་བའི་ཕྱིར་དང། ཚོར་བ་གསར་རྣམས་མི་སྐྱེ་བར་བྱ་བའི་ཕྱིར་དང། བདག་འཚོ་ཞིང་སྟོབས་དང། བདེ་བར་ཡང་འགྱུར་རོ་ཞེས་གང་གསུངས་པའོ། །ཇི་ལྟར་ན་ཚངས་པར་སྤྱད་པ་ལ ་ཕན་པར་བྱ་བའི་ཕྱིར་ཡོངས་སུ་ལོངས་སྤྱོད་པར་བྱེད་པ་ཡིན་ཞེ་ན། ཚངས་པར་སྤྱད་པ་ལ་ཕན་པར་བྱ་བའི་ཕྱིར་དང། བདག་ཁ་ན་མ་ཐོ་བ་མེད་པ་དང། བདེ་བ་ལ་རེག་པར་གནས་པར་ཡང་འགྱུར་རོ་ཞེས་གང་གསུངས་པའོ། །དོན་མདོང་བསྡུ་བ་གཞན་ཡང་འདི་ནི ་གཉིས་ཏེ་ཟས་མེད་པ་དང། ཟས་ཡོད་པའོ། །དེ་ལ་ཟས་མེད་པ་ནི་རྣམ་པ་ཐམས་ཅད་ཀྱི་ཐམས་ཅད་དུ་ཆུང་ཟད་ཀྱང་ཡོངས་སུ་ལོངས་སྤྱོད་པར་མི་བྱེད་པ་དང། ཡོངས་སུ་ལོངས་མ་སྤྱད་ན་འཆི་བར་འགྱུར་བའོ། །དེ་ལ་ཟས་ཡོད་པ་ནི་རྣམ་པ་གཉིས་ཏེ། ཟས་ངན་པ་དང། ་ཟས་ངན་པ་མ་ཡིན་པའོ། །དེ་ལ་ཟས་ངན་པ་ནི་ཧ་ཅང་ཉུང་བ་མ་ཡིན་པ་དང། ཧ་ཅང་མང་བ་མ་ཡིན་པ་དང། །ཡོངས་སུ་མ་ཞུ་བ་མ་ཡིན་པ་དང། མི་འཕྲོད་པ་མ་ཡིན་པ་དང། ཀུན་ནས་ཉོན་མོངས་པ་ཅན་མ་ཡིན་པ་གང་ཡིན་པའོ། །དེ་ལ་ཟས་ངན་པ་མ་ཡིན་པ ་ནི་ཧ་ཅང་ཉུང་བ་དང། ཧ་ཅང་མང་བ་དང། ཡོངས་སུ་མ་ཞུ་བ་དང། མི་འཕྲོད་པ་དང། ཀུན་ནས་ཉོན་མོངས་པ་ཅན་ལ་ཡོངས་སུ་ལོངས་སྤྱོད་པ་གང་ཡིན་པའོ། །དེ་ལ་ཟས་ཧ་ཅང་ཉུང་བ་མ་ཡིན་པའི་ཟས་ངན་པས་ནི། བཀྲེས་པ་དང་ཉམ་ཆུང་བ་མ་སྐྱེས་པ ་མི་བསྐྱེད་ཅིང། སྐྱེས་པ་སྤོང་བར་བྱེད་དོ། །དེ་ལ་ཟས་ཧ་ཅང་མང་བ་མ་ཡིན་པའི་ཟས་ངན་པས་ནི་རྒྱས་པར་སྔ་མ་བཞིན་དུ། ལུས་ལྕི་བ་དང་ལས་སུ་མི་རུང་བ་དང། སྤོང་མི་བཟོད་པར་མི་འགྱུར་རོ། །དེ་ལ་ཟས་ཡོངས་སུ་ཞུ་བ་དང། ཟས་འཕྲོད་པའི་ཟས་ངན་པས་ནི། ་ཚོར་བ་རྙིང་རྣམས་སྤོང་བ་དང། གསར་རྣམས་མི་སྐྱེ་བར་བྱེད་དེ། དེ་ལྟར་ན་དེ་འཚོ་ཞིང་སྟོབས་དང་བདེ་བར་འགྱུར་རོ། །དེ་ལ་ཟས་ཀུན་ནས་ཉོན་མོངས་པ་ཅན་མ་ཡིན་པའི་ཟས་ངན་པས་ནི། ཁ་ན་མ་ཐོ་བ་མེད་པ་ཉིད་དང། བདེ་བ་ལ་རེག་པར་གནས་པ་ཉིད་དུ་འགྱུར་རོ། །དེ་ལ་ཟས ་ཧ་ཅང་ཉུང་བའི་ཟས་ངན་པ་མ་ཡིན་པ་དེས་ནི། འཚོ་བར་བྱེད་ཅིང་བཀྲེས་པ་དང། ཉམ་ཆུང་བ་དང་ལྡན་པར་ཡང་འགྱུར་རོ། །དེ་ལ་ཟས་ཧ་ཅང་མང་བའི་ཟས་ངན་པ་མ་ཡིན་པ་དེས་ནི། དེའི་ལུས་ཁུར་ཐོགས་པ་ལྟ་བུར་འགྱུར་ཞིང། ཟས་དུས་སུ་ཡོངས་སུ་འཇུ་བར་ཡང ་མི་བྱེད་དོ། །དེ་ལ་ཟས་ཡོངས་སུ་མ་ཞུ་བའི་ཟས་ངན་པ་མ་ཡིན་པས་ནི་ལུས་གསུང་པར་འགྱུར་ཞིང། ལུས་ལ་ལུས་ཀྱི་ནད་གང་ཡང་རུང་བ་དག་འབྱུང་བར་ཡང་འགྱུར་རོ། །ཟས་ཡོངས་སུ་མ་ཞུ་བའི་ཟས་ངན་པ་མ་ཡིན་པ་ཇི་ལྟ་བ་བཞིན་དུ། ཟས་མི་འཕྲོད་པའི་ཟས་ངན ་པ་མ་ཡིན་པ་ཡང་དེ་དང་འདྲ་སྟེ། དེ་ལ་ཁྱད་པར་དུ་ཟས་མི་འཕྲོད་པའི་ཟས་ངན་པ་མ་ཡིན་པས་ནི། ཉེས་པ་རྣམས་འཕེལ་བར་འགྱུར་བ་དང། ནད་དྲག་པོས་འདེབས་པར་འགྱུར་རོ། །དེ་ལ་ཟས་ཀུན་ནས་ཉོན་མོངས་པ་ཅན་གྱི་ཟས་ངན་པ་མ་ཡིན་པས་ནི་རྒྱས་པར་སྔ་མ་བཞིན ་དུ་ཆོས་མ་ཡིན་པས་བསོད་སྙོམས་བླངས་ནས། ཆགས་པ་དང་ཞེན་པ་དང། ཆུམས་པ་དང་མདུད་པ་བོར་བས་ཡོངས་སུ་ལོངས་སྤྱོད་པར་བྱེད་དོ། །དེ་ཟས་ངན་པར་ཡོངས་སུ་ལོངས་སྤྱོད་པར་བྱེད་ཅིང། ཟས་ངན་པར་མ་ཡིན་པས་ཡོངས་སུ་ལོངས་སྤྱོད་པས་མི་བྱེད ་པས་ན། དེའི་ཕྱིར་ཟས་ལ་ངན་པར་བྱེད་པ་ཞེས་བྱ་སྟེ། འདི་ལྟ་སྟེ། སོ་སོར་བརྟགས་ཤིང་ཟས་ཟ་བར་བྱེད་ལ། རྒྱས་པར་སྔ་མ་བཞིན་དུ་རྣམ་པར་རྟོག་པའི་ཕྱིར་མ་ཡིན། རྒྱགས་པའི་ཕྱིར་མ་ཡིན། སྒེག་པའི་ཕྱིར་མ་ཡིན། བརྒྱན་པའི་ཕྱིར་མ་ཡིན་གྱི་ཞེས ་བྱ་བ་ལ་སོགས་པའི་རྣམ་པ་དེ་དག་གིས་ནི། ཟས་ལ་ངན་པར་བྱེད་པ་དེ་བསྟན་ཅིང། གསལ་བར་བྱས། རྣམ་པར་ཕྱེ། རབ་ཏུ་བཤད་པ་ཡིན་ནོ། །དེ་ལ་སོ་སོར་བརྟགས་ཤིང་ཟས་ཟ་བར་བྱེད་ལ། རྣམ་པར་རྟོག་པའི་ཕྱིར་མ་ཡིན། རྒྱགས་པའི་ཕྱིར་མ ་ཡིན། སྒེག་པའི་ཕྱིར་མ་ཡིན། བརྒྱན་པའི་ཕྱིར་མ་ཡིན་གྱི། འདི་ལྟ་སྟེ། ལུས་འདི་གནས་པར་བྱ་བ་དང། འཚོ་བར་བྱ་བའི་ཕྱིར་ཞེས་གང་གསུངས་པ་དེ་ནི། རེ་ཞིག་ཟས་མེད་པ་སྤོང་བར་བྱེད་དོ། །བཀྲེས་པ་བསལ་བར་བྱ་བ་དང། ཚངས་པར་སྤྱད་པ་ལ་ཕན ་པར་བྱ་བའི་ཕྱིར་ཞེས་བྱ་བ་ནས། བདེ་བ་ལ་རེག་པར་གནས་པར་ཡང་འགྱུར་རོ་སྙམ་དུ་སེམས་པ་ཡིན་ཏེ། ཞེས་བྱ་བའི་བར་དུ་རྒྱས་པར་གང་གསུངས་པ་དེ་ནི། ཟས་ངན་པ་མ་ཡིན་པ་སྤོང་བར་བྱེད་དོ། ཇི་ལྟར་ན་ཟས་ངན་པ་མ་ཡིན་པ་དེ་སྤྲོད་བར་བྱེད་པ་ཡིན ་ཞེ་ན། བཀྲེས་པ་གསལ་བར་བྱ་བའི་ཕྱིར་ཞེས་གསུངས་པ་དེས་ནི། རེ་ཞིག་ཟས་ཧ་ཅང་ཆུང་བའི་ཟས་ངན་པ་མ་ཡིན་པ་སྤོང་པར་བྱེད་དོ། །ཚངས་པར་སྤྱད་པ་ལ་ཕན་པའི་ཕྱིར་ཞེས་གང་གསུངས་པ་དེས་ནི། ཟས་ཧ་ཅང་མང་བའི་ཟས་ངན་པ་མ་ཡིན་པ་སྤོང ་བར་བྱེད་དོ། །ཚོར་བ་རྙིང་རྣམས་སྤང་བར་བྱ་བ་དང། གསར་རྣམས་མི་སྐྱེ་བར་བྱ་བའི་ཕྱིར་ཞེས་གསུངས་པ་དེས་ནི། ཟས་ཡོངས་སུ་མ་ཞུ་བ་དང། མི་འཕྲོད་པའི་ཟས་ངན་པ་མ་ཡིན་པ་སྤང་བར་བྱེད་དོ། །བདག་འཚོ་ཞིང་སྟོབས་དང་ལྡན་པར་འགྱུར་ཞེས་གསུངས་པ་དེས ་ནི། ཟས་ཧ་ཅང་ཉུང་བ་མ་ཡིན་པ་དང། ཟས་ཧ་ཅང་མང་བ་མ་ཡིན་པ་ཉིད་སྟོན་ཏོ། །བདག་བདེ་བར་འགྱུར་རོ་ཞེས་གང་གསུངས་པ་དེས་ནི། ཟས་ཡོངས་སུ་ཞུ་བ་ཉིད་དང། ཟས་འཕྲོད་པ་ཉིད་སྟོན་ཏོ། །བདག་ཁ་ན་མ་ཐོ་བ་མེད་པ་དང། བདེ་བ་ལ་རེག་པར་གནས ་པར་ཡང་འགྱུར་རོ་སྙམ་དུ་སེམས་པ་ཡིན་ཏེ་ཞེས་གང་གསུངས་པ་དེས་ནི། ཟས་ཀུན་ནས་ཉོན་མོངས་པ་ཅན་མ་ཡིན་པ་ཉིད་སྟོན་ཏེ། འདི་ལྟར་གང་ཆོས་མ་ཡིན་པས་བསོད་སྙོམས་བླངས་ཏེ། རྒྱས་པར་སྔ་མ་བཞིན་དུ་ཆབས་པ་དང། ཞེན་པས་ཡོངས་སུ་ལོངས ་སྤྱོད་པར་བྱེད་པས་ནི། ཀུན་ནས་ཉོན་མོངས་པ་དང་བཅས་པ་དང། ཁ་ན་མ་ཐོ་བ་དང་བཅས་པ་ཉིད་དུ་ཡོངས་སུ་ལོངས་སྤྱོད་པར་བྱེད་པ་ཡིན་པས་ནང་དུ་ཡང་དག་འཇོག་དང། རྣལ་འབྱོར་དང། ཡིད་ལ་བྱེད་པ་དང། ལུང་ནོད་པ་དང། ཁ་ཏོན་དང། དོན་སེམས་པའི་དགེ་བའི ་ཕྱོགས་ལ་བརྩོན་པ་དེ་ཉིད་ཀྱི་སེམས་ཀྱི་རྗེས་སུ་སྡིག་པ་མི་དགེ་བའི་རྣམ་པར་རྟོག་པ་དེ་དག་ཉིད་ཟག་པར་འགྱུར་ཞིང། དེ་དག་ལ་གཞོལ་བ་དང། དེ་ལ་བབ་པ་དང། དེ་ལ་བབ་པའི་སེམས་ཀྱི་རྒྱུད་ལ་འཇུག་པར་བྱེད་དེ། དེས་ན་དེ་བདེ་བ་ལ་རག་པར་གནས་པར་མི ་འགྱུར་བའི་ཕྱིར་རོ། །བདེ་བ་ལ་རེག་པར་གནས་པ་དེ་ཡང་རྣམ་པ་གཉིས་ཏེ། ཟས་ཧ་ཅང་མང་བ་ཡོངས་སུ་སྤང་བའི་ཕྱིར། དེས་རྒྱས་པར་སྔ་མ་བཞིན་དུ་དེའི་ལུས་ལྕི་བ་དང། ལས་སུ་མི་རུང་བ་དང། སྤོང་མི་བཟོད་པར་མི་འགྱུར་བ་དང། ཟས་ལ་རོ་མྱང་བར་མི ་བྱེད་པའི་ཕྱིར། དེས་དེ་རྣམ་པར་རྟོག་པས་ཀུན་ནས་དཀྲུགས་པ་ལས་བྱུང་བའི་བདེ་བ་ལ་རེག་པར་གནས་པ་མ་ཡིན་པར་མི་འགྱུར་བ་ཡིན་ནོ། །དེའི་ཕྱིར་དེ་ལྟར་ན་ཚིག་དེ་དག་ཐམས་ཅད་ཀྱིས་ནི་ཟས་ལ་རན་པར་བྱེད་པ་ཉིད་བསྟན་པ་ཡིན་ཏེ། དེ་ནི་ཟས་ཀྱི་ཚོང་རིག་པ ་ཉིད་ཀྱི་རྒྱས་པ་དང་མདོར་བསྡུས་པ་ཞེས་བྱའོ། །ནམ་གྱི་ཆ་སྟོད་དང། ནམ་གྱི་ཆ་སྨད་ལ་མི་ཉལ་བར་སྦྱོར་བའི་རྗེས་སུ་བརྩོན་པ་ཉིད་གང་ཞེ་ན། དེ་ལ་ནམ་གྱི་ཆ་སྟོད་ནི་གང། ནམ་གྱི་ཆ་སྨད་ནི་གང། མི་ཉལ་བར་སྦྱོར་བ་ནི་གང། མི་ཉལ་བར་སྦྱོར་བའི་རྗེས་སུ་བརྩོན་པ ་ཉིད་གང་ཞེ་ན། དེ་ལ་ནམ་གྱི་ཆ་སྟོད་ནི་འདི་ཡིན་ཏེ། ཕྱེ་མ་རེད་ཉི་མ་ནུབ་པའི་དུས་ནས་བཟུང་སྟེ། ནམ་གྱི་སྲོད་ཀྱི་ཆ་མེལ་ཚེ་ཐུན་ཅིག་ལྷག་ཙམ་གྱི་བར་གང་ཡིན་པའོ། །དེ་ལ་ནམ་གྱི་ཆ་སྨད་ནི་འདི་ཡིན་ཏེ། ནམ་གྱི་ཐོ་རངས་ཀྱི་ཆ་ལ་མེལ་ཚེ་ཐུན་ཅིག་ལྷག་ཙམ ་གང་ཡིན་པའོ། །དེ་ལ་མི་ཉལ་བར་སྦྱོར་བ་ནི་འདི་ཡིན་ཏེ། ཉིན་མོ་ཆག་པ་དང་འདུག་པ་དག་གིས་སྒྲིབ་པར་འགྱུར་བའི་ཆོས་རྣམས་ལས། སེམས་ཡོངས་སུ་སྦྱོར་བར་བྱེད་ཅིང་མཚན་མོའི་ཐུན་དང་པོ་ལ་ཡང་འཆག་པ་དང། འདུག་པ་དག་གིས་སྒྲིབ་པར ་འགྱུར་བའི་ཆོས་རྣམས་ལས་སེམས་ཡོངས་སུ་སྦྱོང་བར་བྱེད་ལ། ཡོངས་སུ་སྦྱངས་ནས་དེའི་འོག་ཏུ་གཙུག་ལག་ཁང་ནས་ཕྱིར་ཕྱུང་སྟེ། གཙུག་ལག་ཁང་གི་ཕྱི་རོལ་ཏུ་རྐང་པ་བཀྲུས་ནས། གཙུག་ལག་ཁང་གི་ནང་དུ་ཞུགས་ཏེ། གློ་གཡས་པ་ཕབ ་ནས། རྐང་པ་རྐང་པའི་སྟེང་དུ་བཞག་སྟེ། སྣང་བའི་འདུ་ཤེས་དང། དྲན་པ་དང་ཤེས་བཞིན་དང། ལྡང་བ་ཁོ་ནའི་འདུ་ཤེས་ཡིད་ལ་བྱེད་བཞིན་དུ་ཉལ་བར་བྱེད་པ་དང། དེ་མཚན་མོའི་ཐུན་ཐ་མ་ལ་ཡང་མྱུར་བ་མྱུར་བ་ཁོ་ནར་སད་པར་བྱས་ནས་འཆག་པ་དང་འདུག་པ ་དག་གིས། སྒྲིབ་པར་འགྱུར་བའི་ཆོས་རྣམས་ལས་སེམས་ཡོངས་སུ་སྦྱོང་བར་བྱེད་པ་ཡིན་ཏེ་ཞེས་གང་གསུངས་པའོ། །དེ་ལ་མི་ཉལ་བར་སྦྱོར་བའི་རྗེས་སུ་བརྩོན་པ་ཉིད་ནི་འདི་ཡིན་ཏེ། འདི་ལྟ་སྟེ། སངས་རྒྱས་བཅོམ་ལྡན་འདས་ཀྱི་ཉན་ཐོས་ཀྱི་མི་ཉལ་བར་སྦྱོར་བ ་ཐོས་ནས། དེ་ལ་སློབ་པར་འདོད་ཅིང། དེ་དེ་ལྟར་གྱུར་ནས། མི་ཉལ་བ་དེ་ཉིད་ལས་བཙམས་ཏེ། སངས་རྒྱས་ཀྱི་རྗེས་སུ་གནད་བའི་མི་ཉལ་བར་སྦྱོར་བ་བསྒྲུབ་པར་བྱའོ་ཞེས་དེའི་རྗེས་སུ་འདུན་པ་དང། བརྩོན་པ་དང། འབད་པ་དང། རྩོལ་བ་དང། ་སྒྲིམ་པ་དང་མཐུ་བསྐྱེད་པ་དང། རྩོམ་པ་དང། དགའ་བ་དང། སྤྲོ་བ་དང། ཕྱིར་མི་ལྡོག་པ་དང་སེམས་རབ་ཏུ་འཛིན་ཅིང། རྒྱུན་ཏུ་ཆུད་པར་བྱེད་པ་གང་ཡིན་པའོ། །དེ་ལ་ཇི་ལྟར་ན་ཉིན་མོ་འཆག་པ་དང། འདུག་པ་དག་གིས་སྒྲིབ་པར་འགྱུར་བའི་ཆོས་རྣམས ་ལས་སེམས་ཡོངས་སུ་སྦྱོང་བར་བྱེད་པ་ཡིན་ཞེ་ན། ཉིན་མོ་ཞེས་བྱ་བ་ནི་ཉི་མ་འཆར་ཀའི་དུས་ནས་བཟུང་སྟེ། ཉི་མ་ནུབ་ཀའི་བར་གྱི་དུས་གང་ཡིན་པའོ། །འཆག་པ་ཞེས་བྱ་བ་ནི་འཆགས་དཀྱུས་རིང་ཞིང། ཞེང་ཧ་ཅང་མི་ཆེ་བར་བྱས་པའི་ས་ཕྱོགས་སུ་འགྲོ་བ་དང། ལྡོག་པ ་དང་ལྡན་པའི་ལུས་ཀྱི་ལས་གང་ཡིན་པའོ། །འདུག་པ་ཞེས་བྱ་བ་ནི་འདི་ལྟར་འདི་ན་ལ་ལ་ཁྲི་འམ་ཁྲིའུ་འམ། རྩཝ་བཏིང་བའི་སྟེང་དུ་སྐྱིལ་མོ་ཀྲུང་བཅས་ཏེ། ལུས་དྲང་པོར་བསྲངས་ནས། དྲན་པ་ཕྱོགས་པར་བཞག་སྟེ། འདུག་པ་གང་ཡིན་པའོ། །སྒྲིབ་པ་རྣམས་ཞེས ་བྱ་བ་ནི་སྒྲིབ་པ་ལྔ་པོ་དག་གོ་།སྒྲིབ་པར་འགྱུར་བའི་ཆོས་རྣམས་ཞེས་བྱ་བ་ནི། སྒྲིབ་པ་དང། མཐུན་པའི་ཆོས་རྣམས་ཏེ། སྒྲིབ་པ་འདྲེན་པར་བྱེད་པ་གང་དག་ཡིན་པའོ། །དེ་དག་ཀྱང་གང་ཞེ་ན། འདོད་པ་ལ་འདུན་པ་དང། གནོད་སེམས་དང། རྨུགས་པ་དང། གཉིད་དང་འགྱོད་པ་དང། ་རྒོད་བ་དང། ཐེ་ཚོམ་དང། སྡུག་པ་ཉིད་དང། ཁོང་ཁྲོ་བའི་རྒྱུ་དང། མུན་པ་དང། ཉི་དུ་དང། ལྗོངས་དང། མི་འཆི་བའི་རྣམ་པར་རྟོག་པ་དང། སྔོན་བགད་པ་དང། བརྩེས་པ་དང། དགའ་བ་དང། དགའ་མགུར་སྤྱད་པ་རྗེས་སུ་དྲན་པ་དང། དུས་གསུམ་དང། དུས་གསུམ་དུ་གཏོགས་པའི ་ཚུལ་བཞིན་མ་ཡིན་པའི་ཆོས་རྣམས་ལ་སེམས་པ་གང་ཡིན་པའོ། །ཇི་ལྟར་ན་འཆག་པས་དེ་དག་ལ་སེམས་ཡོངས་སུ་སྦྱོང་བར་བྱེད་པ་ཡིན་ཞེ་ན། རྨུགས་པ་དང་གཉིད་དང། རྨུགས་པ་དང་གཉིད་འདྲེན་པར་བྱེད་པའི་སྒྲིབ་པ་ལས་ཡོངས་སུ་སྦྱོང་བར་བྱེད་དོ། །དེས་སྣང་བའི་མཚན་མ ་ལེགས་པར་ཤིན་ཏུ་རབ་ཏུ་བཟུང་ཞིང། ལེགས་པར་ཡིད་ལ་བྱས། ལེགས་པར་བརྟེན། ལེགས་པར་སོ་སོར་བརྟགས་ཏེ། དེ་སྣང་བ་དང་ལྡན་པ་དང། དེ་འོད་དང་ལྡན་པའི་སེམས་ཀྱིས་གཡོགས་པ་འམ། བླ་གབ་མེད་པའི་འཆག་ས་ན་འཆག་པའི་ཚེ་འདི་ལྟ་སྟེ། སངས་རྒྱས། ་རྗེས་སུ་དྲན་པ་འམ། ཆོས་སམ། དགེ་འདུན་ནམ། ཚུལ་ཁྲིམས་སམ། གཏོང་བ་འམ། ལྷ་རྗེས་སུ་དྲན་པར་འགྱུར་བ་འམ། དང་བར་གྱུར་པའི་དམིགས་པ་གང་ཡང་རུང་བས་སེམས་ཡང་དག་པར་སྟོན། ཡང་དག་པར་འཛིན་དུ་གཞུག་།ཡང་དག་པར་གཟེང་བསྟོད། ཡང་དག་པར་རབ ་ཏུ་དགའ་བར་བྱེད་པ་འམ། དེས་གཉིད་དང་རྨུགས་པར་འགྱུར་བའི་ཉེས་དམིགས་སྟོན་པའི་ཆོས་འདི་ལྟ་སྟེ། མདོའི་སྡེ་དང། དབྱངས་ཀྱིས་བསྙད་པའི་སྡེ་དང། ལུང་བསྟན་པའི་སྡེ་དང། ཚིགས་སུ་བཅད་པའི་སྡེ་དང། ཆེད་དུ་བརྗོད་པའི་སྡེ་དང། གླེང་གཞིའི་སྡེ་དང། རྟོགས་པ ་བརྗོད་པའི་སྡེ་དང། དེ་ལྟ་བུ་བྱུང་བའི་སྡེ་དང། སྐྱེས་པའི་རབས་ཀྱི་སྡེ་དང། ཤིན་ཏུ་རྒྱས་པའི་སྡེ་དང། རྨད་དུ་བྱུང་བའི་ཆོས་ཀྱི་སྡེ་དང། བརྟན་ལ་བབ་པར་བསྟན་པའི་སྡེ་གང་དག་ཐོས་ཤིང་བཟུང་ལ། བསྟན་པར་བྱས་ལ་དེ་དག་ལས་རྣམ་གྲངས་དུ་མར་རྨུགས་པ་དང། ་གཉིད་རྣམ་པར་སྨད་ཅིང། རྣམ་པར་སྐྱོན་དུ་བགྲང་བ་དང། རྨུགས་པ་དང་གཉིད་སྤོང་བ་བསྟོད་ཅིང་བསྔགས་པ་དེ་དག་རྒྱ་ཆེར་དབྱངས་ཀྱི་ཁ་ཏོན་བྱེད་པ་འམ། གཞན་དག་ལ་ཡང་དག་པར་སྟོན་ཏམ། དོན་སེམས་ཤིང་འཇལ་ལ་རྣམ་པར་རྟོག་པར་བྱེད་པའམ། ་ཕྱོགས་སུ་རྣམ་པར་ལྟ་བ་འམ། ཟླ་བ་དང། རྒྱུ་སྐར་དང། གཟའ་དང་སྐར་མ་དག་ལ་གཏོད་པར་བྱེད་པ་འམ། ཆུས་གདོང་འཁྲུ་བར་བྱེད་ན། དེས་དེའི་རྨུགས་པ་དང་གཉིད་ཀྱི་ཀུན་ནས་དཀྲིས་པ་མ་སྐྱེས་པ་དེ་ནི་མི་སྐྱེད་ལ་སྐྱེས་པ་ནི་སད་པར་འགྱུར་ཏེ། དེ་ལྟར་ན་དེས་སྒྲིབ་པར ་འགྱུར་བའི་ཆོས་དེ་ལས་སེམས་ཡོངས་སུ་སྦྱོང་བར་བྱེད་པ་ཡིན་ནོ། །དེ་ལ་འདུག་པས་སྒྲིབ་པས་འགྱུར་བའི་ཆོས་གང་དག་ལ་སེམས་ཡོངས་སུ་སྦྱོང་བར་བྱེད་ཅིང། ཇི་ལྟར་ཡོངས་སུ་སྦྱོང་བར་བྱེད་ཅེ་ན། སྨྲས་པ་སྒྲིབ་པར་འགྱུར་བའི་ཆོས་བཞི་པོ་འདོད་པ་ལ་འདུན་པ ་དང། གནོད་སེམས་དང། རྒོད་པ་དང། འགྱོད་པ་དང། ཐེ་ཚོམ་དག་དང་དེ་དག་དང་འདྲེན་པར་བྱེད་པའི་ཆོས་རྣམས་ལས་ཡོངས་སུ་སྦྱོང་བར་བྱེད་དོ། །འདོད་པ་ལ་འདུན་པའི་ཀུན་ནས་དཀྲིས་པ་སྐྱེས་པ་བསལ་བར་བྱ་བ་དང། མ་སྐྱེས་པ་ཐག་རིང་དུ་བྱས་པའི་ཕྱིར ་སྐྱིལ་མོ་ཀྲུང་བཅས་ཏེ། ལུས་དྲང་པོར་བསྲངས་ནས་དྲན་པ་ཕྱོགས་པར་བཞག་སྟེ། འདུག་ནས་རྣམ་པར་བསྡོས་པ་འམ། རྣམ་པར་བརྣགས་པ་འམ། རྣམ་པར་འབུས་གཞིགས་པ་འམ། རྣམ་པར་བམ་པ་འམ། རྣམ་པར་ཟོས་པ་འམ། རྣམ་པར་དམར་པ་འམ། ་རྣམ་པར་འཐོར་བ་འམ། རུས་གོང་ངམ། ཀེང་རུས་སམ། རུས་པའི་ཀེང་རུས་སམ། ཏིང་ངེ་འཛིན་བཟང་པོའི་མཚན་མ་གང་ཡང་རུང་བ་དག་ཡིད་ལ་བྱེད་པ་འམ། ངེས་འདོད་པ་ལ་འདོད་ཆགས་སྤང་བ་འམ། འདོད་པ་ལ་འདུན་པ་སྤང་བར་བྱ་བའི་ཕྱིར། འདི་ལྟ་སྟེ་མདོའི ་སྡེ་དང། དབྱངས་ཀྱིས་བསྙད་པའི་སྡེ་དང། ལུང་བསྟན་པའི་སྡེ་དང། རྒྱས་པར་སྔ་མ་བཞིན་དུ་ཆོས་གང་དག་ཐོས་ཤིང་བཟུང་ལ། བརྟན་པར་བྱས་པ་འམ། ཁ་ཏོན་བྱ་བ་འམ། ཡིད་ཀྱིས་བརྟགས་པ་དང། མཐོང་བས་ཤིན་ཏུ་རྟོགས་པར་བྱེད་པ་དེ་དག་ལས་རྣམ་གྲངས་དུ་མར ་འདོད་པ་ལ་འདོད་ཆགས་དང། འདོད་པ་ལ་འདུན་པ་དང། འདོད་པ་ལ་ཞེན་པ་དང། འདོད་པ་ལ་ཆུམས་པ་དང། འདོད་པ་ལ་ལྷག་པར་ཞེན་པ་རྣམ་པར་སྨད་པ་དང། རྣམ་པར་མི་སྙན་པར་བརྗོད་པ་དང། རྣམ་པར་སྐྱོན་དུ་བགྲང་བ་དང། འདོད་པ་ལ་འདོད་ཆགས་དང། འདོད་པ་ལ ་འདུན་པ་སྤོང་བ་རྣམ་གྲངས་དུ་མར་བསྟོད་པ་དང། བསྔགས་པ་དང་རབ་ཏུ་བསྔགས་པའི་ཆོས་དེ་དག་དེ་ལྟར་འདུག་ནས་ཚུལ་བཞིན་དུ་ཡིད་ལ་བྱེད་པ་ཡིན་ཏེ། དེ་ལྟར་དེ་འདོད་པ་ལ་འདུན་པའི་ཀུན་ནས་དཀྲིས་པ་མ་སྐྱེས་པ་མི་སྐྱེད་ཅིང། འདོད་པ་ལ་འདུན་པའི་ཀུན་ནས་དཀྲིས་པ ་སྐྱེས་པ་དང་བྲལ་པར་འགྱུར་རོ། །དེ་ལ་གནོད་སེམས་ལ་ཁྱད་པར་འདི་ཡོད་དེ། དེ་ལྟར་འདུག་གནས་བྱམས་པ་དང་ལྡན་པའི་སེམས་ཁོ་ན་མེད་པ། འགྲན་ཟླ་མེད་པ་གནོད་པ་མེད་པ། ཡངས་པ། རྒྱ་ཆེན་པོར་གྱུར་པ། མི་གཉིས་པ། ཚད་མེད་པ། ཤིན་ཏུ་བསྒོམས་པས་ཕྱོགས ་སུ་མོས་ཏེ། ཁྱད་པར་བྱས་ཏེ་བསྒྲུབས་ཏེ་གནས་པ་དང། དེ་བཞིན་དུ་གཉིས་པ་དང། དེ་བཞིན་དུ་གསུམ་པ་དང། དེ་བཞིན་དུ་བཞི་པ་དང། བླ་དང་འོག་དང། ཐད་ཀར་མཛའ་ཡས་པའི་འཇིག་རྟེན་ཐམས་ཅད་ཁྱད་པར་བྱས་ནས་བསྒྲུབས་ཏེ་གནས་པ་ཡིན་ཏེ། ལྷག་མ་ནི་སྔ ་མ་བཞིན་ནོ། །དེ་ལ་རྒོད་པ་འགྱོད་པ་ལ་ནི་ཁྱེད་པར་འདི་ཡོད་དོ། །དེ་ལྟར་འདུག་ནས་སེམས་ནང་ཁོ་ནར་ཡང་དག་པར་འཇོག་པར་བྱེད་ཅིང་སྒྲུབ་པར་བྱེད་ལ་རྒྱུད་གཅིག་ཏུ་བྱེད་ཅིང་ཏིང་ངེ་འཛིན་དུ་བྱེད་པ་ཡིན་ཏེ། ལྷག་མ་ནི་ལྔ་མ་བཞིན་ནོ། །དེ་ལ་ཐེ་ཚོམ་གྱི་སྒྲིབ་པ་ནི་ཁྱད ་པར་འདི་ཡོད་དེ། དེ་ལྟར་འདུག་ནས་ཅི་བདག་འདས་པའི་དུས་སུ་བྱུང་བར་གྱུར་ཏམ། འོན་ཏེ་བདག་འདས་པའི་དུས་སུ་མ་བྱུང་བར་གྱུར་པ་ཞིག་ཡིན། བདག་འདས་པའི་དུས་སུ་ཅི་འདྲ་བར་གྱུར། ཇི་ལྟ་བུར་གྱུར་པ་ཞིག་ཡིན། བདག་མ་འོངས་པའི་དུས་ན་ཅི་ཞིག ་ཏུ་འགྱུར། མ་འོངས་པའི་དུས་ན་ཇི་ལྟ་བུ་ཞིག་ཏུ་འགྱུར། ཅི་ཞིག་ཡོད། ཅིར་འགྱུར། སེམས་ཅན་འདི་ག་ལས་འོངས། འདི་ནས་ཤི་འཕོས་ནས་ནི་གང་དུ་འགྲོ་བར་འགྱུར་ཞེས། འདས་པའི་དུས་ལ་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་ཅིང། མ་འོངས་པ་དང་དེ་ལྟར ་བྱུང་བའི་དུས་ལ་ཡང་ཚུལ་བཞིན་མ་ཡིན་པ་ཡིད་ལ་མི་བྱེད་དེ། དེ་དེ་ལྟར་འདས་པའི་དུས་དང། མ་འོངས་པའི་དུས་དང། ད?་ལྟར་བྱུང་བའི་དུས་ལ་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་སྤངས་ཤིང། ཚུལ་བཞིན་ཡིད་ལ་བྱེད་དོ། །དེའི་ཆོས་ཙམ་དང། ་དངོས་པོ་ཙམ་དང། རྒྱུ་ཙམ་དང། འབྲས་བུ་ཙམ་དང། ཡོད་པ་འང་ཡོད་པར་མེད་པ་ཡང་མེད་པར་མཐོང་ཞིང། དངོས་པོ་མེད་པ་ལ་ཡང་སྒྲོ་འདོགས་པར་མི་བྱེད་ལ། དངོས་པོ་ཡོད་པ་ལ་ཡང་སྐུར་པ་འདེབས་པར་མི་བྱེད་ཅིང། འཇིགས་པར་མི་བྱེད་དེ། འདི་ལྟ་སྟེ། མི ་རྟག་པ་དང། སྡུག་བསྔལ་བ་དང། སྟོང་པ་དང། བདག་མེད་པའི་ཆོས་ཡང་དག་པ་དག་ཀྱང་མི་རྟག་པ་དང། སྡུག་བསྔལ་བ་དང། སྟོང་པ་དང། བདག་མེད་པ་ཡང་དག་པའི་སྒོ་ནས་རབ་ཏུ་ཤེས་སོ། །དེ་དེ་ལྟར་ཚུལ་བཞིན་ཡིད་ལ་བྱེད་པ་ན། སངས་རྒྱས་ལ་ཡང ་ནེམ་ནུར་མེད་ཅིང་ཐེ་ཚོམ་མེད་ལ་ཆོས་དང། དགེ་འདུན་དང། སྡུག་བསྔལ་དང། ཀུན་འབྱུང་བ་དང། འགོག་པ་དང། ལམ་དང། རྒྱུ་དང། རྒྱུས་བསྐྱེད་པའི་ཆོས་བསྐྱེད་པའི་ཆོས་རྣམས་ལ་ཡང་ནེམ་ནུར་མེད་ཅིང། ཐེ་ཚོམ་མེད་པ་ཡིན་ཏེ། ལྷག་མ་ནི་སྔ་མ་བཞིན་ནོ། །དེ་ལ་གནོད ་སེམས་ལ་ཡང་དེས་ཁོང་ཁྲོ་བ་དང། ཁོང་ཁྲོ་བའི་རྒྱུ་ལས་བརྩམས་ཏེ། དེ་དག་པར་བྱ་བའི་ཕྱིར། ཆོས་གང་དག་ཐོས་ཤིང་བཟུང་ལ་ཞེས་བྱ་བ་རྒྱས་པར་སྔ་མ་བཞིན་དུ་བརྗོད་པར་བྱའོ། །རྒོད་པ་དང། འགྱོད་པ་ལ་ཡང་དེས་རྒོད་པ་དང། འགྱོད་པ་ལས་བརྩམས་ཏེ། དེ་སྤང ་བར་བྱ་བའི་ཕྱིར་ཆོས་གང་དག་ཐོས་ཤིང་བཟུང་ལ་ཞེས་བྱ་བ་རྒྱས་པར་སྔ་མ་བཞིན་དུ་བརྗོད་པར་བྱའོ། །ཐེ་ཚོམ་ལ་ཡང་དེས་ཐེ་ཚོམ་ལས་བརྩམས་ཏེ། དེ་སྤང་བར་བྱ་བའི་ཕྱིར་ཆོས་གང་དག་ཐོས་ཤིང་བཟུང་ལ་ཞེས་བྱ་བ་སྔ་མ་བཞིན་དུ་བརྗོད་པར་བྱ་སྟེ། ལྷག་མ་ནི་སྔ་མ ་བཞིན་ནོ། །དེ་ལྟར་ན་དེས་འདོད་པ་ལ་འདུན་པ་དང། གནོད་སེམས་དང། རྨུགས་པ་དང་གཉིད་དང། རྒོད་པ་དང། འགྱོད་པ་དང། ཐེ་ཚོམ་གྱི་སྒྲིབ་པ་རྣམས་དང། དེ་དག་འདྲེན་པར་བྱེད་པའི་སྒྲིབ་པར་འགྱུར་བའི་ཆོས་རྣམས་ལས། སེམས་ཡོངས་སུ་སྦྱོད་བར་བྱེད་པ ་ཡིན་ཏེ། དེའི་ཕྱིར་འཆག་པ་དང། འདུག་པ་དག?་གིས་སྒྲིབ་པར་འགྱུར་བའི་ཆོས་རྣམས་ལས། སེམས་ཡོངས་སུ་སྦྱོང་བར་བྱེད་ཅིང་ཞེས་བྱ་བ་གསུངས་སོ། །དེ་ཡང་ཆོས་ཀྱི་དབང་དུ་བྱས་ཏེ། སྒྲིབ་པར་འགྱུར་བའི་ཆོས་རྣམས་ལས་སེམས་ཡོངས་སུ་སྦྱོང་བར་བྱེད་པ་དེ་བསྟན་པ ་ཡིན་ནོ། །བདག་གི་དབང་དུ་བྱས་པ་དང། འཇིག་རྟེན་གྱི་དབང་དུ་བྱས་ནས། སྒྲིབ་པར་འགྱུར་བའི་ཆོས་རྣམས་ལས་སེམས་ཡོངས་སུ་སྦྱོང་བར་བྱེད་པ་ཡང་ཡོད་དོ། །དེ་ལ་བདག་གི་དབང་དུ་བྱས་པ་གང་ཞེ་ན། འདི་ལྟ་སྟེ། སྒྲིབ་པ་གང་ཡང་རུང་བ་ཞིག་སྐྱེས་པར་གྱུར་ན། ་སྐྱེས་མ་ཐག་ཏུ་སྒྲིབ་པ་དེ་སྐྱེས་པ་དེས། སེམས་ཉེ་བར་ཉོན་མོངས་པར་བྱེད་པ་དང། ཤེས་རབ་ཉམ་ཆུད་བར་བྱེད་པ་དང། དགེ་བའི་ཕྱོགས་ལ་གནོད་པར་བྱེད་པས་བདག་གི་ཚུལ་དང་མཐུན་པ་མ་ཡིན་པར་རིག་ནས། ངོ་ཚ་བར་བྱེད་ཅིང་སྒྲིབ་པ་སྐྱེས་པ་དེ་དང་དུ ་མི་ལེན་པར་སྤོང་བར་བྱེད། སེལ་བར་བྱེད། བྱད་བར་བྱེད་པ་སྟེ། དེ་ལྟར་ན་དེ་བདག་གི་དབང་དུ་བྱས་ནས། སྒྲིབ་པར་འགྱུར་བའི་ཆོས་རྣམས་ལས་སེམས་ཡོངས་སུ་སྦྱོང་བར་བྱེད་པ་ཡིན་ནོ། །ཇི་ལྟར་ན་འཇིག་རྟེན་གྱི་དབང་དུ་བྱས་ནས། སྒྲིབ་པར་འགྱུར་བའི་ཆོས ་རྣམས་ལས་སེམས་ཡོངས་སུ་སྦྱོང་བར་བྱེད་པ་ཡིན་ཞེ་ན། འདི་ལ་དེའི་སྒྲིབ་པ་སྐྱེས་པ་འམ། སྐྱེ་བའི་དུས་ཉེ་བར་གནས་པར་གྱུར་པ་ན། འདི་སྙམ་དུ་སེམས་ཏེ། གལ་ཏེ་བདག་གི་སྒྲིབ་པ་མ་སྐྱེས་པ་བསྐྱེད་པར་གྱུར་ན། བདག་སྟོན་པས་སྨད་པར་འགྱུར་ཞིང། ་ལྷ་རྣམས་དང་ཚངས་པ་མཚུངས་པར་སྤྱོད་པ་མཁས་པ་རྣམས་ཀྱིས་ཀྱང་ཆོས་ཉིད་ཀྱི་རྣམ་པར་སྨད་པར་འགྱུར་རོ་སྙམ་ནས། དེ་འཇིག་རྟེན་ཁོ་ནའི་དབང་དུ་བྱས་ནས། སྒྲིབ་པ་མ་སྐྱེས་པ་མི་བསྐྱེད་ཅིང་སྐྱེས་པ་སྤོང་བར་བྱེད་པ་སྟེ། དེ་ལྟར་ན་འཇིག་རྟེན་གྱི་དབང་དུ ་བྱས་ནས། སྒྲིབ་པར་འགྱུར་བའི་ཆོས་རྣམས་ལས་སེམས་ཡོངས་སུ་སྦྱོང་བར་བྱེད་པ་ཡིན་ནོ། །དེ་ལྟར་མཚན་མོའི་ཐུན་དང་པོ་ལ་ཡང་འཆག་པ་དང། འདུག་པ་དག་གིས་སྒྲིབ་པར་འགྱུར་བའི་ཆོས་རྣམས་ལས་སེམས་ཡོངས་སུ་སྦྱོང་བའི་བར་དུ་བྱེད་ཅིང། སྒྲིབ་པར ་འགྱུར་བའི་ཆོས་རྣམས་ལས། སེམས་ཡོངས་སུ་སྦྱངས་ནས། གནས་མལ་རིམ་གྲོ་བྱ་བ་དང། འཇིག་རྟེན་གྱི་ཆོ་ག་དང་རྗེས་སུ་མཐུན་པར་བྱ་བའི་ཕྱིར། དེའི་འོག་ཏུ་གཙུག་ལག་ཁང་ནས་ཕྱིར་ཕྱུང་སྟེ། གཙུག་ལག་ཁང་གི་ཕྱི་རོལ་ཏུ་རྐང་པ་འཁྲུ ་ཞིང་བཀྲུས་ནས་གཙུག་ལག་ཁང་གི་ནང་དུ་ཞུགས་ཏེ། འདི་ལྟར་གཉིད་ཀྱིས་བལྟ་བར་བྱ་བའི་འབྱུང་བ་ཆེན་པོ་རྣམས་བལྟ་བར་བྱ་བའི་ཕྱིར་ཉལ་བར་བྱེད་དོ། །ལུས་དེ་བལྟས་ན་དགེ་བའི་ཕྱོགས་ཀྱི་སྦྱོར་བ་རྒྱུན་ཏུ་ཆུད་པར་བྱ་བ་དང། རྟག་འགྲུས་སུ་བྱ་བ་ལ་ཤིན་ཏུ་ལས ་སུ་རུང་ཞིང། ཤིན་ཏུ་ཕན་པར་ཡང་འགྱུར་རོ། །ཅིའི་ཕྱིར་གློ་གཡས་པས་ཕབ་ཏེ་ཉལ་བར་བྱེད་ཅེ་ན། སྲོག་ཆགས་སེང་གེ་དང་ཆོས་མཐུན་པར་བྱ་བའི་ཕྱིར་ཏེ། འདིར་ནི་ཇི་ལྟར་ཆོས་མཐུན་པ་ཡིན་ཞེ་ན། སྲོག་ཆགས་སེང་གེ་ནི་དུད་འགྲོའི་སྐྱེ་གནས་སུ་སྐྱེས་པའི ་སྲོག་ཆགས་ཐམས་ཅད་ཀྱི་ནང་ན་རྩལ་ཆེ་བ་དང། གཟེངས་མཐོ་བ་དང། བརྟན་པས་ཕ་རོལ་གནོན་པ་བཞིན་དུ། དགེ་སློང་མི་ཉལ་བར་སྦྱོར་བའི་རྗེས་སུ་བརྩོན་པ་བརྩོན་འགྲུས་བརྩམས་ཤིང་གནས་པ་ཡང། རྩལ་ཆེ་བ་དང། གཟེངས་མཐོ་བ་དང། བརྟན ་པས་ཕ་རོལ་གནོན་པ་ཡིན་པས། དེའི་ཕྱིར་སེང་གེ་བཞིན་དུ། ཉལ་བ་ནི་དེའི་ཚུལ་དང་མཐུན་པ་ཡིན་གྱི། ཡི་དགས་ཀྱི་ཉལ་སྟངས་དང། ལྷའི་ཉལ་སྟངས་དང། འདོད་པ་ལ་ལོངས་སྤྱོད་པ་དག་གི་ཉལ་སྟངས་ནི་དེ་ལྟ་མ་ཡིན་ཏེ། འདི་ལྟར་དེ་དག་ཐམས ་ཅད་ནི་ལེ་ལོ་ཅན་དང། བརྩོན་འགྲུས་ཞེན་པ། སྟོབས་དང་ཕ་རོལ་གནོན་པ་ཆུད་པ་ཡིན་པའི་ཕྱིར་རོ། །གཅིག་ཏུ་ན་གློ་གཡས་པས་སེང་གེ་བཞིན་དུ། ཉལ་བ་གང་ཡིན་པ་དེ་ནི་ཆོས་ཉིད་ཀྱིས་འདི་ལྟར་ལུས་ངག་ལྟོད་པར་མི་འགྱུར་ཞིང་གཉིད་ལོག་ན ་ཡང་དྲན་པ་བརྗེད་པར་མི་འགྱུར་བ་དང། གཉིད་སྟུག་པོར་མི་འགྱུར་བ་དང། རྨི་ལམ་ན་ནི་སྡིག་པ་རྨི་བར་མི་འགྱུར་བ་ཡིན་གྱི། དེ་ལྟ་མ་ཡིན་པར་ཉལ་ན་ནི་དེ་ལས་བཟློག་པའི་ཉེས་པ་ཐམས་ཅད་འབྱུང་བར་རིག་པར་བྱ་སྟེ། དེའི་ཕྱིར་གློ་གཡས ་བས་བབ་ནས་རྐང་པའི་སྟེང་དུ་གཞག་སྟེ་ཉལ་བར་བྱེད་དོ་ཞེས་གསུངས་སོ། །ཇི་ལྟར་ན་སྣང་བའི་འདུ་ཤེས་ཀྱི་ཉལ་བར་བྱེད་པ་ཡིན་ཞེ་ན། དེས་སྣང་བའི་མཚན་མ་ལེགས་པར་ཤིན་ཏུ་དབུང་ཞིང། ལེགས་པར་ཡིད་ལ་བྱས། ལེགས་པར་བརྟེན། ལེགས་པར ་སོ་སོར་བརྟགས་ཏེ། དེ་དེ་ཉིད་ཡིད་ལ་བྱེད་བཞིན་དུ་དེ་འོད་དང་ལྡན་པའི་སེམས་ཀྱི་ཉལ་བར་བྱེད་ཅིང། དེས་ན་དེ་གཉིད་ལོག་ན་ཡང་སེམས་མུན་པ་ཉིད་དུ་མི་འབྱུང་སྟེ། དེ་ལྟར་ན་སྣང་བའི་འདུ་ཤེས་ཀྱིས་ཉལ་བར་བྱེད་པ་ཡིན་ནོ། །ཇི་ལྟར་ན་དྲན་པ་ཉལ་བར་བྱེད ་པ་ཡིན་ཞེ་ན། དེས་ཆོས་དགེ་བ་དོན་དང་ལྡན་པ་གང་དག་མཉན་པ་དང་བསམས་པ་དང། བསྒོམ་པའི་རྒྱུ་ལས་བྱུང་བའི་དྲན་པ་ཉལ་ཀའི་བར་དུ་རྗེས་སུ་འབྲང་བར་འགྱུར་ཞིང། དེས་དེ་གཉིད་ལོག་ན་ཡང་ཆོས་དེ་དག་གཉིད་མ་ལོག་པ་བཞིན་དུ་མངོན་པར་བརྗོད་པར་བྱེད ་ལ། ཆོས་དེ་དག་ཉིད་ལ་སེམས་དེ་ལན་མང་དུ་རྗེས་སུ་འཇུག་པར་བྱེད་དེ། དེ་ལྟར་ན་ཇི་ལྟར་དྲན་པས་དགེ་བའི་སེམས་སམ། ལུང་དུ་མ་བསྟན་པའི་སེམས་དྲན་པ་དེ་བཞིན་དུ་ཉལ་བར་བྱེད་པ་ཡིན་ཏེ། དེ་ལྟར་ན་དྲན་པས་ཉལ་བར་བྱེད་པ་ཡིན་ནོ། །ཇི་ལྟར་ན་ཤེས ་བཞིན་གྱིས་ཉལ་བར་བྱེད་པ་ཡིན་ཞེ་ན། དེ་ལྟར་དྲན་པར་གྱུར་པ་དེ་གང་གི་ཚེ་ཉལ་བ་ན། ཉེ་བའི་ཉོན་མོངས་པ་གང་ཡང་རུང་བས་སེམས་ཀུན་ནས་ཉོན་མོངས་པར་གྱུར་ན། དེས་ཀུན་ནས་ཉོན་མོངས་པ་སྐྱེས་པ་དེ་ཉིད་ལེགས་པ་ཁོ་ནར་རབ་ཏུ་ཤེས་ཤིང། དང་དུ་མི ་ལེན་པར་སྤོང་བར་བྱེད། རྟོགས་པར་བྱེད། སེམས་ཕྱིར་ཟློག་པར་བྱེད་དེ། དེའི་ཕྱིར་ཤེས་བཞིན་དུ་ཉལ་བར་བྱེད་པ་ཞེས་བྱའོ། །ཇི་ལྟར་ལྡང་བ་ཁོ་ནའི་འདུ་ཤེས་ཡིད་ལ་བྱེད་བཞིན་དུ་ཉལ་བར་བྱེད་ཅེ་ན། དེ་བརྩོན་འགྲུས་ཀྱི་ཡང་དག་པར་རབ་ཏུ་ཟིན་པའི་སེམས་སུ ་བྱས་ནས། མྱུར་བ་མྱུར་བར་ཐུམ་ཕྲས་ཀྱི་ཉལ་བར་བྱེད་དེ། འདི་ལྟ་སྟེ། དཔེར་ན་དགོན་པའི་རི་དགས་བཞིན་དུ་རྣམ་པ་ཐམས་ཅད་ཀྱི་ཐམས་ཅད་དུ་གཉིད་ཀྱིས་ནོན་པ་ལ་སེམས་གཞོལ་བར་མི་བྱེད་ཨུཅིང། དེ་ལ་བབ་པར་མི་བྱེད། བབ་པར་མི་བྱེད་པ་དང་གཞན་ཡང ་དེ་འདི་སྙམ་དུ་སེམས་ཏེ། ཨེ་མའོ་ཀྱེ་མ་བདག་གི་སངས་རྒྱས་ཀྱིས་རྗེས་སུ་གནང་བའི་མི་ཉལ་བ་རྣམ་པ་ཐམས་ཅད་ཀྱི་ཐམས་ཅད་དུ་བསྒྲུབ་པར་བྱའོ་སྙམ་ནས། ངེས་དེ་བསྒྲུབ་པའི་ཕྱིར་ཤིན་ཏུ་འབད་པ་ཆེན་པོ་དང། མངོན་པར་བརྩོན་པའི་སྦྱོར ་བ་མཐུན་པ་བསྐྱེད་དེ། གནས་པར་བྱེད་པ་དང། གཞན་ཡང་དེ་འདི་སྙམ་དུ་སེམས་ཏེ། ཇི་ལྟར་བདག་གི་དེང་མི་ཉལ་བ་དང་དགེ་བའི་ཆོས་རྣམས་བསྒོམ་པའི་ཕྱིར་མཁས་ཤིང་ལེ་ལོ་མེད་ལ། སྒྲུབ་པོ་དཔས་བརྩོན་འགྲུས་བརྩམས་ཏེ། གནས་པ་བཞིན་དུས་ངན་མན?་ངས ་པའི་ནང་བར་སྒྲུབ་ཕོད་པས། རྒྱ་ཆེར་བརྩོན་འགྲུས་བརྩམས་ཏེ། གནས་པར་བྱའོ་སྙམ་དུ་སེམས་པའོ། །དེ་ལ་ལྡང་བའི་འདུ་ཤེས་ཅིག་གིས་ནི་གཉིད་སྟུག་པོར་མི་བྱེད་དེ། དེས་ནི་ལྡང་བའི་དུས་སུ་མྱུར་བ་མྱུར་བ་ཁོ་ནར་ལྡང་ཞིང་དུས་ལས་མི་ཡོལ་བར་སད་པར་ནུས་སོ། །ལྡང་བའི ་འདུ་ཤེས་གཉིས་པས་ནི་སངས་རྒྱས་ཀྱིས་རྗེས་སུ་གནང་བའི་སེངྒེའི་ཉལ་སྟངས་ལས་ལྷག་ཆད་མེད་པར་ཉལ་བར་བྱེད་དོ། །ལྡང་བའི་འདུ་ཤེས་གསུམ་པས་ནི་འདུན་པ་རྒྱུན་མི་འཆད་པར་བྱེད་དེ། བརྗེད་ངས་ན་ཡང་གོང་ནས་གོང་དུ་ཡང་དག་པར་བསྒྲུབ་པའི་ཕྱིར་རབ་ཏུ་བརྩོན ་པར་བྱེད་དེ། དེ་ལྟར་ན་ལྡང་བ་ཁོ་ནའི་འདུ་ཤེས་ཡིད་ལ་བྱེད་བཞིན་དུ་ཉལ་བར་བྱེད་པ་ཡིན་ནོ། །དེ་མཚན་མོའི་ཐུ་ཐ་མ་ལ་ཡང་མྱུར་བ་མྱུར་བ་ཁོ་ནར་སད་པར་བྱས་ནས། འཆག་པ་དང། འདུག་པ་དག་གིས་སྒྲིབ་པར་འགྱུར་བའི་ཆེས་རྣམས་ལས། སེམས་ཡོངས་སུ ་སྤྱོད་པར་བྱེད་པ་ཡིན་ཏེ་ཞེས་བྱ་བ་ལ་མཚན་མོའི་ཐུན་ཐ་མ་ལ་ཞེས་བྱ་བ་ནི། ནམ་གྱི་ཐོ་རངས་ཀྱི་ཆ་ལས་མེལ་ཚེ་ཐུན་ཅིག་ལྷག་ཙམ་གང་ཡིན་པའོ། །དེ་ཡང་ལྡང་བའི་འདུ་ཤེས་དང་དྲན་པ་དང། ཤེས་བཞིན་དང་ལྡན་པ་ཁོ་ནའི་འདུ་ཤེས་ཡིད་ལ་བྱེད་བཞིན་དུ་མཚན་མོའི ་གུང་ཚིགས་ཀྱི་ཐུན་ལ། མེལ་ཆེ་ཐུན་ཅིག་ཙམ་གཉིད་གཙང་བ་བྱས་ནས་གང་གི་ཚེ་ལྡང་བ་དེའི་ཚེ་རྨུགས་པ་དང་གཉིད་ཀྱིས་ཀུན་ནས་དཀྲིས་པ་ཆེན་པོས་ཟིལ་གྱིས་ནོན་ཅིང་ངེས་དེ་ལྡང་བ་ན་བུལ་བ་ཉིད་དམ། ཞན་པ་ཉིད་དམ། ལེ་ལོ་དང་སྙོམས་པར་འགྱུར་བ་མེད་ཅིང་ལྡང་བ ་ལ་ལས་སུ་རུང་བར་འགྱུར་རོ། །བུལ་བ་ཉིད་དང། ཞན་པ་ཉིད་དང། ལེ་ལོ་དང་སྙོམ་པ་དེ་དག་མེད་ན་བཙལ་བ་ཙམ་ཉིད་ཀྱིས་མྱུར་བ་མྱུར་བ་ཁོ་ནར་ལྡང་བར་འགྱུར་རོ། །འཆག་པ་དང་འདུག་པ་དག་གིས་སྒྲིབ་པར་གྱུར་བའི་ཆོས་རྣམས་ལས། སེམས་ཡོངས་སུ་སྤྱོད་པར་བྱེད་པ་ཡིན་ཏེ་ཞེས ་བྱ་བ་ནི་སྔ་མ་བཞིན་དུ་རིག་པར་བྱ་སྟེ། དེ་ནི་རེ་ཞིག་ནམ་གྱི་ཆ་སྟེ་དང། ནམ་གྱི་ཆ་སྨད་ལ་མི་ཉལ་བར་སྦྱོར་བའི་རྗེས་སུ་བརྩོན་པ་དེ་ཉིད་ཀྱི་རྣམ་པར་དབྱེ་བ་རྒྱས་པ་ཡིན་ནོ། །དོན་མདོར་བསྡུ་བ་གང་ཞེ་ན། འདི་ལ་ནམ་གྱི་ཆ་སྟོད་དང། ནམ་གྱི་ཆ་སྨད་ལ་མི་ཉལ་བར་སྦྱོར་བའི ་རྗེས་སུ་བརྩོན་པའི་སྐྱེས་བུ་གང་ཟག་གིས་ཡང་དག་པར་བྱ་བ་ནི་རྣམ་པ་ཞི་སྟེ། བཞི་གང་ཞེ་ན། ཇི་སྲིད་དུ་མི་ཉལ་བ་དེ་སྲིད་དུ། དགེ་བའི་ཆོས་སྒོམ་པ་ལ་བརྩོན་པ་དང། རྒྱུན་དུ་ཆུད་པ་དང། རྟག་འགྲུས་སུ་བྱེད་པ་དང། དུས་སུ་ཉལ་བར་བྱེད་ཅིང་དུས་མ་ཡིན་པར་མི་ཉལ ་བ་དང། ཉལ་ན་ཡང་ཀུན་ནས་ཉོན་མོངས་པ་མེད་པའི་སེམས་ཀྱིས་གཉིད་འདའ་བར་བྱེད་ཅིང། སེམས་ཀུན་ནས་ཉན་མོངས་པར་མི་འགྱུར་བ་དང། དུས་སུ་སང་བར་འགྱུར་ཞིང། ལྡང་བའི་དུས་ལས་མི་ཡོལ་བ་སྟེ། ནམ་གྱི་ཆ་སྟོང་དང། ནམ་གྱི་ཆ་སྨད་ལ་མི་ཉལ ་བར་སྦྱོར་བའི་རྗེས་སུ་བརྩོན་པའི་སྐྱེས་བུ་གང་ཟག་གིས་ཡང་དག་པར་བྱ་བ་ནི་བཞི་པོ་དེ་དག་ཡིན་ནོ། །བཅོམ་ལྡན་འདས་ཀྱིས་ཀྱང་ཡང་དག་པར་བྱ་བ་བཞི་པོ་དེ་དག་ལས་བརྩམས་ནས། ཉན་ཐོས་རྣམས་ལས་ནམ་གྱི་ཆ་སྟོང་དང། ནམ་གྱི་ཆ་སྨད་ལ་མི་ཉལ་བར་སྦྱོར་བའི ་རྗེས་སུ་བརྩོན་པ་བསྟན་ཏེ། །ཇི་ལྟར་བསྟན་ཅེ་ན། ཉིན་མོ་འཆག་པ་དང་འདུག་པ་དག་གིས་སྒྲིབ་པར་འགྱུར་པའི་ཆོས་རྣམས་ལས་སེམས་ཡོངས་སུ་སྤྱོད་པར་བྱེད་ཅིང། མཚན་མོའི་ཐུན་དང་པོ་ལ་ཡང་འཆག་པ་དང་འདུག་པ་དག་གིས་སྒྲིབ་པར་འགྱུར་བའི་ཆོས་རྣམས ་ལས་སེམས་ཡོངས་སུ་སྦྱོང་བར་བྱེད་ལ། ཞེས་གང་གསུངས་པ་དེས་ནི། རེ་ཞིག་འདི་ལྟ་སྟེ། ཇི་སྲིད་དུ་མི་ཉལ་བ་དེ་སྲིད་དུ་དགེ་བའི་ཕྱོགས་མི་སྤོང་ཞིང། དགེ་བའི་ཆོས་བསྒོམ་པ་ལ་བརྩོན་ཞིང་རྒྱུན་དུ་ཆུད་པ་དང། རྟག་འགྲུས་སུ་བྱེད་པ་ཞེས་བྱ་བ་ཡང་དག་པར ་བྱ་བ་དང་པོ་བསྟན་ཏོ། །ཡོངས་སུ་སྦྱངས་ནས་དེའི་འོག་ཏུ་གཙུག་ལག་ཁང་ནས་ཕྱིར་བྱུང་སྟེ། གཙུག་ལག་ཁང་གི་ཕྱི་རོལ་ཏུ་རྐང་པ་བཀྲུས་ནས། གཙུག་ལག་ཁང་གི་ནང་དུ་ཞུགས་ཏེ། བློ་གཡས་པས་ཕབ་ནས་རྐང་པ་རྐང་པའི་སྟེང་དུ་བཞག་སྟེ། ཉལ ་བར་བྱེད་དོ་ཞེས་གང་གསུངས་པ་དེས་ནི་འདི་ལྟ་སྟེ། དུས་སུ་ཉལ་བར་བྱེད་ཅིང། དུས་མ་ཡིན་པར་མི་ཉལ་བ་ཞེས་བྱ་བ་ཡང་དག་པར་བྱ་བ་གཉིས་པ་བསྟན་ཏེ། །སྣང་བའི་འདུ་ཤེས་དང། ངན་པ་དང་ཤེས་བཞིན་དང། ལྡང་བ་ཁོ་ནའི་འདུ་ཤེས་ཡིད་ལ་བྱེད་བཞིན་དུ་ཉལ ་བར་བྱེད་པ་དང། ཞེས་གང་གསུངས་པ་དེས་ནི་འདི་ལྟ་སྟེ། ཉལ་ན་ཡང་ཀུན་ནས་ཉོན་མོངས་པ་མེད་པའི་སེམས་ཀྱི་གཉིད་འདའ་བར་བྱེད་ཅིང། སེམས་ཀུན་ནས་ཉོན་མོངས་པར་མི་འགྱུར་བ་ཞེས་བྱ་བ་ཡང་དག་པར་བྱ་བ་གསུམ་པ་བསྟན་ཏོ། །དེ་མཚན་མོའི་ཐུན་ཐ ་མ་ལ་ཡང་མྱུར་བ་མྱུར་བ་ཁོ་ནར་སད་པར་བྱས་ནས། འཆག་པ་དང་འདུག་པ་དག་གིས་སྒྲིབ་པར་འགྱུར་བའི་ཆོས་རྣམས་ལས་སེམས་ཡོངས་སུ་སྤྱོད་པར་བྱེད་པ་ཡིན་ཏེ་ཞེས་གང་གསུངས་པ་དེས་ནི། འདི་ལྟ་སྟེ་དུས་སུ་སད་པར་འགྱུར་ཞིང། ལྡང་བའི་དུས་ལས ་མི་ཡོལ་བ་སྟེ་ཞེས་ཡང་དག་པར་བྱ་བ་བཞི་པ་བསྟན་ཏོ། །དེ་ལ་སྣང་བའི་འདུ་ཤེས་དང། དྲན་པ་དང་ཤེས་བཞིན་དང། ལྡང་བ་ཁོ་ནའི་འདུ་ཤེས་ཡིད་ལ་བྱེད་བཞིན་དུ་ཉལ་བར་བྱེད་པ་དང་ཞེས་གང་གསུངས་པ་དེས་ནི། རྒྱུ་གཉིས་ཀྱིས་ནི་ཀུན་ནས་ཉོན་མོངས་པ་མེད ་པའི་སེམས་ཀྱིས་གཉིད་འདའ་བར་བྱེད་པ་ཡིན་ཏེ། འདི་ལྟ་སྟེ་དྲན་པ་དང་ཤེས་བཞིན་གྱིས་སོ། །ཡང་རྒྱུ་གཉིས་ཀྱིས་ནི་དུས་སུ་དེ་སད་པར་འགྱུར་ཞིང་ལྡང་བའི་དུས་ལས་མི་ཡོལ་བར་འགྱུར་ཏེ། འདི་ལྟ་སྟེ། སྣང་བའི་འདུ་ཤེས་དང། ལྡང་བ་ཁོ་ནའི་འདུ་ཤེས་སོ།། ་ཇི་ལྟར་ཞེ་ན་དེ་ལ་དྲན་པས་ནི་དགེ་བའི་དམིགས་པ་ཡོངས་སུ་བཟུང་སྟེ་ཉལ་བར་བྱེད་ལ། ཤེས་བཞིན་གྱིས་ནི་དགེ་བའི་དམིགས་པ་དེ་ལས་ཉམས་ཤིང། སེམས་ཀུན་ནས་ཉོན་མོངས་པར་གྱུར་པ་ན། མྱུར་བ་མྱུར་བ་ཁོ་ནར་ཡང་དག་པར་རབ་ཏུ་ཤེས་པར་བྱེད་པའི་ཕྱིར་ཏེ། དེ་ལྟར ་ན་རྒྱུ་དེ་གཉིས་ཀྱིས་ནི་ཀུན་ནས་ཉོན་མོངས་པ་མེད་པའི་སེམས་ཀྱི་ཉལ་བར་བྱེད་པ་ཡིན་ནོ། །དེ་ལ་སྣང་བའི་འདུ་ཤེས་དང། ལྡང་བ་ཁོ་ནའི་འདུ་ཤེས་ཀྱིས་ནི་གཉིད་སྟུག་པོར་མི་ཉལ་བ་དང། དེའི་གཉིད་ཀྱིས་ཀུན་ནས་དཀྲིས་པ་དེ་ཡུན་རིང་དུ་འགྲོ་བར་མི་འགྱུར་བའི་ཕྱིར་ཏེ། དེ་ལྟར་ན་རྒྱུ ་དེ་གཉིས་ཀྱིས་ནི་དེ་དུས་སུ་སད་པར་འགྱུར་ཞིང་ལྡང་བའི་དུས་ལས་མི་ཡོལ་བར་འགྱུར་རོ། །དེ་ནི་ནམ་གྱི་ཆ་སྟོང་དང། ནམ་གྱི་ཆ་སྨད་ལ་མི་ཉལ་བར་སྦྱོར་བའི་རྗེས་སུ་བརྩོན་པའི་དོན་མདོར་བསྡུས་པ་ཡིན་ཏེ། རྣམ་པར་དབྱེ་བ་རྒྱས་པར་སྔ་མ་གང་ཡིན་པ་དང། དེ་ན་མདོར་བསྡུས ་པ་འདི་གང་ཡིན་པ་དེ་ནི་ནམ་གྱི་ཆ་སྟོད་དང། ནམ་གྱི་ཆ་སྨད་ལ་མི་ཉལ་བར་སྦྱོར་བའི་རྗེས་སུ་བརྩོན་པ་ཉིད་ཅེས་བྱའོ།། །།བམ་པོ་ལྔ་པ། །ཤེས་བཞིན་དུ་སྤྱོད་པ་ཉིད་གང་ཞེ་ན། འདི་ལྟར་འདི་ན་ལ་ལ་འགྲོ་བ་དང། ལྡོག་པ་ལ་ཤེས་བཞིན་དུ ་སྤྱོད་པར་བྱེད་པ་དང། ཅུང་ཟད་བལྟས་པ་དང། རྣམ་པར་བལྟས་པ་དང། བསྐུམ་པ་དང། བརྐྱང་བ་དང། སྣམ་སྦྱར་དང། ཆོས་གོས་དང། ལྷུང་བཟེད་འཆང་པ་དང། ཟོས་པ་དང། འཐུངས་པ་དང། འཆོས་པ་དང། མྱངས་པ་དང། སོང་བ་དང། སྡོད་པ་དང། ་འདུག་པ་དང། ཉལ་བ་དང། མི་ཉལ་བ་དང། སྨྲ་བ་དང། མི་སྨྲ་བ་དང། གཉིད་ཀྱི་སྙོམ་པ་བསད་པ་ལ་ཡང་ཤེས་བཞིན་དུ་སྤྱོད་པ་ཡིན་ནོ། །དེ་ལ་འགྲོ་བ་ནི་གང། ལྡོག་པ་ནི་གང། འགྲོ་བ་དང་ལྡོག་པ་ལ་ཤེས་བཞིན་དུ་སྤྱོད་པ་ཉིད་ནི་གང་ཞེ་ན། དེ་ལ་འགྲོ་བ་ནི་འདི་ལྟར ་འདི་ན་ལ་གྲོང་ངམ། གྲོང་གཞན་ནམ། ཁྱིམ་མམ། ཁྱིམ་གཞན་ནམ། གཙུག་ལག་ཁང་ངམ། གཙུག་ལག་ཁང་གཞན་དུ་ཕར་འགྲོ་བའོ། །དེ་ལ་ལྡོག་པ་ནི་འདི་ལྟར་འདི་ན་ལ་ལ་གྲོང་ངམ། གྲོང་གཞན་ནམ། ཁྱིམ་མམ། ཁྱིམ་གཞན་ནམ། གཙུག་ལག་ཁང་ངམ། ་གཙུག་ལག་ཁང་གཞན་ནས་ཕྱིར་ལྡོག་པའོ། །དེ་ལ་ཤེས་བཞིན་དུ་སྤྱོད་པ་ཉིད་ནི་གང་གིས་འགྲོ་བ་ན་ཡང་འགྲོའོ་སྙམ་དུ་ཡང་དག་པ་ཁོ་ནར་རབ་ཏུ་ཤེས་པ་དང། འདིར་ནི་བདག་གི་འགྲོ་བར་བྱ་བའི་དུས་ཡིན་ནོ། །འདི་ནི་མ་ཡིན་ནོ་ཞེས་ཡང་དག་པ་ཁོ་ནར་རབ་ཏུ་ཤེས་པ་དང། ་བདག་འབྲོ་བ་ན་འདི་དང་འདིར་ནི་འགྲོ་བར་བྱའོ། །འདི་དང་འདིར་ནི་འགྲོ་བར་མི་བྱའོ་ཞེས་ཡང་དག་པ་ཁོ་ནར་རབ་ཏུ་ཤེས་པ་གང་ཡིན་པ་དེ་ནི། དེའི་ཤེས་བཞིན་ཞེས་བྱའོ། །དེ་ཤེས་བཞིན་དེ་དང་ལྡན་པས་གལ་ཏེ་འགྲོ་བ་ན་འགྲོའོ་ཞེས་བྱ་བར་ཡང་དག་པ་ཁོ་ནར ་རབ་ཏུ་ཤེས་ཤིང། དེ་གང་དུ་འགྲོ་བར་བྱ་བ་དེར་འགྲོ་བ་དང། དུས་སུ་འགྲོ་ཞིང་དུས་མ་ཡིན་པར་མི་འགྲོ་བ་དང། ཇི་ལྟར་འགྲོ་བར་བྱ་བའི་སྤྱོད་ཚུལ་དང། སྤྱོད་པ་དང་ཆོ་ག་དང། སྤྱོད་ལམ་བརྟགས་པ་དེ་ལྟ་བུས་དེ་ལྟར་འགྲོ་བར་བྱེད་པ་གང་ཡིན་པ་དེ་ནི་དེའི་ཤེས་བཞིན ་དུ་སྤྱོད་པ་ཉིད་ཅེས་བྱའོ། །དེ་སྔར་ཡོངས་སུ་བསྟན་པའི་གནས་རྣམས་སུ་འགྲོ་བ་དང་ལྡོག་པ་ན། བློ་སྔོན་དུ་མ་བཏང་བ་དང། རྩོལ་བ་སྔོན་དུ་མ་བཏང་བ་དང། འདུན་པ་སྔོན་དུ་མ་བཏང་བར་བར་མདོར་མིག་གིས་གཟུགས་རྣམས་མཐོང་བ་གང་ཡིན་པ་དེ་ནི་ཆུང་ཟད ་བལྟས་པ་ཞེས་བྱའོ། །དེ་དག་ཏུ་འགྲོ་བ་དང། ལྡོག་པ་ན་བློ་སྔོན་དུ་བཏང་བ་དང། རྩོལ་བ་སྔོན་དུ་བཏང་བ་དང། འདུན་པ་སྔོན་དུ་བཏང་སྟེ། མིག་གི་འདི་ལྟ་སྟེ། རྒྱལ་པོ་དག་གམ། བློན་པོ་ཆེན་པོ་དག་གམ། གྲོང་རྡལ་གྱི་མི་དག་གམ། ལྗོངས་ཀྱི་མི་དག ་གམ། བྲམ་ཟེ་དག་གམ། ཁྱིམ་བདག་དག་གམ། ཕྱུག་པོ་དག་གམ། ཚོང་དཔོན་དག་གམ། དེད་དཔོན་དག་གམ། དེ་ལས་གཞན་པའི་ཕྱི་རོལ་གྱི་ཁང་ཁྱིམ་དག་གམ། ཡང་ཐོག་དག་གམ། གནས་ཁང་དག་གམ། ཁང་བཟང་དག་གམ། པུ་ཤུའི་སྟེང་གཞན་ཡང ་འཇིག་རྟེན་ཁམས་ཀྱི་སྣ་ཚོགས་ཀྱི་གཟུགས་དག་མཐོང་བ་གང་ཡིན་པ་དེ་ནི་རྣམ་པར་བལྟས་པ་ཞེས་བྱའོ། །ཅུང་ཟད་བལྟས་པ་དང། རྣམ་པར་བལྟས་པ་དག་རང་གི་མཚན་ཉིད་ཀྱི་སྒོ་ནས་ཡང་དག་པ་ཁོ་ནར་རབ་ཏུ་ཤེས་པ་དང། ཅུང་ཟད་བལྟ་བར་བྱ་བ་གང་ཡིན་པ ་དང་རྣམ་པར་བལྟ་བར་བྱ་བ་གང་ཡིན་པ་དེ་ཡང་ཡང་དག་པ་ཁོ་ནར་རབ་ཏུ་ཤེས་པ་དང། གང་གིས་ཚེ་ཅུང་ཟད་བལྟ་བར་བྱ་བ་དང། གང་གི་ཚེ་རྣམ་པར་བལྟ་བར་བྱ་བ་དེ་ཡང་ཡང་དག་པ་ཁོ་ནར་རབ་ཏུ་ཤེས་པ་དང། ཇི་ལྟར་ཅུང་ཟད་བལྟ་བར་བྱ་བ་དང། ཇི་ལྟར་རྣམ ་བར་བལྟ་བར་བྱ་བ་དེ་ཡང། ཡང་དག་པ་ཁོ་ནར་རབ་ཏུ་ཤེས་པ་གང་ཡིན་པ་དེ་ནི་ཡང་དེའི་ཤེས་བཞིན་ཞེས་བྱའོ། །དེ་ཤེས་བཞིན་དེ་དང་ལྡན་པས། ཅུང་ཟད་ལྟ་བར་བྱེད་པ་དང། རྣམ་པར་ལྟ་བར་བྱེད་པ་ན། གལ་ཏེ་ཅུང་ཟད་ལྟ་བར་བྱེད་པ་དང། རྣམ་པར་ལྟ་བར་བྱེད་དོ ་ཞེས་ཡང་དག་པ་ཁོ་ནར་རབ་ཏུ་ཤེས་ཤིང། ཅུང་ཟད་བལྟ་བར་བྱ་བ་གང་ཡིན་པ་དང། རྣམ་པར་བལྟ་བར་བྱ་བ་གང་ཡིན་པ་དེ་ལ་ཅུང་ཟད་ལྟ་བར་བྱེད་ཅིང། རྣམ་པར་ལྟ་བར་བྱེད་པ་དང། གང་གི་ཚེ་ཅུང་ཟད་བལྟ་བར་བྱ་བ་དང། རྣམ་པར་བལྟ་བར་བྱ་བ་དེའི་ཚེ་ཅུང་ཟད ་བལྟ་བར་བྱེད་ཅིང། རྣམ་པར་ལྟ་བར་བྱེད་པ་དང། ཇི་ལྟར་ཅུང་ཟད་རྣམ་པར་ལྟ་བར་བྱ་བ་དང། རྣམ་པར་ལྟ་བར་བྱ་བ་དེ་ལྟར་ཅུང་ཟད་ལྟ་བར་བྱེད་ཅིང། རྣམ་པར་ལྟ་བར་བྱེད་པ་གང་ཡིན་པ་དེ་ནི་འདི་ལྟ་སྟེ། ཅུང་ཟད་བལྟས་པ་དང། རྣམ་པར་བལྟས་པ་ལ་དེའི་ཤེས ་བཞིན་དུ་སྤྱོད་པ་ཉིད་ཅེས་བྱའོ། །དེ་ལ་བསྐུམ་པ་ནི་གང། བརྐྱང་བ་ནི་གང། བསྐུམ་པ་དང། བརྐྱང་བ་ལ་ཤེས་བཞིན་དུ་སྤྱོད་པ་ཉིད་ནི་གང་ཞེ་ན། དེ་དེ་ལྟར་འགྲོ་བ་སྔོན་དུ་བཏང་བ་དང། ལྡོག་པ་སྔོན་དུ་བཏང་སྟེ། ཅུང་ཟད་བལྟ་བ་དང། རྣམ་པར་བལྟ་བའི་ཚེ། རྐང ་པ་དག་སྐུམ་པར་བྱེད་པ་དང། རྐྱོང་བར་བྱེད་པ་འམ། ལག་དང་དག་སྐུམ་པར་བྱེད་པའམ། རྐྱོང་བར་བྱེད་པ་འམ། ལག་པ་དག་སྐུམ་པར་བྱེད་པའམ། རྐྱོང་བར་བྱེད་པ་འམ། ཡན་ལག་དང་ཉིང་ལག་གང་ཡང་རུང་བ་དག་།སྐུམ་པར་བྱེད་པ་འམ། རྐྱོང་བར་བྱེད་པ ་གང་ཡིན་པ་དེ་ནི་བསྐུམ་པ་དང། བརྐྱང་བ་ཞེས་བྱའོ། །གལ་ཏེ་བསྐུམ་པ་དང་བརྐྱང་བ་དེ་དག་རང་གི་མཚན་ཉིད་ཀྱི་སྒོ་ནས་ཡང་དག་པ་ཁོ་ནར་རབ་ཏུ་ཤེས་ཤིང། བསྐུམ་པར་བྱ་བ་གང་ཡིན་པ་དང། བརྐྱང་བར་བྱ་བ་གང་ཡིན་པ་དེ་ཡང། ཡང་དག་པར་ཁོ་ནར་རབ་ཏུ ་ཤེས་པ་དང། གང་གི་ཚེ་བསྐུམ་པར་བྱ་བ་དང། གང་གི་ཚེ་བརྐྱང་བར་བྱ་བ་དེ་ཡང་ཡང་དག་པ་ཁོ་ནར་རབ་ཏུ་ཤེས་པ་དང། ཇི་ལྟར་བསྐུམ་པར་བྱ་བ་དང། ཇི་ལྟར་བརྐྱང་བར་བྱ་བ་དེ་ཡང་ཡང་དག་པ་ཁོ་ནར་རབ་ཏུ་ཤེས་པ་གང་ཡིན་པ་དེ་ནི་དེའི་ཤེས་བཞིན་ཞེས་བྱའོ།། ་ཤེས་བཞིན་དེ་དང་ལྡན་པས་སྐུམ་པར་བྱེད་པ་དང། རྐྱོང་བར་བྱེད་པའི་ཚེ། གལ་ཏེ་བསྐུམ་པར་བྱེད་དོ། །རྐྱོང་བར་བྱེད་དོ་ཞེས་ཡང་དག་པ་ཁོ་ནར་རབ་ཏུ་ཤེས་ཤིང། གང་བསྐུམ་པར་བྱ་བ་དང། བརྐྱང་བར་བྱ་བ་དེ་སྐུམ་པར་བྱེད ་ཅིང་རྐྱོང་བར་བྱེད་པ་དང། གང་གི་ཚེ་བསྐུམ་པར་བྱ་བ་དང། བརྐྱང་བར་བྱ་བ་དེའི་ཚེ། སྐུམ་པར་བྱེད་ཅིང་རྐྱོང་བར་བྱེད་པ་དང། ཇི་ལྟར་བསྐུམ་པར་བྱ་བ་དང། བརྐྱང་བར་བྱ་བ་དེ་ལྟར་སྐུམ་པར་བྱེད་ཅིང། རྐྱོང་བར་བྱེད་པ་གང་ཡིན་པ་དེ་ནི། འདི་ལྟ་སྟེ། ་བསྐུམ་པ་དང། བརྐྱང་བ་དེའི་ཤེས་བཞིན་དུ་སྤྱོད་པ་ཉིད་ཅེས་བྱའོ། །དེ་ལ་སྣམ་སྦྱར་འཆང་བ་ནི་གང། ཆོས་གོས་འཆང་བ་ནི་གང། ལྷུང་བཟེད་འཆང་བ་ནི་གང། སྣམ་སྦྱར་དང་ཆོས་གོས་དང། ལྷུང་བཟེད་འཆང་བ་ལ་ཤེས་བཞིན་དུ་སྤྱོད་པ ་ཉིད་ནི་གང་ཞེ་ན། ཆོས་གོས་ཆེན་པོ་དུམ་བུ་བདུན་པ་དང། དུམ་བུ་དགུ་བ་ཉིས་སྦྱར་དུ་བཙམས་པ་གང་ཡིན་པ་དེ་ནི། སྣམ་སྦྱར་ཞེས་བྱའོ། །དེ་འགོ་ཞིང་ཡོངས་སུ་ལོངས་སྤྱད་པ་དང། ལེགས་པ་ཁོ་ནར་སྤ་བ་ནི་བཅང་བ་ཞེས་བྱའོ། །དེའི་ཆོས་གོས ་བྱིན་གྱིས་བརླབས་པ་འབྲིང་ངམ། ཆུང་ངུ་འམ། གོས་ལྷག་བརྟག་པར་འོས་པའམ། བརྟག་ཟིན་པ་གང་ཡིན་པ་དེ་ནི་ཆོས་གོས་ཞེས་བྱའོ། །དེ་འགོ་ཞིང་ཡོངས་སུ་ལོངས་སྤྱད་པ་དང། ལེགས་པ་ཁོ་ནའི་སྤ་བ་ནི་འཆང་བ་ཞེས་བྱའོ། །དེའི་ཟས་ཀྱི་སྣོད་བྱིན་གྱིས ་བརླབས་པ། ལྕགས་ལས་བྱས་པའམ། ས་ལས་བྱས་པ་གང་ཡིན་པ་དེ་ནི་ལྷུང་བཟེད་ཅེས་བྱའོ། །དེ་ཡོངས་སུ་ལོངས་སྤྱད་པ་དང། ལེགས་པ་ཁོ་ནར་སྦ་བ་ནི་འཆད་པ་ཞེས་བྱའོ། །གལ་ཏེ་སྣམ་སྦྱར་དང་ཆོས་གོས་དང། ལྷུང་བཟེད་འཆང་བདེ་དག་རང་གི་མཚན ་ཉིད་ཀྱི་སྒོ་ནས་ཡང་དག་པ་ཁོ་ནར་རབ་ཏུ་ཤེས་ཤིང། སྣམ་སྦྱར་དང། ཆོས་གོས་དང། ལྷུང་བཟེད་འཆང་བ་རུང་བ་དང། རུང་བ་མ་ཡིན་པ་དེ་ཡང། ཡང་དག་པ་ཁོ་ནར་རབ་ཏུ་ཤེས་པ་དང། སྣམ་སྦྱར་དང། ཆོས་གོས་དང། ལྷུང་བཟེད་འཆང་བ་གང་གི་ཚེ། བཅད་པར་བྱ་བ ་དེའི་དུས་ཀྱང་ཡང་དག་པ་ཁོ་ནར་རབ་ཏུ་ཤེས་པ་དང། ཇི་ལྟར་བཅང་བར་བྱེད་པ་དེ་ཡང་ཡང་དག་པ་ཁོ་ནར་རབ་ཏུ་ཤེས་པ་གང་ཡིན་པ་དེ་ནི། དེའི་ཤེས་བཞིན་ཞེས་བྱའོ། །དེ་ཤེས་བཞིན་དེ་དང་ལྡན་པས། སྣམ་སྦྱར་དང། ཆོས་གོས་དང། ལྷུང་བཟེད་འཆང་བ་ན། གལ་ཏེ་འཆང ་ངོ་ཞེས་ཡང་དག་པ་ཁོ་ནར་རབ་ཏུ་ཤེས་ཤིང་གང་བཅང་བར་བྱ་བ་འཆང་པར་བྱེད་པ་དང། གང་གི་ཚེ་བཅང་བར་བྱ་བ་དེའི། འཆང་བར་བྱེད་པ་དང། ཇི་ལྟར་བཅང་བར་བྱ་བ་དེ་ལྟར་འཆང་བར་བྱེད་པ་གང་ཡིན་པ་དེ་ནི། འདི་ལྟ་སྟེ། སྣམས་བྱར་དང། ཆོས་གོས་དང། ལྷུང ་བཟེད་འཆང་བ་ལ་དེའི་ཤེས་བཞིན་དུ་སྤྱོད་པ་ཉིད་ཅེས་བྱའོ། །དེ་ལ་ཟོས་པ་ནི་གང། འཐུངས་པ་ནི་གང། འཆོས་པ་དང་མྱངས་པ་ནི་གང། ཟོས་པ་དང། འཐུངས་པ་དང། འཆོས་པ་དང། མྱངས་པ་ལ་ཤེས་བཞིན་དུ་སྤྱོད་པ་ཉིད་ནི་གང་ཞེ་ན། ཟས་ཀྱི་ཡོངས་སུ་ལོངས ་སྤྱོད་པ། གང་ཅི་ཡང་རུང་བ་དེ་དག་ཐམས་ཅད་ནི་ཟོས་པ་ཞེས་བྱའོ། །དེ་ཡང་དབྱེ་ན་རྣམ་པ་གཉིས་ཏེ། འཚོས་པ་དང། མྱངས་པའོ། །དེ་ལ་འཚོས་པ་གང་ཞེ་ན། འདི་ལྟ་སྟེ། ལྡེ་གུ་དང། སྣུམ་ཁུར་དང། འབྲས་ཆན་དང། ཟན་བྲོན་དང། གཞན་ཡང་གང་གཡོས་སུ ་བྱས་ཤིང། ཟས་ཀྱི་རྣམ་པར་གྱུར་པའི་བཟའ་བསྲོག་འཛིན་པར་བྱེད་པ་གང་ཡིན་པ་དེ་ནི་འཆོས་པ་ཞེས་བྱ་སྟེ། ཟོས་པ་ཡང་དེ་ཉིད་ཡིན་ནོ། །མྱངས་པ་ཡང་གང་ཞེ་ན། འདི་ལྟ་སྟེ། འོ་མ་དང། ཞོ་དང། མར་དང། ཞུན་མར་དང། འབྲུ་མར་དང། སྦྲང་རྩི་དང། བུ་རམ་གྱི ་དབུ་བ་དང། ཤ་དང། ཉ་ཤ་དང། ཤ་སྐམ་དང། ལན་ཚྭ་དང། ནགས་ཚལ་གྱི་ཤིང་ཏོག་དང། བཟའ་བའི་རྣམ་པ་གང་ཡིན་པ་དེ་ནི། མྱངས་པ་ཞེས་བྱ་སྟེ། ཟོས་པ་དེ་ཡང་དེ་ཉིད་ཡིན་ནོ། །ཧྭགས་ཀྱི་རོ་དང། ཤ་ཁ་རའི་རོ་དང། རྩབ་མོ་དང། ཞོ་ག་ཆུ་དང། ཚྭ་དང་དར་བ ་དང། ཐན་ཆུ་ཡང་རུང་སྟེ། བཏུང་བར་བྱ་བ་གང་ཡིན་པ་དེ་ནི་འཐུངས་པ་ཞེས་བྱའོ། །གལ་ཏེ་ཟོས་པ་དང། འཐུངས་པ་དང། འཆོས་པ་དང་མྱངས་པ་དག་རང་གི་མཚན་ཉིད་ཀྱི་སྒོ་ནས་ཡང་དག་པ་ཁོ་ནར་རབ་ཏུ་ཤེས་ཤིང། བཟའ་བར་བྱ་བ་དང། བཏུང་བར་བྱ་བ་དང། བཅའ་ ་བར་བྱ་བ་དང། མྱང་བར་བྱ་བ་གང་ཡིན་པ་དེ་ནི། ཡང་དག་པ་ཁོ་ནར་རབ་ཏུ་ཤེས་པ་དང། གང་གི་ཆེ་བཟའ་བར་བྱ་བ་དང། བཏུང་བར་བྱ་བ་དང། བཅའ་བར་བྱ་བ་དང། མྱང་བར་བྱ་བ་དེ་ཡང་ཡང་དག་པ་ཁོ་ནར་རབ་ཏུ་ཤེས་པ་དང། ཇི་ལྟར ་བཟའ་བར་བྱ་བ་དང། བཏུང་བར་བྱ་བ་དང། བཅའ་བར་བྱ་བ་དང། མྱང་བར་བྱ་བ་དེ་ཡང་ཡང་དག་པ་ཁོ་ནར་རབ་ཏུ་ཤེས་པ་གང་ཡིན་པ་དེ་ནི་དེའི་ཤེས་བཞིན་ཞེས་བྱའོ། །དེ་ཤེས་བཞིན་དེ་དང་ལྡན་པས། ཟ་བར་བྱེད་པ་དང། འཐུང་བར་བྱེད་པ་དང། འཆའ་བར་བྱེད་པ ་དང། མྱང་བར་བྱེད་པ་ན། གལ་ཏེ་ཟ་བར་བྱེད་དོ། །འཐུང་བར་བྱེད་དོ། །འཆའ་བར་བྱེད་དོ། །མྱང་བར་བྱེད་དོ་ཞེས་ཡང་དག་པ་ཁོ་ནར་རབ་ཏུ་ཤེས་ཤིང། བཟའ་བར་བྱ་བ་དང། བཏུང་བར་བྱ་བ་དང། བཅའ་བར་བྱ་བ་དང། མྱང་བར་བྱ་བ་གང་ཡིན་པ་དེ་ཟ་བར་བྱེད་ཅིང་མྱང་བའི་བར་དུ་བྱེད ་པ་དང། གང་གི་ཚེ་བཟའ་བར་བྱ་བ་དང། མྱང་བའི་བར་དུ་བྱེད་པ་དེའི་ཚེ་ཟ་བར་བྱེད་ཅིང། མྱང་བར་བྱ་བའི་བར་དུ་བྱེད་པ་དང། ཇི་ལྟར་བཟའ་བར་བྱ་བ་དང། མྱང་བའི་བར་དུ་བྱ་བ་དེ་ལྟ་བར་བྱེད་ཅིང། མྱང་བའི་བར་དུ་བྱེད་པ་གང་ཡིན་པ་དེ་ནི་འདི་ལྟ་སྟེ། ཟོས ་པ་དང། འཐུངས་པ་དང། འཆོས་པ་དང། མྱངས་པ་ལ་དེའི་ཤེས་བཞིན་དུ་སྤྱོད་པ་ཉིད་ཅེས་བྱའོ། །དེ་ལ་སོང་བ་ནི་གང། སྟོད་པ་ནི་གང། འདུག་པ་ནི་གང། ཉལ་བ་ནི་གང། མི་ཉལ་བ་ནི་གང། སྨྲ་བ་ནི་གང། མི་སྨྲ་བ་ནི་གང། གཉིད་ཀྱི་སྙོམ་པ་བསང་བ་ནི་གང། སོང ་བ་དང། སྡོད་པ་དང། འདུག་པ་དང། ཉལ་བ་དང། མི་ཉལ་བ་དང། སྨྲ་བ་དང། མི་སྨྲ་བ་དང། གཉིད་ཀྱི་སྙོམ་པ་བསང་བ་ལ་ཤེས་བཞིན་དུ་སྤྱོད་པ་ཉིད་ནི་གང་ཞེ་ན། འདི་ལྟར་འདི་ན་ལ་ལ་འཆག་སན་འཆག་པ་འམ་ཆོས་མཐུན་པ་རྣམས་ཀྱི་གན་དུ་འགྲོ་བ་འམ། ་ལམ་དུ་ཞུགས་པ་གང་ཡིན་པ་དེ་ནི་སོང་བ་ཞེས་བྱའོ། །འདི་ལྟར་འདི་ན་ལ་ལ་འཆགས་ན་སྡོད་པ་འམ་ཆོས་མཐུན་པ་རྣམས་སམ། མཁན་པོ་རྣམས་སམ། སློབ་དཔོན་རྣམས་སམ། བླ་མ་རྣམས་སམ། བླ་མ་ལྟ་བུ་རྣམས་ཀྱི་མདུན་ན་སྡོད་པ་གང་ཡིན་པ་དེ་ནི་སྡོད་པ་ཞེས ་བྱའོ། །འདི་ལྟར་འདི་ན་ལ་ལ་ཁྲི་འམ། ཁྲིའུ་འམ། རྩཝ་བཏིང་བའི་སྟེང་དུ་སྐྱིལ་མོ་ཀྲུང་བཅས་ཏེ་ལུས་དྲང་པོར་བསྲངས་ནས། དྲན་པ་ཕྱོགས་པར་གཞག་སྟེ། འདུག་གམ་འདུག་པར་བྱེད་པ་གང་ཡིན་པ་དེ་ནི་འདུག་པ་ཞེས་བྱའོ། །འདི་ལྟར་འདི་ན་ལ་ལ་གཙུག་ལག་ཁང་གི་ཕྱི་རོལ་ཏུ་རྐང་པ་བཀྲུས ་ནས། གཙུག་ལག་ཁང་གི་ནང་དུ་ཞུགས་སམ། དགོན་པ་འམ། ཤིང་དྲུང་ངམ། ཁང་སྟོང་དག་ཏུ་ཁྲི་འམ། ཁྲིའུ་འམ། རྩཝ་བཏིང་བའི་སྟེང་དུ་བློ་གཡས་པས་ཕབ་སྟེ། རྐང་པ་རྐང་པའི་སྟེང་དུ་གཞག་སྟེ། ཉལ་བར་བྱེད་པ་གང་ཡིན་པ་དེ་ནི་ཉལ་བ་ཞེས་བྱའོ། །འདི་ལྟར་འདི་ན་ལ་ལ ་ཉིན་མོ་འཆག་པ་དང་འདུག་པ་དག་གི་སྒྲིབ་པར་འགྱུར་བའི་ཆོས་རྣམས་ལས་སེམས་ཡོངས་སུ་སྦྱོར་བར་བྱེད་ཅིང། མཚན་མོའི་ཐུན་དང་པོ་དང་ཐ་མ་ལ་ཡང་ཤེས་བཞིན་དུ་བྱེད་པ་གང་ཡིན་པ་དེ་ནི་མི་ཉལ་བ་ཞེས་བྱའོ། །འདི་ལྟར་འདི་ན་ལ་ལ་དེ་ལྟར་མི་ཉལ་བར་སྦྱོར་བའི་རྗེས ་སུ་བརྩོན་ཞིང། ལུང་མནོས་པའི་ཆོས་འདི་ལྟ་སྟེ། མདོའི་སྡེ་དང། དབྱངས་ཀྱིས་བསྙད་པའི་སྡེ་དང། ལུང་བསྟན་པའི་སྡེ་ལ་སོགས་པ་རྒྱས་པར་སྔར་སྨོས་པ་དག་གི་ལུང་ནོད་ཅིང། ཀུན་ཆུབ་པར་བྱེད་པ་དང། ལུང་མནོས་པའི་ཆོས་རྣམས་ལ་འདི་ལྟ་སྟེ། རྒྱས་པར་ཁ་ཏོན་བྱེད ་པའི་བྱ་བས། ཁ་ཏོན་བྱ་བར་བྱེད་པ་དང། གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་སྟོན་པར་བྱེད། ཚངས་པ་མཚུངས་པར་སྤྱོད་པ་མཁས་པ་རྣམས་སམ། དེ་ལས་གཞན་པ་ཁྱིམ་ན་གནས་པ་རྣམས་དང་ལྷན་ཅིག་ཏུ་འདི་ལྟ་སྟེ། བརྩོན་འགྲུས་བསྐྱེད་པའི་ཡོ་བྱད་ཀྱི་དོན་དུ ་དུས་དུས་སུ་གཏམ་འདྲེ་བར་བྱེད། ཕེབས་པར་སྨྲ་བར་བྱེད། སོ་སོར་ཀུན་དགའ་བར་བྱེད་པ་གང་ཡིན་པ་དེ་ནི་སྨྲ་བ་ཞེས་བྱའོ། །འདི་ལྟར་འདི་ན་ལ་ལ་གཅིག་པུ་དབེན་པར་སོང་སྟེ། ཇི་ལྟར་ཐོས་པ་དང། ཇི་ལྟར་ཀུན་ཆུབ་པར་བྱས་པ་དང། ཁ་ཏོན་བྱ་བར་བྱས་པའི་ཆོས ་རྣམས་ཀྱིས་དོན་སེམས་པར་བྱེད། འཇལ་བར་བྱེད། ཉེ་བར་རྟོག་པར་བྱེད་ཅིང་ནང་དུ་ཡང་དག་པར་འཇོག་པར་བྱེད་དེ། སེམས་ན་ཁོ་ནར་འཇོག་པར་བྱེད། ཡང་དག་པར་འཇོག་པར་བྱེད། བསྡུས་ཏེ་འཇོག་པར་བྱེད། ཉེ་བར་འཇོག་པར་བྱེད། དུལ་བར་བྱེད། ཞི་བར་བྱེད། ཉེ ་བར་ཞི་བར་བྱེད། རྒྱུད་གཅིག་ཏུ་བྱེད། ཏིང་ངེ་འཛིན་དུ་བྱེད་པ་འམ། ལྷག་མཐོང་ལ་རྣལ་འབྱོར་དུ་བྱེད་པ་གང་ཡིན་པ་དེ་ནི། མི་སྨྲ་བ་ཞེས་པའོ། །འདི་ལྟར་འདི་ནལ?་ལ་དཔྱིད་ཀའི་དུས་སུ་ཉེ་བར་གནས་པར་གྱུར་ཅིང། དཔྱིད་ཀའི་མཆོག་ཏུ་ཡོངས་སུ་ཆེ་བའི་དུས་ལ ་བབ་པའི་ཚེ། ཚ་བས་གནོད་པ་དང། ཆད་པ་དང། ངལ་བ་བསྐྱེད་ཅིང། དུས་མ་ཡིན་པར་གཉིད་ཀྱི་སྙོམ་ཞིང། ཉལ་འདོད་པ་ཉིད་གང་ཡིན་པ་དེ་ནི་གཉིད་ཀྱི་སྙོམ་པ་ཞེས་བྱའོ། །གལ་ཏེ་སོང་བ་དང། གཉིད་ཀྱི་སྙོམ་པ་བསང་བའི་བར་དེ་དག་རང་གི་མཚན་ཉིད་ཀྱི་སྒོ་ནས་ཡང་དག ་པ་ཁོ་ནར་རབ་ཏུ་ཤེས་ཤིང། གང་དུ་འགྲོ་བར་བྱ་བ་དང། གང་དུ་གཉིད་ཀྱི་སྙོམ་པ་བསང་བར་བྱ་བའི་བར་དེ་ཡང། ཡང་དག་པ་ཁོ་ནར་རབ་ཏུ་ཤེས་པ་དང། གང་གི་ཚེ་འགྲོ་བར་བྱ་བ་དང། གང་གི་ཚེ་གཉིད་ཀྱི་སྙོམ་པ་བསང་བར་བྱ་བའི་བར་དེ་ཡང། ཡང་དག་པ་ཁོ་ནར་རབ་ཏུ ་ཤེས་པ་དང། ཇི་ལྟར་འགྲོ་བར་བྱ་བ་དང། ཇི་ལྟར་གཉིད་ཀྱི་སྙོམ་པ་བསང་བར་བྱ་བའི་བར་དེ་ཡང། ཡང་དག་པ་ཁོ་ནར་རབ་ཏུ་ཤེས་པ་གང་ཡིན་པ་དེ་ནི་དེའི་ཤེས་བཞིན་ཞེས་བྱའོ། །དེ་ཤེས་བཞིན་དེ་དང་ལྡན་པས་སོང་བ་དང་གཉིད་ཀྱི་སྙོམ་པ་བསང་བའི་བར་དུ་བྱེད་པ་ན། ་གལ་ཏེ་སོང་ངོ་ཞེས་བྱ་བ་དང། གཉིད་ཀྱི་སྙོམ་པ་བསང་ངོ་ཞེས་བྱ་བའི་བར་དུ་ཡང། ཡང་དག་པ་ཁོ་ནའི་རབ་ཏུ་ཤེས་ཤིང། གང་དུ་འགྲོ་བར་བྱ་བ་དང། གང་དུ་གཉིད་ཀྱི་སྙོམ་པ་བསང་བར་བྱ་བའི་བར་དེར་འགྲོ་ཞིང་དེར་གཉིད་ཀྱི་སྙོམ་པ་བསང་བའི་བར་དུ་བྱེད་པ་དང། ་གང་གི་ཚེ་འགྲོ་བར་བྱ་བ་དང། གང་གི་ཚེ་གཉིད་ཀྱི་སྙོམ་པ་བསང་བའི་བར་དུ་བྱ་བ་དེའི་ཚེ་འགྲོ་ཞིང་དེའི་གཉིད་ཀྱི་སྙོམ་པ་བསང་བའི་བར་དུ་བྱེད་པ་དང། ཇི་ལྟར་འགྲོ་བར་བྱ་བ་དང། ཇི་ལྟར་གཉིད་ཀྱི་སྙོམ་པ་བསང་བའི་བར་དུ་བྱ་བ་དེ་ལྟར་འགྲོ་ཞིང། དེ་ལྟར་གཉིད་ཀྱི ་སྙོམ་པ་བསང་བའི་བར་དུ་བྱེད་པ་གང་ཡིན་པ་དེ་ནི། འདི་ལྟ་སྟེ། སོང་བ་དང། སྡོད་པ་དང། འདུག་པ་དང། ཉལ་བ་དང། མི་ཉལ་བ་དང། སྨྲ་བ་དང། མི་སྨྲ་བ་དང། གཉིད་ཀྱི་སྙོམ་པ་བསང་བ་ལ་དེའི་ཤེས་བཞིན་དུ་སྤྱོད་པ་ཉིད་ཅེས་བྱའོ། །ཤེས་བཞིན་དུ་སྤྱོད་པ ་དེའི་གོ་རིམ་ནི་གང། གཞི་རྣམ་པར་དབྱེ་བ་ནི་གང་ཞེ་ན། འདི་ལྟར་འདི་ན་ལ་ལ་གྲོང་ངམ། གྲོང་རྡལ་གང་ཡང་རུང་བ་དག་ལ་བརྟེན་ཏེ། སྤྱོད་པར་བྱེད་པ་ན་དེ་འདི་སྙམ་དུ་སེམས་ཏེ། བདག་བསོད་སྙོམས་ཀྱི་ཕྱིར་གྲོང་ངམ། གྲོང་རྡལ་འདིར་འགྲོ་བར་བྱ་ཞིང་བསོད་སྙོམས་བརྒྱུས ་ནས་ཀྱང་ཕྱིར་གཙུག་ལག་ཁང་དུ་ལྡོག་པར་བྱ་སྟེ། གྲོང་ངམ། གྲོང་རྡལ་འདི་ན་གང་དག་ཏུ་བདག་འགྲོ་བར་བྱ་བ་མ་ཡིན་པའི་ཁྱིམ་དག་ཀྱང་ཡོད་དེ། དེ་དག་ཀྱང་གང་ཞེ་ན། འདི་ལྟ་སྟེ། གཤན་པའི་གནས་དང། སྨད་འཚོང་མའི་གནས་དང། ཆང་འཚོང་མའི་གནས་དང། རྒྱལ ་པོའི་ཕོ་བྲང་དང། གདོལ་པའི་ཁྱིམ་དང། གཞན་ཡང་ཞེ་འགྲས་པར་འགྱུར་བ་དང། ཕྱིར་བཟློག་ཏུ་དུར?་བའི་ཁྱིམ་དག་གོ་།གང་དག་ཏུ་བདག་འགྲོ་བར་བྱ་བའི་ཁྱིམ་དག་ཀྱང་ཡོད་དེ། དེ་དག་ཀྱང་གང་ཞེ་ན། འདི་ལྟ་སྟེ། རྒྱལ་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་རྣམས་ཀྱིས་ཁྱིམ ་བདག་དང། བྲམ་ཟེའི་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་རྣམས་ཀྱི་ཁྱིམ་དག་དང། ཁྱིམ་བདག་གི་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་རྣམས་ཀྱི་ཁྱིམ་དག་དང། གྲོང་མི་དག་གི་ཁྱིམ་དག་དང། ལྗོངས་ཀྱི་མི་རྣམས་ཀྱི་ཁྱིམ་དག་དང། ཕྱུག་པོ་རྣམས་ཀྱི་ཁྱིམ་དག་དང། ཚོང་དཔོན ་རྣམས་ཀྱི་ཁྱིམ་དག་དང། དད་དཔོན་རྣམས་ཀྱི་ཁྱིམ་དག་སྟེ། གང་དག་ཏུ་བདག་འགྲོ་བར་བྱ་བའི་ཁྱིམ་དེ་དག་ཏུ་ཡང་ཧ་ཅང་ཕྱི་དྲོར་གྱུར་ན་མི་འགྲོ་བར་བྱའོ། །ཧ་ཅང་ནམ་སྲོས་ན་མ་ཡིན། སྦྱིན་པ་པོ་དང། སྦྱིན་བདག་བྱ་བས་བྲེལ་བདག་ཏུ་མ་ཡིན། རྩེད་མོ་དང་དགའ་བ་དང། རྒྱན ་པོའི་སྦྱོར་བ་ལ་རྗེས་སུ་ཞུགས་པ་དག་ཏུ་མ་ཡིན། གྲེང་པའི་ཆོས་ཀྱི་ཕྱིར་ཞུགས་པ་དག་ཏུ་མ་ཡིན། འཁྲུགས་པ་དག་ཏུ་མ་ཡིན་ཏེ། འགྲོ་བ་ནི་ཅི་ནས་ཀྱང་བདག་གླང་པོ་ཆེ་འཁྲུལ་པ་དང་འཕྲད་པར་མི་འགྱུར་བ་དང། ཤིང་རྟ་འཁྲུལ་པ་དང་མ་ཡིན་པ་དང། རྟད་མུ་རྒོད་དང་མ ་ཡིན་པ་དང། བ་རྡུང་ཀྲུས་མ་དང་མ་ཡིན་པ་དང། ཁྱི་ཟ་བ་དང་མ་ཡིན་པ་དང། ཚེར་ཐགས་སྟུག་པོས་མི་བཤུད་པ་དང། ངམ་གྲོག་དང། གཅོད་རོང་དང། གཡང་སར་ཡང་གཡང་དུ་མི་ལྟུང་བ་དང། ལྗན་ལྗན་གྱི་ནང་དུ་མི་སོང་བ་དང། མི་གཙང་བའི་ཁུང་དུ་མི་སོང་བ ་བ་དང། ཟླ་བ་ལྟར་ཁྱིམ་རྣམས་སུ་འགྲོ་བར་བྱ་ཞིང་ངོ་ཚ་དང་ལྡན་པ་དང། ཕྱི་རྡོལ་མེད་པ་དང། ལུས་དབེན་པ་དང། སེམས་དབེན་པ་དང། རྙེད་པ་འདོད་པ་མ་ཡིན་པ་དང། བཀུར་སྟི་འདོད་པ་མ་ཡིན་པ་དང། ཇི་ལྟར་རང་གི་ཐོས་ན་དགའ་ཞིང་ཡིད ་བདེ་བར་འགྱུར་བ་དེ་བཞིན་དུ་གཞན་གྱིས་ཐོས་ན་ཡང་དགའ་ཞིང་ཡིད་བདེ་བར་འགྱུར་བ་དང། བདག་ལ་མི་བསྟོད་པ་དང། གཞན་ལ་མི་སྨོད་པ་དང། སྙིང་རྗེའི་སེམས་དང་ལྡན་པ་དང། སྙིང་བརྩེ་བའི་སེམས་དང་ལྡན་པ་དེ་ལྟར་འགྲོ་བར་བྱ་ཞིང། རབ་ཏུ་བྱུང་བས ་གཞན་གྱི་ཁྱིམ་དག་ཏུ་བདག་ལ་གཞན་གྱིས་སྟེར་བར་འགྱུར་གྱི། མི་སྟེར་བར་མི་འགྱུར་བ་དང། རྒྱས་པར་སྔ་མ་བཞིན་དུ་མྱུར་བ་ཡིན་གྱི། འགྱངས་ཏེ་མ་ཡིན་པའི་བར་དེ་ལྟ་བུ་ལྟ་ག་ལ་རྙེད་སྙམ་པ་དང། སོང་ནས་ཀྱང་བདག་གི་བླང་བའི་ཚོད་རན་པར ་བྱ་ཞིང། རྙེད་པའི་ཕྱིར་མ་ཡིན་པ་དང། ཚུལ་འཆོས་པར་མི་བྱ་ཞིང་ཁ་གསག་དང། གཞོགས་སློངས་དང། ཐོབ་ཀྱིས་འཇལ་བ་དང། རྙེད་པས་རྙེད་པར་བྱེད་འདོད་པར་མི་བྱ་བ་དང། རྙེད་པ་དེ་ཡང་ཆགས་པ་མེད་པ་དང། ཞེན་པ་མེད་པ་དང། ཆུམས ་པ་མེད་པ་དང། མདུད་པ་བོར་བ་མེད་པ་དང། རྒྱལ་བ་མེད་པ་དང། ལྷག་པར་ཆགས་པ་མེད་པ་དང། ལྷག་པར་ཆགས་པར་གྱུར་པ་མེད་པས་ཡོངས་སུ་ལོངས་སྤྱད་པར་བྱའོ་སྙམ་པ་དེ་ལྟ་བུའི་སེམས་ཀྱིས་ཀྱང་འགྲོ་བར་བྱའོ་སྙམ་པ་དང། དེར་འགྲོ་བ་དང། ་ལྡོག་པའི་ཚེ་གཟུགས་གང་དག་ལྟ་བར་བྱ་བ་དེ་དག་ལས་ཀྱང། ཁ་ཅིག་ལ་ནི་བལྟ་བར་བྱ། ཁ་ཅིག་ལ་ནི་བལྟ་བར་མི་བྱའོ། དེ་ལ་གང་དག་ལ་བལྟ་བར་མི་བྱ་བ་དེ་དག་ལ་ནི་དབང་པོ་ལེགས་པར་བསྡམས་ཏེ། མིག་གིས་མི་བརྟག་པར་བྱའོ། །གང ་དག་ལ་བལྟ་བར་བྱ་བ་དེ་དག་ལ་ནི་དྲན་པ་ཉེ་བར་གཞག་སྟེ། མིག་གིས་བརྟག་པར་བྱའོ། །དེ་དག་ལ་གཟུགས་ཇི་ལྟ་བ་བདག་བལྟ་བར་མི་བྱ་བ་ཡིན་ཏེ། ཟློས་གར་མཁན་དང། བྲོ་གར་མཁན་དང། བཞད་གང་མཁན་དང། འཇོ་སྒེག་མཁན་དང། གཞན ་ཡང་རོལ་མོའི་རྣམ་པ་བྲོ་གར། གླུ་དང་རོལ་མོའི་སྒྲ་ལ་འཇུག་པ་གང་ཡིན་པ་དག་དང། དེ་བཞིན་དུ་བུད་མེད་རྣམས་དང། བུད་མེད་གཞོན་ནུ་ཁ་དོག་བཟང་བ་ཆགས་པར་འགྱུར་བ་ཁྱད་པར་ཅན་དག་དང། གཟུགས་གང་དག་མཐོང་ན་ཚངས་པར་སྤྱོད་པ་དག་ལ་གནོད ་པ་དང། ཚངས་པར་སྤྱོད་པའི་བར་ཆད་དང། སྡིག་པ་མི་དགེ་བའི་རྣམ་པར་རྟོག་པ་ཀུན་འབྱུང་བར་འགྱུར་བ་དེ་ལྟ་བུའི་གཟུགས་དེ་དག་ནི་ཆུང་ཟད་བལྟ་བར་ཡང་མི་བྱ། རྣམ་པར་བལྟ་བར་མི་བྱ་བ་ཡིན་ནོ། །གཟུགས་ཅི་ལྟ་བུ་དག་ལ་བལྟ་བར་བྱ་བ་གང་ཡིན་ཞེ ་ན། འདི་ལྟ་སྟེ། རྒས་པ་དང། རྙིངས་པ་དང། འཁོགས་པ་དང། ལུས་དབུགས་ངར་ངར་པོས་བརྫངས་པ་དང། ལུས་མདུན་དུ་དབྱིབས་དགུ་པ་དང། ལུས་མ་བར་བ་ལ་བརྟེན་ཅིང་འདར་བ་དང། ན་བ་དང། སྡུག་བསྔལ་བ་དང། ནད་ཚབས་ཆེ་བ་དང། ་རྐང་པ་སྐྲངས་པ་དང། ལག་པ་སྐྲངས་པ་དང། ལྟོ་བསྐྲངས་པ་དང། གདོང་སྐྲངས་པ་དང། པགས་པའི་མདོག་སྐྱ་བ་དང། ཤུ་བ་ཅན་དང། ཁྱི་སྔོ་ཅན་དང། མཛེ་ཅན་དང། སྣང་པ་དང། ལུས་ལ་རྨ་ཡོད་པ་དང། ལུས་སྨོན་པ་དང། དབང་པོ་ཉམས་པ ་དང། ཤི་བའི་དུས་བྱས་པ་དང། ཤི་ནས་ཞག་ཅིག་ལོན་པ་དང། ཤི་ནས་ཞག་གཉིས་ལོན་པ་དང། ཁྭ་དག་དང། ཆུན་ལག་རྣམས་ཀྱིས་གཏོགས་པ་དང། བྱ་རྒོད་དག་དང། ཁྱི་དག་དང། ཝ་དག་དང། དུད་འགྲོའི་སྐྱེ་གནས་སུ་སྐྱེས་པའི་སྲོག་ཆགས་སྣ ་ཚོགས་དག་གིས་བཟའ་བ་དང། ཁྲིའི་སྟེང་དུ་བཞག་སྟེ། སྟེང་དུ་བླ་བྲེ་བྲེས་ལ། མདུན་དང་རྒྱབ་ན་སྐྱེ་བོ་ཕལ་པོ་ཆེ་སྐྲ་གཤིག་ཅིང་ཐལ་བས་སྟོར་ལ་དུ་བར་བྱེད། ཆོ་ངེས་འདེབས་པར་བྱེད་ཅིང་དེ་བཞིན་དུ་མྱ་ངན་སྐྱེས་པ་དང། སྡུག་བསྔལ་སྐྱེས་པ ་དང། སྨྲེ་སྔགས་འདོན་པ་སྐྱེས་པ་དང། ཡིད་མི་བདེ་བ་སྐྱེས་པ་དང། འཁྲུགས་པ་སྐྱེས་པ་དག་གིས་ཕྱིར་འབྱིན་པར་བྱེད་པ་དེ་ལྟ་བུ་དག་དང། གཞན་ཡང་དེ་ལྟ་བུ་དང་འཐུན་པའི་གཟུགས་གང་དག་ཚངས་པར་སྤྱོད་པ་ལ་ཕན་པ་དང། ཚངས་པར་སྤྱོད་པ་ལ ་བར་ཆད་མེད་པ་དང། དགེ་བའི་རྣམ་པར་རྟོག་པ་ཀུན་འབྱུང་བར་འགྱུར་བ་དེ་དག་ནི་བདག་གི་བལྟ་བར་བྱ་བ་ཡིན་ནོ་སྙམ་པ་དང། ལུས་མི་བསྒྱུར་བ་དང། ལག་པ་མི་ཀྱོག་པ་དང། མགོ་མི་བསྒྱུར་བ་དང། རྟ་གང་མི་དབྱུང་བ་དང། ལག་པ ་མི་སྤྲེལ་བ་དང། ལག་པ་མི་སྤྲད་པར་འགྲོ་བར་བྱ་ཞིང། མ་བསྒོ་བར་སྟན་ལ་འདུག་པར་མི་བྱ་བ་དང། སྟན་ལ་མ་བརྟགས་པར་མ་ཡིན་པ་དང། ལུས་ཐམས་ཅད་ཀྱི་ལྗིད་ཀྱིས་མི་དབབ་པ་དང། རྐང་པ་མི་བསྣོལ་བ་དང། བརླ་མི་བསྣོལ་བ་དང། རྐང་པ ་ཧ་ཅང་མི་དགུག་པ་དང། རྐང་པ་ཧ་ཅང་མི་གདང་བར་སྟན་ལ་འདུག་པར་བྱའོ་སྙམ་པ་དང། མགོ་མི་གཡོག་པ་དང། ཕྲག་པ་ལ་མི་གཟར་བ་དང། མདུན་མི་བརྫེ་བ་དང། ཕྲག་པ་གཉི་ག་ལ་མི་གཟར་བར་ཆོས་གོས་ཟླུམ་པོར་བགོ་བར་བྱ་ཞིང། ཧ་ཅང ་རྩངས་པ་མ་ཡིན་པ་དང། ཧ་ཅང་འཇོལ་བ་མ་ཡིན་པ་དང། གླང་པོ་ཆེའི་སྣ་ལྟར་ནར་བ་མ་ཡིན་པ་དང། ཏ་ལའི་ལོ་མ་ལྟར་བལྟ་བ་པ་མ་ཡིན་པ་དང། སྤྲུལ་མགོའི་གདེངས་པ་ལྟར་མ་ཡིན་པ་དང། འབྲུའི་ཕུར་མ་ལྟར་མ་ཡིན་པར་ཆོས་གོས་བགོ་བར ་བྱའོ་སྙམ་པ་དང། བཟའ་བ་དང། བཅའ་བ་མ་འོངས་པར་ལྷུང་བཟེད་མི་བཟེད་པར་བྱ་ཞིང། བཟའ་བ་དང་བཅའ་བའི་སྟེང་དུ་བཟུང་བར་མི་བྱ། འོག་གཞི་མེད་པའི་ས་ཕྱོགས་དང། གང་ཀ་དང་གཡང་སར་ལྷུང་བཟེད་མི་བཞག་པར་བྱའོ་སྙམ་པ ་དང། བསོད་སྙོམས་མཐར་ཆགས་ཀྱིས་ཡོངས་སུ་ལོངས་སྤྱད་པར་བྱ་ཞིང། འབྲས་ཆན་གྱིས་ཚོད་མ་མི་དགབ་པ་དང། ཚོད་མས་འབྲས་ཆན་མི་དགབ་པར་བྱ་བ་དང། འཕྱ་སྨོད་མེད་པ་དང། འཕྱ་སྨོད་ལ་སྦྱོར་བའི་རྗེས་སུ་ཞུགས་པ་མེད་པས ་ཡོངས་སུ་ལོངས་སྤྱད་པར་བྱ་བ་དང། ཁམ་ཧ་ཅང་ཆེན་པོ་ཡང་མ་ཡིན། ཧ་ཅང་ཆུང་བ་ཡང་མ་ཡིན་པར་ཁམ་རན་པར་བཟང་པར་བྱ་བ་དང། ལག་པ་མི་བལྡག་པ་དང། ལྷུང་བཟེད་མི་བྱོག་པ་དང། ལག་པ་མི་སྤྲུག་པ་དང། ལྷུང་བཟེད་མི་སྒྱོམ ་པ་དང། ཁ་འཕྲོ་མི་བཅད་པར་བསོད་སྙོམས་ཡོངས་སུ་ལོངས་སྤྱད་པར་བྱའོ་སྙམ་པ་དང། བདག་ཁྱིམ་དེ་དག་ནས་ཕྱིར་ལྡོག་ཅིང་ཕྱིར་འོངས་ཏེ། གཙུག་ལག་ཁང་དུ་སོང་ནས་ཀྱང་ཉིན་མོ་དང་མཚན་མོ་ཡིད་མི་གཅུགས་པ་དང། སྐབས་མ་ཕྱེ་བ་དང། མ་བསྐྲེས་པ་གཞན་དག་གི ་མ་ཡིན་པ། གང་ཟག་སོ་སོའི་འཚག་སར་ལུས་མི་ངལ་བ་དང། ལུས་མི་དུབ་པ་དང། གཡེད་བ་ཚར་གཅོད་པ་དང། དགེ་བའི་ཕྱོགས་ལ་བརྩོན་པ་དང། མི་དགེ་བའི་ཡིད་ལ་བྱེད་པ་དང་མི་ལྡན་པའི་སེམས་ཀྱི་དབང་པོ་རྣམས་ནང་དུ་བསྡུས་པ་དང། ཡིད་ཕྱི་རོལ་ཏུ་མ་སོང ་བ་དང། ཧ་ཅང་རིངས་པ་མ་ཡིན་པ་དང། ཧ་ཅང་བརྟད་པ་མ་ཡིན་པ་དང། ཅིག་ཏུ་འགྲོ་བ་དང། ལྡོག་པ་ལ་སྦྱོར་བ་མ་ཡིན་པ་དང། སྐབས་སྐབས་སུ་འགྲོ་བ་དང། སྐབས་སྐབས་སུ་སྡོད་ཅིང་བཅག་པར་བྱའོ་སྙམ་པ་དང། ཡིད་མི་བཅུགས་པ་དང། སྐབས་མ ་བྱེ་བ་དང། མ་བསྐོས་པ་གཞན་དག་གི་མ་ཡིན་པ་དང། རང་གི་གཙུག་ལག་ཁང་ངམ། རང་གི་ཁང་ཁྱིམ་ངམ། རང་གི་སབ་མོ་འམ། གང་ཟག་སོ་སོའི་གནས་སུ་བསྐོས་པ་འམ། དེ་བཞིན་དུ་དགོན་པ་འམ། ཤིང་དྲུང་ངམ། ཁང་སྟོང་དུ་ཁྲི་འམ། ཁྲིའུ་འམ། རྩ ་བཏིང་བའི་སྟེང་དུ་སྐྱིལ་མོ་ཀྲུང་བཅས་ཏེ། ལུས་དྲང་པོར་བསྲངས་ནས། དྲན་པ་ཕྱོགས་པར་བཞག་སྟེ་འདུག་པར་བྱའོ་སྙམ་པ་དང། མཚན་མོའི་ཐུན་པར་མ་ལ་ཉལ་བར་བྱ་ཞིང། ཉལ་བ་ཡང་འདི་ལྟར་སྣང་བའི་འདུ་ཤེས་དང། དྲན་པ་དང་ཤེས་བཞིན་དང་ལྡན་པ་ཁོ ་ནའི་འདུ་ཤེས་ཡིད་ལ་བྱེད་བཞིན་དུ་ཉལ་བར་བྱའོ་སྙམ་པ་དང། ཉིན་མོ་དང། མཚན་མོའི་ཐུན་དང་པོ་ལ་མི་ཉལ་བར་དགེ་བའི་ཕྱོགས་ཀྱིས་འདའ་བར་བྱའོ་སྙམ་པ་དང། མཚན་མོའི་ཐུན་ཐ་མ་ལ་ཡང་མྱུར་བ་མྱུར་བ་ཁོ་ནར་སང་བེར?་བྱས་ནས། སྨྲ་བ་ཁ་ཏོན་གྱི ་ལས་སམ། སྤོང་བ་ལ་ནང་དུ་ཡང་དག་འཇོག་གམ། ཆོས་བསམ་པ་ལ་བརྩོན་པར་བྱས་ཏེ། གང་དག་མངོན་པར་ཤེས་པའི་ཕྱིར་འཇུག་པ་མ་ཡིན་པ་དང། རྫོགས་པར་བྱང་ཆུབ་པའི་ཕྱིར་མ་ཡིན་པ་དང། ཡོངས་སུ་མྱ་ངན་ལས་འདས་པའི་ཕྱིར་མ་ཡིན་པ། ་འཇིག་རྟེན་པ་ལ་གྲགས་པའི་གསང་སྔགས་དང་ཡིག་འབྲུ་སྣ་ཚོགས་དང། ཚིག་སྣ་ཚོགས་དང། ཡི་གེ་སྣ་ཚོགས་དོན་དང་མི་ལྡན་པ་དག་རྣམ་པར་སྤང་བར་བྱ་སྟེ། དེ་བཞིན་གཤེགས་པས་གསུངས་པའི་ཆོས་ཟབ་པ་ཟབ་པར་སྣང་བ། སྟོང་པ ་ཉིད་དང་ལྡན་པ། རྐྱེན་འདིའི་རྟེན་ཅིང་འབྲེལ་བར་འབྱུང་བ་དང། རྗེས་སུ་མཐུན་པ་གང་ཡིན་པ་དེ་དག་གུས་པར་བྱས་ཏེ། གཟུང་བར་བྱ་ཞིང་དམ་པོ་དང། བརྟན་པར་ཡང་བྱའོ། །ལེགས་པར་བཟུང་ནས་ཀྱང་རྙེད་པ་དང། བཀུར་སྟིའི་ཕྱིར་མ་ཡིན་གྱི། ནན་ཏན་གྱིས ་བསྒྲུབ་པས་ཆུང་མི་ཟ་བར་བྱ་ཞིང་ཆོས་དེ་དག་ཀྱང་ཁ་ཏོན་ཤིན་ཏུ་བྱང་བར་བྱ་བ་དང། འདུ་འཛིའི་གཏམ་དང་ལས་ལ་དགའ་བ་དང། སྨྲ་བ་ལ་དགའ་བས་འདའ་བར་མི་བྱ་བར་དུས་སུ་དྲན་པ་ཉེ་བར་གཞག་སྟེ། ཚངས་པ་མཚུངས་པར་སྤྱོད་པ་མཁས་པ་རྣམས་དང། གཏམ ་འདྲེ་བར་བྱ། ཕེབས་པར་སྨྲ་བར་བྱ། སོ་སོར་ཀུན་དགའ་བར་བྱ་ཞིང་སྐྱོན་འདོགས་པ་མེད་པའི་སེམས་ཀྱིས་ཡོངས་སུ་འདྲི་བའི་རང་བཞིན་ཅན་དང། དགེ་བ་གང་ཡིད་ཞེས་བཙལ་བ་དང། གཞན་དག་དང་ཆོས་ཀྱི་གཏམ་སྨྲ་བར་འདོད་པས་རན་པར་སྨྲ་བ་དང། རིགས་པར ་སྨྲ་བ་དང། གནམ་པོར་སྨྲ་བ་དང། ཞི་བར་སྨྲ་བས་གཞན་དག་དང་ཆོས་ཀྱི་གཏམ་སྨྲ་བར་འདོད་པར་བྱའོ་སྙམ་པ་དང། བདག་གིས་ནི་མི་སྨྲ་བས་སྡིག་པ་མི་དགེ་བའི་རྣམ་པར་རྟོག་པ་དག་རྣམ་པར་མི་རྟག་པར་མི་བྱ་ཞིང། ཚུལ་བཞིན་མ་ཡིན་པའི་ཆོས་སེམས་པ་ལ་སྦྱོར་བར ་མི་བྱ་བ་དང། མངོན་པའི་ང་རྒྱལ་ཅན་དུ་མི་བྱ་བ་དང། ཁྱད་པར་རྟོག་པ་ཅུང་ཟད་ཙམ་དང། ངན་དོན་ཙམ་གྱི་བར་མ་དོར་སྒྱིད་ལུག་པར་མི་བྱ་བ་དང། བསམ་པར་མི་བྱ་བའི་གནས་རྣམས་ཡོངས་སུ་སྤང་པར་བྱ་བ་དང། དུས་དུས་སུ་ཞི་གནས་དང། ལྷག་མཐོང་ལ ་བརྩོན་པར་བྱ་བ་དང། སྤོང་བ་ལ་དགའ་བ་དང། རྒྱུན་ཏུ་ཆུད་པར་བྱ་བ་ལ་བརྩོན་པ་དང། གུས་པ་བྱ་བ་ལ་བརྩོན་པར་བྱའོ་སྙམ་པ་དང། བདག་དཔྱིད་ཀའི་ཆེ་བས་གདུངས་པ་འམ། དེ་ལྟར་བརྩོན་པ་དང། འབད་པ་དང། རྩོལ་བ་འམ། རུང་བའི་བྱ་བ་ཅུང་ཟད ་བྱེད་པས་ཡོངས་སུ་ངལ་བའི་རྒྱུ་དང། ཡོངས་སུ་ངལ་བའི་གཞི་ལས་དུས་མ་ཡིན་པར་གཉིད་ཀྱི་སྙོམ་པ་སྐྱེ་བར་གྱུར་ན། དེའི་དོན་དུ་ཅི་ནས་ཀྱང་མྱུར་བ་མྱུར་བ་ཁོ་ནར་དེ་མེད་པར་འགྱུར་ཞིང། དུས་ཡུན་རིང་བོར་དགེ་བའི་ཕྱོགས་ཉམས་པར་མི་འགྱུར་བ་དང། དགེ་བའི་ཕྱོགས་ཀྱི་བར ་ཆད་དུ་མི་འགྱུར་བར་བྱ་བའི་ཕྱིར་རོ། །ཡུད་ཙམ་ཞིག་གཉིད་བསད་པར་བྱ་སྟེ། དེར་ཡང་བདག་གི་སྒོ་བཅད་པ་འམ། དགེ་སློང་ཡོད་ན་ལྟར་གཞུག་པ་འམ། འདུལ་བའི་བསྲུང་བ་དང། འདུལ་བའི་ཆོ་གས་ཆོས་གོས་ཀྱིས་བཅིངས་ལ། གནས་དབེན་པར་འདུག་སྟེ། གཉིད ་བསད་པར་བྱའོ་སྙམ་དུ་སེམས་པ་ཡིན་ཏེ། དེས་ན་དེའི་གཉིད་ཀྱི་སྙོམ་པ་རྣམ་པ་ཐམས་ཅད་ཀྱི་ཐམས་ཅད་དུ་མེད་པར་འགྱུར་རོ། །དེ་ནི་འདི་ལྟ་སྟེ། རྒྱུ་བ་དང་སྤྱོད་པ་ལས་བརྩམས་ནས། ཤེས་བཞིན་དུ་སྤྱོད་པ་ཉིད་ཀྱི་གོ་རིམས་ཡིན་ཏེ། དེ་ཁྱིམ་དུ་འགྲོ་བ་ན་དང་པོ་ཁོ་ནར་དེ་ལྟར ་ཚུལ་བཞིན་ཡིད་ལ་བྱེད་པ་དང། ཤེས་རབ་དང་ལྡན་པའི་སེམས་མངོན་པར་འདུ་བྱེད་པ་གང་ཡིན་པ་དེ་ནི་དེའི་ཤེས་བཞིན་ཞེས་བྱའོ། །དེ་ལྟར་ཤེས་བཞིན་དང་ལྡན་པས་རྒྱུ་བ་དང། སྤྱོད་པ་ཐམས་ཅད་མི་ཉུང་བར་སྒྲུབ་པར་བྱེད་པ་གང་ཡིན་པ་དེ་ནི་ཤེས་བཞིན་དུ་སྤྱོད ་པ་ཉིད་ཅེས་བྱའོ། །དེ་ལ་འགྲོ་བ་དང་ལྡོག་པ་དང། ཆུང་ཟད་ལྟས་པ་དང། རྣམ་པར་བལྟས་པ་དང། བསྐུམ་པ་དང། བརྐྱང་བ་དང། སྣམ་སྦྱར་དང། ཆོས་གོས་དང། ལྷུང་བཟེད་བཅད་བ་གང་ཡིན་པ་དང། བཟོས་པ་དང། འཐུངས་པ་དང། འཆོས་པ་དང། ་མྱངས་པ་གང་ཡིན་པ་དེ་ལ་ཤེས་བཞིན་དུ་སྤྱོད་པ་གང་ཡིན་པ་དེ་ནི་གྲོང་དུ་རྒྱུ་བ་དང། ལྡན་པ་ལ་ཤེས་བཞིན་དུ་སྤྱོད་པ་ཉིད་ཅེས་བྱའོ། །དེ་ལ་སོང་བ་དང། སྡོད་པ་དང། འདུག་པ་དང། ཉལ་བ་དང། མི་ཉལ་བ་དང། སྨྲ་བ་དང། མི་སྨྲ་བ་གང་ཡིན་པ་དང། གཉིད ་ཀྱི་སྙོམ་པ་བསད་པ་གང་ཡིན་པ་དེ་ལ་ཤེས་བཞིན་དུ་སྤྱོད་པ་གང་ཡིན་པ་དེ་ནི་གཙུག་ལག་ཁང་ན་སྤྱོད་པ་དང་ལྡན་པ་ལ་ཤེས་བཞིན་དུ་སྤྱོད་པ་ཉིད་ཅེས་བྱ་སྟེ། །དེ་ནི་རེ་ཞིག་ཤེས་བཞིན་དུ་སྤྱོད་པ་ཉིད་ཀྱི་རྣམ་པར་དབྱེ་བ་རྒྱས་པ་ཡིན་པར་རིག་པར་བྱའོ། །དོན་མདོར་བསྡུ ་བ་གང་ཞེ་ན། རྒྱུ་བ་དང་ལྡན་པའི་ལས་རྣམ་པ་ལྔ་དང། རྒྱུ་བ་དང་ལྡན་པ་དང། སྤྱོད་པ་དང་ལྡན་པའི་ལས་ལ་ཤེས་བཞིན་དུ་སྤྱོད་པ་རྣམ་པ་བཞི་གང་ཡིན་པ་དེ་ནི་དོན་མདོར་བསྡུ་བ་ཞེས་བྱའོ། །དེ་ལ་རྒྱུ་བ་དང་ལྡན་པའི་ལས་རྣམ་པ་ལྔ་གང་ཞེ་ན། འདི ་ལྟ་སྟེ། ལུས་ཀྱི་ལས་དང། མིག་གི་ལས་དང། ཡན་ལག་དང། ཉིང་ལག་ཐམས་ཅད་ཀྱི་ལས་དང། ཆོས་གོས་དང། ལྷུང་བཟེད་ཀྱི་ལས་དང། བསོད་སྙོམས་ཀྱི་ལས་ཏེ། དེ་ནི་རྒྱུ་བ་དང་ལྡན་པའི་ལས་རྣམ་པ་ལྔ་ཞེས་བྱའོ། །དེ་ལ་རེ་ཞིག་ལྡོག་པ ་དང་འགྲོ་བ་ཞེས་བྱ་བ་གང་གསུངས་པ་དེ་ནི་རྒྱུ་བ་དང་ལྡན་པའི་ལུས་ཀྱི་ལས་བསྟན་ཏོ། །ཆུང་ཟད་བལྟས་པ་དང། རྣམ་པར་བལྟས་པ་ཞེས་གང་གསུངས་པ་དེས་ནི་རྒྱུ་བ་དང་ལྡན་པའི་མིག་གི་ལས་བསྟན་ཏེ། བསྐུམ་པ་དང། བརྐྱང་བ་ཞེས་བྱ་བ་གང་གསུངས ་པ་དེས་ནི་རྒྱུ་བ་དང་ལྡན་པའི་ཡན་ལག་དང་ཉིང་ལག་ཐམས་ཅད་ཀྱི་ལས་བསྟན་ཏོ། སྣམ་སྦྱར་དང། ཆོས་གོས་དང། ལྷུང་བཟེད་བཅད་བ་ཞེས་གང་གསུངས་པ་དེས་ནི་རྒྱུ་བ་དང་ལྡན་པའི་ཆོས་གོས་དང། ལྷུང་བཟེད་ཀྱི་ལས་བསྟན་ཏོ། །ཟོས་པ་དང། འཐུངས ་པ་དང། འཆོས་པ་དང། མྱངས་པ་ཞེས་གང་གསུངས་པ་དེས་ནི་རྒྱུ་བ་དང་ལྡན་པའི་བསོད་སྙོམས་ཀྱི་ལས་བསྟན་ཏོ། །སྤྱོད་པ་དང་ལྡན་པའི་ལས་རྣམ་པ་ལྔ་གང་ཞེ་ན། འདི་ལྟ་སྟེ། ལུས་ཀྱི་ལས་དང། ངག་གི་ལས་དང། ཡིད་ཀྱི་ལས་དང། ཉིན་མོའི་ལས་དང ་མཚན་མོའི་ལས་དང། དེ་ནི་སྤྱོད་པ་དང་ལྡན་པའི་ལས་རྣམ་པ་ལྔ་ཞེས་བྱའོ། །དེ་ལ་རེ་ཞིག་སོང་བ་དང། སྡོང?་པ་དང། འདུག་པ་ཞེས་གང་གསུངས་པ་དེས་ནི་སྤྱོད་པ་དང་ལྡན་པའི་ལུས་ཀྱི་ལས་བསྟན་ཏོ། །སྨྲ་བ་ཞེས་གང་གསུངས་པ་དེས་ནི་སྤྱོད་པ་དང་ལྡན་པའི་ངག་གི་ལས ་བསྟན་ཏོ། །ཉལ་བ་དང། མི་སྨྲ་བ་དང། གཉིད་ཀྱི་སྙོམ་པ་བསད་པ་ཞེས་གང་གསུངས་པ་དེས་ནི་སྤྱོད་པ་དང་ལྡན་པའི་ཡིད་ཀྱི་ལས་བསྟན་ཏོ། །མི་ཉལ་བ་ཞེས་གང་གསུངས་པ་དེས་ནི་སྤྱོད་པ་དང་ལྡན་པའི་ཉིན་མོའི་ལས་དང། མཚན་མོའི་ལས་དང། ལུས་ཀྱི་ལས་དང། ངག ་གི་ལས་ཀྱང་བསྟན་ཏོ། །ཉལ་བ་ཞེས་གང་གསུངས་པ་དེ་ནི་སྤྱོད་པ་དང་ལྡན་པའི་མཚན་མོའི་ལུས་དང་ཡིད་ཀྱི་ལས་ཁོ་ནར་ཡང་བསྟན་ཏེ། དེ་ནི་སྤྱོད་པ་དང་ལྡན་པའི་ལས་རྣམ་པ་ལྔ་ཡིན་པར་རིག་པར་བྱའོ། །དེ་ལ་རྒྱུ་བ་དང་ལྡན་པ་དང། སྤྱོད་པ་དང་ལྡན་པའི་ལས་ལ་ཤེས་བཞིན་དུ ་སྤྱོད་པ་རྣམ་པ་བཞི་གང་ཞེ་ན། དང་པོ་ཁོ་ནར་ལས་འདི་ལྟ་བུ་ཞིག་བརྩམ་མོ་ཞེས་རྒྱུ་བའི་ལས་སམ། སྤྱོད་པའི་ལས་ཤིག་རྩོམ་པར་བྱེད་པ་ན། ལས་དེ་ཉིད་ལ་དྲན་པ་ཉེ་བར་གཞག་ཅིང། བག་ཡོད་པར་སྤྱོད་ལ། ལས་དེ་དྲན་པས་ཡོངས་སུ་ཟིན་ཅིང་བག་ཡོད་པས་ཀྱང ་ཡོངས་སུ་ཟིན་པས། གཞི་གང་ལ་ཕྱོགས་གང་དུ། དུས་གང་གི་ཚེ་ཇི་སྙེད་ཅིག་རྣམ་པ་གང་གིས་ཇི་ལྟར་བརྟག་པར་བྱ་བའི་གཞི་དེ་ལ། ཕྱོགས་དེར་དུས་དེའི་ཚེ། དེ་སྙེད་ཅིག་རྣམ་པ་དེས་དེ་ལྟར་རྟོག་པར་བྱེད་ཅིང་རབ་ཏུ་ཤེས་པར་བྱེད་པ་སྟེ། དེ་ལྟར་རྟོག་པར་བྱེད་ཅིང། ་རབ་ཏུ་ཤེས་པར་བྱེད་པ་ན་ཚེ་འདི་ཉིད་ལ་ཁ་ན་མ་ཐོ་བ་མེད་པ་དང། ལྷུང་བ་མེད་པ་དེ། འགྱོད་པ་མེད་པ་དང། ཡིད་ལ་གཅགས་པ་མེད་པ་དང། རྗེས་སུ་གདུང་བ་མེད་པར་འགྱུར་བ་དང། ཚེ་ཕྱི་མ་ལ་ཡང་ཁ་ན་མ་ཐོ་བ་མེད་ཅིང་ལུས་ཞིག་སྟེ། ཤི་བའི་འོག ་ཏུ་ངན་སོང་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་རྣམས་སུ་སྐྱེ་བར་མི་འགྱུར་བ་དང། མ་ཐོབ་པ་ཐོབ་པར་བྱ་བའི་ཚོགས་ཀྱི་རྒྱུ་བྱས་པར་འགྱུར་བ་ཡིན་ནོ། །དེ་ནི་ཤེས་བཞིན་དུ་སྤྱོད་པ་ཉིད་ཀྱི་དོན་མདོར་བསྡུས་པ་ཡིན་ཏེ། རྣམ་པར་དབྱེ་བ་རྒྱས ་པར་སྔ་མ་གང་ཡིན་པ་དང་དོན་མདོར་བསྡུ་བ་དེ་ནི་ཤེས་བཞིན་དུ་སྤྱོད་པ་ཉིད་ཅེས་བྱའོ། །དེ་བ་དགེ་བའི་བཤེས་གཉེན་གང་ཞེ་ན། རྒྱུ་རྣམ་པ་བརྒྱད་ཀྱིས་ན་རྣམ་པ་ཐམས་ཅད་ཡོངས་སུ་རྫོགས་པའི་དགེ་བའི་བཤེས་གཉེན་ཡིན་པར་རིག་པར་བྱའོ། །བརྒྱད་གང ་ཞེ་ན། འདི་ལྟར་འདི་ན་ལ་ལ་དང་པོ་ཁོ་ན་ཚུལ་ཁྲིམས་ལ་གནས་པ་ཡིན་པ་དང། མང་དུ་ཐོས་པ་ཡིན་པ་དང། རྟོག་པ་དང་ལྡན་པ་ཡིན་པ་དང། རྗེས་སུ་སྙིང་བརྩེ་བ་དང་ལྡན་པ་དང། ཡིད་ཡོངས་སུ་མི་སྐྱོ་བ་ཡིན་པ་དང། བཟོད་པ་དང་ལྡན་པ་ཡིན་པ་དང། མི ་འཇིགས་པ་དང་ལྡན་པ་ཡིན་པ་དང། ཚིག་གི་བྱ་བ་དང་ལྡན་པ་ཡིན་ནོ། །དེ་ལ་ཇི་ལྟར་ན་ཚུལ་ཁྲིམས་ལ་གནས་པ་ཡིན་ཞེ་ན། རྒྱས་པར་སྔ་མ་བཞིན་དུ་ཚུལ་ཁྲིམས་དང་ལྡན་པར་གནས་པ་དང། སོ་སོར་ཐར་བའི་སྡོམ་པས་བསྡམས་པ་དང། ་དགེ་སྦྱོང་གི་ལམ་འདོད་པ་དང། བྲམ་ཟེའི་ལམ་འདོད་པ་དང། བདག་དུལ་བར་བྱ་བ་དང། བདག་ཞི་བར་བྱ་བ་དང། བདག་ཡོངས་སུ་མྱ་ངན་ལས་འདའ་བར་བྱ་བའི་ཕྱིར་ཞུགས་པ་ཡིན་ཏེ། དེ་ལྟར་ན་ཚུལ་ཁྲིམས་ལ་གནས་པ་ཡིན་ནོ། །ཇི་ལྟར་ན་མང་དུ་ཐོས ་པ་ཡིན་ཞེ་ན། དེས་ཆོས་ཚངས་པར་སྤྱོད་པ་དང། ཐོག་མར་དགེ་བ། བར་དུ་དགེ་བ། ཐ་མར་དགེ་བ། དོན་བཟང་པོ། ཚིག་འབྲུ་བཟང་པོ། མ་འདྲེས་པ། ཡོངས་སུ་རྫོགས་པ། ཡོངས་སུ་དག་པ། ཡོངས་སུ་བྱང་བ་གང་དག་ཡིན་པ་དེ་དག་མངོན་པར་བརྗོད་པས ་མངོན་པར་རྗོད་པར་བྱེད་པ་དང། དེ་ལྟ་བུའི་ཆོས་མང་པོ་དག་ལ་ལེགས་པར་བཟུང་ཞིང་བརྟན་པར་བྱས་པ་དང། ཁ་ཏོན་བྱང་བ་དང། ཡིད་ཀྱིས་བརྟགས་པ་དང། མཐོང་པས་ཤིན་ཏུ་རྟོགས་པར་བྱས་པ་ཡིན་ཏེ། དེ་ལྟར་ན་མང་དུ་ཐོས་པ་ཡིན་ནོ། །ཇི་ལྟར ་ན་རྟོགས་པ་དང་ལྡན་པ་ཡིན་ཞེ་ན། མི་རྟག་པའི་འདུ་ཤེས་དང། མི་རྟག་པ་ལ་སྡུག་བསྔལ་བའི་འདུ་ཤེས་དང། སྡུག་བསྔལ་བ་ལ་བདག་མེད་པའི་འདུ་ཤེས་དང། ཟས་ལ་མི་མཐུན་པའི་འདུ་ཤེས་དང། འཇིག་རྟེན་ཐམས་ཅད་ལ་མངོན་པར་མི་དགའ་བའི་འདུ ་ཤེས་དང། ཉེས་དམིགས་ཀྱི་འདུ་ཤེས་དང། སྤོང་བའི་འདུ་ཤེས་དང། འདོད་ཆགས་དང་བྲལ་བའི་འདུ་ཤེས་དང། འགོག་པའི་འདུ་ཤེས་དང། འཆི་བའི་འདུ་ཤེས་དང། མི་སྡུག་པའི་འདུ་ཤེས་དང། རྣམ་པར་བསྔོས་པའི་འདུ་ཤེས་དང། རྣམ་པར ་བརྣགས་པའི་འདུ་ཤེས་དང། རྣམ་པར་འབུས་གཞིགས་པའི་འདུ་ཤེས་དང། རྣམ་པར་བམ་པའི་འདུ་ཤེས་དང། རྣམ་པར་ཟོད་བའི་འདུ་ཤེས་དང། རྣམ་པར་དམར་བའི་འདུ་ཤེས་དང། རྣམ་པར་འཐོར་བའི་འདུ་ཤེས་དང། རུས་གོང་གི་འདུ་ཤེས་དང། སྟོང ་པ་ཉིད་ཀྱི་སོ་སོར་རྟོག་པའི་འདུ་ཤེས་ཐོབ་པར་གྱུར་ཅིང། བསམ་གཏན་དང་པོ་དང། གཉིས་པ་དང་གསུམ་པ་དང། བཞི་པ་དང། ནམ་མཁའ་མཛའ་ཡས་སྐྱེ་མཆེད་དང། རྣམ་ཤེས་མཛའ་ཡས་སྐྱེ་མཆེད་དང། ཅི་ཡང་མེད་པའི་སྐྱེ་མཆེད་དང། འདུ་ཤེས་མེད་འདུ་ཤེས ་མེད་མིན་སྐྱེ་མཆེད་དང། བྱམས་པ་དང། སྙིང་རྗེ་དང། དགའ་བ་དང། བཏང་སྙོམས་དང། རྒྱུན་ཏུ་ཞུགས་པའི་འབྲས་བུ་དང་ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང། ཕྱིར་མི་འོང་བའི་འབྲས་བུ་དང། རྫུ་འཕྲུལ་གྱི་ཡུལ་ཤེས་པ་དང། སྔོན་གྱི་གནས་རྗེས་སུ་དྲན ་པ་དང། ལྷའི་རྣ་བ་དང། འཆི་འཕོ་དང། སྐྱེ་བ་ཤེས་པ་དང། སེམས་ཀྱི་རྣམ་གྲངས་ཤེས་པ་དང། རྣམ་པར་ཐར་པ་བརྒྱད་བསྒོམ་པའི་དགྲ་བཅོམ་པ་ཉིད་ཀྱང་ཐོབ་པར་འགྱུར་ལ། གཞན་དག་ལ་ཆོ་འཕྲུལ་གསུམ་པོ་རྫུ་འཕྲུལ་གྱི་ཆོ་འཕྲུལ་དང། ཀུན ་བརྗོད་པའི་ཚེ་འཕྲུལ་དང། རྗེས་སུ་བསྟན་པའི་ཆོ་འཕྲུལ་དག་གིས་འདོམས་པའི་མཐུ་ཡོད་ཅིང་ནུས་པ་ཡིན་ཏེ། དེ་ལྟར་ན་རྟོག་པ་དང་ལྡན་པ་ཡིན་ནོ། །ཇི་ལྟར་ན་རྗེས་སུ་སྙིང་བརྩེ་བ་དང་ལྡན་པ་ཡིན་ཞེ་ན། གཞན་དག་ལ་སྙིང་རྗེ་དང་ལྡན་ཞིང། སྙིང་བརྩེ ་པར་ཞུགས་པ་དང། དོན་དུ་འདོད་པ་དང། །ཕན་པར་འདོད་པ་དང། བདེ་བར་འདོད་པ་དང། བདེ་བ་ལ་རེག་པར་འདོད་པ་དང། གྲུབ་པ་དང་བདེ་བར་འདོད་པ་ཡིན་ཏེ། དེ་ལྟར་ན་རྗེས་སུ་བརྩེ་བ་དང་ལྡན་པ་ཡིན་ནོ། །ཇི་ལྟར་ན་ཡིད་ཡོངས་སུ་མི་སྐྱོ་བ་ཡིན་ཞེ་ན། ་ཡང་དག་པར་སྟོན་པར་བྱེད་པ་དང། ཡང་དག་པར་འཛིན་དུ་འཇུག་པར་བྱེད་པ་དང། ཡང་དག་པར་གཟེད་བསྟོད་པར་བྱེད་པ་དང། །ཡང་དག་པར་རབ་ཏུ་དགའ་བར་བྱེད་པ་དང། འཁོར་བཞི་པོ་དེ་དག་ལ་ཆོས་སྟོན་པས་ངལ་བ་མེད་པ་དང། མཁས་པ་དང། ་ལེ་ལོ་མེད་པ་དང། སྒྲུབ་པོད?་པ་དང། བརྩོན་འགྲུས་བརྩམས་པ་རང་བཞིན་ཅན་ཡིན་ཏེ། དེ་ལྟར་ན་ཡིད་ཡོངས་སུ་མི་སྐྱོ་བ་ཡིན་ནོ། །ཇི་ལྟར་ན་བཟོད་པ་དང་ལྡན་པ་ཡིན་ཞེ་ན། གཤེ་ཡང་ཕྱིར་མི་གཤེ་བ་དང། ཁྲོས་ཡང་ཕྱིར་མི་ཁྲོ་བ་དང། བརྡེགས་ཀྱང ་ཕྱིར་མི་བརྡེག་པ་དང། འཚང་བྲུས་ཀྱང་ཕྱིར་ཚངས་མི་འབྲུ་བ་དང། བརྡུང་བ་དང། ཡང་དང་ཡང་དུ་བརྡུང་བ་བཟོད་པ་དང། བཅིངས་པ་དང། གོ་རར་བཅུགས་པ་དང། བཙོགས་པ་དང། སྨད་པ་དང། བསྡིགས་པ་དང། བཅད་པ ་རབ་ཏུ་དམ་པོ་དག་ལ་ཡང་བདག་ཉིད་ཀྱི་ཉེས་པ་ཡིན་པར་སེམས་ཤིང། ལུས་ཀྱི་རྣམ་པར་སྨིན་པའི་རྗེས་སུ་འཇུག་པར་བྱེད་ལ། གཞན་དག་ལ་འཁྲུག་པར་མི་བྱེད་ཅིང། ཁོ་ན་དུ་འཛིན་པར་མི་བྱེད་པ་དང། བརྙེས་པ་དང། མི་སྙན་པར་བརྗོད་པ་དང། རྣམ ་པར་སྨད་ན་ཡང་རྣམ་པར་འགྱུར་བ་མེད་ཅིང། ཕན་པ་འབའ་ཞིག་ཏུ་སེམས་བ་དང། གྲང་བ་དང་ཚ་བ་དང། བཀྲེས་པ་དང། སྐོམ་པ་དང། ཤ་སྤྲང་དང། སྦྲང་བུ་བ་ཆུ་རིང་ས?་དང། རླུང་དང། ཉི་མ་དང། སྡིག་སྦྲུལ་གྱི་རེག་པ་རྣམས་དང། གཞན་དག་ལ་ཡང ་ངན་དུ་བརྗོད་པ་དང། ངན་པ་འོངས་པའི་ཚིག་གི་ལམ་དག་བཟོད་པ་དང། ལུས་ལས་ཚོར་བ་སྡུག་བསྔལ་མི་བཟད་པ། རྩུབ་པ་ཚ་བ། ཡིད་དུ་མི་འོང་བ་སྲོག་འཕྲོག་པར་བྱེད་པ་སྐྱེས་པ་དག་ཀྱང་བཟོད་ཅིང། དང་དུ་ལེན་པའི་རང་བཞིན་ཅན་ཡིན་ཏེ། དེ་ལྟར་ན ་བཟོད་པ་དང་ལྡན་པ་ཡིན་ནོ། །ཇི་ལྟར་ན་མི་འཇིགས་པ་དང་ལྡན་པ་ཡིན་ཞེ་ན། སེམས་ཀུན་ཏུ་ཞུམ་པ་མེད་པ་དང། སྐད་འདར་འདར་པོ་མེད་པ་དང། བརྗེད་པ་མེད་པའི་སྤོབས་པས་འཁོར་རྣམས་ལ་ཆོས་སྟོན་པར་བྱེད་པ་དང། འཇིགས་པའི་རྒྱུ་དང། འཇིགས ་པའི་གཞིས་དེ་ལ་སྐྲག་པ་མི་འབྱུང་མི་སྐྱེ་ཞིང། མཚན་ཁུང་དང། སྤུའི་ཁུང་བུ་དག་ནས་ཀྱང་རྡུལ་འབྱུང་བར་མི་འགྱུར་བ་ཡིན་ཏེ། དེ་ལྟར་ན་མི་འཇིགས་པ་དང་ལྡན་པ་ཡིན་ནོ། །ཇི་ལྟར་ན་ཚིག་གི་བྱ་བ་དང་ལྡན་པ་ཡིན་ཞེ་ན། འཁོར་དུ་གྲགས་པ་དང། སྙན་ཅིང ་འཇེབས་པ་དང། རྣམ་པར་གསལ་བ་དང། རྣམ་པར་རིག་པར་བྱ་བ་དང། མཉམ་པར་ཐོས་པ་དང། མི་མཐུན་པ་མེད་པ་དང། བརྟེན་པ་མེད་པ་དང། ཕྱིར་མི་ལྡོག་པའི་ཚིག་དང་ལྡན་པ་ཡིན་ཏེ། དེ་ལྟར་ན་ཚིག་གི་བྱ་བ་དང་ལྡན་ཞིང་ཚིག་དགེ་བ་ཡིན་ནོ། །དེ་རྒྱུ ་བརྒྱད་པོ་དེ་དག་དང་ལྡན་པས་ན་སྐུལ་བར་བྱེད་པ་དང། དྲན་པར་བྱེད་པ་དང། འདོམས་པར་བྱེད་པ་དང། རྗེས་སུ་སྟོན་པར་བྱེད་པ་དང། ཆོས་སྟོན་པར་བྱེད་པ་ཡིན་ནོ། །དེ་ལ་ཇི་ལྟར་ན་སྐུལ་བར་བྱེད་པ་ཡིན་ཞེ་ན། འདི་ལྟ་སྟེ་ལྷག་པའི་ཚུལ་ཁྲིམས་ལ་ཚུལ་ཁྲིམས་ཉམས་པ་དང་ལྷག་པའི ་ཆོག་ལ་ཆོ་ག་ཉམས་པས་མཐོང་བ་དང། ཐོས་པ་དང། དོགས་པའི་སྒོ་ནས་བདེན་པ་ཡིན་གྱི་མི་བདེན་པས་མ་ཡིན་པ་དང། དུས་སུ་ཡིན་གྱི་དུས་མ་ཡིན་པར་མ་ཡིན་པ་དང། དོན་དང་ལྡན་པས་ཡིན་གྱི་དོན་དང་མི་ལྡན་པས་མ་ཡིན་པ་དང། ཚིག་འཇམ་པོས་ཡིན་གྱི་རྩུབ ་པོས་མ་ཡིན་པ་དང། མཛའ་བཤེས་ཀྱི་དངོས་པོས་ཡིན་གྱི་ཞེ་སྡང་གི་སྐབས་ཀྱི་མ་ཡིན་པར་སྐུལ་བར་བྱེད་པ་ཡིན་ཏེ། དེ་ལྟར་ན་སྐུལ་བར་བྱེད་པ་ཡིན་ནོ། །ཇི་ལྟར་ན་དྲན་པར་བྱེད་པ་ཡིན་ཞེ་ན། ལྟུང་བ་དང། ཆོས་དང། དོན་དྲན་པར་བྱ་བ་ཡིན་ཏེ། ཇི་ལྟར་ན་ལྟུང་བ་དྲན ་པར་བྱེད་པ་ཡིན་ཞེ་ན། འདི་ལྟ་སྟེ་ལྟུང་བ་བྱུང་བ་མི་དྲན་ན། དེ་ལ་ཚེ་དང་ལྡན་པ་ལ་ཡུལ་ཆེ་གེ་མོ་ཞིག་ཏུ་གཞི་མང་གེ་མོ་ཞིག་ལ་དུས་ག་གེ་མོ་ཞིག་གི་ཚེ་ལྟུང་བ་འདི་དང་འདི་ལྟ་བུ་ཞིག་བྱུང་ངོ་ཞེས་དྲན་པར་བྱེད་པ་ཡིན་ཏེ། དེ་ལྟར་ལྟུང་བ་དྲན་པར་བྱེད་པ་ཡིན་ནོ། །ཇི ་ལྟར་ན་ཆོས་དྲན་པར་བྱེད་པ་ཡིན་ཞེ་ན། འདི་ལྟར་རྒྱས་པར་སྔ་མ་བཞིན་དུ། འདི་ལྟ་སྟེ། མདོའི་སྡེ་དང། དབྱངས་ཀྱིས་བསྙད་པའི་སྡེ་དང། ལུང་བསྟན་པའི་སྡེའི་ཆོས་མཉན་ཅིང་རྗེས་སུ་བཟུང་བ་རྣམས་གཅིག་པུས་མི་དྲན་ནམ། དྲན་པར་འདོད་པ་ལས་མི་དྲན ་ན་དེ་ལ་དྲན་པར་བྱེད་པ་འམ། དྲན་པ་བརྗེད་པ་ཕྱིར་དྲན་པར་བྱ་བ་དང། ཀུན་དྲི་བ་དང། ཡོངས་སུ་དྲི་བ་རྗེས་སུ་སྦྱིན་པར་བྱེད་པ་ཡིན་ཏེ། དེ་ལྟར་ན་ཆོས་དྲན་པར་བྱེད་པ་ཡིན་ནོ། །ཇི་ལྟར་ན་དོན་དྲན་པར་བྱེད་པ་ཡིན་ཞེ་ན། འདི་ལྟ་སྟེ། དོན་ཐོས་པ་བརྗོད་ན། དེ ་ལ་དྲན་པར་བྱེད་ཅིང་ཡང་དང་ཡང་དུ་སང་པར་བྱེད། གསལ་བར་བྱེད། སྟོན་པར་བྱེད། ཡང་དག་པར་སྟོན་པར་བྱེད་པ་དང། དགེ་བ་དོན་དང་ལྡན་པ་ཚངས་པར་སྤྱོད་པ་དང་ལྡན་པ་བྱས་ནས་ཡུན་རིང་དུ་ལོན་པ་དང། སྨྲས་ནས་ཡུན་རིང་དུ་ལོན་པ་གང་ཡིན་པ་དེ་དག་ཀྱང་དྲན་པར ་བྱེད་པ་ཡིན་ཏེ། དེ་ལྟར་ན་དྲན་པར་བྱེད་པ་ཡིན་ནོ། །ཇི་ལྟར་ན་འདོམས་པར་བྱེད་པ་ཡིན་ཞེ་ན། རབ་ཏུ་དབེན་པ་དང། ནང་དུ་ཡང་དག་འཇོག་དང། རྣལ་འབྱོར་ཡིད་ལ་བྱེད་པ་དང། ཞི་གནས་དང། ལྷག་མཐོང་ལ་དུས་དུས་སུ་རྗེས་སུ ་མཐུན་པའི་གདམས་ངག་སྦྱིན་པར་བྱེད་པ་དང། དུས་དུས་སུ་དེ་དང་ལྡན་པའི་གཏམ་ཟེར་ཏེ། འདི་ལྟ་སྟེ། སེམས་ཀྱི་སྒྲིབ་པ་སྤོང་བ་དང་འཐུན་པར་འགྱུར་བའི་གཏམ་མམ། ཚུལ་ཁྲིམས་ཀྱི་གཏམ་མམ། ཏིང་ངེ་འཛིན་གྱི་གཏམ་མམ། ཤེས་རབ་ཀྱི ་གཏམ་མམ། རྣམ་པར་གྲོལ་བའི་གཏམ་མམ། རྣམ་པར་གྲོལ་བ་ཡེ་ཤེས་མཐོང་བའི་གཏམ་མམ། འདོད་པ་ཆུང་བའི་གཏམ་མམ། ཆོག་མི་ཤེས་པའི་གཏམ་མམ། སྤོང་བའི་གཏམ་མམ། འདོད་ཆགས་དང་བྲལ་བའི་གཏམ་མམ། འགོག་པའི། ་གཏམ་མམ། མི་སྩོགས་པའི་གཏམ་མམ། འདུ་འཛི་མེད་པའི་གཏམ་མམ། རྐྱེན་ཉིད་འདིའི་རྟེན་ཅིང་འབྲེལ་བར་འབྱུང་བའི་རྗེས་སུ་འཐུན་པའི་གཏམ་ཟེར་བ་ཡིན་ཏེ། དེ་ལྟར་ན་འདོམས་པར་བྱེད་པ་ཡིན་ནོ། །ཇི་ལྟར་ན་རྗེས་སུ་སྟོན་པར་བྱེད་པ་ཡིན་ཞེ་ན། ་སྟོན་པའི་བསྟན་པའི་ཆོས་འདུལ་བས་ཡང་དག་པར་རྗེས་སུ་སྟོན་པར་བྱེད་པ་དང། མཁན་པོ་འམ། སློབ་དཔོན་ནམ། ཆོས་འཐུན་པ་འམ། བླ་མ་འམ། བླ་མ་ལྟ་བུར་གྱུར་པས་རྩོད་པ་གང་ཡང་རུང་བ་ཞིག་བྱུང་ཞིང་འདས་པར་རིག་ནས། དེ་ལ་དུས་དུས་སུ ་སྨོད་པར་བྱེད། ཆད་པས་གཅོད་པར་བྱེད། སྤོང་བར་བྱེད་པ་དང། ཡང་ཆོས་དང་མཐུན་པས་ལོངས་སྤྱོད་མཉམ་པར་བློན་གདབ་པ་འཛིན་དུ་འཇུག་ཅིང། སྡུད་པར་བྱེད་པ་དང། བྱ་བ་དང་བྱ་བ་མ་ཡིན་པ་ལྷག་པར་སྤྱད་པར་བྱ་བ་དང། ལྷག་པར་སྤྱད་པར་མི་བྱ་བའི ་ཕྱིར་དང། ལྷག་པར་སྤྱད་པ་དང། ལྷག་པར་མ་སྤྱད་པ་ཡང་སྟོན་ཅིང་རྗེས་སུ་སྟོན་པར་བྱེད་པ་ཡིན་ཏེ། དེ་ལྟར་ན་རྗེས་སུ་སྟོན་པར་བྱེད་པ་ཡིན་ནོ། །ཇི་ལྟར་ན་ཆོས་སྟན་པར་བྱེད་པ་ཡིན་ཞེ་ན། སེམས་ཡོངས་སུ་སྨིན་པར་བྱ་བ་དང། སེམས་ཅན་རྣམ་པར་བྱང་བར ་བྱ་བ་དང། དམ་པའི་ཆོས་ཡུན་རིང་དུ་གནས་པ་དེ་བྱ་བའི་ཕྱིར་དུས་དུས་སུ་སྔོན་གྱི་དུས་སུ་བརྗོད་པར་བྱ་བའི་གཏམ་འདི་ལྟ་སྟེ། སྦྱིན་པའི་གཏམ་མམ། ཚུལ་ཁྲིམས་ཀྱི་གཏམ་དང། མཐོ་རིས་ཀྱི་གཏམ་དང། འདོད་པ་དག་གི་རོ་མྱང་བའི་ཉེས་དམིགས་ལས། ངེས་པར་འབྱུང་བར ་འགྱུར་བ་རྣམ་པར་བྱད་བའི་ཕྱོགས་ཀྱི་ཆོས་རྣམས་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་པར་བྱེད་པ་དང། དུས་དུས་སུ་སྡུག་བསྔལ་ལམ། ཀུན་འབྱུང་བ་འམ། འགོག་པ་འམ། ལམ་ལས་བརྩམས་ཏེ། ཡང་དག་པར་འདྲེན་པར་བྱེད་པ་འཕགས་པའི་བདེན་པ་བཞི་དང་ལྡན ་པའི་གཏམ་ཚིག་འབྲུ་འབྱོར་བ་དང། འབྲེལ་པ་དང། རྗེས་སུ་མཐུན་པ་དང། རྗེས་སུ་འཕྲེང་པ་དང། ཐབས་དང་ལྡན་པ་དང། འཚམ་པ་དང། མཐུན་པ་དང། འགྲུས་སྐྱོང་གི་ཡན་ལག་གི་ཚོགས་དང་ལྡན་པ་དག་ཟེར་ཞིང་གཏམ་དེ་ཡང་དུས་ལ་བབ་པ་དང། གུས ་པར་བྱས་པ་དང། སྔ་ཕྱི་འཚམ་པ་དང། མཚམས་འབྱོར་པ་དང། རྗེས་སུ་འབྲེལ་བ་དང་རངས་པར་འགྱུར་བ་དང། དགའ་བར་འགྱུར་བ་དང། མགུ་བར་འགྱུར་བ་དང། སྤྲོ་བར་འགྱུར་བ་དང། སྒྱིང་ལུག་པར་མི་འགྱུར་བ་དང། བྱམས་པའི་སེམས་དང། ཕན ་པའི་སེམས་དང། རྗེས་སུ་སྙིང་བརྩེ་བའི་སེམས་དང། རྙད་པ་དང། བཀུར་བསྟི་དང། གྲགས་པ་ལ་མི་བརྟེན་པ་དང། བདག་ལ་མི་བསྟོད་པ་དང། གཞན་ལ་མི་སྨོད་པར་རིག་པ་དང། འབྲེལ་པ་དང། མ་འདྲེས་པ་དང། ཆོས་དང་ལྡན་པ་དང། འཁོར་རྣམས ་ལ་མཐུན་པར་བྱེད?་བ་ཡིན་ཏེ། དེ་ལྟར་ན་ཆོས་སྟོན་པར་བྱེད་པ་ཡིན་ནོ། །ཡན་ལག་བརྒྱད་པོ་དེ་དག་དང་ལྡན་པ་གང་ཡིན་པ་དེ་ནི་དེ་ལྟར་དུས་དུས་སུ་སྐུལ་བར་བྱད་པ་དང། དྲན་པར་བྱེད་པ་དང། འདོམས་པར་བྱེད་པ་དང། རྗེས་སུ་སྟོན་པར་བྱེད་པ་དང། ཆོས་སྟོན་པར ་བྱེད་པས་ན་དེའི་ཕྱིར་དགེ་བའི་བཤེས་གཉེན་ཞེས་བྱ་སྟེ། དེ་ནི་རེ་ཞིག་དགེ་བའི་བཤེས་གཉེན་གྱི་རྣམ་པར་དབྱེ་བ་རྒྱས་པ་ཡིན་ནོ། །དོན་མདོར་བསྡུས་པ་གང་ཞེ་ན། གལ་ཏེ་མཛའ་བ་ཤེས་དང། མཛའ་པོ་དང། རྗེས་སུ་སྙིང་བརྩེ་བ་དང་ལྡན་པ་ཡིན་ལ། དང་པོ་ཁོ་ནར ་ཕན་པར་འདོད་པ་དང། བདེ་བར་འདོད་བ་ཡིན་པ་དང། ཕན་པ་དང་བདེ་བ་དེ་ཡང་ཕྱིན་ཅི་མ་ལོག་ཅིང་ལྟ་བ་མ་ལོག་པས། ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་ཡིན་པ་དང། འདི་ལྟ་སྟེ་ཕན་པ་དང། བདེ་བ་ཉིད་ཡང ་དག་པར་སྒྲུབ་པ་དང། ཉེ་བར་བསྡུ་བའི་མཐུ་ཡོད་ཅིང། ཐབས་ལ་མཁས་པ་ཡིན་པ་དང། འདི་ལྟ་སྟེ་ཕན་པ་དང་བདེ་བ་དེ་ཉིད་ཉེ་བར་བསྡུ་བ་ལས་བརྩམས་ཏེ། མཁས་པ་དང་ལེ་ལོ་མེད་པ་དང། སྒྲུབ་ཡོད་པ་དང། བརྩོན་འགྲུས་བརྩམས་པའི་རང ་བཞིན་ཅན་ཡིན་པར་གྱུར་ན། རྒྱུ་བཞི་པོ་དེ་དག་གིས་མདོར་བསྡུ་ན། རྣམ་པ་ཐམས་ཅད་ཡོངས་སུ་རྫོགས་པའི་དགེ་བའི་བཤེས་གཉེན་ཡིན་པར་རིག་པར་བྱའོ། །དེ་ནི་དགེ་བའི་བཤེས་གཉེན་གྱི་དོན་མདོར་བསྡུ་བ་ཡིན་ཏེ། རྣམ་པར་དབྱེ་བ་རྒྱས་པ་སྔ་མ ་གང་ཡིན་པ་དང། དོན་མདོར་བསྡུ་བ་འདི་གང་ཡིན་པ་དེ་ནི་དགེ་བའི་བཤེས་གཉེན་ཞེས་བྱའོ།། །།བམ་པོ་དྲུག་པ། །དམ་པའི་ཆོས་ཉན་པ་དང། སེམས་པ་གང་ཞེ་ན། དམ་པའི་ཆོས་ཞེས་བྱ་བ་ནི་སངས་རྒྱས་དང། སངས་རྒྱས ་ཀྱི་ཉན་ཐོས་དམ་པ་རྣམས་དང། ཡང་དག་པར་སོང་བ་རྣམས་དང། སྐྱེས་བུ་དམ་པ་རྣམས་ཀྱིས་བསྟན་པ་དང། བཤད་པ་དང། གསལ་བར་བྱ་བ་དང། རྣམ་པར་ཕྱེ་བ་དང། ཡང་དག་པར་བཤད་པ་ཡིན་ཏེ། དེ་ཡང་གང་ཞེ་ན། གསུང་རབ་ཡན་ལག་བཅུ ་གཉིས་པོ་འདི་ལྟ་སྟེ། མདོའི་སྡེ་དང། དབྱངས་ཀྱིས་བསྙད་པའི་སྡེ་དང། ལུང་བསྟན་པའི་སྡེ་དང། ཚིགས་སུ་བཅད་པའི་སྡེ་དང། ཆེད་དུ་བརྗོད་པའི་སྡེ་དང། གླེང་གཞིའི་སྡེ་དང། རྟོགས་པ་བརྗོད་པའི་སྡེ་དང། དེ་ལྟ་བུ་བྱུང་བའི་སྡེ་དང། སྐྱེས་བ་རབས་ཀྱི ་སྡེ་དང། ཤིན་ཏུ་རྒྱས་བའི་སྡེ་དང། རྨད་དུ་བྱུང་བའི་ཆོས་ཀྱི་སྡེ་དང། གཏན་ལ་བབ་པར་བསྟན་པའི་སྡེ་དག་སྟེ། དེ་ནི་དམ་པའི་ཆོས་ཞེས་བྱའོ། །དེ་ལ་མདོའི་སྡེ་གང་ཞེ་ན། བཅོམ་ལྡན་འདས་ཀྱིས་དེ་དང་དེ་དག་ཏུ་གདུལ་བ་དེ་དང་དེ་དག་གདུལ་བའི་སྤྱོད་བ་རྣམས ་ལས་བརྩམས་ནས་ཕུང་པོ་དང་ལྡན་པའི་གཏམ་དང། སྐྱེ་མཆེད་དང་ལྡན་པ་དང། རྟེན་ཅིང་འབྲེལ་བར་འབྱུང་བ་དང་ལྡན་པ་དང། ཟས་དང། བདེན་པ་དང། ཁམས་དང་ལྡན་པ་དང། ཉན་ཐོས་དང། རང་སངས་རྒྱས་དང་དེ་བཞིན་གཤེགས་པ་དང་ལྡན་པ་དང། དྲན་པ་ཉེ་བར ་གཞག་བ་དང། ཡང་དག་པར་སྤོང་པ་དང། རྫུ་འཕྲུལ་གྱི་རྐང་པ་དང། དབང་པོ་དང། སྟོབས་དང། བྱང་ཆུབ་ཀྱི་ཡན་ལག་དང། ལམ་གྱི་ཡན་ལག་དང་ལྡན་པ?་མི་སྡུག་པ་དང། དབུགས་རྡུབ་པ་དང། དབུགས་དབྱུང་བ་དང། བརླབ་པ་དང། ཤེས་ནས་དད་པ་དང་ལྡན་པའི་གཏམ ་གསུངས་པ་གང་ཡིན་པ་དག?་ཡང་དག་པར་བསྡུད་པར་བྱེད་པ་རྣམས་ཀྱིས་ཡོངས་སུ་བཟུང་ནས། བསྟན་བ་ཡུན་རིང་དུ་གནས་པར་བྱ་བའི་དོན་དུ། འདི་ལྟ་སྟེ། དགེ་བ་དོན་དང་ལྡན་པ། ཚངས་པར་སྤྱོད་པ་དང་ལྡན་པ་དེ་དང་དེ་དག་བསྟན་པར་བྱ་བའི་ཕྱིར། མིང་གི་ཚོགས་དང། ཚིག ་གི་ཚོགས་དང། ཡི་གེའི་ཚིགས་མཐུན་པ་དག་གིས་ཅི་རིགས་པར་རིམ་གྱིས་གཅོད་ཅིང། རིམ་གྱིས་སྦྱར་བ་གང་ཡིན་པ་དེ་ནི་མདོའི་སྡེ་ཞེས་བྱའོ། །དབྱངས་ཀྱི་བསྙད་པའི་སྡེ་གང་ཞེ་ན། གང་གི་ཐ་མའི་མཇུག་ཏུ་ཚིགས་སུ་བཅད་པ་མངོན་པར་བརྗོད་པ་དང། བཀྲི་བའི་དོན་གྱི ་མདོ་སྡེ་གང་ཡིན་པ་དེ་ནི་དབྱངས་ཀྱིས་བསྙད་པའི་སྡེ་ཞེས་བྱའོ། །ལུང་བསྟན་པའི་སྡེ་གང་ཞེ་ན། གང་ལས་ཉན་ཐོས་ཤི་འཕོས་པ་དང། དུས་བྱས་པ་དང། སྐྱེ་བ་ལུང་སྟོན་པ་དང། ངེས་པའི་དོན་གྱི་མདོ་སྡེ་གང་ཡིན་པ་དེ་ནི་ལུང་བསྟན་པའི་སྡེ་ཞེས་བྱའོ། །ཚིགས་སུ་བཅད ་པའི་སྡེ་གང་ཞེ་ན། རྐྱང་པས་བཤད་པ་མ་ཡིན་པ་སྟེ། འདི་ལྟར་རྩ་བ་གཉིས་པ་འམ། རྩ་བ་གསུམ་པ་འམ། རྩ་བ་བཞི་པ་འམ། རྩ་བ་ལྔ་འམ། རྩ་བ་དྲུག་བར་རྩ་བ་བསྡེབས་ཏེ་བཤད་པ་གང་ཡིན་པ་དེ་ནི་ཚིགས་སུ་བཅད་པའི་སྡེ་ཞེས་བྱའོ། །ཆེད་དུ་བརྗོད་པའི་སྡེ་གང ་ཞེ་ན། གང་ཟག་གི་མིང་དང་རིགས་ཡོངས་སུ་མ་བརྗོད་མ་བསྟན་པར། དམ་པའི་ཆོས་ཡུན་རིང་དུ་གནས་པར་བྱ་བ་དང། བསྟན་པ་ཡུན་རིང་དུ་གནས་པར་བྱ་བའི་ཕྱིར་བཤད་པ་གང་ཡིན་པ་དེ་ནི་ཆེད་དུ་བརྗོད་པའི་སྡེ་ཞེས་བྱའོ། །གླེང་གཞིའི་སྡེ་གང་ཞེ་ན། གང་ཟག་གི ་མིང་དང་རིགས་ཡོངས་སུ་བརྗོད་ཅིང་བསྟན་ཏེ། བཤད་པ་དང་ཆུང་ཟད་འདུལ་བ་དང་ལྡན་པའི་བྱུང་བ་དང་བཅས་གླེང་གཞི་དང་བཅས་པ་སོ་སོར་ཐར་བའི་མདོ་སྡེ་གང་ཡིན་པ་དེ་ནི་གླེང་གཞིའི་སྡེ་ཞེས་བྱའོ། །རྟོགས་པ་བརྗོད་པའི་སྡེ་གང་ཞེ་ན། དཔེ་དང་བཅས ་པར་བསྟན་པ་སྟེ། དཔེ་དེས་དོན་གྱི་རང་བཞིན་དེ་རྣམ་པར་གསལ་བར་འགྱུར་བ་གང་ཡིན་པ་དེ་ནི་རྟོགས་པ་བརྗོད་པའི་སྡེ་ཞེས་བྱའོ། །དེ་ལྟ་བུ་གང་ཞེ་ན། ཆུང་ཟད་སྔོན་གྱི་སྦྱོང?