| Wylie | e-texts based on the ACIP/ALL Input |
ཐེག་པ་ཆེན་པོ་མདོ་སྡེའི་རྒྱན་གྱི་དོན་བསྡུས་པ། སློབ་དཔོན་མཁས་པ་ཆེན་པོ་ཛྙཱ་ན་ཤྲཱིས་མཛད་པ་རྫོགས་སོ།། །།བོད་ཀྱི་ལོཙྪ་བ་དགེ་སློང་ཆོས་ཀྱི་བརྩོན་འགྲུས་ཀྱིས་བསྒྱུར་བའོ། །སླར་ཡང་གུ་ཎོ་ད་དྷིས་ལན་ཅིག་ཞུས་སོ།། །། ་དབུས་དང་མཛའ་?་རྣམ་པར་འབྱེད་པའི་འགྲེལ་བཤད་སློབ་དཔོན་བློ་བརྟན་གྱིས་མཛད་པ་བཞུགས།། །། *། །རྒྱ་གར་སྐད་དུ། མ་དྷཡ་ན་ཏ་བི་བྷཾ་ག་ཊཱི་ཀཱ། བོད་སྐད་དུ། དབུས་དང་མཛའ་རྣམ་པར་འབྱེད་པའི་འགྲེལ་བཤད། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །ཡ་རབས་དག་ནི ་ཕལ་ཆེར་བླ་མ་དང། དད་པའི་ལྷ་ལ་མཆོད་ནས་ལས་རྣམས་ལ་འཇུག་སྟེ། དབུས་དང་མཛའ་རྣམ་པར་འབྱེད་པའི་མདོ་བཤད་པར་འདོད་པས། བདག་ལ་ཡང་འདི་ནི་ཡ་རབས་ཀྱིས་ཚུལ་ཅན་ནོ་ཞེས་ཤེས་པར་བྱ་བའི་ཕྱིར། དེ་མཛད་པ་དང་འཆད་པ་ལ་མཆོད་ནས། དེའི་དོན་རྣམ་པར་དབྱེ་པར ་ཞུགས་སོ་ཞེས་རབ་ཏུ་བརྟན་པའི་ཕྱིར། བསྟན་བཅོས་འདི་ནི་རབ་ཏུ་མཛད་པ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ལྟར་བྱས་ན་ཡོན་ཏན་ཅི་ཞིག་ཐོབ་ཅེ་ན། ཡོན་ཏན་དང་ལྡན་པ་དང། ཕན་འདོགས་འདོགས་པ་ལ་མཆོད་ན་བསོད་ནམས་འཕེལ་བར་འགྱུར་རོ། །བསོད་ནམས་འཕེལ་ན་ཡང ་དག་པར་རྩོན་པ་ལ་བར་ཆད་དང་བགེགས་ཀྱིས་མི་ཚུགས་པར་ཚེགས་ཆུ་ངུ་རྫོགས་པར་འགྱུར། །ཡང་ན་མཛད་པས་གསུངས་པ་དང། འཆད་པས་བཤད་པ་ཡང་དག་པར་བྱིན་པར་བསྙད་པས། མཛད་པ་དང། འཆད་པ་དང། མདོ་དང་འགྲེལ་པ་ལ་གུས་པ་བསྐྱེད་པར་བྱ་བའི་ཕྱིར། བསྟན ་བཅོམ་འདི་ནི་རབ་མཛད་པ་ཞེས་བྱ་བ་ཐམས་ཅད་སྨོས་སོ། །དེ་ལ་མཛད་བས་བཤད་པར་བསྟན་པས་མདོ་ལ་གུས་པ་སྐྱེ་སྟེ། འདི་ལྟར་བསྟན་བཅོས་ཚིག་ལེའུར་བྱས་བ་ནི་མཛད་པ་ནི་འཕགས་པ་བྱམས་པ་སྟེ། དེ་ཡང་སྐྱེ་བ་གཅིག་གིས་ཐོགས་པའི་ཕྱིར། བྱང་ཆུབ ་སེམས་དཔའ་ཨི་མངོན་པར་ཤེས་པ་དང་གཟུངས་དང་སོ་སོ་ཡང་དག་པར་རིག་པ་དང། ཏིང་ངེ་འཛིན་དང། དབང་དང་བཟོད་པ་དང། རྣམ་པར་ཐར་པ་ཐམས་ཅད་ཀྱིས་དམ་པའི་ཕ་རོལ་ཏུ་སོན་པ། བྱང་ཆུབ་སེམས་དཔའ་ཨི་ས་ཐམས་ཅད་ལ་སྒྲིབ་པ་ཡང་མ་ལུས་པར་སྤངས་པའོ། །འཆད་པས ་ཡང་དག་པར་བྱིན་པའི་སྒོ་ནས་འགྲེལ་པ་ལ་གུས་པ་སྐྱེ་བར་འགྱུར་ཏེ། འདི་ལ་འཆད་པ་ནི་སློབ་དཔོན་ཐོགས་མེད་དོ། །དེ་ལས་སློབ་དཔོན་བཙུན་པ་དབྱིག་གཉེན་གྱིས་གསན་ནས་འདིའི་འགྲེལ་པ་མཛད་དེ། དེ་གཉིས་ཀྱང་ཤེས་རབ་མཆོག་དང་ལྡན་པས་མ་ནོར་བར་རྟོགས་པ་དང། ་གཟུང་བ་དང་སྟོན་ནུས་པས་འདིར་མདོའི་དོན་མ་ནོར་བར་བསྟན་ཏོ། །ཞེས་འདྲེལ་པ་ལ་གུས་བ་སྐྱེ་སྟེ། དེ་ལྟར་གང་དག་གང་ཟག་ཚད་མར་བྱེད་པ་དེ་དག་ནི། མདོ་དང་འགྲེལ་པ་ལ་གུས་པ་སྐྱེའོ། །གང་ཡང་ཆོས་ལ་རྟོན་པ་དེ་དག་ནི་མདོ་དང་འགྲེལ་པའི་དོན་བཟང་པོ་ཁོང་དུ་ཆུད་དེ། ངེས་པ་སྐྱེས་ན ་འདི་མཛད་པ་དང་འཆད་པ་ཡང་རྟོགས་པས་རབ་ཏུ་ཕྱེ་བ་ཡིན་གྱི། རྟོག་གེ་དང་ལུང་ཙམ་གྱིས་རབ་ཏུ་ཕྱེ་བར་ནི་མ་ཟད་དོ་ཞེས་མཛད་པ་དང། འཆད་པ་ལ་གུས་པ་སྐྱེའོ། །ད་ནི་བསྟན་བཅོས་ཀྱི་རང་བཞིན་ཅི་འདྲ་བ་དང་ཅིའི་ཕྱིར་བསྟན་བཅོས་ཤེས་བྱ་བ་འདི་བཤད་པར་བྱའོ། །མིང་དང ་ཚིག་དང་ཡི་གེའི་ཚོགས་སུ་སྣང་བའི་རྣམ་པར་རིག་པ་རྣམས་ནི་བསྟན་བཅོས་སོ། །ཡང་ན་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཐོབ་པར་བྱེད་པའི་སྒྲའི་ཁྱད་པར་དུ་སྣང་བའི་རྣམ་པར་རིག་པ་རྣམས་བསྟན་བཅོས་སོ། །རྣམ་པར་རིག་པ་རྣམས་ཇི་ལྟར་མཛད་ཅིང་བརྗོད་ཅེ་ན་མཛད་པ ་དང་འཆད་པའི་རྣམ་པར་རིག་པ་ལས་ཉན་པའི་རྣམ་པར་རིག་པ་རྣམས་སྐྱེ་བས་འདི་ལ་ཉེས་པ་ནེད?