་བ་དང་ལྡན་པ་གང་ཡིན་པ་དེ་ནི་དེ་ལྟ་བུ་བྱུང་བའི་སྡེ་ཞེས་བྱའོ། །སྐྱེས་པའི་རབས་ཀྱི་སྡེ ་གང་ཞེ་ན། འདས་པའི་དུས་ལ་བརྟེན་ཏེ། བཅོམ་ལྡན་འདས་ཀྱི་འཆི་འཕོ་དང་སྐྱེ་བ་དེ་དང་དེ་དག་ཏུ་བྱང་ཆུབ་སེམས་དཔའ་ཨི་སྤྱོད་པ་དང། དཀའ་བ་སྤྱད་བ་བསྟན་པ་གང་ཡིན་པ་དེ་ནི་སྐྱེས་པའི་རབས་ཀྱི་སྡེ་ཞེས་བྱའོ། །ཤིན་ཏུ་རྒྱས་པའི་སྡེ་གང་ཞེ་ན། གང་ལས་བླ་ན་མེད ་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དང། སྟོབས་བཅུ་དང་སྒྲིབ་པ་མེད་པའི་ཡེ་ཤེས་ཡང་དག་པར་སྒྲུབ་པའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལམ་བསྟན་བ་གང་ཡིན་པ་དེ་ནི་ཤིན་ཏུ་རྒྱས་པའི་སྡེ་ཞེས་བྱའོ། །རྨད་དུ་བྱུང་བའི་ཆོས་ཀྱི་སྡེ་རྣམས་གང་ཞེ་ན། ་གང་ལས་སངས་རྒྱས་རྣམས་དང། སངས་རྒྱས་ཀྱི་ཉན་ཐོས་དགེ་སློང་རྣམས་དང། དགེ་སློང་མ་རྣམས་དང། དགེ་སློང་མ་རྣམས་དང། དགེ་ཚུལ་རྣམས་དང། དགེ་ཚུལ་མ་རྣམས་དང། དགེ་བསྙེན་རྣམས་དང། དགེ་བསྙེན་མ་རྣམས་ཀྱི་ཐུན་མོང་དང་ཐུན་མོང་མ་ཡིན ་པ་དང། དེ་ལས་གཞན་ལས་ཁྱད་པར་དུ་འཕགས་པའི་ཡོན་ཏན་ཁྱད་པར་ཅན་ངོ་མཚར་རྨད་དུ་བྱུང་བར་གྲགས་པ་དག་བསྟན་པ་གང་ཡིན་པ་དེ་ནི་རྨད་དུ་བྱུང་བའི་ཆོས་ཀྱི་སྡེ་རྣམས་ཞེས་བྱའོ། །གཏན་ལ་བབ་པར་བསྟན་པའི་སྡེ་རྣམས་གང་ཞེན་མདོ་སྡེ་འདྲེན་པར་བྱེད་ཅིང། མདོ ་སྡེ་རྣམས་འཆད་པར་བྱེད་པ་མ་ལྟ་བུའི་ཆོས་མངོན་པ་ཐམས་ཅད་ནི་གཏན་ལ་བབ་པར་བསྟན་པའི་སྡེ་ཞེས་བྱའོ། །གསུང་རབ་ཡན་ལག་བཅུ་གཉིས་པོ་དེ་དག་ལ་མདོ་སྡེ་ཡང་ཡོད། འདུལ་བ་ཡང་ཡོད། ཆོས་མངོན་པ་ཡང་ཡོད་དེ། དེ་ལ་རེ་ཞིག་མདོ་སྡེ་དང། དབྱངས ་ཀྱི་བསྙད་པའི་སྡེ་དང། ལུང་བསྟན་པའི་སྡེ་དང། ཚིགས་སུ་བཅད་པའི་སྡེ་དང། ཆེད་དུ་བརྗོད་པའི་སྡེ་དང། རྟོགས་བརྗོད་པའི་སྡེ་དང། དེ་ལྟ་བུ་བྱུང་བའི་སྡེ་དང། སྐྱེས་པ་རབས་ཀྱི་སྡེ་དང། ཤིན་ཏུ་རྒྱས་པའི་སྡེ་དང། རྨད་དུ་བྱུང་བའི་ཆོས་ཀྱི་སྡེ་ཞེས་གང ་གསུངས་པ་དེ་ནི་མདོ་སྡེ་ཡིན་ནོ། །གླེང་གཞིའི་སྡེ་གང་གསུངས་པ་དེ་ནི་འདུལ་བ་ཞེས་བྱའོ། །གཏན་ལ་བབ་པར་བསྟན་པའི་སྡེ་ཤེས་གསུངས་པ་དེ་ནི་ཆོས་མངོན་པ་ཞེས་བྱ་སྟེ་དམ་པ་རྣམས་དང། ཡང་དག་པར་སོང་བ་རྣམས་ཀྱིས་བསྟན་བ་གསུང་རབ་ཡན་ལག་བཅུ ་གཉིས་སྡེ་སྣོད་གསུམ་གྱི་བསྡུས་པ་དེ་དག་ནི་དམ་པའི་ཆོས་ཞེས་བྱའོ། །དེ་ཉན་པ་ནི་དམ་པའི་ཆོས་ཉན་པ་སྟེ། དེ་ཡང་གང་ཞེ་ན། འདི་ལྟར་འདི་ན་ལ་ལ་མདོ་སྡེ་འཛིན་པ་འམ། འདུལ་བ་འཛིན་པ་འམ། མ་མོ་འཛིན་པ་འམ། མདོ་སྡེ་དང་འདུལ་བ་འཛིན་པ་འམ ་འདུལ་བ་དང་མ་མོ་འཛིན་པ་འམ། མདོ་སྡེ་དང། འདུལ་བ་དང། མ་མོ་འཛིན་པ་ཡིན་ཏེ། དེ་ནི་དམ་པའི་ཆོས་ཉན་བ་ཞེས་བྱའོ། །ཉན་བ་དེ་ཡང་རྣམ་པ་གཉིས་ཏེ། ཚིག་འབྲུ་ཉན་པ་དང། དོན་ཉན་པའོ། །སེམས་པ་གང་ཞེ་ན། འདི་ལྟར་འདི་ན་ལ་ལ་གཅིག ་པུ་དབེན་མང་སོང་སྟེ། བསམ་གྱིས་མི་ཁྱབ་པའི་གནས་དྲུག་པོ་འདི་ལྟ་སྟེ། བདག་ལ་སེམས་པ་དང། སེམས་ཅན་ལ་སེམས་པ་དང། འཇིག་རྟེན་ལ་སེམས་པ་དང། སེམས་ཅན་རྣམས་ཀྱི་ལས་ཀྱི་རྣམ་པར་སྨིན་པ་ལ་སེམས་པ་དང། བསམ་གཏན་པ་རྣམས་ཀྱི ་བསམ་གཏན་གྱི་ཡུལ་དང། སངས་རྒྱས་རྣམས་ཀྱིས་སངས་རྒྱས་ཀྱི་ཡུལ་རྣམ་པར་སྦྱངས་ནས། ཇི་ལྟར་ཐོས་པའི་ཆོས་དེ་དག་ཉིད་རང་གི་མཚན་ཉིད་དང། སྤྱིའི་མཚན་ཉིད་ཀྱི་སྒོ་ནས་སེམས་པར་བྱེད་པ་ཡིན་ནོ། །སེམས་པ་དེ་ཡང་རྣམ་པ་གཉིས་ཏེ། བགྲང་བའི་རྣམ ་པས་ཆོས་རྣམས་ལ་བགྲང་བའི་ཚུལ་གྱིས་སེམས་པར་བྱེད་པ་དང། གཞལ་བའི་རྣམ་པས་རིགས་པས་ཡོན་ཏན་དང་སྐྱོན་ཉེ་བར་བརྟག་པའི་ཚུལ་གྱིས་སེམས་བར་བྱེད་པ་ཡིན་ནོ། །གལ་ཏེ་ཕུང་པོ་དང་ལྡན་པ་བསྟན་བ་ལ་སེམས་བར་བྱེད་དམ། གལ་ཏེ་དེ ་ལས་གཞན་ལ་སྔར་བསྟན་པ་གང་ཡང་རུང་བ་བསྟན་པ་ལ་སེམས་པར་བྱེད་ན་ཡང་རྣམ་པ་དེ་གཉིས་ཀྱི་སེམས་པར་བྱེད་པ་ཡིན་ཏེ། དེ་ཡང་ཇི་ལྟ་ཞེ་ན། གཟུགས་ཞེས་བྱ་བ་ནི་སྐྱེ་མཆེད་གཟུགས་ཅན་བཅུ་དང། ཆོས་ཀྱི་སྐྱེ་མཆེད་དུ ་གཏོགས་པའི་གཟུགས་གང་ཡིན་པ་སྟེ། དེ་ནི་གཟུགས་ཀྱི་ཕུང་པོ་ཡིན་ནོ། །ཚོར་བ་རྣམ་གསུམ་ཚོར་བའི་ཕུང་པོ་ཡིན། འདུ་ཤེས་ཀྱི་ཚོགས་དྲུག་ནི་འདུ་ཤེས་ཀྱི་ཕུང་པོ་ཡིན། སེམས་པའི་ཚོགས་དྲུག་ནི་འདུ་བྱེད་ཀྱི་ཕུང་པོ་ཡིན། རྣམ་བར་ཤེས་པའི་ཚོགས ་དྲུག་ནི་རྣམ་པར་ཤེས་བའི་ཕུང་པོ་ཡིན་ཏེ། དེ་ལྟར་ན་བགྲང་བ་དང། གྲངས་ཀྱི་རྣམ་པས་ཕུང་པོ་བསྟན་པ་ལ་སེམས་པར་བྱེད་པ་དང། གོང་ནས་གོང་དུ་རབ་ཏུ་དབྱེ་བའི་ཚུལ་གྱིས་གྲངས་དང། བགྲང་བའི་རྣམ་པ་སེམས་པ་དེ་ལ་ཚད་མེད་པའི་སྒོ་ནས་འཇུག ་པའི་ཚུལ་དུ་རིག་པར་བྱའོ། །ཇི་ལྟར་ན་རིགས་པས་ཉེ་བར་བརྟག་པའི་སེམས་པས་ཕུང་པོ་བསྟན་པ་ལ་སེམས་པར་བྱེད་པ་ཡིན་ཞེ་ན། རིགས་པ་བཞིས་ཉེ་བར་རྟོག་པར་བྱེད་དེ། བཞི་གང་ཞེ་ན། འདི་ལྟ་སྟེ། བལྟོས་པའི་རིགས་པ་དང། བྱ་བ་བྱེད ་པའི་རིགས་པ་དང། འཐད་པ་སྒྲུབ་པའི་རིགས་པ་དང། ཆོས་ཉིད་ཀྱི་རིགས་པས་སོ། །དེ་ལ་བལྟོས་པའི་རིགས་པ་གང་ཞེ་ན། བལྟོས་པ་ནི་རྣམ་པ་གཉིས་ཏེ། སྐྱེ་བའི་བལྟོས་པ་དང། གདགས་པའི་བལྟོས་པའོ། །དེ་ལ་སྐྱེ་བའི་བལྟོས་པ་ནི་རྒྱུ་གང ་དག་དང། རྐྱེན་གང་དག་གིས་ཕུང་པོ་རྣམས་སྐྱེ་བར་འགྱུར་བའི་ཕུང་པོའི་སྐྱེ་བ་དེ་ནི་རྒྱུ་དེ་དག་དང། རྐྱེན་དེ་དག་ལ་བལྟོས་པ་ཡིན་ནོ། །མིང་གི་ཚོགས་དང། ཚིག་གི་ཚོགས་དང། ཡི་གེའི་ཚོགས་གང་དག་གིས་ཕུང་པོ་རྣམས་གདགས་པར་འགྱུར་བའི་ཕུང ་པོ་གདགས་པ་དེ་ནི་མིང་གི་ཚོགས་དང། ཚིག་གི་ཚོགས་དང། ཡི་གེའི་ཚོགས་དེ་དག་ལ་བལྟོས་པ་ཡིན་ཏེ། དེ་ནི་ཕུང་པོ་རྣམས་ཀྱི་སྐྱེ་བའི་བལྟོས་པ་དང། གདགས་པའི་བལྟོས་པ་ཞེས་བྱའོ། །སྐྱེ་བའི་བལྟོས་པ་གང་ཡིན་པ་དང། གདགས་པའི་བལྟོས ་བ་གང་ཡིན་པ་དེ་ནི་ཕུང་པོ་སྐྱེ་བ་དང། ཕུང་པོ་གདགས་པའི་རིགས་པ་དང་སྦྱོར་བ་དང་ཐབས་ཡིན་པས་ན་དེའི་ཕྱིར་བལྟོས་པའི་རིགས་པ་ཞེས་བྱའོ། །བྱ་བ་བྱེད་པའི་རིགས་པ་གང་ཞེ་ན། ཕུང་པོ་རང་གི་རྒྱུ་དང། རང་གི་རྐྱེན་གྱིས་བསྐྱེད་པ་གང་ཡིན་པ་རྣམས་ནི་རང་གི་བྱ་བ ་བྱེད་པ་དེ་དང་དེ་དག་ལ་སྦྱོར་བར་བྱེད་པ་ཡིན་ཏེ། འདི་ལྟ་སྟེ། དཔེར་ན་མིག་གི་གཟུགས་རྣམས་ལ་ལྟ་བར་བྱེད་པ་དང། རྣ་བས་སྒྲ་རྣམས་ཉན་པར་བྱེད་པ་དང། ཡིད་ཀྱི་ཆོས་རྣམས་ཤེས་པར་བྱེད་པའི་བར་ལྟ་བུ་དང། གཟུགས་ཀྱིས་མིག་གི་སྤྱོད་ཡུལ་དུ་གནས་བར ་བྱེད་པ་དང། སྒྲས་རྣ་བའི་སྤྱོད་ཡུལ་དུ་གནས་པར་བྱེད་པ་དང། དེ་བཞིན་དུ་ཆོས་རྣམས་ཀྱིས་ཡིད་ཀྱི་སྤྱོད་ཡུལ་དུ་གནས་པར་བྱེད་པའི་བར་ལྟ་བུ་དང། གཞན་ཡང་དེ་ལྟ་བུ་དང། མཐུན་པའི་ཆོས་རྣམས་དང། དེ་དང་དེ་དག་གཅིག་ལ་ཅིག་བྱ་བ་བྱེད་བའི་རིགས་པ ་དང། སྦྱོར་བ་དང་ཐབས་སུ་གྱུར་པ་གང་ཡིན་པ་དེ་ནི་བྱ་བ་བྱེད་པའི་རིགས་པ་ཞེས་བྱའོ། །འཐད་པ་སྒྲུབ་པའི་རིགས་པ་གང་ཞེ་ན། ཕུང་པོ་རྣམས་མི་རྟག་པ་འམ། རྟེན་ཅིང་འབྲེལ་པར་འབྱུང་བ་འམ། སྡུག་བསྔལ་བ་འམ། སྟོང་པ་འམ། །བདག་མེད་པའོ ་ཞེས་ཚོད་མ་གསུམ་པོ་འདི་ལྟ་སྟེ། ཡིད་ཆེས་པའི་ལུང་དང། མངོན་སུམ་དང་རྗེས་སུ་དཔག་པ་དག་གིས་ཉེ་བར་རྟོག་པར་བྱེད་ཅིང་འཐད་པའི་རིགས་པ་དམ་པ་རྣམས་ཀྱི་སྙིང་འཕྲོག་པར་བྱེད་པའི་ཚད་མ་གསུམ་པོ་དེ་ཉིད་ཀྱིས་འདི་ལྟ་སྟེ། ཕུང་པོ་རྣམས་མི ་རྟག་པ་ཉིད་དང། རྟེན་ཅིང་འབྲེལ་བར་འབྱུང་བ་ཉིད་དང། སྡུག་བསྔལ་བ་ཉིད་དམ། སྟོང་པ་ཉིད་དམ། བདག་མེད་པ་ཉིད་དུ་རྣམ་པར་འཇོག་པར་བྱེད་ཅིང། སྒྲུབ་པར་བྱེད་པ་ཡིན་ཏེ། དེའི་འཐད་པ་སྒྲུབ་པ་ཞེས་བྱ་བའི་རིགས་པའོ། །ཆོས་ཉིད་ཀྱི ་རིགས་པ་གང་ཞེ་ན། ཅིའི་ཕྱིར་ཕུང་པོ་རྣམས་དེ་ལྟ་བུར་གྱུར་པ་ཡིན། འཇིག་རྟེན་གནས་པ་དེ་ལྟ་བུར་གྱུར་པ་ཡིན། ཅིའི་ཕྱིར་སའི་མཚན་ཉིད་སྲ་བ་ཡིན། ཆུའི་མཚན་ཉིད་གཤེར་བ་ཡིན། མེའི་མཚན་ཉིད་ཆེ་བ་ཡིན། རླུང་གི་མཚན་ཉིད་གཡོ་བ་ཡིན། ཅིའི་ ་ཕྱིར་ཕུང་པོ་རྣམས་མི་རྟག་པ་ཡིན། ཅིའི་ཕྱིར་མྱ་ངན་ལས་འདས་པ་ཞི་བ་ཡིན། དེ་བཞིན་དུ་ཅིའི་ཕྱིར་གཟུགས་ཀྱི་མཚན་ཉིད་གཟུགས་སུ་རུང་བ་ཡིན། ཚོར་བའི་མཚན་ཉིད་མྱོང་བ་ཡིན། འདུ་ཤེས་ཀྱི་མཚན་ཉིད་ཀུན་ཤེས་པར་བྱེད་པ ་ཡིན། འདུ་བྱེད་རྣམས་ཀྱི་མཚན་ཉིད་མངོན་པར་འདུ་བྱེད་པ་ཡིན། རྣམ་པར་ཤེས་པའི་མཚན་ཉིད་རྣམ་པར་ཤེས་པར་བྱེད་པ་ཡིན་ཞེ་ན། དེ་ནི་ཆོས་ཉིད་ཡིན་ཏེ། ཆོས་དེ་དག་གི་རང་བཞིན་དེ་ཡིན་ཞིང། དེ་དག་གི་ངོ་བོ་ཉིད་དེ་ལྟ་བུ་ཡིན་པས་ཆོས་ཉིད་དེ་གང། ་ཁོ་ན་ཡིན་པ་དེ་ཉིད་འདིར་རིགས་པ་དང། སྦྱོར་བ་དང། ཐབས་ཡིན་ནོ། །དེ་བཞིན་དུ་དེ་ལྟ་བུ་འམ། གཞན་ནམ། གཞན་དུ་མི་འགྱུར་བ་ནི་སེམས་ལ་བཞག་པར་བྱ་བ་དང། སེམས་ལ་གོ་བར་བྱ་བའི་ཕྱིར་ཐམས་ཅད་དུ་ཡང་ཆོས་ཉིད་ཁོ་ན་ལ་བརྟེན་པ་དང། ཆོས ་ཉིད་ཁོ་ནའི་རིགས་པ་ཡིན་ཏེ། དེ་ནི་ཆོས་ཉིད་ཀྱི་རིགས་པ་ཞེས་བྱའོ། །དེ་ལྟར་ན་རིགས་པ་བཞིས་ཕུང་པོ་བསྟན་པ་དང་གཞན་གང་ཡང་རུང་བ་བསྟན་པ་ལ་ངེས་པར་རྟོག་པར་བྱེད་པ་ཡིན་ཏེ། དེ་ལྟར་ན་རྣམ་པ་གཉིས་པོ་བགྲང་བ་དང། གྲངས་ཀྱི་རྣམ་པ་དང། རིགས ་པས་ཉེ་བར་རྟོག་པའི་རྣམ་པ་དེ་དག་གི་བསྟན་པ་དང། དེ་དག་ལ་ཡང་དག་པར་རྟོག་པར་བྱེད་པ་གང་ཡིན་པ་དེ་ནི་སེམས་པ་ཡིན་ཏེ། དེ་ནི་དམ་པའི་ཆོས་ཉན་པ་དང་སེམས་པ་ཞེས་བྱའོ། །བར་ཆད་མེད་པ་གང་ཞེ་ན། བར་ཆད་ནི་རྣམ་པ་གཉིས་ཏེ། ནང་ལས་བརྟེན་པ་དང། ་ཕྱི་རོལ་ལས་བརྟེན་པའོ། །དེ་ལ་ནང་ལས་རྟེན་པ་དང། ཕྱི་རོལ་ལ་རྟེན་པའི་བར་ཆད་བཤད་པར་བྱ་སྟེ། དེ་ལས་བཟློག་པ་ནི་བར་ཆད་མེད་པར་ཡིན་པར་རིག་པར་བྱའོ། །དེ་ལ་ནད་ལས་བརྟེན་པའི་བར་ཆད་གང་ཞེ་ན། འདི་ལྟར་འདི་ན་ལ་ལ་སྔོན་བསོད་ནམས་མ ་བྱས་པས། དེས་བསོད་ནམས་མ་བྱས་པའི་ཕྱིར། འཚོ་བའི་ཡོ་བྱད་རྐྱེན་དུ་འབབ་པ་འདི་ལྟ་སྟེ། ཆོས་གོས་དང། བསོད་སྙོམས་དང། མལ་ཆད་བསྟན་དང་ནད་ཀྱི་གསོད་སྨན་དང། ཡོ་བྱད་དག་དུས་དུས་སུ་རྙེད་པར་མི་འགྱུར་བ་དང། འདོད་ཆགས་ཤས་ཆེ་བ་དང། འདོད་ཆགས་ཡུན་རིང་བ་དང། ་ཞེ་སྡང་ཤས་ཆེ་བ་དང། ཞེ་སྡང་ཡུན་རིང་བ་དང། གཏི་མུག་ཤས་ཆེ་བ་དང། གཏི་མུག་ཡུན་རིང་པར་གྱུར་པ་དང། དེས་སྔོན་ནད་མང་བར་འགྱུར་བའི་ལས་དག་བྱས་པས་དེའི་རྒྱུས་ནད་མང་བ་དང། ཚེ་འདི་ཉིད་ལ་མི་མཐུན་པར་སྤྱད་པས་དེའི་ལུས་ལ་ཡང་དང་ཡང་དུ་རླུང་དང། ་མཁྲིས་པ་དང། བད་ཀན་འཁྲུག་ཅིང་གསུང་པ་དང། ཟས་ལ་གདུ་བ་དང། དོན་མང་བ་དང། བྱ་བ་མང་བ་དང། ཚོགས་འདུ་བ་མང་བ་དང། ལས་ལ་དགའ་བ་དང། སྨྲ་བ་ལ་དགའ་བ་དང། གཉིད་ལ་དགའ་བ་དང། དྲེ་མོའི་གཏམ་ལ་དགའ་བ་དང། འདུ་འཛི་ལ་དགའ་བ ་དང། བདག་ཉིད་ཀུན་ཏུ་འཛིན་པ་དང། མི་བརྟན་པ་དང། བག་མེད་པ་དང། ཡུལ་ངན་པ་ན་གནས་པ་འམ། གཞན་ཡང་གང་དག་དེ་ལྟ་བུ་དང་འཐུན་པ་དེ་དག་ནི་ནང་ལས་བརྟེན་པའི་བར་ཆད་ཡིན་པར་རིག་པར་བྱའོ། །ཕྱི་རོལ་ལས་བརྟེན་པའི་བར་ཆད་རྣམས་གང་ཞེ་ན། འདི ་ལྟ་སྟེ། སྐྱེས་བུ་དམ་པ་མ་ཡིན་པ་ལ་བརྟེན་ཅིང་དེ་ལས་རྗེས་སུ་མཐུན་པའི་གདམས་ངག་དང། རྗེས་སུ་བསྟན་པ་དུས་དུས་སུ་མི་ཐོབ་པ་དང། ཡུལ་ངན་པར་གནས་ཤིང་དེ་དེ་ན་གནས་པས་ཉིན་མོ་འཁྲུག་ལོང་མེད་པ་དང། མཚན་མོ་སྐྱེ་བོ་མང་པོ་རྟག་ཏུ་སྒྲ་འབྱིན་ཅིང་ཅ་ཅོ ་མང་ལ། ཀླག་ཅོར་ཆེ་བ་དང། རླུང་དང་ཉི་མའི་རེག་པ་གྲང་ཞིང་ཚ་བ་དང། མིས་འཇིགས་པ་དང། མི་མ་ཡིན་པས་འཇིགས་པ་འམ། གཞན་ཡང་གང་དག་དེ་ལྟ་བུ་དང་མཐུན་པ་དེ་དག་ནི། ཕྱི་རོལ་ལས་བརྟེན་པའི་བར་ཆད་ཡིན་པར་རིག་པར་བྱ་སྟེ། དེ་ནི་རེ་ཞིག་བར་ཆད ་ཀྱི་རྣམ་པར་དབྱེ་བ་རྒྱས་པ་ཡིན་ནོ། །དོན་མདོར་བསྡུ་བ་གང་ཞེ་ན། བར་ཆད་ནི་འདོར་ན་རྣམ་པ་གསུམ་སྟེ། སྦྱོར་བའི་བར་ཆད་དང། རབ་ཏུ་དབེན་པའི་བར་ཆད་དང། ནད་དུ་ཡང་དག་འཇོག་པའི་བར་ཆད་དོ། །དེ་ལ་སྦྱོར་བའི་བར་ཆད་གང་ཞེ་ན། བར་ཆད་གང་དང། ་གྲང་ཅིང་མངོན་སུམ་དུ་གྱུར་ན་རྣམ་པ་ཐམས་ཅད་ཀྱི་ཐམས་ཅད་དུ་དགེ་པའི་ཕྱོགས་ལ་སྦྱོར་བའི་མཐུ་མེད་ཅིང་མི་ནུས་པ་ཡིན་ནོ། །དེ་ཡང་གང་ཞེ་ན། ནད་ཀྱིས་བཏབ་པ་དང། སྡུག་བསྔལ་བ་དང། ནད་ཚབ་ཆེ་བ་དང། དེའི་ལུས་ལ་ཡང་དང་ཡང་དུ་རླུང་དང། མཁྲིས་པ་དང ་བད་ཀན་འཁྲུག་ཅིང་གསུང་པ་དང། དེ་ལ་སྦྲུལ་ལམ། སྡིག་པ་འམ། སྲིན་གྱི་མེད་ཀྱིས་ཟིན་པ་དང། དེ་མི་འམ་མི་མ་ཡིན་པས་གཙེས་པ་དང། དེས་ཆོས་གོས་དང། བསོད་སྙོམས་དང། མལ་ཆ་དང། སྟན་དང། ནད་ཀྱི་གསོས་སྨན་དང། ་ཡོ་བྱད་ལ་རྙེད་པ་དང། དེ་ལྟ་བུ་དང་མཐུན་པ་གང་ཡིན་པ་དེ་ནི་སྦྱོར་བའི་བར་ཆད་ཡིན་པར་རིག་པར་བྱའོ། །རབ་ཏུ་དབེན་པའི་བར་ཆད་གང་ཞེ་ན། ཟས་ལ་གདུ་བ་དང། དོན་མང་བ་དང། བྱ་བ་མང་བ་དང། བྱེད་པ་མང་བ་དང། ལས་ལ་དགའ་བའི་དགའ་བ་སྟེ། ་འཕྲལ་གྱི་བྱ་བ་མང་བ་དེ་དང་དེ་དག་ལ་ཡིད་གཞུངས་པར་གྱུར་པ་དང། སྨྲ་བ་ལ་དགའ་སྟེ། རབ་ཏུ་དབེན་པ་དང། སྤོང་བ་དང། ནང་དུ་ཡང་དག་འཇོག་ལ་སྒོམ་པའི་མཐུ་ཡོད་ཅིང་ནུས་ཀྱང་ལུང་ནོད་པ་དང། ཁ་ཏོན་ཙམ་གྱིས་ཚོག་པར་འཛིན་པ་དང། གཉིད་ལ་དགའ་སྟེ། ་རྨུགས་པ་དང། གཉིད་ཀྱིས་ཀུན་ནས་དཀྲིས་ཤིང་ལེ་ལོའི་རང་བཞིན་ཅན་དུ་གྱུར་ལ་གཉིད་ཀྱི་བདེ་བ་དང། གློས་འབེབས་པའི་བདེ་བ་དང། ཉལ་བའི་བདེ་བ་བདག་གིར་བྱེད་པ་དང། བྲེ་མོའི་གཏམ་ལ་དགའ་སྟེ། ཁྱིམ་པ་དང་རབ་ཏུ་བྱུང་བ་དག་དང་ལྷན་ཅིག་ཏུ་རྒྱལ་པོའི ་གཏམ་མམ་རྐུན་པོའི་གཏམ་མམ། ཟས་ཀྱི་གཏམ་མམ། སྐོམ་གྱི་གཏམ་མམ། གོས་ཀྱི་གཏམ་མམ། སྨད་འཚོང་གི་གཏམ་མམ། ལམ་སྲང་གི་གཏམ་མམ། ལྗོངས་ཀྱི་མི་དང་ཆབ་འོག་གི་རྒྱལ་ཕྲན་གྱི་གཏམ་རྒྱུད་ཀྱི་གཏམ་མམ། འཇིག་རྟེན་གྱི་གཏམ་རྒྱུད་ཀྱི་གཏམ་དང། རྒྱ ་མཚོའི་གཏམ་རྒྱུད་ཀྱི་གཏམ་ཟེར་བ་འམ། དེ་ལྟ་བུ་དང་མཐུན་པའི་གཏམ་དོན་མེད་པར་དུས་ཡོལ་བར་བྱེད་ཅིང། དེ་ལ་དགའ་བ་དང། ཡང་དང་ཡང་དུ་ཚོགས་འདུ་བ་མང་སྟེ། རྩོད་པ་དེ་དང་དེ་དག་ལ་ཡིད་རྣམ་པར་གཡེངས་ཤིང། ཡིད་གཡེན་སྤྱོ་བར་གྱུར་པ་དང། ་འདུ་འཛི་ལ་དགའ་སྟེ། ཁྱིམ་ན་གནས་པ་དང་རབ་ཏུ་བྱུང་བ་མ་ཕྲད་པ་རྣམས་མཐོང་བར་འདོད་ཅིང། ཕྲད་པ་རྣམས་དང་འབྲལ་བར་མི་འདོད་པ་དང། སྤྲོས་པ་ལ་དགའ་སྟེ། སྤྲོས་པ་ལ་དགའ་ཞིང། བགྲོད་པར་བྱ་བ་ལ་དང་པོར་འགྲོ་བ་དང། རབ་ཏུ་དབེན་པ་ལ་བརྩོན་པ་བཏང ་པ་དང། དེ་ལྟ་བུ་དང་མཐུན་པའི་ཆོས་གང་དག་ཡིན་པ་དེ་དག་ནི་རབ་ཏུ་དབེན་པའི་བར་ཆད་ཡིན་པར་རིག་པར་བྱ་སྟེ། དེ་དག་དང་ཕྲད་ཅིང་མངོན་སུམ་དུ་གྱུར་ན། དགོན་པ་དག་གམ། ཤིང་དྲུང་དག་གམ། ཁང་སྟོང་གི་གནས་མལ་དགོན་པ་འམ། ནགས་འདབ་བམ། བས་མཛའ་ ་དག་ཏུ་གནས་པར་སླ་བ་མ་ཡིན་ནོ། །ནང་དུ་ཡང་དག་འཇོག་གི་བར་ཆད་གང་ཞེ་ན། འདི་ལྟ་སྟེ། ནང་དུ་ཡང་དག་འཇོག་ཅེས་བྱ་བ་ནི་ཞི་གནས་དང་ལྷག་མཐོང་ངོ། །དེ་ལ་ཞི་གནས་ཀྱི་བར་ཆད་ཀྱང་ཡོད་དོ། །ལྷག་མཐོང་གི་བར་ཆད་ཀྱང་ཡོད་དོ། །དེ་ལ་ཞི་གནས་ཀྱི་བར ་ཆད་གང་ཞེ་ན། བག་མེད་པ་དང། ཡུལ་ངན་པར་གནས་པའོ། །དེ་ལ་བག་མེད་པ་ནི་འདི་ལྟ་སྟེ། བག་མེད་པར་གྱུར་པ་དེ་རྨུགས་པ་དང་གཉིད་ཀྱི་སེམས་ཀུན་ནས་འཁྲི་བར་བྱེད་པ་དང། ཞི་གནས་ཙམ་གྱི་རོ་མྱང་བར་བྱེད་པ་དང། ཞུམ་པ་ཉིད་ཀྱི་སེམས་གཏོང་བར ་བྱེད་པ་དང། སེམས་མུན་པ་ཉིད་དུ་གྱུར་པའོ། །ཡུལ་ངན་པར་གནས་པ་ནི་ཡུལ་ཇི་ལྟ་བུར་གནས་ན་མི་འམ་མི་མ་ཡིན་པ་གཞན་གྱིས་གནོད་པར་བྱེད་ཅིང། དེས་དེའི་སེམས་ཕྱི་རོལ་ཏུ་རྣམ་པར་གཡེང་བར་འགྱུར་བ་སྟེ། དེ་ནི་ཞི་གནས་ཀྱི་བར་ཆད་དེ་ནང་དུ་ཡང་དག ་འཇོག་གི་བར་ཆད་ཡིན་པར་རིག་པར་བྱའོ། །ལྷག་མཐོང་གི་བར་ཆད་གང་ཞེ་ན། འདི་ལྟ་སྟེ། བདག་ཉིད་རབ་ཏུ་འཛིན་པ་དང། མི་བརྟན་པའོ། །དེ་ལ་བདག་ཉིད་རབ་ཏུ་འཛིན་པ་ནི་འདི་ལྟ་སྟེ། བདག་ནི་རིགས་མཐོན་པོ་ལས་རབ་ཏུ་བྱུང་བ་སྟེ། ཞུམ་པ་མ་ཡིན ་གྱི། དགེ་སློང་གཞན་དག་ནི་དེ་ལྟ་མ་ཡིན་ནོ་ཞེས་བདག་ལ་བསྟོད་པར་བྱེད། རབ་ཏུ་འཛིན་པར་བྱེད་ཅིང་གཞན་ལ་སྨོད་པར་བྱེད་པ་དང། དེ་བཞིན་དུ་བདག་ནི་ཕྱུག་པ་ལས་རབ་ཏུ་བྱུང་བ་སྟེ། ཞན་པ་མ་ཡིན་ནོ་སྙམ་བ་དང། དེ་བཞིན་དུ་བདག་ནི་གཟུགས་བཟང་བ་དང ་བལྟ་ན་སྡུག་པ་དང། མཛེས་པ་ཡིན་ནོ་སྙམ་པ་དང། དེ་བཞིན་དུ་བདག་ནི་མང་དུ་ཐོས་པ་དང། ཐོས་པ་འཛིན་པ་དང། ཐོས་པ་བསགས་པ་ཡིན་ནོ་སྙམ་པ་དང། དེ་བཞིན་དུ་བདག་ནི་ཚིག་དགེ་ཞིང། ཚིག་གི་བྱ་བ་དང་ལྡན་པ་ཡིན་གྱི། དགེ་སློང་གཞན་དག་ནི་དེ ་ལྟ་མ་ཡིན་ནོ་ཞེས་བདག་ལ་བསྟོད་པར་བྱེད་པ་དང་རབ་ཏུ་འཛིན་པར་བྱེད་ཅིང། གཞན་ལ་སྨོད་པར་བྱེད་ལ་དེ་བདག་ཉིད་རབ་ཏུ་འཛིན་པར་བྱེད་པ་ན། དགེ་སློང་གནས་བརྟན་རྒྱལ་ཚབ་ལྟ་བུ། ཚངས་པར་སྤྱོད་པ་སྤྱད་པ་གང་དག་འཁོད་པ་དེ་དག་ལ་དུས ་དུས་སུ་ཡོངས་སུ་འདྲི་བར་མི་བྱེད་ཡོངས་སུ་ཞུམ་པར་མི་བྱེད་པས་དེ་དག་ཀྱང་དེ་ལ་དུས་དུས་སུ་རྣམ་པར་མ་ཕྱེ་བའི་གནས་རྣམས་ནི་རྣམ་པར་འབྱེད་པར་མི་བྱེད་ལ། རྣམ་པར་ཕྱེ་བའི་གནས་རྣམས་ཀྱང་གསལ་བར་མི་བྱེད་ཅིང། འདི་ལྟ་སྟེ། ཡེ་ཤེས་དང་མཐོང་བ་རྣམ་པར་དག་པར ་བྱ་བའི་ཕྱིར། ཟབ་མོ་དེའི་དོན་དང་ཚིག་ཤེས་རབ་ཀྱིས་ལེགས་པར་རབ་ཏུ་རྟོག་པར་བྱས་ནས་ཡང་དག་པར་སྟོན་པ་ཡང་མི་བྱེད་དེ། དེ་ལྟར་ན་འདི་ལྟ་སྟེ། ལྷག་མཐོང་གི་བར་ཆད་བདག་ཉིད་རབ་ཏུ་འཛིན་པ་དང་ལྡན་པ་ཡིན་ནོ། །གཞན་ཡང་དེ་ཡེ་ཤེས་དང། མཐོང་བ་དང་བདེ ་བ་ལ་རེག་པར་གནས་པ་ཅུང་ཟད་ཙམ་དང་ངན་དོན་ཙམ་ཞིག་ཐོབ་པར་གྱུར་ཅིང། དེ་ཡེ་ཤེས་ཙམ་དང། མཐོང་བ་ཙམ་དང་བདེ་བ་ལ་རེག་པ་ཙམ་དེས། བདག་ལ་བསྟོད་པར་བྱེད་ཅིང་རབ་ཏུ་འཛིན་པར་བྱེད་ལ། དེ་བདག་ཉིད་རབ་ཏུ་འཛིན་པར་བྱེད་པ་ན་དེ་ཙམ་གྱིས ་ཆོག་པར་འཛིན་ཅིང། གོང་དུ་རྩོལ་བར་མི་བྱེད་དེ། དེ་ལྟར་ན་བདག་ཉིད་རབ་ཏུ་འཛིན་པས་འདི་ལྟ་སྟེ། དེའི་ལྷག་མཐོང་གི་བར་ཆད་བྱས་པ་ཡིན་ནོ། །མི་བརྟན་པ་གང་ཞེ་ན། དེ་དབང་པོ་མ་ཞི་ཞིང། དབང་པོ་རྒོད་པ་དང། དབང་པོ་འདམ ་བུ་ལྟར་མཐོ་བར་གྱུར་པས། ཉེས་པར་བསམ་པ་སེམས་པ་དང། ཉེས་པར་སྨྲ་བ་བརྗོད་པ་དང། ཉེས་པར་བྱ་བའི་ལས་བྱེད་ཅིང། ཆོས་བརྟན་པར་སེམས་པར་མི་བྱེད། དམ་པོར་སེམས་པར་མི་བྱེད་པས། དེས་ན་ལྷག་མཐོང་ཡོང་སསུ་རྫོགས་པར ་མི་འགྱུར་ཞིང། རྣམ་པར་དག་པར་མི་འགྱུར་ཏེ། དེ་ལྟར་ན་མི་བསྟན་པ་ནི་འདི་ལྟ་སྟེ། དེའི་ལྷག་མཐོང་གི་བར་ཆད་ཡིན་ནོ། །ཞི་གནས་ཀྱི་བར་ཆད་ཀྱི་ཆོས་ནི་གཉིས་ཏེ། འདི་ལྟ་སྟེ། བག་མེད་པ་དང། ཡུལ་ངན་པར་གནས་པའོ། །ལྷག་མཐོང་གི་བར་ཆད་ཀྱི ་ཆོས་ཀྱང་གཉིས་ཏེ། འདི་ལྟ་སྟེ། བདག་ཉིད་རབ་ཏུ་འཛིན་པ་དང། མི་བརྟན་པའོ་ཞི་གནས་ཀྱི་བར་ཆད་གང་ཡིན་པ་དང། ལྷག་མཐོང་གི་བར་ཆད་གང་ཡིན་པ་དེ་ནི་ནང་དུ་ཡང་དག་འཇོག་གི་བར་ཆད་ཅེས་བྱའོ། །དེ་ནི་བར་ཆད་ཀྱི་དོན་མདོར་བསྡུ་བ་ཡིན་ཏེ། རྣམ་པར་དབྱེ ་བ་རྒྱས་པ་སྔ་མ་གང་ཡིན་པ་དང། དོན་མདོར་བསྡུ་བ་འདི་གང་ཡིན་པ་དེ་དག་གཅིག་ཏུ་བསྡུས་པ་ནི་བར་ཆད་ཅེས་བྱའོ། །བར་ཆད་དེ་ལས་བཟློག་པ་བར་ཆད་དེ་དག་མེད་པ་དང་བྲལ་བ་དང་མི་ལྡན་པ་དང། མི་འགྲོགས་པ་གང་ཡིན་པ་དེ་ནི་བར་ཆད་མེད་པ་ཡིན་པར ་རིག་པར་བྱ་སྟེ། དེ་ནི་བར་ཆད་མེད་པ་ཞེས་བྱའོ། །གཏོང་པ་སྤེལ་བ་གང་ཞེ་ན། སེམས་ཀྱི་རྒྱན་དང། སེམས་ཀྱི་ཡོ་བྱད་དང། རྣལ་འབྱོར་གྱི་ཚོགས་དང། དོན་གྱི་མཆོག་ཐོབ་པར་བྱ་བའི་ཕྱིར། ཁ་ན་མ་ཐོ་བ་མེད་པའི་སྦྱིན་པ་བྱིན་པར་བྱེད་པ་གང་ཡིན་པའོ། ། ་དེ་ལ་སུས་སྦྱིན་པར་བྱེད། སུ་ལ་སྦྱིན་པར་བྱེད། ཅི་ཞིག་སྦྱིན་པར་བྱེད། ཅིས་སྦྱིན་པར་བྱེད། ཇི་ལྟར་སྦྱིན་པར་བྱེད། དེའི་ཕྱིར་མིན་པར་བྱེད་ཅིང། གང་གིས་དེའི་སྦྱིན་པ་ཁ་ན་མ་ཐོ་བ་མེད་པར་འགྱུར་བ་ཡིན་ཞེ་ན། སྨྲས་པས། སྦྱིན་པ་པོ་དང། སྦྱིན་བདག་གིས ་བྱིན་པར་བྱེད་དེ། དེ་ལ་སྦྱིན་པ་པོ་ནི་གང། སྦྱིན་བདག་ནི་གང་ཞེ་ན། རང་ཁོ་ནའི་ལག་ནས་སྦྱིན་པར་བྱེད་པ་གང་ཡིན་པ་དེ་ནི་སྦྱིན་པ་པོ་ཞེས་བྱའོ། །གང་གི་རང་གི་སྦྱིན་པར་བྱེད་ཅིང་དེ་ཡང་སྦྱིན་པར་འདོད་པ་ཡིན་གྱི། སྦྱིན་པར་མི་འདོད་པ་མ་ཡིན་པ་གང་ཡིན་པ་དེ ་ནི་སྦྱིན་བདག་ཅེས་བྱའོ། །དེ་ལ་སུ་ལ་སྦྱིན་པར་བྱེད་ཅེ་ན། སྨྲས་པ། བཞི་ལ་སྟེ། སྡུག་བསྔལ་བ་དང། ཕན་འདོགས་པ་དང། སྡུག་པ་དང། ཁྱད་པར་ཅན་ལ་སྦྱིན་པར་བྱེད་དོ། །དེ་ལ་སྡུག་བསྔལ་བ་རྣམས་གང་ཞེ་ན། ཡོ་བྱད་མེད་པ་རྣམས་དང། བཀྲེན་པ་རྣམས ་དང། སྡུག་ཕོངས་པ་རྣམས་དང། ལམ་དུ་ཞུགས་པ་རྣམས་དང། སློངས་མོ་རྣམས་དང། ལོང་བ་རྣམས་དང། འོན་པ་རྣམས་དང། མགོན་མེད་པ་རྣམས་དང། རྟེན་མེད་པ་རྣམས་དང། གཞན་ཡང་གང་དག་དེ་ལྟ་བུ་དང་མཐུན་པ་དེ་ནི་སྡུག་བསྔལ་བ་རྣམས་ཞེས ་བྱའོ། །ཕན་འདོགས་པ་རྣམས་གང་ཞེ་ན། འདི་ལྟ་སྟེ། ཕ་དང་མ་དང། སྣོན?་པར་བྱེད་བ་དང། གསོ་བར་བྱེད་པ་དང། སྐྱེད་པར་བྱེད་པ་དང། འབྲོག་དགོན་པ་དང། མུ་གེ་དང། ཕ་རོལ་གྱི་དམག་ཚོགས་དང། བཅིངས་པ་དང། ནད་ཀྱི་འཇིགས་པ ་ལས་སྒྲོལ་བར་བྱེད་པ་རྣམས་དང། དེ་ལ་ཕན་པ་སྟོན་པ་རྣམས་དང། བདེ་བ་སྟོན་པ་རྣམས་དང། ཕན་པ་དང་བདེ་བ་ཉེ་བར་སྒྲུབ་པ་རྣམས་དང། རྩོད་པ་བྱུང་ངོ་ཅོག་ལ་གྲོགས་བྱེད་པ་རྣམས་དང། ལྷན་ཅིག་དགའ་བ་རྣམས་དང། ལྷན་ཅིག་མྱ་ངན་བྱེད་པ་རྣམས་དང། དེ ་ཉམས་ཐག་པར་གྱུར་པའི་ཚེ་ཡོངས་སུ་མི་གཏོང་བ་རྣམས་སམ། གཞན་ཡང་གང་དག་དེ་ལྟ་བུ་དང་མཐུན་པ་བདག་ནི་ཕན་འདོགས་པ་རྣམས་ཞེས་བྱའོ། །སྡུག་པ་རྣམས་གང་ཞེ་ན། སྨོས་འདྲིན་གང་དག་དེ་ལ་བྱམས་པ་འམ། བྱམས་ཤིང་གུས་པ་འམ། གཅུགས་པ ་སྨྲ་བ་རྣམས་དང། གཏམ་འདྲེས་པ་རྣམས་དང། ཕེབས་པར་སྨྲ་བ་རྣམས་དང། གྲོགས་བཤེས་རྣམས་སམ། གཞན་ཡང་གང་དག་དེ་ལྟ་བུ་དང་མཐུན་པ་དེ་དག་ནི་སྡུག་བ་རྣམས་ཞེས་བྱའོ། །ཁྱད་པར་ཅན་རྣམས་གང་ཞེ་ན། དགེ་སློང་དང་བྲམ་ཟེ་རང་བཞིན་དགེ་བར ་གྲགས་པ་གནོད་སེམས་མེད་པ་དང། གནོད་སེམས་མེད་པ་ལ་དགའ་བ་རྣམས་དང། འདོད་ཆགས་དང་བྲལ་བ་རྣམས་དང། འདོད་ཆགས་འདུལ་བའི་ཕྱིར་ཞུགས་པ་རྣམས་དང། ཞེ་སྡང་དང་བྲལ་བ་རྣམས་དང། ཞེ་སྡང་འདུལ་བའི་ཕྱིར་ཞུགས་པ་རྣམས་དང། ་གཏི་མུག་དང་བྲལ་བ་རྣམས་དང། གཏི་མུག་འདུལ་བའི་ཕྱིར་ཞུགས་པ་རྣམས་དང། གཞན་ཡང་གང་དག་དེ་ལྟ་བུ་དང་མཐུན་པ་དེ་དག་ནི་ཁྱད་པར་ཅན་རྣམས་ཞེས་བྱའོ། །དེ་ལ་ཅི་ཞིག་སྦྱིན་པར་བྱེད་ཅེ་ན། སྨྲས་པ། མདོར་བསྡུ་ན། སེམས་ཅན་དུ་བགྲང་བ་དང ་སེམས་ཅན་དུ་བགྲང་བ་མ་ཡིན་པའི་དངོས་པོ་སྦྱིན་པར་བྱེད་དོ། དེ་ལ་སེམས་ཅན་དུ་བགྲང་བའི་དངོས་པོ་གང་ཞེ་ན། འདི་ལྟ་སྟེ། བུ་དང། ཆུང་མ་དང། བྲན་དང། བྲན་མོ་དང། ལས་མི་དང། ཞོ་ཤས་འཚོ་བ་དང། གླང་པོ་ཆེ་དང། རྟ་དང། བ་ལང་དང། ལུག ་དང། བྱ་གག་དང། སྐྱེས་པ་དང། བུད་མེད་དང། ཁྱེའུ་དང། བུ་མོ་འམ། གཞན་ཡང་གང་དག་དེ་ལྟ་བུ་དང་འཐུན་པའི་དངོས་པོ་རྣམས་དང། ནང་ལས་བརྟེན་ཏེ། ལག་པ་དང། རྐང་པ་དང། མགོ་དང། ཤ་དང། ཁྲག་དང། ཞག་ལ་སོགས་པ་གང་ལ་བྱང་ཆུབ ་སེམས་དཔའ་རྣམས་ཡང་དག་པར་སྣང་བ་སྦྱིན་པར་བྱེད་པ་དེ་ཡང། སེམས་ཅན་དུ་བགྲང་བའི་སྦྱིན་པ་ཡིན་ཏེ། དོན་གྱི་སྐབས་འདིར་སྦྱིན་པ་དེ་དག་ལས་དགོངས་པ་མ་ཡིན་ནོ། །སེམས་ཅན་དེ་དག་ལ། དེ་དབང་ཕྱུག་དང། དབང་དང། སྐྱོང་བར་བྱེད་པ་ཡིན་ན། ་སེམས་ཅན་དེ་དག་གཞན་དག་ལ་སྦྱིན་པར་ཡང་རིགས་ལ། བྱིན་ན་ཡང་བདག་ཉིད་ཁ་ན་མ་ཐོ་བར་མི་བྱེད་ཅིང། རྒྱུ་དེ་དང་རྐྱེན་དེས་གཞན་དག་གི་ཡིད་རབ་ཏུ་འཁྲུག་པར་ཡང་མི་འགྱུར་ལ། སེམས་ཅན་གང་དག་གཞན་དག་ལ་བྱིན་པ་དེ་དག་ལ་ཡང་གནོད་པར་མི་འགྱུར ་བ་དེ་ནི་སེམས་ཅན་དུ་བགྲང་བའི་དངོས་པོའི་སྦྱིན་པ་ཁ་ན་མ་ཐོ་བ་མེད་པ་ཞེས་བྱའོ། །སེམས་ཅན་དུ་བགྲང་པ་མ་ཡིན་པའི་དངོས་པོ་གང་ཞེ་ན། འདི་ལྟ་སྟེ། ནོར་གྱི་དངོས་པོ་དང། འབྲུའི་དངོས་པོ་དང། ཡུལ་གྱི་དངོས་པོའོ། །དེ་ལ་ནོར་གྱི་དངོས་པོ་གང་ཞེ་ན། ་འདི་ལྟ་སྟེ། ནོར་བུ་དང། མུ་ཏིག་དང། བཻ་ཌཱུརྱ་དང། རིན་པོ་ཆེ་ཤངཀ་ཤི་ལ་དང། བྱུ་རུ་དང། རྡོའི་སྙིང་པོ་དང། སྤུག་དང། གསེར་དང། དངུལ་དང། རིན་པོ་ཆེ་དམར་པོ་དང། གཡས་སུ་འཁྱིལ་ཏམ། གཞན་ཡང་གང་དག་དེ་ལྟ་བུ་དང་མཐུན་པའི་རིན་པོ་ཆེ་འམ། ་དབྱིག་གམ། སྟང་ཟིལ་ལམ། གོས་སམ། སྣོད་སྤྱད་དམ། སྤོས་ཀྱི་རྣམ་པ་འམ། མེ་ཏོག་ཕྲེང་གི་རྣམ་པ་གང་ཡིན་པ་དེ་ནི་ནོར་གྱི་དངོས་པོ་ཞེས་བྱའོ། །འབྲུའི་དངོས་པོ་གང་ཞེ་ན། གང་ཅུང་ཟད་བཟའ་བ་དང། བཏུང་བར་བྱ་བ་འདི་ལྟ་སྟེ། ནས་དང་གྲོ་དང། འབུས ་སཱ་ལུ་དང། མོན་སྲན་དང། རྒྱ་སྲན་དང། ཏིལ་དང། མོན་སྲན་གྲེའུ་དང། བུ་རམ་ཤིང་གི་རོ་དང། དར་བ་དང། རྒུན་ཆད་གོ་རོ་འམ། གཞན་གང་དག་དེ་ལྟར་དང་མཐུན་པར་དག་ནི་འབྲུའི་དངོས་པོ་ཞེས་བྱའོ། །ཡུལ་གྱི་དངོས་པོ་གང་ཞེ་ན། འདི་ལྟ་སྟེ། ཞིང་གི ་གཞི་དང། ཁང་ཁྱིམ་གྱི་གཞི་དང། ཚོང་ཁང་གི་གཞི་དང། བསོད་ནམས་ཀྱི་གནས་དང། གཙུག་ལག་ཁང་གི་གཞི་འམ། གཞན་ཡང་གང་དག་དེ་ལྟ་བུ་དང་མཐུན་པ་དེ་དག་ནི་ཡུལ་གྱི་དངོས་པོ་ཞེས་བྱ་སྟེ། དེ་ལྟར་ན་སེམས་ཅན་དུ་བགྲང ་བའི་དངོས་པོ་གང་ཡིན་པ་དང། སེམས་ཅན་དུ་བགྲང་བ་མ་ཡིན་པའི་དངོས་པོ་གང་ཡིན་པ་དེ་སྦྱིན་པར་བྱེད་དོ། །དེ་ལ་ཅིས་སྦྱིན་པར་བྱེད་ཅེ་ན། སྨྲས་པ། སེམས་མངོན་པར་འདུ་བྱེ་བ་ཡིད་ཀྱི་ལས་ཆགས་པ་མེད་པ་དང་ལྡན་པའི་སེམས་གང་ཡིན་པ་དང། སྦྱིན་པར་བྱ་བའི ་དངོས་པོ་ཡོངས་སུ་བཏང་བར་བྱ་བའི་ཕྱིར། རང་གི་རྒྱུད་དང། གཞན་གྱི་རྒྱུད་ལ་དེས་ཀུན་ནས་བསླང་བའི་ལུས་ཀྱི་ལས་དང། ངག་གི་ལས་གང་ཡིན་པ་དེ་ནི་སྦྱིན་པར་བྱེད་དོ། །དེ་ལ་ཇི་ལྟར་ན་སྦྱིན་པར་བྱེད་ཅེ་ན། སྨྲས་པ། མ་འོངས་པ་ལ་ལྟ་བ་དང། འབྲས་བུ་མཐོང ་བའི་དད་པས་སྦྱིན་པར་བྱེད་པ་དང། འདོད་པའི་སེམས་ཀྱིས་གུས་པར་སྦྱིན་པར་བྱེད་པ་དང། བརྙས་པ་མེད་པར་རང་གི་ལག་ནས་སྦྱིན་པར་བྱེད་པ་དང། ཅི་ནས་ཀྱང་དེ་གཞན་དག་ལ་མཁོ་བར་འགྱུར་བའི་དུས་སུ་སྦྱིན་པར་བྱེད་པ་དང། ཆོས་དང་མཐུན་པ་དང། གཟུ ་ལུམ་མ་ཡིན་པས་ལེགས་པར་བསྒྲུབས་ཏེ། གཞན་ལ་མི་གནོད་པར་སྦྱིན་པར་བྱེད་པ་དང།། གཙང་བ་སྦྱིན་པར་བྱེད་པ་དང། བཟང་པོ་སྦྱིན་པར་བྱེད་པ་དང། གདམས་ཏེ་སྦྱིན་པར་བྱེད་པ་དང། གང་གིས་བདག་དང་གཞན་ལ་ཁ་ན་མ་ཐོ་བ་དང་བཅས་པར་མི་འགྱུར་བའི་རུང ་བ་སྦྱིན་པར་བྱེད་པ་དང། ཡང་དང་ཡང་དུ་སྦྱིན་པར་བྱེད་པ་དང། སེར་སྣའི་དྲི་མ་དང། གསོག་འཇོག་གི་དྲི་མ་བསལ་ཏེ་སྦྱིན་པ་བྱིན་པར་བྱེད་ཅིང། སྦྱིན་པའི་སྔ་རོལ་ཏུ་ཡིད་དགའ་ལ། སྦྱིན་པའི་ཚེ་ཡང་རབ་ཏུ་དད་བར་བྱེད་ཅིང། བྱིན་ནས་ཀྱང་འགྱོད་པ་མེད་པར ་འགྱུར་བ་དེ་ལྟར་སྦྱིན་པར་བྱེད་དོ། །དེ་ལ་ཅིའི་ཕྱིར་སྦྱིན་པར་བྱེད་ཅེ་ན། སྨྲས་པ། འདི་ལྟ་སྟེ། སྡུག་བསྔལ་བ་རྣམས་ལ་སྙིང་རྗེ་བའི་ཕྱིར་སྦྱིན་པར་བྱེད་པ་དང། འདི་ལྟ་སྟེ། ཕན་འདོགས་པ་རྣམས་ལ་བྱས་པ་གཟོ་བའི་ཕྱིར་སྦྱིན་པར་བྱེད་པ་དང། འདི་ལྟ་སྟེ། སྡུག་པ ་རྣམས་ལ་བྱམས་པ་དང། གུས་པ་དང། བཅུགས་པའི་ཕྱིར་སྦྱིན་པར་བྱེད་པ་དང། འདི་ལྟ་སྟེ། ཁྱད་པར་ཅན་རྣམས་ལ་འཇིག་རྟེན་དང། །འཇིག་རྟེན་ལས་འདས་པའི་ཁྱད་པར་འདོད་པའི་ཕྱིར་སྦྱིན་པར་བྱེད་དེ། དེའི་ཕྱིར་སྦྱིན་པར་བྱེད་པ་ཞེས་བྱའོ། །དེ་སེམས་ཀྱི་རྒྱུན ་དང། སེམས་ཀྱི་ཡོ་བྱད་དང། རྣལ་འབྱོར་གྱི་ཚོགས་དང། དོན་གྱི་མཆོག་ཐོབ་པར་བྱ་བའི་ཕྱིར། རྣམ་པ་དེ་དག་གིས་ཁྱིམ་པའམ། རབ་ཏུ་བྱུང་བ་དག་ལ་སྦྱིན་པར་བྱེད་པ་ན། སྦྱིན་པ་དེ་ནི་ཁ་ན་མ་ཐོ་བ་མེད་པ་ཡིན་ཏེ། དེ་ནི་གཏོང་བ་སྤེལ་བ་ཞེས་བྱའོ། ། ་དགེ་སྦྱོང་གི་རྒྱན་གང་ཞེ་ན། འདི་ལྟར་འདི་ན་ལ་ལ་དད་པ་དང་ལྡན་པ་དང། གཡོ་མེད་པ་དང། ནད་ཉུང་བ་དང། བརྩོན་འགྲུས་བརྩམས་པའི་རང་བཞིན་ཅན་དང། ཤེས་རབ་རྣོ་བ་དང། འདོད་པ་ཉུང་བ་དང། ཆོག་ཤེས་པ་དང། གསོ་སླ་བ་དང། དགང་སླ་བ་དང། ་སྦྱངས་པའི་ཡོན་ཏན་དང་ལྡན་པ་དང། མཛེས་པ་དང། དྲོད་རིག་པ་དང། སྐྱེས་བུ་དམ་པའི་ཆོས་དང་ལྡན་པ་དང། མཁས་པའི་རྟགས་དང་ལྡན་པ་དང། བཟོད་པ་ཆེ་བ་དང། ངེས་པ་དང། གྱ་ནོམ་པ་ཡིན་ནོ། །དེ་ལ་ཇི་ལྟར་ན་དད་པ་དང་ལྡན་པ་ཡིན་ཞེ་ན། དད་བ ་བ་མང་བ་དང། ངེས་པར་རྟོག་པ་མང་བ་དང། མོས་པ་མང་བ་དང། དགེ་བའི་ཆོས་རྣམས་ལ་འདུན་པ་ཡིན་ཞིང། དེ་སྟོན་པ་ལ་དང་བར་བྱེད་ཅིང། ཡིད་གཉིས་མི་བྱེད། ཐེ་ཚོམ་མི་ཟ་ལ། སྟོན་པ་ལ་བཀུར་བསྟི་བྱེད། བླ་མར་བྱེད། རིམ་གྲོར་བྱེད། མཆོད ་པར་བྱེད་ཅིང། བསྙེན་བཀུར་བྱས། བླ་མར་བྱས། རི་མོར་བྱས། མཆོད་པར་བྱས་ནས་ཉེ་བར་རྟེན་ཏེ་གནས་པ་དང། སྟོན་པ་ལ་ཇི་ལྟ་བ་བཞིན་དུ། ཆོས་དང་ཚངས་པ་མཚུངས་པར་སྤྱོད་པ་རྣམས་དང། བསླབ་པ་དང་གདམས་ཤིང་རྗེས་སུ་བསྟན་པ་དང། ་བགོ་བཤའ་དང། བག་ཡོད་པ་དང། ཏིང་ངེ་འཛིན་ལ་ཡང་དེ་བཞིན་ཏེ། དེ་ལྟར་ན་དད་པ་དང་ལྡན་པ་ཡིན་ནོ། །ཇི་ལྟར་ན་གཡོ་མེད་པ་ཡིན་ཞེ་ན། དྲང་པོ་དང། དྲང་པོ་རང་བཞིན་ཅན་ཡིན་ཞིང། སྟོན་པ་དང་ཚངས་པ་མཚུངས་པར་སྤྱོད་པ་མཁས་པ་རྣམས་ལ། བདག ་ཉིད་ཇི་ལྟ་ལྟ་བ་བཞིན་དུ་སྨྲ་བར་བྱེད་པ་ཡིན་ཏེ། དེ་ལྟར་ན་གཡོ་མེད་པ་ཡིན་ནོ། །ཇི་ལྟར་ན་ནད་ཉུང་བ་ཡིན་ཞེ་ན། ནད་མེད་པའི་རང་བཞིན་ཅན་ཡིན་ཞིང། ཕོ་བའི་དྲོད་སྙོམས་ཤིང་འཇུ་པར་བྱེད་པ་དང། ཧ་ཅང་མི་ཚ་བ་དང། ཧ་ཅང་མི ་གྲང་བ་དང། གནོད་པ་མེད་པ་དང། དུས་ཚིགས་བདེ་བ་དང་ལྡན་པ། དེས་ན་དེའི་ཟོས་པ་དང། འཐུངས་པ་དང། འཆོས་པ་དང། མྱངས་པ་རྣམས་ལེགས་པར་བདེ་བར་འཇུ་བར་འགྱུར་བ་ཡིན་ཏེ། དེ་ལྟར་ན་ནད་ཉུང་བ་ཡིན་ནོ། །ཇི་ལྟར་ན་བརྩོན་འགྲུས ་བརྩམས་པའི་རང་བཞིན་ཅན་ཡིན་ཞེ་ན། དགེ་བའི་ཆོས་རྣམས་ལ་མཐུ་དང་ལྡན་པ་དང། བརྩོན་འགྲུས་དང་ལྡན་པ་དང། སྤྲོ་བ་དང་ལྡན་པ་དང། ཕ་རོལ་གནོན་པ་བརྟན་པ་དང། བརྩོན་པ་མ་གཏང་བར་གནས་ཤིང། ཚངས་པ་མཚུངས་པར་སྤྱོད་པ་མཁས ་བ་རྣམས་ལ་ལུས་ཀྱི་ཞལ་ཏེ་བྱེད་པ་ལ་མཁས་པ་དང། ལེ་ལོ་མེད་པ་དང། སྒྲུབ་ཕོང་པ་ཡིན་ཏེ། དེ་ལྟར་ན་བརྩོན་འགྲུས་བརྩམས་པའི་རང་བཞིན་ཅན་ཡིན་ནོ། །ཇི་ལྟར་ན་ཤེས་རབ་རྣོ་བ་ཡིན་ཞེ་ན། ལྡོབ་སྐྱེན་པ་དང། དྲན་པ་དང། བློ་དང་ལྡན་ཞིང། ་དབང་པོ་རྟུལ་བ་མ་ཡིན་ལ། དགེ་བ་དང། ལྐུགས་པ་མ་ཡིན་ཞིང། ལག་པས་བརྡ་བྱེད་པ་མ་ཡིན་ལ། ལེགས་པར་གསུངས་པ་དང། ཉེས་པར་བཤད་པའི་ཆོས་རྣམས་ཀྱི་དོན་ཀུན་ཤེས་པར་ནུས་པ་དང། ལན་ཅིག་སྐྱེས་པའི་བློ་དང་ཡང་ལྡན་ལ། ་སྦྱོང་བ་ལས་བྱུང་བའི་བློ་དང་ལྡན་པ་ཡང་ཡིན་ཏེ། དེ་ལྟར་ན་ཤེས་རབ་རྣོ་བ་ཡིན་ནོ། །ཇི་ལྟར་ན་འདོད་པ་ཆུང་བ་ཡིན་ཞེ་ན། འདོད་པ་ཆུང་བ་ཉིད་ལ་སོགས་པའི་ཡོན་ཏན་ཇི་སྙེད་པ་དག་དང་ལྡན་ཡང། བདག་འདོད་པ་ཆུང་བ་འམ། ཡོན་ཏན་ཇི་ལྟ་བུ་དག་དང ་ལྡན་པར་གཞན་གྱིས་ཤེས་པར་བྱའོ་ཞེས་གཞན་ལས་ཤེས་པ་ཀུན་ཏུ་མི་ཚོལ་བ་ཡིན་ཏེ། དེ་ལྟར་ན་འདོད་པ་ཆུང་བ་ཡིན་ནོ། །ཇི་ལྟར་ཆོག་ཤེས་པ་ཡིན་ཞེ་ན། ཆོས་གོས་དང། བསོད་སྙོམས་དང། མལ་ཆ་དང། སྟན་ངན་དོན་ཙམ་གྱིས་དགའ་ཞིང་ཆོག ་ཤེས་པ་དང། དེ་ཆོས་གོས་དེ་ངན་པའམ། བཟང་པོ་མ་རྙེད་ན་ཡང་འདོད་པ་མི་བྱེད་ཅིང། གདུང་བར་མི་བྱེད་ལ། རྙེད་ན་ཡང་རྒྱས་པར་སྡམ་བཞིན་དུ་ཆགས་པ་མེད་པ་དང། མ་ཞེན་པས་ཡོངས་སུ་ལོངས་སྤྱོད་པར་བྱེད་པ་དང། ཆོས་གོས་ལ་ཇི་ལྟ་བ་བཞིན་དུ་བསོད ་སྙོམས་དང། མལ་ཆ་དང། སྟན་ལ་ཡང་དེ་བཞིན་ཏེ། དེ་ལྟར་ན་ཆོག་ཤེས་པ་ཡིན་ནོ། །ཇི་ལྟར་གསོ་སཱ་བ་ཡིན་ཞེ་ན། དེ་བདག་གཅིག་པུ་གསོ་བར་བྱེད་ཀྱི། ཕ་རོལ་པོ་གང་དག་གི་དོན་དུ་དེས་རིམ་གོ་བྱ་དགོས་པ་འདི་ལྟ་སྟེ། ཁྱེའུ་འམ། མི་འམ། གཞན་ཡང་རུང་བ ་དག་གསོ་བར་མི་བྱེད་པ་དང། དེ་ལ་སྦྱིན་པ་པོ་དང། སྦྱིན་བདག་གཞན་དག་གསོ་དཀའ་ཨོ་སྙམ་དུ་མི་སེམས་པ་ཡིན་ཏེ། དེ་ལྟར་ན་གསོ་སླ་བ་ཡིན་ནོ། །ཇི་ལྟར་ན་དགང་སླ་བ་ཡིན་ཞེ་ན། ཆུང་ངུས་ཀྱང་འཚོ་བར་འགྱུར་ལ། ངན་པས་ཀྱང་འཚོ་བར་འགྱུར་བ་ཡིན་ཏེ། ་དེ་ལྟར་ན་དགང་སླ་བ་ཡིན་ནོ། །ཇི་ལྟར་ན་སྦྱང་པའི་ཡོན་ཏན་དང་ལྡན་པ་ཡིན་ཞེ་ན། རྙད་པས་ཆོག་པའི་བསོད་སྙོམས་པ་དང། མཐར་གྱིས་སློང་བའི་བསོད་སྙོམས་པ་དང། སྟན་གཅིག་པ་དང། ཟས་ཕྱིས་མི་ལེན་པ་དང། ཆོས་གོས་གསུམ་པ་དང། ཕྱིད ་བ་པ་དང། ཕྱག་དར་ཁྲོད་པ་དང། དགོན་པ་བ་དང། ཤིང་དྲུང་བ་དང། བླ་གང་མེད་པ་དང། དུར་ཁྲོད་པ་དང། ཅོག?་པུ་པ་དང། གཞི་ཇི་བཞིན་པ་ཡིན་ཏེ། དེ་དག་ཀྱང་བསོད་སྙོམས་དང། ཆོས་གོས་དང། གནས་མལ་ལས་བརྩམས་ནས། སྦྱངས་པའི ་ཡོན་ཏན་བཅུ་གཉིས་སམ་བཅུ་གསུམ་དུ་འགྱུར་རོ། །དེ་ལ་བསོད་སྙོམས་པ་ཉིད་ལས་དབྱེ་བ་རྣམ་པ་གཉིས་ཏེ། རྙེད་པས་ཆོག་ཤེས་པའི་བསོད་སྙོམས་དང། མཐང་གིས་སློང་བའི་བསོད་སྙོམས་པའོ། །དེ་ལ་རྙེད་པས་ཆོག་ཤེས་པའི་བསོད་སྙོམས་པ་གང ་ཞེ་ན། འདི་ལྟ་སྟེ། འདྲིས་པའི་ཁྱིམ་དག་ནས་ཅི་ཐོབ་པ་དང། ཅི་རྙེད་པ་ཙམ་བཟའ་བར་བྱེད་པའོ། །མཐར་གྱིས་སློང་བའི་བསོད་སྙོམས་པ་གང་ཞེ་ན། ཁྱིམ་རྣམས་སུ་ཁང་ཁྱིམ་ནས་ཁང་ཁྱིམ་དུ་བསླངས་ཤིང་བརྒྱངས་ཏེ། བསོད་སྙོམས་ཅི་ཐོབ་པ་དང། ཅི་རྙེད་པ ་ཟ་བར་བྱེད་ཀྱི། བདག་གིས་འདི་ནས་བཟའ་བ་དང། བཅའ་བ་བཟང་པོ་ཅི་ཙམ་འདོད་པ་ཐོབ་པར་འགྱུར་རོ་སྙམ་ནས། མགོ་འཕང་བསྟོད་དེ། ཁྱིམ་རྣམས་སུ་མི་འགྲོ་བ་གང་ཡིན་པའོ། །དེ་ལ་བསོད་སྙོམས་པ་ཉིད་བྱེ་བྲག་ཏུ་མ་ཕྱེ་བ་ལས ་བརྩམས་ན་ནི། སྦྱངས་པའི་ཡོན་ཏན་བཅུ་གཉིས་སུ་འགྱུར་རོ། །བྱེ་བྲག་ཏུ་ཕྱེ་བ་ལས་བརྩམས་ན་ནི་བཅུ་གསུམ་མོ། །དེ་ལ་སྟན་གཅིག་པ་གང་ཞེ་ན། སྟན་ཅིག་ལ་འདུག་ནས་ཅི་ཙམ་བཟའ་བར་བྱ་བ་དེ་ཙམ་བཟའ་བར་བྱེད་ཀྱི། སྟན་དེ་ལས་ལངས་ནས་བཟའ་བར ་མི་བྱེད་པ་སྟེ། དེ་ནི་སྟན་གཅིག་པ་ཞེས་བྱའོ། །ཟས་ཕྱིས་མི་ལེན་པ་གང་ཞེ་ན། ཟས་ཀྱི་ཕྱིར་འདུག་ནས། ཇི་སྲིད་དུ་ཇི་ཙམ་གྱི་བདག་འཚོ་བར་ཤེས་པའི་ཟས་ཐམས་ཅད་མ་མནོས་པ་དེ་སྲིད་དུ་ཟ་བར་མི་བྱེད་ཅིང། གང་ལས་བདག་གི་ཟས་ཀྱི་བྱ་བ་དེ་ལས་ལྷག་པ་མེད་དེ ་སྙམ་དུ་ཤེས་པར་གྱུར་བ་དེའི་འོག་ཏུ་ཐམས་ཅད་བླངས་ནས། ཟ་བར་བརྩོམ་པ་སྟེ། དེ་ལྟར་ན་ཟས་ཕྱིས་མི་ལེན་པ་ཡིན་ནོ། །ཇི་ལྟར་ན་ཆོས་གོས་གསུམ་པ་ཡིན་ཞེ་ན། ཆོས་གོས་གསུམ་པོ་སྣམ་སྦྱར་དང། བླ་གོས་དང། མཐང་གོས་ཀྱིས་འཚོ་བར་བྱེད་ཅིང། ཆོས ་གོས་གསུམ་ལས་ལྷག་པའི་ཆོས་གོས་གཞན་མི་འཆང་པ་ཡིན་ཏེ། དེ་ལྟར་ན་ཆོས་གོས་གསུམ་པ་ཡིན་ནོ། །ཇི་ལྟར་ན་ཕྱིང་བ་པ་ཡིན་ཞེ་ན། ཆོས་གོས་གསུམ་པ་འམ། གོས་ལྷག་གང་ཅུང་ཟད་ཅིག་འཆང་པ་དེ་དག་ཐམས་ཅད་བལ་ལས་བྱས་པ་ཤ་སྟག་འཆང ་གི། གཞན་ནི་མ་ཡིན་བ་སྟེ། དེ་ལྟར་ན་ཕྱིང་པ་པ་ཡིན་ནོ། །ཇི་ལྟར་ན་ཕྱག་དར་ཁྲོད་པ་ཡིན་ཞེ་ན། གཞན་དག་གིས་ལམ་པོ་ཆེ་འམ། ལམ་སྲང་ངམ། བཞི་མདོ་འམ། སུམ་མདོ་འམ། ལམ་ཀ་འམ། ལམ་གོལ་བར་བོང་བ་དང། སྤངས་པ་དང་བཏང ་བའི་གོས་བཤད་བས་རེག་པ་འམ། གཅི་བས་རེག་པ་འམ། བཤང་གཅི་དང། རྣག་དང་ཁྲག་དང། མཆིལ་མས་རེག་པ་གང་ཡིན་པ་དེ་ལས་མི་གཙང་བ་གང་ཡིན་པ་དེ་བོར་ལ། ཐ་གི་བ་བླངས་ཏེ། བཀྲུས་ལ་དྲུབས་ཏེ། ཁ་དོག་བསྒྱུར་ཅིང་འཆང་བ་ཡིན་ཏེ། དེ་ལྟར་ན? ་ཕྱག་དར་ཁྲོད་པ་ཡིན་ནོ། །ཇི་ལྟར་ན་དགོན་པ་བ་ཡིན་ཞེ་ན། གྲོང་དང་གྲོང་རྔལ་ལས་དབེན་པའི་གནས་མལ་དགོམ་པ་དང། ནགས་འདབ་དང། བས་མཛའ་གང་དག་ཡིན་པ་དག་ཏུ་གནས་པར་བྱེད་པ་ཡིན་ཏེ། དེ་ལྟར་ན་དགོན་པ་པ་ཡིན་ནོ། །ཇི་ལྟར་ན་ཤིང་དྲུང་བ་ཡིན ་ཞེ་ན། ཤིང་དྲུང་གནས་འཆང་ཞིང། ཤིང་དྲུང་ལ་བརྟེན་པ་ཡིན་ཏེ། དེ་ལྟར་ན་ཤིང་དྲུང་པ་ཡིན་ནོ། །ཇི་ལྟར་ན་བླ་གབ་མེད་པ་ཡིན་ཞེ་ན། མ་བཀབ་པ་དང། མ་གཡོགས་པའི་ཕྱོགས་བླ་གབ་མེད་པར་གནས་འཆའ་བར་བྱེད་པ་ཡིན་ཏེ། དེ་ལྟར་ན་བླ་གབ་མེད་པ ་ཡིན་ནོ། །ཇི་ལྟར་ན་དུར་ཁྲོད་པ་ཡིན་ཞེ་ན། གང་དུ་སྐྱེ་བོའི་ཚོགས་ཤིའོ་ཅོག?་འདོར་བའི་དུར་ཁྲོད་དུ་གནས་འཆའ་བར་བྱེད་པ་ཡིན་ཏེ། དེ་ལྟར་ན་དུར་ཁྲོད་པ་ཡིན་ནོ། །ཇི་ལྟར་ན་ཅོག་བུ་པ་ཡིན་ཞེ་ན། ཁྲོ་འམ་ཁྲིའུ་འམ། རྩཝ་གཏིང་བའི་སྟེང་དུ་ཅོག་པུར་འདུག་སྟེ། ་དུས་ཡོལ་བར་བྱེད་ཅིང། ཁྲི་འམ། ཁྲིའུ་འམ། རྩིག་པ་འམ། ཤིང་ངམ། རྩཝ་བཏིང་བ་ལ་རྒྱབ་བམ་གློས་མི་རྟེན་པ་ཡིན་ཏེ། དེ་ལྟར་ན་ཅོག་པུ་བ་ཡིན་ནོ། །ཇི་ལྟར་ན་གཞི་ཇི་བཞིན་ཡིན་ཞེ་ན། གང་དུ་རྩཝ་བཏིང་བ་འམ། ལོ་མ་བཏིང་བའི་སྟེང་དུ་མལ་འཆའ་བར ་བྱེད་ཅིང། རྩཝ་བཏིང་བ་འམ། ལོ་མ་བཏིང་བ་དེ་ཡང་ལན་ཅིག་ཇི་ལྟར་བཏིང་བ་དེ་ཁོ་ནའི་སྟེང་དུ་མལ་འཆའ་བར་བྱེད་ཀྱི། ཡང་དང་ཡང་དུ་མི་བརྗེ་མི་འཆོས་པ་ཡིན་ཏེ། དེ་ལྟར་ན་གཞི་ཇི་བཞིན་པ་ཡིན་ནོ། །ཅིའི་ཕྱིར་དེ་དག་ལ་ཡང་སྦྱངས་པའི་ཡོན་ཏན་ཞེས ་བྱ་ཞེ་ན། འདི་ལྟ་སྟེ་དཔེར་ན། བལ་ལམ་ཤིང་བལ་ནི་གང་གི་ཆེམ་བསལ། མ་བཤིག་།མ་རྨེལ་བའི་ཚེ་ན། འཛིངས་ཤིང་མི་འཇལ་མི་ཡང་ལ། འདི་ལྟ་སྟེ། སྐུད་པར་བཀལ་བ་འམ། འདའ་བར་བྱ་བའི་ལས་སུ་མི་རུང་ངོ། །དེ་བཞིན་དུ་འདི་ན་ལ་ལ་བསོད་སྙོམས་ལ་ཆགས་པས ་བསོད་སྙོམས་ལ་སེམས་ཞེན་ཅིང་ཀུན་ཏུ་ཞེན་པ་དང། ཆོས་གོས་ལ་ཆགས་པས་ཆོས་གོས་ལ་སེམས་ཞེན་ཅིང་ཀུན་ཏུ་ཞེ་ན་པ་དང། གནས་མལ་ལ་ཆགས་ཤིང་གནས་མལ་ལ་ཞེ་ན་ཅིང་ཀུན་ཏུ་ཞེན་པ་དེ་སྦྱངས་པའི་ཡོན་ཏན་དེ་དག་གི་འདི་ལྟ་སྟེ ་ཚངས་པར་སྤྱོད་པ་ལ་གནས་པར་བྱ་བའི་ཕྱིར། སེམས་རྣམ་པར་སྤྱོད་པར་བྱེད་དྲང་པོར་བྱེད་མཉེན་པར་བྱེད། ལས་སུ་རུང་བར་བྱེད། གནམ་པར་བྱེད། གདུབ་པར་བྱེད། རུང་བར་བྱེད་པས་ན། དེའི་ཕྱིར་སྦྱངས་པའི་ཡོན་ཏན་ཞེས་བྱའོ། ། ་དེ་ལ་བསོད་སྙོམས་ལ་ཆགས་པ་ནི། བར་ཆད་རྣམ་པ་གཉིས་ཡིན་ཏེ། ཟས་བཟང་པོ་ལ་ཆགས་པ་དང། ཟས་མང་པོ་ལ་ཆགས་པའོ། །དེའི་ཕྱིར་ཟས་བཟང་པོ་ལ་ཆགས་པ་སྤང་བའི་ཕྱིར། བསོད་སྙོམས་པ་ཡིན་ནོ། །ཟས་མང་པོ་ལ་ཆགས་པ་སྤང ་བའི་ཕྱིར། སྟན་གཅིག་པ་དང། ཟས་ཕྱིས་མི་ལེན་པ་ཡིན་ནོ། །དེ་ལ་ཆོས་གོས་ལ་ཆགས་པ་ནི་བར་ཆད་རྣམ་པ་གསུམ་ཡིན་ཏེ། ཆོས་གོས་མང་པོ་ལ་ཆགས་པ་དང་འཇམ་ཞིང་རེག་ན་བདེ་བ་ལ་ཆགས་པ་དང། བཟང་པོ་ལ་ཆགས་པའོ། །དེ་ལ ་ཆོས་གོས་མང་པོ་ལ་ཆགས་པ་སྤོང་བའི་ཕྱིར། ཆོས་གོས་གསུམ་པ་པ་ཡིན་ནོ། །ཆོས་གོས་འཇམ་ཞིང་རེག་ན་བདེ་བ་ལ་ཆགས་པ་སྤང་པའི་ཕྱིར། ཕྱིད་པ་པ་ཡིན་ནོ། །ཆོས་གོས་བཟང་པོ་ལ་ཆགས་པ་སྤང་བའི་ཕྱིར། ཕྱག་དར་ཁྲོད་པ་ཡིན་ནོ། ། ་གནས་མལ་ལ་ཆགས་པ་ནི་བར་ཆད་རྣམ་པ་བཞི་ཡིན་ཏེ། འདི་ལྟ་སྟེ། འདུ་འཛི་ལ་ཆགས་པ་དང། གནས་མལ་ལ་ཆགས་པ་དང། གློས་འབེབས་པའི་བདེ་བའི་བདེ་བ་དང་ཉལ་བའི་བདེ་བ་ལ་ཆགས་པ་དང། སྟན་དང་གདིང་བ་དང། དགབ་པ་ལ་ཆགས་པའོ།། ་དེ་ལ་འདུ་འཛི་ལ་ཆགས་པ་སྤང་བའི་ཕྱིར། དགོན་པ་པ་ཡིན་ནོ། །གནས་ལ་ཆགས་པ་སྤང་བའི་ཕྱིར། ཤིང་དྲུང་པ་དང། བླ་གབ་མེད་པ་དང། དུར་ཁྲོད་ཡིན་ནོ། །དུར་ཁྲོད་པ་ནི་འཁྲིག་པ་ལ་ཆགས་པ་སྤང་བའི་ཕྱིར་ཡང་ཡིན་ནོ། །གློས་འབེབས་པའི་བདེ ་བ་དང་ཉལ་བའི་བདེ་བ་སྤང་བའི་ཕྱིར། ཙོག་བུ་པ་ཡིན་ནོ། །སྟན་དང། གདིང་བ་དང་དགབ་པ་ལ་ཆགས་པ་སྤང་བའི་ཕྱིར། གཞི་ཇི་བཞིན་པ་ཡིན་ཏེ། དེ་ལྟར་ན་སྦྱངས་པའི་ཡོན་ཏན་དང་ལྡན་པ་ཡིན་ནོ། །ཇི་ལྟར་ན་མཛེས་པ་ཡིན་ཞེ་ན། མཛེ་པར་འགྲོ་བ ་དང། ལྡོག་པ་དང། ཆུང་ཟད་བལྟ་བ་དང། རྣམ་པར་བལྟ་བ་དང། བསྐུམ་པ་དང། བརྐྱང་བ་དང། སྣམ་སྦྱར་དང། ཆོས་གོས་དང། ལྷུང་བཟེད་བཅང་བ་དང་ལྡན་པ་ཡིན་ཏེ། དེ་ལྟར་ན་མཛེས་པ་ཡིན་ནོ། །ཇི་ལྟར་དྲོད་རིག་པ་ཡིན་ཞེ་ན། འདི་ན་བྲམ་ཟེ་དང། ་ཁྱིམ་བདག་དད་པ་རྣམས་ཀྱིས་འདི་ལྟ་སྟེ། ཆོས་གོས་དང། བསོད་སྙོམས་དང། མལ་ཆ་དང། སྟན་དང། ནད་ཀྱི་གསོས་སྨན་དང། ཡོ་བྱད་རྣམས་ཀྱིས་ལེགས་པར་འགྲོན་དུ་གཉེར་བ་ན། དེ་ལ་བསླང་བའི་ཚོད་ཤེས་པ་ཡིན་ཏེ། དེ་ལྟར་ན་དྲོད་རིག་པ་ཡིན་ནོ། ། ་ཇི་ལྟར་ན་སྐྱེས་བུ་དམ་པའི་ཆོས་དང་ལྡན་པ་ཡིན་ཞེ་ན། རིགས་མཐོན་པོ་ལས་རབ་ཏུ་བྱུང་བ་འམ། ཕྱུག་པའི་ཁྱིམ་ནས་རབ་ཏུ་བྱུང་བ་འམ། གཟུགས་བཟང་བ་འམ། བལྟ་ན་སྡུག་པ་འམ། མཛེས་པ་འམ། མང་དུ་ཐོས་པ་འམ། ཚིག་གི་བྱ་བ་དང་ལྡན་པ་ཡིན་ནམ། ་ཡེ་ཤེས་ཙམ་མམ། མཐོང་བ་ཙམ་མམ། བདེ་བ་ལ་རེག་པར་གནས་པར་འགྱུར་བ་ཙམ་ཞིག་ཐོབ་པར་གྱུར་ན་ཡང། དེས་བདག་ལ་བསྟོད་པར་མི་བྱེད་ཅིང། གཞན་ལ་སྨོད་པར་མི་བྱེད་ལ། ཆོས་དང་རྗེས་སུ་འཐུན་པའི་ཆོས་སྒྲུབ་པར་བྱ་བ་ཁོ་ན་བདེ་བར་རིག་ནས། ་ཆོས་དང་རྗེས་སུ་མཐུན་པའི་ཆོས་ལ་ཞུགས་པ་ཡིན་ཏེ། དེ་ལྟར་ན་སྐྱེས་བུ་དམ་པའི་ཆོས་དང་ལྡན་པ་ཡིན་ནོ། །ཇི་ལྟར་ན་མཁས་པའི་རྟགས་དང་ལྡན་པ་ཡིན་ཞེ་ན། ལས་ཀྱི་མཚན་ཉིད་ཀྱིས་བྱིས་པ་ཡིན་ལ། ལས་ཀྱི་མཚན་ཉིད་ཀྱིས་མཁས་པ་ཡིན་ཏེ། དེ་ཡང ་ཇི་ལྟ་ཞེ་ན། བྱིས་པ་ནི་ཉེས་པར་བསམས་པ་སེམས་པ་དང། ཉེས་པས་སྨྲ་བ་བརྗོད་པ་དང། ཉེས་པར་བྱ་བའི་ལས་བྱེད་པ་ཡིན་གྱི། མཁས་པ་ནི་ལེགས་པར་བསམས་པ་སེམས་པ་དང། ལེགས་པར་སྨྲ་བརྗོད་པ་དང། ལེགས་པར་བྱ་བའི་ལས་བྱེད་པ ་ཡིན་ཏེ། དེ་ལྟར་ན་མཁས་པའི་རྟགས་དང་ལྡན་པ་ཡིན་ནོ། །ཇི་ལྟར་ན་བཟོད་པ་ཆེ་བ་ཡིན་ཞེ་ན། གཤེ་ཡང་ཕྱིར་མི་གཤེ་བ་དང། ཁྲོས་ཀྱང་ཕྱིར་མི་ཁྲོ་བ་དང། བརྡེགས་ཀྱང་ཕྱིར་མི་བརྡེགས་པ་དང། མཚང་བྲུས་ཀྱང་ཕྱིར་མི་འབྲུ་ཞིང། ཚེ་དང་ལྡན་པ་དེ་གྲང ་བ་དང། ཚ་བ་དང། བཀྲེས་པ་དང། སྐོམ་པ་དང། ཤ་སྦྲང་དང། སྦྲང་བུ་མཆུ་རིངས་དང། རླུང་དང། ཉི་མ་དང། སྡིག་སྦྲུལ་གྱི་དགེ་པ་རྣམས་དང། གཞན་ལས་ངན་དུ་བརྗོད་པ་དང། ངན་པ་འོངས་པའི་ཚིག་གི་ལམ་དག་བཟོད་པ་དང། ལུས་ཀྱི ་ཚོར་བ་སྡུག་བསྔལ་མི་བཟོད་པ་རྩུབ་བ་ཚ་བ་ཡིད་དུ་མི་འོང་བ། སྲོག་ཕྲོག་པར་བྱེད་པ་དག་ཀྱང་བཟོད་ཅིང། དང་དུ་ལེན་པའི་རང་བཞིན་ཅན་ཡིན་ཏེ། དེ་ལྟར་ན་བཟོད་པ་ཆེ་བ་ཡིན་ནོ། །ཇི་ལྟར་ན་ངེས་པ་ཡིན་ཞེ་ན། འདི་ལྟ་སྟེ། སྟོན་པ་དང། ཚངས་པ་མཚུངས་པར་སྤྱོད་པ ་མཁས་པ་རྣམས་ལ་བྱམས་པའི་ལུས་ཀྱི་ལས་དང་ལྡན་པ་དང། བྱམས་པའི་དག་གི་ལས་དང་ལྡན་པ་དང། བྱམས་པའི་ཡིད་ཀྱི་ལས་དང་ལྡན་པ་དང། ཆོས་དང་ལྡན་ཞིང་ཆོས་ཀྱི་ཐོབ་པའི་རྙེད་པ་ལྷུང་བཟེད་དུ་བླུགས་ཤིང། ལྷུང་བཟེད་དུ་ཆུད་ཟིན་པ་རྣམས་ཀྱང། ་ཐུན་མོང་དུ་ཡོངས་སུ་ལོངས་སྤྱོད་པར་བྱེད་ཅིང། ཟས་མི་བསྲི་བ་དང་ཚུལ་ཁྲིམས་མཐུན་པར་ཞུགས་པ་དང། ལྟ་བ་མཐུན་པར་ཞུགས་པ་ཡིན་ཏེ། དེ་ཡང་ཡང་དག་པར་དགའ་བར་འགྱུར་བ། སྡུག་བར་བྱེད་པ། བླ་མར་བྱེད་པ། རྩོད་པ་མེད་པར་བྱེད་པའི་ཆོས ་དྲུག་པོ་དེ་དག་དང་ལྡན་པས། འགྲོགས་ན་བདེ་ཞིང་རྣམ་པར་མཐོ་འཚམས་མེད་བའི་རང་བཞིན་ཅན་ཡིན་ལ། ཚངས་པ་མཚུངས་པར་སྤྱོད་པ་མཁས་པ་རྣམས་ཀྱང་དེ་དང་ལྷན་ཅིག་གནས་པར་དགའ་བ་ཡིན་ཏེ། དེ་ལྟར་ན་ངེས་པ་ཡིན་ནོ། །ཇི་ལྟར་ན་གྱ་ནོམ་པ་ཡིན་ཞེ ་ན། ཁྲ་གཉེར་མེད་པ་དང། བཞིན་གྱི་མདོག་གསལ་བ་དང། འཛུམ་པ་སྔར་གཏོང་བ་དང། གསོད་པོར་སྨྲ་བ་དང། དགའ་བར་སྨྲ་བ་དང། སྡུད་པའི་ངང་ཚུལ་ཅན་དང། རྒྱུད་རབ་ཏུ་དད་པ་ཡིན་ཏེ། དེ་ལྟར་ན་གྱ་ནོམ་པ་ཡིན་ནོ། །དེ་ཆོས་དེ་དག་དང་ལྡན་པས་ཆོས་འདོད ་པ་དང། ཡོན་ཏན་འདོད་པ་དང། རྙེད་པ་དང། བཀུར་སྟི་དང། སྙན་པའི་སྒྲའི་ཚོགས་མི་འདོད་པ་ཡིན་ཞིང། སྒྲོ་འདོགས་པ་དང། སྐུར་པ་འདེབས་པའི་ལོག་པའི་ལྟ་བ་དང་མི་ལྡན་ལ། དེ་མེད་པའི་ཆོས་ལ་ཡང་སྒྲོ་འདོགས་པར་མི་བྱེད་ཅིང། ཡོད་པའི་ཆོས ་ལ་ཡང་སྐུར་བ་འདེབས་པར་མི་བྱེད་པ་དང། དེ་འཇིག་རྟེན་ལ་གྲགས་པ་དང་ལྡན་པའི་རང་བཟོ་དང། སྙན་དངགས་སུ་བྱས་པ་ཡིག་འབྲུ་སྣ་ཚོགས་དང། ཚིག་སྣ་ཚོགས་དང། ཡི་གེ་སྣ་ཚོགས་གང་ཡིན་པ་དེ་དོན་མེད་པ་ཡིན་པར་རིག་ནས། ཐག་རིང་དུ་སྤོང ་བར་བྱེད་ཅིང། ངེས་སྦྱོར་པར་མི་བྱེད། དེ་བདག་དགའ་བར་མི་བྱེད་པ་དང། ལྷུང་བཟེད་དང་ཆོས་གོས་ལྷག་པ་མི་འཆད་བ་དང། ཁྱིམ་ན་གནས་པ་དང། རབ་ཏུ་བྱུང་བ་རྣམས་དང་ལྷན་ཅིག་འགྲོགས་པའི་འདུ་འཛི་ཉོན་མོངས་པ་འཕེལ་བར་འགྱུར་བ ་ཡོངས་སུ་སྤོང་བར་བྱེད་པ་དང། འཕགས་པ་རྣམས་དང། ལྷན་ཅིག་འགྲོགས་པའི་ཚོགས་པ་ཡེ་ཤེས་རྣམ་པར་སྦྱོར་བར་བྱེད་པར་འགྱུར་བར་བྱེད་པ་དང། གང་གཞི་ལས་འཁྲུགས་ལོང་དང། གནོད་སེམས་སྐྱེ་ཞིང། དེ་དག་རྣམ་པར་གྱུར་ཅིང། གཞན ་དུ་གྱུར་པ་ལས། མྱ་ངན་དང་སྨྲེ་སྔགས་འདོན་པ་དང། སྡུག་བསྔལ་བ་དང། ཡིད་མི་བདེ་བ་དང། འཁྲུག་པ་སྐྱེ་བར་འགྱུར་བ་མཛའ་སྡེ་དག་མི་བྱེད་པ་དང། ཉོན་མོངས་པ་དང། ཉེ་བའི་ཉོན་མོངས་པ་སྐྱེས་སོ་ཅོག་ལ་ཡང་གཞི་འདིས་བདག་ལ་ཚེ་འདི ་དང་ཚེ་ཕྱི་མར་སྡུག་བསྔལ་སྐྱེ་བར་གྱུར་ན་མི་རུང་ངོ་ཞེས་དང་དུ་མི་ལེན་ཅིང་སྤོང་བར་བྱེད། སེལ་བར་བྱེད། བྱང་བར་བྱེད་པ་དང། དད་པས་བྱིན་པ་ཆུང་མི་གསོན་པ་དང། ཚུལ་ཁྲིམས་མ་ཉམས་པ་དང། བརྟུལ་ཞུགས་མ་ཞིག་པས་དད་པས་བྱིན་པ་ཡོངས ་སུ་ལོངས་སྤྱོད་པར་བྱེད་པ་དང། དད་པས་བྱིན་པ་སྤོང་བར་མི་བྱེད་པ་དང། བསླབ་པ་འབུལ་བར་མི་བྱེད་པ་དང། བདག་ཉིད་ཀྱི་ཉེས་པའི་སྐབས་དང། འཁྲུལ་པ་ཚོལ་ཞིང་དགེ་བ་མི་སྤྱོམས་ལ། སྡིག་པ་འཆགས་པར་བྱེད་པ་དང། གཞན་དག་གི་ཉེས་པའི་སྐབས ་དང། འཁྲུལ་པ་ལ་ལྕུག་པར་འཇོག་པ་དང། བསམས་བཞིན་དུ་སྲོག་གི་ཕྱིར་ཡང་ལྟུང་བ་མི་འབྱིན་ཅིང། བྱུང་ན་ཡང་མྱུར་བ་མྱུར་བ་ཁོ་ནར་ཆོས་བཞིན་དུ་ཕྱིར་བྱེད་བ་དང། འཕྲལ་ཕྱི་བྱ་བ་དག་ལ་མཁས་ཤིང་ལེ་ལོ་མེད་པ་དང། རང་ཉིད་ཀྱི་བྱེད་ཅིང་གཞན ་ལས་ལུས་ཀྱི་བསྙེན་བཀུར་ཡོངས་སུ་མི་ཚོལ་བ་དང། སངས་རྒྱས་རྣམས་དང། སངས་རྒྱས་ཀྱི་ཉན་ཐོས་རྣམས་ཀྱི་མཐུ་བསམ་གྱིས་མི་ཁྱབ་པ་དང། ཟབ་མོ་བསྟན་པ་དག་ལ་འདི་ནི་དེ་བཞིན་གཤེགས་པ་རྣམས་ཀྱིས་མཁྱེན་ཅིང་གཟིགས ་པ་ཡིན་གྱི། བདག་གིས་མི་མ་ཡིན་ནོ་སྙམ་དུ་རིག་ནས། དེ་ལ་མོས་པ་སྤྱད་ཅིང་སྤོང་བར་མི་བྱེད་པ་དང། རང་གི་ལྟ་བ་མཆོག་ཏུ་འཛིན་པ་ལ་གནས་པར་མི་བྱེད་ཅིང། ཅལ་ཆོལ་དུ་མི་འཛིན་པ་དང། སྤང་དཀའ་བར་མི་སྨྲ་བ་ཡིན་ཏེ། དེ་ཡོན་ཏན་དེ་དག ་དང་ལྡན་ཞིང་དེ་ལྟར་སྤྱོད། དེ་ལྟར་སློབ་པ་དང། དགེ་སྦྱོང་གི་རྒྱན་གྱིས་བརྒྱན་ཅིང་མཛེས་པ་ཡིན་ནོ། །འདི་ལྟ་སྟེ་དཔེར་ན། འདོད་པ་ལ་ལོངས་སྤྱོད་པའི་སྐྱེས་བུ་ལང་ཚོ་ལ་བབ་པ། ཆེ་བའི་རང་བཞིན་ཅན་ལ་ལ་ཞིག་ཁྲུས་བྱས་ཤིང་བྱུག་པས་བྱུགས་ཏེ། ་གོས་དཀར་པོ་བགོས་པ། རྒྱན་སྣ་ཚོགས་འདི་ལྟ་སྟེ། མགུལ་གདུབ་དག་དང། གདུ་བུ་རྒྱན་ཅན་དག་དང། དཔུང་རྒྱན་དག་དང། སོར་གདུབ་དག་དང། སོར་གདུབ་རྒྱ་དག་དང། གསེར་དང་དངུལ་གྱི་ཕྲེང་བ་དག་གིས་བརྒྱན་ན་མཛེས་པ་དེ་བཞིན་དུ། དེ ་ཡང་དགེ་སྦྱོང་གི་ཡོན་ཏན་གྱི་རྒྱན་སྣ་ཚོགས་དེ་དག་གིས་བརྒྱན་ན་མཛེས་ཤིང། ལྷམ་མེ། ལྷན་ནེ། ལྷང་ངེར་འགྱུར་བས་ན། དེའི་ཕྱིར་དགེ་སྦྱོང་གི་རྒྱན་ཅེས་བྱ་སྟེ། དེ་ནི་དགེ་སྦྱོང་གི་རྒྱན་ཞེས་བྱའོ། །བར་གྱི་སྡོམ་ནི། དད་ལྡན་གཡོ་མེད་ནད་ཉུང་དང། ། ་བརྩོན་འགྲུས་ཤེས་རབ་འདོད་ཆུང་དང། །ཆོག་ཤེས་གསོ་སླ་དགང་སླ་དང། །སྦྱངས་དང་མཛེས་དང་དྲོང་རིག་དང། །སྐྱེས་བུ་དམ་ཆོས་མཁས་རྟགས་དང། །བཟོད་དང་དེས་དང་གྱ་ནོམ་ཡིན། །སྡོམ་ནི། བདག་དང་གཞན་གྱིས་འབྱོར་པ་དང། །འདུན་དང་ཚུལ ་ཁྲིམས་དབང་པོ་དང། །དེ་བཞིན་ཟས་དང་མི་ཉལ་དང། །ཤེས་བཞིན་དུ་ནི་སྤྱོད་པ་དང། །དེ་བཞིན་དགེ་བའི་བཤེས་གཉེན་དང། །དམ་ཆོས་ཉན་དང་སེམས་པ་དང། །བར་ཆད་མེད་དང་གཏོང་བ་དང། །དགེ་སྦྱོང་རྒྱན་ནི་ཐ་མ་ཡིན། །བསྡུས་པའི་སྡོམ་ནི། ་འཇིག་རྟེན་པ་ཡི་ཆགས་བྲལ་དང། དེ་བཞིན་འཇིག་རྟེན་འདས་པ་དང། །དེ་དག་ཉིད་ཚོགས་ངེས་འབྱུང་བའི། །ས་ཡི་མིང་དུ་བྱས་པ་ཡིན། །རྣལ་འབྱོར་སྤྱོད་པའི་ས་ཉན་ཐོས་ཀྱི་སར་རྟོགས་པ་ལས། རྣལ་འབྱོར་གྱི་གནས་དང་ལོ་རྫོགས་སོ།། །། ་བམ་པོ་བདུན་པ། །འཇིག་རྟེན་པ་ཡི་ཆགས་བྲལ་དང། །དེ་བཞིན་འཇིག་རྟེན་འདས་པ་དང། །དེ་དག་ཉིད་ཚོགས་ངེས་འབྱུང་བའི། །ས་ཡི་མིང་དུ་བྱས་པ་ཡིན། །ཞེས་ངེས་པར་འབྱུང་བའི་ས་ཇི་སྐད་བསྟན་ཅིང། ཇི་སྐད་ཡོངས་སུ་བསྒྲགས་པ་དེ་ལ། གང་དག ་ངེས་པར་འབྱུང་བའི་གང་ཟག་རྣམས་ནི་དུ། གང་ཟག་རྣམས་ཀྱི་རྣམ་པར་གཞག་པ་ནི་ཇི་ལྟ་བུ་ཡིན། དམིགས་པ་ནི་གང། གདམས་ངག་ནི་གང། བསླབ་པ་ནི་གང། བསླབ་པ་དང་རྗེས་སུ་མཐུན་པའི་ཆོས་རྣམས་ནི་གང། རྣལ་འབྱོར་ཉམས་པ་ནི་གང། རྣལ་འབྱོར ་རྣམས་ནི་གང། ཡིད་ལ་བྱེད་པ་ནི་གང། རྣལ་འབྱོར་གྱི་རྣལ་འབྱོར་དུ་བྱ་བ་དག་ནི་གང། རྣལ་འབྱོར་སྤྱོད་པ་རྣམས་ནི་གང། རྣལ་འབྱོར་སྒོམ་པ་ནི་གང། བསྒོམ་པའི་འབྲས་བུ་ནི་གང། གང་ཟག་གི་རྣམ་གྲངས་དག་ནི་དུ། བདུད་དག་ནི་དུ། བདུད་ཀྱི་ལས ་དག་ནི་དུ། རྩོམ་པ་འབྲས་བུ་ཡོད་པ་ནི་ཇི་ལྟ་བུ་ཡིན་ཞེ་ན། སྨྲས་པ། དེ་ལ་གང་ཟག་ནི་ཉི་ཤུ་རྩ་བརྒྱད་ཡོད་དེ། ཉི་ཤུ་རྩ་བརྒྱད་གང་ཞེ་ན། འདི་ལྟ་སྟེ། དབང་པོ་རྟུལ་པོ་དང། དབང་པོ་རྣོན་པོ་དང། འདོད་ཆགས་ཤས་ཆེ་བ་དང། ཞེ་སྡང་ཤས་ཆེ་བ ་དང། གཏི་མུག་ཤས་ཆེ་བ་དང། ང་རྒྱལ་ཤས་ཆེ་བ་དང། རྣམ་པར་རྟོག་པ་ཤས་ཆེ་བ་དང། ཆ་མཉམ་པར་གྱུར་པ་དང། ཉོན་མོངས་པ་ཆུང་བའི་རང་བཞིན་ཅན་དང། ཞུགས་པ་དང། འབྲས་བུ་ལ་གནས་པ་དང། དད་པས་རྗེས་སུ་འབྲང་བ ་དང། ཆོས་ཀྱི་རྗེས་སུ་འབྲང་བ་དང། དད་པས་མོས་པ་དང། མཐོང་བས་ཐོབ་པ་དང། ལས་ཀྱི་མངོན་དུ་བྱེད་པ་དང། དེ་ལྟར་ཐོགས་ན་སྲིད་པ་ལན་བདུན་པ་དང་རིགས་ནས་རིགས་སུ་སྐྱེ་བ་དང། བར་ཆད་གཅིག་པ་དང། བར་མ་དོར་ཡོངས་སུ་མྱ་ངན་ལས ་འདའ་བ་དང། སྐྱེས་ནས་ཡོངས་སུ་མྱ་ངན་ལས་འདའ་བ་དང། མངོན་པར་འདུ་བྱེད་པ་མེད་པར་ཡོངས་སུ་མྱ་ངན་ལས་འདས་པ་དང། མངོན་པར་འདུ་བྱེད་པ་དང་བཅས་པས་ཡོངས་སུ་མྱ་ངན་ལས་འདས་པ་དང། གོང་དུ་འཕོ་བ་དང། དུས ་ཀྱི་རྣམ་པར་གྲོལ་བ་དང། མི་གཡོ་བའི་ཆོས་ཅན་དང། ཤེས་རབ་ཀྱི་རྣམ་པར་གྲོལ་བ་དང། གཉི་གའི་ཆ་ལས་རྣམ་པར་གྲོལ་བའོ། །དེ་ལ་གང་ཟག་དབང་པོ་རྟུལ་པོ་གང་ཞེ་ན། གང་ཟག་དབང་པོ་རྟུལ་ཞིང་སྔ་མ་བཞིན་དུ་ཤེས་བྱའི་དངོས་པོ་ལ་བུལ་བར ་འཇུག་པ་དང་ངལ་བུས་འཇུག་པ་ཡིན་ནོ། །དེ་ཡང་རྣམ་པ་གཉིས་སུ་རིག་པར་བྱ་སྟེ། དང་པོ་ཉིད་ནས་དབང་པོ་རྟུལ་པོའི་རིགས་ཡིན་པ་དང། དབང་པོ་ཡོངས་སུ་མ་བསྒོམ་པའོ། །གང་ཟག་དབང་པོ་རྣོན་པོ་གང་ཞེ་ན། གང་ཟག་གང་དབང་པོ་རྣམས་རྣོ ་ཞིང་སྔ་མ་བཞིན་དུ་ཤེས་བྱའི་དངོས་པོ་ལ་བུལ་བར་འཇུག་པ་མ་ཡིན་ཞིང། དལ་བུས་འཇུག་པ་མ་ཡིན་པའོ། །དེ་ཡང་རྣམ་པ་གཉིས་སུ་རིག་པར་བྱ་སྟེ། དང་པོ་ཉིད་ནས་དབང་པོ་རྣོན་པོའི་རིགས་གང་ཡིན་པ་དང། དབང་པོ་ཡོངས་སུ་བསྒོམས ་པའོ། །གང་ཟག་འདོད་ཆགས་ཤས་ཆེ་བ་གང་ཞེ་ན། གང་ཟག་གང་གིས་སྔོན་ཚེ་རབས་གཞན་དག་ཏུ་འདོད་ཆགས་ཀུན་ཏུ་བསྟེན་ཅིང། གོམས་པར་བྱས་ལན་མང་དུ་བྱས་པས། དེ་རྒྱུ་དེ་དང་རྐྱེན་དེས་དེ་ལྟར་ཆགས་པར་འགྱུར་བའི་དངོས་པོ་འདོད ་ཆགས་ཤས་ཆེན་པོ་དང། འདོད་ཆགས་ཡུན་རིང་པོར་སྐྱེ་བར་འགྱུར་བ་སྟེ། དེ་ནི་གང་ཟག་འདོད་ཆགས་ཤས་ཆེ་བ་ཞེས་བྱའོ། །གང་ཟག་ཞེ་སྡང་ཤས་ཆེ་བ་གང་ཞེ་ན། གང་ཟག་གང་གི་སྔོན་ཚེ་རབས་གཞན་དག་ཏུ། ཞེ་སྡང་ཀུན་ཏུ་བསྟེན་ཅིང་གོམས ་པར་བྱས། ལན་མང་དུ་བྱས་པས། དེ་རྒྱུ་དེ་དང་རྐྱེན་དེས། དེ་ལྟར་ཞེ་སྡང་བར་འགྱུར་བའི་དངོས་པོ་ལ་ཞེ་སྡང་ཤས་ཆེན་པོ་དང། ཞེ་སྡང་ཡུན་རིང་པོར་སྐྱེ་བར་འགྱུར་བ་སྟེ། དེ་ནི་གང་ཟག་ཞེ་སྡང་ཤས་ཆེ་བ་ཞེས་བྱའོ། །གང་ཟག་གཏི་མུག་ཤས་ཆེ་བ ་གང་ཞེ་ན། གང་ཟག་གང་གིས་སྔོན་ཚེ་རབས་གཞན་དག་ཏུ། གཏི་མུག་ཀུན་ཏུ་བསྟེན་ཅིང། གོམས་པར་བྱས། ལན་མང་དུ་བྱས་པས། དེ་རྒྱུ་དེ་དང་རྐྱེན་དེས། ད་ལྟར་རྨོངས་པར་འགྱུར་བའི་དངོས་པོ་ལ་གཏི་མུག་ཤས་ཆེན་པོ་དང། གཏི་མུག་ཡུན་རིང་པོར་སྐྱེ་བར་འགྱུར་བ ་སྟེ། དེ་ནི་གང་ཟག་གཏི་མུག་ཤས་ཆེ་བ་ཞེས་བྱའོ། །གང་ཟག་ང་རྒྱལ་ཤས་ཆེ་བ་གང་ཞེ་ན། གང་ཟག་གང་གིས་སྔོན་ཚེ་རབས་གཞན་དག་ཏུ། ང་རྒྱལ་ཀུན་ཏུ་བརྟེན་ཅིང། གོམས་པར་བྱས་ལན་མང་དུ་བྱས་པས། དེ་རྒྱུ་དེ་དང་རྐྱེན་དེས། དེ་ལྟར་ཁེངས་པར་འགྱུར ་བའི་དངོས་པོ་ལ། ང་རྒྱལ་ཆེན་པོ་དང། ང་རྒྱལ་ཡུན་རིང་པོ་སྐྱེ་བར་འགྱུར་བ་སྟེ། དེ་ནི་གང་ཟག་ང་རྒྱལ་ཤས་ཆེ་བ་ཞེས་བྱའོ། །གང་ཟག་རྣམ་པར་རྟོག་པ་ཤེས་ཆེ་བ་གང་ཞེ་ན། གང་ཟག་གང་གིས་ཚེ་རབས་གཞན་དག་ཏུ་རྣམ་པར་རྟོག་པ་ཀུན་ཏུ་བསྟེན་ཅིང། གོམས ་པར་བྱས་ལན་མང་དུ་བྱས་པས། དེ་རྒྱུ་དེ་དང་རྐྱེན་དེས། དེ་ལྟར་རྣམ་པར་རྟོག་པ་དང་མཐུན་པའི་དངོས་པོ་ལ་རྣམ་པར་རྟོག་པ་ཤས་ཆེན་པོ་དང། རྣམ་པར་རྟོག་པ་ཡུན་རིང་པོ་སྐྱེ་བར་འགྱུར་བ་སྟེ། དེ་ནི་གང་ཟག་རྣམ་པར་རྟོག་པ་ཤས་ཆེ་བ་ཞེས་བྱའོ། །གང་ཟག ་ཆ་མཉམ་པར་འགྱུར་བ་གང་ཞེ་ན། གང་ཟག་གིས་སྔོན་ཚེ་རབས་གཞན་དག་ཏུ། འདོད་ཆགས་དང། ཞེ་སྡང་དང། གཏི་མུག་དང། ང་རྒྱལ་དང། རྣམ་པར་རྟོག་པ་ཀུན་ཏུ་མ་བསྟེན་ཅིང། གོམས་པར་བྱས་པས། ལན་མང་དུ་མ་བྱས་ཀྱང་ཆོས་དེ་དག་ཉེས ་དམིགས་སུ་མ་མཐོང་ཞིང། སུན་མ་ཕྱིན་ཡང་དག་པར་མ་རྟགས་པས་དེ་རྒྱུ་དེ་དང་རྐྱེན་དེས་ད་ལྟར་ཆགས་པར་འགྱུར་བ་དང། ཞེ་སྡང་བར་འགྱུར་བ་དང། རྨོངས་བར་འགྱུར་བ་དང། ཁེངས་པར་འགྱུར་པ་དང། རྣམ་པར་རྟོག་པ་དང་མཐུན་པའི་དངོས ་པོ་ལ། འདོད་ཆགས་ཤས་ཆེན་པོ་ཡུན་རིང་པོ་སྐྱེ་བར་མི་འགྱུར་ཡང། འདི་ལྟ་སྟེ། དངོས་པོ་དེས་དེ་ལ་འདོད་ཆགས་ཀུན་ཏུ་མི་འབྱུང་བ་མ་ཡིན་པ་དང་འདོད་ཆགས་ཇི་ལྟ་བ་བཞིན་དུ། ཞེ་སྡང་དང། གཏི་མུག་དང། ང་རྒྱལ་དང། རྣམ་པར་རྟོག་པ ་ཡང་དེ་བཞིན་ཏེ། དེ་ནི་གང་ཟག་ཆ་མཉམ་པར་འགྱུར་བ་ཞེས་བྱའོ། །གང་ཟག་ཉོན་མོངས་པ་ཆུང་བའི་རང་བཞིན་ཅན་གང་ཞེ་ན། གང་ཟག་གང་གིས་སྔོན་ཚེ་རབས་གཞན་དག་ཏུ། འདོད་ཆགས་ཀུན་ཏུ་མ་བརྟེན་ཅིང་གོམས་པར་མ་བྱས ་ལན་མང་དུ་མ་བྱས་ལ། ཉེས་དམིགས་སུ་ཡང་ལན་མང་དུ་མཐོང་ཞིང་སུན་ཀྱང་ཕྱིན་ཡང་དག་པར་རྟོགས་པས། དེ་རྒྱུ་དེ་དང་རྐྱེན་དེས་ད་ལྟར་ཆགས་པར་འགྱུར་བའི་དངོས་པོ་ཆེན་པོ་དང། མང་པོ་དང་ལྷག་པ་དང་ཕྲད་ཅིང་མངོན་དུ་གྱུར་པ་ལ་ནི། འདོད་ཆགས་བུལ ་བར་སྐྱེ་ལ། འབྲིང་དང་ཆུང་ངུ་ལ་ནི་གཏན་མི་སྐྱེ་བ་དང། འདོད་ཆགས་ཇི་ལྟ་བ་བཞིན་དུ་ཞེ་སྡང་དང། གཏི་མུག་དང། ང་རྒྱལ་དང། རྣམ་པར་རྟོག་པ་ཡང་དེ་བཞིན་དུ་རིག་པར་བྱ་སྟེ། དེ་ནི་གང་ཟག་ཉོན་མོངས་པ་ཆུང་བའི་རང་བཞིན་ཅན་ཞེས་བྱའོ། །གང་ཟག ་ཞུགས་པ་གང་ཞེ་ན། སྨྲས་པ། གང་ཟག་ཞུགས་པ་ནི་རྣམ་པ་བཞི་སྟེ། བཞི་གང་ཞེ་ན། འདི་ལྟ་སྟེ། རྒྱུན་ཏུ་ཞུགས་པའི་འབྲས་བུའི་ཕྱིར་ཞུགས་པ་དང། ལན་ཅིག་ཕྱིར་འོང་བའི་འབྲས་བུའི་ཕྱིར་ཞུགས་པ་དང། ཕྱིར་མི་འོང་བའི་འབྲས་བུའི་ཕྱིར་ཞུགས་པ་དང། ་དགྲ་བཅོམ་པ་ཉིད་ཀྱི་ཕྱིར་ཞུགས་པ་སྟེ། དེ་ནི་གང་ཟག་ཞུགས་པ་ཞེས་བྱའོ། །གང་ཟག་འབྲས་བུ་ལ་གནས་པ་གང་ཞེ་ན། སྨྲས་པ། གང་ཟག་འབྲས་བུ་ལ་གནས་པ་ཡང་རྣམ་པ་བཞི་སྟེ། རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་གནས་པ་དང། ལན་ཅིག་ཕྱིར་འོང་བའི ་འབྲས་བུ་ལ་གནས་པ་དང། ཕྱིར་མི་འོང་བའི་འབྲས་བུ་ལ་གནས་པ་དང། དགྲ་བཅོམ་པ་ཉིད་ཀྱི་འབྲས་བུ་ལ་གནས་པ་སྟེ། དེ་ནི་གང་ཟག་འབྲས་བུ་ལ་གནས་པ་ཞེས་བྱའོ། །གང་ཟག་དད་པས་རྗེས་སུ་འབྲང་བ་གང་ཞེ་ན། སྨྲས་པ། གང་ཟག་གང་གཞན་ལས ་གདམས་ཤིང་རྗེས་སུ་བསྟན་པ་ཡོངས་སུ་ཚོལ་ཞིང། དེ་དེའི་སྟོབས་ཀྱིས་འདི་ལྟ་སྟེ། འབྲས་བུ་རྟོགས་པར་བྱ་བའི་ཕྱིར་སྒྲུབ་པར་བྱེད་ཅིང། གཟུང་བ་དང། ཀུན་ཆུབ་པར་བྱ་བ་དང། བསམས་པ་དང། གཞལ་བ་དང། ཉེ་བར་བརྟག་པའི་ཆོས་རྣམས་བདག་ཉིད་ཀྱིས་ཆོས ་དེ་དག་བསྒོམ་པའི་རྣམ་པས་རྗེས་སུ་འཇུག་པའི་མཐུ་མེད་ཅིང་མི་ནུས་ལ། གང་ཟག་གི་རྗེས་སུ་འབྲང་བའི་དད་པས་སྒྲུབ་པར་བྱེད་པ་ཁོ་ན་ཡིན་ཏེ། དེ་ནི་གང་ཟག་དད་པས་རྗེས་སུ་འབྲང་བ་ཞེས་བྱའོ། །གང་ཟག་ཆོས་ཀྱི་རྗེས་སུ་འབྲང་བ་གང་ཞེ་ན། སྨྲས་པ། གང་ཟག་གང་ཇི་ལྟར ་ཐོས་པ་དང། ཀུན་ཆུབ་པར་བྱས་པ་དང། བསམས་པ་དང། གཞལ་བ་དང། ཉེ་བར་བརྟགས་པའི་ཆོས་རྣམས་ལ་བདག་ཉིད་ཀྱིས་དེ་དག་བསྒོམ་པའི་རྣམ་པས་འདི་ལྟ་སྟེ། འབྲས་བུ་རྟོགས་པར་བྱ་བའི་ཕྱིར། རྗེས་སུ་འཇུག་པའི་མཐུ་ཡོད་ཅིང། ནུས་ལ ་གཞན་ལས་གདམས་ཤིང་རྗེས་སུ་བསྟན་པ་ཡོངས་སུ་མི་ཚོལ་བ་ཡིན་ཏེ། དེ་ནི་གང་ཟག་ཆོས་ཀྱི་རྗེས་སུ་འབྲང་བ་ཞེས་བྱའོ། །གང་ཟག་དད་པ་སྨོས་པ་གང་ཞེ་ན། གང་ཟག་དད་པས་རྗེས་སུ་འབྲང་པ་དེ་ཉིད་གང་གི་ཚེ། གཞན་གྱིས་གདམས་ཤིང་རྗེས་སུ་བསྟན་པ ་ལས་བསྟེན་ཏེ། དགེ་སྦྱོང་གི་འབྲས་བུ་རྟོགས་པར་བྱེད། རེག་པར་བྱེད། མངོན་སུམ་དུ་བྱེད་པ་དེའི་ཚེ་ན། དེ་ནི་གང་ཟག་དད་པས་མོས་པ་ཞེས་བྱའོ། །གང་ཟག་མཐོང་བས་ཐོབ་པ་གང་ཞེ་ན། སྨྲས་པ། གང་ཟག་ཆོས་ཀྱི་རྗེས་སུ་འབྲང་བ་དེ་ཉིད་གང་གི་ཚེ། ་གཞན་གྱིས་གདམས་ཤིང་རྗེས་སུ་བསྟན་པ་ལས་མ་བརྟེན་པར་དགེ་སྦྱོང་གི་འབྲས་བུ་རྟོགས་པར་བྱེད། རེག་པར་བྱེད། མངོན་སུམ་དུ་བྱེད་པ་དེའི་ཚེ་ན། དེ་ནི་གང་ཟག་མཐོང་བས་ཐོབ་པ་ཞེས་བྱའོ། །གང་ཟག་ལུས་ཀྱི་མངོན་སུམ་དུ་བྱེད་པ་གང་ཞེ་ན། སྨྲས་པ། གང ་ཟག་གང་རྣམ་པར་ཐར་པ་བརྒྱད་ལ་རྗེས་སུ་མཐུན་པ་དང། རྗེས་སུ་མཐུན་པ་མ་ཡིན་པར་སྙོམས་པར་འཇུག་ཅིང་ལྡང་བར་བྱེད་པ་དང། ལུས་ཀྱིས་མངོན་སུམ་དུ་བྱས་ནས། ལན་མང་དུ་གནས་པར་ཡང་བྱེད་ལ། ཐམས་ཅད་ཀྱི་ཐམས་ཅད་དུ་ཟག་པ་ཟད་པ་ནི་རྗེས ་སུ་མ་ཐོབ་པ་སྟེ། དེ་ནི་གང་ཟག་ལུས་ཀྱིས་མངོན་སུམ་དུ་བྱེད་པ་ཞེས་བྱའོ། །གང་ཟག་དེ་ལྟར་ཐོགས་ན་སྲིད་པ་ལན་བདུན་པ་གང་ཞེ་ན། སྨྲས་པ། གང་ཟག་ཀུན་ཏུ་སྦྱོར་བ་གསུམ་པོ་འཇིག་ཚོགས་ལ་ལྟ་བ་དང། ཚུལ་ཁྲིམས་དང། བརྟུལ་ཤུགས་མཆོག་ཏུ ་འཛིན་པ་དང། ཐེ་ཚོམ་རྣམས་སྤངས་ནས། ལོག་པར་མི་ལྟུང་བའི་ཆོས་ཅན་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་གཞོལ་ལ། དེ་ལྟར་ཐོགས་ན་སྲིད་པ་ལན་བདུན་པའི་རྒྱུན་ཏུ་ཞུགས་པར་གྱུར་ཅིང། ལྷ་དང་མིར་ལན་བདུན་བདུན་མཚམས་སྦྱར ་ཞིང་འཁོར་ནས་སྡུག་བསྔལ་མཐར་བྱེད་པ་སྟེ། དེ་ནི་གང་ཟག་རེ་ལྟར་ཐོགས་ན་སྲིད་པ་ལན་བདུན་པ་ཞེས་བྱའོ། །གང་ཟག་རིགས་ནས་རིགས་སུ་སྐྱེ་བ་གང་ཞེ་ན། སྨྲས་པ། རིགས་ནས་རིགས་སུ་སྐྱེ་བ་ནི་གཉིས་ཏེ། ལྷའི་རིགས་ནས་རིགས་སུ་སྐྱེ་བ་དང། མིའི་རིགས་ནས ་རིགས་སུ་སྐྱེ་བའོ། །དེ་ལ་ལྷའི་རིགས་ནས་རིགས་སུ་སྐྱེ་བ་ནི། ལྷ་རྣམས་ཀྱི་རིགས་ནས་རིགས་སུ་མཚམས་སྦྱར་ཞིང། འཁོར་ནས་སྡུག་བསྔལ་མཐར་བྱེད་པ་གང་ཡིན་པའོ། །དེ་ལ་མིའི་རིགས་ནས་རིགས་སུ་སྐྱེ་བ་ནི། མི་རྣམས་ཀྱི་རིགས་ནས་རིགས་སུ ་མཚམས་སྦྱར་ཅིང། འཁོར་ནས་སྡུག་བསྔལ་མཐར་བྱེད་པ་གང་ཡིན་པ་སྟེ། གཉི་ག་ཡང་གང་ཟག་རྒྱུན་ཏུ་ཞུགས་པ་ཡིན་པར་རིག་པར་བྱའོ། །དེ་ལ་གང་ཟག་བར་ཆད་གཅིག་པ་གང་ཞེ་ན། གང་ཟག་ལན་ཅིག་ཕྱིར་འོང་བ་ཕྱིར་མི་འོང་བའི་འབྲས་བུའི་ཕྱིར ་ཞུགས་པ། འདོད་པ་ན་སྤྱོད་པའི་ཉོན་མོངས་རྣམས་ལས། ཉོན་མོངས་པ་ཆེན་པོ་དང་འབྲིང་ནི་སྤངས་ལ། ལྷག་མ་ཆུང་ངུ་གཅིག་པུ་ལས་པས་འདོད་པ་ན་སྤྱོད་པའི་ལྷའི་གནས་སུ་ལན་ཅིག་སྐྱེས་ནས་དེ་ཉིད་དུ་ཡོངས་སུ་མྱ་ངན་ལས་འདའ་ཞིང། འཇིག་རྟེན ་འདིར་ལན་ཅིག་ཕྱིར་འོང་བ་གང་ཡིན་པ་སྟེ། དེ་ནི་གང་ཟག་བར་ཆད་གཅིག་པ་ཞེས་བྱའོ། །གང་ཟག་བར་མ་དོར་ཡོངས་སུ་མྱ་ངན་ལས་འདའ་བ་གང་ཞེ་ན། སྨྲས་བ། གང་ཟག་བར་མདོར་ཡོངས་སུ་མྱ་ངན་ལས་འདའ་བ་ནི་རྣམ་པ་གསུམ་སྟེ། དེ་ལ་གང ་ཟག་བར་མ་དོར་ཡོངས་སུ་མྱ་ངན་ལས་འདའ་བ་གཅིག་ནི། ཤི་འཕོས་མ་ཐག་ཁོ་ནར་བར་མ་དོར་སྲིད་པ་མངོན་པར་གྲུབ་པའི་ཚེ། བར་མ་དོའི་སྲིད་པ་མངོན་པར་འགྲུབ་པར་བྱེད་ཅིང་མངོན་པར་འགྲུབ་པ་དང། དུས་མཉམ་པ་ཁོ་ནར་ཡོངས་སུ་མྱ་ངན་ལས ་འདའ་བ་སྟེ། འདི་ལྟ་སྟེ་དཔེར་ན། བུར་མའི་མེ་སྟག་བྱུང་མ་ཐག་ཁོ་ནར་འཆི་བ་ལྟ་བུའོ། །གང་ཟག་བར་མ་དོར་ཡོངས་སུ་མྱ་ངན་ལས་འདའ་བ་གཉིས་པ་ནི། བར་མ་དོའི་སྲིད་པ་མངོན་པར་འགྲུབ་པར་བྱེད་ཅིང། བར་མ་དོར་སྲིད་པ་མངོན་པར་འགྲུབ་པ་དེ་ལ་གནས ་པའི་དུས་གཞན་གྱིས་ཡོངས་སུ་མྱ་ངན་ལས་འདའ་ཞིང། སྐྱེ་བའི་སྲིད་པ་ག་ལ་བ་དེར་ནི་ད་དུང་མི་བཞོལ་བ་སྟེ། འདི་ལྟ་སྟེ་དཔེར་ན། ལྕགས་ཀྱི་ཐུ་ལུམ་དང། ལྕགས་གླེབས་པ་མེར་བསྲེགས་ཤིང་རབ་ཏུ་འབར་བདག་ལྕགས་ཀྱི་ཐོ་བ་དག་གིས་བརྡུངས་པ་ན། ལྕགས ་ཀྱི་ཚ་ཚ་གནམ་དུ་ཡར་བ་ཁོ་ནར་འཆི་བ་ལྟ་བུའོ། །གང་ཟག་པར་མ་དོར་ཡོངས་སུ་མྱ་ངན་ལས་འདའ་བ་གསུམ་པ་ནི། བར་མ་དོའི་སྲིད་པ་མངོན་པར་འགྲུབ་པར་བྱེད་ཅིང། མངོན་པར་གྲུབ་ནས་ཀྱང། སྐྱེ་བའི་སྲིད་བག་ལ་བ་དེར་གཞོལ་བར་བྱེད་ལ་གཞོལ་ནས་ཀྱང་མ ་སྐྱེས་པ་ཁོ་ནར་ཡོངས་སུ་མྱ་ངན་ལས་འདའ་བར་བྱེད་པ་སྟེ། འདི་ལྟ་སྟེ་དཔེར་ན། ལྕགས་ཀྱི་ཚ་ཚ་གནམ་དུ་ཡར་ལ་ཕྱིར་ལོག་སྟེ། ས་ལ་མ་ལྷུང་བ་ཁོ་ནར་འཆི་བ་ལྟ་བུའོ། །གང་ཟག་བར་མ་དོར་ཡོངས་སུ་མྱ་ངན་ལས་འདའ་བ་གསུམ་པོ་དེ་དག་གཅིག་ཏུ ་བསྡུས་པ་ནི། གང་ཟག་བར་མ་དོར་ཡོངས་སུ་མྱ་ངན་ལས་འདའ་བ་ཞེས་བྱའོ། །གང་ཟག་སྐྱེས་ནས་ཡོངས་སུ་མྱ་ངན་ལས་འདའ་བ་གང་ཞེ་ན། སྨྲས་པ། སྐྱེས་མ་ཐག་ཁོ་ནར་ཡོངས་སུ་མྱ་ངན་ལས་འདའ་བ་གང་ཡིན་པ་སྟེ། དེ་ནི་གང་ཟག་སྐྱེས་ནས་ཡོངས་སུ ་མྱ་ངན་ལས་འདའ་བ་ཞེས་བྱའོ། །གང་ཟག་མངོན་པར་འདུ་བྱེད་པ་མེད་པར་ཡོངས་སུ་མྱ་ངན་ལས་འདའ་བ་གང་ཞེ་ན། སྨྲས་པ། མངོན་པར་འདུ་བྱེད་པ་དང། འབད་པ་མེད་པ་དང། ངལ་བ་མེད་པ་དང་ལམ་མངོན་དུ་བྱས་ཤིང། དེར་སྐྱེས་ནས་ཡོངས་སུ་མྱ ་ངན་ལས་འདའ་བ་གང་ཡིན་པ་སྟེ། དེ་ནི་གང་ཟག་མངོན་པར་འདུ་བྱེད་པ་མེད་པར་ཡོངས་སུ་མྱ་ངན་ལས་འདའ་བ་ཞེས་བྱའོ། །གང་ཟག་མངོན་པར་འདུ་བྱེད་པ་དང་བཅས་པས་ཡོངས་སུ་མྱ་ངན་ལས་འདའ་བ་གང་ཞེ་ན། སྨྲས་པ། མངོན་པར་འདུ་བྱེད་པ་དང ་འབད་པ་དང། ངལ་བས་ལམ་མངོན་དུ་བྱས་ཤིང། དེར་སྐྱེས་ནས་ཡོངས་སུ་མྱ་ངན་ལས་འདའ་བ་གང་ཡིན་པ་སྟེ། དེ་ནི་གང་ཟག་མངོན་པར་འདུ་བྱེད་པ་དང་བཅས་པས་ཡོངས་སུ་མྱ་ངན་ལས་འདའ་བ་ཞེས་བྱའོ། །གང་ཟག་གོང་དུ ་འཕོ་བ་གང་ཞེ་ན། སྨྲས་བ། གང་ཟག་ཕྱིར་མི་འོང་བ་དུས་མ་གཏན་དང་པོར་སྐྱེས་པ་ནི་དེ་ཉིད་དུ་ཡོངས་སུ་མྱ་ངན་ལས་མི་འདའ་བར་དེས་ན་ཤི་འཕོས་ནས་གོང་ནས་གོང་དུ་འོག་མིན་གྱི་བར་གྱི་ལྷར་འགྲོ་བ་འམ། འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་སྐྱེ་མཆེད ་ཀྱི་བར་གྱི་སྐྱེ་བའི་གནས་མངོན་པར་སྒྲུབ་པར་བྱེད་པ་གང་ཡིན་པ་སྟེ། དེ་ནི་གང་ཟག་གོང་ནས་གོང་དུ་འཕོ་བ་ཞེས་བྱའོ། །གང་ཟག་དུས་ཀྱི་རྣམ་པར་གྲོལ་བ་གང་ཞེ་ན། སྨྲས་པ། གང་ཟག་དབང་པོ་རྟུལ་པོའི་རིགས་ཅན་འཇིག་རྟེན་པའི་ཚེ་འདི་ལ་བདེ་བར ་གནས་པ་དག་ལས་ཡོངས་སུ་ཉམས་པར་འགྱུར་བ་དང། འཆི་བར་སེམས་པ་དང། རྣམ་པར་གྲོལ་བ་རྗེས་སུ་སྲུང་བ་དང། འདི་ལྟ་སྟེ། དེ་ཉིད་ཡོངས་སུ་ཉམས་པར་མི་འགྱུར་བའི་དབང་དུ་བྱས་ནས། ཤིན་ཏུ་བག་ཡོད་པའི་སྤྱོད་པ་ལ་སྦྱོར་བའི་རྗེས་སུ ་བརྩོན་པར་བྱེད་པ་དང། དེ་ཇི་སྲིད་དུ་ཤིན་ཏུ་མངོན་པར་བརྩོན་པར་མི་བྱེད་པ་དེ་སྲིད་དུ་དེ་དག་དགེ་བའི་ཕྱོགས་དེ་ཙམ་ཞིག་བྱེད་ཀྱི། ཤིན་ཏུ་ཁྱད་པར་དུ་འགྱུར་བར་བྱ་བའི་ཕྱིར་ཉིན་མོ་དང་མཚན་མོ་དང། སྐད་ཅིག་དང། ཐང་ཅིག་དང། ཡུད་ཙམ་དང་དེ་དག ་འདའ་བར་མི་བྱེད་པ་གང་ཡིན་པ་སྟེ། དེ་ནི་གང་ཟག་དུས་ཀྱི་རྣམ་པར་གྲོལ་བ་ཞེས་བྱའོ། །གང་ཟག་མི་གཡོ་བའི་ཆོས་ཅན་གང་ཞེ་ན། སྨྲས་པ། དེ་ལས་བཟློག་པ་ནི་གང་ཟག་མི་གཡོ་བའི་ཆོས་ཅན་ཡིན་པར་རིག་པར་བྱའོ། །གང་ཟག་ཤེས་རབ་ཀྱིས ་རྣམ་པར་གྲོལ་བ་གང་ཞེ་ན། སྨྲས་པ། གང་ཟག་ཐམས་ཅད་ཀྱི་ཐམས་ཅད་དུ་ཟག་པ་ཟད་པ་ནི་རྗེས་སུ་ཐོབ་ལ། རྣམ་པར་ཐར་པ་བརྒྱད་ལུས་ཀྱི་མངོན་སུམ་དུ་བྱས་ནས་བསྒྲུབས་ཏེ་གནས་པ་ནི་མ་ཡིན་པ་སྟེ། དེ་ནི་གང་ཟག་ཤེས་རབ་ཀྱིས་རྣམ ་པར་གྲོལ་བ་ཞེས་བྱའོ། །གང་ཟག་གཉི་གའི་ཆ་ལ་རྣམ་པར་གྲོལ་བ་གང་ཞེ་ན། སྨྲས་པ། གང་ཟག་གང་ཐམས་ཅད་ཀྱི་ཐམས་ཅད་དུ་ཟག་པ་ཟད་པ་ཡང་རྗེས་སུ་ཐོབ་ཅིང་རྣམ་པར་ཐར་པ་བརྒྱད་ཀྱང་ལུས་ཀྱིས་མངོན་སུམ་དུ་བྱས་ནས་བསྒྲུབས་ཏེ་གནས་ལ། དེའི ་སེམས་ཉོན་མོངས་པའི་སྒྲིབ་པ་དང། རྣམ་པར་ཐར་པའི་སྒྲིབ་པ་ལས་རྣམ་པར་ཐར་པར་འགྱུར་བ་སྟེ། དེ་ནི་གང་ཟག་གཉི་གའི་ཆ་ལས་རྣམ་པར་གྲོལ་བ་ཞེས་བྱའོ། །གང་ཟག་རྣམས་ཀྱིས་རྣམ་པར་གཞག་པ་ཇི་ལྟ་བུ་ཡིན་ཞེ་ན། རབ་ཏུ་དབྱེ་བ་བཅུ་གཅིག་གང ་ཟག་རྣམས་རྣམ་པར་གཞག་པར་རིག་པར་བྱ་སྟེ། བཅུ་གཅིག་གང་ཞེ་ན། འདི་ལྟ་སྟེ། དབང་པོའི་རབ་ཏུ་དབྱེ་བ་དང། བདེ་བའི་རབ་ཏུ་དབྱེ་བ་དང། སྤྱད་པའི་རབ་ཏུ་དབྱེ་བ་དང། སྨོན་ལམ་གྱི་རབ་ཏུ་དབྱེ་བ་དང། ལམ་གྱི་རབ་ཏུ་དབྱེ་བ་དང། ལམ་དང་འབྲས ་བུའི་རབ་ཏུ་དབྱེ་བ་དང། སྦྱོར་བའི་རབ་ཏུ་དབྱེ་བ་དང། སྙོམས་པར་འཇུག་པའི་རབ་ཏུ་དབྱེ་བ་དང། སྐྱེ་བའི་རབ་ཏུ་དབྱེ་བ་དང། ཡོངས་སུ་ཉམས་པའི་རབ་ཏུ་དབྱེ་བ་དང། སྒྲིབ་པའི་རབ་ཏུ་དབྱེ་བས་སོ། །དེ་ལ་རེ་ཞིག་དབང་པོའི་རབ་ཏུ་དབྱེ་བས་ནི། གང ་ཟག་དབང་པོ་བརྟུལ་པོ་དང། དབང་པོ་རྣོན་པོ་དག་རྣམ་པར་གཞག་གོ་།དེ་ལ་སྡེ་བའི་རབ་ཏུ་དབྱེ་བ་ནི་གང་ཟག་རྣམ་པ་བདུན་རྣམ་པར་གཞག་སྟེ། དགེ་སློང་དང། དགེ་སློང་མ་དང། དགེ་སློང་མ་དང། དགེ་ཚུལ་དང། དགེ་ཚུལ་མ་དང། དགེ་བསྙེན་དང། དགེ་བསྙེན་མ་རྣམས ་སོ། །དེ་ལ་སྤྱད་པའི་རབ་ཏུ་དབྱེ་བ་ནི་གང་ཟག་བདུན་རྣམ་པར་གཞག་སྟེ། གང་ཟག་འདོད་ཆགས་ཤས་ཆེ་བ་གང་ཡིན་པ་དེ་ནི་འདོད་ཆགས་སྤྱོད་པའོ། །ཞེ་སྡང་ཤས་ཆེ་བ་གང་ཡིན་པ་དེ་ནི་ཞེ་སྡང་སྤྱད་པའོ། །གཏི་མུག་ཤས་ཆེ་བ་གང་ཡིན་པ་དེ་ནི་གཏི ་མུག་སྤྱད་པའོ། །ང་རྒྱལ་ཤས་ཆེ་བ་གང་ཡིན་པ་དེ་ནི་ང་རྒྱལ་སྤྱད་པའོ། །རྣམ་པར་རྟོག་པ་ཤས་ཆེ་བ་གང་ཡིན་པ་དེ་ནི་རྣམ་པར་རྟོག་པ་སྤྱད་པའོ། །ཆ་མཉམ་པར་གྱུར་པ་གང་ཡིན་པ་དེ་ནི་ཆ་མཉམ་པར་སྦྱང་པའོ། །ཉོན་མོངས་པ་ཆུང་བའི ་རང་བཞིན་ཅན་གང་ཡིན་པ་དེ་ནི། ཉོན་མོངས་པ་ཆུང་ངུ་སྤྱད་པ་ཡིན་པར་རིག་པར་བྱའོ། །དེ་ལ་གང་ཟག་འདོད་ཆགས་སྤྱད་པའི་རྟགས་རྣམས་གང་ཞེ་ན། འདི་ན་གང་ཟག་འདོད་ཆགས་སྤྱད་པ་ནི་ཆགས་པར་འགྱུར་བའི་དངོས་པོ་ཆུང་ངུ་དང། ངན ་པ་ཐམས་ཅད་ལ་ཡང་འདོད་ཆགས་ཀྱིས་ཀུན་ནས་དཀྲིས་པ་ཆེན་པོ་སྟུག་པོ་དང་ཆེན་པོ་སྐྱེད་པར་བྱེད་ན། འབྲིང་དང་བཟང་པོ་དག་ལ་ལྟ་སྨོས་ཀྱང་ཅི་དགོས་ཏེ། འདོད་ཆགས་ཀྱི་ཀུན་ནས་དཀྲིས་པ་དེ་ཡང་ཡུན་རིང་དུ་སེམས་ཀྱི་རྒྱུད་ལ་གནས་པར་བྱེད་ཅིང། འདོད་ཆགས་ཀྱི ་ཀུན་ནས་དཀྲིས་པ་དེ་ཡང་ཡུན་རིང་དུ་རྗེས་སུ་འབྲེལ་པར་འགྱུར་བ་དང། དེ་ཆགས་པར་འགྱུར་བའི་ཆོས་རྣམས་ཀྱིས་ཟིལ་གྱིས་ནོན་པར་འགྱུར་ཞིང་ཆགས་པར་འགྱུར་བའི་ཆོས་རྣམས་ཟིལ་གྱིས་ནོན་པར་མི་ནུས་པ་དང། དབང་པོ་མཉེན་པ་དང། དབང་པོ་འཇམ ་པ་དང། དབང་པོ་མི་རྩུབ་པ་དང། དབང་པོ་བརླང་བ་དང། གཞན་དག་ལ་འདི་ལྟ་སྟེ། ལུས་དང་ངག་གི་ཤིན་ཏུ་རྣམ་པར་མཐོ་མཚམས་བའི་རང་བཞིན་ཅན་མ་ཡིན་པ་དང། དཔྲལ་བར་དཀའ་བ་དང། ཡིད་འབྱུང་བར་དཀའ་བ་དང། དམན་པ་ལ་མོས་པ་དང་ལས་ཀྱི ་མཛའ་དམ་པ་དང། ལས་ཀྱི་མཛའ་བརྟན་པ་དང། བརྟུལ་ཞུགས་དམ་པ་དང། བརྟུལ་ཞུགས་བརྟན་པ་དང། སྤྲོ་རིང་བ་དང། འཚོག་ཆས་དང། ཡོ་བྱད་དག་ལ་བརྐམ་པའི་རང་བཞིན་ཅན་ཡིན་ཞིང། དེ་ལ་གདུ་བ་དང། ཡིད་བདེ་བ་མང་བ་དང། ཀུན ་དགའ་བ་མང་བ་དང། ཁྲོ་གཉེར་མེད་པ་དང། བཞིན་གྱི་མདོག་གསལ་བ་དང། འཛུམ་པ་སྔར་གཏོང་བ་ཡིན་ཏེ། དེ་ལྟ་བུ་དང་མཐུན་པ་དག་ནི་གང་ཟག་འདོད་ཆགས་སྤྱད་པའི་རྟགས་རྣམས་ཡིན་པར་རིག་པར་བྱའོ། །དེ་ལ་གང་ཟག་གང་ཞེ་སྡང་སྤྱད་པའི་རྟགས་རྣམས་གང་ཞེ ་ན། འདི་ན་གང་ཟག་ཞེ་སྡང་སྤྱད་པ་ནི། ཞེ་སྡང་བར་འགྱུར་བའི་དངོས་པོ་ལ་ཁོང་ཁྲོ་བའི་རྒྱུ་མཚན་ཆུང་ངུས་ཀྱང་ཁོང་ཁྲོ་བའི་ཀུན་ནས་དཀྲིས་པའི་སྡུག་པ་དང་མང་པོར་སྐྱེ་བར་བྱེད་ན། འབྲིང་པོ་དང་ཆེན་པོ་དག་གི་ལྟ་སྨོས་ཀྱང་ཅི་དགོས་ཏེ། ཁོང་ཁྲོ་བའི་རྒྱུ་ཀུན་ནས་དཀྲིས་པ་དེ ་ཡང་ཡུན་རིང་དུ་སེམས་ཀྱི་རྒྱུད་ལ་གནས་པར་བྱེད་ཅིང། ཁོང་ཁྲོ་བའི་ཀུན་ནས་དཀྲིས་པ་དེ་དང་ཡུན་རིང་དུ་རྗེས་སུ་འབྲེལ་བར་འགྱུར་བ་དང། དེ་ཁོང་ཁྲོ་བར་འགྱུར་བའི་ཆོས་རྣམས་ཀྱིས་ཟིལ་གྱིས་ནོན་པར་འགྱུར་ཞིང། ཁོང་ཁྲོ་བར་འགྱུར་བའི་ཆོས་རྣམས་ཟིལ་གྱིས་གནོན ་པར་མི་ནུས་པ་དང། དབང་པོ་མི་མཉེན་པ་དང། དབང་པོ་མི་འཇམ་པ་དང། དབང་པོ་རྩུབ་པ་དང། དབང་པོ་བརླང་བ་དང། གཞན་དག་ལ་འདི་ལྟ་སྟེ། ལུས་དང་ངག་གིས་ཤིན་ཏུ་རྣམ་པར་མཐོ་མཚམས་པའི་རང་བཞིན་ཅན་ཡིན་པ་དང། འབྲལ་བར་སླ་བ་དང། ་ཡིད་འབྱུང་བར་སླ་བ་དང། གཙོར་བ་དང། མུ་ཅོར་སྨྲ་བ་དང། སྤྱི་རྟོལ་ཆེ་བ་དང། མི་མོས་པ་མང་བ་དང། ལས་ཀྱི་མཛའ་དམ་པ་དང། ལས་ཀྱི་མཛའ་བརྟན་པ་དང། བརྟུལ་ཞུགས་དམ་པ་དང། བརྟུལ་ཞུགས་བརྟན་པ་དང། ཡིད་མི་བདེ་བ་མང་བ་དང། འཁྲུག ་པ་མང་བ་དང། བཟོད་པ་མེད་པ་དང། སྤྲོ་ཐུང་བ་དང། མི་མཐུན་པའི་རང་བཞིན་ཅན་ཡིན་པ་དང། མཐུན་པར་འཛིན་པ་མ་ཡིན་པ་དང། ཁྲོ་བ་མང་བ་དང། བཟློག་དཀའ་བའི་རང་བཞིན་ཅན་དང། འཁྲུག་པ་མང་བ་དང། བསམ་པ་ཁྲོ་ཞིང་གཏུམ་པ་དང། འཚིག ་ཅིང་བརླང་པོར་སྨྲ་བ་དང། དེ་ཅུང་ཟད་ཙམ་ཞིག་སྨྲས་ན་ཡང་ནང་ཞིང་འཁྲུག་ལ་གནོད་སེམས་སྐྱེད་པ་དང། གནོད་བཞིན་དུ་གནས་པ་དང། འཁྲུག་པ་བསྐྱེད་པ་དང། ཁྲོ་གཉེར་དང་ལྡན་པ་དང། གཞིན་གྱི་མདོག་མི་གསལ་བ་དང། གཞན་གྱིས་འབྱོར་པ་ལ་ཞེ ་སྡང་ཞིང་ཕྲག་དོག་མང་བ་ཡིན་ཏེ། དེ་ལྟ་བུ་དང་མཐུན་པ་དག་ནི། གང་ཟག་ཞེ་སྡང་སྤྱད་པའི་རྟགས་རྣམས་ཡིན་པར་རིག་པར་བྱའོ། །དེ་ལ་གང་ཟག་གཏི་མུག་སྤྱད་པའི་རྟགས་རྣམས་གང་ཞེ་ན། འདི་ན་གང་ཟག་གཏི་མུག་སྤྱད་པ་ནི། རྨོངས་པར་འགྱུར་བའི་དངོས་པོ་ཆུང་ངུ་ལ ་ཡང་གཏི་མུག་གི་ཀུན་ནས་དཀྲིས་པ་སྟུག་པོ་དང་མང་པོ་སྐྱེད་པར་བྱེད་ན་འབྲིང་དང་ཆེན་པོ་དག་ལ་ལྟ་སྨོས་ཀྱང་ཅི་དགོས་ཏེ། གཏི་མུག་གི་ཀུན་ནས་དཀྲིས་པ་དེ་ཡང་ཡུན་རིང་དུ་སེམས་ཀྱི་རྒྱུད་ལ་གནས་པར་བྱེད་ཅིང། གཏི་མུག་གི་ཀུན་ནས་དཀྲིས་པ་དེ་ཡང་ཡུན་རིང་དུ་རྗེས་སུ ་འབྲེལ་བར་འགྱུར་བ་དང། །དེ་རྨོངས་པར་འགྱུར་བའི་ཆོས་རྣམས་ཀྱིས་ཟིལ་གྱིས་ནོན་པར་འགྱུར་ཞིང། རྨོངས་པར་འགྱུར་བའི་ཆོས་རྣམས་ཟིལ་གྱིས་གནོན་པར་མི་ནུས་པ་དང། དབང་པོ་ཕུལ་བ་དང། དབང་པོ་བླུན་པ་དང། དབང་པོ་ཞན་པ ་དང། ལུས་ཀྱི་ལས་ཀྱི་མཛའ་ལྷོད་པ་དང། ངག་གི་ལས་ཀྱི་མཛའ་ལྷོད་པ་དང། ཉེས་པར་བསམས་པ་སེམས་པ་དང། ཉེས་པར་སྨྲ་བ་བརྗོད་པ་དང། ཉེས་པར་བྱ་བའི་ལས་བྱེད་པ་དང། ལེ་ལོ་ཆེ་བ་དང། སྒྲུབ་མི་ཕོད་པ་དང། སྨྲ་བ་ཞན་པ་དང། ཡིད་མི ་གཞུངས་པ་དང། བརྗེད་ངས་པ་དང། ཤེས་བཞིན་དུ་མི་སྤྱོད་པ་དང། ལོག་པར་འཛིན་པ་དང། འབྲལ་བར་དཀའ་བ་དང། ཡིད་འབྱུང་བར་དཀའ་བ་དང། དམན་པ་ལ་མོས་པ་དང། གླེན་པ་དང། དིག་པ་དང། ལྐུགས་པ་དང། ལག་པར་བརྡ་བྱེད་པ ་དང། ལེགས་པར་གསུངས་པ་དང། ཉེས་པར་བཤད་པའི་ཆོས་རྣམས་ཀྱི་དོན་ཀུན་ཤེས་པར་མི་ནུས་པ་དང། རྐྱེན་གྱིས་ཕྲོགས་པ་དང། གཞན་གྱིས་ཕྲོགས་པ་དང། གཞན་གྱིས་དྲིང་འཇོག་པ་ཡིན་ཏེ། དེ་ལྟ་བུ་དང་མཐུན་པ་དག་ནི་གང་ཟག་གཏི་མུག་སྤྱད་པའི་རྟགས ་རྣམས་སུ་རིག་པར་བྱའོ། །དེ་ལ་གང་ཟག་ང་རྒྱལ་སྤྱད་པའི་རྟགས་རྣམས་གང་ཞེ་ན། འདི་ནི་གང་ཟག་ང་རྒྱལ་སྤྱད་པ་ནི་ཁེངས་པར་འགྱུར་བ་དང། མཐུན་པའི་དངོས་པོ་ཆུང་ངུ་ལ་ཡང་ང་རྒྱལ་གྱི་ཀུན་ནས་དཀྲིས་པ་སྟུག་པོ་དང། མང་པོ་སྐྱེད་པར་བྱེད་ན། འབྲིང་དང ་ཆེན་པོ་དག་ལ་ལྟ་སྨོས་ཀྱང་ཅི་དགོས་ཏེ། །ང་རྒྱལ་གྱིས་ཀུན་ནས་དཀྲིས་པ་དེ་ཡང་ཡུན་རིང་དུ་སེམས་ཀྱི་རྒྱུད་ལ་གནས་པར་བྱེད་ཅིང། ང་རྒྱལ་གྱིས་ཀུན་ནས་དཀྲིས་པ་དེ་ཡང་ཡུན་རིང་དུ་རྗེས་སུ་འབྲེལ་པར་འགྱུར་བ་དང། དེ་ཁེངས་པར་འགྱུར་བ་དང་མཐུན་པའི་ཆོས ་རྣམས་ཟིལ་གྱིས་གནོན་པར་མི་ནུས་པ་དང། དབང་པོ་རྒོད་པ་དང། དབང་པོ་འདམ་བུ་ལྟར་མཐོ་བ་དང། དབང་པོ་ཁེངས་པ་དང། ལུས་ཚོར་བརྒྱན་པ་ལ་སྦྱོར་བའི་རྗེས་སུ་བརྩོན་པ་དང། བརྩན་དག་ཏུ་སྨྲ་ཞིང་མི་འདུད་པ་དང། ཕ་མ་དང། ཉེ་དུ་དང། བླ་མ་དང། བླ ་མ་ལྟ་བུ་དག་ལ་དུས་དུས་སུ་རྐྱེན་དུ་བབ་པའི་མཆོད་པ་མི་བྱེད་པ་དང། ཁེངས་པ་དང། ལུས་མི་འདུད་པ་དང། གསོད་པོར་སྨྲ་བ་དང། ཕྱག་འཚལ་བ་དང། མངོན་དུ་ལྡང་བ་དང། ཐལ་མོ་སྦྱོར་བ་དང། འདུད་པར་བྱེད་པའི་དང་ཚུལ་ཅན་མ་ཡིན་པ་དང། བདག་ཉིད་ཀུན་ཏུ ་འཛིན་པ་དང། བདག་ལ་བསྟོད་པ་དང་གཞན་ལ་སྨོད་པ་དང། རྙེད་པ་འདོད་པ་དང། བཀུར་སྟི་འདོད་པ་དང། གྲགས་པའི་སྒྲ་ཚོགས་འདོད་པ་དང། ཐམ་ཐོམ་གྱི་སྣོད་དུ་གྱུར་པ་དང། དཔྲལ་བར་དཀའ་བ་དང། ཡིད་འབྱུང་བར་དཀའ་བ་དང། རྒྱ་ཆེན་པོ་ལ་མོས་པ ་དང། སྙིང་རྗེ་ཆུང་བ་དང། བདག་དང། སེམས་ཅན་དང། སྲོག་དང། གསོ་བ་དང། གང་ཟག་དུ་ལྟ་བ་ཤས་ཆེ་བ་དང། ཁྲོ་གཏུམ་ཆེ་བ་དང། འཁྲུག་པ་དང་ལྡན་པ་ཡིན་ཏེ། དེ་ལྟ་བུ་དང་མཐུན་པ་དག་ནི་གང་ཟག་ང་རྒྱལ་སྤྱད་པའི་རྟགས་རྣམས་ཡིན་པར་རིག་པར་བྱའོ།། ་དེ་ལ་གང་ཟག་རྣམ་པར་རྟོག་པ་སྤྱད་པའི་རྟགས་རྣམས་གང་ཞེ་ན། འདི་ན་གང་ཟག་རྣམ་པར་རྟོག་པ་སྤྱད་པ་ནི་རྣམ་པར་རྟོག་པ་དང་མཐུན་པའི་དངོས་པོ་ཆུང་ངུ་ལ་ཡང་རྣམ་པར་རྟོག་པའི་ཀུན་ནས་དཀྲིས་པ་སྟུག་པོ་དང་མང་པོ་སྐྱེད་པར་བྱེད་ན། འབྲིང་དང་ཆེན་པོ་དག་ལ ་ལྟ་སྨོས་ཀྱང་ཅི་དགོས་ཏེ། རྣམ་པར་རྟོག་པའི་ཀུན་ནས་དཀྲིས་པ་དེ་ཡང་ཡུན་རིང་དུ་སེམས་ཀྱི་རྒྱུད་ལ་གནས་པར་བྱེད་ཅིང། རྣམ་པར་རྟོག་པའི་ཀུན་ནས་དཀྲིས་པ་དེ་ཡང་ཡུན་རིང་དུ་རྗེས་སུ་འབྲེལ་བར་འགྱུར་བ་དང། དེ་རྣམ་པར་རྟོག་པ་དང་མཐུན་པའི་ཆོས་རྣམས ་ཀྱིས་ཟིལ་གྱིས་གནོན་པར་འགྱུར་ཞིང། རྣམ་པར་རྟོག་པ་དང་མཐུན་པའི་ཆོས་རྣམས་ཟིལ་གྱིས་གནོན་པར་མི་ནུས་པ་དང། དབང་པོ་མི་བརྟན་པ་དང། དབང་པོ་གཡོ་བ་དང། དབང་པོ་འགྱུར་བ་དང། དབང་པོ་འཁྲུག་པ་དང། ལུས་ཀྱི་ལས་ཀྱི་མཛའ་བརྟན་པ་དང། དག ་གི་ལས་ཀྱི་མཛའ་བརྟན་པ་དང། དཔྲལ་བར་དཀའ་བ་དང། ཡིད་འབྱུང་བར་དཀའ་བ་དང། སྤྲོས་པ་འདོང་བ་དང། སྤྲོས་པ་ལ་དགའ་བ་དང། ནེམ་ནུར་མང་བ་དང། ཐེ་ཚོམ་མང་བ་དང། འདུན་པ་དང་ལྡན་པ་དང་བརྟུལ་ཞུགས་མི་བརྟན་པ་དང། བརྟུལ་ཞུགས་མ་ངེས་པ་དང། ལས་ཀྱི་མཛའ་མི ་བརྟན་པ་དང། ལས་ཀྱི་མཛའ་མ་ངེས་པ་དང། དོགས་པ་མང་བ་དང། བརྗེད་ངས་པ་དང། དབེན་པ་ལ་མངོན་པར་མི་དགའ་བ་དང། རྣམ་པར་གཡེང་བ་མང་བ་དང། འཇིག་རྟེན་གྱི་སྣ་ཚོགས་དག?་ལ་འདུན་པའི་འདོད་ཆགས་རྗེས་སུ་འཇུག ་པ་དང། མཁས་པ་དང། ལེ་ལོ་མེད་པ་དང། སྒྲུབ་ཕོད་པ་ཡིན་ནོ། །དེ་ལྟ་བུ་དང་མཐུན་པ་དག་ནི་གང་ཟག་རྣམ་པར་རྟོག་པ་མང་བའི་རྟགས་རྣམས་ཡིན་པར་རིག་པར་བྱ་སྟེ། དེ་ནི་སྤྱད་པའི་རབ་ཏུ་དབྱེ་བས་གང་ཟག་རྣམ་པར་གཞག་པ་ཡིན་པར་རིག་པར་བྱའོ།། ་དེ་ལ་ཇི་ལྟར་ན་སྨོན་ལམ་གྱི་རབ་ཏུ་དབྱེ་བས་གང་ཟག་རྣམ་པར་གཞག་པ་ཡིན་ཞེ་ན། གང་ཟག་ཉན་ཐོས་ཀྱི་ཐེག་པར་སྨོན་ལམ་བཏབ་པ་ཡང་ཡོད། རང་སངས་རྒྱས་ཀྱི་ཐེག་པར་སྨོན་ལམ་བཏབ་པ་ཡང་ཡོད། ཐེག་པ་ཆེན་པོའི་སྨོན་ལམ་བཏབ་པ་ཡང་ཡོད ་དོ། །དེ་ལ་གང་ཟག་ཉན་ཐོས་ཀྱི་ཐེག་པར་སྨོན་ལམ་བཏབ་པ་དེ་ནི། ཉན་ཐོས་ཀྱི་རིགས་སུ་འགྱུར་བ་འམ། རང་སངས་རྒྱས་ཀྱི་རིགས་སུ་འགྱུར་བ་འམ། ཐེག་པ་ཆེན་པོའི་རིགས་སུ་འགྱུར་བ་ཡིན་ནོ། །དེ་ལ་གང་ཟག་རང་སངས་རྒྱས་ཀྱི་ཐེག་པར་སྨོན ་ལམ་བཏབ་པ་དེ་ཡང། ཉན་ཐོས་ཀྱི་རིགས་སུ་འགྱུར་བ་འམ། རང་སངས་རྒྱས་ཀྱི་རིགས་སུ་འགྱུར་བ་འམ། །ཐེག་པ་ཆེན་པོའི་རིགས་སུ་འགྱུར་བ་ཡིན་ནོ། །དེ་ལ་གང་ཟག་གང་ཐེག་པ་ཆེན་པོར་སྨོན་ལམ་བཏབ་པ་དེ་ཡང། ཉན་ཐོས་ཀྱི་རིགས་སུ ་འགྱུར་བ་འམ། རང་སངས་རྒྱས་ཀྱི་རིགས་སུ་འགྱུར་བ་འམ། །ཐེག་པ་ཆེན་པོའི་རིགས་སུ་འགྱུར་བ་ཡིན་ནོ། །དེ་ལ་གང་ཟག་ཉན་ཐོས་ཀྱི་རིགས་ཅན་གང་ཡིན་པ་ནི། རང་བྱང་ཆུབ་འམ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྨོན་ལམ ་བཏབ་ཏུ་ཟིན་ཀྱང། དེ་ཉན་ཐོས་ཀྱི་རིགས་ཅན་ཡིན་པའི་ཕྱིར་དུས་ཀྱི་མཐར་གདོན་མི་ཟ་བར་སྨོན་ལམ་དེ་ལས་ཕྱིར་ལོག་སྟེ། ཉན་ཐོས་ཀྱི་ཐེག་པའི་སྨོན་ལམ་ཁོ་ན་ལ་གནས་པར་འགྱུར་རོ། །རང་སངས་རྒྱས་ཀྱི་ཐེག་པའི་རིགས་ཅན་དང། ཐེག་པ ་ཆེན་པོའི་རིགས་ཅན་ཡང་དེ་བཞིན་དུ་རིག་པར་བྱའོ། །དེ་ལ་གང་ཟག་དེ་དག་གི་སྨོན་ལམ་འཕོ་ཞིང། སྨོན་ལམ་འདྲེ་བར་གྱུར་ཀྱང། རིགས་འཕོ་བ་དང་རིགས་འདྲེ་བར་ནི་མི་འགྱུར་རོ། །དོན་གྱི་སྐབས་འདིར་ནི་གང་ཟག་ཉན་ཐོས་ཀྱི་ཐེག་པར་སྨོན་ལམ་བཏབ ་པ་དང། ཉན་ཐོས་ཀྱི་རིགས་ཅན་དེ་དག་ཡིན་པར་རིག་པར་བྱ་སྟེ། དེ་ལྟར་ན་སྨོན་ལམ་གྱི་རབ་ཏུ་དབྱེ་བས་གང་ཟག་རྣམ་པར་གཞག་པ་ཡིན་ནོ། །དེ་ལ་ཇི་ལྟར་ན་ལམ་གྱི་རབ་ཏུ་དབྱེ་བས་གང་ཟག་རྣམ་པར་གཞག་པ་ཡིན་ཞེ་ན། གང་ཟག་ཇི་སྐད་བསྟན་ཅིང ་ཇི་སྐད་ཡོངས་སུ་བསྒྲགས་པ་དེ་དག་ནི། ལམ་བཞིས་ངེས་པར་འབྱུང་བ་ཡིན་ཏེ། བཞི་གང་ཞེ་ན། མངོན་པར་ཤེས་པ་བུལ་བ་དཀའ་བའི་ལམ་ལྔ་ཡོད། མངོན་པར་ཤེས་པ་མྱུར་བ་དཀའ་བའི་ལམ་ཡང་ཡོད། མངོན་པར་ཤེས་པ་བུལ་བ་སླ་བའི་ལམ ་ཡང་ཡོད། མངོན་པར་ཤེས་པ་མྱུར་བ་སླ་བའི་ལམ་ཡང་ཡོད་དོ། །དེ་ལ་གང་ཟག་དབང་པོ་བཏུལ་པོ་བསམ་གཏན་གྱི་དངོས་གཞི་མ་ཐོབ་པའི་ལམ་གང་ཡིན་པ་དེ་ནི་མངོན་པར་ཤེས་པ་བུལ་བ་དཀའ་བ་ཞེས་བྱའོ། །དེ་ལ་གང་ཟག་དབང་པོ་རྣོན་པོ་བསམ་གཏན་གྱི ་དངོས་གཞི་མ་ཐོབ་པའི་ལམ་གང་ཡིན་པ་དེ་ནི། མངོན་པར་ཤེས་པ་མྱུར་བ་དཀའ་བ་ཞེས་བྱའོ། །དེ་ལ་གང་ཟག་དབང་པོ་བརྟུལ་པོ་བསམ་གཏན་གྱི་དངོས་གཞི་ཐོབ་པའི་ལམ་གང་ཡིན་པ་དེ་ནི་མངོན་པར་ཤེས་པ་བུལ་བ་སླ་བ་ཞེས་བྱའོ། །དེ་ལ་གང་ཟག་དབང ་པོ་རྣོན་པོ་བསམ་གཏན་གྱི་དངོས་གཞི་ཐོབ་པའི་ལམ་གང་ཡིན་པ་དེ་ནི། མངོན་པར་ཤེས་པ་མྱུར་བ་སླ་བ་ཞེས་བྱ་སྟེ། དེ་ལྟར་ན་ལམ་གྱི་རབ་ཏུ་དབྱེ་བས་གང་ཟག་རྣམ་པར་གཞག་པ་ཡིན་པར་རིག་པར་བྱའོ། །དེ་ལ་ཇི་ལྟར་ན་ལམ་དང་འབྲས་བུའི་རབ་ཏུ་དབྱེ་བས་གང ་ཟག་རྣམ་པར་གཞག་པ་ཡིན་པར་རིག་པར་བྱ་ཞེ་ན། འདི་ལྟ་སྟེ། ཞུགས་པ་བཞི་པོ་རྒྱུན་ཏུ་ཞུགས་པའི་འབྲས་བུའི་ཕྱིར་ཞུགས་པ་དང། ལན་ཅིག་ཕྱིར་འོང་བའི་འབྲས་བུའི་ཕྱིར་ཞུགས་པ་དང། ཕྱིར་མི་འོང་བའི་འབྲས་བུའི་ཕྱིར་ཞུགས་པ་དང། དགྲ་བཅོམ་པ་ཉིད་ཀྱི ་འབྲས་བུའི་ཕྱིར་ཞུགས་པ་དང། འབྲས་བུ་ལ་གནས་པ་བཞི་པོ་རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་གནས་པ་དང། ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་གནས་པ་དང། ཕྱིར་མི་འོང་བའི་འབྲས་བུ་ལ་གནས་པ་དང། དགྲ་བཅོམ་པ ་ཉིད་ཀྱི་འབྲས་བུ་ལ་གནས་པ་དག་གི་སྟེ། ཞུགས་པའི་ལམ་དུ་ཞུགས་པ་གང་དག་ཡིན་པའི་ཞུགས་པ་དེ་དག་ནི་དེ་དག་གི་ཞུགས་པའི་ལམ་གྱིས་རྣམ་པར་གཞག་པ་ཡིན་ནོ། །དེ་དག་གི་འབྲས་བུའི་དགེ་སྦྱོང་གི་འབྲས་བུ་ལ་གནས་པ་གང་ཡིན་པ་དེ་དག་ནི་དེ་དག ་གི་ལམ་གྱི་འབྲས་བུས་རྣམ་པར་གཞག་པ་ཡིན་ཏེ། དེ་ལྟར་ན་ལམ་དང་འབྲས་བུའི་རབ་ཏུ་དབྱེ་བས་གང་ཟག་རྣམ་པར་གཞག་པ་ཡིན་པར་རིག་པར་བྱའོ། །ཇི་ལྟར་ན་སྦྱོར་བའི་རབ་ཏུ་དབྱེ་བས་གང་ཟག་རྣམ་པར་གཞག་པ་ཡིན་ཞེ་ན། འདི་ལྟ་སྟེ། གང་ཟག་དད་པས་རྗེས ་སུ་འབྲང་བ་དང། ཆོས་ཀྱི་རྗེས་སུ་འབྲང་བ་དག་གི་སྟེ། གང་ཟག་དང་དད་པས་རྗེས་སུ་འབྲང་བས་ཞུགས་པ་གང་ཡིན་པ་ནི། དད་པས་རྗེས་སུ་འབྲང་བ་ཡིན་ནོ། །ཆོས་རྣམས་ལ་གཞན་གྱི་དྲིད་མི་འཇོག་ཅིང། རྣམ་པར་འབྱེད་པའི་རྗེས་སུ་འབྲང་བས་ཞུགས་པ ་གང་ཡིན་པ་དེ་ནི་ཆོས་ཀྱི་རྗེས་སུ་འབྲང་བ་ཡིན་ཏེ། དེ་ལྟར་ན་སྦྱོར་བའི་རབ་ཏུ་དབྱེ་བ་གང་ཟག་རྣམ་པར་གཞག་པ་ཡིན་པར་རིག་པར་བྱའོ། །དེ་ལ་ཇི་ལྟར་ན་སྙོམས་པར་འཇུག་པའི་རབ་ཏུ་དབྱེ་བས་གང་ཟག་རྣམ་པར་གཞག་པ་ཡིན་ཞེ་ན། འདི་ལྟ་སྟེ། གང ་ཟག་ལུས་ཀྱི་མངོན་དུ་བྱེད་པ་རྣམ་པར་ཐར་པ་བརྒྱད་དོ། །གཟུགས་ཅན་རྣམས་ལ་ལྟ་བ་དང། ནད་གཟུགས་མེད་པར་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་རྣམས་ལ་བལྟ་བ་དང། སྡུག་པའི་རྣམ་པར་ཐར་པ་ལུས་ཀྱི་མངོན་སུམ་དུ་བྱས་ནས་བསྒྲུབས་ཏེ་གནས་པ་དང། ་ནམ་མཁའ་མཛའ་ཡས་སྐྱེ་མཆེད་དང། རྣམ་པར་ཤེས་པ་མཛའ་ཡས་སྐྱེ་མཆེད་དང། ཅི་ཡང་མེད་པའི་སྐྱེ་མཆེད་དང། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་དང། འདུ་ཤེས་དང་ཚོར་བ་འགོག་པ་དག་ལུས་ཀྱི་མངོན་སུམ་དུ་བྱས་ནས་བསྒྲུབས་ཏེ་གནས་ཤིང ་རྗེས་སུ་མཐུན་པ་དང། རྗེས་སུ་མཐུན་པ་མ་ཡིན་པར་སྙོམས་པར་འཇུག་པ་དང་ལྡན་པར་ནི་བྱེད་ལ། ཐམས་ཅད་ཀྱི་ཐམས་ཅད་དུ་ཟག་པ་ཟད་པ་རྗེས་སུ་ཐོབ་པ་ནི་མ་ཡིན་པ་སྟེ། དེ་ལྟར་ན་སྙོམས་པར་འཇུག་པའི་རབ་ཏུ་དབྱེ་བས་གང་ཟག་རྣམ་པར་གཞག་པ་ཡིན་ཞེ་ན། ་འདི་ལྟ་སྟེ། གང་ཟག་དེ་ལྟར་ཐོགས་ན་སྲིད་པ་ལན་བདུན་པ་དང། རིགས་ནས་རིགས་སུ་སྐྱེ་བ་དང། བར་ཆད་གཅིག་པ་དང། བར་མ་དོར་ཡོངས་སུ་མྱ་ངན་ལས་འདའ་བ་དང། སྐྱེས་ནས་ཡོངས་སུ་མྱ་ངན་ལས་འདའ་བ་དང་མངོན་པར་འདུ་བྱེད་པ་མེད་པར་ཡོངས་སུ ་མྱ་ངན་ལས་འདའ་བ་དང། མངོན་པར་འདུ་བྱེད་པ་དང་བཅས་པས་ཡོངས་སུ་མྱ་ངན་ལས་འདའ་བ་དང། གོང་དུ་འཕོ་བ་དག་གི་སྐྱེ་བས་དེ་དག་ཉིད་རྣམ་པར་གཞག་པ་ཡིན་ཏེ། དེ་ལྟར་ན་སྐྱེ་བའི་རབ་ཏུ་དབྱེ་བས་གང་ཟག་རྣམ་པར་གཞག་པ་ཡིན་ནོ། །དེ་ལ་ཇི་ལྟར་ན ་ཡོངས་སུ་ཉམས་པའི་རབ་ཏུ་དབྱེ་བས་གང་ཟག་རྣམ་པར་གཞག་པ་ཡིན་ཞེ་ན། འདི་ལྟ་སྟེ། དུས་ཀྱི་རྣམ་པར་གྲོལ་བའི་དགྲ་བཅོམ་པ་ཚེ་འདི་ལ་བདེ་བར་གནས་པ་དག་ལས་ཡོངས་སུ་ཉམས་པའི་སྐལ་བ་ཅན་གྱི་གང་ཡིན་པ་དང། ཡོངས་སུ་མི་ཉམས་པའི་རབ་ཏུ་དབྱེ་བས ་མི་གཡོ་བའི་ཆོས་ཅན་གྱི་དགྲ་བཅོམ་པ་ཚེ་འདི་ལ་བདེ་བར་གནས་པ་དག་ལས་ཡོངས་སུ་ཉམས་པར་མི་འགྱུར་བའི་སྐལ་པ་ཅན་དུ་རྣམ་པར་གཞག་པའི་གང་ཡིན་པ་སྟེ། དེ་ལྟར་ན་ཡོངས་སུ་ཉམ་པའི་རབ་ཏུ་དབྱེ་བས། གང་ཟག་རྣམ་པར་གཞག་པ་ཡིན་ནོ། །དེ་ལ་ཇི་ལྟར་ན ་སྒྲིབ་པའི་རབ་ཏུ་དབྱེ་བས། གང་ཟག་རྣམ་པར་གཞག་པ་ཡིན་ཞེ་ན། འདི་ལྟ་སྟེ། ཤེས་རབ་ཀྱི་རྣམ་པར་གྲོལ་བ་དང། གཉི་གའི་ཆ་ལས་རྣམ་པར་གྲོལ་བའི་དགྲ་བཅོམ་པ་དག་གི་སྟེ། དེ་ལ་ཤེས་རབ་ཀྱི་རྣམ་པར་གྲོལ་བའི་དགྲ་བཅོམ་པ་དེ་ནི་ཉོན་མོངས་པའི་སྒྲིབ་པ་ལས་ནི ་རྣམ་པར་གྲོལ་ལ། སྙོམས་པར་འཇུག་པའི་སྒྲིབ་པ་ལས་ནི་རྣམ་པར་གྲོལ་བ་མ་ཡིན་ནོ། གཉི་གའི་ཆ་ལས་རྣམ་པར་གྲོལ་བའི་དགྲ་བཅོམ་པ་ནི་ཉོན་མོངས་པའི་སྒྲིབ་པ་ལས་ཀྱང་རྣམ་པར་གྲོལ་པ། སྙོམས་པར་འཇུག་པའི་སྒྲིབ་པ་ལས་ཀྱང་རྣམ་པར་གྲེལ་བ་ཡིན་པས། དེའི ་ཕྱིར་གཉི་གའི་ཆ་ལས་རྣམ་པར་གྲོལ་པ་ཞེས་བྱའོ། །དེ་ལྟར་ན་སྒྲིབ་པའི་རབ་ཏུ་དབྱེ་བས་གང་ཟག་རྣམ་པར་གཞག་པ་ཡིན་ཏེ། ཇི་སྐད་བསྟན་པའི་རབ་ཏུ་དབྱེ་བ་དེ་དག་གི་ཇི་སྐད་བསྟན་པའི་གང་ཟག་རྣམས་གོ་རིམ་བཞིན་དུ་རྣམ་པར་གཞག་པར ་ཡིན་པར་རིག་པར་བྱའོ། །དེ་ལ་དམིགས་པ་གང་ཞེ་ན། སྨྲས་པ། དམིགས་པའི་དངོས་པོ་ནི་བཞི་སྟེ། བཞི་གང་ཞེ་ན། འདི་ལྟ་སྟེ། ཁྱབ་པའི་དམིགས་པ་དང། སྤྱད་པ་རྣམ་པར་སྤྱོད་པའི་དམིགས་པ། མཁས་པའི་དམིགས་པ་དང། ཉོན་མོངས་པ་རྣམ་པར ་སྤྱོད་བའི་དམིགས་པའོ། །དེ་ལ་ཁྱབ་པའི་དམིགས་པ་གང་ཞེ་ན། སྨྲས་པ། དེ་ཡང་རྣམ་པ་བཞི་སྟེ། བཞི་གང་ཞེ་ན། འདི་ལྟ་སྟེ། རྣམ་པར་རྟོག་པ་དང་བཅས་པའི་གཟུགས་བརྙན་དང། རྣམ་པར་རྟོག་པ་མེད་པའི་གཟུགས་བརྙན་དང། དངོས་པོའི་མཛའ་དང། ་དགོས་པ་ཡོངས་སུ་གྲུབ་པའོ། །དེ་ལ་རྣམ་པར་རྟོག་པ་དང་བཅས་པའི་གཟུགས་བརྙན་གང་ཞེ་ན། འདི་ལྟར་འདི་ན་ལ་ལ་དམ་པའི་ཆོས་ཐོས་པ་འམ། གདམས་ཤིང་རྗེས་སུ་བསྟན་པ་ལ་བརྟེན་ནས། མཐོང་བ་འམ། ཐོས་པ་འམ། བྱེ་བྲག་ཕྱེད་པ་འམ། ་ཡོངས་སུ་བསྟན་པ་ཉེ་བར་བཟུང་སྟེ། ཤེས་པར་བྱ་བའི་དངོས་པོ་དང་ཆ་མཐུན་པའི་གཟུགས་བརྙན་ལ། མཉམ་པར་གཞག་པའི་ས་ལྷག་མཐོང་གི་རྣམ་པ་དག་གིས་རྣམ་པར་ལྟ་བར་བྱེད་ཅིང། རྣམ་པར་འབྱེད་བར་བྱེད། རབ་ཏུ་རྣམ་པར་འབྱེད་པར་བྱེད། ཡོངས་སུ ་རྟོག་པར་བྱེད། ཡོངས་སུ་དཔྱོད་པར་བྱེད་པ་སྟེ། དེ་ལ་ཤེས་བྱའི་དངོས་པོ་གང་ཞེ་ན། འདི་ལྟ་སྟེ། མི་སྡུག་པ་འམ། བྱམས་པ་འམ། རྐྱེན་འདི་པ་ཉིད་ཀྱི་རྟེན་ཅིང་འབྲེལ་པར་འབྱུང་བ་འམ། ཁམས་རབ་ཏུ་དབྱེ་བ་འམ། དབུགས་རྡུབ་པ་དང། དབུགས ་དབྱུང་པ་དྲན་པ་འམ། ཕུང་པོ་ལ་མཁས་པ་འམ། ཁམས་ལ་མཁས་པ་འམ། སྐྱེ་མཆེད་ལ་མཁས་པ་འམ། རྟེན་ཅིང་འབྲེལ་པར་འབྱུང་བ་ལ་མཁས་པ་འམ། གནས་དང་གནས་མ་ཡིན་པ་ལ་མཁས་པ་འམ། ས་འོག་མ་དག་གི་དག་པ་ཉིད་དམ། ་ས་འོག་མ་དག་གི་ཞི་བ་ཉིད་དམ། བདེན་པ་སྡུག་བསྔལ་བ་འམ། བདེན་པ་ཀུན་འབྱུང་བ་འམ། བདེན་པ་འགོག་པ་འམ། བདེན་པ་ལམ་གང་ཡིན་པ་སྟེ། དེ་ནི་ཤེས་བྱའི་དངོས་པོ་ཞེས་བྱའོ། །ཤེས་བྱའི་དངོས་པོ་དེའི་གདམས་ཤིང་རྗེས་སུ་བསྟན་པའམ། དམ་ ་པའི་ཆོས་ཐོས་པ་ལ་བརྟེན་ཅིང། དེ་ལ་བརྟེན་ནས་མཉམ་པར་གཞག་པའི་ས་པའི་ཡིད་ལ་བྱེད་པ་མངོན་དུ་བྱས་ཏེ། ཆོས་དེ་དག་ཉིད་ལ་མོས་པར་བྱེད་ཅིང། ཤེས་བྱའི་དངོས་པོ་དེ་ཉིད་ལ་མོས་པར་བྱེད་དོ། །དེ་དེའི་ཚེ་ན་ཤེས་བྱའི་དངོས་པོ་ལ་མངོན་སུམ་དུ་མཐོང་བ ་དང་འདྲ་བའི་མོས་པ་སྐྱེ་བར་འགྱུར་གྱི། ཤེས་བྱའི་དངོས་པོ་དེ་མངོན་སུམ་དུ་གྱུར་ཅིང། ཕྲད་པའམ། མངོན་སུམ་དུ་གྱུར་པ་ནི་མ་ཡིན་ནོ། །དེ་དང་འདྲ་བའི་རྗེས་གཞན་ཡང་མ་ཡིན་མོད་ཀྱི་འོན་ཀྱང་མོས་པའི་མཐུ་ཡིན་ཏེ། མཉམ་པར་གཞག་པའི་ས་པའི ་ཡིད་ལ་བྱེད་པའི་མཐུས་ན་དེ་དེ་འདྲའོ། །དེས་དེ་ཤེས་བྱའི་དངོས་པོ་དེ་དང་འདྲ་བར་སྣང་བས་དེའི་ཕྱིར་དེ་ནི་དེའི་ཤེས་བྱའི་དངོས་པོ་དང་ཆ་མཐུན་པའི་གཟུགས་བརྙན་ཞེས་བྱ་སྟེ། རྣལ་འབྱོར་པ་དེ་བརྟག་པར་བྱ་བ་ཤེས་བྱའི་དངོས་པོའི་རང་བཞིན་དེ་ལ་ཡང་དག་པར་རྟོག་པར་བྱེད ་པ་ན། ཡོན་ཏན་དང་སྐྱོན་ངེས་པར་རྟོག་པར་བྱེད་པ་གང་ཡིན་པ་དེ་ནི། རྣམ་པར་རྟོག་པ་དང་བཅས་པའི་གཟུགས་བརྙན་ཞེས་བྱའོ། །རྣམ་པར་རྟོག་པ་མེད་པའི་གཟུགས་བརྙན་གང་ཞེ་ན། འདི་ནི་རྣལ་འབྱོར་པ་དེས་གཟུགས་བརྙན་གྱི་མཚན་མ་གཟུང་ནས་རྣམ་པར ་ལྟ་བར་མི་བྱེད་ཅིང། རྣམ་པར་འབྱེད་པར་མི་བྱེད་རབ་ཏུ་རྣམ་པར་འབྱེད་པར་མི་བྱེད། ཡོངས་སུ་རྟོག་པར་མི་བྱེད། ཡོངས་སུ་དཔྱོད་པར་མི་བྱེད་མོད་ཀྱི། འོན་ཀྱང་དམིགས་པ་དེ་ཉིད་མ་བཏང་བའི་སེམས་དེ་ཞི་གནས་ཀྱི་རྣམ་པས་ཡང་དག་པར་ཞི་བར་བྱེད་དེ། འདི ་ལྟ་སྟེ། སེམས་གནས་པར་བྱེད་པ་རྣམ་པ་དགུས་སེམས་ནད་ཁོ་ནར་འཇོག་པར་བྱེད། ཡང་དག་པར་འཇོག་པར་བྱེད། བསྡུས་ཏེ་འཇོག་པར་བྱེད། ཉེ་བར་འཇོག་པར་བྱེད། དུལ་བར་བྱེད། ཞི་བར་བྱེད། ཉེ་བར་ཞི་བར་བྱེད། རྒྱུད་གཅིག་ཏུ་བྱེད་ཅིང། ཏིང་ངེ ་འཛིན་དུ་བྱེད་དོ། །དེ་དེའི་ཚེ་ན་རྣམ་པར་རྟོག་པ་མེད་པས་གཟུགས་བརྙན་དེ་ལ་དམིགས་པར་བྱེད་ཅིང་དེ་དམིགས་པ་དེ་ལ་ཕྱོགས་གཅིག་ཁོ་ནར་དྲན་པ་རྩེ་གཅིག་ཏུ་འཇོག་པར་བྱེད་ཀྱི། རྣམ་པར་ལྟ་བར་མི་བྱེད་ཅིང། རྣམ་པར་འབྱེད་པར ་མི་བྱེད་རབ་ཏུ་རྣམ་པར་འབྱེད་པར་མི་བྱེད། ཡོངས་སུ་རྟོག་པར་མི་བྱེད། ཡོངས་སུ་དཔྱོད་པར་མི་བྱེད་པ་ཡིན་ནོ། །གཟུགས་བརྙན་དེ་ཡང་གཟུགས་བརྙན་ཞེས་ཀྱང་བྱ། ཏིང་ངེ་འཛིན་གྱི་མཚན་མ་དང། ཏིང་ངེ་འཛིན་གྱི་སྤྱོད་ཡུལ་གྱི་ཡུལ་དང། ཏིང་ངེ་འཛིན་གྱི་ཐབས་དང། ཏིང ་ངེ་འཛིན་གྱི་སྒོ་དང། ཡིད་ལ་བྱེད་པའི་རྟེན་དང། ནད་དུ་རྣམ་པར་རྟོག་པའི་ལུས་དང། སྣང་བརྙན་ཞེས་ཀྱང་བྱ་སྟེ། དེ་དག་ནི་ཤེས་བྱའི་དངོས་པོ་དང་ཆ་མཐུན་པའི་གཟུགས་བརྙན་དེའི་མིང་གི་རྣམ་གྲངས་ཡིན་པར་རིག་པར་བྱའོ། །དངོས་པོའི་མཛའ་གང་ཞེ་ན། ་དམིགས་པའི་ཇི་སྙེད་ཡོད་པ་ཉིད་དང། ཇི་ལྟ་བ་བཞིན་དུ་ཡོད་པ་ཉིད་གང་ཡིན་པའོ། །དེ་ལ་ཇི་སྙེད་པ་ཡོད་པ་ཉིད་གང་ཞེ་ན། དེ་ཕན་ཆད་གཟུགས་ཀྱི་ཕུང་པོ་དང། ཚོར་བའི་ཕུང་པོ་དང། འདུ་ཤེས་ཀྱི་ཕུང་པོ་དང། འདུ་བྱེད་ཀྱི་ཕུང་པོ་དང། རྣམ ་པར་ཤེས་པའི་ཕུང་པོ་མེད་དོ་ཞེས་ཆོས་ལས་འདུས་བྱས་ཀྱི་དངོས་པོ་ཐམས་ཅད་བསྡུས་པ་དང། ཁམས་རྣམས་དང། སྐྱེ་མཆེད་རྣམས་ཀྱིས་ཆོས་ཐམས་ཅད་བསྡུས་པ་དང། འཕགས་པའི་བདེན་པ་རྣམས་ཀྱིས་ཤེས་བྱའི་དངོས་པོ་ཐམས་ཅད་བསྡུས ་པ་གང་ཡིན་པ་དེ་ནི་ཇི་སྙེད་ཡོད་པ་ཉིད་ཅེས་བྱའོ། །དེ་ལ་ཇི་ལྟ་བ་བཞིན་དུ་ཡོད་པ་ཉིད་གང་ཞེ་ན། དམིགས་པའི་ཡང་དག་པ་ཉིད་དང། དེ་བཞིན་ཉིད་རིག་པ་བཞི་པོ་འདི་ལྟ་སྟེ། བལྟོས་པའི་རིགས་པ་དང། བྱ་བ་བྱེད་པའི་རིགས་པ་དང། འཐད་པ ་བསྒྲུབ་པའི་རིགས་པ་དང། ཆོས་ཉིད་ཀྱི་རིགས་པའི་རིགས་པ་དང་ལྡན་པ་གང་ཡིན་པ་སྟེ། དེ་ལྟར་དམིགས་པའི་ཇི་སྙེད་ཡོད་པ་ཉིད་གང་ཡིན་པ་དང། ཇི་ལྟ་བ་བཞིན་དུ་ཡོད་པ་ཉིད་གང་ཡིན་པ་དེ་དག་གཅིག་ཏུ་བསྡུས་པ་གང་ཡིན་པ་དེ་ནི་དངོས་པོའི་མཛའ་ ་ཞེས་བྱའོ། །དེ་ལ་དགོས་པ་ཡོངས་སུ་གྲུབ་པ་གང་ཞེ་ན། རྣལ་འབྱོར་པ་དེའི་ཞི་གནས་དང། ལྷག་མཐོང་གི་གཟུགས་བརྙན་ལ་དམིགས་པའི་ཡིད་ལ་བྱེད་པ་གང་ཡིན་པ་དེ་ཀུན་ཏུ་བསྟེན་ཅིང། གོམས་པར་བྱས་ལན་མང་དུ་བྱས་པའི་རྒྱུས་ཡོངས་སུ་རྫོགས་པར ་གྱུར་ཅིང། དེ་ཡོངས་སུ་རྫོགས་པས་གནས་ངན་ལེན་ཐམས་ཅད་ཤིན་ཏུ་མ་བྱང་ཞིང། གནས་ཡོངས་སུ་འགྱུར་ལ། གནས་ཡོངས་སུ་གྱུར་པས། གཟུགས་བརྙན་ལས་ཡང་དག་པར་འདས་ནས། བསམ་གཏན་དང་པོ་ལ་སྙོམས་པར་འཇུག་པ། བསམ ་གཏན་དང་པོ་ཐོབ་པའི་བསམ་གཏན་དང་པོའི་སྤྱོད་ཡུལ་ལམ། བསམ་གཏན་གཉིས་པ་དང། བསམ་གཏན་གསུམ་པ་དང། བསམ་གཏན་བཞི་པ་ལ་སྙོམས་པར་འཇུག་པ་བསམ་གཏན་བཞི་པ་ཐོབ་པའི་བསམ་གཏན་བཞི་པའི་སྤྱོད་ཡུལ་ལམ། ནམ་མཁའ་ ་མཛའ་ཡས་སྐྱེ་མཆེད་དང། རྣམ་ཤེས་མཛའ་ཡས་སྐྱེ་མཆེད་དང། ཅི་ཡང་མེད་པའི་སྐྱེ་མཆེད་དང། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ལ་སྙོམས་པར་འཇུག་པ་དེ་ཐོབ་པའི་དེའི་སྤྱོད་ཡུལ་གྱི་ཤེས་བྱའི་དངོས་པོ་དེ་ཉིད་ལ་རྣམ་པར་རྟོག་པ་མེད་པའི ་ཡེ་ཤེས་དང། མཐོང་བ་མངོན་སུམ་དུ་འབྱུང་བར་འགྱུར་ཏེ། དེ་ནི་དགོས་པ་ཡོངས་སུ་གྲུབ་པ་ཞེས་བྱའོ། །དམིགས་པའི་དངོས་པོ་བཞི་པོ་དེ་དག་ནི་ཐམས་ཅད་དུ་འགྲོ་ཞིང། དམིགས་པ་ཐམས་ཅད་ཀྱི་རྗེས་སུ་སོང་བ་དང། འདས་པ་དང། མ་འོངས་པ་དང། ་དེ་ལྟར་བྱུང་བའི་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་བཤད་པ་ཡིན་པས་ན། དེའི་ཕྱིར་དེ་དག་ནི་ཁྱབ་པའི་དམིགས་པ་ཞེས་བྱའོ། །གཞན་ཡང་དེ་དག་ནི་ཞི་གནས་ཀྱི་ཕྱོགས་དང། ལྷག་མཐོང་གི་ཕྱོགས་དང། དངོས་པོ་ཐམས་ཅད་དང་ལྡན་པ ་དང། ཡང་དག་པའི་དངོས་པོ་དང་ལྡན་པ་དང། རྒྱུ་དང་འབྲས་བུའི་དངོས་པོ་དང་ལྡན་པའི་དམིགས་པ་ཡིན་པས་ན། དེའི་ཕྱིར་ཡང་དེ་དག་ནི་ཁྱབ་པའི་དམིགས་པ་ཞེས་བྱ་སྟེ། དེ་ལ་རེ་ཤིག་རྣམ་པར་རྟོག་པ་དང་བཅས་པའི་གཟུགས་བརྙན་ཞེས་གང ་གསུངས་པ་དེ་ནི་འདིར་ལྷག་མཐོང་གི་ཕྱོགས་ཀྱི་དམིགས་པ་ཡིན་ནོ། །རྣམ་པར་རྟོག་པ་མེད་པའི་གཟུགས་བརྙན་ཞེས་གང་གསུངས་པ་དེ་ནི་འདིར་ཞི་གནས་ཀྱི་ཕྱོགས་ཀྱི་དམིགས་པ་ཡིན་ནོ། །དངོས་པོའི་མཛའ་ཞེས་གང་གསུངས་པ ་དེ་ནི་འདིར་དངོས་པོ་ཐམས་ཅད་དང་ལྡན་པ་དང། ཡང་དག་པའི་དངོས་པོ་དང་ལྡན་པའི་དམིགས་པ་ཡིན་ནོ། །དགོས་པ་ཡོངས་སུ་གྲུབ་པ་ཞེས་གསུངས་པ་དེ་ནི་འདིར་རྒྱུ་དང་འབྲས་བུའི་དངོས་པོ་དང་ལྡན་པའི་དམིགས་པ་ཡིན་ནོ།། །། ་བམ་པོ་བརྒྱད་པ། །བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ནམ་གྲུ་ལས་བརྩམས་ཏེ། དེ་སྐད་གསུངས་སོ་ཞེས་འདི་སྐད་ཀྱང་གྲགས་ཏེ། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ན་མ་གྲུབ་ཞུ་བ་ཞུས་པ། བཙུན་པ་དགེ་སློང་རྣལ་འབྱོར་སྤྱོད་པ་དམིགས་པ་ཇི་སྙེད ་ཅིག་ལ་ནི་སེམས་ཉེ་བར་གཏོད་པར་བགྱིད་ལགས། དམིགས་པ་གང་ལ་ནི་སེམས་ཉེ་བར་གཏོད་པར་བགྱིད་པ་ལགས། ཇི་ལྟར་དམིགས་པ་ལ་སེམས་ཉེ་བར་གཏོད་པར་བགྱིད་ན་ལེགས་པར་ཉེ་བར་བསྟད་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ ་ནམ་གྲུ་ལེགས་སོ་ལེགས་སོ། །ནམ་གྲུ་ཁྱོད་དོན་འདི་ཡོངས་སུ་དྲི་བར་སེམས་པ་ནི་ཡོང་ལེགས་སོ། །དེའི་ཕྱིར་ལེགས་བར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཞིག་དབང་བཤད་པར་བྱའོ། །ནམ་གྲུ་འདི་ལ་དགེ་སློང་རྣལ་འབྱོར་སྤྱོད་པ་སྤྱད་པ་རྣམ་པར་སྤྱད་པར་འདོད་པ་འམ། ་མཁས་པར་བྱ་བར་འདོད་པ་འམ། ཟག་པ་རྣམས་ལས་སེམས་རྣམ་པར་གྲོལ་བར་འདོད་པ་ནི་རྗེས་སུ་མཐུན་པའི་དམིགས་པ་དང། གཟུགས་བརྙན་གྱི་དམིགས་པ་ལས་སེམས་ཉེ་བར་གཏོད་པར་བྱེད་ཅིང་ཡང་དག་པ་ཉིད་དུ་ཡང་ཉེ་བར་གཏོད་པར་བྱེད་ན། དེ་ལ་རྟག ་འགྲུས་པའི་བསམ་གཏན་པ་ཡིན་ནོ། །དེ་ལ་ཇི་ལྟར་ན་རྗེས་སུ་མཐུན་པའི་དམིགས་པ་ལ་སེམས་ཉེ་བར་གཏོད་པར་བྱེད་པ་ཡིན་ཞེ་ན། ནམ་གྲུ་གལ་ཏེ་དགེ་སློང་རྣལ་འབྱོར་སྤྱོད་པ་དེ་འདོད་ཆགས་སྤྱོད་པ་ཁོ་ན་ཞིག་ཡིན་ན་ནི། དམིགས་པ་མི་སྡུག་པ་ལ་སེམས ་ཉེ་བར་གཏོད་པར་བྱེད་དོ། །ཞེ་སྡང་སྤྱད་པ་ཞིག་ཡིན་ན་ནི་བྱམས?་པ་ལའོ། །གཏི་མུག་སྤྱད་པ་ཞིག་ཡིན་ན་ནི་རྐྱེན་འདི་པ་ཉིད་ཀྱི་རྟེན་ཅིང་འབྲེལ་བར་འབྱུང་བ་ལ་བྱའོ། །ང་རྒྱལ་སྤྱད་པ་ཞིག་ཡིན་ན་ནི་ཁམས་རབ་ཏུ་དབྱེ་བ་ལ་སེམས་ཉེ་བར་གཏོད་པར་བྱེད་དེ། དེ་ལྟར ་ན་དེ་རྗེས་སུ་མཐུན་པའི་དམིགས་པ་ལ་སེམས་ཉེ་བར་གཏོད་པར་བྱེད་པ་ཡིན་ནོ། །ནམ་གྲུ་གལ་ཏེ་དགེ་སློང་རྣལ་འབྱོར་པ་རྣལ་འབྱོར་སྤྱད་པ་དེ། རྣམ་པར་རྟོག་པ་སྤྱོད་པ་ཁོ་ན་ཞིག་ཡིན་ན་ནི། དབུགས་རྡུབ་པ་དང། དབུགས་འབྱུང་བ་དྲན་པ་ལ་སེམས་ཉེ་བར་གཏོད་པར ་བྱེད་དེ། དེ་ལྟར་ན་དེ་རྗེས་སུ་མཐུན་པའི་དམིགས་པ་ལ་ཉེ་བར་གཏོད་པར་བྱེད་པ་ཡིན་ནོ། །ནམ་གྲུ་གལ་ཏེ་དགེ་སློང་རྣལ་འབྱོར་པ་རྣལ་འབྱོར་སྤྱོད་པ་དེ་འདུ་བྱེད་རྣམས་ཀྱི་རང་གི་མཚན་ཉིད་ལ་ཀུན་ཏུ་རྨོངས་པ་འམ། བདག་དང་སེམས་ཅན་དང། སྲོག་དང། སྐྱེ་བ་པོ་དང། ་གསོ་བ་པོ་དང། གང་ཟག་གི་དངོས་པོ་ལ་ཀུན་ཏུ་རྨོངས་པ་ཞིག་ཡིན་ན་ནི། ཕུང་པོ་ལ་མཁས་པ་ལ་སེམས་ཉེ་བར་གཏོད་པར་བྱེད་དོ། །རྒྱུ་ལ་ཀུན་ཏུ་རྨོངས་པ་ཞིག་ཡིན་ན་ནི། ཁམས་ལ་མཁས་པ་ལའོ། །རྐྱེན་ལ་ཀུན་ཏུ་རྨོངས་པ་ཞིག་ཡིན་ན་ནི། སྐྱེ་མཆེད ་ལ་མཁས་པ་ལའོ། །མི་རྟག་པ་དང། སྡུག་བསྔལ་བ་དང། བདག་མེད་པ་ཀུན་ཏུ་རྨོངས་པ་ཞིག་ཡིན་ན་ནི། རྟེན་ཅིང་འབྲེལ་བར་འབྱུང་བ་ལ་མཁས་པ་དང། གནས་དང་གནས་མ་ཡིན་པ་ལ་མཁས་པ་ལ་སེམས་ཉེ་བར་གཏོང་པར་བྱེད་དོ། །འདོད་པའི་ཁམས ་ཀྱི་འདོད་ཆགས་དང་བྲལ་བར་འདོད་པ་ཞིག་ཡིན་ན་ནི། འདོད་པ་རྣམས་ཀྱི་རགས་པ་ཉིད་དང། གཟུགས་རྣམས་ཀྱི་ཞི་བ་ཉིད་ལའོ། །གཟུགས་རྣམས་ལས་འདོད་ཆགས་དང་བྲལ་བར་འདོད་བ་ཞིག་ཡིན་ན་ནི། གཟུགས་རྣམས་ཀྱི་རགས་པ་ཉིད་དང། གཟུགས་མེད ་པ་རྣམས་ཀྱི་ཞི་བ་ཉིད་ལ་སེམས་ཉེ་བར་གཏོད་པར་བྱེད་དོ། །འཇིག་ཚོགས་ཐམས་ཅད་ལས་སྐྱེ་བར་འདོད་ཅིང། རྣམ་པར་གྲོལ་བར་འདོད་པ་ཞིག་ཡིན་ན་ནི། བདེན་པར་སྡུག་བསྔལ་པ་དང། བདེན་པ་ཀུན་འབྱུང་བ་དང། བདེན་པ་འཁོག་པ་དང། བདེན་པ་ལས ་ལ་སེམས་ཉེ་བར་གཏོད་པར་བྱེད་དེ། ནམ་གྲུ་དེ་ལྟར་ན་དགེ་སློང་རྣལ་འབྱོར་བ་རྣལ་འབྱོར་སྤྱོད་པ་རྗེས་སུ་མཐུན་པའི་དམིགས་པ་ལ་སེམས་ཉེ་བར་གཏོད་པར་བྱེད་པ་ཡིན་ནོ། །ནམ་གྲུ་ཇི་ལྟར་ན་དགེ་སློང་རྣལ་འབྱོར་པ་རྣལ་འབྱོར་སྤྱོད་པ་གཟུགས ་བརྙན་གྱི་དམིགས་པ་ལ་སེམས་ཉེ་བར་གཏོད་པར་བྱེད་པ་ཡིན་ཞེ་ན། ནམ་གྲུ་འདི་ལ་དགེ་སློང་རྣལ་འབྱོར་སྤྱོད་པ་དེ་ཤེས་བྱའི་དངོས་པོ་དེ་དང་དེ་ཁོ་ན་དག་རྣམ་པར་འབྱེད་པར་འདོད། རབ་ཏུ་རྣམ་པར་འབྱེད་པར་འདོད། ཡོངས་སུ་རྟོགས་པར་འདོད། ཡོངས་སུ་སྤྱོད ་བར་འདོད། དེས་དེ་དག་དང་པོ་ཉིད་ནས་མཐོང་བ་འམ། ཐོས་པ་འམ། བྱེ་བྲག་ཕྱེད་པ་འམ། རྣམ་པར་རིག་པར་ཡང་གྱུར་ན། དེ་མཐོང་བ་དེ་ཉིད་ཀྱི་དབང་དུ་བྱས་སམ། ཐོས་པའམ་བྱེ་བྲག་བྱེད་པ་འམ། རྣམ་པར་རིག་པ་དེ་ཉིད་ཀྱི་དབང་དུ་བྱས་ནས། མཉམ ་བར་གཞག་པའི་ས་པའི་ཡིད་ལ་བྱེད་ཅིང། རྣམ་པར་རྟོག་པར་བྱེད། མོས་པར་བྱེད་དོ། །དེ་ཤེས་བྱའི་དབང་པོ་ཉེ་བར་གྱུར་ཅིང། མངོན་དུ་གྱུར་པ་དེ་ཉིད་མི་མཐོང་མོད་ཀྱི། འོན་ཀྱང་དེ་ལ་དེའི་གཟུགས་བརྙན་དང། དེའི་སྣང་བརྙན་ཡེ་ཤེས་ཙམ་མམ། མཐོང་བ་ཙམ ་མམ། རྗེས་སུ་དྲན་པ་ཙམ་འབྱུང་བར་འགྱུར་ཏེ། དགེ་སློང་རྣལ་འབྱོར་པ་རྣལ་འབྱོར་སྤྱོད་པ་དེ་དུས་དུས་སུ་དམིགས་པ་དེ་དང་ལྡན་པའི་སེམས་ཡང་དག་པར་ཞི་བར་བྱེད་ཅིང། དུས་དུས་སུ་ལྷག་པའི་ཤེས་རབ་ཆོས་རྣམ་པར་བྱེད་པ་ལ་ཡང་རྣལ་འབྱོར་དུ་བྱེད་དེ། ནམ ་གྲུ་དེ་ལྟར་ན་དགེ་སློང་རྣལ་འབྱོར་བ་རྣལ་འབྱོར་སྤྱོད་པ། གཟུགས་བརྙན་གྱི་དམིགས་པ་ལ་སེམས་ཉེ་བར་གཏོད་པར་བྱེད་པ་ཡིན་ནོ། །ནམ་གྲུ་ཇི་ལྟར་ན་དགེ་སློང་རྣལ་འབྱོར་པ་རྣལ་འབྱོར་སྤྱོད་པ་དམིགས་པ་ལ་སེམས་ཡང་དག་པ་ཉིད་དུ་ཉེ་བར་གཏོད་པར་བྱེད་པ་ཡིན་ཞེ ་ན། ནམ་གྲུ་གལ་ཏེ་དགེ་སློང་རྣལ་འབྱོར་པ་རྣལ་འབྱོར་སྤྱོད་པ་དེ་དམིགས་པ་ལ་སེམས་ཉེ་བར་གཏོད་པར་བྱེད་ན། ངེས་ཤེས་བྱ་ཇི་སྐད་ཤེས་པར་བྱ་བ་དེ་སྙེད་ཤེས་ཤིང་དེ་ཡང་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཕྱིན་ཅི་མ་ལོག་པར་གྱུར་ན། ནམ་གྲུ་དགེ་སློང་རྣལ ་འབྱོར་པ་རྣལ་འབྱོར་སྤྱོད་པ་དམིགས་པ་ལ་སེམས་ཡང་དག་པ་ཉིད་དུ་ཉེ་བར་གཏོད་པར་བྱེད་པ་ཡིན་ནོ། །ནམ་གྲུ་ཇི་ལྟར་ན་དགེ་སློང་རྣལ་འབྱོར་པ་རྣལ་འབྱོར་སྤྱོད་པ་རྟག་འགྲུས་པའི་བསམ་གཏན་པ་ཡིན་ཞེ་ན། ནམ་གྲུ་གལ་ཏེ་དགེ་སློང་རྣལ་འབྱོར་པ་རྣལ་འབྱོར་སྤྱོད་པ ་དེ་དེ་ལྟར་དམིགས་པ་ལ་སེམས་ཉེ་བར་གཏོད་པར་བྱེད་པ་ན། རྟག་ཏུ་སྦྱོར་བ་དང་གུས་པར་བྱས་ཏེ་སྦྱོར་བར་བྱེད་ཅིང། དུས་དུས་སུ་ཞི་གནས་གྱི་མཚན་མ་སྒོམ་པར་བྱེད་པ་དང། རབ་ཏུ་འཛིན་པའི་མཚན་མ་དང། བཏང་སྙོམས་ཀྱི་མཚན་མ་ཀུན་ཏུ་བརྟེན ་ཅིང་གོམས་པར་བྱས། ལན་མང་དུ་བྱས་པའི་རྒྱུས་གནས་ངན་ལེན་ཐམས་ཅད་ཤིན་ཏུ་སྦྱངས་པའི་ཕྱིར། གནས་ཡོངས་སུ་དག་པར་རྗེས་སུ་ཐོབ་པར་བྱེད། རེག་པར་བྱེད། མངོན་སུམ་དུ་བྱེད་ཅིང། ཤེས་བྱའི་དངོས་པོ་མངོན་སུམ་དུ་གྱུར ་པས། དམིགས་པ་ཡོངས་སུ་དག་པ་དང། འདོད་ཆགས་དང་བྲལ་བས་སེམས་ཡོངས་སུ་དག་པ་དང། མ་རིག་པ་དང་བྲལ་བས་ཡེ་ཤེས་ཡོངས་སུ་དག་པ་རྟོགས་པར་བྱེད་རེག་པར་བྱེད། མངོན་སུམ་དུ་བྱེད་ན། ནམ་གྲུ་དེ་ལྟར་ན་དགེ་སློང་རྣལ་འབྱོར་པ་རྣལ ་འབྱོར་སྤྱོད་པ་རྟག་འབྲུས་པའི་བསམ་གཏན་ཡིན་ནོ། །ནམ་གྲུ་གང་གི་ཕྱིར་དགེ་སློང་རྣལ་འབྱོར་པ་རྣལ་འབྱོར་པ་དམིགས་པ་དེ་ཉིད་ལ་སེམས་ཉེ་བར་གཏོད་པར་བྱེད་ཅིང། དམིགས་པ་ལ་དེ་ལྟར་སེམས་ཉེ་བར་གཏོད་པར་བྱེད་ན། དེ་ལྟར་ན་དེའི་སེམས ་དམིགས་པ་ལ་ལེགས་པར་ཉེ་བར་གཏོད་པ་ཡིན་ཞེས་གསུངས་སོ་ཞེས་གྲགས་སོ་།དེ་ལ་མཚན་མ་སྤྱོད་པའི་རྣལ་འབྱོར་པ། །ཀུན་ཏུ་ཡང་དག་དོན་རྟོགས་ཤིང། །རྟག་འགྲུས་གཟུགས་བརྙན་བསམ་གཏན་པ། །ཡོངས་སུ་དག་པ་རྟོགས་པར་བྱེད། ། ་ཅེས་ཚིགས་སུ་བཅད་པ་ཡང་ཡོད་དེ། དེ་ལ་རེ་ཞིག་མཚན་མ་སྤྱོད་པའི་རྣལ་འབྱོར་པ་ཞེས་གང་གསུངས་པ་དེས་ནི། ཞིག་གནས་ཀྱི་མཚན་མ་དང། རབ་ཏུ་འཛིན་པའི་མཚན་མ་དང། བཏང་སྙོམས་ཀྱི་མཚན་མ་དང། རྟག་ཏུ་བྱེད་པ་ཉིད་དང། གུས་པར ་བྱས་ཏེ་བྱེད་པ་ཉིད་བསྟན་ཏོ། །ཀུན་དང་ཡང་དག་དོན་རྟོགས་ཤིང། ཞེས་གང་གསུངས་པ་དེས་ནི་དངོས་པོའི་མཛའ་བསྟན་ཏོ། །རྟག་འགྲུས་གཟུགས་བརྙན་བསམ་གཏན་པ། ཞེས་གང་གསུངས་པ་དེ་ནི་རྣམ་པར་རྟོག་པ་དང་བཅས ་པའི་གཟུགས་བརྙན་དང། རྣམ་པར་རྟོག་པ་མེད་པའི་གཟུགས་བརྙན་བསྟན་ཏོ། །ཡོངས་སུ་དག་པ་རྟོག་པར་བྱེད་ཅེས་གང་གསུངས་པ་དེས་ནི་དགོས་པ་ཡོངས་སུ་གྲུབ་པ་བསྟན་ཏོ། །གཞན་ཡང་བཅོམ་ལྡན་འདས་ཀྱིས་སེམས་ཀྱི་མཚན་མ་མཁས་པ་དང། ་རབ་ཏུ་དབྱེ་བའི་ཉམས་ཐོབ་དང། །རྟག་འགྲུས་དྲན་ལྡན་བསམ་གཏན་པ། དགའ་པ་དེ་ཟང་ཟིང་མེད་བ་སྤྱོད། ཅེས་ཀྱང་གསུངས་ཏེ། དེ་ལ་རེ་ཤིག་སེམས་ཀྱི་མཚན་མ་མཁས་པ་དང། ཞེས་གང་གསུངས་པ་དེས་ནི་མཚན་མའི་སྒྲས་ནི་རྣམ་པར་རྟོག་པ་དང ་བཅས་པའི་གཟུགས་བརྙན་དང། རྣམ་པར་རྟོག་པ་མེད་པའི་གཟུགས་བརྙན་ལ། མཁས་པའི་སྒྲས་ནི་དངོས་པོའི་མཛའ་བསྟན་ཏོ། །རབ་ཏུ་དབྱེ་བའི་ཉམས་ཐོབ་དང་ཞེས་གང་གསུངས་པ་དེས་ནི་དམིགས་པ་ལ་ཡང་དག་པ་ཉིད་དུ་གཏོད་པར་སྤྱོད་པའི་སྒོམས་པ་ལ ་དགའ་བ་ཉིད་དང། བསྒོམ་པ་ལ་དགའ་བ་ཉིད་བསྟན་ཏོ། །རྟག་འགྲུས་དྲན་ལྡན་བསམ་གཏན་པ་ཞེས་གསུངས་པ་ངེས་ནི་ཞི་གནས་དང། ལྷག་མཐོང་གི་བསྒོམ་པ་རྟག་ཏུ་བྱེད་པ་བསྟན་ཏོ། །དགའ་བ་དེ་ཟང་ཟིང་མེད་པ་སྦྱོད། ཅེས་གང་གསུངས་པ་དེས་ནི་དགོས་པ ་ཡོངས་སུ་གྲུབ་པ་བསྟན་ཏོ། །དེའི་ཕྱིར་དེ་ལྟར་ན་ཁྱབ་པའི་དམིགས་པ་དེ་ནི་ཡིད་ཆེས་པའི་ལུང་གི་དག་པ་དང། རིག་པ་དང་ལྡན་པ་ཡིན་པར་རིག་པར་བྱ་སྟེ། དེ་ནི་ཁྱབ་པའི་དམིགས་པ་ཞེས་བྱའོ། །དེ་ལ་སྤྱད་པ་རྣམ་པར་སྦྱོང་བའི་དམིགས་པ་གང་ཞེ་ན། འདི་ལྟ ་སྟེ། མི་སྡུག་པ་དང། བྱམས་པ་དང། རྐྱེན་འདི་པ་ཉིད་ཀྱི་རྟེན་ཅིང་འབྲེལ་པར་འབྱུང་བ་དང། ཁམ་རབ་ཏུ་དབྱེ་བ་དང། དབུགས་རྡུབ་བ་དང། དབུགས་འབྱུང་བ་དྲན་པའོ། །དེ་ལ་མི་སྡུག་པ་གང་ཞེ་ན། སྨྲས་པ། མི་སྡུག་པ་ནི་རྣམ་པ་དྲུག་སྟེ། དྲུག ་གང་ཞེ་ན། འདི་ལྟ་སྟེ། མི་གཙང་བའི་མི་སྡུག་པ་ཉིད་དང། སྡུག་བསྔལ་གྱི་མི་སྡུག་པ་ཉིད་དང། དན་པའི་མི་སྡུག་པ་ཉིད་དང། བལྟོས་པའི་མི་སྡུག་པ་ཉིད་དང། ཉོན་མོངས་པའི་མི་སྡུག་པ་ཉིད་དང། རབ་ཏུ་འཇིགས་པའི་མི་སྡུག་པ་ཉིད་དོ། །དེ་ལ་མི་གཙང་བའི ་མི་སྡུག་པ་ཉིད་གང་ཞེ་ན། སྨྲས་པ། མི་གཙང་བའི་མི་སྡུག་པ་ཉིད་རྣམ་པ་གཉིས་ཏེ། ནང་ལས་བརྟེན་པ་དང། ཕྱི་རོལ་ལས་བརྟེན་པ་ཡིན་པར་རིག་པར་བྱའོ། །དེ་ལ་ནང་ལས་རྟེན་པའི་མི་གཙང་བའི་མི་སྡུག་པ་ཉིད་གང་ཞེ་ན། འདི་ལྟ་སྟེ། སྐྲ་དང། སྤུ་དང། ་སེན་མོ་དང། སོ་དང། གློག་པ་དང། དྲི་མ་དང། པགས་པ་དང། ཤ་དང། རུས་པ་དང། ཆུ་རྒྱུས་དང། རྩ་དང། མཁལ་མ་དང། སྙིང་དང། མཆིན་པ་དང། གློ་བ་དང། རྒྱུ་མ་དང། གཉེ་མ་དང། ཕོ་བ་དང། ལོང་ཀ་དང། མཆེར་བ་དང། ཕྱི་ས་དང། མཆི་མ ་དང། རྡུལ་དང། མཆིལ་མ་དང། སྣབས?་དང། ཞག་དང། ཆུ་སེར་དང། རྐང་དང། ཚིལ་དང། མཁྲིས་པ་དང། བད་ཀན་དང། རྣག་དང། ཁྲག་དང། ཀླང?་བྲི་དང། ཀླད?་རྒྱས་དང། གཅིན?་དང། དེ་ལྟ་བུ་དང་མཐུན་པ་དག་ནི་ནང་ལས་བརྟེན་པའི་མི་གཙང་བའི་མི་སྡུག ་བ་ཉིད་ཡིན་པར་རིག་པར་བྱའོ། །དེ་ལ་ཕྱི་རོལ་ལས་བརྟེན་པའི་མི་གཙང་བའི་མི་སྡུག་པ་ཉིད་གང་ཞེ་ན། འདི་ལྟ་སྟེ། རྣམ་པར་བསྔོས་པ་དང། རྣམ་པར་བརྣགས་པ་དང། རྣམ་པར་འབུས་གཞིགས་པ་དང། རྣམ་པར་བམ་པ་དང། རྣམ་པར་ཟོས་པ་དང། ་རྣམ་པར་དམར་བ་དང། རྣམ་པར་འཐར་བ་དང། རུས་གོང་དང། ཀེང་རུས་དང། རུས་པའི་ཀང་རུས་དང། བཤད་བས་གོས་པ་དང། གཅི་བས་གོས་པ་དང། མཆིལ་མས་གོས་པ་དང། སྣབས་ཀྱིས་གོས་པ་དང། ཁྲག་གིས་གོས་པ་དང། རྣག་གིས་གོས་པ ་དང། ཆུབ་ཁུང་ས་དང། ལྗན་ལྗིན་དང། དེ་ལྟ་བུ་དང་མཐུན་པ་དག་ནི་ཕྱི་རོལ་ལས་བརྟེན་པའི་མི་གཙང་བའི་མི་སྡུག་པ་ཉིད་ཡིན་པར་རིག་པར་བྱ་སྟེ། ནང་ལས་བརྟེན་པའི་མི་སྡུག་པ་ཉིད་གང་ཡིན་པ་དང། ཕྱི་རོལ་ལས་བརྟེན་པའི་མི་སྡུག་པ་ཉིད་གང་ཡིན ་པ་དེ་ནི་མི་གཙང་བའི་མི་སྡུག་པ་ཉིད་ཅེས་བྱའོ། །དེ་ལ་སྡུག་བསྔལ་གྱི་མི་སྡུག་པ་ཉིད་གང་ཞེ་ན། སྡུག་བསྔལ་གྱི་ཚོར་བ་འབྱུང་བར་འགྱུར་བའི་རེག་པ་ལ་བརྟེན་ཏེ། བྱུང་བའི་ཚོར་བའི་རྣམ་པར་ལུས་དང་སེམས་ཀྱི་ཚོར་བ་སྡུག་བསྔལ་བ་གང ་ཡིན་པ་སྟེ། དེ་ནི་སྡུག་བསྔལ་གྱི་མི་སྡུག་པ་ཉིད་ཅེས་བྱའོ། །དེ་ལ་ངན་པའི་མི་སྡུག་པ་ཉིད་གང་ཞེ་ན། ཐམས་ཅད་ཤིན་ཏུ་དམན་པའི་གཞི་དང། ཐམས་ཅད་ཤིན་ཏུ་དམན་པའི་ཁམས་གང་ཡིན་པ་སྟེ། འདི་ལྟ་སྟེ། འདོད་པའི་ཁམས་ལྟ་བུ་སྟེ་དེ་བས་ཀྱང ་ཤིན་ཏུ་དམན་པ་དང། ཤིན་ཏུ་དན་པ་དང། ཤིན་ཏུ་ཐ་ཆད་ཡིན་པའི་ཁམས་གཞན་མེད་པས། དེ་ནི་ངན་པའི་མི་སྡུག་པ་ཉིད་ཅེས་བྱའོ། །དེ་ལ་བལྟོས་པའི་མི་སྡུག་པ་ཉིད་གང་ཞེ་ན། འདི་ལྟ་སྟེ། དེའི་དངོས་པོ་འགའ་ཞིག་སྡུག་པ་ཡིན་ཡང་དེ་ལས་གཞན་པའི ་ཤིན་ཏུ་སྡུག་པ་དག་ལས་བལྟོས་ན་མི་སྡུག་པ་ཉིད་དུ་སྣང་སྟེ། འདི་ལྟར་གཟུགས་མེད་པ་ལ་བལྟོས་ནས། གཟུགས་ཀྱི་ཁམས་མི་སྡུག་པ་ཉིད་དུ་སྣང་བ་དང། འཇིག་ཚོགས་འགོག་པའི་མྱ་ངན་ལས་འདས་པ་ལས་བལྟོས་ན། སྲིད་པའི་རྩེ་མོ་མན་ཆད་ཀྱང ་མི་སྡུག་པ་ཉིད་ཀྱི་གྲངས་སུ་འགྲོ་བ་དང། དེ་ལྟ་བུ་དང་མཐུན་པ་དག་ནི་བལྟོས་པའི་མི་སྡུག་པ་ཉིད་ཅེས་བྱའོ། །དེ་ལ་ཉོན་མོངས་པའི་མི་སྡུག་པ་ཉིད་གང་ཞེ་ན། ཁམས་གསུམ་ན་སྤྱོད་པའི་ཀུན་ཏུ་སྦྱོང་བ་དང། འཆིད་བ་དང། བག་ལ་ཉལ་དང། ཉེ་བའི ་ཉོན་མོངས་པ་དང། ཀུན་ནས་དཀྲིས་པ་ཐམས་ཅད་དུ་འགྲོ་བ་སྟེ། དེ་ནི་ཉོན་མོངས་པའི་མི་སྡུག་པ་ཉིད་ཅེས་བྱའོ། །དེ་ལ་རབ་ཏུ་འཇིག་པའི་མི་སྡུག་པ་ཉིད་གང་ཞེ་ན། ཉེ་བར་ལེན་པའི་ཕུང་པོ་དག་གི་མི་རྟག་པ་ཉིད་དང། མི་བརྟན་པ་ཉིད་དང། ཡིད་བརྟན་དུ་མི ་རུང་བ་ཉིད་དང། རྣམ་པར་འགྱུར་བའི་ཆོས་ཉིད་གང་ཡིན་པ་དེ་ནི་རབ་ཏུ་འཇིག་པའི་མི་སྡུག་པ་ཉིད་ཅེས་བྱ་སྟེ། མི་སྡུག་པ་དེ་དག་ནི་འདོད་ཆགས་སྤྱད་པའི་རྣམ་པར་སྦྱོད་པའི་དམིགས་པ་ཡིན་ནོ། །དེ་ལ་འདོད་ཆགས་གང་ཞེ་ན། འདོད་ཆགས་ནི་རྣམ་པ་ལྔ་སྟེ། ་འདི་ལྟ་སྟེ། །ནང་གི་འདོད་པ་རྣམས་ཀྱི་འདོད་པ་ལ་འདུན་པའི་འདོད་ཆགས་དང། ཕྱི་རོལ་གྱི་འདོད་པ་རྣམས་ཀྱིས་འཁྲིག་པ་ལ་འདུན་པ་འབྲིག?་པའི་འདོད་ཆགས་དང། ཡུལ་ལ་འདུན་པ་ཡུལ་གྱི་འདོད་ཆགས་དང། གཟུགས་ལ་འདུན་པ་གཟུགས་ཀྱི་འདོད་ཆགས ་དང། འཇིག་ཚོགས་ལ་འདུན་པ་འཇིག་ཚོགས་ཀྱི་འདོད་ཆགས་སོ། །འདོད་ཆགས་རྣམ་པ་ལྔ་པོ་དེ་དག་སྤང་པ་དང། བསལ་བ་དང། ཀུན་མི་འབྱུང་བར་བྱ་བའི་ཕྱིར། མི་སྡུག་པ་རྣམ་པ་དྲུག་ལ་དམིགས་ཏེ། དེ་ལ་ནང་ལས་བརྟེན་པའི་མི་གཙང་བའི་མི་སྡུག ་པ་ཉིད་ལ་དམིགས་པས་ནི། ནང་གི་འདོད་པ་རྣམས་ཀྱི་འདོད་པ་ལ་འདུན་པ་འདོད་པའི་འདོད་ཆགས་ལས་སེམས་རྣམ་པར་སྤྱོད་པར་བྱེད་དོ། །དེ་ལ་ཕྱི་རོལ་ལས་བརྟན་པའི་མི་གཅོད་པའི་མི་སྡུག་པ་ཉིད་ལ་དམིགས་པས་ནི། ཕྱི་རོལ་གྱི་འདོད་པ་རྣམས་ཀྱི་འཁྲིག་པ་ལ ་འདུན་པ། འཁྲིག་པའི་འདོད་ཆགས་རྣམ་པ་བཞི་དང་ལྡན་པ། ཁ་དོག་གི་འདོད་ཆགས་དང། དབྱིབས་ཀྱི་འདོད་ཆགས་དང། རེག་པའི་འདོད་ཆགས་དང། ཉེ་བར་སྤྱོད་པའི་འདོད་ཆགས་དང་ལྡན་པ་ལས་སེམས་རྣམ་པར་སྦྱོད་པར་བྱེད་དེ། དེ་ལ་གང་གི་ཚེ་རྣམ ་པར་སྔོས་པ་དང། རྣམ་པར་རྣགས་པ་དང། རྣམ་པར་འབུལ་གཞིགས་པ་དང། རྣམ་པར་བམ་པ་དང། རྣམ་པར་ཟོས་པ་ཡིད་ལ་བྱེད་ལ་དེའི་ཚེ་ནི། ཁ་དོག་གི་འདོད་ཆགས་ལས། སེམས་རྣམ་པར་སྦྱོང་བར་བྱེད་དོ། །གང་གི་ཚེ་རྣམ་པར་དམར་བ་ཡིད་ལ་བྱེད་པ ་དེའི་ཆེ་ན། དབྱིབས་ཀྱི་འདོད་ཆགས་ལས་སེམས་རྣམ་པར་སྤྱོད་པར་བྱེད་དོ། །གང་གི་ཚེ་རུས་གོང་དང། ཀེང་རུས་དང། རུས་པའི་ཀེང་རུས་ཡིད་ལ་བྱེད་པ་དེའི་ཚེ་ན་རེག་པའི་འདོད་ཆགས་ལས་སེམས་རྣམ་པར་སྤྱོད་པར་བྱེད་དོ། །གང་གི་ཚེ་རྣམ་པར་འཐོར་བ་ཡིད་ལ ་བྱེད་པ་དེའི་ཚེ་ནི་ཉེ་བར་སྤྱོད་པའི་འདོད་ཆགས་ལས་སེམས་རྣམ་པར་སྤྱོད་བར་བྱེད་དེ། དེ་ལྟར་ན་དེ་འཁྲིག་པའི་འདོད་ཆགས་ལས་སེམས་རྣམ་པར་སྦྱོང་བར་བྱེད་པ་ཡིན་ནོ། །དེ་ལྟ་བས་ན་བཅོམ་ལྡན་འདས་ཀྱིས་ཀྱང། ཕྱི་རོལ་ལས་བརྟེན་པའི་མི་གཙང་བའི ་མི་སྡུག་པ་ཉིད་གང་ཡིན་པ་སྟེ། དུར་ཁྲོད་པ་རྣམ་པ་བཞིར་རྣམ་པར་བཞག་སྟེ། དེས་ཤི་ནས་ཞག་གཅིག་ལོན་པ་འམ། ཤི་ནས་ཞག་གཉིས་ལོན་པའམ། ཤི་ནས་ཞག་གསུམ་ལོན་པའམ། ཤི་ནས་ཞག་བདུན་ལོན་པའི་བར་གྱི་དུར་ཁྲོད ་གང་དག་བྱ་རོག་དང། ཆུན་ལག་དང། བྱ་རྒོད་དང། ཁྱི་དང་ཝ་དག་གིས་ཟོས་པ་དེ་མཐོང་ན། བདག་གི་ལུས་འདི་ཡང་འདི་ལྟ་བུར་འགྱུར་ཞིང། འདི་ལྟ་བུར་གྱུར་པ་སྟེ། ཆོས་ཉིད་འདི་ལས་མ་འདས་པ་ཡིན་ནོ་སྙམ་དུ། དེ་དག་དང་ལུས་འདི་ཉིད་ཉེ་བར་སྤྱོད་བར ་བྱེད་དོ་ཞེས་གསུངས་པ་དེས་ནི། རྣམ་པར་བསྔོས་པ་དང། རྣམ་པར་ཟོས་པའི་བར་དག་བསྟན་ཏོ། །དེས་པགས་པ་དང། ཤ་དང་ཁྲག་དང། ཆུ་རྒྱུས་ཀྱི་ཟུངས་དང་བྲལ་བའི་དུར་ཁྲོད་ཀྱི་རུས་པ་གང་དག་མཐོང་ན་ཞེས་གང་གསུངས་པ་དེས་ནི་རྣམ་པར་དམར་བ་བསྟན་ཏོ།། ་དེས་དུར་ཁྲོད་ཀྱི་དུས་པ་གང་དག་མཐོང་ན་ཞེས་གང་གསུངས་པ་དེས་ནི་རུས་གོང་དང། ཀེང་རུས་དང། རུས་པའི་ཀེང་རུས་བསྟན་ཏོ། །དེས་ལག་པའི་རུས་པ་དག་ཀྱང་ལོགས་ཤིག་།རྐང་པའི་རུས་པ་དག་ཀྱང་ལོགས་ཤིག་།ལོང་བུའི་རུས་བདག་ཀྱང་ལོགས་ཤིག། ་པུས་མོའི་དུས་པ་དག་ཀྱང་ལོགས་ཤིག་ལ། རྩིབ་ལོགས་ཀྱི་རུས་པ་དག་དང། དཔུང་པའི་རུས་པ་དག་དང། ལག་ངར་གྱི་རུས་པ་དང། རྒལ་ཚིགས་དང། འགྲམ་སླད་དང། སོ་རྒྱུན་དང། མགོ་ཐོད་དག་ཀྱང་སོ་སོར་འཐོར་བའི་དུར་ཁྲོད་གང་དག་མཐོང ་ཞིང། དེ་བཞིན་དུ་ལོ་གཅིག་གམ། ལོ་གཉིས་སམ། ལོ་གསུམ་མམ་ལོ་བདུན་གྱི་བར་གྱི་བར་ཙམ་ལོན་པའི་རུས་པ་དུང་ལྟར་དཀར་བ་འམ། ཐི་བའི་མདོག་འདྲ་བས་རྡུལ་གྱི་ཕྱེ་མ་དང་འདྲེས་པ་དག་མཐོང་ན་ཞེས་གང་གསུངས་པ་ངེས་ནི། རྣམ་པར་འཐོར ་བ་བསྟན་ཏེ། དེ་ལྟར་ན་ཕྱི་རོལ་ལས་བརྟེན་པའི་མི་གཙང་བའི་མི་སྡུག་པ་ཉིད་ལ་དམིགས་པས་ནི་འཁྲིག་པའི་འདོད་ཆགས་ལས་སེམས་རྣམ་པར་སྤྱོད་བར་བྱེད་དོ། །དེ་ལ་སྡུག་བསྔལ་གྱི་མི་སྡུག་པ་ཉིད་ལ་དམིགས་པ་དང། ངན་པའི་མི་སྡུག་པ་ཉིད་ལ ་དམིགས་བས་ནི་ལུས་ལ་འདུན་པ་ཡུལ་གྱི་འདོད་ཆགས་ལ་སེམས་རྣམ་པར་སྤྱོད་བར་བྱེད་དོ། །དེ་ལ་བལྟོས་པའི་མི་སྡུག་པ་ཉིད་ལ་དམིགས་པས་ནི་གཟུགས་ལ་འདུན་པ་གཟུགས་ཀྱི་འདོད་ཆགས་ལས་སེམས་རྣམ་པར་གྲོལ་བར་བྱེད་དོ། །དེ་ལ་ཉོན་མོངས་པའི་མི ་སྡུག་པ་ཉིད་ལ་དམིགས་པ་དང། རབ་ཏུ་འཇིག་པའི་མི་སྡུག་པ་ཉིད་ལ་དམིགས་པས་ནི་སྲིད་པའི་རྩེ་མོ་མན་ཆད་ཀྱི་འཇིག་ཚོགས་ལས་འདུན་པ་འཇིག་ཚོགས་ཀྱི་འདོད་ཆགས་ལས་སེམས་རྣམ་པར་སྤྱོད་པར་བྱེད་དོ། །དེ་ནི་རེ་ཞིག་འདོད་ཆགས་སྤྱད་པའི་སྤྱད་པ་རྣམ་པར ་སྤྱོད་པའི་དམིགས་པ་ཡིན་ནོ། །དམིགས་པ་མི་སྡུག་པ་སྲིད་དོ་ཅོག་གི་ཐམས་ཅད་དང། རྣམ་པ་ཐམས་ཅད་བསྡུས་པའི་ཕྱིར། དེ་སྐད་བརྗོད་པར་ཟད་ཀྱི་དོན་གྱི་སྐབས་འདིར་ནི་མི་གཙང་བའི་མི་སྡུག་པ་དེ་ཉིད་ལས་དགོངས་པ་ཡིན་ཏེ། དེ་ལས་གཞན་པའི་མི་སྡུག་པ་རྣམས་ནི། ་དེ་ལས་གཞན་པའི་སྤྱད་པ་དག་རྣམ་པར་སྤྱོད་བའི་དམིགས་བ་ཡིན་པར་རིག་པར་བྱའོ། །དེ་ལ་བྱམས་པ་གང་ཞེ་ན། མཛའ་བཤས་ཀྱི་ཕྱོགས་དང། དགྲ་བོའི་ཕྱོགས་དང། ཐ་མལ་པའི་ཕྱོགས་ལ་མཉམ་པར་བཞག་པའི་ས་པའི་ཕན་པའི་བསམ་པ་ཉེ་བར་བཞག་སྟེ། བདེ ་བ་ཆུང་ངུ་དང། འབྲིང་དང། ཆེན་པོ་ཉེ་བར་བསྒྲུབ་པའི་ཕྱིར་མོས་བ་གང་ཡིན་པའོ། །དེ་ལ་མཛའ་བཤེས་ཀྱི་ཕྱོགས་དང། དགྲ་བོའི་ཕྱོགས་དང། ཐ་མལ་པའི་ཕྱོགས་གང་ཡིན་པ་དེ་ནི་དམིགས་པ་ཡིན་ནོ། །དེ་ལ་མཉམ་པར་བཞག་པའི་ས་པའི་ཕན་པའི་བསམ་པ ་དང། བདེ་བ་ཉེ་བར་བསྒྲུབ་པའི་ཕྱིར་མོས་པ་གང་ཡིན་པ་དེ་ནི་དམིགས་པར་བྱེད་པ་ཡིན་ཏེ། དེ་ལྟར་ན་དམིགས་པ་གང་ཡིན་པ་དེ་དང། དམིགས་བར་བྱེད་པ་གང་ཡིན་པ་དེ་དག་གཅིག་ཏུ་བསྡུས་པ་ནི་བྱམས་པ་ཞེས་བྱའོ། །དེ་ལ་བྱམས་པ་དང་ལྡན་པའི་སེམས ་ཞེས་གང་གསུངས་པ་དེ་ནི། རེ་ཞིག་ཕྱོགས་གསུམ་པོ་མཛའ་པོའི་ཕྱོགས་དང། དགྲ་བོའི་ཕྱོགས་དང། ཐ་མལ་པའི་ཕྱོགས་དག་ལ་ཕན་པའི་ལྷག་པའི་བསམ་པ་བསྟན་ཏོ། །འཁོན་མེད་པ་འགྲན་ཟླ་མེད་པ། གནོད་པ་མེད་པ་ཞེས་གང་གསུངས ་པ་དེས་ནི་ཕན་པའི་ལྷག་པའི་བསམ་པ་དེ་ཉིད་ཀྱི་མཚན་ཉིད་རྣམ་པ་གསུམ་བསྟན་ཏེ། དེ་ལ་འཁོན་མེད་པས་ནི་ཕན་པའི་བསམ་པ་ཡིན་ཏེ། དེ་ཡང་ཚིག་འོག་མ་གཉིས་པོ་འགྲན་ཟླ་མེད་པ་དང། གནོད་པ་མེད་པ་ཞེས་བྱ་བ་དག ་གིས་རྣམ་པར་བཤད་དོ། །དེ་ལ་ཕས་ཀྱི་དགྲའི་དངོས་པོར་གནས་པ་མེད་པའི་དོན་གྱིས་ནི་འགྲན་ཟླ་མེད་པ་ཉིད་ཡིན་ནོ། །གནོད་པ་བྱེད་པ་རྣམ་པར་སྤྱོད་པ་མེད་པའི་དོན་གྱིས་ནི། གནོད་པ་མེད་པ་ཉིད་ཡིན་ནོ། །ཡངས་པ་དང་ཆེན་པོར་གྱུར་པ་དང། ཚད་མེད་པ་ཞེས ་གང་གསུངས་པ་དེས་ནི་འདོད་པ་ན་སྤྱོད་པ་དང། བསམ་གཏན་དང་པོ་དང། གཉིས་པའི་ས་དང། བསམ་གཏན་གསུམ་པའི་ས་པའི་བདེ་བ་ཉེ་བར་བསྒྲུབ་པ་ཆུང་ངུ་དང། འབྲིང་དང་ཆེན་པོ་བསྟན་ཏོ། །མོས་ཏེ་ཁྱབ་པར་བྱས་ནས་བསྒྲུབས་ཏེ་གནས་སོ་ཞེས་གང ་གསུངས་པ་དེས་ནི་མཉམ་པར་བཞག་པའི་ས་པའི་བདེ་བ་ཉེ་བར་བསྒྲུབ་པའི་ཕྱིར་མོས་པ་བསྟན་ཏེ། བདེ་བ་ཉེ་བར་བསྒྲུབ་པ་དེ་ཡང་ཕན་པའི་ལྷག་པའི་བསམ་པས་ཡོངས་སུ་ཟིན་པ་དང། མོས་པ་ཡིད་ལ་བྱེད་པ་དང་ལྡན་པ་དང། སྡུག་བསྔལ་ཡང ་མ་ཡིན་བདེ་བ་ཡང་མ་ཡིན་པའི་མཛའ་བཤེས་ཀྱི་ཕྱོགས་དང། དགྲ་བོའི་ཕྱོགས་དང། ཐ་མལ་པའི་ཕྱོགས་ལ་བདེ་བར་འདོད་པ་ཡིན་པར་རིག་པར་བྱའོ། །སྡུག་བསྔལ་བ་དང། བདེ་བར་གྱུར་པའི་མཛའ་བཤེས་ཀྱི་ཕྱོགས་དང། དགྲ་བོའི་ཕྱོགས ་དང། ཐ་མལ་པའི་ཕྱོགས་གང་ཡིན་པ་དེ་དག་ལས་སྡུག་བསྔལ་བར་གྱུར་པ་གང་ཡིན་པ་དེ་ནི། སྙིང་རྗེའི་དམིགས་པ་ཡིན་ནོ། །བདེ་བར་གྱུར་པ་གང་ཡིན་པ་དེ་ནི་དགའ་བའི་དམིགས་པ་ཡིན་ཏེ། དེ་ནི་བསམས་པ་ཞེས་བྱའོ། །དེ་ལ་གང་ཟག ་གནོད་སེམས་སྤྱད་པས་སེམས་ཅན་རྣམས་ལ་བྱམས་པ་སྒོམ་པར་བྱེད་ན། གནོད་སེམས་གང་ཡིན་པ་དེ་སྲབ་མོར་བྱེད་ཅིང། གནོད་སེམས་སྤྱད་པ་ལས་སེམས་རྣམ་པར་སྤྱོད་བར་བྱེད་པ་ཡིན་ནོ། །དེ་ལ་རྐྱེན་འདི་ལ་ཉིད་ཀྱི་རྟེན་ཅིང་འབྲེལ་པར་འབྱུང་བ ་གང་ཞེ་ན། དུས་གསུམ་དུ་འདི་ལྟ་སྟེ། བལྟོས་པའི་རིགས་པ་དང། བྱ་བ་བྱེད་པའི་རིགས་པ་དང། འཐད་པ་བསྒྲུབ་པའི་རིགས་པ་དང། ཆོས་ཉིད་ཀྱི་རིགས་པའི་རིགས་པ་དང་ལྡན་པའི་འདུ་བྱེད་ཙམ་དང། ཆོས་ཙམ་དང། དངོས་པོ་ཙམ་དང། རྒྱུ་ཙམ ་དང། འབྲས་བུ་ཙམ་གང་ཡིན་པ་སྟེ། ཆོས་རྣམས་ཁོ་ནས་ཆོས་རྣམས་འདྲེན་པར་བྱེད་པ་ཉིད་དུ་ཟད་ཀྱི། བྱེད་པ་པོ་དང། ཚོར་བ་པོ་དེ་ཉིད་མེད་པ་དེ་ནི་རྐྱེན་འདི་པ་ཉིད་ཀྱི་རྟེན་ཅིང་འབྲེལ་པར་འབྱུང་བའི་དམིགས་པ་ཞེས་བྱ་སྟེ། གང་ཟག་གཏི་མུག་སྤྱད་ཅིང། ་གཏི་མུག་ཆེ་བ་དམིགས་པ་དེ་ཡིད་ལ་བྱེད་ན། གཏི་མུག་སྲབ་མོར་བྱེད་ཅིང། གཏི་མུག་སྤྱད་པ་ལས་སེམས་རྣམ་པར་སྤྱོད་པར་བྱེད་དོ། །དེ་ལ་ཁམས་རབ་ཏུ་དབྱེ་བ་གང་ཞེ་ན། ཁམས་དྲུག་པོ་དག་སྟེ། འདི་ལྟ་སྟེ། སའི་ཁམས་དང། ཆུའི་ཁམས་དང། མེའི ་ཁམས་དང། རླུང་གི་ཁམས་དང། ནམ་མཁའ་ཨི་ཁམས་དང། རྣམ་པར་ཤེས་པའི་ཁམས་སོ། །དེ་ལ་སའི་ཁམས་གང་ཞེ་ན། སའི་ཁམས་ནི་རྣམ་པ་གཉིས་ཏེ། ནང་གི་དང། ཕྱི་རོལ་གྱིའོ། །དེ་ལ་ནང་གི་སའི་ཁམས་གང་ཞེ་ན། ནང་གི་སོ་སོའི་ལུས་ཟིན་པ་དང། ་ཟིན་པར་གྱུར་པའི་སྲ་བ་དང། སྲ་བར་གྱུར་པ་ཡོད་པ་གང་ཡིན་པའོ། །ཕྱི་རོལ་གྱི་སའི་ཁམས་གང་ཞེ་ན། ཕྱི་རོལ་མ་ཟིན་པ་དང། མ་ཟིན་པར་གྱུར་པ་ལ་སྲ་བ་དང། སྲ་བར་གྱུར་པ་ཡོད་པ་གང་ཡིན་པའོ། །དེ་ལ་ནང་གི་སའི་ཁམས་དེ་ཡང་གང་ཞེ་ན། འདི ་ལྟ་སྟེ། སྐྲ་དང། སྤུ་དང། སེན་མོ་དང། སོ་དང། གློག་པ་དང། དྲི་མ་དང། པགས་པ་དང། ཤ་དང། རུས་པ་དང། ཆུ་རྒྱུས་དང། རྩ་དང། མཁལ་མ་དང། སྙིང་དང། མཆིན་པ་དང། གློ་བ་དང། རྒྱུ་མ་དང། གཉི་མ་དང། ཕོ་བ་དང། ལོང་ཀ་དང། མཆེར་པ ་དང། ཕྱིས་དག་སྟེ། དེ་ནི་ནད་གི་སའི་ཁམས་ཞེས་བྱའོ། །ཕྱི་རོལ་གྱི་སའི་ཁམས་དེ་ཡང་གང་ཞེ་ན། འདི་ལྟ་སྟེ། ཤིང་དང། བོང་བ་དང། བསེག་མ་དང། གྱོ་མོ་དང། ཤིང་ལྗོན་པ་དང། རིའི་རྩེ་མོ་དང། གཞན་ཡང་དེ་ལྟ་བུ་དང་མཐུན་པ་དག་ནི་དེ་ནི་ཕྱི་རོལ་གྱི་སའི ་ཁམས་ཞེས་བྱའོ། །དེ་ལ་ཆུའི་ཁམས་གང་ཞེ་ན། ཆུའི་ཁམས་ཀྱང་རྣམ་པ་གཉིས་ཏེ། ནང་གི་དང། ཕྱི་རོལ་གྱིའོ། །དེ་ལ་ནང་གི་ཆུའི་ཁམས་གང་ཞེ་ན། ནང་གི་སོ་སོའི་ལུས་ཟིན་པ་དང། ཟིན་པར་གྱུར་པ་འདི་ལ་གཤེར་བ་དང། གཤེར་བར་གྱུར་པ་དང། བརླན ་པ་དང། བརླན་པར་གྱུར་པ་ཡོད་པ་གང་ཡིན་པ་སྟེ། དེ་ཡང་འདི་ལྟ་སྟེ། མཆི་མ་དང། རྡུལ་དང། མཆིལ་མ་དང། སྣབས་དང། ཞག་དང། ཆུ་སེར་དང། རྐང་དང། ཚིལ་དང། མཁྲིས་པ་དང། བད་ཀན་དང། རྣག་དང། ཁྲག་དང། ཀླང་བྲི་དང། ཀླད་རྒྱ་དང། གཅིན ་དག་སྟེ། དེ་ནི་ནང་གི་ཆུའི་ཁམས་ཞེས་བྱའོ། །ཕྱི་རོལ་གྱི་ཆུའི་ཁམས་གང་ཞེ་ན། ཕྱི་རོལ་མ་ཟིན་པ་དང། མ་ཟིན་པར་གྱུར་པ་ལ་གཤེར་བ་དང། གཤེར་བར་གྱུར་པ་དང། བརླན་པ་དང། བརླན་པར་གྱུར་པ་ཡོད་པ་གང་ཡིན་པ་སྟེ། དེ་ཡང་འདི་ལྟ་སྟེ། རྫིང་བུ་དང། ་མཆོད་པ། ལྟེང་ཀ་དང། ཆུ་ཀླུང་དང། འབབ་ཆུ་དང། གཞན་ཡང་དེ་ལྟ་བུ་དང་མཐུན་པ་དག་སྟེ། དེ་ནི་ཕྱི་རོལ་གྱི་ཆུའི་ཁམས་ཞེས་བྱའོ། །དེ་ལ་མེའི་ཁམས་གང་ཞེ་ན། མེའི་ཁམས་ཀྱང་རྣམ་པ་གཉིས་ཏེ། ནང་གི་དང། ཕྱི་རོལ་གྱིའོ། །དེ་ལ་ནང་གི་མེའི་ཁམས་གང ་ཞེ་ན། ནང་གི་སོ་སོའི་ལུས་ཟིན་པ་དང། ཟིན་པར་གྱུར་པ་ལ་ཚ་བ་དང། ཚ་བར་གྱུར་པ་དང། དྲོ་བ་དང། དྲོ་བར་གྱུར་པ་ཡོད་པ་གང་ཡིན་པ་སྟེ། དེ་ཡང་འདི་ལྟ་སྟེ། ལུས་འདི་ལ་མེ་ཡོད་ཅིང། དེས་ལུས་འདི་གདུང་བར་བྱེད། ཀུན་ཏུ་གདུང་བར་བྱེད། ཡོངས་སུ ་གདུང་བར་བྱེད་པ་དང། གང་གི་དེས་ཟོས་པ་དང། འཐུངས་པ་དང། འཆོས་བ་དང། མྱངས་པ་རྣམས་ལེགས་པར་བདེ་བར་འཇུ་བར་འགྱུར་བ་དང། གང་གིས་ཤས་ཆེ་བར་གྱུར་ན། རིམས་ཀྱིས་བཏབ་པོ། ཞེས་བྱ་བའི་གྲངས་སུ་འགྲོ་བ་གང་ཡིན་པ་སྟེ། དེ་ནི ་ནང་གི་མེའི་ཁམས་ཞེས་བྱའོ། །ཕྱི་རོལ་གྱི་མེའི་ཁམས་གང་ཞེ་ན། ཕྱི་རོལ་མ་ཟིན་པ་དང། མ་ཟིན་པར་གྱུར་པ་ལ་ཚ་བ་དང། ཚ་བར་གྱུར་པ་དང། དྲོ་བ་དང། དྲོ་བར་གྱུར་པ་ཡོད་པ་གང་ཡིན་པ་སྟེ། དེ་ཡང་འདི་ལྟ་སྟེ། མེ་གཙུབས་ཤིང་ཐོགས་པ་དག་ལས་ལྕི ་བའི་ཕྱེ་མས་བརྩལ་ཏེ། གང་བྱུང་བ་ན་གྲོང་ཡང་སྲེག་པར་བྱེད། གྲོང་གི་ཉེན་ཀོར་དང། གྲོང་ཁྱེར་དང། གྲོང་ཁྱེར་གྱི་ཉེན་ཀོར་དང། ལྗོངས་དང། ལྗོངས་ཀྱི་ཉེན་ཀོར་དང། གླིང་དང། ལྡམ་ལྡུམ་དང། ནགས་ཚལ་དང། ཤིང་དང། རྩཝ་དང། ལྕི་བདག་ཀྱང་སྲེག་པར་འགྱུར ་བ་དང། གཞན་ཡང་གང་དག་དེ་ལྟ་བུ་དང་མཐུན་པ་དག་སྟེ། དེ་ནི་ཕྱི་རོལ་གྱི་མེའི་ཁམས་ཞེས་བྱའོ། །དེ་ལ་རླུང་གི་ཁམས་གང་ཞེ་ན། རླུང་གི་ཁམས་ཀྱང་རྣམ་པ་གཉིས་ཏེ། ནང་གི་དང། ཕྱི་རོལ་གྱིའོ། །དེ་ལ་ནང་གི་རླུང་གི་ཁམས་གང་ཞེ་ན། ནང་གི་སོ་སོའི་ལུས་ཟིན ་པ་དང། ཟིན་པར་གྱུར་པ་ལ་རླུང་དང། རླུང་དུ་གྱུར་པ་དང། ཡང་བ་ཉིད་དང། གཡོ་བ་ཉིད་ཡོད་པ་གང་ཡིན་པ་སྟེ། དེ་ཡང་འདི་ལྟ་སྟེ། ལུས་འདི་ཉིད་ལ་གྱེན་དུ་འགྲོ་བའི་རླུང་དང། ཐུར་དུ་འགྲོ་བའི་རླུང་དང། ཐད་ཀར་འཕྲེས་པའི་རླུང་དང། ལྟོར་འཁྱིལ ་བའི་རླུང་དང། རྒྱབ་ཏུ་འཁྱིལ་བའི་རླུང་དང། རླུང་སྐྲན་སྲ་བའི་རླུང་དང། རླུང་སྐྲན་གྱི་རླུང་དང། སྤུ་གྲི་ལྟ་བུའི་རླུང་དང། ཤིང་པིཔྤ་ལའི་ལོ་མ་ལྟ་བུའི་རླུང་དང། མཚོན་ཆ་ལྟ་བུའི་རླུང་དང། གསུང་པར་བྱེད་པའི་རླུང་དང། དབུགས་རྡུབ་པ་དང། དབུགས་འབྱུང་བའི ་རླུང་དང། ཡན་ལག་དང་ཉིང་ལག་གི་ནང་དུ་འཇུག་པའི་རླུང་དག་ཡོད་པ་སྟེ། དེ་ནི་ནང་གི་རླུང་གི་ཁམས་ཞེས་བྱའོ། །ཕྱི་རོལ་གྱི་རླུང་གི་ཁམས་གང་ཞེ་ན། ཕྱི་རོལ་མ་ཟིན་པ་དང། མ་ཟིན་པར་གྱུར་པ་ལ་རླུང་དང། རླུང་དུ་གྱུར་པ་དང། ཡང་བ་ཉིད་དང། གཡོ ་བ་ཉིད་ཡོད་པ་གང་ཡིན་པ་སྟེ། དེ་ཡང་འདི་ལྟ་སྟེ། ཕྱི་རོལ་ན་ཤར་གྱི་རླུང་དང། ལྷོའི་རླུང་དང། ནུབ་ཀྱི་རླུང་དང། བྱང་གི་རླུང་དང། རླུང་དམར་དང། རླུང་དམར་མ་ཡིན་པ་དང། རླུང་ཆུང་ངུ་དང། ཆེན་པོ་དང། །བྱབ་པའི་རླུང་དང། རྣམ་པར་འཐོར་རླུང་དང། ་རླུང་གི་དཀྱིལ་འཁོར་དང། རླུང་གི་ཚོགས་ཆེན་པོ་ལངས་པའི་དུས་ན། ཤིང་ལྗོན་པའི་རྩེ་མོ་འདུད་པར་བྱེད་པ་དང། རྩིག་པའི་རྩེ་མོ་འགུལ་བར་བྱེད་པ་དང། རིའི་རྩེ་མོ་འགུལ་བར་བྱེད་པ་དང། འགུལ་བར་བྱས་ནས་ཀྱང་ཕྱིར་མི་འོང་བར་འགྲོ་བ་དག་དང། སེམས ་ཅན་དག་གི་གོས་དང། ཏ་ལའི་ལོ་མ་དང། རླུང་ཡབ?་ཀྱི་གཡབ་མོས་བརྩལ་བར་བྱ་བའི་རླུང་དང། གཞན་ཡང་གང་དག་དེ་ལྟ་བུ་དང་མཐུན་པའི་རླུང་དག་ཡོད་པ་གང་ཡིན་པ་སྟེ། དེ་ནི་ཕྱི་རོལ་གྱི་རླུང་གི་ཁམས་ཞེས་བྱའོ། །དེ་ལ་ནམ་མཁའ་ཨི ་ཁམས་གང་ཞེ་ན། མིག་སྤུབས་ཡོད་པ་དང། རྣ་བ་སྦུབས?་ཡོད་པ་དང། སྣ་སྤུབས་ཡོད་པ་དང། ཁ་སྦུབས་ཡོད་པ་དང། མགྲིན་པ་སྤུབས་ཡོད་པ་དང། གང་གིས་མེད་པར་བྱེད་པ་དང། གང་དུ་མིད་པར་བྱེད་པ་དང། གང་གིས་མིང་པ་ན་སྨད་ཀྱི་ཆར་འཛག ་པར་བྱེད་པ་དང། གཞན་ཡང་གང་དག་དེ་ལྟ་བུ་དང་མཐུན་པ་དག་སྟེ། དེ་ནི་ནམ་མཁའ་ཨི་ཁ་ནས་ཞེས་བྱའོ། །དེ་ལ་རྣམ་པར་ཤེས་པའི་ཁམས་གང་ཞེ་ན། མིག་གི་རྣམ་པར་ཤེས་པ་དང། རྣ་བ་དང། སྣ་དང། ལྕེ་དང། ལུས་དང། ཡིད་ཀྱི་རྣམ་པར་ཤེས་པ་གང ་ཡིན་པའོ། །དེ་ཡང་སེམས་དང། ཡིད་དང། རྣམ་པར་ཤེས་པ་ཡིན་ཏེ། དེ་ནི་རྣམ་པར་ཤེས་པའི་ཁམས་ཞེས་བྱའོ། །དེ་ལ་གང་ཟག་ང་རྒྱལ་སྤྱད་པ་ཁམས་རབ་ཏུ་དབྱེ་བ་འདི་དག་ཡིད་ལ་བྱེད་ན། ལུས་ལ་རིལ་པོར་འདུ་ཤེས་པ་རྣམ་པར་བྱེད་ཅིང། མི་སྡུག་པའི ་འདུ་ཤེས་ཀྱང་འཐོབ་པར་འགྱུར་ལ། དེས་ཁེངས་པར་ཡང་མི་འགྱུར་ཞིང། ང་རྒྱལ་ཡང་སྲབ་མོར་བྱེད་ལ། ང་རྒྱལ་སྤྱད་པ་ལས་ཀྱང་སེམས་རྣམ་པར་སྦྱོང་བར་བྱེད་དོ། །དེ་ནི་ཁམས་རབ་ཏུ་དབྱེ་བ་ཞེས་བྱ་སྟེ། གང་ཟག་ང་རྒྱལ་སྤྱད་པའི་སྤྱད་པ་རྣམ་པར་སྦྱོང་བའི ་དམིགས་པ་ཡིན་ནོ། །དེ་ལ་དབུགས་རྡུབ་པ་དང། དབུགས་འབྱུང་བ་དྲན་པ་གང་ཞེ་ན། དབུགས་རྡུབ་པ་དང། དབུགས་འབྱུང་བའི་དམིགས་པ་དྲན་པ་གང་ཡིན་པ་སྟེ། དེ་ན་དབུགས་རྡུབ་པ་དང། དབུགས་འབྱུང་བ་དྲན་པ་ཞེས་བྱའོ། །དེ་ལ་དབུགས་རྡུབ་པ ་ཡང་རྣམ་པ་གཉིས་ཏེ། གཉིས་གང་ཞེ་ན། དབུགས་རྡུབ་པ་དང། བར་དུ་དབུགས་རྡུབ་པའོ། །དབུགས་འབྱུང་བ་ཡང་རྣམ་པ་གཉིས་ཏེ། གཉིས་གང་ཞེ་ན། དབུགས་འབྱུང་བ་དང། བར་དུ་དབུགས་འབྱུང་བའོ། །དེ་ལ་དབུགས་རྡུབ་པ་ནི། དབུགས་ཕྱུང་བའི ་མཇུག་ཐོགས་སུ་ཁ་ནང་དུ་བལྟས་པའི་རླུང་ལྟེ་བའི་ཕྱོགས་ཡན་ཆད་དུ་ནང་དུ་འཇུག་པ་གང་ཡིན་པ་སྟེ། དེ་ནི་དབུགས་རྡུབ་བ་ཞེས་བྱའོ། །དེ་ལ་བར་དུ་དབུགས་རྡུབ་པ་ནི། དབུགས་རྡུབ་པ་དེ་ཆད་ནས། རེ་ཞིག་དབུགས་འབྱུང་བ་མ་བྱུང་གི་བར་དུ། དུས་ཆུང་ངུ་ཞིག་ངལ ་བསོ་བ་དང་ལྡན་པའི་གནས་སྐབས་ན་དེ་དང་འདྲ་བའི་རླུང་ནང་དུ་འཇུག་པ་གང་ཡིན་པ་སྟེ། དེ་ནི་བར་དུ་དབུགས་རྡུབ་པ་ཞེས་བྱའོ། །དབུགས་རྡུབ་པ་དང། པར་དུ་དབུགས་རྡུབ་པ་ཇི་ལྟ་བ་བཞིན་དུ། དབུགས་འབྱུང་བ་དང། བར་དུ་དབུགས་འབྱུང་བ་ཡང་དེ་བཞིན་དུ་རིག ་པར་བྱའོ། །དེ་ལ་བྱེ་བྲག་ནི་འདི་ཡོད་དེ། ཁ་ཕྱིར་བལྟས་པའི་རླུང་ལྟེ་བའི་ཕྱོགས་ཡན་ཆད་ནས་ཁ་འམ། སྣའི་རྩེ་མོ་འམ། དེ་བས་ཕྱི་རོལ་ཚུན་ཆད་ཀྱི་བར་དུ་ཕྱིར་འབྱུང་བ་ཡིན་ནོ་ཞེས་བརྗོད་པར་བྱའོ། །དབུགས་རྡུབ་པ་དང། དབུགས་འབྱུང་བ་དག་གི་རྒྱུ་ནི ་རྣམ་པ་གཉིས་ཏེ། གཉིས་གང་ཞེ་ན། དེ་ལ་འཕེན་པར་བྱེད་པའི་ལས་དང། ལྟེ་བའི་ཕྱོགས་སྦུབས་ཡོད་པའམ། ལུས་ལ་དེ་བས་ལྷག་པའི་སྦུབས་ཡོད་པའོ། །དབུགས་རྡུབ་པ་དང། དབུགས་འབྱུང་བ་དག་གི་རྟེན་ནི་རྣམ་པ་གཉིས་ཏེ། གཉིས་གང་ཞེ་ན། ་ལུས་དང་སེམས་སོ། །དེ་ཅིའི་ཕྱིར་ཞེ་ན། ལུས་ལ་ཡང་བརྟེན། སེམས་ལ་ཡང་བརྟེན་ནས་དབུགས་རྡུབ་པ་དང། དབུགས་འབྱུང་བ་དག་འབྱུང་བའི་ཕྱིར་རོ། །དེ་ཡང་ཅི་རིགས་སུ་སྦྱར་ཏེ། གལ་ཏེ་ལུས་ལ་བརྟེན་པ་པོ་ན་ལས་འབྱུང་བར་གྱུར་ན་ནི། འདུ ་ཤེས་མེད་པ་ལ་སྙོམས་པར་ཞུགས་པ་དང། འགོག་པ་ལ་སྙོམས་པར་ཞུགས་པ་དང། འདུ་ཤེས་མེད་པའི་སེམས་ཅན་ལྷ་རྣམས་ཀྱི་ནང་དུ་སྐྱེས་པ་རྣམས་ལ་ཡང་འབྱུང་བར་འགྱུར་རོ། །གལ་ཏེ་སེམས་ལ་བརྟེན་པ་ཁོ་ན་ལས་འབྱུང་བར་འགྱུར་ན་ནི་དེས་ན་གཟུགས ་མེད་པ་ལ་སྙོམས་པར་ཞུགས་པ་དང། སྐྱེས་པའི་སེམས་ཅན་རྣམས་ལ་ཡང་འབྱུང་བར་འགྱུར་རོ། །གལ་ཏེ་ལུས་ལ་ཡང་བརྟེན་སེམས་ལ་ཡང་བརྟེན་པས་འབྱུང་བར་གྱུར་ན་ནི་དེ་ཡང་ཅི་རིགས་པ་མ་ཡིན་ཏེ། དེས་ན་བསམ་གཏན་བཞི་པ་ལ་སྙོམས་པར ་ཞུགས་པ་དང། སྐྱེས་པའི་སེམས་ཅན་རྣམས་དང། མེར་མེར་པོར་གྱུར་པ་དང། ནུར་ནུར་པོར་གྱུར་པ་དང། ལྡར་ལྡར་པོར་གྱུར་པའི་སེམས་ཅན་རྣམས་ལ་ཡང་འབྱུང་བར་འགྱུར་བ་ཞིག་ན། འབྱུང་བར་ཡང་ཡི་འགྱུར་ཏེ། དེ་ལྟ་བས་ན ་དབུགས་རྡུབ་པ་དང། དབུགས་འབྱུང་བ་དག་ནི་ལུས་ལ་ཡང་བརྟེན། སེམས་ལ་ཡང་བརྟེན་ནས་འབྱུང་བར་འགྱུར་ཏེ། དེ་ལ་ཅི་རིགས་སུ་སྦྱར་རོ། །དབུགས་རྡུབ་པ་དང། དབུགས་འབྱུང་བ་དག་གི་བགྲོད་པ་ནི་རྣམ་པ་གཉིས་ཏེ། གཉིས་གང་ཞེ་ན། དབུགས་རྡུབ་པ ་དག་གིས་བགྲོད་པ་ནི་ཐུར་དུའོ། །དབུགས་འབྱུང་བ་དག་གིས་བགྲོད་པ་ནི་གྱེན་དུའོ། །དབུགས་རྡུབ་པ་དང། དབུགས་འབྱུང་བ་དག་གིས་ནི་རྣམ་པ་གཉིས་ཏེ། གཉིས་གང་ཞེ་ན། སྦུབས་རགས་པ་ཡོད་པ་དང། སྤུབས་ཕྲ་བ་ཡོད་པའོ། །དེ་ལ་སྤུབས་རགས ་པ་ཡོད་པ་གང་ཞེ་ན། ལྟེ་བའི་ཕྱོགས་མན་ཆད་ནས་ཁ་དང་སྣའི་བར་རམ། ཁ་དང་སྣ་མན་ཆད་ནས་ལྟེ་བའི་ཕྱོགས་ཀྱི་བར་ཡན་ཆད་སྦུབས་ཡོད་པའོ། །སྦུབས་ཕྲ་བ་ཡོད་པ་གང་ཞེ་ན། ལུས་ཐམས་ཅད་དང་ལྡན་པའི་སྤུའི་ཁུང་བུ་རྣམས་སོ་།དབུགས་རྡུབ་པ ་དང། དབུགས་འབྱུང་བ་དག་གིས་མིང་གི་རྣམ་གྲངས་ནི་རྣམ་པ་བཞི་སྟེ། བཞི་གང་ཞེ་ན། རླུང་དང། དབུགས་འོང་བ་དང། དབུགས་འགྲོ་བ་དང། དབུགས་རྡུབ་པ་དང། དབུགས་འབྱུང་བ་དང། ལུས་ཀྱི་འདུ་བྱེད་དག་གོ་།དེ་ལ་འདི་ལྟ་སྟེ། རླུང་ཞེས་བྱ ་བ་ནི་རླུང་གཞན་དག་དང་མིང་གི་རྣམ་གྲངས་གཅིག་སྟེ། ཐུན་མོང་བ་ཡིན་ནོ། །དེ་ལས་གཞན་པ་གསུམ་པོ་དག་ནི་ཐུན་མོང་མ་ཡིན་པའོ། །དབུགས་རྡུབ་པ་དང། དབུགས་འབྱུང་བ་དག་ལ་བརྩོན་པའི་སྐྱོན་ནི་རྣམ་པ་གཉིས་ཏེ། གཉིས་གང་ཞེ་ན། སྦྱོར་བ་ཧ་ཅང ་ལྷོད་པ་དང། སྦྱོར་བ་ཧ་ཅང་དམ་པའོ། །དེ་ལ་སྦྱོར་བ་ཧ་ཅང་ལྷོད་པས་ནི་ལེ་ལོ་དང་ལྡན་པའི་སེམས་རྨུགས་པ་དང། གཉིས་ཀྱིས་ཀུན་ནས་དཀྲིས་པའམ། སེམས་ཕྱི་རོལ་ཏུ་རྣམ་པར་གཡེང་བར་བྱེད་དོ། །དེ་ལ་སྦྱོར་བ་ཧ་ཅང་དམ་པས་ནི་ལུས་ལ་གནོད་པ་འམ། ་སེམས་ལ་གནོད་པ་སྐྱེད་པར་བྱེད་དོ། །དེ་ལ་ཇི་ལྟར་ན་ལུས་ལ་གནོད་པ་སྐྱེད་པར་བྱེད་ཅེ་ན། མཐུ་ཀར་བོར་ཏེ། དབུགས་རྡུབ་པ་དང། དབུགས་འབྱུང་བ་དག་གིས་གནོད་པར་གྱུར་པའི་ལུས་ལ་རླུང་མི་མཉམ་པ་དག་འཇུག་པར་འགྱུར་ཞིང། དེ་དག་གིས་དང་པོ་ཁོ་ནར་དེའི་ཡན་ལག་དང། ་ཉིད་ལག་དེ་དང་དེ་དག་ཁྱབ་པར་བྱེད་དེ། དེ་དག་ནི་ཁྱབ་ཅེས་བྱའོ། །རླུང་ཁྱབ་བྱེད་དེ་དག་རྣམ་པར་འཕེལ་བ་ན་ནང་བྱེད་ཅེས་བྱ་བ་དག་ཏུ་འགྱུར་ཞིང། དེ་དག་གིས་དེའི་ཡན་ལག་དང་ཉིང་ལག་དེ་དང་དེ་དག་ལ་ནང་སྐྱེད་པར་བྱེད་དོ། །དེ་ལ་ལུས་ལ་གནོད་པ་ཞེས་བྱའོ། །དེ་ལྟར་ན ་སེམས་ལ་གནོད་པ་སྐྱེད་པར་བྱེད་ཅེ་ན། དེའི་སེམས་རྣམ་པར་གཡེང་བར་བྱེད་པའམ་ཡིད་མི་བདེ་བ་འམ། འཁྲུག་པ་རབ་ཏུ་དམ་པ་དག་གི་ཟིལ་གྱིས་གནོན་པར་བྱེད་དོ། དེ་ལྟར་ན་སེམས་ལ་གནོད་པ་སྐྱེད་པར་བྱེད་པ་ཡིན་ནོ། །དབུགས་རྡུབ་པ་དང། དབུགས་འབྱུང་བ་འདི ་ལ་ཡོངས་སུ་སྤྱད་པ་རྣམ་པ་ལྔ་ཡོད་པར་རིག་པར་བྱ་སྟེ། ལྷ?་གང་ཞེ་ན། འདི་ལྟ་སྟེ། བགྲང་བས་ཡོངས་སུ་སྦྱང་བ་དང། ཕུང་པོ་ལ་འཇུག་པས་ཡོངས་སུ་སྦྱང་བ་དང་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་འཇུག་པས་ཡོངས་སུ་སྦྱང་བ་དང། བདེན་པ་ལ་འཇུག་པས ་ཡོངས་སུ་སྦྱང་བ་དང། རྣམ་པ་བཅུ་དྲུག་གིས་ཡོངས་སུ་སྦྱང་བའོ། །དེ་ལ་བགྲང་བས་ཡོངས་སུ་སྦྱང་བ་གང་ཞེ་ན། བགྲང་བས་ཡོངས་སུ་སྦྱང་བ་ནི་མདོར་བསྡུ་ན་རྣམ་པ་བཞི་སྟེ། འདི་ལྟ་སྟེ། རེ་རེ་ནས་བགྲང་བ་དང་ཟུང་དུ་བགྲང་བ་དང། རྗེས་སུ་མཐུན་པར་བགྲང་བ་དང། རྗེས་སུ་མི་མཐུན་པར ་བགྲང་བའོ། །དེ་ལ་རེ་རེ་ནས་བགྲང་བ་གང་ཞེ་ན། དབུགས་རྡུབ་པོ་དང། དབུགས་འབྱུང་བ་ལ་དམིགས་པ་དང་ལྡན་པའི་དྲན་པས་གང་གི་ཚེ། དབུགས་རྡུབ་པ་བརྡུབས་པ་དེའི་ཚེ། གཅིག་ཅེས་བགྲང་བར་བྱེད་པ་དང། གང་གི་ཚེ་དབུགས་རྡུབ་པ་འགགས་ཏེ། དབུགས་འབྱུང ་བ་འཐོན་ཞིང་བྱུང་བར་གྱུར་པ་དེའི་ཚེ། གཉིས་ཤེས་བགྲང་བར་བྱེད་ཅིང་དེ་ལྟར་བགྲང་བའི་གྲངས་དེ་དག་ཧ་ཅང་ཡང་མི་ཉུང། ཧ་ཅང་ཡང་མི་མང་བར་བཅུའི་བར་དུ་བགྲང་བར་བྱེད་པ་དེ་ནི། རེ་རེ་ནས་བགྲང་བ་ཞེས་བྱའོ། །ཟུང་དུ་བགྲང་བ་གང་ཞེ་ན། གང་གི་ཚེ་དབུགས་རྡུབ་པ ་བརྡུབས་ཏེ་འགགས་པར་གྱུར་ནས། དབུགས་འབྱུང་བ་འཐོན་ཞིང་བྱུང་བར་གྱུར་པ་དེའི་ཚེ་ན། གཅིག་ཅེས་བགྲང་བར་བྱེད་ཅིང་བགྲང་བའི་ཚུལ་དེས་བཅུའི་བར་དུ་བགྲང་བར་བྱེད་པ་དེ་ནི་ཟུང་དུ་བགྲང་བ་ཞེས་བྱ་སྟེ། དབུགས་རྡུབ་པ་དང། དབུགས ་འབྱུང་བ་དེ་གཉིས་གཅིག་ཏུ་བསྡུས་ནས་གཅིག་ཅེས་བགྲང་བར་བྱེད་པས་ན། དེའི་ཕྱིར་ཟུང་དུ་བགྲང་པ་ཞེས་བྱའོ། །རྗེས་སུ་མཐུན་པར་བགྲང་བ་གང་ཞེ་ན། རེ་རེ་ནས་བགྲང་བ་འམ། ཟུང་དུ་བགྲང་བ་འདིས་གཅིག་ནས་བཅུའི་བར་དུ་གྲངས་ཀྱི་ལུགས་བཞིན ་བགྲང་བ་སྟེ། དེ་ནི་རྗེས་སུ་མཐུན་པར་བགྲང་བ་ཞེས་བྱའོ། །རྗེས་སུ་མི་མཐུན་པར་བགྲང་བ་གང་ཞེ་ན། བཅུ་ནས་བཟུང་སྟེ་དགུ་དང། བརྒྱད་དང། བདུན་དང། དྲུག་དང། ལྔ་དང། གཅིག་གི་བར་དུ་གྲངས་གཅིག་གི་ལུགས་དང་མི་མཐུན་པར་བགྲང་བ་སྟེ། ་དེ་ནི་རྗེས་སུ་མི་མཐུན་པར་བགྲང་བ་ཞེས་བྱའོ། །དེ་གང་གི་ཚེ་རེ་རེ་ནས་བགྲང་བ་འམ། ཟུང་དུ་བགྲང་བ་ལ་བརྟེན་ནས་རྗེས་སུ་མཐུན་པར་བགྲང་བ་དང། རྗེས་སུ་མི་མཐུན་པར་བགྲང་བ་ལ་ཡོངས་སུ་བྱང་བར་གྱུར་ཅིང། བར་དུ་དེའི་སེམས་རྣམ་པར་མི་གཡེང་ལ། སེམས་རྣམ ་པར་གཡེངས་པ་མེད་པས་བགྲང་བར་བྱེད་པ་དེའི་ཚེ། དེ་ན་གོང་དུ་བགྲང་བའི་ཁྱད་པར་བརྗོད་པར་བྱ་སྟེ། དེ་ལ་བགྲང་བའི་ཁྱད་པར་གང་ཞེ་ན། རེ་རེ་ནས་བགྲང་བ་འམ། ཟུང་དུ་བགྲང་བས་གཉིས་གཅིག་ཏུ་བྱས་ཏེ་བགྲང་བར་བྱེད་པའོ། །དེ་ལ་ཟུང་དུ་བགྲང་བས་གཉིས་གཅིག་ཏུ ་བྱས་ཏེ། བགྲང་ན་ནི་དབུགས་རྡུབ་པ་དང། དབུགས་འབྱུང་བ་བཞི་ལ་གཅིག་ཏུ་འགྱུར་རོ། །རེ་རེ་ནས་བགྲང་བས་གཉིས་གཅིག་ཏུ་བྱས་ཏེ། བགྲང་ན་ནི་དབུགས་རྡུབ་པ་དང། དབུགས་འབྱུང་བ་གཉིས་ལ་གཅིག་ཏུ་འགྱུར་ཏེ། དེ་ལྟ་བུ་བཅུའི་བར་དུ་བགྲང་བར་བྱེད་དོ། ། ་དེ་ལྟར་གོང་ནས་གོང་དུ་བསྐྱེད་ནས་བརྒྱའི་བར་དུ་ཡང་གཅིག་ཏུ་བྱས་ཏེ། བགྲང་བར་བྱེད་ཅིང་བརྒྱ་གཅིག་ཏུ་བགྲང་བ་དེས་རིམ་གྱིས་བཅུའི་བར་དུ་ཡང་བགྲང་བར་བྱེད་དོ། །དེ་ལྟར་བགྲང་བ་ལ་བརྩོན་པ་བཅུའི་བར་དུ་གཅིག་ཏུ་བྱས་ཏེ། བགྲང་བར་བྱེད་པ་དེའི་བཅུ་ཚང་གི་བར་དུ་བཅུ ་གཅིག་ཏུ་བགྲང་བ་དེས་དེའི་སེམས་པར་དུ་རྣམ་པར་གཡེང་བར་མི་འགྱུར་ན་དེ་ཙམ་གྱིས་ན་དེས་བགྲང་བས་ཡོངས་སུ་སྦྱང་བ་བྱས་པ་ཡིན་ནོ། །བགྲང་བ་ལ་བརྩོན་པ་དེ་གལ་ཏེ་བར་དུ་སེམས་རྣམ་པར་གཡེང་བར་གྱུར་ན། དེའི་ཚེ་ཕྱིར་ཡང་གཞི་ནས་སླང་སྟེ། རྗེས་སུ་མཐུན་པ་འམ། རྗེས་སུ ་མི་མཐུན་པའི་དང་པོ་ནས་བཟུང་སྟེ། བགྲང་བརྩོམ་པར་བྱེད་དོ། །གང་གི་ཚེ་བགྲང་བ་ཡོངས་སུ་བྱང་བས་དེའི་སེམས་དེ་རང་གི་དང་པོ་ནས་ཕྱི་རོལ་གྱི་ལམ་དུ་མི་འཇུག་ཅིང། དབུགས་རྡུབ་པ་དང། དབུགས་འབྱུང་བའི་དམིགས་པ་དང། འཕྲལ་ལ་བར་ཆད་མེད་པར་རྒྱུན་དུ་འཇུག་པར ་འགྱུར་ཞིང། དབུགས་རྡུབ་པ་འཇུག་པ་ན་ཡང་འཇུག་པར་འཛིན་ལ། དབུགས་རྡུབ་པ་ལྡོག་པ་ན་ཡང་ལྡོག་པར་འཛིན་ཅིང། དབུགས་དབྱུང་བས་སྟོང་པའི་གནས་སྐབས་སུ་འཛིན་པ་དང། དབུགས་འབྱུང་བ་འཇུག་པ་ན་ཡང་འཇུག་པར་འཛིན་ཅིང། ལྡོག་པ་ན་ཡང་ལྡོག་པར་འཛིན ་ཅིང། དབུགས་རྡུབ་པས་སྟོང་པའི་གནས་སྐབས་སུ་འཛིན་པ་མི་གཡོ་མི་འགྱུར་ཞིང། རྣམ་པར་གཡེང་བ་མེད་པའི་རྣམ་པ་དང། མངོན་པར་དགའ་བ་དང་བཅས་པས་འཇུག་པར་འགྱུར་ན། དེ་ཙམ་གྱིས་ན་བགྲང་བའི་ས་ལས་ཡང་དག་པར་འདས་པ་ཡིན་ཏེ། དེས་ཡང་བགྲང ་བར་བྱ་བ་མེད་པ་ཡིན་པས། དབུགས་རྡུབ་པ་དང། དབུགས་འབྱུང་བའི་དམིགས་པ་ལ་སེམས་ཉེ་བར་གཏོང་པ་འབའ་ཞིག་བྱེད་དེ། །དབུགས་རྡུབ་པ་དང། དབུགས་འབྱུང་བའི་བར་སྐབས་སུ་དབུགས་འབྱུང་བ་དང། དབུགས་རྡུབ་པ་འཇུག་པ་དང། ལྡོག་པའི་གནས་སྐབས ་དག་རྗེས་སུ་རྟོགས་པར་བྱ་ཞིང། ཉེ་བར་ཤེས་པར་བྱ་བ་ཁོ་ནར་ཟད་དེ། དེ་ནི་བགྲང་བས་ཡོངས་སུ་སྦྱང་བ་ཞེས་བྱའོ། །བགྲང་བས་ཡོངས་སུ་སྦྱང་བ་དེ་ཡང་དབང་པོ་བརྟུལ་པོ་རྣམས་ལ་བསྟན་པ་ཡིན་ཏེ། དེ་ནི་དེ་དག་གི་སེམས་གནས་པར་བྱ་བ་དང། སེམས་མངོན་པར་དགའ་ ་བར་བྱ་བ་ལ་རྣམ་པར་མི་གཡེང་བའི་གནས་ཡིན་གྱི། གཞན་དུ་ན་བགྲང་བ་མེད་ན་དེ་དག་གི་སེམས་རྨུགས་པ་དང། གཉིད་ཀྱིས་ཀུན་ནས་དཀྲིས་པ་འམ། སེམས་ཕྱི་རོལ་དུ་རྣམ་པར་གཡེང་བར་འགྱུར་བས། བགྲང་བ་ལ་བརྩོན་པ་དེ་དག་ལ་ནི་དེ་མི་འབྱུང་ངོ། །དབང་པོ་རྣོན་པ ་བློ་གསལ་བ་གང་ཡིན་པ་དེ་དག་ནི་བགྲང་བའི་སྦྱོར་བས་དགའ་ཞིང་འཇུག་པ་མ་ཡིན་ཏེ། བགྲང་བའི་སྦྱོར་བ་ལུང་བོག་པ་ཉིད་ཀྱིས་མྱུར་བ་མྱུར་བ་ཁོ་ནར་རྟོགས་པར་འགྱུར་བས་དེས་མངོན་པར་དགའ་བར་མི་བྱེད་དོ། །དེ་དག་ནི་དབུགས་རྡུབ་པ་དང། ་དབུགས་འབྱུང་བའི་དམིགས་པ་ལ་དྲན་པ་ཉེ་བར་བསྟད་ནས། གང་དུ་འཇུག་པ་དང། ཅི་ཙམ་འཇུག་པ་དང། ཇི་ལྟར་འཇུག་པ་དང། གང་གི་ཚེ་འཇུག་པ་དེ་དག་ཐམས་ཅད་ཉེ་བར་གཞག་པས་རྗེས་སུ་རྟོགས་པར་བྱེད། ཉེ་བར་ཤེས་པར་བྱེད་དེ། དེ་ལྟ་བུ་དེ་ནི་དེ་དག་གི ་སྦྱོར་བ་ཡིན་ནོ། །སྦྱོར་བ་དེ་ལ་ཀུན་ཏུ་བསྟན་ཅིང་གོམས་པར་བྱས། ལན་མང་དུ་བྱས་པའི་རྒྱུས་ལུས་ཤིན་ཏུ་སྦྱངས་པ་དང། སེམས་ཤིན་ཏུ་སྤངས་པ་ཡང་སྐྱེ་བར་འགྱུར་ཞིང་རྩེ་གཅིག་པ་ཉིད་ལ་ཡང་རེག་པར་འགྱུར། དམིགས་པའི་མངོན་པར་དགའ་བ་ཡང་ཐོབ་པར ་འགྱུར་རོ། །དེ་ལྟར་ལུས་ཡོངས་སུ་སྦྱང་བ་བྱས་པ་དེ། གཟུང་བ་དང་འཛིན་པའི་དངོས་པོ་ཡིད་ལ་བྱེད་པས་ཕུང་པོ་རྣམས་ལ་འཇུག་པར་བྱེད་དེ། ཇི་ལྟར་འཇུག་པར་བྱེད་ཅེ་ན། དབུགས་རྡུབ་པ་དང། དབུགས་འབྱུང་བ་གང་དག་ཡིན་པ་དེ་དག་གི་རྟེན་གྱི་ལུས་གང་ཡིན་པ་དེ ་ཡིད་ལ་བྱེད་པ་ན། གཟུགས་ཀྱི་ཕུང་པོ་ལ་འཇུག་པ་ཡིན་ནོ། །དབུགས་རྡུབ་པ་དང། དབུགས་འབྱུང་བ་དེ་དག་ལ། དེར་འཛིན་པའི་དྲན་པ་དང་མཚུངས་པར་ལྡན་པའི་རོ་མྱང་བ་གང་ཡིན་པ་དེ་ནི། ཚོར་བའི་ཕུང་པོ་ཡིན་ནོ་ཞེས་འཇུག་པར་བྱེད་དོ། །ཀུན་ཤེས་པར་བྱེད་པ་གང ་ཡིན་པ་དེ་ནི་འདུ་ཤེས་ཀྱི་ཕུང་པོ་ཡིན་ནོ་ཞེས་འཇུག་པར་བྱེད་དོ། །དྲན་པ་གང་ཡིན་པ་དེ་དང། སེམས་པ་གང་ཡིན་པ་དང། དེ་ལ་ཤེས་རབ་གང་ཡིན་པ་དེ་ནི་འདུ་བྱེད་ཀྱི་ཕུང་པོ་ཡིན་ནོ་ཞེས་འཇུག་པར་བྱེད་དོ། །སེམས་དང་ཡིད་དང་རྣམ་པར་ཤེས་པ་གང་ཡིན་པ་དེ་ནི་རྣམ ་པར་ཤེས་པའི་ཕུང་པོ་ཡིན་ནོ་ཞེས་འཇུག་པར་བྱེད་དོ། །དེ་ལྟར་ཕུང་པོ་རྣམས་ལ་ཞུགས་པའི་དེ་ལ་ལན་མང་དུ་གནས་པ་གང་ཡིན་པ་དེ་ནི་ཕུང་པོ་ལ་འཇུག་པས་ཡོངས་སུ་སྦྱང་བ་ཞེས་བྱའོ། །གང་གི་ཚེ་དེས་ཕུང་པོ་ཙམ་དང། འདུ་བྱེད་ཙམ་དང། དངོས་པོ་ཙམ་དུ་མཐོང ་ཞིང་ཡོངས་སུ་ཤེས་པར་གྱུར་བ་དེའི་ཚེ། །འདུ་བྱེད་དེ་དག་ཉིད་ཀྱི་རྟེན་ཅིང་འབྲེལ་བར་འབྱུང་བ་ལ་འཇུག་པར་བྱེད་དེ། ཇི་ལྟར་འཇུག་པར་བྱེད་ཅེ་ན། དེ་འདི་ལྟར་དབུགས་རྡུབ་པ་དང། དབུགས་འབྱུང་བ་དེ་དག་གི་རྟེན་ནི་གང་ཡིན་རྐྱེན་ནི་གང་ཡིན་ཞེས་ཡང་དག་པར་ཚོལ ་ཞིང་ཡོངས་སུ་ཚོལ་བར་བྱད་པ་ན། དེ་འདི་སྙམ་དུ་སེམས་ཏེ། དབུགས་རྡུབ་པ་དང། དབུགས་འབྱུང་བ་འདི་དག་ནི་ལུས་ལས་བརྟེན་ཅིང་ལུས་ཀྱི་རྐྱེན་དང། སེམས་ལས་རྟེན་ཅིང་སེམས་ཀྱིས་རྐྱེན་པ་ཡིན་ནོ་སྙམ་དུ་སེམས་ཤིང། དེ་ལུས་དང་སེམས་ཀྱི་རྐྱེན་ཡང་གང ་ཡིན་ཞེ་ན། ལུས་དང་སེམས་ཀྱི་རྐྱེན་ནི་སྲོག་གི་དབང་པོ་ཡིན་ནོ་ཞེས་འཇུག་པར་བྱེད་པ་དང། དེ་སྲོག་གི་དབང་པོ་རྐྱེན་གང་ཞེ་ན། སྲོག་གི་དབང་པོའི་རྐྱེན་ནི་སྔོན་གྱི་འདུ་བྱེད་ཡིན་ནོ་ཞེས་འཇུག་པར་བྱེད་པ་དང། དེ་སྔོན་གྱི་འདུ་བྱེད་ཀྱི་རྐྱེན་གང་ཞེ་ན། སྔོན་གྱི་འདུ་བྱེད་ཀྱི ་རྐྱེན་མ་རིག་པ་ཡིན་ནོ་ཞེས་འཇུག་པར་བྱེད་དེ། དེ་ལྟར་ན་མ་རིག་པའི་རྐྱེན་གྱིས་སྔོན་གྱི་འདུ་བྱེད་སྔོན་གྱི་འདུ་བྱེད་ཀྱི་རྐྱེན་གྱིས་སྲོག་གི་དབང་པོ། སྲོག་གི་དབང་པོའི་རྐྱེན་གྱིས་ལུས་དང་སེམས། ལུས་དང་སེམས་ཀྱི་རྐྱེན་གྱིས་དབུགས་རྡུབ་པ་དང། དབུགས་འབྱུང་བ ་དག་ཡོད་པས། དེ་ལ་མ་རིག་པ་འགག་པས་འདུ་བྱེད་འགག་།འདུ་བྱེད་འགག་པས་སྲོག་གི་དབང་པོ་འགག་།སྲོག་གི་དབང་པོ་འགག་པས་ལུས་དང་སེམས་འགག། ལུས་དང་སེམས་འགག་པས་དབུགས་རྡུབ་པ་དང། དབུགས་འབྱུང་བ་འགག་གོ་སྙམ་དུ་སེམས་ཏེ་དེ་ལྟར་ན་རྟེན ་ཅིང་འབྲེལ་པར་འབྱུང་བ་ལ་འཇུག་པ་ཡིན་ནོ། །དེ་དེ་ལ་ལན་མང་དུ་གནས་པ་ན་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་འཇུག་པ་ལ་ཡོངས་སུ་སྦྱང་བ་བྱས་པ་ཞེས་བྱ་སྟེ། དེ་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་འཇུག་པས་ཡོངས་སུ་སྦྱང་བ་ཞེས་བྱའོ།། །། ་བམ་པོ་དགུ་པ། །དེ་དེ་ལྟར་རྟེན་ཅིང་འབྲེལ་བར་འབྱུང་བ་ལ་ཡོངས་སུ་སྦྱང་བ་བྱས་པས་འདུ་བྱེད་གང་དག་རྟེན་ཅིང་འབྲེལ་པར་འབྱུང་བ་དེ་དག་ནི་མི་རྟག་པ་ཡིན་ནོ། །མི་རྟག་པའི་ཕྱིར་སྔོན་མ་བྱུང་བ་ལས་བྱུང་བ་དང། བྱུང་ནས་ཀྱང་འཇིག་པར་འགྱུར་བ་ཡིན་ཏེ། གང ་དག་སྔོན་མ་བྱུང་བ་ལ་བྱུང་ཞིང་བྱུང་ནས་ཀྱང་འཇིག་པར་འགྱུར་བ་དེ་དག་ནི་སྐྱེ་བའི་ཆོས་ཅན་དང། རྒ་བའི་ཆོས་ཅན་དང། ན་བའི་ཆོས་ཅན་དང། འཆི་བའི་ཆོས་ཅན་ཡིན་ནོ། །གང་དག་སྐྱེ་བ་དང། རྒ་བ་དང། ན་བ་དང། འཆི་བའི་ཆོས་ཅན་ཡིན་པ་དེ ་དག་ནི་སྡུག་བསྔལ་བ་ཡིན་ནོ། །གང་དག་སྡུག་བསྔལ་བ་དེ་དག་ནི་བདག་མེད་པ་དང། རང་དབང་མེད་པ་དང། བདག་པོ་དང་བྲལ་བ་ཡིན་ནོ་ཞེས་འཇུག་པར་བྱེད་དེ། དེ་ལྟར་ན་དེ་མི་རྟག་པ་དང། སྡུག་བསྔལ་བ་དང། སྟོང་པ་དང། བདག་མེད་པའི་རྣམ་པ་དག་གིས་བདེན་པ ་སྡུག་བསྔལ་ལ་ཞུགས་པ་ཡིན་ནོ། །དེ་འདི་སྙམ་དུ་སེམས་ཏེ། འདུ་བྱེད་དེ་དག་གི་སྡུག་བསྔལ་བར་གྱུར་པ་དང། ནང་དུ་གྱུར་པ་དང། འབྲས་བུ་གྱུར་པ་གང་ཅུང་ཟད་མངོན་པར་གྲུབ་པ་དེ་དག་ཐམས་ཅད་ནི་སྲེད་པའི་རྐྱེན་ལས་བྱུང་བ་ཡིན་པས་སྡུག་བསྔལ་སྐྱེད་པར་བྱེད ་པའི་སྲེད་པ་གང་ཡིན་པ་འདི་མ་ལུས་པར་སྤངས་པ་དེ་ནི་ཞིག་།དེ་ནི་གྱ་ནོམ་པ་སྟེ། བདག་གིས་དེ་ལྟར་ཤེས་ཤིང། དེ་ལྟར་མཐོང་ལ་དེ་ལྟར་ལན་མང་དུ་གནས་པར་བྱས་ནས་སྲེད་པ་མ་ལུས་པར་ཟད་པར་འགྱུར་རོ་སྙམ་དུ་སེམས་ཏེ། དེ་ལྟར་ན་དེ་བདེན་པ་ཀུན་འབྱུང་བ་དང། ་བདེན་པ་འགོག་པ་དང། བདེན་པ་ལམ་ལ་ཞུགས་པ་ཡིན་ནོ། །དེ་གང་གི་ཚེ་དེ་ལ་ལན་མང་དུ་གནས་པར་བྱེད་ཅིང། བདེན་པ་རྣམས་མངོན་པར་རྟོགས་པར་བྱེད་པ་དེ་ནི། དེའི་བདེན་པ་ལ་འཇུག་པས་ཡོངས་སུ་སྦྱང་བ་ཞེས་བྱའོ། །དེ་ལྟར་བདེན་པ་དག་ལ་ཡོངས་སུ་སྦྱང་བ ་བྱས་པ་དེའི་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་རྣམས་སྤངས་པ་ན། བསྒོམ་པས་སྤང་བར་བྱ་བ་རྣམས་ལུས་པས་དེ་དག་སྤང་བར་བྱ་བའི་ཕྱིར་རྣམ་པ་བཅུ་དྲུག་གིས་ཡོངས་སུ་སྦྱོང་བར་བྱེད་དོ། །རྣམ་པ་བཅུ་དྲུག་གང་ཞེ་ན། འདི་ལྟ་སྟེ། དྲན་བཞིན་དུ་དབུགས་རྡུབ་ན ་དྲན་བཞིན་དུ་དབུགས་བརྡུབས་སོ་སྙམ་དུ་སློབ་པར་བྱེད་ལ། དྲན་བཞིན་དུ་དབུགས་ཕྱུང་ན་དྲན་བཞིན་དུ་དབུགས་ཕྱུང་ངོ་སྙམ་དུ་སློབ་པར་བྱེད་པ་དང། དབུགས་རིང་བ་དང། ཐུང་བ་དང། ལུས་ཀྱི་ཐམས་ཅད་ཡང་དག་པར་མྱོང་ཞིང་དབུགས་བརྡུབས་ན། ལུས་ཀྱི ་ཐམས་ཅད་ཡང་དག་པར་མྱོང་ཞིང་དབུགས་བརྡུབས་སོ་སྙམ་དུ་སློབ་པར་བྱེད་ལ། དབུགས་རིང་བ་དང། ཐུང་བ་དང། ལུས་ཀྱི་ཐམས་ཅད་ཡང་དག་པར་མྱོང་ཞིང་ཕྱུང་ན། ལུས་ཀྱི་ཐམས་ཅད་ཡང་དག་པར་མྱོང་ཞིང་དབུགས་ཕྱུང་ངོ་སྙམ་དུ་སློབ་པར་བྱེད་པ་དང། ལུས་ཀྱི་འདུ་བྱེད ་ཤིན་ཏུ་སྦྱངས་ནས། དབུགས་བརྡུབས་ན་ལུས་ཀྱི་འདུ་བྱེད་ཤིན་ཏུ་སྦྱངས་ནས་དབུགས་བརྡུབས་སོ་སྙམ་དུ་སློབ་པར་བྱེད་ལ། ལུས་ཀྱི་འདུ་བྱེད་ཤིན་ཏུ་སྦྱངས་ནས་དབུགས་ཕྱུང་ན་ལུས་ཀྱི་འདུ་བྱེད་ཤིན་ཏུ་སྦྱངས་ནས་དབུགས་ཕྱུང་ངོ་སྙམ་དུ་སློབ་པར་བྱེད་པ་དང། དགའ་བ་ཡང་དག་པར ་མྱོང་བ་དང། བདེ་བ་ཡང་དག་པར་མྱོང་བ་དང། སེམས་ཀྱི་འདུ་བྱེད་ཡང་དག་པར་མྱོང་བ་དང། སེམས་ཀྱི་འདུ་བྱེད་ཤིན་ཏུ་སྦྱངས་ནས་དབུགས་བརྡུབས་ན། སེམས་ཀྱི་འདུ་བྱེད་ཤིན་ཏུ་སྦྱངས་ནས་བརྡུབས་སོ་སྙམ་དུ་སློབ་པར་བྱེད་ལ། དགའ་བ་ཡང་དག་པར་མྱོང་བ་དང་བདེ་བ ་ཡང་དག་པར་མྱོང་བ་དང། སེམས་ཀྱི་འདུ་བྱེད་ཡང་དག་པར་མྱོང་བ་དང། སེམས་ཀྱི་འདུ་བྱེད་ཤིན་ཏུ་སྦྱངས་ནས་དབུགས་ཕྱུང་ངོ་སྙམ་དུ་སློབ་པར་བྱེད་པ་དང། སེམས་ཡང་དག་པར་མྱོང་བ་དང། སེམས་མངོན་པར་རབ་ཏུ་དགའ་ ་བ་དང། སེམས་ཏིང་ངེ་འཛིན་དུ་གཞག་པ་དང། སེམས་རྣམ་པར་གྲེལ་ཞིང་དབུགས་བརྡུབས་ན་སེམས་རྣམ་པར་གྲོལ་ཞིང་དབུགས་བརྡུབ་སོ་སྙམ་དུ་སློབ་པར་བྱེད་ལ། སེམས་ཡང་དག་པར་མྱོང་བ་དང། སེམས་མངོན་པར་རབ་ཏུ་དགའ་བ་དང། སེམས་ཏིང་ངེ་འཛིན་དུ་གཞག ་པ་དང། སེམས་རྣམ་པར་གྲོལ་ཞིང་དབུགས་ཕྱུང་ན། སེམས་རྣམ་པར་གྲོལ་ཞིང་དབུགས་ཕྱུང་ངོ་སྙམ་དུ་སློབ་པར་བྱེད་པ་དང། མི་རྟག་པར་རྗེས་སུ་ལྟ་བ་དང། སྤོང་བར་རྗེས་སུ་ལྟ་བ་དང། འདོད་ཆགས་དང་བྲལ་བར་རྗེས་སུ་ལྟ་བ་དང། འགོག་པར་རྗེས་སུ་ལྟ་ཞིང་དབུགས་བརྡུབས ་ན་འགོག་པར་རྗེས་སུ་ལྟ་ཞིང་དབུགས་བརྡུབ་སོ་སྙམ་དུ་སློབ་པར་བྱེད་ལ། མི་རྟག་པར་རྗེས་སུ་ལྟ་བ་དང། སྤོང་བར་རྗེས་སུ་ལྟ་བ་དང། འདོད་ཆགས་དང་བྲལ་བར་རྗེས་སུ་ལྟ་བ་དང། འགོག་པར་རྗེས་སུ་ལྟ་ཞིང་དབུགས་ཕྱུང་ན་འགོག་པར་རྗེས་སུ་ལྟ་ཞིང་དབུགས་ཕྱུང་ངོ་སྙམ ་དུ་སློབ་པར་བྱེད་པའོ། །དེ་ལ་རྣམ་པ་བཅུ་དྲུག་པོ་དེ་དག་གི་རྣམ་པར་དབྱེ་བ་ཇི་ལྟ་བུ་ཡིན་ཞེ་ན། སློབ་པ་བཞི་མཐོང་ན། དྲན་པ་ཉེ་བར་གཞག་པ་བཞི་ཐོབ་པ་དེ་ཀུན་ཏུ་སྦྱོར་བ་ལྷག་མ་རྣམས་སྤང་བར་བྱ་བའི་ཕྱིར། དབུགས་རྡུབ་པ་དང། ་དབུགས་འབྱུང་བའི་དམིགས་པ་ཡིད་ལ་བྱེད་པ་རྩོམ་པས་ན། དེའི་ཕྱིར་དྲན་བཞིན་དུ་དབུགས་བརྡུབས་ན། དྲན་བཞིན་དུ་དབུགས་བརྡུབས་སོ་སྙམ་དུ་སློབ་པར་བྱེད་ལ། དྲན་བཞིན་དུ་དབུགས་ཕྱུང་ན། དྲན་བཞིན་དུ་དབུགས་ཕྱུང་ངོ་སྙམ་དུ་སློབ་པར་བྱེད་དོ་ཞེས ་བྱ་བ་གསུངས་སོ། །གང་གི་ཚེ་དབུགས་རྡུབ་པ་དང། དབུགས་འབྱུང་བ་ལ་དམིགས་པར་བྱེད་པ་དེའི་ཚེ་ན། དབུགས་རིང་དུ་བརྡུབས་ན། དབུགས་རིང་དུ་བརྡུབས་སོ་སྙམ་དུ་སློབ་པར་བྱེད་ལ། དབུགས་རིང་དུ་བྱུང་ན། དབུགས་རིང་དུ་ཕྱུང་ངོ་སྙམ་དུ་སློབ་པར་བྱེད་པ་ཡིན་ནོ། ་གང་གི་ཚེ་བར་དུ་དབུགས་རྡུབ་པ་དང། བར་དུ་དབུགས་འབྱུང་བ་ལ་དམིགས་པར་བྱེད་པ་དེའི་ཚེ། དབུགས་ཐུང་དུ་བརྡུབས་ན། བརྡུབས་སོ་སྙམ་དུ་སློབ་པར་བྱེད་ལ། དབུགས་ཐུང་དུ་ཕྱུང་ན། དབུགས་ཐུང་དུ་ཕྱུང་ངོ་སྙམ་དུ་སློབ་པར་བྱེད་པ་ཡིན་ཏེ། འདི་ལྟར་དབུགས ་རྡུབ་པ་དང། དབུགས་འབྱུང་བ་དག་ནི་རིང་དུ་འཇུག་པ་ཡིན་ལ། བར་དུ་དབུགས་རྡུབ་པ་དང། བར་དུ་དབུགས་འབྱུང་བ་དག་ནི་ཐུང་ངུར་འཇུག་པ་ཡིན་པས་ན། དེ་དག་ཇི་ལྟར་འཇུག་པ་དེ་ལྟར་ཉེ་བར་མཚོན་པར་བྱེད་ཅིང་ཤེས་པར་བྱེད་པའི་ཕྱིར་རོ། །གང་གི་ཚེ་དབུགས ་རྡུབ་པ་དང། དབུགས་འབྱུང་བ་དག་ལུས་ལ་སྤུའི་ཁུང་བུའི་སྤུབས་ཕྲ་བ་དག་ཡོད་པའི་རྗེས་སུ་ཞུགས་པར་མོས་ཤིང་དམིགས་པར་བྱེད་པ་དེའི་ཚེ་ནི། ལུས་ཀྱི་ཐམས་ཅད་ཡང་དག་པར་མྱོང་ཞིང་དབུགས་བརྡུབས་ན། ལུས་ཀྱི་ཐམས་ཅད་ཡང་དག་པར་མྱོང་ཞིང། ་དབུགས་བརྡུབས་སོ་སྙམ་དུ་སློབ་པར་བྱེད་ལ། ལུས་ཀྱི་ཐམས་ཅད་ཡང་དག་པར་མྱོང་ཞིང། དབུགས་ཕྱུང་ན་ལུས་ཀྱི་ཐམས་ཅད་ཡང་དག་པར་མྱོང་ཞིང་དབུགས་ཕྱུང་ངོ་སྙམ་དུ་སློབ་པར་བྱེད་པ་ཡིན་ནོ། །གང་གི་ཚེ་དབུགས་རྡུབ་པ་དང། བར་དུ་དབུགས་རྡུབ ་པ་དག་འགགས་ཤིང་དབུགས་རྡུབ་པ་དང། དབུགས་འབྱུང་བ་དག་གི་སྟོང་ལ། དབུགས་རྡུབ་པ་དང་དབུགས་འབྱུང་བ་དག་མེད་པའི་གནས་སྐབས་ལ་དམིགས་པར་བྱེད་པ་དང། དབུགས་འབྱུང་བ་དང། བར་དུ་དབུགས་འབྱུང་བ་དག་འགགས་ཤིང། དབུགས་རྡུབ་པ་དང། བར ་དུ་དབུགས་རྡུབ་པ་དག་མ་བྱུང་ལ། དབུགས་འབྱུང་བ་དང། དབུགས་རྡུབ་པ་དག་གིས་སྟོང་ཞིང། དེ་དག་མེད་ལ་དེ་དག་གིས་མཆོད་པའི་གནས་སྐབས་སྟོང་པ་ལ་དམིགས་པར་བྱེད་པ་དེའི་ཚེ་ན། ལུས་ཀྱི་འདུ་བྱེད་ཤིན་ཏུ་སྦྱངས་ནས་དབུགས་རྡུབ་ན། ལུས་ཀྱི་འདུ ་བྱེད་ཤིན་ཏུ་སྦྱངས་ནས་དབུགས་བརྡུབས་སོ་སྙམ་དུ་སློབ་པར་བྱེད་ལ། ལུས་ཀྱི་འདུ་བྱེད་ཤིན་ཏུ་སྦྱངས་ནས། དབུགས་ཕྱུང་ན་ལུས་ཀྱི་འདུ་བྱེད་ཤིན་ཏུ་སྦྱངས་ནས་དབུགས་ཕྱུང་ངོ་སྙམ་དུ་སློབ་པར་བྱེད་པ་ཡིན་ནོ། །གཞན་ཡང་ངེས་ཀུན་ཏུ་རྟེན་ཅིང་གོམས་པར་བྱས། ་ལན་མང་དུ་བྱས་པའི་རྒྱུས་སྔོན་ཡོངས་སུ་སྦྱངས་པ་མ་བྱས་པའི་དབུགས་རྡུབ་པ་དང། དབུགས་འབྱུང་བ་རྩུབ་པ་རེག་ན་སྡུག་བསྔལ་བ་གང་དག་འབྱུང་བར་འགྱུར་བ་དེ་དག་ཤིན་ཏུ་སྦྱངས་པར་གྱུར་ཅིང་ཡོངས་སུ་སྦྱངས་པར་བྱས་པའི་དབུགས་རྡུབ་པ་དང། དབུགས ་འབྱུང་བ་འཇམ་པ་རེག་ན་བདེ་བ་གཞན་དག་འབྱུང་བར་འགྱུར་བས། དེའི་ཕྱིར་ལུས་ཀྱི་འདུ་བྱེད་ཤིན་ཏུ་སྦྱངས་ནས་དབུགས་བརྡུབས་ན། ལུས་ཀྱི་འདུ་བྱེད་ཤིན་ཏུ་སྦྱངས་ནས་དབུགས་བརྡུབས་སོ་སྙམ་དུ་སློབ་པར་བྱེད་ལ། ལུས་ཀྱི་འདུ་བྱེད་ཤིན་ཏུ་སྦྱངས་ནས ་དབུགས་ཕྱུང་ན། ལུས་ཀྱི་འདུ་བྱེད་ཤིན་ཏུ་སྦྱངས་ནས་དབུགས་ཕྱུང་ངོ་སྙམ་དུ་སློབ་པར་བྱེད་དོ་ཞེས་བྱ་བ་གསུངས་སོ། །དེ་ལྟར་དབུགས་རྡུབ་པ་དང། དབུགས་འབྱུང་བ་དྲན་པའི་སྦྱོར་བས་རབ་ཏུ་བརྩོན་པ་དེས། གལ་ཏེ་བསམ་གཏན་དང་པོ་འམ། བསམ ་གཏན་གཉིས་པ་ཐོབ་པར་གྱུར་ན་དེ་དེའི་ཚེ་ན་དགའ་བ་ཡང་དག་པར་མྱོང་ཞིང་དབུགས་རྡུབ་ན་དགའ་བ་ཡང་དག་པར་མྱོང་ཞིང་དབུགས་བརྡུབས་སོ་སྙམ་དུ་སློབ་པར་བྱེད་ལ། དགའ་བ་ཡང་དག་པར་མྱོང་ཞིང་དབུགས་ཕྱུང་ན། དགའ་བ་ཡང་དག་པར་མྱོང་ཞིང ་དབུགས་ཕྱུང་ངོ་སྙམ་དུ་སློབ་པར་བྱེད་པ་ཡིན་ནོ། །གལ་ཏེ་དེས་དགའ་བ་མེད་པའི་བསམ་གཏན་གསུམ་པ་ཐོབ་པར་གྱུར་ན། དེའི་ཚེ་ནི་དེ་བདེ་བ་ཡང་དག་པར་མྱོང་ཞིང་དབུགས་བརྡུབས་ན། བདེ་བ་ཡང་དག་པར་མྱོང་ཞིང་དབུགས་བརྡུབས ་སོ་སྙམ་དུ་སློབ་པར་བྱེད་ལ། བདེ་བ་ཡང་དག་པར་མྱོང་ཞིང་དབུགས་ཕྱུང་ན། བདེ་བ་ཡང་དག་པར་མྱོང་ནས་དབུགས་ཕྱུང་ངོ་སྙམ་དུ་སློབ་པར་བྱེད་པ་ཡིན་ནོ། བསམ་གཏན་གསུམ་པ་ཡན་ཆད་ལ་ནི་དབུགས་རྡུབ་པ་དང། དབུགས་འབྱུང་བ་དྲན་པའི་སྦྱོར་བ ་མེད་པས་ན། དེའི་ཕྱིར་བསམ་གཏན་གསུམ་པ་མན་ཆད་དུ་ཡོངས་སུ་བསྒྲགས་ཤིང་བསྡུས་པ་ཡིན་ནོ། །དེ་ལྟར་དགའ་བ་ཡང་དག་པར་མྱོང་བ་འམ། བདེ་བ་ཡང་དག་པར་མྱོང་བ་དེ། གལ་ཏེ་བརྒྱ་ལ་རྒྱ་ལམ་ན་བརྗེད་ངས་པས་བདག་གོ་ཞེ་འམ། འདི་ནི་བདག ་གི་བདག་གོ་ཞེ་འམ། བདག་འབྱུང་བར་འགྱུར་རོ་ཞེ་འམ། འབྱུང་བར་མི་འགྱུར་རོ་ཞེ་འམ། གཟུགས་ཅན་དུ་འགྱུར་རོ་ཞེ་འམ། གཟུགས་ཅན་མ་ཡིན་པར་འགྱུར་ཞེ་འམ། འདུ་ཤེས་ཅན་ནམ། འདུ་ཤེས་མེད་པ་འམ། འདུ་ཤེས་ཡོད་པ་ཡང་མ་ཡིན། འདུ ་ཤེས་མེད་པ་ཡང་མ་ཡིན་པར་འགྱུར་རོ་སྙམ་པ་འབྱུང་ཞིང། དེ་ལྟར་སེམས་པ་དང་ལྡན་པའི་འདུ་ཤེས་ཀུན་ཏུ་རྨོངས་པ་གཡོས་པ། །བསམ་པ་སྤྲས་པས་མངོན་པར་འདུས་བྱས་པ་སྲེད་པའི་རྣམ་པར་སྐྱེ་བར་གྱུར་ན། དེས་ན་དེ་སྐྱེས་པ་ན་མྱུར་བ་མྱུར་བ་ཁོ ་ནར་ཤེས་རབ་ཀྱི་སོ་སོར་རྟོགས་ཤིང་དང་དུ་མི་ལེན་པར་སྤོང་བར་བྱེད། སེལ་བར་བྱེད། བྱད་བར་བྱེད་པ་དེའི་ཚེ་ནི། སེམས་ཀྱི་འདུ་བྱེད་ཡང་དག་པར་མྱོང་བ་དང། སེམས་ཀྱི་འདུ་བྱེད་ཤིན་ཏུ་སྦྱངས་ནས་དབུགས་བརྡུབས་ན། སེམས་ཀྱི་འདུ་བྱེད་ཤིན་ཏུ་སྦྱངས་ནས ་དབུགས་བརྡུབས་སོ་སྙམ་དུ་སློབ་པར་བྱེད་ལ། སེམས་ཀྱི་འདུ་བྱེད་ཡང་དག་པར་མྱོང་བ་དང། སེམས་ཀྱི་འདུ་བྱེད་ཤིན་ཏུ་སྦྱངས་ནས་དབུགས་ཕྱུང་ན། སེམས་ཀྱི་འདུ་བྱེད་ཤིན་ཏུ་སྦྱངས་ནས་དབུགས་ཕྱུང་ངོ་སྙམ་དུ་སློབ་པར་བྱེད་པ་ཡིན་ནོ། །གལ་ཏེ་དེས ་བསམ་གཏན་དང་པོ་དང། གཉིས་པ་དང། གསུམ་པ་དག་གི་དངོས་གཞི་དག་མ་ཐོབ་པར་གྱུར་ཀྱང། དེས་བསམ་གཏན་དང་པོའི་ཉེར་བསྡོགས་མི་ལྕོགས་པ་མེད་པ་གདོན་མི་ཟ་བར་ཐོབ་པ་ཡིན་པས། དེ་དེ་ཁ?་བརྟེན་ནས་རང་གི་སེམས་འདོད་ཆགས་དང་བཅས་པ་འམ། འདོད ་ཆགས་དང་བྲལ་བ་འམ། ཞེ་སྡང་དང་བཅས་པ་འམ། ཞེ་སྡང་དང་བྲལ་བ་འམ། གཏི་མུག་དང་བཅས་པ་འམ། གཏི་མུག་དང་བྲལ་བ་འམ། བསྡུས་པ་འམ། རྣམ་པར་གཡེངས་པ་འམ། །ཞུམ་པ་འམ། རབ་ཏུ་བཟུང་བ་འམ། རྒོད་པ་འམ། རྒོད་པ་མ་ཡིན་པ་འམ།། ་ཉེ་བར་ཞི་བ་འམ། ཉེ་བར་ཞི་བ་མ་ཡིན་པ་འམ། མཉམ་པར་བཞག་པ་འམ། མཉམ་པར་བཞག་པ་མ་ཡིན་པ་འམ། ལེགས་པར་བསྒོམས་པ་འམ། ལེགས་པར་བསྒོམས་པ་མ་ཡིན་པ་འམ། སེམས་རྣམ་པར་གྲོལ་བ་འམ། སེམས་རྣམ་པར་གྲོལ་བ་མ་ཡིན་པར་བྱུང་ངོ་ཅོག་ལ་སོ་སོར ་རྟག་པར་བྱེད་ཅིང། ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པར་བྱེད། ཡང་དག་པར་མྱོང་བར་བྱེད་པས་ན། དེའི་ཕྱིར་སེམས་ཡང་དག་པར་མྱོང་ཞིང། དབུགས་བརྡུབས་ན། སེམས་ཡང་དག་པར་མྱོང་ཞིང་དབུགས་བརྡུབས་སོ་སྙམ་དུ་སློབ་པར་བྱེད་ལ ་སེམས་ཡང་དག་པར་མྱོང་ཞིང་དབུགས་ཕྱུང་ན་སེམས་ཡང་དག་པར་མྱོང་ཞིང་དབུགས་ཕྱུང་ངོ་སྙམ་དུ་སློབ་པར་བྱེད་དོ་ཞེས་བྱ་བ་གསུངས་སོ། །དེ་དག་གི་ཚེ་ནང་དུ་ཡང་དག་པར་ཞི་བར་བྱེད་པ་ན་རྨུགས་པ་དང། གཉིད་ཀྱིས་སྒྲིབ་པས་སེམས་བསྒྲིབ་པར་གྱུར་པ ་དེའི་ཚེ། རབ་ཏུ་དང་བར་འགྱུར་བའི་དམིགས་པ་གང་ཡང་རུང་བས། ཡང་དག་པར་སྟོན་པར་བྱེད། ཡང་དག་པར་འཛིན་དུ་འཇུག་པར་བྱེད། ཡང་དག་པར་གཟེད་བསྟོད་བར་བྱེད། ཡང་དག་པར་རབ་ཏུ་དགའ་བར་བྱེད་པས་ན། དེའི་ཕྱིར་སེམས་མངོན ་པར་རབ་ཏུ་དགའ་ཞིང་དབུགས་བརྡུབས་ན་སེམས་མངོན་པར་རབ་ཏུ་དགའ་ཞིང་དབུགས་བརྡུབས་སོ་སྙམ་དུ་སློབ་པར་བྱེད་ལ། སེམས་མངོན་པར་རབ་ཏུ་དགའ་ཞིང་དབུགས་ཕྱུང་ན། སེམས་མངོན་པར་རབ་ཏུ་དགའ་ཞིང་དབུགས་ཕྱུང་ངོ་སྙམ་དུ་སློབ་པར་བྱེད་དོ་ཞེས་བྱ་བ ་གསུངས་སོ། །དེ་གང་གི་ཚེ་མངོན་པར་རབ་ཏུ་འཛིན་པར་བྱེད་པ་ན། རྒོད་པའི་སྒྲིབ་པ་དང། འགྱོད་པའི་སྒྲིབ་པས་སེམས་བསྒྲིབས་པར་མཐོང་བ་དེའི་ཚེ། སེམས་ནང་ཁོ་ནར་འཇོག་པར་བྱེད་ཅིང། ཞི་བར་བྱེད་ཏིང་ངེ་འཛིན་གྱི་བར་དུ་བྱེད་པས་ན། ་དེའི་ཕྱིར་སེམས་ཏིང་ངེ་འཛིན་དུ་གཞག་ཅིང་དབུགས་བརྡུབས་ན། སེམས་ཏིང་ངེ་འཛིན་དུ་གཞག་ཅིང་དབུགས་བརྡུབས་སོ་སྙམ་དུ་སློབ་པར་བྱེད་ལ། སེམས་ཏིང་ངེ་འཛིན་དུ་གཞག་ཅིང་དབུགས་ཕྱུང་ན། སེམས་ཏིང་ངེ་འཛིན་དུ་གཞག་ཅིང་དབུགས་ཕྱུང་ངོ་སྙམ་དུ ་སློབ་པར་བྱེད་དོ་ཞེས་བྱ་བ་གསུངས་སོ། །དེ་གང་གི་ཚེ་སེམས་ཀུན་ཏུ་བརྟེན་ཅིང་གོམས་པར་བྱས། ལན་མང་དུ་བྱས་པའི་རྒྱུས་སྒྲིབ་པ་ཀུན་འབྱུང་བ་དག་ལས་རིང་དུ་བྱས་ཤིང། སྒྲིབ་པ་དག་ལས་རྣམ་པར་སྦྱངས་པས་ན། དེའི་ཕྱིར་སེམས་རྣམ་པར་གྲོལ ་ཞིང་དབུགས་བརྡུབས་ན། སེམས་རྣམ་པར་གྲོལ་ཞིང་དབུགས་བརྡུབས་སོ་སྙམ་དུ་སློབ་པར་བྱེད་ལ། སེམས་རྣམ་པར་གྲོལ་ཞིང་དབུགས་ཕྱུང་ན། སེམས་རྣམ་པར་གྲོལ་ཞིང་དབུགས་ཕྱུང་ངོ་སྙམ་དུ་སློབ་པར་བྱེད་དོ་ཞེས་བྱ་བ་གསུངས་སོ། །སྒྲིབ་པ་དག་ལས ་རྣམ་པར་གྲོལ་བ་དེའི་ལམ་བསྒོམ་པའི་བར་དུ་གཅོད་པ་དག་གི་བག་ལ་ཉལ་གྱི་ལྷག་མ་སྡང་བར་བྱ་བ་དག་ཡོད་པས། དེ་དག་སྤང་བར་བྱ་བའི་ཕྱིར་འདི་ལྟ་སྟེ། འདུ་བྱེད་རྣམས་ཀྱི་མི་རྟག་པ་ཉིད་ལ་ཚུལ་བཞིན་དུ་ལེགས་པ་རབ་ཏུ་སོ་སོར་རྟོག་པར་བྱེད་ཅིང ་ལམ་མངོན་དུ་བྱེད་པས་ན། དེའི་ཕྱིར་མི་རྟག་པར་རྗེས་སུ་ལྟ་ཞིང་དབུགས་བརྡུབས་ན་མི་རྟག་པར་རྗེས་སུ་ལྟ་ཞིང་དབུགས་བརྡུབས་སོ་སྙམ་དུ་སློབ་པར་བྱེད་ལ། མི་རྟག་པར་རྗེས་སུ་ལྟ་ཞིང་དབུགས་ཕྱུང་ན། མི་རྟག་པར་རྗེས་སུ་ལྟ་ཞིང་དབུགས་ཕྱུང་ངོ ་སྙམ་དུ་སློབ་པར་བྱེད་དོ་ཞེས་བྱ་བ་གསུངས་སོ། །དེས་སྔར་ནི་བསམ་གཏན་དང་པོ་དང། གཉིས་པ་དང། གསུམ་པ་དག་ལ་བརྟེན་ཏམ། མི་ལྕོགས་པ་མེད་པ་ལ་བརྟེན་ནས། ཞི་གནས་ལ་རྣལ་འབྱོར་དུ་བྱས་སོ། །ད་ལྟར་ནི་མི་རྟག་པར་རྗེས་སུ་བལྟ་བས། ་ལྷག་མཐོང་ལ་རྣལ་འབྱོར་དུ་བྱེད་དེ། དེ་ལྟར་ཞི་གནས་དང་ལྷག་མཐོང་ཡོངས་སུ་བསྒོམས་པས་དེའི་སེམས་དེ་དབྱིངས་རྣམས་སུ་འདི་ལྟ་སྟེ། བག་ལ་ཉལ་བ་དག་ལས་རྣམ་པར་གྲོལ་ལོ། །དབྱིངས་དེ་དག་ཀྱང་གང་ཞེ་ན། འདི་ལྟ་སྟེ་སྤོང་བའི་དབྱིངས་གང་ཡིན་པ་དང། ་འདོད་ཆགས་དང་བྲལ་བའི་དབྱིངས་གང་ཡིན་པ་དང། འགོག་པའི་དབྱིངས་གང་ཡིན་པའོ། །དེ་ལ་འདུ་བྱེད་ཐམས་ཅད་ཀྱི་མཐོང་བས་སྤང་བར་བྱ་བ་རྣམས་སྤངས་པའི་ཕྱིར་སྤོང་བའི་དབྱིངས་སོ། འདུ་བྱེད་ཐམས་ཅད་ཀྱི་བསྒོམ་པས་སྤང་བར་བྱ་བ་རྣམས་སྤངས་པའི ་ཕྱིར་འདོད་ཆགས་དང་བྲལ་བའི་དབྱིངས་སོ། །ཕུང་པོ་ཐམས་ཅད་འགགས་པའི་ཕྱིར་འགོག་པའི་དབྱིངས་ཏེ། དེ་དེ་ལྟར་དབྱིངས་གསུམ་པ་དག་ཞི་བ་དང། བདེ་བ་དང། ནད་མེད་པའི་སྒོ་ནས་ཡིད་ལ་བྱད་པ་ན་ཞི་གནས་དང། ལྷག་མཐོང་བསྒོམ་པར་བྱེད་ཅིང་ཀུན་ཏུ ་བརྟེན། གོམས་པར་བྱས། ལན་མང་དུ་བྱས་པའི་རྒྱུ་དེས་ན། བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་ལྷག་མ་རྣམས་ལས་དེའི་སེམས་རྣམ་པར་གྲོལ་བས་ན། དེའི་ཕྱིར་སྤོང་བར་རྗེས་སུ་ལྟ་བ་དང། འདོད་ཆགས་དང་བྲལ་བར་རྗེས་སུ་ལྟ་བ་དང། འགོག་པར་རྗེས་སུ་ལྟ་ཞིང ་དབུགས་རྡུབ་ན། འགོག་པར་རྗེས་སུ་ལྟ་ཞིང་དབུགས་བརྡུབས་སོ་སྙམ་དུ་སློབ་པར་བྱེད་ལ། སློང་བར་རྗེས་སུ་ལྟ་བ་དང། འདོད་ཆགས་དང་བྲལ་བར་རྗེས་སུ་ལྟ་བ་དང། འགོག་པར་རྗེས་སུ་ལྟ་ཞིང་དབུགས་ཕྱུང་ན། འགོག་པར་རྗེས་སུ་ལྟ་ཞིང་དབུགས་ཕྱུང་ངོ་སྙམ་དུ་སློབ ་པར་བྱེད་དོ་ཞེས་བྱ་བ་གསུངས་སོ། །དེ་ལྟར་དེས་མཐོང་བ་དང། བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་རྣམས་སྤངས་པ་ན། དགྲ་བཅོམ་པ་ཟག་པ་ཟད་པར་འགྱུར་ཏེ། དེ་ལྟ་དེ་ལས་གོང་དུ་བྱ་བ་མེད་ཅིང། རབ་ཏུ་རྣམ་པར་དབྱེ་བ་ཡང་བྱས་ཟིན་པ་ཡིན་ཏེ། དེ་ནི་རྣམ་པ་བཅུ ་དྲུག་གིས་ཡོངས་སུ་སྦྱང་བ་ཞེས་བྱའོ། །ཡོངས་སུ་སྦྱང་བ་རྣམ་པ་ལྔ་པོ་གང་ཡིན་པ་དེ་ནི་དབུགས་རྡུབ་པ་དང། དབུགས་འབྱུང་བ་དྲན་པ་ཞེས་བྱ་སྟེ། གང་ཟག་རྣམ་པར་རྟོག་པ་སྤྱད་པས། དེ་ལ་རབ་ཏུ་སྦྱོར་བར་བྱེད་ཅིང། ནང་གི་སོ་སོའི་དམིགས་པ་བྱ་བ་དང་བཅས་པ། རྣམ ་པར་གཡེང་བ་དང་བཅས་པ། ཉེ་བ་དེ་ལ་དགའ་བ་སྐྱེད་དེ། རབ་ཏུ་སྦྱོར་བར་བྱེད་ན་དེས་དེ་ལ་རབ་ཏུ་སྦྱོར?་བར་བྱེད་པ་དེའི་རྣམ་པར་རྟོག་པ་ཀུན་ཏུ་འཁྲུག་པ་གང་ཡིན་པ་དེ་འབྱུང་བར་མི་འགྱུར་ཞིང། མྱུར་བ་མྱུར་བར་དམིགས་པ་ལ་སེམས་ཀུན་ཏུ་གནས ་པ་དང། མངོན་པར་དགའ་བ་ཡང་དག་པར་སྐྱེ་བར་འགྱུར་ཏེ། དེ་ནི་གང་ཟག་རྣམ་པར་རྟོག་པ་སྤྱད་པའི་སྤྱད་པ་རྣམ་པར་སྤྱོད་པའི་དམིགས་པ་ལྔ་པ་ཡིན་ནོ། །དེ་ལ་མཁས་པའི་དམིགས་པ་གང་ཞེ་ན། འདི་ལྟ་སྟེ། ཕུང་པོ་ལ་མཁས་པ་དང། ཁམས་ལ་མཁས་པ ་དང། སྐྱེ་མཆེད་ལ་མཁས་པ་དང། རྟེན་ཅིང་འབྲེལ་བར་འབྱུང་བ་ལ་མཁས་པ་དང། གནས་དང་གནས་མ་ཡིན་པ་ལ་མཁས་པའོ། །དེ་ལ་ཕུང་པོ་རྣམས་ནི་གང། ཕུང་པོ་ལ་མཁས་པ་ནི་གང་ཞེ་ན། སྨྲས་པ་ཕུང་པོ་ལྔ་སྟེ། གཟུགས་ཀྱི་ཕུང་པོ་དང། ཚོར ་བའི་ཕུང་པོ་དང། འདུ་ཤེས་ཀྱིས་ཕུང་པོ་དང། འདུ་བྱེད་ཀྱི་ཕུང་པོ་དང། རྣམ་པར་ཤེས་པའི་ཕུང་པོའོ། །དེ་ལ་གཟུགས་ཀྱི་ཕུང་པོ་གང་ཞེ་ན། གཟུགས་གང་ཡིན་པ་ཅི་ཡང་རུང་སྟེ། དེ་ཐམས་ཅད་འབྱུང་བ་ཆེན་པོ་བཞི་དག་དང། འབྱུང་བ་ཆེན་པོ་བཞི་དག་རྒྱུར ་བྱས་པ་ཡིན་ཏེ། དེ་ཡང་འདས་པ་དང། མ་འོངས་པ་དང། ད་ལྟར་བྱུང་བ་དང། ནང་གི་དང། ཕྱི་རོལ་གྱི་དང། རགས་པ་དང། ཕྲ་བ་དང། ངན་པ་དང། བཟང་པོ་དང། ཐག་རིང་བ་དང། ཐག་ཉེ་བ་དག་གོ་།དེ་ལ་ཚོར་བའི་ཕུང་པོ་གང་ཞེ་ན། བདེ་བར་ཚོར་བ་དང། ་སྡུག་བསྔལ་བར་ཚོར་བ་དང། བདེ་བ་ཡང་མ་ཡིན། སྡུག་བསྔལ་བ་ཡང་མ་ཡིན་པར་ཚོར་བའི་རེག་པ་ལས་བརྟེན་ཏེ། བྱུང་བ་ཚོར་བའི་ཚོགས་དྲུག་པོ་དག་སྟེ། མིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་དང། རྣ་བ་དང། སྣ་དང། ལྕེ་དང། ལུས་དང། ཡིད་ཀྱི་འདུས ་ཏེ་རེག་པ་ལས་བྱུང་བའི་ཚོར་བ་རྣམས་སོ། །དེ་ལ་འདུ་ཤེས་ཀྱི་ཕུང་པོ་གང་ཞེ་ན། འདི་ལྟ་སྟེ། མཚན་མའི་འདུ་ཤེས་དང། མཚན་མ་མེད་པའི་འདུ་ཤེས་དང། ཆུང་ངུའི་འདུ་ཤེས་དང། ཆེན་པོར་གྱུར་པའི་འདུ་ཤེས་དང། ཚད་མེད་པའི་འདུ་ཤེས་དང། ཆུང་ཟད་ཀྱང་མེད ་དོ་ཞེས་ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་འདུ་ཤེས་དང། འདུ་ཤེས་ཀྱི་ཚོགས་དྲུག་པོ་སྟེ། མིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་འདུ་ཤེས་དང། རྣ་བ་དང། སྣ་དང། ལྕེ་དང། ལུས་དང། ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་འདུ་ཤེས་རྣམས་སོ། །དེ་ལ་འདུ་བྱེད་ཀྱི་ཕུང་པོ་གང་ཞེ་ན། སེམས ་པའི་ཚོགས་དྲུག་པོ་དག་སྟེ། མིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་སེམས་པ་དང། རྣ་བ་དང། སྣ་དང། ལྕེ་དང། ལུས་དང། ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་སེམས་པ་རྣམས་དང། ཚོར་བ་དང་འདུ་ཤེས་མ་གཏོགས་པ་གང་དག་དེ་ལས་གཞན་པའི་སེམས་པ་ལས ་བྱུང་བའི་ཆོས་རྣམས་སོ། །དེ་ལ་རྣམ་པར་ཤེས་པའི་ཕུང་པོ་གང་ཞེ་ན། སེམས་དང། ཡིད་དང་རྣམ་པར་ཤེས་པ་གང་ཡིན་པ་སྟེ། དེ་ཡང་རྣམ་པར་ཤེས་པའི་ཚོགས་དྲུག་པོ་དག་སྟེ། མིག་གི་རྣམ་པར་ཤེས་པ་དང། རྣ་བ་དང། སྣ་དང། ལྕེ་དང། ལུས་དང། ཡིད་ཀྱི་རྣམ་པར ་ཤེས་པ་དག་གོ་།ཚོར་བ་དང། འདུ་ཤེས་དང། འདུ་བྱེད་དེ་དག་དང། རྣམ་པར་ཤེས་པ་དེ་ཡང་འདས་པ་དང། མ་འོངས་པ་དང། ད་ལྟར་བྱུང་བ་དང། ནང་གི་དང། ཕྱི་རོལ་གྱི་དང། རགས་པ་དང། ཕྲ་བ་དང། ངན་པ་དང། བཟང་པ་དང། ཐག་རིང་བ་དང། ཐག་ཉེ་བ་དག་ཡིན ་ཏེ། དེ་ནི་ཕུང་པོ་རྣམས་ཞེས་བྱའོ། །དེ་ལ་ཕུང་པོ་ལ་མཁས་པ་གང་ཞེ་ན། ཇི་སྐད་བསྟན་པའི་ཆོས་དེ་དག་བདག་ཉིད་ཐ་དད་པ་དང། བདག་ཉིད་མང་པོར་ཤེས་ཤིང་དེ་ལས་ལྷག་པ་མི་དམིགས་ཤིང། རྣམ་པར་རྟོག་པ་མི་བྱེད་པ་གང་ཡིན་པ་སྟེ། དེ་ནི་མདོར་བསྡུ་ན་ཕུང་པོ ་ལ་མཁས་པ་ཞེས་བྱའོ། །དེ་ལ་ཕུང་པོ་རྣམས་ཀྱི་བདག་ཉིད་ཐ་དད་པ་གང་ཞེ་ན། གཟུགས་ཀྱི་ཕུང་པོ་ཡང་གཞན། ཚོར་བའི་ཕུང་པོ་ཡང་གཞན་ལ། དེ་བཞིན་དུ་རྣམ་པར་ཤེས་པའི་ཕུང་པོའི་བར་ཡང་བཞན་པ་སྟེ། དེ་ནི་བདག་ཉིད་ཐ་དད་པ་ཡིན་ནོ། །དེ་ལ་བདག་ཉིད་མང་པོ་གང་ཞེ ་ན། གཟུགས་ཀྱི་ཕུང་པོ་ཡང་འབྱུང་བ་དང། འབྱུང་བས་གྱུར་པའི་བྱེ་བྲག་དང། འདས་པ་དང། མ་འོངས་པ་དང། ད་ལྟར་བྱུང་བ་ལ་སོགས་པའི་རྣམ་པའི་བྱེ་བྲག་གི་རྣམ་པ་དུ་མ་དང། རྣམ་པ་མང་པོ་སྣ་ཚོགས་ཡོད་པ་གང་ཡིན་པ་སྟེ། དེ་ནི་གཟུགས་ཀྱི་ཕུང་པོའི་བདག་ཉིད ་མང་པོ་ཞེས་བྱའོ། །དེ་བཞིན་དུ་ཕུང་པོ་ལྷག་མ་རྣམས་ལ་ཡང་ཅི་རིགས་པར་རིག་པར་བྱའོ། །དེ་ལས་ལྷག་པ་ཅི་ཞིག་མི་དམིགས་ཤིང་རྣམ་པར་རྟོག་པར་མི་བྱེད་ཅེ་ན། ཕུང་པོ་བཅོམ་དང་དངོས་པོ་བཅོམ་དུ་དམིགས་པར་ཟད་ཀྱི་ཕུང་པོ་ལས་ལྷག ་པར་བདག་དང། རྟག་པ་དང། བརྟན་པ་དང། ཐར་ཟུག་དང། རྣམ་པར་མི་འགྱུར་བའི་ཆོས་ཅན་མི་དམིགས་ཤིང་བདག་གིར་བྱ་བ་ཡང་ཅི་ཡང་མེད་པ་སྟེ། དེ་ལས་ལྷག་པ་དེ་མི་དམིགས་ཤིང་རྣམ་པར་རྟོག་པར་མི་བྱེད་པ་ཡིན་ནོ། །དེ་ལ་ཁམས་རྣམས་ནི་གང། ཁམས ་ལ་མཁས་པ་ནི་གང་ཞེ་ན། སྨྲས་པ། ཁམས་ནི་བཅོ་བརྒྱད་དེ། མིག་གི་ཁམས་དང། གཟུགས་ཀྱི་ཁམས་དང། མིག་གི་རྣམ་པར་ཤེས་པའི་ཁམས་དང། རྣ་བའི་ཁམས་དང། སྒྲའི་ཁམས་དང། རྣ་བའི་རྣམ་པར་ཤེས་པའི་ཁམས་དང། སྣའི་ཁམས་དང། ་དྲིའི་ཁམས་དང། སྣའི་རྣམ་པར་ཤེས་པའི་ཁམས་དང། ལྕེའི་ཁམས་དང། རོའི་ཁམས་དང། ལྕེའི་རྣམ་པར་ཤེས་པའི་ཁམས་དང། ལུས་ཀྱི་ཁམས་དང། རེག་བྱའི་ཁམས་དང། ལུས་ཀྱི་རྣམ་པར་ཤེས་པའི་ཁམས་དང། ཡིད་ཀྱི་ཁམས་དང། ཆོས་ཀྱི ་ཁམས་དང། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཏེ། དེ་ནི་ཁམས་རྣམས་ཞེས་བྱའོ། །དེ་ལ་ཁམས་ལ་མཁས་པ་གང་ཞེ་ན། ཆོས་བཅོ་བརྒྱད་པོ་དེ་དག་རང་རང་གི་ཁམས་དང། རང་རང་གི་ས་བོན་དང། རང་རང་གི་རིགས་ལས་སྐྱེ་བ་དང། འཇུག་པ་དང། འབྱུང་བར ་ཤེས་ཤིང་དགའ་ལ་ངེས་པར་རྟོག་པ་གང་ཡིན་པ་སྟེ། དེ་ནི་ཁམས་ལ་མཁས་པ་ཞེས་བྱའོ། །འདི་ལྟ་སྟེ། ཁམས་ལ་མཁས་པས་ཆོས་བཅོ་བརྒྱད་པོ་རྣམས་རང་རང་གི་ཁམས་ལས་བྱུང་བར་ཤེས་པ་གང་ཡིན་པ་དེ་ནི་རྒྱུའི་རྐྱེན་ལ་མཁས་པ་ཉིད་ཡིན་ནོ། །དེ་ལ ་སྐྱེ་མཆེད་རྣམས་ནི་གང། སྐྱེ་མཆེད་ལ་མཁས་པ་ནི་གང་ཞེ་ན། སྨྲས་པ། སྐྱེ་མཆེད་ནི་བཅུ་གཉིས་ཏེ། མིག་གི་སྐྱེ་མཆེད་དང། གཟུགས་ཀྱི་སྐྱེ་མཆེད་དང། རྣ་བའི་སྐྱེ་མཆེད་དང། སྒྲའི་སྐྱེ་མཆེད་དང། སྣའི་སྐྱེ་མཆེད་དང། དྲིའི་སྐྱེ་མཆེད་དང། ལྕེའི་སྐྱེ་མཆེད ་དང། རོའི་སྐྱེ་མཆེད་དང། ལུས་ཀྱི་སྐྱེ་མཆེད་དང། རེག་བྱའི་སྐྱེ་མཆེད་དང། ཡིད་ཀྱི་སྐྱེ་མཆེད་དང། ཆོས་ཀྱི་སྐྱེ་མཆེད་དེ། དེ་ནི་སྐྱེ་མཆེད་རྣམས་ཞེས་བྱའོ། །དེ་ལ་སྐྱེ་མཆེད་ལ་མཁས་པ་གང་ཞེ་ན། དེ་ལ་མིག་ནི་མིག་གི་རྣམ་པར་ཤེས་པ་མཚུངས་པར་ལྡན་པ་དང་བཅས་པ་སྐྱེ་བའི ་བདག་པོའི་རྐྱེན་ཡིན་ནོ། །གཟུགས་རྣམས་ནི་དམིགས་པའི་རྐྱེན་ཡིན་ནོ། །འགགས་མ་ཐག་པའི་ཡིད་ནི་མཚུངས་པ་དེ་མ་ཐག་པའི་རྐྱེན་ཡིན་ནོ། །དེ་ལ་རྣ་བ་ནི་རྣ་བའི་རྣམ་པར་ཤེས་པ་མཚུངས་པར་ལྡན་པ་དང་བཅས་པ་སྐྱེ་བའི་བདག་པོའི་རྐྱེན་ཡིན་ནོ། །སྒྲ་ནི་དམིགས ་པའི་རྐྱེན་ཡིན་ནོ། །འགགས་མ་ཐག་པའི་ཡིད་ནི་མཚུངས་པ་དེ་མ་ཐག་པའི་རྐྱེན་ཡིན་ནོ། །དེ་བཞིན་དུ་ཡིད་ཀྱི་བར་ལ་ཡང་དེ་དང་འབྱུང་བ་ཡིད་ལ་བྱད་པ་ནི། ཡིད་ཀྱི་རྣམ་པར་ཤེས་པ་མཚུངས་པར་ལྡན་པ་དང་བཅས་པ་སྐྱེ་བའི་བདག་པོའི་རྐྱེན་ཡིན་ནོ། །ཆོས་ནི་དམིགས་པའི་རྐྱེན ་ཡིན་ནོ། །འགགས་མ་ཐག་པའི་ཡིད་ནི་མཚུངས་པ་དེ་མ་ཐག་པའི་རྐྱེན་ཡིན་ཏེ། དེ་ལྟར་ན་རྐྱེན་གསུམ་པོ་མཚུངས་པ་དེ་མ་ཐག་པའི་རྐྱེན་དང། དམིགས་པའི་རྐྱེན་དང། བདག་པོའི་རྐྱེན་གྱིས་རྣམ་པར་ཤེས་པའི་ཚོགས་དྲུག་པོ་མཚུངས་པར་ལྡན་པ་དང་བཅས་པ་རྣམས་འབྱུང ་བར་འགྱུར་ཏེ། དེ་ལྟར་ན་ནང་དང་ཕྱི་རོལ་གྱི་སྐྱེ་མཆེད་རྣམས་ཀྱི་རྐྱེན་ལ་མཁས་པ་གང་ཡིན་པ་སྟེ། སྐྱེ་མཆེད་ལ་མཁས་པ་ཞེས་བྱའོ། །དེ་ལ་རྟེན་ཅིང་འབྲེལ་པར་འབྱུང་བ་ནི་གང། རྟེན་ཅིང་འབྲེལ་པར་འབྱུང་བ་ལ་མཁས་པ་ནི་གང་ཞེ་ན། སྨྲས་པ། རྟེན་ཅིང་འབྲེལ་པར ་འབྱུང་བ་ནི་འདི་ལྟ་སྟེ། མ་རིག་པའི་རྐྱེན་གྱི་འདུ་བྱེད་རྣམས། འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ། །རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས། མིང་དང་གཟུགས་ཀྱི་རྐྱེན་གྱིས་སྐྱེ་མཆེད་དྲུག་སྐྱེ་མཆེད་དྲུག་གི་རྐྱེན་གྱིས་རེག་པ། རེག་པའི་རྐྱེན་གྱིས་ཚོར་བ། ཚོར་བའི ་རྐྱེན་གྱིས་སྲེད་པ། སྲེད་པའི་རྐྱེན་གྱིས་ལེན་པ། ལེན་པའི་རྐྱེན་གྱིས་སྲིད་པ། སྲིད་པའི་རྐྱེན་གྱིས་སྐྱེ་བ། སྐྱེ་བའི་རྐྱེན་གྱིས་རྒ་ཤི་དང། མྱ་ངན་དང། སྨྲེ་སྔགས་འདོན་པ་དང། སྡུག་བསྔལ་བ་དང། ཡིད་མི་བདེ་བ་དང། འཁྲུག་པ་རྣམས་འབྱུང་བར་འགྱུར་ཏེ། དེ་ལྟར་ན ་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འབའ་ཞིག་པོ་འདི་འབྱུང་བར་འགྱུར་རོ་ཞེས་བྱ་བ་སྟེ། དེ་ནི་རྟེན་ཅིང་འབྲེལ་བར་འབྱུང་བ་ཞེས་བྱའོ། །དེ་ལ་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་མཁས་པ་གང་ཞེ་ན། ཆོས་རྣམས་ཁོ་ནས་ཆོས་རྣམས་མངོན ་པར་སྐྱེད་པར་བྱེད་ཅིང། ཆོས་རྣམས་ཁོ་ན་ཡོངས་སུ་སྐྱེད་པར་བྱེད་ལ། འདུ་བྱེད་རྣམས་ཁོ་ནས། འདུ་བྱེད་རྣམས་འདྲེན་པར་བྱེད་དེ། དེ་དག་ཀྱང་རྒྱུ་ལས་ཡང་དག་པར་བྱུང་བ་དང། རྟེན་ཅིང་འབྲེལ་པར་འབྱུང་བའི་ཕྱིར། སྔོན་མ་བྱུང་བ་ལས་བྱུང་བ་དང། བྱུང ་ནས་ཀྱང་འཇིག་པར་འགྱུར་བ་ཡིན་པས་དེའི་ཕྱིར་འདུ་བྱེད་དེ་དག་ནི་མི་རྟག་པ་ཡིན་ནོ། །གང་དག་མི་རྟག་པ་དེ་དག་ནི་སྐྱེ་བའི་ཆོས་ཅན་དང། རྒ་བའི་ཆོས་ཅན་དང། ན་བའི་ཆོས་ཅན་དང། འཆི་བའི་ཆོས་ཅན་དང། མྱ་ངན་དང། སྨྲ་སྔགས་འདོན་པ་དང། སྡུག ་བསྔལ་བ་དང། ཡིད་མི་བདེ་བ་དང། འཁྲུག་པའི་ཆོས་ཅན་ཡིན་ཏེ། དེ་དག་ཀྱང་སྐྱེ་བའི་ཆོས་ཅན་དང། འཁྲུག་པའི་བར་གྱི་ཆོས་ཅན་ཡིན་པའི་ཕྱིར་སྡུག་བསྔལ་བ་ཡིན་ནོ། །གང་དག་སྡུག་བསྔལ་བ་དང། རང་དབང་མེད་པ་དང། ཉམ་ཆུང་བ་དེ་དག་ནི་བདག ་མེད་པ་ཡིན་ནོ་ཞེས་རྣམ་པ་དེ་དག་གིས་རྟེན་ཅིང་འབྲེལ་པར་འབྱུང་བའི་ཆོས་རྣམ་ལ་མི་རྟག་པར་རྗེས་སུ་ལྟ་བ་དང། སྡུག་བསྔལ་བར་ཤེས་པ་དང། བདག་མེད་པ་ཤེས་པ་ལ་མཁས་པ་གང་ཡིན་པ་དེ་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་མཁས་པ་ཞེས་བྱའོ། ། ་གནས་དང་གནས་མ་ཡིན་པ་ལ་མཁས་པ་ནི་རྟེན་ཅིང་འབྲེལ་བར་འབྱུང་བ་ལ་མཁས་པའི་བྱེ་བྲག་ཉིད་ཡིན་པར་རིག་པར་བྱའོ། །དེ་ལ་བྱེ་བྲག་ནི་འདི་ཡོད་དེ། གནས་དང་གནས་མ་ཡིན་པ་ལ་མཁས་པས་ནི་མི་འདྲ་བའི་རྒྱུ་ཤེས་པར་བྱའོ། །དགེ་བ་དང་མི་དགེ ་བའི་ལས་རྣམས་ཀྱི་རྣམ་པར་སྨིན་པའི་འབྲས་བུ་ཡོད་དེ། དགེ་བའི་ལས་ཀྱི་རྣམ་པར་སྨིན་པའི་འབྲས་བུ་ནི་འདོད་པ་ཡིན་ནོ། །མི་དགེ་བའི་ལས་རྣམས་ཀྱི་རྣམ་པར་སྨིན་པའི་འབྲས་བུ་ནི་མི་འདོད་པ་ཡིན་ནོ་ཞེས་དེ་ལྟར་ཤེས་པ་གང་ཡིན་པ་དེ་ནི། གནས་དང ་གནས་མ་ཡིན་པ་ལ་མཁས་པ་ཞེས་བྱའོ། །གནས་ལྔ་པོ་དེ་དག་ལ་མཁས་པ་དེ་ཡང་མདོར་བསྡུ་ན། རང་གི་མཚན་ཉིད་ལ་མཁས་པ་དང། སྤྱིའི་མཚན་ཉིད་ལ་མཁས་པ་ཡིན་ཏེ། དེ་ལ་ཕུང་པོ་ལ་མཁས་པས་ནི་རང་གི་མཚན་ཉིད་ལ་མཁས་པ་བསྟན་ཏེ། །ལྷག་མ ་རྣམས་ཀྱིས་ནི་སྤྱིའི་མཚན་ཉིད་ལ་མཁས་པ་བསྟན་ཏེ། དེ་ནི་མཁས་པའི་དམིགས་པ་ཞེས་བྱའོ། །དེ་ལ་ཉོན་མོངས་པ་རྣམ་པར་སྦྱོང་བའི་དམིགས་པ་གང་ཞེ་ན། སྨྲས་པ། འདི་ལྟ་སྟེ། འདོད་པའི་ཁམས་དང་བསམ་གཏན་དང་པོ་དང། འདུ་ཤེས་མེད་འདུ་ཤེས་མེད ་མིན་སྐྱེ་མཆེད་ཀྱི་བར་གྱིས་འོག་མ་རྣམས་ཀྱི་རགས་པ་ཉིད་དང། ས་གོང་མ་རྣམས་ཀྱི་ཞི་བ་ཉིད་གང་ཡིན་པའོ། །དེ་ལ་རགས་པ་ཉིད་གང་ཞེ་ན། དེ་ལ་རགས་པ་ཉིད་ནི་རྣམ་པ་གཉིས་ཏེ། རང་བཞིན་རགས་པ་ཉིད་དང། གྲངས་རགས་པ་ཉིད་དོ། །དེ་ལ་རང་བཞིན་རགས ་པ་གང་ཞེ་ན། འདོད་པའི་ཁམས་རྣམས་དང། བསམ་གཏན་དང་པོ་ན་ཡང་ཕུང་པོ་ལྔ་ཡོད་མོད་ཀྱིས། འདོད་པ་ན་སྤྱོད་པ་གང་དག་ཡིན་པ་དེ་དག་ནི་ཆེས་ཁ་ན་མ་ཐོ་བ་དང་བཅས་པ་དང། ཆེས་སྡུག་བསྔལ་བར་སྤྱོད་པ་དང། ཆེས་དུས་ཡུན་ཐུང་ངུ་གནས་པ་དང། ཆེས་དམན ་པ་དང། ཆེས་ཐ་ཆད་ཡིན་ཏེ། དེ་ནི་དེ་དག་གི་རང་བཞིན་རགས་པ་ཉིད་ཡིན་ནོ། །བསམ་གཏན་དང་པོ་ལ་ནི་དེ་ལྟ་མ་ཡིན་ཏེ། དེས་ན་དེ་དག་ཆེས་ཞི་བ་དང། ཆེས་གྱ་ནོམ་པ་ཞེས་བྱའོ། །དེ་ལ་གྲངས་རགས་པ་ཉིད་གང་ཞེ་ན། འདོད་པ་ན་སྤྱོད་པའི་གཟུགས་ཀྱི་ཕུང་པོ་ཡོངས་སུ ་ཤེས་པར་བྱ་བ་དང། སྤང་བར་བྱ་བ་ནི་ཆེས་མང་བ་ཡིན་ལ། རྣམ་པར་ཤེས་པའི་ཕུང་པོའི་བར་ཡང་དེ་བཞིན་ཏེ། དེ་ནི་གྲངས་རགས་པ་ཉིད་ཅེས་བྱའོ། །དེ་བཞིན་དུ་ས་གོང་མ་དག་ལ་ཡང་རང་བཞིན་རགས་པ་ཉིད་དང། གྲངས་རགས་པ་ཉིད་ཅི་རིགས་པར་བྱ་སྟེ། རགས་པ ་ཉིད་དེ་ཡང་ཅི་ཡང་མེད་པའི་སྐྱེ་མཆེད་མན་ཆད་ཀྱི་ས་གོང་མ་རྣམས་ལ་ཡང་ས་འོག་མ་མན་ཆད་ཆེས་ཁ་ན་མ་ཐོ་བ་དང་བཅས་པ་དང། ཆེས་སྡུག་བསྔལ་བར་སྤྱོད་པ་དང། ཆེས་ཡུན་ཐུང་ངུ་གནས་པ་དང། ཆེས་དམན་པ་དང། ཆེས་ཐ་ཆད་ཡིན་པར་རིག་པར་བྱའོ། །འདུ་ཤེས ་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་འབའ་ཞིག་ཞི་བ་ཉིད་ཡིན་ཏེ། གོང་ན་ཆེས་ཁྱད་པར་དུ་འཕགས་པའི་ས་གཞན་མེད་པའི་ཕྱིར་རོ། །དེ་ལ་མདོར་བསྡུ་ན། རགས་པའི་དོན་ནི་ཉེས་དམིགས་ཀྱི་དོན་ཡིན་ཏེ། ས་གང་དང་གང་དག་ལ་ཉེས་དམིགས ་ཆེས་མང་དུ་ཡོད་པ་དེ་དང་དེ་དག་ནི་ཉེས་དམིགས་ཀྱི་སྒོ་ནས་རགས་པ་ཉིད་ཅེས་བྱའོ། །ས་གང་དང་གང་དག་ལ་ཆེས་ཉེས་དམིགས་ཆུང་བ་དེ་དང་དེ་དག་ནི་ཉེས་དམིགས་ཆུང་བའི་སྒོ་ནས་ཞི་བ་ཉིད་ཅེས་བྱའོ། །དེ་ནི་འཇིག་རྟེན་པ་རྣམས་ཀྱི་འཇིག་རྟེན་པའི་ལམ་གྱི་ཉོན ་མོངས་པ་རྣམ་པར་སྤྱོད་པའི་དམིགས་པ་ཡིན་ཏེ། འདི་ལྟར་ས་འོག་མ་དག་ལ་ཉེས་དམིགས་དང། ནད་དང། གྲུབ་པ་དང། བདེ་བ་མ་ཡིན་པར་ལྟ་ཞིང་ས་འོག་མ་ཞི་བར་ལྟ་བ་དེའི་འདོད་པའི་ཁམས་ཡན་ཆད་ནས་ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་ས་པའི་བར་གྱི་ས་འོག ་མ་པའི་ཉོན་མོངས་པ་གང་དག་ཡིན་པ་དེ་ནི་དག་སྤངས་སུ་ཟིན་ཀྱང་གཏན་དུ་སྤངས་པ་མ་ཡིན་ཏེ། ཡང་དེ་དག་དང་ཕྱིར་མཚམས་སྦྱོར་བར་འགྱུར་བའི་ཕྱིར་རོ། །འཇིག་རྟེན་ལས་འདས་པའི་ལམ་གྱིས་ཉོན་མོངས་པ་རྣམ་པར་སྤྱོད་པའི་དམིགས་པ་ནི་རྣམ་པ་བཞི་སྟེ། ་བཞི་གང་ཞེ་ན། འདི་ལྟ་སྟེ། འཕགས་པའི་བདེན་པ་སྡུག་བསྔལ་དང། འཕགས་པའི་བདེན་པ་ཀུན་འབྱུང་བ་དང། འཕགས་པའི་བདེན་པ་འགོག་པ་དང། འཕགས་པའི་བདེན་པ་ལམ་མོ། །དེ་ལ་འཕགས་པའི་བདེན་པ་སྡུག་བསྔལ་གང་ཞེ་ན། སྐྱེ་བའི་སྡུག ་བསྔལ་དང། རྒ་བའི་སྡུག་བསྔལ་དང། ན་བའི་སྡུག་བསྔལ་དང། འཆི་བའི་སྡུག་བསྔལ་དང། མི་སྡུག་པ་དང་ཕྲད་པའི་སྡུག་བསྔལ་དང། སྡུག་པ་དང་བྲལ་བའི་སྡུག་བསྔལ་བ་དང། མདོར་ན་ཉེ་བར་ལེན་པའི་ཕུང་པོ་ལྔ་སྡུག་བསྔལ་བའོ། །དེ་ལ་འཕགས་པའི ་བདེན་པ་ཀུན་འབྱུང་བ་གང་ཞེ་ན། ཡང་སྲིད་པ་འབྱུང་བར་བྱེད་པ་དང། དགའ་བའི་འདོད་ཆགས་དང་ལྡན་པ་དང། དེ་དང་དེ་དག་ལ་མངོན་པར་དགའ་བའི་སྲིད་པའོ། །དེ་ལ་འཕགས་པའི་བདེན་པ་སྡུག་བསྔལ་འགོག་པ་གང་ཞེ་ན། དེའི་སྲིད་པ་མ་ལུས་པ་ཁོ་ནར་སྤངས ་པ་གང་ཡིན་པའོ། །དེ་ལ་འཕགས་པའི་བདེན་པ་ལམ་གང་ཞེ་ན། འཕགས་པའི་ལམ་ཡན་ལག་བརྒྱད་པའོ། །དེ་ལ་ནག་པོའི་ཕྱོགས་དང། དཀར་པོའི་ཕྱོགས་ལ་བརྟེན་པའི་རྒྱུ་དང་འབྲས་བུ་རྣམ་པར་བཞག་པས། བདེན་པ་བཞི་རྣམ་པར་བཞག་སྟེ། དེ་ལ་བདེན་པ་སྡུག་བསྔལ ་ནི་འབྲས་བུ་ཡིན། བདེན་པ་ཀུན་འབྱུང་བ་ནི་རྒྱུ་ཡིན་ནོ། །བདེན་པ་འགོག་པ་ནི་འབྲས་བུ་ཡིན། བདེན་པ་ལམ་ནི་ཐོབ་པར་བྱ་བ་དང། རེག་པར་བྱ་བའི་རྒྱུ་ཡིན་ནོ། །དེ་ལ་བདེན་པ་སྡུག་བསྔལ་ནི་ནད་ཀྱི་གནས་ལྟ་བུ་སྟེ། དེ་ནི་དང་པོ་ཁོ་ནར་ཡོངས་སུ་ཤེས་པར་བྱ་བ་ཡིན་ནོ། །བདེན ་པ་ཀུན་འབྱུང་བ་ནི་ནད་ཀྱི་གཞི་ཅི་ལས་གྱུར་པའི་གནས་ལྟ་བུ་སྟེ། དེ་ནི་དེའི་འོག་ཏུ་ཡོངས་སུ་སྤང་བར་བྱ་བ་ཡིན་ནོ། །བདེན་པ་འགོག་པ་ནི་ནད་མེད་པའི་གནས་ལྟ་བུ་སྟེ། དེ་ནི་རེག་པར་བྱ་བ་དང། མངོན་སུམ་དུ་བྱ་བ་ཡིན་ནོ། །བདེན་པ་ལམ་ནི་སྨན་གྱི་གནས་ལྟ་བུ་སྟེ། དེ་ནི ་བསྟེན་པར་བྱ་བ་དང། བསྒོམ་པར་བྱ་བ་དང། ལན་མང་དུ་བྱ་བ་ཡིན་ནོ། །དེ་དག་ནི་སྡུག་བསྔལ་ཡང་སྡུག་བསྔལ་བའི་དོན་དང། ལམ་གྱི་བར་ལ་ཡང་ལམ་གྱི་བར་གྱི་དོན་གྱིས་ཡང་དག་པ་དེ་བཞིན་པ། མ་ནོར་བ་དེ་བཞིན་པ་སྟེ། ཕྱིན་ཅི་མ་ལོག་ཅིང་མ་བསླད་པ་ཡིན ་པས་ན། དེའི་ཕྱིར་བདེན་པ་ཞེས་བྱའོ། །རང་ནི་མཚན་ཉིད་ཀྱིས་མི་བསླུ་བ་དང། དེ་མཐོང་ན་ཕྱིན་ཅི་མ་ལོག་པའི་བློ་དག་སྐྱེ་བར་འགྱུར་བས་ན། དེའི་ཕྱིར་ཡང་བདེན་པ་ཞེས་བྱའོ། །ཅིའི་ཕྱིར་དེ་དག་འཕགས་པ་རྣམས་ཁོ་ནའི་བདེན་པ་དག་ཡིན་ཞེ་ན། འཕགས་པ ་རྣམས་ཀྱིས་བདེན་པ་དེ་དག་དེ་ཁོ་ན་ལྟ་བུ་ཡིན་པར་བདེན་པའི་སྒོ་ནས་ཡང་དག་པར་ཇི་ལྟ་བ་བཞིན་དུ་མཁྱེན་ཅིང་གཟིགས་ཀྱི། བྱིས་པ་རྣམས་ཀྱིས་ཡང་དག་པ་ཇི་ལྟ་བ་བཞིན་དུ་མི་ཤེས་མི་མཐོང་བས་ན། དེའི་ཕྱིར་འཕགས་པའི་བདེན་པ་རྣམས་ཞེས་བྱའོ། །བྱིས་པ་རྣམས ་ལ་ཡང་དེ་དག་ཆོས་ཉིད་ཀྱི་བདེན་མོས་ཀྱི་རྟོགས་པས་མ་ཡིན་གྱི་འཕགས་པ་རྣམས་ལ་ནི་གཉི་ག་བདེན་པ་ཡིན་ནོ། །དེ་ལ་སྐྱེ་བའི་སྡུག་བསྔལ་ཞེས་བྱ་བ་ནི་སྐྱེ་བའི་ཆོས་ལུས་དང་སེམས་ཀྱི་སྡུག་བསྔལ་ཚོར་བ་འབྱུང་བ་ལ་བྱའི་སྐྱེ་བ་ཉིད་ནི་སྡུག་བསྔལ་མ་ཡིན་ཏེ། སྡུག་བསྔལ་གྱི ་གཞི་ནི་དེ་ཡིན་ནོ། །དེ་བཞིན་དུ་འདོད་པས་ཕོངས་པའི་བར་གྱི་སྡུག་བསྔལ་ཞེས་བྱ་བ་ཡང་འདོད་པས་ཕོངས་པའི་ལུས་དང་སེམས་ཀྱི་སྡུག་བསྔལ་གྱི་ཚོར་བ་འབྱུང་བ་ལ་བྱའི་འདོད་པས་ཕོངས་པ་ཉིད་ནི་སྡུག་བསྔལ་མ་ཡིན་ཏེ། སྡུག་བསྔལ་གྱི་གཞི་ནི་དེ་ཡིན ་ནོ་ཞེས་སྔ་མ་བཞིན་དུ་སྦྱར་རོ། །མདོར་ན་ཉེ་བར་ལེན་པའི་ཕུང་པོ་ལྔ་སྡུག་བསྔལ་བ་ཞེས་བྱ་བ་ནི་སྐྱེ་བ་ལ་སོགས་པ་དེ་དག་གི་རྣམ་གྲངས་དག་གིས་སྡུག་བསྔལ་གྱི་སྡུག་བསྔལ་ཁོ་ན་ཡིན་པར་ཡོངས་སུ་བསྟན་ཏོ། །དེ་ལ་ལྷག་མ་འགྱུར་པའི་སྡུག་བསྔལ་དང། འདུ་བྱེད་ཀྱི་སྡུག ་བསྔལ་གང་ཡིན་པ་དེ་ནི་ཉེ་བར་ལེན་པའི་ཕུང་པོ་ལྔ་སྡུག་བསྔལ་བ་ཉིད་ཀྱིས་ཡོངས་སུ་བསྟན་པ་ཡིན་ཏེ། འདི་ལྟར་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་ཚོར་བ་རྣམ་པ་གསུམ་དང་ལྡན་པ་དེ་དག་ནི་སྡུག་བསྔལ་གྱི་སྡུག་བསྔལ་ཇི་སྐད་བསྟན་པ་དེའི་སྣོད་དུ་གྱུར་པ་ཡིན་ལ། འགྱུར ་པའི་སྡུག་བསྔལ་དང། འདུ་བྱེད་ཀྱི་སྡུག་བསྔལ་མ་བསྟན་པ་གང་ཡིན་པ་དེ་ཡང་དེ་དག་ཉིད་དུ་བལྟ་བར་བྱ་བ་ཡིན་པའི་ཕྱིར་རོ། །ཅིའི་ཕྱིར་ཞེ་ན། བཅོམ་ལྡན་འདས་ཀྱིས་སྡུག་བསྔལ་གྱི་སྡུག་བསྔལ་གྱི་སྡུག་བསྔལ་ནི་རང་གི་སྒྲ་ཁོ་ནས་ཡོངས་སུ་བསྟན་ལ། འགྱུར་བའི་སྡུག ་བསྔལ་དང། འདུ་བྱེད་ཀྱི་སྡུག་བསྔལ་ནི་རྣམ་གྲངས་ཀྱིས་བསྟན་པའི་ཕྱིར་ཏེ། འདི་ལྟར་སྡུག་བསྔལ་གྱི་སྡུག་བསྔལ་ལ་ནི་འཕགས་པ་དང་བྱིས་པ་རྣམས་མཚུངས་པར་སྡུག་བསྔལ་གྱི་བློ་འཇུག་པར་འགྱུར་བ་དང། སྡུག་བསྔལ་གྱི་སྡུག་བསྔལ་ནི་སྔོན་ཤེས་རབ་མ་སྦྱངས་པ ་རྣམས་ཀྱི་སྐྱོ་བ་སྐྱེད་པར་བྱེད་པའི་དོན་ཡིན་པ་དང། དེ་ལྟར་བསྟན་ན་འདུལ་བ་རྣམས་བདེན་པ་དག་ལ་བདེ་བླག་ཏུ་འཇུག་པར་འགྱུར་བའི་ཕྱིར་རོ། །དེ་ལ་སྡུག་བསྔལ་རྣམ་པ་གསུམ་པོ་དག་གི་རྣམ་པར་གཞག་པ་ཇི་ལྟ་བུ་ཡིན་ཞེ་ན། སྐྱེ་བའི་སྡུག་བསྔལ་དང། འདོད ་པས་ཕོངས་པའི་བར་གྱི་སྡུག་བསྔལ་ཞེས་གང་གསུངས་པ་དེས་ནི་སྡུག་བསྔལ་གྱི་ཚོར་བ་རྟེན་དང་བཅས་པ་བསྟན་ཏེ། དེ་ཡང་སྡུག་བསྔལ་གྱི་སྡུག་བསྔལ་ཡིན་པས་དེ་ནི་སྡུག་བསྔལ་གྱི་སྡུག་བསྔལ་རྣམ་པར་གཞག་པ་ཡིན་ནོ། །དེ་དག་གི་མི་མཐུན་པའི་ཕྱོགས་ཀྱི་ཆོས་འདི ་ལྟ་སྟེ། རྒ་བའི་མི་མཐུན་པའི་ཕྱོགས་ལང་ཚོ་དང། ན་བའི་ནད་མེད་པ་དང། འཆི་བའི་གསོན་པ་དང། མི་སྡུག་པ་དང་ཕྲད་པའི་སྡུག་པ་དང་ཕྲད་པ་དང། སྡུག་པ་དང་བྲལ་བའི་མི་སྡུག་པ་དང་བྲལ་བ་དང། འདོད་པས་ཕོངས་པའི་འདོད་པ་ཕུན་སུམ་ཚོགས་པ་གང་དག་ཡིན་པ་རྣམས། ། ་དང། སྡུག་བསྔལ་གྱི་ཚོར་བ་རྟེན་དང་བཅས་པ་ལ་ཞུགས་པའི་ཉོན་མོངས་པ་གང་དག་ཡིན་པ་རྣམས་དང། ནད་མེད་པ་ལ་སོགས་པ་བདེ་བ་དང་མཐུན་པའི་ཆོས་རྣམས་ལ་ཞུགས་པའི་ཉོན་མོངས་པ་གང་དག་ཡིན་པ་རྣམས་དང། དེ་ལས་སྐྱེས་པའི་ཚོར་བ་ལ་ཞུགས་པའི་ཉོན ་མོངས་པ་གང་དག་ཡིན་པ་དེ་དག་ནི་འགྱུར་བའི་སྡུག་བསྔལ་ཞེས་བྱའོ། །དེ་ལ་བདེ་བའི་ཚོར་བ་རྟེན་དང་བཅས་པ་ནི་མི་རྟག་པ་ཉིད་ཀྱིས་རྣམ་པར་འགྱུར་ཞིང་གཞན་དུ་འགྱུར་བའི་དབང་གིས་ན་སྡུག་བསྔལ་བར་འགྱུར་རོ། །ཉོན་མོངས་པ་རྣམས་ནི་ཐམས་ཅད་དུ་ཞུགས་པ་ཡིན ་པས་ཀུན་ནས་དཀྲིས་པའི་སྒོ་ཁོ་ནས་སྡུག་བསྔལ་བ་ཡིན་ནོ། །འགྱུར་བ་ནི་སེམས་པ་དང་བཅས་པའི་ཡིན་པས་དེའི་ཕྱིར་འགྱུར་བའི་སྡུག་བསྔལ་ཞེས་བྱ་སྟེ། བཅོམ་ལྡན་འདས་ཀྱིས་ཀྱང། ཉམས་ཤིང་གྱུར་པའི་སེམས་ཀྱིས་བུད་མེད་ཀྱིས་ལག་པ་ནས་བཟུང་ངམ་ཞེས ་རྒྱ་ཆེར་ཇི་སྐད་གསུངས་པ་ལྟ་བུ་དང། ཡང་བཅོམ་ལྡན་འདས་ཀྱིས་འདོད་པ་ལ་འདུན་པས་ཀུན་ནས་དཀྲིས་པ་ནི་འདོད་པ་ལ་འདུན་པས་ཀུན་ནས་དཀྲིས་པའི་རྐྱེན་གྱིས་དེ་དང་འབྱུང་བའི་སེམས་ལས་བྱུང་བ་སྡུག་བསྔལ་བ་དང། ཡིད་མི་བདེ་བ་སོ་སོར་མྱོང་བར་འགྱུར་རོ། །གནོད ་སེམས་དང། རྨུགས་པ་དང། གཉིད་དང། རྒོད་པ་དང། འགྱོད་པ་དང། ཐེ་ཚོམ་གྱི་ཀུན་ནས་དཀྲིས་པ་ཡང་དེ་དང་འདྲའོ་ཞེས་ཇི་སྐད་གསུངས་པ་ལྟ་བུ་སྟེ། ཡིད་ཆེས་པའི་ལུང་མཆོག་ཏུ་ཡིད་ཆེས་པ་དེས་ནི་ཉོན་མོངས་པ་རྣམས་ལ་སྡུག་བསྔལ་གྱི་དོན་དང། འགྱུར་བའི ་དོན་ཀྱང་སྣང་བ་ཡིན་ཏེ། དེའི་ཕྱིར་ཉོན་མོངས་པ་རྣམས་ནི་འགྱུར་པའི་སྡུག་བསྔལ་ཡིན་པས་དེ་ནི་འགྱུར་བའི་སྡུག་བསྔལ་གྱི་རྣམ་པར་གཞག་ལ་ཡིན་ནོ། །འདུ་བྱེད་ཀྱི་སྡུག་བསྔལ་ནི་ཉེ་བར་ལེན་པའི་ཕུང་པོ་རྣམས་ལ་ཐམས་ཅད་དུ་འགྲོ་བ་ཡིན་ཏེ། དེ་ཡང་མདོར་བསྡུ ་ན་སྡུག་བསྔལ་གྱི་སྡུག་བསྔལ་གང་ཡིན་པ་དང། ཀུན་ནས་ཉོན་མོངས་པས་ཡོངས་སུ་ཟིན་པའི་འགྱུར་བའི་སྡུག་བསྔལ་གང་ཡིན་པ་དང། བདེ་བའི་ཚོར་བ་རྟེན་དང་བཅས་པས་ཡོངས་སུ་ཟིན་པའི་འགྱུར་བའི་སྡུག་བསྔལ་གང་ཡིན་པ་དེ ་དག་མ་གཏོགས་པ་དེ་ལས་གཞན་པའི་ཕུང་པོ་སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པ་དང་ལྡན་པ་དེ་ལས་དེས་པར་སྐྱེས་པ། དེ་འབྱུང་བའི་རྐྱེན་དུ་གྱུར་པ། དེ་བྱུང་བ་གནས་པའི་གཞི་གང་དག་ཡིན་པ་དེ་དག་འདུ་བྱེད་ཀྱི་སྡུག་བསྔལ་ཞེས་བྱ་སྟེ། ཕུང་པོ་གང ་དག་མི་རྟག་པ་འབྱུང་བ་དང། འཇིག་པ་དང་ལྡན་པ་ལེན་པ་དང་བཅས་པ། ཚོར་བ་གསུམ་དང་རྗེས་སུ་འབྲེལ་བ་གནས་ངན་ལེན་དང་ལྡན་པ། གྲུབ་པ་དང་བདེ་བར་གཏོགས་པ་མ་ཡིན་པ་སྡུག་བསྔལ་གྱི་སྡུག་བསྔལ་དང། འགྱུར་བའི་སྡུག་བསྔལ་ལས་རྣམ ་པར་གྲོ་བ། རང་གི་དབང་སྒྱུར་བ་མེད་པ་དེ་དག་ནི་འདུ་བྱེད་ཀྱི་སྡུག་བསྔལ་གྱི་སྡུག་བསྔལ་ཞེས་བྱ་སྟེ། དེ་ནི་འདུ་བྱེད་ཀྱི་སྡུག་བསྔལ་གྱི་རྣམ་པར་གཞག་པ་ཡིན་ནོ། །དེ་ལ་སྲེད་པ་དང། འདོད་པ་དང། མངོན་པར་འདོད་པ་དང། མངོན་པར་དགའ་བ་ཞེས་བྱ་བ་དག ་ནི་རྣམ་གྲངས་ཡིན་ནོ། །འདོད་པ་དེ་ཡང་སྒོ་གསུམ་གྱི་ཞུགས་པ་ཡིན་ཏེ། འདི་ལྟ་སྟེ། ཡང་འབྱུང་བའི་སྲིད་པ་འདོད་པ་དང། ཡུལ་འདོད་པའོ། །དེ་ལ་ཡང་འབྱུང་བའི་སྲིད་པ་འདོད་པ་གང་ཡིན་པ་དེ་ནི་ཡང་སྲིད་པ་འབྱུང་བར་སྲེད་པ་ཡིན་ནོ། །ཡུལ་འདོད་པ་ནི་རྣམ་པ ་གཉིས་ཏེ། ཡུལ་ཐོབ་ལ་རྣམས་ལ་ཡིད་བདེ་ཞིང་ལྷག་པར་ཆགས་པ་དང་ལྡན་པ་དང། ཡུལ་མ་ཐོབ་པ་རྣམས་ལ་ཀུན་ཏུ་སྦྱོར་བར་འདོད་པ་དང་ལྡན་པའོ། །དེ་ལ་ཡུལ་ཐོབ་པ་རྣམས་ལ་ཡིད་བདེ་ཞིང་ལྷག་པར་ཆགས་པ་དང་ལྡན་པ་གང་ཡིན་པ་དེ་ནི་དགའ་བའི ་འདོད་ཆགས་དང་ལྡན་པ་ཞེས་བྱའོ། །ཡུལ་མ་ཐོབ་པ་རྣམས་ལ་ཀུན་ཏུ་སྦྱོར་བར་འདོད་པ་དང་ལྡན་པ་གང་ཡིན་པ་དེ་ནི་དེ་དག་ལ་མངོན་པར་དགའ་བ་ཞེས་བྱའོ། །འགོག་པ་ཡང་རྣམ་པ་གཉིས་ཏེ། ཉོན་མོངས་པའི་འགོག་པ་དང། ཉེ་བར་ཞི་བའི་འགོག་པའོ། །ལམ ་ཡང་རྣམ་པ་གཉིས་ཏེ། སློབ་པའི་དང། མི་སློབ་པའིའོ། །དེ་ནི་འཇིག་རྟེན་ལས་འདས་པའི་ལམ་གྱི་ཉོན་མོངས་པ་རྣམ་པར་སྤྱོད་པའི་དམིགས་པ་ཡིན་པར་རིག་པར་བྱ་སྟེ། དེའི་ཕྱིར་དམིགས་པ་རྣམ་པ་བཞི་པོ་ཁྱབ་པའི་དམིགས་པ་དང། སྤྱད་པ་རྣམ་པར་སྤྱོད་པའི་དམིགས ་པ་དང། མཁས་པའི་དམིགས་པ་དང། ཉོན་མོངས་པ་རྣམ་པར་སྤྱོད་པའི་དམིགས་པ་ཞེས་བྱ་བ་གསུངས་སོ། །དེ་ལ་གདམས་ངག་གང་ཞེ་ན། གདམས་ངག་ནི་རྣམ་པ་བཞི་སྟེ། ཕྱིན་ཅི་མ་ལོག་པའི་གདམས་ངག་དང། གོ་རིམ་གྱི་གདམས་ངག་དང། ལུང་གི ་གདམས་ངག་དང། རྟོགས་པའི་གདམས་ངག་གོ་།དེ་ལ་ཕྱིན་ཅི་མ་ལོག་པའི་གདམས་ངག་ཡང་ཞེ་ན། ཕྱིན་ཅི་ལོག་པའི་ཆོས་ཅང། དོན་སྟོན་པར་བྱེད་ཅིང། ཡང་དག་པར་འཛིན་ཏུ་འཇུག་པ་གང་ཡིན་པ་དང། སྡུག་བསྔལ་ཡང་དག་པར་ཟད་པར་བྱ་བ་དང། སྡུག ་བསྔལ་མཐར་ཕྱིན་པར་བྱ་བའི་ཕྱིར། དེ་ངེས་པར་འབྱིན་པར་བྱེད་པ་གང་ཡིན་པ་སྟེ། དེ་ནི་ཕྱིན་ཅི་མ་ལོག་པའི་གདམས་ངག་ཅེས་བྱའོ། །གོ་རིམ་གྱི་གདམས་ངག་གང་ཞེ་ན། དུས་སུ་ཆོས་སྟོན་པར་བྱེད་པ་གང་ཡིན་པ་སྟེ། དང་པོ་ཁོ་ནར་གསལ་བ་གསལ་བའི་གནས ་དག་ཏུ་འཛིན་ཏུ་འཇུག་ཅིང། ཀློག་ཏུ་འཇུག་ལ། དེའི་འོག་ཏུ་ཟབ་མོ་དག་འཛིན་ཏུ་འཇུག་ཅིང། ཀློག་ཏུ་འཇུག་པ་དང། དང་པོ་ཁྱོ་ནང་བདེན་པ་སྡུག་བསྔལ་མངོན་པར་རྟོགས་པར་བྱ་བའི་ཕྱིར་འདོམས་པར་བྱེད་ལ། དེའི་འོག་ཏུ་བདེན་པ་ཀུན་འབྱུང་བ་དང། འགོག་པ་དང ་ལམ་མངོན་པར་རྟོགས་པར་བྱ་བའི་ཕྱིར་འདོམས་པར་བྱེད་པ་དང། དང་པོ་ཁོ་ནར་བསམ་གཏན་དང་པོ་ལ་སྙོམས་པར་འཇུག་པ་འདོམས་པར་བྱེད་ལ། དེའི་འོག་ཏུ་བསམ་གཏན་གཞན་དག་ལ་སྙོམས་པར་འཇུག་པ་འདོམས་པར་བྱེད་པ་དང། དེ་ལྟ་བུ་དང་མཐུན་པ་གང ་ཡིན་པ་སྟེ། དེ་ནི་གོ་རིམ་གྱི་གདམས་ངག་གང་ཡིན་པར་རིག་པར་བྱའོ། །དེ་ལ་ལུང་གི་གདམས་ངག་ཞེ་ན། དེས་བླ་མ་རྣམས་སམ། བླ་མ་ལྟ་བུ་རྣམས་སམ། རྣལ་འབྱོར་ཤེས་པ་རྣམས་སམ། སློབ་དཔོན་རྣམས་སམ། མཁན་པོ་འམ། དེ་བཞིན་གཤེགས་པ་འམ། ་དེ་བཞིན་གཤེགས་པའི་ཉན་ཐོས་རྣམས་ལས་ཇི་ལྟར་ལུང་མནོས་པ་དེ་བཞིན་དུ། དེས་ལྷག་ཆད་མེད་པར་བྱས་ཤིང། གཞན་ལ་འདོམས་པར་བྱེད་པ་སྟེ། དེ་ནི་ལུང་གི་གདམས་དག་ཅེས་བྱའོ། །དེ་ལ་རྟོགས་པའི་གདམས་ངག་གང་ཞེ་ན། ཇི་ལྟར ་དེས་གཅིག་པུ་དབེན་པར་གནས་པོས་ཆོས་དེ་དག་རྟོགས་པ་དང། རེག་པ་དང། མངོན་སུམ་དུ་བྱས་པ་དེ་བཞིན་དུ། གཞན་དག་ལ་ཐོབ་པ་དང། རེག་པ་དང། མངོན་དུམ་དུ་བྱ་བའི་ཕྱིར་འདོམས་པར་བྱེད་པ་སྟེ། དེ་ནི་རྟོགས་པའི་གདམས་དག་ཅེས་བྱའོ། །ཡང ་རྣམ་པ་ཐམས་ཅད་ཡོངས་སུ་རྫོགས་པའི་གདམས་ངག་ཀྱང་ཡོད་དོ། །དེ་ཡང་གང་ཞེ་ན། ཆོ་འཕྲུལ་གསུམ་པོ་རྫུ་འཕྲུལ་གྱི་ཆོ་འཕྲུལ་དང། ཀུན་བརྗོད་པའི་ཆོ་འཕྲུལ་དང། རྗེས་སུ་བསྟན་པའི་ཆོ་འཕྲུལ་གྱིས། འདོམས་པར་བྱེད་པ་གང་ཡིན་པ་སྟེ། དེ་ལ་རྫུ ་འཕྲུལ་གྱི་ཆོ་འཕྲུལ་གྱིས་ནི་རྫུ་འཕྲུལ་གྱི་ཡུལ་རྣམ་པ་དུ་མ་སྟོན་པར་བྱེད་ཅིང། བདག་ལ་གཞན་དག་རིམ་གྲོ་ཆེར་སྐྱེད་པར་བྱེད་པ་དང། དེ་ལྟར་རིམ་གྲོ་ཆེར་སྐྱེད་པ་དེ་དག་ཀྱང་རྣ་བླགས་ཏེ་མཉན་པ་དང། རྣལ་འབྱོར་དང་ཡིད་ལ་བྱེད་པ་ལ་གུས་པར་སྐྱེ་བར་བྱེད་དོ།། ་དེ་ལ་ཀུན་ཏུ་བརྗོད་པའི་ཆོ་འཕྲུལ་གྱིས་ནི་སེམས་ཀྱི་སྤྱོད་པ་ཡང་དག་པར་རྗེས་སུ་བརྩལ་ནས་སོ། །རྗེས་སུ་བསྟན་པའི་ཆོ་འཕྲུལ་གྱིས་ནི་དབང་པོ་ཇི་ལྟ་བ་དང། སྤྱང་བ་ཇི་ལྟ་བ་དང། འཇུག་པ་ཇི་ལྟ་བཞིན་དུ་ཆོས་བསྟན་པ་སྟོན་པར་བྱེད་དེ། དེའི་ཕྱིར་ཆོ་འཕྲུལ ་གསུམ་གྱིས་ཡང་དག་པར་ཟིན་པ་དེ་ནི་རྣམ་པ་ཐམས་ཅད་ཡོངས་སུ་རྫོགས་པའི་གདམས་ངག་ཡིན་ནོ།། །།བམ་པོ་བཅུ་པ། །དེ་ལ་བསླབ་པ་གང་ཞེ་ན། སྨྲས་པ། བསླབ་པ་ན་གསུམ་སྟེ། ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་དང། ལྷག ་པའི་སེམས་ཀྱི་བསླབ་པ་དང། ལྷག་པའི་ཤེས་རབ་ཀྱི་བསླབ་པའོ། །དེ་ལ་ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་གང་ཞེ་ན། འདི་ལྟ་སྟེ། ཚུལ་ཁྲིམས་དང་ལྡན་པར་གནས་པ་དང། ཞེས་བྱ་བ་ལ་སོགས་པ་རྒྱས་པར་སྔ་མ་བཞིན་ནོ། །དེ་ལ་ལྷག་པའི་སེམས་ཀྱི་བསླབ ་པ་གང་ཞེ་ན། འདོད་པ་དག་ལས་དབེན་པ་སྡིག་པ་མི་དགེ་བའི་ཆོས་རྣམས་ལས་དབེན་པ་དང་བཅས་པ། དཔྱོད་པ་དང་བཅས་པ། དབེན་པ་ལས་སྐྱེས་པའི་དགའ་བ་དང། བདེ་བ་ཅན་བསམ་གཏན་དང་པོ་དང། བསམ་གཏན་བཞི་པའི་བར་དག་བསྒྲུབས་ཏེ་གནས་པ་སྟེ། དེ་ནི ་ལྷག་པའི་སེམས་ཀྱི་བསླབ་པ་ཡིན་ནོ། །གཞན་ཡང་གཟུགས་དང། གཟུགས་མེད་པ་དང། དེ་ལས་གཞན་པའི་ཏིང་ངེ་འཛིན་དང། སྙོམས་པར་འཇུག་པ་ཐམས་ཅད་ཀྱང་ལྷག་པའི་སེམས་ཀྱི་བསླབ་པ་ཞེས་བྱ་སྟེ། དེ་ལྟ་མོད་ཀྱི་འོན་ཀྱང་བསམ་གཏན་རྣམས་ལ ་བརྟེན་ནས་དང་པོ་ཁོ་ནར་བདེན་པ་མངོན་པར་རྟོགས་ཤིང། སྐྱོན་མེད་པ་ལ་འཇུག་པར་འགྱུར་གྱི། བསམ་གཏན་རྣམས་ཐམས་ཅད་ཀྱི་ཐམས་ཅད་དུ་མེད་ན་མ་ཡིན་པས། དེའི་ཕྱིར་བསམ་གཏན་རྣམས་གཙོ་བོར་བྱས་ཏེ། ལྷག་པའི་སེམས་ཀྱི་བསླབ་པ་བསྟན་ཏོ། ། ་དེ་ལ་ལྷག་པའི་ཤེས་རབ་ཀྱི་བསླབ་པ་གང་ཞེ་ན། བདེན་པ་བཞི་པོ་དག་ལ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པ་གང་ཡིན་པ་སྟེ། དེ་ནི་ལྷག་པའི་ཤེས་རབ་ཀྱི་བསླབ་པ་ཞེས་བྱའོ། །ཅིའི་ཕྱིར་བསླབ་པ་གསུམ་པོ་ཁོ་ནར་ཟད་ལ། དེ་ལས་ལྷག་པ་མེད་ཅེ་ན། སྨྲས་པ། ་ཏིང་ངེ་འཛིན་གྱི་གནས་ཀྱི་དོན་དང། ཡེ་ཤེས་ཀྱི་རྟེན་གྱི་དོན་དང། བྱ་བ་བྱས་པའི་དོན་གྱི་ཕྱིར་ཏེ། དེ་ལ་ཏིང་ངེ་འཛིན་གྱི་གནས་ཀྱི་དོན་ནི་ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་ཡིན་ཏེ། འདི་ལྟར་ལྷག་པའི་ཚུལ་ཁྲིམས་ལ་གནས་ན་སེམས་རྩེ་གཅིག་པའི་སེམས་ཀྱི ་ཏིང་ངེ་འཛིན་ལ་རེག་པར་འགྱུར་བའི་ཕྱིར་རོ། །དེ་ལ་ཡེ་ཤེས་ཀྱི་རྟེན་གྱི་དོན་ནི་ལྷག་པའི་སེམས་ཀྱི་བསླབ་པ་ཡིན་ཏེ། འདི་ལྟར་སེམས་མཉམ་པར་གཞག་པའི་དྲན་པ་རྩེ་གཅིག་པས། ཤེས་བྱའི་དངོས་པོ་ལ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡེ་ཤེས་དང་མཐོང་བ་འཇུག ་པར་འགྱུར་བའི་ཕྱིར་རོ། །དེ་ལ་བྱ་བ་བྱས་པའི་དོན་ནི། ལྷག་པའི་ཤེས་རབ་ཀྱི་བསླབ་པ་ཡིན་ཏེ། འདི་ལྟར་ཡེ་ཤེས་དང་མཐོང་ཤིན་ཏུ་རྣམ་པར་དག་པས་ཉོན་མོངས་པ་སྤོང་བ་མངོན་སུམ་དུ་བྱེད་པའི་ཕྱིར་རོ། །དེ་ནི་རང་གི་དོན་ཡིན་ཏེ། འདི་ལྟ་སྟེ། ཉོན་མོངས ་པ་སྤོང་བ་དེ་ནི་བྱ་བའི་མཆོག་ཡིན་པས། དེའི་གོང་དུ་བྱ་བ་གཞན་མེད་པའི་ཕྱིར་ཏེ། དེའི་ཕྱིར་བསླབ་པ་ནི་དེ་གསུམ་ཁོ་ནར་ཟད་དོ། །བསླབ་པ་དེ་དག་གི་གོ་རིམ་ཇི་ལྟ་བུ་ཡིན་ཞེ་ན། ཚུལ་ཁྲིམས་ཤིན་ཏུ་རྣམ་པར་དག་པ་ནི་འགྱོད་པ་མེད་དེ། །འགྱོད་པ་མེད་ན་དགའ་བ་དང། མཆོག ་ཏུ་དགའ་བ་དང། ཤིན་ཏུ་སྦྱངས་པ་དང་བདེ་བར་འགྱུར་རོ། །བདེ་བར་འགྱུར་བའི་སེམས་མཉམ་པར་འཇོག་གོ་།སེམས་མཉམ་པར་གཞག་ན་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས། ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཐོང་ངོ། །ཡང་དག་པ་ཇི་ལྟ་བ ་བཞིན་དུ་རབ་ཏུ་ཤེས། ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཐོང་བ་ན་སྐྱོ་བར་འགྱུར་རོ། །སྐྱོན་འདོད་ཆགས་དང་བྲལ་བར་འགྱུར་རོ། །འདོད་ཆགས་དང་བྲལ་ན་རྣམ་པར་གྲོལ་བར་འགྱུར་རོ། །རྣམ་པར་གྲོལ་ན་ལེན་པ་མེད་པར་ཡོངས་སུ་མྱ་ངན་ལས་འདའ་ ་སྟེ། དེ་ལྟར་ན་ཚུལ་ཁྲིམས་དེ་དག་གོམས་པར་བྱས་ན། འདི་ལྟ་སྟེ། ལེན་པ་མེད་པར་ཡོངས་སུ་མྱ་ངན་ལས་འདའ་བའ་ཨི་མཆོག་ཉིད་འཐོབ་པར་འགྱུར་བས། དེ་ནི་བསླབ་པ་དེ་དག་གི་གོ་རིམ་ཡིན་ནོ། །དེ་ལ་ཅིའི་ཕྱིར་ན་ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་ལ ་ལྷག་པའི་ཚུལ་ཁྲིམས་ཞེས་བྱ། ཅིའི་ཕྱིར་ན་ལྷག་པའི་སེམས་ཀྱི་བསླབ་པ་དང། ལྷག་པའི་ཤེས་རབ་ཀྱི་བསླབ་པ་ལ་ལྷག་པའི་སེམས་དང། ལྷག་པའི་ཤེས་རབ་ཅེས་བྱ་ཞེ་ན། དབང་དུ་བྱ་བའི་དོན་དང། ལྷག་པའི་དོན་གྱི་ཕྱིར་ཏེ། དེ་ལ་དབང་དུ་བྱ་བའི ་དོན་ཇི་ལྟ་བུ་ཡིན་ཞེ་ན། ལྷག་པའི་སེམས་ཀྱི་དབང་དུ་བྱས་པའི་ཚུལ་ཁྲིམས་གང་ཡིན་པ་དེ་ནི་ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་ཡིན་ནོ། །ལྷག་པའི་ཤེས་རབ་ཀྱི་དབང་དུ་བྱས་པའི་སེམས་ཀྱི་ཏིང་ངེ་འཛིན་གང་ཡིན་པ་དེ་ནི་ལྷག་པའི་སེམས་ཀྱི་བསླབ་པ ་ཡིན་ནོ། །ཉོན་མོངས་པ་སྤོང་བའི་དབང་དུ་བྱས་པའི་ཡེ་ཤེས་དང། མཐོང་པ་གང་ཡིན་པ་དེ་ནི་ལྷག་པའི་ཤེས་རབ་ཀྱི་བསླབ་པ་ཡིན་ཏེ། དེ་ནི་དབང་དུ་བྱས་པའི་དོན་ཡིན་ནོ། །ལྷག་པའི་དོན་ཇི་ལྟ་བུ་ཡིན་ནོ་ཞེ་ན། ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་གང ་ཡིན་པ་དང། ལྷག་པའི་སེམས་ཀྱི་བསླབ་པ་གང་ཡིན་པ་དང། ལྷག་པའི་ཤེས་རབ་ཀྱི་བསླབ་པ་གང་ཡིན་པའི་བསླབ་པ་དེ་དག་ནི་བསྟན་པ་འདི་ཁོ་ན་ལ་ཡོད་ཀྱི། འདི་ལས་ཕྱི་རོལ་པ་རྣམས་ལས་ཐུན་མོང་མ་ཡིན་པ་སྟེ། དེ་ནི་ལྷག་པའི་དོན་ཡིན་ནོ། །ལྷག་པའི་སེམས་ཀྱི་བསླབ ་པ་གང་ཡིན་པས། ལྷག་པའི་ཤེས་རབ་ཀྱི་བསླབ་པ་སྐྱེད་པར་བྱེད་པ་ཡང་ཡོད། ལྷག་པའི་ཤེས་རབ་ཀྱི་བསླབ་པ་གང་ཡིན་པས་ལྷག་པའི་སེམས་ཀྱི་བསླབ་པ་སྐྱེད་པར་བྱེད་པ་ཡང་ཡོད་དེ། འདི་ལྟ་སྟེ། འཕགས་པ་ཉན་ཐོས་བསླབ་པ་བཞི་མཐོང་བ། བསམ་གཏན་རྣམས ་ཀྱི་དངོས་གཞི་མ་ཐོབ་པ་དེའི་འོག་ཏུ་བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་རྣམས་སྤང་བའི་ཕྱིར་བརྩོན་པར་བྱེད་པ་ན། དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་སྒོམ་པར་བྱེད་པ་དང། བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གི་པར་དག་བསྒོམ་པར་བྱེད་པའི་ལྷག ་པའི་ཤེས་རབ་ཀྱི་བསླབ་པ་དེ་ནི་ལྷག་པའི་སེམས་ཀྱི་བསླབ་པ་སྐྱེད་པར་བྱེད་པ་ཡིན་ནོ། །ལྷག་པའི་སེམས་ཀྱི་བསླབ་པས་ལྷག་པའི་ཤེས་རབ་ཀྱི་བསླབ་པ་སྐྱེད་པར་བྱེད་པ་ནི་སྔར་བསྟན་པ་ཁོ་ན་བཞིན་ནོ། །དེ་ལ་ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་ཡོད་ལ། ལྷག ་པའི་སེམས་མེད་པ་དང། ལྷག་པའི་ཤེས་རབ་མེད་པ་ཡང་ཡོད། ལྷག་པའི་ཚུལ་ཁྲིམས་དང། ལྷག་པའི་སེམས་ཡོད་ལ། ལྷག་པའི་ཤེས་རབ་མེད་པ་ཡང་ཡོད་ཀྱི། ལྷག་པའི་ཤེས་རབ་ཡོད་ལ། ལྷག་པའི་ཚུལ་ཁྲིམས་དང། ལྷག་པའི་སེམས་མང་བ ་ནི་མི་སྲིད་དེ། དེའི་ཕྱིར་གང་ན་ལྷག་པའི་ཤེས་རབ་ཀྱི་བསླབ་པ་ཡོད་པ་དེ་ནི་བསླབ་པ་གསུམ་ཆར་ཡོད་པར་རིག་པར་བྱའོ། །དེ་ནི་རེ་ཞིག་གང་ལ་རྣལ་འབྱོར་པ་རྣལ་འབྱོར་ལ་བརྩོན་པས། བསླབ་པར་བྱ་བའི་བསླབ་པ་རྣམ་པར་གཞག་པ་ཡིན་ནོ། །དེ་ལ་བདེན་པ ་རྣམས་མངོན་པར་རྟོགས་པར་བྱེད་པའི་གང་ཟག་ནི་རྣམ་པ་གསུམ་སྟེ། གསུམ་གང་ཞེ་ན། འདི་ལྟ་སྟེ། འདོད་ཆགས་དང་མ་བྲལ་བ་དང། འདོད་ཆགས་དང་ཤས་ཆེར་བྲལ་བ་དང། འདོད་ཆགས་དང་བྲལ་བའོ། །དེ་ལ་ཐམས་ཅད་ཀྱི་ཐམས་ཅད་དུ་འདོད་ཆགས ་དང་མ་བྲལ་བས་བདེན་པ་རྣམས་མངོན་པར་རྟོགས་ན། བདེན་པ་རྣམས་མངོན་པར་རྟོགས་མ་ཐག་ཏུ་རྒྱུན་ཏུ་ཞུགས་པར་འགྱུར་རོ། །འདོད་ཆགས་དང་ཤས་ཆེར་བྲལ་བས་བདེན་པ་རྣམས་མངོན་པར་རྟོགས་ན་བདེན་པ་རྣམས་མངོན་པར ་རྟོགས་མ་ཐག་ཏུ་ལན་ཅིག་ཕྱིར་འོང་བར་འགྱུར་རོ། །འདོད་ཆགས་དང་བྲལ་བས་བདེན་པ་རྣམས་མངོན་པར་རྟོགས་ན། བདེན་པ་རྣམས་མངོན་པར་རྟོགས་མ་ཐག་ཏུ་ཕྱིར་མི་འོང་བར་འགྱུར་རོ། །དེ་ལ་དབང་པོ་ནི་གསུམ་སྟེ། མི་ཤེས་པ་ཀུན་ཤེས་པར ་བྱེད་པའི་དབང་པོ་དང། ཀུན་ཤེས་པའི་དབང་པོ་དང་ཀུན་ཤེས་པ་དང་ལྡན་པའི་དབང་པོའོ། །དབང་པོ་དེ་དག་གི་རྣམ་པར་གཞག་པ་ཇི་ལྟ་བུ་ཡིན་ཞེ་ན། བདེན་པ་རྣམས་མངོན་པར་རྟོགས་པར་བྱ་བའི་ཕྱིར་བརྩོན་པ་ནི་མི་ཤེས་པ་ཀུན་ཤེས་པར་བྱེད་པའི་དབང་པོ ་རྣམ་པར་བཞག་གོ་།སློབ་པ་བདེན་པ་མངོན་པར་རྟོགས་པ་དང། ལྡན་པ་ལ་ནི་ཀུན་ཤེས་པའི་དབང་པོ་རྣམ་པར་བཞག་གོ་།མི་སློབ་པ་དགྲ་བཅོམ་པ་བྱ་བ་བྱས་པ་ལ་ནི་ཀུན་ཤེས་པ་དང་ལྡན་པའི་དབང་པོ་རྣམ་པར་བཞག་གོ་།དེ་ལ་རྣམ་པར་ཐར་པའི་སྒོ་ནི་གསུམ་སྟེ། ་འདི་ལྟ་སྟེ། སྟོང་པ་ཉིད་དང། སྨོན་པ་མེད་པ་དང། མཚན་མ་མེད་པའོ། །རྣམ་པར་ཐར་པའི་སྒོ་གསུམ་པོ་དེ་དག་གི་རྣམ་པར་གཞག་པ་ཇི་ལྟ་བུ་ཡིན་ཞེ་ན། སྨྲས་པ། འདི་ནི་གཉིས་ཡིན་ཏེ། འདུས་བྱས་དང། འདུས་མ་བྱས་སོ། །ད་ལ་འདུས་བྱས་ནི་ཁམས ་གསུམ་པ་དང་ལྡན་པའི་ཕུང་པོ་ལྔའོ། །འདུས་མ་བྱས་ནི་མྱ་ངན་ལས་འདས་པའོ། །འདུས་བྱས་གང་ཡིན་པ་དང། འདུས་མ་བྱས་གང་ཡིན་པ་དེ་གཉིས་ནི་ཡོད་པ་ཞེས་བྱའོ། །བདག་དང། སེམས་ཅན་དང། སྲོག་དང། སྐྱེ་བ་པོ་ཞེས་བྱ་བ་གང་ཡིན་པ་དེ་ནི་མེད་པ ་ཞེས་བྱའོ། །དེ་ལ་འདུས་བྱས་ལ་སྐྱོན་དུ་མཐོང་བའོ་དང། ཉེས་དམིགས་སུ་མཐོང་བའི་ཕྱིར་སྨོན་པར་མི་བྱེད་དོ། །མི་སྨན་པའི་ཕྱིར་རྣམ་པར་ཐར་པའི་སྒོ་སྨོན་པ་མེད་པ་རྣམ་པར་བཞག་གོ་།མྱ་ངན་ལས་འདས་པ་དེ་ལ་སྨོན་པ་དང་ལྡན་པས་ཞི་བར་ལྟ། གྱ་ནོམ ་པར་ལྟ། དེས་པར་འབྱུང་བར་ལྟ་ཞིང་སྨོན་པར་བྱེད་དེ། དེ་ལ་ངེས་པར་འབྱུང་བར་ལྟ་བའི་ཕྱིར། རྣམ་པར་ཐར་པའི་སྒོ་མཚན་མ་མེད་པ་རྣམ་པར་བཞག་གོ་།མེད་ཅིང་ཡོད་པ་མ་ཡིན་པ་དེ་ལ་སྨོན་པ་ཡང་མེད་དོ་ཞེས་ཇི་ལྟ་བུ་མེད་པ་དེ་ལྟ་བུ་ཁོ་ནར་མེད་པ་ཡིན་ནོ་ཞེས་ཤེས་ཤིང་མཐོང་བའི ་སྒོ་ནས་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་རྣམ་པར་བཞག་སྟེ། །དེ་ནི་རྣམ་པར་ཐར་པའི་སྒོ་གསུམ་པོ་དེ་དག་གི་རྣམ་པར་གཞག་པ་ཡིན་ནོ། །དེ་ལ་བསླབ་པ་དང་རྗེས་སུ་མཐུན་པའི་ཆོས་རྣམས་གང་ཞེ་ན། སྨྲས་པ། བསླབ་པ་དང་མི་མཐུན་པའི་ཆོས་བཅུ་ཡོད་དོ། །དེ་དག་གི་གཉེན་པོ་བཅུ་ནི ་བསླབ་པ་དང་རྗེས་སུ་མཐུན་པ་ཡིན་པར་རིག་པར་བྱའོ། །དེ་ལ་བསླབ་པ་དང་མི་མཐུན་པའི་ཆོས་བཅུ་གང་ཞེ་ན། འདི་ལྟ་སྟེ། །བུད་མེད་གཞོན་ནུ་ཁ་དོག་བཟང་བ་ཆགས་པ་འགྱུར་བ་ནི་རིགས་ཀྱི་བུ་བསླབ་པ་ལག་རྩོན་པའི་བར་ཆད་བྱེད་ཅིང། ལམ་འགོག་པར་བྱེད་པ་ཆེན་པོ ་ཡིན་པ་དང། །འཇིག་ཚོགས་སུ་གཏོགས་པའི་འདུ་བྱེད་རྣམས་ལ་འཆུམས་པར་བྱེད་པ་དང། །ལེ་ལོ་དང། སྙོམ་ལས་བྱེད་པ་དང། འཇིག་ཚོགས་ལ་ལྟ་བ་དང། ཁམ་གྱི་ཟས་ལས་བརྟེན་ཏེ། །རོ་ལ་ཆགས་པ་དང་འཇིག་རྟེན་གྱི་གཏམ་རྒྱུད་ཀྱི་གཏམ་རྣམ་པ་དུ་མ ་རྣམ་པ་མང་པོ་སྣ་ཚོགས་བཀྲ་བ་ངག་ལ་འདུན་པའི་འདོད་ཆགས་ཀྱིས་རྗེས་སུ་ཆགས་པ་དང། ཆོས་སེམས་ཤིང་རྣལ་འབྱོར་ཡིད་ལ་བྱེད་པའི་སྐྱོན་ཏེ། དེ་ཡང་གང་ཞེ་ན། འདི་ལྟ་སྟེ། དཀོན་མཆོག་དང། བདེན་པ་དང། ཕུང་པོ་དང། ལས་དང་འབྲས་བུ་དག་ལ། ནེམ ་ནུར་དང། ཡིད་གཉིས་དང། །ཐེ་ཚོམ་ཟ་བ་དང། སྤོང་བ་ལ་བརྩོན་པའི་ལུས་ཀྱི་གནས་ངན་ལེན་དང། ལྷོང་པའི་ཞི་གནས་དང། ལྷག་མཐོང་གི་སྐྱོན་ཡིད་ལ་བྱེད་པ་དང། རྨུགས་པ་དང། གཉིད་ཀྱིས་སེམས་ཟིལ་གྱིས་ནོན་ཅིང་སེམས་མངོན་པར་བསྡུས་པ་དང། ཧ ་ཅང་བརྩལ་དྲགས་པས་ལུས་ངལ་ཞིང་སེམས་འཁྲུགས་པ་དང། །བརྩོན་འགྲུས་ཧ་ཅང་ཞན་པས་ཁྱད་པར་མི་འཐོབ་ཅིང་དགེ་བའི་ཕྱོགས་གཏུགས་པ་དང། རྙེད་པ་དང། གྲགས་པ་དང། བསྔགས་པ་དང། བདེ་བ་གང་ཡང་རུང་བ་ཆུང་ཟད་ཙམ་གྱི་དགའ་ཞིང། ཡིད་བདེ་བ་དང ་དང། རྒོད་ཅིང་ཉེ་བར་མ་ཞི་བ་དང། འཕྱར་ཞིང་གཡེང་བར་བྱེད་པ་དང། འཇིག་ཚོགས་འགོག་པའི་མྱ་ངན་ལས་འདས་པ་ལ་སྐྲག་ཅིང་དངང་བར་བྱེད་པ་དང། དྲིད་མི་འཛིན་ཅིང་སྨྲ་བ་ལ་བརྩོན་ཞིང་ཧ་ཅང་མང་དུ་སྨྲ་ལ། ཆོས་དང་ལྡན་པའི་གཏམ་ཟེར ་བརྩོད་པའི་གཏམ་དང། ཉེས་རྩོམ་གྱི་རྗེས་སུ་བརྩོན་པ་དང། སྔོན་མཐོང་བ་དང། ཐོས་པ་དང། ཉམས་སུ་མྱོང་བ་དང། རྣམ་པར་ཤེས་པ་རྣམ་པ་དུ་མ་རྣམ་པ་མང་པོ་སྣ་ཚོགས་དག་ལ་སེམས་འཕྲོ་ཞིང་སེམས་གཡེང་བར་བྱེད་པ་དང། བསམ་གྱིས་མི་ཁྱབ་པའི་གནས ་གཞན་དག་ལ་ངེས་པར་རྟོག་པར་བྱེད་པ་ཉིད་ཡིན་ཏེ། ཆོས་སེམས་ཤིང་རྣལ་འབྱོར་ཡིད་ལ་བྱེད་པའི་སྐྱོན་ཡིན་པར་རིག་པར་བྱ་བ་དེ་དག་དང། བསམ་གཏན་དང་སྙོམས་པར་འཇུག་པའི་བདེ་བའི་རོ་མྱང་བར་བྱེད་པ་དང། མཚན་མ་མེད་པ་ལ་སྙོམས་པར་འཇུག ་པར་འདོད་པ་འདུ་བྱེད་ཀྱི་མཚན་མའི་རྗེས་སུ་འབྲང་བ་དང། ལུས་ཀྱི་རེག་པ་སྡུག་བསྔལ་བ་དག་དང། སྲོག་འཕྲོག་པར་བྱེད་པའི་བར་དག་གིས་རེག་པར་གྱུར་པ་སྲོག་ལ་འཆུམས་ཤིང་སྲོག་ལ་རེག་ལ། དེ་ལ་རེ་བ་དང་ལྡན་པའི་མྱ་ངན་དང། དལ་བ་དང། ་སྨྲེ་སྔགས་འདོན་པ་སྟེ། བཅུ་པོ་དེ་དག་ནི་བསླབ་པ་དང་མི་མཐུན་པའི་ཆོས་རྣམས་ཡིན་ནོ། །བསླབ་པ་དང་མི་མཐུན་པ་དེ་དག་གིས་གཉན་པོ་བསླབ་པ་དང་རྗེས་སུ་མཐུན་པ་བཅུ་གང་ཞེ་ན། འདི་ལྟ་སྟེ། མི་སྡུག་པའི་འདུ་ཤེས་དང། མི་རྟག་པའི་འདུ་ཤེས་དང། ་མི་རྟག་པ་ལ་སྡུག་བསྔལ་བའི་འདུ་ཤེས་དང། སྡུག་བསྔལ་བ་ལ་བདག་མེད་པའི་འདུ་ཤེས་དང། ཟས་ལ་མི་མཐུན་པའི་འདུ་ཤེས་དང། འཇིག་རྟེན་ཐམས་ཅད་ལ་མངོན་པར་མི་དགའ་བའི་འདུ་ཤེས་དང། སྣང་བའི་འདུ་ཤེས་དང། འདོད་ཆགས་དང་བྲལ ་བའི་འདུ་ཤེས་དང། འགོག་པའི་འདུ་ཤེས་དང། འཆི་བའི་འདུ་ཤེས་དང། འདུ་ཤེས་བཅུ་པོ་དེ་དག་ཀུན་ཏུ་བརྟེན་ཅིང་གོམས་པར་བྱས། ལན་མང་དུ་བྱས་ན་བསླབ་པའི་བར་ཆད་རྣམ་པ་བཅུ་པོ་བསླབ་པ་དང་མི་མཐུན་པའི་ཆོས་བཅུ་པོ་དེ་དག་སློང་བར་འགྱུར་རོ།། ་དེ་ལ་དོན་གྱི་སྐབས་འདིར་སྣང་བའི་འདུ་ཤེས་ནི་ཆོས་སེམས་ཤིང་རྣལ་འབྱོར་ཡིད་ལ་བྱེད་པའི་བར་དུ་གཅོད་པ་སྤོང་བའི་ཕྱིར་ཆོས་ཀྱི་སྣང་བ་དང། དོན་གྱི་སྣང་བ་དང། ཞི་གནས་ཀྱི་སྣང་བ་དང། ལྷག་མཐོང་གི་སྣང་བ་སྟེ། སྣང་བ་དེ་དག་གི་དབང་དུ་བྱས་པ་ཡིན་པར་དགོངས་སོ། །དེ་ལས ་གཞན་ཡང་བསླབ་པ་དང་རྗེས་སུ་མཐུན་པའི་ཆོས་བཅུ་ཡོད་པར་རིག་པར་བྱ་སྟེ། བཅུ་གང་ཞེ་ན། འདི་ལྟ་སྟེ། སྔོན་གྱི་རྒྱུ་དང། རྗེས་སུ་མཐུན་པའི་ལུང་དང། ཚུལ་བཞིན་ལ་རབ་ཏུ་སྦྱོར་བ་དང། རྟག་ཏུ་གུས་པར་བྱས་ཏེ་བྱེད་པ་དང། འདུན་པ་དྲག་པོ་དང། རྣལ་འབྱོར ་གྱི་སྟོབས་བསྐྱེད་པ་དང། ལུས་དང་སེམས་ཀྱི་གནས་ངན་ལེན་ཤིན་ཏུ་སྦྱངས་པ་དང། ཡང་དང་ཡང་དུ་སོ་སོར་རྟོག་པ་དང། ཡོངས་སུ་གདུང་བ་མེད་པ་དང། མངོན་པའི་ང་རྒྱལ་མེད་པའོ། །དེ་ལ་སྔོན་གྱི་རྒྱུ་གང་ཞེ་ན། སྔོན་དབང་པོ་ཡོངས་སུ་སྨིན་པ་ལ་བརྩོན ་པར་བྱས་པ་དང། དབང་པོ་ཡང་དག་པར་བསྒྲུབས་པ་གང་ཡིན་པའོ། །དེ་ལ་རྗེས་སུ་མཐུན་པའི་ལུང་གང་ཞེ་ན། ཕྱིན་ཅི་མ་ལོག་པ་དང། གོ་རིམས་སུ་འབབ་པའི་ལུང་གང་ཡིན་པའོ། །དེ་ལ་ཚུལ་བཞིན་ལ་རབ་ཏུ་སྦྱོར་བ་གང་ཞེ་ན། ཇི་ལྟར་གདམས་པ་དེ་ཁོ་ན ་བཞིན་དུ་རབ་ཏུ་སྦྱོར་བར་བྱེད་ཅིང། དེ་ལྟར་རབ་ཏུ་སྦྱོར་བ་ན་ཡང་དག་པའི་ལྟ་བ་སྐྱེད་པར་བྱེད་པའོ། །དེ་ལ་རྟག་ཏུ་གུས་པར་བྱས་ཏེ་བྱེད་པ་གང་ཞེ་ན། དགེ་བའི་ཕྱོགས་ཀྱི་སྦྱོར་བ་ཇི་ལྟ་བུས་དུས་ཡོད་པར་བྱེད་པ་དང། མྱུར་བ་ཁོ་ནར་དགེ་བའི་ཕྱོགས་ཡང་དག་པར ་སྒྲུབ་པར་བྱེད་པའོ། །དེ་ལ་འདུན་པ་དྲག་པོ་གང་ཞེ་ན། འདི་ལྟ་སྟེ། ནམ་ཞིག་ན་བདག་གི་འཕགས་པའི་གནས་གང་ཡིན་པ་བསྒྲུབས་ཏེ། གནས་པར་འགྱུར་པའི་གནས་དེ་བསྒྲུབས་ཏེ། གནས་པར་འགྱུར་ཞིག་གུ་སྙམ་ནས། རྣམ་པར་ཐར་པ་གོང་མ་ལ་དགའ་བ ་སྐྱེད་པར་བྱེད་པའོ། །དེ་ལ་རྣལ་འབྱོར་གྱི་སྟོབས་སྐྱེད་པ་གང་ཞེ་ན། རྒྱུ་གཉིས་ཀྱིས་རྣལ་འབྱོར་གྱི་སྟོབས་སྐྱེད་པ་འཐོབ་པར་འགྱུར་ཏེ། གཉིས་གང་ཞེ་ན། རང་བཞིན་གྱི་དབང་པོ་རྣོ་བ་དང། ཡུན་རིང་པོ་ནས་གོམས་ཤིང་ཡོངས་སུ་བྱང་བར་བྱས་སོ། །དེ་ལ་ལུས ་དང་སེམས་ཀྱི་གནས་ངན་ལེན་ཤིན་ཏུ་སྦྱངས་པ་གང་ཞེ་ན། འདི་ལྟ་སྟེ། ལུས་དུ་བཅིང་ངལ་བ་ལས། ལུས་ཀྱི་གནས་ངན་ལེན་དང། སེམས་ཀྱི་གནས་ངན་ལེན་སྐྱེ་བ་དེ་དག་སྤྱོད་ལམ་གཞན་ཨེགྱིས་བརྟག་པས་ཤིན་ཏུ་སྤྱོད་པར་བྱེད་པ་དང། ་ཧ་ཅང་རྣམ་པར་རྟོག་པ་དང། ཧ་ཅང་རྣམ་པར་དཔྱོད་པ་ལས་ལུས་དང་སེམས་ཀྱི་གནས་ངན་ལེན་སྐྱེ་བ་དེ་དག་སེམས་ནང་དུ་ཞི་གནས་སུ་བྱ་བའི་ཚུལ་གྱིས་ཤིན་ཏུ་སྦྱོང་བར་བྱེད་པ་འམ། རང་བཞིན་གྱིས་ཤིན་ཏུ་སྦྱོང་བར་བྱེད་པ་དང། རྨུགས་པ་དང་གཉིད་ཀྱི་ཀུན ་ནས་དཀྲིས་པས་སེམས་མངོན་པར་བསྡུས་ཤིང་སེམས་ཞུམ་པར་གྱུར་པ་ལས། ལུས་དང་སེམས་ཀྱི་གནས་ངན་ལེན་སྐྱེ་བ་དེ་དག་ལྷག་པའི་ཤེས་རབ་ཆོས་རྣམ་པར་འབྱེད་པ་དང། རབ་ཏུ་དང་བར་བྱེད་པས་ཡིད་ལས་བྱེད་པས་ཤིན་ཏུ་སྦྱོང་བར་བྱེད་པ་འམ། ་རང་བཞིན་གྱིས་ཤིན་ཏུ་སྦྱོང་བར་བྱེད་པ་དང། ཉོན་མོངས་པ་མ་སྤངས་པ་ལས་ཉོན་མོངས་པའི་ཕྱོགས་ཀྱི་ལུས་དང། སེམས་ཀྱི་གནས་ངན་ལེན་དང་མ་བྲལ་ཞིང་རྟག་ཏུ་རྗེས་སུ་འབྲེལ་བ་དེ་དག་ཡང་དག་པའི་ལམ་བསྒོམ་པས་ཤིན་ཏུ་སྦྱོང་བར་བྱེད་པའོ།། ་དེ་ལ་ཡང་དང་ཡང་དུ་སོ་སོར་ཏོག་པ་གང་ཞེ་ན། ཚུལ་ཁྲིམས་དག་ལས་བརྩམས་ཏེ། ཡང་དང་ཡང་དུ་ཉེས་པར་བྱས་པ་དང། ལེགས་པར་བྱས་པ་ལ་སོ་སོར་རྟོག་པར་བྱེད་པ་དང། མ་བྱས་པ་དང་བྱས་པ་ལ་སོ་སོར་རྟོག་པར་བྱེད་ཅིང་ཉེས་པར་བྱས་པ་དང་མ་བྱས ་པ་ལས་ལྡོག་པར་བྱེད་པ་དང། ལེགས་པར་བྱས་པ་དང། བྱམ་པ་ལས་ལྡོག་པར་མི་བྱེད་དེ། མ་བྱས་པ་ལས་ལྡོག་ཅིང་བྱས་པ་ལས་མི་ལྡོག་ལ་དེ་ལྟར་ཉོན་མོངས་པ་སྤངས་པ་དང་མ་སྤངས་པ་ལ་དཔྱད་པའི་ཡིད་ལ་བྱེད་པའི་དབང་དུ་བྱས་ནས། ཡང ་དང་ཡང་དུ་སོ་སོར་རྟོག་པར་བྱེད་པ་སྟེ། །དེ་ལ་སྤངས་པར་ཤེས་ན། ཡིད་བདེ་བར་འགྱུར་ལ། མ་སྤངས་པར་ཤེས་ན་ཡང་དང་ཡང་དུ་ལམ་དེ་ཉིད་ལ་བསྒོམ་པར་བྱེད་པའོ། །དེ་ལ་ཡོངས་སུ་གདུང་བ་མེད་པ་གང་ཞེ་ན། དུས་གཞན་གྱིས་ཤེས་པར་བྱ་བ་དང། མཐོང ་པར་བྱ་བ་དང། རྟོགས་པར་བྱ་བ་གང་ཡིན་པ་སྟེ། མ་ཤེས་པ་དང། །མ་མཐོང་བ་དང། མ་རྟོགས་པའི་སྒོ་ནས་སེམས་ངལ་བ་དང། སེམས་ལ་གནོད་པའི་ཡོངས་སུ་གདུང་བ་སྐྱེ་སྟེ། དེ་དག་སྐྱེས་པ་ན་དང་དུ་མི་ལེན་ཅིང་སྤོང་བར་བྱེད་པའོ། །དེ་ལ་མངོན་པའི་ང་རྒྱལ་མེད་པ་གང ་ཞེ་ན། རྟོགས་པ་དང། ཐོབ་པ་དང། རེག་པ་ལ་མངོན་པའི་ང་རྒྱལ་མེད་ཅིང་ཕྱིན་ཅི་མ་ལོག་པར་འདི་ན་པ་སྟེ། ཐོབ་པ་ལ་ཐོབ་པར་འདུ་ཤེས་པ་དང། རྟོགས་པ་ལ་རྟོགས་པར་འདུ་ཤེས་པ་དང། མངོན་སུམ་དུ་བྱས་པ་ལ་མངོན་སུམ་དུ་བྱས་པར་འདུ་ཤེས་པའོ། །ཆོས ་བཅུ་པོ་དེ་དག་ནི་དང་པོ་དང་བར་པ་དང་ཐ་མ་ལས་བརྟེན་ཏེ། རྣལ་འབྱོར་པ་བསླབ་པ་འདོད་པའི་བསླབ་པ་དང་རྗེས་སུ་མཐུན་པར་བྱེད་པ་ཡིན་པས། དེའི་ཕྱིར་བསླབ་པ་དང་རྗེས་སུ་མཐུན་པ་རྣམས་ཞེས་བྱའོ། །དེ་ལ་རྣལ་འབྱོར་ཉམས་པ་གང་ཞེ་ན། སྨྲས་པ། རྣལ་འབྱོར ་ཉམས་བ་ནི་རྣམ་པ་བཞི་སྟེ། བཞི་གང་ཞེ་ན། རྣལ་འབྱོར་ཉམས་པ་གཏན་ཏུ་བ་ཡང་ཡོད། རེ་ཞིག་པ་ཡང་ཡོད། ཐོབ་པ་ལས་ཡོངས་སུ་ཉམས་པ་ཡང་ཡོད། ལོག་པར་སྒྲུབ་པ་བྱས་པ་ཡང་ཡོད་དོ། །དེ་ལ་རྣལ་འབྱོར་ཉམས་པ་གཏན་དུ་བ་གང་ཞེ་ན། གང་ཟག་རིགས ་མེད་པ་ལ་གནས་པ་རྣམས་ཀྱི་ཡིན་པར་རིག་པར་བྱ་སྟེ། །དེ་དག་ནི་ཡོངས་སུ་མྱ་ངན་ལས་མི་འདའ་བའ་ཨི་ཆོས་ཅན་ཡིན་པའི་ཕྱིར། རྣལ་འབྱོར་ལས་གཏན་ཏུ་ཉམས་པ་ཁོ་ན་ཡིན་ནོ། །དེ་ལ་རོ་ཞིག་པ་གང་ཞེ་ན། འདི་ལྟ་སྟེ། གང་ཟག་རིགས་ལ་གནས་པ ་ཡོངས་སུ་མྱ་ངན་ལས་འདའ་བའ་ཨི་ཆོས་ཅན་རྐྱེན་དང་མི་ལྡན་པ་རྣམས་ཀྱི་ཡིན་ཏེ། དེ་དག་ནི་ཤིན་ཏུ་རིང་དུ་སོང་ཡང་གདོན་མི་ཟ་བར་རྐྱེན་བསྒྲུབ་པར་འགྱུར་ཞིང། རྣལ་འབྱོར་ཀྱང་མངོན་དུ་བྱས། གོམས་པར་བྱས་ནས་ཡོངས་སུ་མྱ་ངན་ལས་འདའ་བར ་འགྱུར་ཏེ། དེའི་ཕྱིར་དེ་ནི་དེ་དག་གི་རྣལ་འབྱོར་ཉམས་པ་རེ་ཞིག་པ་ཡིན་ནོ། །དེ་ལ་ཐོབ་པ་ལས་ཡོངས་སུ་ཉམས་པའི་རྣལ་འབྱོར་ཉམས་པ་ནི་འདི་ལྟར་འདི་ན་ལ་ལ་ཐོབ་པ་དང། རྟོགས་པ་དང། ཡེ་ཤེས་དང། མཐོང་བ་དང། རག་པ་ལས་ཡོངས་སུ ་ཉམས་པ་ཡིན་ནོ། །དེ་ལ་ལོག་པར་སྒྲུབ་པས་བྱས་པའི་རྣལ་འབྱོར་ཉམས་པ་ནི་འདི་ལྟར་འདི་ན་ལ་ལ་ཚུལ་བཞིན་མ་ཡིན་པ་ལ་རབ་ཏུ་བརྩོན་པར་བྱེད་ན། རྣལ་འབྱོར་ཐོབ་པར་མི་འགྱུར་ཞིང་རིགས་པའི་ཆོས་དགེ་བ་ཐོབ་པར་མི་འགྱུར་བ་སྟེ ་འདི་ལྟར་འདི་ན་ལ་ལ་ཉོན་མོངས་པ་མང་བ་དང། འདོད་ཆགས་ཆེ་བའི་རང་བཞིན་ཅན་ཡིན་ལ། རྣམ་པར་ཤེས་པ་སྒྲིན་པ་དང། བློ་རྣོ་བ་དང། ལྷན་ཅིག་སྐྱེས་པའི་བློ་དང་ལྡན་པ་ཡིན་ཏེ། དེ་ཐོས་པ་ཉུང་ངཱུམ། མང་པོ་ཡང་འཛིན་པར་བྱེད་ཅིང། ཐོས་པ་ཀུན ་ཏུ་ཆུབ་པར་ཡང་བྱེད་ལ། དགོན་པར་གནས་པ་ན་ཁྱིམ་པ་དང། རབ་ཏུ་བྱུང་བ་དྲང་པོ་དང། དྲང་པོའི་རང་བཞིན་ཅན་དག་འོངས་ཤིང་ལྷགས་པ་རྣམས་ལ་ཆོས་སྟོན་པ་དང། ཚུལ་འཆོས་པའི་རྗེས་སུ་སྤྱོད་པའི་ལུས་དང་ངག་དང་ལྡན་པའི་སྤྱོད་པས་སེམས་མགུ ་?་བྱེད་དོ། རྒྱུ་དེ་དང་རྐྱེན་དེས་དེ་ལ་རྙེད་པ་དང་བཀུར་སྟིའི་ཚོགས་འབྱུང་ཞིང། དེ་བསོད་ནམས་ཆེ་བ་དང། ཆོས་གོས་དང། བསོད་སྙོམས་དང། མལ་ཆ་དང། སྟན་དང། ནད་ཀྱི་གསོས་སྨན་དང། །ཡོ་བྱད་རྣམས་རྙེད་པ་ཡིན་པར་ཤེས་ཤིང། རྒྱལ་པོ་དང། བློན ་པོ་ཆེན་པོ་དང། །དེད་དཔོན་གྱི་བར་དག་ལ་ཡང་དགྲ་བཅོམ་པ་ཡིན་པར་གྲགས་ཤིང་བཀུར་སྟི་བྱེད། བླ་མར་བྱེད་པ་དང། ཉན་ཐོས་ཀྱི་ཁྱིམ་པ་དང། རབ་ཏུ་བྱུང་བ་དག་ཀྱང་དེའི་རྗེས་སུ་འབྲང་བར་འགྱུར་ཏེ། རྗེས་སུ་ལྷག་པ་དག་ལ་ཞེན་པ་སྐྱེད་ཅིང་མང་པོ ་བསྡུ་བའི་ཕྱིར་འཇུག་པར་བྱེད་པས་དེ་འདི་སྙམ་དུ་སེམས་ཏེ། བདག་གི་ཉན་ཐོས་ཁྱིམ་པ་དང། །རབ་ཏུ་བྱུང་བ་གང་དག་བདག་དགྲ་བཅོམ་པར་གྲགས་པ་ཡིན་པར་ཡིད་ཆེས་པ་དེ་དག་ལྷགས་ཏེ། གལ་ཏེ་བདག་ལ་རྣལ་འབྱོར་དང། ཡིད་ལ་བྱེད་པ་དང། ཞི་གནས་དང། ་ལྷག་མཐོང་གི་དྲི་བའི་དྲི་བར་གྱུར་ན། དེ་དག་ལ་བདག་གིས་མི་ཤེས་སོ་ཞེས་དྲིས་པའི་ལན་བཏབ་པར་གྱུར་ན། དེ་ལྟར་ན་བདག་དགྲ་བཅོམ་པར་གྲགས་པ་ཡིན་ནོ་སྙམ་དུ་ཡིད་ཆེས་པ་གང་ཡིན་པ་དེ་ཉམས་པར་འགྱུར་བས། །བདག་གིས་རང་ཉིད་ཀྱིས་བསམས་ཤི ་གཞལ?་ལ། ཉེ་བར་བརྟགས་ཏེ་རྣལ་འབྱོར་རྣམ་པར་བཞག་པར་བྱའོ་སྙམ་ནས་དེ་རྙེད་པ་དང་བཀུར་སྟི་ལ་ཆགས་པས་དོན་དེ་ཉིད་ཀྱི་དབང་དུ་བྱས་ཏེ། གཅིག་ཏུ་དབེན་པར་སོང་ནས་རང་ཉིད་ཀྱིས་བསམས་ཤིང། གཞལ་ལ་ཉེ་བར་བརྟགས་ཏེ་རྣལ་འབྱོར་རྣམ་པར ་འཇོག་པར་བྱེད་དོ། །དེའི་རྣལ་འབྱོར་དེ་ཡང་མདོ་སྡེ་ལ་མི་འཇུག་།འདུལ་བ་ལ་ཡང་དག་པར་མི་སྣང་ཞིང། ཆོས་ཉིད་དང་འགལ་བ་ཡིན་ཏེ། དེ་དགེ་སློང་མདོ་སྡེ་འཛིན་པ་དང། འདུལ་བ་འཛིན་པ་དང། མ་མོ་འཛིན་པ་གང་དག་ཡིན་པ་དེ་དག་ལ་ཡང་རྣལ་འབྱོར་བྱ ་གནས་དེ་འཆབ་པར་བྱེད་ཅིང། སྟོན་པར་མི་བྱེད་དོ། །དེ་ཉན་ཐོས་ཀྱི་ཁྱིམ་པ་དང། རབ་ཏུ་བྱུང་བ་གང་དག་ཡིན་པ་དེ་དག་ལ་ཡང་རྣལ་འབྱོར་དེ་གསང་ངོ་ཞེས་བསྒོ་བར་བྱེད་དོ། །ཅིའི་ཕྱིར་ཞེ་ན། མདོ་སྡེ་འཛིན་པ་དང། འདུལ་བ་འཛིན་པ་དང། མ་མོ་འཛིན་པ་དེ་དག་གིས ་རྣལ་འབྱོར་གྱི་གནས་དེ་ཐོས་ནས་མདོ་སྡེ་ལ་འཇུག་པར་གྱུར་ན། དེ་ཡང་འཇུག་པར་འགྱུར་བ་མ་ཡིན་པ་དང། འདུལ་བ་ལ་ཡང་དག་པར་ལྟ་བར་གྱུར་ན། དེ་ཡང་དག་པར་སྣང་བར་གྱུར་པ་མ་ཡིན་པ་དང། ཆོས་ཉིད་ཀྱིས་ཉེ་བར་རྟོག་པར་གྱུར་ན་དེ་ཡང་ཆོས་ཉིད་དང་འགལ་བར ་འགྱུར་བས། གཞི་དེ་དག་མི་དགའ་བར་འགྱུར་ཞིང་མི་དགའ་བའི་ཚིག་གིས་བདག་ལ་བསྐུལ་བར་འགྱུར་ཞིང་རྩོད་པ་སྐྱེད་པར་འགྱུར་ཏེ། དེ་ལྟར་ན་བདག་ལ་རྒྱལ་པོ་དང། བློན་པོ་ཆེན་པོ་དང། ཕྱུག་པོ་དང། ཚོང་དཔོན་དང། དེད་དཔོན་གྱི་བར་དག་གིས་བསྙེན་བཀུར ་བྱས་པར་མི་འགྱུར། བླ་མར་བྱས་པར་མི་འགྱུར་ཞིང། ཆོས་གོས་དང། བསོད་སྙོམས་དང། མལ་ཆ་དང། སྟན་དང། ནད་ཀྱི་གསོས་སྨན་དང། ཡོ་བྱད་དག་ཀྱང་རྙེད་པར་མི་འགྱུར་ན་མི་རུང་ངོ་སྙམ་པའི་ཕྱིར་ཏེ། དེ་རྙེད་པ་དང་བཀུར་སྟི་འདོད་པ་དེ་ཉིད་ཀྱི་དབང་དུ་བྱས ་ནས། ཆོས་མ་ཡིན་པ་ལ་ཆོས་མ་ཡིན་པར་འདུ་ཤེས་བཞིན་དུ། །འདུ་ཤེས་དང། འདོད་པ་བསྒྱུར་ནས་ཆོས་མ་ཡིན་པ་ཆོས་ཀྱི་སྒོ་ནས་སྟོན་ཅིང་ཡང་དག་པར་སྟོན་པར་བྱེད་དོ། །དེ་ལ་དེའི་ལྟ་བ་དང་མཐུན་པར་སྒྲུབ་པར་བྱེད་པ་གང་དག་ཡིན་པ་དེ་དག་ནི་ཆོས་མ་ཡིན་པ་ལ ་ཆོས་སུ་འདུ་ཤེས་པ་ཡིན་ཏེ། དེ་དག་ནི་དམན་པ་དང་རྨོངས་པ་ཡིན་པའི་ཕྱིར་ཆོས་མ་ཡིན་པ་ལ་ཆོས་སུ་འདུ་ཤེས་པ་ཡིན་པས། ཇི་ལྟར་གཏམས་པ་བཞིན་སྒྲུབ་པར་བྱེད་ན་ཡང་ལོག་པར་སྒྲུབ་པ་ཁོ་ན་ཡིན་པར་རིག་པར་བྱ་སྟེ། ལོག་པར་སྒྲུབ ་པས་བྱས་པའི་རྣལ་འབྱོར་ཉམས་པ་དེ་ལྟ་བུ་དེ་ནི་དམ་པའི་ཆོས་ནུབ་པར་བྱ་བའི་ཕྱིར་དམ་པའི་ཆོས་ལྟར་བཅོས་པ་ཡིན་གྱི་དམ་པའི་ཆོས་ནི་མ་ཡིན་ནོ། །དེ་ལྟར་ན་རྣལ་འབྱོར་ཉམས་པ་བཞི་པོ་དེ་དག་ནི་དགེ་སློང་བསམ་གཏན་པ་རྣལ་འབྱོར་སྤྱོད་པས་ཡོངས་སུ་ཤེས་པར ་བྱ་བ་དང། ཡོངས་སུ་སྤོང་བར་བྱ་བ་ཡིན་ནོ། །དེ་ལ་རྣལ་འབྱོར་རྣམས་གང་ཞེ་ན། སྨྲས་པ་རྣལ་འབྱོར་ནི་རྣམ་པ་བཞི་སྟེ། འདི་ལྟ་སྟེ། དད་པ་དང། འདུན་པ་དང། བརྩོན་འགྲུས་དང། ཐབས་སོ། །དེ་ལ་དད་པ་ནི་རྣམ་པ་གཉིས་དང། གཞི་རྣམ་པ་གཉིས་ཏེ། ་མངོན་པར་ཡིད་ཆེས་པའི་རྣམ་པ་དང། རབ་ཏུ་དད་པའི་རྣམ་པ་དང། ཆོས་དང་རིགས་པ་རྣམ་པར་དཔྱོད་པའི་གཞི་དང། གང་ཟག་གི་མཐུ་ལ་མོས་པའི་གཞིའོ། །འདུན་པ་ཡང་རྣམ་པ་བཞི་སྟེ། འདི་ལྟ་སྟེ། འཐོབ་པའི་ཕྱིར་འདུན་པ་ནི་འདི་ལྟར་འདི་ན་ལ་ལ་རྣམ ་པར་ཐར་པ་གོང་མ་ལ་དགའ་བ་སྐྱེད་པར་བྱེད་པའོ་ཞེས་སྔར་བསྟན་པ་བཞིན་ནོ། །ཡོངས་སུ་དྲི་བའི་ཕྱིར་འདུན་པ་ནི་འདི་ལྟར་འདི་ན་ལ་ལ་མ་ཐོས་མ་མཉན་པར་བྱ་བ་དང། ཐོས་པ་ཡོངས་སུ་བྱེད་པར་བྱ་བའི་ཕྱིར་ཀུན་དགའ་ཨི་ར་བར་མཚུངས་པར་སྤྱོད་པ་མཁས་པ ་རྣལ་འབྱོར་ཤེས་པ་རྣམས་ཀྱི་དྲུང་དུ་འགྲོ་བར་དགའ་བ་སྐྱེད་པར་བྱེད་པའོ། །ཚོགས་ཡང་དག་པར་སྒྲུབ་པའི་ཕྱིར་བདུན་པ་ནི་འདི་ལྟར་འདི་ན་ལ་ལ་ཚུལ་ཁྲིམས་ཀྱི་སྡོམ་པ་ཡོངས་སུ་དག་པར་བྱ་བའི་ཕྱིར་ཟས་ཀྱི་ཚོད་རིག་པ་ཉིད་དང། མི་ཉལ་བར་སྦྱོར་བའི་རྗེས ་སུ་བརྩོན་པ་དང་ཤེས་བཞིན་དུ་སྤྱོད་པ་ཉིད་ལ་གོང་ནས་གོང་དུ་དགའ་བ་སྐྱེད་པར་བྱེད་པའོ། །རྗེས་སུ་བརྩོན་པའི་ཕྱིར་འདུན་པ་ནི་འདི་ལྟར་འདི་ན་ལ་ལ་རྟག་ཏུ་སྦྱོར་བ་དང། གུས་པར་བྱས་ཏེ་སྦྱོར་བ་དང། ལམ་སྒོམ་པ་ལ་དགའ་བ་སྐྱེད་པར་བྱེད་ཅིང་འདོད་པ ་དང། བྱེད་འདོད་པ་སྟེ། དེ་ལྟར་ན་འདུན་པ་དེ་པར་རྣམ་པ་བཞི་སྟེ། འདི་ལྟ་སྟེ། འཐོབ་པའི་ཕྱིར་དང། ཡོངས་སུ་དྲི་བའི་ཕྱིར་དང། ཚོགས་ཡང་དག་པར་བསྒྲུབ་པའི་ཕྱིར་དང་རྗེས་སུ་བརྩོན་པའི་ཕྱིར་འདུན་པའོ། །དེ་ལ་བརྩོན་འགྲུས་ཀྱང་རྣམ་པ་བཞི་སྟེ། འདི་ལྟ་སྟེ། མཉན་པའི་ཕྱིར་དང། བསམ ་པའི་ཕྱིར་དང། བསྒོམ་པའི་ཕྱིར་དང་སྒྲིབ་པ་ཡོངས་སུ་དག་པའི་ཕྱིར་བརྩོན་པའོ། །དེ་ལ་མཉན་པའི་ཕྱིར་བརྩོན་པ་ནི་མ་ཐོས་པ་མཉན་པར་བྱེད་པ་དང། ཐོས་པ་ཡོངས་སུ་བྱང་བར་བྱེད་པ་ན་སེམས་མངོན་པར་སྤྲོ་ཞིང་སྦྱོར་བ་མི་བཏོང་བ་གང་ཡིན་པའོ། །དེ་ལ་བསམ་པའི་ཕྱིར ་བརྩོན་པ་ནི་ཇི་ལྟར་ཐོས་པའི་ཆོས་རྣམས་ཀྱི་དོན་གཅིག་པུ་དབེན་པར་སོང་སྟེ། སེམས་པར་བྱེད། འཇལ་བར་བྱེད། ཉེ་བར་རྟོག་པར་བྱེད་པ་ན། སེམས་མངོན་པར་སྤྲོ་ཞིང་སྦྱོར་བ་མི་གཏོང་བ་གང་ཡིན་པའོ། །དེ་ལ་བསྒོམ་པའི་ཕྱིར་བརྩོན་པ་ནི་ནང་དུ་ཡང་དག་འཇོག ་ལ་ཞུགས་ཏེ། ཅི་དུས་དུས་སུ་ཞི་གནས་དང། ལྷག་མཐོང་སྒོམ་པར་བྱེད་པ་ན། སེམས་མངོན་པར་སྤྲོ་ཞིང་སྦྱོར་བ་མི་གཏོང་བ་གང་ཡིན་པའོ། །དེ་ལ་སྒྲིབ་པ་ཡོངས་སུ་དག་པར་བྱ་བའི་ཕྱིར་བརྩོན་པ་ནི་ཉིན་མཚན་དུ་བརྩོན་པར་བྱེད་ཅིང་འཆག་པ་དང་འདུག་པ་དག་གིས ་སྒྲིབ་པར་འགྱུར་བའི་ཆོས་རྣམས་ལས་སེམས་ཡོངས་སུ་སྦྱོང་བར་བྱེད་པ་ན་སེམས་མངོན་པར་སྤྲོ་ཞིང་སྦྱོར་བ་མི་གཏོང་བ་གང་ཡིན་པའོ། །དེ་ལ་ཐབས་ཀྱང་རྣམ་པ་བཞི་སྟེ། འདི་ལྟ་སྟེ། ཚུལ་ཁྲིམས་ཀྱི་སྡོམ་པ་དང། དབང་པོ་སྡོམ་པའི་དབང་དུ་བྱས་ཏེ། དྲན་པ་ཤིན་ཏུ ་ཉེ་བར་གཞག་པ་དང། དེ་ལྟར་དྲན་པ་ཉེ་བར་གཞག་པ་དེ་བག་ཡོད་པར་སེམས་ཀུན་ཏུ་བསྲུང་ཞིང་དགེ་བའི་ཆོས་རྣམས་ལ་བརྟེན་པར་བྱེད་པ་དང། དེ་ལྟར་བག་ཡོད་པར་གྱུར་པས་སེམས་ནང་དུ་ཞི་གནས་སུ་བྱ་བ་ལ་སྦྱོར་བ་དང། ལྷག་པའི་ཤེས་རབ་ཀྱིས་ཆོས་རྣམ་པར ་འབྱེད་པར་བྱེད་པ་སྟེ། རྣལ་འབྱོར་རྣམ་པ་བཞི་པོ་དེ་ལ་ཡང་རྣམ་པ་བཅུ་དྲུག་ཡོད་དོ། །དེ་ལ་དད་པས་ནི་འཐོབ་པར་བྱ་བའི་དོན་ལ་མངོན་པར་ཡིད་ཆེས་པར་བྱེད་པ་དང། འཐོབ་པ་ལ་མངོན་པར་ཡིད་ཆེས་པའི་ཕྱིར་དགེ་བའི་ཆོས་རྣམས་ལ་བྱེད་པར་འདོད་པ་སྐྱེད་པར ་བྱེད་པ་དང། དེ་དེ་ལྟར་བྱེད་འདོད་པས་ཉིན་མཚན་དུ་བརྩོན་པར་གནས་ཤིང་སྤྲོ་བ་དང་ལྡན་པ་དང། ཕ་རོལ་གནོན་པ་བརྟན་པར་བྱེད་པ་དང། བརྩོན་འགྲུས་དེ་ཡང་ཐབས་ཀྱི་ཡོངས་སུ་ཟིན་ན། མ་ཐོབ་པ་ཐོབ་པར་བྱ་བ་དང། མ་རྟོགས་པ་རྟོགས ་པར་བྱ་བ་དང། མངོན་སུམ་དུ་མ་བྱས་པ་མངོན་སུམ་དུ་བྱ་བའི་ཕྱིར་འཇུག་པར་འགྱུར་བས་དེའི་ཕྱིར་ཆོས་བཞི་པོ་དེ་དག་ནི་རྣལ་འབྱོར་ཅེས་བྱའོ།། །།དེ་ལ་ཡིད་ལ་བྱེད་པ་གང་ཞེ་ན། ཡིད་ལ་བྱེད་པ་ནི་རྣམ་པ་བཞི་སྟེ། བཞི་གང་ཞེ་ན། འདི ་ལྟ་སྟེ་བསྒྲིམས་ཏེ་འཇུག་པ་དང། སྐབས་སུ་འཆད་ཅིང་འཇུག་པ་དང། སྐབས་སུ་འཆད་པ་མེད་པར་འཇུག་པ་དང། རྩོལ་བ་མེད་པར་འཇུག་པའོ། །དེ་ལ་བསྒྲིམས་ཏེ་འཇུག་པའི་ཡིད་ལ་བྱེད་པ་གང་ཞེ་ན། འདི་ལྟ་སྟེ། ལས་དང་པོ་བ་སེམས་ནང་ཁོ་ནར ་འཇོག་པར་བྱེད་ཅིང། ཡང་དག་པར་འཇོག་པར་བྱེད་པ་འམ། ཆོས་རབ་ཏུ་རྣམ་པར་འབྱེད་པ་ན་ཇི་སྲིད་དུ་ཡིད་ལ་བྱེད་པ་མ་ཐོབ་པ་དེ་སྲིད་དུ་དེས། བསྒྲིམས་ཏེ་ཡིད་ལ་བྱེད་པ་ལ་འཇུག་ཅིང། བསྒྲིམ་པ་ལས་བརྟེན་ཅིང་སེམས་རྩེ་གཅིག་པ་ཉིད་དུ་འཇོག་པར་བྱེད ་པས་ན། དེའི་ཕྱིར་བསྒྲིམས་ཏེ། དེ་འཇུག་པ་ཞེས་བྱའོ། །དེ་ལ་སྐབས་སུ་འཆད་ཅིང་འཇུག་པའི་ཡིད་ལ་བྱེད་པ་གང་ཞེ་ན། ཡིད་ལ་བྱེད་པ་ཐོབ་པའི་འོག་ཏུ་འཇིག་རྟེན་པ་དང། འཇིག་རྟེན་ལས་འདས་པའི་ལམ་གྱིས་འགྲོ་བ་ན་མཚན་ཉིད་སོ་སོར་རིག་པའི་ཡིད ་ལ་བྱེད་པ་གང་ཡིན་པ་སྟེ། འདི་ལྟར་དེ་ལ་བསམ་པ་དང། ཏིང་ངེ་འཛིན་རྣམ་པར་འདྲེ་བར་བྱེད་ཅིང་བསྒོམ་པའི་རྣམ་པས་གཅིག་ཏུ་འཇུག་པར་མི་བྱེད་པའི་ཕྱིར་རོ། །དེ་ལ་སྐབས་སུ་འཆད་པ་མེད་པར་འཇུག་པའི་ཡིད་ལ་བྱེད་པ་གང་ཞེ་ན། མཚན་ཉིད་སོ་སོར་རིག ་པའི་ཡིད་ལ་བྱེད་པའི་འོག་ཏུ་སྦྱོར་བ་མཐར་ཐུག་པའི་ཡིད་ལ་བྱེད་པ་མན་ཆད་ཀྱི་བར་གྱི་གང་ཡིན་པའོ། །དེ་ལ་རྩོལ་བ་མེད་པར་འཇུག་པའི་ཡིད་ལ་བྱེད་པ་གང་ཞེ་ན། སྦྱོར་བ་མཐར་ཐུག་པའི་འབྲས་བུའི་ཡིད་ལ་བྱེད་པ་གང་ཡིན་པའོ། །གཞན་ཡང་ཡིད་ལ་བྱེད་པ་ནི ་རྣམ་པ་བཞི་སྟེ། འདི་ལྟ་སྟེ། མཐུན་པ་ལས་བྱུང་བ་དང། གཉེན་པོ་ལས་བྱུང་བ་དང། དད་པར་བྱ་བར་འོས་པ་དང། སོ་སོར་བརྟག་པར་བྱ་བར་འོས་པའོ། །དེ་ལ་མཐུན་པ་ལས་བྱུང་བ་ཡིད་ལ་བྱེད་པ་ནི་གང་གིས་དམིགས་པ་སུན་འབྱིན་པར་བྱེད་ཅིང། ཡང་དག་པའི་སྦྱོར་བ ་ཡང་རྩོམ་པར་བྱེད་ལ། ཉོན་མོངས་པ་སྤོང་བར་ནི་མི་བྱེད་པའོ། །དེ་ལ་གཉེན་པོ་ལས་བྱུང་བའི་ཡིད་ལ་བྱེད་པ་ནི་གང་གིས་ཉོན་མོངས་པ་སྤོང་བར་བྱེད་པའོ། །དེ་ལ་དད་པར་བྱ་བར་འོས་པའི་ཡིད་ལ་བྱེད་པ་ནི་གང་གིས་རབ་ཏུ་འཛིན་པར་བྱེད་པའི་མཚན་མ་དག་གིས ་སེམས་ཞུམ་པ་མངོན་པར་རབ་ཏུ་དགའ་བར་བྱེད། ཡང་དག་པར་རབ་ཏུ་དགའ་བར་བྱེད་ཅིང་རབ་ཏུ་འཛིན་པར་བྱེད་པའོ། །དེ་ལ་སོ་སོར་བརྟག་པར་འོས་པའི་ཡིད་ལ་བྱེད་པ་ནི། འདི་ལྟ་སྟེ། དཔྱོད་པའི་ཡིད་ལ་བྱེད་པ་སྟེ། དེའི་དབང་དུ་བྱས་ནས་ཉོན་མོངས་པ་སྤངས་པ ་དང་མ་སྤངས་པ་དག་ལ་སོ་སོར་རྟོག་པར་བྱེད་པའོ། །དེ་ལ་དམིགས་པ་ཡིད་ལ་བྱེད་པས། མཚན་མ་དུ་ཞིག་ཡིད་ལ་བྱ་བ་ཡིན་ཞེ་ན། སྨྲས་པ་བཞི་སྟེ། བཞི་གང་ཞེ་ན། འདི་ལྟ་སྟེ། དམིགས་པའི་མཚན་མ་དང། གཞིའི་མཚན་མ་དང། ཡོངས་སུ་སྤང་བར་བྱ ་བའི་མཚན་མ་དང། སོ་སོར་བརྟེན་པར་བྱ་བའི་མཚན་མའོ། །དེ་ལ་དམིགས་པའི་མཚན་མ་ནི་ཤེས་བྱའི་དངོས་པོ་དང། ཆ་མཐུན་པའི་གཟུགས་བརྙན་དང། སྣང་བརྙན་གང་ཡིན་པའོ། །དེ་ལ་གཞིའི་མཚན་མ་ནི་འདི་ལྟ་སྟེ། ཏིང་ངེ་འཛིན་གྱི་ཚོགས་གསོགས་པ ་དང། རྗེས་སུ་མཐུན་པའི་ལུང་དང། བསྒོམ་པ་དང་ལྡན་པའི་འདུན་པ་དྲག་པོ་དང། སྐྱོ་བར་བྱ་བའི་ཆོས་རྣམས་ལ་སྐྱོ་བ་དང། རྣམ་པར་གཡེང་བ་དང། རྣམ་པར་གཡེང་བ་མེད་པ་ཡོངས་སུ་ཤེས་པར་བྱ་བ་ལ་སེམས་གཏོང་བ་དང། གཞན་ལས་གཡོ་བར ་འགྱུར་བ་མིས་བྱས་པ་འམ། མི་མ་ཡིན་པས་བྱས་པ་འམ། སྒྲས་བྱས་པ་འམ། རྩོལ་བས་བྱས་པ་མེད་པ་དང། དེ་བཞིན་དུ་སེམས་ནང་དུ་མངོན་པར་བསྡུས་པ་ལྷག་མཐོང་གི་སྔོན་དུ་བཏང་བ་ནི་ཕྱིས་ལྷག་མཐོང་གསལ་བར་འགྱུར་བའི་གཞིའི་མཚན་མ ་ཡིན་པ་དང། དེ་བཞིན་དུ་ལྷག་མཐོང་ཞི་གནས་ཀྱི་སྔོན་དུ་བཏང་བ་ནི་ཕྱིས་ཞི་གནས་གསལ་བར་གྱུར་པའི་གཞིའི་མཚན་མ་ཡིན་ནོ། །དེ་ལ་ཡོངས་སུ་སྤོང་བར་བྱ་བའི་མཚན་མ་ནི་རྣམ་པ་བཞི་སྟེ། འདི་ལྟ་སྟེ། བྱིང་བའི་མཚན་མ་དང། ་རྒོད་པའི་མཚན་མ་དང། ཆགས་པའི་མཚན་མ་དང། རྣམ་པར་གཡེང་བའི་མཚན་མའོ། །དེ་ལ་བྱིང་བའི་མཚན་མ་ནི་དམིགས་པའི་མཚན་མ་དང། གཞིའི་མཚན་མ་གང་གིས་སེམས་བྱིང་བ་ཉིད་དུ་འགྱུར་བའོ། །དེ་ལ་རྒོད་པའི་མཚན་མ་ནི་དམིགས་པའི ་མཚན་མ་དང། གཞིའི་མཚན་མ་གང་གིས་སེམས་རྒོད་པར་འགྱུར་བའོ། །དེ་ལ་ཆགས་པའི་མཚན་མ་ནི་དམིགས་པའི་མཚན་མ་དང། གཞིའི་མཚན་མ་གང་གིས་སེམས་དམིགས་པ་ལ་ཆགས་པར་བྱེད། ཀུན་ཏུ་ཆགས་པར་བྱེད་ཅིང་ཀུན་ཏུ་ཉོན ་མོངས་པར་བྱེད་པའོ། །དེ་ལ་རྣམ་པར་གཡེང་བའི་མཚན་མ་དང། གཞིའི་མཚན་མ་གང་གིས་སེམས་ཕྱི་རོལ་ཏུ་རྣམ་པར་གཡེང་བར་བྱེད་པ་སྟེ། མཚན་མ་དེ་དག་ནི་མཉམ་པར་གཞག་པའི་ས་ལས་ཇི་སྐད་བསྟན་པ་བཞིན་དུ་རིག་པར་བྱའོ། །ཡིད ་ལ་བྱེད་པ་དེ་དག་གིས་དམིགས་པ་ལ་མོས་པར་བྱེད་པ་ལ་མོས་པ་དུ་ཡོད་ཅེ་ན། སྨྲས་པ། མོས་པ་ནི་དགུ་སྟེ་དགུ་གང་ཞེ་ན། འདི་ལྟ་སྟེ། འོད་གསལ་བ་དང་འོད་གསལ་བ་མ་ཡིན་པ་དང། བླུན་པ་དང། སྒྲིན་པ་དང། ཆུང་ངུ་དང། ཆེན་པོར་གྱུར་པ་དང། ་ཆེད་མེད་པ་དང། ཡོངས་སུ་དག་པ་དང། ཡོངས་སུ་དག་པ་མ་ཡིན་པའོ། །དེ་ལ་མོས་པ་འོད་གསལ་བ་ནི་སྣང་བའི་མཚན་མ་ལེགས་པར་བཟུང་བ་ན། སྣང་བ་དང་ལྡན་པ་གང་ཡིན་པའོ། །དེ་ལ་མོས་པ་འོད་གསལ་བ་མ་ཡིན་པ་ནི་འདི་ལྟ་སྟེ། སྣང ་བའི་མཚན་མ་བཟུང་བ་ན་མུན་པ་དང་ལྡན་པ་གང་ཡིན་པའོ། །དེ་ལ་མོས་པ་བླུན་པ་ནི་དབང་པོ་རྟུལ་པོའི་རྒྱུད་དུ་གཏོགས་པ་གང་ཡིན་པའོ། །དེ་ལ་སྨོས་པ་སྒྲིན་པ་ནི་དབང་པོ་རྣོ་བའི་རྒྱུད་དུ་གཏོགས་པ་གང་ཡིན་པའོ། །དེ་ལ་མོས་པ་ཆུང་ངུ་ནི་དད་པ་དང་འདུན་པ ་ཆུང་ངུ་དང་ལྡན་པ་དང། དམིགས་པ་ཆུང་བ་གང་ཡིན་པ་སྟེ། དེ་ལྟར་ཡིད་ལ་བྱེད་པ་ཆུང་བ་དང། དམིགས་པ་ཆུང་བའི་ཕྱིར་མོས་པ་ཆུང་དུ་ཡིན་ནོ། །དེ་ལ་མོས་པ་ཆེན་པོར་གྱུར་པ་ནི་དད་པ་དང་འདུན་པ་ཆེན་པོར་གྱུར་པ་དང་ལྡན་པ་དང། དམིགས་པ་ཆེན་པོར་གྱུར་པ་ལ་མོས ་པའི་མོས་པ་གང་ཡིན་པ་སྟེ། དེ་ལྟར་ཡིད་ལ་བྱེད་པ་ཆེན་པོར་གྱུར་པ་དང། དམིགས་པ་ཆེན་པོར་གྱུར་པའི་ཕྱིར་མོས་ཆེན་པོར་གྱུར་པ་ཡིན་ནོ། །དེ་ལ་མོས་པ་ཚད་མེད་པ་ནི་དད་པ་དང་འདུན་པ་ཚད་མེད་པ་དང་ལྡན་པ་དང། དམིགས་པ་མཛའ་ཡས་མུ་མེད་པ་ལ་མོས ་པའི་མོས་པ་གང་ཡིན་པ་སྟེ། དེ་ལྟར་ཡིད་ལ་བྱེད་པ་ཚད་མེད་པ་དང། དམིགས་པ་ཚད་མེད་པའི་ཕྱིར་མོས་པ་ཚད་མེད་པ་ཡིན་ནོ། །དེ་ལ་མོས་པ་ཡོངས་སུ་དག་པ་ནི་ལེགས་པར་བསྒོམས་པ་དང། ཡོངས་སུ་གྲུབ་པ་དང། མཐར་ཐུག་པར་གྱུར་པ་གང་ཡིན ་པའོ། །དེ་ལ་མོས་པ་ཡོངས་སུ་དག་པ་མ་ཡིན་པ་ནི་ལེགས་པར་བསྒོམ་པ་མ་ཡིན་པ་དང། ཡོངས་སུ་གྲུབ་པ་མ་ཡིན་པ་དང། མཐར་ཐུག་པར་གྱུར་པ་མ་ཡིན་པ་གང་ཡིན་པའོ། །དེ་ལ་རྣལ་འབྱོར་གྱི་རྣལ་འབྱོར་དུ་བྱ་བ་དག་དུ་ཞེ་ན། སྨྲས་པ་བཞི་སྟེ། ་བཞི?་གང་ཞེ་ན། འདི་ལྟ་སྟེ། གཞི་འགག་པ་དང། གཞི་འཕོ་བ་དང། དམིགས་པ་ཡོངས་སུ་ཤེས་པ་དང། དམིགས་པ་ལ་མངོན་པར་དགའ་བའོ། །དེ་ལ་གཞི་འགག་པ་ནི་རྣལ་འབྱོར་དང་ཡིད་ལ་བྱེད་པ་བསྒོམས་པ་ལ་རྗེས་སུ་བརྩོན་པའི་གནས་ངན་ལེན་དང ་ལྡན་པའི་གཞི་གང་ཡིན་པ་དེ་རིམ་གྱིས་འགག་པའོ། །ཤིན་ཏུ་སྦྱང་པ་དང་ལྡན་པ་ནི་གཞི་འཕོ་བ་སྟེ། གཞི་འགག་པ་དེ་དང། གཞི་འཕོ་བ་དེ་ནི་རྣལ་འབྱོར་དུ་བྱ་བ་ཡིན་ནོ། །དེ་ལ་དམིགས་པ་ཡོངས་སུ་ཤེས་པ་དང། དམིགས་པ་ལ་མངོན་པར་དགའ་བ་ཞེས ་བྱ་བ་ལ་དམིགས་པ་ཡོངས་སུ་ཤེས་པ་དང། དམིགས་པ་ལ་མངོན་པར་དགའ་བ་ནི་གཞི་འགག་པ་དང། གཞི་འཕོ་བའི་སྔོན་དུ་འགྲོ་ཞིང་དམིགས་པ་ཡོངས་སུ་ཤེས་པ་དང། དམིགས་པ་མངོན་པར་དགའ་བ་གང་ཡིན་པའི་དབང་དུ་བྱས་ནས། གཞི་འགག་ཅིང ་འཕོ་བ་ཡང་ཡོད་དོ། །དམིགས་པ་ཡོངས་སུ་ཤེས་པ་དང། དམིགས་པ་ལ་མངོན་པར་དགའ་བ་ནི་གཞི་རྣམ་པར་དག་པ་གང་ཡིན་པ་སྔོན་དུ་བཏང་བས་གཞི་རྣམ་པར་དག་པའི་དབང་དུ་བྱས་ཏེ། དགོས་པ་ཡོངས་སུ་གྲུབ་པའི་དུས་ན་དམིགས་པ་ལ ་ཤིན་ཏུ་རྣམ་པར་དག་པ་མངོན་པར་དགའ་བའི་འཇུག་པ་ཡང་ཡོད་དེ། དེའི་ཕྱིར་བཞི་པོ་དེ་དག་ནི་རྣལ་འབྱོར་གྱི་རྣལ་འབྱོར་དུ་བྱ་བ་དག་ཅེས་བྱའོ།། །།དེ་ལ་རྣལ་འབྱོར་སྤྱོད་པ་རྣམས་དུ་ཞེ་ན། སྨྲས་པ། གསུམ་སྟེ། གསུམ་གང་ཞེ་ན། འདི་ལྟ་སྟེ། ལས ་དང་པོ་བ་དང། ཡོངས་སུ་སྦྱངས་པ་བྱས་པ་དང། ཡིད་ལ་བྱེད་པ་ལས་འདས་པའོ། །དེ་ལ་རྣལ་འབྱོར་སྤྱོད་པ་ལས་དང་པོ་པ་ནི་རྣམ་པ་གཉིས་ཏེ། ཡིད་ལ་བྱེད་པའི་ལས་དང་པོ་བ་དང། ཉོན་མོངས་པ་རྣམ་པར་སྤྱོད་པའི་ལས་དང་པོ་པའོ། །དེ་ལ་ཡིད་ལ་བྱེད་པའི་ལས་དང ་པོ་པ་ནི་རྩེ་གཅིག་ཏུ་བྱ་བ་ཉིད་ལ། ཇི་སྲིད་དུ་ཡིད་ལ་བྱེད་པ་མ་ཐོབ་ཅིང་སེམས་རྩེ་གཅིག་པ་ཉིད་ལ་མ་རེག་གི་བར་དུ་ལས་དང་པོ་པ་ཉིད་ཡིན་ནོ། །དེ་ལ་ཉོན་མོངས་པ་རྣམ་པར་སྤྱོད་པའི་ལས་དང་པོ་བ་ནི་ཡིད་ལ་བྱེད་པ་ཉོན་མོངས་པ་རྣམས་ལས་སེམས་སྦྱོད་པར་འདོད ་པའི་མཚན་ཉིད་སོ་སོར་རིག་པ་ཡིད་ལ་བྱེད་པ་གང་ཡིན་པ་ལ་བརྩེམས་ཤིང་ལེན་པ་ལ་གོམས་པ་སྟེ། དེ་ནི་ཉོན་མོངས་པ་རྣམ་པར་སྦྱོང?་བའི་ལས་དང་པོ་པ་ཡིན་ནོ། །དེ་ལ་ཡོངས་སུ་སྦྱངས་པ་བྱས་པ་གང་ཞེ་ན། མཚན་ཉིད་སོ་སོར་རིག་པའི་ཡིད་ལ་བྱེད་པ་མ་གཏོགས ་པ་དེ་ལས་གཞན་པ་སྦྱོར་བ་མཐར་ཐུག་པའི་བར་གྱི་ཡིད་ལ་བྱེད་པ་ལྔ་པོ་དེ་དག་ལ་ཤིན་ཏུ་ཡོངས་སུ་སྦྱངས་པ་བྱས་པ་ཡིན་ནོ། །དེ་ལ་ཡིད་ལ་བྱེད་པ་ལས་འདས་པ་གང་ཞེ་ན། སྦྱོར་བ་མཐར་ཐུག་པའི་འབྲས་བུའི་ཡིད་ལ་བྱེད་པ་ཡིན་པར་རིག་པར་བྱ་སྟེ། དེ་ནི ་སྦྱོར་བའི་སྒོམ་པ་ཡིད་ལ་བྱེད་པ་ལས་ཤིན་ཏུ་འདས་པ་དང། བསྒོམ་པའི་འབྲས་བུ་ལ་གནས་པ་ཡིན་པས་ན། དེའི་ཕྱིར་ཡིད་ལ་བྱེད་བ་ལས་འདས་པ་ཞེས་བྱའོ། །གཞན་ཡང་དགེ་བའི་ཆོས་ལ་འདུན་པ་ནས་བཟུང་སྟེ། རབ་ཏུ་བརྩོན་པར་བྱེད་པ་ནམ་ཇི་སྲིད ་དུ་ངེས་པར་འབྱེད་པའི་ཆ་དང་མཐུན་པའི་དགེ་བའི་རྩ་བ་དག་བསྐྱེད་པར་མི་བྱེད་པ་དེ་སྲིད་དུ་ནི་ལས་དང་པོ་པ་ཡིན་ནོ། །གང་གི་ཚེ་ངེས་པར་འབྱེད་པའི་ཆ་དང་མཐུན་པ་འདི་ལྟ་སྟེ། དྲོ་བར་གྱུར་པ་དང་རྩེས་མོ་དང། བདེན་པ་དང་རྗེས་སུ་མཐུན་པའི་བཟོད་པ་དང། འཇིག་རྟེན ་པའི་ཆོས་ཀྱི་མཆོག་དག་སྐྱེད་པར་བྱེད་པ་དེའི་ཚོན་ནི་ཡོངས་སུ་སྦྱངས་པ་བྱས་པ་ཡིན་ནོ། །གང་གི་ཚེ་ཡང་དག་པ་ཉིད་དུ་སྐྱོན་མེད་པ་ལ་འཇུག་ཅིང། བདེན་པ་རྣམས་མངོན་པར་རྟོགས་པར་བྱེད་ལ། སྟོན་པའི་བསྟན་པ་ལ་གཞན་གྱི་དྲིད་མི་འཇོག་ཅིང་གཞན་གྱིས ་བསླུར་མི་ཟུག་པ་དེའི་ཚེ་ན་ནི་ཡིད་ལ་བྱེད་པ་ལས་འདས་པ་ཡིན་ཏེ། གཞན་གྱི་དྲིད་འཇོག་ཅིང་ཡིད་ལ་བྱེད་པས་ཤིན་ཏུ་འདས་ཤིང། གཞན་གྱི་དྲིད་མི་འཇོག་པ་ལ་གནས་པ་ཡིན་པས་ན། དེའི་ཕྱིར་ཡིད་ལ་བྱེད་པ་ལས་འདས་པ་ཞེས་བྱའོ།། །། ་དེ་ལ་རྣལ་འབྱོར་བསྒོམ་པ་གང་ཞེ་ན། སྨྲས་པ། རྣམ་པ་གཉིས་ཏེ། གཉིས་གང་ཞེ་ན། འདི་ལྟ་སྟེ། འདུ་ཤེས་བསྒོམ་པ་དང་བྱང་ཆུབ་ཀྱི་ཕྱོགས་བསྒོམ་པའོ། །དེ་ལ་འདུ་ཤེས་བསྒོམ་པ་གང་ཞེ་ན། འདི་ལྟ་སྟེ། འཇིག་རྟེན་པའི་ལམ་ལ་བརྩོན་པ་ནི་ས ་འོག་མ་ཐམས་ཅད་ལ་ཉེས་དམིགས་ཀྱི་འདུ་ཤེས་བསྒོམ་པར་བྱེད་དོ། །མྱ་ངན་ལས་འདས་པ་ལ་བརྩོན་པ་སྤོང་བའི་དབྱིངས་དང། འདོད་ཆགས་དང་བྲལ་བའི་དབྱིངས་དང། འགོག་པའི་དབྱིངས་ལ་ཞི་བར་ལྟ་བ་ནི་སྤོང་བའི་འདུ་ཤེས་དང། འདོད་ཆགས་དང ་བྲལ་བའི་འདུ་ཤེས་དང། འགོག་པའི་འདུ་ཤེས་བསྒོམ་པར་བྱེད་དོ། །ཞི་གནས་ལ་བརྩོན་པ་ནི་ཞི་གནས་ཀྱི་ཕྱོགས་སྟོད་དང། སྨད་ཀྱི་འདུ་ཤེས་སྒོམ་པར་བྱེད་དོ། །ལྷག་མཐོང་ལ་བརྩོན་པ་ནི་ལྷག་མཐོང་གི་ཕྱོགས་རྒྱབ་དང། མདུན་གྱི་འདུ་ཤེས་སྒོམ ་པར་བྱེད་དོ། །དེ་ལ་སྟོད་དང་སྨད་ཀྱི་འདུ་ཤེས་ཞེས་བྱ་བ་ནི་ལུས་འདི་ཉིད་ལ་རྐང་བའི་མཐིལ་ནས་སྟོད་ཀྱི་བར་དང། སྐྲ་དང་ཀླད་པ་ནས། སྨད་ཀྱི་བར་དུ་མི་གཙང་བ་རྣམ་པ་སྣ་ཚོགས་ཀྱིས་གང་བ་ཇི་ལྟར་གནས་པ་དང། ཇི་ལྟར་གྲུབ་པ་བཞིན་དུ་ལུས་འདི ་ལ་སྐྲ་དང་སྤུ་ལ་སོགས་པ་ཡོད་དོ་ཞེས་རྒྱས་པར་སྔ་མ་བཞིན་དུ་སོ་སོར་རྟོག་པར་བྱེད་པའོ། །དེ་ལ་རྒྱབ་དང་མདུན་གྱི་འདུ་ཤེས་ཞེས་བྱ་བ་ནི་འདི་ལྟ་སྟེ། ལ་ལ་ཞིག་གིས་སོ་སོར་རྟོག་པའི་མཚན་མ་ཉིད་ཤིན་ཏུ་ལེགས་པར་རབ་ཏུ ་བཟུང་ཞིང་ཤིན་ཏུ་ཡིད་ལ་བྱས་ཤིན་ཏུ་བརྟེན། ཤིན་ཏུ་སོ་སོར་བརྟགས་པ་ཡིན་ཏེ། འདི་ལྟ་སྟེ། དཔེར་ན་འགྲེང་བས་འདུག་པ་ལ་སོ་སོར་རྟོག་པ་དང། །འདུག་པས་ཉལ་བ་ལ་སོ་སོར་རྟོག་པ་དང། མདུན་དུ་འགྲོ་བ་ལ་ཕྱི་ནས་འོང་བས་སོ་སོར་རྟོག་པ ་བཞིན་ནོ། །དེ་ཡང་དུས་གསུམ་གྱི་འདུ་བྱེད་རྟེན་ཅིང་འབྲེལ་པར་འབྱུང་བ་རྣམས་ལ་ལྷག་མཐོང་གི་རྣམ་པས་སོ་སོར་རྟོག་པར་བྱེད་པ་ཡིན་པར་ཡོངས་སུ་བསྟན་ཏེ། དེ་ལ་འགྲེང་བས་འདུག་པ་ལ་སོ་སོར་རྟོག་པར་བྱེད་པ་ཞེས་གང་གསུངས་པ་དེས་ནི་ད་ལྟར་གྱི ་ཡིད་ལ་བྱེད་པས་མ་འོངས་པའི་ཤེས་བྱ་ལ་སོ་སོར་རྟོག་པར་བྱེད་པ་བསྟན་ཏེ། ད་ལྟར་གྱི་ཡིད་ལ་བྱེད་པའི་གནས་སྐབ་ནི་སྐྱེས་པ་ཡིན་པའི་ཕྱིར་འགྲེང་བ་ཞེས་བྱའོ། །མ་འོངས་པའི་ཤེས་བྱའི་གནས་སྐབས་ནི་མ་སྐྱེས་པ་དང། སྐྱེ་བ་ལ་མངོན་དུ་ཕྱོགས ་པ་ཡིན་པའི་ཕྱིར་འདུག་པ་ཞེས་བྱའོ། །འདུག་པས་ཉལ་བ་ལ་སོ་སོར་རྟོག་པར་བྱེད་པ་ཞེས་གང་གསུངས་པ་དེས་ནི་ད་ལྟར་གྱུར་བའི་ཡིད་ལ་བྱེད་པས་འདས་པའི་ཤེས་བྱའི་དངོས་པོ་ལ་སོ་སོར་རྟོག་པར་བྱེད་པ་བསྟན་ཏེ། །ད་ལྟར་བྱུང་བའི་ཡིད་ལ་བྱེད་པའི ་གནས་སྐབས་ནི་འགག་པ་སྔོན་དུ་ཕྱོགས་པ་ཡིན་པའི་ཕྱིར་འདུག་པ་ཞེས་བྱའོ། །འདས་པའི་ཤེས་བྱའི་གནས་སྐབས་ནི་འགགས་པ་ཡིན་པའི་ཕྱིར་ཉལ་བ་ཞེས་བྱའོ། །མདུན་དུ་འགྲོ་བ་ལ་ཕྱི་ནས་འོང་བས་སོ་སོར་རྟོག་པར་བྱེད་པ་ཞེས་གང་གསུངས་པ་དེས་ནི ་ད་ལྟར་བྱུང་བའི་ཡིད་ལ་བྱེད་པས་ད་ལྟར་བྱུང་བའི་ཡིད་ལ་བྱེད་པ་འགགས་མཐག་པ་ལ་སོ་སོར་རྟོག་པར་བྱེད་པ་བསྟན་ཏེ། དེ་ལ་ཡིད་ལ་བྱེད་པ་བྱུང་ཞིང་འགགས་མ་ཐག་པ་དེ་ནི་མདུན་དུ་འགྲོ་བ་ཡིན་ནོ། །དེ་ལ་ཡིད་ལ་བྱེད་པ་མཇུག་ཐོགས་མཇུག་ཐོགས་སུ ་སྐྱེས་པ། གསར་དུ་གསར་དུ་འགགས་མ་ཐག་གོ་ཅོག་ལ་འཛིན་པར་བྱེད་པ་གང་ཡིན་པ་དེ་ནི་ཕྱི་ནས་འོང་བ་ཡིན་ཏེ། དེ་ལ་ཞི་གནས་དང་ལྷག་མཐོང་བ་བསྒོམ་པར་བྱེད་པ་ན། སྣང་བའི་འདུ་ཤེས་ཀྱི་ཕྱོགས་དེ་གཉི་ག་བསྒོམ་པར་བྱེད་དེ། དེ་ནི་འདུ་ཤེས་བསྒོམ་པ་ཡིན་ནོ། ། ་བམ་པོ་བཅུ་གཅིག་པ་།དེ་ལ་བྱང་ཆུབ་ཀྱི་ཕྱོགས་བསྒོམ་པ་དང་ཞེ་ན། བྱང་ཆུབ་ཀྱི་ཕྱོགས་སུམ་ཅུ་རྩ་བདུན་པོ་འདི་ལྟ་སྟེ། །དྲན་པ་ཉེ་བར་གཞག་པ་བཞི་དང། ཡང་དག་པར་སྤོང་པ་བཞི་དང། རྫུ་འཕྲུལ་གྱི་རྐང་པ་བཞི་དང། །དབང་པོ་ལྔ་དང། སྟོབས ་ལྔ་དང། བྱང་ཆུབ་ཀྱི་ཡན་ལག་བདུན་དང། །འཕགས་པའི་ལམ་ཡན་ལག་བརྒྱད་པ་སྟེ། ལུས་དྲན་པ་ཉེ་བར་གཞག་པ་དང། ཚོར་བ་དང། སེམས་དང། ཆོས་དྲན་པ་ཉེ་བར་གཞག་པ་དང། ཡང་དག་པའི་སྤོང་བ་སྡིག་པ་མི་དགེ་བའི་ཆོས་མ་སྐྱེས་པ་རྣམས་མི ་བསྐྱེད་པ་དང། །སྡིག་པ་མི་དགེ་བའི་ཆོས་སྐྱེས་པ་རྣམས་སྤང་བའི་ཕྱིར་འདུན་པ་སྐྱེད་པར་བྱེད། འབད་པར་བྱེད། བརྩོན་འགྲུས་རྩོམ་པར་བྱེད་ཅིང། སེམས་རབ་ཏུ་འཛིན་པར་བྱེད། རབ་ཏུ་འཇོག་པར་བྱེད་པ་དང། ཡང་དག་པའི་སྤོང་བ་དགེ་བའི་ཆོས་མ་སྐྱེས་པ ་རྣམས་བསྐྱེད་པ་དང། །དགེ་བའི་ཆོས་སྐྱེས་པ་རྣམས་གནས་པ་དང། མི་བརྗེད་པ་དང། །བསྒོམ་པ་ཡོངས་སུ་རྫོགས་པ་དང། ཕྱིར་ཞིང་འབྱུང་བ་དང། འཕེལ་བ་དང། རྒྱས་པར་བྱ་བའི་ཕྱིར་འདུན་པ་བསྐྱེད་པར་བྱེད། །འབད་པར་བྱེད། བརྩོན་གྲུས་རྩོམ་པར་བྱེད་ཅིང། ་སེམས་རབ་ཏུ་འཛིན་པར་བྱེད། རབ་ཏུ་འཇོག་པར་བྱེད་པ་དང། འདུན་པའི་ཏིང་ངེ་འཛིན་སྤང་པའི་འདུ་བྱེད་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་པ་དང། བརྩོན་འགྲུས་དང། སེམས་དང། དཔྱོད་པའི་ཏིང་ངེ་འཛིན་སྤང་པའི་འདུ་བྱེད་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་པ་དང། ་དད་པ་དང། བརྩོན་འགྲུས་དང། དྲན་པ་དང། ཏིང་ངེ་འཛིན་དང། ཤེས་རབ་ཀྱི་དབང་པོ་དང། དད་པ་དང། བརྩོན་འགྲུས་དང། དྲན་པ་དང། ཏིང་ངེ་འཛིན་དང། ཤེས་རབ་ཀྱི་སྟོབས་གདང། དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང། ཆོས་རྣམ་པར་འབྱེད་པ་དང། བརྩོན ་འགྲུས་དང། དགའ་བ་དང། ཤིན་ཏུ་སྦྱངས་པ་དང། ཏིང་ངེ་འཛིན་དང། བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང། ཡང་དག་པའི་ལྟ་བ་དང། ཡང་དག་པའི་རྟོག་པ་དང། །ཡང་དག་པའི་དག་དང། ཡང་དག་པའི་ལས་ཀྱི་མཛའ་དང། ་ཡང་དག་པའི་འཚོ་བ་དང། ཡང་དག་པའི་རྩོལ་བ་དང། ཡང་དག་པའི་དྲན་པ་དང། ཡང་དག་པའི་ཏིང་ངེ་འཛིན་ལ་གོམས་པ་དང། ཡོངས་སུ་འདྲིས་པ་དང། ཀུན་ཏུ་བརྟན་པ་དང། སྒོམ་པ་དང། ལན་མང་དུ་བྱེད་པ་གང་ཡིན་པ་དེ་ནི་བྱང་ཆུབ་ཀྱི་ཕྱོགས ་བསྒོམ་པ་ཞེས་བྱའོ། །དེ་ལ་ལུས་ནི་གང། ལུས་ལ་ལུས་ཀྱི་རྗེས་སུ་ལྟ་བ་ནི་གང། དྲན་པ་ནི་གང། དྲན་པ་ཉེ་བར་གཞག་པ་ནི་གང་ཞེ་ན། སྨྲས་པ། །ལུས་ནི་རྣམ་པ་སུམ་ཅུ་རྩ་ལྔ་ཡོད་དེ། འདི་ལྟ་སྟེ། ནང་གི་དང། ཕྱི་རོལ་གྱི་དང། དབང་པོས་ཟིན་པ ་དང། དབང་པོས་ཟིན་པ་མ་ཡིན་པ་དང། སེམས་ཅན་དུ་བགྲང་བ་དང། སེམས་ཅན་དུ་བགྲང་བ་མ་ཡིན་པ་དང། གནས་ངན་ལེན་དང་ལྡན་པ་དང། ཤིན་ཏུ་སྦྱངས་པ་དང་ལྡན་པ་དང། །འབྱུང་བའི་ལུས་དང། འབྱུང་བ་ལས་གྱུར་བའི་ལུས་དང། མིང་གི ་ལུས་དང། གཟུགས་ཀྱི་ལུས་དང། སེམས་ཅན་དམྱལ་བ་པ་དང། དུད་འགྲོའི་སྐྱེ་གནས་པ་དང། ཡི་དགས་ཀྱི་ལུས་དང། མིའི་དང། ལྷའི་དང། རྣམ་པར་ཤེས་པ་དང་བཅས་པ་དང། རྣམ་པར་ཤེས་པ་མེད་པ་དང། ནང་གི་ལུས་དང། ཕྱི་རོལ་གྱི་ལུས ་དང། ཡོངས་སུ་གྱུར་པ་དང། ཡོངས་སུ་མ་གྱུར་པ་དང། བུད་མེད་ཀྱི་ལུས་དང། སྐྱེས་པའི་ལུས་དང། མ་ནིང་གི་ལུས་དང། མཛའ་བཤེས་ཀྱི་ལུས་དང། དགྲ་བོའི་ལུས་དང། ཐ་མལ་པའི་ལུས་དང། ལུས་ངན་པ་དང། ལུས་འབྲིང་དང། ལུས ་བཟང་པོ་དང། གཞོན་ནུའི་ལུས་དང། ལང་འཚོའི་ལུས་དང། རྒན་པོའི་ལུས་ཏེ། དེ་ནི་རེ་ཞིག་ལུས་ཀྱི་རབ་ཏུ་དབྱེ་བ་ཡིན་ནོ། །དེ་ལ་རྗེས་སུ་ལྟ་བ་ནི་རྣམ་པ་གསུམ་སྟེ། ལུས་ཀྱི་དབང་དུ་བྱས་ནས་ཐོས་པ་ལས་བྱུང་བ་དང། བསམས་པ་ལས་བྱུང་བ ་དང། བསྒོམ་པ་ལས་བྱུང་བའི་ཤེས་རབ་གང་ཡིན་པ་སྟེ། ཤེས་རབ་དེས་ལུས་ཐམས་ཅད་ལ་རྣམ་པ་ཐམས་ཅད་དུ་ཡང་དག་པ་ཁོ་ནར་ཉེ་བར་རྟོག་པར་བྱེད་ཅིང། ཀུན་ཏུ་རྟོག་པར་བྱེད། རྗེས་སུ་འཇུག་པར་བྱེད། རྗེས་སུ་རྟོག་པར་བྱེད་པའོ། །དེ་ལ་དྲན་པ་ནི་དེས་ལུས་ཀྱི་དབང ་དུ་བྱས་ནས། ཆོས་གང་དག་བཟུང་བའི་ཆོས་དེ་དག་ཁོ་ནའི་དོན་བསམས་པ་གང་ཡིན་པ་དང། གང་དག་བསྒོམ་པས་མངོན་སུམ་དུ་བྱས་པའི་ཚིག་འབྲུ་དང། །དོན་དང་མངོན་སུམ་དུ་བྱས་པ་དེ་སེམས་ཀྱིས་མི་བརྗེད་པ་གང་ཡིན་པའོ། །དེ་ལ་དྲན་པ་ཉེ་བར་གཞག ་པ་ནི་བདག་གིས་ཆོས་དེ་དག་ལེགས་པར་བཟུང་ངམ། འོན་ཏེ་མ་ཡིན། ཤེས་རབ་ཀྱིས་དེ་དང་དེ་དག་ལ་ལེགས་པར་རྟགས་སམ། འོན་ཏེ་མ་ཡིན། རྣམ་པར་གྲོལ་བས་དེ་དང་དེ་དག་ལ་ལེགས་པར་རག་པར་བྱས་སམ། འོན་ཏེ་མ་ཡིན་ཞེས་དྲན་པ་ཉེ་བར་གཞག་པ ་ཡིན་ཏེ། །དེ་ནི་དྲན་པ་ཉེ་བར་གཞག་པ་ཡིན་ནོ། །གཞན་ཡང་དྲན་པ་ཀུན་ཏུ་བསྲུང་བ་དང། ཡུལ་གྱིས་ཀུན་ནས་ཉོན་མོངས་པ་མེད་པ་དང། དམིགས་པ་ལ་ཉེ་བར་གཏོང་པའི་ཕྱིར། །དྲན་པ་ཉེ་བར་འཇོག་པ་ཡིན་ཏེ། དེ་ལ་དྲན་པ་ཀུན་ཏུ་བསྲུང་བ་ནི་དྲན་པ་ཀུན་ཏུ ་བསྲུངས་པ་དང། དྲན་པ་ལ་རྟགས་གྲུས་བྱེད་པ་ཡིན་ནོ་ཞེས་སྔར་ཇི་སྐད་བསྟན་པ་ཁོ་ན་བཞིན་ནོ། །དེ་ལ་ཡུལ་གྱིས་ཀུན་ནས་ཉོན་མོངས་པ་མེད་པ་ནི་དྲན་པས་ཡིད་ཀུན་ཏུ་བསྲུངས་པ་དང། གནས་སྐབས་མཉམ་པ་ལ་འཇོག་པར་བྱེད་པ་དང། མཚན་མར་མི ་འཛིན་པ་དང། མངོན་རྟགས་སུ་མི་འཛིན་པ་དང། ཡིད་ཀྱི་དབང་པོ་བསྲུངས་པ་དང། ཡིད་ཀྱི་དབང་པོས་ཀྱང། སྡོམ་པ་སྒྲུབ་པར་བྱེད་པ་ཡིན་ཏེ། ཞེས་བྱ་བའི་བར་དུ་རྒྱས་པར་ཇི་སྐད་སྔར་བསྟན་པ་བཞིན་ནོ། །དེ་ལ་དམིགས་པ་ལ་ཉེ་བར་གཏོང་པ་ནི་དམིགས ་པ་ལ་རྣམ་པ་བཞིའོ། །འདི་ལྟ་སྟེ། ཁྱབ་པའི་དམིགས་པ་དང། སྤྱད་པ་རྣམ་པར་སྤྱོད་པའི་དམིགས་པ་དང། མཁས་པའི་དམིགས་པ་དང། ཉོན་མོངས་པ་རྣམ་པར་སྦྱོང་བའི་དམིགས་པ་ལ་དྲན་པ་ཉེ་བར་གཏོད་པ་ཡིན་ནོ་ཞེས་ཇི་སྐད་སྔར་བསྟན་པ་ཡིན་ཏེ། ་རྒྱུ་གསུམ་པོ་དེ་དག་གིས་དྲན་པ་ལེགས་པར་ཉེ་བར་གཞག་པ་ཉིད་གང་ཡིན་པ་དེ་ནི་དྲན་པ་ཉེ་བར་གཞག་པ་ཞེས་བྱའོ། །དེ་ལ་ཚོར་བ་གང་ཞེ་ན། འདི་ལྟ་སྟེ། བདེ་བ་དང། སྡུག་བསྔལ་བ་དང། སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ ་ཡིན་པར་ཚོར་བའོ། །དེ་ལ་བདེ་བ་དང། སྡུག་བསྔལ་བ་དང། སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པ་ཡང་ལུས་ཀྱིའོ། །ལུས་ཀྱི་ཇི་ལྟ་བུ་བཞིན་དུ་སེམས་ཀྱི་ཡང་དེ་དང་འདྲའོ། །བདེ་བ་དང་སྡུག་བསྔལ་བ་དང། སྡུག་བསྔལ་ཡང་མ་ཡིན་བདེ་བ ་ཡང་མ་ཡིན་པ་ཡང་ཟང་ཟིང་དང་བཅས་པའོ། །ཟང་ཟིང་མེད་པ་ཡང་དེ་དང་འདྲའོ། །བདེ་བ་དང་སྡུག་བསྔལ་དང། སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པའི་ཚོར་བ་ཞེན་པ་ལ་བརྟེན་པ་དང། ངེས་པར་འབྱུང་བ་ལ་བརྟེན་པ་ཡང་དེ་དང་འདྲ་སྟེ། ་དེ་དག་ནི་ཚོར་བ་རྣམ་པ་ཉི་ཤུ་རྩ་གཅིག་གམ། རྣམ་པ་དགུར་འགྱུར་རོ། །དེ་ལ་སེམས་གང་ཞེ་ན། འདི་ལྟ་སྟེ། སེམས་འདོད་ཆགས་དང་བཅས་པ་དང། འདོད་ཆགས་དང་བྲལ་བ་དང། ཞེ་སྡང་དང་བཅས་པ་དང། ཞེ་སྡང་དང་བྲལ་བ་དང། གཏི་མུག་དང ་བཅས་པ་དང། གཏི་མུག་དང་བྲལ་བ་དང། ཀུན་ཏུ་བསྡུས་པ་དང། རྣམ་པར་གཡེངས་པ་དང། ཞུམ་པ་དང། རབ་ཏུ་བཟུང་བ་དང། རྒོད་པ་དང། རྒོད་པ་མ་ཡིན་པ་དང། ཉེ་བར་ཞི་བ་དང། ཉེ་བར་ཞི་བ་མ་ཡིན་པ་དང། མཉམ་པར་གཞག་པ་དང། ་མཉམ་པར་གཞག་པ་མ་ཡིན་པ་དང། ལེགས་པར་བསྒོམས་པ་དང། ལེགས་པར་བསྒོམས་པ་མ་ཡིན་པ་དང། སེམས་ཤིན་ཏུ་རྣམ་པར་གྲོལ་བ་དང། སེམས་ཤིན་ཏུ་རྣམ་པར་གྲོལ་བ་མ་ཡིན་པ་སྟེ། དེ་དག་གཅིག་ཏུ་བསྡུས་པ་ནི་སེམས་རྣམ་པ་ཉི ་ཤུ་ཡིན་ནོ། །དེ་ལ་ཆོས་རྣམས་གང་ཞེ་ན། འདི་ལྟ་སྟེ། འདོད་ཆགས་དང། འདོད་ཆགས་འདུལ་བ་དང། ཞེ་སྡང་དང། ཞེ་སྡང་འདུལ་བ་དང། གཏི་མུག་དང། གཏི་མུག་འདུལ་བ་དང། ཀུན་ཏུ་བསྡུས་པ་དང། རྣམ་པར་གཡེང་བ་དང། ཞུམ་པ་དང། ་རབ་ཏུ་འཛིན་པ་དང། རྒོད་པ་དང། རྒོད་པ་མ་ཡིན་པ་དང། ཉེ་བར་ཞི་བ་དང། ཉེ་བར་ཞི་བ་མ་ཡིན་པ་དང། ལེགས་པར་མཉམ་པར་གཞག་པ་དང། ལེགས་པར་མཉམ་པར་གཞག་པ་མ་ཡིན་པ་དང། ལམ་ལེགས་པར་བསྒོམས་པ་དང། ལམ་ལེགས་པར ་བསྒོམས་པ་མ་ཡིན་པ་དང། ཤིན་ཏུ་རྣམ་པར་གྲོལ་བ་དང། ཤིན་ཏུ་རྣམ་པར་གྲོལ་བ་མ་ཡིན་པ་སྟེ། དེ་དག་ནི་ནག་པོ་དང། དཀར་པོའི་ཕྱོགས་རྣམ་པར་གཞག་པ་ཀུན་ནས་ཉོན་མོངས་པ་དང། རྣམ་པར་བྱང་བའི་ཕྱོགས་ཀྱི་ཆོས་ཉི་ཤུ་ཡིན་པར་རིག་པར ་བྱའོ། །དེ་ལ་བདེ་བར་ཚོར་བ་ནི་བདེ་བ་མྱོང་བར་འགྱུར་བའི་རིག་པ་ལ་བརྟེན་ཏེ། སྐྱེས་པའི་ཚོར་བའི་རྣམ་པ་སྟེ། བདེ་བར་ཚོར་བ་གང་ཡིན་པའོ། །དེ་ཡང་རྣམ་པར་ཤེས་པའི་ཚོགས་ལྔ་དང། མཚུངས་པར་ལྡན་པ་གང་ཡིན་པ་དེ་ནི་ལུས་ཀྱིའོ། །ཡིད་ཀྱི་རྣམ ་པར་ཤེས་པ་དང་མཚུངས་པར་ལྡན་པ་གང་ཡིན་པ་དེ་ནི་སེམས་ཀྱིའོ། །བདེ་བ་མྱོང་བར་འགྱུར་བ་ལས་ཇི་ལྟ་བ་བཞིན་དུ། སྡུག་བསྔལ་མྱོང་བར་འགྱུར་བ་དང། སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པ་མྱོང་བར་འགྱུར་བའི་རེག་པ་ལས་བརྟེན་ཏེ། ་སྐྱེས་པའི་ཚོར་བའི་རྣམ་པ་བདེ་བ་ཡང་མ་ཡིན། སྡུག་བསྔལ་ཡང་མ་ཡིན་པའི་ཚོར་བ་ཡང་དེ་དང་འདྲ་སྟེ། དེ་ནི་སྡུག་བསྔལ་བ་དང། སྡུག་བསྔལ་ཡང་མ་ཡིན། བདེ་བ་ཡང་མ་ཡིན་པའི་ཚོར་བ་ཞེས་བྱའོ། །དེ་ཡང་རྣམ་པར་ཤེས་པའི་ཚོགས་ལྔ་དང་མཚུངས ་པར་ལྡན་པ་གང་ཡིན་པ་དེ་ནི་ལུས་ཀྱིའོ། །ཡིད་ཀྱི་རྣམ་པར་ཤེས་པ་དང་མཚུངས་པར་ལྡན་པ་གང་ཡིན་པ་དེ་ནི་སེམས་ཀྱིའོ། མྱ་ངན་ལས་འདས་པ་དང་མཐུན་པ་ངེས་པར་འབྱེད་པ་ལས་བྱུང་བ། ཤིན་ཏུ་མཐར་ཐུག་པ་དང་ཤིན་ཏུ་དྲི་མ་མེད་པ་དང། ་ཤིན་ཏུ་ཚངས་པར་སྤྱོད་པ་ལ་གནས་པའི་ཕྱིར་འཇུག་པར་འགྱུར་བ་གང་ཡིན་པ་དེ་ནི་ཟང་ཟིང་མེད་པ་ཡིན་ནོ། །ཁམས་སུ་གཏོགས་པ་གང་ཡིན་པ་དེ་ནི་ཟང་ཟིང་དང་བཅས་པ་ཡིན་ནོ། །གཟུགས་དང། གཟུགས་མེད་པ་དང་ལྡན་པ་དང། འདོད་ཆགས་དང་བྲལ་བ་དང་རྗེས ་སུ་མཐུན་པ་གང་ཡིན་པ་དེ་ནི་ངེས་པར་འབྱུང་བ་ལ་བརྟེན་པ་ཡིན་ནོ། །འདོད་པ་དང་ལྡན་པ་དང། འདོད་ཆགས་དང་བྲལ་བ་དང། རྗེས་སུ་མི་མཐུན་པ་གང་ཡིན་པ་དེ་ནི་ཞེན་པ་ལ་བརྟེན་པ་ཡིན་ནོ། །དེ་ལ་སེམས་འདོད་ཆགས་དང་བཅས་ཆགས ་པར་འགྱུར་བའི་དངོས་པོ་ལ་འདོད་ཆགས་ཀྱིས་ཀུན་ནས་དཀྲིས་པ་གང་ཡིན་པའོ། །འདོད་ཆགས་དང་བྲལ་བ་ནི་འདོད་ཆགས་ཀྱིས་ཀུན་ནས་དཀྲིས་པ་དང་བྲལ་བ་གང་ཡིན་པའོ། །ཞེ་སྡང་དང་བཅས་པ་ནི་ཞེ་སྡང་བར་འགྱུར་བའི་དངོས་པོ་ལ་ཞེ་སྡང་གིས་ཀུན་ནས ་དཀྲིས་པའི་གང་ཡིན་པའོ། །ཞེ་སྡང་དང་བྲལ་བ་ནི་ཞེ་སྡང་གིས་ཀུན་ནས་དཀྲིས་པ་དང་བྲལ་བ་གང་ཡིན་པའོ། །དེ་ལ་གཏི་མུག་དང་བཅས་པ་ནི་རྨོངས་པར་འགྱུར་བའི་དངོས་པོ་ལ་གཏི་མུག་གིས་ཀུན་ནས་དཀྲིས་པ་གང་ཡིན་པའོ། །གཏི་མུག་དང་བྲལ་བ ་ནི་གཏི་མུག་གི་ཀུན་ནས་དཀྲིས་པ་དང་བྲལ་བ་གང་ཡིན་པའོ། །སེམས་དྲུག་པོ་དེ་དག་ནི་རྒྱུ་བ་དང་ལྡན་པ་དག་ཡིན་པར་རིག་པར་བྱ་སྟེ། དེ་ལ་གསུམ་ནི་ཀུན་ནས་ཉོན་མོངས་པའི་ཕྱོགས་ཡིན་ནོ། །གསུམ་ནི་ཀུན་ནས་ཉོན་མོངས་པའི་གཉེན་པོའི་ཕྱོགས ་ཡིན་ནོ། །དེ་ལ་སེམས་ཀུན་ཏུ་བསྡུས་པ་ནི་ཞི་གནས་ཀྱི་རྣམ་པས་ནང་གི་དམིགས་པ་ལ་ཉེ་བར་གཏོད་པ་གང་ཡིན་པའོ། །རྣམ་པར་གཡེངས་པ་ནི་ཕྱི་རོལ་གྱི་འདོད་པའི་ཡོན་ཏན་ལྔ་པོ་དག་གི་རྗེས་སུ་ཞུགས་པ་གང་ཡིན་པའོ། །དེ་ལ་སེམས་ཞུམ་པ་ནི ་རྨུགས་པ་དང་གཉིད་དང་ལྡན་པ་གང་ཡིན་པའོ། །རབ་ཏུ་བཟུང་བ་ནི་དད་པར་འགྱུར་བའི་དམིགས་པས་ཡང་དག་པར་རབ་ཏུ་དགའ་བར་བྱས་པ་གང་ཡིན་པའོ། །སེམས་རྒོད་པ་ནི་ཧ་ཅང་ཡང་དག་པར་བཟུང་བའི་ཕྱིར་རྒོད་པས་ཀུན་ནས་དཀྲིས་པ་གང་ཡིན་པའོ།། ་སེམས་རྒོད་པ་མ་ཡིན་པ་ནི་རབ་ཏུ་འཛིན་པའི་དུས་དང། ཀུན་ཏུ་སྡུད་པའི་དུས་ལ་བཏང་སྙོམས་སུ་འགྱུར་བ་གང་ཡིན་པའོ། །དེ་ལ་སེམས་ཉེ་བར་ཞི་བ་ནི་སྒྲིབ་པ་དག་ལས་རྣམ་པར་གྲོལ་བ་གང་ཡིན་པའོ། །ཉེ་བར་ཞི་བ་མ་ཡིན་པ་ནི་རྣམ་པར་གྲོལ་བ ་གང་ཡིན་པའོ། །དེ་ལ་སེམས་མཉམ་པར་གཞག་པ་ནི་སྒྲིབ་པ་དག་ལས་རྣམ་པར་གྲོལ་བའི་ཕྱིར་བསམ་གཏན་གྱི་དངོས་གཞི་ལ་ཞུགས་པ་གང་ཡིན་པའོ། །མཉམ་པར་གཞག་པ་མ་ཡིན་པ་ནི་མ་ཞུགས་པ་གང་ཡིན་པའོ། །དེ་ལ་སེམས་ལེགས་པར་བསྒོམས་བ་ནི ་ཡུན་རིང་པོ་ནས་ཏིང་ངེ་འཛིན་དེ་ཉིད་ལ་ཡོངས་སུ་སྦྱར་བ་བྱས་པའི་ཕྱིར་མྱུར་དུ་སྙོམས་པར་འཇུག་པ་ཅི་འདོད་པ་བཞིན་ཐོབ་པ་དང། དཀའ་བ་མེད་པར་ཐོབ་པ་དང། ཚོགས་མེད་པར་ཐོབ་པ་གང་ཡིན་པའོ། །དེ་ལ་སེམས་ལེགས་པར་བསྒོམས་པ་མ་ཡིན་པ་ནི་དེ ་ལ་བཟློག་པ་ཡིན་པར་རིག་པར་བྱའོ། །དེ་ལ་སེམས་ཤིན་ཏུ་རྣམ་པར་གྲོལ་བ་ནི་ཐམས་ཅད་གཏན་དུ་རྣམ་པར་གྲོལ་བ་གང་ཡིན་པའོ། །སེམས་ཤིན་ཏུ་རྣམ་པར་གྲོལ་བ་མ་ཡིན་པ་ནི་ཐམས་ཅད་དང་གཏན་དུ་རྣམ་པར་གྲོལ་བ་མ་ཡིན་པ་གང་ཡིན་པ་སྟེ། སེམས ་བཅུ་བཞི་པོ་དེ་དག་ནི་སྤྱོད་པར་རྟོགས་པ་ཡིན་པར་རིག་པར་བྱའོ། །དེ་ལ་སྒྲིབ་པ་རྣམ་པར་དག་པའི་ས་ལས་བརྩམས་པའི་སྤྱོད་པར་གཏོགས་པའི་སེམས་ནི་བརྒྱད་དེ། ཀུན་ཏུ་བསྡུས་པ་དང། རྣམ་པར་གཡེངས་པ་དང། ཉེ་བར་ཞི་བ་དང། ཉེ་བར་ཞི་བ་མ་ཡིན་པའི་བར ་དག་གོ་།ཉོན་མོངས་པ་རྣམ་པར་དག་པ་ལས་བརྩམས་པའི་སྤྱོད་པར་གཏོགས་པའི་སེམས་ནི་དྲུག་སྟེ། ཤིན་ཏུ་རྣམ་པར་གྲོལ་བ་སྟེ། ཤིན་ཏུ་རྣམ་པར་གྲོལ་བ་མ་ཡིན་པའི་བར་དག་གོ་།ནང་ན་སྒྲིབ་པ་ཡོད་པ་ན་ཡང་བདག་ལ་སྒྲིབ་པ་ཡོད་དོ་ཞེས་རབ་ཏུ་ཤེས་པ་དང། ་སྒྲིབ་པ་མེད་ན་ཡང་བདག་ལ་སྒྲིབ་པ་མེད་དོ་ཞེས་རབ་ཏུ་ཤེས་པ་དང། སྒྲིབ་པ་མ་སྐྱེས་པ་ཇི་ལྟར་སྐྱེ་བར་འགྱུར་བ་དེ་ཡང་རབ་ཏུ་ཤེས་པ་དང། སྐྱེས་པ་དང་ཇི་ལྟར་འབྲལ་བར་འགྱུར་བ་དེ་ཡང་རབ་ཏུ་ཤེས་པར་འགྱུར་བ་གང་ཡིན་པ་དང། དེ་ལ་མིག་གི་ཀུན་ཏུ ་སྦྱོར་བ་དང། ཡིད་ཀྱི་བར་གྱི་ཀུན་ཏུ་སྦྱོར་བ་ཡོད་ན་ཡང་བདག་ལ་ཡིད་ཀྱི་བར་གྱི་ཀུན་ཏུ་སྦྱོར་བ་ཡོད་དོ་ཞེས་རབ་ཏུ་ཤེས་པ་དང། ཡིད་ཀྱི་བར་གྱི་ཀུན་ཏུ་སྦྱོར་བ་མེད་ན་ཡང་བདག་ལ་ཡིད་ཀྱི་བར་གྱི་ཀུན་ཏུ་སྦྱོར་བ་མེད་དོ་ཞེས་རབ་ཏུ་ཤེས་པ་དང། དེའི་ཡིད་གྱི་བར་གྱི་ཀུན་ཏུ ་སྦྱོར་བ་མ་སྐྱེས་པ་ཇི་ལྟར་སྐྱེ་བར་འགྱུར་བ་དེ་ཡང་རབ་ཏུ་ཤེས་པ་དང། སྐྱེས་པ་ཇི་ལྟར་འགག་པར་འགྱུར་བ་དེ་ཡང་རབ་ཏུ་ཤེས་པ་གང་ཡིན་པ་དང། ནང?་ན་དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ཡོད་ན་ཡང་བདག་ལ་དྲན་པ་ཡང་དག་བྱང་ཆུབ་ཀྱི ་ཡན་ལག་ཡོད་དོ་ཞེས་རབ་ཏུ་ཤེས་པ་དང། མེད་ན་ཡང་དག་ལ་མེད་དོ་ཞེས་རབ་ཏུ་ཤེས་པ་དང། དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་མ་སྐྱེས་པ་ཇི་ལྟར་སྐྱེ་བར་འགྱུར་པ་དེ། ཡང་རབ་ཏུ་ཤེས་པ་དང། སྐྱེས་པ་ཇི་ལྟར་གནས་པ་དང། མི་བརྗེད་པ་དང། བསྒོམས ་པ་ཡོངས་སུ་རྫོགས་པ་དང། ཕྱིར་ཞིང་འབྱུང་བ་དང། འཕེལ་བ་དང་རྒྱས་པར་འགྱུར་བ་དེ་ཡང་རབ་ཏུ་ཤེས་པ་དང། དྲན་པ་ཡང་དག་བྱང་ཆུབ་ཡན་ལག་ཇི་ལྟ་བ་བཞིན་དུ་ཆེས་རྣམ་པར་འབྱེད་པ་དང། བརྩོན་འགྲུས་དང། དགའ་བ་དང། ཤིན་ཏུ་སྦྱངས་པ ་དང། ཏིང་ངེ་འཛིན་དང། བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ཀྱང་དེ་དང་འདྲ་བར་རིག་པར་བྱ་སྟེ། དེ་ལྟར་ངོ་བོ་ཉིད་དང། གཞི་དང། ཉེས་དམིགས་དང། གཉེན་པོའི་རྣམ་པ་དག་གིས་ཀུན་ནས་ཉོན་མོངས་པའི་ཆོས་ཡོངས་སུ་ཤེས་པ་གང་ཡིན་པ་དེ་ནི ་ཆོས་དྲན་པ་ཉེ་བར་གཞག་པའི་ལུས་ཡིན་ནོ། །ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་དྲན་པ་ཉེ་བར་གཞག་པ་ཇི་སྐད་བསྟན་པ་དེ་བཞིན་དུ། ཚོར་བ་དང། སེམས་དང། ཆོས་རྣམས་ལ་ཡང་ཅི་རིགས་སུ་རིག་པར་བྱའོ། །དེ་ལ་ཇི་ལྟར་ན་ནང་གི་ལུས་ལ་ལུས་ཀྱི་རྗེས ་སུ་ལྟ་ཞིང་གནས་པ་ཡིན། ཇི་ལྟར་ན་ཕྱི་རོལ་གྱི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་པ་ཡིན། ཇི་ལྟར་ན་ནང་དང་ཕྱི་རོལ་གྱི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་པ་ཡིན་ཞེ་ན། གང་གི་ཚེ་སེམས་ཅན་དུ་བགྲང་བ་ནང་གི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང ་གནས་པ་དེ་ནི་ནང་གི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་པ་ཡིན་ནོ། །གང་གི་ཚེ་སེམས་ཅན་དུ་བགྲང་པ་མ་ཡིན་པའི་ཕྱི་རོལ་གྱི་གཟུགས་ལ་དམིགས་པར་བྱེད་པ་དེ་ནི་ཕྱི་རོལ་གྱི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་པ་ཡིན་ནོ། །གང་གི་ཚེ་སེམས་ཅན་དུ་བགྲང ་བའི་ཕྱི་རོལ་གཞན་གྱི་གཟུགས་ལ་དམིགས་པར་བྱེད་པ་དེ་ནི་ནང་དང་ཕྱི་རོལ་གྱི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་པ་ཡིན་ནོ། །དེ་ལ་སེམས་ཅན་དུ་བགྲང་བ་རང་གི་ནང་གི་གཟུགས་ལ་བརྟེན་ཏེ་སྐྱེས་པ་ཚོར་བ་དང། སེམས་དང་ཆོས་གང་དག་ཡིན་པ་དེ་དག་ལ་དམིགས་པར་བྱེད ་པ་ནི་ཕྱི་རོལ་གྱི་ཚོར་བ་དང་སེམས་དང་ཆོས་རྣམས་ལ་ཆོས་ཀྱི་རྗེས་སུ་ལྟ་ཞིང་གནས་པ་ཡིན་ནོ། །སེམས་ཅན་དུ་བགྲང་བ་མ་ཡིན་པ་ཕྱི་རོལ་གྱི་གཟུགས་ལས་བརྟེན་ཏེ། སྐྱེས་པའི་ཚོར་བ་དང། སེམས་དང་ཆོས་གང་དག་ཡིན་པ་དེ་དག་ལ་དམིགས་པར་བྱེད་པ ་ནི་ཕྱི་རོལ་གྱི་ཚོར་བ་དང་སེམས་དང། ཆོས་རྣམས་ལ་ཆོས་ཀྱི་རྗེས་སུ་ལྟ་ཞིང་གནས་པ་ཡིན་ནོ། །སེམས་ཅན་དུ་བགྲང་བའི་ཕྱི་རོལ་གྱི་གཞན་གྱི་གཟུགས་ལས་བརྟེན་ཏེ་སྐྱེས་པའི་ཚོར་བ་དང་སེམས་དང་ཆོས་གང་དག་ཡིན་པ་དེ་དག་ལ་དམིགས་པར་བྱེད་པ་ནི ་ནང་དང་ཕྱི་རོལ་གྱི་ཚོར་བ་དང་ཆོས་རྣམས་ལ་ཆོས་ཀྱི་རྗེས་སུ་ལྟ་ཞིང་གནས་པ་ཡིན་ནོ། །རྣམ་གྲངས་གཞན་ཡང་དབང་པོས་ཟིན་པའི་གཟུགས་ལ་དམིགས་པར་བྱེད་པ་ནི་ནང་གི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་པ་ཡིན་ནོ། །དབང་པོས་མ་ཟིན་པ་ཟིན་པ་མ་ཡིན ་ཞིང་མ་ཟིན་པའི་གཟུགས་ལ་དམིགས་པར་བྱེད་པ་ནི་ཕྱི་རོལ་གྱི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་པ་ཡིན་ནོ། །དབང་པོས་མ་ཟིན་པ་ཁོ་ན་ཡིན་ལ། ཟིན་ཅིང་ཟིན་པར་གྱུར་པའི་ནང་གི་གཟུགས་ལ་དམིགས་པར་བྱེད་པ་ནི་ནང་དང་ཕྱི་རོལ་གྱི་ལུས་ལ་ལུས ་ཀྱི་རྗེས་སུ་ལྟ་ཞིང་གནས་པ་ཡིན་ནོ། །དེ་བཞིན་དུ་གཟུགས་གསུམ་པོ་དེ་དག་ལ་བརྟེན་ཏེ་སྐྱེས་པའི་ཚོར་བ་དང་སེམས་དང་ཆོས་གང་དག་ཡིན་པ་དེ་དག་ལ་ཅི་རིགས་པར་དམིགས་པར་བྱེད་པ་ནི་དེ་ལྟར་རྗེས་སུ་ལྟ་ཞིང་གནས་པ་ཡིན་ནོ། །ཞེས་སྔ་མ་བཞིན་དུ་རིག་པར་བྱའོ།། ་རྣམ་གྲངས་གཞན་ཡང་མཉམ་པར་གཞག་པའི་སའི་གཟུགས་ཤིན་ཏུ་སྦྱངས་པ་དང་ལྡན་པ་ལ་དམིགས་པར་བྱེད་པ་གང་ཡིན་པ་དེ་ནི་ནང་གི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་པ་ཡིན་ནོ། །ནང་གི་རང་ཁོ་ནའི་གཟུགས་མཉམ་པར་གཞག་པའི་ས་པ་མ་ཡིན་ ་པ་གནས་ངན་ལེན་དང་ལྡན་པ་ལ་དམིགས་པར་བྱེད་པ་གང་ཡིན་པ་དེ་ནི་ཕྱི་རོལ་གྱི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་པ་ཡིན་ནོ། །གཞན་གྱི་གཟུགས་ཤིན་ཏུ་སྦྱངས་པ་དང་ལྡན་པ་དང། གནས་ངན་ལེན་དང་ལྡན་པ་ལ་དམིགས་པར་བྱེད་པ ་གང་ཡིན་པ་དེ་ནི་ནང་དང་ཕྱི་རོལ་གྱི་ལུས་ལ་ལུས་ཀྱི་རྗེས་སུ་གནས་པ་ཡིན་ནོ། །དེ་བཞིན་དུ་དེ་དག་ལ་བརྟེན་ཏེ་སྐྱེས་པའི་ཚོར་བ་དང། སེམས་དང་ཆོས་གང་དག་ཡིན་པ་དེ་དག་ལ་ཅི་རིགས་པར་རིག་པར་བྱའོ། །རྣམ་གྲངས་གཞན་ཡང་ནང་གི་འབྱུང་བའི་གཟུགས ་ལ་དམིགས་པར་བྱེད་པ་ནི་ནང་གི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་པ་ཡིན་ནོ། །ཕྱི་རོལ་གྱི་འབྱུང་བའི་གཟུགས་ལ་དམིགས་པར་བྱེད་པ་ནི་ཕྱི་རོལ་གྱི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་པ་ཡིན་ནོ། །འབྱུང་བའི་གཟུགས་དེ་ལ་བརྟེན་ནས་དབང་པོ་དང ་ཡུལ་དུ་བསྡུས་པ་རྒྱུར་བྱས་པའི་གཟུགས་སྐྱེས་པ་གང་ཡིན་པ་དེ་ལ་དམིགས་པར་བྱེད་པ་ནི་ནང་དང་ཕྱི་རོལ་གྱི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་པ་ཡིན་ནོ། །དེ་བཞིན་དུ་དེ་དག་ལས་བརྟེན་ཏེ་སྐྱེས་པའི་ཚོར་བ་དང་སེམས་དང་ཆོས་གང་དག་ཡིན་པ་དེ་དག་ལ ་ཡང་ཅི་རིགས་པར་རིག་པར་བྱའོ། །རྣམ་གྲངས་གཞན་ཡང། གང་གི་ཚེ་ནང་གི་རྣམ་པར་ཤེས་པ་དང་བཅས་པའི་ལུས་ལ་དམིགས་པར་བྱེད་པ་དེ་ནི་ནང་གི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་པ་ཡིན་ནོ། །སེམས་ཅན་དུ་བགྲང་བའི་གཟུགས་རྣམ་པར ་ཤེས་པ་མེད་པ་རྣམ་པར་སྔོས་པ་ལ་སོགས་པའི་གནས་སྐབས་སུ་གྱུར་པ་ལ་དམིགས་པར་བྱེད་པ་དེ་ནི་ཕྱི་རོལ་གྱི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་པ་ཡིན་ནོ། །རྣམ་པར་ཤེས་པ་མེད་པའི་གཟུགས་འདས་པའི་དུས་ན་རྣམ་པར་ཤེས་པ་དང་བཅས་པ ་དང། རྣམ་པར་ཤེས་པ་དང་བཅས་པའི་གཟུགས་མ་འོངས་པའི་དུས་ན་རྣམ་པར་ཤེས་པ་མེད་པར་འགྱུར་བར་ཆོས་མཚུངས་པ་ཉིད་དང། ཆོས་མཉམ་པ་ཉིད་ལ་དམིགས་པར་བྱེད་པ་དེ་ནི་ནང་དང་ཕྱི་རོལ་གྱི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་པ ་ཡིན་ནོ། །དེ་བཞིན་དུ་དེ་དག་ལ་བརྟེན་ཏེ་སྐྱེས་པའི་ཚོར་བ་དང་སེམས་དང་ཆོས་གང་དག་ཡིན་པ་དེ་དག་ལ་ཡང་ཅི་རིགས་སུ་རིག་པར་བྱའོ། །རྣམ་གྲངས་གཞན་ཡང་བདག་ཉིད་ཀྱི་ནང་གི་ལུས་ལ་སྐྲ་དང་སྤུ་དང་སྲིན་མོ་ལ་སོགས་པའི་རྣམ་པ་དག་གིས་དམིགས་པར་བྱེད ་པ་ནི་ནང་གི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་པ་ཡིན་ནོ། །གཞན་དག་གི་ནང་གི་ལུས་ལ་སྐྲ་དང་སྤུ་དང་སེན་མོ་ལ་སོགས་པའི་རྣམ་པར་དག་གིས་དམིགས་པར་བྱེད་པ་ནི་ཕྱི་རོལ་གྱི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་སོ། །བདག་ཉིད་ཀྱི་ཕྱི་རོལ་གྱི ་ལུས་རྣམ་པར་བསྔོས་པ་ལ་སོགས་པའི་རྣམ་པ་དག་གིས་མ་ཉམས་པ་དང། གཞན་གྱི་ལུས་རྣམ་པར་བསྔོས་པ་ལ་སོགས་པའི་རྣམ་པ་དག་གིས་ཉམས་ཀྱང་རུང། མ་ཉམས་ཀྱང་རུང་བ་ལ་ཆོས་ཉིད་མཚུངས་པས་དམིགས་པར་བྱེད་པ་དེ་ནི་ནང་དང་ཕྱི་རོལ ་གྱི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་པ་ཡིན་ནོ། །དེ་དག་ལས་བརྟེན་ཏེ་སྐྱེས་པའི་ཚོར་བ་དང་སེམས་དང་ཆོས་གང་དག་ཡིན་པ་དེ་དག་ལ་ཡང་ཅི་རིགས་པར་རིག་པར་བྱའོ། །ལུས་དང། ཚོར་བ་དང། སེམས་དང། ཆོས་ཀྱི་རབ་ཏུ་དབྱེ་བས་དེ་ལྟ་བུ་དང་མཐུན ་པའི་རྣམ་གྲངས་མང་པོ་དག་ཀྱང་ཡོད་པར་རིག་པར་བྱ་སྟེ། རྣམ་གྲངས་ཉུང་ཤས་ཤིག་ཡང་དག་པར་བསྟན་པ་ནི་དེ་དག་ཡིན་ནོ། །དེ་ལ་བཅོམ་ལྡན་འདས་ཀྱིས་དྲན་པ་ཉེ་བར་གཞག་པ་བཞི་ནི་ཕྱིན་ཅི་ལོག་བཞིའི་གཉེན་པོར་རྣམ་པར་གཞག་པ་ཡིན་ནོ། །དེ་ལ ་ལུས་དྲན་པ་ཉེ་བར་གཞག་པ་ནི་མི་གཙང་བ་ལ་གཙང་བར་ཕྱིན་ཅི་ལོག་པའི་གཉེན་པོར་རྣམ་པར་གཞག་པ་ཡིན་ཏེ། འདི་ལྟར་བཅོམ་ལྡན་འདས་ཀྱིས་ལུས་དྲན་པ་ཉེ་བར་གཞག་པ་བསྒོམ་པ་ལ་མི་སྡུག་པ་དང། ལྡང་བའི་དུར་ཁྲོད་རྣམ་པ་བཞི་པ། བསྟན ་པས་དེས་དེ་དག་ལན་མང་དུ་ཡིད་ལ་བྱེད་པ་ན་མི་གཙང་བ་ལ་གཙང་བར་ཕྱིན་ཅི་ལོག་པ་གང་ཡིན་པ་དེ་སྤོང་བར་འགྱུར་བའི་ཕྱིར་རོ། །དེ་ལ་ཚོར་བ་དྲན་པ་ཉེ་བར་གཞག་པ་ནི་སྡུག་བསྔལ་ལ་བདེ་བར་ཕྱིན་ཅི་ལོག་པའི་གཉེན་པོར་རྣམ་པར་གཞག་པ་ཡིན་ཏེ། འདི ་ལྟར་ཚོར་བ་དག་ལ་ཚོར་བའི་རྗེས་སུ་ལྟ་ཞིང་གནས་པ་ནི་གང་ཅུང་ཟད་ཅི་ཆེར་ཡང་རུང་སྟེ། དེ་དག་ལ་དེ་ལ་སྡུག་བསྔལ་བ་ཡིན་ནོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པས་ན་དེའི་ཕྱིར་དེའི་སྡུག་བསྔལ་ལ་བདེ་བར་ཕྱིན་ཅི་ལོག་པ་གང ་ཡིན་པ་དེ་སྤོང་བར་འགྱུར་བའི་ཕྱིར་རོ། །དེ་ལ་སེམས་དྲན་པ་ཉེ་བར་གཞག་པ་ནི་མི་རྟག་པ་ལ་རྟག་པར་ཕྱིན་ཅི་ལོག་པའི་གཉེན་པོར་རྣམ་པར་གཞག་པ་ཡིན་ཏེ། འདི་ལྟར་དེའི་སེམས་འདོད་ཆགས་དང་བཅས་པ་ལ་སོགས་པའི་རབ་ཏུ་དབྱེ་བས་ཉིན་མོ་དང་མཚན ་མོ་དང་སྐད་ཅིག་དང་ཐང་ཅིག་པ་དང། ཡུད་ཙམ་དེ་དང་དེ་དག་འདས་པར་གྱུར་པའི་ཕྱིར་སེམས་རྣམ་པ་དུ་མ་རྣམ་པ་མང་པོ་སྣ་ཚོགས་མཐོང་ནས་མི་རྟག་པ་ལ་རྟག་པར་ཕྱིན་ཅི་ལོག་པ་གང་ཡིན་པ་དེ་སྤོང་བར་འགྱུར་བའི་ཕྱིར་རོ། །དེ་ལ་ཆོས་དྲན་པ་ཉེ ་བར་གཞག་པ་ནི་བདག་མེད་པ་ལ་བདག་ཏུ་ཕྱིན་ཅི་ལོག་པའི་གཉེན་པོར་རྣམ་པར་གཞག་པ་ཡིན། འདི་ལྟར་དེ་ལ་བདག་ཏུ་ལྟ་བ་ལ་སོགས་པའི་ཉོན་མོངས་པ་གང་ངག་ཡིན་པ་རྣམས་ནི་ཡོད་ལ། བདག་མེད་པར་ལྟ་བ་ལ་སོགས་པ་དགེ་བའི་ཆོས་དེ་དག་ནི་མེད ་པའི་ཕྱིར། ཕུང་པོ་རྣམས་ལ་བདག་ཏུ་ལྟ་བར་འགྱུར་བས་དེས་དེ་དག་རང་གི་མཚན་ཉིད་དང་སྤྱིའི་མཚན་ཉིད་ཀྱི་སྒོ་ནས་ཆོས་ཀྱི་རྗེས་སུ་བལྟས་ཤིང། ཡང་དག་པ་ཇི་ལྟ་བ་བཞིན་དུ་མཐོང་ན་བདག་མེད་པ་ལ་བདག་ཏུ་ཕྱིན་ཅི་ལོག་པ་གང་ཡིན་པ་དེ་སྤོང་བར ་འགྱུར་བའི་ཕྱིར་རོ། །རྣམ་གྲངས་གཞན་ཡང་འཇིག་རྟེན་ནི་ཕལ་ཆེར་འདི་ལྟར་ཞུགས་པ་ཡིན་ཏེ། ཕུང་པོ་རྣམས་ལ་ཕུང་པོ་ཙམ་དང་ཆོས་ཙམ་དུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མི་ཤེས་པས་འདི་ལྟར་བདག་ནི་ལུས་ལ་བརྟེན་པ་ཡིན་ཏེ། དེ་ལ་བརྟེན ་ནས་བདེ་བ་དང་སྡུག་བསྔལ་མྱོང་བར་འགྱུར་ལ། བདེ་བ་དང་སྡུག་བསྔལ་མྱོང་བ་ན་ཆོས་དང་ཆོས་མ་ཡིན་པ་དག་གིས་ཀུན་ནས་ཉོན་མོངས་པ་དང། རྣམ་པར་བྱང་བར་འགྱུར་རོ་ཞེས་དེ་ལྟར་ཞུགས་པ་ཡིན་པས། དེ་ལ་བདག་ཉིད་ཀྱི་ལུས་ཀྱི་དངོས་པོ་ལ་ཀུན ་ནས་རྨོངས་པ་བསལ་བར་བྱ་བའི་ཕྱིར་ནི་ལུས་དྲན་པ་ཉེ་བར་གཞག་པ་རྣམ་པར་གཞག་གོ་།བདག་དེ་ཉིད་ཀྱིས་མྱོང་བའི་དངོས་པོ་ལ་ཀུན་ཏུ་རྨོངས་པ་བསལ་བར་བྱ་བའི་ཕྱིར་ནི་ཚོར་བ་དྲན་པ་ཉེ་བར་གཞག་པ་རྣམ་པར་གཞག་གོ་།དེ་དག་སེམས་དང་ཡིད་དང། རྣམ་པར་ཤེས ་པ་གང་ཁོ་ན་ལ་བདག་ཏུ་འཛིན་པས་ཀུན་ཏུ་རྨོངས་པར་གྱུར་པའི་བདག་གི་གཞི་ལ་ཀུན་ཏུ་རྨོངས་པ་བསལ་བར་བྱ་བའི་ཕྱིར་ནི་སེམས་དྲན་པ་ཉེ་བར་གཞག་པ་རྣམ་པར་གཞག་གོ་།སེམས་དེ་ཁོ་ནའི་ཀུན་ནས་ཉོན་མོངས་པ་དང། རྣམ་པར་བྱང་བའི་དངོས་པོ་ལ་ཀུན་ཏུ་རྨོངས་པ ་བསལ་བར་བྱ་བའི་ཕྱིར་ནི། ཆོས་དྲན་པ་ཉེ་བར་གཞག་པ་རྣམ་པར་གཞག་གོ་།རྣམ་གྲངས་གཞན་ཡང། གང་ལ་ལས་བྱེད་པ་དང། གང་གི་དོན་དུ་བྱེད་པ་དང། གང་ཞིག་ལས་བྱེད་པ་དང། གང་གིས་བྱེད་པ་དེ་དག་ཐམས་ཅད་གཅིག་ཏུ་བསྡུས་ནས་དྲན་པ་ཉེ་བར་གཞག་པ ་བཞི་རྣམ་པར་གཞག་པ་ཡིན་ཏེ། དེ་ལ་གང་ལ་ལས་བྱེད་ཅེ་ན་ལུས་ལ་བྱེད་དོ། །གང་གི་དོན་དུ་བྱེད་ཅེ་ན་ཚོར་བའི་དོན་དུ་བྱེད་དོ། །གང་ཞིག་ལས་བྱེད་ཅེ་ན། སེམས་ཀྱིས་བྱེད་དོ། །གང་གིས་བྱེད་ཅེ་ན། དགེ་བ་དང་མི་དགེ་བའི་ཆོས་རྣམས་ཀྱིས་བྱེད་དོ། །རྣམ ་གྲངས་གཞན་ཡང་གང་ལ་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བར་འགྱུར་བ་དང། གང་ལས་དང། གང་ཞིག་དང། གང་གིས་ཀུན་ནས་ཉོན་མོངས་པ་དང། རྣམ་པར་བྱང་བར་འགྱུར་བ་དེ་དག་ཐམས་ཅད་གཅིག་ཏུ་བསྡུས་ནས་དྲན་པ་ཉེ་བར་གཞག་པ་བཞི་རྣམ ་པར་གཞག་པ་ཡིན་ཏེ། དེ་ལ་གང་ལ་ཞེ་ན། ལུས་ལ་ཀུན་ནས་ཉོན་མོངས་པ་དང། རྣམ་པར་བྱང་བར་འགྱུར་རོ། །གང་ལས་ཤེས། ཚོར་བ་དག་ལས་སོ། །གང་ཞིག་ཅེ་ན། སེམས་ཀྱིས་སོ། །གང་གིས་ཤེ་ན། ཆོས་རྣམས་ཀྱི་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང ་པར་འགྱུར་རོ། །དེ་ལ་དྲན་པ་ཉེ་བར་གཞག་པ་ཞེས་བྱ་བའི་དོན་གང་ཞེ་ན། སྨྲས་པ། གང་ལ་དྲན་པ་ཉེ་བར་འཇོག་པར་བྱེད་པ་དང། གང་གིས་དྲན་པ་ཉེ་བར་འཇོག་པར་བྱེད་པ་དེ་ནི་དྲན་པ་ཉེ་བར་གཞག་པ་ཞེས་བྱའོ། །དེ་ལ་གང་ལ་དྲན་པ་ཉེ་བར་འཇོག་པར་བྱེད་ཅེ་ན། དེ་ནི ་དམིགས་པ་ལ་དྲན་པ་ཉེ་བར་གཞག་པ་ཡིན་ནོ། །གང་གིས་དྲན་པ་ཉེ་བར་འཇོག་པར་བྱེད་ཅེ་ན། དེ་ལ་ཤེས་རབ་དང་ཏིང་ངེ་འཛིན་ཡང་དག་པར་སྡུད་པར་བྱེད་པའི་དྲན་པ་གང་ཡིན་པ་སྟེ། དེ་ནི་ངོ་བོ་ཉིད་ཀྱི་དྲན་པ་ཉེ་བར་གཞག་པ་ཡིན་ནོ།། ་དེ་ལས་གཞན་པ་དེ་དག་དང་མཚུངས་པར་ལྡན་པའི་སེམས་དང། སེམས་ལས་བྱུང་བའི་ཆོས་རྣམས་ནི་མཚུངས་པར་ལྡན་པས་དྲན་པ་ཉེ་བར་གཞག་པ་ཡིན་ནོ། །གཞན་ཡང་ལུས་དང། ཚོར་བ་དང། སེམས་དང། ཆོས་རྣམས་ཀྱི་དབང་གིས་དགེ་བ ་ཟག་པ་དང་བཅས་པ་དང། ཟག་པ་མེད་པའི་ལམ་ཡང་དག་པར་སྐྱེས་པ་གང་ཡིན་པ་དེ་ནི་དྲན་པ་ཉེ་བར་གཞག་པ་ཡིན་ཏེ། དེ་ཡང་ཐོས་པ་ལས་བྱུང་བ་དང། བསམས་པ་ལས་བྱུང་བ་དང། བསྒོམས་པ་ལས་བྱུང་བ་ཡིན་ནོ། །དེ་ལ་ཐོས་པ་དང་བསམས ་པ་ལས་བྱུང་བ་ནི་ཟག་པ་དང་བཅས་པ་ཁོ་ན་ཡིན་ནོ། །བསྒོམ་པ་ལས་བྱུང་བ་ནི་ཟག་པ་དང་བཅས་པ་ཡང་ཡོད། ཟག་པ་མེད་པ་ཡང་ཡོད་དོ། །དེ་དེ་ལྟར་དྲན་པ་ཉེ་བར་གཞག་པ་བཞི་པོ་དག་ལ་ཡོངས་སུ་སྦྱང་བ་བྱས་ཤིང་ཕྱིན་ཅི་ལོག་རགས་པ་རགས་པ་དག ་བསལ་ཏེ། དགེ་བ་དག་མི་དགེ་བའི་ཆོས་རྣམས་མངོན་པར་ཤེས་པ་ནི་དེའི་འོག་ཏུ་སྡིག་པ་མི་དགེ་བའི་ཆོས་མ་སྐྱེས་པ་རྣམས་མི་བསྐྱེད་པ་དང། སྐྱེས་པ་རྣམས་སྤང་བ་ནས། དགེ་བའི་ཆོས་མ་སྐྱེས་པ་རྣམས་བསྐྱེད་པ་དང་སྐྱེས་པ་རྣམས་གནས་པ་དང། མི ་བརྗེད་པ་དང། བསྒོམ་པ་ཡོངས་སུ་རྫོགས་པ་དང། ཕྱིར་ཞིང་འབྱུང་བ་དང། འཕེལ་བ་དང། རྒྱས་པར་བྱ་བའི་ཕྱིར་འདུན་པ་བསྐྱེད་པར་བྱེད། འབད་པར་བྱེད་བརྩོན་འགྲུས་རྩོམ་པར་བྱེད་ཅིང། སེམས་རབ་ཏུ་འཛིན་པར་བྱེད། རབ་ཏུ་འཇོག་པར་བྱེད་པའི་བར ་དུ་རྒྱས་པར་སྔ་མ་བཞིན་དུ་བྱེད་དོ། །དེ་ལ་སྡིག་པ་མི་དགེ་བའི་ཆོས་རྣམས་གང་ཞེ་ན། འདོད་པ་ན་སྤྱོད་པའི་ལུས་ཀྱི་ལས་དང། ངག་གི་ལས་དང། ཡིད་ཀྱི་ལས་ཉོན་མོངས་པ་ཅན་རྣམས་ཏེ། ལུས་དང་ངག་དང་ཡིད་ཀྱིས་ཉེས་པར་སྤྱད་པར་བསྡུས་པ་གང་དག་ཡིན ་པ་དང། དེ་དག་ཀུན་ནས་སློང་བར་བྱེད་པའི་ཉོན་མོངས་པ་རྣམས་གང་དག་ཡིན་པའོ། །དེ་དག་ཀྱང་གང་དག་ཕྲད་པར་མ་གྱུར་ཅིང་མངོན་ཏུ་མ་གྱུར་པ་དེ་དག་ནི་མ་སྐྱེས་པ་ཡིན་ནོ། །གང་དག་ཕྲད་པར་གྱུར་ཅིང་མངོན་ཏུ་གྱུར་པ་དེ་དག་ནི་སྐྱེས་པ་ཡིན་ནོ། །དེ་ལ་དགེ་བའི་ཆོས་རྣམས་ཤེས ་བྱ་བ་ནི་གང་དག་དེ་དག་གི་གཉེན་པོར་གྱུར་པའི་ཆོས་རྣམས་ཏེ། ཉེས་པར་སྤྱད་པའི་གཉེན་པོར་གྱུར་པ་དང། སྒྲིབ་པའི་གཉེན་པོར་གྱུར་པ་དང། ཀུན་ཏུ་སྦྱོར་བའི་གཉེན་པོར་གྱུར་པ་རྣམས་སོ། །དེ་དག་མ་སྐྱེས་པ་དང། སྐྱེས་པ་ཡང་སྡིག་པ་མི་དགེ་བའི་ཆོས་རྣམས་ཇི་ལྟ་བ ་དེ་ཁོ་ན་བཞིན་དུ་རིག་པར་བྱའོ། །དེ་ལ་གང་གི་ཚེ་སྡིག་པ་མི་དགེ་བའི་ཆོས་མ་སྐྱེས་པ་རྣམས་མི་བསྐྱེད་པ་དང། རྣམ་པ་ཐམས་ཅད་ཀྱི་ཐམས་ཅད་དུ་བསྐྱེད་པར་མི་བྱ་བ་དང། སྐྱེས་ཤིང་ཕྲད་པ་རྣམས་རྣམ་པ་ཐམས་ཅད་ཀྱི་ཐམས་ཅད་དུ་དང་དུ་མི་བླང་ཞིང་སྡང་བ་དང་བསལ་བར ་བྱའོ་ཞེས་སྤྲོ་བ་སྐྱེད་པར་བྱེད་ཅིང་སྨོན་ལམ་འདེབས་པར་བྱེད་པ་ནི་འདུན་པ་ནི་སྐྱེད་པར་བྱེད་པ་ཡིན་ནོ། །སྡིག་པ་མི་དགེ་བའི་ཆོས་མ་སྐྱེས་པ་རྣམས་དང་པོ་ཉིད་ནས་མི་བསྐྱེད་པའི་ཕྱིར་སྤྲོ་བ་བསྐྱེད་པར་བྱེད། སྨོན་ལམ་འདེབས་པར་བྱེད་ཅིང་དང་དུ་ལེན་པར་མི་འདོད་པ་གང ་ཡིན་པ་དེ་ནི་མ་སྐྱེས་པ་རྣམས་མི་སྐྱེད་པའི་ཕྱིར་འདུན་པ་ཡིན་ནོ། །སྐྱེས་པ་རྣམས་དང་དུ་མི་ལེན་ཅིང་སྤྲོ་བར་བྱེད་པ་གང་ཡིན་པ་དེ་ནི་སྤང་བའི་ཕྱིར་འདུན་པ་ཡིན་ནོ། །སྡིག་པ་མི་དགེ་བའི་ཆོས་དེ་དག་ཀྱང་འདས་པའི་དངོས་པོ་ལ་དམིགས་པ་དང། མ་འོངས་པའི་དངོས་པོ ་ལ་དམིགས་པ་དང། ད་ལྟར་བྱུང་བའི་ཡུལ་ལ་དམིགས་ཏེ་སྐྱེའོ། །དེ་དག་ཀྱང་ལྐོག་ཏུ་གྱུར་པའི་ཡུལ་ལ་དམིགས་པ་དང། མངོན་སུམ་གྱི་ཡུལ་ལ་དམིགས་པ་ཡིན་ཏེ། གང་དག་འདས་པ་དང། མ་འོངས་པའི་དངོས་པོ་ལ་དམིགས་པ་དེ་དག་ནི་ལྐོག་ཏུ་གྱུར་པའི ་ཡུལ་ལ་དམིགས་པ་ཡིན་ནོ། །གང་དག་ད་ལྟར་བྱུང་བའི་ཡུལ་ལ་དམིགས་པ་དེ་དག་ནི་མངོན་སུམ་གྱི་ཡུལ་ལ་དམིགས་པ་ཡིན་ཏེ། དེ་ལ་ལྐོག་ཏུ་གྱུར་པའི་ཡུལ་ལ་དམིགས་པའི་སྡིག་པ་མི་དགེ་བའི་ཆོས་མ་སྐྱེས་པ་རྣམས་མི་བསྐྱེད་པ་དང། སྐྱེས་པ་རྣམས་སྤང ་བའི་ཕྱིར་ནི་འབད་པར་བྱེད་པ་ཡིན་ནོ། །མངོན་སུམ་གྱི་ཡུལ་ལ་དམིགས་པ་མ་བསྐྱེད་པ་རྣམས་མི་བསྐྱེད་པ་དང། སྐྱེས་པ་རྣམས་སྤང་བའི་ཕྱིར་ནི་བརྩོན་འགྲུས་རྩོམ་པར་བྱེད་པ་ཡིན་ཏེ། འདི་ལྟར་དེ་དག་ནི་བརྩོན་འགྲུས་བརྩམ་པ་ཤིན་ཏུ་བརྟན ་པོས་མི་བསྐྱེད་པ་དང། སྤང་བར་བྱ་བ་ཡིན་པའི་ཕྱིར་རོ། །གཞན་ཡང་ཀུན་ནས་དཀྲིས་པ་ཆུང་ངུ་དང། འབྲིང་པོ་མ་སྐྱེས་པ་རྣམས་མི་བསྐྱེད་པ་དང། སྐྱེས་པ་རྣམས་སྤང་བའི་ཕྱིར་ནི་འབད་པར་བྱེད་པ་ཡིན་ནོ། །ཀུན་ནས་དཀྲིས་པ་ཆེན་པོ་མ་སྐྱེས་པ་རྣམས་མི་བསྐྱེད ་པ་དང། སྐྱེས་པ་རྣམས་སྤང་བའི་ཕྱིར་ནི་བརྩོན་འགྲུས་རྩོམ་པར་བྱེད་པ་ཡིན་ནོ། །གལ་ཏེ་འདས་པའི་དམིགས་པ་ལ་སྤྱོད་པར་བྱེད་ན་ཡང་དེ་ལ་དམིགས་པ་དེས་ཅི་ནས་ཀྱང་ཉོན་མོངས་པ་སྐྱེ་བར་མི་འགྱུར་བ་དེ་ལྟར་སྤྱོད་པར་བྱེད་དོ། །གོལ་ཏེ་བརྗེད་ངས་པའི་ཕྱིར་སྐྱེ་བར ་འགྱུར་ན་ཡང་དེ་དང་དུ་མི་ལེན་ཅིང་སྤོང་བར་བྱེད། སེལ་བར་བྱེད། བྱང་བར་བྱེད་དོ། །འདས་པའི་དམིགས་པ་ལ་ཇི་ལྟ་བ་བཞིན་དུ་མ་འོངས་པའི་དམིགས་པ་ལ་ཡང་དེ་བཞིན་དུ་རིག་པར་བྱ་སྟེ། དེ་ལྟར་ན་དེ་སྡིག་པ་མི་སྐྱེ་བའི་ཆོས་མ་སྐྱེས་པ་རྣམས་མི་བསྐྱེད་པ་དང། སྐྱེས་པ ་རྣམས་སྤང་བའི་ཕྱིར་འབད་པར་བྱེད་པ་ཞེས་བྱའོ། །གལ་ཏེ་ད་ལྟར་བྱུང་བའི་དམིགས་པ་ལ་སྤྱོད་པར་བྱེད་ན་ཡང་དེ་ལ་དམིགས་པ་དེས་ཅི་ནས་ཀྱང་ཉོན་མོངས་པ་སྐྱེ་བར་མི་འགྱུར་བ་དེ་ལྟར་སྤྱོད་པར་བྱེད་དོ། །གལ་ཏེ་བརྗེད་ངས་པའི་ཕྱིར་སྐྱེ་བར་འགྱུར་ན་ཡང་དང་དུ་མི་ལེན ་ཅིང། སྤོང་བར་བྱེད། སེལ་བར་བྱེད། བྱང་བར་བྱེད་དེ། དེ་ལྟར་ན་དེ་སྡིག་པ་མི་དགེ་བའི་ཆོས་མ་སྐྱེས་པ་རྣམས་མི་བསྐྱེད་པ་དང། སྐྱེས་པ་རྣམས་སྤང་བའི་ཕྱིར་བརྩོན་འགྲུས་རྩོམ་པ་ཞེས་བྱའོ། །གཞན་ཡང་སྡིག་པ་མི་དགེ་བའི་ཆོས་གང་དག་ཀུན་ཏུ་རྟོག ་པའི་དབང་ཁོ་ནས་སྐྱེ་ལ། ཡུལ་གྱི་སྟོབས་ཀྱིས་མ་ཡིན་པ་ཡང་ཡོད། གང་དག་ཀུན་ཏུ་རྟོག་པའི་དབང་དང། ཡུལ་གྱི་སྟོབས་ཀྱིས་སྐྱེ་བ་ཡང་ཡོད་དོ། །དེ་ལ་ཀུན་ཏུ་རྟོག་པའི་དབང་ཁོ་ན་སྐྱེ་ལ། ཡུལ་གྱི་སྟོབས་ཀྱིས་མ་ཡིན་པ་ནི་འདི་ལྟ་སྟེ། གནས་པ་ན་གང་དག ་འདས་པ་དང། མ་འོངས་པའི་དམིགས་པ་ལས་སྐྱེ་བ་རྣམས་སོ། །དེ་ལ་ཀུན་ཏུ་རྟོག་པའི་དབང་དང་ཡུལ་གྱི་སྟོབས་ཀྱིས་སྐྱེ་བ་ནི་འདི་ལྟ་སྟེ། རྒྱུ་བ་ན་གང་དག་ད་ལྟར་བྱུང་བའི་དམིགས་པ་ལས་སྐྱེ་བ་རྣམས་ཏེ། དེ་ལ་ནི་ཚུལ་བཞིན་མ་ཡིན་པའི་ཀུན་ཏུ་རྟོག་པ་ཡང་གདོན་མི་ཟ ་བར་ཡོད་པའི་ཕྱིར་རོ། །དེ་ལ་ཀུན་ཏུ་རྟོག་པའི་དབང་གིས་སྐྱེ་བ་དང། མ་སྐྱེས་པ་གང་དག་ཡིན་པ་དེ་དག་མི་བསྐྱེད་པ་དང། སྐྱེས་པ་རྣམས་སྤང་བའི་ཕྱིར་ནི་འབད་པར་བྱེད་པ་ཡིན་ནོ། །དེ་ལ་ཀུན་ཏུ་རྟོག་པའི་དབང་དང་ཡུལ་གྱི་སྟོབས་ཀྱིས་སྐྱེ་བ་མ་སྐྱེས་པ་གང་དག ་ཡིན་པ་དེ་དག་མི་བསྐྱེད་པ་དང། སྐྱེས་པ་རྣམས་སྤང་བའི་ཕྱིར་ནི་བརྩོན་འགྲུས་རྩོམ་པར་བྱེད་པ་ཡིན་ནོ། །དེ་ལ་དགེ་བའི་ཆོས་མ་སྐྱེས་པ་རྣམས་སྐྱེད་པའི་ཕྱིར་འདུན་པ་བསྐྱེད་པར་བྱེད་ཅེས་བྱ་བ་ནི་དགེ་བའི་ཆོས་གང་དག་མ་ཐོབ་པ་དང། མངོན་ཏུ་མ་གྱུར་པ་དེ་ཐོབ་པར་བྱ་བ ་དང། མངོན་དུ་བྱ་བའི་ཕྱིར་སྤྲོ་བ་བསྐྱེད་པར་བྱེད། སེམས་ཀྱིས་སྨོན་པར་བྱེད་ཅིང། དེ་ཤས་ཆེར་ཐོབ་པར་འདོད་པ་དང། མངོན་ཏུ་བྱང་བར་འདོད་པ་ལ་ཉེ་བར་གནས་པ་ཡིན་ཏེ། དེ་ནི་དགེ་བའི་ཆོས་མ་སྐྱེས་པ་རྣམས་བསྐྱེད་པའི་ཕྱིར་འདུན་པ་ཡིན་ནོ། །དགེ་བའི ་ཆོས་སྐྱེས་པ་རྣམས་གནས་པ་དང། མི་བརྗེད་པ་དང། བསྒོམ་པ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་འདུན་པ་བསྐྱེད་པར་བྱེད་ཅེས་བྱ་བ་ལ། དགེ་བའི་ཆོས་སྐྱེས་པ་རྣམས་ཞེས་བྱ་བ་ནི་གང་དག་ཐོས་པ་དང། མངོན་དུ་གྱུར་པ་རྣམས་ཏེ། དེ་ལ་ཐོབ་པ་དང་མི ་འབྲལ་ཞིང་ཐོབ་པ་ཡོངས་སུ་མི་ཉམས་པར་བྱ་བའི་དབང་དུ་མཛད་ནས། གནས་པར་བྱ་བའི་ཕྱིར་ཞེས་བྱ་བ་གསུངས་སོ། །མངོན་དུ་གྱུར་པ་ཉིད་གསལ་བར་བྱ་བའི་དབང་དུ་མཛད་ནས་མི་བརྗེད་པར་བྱ་བའི་ཕྱིར་ཞེས་བྱ་བ་གསུངས་སོ། །དགེ་བའི་ཆོས་ཐོབ་པ ་དང། མངོན་དུ་གྱུར་པ་དེ་དག་ཉིད་ཀུན་ཏུ་བརྟན་པའི་རྒྱུས་ཡོངས་སུ་གྲུབ་པ་དང། མཐར་ཕྱིན་པར་བྱ་བའི་དབང་དུ་མཛད་ནས། སྒོམ་པ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་ཞེས་བྱ་བ་གསུངས་ཏེ། དེ་ལ་ཡང་སྤྲོ་བ་བསྐྱེད་པར་བྱེད། སེམས་ཀྱིས་སྨོན་པར་བྱེད་ཅིང། ་དེ་ཤས་ཆེར་གནས་པར་འདོད་པ་དང། མི་བརྗེད་པར་འདོད་པ་དང། བསྒོམ་པ་ཡོངས་སུ་རྫོགས་པར་འདོད་པ་ལ་ཉེ་བར་གནས་པ་ཡིན་ཏེ། དེ་དག་ནི་དགེ་བའི་ཆོས་སྐྱེས་པ་རྣམས་གནས་པ་དང། མི་བརྗོད་པ་དང། བསྒོམ་པ་ཡོངས་སུ ་རྫོགས་པར་བྱ་བའི་ཕྱིར་འདུན་པ་ཡིན་ནོ། །དེ་ལ་འབད་པར་བྱེད་ཅེས་བྱ་བ་ནི། ཐོབ་པ་རྣམས་མངོན་སུམ་དུ་བསྒོམ་པར་བྱ་བའི་ཕྱིར་རོ། །བརྩོན་འགྲུས་རྩོམ་པར་བྱེད་ཅེས་བྱ་བ་ནི་མ་ཐོབ་པ་རྣམས་ཐོབ་པར་བྱ་བའི་ཕྱིར་རོ། །དེ་ལ་འབད་བར་བྱེད་ཅེས་བྱ་བ་ནི ་སྐྱེས་པ་རྣམས་གནས་པ་དང། མི་བརྗེད་པར་བྱ་བའི་ཕྱིར་རོ། །བརྩོན་འགྲུས་རྩོམ་པར་བྱེད་ཅེས་བྱ་བ་ནི་བསྒོམ་པ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་རོ། །གཞན་ཡང་དགེ་བའི་ཆོས་ཆུང་ངུ་དང། འབྲིང་པོ་མ་སྐྱེས་པ་རྣམས་བསྐྱེད་པ་དང། སྐྱེས་པ་རྣམས་གནས ་པ་དང། མི་བརྗེད་པར་བྱ་བའི་ཕྱིར་ནི་འབད་པར་བྱེད་པ་ཡིན་ནོ། །དགེ་བའི་ཆོས་ཆེན་པ་མ་སྐྱེས་པ་རྣམས་བསྐྱེད་པ་དང། སྐྱེས་པ་རྣམས་གནས་པ་དང་མི་བརྗེད་པ་དང། བསྒོམ་པ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་ནི་བརྩོན་འགྲུས་རྩོམ་པར་བྱེད་པ་ཡིན་ནོ། །དེ ་ལ་སེམས་རབ་ཏུ་འཛིན་པར་བྱེད་ཅེས་བྱ་བ་ནི་གང་གི་སེམས་དེ་ཞི་གནས་བསྒོམ་པ་དང། རྩེ་གཅིག་ཏུ་བྱ་བ་ཉིད་ལ་རབ་ཏུ་བརྩོན་པར་བྱེད་པ་དང། སྡིག་པ་མི་དགེ་བའི་ཆོས་མ་སྐྱེས་པ་རྣམས་མི་བསྐྱེད་པ་དང། དེ་བཞིན་དུ་རྒྱས་པར་སྔ་མ་བཞིན་དུ་དགེ་བའི་ཆོས་སྐྱེས ་པ་རྣམས་གནས་པ་དང། མི་བརྗོད་པ་དང། བསྒོམ་པ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་རབ་ཏུ་བརྩོན་པར་བྱེད་ཅིང། དེ་ཡང་དེ་ལྟར་ནང་དུ་མངོན་པར་བསྡུས་པ་ནི། དེ་ཞུམ་པར་འགྱུར་བ་འམ། ཞུམ་པར་དོགས་པར་མཐོང་བ་དེའི་ཚེ་ན། རབ་ཏུ་འཛིན་པའི ་མཚན་མ་དང་པོར་འགྱུར་བ་གང་ཡང་རུང་བས་རབ་ཏུ་འཛིན་པར་བྱེད་ཅེས་རབ་ཏུ་དགའ་བར་བྱེད་པ་སྟེ། དེ་ནི་སེམས་རབ་ཏུ་འཛིན་པར་བྱེད་པ་ཡིན་ནོ། །ཇི་ལྟར་ན་རབ་ཏུ་འཇོག་པར་བྱེད་པ་ཡིན་ཞེ་ན། རབ་ཏུ་འཛིན་པའི་དུས་ན། སེམས་རྒོད་པ་དང། རྒོད་པར ་དོགས་པར་མཐོང་བ་དེའི་ཚེ་ན་ཡང་སེམས་ནང་དུ་མངོན་པར་བསྡུད་པར་བྱེད་ཅིང་ཞི་གནས་ལ་རབ་ཏུ་འཇོག་པར་བྱེད་པ་ཡིན་ནོ། །ཡང་དག་པར་སྤོང་བ་བཞི་པོ་དག་ཀྱང་ནག་པོའི་ཕྱོགས་ཀྱི་ཆོས་མ་སྐྱེས་པ་རྣམས་མི་བསྐྱེད་པ་དང། སྐྱེས་པ་རྣམས་སྤང་བའི་ཕྱིར་འདུན ་པ་སྐྱེད་པར་བྱེད་འབད་པར་བྱེད། བརྩོན་འགྲུས་རྩོམ་པར་བྱེད་ཅིང། སེམས་རབ་ཏུ་འཛིན་པར་བྱེད། རབ་ཏུ་འཇོག་པར་བྱེད་པ་སྟེ། དེ་དག་ཀྱང་ཡང་དག་པའི་སྤོང་བ་གཉིས་ཡིན་ནོ། །དཀར་པོའི་ཕྱོགས་ཀྱི་ཆོས་མ་སྐྱེས་པ་རྣམས་བསྐྱེད་པ་དང། རྒྱས ་པར་ཇི་ལྟར་ན་ནག་པོའི་ཕྱོགས་རྣམས་ཀྱི་ལྟ་བུ་དེ་དག་ཀྱང་ཡང་དག་པར་སྤོང་བ་གཉིས་ཡིན་པར་རིག་པར་བྱའོ། །དེ་ལ་གཅིག་ནི་བསྡམ་པས་སྤོང་བ་ཡིན་ཏེ། སྡིག་པ་མི་དགེ་བའི་ཆོས་མ་སྐྱེས་པ་རྣམས་སྤང་བའི་ཕྱིར་འདུན་པ་བསྐྱེད་པར་བྱེད་ཅེས་རྒྱས་པར ་བསྟན་པ་གང་ཡིན་པའོ། །གཉིས་པ་ནི་སྤང་བས་སྤོང་བ་ཡིན་ཏེ། སྡིག་པ་མི་དགེ་བའི་ཆོས་མ་སྐྱེས་པ་རྣམས་མི་བསྐྱེད་པའི་ཕྱིར་འདུན་པ་བསྐྱེད་པར་བྱེད་ཅེས་རྒྱས་པར་བསྟན་པ་གང་ཡིན་པ་སྟེ། སྡིག་པའི་དངོས་པོ་སྐྱེས་པ་རྣམས་ནི་བསྡམ་པར་བྱ་ཞིང་དང་དུ་མི་བླང་བར ་བྱ་བ་ཡིན་ལ། མ་སྐྱེས་པ་གང་ཡིན་པ་དེ་ནི་ཀུན་ཏུ་མི་སྤྱད་པའི་སྒོ་ནས་སྤང་བར་བྱ་བ་ཡིན་པས། སྤང་བས་སྤོང་བ་ཞེས་བྱའོ། །དེ་ལ་བསྒོམ་པས་སྤོང་བ་ནི་གཅིག་སྟེ། དགེ་བའི་ཆོས་མ་སྐྱེས་པ་རྣམས་བསྐྱེད་པའི་ཕྱིར་ཞེས་བྱ་བ་ནས། སེམས་རབ་ཏུ་འཛིན་པར་བྱེད། ་རབ་ཏུ་འཇོག་པར་བྱེད་ཅེས་བྱ་བའི་བར་དུ་རྒྱས་པར་གསུངས་པ་སྟེ། འདི་ལྟར་དགེ་བའི་ཆོས་རྣམས་ལ་ཀུན་ཏུ་སྟེན་པར་བྱེད་ཅིང་སྒོམ་པར་བྱེད་ན་མ་ཐོབ་པ་ཐོབ་པར་འགྱུར་ཞིང། ཐོབ་པ་ཡང་མངོན་དུ་བྱེད་པར་འགྱུར་བའི་ཕྱིར་རོ། །དེ་ལ་རྗེས་སུ་བསྲུང་བས་སྤོང་བ་ནི ་གཅིག་སྟེ། དགེ་བའི་ཆོས་སྐྱེས་པ་རྣམས་གནས་པ་དང། སེམས་རབ་ཏུ་འཛིན་པར་བྱེད། རབ་ཏུ་འཇོག་པར་བྱེད་ཅེས་བྱ་བའི་བར་དུ་རྒྱས་པར་གང་གསུངས་པ་སྟེ། འདི་ལྟར་དགེ་བའི་ཆོས་ཐོབ་ཅིང་མངོན་དུ་བྱས་པ་དག་ལ་བག་མེད་པ་སྤངས་ཏེ། བག་ཡོད་པས ་སྟེན་པར་བྱེད་པ་གང་ཡིན་པ་དེ་ནི་དགེ་བའི་ཆོས་རྣམས་ལ་གནས་པ་དང། མི་བརྗེད་པ་དང། བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་བས་དེ་ལྟར་ན་དགེ་བའི་ཆོས་སྐྱེས་པ་རྣམས་རྗེས་སུ་བསྲུངས་པ་ཡིན་པའི་ཕྱིར་ཏེ། དེ་ནི་རེ་ཞིག་ཡང ་དག་པའི་སྤོང་བའི་རྣམ་པར་དབྱེ་བ་རྒྱས་པ་ཡིན་ནོ། །དོན་མདོར་བསྡུ་བ་གང་ཞེ་ན། སྨྲས་པ། ནག་པོ་དང་དཀར་པོའི་ཕྱོགས་ཀྱི་དངོས་པོ་བཏང་བ་དང་བླང་བའི་བསམ་པ་ཕུན་སུམ་ཚོགས་པ་དང། སྦྱོར་བ་ཕུན་སུམ་ཚོགས་པ་ཡོངས་སུ་བསྟན་པ་ཡིན་ནོ། །དེ ་ལ་བསམ་པ་ཕུན་སུམ་ཚོགས་པ་ནི་འདུན་པ་བསྐྱེད་པར་བྱེད་ཅེས་བྱ་བས་བསྟན་ཏོ། །སྦྱོར་བ་ཕུན་སུམ་ཚོགས་པར་ནི་འབད་པར་བྱེད། བརྩོན་འགྲུས་རྩོམ་པར་བྱེད་ཅིང་སེམས་རབ་ཏུ་འཛིན་པར་བྱེད། རབ་ཏུ་འཇོག་པར་བྱེད་ཅེས་བྱ་བ་དག་གིས་བསྟན་ཏེ། རྣལ ་འབྱོར་པས་བྱ་བ་ནི་འདི་ཙམ་དུ་ཟད་དེ། སྤང་བར་བྱ་བའི་དངོས་པོ་གང་ཡིན་པ་སྤང་བར་བྱ་བ་དང་ཐོབ་པར་བྱ་བའི་དངོས་པོ་གང་ཡིན་པ་ཐོབ་པར་བྱ་བའི་ཕྱིར་དང་པོ་ཁོ་ནར་སྤྲོ་བ་བསྐྱེད་པར་བྱ་བ་དང། ཀུན་ནས་དཀྲིས་པ་སྤང་བར་བྱ་བའི་ཕྱིར་བརྩོན་འགྲུས་བརྩམ ་པར་བྱ་བ་དང། བག་ལ་ཉལ་སྤང་བར་བྱ་བའི་ཕྱིར་དུས་སུ་ཞི་གནས་རབ་ཏུ་འཛིན་པ་དང། བཏང་སྙོམས་ཀྱི་མཚན་མ་དག་བསྒོམ་པར་བྱ་བ་དང། ཀུན་ནས་དཀྲིས་པ་སྤང་བ་དང། བག་ལ་ཉལ་བ་སྤང་པར་བྱ་བའི་ཕྱིར་གཉེན་པོའི་ཕྱོགས་ཀྱི་དགེ་བ་གང་དག་ཡིན་པ ་དེ་དག་ལ་ཡང་དག་པར་བསྒྲུབ་པར་བྱ་སྟེ། དེ་དག་ཐམས་ཅད་ཡང་དག་པར་སྤོང་བ་བཞི་པོ་དེ་དག་གིས་ཡོངས་སུ་བསྟན་པས་ན་དེ་ནི་དོན་མདོར་བསྡུ་བ་ཡིན་ནོ། །དེ་ལ་ཏིང་ངེ་འཛིན་ནི་བཞི་སྟེ། འདི་ལྟ་སྟེ། འདུན་པའི་ཏིང་ངེ་འཛིན་དང། བརྩོན་འགྲུས་ཀྱི་ཏིང་ངེ་འཛིན ་དང། སེམས་ཀྱི་ཏིང་ངེ་འཛིན་དང། །དཔྱོད་པའི་ཏིང་ངེ་འཛིན་ཏོ། །དེ་ལ་འདུན་པའི་དབང་དུ་བྱས་ནས། ཏིང་ངེ་འཛིན་ཐོབ་པ་གང་ཡིན་པ་དེ་ནི་འདུན་པའི་ཏིང་ངེ་འཛིན་ཡིན་ནོ། །བརྩོན་འགྲུས་དང། སེམས་དང། སྤྱོད་པའི་དབང་དུ་བྱས་ནས་ཏིང་ངེ་འཛིན་ཐོབ་པ ་གང་ཡིན་པ་དེ་ནི་དཔྱོད་པའི་ཏིང་ངེ་འཛིན་ཡིན་ཏེ། གང་གི་ཚེ་དེ་རེ་ཞིག་འདུན་པ་ཁོ་ན་ཉི་ཚེ་སྐྱེད་པར་བྱེད་ཅིང། བདུན་པ་སྐྱེས་ནས་སྡིག་པ་མི་དགེ་བའི་ཆོས་དེ་དག་ཐམས་ཅད་ལ་ངོ་བོ་ཉིད་དང། གཞི་དང། ཉེས་དམིགས་དང། གཉེན་པོའི་སྒོ་ནས་ལེགས་པ་ཁོ་ནར་ངེས་པར ་རྟོག་པར་བྱེད་ཅིང། དྲན་པ་རྩེ་གཅིག་ཏུ་འཇུག་པར་བྱེད་པ་དང། དེ་བཞིན་དུ་དགེ་བའི་ཆོས་རྣམས་ལ་ཡང་ངོ་བོ་ཉིད་དང། གཞི་དང། ཕན་ཡོན་དང། ངེས་པར་འབྱུང་བའི་སྒོ་ནས་ལེགས་པ་ཁོ་ནར་ངེས་པར་རྟོག་པར་བྱེད་ཅིང། དྲན་པ་རྩེ་གཅིག་ཏུ་འཇུག་པར ་བྱེད་པ་དང། དེ་ལ་ལན་མང་དུ་བྱས་པས་ཀུན་ནས་དཀྲིས་པའི་རྒྱུ་བ་ཐག་རིང་དུ་བྱེད་པའི་ཚུལ་གྱིས་རྩེ་གཅིག་པ་ཉིད་ལ་རེག་པར་བྱེད་ཅིང། །ད་དུང་སྡིག་པ་མི་དགེ་བའི་ཆོས་རྣམས་ཀྱི་བག་ལ་ཉལ་ཡང་དག་པར་འཇོམས་པར་ནི་མི་བྱེད་པ་གང་ཡིན་པ་དེ་ནི། དེའི་འདུན་པའི ་དབང་དུ་བྱས་པའི་ཏིང་ངེ་འཛིན་ཅེས་བྱའོ། །འདས་པ་དང་མ་འོངས་པ་དང། ད་ལྟར་བྱུང་བའི་དམིགས་པ་སྡིག་པ་མི་དགེ་བའི་ཆོས་དང་མཐུན་པའི་ཉོན་མོངས་པའི་ཀུན་ནས་དཀྲིས་པ་ཆུང་ངུ་དང། འབྲིང་དང། ཆེན་པོ་དང་མཐུན་པ་མ་སྐྱེས་པ་མི་བསྐྱེད་པ་དང། ་སྐྱེས་པ་སྤང་བའི་ཕྱིར་འབད་པར་བྱེད་ཅིང་བརྩོན་འགྲུས་རྩོམ་པར་བྱེད་པའི་ཚེ། དམིགས་པ་དེ་ལ་སྤྱོད་པ་ན་དམིགས་པ་དེའི་ངོ་བོ་ཉིད་དང། གཞི་དང། ཉེས་དམིགས་དང། གཉེན་པོའི་སྒོ་ནས་ལེགས་པ་ཁོ་ནར་ངེས་པར་རྟོག་པར་བྱེད་ཅིང། དྲན་པ་རྩེ་གཅིག་ཏུ ་འཇོག་པར་བྱེད་པ་དང། དེ་ལ་ལན་མང་དུ་གནས་པར་བྱེད་པ་ན། ཀུན་ནས་དཀྲིས་པའི་རྒྱུ་བ་ཐག་རིང་དུ་བྱེད་པའི་ཚུལ་གྱིས་སེམས་རྩེ་གཅིག་པ་ཉིད་སྐྱེ་བར་འགྱུར་ཞིང། ད་དུང་སྡིག་པ་མི་དགེ་བའི་ཆོས་རྣམས་ཀྱི་བག་ལ་ཉལ་ཡང་དག་པར་འཇོག་པར་ནི་མི་བྱེད ་པ་གང་ཡིན་པ་དེ་ནི་དེའི་བརྩོན་འགྲུས་ཀྱི་དབང་དུ་བྱས་པའི་ཏིང་ངེ་འཛིན་ཅེས་བྱའོ། །སེམས་བྱིང་བ་རབ་ཏུ་འཛིན་པར་བྱེད་ཅིང། སེམས་རབ་ཏུ་གཟུང་ནས་ཏིང་ངེ་འཛིན་དུ་བྱེད་པ་དང། དུས་དུས་སུ་ལྷག་པར་བཏང་སྙོམས་སུ་བྱེད་པ་དང། སྡིག་པ་མི་དགེ་བའི་ཆོས ་རྣམས་དང། སྡིག་པ་མི་དགེ་བའི་ཆོས་རྣམས་དང་མཐུན་པའི་ཆོས་དང། དགེ་བ་དང། མི་དགེ་བའི་ཆོས་དང། དགེ་བ་དང། མི་དགེ་བའི་ཆོས་དང་མཐུན་པའི་ཆོས་གང་དག་ཡིན་པ་དག་ལ་ངོ་བོ་ཉིད་དང། གཞི་དང། ཉེས་དམིགས་དང། ཕན ་ཡོན་དང། གཉེན་པོ་དང། ངེས་པར་འབྱུང་བའི་སྒོ་ནས་ལེགས་པ་ཁོ་ནར་ངེས་པར་རྟོག་པར་བྱེད་ཅིང། དྲན་པ་རྩེ་གཅིག་ཏུ་འཇོག་པར་བྱེད་པ་དང། དེ་ལ་ལན་མང་དུ་གནས་པར་བྱེད་པ་ལ་ཀུན་ནས་དཀྲིས་པའི་རྒྱུ་བ་ཐག་རིང་དུ་བྱེད་པའི་ཚུལ་གྱིས་སེམས ་རྩེ་གཅིག་པ་ཉིད་སྐྱེ་བར་འགྱུར་ཞིང། ད་དུང་སྡིག་པ་མི་དགེ་བའི་ཆོས་རྣམས་ཀྱི་བག་ལ་ཉལ་ཡང་དག་པར་འཇོམ་པར་ནི་མི་བྱེད་པ་གང་ཡིན་པ་དེ་ནི་དེའི་སེམས་ཀྱི་དབང་དུ་བྱས་པའི་ཏིང་ངེ་འཛིན་ཅེས་བྱའོ། །དེ་ལ་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པའི ་སྡིག་པ་མི་དགེ་བའི་ཆོས་དང་མི་མཐུན་པའི་ཆོས་རྣམས་གང་དག་ཡིན་པ་དེ་དག་ནི་ཚུལ་བཞིན་ཡིད་ལ་བྱེད་པའི་དགེ་བའི་ཆོས་དང་མཐུན་པའི་ཆོས་རྣམས་ཡིན་པས་ན། དེ་ལྟར་ངའི་ཀུན་ནས་དཀྲིས་པ་ཐག་རིང་དུ་བྱས་པ་རྣམས་དང། ཀུན་ནས་དཀྲིས་པའི ་གཉེན་པོ་ཏིང་ངེ་འཛིན་ལ་སོགས་པ་དགེ་བའི་ཆོས་སྐྱེས་པ་རྣམས་ལ། སྡིག་པ་མི་དགེ་བའི་ཆོས་དེ་དག་ཀུན་ཏུ་མི་འབྱུང་བ་ན། དེ་འདི་སྙམ་དུ་སེམས་ཏེ། ཅི་སྡིག་པ་མི་དགེ་བའི་ཆོས་རྣམས་ཡོད་ཅིང་མེད་པ་མ་ཡིན་པ་ལས་མྱོང་བར་མི་འགྱུར་རམ། འོན ་ཏེ་མེད་ཅིང་ཡོད་པ་མ་ཡིན་ཏེ། མྱོང་བར་མི་འགྱུར་བ་བདག་གིས་ཡོངས་སུ་དཔྱད་པར་བྱའོ་སྙམ་ནས། དེ་དཔྱོད་པ་ཡིད་ལ་བྱེད་པའི་དབང་དུ་བྱས་ཏེ། སྤངས་དང་མ་སྤངས་པ་ལ་དཔྱོད་པར་བྱེད། ལེགས་པར་ཁོ་ནར་ངེས་པར་རྟོག་པར་བྱེད་ཅིང། དྲན་པ་རྩེ ་གཅིག་ཏུ་འཇོག་པར་བྱེད་པ་དང། དེ་ལ་ལན་མང་དུ་གནས་པར་བྱེད་པས། སེམས་རྩེ་གཅིག་པ་ཉིད་ལ་རེག་པར་འགྱུར་ཏེ། དེས་ན་བདག་གི་སེམས་ནི་ཀུན་ནས་དཀྲིས་པ་ཙམ་ལས་རྣམ་པར་གྲོལ་བར་ཟད་ཀྱི་བག་ལ་ཉལ་ཐམས་ཅད་ཀྱི་ཐམས་ཅད་ལས་ནི་མ ་ཡིན་ནོ་ཞེས་བྱ་བ་དང། བདག་གིས་དེ་དག་གིས་གཉེན་པོ་ཏིང་ངེ་འཛིན་ལ་སོགས་པ་དགེ་བའི་ཆོས་རྣམས་ཐོབ་ཅིང་བསྒོམས་པ་ཙམ་དུ་ཟད་ཀྱི། །བག་ལ་ཉལ་གྱི་གཉེན་པོ་རྣམས་ནི་མ་ཡིན་ནོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཤིང་མངོན་པའི་ང་རྒྱལ་མེད་པ ་གང་ཡིན་པ་དེ་ནི། དེའི་དཔྱོད་པའི་དབང་དུ་བྱས་པའི་ཏིང་ངེ་འཛིན་ཅེས་བྱའོ།། །།བམ་པོ་བཅུ་གཉིས་པ། །དེ་ཏིང་ངེ་འཛིན་རྣམ་པ་བཞི་པོ་དེ་དག་གི་དབང་དུ་བྱས་ཏེ། ཀུན་ནས་དཀྲིས་པ་རྣམས་ཐག་རིང་དུ་བྱས་པ་ན། སྡིག་པ་མི་དགེ ་བའི་ཆོས་རྣམས་ཀྱི་བག་ལ་ཉལ་རྣམ་པ་ཐམས་ཅད་ཀྱི་ཐམས་ཅད་དུ་ཡང་དག་པར་གཞོམ་པ་དང། དེའི་གཉེན་པོ་དགེ་བའི་ཆོས་རྣམས་ཡང་དག་པར་བསྒྲུབ་པའི་ཕྱིར་ཡང་རྒྱ་ཆེར་འདུན་པ་སྐྱེད་པར་བྱེད། འབད་པར་བྱེད་ཅིང། ཡང་དག་པའི་སྤོང་པ་བཞི་པོ་དག་གིས ་རབ་ཏུ་བརྩོན་པར་བྱེད་དོ། །དེ་ལྟར་རབ་ཏུ་བརྩོན་ཞིང་དེ་ལྟར་གྱུར་པ་དེ་ལ་སྤོང་བའི་འདུ་བྱེད་བརྒྱད་འགྱུར་བར་འགྱུར་རོ། །དེ་དག་དེའི་བག་ལ་ཉལ་ཡང་དག་པར་འཇོམས་པ་དང། ཏིང་ངེ་འཛིན་ཡོངས་སུ་རྫོགས་པར་འགྱུར་ཏེ། འདི་ལྟ་སྟེ། འདུན་པ་ནི་ནམ ་ཞིག་ན་བདག་གི་ཏིང་ངེ་འཛིན་ཡོངས་སུ་རྫོགས་པར་འགྱུར་ཞིང། སྡིག་པ་མི་དགེ་བའི་ཆོས་རྣམས་ཀྱི་བག་ལ་ཉལ་སྤོང་བར་འགྱུར་ཞིག་གུ་སྙམ་དུ་སེམས་པའོ། །རྩོལ་བ་ནི་གཉེན་པོ་བསྒོམ་པ་ལ་སྦྱོར་བ་མི་གཏོང་བ་ཉིད་གང་ཡིན་པའོ། །དད་པ་ནི་སྦྱོར་བ་མ ་བཏང་བར་གནས་པའི་གོང་དུ་རྟོགས་པར་བྱ་བ་དང་ཅིང་མངོན་པར་ཡིད་ཆེས་པ་གང་ཡིན་པའོ། །དེ་ལ་ཤིན་ཏུ་སྦྱངས་པ་ནི། དད་པ་དང་དད་པ་སྔོན་དུ་བཏང་བའི་མཆོག་ཏུ་དགའ་བ་དང་དཀའ་བ་སྟེ། ཡིད་དགའ་བར་གྱུར་བའི་རིམ་གྱིས་སྡིག་པ་མི་དགེ་བའི་ཆོས་ཀྱི་ཕྱོགས་ཀྱི ་གནས་ངན་ལེན་ཤིན་ཏུ་སྤྱངས་པ་གང་ཡིན་པའོ། །དེ་ལ་དྲན་པ་ནི་ཞི་གནས་ཀྱི་ཕྱོགས་ཀྱི་སེམས་གནས་པ་དགུ་ཡང་དག་པར་འཛིན་པར་བྱེད་པ་གང་ཡིན་པའོ། །དེ་ལ་ཤེས་བཞིན་ནི་ལྷག་མཐོང་གི་ཕྱོགས་ཀྱི་ཤེས་རབ་གང་ཡིན་པའོ། །དེ་ལ་སེམས་མངོན་པར་འདུ་བྱེད་པ་སྟེ། ་སྤངས་པ་དང། མ་སྤངས་པ་ལ་དཔྱོད་པར་བྱེད་པའི་སེམས་མངོན་པར་འདུ་བྱེད་པ་གང་ཡིན་པ་དང། ཞི་གནས་དང། ལྷག་མཐོང་དང། རྗེས་སུ་མཐུན་པའི་ལུས་ཀྱི་ལས་དང་ངག་གི་ལས་ཀུན་ནས་སློང་བར་བྱེད་པ་གང་ཡིན་པའོ། །དེ་ལ་བཏང ་སྙོམས་ནི་འདས་པ་དང། མ་འོངས་པ་དང། ད་ལྟར་བྱུང་བའི་སྡིག་པ་མི་དགེ་བའི་ཆོས་དང་མཐུན་པ་དག་ལ་སྤྱོད་པའི་སེམས་ཀུན་ནས་ཉོན་མོངས་པ་མེད་ཅིང། སེམས་མཉམ་པ་ཉིད་དུ་བྱེད་པ་གང་ཡིན་པ་སྟེ། རྒྱུ་འདི་གཉིས་ཀྱིས་ན་བག་ལ་ཉལ ་སྤངས་པ་ཡོངས་སུ་གཅོད་པར་བྱེད་ཅིང་ཤེས་པར་བྱེད་དེ། འདི་ལྟ་སྟེ། ཡུལ་ལྐོག་ཏུ་གྱུར་པ་ལ་སེམས་པ་དང། ཡུལ་ལྐོག་ཏུ་མ་གྱུར་པ་ལ་བཏང་སྙོམས་སུ་འཇོག་པ་སྟེ། དེ་དག་ནི་སྤང་པའི་འདུ་བྱེད་བརྒྱད་པ་དག་ཡིན་ནོ། །སྤང་བའི་འདུ་བྱེད་བརྒྱད་པོ ་དག་ནི་བག་ལ་ཉལ་ཡང་དག་པར་འཇོམས་པའི་སྦྱོར་བ་ཡིན་ཏེ། དེ་ལ་འདུན་པ་ནི་འདུན་པ་ཁོ་ན་ཡིན་ནོ། །རྩོལ་བ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཡིན་ནོ། །དད་པ་གང་ཡིན་པ་དེ་ཡང་དད་པ་ཁོ་ན་ཡིན་ནོ། །ཤིན་ཏུ་སྦྱངས་པ་གང་ཡིན་པ་དང། དྲན་པ ་གང་ཡིན་པ་དང། ཤེས་བཞིན་གང་ཡིན་པ་དང། སེམས་པ་གང་ཡིན་པ་དང། བཏང་སྙོམས་གང་ཡིན་པ་དེ་ནི་ཐབས་ཡིན་ཏེ། འདུན་པ་ལ་སོགས་ཏིང་ངེ་འཛིན་སྔ་མ་གང་དག་ཡིན་པ་དང། སྤང་བའི་འདུ་བྱེད་འདི་དག་གང་དག་ཡིན་པ་དེ་དག་ཐམས ་ཅད་གཅིག་ཏུ་བསྡུས་ཏེ། བག་ལ་ཉལ་དག་སྤངས་ཤིང་ཏིང་ངེ་འཛིན་ཡོངས་སུ་གྲུབ་པ་ནི། འདུན་པའི་ཏིང་ངེ་འཛིན་སྤང་བའི་འདུ་བྱེད་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་པ་ཞེས་བྱ་བ་དང། བརྩོན་འགྲུས་དང། སེམས་དང། དཔྱོད་པའི་ཏིང་ངེ་འཛིན་སྤང་བའི་འདུ ་བྱེད་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་པ་ཞེས་བྱའོ། །ཅིའི་ཕྱིར་རྫུ་འཕྲུལ་གྱི་རྐང་པ་ཞེས་བྱ་ཞེ་ན། སྨྲས་པ། འདི་ལྟ་སྟེ། དཔེར་ན་གང་ལ་རྐང་པ་ཡོད་པ་ངེས་འགྲོ་བ་དང། ལྡོག་པ་དང། ཕ་རོལ་གནོན་པར་ནུས་པ་དེ་བཞིན་དུ། གང་ལ་ཆོས་དེ་དག་ཀྱང ་ཡོད་ལ། ཏིང་ངེ་འཛིན་དེ་དག་ཀྱང་ཡོངས་སུ་རྫོགས་པར་ཡོད་ཅིང། དེ་དེ་ལྟར་སེམས་ཡོངས་སུ་དག་པ་དང། ཡོངས་སུ་བྱད་བ་དང། ཉོན་མོངས་པ་མེད་པ་དང། ཉེ་བའི་ཉོན་མོངས་པ་མེད་པ་དང་བྲལ་བ་དང། དྲང་པོར་གྱུར་པ་དང། ལས་སུ་རུང་བར་གནས་པ ་དང། མི་གཡོ་བ་ཐོབ་པར་གྱུར་ན། འཇིག་རྟེན་ལས་འདས་པའི་ཆོས་རྣམས་ཐོབ་པར་བྱ་བ་དང། རེག་པར་བྱ་བའི་ཕྱིར། འགྲོ་བ་དང་ལྡོག་པ་དང། ཕ་རོལ་གནོན་པར་ནུས་ཏེ། འདི་ལྟ་སྟེ། འཇིག་རྟེན་ལས་འདས་པའི་ཆོས་དེ་དག་ནི་རྫུ་འཕྲུལ་དམ་པ་དང། འབྱོར ་པ་དམ་པ་ཡིན་པས་ན། དེའི་ཕྱིར་ན་རྫུ་འཕྲུལ་གྱི་རྐང་པ་ཞེས་བྱའོ། །དེ་ལྟར་ཏིང་ངེ་འཛིན་ལ་གནས་པ་དེ་ཏིང་ངེ་འཛིན་ལ་གནས་ཤིང། ཏིང་ངེ་འཛིན་ལ་བརྟེན་ནས། ལྷག་པའི་སེམས་ཀྱི་བསླབ་པ་དང། ལྷག་པའི་ཤེས་རབ་ཀྱི་བསླབ་པ་ལ་རྣལ་འབྱོར་དུ་བྱེད ་དེ། །དེ་དེ་ལ་རྣལ་འབྱོར་དུ་བྱེད་པ་ན་སྟོན་པ་དང། ཉན་ཐོས་གཞན་དག་གི་རྟོགས་པ་ལ་མངོན་པར་ཡིད་ཆེས་པ་དང། རབ་ཏུ་དང་བ་དང་དད་པ་གང་ཡིན་པ་དེ་ནི་དབང་བྱེད་པའི་དོན་ཀྱིས་དད་པའི་དབང་པོ་ཞེས་བྱའོ། །གང་ལ་དབང་བྱེད་ཅེ་ན། སྨྲས་པ་འཇིག ་རྟེན་ལས་འདས་པའི་ཆོས་སྐྱེ་བ་དང། བརྩོན་འགྲུས་དང། དྲན་པ་དང། ཏིང་ངེ་འཛིན་དང། ཤེས་རབ་ལ་སོགས་པ་སྐྱེ་བ་ལ་དབང་བྱེད་པ་ཡིན་ནོ། །བརྩོན་འགྲུས་ལ་སོགས་པ་གང་དག་ཡིན་པ་དེ་དག་ཀྱང་འཇིག་རྟེན་ལས་འདས་པའི་ཆོས་དང། གོང་མ་དག་སྐྱེ་བ་ལ ་དབང་བྱེད་ཅིང། བསྒྲུབ་པའི་བར་ལ་དབང་བྱེད་པ་ཡིན་ནོ། །ཤེས་རབ་ཀྱི་བར་ནི་འཇིག་རྟེན་ལས་འདས་པའི་ཚེས་སྐྱེ་བ་ལ་དབང་བྱེད་པ་ཡིན་པས་ན། དེའི་ཕྱིར་དད་པ་ལ་སོགས་པ་དེ་དག་ནི། དེའི་ཕྱིར་དད་པ་ལ་སོགས་པ་དེ་དག་ནི་དབང་པོ་ལྔ་ཡིན་ནོ། །སྔ་མས ་ཕྱི་མའི་ཁྱད་པར་རྟོགས་པ་ཤེས་ཤིང། དེའི་རྗེས་སུ་འབྲེང་བས་དེའི་གོང་དུ་འཇིག་རྟེན་ལས་འདས་པའི་ཆོས་རྟོགས་པར་བྱ་བའི་ཕྱིར། མངོན་པར་ཡིད་ཆེས་པ་དང། རབ་ཏུ་དང་བ་དང། དད་པ་གང་ཡིན་པ་དེ་ནི་མི་ཆོམས་པའི་དོན་གྱིས་དད་པའི་སྟོབས་ཞེས་བྱའོ།། ་ཅི་ཞིག་གིས་ཆོམས་པ་མི་ནུས་པ་ཡིན་ཞེ་ན། སྨྲས་པ་དད་པ་ནི་ལྷ་འམ་བདུད་དམ། ཆིངས་པ་འམ། སུས་ཀྱང་འཇིག་རྟེན་ན་ཆོས་དང་མཐུན་པས་མི་འཕྲོགས་པ་དང། ཉོན་མོངས་པའི་ཀུན་ནས་དཀྲིས་པས་མི་འཕྲོགས་པ་ནི་དེའི་ཕྱིར་དེ་ནི་མི ་ཆོམས་པ་ཞེས་བྱའོ། །དེས་ཐོག་དྲངས་ཤེང་དེ་མདུན་དུ་བཏང་བའི་བརྩོན་འགྲུས་ལ་སོགས་པ་གང་དག་ཡིན་པ་དེ་དག་ཀྱང་སྟོབས་རྣམས་ཞེས་བྱ་བ་སྟེ་དེ་སྟོབས་དེ་དག་གིས་སྟོབས་དང་ལྡན་པར་གྱུར་པས་བདུད་ཀྱི་སྟོབས་ཐམས་ཅད་ལས་རྣམ་པར་རྒྱལ་བར་བྱས་ཏེ། ཟག་པ་རྣམས ་ཟད་པར་བྱ་བའི་ཕྱིར་རབ་ཏུ་བརྩོན་པར་བྱེད་པས་ན་དེའི་ཕྱིར་སྟོབས་རྣམས་ཞེས་བྱའོ། །དེ་ལ་དད་པའི་དབང་པོ་གང་ཡིན་པ་དང། དད་པའི་སྟོབས་གང་ཡིན་པ་དེ་ནི་ཤེས་ནས། དད་པ་བཞི་པོ་དག་ཏུ་བལྟ་བར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཡང་དག་པ་ཉིད་དུ་སྐྱོན་མེད་པར ་ཞུགས་པའི་ཤེས་ནས་དད་པ་གང་ཡིན་པ་དེ་དག་ནི། དེའི་རྒྱུ་ལས་བྱུང་བ་དང། དེའི་རྐྱེན་ལས་བྱུང་བ་དང། དེའི་གཞི་ལས་བྱུང་བ་ཡིན་པས་ན། དེའི་ཕྱིར་རྒྱུ་དང་འབྲས་བུའི་འབྲེལ་པས་དེ་དག་དེའི་བདག་པོའི་འབྲས་བུ་ཡིན་པའི་དབང་དུ་མཛད་ནས། བཅོམ་ལྡན་འདས ་ཀྱིས་ཀྱང་དེ་དག་ཏུ་བལྟ་བར་བྱའོ་ཞེས་གསུངས་ཀྱི། དེ་དག་གི་ལུས་དང་དེ་དག་གི་མཚན་ཉིད་ནི་མ་ཡིན་ནོ། །དེ་ལ་བརྩོན་འགྲུས་ཀྱི་དབང་པོ་ནི་ཡང་དག་པའི་སྤོང་བ་བཞི་པོ་དག་ཏུ་བལྟ་བར་བྱ་སྟེ། ཡང་དག་པའི་སྤོང་བ་དེ་དག་ཀྱང་གང་ཞེ་ན། མཐོང་བས་སྤང་བར་བྱ ་པའི་ཉོན་མོངས་སྤང་བའི་ཕྱིར། སྦྱོར་བ་ལས་བྱུང་བའི་ཡང་དག་པའི་སྤོང་བ་གང་ཡིན་པ་དེ་དག་ནི་འདིར། ཡང་དག་པའི་སྤོང་བ་རྣམས་ཡིན་པར་དགོངས་ཏེ། འདི་ལྟར་དེ་དག་ནི་སྡིག་པ་མི་དགེ་བའི་ཆོས་རྣམས་གཏན་དུ་སྤོང་བའི་ཕྱིར་འཇུག་པ་ཡིན་པའི་ཕྱིར་རོ།། ་དེ་ལ་དྲན་པའི་དབང་པོ་ནི་དྲན་པ་ཉེ་བར་གཞག་པ་བཞི་པོ་དག་ཏུ་བལྟ་བར་བྱའོ་ཞེས་གསུངས་པ་ནི་ཕྱིན་ཅི་ལོག་མ་ལུས་པར་སྤོང་བའི་ཕྱིར་འཇུག་པར་འགྱུར་བའི་དྲན་པ་ཉེ་བར་གཞག་པ་བཞི་པོ་གང་དག་ཡིན་པ་རྣམས་སོ། །དེ་ལ་ཏིང་ངེ་འཛིན་གྱི་དབང་པོ ་ནི་བསམ་གཏན་པ་བཞི་པོ་དག་ཏུ་བལྟ་བར་བྱའོ་ཞེས་གསུངས་པ་ནི། ཕྱིར་མི་འོང་བ་ཉིད་དུ་སྦྱོར་བ་ལས་བྱུང་བསམ་གཏན་གང་དག་ཡིན་པ་རྣམས་སོ། །དེ་ལ་ཤེས་རབ་ཀྱི་དབང་པོ་ནི་བདེན་པ་བཞི་པོ་དག་ཏུ་བལྟ་བར་བྱའོ་ཞེས་གསུངས་པ་ནི་བདེན་པ་ཤེས་པ་སྟེ། འཕགས་པའི ་བདེན་པ་བཞི་པོ་དག་མངོན་པར་རྟོགས་པར་བྱ་བ་དང། དགེ་སྦྱོང་གི་འབྲས་བུ་ཐོབ་པར་བྱ་བའི་ཕྱིར་འཇུག་པ་གང་ཡིན་པའོ། །དབང་པོ་རྣམས་ཇི་ལྟ་བ་བཞིན་དུ། སྟོབས་རྣམས་ཀྱང་དེ་བཞིན་དུ་རིག་པར་བྱའོ། །དེ་དབང་པོ་དེ་དག་དང། སྟོབས་དེ་དག་ཀུན་ཏུ་བསྟེན་ཅིང ་གོམས་པར་བྱས། ལན་མང་དུ་བྱས་པའི་རྒྱུས་ངེས་པར་འབྱེད་པའི་ཆ་དང་མཐུན་པའི་དགེ་བའི་རྩ་བ་བཞི་པོ་འདི་ལྟ་སྟེ། དྲོ་བར་གྱུར་པ་དང། རྩེ་མོ་དང། བདེན་པ་དང་རྗེས་སུ་མཐུན་པའི་བཟོད་པ་དང། འཇིག་རྟེན་པའི་ཆོས་ཀྱི་མཆོག་ཆུང་ངུ་དང་འབྲིང་དང། ་ཆེན་པོ་དག་སྐྱེད་པར་བྱེད་དེ། འདི་ལྟ་སྟེ། དཔེར་ན། མེས་མེའི་བྱ་བ་བྱེད་པར་འདོད་ཅིང་མེ་དོན་དུ་གཉེར་བའི་མི་ལ་ལ་ཞིག་གིས་གཙུབས་གཏན་གྱི་སྟེང་དུ་གཙུབས་ཤིང་གཙུབས་ཏེ། མངོན་པར་གཙུབས་ཤིང་འབད་པར་བྱེད། སྒྲིམ་པར་བྱེད། རྩོལ་བར་བྱེད་ན། དེའི ་འབད་པ་དང། སྒྲིམ་པ་དང། རྩོལ་བའི་སྒོ་ནས་དང་པོ་ཁོ་ནར་གཙུབས་གཏན་ལས་དྲོད་སྐྱེ་བར་འགྱུར་རོ། །དྲོད་དེ་ཉིད་མངོན་པར་འཕེལ་བ་ནི་རྩེ་མོར་བྱུང་ཞིང། དུ་བ་འཐུལ་བར་འགྱུར་རོ། །དྲོད་དེ་ཉིད་མངོན་པར་འཕེལ་བ་ན་རྩེ་མོར་འབྱུང་ཞིང། དུ་བ་འཐུལ་བར ་འགྱུར་རོ། །རྒྱ་ཆེར་མངོན་པར་འཕེལ་བར་འགྱུར་བ་ན། མེ་ལྕེ་མེད་པའི་མེ་འབྱུང་བར་འགྱུར་རོ། །མེ་བྱུང་མ་ཐག་ཁོ་ནར་མེ་ལྕེ་འབྱུང་བར་འགྱུར་ཏེ། མེ་ལྕེ་བྱུང་ཞིང་འབར་བ་དེས་མེའི་བྱ་བ་བྱེད་དོ། །དེ་བཞིན་དུ་ཇི་ལྟར་མངོན་པར་གཙུབས་ཤིང་འབད་པ་དང། སྒྲིམ་པ ་དང། རྩོལ་བར་བྱེད་པ་དེ་ལྟར་ནི། དང་པོ་ལྔ་པོ་དག་ལ་ཀུན་ཏུ་བསྟེན་ཅིང་གོམས་པར་བྱེད། ལེན་མང་དུ་བྱེད་པ་བལྟར་བར་བྱའོ། །ཇི་ལྟར་དང་པོ་ཁོ་ནར་གཙུབས་གཏན་ལས་དྲོད་སྐྱེ་བར་འགྱུར་བ་དེ་ལྟར་ནི་མེ་ལྟ་བུའི་ཟག་པ་མེད་པའི་ཆོས་ཉོན་མོངས་པ་ཡོངས ་སུ་སྲེག་པར་བྱེད་པ་རྣམས་སྐྱེ་བའི་སྔོན་དུ་འགྲོ་ཞིང་རྒྱུར་གྱུར་པའི་དྲོ་བར་གྱུར་པ་དག་བལྟ་བར་བྱའོ། །ཇི་ལྟར་དྲོད་དེ་ཉིད་མངོན་པར་འཕེལ་བ་ན་རྩེ་མོར་འབྱུང་བར་འགྱུར་བ་དེ་ལྟར་ནི་རྩེ་མོ་དག་བལྟ་བར་བྱའོ། །ཇི་ལྟར་དུ་བ་འཐུལ་བར ་འགྱུར་བ་དེ་ལྟར་ནི་བདེན་པ་དང་རྗེས་སུ་མཐུན་པའི་བཟོད་པ་རྣམས་བལྟ་བར་བྱའོ། །ཇི་ལྟར་རྒྱ་ཆེར་མངོན་པར་འཕེལ་བར་གྱུར་པ་ན་མེ་ལྕེ་མེད་པའི་མེ་འབྱུང་བར་འགྱུར་བ་དེ་ལྟར་ནི་འཇིག་རྟེན་པའི་ཆོས་ཀྱི་མཆོག་རྣམས་བལྟ་བར་བྱའོ། །དེ་ལྟར་མེ་བྱུང་མཐག ་ཁོ་ནར་མེ་ལྕེ་འབྱུང་བར་འགྱུར་ཏེ། མེ་ལྕེ་བྱུང་ཞིང་འབར་བ་དེས་མེའི་བྱ་བ་བྱེད་པ། དེ་ལྟར་ནི་གང་དག་འཇིག་རྟེན་པའི་ཆོས་ཀྱི་མཆོག་གིས་ཡང་དག་པར་ཟིན་པའི་དབང་པོ་ལྔ་པོ་དག་གི་མཇུག་ཐོགས་སུ་བྱུང་བ། འཇིག་རྟེན་ལས་འདས་པ་ཟག་པ་མེད་པའི ་ཆོས་རྣམས་བལྟ་བར་བྱའོ། །དེ་དག་ཀྱང་གང་ཞེ་ན། སྨྲས་པ། བྱང་ཆུབ་ཀྱི་ཡན་ལག་བདུན་པོ་དག་སྟེ། ཡང་དག་པ་ཉིད་དུ་སྐྱོན་མེད་པར་ཞུགས་པའི་གང་ཟག་གི་ཡང་དག་པ་ཇི་ལྟ་བ་བཞིན་དུ་རྟོགས་པ་གང་ཡིན་པ་དེའི་ཡན་ལག་རྣམས་སོ། །ཡང་དག་པ་ཇི་ལྟ ་བ་བཞིན་དུ་རྟོགས་པ་དེ་ཡང་ཡན་ལག་བདུན་པོ་ཞི་གནས་ཀྱི་ཕྱོགས་གསུམ་དང། ལྷག་མཐོང་གི་ཕྱོགས་གསུམ་དང། གཉི་གའི་ཕྱོགས་གཅིག་གིས་ཡོངས་སུ་བསྡུས་པ་ཡིན་ཏེ། དེ་ལ་ཆོས་རྣམ་པར་འབྱེད་པ་གང་ཡིན་པ་དང། བརྩོན་འགྲུས་གང་ཡིན་པ་དང། ་དགའ་བ་གང་ཡིན་པ་གསུམ་པོ་དེ་དག་ནི་ལྷག་མཐོང་གི་ཕྱོགས་ཡིན་ནོ། །དེ་ལ་ཤིན་ཏུ་སྦྱངས་པ་གང་ཡིན་པ་དང། ཏིང་ངེ་འཛིན་གང་ཡིན་པ་དེ་དང། བཏང་སྙོམས་གང་ཡིན་པ་གསུམ་པོ་དེ་དག་ནི་ཞི་གནས་ཀྱི་ཕྱོགས་ཡིན་ནོ། །དྲན་པ་ནི་གཉི་གའི་ཕྱོགས་ཡིན་ཏེ། ་ཀུན་ཏུ་འགྲོ་བ་ཞེས་བྱའོ། །དེ་བྱང་ཆུབ་ཀྱི་ཡན་ལག་རྣམས་ཐོབ་པའི་ཕྱིར། དེའི་ཚེ་ན་སློབ་པ་བཞི་མཐོང་བ་ཡིན་ཏེ། དེའི་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་རྣམས་ནི་སྤངས་ཟིན་གྱི། བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་རྣམས་ལུས་པ་ན། དེ ་དག་སྤང་བར་བྱ་བའི་ཕྱིར་ཕུང་པོ་གསུམ་པོ་འཕགས་པའི་ལམ་ཡན་ལག་བརྒྱད་པ་བསྒོམ་པར་བྱེད་དོ། །དེ་ལ་ཡང་དག་པའི་ལྟ་བ་གང་ཡིན་པ་དང། ཡང་དག་པའི་རྟོག་པ་གང་ཡིན་པ་དང། ཡང་དག་པའི་རྩོལ་བ་གང་དག་ཡིན་པ་དེ་ནི་ཤེས་རབ་ཀྱི་ཕུང་པོ་ཡིན་ནོ། །དེ་ལ་ཡང ་དག་པའི་ངག་དང། ལས་ཀྱི་མཛའ་དང། འཚོ་བ་གང་དག་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱི་ཕུང་པོ་ཡིན་ནོ། །དེ་ལ་ཡང་དག་པའི་དྲན་པ་གང་ཡིན་པ་དང། ཡང་དག་པའི་ཏིང་ངེ་འཛིན་གང་ཡིན་པ་དེ་ནི་ཏིང་ངེ་འཛིན་གྱི་ཕུང་པོ་ཡིན་ནོ། །ཅིའི་ཕྱིར་འཕགས་པའི་ལམ་ཡན ་ལག་བརྒྱད་པ་ཞེས་བྱ་ཞེ་ན། སྨྲས་པ་ཡན་ལག་བརྒྱད་ཀྱིས་ཡང་དག་པར་བསྡུས་པ་དེ་ནི་འཕགས་པའི་སློབ་པ་གཞི་མཐོང་བའི་ཉོན་མོངས་པ་ཐམས་ཅད་མ་ལུས་པར་སྤང་བར་བྱ་བ་དང། རྣམ་པར་གྲོལ་བ་མངོན་སུམ་དུ་བྱ་བའི་ལམ་ཡིན་ཞིང་དེ་ནི་སྒྲུབ་པ་ཡིན ་པས་ན། དེའི་ཕྱིར་འཕགས་པའི་ལམ་ཡན་ལག་བརྒྱད་པ་ཞེས་བྱའོ། །དེ་ལ་བྱང་ཆུབ་ཀྱི་ཡན་ལག་གི་དུས་ན་དེ་ཁོ་ན་རྟོགས་ཤིང་ཐོབ་པ་གང་ཡིན་པ་དང། ཐོབ་ནས་ཇི་ལྟར་རྟོགས་ཤིང་ཁོང་དུ་ཆུད་པ་དེ་ཉིད་ཤེས་རབ་ཀྱིས་རྣམ་པར་འཇོག་པར་བྱེད་པ་གང་ཡིན་པ་དེ་གཉིས ་གཅིག་ཏུ་བསྡུས་པ་ན་ཡང་དག་པའི་ལྟ་བ་ཞེས་བྱའོ། །ཡང་དག་པའི་ལྟ་བ་དེ་ཉིད་ཀྱི་དབང་དུ་བྱས་ནས། ངེས་པར་འབྱུང་བའི་རྟོག་པ་དང་གནོད་སེམས་མེད་པའི་རྟོག་པ་དང། རྣམ་པར་འཚེ་བ་མེད་པའི་རྟོག་པ་ལ་ཡང་དག་པར་རྟོག་པར་བྱེད་པ་གང་ཡིན་པ་དེ་ནི ་ཡང་དག་པའི་རྟོག་པ་ཡིན་ཏེ། གལ་ཏེ་རེ་ཞིག་རྣམ་པར་རྟོག་པ་དག་ལ་སེམས་འཇུག་པར་འགྱུར་ན་ནི་དེ་དེ་ལྟ་བུའི་རྣམ་པར་རྟོག་པ་དག་ལ་རྟོག་པར་བྱེད་དོ། །གལ་ཏེ་གཏམ་ལ་སེམས་འཇུག་པར་འགྱུར་ན། དེ་ལྟ་བ་དེ་ཉིད་ཀྱི་དབང་དུ་བྱས་ཏེ། དག་པའི ་རྟོག་པ་དེ་དག་ཉིད་ཀྱིས་ཆོས་དང་ལྡན་པའི་གཏམ་ཟེར་བ་དེ་ནི་དེའི་ཡང་དག་པའི་དག་ཡིན་ནོ། །དེ་གལ་ཏེ་ཆོས་གོས་དང། བསོད་སྙོམས་དང། མལ་ཆ་དང། སྟན་དང། ནད་ཀྱི་གསོས་སྨན་དང། ཡོ་བྱད་དག་འདོད་ཅིང། དེ་དག་ལ་ཡོངས་སུ་ཚོལ་བར་བྱེད་པ་དང། དེ ་འགྲོ་བ་དང་ལྡོག་པ་དག་ལ་ཤེས་བཞིན་དུ་སྦྱོད་པར་བྱེད་པ་དང། ཆུང་ཟད་བལྟས་པ་དང། རྣམ་པར་བལྟས་པ་དང། བསྐུམ་པ་དང། བརྐྱང་བ་དང། སྣམ་སྦྱར་དང། ཆོས་གོས་དང། ལྷུང་བཟེད་བཅང་བ་དང། ཟོས་པ་དང་འཐུངས་པ་དང། ་འཆོས?་དང། མྱངས་པ་དང། གཙུག་ལག་ཁང་དུ་འགྲོ་བ་འམ། ཆོས་གོས་ལ་སོགས་པ་ཡོངས་སུ་ཚོལ་བ་འམ། འགྲོ་བ་དང། སྡོང་པ་དང། འདུག་པ་དང་ཉལ་བ་དང། གཉིད་ཀྱི་སྙོམ་པ་བསད་པའི་བར་དག་ལ་ཡང་ཤེས་བཞིན་དུ་སྤྱོད་པར་བྱེད་པ ་གང་ཡིན་པ་དེ་ནི་དེའི་ཡང་དག་པའི་ལས་ཀྱི་མཛའ་ཞེས་བྱའོ། །དེ་ཆོས་གོས་དང། ནད་ཀྱི་གསོས་སྨན་དང། ཡོ་བྱད་ཀྱི་བར་དག་ཆོས་ཀྱི་ཡོངས་སུ་ཚོལ་བར་བྱེད་པ་དེ་དང། ལོག་པས་འཚོ་བར་བྱེད་པའི་ཆོས་རྣམས་རྣམ་པར་སྤངས་པའི་བར་གང་ཡིན་པ ་དེ་ནི་དེའི་ཡང་དག་པའི་འཚོ་བ་ཞེས་བྱའོ། །སྤོང་བས་ཡང་དག་པར་བསྡུས་པ་ཡང་དག་པའི་ངག་དང། ལས་ཀྱི་མཛའ་དང། འཚོ་བ་གང་དག་ཡིན་པ་དེ་ནི། དེས་དང་པོ་ཁོ་ནར་ཟག་པ་མེད་པའི་ཡིད་ལ་བྱེད་པ་ཐོབ་པ་ན། བྱང་ཆུབ་ཀྱི་ཡན་ལག་རྣམས་དང། ལྷན ་ཅིག་ཁོ་ནར་ཐོབ་པ་ཡིན་ཏེ། དེ་དག་ནི་དེའི་འཕགས་པ་དགྱེས་པའི་ཚུལ་ཁྲིམས་རྣམས་ཞེས་བྱའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ནི་འཕགས་པ་དམ་པ་ཡང་དག་པར་སོང་བ་རྣམས་ཀྱིས་ཅི་ནས་ཀྱང་བདག་གི་དག་གིས་ཉེས་པར་སྤྱད་པ་དང། ་ལུས་ཀྱིས་ཉེས་པར་སྤྱད་པ་དང། ལོག་པའི་འཚོ་བ་དག་མི་བྱ་བས་བསྡམ་པ་དེ་ཐོབ་པར་བྱའོ་ཞེས་ཡུན་རིང་པོ་ནས་དགྱེས་པ་དང། སྡུག་པ་དང། ཕངས་པ་དང། ཐུགས་སུ་འཐད་པར་མཛད་པ་ཡིན་ཏེ། དེ་དག་གི་ཡུན་རིང་པོ་ནས་དགྱེས ་པ་དང། སྡུག་པ་དང། ཕངས་པ་དང། ཐུགས་སུ་འཐད་པར་མཛད་པ་གང་ཡིན་པ་དེས་དེའི་ཚེ་ན་ཐོབ་པས་ན། དེའི་ཕྱིར་འཕགས་པ་དགྱེས་པ་ཞེས་བྱའོ། །འདི་ལྟར་འཕགས་པ་དགྱེས་པའི་ཚུལ་ཁྲིམས་དག་ཐོབ་ན། ཤེས་བཞིན་དུ་བརྫུན་གྱི་ཚིགས ་སྨྲ་བར་མི་བྱེད། བསམས་བཞིན་དུ་སྲོག་ཆགས་ཀྱི་སྲོག་གཅོད་པར་མི་བྱེད། མ་བྱིན་པར་ལེན་པར་མི་བྱེད་འདོད་པ་དག་ལ་ལོག་པར་གཡེམ་པར་མི་བྱེད་ཅིག་ཆོས་མ་ཡིན་པས་ཆོས་གོས་ལ་སོགས་པ་ཡོངས་སུ་ཚོལ་བར་མི་བྱེད་པས་ན། དེ་ལྟར་འཕགས་པ་དགྱེས་པའི ་ཚུལ་ཁྲིམས་དེ་དག་ཉིད་ཀྱི་དབང་དུ་བྱས་ཏེ། ལམ་བསྒོམ་པའི་ཚེ་ན་དག་འཇུག་པ་གང་ཡིན་པ་དང། ལུས་ཀྱི་ལས་གང་ཡིན་པ་དང། འཚོ་བ་གང་ཡིན་པ་དག་ཀྱང་ཡང་དག་པའི་ངག་དང། ལས་ཀྱི་མཛའ་དང། འཚོ་བ་དག་ཅེས་བྱའོ། །ཡང་དག་པའི་ལྟ་བ་དང། ཡང ་དག་པའི་རྟོག་པ་དང། ཡང་དག་པའི་ངག་དང། ལས་ཀྱི་མཛའ་དང། འཚོ་བ་དག་ལས་བརྟེན་ཏེ། བསྒོམ་པ་ལ་ཞུགས་པ་དེའི་འདུན་པ་དང། བརྩོན་འགྲུས་དང། རྩོལ་བ་དང། ངེས་པར་འབྱུང་བར་བྱེད་པ་དང། ཕ་རོལ་གནོན་པར་བྱེད་པ་དང། མཐུ་དང། ་རྩོལ་བ་དང། སེམས་ཡང་དག་པར་རབ་ཏུ་འཛིན་པར་བྱེད་པ་དང། རྟག་འགྲུས་གང་ཡིན་པ་དེ་ནི། དེའི་ཡང་དག་པའི་རྩོལ་བ་ཞེས་བྱའོ། །དེ་ལྟར་ཡང་དག་པའི་རྩོལ་བ་དང་ལྡན་པའི་དྲན་པ་ཉེ་བར་གཞག་པ་བཞིའི་དབང་དུ་བྱས་ནས། ཕྱིན་ཅི་མ་ལོག་པས་ཡང་དག་པར ་བསྡུས་པའི་དྲན་པ། སེམས་གནས་པ་རྣམ་པ་དགུ་པོ་དག་ཡང་དག་པར་འཛིན་པར་བྱེད་པ་གང་ཡིན་པ་དེ་དག་ནི་དེའི་ཡང་དག་པའི་དྲན་པ་དང། ཡང་དག་པའི་ཏིང་ངེ་འཛིན་ཅེས་བྱའོ། འཕགས་པའི་ལམ་ཡན་ལག་བརྒྱད་པོ་དེ་དག་ཐམས་ཅད་ཀྱང་མདོར་བསྡུ་ན། རྒྱུ ་བའི་ཚེ་ན་བྱ་བ་དང། གནས་པའི་ཚེ་ན་བྱ་བ་དག་ཡིན་ཏེ། དེ་ལ་ཡང་དག་པའི་དག་ངག་དང། ལས་ཀྱི་མཛའ་དང། འཚོ་བ་དག་ནི་རྒྱུ་བའི་ཚེ་ན་བྱ་བ་ཡིན་ནོ། །གནས་པའི་ཚོ་ན་བྱ་བ་ནི་རྣམ་པ་གཉིས་ཏེ། ཞི་གནས་དང། ལྷག་མཐོང་ངོ། །དེ་ལ་ཡང་དག་པའི་ལྟ ་བ་གང་ཡིན་པ་དང། ཡང་དག་པའི་རྟོག་པ་གང་ཡིན་པ་དང། ཡང་དག་པའི་རྩོལ་བ་གང་ཡིན་པ་དེ་ནི་ལྷག་མཐོང་ཡིན་ནོ། །དེ་ལ་ཡང་དག་པའི་དྲན་པ་གང་ཡིན་པ་དང། ཡང་དག་པའི་ཏིང་ངེ་འཛིན་གང་ཡིན་པ་དེ་ནི་ཞི་གནས་ཡིན་ནོ། །དེ་ལྟར་ཡང་དག་པའི་དག?་དང། ལས ་ཀྱི་མཛའ་དང། ཚོར་བ་ཡོངས་སུ་དག་པ་ལ་བསྟན་ནས་དུས་དུས་སུ་ཞི་གནས་དང། ལྷག་མཐོང་བསྒོམ་པར་བྱེད་པ་ནི། ཀུན་ཏུ་སྦྱོར་བ་མ་ལུས་པར་སྤངས་པ་མངོན་སུམ་དུ་བྱེད་ཅིང་འབྲས་བུའི་མཆོག་དགྲ་བཅོམ་པ་ཉིད་ཀྱང་ཐོབ་པར ་འགྱུར་རོ། །བསྒོམ་པའི་ལམ་ནི་དུས་གཞན་ནས་ཀུན་ཏུ་བསྟེན་པས་ཉོན་མོངས་པ་རྣམས་སྤོང་བར་བྱེད་པ་ཡིན་པས་ན་ཡུན་རིང་བ་ཡིན་ནོ། །མཐོང་བའི་ལམ་ནི་ཤེས་པ་སྐྱེས་པ་ཙམ་གྱིས་ཉོན་མོངས་པ་རྣམས་སྤོང་བར་བྱེད་པ་ཡིན་པས་ཤེས་པ་ཙམ་ལ་རག་ལས་པ ་ཡིན་ཏེ། རྒྱུ་དེས་ན་ཡང་དག་པའི་དག་དང། ལས་ཀྱི་མཛའ་དང། འཚོ་བ་ནི་བསྒོམ་པའི་ལམ་དུ་རྣམ་པར་བཞག་པ་ཡིན་ནོ། །དེ་ལྟར་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་པོ་དེ་དག་ལ་རིམ་པ་དེས་གོམས་པ་དང། ཡོངས་སུ་བྱང་བར་བྱེད་པ་གང་ཡིན་པ་དེ་ནི་བྱང ་ཆུབ་ཀྱི་ཕྱོགས་བསྒོམ་པ་ཞེས་བྱའོ། །དེ་ལ་བསྒོམ་པའི་འབྲས་བུ་གང་ཞེ་ན། སྨྲས་པ་དགེ་སྦྱོང་གི་འབྲས་བུ་བཞི་སྟེ། རྒྱུན་ཏུ་ཞུགས་པའི་འབྲས་བུ་དང། ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང། ཕྱིར་མི་འོང་བའི་འབྲས་བུ་དང་འབྲས ་བུའི་མཆོག་དགྲ་བཅོམ་པ་ཉིད་དོ། །དེ་ལ་དགེ་སྦྱོང་ནི་གང། འབྲས་བུ་ནི་གང་ཞེ་ན། སྨྲས་པ། ལམ་ནི་དགེ་སྦྱོང་ཡིན་ནོ། །ཉོན་མོངས་པ་སྤངས་པ་ནི་འབྲས་བུ་ཡིན་ནོ། །གཞན་ཡང་ལམ་སྔར་སྐྱེས་པའི་འོག་ཏུ་ལམ་འབྲིང་དང་ཁྱད་པར་དུ་འཕགས་པ་དང་འདྲ་བ་སྐྱེས་པ་ནི ་འབྲས་བུ་ཡིན་ནོ། །དེ་ལ་ཅིའི་ཕྱིར་འབྲས་བུ་བཞི་རྣམ་པར་བཞག་ཅེ་ན། སྨྲས་པ། ཉོན་མོངས་པ་སྤང་བའི་གཉེན་པོ་རྣམ་པ་བཞིའི་ཕྱིར་ཏེ། འདི་ལྟ་སྟེ། ཉོན་མོངས་པ་དངོས་པོ་མེད་པ་ངན་སོང་དུ་འགྲོ་བར་འགྱུར་བ། ངན་སོང་དུ་འགྲོ་བའི་རྒྱུར་གྱུར་པ་རྣམས་སྤངས ་པ་དང། གཉེན་པོ་བསྐྱེད་པའི་ཕྱིར་རྒྱུན་ཏུ་ཞུགས་པའི་འབྲས་བུ་རྣམ་པར་བཞག་གོ་།བཅོམ་ལྡན་འདས་ཀྱིས་ཀྱང་ཀུན་ཏུ་སྦྱོར་བ་གསུམ་ནི་ལམ་བསྐྱེད་པའི་བར་དུ་གཅོད་པར་བྱེད་པ་ཡིན་པའོ། ཕྱོགས་གསུམ་པོ་ཁྱིམ་པའི་ཕྱོགས་དང། ཉེས་པར་བཤད་པའི ་ཆོས་འདུལ་བའི་ཕྱོགས་དང། ལེགས་པར་གསུང་པའི་ཆོས་འདུལ་བའི་ཕྱོགས་ལ་ཀུན་ཏུ་སྦྱོར་བ་གསུམ་སྤངས་པའི་ཕྱིར་རྣམ་པར་བཞག་སྟེ། དེ་ལ་ཁྱིམ་པའི་ཕྱོགས་ལ་ནི་འཇིག་ཚོགས་ལ་ལྟ་བ་སྟེ། དེས་དེ་དང་པོ་ཉིད་ནས་བརྩོན་པར་མི་བྱེད་པར་འཇིག་ཚོགས་ལ་ལྟ ་བས་ནི་དང་པོ་ཉིད་ནས་སྐྲག?་པར་ཉེས་པར་བཤད་པའི་ཆོས་འདུལ་བ་ལ་ནི་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་སྟེ། བསྐྱོད་དུ་ཟིན་ཀྱང་ལོག་པར་བསྒྲུབ་པའི་ཕྱིར། དེས་ནི་འཕགས་པའི་ལམ་སྐྱེད་པར་མི་བྱེད་དོ། །ལེགས་པར་གསུངས་པའི་ཆོས་འདུལ ་བ་ལ་ནི་ཐེ་ཚོམ་སྟེ། དེ་ལས་གཡོ་བར་ཡང་འགྱུར་ལ། ལོག་པར་ཞུགས་པ་མ་ཡིན་དུ་ཟིན་ཀྱང། མ་གོམས་པའི་ཕྱིར། དེ་ཇི་སྲིད་དུ་ཤེས་བྱའི་དངོས་པོ་ཡང་དག་པ་ཇི་ལྟ་བ་བཞིན་དུ་མཐོང་བར་མ་གྱུར་པ་དེ་སྲིད་ཀྱི་བར་དུ་ལམ་སྐྱེ་བ་ལ་ནེམ་ནུར་དང་ཡིད་གཉིས་དག ་གིས་བར་དུ་གཅོད་པར་བྱེད་པས་ན། རྒྱུ་དེས་རེ་ཞིག་རྒྱུན་ཏུ་ཞུགས་པའི་འབྲས་བུ་རྣམ་པར་བཞག་གོ་།རྒྱུན་ཏུ་ཞུགས་པ་དེ་ཡང་རེ་ལྟར་ཐོགས་ན་སྲིད་པའི་ལྷག་མ་བདུན་ཡོད་པ་ཡིན་ཏེ། དེའི་སྐྱེ་བའི་རྒྱུན་དེ་ཡང་གང་གི་ཚེ། ལྷའི་སྲིད་པར་བསྡུས་པ་དང། མིའི་སྲིད་པར ་བསྡུས་པའི་སྐྱེ་བའི་རྒྱུན་གྱི་ཉོན་མོངས་པ་སྤོང་བར་བྱེད་ཅིང། དེ་དག་སྤངས་པའི་ཕྱིར་ལྷའི་སྲིད་པ་ལན་ཅིག་དང། མིའི་སྲིད་པ་ལན་ཅིག་མངོན་པར་སྒྲུབ་པར་བྱེད་པ་དེའི་ཚེ་ནི། ལན་ཅིག་ཕྱིར་འོང་བའི་འབྲས་བུར་རྣམ་པར་བཞག་གོ་།གང་གི་ཚེ་འདིར་སྐྱེ་ཞིང་ཕྱིར་འོང་བའི་ཉོན ་མོངས་པ་སྤངས་ནས་ལྷའི་སྲིད་པ་ཉི་ཚེ་ཁོ་ན་མངོན་པར་སྒྲུབ་པར་བྱེད་པ་དེའི་ཚེ་ན། ཕྱིར་མི་འོང་བའི་འབྲས་བུའི་རྣམ་པར་བཞག་གོ་།སྲིད་པར་སྐྱེ་བར་འགྱུར་བའི་ཉོན་མོངས་པ་ཐམས་ཅད་སྤངས་ན་ནི། འབྲས་བུའི་མཆོག་དགྲ་བཅོམ་པ་ཉིད་དུ་རྣམ་པར་བཞག་གོ་།བཅོམ ་ལྡན་འདས་ཀྱིས་ལན་ཅིག་ཕྱིར་འོང་བའི་འབྲས་བུ་དེ་ཡང་ཀུན་ཏུ་སྦྱོར་བ་གསུམ་སྤངས་པ་དང། འདོད་ཆགས་དང། ཞེ་སྡང་དང། གཏི་མུག་བསྲབས་པའི་ཕྱིར་རྣམ་པར་བཞག་གོ་།ཕྱིར་མི་འོང་བའི་འབྲས་བུ་ནི་ཐ་མའི་ཆ་དང་མཐུན་པའི་ཀུན་ཏུ་སྦྱོར་བ་ལྔ་སྤངས་པའི་ཕྱིར ་རྣམ་པར་བཞག་གོ་།དགྲ་བཅོམ་པ་ཉིད་ཀྱི་འབྲས་བུ་ནི་ཉོན་མོངས་པ་ཐམས་ཅད་ཡོངས་སུ་གཏུགས་པར་སྤངས་པའི་རྣམ་པར་བཞག་སྟེ། དེ་ནི་བསྒོམ་པའི་འབྲས་བུ་ཞེས་བྱའོ། །དེ་ལ་གང་དག་འདོད་ཆགས་དང། ཞེ་སྡང་དང། གཏི་མུག་དང། ་ང་རྒྱལ་དང། རྣམ་པར་རྟོག་པ་སྤྱད་པ་དེ་དག་གིས་ནི། རེ་ཞིག་དང་པོ་ཁོ་ནར་སྤྱད་པ་རྣམ་པར་སྦྱོང་བའི་དམིགས་པ་ལ་སྤྱད་པ་རྣམ་པར་སྤྱོད་པར་བྱ་སྟེ། དེའི་འོག་ཏུ་སེམས་གནས་པ་རྟོགས་པར་འགྱུར་ཞིང། དེ་དག་གི་དམིགས་པ་དེ་ཡང་སོ་སོར་ངེས་པར་ཁོ་ནར ་འགྱུར་བས་ན། དེ་དག་གིས་ནི་གདོན་མི་ཟ་བར་དམིགས་པ་དེས་བརྩོན་པར་བྱའོ། །ཆ་མཉམ་པར་སྤྱད་པ་དེས་ནི་སེམས་གནས་པ་ཉི་ཚེ་ཙམ་གྱི་ཕྱིར་གང་ལ་དགའ་བར་འགྱུར་བ་དེ་ལ་བརྩོན་པར་བྱའི། སྤྱད་པ་རྣམ་པར་སྦྱང་བའི་ཕྱིར་ནི་མ་ཡིན་ནོ། །ཆ་མཉམ་པར ་སྤྱད་པ་ཇི་ལྟ་བ་བཞིན་དུ་ཉོན་མོངས་པ་ཆུང་བ་ཡང་དེ་བཞིན་དུ་རིག་པར་བྱའོ། །དེ་དག་གི་ཁྱད་པར་ནི་འདི་ཡིན་ཏེ། འདོད་ཆགས་ལ་སོགས་པ་སྤྱད་པ་ནི་རབ་ཏུ་བརྩོན་པར་བྱེད་པ་ན། ཡུན་རིང་པོས་རྟོགས་པར་འགྱུར་རོ། །ཆ་མཉམ་པར་སྤྱད་པས་ནི་ཧ་ཅང་ཡུན་རིང་པོ ་མ་ཡིན་པས་སོ། །ཉོན་མོངས་པ་ཆུང་བས་ནི་དུས་ཉེ་བར་མྱུར་བར་སེམས་གནས་པ་རྟོགས་པར་འགྱུར་རོ། །དེ་ལ་གང་ཟག་འདོད་ཆགས་ལ་སོགས་པ་སྤྱད་པ་དག་གི་རྟགས་རྣམས་ནི་སྔར་བསྟན་ཟིན་ན། གང་ཟག་ཆ་མཉམ་པར་སྤྱད་པ་དང། ཉོན་མོངས་པ་ཆུད་པ ་དག་གི་རྟགས་རྣམས་གང་ཞེ་ན། སྨྲས་པ། གང་ཟག་ཆ་མཉམ་པར་སྤྱད་པ་ལ་ནི། འདོད་ཆགས་ལ་སོགས་པ་སྤྱད་པ་དག་གི་རྟགས་གང་དག་ཐམས་ཅད་ཀྱང་ཡོད་མོད་ཀྱིས། དེ་དག་ཇི་ལྟར་འདོད་ཆགས་ལ་སོགས་པ་སྤྱད་པ་དག་གི་ལྟར་ཆེ་བ་དང། བརྩན་པ ་ནི་མ་ཡིན་ཏེ། དེ་དག་ཀྱང་རྐྱེན་དག་ཡོད་ན་ཆ་མཉམ་པར་གྱུར་པ་ཡིན་པར་མངོན་ནོ། །དེ་ལ་གང་ཟག་ཉོན་མོངས་པ་ཆུང་བའི་རྟགས་རྣམས་ནི་མ་བསྒྲིབས་པ་དང། དང་པོ་དག་པ་དང། ཚོགས་བསགས་པ་དང། དད་པ་ཆེ་བ་དང། ཡིད་གཞུང་པ་དང། བསོད ་ནམས་བྱས་པ་དང། ཡོན་ཏན་དང་ལྡན་པ་ཡིན་ནོ། །དེ་ལ་མ་བསྒྲིབས་པ་ནི་སྒྲིབ་པ་གསུམ་པོ་ལས་སྒྲིབ་པ་དང། རྣམ་པར་སྨིན་པའི་སྒྲིབ་པ་བདག་གིས་མ་བསྒྲིབས་པ་སྟེ། དེ་ལ་ལས་ཀྱི་སྒྲིབ་པ་ནི་མཚམས་མེད་པ་ལྔའི་ལས་དག་དང། གཞན་ཡང་བསམས་བཞིན་དུ་བྱས་པའི་ལས ་ལྕི་བ། ལས་ཀྱི་རྣམ་པར་སྨིན་པ་མ་བསྐྱེད་པ། ལམ་བསྐྱེད་པའི་བར་ཆད་བྱེད་པ་གང་ཡིན་པའོ། །དེ་ལ་ཉོན་མོངས་པའི་སྒྲིབ་པ་ནི་ཉོན་མོངས་པ་ཤས་ཆེན་པོ་དང། ཉོན་མོངས་པ་ཡུན་རིང་པོ་གང་དག་ཡིན་པ་སྟེ། ཚེ་འདི་ལ་སྤྱད་པ་རྣམ་པར་སྤྱོད་པའི་དམིགས་པས་རྣམ་པར ་སྦྱང་བར་མི་ནུས་པ་གང་ཡིན་པའོ། །དེ་ལ་རྣམ་པར་སྨིན་པའི་སྒྲིབ་པ་ནི་སྐྱེ་བའི་གནས་གང་དུ་འཕགས་པའི་ལམ་མི་འཇུག་ཅིང་མི་རྒྱུ་བ་དང། གང་དུ་འཕགས་པའི་ལམ་འཇུག་ཅིང་རྒྱུ་བ་དེར་རྣམ་པར་སྨིན་པ་མངོན་པར་གྲུབ་ན་ཡང། དེར་སྐྱེས་པའི་ཚེ་གླེན་པ་དང། དག ་པ་དང། ལྐུགས་པ་དང། ལག་པས་བརྡ་བྱེད་པར་འགྱུར་ཞིང་ལེགས་པར་གསུངས་པ་དང། ཉེས་པར་བཤད་པའི་ཆོས་རྣམས་ཀྱི་དོན་ཀུན་ཏུ་ཤེས་པར་མི་ནུས་པར་འགྱུར་བའོ། །དེ་ལ་དང་པོ་དག་ནི་ཚུལ་ཁྲིམས་ཤིན་ཏུ་རྣམ་པར་དག་པ་དང། ལྟ་བ་དྲང་བའོ། །དེ ་ལ་ཚུལ་ཁྲིམས་ཤིན་ཏུ་རྣམ་པར་དག་པ་ནི། སྔ་མ་བཞིན་དུ་རྣམ་པ་བཅུར་རིག་པར་བྱའོ། །དེ་ལ་ལྟ་བ་དྲང་བ་ནི་དད་པ་དང་མཚུངས་པར་ལྡན་པ་དང། མོས་པ་དང་མཚུངས་པར་ལྡན་པ་དང། སྒྱུ་དང་གཡོ་དང་བྲལ་བ་དང། ལེགས་པར་བསམས་པའི་ཆོས་ཀྱི་དོན ་ལ་ནེམ་ནུར་མེད་ཅིང་ཐེ་ཚོམ་མེད་པའི་སྦྱོར་བ་དང་ལྡན་པའི་ཕྱིར་ཏེ། ལྟ་བ་དང་དད་པ་དང་མཚུངས་པར་ལྡན་པ་གང་ཡིན་པ་ནི་ཆོས་འདུལ་བ་འདི་ལས་མི་འཕྲོག་པར་འགྱུར་རོ། །མོས་པ་དང་མཚུངས་པར་ལྡན་པ་ནི། སངས་རྒྱས་དང། སངས་རྒྱས་ཀྱི་ཉན་ཐོས་རྣམས ་ཀྱི་མཐུ་བསམ་གྱིས་མི་ཁྱབ་པ་དང། སྐྱེ་བའི་གནས་བསམ་གྱིས་མི་ཁྱབ་པ་དག་དང། ཟབ་མོ་བསྟན་པ་དང། ལུང་དུ་མ་བསྟན་པའི་དངོས་པོ་དག་ལ་མོས་ཤིང་མི་སྐྲག་མི་དང་བར་འགྱུར་རོ། །སྒྱུ་དང་གཡོ་དང་བྲལ་བ་འདི་ལྟ་བ་ནི་དེས་ན་དྲང་པོ་དང་དྲང་པོའི་རང་བཞིན་ཅན ་དང། ཇི་ལྟར་རྗེས་སུ་གཏམས་པ་བཞིན་སྒྲུབ་པར་བྱེད་པ་དང། བདག་ཉིད་ཇི་ལྟ་བ་བཞིན་དུ་སྟོན་པར་བྱེད་དོ། །ཆོས་རྣམས་ལ་མི་རྟག་པ་དང། སྡུག་བསྔལ་བ་དང། སྟོང་པ་དང། བདག་མེད་པའི་ལས་བརྩམས་ཏེ། དོན་ལེགས ་པར་བསམས། ལེགས་པར་གཞལ། ལེགས་པར་ཉེ་བར་བརྟགས་པའི་རྒྱུ་དེས་ན། དེ་ནེམ་ནུར་མེད་ཅིང་ཐེ་ཚོམ་མེད་ལ། ལམ་གཉིས་དང་བྲལ་ཞིང་ཁྱད་པར་དུ་འགྲོ་བ་ཡིན་ཏེ། ཇི་སྐད་སློས་པའི་ལྟ་བ་རྣམ་པ་བཞི་པོ་དེ་དག་ནི་ལྟ་བ་དྲང་བ ་ཞེས་བྱའོ། །དེ་ལ་ཆོས་བསགས་པ་ནི་རྒྱས་པར་སྔར་བསྟན་པ་ཁོ་ན་ལྟ་བུའི་ཚོགས་དང་ལྡན་པའོ། །ཡང་དོན་མདོར་བསྡུ་ན། རྣམ་པ་བཞི་སྟེ། བསོད་ནམས་ཀྱི་ཚོགས་དང། ཡེ་ཤེས་ཀྱི་ཚོགས་དང། སྔོན་གྱི་དང། ཆེ་འདིའིའོ། །དེ་ལ་བསོད ་ནམས་ཀྱི་ཚོགས་ནི། བདག་གིས་ད་ལྟར་དེ་ལ་ཡོ་བྱད་རྐྱེན་དུ་འབབ་ཅིང་མཐུན་པར་རབ་ཏུ་མང་པོ་དག་བདོག་པ་དང། དགེ་བའི་བཤེས་གཉེན་དག་རྙེད་པ་དང། རབ་ཏུ་བརྩོན་པ་ན་བར་ཆད་མེད་པ་གང་ཡིན་པའོ། །དེ་ལ་ཡེ་ཤེས་ཀྱི་ཚོགས་ནི་གང་གིས ་གཞུངས་པར་འགྱུར་བ་དང། ལེགས་པར་གསུངས་པ་དང། ཉེས་པར་བཤད་པའི་ཆོས་རྣམས་ཀྱི་དོན་ཀུན་ཤེས་པར་ནུས་པ་དང། རྗེས་སུ་མཐུན་པའི་ཆོས་བསྟན་པ་དང། དོན་བསྟན་པའི་གདམས་ཤིང་རྗེས་སུ་བསྟན་པ་ཐོབ་པར་འགྱུར་བའོ།། ་དེ་ལ་སྔོན་གྱི་ནི་སྔོན་དགེ་བའི་རྩ་བ་ཉེ་བར་བསགས་པས་དེས་དེ་ལྟར་དབང་པོ་ཡོངས་སུ་སྨིན་པ་དག་ཐོབ་པའོ། །དེ་ལ་ཚེ་འདིའི་ནི། འདི་ལྟ་སྟེ། དགེ་བའི་ཆོས་ལ་འདུན་པ་དང། དེ་བཞིན་དུ་དབང་པོ་ཡོངས་སུ་སྨིན་པ་དང། ཚུལ་ཁྲིམས་ཀྱི་སྡོམ་པ་དང། ་དབང་པོ་སྡོམ་པ་ལ་སོགས་པ་སྟེ། རྒྱས་པར་སྔ་མ་བཞིན་ནོ། །དེ་ལ་དད་པ་ཆེ་བ་ནི་སྟོན་པ་ལ་ནེམ་ནུར་མེད་ཅིང། ཐེ་ཚོམ་མེད་ལ། དད་པར་བྱེད་ཅིང་མོས་པར་བྱེད་པ་དང། སྟོན་པ་ལ་ཇི་ལྟ་བ་བཞིན་དུ་ཆོས་དང། བསླབ་པ་ལ་ཡང་ཡིན་ནོ་ཞེས་བྱ་བ་ལ ་སོགས་པ་སྟེ། རྒྱས་པར་སྔ་མ་བཞིན་ནོ། །དེ་ལ་ཡིད་གཞུངས་པ་དང། གང་གིས་ཆོས་རྣམས་མྱུར་དུ་འཛིན་པར་བྱེད་པ་དང། ཆོས་དང་དོ་རྣམས་ཡུན་རིང་པོར་ཡང་མི་བརྗོད་པར་བྱེད་པ་དང། ཆོས་དང་དོན་རྣམས་མྱུར་དང་རྟོགས་པར་བྱེད་པའོ། །དེ་ལ་བསོད་ནམས ་བྱས་པ་ནི། གང་གིས་གཟུགས་བཟང་བ་དང། བསྟན་སྡུག་པ་དང། མཇེས་པ་དང། ཚེ་རིང་བ་དང། ཚིག་བཙུན་པ་དང། དབང་ཆེ་བར་གྲགས་པ་དང། གྲགས་པ་དང་ལྡན་པ་དང། བསོད་ནམས་ཆེ་བ་དང། ཆོས་གོས་ལ་སོགས་པ་རྙེད་པ་དང། རྒྱལ་པོ་ལ་སོགས ་པས་བསྙེན་བསྐུར་བྱས། བླ་མར་བྱས་པའོ། །དེ་ལ་ཡོན་ཏན་དང་ལྡན་པ་ཞེས་བྱ་བ་ལ་ཡོན་ཏན་ནི་འདོད་པ་ཆུང་བ་ལ་སོགས་པ་ཡིན་པར་རིག་པར་བྱ་སྟེ། དེ་ནི་རང་བཞིན་གྱིས་དགེ་སྦྱོང་གི་རྒྱན་ཇི་སྐད་བསྟན་པ་དེ་དག་དང་ལྡན་པ་དང། དེ་ལྟ་བུ་དང་མཐུན་པ་དེ་དག་ནི་གང་ཟག ་འདོད་ཆགས་ཆུང་བའི་རྟགས་ཡིན་པར་རིག་པར་བྱའོ། །དེ་ལ་གང་ཟག་གི་རྣམ་གྲངས་དག་དུ་ཞེ་ན། དེ་ལ་གང་ཟག་གི་རྣམ་གྲངས་ནི་དྲུག་སྟེ། དྲུག་གང་ཞེ་ན། འདི་ལྟ་སྟེ། དགེ་སྦྱོང་དང། བྲམ་ཟེ་དང། ཚངས་པར་སྤྱོད་པ་དང། དགེ་སློང་དང། སྡོམ་བརྩོན་དང། རབ་ཏུ ་བྱུང་བའོ། །དེ་ལ་དགེ་སློང?་ནི་རྣམ་པ་བཞི་སྟེ། ལམ་རྒྱལ་བ་དང། ལམ་སྟོན་པ་དང། ལམ་གྱིས་འཚོ་བ་དང། ལམ་སུན་པར་བྱེད་པའོ། །དེ་བདེ་བར་གཤེགས་པ་གང་ཡིན་པ་དེ་ནི། ལམ་རྒྱལ་བའོ། །ཆོས་སྨྲ་བ་གང་ཡིན་པ་དེ་ནི་ལམ་སྟོན་པའོ། །ལེགས ་པར་ཞུགས་པ་གང་ཡིན་པ་དེ་ནི་ལམ་གྱི་འཚོ་བའོ། །ལོག་པར་ཞུགས་པ་གང་ཡིན་པ་དེ་ནི་ལམ་སུན་འབྱིན་པར་བྱེད་པའོ། །དེ་ལ་བདེ་བར་གཤེགས་པ་ཞེས་བྱ་བ་ནི། འདོད་ཆགས་དང། ཞེ་སྡང་དང། གཏི་མུག་མ་ལུས་པར་ཟད་པ་རྗེས་སུ་བརྙེས་པ་གང་ཡིན་པའོ། ། ་ཆོས་སྨྲ་བ་ཞེས་བྱ་བ་ནི། །འདོད་ཆགས་དང། ཞེ་སྡང་དང། གཏི་མུག་གདུལ་བའི་ཕྱིར་ཆོས་སྟོན་གང་ཡིན་པའོ། །ལེགས་པར་ཞུགས་པ་ཞེས་བྱ་ནི་འདོད་ཆགས་དང། ཞེ་སྡང་དང། གཏི་མུག་གདུལ་བའི་ཕྱིར་ཞུགས་པ་གང་ཡིན་པའོ། །ལོག་པ་ཞུགས་པ་ཞེས་བྱ་བ ་ནི་ཚུལ་ཁྲིམས་འཆལ་བ་དང། སྡིག་པའི་ཆོས་ཅན་གང་ཡིན་པའོ། །གཞན་ཡང་སློབ་པ་དང། མི་སློབ་པ་དག་ནི་མཐོང་བ་དང། བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་དག་ལས་རྣམ་པར་རྒྱལ་བའི་ཕྱིར་ལམ་རྒྱལ་བ་ཞེས་བྱའོ། ། ་དེ་ལ་དེ་བཞིན་གཤེགས་པ་དང། བྱང་ཆུབ་སེམས་དཔའ་ཕྱིས་བྱང་ཆུབ་ཀྱི་ཕྱིར་འཇུག་པ་དང། ཉན་ཐོས་མདོ་སྡེ་འཛིན་པ་དང། འདུལ་བ་འཛིན་པ་དང། མ་མོ་འཛིན་པ་རྣམས་དང། གང་དག་བརྡར་བཏགས་པའི་ཆོས་འདུལ་བ་འཛིན་ཅིང། ཆོས་ཀྱི ་ཚུལ་ལ་འཇུག་པ་དེ་དག་ནི་ལམ་སྟོན་པ་ཞེས་བྱའོ། །དེ་ལ་སོ་སོའི་སྐྱེ་བོ་དགེ་བ་དག་ལ་ཕན་པའི་ཕྱིར་ཞུགས་པ་ངོ་ཚ་དང་ལྡན་པ། འགྱོད་པ་དང་ལྡན་པ། བསླབ་པ་འདོད་པ་མ་ཐོབ་པ་ཐོབ་པར་བྱ་བ་དང། མ་རྟོགས་པ་རྟོགས་པར་བྱ་བ་དང། མངོན་སུམ ་དུ་མ་བྱས་པ་མངོན་སུམ་དུ་བྱ་བའི་ཕྱིར། རབ་ཏུ་བརྩོན་པ་མངོན་སུམ་དུ་མ་བྱས་པ་མངོན་སུམ་དུ་བྱ་བའི་བར་གྱི་སྐལ་བ་དང། མཐུ་ཡོད་པ་གང་དག་ཡིན་པ་དེ་དག་ནི་ལམ་གྱི་འཚོ་བ་ཞེས་བྱ་སྟེ། དེ་དག་ལ་དྲོད་ཡོད་པའི་ཕྱིར་དེས་དེ་དག་འཕགས་པའི་ཤེས་རབ་ཀྱི ་དབང་པོ་བསྐྱེད་པའི་ཕྱིར། མ་ཤི་ཞིང་གསོན་པ་ཞེས་བྱ་བ་སྟེ། དེའི་ཕྱིར་ལམ་གྱིས་འཚོ་བ་ཞེས་བྱའོ། །དེ་ལ་གང་ཟག་ཚུལ་ཁྲིམས་འཆལ་བ་སྡིག་པའི་ཆོས་ཅན། ཚངས་པར་སྤྱོད་པ་མ་ཡིན་པར་ཚངས་པར་སྤྱོད་པ་ཁས་འཆེ་བའི་བར་གང་ཡིན་པ་དེ་ནི། ་ལམ་སུན་པར་བྱེད་པ་ཞེས་བྱ་སྟེ། དེས་ནི་ལམ་བཞི་དང། དང་པོ་ནས་སུན་པར་བྱས་པས། ངེས་ན་དེ་ལམ་བསྐྱེད་པར་བྱ་བ་དང། ལམ་བསྟན་པ་ཡོད་ཅིང་མེད་པ་མ་ཡིན་པ་རྟོགས་པར་བྱ་བ་ཡོད་ཅིང། མེད་པ་མ་ཡིན་ན་ཡང། སྐལ་བ་དང་མཐུ་མེད་ལ་སྣོད ་དུ་གྱུར་པ་མ་ཡིན་པས་ན་དེའི་ཕྱིར་ལམ་སུན་བར་བྱེད་པ་ཞེས་བྱའོ། །བཅོམ་ལྡན་འདས་ཀྱིས་ཀྱང་དེ་ལས་དགོངས་ནས། འདི་ལ་དགེ་སྦྱོང་གི་དང་པོ་དང་བཞི་པའི་བར་ཡང་ཡོད་ཀྱི། ཕས་ཀྱི་རྒོལ་བ་དག་ལ་ནི། དགེ་སྦྱོང་དང། བྲམ་ཟེ་དག་གིས་སྟོང་ངོ། །གང་ལ ་འཕགས་པའི་ལམ་ཡན་བརྒྱད་པ་ཡོད་པ་དེ་ལ་ནི། དགེ་སྦྱོང་གི་དང་པོ་ཡང་ཡོད་ལ། དེ་ལ་ནི་བཞི་པའི་བར་ཡང་ཡོད་དོ་ཞེས་གསུངས་སོ། །དེ་ལ་བྲམ་ཟེ་ནི་རྣམ་པ་གསུམ་སྟེ། འདི་ལྟ་སྟེ། རིགས་བྲམ་ཟེ་དང། མིང་བྲམ་ཟེ་དང། སྒྲུབ་པ་བྲམ་ཟེའོ། །དེ་ལ་རིགས ་བྲམ་ཟེ་ཞེས་བྱ་བ་ནི་བྲམ་ཟེའི་རིགས་སུ་སྐྱེས་པ། །སྐྱེ་གནས་ནས་སྐྱེས་ཤིང་མ་ལས་བྱུང་ལ་ཕ་མ་དང་ལྡན་པ་གང་ཡིན་པའོ། །དེ་ལ་མིང་བྲམ་ཟེ་ཞེས་བྱ་བ་ནི་འཇིག་རྟེན་ན་བྲམ་ཟེ་ཞེས་མིང་དང་འདུ་ཤེས་དང། བརྡར་བཏགས་ཤིང་ཐ་སྙད་དུ་བརྗོད་པ་གང་ཡིན་པའོ། །དེ་ལ ་སྒྲུབས་པ་བྲམ་ཟེ་ཞེས་བྱ་བ་ནི། ཤིན་ཏུ་མཐར་ཐུག་ཅིང་དོན་བྱས་པ་སྟེ། དེས་སྡིག་པ་མི་དགེ་བའི་ཆོས་རྣམས་བསལ་བ་གང་ཡིན་པ་སྟེ། ཇི་སྐད་དུ་དོན་བྱས་བྲམ་ཟེ་འདོད་པའི་ཕྱིར། བྲམ་ཟེ་ལ་ནི་བྱ་བ་མེད་ཅེས་གསུངས་པ་ལྟ་བུའོ། །དེ་ལ་ཚངས་པར་སྤྱོད་པ་ཡང ་རྣམ་པ་གསུམ་སྟེ། འདི་ལྟ་སྟེ། སྤངས་ཤིང་ཡང་དག་པར་བླངས་པ་དང། དེ་ལ་བར་ཆད་མེད་པས་སྤངས་པ་དང། དེ་གཏན་སྤངས་པའོ། །དེ་ལ་སྤངས་ཤིང་ཡང་དག་པར་བླངས་པ་ཞེས་བྱ་བ་ནི། མི་ཚངས་པར་སྤྱོད་པ་འཁྲིག་པའི་ཆོས་སྤངས་ཤིང། བསླབ་པ ་ཡང་དག་པར་བླངས་པ་གང་ཡིན་པའོ། །དེ་ལ་བར་ཆད་མེད་པས་སྤངས་པ་ཞེས་བྱ་བ་ནི་སོ་སོའི་སྐྱེ་བོ་འཇིག་རྟེན་པའི་ལམ་གྱིས་འདོད་པའི་འདོད་ཆགས་དང་བྲལ་བ་གང་ཡིན་པའོ། །དེ་ལ་དེ་གཏན་སྤངས་པ་ཞེས་བྱ་བ་ནི་ཕྱིར་མི་འོང་བ་འམ། དགྲ་བཅོམ་པ་ཉིད ་གང་ཡིན་པའོ། །དེ་ལ་དགེ་སློང་ནི་རྣམ་པ་ལྔ་སྟེ། འདི་ལྟ་སྟེ། སློང་བའི་དགེ་སློང་དང། ཁས་འཆེ་བའི་དགེ་སློང་དང། མིང་གི་དགེ་སློང་དང། ཉོན་མོངས་པ་བཅོམ་པའི་ཕྱིར་དགེ་སློང་དང། གསོལ་བ་དང་བཞིའི་ལས་ཀྱི་བསྙེན་པར་རྫོགས་པའི་དགེ་སློང ་ངོ། །དེ་ལ་སྡོམ་བརྩོན་པ་ནི་རྣམ་གསུམ་སྟེ། འདི་ལྟ་སྟེ། ཚུལ་ཁྲིམས་འཆལ་བ་ཡང་དག་པར་སྡོམ་པའི་ཕྱིར་པའི་ཕྱིར་སྡོམ་བརྩོན་པ་ནི། ལུས་དང་ངག་གི་ལས་མི་དགེ་བ་སྤངས་པ་གང་ཡིན་པའོ། །ཡུལ་ཡང་དག་པར་སྡོམ་པའི་ཕྱིར་སྡོམ་བརྩོན་པ་ནི། དབང་པོ ་རྣམས་ཀྱི་སྒོ་བསྡམས་པ་དང། དྲན་པ་ཀུན་ཏུ་བསྲུངས་པ་དང། དྲན་པ་ལ་རྟག་འགྲུས་བྱེད་པ་ཞེས་བྱ་བ་ལ་སོགས་པ་སྟེ། རྒྱས་པར་སྔ་མ་ལྟ་བུ་གང་ཡིན་པའོ། །ཉོན་མོངས་པ་ཡང་དག་པར་སྡོམ་པའི་ཕྱིར་སྡོམ་བརྩོན་པ་ནི། གང་གིས་མཐོང ་པ་དང། བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་རྣམས་སྤངས་པ་སྟེ། འདོད་པའི་རྣམ་པར་རྟོག་པ་དང། གནོད་སེམས་ཀྱི་རྣམ་པར་རྟོག་པ་དང། རྣམ་པར་འཚེ་བའི་རྣམ་པར་རྟོག་པ་བྱུང་ངོ་ཅོག་དང། བརྣབ་སེམས་དང། གནོད་སེམས་དང། ལོག་པར ་ལྟ་བ་དང་ཁོང་ཁྲོ་བ་དང། འཁོན་ཏུ་འཛིན་པ་དང། འཆབ་པ་དང། འཚིག་པ་ལ་སོགས་པ་ངན་སོང་དང། མཐུན་པ་སེམས་ཅན་དམྱལ་བར་འགྲོ་བ། ངན་འགྲོར་འགྲོ་བ། དགེ་སྤྱོད་བྱེད་པ་མ་ཡིན་པ་བྱུང་ངོ་ཅོག་དང་དུ་མི་ལེན་ཅིང་སྤོང་བར་བྱེད། སེལ་བར་བྱེད། ་བྱད་པར་བྱེད་པ་གང་ཡིན་པའོ། །ཉོན་མོངས་པ་ཡང་དག་པར་སྡོམ་པ་དེ་ཡང་རྣམ་པ་གཉིས་ཏེ། ཀུན་ནས་དཀྲིས་པ་ཡང་དག་པར་སྡོམ་པ་དང། བག་ལ་ཉལ་ཡང་དག་པར་སྡོམ་པའོ། །དེ་ལ་རབ་ཏུ་བྱུང་བ་ནི་རྣམ་པ་གཉིས་ཏེ། ལེགས་པར་གསུངས་པའི་ཆོས ་འདུལ་བ་དང་ལྡན་པ་དང། ཉེས་པར་བཤད་པའི་ཆོས་འདུལ་བ་དང་ལྡན་པའོ། །དེ་ལ་ལེགས་པར་གསུངས་པའི་འདུལ་བ་དང་ལྡན་པ་ནི། དགེ་སློང་དང། དགེ་སློང་མ་དང། དགེ་སློབ་པ་དང། དགེ་ཚུལ་དང། དགེ་ཚུལ་མའོ། །གཞན་ཡང་བདག་ཉིད་སྡིག་པ ་མི་དགེ་བའི་ཆོས་རྣམས་ལས་རབ་ཏུ་བྱུང་བར་བྱེད་པ་གང་ཡིན་པ་དེ་ནི་དོན་དམ་པའི་སྒོ་ནས་རབ་ཏུ་བྱུང་བ་ཞེས་བྱའོ། །དེ་ལ་ཉེས་པར་བཤད་པའི་ཆོས་འདུལ་བ་དང་ལྡན་པ་ནི། འདི་ལྟ་སྟེ། མུ་སྟེགས་ཅན་གྱི་རབ་ཏུ་བྱུང་བ་གཅེར་བུ་པ་འམ། ཀུན་ཏུ་རྒྱུ་བ་འམ། ་ཐལ་བ་ཅན་ནམ། དཀའ་ཐུབ་ཆེན་པོ་པ་འམ། གཞན་ཡང་གང་དག་དེ་ལྟ་བུ་དང་མཐུན་པ་རྣམས་སོ། །དེའི་ཕྱིར་དགེ་སློང་དང། བྲམ་ཟེ་དང། ཚངས་པར་སྤྱོད་པ་དང། དགེ་སློང་དང། སྡོམ་བརྩོན་པ་དང། རབ་ཏུ་བྱུང་བ་ཞེས་བྱ་བས་གང་ཟག་གི་རྣམ་གྲངས་དག ་བསྟན་ཏོ། །དེ་ལ་གང་ཟག་བརྒྱད་རྣམ་པར་བཞག་པའི་རྒྱུ་ནི་གང་ཟག་བཞི་རྣམ་པར་བཞག་པ་ཡིན་ཏེ། དེ་ལ་གང་ཟག་བརྒྱད་གང་ཞེ་ན། འདི་ལྟ་སྟེ། ནུས་པ་དང། མི་ནུས་པ་དང། ཐབས་ལ་མཁས་པ་དང། ཐབས་ལ་མི་མཁས་པ་དང། རྒྱུན་ཏུ་བྱེད་པ་དང། རྒྱུན་ཏུ་མི་བྱེད་ཡོངས་སུ་སྦྱང་བ ་བྱས་པ་དང། ཡོངས་སུ་སྦྱང་བ་མ་བྱས་པའོ། །དེ་ལ་གང་ཟག་རྣམ་པ་བཞི་རྣམ་པར་བཞག་པ་ནི་གང་ཟག་བརྒྱད་པོ་དེ་དག་ཉིད་རྣམ་པར་བཞག་པའི་རྒྱུ་ཡིན་ཏེ། རབ་ཏུ་དབྱེ་བ་རྣམ་པ་བཞིས་རྒྱུར་འགྱུར་རོ། །འདི་ལྟ་སྟེ། དབང་པོའི་རབ་ཏུ་དབྱེ་བ་ནི་དབང་པོ ་ཡོངས་སུ་སྨིན་པ་དང། དབང་པོ་ཡོངས་སུ་མ་སྨིན་པའོ། །རྣལ་འབྱོར་གྱི་རབ་ཏུ་དབྱེ་བ་ནི་རྣལ་འབྱོར་ཤེས་པ་དང། རྣལ་འབྱོར་མ་ཤེས་པའོ། །སྦྱོར་བ་རབ་ཏུ་དབྱེ་བ་ནི་རྟག་ཏུ་བྱེད་པ་དང། རྟག་ཏུ་མི་བྱེད་པ་དང་གུས་པར་བྱེད་པ་དང། གུས་པར་མི་བྱེད་པར་སྦྱོར་པའོ།། ་དུས་ཀྱི་རབ་ཏུ་དབྱེ་བ་ནི་ཡུན་རིང་པོ་ནས་ལམ་བསྒོམ་པ་དང། ཡུན་རིང་པོ་ན་མ་བསྒོམས་པའོ། །རབ་ཏུ་དབྱེ་བ་རྣམ་པ་བཞི་པོ་དེ་དག་ཇི་ལྟར་གང་ཟག་བརྒྱད་རྣམ་པར་བཞག་པའི་རྒྱུར་འགྱུར་བ་ཡིན་ཞེ་ན། དེ་ལ་དབང་པོ་ཡོངས་སུ་སྨིན་པ་གང་ཡིན་པ་དེ་ནི་ནུས་པ ་ཡིན་ནོ། །དབང་པོ་ཡོངས་སུ་མ་སྨིན་པ་ནི་མི་ནུས་པ་ཡིན་ནོ། །རྣལ་འབྱོར་ཤེས་པ་ནི་ཐབས་ལ་མཁས་པ་ཡིན་ནོ། །རྣལ་འབྱོར་མ་ཤེས་པ་ནི་ཐབས་ལ་མི་མཁས་པ་ཡིན་ནོ། །རྟག་ཏུ་བྱེད་པ་དང་གུས་པར་བྱས་ཏེ། སྦྱོར་བ་ནི་རྒྱུན་དུ་བྱེད་པ་སྟེ་རྟག་འགྲུས་ཞེས ་བྱའོ། །རྟག་ཏུ་མི་བྱེད་པ་དང། གུས་པར་མི་བྱེད་པར་སྦྱོར་བ་ནི་རྒྱུན་ཏུ་མི་བྱེད་པ་སྟེ། རྟག་འགྲུས་མེད་པ་ཞེས་བྱའོ། །ཡུན་རིང་པོ་ནས་ལམ་བསྒོམས་པ་ནི་ཡོངས་སུ་སྦྱང་བ་བྱས་པ་ཡིན་ནོ། །ཡུན་རིང་པོ་ནས་ལམ་མ་བསྒོམས་པ་ནི་ཡོངས་སུ་སྤྱད་པ་མ ་བྱས་པ་ཡིན་ཏེ། དེ་ལྟར་ན་དབང་པོའི་རབ་ཏུ་དབྱེ་བ་དང་རྣལ་འབྱོར་དང། སྦྱོར་བ་དང། དུས་ཀྱི་དབྱེ་བས་གང་ཟག་བརྒྱད་རྣམ་པར་བཞག་པ་ཡིན་ནོ། །གང་ཟག་གང་ཇི་སྲིད་དུ་དབང་པོ་ཡོངས་སུ་མ་སྨིན་པ་དེ་ནི། དེ་སྲིད་དུ་ཐབས་ལ་མཁས་པ་དང། རྒྱུན་ཏུ་བྱེད་པ ་དང། ཡོངས་སུ་སྦྱང་བ་བྱས་པ་ཡིན་ཡང་རིགས་པའི་ཆོས་དགེ་བ་ཐོབ་པར་མི་འགྱུར་རོ། །དེ་ལ་དབང་པོ་ཡོངས་སུ་སྨིན་པ་ཡིན་ཡང། གལ་ཏེ་ཐབས་ལ་མི་མཁས་ན་ཐོབ་པར་མི་འགྱུར་རོ། །དབང་པོ་ཡོངས་སུ་སྨིན་པ་དང། ཐབས་ལ ་མཁས་པ་ཡིན་ཡང། གལ་ཏེ་རྒྱུན་ཏུ་མི་བྱེད་ན་མངོན་པར་ཤེས་པ་མྱུར་བར་མི་འགྱུར་རོ། །དེ་ལ་དབང་པོ་ཡོངས་སུ་སྨིན་པ་དང། ཐབས་ལ་མཁས་པ་དང། རྒྱུན་ཏུ་བྱེད་པ་ཡིན་ཡང། གལ་ཏེ་ཡོངས་སུ་སྦྱང་བ་མ་བྱས་ན། རང་གི་དོན་བྱས་པ་དང། ་བྱ་བ་བྱས་པ་མ་ཡིན་ནོ། །དེའི་ཕྱིར་དབང་པོ་ཡོངས་སུ་སྨིན་པ་དང། ཐབས་ལ་མཁས་པ་དང། རྒྱུན་ཏུ་བྱེད་པ་དང། ཡོངས་སུ་སྦྱང་བ་བྱས་པ་ཡིན་ནོ། དེ་ལྟར་ན་དེ་ནི་འཐོབ་པར་འགྱུར་བ་དང། མངོན་པར་ཤེས་པ་མྱུར་བ་དང། རང་གི་དོན་བྱས་པ ་དང། བྱ་བ་བྱས་པ་ཡིན་ནོ།། །།དེ་ལ་བདུད་དག་ནི་དུ། བདུད་ཀྱི་ལས་དག་ནི་དུ་ཞེ་ན། རྣལ་འབྱོར་པ་རྣལ་འབྱོར་ལ་བརྩོན་པས་བདུད་བཞི་དང་བདུད་ཀྱི་ལས་རབ་ཏུ་མང་པོ་དག?་ཡོད་པར་རིག་པར་བྱ་སྟེ། དེ་དག་ཀྱང་ཡོངས་སུ་ཤེས་ནས་ཡོངས་སུ ་སྤང་བར་བྱའོ། །དེ་ལ་བདུད་བཞི་གང་ཞེ་ན། ཕུང་པོའི་བདུད་དང། ཉོན་མོངས་པའི་བདུད་དང། འཆི་བའི་བདུད་དང། ལྷའི་བུའི་བདུད་དེ། །དེ་ལ་ཕུང་པོའི་བདུད་ནི་ཉེ་བར་ལེན་པའི་ཕུང་པོ་ལྔའོ། །ཉོན་མོངས་པའི་བདུད་ནི་ཁམས་གསུམ་ན་སྤྱོད་པའི ་ཉོན་མོངས་པ་རྣམས་སོ། །འཆི་བའི་བདུད་ནི་སེམས་ཅན་དེ་དང་དེ་དག་སེམས་ཅན་གྱི་རིས་དེ་དང་དེ་དག་ནས། འཆི་བའི་དུས་བྱེད་པ་གང་ཡིན་པའོ། །ལྷའི་བུའི་བདུད་ནི་ཕུང་པོ་དང་ཉོན་མོངས་པ་དང་འཆི་བའི་བདུད་ལས་ཡང་དག་པར་འདའ་བར་བྱ་བའི་ཕྱིར་དགེ ་བའི་ཕྱོགས་ལ་རབ་ཏུ་བརྩོན་པ་དེ་བར་ཆད་བྱ་བ་དང། རྣམ་པར་གཡེང་བར་བྱ་བའི་ཕྱིར་འདོད་པའི་ཁམས་སུ་སྐྱེས་པའི་ལྷའི་བུ་དབང་ཕྱུག་ཐོབ་པ་དག་ཉེ་བར་འོང་བ་གང་ཡིན་པ་སྟེ། དེ་ནི་ལྷའི་བུའི་བདུད་ཅེས་བྱའོ། །དེ་ལ་གང་དུ་འཆི་བ་དང་གང་གིས ་འཆི་བ་དང། འཆི་བ་དེ་གང་ཡིན་པ་དང། བར་ཆད་ཀྱི་དངོས་པོ་གང་གིས་འཆི་བ་ལས་ཡང་དག་པར་མི་འདའ་བར་བྱེད་པ་དེ་དག་གི་དབང་དུ་བྱས་ནས། བདུད་བཞི་རྣམ་པར་བཞག་པ་ཡིན་ཏེ། དེ་ལ་ཉེ་བར་ལེན་པའི་ཕུང་པོ་ལྔ་སྐྱེས་ཤིང་བྱུང་བ་དག་ཏུ་འཆིའོ། །ཉོན ་མོངས་པ་དག་གིས་ཕྱི་མར་སྐྱེ་བར་བྱེད་ཅིང་སྐྱེས་ནས་འཆིའོ། །འཆི་ཞིང་འཆི་འཕོ་བ་ན། སེམས་ཅན་རྣམས་ཀྱི་འཚོ་བའི་དབང་པོ་འགག་ཅིང་འཆི་བའི་དུས་བྱེད་པའི་ངོ་བོ་ཉིད་གང་ཡིན་དེ་ནི་འཆི་བ་ཡིན་ནོ། །ལྷའི་བུའི་བདུད་ནི་འཆི་བ་ལས་ཡང་དག་པར ་འདའ་བར་བྱ་བའི་ཕྱིར། རབ་ཏུ་བརྩོན་པར་བྱེད་པ་ལ་བར་ཆད་བྱ་བའི་ཕྱིར་ཉེ་བར་འོང་ཞིང་དེས་ནི་འཆི་བའི་ཆོས་ཉིད་ལས་ཡང་དག་པར་འདའ་བར་མི་ནུས་པ་ཁོ་ན་འམ། དུས་གཞན་གྱིས་ཡང་དག་པར་འདའ་བར་བྱེད་པ་ཡིན་ནོ། །དེ་ལ་ཆུང་ཟད་བདུད་ཀྱི་དབང་དུ་སོང ་བ་ཞེས་བྱ་བ་ནི། སོ་སོའི་སྐྱེ་བོ་འཇིག་རྟེན་པའི་ལམ་གྱི་འདོད་ཆགས་དང་བྲལ་བ་འདི་ན་གནས་པའི། དེར་སྐྱེས་པ་གང་ཡིན་པའོ། །དབང་དུ་སོང་བ་ཞེས་བྱ་བ་ནི། འདོད་ཆགས་དང་མ་བྲལ་བ་གང་ཡིན་པའོ། །དེ་ལ་འདོད་ཆགས་དང་མ་བྲལ་བ་གང་ཡིན་པ་དེ་ནི། ལོག་ཏུ ་སོང་ཞིང་ཇི་ལྟར་འདོད་པ་བཞིན་དུ་བྱ་བ་ཁོ་ན་ཡིན་ནོ། །འདོད་ཆགས་དང་བྲལ་བ་ནི་བདུད་ཀྱི་འཆིང་བ་དག་གིས་བཅིངས་པ་དང། བདུད་ཀྱི་ཞགས་པ་དག་ལས་ཡོངས་སུ་མ་གྲོལ་བ་ཡིན་ཏེ། དེའི་ཕྱིར་དེ་ནི་ཁམས་འདིར་ཡང་ཕྱིར་འོང་བར་འགྱུར་བ་ཡིན་ནོ། །དེ་ལ ་བདུད་ཀྱི་ལས་དག་ནི་གང་ལ་ལ་ངེས་པར་འབྱུང་བ་དང་ལྡན་པ་དང་དགེ་བའི་ཆོས་ལ་འདུན་པ་སྐྱེས་ན་འདོད་པ་ལ་ཞེན་པའི་དབང་དུ་བྱས་ནས། ཡང་ཕྱིར་ལྡོག་པར་བྱེད་ན། དེ་ནི་བདུད་ཀྱི་ལས་སུ་རིག་པར་བྱའོ། །དབང་པོའི་སྒོ་བསྡམས་ཏེ་གནས་པ་གང་ཡིན་པ་ཆགས ་བར་འགྱུར་བའི་གཟུགས་དང། སྒྲ་དང། དྲི་དང། རོ་དང། རེག་བྱ་དང། ཆོས་རྣམས་དང་མཚན་མར་འཛིན་པ་དང། །མངོན་རྟགས་སུ་འཛིན་པ་དག་ལ་སེམས་འཇུག་པར་བྱེད་ན། དེ་ཡང་བདུད་ཀྱི་ལས་སུ་རིག་པར་བྱའོ། །དེ་བཞིན་དུ་ཟས་ཀྱི་ཚོད་རིག་པ་ལ་གནས ་པ་ཞིག་འདུན་པའི་འདོད་ཆགས་ཀྱི་རྗེས་སུ་ཆགས་པས་རོ་ཞིམ་པོ་མི་མཐུན་པ་དག་ལ་སེམས་འཇུག་པར་བྱེད་ན། དེ་ཡང་བདུད་ཀྱི་ལས་སུ་རིག་པར་བྱའོ། །དེ་བཞིན་དུ་ནམ་གྱི་ཆ་སྟོད་དང། ནམ་གྱི་ཆ་སྨད་ལ་མི་ཉལ་བར་སྦྱོར་བའི་རྗེས་སུ་བརྩོན་པ་ལ ་གནས་པ་ཞིག་གཉིད་ཀྱི་བདེ་བ་དང། ཉལ་བའི་བདེ་བ་དང། གློས་འབེབས་པའི་བདེ་བ་ལ་སེམས་འཇུག་པར་བྱེད་ན། དེ་ཡང་བདུད་ཀྱི་ལས་སུ་རིག་པར་བྱའོ། །དེ་བཞིན་དུ་ཤེས་བཞིན་དུ་སྤྱོད་པ་ལ་གནས་པ་ཞིག་འགྲོ་བ་དང། ལྡོག་པ་ལ་སོགས་པ་དག་གི་ཚེ་ཁུང ་མེད་གཞོན་ནུ་ཁ་དོག་བཟང་བ་ཆགས་པར་འགྱུར་བ་དག་མཐོང་ན། ཚུལ་བཞིན་མ་ཡིན་པ་མཚན་མར་འཛིན་པས་སེམས་འཇུག་པར་བྱེད་པ་དང། འཇིག་རྟེན་གྱི་སྣ་ཚོགས་དག་མཐོང་ན་སེམས་འཇུག་པར་བྱེད་པ་དང། དོན་མང་པོ་དང། བྱ་བ་མང་པོ་དག་ལ་སེམས ་འཇུག་པར་བྱེད་པ་དང། དེ་བཞིན་དུ་ཁྱིམ་ན་གནས་པ་དང། རབ་ཏུ་བྱུང་བ་དག་དང། འདྲེ་བ་ལ་དགའ་བ་དང། སྡིག་པའི་གྲོགས་པོ་དག་དང་ལྷན་ཅིག་གནས་ཤིང་ལྟ་བ་མཐུན་པར་བྱ་བའི་ཕྱིར། སེམས་འཇུག་པར་བྱེད་ན། དེ་ཡང་བདུད་ཀྱི་ལས་སུ་རིག་པར ་བྱེད་དོ། །དེ་བཞིན་དུ་སངས་རྒྱས་དང། ཆོས་དང། དགེ་འདུན་དང། སྡུག་བསྔལ་དང། ཀུན་འབྱུང་བ་དང། འགོག་པ་དང། ལམ་དང། འཇིག་རྟེན་འདི་དང། འཇིག་རྟེན་ཕ་རོལ་ལ་ཡིད་གཉིས་དང་ནེམ་ནུར་དག་བསྐྱེད་པར་བྱེད་ན། དེ་ཡང་བདུད་ཀྱི་ལས་སུ ་རིག་པར་བྱའོ། །དེ་བཞིན་དུ་དགོན་པ་ན་འདུག་ཀྱང་རུང། ཤིང་དྲུང་ན་འདུག་ཀྱང་རུང། ཁང་སྟོང་ན་འདུག་ཀྱང་རུང་སྟེ། འཇིགས་པ་དང། འཇིགས་སུ་རུང་བ་ཆེན་པོར་སྣང་བ། དངང་བར་བྱེད་པ་སྤུ་ཟིང་ཞེས་བྱེད་པ། བྲམ་ཟེའི་ཆ་ལུགས་སམ། མིའི་ཆ་ལུགས་སམ། ་མི་མ་ཡིན་པའི་ཆ་ལུགས་ཅན་ལ་ལ་ཞིག་ཉེ་བར་འོངས་ནས་ཚུལ་བཞིན་མ་ཡིན་པས། དཀར་པོའི་ཕྱོགས་ལས་འདུན་པ་བཟློག་ཅིང། ནག་པོའི་ཕྱོགས་ཡང་དག་པར་འཛིན་ཏུ་འཇུག་པར་བྱེད་ན། དེ་ཡང་བདུད་ཀྱི་ལས་སུ་རིག་པར་བྱའོ། །གང་གི་རྙེད་པ་དང། ་བཀུར་སྟི་དག་ལ་སེམས་འཇུག་པར་བྱེད་པ་དང། སེར་སྣ་དང། འདོད་ཆེན་ཆེ་བ་དང། ཆོག་མི་ཤེས་པ་དང། ཁྲོ་བ་དང། ཁོན་དུ་འཛིན་པ་དང། ཚུལ་འཆོས་པ་དང། ཁ་གསག་ལ་སོགས་པ་དགེ་སྦྱོང་གི་རྒྱན་གྱི་མི་མཐུན་པའི་ཕྱོགས་ཀྱི་ཆོས་རྣམས་ལ་སེམས་འཇུག་པར ་བྱེད་པ་ན། དེ་ཡང་བདུད་ཀྱི་ལས་སུ་རིག་པར་བྱའོ། །དེ་ལྟ་བུ་དང་མཐུན་པ་དེ་དག་ནི་བདུད་ཀྱི་ལས་སུ་རིག་པར་བྱ་སྟེ། དེ་དག་ཀྱང་བདུད་བཞི་པོ་དག་དང་ཅི་རིགས་སུ་སྦྱར་རོ། །དེ་ལ་རྩོན་པ་འབྲས་བུ་ཡོད་པས་ཇི་ལྟ་བུ་ཡིན་ཞེ་ན། རྒྱུ་གསུམ་གྱིས་ན་ཡང་དག་པར ་རབ་ཏུ་བརྩོན་པ་ཡང་རྩོམ་པ་འབྲས་བུ་མེད་པར་འགྱུར་ལ། དེ་ལས་བཟློག་པས་ནི་ཡོད་པར་འགྱུར་ཏེ། འདི་ལྟ་སྟེ། དབང་པོ་ཡང་དག་པར་མི་འགྲུབ་པ་དང། རྗེས་སུ་མཐུན་པའི་གདམས་ངག་མེད་པ་དང། ཏིང་ངེ་འཛིན་མཐུ་ཆུང་པས་སོ། །དེ་ལ་གལ་ཏེ ་དབང་པོ་རྣམས་ཡང་དག་པར་མི་འགྲུབ་ན། རྗེས་སུ་མཐུན་པའི་གདམས་ངག་ཡོད་ཅིང། ཏིང་ངེ་འཛིན་མཐུ་དང་ལྡན་དུ་ཟིན་ཀྱང། དེ་ལྟ་ན་དེའི་རྩོམ་པ་འབྲས་བུ་མེད་པར་འགྱུར་རོ། །གལ་ཏེ་དབང་པོ་རྣམས་ཡང་དག་པར་འགྲུབ་ལ། རྗེས་སུ་མཐུན་པའི་གདམས ་ངག་མེད་ན། ཏིང་ངེ་འཛིན་མཐུ་དང་ལྡན་དུ་ཟིན་ཀྱང། དེ་ལྟར་ན་དེའི་རྩོམ་པའི་འབྲས་བུ་མེད་པར་འགྱུར་རོ། །གལ་ཏེ་དབང་པོ་རྣམས་ཡང་དག་པར་འགྲུབ་ཅིང། རྗེས་སུ་མཐུན་པའི་གདམས་ངག་ཡོད་དུ་ཟིན་ཀྱང། ཏིང་ངེ་འཛིན་མཐུ་ཆུང་བར་གྱུར་ན། དེ་ལྟར ་ན་དེའི་རྩོམ་པ་འབྲས་བུ་མེད་པར་འགྱུར་རོ། །གལ་ཏེ་དབང་པོ་རྣམས་ཡང་དག་པར་འགྲུབ་ལ། རྗེས་སུ་མཐུན་པའི་གདམས་ངག་ཀྱང་ཡོད། ཏིང་ངེ་འཛིན་ཀྱང་མཐུ་དང་ལྡན་པར་གྱུར་ན། དེ་ལྟར་ན་དེའི་རྩོམ་པའི་འབྲས་བུ་ཡོད་པར་འགྱུར་ཏེ། རྒྱུ་གསུམ་པོ་དག ་གིས་ནི་འབྲས་བུ་མེད་པར་འགྱུར་གྱི། རྒྱུ་གསུམ་པོ་ཁོ་ནས་ནི་འབྲས་བུ་ཡོད་པར་འགྱུར་རོ། །སྡོམ་ནི་གང་ཟག་རྣམས་དང་དེ་རྣམ་གཞག་།དེ་བཞིན་དམིགས་པ་དག་དང་ནི། །གདམས་ངག་དང་ནི་བསླབ་པ་དང། །དེ་བཞིན་བསླབ་པའི་རྗེས་མཐུན་དང། །རྣལ་འབྱོར་ཉམས ་དང་རྣལ་འབྱོར་དང། །ཡིད་ལ་བྱེད་དང་བྱ་བ་དང། །རྣལ་འབྱོར་པ་དང་བསྒོམ་པ་དང། །འབྲས་བུ་གང་ཟག་རྣམ་གྲངས་དང། །བདུད་དང་བདུད་ཀྱི་ལས་རྣམས་དང། །རྩོམ་པ་འབྲས་བུ་ཡོད་པ་ཡིན། །རྣལ་འབྱོར་སྤྱོད་པའི་ས་ཉན་ཐོས་ཀྱི ་སར་གཏོགས་པ་ལས། རྣལ་འབྱོར་གྱི་གནས་གཉིས་པ་རྫོགས་སོ།། །།བམ་པོ་བཅུ་གསུམ་པ། །དེ་ལྟར་གང་ཟག་རྣམ་པར་གཞག་པ་དང། དམིགས་པ་རྣམ་པར་བཞག་པ་དང། བསྒོམ་པའི་འབྲས་བུ་རྣམ་པར་གཞག་པའི ་བར་དུ་བྱས་པ་ལ། གང་ཟག་ལས་དང་པོ་ལས་ཐོག་མ་པ། བདག་ལ་ཕན་པར་འདོད་པ། བདག་གི་དོན་རྗེས་སུ་ཐོབ་པར་འདོད་པས། གནས་བཞི་པོ་ཀུན་ཤེས་པར་འདོད་ཅིང། ཀླན་ཀའི་སེམས་མེད་པ་དང། གུས་པ་དང་བཅས་ཤིང་ང་རྒྱལ་གྱི་ཁེངས་པ་མེད་པ ་དང། དགེ་བ་གང་ཡིན་ཞེས་ཚོལ་ཞིང་བདག་ཉིད་སྒྲོགས་པའི་ཕྱིར་མ་ཡིན་པ་དང། བདག་དང་གཞན་དག་དགེ་བའི་རྩ་བ་ལ་ངེས་པར་སྦྱར་བར་བྱ་ཞིང། རྙེད་པ་དང་བཀུར་སྟི་དོན་དུ་གཉེར་བ་ནད་པ་དག་ལ་དྲན་པ་ཉེ་བར་གཞག་ནས། མཁན་པོ་འམ། སློབ་དཔོན་ནམ། ་བླ་མ་འམ། བླ་མ་ལྟ་བུ་རྣལ་འབྱོར་ཤེས་པའི་དྲུང་དུ་འགྲོ་བར་བྱའོ། །དེ་ལྟར་དུས་སུ་སོང་ནས་ཀྱང་སྐབས་སུ་བབ་པར་བྱས་ཏེ། སྟན་ཤིན་ཏུ་དམའ་བ་ལ་འདུག་ནས། བླ་གོས་ཕྲག་པ་གཅིག་ཏུ་གཟར་ཏེ། པུས་མོ་གཡས་པའི་ལྷང་ས་ལ་བཙུགས་ནས། རྗེས་དང་བཅས ་པ། གུས་པ་དང་བཅས་པས། བཙུན་པ་བདག?་ནི་རྣལ་འབྱོར་དོན་དུ་གཉེར་བ་ལགས་ན། བདག་ལ་རྗེས་སུ་ཐུགས་བརྩེ་བའི་སླད་དུ། རྣལ་འབྱོར་བསྟན་དུ་གསོལ་ཞེས། རྣལ་འབྱོར་གསོལ་བར་བྱའོ། །དེ་ལྟར་གསོལ་བ་བཏབ་པའི་རྣལ་འབྱོར་པ། རྣལ་འབྱོར ་ཤེས་པ་དེས་ཀྱང། གང་ཟག་ལས་དང་པོ་པ། ལས་ཐོག་མ་པ། རྣལ་འབྱོར་ཡིད་ལ་བྱ་བ་ལ་རབ་ཏུ་བརྩོན་པར་འདོད་པ་དེ་ལ། བཞིན་བཟངས་ཁྱོད་སྐྱེ་དགུ་བདག་མེད་པ་དང་ལྡན་པ། ཡུལ་ལ་གཞོལ་བ། ཡུལ་ལ་ལྷག་པར་ཞེན་པར་གྱུར་པ། བག ་ཡོད་པ་ལ་རབ་ཏུ་སྦྱོར་བར་འདོད་པ་དང། ངན་སོང་གི་བཙོན་རར་ཞུགས་པ། ངན་སོང་གི་བཙོན་ར་ནས་གདོན་པར་འདོད་པ་དང། འདོད་ཆགས་དང། ཞེ་སྡང་དང། གཏི་མུག་གི་ལྕགས་སྒྲོག་གིས་བཅིངས་པའི་འཆིང་བ་དག་གཅོད་པར་འདོད་པ་དང། འཁོར་བའི ་འབྲོག་དགོན་པ་ཆེན་པོ་བགྲོང་དཀའ་བའི་ལམ་དུ་ཞུགས་པ། འབྲོག་དགོན་པ་ཆེན་པོ་བགྲོང་དཀའ་བའི་ལམ་ལས་དེས་པར་བསྒྲལ་བར་འདོད་པ་དང། ཉོན་མོངས་པ་དང། མི་དགེ་བའི་རྩ་བའི་མུ་གེ་ཆེན་པོ་བྱུང་བ་ལ། དགེ་བའི་རྩ་བའི་ལོ་ལེགས་པར་འབྱུང ་བར་འདོད་པ་དང། ཉོན་མོངས་པའི་ཆོམ་རྐུན་གྱི་འཇིགས་པ་ཆེན་པོ་དང་ཕྲད་པས། མྱ་ངན་ལས་འདས་པའི་བདེ་བ་རྗེས་སུ་ཐོབ་པར་འདོད་པ་དང། ཉོན་མོངས་པའི་ནང་ཆེན་པོས་ཐེབས་པས། ཤིན་ཏུ་ནད་མེད་པའི་མྱ་ངན་ལས་འདས་པ་རྗེས་སུ་ཐོབ་པར ་འདོད་པ་དང། ཆུ་བོ་བཞིས་རྒྱུན་ཕྱོགས་སུ་འདས་པ་ཆུ་བོ་ལས་བསྒྲལ་བར་འདོད་པ་དང། མ་རིག་པའི་མུན་པ་ཆེན་པོར་ཞུགས་པས། ཡེ་ཤེས་ཀྱི་སྣང་བ་ཆེན་པོ་རྗེས་སུ་ཐོབ་པར་འདོད་པ་ནི། ལེགས་སོ་ལེགས་སོ། །ཚེ་དང་ལྡན་པ་ཁྱོད་དེ་ལྟར་ཡང་དག་པར ་རབ་ཏུ་བརྩོན་པར་བྱེད་པ་ན། གདོན་མི་ཟ་བར་ཡུལ་འཁོར་གྱི་བསོད་སྙོམས་འབྲས་བུ་ཡོད་པར་ཟ་བ་དང། སྟོན་པའི་བཀའ་ལུང་བཞིན་དུ་བྱེད་པ་དང། རྟག་འགྲུས་པའི་བསམ་གཏན་ལ་ལྷག་མཐོང་དང་ལྡན་པ་དང། ཁྱིམ་གྱིས་སྟོང་པ་དག་རྒྱས་པར་བྱེད་ཅིང། ་བདག་གིས་དོན་གྱི་རྗེས་སུ་བརྩོན་པ་དང། ཚངས་པ་མཚུངས་པར་སྤྱོད་པ། མཁས་པ་རྣམས་ཀྱིས་མ་སྨད་པ་དང། བདག་ལ་ཕན་པ་དང། གཞན་ལ་ཕན་པ་དང། སྐྱེ་བོ་མང་པོ་ལ་ཕན་པ་དང། སྐྱེ་བོ་མང་པོ་ལ་བདེ་བ་དང། འཇིག་རྟེན་ལ་རྗེས་སུ་སྙིང་བརྩེ་བ་དང ་ལྷ་དང་མི་རྣམས་ལ་ཕན་པ་དང། བདེ་བའི་ཕྱིར་ཞུགས་པར་འགྱུར་རོ། ཞེས་ཚིག་གི་ལམ་འཇམ་པོ་འཇམ་པོ་དག་གིས་ཡང་དག་པར་གཟེངས་བསྟོད་པར་བྱ། ཡང་དག་པར་རབ་ཏུ་དགའ་བར་བྱ་ཞིང་སྤོང་བའི་ཕན་ཡོན་ཡང་དག་པར་བརྗོད་པར་བྱའོ། །དེ་ལྟར་དེ་ལྟ་བུ་དང ་མཐུན་པའི་ཚིག་གི་ལམ་འཇམ་པོ་འཇམ་པོ་དག་གིས་ཡང་དག་པར་གཟེངས་བསྟོད། ཡང་དག་པར་རབ་ཏུ་དགའ་བར་བྱས་ཤིང་སྤོང་བའི་ཕན་ཡོན་ཡང་དག་པར་བསྟན་ནས། ཡོངས་སུ་དྲི་བར་བྱ་བའི་གནས་ཀྱི་ཆོས་བཞི་པོ་དག་ཡོངས་སུ་དྲི་བར་བྱ ་སྟེ། ཅི་ཚེ་དང་ལྡན་པ་ཁྱོད་གཅིག་ཏུ་སངས་རྒྱས་དང། ཆོས་དང་དགེ་འདུན་ལ་སྐྱབས་སུ་སོང་ཞིང། འདི་ལས་ཕྱི་རོལ་པའི་སྟོན་པ་འམ། སྦྱིན་གནས་གཞན་དག་ཡང་དག་པར་མི་འདོད་པ་ཡིན་ནམ། ཅི་ཁྱོད་ཚངས་པར་སྤྱོད་པ་བསྒོམ་པར་བྱ་བའི་ཕྱིར་ཁྱོད་ཀྱི་དང་པོར ་ཡོངས་སུ་སྤྱོད་བ་ཚུལ་ཁྲིམས་ཤིན་ཏུ་རྣམ་པར་དག་པ་དང། ལྟ་བ་དྲང་པོ་ཡིན་ནམ། ཅི་ཁྱོད་འཕགས་པའི་བདེན་པ་མདོ་དང་རྣམ་པར་དབྱེ་བ་ལས་བརྩམས་ཏེ། ཆོས་ཉུང་ངུ་འམ། མང་པོ་དག་མཉན་ཅིང་བཟུང་བ་ཡིན་ནམ། ཅི་ཁྱོད་མྱ་ངན་ལས་འདས་པ་ལ ་སེམས་མོས་ཤིང་མྱ་ངན་ལས་འདའ་བར་འདོད་པས་རབ་ཏུ་བྱུང་བ་ཡིན་ནམ་ཞེས་ཡོངས་སུ་དྲི་བར་བྱ་བའི་གནས་ཀྱི་ཆོས་བཞི་པོ་དེ་དག་ཡོངས་སུ་དྲི་བར་བྱའོ། །དེ་ལྟར་དྲིས་པ་ན་གལ་ཏེ། དེ་ལྟ་བུ་ལགས་སོ་ཞེས་དམ་བཅའ་བར་བྱེད་ན། དེའི་འོག་ཏུ་གནས་བཞི་པོ ་དག་རྒྱུ་རྣམ་པ་བཞིས་ལེགས་པར་རྗེས་སུ་བརྟག་པར་བྱ་སྟེ། སྨོན་ལམ་ལེགས་པར་རྗེས་སུ་བརྟག་པར་བྱ། རིགས་དང། དབང་པོ་དང། སྤྱད་པ་ལེགས་པར་རྗེས་སུ་བརྟག་པར་བྱའོ། །དྲི་བས་ལེགས་པར་རྗེས་སུ་བརྟག་པར་བྱ། གཏམ་དང། སྤྱོད་པ ་དང། སེམས་ཀྱི་རྣམ་གྲངས་ཤེས་པས་ལེགས་པར་རྗེས་སུ་བརྟག་པར་བྱའོ། །དེ་ལ་ཇི་ལྟར་ན་དྲི་བས་སྨོན་ལམ་ལེགས་པར་རྗེས་སུ་བརྟག་པར་བྱ་ཞེ་ན། འདི་སྐད་ཡོངས་སུ་དྲི་བར་བྱ་སྟེ། ཚེ་དང་ལྡན་པ་ཁྱོད་ཀྱིས་ཉན་ཐོས་ཀྱི་ཐེག་པ་འམ། རང་སངས ་རྒྱས་ཀྱི་ཐེག་པ་འམ། ཐེག་པ་ཆེན་པོ་འམ། གང་དུ་སྨོན་ལམ་བཏབ་ཅེས་དྲི་བར་བྱའོ། །དེ་ཡང་གང་དང་གང་དུ་སྨོན་ལམ་བཏབ་པ་དེ་བཞིན་དུ། བདག་ཉིད་ལན་འདེབས་པར་འགྱུར་ཏེ། དེ་ལྟར་དྲི་བས་སྨོན་ལམ་ལེགས་པར་རྗེས་སུ་བརྟག་པར་བྱའོ། ། ་ཇི་ལྟར་ན་དྲི་བས་རིགས་དང། དབང་པོ་དང། སྤྱད་པ་དག་ལེགས་པར་རྗེས་སུ་བརྟག་པར་བྱ་ཞེ་ན། དེས་འདི་སྐད་དྲི་བར་བྱ་སྟེ། ཚེ་དང་ལྡན་པ་ཁྱོད་ཀྱིས་བདག་གི་རིགས་གང་ཡིན་པ་དང། བདག་གི་དབང་པོ་རྣམས་རྟུལ་བ་འམ། འབྲིང་ངམ། རྣོ་བ་འམ། ཅི་ལྟ་བུར་ཡིན་པ ་དང། ཅི་བདག་འདོད་ཆགས་སྤྱད་པ་འམ། འོན་ཏེ་ཞེ་སྡང་སྤྱད་པ་འམ། དེ་བཞིན་དུ་རྣམ་པར་རྟོག་པ་སྤྱད་པའི་བར་ཞིག་ཡིན་ཞེས་བདག་ཉིད་ཀྱི་རིགས་དང། དབང་པོ་དང། སྤྱད་པ་དག་ཤེས་སམ་ཞེས་དྲི་བར་བྱའོ། །གལ་ཏེ་དེ་ཤེས་རབ་ཅན་ཞིག་ཡིན་ན་ནི་དེས་རིམ ་གྱིས་བདག་ཉིད་ཀྱི་རིགས་དང། དབང་པོ་དང། སྤྱད་པ་དག་ཉེ་བར་བརྟགས་ཤིང་མཚན་མར་བཟུང་བ་དེ་བཞིན་དུ་ལན་འདེབས་པར་བྱེད་དོ། །གལ་ཏེ་དམན་པ་ཞིག་ཡིན་ན་ནི་དེས་རིམ་གྱིས་བདག་ཉིད་རིགས་དང། དབང་པོ་དང། སྤྱད་པ་དང། ཉེ་བར་མ་རྟོགས་ཤིང་མཚན་མར ་མ་ཟིན་པས་དེ་དྲིས་ཀྱང་ལན་འདེབས་པར་མི་བྱེད་པས། དེ་ལ་དེའི་འོག་ཏུ་རེ་ཞིག་གཏམ་གྱིས་དེ་གསུམ་ལེགས་པར་རྗེས་སུ་རྟག་པར་བྱ་སྟེ། དེའི་མདུན་དུ་ཚིག་གི་ལམ་གསལ་བ། འབྲེལ་བ། སྣ་ཚོགས་པ་སྙན་པ། གོ་སླ་བ་དག་གིས་ཉན་ཐོས་ཀྱི་ཐེག་པ་དང་ལྡན་པའི་གཏམ་བྱའོ། །དེ ་ལ་གལ་ཏེ་ཉན་ཐོས་ཀྱི་རིགས་ཅན་ཞིག་ཡིན་ན་ནི་གཏམ་དེ་བྱས་པ་དང། གཏམ་དེས་ཤིན་ཏུ་དགའ་བ་དང། རངས་པ་དང། ཀུན་ཏུ་དགའ་བ་སྐྱེ་བ་དང། ཡིད་བདེ་བ་སྐྱེ་བ་དང། རབ་ཏུ་དང་པ་དང། མོས་པར་འགྱུར་རོ། །གལ་ཏེ་དེ་རང་སངས་རྒྱས་ཀྱི་རིགས་ཅན་ནམ། ཐེག ་པ་ཆེན་པོའི་རིགས་ཅན་ཞིག་ཡིན་ན་ནི། གཏམ་དེས་ཤིན་ཏུ་དགའ་བ་དང། རངས་པ་དང། ཀུན་ཏུ་དགའ་བ་སྐྱེ་བ་དང། ཡིད་བདེ་བ་སྐྱེ་བ་དང། རབ་ཏུ་དང་བ་དང། མོས་པར་མི་འགྱུར་རོ། །ཐེག་པ་ཆེན་པོའི་རིགས་ཅན་གང་ཡིན་པ་དེ་ནི། ཐེག་པ་ཆེན་པོ་དང་ལྡན་པའི ་གཏམ་བྱས་པ་ན། གཏམ་དེས་ཤིན་ཏུ་དགའ་བ་དང། རངས་པ་དང། ཀུན་ཏུ་དགའ་བ་སྐྱེ་བ་དང། ཡིད་བདེ་བ་སྐྱེ་བ་དང། རབ་ཏུ་དང་བ་དང། མོས་པར་འགྱུར་རོ། །ཉན་ཐོས་དང་རང་སངས་རྒྱས་ཀྱི་རིགས་ཅན་ནི་དེ་ལྟ་མ་ཡིན་ནོ། །གལ་ཏེ་དེ་དབང་པོ་རྟུལ་པོ་ཞིག་ཡིན་ན་ནི། གསལ ་བའི་གཏམ་བྱས་ན་ཡང། ཆོས་ཀྱི་དོན་ཉེ་བར་བརྟག་པ་དང། བཟུང་བ་དང། སོ་སོར་རྟོགས་པར་བྱ་བ་ལ་ཤིན་ཏུ་དབང་པོ་རྟུལ་བར་འགྱུར་རོ། །གལ་ཏེ་དབང་པོ་འབྲིང་ཞིག་ཡིན་ན་ནི་དེ་ལྟ་མ་ཡིན་ནོ། །གལ་ཏེ་དབང་པོ་རྣོན་པོ་ཞིག་ཡིན་ན་ནི། ་དབང་པོ་རྟུལ་པོ་ལ་གསལ་བའི་གཏམ་བྱས་པ་ལས་བཟློག་པ། ཟབ་མོའི་གཏམ་བྱས་ན་ཡང། ཆོས་ཀྱི་དོན་མྱུར་དུ་ཉེ་བར་རྟོགས་པ་དང། ཟིན་པ་དང། སོ་སོར་རྟོགས་པར་བྱེད་དོ། །གལ་ཏེ་དེ་འདོད་ཆགས་སྤྱད་པ་ཞིག་ཡིན་ན་ནི། དད་བར་འགྱུར་བའི་གཏམ་བྱས ་པ་ན་གཏམ་དེས་ཤིན་ཏུ་རབ་ཏུ་དང་བ། དགའ་བ་དང། དགོངས་པའི་རྗེས་སུ་འཇུག་པ་དང། སྤུ་ཟིང་ཞེས་བྱེད་པ་དང། མཆི་མ་འཁྲུག་ཅེས་བྱེད་པ་དང། སེམས་ཀྱི་རྒྱུད་སྣུམ་པ་དང་སེམས་འཇམ་པ་སྟོན་པར་བྱེད་དོ། །གལ་ཏེ་བཞེ་སྡང་སྤྱད་པ་ཞིག་ཡིན་ན་ནི། དེ ་ལས་བཟློག་པ་ཡིན་པར་རིག་པར་བྱའོ། །གལ་ཏེ་དེ་གཏི་མུག་སྤྱད་བ་ཞིག་ཡིན་ན་ནི། དེས་པར་བྱེད་པའི་གཏམ་མྱ་ངན་ལས་འདས་པ་དང་ལྡན་པ། ཟང་ཟིང་མེད་པ་བྱས་པ་ན། སྐྲག་པ་དང། དངང་བ་དང་ཀུན་ཏུ་སྐྲག་པར་འགྱུར་ཏེ། ཇི་ལྟར་དབང་པོ་རྟུལ་པོ་ལ་བསྟན་པ ་དེ་བཞིན་དུ་དེ་ལ་ཡང་རིག་པར་བྱའོ། །གལ་ཏེ་དེ་ང་རྒྱལ་སྤྱད་པ་ཞིག་ཡིན་ན་ནི། ཤིན་ཏུ་གུས་པར་ཉན་པར་མི་བྱེད་ཅིང་རྣ་གཏོད་པར་ཡང་མི་བྱེད་ལ། དེ་བཞིན་དུ་ཀུན་ཤེས་པར་བྱ་བའི་སེམས་ཉེ་བར་འཇིག་པར་མི་བྱེད་ཅིང། དད་པར་གྱུར་ན་ཡང་དེ་བཞིན་དུ་བསྙེན་བཀུར ་དང། ལེགས་སོ་ཞེས་བྱ་བ་སྦྱིན་པར་མི་བྱེད་དོ། །གལ་ཏེ་དེ་རྣམ་པར་རྟོག་པ་སྤྱད་པ་ཞིག་ཡིན་ན་ནི། ལེགས་པར་རྣ་གླགས་ཏེ། ཉན་པར་བྱེད་ཀྱང་སེམས་རྣམ་པར་གཡེང་བར་འགྱུར་ཞིང་ལོག་པར་བཟུང་སྟེ། འཛིན་པར་ཡང་འགྱུར་ལ། མི་བརྟན་ཞིང་མི་དམ་པར་འཛིན ་པར་ཡང་འགྱུར། བཟུང་ན་ཡང་ཆུང་ཟ་བར་འགྱུར་ཞིང། ཡང་དང་ཡང་དུ་ཕྱི་ཕྱིར་ཡོངས་སུ་འདྲི་བར་བྱེད་པ་ཡང་འགྱུར་ཏེ། དེ་ལྟར་གཏམ་གྱིས་རིགས་དང། དབང་པོ་དང། སྤྱད་པ་དག་ལེགས་པར་རྗེས་སུ་བརྟག་པར་བྱའོ། །ཇི་ལྟར་ན་སྤྱོད་པས་རིགས་དང་དབང་པོ་དང། ་སྤྱད་པ་དག་ལེགས་པར་རྗེས་སུ་བརྟག་པར་བྱ་ཞེ་ན། གང་ཟག་ཉན་ཐོས་ཀྱི་རིགས་ཅན་དང། འདོད་ཆགས་ལ་སོགས་པ་སྤྱད་པ་དག་གི་རྟགས་གང་དག་སྔར་བསྟན་པ་དེ་དག་ནི་སྤྱོད་པ་ཞེས་བྱ་སྟེ། སྤྱོད་པ་དེ་རིགས་དང། དབང་པོ་དང། སྤྱད་པ་དག་ཅི་རིགས་པར་ལེགས་པར་རྗེས་སུ ་བརྟག་པར་བྱའོ། །དེ་ལ་ཇི་ལྟར་ན་སེམས་ཀྱི་རྣམ་གྲངས་ཤེས་པས་རིགས་དང། དབང་པོ་དང། སྤྱད་པ་དག་ལགས་པར་རྗེས་སུ་བརྟག་པར་བྱ་ཞེ་ན། གལ་ཏེ་རྣལ་འབྱོར་པ་རྣལ་འབྱོར་ཤེས་པ་དེ་སེམས་ཀྱི་རྣམ་གྲངས་ཤེས་པ་ཐོབ་པ་ཞིག་ཡིན་ན་ནི། དེས་ཕ་རོལ་གྱི་སེམས་ཤེས་པ ་དེས། དེའི་རིགས་དང། དབང་པོ་དང། སྤྱད་པ་དག་ཡང་དག་པར་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་ལེགས་པར་རྗེས་སུ་བརྟག་པར་བྱའོ། །གནས་བཞི་པོ་དེ་དག་གིས་ལེགས་པར་རྗེས་སུ་བརྟགས་ནས། གནས་ལྔ་པོ་འདི་ལྟ་སྟེ། ཏིང་ངེ་འཛིན་གྱི་ཚོགས་བསྲུང་ཞིང་བསགས ་པ་དང། རབ་ཏུ་དབེན་པ་དང། སེམས་རྩེ་གཅིག་པ་ཉིད་དང། སྒྲིབ་པ་རྣམ་པར་སྤྱོད་པ་དང། ཡིད་ལ་བྱེད་པ་བསྒོམ་པ་དག་ལ་དེས་པར་སྦྱར་བའོ། །དེ་ལ་ཏིང་ངེ་འཛིན་གྱི་ཚོགས་བསྲུང་ཞིང་བསགས་པ་ནི་ཚུལ་ཁྲིམས་ཀྱི་སྡོམ་པ་ཇི་སྙེད་དང་ལྡན་པ་ཡིན་ཏེ། དེ་ལ་ཡང ་སངས་རྒྱས་ཀྱི་རྗེས་སུ་བསྟན་པ་དང། སངས་རྒྱས་ཀྱིས་རྗེས་སུ་གནང་བའི་ཚུལ་ཁྲིམས་ཀྱི་ཕུང་པོ་ཡོངས་སུ་རྫོགས་པ། ཡོངས་སུ་མི་ཉམས་པར་བྱ་བའི་ཕྱིར། བག་ཡོད་པར་གནས་ཤིང་བསླབ་པའི་གཞི་བསྒྲུབ་པས་བརྩོན་འགྲུས་མི་གཏོང་བ་ཡིན་ཏེ། དེ་ལྟར་ན་དེ་ཚུལ་ཁྲིམས ་དང་ཡང་དག་པར་ལྡན་པའི་བསླབ་པའི་ལམ་ཐོབ་པ་ལས་ཡོངས་སུ་མི་ཉམས་ཤིང། བསླབ་པའི་ལམ་ཐོབ་པ་ཡང་ཐོབ་པར་འགྱུར་བ་དང། ཚུལ་ཁྲིམས་ཀྱི་སྡོམ་པ་ཇི་ལྟ་བ་ཡང་ལྟ་བ་བཞིན་དུ་དབང་པོ་སྡོམ་པ་དང། ཟས་ཀྱི་ཚོད་རིག་པ་ཉིད་དང། ནམ་གྱི་ཆ་སྟོད་དང། ནམ ་གྱི་ཆ་སྨད་ལ་མི་ཉལ་བར་སྦྱོར་བའི་རྗེས་སུ་བརྩོན་པ་དང། ཤེས་བཞིན་དུ་སྤྱོད་པ་ཉིད་དང། དགེ་སྦྱོང?་གི་རྒྱན་གྱི་བར་ལ་ཡང་དེ་བཞིན་ཏེ། ཚོགས་ཀྱིས་ཡོངས་སུ་ཟིན་བ་གང་དང་གང་ཡིན་པའི་ཆོས་རབ་ཏུ་རྣམ་པར་དབྱེ་བ་དག་ཐོབ་པ་དང། དེ་དེ་དག་རྗེས་སུ་སྲུང་བར་བྱེད་པ་དང། ་རབ་ཏུ་རྣམ་པར་དབྱེ་བའི་ཕྱིར་ཞིང་ཡོངས་སུ་རྫོགས་པར་བྱ་བ་དང། ཇི་སྐད་གསུངས་པ་བཞིན་ལྷག་ཆད་མེད་པར་སྤྱད་པར་བྱ་བའི་ཕྱིར་འདུན་པ་སྐྱེད། སྤྲོ་བ་སྐྱེད་དེ། བརྩོན་འགྲུས་བརྩམས་ཤིང་གནས་པ་དྲུག་ཡིན་པ་དེ་ནི་ཏིང་ངེ་འཛིན་གྱི་ཚོགས་བསྲུང ་ཞིང་གསོག་བ་ཞེས་བྱའོ། །དེ་དེ་ལྟར་ཉམས་པར་གྱུར་པའི་ཆ་དང་མཐུན་པར་ཆོས་རྣམས་ཡོངས་སུ་སྤོང་ཞིང་ཁྱད་པར་འགྱུར་བའི་ཆ་དང་མཐུན་པའི་ཆོས་རྣམས་ལེ་སོ་སོར་རྟེན་པར་བྱེད་པ་ན། རབ་ཏུ་དབེན་པར་གནས་པ་ཡིན་ནོ། །རབ་ཏུ་དབེན་པ་གང་ཞེ་ན། གནས་ཕུན་སུམ ་ཚོགས་པ་དང། སྤྱོད་ལམ་ཕུན་སུམ་ཚོགས་པ་དང། དབེན་པ་ཕུན་སུམ་ཚོགས་པ་གང་ཡིན་པའོ། །དེ་ལ་གནས་ཕུན་སུམ་ཚོགས་པ་ནི་འདི་ལྟ་སྟེ། དགོན་པ་དང། ཤིང་དྲུང་དང། ཁྱིམ་གྱིས་སྟོང་པ་དག་སྟེ། དེ་ལ་གནས་མལ་བླ་གབ་མེད་པ་དང། དུར་ཁྲོད་དང། བས ་མཛའ་ནི་དགོན་པ་ཞེས་བྱའོ། །དེ་ལ་གནས་ནགས་འདབ་ནི་ཤིང་དྲུང་ཞེས་བྱའོ། །དེ་ལ་རི་ཁྲོད་དང་རི་ཕུག་དང། རྩཝ་ཁང་དག་ནི་ཁྱིམ་གྱིས་སྟོང་པ་ཞེས་བྱ་སྟེ། འདི་ལྟ་སྟེ། དགོན་པ་དང། ཤིང་དྲུང་དང། ཁྱིམ་གྱིས་སྟོང་པའི། གནས་མལ་བླ་གབ་མེད་པ་དང། དུར་ཁྲོད་དང། ་བས་མཛའ་དང། ནགས་འདབ་དང། རི་ཁྲོད་དང། རི་ཕུག་དང། རྩཝ་ཁང་དེ་དག་གཅིག་ཏུ་བསྡུས་པ་ནི་གནས་ཡིན་པར་རིག་པར་བྱའོ། །གནས་ཕུན་སུམ་ཚོགས་པ་ནི། རྣམ་པ་ལྔ་སྟེ། འདི་ལ་དང་པོ་ཁོ་ནར་གནས་དབྱིབས་སུ་ཤེས་པ། ལྟ་ན་སྡུག་པ། མཛེས་པ། ་ཀུན་དགའ་ཨི་རབ་ཕུན་སུམ་ཚོགས་པ། ནགས་ཚལ་ཕུན་སུམ་ཚོགས་པ། རྫིང་བུ་ཕུན་སུམ་ཚོགས་པ། གཙང་བ། ཉམས་དགའ་བ། ཤང?་ཤོང?་མེད་པ། སྡོང་དུམ་དང། ཚེར་མའི་གཞི་མ་ཡིན་པ། རྡོ་བ་དང། གསེག་མ་དང། གྱོ་མོ་མི་མང་བ། གང་དེས་མཐོང ་ན་སྤོང་པ་ལ་བརྩོན་པར་གནས་པའི་ཕྱིར། སེམས་མངོན་པར་རབ་ཏུ་དད་བར་འགྱུར་ཞིང་སེམས་རངས་ཤིང་རབ་ཏུ་དགའ་བས་སྤོང་བ་ལ་རབ་ཏུ་གཏོད་པར་བྱེད་པ་གང་ཡིན་པ་སྟེ། དེ་ནི་གནས་ཕུན་སུམ་ཚོགས་པ་དང་པོ་ཡིན་ནོ། །གཞན་ཡང་ཉིན་མོ་མི་སྡུག་པ ་པ་ཉུང་ལ། མཚན་མོ་སྒྲ་ཆུང་ཞིང་ཀླག་ཅོར་ཉུང་བ་དང། ཤ་སྦྲང་དང། སྦྲང་བུ་མཆུ་རིངས་དང། རླུང་དང་ཉི་མ་དང། སྡིག་སྤྲུལ་གྱི་རེག་པ་ཉུང་བ་གང་ཡིན་པ་དེ་ནི་གནས་ཕུན་སུམ་ཚོགས་པ་གཉིས་པ་ཡིན་ནོ། །གཞན་ཡང་གང་ན། སེང་གེ་དང། སྟག་དང། གུང་དང། ཆོམ ་རྐུན་དང། ཕ་རོལ་གྱི་དམག་ཚོགས་དང། མི་དང་མི་མ་ཡིན་པའི་འཇིགས་པ་དང། འཇིགས་སུ་རུང་བ་མེད་ལ། ཡིད་བརྟན་ཞིང་བག་ཚ་བ་མེད་པ་དང། བདེ་བ་ལ་རེག་པར་གནས་པར་འགྱུར་བ་གང་ཡིན་པ་དེ་ནི། གནས་ཕུན་སུམ་ཚོགས་པ་གསུམ་པ་ཡིན་ནོ། །གཞན ་ཡང་གང་དུ་ཆོས་གོས་ལ་སོགས་པ་འཚོ་བའི་ཡོ་བྱད་རྐྱེན་དུ་འབབ་པ་གང་ཡིན་པ་དེ་དག་ཚེགས་ཆུང་ངུས་འགྲུབ་ཅིང་བསོད་སྙོམས་ལ་སོགས་པ་དེ་དག་གིས་ལུས་རྡལ་བ་མེད་པར་འཚོ་བར་འགྱུར་བ་གང་ཡིན་པ་དེ་ནི་གནས་ཕུན་སུམ་ཚོགས་པ་བཞི་པ་ཡིན་ནོ། །གཞན་ཡང ་གང་དུ་དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་ཟིན་པར་འགྱུར་ཞིང་གང་དག་དེ་ལ་མ་ཕྱེ་བའི་གནས་རྣམས་འབྱེད་པར་བྱེད་ཅིང། ཕྱེ་བ་རྣམས་ཀྱང་གསལ་པར་བྱེད་པ་དང། ཡེ་ཤེས་དང་མཐོང་བ་རྣམ་པར་དག་པར་བྱ་བའི་ཕྱིར་ཟབ་མོའི་དོན་དང་ཚིག་ཤེས་རབ་ཀྱི་སོ་སོར་བརྟགས ་ནས། ལེགས་པར་རབ་ཏུ་སྟོན་པར་བྱེད་པ་དེ་ལྟ་བུའི་ཚངས་པ་མཚུངས་པར་སྤྱོད་པ་མཁས་པ་དག་གནས་པ་དག་གང་ཡིན་པ་དེ་ནི་གནས་ཕུན་སུམ་ཚོགས་པ་ལྔ་པ་ཡིན་ནོ། །དེ་ལ་སྤྱོད་ལམ་ཕུན་སུམ་ཚོགས་པ་གང་ཞེ་ན། ཉིན་མོ་འཆགས་པ་དང། འདུག་པ་དག་གིས ་འདའ་བར་བྱེད་ཅིང། མཚན་མོ་ཐུན་དང་པོ་ལ་ཡང་དེ་བཞིན་བྱེད་པ་དང། ཐུན་པར་མ་ལ་གློ་གཡས་པ་ཕབ་སྟེ་ཉལ་བར་བྱེད་པ་དང། ཐུན་ཐ་མ་ལ་མྱུར་བ་མྱུར་བ་ཁོ་ན་ལངས་ཏེ། འཆག་པ་དང། འདུག་པ་དག་གིས་འདའ་བར་བྱེད་པ་དང། དེ་ལྟར་གནས་མལ་ཕུན ་སུམ་ཚོགས་པ་དེ་ཉིད་དུ་སངས་རྒྱས་ཀྱི་རྗེས་སུ་གནང་བའི་ཁྲི་འམ། ཁྲིའུ་འམ། རྩཝ་བཏིང་བའི་སྟེང་དུ་སྐྱིལ་མོ་ཀྲུང་བཅས་ཏེ་འདུག་པར་བྱེད་པའོ། །ཅིའི་ཕྱིར་ཞེ་ན། རྒྱུ་རྣམ་པ་ལྔ་ཡང་དག་པར་རྗེས་སུ་མཐོང་བའི་ཕྱིར་ཏེ། ལུས་ལེགས་པར་བསྒྲིམས་ན། སྤྱོད་ལམ་དེ ་ཤིན་ཏུ་སྦྱངས་བ་སྐྱེ་བ་དང་རྗེས་སུ་མཐུན་པ་ཡིན་པའི་ཕྱིར། མྱུར་བ་མྱུར་བ་ཁོ་ནར་ཤིན་ཏུ་སྦྱངས་པ་སྐྱེ་བར་འགྱུར་བ་དང། དེ་བཞིན་དུ་འདུག་པས་དུས་ཡུན་རིང་པོ་འདའ་བར་བྱེད་ནུས་ཅིང། སྤྱོད་ལམ་དེས་དེའི་ལུས་ཤིན་ཏུ་དལ་བར་མི་འགྱུར་བ ་དང། དེ་བཞིན་དུ་སྤྱོད་ལམ་དེ་ནི་གཞན་མུ་སྟེགས་ཅན་དང། ཕས་ཀྱི་རྒོལ་བདག་དང། ཐུན་མོང་བ་མ་ཡིན་པ་དང། དེ་བཞིན་དུ་གཞན་དག་གི་སྤྱོད་ལམ་དེས་འདུག་པ་མཐོང་ན་ཤིན་ཏུ་དད་བ་སྐྱེ་བར་འགྱུར་བ་དང། དེ་བཞིན་དུ་སྤྱོད་ལམ་དེ་ནི་སངས་རྒྱས་རྣམས་དང ་སངས་རྒྱས་ཀྱི་ཉན་ཐོས་རྣམས་ཀྱིས་རྗེས་སུ་གནང་ཞིང་བསྟེན་པ་ཡིན་པའི་ཕྱིར་ཏེ། རྒྱུ་དེ་ལྔ་ཡང་དག་པར་རྗེས་སུ་མཐོང་བའི་ཕྱིར། སྐྱིལ་མོ་ཀྲུང་བཅས་ཏེ་ལུས་དྲང་པོར་བསྲང་ནས་འདུག་གོ་།དེ་ལ་ལུས་དྲང་པོ་གང་ཞེ་ན། ལུས་གསལ་བར་བསྲད་སྟེ། བཞག་པ ་དང། སེམས་ལ་གཡོ་མེད་ཅིང་ཚུལ་འཆོས་པ་མེད་པར་དྲང་པོར་བཞག་པའོ། །དེ་ལ་ལུས་དྲང་པོས་རབ་ཏུ་ཟིན་པས་ནི། རྨུགས་པ་དང། གཉིད་ཀྱི་སེམས་ཡང་དག་པར་བླངས་ཏེ་གནས་པར་མི་བྱེད་དོ། །སེམས་ལ་གཡོ་མེད་ཅིང་ཚུལ་འཆོས་པ་མེད་པས་ནི་ཕྱི་རོལ་ཏུ ་རྣམ་པར་གཡེང་བ་ཡང་དག་པར་བླངས་ཏེ་གནས་པར་མི་བྱེད་དོ། །དྲན་པ་ཕྱོགས་པར་བཞག་སྟེ་ཞེས་བྱ་བ་ལ་དྲན་པ་ཕྱོགས་པར་བཞག་སྟེ་གནས་པར་བྱེད་པ་དེ་གང་ཞེ་ན། ཚུལ་བཞིན་ཡིད་ལ་བྱེད་པ་དང། མཚུངས་པར་ལྡན་པའི་དྲན་པ་ནི་ནག་པོའི་ཕྱོགས་ཐམས་ཅད ་ལས་ཕྱིར་ཕྱོགས་ཤིང་མི་མཐུན་པ་ཡིན་པའི་ཕྱིར། དྲན་པ་ཕྱོགས་པ་ཞེས་བྱའོ། །གཞན་ཡང་ཏིང་ངེ་འཛིན་གྱི་མཚན་མ་ལ་དམིགས་པ་དང། གཟུགས་བརྙན་གྱི་མཚན་མ་ལ་དམིགས་པའི་དྲན་པ་ནི་མཉམ་པར་བཞག་པའི་ས་པའི་དམིགས་པ་ཐམས་ཅད་ལ་ཕྱོགས ་པ་ཡིན་པའི་ཕྱིར་དྲན་པ་ཕྱོགས་པ་ཞེས་བྱ་སྟེ། དེ་ནི་སྤྱོད་ལམ་ཕུན་སུམ་ཚོགས་པ་ཞེས་བྱའོ། །དབེན་པ་ཕུན་སུམ་ཚོགས་པ་གང་ཞེ་ན། སྨྲས་པ། རྣམ་པ་གཉིས་ཏེ། ལུས་དབེན་པ་དང། སེམས་དབེན་པའོ། །དེ་ལ་ལུས་དབེན་པ་ནི་ཁྱིམ་ན་གནས་པ ་དང། རབ་ཏུ་བྱུང་བ་རྣམས་དང། གཉིས་ལྷན་ཅིག་ན་མི་གནས་པ་གང་ཡིན་པའོ། །དེ་ལ་སེམས་དབེན་པ་ནི་ཉོན་མོངས་པ་ཅན་དང། ལུང་དུ་མ་བསྟན་པ་ཡིད་ལ་བྱེད་པ་སྤངས་ཏེ། མཉམ་པར་བཞག་པའི་ས་པ་འམ། ཏིང་ངེ་འཛིན་གྱི་ཚོགས་ཀྱི་སྦྱོར་བ་ལས ་བྱུང་བའི་ཡིད་ལ་བྱེད་པ་དགེ་བའི་དོན་དང་ལྡན་པ་སྒོམ་པར་བྱེད་པ་གང་ཡིན་པ་སྟེ། དེ་ནི་སེམས་དབེན་པ་ཞེས་བྱའོ། །དེ་ལ་གནས་ཕུན་སུམ་ཚོགས་པ་གང་ཡིན་པ་དང། སྤྱོད་པ་ཕུན་སུམ་ཚོགས་པ་གང་ཡིན་པ་དང། ལུས་དབེན་པ་གང་ཡིན་པ་དང། སེམས ་དབེན་པ་གང་ཡིན་པ་དེ་དག་གཅིག་ཏུ་བསྡུས་པ་ནི་རབ་ཏུ་དབེན་པ་ཞེས་བྱའོ། །དེ་ལ་སེམས་རྩེ་གཅིག་པ་ཉིད་གང་ཞེ་ན། སྨྲས་པ། ཡང་དང་ཡང་དུ་རྗེས་སུ་དྲན་པ་དང། ཆ་མཐུན་པ་ལ་དམིགས་པ་དང། རྒྱུན་དང། ཁ་ན་མ་ཐོ་བ་མེད་པ་དང། དགའ་བ་དང ་ལྡན་པའི་སེམས་ཀྱི་རྒྱུན་གང་ཡིན་པ་སྟེ། དེ་ཏིང་ངེ་འཛིན་ཅེས་ཀྱང་བྱ། དགེ་བའི་སེམས་རྩེ་གཅིག་པ་ཉིད་ཅེས་ཀྱང་བྱའོ། །དེ་ལ་ཅི་ཞིག་ཡང་དང་ཡང་དུ་རྗེས་སུ་དྲན་པར་བྱེད་ཅེ་ན། སྨྲས་པ། ཆོས་གང་དག་བཟུང་ཞིང་མཉན་པ་དང། བླ་མ་དག་ལས་གདམས་ཤིང་རྗེས ་སུ་བསྟན་པ་ཐོབ་པ་གང་ཡིན་པ་དེའི་དབང་དུ་བྱས་ནས། མཉམ་པར་བཞག་པའི་ས་པའི་མཚན་མ་མངོན་དུ་བྱས་ཏེ། དམིགས་པ་དེ་ལ་རྒྱུན་དང་ལྡན་པའི་དྲན་པས་རྗེས་སུ་འཇུག་པར་བྱེད་ཅིང། ཉེ་བར་གཏོང་པར་བྱེད་པའོ། །དེ་ལ་ཆ་མཐུན་པ་ལ་དམིགས་པ་གང་ཞེ་ན། ་མཉམ་པར་བཞག་པའི་ས་པའི་དམིགས་པ་རྣམ་པ་དུ་མ་རྣམ་པ་མང་པོ་སྣ་ཚོགས་གང་ཡིན་པ་སྟེ། གང་གིས་དམིགས་པ་དེ་ལ་སེམས་འཇུག་པར་བྱེད་པ་ནི་མཉམ་པར་བཞག་པ་ཞེས་བྱ་སྟེ། དེ་ནི་ཆ་མཐུན་པ་ལ་དམིགས་པ་ཞེས་བྱའོ། །དེ་གང་དང་ཆ་མཐུན་ཞེ་ན། སྨྲས་པ། ་དེ་ནི་ཤེས་པའི་དངོས་པོའི་གཟུགས་བརྙན་ཡིན་པས་ན་དེའི་ཕྱིར་ཆ་མཐུན་པའི་ཞེས་བྱའོ། །དམིགས་པ་དེས་དྲན་པ་རྣམ་པར་གཡེང་བ་མེད་པའི་རྣམ་པ་དང། བར་དུ་ཆད་པ་མེད་པ་དང། རྒྱུན་ཆགས་པ་དང། རྟག་ཏུ་དང། གུས་པར་འཇུག་པ་ཡིན་པ་དེ་ནི་རྒྱུན་དང་ལྡན་པ་ཡིན་ནོ།། ་དམིགས་པ་དེ་ཉིད་ལ་མངོན་པར་དགའ་བ་ཉོན་མོངས་པ་མེད་ཅིང། རེག་པར་གནས་པའི་དྲན་པས་ལམ་དུ་ཞུགས་པ་གང་ཡིན་པ་དེ་ནི་ཁ་ན་མ་ཐོ་བ་མེད་པ་དང། དགའ་བ་དང་ལྡན་པ་ཡིན་ཏེ། དེའི་ཕྱིར་ཡང་དང་ཡང་དུ་རྗེས་སུ་དྲན་པ་དང། ཆ ་མཐུན་པ་ལ་དམིགས་པ་དང། རྒྱུན་དང། ཁ་ན་མ་ཐོ་བ་མེད་པ་དང། དགའ་བ་དང་ལྡན་པའི་སེམས་ཀྱི་རྒྱུན་ནི་ཏིང་ངེ་འཛིན་ཅེས་བྱའོ། །ཞེས་གསུངས་སོ། །སེམས་རྩེ་གཅིག་པ་ཉིད་དེ་ལ་ཡང་ཞི་གནས་ཀྱི་ཕྱོགས་དང། ལྷག་མཐོང་གི་ཕྱོགས་ཡོད་དེ། དེ་ལ་སེམས ་གནས་པ་རྣམ་པ་དགུ་པོ་གང་ཡིན་པ་དེ་ནི་ཞི་གནས་ཀྱི་ཕྱོགས་ཡིན་ནོ། །དེ་ལ་ཤེས་རབ་ཀྱི་དཔྱོད་པ་རྣམ་པ་བཞི་པོ་གང་ཡིན་པ་དེ་ནི་ལྷག་མཐོང་གི་ཕྱོགས་ཡིན་ནོ། །དེ་ལ་སེམས་གནས་པ་རྣམ་པ་དགུ་གང་ཞེ་ན། འདི་ལ་དགེ་སློང་སེམས་ནང་ཁོ་ནར་འཇོག་པར་བྱེད ་པ་དང། ཡང་དག་པར་འཇོག་པར་བྱེད་པ་དང། བསྡུས་ཏེ་འཇོག་པར་བྱེད་པ་དང། ཉེ་བར་འཇོག་པར་བྱེད་པ་དང། དུལ་བར་བྱེད་པ་དང། ཞི་བར་བྱེད་པ་དང། ཉེ་བར་ཞི་བར་བྱེད་པ་དང། རྒྱུད་གཅིག་ཏུ་བྱེད་པ་དང། ཏིང་ངེ་ཛིན་དུ་བྱེད་པའོ། །དེ ་ལ་ཇི་ལྟར་ན་འཇོག་པར་བྱེད་པ་ཡིན་ཞེ་ན། ཕྱི་རོལ་གྱི་དམིགས་པ་ཐམས་ཅད་ལས་ཡང་དག་པར་བསྡུས་ཏེ། རྣམ་པར་མི་གཡེང་བར་བྱ་བའི་ཕྱིར་ནང་དུ་ཉེ་བར་གཏོད་པར་བྱེད་པ་སྟེ། རྣམ་པར་གཡེང་བ་མེད་པར་བྱ་བའི་ཕྱིར་དང་པོར་ཉེ་བར་བསྟད་པ་གང་ཡང ་ཡིན་པ་དེ་ནི་འཇོག་པར་བྱེད་པ་ཡིན་ནོ། །ཇི་ལྟ་ན་ཡང་དག་པར་འཇོག་པར་བྱེད་པ་ཡང་ཡིན་ཞེ་ན། དང་པོར་ཉེ་བར་གཏོད་པའི་སེམས་གང་ཡིན་པ་དེ། གཡོ་བ་དང། རགས་པ་དང། ཡང་དག་པར་མི་གནས་པ་དང། ཡོངས་སུ་མི་གནས་པར་གྱུར་ན། དེ ་དམིགས་པ་དེ་ཉིད་ལ་བསྟད་པའི་ཚུལ་དང། དད་བར་བྱ་བའི་ཚུལ་གྱིས་མངོན་པར་ཚར་བཅད་པ་དང་བཅས་པས། ཕྲ་བར་བྱེད་ཅིང་མངོན་པར་གཡེང་བར་མི་བྱེད་པ་གང་ཡིན་པ་དེ་ནི་ཡང་དག་པར་འཇོག་པར་བྱེད་པ་ཡིན་ནོ། །ཇི་ལྟར་ན་བསྡུས་ཏེ་འཇོག་པར་བྱེད་པ ་ཡིན་ཞེ་ན། དེ་ལྟར་དེའི་སེམས་བཞག་པ་དང། ཡང་དག་པར་བཞག་པ་སྟེ། གལ་ཏེ་བརྗེད་ངས་པས་ཕྱི་རོལ་ཏུ་རྣམ་པར་གཡེང་བར་གྱུར་ན། དེས་ཡང་ཕྱིར་དེ་ཉིད་ལ་སྡུད་པར་བྱེད་དེ། དེ་ལྟར་བསྡུས་ཏེ་འཇོག་པར་བྱེད་པ་ཡིན་ནོ། །ཇི་ལྟར་ན་ཉེ་བར་འཇོག་པར་བྱེད་པ་ཡིན ་ཞེ་ན། དང་པོ་ཁོ་ནར་དེ་ལྟ་དེ་ལྟར་དྲན་པ་ཉེ་བར་བཞག་སྟེ། གནས་ཤིང་སེམས་དེ་ཡང་དག་པར་འཇོག་པར་བྱེད་པ་ན། ཇི་ནས་ཀྱང་དེའི་སེམས་ཕྱི་རོལ་ཏུ་མི་འཕྲོ་བར་བྱེད་དེ། དེ་ལྟར་ན་ཉེ་བར་འཇོག་པར་བྱེད་པ་ཡིན་ནོ། །ཇི་ལྟར་ན་དུལ་བར་བྱེད་པ་ཡིན་ཞེ་ན། འདི ་ལྟ་སྟེ། གཟུགས་དང། སྒྲ་དང། དྲི་དང་རོ་དང། རེག་བྱའི་མཚན་མ་དག་གམ། འདོད་ཆགས་དང། ཞེ་སྡང་དང། གཏི་མུག་དང། བུད་མེད་དང་སྐྱེས་པའི་མཚན་མ་གང་དག་གིས། དེའི་སེམས་རྣམ་པར་གཡེང་བར་གྱུར་ན། དེ་ལ་དེས་དང་པོ་ཉིད་ནས་ཉེས་དམིགས ་ཀྱི་འདུ་ཤེས་བཟུང་བ་དེ་ཉིད་ཀྱི་དབང་དུ་བྱས་ནས། མཚན་མ་དེ་དག་ལ་དེའི་སེམས་འཕྲོར་མི་སྟེར་བར་བྱེད་དེ། དེ་ལྟར་ན་དུལ་བར་བྱེད་པ་ཡིན་ནོ། །ཇི་ལྟར་ན་ཞི་བར་བྱེད་པ་ཡིན་ཞེ་ན། འདོད་པའི་རྣམ་པར་རྟོག་པ་ལ་སོགས་པ་རྣམ་པར་རྟོག་པ་གང་དག་དང། འདོད ་པ་ལ་འདུན་པའི་སྒྲིབ་པ་ལ་སོགས་པ་ཉེ་བའི་ཉོན་མོངས་པ་གང་དག་གིས་དེའི་སེམས་ཀུན་ཏུ་འཁྲུག་པར་གྱུར་ན། དེ་ལ་དེས་དང་པོ་ཉིད་ནས་ཉེས་དམིགས་ཀྱི་འདུ་ཤེས་སུ་བཟུང་བ་དེ་ཉིད་ཀྱི་དབང་དུ་བྱས་ནས་དེའི་སེམས་དེ་རྣམ་པར་རྟོག་པ་དང་ཉེ་བའི་ཉོན་མོངས་བ ་དེ་དག་ལ་འཕྲོར་མི་སྟེར་བར་བྱེད་དེ། དེ་ལྟར་ན་ཞི་བར་བྱེད་པ་ཡིན་ནོ། །ཇི་ལྟར་ན་ཉེ་བར་ཞི་བར་བྱེད་པ་ཡིན་ཞེ་ན། དེ་བརྗེད་ངས་པའི་ཕྱིར་རྣམ་པར་རྟོག་པ་དང། ཉེ་བའི་ཉོན་མོངས་པ་དེ་གཉི་ཀ་ཀུན་འབྱུང་བར་གྱུར་ན། བྱུང་ངོ་ཅོག་དང་དུ་མི་ལེན་ཅིང་སྤོང་བར ་བྱེད་དེ། དེ་ལྟར་ན་ཉེ་བར་ཞི་བར་བྱེད་པ་ཡིན་ནོ། །ཇི་ལྟར་ན་རྒྱུ་གཅིག་ཏུ་བྱེད་པ་ཡིན་ཞེ་ན། མངོན་པར་འདུ་བྱེད་པ་དང་བཅས་པས་བར་དུ་ཆད་པ་མེད་པ་དང། རྒྱུན་ཆགས་པར་ཏིང་ངེ་འཛིན་གྱི་རྒྱུན་ལ་འཇོག་པར་བྱེད་དོ། དེ་ལྟར་ན་རྒྱུད་གཅིག་ཏུ་བྱེད་པ་ཡིན་ནོ། །ཇི་ལྟར་ན ་ཏིང་ངེ་འཛིན་དུ་བྱེད་པ་ཡིན་ཞེ་ན། ཀུན་ཏུ་བསྟེན་ཅིང་གོམས་པར་བྱས་ལན་མང་དུ་བྱས་པའི་རྒྱུས་ལྷུན་གྱིས་གྲུབ་པར་འཇུག་པ་དང། རང་གི་དང་གིས་འཇུག་པའི་ལམ་ཐོབ་པར་མངོན་པར་འདུ་བྱེད་པ་མེད་པ་དང། ལྷུན་གྱིས་གྲུབ་པ་དེ ་ཉིད་ཀྱིས། དེའི་སེམས་རྣམ་པར་གཡེང་བ་མེད་པའི་ཏིང་ངེ་འཛིན་གྱི་རྒྱུན་ལ་འཇུག་པར་འགྱུར་ཏེ། དེ་ལྟར་ན་ཏིང་ངེ་འཛིན་དུ་བྱེད་པ་ཡིན་ནོ། །དེ་ལ་སྟོབས་རྣམ་པ་དྲུག་གིས་ནི་སེམས་གནས་པ་རྣམ་པ་དགུ་པོ་དག་འགྲུབ་སྟེ། འདི་ལྟ་སྟེ། ཐོས་པའི་སྟོབས ་དང། བསམས་པའི་སྟོབས་དང། དྲན་པའི་སྟོབས་དང། ཤེས་བཞིན་གྱི་སྟོབས་དང། བརྩོན་འགྲུས་ཀྱི་སྟོབས་དང། ཡོངས་སུ་འདྲིས་པའི་སྟོབས་ཀྱིས་སོ། །དེ་ལ་ཐོས་པ་དང་བསམ་པའི་སྟོབས་ཀྱིས་བར་ཞིག་ཐོས་པ་གང་ཡིན་པ་དང། བསམས་པ ་གང་ཡིན་པའི་དབང་དུ་བྱས་ནས། དང་པོ་ཁོ་ནར་སེམས་དམིགས་པ་ལ་འཇོག་པར་བྱེད་ཅིང། དེ་ཉིད་ལ་གཏོད་པའི་ཚུལ་གྱིས་ཡང་དག་པར་འཇོག་པར་བྱེད་དོ། །དེ་ལྟར་སེམས་བསྟད་པ་ལ་དྲན་པའི་སྟོབས་ཀྱིས་ཡང་དག་པར་སྡུད་ཅིང་རྣམ་པར་གཡེང་བར ་མི་བྱེད་པས་བསྡུས་ཏེ་འཇོག་པར་བྱེད་པ་དང། ཉེ་བར་འཇོག་པར་བྱེད་དོ། །དེ་ནས་ཤེས་བཞིན་གྱི་སྟོབས་ཀྱིས་ནི་རྣམ་པར་རྟོགས་པ་དང། ཉེ་བའི་ཉོན་མོངས་པའི་མཚན་མ་དག་ལ་འཕྲོ་བར་མི་བྱེད་པས་དུལ་བར་བྱེད་པ་དང། ཞི་བར་བྱེད་པའོ། །བརྩོན ་འགྲུས་ཀྱི་སྟོབས་ཀྱིས་ནི་དེ་གཉི་ག་ཀུན་ཏུ་འབྱུང་བ་དང་དུ་མི་ལེན་ཅིང། རྒྱུད་གཅིག་ཏུ་ཡང་བྱེད་དོ། །ཡོངས་སུ་འདྲིས་པའི་སྟོབས་ཀྱིས་ནི་ཏིང་ངེ་འཛིན་དུ་བྱེད་དོ། །དེ་ལ་སེམས་གནས་པ་དགུ་པོ་དག་ལ་ཡིད་ལ་བྱེད་པ་བཞི་ཡོད་པར་རིག་པར་བྱ་སྟེ། ་བསྒྲིམས་ཏེ་འཇུག་པ་དང། སྐབས་སུ་འཆད་ཅིང་འཇུག་པ་དང། སྐབས་སུ་འཆད་པ་མེད་པར་འཇུག་པ་དང། རྩོལ་བ་མེད་པར་འཇུག་པའོ། །དེ་ལ་འཇོག་པར་བྱེད་པ་དང། ཡང་དག་པར་འཇོག་པར་བྱེད་པ་ལ་ནི་བསྒྲིམས་ཏེ་འཇུག་པའི་ཡིད་ལ་བྱེད་པ་ཡོད་དོ།། ་བསྡུས་ཏེ་འཇུག་པར་བྱེད་པ་དང། ཉེ་བར་འཇོག་པར་བྱེད་པ་དང། དུལ་བར་བྱེད་པ་དང། ཞི་བར་བྱེད་པ་དང། ཉེ་བར་ཞི་བར་བྱེད་པ་ལ་ནི། སྐབས་སུ་འཆད་ཅིང་འཇུག་པའི་ཡིད་ལ་བྱེད་པ་ཡོད་དོ། །རྒྱུད་གཅིག་ཏུ་བྱེད་པ་ལ་ནི་སྐབས་སུ་འཆད་པ་མེད་པར་འཇུག ་པ་ཡིད་ལ་བྱེད་པ་ཡོད་དོ། །ཏིང་ངེ་འཛིན་ཏུ་བྱེད་པ་ལ་ནི་རྩོལ་བ་མེད་པར་འཇུག་པ་ཡིད་ལ་བྱེད་པ་ཡོད་དོ། །དེ་ལྟར་ན་ཡིད་ལ་བྱེད་པ་དེ་དག་ནི་སེམས་གནས་པ་རྣམ་པ་དགུ་པོ་དག་གི་རྒྱུད་ལ་ཞི་གནས་ཀྱི་ཕྱོགས་ཡིན་ནོ། །དེ་ལྟར་ནང་གི་སེམས་ཀྱི་ཞི་གནས ་ཐོབ་པ་གང་ཡིན་པ་ལྷག་མཐོང་ལ་རབ་ཏུ་བརྩོན་པར་བྱེད་པ་དེ་ལ་ནི་ཡིད་ལ་བྱེད་པ་བཞི་པོ་དེ་དག་ཉིད་ནི་ལྷག་མཐོང་གི་ཕྱོགས་ཡིན་ནོ། །དེ་ལ་ལྷག་མཐོང་རྣམ་པ་བཞི་གང་ཞེ་ན། འདི་ལ་དགེ་སློང་འདི་ལྟ་སྟེ། ནང་གི་སེམས་ཀྱི་ཞི་གནས་ལ་བརྟེན་ནས་ཆོས ་རྣམས་རྣམ་པར་འབྱེད་པར་བྱེད་པ་དང། རབ་ཏུ་རྣམ་པར་འབྱེད་པར་བྱེད་པ་དང། ཡོངས་སུ་རྟོག་པར་བྱེད་པ་དང། ཡོངས་སུ་དཔྱོད་པར་བྱེད་པའོ། །དེ་ལ་ཇི་ལྟར་རྣམ་པར་འབྱེད་པར་བྱེད་ཅེ་ན། སྤྱད་པ་རྣམ་པར་སྤྱོད་པའི་དམིགས་པ་དང། མཁས་པའི་དམིགས ་པ་དང། ཉོན་མོངས་པ་རྣམ་པར་སྤྱོད་པའི་དམིགས་པ་དག་ལ། ཇི་སྙེད་ཡོད་པ་ཉིད་ཀྱིས་རྣམ་པར་འབྱེད་པར་བྱེད་དོ། །ཇི་ལྟ་བ་བཞིན་དུ་ཡོད་པ་ཉིད་ཀྱིས་ནི་རབ་ཏུ་རྣམ་པར་འབྱེད་པར་བྱེད་དོ། །ཤེས་རབ་དང་ལྡན་པའི་ཡིད་ལ་བྱེད་པ་རྣམ་པར་རྟོག་པ་དང་བཅས་པས། ་མཚན་མར་འཛིན་པར་བྱེད་པའི་ཚེ་ན་ནི་ཡོངས་སུ་རྟོག་པར་བྱེད་དོ། །ཡང་དག་པར་རྟོག་པར་བྱེད་པའི་ཚེ་ན་ནི། ཡོངས་སུ་དཔྱོད་པར་བྱེད་དོ། །ལྷག་མཐོང་དེ་ཡང་སྒོ་གསུམ་དང་ལྡན་ཞིང། གཞི་རབ་ཏུ་དབྱེ་བ་རྣམ་པ་དྲུག་ལ་དམིགས་པ་ཡིན་པར་རིག་པར་བྱ་སྟེ། ་ལྷག་མཐོང་གི་སྒོ་གསུམ་གང་ཞེ་ན། མཚན་མ་ཙམ་གྱི་རྗེས་སུ་ཞུགས་པའི་ལྷག་མཐོང་དང། ཡོངས་སུ་བཙལ་བའི་རྗེས་སུ་ཞུགས་པ་དང། ཡོངས་སུ་བཙལ་བ་ལ་སོ་སོར་རྟོག་པའི་རྗེས་སུ་ཞུགས་པའོ། །དེ་ལ་མཚན་མ་ཙམ་གྱི་རྗེས་སུ་ཞུགས་པ་ནི་གང་གིས ་ཐོས་པ་དང། བཟུང་བའི་ཆོས་སམ། གདམས་ངག་ལ་མཉམ་པར་བཞག་པའི་ས་བའི་ཡིད་ལ་བྱེད་པས། ཡིད་ལ་བྱེད་ཅིང་སེམས་པར་མི་བྱེད་རྟོག་པར་མི་བྱེད། འཇལ་བར་མི་བྱེད། ཉེ་བར་རྟོག་པར་མི་བྱེད་སྟེ། དེ་ནི་མཚན་མ་ཙམ་གྱི ་རྗེས་སུ་ཞུགས་པ་ཡིན་ནོ། །གང་གི་ཚེ་སེམས་པར་བྱེད། རྟོག་པར་བྱེད། འཇལ་བར་བྱེད། ཉེ་བར་རྟོག་པར་བྱེད་པ་དེའི་ཚེ་ན་ནི། ཡོངས་སུ་བཙལ་བའི་རྗེས་སུ་ཞུགས་པ་ཡིན་ནོ། །གང་གི་ཚེ་བསམས་ཤིང་བརྟགས་ལ། གཞལ་ཞིང་ཉེ་བར་བརྟགས་ནས། ་ཇི་ལྟར་རྣམ་པར་བཞག་པ་དེ་བཞིན་དུ་སོ་སོར་རྟོག་པར་བྱེད་པ་དེའི་ཚེ་ན་ནི། ཡོངས་སུ་བཙལ་བ་ལ་སོ་སོར་རྟོག་པའི་རྗེས་སུ་ཞུགས་པ་ཡིན་ཏེ། དེ་ནི་ལྷག་མཐོང་གི་སྒོ་གསུམ་ཡིན་ནོ། །དེ་ལ་གཞི་རབ་ཏུ་དབྱེ་བ་རྣམ་པ་དྲུག་ལ་དམིགས་པ་གང་ཞེ་ན། དེ་ཡོངས་སུ ་ཚོལ་བར་བྱེད་པ་ན། གཞི་རྣམ་པ་དྲུག་པོ་ཡོངས་སུ་ཚོལ་བར་བྱེད་དེ། དོན་དང། དངོས་པོ་དང། མཚན་ཉིད་དང། ཕྱོགས་དང། དུས་དང། རིགས་པ་ཡོངས་སུ་ཚོལ་བར་བྱེད་ཅིང། ཡོངས་སུ་བཙལ་ནས་ཀྱང་དེ་དག་ལ་སོ་སོར་རྟོག་པར་བྱེད་དོ། །དེ ་ལ་ཇི་ལྟར་དོན་ཡོངས་སུ་ཚོལ་བར་བྱེད་ཅེ་ན། སྨྲས་པ། འདིའི་དོན་ནི་འདི་ཡིན་ནོ། །ཞེས་དེ་ལྟར་དོན་ཡོངས་སུ་ཚོལ་བར་བྱེད་དོ། །ཇི་ལྟར་དངོས་པོ་ཡོངས་སུ་ཚོལ་བར་བྱེད་ཅེ་ན། དངོས་པོ་རྣམ་པ་གཉིས་པོ་ནང་གི་དང། ཕྱི་རོལ་གྱི་སྟེ། དེ་ལྟར་དངོས་པོ ་ཡོངས་སུ་ཚོལ་བར་བྱེད་དོ། །ཇི་ལྟར་མཚན་ཉིད་ཡོངས་སུ་ཚོལ་བར་བྱེད་ཅེ་ན། མཚན་ཉིད་རྣམ་པ་གཉིས་པོ་རང་གི་མཚན་ཉིད་དང། སྤྱིའི་མཚན་ཉིད་དེ། དེ་ལྟར་མཚན་ཉིད་ཡོངས་སུ་ཚོལ་བར་བྱེད་དོ། །ཇི་ལྟར་ཕྱོགས་ཡོངས་སུ་ཚོལ་བར་བྱེད་ཅེ་ན། ཕྱོགས ་རྣམ་པ་གཉིས་པོ་ནག་པོའི་ཕྱོགས་དང། དཀར་པོའི་ཕྱོགས་ཏེ། ནག་པོའི་ཕྱོགས་ནི་སྐྱོན་དང་ཉེས་དམིགས་ཀྱི་སྒོ་ནས་སོ། །དཀར་པོའི་ཕྱོགས་ནི་ཡོན་ཏན་དང་ཕན་ཡོན་གྱི་སྒོ་ནས་ཏེ། དེ་ལྟར་ཕྱོགས་ཡོངས་སུ་ཚོལ་བར་བྱེད་དོ། །ཇི་ལྟར་དུས་ཡོངས་སུ་ཚོལ་བར ་བྱེད་ཅེ་ན། དུས་རྣམ་པ་གསུམ་པོ་འདས་པ་དང། མ་འོངས་པ་དང། ད་ལྟར་བྱུང་བའི་དུས་ཏེ། འདི་ལྟར་འདས་པའི་དུས་ན་འདི་ལྟ་བུ་ཞིག་བྱུང་བར་གྱུར་ཏོ། །འདི་ལྟར་མ་འོངས་པའི་དུས་ན་འདི་ལྟ་བུ་ཞིག་འབྱུང་བར་འགྱུར་རོ། །འདི་ལྟར་ད་ལྟར་བྱུང་བའི་དུས་ན་འདི་ལྟ་བུ ་ཞིག་ད་ལྟར་ཡོད་དོ་ཞེས་དེ་ལྟར་དུས་ཡོངས་སུ་ཚོལ་བར་བྱེད་དོ། །ཇི་ལྟར་རིགས་པ་ཡོངས་སུ་ཚོལ་བར་བྱེད་ཅེ་ན། རིགས་པ་བཞི་པོ་བལྟོས་པའི་རིགས་པ་དང། བྱ་བ་བྱེད་པའི་རིགས་པ་དང། འཐད་པ་སྒྲུབ་པའི་རིགས་པ་དང། ཆོས་ཉིད་ཀྱི་རིགས་པ་སྟེ། དེ་ལ ་བལྟོས་པའི་རིགས་པས་ནི་ཀུན་རྫོབ་ཀྱང། ཀུན་རྫོབ་ཀྱི་སྒོ་ནས། དོན་དམ་པ་ཡང་དོན་དམ་པའི་སྒོ་ནས། གཞི་ཡང་གཞིའི་སྒོ་ནས་ཡོངས་སུ་ཚོལ་བར་བྱེད་དོ། །བྱ་བ་བྱེད་པའི་རིགས་པས་ནི། ཆོས་རྣམས་ཀྱི་བྱེད་པ་ཡོངས་སུ་ཚོལ་བར་བྱེད་དོ། འདི་ནི་ཆོས་སོ། །འདི་ནི ་བྱེད་པའོ། །འདི་ནི་འདིའི་བྱེད་པའོ་ཞེས་ཡོངས་སུ་ཚོལ་བར་བྱེད་དོ། །འཐད་པ་སྒྲུབ་པའི་རིགས་པས་ནི་ཚད་མ་གསུམ་པོ་ཡིད་ཆེས་པའི་ལུང་དང། མངོན་སུམ་དང། རྗེས་སུ་དཔག་པ་དག་ཡོངས་སུ་ཚོལ་བར་བྱེད་དེ། ཅི་འདི་ལ་ཡིད་ཆེས་པའི་ལུང་ཡོད་དམ་མེད། ་ཅི་མངོན་སུམ་དུ་དམིགས་སམ་འོན་ཏེ་མ་ཡིན། ཅི་རྗེས་སུ་དཔག་པས་རིགས་སམ། འོན་ཏེ་མ་ཡིན་ཞེས་ཡོངས་སུ་ཚོལ་བར་བྱེད་དོ། །དེ་ལ་ཆོས་ཉིད་ཀྱི་རིགས་པས་ནི། ཆོས་རྣམས་ཀྱི་དེ་ལྟར་གྱུར་པ་ཉིད་དང། གྲགས་པའི་ཆོས་ཉིད་དང། བསམ་གྱིས་མི ་ཁྱབ་པའི་ཆོས་ཉིད་དང། གནས་པའི་ཆོས་ཉིད་ལ་མོས་པར་བྱེད་ཅིང། སེམས་པར་མི་བྱེད། རྣམ་པར་རྟོག་པར་མི་བྱེད་དེ། དེ་ལྟར་རིགས་པ་ཡོངས་སུ་ཚོལ་བར་བྱེད་དོ། །དེ་ནི་ལྷག་མཐོང་གི་སྒོ་གསུམ་དང། གཞི་རབ་ཏུ་དབྱེ་བ་རྣམ་པ་དྲུག་ལ་དམིགས་པ ་ཡིན་ཏེ། མདོར་བསྡུ་ན་དེ་ནི་ལྷག་མཐོང་ཐམས་ཅད་ཡང་དག་པར་བསྡུས་པ་ཡིན་ནོ། །ཅིའི་ཕྱིར་གཞི་རབ་ཏུ་དབྱེ་བ་རྣམ་པ་དྲུག་རྣམ་པར་བཞག་ཅེ་ན། སྨྲས་པ། རྟོགས་པ་རྣམ་པ་གསུམ་གྱི་དབང་དུ་བྱས་པའི་ཕྱིར་ཏེ། སྨྲས་པའི་དོན་རྟོགས་པ་དང། དངོས་པོའི ་མཛའ་རྟོགས་པ་དང། ཡང་དག་པ་ཇི་ལྟ་བ་བཞིན་དུ་རྟོགས་པའོ། །དེ་ལ་ཡོངས་སུ་ཚོལ་བས་ནི་སྨྲས་པའི་དོན་རྟོགས་པ་ཡིན་ནོ། །དངོས་པོ་ཡོངས་སུ་ཚོལ་བ་དང། རང་གི་མཚན་ཉིད་ཡོངས་སུ་ཚོལ་བས་ནི་དངོས་པོའི་མཛའ་རྟོགས་པ་ཡིན་ནོ།། ་དེ་ལ་སྤྱིའི་མཚན་ཉིད་ཡོངས་སུ་ཚོལ་བ་དང། ཕྱོགས་ཡོངས་སུ་ཚོལ་བ་དང། དུས་ཡོངས་སུ་ཚོལ་བ་དང། རིགས་པས་ཡོངས་སུ་ཚོལ་བས་ནི། ཡང་དག་པ་ཇི་ལྟ་བ་བཞིན་དུ་རྟོགས་པ་ཡིན་ཏེ། རྣལ་འབྱོར་བས་ཤེས་པར་བྱ་བ་ནི། འདི་ལྟ་སྟེ། སྨྲས་པའི་དོན་དང། ་ཤེས་བྱའི་དངོས་པོ་ཇི་སྙེད་ཡོད་པ་ཉིད་དང། ཇི་ལྟ་བ་བཞིན་དུ་ཡོད་པ་ཉིད་གང་ཡིན་པ་དེ་ཙམ་དུ་ཟད་པའི་ཕྱིར་རོ། །དེ་ལ་མི་སྡུག་པ་ལ་བརྩོན་པའི་རྣལ་འབྱོར་པ་རྣམ་པར་འབྱེད་པར་བྱེད་པ་ན། ཇི་ལྟར་གཞི་རྣམ་པ་དྲུག་ཡོངས་སུ་ཚོལ་བར་བྱེད་ཅེ་ན། སྨྲས་པ་མི ་སྡུག་པའི་དབང་དུ་བྱས་པའི་ཆོས་ཐོས་ཤིང་བཟུང་བའི་དབང་དུ་བྱས་ནས། མཉམ་པར་བཞག་པའི་ས་པའི་ཡིད་ལ་བྱེད་པས། དོན་འདི་ལྟར་སོ་སོར་རྟོག་པར་བྱེད་དེ་མི་སྡུག་པར་འདི་ནི་མི་སྡུག་པ་ཡིན་ནོ། །འདི་ནི་མི་མཐུན་པ་ཡིན་ནོ། །འདི་དུལ་བ་དང། དྲི་མི་ཞིམ ་པ་དང། དྲི་ང་བ་ཡིན་ནོ། །ཞེས་དེས་རྣམ་པ་དེ་དག་དང། དེ་ལྟ་བུ་དང་མཐུན་པ་གང་དག་གིས་མི་སྡུག་པའི་དབང་དུ་བྱས་པའི་ཆོས་སྔོན་ཐོས་པ་དེ་ཉིད་ཀྱི་དོན་སོ་སོར་རྟོག་པར་བྱེད་དེ། དེ་ལྟར་མི་སྡུག་པ་ཉིད་ཀྱིས་དོན་ཡོངས་སུ་ཚོལ་བར་བྱེད་དེ། ཇི་ལྟར་དངོས་པོ ་ཡོངས་སུ་ཚོལ་བར་བྱེད་ཅེ་ན། དེ་ལྟར་དོན་སོ་སོར་རྟོགས་པ་དེ་མི་སྡུག་པ་དེ་ཉིད་ལ་ནང་དང་ཕྱི་རོལ་གྱི་ཆ་གཉིས་སུ་རྣམ་པར་བཞག་པར་ལྟ་བ་ཡིན་ཇི་ལྟར་རང་གི་མཚན་ཉིད་ཡོངས་སུ་ཚོལ་བར་བྱེད་ཅེ་ན། ནད་ལ་ཡང་རེ་ཞིག་ལུས་འདི་སྐྲ་དང། སྤུ་དག་དང། ཀླད་པ ་དང། ཀླད་རྒྱས་དང། གཤང་བའི་བར་དུ་རྒྱས་པར་ཡོད་དོ། ཞེས་ནང་གི་ལུས་སུ་གཏོགས་པ་ལ། རུལ་བ་དང་མི་སྡུག་པ་ཉིད་དུ་མོས་པར་བྱེད་དོ། །ནང་གི་ལུས་སུ་གཏོགས་པའི་མི་སྡུག་པ་རྣམ་པ་དུ་མ་དེ་དག་ཀྱང། ཁམས་གཉིས་པོ་སའི་ཁམས་དང། ཆུའི ་ཁམས་ཀྱིས་བསྡུས་པ་ཡིན་པར་མོས་པར་བྱེད། དེ་ལ་སྐྲ་དང། སྤུ་དག་ནས་བརྩམས་ཏེ། མཆེར་བ་དང། གཤང་བའི་བར་དག་ནི་སའི་ཁམས་ཡིན་པར་མོས་པར་བྱེད་དོ། །མཆི་མ་དང། རྡུལ་དག་ནས་བརྩམས་ཏེ། གཅི་བའི་བར་དག་ནི་ཆུའི་ཁམས་ཡིན་པར ་མོས་པར་བྱེད་དོ། །ཕྱི་རོལ་ལ་ཡང་ཕྱི་རོལ་དུ་གཏོགས་པའི་རྣམ་པར་བསྔོས་པ་ལ་སོགས་པའི་རྣམ་པ་དག་གིས་མི་སྡུག་པ་ཉིད་དུ་མོས་པར་བྱེད་དེ། དེ་ལ་རྣམ་པར་མོས་པར་བྱེད་པ་ནི། དེས་བུད་མེད་དམ། སྐྱེས་པ་འམ། མཛའ་བཤེས་སམ། ཐ་མལ་པ་འམ། ་ངན་པ་འམ། འབྲིང་ངམ། བཟང་པོ་འམ། བྱིས་པ་འམ། བར་མི་འམ། རྒན་པོ་ཤི་པའི་རོ་བདག་ཉིད་ཀྱིས་མཐོང་ངམ། གཞན་ལས་ཐོས་སམ། ཡོངས་སུ་བརྟགས་ཀྱང་རུང་སྟེ། དེའི་མཚན་མ་བཟུང་ནས་ཤི་ནས་ཞག་གཅིག་ལོན་པ་ཁྲག་ཟགས་ལ། རུལ ་བར་མ་གྱུར་པ་གང་ཡིན་པ་དེ་ལ་ནི། རྣམ་པར་བསྔོས་པར་མོས་པར་བྱེད་དོ། །ཤི་ནས་ཞག་གཉིས་ལོན་པ་རུལ?་བར་གྱུར་ལ། འདུ་མ་ཞུགས་པ་ལ་ནི་རྣམ་པར་བརྣག་པར་མོས་པར་བྱེད་དོ། །ཤི་ནས་ཞག་བདུན་ལོན་པ་འབུ་ཞུགས་ཤིང་ངམ་པ་ལ་ནི། རྣམ ་པར་འབུས་གཞིགས་པ་དང། རྣམ་པར་བམ་པར་མོས་པར་བྱེད་དོ། །ཁྭ་དང་ཆུན་ལག་དང། བྱ་རྒོད་དང། ཁྱི་དང། ཝ་དག་གིས་བཟའ་བ་ལ་ནི། རྣམ་པར་ཟོས་པར་མོས་པར་བྱེད་དོ། །ཟོས་པ་པགས་པ་དང། ཤ་དང། ཁྲག་མེད་ཅིང་ཆུ་རྒྱུས་ཙམ་གྱིས ་འབྲེལ་པ་ལ་ནི། རྣམ་པར་དམར་བར་མོས་པར་བྱེད་དོ། །ཡན་ལག་དང། ཉིང་ལག་ཕྱོགས་ཕྱོགས་སུ་རྣམ་པར་འཐོར་ཞིང་མ་འབྲེལ་ལ། ཤ་དང་བཅས་པ་འམ། ཤ་མེད་པ་འམ། ཤའི་ལྷག་རོལ་ཅུང་ཟད་ཡོད་པ་དག་ལ་ནི་རྣམ་པར་འཐོར་བར་མོས་པར ་བྱེད་དོ། །ལག་པའི་རུས་པ་དག་ཀྱང་ལོགས་ཤིག་།རྐང་པའི་རུས་པ་དག་ཀྱང་ལོགས་ཤིག་།པུས་མོའི་རུས་པ་དག་ཀྱང་ལོགས་ཤིག་།བརླའི་རུས་པ་དག་དང། དཔུང་པའི་རུས་པ་དག་དང། ལག་ངར་གྱི་རུས་པ་དག་ཀྱང་ལོགས་ཤིག་།སྒལ་ཚིགས་དང། འགྲམ་པ་དང། སོ་རྒྱུན་དང། མགོ་ཐོད ་དག་ཀྱང་ལོགས་ཤིག་ན་འདུག་པ་མཐོང་བ་ལ་ནི། རུས་གོང་དུ་མོས་པར་བྱེད་དོ། །གང་གི་ཚེ་ཁོག་པའི་རུས་བ་འབྲེལ་ཞིང་ཡན་ལག་གི་རུས་པ་མ་གྱེས་པར་ཡིད་ལ་བྱེད་ལ། མཚན་མ་ཉི་ཚོར?་འཛིན་ཅིང་ཡན་ལག་དང་ཉིང་ལག་དེ་དག་ལ་མངོན་རྟགས་སུ ་འཛིན་པར་མི་བྱེད་པའི་ཚེ་ན་ཀེང་རུས་སུ་མོས་པར་བྱེད་པ་ཡིན་ནོ། །གང་གི་ཚེ་མངོན་རྟགས་སུ་འཛིན་པར་བྱེད་པ་དེའི་ཚེ་ན་ནི། རུས་པའི་ཀེང་རུས་སུ་མོས་པར་བྱེད་པ་ཡིན་ནོ། །གཞན་ཡང་ཀེང་རུས་ནི་རྣམ་པ་གཉིས་ཏེ། ལུས་ཀྱི་ཀེང་རུས་དང། ཡན་ལག་གི་ཀེང ་རུས་སོ། །དེ་ལ་ལུས་ཀྱི་ཀེང་རུས་ནི་མཇུག་ངོའི་སྤུབས་ཡན་ཆད་ནས། སྒལ་ཚིགས་ཀྱི་སྤུབས་དང། མགོའི་ཐོད་པའི་བར་དུ་འབྲེལ་པ་ཡིན་ནོ། །ཡན་ལག་གི་ཀེང་རུས་ནི་ལག་ངར་གྱི་རུས་པ་དག་འབྲེལ་བ་འམ། བརླ་དང་རྗེ་ངར་གྱི་རུས་པ་དག་འབྲེལ་པ ་ཡིན་ནོ། །དེ་ལ་ལུས་ཀྱི་ཀེང་རུས་གང་ཡིན་པ་དེ་ནི་ཀེང་རུས་ཞེས་བྱའོ། །ཡན་ལག་གི་ཀེང་རུས་གང་ཡིན་པ་དེ་ནི་རུས་པའི་ཀེང་རུས་ཞེས་བྱའོ། །གཞན་ཡང་ཀེང་རུས་ཀྱི་མཚན་མར་བཟུང་བ་ནི་རྣམ་པ་གཉིས་ཏེ། རི་མོར་བྲིས་པ་འམ། རྡོ་བ་འམ། ཤིང ་ངམ། འཇིམ་པ་ལས་བྱས་པ་དང། ཀེང་རུས་ཡང་དག་པའོ། །དེ་ལ་གང་གི་ཚེ་ཀེང་རུས་ཡང་དག་པ་མ་ཡིན་པའི་མཚན་མ་ཡིད་ལ་བྱེད་པ་དེའི་ཚེ་ན་ནི། ཀེང་རུས་ཁོ་ནར་མོས་པར་བྱེད་པ་ཡིན་གྱི། རུས་པའི་ཀེང་རུས་སུ་ནི་མ་ཡིན་ནོ། །གང་གི་ཚེ ་ཀེང་རུས་ཡང་དག་པའི་མཚན་མ་ཡིད་ལ་བྱེད་པ་དེའི་ཚེ་ན་ནི། རུས་པའི་ཀེང་རུས་སུ་མོས་པར་བྱེད་པ་ཡིན་ནོ། །ཕྱི་རོལ་གྱི་ཁ་དོག་ལྟ་བུ་རྒྱུར་བྱས་པའི་གཟུགས་སུ་གཏོགས་པ་དེ་དག་གི་རྣམ་པར་འགྱུར་པའི་རྣམ་པ་གསུམ་སྟེ། རང་གི་དང་གིས ་རྣམ་པར་འགྱུར?་བ་དང། གཞན་གྱིས་བྱས་བ་དང། དེ་གཉི་གའི་ཕྱོགས་སོ། །དེ་ལ་རྣམ་པར་བསྔོས་པ་ནས་བཟུང་སྟེ། རྣམ་པར་བམ་པའི་བར་དག་ནི་རང་གི་དང་གིས་རྣམ་པར་འགྱུར་བ་ཡིན་ནོ། །དེ་ལ་རྣམ་པར་ཟོས་པ་ནས་བཟུང་སྟེ། རྣམ་པར་འཐོར ་བའི་བར་དག་ནི་གཞན་གྱིས་བྱས་པ་རྣམ་པར་འགྱུར་བ་ཡིན་ནོ། །དེ་ལ་རུས་གོང་དང། ཀེང་རུས་དང། རུས་པའི་ཀེང་རུས་དག་ནི་དེ་གཉི་གའི་ཕྱོགས་ཀྱིས་རྣམ་པར་འགྱུར་པ་ཡིན་ཏེ། དེ་ལྟར་ཕྱི་རོལ་གྱི་མི་སྡུག་པ་ཉིད་རྣམ་པ་དེ་ལྟ་བུའི་སྒོ་ནས་ཡང་དག་པ་ཇི་ལྟ་བ ་བཞིན་དུ་རབ་ཏུ་ཤེས་པར་བྱེད་པ་དེ་ནི་ཕྱི་རོལ་གྱི་མི་སྡུག་པའི་རང་གི་མཚན་ཉིད་ཡོངས་སུ་ཚོལ་བར་བྱེད་པ་ཡིན་ནོ། །ཇི་ལྟར་མི་སྡུག་པའི་སྤྱིའི་མཚན་ཉིད་ཡོངས་སུ་ཚོལ་བར་བྱེད་ཅེ་ན། ནང་གི་ལུས་ཀྱི་ཕྱི་རོལ་སྡུག་ཅིང། ཁ་དོག་ལྟ་བུ་རྣམ་པར་མ ་ཉམས་པ་གང་ཡིན་པ་དང། ཕྱིའི་ལུས་ཀྱི་ཕྱི་རོལ་མི་སྡུག་ཅིང། ཁ་དོག་ལྟ་བུ་རྣམ་པར་གྱུར་པ་གང་ཡིན་པ་ནི། ནང་གི་སྡུག་པ་ཁ་དོག་ལྟ་བུ་མ་ཉམས་པ་འདི་དང། ཆོས་ཉིད་འདྲ་ཞིང་ཆོས་ཉིད་མཚུངས་པ་ཡིན་ཏེ། བདག་གི་སྡུག་པ་དང། ཁ་དོག་ལྟ ་བུ་འདི་ཡང་འདི་ལྟ་བུའི་ཆོས་ཅན་ཡིན་ལ། སེམས་ཅན་གང་སུ་དག་སྡུག་པ་དང། ཁ་དོག་ལྟ་བུ་འདི་ལྟ་བུ་དང་ལྡན་པ་དེ་དག་གི་སྡུག་པ་དང། ཁ་དོག་ལྟ་བུ་དེ་ཡང་འདི་ལྟ་སྟེ། ཕྱི་རོལ་གྱི་འདིའི་འདི་ལྟ་བུའི་ཆོས་ཅན་ཡིན་ནོ། ཞེས་མོས་པར་བྱེད་དེ། དེ ་ལྟར་སྤྱིའི་མཚན་ཉིད་ཡོངས་སུ་ཚོལ་བར་བྱེད་དོ། །ཇི་ལྟར་ཕྱོགས་ཡོངས་སུ་ཚོལ་བར་བྱེད་ཅེ་ན། དེ་འདི་སྙམ་དུ་སེམས་ཏེ། བདག་གིས་སྡུག་པ་དང། ཁ་དོག་ལྟ་བུ་འདིའི་མི་སྡུག་པའི་ཆོས་ཉིད་དེ་དག་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མ་ཤེས་པ་ན། ་ནང་དང་ཕྱི་རོལ་གྱི་སྡུག་པ་དང་ཁ་དོག་ལྟ་བུ་ལ་ཀུན་ཏུ་འདོད་ཆགས་སྐྱེད་པར་བྱེད་པ་གང་ཡིན་པ་དེ་ནི། ནག་པོའི་ཕྱོགས་སུ་གཏོགས་པ་ཕྱིན་ཅི་ལོག་ཡིན་ཏེ། ཆོས་དེ་ནི་ཉོན་མོངས་པ་དང་བཅས་པ། སྡུག་བསྔལ་བ་དང་བཅས་པ་རྣམ་པར་སྨིན་པ་རང ་བཅས་པ། གནོད་པ་དང་བཅས་པ། ཡོངས་སུ་གདུང་བ་དང་བཅས་པ་ཡིན་པས་གཞི་དེ་ལས་ཕྱི་མ་ལ་སྐྱེ་བ་དང། རྒ་བ་དང། ན་བ་དང། འཆི་བ་དང། མྱ་ངན་དང། སྨྲེ་སྔགས་འདོན་པ་དང། སྡུག་བསྔལ་བ་དང། ཡིད་མི་བདེ་བ་དང། འཁྲུག་པ ་རྣམས་འབྱུང་བར་འགྱུར་རོ། །སྡུག་པ་དང། ཁ་དོག་ལྟ་བུ་འདི་ལ་མི་སྡུག་པའི་ཆོས་ཉིད་དང་ལྡན་པར་ཡང་དག་པར་ཇི་ལྟ་བ་བཞིན་དུ་རྗེས་སུ་མཐོང་བ་གང་ཡིན་པ་དེ་ནི་དཀར་པོའི་ཕྱོགས་ཡིན་ནོ། །ཆོས་དེ་ནི་ཉོན་མོངས་པ་དང། སྡུག ་བསྔལ་མེད་པ། རྣམ་པར་སྨིན་པ་མེད་པ། གནོད་པ་མེད་པ། ཡོངས་སུ་གདུང་བ་མེད་པ་ཡིན་པས་གཞི་དེས་ཕྱི་མ་ལ་འཁྲུག་པའི་བར་དག་འགག་པར་འགྱུར་ཏེ། དེ་ལྟ་བས་ན་བདག་གིས་ནག་པོའི་ཕྱོགས་གང་ཡིན་པ་དེ་ནི་དང་དུ་བླང་བར་མི་བྱ་ཞིང ་སྤངས་པར་བྱ། བསལ་བར་བྱའོ། དཀར་པོའི་ཕྱོགས་ནི་མ་སྐྱེས་པ་ཡང་བསྐྱེད་པར་བྱ་ལ། སྐྱེས་པ་ཡང་གནས་པ་དང། འཕེལ་བ་དང། རྒྱས་པར་བྱའོ་སྙམ་དུ་སེམས་ཏེ། དེ་ལྟར་ཕྱོགས་ཡོངས་སུ་ཚོལ་བར་བྱེད་དོ། །ཇི་ལྟར་དུས་ཡོངས་སུ་ཚོལ་བར ་བྱེད་ཅེ་ན། དེ་འདི་སྙམ་དུ་སེམས་ཏེ། ནང་གི་སྡུག་པ་དང། ཁ་དོག་ལྟ་བུ་གང་ཡིན་པ་འདི་ཡང་ད་ལྟར་བྱུང་བའི་དུས་ལས་བརྟེན་པ་ཡིན་ལ། ཕྱི་རོལ་གྱི་མི་སྡུག་པ་དང། ཁ་དོག་ལྟ་བུ་མ་ཡིན་པ་གང་ཡིན་པ་འདི་ཡང་ད་ལྟར་བྱུང་བའི་དུས་ལས་བརྟེན་པ ་ཡིན་ཏེ། འདི་ཡང་འདས་པའི་དུས་ན་སྡུག་གུར་གྱུར་ཅིང། འདས་པའི་དུས་ན་སྡུག་གུར་གྱུར་པ་དེ་ཡང། འདི་ལྟ་སྟེ། ད་ལྟར་བྱུང་བའི་དུས་ལ་བརྟེན་པའི་བདག་གི་འདི་དང་འདྲ་བ་ཡིན་པ་ལས། དེ་ལྟར་རིམ་གྱིས་དེ་ལྟར་བྱུང་བའི་དུས་ལ་བརྟེན་ན་མི ་སྡུག་པར་གྱུར་པ་ཡིན་ནོ། །ད་ལྟར་བྱུང་བའི་དུས་ལ་བརྟེན་ན་སྡུག་པའི་བདག་གི་སྡུག་པ་དང། ཁ་དོག་ལྟ་བུ་འདི་ཡང་མ་འོངས་པའི་དུས་ན་འདི་ལྟ་སྟེ། དཔེར་ན་ད་ལྟར་བྱུང་བའི་དུས་ལ་བརྟེན་པ་ཕྱི་རོལ་གྱི་དེ་བཞིན་དུ་མི་འགྱུར་བ་དེ་ནི་གནས་མེད་དེ། ་དེ་ལྟ་བས་ན་བདག་གི་ལུས་འདི་ཡང་འདས་པ་དང། མ་འོངས་པ་དང། ད་ལྟར་བྱུང་བའི་དུས་རྣམས་སུ་འདི་ལྟར་འགྱུར་ཞིང། འདི་ལྟར་གྱུར་པ་ཡིན་ཏེ། འདིའི་ཆོས་ཉིད་ལས་མ་འདས་མ་འདས་པ་ཡིན་ནོ་སྙམ་དུ་སེམས་ཏེ། དེ་ལྟར་དུས་ཡོངས་སུ ་ཚོལ་བར་བྱེད་དེ། །ཇི་ལྟར་རིགས་པ་ཡོངས་སུ་ཚོལ་བར་བྱེད་ཅེ་ན། འདི་སྙམ་དུ་སེམས་ཏེ། ནད་དང་ཕྱི་རོལ་ལ་གང་སྡུག་པ་འམ། མི་སྡུག་པར་འགྱུར་པའི་བདག་གམ། སེམས་ཅན་ནི་འགའ་ཡང་མེད་ཀྱི། གང་ལ་སྡུག་པ་འམ། མི་སྡུག་པ་ཞེས་མིང་དང། ་?་བརྡ་དང། གདགས་པ་དང། ཐ་སྙད་དུ་བརྗོད་པ་དེ་ནི་གཟུགས་ཙམ་དུ་ཟད་པ་དེ་ནི་ལུས་ཙམ་དུ་ཟད་དེ། དེ་ལྟར་ཚེ་དང་དྲོད་དང་རྣམ་པར་ཤེས། །དེ་ཡིས་གང་ཚེ་ལུས་པོར་ཏེ། །སྤངས་པ་དེ་ཚེ་ཤིང་འདྲ་བར། །སེམས་པ་མེད་ཅིང་ཉལ་བར་འགྱུར ་ཞེས་གསུངས་པ་ལྟ་བུ་སྟེ། ཤི་བའི་དུས་བྱས་པ་དེ་ལ་རིམ་གྱིས་རྣམ་པར་གྱུར་པའི་གནས་སྐབས་འདི་ལྟ་སྟེ། རྣམ་པར་བསྔོས་པ་དང། རུས་པའི་ཀེང་རུས་ཀྱི་བར་དག་ཀྱང་ཡོད་པ་དང། བདག་གི་ལུས་འདི་ནི་སྔོན་གྱི་ལས་དང། ཉོན་མོངས་པས་འཕངས ་པ་དང། ཕ་མའི་མི་གཙང་བའི་མེར་མེར་པོ་ལས་བྱུང་བ་དང། འབྲས་ཆེན་དང། ཟན་དྲོན་གྱིས་རྟས་པ་ཡིན་ཏེ། རྒྱུ་དེ་དང་གཞི་དེས་ན་སྡུག་པ་དང། ཁ་དོག་ལྟ་བུ་ཡོད་པ་འདི་ཡང་བརྙན་པ་ཡིན་ནོ། །ནང་དང་ཕྱི་རོལ་གྱི་ལུས་ཀྱི་ནང་ཡང་བརྟག་པ་བརྟག ་པའི་དུས་སུ་མི་གཙང་བ་ཁོ་ན་ཡིན་སྙམ་དུ་སེམས་ཏེ། དེ་ལྟར་ཀུན་རྫོབ་དང། དོན་དམ་པ་དང། གཞིའི་སྒོ་ནས་བལྟོས་པའི་རིགས་པ་ཡོངས་སུ་ཚོལ་བར་བྱེད་དོ། །དེ་འདི་སྙམ་དུ་སེམས་ཏེ། མི་སྡུག་པ་འདི་ཉིད་ཀུན་ཏུ་བསྟེན་ཅིང་གོམས་པར་བྱས་ལན་མང་དུ ་བྱས། དེ་འདོད་པའི་འདོད་ཆགས་སྤོང་བར་འགྱུར་ལ། འདོད་པའི་འདོད་ཆགས་ཀྱང་སྤང་བར་བྱ་བ་ཡིན་ནོ། །སྙམ་དུ་སེམས་ཏེ། དེ་ལྟར་བྱ་བ་བྱེད་པའི་རིགས་པ་ཡོངས་སུ་ཚོལ་བར་བྱེད་དོ། །འདི་སྙམ་དུ་སེམས་ཏེ། བཅོམ་ལྡན་འདས་ཀྱིས་ཀྱང་མི་སྡུག་པ་ཀུན་ཏུ ་བསྟེན་ཅིང། གོམས་པར་བྱས། ལན་མང་དུ་བྱས་ན་འདོད་པའི་འདོད་ཆགས་སྤོང་བར་འགྱུར་རོ། །ཞེས་གསུངས་ཏེ། དེ་ནི་རེ་ཞིག་བདག་གི་ཡིད་ཆེས་པའི་ལུང་ཡིན་ནོ། །བདག་ཇི་ལྟ་ཇི་ལྟར་མི་སྡུག་པ་བསྒོམ་ཞིང་ཡིད་ལ་བྱེད་པ་དེ་ལྟ་དེ་ལྟར་འདོད་ཆགས་ཀྱིས་ཀུན་ནས ་དཀྲིས་པ་མ་སྐྱེས་པ། མི་སྐྱེ་ཞིང་སྐྱེས་པ་དང་འབྲལ་པར་འགྱུར་བར་བདག་ཉིད་ཀྱི་ཡེ་ཤེས་དང། མཐོང་བ་འཇུག་པ་ཡང་ཡོད་དོ། །རྗེས་སུ་དཔག་པའི་བྱ་བ་འདི་ལྟ་བུ་ཡོད་དོ། །དེ་ལྟར་ནི་མཐུན་པའི་ཕྱོགས་ཀྱི་ཆོས་ཉིད་ལ་བྱེད་པའི་མི ་མཐུན་པའི་ཕྱོགས་ཀྱི་དམིགས་པ་དེས། ཉོན་མོངས་པ་ཇི་ལྟར་སྐྱེ་བར་འགྱུར་སྙམ་དུ་སེམས་ཏེ། དེ་ལྟར་འཐད་པ་བསྒྲུབ་པའི་རིགས་པ་ཡོངས་སུ་ཚོལ་བར་བྱེད་དོ། །དེ་འདི་སྙམ་དུ་སེམས་ཏེ། མི་སྡུག་པ་བསྒོམ་པ་གང་ཡིན་པ་དེ་ནི་འདོད་ཆགས་སྤོང ་པའི་གཉེན་པོར་འགྱུར་བ་དེ་ནི་གྲགས་པའི་ཆོས་ཉིད་དང། བསམ་གྱིས་མི་ཁྱབ་པའི་ཆོས་ཉིད་ཡིན་ཏེ། དེ་ནི་བསམ་པར་མི་བྱ། རྣམ་པར་བརྟག་པར་མི་བྱའི་མོས་པར་བྱ་བ་ཡིན་ནོ། །སྙམ་དུ་སེམས་ཏེ། དེ་ལྟར་ཆོས་ཉིད་ཀྱི་རིགས་པས་མི་སྡུག་པ་ཉིད ་ཡོངས་སུ་ཚོལ་བར་བྱེད་དོ། །དེ་ནི་རེ་ཞིག་མི་སྡུག་པ་ལ་རབ་ཏུ་བརྩོན་པའི་ལྷག་མཐོང་སྒོ་གསུམ་དང་ལྡན་པ་དང། གཞི་རབ་ཏུ་དབྱེ་བ་དྲུག་ལ་དམིགས་པ་ཡིན་ནོ།། །།བམ་པོ་བཅུ་བཞི་པ། །ཇི་ལྟར་ན་བྱམས་པ་ལ་དམིགས ་པའི་ལྷག་མཐོང་ལ་རབ་ཏུ་བརྩོན་པ་གཞི་རྣམ་པ་དྲུག་ཡོངས་སུ་ཚོལ་བར་བྱེད་ཅེ་ན། བྱམས་པའི་དབང་དུ་བྱས་པའི་ཆོས་ཐོས་པ་དང། བསམས་པའི་དབང་དུ་བྱས་ནས། སེམས་ཅན་རྣམས་ལ་བདེ་བ་ཉེ་བར་སྒྲུབ་པར་མོས་པའི་མཚན་ཉིད་ནི་ཕན ་པ་དང་བདེ་བའི་ལྷག་པའི་བསམ་པ་དང་ལྡན་པའི་བྱམས་པ་ཡིན་ནོ། ཞེས་དེ་ལྟར་དོན་སོ་སོར་རིག་པར་བྱེད་པ་དེ་ནི། དོན་ཡོངས་སུ་ཚོལ་བར་བྱེད་པ་ཡིན་ནོ། །དེ་ལྟར་དོན་སོ་སོར་རིག་པ་དེ་ཡང་འདི་ནི་མཛའ་བཤེས་ཀྱི་ཕྱོགས་སོ། །འདི་ནི་དགྲའི ་ཕྱོགས་སོ། །འདི་ནི་ཐ་མལ་པའི་ཕྱོགས་སོ། །ཞེས་རྣམ་པར་འབྱེད་པར་བྱེད་དེ། ཕྱོགས་དེ་དག་ཐམས་ཅད་ཀྱང་གཞན་གྱི་རྒྱུད་དུ་གཏོགས་པ་ཡིན་པའི་ཕྱི་རོལ་ཡིན་པས། ཕྱི་རོལ་གྱི་དངོས་པོ་ལ་མོས་པར་བྱེད་པ་ཡིན་ནོ། །ཡང་ན་མཛའ་བཤེས་ཀྱི ་ཕྱོགས་ནི་ནང་ཡིན་ནོ། །དགྲ་བོའི་ཕྱོགས་དང་ཐ་མལ་པའི་ཕྱོགས་ནི་ཕྱི་རོལ་ཡིན་ཏེ། དེ་ལྟར་དངོས་པོ་ལ་བྱམས་པ་ཡོངས་སུ་ཚོལ་བར་བྱེད་དོ། །དེ་ཡང་ཕྱོགས་གསུམ་པོ་སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པ། བདེ་བ་འདོད་པ་གང་ཡིན་པ་དེ་དག་བདེ་བར་གྱུར ་ཅིག་ཅེས་རྣམ་པར་འབྱེད་པར་བྱེད་དོ། །དེ་ལ་ཕན་འདོགས་པར་བྱེད་པའི་མཚན་ཉིད་ནི་མཛའ་བཤེས་སོ། །གནོད་པར་བྱེད་པའི་མཚན་ཉིད་ནི་དགྲ་བོའོ། །དེ་གཉིས་ལས་བཟློག་པའི་མཚན་ཉིད་ནི་ཐ་མལ་པའི་ཕྱོགས་སོ། །སྡུག་བསྔལ་ཡང་མ་ཡིན། བདེ་བ ་ཡང་མ་ཡིན་པའི་ཕྱོགས་གང་དག་ཡིན་པ་དེ་དག་གི་བདེ་བ་འདོད་པ་ཉིད་ཀྱང་རྣམ་གསུམ་ཡོད་དེ། ཁ་ཅིག་ནི་འདོད་པའི་བདེ་བ་འདོད་དོ། །ཁ་ཅིག་ནི་གཟུགས་ན་སྤྱོད་པ་དགའ་བ་དང་བཅས་པའི་བདེ་བ་འདོད་དོ། །ཁ་ཅིག་ནི་དགའ་བ་མེད་པའི་བདེ་བ་འདོད་དོ།། ་དེ་ལ་གང་དག་འདོད་པའི་བདེ་བས་ཕོངས་པ་དེ་དག་ནི་ཁ་ན་མ་ཐོ་བ་མེད་པ་དེས་བདེ་བར་གྱུར་ཅིག་།དགའ་བ་དང་བཅས་པའི་བདེ་བ་དང། དགའ་བ་མེད་པའི་བདེ་བ་ཡང་དེ་བཞིན་དུ་རིག་པར་བྱ་ཞེ་ན། དེ་ལྟར་རང་གི་མཚན་ཉིད་ཀྱི་སྒོ་ནས་བྱམས་པ་ཡོངས་སུ་ཚོལ་བར ་བྱེད་དོ། །ཡང་མཛའ་བཤེས་ཀྱི་ཕྱོགས་གང་ཡིན་པ་དང། དགྲ་བོའི་ཕྱོགས་གང་ཡིན་པ་དང། ཐ་མལ་པའི་ཕྱོགས་གང་ཡིན་པ་དེ་ལ་བདག་གིས་སེམས་མཉམ་པ་དང། སེམས་སྙོམས་པར་བྱའོ། །ཤེས་རབ་ཏུ་འབྱེད་པར་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། བདག་གི་མཛའ་ ་བཤེས་ཀྱི་ཕྱོགས་གང་ཡིན་པ་དེ་ལ། བདེ་བ་ཉེ་བར་བསྒྲུབ་པ་ཡང་དཀའ་བ་མེད་ལ། བདག་གི་ཐ་མལ་པའི་ཕྱོགས་གང་ཡིན་པ་དེ་ལ་ཡང་དཀའ་བ་མེད་ཀྱི། དགྲ་བོའི་ཕྱོགས་ཡིན་པ་དེ་ལ་ནི་ཤིན་ཏུ་དཀའ་ཡང། བདག་གིས་དེ་ལ་བདེ་བ་ཉེ་བར་སྒྲུབ་པར་བྱ ་དགོས་ན། མཛའ་བཤེས་ཀྱི་ཕྱོགས་དང་ཐ་མལ་པའི་ཕྱོགས་ལ་ལྟ་སྨོས་ཀྱང་ཅི་དགོས་སྙམ་དུ་སེམས་པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལ་གཤེ་བར་བྱ་བ་དང། གཤེ་བར་བྱ་བ་དང། ཁྲོ་བར་བྱེད་པ་དང། ཁྲོ་བར་བྱ་བ་དང། མཚད་འབྲུ་བར ་བྱེད་པ་དང། འཚང་འབྲུ་བར་བྱ་བ་དང། བརྡེག་པར་བྱེད་པ་དང། བརྡེག་པར་བྱ་བ་འགའ་ཡང་མེད་དེ། དེ་དག་ནི་ཡི་གེ་དག་གིས་བརྗོད་པར་བྱ་བ་ཁོ་ནར་ཟད་པས། དེ་དག་ནི་སྒྲ་ཙམ་དང། སྐད་ཙམ་དུ་ཟད་པའི་ཕྱིར་དང། གཞན ་ཡང་བདག་གང་ལ་གནས་པའི་ལུས་འདི་ལ། འདི་ལྟ་སྟེ། སྒྲའི་རེག་པ་དང། ལག་པ་དང། བོང་བ་དང། དབྱུག་པ་དང། མཚོན་བྱའི་རེག་པ་དེ་ལྟ་བུ་དག་འོང་བར་འགྱུར་བའི་ལུས་འདི་ནི། གཟུགས་ཅན་རིགས་པ་འབྱུང་བ་ཆེན་པོ་བཞི་ལས་གྱུར་པ་དེ་ལྟ ་བུ་ཡིན་ཏེ། བདག་གི་ལུས་འདི་ཡང་མི་རྟག་པ་ཡིན་ལ་རེག་པ་དེ་དག་ནི། གནོད་པ་བྱེད་པ་གང་དག་ཡིན་པ་དེ་དག་ཀྱང་མི་རྟག་པ་ཡིན་པའི་ཕྱིར་དང། གཞན་ཡང་སེམས་ཅན་ཐམས་ཅད་ནི་སྐྱེ་བ་དང། རྒ་བ་དང། ན་བ་དང། འཆི་བའི་ཆོས་ཅན ་ཡིན་ཏེ། དེ་དག་ནི་རང་བཞིན་གྱིས་སྡུག་བསྔལ་བར་གྱུར་པ་ཡིན་པས། སེམས་ཅན་དེ་དག་བདག་ཉིད་ཀྱིས་བདག་ཉིད་ལ་བྱེད་པ་ལྟར་ནི། དགྲ་བོ་ཡང་དགྲ་བོ་ལ་མི་བྱེད་པས། དེའི་ཕྱིར་བདག་གིས་རང་བཞིན་གྱིས་སྡུག་བསྔལ་བར་གྱུར་པའི་སེམས་ཅན་རྣམས ་ལ་ཡང་སྡུག་བསྔལ་ཉེ་བར་བསྒྲུབ་པར་བྱེད་ཅིང། བདེ་བ་ཉེ་བར་བསྒྲུབ་པར་མི་བྱེད་པ་ནི་བདག་གི་ཚུལ་དང་མཐུན་པ་མ་ཡིན་ཏེ། བཅོམ་ལྡན་འདས་ཀྱིས་ཀྱང། ཡུན་རིང་པོ་འདས་པ་ནས། གང་དག་ཁྱེད་ཀྱིས་ཕ་མ་དང། ཕུ་ནུ་དང། བུ་སྲིད་དང། ་མཁན་པོ་དང། སློབ་དཔོན་དང། བླ་མ་དང། བླ་མ་ལྟ་བུར་མ་གྱུར་པའི་སེམས་ཅན་དེ་ལྟ་བུ་ནི། འགའ་ཡང་ཡང་དག་པར་རྗེས་སུ་མ་མཐོང་ངོ། །ཞེས་གསུངས་པའི་ཕྱིར་ཏེ། དེའི་ཕྱིར་རྣམ་གྲངས་ངེས་ཀྱང་མཛའ་བཤེས་ཀྱི་ཕྱོགས་ཉིད་ཀྱང་དགྲ་བོའི ་ཕྱོགས་ཡིན་ལ། དགྲ་བོའི་ཕྱོགས་ཉིད་ཀྱང་མཛའ་བཤེས་ཀྱི་ཕྱོགས་ཡིན་པས། འདི་ལ་མཛའ་བཤེས་དང་དགྲ་བོའི་དངོས་པོ་འགའ་ཡང་ཡོངས་སུ་གྲུབ་པ་མེད་དེ། མཛའ་བཤེས་ཀྱང་དུས་ལ་ལར་དགྲ་བོར་འགྱུར་ལ། དགྲ་བོ་ཡང་མཛའ་བཤེས་སུ ་འགྱུར་པས་དེའི་ཕྱིར་བདག་གིས་སེམས་ཅན་ཐམས་ཅད་ལ་སེམས་མཉམ་པ་ཉིད་དང། ལྟ་བ་མཉམ་པ་ཉིད་དང། ཕན་པའི་བསམ་པ་དང། བདེ་བའི་བསམ་པ་དང། བདེ་པ་ཉེ་བར་བསྒྲུབ་པ་དང། བདེ་བ་ཉེ་བར་བསྒྲུབ་པར་མོས་པ་མཉམ་པ་ཉིད་དུ་བྱའོ། །སྙམ་དུ ་སེམས་ཏེ། དེ་ལྟར་སྤྱིའི་མཚན་ཉིད་ཀྱིས་བྱམས་པ་ཡོངས་སུ་ཚོལ་བར་བྱེད་དོ། །དེ་ཡང་རྒྱས་པར་སྔ་མ་བཞིན་དུ་གནོད་པ་བྱེད་པའི་སེམས་རྣམས་ལ། བདག་གི་གནོད་སེམས་གང་ཡིན་པའི་ཆོས་དེ་ནི་ཉོན་མོངས་པ་དང་བཅས་པ་ཡིན་ནོ། །རྒྱས་པར་སྔ་མ་བཞིན ་དུ་དེ་དག་ལ་ད་ལྟར་བདག་གི་གནོད་སེམས་མེད་པའི་གང་ཡིན་པའི་ཆོས་དེ་ནི་ཉོན་མོངས་པ་མེད་པ་ཡིན་ནོ། །ཞེས་རབ་ཏུ་རྣམ་པར་འབྱེད་དེ་དེ་ལྟར་ན་བྱམས་པའི་ནག་པོའི་ཕྱོགས་དང། དཀར་པོའི་ཕྱོགས་ཡོངས་སུ་ཚོལ་བར་བྱེད་དོ། །ཡང་དེ་གང་འདས་པའི་དུས ་ལས་བརྟེན་ཏེ། བདེ་བ་འདོད་པའི་སེམས་ཅན་དེ་དག་ནི་འདས་པ་ཡིན་པས། དེ་དག་ལ་ནི་བདེ་བ་ཅི་ཡང་བསྒྲུབ་ཏུ་མེད་ཀྱིས། ད་ལྟར་གྱི་སེམས་ཅན་གང་དག་ཡིན་པ་དེ་དག་།ད་ལྟར་གྱི་དུས་ནས་བཟུང་སྟེ། མ་འོངས་པའི་དུས་ཀྱི་བར་དུ་རྟག་པར་བདེ་བར ་གྱུར་ཅིག་ཅེས་རབ་ཏུ་རྣམ་པར་འབྱེད་པར་བྱེད་དོ། །དེ་ལྟར་བྱམས་པའི་དུས་ཡོངས་སུ་ཚོལ་བར་བྱེད་དོ། །ཡང་དེ་བདེ་བ་འདོད་པ་དང། བདེ་བ་ཉེ་བར་སྒྲུབ་པར་བྱེད་པ་གང་ཡིན་པ་དེ་ལ། བདག་གམ་སེམས་ཅན་ནི་འགའ་ཡང་མེད་ཀྱི། གང་ལ་མེད་དང། བརྡ ་དང། གདགས་པ་དང། ཐ་སྙད་དུ་བརྗོད་པ་དེ་ནི་ཕུང་པོ་ཙམ་དུ་ཟད། དེ་ནི་འདུ་བྱེད་ཙམ་དུ་ཟད་དེ། འདུ་བྱེད་དེ་དག་ཀྱང་ལས་དང་ཉོན་མོངས་པའི་རྒྱུ་ལས་བྱུང་བ་ཡིན་ནོ། །ཞེས་རབ་ཏུ་རྣམ་པར་འབྱེད་པར་བྱེད་དེ། དེ་ལྟར་བལྟོས་པའི་རིགས་པས་བྱམས ་པ་ཡོངས་སུ་ཚོལ་བར་བྱེད་དོ། །བྱམས་པ་ཀུན་ཏུ་བསྟེན་ཅིང་གོམས་པར་བྱས་ལན་མང་དུ་བྱས་ན། གནོད་སེམས་སྤོང་བར་འགྱུར་ལ། གནོད་སེམས་ཀྱང་སྤང་བར་བྱ་བ་ཉིད་ཡིན་ནོ། །ཞེས་དེ་ལྟར་བྱ་བ་བྱེད་པའི་རིགས་པས་བྱམས་པ་ཡོངས་སུ་ཚོལ ་བར་བྱེད་དོ། །ཡིད་ཆེས་པའི་ལུང་ཡང་དེ་ཡིན་ལ། བདག་ལ་བདག་ཉིད་ཀྱི་ཡེ་ཤེས་དང་མཐོང་བ་འཇུག་པ་ཡང་ཡོད། རྗེས་སུ་དཔག་པའི་བྱ་བ་དེ་ལྟ་བུ་ཡང་ཡོད་དོ། །ཞེས་དེ་ལྟར་འཐད་པ་བསྒྲུབ་པའི་རིགས་པས་བྱམས་པ་ཡོངས་སུ ་ཚོལ་བར་བྱེད་དོ། །བྱམས་པ་བསྒོམ་པ་གང་ཡིན་པས་གནོད་སེམས་སྤོང་བར་འགྱུར་བ་དེ་ནི་གྲགས་པའི་ཆོས་ཉིད་དང། བསམ་གྱིས་མི་ཁྱབ་པའི་ཆོས་ཉིད་ཡིན་ནོ། །ཞེས་དེ་ལྟར་ཆོས་ཉིད་ཀྱི་རིགས་པས་བྱམས་པ་ཡོངས་སུ་ཚོལ་བར་བྱེད་དོ། །དེ་ལ་རྐྱེན ་འདི་པ་ཉིད་ཀྱི་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་དམིགས་པའི་ལྷག་མཐོང་ལ་རབ་ཏུ་བརྩོན་པར་ཇི་ལྟར་ཡོངས་སུ་ཚོལ་བར་བྱེད་ཅེ་ན། སྨྲས་པ། དེའི་དབང་དུ་བྱས་པའི་ཆོས་ཐོས་པ་དང་བསམ་པའི་དབང་དུ་བྱས་ནས་ཆོས་དེ་དང་དེ་དག་སྐྱེས་པས་ཆོས་དེ་དང ་དེ་དག་སྐྱེ་ཞིང། ཆོས་དེ་དང་དེ་དག་འགགས་པས། ཆོས་དེ་དང་དེ་དག་འགག་པར་ཟད་ཀྱི། འདི་ལ་ཆོས་རྣམས་ཀྱི་དབང་ཕྱུག་དང། བྱེད་པ་པོ་དང། འབྱིན་པ་པོ་དང། སྤྲུལ་པ་པོ་ཡང་མེད་ལ། ཆོས་རྣམས་འཇུག་པར་བྱེད་པའི་རང་བཞིན་དང། ་སྐྱེས་བུ་གཞན་འགའ་ཡང་མེད་དོ། ཞེས་དེ་ལྟར་དོན་སོ་སོར་རིག་པར་བྱེད་པ་དེ་ནི་དོན་ཡོངས་སུ་ཚོལ་བར་བྱེད་པ་ཡིན་ནོ། །ཡང་དེ་སྲིད་པའི་ཡན་ལག་བཅུ་གཉིས་པོ་དག་ནི་ནང་གི་དང་ཕྱི་རོལ་གྱི་ཡིན་པར་མོས་ཤིང། རབ་ཏུ་རྣམ་པར་འབྱེད་པར་བྱེད་དེ། ་དེ་ལྟར་དངོས་པོ་ཡོངས་སུ་ཚོལ་བར་བྱེད་དོ། །ཡང་དེ་མ་རིག་པ་གང་ཡིན་པ་དེ་ནི་སྔོན་གྱི་མཛའ་མི་ཤེས་པའོ། །ཞེས་བྱ་བ་ལ་སོགས་པ་རྒྱས་པར་རྟེན་ཅིང་འབྲེལ་བར་བྱུང་བ་རྣམ་པར་དབྱེ་བ་ཇི་ལྟ་བ་བཞིན་དུ་རྣམ་པར་འབྱེད་པར་བྱེད་དེ། དེ་ལྟར་རང ་གི་མཚན་ཉིད་ཡོངས་སུ་ཚོལ་བར་བྱེད་དོ། །ཡང་དེ་ལྟར་རྟེན་ཅིང་འབྲེལ་པར་འབྱུང་བའི་འདུ་བྱེད་དེ་དག་ཐམས་ཅད་ནི་མ་བྱུང་བ་ལས་འབྱུང་བ་དང། བྱུང་ནས་ཀྱང་འཇིག་པར་འགྱུར་བའི་རིམ་གྱིས་མི་རྟག་པ་དང། སྐྱེ་བ་དང། རྒ་བ་དང། ན་བ་དང། ་འཆི་བའི་ཆོས་ཅན་ཡིན་པའི་ཕྱིར་སྡུག་བསྔལ་བ་དང། རང་དབང་མེད་པ་དང། ནང་ན་སྐྱེས་བུ་དམིགས་སུ་མེད་པའི་ཕྱིར་སྟོང་པ་དང། བདག་མེད་པའི་ཡིན་ནོ། །ཞེས་རབ་ཏུ་རྣམ་པར་འབྱེད་པར་བྱེད་དོ། །དེ་ལྟར་སྤྱིའི་མཚན་ཉིད་ཡོངས་སུ་ཚོལ་བར་བྱེད་དོ། །ཡང་དེ་མི ་རྟག་པ་དང་སྡུག་བསྔལ་བ་དང། སྟོང་པ་དང། བདག་མེད་པའི་འདུ་བྱེད་འདི་དག་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པར་བྱ་བ་ལ། བདག་ཀུན་ཏུ་རྨོངས་པ་གང་ཡིན་པའི་ཆོས་དེ་ནི་ཉོན་མོངས་པ་དང་བཅས་པ་སྟེ། ནག་པོའི་ཕྱོགས་ཡིན་ནོ། །རྨོངས་པ་མེད ་པ་གང་ཡིན་པ་དེ་ནི་ཉོན་མོངས་པ་མེད་པ་སྟེ། དཀར་པོའི་ཕྱོགས་ཡིན་ནོ། །ཞེས་རྒྱས་པར་རབ་ཏུ་རྣམ་པར་འབྱེད་པར་བྱེད་དེ། དེ་ལྟར་ཕྱོགས་སུ་ཚོལ་བར་བྱེད་དོ། །ཡང་དེ་འདས་པའི་དུས་ལས་བརྟེན་ཏེ། རྟག་པ་དང། ཡང་དག་པ་དེ་བཞིན་དུ་གནས་པ་གང་ཡིན ་པའི་ལུས་ཐོབ་པར་འགའ་ཡང་མེད་ལ། དེ་ལྟར་གྱི་དུས་ལས་བརྟེན་ཏེ། མི་གནས་པ་དང། མ་འོངས་པའི་དུས་སུ་ཡང་གནས་པར་མི་འགྱུར་བར་རབ་ཏུ་རྣམ་པར་འབྱེད་པར་བྱེད་དེ། དེ་ལྟར་དུས་ཡོངས་སུ་ཚོལ་བར་བྱེད་དོ། །ཡང་དེ་ལས་ཀྱང་ཡོད། རྣམ ་པར་སྨིན་པར་ཡང་ཡོད་ལ། ཆོས་ཀྱི་བརྡར་གདགས་པ་མ་གཏོགས་པར་བྱེད་པ་པོ་འམ། མྱོང་བ་པོ་གང་ཡིན་པའི་བྱེད་པ་པོ་མི་དམིགས་པ་དང། མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་དང། སྐྱེ་བའི་རྐྱེན་གྱིས་རྒ་ཤིའི་བར་དེ་དག་ལ་མིང་ནི་འདི་ཞེས་བྱ། ་རིགས་ནི་འདི་ཞེས་བྱ། རུས་ནི་འདི་ཞེས་བྱ། ཟས་ནི་འདི་ལྟ་བུ་ཞིག་ཟ་ཟ། བདེ་བ་དང་སྡུག་བསྔལ་བ་ནི་འདི་ལྟ་བུ་ཞིག་མྱོང། ཚེ་ནི་འདི་ལྟར་རིང་པོར་གྱུར། ཡུན་ནི་དེ་སྲིད་ཞིག་ཏུ་གནས་གནས། ཚེའི་མཛའ་ནི་འདི་ལྟ་བུར་གྱུར་ཏོ། །ཞེས་མིང་དང་བརྡར ་ཐ་སྙད་ངག་གདགས་པ་ཙམ་དུ་ཟད་དོ། །ཞེས་བྱ་བ་དང། གཞན་ཡང་དེ་ལ་འབྲས་བུ་རྣམ་པ་གཉིས་དང། རྒྱུ་རྣམ་པ་གཉིས་ཡོད་དེ། ལུས་ཀྱི་འབྲས་བུ་དང། ཡུལ་ལ་ལོངས་སྤྱོད་པའི་འབྲས་བུ་དང། འཕེན་པའི་རྒྱུ་དང། མངོན་པར་འགྲུབ་པའི་རྒྱུའོ། །དེ་ལ ་ལུས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ལས་སྐྱེས་པ། ད་ལྟར་གྱི་སྐྱེ་མཆེད་དྲུག་པོ་གང་ཡིན་པའོ། །ཡུལ་ལ་ལོངས་སྤྱོད་པའི་འབྲས་བུ་ནི་རེག་པ་དྲུག་ལས་བྱུང་བ་འདོད་པ་དང། མི་འདོད་པའི་ལས་ཀྱི་དབང་གི་ཚོར་བ་གང་ཡིན་པའོ། །དེ་ལ ་འཕེན་པའི་རྒྱུ་ནི་རྣམ་པ་གཉིས་ལས། ཀུན་ཏུ་རྨོངས་པ་དང། ཀུན་ཏུ་རྨོངས་པ་མངོན་དུ་བཏང་བའི་བསོད་ནམས་དང་བསོད་ནམས་མ་ཡིན་པ་དང། མི་གཡོ་བའི་འདུ་བྱེད་རྣམས་དང་འདུ་བྱེད་རྣམས་ཀྱིས་ཡང་སྲིད་པ་རྣམ་པར་ཤེས་པའི་མྱུ་གུ་འབྱུང ་བར་འགྱུར་པ་དེའི་ས་བོན་ཡོངས་སུ་ཟིན་པ་དང། རྣམ་པར་ཤེས་པ་ཡང་སྲིད་པར་འབྱུང་བའི་མིང་དང་གཟུགས་ཀྱི་ས་བོན་དང། སྐྱེ་མཆེད་དྲུག་གི་ས་བོན་དང། རེག་པ་དང་ཚོར་བའི་ས་བོན་ཡོངས་སུ་ཟིན་པ་སྟེ། དེ་ལྟར་ཕྱི་མ་ལ་སྐྱེ་བའི་མིང་ཅན་གྱི་རྣམ ་པར་ཤེས་པ་དང། མིང་དང་གཟུགས་དང། སྐྱེ་མཆེད་དྲུག་དང། རེག་པ་དང། ཚོར་བ་རྣམས་སྐྱེ་བར་བྱ་བའི་ཕྱིར། རིམ་གྱིས་དང་པོ་ཁོ་ནར་ས་བོན་ཡོངས་སུ་ཟིན་པ་གང་ཡིན་པ་དེ་ནི་འཕེན་པའི་རྒྱུ་ཡིན་ནོ། །མངོན་པར་འགྲུབ་པའི་རྒྱུ་ནི་མ་རིག་པའི་འདུས ་ཏེ་རེག་པ་ལས་བྱུང་བའི་ཚོར་བ་མྱོང་བར་བྱེད་པ་ན། དེ་ལ་དམིགས་པའི་སྲེད་པས་ཡང་འབྱུང་བའི་སྲེད་པའི་སྲེད་པ་སྐྱོད་པར་བྱེད་ཅིང། སྲེད་པའི་ཕྱོགས་དང། གཏི་མུག་གི་ཕྱོགས་ཉེ་བར་ལེན་པ་ཡང་ཡོངས་སུ་འཛིན་པར་བྱེད་ལ། དེའི་སྟོབས་དང། དེའི ་མཐུ་ལས་དེའི་རྣམ་པར་སྨིན་པ་སྐྱེད་པར་ནུས་པའང་ཡིན་པ་སྟེ། དེ་ནི་མངོན་པར་འགྲུབ་པའི་རྒྱུ་ཡིན་ནོ། །རྒྱུ་དེ་གཉིས་ཀྱི་དབང་དུ་བྱས་ནས་སྡུག་བསྔལ་གསུམ་དང་འབྲེལ་པའི་སྡུག་བསྔལ་གྱི་ཕུང་པོ་འབའ་ཞིག་པོ་འདི་འབྱུང་བར་འགྱུར་རོ། །ཞེས་རབ ་ཏུ་རྣམ་པར་འབྱེད་པར་བྱེད་དོ། །དེ་ལྟར་བལྟོས་པའི་རིགས་པ་ཡོངས་སུ་ཚོལ་བར་བྱེད་དོ། །རྐྱེན་འདི་པ་ཉིད་ཀྱིས་རྟེན་ཅིང་འབྲེལ་པར་འབྱུང་བ་ཀུན་ཏུ་བསྟེན་ཅིང་གོམས་པར་བྱས་ལན་མང་དུ་བྱས། གཏི་མུག་སྤོང་བར་འགྱུར་བ་དང། ཡིད་ཆེས་པའི ་ལུང་ཡང་དེ་ཡིན་ལ། བདག་ཉིད་ཀྱི་སོ་སོར་རང་རིག་པ་དང། རྗེས་སུ་དཔག་པའི་བྱ་བ་ཡང་དེ་ཡིན་ལ། གྲགས་པའི་ཆོས་ཉིད་ཀྱང་དེ་ཡིན་ཏེ། དེ་ལྟར་བྱ་བ་བྱེད་པའི་རིགས་པ་དང། འཐད་པ་བསྒྲུབ་པའི་རིགས་པ་དང། ཆོས་ཉིད་ཀྱི་རིགས་པ་ཡོངས་སུ་ཚོལ་བར ་བྱེད་དོ། །དེ་ལ་ཁམས་རབ་ཏུ་དབྱེ་བ་ལ་དམིགས་པའི་ལྷག་མཐོང་ལ་རབ་ཏུ་བརྩོན་པ། ཇི་ལྟར་དོན་ཡོངས་སུ་ཚོལ་པར་བྱེད་ཅེ་ན། ཁམས་ཀྱི་དོན་ནི་རིགས་ཀྱི་དོན་དང། ས་བོན་གྱི་དོན་དང། རྒྱུའི་དོན་དང། རང་བཞིན་གྱི་དོན་ཏོ། །ཞེས་དོན་སོ་སོར་རྟོགས ་པར་བྱེད་དེ། དེ་ལྟར་དོན་ཡོངས་སུ་ཚོལ་བར་བྱེད་དོ། །ས་ལ་སོགས་པ་ཁམས་དྲུག་པོ་དག་།ནང་གི་དང་ཕྱི་རོལ་གྱི་ཡིན་པར་མོས་པར་བྱེད་པ་ནི་དངོས་པོ་ཡོངས་སུ་ཚོལ་བར་བྱེད་པ་ཡིན་ནོ། །སའི་མཚན་ཉིད་ནི་སྲ་བའོ། །ཞེས་བྱ་བ་ནས། རླུང་གི་མཚན ་ཉིད་ནི་ཡང་ཞིང་གཡོ་བའོ། །རྣམ་པར་ཤེས་པའི་མཚན་ཉིད་ནི་རྣམ་པར་ཤེས་པར་བྱེད་པའོ། །ནམ་མཁའ་ཨི་ཁམས་ནི་སྦུབས་ཅན་གྱི་མཚན་ཉིད་དང། གཟུགས་ཀྱི་རྣམ་པར་གསལ་བའི་མཚན་ཉིད་དོ་ཞེས་བྱ་བའི་བར་དུ་དེ་ལྟར་རང་གི་མཚན་ཉིད ་ཡོངས་སུ་ཚོལ་བར་བྱེད་དོ། །ཁམས་དེ་དག་ཐམས་ཅད་ནི་མི་རྟག་པ་ཉིད་དང། བདག་མེད་པ་ཉིད་ཀྱི་བར་གྱིས་མཉམ་ཞིང་མཚུངས་པ་ཞེས་དེ་ལྟར་སྤྱིའི་མཚན་ཉིད་ཡོངས་སུ་ཚོལ་བར་བྱེད་དོ། །ཁམས་སྣ་ཚོགས་མི་ཤེས་ཤིང་རིལ་པོར་འདུ་ཤེས་པ། ཁམས ་སྣ་ཚོགས་ཅན་གྱི་ལུས་འདིས་ཁེངས་ཤིང་རློམ་སེམས་སུ་བྱེད་པ་གང་ཡིན་པའི་ཆོས་དེ་ནི། ཉོན་མོངས་པ་དང་བཅས་པ་སྟེ། ནག་པོའི་ཕྱོགས་ཡིན་ནོ། །དེ་ལས་བཟློག་པ་ཉོན་མོངས་པ་མེད་པ་སྟེ། དཀར་པོའི་ཕྱོགས་ཡིན་ནོ། །ཞེས་དེ་ལྟར་ཕྱོགས་ཡོངས ་སུ་ཚོལ་བར་བྱེད་དོ། །འདས་པ་དང། མ་འོངས་པ་དང། དེ་ལྟར་བྱུང་བའི་དུས་རྣམས་སུ་ཁམས་དྲུག་པོ་དག་ལས་བརྟེན་ཏེ། མའི་ལྟོ་བར་མངལ་དུ་འཇུག་པར་འགྱུར་རོ། །ཞེས་དེ་ལྟར་དུས་ཡོངས་སུ་ཚོལ་བར་བྱེད་དོ། །འདི་ལྟ་སྟེ། དཔེར་ན། རྩཝ་དང། ་ཤིང་གི་རྐྱེན་ལ་བརྟེན་ཏེ། ནམ་མཁའ་ཀུན་ནས་དཀྲིས་ན། ཁང་པ་ཁང་པ་ཞེས་བྱ་བའི་གྲངས་སུ་འགྲོ་བ་དེ་བཞིན་དུ། ཁམས་དྲུག་པ་དག་ལ་ཡང་བརྟན། དུས་པ་དང། ཆུ་རྒྱུས་དང། པགས་པ་དང། ཤ་དང། ཁྲག་གི་རྐྱེན་ལ ་ཡང་བརྟེན་ཏེ། ནམ་མཁའ་ཀུན་ནས་དཀྲིས་པ་སྔོན་གྱི་ལས་དང་ཉོན་མོངས་པའི་ས་བོན་དང་ལྡན་པའི་གཞི་དག་ལ། ལུས་ལུས་ཞེས་བྱ་བར་མིང་དང། བརྡ་དང། ཐ་སྙད་དུ་བརྗོད་པར་བྱེད་དོ། །ཞེས་དེ་ལྟར་བལྟོས་པའི་རིགས་པ་ཡོངས་སུ་ཚོལ་བར་བྱེད ་དོ། །ཁམས་རབ་ཏུ་དབྱེ་བ་ཀུན་ཏུ་བརྟེན་ཅིང་གོམས་པར་བྱས། ལན་མང་དུ་བྱས་ན། ང་རྒྱལ་སྤྱོད་བར་འགྱུར་ཏེ། ཡིད་ཆེས་པའི་ལུང་ཡང་དེ་ཡིན་།བདག་ཉིད་ཀྱི་སོ་སོ་རང་གི་ཡེ་ཤེས་མཐོང་བ་དང། རྗེས་སུ་དཔག་པའི་བྱ་བ་ཡང་དེ་ཡིན་གྲགས་པའི ་ཆོས་ཉིད་དང། བསམ་གྱིས་མི་ཁྱབ་པའི་ཆོས་ཉིད་ཀྱང་དེ་ཡིན་ནོ། །ཞེས་དེ་ལྟར་བྱ་བ་བྱེད་པའི་རིགས་པ་དང། འཐད་པ་བསྒྲུབ་པའི་རིགས་པ་དང། ཆོས་ཉིད་ཀྱི་རིགས་པ་ཡོངས་སུ་ཚོལ་བར་བྱེད་དོ། །དེ་ལ་དབུགས་རྡུབ་པ་དང་དབུགས་འབྱུང་བ་དྲན་པའི ་དམིགས་པ་རྣམ་པར་དབྱེ་བ་རབ་ཏུ་བརྩོན་པ། ཇི་ལྟར་དོན་ཡོངས་སུ་ཆོལ་བར་བྱེད་ཅེ་ན། དབུགས་རྡུབ་པ་དང། དབུགས་འབྱུང་བ་ནི་དམིགས་པ་ལ་སེམས་ཉེ་བར་བསྟད་བས། བརྗེད་པ་མེད་ཅིང་མངོན་པར་བརྗོད་པ་ནི་དབུགས་རྡུབ་པ་དང། དབུགས ་འབྱུང་བ་དྲན་པ་ཡིན་ཞེས། དེ་ལྟར་དོན་ཡོངས་སུ་ཚོལ་པར་བྱེད་དོ། །དབུགས་རྡུབ་པ་དང། དབུགས་འབྱུང་བ་དག་ནི་ལུས་དང་འབྲེལ་བའི་ཕྱིར་ནང་གི་ཡིན་པ་དང། ཕྱི་རོལ་གྱི་སྐྱེ་མཆེད་ཀྱིས་ཟིན་པ་ཡང་ཡིན་པར་དམིགས་པར་བྱེད་དེ། དེ་ལྟར་ན ་དངོས་པོ་ཡོངས་སུ་ཚོལ་བར་བྱེད་དོ། །དབུགས་རྡུབ་པ་ནི་གཉིས་སོ། །དབུགས་འབྱུང་བ་ཡང་གཉིས་སོ། །རླུང་ནང་དུ་འཇུག་པ་གང་ཡིན་པ་དེ་ནི་དབུགས་རྡུབ་པའོ། །ཕྱིར་འཐོན་པ་གང་ཡིན་པ་དེ་ནི་དབུགས་འབྱུང་བའོ། །འདི་དག་ནི་དབུགས་རིང་དུ། ་རྡུབ་བ་དང་འབྱུང་བའོ། །འདི་དག་ནི་ཐུང་བའོ། །འདི་དག་ནི་ཐམས་ཅད་སོ་སོར་མྱོང་བའོ། །འདི་དག་ནི་མ་ཡིན་ནོ། ཞེས་དེ་ལྟར་རང་གི་མཚན་ཉིད་ཡོངས་སུ་ཚོལ་བར་བྱེད་དོ། །དབུགས་རྡུབ་པ་འགགས་ན་དབུགས་འབྱུང་བར་འགྱུར་རོ། །དབུགས་འབྱུང་བ་འགགས་ན་དབུགས་རྡུབ ་བ་འབྱུང་ངོ། །དབུགས་རྡུབ་བ་དང་འབྱུང་བའི་འཇུག་པ་ནི་སྲོག་གི་དབང་པོ་དང། རྣམ་པར་ཤེས་པ་དང། བཅས་པའི་ལུས་འདི་དང་འབྲེལ་བ་ཡིན་ཏེ། དབུགས་རྡུབ་པ་དང། དབུགས་འབྱུང་བ་རྟེན་དང་བཅས་པ་ནི་མི་རྟག་པ་ཡིན་ནོ་ཞེས་དེ་ལྟར་སྤྱིའི་མཚན་ཉིད ་ཡོངས་སུ་ཚོལ་བར་བྱེད་དོ། །དེ་ལྟར་དབུགས་རྡུབ་པ་དང། དབུགས་འབྱུང་བ་དག་ལ་དྲན་པ་ཉེ་བར་མ་གཞག་པའི་རྣམ་པར་རྟོག་པས་བྱས་པའི་སེམས་ཀུན་ཏུ་གཡེང་བའི་ཆོས་གང་ཡིན་པ་དེ་ནི་ཉོན་མོངས་པ་དང་བཅས་པ་སྟེ། ནག་པོའི་ཕྱོགས་སོ། །དེ་ལས་བཟློག་པ ་ནི་ཉོན་མོངས་པ་སྟེ། དཀར་པོའི་ཕྱོགས་ཡིན་ནོ། །ཞེས་རྒྱ་ཆེར་ད་ལྟར་ཕྱོགས་ཡོངས་སུ་ཚོལ་བར་བྱེད་དོ། །དབུགས་རྡུབ་པ་དང། དབུགས་འགྱུར་བ་དག་ནི་འདས་པ་དང་མ་འོངས་པ་དང། ད་ལྟར་བྱུང་བའི་དུས་རྣམས་ལུས་དང་སེམས་ལ་རག་ལས་པ་ཡིན་ལ ་ལུས་དང་སེམས་ཀྱང་དབུགས་རྡུབ་པ་དང། དབུགས་འབྱུང་བ་དག་ལ་རག་ལས་པ་ཡིན་ནོ་།ཞེས་དེ་ལྟར་དུས་ཡོངས་སུ་ཚོལ་བར་བྱེད་དོ། །འདི་ལ་དབུགས་རྡུབ་པར་བྱེད་པ་དང། དབུགས་འབྱུང་བར་བྱེད་པ་འམ། གང་གི་དབུགས་རྡུབ་པ་དང། དབུགས ་འབྱུང་བ་དེ་དག་ནི་འགའ་ཡང་མེད་མོད་ཀྱི། འོན་ཀྱང་རྒྱུ་ལས་བྱུང་བའི་འདུ་བྱེད་དང་རྟེན་ཅིང་འབྲེལ་པར་འབྱུང་བ་འདི་དག་ལ། མིང་དང། བརྡ་དང། ཐ་སྙད་དུ་བརྗོད་པར་ཟད་དོ། །ཞེས་དེ་ལྟར་བལྟོས་པའི་རིགས་པ་ཡོངས་སུ་ཚོལ་བར་བྱེད་དོ། །དབུགས་རྡུབ་པ ་དང། དབུགས་འབྱུང་བར་དྲན་པ་ཀུན་ཏུ་བསྟེན་ཅིང་གོམས་པར་བྱས། ལན་མང་དུ་བྱས་ན་རྣམ་པར་རྟོག་པ་རྒྱུན་ཆད་པར་འགྱུར་ཏེ། ཡིད་ཆེས་པའི་ལུང་ཡང་དེ་ཡིན། བདག་ཉིད་སོ་སོ་རང་གི་ཡེ་ཤེས་དང་མཐོང་བ་དང། རྗེས་སུ་དཔག?་པའི་བྱ་བ་དང། གྲགས་པའི ་ཆོས་ཉིད་དང། བསམ་གྱིས་མི་ཁྱབ་པའི་ཆོས་ཉིད་ཀྱང་དེ་ཡིན་ནོ། །ཞེས་དེ་ལྟར་བྱ་བ་བྱེད་པའི་རིགས་པ་དང། འཐད་པ་བསྒྲུབ་པའི་རིགས་པ་དང། ཆོས་ཉིད་ཀྱི་རིགས་པ་ཡོངས་སུ་ཚོལ་བར་བྱེད་དོ། །དེ་ལྟར་དཔྱད་པ་རྣམ་པར་སྤྱོད ་པའི་རིགས་ལས་གཞི་དྲུག་ཡོངས་སུ་ཚོལ་བཙལ་ནས། སེམས་ཡང་དང་ཡང་དུ་ནང་ཏུ་ཞི་བར་བྱེད་ཅིང་ལྷག་མཐོང་གི་རྣམ་པ་དག་གིས་ཇི་ལྟར་བཙལ་བ་དེ་དག་ཉིད་ལ་ཡང་དང་ཡང་སོ་སོར་རྟོགས་པར་བྱེད་དོ། །དེའི་ཞི་གནས་ལ་བརྟེན་ནས་ལྷག་མཐོང་རྣམ་པར ་དག་པར་བྱེད་ཅིང། ལྷག་མཐོང་ལ་བརྟེན་ནས་ཀྱང་ཞི་གནས་འཕེལ་ཞིང་རྒྱས་པར་འགྱུར་རོ། །མཁས་པའི་དམིགས་པ་དང། ཉོན་མོངས་པ་རྣམ་པར་སྦྱོང་བའི་དམིགས་པ་དག་ལ་ལྷག་མཐོང་གིས་དངོས་པོ་དྲུག་ཡོངས་སུ་ཚོལ་བར་བྱེད་པ་གང་ཡིན་པ་དེ་དག་ནི ་ཕྱིས་རང་གི་གནས་སྐབས་སུ་བརྗོད་པར་བྱའོ། །དེ་ལ་རྣལ་འབྱོར་པས་དཀར་པོའི་ཕྱོགས་ཀྱིས་བསྡུས་པའི་སྦྱོར་བ་རྣམ་ལ་དགུ་དང། དེ་ལས་བཟློག་པ་ནི་ནག་པོའི་ཕྱོགས་ཀྱིས་བསྡུས་པ་རྣམ་པ་དགུ་ཡོད་པར་རིག་པར་བྱ་སྟེ། འདི་ལྟ་སྟེ། མཐུན་པའི་སྦྱོར་བ ་དང། གོམས་པའི་སྦྱོར་བ་དང། ཕྱིན་ཅི་མ་ལོག་པའི་སྦྱོར་བ་དང། མི་ལྷོད་པའི་སྦྱོར་བ་དང། དུས་ཀྱི་སྦྱོར་བ་དང། ཉེ་བར་རྟོག་པའི་སྦྱོར་བ་དང། ཆོག་མི་ཤེས་པའི་སྦྱོར་པ་དང། མི་འགལ་བའི་སྦྱོར་བ་དང། ཡང་དག་པའི་སྦྱོར་བའོ། །དཀར་པོའི་ཕྱོགས ་ཀྱི་བསྡུས་པའི་རྣམ་པ་དགུ་པོ་འདི་དག་གིས་མྱུར་བ་མྱུར་བར་སེམས་ཏིང་ངེ་འཛིན་དུ་འཇོག་པར་བྱེད་ཅིང། ཏིང་ངེ་འཛིན་གྱི་ཁྱད་པར་དུ་ཡང་འགྲོ་བར་འགྱུར་ལ། དེས་བགྲོད་པར་བྱ་ཞིང་ཐོབ་པར་བྱ་བའི་ས་ཇི་སྙེད་ཡོད་པ་དེ་དག་དུ་ཡང་ཐག་ཐོགས་མེད ་བར་མྱུར་བ་མྱུར་བ་ཁོ་ནར་ཕྱིན་ཅིང་ཐོབ་པར་འགྱུར་རོ། །ནག་པོའི་ཕྱོགས་ཀྱི་སྦྱོར་བ་རྣམས་ཀྱིས་ནི། མྱུར་བ་མྱུར་བར་སེམས་ཏིང་ངེ་འཛིན་དུ་འཇོག་པར་བྱེད་ཅིང། ཏིང་ངེ་འཛིན་གྱི་ཁྱད་པར་དུ་འགྲོ་བར་ཡང་མི་འགྱུར་ལ། དེས་བགྲོད་པར་བྱ་ཞིང ་ཐོབ་པར་བྱ་བའི་སའི་ཇི་སྙེད་ཡོད་པ་དེ་དག་དུ་ཡང་ཐག་ཐོགས་མེད་པར་མྱུར་བ་མྱུར་བར་ཕྱིན་ཅིང་ཐོབ་པར་མི་འགྱུར་རོ། །དེ་ལ་འཐུན་པའི་སྦྱོར་བ་གང་ཞེ་ན། གལ་ཏེ་འདོད་ཆགས་སྤྱད་པ་ཞིག་ཡིན་ན་ནི་མི་སྡུག་པ་ལ་སེམས་ཉེ་བར་གཏོད་བར་བྱེད་དོ། །ཞེ་སྡང་སྤྱད་པ་ཞིག ་ཡིན་ན་ནི་བྱམས་པ་ལའོ། །རྣམ་པར་རྟོག་པའི་བར་དུ་སྤྱད་པ་ཞིག་ཡིན་ན་ནི། དབུགས་རྡུབ་པ་དང། དབུགས་འབྱུང་བ་དྲན་པའི་བར་ལའོ། །ཆ་མཉམ་པར་སྤྱད་པ་དང། ཉོན་མོངས་པ་ཚུང་བའི་རང་བཞིན་ཅན་ཞིག་ཡིན་ན་ནི། དམིགས་པ་གང་ལ ་དགའ་བ་སྐྱེ་བར་འགྱུར་བ་ངེས་རབ་ཏུ་བརྩོན་པར་བྱེད་པ་སྟེ། དེ་ནི་མཐུན་པའི་སྦྱོར་བ་ཡིན་ནོ། །དེ་ལ་གོམས་པའི་སྦྱོར་བ་གང་ཞེ་ན་དེས་ཞི་གནས་དང་ལྷག་མཐོང་ལ་ཐ་ན་ཅུང་ཟད་ཙམ་ཡང་གོམས་པ་བྱས་ཤིང་ཐམས་ཅད་ཀྱི་ཐམས་ཅད་དུ་ལས་དང་པོ་པ ་ཉིད་མ་ཡིན་པ་སྟེ། འདི་ལྟར་ལས་དང་པོ་པ་ནི་མཐུན་པའི་དམིགས་པས་རབ་ཏུ་བརྩོན་པར་བྱེད་ཀྱང། སྒྲིབ་པ་རྣམས་དང་ལུས་དང་སེམས་ཀྱི་གནས་ངན་ལེན་དག་ཡང་དང་ཡང་དུ་ཀུན་ཏུ་འབྱུང་ཞིང་དེས་དེའི་སེམས་མྱུར་བར་ཏིང་ངེ་འཛིན་དུ་འཇོག་པར་མི ་འགྱུར་བའི་ཕྱིར་ཏེ། དེ་ནི་གོམས་པའི་སྦྱོར་བ་ཡིན་ནོ། །དེ་ལ་མི་ལྷོད་བའི་སྦྱོར་བ་གང་ཞེ་ན། རྟག་ཏུ་སྦྱོར་བ་བྱེད་པ་དང། གུས་པར་བྱས་ཤིང་སྦྱོར་བར་བྱེད་པ་ཡིན་ཏེ། གལ་ཏེ་བསོད་སྙོམས་ཀྱི་ཕྱིར་རམ། བླ་མ་ལ་རྗེས་དང་བསྙེན་བཀུར་བྱ་བའི་ཕྱིར ་རམ། ནད་པའི་ནད་གཡོག་བྱ་བའི་ཕྱིར་རམ། ཕྱག་བྱ་བའི་ལས་ཀྱི་ཕྱིར་རམ། དེ་ལྟ་བུ་དང་འཐུན་པའི་འཕྲལ་གྱི་བྱ་བ་གང་ཡང་རུང་བའི་ཕྱིར་ཏིང་ངེ་འཛིན་ལས་ལངས་ན་ཡང། རྣམ་པར་གཡེང་བ་མེད་ཅིང། དེ་ལ་གཞོལ་བ་དང། དེ་ལ་འབབ་པ་དང། ་དེ་ལ་བབ་པའི་སེམས་ཀྱིས་ཐམས་ཅད་བྱེད་ཅིང། མྱུར་བ་མྱུར་བར་ཁོ་ནར་བྱས་ཤིང་མཇུག་བརྟུལ་ནས་ཀྱང་ཡང་ཕྱིར་འདུག་སྟེ་ནང་དུ་ཡང་དག་པར་འཇོག་པ་ལ་རབ་ཏུ་བརྩོན་པར་བྱེད་པ་དང། གལ་ཏེ་དགེ་སློང་དང། དགེ་སློང་མ་དང། དགེ་བསྙེན་དང། ་དགེ་བསྙེན་མ་དང། རྒྱལ་རིགས་དང། བྲམ་ཟེའི་འཁོར་དག་ལྷན་ཅིག་ལྷགས་ན་ཡང། འདུ་འཛིས་དུས་ཡུན་རིང་དུ་འདའ་བར་བྱེད་པར་དྲོད་རན་པར་སྨྲ་བར་བྱེད་ཅིང། གཏམ་མང་པོའི་གླེང་སློང་བར་མི་བྱེད་བར་དབེན་པ་འབའ་ ་ཞིག་ཏུ་བྱེད་པ་དང། འདི་ལྟར་བརྩོན་འགྲུས་བརྩམས་པ་ཡང་ཡིན་ཏེ། བདག་གི་ཐོབ་པར་བྱ་བ་ནི་དེད་ཁོ་ནར་ཐོབ་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། བདག་ལ་འཆི་བར་འགྱུར་བའི་རྐྱེན་མང་སྟེ། བདག་ལ་རླུང་ངམ་མཁྲིས་པ་འམ། བད་ཀན་འཁྲུག་པར ་འགྱུར་བ་འམ། ཟས་ཟོས་པ་མི་འཕྲོད་ཅིང། དེས་བདག་གི་ལུས་གསུང་པར་འགྱུར་བ་འམ། བདག་སྤྲུལ་ལམ། སྡིག་པ་འམ། སྲིན་གྱི་མེད་ཀྱིས་ཟིན་པར་འགྱུར་བ་འམ། བདག་ལ་མི་དང་མི་མ་ཡིན་པའི་འཇིགས་པ་དག་འབྱུང་བར་འགྱུར་བའི་ཕྱིར་རོ།། ་ཞེས་གནས་པ་དེ་དག་རྟག་ཏུ་ཡིད་ལ་བྱེད་ཅིང། བག་ཡོད་པར་གནས་པ་དང་ཡང་འདི་ལྟར་བག་ཡོད་པར་ཡང་གནས་པར་བྱེད་དེ། ཨེ་མ་ཀྱེ་མའོ། །བདག་ཞག་བདུན་ནམ། དྲུག་གམ། ལྔ་འམ། བཞི་འམ། གསུམ་མམ་གཉིས་སམ་གཅིག་གམ ་མེལ་ཚེ་ཐུན་གཅིག་གམ། ཐུན་ཕྱེད་དམ། ཡུད་ཙམ་གཅིག་གམ། ཡུད་ཙམ་ཕྱེད་ཙམ་ཞིག་གསོན་ན་ཅི་མ་རུང། ཨེ་མ་ཀྱེ་མའོ། །བདག་ཟན་གཅིག་བཟའ་བའི་བར་ཙམ་མམ། དབུགས་རྡུབ་ནས་དབུགས་འབྱུང་བའི་བར་ཙམ་མམ། དབུགས ་བྱུང་ནས་དབུགས་རྡུབ་པའི་བར་ཙམ་ཞིག་གསོན་ན་ཡང་ཅི་མ་རུང་སྟེ། ཇི་སྲིད་གསོན་པ་དེ་སྲིད་དུ་རྣལ་འབྱོར་ཡིད་ལ་བྱེད་པས་སྟོན་པའི་བསྟན་པ་ལ་རྣལ་འབྱོར་དུ་བྱད་པར་འགྱུར་བས། དེ་ཙམ་གྱིས་ན་བདག་གིས་འདི་ལྟ་སྟེ། སྟོན་པའི་བསྟན་པ་ལ ་བྱ་བ་མང་དུ་བྱས་པར་འགྱུར་རོ། །ཞེས་བག་ཡོད་པར་གནས་པར་བྱེད་པ་སྟེ། དེ་ནི་མི་ལྷོད་པའི་སྦྱོར་བ་ཡིན་ནོ། །དེ་ལ་ཕྱིན་ཅི་མ་ལོག་པའི་སྦྱོར་བ་གང་ཞེ་ན། རྣལ་འབྱོར་པ་རྣལ་འབྱོར་ཤེས་པས་ཇི་སྐད་གཏམས་ཤིང་རྗེས་སུ་བསྟན་པ་དེ་ཁོ་ན ་བཞིན་དུ་རབ་ཏུ་བརྩོན་པར་བྱེད་ཅིང། དོན་དང་ཚིག་འབྲུ་ཕྱིན་ཅི་མ་ལོག་པར་འཛིན་པར་བྱེད་པ་དང། བདག་ཉིད་ང་རྒྱལ་མེད་ཅིང། རང་གི་ལྟ་བ་མཆོག་ཏུ་འཛིན་པ་ལ་གནས་པ་མ་ཡིན་པ་དང། བབ་ཅོལ་དུ་འཛིན་པ་མ་ཡིན་པ་དང། བླ་མའི་ལུས་ལ་ཁྱད་དུ་གསོད་པ ་མེད་པར་འགྱུར་བ་ཡིན་ཏེ། དེ་ཕྱིན་ཅི་མ་ལོག་པའི་སྦྱོར་བ་ཡིན་ནོ། །དེ་ལ་དུས་ཀྱི་སྦྱོར་བ་གང་ཞེ་ན། དུས་དུས་སུ་ཞི་གནས་ཀྱི་མཚན་མ་དང། ལྷག་མཐོང་གི་མཚན་མ་དང། རབ་ཏུ་འཛིན་པའི་མཚན་མ་དང། བཏང ་སྙོམས་ཀྱི་མཚན་མ་སྒོམ་པར་བྱེད་ཅིང། ཞི་གནས་དང། ཞི་གནས་ཀྱི་མཚན་མ་དང། ཞི་གནས་ཀྱི་དུས་དང། ལྷག་མཐོང་དང། ལྷག་མཐོང་གི་མཚན་མ་དང། ལྷག་མཐོང་གི་དུས་དང། རབ་ཏུ་འཛིན་པ་དང། རབ་ཏུ་འཛིན་པའི་མཚན་མ་དང། རབ ་ཏུ་འཛིན་པའི་དུས་དང། བཏང་སྙོམས་དང། བཏང་སྙོམས་ཀྱི་མཚན་མ་དང། བཏང་སྙོམས་ཀྱི་དུས་ཀྱང་ཤེས་པའོ། །དེ་ལ་ཞི་གནས་གང་ཞེ་ན། སེམས་པ་རྣམ་པ་དགུ་སྟེ། དེ་ལ་སེམས་དེ་མཚན་མ་མེད་ཅིང་རྣམ་པར་རྟོག་པ་མེད་པ་དང། ཞི་བ་དང ་རབ་ཏུ་ཞི་བ་དང། ཞི་བ་ལ་གནས་ཤིང་ངེས་པར་མ་འདྲེས་པར་གྱུར་པ་ཡིན་པས་ན། དེའི་ཕྱིར་ཞི་གནས་ཞེས་བྱའོ། །དེ་ལ་ཞི་གནས་ཀྱི་མཚན་མ་གང་ཞེ་ན། རྣམ་པ་གཉིས་ཏེ། དམིགས་པའི་མཚན་མ་དང། གཞིའི་མཚན་མའོ། །དེ་ལ་དམིགས ་པའི་མཚན་མ་ནི། ཞི་གནས་ཀྱི་ཕྱོགས་ཀྱི་ཤེས་བྱའི་དངོས་པོ་དང་ཆ་མཐུན་པ་དང། གཟུགས་བརྙན་ལ་དམིགས་པའི་མཚན་མ་སྟེ། དམིགས་པ་ངེས་སེམས་དེ་ཞི་བར་བྱེད་དོ། །དེ་ལ་གཞིའི་མཚན་མ་ནི་ཞི་གནས་ཀྱི་སེམས་ཡོངས་སུ་བསྒོམས་ནས ་དེའི་འོག་ཏུ་ཞི་གནས་ཡོངས་སུ་དག་པར་བྱ་བའི་ཕྱིར་སེམས་ཀྱི་ལྷག་མཐོང་ལ་སྦྱོར་བ་གང་ཡིན་པ་སྟེ། དེ་ནི་གཞིའི་མཚན་མ་ཡིན་ནོ། །དེ་ལ་ཞི་གནས་ཀྱི་དུས་གང་ཞེ་ན། སྨྲས་པ། སེམས་རྒོད་པར་གྱུར་པ་འམ། རྒོད་པར་དོགས་པའི་ཚེ་སྟེ། བསྒོམ་པའི་ ་ཕྱིར་ཞི་གནས་ཀྱི་དུས་ཡིན་ནོ། །དེ་བཞིན་དུ་ལྷག་མཐོང་གི་སེམས་ཡོངས་སུ་བསྒོམས་པ་ན་རྣམ་པར་རྟོག་པས་ཉམས་པ་འམ། འཕྲལ་གྱི་བྱ་བའི་རྣམ་པར་གཡེང་བས་ཉམས་པའི་ཚེ་ཡང་ཡིན་ཏེ། བསྒོམ་པའི་ཕྱིར་ཞི་གནས་ཀྱི ་དུས་ཡིན་ནོ། །དེ་ལ་ལྷག་མཐོང་གང་ཞེ་ན། ལྷག་མཐོང་ནི་རྣམ་པ་བཞི་དང། སྒོ་གསུམ་དང། བཞི་རབ་ཏུ་དབྱེ་བ་རྣམ་པ་དྲུག་པ་དམིགས་ཤིང་རྣམ་པར་དཔྱོད་པར་བྱེད་པ་ཡིན་ནོ། །དེ་ལ་ལྷག་མཐོང་གི་མཚན་མ་གང་ཞེ་ན། རྣམ་པ་གཉིས་ཏེ། དམིགས ་པའི་མཚན་མ་དང། གཞིའི་མཚན་མའོ། དེ་ལ་དམིགས་པའི་མཚན་མ་ནི་ལྷག་མཐོང་གི་ཕྱོགས་ཀྱི་ཤེས་བྱའི་དངོས་པོ་དང་ཆ་མཐུན་པ་དང། གཟུགས་བརྙན་ལ་དམིགས་པའི་མཚན་མ་སྟེ། དམིགས་པ་ངེས་ཤེས་རབ་རྣམ་པར་དཔྱོད་པར་བྱེད ་དོ། །དེ་ལ་གཞིའི་མཚན་མ་ནི་ལྷག་མཐོང་གི་སེམས་ཡོངས་སུ་བསྒོམས་ནས། དེའི་འོག་ཏུ་ལྷག་མཐོང་ཡོངས་སུ་དག་པར་བྱ་བའི་ཕྱིར། སེམས་ཀྱི་ཞི་གནས་ལ་སྦྱོར་བ་གང་ཡིན་པ་སྟེ། དེ་ནི་གཞིའི་མཚན་མ་ཡིན་ནོ། །དེ་ལ་ལྷག་མཐོང་གི་དུས་གང ་ཞེ་ན། ཞི་གནས་ཀྱི་སེམས་ཡོངས་སུ་བསྒོམས་པའི་ཚེ་འམ། དང་པོ་ཁོ་ནའི་ཚེ་སྟེ། ཤེས་བྱའི་དངོས་པོ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རྟོགས་པར་བྱ་བའི་ཕྱིར་ལྷག་མཐོང་བསྒོམ་པའི་དུས་ཡིན་ནོ། །དེ་ལ་རབ་ཏུ་འཛིན་པ་གང་ཞེ་ན། དང་བར་འབྱུང ་བའི་དམིགས་པ་གང་ཡང་རུང་བ་བཟུང་བས། སེམས་ཡང་དག་པར་གཟེངས་བསྟོད་པར་བྱེད་པ་དང། ཡང་དག་པར་དགའ་བར་བྱེད་པ་དང། ཡང་དག་པར་སྟོན་པར་བྱེད་པ་དང། ཡང་དག་པར་འཛིན་དུ་འཇུག་པ་གང་ཡིན་པའོ། །དེ་ལ་རབ་ཏུ་འཛིན ་བའི་མཚན་མ་གང་ཞེ་ན། དད་པར་འགྱུར་བའི་དམིགས་པ་གང་གིས་སེམས་རབ་ཏུ་འཛིན་པར་བྱེད་པ་དང། དེ་དང་རྗེས་སུ་མཐུན་པར་བརྩོན་འགྲུས་རྩོམ་པ་གང་ཡིན་པའོ། །དེ་ལ་རབ་ཏུ་འཛིན་པའི་དུས་གང་ཞེ་ན། སེམས་བྱིང་བར་གྱུར་བའི་ཚོ་འམ།། ་བྱིང་དུ་དོགས་པའི་ཚེ་སྟེ། བསྒོམ་པའི་ཕྱིར་རབ་ཏུ་འཛིན་པའི་དུས་ཡིན་ནོ། །དེ་ལ་བཏང་སྙོམས་གང་ཞེ་ན། ཞི་གནས་དང། ལྷག་མཐོང་གི་ཕྱོགས་ཀྱི་དམིགས་པ་ལ་སེམས་ཀུན་ནས་ཉོན་མོངས་པ་མེད་པའི་སེམས་མཉམ་པ་ཉིད་དང། རྣལ་དུ་བབ་པ ་དང། རང་གི་དང་གིས་འཛིན་པ་དང། སེམས་ཉམས་བདེ་བ་དང། སེམས་ལས་སུ་རུང་བའི་རྗེས་སུ་རྩོལ་བ་མེད་པའི་བྱ་བས་གཏོང་པ་གང་ཡིན་པའོ། །དེ་ལ་བཏང་སྙོམས་ཀྱི་མཚན་མ་གང་ཞེ་ན། དམིགས་པ་གང་གིས་སེམས་བཏང ་སྙོམས་སུ་བྱེད་པ་དང། དམིགས་པ་དེ་ཉིད་ལ་བརྩོན་འགྲུས་ཧ་ཅང་ལྷག་པར་བརྩོན་པར་མི་བྱེད་པ་གང་ཡིན་པའོ། །དེ་ལ་བཏང་སྙོམས་ཀྱི་དུས་གང་ཞེ་ན། ཞི་གནས་དང་ལྷག་མཐོང་གི་ཕྱོགས་ལ་སེམས་བྱིང་བ་དང། རྒོད་བ་མེད་པའི་ཚེ་སྟེ། བསྒོམ ་པའི་ཕྱིར་བཏང་སྙོམས་ཀྱི་དུས་ཡིན་ཏེ། དེ་ནི་དུས་ཀྱི་སྦྱོར་བ་ཡིན་ནོ། །དེ་ལ་ཉེ་བར་བརྟགས་པའི་སྦྱོར་བ་གང་ཞེ་ན། མཚན་མ་དེ་དག་ཉིད་ལེགས་པར་བཟུང་ཞིང་ལེགས་པར་བརྟགས་པ་ཡིན་ཏེ། དེ་དག་ལེགས་པར་བཟུང་ཞིང་ལེགས་པར་བརྟགས་པའི ་ཕྱིར་གང་གི་ཚེ་འདོད་པའི་ཚེ་སྙོམས་པར་འཇུག་པ་དང། དེ་སྙེད་འདོད་པ་དེ་སྙེད་ལ་སྙོམས་པར་ཞུགས་ཤིང་གནས་པ་དང། གང་གི་ཚེ་ལྡང་བར་འདོད་པ་དེའི་ཚེ། ཏིང་ངེ་འཛིན་གྱི་སྤྱོད་ཡུལ་གྱི་གཟུགས་བརྙན་སྤངས་ཏེ། མཉམ་པར་མ་གཞག ་བའི་ས་བའི་རང་བཞིན་གྱི་དམིགས་པ་ཡིད་ལ་བྱེད་པས་ལྡང་བར་བྱེད་པ་སྟེ། དེ་ནི་ཉེ་བར་བརྟགས་པའི་སྦྱོར་བ་ཡིན་ནོ། །དེ་ལ་ཆོག་མི་ཤེས་པའི་སྦྱོར་བ་གང་ཞེ་ན། དགེ་བའི་ཆོས་རྣམས་ཀྱིས་ཆོག་མི་ཤེས་ཤིང་སྤོང་བ་ལས་ཀྱང་ཕྱིར་མི་ལྡོག་ལ། གོང ་ནས་གོང་དུ་གྱ་ནོམ་པ་ལས་ཀྱང་ཆེས་གྱ་ནོམ་པའི་གནས་དག་མངོན་པར་འདོད་པའི་ཚུལ་གྱི་ལན་མང་དུ་གནས་པ་དང། གོང་དུ་བྱ་བ་ཡོད་ན་ཅུང་ཟད་ཙམ་དང། ངན་དོན་ཙམ་དང། ཞི་གནས་ཙམ་གྱིས་བར་མདོར་སྒྱིད་ལུག་པར་མི་བྱེད་པ་སྟེ། དེ་ནི ་ཆོག་ཤེས་པའི་སྦྱོར་བ་ཡིན་ནོ། །དེ་ལ་མི་འགལ་བའི་སྦྱོར་བ་གང་ཞེ་ན། བསླབ་པའི་གཞི་ཡང་དག་པར་བླངས་པ་ཉམས་པར་མི་བྱེད་ཅིང་འདྲལ་བར་མི་བྱེད་པ་དང། བུད་མེད་གཞོན་ནུ་མ་ཁ་དོག་བཟང་བ་ཆགས་པར་འགྱུར་བ ་མཐོང་བ་ན་ཡང་མཚན་མར་མི་འཛིན་ཅིང་མངོན་རྟགས་སུ་མི་འཛིན་པ་དང། ཟས་ལ་རན་པར་བྱེད་པ་དང། མི་ཉལ་བའི་རྗེས་སུ་བརྩོན་པ་དང། དོན་ཉུང་བ་དང། བྱ་བ་ཉུང་བ་དང། གཡེང་བ་ཉུང་བ་དང། ཡུན་རིང་པོ་ནས་བྱས་པ་དང། ཡུན ་རིང་པོ་ནས་སྨྲས་པ་རྗེས་སུ་དྲན་ཞིང་དྲན་པར་བྱེད་པ་དང། དེ་ལྟ་བུ་དང་མཐུན་པའི་ཆོས་རྣམས་ནི་མི་འགལ་བའི་སྦྱོར་བ་ཞེས་བྱ་སྟེ། ཆོས་དེ་དག་ནི་སེམས་རྩེ་གཅིག་པ་ཉིད་དང་རྗེས་སུ་མཐུན་ཞིང་མི་འགལ་ལ། སེམས་རྣམ་པར་གཡེང ་བའི་ཕྱིར་འཇུག་པར་ཡང་མི་འགྱུར། ཕྱི་རོལ་དུ་རྣམ་པར་གཡེང་བའི་ཕྱིར་ཡང་མ་ཡིན། ནང་གི་སེམས་ལས་སུ་མི་རུང་བའི་ཕྱིར་ཡང་འཇུག་པར་མི་འགྱུར་བ་ཡིན་ཏེ། དེ་ནི་མི་འགལ་བའི་སྦྱོར་བ་ཞེས་བྱའོ། །དེ་ལ་ཡང་དག་པའི་སྦྱོར ་བ་གང་ཞེ་ན། མོས་པར་བྱས་ཤིང་མོས་པར་བྱས་ནས། དམིགས་པ་རྣམ་པར་སྒོམ་པ་ནི་ཡང་དག་པའི་སྦྱོར་བ་ཞེས་བྱ་སྟེ། གལ་ཏེ་མི་སྡུག་པ་ལ་རབ་ཏུ་བརྩོན་པར་བྱེད་ན། ཡང་མཚན་མ་ཙམ་གྱི་རྗེས་སུ་འབྲེལ་པའི་ལྷག་མཐོང་གི་མི་སྡུག ་པའི་རྣམ་པ་དག་གིས། མི་སྡུག་པ་ཡིད་ལ་བྱེད་དེ་དེས་དམིགས་པ་ཡིད་ལ་བྱེད་པ་དེ་མྱུར་བ་མྱུར་བར་རྣམ་པར་བསྒོམ་པར་བྱ་ཞིང། མྱུར་བ་མྱུར་བར་མངོན་སུམ་དུ་བྱའོ། །རྣམ་པར་བསྒོམ་པ་ཡང་རྣམ་པ་ལྔ་སྟེ། སེམས་ནང་དུ་མངོན་པར་སྡུད་པར ་བྱེད་པ་དང། དྲན་པ་མེད་ཅིང་ཡིད་ལ་བྱེད་པ་མེད་པ་དང། དེ་ལས་གཞན་པ་ཡིད་ལ་བྱེད་པ་དང། གཉེན་པོ་ཡིད་ལ་བྱེད་པ་དང། མཚན་མ་མེད་པའི་དབྱིངས་ཡིད་ལ་བྱེད་པའོ། །དེ་ལ་ལྷག་མཐོང་སྔོན་དུ་བཏང་བའི་སེམས་གནས་པ་རྣམ་པ་དགུས་ནི། ་སེམས་ནང་དུ་མངོན་པར་སྡུད་པར་བྱེད་དོ། །མཚན་མོ་ཐམས་ཅད་ལ་མི་ཕྱོགས་ཤིང་རྣམ་པར་གཡེང་བ་མེད་པར་བྱ་བའི་ཕྱིར་དང་པོ་ནས་ཉེ་བར་གཏོད་པས་ནི། དྲན་པ་མེད་ཅིང་ཡིད་ལ་བྱེད་པ་མེད་པར་བྱེད་དོ། །མཉམ་པར་བཞག་པའི་ས་པའི་དམིགས་པ་ལས་མཉམ ་པར་བཞག་པའི་ས་པའི་ཆོས་ཉིད་ཀྱི་དམིགས་པ་གཞན་དག་ཡིད་ལ་བྱེད་པ་ནི། དེ་ལ་གཞན་པ་ཡིད་ལ་བྱེད་པ་ཡིན་ནོ། །སྡུག་པའི་གཉེན་པོ་མི་སྡུག་པ་ནས་རྣམ་པར་རྟོགས་པའི་གཉེན་པོ་དབུགས་རྡུབ་པ་དང། དབུགས་འབྱུང་བ་དྲན་པ་དང། གཟུགས་ཀྱི ་གཉེན་པོ་ནམ་མཁའ་ཨི་ཁམས་ཀྱི་བར་དག་ཡིད་ལ་བྱེད་པ་ནི། གཉེན་པོ་ཡིད་ལ་བྱེད་པ་ཡིན་ནོ། །མཚན་མ་ཐམས་ཅད་ཡིད་ལ་མི་བྱེད་པ་དང། མཚན་མ་མེད་པའི་དབྱིངས་ཡིད་ལ་བྱེད་པ་ནི། མཚན་མ་མེད་པའི་དབྱིངས་ཡིད་ལ་བྱེད་པ་ཡིན་ནོ། །དམིགས ་པ་རྣམ་པར་བསྒོམ་པ་དེ་དག་ཁྱབ་པའི་དམིགས་པའི་མཚན་ཉིད་དུ་རྣམ་པར་བཞག་པ་ཡིན་མོད་ཀྱི། དོན་གྱི་སྐབས་འདིར་ནི་སེམས་ནང་དུ་མངོན་པར་སྡུད་པར་བྱེད་པ་དང། དྲན་པ་མེད་ཅིང་ཡིད་ལ་བྱེད་པ་མེད་པར་དགོངས་སོ། །དེ་ལ་ལས་དང་པོ་པ་ལས ་ཐོག་མ་པས་ནི་དང་པོ་ཁོ་ནར་མི་སྡུག་པ་འམ། དེ་ལས་གཞན་པའི་དམིགས་པ་གང་ལ་ཡང་སེམས་ཉེ་བར་བསྟད་པར་མི་བྱ་བར་རྣམ་པར་གཡེང་བ་མེད་པར་བྱ་བའི་ཕྱིར། ཇི་བདག་གི་སེམས་མཚན་མ་མེད་པ་དང། རྣམ་པར་རྟོག་པ་མེད་པ་དང། ཞི་བ་དང། ་རབ་ཏུ་ཞི་བ་དང། འགུལ་བ་མེད་པ་དང། གཡོ་བ་མེད་པ་དང། འབད་པ་མེད་པ་དང། རྩོལ་བ་མེད་པར་ནང་དུ་མངོན་པར་དགའ་བ་ཡིན་ནམ་ཞེས་རབ་ཏུ་བརྩོན་པར་བྱ་སྟེ། དེ་ལྟར་རབ་ཏུ་བརྩོན་པར་བྱེད་པ་ནི། ཕྱི་རོལ་གྱི་མཚན་མ་བྱུང་ངོ་ཅོག་ཐམས་ཅད་ལ ་དྲན་པ་མེད་པ་དང། ཡིད་ལ་བྱེད་པ་མེད་པར་བྱེད་དེ། དེ་ནི་དེའི་དྲན་པ་མེད་པ་དང། ཡིད་ལ་བྱེད་པ་མེད་པས་དམིགས་པ་རྣམ་པར་བསྒོམ་པར་བྱེད་པ་ཡིན་ནོ། །དེ་དེ་ལ་རྣལ་འབྱོར་དུ་བྱེད་པ་ན། དགའ་བསྐྱེད་པར་བྱེད་ཅིང། མི་སྡུག་པ་ལ་སོགས་པའི་དམིགས་པ ་མཚན་མ་དང་བཅས་ཤིང་རྣམ་པར་རྟོག་པ་དང་བཅས་པ་དག་ལ་སྤྱོད་པར་བྱེད་དོ། །ཇི་ལྟར་སྤྱོད་པར་བྱེད་ཅེ་ན། མཚན་མའི་རྗེས་སུ་འཇུག་པ་དང། ཡོངས་སུ་ཚོལ་བར་རྗེས་སུ་འཇུག་པ་དང། སོ་སོར་རྟོག་པའི་རྗེས་སུ་འཇུག ་པའི་ལྷག་མཐོང་གི་སྤྱོད་པར་བྱེད་ཀྱི། ལྷག་མཐོང་ལ་གཅིག་ཏུ་བརྩོན་པ་ནི་མ་ཡིན་ཏེ། ཡང་ལྷག་མཐོང་གི་མཚན་མ་ལས་ཕྱིར་བཟློག་ནས། ཞི་གནས་ཀྱི་རྣམ་པས་དམིགས་པ་དེ་ཉིད་ཡིད་ལ་བྱེད་དོ། །དེས་དེའི་ཚེ་ན་དམིགས་པ་མ་གཏང་མ་བཟུང ་བ་ཡིན་ཏེ། གང་གིས་ཕྱིར་དམིགས་པ་དེ་ལ་ཞི་གནས་སུ་འཇུག་པར་བྱེད་པ་དེའི་ཕྱིར་ནི་མ་གཏང་བ་ཡིན་ནོ། །གང་གི་ཕྱིར་མཚན་མར་མི་བྱེད་ཅིང། རྣམ་པར་རྟོག་པར་མི་བྱེད་པ་དེའི་ཕྱིར་ནི་མ་བཟུང་བ་ཡིན་ཏེ། དེ་ལྟར་ན་སེམས་མངོན་པར་བསྡུད་པའི ་སྒོ་ནས་དམིགས་པ་རྣམ་པར་བསྒོམ་པར་བྱེད་པ་ཡིན་ནོ། །དེ་ལ་ལྷག་མཐོང་གི་མཚན་མམ་བཟུང་བ་དང་ལྡན་པའི་དམིགས་པ་ནི་རྣམ་པར་གཡེང་བ་མེད་པ་ཡིན་ནོ། །ཞི་གནས་ཀྱི་མཚན་མ་བཟུང་བ་དང་ལྡན་པའི་དམིགས་པ་ནི་ཤེས་བྱའི་དངོས་པོས་མཚན ་མ་ཡིན་ནོ། །གལ་ཏེ་དེ་གཅིག་ཏུ་དམིགས་པ་ལ་མོས་པར་བྱེད་ལ། ཡང་དང་ཡང་དུ་རྣམ་པར་བསྒོམ་པར་མི་བྱེད་ན། དེའི་མོས་པ་ནི་འདི་ལྟ་སྟེ། ཤེས་བྱའི་དངོས་པོ་མངོན་སུམ་དུ་རྟོགས་པར་བྱ་བའི་ཕྱིར་གོང་ནས་གོང་དུ་ཡོངས་སུ་བྱང་བར་མི་འགྱུར་རོ། ། ་གང་གི་ཕྱིར་མོས་པར་ཡང་བྱེད་ལ། ཡང་དང་ཡང་དུ་རྣམ་པར་བསྒོམ་པར་བྱེད་ན་ནི། དེའི་ཕྱིར་དེའི་མོས་པ་འདི་ལྟ་སྟེ། ཤེས་བྱའི་དངོས་པོ་མངོན་སུམ་དུ་རྟོགས་པར་བྱ་བའི་ཕྱིར་གོང་དུ་ཆེས་ཡོངས་སུ་དག་པ་དང། ཆོས་ཡོངས་སུ་བྱང་བར་འགྱུར་རོ། ། ་འདི་ལྟ་སྟེ། དཔེར་ན། རི་མོ་མཁན་གྱི་སློབ་མ་ཞིག་དང་པོ་ཁོ་ནར་རི་མོའི་ལས་ལ་བརྩོན་པར་གྱུར་ན། དེ་སློབ་དཔོན་ལས་བསླབ་པར་སྔར་བྱས་ཤིང་དཔེ་བླངས་པ་ལ་བལྟས་ཤིང་བལྟས་ཤིང་རི་མོ་འདྲི་བར་བྱེད་དོ། །བྲིས་ཤིང་བྲིས་ཤིང་རྣམ་པར་དཔྱོད་པར་བྱེད། ་ཕྱིར་འབྱེད་པར་བྱེད་ཅིང་ཡང་འདྲ་བར་བྱེད་དོ། །དེ་ཇི་ལྟར་ཕྱིས་ཤིང་ཕྱིས་ཤིང་འདྲི་བར་བྱེད་པ་དེ་ལྟ་དེ་ལྟར་གོང་ནས་གོང་དུ་རི་མོ་ཆེས་ཡོངས་སུ་དག་པ་དང། ཆེས་ཡོངས་སུ་བྱང་བར་སྣང་སྟེ། དེ་ལྟར་ལེགས་པར་བརྩོན་བར་བྱེད་པ་ནི་དུས་གཞན་ན་ནི། སློབ་དཔོན་དང་འདྲ་བ་འམ། ་དེ་བས་ཀྱང་ཁྱད་པར་དུ་འཕགས་པར་འགྱུར་རོ། །གལ་ཏེ་རི་མོ་དེ་ལ་ཕྱིས་པར་དེ་ཉིད་ཀྱི་སྟེང་དུ་ཡང་དང་ཡང་དུ་འདྲི་བར་བྱེད་ན་ནི་དེའི་རི་མོ་དེ་ནམ་དུ་ཡང་ཡོངས་སུ་བྱང་བར་མི་འགྱུར་བ་དེ་བཞིན་དུ། འདི་ལ་ཡང་ཚུལ་བཞིན་དེ་དང་འདྲ་བར་རིག་པར་བྱའོ། །དེ་ལ་དམིགས་པ ་ཇི་ཙམ་ལ་མོས་པར་བྱེད་པ་དེ་ཙམ་རྣམ་པར་བསྒོམ་པར་བྱེད་ཀྱི། ཇི་ཙམ་རྣམ་པར་བསྒོམ་པར་བྱེད་པ་དེ་ཙམ་ལ་མོས་པར་བྱེད་པ་ནི་མ་ཡིན་ཏེ། ཆུང་ངུ་ལ་མོས་པར་བྱེད་པ་ན་ཡང། ཆུང་ངུ་ཉིད་རྣམ་པར་སྒོམ་པར་བྱེད་ལ། ཆེན་པོར་གྱུར་པ་དང་ཚད་མེད་པ་ལ་ཡང ་དེ་བཞིན་ནོ། །རྣམ་པར་བསྒོམས་ནས་ཀྱང་ལན་འགའ་ནི་ཆུང་ངུ་ལ་མོས་པར་བྱེད་དོ། །ལན་འགའ་ནི་ཆེན་པོར་གྱུར་པ་དང། ཚད་མེད་པ་ལ་མོས་པར་བྱེད་དེ། ཆེན་པོར་གྱུར་པ་དང་ཚད་མེད་པ་ལ་ཡང་དེ་བཞིན་དུ་རིག་པར་བྱའོ། །དེ་ལ་གཟུགས་ཅན་གྱི་ཆོས ་རྣམས་ཀྱི་མཚན་མ་དང། གཟུགས་བརྙན་དང། སྣང་བརྙན་གང་ཡིན་པ་དེ་ནི་རགས་པ་སྟེ། སྤྲུལ་བ་ལྟ་བུ་ཡིན་ནོ། །གཟུགས་ཅན་མ་ཡིན་པའི་ཆོས་རྣམས་ཀྱི་ནི་ཇི་ལྟར་ཉམས་སུ་མྱོང་བ་དང། སྣང་བའི་དབང་དུ་བྱས་པའི་མིང་དང་བརྡ་སྔོན་དུ་བཏང་བ་ཙམ་དུ ་ཟད་དེ་དེ་ནི་ཡང་དག་པའི་སྦྱོར་བ་ཞེས་བྱའོ། །དཀར་པོའི་ཕྱོགས་ཀྱི་སྦྱོར་བ་རྣམ་པ་དགུ་པོ་དེ་དག་ཞི་གནས་དང་ལྷག་མཐོང་དང། རྗེས་སུ་མཐུན་པ་ཡིན་པར་རིག་པར་བྱའོ། །དེ་ལས་བཟློག་པ་རྣམ་པ་དགུ་པོ་ནི་མི་མཐུན་པ་ཡིན་ནོ། །དེ་དག་ནི་ནག་པོ་དང ་དཀར་པོའི་ཕྱོགས་རྣམ་པར་བཞག་པའི་སྦྱོར་བ་རྣམ་པ་བཅོ་བརྒྱད་ཡིན་ཏེ། དེ་ནི་སེམས་རྩེ་གཅིག་པ་ཉིད་ཅེས་བྱའོ། །དེ་ལ་སྒྲིབ་པ་རྣམ་པར་སྤྱོད་པ་གང་ཞེ་ན། སྨྲས་པ། དེ་ལྟར་ཡང་དག་པར་རབ་ཏུ་བརྩོན་པར་བྱེད་པའི་རྣལ་འབྱོར་པ་ནི། རྒྱུ་རྣམ་པ་བཞི་པོ་ངོ་བོ ་ཉིད་ཡོངས་སུ་ཤེས་པ་དང། གཞི་ཡོངས་སུ་ཤེས་པ་དང། ཉེས་དམིགས་ཡོངས་སུ་ཤེས་པ་དང། གཉིས་པོ་བསྒོམ་པ་དག་གིས་སྒྲིབ་པ་དག་ལས་སེམས་རྣམ་པར་སྤྱོད་པར་བྱེད་དོ། །དེ་ལ་སྒྲིབ་པའི་ངོ་བོ་ཉིད་གང་ཞེ་ན། སྨྲས་པ། ་སྒྲིབ་པའི་ངོ་བོ་ཉིད་ནི་རྣམ་པ་བཞི་སྟེ། ཡོངས་སུ་གདུང་བ་དང། སྒྲིབ་པ་དང། རྣམ་པར་རྟོག་པ་དང། བདག་ཉིད་རབ་ཏུ་འཛིན་པའོ། །དེ་ལ་ཡོངས་སུ་གདུང་བ་ནི་ངེས་པར་འབྱུང་བ་དང། རབ་ཏུ་དབེན་པ་ལ་བརྩོན་པའི་ཉོན་མོངས་པ་ཅན་གྱི་འདོད་པ་དང། ་མི་དགའ་བ་དང། སྤྲོ་བ་དང། ཡིད་མི་བདེ་བ་དང། འཁྲུག་པ་གང་ཡིན་པའོ། །དེ་ལ་སྒྲིབ་པ་ནི་འདོད་པ་ལ་འདུན་པ་ལ་སོགས་པའི་སྒྲིབ་པ་ལྔ་པོ་དག་གོ་།དེ་ལ་རྣམ་པར་རྟོག་པ་ནི་འདོད་པའི་རྣམ་པར་རྟོག་པ་ལ་སོགས་པ་ཉོན་མོངས་པ་ཅན་གྱི་རྣམ་པར་རྟོག་པ ་རྣམས་སོ། །དེ་ལ་བདག་ཉིད་རབ་ཏུ་འཛིན་པ་ནི་ཡེ་ཤེས་དང། མཐོང་བ་དང། རེག་པར་གནས་པ་ཅུང་ཟད་ཙམ་དང། ངན་དོན་ཙམ་གྱིས་བདག་ནི་ཐོབ་པ་ཡིན་གྱི་གཞན་དག་ནི་དེ་ལྟ་མ་ཡིན་ནོ། །ཞེས་རྒྱས་པར་སྔ་མ་བཞིན་དུ་ང་རྒྱལ་བྱེད་པ་ཡིན་པར་རེག་པར ་བྱ་སྟེ། དེ་ནི་སྒྲིབ་པའི་ངོ་བོ་ཉིད་ཡིན་ནོ། །དེ་ལ་ཡོངས་སུ་གདུང་བའི་གཞི་ནི་རྣམ་པ་དྲུག་སྟེ། འདི་ལྟ་སྟེ་སྔོན་གྱི་ལས་ཀྱི་དབང་དང། ནང་ཀྱིས་ཡོངས་སུ་ཉོན་མོངས་པས་ལུས་ཉམ་ཆུང་བ་དང། ཧ་ཅང་བརྩོན་པ་དང་ངན་པས་བརྩོན་པ་དང། དང་པོ་བརྩོན་པ ་དང། ཉོན་མོངས་པ་མང་བ་དང། དབེན་པ་ལ་མ་གོམས་པའོ། །སྒྲིབ་པ་དང་རྣམ་པར་རྟོག་པ་དང། བདག་ཉིད་རབ་ཏུ་འཛིན་པའི་གཞི་ནི་སྒྲིབ་པ་དང། མཐུན་པ་དང། རྣམ་པར་རྟོག་པ་དང། མཐུན་པ་དང། བདག་ཉིད་རབ་ཏུ་འཛིན་པ་དང་མཐུན་པའི་ཆོས ་རྣམས་ལ་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་ཅིང་ལན་མང་དུ་བྱེད་པ་སྟེ། དེ་ནི་སྒྲིབ་པ་དང་རྣམ་པར་རྟོག་པ་དང། བདག་ཉིད་རབ་ཏུ་འཛིན་པའི་གཞི་ཡིན་ནོ། །འདིར་ཚུལ་བཞིན་མ་ཡིན་པ་ཞེས་བྱ་བ་ནི་མི་སྡུག་པ་ཡིད་ལ་མ་བྱས་པས་སྡུག་པ་ཡིད་ལ་བྱེད ་པ་གང་ཡིན་པ་དང། དེ་བཞིན་དུ་བྱམས་པ་ཡིད་ལ་མ་བྱས་པས་ཁོང་ཁྲོ་བའི་མཚན་མ། སྣང་བའི་འདུ་ཤེས་ཡིད་ལ་མ་བྱས་པས་མུན་པའི་མཚན་མ་དང། ཞི་གནས་ཡིད་ལ་མ་བྱས་པས་ཉེ་དུའི་རྣམ་པར་རྟོག་པ་དང་ལྗོངས་ཀྱི་རྣམ་པར་རྟོག་པ་དང། སྔོན ་ཅེས་པ་དང། བགད་པ་དང། དགའ་བར་བྱས་པ་དང། དགའ་དགུར་སྤྱད་པ་དག་ཡིད་ལ་བྱེད་པ་དང། རྐྱེན་འདི་པ་ཉིད་ཀྱི་རྟེན་ཅིང་འབྲེལ་པར་འབྱུང་བའི་དབང་དུ་བྱས་ནས་དུས་གསུམ་གྱི་འདུ་བྱེད་རྣམས་ལ་དེའོ་ཞེ་འམ་བདག་གོ་།ཞེས་རིགས་པ་མ་ཡིན་པས ་བསྐྱེད་པའི་འདུ་ཤེས་ཡིད་ལ་བྱེད་པ་དེ་ནི་འདིར་ཚུལ་བཞིན་མ་ཡིན་པ་ཞེས་བྱའོ། །དེ་ལ་ཉེས་དམིགས་གང་ཞེ་ན། སྒྲིབ་པ་རྣམ་པ་བཞི་པོ་དེ་དག་ཉིད་ཡོད་ཅིང། མེད་པ་མ་ཡིན་ན། མ་རྟོགས་པ་མི་རྟོགས་པ་དང། རྟོགས་པ་ལས་ཉམས་པ་དང། རྣལ་འབྱོར་གྱི ་སྦྱོར་བ་ཉམས་པ་དང། ཀུན་ནས་ཉོན་མོངས་པ་ཅན་དུ་གནས་པ་དང། སྡུག་བསྔལ་བར་གནས་པ་དང། དེ་བདག་ཉིད་ཀྱིས་སྨད་པ་དང། གཞན་གྱིས་སྨད་པ་དང། ལུས་ཞིག་སྟེ་ཤི་བའི་འོག་ཏུ་ངན་སོང་རྣམས་སུ་སྐྱེ་བར་འགྱུར་ཏེ། དེ་ནི་ཉེས་དམིགས ་ཡིན་ནོ། །བམ་པོ་བཅོ་ལྔ་པ། །དེ་ལ་གཉེན་པོ་བསྒོམ་པ་གང་ཞེ་ན། དེ་ལ་ཡོངས་སུ་གདུང་པའི་གཉེན་པོ་ནི་རྗེས་སུ་དྲན་པ་དག་སྟེ། རྗེས་སུ་དྲན་པ་ཡིད་ལ་བྱེད་པས་དེའི་སེམས་ཡང་དག་པ་རབ་ཏུ་དགའ་བར་བྱས་ན། ཡོངས ་སུ་གདུང་བ་སྐྱེས་པ་ནི་སོལ་བར་བྱེད་ལ། མ་སྐྱེས་པ་ནི་མི་སྐྱེད་པར་བྱེད་པའི་ཕྱིར་རོ། །དེ་ལ་ལུས་ཉམ་ཆུང་བ་གང་ཡིན་པ་དང། ཧ་ཅང་བརྩོན་པ་གང་ཡིན་པ་དང། །དང་པོ་བརྩོན་པ་གང་ཡིན་པའི་གཉེན་པོ་ནི་དེ་ལ་བརྩོན་འགྲུས་རན་པར་བརྩོན་པ་ཡིན་ནོ། །ངན ་བས་བརྩོན་པ་གང་ཡིན་པའི་གཉེན་པོ་ནི་དེ་ལ་གུས་པར་ཡོངས་སུ་འདྲི་བ་ཡིན་ནོ། །ཉོན་མོངས་པ་གང་ཡིན་པ་དེའི་གཉེན་པོ་ནི་མི་སྡུག་པ་ལ་སོགས་པ་དམིགས་པ་དག་ལ་ཇི་རིགས་པར་རབ་ཏུ་སྦྱོར་བ་ཡིན་ནོ། །དབེན་པ་ལ་མ་གོམས་པ་གང་ཡིན་པ་དེའི ་གཉེན་པོ་ནི་འདི་ལྟར་སོ་སོར་རྟོག་པར་བྱེད་པ་ཡིན་ཏེ། བདག་གིས་སྔོན་ཡང་གོམས་པར་མ་བྱས་པས་དེས་ན། ད་ལྟར་བདེན་པ་ལ་རབ་ཏུ་བརྩོན་པ་ན། ཡོངས་སུ་གདུང་བ་སྐྱེ་བར་འགྱུར་ཏེ། གལ་ཏེ་ད་ལྟར་དབེན་པ་ལ་གོམས་པར་མ་བྱས་ན ་དེས་ཕྱི་མ་ལ་ཡང་སྲིད་པ་འདི་ལྟ་བུ་འབྱུང་བར་འགྱུར་བས། བདག་གིས་སོ་སོར་བརྟགས་ནས་མི་དགའ་བ་སྤང་བར་བྱ་ཞིང་དགའ་བར་བྱའོ། ཞེས་རྣམ་པ་དེ་ལྟར་སོ་སོར་རྟོག་པ་ཡིན་ནོ། །སྒྲིབ་པ་ལྷག་མ་རྣམས་ཀྱི་གཉེན་པོ་ནི། ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ ་ལས་བཟློག་པ། ཚུལ་བཞིན་ཡིད་ལ་བྱེད་བསྒོམ་པ་ཡིན་པར་རིག་པར་བྱའོ། །དེ་ལ་ངོ་བོ་ཉིད་ཡོངས་སུ་ཤེས་ནས་སྒྲིབ་པ་དང། ཀུན་ནས་ཉོན་མོངས་པ་དང། ནག་པོའི་ཕྱོགས་ཀྱི་སྒོ་ནས། འདི་ནི་ཡོངས་སུ་སྤང་བར་བྱ་བ་ཡིན་ནོ། །ཞེས་གཞི་ཡོངས་སུ་སྤངས ་ནས། དེ་ཡང་ཡོངས་སུ་སྤོང་བར་འགྱུར་རོ། །ཞེས་གཞི་ཡོངས་སུ་ཚོལ་བར་བྱེད་དོ། །ཡོངས་སུ་མ་སྤངས་ན། ཡོངས་སུ་སྤང་བར་བྱ་བ་དེ་ལ་ཉེས་པ་ཅི་ཡོད་ཅེས་དེའི་ཕྱིར་ཉེས་དམིགས་ཡོངས་སུ་ཚོལ་བར་བྱེད་དོ། །ཡོངས་སུ་སྤངས་པ་དེ་ལ་ཕྱིས་ཇི་ལྟར་མི་སྐྱེ ་བར་འགྱུར་ཞེས་དེའི་ཕྱིར་གཉེན་པོ་སྒོམ་པར་བྱེད་དེ། དེ་ལྟར་ན་དེས་སྒྲིབ་པ་དག་ལས་སེམས་རྣམ་པར་སྦྱངས་པ་ཡིན་ནོ། །དེ་ལ་ཇི་ཙམ་དུ་ལྷག་མཐོང་དང་རྗེས་སུ་མཐུན་པའི་བཤད་པ་མང་པོ་དེ་ཙམ་དུ་ནི་ལྷག་མཐོང་མང་བ་ཡིན་ནོ། །ཇི་ཙམ་དུ་ལྷག་མཐོང་མང ་པོ་དེ་ཙམ་དུ་ཞི་གནས་ཀྱང་མང་བ་ཡིན་ནོ། །ལྷག་མཐོང་དེ་ཡང་ཤེས་བྱ་མཛའ་ཡས་པར་རིག་པར་བྱ་སྟེ། འདི་ལྟ་སྟེ། སྒོ་གསུམ་དང། གཞི་རབ་ཏུ་དབྱེ་བ་དྲུག་པོ་དེ་དག་རེ་རེའི་རྣམ་པ་དང། རབ་ཏུ་དབྱེ་བ་དག་ལ་འཇུག་པའི་ཚུལ་གྱིས་སོ། །ཇི་ལྟ་ཇི་ལྟར་ཡང ་དག་པར་རབ་ཏུ་བརྩོན་པའི་ལྷག་མཐོང་གོམས་པ་དང། ཡོངས་སུ་དག་པའི་སྟོབས་ཀྱི་དབང་དུ་བྱས་ཏེ། ཡངས་པ་དང། འཕེལ་བ་དང། རྒྱས་པར་གྱུར་པ་དེ་ལྟ་དེ་ལྟར་ལུས་དང་སེམས་ཤིན་ཏུ་སྦྱོངས་པ་སྐྱེད་པར་བྱེད་པ་ཞི་གནས་ཀྱི་ཕྱོགས་ཀྱང་ཡངས་པ ་དང། འཕེལ་བ་དང། རྒྱས་པར་འབྱུང་བར་རིག་པར་བྱའོ། །ཇི་ལྟ་ཇི་ལྟར་དེའི་ལུས་དང་སེམས་ཤིན་ཏུ་སྦྱངས་པ་དེ་ལྟ་དེ་ལྟར་དམིགས་པ་ལ་སེམས་རྩེ་གཅིག་པ་ཡིད་རྣམ་པར་འཕེལ་བར་འགྱུར་ལ་ཇི་ལྟ་ཇི་ལྟར་སེམས་རྩེ་གཅིག་པ་ཉིད་རྣམ་པར་འཕེལ་བ་དེ་ལྟ་དེ་ལྟར ་ལུས་དང་སེམས་ཤིན་ཏུ་སྦྱངས་པ་ཡང་རྣམ་པར་འཕེལ་བར་འགྱུར་བ་སྟེ། ཆོས་གཉིས་པོ་འདི་ལྟ་སྟེ། སེམས་རྩེ་གཅིག་པ་ཉིད་དང། ཤིན་ཏུ་སྦྱངས་པ་དེ་དག་ནི་གཅིག་ལ་གཅིག་བརྟེན་པ་དང། གཅིག་ལ་གཅིག་རག་ལས་པ་ཡིན་ནོ། །འདི་ལྟ་སྟེ། སེམས་རྩེ་གཅིག་པ ་ཉིད་དང། ཤིན་ཏུ་སྦྱངས་པའི་ཆོས་དེ་གཉིས་ཀྱི་མཛའ་ནི་འདི་ཡིན་ཏེ། གནས་ཡོངས་སུ་གྱུར་པ་ཡིན་ནོ། །དེ་ཡོངས་སུ་གྱུར་པ་ན་ཤེས་བྱའི་དངོས་པོ་ལ་མངོན་སུམ་གྱི་ཤེས་པ་སྐྱེའོ། །དེ་ལ་ཇི་ཙམ་གྱིས་ན་མི་སྡུག་པ་ཐོབ་པ་དང། དེ་བཞིན་དུ་སྦྱར་ཏེ། ཇི་ཙམ་གྱིས་ན ་དབུགས་འབྱུང་བ་དང། དབུགས་རྡུབ་པ་དྲན་པའི་བར་དག་ཐོབ་པ་ཡིན་ཞེ་ན། འདི་ལྟར་རྣལ་འབྱོར་པ་དེས་སྡུག་པའི་སྦྱོར་བ་ཀུན་ཏུ་བསྟེན་ཅིང་གོམས་པར་བྱས། ལན་མང་དུ་བྱས་པའི་རྒྱུས་ན། རྒྱུ་ཡང་རུང། གནས་ཀྱང་རུང་སྟེ། ཡུལ་མངོན་དུ ་གྱུར་ཅིང་མཚན་མར་སོ་སོར་བརྟགས་སུ་ཟིན་ཀྱང། མངོན་པར་འདུ་བྱེད་པ་མེད་པར་རང་བཞིན་གྱིས་མི་སྡུག་པ་ཉིད་ཡིད་ཆེས་མང་དུ་སྣང་སྟེ། འདི་ལྟ་སྟེ། མི་སྡུག་པ་ཤིན་ཏུ་གོམས་པར་བྱས་པའི་ཕྱིར། འདོད་པའི་འདོད་ཆགས་དང་མཐུན་པའི་ཆོས་རྣམས་ལ ་སེམས་འཇུག་པར་མི་འགྱུར། དགའ་བར་མི་འགྱུར། མོས་པར་མི་འགྱུར་ཞིང་བཏང་སྙོམས་སུ་དང། ཡིད་བྱུང་བ་དང་མི་མཐུན་པར་ཀུན་ཏུ་གནས་ན། རྣལ་འབྱོར་པས་བདག་ནི་མི་སྡུག་པ་ཐོབ་པ་ཡིན་ནོ། །བདག་ནི་སྒོམ་པའི་འབྲས་བུ་ཐོབ་པ་ཡིན་ནོ། །ཞེས་རིག་པར ་བྱ་སྟེ། དེ་ཙམ་གྱིས་ནི་མ་སྡུག་པ་ཐོབ་པ་ཡིན་ནོ། །དེ་ལས་བཟློག་པ་མ་ཡིན་པར་རིག་པར་བྱའོ། །མི་སྡུག་པ་ཇི་ལྟ་བ་བཞིན་དུ། བྱམས་པ་དང་རྐྱེན་འདི་པ་ཉིད་ཀྱི་རྟེན་ཅིང་འབྲེལ་པར་འབྱུང་བ་དང། ཁམས་རབ་ཏུ་བྱེ་བ་དང། དབུགས་འབྱུང་བ་དང། དབུགས ་རྡུབ་པ་དྲན་པ་ཡང་དེ་བཞིན་དུ་རིག་པར་བྱའོ། །དེ་ལ་བྱེ་བྲག་ནི་འདི་ཡོང་དེ། བྱམས་པའི་སེམས་ཆེས་མང་དུ་སྣང་ལ། ཁོང་ཁྲོ་བའི་སེམས་མེད་པ་དང། གནོད་སེམས་དང་མཐུན་པའི་ཆོས་རྣམས་ལ་སེམས་མི་འཇུག་གོ་།ཞེས་རྒྱས ་པར་བྱ་བ་དང། མི་རྟག་པ་དང། སྡུག་བསྔལ་བ་དང། བདག་མེད་པ་ཆེས་མང་དུ་སྣང་ལ། རྟག་པ་དང། བདེ་བ་དང། འཇིག་ཚོགས་ལ་ལྟ་བ་དང་ལྡན་པ་མང་བ་དང། ཀུན་ཏུ་རྨོངས་པར་འགྱུར་བའི་མཚན་མ་དང། ཀུན་ཏུ་རྨོངས་པར་འགྱུར་པ་དང ་མཐུན་པའི་ཆོས་རྣམས་ལ་སེམས་མི་འཇུག་གོ་།ཞེས་རྒྱས་པར་བྱ་བ་དང། ཁམས་སྣ་ཚོགས་པ་དང། ཁམས་དུམ་པའི་ལུས་ལ་རིལ་པོ་རབ་ཏུ་འབྱེད་པའི་འདུ་ཤེས་ཆེས་མང་དུ་སྣང་བ་རིལ་པོའི་འདུ་ཤེས་ཉིད་མེད་པ་དང། ང་རྒྱལ་གྱི་ཀུན་ནས་དཀྲིས ་པ་དང། མཐུན་པའི་ཆོས་རྣམས་ལ་སེམས་མི་འཇུག་གོ་།ཞེས་རྒྱས་པར་བྱ་བ་དང། ནང་ཉེ་བར་ཞི་བའི་འདུ་ཤེས་དང་ཞི་གནས་ཀྱི་འདུ་ཤེས་ཆེས་མང་དུ་སྣང་ལ། སྤྲོས་པའི་འདུ་ཤེས་མེད་པ་དང། རྣམ་པར་རྟོག་པའི་ཀུན་ནས་དཀྲིས་པ་དང་མཐུན་པའི་ཆོས ་རྣམས་ལ་སེམས་མི་འཇུག་གོ་།ཞེས་བྱའི། དེ་ལ་ཇི་ཙམ་གྱིས་ན་ཞི་གནས་དང་ལྷག་མཐོང་གཉིས་འདྲེས་པར་གྱུར་ཅིང་མཉམ་པར་ཟུང་དུ་འཇུག་པ་དང། གང་གིས་ན་ཟུང་དུ་འབྲེལ་པར་འཇུག་པའི་ལམ་ཞེས་བྱ་ཞེ་ན། སྨྲས་པ། སེམས་གནས་པ་རྣམ་པ་དགུ ་པོ་དག་ལ་འདི་ལྟ་སྟེ། མཉམ་པར་གཞག་པའི་རྣམ་པ་དགུ་པ་གང་ཡིན་པ་དེ་ཐོབ་པར་གྱུར་ཅིང་ཏིང་ངེ་འཛིན་ཡོངས་སུ་གྲུབ་པ་དེ་ལ་བརྟེན་ནས་ལྷག་པའི་ཤེས་རབ་ཆོས་རྣམ་པར་འབྱེད་པ་ལ་རབ་ཏུ་བརྩོན་པར་བྱེད་དོ། །དེའི་ཚེ་ནི་ཆོས་རྣམ་པར་འབྱེད་པར་བྱེད་པ་ ་དེའི་ལམ་རང་གི་དང་གིས་འཇུག་པ་དང་བརྩོལ་བ་མེད་པར་འགྱུར་ཞིང། ཞི་གནས་ཀྱི་ལམ་ཇི་ལྟ་བ་བཞིན་དུ་མངོན་པར་འདུ་བྱེད་པ་མེད་པས། ལྷག་མཐོང་ཡོངས་སུ་དག་པ་དང། ཡོངས་སུ་བྱང་བ་དང། ཞི་གནས་ཀྱི་རྗེས་སུ་སོང་བ་དང། ཉམས་པ་དེ་བས ་ཡོངས་སུ་ཟིན་པར་འགྱུར་ཏེ། དེའི་ཕྱིར་དེའི་ཞི་གནས་དང་ལྷག་མཐོང་གཉིས་བྲིས་པར་གྱུར་ཅིང་མཉམ་པར་ཟུང་དུ་འཇུག་པ་དང། ཞི་གནས་དང་ལྷག་མཐོང་ཟུང་དུ་འབྲེལ་བར་འཇུག་པའི་ལམ་ཞེས་བྱའོ། །བར་གྱི་སྡོམ་ནི། མཚན་མ་ཙམ་དང་ཡོངས་བཙལ ་དང། །སོ་སོར་རྟོག་པའི་སྒོ་དང་ལྡན། །དོན་དང་དངོས་པོ་མཚན་ཉིད་དང། །ཕྱོགས་དང་དུས་དང་རིགས་པ་དང། །མཐུན་དང་གོམས་དང་མ་ནོར་བས། །མི་ལྷོད་དུས་དང་ཉེར་བརྟགས་དང། །ཆོག་མི་ཤེས་དང་མ་བགལ་བ། །ཡང་དག་སྦྱོར་བ་ཉིད་རྣམས་ནི། །རྣམ་པ ་དགུ་པོ་གཉིས་སུ་འདོད། །ངོ་བོ་ཉིད་དང་གཞི་དང་ནི། །ཉེས་དམིགས་གཉེན་པོ་སྒོམ་པ་ནི། །སྒྲིབ་པ་རྣམ་པར་སྦྱོང་བ་ཡིན། །དེ་ལ་ཡིད་ལ་བྱེད་པ་བསྒོམ་པ་གང་ཞེ་ན། སྨྲས་པ། དེ་ལྟར་ཁྱབ་པའི་མཚན་ཉིད་རྣམ་པར་བཞག་པ་ལ། སེམས་རྩེ་གཅིག་པ་ཉིད་དང། སྒྲིབ་པ ་རྣམ་པར་སྦྱོར་བའི་ལོག་པར་སྤྱོད་པ་སྤོང་བར་བྱེད་ཅིང། ཡང་དག་པའི་སྦྱོར་བ་ལ་སློབ་པར་བྱེད་པའི་ལས་དང་པོ་པ་ལས་ཐོག་མ་པ་སྟེ། དང་པོར་སེམས་རྩེ་གཅིག་པ་ཉིད་དང། སྤོང་བ་ལ་མངོན་པར་དགའ་བ་ཐོབ་པར་བྱའོ། །ཞེས་ཡིད་ལ་བྱེད་པ་རྣམ་པ་བཞིས ་རབ་ཏུ་བརྩོན་པར་བྱེད་དོ། །བཞི་གང་ཞེ་ན། སེམས་ཀུན་ཏུ་གདུད་བར་འགྱུར་བའི་ཡིད་ལ་བྱེད་པ་དང། སེམས་མངོན་པར་བརླན་པར་འགྱུར་བའི་ཡིད་ལ་བྱེད་པ་དང། ཤིན་ཏུ་སྦྱངས་པ་སྐྱེད་པའི་ཡིད་ལ་བྱེད་པ་དང། ཡེ་ཤེས་དང་མཐོང་བར་རྣམ་པར་སྦྱོང་བའི་ཡིད་ལ ་བྱེད་པས་སོ། །དེ་ལ་སེམས་ཀུན་དུ་གདུང་བར་འགྱུར་བའི་ཡིད་ལ་བྱེད་པ་གང་ཞེ་ན། སྨྲས་པ། ཡིད་ལ་བྱེད་པ་གང་གིས་ཀུན་དུ་སྐྱོ་བར་འགྱུར་བ་དང་མཐུན་པའི་ཆོས་རྣམས་ལ་ཀུན་དུ་སྐྱོ་བར་བྱེད་པ་སྟེ། དེ་ནི་སེམས་ཀུན་ཏུ་གདུང་བར་འགྱུར་བའི་ཡིད་ལ་བྱེད་པ་ཡིན་ནོ། ། ་དེ་ལ་སེམས་མངོན་པར་བརླན་པར་འགྱུར་པའི་ཡིད་ལ་བྱེད་པ་གང་ཞེ་ན། སྨྲས་པ། ཡིད་ལ་བྱེད་པ་གང་གིས་དེ་མངོན་པར་དགའ་བར་འགྱུར་བ་དང་མཐུན་པའི་ཆོས་རྣམས་ལ་སེམས་མངོན་པར་དགའ་བར་བྱེད་པ་སྟེ། དེ་ནི་སེམས་མངོན་པར་བརླན་པར་འགྱུར་བའི ་ཡིད་ལ་བྱེད་པ་ཡིན་ནོ། །དེ་ལ་ཤིན་ཏུ་སྦྱངས་པ་སྐྱེད་པའི་ཡིད་ལ་བྱེད་པ་གང་ཞེ་ན། སྨྲས་པ། ཡིད་ལ་བྱེད་པ་གང་གིས་དེ་དུས་དུས་སུ་ཀུན་ཏུ་སྐྱོ་བར་འགྱུར་བ་དང་མཐུན་པའི་ཆོས་རྣམས་ལ་སེམས་ཀུན་ཏུ་སྐྱོ་བར་བྱས་ཤིང། དུས་དུས་སུ་མངོན་པར ་དགའ་བར་འགྱུར་བ་དང་མཐུན་པའི་ཆོས་རྣམས་ལ་སེམས་མངོན་པར་དགའ་བར་བྱས་ནས། སེམས་ནང་དུ་ཞི་བར་བྱེད་ཅིང། མཚན་མ་མེད་པ་དང་རྣམ་པར་རྟོག་པ་ལ་ཉེ་བར་འཇོག་པར་བྱེད་ལ། དྲན་པ་རྩེ་གཅིག་པ་ལ་ཡང་འཇུག་པར་བྱེད་དེ། རྒྱུ་དེ་དང་རྐྱེན ་དེས་དེའི་ལུས་དང་སེམས་ཀྱི་གནས་ངན་གྱི་གཉེན་པོ་ལུས་དང་སེམས་རབ་ཏུ་ཚིམ་པར་བྱེད་པ། ལུས་ཤིན་ཏུ་སྦྱངས་པ་དང། སེམས་ཤིན་ཏུ་སྦྱངས་པ་སྐྱེད་པར་བྱེད་པ་སྟེ། དེ་ནི་ཤིན་ཏུ་སྦྱངས་པ་སྐྱེད་པའི་ཡིད་ལ་བྱེད་པ་ཞེས་བྱའོ། །དེ་ལ་ཡེ་ཤེས་དང་མཐོང་བ་རྣམ ་པར་སྤྱོད་པའི་ཡིད་ལ་བྱེད་པ་གང་ཞེ་ན། སྨྲས་པ། འདི་ལྟ་སྟེ། ནང་གི་སེམས་ཀྱི་ཞི་གནས་དེ་ཉིད་ལ་བརྟེན་ནས། དེ་ལྟར་སེམས་ནང་དུ་ཡང་དག་པར་རབ་ཏུ་ཞི་བར་ཡིད་ལ་བྱེད་པ་དེས། དུས་དུས་སུ་ལྷག་པའི་ཤེས་རབ་ཆོས་རྣམ་པར་འབྱེད་པར་ཡང་དང་ཡང་དུ ་ཕྱིར་ཞིང་གྱི་ཞིང་རྣལ་འབྱོར་དུ་བྱེད་པ་སྟེ། དེ་ན་ཡེ་ཤེས་དང། མཐོང་བ་རྣམ་པར་སྤྱོད་པའི་ཡིད་ལ་བྱེད་པ་ཞེས་བྱའོ། །དེ་ལྟར་དུས་དུས་སུ་ཀུན་ཏུ་སྐྱོ་བར་འགྱུར་བ་དང། འཐུན་པའི་ཆོས་རྣམས་ལ་སེམས་ཀུན་ཏུ་སྐྱོ་བར་བྱེད་པ་ན། དེའི་སེམས་དེ་འདི་ལྟ་སྟེ། ཟག་པ་རྣམས ་དང་ཟག་པ་དང་མཐུན་པའི་ཆོས་རྣམས་ལ་གདུང་བ་དང། ཀུན་ཏུ་གདུང་བ་དང། སྐྱོ་བ་དང། ཀུན་ཏུ་སྐྱོ་བར་འགྱུར་རོ། །དེ་ལ་ཀུན་ཏུ་སྐྱོ་བ་དང་མཐུན་པའི་ཆོས་རྣམས་གང་ཤེ་ན། སྨྲས་པ་བཞི་སྟེ། འདི་ལྟ་སྟེ། བདག་གི་རྒུད་པ་དང། གཞན་གྱི་རྒུད་པ་ཉེ་བར་གྱུར་ཅིང ་མངོན་སུམ་དུ་གྱུར་པ་ན། ཚུལ་བཞིན་ཡིད་ལ་བྱེད་པའི་རྒྱུས་ཀུན་ཏུ་སྐྱོ་བར་འགྱུར་བ་དང། མཐུན་པའི་གནས་ཡིན་པ་དང། བདག་གི་འབྱོར་པ་དང་གཞན་གྱི་འབྱོར་པ་མངོན་པར་འདས་པ་དང། ཟག་པ་དང་འགག་པ་དང། བྲལ་བ་དང་རྣམ་པར་གྱུར་པ་ན། ཚུལ ་བཞིན་ཡིད་ལ་བྱེད་པའི་རྒྱུས་ཀུན་ཏུ་སྐྱོ་བར་འགྱུར་བ་དང་མཐུན་པའི་གནས་ཡིན་པའོ། །དེ་དེ་ལྟར་དུས་དུས་སུ་མངོན་པར་དགའ་བར་འགྱུར་བ་དང་མཐུན་པའི་ཆོས་རྣམས་ལ་སེམས་མངོན་པར་དགའ་བར་བྱེད་པ་ན། མངོན་པར་དགའ་བར་གྱུར་པ་དེའི་སེམས་དེ་འདི་ལྟ་སྟེ། མངོན ་པར་དགའ་བར་འགྱུར་བ་དང་མཐུན་པའི་ཆོས་རྣམས་ལ། འཇལ་བ་དང། སྡུམ་པ་དང། གཤེར་བ་དང། རླན་པ་དང། ཤིན་ཏུ་དང་བ་དང། རབ་ཏུ་གསལ་བར་འགྱུར་རོ། །དེ་ལ་མངོན་པར་དགའ་བར་འགྱུར་བ་དང་མཐུན་པའི་ཆོས་རྣམས་གང་ཞེ་ན། སྨྲས་པ། ་མངོན་པར་དགའ་བར་འགྱུར་བ་དང་མཐུན་པའི་གནས་ནི་རྣམ་པ་གསུམ་སྟེ། དཀོན་མཆོག་རྣམས་དང། བསླབ་པའི་གཞི་ཡོངས་སུ་དག་པ་དང། བདག་ཉིད་ལ་ཁྱད་པར་རྟོགས་པ་འབྱུང་ཞིང་སྐྱེ་བ་ཡོད་པས་སེམས་ཀུན་ཏུ་འཁྲུག་པ་མེད་པའོ། །དེ་དཀོན་མཆོག་དག་རྗེས་སུ ་དྲན་པ་དང། འདི་ལྟར་སེམས་མངོན་པར་བྱེད་དོ། །བདག་གི་སྟོན་པ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡིན་པ་ན་བདག་གིས་རྙེད་པ་ལེགས་པར་རྙེད་དོ། །བདག་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་འབྱུང་བ་ཡང ་བདག་གིས་རྙེད་པ་ལེགས་པར་རྙེད་དོ། །བདག་གི་ཚངས་པ་མཚུངས་པར་སྤྱོད་པ་དག་ཚུལ་ཁྲིམས་དང་ལྡན་པ། ཡོན་ཏན་དང་ལྡན་པ། དེས་བ་དགེ་བའི་ཆོས་ཅན་ཤ་སྟག་ཡིན་པ་ཡང་བདག་གིས་རྙེད་པ་ལེགས་པར་རྙེད་པ་ཡིན་ཏེ། བདག་གི་འཆི་བ་ནི་བཟང་བ་ཡིན་ནོ། །འཆི་བའི་དུས ་བྱེད་པ་ཡང་བཟང་བ་ཡིན་ནོ། ཚེ་ཕྱི་མ་ཡང་བཟང་བ་ཡིན་ནོ། །ཞེས་དཀོན་མཆོག་དག་རྗེས་སུ་དྲན་པ་ན། སེམས་མངོན་པར་དགའ་བར་བྱེད་དོ། །བསླབ་པའི་གཞི་ཡོངས་སུ་དག་པ་དང། ཚུལ་ཁྲིམས་ཡོངས་སུ་དག་པ་རྗེས་སུ་དྲན་པ་ན། ཇི་ལྟར་སེམས་མངོན་པར་དགའ་བར་བྱེད་ཅེ་ན། ་བདག་སྟོན་པ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དང། དེའི་ལེགས་པར་གསུངས་པའི་ཆོས་འདུལ་བ་དང། དེ་ལ་ལེགས་པར་ཞུགས་པ་ཉན་ཐོས་ཀྱི་དགེ་འདུན་ཚངས་པ་མཚུངས་པར་སྤྱོད་པ་དེ་དག་དང། ཚུལ་ཁྲིམས ་མཚུངས་པར་གྱུར་ཅིང་བསླབ་པའི་གཞི་མཚུངས་པར་གྱུར་པ་དང། ལྟ་བ་མཚུངས་པར་གྱུར་པ་དང། རྙེད་པ་མཚུངས་ཤིང་རྙེད་པ་ཐུན་མོང་དུ་ལོངས་སྤྱོད་པ་དང། བྱམས་པའི་ལུས་ཀྱི་ལས་དང། ངག་གི་ལས་དང། ཡིད་ཀྱི་ལས་དང་ལྡན་པ་ནི ་བདག་གིས་རྙེད་པ་ལེགས་པར་རྙེད་དོ། །ཞེས་དེ་ལྟར་བསླབ་པའི་གཞི་ཡོངས་སུ་དག་པ་དང། ཚུལ་ཁྲིམས་ཡོངས་སུ་དག་པ་རྗེས་སུ་དྲན་པ་ན། འདི་ལྟ་སྟེ། འགྱོད་པ་མེད་པ་དང་མཆོག་ཏུ་དགའ་བའི་རིམ་གྱིས་སེམས་མངོན་པར་དགའ་བར་བྱེད་དོ། །དེ་ལ་ཇི་ལྟར་ན ་བདག་ཉིད་ལ་ཁྱད་པར་རྟོག་པར་འབྱུང་ཞིང་སྐྱེ་བ་ཡོད་པ་ལས་བརྟེན་ཏེ་སེམས་མངོན་པར་དགའ་བར་བྱེད་ཅེ་ན། བདག་དེ་ལྟར་ཚུལ་ཁྲིམས་ཡོངས་སུ་དག་པ་དང། མཐུ་ཡོད་ཅིང་སྣོད་དུ་གྱུར་པ་དང། ཚངས་པ་མཚུངས་པར་སྤྱོད་པ་དམ་པ་ཡང་དག་པར་སོང་བ་སྐྱེས ་བུ་དམ་པ་དེ་དག་དང་ཚུལ་ཁྲིམས་མཚུངས་པར་གྱུར་པ་དང། ལྟ་བ་མཚུངས་པར་གྱུར་པ་དང། རྙེད་པ་མཐུན་མོང་དུ་ལོངས་སྤྱོད་པར་གྱུར་པའི་སྐལ་པ་ཡོད་པ་དང། བདག་དེ་ལྟར་གྱུར་ཅིང་དེ་ལྟར་ཞུགས་པས་ན། ཚེ་འདི་ཉིད་ལ་མ་ཐོབ་པ་ཐོབ་པར་བྱ་བ་དང། མ་རྟོགས་། ་པ་རྟོགས་པར་བྱ་བ་དང། མངོན་སུམ་དུ་མ་བྱས་པ་མངོན་སུམ་དུ་བྱ་བའི་སྐལ་བ་ཡོད་པ་ཡིན་ནོ། །ཞེས་མཆོག་ཏུ་དགའ་བ་སྐྱེད་པར་བྱེད་དེ། དེ་ལྟར་བདག་ཉིད་ལ་ཁྱད་པར་རྟོགས་པར་འབྱུང་ཞིང་སྐྱེ་བ་ཡོད་པ་ལ་བརྟེན་ཏེ། སེམས་མངོན་པར་དགའ་བར་བྱེད་དོ།། ་གཞན་ཡང་དེས་སྔ་ཕྱིར་བརྩོན་འགྲུས་བརྩམས་ཏེ་གནས་པ་ན་ཁྱད་པར་ཐོབ་པར་བྱས་པ་གང་ཡིན་པ་རྗེས་སུ་དྲན་པ་ན། དེའི་གོང་དུ་ཁྱད་པར་ཐོབ་པར་བྱ་བ་ལ་མངོན་པར་དད་ཅིང། སེམས་མངོན་པར་དགའ་བར་བྱེད་པ་སྟེ། དེ་ནི་རྣམ་གྲངས་གཞན་ཡིན་ནོ། །དེ་དེ ་ལྟར་ཀུན་ཏུ་སྐྱོ་བར་འགྱུར་བ་དང་མཐུན་པའི་ཆོས་རྣམས་ལ་སེམས་མངོན་པར་གདུང་བར་བྱེད་པ་ན། ཟག་པ་རྣམས་དང་ཟག?་པ་དང་མཐུན་པར་འགྱུར་བའི་ཆོས་རྣམས་ལ་སེམས་མི་ཕྱོགས་པར་བྱེད་ཅིང། མི་མཐུན་པར་བྱེད། ཕྱིར་ཕྱོགས་པར་འཇོག་པར་བྱེད། རྣམ ་པར་འབྲལ་བར་བྱེད་དོ། །མངོན་པར་དགའ་བར་འགྱུར་བ་དང་མཐུན་པའི་ཆོས་རྣམས་ལ་མངོན་པར་དགའ་བར་བྱེད་པ་དང། མངོན་པར་བརླན་པར་བྱེད་ན་ནི་ངེས་པར་འབྱུང་བ་དང་རབ་ཏུ་དཔེན་པ་ལས་སྐྱེས་པའི་ཆོས་རྣམས་ལ་སེམས་སྣུམ་པ་དང་བཅས་པས་མངོན་སུམ་དུ་བྱེད ་ཅིང། ཉེ་བར་སྦྱོར་བར་བྱེད་དགའ་བར་བྱེད། ཀུན་ཏུ་སྦྱོར་བར་བྱེད་དེ། དེ་ལྟར་ན་དེའི་སེམས་དེ་ཆོས་གཉིས་པོ་འདི་ལྟ་སྟེ། ཀུན་ཏུ་སྐྱོ་བར་འགྱུར་བ་དང། མངོན་པར་དགའ་བར་འགྱུར་བ་དེ་གཉིས་ཀྱིས་ནག་པོའི་ཕྱོགས་ཐམས་ཅད་ལ་ནི་ཕྱོགས་པ་དང། དཀར་པོའི ་ཕྱོགས་ཐམས་ཅད་ལ་མངོན་དུ་ཕྱོགས་པ་ལ་འགྱུར་རོ། །དེས་དེ་ལྟར་སེམས་དེ་སེམས་ཀུན་ཏུ་གདུང་བར་འགྱུར་བའི་ཡིད་ལ་བྱེད་པས་ན་ནག་པོའི་ཕྱོགས་ཐམས་ཅད་ལ་མི་ཕྱོགས་པར་བྱས་ཤིང། སེམས་མངོན་པར་བརླན་པར་འགྱུར་བའི་ཡིད་ལ་བྱེད་པས་དཀར་པོའི ་ཕྱོགས་ཐམས་ཅད་ལ་མངོན་དུ་ཕྱོགས་པར་བྱས་ནས། དུས་དུས་སུ་འདི་ལྟ་སྟེ། ཤིན་ཏུ་སྦྱངས་པ་སྐྱེད་པའི་ཡིད་ལ་བྱེད་པས་ནང་གི་སེམས་ཀྱི་ཞི་གནས་རབ་ཏུ་འཇོག་པར་བྱེད་ཅིང། དུས་དུས་སུ་འདི་ལྟ་སྟེ། ཡེ་ཤེས་དང་མཐོང་བ་རྣམ་པར་སྦྱོར་བའི་ཡིད་ལ་བྱེད་པས ་ཆོས་རྣམས་རྣམ་པར་འབྱེད་པར་བྱེད། རབ་ཏུ་དམ་པར་འབྱེད་པར་བྱེད། ཡོངས་སུ་རྟོགས་པར་བྱེད། ཡོངས་སུ་དཔྱོད་པར་བྱེད་དེ། དེ་ལྟར་ན་དེའི་སེམས་ཞི་གནས་དང་ལྷག་མཐོང་གིས་ཡོངས་སུ་ཟིན་ཅིང། རྣམ་པ་ཐམས་ཅད་དུ་ཡོན་ཏན་ཐམས་ཅད་ཀྱི་རྒྱུར་ཉེ་བར་སོང་བ ་ཡིན་པས། དུས་དུས་སུ་ཉིན་མོ་དང་མཚན་མོ་དང། སྐད་ཅིག་དང། ཐང་ཅིག་དང། ཡུད་ཙམ་དེ་དང། དེ་དག་འདས་ནས་ཁྱད་པར་དུ་འགྲོ་བར་འགྱུར་རོ། །འདི་ལྟ་སྟེ་དཔེར་ན། མགར་བ་འམ། མགར་བྱའི་སློབ་མ་མཁས་པ་ཞིག་གིས། གང་གི་ཚེ་གསེར་རམ། དངུལ་ཞིག ་དྲི་མ་དང་སྙིགས་མ་ཐམས་ཅད་སྦྱང་བའི་ཕྱིར། དུས་དུས་སུ་མེར་བསྲེགས་ཤིང་ཆུས་བཀྲུས་ན། རྒྱན་དེ་དང་དེ་དག་ཏུ་བྱ་བ་ལ་མཉེན་ཞིང་ལས་སུ་རུང་བའི་ཚུལ་གྱིས་མངོན་སུམ་དུ་བྱས་པར་འགྱུར་ཏེ། དེ་ལ་མགར་བ་འམ་མགར་བའི་སློབ་མ་མཁས་པ་དེ་དང་མཐུན་པའི་གཟོ ་ཤེས་པ་དེས་མགར་དཔྱད་ཀྱིས་རྒྱན་གྱི་རྣམ་པ་ཅི་འདོད་པར་དེར་བསྒྱུར་བར་བྱེད་པ་དེ་བཞིན་དུ། རྣལ་འབྱོར་པས་ཀྱང་གང་གི་ཚེ་སེམས་དེ་བརྣབ་སེམས་ལ་སོགས་པའི་དྲི་མ་དང་སྙིགས་མ་ལ་མི་ཕྱོགས་པ་ཉིད་ཀྱིས་སྐྱོ་བར་བྱས་ལ། ཉོན་མོངས་པ་ཅན ་ཡིད་མི་བདེ་བ་ལ་མི་ཕྱོགས་པ་ཉིད་དང། དགེ་བའི་ཕྱོགས་ལ་མངོན་པར་དགའ་བ་ལ་མངོན་དུ་ཕྱོགས་པ་ཉིད་ཀྱིས་མངོན་པར་དགའ་བར་བྱས་ན། རྣལ་འབྱོར་པ་དེས་སེམས་དེ་ཞི་གནས་ཀྱི་ཕྱོགས་སམ། ལྷག་མཐོང་གི་ཕྱོགས་གང་དང་གང་དག་ལ་ངེས་པར ་སྦྱོར་བར་བྱེད་པ་དེ་དང་དེ་དག་ལ་ཤིན་ཏུ་ཉེ་བར་སྦྱོར་བ་དང། ཤིན་ཏུ་རྣལ་དུ་འབབ་པ་དང། མི་གཡོ་བ་དང། མི་འགུལ་བར་འགྱུར་ཞིང། ཇི་ལྟར་བསམས་པའི་དོན་ཡང་དག་པར་འགྲུབ་པའི་ཕྱིར་འགྲོ་བར་ཡང་འགྱུར་རོ། །དེ་ལ་ཇི་ལྟར་ན་ལས་དང་པོ་པ་ལས་ཐོག་མ་དེ ་ཡིད་ལ་བྱེད་པ་བསྒོམ་པ་ལ་ངེས་པར་སྦྱོར་བར་བྱེད་ཅེ་ན། དེ་དེ་ལྟར་སྦྱོར་བར་བྱེད་ཅིང་སྒྲུབ་པར་བྱེད་པའི་ཚེ། དང་པོར་སྤོང་བ་ལ་མངོན་པར་དགའ་བ་དང། སེམས་རྩེ་གཅིག་པ་ཉིད་ལ་རེག་པར་བྱེད་པ་ན། རྣལ་འབྱོར་པ་རྣལ་འབྱོར་ཤེས་པ་དེས་ལས ་དང་པོ་པ་རྣལ་འབྱོར་ལ་བརྩོན་པ་དེ་ལ་དང་པོར་འདི་སྐད་གདམས་པར་བྱ་སྟེ། བཞིན་བཟང་ཚུར་ཤོག་།ཁྱོད་ཀྱིས་མཚན་མར་འཛིན་པའི་རྒྱུ་གསུམ་པོ་འདི་ལྟ་སྟེ། མཐོང་བ་འམ། ཐོས་པ་འམ། སེམས་ཀྱི་རྗེས་སུ་དཔག་པའི་དབང་གིས་ཡོངས་སུ་བརྟགས ་པ་ལ་བརྟེན་ལ། མཚན་མ་ལྔ་པོ་འདི་ལྟ་སྟེ། ཀུན་ཏུ་སྐྱེ་བར་འགྱུར་བ་དང། དང་བར་འགྱུར་བ་དང། ཉེས་དམིགས་ཀྱི་མཚན་མ་དང། སྣང་པའི་མཚན་མ་དང། དངོས་པོ་བརྟགས་པའི་མཚན་མ་དག་ཟུངས་ཤིག་ཅེས་གདམས་པར་བྱའོ། །དེ་ལ་གལ་ཏེ་ལས ་དང་པོ་པ་རྣལ་འབྱོར་བ་བརྩོན་པ་དེ་འདོད་ཆགས་སྤྱད་པ་ཞིག་ཡིན་ཏེ། མི་སྡུག་པས་འདུལ་བ་ཞིག་ཡིན་ནོ། དེས་མཚན་མ་ལྔ་པོ་དག་བཟུང་བའི་ཕྱིར། ཇི་སྐད་གདམས་པར་བྱ་ཞེ་ན། དེ་ལ་འདི་སྐད་ཅེས་གདམས་པར་བྱ་སྟེ། བཞིན་བཟང་ཁྱོད་ཚུར་ཤོག་། ་ཁྱོད་གྲོང་ངམ། གྲོང་རྡལ་གང་དང་གང་ལ་བརྟེན་ཅིང། གནས་པའི་གྲོང་དང། གྲོང་རྡལ་གང་ཡང་རུང་བ་གཞན་ཞིག་ཏུ་སྐྱེས་པ་འམ། བུད་མེད་གང་ཡང་རུང་བ་ཞིག་ནད་ཀྱིས་བཏབ་སྟེ། སྡུག་བསྔལ་ཞིང་ནད་ཚབས་ཆེ་བ་འམ། ཤི་ཞིང་འཆི་བའི་དུས་ལས་འདས ་པར་ཐོས་ཀྱང་རུང་སྐྱེས་པ་འམ་བུད་མེད་དེ་ལྟར་མ་གྱུར་ན་ཡང། སྐྱེས་པ་འམ་བུད་མེད་དེའི་མཛའ་བཤེས་སམ། བློན་པོ་འམ། ཉེ་དུ་འམ། སྣག་གི་མཉེན་མཚམས་གང་ཡང་རུང་བ་ཞིག་དེ་ལྟར་གྱུར་བར་ཐོས་ཀྱང་རུང་སྟེ། གྲོང་ངམ། གྲོང་རྡལ་དེར་གཏོགས ་པའི་སྐྱེ་བོའི་ཚོགས་ཀྱི་ལོངས་སྤྱོད་ཕ་རོལ་གྱི་དམག་ཚོགས་ཀྱིས་ཕུང་བར་བྱས་སམ། མེས་ཚིག་གམ། ཆུས་ཁྱེར་རམ། གཏེར་ངན་པར་སྤས་པར་ཆུང་ཟོས་སམ། ལས་ཀྱི་མཛའ་ལེགས་པར་མ་བྱས་པས་ཆུས་ཟོས་སམ། རིགས་རྒྱུད་སྡང་བ་དག་གིས་དབང་དུ ་བྱས་སམ། རིགས་ཀྱི་ནང་ན་ཕ་ཚན་གྱིས་དཀྲུགས་མ་བྱེད་པས་ཆུང་གཟན་ཏེ། ཕུང་བར་བྱས་པ་ཐོས་ཀྱང་རུང། གལ་ཏེ་མ་ཐོས་ན་མངོན་སུམ་དུ་མཐོང་ཀྱང་རུང། གལ་ཏེ་གྲོང་ངམ། གྲོང་རྡལ་གཞན་དུ་མ་ཡིན་གྱི། གྲོང་ངམ། གྲོང་རྡལ་དེ་ཉིད་དུ་དེ་ལྟར་གྱུར་ཀྱང ་རུང། གལ་ཏེ་གྲོང་ངམ། གྲོང་རྡལ་དེ་ཉིད་དུ་ཡང་མ་བྱུང། གཞན་དག་ཏུ་ཡང་མ་བྱུང་མོད་ཀྱི། འོན་ཀྱང་བདག་ཉིད་ལ་རྒྱས་པར་སྔ་མ་བཞིན་དུ་ལུས་ཀྱི་ཚོར་བ་སྡུག་བསྔལ་བ་མི་བཟད་པ་རྩུབ་པ། ཚ་བ་དྲག་པོ་དག་གིས་རེག་པར་གྱུར་ཀྱང་རུང་སྟེ། ཁྱོད་ཀྱིས ་དེ་དག་མཐོང་ངམ་ཐོས་ན་འདི་ལྟར་སེམས་ཀུན་ཏུ་སྐྱོ་བར་གྱིས་ཤིག་།ཀྱེ་མ་འཁོར་བ་འདི་ནི་སྡུག་བསྔལ་བ་ཡིན་ནོ། །ལུས་འཐོབ་པ་ཡང་དཀའ་བ་ཡིན་ཏེ། གང་ལ་བདག་དང་གཞན་གྱི་རྒུད་པ་འདི་ལྟ་སྟེ། ནད་མེད་པས་རྒུད་པ་དང། ཉེ་དུས་རྒུད་པ་དང། ལོངས ་སྤྱོད་ཀྱིས་རྒུད་པ་དང། ནད་དང་ན་བའི་ཆོས་ཅན་ཉིད་དང། འཆི་བ་དང། འཆི་བའི་ཆོས་ཅན་ཉིད་དེ། དེ་ལྟ་བུ་དག་ཡོད་པ་དང། གཞན་ཡང་ཁ་ཅིག་ཚུལ་ཁྲིམས་ཀྱིས་རྒུད་པ་དང། ལྟ་བས་རྒུད་པ་དག་ཀྱང་ཡོད་དེ། གཞི་དེ་དག་གིས་སེམས་ཅན་རྣམས་ཚེ་འདི ་ལ་ཡང་སྡུག་བསྔལ་བར་གནས་པར་འགྱུར་ལ། ཚེ་ཕྱི་མ་ལ་ཡང་ངན་འགྲོར་འགྲོ་བར་འགྱུར་བ་དང། ཚེ་འདི་ལ་ཡང་བདེ་བར་གནས་པར་འགྱུར་བ་དང། ཚེ་ཕྱི་མ་ལ་བདེ་འགྲོར་འགྲོ་བར་འགྱུར་བའི་འབྱོར་པ་གང་དག་ཡིན་པ་དེ་དག་ཀྱང ་མི་རྟག་པ་ཡིན་པས། མི་རྟག་པ་དེ་དག་ཡོད་པ་དང། གལ་ཏེ་རྒུད་པ་མངོན་སུམ་དུ་གྱུར་ཏམ། བྲལ་བར་གྱུར་ཀྱང། དེའི་ཚེ་འབྱོར་པ་མངོན་སུམ་དུ་གྱུར་པ་མ་ཡིན་པས། འབྱོར་པ་དཀོན་པ་དེ་ནི་ཆུང་ཟ་བའི་ཆོས་ཅན་ཡིན་ནོ། །ཞེས་དེ་ལྟར་ཀུན་ཏུ་སྐྱོ་བར ་གྱིས་ཤིག་།དེ་ལྟར་སེམས་སྐྱོ་བར་བྱས་ནས་ཡང་ཚུལ་བཞིན་ཡིད་ལ་བྱེད་པ་ལ་འདི་ལྟར་སེམས་ལེགས་པར་རབ་ཏུ་བསྟད་པར་གྱིས་ཤིག་།བདག་འཁོར་བ་ན་འཁོར་ཞིང་ཡོངས་སུ་མྱ་ངན་ལས་མ་འདས་ལ། སེམས་རྣམ་པར་མ་གྲོལ་གྱི་བར་དུ་བདག་རྒུད ་པ་དང། འབྱོར་པ་དེ་དག་དང་འབྲལ་བ་དང། མངོན་སུམ་དུ་མི་འགྱུར་བ་དང་གཞི་དེས་བདག་ལ་སྡུག་བསྔལ་མི་བཟད་བ་རྩུབ་པ་ཆེ་བ་དྲག་པོ་ཡིད་དུ་མི་འོང་བ་སྐྱོ་བར་མི་འགྱུར་བ་མ་འཐོབ་པའི་གནས་གང་ཡིན་པའི་གནས་དེ་ནི་ཡིད་བརྟན་དུ་མི་རུང་ཞིང་ཡིད ་བརྟན་པར་བྱ་བ་མ་ཡིན་ཏེ། དེའི་ཕྱིར་བདག་གིས་དོན་དེ་ཉིད་དུ་དབང་དུ་བྱས་ནས། བག་ཡོད་པས་སྤོང་བའི་དགའ་བ་ལ་དགའ་བར་བྱ་སྟེ། བདག་དེ་ལྟར་ལན་མང་དུ་གནས་ན་གནོད་པ་དེ་ཉིད་མཐར་བྱེད་པར་འགྱུར་རོ་ཞེས་དེ་ལྟར་ཚུལ་བཞིན་ལ་ལེགས ་པར་རབ་ཏུ་བསྟད་པར་གྱིས་ཤིག་།དེ་ལྟར་ཁྱོད་ཀྱིས་ཀུན་ཏུ་སྐྱོ་བར་འགྱུར་བའི་མཚན་མ་བཟུང་བར་བྱ་སྟེ། ཅི་བདག་གིས་ཚུལ་ཁྲིམས་ཡོངས་སུ་དག་པ་ཡིན་ནམ། འོན་ཏེ་ཡོངས་སུ་དག་པ་ཡིན། བདག་བརྗེད་ངས་པ་འམ། མ་བུས་པ་འམ། ཉོན་མོངས་པ་མང་བ ་འམ། མ་བྱང་བ་འམ། གཅིག་གིས་བསླབ་པ་ལས་འགལ་བར་གྱུར་པ་ལྟ་མེད་གྲང། བསླབ་པ་ལས་འགལ་ན་ཡང་བདག་གིས་ཆོས་བཞིན་དུ་ཕྱིར་བྱས་ཤིང། ལྷག་པའི་བསམས་པས་ཡང་མི་བྱ་བར་སེམས་སྐྱེད་དམ་མ་བསྐྱེད་ཅིང་བདག་གིས་བྱ་བ་དག་བྱས་ཤིང ་མི་བྱ་བ་དག་མ་བྱས་པ་ཡིན་ནམ། མ་ཡིན་མདོར་ན་བདག་འདི་ལྟ་སྟེ། བསླབ་པའི་གཞི་རྣམས་པ་ལྷག་པའི་བསམ་པ་ཕུན་སུམ་ཚོགས་པ་དང། སྦྱོར་བ་ཕུན་སུམ་ཚོགས་པ་ཡིན་ནམ་མ་ཡིན་ཞེས་བདག་ཉིད་ཀྱི་ཚུལ་ཁྲིམས་ལ་སོ་སོར་རྟོགས་ཤིག་།ཁྱོད་དེ་ལྟར ་སོ་སོར་རྟོག་པ་ན་གལ་ཏེ་ཚུལ་ཁྲིམས་ཀྱི་ཡོངས་སུ་དག་པ་ཡིན་ན་ཁྱོད་ཀྱིས་ཅི་བདག་ལ་འགྱོད་པ་མེད་པ་སྐྱེ་བར་འགྱུར་རམ། ཞེས་ཡང་བསམ་པ་མི་བྱ་སྟེ། འདི་ལྟར་གང་དེ་ལྟར་འགྱོད་པ་ཚུལ་ཁྲིམས་རྣམ་པར་དག་པ་ལ་འགྱོད་པ་མེད་པ་སྐྱེ་བར་འགྱུར་བ་དེ་ནི། ཆོས ་ཉིད་ཁོ་ན་ཡིན་པའི་ཕྱིར་རོ། །དེ་ལྟར་འགྱོད་པ་མེད་པར་གྱུར་ན་ཁྱོད་ཀྱིས་ཅི་བདག་ལ་མཆོག་ཏུ་དགའ་བ་སྐྱེ་བར་འགྱུར་རམ་ཞེས་ཡང་བསམ་པར་མི་བྱ་སྟེ། འདི་ལྟར་གང་དེ་ལྟར་འགྱོད་པ་མེད་པ་ལ་མཆོག་ཏུ་དགའ་བ་སྐྱེ་བར་འགྱུར་བ་དེ་ནི་ཆོས་ཉིད་ཁོ་ན་ཡིན་པའི ་ཕྱིར་ཏེ། ཁྱོད་ཀྱི་རེ་ཞིག་མཆོག་ཏུ་དགའ་བའི་གནས་ཏེ་གཅིག་པུ་པ་འགྱོད་བ་མེད་པ་མངོན་དུ་བཏང་བའི་མཆོག་ཏུ་དགའ་བ་སྐྱེད་པར་བྱའོ། །བསྐྱེད་ནས་ཀྱང་ཕྱིས་ཡང་དག་པར་རབ་ཏུ་དགའ་བའི་གནས་ཀྱིས་དགའ་བ་བསྐྱེད་པར་བྱའོ། །བདག་དེ་ལྟར་བཅོམ་ལྡན་འདས ་ཀྱི་བསླབ་པ་དག་ལ་ཚུལ་ཁྲིམས་ཡོངས་སུ་དག་པར་གནས་པས་ནི་ཚེ་འདི་ཉིད་ལ་མ་ཐོབ་པ་ཐོབ་པར་བྱ་བ་དང། མ་རྟོགས་པ་རྟོགས་པར་བྱ་བ་དང། མངོན་སུམ་དུ་མ་བྱས་པ་མངོན་སུམ་དུ་བྱ་བའི་སྐལ་པ་ཡོད་ཅིང་མཐུ་དང་ལྡན་པ་ཡིན་ནོ། །ཞེས་གནས་དེས་ཀྱང ་ཡིད་རབ་ཏུ་དགའ་བར་གྱིས་ཤིག་།གལ་ཏེ་ཁྱོད་ཀྱིས་རིམ་གྱིས་ཁྱད་པར་རྟོགས་པ་ཆུང་ངུ་ཞིག་ཐོབ་ན་ཡང་དེའི་དབང་དུ་བྱས་ནས་འདི་ལྟ་སྟེ། དེ་བཞིན་གཤེགས་པ་འམ། དེ་བཞིན་གཤེགས་པའི་ཉན་ཐོས་གཞན་དག་གིས་ཁྱད་པར་རྟོགས་པ་ཡོངས་སུ་རྫོགས་པ ་དེ་ལ་བདག་གིས་ཀྱང་ཕྱིས་དེ་ལྟ་བུའི་ཁྱད་པར་རྟོགས་པར་འགྱུར་རོ། །ཞེས་ཡིད་ཆེས་པ་བསྐྱེད་ཅིང་ཡིད་རབ་ཏུ་དགའ་བར་གྱིས་ཤིག་།དེ་ལྟར་རྣམ་པ་དེ་དག་གིས་ཁྱོད་ཀྱི་ཡིད་རབ་ཏུ་དགའ་བ་སྔ་མ་གང་ཡིན་པ་དེ་ནི་རབ་ཏུ་དགའ་བ་ཡིན་ནོ། །དེ་ལྟར་གྱི་ནི་ཡིད ་དགའ་བ་ཞེས་བྱའོ། །ཞེས་དེ་ལྟར་དང་བར་འགྱུར་བའི་མཚན་མ་འཛིན་དུ་འཇུག་པར་བྱེད་དོ། །འཛིན་དུ་བཅུག་ནས་ཡང་འདི་ལྟར་རྗེས་སུ་སྟོན་པར་བྱེད་དེ། བཞིན་བཟང་ཆུང?་ཐོབ?་ཁྱོད་ཀྱི་ཀུན་ཏུ་སྐྱོ་བར་འགྱུར་བའི་མཚན་མས་སེམས ་གདུང་བར་བྱས་ཤིང་དང་བར་འགྱུར་བའི་མཚན་མས་སེམས་མངོན་པར་བརླན་པར་བྱས་ཟིན་པས། འཇིག་རྟེན་ལ་བརྣབ་སེམས་དང། ཡིད་ལ་མི་བདེ་བ་སྤང་བའི་ཕྱིར་ལན་མང་དུ་གནས་པར་གྱིས་ཤིག་དང་ཞི་གནས་ཀྱི་ཕྱོགས་སམ། ལྷག་མཐོང་གི་ཕྱོགས་ཀྱི ་དམིགས་པ་གང་དང་གང་ལ་རབ་ཏུ་སྦྱོར་བར་བྱེད་པའི་དམིགས་པ་དེ་དང་དེ་ལ། ཁྱོད་ཀྱི་སེམས་གནས་པ་དང། ནང་དུ་ཡང་དག་པར་གནས་པར་འགྱུར་ཞིང་ལུས་དང་སེམས་ཤིན་ཏུ་སྦྱངས་པ་དང། སེམས་རྩེ་གཅིག་པ་ཉིད་ཀྱང་ཐོབ་པར་འགྱུར་རོ། །དེ་ལྟར ་འདི་ལྟ་སྟེ། ཀུན་ཏུ་སྐྱོ་བ་དང། མངོན་པར་བརླན་པས་ན་ནག་པོའི་ཕྱོགས་ལ་མི་ཕྱོགས་པར་བྱས་ཤིང། དཀར་པོའི་ཕྱོགས་ལ་མངོན་དུ་ཕྱོགས་པར་བྱས་ནས་ཡང་ཁྱོད་ཀྱིས་འདི་ལྟ་སྟེ། མཚན་མ་དང། རྣམ་པར་རྟོག་པ་དང། ཉེ་བའི་ཉོན་མོངས་པ་དག་ལ ་ཉེས་དམིགས་ཀྱིས་མཚན་མ་ཉེ་བར་ཟུངས་ཤིག་དེ་ལ་མཚན་མ་ནི་གཟུགས་ཀྱི་མཚན་མ་ལ་སོགས་པ་བཅུའོ། །རྣམ་པར་རྟོག་པ་ནི་འདོད་བའི་རྣམ་པར་རྟོག་པ་ལ་སོགས་པ་བརྒྱད་དོ། །ཉེ་བའི་ཉོན་མོངས་པ་ནི་འདོད་པ་ལ་འདུན་པ་ལ་སོགས་པ་ལྔ་སྟེ། དེ་དག་ལ ་འདི་ལྟར་མཚན་མ་འདི་དག་ནི་སེམས་གཡེང་བར་བྱེད་པ་ཡིན་ནོ། །རྣམ་པར་རྟོག་པ་འདི་དག་ནི་སེམས་སྤྲོ་བར་དང། ཀུན་ཏུ་འཁྲུག་བར་བྱེད་པ་ཡིན་ནོ། །ཉེ་བའི་ཉོན་མོངས་པ་འདི་དག་ནི་སེམས་ཉེ་བར་མ་ཞི་བར་བྱེད་པ་ཡིན་ཏེ། མཚན་མས་སེམས ་གཡེང་བར་བྱས་པ་གང་ཡིན་པ་དང། རྣམ་པར་རྟོག་པས་སྤྲོ་བ་དང། ཀུན་ཏུ་འཁྲུག་པར་བྱས་པ་གང་ཡིན་པ་དང། ཉེ་བའི་ཉོན་མོངས་པས་ཉེ་བར་མ་ཞི་བར་བྱས་པ་གང་ཡིན་པ་དེ་ནི། སེམས་སྡུག་བསྔལ་བར་གནས་པ་ཡིན་པས་དེའི་ཕྱིར་མཚན་མ ་དང་རྣམ་པར་རྟོག་པ་དང། ཉེ་བའི་ཉོན་མོངས་པ་འདི་དག་ནི། སྡུག་བསྔལ་བ་འཕགས་པ་མ་ཡིན་པ་གནོད་པ་དང་ལྡན་པ་སྟེ། སེམས་རྣམ་པར་གཡེང་བ་དང། ཀུན་ཏུ་འཁྲུག་པ་དང། ཀུན་ནས་ཉོན་མོངས་པར་བྱེད་པ་ཡིན་ནོ། །ཞེས་ཉེས་དམིགས་སུ་ཉེ་བར་ཟུངས ་ཤིག་།དེ་ལྟར་ཉེས་དམིགས་ཀྱི་མཚན་མ་བཟུང་ནས། སེམས་རྩེ་གཅིག་པ་ཉིད་དང། སེམས་གནས་པ་དང། སེམས་རྣམ་པར་མི་གཡེང་བ་ལ་འདུ་ཤེས་པ་དྲུག་པོ་འདི་ལྟ་སྟེ། མཚན་མ་མེད་པའི་འདུ་ཤེས་དང། མཚན་མ་མེད་པ་ལ་གཡེང་བ་མེད་པའི་འདུ ་ཤེས་དང། རྣམ་པར་རྟོག་པ་མེད་པའི་འདུ་ཤེས་དང། དེ་ལྟར་རྣམ་པར་རྟོག་པ་མེད་པ་ལ་སྤྲོ་བ་མེད་པ་དང། ཀུན་ཏུ་འཁྲུག་པ་མེད་པའི་འདུ་ཤེས་དང། ཉེ་བར་ཞི་བའི་འདུ་ཤེས་དང། ཉེ་བར་ཞི་བ་ལ་ཡོངས་སུ་གདུང་བ་མེད་པ་དང། ཡིད་བརྟན་དུ་རུང་བ་དང། ་སྡུག་པའི་འདུ་ཤེས་ཀྱི་མཚན་མར་ཟུང་ཞིག་།དེ་ལྟར་མཚན་མར་བཟུང་ནས། གཞན་ཡང་འདི་ལྟ་སྟེ། མར་མེའི་འོད་ལས་སམ། མེའི་ཕུང་པོའི་འོད་ལས་སམ། ཉི་མའི་དཀྱིལ་འཁོར་ལས་སྣང་བའི་མཚན་མ་ཟུང་ཞིག་།དེ་ལྟར་སྣང་བའི་མཚན་མ་ཟུང་ནས། ་དུར་ཁྲོད་དུ་སོང་ལ་ཕྱིན་པ་དང། འདི་ལྟ་སྟེ་རྣམ་པར་སྡོས་པ་ལས་སམ། རུས་པའི་ཀེང་རུས་ཀྱི་བར་དག་ལས་མི་སྡུག་པའི་མཚན་མ་ཟུང་ཞིག་།གལ་ཏེ་དུར་ཁྲོད་ལས་མ་ཡིན་ན་ཡང་རི་མོར་བྲིས་པ་ལས་སམ། ཤིང་ངམ། འཛིབ་ལས་བྱས་པ་ལས་མི་སྡུག ་པའི་མཚན་མ་ཟུང་ཞིག་།དེ་ལྟར་མི་སྡུག་པའི་མཚན་མ་བཟུང་ནས། གནས་མལ་དུ་སོང་ལ་ཕྱིན་པ་དང། དགོན་པ་ན་འདུག་ཀྱང་རུང། ཤིང་དྲུང་ན་འདུག་ཀྱང་རུང། ཁྱིམ་གྱིས་སྟོང་པ་ན་འདུག་ཀྱང་རུང་སྟེ། རྐང་པ་བཀྲུས་ལ་ཁྲི་འམ། ཁྲིའུ་འམ། རྩཝ་བཏིང་བའི ་སྟེང་དུ་སྐྱིལ་མོ་ཀྲུང་བཅས་ཏེ། ལུས་དྲང་པོར་བསྲང་ནས་དྲན་པ་ཕྱོགས་པར་གཞག་སྟེ། འདུག་ཞིག་།དེ་ལྟར་འདུག་ནས་ཀྱང་དང་པོ་ཁོ་ནར་སེམས་རྩེ་གཅིག་པ་ཉིད་དང། སེམས་རྣམ་པར་མི་གཡེང་བ་ཉིད་ལ་དྲན་པ་ཉེ་བར་བསྟད་པར་གྱིས་ཤིག་།དེར་ཡང ་འདུ་ཤེས་རྣམ་པ་དྲུག་པོ་མཚན་མ་མེད་པའི་འདུ་ཤེས་དང། རྣམ་པར་རྟོག་པ་མེད་པའི་འདུ་ཤེས་དང། ཉེ་བར་ཞི་བའི་འདུ་ཤེས་དང། གཡེང་བ་མེད་པའི་འདུ་ཤེས་དང། སྤྲོ་བ་མེད་པ་དང། ཀུན་ཏུ་འཁྲུག་པ་མེད་པའི་འདུ་ཤེས་དང། ་ཡོངས་སུ་གདུང་བ་མེད་པ་དང། ཡིད་བརྟན་དུ་རུང་བ་དང། སྡུག་པའི་འདུ་ཤེས་ཡིད་ལ་གྱིས་ཤིག་།དེར་ཁྱོད་ཀྱིས་རྣམ་པར་གཡེང་བ་དང། རྣམ་པར་གཡེང་བ་མེད་པ་ཡོངས་སུ་ཤེས་པ་ལ་སེམས་གཏོད་ཅིང་ཉེ་བར་གནས་པར་གྱིས་ཤིག་།རྣམ་པར་གཡེང་བ་དང། ་རྣམ་པར་གཡེང་བ་མེད་པ་ཡོངས་སུ་ཤེས་པ་ལ་སེམས་གཏོང་པ་དེས་མཚན་མ་དང། རྣམ་པར་རྟོག་པ་དང། ཉེ་བའི་ཉོན་མོངས་པ་དེ་དང་དེ་དག་ལ་རྣམ་པར་གཡེང་བ་དང། སེམས་རྩེ་གཅིག་པ་ཉིད་དང། འདུ་ཤེས་དྲུག་པོ་བསྒོམ་པ་དང་ལྡན་པ་ལ་རྣམ་པར ་གཡེང་བ་མེད་པ་ཡོངས་སུ་ཤེས་པར་གྱིས་ཤིག་།རྣམ་པར་གཡེང་བ་དང། རྣམ་པར་གཡེང་བ་མེད་པ་ལ་ཁྱོད་ཀྱིས་ཅི་ནས་ཀྱང་རྩེ་གཅིག་པ་ཉིད་ལ་ཉེ་བར་གཏོད་པ་དང་ནང་གི་སེམས་ཀྱི་ཞི་གནས་ལ་ཉེ་བར་གཏོང་བའི་རིམ་གྱིས་སེམས་ཀྱི་རྒྱུད་དང། སེམས ་ཀྱི་རྣམ་པ་ཐམས་ཅད་མཚན་མ་མེད་པ་དང། རྣམ་པར་རྟོག་པ་མེད་པ་དང། ཉེ་བར་ཞི་བར་འགྱུར་བ་དེ་ལྟ་དེ་ལྟར་སེམས་གཏད་བར་གྱིས་ཤིག་།དེ་ལྟར་ཞིག་གནས་ཀྱི་སེམས་ཐོབ་པ་ན། གལ་ཏེ་བརྗེད་ངས་པ་དང། མ་གོམས་པའི་ཉེས་པས་མཚན ་མ་དང། རྣམ་པར་རྟོག་པ་དང། ཉེ་བའི་ཉོན་མོངས་པ་དག་གིས་སྣང་བར་འགྱུར། སྒོ་སྟོན་པར་འགྱུར། དམིགས་པར་བྱེད་པར་འགྱུར་ན་དེ་དག་བྱུང་ངོ་ཅོག་ལ་འདི་ལྟ་སྟེ། ཉེས་དམིགས་སྔར་མཐོང་བ་དེ་ཉིད་ཀྱི་དབང་དུ་བྱ་སྟེ། དྲན་པ་མེད་པ་དང། ཡིད་ལ ་བྱེད་པ་མེད་པར་བྱ་སྟེ། འདི་ལྟར་དྲན་པ་མེད་པ་དང། ཡིད་ལ་བྱེད་པ་མེད་པས་དམིགས་པ་དེ་རྣམ་པར་བཤིག་ཅིང་རྣམ་པར་བཙལ་ན། སྣང་བ་མེད་པ་ཉིད་ལ་ཉེ་བར་གཞག་པར་འགྱུར་རོ། །བཞིན་བཟང་དམིགས་པ་དེ་ནི་ཕྲ་བ་དང་རྟོགས་པར་དཀའ་བ ་ཡིན་པས། ཁྱོད་ཀྱིས་དེ་རྟོགས་པར་བྱ་བའི་ཕྱིར་འདུན་པ་དང། འབད་པ་དྲག་ཏུ་བྱའོ། །བཅོམ་ལྡན་འདས་ཀྱིས་ཀྱང་དམིགས་པ་དེ་ལས་དགོངས་ནས། དགེ་སློང་དག་ཡུལ་གྱི་བཟང་མོ་ཡུལ་གྱི་བཟང་མོ་ཞེས་བྱ་བ་ནི། སྐྱེ་བོ་མང་པོ་འདུ་བར་འགྱུར་བ་ཡིན ་ཏེ། ཡུལ་གྱི་བཟང་མོ་དེ་ཡང་གར་དང། གླུ་དང། རོལ་མོ་མཆོག་ཏུ་མཁས་པར་གྱུར་ན། སྐྱེ་བོ་མང་པོ་དག་རྒྱ་ཆེར་འདུ་བར་འགྱུར་རོ། །དེས་སྐྱེས་བུ་བྱིས་པའི་རང་བཞིན་ཅན་མ་ཡིན་པ་ཞིག་འོངས?་པར་གྱུར་པ་དེ་ལ་ལ་ལ་ཞིག་གིས། འདི་སྐད་དུ་ཀྱི་སྐྱེས་བུ ་ཁྱོད་སྣོད་འབྲུ་མར་གྱིས་ཁ་ད་བཅད་དུ་གང་བ་འདི་མ་བོ་བར་ཡུལ་གྱི་བཟང་མོའི་བར་དང། སྐྱེ་བོ་མང་པོའི་བར་དུ་ཁྱེར་ཅིག་།ཁྱོད་ཀྱི་ཕྱི་བཞིན་དུ་གཤེད་མའི་མི་རལ་གྲིས་གཟས་པ་ཐོགས་པ་འདི་ཡང་འབྲང་བར་འགྱུར་ཏེ། གལ་ཏེ་ཁྱོད་ཀྱིས་སྣོད་འབྲུ་མར ་གང་བ་འདི་ལས་ཐིགས་པ་གཅིག་ཙམ་ཞིག་པོ་བར་གྱུར་ན། དེའི་ཕྱིར་གཤེད་མའི་མི་རལ་གྲི་གཟས་པ་ཐོགས་པ་འདིས། ཁྱོད་ཀྱི་མགོ་མགྲིན་པ་ནས་གཅོད་པར་འགྱུར་རོ། །ཞེས་བསྐོ?་ན། དགེ་སློང་དག་འདི་སྙམ་དུ་སེམས། སྐྱེས་བུ་དེ་སྣོད་འབྲུ་མར་གྱིས་གང་བ ་དེ་ཡིད་ལ་མི་བྱེད་ཅིང། གཤེད་མའི་རལ་གྲིས་གཟས་པ་ཐོགས་དེ་ཡང་ཡིད་ལ་མི་བྱེད་པར་ཡུལ་གྱི་བཟང་མོ་འམ། སྐྱེ་བོ་མང་པོ་དེ་དག་ཡིད་ལ་བྱེད་པར་འགྱུར་སྙམ་མམ། གསོལ་བ་བཙུན་པ་མ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། འདི་ལྟར་དེས་གཤེད ་མའི་སུག་པ་རལ་གྲི་གཟས་པ་ཐོགས་པ་འདི། སླད་བཞིན་དུ་འབྲང་བ་མཐོང་ལགས་པས། དེ་འདི་སྙམ་དུ་སེམས་ཏེ། གལ་ཏེ་བདག་གིས་སྣོད་འབྲུ་མར་གྱིས་གང་བ་འདི་ལས་ཐིགས་པ་གཅིག་ཙམ་ཞིག་ས་ལ་པོ་བར་གྱུར་ན། དེའི་ཕྱིར་གཤེད་མའི་མི ་རལ་གྲི་གཟས་པ་ཐོགས་པ་འདིས་བདག་གི་མགོ་བོ་མགྲིན་པ་ནས་གཅོད་པར་འགྱུར་རོ་སྙམ་དུ་སེམས་པའི་སླད་དུ་སྟེ། སྐྱེས་བུ་དེ་ནི་ཡུལ་གྱི་བཟང་མོ་འམ། སྐྱེ་བོ་མང་པོ་དག་ཡིད་ལ་མི་བགྱིད་ཅིང་སྣོད་འབྲུ་མར་གྱིས་བལྟམས་པ་ཉི་ཚེ་ལ་སེམས་ཐམས ་ཅད་ཀྱིས་བསམས་ཏེ། ལེགས་པ་ཁོ་ནར་འཚལ་ཏེ། མཆི་བ་འབའ་ཞིག་ཏུ་བགྱིད་པ་ལགས་སོ། །བཀའ་སྩལ་པ། དགེ་སློང་དག་དེ་བཞིན་དུ་གང་ལ་ལ་དག་དྲན་པ་ཉེ་བར་གཞག་པ་བཞི་པོ་དག་ལ་སེམས་ཐམས་ཅད་ཀྱིས ་བསམས་ཏེ། བསྟི་སྟང་དུ་བྱས། བླ་མར་བྱས་ནས། བསྒོམ་པར་བྱེད་ན། དེ་དག་ནི་ངའི་ཉན་ཐོས་ཡིན་ནོ་ཞེས་གསུངས་སོ། །དེ་ལ་ཡུལ་གྱི་བཟང་མོ་ཞེས་བྱ་བ་དེ་ནི་འདོད་པ་ལ་འདུན་པ་ལ་སོགས་པ་ཉོན་མོངས་པས་ཀུན་ནས་དཀྲིས་པ་དང་མཐུན་པའི་ཆོས ་རྣམས་ཀྱི་ཚིག་བླ་དགས་ཡིན་ནོ། །གར་དང་གླུ་དང། རོལ་མོ་མཆོག་ཏུ་མཁས་པ་ཞེས་བྱ་བ་དེ་ནི་རྣམ་པར་རྟོག་པ་དང། སྤྲོས་པ་དང། ཀུན་ཏུ་འཁྲུག་པ་དང། མཐུན་པའི་ཆོས་རྣམས་ཀྱི་ཚིག་བླ་དགས་ཡིན་ནོ། །སྐྱེ་བོ་མང་པོ་དག་ཅེས་བྱ་བ་དེ་ནི་གཟུགས་ཀྱི་མཚན ་མ་ལ་སོགས་པ་མཚན་མ་བཅུ་པོ་དག་གི་ཚིག་བླ་དགས་ཡིན་ནོ། །སྐྱེས་བུ་བྱིས་པའི་རང་བཞིན་ཅན་མ་ཡིན་པ་ཞེས་བྱ་བ་དེ་ནི། རྣལ་འབྱོར་སྤྱོད་པའི་རྣལ་འབྱོར་པའི་ཚིག་བླ་དགས་ཡིན་ནོ། །འབྲུ་མར་གྱིས་ཁད་བཅད་དུ་གང་བ་ཞེས་བྱ་བ་དེ་ནི། ་ཡུལ་དང་སེམས་ཤིན་ཏུ་སྦྱངས་པའི་སྣུམ་པའི་དོན་གྱིས་ཞི་གནས་ལ་ཉེ་བར་བསྟད་པའི་སེམས་ཀྱི་ཚིག་བླ་དགས་ཡིན་ནོ། །གཤེད་མའི་མི་རལ་གྲི་གཟས་པ་ཐོགས་པ་ཞེས་བྱ་བ་དེ་ནི་མཚན་མ་དང། རྣམ་པར་རྟོག་པ་དང། ཉེ་བའི་ཉོན་མོངས་པ་དག་ལ་སྔོན ་ཉེས་དམིགས་ཀྱི་མཚན་མར་བཟུང་བའི་ཚིག་བླ་དགས་ཡིན་ནོ། །ཐིགས་པ་གཅིག་ཙམ་ཡང་ས་ལ་མི་འབོ་བར་ལེགས་པ་ཁོ་ནར་ཁྱེར་ཏེ་ཞེས་བྱ་བ་དེ་ནི། རྣམ་པར་གཡེང་བ་དང། རྣམ་པར་གཡེང་བ་མེད་པ་ཡོངས་སུ་ཤེས་པ་ལ་སེམས་བསྟད་པས། ཡོངས་སུ ་ཟིན་པའི་ཞི་གནས་ཀྱི་ཚིག་བླ་དགས་ཡིན་ཏེ། དེས་ན་དེའི་སེམས་ཀྱི་རྒྱུད་དང། སེམས་ཀྱི་རྒྱུན་ཐམས་ཅད་བརྩོན་འགྲུས་ཀྱི་སྟོབས་ཀྱིས་རིམ་གྱིས་མཐར་ཆགས་སུ་མཚན་མ་མེད་པ་དང། རྣམ་པར་རྟོག་པ་མེད་པ་དང། ཉེ་བར་ཞི་བར་འགྱུར་ཞིང། མཚན་མ་ལ ་དམིགས་པ་འམ། རྣམ་པར་རྟོག་པ་ལ་དམིགས་པ་འམ། ཉེ་བའི་ཉོན་མོངས་པ་ལ་དམིགས་པའི་སེམས་འགའ་ཙམ་ཡང་བསྐྱེད་པར་མི་བྱེད་དོ། །རྣལ་འབྱོར་པ་དེས་ཞི་གནས་ལ་རབ་ཏུ་བརྩོན་པའི་ལས་དང་པོ་པ་དེ་ལ་འདི་སྐད་རྗེས་སུ་འདོམས་པར་ཡང་བྱེད་དེ། ་བཞིན་བཟང་ཁྱོད་ཇི་ཙམ་དུ་དེ་ལྟར་ཐབས་ཀྱི་ཡོངས་སུ་ཟིན་ཅིང་དྲན་པ་དང། ཤེས་བཞིན་དང་ལྡན་པའི་ཞི་གནས་ཀྱི་ལམ་ལ་རབ་ཏུ་བརྩོན་པར་བྱེད་ཅིང། སེམས་མངོན་པར་དགའ་བ་དང་བཅས་པར་འགྱུར་བ་དེ་ཙམ་དུ། ཁྱོད་ཀྱིས་ཞི་གནས་ཀྱི་ལམ་ཉིད ་བསྒོམ་པར་བྱའོ། །གལ་ཏེ་མ་གོམས་པའི་ཉེས་པས་མངོན་པར་མི་དགའ་ཞིང་འཁྲུག་པ་དང་བཅས་པ་ལ་བསྒྲིམས་ཏེ། བྱ་དགོས་པར་སྣང་ན། དེའི་ཚེ་མྱུར་བ་མྱུར་བ་ཁོ་ནར་རྣམ་པར་རྟོག་པ་མེད་པའི་དམིགས་པ་དེ་ལས་ལངས་ཏེ། རྣམ་པ་རྟོག་པ་དང་བཅས ་པའི་དམིགས་པ་ལ་དྲན་པ་ཉེ་བར་གཏད་པར་བྱ་སྟེ། ཁྱོད་ཀྱིས་སྔར་མི་སྡུག་པའི་མཚན་མ་འདི་ལྟ་སྟེ། རྣམ་པར་བསྔོས་པ་འམ། རྣམ་པར་བརྣགས་པ་ནས་རུས་པའི་ཀེང་རུས་ཀྱི་བར་དག་བཟུང་བ་གང་ཡིན་པ་དེ་ཉིད་ལ་དང་པོ་ཁོ་ནར་མཚན་མ་ཙམ་གྱི་རྗེས་སུ ་འབྲང་བའི་ལྷག་མཐོང་གིས་ཡིད་ལ་གྱིས་ཤིག་།དེ་ལྟར་རབ་ཏུ་བརྩོན་པར་བྱེད་པ་ན། དང་པོ་ཁོ་ནར་རྣམ་པར་བསྔོས་པ་གཅིག་ནས་རུས་པའི་ཀེང་རུས་ཀྱི་བར་གཅིག་ལ་མོས་པར་གྱིས་ཤིག་དང། དེས་ན་དེ་ལ་ཁྱོད་ཀྱི་སེམས་ཡོངས་སུ་སྦྱང་བར་བྱ་བ་དང། འོད ་གསལ་བར་འགྱུར་ཞིང་དམིགས་པ་དེ་ལ་མོས་པར་ཡང་འགྱུར་རོ། །དེས་ན་རྣམ་པར་བསྔོས་པ་གཉིས་དང། གསུམ་དང། བཞི་དང། ལྔ་དང། བཅུ་དང། ཉི་ཤུ་དང། སུམ་ཅུ་དང། བཞི་བཅུ་དང། ལྔ་དང་བཅུ་དང། བརྒྱ་དང། སྟོང་ནས་རྣམ་པར་བསྔོས་པའི་རྣམ་པ་ཚད ་མེད་པས་ཕྱོགས་དང། ཕྱོགས་མཚམས་ཐམས་ཅད་མང་བ་ཆགས་སུ་ཡོངས་སུ་གང་སྟེ། དེ་དག་གི་བར་སྐབས་ཐ་ན་འཁར་བའི་རྩེ་མོ་གཟུགས་པའི་གཏོས་ཙམ་ཡང་མེད་པར་མོས་པར་གྱིས་ཤིག་།རྣམ་པར་བསྔོས་པ་ལ་ཇི་ལྟ་བ་བཞིན་དུ་རུས་པའི་ཀེང་རུས་ཀྱི་བར་ལ ་ཡང་དེ་བཞིན་དུ་མོས་པར་གྱིས་ཤིག། །བམ་པོ་བཅུ་དྲུག་པ། །ཁྱོད་ཀྱིས་མོས་པ་ཡིད་ལ་བྱེད་པ་དེ་ཉིད་ལ་བརྟེན་ལ་ཡང་དག་པ་ཡིད་ལ་བྱེད་པ་ལ་ཡང་འཇུག་པར་བྱ་སྟེ། འདི་ལྟར་ཞུགས་ཤིག་།བདག་གིས་རྣམ ་པར་བསྔོས་པ་དང་རུས་པའི་ཀེང་རུས་ཀྱི་བར་ཇི་སྙེད་ཅིག་ལ་མོས་པར་བྱེད་པ་དེ་བས་ནི། བདག་གི་སྔོན་གྱི་མཛའ་ལས་བརྩམས་ཏེ། སྲིད་པ་དང། འགྲོ་བ་དེ་དང་དེ་དག་ཏུ་བདག་འཆི་འཕོ་ཞིང་སྐྱེ་བ་དང་ན་ཤི་ཞིང་དུས་ལས་འདས་པར་གྱུར་པའི་རྣམ་པར་བསྔོས ་པར་འགྱུར་བ་གང་དག་ཡིན་པ་དང། རུས་པའི་ཀེང་རུས་ཀྱི་བར་དུ་གྱུར་པ་གང་དག་ཡིན་པ་དེ་དག་ཆེས་ཚད་མེད་པ་ཡིན་ཏེ། དེ་དག་གི་སྔོན་གྱི་མཛའ་ཨི་ནི་མི་མངོན་ནོ། །གལ་ཏེ་དེ་ལྟར་གྱུར་པ་དེ་དག་ལ་ལ་ཞིག་གིས་བསྡུས་ཤིང་བསྡུས་ནས་ཀྱང་ཞིག་པར ་མ་གྱུར། རུལ་བར་མ་གྱུར་དུ་ཟིན་ན། གང་དུ་དེ་དག་ཤོང་པར་འགྱུར་བའི་ས་ཕྱོགས་ཀྱང་མེད་དོ། །བསྐལ་པ་གཅིག་གི་རྣམ་པར་བསྔོས་པ་ནས་རུས་པའི་ཀེང་རུས་ཀྱི་བར་དེ་དག་ཀྱང་སྡུད་པར་བྱེད་པ་འགའ་ཞིག་ཡོད་པར་གྱུར་ན། དེ་དག་བསྡུས་པའི་ཕུང་པོ་ཡང ་རི་ངོས་ཡངས་ཙམ་མོ། །སྔོན་གྱི་མཛའ་ལས་བརྩམས་པ་ཇི་ལྟ་བ་བཞིན་དུ་ཇི་སྲིད་སྡུག་བསྔལ་མཐར་ཕྱིན་པར་མ་གྱུར་གྱི་བར་དུ་ཕྱི་མའི་མཛའ་ཨི་ཡང་དེ་དང་འདྲ་སྟེ། དེ་ལྟར་ཁྱོད་ཀྱིས་མོས་པ་ཡིད་ལ་བྱེད་པ་ལ་བརྟེན་ན་ཡང་དག་པ་ཡིད་ལ་བྱེད་པ་ལ་འཇུག་པར་འགྱུར ་རོ། །ལྷག་མཐོང་ལ་རབ་ཏུ་བརྩོན་པས་རྣམ་པར་བསྔོས་པ་དང། རུས་པའི་ཀེང་རུས་ཀྱི་བར་དེ་དག་ལ། ལན་ཅིག་རྣམ་པར་ལྟ་བར་བྱ་བ་མ་ཡིན་གྱི། རྣམ་པར་བསྔོས་པ་གཅིག་ཁོ་ན་ལ་མོས་པར་བྱས་ནས། ཡང་སེམས་ཞི་བར་བྱས་ཏེ། ཇི་སྲིད་དུ་དམིགས ་པ་དེ་ཉིད་དུ་མངོན་པར་དགའ་བ་དང། འོད་གསལ་བ་དང། འཁྲུག་པ་མེད་པ་དང། ཀུན་ནས་དཀྲིས་པ་མེད་པ་དང། བསྒྲིམས་ཏེ་བྱ་མི་དགོས་པ་དེ་སྲིད་དུ་རྣམ་པར་བསྔོས་པ་དེ་ལ་མོས་པར་བྱའོ། །དེ་ནས་ཇི་སྲིད་དུ་དམིགས་པ་དེ་ལ་བསྒྲིམས་ཏེ། བྱ་དགོས་པའི་བར ་དུ་སེམས་ནང་དུ་ཡང་དག་པར་ཞི་བར་བྱས་ཏེ། རྣམ་པར་བསྔོས་པ་ལ་ཇི་ལྟ་བ་བཞིན་དུ་རུས་པའི་ཀེང་རུས་ཀྱི་བར་ཅིག་དང། ཚད་མེད་པའི་བར་དག་ལ་ཡང་ཚུལ་འདི་ཉིད་ཀྱིས་དེ་བཞིན་དུ་རིག་པར་བྱའོ། །སེམས་ནང་དུ་ཞི་བར་བྱས་ཤིང་ཡང་དག་པར་ཞི་བར་བྱས་ནས་ཡང ་མོས་པར་བྱ་སྟེ། དེས་ན་ཐམས་ཅད་ཀྱི་ཐ་མར་སེམས་ནང་དུ་མངོན་པར་བསྡུས་པས་རྣམ་པར་བསྔོས་པ་ཚད་མ་མེད་པ་དང། རུས་པའི་ཀེང་རུས་ཚད་མེད་པའི་བར་དག་རྣམ་པར་འཇོག་པར་བྱེད་ཅིང། སྣང་བ་མེད་པ་ཉིད་ལ་འཇོག་པར་བྱེད་ལ། རྣམ་པར་རྟོག་པ་དང་བཅས ་པའི་མཚན་མ་དེ་དག་ཀྱང་སྤོང་བར་མི་བྱེད། རྣམ་པར་རྟོག་པར་ཡང་མི་བྱེད་ལ། དམིགས་པ་དེ་ཉིད་ལ་སེམས་མཚན་མ་མེད་པ་དང། རྣམ་པར་རྟོག་པ་མེད་པ་དང། ཉེ་བར་ཞི་བར་འཇོག་པར་བྱེད་དོ། །དེ་ལ་ཡང་ལུང་འབོག་པར་བྱེད་དོ། །བཞིན་བཟང་ཁྱོད་ཀྱི་དང་པོ་ཁོ ་ནར་སྣང་བའི་མཚན་མ་བཟུང་བ་གང་ཡིན་པ་ལ། ཁྱོད་ཀྱི་ཞི་གནས་ཀྱི་ཕྱོགས་ཀྱི་སྦྱོར་བ་དང། ལྷག་མཐོང་གི་ཕྱོགས་ཀྱི་སྦྱོར་བ་ཡིད་ལ་བྱིས་ཤིག་།སྣང་བ་དང་ལྡན་པ་དང། འདོད་པ་དང་ལྡན་པ་དང། འོད་གསལ་བ་དང། མུན་པ་མེད་པའི་སེམས་ཀྱི་ཞི་གནས་དང། ལྷག ་མཐོང་ཡང་སྒོམས་ཤིག་།ཁྱོད་དེ་ལྟར་ཞི་གནས་དང། ལྷག་མཐོང་གི་ལམ་ལ་སྣང་བའི་འདུ་ཤེས་བསྒོམ་པ་ན། གལ་ཏེ་དང་པོ་ཉིད་ནས་དམིགས་པ་ལ་མོས་པ་རྣམ་པར་མི་གསལ་ཞིང་སྣང་བ་ཆུང་བར་གྱུར་ན་ཡང། བསྒོམ་པ་གོམས་པར་བྱེད་པའི་རྒྱུ་དེ་དང། རྐྱེན་ངེས ་དམིགས་པ་ལས་མོས་པར་རྣམ་པར་གསལ་བ་དང། སྣང་བ་ཆེན་པོ་ཉིད་དུ་འགྱུར་རོ། །གལ་ཏེ་དང་པོ་ཉིད་ནས་རྣམ་པར་གསལ་བ་དང། སྣང་བ་ཆེན་པོར་གྱུར་པ་ཡིན་ན་ནི། དེའི་ཕྱིར་ཞིང་རྒྱ་ཆེར་ཤིན་ཏུ་རྣམ་པར་གསལ་བ་དང། ཤིན་ཏུ་སྣང་བ་ཆེན་པོ་ཉིད་དུ་འགྱུར་རོ། །ཁྱོད ་ཀྱིས་དེ་ལྟར་ཀུན་ཏུ་སྐྱོ་བར་མ་གྱུར་པའི་མཚན་མ་ལེགས་པར་བཟུང་བ་དང། རབ་ཏུ་དང་བར་འགྱུར་བའི་མཚན་མ་དང། ཞི་གནས་ཀྱི་མཚན་མ་དང། ལྷག་མཐོང་གི་མཚན་མ་དང། སྣང་བའི་མཚན་མ་ལེགས་པར་བཟུང་བས་དུས་དུས་སུ་སེམས་ནང་དུ་ཡང་དག་པར་ཞི་བར་གྱིས ་ཤིག་།མཚན་མ་ཙམ་གྱི་རྗེས་སུ་འབྲང་བའི་ལྷག་མཐོང་གི་ཆོས་རྣམས་རབ་ཏུ་རྣལ་བར་དབྱེ་བར་ཡང་གྱིས་ཤིག་།འདི་ལྟ་སྟེ། མི་སྡུག་པའི་སྦྱོར་བ་ཉིད་ཀྱི་དབང་དུ་བྱས་ནས། དྲན་པ་ཉེ་བར་གཞག་པ་དག་ལ་ཡང་འཇུག་པར་བྱ་སྟེ། འདི ་ལྟར་འཇུག་པར་གྱིས་ཤིག་།ཕྱི་རོལ་གྱི་ལུས་ལ་སྐྲ་ལ་སོགས་པ་ནས་བཤད་པའི་མཐར་ཐུག་པའི་བར་དུ་མི་སྡུག་པའི་རྗེས་སུ་སུམ་ཅུ་རྩ་དྲུག་གི་མཚན་མ་བཟུང་ནས་རང་གི་ལུས་ལ་ཡང་མི་སྡུག་པའི་རྫས་ཀྱི་མཚན་མ་དེ་དག་ཐམས་ཅད་ཡོད་པར་མོས་པར་གྱིས་ཤིག། ་མོས་པར་བྱས་ཤིང་མོས་པར་བྱས་ནས་ཀྱང་སེམས་ནང་དུ་ཡང་དག་པར་ཞི་བར་གྱིས་ཤིག་དང། དེ་ནི་འདི་ལྟ་སྟེ། བདག་ཉིད་ཀྱི་ནང་གི་ལུས་ལས་བརྩམས་ནས། ཁྱོད་ཀྱི་ནང་གི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་བའི་དྲན་པ་ཉེ་བར་གཞག་པ་ལ་འཇུག་པར་འགྱུར་བ་ཡིན་ནོ།། ་ཡང་ཁྱོད་ཀྱིས་ཕྱི་རོལ་གྱི་ལུས་ཀྱི་མི་སྡུག་པའི་མ་བཟུང་བས། རྣམ་པར་བསྔོས་པ་དང། རུས་གོད་དང། རུས་པའི་ཀེང་རུས་ཆུང་ངུ་དང། ཆེན་པོར་གྱུར་པ་དང། ཚད་མེད་པའི་བར་དག་ལ་མོས་པར་གྱིས་ཤིག་།མོས་པར་བྱས་ཤིང་མོས་པར་བྱས་ནས་ཀྱང་སེམས་ནང་དུ་ཡང ་དག་པར་ཞི་བར་བྱོས་ཤིག་དང། དེ་ནི་འདི་ལྟ་སྟེ། གཞན་གྱི་རྒྱུད་དུ་གཏོགས་པའི་ཕྱི་རོལ་གྱི་ལུས་ལས་བརྩམས་ནས། ཁྱོད་ཀྱི་ཕྱི་རོལ་གྱི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་བའི་དྲན་པ་ཉེ་བར་བཞག་པ་ལ་འཇུག་པར་འགྱུར་བ་ཡིན་ནོ། །ཡང་ཁྱོད་ཀྱིས་བདག་ཉིད ་ཀྱིས་ནང་གི་ལུས་ལ་མི་སྡུག་པ་ཉིད་དུ་ཡོངས་སུ་བསྒོམས་པའི་སེམས་དང། གཞན་གྱི་ནང་དང། ཕྱི་རོལ་གྱི་ལུས་ལ་མི་སྡུག་པ་ཉིད་དུ་ཡོངས་སུ་བསྒོམས་པའི་སེམས་ཀྱིས་བདག་ཉིད་འཆི་བར་མོས་པར་གྱིས་ཤིག་།ཤི་ནས་ཀྱང་དུར་ཁྲོད་དུ་ཁྱེར་བ་དང། ཁྱེར ་ནས་ཀྱང་དུར་ཁྲོད་དུ་བོར་བ་དང། བོར་ནས་ཀྱང་རྣམ་པར་བསྔོས་པའི་གནས་སྐབས་དང། རྣམ་པར་རྣག་པའི་གནས་སྐབས་དང། རུས་པའི་ཀེང་རུས་ཀྱི་གནས་སྐབས་ཀྱི་བར་དུ་གྱུར་པར་མོས་པར་གྱིས་ཤིག་དང། དེ་ནི་འདི་ལྟ་སྟེ། བདག་དང་གཞན་གྱི་ལས་བརྩམས ་ནས་ཁྱོད་ཀྱི་ནང་དང་ཕྱི་རོལ་གྱི་ལུས་ཀྱི་རྗེས་སུ་ལྟ་བའི་དྲན་པ་ཉེ་བར་གཞག་པ་ལ་འཇུག་པ་ཡིན་ནོ། །ཡང་ཁྱོད་ཀྱིས་ཕུང་པོ་གཟུགས་ཅན་མ་ཡིན་པ་བཞི་པོ་དག་ལས་ཐོས་པ་དང། བསམ་པའི་དབང་གིས་བྱུང་བ་ཡོངས་སུ་རྟོག་པའི་མཚན་མར་འཛིན་པས། ཆ ་གསུམ་པོ་ཞི་གནས་ཀྱི་ཕྱོགས་དང། རྣམ་པར་གཡེང་བའི་ཕྱོགས་དང། ལྷག་མཐོང་གི་ཕྱོགས་རྣམས་སུ་མོས་པར་གྱིས་ཤིག་།དེ་ལ་ཞི་གནས་ཀྱི་ཕྱོགས་ལ་ནི་གང་གི་ཚེ་སེམས་ནང་དུ་མངོན་པར་སྡུད་པར་བྱེད་པ་ན་དེ་ལ་མཚན་མ་མེད་པ་དང། རྣམ་པར་རྟོག་པ ་མེད་པ་དང། ཉེ་བར་ཞི་བའི་རྣམ་པ་དང། གཡེང་བ་མེད་པ་དང། སྤྲོ་བ་མེད་པ་དང། ཀུན་ཏུ་འཁྲུག་པ་མེད་པ་དང། ཡོངས་སུ་གདུང་བ་མེད་པ་དང། ཡིད་བརྟན་དུ་མི་རུང་བ་དང། སྡུག་པའི་འདུ་ཤེས་ཀྱི་རྣམ་པ་དང། རྣམ་པར་གཡེང་བ་མེད་པ་ལ་དམིགས་པ་ཚོར ་བ་ལ་སོགས་པ་ཕུང་པོ་གཟུགས་ཅན་མ་ཡིན་པ་བཞི་ནི། སྐད་ཅིག་རེ་རེ་དང། ཐང་ཅིག་རེ་རེ་ལ་གཞན་དང། གཞན་དུ་སར་བ་སར་པ་དང། རྙིང་པ་མ་ཡིན་པ་དང། རྙིང་པ་མ་ཡིན་པར་འཇུག་པར་འགྱུར་བ་ཡིན་ནོ་ཞེས་མོས་པར་གྱིས་ཤིག་དང། དེ་ནི་ཁྱོད་ཀྱི་ནང ་གི་ཚོར་བ་རྣམས་དང་སེམས་དང་ཆོས་རྣམས་ལ་ཆོས་ཀྱི་རྗེས་སུ་ལྟ་བའི་དྲན་པ་ཉེ་བར་གཞག་པ་ལ་འཇུག་པར་འགྱུར་བ་ཡིན་ནོ། །ཁྱོད་ཀྱིས་སྔོན་ཡུལ་ཉེ་བར་ལེན་པར་བྱེད་པ་ཡུལ་ལ་དམིགས་པར་བྱེད་པ་མཉམ་པར་མ་གཞག་པའི་ས་པར་རྟོགས་པའི་ཚོར་བ་ལ ་སོགས་པ་མིང་གི་ཕུང་པོ་གཟུགས་ཅན་མ་ཡིན་པ་བཞི་པོ་མངོན་པར་འདུས་ཤིང་ཟད་པ་གང་དག་ཡིན་པ་རྣམས་དང། ད་ལྟར་བརྗེད་ངས་པས་སེམས་རྣམ་པར་གཡེང་བ་ན་མཚན་མ་དང། རྣམ་པར་རྟོག་པ་དང། ཉེ་བའི་ཉོན་མོངས་པ་ལ་དམིགས་པའི་དབང་གི་བྱུང་བའི ་ཚོར་བ་ལ་སོགས་པ་ཕུང་པོ་གཟུགས་ཅན་མ་ཡིན་པ་བཞི་པོ་གང་དག་ཡིན་པ་དེ་དག་ནི་བྱུང་ནས་འཇིག་པ་ཉིད་དང། དུས་ཡུན་མི་རིང་བ་ཉིད་དང། ངན་པར་གནས་པ་ཉིད་དང། ཉེས་དམིགས་དང་བཅས་པ་ཉིད་དང་མི་བརྟན་པ་ཉིད་དང། ཡིད་བརྟན་དུ་མི་རུང་བ་ཉིད ་ཡིན་པར་མོས་པར་གྱིས་ཤིག་།དེ་ནི་ཁྱོད་ཀྱི་ཕྱི་རོལ་གྱི་ཚོར་བ་རྣམས་དང། སེམས་དང། ཆོས་རྣམས་ལ་ཆོས་ཀྱི་རྗེས་སུ་ལྟ་བའི་དྲན་པར་ཉེ་བར་གཞག་པ་ལ་འཇུག་པ་ཡིན་ནོ། །ཡང་ཁྱོད་ཀྱིས་ལྷག་མཐོང་གི་མཚན་མ་བཟུང་ནས། མཚན་མ ་དང་བཅས་པ་དང། རྣམ་པར་རྟོག་པ་དང་བཅས་པའི་ཡིད་ལ་བྱེད་པ་ལ་གནས་ཏེ། རྣམ་པར་རྟོག་པ་དང་བཅས་པ་དང། མཚན་མ་དང་བཅས་པའི་དམིགས་པའི་དབང་གིས་བྱུང་བ་ནང་གི་ཚོར་བ་ལ་སོགས་པ་ཕུང་པོ་གཟུགས་ཅན་མ་ཡིན་པ་བཞི་པོ་གང་དག་ཡིན་པ ་དེ་དག་ལ་སྐད་ཅིག་རེ་རེ་དང། སྐད་ཅིག་རེ་རེ་ལ་གཞན་དུ་སར་བ་སར་བ་དང། རྙིང་པ་མ་ཡིན་པ་དང། རྙིང་པ་མ་ཡིན་པར་འགྱུར་བ་ཡིན་ནོ་ཞེས་སྔ་མ་བཞིན་དུ་མོས་པར་གྱིས་ཤིག་དང་དེ་ནི་ཁྱོད་ཀྱི་ནང་དང། ཕྱི་རོལ་གྱི་ཚོར་བ་རྣམས་དང། སེམས་དང། ཆོས ་རྣམས་ལ་ཆོས་ཀྱི་རྗེས་སུ་ལྟ་བའི་དྲན་པ་ཉེ་བར་གཞག་པ་ལ་རྗེས་སུ་འཇུག་པར་འགྱུར་པ་ཡིན་ཏེ། དེ་ལྟར་ན་ཁྱོད་ཀྱི་མི་སྡུག་པའི་སྦྱོར་བའི་དབང་དུ་བྱས་ནས་དྲན་པ་ཉེ་བར་གཞག་པ་བཞི་པོ་དག་ལ་ཞུགས་པར་འགྱུར་རོ། །ཁྱོད་དྲན་པ་ཉེ་བར་བཞག་པ་ལ ་རབ་ཏུ་སྦྱོར་བར་བྱེད་པ་ན། དུས་དུས་སུ་ཞི་གནས་དང་ལྷག་མཐོང་ལ་ཡང་རབ་ཏུ་བརྩོན་པར་བྱའོ། །ཁྱོད་དེ་ལྟར་དྲན་པ་ཉེ་བར་གཞག་པ་བཞི་པོ་དག་ལ་དྲན་པ་ཉེ་བར་གཞག་པས་གྲོང་ངམ། གྲོང་རྡལ་གང་ཡང་རུང་བ་དག་ལ་བརྟེན་ཅིང་གནས་པ་ན་གྲོང་ངམ། གྲོང ་རྡལ་དེ་ཉིད་ན་དེ་ལ་གཞོལ་བ་དང། དེ་ལ་འབབ་པ་དང། དེ་ལ་འབབ་པའི་སེམས་ཀྱིས་དམིགས་པ་དང། དམིགས་པའི་མཚན་མ་མ་སྤངས་པར་བསོད་སྙོམས་ཀྱི་ཕྱིར་ཞུགས་པའི་ཚེ། གླང་པོ་ཆེ་མུ་རྒོད་དང། རྟ་མུ་རྒོད་དང། བ་ལང་རྡུང་གྲུས་དང། ཁྱི་ཟ? ་བ་དང། སྦྲུལ་དང། དམ་གྲོག་དང། སྡོམ་དུམ་དང། ཚེར་མ་དང། འདམ་རྫབ་དང། གཡང་ས་དང། ལྗན་ལྗིན་དང། མི་གཙང་བའི་ཁུང་བུ་དང། སྤྱོད་ལམ་དང། སྤྱོད་པ་དང། གནས་མལ་སྡིག་པ་ཅན་དག་ཡོངས་སུ་སྤང་ཞིང་ཁྱོད་ཀྱི་བདག་ཉིད་ཀྱི་ལུས ་ལེགས་པར་བསྲུང་བར་གྱིས་ཤིག་།ཁྱོད་ཀྱི་ཡུལ་གྱི་མཚན་མ་གང་དག་ལ་དབང་པོ་རྣམས་བསྟད་པར་མི་བྱ་བ་དེ་དག་ལ་ཡང་རྩོལ་བ་མེད་པས། དབང་པོ་རྣམས་ལེགས་པར་བསྡམ་པར་གྱིས་ཤིག་།ཁྱོད་ཀྱིས་མཚན་མ་གང་དག་ལ་དབང་པོ་རྣམས་བསྟད་པར་བྱ་བ ་དེ་དག་ལ་ཡང་འདི་ལྟ་སྟེ། ཉོན་མོངས་པ་ཀུན་ཏུ་མི་རྒྱུ་བར་བྱ་བའི་ཕྱིར་དྲན་པ་ཤིན་ཏུ་ཉེ་བར་གཞག་པར་གྱིས་ཤིག་།ཁྱོད་ཀྱིས་དེ་ལྟར་ལུས་ལེགས་པར་བསྲུང་བ་དང། དབང་པོ་རྣམས་ལེགས་པར་བསྡམས་པ་དང། དྲན་པ་ཤིན་ཏུ་ཉེ་བར་གཞག་པས་དེ་དང ་འབྲེལ་པའི་ཡིད་ཀྱིས་ཟས་ཀྱི་དྲོད་རིག་པར་ཟོས་ཤིག་།ཁྱིམ་ན་གནས་པ་དང། རབ་ཏུ་བྱུང་བ་རྣམས་དང། ལྷན་ཅིག་རན་པར་སྨྲ་བ་དང། རིགས་པར་སྨྲ་བ་དང། དུས་སུ་སྨྲ་བ་དང། གནམ་པོར་སྨྲ་བ་དང། རབ་ཏུ་ཞི་བར་སྨྲ་བར་གྱིས་ཤིག་།ཁྱོད་ཀྱི་ཆོས་མ ་ཡིན་པའི་གཏམ་ནི་རྣམ་པ་ཐམས་ཅད་ཀྱི་ཐམས་ཅད་དུ་ཡོངས་སུ་སྤང་བར་བྱའོ། །ཁྱོད་ཀྱིས་ཆོས་ཀྱི་གཏམ་ཟར་བ་ན་ཡང་རྩོད་པའི་གཏམ་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། སྐྱེས་བུ་གང་ཟག་རྩོད་པའི་གཏམ་གྱི་ཚོགས་ཀྱི་རྗེས་སུ་སྦྱོར་བ་ལ་བརྩོན་པར་གནས་པ་ནི ་སྨྲ་བ་མང་པོ་ལ་སེམས་ཀུན་ཏུ་གནས་པར་འགྱུར་བ་དང། སྨྲ་བ་མང་ན་རྒོད་པར་འགྱུར་བ་དང། རྒོད་ན་ཉེ་བར་མ་ཞི་བར་འགྱུར་བ་དང། ཉེ་བར་མ་ཞིན་སེམས་ཏིང་ངེ་འཛིན་ལས་ཐག་རིང་དུ་འགྱུར་པའི་ཕྱིར་རོ། །ཁྱོད་དེ་ལྟར་རྒྱུ་བ་ན་དམིགས་པ་མ་གཏང་བས་མྱུར ་བ་མྱུར་བར་འདུག་ལ་ཞི་གནས་དང་ལྷག་མཐོང་ལ་མཚན་མ་ཇི་ལྟར་བཟུང་བ་དེ་ཉིད་ཀྱིས་རྒྱུན་དུ་བྱེད་པ་དང། ལེགས་པར་བྱེད་པས་རྣལ་འབྱོར་དུ་གྱིས་ཤིག་།གཙུབས་གཏན་ལས་མེ་འབྱུང་བའི་སྦྱོར་བའི་ཚུལ་གྱིས་རྟག་ཏུ་བྱེད་པ་དང། གུས་པར་བྱེད་པའི་སྦྱོར་བས ་རྒྱུན་ཏུ་གྱིས་ཤིག་།འདི་ལྟར་རབ་ཏུ་བསྟད་པར་ཡང་གྱིས་ཤིག་།གལ་ཏེ་འཛམ་བུ་གླིང་ན་འཛམ་བུའི་གླིང་པའི་མི་ཐམས་ཅད་ཀྱི་ཚེ་ཇི་སྲིད་ཐུབ་པར་གྱུར་པ་དེ་དག་ཐམས་ཅད་གཅིག་ཏུ་བསྡུས་ཏེ་བདག་གཅིག་པུའི་ཚེའི་ཚད་དུ་གྱུར་ཀྱང་བདག་གིས་འདི་ལྟ་སྟེ། ་རྣལ་འབྱོར་ལ་རབ་ཏུ་བརྩོན་པ་འདི་ཉིད་ཀྱི་འབྲས་བུ་ཆེ་བ་ཉིད་དང། ཕན་ཡོན་ཆེ་བ་ཉིད་རིག་པས་ན་ཚེ་དཔག་ཏུ་མེད་པས་སྤོང་བ་དང། རྣལ་འབྱོར་ཡིད་ལ་བྱེད་པ་དང། ཞི་གནས་དང། ལྷག་མཐོང་ལ་རྣལ་འབྱོར་མི་གཏང་བར་བྱ་ན་ཚེ ་ཐུང་ཞིང་སྲོག་མྱུར་ན་ཤིན་ཏུ་ཡུན་རིང་དུ་ཟིན་ཀྱང་ལོ་བརྒྱ་ལས་མི་ཐུབ་ཅིང་ཡོངས་སུ་བརྩིས་ན་ཡུད་ཙམ་ཅིག་ལས་མེད་པ་འདིས་ལྟ་སྨོས་ཀྱང་ཅི་དགོས་ཞེས་དེ་ལྟར་སེམས་རབ་ཏུ་བསྟད་པར་གྱིས་ཤིག་།དེ་ལྟར་ཁྱོད་ཇི་སྐད་རྗེས་སུ་བསྟན་པ་བཞིན་དུ་རྒྱུན་ཏུ ་བྱེད་ཅིང་ལེགས་པར་བྱེད་ན་གང་གི་དོན་དུ་སྤོང་བར་ཁས་བླངས་པའི་དོན་དེ་འགྲུབ་པར་འགྱུར་ཏེ། དང་པོ་ཁོ་ནར་ལུས་ཤིན་ཏུ་སྦྱངས་པ་དང། སེམས་ཤིན་ཏུ་སྦྱངས་པ་དང། སེམས་རྩེ་གཅིག་པ་ཆུང་དུ་ལ་རེག་པར་འགྱུར་རོ། །དེའི་འོག་ཏུ་འཇིག་རྟེན་དང ་འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པ་རྒྱ་ཆེན་པོ་དག་འཐོབ་པར་འགྱུར་རོ་ཞེས་འདོམས་པར་བྱེད་དོ། །དེ་ལྟར་སློབ་དཔོན་རྣལ་འབྱོར་པ་རྣལ་འབྱོར་ཤེས་པ་དེས་སློབ་མ་ལས་དང་པོ་པ་ལས་ཐོག་མ་པ་མི་སྡུག་པ་ལ་རབ་ཏུ་བརྩོན་པ་དེ་ལས་འདོམས ་པ་ན་ཡང་དག་པ་ཁོ་ནར་གཏམས་པ་ཡིན་ལ། དེ་ལྟར་སྒྲུབ་པ་ན་ཡང་ཡང་དག་པར་ཞུགས་པ་ཡིན་ནོ། །མི་སྡུག་པས་འདུལ་བ་ལ་མི་སྡུག་པས་གདམས་པ་ཇི་ལྟ་བ་བཞིན་དུ་བྱམས་པས་འདུལ་བ་ལས་དབུགས་རྡུབ་པ་དང། དབུགས་འབྱུང་བ ་དྲན་པ་ལ་སོགས་པའི་མཐར་ཐུག་པའི་བར་གྱིས་འདུལ་བ་ལ་ཡང་དེ་བཞིན་དུ་ཅི་རིགས་སུ་སྦྱར་བར་རིག་པར་བྱའོ། །དེ་ལས་གཞན་པ་དག་གི་སྒོར་འཇུག་པ་དག་གི་ཁྱད་པར་གང་ཡིན་པ་དེ་ནི་རྣམ་པར་དབྱེ་བར་བྱ་སྟེ། དེ་ལ་ལས་དང་པོ་པ་བྱམས་པ ་བསྒོམ་པ་ལ་བརྩོན་པ་ཕྱི་རོལ་གྱི་མཛའ་བཤེས་ཀྱི་ཕྱོགས་དང། ཐ་མལ་པའི་ཕྱོགས་ལས་མཚན་མ་བཟུང་སྟེ། གནས་མལ་ཚུལ་དང་མཐུན་པར་སོང་ནས། མཉམ་པར་གཞག་པའི་སའི་ཡིད་ལ་བྱེད་པ་ཕན་པ་དང། བདེ་བའི་ལྷག་པའི ་བསམ་པ་དང་ལྡན་པས། དང་པོ་ཁོ་ནར་མཛའ་བཤེས་ཀྱི་ཕྱོགས་གཅིག་དང། དགྲ་པོའི་ཕྱོགས་གཅིག་དང། ཐ་མལ་པའི་ཕྱོགས་གཅིག་ལ་མོས་པར་བྱ་སྟེ། ཕྱོགས་གསུམ་པོ་དེ་དག་ལ་ཕན་པ་དང། བདེ་བའི་ལྷག་པའི་བསམ་པ་དང་ལྡན་པའི་ཡིད ་ལ་བྱེད་པས། ཀྱེ་མ་སེམས་ཅན་བདེ་བ་འདོད་པ་འདི་ལྟ་སྟེ། འདོད་པའི་བདེ་བ་ཁ་ན་མ་ཐོ་བ་མེད་པ་དང། དགའ་བ་དང་བཅས་པའི་བདེ་བ་ཁ་ན་མ་ཐོ་བ་མེད་པ་དང། དགའ་བ་མེད་པའི་བདེ་བ་ཁ་ན་མ་ཐོ་བ་མེད་པས་བདེ་བར་གྱུར་ཅིག་ཅེས་མཚུངས་པར ་ཉེ་བར་བསྒྲུབ་དེའི་འོག་ཏུ་མཛའ་བཤེས་ཀྱི་ཕྱོགས་གཅིག་དང་གཉིས་དང། གསུམ་དང། བཞི་དང། །ལྔ་དང། བཅུ་དང། ཉི་ཤུ་དང། སུམ་ཅུ་དང། བཞི་བཅུ་དང། ལྔ་བཅུ་ནས་སྔ་མ་བཞིན་དུ་ཕྱོགས་དང། ཕྱོགས་མཚམས་ཐམས་ཅད་ཀྱི་བར་དག་མཛའ་ ་བཤེས་ཀྱི་འདབ་ཆགས་སུ་གང་སྟེ། གང་དུ་འདབ་ཆགས་སུ་མ་གྱུར་པའི་གོ་སྐབས་སུ་ནི་ཐ་ན་ཁར་བའི་རྩེ་མོ་གཟུགས་པའི་གཏོས་ཙམ་ཡང་མེད་པར་མོས་པར་བྱའོ། །འཛའ་བཤེས་ཀྱི་ཕྱོགས་ལ་ཇི་ལྟ་བ་བཞིན་དུ་དགྲ་བོའི་ཕྱོགས་དང། ཐ་མལ་པའི་ཕྱོགས ་ལ་ཡང་དེ་བཞིན་དུ་རིག་པར་བྱའོ། །བྱམས་པའི་སྦྱོར་བ་དེ་ཡང་མི་སྤོང་བར་བྱམས་པ་སྒོམ་བཞིན་དུ་དྲན་པ་ཉེ་བར་གཞག་པ་དག་ལ་འཇུག་པ་ཁོ་ནར་ཡང་བྱེད་དེ། ཇི་ལྟར་འཇུག་པར་བྱེད་ཅེ་ན། འདི་ལྟར་མོས་པར་བྱེད་པ་ན་འཇུག་པར་བྱེད་དེ། འདི་ལྟ་སྟེ། ་བདག་ཀྱང་གཞན་དག་གི་མཛའ་བཤེས་སུ་གྲགས་པ་ཡང་ཡིན། དགྲ་བོར་གྲགས་པ་ཡང་ཡིན། ཐ་མལ་པར་གྲགས་པ་ཡིན་ལ། བདག་ཀྱང་བདེ་བར་འདོད་པ་དང། སྡུག་བསྔལ་དང། མི་མཐུན་པ་ཡིན་ནོ་ཞེས་དེ་ལྟར་མོས་པར་བྱེད་པ་དེ་ནི་དེའི་ནང་གི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་བའི་བྱམས ་པ་སྒོམ་པ་ཡིན་ནོ། །སེམས་ཅན་འདི་དག་ཐམས་ཅད་ཀྱང་བདག་ཇི་ལྟ་བ་བཞིན་དུ་གཞན་དག་གི་མཛའ་བཤེས་སུ་གྱུར་པ་ཡང་ཡིན། དགྲ་བོར་གྱུར་པ་ཡང་ཡིན། ཐ་མལ་པར་གྱུར་པ་ཡང་ཡིན་ལ། སེམས་ཅན་འདི་དག་ཀྱང་བདེ་བ་འདོད་པ་དང། སྡུག ་བསྔལ་དང་མི་མཐུན་པ་ཡིན་ནོ་ཞེས་དེ་ལྟར་མོས་པར་བྱེད་པ་དེ་ནི་དེའི་ཕྱི་རོལ་གྱི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་བའི་བྱམས་པ་བསྒོམ་པ་ཡིན་ནོ། །སེམས་ཅན་འདི་དག་ཀྱང་བདག་ཇི་ལྟ་བ་དེ་ལྟ་བུ་ཡིན་པས། །ཇི་ལྟར་ཁོ་བོ་བདག་ལ་བདེ་བ ་ཚོལ་བ་དེ་བཞིན་དུ་སེམས་ཅན་འདི་དག་ཀྱང་བདག་དང་མཉམ་ཞིང་བདག་དང་མཚུངས་པས་ན། བདག་གིས་སེམས་ཅན་འདི་དག་ལ་ཡང་བདེ་བ་ཉེ་བར་སྒྲུབ་པར་བྱའོ། །ཞེས་དེ་ལྟར་མོས་པར་བྱེད་པ་དེ་ནི་དེའི་ནང་དང། ཕྱི་རོལ་གྱི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་བའི ་བྱམས་པས་བསྒོམ་པ་ཡིན་ནོ། །དྲན་པ་ཉེ་བར་གཞག་པ་བཞི་པོ་དག་ལས་ཆོས་དྲན་པ་ཉེ་བར་གཞག་པ་ནི་ཕུང་པོ་འདྲེན་མ་ལ་དམིགས་པའི་ཕྱིར་འདྲེན་མ་ལ་དམིགས་པའི་དྲན་པ་ཉེ་བར་གཞག་པ་ཡིན་ནོ། །རྣལ་འབྱོར་པས་གཟུགས་ཀྱི་མཚན་མ་ཁ་དོག་དང ་དབྱིབས་ཀྱི་མཚན་མ་དང། རྣམ་པར་རིག་བྱེད་ཀྱི་མཚན་མ་བཟུང་ནས་མཛའ་བཤེས་དང། དགྲ་བོ་དང། ཐ་མལ་བར་ཕྱོགས་ལ་མོས་པར་བྱ་དེ་པས་ན་དེའི་ཕྱིར་དེ་ནི་ལུས་དྲན་པ་ཉེ་བར་གཞག་པ་ཁོ་ན་ཡིན་པར་རྣམ་པར་གཞག་གོ་།དེ་མོས་པ་ཡིད་ལ་བྱེད་པ་ལ ་བརྟེན་ནས། ཡང་དག་པ་ཡིད་ལ་བྱེད་པ་ལ་ཡང་འཇུག་སྟེ། ཇི་ལྟར་འཇུག་ཅེ་ན། འདི་ལྟར་མོས་པར་བྱེད་པ་ནི་འཇུག་པར་བྱེད་དེ། བདག་གིས་ཕན་པ་དང། བདེ་བ་དང་ལྡན་པའི་ལྷག་པའི་བསམ་པས་སེམས་ཅན་ཚད་མེད་པའི་བར་དེ་དག་ལ་མོས་པར་བྱས་པ ་དེ་པས་ནི། བདག་གི་སྔོན་གྱི་མཛའ་ལས་བརྩམས་ཏེ་སེམས་ཅན་གང་དག་བདག་གི་མཛའ་བཤེས་སུ་གྱུར་པ་ལས་དགྲ་བོ་དང། ཐ་མལ་པར་སོང་བ་དང། དགྲ་བོར་གྱུར་པ་ལས་མཛའ་བཤེས་དང། ཐ་མལ་པར་སོང་བ་དང། ཐ་མལ་པར་གྱུར་པ་ལས་མཛའ་བཤེས ་དང། དགྲ་པོར་སོང་བའི་མཛའ་བཤེས་དང། དགྲ་བོ་དང་ཐ་མལ་པའི་ཕྱོགས་མངོན་པར་འདས་པའི་སེམས་ཅན་དེ་དག་ཆོས་ཚད་མེད་པ་ཡིན་པས་དེའི་ཕྱིར་ན་རྣམ་གྲངས་དེས་ན། སེམས་ཅན་འདི་དག་ཐམས་ཅད་ནི་མཉམ་ཞིང་མཚུངས་པ་ཡིན་ཏེ། འདི་ལ་མཛའ་ ་བཤེས་སམ། དགྲ་བོ་འམ། ཐ་མལ་པར་ཞེས་བྱ་བར་ཡོངས་སུ་གྲུབ་པ་ནི་འགའ་ཡང་མེད་པ་ན། རྣམ་པ་དེ་ཉིད་ཀྱིས་ཀྱང་ཕྱོགས་གསུམ་པོ་ཐམས་ཅད་ལ་སེམས་མཉམ་པ་ཉིད་དང། ཕན་པ་དང། བདེ་བ་ཉེ་བར་བསྒྲུབ་པ་ཡང་མཉམ་པ་ཉིད་དུ་བྱའོ། །སྔོན་གྱི་མཛའ་ལས ་བརྩམས་ནས་ཇི་ལྟ་བ་བཞིན་དུ་ཕྱི་མའི་མཛའ་ལས་བརྩམས་ནས་འཁོར་བ་ན་འཁོར་བ་ཡོད་ཀྱི་བར་དུ་དེ་བཞིན་དུ་རིག་པར་བྱའོ། །བདག་གིས་སྔོན་གྱི་མཛའ་ལས་བརྩམས་ཏེ། སེམས་ཅན་གང་དག་ལ་བྱམས་པའི་སེམས་ཀྱིས་རྗེས་སུ་སྙིང་བརྩེ་བར་མ་བྱས ་པར་དེ་དག་མངོན་པར་འདས་སུ་ཟིན་གྱི་ཀྱང། འོན་ཀྱང་དེ་དག་ལ?་ད་བདག་གིས་འདི་ལྟ་སྟེ། རང་གི་སེམས་ཀྱིས་རྙོག་པ་མེད་པ་དང། གནོད་སེམས་སུ་གྱུར་བ་མེད་པ་ཉེ་བར་བཟུང་སྟེ། ཀྱེ?་མ་འདས་པའི་སེམས་ཅན་འདི་དག་ཀྱང་བདེ་བར་གྱུར་ཅིག་ཅེས་རྗེས་སུ་སྙིང་བརྩེ་བར ་བྱའོ། །གང་དག་མ་འོངས་པའི་དུས་ཀྱི་སེམས་ཅན་མ་འདས་པ་དེ་དག་ཀྱང་བདེ་བར་གྱུར་ཅིག་ཅེས་དེ་ལྟར་མོས་པར་བྱེད་པ་ན་འཇུག་པར་བྱེད་དོ། །ད་ལྟར་ཡང་དག་པ་ཡིད་ལ་བྱེད་པའི་རྗེས་སུ་ཞུགས་པའི་བྱམས་པ་ལ་གནས་པ་དེ་བསོད་ནམས་ཀྱི་རྒྱུན་དང། བདེ་བའི་རྒྱུན་གང ་ཡིན་པ་དེའི་གནན་མོས་པ་ལས་བྱུང་བའི་བྱམས་པ་ལ་གནས་པ་དེའི་བསོད་ནམས་ཀྱི་ཕུང་པོ་གང་ཡིན་པ་དེ་བརྒྱའི་ཆར་ཡང་ཉེ་བར་མི་འགྲོའོ། །སྟོང་གི་ཆ་དང་གྲངས་དང་ཆ་དང་བགྲང་བ་དང། དཔེ་དང་རྒྱུར་ཡང་ཉེ་བར་མི་འགྲོ་སྟེ། ལྷག་མ་ནི་སྔ་མ་བཞིན་ནོ། །དེ་ལ་རྐྱེན ་འདི་ལ་ཉིད་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་རབ་ཏུ་བརྩོན་པའི་ལས་དང་པོ་པ་ནི་ཐོས་པ་དང་བསམས་པའི་དབང་གིས་བྱུང་བའི་ཡོངས་སུ་རྟོག་པས་མཚན་འཛིན་པར་བྱེད་དེ། སེམས་ཅན་འདི་དག་ལ་ནི་མི་ཤེས་པས་ཀུན་ཏུ་རྨོངས་པ་ཡོད་དེ། དེས་ན་འདི་དག ་མངོན་སུམ་དུ་མི་རྟག་པ་ལ་ནི་རྟག་པར་རྟོག་པ་བྱེད། མངོན་སུམ་དུ་མི་སྡུག་པ་ལ་ནི་སྡུག་པར། སྡུག་བསྔལ་བ་ལ་བདེ་བར། བདག་མེད་པ་ལ་ནི་བདག་ཏུ་རྟོག་པར་བྱེད་པས་ན། སེམས་ཅན་འདི་དག་ནི་ཕྱིན་ཅི་ལོག་གིས་བསླད་པ་ཡིན་ཏེ། བསླད་པའི་རྒྱུས་ཚེ ་འདི་ལ་ཚོར་བ་རྣམས་དང། ཚེ་ཕྱི་མ་ལ་ལུས་མངོན་པར་འགྲུབ་པ་ལ་སྲིད་པ་བསྐྱེད་པར་བྱེད་དོ། །སྲིད་པར་གྱུར་བས་སྐྱེ་བའི་རྩ་བའི་ལས་རྣམས་བྱས་པས་ན། དེས་ན་ཕྱི་མ་ལ་ལས་དང། ཉོན་མོངས་པའི་རྒྱུ་ལས་བྱུང་བ་སྡུག ་བསྔལ་གྱི་ཕུང་པོ་འབའ་ཞིག་པོ་འདི་མངོན་པར་འགྲུབ་པར་བྱེད་དོ་ཞེས་མཚན་མར་འཛིན་པར་བྱེད་དོ། །དེ་ལྟར་མཚན་མ་བཟུང་ནས་ཀྱང་བདག་གི་སྡུག་བསྔལ་གྱི་ཕུང་པོ་འབའ་ཞིག་པ་དེ་ཁོ་ན་ལྟ་བུར་གྱུར་པ་ཡིན་ནོ་ཞེས་ནང་ལ་མོས་པར་བྱེད་དོ། །ལུས་གང ་ངག་མཛའ་ཡས་མུ་མེད་པའི་སྔོན་གྱི་མཛའ་ནས་བརྩམས་པ་དེ་དག་ལ་ནི་སྔོན་གྱི་མཛའ་མི་མངོན་ཏེ། དེ་དག་ཀྱང་དེ་ལྟ་བུར་གྱུར་པ་ཡིན་ལ། སེམས་ཅན་འདི་དག་གི་འདས་པ་དང། མ་འོངས་པ་དང། དེ་ལྟར་བྱུང་བའི་སྡུག་བསྔལ་གྱི་ཕུང་པོས་ཀུན ་ཏུ་ཟིན་པ་དེ་དག་ཐམས་ཅད་ཀྱང་དེ་ལྟ་བུ་ཁོ་ནར་མངོན་པར་གྲུབ་པ་དང། ཕྱིས་ཀྱང་སྐྱེ་བར་འགྱུར་པ་ཡིན་ནོ་ཞེས་མོས་པར་བྱེད་དོ། །རྐྱེན་འདི་ལ་ཉིད་ཀྱི་རྟེན་ཅིང་འབྲེལ་པར་འབྱུང་བ་ཡིད་ལ་བྱེད་པ་འདི་དག་ཐམས་ཅད་ནི་ཡང་དག་པ་ཉིད་ཡིད་ལ་བྱེད་པ་ལས ་བྱུང་བ་ཡིན་གྱིས་མོས་པ་བྱུང་བ་མེད་དོ། །དེ་ལ་གང་གི་ཚེ་བདག་ཉིད་ཀྱི་ད་ལྟར་གྱི་ཕུང་པོ་རྟེན་ཅིང་འབྲེལ་པར་འབྱུང་བ་དག་ཡིད་ལ་བྱེད་པ་དེའི་ཚེ་ན་ནི། ནང་གི་ལུས་དང་ཆོས་རྣམས་ཀྱི་བར་ལ་ཆོས་ཀྱི་རྗེས་སུ་ལྟ་ཞིང་གནས་པ་ཡིན་ནོ། །གང་གི་ཚེ་གཞན ་དག་གི་ད་ལྟར་གྱི་ཕུང་པོ་རྟེན་ཅིང་འབྲེལ་པར་འབྱུང་བ་དག་ཡིད་ལ་བྱེད་པ་དེའི་ཚེ་ན་ནི་ཕྱི་རོལ་གྱི་ལུས་དང་ཆོས་རྣམས་ཀྱི་བར་ལ་ཆོས་ཀྱི་རྗེས་སུ་ལྟ་ཞིང་གནས་པ་ཡིན་ནོ། །གང་གི་ཚེ་བདག་དང་གཞན་དག་གི་འདས་པ་དང་མ་འོངས་པའི་ཕུང་པོ་རྟེན་ཅིང ་འབྲེལ་པར་འབྱུང་བ་དག་ཡིད་ལ་བྱེད་པ་དེའི་ཚེ་ན་ནི། ནང་དང་ཕྱི་རོལ་གྱི་ལུས་དང། ཆོས་རྣམས་ཀྱི་པར་དག་ལ་ཆོས་ཀྱི་རྗེས་སུ་ལྟ་ཞིང་གནས་པ་ཡིན་ཏེ། ལྷག་མ་ནི་སྔ་མ་བཞིན་ནོ། །དེ་ལ་ཁམས་རབ་ཏུ་དབྱེ་ལ་རབ་ཏུ་བརྩོན་པའི་ལས་དང་པོ་པ་ནི ་ཕྱི་རོལ་གྱིས་སའི་ཁམས་འདི་ལྟ་སྟེ། ས་དང་རི་དང། རྩཝ་དང་ནགས་ཚལ་དང། གསེག་མ་དང། གྱོ་མོ་དང། ནོར་བུ་དང། མུ་ཏིག་དང། བཻ་ཌཱུརྱ་དང། རིན་པོ་ཆེ་ཤངཀ་ཤི་ལ་དང། བྱུ་རུ་ལ་སོགས་པ་ཐམས་ཅད་ལ་སྲ་བའི་མཚན་མ་བཟུང་ནས། ནང་གི་སྲ་བ་ཉིད་ལ་མོས་པར་བྱེད་དོ།། ་ཕྱི་རོལ་གྱི་ཆུའི་ཕུང་པོ་འདི་ལྟ་སྟེ། ཆུ་ཀླུང་དང། འབབ་ཆུ་དང། མཚོ་དང། ལྟེང་ཀ་དང། ཁྲོན་པ་ལ་སོགས་པ་དག་ལས་གཤེར་བའི་མཚན་མ་བཟུང་ཞིང་དེ་བཞིན་དུ་ཕྱི་རོལ་གྱི་མེ་འདི་ལྟ་སྟེ། མེའི་ཕུང་པོ་ཆེན་པོ་དང། དཔྱིད་ཀའི་ཉི་མའི་འོད་ཟེར་གྱིས་གདུངས་པ་དང། ་སེམས་ཅན་རིམས་ཀྱིས་བཏབ་པ་དང། ཁྱིམ་མེ་ཆེན་པོས་ཚིག་པ་ལ་སོགས་པ་དང། དེ་བཞིན་དུ་ཕྱི་རོལ་གྱི་རླུང་གི་ཕུང་པོ་འདི་ལྟ་སྟེ། ཤར་དང་ལྷོ་དང་ནུབ་དང། བྱང་གི་རླུང་ལ་སོགས་པ་དང། དེ་བཞིན་དུ་ཕྱི་རོལ་གྱི་རླུང་གི་དཀྱིལ་འཁོར་གྱི་བར་དག་དང། དེ་བཞིན་དུ ་གང་དག་ཡུལ་གྱིས་མ་ཁྱབ་པ་དང། གཟུགས་ཀྱི་རྣམ་པས་ཁྱབ་པར་བྱ་བ་མ་ཡིན་པ་དང། བུ་གུ་དང་བཅས་པ་དང། སྤུབས་ཡོད་པ་དང། གོ་སྐབས་ཡོད་པའི་ནམ་མཁའ་ཨི་ཁམས་དེ་དག་ལས་མཚན་མ་བཟུང་ནས། ནང་གི་ཆུའི་ཁམས་དང། མེའི་ཁམས་དང། རླུང་གི ་ཁམས་དང། ནམ་མཁའ་ཨི་ཁམས་ལ་མོས་པར་བྱེད་དོ། །དེ་བཞིན་དུ་ཐོས་པ་དང་བསམས་པའི་དབང་གིས་བྱུང་བའི་ཡོངས་སུ་རྟོག་པས་འདི་ལྟར་རྣམ་པར་ཤེས་པའི་ཁམས་ཀྱིས་མཚན་མ་འཛིན་པར་ཡང་བྱེད་དོ། །གལ་ཏེ་ནང་གི་སྐྱེ་མཆེད་མིག་ཡོངས་སུ་མ་ཉམས ་ཤིང་གཟུགས་སྣང་བར་གྱུར་དུ་ཟིན་ཀྱང། དེ་དང་འབྱུང་བ་ཡིད་ལ་ཉེ་བར་གནས་པར་མ་གྱུར་ན་དེ་དང་འབྱུང་བའི་མིག་གི་རྣམ་པར་ཤེས་པ་འབྱུང་བར་མི་འགྱུར་གྱི། དེ་ལས་བཟློག་ན་འབྱུང་བར་འགྱུར་རོ། །ཡིད་དང་ཆོས་རྣམས་དང། ཡིད་ཀྱི་རྣམ་པར་ཤེས་པའི་བར་ལ ་ཡང་དེ་བཞིན་དུ་རིག་པར་བྱའོ་ཞེས་དེ་ལྟར་རྣམ་པར་ཤེས་པའི་ཁམས་ཀྱི་མཚན་མ་འཛིན་པར་བྱེད་དོ། །དེས་ད་ལྟར་མཚན་མ་བཟུང་ནས་ཀྱང་འབྱུང་བ་ཆེན་པོ་བཞི་ལས་གྱུར་པའི་ལུས་འདི་ལ་རྣམ་པར་ཤེས་པ་དེ་དག་ཐམས་ཅད་ཀྱི་ས་བོན་དང། ཁམས་དང་རིགས་དང། ་རང་བཞིན་ཡོད་དོ་ཞེས་མོས་པར་བྱེད་དོ། །འབྱུང་བ་ཆེན་པོ་བཞི་པོ་དེ་དག་ཀྱང་དང་པོ་ཁོ་ནར་ཡང་ལག་དང། ཉིང་ལག་དག་ལ་རགས་པར་ཡོད་དོ་ཞེས་མོས་པར་བྱེད་དོ། །དེའི་འོག་ཏུ་ཆ་ཤས་ཀྱི་རབ་ཏུ་དབྱེ་བས་ཤིན་ཏུ་ཕྲ་བར་མོས ་པར་བྱེད་དོ། །དེ་བཞིན་དུ་ཉི་ཟེར་གྱི་ནང་ན་ཡོད་པའི་རྡུལ་དང་མཉམ་པའི་བར་དང། དེ་བཞིན་དུ་ཁད་ཀྱི་ཁད་ཀྱིས་རྡུལ་ཕྲ་རབ་ཏུ་མོས་པར་བྱེད་དོ། །དེ་ཡན་ལག་དང། ཆ་ཤས་རེ་རེ་ལ་ཡང་རྡུལ་ཕྲ་རབ་ཀྱི་ཚོགས་ཚད་མེད་པ་དག་ཡོད་པར་མོས་པར་བྱེད་ན། ལུས ་ཐམས་ཅད་ལྟ་སྨོས་ཀྱང་ཅི་དགོས་ཏེ། དེ་ནི་རེ་ཞིག་ཁམས་རབ་ཏུ་དབྱེ་བ་ལ་བརྩོན་པའི་ཁམས་གཟུགས་ཅན་རྣམས་ཀྱི་བར་དུ་དབྱེ་བའི་མཛའ་ཡིན་ནོ། །ནམ་མཁའ་ཨི་ཁམས་ལ་ནི་དང་པོ་ཁོ་ནར་མིག་སྤུབས་ཡོད་པ་དང། རྣ་བ་དང། སྣ་དང། མིང་པ། སྤུབས ་ཡོད་པ་དང། གང་གིས་མིང་པར་བྱེད་པ་དང། གང་དུ་མིང་བར་བྱེད་པ་དང། གང་གིས་དེའི་མིང་པ་སྨད་ཀྱི་ཆར་འཛག་པར་བྱེད་པ་དེ་ནི། ནམ་མཁའ་ཨི་ཁམས་རགས་པ་ཡིན་ནོ་ཞེས་མོས་པར་བྱེད་དེ། །དེའི་འོག་ཏུ་ཁད་ཀྱི་ཁད་ཀྱིས་སྤུའི་ཁུང་བུ་ཐམས་ཅད་ཀྱི ་པར་དུ་སྤུབས་དང་ལྡན་པར་མོས་པར་བྱེད་དོ། །རྣམ་པར་ཤེས་པའི་ཁམས་ལ་ནི་ཁད་ཀྱིས་ཁད་ཀྱིས་གནས་དང། དམིགས་པ་དང། ཡིད་ལ་བྱེད་པ་དང། དུས་དང། རྣམ་པར་རབ་ཏུ་དབྱེ་བ་ཚད་མེད་པ་ཡོད་པར་མོས་པར་བྱེད་དོ། །རྣམ་པར་ཤེས་པའི ་ཁམས་ཁོ་ན་ལ་མོ་པ་བར་བྱེད་པ་ན། གནས་ཀྱི་དམིགས་པ་ལ་མོས་པས་རྣམ་པར་ཤེས་པའི་ཁམས་དེ་ཉིད་ཀྱི་རྒྱུར་བྱས་པའི་གཟུགས་རྣམ་པ་བཅུ་པོ་དག་ལ་ཡང་མོས་པར་བྱེད་དེ། དེ་དག་ཀྱང་ཇི་ལྟར་གྱུར་པ་དེ་ལྟ་བུ་ཁོ་ན་ཡིན་ནོ། །དེ་གལ་ཏེ་བདག་ཉིད་ཀྱི ་ནང་གི་ཁམས་ལ་མོས་པར་བྱེད་པ་ན། དེ་ནང་གི་དྲན་པ་ཉེ་བར་གཞག་པ་རྣམས་ལ་སྤྱོད་པ་ཡིན་ནོ། །གལ་ཏེ་སེམས་ཅན་དུ་བགྲང་བ་མ་ཡིན་པ་གཞན་དག་གི་ཁམས་ལ་མོས་པར་བྱེད་ན་ནི་ཕྱི་རོལ་གྱི་དྲན་པ་ཉེ་བར་གཞག་པ་རྣམས་ལ་སྤྱོད་པ་ཡིན་ནོ། ། ་གལ་ཏེ་སེམས་ཅན་དུ་བགྲང་པ་གཞན་དག་གི་ཁམས་ལ་མོས་པར་བྱེད་ན་ནི། ནང་དང་ཕྱི་རོལ་གྱི་དྲན་པ་ཉེ་བར་གཞག་པ་རྣམས་ལ་སྤྱོད་པ་ཡིན་ནོ། །གལ་ཏེ་སེམས་ཅན་དུ་བགྲང་པ་གཞན་དག་གི་ཁམས་ལ་མོས་པར་བྱེད་ན་ནི། ནད་དང་ཕྱི་རོལ་གྱི་དྲན་པ་ཉེ་བར་གཞག་པ་རྣམས ་ལ་སྤྱོད་པ་ཡིན་ནོ། །གཞན་ཡང་བདག་ཉིད་ཀྱི་ལུས་འདི་འཆི་བ་དང། སྔ་མ་བཞིན་དུ་རྣམ་པར་བརྣགས་པའི་གནས་སྐབས་སུ་གྱུར་པའི་བར་དུ་མོས་པར་བྱེད་དེ། རྣམ་པར་བརྣགས་པའི་ཡང་རྣག་པ་རབ་ཏུ་འཇོག་པར་མོས་པར་བྱེད་ཅིང། དེ་ཁད་ཀྱིས་ཁད་ཀྱིས་རྣག ་གི་རྒྱུན?་དེས་རྒྱ་མཚོའི་མཐར་ཐུག་པའི་བར་གྱིས་གཞི་ཆེན་པོ་རྣག་གིས་ཡོངས་སུ་གང་བར་མངོན་པར་སྤེལ་ཞིང། མེས་པར་ཡང་བྱེད་དོ། །ལུས་དེ་རྣམ་པར་མཛའ་ཡས་པར་མོས་པར་བྱས་ནས་མེའི་ཕུང་པོ་ཆེན་པོ་མཛའ་ཡས་མུ་མེད་པའི་མེས་ཚིག་པར་ཡང་མོས་པར ་བྱེད་ཅིག་མེ་ཞི་ནས་ཀྱང་རུས་པའི་ལྷག་རོལ་དང། ཐལ་བའི་ལྷག་རོལ་ཙམ་ཞིག་ལུས་ལ་མོས་པ་མཛའ་ཡས་མུ་མེད་པས་མོས་པར་བྱེད་དོ། །རུས་པ་དེ་དག་ཀྱང་རླུང་གི་ཕུང་པོ་ཚད་མེད་པས་ཕྱེ་མར་ལྷག་ཏེ་ཕྱོགས་ཕྱོགས་སུ་གཏོར་ཞིང་ཁྱེར་བར་ཡང་མོས་པར་བྱེད་དོ།། ་ཁྱེར་ནས་ཀྱང་རུས་པ་དེ་དག་དང། ཐལ་བ་དེ་དང། རླུང་དེ་དག་མི་སྣང་པར་ལྷགས་ལ་ནམ་མཁའ་ཨི་ཁམས་ཙམ་ཞིག་ལུས་པར་སྣང་བར་མོས་པར་བྱེད་དེ། དེ་ལྟར་ན་རེ་ཞིག་ནད་དང། ཕྱི་རོལ་གྱི་མི་སྡུག་པའི་སྦྱོར་བ་ལ་བརྟེན་པའི་མོས་པ་ཡིད་ལ་བྱེད་པས་ཁམས་རབ་ཏུ་དབྱེ་བ ་ལ་འཇུག་པའི་ཕྱིར། ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་པར་བྱེད་དོ། །དེ་ལྟར་མོས་པར་བྱེད་པ་ན་ཡང་དག་པའི་ཡིད་ལ་བྱེད་པས་ཀྱང་འདི་ལྟར་ནད་དང། ཕྱི་རོལ་གྱི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་པར་བྱེད་དེ། བདག་གི་ཆུའི་ཁམས་དང། མེའི་ཁམས་དང། ་སའི་ཁམས་དང། རླུང་གི་ཁམས་དང། ནམ་མཁའ་ཨི་ཁམས་ཀྱི་བར་ཚད་མེད་པ་དེ་དག་ལ་མོས་པར་བྱས་པ་དེ་བས་ན། བདག་གི་འཁོར་བ་ན་འཁོར་བའི་ཚེ། མ་ཤི་བ་དག་དང། ཕ་ཤི་བ་དག་དང་ཕུ་ནུ་དང། བུ་སྲིད་དང། ཉེ་དུ་ཤི་བ་དག་དང། ལོངས་སྤྱོད་བྱུང?་བ་དང། ནོར་ཟད་ ་བ་དག་ནི་མཆི་མ་རབ་ཏུ་ཟགས་ཤིང་མཆི་མ་རྒྱུད་བླགས་པ་དང། མའི་ནུ་ཞོ་འཐུངས་པ་དང། རྐུན་པོ་དང། ལམ་འགོག་པ་དང། ཁྱིམ་འབུགས་པ་དང། མདུད་པ་འགྲོལ་བ་དག་འབྱུང་བས་ལག་པ་བཅད་པ་དང། རྐང་པ་བཅད་པ་དང། མགོ ་བཅད་པ་དང། སྣ་བཅད་པ་དང། ཡན་ལག་དང། ཉིང་ལག་རྣམ་པ་སྣ་ཚོགས་དཔག་ཏུ་མེད་པ་བཅད་པ་ཉམས་སུ་མྱོང་བར་གྱུར་བ་དེ་ན། ཁྲག་དཔག་ཏུ་མེད་བདག་བྱུང་ཞིང་རབ་ཏུ་ཟགས་པར་གྱུར་པ་གང་ཡིན་པ་དེ་དག་ཆེས་དཔག་ཏུ་མེད་དེ། མཆི་མ་དང། འོ་མ་དང། ་ཁྲག་གིས་ཡོངས་སུ་ཟིན་པའི་ཆུའི་ཁམས་ཀྱི་ཆུའི་ཕུང་པོ་གང་ཡིན་པ་དེའི་གན་ན། རྒྱ་མཚོ་ཆེན་པོ་བཞི་ཆུས་ཡོངས་སུ་གད་བས་ནི་བརྒྱའི་ཆར་ཡང་ཉེ་བར་མི་འགྲོའོ་ཞེས་བྱ་བ་ནས་རྒྱས་པར་སྔ་མ་བཞིན་ནོ། །སྲིད་པ་དང་འགྲོ་བ་དེ་དང་དེ་དག་ཏུ་འཆི་འབོ་དང། སྐྱེ་བ་དག་ན ་ལུས་རྣམས་མེས་བསྲེག་པར་གྱུར་པའི་མེའི་ཕུང་པོ་གང་ཡིན་པ་དེ་ཡང་ཆེས་ཚད་མེད་དེ། དེ་ལ་ནི་དཔེ་ཡང་མེད་དོ། །སའི་ཁམས་ཀྱི་རུས་པ་ཞིག་བར་གྱུར་པ་དག་ཀྱང་ཆེས་ཚད་མེད་དོ། །གང་གིས་ལུས་དེ་དག་རབ་ཏུ་གཡོ་བར་བྱེད་པའི་རླུང་གི་ཁམས་དེ་ཡང་ཆས་ཚད ་མེད་དོ། །ལུས་དེ་དག་གི་མིག་ལ་སོགས་པ་སྤུབས་ཡོད་པའི་ནམ་མཁའ་ཨི་ཁམས་ཀྱང་ཆེས་ཚད་མེད་དོ། །ད་ལྟར་གྱི་མཛའ་ཨི་ལུས་འདི་ལ་ཐུག་པའི་བར་གྱི་ལུས་སར་པ་སར་པ་དག་ཡང་དང་ཡང་དུ་ལེན་པར་བྱེད་པའི་རྣམ་པར་ཤེས་པའི་རྒྱུད་དེ་ཡང་ཆེས་ཚད་མེད་དེ། ་དེའི་རྣམ་པར་ཤེས་པའི་རྒྱུན་ལ་གནས་པའི་འགྲོ་བ་དེ་ཡང་ཕྱི་མའི་མཛའ་ནི་མ་ངེས་ཏེ། དེ་ལྟར་རྣམ་པར་ཤེས་པའི་ཁམས་ཀྱི་བར་འདི་ནི་ཚད་མེད་པ་ཡིན་ནོ། །ཞེས་དེ་ལྟར་མོས་པར་བྱེད་དོ། །དེ་ལ་དབུགས་རྡུབ་པ་དང། དབུགས་འབྱུང་བ་དྲན་པའི་རྣལ་འབྱོར་ལ་རབ ་ཏུ་བརྩོན་པའི་ལས་དང་པོ་བ་ནི། གནས་ཁང་གཡས་གཡོན་གྱི་སྒོའི་རྣམ་པ་ལས་སམ། ལྕགས་མགར་གྱི་སྦུད་བདག་ལས་སམ། གསེར་མགར་གྱི་ཤིང་སྦུད་ལས་སམ། ཕྱི་རོལ་གྱི་རླུང་གི་ཕུང་པོ་དག་ལས་རླུང་ཕྱིར་འབྱུང་བ་དང། ནད་དུ་འཇུག་པ་དང། འོད་པ་ངས? ་འགྲོ་བའི་མཚན་མ་བཟུང་ནས་ནང་གི་དབུགས་རྡུབ་པ་དང། དབུགས་འབྱུང་བའི་དམིགས་པ་དྲན་པས་དབུགས་རྡུབ་པ་དང། དབུགས་འབྱུང་བ་ལ་མོས་པར་བྱེད་དོ། །དེ་དང་པོ་ཁོ་ནར་ཁ་དང་སྣའི་ཕྱོགས་སྤུབས་རགས་པ་ནས། འགྲོ་བ?་དང་ལྡོག་པའི་རླུང་ཤིན་ཏུ་ཕྲ་ཞིང ་ཆུད་པ་ལ་མོས་པར་བྱེད་དོ། །དེ་ནས། འང་ཀྱིས་ཁད་ཀྱིས་རླུང་དེ་ཆེས་ཆེ་བ་དང། ཆེས་མེད་བར་མོས་པར་བྱེད་ཅིང་སྡུའི་ཁུང་བུ་ཐམས་ཅད་ཀྱི་བར་དུ་ཞུགས་པར་མོས་པར་བྱེད་དེ། འདི་ལྟར་ལུས་ཐམས་ཅད་རླུང་གི་ཕུང་པོ་དང་འབྲེལ་པ་དང། རླུང་གི་ཕུང་པོས་ཡོངས་སུ ་བསྐོར་བ་དང། རླུང་གི་ཕུང་པོས་ཉེ་བར་དཀྲིས་པ་དང། རླུང་གི་ཕུང་པོས་ཚང་མེད་པའི་ནང་ན་འདུག་ཅིང་འདི་ལྟ་སྟེ། དཔེར་ན་ཤིང་བལ་གྱིས་འདབ་མ་དང། རས་བལ་གྱི་འདབ་མ་ལྟར་ཡོད་པ་ཉིད་དུ་མོས་པར་ཡང་བྱེད་དོ། །དེ་གང་གི་ཚེ་དབུགས་རྡུབ་པ་དང། དབུགས ་འབྱུང་བའི་རྒྱུན་འཇུག་པ་མ་ཉམས་པ་ཡིད་ལ་བྱེད་པ་དེའི་ཚེ་ན་ནི། ནང་གི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་པ་ཡིན་ནོ། །གང་གི་ཚེ་གཞན་དག་གི་ཤི་བའི་ལུས་རྣམ་པར་བསྡོས?་པ་ལ་སོགས་པའི་གནས་སྐབས་སུ་གྱུར་ཅིང་དབུགས་རྡུབ་བ་དང། དབུགས་འབྱུང ་བའི་རྒྱུན་འཇུག་པ་ཉམས་པ་ཡིད་ལ་བྱེད་པ་དེའི་ཚ་ན་ནི། ཕྱི་རོལ་གྱི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་པ་ཡིན་ནོ། །གང་གི་ཚེ་བདག་ཉིད་འཆི་བ་འམ། ཤི་པར་མོས་པར་བྱེད་ཅིང་དབུགས་རྡུབ་པ་དང། དབུགས་འབྱུང་བའི་རྒྱུན་འཇུག་པ་དང་བྲལ་བར་མོས་པར ་བྱེད་པ་དེའི་ཚ་ན་ནི། ནང་དང་ཕྱི་རོལ་གྱི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་པ་ཡིན་ནོ། །སྤྱོར་པ་ཐམས་ཅད་ལ་ཡང་ཞི་གནས་ཀྱི་ཕྱོགས་དང་ལྡན་པ་དང། ཞི་གནས་ཀྱི་ཕྱོགས་ཀྱི་ཡོངས་སུ་ཟིན་པར་མོས་པར་བྱེད་དེ། ལྷག་མ་གཞན་ཐམས་ཅད་ནི་སྔ་མ ་བཞིན་དུ་རིག་པར་བྱའོ། །དེ་ལྟར་ལས་དང་པོ་པ་ཡང་དག་པར་གཏམ་པ་དེ་ཡང་དག་པ་ཉིད་དུ་བསྒྲུབ་པར་བྱེད་པ་ན། བརྟུན་པ་དང། ཤེས་བཞིན་དང། དྲན་པ་དང་ལྡན་ཞིང་འཇིག་རྟེན་ལ་བརྣབ་སེམས་དང་ཡིད་མི་བདེ་བ་རྣམ་པར་བསལ་ཏེ་གནས་པ་ཡིན་ནོ། །དེ ་ལ་རེ་ཞིག་སྦྱོར་བ་དེ་ལ་རྒྱུན་དུ་བྱེད་པ་དང། ལེགས་པར་བྱེད་ཅིང་ཡིད་ལ་བྱེད་པ་ཡང་དག་པར་ཐོབ་པ་བྲེལ་མོ་གཏམས་ལ་སོགས་པས་སྤོང་བར་མི་བྱེད་པ་གང་ཡིན་པ་དེ་ནི་དེའི་བརྫུན་པ་ཡིན་ནོ། །དེའི་ཞི་གནས་དང་ལྷག་མཐོང་བསྒོམ ་པའི་སྦྱོར་པ་དེ་ལ་རྣམ་པར་གཡེང་བ་དང། རྣམ་པར་གཡེང་བ་མེད་པ་ཡོངས་སུ་ཤེས་པ་ལ་སེམས་གཏོད་པ་གང་ཡིན་པ་དེ་ནི། དེའི་ཤེས་བཞིན་དང་དྲན་པ་དང་ལྡན་པ་ཡིན་ནོ། །ཀུན་ཏུ་སྦྱོར་བར་འགྱུར་བའི་མཚན་མ་དང། དད་པར་འགྱུར་བའི་མཚན་མ་ལེགས ་པར་གཟུང་བ་གང་ཡིན་པ་དེ་ནི་དེའི་འཇིག་རྟེན་ལ་བརྣབ་སེམས་དང། ཡིད་མི་བདེ་བ་རྣམ་པར་བསལ་བ་ཡིན་ནོ། །དེ་ལྟར་བརྟུན་པ་དང་འཇིག་རྟེན་ལ་བརྣབ་སེམས་དང་ཡིད་མི་བདེ་བ་རྣམ་པར་བསལ་བའི་བར་ལ་གནས་པ་དེའི་དང་པོ་ཁོ་ནར་ཡང་དག་པའི་སྦྱོར་བ་ལ ་བརྩོན་པའི་ཚེ། སེམས་ཤིན་ཏུ་སྦྱངས་པ་དང་ལུས་ཤིན་ཏུ་སྦྱངས་པ་དང། སེམས་དང་ལུས་ལས་སུ་རུང་བ་འབྱུང་བ་ནི་ཕྲ་བ་སྟེ། བརྟག་པར་དཀའ་བ་ཡིན་ནོ། །དེ་ལ་ཞི་གནས་དང་ལྷག་མཐོང་བསྒོམ་པ་ན་སེམས་ཤིན་ཏུ་སྦྱངས་པ་དང། ལུས་ཤིན་ཏུ་སྦྱངས ་པ་དང། སེམས་དང་ལུས་ལས་སུ་རུང་བ་གང་ཡིན་པ་དེ་ནི། དེའི་ལུས་དང་སེམས་ཤིན་ཏུ་སྦྱངས་པ་ཡིན་ནོ། །དེའི་སེམས་རྩེ་གཅིག་པ་ཉིད་པ་དང། སེམས་དང་ལུས་ཤིན་ཏུ་སྦྱངས་པ་ཉིད་མངོན་པར་འཕེལ་བ་ན། འདི་ལྟ་སྟེ། རྒྱུ་གཅིག་ནས་གཅིག་ཏུ ་རྒྱུད་དོ། །ལེན་པའི་ཚུལ་གྱིས་རགས་ཤིང་བརྟག་པར་སླ་བའི་སེམས་རྩེ་གཅིག་པ་ཉིད་དང། སེམས་དང་ལུས་ཤིན་ཏུ་སྦྱངས་པ་འདྲེན་པར་བྱེད་དེ། ཇི་ཙམ་ན་དེའི་རིགས་ཤིང་བརྟག་པར་སླ་བའི་སེམས་རྩེ་ཅིག་པ་དང། སེམས་དང་ལུས་ཤིན་ཏུ་སྦྱངས་པ་ཡང ་རིང་པོར་མི་ཐོགས་པར་སྐྱེ་བར་འགྱུར་བའི་སྡེ་ལྟས་སུ་དེའི་སྲ་བ་ལྕི་པར་སྣང་བ་སྐྱེ་བར་འགྱུར་ཏེ། དེ་ཡང་གནོད་པའི་མཚན་ཉིད་ནི་མ་ཡིན་ནོ། །དེ་སྐྱེས་མ་ཐག་ཏུ་སྤོད་པ་ལ་དགའ་བའི་བར་ཆད་བྱེད་པ་ཉོན་མོངས་པ་རྣམས་ཀྱི་ཕྱོགས་སུ་གྱུར་པ་སེམས་ཀྱི ་གནས་ངན་ལེན་གང་ཡིན་པ་དེ་སྤོང་བར་འགྱུར་ཞིང་དེའི་གཉེན་པོ་སེམས་ལས་སུ་རུང་བ་དང། སེམས་ཤིན་ཏུ་སྦྱངས་པ་ཡང་སྐྱེ་བར་འགྱུར་རོ། །དེ་སྐྱེས་པས་ལུས་ཤིན་ཏུ་སྦྱངས་པ་སྐྱེ་བ་དང། འཐུན་པ་འབྱུང་བ་ཆེན་པོའི་རླུང་ངག་ལུས་ལ་རྒྱུ་བར་འགྱུར་ཏེ། དེ་དག་ཀྱང ་རྒྱུ་བའི་རྒྱུས་ན་སྤོང་བ་ལ་དགའ་བའི་བར་ཆད་བྱེད་པ་ཉོན་མོངས་པའི་ཕྱོགས་སུ་གྱུར་པ་ལུས་ཀྱི་གནས་ངན་ལེན་གང་ཡིན་པ་དེ་དང་འབྲལ་བར་འགྱུར་ཞིང། དེའི་གཉེན་པོ་ལུས་ཤིན་ཏུ་སྦྱངས་པས་ལུས་ཐམས་ཅད་རྒྱས་ཏེ་གདབ་བཞིན་དུ་སྣང་བར་འགྱུར་རོ། །དང ་པོར་སྐྱེས་པར་འགྱུར་བ་དེའི་ཚེ་ན་སེམས་དགའ་བ་དང། སེམས་ཤིན་ཏུ་ཉམས་བདེ་བ་དང། སེམས་མཆོག་ཏུ་དགའ་བ་དང་ལྡན་པ་ལ་དམིགས་པ་དང། མངོན་པར་དགའ་བ་དང་བཅས་པ་ཡང་སྣང་བར་འགྱུར་རོ། །དེའི་འོག་ཏུ་ཤིན་ཏུ་སྦྱངས་པའི་ཤུགས་དང་པོ ་སྐྱེས་པ་གང་ཡིན་པ་དེ་ཁད་ཀྱིས་ཁད་ཀྱིས་ཤིན་ཏུ་ཕྲ་བར་འགྱུར་ཞིང། ལུས་ལ་ཤིན་ཏུ་སྦྱངས་པ་གྲིབ་མ་ལྟ་བུ་དང་ལྡན་པར་འགྱུར་རོ། །སེམས་དགའ་བ་གང་ཡིན་པ་དེ་ཡང་སྤོད་པར་འགྱུར་ཞིང། སེམས་ཞི་གནས་ཀྱི་ཉེ་བར་བརྟན་ཞིང་རབ་ཏུ་ཞི་བའི་རྣམ་པས ་དམིགས་པ་ལ་འཇུག་པར་འགྱུར་རོ། །དེའི་འོག་ཏུ་རྣལ་འབྱོར་པ་ལས་དང་པོ་པ་དེ་ཡིད་ལ་བྱེད་པ་དང་བཅས་པ་ཡིན་ཏེ། ཡིད་ལ་བྱེད་པ་དང་བཅས་པ་ཞེས་བྱ་བའི་གྲངས་སུ་འགྲོའོ། །དེ་ཅིའི་ཕྱིར་ཞེ་ན། དེས་དང་པོར་གཟུགས་ན་སྤྱོད་པ་མཉམ་པར་གཞག ་པའི་ས་པའི་ཡིད་ལ་བྱེད་པ་ཆུང་ངུ་ཐོབ་པའི་ཕྱིར་ཏེ། དེས་ན་ཡིད་ལ་བྱེད་པ་དང་བཅས་པ་ཞེས་བྱའོ། །ལས་དང་པོ་བ་ཡིད་ལ་བྱེད་པ་དང་བཅས་པ་དེའི་རྟགས་ནི་འདི་དག་ཡིན་ཏེ། དེས་གཟུགས་ན་ཡོད་པའི་སེམས་ཆུང་ངུ་ཐོབ་པ་དང། ལུས་ཤིན་ཏུ་སྦྱངས་པ་དང། ་སེམས་ཤིན་ཏུ་སྦྱངས་པ་དང། སེམས་རྩེ་གཅིག་པ་ཆུང་ངུ་ཐོབ་པ་དང། ཉོན་མོངས་པ་རྣམ་པར་སྦྱོང་བའི་དམིགས་པ་ལ་སྦྱོར་བའི་སྐལ་བ་ཡོད་ཅིང་ནུས་པ་དང། དེའི་སེམས་ཀྱི་རྒྱུད་འཇལ་བར་འགྱུར་བ་དང། ཞི་གནས་ཀྱིས་ཉེ་བར་དཀྲིས་པ་དང། དེས་སྤྱད་པ་རྣམ་པར ་སྤྱོད་པ་ཡང་སྤྱད་ཟིན་པ་ཡིན་ཏེ། གལ་ཏེ་ཆགས་པར་འགྱུར་བའི་ཡུལ་ལ་སྤྱོད་པར་གྱུར་ཀྱང། འདོད་ཆགས་ཀྱི་ཀུན་ནས་དཀྲིས་པ་དྲག་པོ་སྐྱེ་བར་མི་འགྱུར་ཞིང། གཉེན་པོ་ཅུང་ཟད་ཙམ་དང་ངན་དོན་ཙམ་ལ་བརྟེན་ཅིང་ཅུང་ཟད་བསལ་བ ་བཙམ་གྱིས་སེལ་ནུས་པར་འགྱུར་བ་དང། ཞེ་སྡང་བར་འབྱུང་བ་དང། གཏི་མུག་བར་འགྱུར་བ་དང། ཁེངས་པར་འགྱུར་བ་དང། མཐུན་པ་དང། རྣམ་པར་རྟོག་པར་འགྱུར་བ་དང་མཐུན་པའི་ཡུལ་རྣམས་ལ་ཡང་དེ་བཞིན་དུ་རིག་པར་བྱའོ། །དེ་ནང་དུ་ཡང་དག་འཇོག ་ལ་འདུག་སྟེ། སེམས་གཏོད་པར་བྱེད་པ་ན། མྱུར་བ་མྱུར་བར་སེམས་དང་ལུས་ཤིན་ཏུ་སྦྱངས་པར་གྱུར་པ་དང། ལུས་ཀྱི་གནས་ངན་ལེན་དག་གིས་ཤིན་ཏུ་གནོད་པར་མི་འགྱུར་བ་དང། སྒྲིབ་པ་རྣམས་ཤས་ཆེར་ཀུན་ཏུ་མི་རྒྱུ་བ་དང། འདོད་པ་དང་དགའ་བ་དང། ་ཡོངས་སུ་གདུང་བ་དང་ལྡན་པའི་འདུ་ཤེས་ཡིད་ལ་བྱེད་པ་ཤས་ཆེར་ཀུན་ཏུ་མི་འབྱུང་བ་དང། ལངས་ཏེ་རྒྱུ་བ་ན་ཡང་ལུས་དང་སེམས་ལ་ཤིན་ཏུ་སྦྱངས་པ་ཁ་ཅིག་དང་ལྡན་པར་འགྱུར་བ་དང། དེ་ལྟ་བུ་དང་མཐུན་པའི་དག་ནི་ཡིད་ལ་བྱེད་པ་དང་བཅས་པའི་རྟགས ་དང། མཚན་མ་ཡོངས་སུ་བྱང་བ་དག་ཡིན་པར་རིག་པར་བྱའོ། །བསྡུས་པའི་སྡོམ་ནི། འགྲོ་བ་དང་ནི་གསོལ་བ་དང། །གཟེང་བསྟོད་དྲི་དང་བརྟག་པ་དང། །བསྲུང་ཞིང་བསག་དང་དབང་དབེན་དང། །རྩེ་གཅིག་སྒྲིབ་པ་རྣམ་སྦྱོང་དང། །ཡིད་ལ་བྱེད་པ་བསྒོམ་པ་ལ། ། ་ངེས་པར་སྦྱར་བར་བྱ་བ་ཡིན། །རྣལ་འབྱོར་བའི་ས་ཉན་ཐོས་ཀྱི་པར་གཏོགས་པ་ལས། རྣལ་འབྱོར་གྱི་གནས་གསུམ་པ་རྫོགས་སོ།། །།བམ་པོ་བཅུ་བདུན་པ། དེ་ལྟར་ཡིད་ལ་བྱེད་པ་ཐོབ་པའི་རྣལ་འབྱོར་བ་སྤོང་བའི་དགེ་བ་ཆུང་ངུ་ལ་ཞུགས ་པའི་དེའི་གོང་དུ་བགྲོད་པར་བྱ་བ་ནི་གཞན་མེད་དེ་གཉིས་ཁོ་ནར་ཟད་དོ། །གཉིས་གང་ཞེ་ན། འདི་ལྟ་སྟེ། འཇིག་རྟེན་པའི་དང། འཇིག་རྟེན་ལས་འདས་པའི་འོ། །དེ་ལ་ལས་དང་པོའི་རྣལ་འབྱོར་པ་ཡིད་ལ་བྱེད་པ་དང་བཅས་པ་དེ་ནི། བདག་འཇིག་རྟེན་པ་འམ། འཇིག ་རྟེན་ལས་འདས་པའི་བཟོད་པས་འགྲོ་བར་བྱའོ་སྙམ་ནས། ཡིད་ལ་བྱེད་པ་དེ་ཉིད་ལ་ལན་མང་དུ་བྱེད་དོ། །ཇི་ལྟ་ཇི་ལྟར་ལན་མང་དུ་བྱེད་པ་དེ་ལྟ་དེ་ལྟར་ཉིན་མཚན་དེ་དང་དེ་དག་འདས་པས་དེའི་ལུས་ཤིན་ཏུ་སྦྱངས་པ་དང་སེམས་རྩེ་གཅིག་པ་ཉིད་དེ་འཕེལ་ཞིང་རྒྱས་པ ་དང་ཡངས་པར་འགྱུར་རོ། །གང་གི་ཚེ་དེའི་ཡིད་ལ་བྱེད་པ་ངམ་ཞིང་བརྟན་ལ་སྲ་བ་དང། དམིགས་པ་ཡོངས་སུ་དག་པ་ལ་མོས་པ་འཇུག་པར་འགྱུར་བ་དང། ཞི་གནས་དང། ལྷག་མཐོང་གི་ཕྱོགས་ཀྱི་མཚན་མ་རྣམས་ཀྱང་ཡོངས་སུ་ཟིན་པར་གྱུར་པ་དེའི་ཚེ་ན་དེ་འཇིག་རྟེན ་བའི་ལམ་མམ། འཇིག་རྟེན་ལས་འདས་པའི་ལམ་གང་གིས་འགྲོ་བར་འདོད་པ་དེ་ལ་སྦྱོར་བ་བརྩོན་པར་བྱེད་དོ། །དེ་ལ་གང་དག་ཚེ་འདི་ལ་འཇིག་རྟེན་པའི་ལམ་ཁོ་ནས་འགྲོ་བར་འགྱུར་ཞིང། འཇིག་རྟེན་ལས་འདས་པའི་ལམ་གྱིས་མ་ཡིན་པའི་གང་ཟག་དུ ་ཡོད་ཅེ་ན། སྨྲས་པ་བཞི་སྟེ། འདི་ལྟ་སྟེ། འདི་ལས་ཕྱི་རོལ་པ་ཐམས་ཅད་དང། ཆོས་འདི་པ་ཡིན་ཡང་སྔོན་ཞི་གནས་སྦྱོང་སྤྱོད་པ་དབང་པོ་རྟུལ་བ་དང། །དེ་བཞིན་དུ་དབང་པོ་རྣོ་བ་ཡང་དགེ་བའི་རྩ་བ་ཡོངས་སུ་མ་སྨིན་པ་དང། བྱང་ཆུབ་སེམས་དཔའ་ཕྱི་མ་ལ་བྱང་ཆུབ ་ཐོབ་པར་འདོད་ཅིང་ཆེ་འདི་ལ་མ་ཡིན་ཏེ། །གང་ཟག་དེ་བཞི་ནི་ཚེ་འདི་ཉིད་ལ་འཇིག་རྟེན་པའི་ལམ་གྱིས་འགྲོ་བར་འགྱུར་བ་ཡིན་ནོ། །འཇིག་རྟེན་པའི་ལམ་གྱིས་འགྲོ་བ་དེ་ཡང་རྣམ་པ་གཉིས་ཏེ། འཆིང་བ་མཛའ་དག་ཡོད་པ་སོ་སོའི་སྐྱེ་བོ་རྣམས་དང། འཆིང་བ་མ ་ཚང་བའི་སློབ་པ་རྣམས་སོ། །དེ་དག་ཀྱང་གང་ཞེ་ན། འདོད་པ་རྣམས་ལ་རགས་པར་ལྟ་ཞིང་སྙོམས་པར་འཇུག་པ་དང། སྐྱེ་བ་དང་བཅས་པའི་བསམ་གཏན་དང་པོ་ལ་ཞི་བར་ལྟ་བར་འདོད་པའི་འདོད་ཆགས་དང་བྲལ་བར་འགྲོ་བ་གང་ཡིན་པ་དང། དེ་བཞིན་དུ ་ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་བར་གྱི་འདོད་ཆགས་དང་བྲལ་བར་བྱ་བ་དང། དེ་བཞིན་དུ་འདུ་ཤེས་མེད་པ་ལ་སྙོམས་པར་འཇུག་པ་དང། །བསམ་གཏན་ལ་བརྟེན་ནས་མངོན་པར་ཤེས་པ་ལྔ་མངོན་པར་བསྒྲུབ་པར་བྱེད་པ་རྣམས་ཡིན་པར་རིག་པར་བྱའོ། །དེ ་ལ་འདོད་པའི་འདོད་ཆགས་དང་བྲལ་བར་བྱ་བའི་ཕྱིར་རབ་ཏུ་བརྩོན་པའི་རྣལ་འབྱོར་པ་ནི་ཡིད་ལ་བྱེད་པ་རྣམ་པ་བདུན་གྱིས་འདོད་པའི་འདོད་ཆགས་དང་བྲལ་བ་རྗེས་སུ་ཐོབ་པོ། །བདུན་པོ་དེ་དག་ཀྱང་གང་ཞེ་ན། སྨྲས་པ། མཚན་ཉིད་སོ་སོར་རིག་པ ་དང། མོས་པ་ལས་བྱུང་བ་དང། རབ་ཏུ་དབེན་པ་དང། དགའ་བ་སྡུད་པ་དང། སྦྱོང་བའི་ཡིད་ལ་བྱེད་པ་དང། སྦྱོར་བ་མཐར་ཐུག་པ་དང། སྤྱོད་པ་མཐར་ཐུག་པའི་འབྲས་བུ་ཡིད་ལ་བྱེད་པའོ། །དེ་ལ་མཚན་ཉིད་སོ་སོར་རིག་པའི་ཡིད་ལ་བྱེད་པ་གང་ཞེ་ན། སྨྲས་པ། ་ཡིད་ལ་བྱེད་པ་གང་གིས་འདོད་པ་རྣམས་ལ་རགས་པའི་མཚན་ཉིད་དུ་སོ་སོར་རིག་པར་བྱེད་ཅིང། བསམ་གཏན་དང་པོ་ལ་ཞི་བའི་མཚན་ཉིད་དུ་སོ་སོར་རིག་པར་བྱེད་པའོ། །ཇི་ལྟར་ན་འདོད་པ་རྣམས་ལ་རགས་པའི་མཚན་ཉིད་དུ་སོ་སོར་རིག་པར་བྱེད་ཅེ་ན། སྨྲས་པ་འདོད ་པ་རྣམས་ཀྱི་གཞི་དྲུག་པོ་དོན་དང། དངོས་པོ་དང། མཚན་ཉིད་དང། ཕྱོགས་དང། དུས་དང། རིགས་པ་ཡོངས་སུ་ཚོལ་བ་ན་རགས་པའི་མཚན་ཉིད་དུ་སོ་སོར་རེག་པར་བྱེད་དེ། དེ་ལ་རེ་ཞིག་རགས་པའི་དོན་ཡོངས་སུ་ཚོལ་བ་ནི། འདི་ལྟར་འདོད་པ་འདི་དག་ནི་ཉེས ་དམིགས་དང་བཅས་པའོ། །གནོད་པ་མང་བའོ། །ཡམས་ཀྱི་ནད་ལྟ་བུ་མང་བའོ། །འགོ་བའི་ནད་ལྟ་བུ་མང་བའོ་ཞེས་རགས་པའི་དོན་དུ་ཚོལ་བའི་བྱེད་པ་སྟེ། འདོད་པ་དེ་དག་ལ་ཉེས་དམིགས་མང་པོ་དང། འགོ་བའི་ནད་ལྟ་བུ་མང་པོའི་བར་དག་ཡོད་པ་གང་ཡིན་པ་དེ ་དག་ནི་རགས་པའི་དོན་ཡིན་ནོ། །དེ་ལ་དངོས་པོ་ཡོངས་སུ་ཚོལ་བ་ནི་ནང་གི་འདོད་པ་དག་ལ་འདོད་པ་ལ་འདུན་པ་ཡོད་པ་དང། ཕྱི་རོལ་གྱི་འདོད་པ་དག་ལ་ཡང་འདོད་པ་ལ་འདུན་པ་ཡོད་དོ་ཞེས་ཡོངས་སུ་ཚོལ་བར་བྱེད་པའོ། །དེ་ལ་རང་གི་མཚན་ཉིད་ཡོངས་སུ་ཚོལ་བ ་ནི་འདི་དག་ནི་ཉོན་མོངས་པའི་འདོད་པའོ། །འདི་དག་ནི་དངོས་པོའི་འདོད་པའོ། །དེ་དག་ཀྱང་བདེ་བའི་གནས་དང་མཐུན་པ་དག་དང། སྡུག་བསྔལ་གྱི་གནས་དང་མཐུན་པ་དག་དང། སྡུག་བསྔལ་ཡང་མ་ཡིན། བདེ་བ་ཡང་མ་ཡིན་པའི་གནས་དང་མཐུན་པ་དག་སྟེ། དེ་ལ ་བདེ་བའི་གནས་དང་མཐུན་པ་དག་ནི་འདོད་པའི་འདོད་ཆགས་ཀྱི་གནས་དང། འདུ་ཤེས་ཕྱིན་ཅི་ལོག་པ་དང། སེམས་ཕྱིན་ཅི་ལོག་གི་གནས་དག་ཡིན་ནོ། །སྡུག་བསྔལ་གྱི་གནས་དང་མཐུན་པ་དག་ནི། ཞེ་སྡང་གི་གནས་དང། ཁྲོ་བ་དང་ཁོན་ཏུ་འཛིན་པའི་གནས་དག་ཡིན་ནོ།། ་སྡུག་བསྔལ་ཡང་མ་ཡིན། བདེ་བ་ཡང་མ་ཡིན་པའི་གནས་དང་མཐུན་པ་དག་ནི། འཆབ་པ་དང། འཚིག་པ་དང། སྒྱུ་དང། གཡོ་དང། ངོ་ཚ་མེད་པ་དང། ཁྲེལ་མེད་པའི་གནས་དང། ལྟ་བ་ཕྱིན་ཅི་ལོག་གི་གནས་དག་ཡིན་ཏེ། དེ་ལྟར་ན་འདོད་པ་འདི་དག་ནི་རབ་ཏུ་གནོད་པའི ་ཚོར་བ་དང་ལྡན་པ་དང། རབ་ཏུ་གནོད་པའི་ཉོན་མོངས་པ་དང་ལྡན་པ་ཡིན་ནོ། །ཞེས་དེ་ལྟར་འདོད་པ་རྣམས་ཀྱི་རང་གི་མཚན་ཉིད་ཡོངས་སུ་ཚོལ་བར་བྱེད་དོ། །དེ་ལ་ཇི་ལྟར་ན་སྤྱིའི་མཚན་ཉིད་ཡོངས་སུ་ཚོལ་བར་བྱེད་ཅེ་ན། འདོད་པ་འདི་དག་ཐམས་ཅད་ནི་སྐྱེ་བའི་སྡུག་བསྔལ ་དང། རྒ་བའི་སྡུག་བསྔལ་དང། འདོད་པ་འཕོངས་པའི་སྡུག་བསྔལ་གྱི་བར་དང། མཉམ་ཞིང་མཚུངས་པར་རྗེས་སུ་འབྲེལ་ཅིང་གནས་པ་ཡིན་ཏེ། གང་དག་འདོད་པ་ལ་ལོངས་སྤྱོད་ལ། འདོད་པའི་འབྱོར་པ་ཆེན་པོ་དང་ལྡན་པ་དེ་དག་ཀྱང་སྐྱེ་བ་ལ་སོགས་པའི་ཆོས་ཉིད ་ལས་རྣམ་པར་མ་གྲོལ་བ་དེ་དག་གི་འབྱོར་པ་དེ་ཡང་བརྙན་མ་ཡིན་ནོ། ཞེས་དེ་ལྟར་འདོད་པ་རྣམས་ཀྱི་སྤྱིའི་མཚན་ཉིད་ཡོངས་སུ་ཚོལ་བར་བྱེད་དོ། །ཇི་ལྟར་ན་ཕྱོགས་ཡོངས་སུ་ཚོལ་བར་བྱེད་ཅེ་ན། འདོད་པ་འདི་དག་ནི་ནག་པོའི་ཕྱོགས་ཁོ་ནར་གཏོགས་པ་སྟེ། རུས་པའི་ཀེང་རུས ་ལྟ་བུ་དང། ཤའི་ཁམ་ཚད་ལྟ་བུ་དང། རྩའི་སྒྲོན་མ་ལྟ་བུ་དང། མེད་མདག་གི་དོང་ལྟ་བུ་དང། རྨི་ལམ་ལྟ་བུ་དང། བརྙན་པོའི་རྒྱན་ལྟ་བུ་དང། ཤིང་ཀིམ་པ་ཀའི་འབྲས་བུ་ལྟ་བུ་ཡིན་ཏེ། སེམས་ཅན་རྣམས་འདོད་པ་ཡོངས་སུ་ཚོལ་བར་བྱེད་པ་ན་ཡང་འདོད་པ་ཡོངས་སུ ་ཚོལ་བ་ལས་བྱུང་བའི་སྡུག་བསྔལ་དུ་མ་ཉམས་སུ་མྱོང་བར་འགྱུར་བ་དང། ཀུན་ཏུ་བསྲུང་བ་ལས་བྱུང་བ་དང། མཛའ་བ་ཡོངས་སུ་ཉམས་པ་ལས་བྱུང་བ་དང། ངོམས་མི་ཤེས་པ་ལས་བྱུང་བ་དང། རང་དབང་མེད་པ་ལས་བྱུང་བ་དང། ཉེ་བར་སྤྱད་པ་ལས་བྱུང་བའི་སྡུག ་བསྔལ་ཉམས་སུ་མྱོང་བར་འགྱུར་ཏེ། དེ་དག་ཐམས་ཅད་ནི་སྔ་མ་བཞིན་དུ་རིག་པར་བྱའོ། །བཅོམ་ལྡན་འདས་ཀྱིས་ཀྱང། དེ་ལྟར་འདོད་པ་ལ་བརྟེན་པའི་ཉེས་དམིགས་ལྔ་གསུངས་ཏེ། འདོད་པ་རྣམས་ནི་མནོག་ཆུང་ལ་སྡུག་བསྔལ་མང ་ཞིང་ཉེས་དམིགས་མང་བ་དང། འདོད་བ་རྣམས་ལ་བརྟེན་པ་ན་ངོམས་མི་མྱོང། ཆོག་མི་ཤེས་ཤིང་སྙིང་ཚིམ་པའི་མཛའ་མེད་པ་དང། དམ་པ་རྣམས་དང། ཡང་དག་པར་སོང་བ་རྣམས་དང། སྐྱེས་བུ་དམ་པ་རྣམས་ཀྱིས་འདོད་པ་རྣམས་རྣམ་གྲངས་དུ་མས་སྨད་པ་དང། ་འདོད་པ་རྣམས་ལ་བརྟེན་བན་ཀུན་ཏུ་སྦྱོར་བ་རྣམས་ཉེ་བར་སྩོགས་པར་འགྱུར་བ་དང། ངེས་སྡིག་པ་མི་དགེ་བའི་ཆོས་མི་བྱ་བ་ཅུང་ཟད་ཀྱང་མེད་དོ་ཞེས་གསུངས་སོ། །དེ་ལྟ་བས་ན་འདོད་པ་འདི་དག་ནི་མི་ངོམས་པར་བྱེད་པ་དང། མང་པོ་དང་མཐུན་མོངས་ཡིན་པ་དང། ་ཆོས་མ་ཡིན་པ་དང། སྤྱོད་པ་ངན་བའི་རྒྱུར་འགྱུར་པ་དང། འདོད་པ་དང། སྲེད་པ་འཕེལ་བར་བྱེད་པ་དང། དམ་པ་རྣམས་ཀྱི་སྦང?་པའི་འོས་སུ་གྱུར་པ་དང། མྱུར་དུ་འཇིག་པར་གྱུར་པ་དང། རྐྱེན་ལ་བརྟེན་པ་དང། བག་མེད་པའི་ས་ཡིན་ཏེ། མི་རྟག་པ་དང། ་གསོག་དང། གསོ་བ་དང། བརྫུན་པ་དང། སླུ་བའི་ཆོས་དང། སྒྱུ་མ་ལྟ་བུ་དང། བྱིས་པ་འདྲིད་པ་ཡིན་པས་ཚེ་འདིའི་འདོད་པ་གང་ཡིན་པ་དང། ཚེ་ཕྱི་མའི་འདོད་པ་གང་དག་ཡིན་པ་དང། ལྷའི་འདོད་བ་གང་དག་ཡིན་པ་དང། མིའི་འདོད་པ་གང་དག་ཡིན ་པ་དེ་དག་ནི་བདུད་ཀྱི་སྤྱོད་ཡུལ་ལོ། །དེ་དག་ནི་བདུད་ཀྱི་གཟན་མ་སྟེ། དེ་དག་གིས་འདི་ལྟ་སྟེ། བརྣབ་སེམས་དང། གནོད་སེམས་དང། ཉེས་སྩོལ་དང། སྡིག་པ་མི་དགེ་བའི་སེམས་རྣམ་པ་དུ་མ་དག་འབྱུང་ཞིང་འཕགས་པ་ཉན་ཐོས་གང་དག་འདི་ལ་སློབ་པ་དེ ་ངག་གིས་བར་ཆད་བྱེད་པ་ཡིན་ཏེ། འདོད་པ་འདི་དག་ནི་ཤས་ཆེར་དེ་ལྟར་རྣམ་གྲངས་དུ་མས་ནག་པོའི་ཕྱོགས་ཁོ་ནར་གཏོགས་པ་ཡིན་ནོ་ཞེས་དེ་ལྟར་ཕྱོགས་ཡོངས་སུ་ཚོལ་བར་བྱེད་དོ། །ཇི་ལྟར་དུས་ཡོངས་སུ་ཚོལ་བར་བྱེད་པ། །འདོད་པ་དེ་དག་ནི་འདས་པ ་དང། མ་འོངས་པ་དང། ད་ལྟར་བྱུང་བའི་དུས་རྣམས་སུ་ཡང་རྟག་པ་རྟག་པའི་དུས་དང་ཐེར་ཟུག་ཐེར་ཟུག་གི་དུས་སུ་དེ་ལྟར་གནོད་པ་མང་པ་དང། འགོ་བའི་ནད་ལྟ་བུ་མང་བ་དང། ཉེས་དམིགས་མང་བ་ཡིན་ནོ་ཞེས་དེ་ལྟར་དུས་ཡོངས་སུ་ཚོལ་བར་བྱེད་དོ། །ཇི་ལྟར་ན་རིགས ་པ་ཡོངས་སུ་ཚོལ་བར་བྱེད་ཅེ་ན། འདོད་པ་རྣམས་ནི་རྩོལ་བ་ཆེན་པོ་དང། ཡོངས་སུ་རྩོལ་བ་ཆེན་པོ་དང་ངལ་པ་ཆེན་པོ་དང། ལས་དང་བཟོའི་གནས་པ་རྣམས་པ་སྣ་ཚོགས་དག་གིས་སྡུད་པར་བྱེད། སྒྲུབ་པར་བྱེད་ཅིང་ཉེ་བར་གསོགས་པར་བྱེད་པ་དེ་དག་ལེགས་པར་བསྡུས། ་ལེགས་པར་བསྒྲུབས། ཉེ་བར་བསགས་ནས་ཀྱང་འདི་ལྟ་སྟེ། ཕ་མ་དང། བུ་དང། ཆུང་མ་དང། བྲན་དང། ལས་མི་དང། ཞོ་ཤས་འཚོ་བ་དང། མཛའ་བཤེས་དང། བློན་པོ་དང། ཉེ་དུ་དང། སྣག་གི་གཉེན་མཚམས་རྣམས་ཀྱིས་ཕྱི་རོལ་གྱི་ཡོངས་སུ་བཟུང་བའི་དངོས ་པོ་རྣམས་དང། །ནང་གི་ལུས་གཟུགས་ཅན་རགས་པ་འབྱུང་བ་ཆེན་པོའི་རྒྱུ་ལས་འབྱུང་བ་འབྲས་ཆན་དང། ཟན་དྲོན་གྱིས་ཉེ་བར་གསོས་པ་རྟག་ཏུ་བསྐུ་བ་དང། བཀྲུ་བ་དང། མཉེ་བར་ཉེ་བར་བརྟན་པ་དང། འབྲལ་བ་དང། འཐར་པ་དང། འཇིག་པའི་ཆོས་ཅན ་འདི་བྱུང་ངོ་ཅོག་ནི་སྡུག་བསྔལ་སེལ་བ་ཙམ་དུ་འགྱུར་བར་ཟད་དེ། བཀྲེས་པའི་སྡུག་བསྔལ་སེལ་བ་ནི་ཁ་ཟས་ཡིན་ནོ། །གྲང་བའི་སྡུག་བསྔལ་སེལ་བ་དང། ངོ་ཚ་བའི་གནས་པ་ཆར་གྱི་གཡོག་པ་ནི་གོས་ཡིན་ནོ། །གཉིད་ཀྱི་སྙོམས་པའི་སྡུག་བསྔལ་པ་དང། འཆག་པ ་དང། སྡོད་པའི་སྡུག་བསྔལ་སེལ་པ་ནི་མལ་ཆ་དང། སྟན་ཡིན་ནོ། །ནད་ཀྱི་སྡུག་བསྔལ་སེལ་བ་ནི་ན་པའི་གསོས་སྨན་ཡིན་ཏེ། དེ་ལྟར་འདོད་པ་འདི་དག་ནི་སྡུག་བསྔལ་སེལ་བར་བྱེད་པ་ཙམ་དུ་ཟད་པས། འདི་དག་ལ་ཆགས་པས་ཡོངས་སུ་ལོངས་སྤྱད་པར་མི་བྱ་ཞིང་ཞེན ་པས་ཀྱང་མ་ཡིན་ཏེ། ནད་ཀྱིས་བཏབ་པའི་ནད་པས་ནད་ཞི་བར་བྱ་བ་ཙམ་གྱི་ཕྱིར་སྨན་བསྟེན་པ་ལྟ་བུ་ཡིན་པས། ཡིད་ཆེས་པའི་ལུང་ཡང་དེ་ཉིད་ཡིན་ལ། འདོད་པ་དེ་དག་ཇི་ལྟ་ཇི་ལྟར་རགས་པ་ཡིན་པ་དེ་ལྟར་རགས་པ་ཡིན་པ་དེ་ལྟ་དེ་ལྟར་བདག་ཉིད་ལ་ཡེ་ཤེས་དང། མཐོང་བ་འཇུག་པ་ཡང ་ཡོད། རྗེས་སུ་དཔག་པའི་བྱ་བ་ཡང་དེ་ཉིད་ཡིན་ཏེ། འདོད་པ་འདི་དག་གི་རང་བཞིན་ནི་ཐོག་མ་མེད་པའི་དུས་ནས་གྲགས་པའི་ཆོས་ཉིད་དང། །བསམ་གྱིས་མི་ཁྱབ་པའི་ཆོས་ཉིད་ཡིན་པས། དེ་དག་ནི་བསམ་པར་མི་བྱ་ཞིང། རྣམ་པར་བརྟག་པར ་མི་བྱའོ་ཞེས་དེ་ལྟར་རིགས་པ་ཡོངས་སུ་ཚོལ་བར་བྱེད་དོ། །དེས་འདི་ལྟ་སྟེ། གཞི་དྲུག་པོ་དག་གི་ད་ལྟར་འདོད་པ་རྣམས་ལ་རགས་པའི་མཚན་ཉིད་དུ་སོ་སོར་རྟོགས་ནས་བསམ་གཏན་དང་པོ་ལ་ཞི་བའི་མཚན་ཉིད་དུ་སོ་སོར་རྟོགས་པར་བྱེད་དེ། བསམ་གཏན་དང་པོ་ལ་ནི ་འདོད་པ་ཁམས་ཀྱི་རགས་པ་གང་ཡིན་པ་དེ་ལྟ་བུ་རྣམ་པ་ཐམས་ཅད་ཀྱི་སྒོ་ནས་མེད་དོ་ཞེས། དེས་པའམ་གཏན་དང་པོ་ནི་རགས་པ་ཉིད་དང་བྲལ་བའི་ཕྱིར་ཞི་བ་ཡིན་ནོ་ཞེས་དེ་ལྟར་བསམ་གཏན་དང་པོ་ལ་ཞི་བའི་མཚན་ཉིད་དུ་སོ་སོར་རྟོག་པར་བྱེད་དེ་མཉམ་པར་བཞག་པའི ་ས་པའི་ཡིད་ལ་བྱེད་པ་གང་གིས་འདོད་པ་རྣམས་ལ་དགས་པའི་མཚན་ཉིད་དང། བསམ་གཏན་དང་པོ་ལ་ཞི་བའི་མཚན་ཉིད་དུ་སོ་སོར་རྟོག་པར་བྱེད་པ་ནི། མཚན་ཉིད་སོ་སོར་རིག་པའི་ཡིད་ལ་བྱེད་བ་ཞེས་བྱ་སྟེ། ཡིད་ལ་བྱེད་པ་དེ་ཡང་ཐོས་པ་དང། བསམ་པ་དང། འདྲེས ་པ་ཡིན་པར་རིག་པར་བྱའོ། །དེས་དེ་ལྟར་འདོད་པ་རྣམས་ཡོངས་སུ་ཤེས་ནས་བསམ་གཏན་དང་པོ་ལ་ཡོངས་སུ་ཚོལ་བ་དང། རགས་པའི་བཞི་བའི་མཚན་ཉིད་ཇི་ལྟ་བ་བཞིན་གྱིས་ཐོས་པ་དང་བསམ་པ་ལས་ཡང་དག་པར་འདས་ནས། གཅིག་ཏུ་བསྒོམ་པའི་རྣམ་པས་མོས་པར་བྱེད ་ཅིང། མཚན་མ་དེ་ཉིད་ལ་དམིགས་པའི་ཞི་གནས་དང། ལྷག་མཐོ?་བསྒོམ་པར་བྱེད་དོ། །སྒོམ་པར་བྱེད་པ་ན་ཇི་ལྟར་ཡོངས་སུ་ཚོལ་བ་དང། རགས་པ་ཞི་བའི་མཚན་ཉིད་དེ་དག་ལ་ཡང་དང་ཡང་དུ་ཞི་བར་བྱེད་དེ། དེ་ནི་མོས་པ་ལས་བྱུང་བའི་ཡིད་ལ་བྱེད་པ་ཞེས་བྱའོ།། ་དེ་ཀུན་ཏུ་བསྟེན་ཅིང་གོམས་པར་བྱས། ལན་མང་དུ་བྱས་པའི་རྒྱུས་དང་པོ་ཁོ་ནར་ཉོན་མོངས་པ་སྤོང་བའི་ལམ་སྐྱེ་བར་འགྱུར་ཞིང། ཉོན་མོངས་པ་སྤོང་བའི་ལམ་ཡང་དག་པར་སྐྱེས་པ་གང་ཡིན་པ་དེ་དང་ལྡན་པའི་ཡིད་ལ་བྱད་པ་དེ་ནི་རབ་ཏུ་དབེན་པའི་ཡིད་ལ་བྱེད ་པ་ཞེས་བྱའོ། །དེས་དང་པོར་འདོད་པ་ན་སྤྱོད་པའི་ཉོན་མོངས་པ་སྤངས་བ་དང། དེའི་ཕྱོགས་གནས་ངན་ལེན་དང་བྲལ་བའི་ཕྱིར། དེའི་འོག་ཏུ་སྤྱོད་པ་ལ་དགའ་བ་དང། རབ་ཏུ་དབེན་པ་ལ་དགའ་བར་འགྱུར་ཞིང། སྤོང་བ་དེ་ལ་ཕན་ཡོན་དུ་མཐོང་བ་དང། རབ་ཏུ་དབེན་པ་ལས་སྐྱེས ་པའི་དགའ་བ་དང། བདེ་བ་ཆུང་ངུ་ལ་རེག་ནས་འདི་ལྟ་སྟེ། རྨུགས་པ་དང། གཉིས་དང། རྒོད་པ་སྤངས་པའི་ཕྱིར་དང། དུས་དུས་སུ་རབ་ཏུ་དད་བར་འགྱུར་བའི་ཡིད་ལ་བྱེད་པས་ཡང་དག་པར་རབ་ཏུ་དགའ་བར་བྱེད་ཅིང། ཀུན་ཏུ་སྐྱོ་བར་འགྱུར་བའི་ཡིད་ལ་བྱེད་པས ་ཀུན་ཏུ་སྦྱོར་བར་བྱེད་པ་དེ་ནི་དགའ་བ་སྡུད་པའི་ཡིད་ལ་བྱེད་པ་ཞེས་བྱའོ། །དེ་ལྟར་སྔོར་བའི་དགའ་བ་དང། བསྒོམ་པའི་དགའ་བ་ལ་ཡང་རབ་ཏུ་བརྩོན་པ་ན་རྒྱཱུམ་གནས་ཀྱང་རུང་སྟེ། དེ་ལ་དགེ་བའི་ཕྱོགས་ལ་སྦྱོར་བ་ལ། གེགས་བྱེད་པར་འདོད་པ་དང་ལྡན་པའི་ཉོན ་མོངས་པ་ཀུན་ནས་དཀྲིས་པ་ཀུན་ཏུ་འབྱུང་བར་མི་འགྱུར་བ་ན། དེ་འདི་སྙམ་དུ་སེམས་ཏེ། ཅི་བདག་ལ་འདོད་པ་རྣམས་ལ་འདོད་པ་ལ་འདུན་པ་ཡོད་བཞིན་དུ་མི་མྱོང་ངམ། འོན་ཏེ་མེད་པས་སོ་སོར་མྱོང་སྙམ་དུ་སེམས་ཤིང་དེ་ཡོངས་སུ་དཔྱོད་པར་འདོད་པས་རབ་ཏུ་དད་བར ་འགྱུར་བའི་མཚན་མ་སྡུག་གུ་གང་ཡང་རུང་བ་ཡིད་ལ་བྱེད་དེ། དེའི་བག་ལ་ཉལ་ཐམས་ཅད་ཀྱི་ཐམས་ཅད་དུ་མ་སྤངས་པའི་ཕྱིར་མཚན་མ་དེ་ཡིད་ལ་བྱེད་པ་ན། བསྟེན་པ་ལ་གཞོལ་བ་དང། བསྟེན་པ་ལ་འབབ་པ་དང། བསྟེན་པ་ལ་བབ་པའི་སེམས་འབྱུང་བར་འགྱུར ་ཞིང། བཏང་སྙོམས་སུ་མི་གནས་ལ་ཡིད་འབྱུང་བ་དང། སྨོད་པ་དང། ཕྱིར་བཟློག་པ་དང། མི་མཐུན་བ་མི་གནས་ན། དེ་འདི་སྙམ་དུ་སེམས་ཏེ། བདག་གི་སེམས་ནི་འདི་ལྟ་སྟེ། འདོད་པ་རྣམས་ལས་ཡང་དག་པར་འདོད་ཆགས་དང་བྲལ་ཞིང་རྣམ་པར་གྲོལ་བ་མ ་ཡིན་ནོ་སྙམ་ནས། དེས་བག་ལ་ཉལ་དེའི་ལྷག་མ་མ་ལུས་བར་རྒྱ་ཆེར་སྤང་བའི་ཕྱིར། བདག་གི་སེམས་མངོན་པར་འདུ་བྱེད་པས། མངོན་པར་ཟིན་པ་དང། ཆུ་བཞིན་དུ་བཅུས་པ་དང། ཆོས་ཉིད་ཀྱིས་མངོན་པར་ཟིན་པ་དེས་སྤོང་བ་ལ་དགའ་བ་དང། བསྒོམ་པ་ལ ་དགའ་བ་ལ་རྒྱ་ཆེར་གནས་པར་བྱའོ་སྙམ་པ་དེ་ནི་དཔྱོད་པའི་འདི?་ལ་བྱེད་བ་ཞེས་བྱའོ། །དེ་དེ་ལྟར་སྤོང་བ་ལ་དགའ་བ་དང། བསྒོམ་པ་ལ་དགའ་བ་ལ་རྒྱ་ཆེར་གནས་ཤིང་ཞི་གནས་དང། ལྷག་མཐོང་སྒོམ་པ་ལ་རབ་ཏུ་བརྩོན་པར་བྱེད་པ་ན། ཡང་དང་ཡང ་དུ་དཔྱོད་པར་བྱེད་ཅིང་དེའི་གཉེན་པོ་སྒོམ་པར་བྱེད་དོ། དུས་དུས་སུ་སྤང་བ་དང། མ་སྤངས་པ་ཉིད་ལ་དཔྱོད་པར་བྱེད་པ་ན། འདོད་པ་ན་སྤྱོད་པའི་ཉོན་མོངས་པ་ཐམས་ཅད་ལས་རེ་ཞིག་ཙམ་གྱི་ཚུལ་གྱི་སེམས་འབྲལ་བར་བྱེད་ཅིང། ས་བོན་གཏན་བཅོམ་པ་ནི་མ་ཡིན ་ཏེ། དེའི་ཚེ་བསམ་གཏན་དང་པོ་ལ་སྦྱོར་བའི་ལམ་གྱི་མཐར་ཐུག་པ་ཉོན་མོངས་པ་ཐམས་ཅད་ཀྱི་གཉེན་བོར་གྱུར་པའི་ཡིད་ལ་བྱེད་པ་ཡང་དག་པར་སྐྱེས་པ་ནི་སྦྱོར་བ་མཐར་ཐུག་པའི་ཡིད་ལ་བྱེད་པ་ཞེས་བྱའོ། །དེའི་མཇུག་ཐོགས་ཁོ་ནར་རྒྱུ་དང་རྐྱེན་དེས་བསམ ་གཏན་དང་པོའི་དངོས་གཞི་ལ་སྙོམས་པར་འཇུག་ཅིང་བསམ་གཏན་གྱི་དངོས་གཞི་དང་ལྡན་པའི་ཡིད་ལ་བྱེད་པ་སྐྱེས་པ་དེ་ནི། སྦྱོར་བ་མཐར་ཐུག་པའི་འབྲས་བུ་ཡིད་ལ་བྱེད་པ་ཞེས་བྱའོ། །དེ་ལ་རབ་ཏུ་དབེན་པ་ཡིད་ལ་བྱེད་པ་དང། དགའ་བ་སྡུད་པ་ཡིད་ལ་བྱེད་པ ་སྐྱེས་པར་གྱུར་པའི་ཚེ་ན་ནི་དབེན་པ་ལས་སྐྱེས་པའི་དགའ་བ་དང། བདེ་བས་ལུས་ཡོངས་སུ་ཆོས་བར་བྱེད་དོ། །སྦྱོར་བ་མཐར་ཐུག་པའི་ཡིད་ལ་བྱེད་པ་དེའི་ཚེ་ན་ནི། ལན་འགའ་ལན་འབའ་ནི་བདེ་བའི་དངོས་པོ་ཆུང་ངུའི་ཚུལ་གྱིས་ཁྱད་པར་བྱེད་དོ། །ལན་འགའ་ ་ལན་འགའ་ནི་བདེ་བའི་དངོས་པོ་ཤིན་ཏུ་མང་པོ་དང། ཤིན་ཏུ་རྒྱ་ཆེན་པོའི་ཚུལ་གྱིས་ཁྱབ་པར་བྱེད་དོ། །སྦྱོར་བ་མཐར་ཐུག་པའི་འབྲས་བུའི་ཡིད་ལ་བྱེད་པ་སྐྱེས་པའི་ཚེ་ན་ནི། འདི་ལྟ་སྟེ། ལུས་ཐམས་ཅད་དབེན་པ་ལས་སྐྱེས་པའི་དགའ་བའི་དགའ་བ་དང། ་བདེ་བས་མ་ཁྱབ་པ་དང། ཁྱབ་པར་བྱ་བ་ཅུང་ཟད་ཀྱང་མེད་དོ། །དེ་དེའི་ཚེ་ན་ནི་འདོད་པ་དག་ལས་དབེན་པའི་སྡིག་པ་མི་དགེ་བའི་ཆོས་རྣམས་ལ་དབེན་པ། རྟག་པ་དང་བཅས་པ། དཔྱོད་པ་དང་བཅས་པ། དབེན་པ་ལས་སྐྱེས་པའི་དགའ་བ་དང་བདེ་བ ་ཅན། བསམ་གཏན་དང་པོའི་ཡན་ལག་ལྔ་བསྒྲུབས་ཏེ་གནས་བ་དང། འདོད་པ་ན་སྤྱོད་པའི་གཉེན་པོའི་ལམ་བསྒོམ་པའི་འབྲས་བུ་ལ་གནས་པ་དང། འདོད་བ་རྣམས་ལ་འདོད་ཆགས་དང་བྲལ་བ་ཐོབ་པ་ཞེས་བྱའོ། །དེ་ལ་མཚན་ཉིད་སོ་སོར་རིག་པའི་ཡིད་ལ་བྱེད་པས་ནི ་སྤངས་པར་བྱ་བ་གང་ཡིན་པ་དེ་ཡང། ཡོངས་སུ་ཤེས་པར་བྱེད། ཐོབ་པར་བྱ་བ་གང་ཡིན་པ་དེ་ཡང་ཡོངས་སུ་ཤེས་པར་བྱེད་ཅིང། སྤང་བར་བྱ་བ་སྤང་བ་དང། ཐོབ་པར་བྱ་བ་ཐོབ་པར་བྱ་བའི་ཕྱིར་སེམས་གཏོད་པར་ཡང་བྱེད་དོ། །མོས་པ་ལས་བྱུང་བའི་ཡིད་ལ་བྱེད་པས ་ནི་སྤང་བར་བྱ་བ་དང། ཐོབ་པར་བྱ་བའི་ཕྱིར་ཡང་དག་པར་སྦྱོར་བརྩོམ་པར་བྱེད་དོ། །རབ་ཏུ་དབེན་པའི་ཡིད་ལ་བྱེད་པས་ནི་ཉོན་མོངས་པ་ཆེན་པོ་སྤོང་བར་བྱེད་དོ། །དགའ་བ་སྡུད་པ་ཡིད་ལ་བྱེད་པས་ནི་ཉོན་མོངས་པའི་རྣམ་པ་འབྲིད་པོ་སྤོང་བར་བྱེད་དོ། །དཔྱོད་པའི་ཡིད ་ལ་བྱེད་པས་ནི་ཐོབ་པ་ལ་མངོན་པའི་ང་རྒྱལ་མེད་པ་ལ་སེམས་འཇོག་པར་བྱེད་དོ། །སྦྱོར་བ་མཐང?་ཐུག་པའི་ཡིད་ལ་བྱེད་པས་ནི་ཉོན་མོངས་པའི་རྣམ་པ་ཆུང་དུ་སྤོང་བར་བྱེད་དོ། །སྦྱོར་བ་མཐར་ཐུག་པའི་འབྲས་བུ་ཡིད་ལ་བྱེད་པས་ནི། ཡིད་ལ་བྱེད་པའི་རྣམ་པ ་དེ་དག་བསྒོམས་པའི་འབྲས་བུ་ཉམས་སུ་མྱོང་བར་བྱེད་དོ། །གཞན་ཡང་མཚན་ཉིད་སོ་སོར་རིག་པ་ཡིད་ལ་བྱེད་པ་གང་ཡིན་པ་དང། མོས་པ་ལས་བྱུང་བའི་ཡིད་ལ་བྱེད་པ་གང་ཡིན་པ་དེ་ནི་སུན་འབྱིན་པའི་གཉེན་པོ་དང་ལྡན་པ་སྟེ། རྗེས་སུ་འཐུན་པའི་ཡིད་ལ ་བྱེད་པ་ཡིན་ནོ། །རབ་ཏུ་དབེན་པའི་ཡིད་ལ་བྱེད་པ་གང་ཡིན་པ་དང། སྦྱོར་བ་མཐར་ཐུག་པའི་ཡིད་ལ་བྱེད་པ་གང་ཡིན་པ་དེ་ནི་སྤོང་བའི་གཉེན་པོ་དང་ལྡན་པ་སྟེ། གཉེན་པོ་ཡིད་ལ་བྱེད་པ་ཡིན་ནོ། །དེ་དག་ལ་དགའ་བ་སྡུད་པའི་ཡིད་ལ་བྱེད་པ་གང་ཡིན་པ་དེ་ནི། ་གཉེན་པོ་ཡིད་ལ་བྱེད་པ་དང། དད་བར་འགྱུར་བའི་ཡིད་ལ་བྱེད་པ་ཡིན་ནོ། །དེ་ལ་དཔྱོད་པའི་ཡིད་ལ་བྱེད་པ་གང་ཡིན་པ་དེ་ནི། སོ་སོར་རྟོག་པའི་ཡིད་ལ་བྱེད་པ་ཞེས་བྱ་སྟེ། དེ་ལྟར་ན་ཡིད་ལ་བྱེད་པ་དྲུག་པོ་དེ་དག་དུ་ནི། ཡིད་ལ་བྱེད་པ་བཞི་པོ་འདི་ལྟ་སྟེ། ་རྗེས་སུ་མཐུན་པ་དང། གཉེན་པོ་དང། དད་བར་འགྱུར་བ་དང། སོ་སོར་རྟོག་པ་དག་འདུས་པར་རིག་པར་བྱའོ། །ཇི་ལྟར་འདི་ལ་བྱེད་པ་བདུན་གྱིས་བསམ་གཏན་དང་པོ་ལ་སྙོམས་པར་འཇུག་པ་དེ་བཞིན་དུ། བསམ་གཏན་གཉིས་དང། ་གསུམ་པ་དང། བཞི་པ་ལ་སྙོམས་པར་འཇུག་པ་དང། ནམ་མཁའ་དང། རྣམས་ཤེས་དང། ཅི་ཡང་མེད་པ་དང། འདུ་ཤེས་མེད་དུ་འདུ་ཤེས་མེད་མིན་སྐྱེ་མཆེད་ལ་སྙོམས་བར་འཇུག་པ་ཡང་ཡིད་ལ་བྱེད་པ་བདུན་གྱིས་ཡིན་པར་རིག་པར་བྱའོ། །དེ་ལ་བསམ ་གཏན་གཉིས་པ་ལ་སྙོམས་པར་འཇུག་པའི་ཕྱིར། གང་གིས་རྟོག་པ་དག་ལ་རགས་པའི་མཚན་ཉིད་དུ་སོ་སོར་རྟོག་པར་བྱེད་ཅིང། རྟོག་པ་མེད་པ་བསམ་གཏན་གཉིས་པ་ལ་ཞི་བའི་མཚན་དུ་སོ་སོར་རྟོག་པར་བྱེད་པ་དེ་ནི། མཚན་ཉིད་སོ་སོར ་རིག་པའི་ཡིད་ལ་བྱེད་པ་ཞེས་བྱའོ། །དེ་ལ་བསམ་གཏན་དང་པོ་ལ་སྙོམས་པར་ཞུགས་པ། བསམ་གཏན་དང་པོ་ཐོབ་པ། རྟོག་པ་དག་ལ་རགས་པར་ལྟ་ཞིང་མཉམ་པར་བཞག་པའི་ས་བའི་དམིགས་བ་ལ་མི་བརྟན་པར་སྤྱོད་པ་དང་པོ་སྐྱེས་པས། ་དམིགས་པ་ཡིད་ལ་རྗོད་པ་རགས་པ་སྐྱེ་བ་གང་ཡིན་པ་དེ་ནི་རྟོག་པ་ཞེས་བྱའོ། །དམིགས་པ་ལ་མི་བརྟན་པར་སྤྱོད་པ་དེ་དང་འབྲེལ་པའི་རྗེས་སུ་སྤྱོད་པའི་ཡིད་ལ་རྗོད་པ་ཤིན་ཏུ་ཕྲ་བ་གང་ཡིན་པ་དེ་ནི་དཔྱོད་པ་ཞེས་བྱ་སྟེ། རྟོག་པ་དང། དཔྱོད་པ ་དེ་དག་ཀྱང་སེམས་ལས་བྱུང་བ་སྟེ། སེམས་སྐྱེས་ན་སྐྱེ་བར་འགྱུར་ཞིང་ལྷན་ཅིག་འབྱུང་བ་མཚུངས་པར་ལྡན་པ་དུས་གཅིག་ཏུ་འཇུག་པ་ཡིན་ནོ། །དེ་ལྟར་ན་དེ་དག་ནི་ནང་ནས་སྐྱེས་པ་དང་ཕྱི་རོལ་གྱི་སྐྱེ་མཆེད་དུ་གཏོགས་པ་ཡིན་ཏེ། དེ་དག་ཐམས ་ཅད་ནི་འདས་པ་དང། མ་འོངས་པ་དང། ད་ལྟར་བྱུང་བའི་དུས་རྣམས་སུ་ཡང། རྒྱུ་ལས་བྱུང་བ་རྟེན་ཅིང་འབྲེལ་པར་འབྱུང་བ་བྱུང་ནས་འཇིག་པ་ཡུན་མི་རིང་བ། ཡུན་དུ་མི་གནས་པ། སེམས་ཀུན་ཏུ་འཁྲུག་པར་བྱེད་པ། གཡོ་བར་བྱེད་པ། རབ ་ཏུ་མ་ཞི་བའི་རྣམ་པས་འཇུག་པ་ཡིན་ནོ། །ས་དེའི་དང་བཞིན་ནི་ས་གོང་མ་ལས་ལྟོས་ན། སྡུག་བསྔལ་བར་གནས་པའི་ཕྱིར། ནག་པོའི་ཕྱོགས་ཡིན་ལ། འདོད་བ་ལས་དབེན་པ་ལས་སྐྱེས་པའི་བདེ་བའི་ཕན་ཡོན་ཆུང་ཟད་དང་ལྡན་པ་ཡང་ཡིན་ཏེ། དེ་ལ་གནས ་པ་ལ་བརྟག་པ་རྟག་པའི་དུས་དང། ཐེར་ཟུག་ཐེར་ཟུག་གི་དུས་སུ་སེམས་ཀྱི་སྤྱོད་བ་རྟོག་པ་དང་བཅས་བ་དང། དཔྱོད་པ་དང་བཅས་པ་འབྱུང་བར་འགྱུར་བས་ཞི་བས་རབ་ཏུ་ཞི་བ་ལྟ་བུ་ཡིན་ཏེ། དེ་ལྟར་རྣམ་པ་དེ་དག་གིས་རྟོག་པ་དག་ལ་རགས་པའི་མཚན་ཉིད་དུ་སོ་སོར ་རྟོག་པར་བྱེད་དོ། །རྟོག་པ་མེད་པའི་བསམ་གཏན་གཉིས་པ་ལ་ནི་རྣམ་པ་ཐམས་ཅད་དུ་རགས་པའི་མཚན་ཉིད་དེ་ལྟ་བུ་མེད་དེ། དེའི་ཕྱིར་བསམ་གཏན་གཉིས་པ་ནི་རགས་པ་དེ་ཉིད་དང་བྲལ་བའི་ཕྱིར་ཞི་བ་ཡིན་ནོ། །བསམ་གཏན་གཉིས་པ་ལ་སྙོམས་བར་འཇུག་པ ་ཡིད་ལ་བྱེད་པ་ལྷག་མ་རྣམས་ནི་སྔ་མ་བཞིན་དུ་ཅི་རིགས་པར་རིགས་པར་བྱ་སྟེ། ཡོད་མིན་མེད་མིན་སྐྱེ་མཆེད་ཀྱི་བར་གྱི་ས་དང་ས་དག་ལ་སྙོམས་པར་འཇུག་པའི་ཡིད་ལ་བྱེད་པ་བདུན་པོ་དག་ཀྱང་དེ་བཞིན་དུ་ཅི་རིགས་པར་རིག་པར་བྱའོ། །ཅི་ཡང་མེད་པའི་སྐྱེ་མཆེད་མན ་ཆད་ཀྱིས་འོག་མ་ཐམས་ཅད་ལ་རགས་པའི་མཚན་ཉིད་ནི་མདོར་བསྡུ་ན་རྣམ་པ་གཉིས་སུ་རིགས་པར་བྱ་སྟེ། ས་འོག་མ་རྣམས་ནི་ཆེས་སྡུག་བསྔལ་བར་གནས་ཤིང་ཆེས་རབ་ཏུ་མ་ཞི་བར་གནས་པ་དང། ཚེས་ཚེ་ཐུང་བར་གནས་པ་སྟེ། དེ་ལྟར་རགས་པའི་མཚན་ཉིད ་གཉིས་པོ་དེ་དག་གཞི་དྲུག་པོ་དེ་དག་གིས་ཇི་རིགས་པར་ཡོངས་སུ་ཆོལ་བར་བྱེད་དོ། །སྦྱོར་བ་མཐར་ཐུག་པའི་འབྲས་བུའི་ཡིད་ལ་བྱེད་པ་མན་ཆད་ཀྱིས་གང་དན་གང་དག་ལས་འདོད་ཆགས་དང་བྲལ་བར་འདོད་པའི་ས་གོང་མ་རྣམས་ལ་ནི་ཇི་རིགས་པར་ཞི་བའི་མཚན་ཉིད་དུ ་སོ་སོར་རྟོག་པར་བྱེད་དོ། །འདོད་པ་དག་ལས་དབེན་པ་རྟོག་པ་དང་བཅས་པ། དཔྱོད་པ་དང་བཅས་པ་དབེན་པ་ལས་སྐྱེས་པའི་དགའ་བ་དང་བདེ་བ་ཅན་བསམ་གཏན་དང་པོ་བསྒྲུབས་ཏེ་གནས་སོ་ཞེས་གསུངས་པ་དེ་ལ། འདོད་པ་དག་ཅེས་བྱ་བ་ནི་རྣམ་པ་གཉིས་ཏེ། ཉོན ་མོངས་པའི་འདོད་པ་དང། དངོས་པོའི་འདོད་པའོ། །འདོད་པ་དག་ལས་དབེན་པ་ཞེས་བྱ་བ་ཡང་རྣམ་པ་གཉིས་ཏེ། མཚུངས་པར་ལྡན་པ་དབེན་པ་དང། དམིགས་པ་ལས་དབེན་པའོ། །སྡིག་པ་མི་དགེ་བའི་ཆོས་རྣམས་ལས་དབེན་པ་ཞེས་བྱ་བ ་ནི་འདོད་པའི་རྒྱུ་ལས་བྱུང་བ་སྟེ། ཉེ་བའི་ཉོན་མོངས་པ་མི་དགེ་བའི་ཆོས་འདི་ལྟ་སྟེ། ལུས་ཀྱིས་ཉེས་པར་སྤྱད་པ་དང། དག་གིས་ཉེས་པར་སྤྱད་པ་དང། ཡིད་ཀྱིས་ཉེས་པར་སྤྱད་པ་དང། མཚོན་འབྱིན་པ་དང། དབྱུག་པ་འབྱིན་པ་དང། འཐབ་མོ་དང། མཚང་འབྲུ་བ་དང། ་རྩོད་པ་དང། འགྱེང་པ་དང། གཡོ་བྱེད་པ་དང། བསླུ་བ་དང། སྙིང་རྗེ་མེད་པ་དང། བརྫུན་དུ་སྨྲ་བ་ཀུན་ཏུ་འབྱུང་བ་གང་དག་ཡིན་པ་དེ་དག་སྟེ། དེ་དག་སྤངས་པའི་ཕྱིར་སྡིག་པ་མི་དགེ་བའི་ཆོས་རྣམས་ལས་དབེན་པ་ཞེས་བྱའོ། །རྟོག་པ་དང་བཅས་པ། དཔྱོད་པ་དང ་བཅས་པ་ཞེས་བྱ་བ་ནི་རྟོག་པ་དང་དཔྱོད་པ་དག་ལ་སྐྱོན་དུ་མི་ལྟ་བའི་ཕྱིར། འདོད་པའི་གཉེན་པོ་རང་གི་ས་བའི་རྟོག་པ་དང། དཔྱོད་པ་དགེ་བ་དག་དང་ལྡན་པས་ན། རྟོག་པ་དང་བཅས་པ་དཔྱོད་པ་དང་བཅས་པ་ཞེས་བྱའོ། །དབེན་པ་ལས་ཞེས་བྱ་བའི་འདོད་པ་གང་དག་ལས ་དབེན་པ་སྦྱོར་བ་མཐར་ཐུག་པའི་ཡིད་ལ་བྱེད་པ་ལས་སོ། །སྐྱེས་པ་ཞེས་བྱ་བ་ནི། རྒྱུ་དེ་དང་རྐྱེན་དེས་དེའི་མཇུག་ཐོག་ཁོ་ནར་ཡང་དག་པར་སྐྱེས་པ་ལ་བྱ་སྟེ། དེའི་ཕྱིར་དབེན་པ་ལས་སྐྱེས་པ་ཞེས་བྱ་བ་གསུངས་སོ། །དགའ་བ་དང་བདེ་བ་ཅན་ཞེས་བྱ་བ་དེ་ནི་འདོད་པ་དང་རེ་བའི ་དོན་ཐོབ་ཅིང་དགའ་བ་ལ་སྐྱོན་དུ་མི་ལྟ་བའི་ཕྱིར་དང། གནས་ངན་ལེན་ཐམས་ཅད་དང་བྲལ་ཞིང། སེམས་དང་ལུས་ལས་སུ་རུང་བ་རྒྱ་ཆེན་པོ་དང་ལྡན་པས། དགའ་བ་དང་བདེ་བ་ཅན་ཞེས་བྱའོ། །བསམ་གཏན་ཞེས་བྱ་བ་ནི་དམིགས་པ་ལ་ཡང་དག་པར་ཉེ་བར་གཏོད ་པ་དང། དྲན་པ་རྩེ་གཅིག་ཏུ་ཉེ་བར་གཏོད་པའི་ཕྱིར་བསམ་གཏན་ཞེས་བྱའོ། །དང་པོ་ཞེས་བྱ་བ་ནི་དང་པོར་འདོད་པའི་ཁམས་ནས་བསྐྱོད་པའི་གོ་རིམས་བཞིན་དུ་བགྲངས་པའི་ཕྱིར་དང་པོ་ཞེས་བྱའོ། །བསྒྲུབས་ཏེ་ཞེས་བྱ་བ་ནི་སྦྱོང་བ་མཐར་ཐུག་པའི་འབྲས་བུ་ཡིན་པའི ་ཕྱིར་བསྒྲུབས་ཏེ། ཞེས་བྱའོ། །གནས་སོ་ཞེས་བྱ་བ་ནི་ཕྱིས་བསྒོམས་པ་ལན་མང་དུ་བསྒྲུབས་པས། ཅི་འདོད་པ་བཞིན་ཐོབ་པ་དང། དཀའ་བ་མེད་པར་ཐོབ་པ་དང། ཚོགས་མེད་པར་ཐོབ་པའི་ཕྱིར། བསམ་གཏན་གྱི་སྙོམས་པར་འཇུག་པ་དེས་མཚན་མོ་དང། ཉིན་མོ་དང། ་ཉིན་མཚན་དང། ཉིན་མཚན་བདུན་གྱི་བར་རམ། ཇི་སྲིད་འདོད་པའི་བར་དུ་འདའ་བར་བྱེད་པས་ན་གནས་སོ་ཞེས་བྱའོ། །དེ་རྟོག་པ་དང་བཅས་དཔྱོད་པ་དང་བྲལ་ཞིང་ནང་ཡོངས་སུ་དང་སྟེ། སེམས་ཀྱི་རྒྱུད་གཅིག་ཏུ་གྱུར་པས། རྟོག་པ་མེད་པ་དང། དཔྱོད་པ་མེད་པ། ཏིང ་ངེ་འཛིན་ལས་སྐྱེས་པའི་དགའ་བ་དང། བདེ་བ་ཅན་བསམ་གཏན་གཉིས་པ་བསྒྲུབས་ཏེ་གནས་སོ་ཞེས་གསུངས་པ་དེ་ལ་རྟོག་པ་དང། དཔྱོད་པ་དང་བྲལ་ཞིང་ཞེས་བྱ་བ་ནི་རྟོག་པ་དང་བཅས་པ། དཔྱོད་པ་དང་བཅས་པའི་ཏིང་ངེ་འཛིན་གྱི་མཚན་མ་དག་ལས་སེམས ་རྣམ་པར་བཟློག་ནས། རྟོག་པ་མེད་པ་དང། དཔྱོད་པ་མེད་པའི་ཏིང་ངེ་འཛིན་གྱི་མཚན་མ་དག་ལ་ལེགས་པར་གཏོད་ཅིང། དམིགས་པ་ལ་མི་བརྟན་པར་སྤྱོད་པ་ལས་རྣམ་པ་ཕྲལ་ཏེ། དམིགས་པ་ལ་བརྟན་པར་སྤྱོད་པ་ལ་དང་གཅིག་གིས་སེམས་ཞི་བ་དང་དང་པར་འཇུག ་བར་བྱེད་ཅིང་རྣམ་པར་འཇོག་པར་བྱེད་པ་ན། དེའི་ཕྱིར་རྟོག་པ་དང་དཔྱོད་པ་དང་བྲལ་ཞིང་ནང་ཡོངས་སུ་དང་སྟེ་ཞེས་བྱ་བ་གསུངས་སོ། །སེམས་ཀྱི་རྒྱུད་གཅིག་ཏུ་གྱུར་པས་ཞེས་བྱ་བ་ནི། དེས་བསྒོམས་པ་ཡོངས་སུ་གོམས་པར་བྱ་བའི་ཕྱིར། རྟོག་པ་དང་དཔྱོད་པ་མེད ་པའི་ཏིང་ངེ་འཛིན་དེ་ཉིད་ལ་རྟོག་པ་དང་དཔྱོད་པས་རབ་ཏུ་དཔྱོད་ཅིང་སྐབས་སུ་འཆད་བའི་གནས་སྐབས་ལས་ཡང་དག་པར་འདས་ཏེ་བར་དུ་གཅོད་པ་མེད་པ་དང། སྐབས་སུ་འཆད་པ་མེད་པའི་གནས་སྐབས་ཐོབ་པས་ན། དེའི་ཕྱིར་སེམས་ཀྱི་རྒྱུད་གཅིག་ཏུ་གྱུར་པས་ཞེས ་བྱ་བ་གསུངས་སོ། །རྟོག་པ་མེད་པ་དཔྱོད་པ་མེད་པ་ཞེས་བྱ་བ་ནི། རྟོག་པ་དང་དཔྱོད་པ་རྣམ་པ་ཐམས་ཅད་ཀྱི་ཐམས་ཅད་དུ་སྤངས་པའི་ཕྱིར་རྟོག་པ་མེད་པ་དང། དཔྱོད་པ་མེད་པ་ཞེས་བྱའོ། །ཏིང་ངེ་འཛིན་ལས་ཞེས་བྱ་བ་ནི་སྦྱོར་བ་མཐར་ཐུག་པ་ཡིད་ལ་བྱེད་པའི་ཏིང་ངེ ་འཛིན་ལས་སོ། །སྐྱེས་པ་ཞེས་བྱ་བ་ནི་རྒྱུ་དེ་དང་རྐྱེན་དེའི་མཇུག་ཐོགས་ཁོ་ནར་ཡང་དག་པར་སྐྱེས་པ་ལ་བྱ་སྟེ། དེའི་ཕྱིར་ཏིང་ངེ་འཛིན་ལས་སྐྱེས་པ་ཞེས་བྱ་བ་གསུངས་སོ། །དགའ་བ་དང། བདེ་བ་ཅན་ཞེས་བྱ་བ་ནི་འདོད་པ་དང་དེ ་བའི་དོན་ཐོབ་ཅིང་དགའ་བ་ལ་སྐྱོན་དུ་མི་ལྟ་བས། ཡང་དག་པར་རབ་ཏུ་དགའ་བ་དང་ལྡན་ཞིང། ཡིད་བདེ་བ་དང་ལྡན་པའི་ཕྱིར་དང། བསམ་གཏན་དང་པོའི་རྟོག་པ་དང། དཔྱོད་པ་དང། ཉོན་མོངས་པའི་ཕྱོགས་གནས་ངན་ལེན་ཐམས་ཅད་དང་བྲལ་བས། ་དེའི་གཉེན་པོའི་སེམས་ཅན་དང་ལུས་ཤིན་ཏུ་སྦྱངས་ཤིང་ལས་སུ་རུང་བའི་བདེ་བ་དང་ལྡན་པའི་ཕྱིར། དགའ་བ་དང་བདེ་བ་ཅན་ཞེས་བྱའོ། །བསམ་གཏན་གཉིས་པ་བསྒྲུབས་ཏེ་གནས་སོ་ཞེས་བྱ་བ་ལ་གཉིས་པ་ཞེས་བྱ་བ་ནི་གོ་རིམ་བཞིན་དུ་བགྲངས་པའི ་ཕྱིར་རོ། །ལྷག་མ་ཐམས་ཅད་ནི་སྔ་མ་བཞིན་དུ་རིག་པར་བྱའོ། །དེ་དགའ་བའི་འདོད་ཆགས་དང་བྲལ་བས། བཏང་སྙོམས་ལ་གནས་ཤིང་དྲན་པ་དང་ཤེས་བཞིན་ཅན་ཡིན་ཏེ། བདེ་བ་ལུས་ཀྱིས་མྱོང་ལ། འཕགས་པ་རྣམས་ཀྱིས་གང་དེ་དྲན་པ་དང་ལྡན ་པ་བདེ་བ་ལ་གནས་པ། བཏང་སྙོམས་པའོ་ཞེས་བརྗོད་པ་སྟེ། དགའ་བ་མེད་པ་བསམ་གཏན་གསུམ་པ་བསྒྲུབས་ཏེ་གནས་སོ་གསུངས་པ་དེ་ལ། དེ་དགའ་བའི་འདོད་ཆགས་དང་བྲལ་བས་ཞེས་བྱ་བ་ནི། དགའ་བའི་མཚན་མ་དག་ལ་སྐྱོན་དུ་ལྟ་བའི་ཕྱིར་ཏེ། ་དེའི་ཕྱིར་དེ་དགའ་བའི་འདོད་ཆགས་དང་བྲལ་བས་ཞེས་གསུངས་སོ། །བཏང་སྙོམས་ལ་གནས་ཤིང་ཞེས་བྱ་བ་ནི་དགའ་བ་མེད་པ་བསམ་གཏན་གསུམ་པ་ལ་སེམས་གཏོང་པར་བྱེད་པ་དེའི་ཚེ་ན་ནི། དེའི་སེམས་ཀུན་ཏུ་འཁྲུག་པར་བྱེད་པའི་སྐྱོན་རྣམས ་གཉིས་པོ་བསམ་གཏན་གཉིས་པ་ལ་རྟོག་པ་དང། དཔྱོད་པ་དང། ད་ལྟར་གྱིས་དགའ་བ་དང་བྲལ་བས་ན། དེའི་ཕྱིར་བཏང་སྙོམས་ལ་གནས་ཤིང་ཞེས་བྱ་བ་གསུངས་ཏེ། སེམས་ཀུན་ཏུ་འཁྲུག་པར་བྱེད་པའི་ཆོས་དེ་གཉིས་ཏེ། སེམས་རྒྱུན་དུ་བཏང་སྙོམས ་སུ་བཞག་པ་ལ་གེགས་བྱེད་པ་ཡིན་པས་ན། སེམས་ཀུན་ཏུ་འཁྲུག་པར་བྱེད་པ་ཞེས་བྱའོ། །བསམ་གཏན་དང་པོ་ལ་ནི་རྟོག་པ་དང། དཔྱོད་པ་ཡོད་པས་དེས་ན་རྒྱུན་ཏུ་བཏང་སྙོམས་ལ་འཇུག་པར་མི་འགྱུར་རོ། །བསམ་གཏན་གཉིས་པ་ལ་ནི་དགའ་བ་ཡོད་པས། ་དེས་ན་དེར་ཡང་རྒྱུན་ཏུ་བཏང་སྙོམས་ལ་འཇུག་པར་མི་འགྱུར་ཏེ། དེ་བས་ན་བསམ་གཏན་དང་པོ་དང། བསམ་གཏན་གཉིས་པ་དེ་དག་ལ་བཏང་སྙོམས་ཤས་ཆེར་མེད་པས་དེའི་ཕྱིར། བསམ་གཏན་གསུམ་པ་ལ་སྙོམས་པར་ཞུགས་པའི་བསམ་གཏན་པ་དེ ་ནི། བཏང་སྙོམས་ལ་གནས་པ་ཞེས་བྱའོ། །དྲན་པ་དང་ཤེས་བཞིན་ཡིན་ཏེ། ཞེས་བྱ་བ་ནི་དེ་བཏང་སྙོམས་ལ་གནས་པ་ནི་ཇི་ལྟ་ཇི་ལྟར་དགའ་བ་དང་ལྡན་པའི་འདུ་ཤེས་ཡིད་ལ་བྱེད་པ་དེ་དག་ཀུན་ཏུ་འབྱུང་བར་མི་འགྱུར་བ་དེ་ལྟ་དེ་ལྟར་དྲན་པ་ཉེ་བར་གཞག་སྟེ ་གནས་པར་བྱེད་དོ། །གལ་ཏེ་བསམ་གཏན་གསུམ་པ་ལེགས་པར་གོམས་པར་མ་བྱས་པས་བརྗེད་ངས་པའི་ཕྱིར། བརྒྱ་ལ་བརྒྱ་ལམ་ན། དགའ་བ་དང་ལྡན་པའི་འདུ་ཤེས་ཡིད་ལ་བྱེད་པ་དེ་དག་ཀུན་ཏུ་འབྱུང་བར་གྱུར་ན། མྱུར་བ་མྱུར་བ་ཁོ་ནར་དེ་དག་ལ་ཤེས ་རབ་ཀྱིས་སོ་སོར་རྟོག་པར་བྱེད། ལེགས་པ་ཁོ་ནར་རབ་ཏུ་ཤེས་པར་བྱེད་ཅིང་བྱུང་ངོ་ཅོག་དང་དུ་མི་ལེན་པར་སྤོང་བར་བྱེད། སེལ་བར་བྱེད། བྱང་བར་བྱེད་ཅིང་སེམས་བཏང་སྙོམས་སུ་བྱེད་པས་ན། དེའི་ཕྱིར་དྲན་པ་དང་ཤེས་བཞིན་ཅན་ཡིན་ཏེ་ཞེས་གསུངས་སོ། ། ་བདེ་བ་ལུས་ཀྱིས་མྱོང་བ་ཞེས་བྱ་བ་ནི། དེ་དེའི་ཚེ་ན་གཟུགས་ཀྱི་ལུས་དང། ཡིད་ཀྱི་ལུས་ཀྱིས་ཚོར་བའི་བདེ་བ་དང། ཤིན་ཏུ་སྦྱངས་པའི་བདེ་བ་སོ་སོར་མྱོང་བར་བྱེད་པས་ན། དེའི་ཕྱིར་བདེ་བ་ལུས་ཀྱིས་མྱོང་ལ་ཞེས་བྱ་བ་གསུངས་སོ། །འཕགས་པ་རྣམས ་ཀྱིས་གང་དེ་དྲན་པ་དང་ལྡན་པ་བདེ་བ་ལ་གནས་པ་བཏང་སྙོམས་པའོ་ཞེས་བརྗོད་པ་སྟེ། ཞེས་བྱ་བ་ནི་བསམ་གཏན་གསུམ་པ་མན་ཆད་ལ་ནི། བདེ་བ་དེ་ལྟ་བུ་ཡང་མེད་ལ་རྒྱུན་ཏུ་བཏང་སྙོམས་ལ་གནས་པ་ཡང་མེད་དོ། །བསམ་གཏན་གསུམ་པའི་གོང་མ ་ནི་བཏང་སྙོམས་ཀྱང་བདེ་བ་དེ་ལྟ་བུ་མེད་དེ། དེ་ལྟར་འོག་མ་དག་ལ་བདེ་བ་དང་བཏང་སྙོམས་མེད་པ་དང། གོང་མ་དག་ལ་བདེ་བ་མེད་པའི་ཕྱིར་འདི་ལྟ་སྟེ། བསམ་གཏན་གསུམ་པ་འདི་ནི་དེ་དག་གིས་གནས་ཡིན་པས་ན། འཕགས་པས་ཀྱང ་དེ་ལ་དམིགས་ཏེ་གནས་པའི་གང་ཟག་གང་ཡིན་པ་དེའི་དབང་དུ་མཛད་ནས། གང་དེ་དྲན་པ་དང་ལྡན་པ་བདེ་བ་ལ་གནས་པ་བཏང་སྙོམས་པའོ་ཞེས་བརྗོད་དེ། འཕགས་པ་ཞེས་བྱ་བ་ནི་སངས་རྒྱས་དང་སངས་རྒྱས་ཀྱི་ཉན་ཐོས་རྣམས་སོ། །དགའ་བ་མེད་པའི ་ཞེས་བྱ་བ་ནི་དེ་ལྟར་བཏང་སྙོམས་ལ་གནས་པ་དེས་དེའི་ཚེ་དྲན་པ་དང་ཤེས་བཞིན་ཀུན་ཏུ་བསྟེན་ཅིང་གོམས་པར་བྱས། ལན་མང་དུ་བྱས་པའི་རྒྱུས་དགའ་བ་དང། ལྡན་པའི་ཚོར་བས་སེམས་དགའ་བར་བྱེད་པ་དེ་སོང་བར་བྱེད་ཅིང། དགའ་བའི་གཉེན ་པོ་དགའ་བ་མེད་པ་ཞི་བ་དང། རབ་ཏུ་ཞི་བའི་ཚོར་བ་སེམས་ལས་སྐྱེ་བར་འགྱུར་བས་ན། དེའི་ཕྱིར་དགའ་བ་མེད་པ་ཞེས་བྱ་བ་གསུངས་སོ། །བསམ་གཏན་གསུམ་པ་བསྒྲུབས་ཏེ་གནས་སོ་ཞེས་བྱ་བ་ནི་སྔ་མ་བཞིན་དུ་རིགས་པར་བྱའོ། །དེ་བདེ་བ ་ཡང་སྤངས་ཏེ། སྔ་ནས་སྡུག་བསྔལ་ཡང་སྤངས་ཤིང་ཡིད་བདེ་བ་དང། ཡིད་མི་བདེ་བ་ཡང་ནུབ་པས་བདེ་བ་ཡང་མ་ཡིན། སྡུག་བསྔལ་ཡང་མ་ཡིན། བཏང་སྙོམས་དང། དྲན་པ་ཡོངས་སུ་དག་པ་བསམ་གཏན་བཞི་པ་བསྒྲུབས་ཏེ་གནས་སོ ་ཞེས་གསུངས་པ་དེ་ལ། དེ་བདེ་བ་ཡང་སྤངས་ཏེ་ཞེས་བྱ་བ་ནི། བདེ་བའི་གཉེན་པོ་ནི་རིགས་འདྲ་བའི་ཕྱིར། སྤོངས་པའི་གཉེན་པོ་མ་བསྟན་པར་དེའི་གཉེན་པོས་བྱས་པ་བདེ་བ་སྤངས་པ་གང་ཡིན་པ་དེ་ཉིད་བསྟན་ཏེ། དེའི་གཉེན་པོ་ཡང་གང་ཞེ ་ན། འདི་ལྟ་སྟེ། བཏང་སྙོམས་དང། དྲན་པ་དང། ཤེས་བཞིན་ཡིན་ནོ། །དེ་དག་ལ་བརྟེན་ཅིང་གོམས་པར་བྱས་པས། བསམ་གཏན་གསུམ་པ་ལས་བསྐྱོད་ཅིང། བསམ་གཏན་གསུམ་པའི་ས་པའི་བདེ་བ་གང་ཡིན་པ་དེ་སྤངས་པར་བྱེད་པས་ན། དེའི་ཕྱིར་བདེ ་པ་ཡང་སྤངས་ཏེ་ཞེས་བྱ་བ་གསུངས་སོ། །སྔ་ནས་སྡུག་བསྔལ་ཡང་སྤངས་ཤིང་ཡིད་བདེ་བ་དང། ཡིད་མི་བདེ་བ་ཡང་ནུབ་པས་ཞེས་བྱ་བ་ནི། དེའི་ཚེ་བསམ་གཏན་པ་དེས་བདེ་བ་དང། སྡུག་བསྔལ་ལས་ཡང་དག་པར་འདས་པའི་རྗེས་སུ་ཐོབ་ཅིང། དེས་སྔོན་སྤངས་པ ་གང་ཡིན་པ་དང། དེ་ལྟར་སྤོང་བར་བྱེད་པ་གང་ཡིན་པ་དེ་དག་གཅིག་ཏུ་བསྡུས་པ་ནས། དེའི་ཕྱིར་སྔ་ནས་སྡུག་བསྔལ་ཡང་སྤངས་ཤིང་ཡིད་བདེ་བ་དང། ཡིད་མི་བདེ་བ་ཡང་ནུབ་པས་ཞེས་བྱ་བ་གསུངས་སོ། །དེ་ལ་བསམ་གཏན་བཞི་པ་ལ་སྙོམས་པར་འཇུག་པའི་ཚེ ་ན་ནི། བདེ་བ་ཡང་སྤངས་སོ། །བསམ་གཏན་གཉིས་པ་ལ་སྙོམས་པར་འཇུག་པའི་ཚེ་ན་ནི། སྡུག་བསྔལ་སྤངས་སོ། །བསམ་གཏན་གསུམ་པ་ལ་སྙོམས་པར་འཇུག་པའི་ཚེ་ན་ནི་ཡིད་བདེ་བ་ནུབ་བོ། །བསམ་གཏན་དང་པོ་ལ་སྙོམས་པར་འཇུག་པའི་ཚེ་ན་ནི། ཡིད་མི ་བདེ་བ་ནུབ་བོ། །བདེ་བ་ཡང་མ་ཡིན་སྡུག་བསྔལ་ཡང་མ་ཡིན་པ་ཞེས་བྱ་བ་ནི། དེས་རེ་ཞིག་བདེ་བ་དང་སྡུག་བསྔལ་སྤངས་པའི་ཕྱིར་དེ་ལ་ཚོར་བ་ལྷག་མ་བདེ་བ་ཡང་མ་ཡིན། སྡུག་བསྔལ་ཡང་མ་ཡིན་པ་ཉི་ཚེ་ཡོད་པས་ན། དེའི་ཕྱིར་བདེ་བ་ཡང་མ་ཡིན། སྡུག་བསྔལ ་ཡང་མ་ཡིན་པ་ཞེས་བྱ་བ་གསུངས་སོ། །བཏང་སྙོམས་དང་དྲན་པ་ཡོངས་སུ་དག་པ་ཞེས་བྱ་བ་ནི། དེས་དེའི་ཚེ་ན་བསམ་གཏན་དང་པོ་ཡན་ཆད་ཀྱིས་འོག་མའི་སྐྱོན་འདི་ལྟ་སྟེ། རྟོག་པ་དང། དཔྱོད་པ་དང། དགའ་བ་དང། དབུགས་རྡུབ་པ་དང། དབུགས་འབྱུང་བ་ཐམས་ཅད ་སྤངས་པར་གྱུར་ཅིང། དེ་དག་སྤངས་པའི་ཕྱིར་དེ་ལ་བཏང་སྙོམས་དང། དྲན་པ་གང་ཡོད་པ་དེ་ཡོངས་སུ་དག་པ་དང། ཡོངས་སུ་བྱང་བར་འགྱུར་ཏེ། དེས་ན་བསམ་གཏན་བཞི་པ་ལ་སྙོམས་པར་ཞུགས་པ་དེའི་སེམས་མི་གཡོ་བར་གནས་ཤིང། གཡོ་བ ་ཐམས་ཅད་དང་བྲལ་བས་ན། དེའི་ཕྱིར་བཏང་སྙོམས་དང་དྲན་པ་ཡོངས་སུ་དག་པ་ཞེས་བྱ་བ་གསུངས་སོ། །དེ་ལ་བསམ་གཏན་བཞི་པ་བསྒྲུབས་ཏེ་གནས་སོ་ཞེས་བྱ་བ་ནི། བསམ་གཏན་དང་པོ་ལ་སོགས་པ་སྔ་མ་དག་ལ་ཇི་ལྟ་བ་དེ་བཞིན་དུ་རིག་པར་བྱའོ། །། ་བམ་པོ་བཅོ་བརྒྱད་པ། །དེ་རྣམ་པ་ཐམས་ཅད་དུ་གཟུགས་ཀྱི་འདུ་ཤེས་རྣམས་ལས་ཡང་དག་པར་འདས་ཏེ། ཐོགས་པའི་འདུ་ཤེས་རྣམས་ནུབ་པར་གྱུར་ཅིང། སྣ་ཚོགས་ཀྱི་འདུ་ཤེས་རྣམས་ཡིད་ལ་མི་བྱེད་པས། ནམ་མཁའ་མཛའ་ཡས་སོ ་སྙམ་ནས། ནམ་མཁའ་མཛའ་ཡས་སྐྱེ་མཆེད་བསྒྲུབས་ཏེ་གནས་སོ་ཞེས་གསུངས་པ་དེ་ལ། དེ་རྣམ་པ་ཐམས་ཅད་དུ་གཟུགས་ཀྱི་འདུ་ཤེས་རྣམས་ལས་ཡང་དག་པར་འདས་ཏེ་ཞེས་བྱ་བ་ནི། ནམ་མཁར་མོས་པར་བྱེད་པའི་ཕྱིར། ཁ་དོག་སྔོན་པོ་དང། སེར་པོ་དང། ་དམར་པོ་དང། དཀར་པོ་དང་ལྡན་པའི་འདུ་ཤེས་དེ་དག་ནི་མི་སྣང་ཞིང། སྐྱོལ་འདོད་ཆགས་དང་བྲལ་བས་ཡང་དག་པར་འདས་པས་ན། དེའི་ཕྱིར་དེ་རྣམ་པ་ཐམས་ཅད་དུ་གཟུགས་ཀྱི་འདུ་ཤེས་རྣམས་ལས་ཡང་དག་པར་འདས་ཏེ་ཞེས་བྱ་བ་གསུངས་སོ། །ཐོགས་པའི ་འདུ་ཤེས་རྣམས་ནུབ་པར་གྱུར་ཅིང་ཞེས་བྱ་བ་ནི། དེ་དག་ལས་ཡང་དག་པར་འདས་ཤིང་མི་སྣང་བར་འགྱུར་བའི་རྒྱུས་ཁ་དོག་བསགས་པའི་རྒྱུས་གྱུར་པའི་སྒྲིབ་པའི་འདུ་ཤེས་རྣམ་པ་དུ་མ་རྣམ་པ་སྣ་ཚོགས་མང་པོ་དག་དང་བྲལ་བས་ན། དེའི་ཕྱིར་ཐོགས་པའི ་འདུ་ཤེས་ནུབ་པར་གྱུར་ཅིང་ཞེས་བྱ་བ་གསུངས་སོ། །སྣ་ཚོགས་ཀྱི་འདུ་ཤེས་རྣམས་ཡིད་ལ་མི་བྱེད་པས་ཞེས་བྱ་བ་ནི་དེ་དེ་དག་དང་བྲལ་བས། ཐོགས་པ་ཁྱད་པར་ཅན་རྣམ་པ་སྣ་ཚོགས་པ་དེ་དག་ཉིད་ལ་འདི་ལྟ་སྟེ། ཟས་དང། སྐོམ་དང། བཞོན་པ་དང། གོས ་དང། རྒྱན་དང། གནས་དང། སྐྱེད་མོས་ཚལ་དང། ནགས་ཚལ་དང། དམག་དང། རིགས་ལ་སོགས་པར་ཉེ་བར་འདོགས་པའི་འདུ་ཤེས་འཇུག་པ་གང་ཡིན་པའི་འདུ་ཤེས་དེ་དག་དེ་རྣམས་ལ་བསྟད་ཀྱང་རྣམ་པ་ཐམས་ཅད་དུ་དེ་ལ་འབྱུང་བར་མི་འགྱུར་བས་ན། ་དེའི་ཕྱིར་སྣ་ཚོགས་ཀྱི་འདུ་ཤེས་རྣམས་ཡིད་ལ་བྱེད་པ་ཞེས་བྱ་བ་གསུངས་སོ། །ནམ་མཁའ་མཛའ་ཡས་སོ་སྙམ་ནས། ཞེས་བྱ་བ་ནི་དེས་དེ་ལྟར་གཟུགས་དང། ཐོགས་པ་དང་སྣ་ཚོགས་ཀྱི་འདུ་ཤེས་དག་རྣམ་པར་གཤིག་ནས། ནམ་མཁའ་མཛའ་ཡས་པའི་རྣམ་པས་མོས་པར ་བྱེད་པས་ན། དེའི་ཕྱིར་ནམ་མཁའ་མཛའ་ཡས་སོ་སྙམས་ནས་ཞེས་བྱ་བ་གསུངས་སོ། །ནམ་མཁའ་མཛའ་ཡས་སྐྱེ་མཆེད་བསྒྲུབས་ཏེ་གནས་སོ་ཞེས་བྱ་བ་ནི། དེ་ཉེ་བར་བསྡོགས་ལས་ཡང་དག་པར་འདས་ཤིང། གོང་མ་སྦྱོར་བ་མཐར་ཐུག་པའི་འབྲས་བུའི་དངོས་གཞི་ལ ་སྙོམས་པར་འཇུག་པར་བྱེད་པས་ན། དེའི་ཕྱིར་ནམ་མཁའ་མཛའ་ཡས་སྐྱེ་མཆེད་བསྒྲུབས་ཏེ་གནས་སོ་ཞེས་བྱ་བ་གསུངས་སོ། །དེ་ཇི་སྲིད་དུ་དངོས་གཞི་ལ་སྙོམས་པར་མི་འཇུག་པའི་བར་དུ་ནི། དེ་ནམ་མཁའ་ཁོ་ན་ལ་དམིགས་པར་བྱེད་དོ། །སྙོམས་པར་ཞུགས་ནས་ཀྱང་ནམ ་མཁའ་དེ་ཉིད་དང་དེ་ལས་གཞན་པ་རང་གི་ས་པའི་ཕུང་པོ་རྣམས་ལ་དམིགས་པར་བྱེད་དོ། །ཉེར་བསྡོགས་ཀྱི་ཚེ་ན་ནི་ས་འོག་མའི་ཕུང་པོ་རྣམས་ལ་ཡང་དམིགས་པར་བྱེད་དོ། །དེ་རྣམ་པ་ཐམས་ཅད་དུ་ནམ་མཁའ་མཛའ་ཡས་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། རྣམ ་པར་ཤེས་པ་མཛའ་ཡས་སོ་སྙམ་ནས། རྣམ་ཤེས་མཛའ་ཡས་སྐྱེ་མཆེད་བསྒྲུབས་ཏེ་གནས་སོ་ཞེས་གསུངས་པ་དེ་ལ། དེ་རྣམ་པ་ཐམས་ཅད་དུ་ནམ་མཁའ་མཛའ་ཡས་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། རྣམ་པར་ཤེས་པ་མཛའ་ཡས་སོ་ཞེས་བྱ་བ་ནི། དེ་རྣམ ་པར་ཤེས་པ་དག་གིས་ནམ་མཁའ་མཛའ་ཡས་པར་མོས་པར་བྱེད་པ། ནམ་མཁའ་ལ་མཛའ་ཡས་པའི་རྣམ་པར་མོས་པར་བྱེད་པའི་རྣམ་པར་ཤེས་པ་དེ་ཉིད་ཀྱིས། རྣམ་ཤེས་མཛའ་ཡས་སྐྱེ་མཆེད་ལ་སྙོམས་པར་འཇུག་པར་འདོད་པས། ནམ་མཁའ་མཛའ་ཡས་སྐྱེ ་མཆེད་ཀྱི་འདུ་ཤེས་ལས་བཟློག་སྟེ། རྣམ་པར་ཤེས་པ་དེ་ཉིད་ལ་མཛའ་ཡས་པའི་རྣམ་པས་མོས་པར་བྱེད་ཅིང། ནམ་མཁའ་མཛའ་ཡས་སྐྱེ་མཆེད་ཀྱི་དངོས་གཞི་ཉེར་བསྡོགས་དང་བཅས་པ་ལས་ཡང་དག་པར་འདས་པས་ན། དེའི་ཕྱིར་དེ་རྣམ་པ་ཐམས ་ཅད་དུ་ནམ་མཁའ་མཛའ་ཡས་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། རྣམ་པར་ཤེས་པ་མཛའ་ཡས་སོ་སྙམ་ནས་ཞེས་བྱ་བ་གསུངས་སོ། །རྣམ་པར་ཤེས་པ་མཛའ་ཡས་སོ་སྙམ་ནས། རྣམ་ཤེས་མཛའ་ཡས་སྐྱེ་མཆེད་བསྒྲུབས་ཏེ་གནས་སོ་ཞེས་བྱ་བ་ནི། ་རྣམ་ཤེས་མཛའ་ཡས་སྐྱེ་མཆེད་ཀྱི་ཉེར་བསྡོགས་ལས་ཡང་དག་པར་འདས་ཤིང། སྦྱོར་བ་མཐར་ཐུག་པའི་བར་དུ་ཡིད་ལ་བྱེད་པས། སྦྱོར་བ་མཐར་ཐུག་པའི་འབྲས་བུའི་དངོས་གཞི་ལ་སྙོམས་པར་འཇུག་པར་བྱེད་པས་ན་དེའི་ཕྱིར་རྣམ་ཤེས ་མཛའ་ཡས་སྐྱེ་མཆེད་བསྒྲུབས་ཏེ་གནས་སོ་ཞེས་བྱ་བ་གསུངས་སོ། །དེ་རྣམ་པ་ཐམས་ཅད་དུ་རྣམ་ཤེས་མཛའ་ཡས་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། ཅི་ཡང་མེད་དོ་སྙམ་ནས་ཅི་ཡང་མེད་པའི་སྐྱེ་མཆེད་བསྒྲུབས་ཏེ་གནས་སོ་ཞེས་བྱ་བ་གསུངས་པ་ནི་དེ ་རྣམ་ཤེས་མཛའ་ཡས་སྐྱེ་མཆེད་ལས་བསྐྱོད་ཅིང་རྣམ་པར་ཤེས་པ་ལས་གཞན་པའི་དམིགས་པ་ཅི་དང་ཡང་ལྡན་པ་གཟུགས་ཅན་ནམ། གཟུགས་ཅན་མ་ཡིན་པ་ཡོངས་སུ་ཚོལ་བར་བྱེད་པ་ན་མ་སྙེད་དེ། དེས་དམིགས་པ་དེ་མ་རྙེད་ན། རྣམ་ཤེས་མཛའ་ ་ཡས་སྐྱེ་མཆེད་ཀྱི་དངོས་གཞི་ཉེར་བསྡོགས་དང་བཅས་པ་ལས་ཡང་དག་པར་འདས་ཏེ། དམིགས་པ་གཞན་ཅི་ཡང་མེད་དོ་ཞེས་མོས་པར་བྱེད་ཅིང། དེ་ཅི་ཡང་མེད་པའི་འདུ་ཤེས་ཁོ་ན་ལ་མོས་པར་འགྱུར་ཏེ། དེས་འདུ་ཤེས་ལ་མོས་པ་དེ་ལན་མང་དུ་བྱས ་པའི་རྒྱུས། ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་ཉེར་བསྡོགས་ལས་ཡང་དག་པར་འདས་ཏེ། སྦྱོར་བ་མཐར་ཐུག་པའི་བར་དུ་ཡིད་ལ་བྱས་པས། སྦྱོར་བ་མཐར་ཐུག་པའི་འབྲས་བུའི་དངོས་གཞི་ལས་སྙོམས་པར་བྱེད་པས་ན། དེའི་ཕྱིར་དེ་རྣམ་པ་ཐམས་ཅད་དུ ་རྣམ་ཤེས་མཛའ་ཡས་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། ཅི་ཡང་མེད་དོ་སྙམ་ནས། ཅི་ཡང་མེད་པའི་སྐྱེ་མཆེད་བསྒྲུབས་ཏེ་གནས་སོ་ཞེས་བྱ་བ་གསུངས་སོ། །དེ་རྣམ་པ་ཐམས་ཅད་དུ་ཅི་ཡང་མེད་པའི་སྐྱེ་མཆེད་ལས་ཡང་དག་པར་འདས་ནས། ་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་བསྒྲུབས་ཏེ་གནས་སོ་ཞེས་བྱ་བ་གསུངས་པ་དེ་ལ། དེ་རྣམ་པ་ཐམས་ཅད་དུ་ཅི་ཡང་མེད་སྐྱེ་མཆེད་ལས་ཡང་དག་པར་འདས་ནས་ཞེས་བྱ་བ་ནི། དེ་ཅི་ཡང་མེད་པའི་སྐྱེ་མཆེད་ལས་བསྐྱོད་ཅིང། ཅི་ཡང་མེད་པའི ་སྐྱེ་མཆེད་ཀྱི་འདུ་ཤེས་ལ་རགས་པར་འདུ་ཤེས་ཤིང། ཉེས་དམིགས་སུ་འདུ་ཤེས་པས་ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་འདུ་ཤེས་ལས་བཟློག་པར་བྱེད་པས་ན། དེའི་ཕྱིར་དེ་རྣམ་པ་ཐམས་ཅད་དུ་ཅི་ཡང་མེད་པའི་སྐྱེ་མཆེད་ལས་ཡང་དག་པར་འདས་ནས་ཞེས་བྱ་བ་གསུངས་སོ། ། ་འདུ་ཤེས་མེད་ཅེས་བྱ་བ་ནི། དེ་སྔོན་ཅི་ཡང་མེད་པའི་སྐྱེ་མཆེད་ལ་སྙོམས་པར་འཇུག་པའི་ཚེ་ན་ནི། ཅི་ཡང་གི་འདུ་ཤེས་ལས་ཡང་དག་པར་འདས་ལ། ད་ལྟར་ནི་ཅི་ཡང་མེད་པའི་འདུ་ཤེས་ལས་ཡང་དག་པར་འདས་པས་ན། དེའི་ཕྱིར་འདུ་ཤེས་མེད་ཅེས་བྱ་བ ་གསུངས་ཏོ། འདི་ལྟ་སྟེ། ཅི་ཡང་གི་འདུ་ཤེས་དང། ཅི་ཡང་མེད་པའི་འདུ་ཤེས་མེད་པ་ལ་བྱའོ། །འདུ་ཤེས་མེད་མིན་ཞེས་བྱ་བ་ནི། དེའི་འདུ་ཤེས་འདི་ལྟ་སྟེ། དཔེར་ན། འདུ་ཤེས་མེད་པ་འམ། འགོག་པའི་སྙོམས་པར་འཇུག་པ་དག་གི་ལྟར་རྣམ་པ་ཐམས་ཅད་ཀྱི་ཐམས་ཅད ་དུ་འགགས་པ་མ་ཡིན་ཏེ། འདུ་ཤེས་དེ་ཕྲ་ཞིང་དམིགས་པ་ལ་མཚན་མ་མེད་པར་འཇུག་པ་ཁོ་ན་ཡིན་པས་ན། དེའི་ཕྱིར་འདུ་ཤེས་མེད་མིན་ཞེས་གསུངས་སོ། །སྐྱེ་མཆེད་བསྒྲུབས་ཏེ་གནས་སོ་ཞེས་བྱ་བ་ནི། དེ་དེ་ལྟར་སྐྱེ་མཆེད་ལས་མོས་པར་བྱེད་པ་ན། ཅི་ཡང་མེད་པའི ་སྐྱེ་མཆེད་ཀྱིས་དངོས་གཞི་ཉེར་བསྡོགས་དང་བཅས་པ་ལས་ཡང་དག་པར་འདས་ཤིང། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཉེར་བསྡོགས་པ་དང་བཅས་པ། སྦྱོར་བ་མཐར་ཐུག་པའི་བར་དུ་ཡིད་ལ་བྱས་པས། སྦྱོར་བ་མཐར་ཐུག་པའི་འབྲས་བུའི་དངོས ་གཞི་ལ་སྙོམས་པར་འཇུག་པར་བྱེད་པས་ན། དེའི་ཕྱིར་དེ་རྣམ་པ་ཐམས་ཅད་དུ་ཅི་ཡང་མེད་པའི་སྐྱེ་མཆེད་ལས་ཡང་དག་པར་འདས་ནས། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་བསྒྲུབས་ཏེ་གནས་སོ་ཞེས་བྱ་བ་གསུངས་སོ། །དེ་ལ་བསམ་གཏན་ལ་སྙོམས ་པར་འཇུག་པའི་ཚེ་ན་ནི། ལུས་སའི་འོག་ཏུ་འབྱིང་བར་སྣང་བ་ལྟ་བུའི་རྟགས་འབྱུང་ངོ། །གཟུགས་མེད་པ་དག་ལ་སྙོམས་པར་འཇུག་པའི་ཚེ་ན་ནི། ལུས་ནམ་མཁའ་ལ་འཕར་བ་ལྟར་སྣང་བའི་རྟགས་འབྱུང་ཏེ། དེ་དག་ལ་ཞི་གནས་ཀྱི་རྣམ་པས་བཏང་སྙོམས་སུ ་གཞག་ན་ཡང་དག་པའི་རབ་ཏུ་སྦྱོར་བ་ཡིན་ནོ། །དེ་ལ་སེམས་མེད་པའི་སྙོམས་པར་འཇུག་པ་ནི་རྣམ་པ་གཉིས་ཏེ། འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་དང། འགོག་པའི་སྙོམས་པར་འཇུག་པའོ། །དེ་ལ་འདུ་ཤེས་མེད ་པའི་སྙོམས་པར་འཇུག་པ་ལ་ནི་སོ་སོའི་སྐྱེ་བོ་ཁོ་ན་སྙོམས་པར་འཇུག་པར་བྱེད་དོ། །འགོག་པའི་སྙོམས་པར་འཇུག་པ་ལ་ནི། འཕགས་པ་ཁོ་ན་སྙོམས་པར་འཇུག་པར་མཛད་དོ། །དེ་ལ་ཡིད་ལ་བྱེད་པ་རྣམ་པ་གཉིས་ཀྱིས་ན། སྙོམས་པར་འཇུག ་པ་དེ་གཉིས་ལ་སྙོམས་པར་འཇུག་པར་འགྱུར་ཏེ། འདི་ལྟ་སྟེ། འདུ་ཤེས་ལ་མི་ཕྱོགས་པའི་ཡིད་ལ་བྱེད་པས་ནི། འདུ་ཤེས་མེད་པའི་སྙོམས་པར་འཇུག་པར་བྱེད་དོ། །འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ལས་བསྐྱོད་ཅིང་དམིགས་པ་ཡང ་དག་པར་འགགས་པའི་ཡིད་ལ་བྱེད་པས་ནི་འགོག་པའི་སྙོམས་པར་འཇུག་པ་ལ་འཇུག་པར་བྱེད་དོ། །དེ་ལ་འདུ་ཤེས་ནི་ནད་དོ། །འདུ་ཤེས་ནི་འབྲས་སོ། །འདུ་ཤེས་ནི་ཟུག་རྔུའོ། །འདི་ལྟ་སྟེ། འདུ་ཤེས་མེད་པ་འདི་ནི་ཞི་བའོ། །འདི་ནི་གྱ་ནོམ་པའོ ་ཞེས་བྱ་བ་ནི། འདུ་ཤེས་ལ་མི་ཕྱོགས་པའི་ཡིད་ལ་བྱེད་པ་ཡོངས་སུ་བཟུང་ནས། འདུ་ཤེས་བྱུང་ངོ་ཅོག་ལ་དྲན་པ་མེད་པ་དང། ཡིད་ལ་བྱེད་པ་མེད་པར་བྱེད་པ་སྟེ། དེས་དེ་བསྒོམས་པའི་རྒྱུས་ན། སྦྱོར་བའི་ལམ་ལ་ནི་སེམས་དང་བཅས་པའི ་གནས་སྐབས་སུ་འགྱུར་ལ། སྙོམས་པར་ཞུགས་མ་ཐག་ཏུ་ནི་སེམས་འབྱུང་བར་མི་འགྱུར་པས། དེ་ལྟར་ངེས་པར་འབྱུང་བའི་འདུ་ཤེས་སྔོན་དུ་བཏང་བ་ཡིད་ལ་བྱེད་པས། དགེ་རྒྱས་ཀྱི་འདོད་ཆགས་དང་བྲལ་བས། འབྲས་བུ་ཆེ་བ་དག་གི ་འདོད་ཆགས་དང་བྲལ་བའི་སེམས་དང། སེམས་ལས་བྱུང་བའི་ཆོས་རྣམས་འགོག་པ་གང་ཡིན་པ་དེ་ནི། འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་ཞེས་བྱ་སྟེ། །དེ་ནི་དེ་ལྟར་འཐོབ་པར་འགྱུར་རོ། །དེ་ལ་འདུ་ཤེས་མེད་འདུ་ཤེས་མེད་མིན ་སྐྱེ་མཆེད་འཐོབ་པའི་འཕགས་པ་མཆོག་ཏུ་ཞི་བའི་གནས་པས་གནས་པར་འདོད་པ། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ལས་སེམས་བསྐྱོད་པར་བྱེད་ཅིང། དེའི་སེམས་དེ་དེ་ལས་བསྐྱོད་པ་ན་དམིགས་པ་མི་རྙེད་དོ། །མ་རྙེད་ན་འགའ་ཅིང་འབྱུང་བར་མི ་འགྱུར་རོ་སྙམ་ནས། །དེ་ལྟར་ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་འདོད་ཆགས་དང་བྲལ་པའི་སློབ་པ་འམ། དགྲ་བཅོམ་པ་ཡང་རུང་སྟེ། གནས་པའི་འདུ་ཤེས་སྔོན་དུ་བཏང་བའི་ཡིད་ལ་བྱེད་པས་སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་འགོག་པ་གང་ཡིན་པ་དེ ་ནི་འགོག་པའི་སྙོམས་པར་འཇུག་པ་ཞེས་བྱ་སྟེ། དེ་ནི་འདི་ལྟར་ཐོབ་པར་འགྱུར་རོ། །དེ་ལ་བསམ་གཏན་ལ་བརྟེན་ནས་མངོན་པར་ཤེས་པ་ལྔ་མངོན་པར་འགྲུབ་པར་འགྱུར་ཏེ། ཇི་ལྟར་འགྲུབ་ཅེ་ན། འདི་ལྟ་སྟེ། བསམ་གཏན་པ་བསམ་གཏན་ཡོངས་སུ་དག་པ་ཐོབ་སྟེ། ་བསམ་གཏན་ཡོངས་སུ་དག་པ་དེ་ལ་བརྟེན་ནས། དེས་འདི་ལྟ་སྟེ། རྫུ་འཕྲུལ་གྱི་ཡུལ་ལམ། སྔོན་གྱི་གནས་རྗེས་སུ་དྲན་པ་འམ། ལྷའི་སྣང་བ་འམ། འཆི་འཕོ་དང་སྐྱེ་བ་ཤེས་པ་འམ། སེམས་ཀྱི་རྣམ་གྲངས་ཤེས་པ་ལས་བརྩམས་ཏེ། མངོན་པར་ཤེས་པའི ་དབང་དུ་བྱས་པའི་ཆོས་ཐོབ་པ་དང། བཟུང་བ་དང། ཀུན་ཆུབ་པར་བྱས་པ་གང་ཡིན་པ་དེ་ཉིད་མཉམ་པར་གཞག་པའི་ས་པའི་ཡིད་ལ་བྱེད་པས་ན། དོན་སོ་སོར་ཡང་དག་པར་རིག་པ་དང། ཆོས་སོ་སོ་ཡང་དག་པར་རིག་པར་འགྱུར་ཏེ། ་དོན་སོ་སོ་ཡང་དག་པར་རིག་པ་དང། ཆོས་སོ་སོ་ཡང་དག་པར་རིག་པར་གྱུར་པ་དེས། དེ་ལྟར་དེ་ལྟར་སེམས་མངོན་པར་འདུས་བྱས་ཤིང་ལན་མང་དུ་བྱས་པའི་རྒྱུས་ན། དེའི་བསྒོམ་པའི་འབྲས་བུ་མངོན་པར་ཤེས་པ་ལྔ་འབྱུང་བར་འགྱུར་བའི་དུས་ཀྱང་ཡོད། སྐབས ་ཀྱང་ཡོད་པར་འགྱུར་རོ། །གཞན་ཡང་དེ་ལྟར་དོན་སོ་སོ་ཡང་དག་པར་རིག་པ་དང། ཆོས་སོ་སོ་ཡང་དག་པར་རིག་པར་གྱུར་པ་དེ། མངོན་པར་ཤེས་པ་ཐམས་ཅད་མངོན་པར་བསྒྲུབས་པའི་ཕྱིར་འདུ་ཤེས་རྣམ་པ་བཅུ་གཉིས་བསྒོམ་པར་བྱེད་དེ། འདི་ལྟ་སྟེ། ་ཡང་བའི་འདུ་ཤེས་དང། འཇམ་པའི་འདུ་ཤེས་དང། ནམ་མཁའ་ཨི་ཁམས་ཀྱི་འདུ་ཤེས་དང། སེམས་དང་ལུས་ཕྲད་པའི་འདུ་ཤེས་དང། མོས་པའི་འདུ་ཤེས་དང། སྔོན་སྤྱད་པ་ཉམས་སུ་མྱོང་བའི་གོ་རིམ་རྗེས་སུ་དྲན་པའི་འདུ ་ཤེས་དང། རྣམ་པ་སྣ་ཚོགས་འདུས་པའི་སྒྲ་སྐད་ཀྱི་འདུ་ཤེས་དང། སྣང་བའི་གཟུགས་ཀྱི་མཚན་མའི་འདུ་ཤེས་དང། ཉོན་མོངས་པས་བྱས་པའི་གཟུགས་རྣམ་པར་འགྱུར་བའི་འདུ་ཤེས་དང། རྣམ་པར་ཐར་པའི་འདུ་ཤེས་དང། ཟིལ་གྱིས་གནོན་པའི་སྐྱེ་མཆེད ་ཀྱི་འདུ་ཤེས་དང། ཟད་པར་གྱི་སྐྱེ་མཆེད་ཀྱི་འདུ་ཤེས་སོ། །དེ་ལ་ཡང་པའི་འདུ་ཤེས་ནི། འདུ་ཤེས་གང་གང་གིས་བདག་ཉིད་ཀྱི་ལུས་འདི་ལྟ་སྟེ། དཔེར་ན་ཤིང་བལ་གྱི་འདབ་བམ། རས་བལ་གྱི་འདབ་བམ། རླུང་གི་དཀྱིལ་འཁོར་ལྟར་ཡང་བར་མོས་པར་བྱེད་པ་སྟེ། དེ ་དེ་ལྟར་མོས་པར་བྱེད་པ་ན། མོས་པ་ལས་བྱུང་བ་ཁོ་ནའི་ཡིད་ལ་བྱེད་པས་བདག་ཉིད་ཀྱི་ལུས་འདི་ལྟ་སྟེ། ཁྲིའི་སྟེང་ནས་ཁྲིའུ་སྟེང་དུ་འམ། ཁྲིའུ་སྟེང་ནས་ཁྲིའི་སྟེང་དཱུམ། དེ་བཞིན་དུ་ཁྲིའི་སྟེང་ནས་རྩ་བཏིང་བའི་སྟེང་དུ་འམ། རྩ་བཏིང་བའི་སྟེང་ནས་ཁྲིའི་སྟེང ་དེ་དང་དེ་དག་ཏུ་གཏོང་བར་བྱེད་དོ། །དེ་ལ་འཇམ་པའི་འདུ་ཤེས་དང། འདུ་ཤེས་གང་གིས་བདག་ཉིད་ཀྱི་ལུས་འདི་ལྟ་སྟེ། དཔེར་ན་ཤིང་བལ་ལམ། སྲིན་བལ་ལམ། ད་ལྟར་འཇམ་པར་མོས་པར་བྱེད་པ་སྟེ། དེ་ལྟར་འཇམ་པའི་འདུ་ཤེས་འདི་ནི། ཡང་བའི་འདུ ་ཤེས་གསོ་བར་བྱེད་པ་དང། རྗེས་སུ་འཛིན་པར་བྱེད་པ་ཡིན་པས་དེས་རྗེས་སུ་ཟིན་ན་ཡོད་པའི་འདུ་ཤེས་ཀྱང་འཕེལ་ཞིང་རྒྱས་པ་དང། ཡངས་པར་འགྱུར་རོ། །དེ་ལ་ནམ་མཁའ་ཨི་ཁམས་ཀྱི་འདུ་ཤེས་ནི། འདུ་ཤེས་གང་གིས་བདག་ཉིད་ཀྱི་ལུས་ཡང་པ་ཉིད་དང། ་འཇམ་བ་ཉིད་དུ་མོས་པར་བྱས་ནས། གང་སྟེ་གང་དུ་འགྲོ་འདོད་པའི་བར་དེ་ནི་འགྲོ་པ་ལ་བར་ཆད་པའི་གཟུགས་ཀྱི་རྣམ་པས་མཆོད་པ་དེ་ལ། མོས་པ་ལས་བྱུང་བ་ཁོ་ནའི་ཡིད་ལ་བྱེད་པས་ནམ་མཁར་མོས་པར་བྱེད་པའོ། །དེ་ལ་སེམས་དང་ལུས་ཕྲད་པའི ་འདུ་ཤེས་ནི། འདུ་ཤེས་གང་གི་སེམས་ལ་ལུས་གནས་པར་གཏོང་བ་དང། ལུས་ལ་སེམས་གནས་པར་གཏོང་པར་བྱེད་པ་སྟེ། དེས་ནི་དེའི་ལུས་ཤིན་ཏུ་ཡང་པ་དང། ཤིན་ཏུ་འཇམ་པ་དང། ཤིན་ཏུ་ལས་སུ་རུང་བ་དང། ཤིན་ཏུ་འོད་གསལ་བ་དང། སེམས་ཀྱི ་རྗེས་སུ་འགྲོ་བ་དང། སེམས་དང་འབྲེལ་པ་དང། སེམས་ལ་བརྟེན་ཅིང་འཇུག་པར་འགྱུར་རོ། །དེ་ལ་མོས་པའི་འདུ་ཤེས་ནི། འདུ་ཤེས་གང་གིས་རྒྱང་རིང་བོ་ལ་ཐག་ཉེ་པ་དང། ཐག་ཉེ་བ་ལ་རྒྱང་རིང་པོ་དང། ཕྲ་མོ་ལ་རགས་པ་དང། རགས་པ་ལ་ཕྲ་མོ་དང། ་ས་ལ་ཆུ་དང། ཆུ་ལ་ས་དང། དེ་བཞིན་དུ་འབྱུང་བ་ཆེན་པོ་རེ་རེ་ཞིང་གཅིག་ལ་གཅིག་འཁྲུལ་པར་རྒྱ་ཆེར་མོས་པར་བྱེད་པ་དང། དེ་བཞིན་དུ་སྤྲུལ་པ་གཟུགས་སྤྲུལ་པ་དང། སྒྲ་སྤྲུལ་པ་དང། སྤྲུལ་པའི་སྒྲ་ལ་མོས་པར་བྱེད་པ་སྟེ། འདུ་ཤེས་རྣམ་པ་ལྔ་པོ་དེ ་དག་བསྒོམས་ཤིང་ཡོངས་སུ་གྲུབ་པ་དག་གིས། རྫུ་འཕྲུལ་གྱི་ཡུལ་རྣམ་པ་དུ་མ་ཉམས་སུ་མྱོང་བར་འགྱུར་ཏེ། འདི་ལྟ་སྟེ། སྤྲུལ་པ་ལ་མོས་པའི་འདུ་ཤེས་ཀྱི་བདག་ཉིད་གཅིག་ཏུ་གྱུར་ནས། མར་པོར་འགྱུར་པ་སྟོན་པར་བྱེད་དོ། །འདི་ལྟ་སྟེ། སྤྲུལ་པ་ལས་སྡུད་པ་ལ་མོས ་པར་བྱེད་པའི་འདུ་ཤེས་ཀྱིས་ནི་བདག་ཉིད་མང་པོར་བསྟན་ནས། གཅིག་ཏུ་འགྱུར་བར་སྟོན་པར་བྱེད་དོ། །འདི་ལྟ་སྟེ། འཇམ་པ་དང། ནམ་མཁའ་ཨི་ཁམས་དང། སེམས་དང་ལུས་ཕྲད་པའི་འདུ་ཤེས་ཀྱིས་ཡོངས་སུ་ཟིན་པར་མོས་པའི་འདུ་ཤེས་ཀྱིས་ནི། ལུས་ཀྱིས ་ཐོགས་པ་མེད་པར་རྩིག་པ་ལ་ཡང་ཐང་ཀར་འགྲོ་།ར་བ་ལ་ཡང་ཐང་ཀར་འགྲོ་བ་དང། རི་ལ་ཡང་ཐང་ཀར་འགྲོ་བ་དང། ས་ལ་ཡང་འདི་ལྟ་སྟེ། དཔེར་ན་ཆུ་ལ་བྱ་བ་བཞིན་དུ་སྟེང་དུ་བྱུང་བ་དང། བྱེའུ་ཟུལ་བྱེད་པ་དང། ཆུ་ལ་ཡང་འདི་ལྟ་སྟེ། དཔེར་ན། ས་ལ་བྱ ་པ་བཞིན་དུ་མི་ནུབ་པར་རྒྱུན་ཕྱོགས་སུ་འགྲོ་བ་དང། ནམ་མཁའ་ལ་འདི་ལྟ་སྟེ། དཔེར་ན། འདབ་ཆགས་བཞིན་དུ་སྐྱིལ་མོ་ཀྲུང་དུ་འགྲོ་བ་དང། ཉི་མ་དང་ཟླ་བ་འདི་ལྟར་རྫུ་འཕྲུལ་ཆེ་བ། འདི་ལྟར་མཐུ་ཆེ་བས། འདི་ལྟར་གཟི་བརྗིད་ཆེ་བ་འདི་གཉིས་ལ་ཡང་ལག་པས་འཛིན ་ཅིང། ཀུན་ཏུ་ཉུག་པར་བྱེད་པ་དང། ཚངས་པའི་འཇིག་རྟེན་གྱི་བར་དུ་ལུས་ཀྱི་དབང་བསྐུར་བར་བྱེད་པ་དེ་དག་ཐམས་ཅད་ཅི་རིགས་པར་བྱེད་པར་རིག་པར་བྱའོ། །དེ་ལ་ཚངས་པའི་འཇིག་རྟེན་གྱིས་བར་དུ་ལུས་ཀྱི་དབང་བསྐུར་བ་ནི་རྣམ་པ་གཉིས ་ཏེ། འགྲོ་བས་དབང་བསྐུར་བར་བྱེད་པ་དང། ཚངས་པའི་འཇིག་རྟེན་མན་ཆད་ཀྱི་འབྱུང་བ་ཆེན་པོ་བཞི་དང། རྒྱུར་བྱས་པའི་གཟུགས་རྣམས་ལ་ཇི་ལྟར་འདོད་པ་བཞིན་དུ་མོས་པས་དབང་སྒྱུར་བར་བྱེད་པའོ། །དེ་ལ་སྔོན་སྤྱད་པ་ཉམས་སུ་མྱོང་བའི་གོ་རིམ་རྗེས་སུ་དྲན ་པའི་འདུ་ཤེས་ནི། དེ་འདུ་ཤེས་གང་གིས་གཞོན་ནུའི་གནས་སྐབས་ནས་བཟུང་སྟེ། དེ་ལ་དེའི་དྲན་པ་འཇུག་ཅིང་མི་བརྗེད་པར་བྱེད་པ་དང། གང་དུ་དེ་སོང་བ་དང། འགྲེང་བ་དང། འདུག་པ་དང། ཉལ་བ་དང། སྔོན་ཉམས་སུ་མྱོང་བའི་སྤྱོད་པ་རགས་པ་རགས ་པ་གོ་རིམ་མ་འཁྲུགས་ཤིང་ཐོང་རྒལ་དུ་མ་གྱུར་བ་ཐམས་ཅད་རྒྱ་ཆེར་ཡང་དག་པར་རྗེས་སུ་དྲན་ཞིང་ཡང་དག་པར་རབ་ཏུ་ཤེས་པ་སྟེ། དེ་གོམས་པར་བྱས་པའི་རྒྱུས་བསྒོམ་པའི་འབྲས་བུ་སྔོན་གྱི་གནས་རྣམ་པ་དུ་མ་རྣམ་པ་དང་བཅས། ཡུལ་ཕྱོགས་དང་བཅས ་པའི་བར་དུ་རྒྱ་ཆེར་ཡང་དག་པར་རྗེས་སུ་དྲན་ནོ། །དེ་ལ་རྣམ་པ་སྣ་ཚོགས་འདུས་པའི་སྒྲ་སྐད་ཀྱི་འདུ་ཤེས་ནི་གྲོང་དམ་གྲོང་རྡལ་ལམ། བཟོ་སྤྱངས་ཀྱི་གནས་སམ། འདྲེན་པའི་ནང་ངམ། འཁོར་གྱི་ནང་ངམ། ཁང་ཁྱིམ་ཆུ་ཞེང་གབ་པ་འམ། གནས་ཁང ་གང་དུ་སྐྱེ་བོའི་ཚོགས་རྣམ་པ་སྣ་ཚོགས་འདུས་ཏེ། འཁོད་བ་དེ་དག་སྒྲ་སྐད་འདྲེན་པ་སྣ་ཚོགས་འབྱུང་བ་གང་ཡིན་པ་སྟེ། དེ་ནི་བླག་ཆོར་གྱི་སྒྲ་ཞེས་ཀྱང་བྱའོ། །ཡང་ན་ཆུ་ཀླུང་ཆེན་པོ་འབབ་པའི་སྒྲ་ཡང་རུང་སྟེ། དེ་ལ་འདུ་ཤེས་བསྒོམ་པ་གང་ཡིན་པའི ་མཚན་མ་བཟུང་ནས། མཉམ་པར་བཞག་པའི་ས་པའི་ཡིད་ལ་བྱེད་པ་དེས། དབུས་དང། མཛའ་ཁོབ་པ་དང། ལྷ་དང་མིའི་སྒྲ་རྒྱང་རིང་པོ་དང། ཐག་ཉེ་བ་དག་ལ་སེམས་གཏོང་པར་བྱེད་དེ། དེ་ལ་ལན་མང་དུ་བྱས་པའི་རྒྱུས་བསྒོམ་པའི་འབྲས་བུ་ལྷའི ་རྣ་བ་ཐོབ་པར་གྱུར་ཏེ། དེས་ནི་ལྷ་དང་མིའི་སྒྲ་རྒྱང་རིང་པོ་གང་དག་ཡིན་པ་དང། ཐག་ཉེ་བ་གང་དག་ཡིན་པ་རྣམས་ཀྱང་ཐོས་པར་འགྱུར་རོ། །དེ་ལ་སྣང་བའི་གཟུགས་ཀྱི་མཚན་མའི་འདུ་ཤེས་ནི། སྔ་མ་བཞིན་དུ་སྣང་བའི་མཚན་མ་བཟུང་ནས། མཚན་མ་དེ་ཉིད ་ཡིད་ལ་བྱེད་པ་དང། དགེ་བ་དང་མི་དགེ་བའི་ལས་བྱེད་པ་ལ་སོགས་པ་བྱེ་བྲག་གིས་སེམས་ཅན་སྣ་ཚོགས་སུ་གྱུར་པ་དག་ལས་མཚན་མ་བཟུང་ནས། མཚན་མ་དེ་ཉིད་ཡིད་ལ་བྱེད་པ་གང་ཡིན་པ་དེ་ནི་སྣང་བའི་གཟུགས་ཀྱི་མཚན་མའི་འདུ་ཤེས་ཞེས་བྱ་སྟེ། ་བསྒོམས་པར་བྱས་པའི་རྒྱུས་བསྒོམ་པའི་འབྲས་བུ་འདི་འཕོ་དང་སྐྱེ་བ་ཤེས་པ་ཐོབ་པར་འགྱུར་ཏེ། ལྷའི་མིག་རྣམ་པར་དག་པ་དེས་ནི་ལུས་ཞིག་སྟེ། ཤི་བའི་འོག་ཏུ་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་དུ་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ་ཞེས་བྱ་བའི་བར་དུ་རྒྱ་ཆེར ་མཐོང་བར་འགྱུར་རོ། །དེ་ལ་ཉོན་མོངས་པས་བྱས་པའི་གཟུགས་རྣམ་པར་འགྱུར་བའི་འདུ་ཤེས་ནི། འདུ་ཤེས་གང་གིས་ཆགས་པ་དང། ཞེ་སྡང་དང་རྨོངས་པ་དང། ཁྲོ་བ་དང། ཁོན་དུ་འཛིན་པ་དང། འཆབ་པ་དང། ཡོངས་སུ་གདུང་བ་དང། སྒྱུ་དང། གཡོ་དང། ་ངོ་ཚ་མེད་པ་དང། ཁྲེལ་མེད་པ་ལ་སོགས་པ་ཉོན་མོངས་པ་དང། ཉེ་བའི་ཉོན་མོངས་པ་ཀུན་ནས་དཀྲིས་པའི་སེམས་དང་ལྡན་པའི་སེམས་ཅན་རྣམས་ཀྱི་གཟུགས་ཀྱི་གནས་སྐབས་ལ། ཉེ་བར་རྟོག་པར་བྱེད་ཅིང་ཡོངས་སུ་གཅོད་པར་བྱེད་པ་སྟེ། ཆགས་པར ་འགྱུར་བའི་གཟུགས་རྣམ་པར་གྱུར་བའི་གཟུགས་ཀྱི་གནས་སྐབས་འདི་ནི་འདི་ལྟ་བུ་ཡིན་ཏེ། འདི་ལྟ་སྟེ། དབང་པོ་རྒོད་པ་དང། དབང་པོ་འདམ་བུ་ལྟར་མཐོ་བ་དང། བཞིན་འཛུམ་པར་བྱེད་པ་ཡིན་ནོ། །ཞེ་སྡང་པར་གྱུར་པའི་གཟུགས་རྣམ་པར་གྱུར་པའི་གཟུགས་ཀྱི ་གནས་སྐབས་ནི་འདི་ལྟ་བུ་ཡིན་ནོ། །འདི་ལྟ་སྟེ། བཞིན་གྱི་མདོག་གྱུར་པ་དང། སྐད་དར་ཟེར་འདར་འདར་བོར་གྱུར་པ་དང། ཁྲོ་གཉེར་འདུས་པར་གྱུར་པ་ཡིན་ནོ། །རྨོངས་པར་འགྱུར་བའི་གཟུགས་རྣམ་པར་འགྱུར་བའི་གཟུགས་ཀྱི་གནས་སྐབས་ནི་འདི་ལྟ་བུ ་ཡིན་ཏེ། འདི་ལྟ་སྟེ། ལྐུག་པ་དང། དོན་ངེས་པར་རྟག་པ་རྡ་མི་ཕྲད་པ་དང། ཕལ་པའི་ཚིག་བརྗོད་པར་བྱེད་པ་ཡིན་ནོ་ཞེས་དེ་ལྟར་དེ་ལྟ་བུ་དང་མཐུན་པའི་རྣམ་པ་དག་དང། ངོ་ཚ་མེད་པ་དང། འཁྲེལ་མེད་པའི་བར་བར་གྱིས་ཀུན་ནས ་དཀྲིས་པར་གྱུར་པའི་གཟུགས་རྣམ་པར་གྱུར་པ། གཟུགས་ཀྱི་གནས་སྐབས་གང་དག་ཡིན་པ་དེ་དག་ལས་མཚན་མ་བཟུང་ནས། མཚན་མ་དེ་ཉིད་ཡིད་ལ་བྱེད་ཅིང། དེ་ལ་ལན་མང་དུ་བྱས་པའི་རྒྱུས་བསྒོམ་པའི་འབྲས་བུ་སེམས་ཀྱི་རྣམ་གྲངས་ཤེས་པ ་འབྱུང་བར་འགྱུར་ཏེ། དེས་ནི་སེམས་ཅན་ཕ་རོལ་དང་གང་ཟག་ཕ་རོལ་རྣམས་ཀྱི་རྣམ་པར་རྟོག་པ་དང། རྣམ་པར་དཔྱོད་པའི་ཡིད་ཀྱིས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །དེ་ལ་རྣམ་པར་ཐར་པ་དང། ཟིལ་གྱིས་གནོན་པའི་སྐྱེ་མཆེད་དང། ཟང ་པར་གྱི་སྐྱེ་མཆེད་ཀྱི་འདུ་ཤེས་བསྒོམ་པ་ནི། འདི་ལྟ་སྟེ། སྔར་མཉམ་པར་གཞག་པའི་སའི་སྐབས་སུ་བསྟན་པ་བཞིན་དུ་རིག་པར་བྱ་སྟེ། དེ་དག་བསྒོམ་པས་ནི། འཕགས་པའི་རྫུ་འཕྲུལ་དངོས་པོ་སྒྱུར་པ་དང། སྤྲུལ་པ་དང། མོས་པ་དང། འདི་ལྟ ་སྟེར་ཉོན་མོངས་པ་མེད་པ་དང། སྨོན་ནས་ཤེས་པ་དང། སོ་སོ་ཡང་དག་པར་རིག་པ་བཞི་པོ་འདི་ལྟ་སྟེ། ཆོས་སོ་སོ་ཡང་དག་པར་རིག་པ་དང། དོན་སོ་སོ་ཡང་དག་པར་རིག་པ་དང། དེས་པའི་ཚིག་སོ་སོར་ཡང་དག་པར་རིག་པ་དང། སྤོབས་པ་སོ་སོར ་ཡང་དག་པར་རིག་པ་དག་མངོན་པར་འགྲུབ་པར་འགྱུར་རོ། །དེ་ལ་འཕགས་པ་དང། འཕགས་པ་མ་ཡིན་པའི་རྫུ་འཕྲུལ་ལ་བྱེ་བྲག་ནི་འདི་ཡོད་དོ། །འཕགས་པའི་རྫུ་འཕྲུལ་ནི་འདི་ལྟ་སྟེ། དངོས་པོ་གང་དང་གང་བསྒྱུར་བར་མཛད་པ་དང། སྤྲུལ་པ ་གང་དང། གང་སྤྲུལ་བར་མཛད་པ་དང། གང་དག་གང་ལ་མོས་པར་མཛད་པ་དེ་དག་ཐམས་ཅད་གཞན་དུ་མི་འགྱུར་ཞིང་དེ་ལྟ་བུ་ཁོ་ན་ཡིན་ཏེ། དེ་དག་གི་བྱ་བ་བྱེད་ནུས་པ་ཡིན་ནོ། །འཕགས་པ་མ་ཡིན་པའི་རྫུ་འཕྲུལ་ནི་དེ་ལྟ་མ་ཡིན་ཏེ། སྒྱུ་མ ་མཁན་གྱི་སྤྲུལ་བ་བཞིན་དུ་སྣང་བ་ཙམ་དུ་སྟོན་པར་ཟད་དོ། །དེ་ལྟར་འདུ་ཤེས་བཅུ་གཉིས་པོ་དེ་དག་ཀུན་ཏུ་བརྟེན་ཅིང་གོམས་པར་བྱས་ལན་མང་དུ་བྱས་ན། འདི་ལྟ་སྟེ། མངོན་པར་ཤེས་པ་ལྔ་པོ་དག་ཅི་རིགས་པར་འཐོབ་པ་དང། འཕགས་པ་རྣམས་ཀྱི་ཡོན་ཏན་སོ་སོ ་སྐྱེ་བོ་དང་ཐུན་མོང་མ་ཡིན་པ་དག་ཀྱང་ཅི་རིགས་པ་མངོན་པར་འགྲུབ་པར་རིག་པར་བྱའོ། །དེ་ལ་བསམ་གཏན་དང་པོ་དང་ཆུང་ངུ་དང། འབྲིང་དང་ཆེན་པོ་དང། ཆེན་པོར་བསྒོམས་ན། ཚངས་རིགས་དང། ཚངས་པའི་མདུན་ན་འདོན་དང། ཚངས་ཆེན་གྱི་ལྷ་རྣམས ་དང། ཅི་རིགས་པར་སྐལ་བ་མཉམ་པར་སྐྱེའོ། །བསམ་གཏན་གཉིས་པ་ཆུང་ངུ་དང། འབྲིང་དང་ཆེན་པོར་བསྒོམས་ན། འོད་ཆུང་དང། ཚད་མེད་འོད་དང། འོད་གསལ་གྱི་ལྷ་རྣམས་དང་ཅི་རིགས་པར་སྐལ་པ་མཉམ་པར་སྐྱེའོ། །བསམ་གཏན་གསུམ་པ་ཆུང ་ངུ་དང་འབྲིང་དང་ཆེན་པོར་བསྒོམས་ན། དགེ་ཆུང་དང། ཚད་མེད་དགེ་དང། དགེ་རྒྱས་ཀྱི་ལྷ་རྣམས་དང་ཅི་རིགས་པར་སྐལ་བ་མཉམ་པར་སྐྱེའོ། །བསམ་གཏན་བཞི་པ་ཆུང་ངུ་དང། འབྲིང་དང། ཆེན་པོར་བསྒོམས་ན། སྤྲིན་མེད་དང། བསོད་ནམས་སྐྱེས་དང། འབྲས ་བུ་ཆེ་བའི་ལྷ་རྣམས་དང། ཅི་རིགས་པར་སྐལ་པ་མཉམ་པར་སྐྱེའོ། །གལ་ཏེ་འཕགས་པའི་ཕྱིར་མི་འོད་བས་ཟག་པ་མེད་པའི་བསམ་གཏན་བཞི་དང། ཟག་པ་དང་བཅས་པ་སྤེལ་མར་བསྒོམ་ཞིང་དེ་ལ་ཡང། ཆུང་ངུ་དང། འབྲིང་དང། ཆེན་པོར་དང། ཆེས་ཆེ་བ ་དང། ཤིན་ཏུ་ཆེ་བར་བསྒོམས་ན། འདི་ལྟ་སྟེ། གནས་གཙང་མ་ལྔ་པོ་མི་ཆེ་བ་དང། མི་གདུང་བ་དང། ཤིན་ཏུ་མཐོང་དང། གྱ་ནོམ་སྣང་དང། འོག་མིན་གྱི་ལྷ་རྣམས་དང། ཅི་རིགས་པར་སྐལ་བ་མཉམ་པར་སྐྱེའོ། །ནམ་མཁའ་དང། རྣམ་ཤེས་དང། ཅི་ཡང ་མེད་དང། འདུ་ཤེས་མེད་འདུ་ཤས་མེད་མིན། སྐྱེན་ཆེད་ཆུང་ངུ་དང། འབྲིང་དང། ཆེན་པོར་བསྒོམས་ན་ཡང། ནམ་མཁའ་དང། རྣམ་ཤེས་དང། ཅི་ཡང་མེད་དང། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་དུ་ཉེ་བར་འགྲོ་བའི་ལྷ་རྣམས་དང་སྐལ་པར་མཉམ ་པར་སྐྱེ་སྟེ། ལྷ་དེ་དག་ནི་གཟུགས་མེད་པས་ན། །དེའི་ཕྱིར་དེ་དག་ལ་གནས་གཞན་བྱེ་བྲག་ཏུ་དབྱེ་བ་ན་མེད་ཀྱི། གནས་པའི་བྱེ་བྲག་ནི་ཡོད་འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་བསྒོམས་ན་ནི། འདུ་ཤེས་མེད་པའི་སེམས་ཅན་ལྷ ་རྣམས་དང་སྐལ་པར་མཉམ་པར་སྐྱེའོ། །དེ་ལ་འདོད་ཆགས་དང་བྲལ་བའི་རྟགས་གང་ཞེ་ན། སྨྲས་པ། ལུས་ཀྱི་ལས་ཀྱི་མཛའ་བརྟན་པ་དང། དབང་པོ་མི་གཡོ་བ་དང། དེའི་སྤྱོད་ལམ་མྱུར་དུ་མི་འཇིག་པ་དང། སྤྱོད་ལམ་གཅིག་གིས་ཀྱང་ཡོངས ་སུ་སྐྱོ་བ་མེད་ཅིང། དུས་ཡུན་རིང་དུ་འདའ་བར་བྱེད་པ་དང། སྤྱོད་ལམ་གཞན་ལ་མྱུར་བ་དགའ་བར་མི་བྱེད་པ་དང། ཚིག་ཉུང་དུ་སྨྲས་བ་དང། རབ་ཏུ་ཞི་བར་སྨྲ་བ་དང། བྲོ་མོ་གཏམ་ལ་མི་དགའ་བ་དང། འདུ་འཛི་ལ་མི་དགའ་བ་དང། དེའི་ཚིག་བརྟན ་པར་འབྱུང་པ་དང། །མིག་གི་གཟུགས་རྣམས་མཐོང་ན། གཟུགས་སོ་སོར་ཡང་དག་པར་རིག་པར་བྱེད་ཅིང། གཟུགས་ལ་འདོད་ཆགས་ཀུན་ཏུ་མི་འབྱུང་བ་དང། དེ་བཞིན་དུ་སྒྲ་དང། དྲི་དང། རོ་དང། རེག་བྱ་སོ་སོར་ཡང་དག་པར་རིག་པར་བྱེད་ཅིང། ་རེག་བྱའི་བར་ལ་འདོད་ཆགས་ཀུན་ཏུ་མི་འབྱུང་བ་དང། འཇིགས་པ་མེད་པ་དང། བློ་ཟབ་པ་དང། ཤིན་ཏུ་སྦྱངས་པ་ཆེན་པོས་ལུས་དང་སེམས་ཉེ་བར་བསྐོར་པ་དང། བརྣབ་སེམས་མེད་པ་དང། འཁྲུག་པ་མེད་པ་དང། བཟོད་པ་དང་ལྡན་པ་དང། དེའི ་སེམས་འདོད་པའི་རྣམ་པར་རྟོག་པ་ལ་སོགས་པས་ཀུན་ནས་འཁྲུག་པ་མེད་པ་དང། དེ་ལྟ་བུ་དང་མཐུན་པ་དག་ནི་འདོད་ཆགས་དང་བྲལ་བའི་རྟགས་རྣམས་ཡིན་པར་རིག་པར་བྱ་སྟེ། དེ་ནི་རེ་ཞིག་འཇིག་རྟེན་པའི་ལམ་གྱི་འགྲོ་བ་རྣམ་པར་དབྱེ་བ་ཡིན་ནོ།། ་གལ་ཏེ་དེ་འཇིག་རྟེན་ལས་འདས་པའི་ལམ་གྱིས་འགྲོ་བར་འདོད་ན་ནི། འཕགས་པའི་བདེན་པ་བཞི་པོ་དག་ལས་བརྩམས་ནས། དགྲ་བཅོམ་པ་ཉིད་ཐོབ་ཀྱི་བར་དུ་དེ་ལ་མཚན་ཉིད་སོ་སོར་རིག་པའི་ཡིད་ལ་བྱེད་པ་ལ་སོགས་པ་ནས་སྦྱོར་བ་མཛའ་ཐུག་པའི ་འབྲས་བུ་ཡིད་ལ་བྱེད་པའི་བར་གྱི་ཡིད་ལ་བྱེད་པ་བདུན་པོ་དག་རིམ་གྱིས་འབྱུང་བར་འགྱུར་ཏེ། དེ་ལ་འཕགས་པའི་བདེན་པ་བཞི་པོ་མདོར་བསྟན་པ་དང། རྒྱས་པར་བཤད་པ་དང་བཅས་པ་ཐོས་ཤིང་བཟུང་ལ་ལེགས་པར་བསྒོམས་ཤིང་ཡིད་ལ་བྱེད་པའམ་བསམ་གཏན་དང ་གཟུགས་མེད་པའི་དངོས་གཞི་ཐོབ་པའི་རྣལ་འབྱོར་སྤྱོད་པ་ལ་ནི་རྣམ་པ་བཞི་པོ་འདི་ལྟ་སྟེ། མི་རྟག་པའི་རྣམ་པ་དང། སྡུག་བསྔལ་བའི་རྣམ་པ་དང། སྟོང་པའི་རྣམ་པ་དང། བདག་མེད་པའི་རྣམ་པས་བདེན་པ་སྡུག་བསྔལ་གྱི་མཚན་ཉིད་སོ་སོར་རེག་པར་བྱེད་དོ། །རྣམ་པ ་བཞི་པོ་འདི་ལྟ་སྟེ། རྒྱུའི་རྣམ་པ་དང། ཀུན་འབྱུང་བའི་རྣམ་པ་དང། རབ་ཏུ་སྐྱེ་བའི་རྣམ་པ་དང། རྐྱེན་གྱིས་རྣམ་པས་བདེན་པ་ཀུན་འབྱུང་བའི་མཚན་ཉིད་སོ་སོར་རིག་པར་བྱེད་དོ། །རྣམ་པ་བཞི་པོ་འདི་ལྟ་སྟེ། འགོག་པའི་རྣམ་པ་དང། ཞི་བའི་རྣམ་པ་དང། གྱ་ནོམ་པའི་རྣམ ་པ་དང། ངེས་པར་འབྱུང་བའི་རྣམ་པས་བདེན་པ་འགོག་པའི་མཚན་ཉིད་སོ་སོར་རིག་པར་བྱེད་དོ། །རྣམ་པ་བཞི་པོ་འདི་ལྟ་སྟེ། ལམ་གྱི་རྣམ་པ་དང། རིགས་པའི་རྣམ་པ་དང། སྒྲུབ་པའི་རྣམ་པ་དང། ངེས་པར་འབྱིན་པའི་རྣམ་པས་བདེན་པ་ལམ་གྱི་མཚན་ཉིད་སོ་སོར ་རིག་པར་བྱེད་པ་སྟེ། དེ་ནི་དེའི་མཚན་ཉིད་སོ་སོར་རིག་པའི་ཡིད་ལ་བྱེད་པ་ཡིན་ནོ། །དེ་ལ་རྣམ་པ་བཅུས་བདེན་པ་སྡུག་བསྔལ་ལ་ཡོངས་སུ་རྟོག་པར་བྱེད་པ་ན། རྣམ་པ་བཞི་པོ་དག་གི་རྗེས་སུ་འཇུག་པར་འགྱུར་ཏེ། བཅུ་གང་ཞེ་ན། འདི་ལྟ་སྟེ། འགྱུར་པའི་རྣམ་པ་དང། འཇིག ་པའི་རྣམ་པ་དང། བྲལ་བའི་རྣམ་པ་དང། ཆོས་ཉིད་ཀྱི་རྣམ་པ་དང། ཉེ་བའི་རྣམ་པ་དང། ཀུན་ཏུ་སྦྱོར་བ་དང། འཆིད་བའི་རྣམ་པ་དང། མི་སྡུག་པའི་རྣམ་པ་དང། གྲུབ་པ་དང་བདེ་བ་མེད་པའི་རྣམ་པ་དང། དམིགས་སུ་མེད་པའི་རྣམ་པ་དང། རང་དབང་མེད་པའི ་རྣམ་པས་སོ། །རྣམ་པ་བཅུ་པོ་དེ་དག་ཀྱང་འཐད་པ་བསྒྲུབ་པའི་ཉེ་བར་བརྟག་པར་བྱ་སྟེ། དེ་ལ་རེ་ཞིག་ཡིད་ཆེས་པའི་ལུང་ནི། བཅོམ་ལྡན་འདས་ཀྱིས་འདུ་བྱེད་ཐམས་ཅད་མི་རྟག་པའོ། །ཞེས་ཇི་སྐད་དུ་གསུངས་པ་སྟེ། འདུ་བྱེད་དེ་དག་ཀྱང་མདོར་བསྡུ་ན། རྣམ་པ་གཉིས་ཏེ། ་སེམས་ཅན་གྱི་འཇིག་རྟེན་དང། སྣོད་ཀྱི་འཇིག་རྟེན་ནོ། །དེ་བཅོམ་ལྡན་འདས་ཀྱིས་སེམས་ཅན་གྱི་འཇིག་རྟེན་གྱི་དབང་དུ་མཛད་ནས། །དགེ་སློང་དག་ངས་ལྷའི་སྤྱན་རྣམ་པར་དག་པ་མིའི་ལས་ཤིན་ཏུ་འདས་པས་སེམས་ཅན་འཆི་འཕོ་བ་དང། ་སྐྱེ་བ་དག་ནས་ལུས་ཞིག་སྟེ། ཤི་བའི་འོག་ཏུ་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་ལྷ་རྣམས་ཀྱི་ནང་དུ་སྐྱེ་བའི་བར་དག་ཀྱང་གཟིགས་སོ་ཞེས་གསུངས་པའི་རྣམ་གྲངས་ངེས་ནི། བཅོམ་ལྡན་འདས་སྤྱན་དང་ལྡན་པ་མངོན་སུམ་གྱིས་གཟིགས་པ་མངའ་བས་རེ་ཞིག་།སེམས ་ཅན་གྱི་འཇིག་རྟེན་ལ་མི་རྟག་པ་ཉིད་བསྟན་པ་ཡིན་ནོ། །བཅོམ་ལྡན་འདས་ཀྱིས་སྣོད་ཀྱི་འཇིག་རྟེན་གྱི་དབང་དུ་མཛད་ནས། འདི་ལྟ་སྟེ། ཉི་མ་བདུན་ལྟ་བུ་ཞེས་བྱ་བའི་མདོ་ལས། དགེ་སློང་དག་དུས་ཡུན་རིང་པོ་འདས་པའི་འོག་ཏུ། འཇིག་རྟེན་དུ་རིམ་གྱི་ཉི་མ་བདུན ་འཆར་བ་དག་འབྱུང་བ་དང། །ས་ཆེན་པོ་འདི་དང། རིའི་རྒྱལ་པོ་རི་རབ་དང། ཚངས་པའི་འཇིག་རྟེན་གྱི་བར་གྱི་སྣོད་ཀྱི་འཇིག་རྟེན་ཐམས་ཅད་བསྲགས་ཤིང་གཞོབ་དུ་བརླགས་ནས། དུ་བ་ཡང་མེད། །ཐལ་བའི་ལྷག་མ་ཡང་མེད་པར་འགྱུར་བའི་དུས་ཀྱང ་ཡོད། སྐབས་ཀྱང་ཡོད་པར་འགྱུར་རོ་ཞེས་གསུངས་པའི་རྣམ་གྲངས་དེས་ནི། བཅོམ་ལྡན་འདས་སྤྱན་དང་ལྡན་པ་མངོན་སུམ་དུ་གཟིགས་པ་མངའ་བས། སྣོད་ཀྱི་འཇིག་རྟེན་གྱི་མི་རྟག་པ་ཉིད་བསྟན་པ་ཡིན་པས། རྣལ་འབྱོར་པ་ངེས་རེ་ཞིག་ཡིད་ཆེས ་པའི་ལུང་ལ་བརྟེན་ནས། དད་པའི་དབང་དུ་བྱས་ཏེ། །འདུ་བྱེད་ཐམས་ཅད་ཀྱི་མི་རྟག་པ་ཉིད་ལ་ངེས་པ་འཐོབ་པར་འགྱུར་རོ། །དེས་དེ་ལྟར་རེས་པ་ཐོབ་ནས་དད་པའི་དབང་དུ་བྱས་ཏེ། མི་རྟག་པ་ཉིད་ལ་མངོན་སུམ་ཉིད། ལྐོག་ཏུ་མ་གྱུར་པ་ཉིད་དང། གཞན ་གྱི་དྲིང་མི་འཇོག་པ་ཉིད་ཡང་དང་ཡང་དུ་འཇོག་པར་བྱེད་དོ། །ཇི་ལྟར་ཡོངས་སུ་ཚོལ་བར་བྱེད་ཅེ་ན། སྨྲས་པ། དངོས་པོ་གཉིས་རྣམ་པར་འཇོག་པར་བྱེད་དེ། གཉིས་གང་ཞེ་ན། ནང་གི་དངོས་པོ་དང། ཕྱི་རོལ་གྱི་དངོས་པོའོ། །དེ་ལ་ནང་གི་དངོས་པོ་ནི་སྐྱེ ་མཆེད་དྲུག་པོ་གང་ཡིན་པ་དག་གོ་།ཕྱི་རོལ་གྱི་དངོས་པོ་ནི་རྣམ་པ་བཅུ་དྲུག་སྟེ། བཅུ་དྲུག་གང་ཞེ་ན། ས་གཞིའི་དངོས་པོ་འདི་ལྟ་སྟེ། གྲོང་དང། གྲོང་རྡལ་དང། ཁང་ཁྱིམ་དང། ཚོང་ཁང་ལ་སོགས་པ་དང། ཀུན་དགའ་ར་བའི་དངོས་པོ་འདི་ལྟ་སྟེ། ཤིང་ལྗོན་པ་དང། ་རྩཝ་དང། སྨན་དང། ནགས་ཚལ་ལ་སོགས་པ་དང། རིའི་དངོས་པོ་འདི་ལྟ་སྟེ། རི་རྣམ་པ་སྣ་ཚོགས་གནས་པ་རྣམས་དང། ཆུའི་དངོས་པོ་འདི་ལྟ་སྟེ། ཆུ་མིག་དང། མཚོ་དང། མཚེའུ་དང། །ཆུ་ཀླུང་ལ་སོགས་པ་དང། ལས་ཀྱི་མཛའ་ཨི་དངོས་པོ་འདི་ལྟ་སྟེ། ཞིང་ལ ་སོགས་པ་དང། བསོག་འཇོག་གི་དངོས་པོ་མཛོད་ལ་སོགས་པ་དང། ཟས་ཀྱི་དངོས་པོ་དང། སྐོམ་གྱི་དངོས་པོ་དང། གཞོན་པའི་དངོས་པོ་དང། གོས་ཀྱི་དངོས་པོ་དང། རྒྱན་གྱི་དངོས་པོ་དང། བཞད་གང་དང། གླུ་བྲོ་དང། རོལ་མོའི་སྒྲའི་དངོས་པོ་དང། །སྤོས་དང། མེ ་ཏོག་ཕྲེང་དང། བྱུག་པའི་དངོས་པོ་དང། སྣོད་སྤྱད་ཀྱི་དངོས་པོ་དང། སྣང་བ་དང་མུན་པའི་དངོས་པོ་དང། །ཕོ་མོས་དགའ་དགུར་སྤྱོད་པའི་དངོས་པོ་སྟེ། དེ་དག་ནི་ཕྱི་རོལ་གྱི་དངོས་པོ་བཅུ་དྲུག་ཡིན་ནོ། །དེས་དེ་ལྟར་ནང་དང་ཕྱི་རོལ་གྱིས་དངོས་པོ་རྣམ་པར་གཞག་ནས། རེ། ་ཞིག་མངོན་སུམ་གྱི་དབང་དུ་བྱས་པའི་ཡིད་ལ་བྱེད་པས་ནང་གི་དངོས་པོའི་འགྱུར་བའི་མི་རྟག་པ་ཉིད་ཡོངས་སུ་ཚོལ་བར་བྱེད་དོ། །དེ་ལ་ནང་གི་དངོས་པོའི་འགྱུར་བའི་རྣམ་པ་བཅོ་ལྔ་དང། འགྱུར་བའི་རྒྱུ་རྣམ་པ་བརྒྱད་ཡོད་དེ། །དེ་ལ་ནང་གི་དངོས་པོའི་འགྱུར་བ་རྣམ་པ་བཅོ་ལྔ་གང ་ཞེ་ན། འདི་ལྟ་སྟེ། གནས་སྐབས་ལས་གྱུར་པ་དང། ཁ་དོག་ལས་གྱུར་པ་དང། དབྱིབས་ལས་གྱུར་པ་དང། འབྱོར་པ་དང། རྒུད་པ་ལས་གྱུར་པ་དང། ཡན་ལག་དང་ཉིང་ལག་ཚང་བ་དང། མ་ཚང་བ་ལས་གྱུར་པ་དང། ཡོངས་སུ་ངལ་བ་ལས་གྱུར་པ་དང། གཞན་གྱི ་གནོད་པ་བྱས་པ་ལས་གྱུར་པ་དང། གྲང་པ་དང་དྲོ་བ་ལས་གྱུར་པ་དང། སྤྱོད་ལམ་ལས་གྱུར་པ་དང། རེག་པ་ལས་གྱུར་པ་དང། ཀུན་ནས་ཉོན་མོངས་པ་ལས་གྱུར་པ་དང། ན་བ་ལས་གྱུར་པ་དང། འཆི་བ་ལས་གྱུར་པ་དང། རྣམ་པར་བསྔོས་པ་ལ་སོགས་པ་ལས ་གྱུར་པ་དང། རྣམ་པ་ཐམས་ཅད་ཀྱི་ཐམས་ཅད་དུ་མི་སྣང་ཞིང་ཡོངས་སུ་ཟད་པ་ལས་གྱུར་པའི་འགྱུར་བའོ། །དེ་ལ་འགྱུར་བའི་རྣམ་པ་བརྒྱད་གང་ཞེ་ན། སྨྲས་པ། འདི་ལྟ་སྟེ། དུས་ཀྱིས་ཡོངས་སུ་འགྱུར་བ་དང། གཞན་གྱིས་གནོད ་པ་བྱས་པ་དང། ལོངས་སྤྱད་པ་དང། དུས་ཚིགས་འགྱུར་བ་དང། མེས་ཚིག་པ་དང། ཆུས་ཁྱེར་བ་དང། རླུང་གིས་སྐམས་པ་དང། རྐྱེན་གཞན་དང་ཕྲད་པའོ། །དེ་ལ་དུས་ཀྱིས་ཡོངས་སུ་འགྱུར་བ་ཞེས་བྱ་བ་ནི། འདི་ལྟ་སྟེ། དངོས་པོ་གཟུགས ་ཅན་གང་དག་གནས་བཟང་པོར་བཞག་ཀྱང། དུས་གཞན་ནི་བརྙིངས་པ་དང། རྙིས་པ་དང། གཟུགས་འགྱུར་བར་སྣང་བ་ལྟ་བུའོ། །དེ་ལ་གཞན་གྱིས་གནོད་པ་བྱས་པ་ཞེས་བྱ་བ་ནི། འདི་ལྟ་སྟེ། གཞན་གྱིས་གཟུགས་སྣ་ཚོགས་དག་དང། མཚོན ་ཆ་སྣ་ཚོགས་དག་དང། གནོད་པ་བྱ་བའི་ཁྱད་པར་སྣ་ཚོགས་དག་གིས་འགྱུར་བ་སྣ་ཚོགས་སྐྱེད་པར་བྱེད་པ་ལྟ་བུའོ། །དེ་ལ་ལོངས་སྤྱད་པ་ཞེས་བྱ་བ་ནི། འདི་ལྟ་སྟེ། སོ་སོའི་བདག་པོ་གཟུགས་སྣ་ཚོགས་ལ་ལོངས་སྤྱོད་པར་བྱེད་པ་དག་གིས་ལོངས ་སྤྱད་པའི་དབང་གིས། འགྱུར་བ་སྐྱེད་པར་བྱེད་པ་ལྟ་བུའོ། །དེ་ལ་དུས་ཚིགས་འགྱུར་བ་ཞེས་བྱ་བ་ནི། འདི་ལྟ་སྟེ། དགུན་ནི་རྩ་དང། སྨན་དང། ནགས་ཚལ་ལ་སོགས་པ་སྐྱེ་བ་དང། རྟག་པར་འགྱུར་ལ། དཔྱིད་དང། དབྱར་དག་ནི་སྔོ་ཞིང་རྒྱས། ་བ་དང། དེ་བཞིན་དུ་འབྲས་བུ་རྒྱས་པ་དང། མེ་ཏོག་རྒྱས་པར་འགྱུར་བ་ལྟ་བུ་སྟེ། དེ་ལ་དེ་དག་གི་འབྱོར་པ་དང། རྒུད་པ་ལས་གྱུར་པ་ཡང་དེ་ཉིད་ཡིན་ནོ། །དེ་ལ་མེས་ཚིག་པ་ཞེས་བྱ་བ་ནི་འདི་ལྟ་སྟེ། མེ་ཤོར་ན་གྲོང་དང། གྲོང་རྡལ་དང། རྒྱལ ་པོའི་ཕོ་བྲང་དང། ཡུལ་འཁོར་གྱི་གནས་དག་ཚིག་པར་འགྱུར་བ་ལྟ་བུའོ། །དེ་ལ་ཆུས་ཁྱེར་བ་ཞེས་བྱ་བ་ནི། འདི་ལྟ་སྟེ། ཆུའི་འཇིགས་པ་ཆེན་པོ་བྱུང་ན། གྲོང་དང། གྲོང་རྡལ་དང། རྒྱལ་པོའི་ཕོ་བྲང་དང། ཡུལ་འཁོར་གྱི་གནས་དག་ཁྱེར་བར ་འགྱུར་བ་ལྟ་བུའོ། །དེ་ལ་རླུང་གིས་སྐམས་པ་ཞེས་བྱ་བ་ནི། འདི་ལྟ་སྟེ། རླུང་གིས་ཕུང་པོ་ཆེན་པོས་ས་ཕྱོགས་གཤེར་བ་དག་དང། དེ་བཞིན་དུ་གོས་གཤེར་བ་དག་དང། འབྲུའི་རྣམ་པ་གཤེར་བ་དག་མྱུར་བ་མྱུར་བ་ཁོ་ནར་སྐམས་པར་འགྱུར་བ་ལྟ་བུའོ། །དེ་ལ་རྐྱེན ་གཞན་དང་ཕྲད་པ་ཞེས་བྱ་བ་ནི། འདི་ལྟ་སྟེ། བདེ་བའི་ཚོར་བ་མྱོང་བར་འགྱུར་བའི་རེག་པ་ལས་བརྟེན་ཏེ། བདེ་བའི་ཚོར་བ་མྱོང་བ་ན། སྡུག་བསྔལ་གྱི་ཚོར་བ་མྱང་བར་འགྱུར་བའི་རེག་པ་དང་ཕྲད་པ་དང། དེ་བཞིན་དུ་སྡུག་བསྔལ་གྱི་ཚོར་བ་མྱོང་བར ་འགྱུར་བའི་རེག་པ་ལས་བརྟེན་ཏེ། སྡུག་བསྔལ་གྱི་ཚོར་བ་མྱོང་བ་ན། བདེ་བའི་ཚོར་བ་མྱོང་བར་འགྱུར་བའི་རེག་པ་དང་ཕྲད་པ་དང། །སྡུག་བསྔལ་ཡང་མ་ཡིན། བདེ་བ་ཡང་མ་ཡིན་པའི་ཚོར་བ་མྱོང་བར་འགྱུར་བའི་རེག་པ་ལས་བརྟེན་ཏེ། སྡུག ་བསྔལ་བ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པའི་ཚོར་བ་མྱོང་བ་ན། བདེ་བའི་ཚོར་བ་འམ། སྡུག་བསྔལ་གྱི་ཚོར་བ་མྱོང་བར་འགྱུར་བའི་རེག་པ་དང་ཕྲད་པ་དང། དེ་བཞིན་དུ་ཆགས་པར་འགྱུར་བ་ན། ཁོང་ཁྲོ་བའི་རྒྱུ་མཚན་དང་ཕྲད་ན། དེ་དང་ཕྲད ་པའི་ཕྱིར་འདོད་ཆགས་ཀྱི་ཀུན་ནས་དཀྲིས་པ་དང། འབྲལ་ཞིང་ཁོང་ཁྲོ་བའི་ཀུན་ནས་དཀྲིས་པ་སྐྱེ་བར་འགྱུར་བ་དང། །ཞེ་སྡང་བར་གྱུར་པ་དང། རྨོངས་པར་གྱུར་པ་ན། མི་འདྲ་བ་ཉོན་མོངས་པ་སྐྱེ་བའི་རྒྱུ་མཚན་དང་ཕྲད་པ་ཡང་དེ་བཞིན་དུ་རིག་པར ་བྱའོ། །གཞན་ཡང་འདི་ལྟ་སྟེ། མིག་གི་རྣམ་པར་ཤེས་པ་མངོན་སུམ་དུ་གྱུར་པ་ན། ཡུལ་སྒྲ་དང་ཕྲད་པ་དང། དྲི་དང། རོ་དང་རེག་བྱ་དང། ཆོས་ཀྱི་མཚན་མ་དང་ཕྲད་པ་དང། ཡུལ་གཞན་གྱི་རྐྱེན་དེ་དག་གིས་རྣམ་པར་ཤེས་པ་མི་འདྲ་བ་དག་སྐྱེ་བར་འགྱུར་བ ་ལྟ་བུའོ། །བརྒྱད་པོ་དེ་དག་ནི་འགྱུར་བའི་རྒྱུ་ཡིན། གཟུགས་ཅན་གཟུགས་ཅན་མ་ཡིན་པའི་ཆོས་གང་དག་འགྱུར་བ་དེ་དག་ཐམས་ཅད་ནི་རྒྱུ་ནི་བརྒྱད་པོ་དེ་དག་ཡིན་ཏེ། དེ་ལས་གོང་ན་ཡང་མེད་ལ་དེ་ལས་ལྷག་པ་ཡང་མེད་དོ། །བམ་པོ་བཅུ་དགུ་པ ་དེ་ལ་ཇི་ལྟར་ན་ནང་གི་དངོས་པོའི་གནས་སྐབས་ལས་གྱུར་པའི་འགྱུར་བའི་མི་རྟག་པ་ཉིད་ཡོངས་སུ་ཚོལ་བར་བྱེད་ཅེ་ན། །འདི་ན་དེས་བདག་ཉིད་དམ། གཞན་དག་གིས་གཞོན་ནུའི་གནས་སྐབས་ནས། བཟུང་སྟེ་རྒས་པའི་བར་གྱི་གནས ་སྐབས་དག་མཐོང་བར་གྱུར་ཅིང་འདུ་བྱེད་ཀྱི་རྒྱུན་སྔ་ཕྱི་མི་འདྲ་བ་དང། ཤིན་ཏུ་ཐ་དད་པ་དང། རྣམ་པར་འགྱུར་བ་དེ་དག་མཐོང་ནས་ཀྱང། དེ་འདི་སྙམ་དུ་སེམས་ཏེ། །འདི་ལྟར་ནང་གི་འདུ་བྱེད་འདི་དག་གི་གནས་སྐབས་ལས་གྱུར་པའི། ་འགྱུར་བ་འདི་ལྟ་བུ་དག་མངོན་སུམ་ཁོ་ནར་སྣང་བ་ལས་ན། ཀྱེ་མ་འདུ་བྱེད་འདི་དག་ནི་མི་རྟག་པ་ཡིན་ནོ་སྙམ་དུ་སེམས་ཏེ། །དེ་ལྟར་ནང་གི་དངོས་པོའི་གནས་སྐབས་ལས་གྱུར་པའི་འགྱུར་བའི་མི་རྟག་པའི?་ཡོངས་སུ་ཚོལ་བར་བྱེད་དོ། །དེ་ལ་ཇི་ལྟར་ན་ནང་གི་དངོས ་པོའི་ཁ་དོག་ལས་གྱུར་པའི་འགྱུར་བའི་མི་རྟག་པ་ཉིད་ཡོངས་སུ་ཚོལ་བར་བྱེད་ཅེ་ན། འདི་ན་དེས་བདག་ཉིད་དམ། གཞན་གྱི་ཤ་མདོག་སྔོན་ཁ་དོག་བཟང་བ་ཉིད་དང། མདངས་བཟང་པ་ཉིད་དང། མདོག་ཡོངས་སུ་དག་པ་ཉིད་དུ་མཐོང་ལ། ཕྱིས ་ཁ་དོག་ངན་པ་ཉིད་དང། མདངས་ངན་པ་ཉིད་དང། མདོག་རྩུབ་པ་ཉིད་དུ་མཐོང་སྟེ། མཐོང་ནས་ཀྱང་ཡང་ཕྱིར་བཟློག་སྟེ། དུས་གཞན་གྱི་ཚེ་ན། ཤ་མདོག་དེ་ཉིད་ཁ་དོག་བཟང་བ་ཉིད་དང། མདངས་བཟང་པ་ཉིད་དང། མདོག་ཡོངས་སུ་དག་པ་ཉིད་དུ ་མཐོང་ནས། དེ་འདི་སྙམ་དུ་སེམས་ཏེ། འདི་ལྟར་ནང་གི་འདུ་བྱེད་འདི་དག་གི་ཁ་དོག་ལས་གྱུར་པའི་འགྱུར་བ་འདི་ལྟ་བུ་དག་མངོན་སུམ་ཁོ་ནར་སྣང་བ་ལས། ཀྱེ་མ་འདུ་བྱེད་འདི་དག་ནི་མི་རྟག་པ་ཡིན་ནོ་སྙམ་དུ་སེམས་ཏེ། དེ་ལྟར་ན་ནང་གི་དངོས ་པོའི་ཁ་དོག་ལས་གྱུར་པའི་འགྱུར་བའི་མི་རྟག་པ་ཉིད་ཡོངས་སུ་ཚོལ་བར་བྱེད་དོ། །དེ་ལ་ཇི་ལྟར་ན་ནང་གི་དངོས་པོའི་དབྱིངས་ལས་གྱུར་པའི་འགྱུར་བའི་མི་རྟག་པ་ཉིད་ཡོངས་སུ་ཚོལ་བར་བྱེད་ཅེ་ན། ཁ་དོག་ཇི་སྐད་བསྟན་པ་དེ་བཞིན་དུ་དབྱིབས་ཀྱང་ཆུང་ངུ་དང། ་ཆེན་པོར་འགྱུར་བའི་མི་རྟག་པ་ཉིད་དུ་རིག་པར་བྱ་སྟེ། །འདི་ན་དེས་བདག་ཉིད་དམ། གཞན་དག་གི་དབྱིབས་ཆེན་པོ་དང། ཆུང་ངུ་དེ་ལྟ་བུ་དག་མཐོང་ནས། དེ་འདི་སྙམ་དུ་སེམས་ཏེ། འདི་ལྟར་ནང་གི་འདུ་བྱེད་འདི་དག་གི་དབྱིབས་ལས་གྱུར་པའི་འགྱུར་བ་འདི་ལྟ་བུ་དག ་མངོན་སུམ་ཁོ་ནར་སྣང་བ་ལས་ན། ཀྱེ་མ་འདུ་བྱེད་འདི་དག་ནི་མི་རྟག་པ་ཡིན་ནོ་སྙམ་དུ་སེམས་ཏེ། དེ་ལྟར་ནང་གི་དངོས་པོའི་དབྱིབས་ལས་གྱུར་པའི་འགྱུར་བའི་མི་རྟག་པ་ཉིད་ཡོངས་སུ་ཚོལ་བར་བྱེད་དོ། །དེ་ལ་ཇི་ལྟར་ན་ནང་གི་དངོས་པོའི་འབྱོར་པ་དང། རྒུང་པ ་ལས་གྱུར་པའི་འགྱུར་བའི་མི་རྟག་པ་ཉིད་ཡོངས་སུ་ཚོལ་བར་བྱེད་ཅེ་ན། འབྱོར་བ་ཞེས་བྱ་བ་ནི་འདི་ལྟ་སྟེ། ཉེ་དུའི་འབྱོར་པ་དང། །ལོངས་སྤྱོད་ཀྱི་འབྱོར་བ་དང། ཚུལ་ཁྲིམས་དང་ལྟ་བའི་འབྱོར་པའོ། །དེ་ལས་བཟློག་པ་ནི་རྒུད་པ་སྟེ། འདི་ནི་དེས་བདག་ཉིད་དམ ་གཞན་དག་གི་འབྱོར་པ་དང། རྒུད་པ་འདི་ལྟ་བུ་དག་མཐོང་ནས། དེ་འདི་སྙམ་དུ་སེམས་ཏེ། འདི་ལྟར་ནང་གི་འདུ་བྱེད་འདི་དག་གི་འབྱོར་པ་དང། རྒྱུད་པ་ལས་གྱུར་པའི་འགྱུར་བའི་དེ་ལྟ་བུ་དག་མངོན་སུམ་ཁོ་ནར་སྣང་བ་ལས་ན། ཀྱེ་མ་འདུ་བྱེད་འདི་དག་ནི་མི་རྟག་བ་ཉིད ་ཡིན་ནོ་སྙམ་དུ་སེམས་ཏེ། དེ་དེ་ལྟར་ནང་གི་དངོས་པོའི་འབྱོར་པ་དང། རྒུད་པ་ལས་གྱུར་བའི་འགྱུར་བའི་མི་རྟག་པ་ཉིད་ཡོངས་སུ་ཚོལ་བར་བྱེད་དོ། །དེ་ལ་ཇི་ལྟར་ན་ནང་གི་དངོས་པོའི་ཡན་ལག་དང་ཉིང་ལག་ཚང་བ་དང། མཚང་བ་ལས་གྱུར་པའི་འགྱུར་བའི ་མི་རྟག་པ་ཉིད་ཡོངས་སུ་ཚོལ་བར་བྱེད་ཅེ་ན། འདི་ན་དེས་བདག་ཉིད་དམ། གཞན་དག་གི་ཡན་ལག་དང། ཉིང་ལག་ཚང་བར་མཐོང་ལ། ཕྱིས་དུས་གཞན་གྱི་ཚེ་ན། རྒྱལ་པོ་འམ། རྐུན་པོ་འམ། མི་འམ་མི་མ་ཡིན་པ་དག་གི་མ་ཚང་བར་བྱས་པ་ཡང་མཐོང་སྟེ། ་མཐོང་ནས་ཀྱང་དེ་འདི་སྙམ་དུ་སེམས་ཏེ། །འདི་ལྟར་ནང་གི་འདུ་བྱེད་འདི་དག་གི་ཡན་ལག་དང་ཉིང་ལག་ཚང་བ་དང། མ་ཚང་པ་ལས་གྱུར་པའི་འགྱུར་བ་འདི་ལྟ་བུ་དག་མངོན་སུམ་ཁོ་ནར་སྣང་བ་ལས་ན། །ཀྱེ་མ་འདུ་བྱེད་འདི་དག་ནི་མི་རྟག་པ་ཡིན་ནོ་སྙམ་དུ་སེམས་ཏེ། ་དེ་ལྟར་ནང་གི་དངོས་པོའི་ཡན་ལག་དང། ཉིང་ལག་ཚང་བ་དང། མ་ཚང་བ་ལས་གྱུར་པའི་འགྱུར་བའི་མི་རྟག་པ་ཉིད་ཡོངས་སུ་ཚོལ་བར་བྱེད་དོ། །དེ་ལ་ཇི་ལྟར་ན་ནང་གི་དངོས་པོ་ཡོངས་སུ་ངལ་བ་ལས་གྱུར་པའི་འགྱུར་བའི་མི ་རྟག་པ་ཉིད་ཡོངས་སུ་ཚོལ་བར་བྱེད་ཅེ་ན། འདི་ན་དེས་བདག་ཉིད་དམ་གཞན་དག་གི་ལུས་སྔོན་བརྒྱུགས་པ་འམ། རྒྱལ་བ་འམ། མཚོངས་པ་འམ། འཇོག་པ་འམ། ལས་སྣ་ཚོགས་རིངས་པར་བྱས་པས་ཡོངས་སུ་ངལ་བ་དང་ལུས་ཡོངས་སུ་དུབ་པར་མཐོང ་ལ། དེ་དུས་གཞན་གྱི་ཚེ་ན། ཡོངས་སུ་ངལ་བ་དང། ཡོངས་སུ་དུབ་པ་མེད་པར་མཐོང་སྟེ། མཐོང་ནས་ཀྱང་དེ་འདི་སྙམ་དུ་སེམས་ཏེ། འདི་ལྟར་ནང་གི་འདུ་བྱེད་འདི་དག་གི་ཡོངས་སུ་ངལ་བ་ལས་གྱུར་པའི་འགྱུར་བ་འདི་ལྟ་བུ་དག་མངོན་སུམ་ཁོ་ན་སྣང་བ ་ལས་ན། ཀྱེ་མ་འདུ་བྱེད་འདི་དག་ནི་མི་རྟག་པ་ཉིད་ཡིན་ནོ་སྙམ་དུ་སེམས་ཏེ། དེ་ལྟར་ནང་གི་དངོས་པོ་ཡོངས་སུ་ངལ་བ་ལས་གྱུར་པའི་འགྱུར་པའི་མི་རྟག་པ་ཉིད་ཡོངས་སུ་ཚོལ་བར་བྱེད་དོ། །དེ་ལ་ཇི་ལྟར་ན་ནང་གི་དངོས་པོ་གཞན་གྱིས་གནོད་པ་བྱས་པ་ལས ་གྱུར་པའི་འགྱུར་བའི་མི་རྟག་པ་ཉིད་ཡོངས་སུ་ཚོལ་བར་བྱེད་ཅེ་ན། འདི་ན་དེས་བདག་ཉིད་དམ། གཞན་དག་གིས་ལུས་ལ་གཞན་གྱིས་གནོད་པ་བྱས་པ་འདི་ལྟ་སྟེ། ལྕུག་མ་ལྕག་གམ། རྟ་ལྕག་གམ། སྤ་ལྕག་གམ། འབྲེང་ལྕག་གིས་གཞུས་པ་འམ། དེ ་བཞིན་དུ་ཤ་སྦྲད་དང་སྦྲད་བུ་མཆུ་རིངས་དང། སྡིག་སྦྲུལ་ལ་སོགས་པའི་རེག་པ་སྣ་ཚོགས་དག་གིས་མངོན་པར་གྱུར་པར་མཐོང་ལ། དེས་དུས་གཞན་གྱི་ཚེ་རྣམ་པར་གྱུར་པ་དེ་དག་མེད་པ་མཐོང་སྟེ། མཐོང་ནས་ཀྱང་དེ་འདི་སྙམ་དུ་སེམས་ཏེ། འདི་ལྟར་ནང་གི ་འདུ་བྱེད་འདི་དག་གི་གཞན་གྱིས་གནོད་པ་བྱས་པ་ལས་གྱུར་པའི་འགྱུར་བ་འདི་ལྟ་བུ་དག་མངོན་སུམ་ཁོ་ནར་སྣང་བ་ལས། ཀྱེ་མ་འདུ་བྱེད་འདི་དག་ནི་མི་རྟག་པ་ཡིན་ནོ་སྙམ་དུ་སེམས་ཏེ། ད་ལྟར་ནང་གི་དངོས་པོ་གཞན་གྱིས་གནོད་པ་བྱས་པ་ལས་གྱུར་པའི ་འགྱུར་པའི་མི་རྟག་པ་ཉིད་ཡོངས་སུ་ཚོལ་བར་བྱེད་དོ། །དེ་ལ་ཇི་ལྟར་ནད་གི་དངོས་པོ་གྲང?་བ་དང། དྲོ་པ་ལས་གྱུར་པའི་འགྱུར་བའི་མི་རྟག་པ་ཉིད་ཡོངས་སུ་ཚོལ་བར་བྱེད་ཅེ་ན། འདི་ན་དེས་གྲངས་བའི་དུས་ལ་བབ་པའི་ཚེ་ན། བདག་ཉིད་དམ། གཞན་དག་གིས ་ལུས་སྦྲེབས་པ་དང། ལུས་ཞུམ་པ་དང། གྲང་བའི་ཀུན་ནས་དཀྲིས་པས་ཉེན་པས། དྲོ་འདོད་པར་མཐོང་ལ། དྲོ་བའི་དུས་ལ་བབ་པའི་ཚེ་ན་ནི། ལུས་སྦྲེབས་པ་མེད་པ་དང། ལུས་ཞུམ་པ་མེད་པ་དང། ལུས་རྡུལ་བ་དང། ལུས་གདུང་བ་དང། ཁ་སྐམ་པ ་དང། སྐོམ་གྱིས་གདུངས་ཤིང་བསིལ་བའི་རེག་པ་འདོད་པར་མཐོང་སྟེ། མཐོང་ནས་ཀྱང་ཡང་ཕྱིར་བཟློག་སྟེ། གྲང་བའི་དུས་ལ་བབ་པའི་ཚེ། སྔར་བཤད་པའི་རྣམ་པ་ཁོ་ན་ལྟ་བུ་དག་མཐོང་སྟེ། མཐོང་ནས་ཀྱང་དེ་འདི་སྙམ་དུ་སེམས་ཏེ། འདི་ལྟར་ནང་གི་འདུ ་བྱེད་འདི་དག་གི་གྲང་བ་དང། དྲོ་བ་ལས་གྱུར་པ་འགྱུར་པ་འདི་ལྟ་བུ་དག་མངོན་སུམ་ཁོ་ནར་སྣང་བ་ལས་ན། ཀྱེ་མ་འདུ་བྱེད་འདི་དག་ནི་མི་རྟག་པ་ཡིན་ནོ་སྙམ་དུ་སེམས་ཏེ། དེ་ལྟར་ནང་གི་དངོས་པོའི་གྲང་བ་དང། དྲོ་བ་ལས་གྱུར་བའི་འགྱུར་བའི་མི་རྟག་པ་ཉིད་ཡོངས ་སུ་ཚོལ་བར་བྱེད་དོ། །དེ་ལ་ཇི་ལྟར་ན་ནང་གི་དངོས་པོའི་སྤྱོད་ལམ་ལས་གྱུར་པའི་འགྱུར་བའི་མི་རྟག་པ་ཉིད་ཡོངས་སུ་ཚོལ་བར་བྱེད་ཅེ་ན། འདི་ན་དེས་བདག་ཉིད་དམ། གཞན་དག་གི་འཆག་པ་དང། འདུག་པ་དང། འགྲེང་བ་དང། ཉལ་བའི་སྤྱོད་ལམ ་དག་ལས་ལན་འགའ་ནི་བདག་ཉིད་དམ། གཞན་དག་ལ་སྤྱོད་ལམ། གང་ཡང་རུང་བ་དག་གིས་གནོད་པར་མཐོང་ལ། །ལན་འགའ་ནི་དེ་དག་ཉིད་ཀྱིས་ཕན་པར་མཐོང་སྟེ། མཐོང་ནས་ཀྱང་དེ་འདི་སྙམ་དུ་སེམས་ཏེ། འདི་ལྟར་ནང་གི་འདུ་བྱེད་འདི་དག་གི་སྤྱོད ་ལམ་ལས་གྱུར་པའི་འགྱུར་བ་འདི་ལྟ་བུ་དག་།མངོན་སུམ་ཁོ་ནར་སྣང་བ་ལས་ན། ཀྱེ་མ་འདུ་བྱེད་འདི་དག་ནི་མི་རྟག་པ་ཡིན་ནོ། །སྙམ་དུ་སེམས་ཏེ། དེ་ལྟ་བ་ནང་གི་དངོས་པོའི་སྤྱོད་ལམ་ལས་གྱུར་པའི་འགྱུར་བའི་མི་རྟག་པ་ཉིད་ཡོངས་སུ་ཚོལ་བར་བྱེད་དོ། ། ་དེ་ལ་ཇི་ལྟར་ན་ནང་གི་དངོས་པོའི་དག?་པ་ལས་གྱུར་པའི་འགྱུར་བའི་མི་རྟག་པ་ཉིད་ཡོངས་སུ་ཚོལ་བར་བྱེད་ཅེ་ན། འདི་ན་དེས་བདེ་བའི་ཚོར་བའི་ཚོར་བ་མྱོང་བར་འགྱུར་བའི་རེག་པས་རེག་པའི་ཚེ། བདེ་བའི་ཚོར་བ་མྱོང་བར་འགྱུར་པའི་རེག་པ ་ལས་བརྟེན་ཏེ། སྐྱེས་པའི་བདེ་བའི་ཚོར་བ་མྱོང་བ་ན། བདག་ཉིད་ཀྱི་བདེ་བར་ཚོར་བའི་གནས་སྐབས་ཡོངས་སུ་གཅོད་པར་བྱེད་པ་དང། བདེ་བར་ཚོར་བའི་གནས་སྐབས་ལ་ཇི་ལྟ་བ་བཞིན་དུ་སྡུག་བསྔལ་དང། སྡུག་བསྔལ་ཡང་མ་ཡིན། བདེ་བ་ཡང་མ་ཡིན ་པར་ཚོར་བའི་གནས་སྐབས་ཀྱང་དེ་དང་འདྲ་སྟེ། ཚོར་བ་དེ་དག་ཀྱང་སྔ་ཕྱིར་སར་བ་སར་པ་དང། རྙིང་པ་མ་ཡིན་པ་རྙིང་པ་མ་ཡིན་པ་དང། བྱུང་ནས་འཇིག་རྟེན་པ་དང། རེ་ཞིག་པ་དང། ཡུན་རིང་དུ་མི་གནས་པ་དང། གཞན་དུ་འགྱུར་བར་མཐོང་ངོ་མཐོང་ནས ་ཀྱང་དེ་འདི་སྙམ་དུ་སེམས་ཏེ། འདི་ལྟར་ནང་གི་འདུ་བྱེད་འདི་དག་གི་རེག་པ་ལས་གྱུར་པའི་འགྱུར་བ་འདི་ལྟ་བུ་དག་མངོན་སུམ་ཁོ་ནར་སྣང་བ་ལས་ནི། ཀྱེ་མ་འདུ་བྱེད་འདི་དག་ནི་མི་རྟག་པ་ཡིན་ནོ་སྙམ་དུ་སེམས་ཏེ། འདི་ལྟར་ནང་གི་དངོས་པོའི་རེག་པ་ལས་གྱུར་བའི ་འགྱུར་བ་མི་རྟག་པ་ཉིད་ཡོངས་སུ་ཚོལ་བར་བྱེད་དོ། །དེ་ལ་ཇི་ལྟར་ན་ནང་གི་དངོས་པོའི་ཀུན་ནས་ཉོན་མོངས་པ་ལས་གྱུར་པའི་འགྱུར་བའི་མི་རྟག་པ་ཉིད་ཡོངས་སུ་ཚོལ་བར་བྱེད་ཅེ་ན། འདི་ན་དེས་བདག་ཉིད་དམ། གཞན་དག་གི་སེམས་འདོད་ཆགས་དང་བཅས་པ་དང། ་འདོད་ཆགས་དང་བྲལ་བ་དང། ཞེ་སྡང་དང་བཅས་པ་དང། ཞེ་སྡང་དང་བྲལ་བ་དང། གཏི་མུག་དང་བཅས་པ་དང། གཏི་མུག་དང་བྲལ་བ་བྱུང་ངོ་ཅོག་ཡོངས་སུ་ཤེས་ཞིང། སེམས་ཉེ་བའི་ཉོན་མོངས་པ་གང་ཡང་རུང་བ་དག་གི་ཉེ་བར་ཉོན་མོངས་པ་བྱུང་ན་ཡང། ་ཉེ་བར་ཉོན་མོངས་སོ་ཞེས་བྱ་བར་ཡོངས་སུ་ཤེས་ལ། ཉེ་བར་ཉོན་མོངས་པ་མེད་པ་ན་ཡང། ཉེ་བར་ཉོན་མོངས་པ་མེད་དོ། །ཞེས་བྱ་བར་ཡོངས་སུ་ཤེས་ཏེ། ཉོན་མོངས་པ་དང། ཉེ་བའི་ཉོན་མོངས་པ་དེ་དག་གིས་སྔ་ཕྱིར་སེམས་ཀྱི་རྒྱང་ཉོན་མོངས་ཤིང།། ་རྣམ་པར་གྱུར་པ་དང། རྣམ་པར་མ་གྱུར་པ་དེ་དག་མཐོང་ནས་ཀྱང། དེ་འདི་སྙམ་དུ་སེམས་དེ། དེ་ལྟར་ནང་གི་འདུ་བྱེད་འདི་དག་གི་ཀུན་ནས་ཉོན་མོངས་པ་ལས་གྱུར་པའི་འགྱུར་བ་འདི་ལྟ་བུ་དག་མངོན་སུམ་ཁོ་ནར་སྣང་བ་ལས་ན། ཀྱེ་མ་འདུ་བྱེད་འདི་དག་ནི་མི་རྟག་པ། ་ཡིན་ནོ་སྙམ་དུ་སེམས་ཏེ། དེ་ལྟར་ནང་གི་དངོས་པོའི་ཀུན་ནས་ཉོན་མོངས་པ་གྱུར་པའི་འགྱུར་བའི་མི་རྟག་པ་ཉིད་ཡོངས་སུ་ཚོལ་བར་བྱེད་དོ། །དེ་ལ་ཇི་ལྟར་ན་ནང་གི་དངོས་པོའི་ན་པ་ལས་གྱུར་པའི་འགྱུར་བའི་མི་རྟག་པ་ཉིད་ཡོངས་སུ་ཚོལ་བར་བྱེད་ཅེ་ན། འདི་ན་དེས ་ལན་འགའ་ནི་བདག་ཉིད་དམ། གཞན་དག་ནང་མེད་པ་དང། བདེ་བ་དང། སྟོབས་དང་ལྡན་པར་མཐོང་ལ། དེས་དུས་གཞན་གྱི་ཚོན་ནི། བདག་ཉིད་དམ། གཞན་དག་ན་བ་དང། སྡུག་བསྔལ་བ་དང། ན་ཚབས་ཆེ་བ་དང། ལུས་ཀྱི་ཚོར་བ་སྡུག་བསྔལ་མི་ཟད་བ ་རྩུབ་པ་ཚ་བ་ཡིད་དུ་མི་འོང་བ་དག་གིས་རྒྱས་པར་སྔ་མ་བཞིན་དུ་རེག་པར་ཡང་མཐོང་ངོ། དེས་ཡང་དུས་གཞན་གྱི་ཚེ་ན། ནད་མེད་པ་དང། བདེ་བ་དང། སྟོབས་དང་ལྡན་པར་ཡང་མཐོང་སྟེ། མཐོང་ནས་ཀྱང་དེ་འདི་སྙམ་དུ་སེམས་ཏེ། འདི་ལྟར་ནང་གི་འདུ་བྱེད ་འདི་དག་གི་ན་བ་ལས་གྱུར་པའི་འགྱུར་བ་འདི་ལྟ་བུ་དག་མངོན་སུམ་ཁོ་ནར་སྣང་བ་ལས་ན། ཀྱེ་མ་འདུ་བྱེད་འདི་དག་ནི་མི་རྟག་པ་ཡིན་ནོ་སྙམ་དུ་སེམས་ཏེ། དེ་ལྟར་ནང་གི་དངོས་པོའི་ན་བ་ལས་གྱུར་བའི་འགྱུར་བའི་མི་རྟག་པ་ཉིད་ཡོངས་སུ་ཚོལ་བར་བྱེད་དོ། །དེ་ལ་ཇི་ལྟར་ན ་ནང་གི་དངོས་པོའི་འཆི་བ་ལས་གྱུར་པའི་འགྱུར་བའི་མི་རྟག་པ་ཉིད་ཡོངས་སུ་ཚོལ་བར་བྱེད་ཅེ་ན། འདི་ན་དེས་སྔོན་གསོན་ཞིང་འཚོལ། འདུག་ཅིང་སྡོད་པ་གང་ཡིན་པ་དེ་ཡང་མཐོང་ལ། དེས་དུས་གཞན་གྱི་ཚེ་ན། ཤི་ཞིང་དུས་ལས་འདས་ལ་རྣམ་པར་ཤེས་པས་སྟོང ་པའི་ལུས་གང་ཡིན་པ་ཡང་མཐོང་ངོ། །མཐོང་ནས་ཀྱང་དེ་འདི་སྙམ་དུ་སེམས་ཏེ། འདི་ལྟར་ནང་གི་འདུ་བྱེད་འདི་དག་གི་འཆི་བ་ལས་གྱུར་བའི་འགྱུར་བ་འདི་ལྟ་བུ་དག་མངོན་སུམ་ཁོ་ནར་སྣང་བ་ལས་ན། ཀྱེ་མ་འདུ་བྱེད་འདི་དག་ནི་མི་རྟག་པ་ཡིན་ནོ་སྙམ་དུ་སེམས་ཏེ། དེ་ལྟར ་ནང་གི་དངོས་པོའི་འཆི་བ་ལས་གྱུར་པའི་འགྱུར་བའི་མི་རྟག་པ་ཉིད་ཡོངས་སུ་ཚོལ་བར་བྱེད་དོ། །དེ་ལ་ཇི་ལྟར་ན་ནང་གི་དངོས་པོའི་རྣམ་པར་དངོས་པོ་ལ་སོགས་པ་ལས་གྱུར་པའི་འགྱུར་བའི་མི་རྟག་པ་ཉིད་ཡོངས་སུ་ཚོལ་བར་བྱེད་ཅེ་ན། ་དེས་ཤི་བའི་རོ་དེ་ཉིད་ལན་འགའ་ནི་རྣམ་པར་བསྡོས?་པའི་གནས་སྐབས་སུ་མཐོང་ལ་ལན་འགའ་ནི་རྣམ་པར་རྣགས་པའི་གནས་སྐབས་སུ་མཐོང་ངོ། །དེ་བཞིན་དུ་ལན་འགའ་ནི་རུས་པའི་ཀེང་དུས་ཀྱི་གནས་སྐབས་ཀྱི་བར་དུ་མཐོང་སྟེ། མཐོང་ནས་ཀྱང་དེ་འདི ་སྙམ་དུ་སེམས་ཏེ། འདི་ལྟར་ནང་གི་འདུ་བྱེད་འདི་དག་ནི་རྣམ་པར་བསྔོས་པ་ལ་སོགས་པ་ལས་གྱུར་པའི་འགྱུར་བ་འདི་ལྟ་བུ་དག་མངོན་སུམ་ཁོ་ནར་སྣང་བ་ལས་ན། ཀྱེ་མ་འདུ་བྱེད་འདི་དག་ནི་མི་རྟག་པ་ཡིན་ནོ་སྙམ་དུ་སེམས་ཏེ། དེ་ལྟར་ན་ནང་གི་དངོས ་པོའི་རྣམ་པར་སྔོས་པ་ལ་སོགས་པ་ལས་གྱུར་པའི་འགྱུར་བའི་མི་རྟག་པ་ཉིད་ཡོངས་སུ་ཚོལ་བར་བྱེད་དོ། །དེ་ལ་ཇི་ལྟར་ན་ནང་གི་དངོས་པོའི་ཐམས་ཅད་ཀྱི་ཐམས་ཅད་དུ་མི་སྣང་ཞིང་ཡོངས་སུ་ཟད་པ་ལས་གྱུར་པའི་འགྱུར་བའི་མི་རྟག་པ་ཉིད་ཡོངས་སུ ་ཚོལ་བར་བྱེད་ཅེ་ན། དེས་དུས་གཞན་གྱི་ཚེ་ན། རུས་པའི་ཀེང་རུས་ཀྱིས་གནས་སྐབས་དེ་ཉིད་ཀྱང་ཐམས་ཅད་ཀྱི་ཐམས་ཅད་དུ་ཞིགས་ཤིང་ཞུ་སྟེ། མི་སྣང་བ་ཐམས་ཅད་ཀྱི་ཐམས་ཅད་དུ་མིག་སྔར་མི་སྣང་བར་མཐོང་སྟེ། མཐོང་ནས་ཀྱང་དེ་འདི་སྙམ་དུ་སེམས ་ཏེ། འདི་ལྟར་ནང་གི་འདུ་བྱེད་འདི་དག་གི་ཐམས་ཅད་ཀྱི་ཐམས་ཅད་དུ་མི་སྣང་ཞིང། ཡོངས་སུ་ཟད་པ་ལས་གྱུར་པའི་འགྱུར་བ་དང། རྣམ་པར་འགྱུར་བ་འདི་ལྟ་བུ་དག་སྔ་ཕྱིར་མངོན་སུམ་ཁོ་ནར་སྣང་བ་ལས་ན། ཀྱེ་མ་འདུ་བྱེད་འདི་དག་ནི་མི་རྟག་པ་ཡིན་ནོ ་སྙམ་དུ་སེམས་ཏེ། འདི་ལྟར་ནང་གི་དངོས་པོའི་ཐམས་ཅད་ཀྱི་ཐམས་ཅད་དུ་མི་སྣང་ཞིང་ཡོངས་སུ་ཟད་པ་ལས་གྱུར་པའི་འགྱུར་བའི་མི་རྟག་པ་ཉིད་ཡོངས་སུ་ཚོལ་བར་བྱེད་དོ། །རེ་རེ?་ཞིག་དེ་ལྟར་མངོན་སུམ་གྱི་དབང་དུ་བྱས་པའི་ཡིད་ལ་བྱེད་པས། འགྱུར ་བ་རྣམ་པ་བཅོ་ལྔས་ནང་གི་དངོས་པོའི་འགྱུར་བའི་མི་རྟག་པ་ཉིད་རྣམ་པར་དཔྱོད་པར་བྱེད་དོ། །དེས་དེ་ལྟར་ཡོངས་སུ་དཔྱད་ནས་ཕྱི་རོལ་གྱི་དངོས་པོའི་འགྱུར་བའི་རྣམ་པ་བཅུ་དྲུག་པོ་དག་གི་མི་རྟག་པ་ཉིད་ལ་རྣམ་པར་དཔྱོད་པར་བྱེད་དོ། །དེས་ས་གཞིའི་དངོས་པོ་སའི ་ཕྱོགས་གང་དག་ཏུ་སྔོན་ཁང་ཁྱིམ་གྱི་དངོས་པོ་དང། ཚོང་ཁང་གི་དངོས་པོ་དང། བསོད་ནམས་བྱས་པའི་གནས་དང། གནས་ཁང་དང། ལྷ་ཁང་དང། གཙུག་ལག་ཁང་གི་དངོས་པོའི་རྣམ་པ་དག་མངོན་པར་འདུས་བྱས་པ་མ་མཐོང་ལ། ཕྱིས་མངོན་པར ་འདུས་བྱས་ཤིང། མངོན་པར་གསར་བ་དང། ལེགས་པར་བྱས་པ་དང། ལེགས་པ་བྱུགས་པ་ཡང་མཐོང། དེས་དུས་གཞན་གྱི་ཚེ་ནི། དེ་དག་བརྙིངས་པ་དང། གས་པ་དང། རལ་པ་དང། ཞིགས་པ་དང། རུལ་པ་དང། རྡིག་པ་དང། སྲེགས་པ་དང། ་རྡ?་རྡོ?་དང། མེས་ཚིག་པ་འམ། ཆུས་ཁྱེར་བར་ཡང་མཐོང་སྟེ། མཐོང་ནས་ཀྱང་དེ་འདི་སྙམ་དུ་སེམས་ཏེ། འདི་ལྟར་ཕྱི་རོལ་གྱི་དངོས་པོ་འདི་དག་གི་འགྱུར་བ་དང། རྣམ་པར་འགྱུར་བ་འདི་ལྟ་བུ་དག་སྔ་ཕྱི་མངོན་སུམ་ཁོ་ནར་སྣང་པ་ལས་ན། ཀྱེ་མ་འདུ་བྱེད ་འདི་དག་ནི་མི་རྟག་པ་ཡིན་ནོ་སྙམ་དུ་སེམས་ཏེ། དེ་ལྟར་ཕྱི་རོལ་གྱི་གཞིའི་དངོས་པོའི་འགྱུར་བའི་མི་རྟག་པ་ཉིད་རྣམ་པར་དབྱོད་པར་བྱེད་དོ། །དེ་བཞིན་དུ་ངེས་ཀུན་དགའ་ཨི་ར་བའི་དངོས་པོ་ཤིང་ལྗོན་པ་དང། རྩ་དང། སྨན་དང། ནགས་ཚལ་དང། སྐྱེད་མོས་ཚལ ་ལ་སོགས་པ་དག་ཀྱང་ལན་འགའ་ནི་མེ་ཏོག་དང། འབྲས་བུ་རྒྱས་ཤིང་སྔོ་བ་དང། མཛེས་པ་དང། མངོན་པར་དགའ་བར་སྣང་ལ། དུས་གཞན་གྱི་ཚེ་ནི། སྐམས་ཤིང་མེ་ཏོག་དང་འབྲས་བུ་ཡལ་ག་དང། མེས་ཚིག་པ་འམ། ཆུས་ཁྱེར་བ་ལ་སོགས ་པར་སྣང་བ་དང། དེ་བཞིན་དུ་རིའི་དངོས་པོ་རི་རྣམ་པ་སྣ་ཚོགས་སུ་གནས་པ་རྣམས་ཀྱང། ལན་འགའ་ནི་རྡོ་ལ་སོགས་པ་ཕུན་སུམ་ཚོགས་པར་སྣང་ལ། ལན་འགའ་ནི་རྡོ་མེད་པ་རྩེ་མོ་བསྙིལ་བ་དང། ངོས་ཆད་པ་དང། མེས་ཚིག་པ་འམ། ཆུས ་བརླན་པ་ལ་སོགས་པར་སྣང་བ་དང། དེ་བཞིན་དུ་ཆུའི་དངོས་པོ་ཆུ་མིག་དང། མཚོ་དང། མཚེའུ་དང། ཆུ་ཀླུང་དང། ཁྲོན་པ་ལ་སོགས་པ་དག་ཀྱང། ལན་འགའ་ནི་ཆུས་རྒྱས་པར་སྣང་ལ། ལན་འགའ་ནི་ཆུས་ཡོངས་སུ་ནང ་ཟད་པ་དང། ཐམས་ཅད་ཀྱི་ཐམས་ཅད་དུ་སྐམས་པ་དང། ཐ་བར་གྱུར་པ་དང། སྟོངས་པ་ལ་སོགས་པར་སྣང་བ་དང། དེ་བཞིན་དུ་ལས་ཀྱི་མཛའ་ཨི་དངོས་པོ་འདི་ལྟ་སྟེ། ཞིང་ལས་དང། གྲུའི་ལས་དང། ཉོ་ཚོང་གི་ལས་དང། བཟོའི་ལས་ཀྱི་གནས་སྣ ་ཚོགས་དག་དང། ལན་འགའ་ནི་འབྱོར་པར་སྣང་ལ། ལན་འགའ་ནི་རྒུད་པར་སྣང་བ་དང། དེ་བཞིན་དུ་གསོག་འཇོག་གི་དངོས་པོ་མཛོད་ལ་སོགས་པ་རྣམ་པ་སྣ་ཚོགས་རྣམ་པ་མང་པོ་དག་ཀྱང་ལན་འགའ་ནི་འཕེལ་བར་སྣང་ལ། ལན་འགའ་ནི་འགྲིབ་པར་སྣང ་བ་དང། དེ་བཞིན་དུ་ཟས་ཀྱི་དངོས་པོ་དང། སྐོམ་གྱི་དངོས་པོ་དག་ཀྱང་ལན་འགའ་ནི་ལེགས་པར་སྦྱར་པའི་གནས་སྐབས་སུ་སྣང་ལ། ལན་འགའ་ནི་ལེགས་པར་སྦྱར་བ་མ་ཡིན་པའི་གནས་སྐབས་སུ་སྣང་བ་དང། དེ་བཞིན་དུ་ལན་འགའ་ནི་ཁ་ཆུའི་ཚོགས་ཀྱིས ་བརླན་པ་དང། ལན་འགའ་ནི་གཤང་བ་དང། གཅི་བའི་གནས་སྐབས་སུ་གྱུར་བའི་བར་དུ་སྣང་བ་དང། དེ་བཞིན་དུ་གཞོན་པའི་དངོས་པོ་རྣམ་པ་སྣ་ཚོགས་དག་ཀྱང་ལན་འགའ་ནི་ལེགས་པར་མཛེས་པར་བྱས་པ་དང། ལེགས་པར་བརྒྱན་པ་དང། སར་བ ་དག་ཏུ་སྣང་ལ། ལན་འགའ་ནི་མཛེས་པ་མེད་པ་དང། རྒྱན་མེད་པ་དང། རྙིང་པ་དག་ཏུ་སྣང་བ་དང། དེ་བཞིན་དུ་གོས་ཀྱི་དངོས་པོ་རྣམ་པ་སྣ་ཚོགས་དག་ཀྱང་ལན་འགའ་ནི་སར་པ་སར་པ་སྣང་ལ། ལན་འགའ་ནི་རྙིང་པ་དང། དེངས་པར་སྣང་བ་དང། ལན ་འགའ་ན་གཙང་བར་སྣང་ལ། ལན་འགའ་ནི་དྲི་མ་ཅན་དུ་སྣང་བ་དང། དེ་བཞིན་དུ་རྒྱན་གྱི་དངོས་པོ་རྣམ་པ་སྣ་ཚོགས་དག་ཀྱང་ལན་འགའ་ནི་ལེགས་པར་མཛེས་པར་སྣང་ལ། ལན་འགའ་ནི་མི་མཛེས་པར་སྣང་བ་དང། ལན་འགའ་ནི་བརླིང་པོར་སྣང་བ་དང། ལན ་འགའ་ནི་ཆགས་གྲུགས་པ་དང། ཡོངས་སུ་ཟད་པར་སྣང་བ་དང། དེ་བཞིན་དུ་བཞད་གང་དང། གླུ་བྲོ་དང། རོལ་མོའི་སྒྲའི་དངོས་པོ་སིལ་སྙན་གྱི་འབྱོར་པ་སྣ་ཚོགས་འདུས་པ་ལས་བྱུང་བ་དག་ཀྱང། ལན་འགའ་ནི་འབྱོང་པར་སྣང་ལ། ལན་འགའ་ནི་འཇིག་པར་སྣང་བ་དང། ་དེ་བཞིན་དུ་སྤོས་དང། མེ་ཏོག་ཕྲེང་དང། བྱུག་པའི་དངོས་པོ་དག་ཀྱང་ལན་འགའ་ནི་གསར་པ་དང། དྲི་ཞིམ་བོར་སྣང་ལ། ལན་འགའ་ནི་བརྙིངས་པ་དང། དྲི་ང་བར་སྣང་བ་དང། ལན་འགའ་ནི་ཧ་ཅང་དྲི་ཞིམ་པ་དང། དྲི་ང་བ་དང། བརླན་པ་དང། སྐམས་པ་མ་ཡིན ་པར་སྣང་བ་དང། དེ་བཞིན་དུ་སྣོད་སྤྱད་ཀྱི་དངོས་པོ་རྣམས་ཀྱང་ལན་འགའ་ནི་བྱི་དོར་མ་བྱས་པར་སྣང་ལ། ལན་འགའ་ནི་བྱི་དོར་བྱས་པར་སྣང་བ་དང། ལན་འགའ་ནི་བརླིང་བར་སྣང་ལ། ལན་འགའ་ནི་ཆག་པར་སྣང་བ་དང། དེ་བཞིན་དུ་སྣང་བ་དང། མུན་པའི་དངོས ་པོ་ཡང་ལན་འགའ་འབྱུང་བ་དང། ལན་འགའ་འཇིག་པར་སྣང་བ་དང། དེ་བཞིན་དུ་ཕོ་མོས་དགའ་དགུར་སྤྱོད་པའི་དངོས་པོ་ཡང་མི་བརྟེན་ཞིང་ལན་འགའ་འབྱུང་བ་དང། ལན་འགའ་འཇིག་པར་སྣང་བར་མཐོང་སྟེ། མཐོང་ནས་ཀྱང་འདི་སྙམ་དུ་སེམས་ཏེ། འདི ་ལྟར་ཕྱི་རོལ་གྱི་འདུ་བྱེད་ཡོངས་སུ་བཟུང་བའི་དངོས་པོ་དྲུག་དང། ལུས་ཀྱི་ཡོ་བྱད་བཅུ་པོ་དག་གི་འགྱུར་བ་དང། རྣམ་པར་འགྱུར་བ་འདི་ལྟ་བུ་དག་སྔ་ཕྱིར་མངོན་སུམ་ཁོ་ནར་སྣང་བ་ལས་ན། ཀྱེ་མ་འདུ་བྱེད་འདི་དག་ནི་མི་རྟག་པ་ཡིན་ནོ་སྙམ་དུ་སེམས་ཏེ། མངོན་སུམ ་གྱི་དབང་དུ་བྱས་པའི་ཡིད་ལ་བྱེད་པས། ནང་དང་ཕྱི་རོལ་གྱི་དངོས་བོའི་འགྱུར་བའི་རྒྱུ་རྣམ་པ་བརྒྱད་པོ་སྔར་བསྟན་པ་དེ་དག་གིས་ཐམས་ཅད་ལ་ཡང་ཅི་རིགས་པར་དེ་བཞིན་དུ་སྦྱར་བར་རིག་པར་བྱ་སྟེ། དེ་ལྟར་ན་འགྱུར་བའི་རྣམ་པས་མི་རྟག་པ་ཉིད་རྣམ་པར་དཔྱོད ་པར་བྱེད་པ་ཡིན་ནོ། །དེས་ཇི་ལྟར་འགྱུར་བའི་མི་རྟག་པ་ཉིད་གང་ཡིན་པ་དེ་མངོན་སུམ་དུ་མཐོང་ཞིང་ཉམས་སུ་མྱོང་ལ། གཞན་གྱི་དྲིང་མི་འཇོག་པར་གྱུར་ཅིང། གཞན་གྱིས་དཀྲི་མི་ཟུག་པར་གྱུར་པ་དེ་ལ། དེ་ལྟར་རྣམ་པར་དཔྱོད་ཅིང་རྗེས་སུ་དྲན་པར་བྱེད་པ་ན། ཤིན་ཏུ ་རྣམ་པར་ངེས་པར་སྐྱེ་བར་འགྱུར་བས་ན། དེའི་ཕྱིར་མངོན་སུམ་གྱི་དབང་དུ་བྱས་པའི་ཡིད་ལ་བྱེད་པ་ཞེས་བྱའོ། །དེས་དེ་ལྟར་མངོན་སུམ་གྱི་དབང་དུ་བྱས་པའི་ཡིད་ལ་བྱེད་པས། འགྱུར་བའི་མི་རྟག་པ་ཉིད་རྣམ་པར་དཔྱད་ནས། འདུ་བྱེད་གཟུགས ་ཅན་གང་དག་གི་སྐད་ཅིག་ལ་འབྱུང་ཞིང། འཇིག་པ་དང་མེད་པར་འགྱུར་བ་ཡོད་ཅིང་མེད་པ་མ་ཡིན་པ་བཞིན་དུ་མི་མཐོང་བ་དེ་ལ། མངོན་སུམ་གྱི་དབང་དུ་བྱས་པའི་ཡིད་ལ་བྱེད་པ་ལ་བརྟེན་ནས་རྗེས་སུ་དཔོག?་པར་བྱེད་དེ། འདི་ལྟར་རྗེས་སུ་དཔོག་པར་བྱེད་དོ། །འདི་ལྟར་སྔ་ཕྱིར་གྱུར་པ་དེ ་ལྟ་བུ་དག་ནི་འདུ་བྱེད་གཅིག་ལ་འབྱུང་ཞིང་འཇིག་པ་དང། མེད་པར་འགྱུར་བ་འདི་དག་ལ་རིགས་ཀྱི། དེ་ཁོ་ན་དེ་བཞིན་དུ་གནས་པ་དག་ལ་ནི་མི་རིགས་པས། དེ་ཕྱིར་འདུ་བྱེད་རྣམས་ནི་སྐད་ཅིག་པ་སྟེ། རྐྱེན་དེ་དང་དེ་དག་ཡོད་ན། དེ་ལྟ་དེ་ལྟར་འབྱུང་བར་འགྱུར་ལ། ་བྱུང་ནས་ཀྱང་འཇིག་པའི་རྐྱེན་ལ་མི་ལྟོས་པར་རང་གིས་ངང?་གིས་འཇིག་པར་འགྱུར་རོ། །འགྱུར་བའི་རྒྱུ་རྣམ་པ་བརྒྱད་པོ་གང་དག་ཡིན་པ་དེ་དག་ནི་གཞན་དུ་འགྱུར་བ་དང། རྣམ་པར་འགྱུར་བ་སྐྱེ་བའི་རྒྱུང་འགྱུར་བ་ཡིན་གྱི་འཇིག་པའི་རྒྱུ་ནི་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ་འཇིག་པའི་རྒྱུ་དེ་དང་འདུ་བྱེད་ཞིག་པ་རྣམས་ནི། ལྷན་ཅིག་པ་ཉིད་ཡིན་པས། དེའི་ཕྱིར་མི་འདྲ་བར་འབྱུང་བར་སྣང་བ་ཡིན་གྱི། ཐམས་ཅད་གྱི་ཐམས་ཅད་དུ་མི་འབྱུང་བ་ཉིད་ནི?་མ་ཡིན་ནོ། །འདུ་བྱེད་གང་དག་ཐམས་ཅད་ཀྱི་ཐམས་ཅད་དུ་མི་འབྱུང་བར་སྣང་བ་ཡང ་ཡོད་དེ། འདི་ལྟ་སྟེ། དཔེར་ན། ཆུ་བསྐོལ་ན་མཇུག་ཏུ་ཐམས་ཅད་ཀྱི་ཐམས་ཅད་དུ་ཡོངས་སུ་ཟད་པར་འགྱུར་བ་ལྟ་བུ་དང་སྣོད་ཀྱི་འཇིག་རྟེན་བསྐལ་པའི་མེས་བསྲེགས་པ་ན། མཇུག་དུ་བ་ཡང་མེད། ཐལ་བའི་ལྷག་མ་ཡང་མེད་པར་འགྱུར་བ་ལྟ་བུའོ་ཞེ་ན། དེ་དག་ནི་རྒྱུ ་ཕྱི་མ་ཕྱི་མ་དག་ཡོངས་སུ་ཟད་ནས་མཇུག་དུ་ཐམས་ཅད་ཀྱི་ཐམས་ཅད་དུ་མེད་པར་འགྱུར་བ་ཡིན་གྱིས། མེ་ནི་དེ་ལྟར་མི་བྱེད་པས། དེའི་ཕྱིར་བརྒྱད་བོ་ཇི་སྐད་སྨོས་པ་དེ་དག་ནི་འགྱུར་བའི་རྒྱུ་ཡིན་གྱི། འཇིག་པ་ནི་རང་གི་དང་ཁོ་ནས་འཇིག་པ་ཡིན་ནོ། །ངེས་དེ་ལྟར་རྗེས ་སུ་དཔག་པ་ལས་བྱུང་བའི་ཡིད་ལ་བྱེད་པས། འདུ་བྱེད་སྐད་ཅིག་ལ་བྱུང་ཞིང་འཇིག་པ་དང། མེད་བར་འགྱུར་བ་དེ་ཉིད་ལ་ངེས་པ་ཐོབ་པར་འགྱུར་རོ། །ངེས་པ་ཐོབ་ནས་ཀྱང་མངོན་སུམ་མ་ཡིན་པའི་འཇིག་རྟེན་ཕ་རོལ་ཏུ་འདུ་བྱེད་འཇུག་པར་རྗེས་སུ་དཔོག་པར་བྱེད་དོ། འདི་ལྟར ་རྗེས་སུ་དཔོག་བར་བྱེད་དོ། །སེམས་ཅན་གང་དག་ཁ་དོག་བཟང་བ་དང། ཁ་དོག་ངན་པ་དང། རིགས་མཐོ་བ་དང་རིགས་དམའ་བ་དང། ཕྱུག་པོའི་ཁྱིམ་དུ་སྐྱེས་པ་དང། དབུལ་པོའི་ཁྱིམ་དུ་སྐྱེས་པ་དང། དབང་ཆུང་བ་དེ་གྲགས་པ་དང། དབང་ཆེ་བར་གྲགས་པ་དང། ཚེ ་རིང་བ་དང། ཚེ་ཐུང་བ་དང། ཚིག་བཟུང་བར་འོས་པ་དང། ཚིག་བཟུང་བར་འོས་པ་མ་ཡིན་པ་དང། དབང་པོ་རྣོ་བ་དང། དབང་པོ་རྟུལ་བ་དག་ཀྱང་ཡོད་དེ། སེམས་ཅན་སྣ་ཚོགས་དེ་དག་ལ་ནི། ལས་སྣ་ཚོགས་ཀྱང་ཡོད་པར་རིགས་ལ། མེད་པར་མི་རིགས་བས ་སེམས་ཅན་དེ་ལྟ་བུ་དག་གིས་ནི། སྔོན་དགེ་བ་དང། མི་དགེ་བའི་ལས་དེ་ལྟ་བུ་སྣ་ཚོགས་དག་གདོན་མི་ཟ་བར་བྱས་ཤིང་བསགས་པ་ཡིན་ཏེ། རྒྱུ་དེ་དང་རྐྱེན་དེས་ན་དེ་དག་གི་ལུས་དེ་ལྟ་བུ་དག་སྣ་ཚོགས་མངོན་པར་གྲུབ་པ་ཡིན་ནོ། །དེ་ནི་དབང་ཕྱུག་གིས་སྤྲུལ་པའི ་རྒྱུ་ལས་བྱུང་བ་ཡིན་པར་ཡང་མི་རིགས་ཏོ། །གལ་ཏེ་དབང་ཕྱུག་གིས་སྤྲུལ་པའི་རྒྱུ་ལས་བྱུང་བ་ཞིག་ཡིན་པར་གྱུར་ན། དེ་དབང་ཕྱུག་གི་རྐྱེན་ཁོ་ན་ལས་བྱུང་བ་ཞིག་གམ། འོན་ཏེ་དབང་ཕྱུག་གིས་སྤྲུལ་པའི་རྐྱེན་གཞན་ཞིག་ལས་བྱུང་བ་ཡིན་གྲང་ན། །འོན་ཏེ་དབང་ཕྱུག ་གི་རྐྱེན་ཁོ་ན་ལས་བྱུང་བ་ཡིན་ན་ནི། དེས་ནི་དབང་ཕྱུག་དང་འདུ་བྱེད་དེ་དག་མགོ་མཉམ་དུ་འབྱུང་བར་འགྱུར་བས་མི་རུང་ངོ། །ཇི་སྟེ་དབང་ཕྱུག་སྔ་ལ་འདུ་བྱེད་རྣམས་འཕྱི་ན་ནི། དེས་ན་དབང་ཕྱུག་འདུ་བྱེད་རྣམས་ཀྱི་རྐྱེན་མ་ཡིན་པས་མི་རུང་ངོ། །ཇི་སྟེ་དབང་ཕྱུག་གི་འདོད ་བ་དང། རྩོལ་བ་དང། སྨོན་ལམ་དང། སྤྲུལ་པའི་རྒྱུ་ལས་བྱུང་བ་ཡིན་ན་ནི། དེས་ན་དབང་ཕྱུག་ཁོ་ན་ལས་བྱུང་བ་མ་ཡིན་པས་མི་རུང་ངོ། །འདོད་པ་ལ་སོགས་པ་དེ་དག་རྒྱུ་དང་བཅས་པ་ཞིག་ཡིན་ནམ། འོན་ཏེ་རྒྱུ་མེད་པ་ཞིག་ཡིན། གལ་ཏེ་རྒྱུ་དང་བཅས་པ་ཞིག་ཡིན་ན ་ནི། རྒྱུ་དབང་ཕྱུག་ཁོ་ན་ཡིན་པས་དེས་ན་སྐྱོན་སྔ་མ་དང་འདྲ་བས་མི་རུང་ངོ། །ཇི་སྟེ་རྒྱུ་གཞན་ཞིག་ཡིན་ན་ནི། དེས་ན་ཇི་ལྟར་འདོད་པ་དང། རྩོལ་བ་དང། སྨོན་ལམ་དང། སྤྲུལ་པ་དག་གི་རྒྱུ་དབང་ཕྱུག་མ་ཡིན་པ་ཆོས་གཞན་ཞིག་ཡོད ་པ་དེ་བཞིན་དུ་འདུ་བྱེད་ཐམས་ཅད་ཀྱང་ཆོས་གཞན་གྱི་རྒྱུ་ལས་བྱུང་བ་ཡིན་པ་ཁོ་ནར་འགྱུར་བས། དབང་ཕྱུག་ཡིན་པར་རྟག་པ་དོན་མེད་པ་ངེས་ཅི་ཞིག་བྱ། །དེ་ལྟར་རྗེས་སུ་དཔག་པ་ལས་བྱུང་བའི་ཡིད་ལ་བྱེད་པ་དེ་དག་ལ་སོགས་པ་དེ་ལྟ་བུ་དང་མཐུན ་པ་དེ་དག་གིས་འཇིག་རྟེན་ཕ་རོལ་ཏུ་འདུ་བྱེད་རྣམས་འཇུག་པར་འགྱུར་བ་ལ་ངེས་པར་འཐོབ་པར་འགྱུར་ཏེ། དེ་དེ་ལྟར་ཡིད་ལ་བྱེད་པ་རྣམ་པ་གསུམ་པོ་དད་བའི་དབང་དུ་བྱས་པ་དང། མངོན་སུམ་གྱི་དབང་དུ་བྱས་པ་དང། རྗེས་སུ་དཔག་པའི་དབང ་དུ་བྱས་པའི་དབང་གི་མི་རྟག་པ་ཉིད་ལ་རྣམ་པར་དཔྱོད་པར་བྱེད་དོ། །དེ་ལ་སྔར་བསྒོམ་པ་རྣམ་པ་ལྔ་དང་ལྡན་པའི་མི་རྟག་པ་ལྔ་བསྟན་པ་གང་ཡིན་པ་དེ་ལ་འགྱུར་བའི་རྣམ་པ་དང། འཇིག་པའི་རྣམ་པ་ནི་བསྟན་ཟིན་ན། བྲལ་བའི་རྣམ་བར་མི་རྟག་པ ་གང་ཞེ་ན། དེ་ཡང་ནང་དང་ཕྱི་རོལ་ལས་བརྟེན་པ་ཡིན་པ་རིག་པར་བྱ་སྟེ། དེ་ལ་ནང་ལ་བརྟེན་པ་གང་ཞེ་ན། འདི་ལྟ་སྟེ་ལ་ལ་ཞིག་སྔོན་གཞན་དག་གི་རྗེ་བོར་གྱུར་ཅིང་བྲན་མ་ཡིན་པ་དང། མངག་གཞུག་མ་ཡིན་པ་དང། རང་དབང་ཅན་དང། ་ལས་མི་མ་ཡིན་པར་གྱུར་པ་ལས། དེས་དུས་བཞན་གྱི་ཚེ་ན། རྗེ་བོའི་དངོས་པོ་དང། བྲན་མ་ཡིན་པའི་དངོས་པོ་དང་བྲལ་ཤིང་གཞན་དག་གི་བྲན་དུ་གྱུར་ནས། རྗེ་བོའི་དངོས་པོ་དང། བྲལ་བ་ལྟ་བུ་དང། དེ་བཞིན་དུ་ལོངས་སྤྱོད་ཅིང་བདོག་པ ་ཉམས་ཤིང་ཆུང་མི་ཟོད་པ་ལས། རྒྱལ་པོ་འམ། ཆོམ་རྐུན་ནམ། རིགས་རྒྱུད་སྡང་བ་དག་གིས་གྲོགས་པ་འམ། གཏེར་ངན་པར་སྦས་པ་ལས་ཆུང་ཟོས་པ་འམ། བཙལ་པ་ལས་མ་རྙེད་པ་འམ། དེ་ལྟ་བུ་དང་མཐུན་པ་དག་ནི་བྲལ་བའི་རྣམ་པར ་མི་རྟག་པ་ཉིད་ཡིན་པར་བྱའོ། །དེ་ལ་ཆོས་ཉིད་ཀྱི་རྣམ་པའི་མི་རྟག་པ་ཉིད་གང་ཞེ་ན། འདི་ལྟ་སྟེ། འགྱུར་བའི་མི་རྟག་པ་ཉིད་དང། འཇིག་པའི་མི་རྟག་པ་ཉིད་དང། བྲལ་བའི་མི་རྟག་པ་ཉིད་གང་ཡིན་པ་དེ་དག་ད་ལྟར་བྱུང་བའི་དུས་སུ་ཉེ་བར་མ་གྱུར་དུ་ཟིན་ཀྱང་འདུ ་བྱེད་འདི་དག་ནི་མ་ངེས་པའི་དུས་སུ། དེ་ལྟ་བུའི་ཆོས་ཉིད་དང། དེ་ལྟ་བུའི་ངང་མཐུན་པར་འགྱུར་བ་ཡིན་ནོ་ཞེས་མ་འོངས་པའི་དུས་ན། རྣམ་པར་འཇིག་པར་འགྱུར་བའི་ཆོས་ཉིད་ཡིན་པར་སོ་སོར་རྟོག་པར་བྱེད་དོ། །དེ་ལ་ཉེ་བའི་རྣམ་པའི་མི་རྟག་པ ་ཉིད་གང་ཞེ་ན། འགྱུར་བའི་མི་རྟག་པ་ཉིད་དང། འཇིག་པའི་མི་རྟག་པ་ཉིད་དང། བྲལ་བའི་མི་རྟག་པ་ཉིད་གང་ཡིན་པ་དེ་དག་གི་ཉིད་མངོན་སུམ་དུ་གྱུར་པ་ལ་ཀུན་ཏུ་རྟོག་པར་བྱེད་པའོ། །དེས་དེ་ལྟར་ནང་དང་ཕྱི་རོལ་གྱི་དངོས་པོ་རྣམས་ཀྱི་མི་རྟག་པ་ཉིད་རྣམ ་པ་ལྔ་པོ་དག་ལ། རྣམ་པ་ལྔ་པོ་དེ་དག་གིས་ཅི་རིགས་པར་ཡིད་ལ་བྱས་ཤིང་ལན་མང་དུ་བྱས་པ་དང། འཐད་པ་བསྒྲུབ་པའི་རིགས་པའི་དབང་དུ་བྱས་པས་ངེས་པ་ཐོབ་ནས། དེའི་འོག་ཏུ་སྡུག་བསྔལ་གྱི་རྣམ་པ་ལ་འཇུག་པར་བྱེད་དོ། །དེ་འདི་སྙམ་དུ ་སེམས་ཏེ། འདུ་བྱེད་མི་རྟག་པ་གང་ཡིན་པ་དེ་དག་གི་མི་རྟག་པ་ཉིད་ནི། སྐྱེ་བའི་ཆོས་ཉིད་ཡིན་པར་རིགས་ཏེ། དེ་ལྟར་ན་འདུ་བྱེད་འདི་དག་ནི་སྐྱེ་བའི་ཆོས་ཅན་ཡིན་ལ། སྐྱེ་བ་ནི་སྡུག་བསྔལ་བ་ཡིན་པ་དང། སྐྱེ་བར་ཇི་ལྟར་བཞིན་དུ་རྒ་བ་དང་ན་བ་དང། ་འཆི་བ་དང། མི་སྡུག་པ་དང་ཕྲད་པ་དང། སྡུག་པ་དང་བྲལ་པར་དང། འདོད་པས་འཕོངས་པ་དག་ཀྱང་དེ་བཞིན་དུ་རིག་པར་བྱའོ་སྙམ་དུ་སེམས་ཏེ། དེ་ལྟར་རེ་ཞིག་མི་རྟག་པའི་རྣམ་པས། སྡུག་བསྔལ་གྱི་རྣམ་པ་ལ་འཇུག་པར་བྱེད་དོ། །དེ་ཀུན་ཏུ་སྦྱོར་བ ་དང། འཆི་བའི་རྣམ་བས་ནི་བདེ་བའི་ཚོར་བ་དང། མཐུན་པའི་ཕུང་པོ་ཟག་པ་དང་བཅས་པ་དང། ཉེ་བར་ལེན་པ་དང་བཅས་པ་གང་ཡིན་པ་དེ་དག་ལ་སྡུག་བསྔལ་གྱི་རྣམ་པར་འཇུག་པར་བྱེད་དོ། །དེ་ལྟར་དེ་དག་ནི་སྲེད་པའི་ཀུན་ཏུ་སྦྱོར་བའི་གནས་ཡིན་ལ། སྲེད ་པའི་ཀུན་ཏུ་སྦྱོར་བ་ཡང་སྐྱེ་བ་དང། རྒ་བ་དང། ན་བ་དང། འཆི་བ་དང། མྱ་ངན་དང། སྨྲེ་སྔགས་འདོན་པ་དང། སྡུག་བསྔལ་བ་དང། ཡིད་མི་བདེ་བ་དང། འཁྲུག་པའི་འཆིང་བ་དང། འདོད་ཆགས་དང། ཞེ་སྡང་དང། གཏི་མུག་གིས ་འཆིང་བའི་གནས་ཡིན་པའི་ཕྱིར་རོ། །མི་སྡུག་པའི་རྣམ་པས་ནི་སྡུག་བསྔལ་བ་དང་མཐུན་པའི་ཕུང་པོ་རྣམས་ལ་སྡུག་བསྔལ་གྱི་རྣམ་པར་འཇུག་པར་བྱེད་དེ། འདི་ལྟར་སྡུག་བསྔལ་དང་མཐུན་པའི་ཆོས་རྣམས་ནི་ཟག་པ་དང་བཅས་པ་དང། ཉེ་བར་ལེན་པ་དང ་བཅས་པ་དང། ཡིད་མི་བདེ་བ་དང། ལྡན་པ་དང། གནས་ངན་ལེན་དང་ལྡན་པ་དང། སྡུག་བསྔལ་བ་ཉིད་ལས་རྣམ་པར་མ་གྲོལ་བ་དང་མི་རྟག་པ་འགོག་པའི་ཆོས་ཅན་ཡིན་པའི་ཕྱིར་རོ། །དེ་ལ་གྲུབ་པ་དང། བདེ་བ་མེད་བའི་རྣམ་པས་ནི་སྡུག་བསྔལ་ཡང ་མ་ཡིན། བདེ་བ་ཡང་མ་ཡིན་པ་དང། མཐུན་པའི་ཕུང་པོ་རྣམས་ལ་སྡུག་བསྔལ་གྱི་རྣམ་པར་འཇོག་པར་བྱེད་དེ། འདི་ལྟར་སྡུག་བསྔལ་བ་ཡང་མ་ཡིན། བདེ་བ་ཡང་མ་ཡིན་པ་དང། མཐུན་པའི་ཕུང་པོ་རྣམས་ནི་ཟག་པ་དང་བཅས་པ་དང། ཉེ་བར ་ལེན་པ་དང་བཅས་པ་དང། གནས་ངན་ལེན་དང་ལྡན་པ་དང། བདེ་བ་དང་སྡུག་བསྔལ་གྱི་ས་བོན་དང་ལྡན་པ་དང། སྡུག་བསྔལ་གྱི་སྡུག་བསྔལ་དང། འགྱུར་བའི་སྡུག་བསྔལ་ལས་རྣམ་པར་མ་གྲོལ་བ་དང་མི་རྟག་པ་དང། འགོག་པའི་ཆོས་ཅན་ཡིན ་པའི་ཕྱིར་རོ། །དེ་ལྟར་ན་རྣལ་འབྱོར་པ་རེ་འདི་ལྟ་སྟེ། ཀུན་ཏུ་སྦྱོར་བ་དང། འཆིང་བའི་རྣམ་པས་བདེ་བ་དང་མཐུན་པའི་འདུ་བྱེད་རྣམས་དང། བདེ་བའི་ཚོར་བ་ལ་འགྱུར་བའི་སྡུག་བསྔལ་ཉིད་དུ་ཞུགས་པ་དང། འདི་ལྟ་སྟེ། མི་སྡུག་པའི་རྣམ་པས་སྡུག ་བསྔལ་དང་མཐུན་པའི་འདུ་བྱེད་རྣམས་དང། སྡུག་བསྔལ་གྱི་ཚོར་བ་ལ་སྡུག་བསྔལ་ཉིད་དུ་ཞུགས་པ་དང། འདི་ལྟ་སྟེ། གྲུབ་པ་དང་བདེ་བ་མེད་པའི་རྣམ་པས་སྡུག་བསྔལ་ཡང་མ་ཡིན། བདེ་བ་ཡང་མ་ཡིན་པ་དང་མཐུན་པའི་འདུ་བྱེད་རྣམས་དང་སྡུག ་བསྔལ་ཡང་མ་ཡིན་པ་དེ་བ་ཡང་མ་ཡིན་པའི་ཚོར་བ་ལ། འདུ་བྱེད་ཀྱི་སྡུག་བསྔལ་ཉིད་དུ་ཞུགས་པ་ཡིན་ནོ། །དེ་འདི་སྙམ་དུ་སེམས་ཏེ། ཀུན་ཏུ་སྦྱོར་བ་དང། འཆིང་བའི་རྣམ་པ་དང། མི་སྡུག་པའི་རྣམ་པ་དང། གྲུབ་པ་དང། བདེ་བ་མེད་པའི་རྣམ་པའི་དབང་དུ་བྱས ་ནས། ཚོར་བ་གསུམ་པོ་གང་ཅུང་ཟད་ཅི་ཚོར་ཡང་རུང་སྟེ། དེ་དེ་དག་ནི་འདིར་སྡུག་བསྔལ་བ་ཡིན་ནོ་སྙམ་དུ་སེམས་ཏེ། དེ་ལྟར་ན་མི་རྟག་པའི་རྣམ་པ་སྔོན་དུ་བཏང་བའི་ཡིད་ལ་བྱེད་པས་སྡུག་བསྔལ་གྱི་རྣམ་པ་ལ་ཞུགས་པ་ཡིན་ནོ། །དེ་འདི་སྙམ་དུ་སེམས་ཏེ། ་བདག་གིས་དབང་པོ་ཙམ་དང། ཡུད་ཙམ་དང། དེ་ལས་བྱུང་བའི་ཚོར་བ་ཙམ་དང། སེམས་ཙམ་ཞིག་མཐོང་བར་ཟད་ཀྱི་བདག་དང་བདག་གི་ཞེས་བྱ་བ་ནི་མིང་ཙམ་དང། སྣང་བ་ཙམ་དང། ཉེ་བར་བརྟགས་པ་ཙམ་དུ་ཟད་དེ། དེ་ལས་གོང་ན་ཡང་མེད་ལ། ་དེ་ལས་ལྷག་པ་ཡང་མེད་དོ། །དེ་ལྟར་ཡོད་པ་ཡང་ཕུང་པོ་ཙམ་དུ་ཟད་དོ། ཕུང་པོ་དེ་དག་ལ་ནི་གང་སྐྱེ་བར་འགྱུར་བ་འམ། རྒ་བར་འགྱུར་བ་འམ། འཆི་བར་འགྱུར་བའི་བདག་གམ། སེམས་ཅན་རྟག་པ་དང་བརྟན་པ་དང། ཐེར་དྲུག?་དང། བདག་པོར་གྱུར་པ ་དེ་དང་དེ་དག་ཏུ་ལས་བྱས་ཤིང། བྱས་པའི་རྣམ་པར་སྨིན་པའི་འབྲས་བུ་སོ་སོར་མྱོང་བར་འགྱུར་བ་ནི་འགའ་ཡང་མེད་པས། དེའི་ཕྱིར་འདུ་བྱེད་འདི་དག་ནི་སྟེང?་པ་དང། བདག་མེད་པ་ཡིན་ནོ་སྙམ་དུ་སེམས་ཏེ། དེ་ལྟར་དམིགས་སུ་མེད་པ་རྣམ་པས་སྟོང ་པའི་རྣམ་པ་ལ་འཇུག་པར་བྱེད་དོ། །དེ་འདི་སྙམ་དུ་སེམས་ཏེ། རང་གི་མཚན་ཉིད་དང། སྤྱིའི་མཚན་ཉིད་དང། སྡུག་བསྔལ་གྱི་མཚན་ཉིད་དང་ལྡན་པའི་འདུ་བྱེད་གང་དག་ཡིན་པ་དེ་དག་ཀྱང་རྟེན་ཅིང་འབྲེལ་པར་འབྱུང་བ་ཡིན་པའི་ཕྱིར་དང་དབང་མེད་པ ་ཡིན་ནོ། །རང་དབང་མེད་པ་གང་དག་ཡིན་པ་དེ་དག་ནི་བདག་མེད་པ་ཡིན་ནོ་སྙམ་དུ་སེམས་ཏེ། དེ་ལྟར་རང་དབང་མེད་པའི་རྣམ་པས་བདག་མེད་པའི་རྣམ་པ་ལ་འཇུག་པར་བྱེད་དོ། །དེ་ལྟར་ན་རྣལ་འབྱོར་པ་དེས་རྣམ་པ་བཅུས་ཡང་དག་པར་བསྡུས་པའི་རྣམ ་པ་བཞི་པོ་དག་གིས་བདེན་པ་སྡུག་བསྔལ་གྱི་མཚན་ཉིད་སོ་སོར་རིག་པར་གྱུར་པ་ཡིན་ནོ། །དེ་ལྟ་མི་རྟག་པའི་རྣམ་པ་ནི་རྣམ་པ་ལྔས་ཡང་དག་པར་སྡུས་པ་ཡིན་ཏེ། འདི་ལྟ་སྟེ། འགྱུར་བའི་རྣམ་པ་དང། འཇིག་པའི་རྣམ་པ་དང། བྲལ ་བའི་རྣམ་པ་དང། ཆོས་ཉིད་ཀྱི་རྣམ་པ་དང། ཉེ་བའི་རྣམ་པ་དག་གིས་སོ། །སྡུག་བསྔལ་གྱི་རྣམ་པ་ནི་རྣམ་པ་གསུམ་གྱིས་ཡང་དག་པར་བསྡུས་པ་ཡིན་ཏེ། འདི་ལྟ་སྟེ། ཀུན་ཏུ་སྐྱོང་པ་དང། འཆིང་བའི་རྣམ་པ་དང། མི་སྡུག་པའི་རྣམ་པ་དང། གྲུབ་པ ་དང་དེ་བདེ་བ་མེད་པ་དག་གི་རྣམ་པས་སོ། །སྟོང་པའི་རྣམ་པ་ནི་རྣམ་པ་གཅིག་གིས་ཡང་དག་པར་བསྡུས་པ་ཡིན་ཏེ། འདི་ལྟ་སྟེ། དམིགས་སུ་མེད་པའི་རྣམ་པས་སོ། །བདག་མེད་པའི་རྣམ་པ་ཡང་རྣམ་པ་གཅིག་གིས་ཡང་དག་པར་བསྡུས་པ་ཡིན་ཏེ། ་འདི་ལྟ་སྟེ། རང་དབང་མེད་པའི་རྣམ་པས་སོ། །དེ་དེ་ལྟར་རྣམ་པ་བཞིའི་རྗེས་སུ་ཞུགས་པའི་རྣམ་པ་བཅུ་པོ་དག་གི་སྡུག་བསྔལ་གྱི་མཚན་ཉིད་སོ་སོར་རིག་ནས། གང་ཞིག་སྤངས་ན། སྡུག་བསྔལ་འདི་སོང་བར་འགྱུར་བ། སྡུག་བསྔལ་གི་རྒྱུ་དང། ཀུན ་འབྱུང་བ་དང། རབ་ཏུ་སྐྱེ་བ་དང། རྐྱེན་གང་ཡིན་ཞེས་རྣམ་པ་བཞིས་བདེན་པ་ཀུན་འབྱུང་བའི་མཚན་ཉིད་སོ་སོར་རིག་པར་བྱེད་དོ། །དེ་ལ་རྒྱུ་ནི་སྲིད་པ་དང། སྡུག་བསྔལ་འཕེན་པར་བྱེད་པ་ཡིན་པའི་ཕྱིར་རོ། །ཀུན་འབྱུང་བ་ནི་འཕངས་ནས ་མངོན་པར་འགྲུབ་པར་བྱེད་ཅེ་ན། ཀུན་འབྱུང་བར་བྱེད་པའི་ཕྱིར་རོ། །རབ་ཏུ་སྐྱེ་བ་ནི་སྡུག་བསྔལ་མངོན་པར་མ་གྲུབ་པ་དེ་དེ་ལས་རབ་ཏུ་སྐྱེས་པའི་ཕྱིར་རོ། །རྐྱེན་ནི་མ་འོངས་པའི་སྡུག་བསྔལ་གྱི་ས་བོན་ཡོངས་སུ་འཛིན་པ་དང། རིམ་གྱིས་སྡུག་བསྔལ་ཡང་དག ་པར་འགྱུར་བར་བྱེད་པའི་ཕྱིར་རོ། །རྣམ་གྲངས་གཞན་ཡང་སྲེད་པ་ནི་ལེན་པའི་རྒྱུར་གྱུར་པ་ཡིན་པ་དང། ལེན་པ་དང་ལེན་པའི་རྒྱུ་ལས་གྱུར་པའི་སྲེད་པ་ཡང་དག་པར་འགྲུབ་པར་བྱེད་པ་ཡིན་པ་དང་སྲིད་པ་སྔོན་དུ་བཏང་བའི་སྐྱེ་བ་རབ་ཏུ་སྐྱེ་བར་བྱེད་པ ་ཡིན་པ་དང། སྐྱེ་བའི་རྐྱེན་གྱིས་རྒ་བ་དང། ན་བ་དང། འཆི་བ་དང། མྱ་ངན་ལ་སོགས་པ་མངོན་པར་འགྲུབ་པར་བྱེད་པའི་ཕྱིར། རྒྱུ་དང། ཀུན་འབྱུང་བ་དང། རབ་ཏུ་སྐྱེ་བ་དང། རྐྱེན་ཡིན་ཏེ། གོ་རིམ་བཞིན་དུ་སྦྱར་བར་རིག་པར་བྱའོ། །རྣམ་གྲངས་གཞན་ཡང ་སྲིད་པའི་བག་ལ་ཉལ་བ་ལ་སོགས་པ་ཉོན་མོངས་པའི་བག་ལ་ཉལ་ལུས་ལ་ཞེན་པ་གང་ཡིན་པ་དེ་ནི་ཕྱི་མ་དང། ཡང་སྲིད་པ་མངོན་པར་འགྲུབ་པའི་རྒྱུ་ཡིན་ནོ། །དེ་ལས་སྐྱེས་པའི་ཀུན་ནས་དཀྲིས་པ་ནི་ཀུན་འབྱུང་བ་དང། རབ་ཏུ་སྐྱེ་བ་དང། རྐྱེན་ཡིན་པར ་ཅི་རིགས་པར་སྦྱར་ཏེ། དེ་ལ་ཡང་འབྱུང་བའི་སྲིད་པའི་སྲེད་པ་ཡང་དག་པར་འགྲུབ་པར་བྱེད་པའི་ཕྱིར་ཀུན་འབྱུང་བ་ཡིན་ནོ། །ཡང་འབྱུང་བ་སྲིད་པའི་སྲེད་པ་དེ་དག་དགའ་བའི་འདོད་ཆགས་དང་ལྡན་པའི་སྲེད་པ་རབ་ཏུ་སྐྱེས་པར་བྱེད་པ་ཡིན་ནོ། །དགའ་བའི ་འདོད་ཆགས་དང་ལྡན་པའི་སྲེད་པ་སྐྱེས་པ་དེ་ནི། དེ་དང་དེ་དག་ཏུ་མངོན་པར་དགའ་བའི་སྲེད་པའི་རྐྱེན་ཡིན་ཏེ། དེ་ལྟར་དེའི་བག་ལ་ཉལ་གྱི་རྣམ་པ་དང། ཀུན་ནས་དཀྲིས་པའི་སྲེད་པ་རྣམ་པ་གསུམ་ལ་བརྟེན་ནས། ཕྱི་མ་ལ་ཡང་འབྱུང་བའི་སྲིད་པ་མངོན ་པར་གྲུབ་ཅིང་འབྱུང་བར་འགྱུར་བས་ན། དེའི་ཕྱིར་རྒྱུ་དང། ཀུན་འབྱུང་བ་དང། རབ་ཏུ་སྐྱེ་བ་དང། རྐྱེན་ཅེས་བྱ་བ་གསུངས་ཏེ། དེ་ལྟར་རྣལ་འབྱོར་པ་དེ་རྣམ་པ་བཞི་པོ་དེ་དག་གིས་བདེན་པ་ཀུན་འབྱུང་བའི་མཚན་ཉིད་སོ་སོར་རིག་པར་བྱེད་དོ།། །། ་བམ་པོ་ཉི་ཤུ་པ་སྟེ་ཐ་མའོ། །དེས་དེ་ལྟར་བདེན་པ་ཀུན་འབྱུང་བའི་མཚན་ཉིད་སོ་སོར་རིག་ནས། བདེན་པ་ཀུན་འབྱུང་བ་དེ་མ་ལུས་པར་ཟད་པའི་ཕྱིར། འགོག་པ་ལ་འགོག་པ་དང། བདེན་པ་དང་སྡུག་བསྔལ་མ་ལུས་པར་ཟད་པའི་ཕྱིར་ཞི་བ་དང། མཆོག ་དང། གཙོ་བོ་དང། བླ་ན་མེད་པ་ཡིན་པའི་ཕྱིར་གྱ་ནོམ་པ་དང། རྟག་པའི་ཕྱིར་ངེས་པར་འབྱུང་བའི་སྒོ་ནས་ཀུན་ཏུ་རྟོག་པར་བྱེད་དོ། །དེ་ལྟར་རྣལ་འབྱོར་པ་དེ་རྣམ་པ་བཞི་པོ་དེ་དག་གིས་བདེན་པ་འགོག་པའི་མཚན་ཉིད་སོ་སོར་རིག་པར་བྱེད་དོ། །དེ་ལྟར ་བདེན་པ་འགོག་པའི་མཚན་ཉིད་སོ་སོར་རིག་ནས། ཤེས་བྱ་ཡོངས་སུ་ཚོལ་བའི་དོན་དང། ཡང་དག་པ་ཡོངས་སུ་ཚོལ་བའི་དོན་དང། སྒོ་བཞིས་རྗེས་སུ་འཇུག་པའི་དོན་དང། མྱ་ངན་ལས་འདས་པར་འགྲོ་བའི་ཕྱིར་བགྲོད་པ་གཅིག ་པའི་དོན་གྱིས་ལམ་ལ་ལམ་དང། རིགས་པ་དང། སྒྲུབ་པ་དང། ངེས་པར་འབྱིན་པའི་སྒོ་ནས་ཀུན་ཏུ་རྟོག་པར་བྱེད་དེ། དེ་དེ་ལྟར་རྣམ་པ་བཞི་པོ་དེ་དག་གིས་བདེན་པ་ལམ་གྱི་མཚན་ཉིད་སོ་སོར་རིག་པར་བྱེད་དེ། དེ་ནི་དེའི་ནང་གི་སོ་སོར་རང་གི་འཕགས ་པའི་བདེན་པ་བཞི་པོ་དག་ལ་མཚན་ཉིད་སོ་སོར་རིག་པའི་ཡིད་ལ་བྱེད་པ་ཞེས་བྱའོ། །དེས་དེ་ལྟར་བདག་ཉིད་ཀྱི་ཕུང་པོ་རྣམས་ལ་བདེན་པའི་ཚུལ་གྱིས་ཉེ་བར་བརྟགས་ཤིང་རྣམ་པར་དཔྱད་ནས། ཁམས་མི་འདྲ་བའི་ཕུང་པོ་ལྐོག་ཏུ་གྱུར་པ་རྣམས་ལ ་རྗེས་སུ་དཔག་པའི་སྒོ་ནས་དེ་དག་ཀྱང་འདི་ལྟ་བུའི་ཆོས་ཉིད་དང། འདི་ལྟ་བུའི་ཚུལ་དུ་གཏོགས་པ་ཡིན་ནོ་ཞེས་རྟོག་པར་བྱེད་དེ། འདུས་བྱས་གང་ཡིན་པ་ཅི་ཡང་རུང་སྟེ། དེ་དག་ཐམས་ཅད་ནི་ཐམས་ཅད་དུ་རྣམ་པ་ཐམས་ཅད་ཀྱི་སྒོ་ནས། དེ་ལྟ་བུའི ་རང་བཞིན་ཅན་ཡིན་པས་དེ་དག་འགོག་པ་ནི་ཞི་བ་ཡིན་ལ། དེ་སྤོང་བའི་ལམ་ནི་ངེས་པར་འབྱིན་པ་ཡིན་པར་སོ་སོར་རྟོག་པར་བྱེད་དོ། །དེ་ལ་བདག་ཉིད་ཀྱི་ཕུང་པོ་ལྐོག་ཏུ་མ་གྱུར་པ་རྣམས་ལ་བདེན་པར་ཤེས་པ་གང་ཡིན་པ་དང། ཁམས་མི་འདྲ་བའི ་ཕུང་པོ་ལྐོག་ཏུ་གྱུར་པ་རྣམས་ལ་རྗེས་སུ་དཔག་པའི་སྒོ་ནས་ཤེས་པ་གང་ཡིན་པ་དེ་ནི། ཆོས་ཤེས་པ་དང། རྗེས་སུ་ཤེས་པ་དག་སྐྱེ་བའི་ས་བོན་ལྟ་བུ་ཡིན་ཏེ། མཚན་ཉིད་སོ་སོར་རིག་པའི་ཡིད་ལ་བྱེད་པ་དེ་ཡང་ཐོས་པ་དང། བསམས་པ་དང། ་འདྲེས་པ་ཡིན་པར་རིག་པར་བྱའོ། །རྣལ་འབྱོར་པ་དེས་དེ་ལྟར་ལེགས་པར་སྤྱད་པའི་རྒྱུས། གང་གི་ཚེ་འདི་ལྟ་སྟེ། འཐད་པ་སྒྲུབ་པའི་རིགས་པས། འདི་ལྟ་སྟེ། བདེན་པ་ཇི་སྙེད་ཡོད་པ་ཉིད་དང། ཇི་ལྟ་བ་བཞིན་དུ་ཡོད་པ་ཉིད་ལས་བརྩམས་ཏེ། རྣམ་པ་བཅུ ་དྲུག་པོ་དེ་དག་གིས་འཕགས་པའི་བདེན་པ་བཞི་པོ་དག་ལ་ངེས་པར་འཐོབ་པར་འགྱུར་བ་དེའི་ཚེ་ན་ནི། ཐོས་པ་དང། བསམས་པ་ལས་བྱུང་བའི་འདྲེས་པའི་ཡིད་ལ་བྱེད་པ་ལས་ཡང་དག་པར་འདས་ནས་གཅིག་ཏུ་བསྒོམས་པའི་རྣམ་པས་མོས་པར་བྱེད་དོ། །དེ་ནི་དེའི ་མོས་པ་ལས་བྱུང་བའི་ཡིད་ལ་བྱེད་པ་ཡིན་ཏེ། བདེན་པ་ལ་དམིགས་པ་དང། གཅིག་ཏུ་མཉམ་པར་གཞག་པ་ཡིན་ནོ། །དེས་དེ་ཀུན་ཏུ་བསྟེན་པའི་རྒྱུས་བདེན་པ་སྡུག་བསྔལ་དང། བདེན་པ་ཀུན་འབྱུང་བའི་བདེན་པ་གཉིས་ཀྱིས་དབང་དུ་བྱས་ནས་ཤེས་པ་མཛའ་ ་ཡས་པ་ཐོབ་པར་འགྱུར་ཏེ། དེས་མི་རྟག་པ་ལ་མི་རྟག་པ་ཡིན་ནོ་ཞེས་མི་རྟག་པ་མཛའ་ཡས་པ་ཉིད་དུ་མོས་པར་བྱེད་པར་དེ་བཞིན་དུ་སྡུག་བསྔལ་མཛའ་ཡས་པ་ཉིད་དང། སྟོང་པ་མཛའ་ཡས་པ་ཉིད་དང། བདག་མེད་པ་མཛའ་ཡས་པ་ཉིད་དང། ཀུན ་ནས་ཉོན་མོངས་པ་མཛའ་ཡས་པ་ཉིད་དང། ཉེས་པར་སྤྱད་པ་མཛའ་ཡས་པ་ཉིད་དང། ངན་སོང་དུ་འགྲོ་བ་མཛའ་ཡས་པ་ཉིད་དང། འབྱོར་པ་རྣམས་ཀྱི་རྒྱུད་པ་མཛའ་ཡས་པ་ཉིད་དང། སྐྱེ་བ་མཛའ་ཡས་པ་ཉིད་དང། རྒ་བ་དང། ན་བ་དང། འཆི་བ ་དང། མྱ་ངན་དང། སྨྲེ་སྔགས་འདོན་པ་དང། སྡུག་བསྔལ་བ་དང། ཡིད་མི་བདེ་བ་དང། འཁྲུག་པ་མཛའ་ཡས་པ་ཉིད་དུ་མོས་པར་བྱེད་དོ། །དེ་ལ་མཛའ་ཡས་པ་ཞེས་བྱ་བ་ནི། འཁོར་བ་ན་འཁོར་བའི་ཆོས་དེ་དག་ལ་མཛའ་མེད་པ་དང། མུ ་མེད་པ་ཡིན་ཏེ། འཁོར་བ་ཇི་སྲིད་ཀྱི་བར་དུ་ཆོས་དེ་དག་ཀྱང་འབྱུང་བར་འགྱུར་ལ། འཁོར་བ་མ་ལུས་པར་ཟད་པར་གྱུར་ན། དེ་དག་ཟད་པར་འགྱུར་གྱི་གཞན་དུ་ཟད་པར་འགྱུར་བ་མེད་དོ་ཞེས་དེ་ལྟར་སྲིད་པ་དང། འགྲོ་བ་དང། འཆི་འཕོ་བ་དང། སྐྱེ་བ ་ཐམས་ཅད་དང། སྨོན་པ་མེད་པའི་རྣམ་པ་དང། རྟེན་པ་མེད་པའི་རྣམ་པ་དང། མི་མཐུན་པའི་རྣམ་པས་མོས་པར་བྱེད་པ་ན། མོས་པོ་ལས་བྱུང་བའི་ཡིད་ལ་བྱེད་པ་སྒོམ་པར་བྱེད་དོ། །དེས་དེ་ལྟར་སྲིད་པ་དང་འགྲོ་བ་དང། འཆི་འཕོ་དང། སྐྱེ་བ་ཐམས་ཅད ་ལས་སེམས་སྐྱོ་བར་བྱས་ཤིང་སྒྲག་པར་བྱས་ནས། ལྷག་པའི་བསམ་པས་མྱ་ངན་ལས་འདས་པ་ལ། རྣམ་པ་གང་ཡང་རུང་བས་སེམས་གཏོང་པར་བྱེད་པ་ན། དེའི་སེམས་དེ་ཡུན་རིང་པོ་ནས་གཟུགས་ལ་དགའ་བ་དང། སྒྲ་དང། དྲི་དང། ་རོ་དང། རེག་བྱ་དགའ་ཞིང། གཟུགས་དང། སྒྲ་དང། དྲི་དང། རོ་དང། རེག་བྱ་དག་གིས་ཀུན་བསགས་ཤིང་ཉེ་བར་བསགས་པར་གྱུར་པས། དེས་ན་ལྷག་པའི་བསམ་པས་མྱ་ངན་ལས་འདས་པ་ལ་སེམས་བསྟད་དུ་ཟིན་ཀྱང་ཞི་བའི་དབྱིངས་ཉིད་མི་འདོད ་ཅིང་ཡོངས་སུ་གདུང་བར་བྱེད་པའི་ཕྱིར་སེམས་འཇུག་པར་མི་འགྱུར། དང་བར་མི་འགྱུར། གནས་པར་མི་འགྱུར། མོས་པར་མི་འགྱུར་ཞིང། ཡིད་ཕྱིར་ལྡོག་པར་གྱུར་ན། དེས་སེམས་བདེན་པ་སྡུག་བསྔལ་དང། བདེན་པ་ཀུན་འབྱུང་བ་དག་ལ་ཡང་དང་ཡང ་དུ་སྐྱེ་བར་བྱེད་ཅིང་སྐྲག་པར་བྱེད་དེ། སྐྱེ་བར་བྱས་ཤིང་སྐྲག་པར་བྱས་ནས་ཀྱང་ལྷག་པའི་བསམ་པས་ཡང་དང་ཡང་དུ་མྱ་ངན་ལས་འདས་པ་དང། སེམས་གཏོང་པར་བྱེད་མོད་ཀྱི། འོན་ཀྱང་འཇུག་པར་མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟ་སྟེ། དེ་ལ ་མངོན་པར་རྟོགས་པའི་བར་དུ་གཅོད་པར་བྱེད་པ། བདག་འཁོར་བར་འཁོར་བར་འགྱུར་རོ། །བདག་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་རོ། །བདག་གིས་ཡོངས་སུ་མྱ་ངན་ལས་འདའ་བར་བྱ་བའི་ཕྱིར་དགེ་བའི་ཆོས་རྣམས་བསྒོམ་པར་བྱའོ། །བདག ་གིས་སྡུག་བསྔལ་སྡུག་བསྔལ་གྱི་སྒོ་ནས་མཐོང་བར་བྱའོ། །ཀུན་འབྱུང་བ་ཀུན་འབྱུང་བའི་སྒོ་དང། འགོག་པ་འགོག་པའི་སྒོ་དང། ལམ་ལམ་གྱི་སྒོ་ནས་མཐོང་བར་བྱའོ། །བདག་གི་སྟོང་པ་ཉིད་སྟོང་པ་ཉིད་ཀྱི་སྒོ་དང། སྨོན་པ་མེད་པ་སྨོན་པ་མེད་པའི་སྒོ ་དང། མཚན་མ་མེད་པ་མཚན་མ་མེད་པའི་སྒོ་ནས་མཐོང་བར་བྱ་སྟེ། ཆོས་དེ་དག་ནི་བདག་གི་ཡིན་ནོ་སྙམ་དུ་སེམས་པའི་ང་རྒྱལ་རགས་པ་ཡོད་པ་དེ་ཡིད་ལ་བྱེད་པའི་རྗེས་སུ་ཞུགས་པས་ན། བར་དུ་གཅོད་ཅིང་སྒྲིབ་པ་དང་བཅས་བཞིན་དུ་འཇུག་པའི་ཕྱིར་ཏེ། རྒྱུ་དེ་དང ་རྐྱེན་དེས་ན་ལྷག་པའི་བསམ་པས་མྱ་ངན་ལས་འདས་པ་ལ་སེམས་བསྟད་དུ་ཟིན་ཀྱང། དེའི་སེམས་འཇུག་པར་མི་འགྱུར་རོ། །ངེས་བར་དུ་གཅོད་པར་བྱེད་པའོ་སྙམ་པའི་ང་རྒྱལ་དེ་ཉིད་བར་དུ་གཅོད་པ་ཡིན་ནོ་ཞེས་ཤེས་རབ་ཀྱིས་མྱུར་བ་མྱུར་བ་ཁོ་ནས ་རྟོགས་པས་བྱས་ནས། རང་གི་ངང་གིས་འཇུག་པའི་ཡིད་ལ་བྱེད་པ་སྤངས་ཤིང། ཕྱི་རོལ་གྱི་ཤེས་བྱའོ་དམིགས་པ་ལས་རྣམ་པར་བཟློག་ནས་ཡིད་ལ་བྱེད་པ་ལ་ཞུགས་པ་དང་ཡིད་ལ་བྱེད་པ་དང་ལྡན་པའི་བདེན་པ་རྣམ་པར་གཅོད་པ་ལ་བརྩོན་པར་བྱེད་དེ ་དེས་སེམས་བྱུང་ཞིང་འགགས་པ་ན་མཇུག་ཐོགས་སུ་སྐྱེ་བའི་སེམས་ཀྱིས། རྒྱུན་དང་རྗེས་སུ་འབྲེལ་པའི་ཚུལ་གྱིས་འཇིག་པར་མཐོང་ཞིང། དེ་ཅི་ནས་ཀྱང་བར་དུ་གཅོད་པར་བྱེད་པ་ངའོ་སྙམ་པའི་ང་རྒྱལ་ཡིད་ལ་བྱེད་པའི་རྗེས་སུ་འཇུག་པ་གང་ཡིན་པ་དེ ་སྐྱེ་བའི་སྐབས་མེད་པར་བྱ་བའི་ཕྱིར་དེ་ལྟར་སེམས་ཀྱིས་སེམས་ལ་དམིགས་པར་བྱེད་ཅིང། ངེས་པར་འཛིན་པར་བྱེད་དོ། །རྣལ་འབྱོར་པ་དེ་དེ་ལྟར་བརྩོན་པར་བྱེད་པ་ན་རིམ་གྱིས་དེའི་སེམས་ཀྱི་རྒྱུད་དེ། གཞན་དང་གཞན་དུ་སར་བ་སར་པ་དང། རྙིང་པ ་མ་ཡིན་པ་རྙིང་པ་མ་ཡིན་པ་དང། བྱུང་ནས་འཇུག་པ་དང། རེ་ཞིག་པ་དང། ཡུན་རིང་དུ་མི་གནས་པ་ཉིད་དུ་མཐོང་བར་འགྱུར་ཏེ། དེ་ནི་དེའི་མི་རྟག་པ་ཉིད་ཀྱི་ཡིད་ལ་བྱེད་པ་ཡིན་ནོ། །སེམས་ཀྱི་རྒྱུད་དེ་ཉེ་བར་ལེན་པའི་ཕུང་པོ་རྣམས་ཀྱི་རྗེས་སུ ་ཞུགས་པར་མཐོང་བ་གང་ཡིན་པ་དེ་ནི། དེའི་སྡུག་བསྔལ་བ་ཡིད་ལ་བྱེད་པ་ཡིན་ནོ། །དེ་ལ་སེམས་ལས་གཞན་པའི་ཆོས་གཉིས་པ་མི་དམིགས་པ་གང་ཡིན་པ་དེ་ནི་སྟོང་པ་ཉིད་ཀྱི་ཡིད་ལ་བྱེད་པ་ཡིན་ནོ། །དེ་ལ་སེམས་ཀྱི་རྒྱུད་དེ་ཉིད་རྟེན་ཅིང་འབྲེལ ་བར་འབྱུང་བ་ཉིད་དང། རང་དབང་མེད་པ་ཉིད་མཐོང་བ་གང་ཡིན་པ་དེ་ནི་དེའི་བདག་མེད་པའི་ཡིད་ལ་བྱེད་པ་ཡིན་ཏེ། དེ་ལྟར་ན་རེ་ཞིག་བདེན་པ་སྡུག་བསྔལ་ལ་ཞུགས་པ་ཡིན་ནོ། །འདི་སྙམ་དུ་སེམས་ཏེ། སེམས་ཀྱི་རྒྱུད་འདི་ཡང་སྲེད་པའི་རྒྱུ་ལས་བྱུང་བ་དང། སྲེད ་པ་ལ་ཀུན་ཏུ་འབྱུང། སྲེད་པ་ལས་རབ་ཏུ་སྐྱེས་པ་དང། སྲེད་པའི་རྐྱེན་ལས་བྱུང་བ་ཡིན་ཏེ། སེམས་ཀྱི་རྒྱུད་དེའི་འགོག་པ་གང་ཡིན་པ་དེ་ནི་ཞི་བ་ཡིན་ནོ། །དེའི་འགོག་པར་འགྲོ་བའི་ལམ་གང་ཡིན་པ་དེ་ནི་ངེས་པར་འབྱིན་པ་ཡིན་ནོ་སྙམ་དུ་སེམས་ཏེ། དེ་ལྟར་ན་ཤེས་རབ ་ཕྲ་མོ་བརྟག་པའི་ཡིད་ལ་རྟོག་པའི་ཚུལ་གྱིས་འཕགས་པའི་བདེན་པ་བཞི་པོ་དག་ལ་ཞུགས་པ་ཡིན་ནོ། །ངེས་ཤེས་རབ་དེ་ཀུན་ཏུ་བརྟེན་ཅིང་གོམས་པར་བྱས་ལན་མང་དུ་བྱས་པའི་རྒྱུས་དམིགས་པར་བྱ་བ་དང། དམིགས་པར་བྱེད་པ་མཉམ་ཞིང་མཚུངས་པའི་ཡེ་ཤེས་སྐྱེ་བར་འགྱུར ་ཏེ། དེས་དེའི་མྱ་ངན་ལས་འདས་པ་ལ་མངོན་པར་དགའ་བའི་བར་དུ་གཅོད་པར་བྱེད་པ་ངའོ་སྙམ་པའི་ང་རྒྱལ་རགས་པ་གང་ཡིན་པ་དེ་ཀུན་ཏུ་སྤྱོད་པའི་སྒོ་ནས་སྤོངས་པར་འགྱུར་ཞིང། མྱ་ངན་ལས་འདས་པ་ལ་ལྷག་པའི་བསམ་པས་སེམས་བསྟད་ལ་འཇུག་པར་འགྱུར་ཞིང། ་ཡོངས་སུ་བསྟད་པས་ཡིད་ཕྱིར་ལྡོག་པ་ཡང་མེད་པར་འགྱུར་ལ། ལྷག་པའི་བསམ་པས་མངོན་པར་དགའ་པ་ཡང་ཡིད་ལ་འཛིན་པར་བྱེད་དོ། །དེའི་དམིགས་པར་བྱ་བ་དང། དམིགས་པར་བྱེད་པ་མཉམ་ཞིང་མཚུངས་པའི་ཡེ་ཤེས་བཟོད་པ་ཆུང་ངུ་དང་ལྡན་པ་དེ་ལྟ་བུར་གྱུར་པ་གང ་ཡིན་པ་དེ་ནི། དྲོ་བར་གྱུར་པ་ཞེས་བྱའོ། །བཟོད་པ་འབྲིང་གིས་ཡང་དག་པར་བསྡུས་པ་གང་ཡིན་པ་དེ་ནི་རྩེ་མོ་ཞེས་བྱའོ། །བཟོད་པ་ཆེན་པས་ཡང་དག་པར་བསྡུས་པ་གང་ཡིན་པ་དེ་ནི་བདེན་པ་རང་རྗེས་སུ་མཐུན་པའི་བཟོད་པ་ཞེས་བྱའོ། །དེས་དེ་ལྟར་བར་དུ་གཅོད་པར་བྱེད་པའི ་ངའོ་སྙམ་པའི་ང་རྒྱལ་སྤངས་ཤིང་ལྷག་པའི་བསམ་པས་མྱ་ངན་ལས་འདས་པ་ལ་མངོན་པར་དགའ་བ་ཡོངས་སུ་བཟུང་ནས། གོང་ནས་གོང་དུ་སེམས་བརྟག་པར་བྱ་བ་ལ་མངོན་པར་འདུ་བྱེད་པ་གང་ཡིན་པའི་མངོན་པར་འདུ་བྱེད་པ་དེ་སྤངས་ཏེ། མངོན་པར་འདུ་བྱེད་པ་མེད་པ་ལ ་རྣམ་པར་རྟོག་པ་མེད་པའི་སེམས་འཇོག་པར་བྱའོ། །དེའི་ཚེ་ན་དེའི་སེམས་འགགས་པ་ལྟ་བུར་ཡང་སྣང་མོད་ཀྱི། དེ་འགགས་པ་མ་ཡིན་ནོ། །དེ་དམིགས་པ་མེད་པ་ལྟ་བུར་ཡང་སྣང་མོད་ཀྱི། ད་དམིགས་པ་མེད་པ་ཡང་མ་ཡིན་ནོ། །དེའི་སེམས་དེ་རབ་ཏུ་ཞི་ཞིང་མེད་པ་ལྟ་བུར་ཡང་སྣང ་མོད་ཀྱི། དེ་མེད་པ་ཡང་མ་ཡིན་ནོ། །དེའི་ཚེ་ན་སྦྲང་རྩི་བྱེད་པའི་སྦྲང་བུ་གཉིད་ཀྱིས་ལོག་པར་འགྱུར་བ་ལྟ་བུ་ཡང་མ་ཡིན་ཏེ། རྣམ་པར་གསལ་ཞིང་ཞི་གནས་ཀྱི་རྣམ་པ་ལས་མི་མཐོ་མི་དགའ་བ་ཁོ་ན་ཡིན་ནོ། །ཤེས་རབ་ཞན་པ་དབང་པོ་རྟུལ་པར་མངོན་པར་རྟོགས་པ་ལ་མངོན ་པའི་ང་རྒྱལ་བྱེད་པ་གང་ཡིན་པ་ལ་ལའི་སེམས་ནི་སྦྲང་རྩི་བྱེད་པའི་སྦྲང་བུ་གཉིད་ཀྱིས་ལོག་པ་བཞིན་དུ་འགགས་པར་སྣང་བ་ལྟ་བུ་ཡོད་མོད་ཀྱི། དེ་ཡང་འགགས་པ་ནི་མ་ཡིན་ནོ། །སེམས་དེ་ནི་མངོན་པར་རྟོགས་པ་ཁོ་ན་ཡིན་ཏེ། སེམས་ཀྱི་གནས་སྐབས་འདི་ལྟ་བུར་གྱུར ་པ་གང་ཡིན་པ་དེ་ནི་རིང་པོ་མི་ཐོགས་པར་ཡང་དག་ཉིད་དུ་ངེས་པ་ལ་འཇུག་པར་འགྱུར་རོ། །དེའི་ཐམས་ཅད་ཀྱི་ཐ་མ་རྣམ་པར་མི་རྟོག་པའི་སེམས་དེའི་མཇུག་ཐོགས་སུ་སྔར་དཔྱད་པའི་བདེན་པ་དག་ལ་བདག་ཉིད་རྩོལ་བར་བྱེད་པ་གང་ཡིན་པ་དེ་དག་ནི་འཇིག་རྟེན་པའི་ཆོས་ཀྱི ་མཆོག་རྣམས་ཡིན་ཏེ། དེ་ཡན་ཆད་འཇིག་རྟེན་ལས་འདས་པའི་སེམས་ཁོ་ན་སྐྱེ་བར་འགྱུར་གྱི། འཇིག་རྟེན་པའི་སེམས་མི་སྐྱེ་བ་དང། དེ་དག་ནི་འཇིག་རྟེན་པའི་འདུ་བྱེད་རྣམས་ཀྱི་མཚམས་དང་མཐར་ཐུག་པ་ཁོ་ན་ཡིན་པས་ན། དེའི་ཕྱིར་འཇིག་རྟེན་པའི་ཆོས་ཀྱི་མཆོག་རྣམས ་ཞེས་བྱའོ། །དེ་དག་གི་རྗེས་ལ་སྔར་དཔྱད་པའི་བདེན་པ་དག་ལ་རྩོལ་བར་བྱེད་དེ། བརྩལ་མ་ཐག་ཏུ་ཇི་ལྟར་སྔར་གོ་རིམ་བཞིན་དུ་དཔྱད་པའི་བདེན་པ་མངོན་སུམ་དང་ལྐོག་ཏུ་གྱུར་པ་དག་ལ་རིམ་གྱིས་རྣམ་པར་མི་རྟོག་པ་ཤིན་ཏུ་ངེས་པའི་ཡེ་ཤེས་དང། མངོན ་སུམ་གྱིས་ཡེ་ཤེས་སྐྱེ་བར་འགྱུར་རོ། །དེ་སྐྱེས་པས་ཁམས་གསུམ་ན། སྤྱོད་པ་མཐོང་བས་སྤང་པར་བྱ་བའི་ཉོན་མོངས་པའི་ཕྱོགས་སུ་གྱུར་པའི་གནས་ངན་ལེན་ལུས་ལ་གནས་ཤིང། ཞན་པ་ཡང་ཡིན་པ་དེ་སྤོང་བར་བྱེད་དོ། །གལ་ཏེ་དང་པོ་ཉིད་ནས་འདོད་པ་རྣམས་ལས་འདོད་ཆགས་དང ་བྲལ་བ་ཞིག་ཡིན་ན་ནི། དེ་སྤངས་ནས་བདེན་པ་མངོན་པར་རྟོགས་མ་ཐག་ཏུ་དེའི་ཚེ་ཕྱིར་མི་འོང་བ་ཞེས་བྱའོ། །དེའི་རྟགས་ནི་འདོད་ཆགས་དང་བྲལ་བའི་རྟགས་སྔར་བསྟན་པ་དག་ཉིད་ཡིན་པར་རིག་པར་བྱའོ། །དེ་ལ་བྱེ་བྲག་ནི་འདི་ཡོད་དེ། དེའི་དེར་རྫུས་ཏེ་སྐྱེས་ནས་ཕྱིས་འཇིག་རྟེན་འདིར་ཕྱིར། འོང ་བར་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་རོ། །གལ་ཏེ་དེ་ཤས་ཆེར་འདོད་ཆགས་དང་བྲལ་བ་ཞིག་ཡིན་ན་ནི། བདེན་པ་མངོན་པར་རྟོགས་མ་ཐག་ཏུ་ལན་ཅིག་ཕྱིར་འོང་བར་འགྱུར་ཏེ། འཇིག་རྟེན་འདིར་ལན་ཅིག་ཕྱིར་འོངས་ནས། སྡུག་བསྔལ ་མཐར་ཕྱིན་པར་བྱེད་དོ། །གལ་ཏེ་དེ་འདོད་ཆགས་དང་མ་བྲལ་བ་ཞིག་ཡིན་ན་ནི། གནས་ངན་ལེན་ཤིན་ཏུ་སྦྱངས་ནས་རྒྱུན་ཞུགས་པར་འགྱུར་རོ། །དེ་ལ་མངོན་པར་རྟོགས་པ་ཞེས་བྱ་བ་ནི་མངོན་སུམ་ཤེས་བྱ་དང་ཡེ་ཤེས་ཕྲད་པར་གྱུར་པས་ན། དེའི་ཕྱིར་མངོན་པར་རྟོག་པ་ཞེས ་བྱ་སྟེ། འདི་ལྟ་སྟེ། དཔེར་ན་རྒྱལ་རིགས་དང་རྒྱལ་རིགས་ལྷན་ཅིག་མངོན་དུ་གྱུར་པ་ལ་ཕྲད་པ་ཞེས་བྱ་དང། བྲམ་ཟེ་ལ་སོགས་པ་ལ་ཡང་དེ་བཞིན་དུ་རིགས་པར་བྱ་བ་ལྟ་བུའོ། །དེའི་རྟགས་ནི་འདི་དག་ཡིན་ཏེ། ངེས་ཤེས་པ་བཞིན་བོ་རྒྱུ་བ་དང་གནས་པ་དང་ཡིད ་ལ་བྱེད་པ་ཐམས་ཅད་ལ་ངེས་པར་རྟོག་པའི་སྒོ་ནས་ཆོས་ཙམ་དུ་ཤེས་པ་དང། ཆད་པ་མ་ཡིན་པར་ཤེས་པ་དང། རྟག་པ་མ་ཡིན་པར་ཤེས་པ་དང། རྟེན་ཅིང་འབྲེལ་པར་འབྱུང་བའི་འདུ་བྱེད་སྒྱུ་མ་ལྟ་བུར་ཤེས་པ་དེ་དག་ཐོབ་པ་དང། དེ་ཡུལ་རྣམས་ལ་སྤྱོད་པ་ན ་གལ་ཏེ་བརྗེད་ངས་པས་ཉོན་མོངས་པའི་ཀུན་ནས་དཀྲིས་པ་ཤིན་ཏུ་ཆེན་པོ་དག་བྱུང་པར་གྱུར་ན་ཡང་དེས་བཙོལ་བ་ཙམ་གྱིས་དེ་དག་མྱུར་བ་མྱུར་བ་ཁོ་ནར་མེད་པར་འགྱུར་བ་དང། དེ་བཞིན་དུ་ངན་སོང་རྣམས་སུ་འགྲོ་བར་མི་འགྱུར་བ་དང། བསམས་བཞིན་དུ་བསླབ ་པ་རྣམས་ལས་འདའ་བར་མི་བྱེད་པ་དང། དུད་འགྲོའི་སྐྱེ་གནས་སུ་སྐྱེས་པའི་སྲོག་ཆགས་རྣམས་ཀྱི་སྲོག་གཅོད་པར་མི་བྱེད་པ་དང། བསླབ་པ་རྣམས་འབུལ་ཞིང་འཇུག་པར་མི་བྱེད་པ་དང། མཚམས་མེད་པ་ལྔའི་ལས་བྱེད་པར་འགྱུར་མི་སྲིད་པ་དང། བདེ་བ་དང། སྡུག་བསྔལ ་རང་གིས་བྱས་པར་ཁས་མི་ལེན་པ་དང། གཞན་གྱིས་བྱས་པར་ཁས་མི་ལེན་པ་དང། རང་གིས་བྱས་པ་དང། གཞན་གྱིས་བྱས་པར་ཁས་མི་ལེན་པ་དང། རང་གིས་བྱས་པ་དང། གཞན་གྱིས་བྱས་པ་ཡང་མ་ཡིན་ལ། རྒྱུ་མེད་པ་ལས་བྱུང་བར་ཡང་ཁས་མི་ལེན་པ་དང། ་འདི་ལས་ཕྱི་རོལ་པའི་སྟོན་པ་གཞན་ཡོངས་སུ་མི་ཚོལ་བ་དང། སྦྱིན་གནས་གཞན་ཡོངས་སུ་མི་ཚོལ་བ་དང། དགེ་སྦྱོང་དང། བྲམ་ཟེ་གཞན་དག་གི་ངོར་མི་ལྟ་ཞིང་ངོར་ཡོངས་སུ་མི་རྟོག་པ་དང། ཆོས་མཐོང་བ་དང། ཆོས་ཐོབ་པ་དང། ཆོས་རིག་པ་དང། ཆོས་ཀྱི་གཏིང་རྙེད ་པ་དང། ནེམ་ནུར་ལས་རྒལ་བ་དང། ཐེ་ཚོམ་ལས་རྒལ་བ་དང། གཞན་གྱི་དྲིང་ལས་མི་འཇོག་པ་དང། གཞན་གྱིས་བཀྲིར་མི་ཟུག་པ་དང། སྟོན་པའི་བསྟན་པའི་ཆོས་རྣམས་ལ་མི་འཇིགས་ཐོབ་པ་ཁོ་ན་ཡིན་ཏེ། དེ་ནི་དགེ་བའི་མཚན་དང། བཀྲ་ཤིས་དག་གིས་དག་པར་མི ་འདོད་པ་དང། སྲིད་པ་བརྒྱད་པོ་མངོན་པར་སྒྲུབ་པར་མི་བྱེད་པ། ཤེས་ནས་དད་པ་བཞི་པོ་དག་དང་ལྡན་པ་ཡིན་ནོ། །འཇིག་རྟེན་པའི་ཆོས་ཀྱིས་མངོན་རྣམས་ཀྱི་བར་དུ་ནི་དེའི་མོས་པ་ལས་བྱུང་བའི་ཡིད་ལ་བྱེད་པ་ཡིན་ནོ། །བདེན་པ་རྣམས་མངོན་པར་རྟོགས་ནས་མཐོང་བས ་སྤང་བར་བྱ་བའི་ཉོན་མོངས་པ་རྣམས་སྤངས་པ་དག་ནི། རབ་ཏུ་དབེན་པའི་ཡིད་ལ་བྱེད་པ་ཡིན་ནོ། །དེའི་གོང་དུ་ཉོན་མོངས་པ་སྤང་བའི་ཕྱིར་ལམ་ཇི་ལྟར་ཐོབ་པ་གོམས་ཤིང་བྱང་བར་བྱས་པའི་སྒོ་ནས། འདོད་པ་ན་སྤྱོད་པའི་ཉོན་མོངས་པ་ཆེན་པོ་དང་འབྲིང་པོ་རྣམས་སྤངས ་པའི་ཕྱིར་ལན་ཅིག་ཕྱིར་འོང་བར་འགྱུར་ཏེ། དེའི་རྟགས་རྣམས་ཀྱང། རྒྱུན་ཏུ་ཞུགས་པའི་རྟགས་རྣམས་གང་དག་ཡིན་པ་དེ་དག་ཐམས་ཅད་ཡིན་པར་རིག་པར་བྱའོ། །དེ་ལ་བྱེ་བྲག་ནི་འདི་ཡོད་དེ། ཉོན་མོངས་པའི་ཀུན་ནས་དཀྲིས་པ་ཆེན་པོ་དང་མཐུན་པའི་ཡུལ་རྣམས་ལ་སྤྱོད ་པར་བྱེད་ཀྱང་ཉོན་མོངས་པའི་ཀུན་ནས་དཀྲིས་པ་ངལ་བུས་སྐྱེ་ཞིང་མྱུར་དུ་སྤོང་བར་བྱེད་པ་དང། འཇིག་རྟེན་འདིར་ལན་ཅིག་འོངས་ནས་སྡུག་བསྔལ་མཐར་ཕྱིན་པར་བྱེད་པ་ཡིན་ནོ། །ཕྱིར་མི་འོང་བ་དང་ཕྱིར་འོང་བའི་རྟགས་རྣམས་ནི་སྔར་བསྟན་པ་དག་ཁོ་ན་ཡིན་ནོ། །དེ་ལ་བསྒོམ་པའི་ལམ ་ཐམས་ཅད་ལ་ནི་སྤྱོད་པའི་ཡིད་ལ་བྱེད་པས་སྤངས་པ་དང། མ་སྤངས་པ་ལ་སོ་སོར་རྟགས་ཤིང་སོ་སོར་བརྟགས་ནས་ལམ་ཇི་ལྟར་ཐོས་པ་གོམས་པར་བྱས་པས་རབ་ཏུ་ཕྱེ་བ་ཡིན་ནོ། །དེ་ལ་བསྒོམ་པའི་རང་བཞིན་ནི་གང། ལས་ནི་གང། རྣམ་པར་དབྱེ་བ་ནི་གང་ཞེ་ན། འཇིག་རྟེན་པ ་དང། འཇིག་རྟེན་ལས་འདས་པའི་མཉམ་པར་གཞག་པའི་ཡིད་ལ་བྱེད་པས་འདུས་བྱས་ཀྱི་དགེ་བའི་ཆོས་གོམས་པར་བྱས་པ་དང། ཡོངས་སུ་འདྲིས་པར་བྱས་པ་དང། རྟག་ཏུ་བྱས་པ་དང། གུས་པར་བྱས་པ་དེ་དག་འབྱུང་བའི་བསྒོམ་པ། སེམས ་ཀྱི་རྒྱུད་ལ་འཇོག་པར་བྱེད་པ་གང་ཡིན་པ་དེ་ནི་བསྒོམ་པའི་རང་བཞིན་ཞེས་བྱའོ། །དེ་ལ་བསྒོམ་པའི་ལས་ནི་རྣམ་པ་བརྒྱད་དེ། བསྒོམ་པས་ཆོས་ཁ་ཅིག་ཐོབ་པར་བྱེད་པ་དང། བསྒོམ་པས་ཆོས་ཁ་ཅིག་བསྟེན་པར་བྱེད་པ་དང། ཆོས་ཁ་ཅིག་རྣམ་པར་སྦྱོང་བར་བྱེད་པ་དང། ་ཆོས་ཁ་ཅིག་སེལ་བར་བྱེད་པ་དང། ཆོས་ཁ་ཅིག་ཡོངས་སུ་ཤེས་པར་བྱེད་པ་དང། ཆོས་ཁ་ཅིག་སྤོང་བར་བྱེད་པ་དང། ཆོས་ཁ་ཅིག་མངོན་སུམ་དུ་བྱེད་པ་དང། ཆོས་ཁ་ཅིག་ཐག་རིང་དུ་བྱེད་པའོ། །དེ་ལ་རེ་ཞིག་དགེ་བའི་ཆོས་ཁྱད་པར་ཅན་མ་ཐོབ་པ་གང་དག་ཡིན་པ་དེ་དག་ནི ་ཐོབ་པར་བྱེད་དོ། །ཐོབ་ཅིང་མངོན་སུམ་དུ་གྱུར་པ་གང་དག་ཡིན་པ་དེ་དག་ནི་བསྟེན་པར་བྱེད་དོ། །དེ་ལ་ཐོབ་པ་མངོན་དུ་གྱུར་པ་མ་ཡིན་པ་གང་དག་ཡིན་པ་དེ་དག་ནི་དེ་དང་རིགས་མཐུན་པའི་ཆོས་རྣམས་བསྟེན་པ་དག་གིས་མངོན་སུམ་དུ་བྱེད་པ་ན། ཤིན་ཏུ་ཡོངས་སུ་དག་པ་དང། ཤིན ་ཏུ་ཡོངས་སུ་བྱང་བ་སྐྱེ་བར་བྱེད་དོ། །དེ་ལ་བརྗོད་ངས་པ་ཉོན་མོངས་པ་ཅན་གྱིས་ཆོས་ཀུན་ཏུ་འབྱུང་བ་དེ་དག་ནི་དགེ་བའི་ཆོས་ལ་གོམས་པར་བྱས་པའི་སྟོབས་ཀྱིས་ངང་དུ་མི་ལེན་སྤོང་བར་བྱེད། སེལ་བར་བྱེད། བྱང་བར་བྱེད་དོ། །དེ་ལ་སྡང་བར་བྱ་བའི་ཆོས་མ་སྐྱེས་པ་གང་དག་ཡིན ་པ་དེ་དག་ལ་ནི། ནད་ལྟ་བུར་ཡོངས་སུ་ཤེས་པར་བྱེད་ཅིང་སུན་འབྱིན་པར་བྱེད་པ་དང། འབྲས་བུ་ལྟ་བུ་དང། ཟུག་རྔུ་ལྟ་བུ་དང། སྡིག་པ་དང། མི་རྟག་པ་དང། སྡུག་བསྔལ་བ་དང། སྟོང་པ་དང། བདག་མེད་པར་ཡོངས་སུ་ཤེས་པར་བྱེད་ཅིང་སུན་འབྱིན་པར་བྱེད་དོ་དེ་ཡོངས་སུ་ཤེས ་ཤིང་གོམས་པར་བྱས། ཉོན་མོངས་པ་རྣམས་སྤངས་པའི་ཕྱིར། བར་ཆད་མེད་པའི་ལམ་སྐྱེ་བར་བྱེད་ཅིང་དེར་སྤོང་བར་བྱེད་དོ། །སྤངས་པས་ན་ན་རྣམ་པར་གྲོལ་བ་མངོན་སུམ་དུ་བྱེད་དོ། །ཇི་ལྟ་ཇི་ལྟར་ས་གོང་མ་དག་གནོན་པར་བྱེད་པ་དེ་ལྟ་དེ་ལྟར་མཐར་ཐུག་པར་གྱུར་གྱི་བར་དུ ་ས་འོག་མ་པའི་ཆོས་སྤངས་པ་རྣམས་ཐག་རིང་དུ་བྱེད་པ་སྟེ། དེ་ནི་བསྒོམ་པའི་ལས་རྣམ་པ་བརྒྱད་ཡིན་པར་རིག་པར་བྱའོ། །དེ་ལ་བསྒོམ་པའི་རྣམ་པར་དབྱེ་བ་ནི་རྣམ་པ་བཅུ་གཅིག་ཡོད་པར་རིག་པར་བྱ་སྟེ། འདི་ལྟ་སྟེ། ཞི་གནས་བསྒོམ་པ་དང། ལྷག་མཐོང་བསྒོམ་པ ་དང། འཇིག་རྟེན་པའི་ལམ་བསྒོམ་པ་དང། འཇིག་རྟེན་ལས་འདས་པའི་ལམ་བསྒོམ་པ་དང། ལམ་ཆུང་དུ་བསྒོམ་པ་དང། ལམ་འབྲིང་པོ་བསྒོམ་པ་དང། ལམ་ཆེན་པོ་བསྒོམ་པ་དང། སྦྱོར་བའི་ལམ་བསྒོམ་པ ་དང། བར་ཆད་མེད་པའི་ལམ་བསྒོམ་པ་དང། རྣམ་པར་གྲོལ་བའི་ལམ་བསྒོམ་པ་དང། ཁྱད་པར་གྱི་ལམ་བསྒོམ་པའོ། །དེ་ལ་ཞི་གནས་བསྒོམ་པ་ནི། སེམས་གནས་པ་རྣམ་པ་དགུ་སྟེ་སྔ་མ་བཞིན་ནོ། །ལྷག་མཐོང་བསྒོམ་པ་ཡང་སྔ་མ་ཁོ་ན་བཞིན་ནོ། །དེ་ལ་འཇིག་རྟེན ་པའི་ལམ་བསྒོམ་པ་ནི་ས་འོག་མ་རྣམས་ལ་རགས་པར་ལྟ་བ་དང། ས་གོང་མ་རྣམས་ལ་ཞི་བར་ལྟ་བ་ཉིད་ཀྱིས་ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་བར་གྱི་འདོད་ཆགས་དང་བྲལ་བར་གྱུར་བ་གང་ཡིན་པའོ། །དེ་ལ་འཇིག་རྟེན་ལས་འདས་པའི་ལམ་བསྒོམ་པ་ནི་སྡུག་བསྔལ་ལ ་སྡུག་བསྔལ་གྱི་སྒོ་ནས་ཡིད་ལ་བྱེད་པ་དང། ལམ་གྱི་བར་ལ་ལམ་གྱི་སྒོ་ནས་ཡིད་ལ་བྱེད་པའི་ཡང་དག་པའི་ལྟ་བ་ལ་སོགས་པ་ཟག་པ་མེད་པའི་ལམ་གྱིས་ཡོད་མིན་མེད་མིན་སྐྱེ་མཆེད་ཀྱི་བར་གྱི་འདོད་ཆགས་དང་བྲལ་བར་འགྱུར་བ་གང་ཡིན་པའོ། །དེ་ལ་ལམ ་ཆུང་ངུ་བསྒོམ་པ་ནི་གང་གིས་ཉོན་མོངས་པ་རགས་པ་དང་ཆེན་པོ་སྤོང་བར་བྱེད་པའོ། །དེ་ལ་ལམ་གྱི་འབྲིང་པོ་བསྒོམ་པ་ནི་གང་གི་ཉོན་མོངས་པ་འབྲིང་སྤོང་བའོ། །དེ་ལ་ལམ་ཆེན་པོ་བསྒོམ་པ་ནི་གང་གིས་ཐམས་ཅད་ཀྱི་ཐ་མར་སྤང་བར་བྱ་བའི་ཉོན་མོངས་པའི་རྣམ་པ ་ཆུང་ངུ་སྤོང་བར་བྱད་པའོ། །དེ་ལ་སྦྱོར་བའི་ལམ་བསྒོམ་པ་ནི། གང་གིས་ཉོན་མོངས་པ་སྤང་བའི་ཕྱིར་སྦྱོར་བ་རྩོམ་པར་བྱེད་པའོ། །དེ་ལ་བར་ཆད་མེད་པའི་ལམ་བསྒོམ་པ་ནི་གང་གིས་ཉོན་མོངས་པ་སྤོང་བར་བྱེད་པའོ། །དེ་ལ་རྣམ་པར་གྲོལ་བའི་ལམ་བསྒོམ་པ་ནི་གང ་གིས་ཉོན་མོངས་པ་སྤངས་མ་ཐག་ཏུ་རྣམ་པར་གྲོལ་བའི་མངོན་སུམ་དུ་བྱེད་པའོ། །དེ་ལ་ཁྱད་པར་གྱི་ལམ་བསྒོམ་པ་ནི་གང་གིས་དེའི་གོང་དུས་གཞན་གྱི་སྦྱོར་བ་བརྩམས་པར་བྱ་བའི་བར་ལ་རྩོམ་པར་མི་བྱེད་པ་དང། མཐར་ཐུག་པ་ལ་རྩོམ་པར་མི་བྱེད་པ་སྟེ། ་ད་ནི་བསྒོམ་པའི་རྣམ་པར་དབྱེ་བ་རྣམ་པ་བཅུ་གཅིག་ཡིན་པར་རིག་པར་བྱའོ། །དེ་ལྟར་བསྒོམ་པ་ལ་བརྩོན་པའི་དུས་དུས་སུ་ཉོན་མོངས་པ་སྤངས་པ་དང། མ་སྤངས་པ་རྣམས་ལ་ཡོངས་སུ་དཔྱོད་པར་བྱེད་པ་དང། དུས་དུས་སུ་ཀུན་ཏུ་སྐྱོ་བར་འགྱུར་བའི་ཆོས་རྣམས་ལ། སེམས་ཀུན་ཏུ ་སྐྱོ་བར་བྱེད་པ་དང། དུས་དུས་སུ་མངོན་པར་དགའ་བར་འགྱུར་བའི་ཆོས་རྣམས་ལ་སེམས་མངོན་པར་དགའ་བར་བྱེད་པ་དེ་ནི་དེའི་དགའ་བ་སྡུད་པའི་ཡིད་ལ་བྱེད་པ་ཡིན་ནོ། དེས་དགའ་བསྡུད་པའི་ཡིད་ལ་བྱེད་པ་དེ་ཀུན་ཏུ་བསྟེན་ཅིང་གོམས་པར་བྱས་ལན་མང་དུ་བྱས་པའི་རྒྱུས ་བསྒོམ་པས་སྤངས་པར་བྱ་བའི་ཉོན་མོངས་པ་མ་ལུས་པ་སྤང་བར་བྱ་བའི་ཕྱིར། ཐམས་ཅད་ཀྱི་ཐ་མར་སློབ་པའི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་སྐྱེ་བར་འགྱུར་ཏེ། དེ་སྐྱེས་པས་བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་ཐམས་ཅད་སྤོང་བར་བྱེད་དོ། །ཅིའི་ཕྱིར་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན ་ཅེས་བྱ་ཞེས་ན། འདི་ལྟ་སྟེ། དཔེར་ན་རྡོ་རྗེ་ནི་དེ་ལས་གཞན་པའི་ནོར་བུ་དང། མུ་ཏིག་དང། བཻཌཱུརྱ་དང། རིན་པོ་ཆེ་ཤངཀ་ཤི་ལ་དང། བྱུ་རུ་ལ་སོགས་པ་ནོར་བུ་ཐམས་ཅད་ཀྱི་ནང་ན་མཆོག་དང་གཙོ་བོ་ཡིན་ཏེ། ཐམས་ཅད་བས་སྲ་བ་དང། ཐམས་ཅད་པས་བརྟན་པ་ཡིན་ལ་དེ་ལས་གཞན་པ་ཐམས་ཅད་འབིགས ་པར་བྱེད་ཅིང། དེ་ལས་གཞན་པའི་ནོར་བུ་དག་གིས་མི་ཕིགས་པ་དེ་བཞིན་དུ་ཏིང་ངེ་འཛིན་དེ་ཡང་སློབ་པའི་ཏིང་ངེ་འཛིན་ཐམས་ཅད་ནང་ནས་མཆོག་དང། གཙོ་བོ་ཡིན་ཏེ། ཐམས་ཅད་པས་སྲ་བ་དང། ཐམས་ཅད་པས་བརྟན་པ་ཡིན་ལ་ཉོན་མོངས་པ་ཐམས་ཅད་ཟིལ་གྱིས ་གནོན་པར་བྱེད་ཅིང། ཉོན་མོངས་པ་གཞན་དག་གིས་ཟིལ་གྱིས་གནོན་པར་མི་ནུས་པས་ན། དེའི་ཕྱིར་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཅེས་བྱའོ། །རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་དེ་སྐྱེས་མ་ཐག་ཏུ་ཉོན་མོངས་པའི་ཕྱོགས་སུ་གྱུར་པ་གནས་ངན་ལེན་གྱི་ས་བོན་ཐམས་ཅད་ཡང་དག་པར ་བཅོམ་པའི་ཕྱིར། སེམས་ཤིན་ཏུ་རྣམ་པར་གྲོལ་བ་དང། རིགས་ཡོངས་སུ་དག་པ་ཐོབ་པ་དང། ཉོན་མོངས་པ་ཟད་པ་རྣམས་ལ་ཟད་པ་ཤེས་པ་སྐྱེས་པ་དང། རྒྱུ་ཟད་པའི་ཕྱིར་ཕྱིས་ཐམས་ཅད་ཀྱི་ཐམས་ཅད་དུ་སྡུག་བསྔལ་སྐྱེ་བར་མི་འགྱུར་བས། མི་སྐྱེ་བར་ཤེས་པ་ཡང་སྐྱེ་བར་འགྱུར ་ཏེ། དེ་དེའི་ཚེ་ན་དགྲ་བཅོམ་པ། ཟག་པ་ཟད་པ། བྱ་བ་བྱས་པ། བྱེད་པ་བྱས་པ། ཁུར་བོར་བ། བདག་གི་དོན་རྗེས་ཐོབ་པ། སྲིད་པར་ཀུན་ཏུ་སྦྱོར་བ་ཡོངས་སུ་ཟད་པ། ཡང་དག་པའི་ཤེས་པས་སེམས་ཤིན་ཏུ་རྣམ་པར་གྲོལ་བ་མི་སློབ་པའི་ཚེས་བཅུ་པོ། མི་སློབ་པའི་ཡང ་དག་པའི་ལྟ་བ་དང། ཡང་དག་པའི་རྟོག་པ་དང། ཡང་དག་པའི་དག་དང། ཡང་དག་པའི་ལས་ཀྱི་མཛའ་དང། ཡང་དག་པའི་འཚོ་བ་དང། ཡང་དག་པའི་རྩོལ་བ་དང། ཡང་དག་པའི་དྲན་པ་དང། ཡང་དག་པའི་ཏིང་ངེ་འཛིན་དང། མི་སློབ་པའི་ཡང་དག་པའི་རྣམ་པར་གྲོལ་བ་དང ་ཡང་དག་པའི་ཡེ་ཤེས་དང། ལྡན་པ་དང། འདི་ལྟ་སྟེ་གནས་པ་དང། ཡིད་ལ་བྱེད་པ་དག་ལ་རང་གི་སེམས་ཀྱི་དབང་བསྐུར་བར་བྱེད་ཅིང། དེ་འཕགས་པ་འམ། ལྷ་འམ། ཚངས་པའི་གནས་པ་གང་དང་གང་དག་གིས་གནས་པར་འདོད་པ་དེ་དང་དེ་དག་གིས་གནས ་པར་བྱེད་པ་དང། འཇིག་རྟེན་པ་དང། འཇིག་རྟེན་ལས་འདས་པའི་ཆོས་དགེ་བ་དོན་དང་ལྡན་པ་གང་དང་གང་དག་ཡིད་ལ་བྱེད་པར་འདོད་པ་དེ་དང་དེ་དག་ཡིད་ལ་བྱེད་པར་འགྱུར་ཏེ། དེ་ལ་འཕགས་པའི་གནས་པ་ཞེས་བྱ་བ་ནི་སྟོང་པ་ཉིད་དང། མཚན་མ་མེད་པར་གནས ་པ་དང། སྨོན་པ་མེད་པ་ལ་གནས་པ་དང། འགོག་པའི་སྙོམས་པར་འཇུག་པ་ལ་གནས་པའོ། །ལྷའི་གནས་པ་ཞེས་བྱ་བ་ནི་བསམ་གཏན་དང། གཟུགས་མེད་པའི་སྙོམས་པར་འཇུག་པ་ལ་གནས་པའོ། །ཚངས་པའི་གནས་པ་ཞེས་བྱ་བ་ནི་བྱམས་པ་དང། སྙིང ་རྗེ་དང། དགའ་བ་དང། བཏང་སྙོམས་ལ་གནས་པའོ། །ཤིན་ཏུ་མཐར་ཐུག་པ་དང། ཤིན་ཏུ་དྲི་མ་མེད་པ་དང། ཚངས་པར་སྤྱད་པ་ཤིན་ཏུ་མཐར་ཕྱིན་པ་དང། གཏན་པ་མེད་པ་དང། འོབས་དྲལ་བ་དང། འོབས་ལས་བརྒལ་བ་དང། ཤིང་ཐགས་བཅོམ?་པ་དང། འཕགས ་པ་དང། རྒྱལ་མཚན་བསྙལ་བ་དང། ཡན་ལག་ལྔ་སྤངས་པ་དང། ཡན་ལག་དྲུག་དང་ལྡན་པ། རྟེན་བཞི་ལ་གནས་པ་དང། སོ་སོའི་བདེན་པ་བསལ་བ་དང། སོ་སོའི་བདེན་པ་བསལ་བ་དང། ཚོར་བ་སྤངས་པ་དང། ཡང་དག་པའི་རྟོགས་པའི་དྲི་མ་མེད་པ་དང། ལུས་ཀྱི་འདུ ་བྱེད་ཤིན་ཏུ་སྦྱངས་པ་དང། སེམས་ཤིན་ཏུ་རྣམ་པར་གྲོལ་བ་དང། ཤེས་རབ་ཤིན་ཏུ་རྣམ་པར་གྲོལ་བ་དང། མ་འདྲེས་པ་དང། བསྟེན་པ་དང་ལྡན་པ་དང། གང་ཟག་བླ་ན་མེད་པ་ཞེས་བྱ་སྟེ། བདེན་པར་གནས་པ་རྣམ་པ་དྲུག་པོ་འདི་ལྟ་སྟེ། མིག་གིས་གཟུགས་རྣམས ་མཐོང་ན་ཡིད་བདེ་བར་མི་འགྱུར། ཡིད་མི་བདེ་བར་མི་འགྱུར་བར་བཏང་སྙོམས་དང། དྲན་པ་དང། ཤེས་བཞིན་དུ་གནས་པ་དང། དེ་བཞིན་དུ་རྣ་བས་སྒྲ་རྣམས་དང། སྣས་དྲི་རྣམས་དང། ལྕེས་རོ་རྣམས་དང། ལུས་ཀྱིས་རེག་བྱ་རྣམས་དང། ཡིད་ཀྱིས་ཆོས་རྣམས ་རྣམ་པར་ཤེས་ན་ཡང་བདེ་བར་མི་འགྱུར། ཡིད་མི་བདེ་བར་མི་འགྱུར་བར་བཏང་སྙོམས་དང། དྲན་པ་དང། ཤེས་བཞིན་དུ་གནས་པ་དང་ལྡན་པ་ཡིན་ནོ། །དེས་དེའི་ཚེ་ན་འདོད་ཆགས་མ་ལུས་པར་ཟད་པ་ཡང་དག་པར་མྱོང་ཞིང། ཞེ་སྡང་མ་ལུས་པར་ཟད་པ་དང། གཏི ་མུག་མ་ལུས་པར་ཟད་པ་ཡང་དག་པར་མྱོང་བར་འགྱུར་ཏེ། དེའི་འདོད་ཆགས་དང། ཞེ་སྡང་དང། གཏི་མུག་མ་ལུས་པར་ཟད་པའི་ཕྱིར་སྡིག་པ་གང་ཡིན་པ་དེ་དག་མི་བྱེད་ཅིང། དགེ་བ་རྣམས་ལ་རྟེན་པར་བྱེད་པ་དང། ནམ་མཁའ་དང་ལག་མཐིལ་དུ་མཉམ་པ་དང། ་ཙན་དན་དང་སྟེའུ་མཚུངས་པའི་སེམས་དང་ལྡན་པ་དང། དབང་པོ་དང། ཉེ་དབང་དང་བཅས་པའི་ལྷ་རྣམས་ཀྱིས་ཕྱག་བྱ་བར་འོས་ཤིང་མཆོད་པར་འོས་པ་དང། ཕུང་པོའི་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པའི་དབྱིངས་ལ་གནས་པ་ཡིན་ཏེ། རྒལ་བ་དང། ་ཕ་རོལ་ཏུ་ཕྱིན་པ་དང། ལུས་ཐ་མ་འཛིན་པ་ཞེས་ཀྱང་བྱའོ། །སྔོན་གྱི་ལས་དང་ཉོན་མོངས་པས་འཕངས་པའི་ཕུང་པོ་རྣམས་རང་གི་ངང་གིས་འགགས་པ་དང། དེ་ལས་གཞན་པའི་ཉེ་བར་ལེན་པ་མེད་པ་དང། ཉིང་མཚམས་སྦྱོར་བ་མེད་པའི་ཕྱིར་ཕུང་པོ་ལྷག་མ ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་ཏེ། དེ་ལ་ནི་ཡོངས་སུ་མྱ་ངན་ལས་འདས་པ་ཡང་འགའ་ཡང་མེད་ལ། འཁོར་བར་འཁོར་བ་ཡང་འགའ་ཡང་མེད་དོ། །སྡུག་བསྔལ་གང་ཡིན་པ་དེ་འགགས་པ་དང། དེ་ཉེ་བར་ཞི་བ་དང། དེ་བསིལ་བར ་གྱུར་པ་དང། དེ་ནུབ་པར་གྱུར་པ་ཁོ་ནར་ཟད་དོ། །འདི་ལྟ་སྟེ། ཕུང་པོ་ཀུན་སྤངས་པ། སྲེད་པ་ཟད་པ། འདོད་ཆགས་དང་བྲལ་བ་འགོགས་པ་མྱ་ངན་ལས་འདས་པའི་གོ་འཕང་དེ་ནི་ཞི་བ་ཡིན་ནོ། །དེའི་རྟགས་ནི་འདི་ལྟ་བུ་ཡིན་པར་རིག་པར་བྱ་སྟེ། དགེ་སློང་དགྲ་བཅོམ་པ་ཟག་པ ་ཟད་པ་ནི་གནས་ལྔ་ལ་བརྟེན་པར་མི་སྲིད་པ་ཡིན་ཏེ། བསམས་བཞིན་དུ་སྲོག་ཆགས་རྣམས་ཀྱི་སྲོག་གཅོད་པ་དང། མ་བྱིན་པར་ལེན་པ་དང། མི་ཚངས་པར་སྤྱོད་པ་འཁྲིག་པའི་ཆོས་ལ་བརྟེན་པ་དང། ཤེས་བཞིན་དུ་བརྫུན་གི་ཚིག་སྨྲ་བར་མི་སྲིད་པ་དང། འདོད ་པ་རྣམས་སྩོགས་ཤིང་ལོངས་སྤྱོད་པར་མི་སྲིད་པའོ། །དེ་བཞིན་དུ་བདེ་བ་དང། སྡུག་བསྔལ་རང་གི་བྱས་པར་ཁས་ལེན་པར་མི་སྲིད་པས་ན། སྔ་མ་བཞིན་དུ་རང་གིས་ཀྱང་མ་བྱས་ཀྱི་གཞན་གྱིས་ཀྱང་མ་བྱས་ལ་རྒྱུ་མེད་པ་ལས་བྱུང་བའི་བར་དུ་ཡང་ཁས་ལེན་པར ་མི་བྱེད་པ་དང། ལུང་དུ་མ་བསྟན་པའི་དངོས་པོ་རྣམས་ཀྱི་འཇིག་པ་སྐྱེ་བར་མི་བྱེད་པ་དང། འབྲུག་སྒྲ་དྲུག་པོ་དང། གནམ་ལྕགས་དྲག་པོ་འབར་བ་དང། འཇིགས་པ་དང། འཇིགས་སུ་རུང་བ་གང་ཡང་རུང་བ་དག་མཐོང་ཡང་སྐྲག་པར་མི་འགྱུར་བ་དང། དེ་ལྟ་བུ་དང་མཐུན་པ ་དག་ཡིན་པར་རིག་པར་བྱའོ། །དེ་ལ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གང་ཡིན་པ་དེ་ནི་སྦྱོར་བ་མཐར་ཐུག་པའི་ཡིད་ལ་བྱེད་པ་ཡིན་ནོ། །འབྲས་བུའི་མཆོག་དགྲ་བཅོམ་པ་ཉིད་ཀྱིས་ཡང་དག་པར་བསྡུས་པའི་ཡིད་ལ་བྱེད་པ་གང་ཡིན་པ་དེ་ནི་སྦྱོར་བ་མཐར་ཐུག་པའི ་འབྲས་བུ་ཡིད་ལ་བྱེད་པ་ཡིན་ཏེ། དེ་ལྟར་འཇིག་རྟེན་ལས་འདས་པའི་ལམ་གྱིས་ཡང་དག་པར་བསྡུས་པའི་ཡིད་ལ་བྱེད་པ་བདུན་པོ་དེ་དག་གིས་ནི་ཤིན་ཏུ་མཐར་ཐུག་པ་ཉིད་ཐོབ་པར་འགྱུར་རོ། །དེ་ནི་ཉན་ཐོས་ཀྱིས་ཞེས་བྱ་སྟེ། འདི་ལྟ་སྟེ། དཔེར་ན། མིང་གི་ཚོགས་དང། ་ཚིག་གི་ཚོགས་དང། ཡི་གེའི་ཚོགས་དང། རང་བཟོ་དང་གསང་ཚིག་གི་བསྟན་བཅོས་ཐམས་ཅད་ཀྱི་མ་མོ་ཡི་གེའི་ཕྱི་མོ་ཡིན་པ་དང། འདྲ་བར་ཡང་དག་པར་རྫོགས་པའི་སངས ་རྒྱས་ཐམས་ཅད་ཀྱི་ཉན་ཐོས་ཀྱི་ཐེག་པ་དང་ལྡན་པ་བསྟན་པ་མཛའ་དག་གི་མ་ལྟ་བུ་ཡིན་ནོ། །སྡོམ་ནི། མཚན་ཉིད་སོ་སོར་རིག་པ་དང། །དེ་བཞིན་མོས་པ་ལས་བྱུང་དང། །རབ་ཏུ་དབེན་དང་དགའ་སྡུད་དང། ། ་དེ་བཞིན་དཔྱོད་པའི་ཡིད་བྱེད་དང། །གཞན་ཡང་སྦྱོར་བ་མཐར་ཐུག་དང། །དེ་ཡི་འབྲས་བུ་ཐ་མ་ཡིན། །བསམ་གཏན་གཟུགས་མེད་རྣམས་བྱེད་དང། །སྙོམས་པར་འཇུག་དང་མངོན ་ཤེས་དང། །སྐྱེས་པ་དང་ནི་རྟགས་རྣམས་དང། །བདེན་པ་དཔྱད་དང་རྟོགས་པ་དང། །དེ་བཞིན་བསྒོམ་པའི་རྣམ་དབྱེ་དང། །མཐར་ཐུག་གྱུར་པ་ཐ་མ་ཡིན། ། ་ཉན་ཐོས་ཀྱི་སར་གཏོགས་པ་ལས། རྣལ་འབྱོར་གྱི་གནས་བཞི་པ་རྫོགས་ཏེ། །ཉན་ཐོས་ཀྱིས་རྫོགས་སོ།། །།འདི་ལ་ཤལོཀ་དྲུག་སྟོང་ཡོད་དོ།། །། ་