་དོ། །སློབ་མ་ཆོས་པ་ནི་ཚུལ་ཁྲིམས་དང། ཏིང་ངེ་འཛིན་དང། ཤེས་རབ་ཀྱི་ཁྱད་པར་བསྐྱེད་པའི་ཕྱིར། ལུས་དང་ངག་དང་ཡིད་ཚོགས་པར་མི་འབྱུང་བའི་ལས་ལས་བཟློག་པ་དང། ཆོགས? ་པར?་འབྱུང་བའི་ལས་ལ་འཇུག་པའོ། །ཡང་ན་བསྟན་བཅོས་ཀྱི་མཚན་ཉིད་དུ་འཐེད་པའི་ཕྱིར་བསྟན་བཅོས་ཏེ། ལུང་མནོས་པ་གོམས་པར་བྱས་པས་བག་ཆགས་དང་བཅས་པའི་ཉོན་མོངས་པ་སྤོང་བར་འགྱུར་བ་དང། བར་ཆོད་མེད་པ་ཡུན་རིང་བའི་སྡུག་བསྔལ་དྲག་པོ་སྣ་ཚོགས་ཀྱིས་འཇིགS ་པའི་ངན་སོང་རྣམས་དང། སྲིད་པ་ལས་སྐྱོབ་པ་གང་ཡིན་པ་དེ་ནི་བསྟན་བཅོས་ཀྱི་མཚན་ཉིད་ངོ། །དེའི་ཕྱིར་ཉོན་མོངས་པའི་དགྲ་འཆོས་པ་དང་ངན་འགྲོའི་སྲིད་པ་ལས་སྐྱོབ་པས་བསྟན་བཅོས་ཀྱི་མཚན་ཉིད་དེ། དེ་གཉིས་ཀྱང་ཐེག་པ་ཆེན་པོ་ཐམས་ཅད་དང་དེ་བཤད་པ་ཐམས་ཅད་ལ ་ཡོད་ཀྱི་གཞན་ལ་མེད་དོ། །དེའི་ཕྱིར་འདི་ནི་བསྟན་བཅོས་སོ། །དེ་ལ་སྨྲས་གཉོན་མོངས་དགྲ་རྣམས་མ་ལུས་འཆོས་པ་དང། །ངན་འགྲོ་སྲིད་ལས་སྐྱོབ་པ་གང་ཡིན་པ། །ཆོས་སྐྱོབ་ཡོན་ཏན་ཕྱིར་ན་བསྟན་བཅོས་ཏེ། །གཉིས་པོ་འདི་དག་གཞན་གྱི་ལུགས་ལ་མེད། །འདི་ནི་ཞེས་བྱ་བ་ནི། ཐེག ་པ་གསུམ་གྱི་སྒོ་ནས་དངོས་པོ་བདུན་དུ་བསྡུས་པ། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་སྤོང་བ་ཐོབ་པ་དང། བསྟན་བཅོས་དབུས་དང་མཛའ་རྣམ་པར་འབྱེད་པ་འདི་སེམས་ལ་གནས་པའི་ཕྱིར་དང་འདི་ཞེས་མངོན་སུམ་དུ་བསྟན་ཏོ། །རབ་མཛད་བ་ཞེས་བྱ་བ་ནི་བྱེད་པ་པོའོ། །སྐད་ཀྱི་དབྱིང ་འདི་ཐོབ་པར་བྱེད་པ་ཡིན་མོད་ཀྱི། འོན་ཀྱང་རབ་ཀྱི་སྒྲ་དང་སྒྲོགས་ན་བྱེད་པར་ལྟ་སྟེ། སྐད་དབྱིངས་དོན་གྱི་སྟོབས་ལྡན་ཡང། །ཉེ་བར་བསྒྱུར་བས་ཟིལ་ནོན་འགྱུར། །གང་གཱའི་ཆུ་ནི་མངར་མོད་ཀྱི། །རྒྱ་མཚོའི་ཆུ་ནི་ཇི་བཞིན་ནོ། །ཞེས་བཤད་དོ། །བདེ་གཤེགས་ཉིད་སྐྱེས་ཞེས་བྱ་བ་ནི། བག ་ཆགས་དང་བཅས་པའི་ཉོན་མོངས་པའི་སྒྲིབ་པ་དང། ཤེས་བྱའི་སྒྲིབ་པ་ལས་མི་གནས་པའི་མྱ་ངན་ལས་འདས་པར་ཤིན་ཏུ་གཤེགས་པས་བདེ་བར་གཤེགས་པའོ། །དེ་ཡང་བག་ཆགས་ཀྱི་སྒྲིབ་པ་ཐམས་ཅད་སྤངས་པ། ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་ཐུགས་སུ་ཆུད་པའི་རང ་གི་ངོ་བོ་འབྱོར་བ་ཐམས་ཅད་ཀྱི་གནས་སུ་གྱུར་པ། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལྟར་བསམ་གྱིས་མི་ཁྱབ་པའི་མཐུ་མངའ་སྟེ། སེམས་ཅན་ཐམས་ཅད་ཀྱི་དོན་ཐམས་ཅད་ལྷུན་གྱིས་གྲུབ་པར་མཛད་པར་སྤྱོད་པ། རྣམ་པར་མི་རྟོགས་པའི་ཡེ་ཤེས་ཀྱི་ཁྱད་པར་གྱི་བདག་ཉིད་ནི་བདེ ་བར་གཤེགས་པའོ། །དེའི་བདག་ཉིད་ནི་རྣམ་པར་དག་པའི་དེ་བཞིན་ཉིད་དེ། དེ་ལས་རྣམ་པར་མི་རྟོག་པའི་ཡེ་ཤེས་རབ་ཏུ་གྱུར་པའི་ཕྱིར་ཏེ་ལས་སམ། དེར་སྐྱེས་པས་ན་བདེ་གཤེགས་ཉིད་སྐྱེས་སོ། །ཡང་ན་བདེ་བར་གཤེགས་པ་ཉིད་དུ་སྐྱེས་པས། བདེ་གཤེགས་ཉིད ་སྐྱེས་ཏེ། མདོ་གཞན་ལས་དེའི་བདག་ཉིད་ཀྱི་ཆོས་རབ་ཏུ་རྙེད་པས། དེ་བཞིན་གཤེགས་པའི་གདུང་དུ་སྐྱེས་པ་ཡིན་ནོ་ཞེས་ཇི་སྐད་གསུངས་པ་ལྟ་བུའོ། །དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་ས་བཅུ་པ་ལ་རབ་ཏུ་གནས་པ་ནི། ཤེས་བྱའི་དངོས་པོའི་རྣམ་པ་ཐམས་ཅད་སྐྱུ་རུ་ར་ལག ་མཐིལ་དུ་བཞག་པ། དར་ལ་སྲབ་མོས་གཡོགས་པའི་མིག་ལ་སྣང་བ་བཞིན་ནོ། །བཅོམ་ལྡན་འདས་ཀྱི་ནི་མིག་གི་སྒྲིབ་པ་བསལ་བ་བཞིན་ཏེ། འདི་ནི་ཁྱད་པར་རོ། །འདིར་ནི་བདེ་བར་གཤེགས་པའི་བདག་ཉིད་ལས་སྐྱེས་པས། བསྟན་བཅོས་མཛད་པ་དེ་ཁོ་ན་ཐུགས་སུ་ཚུད་པ་ཕུན་སུམ ་ཚོགས་པར་བསྟན་པ་དང་རྙེད་པ་དང་བཀུར་སྟི་ལ་མི་བལྟ་བར་བསྟན་བཅོས་མཛད་པས། ཐུགས་རྗེ་ཕུན་སུམ་ཚོགས་པ་དང། ཤེས་རབ་ཕུན་སུམ་ཚོགས་པར་བསྟན་པའོ། །འཆད་པ་ནི་བཤད་པར་བྱེད་པ་སྟེ། མངོན་པར་མཆོད་ཅེས་བྱ་བ་དང་སྦྱར་རོ། ཁ་ཅིག་ན་རེ་བདེ་གཤེགས ་ཉིད་ལས་སྐྱེས་པ་ཞེས་ཀྱང་བྱའོ་ཞེའོ། །དེ་ནི་འཕགས་པ་ཐོགས་མེད་དེ། དེ་ལ་ནི་འཕགས་པ་བྱམས་པའི་བྱིན་གྱིས་བརླབས་ཀྱིས་ན། ཆོས་ཀྱིས་རྒྱུན་གྱིས་བསྟན་བཅོས་འདི་མངོན་དུ་གྱུར་ཅིང་བཤད་དོ། །སུ་ལ་འཆད་པ་ཞེ་ན། བདག་སོགས་གསལ་ཞེས་བྱ་བ་སྟེ། བདག་ཐོག ་མར་བྱས་པ་གང་ཡིན་པ་དེ་དག་ནི་བདག་ལ་སོགས་པ་སྟེ། །འདི་ནི་བདག་ཉིད་ཀྱི་མི་སླུ་བ་ལས་ལུང་མནོས་པར་སྟོན་ཏོ། །ཡང་ཞེས་བྱ་བ་ནི་བསྡུ་བའམ། རྩ་བ་བསྐངས་པའམ། ལྷག་པའི་ཚིག་སྟེ། མཛད་པ་དང་འཆད་པ་ཉེ་ཚོལ་མ་ཡིན་གྱི་སངས་རྒྱས ་དང་བྱང་ཆུབ་སེམས་དཔའ་གང་ཡང་རུང་བ་དག་ལ་མཆོད་པ་བྱ་བའོ། །མངོན་མཆོད་ཅེས་བྱ་བརྗེས?་པའོ། །མངོན་པར་ཞེས་བྱ་བ་ནི་མདུན་ནས་མངོན་སུམ་དང་འདྲ་བར་གནས་པའོ། །མཆོད་པ་ནི་ལུས་དང་ངག་དང་ཡིད་ཀྱིས་བརྗེས་པའོ། །བསྟན་བཅོས་མཛད་པ་དང་འཆད ་པ་ལ་མངོན་པར་མཆོད?་ནས་ཅི་ཞིག་བྱ་ཞེ་ན་དོན་རྣམས་དབྱེ་ཕྱིར་འབད་པར་བྱ་ཞེས་བྱ་བ་སྨོས་སོ། །དོན་དབྱེ་བའི་ཕྱིར་རམ། དོན་གྲོལ་བའི་ཕྱིར་རམ། སོ་སོར་དབྱེ་པའི་ཕྱིར་བསྒྲིམ་པར་བྱ་བའི་ཕྱིར་ཞེས་བྱ་བ་འདི་ནི་རྒྱུའི་དོན་ཏེ། དོན་རྣམ་པར་དབྱེ་བའི་རྒྱུར་ཞེས་བྱ་བའི་ཐ་ཚིག་གོ་།དོན་ནི་འདིར ་བསྟན་བཅོས་ཀྱི་ལུས་ཡིན་ཏེ་ཞེས་བྱ་བ་དོན་བདུན་པོ་འདི་དག་བསྟན་བཅོས་འདི་ལས་འཆད་དོ་ཞེས་འབྱུང་བའི་ཕྱིར་རོ། །ཅིའི་ཕྱིར་བསྟན་བཅོས་འདི་བཤད་ཅེ་ན་སངས་རྒྱས་བཅོམ་ལྡན་འདས?་རྣམས་ཀྱི་རྣམ་པར་མི་རྟོག་པའི་ཡེ་ཤེས་བསྐྱེད་པའི་ཕྱིར་ཏེ་ཆོས་ལ་བདག་མེད་པ་བསྟན་པས་རྣམ ་པར་མ་རྟོག་པའི་ཡེ་ཤེས་བསྐྱེད་པ་དང། དེ་གོམས་པས་བག་ཆགས་དང་བཅས་པའི་ཉོན་མོངས་པ་དང། ཤེས་བྱའི་སྒྲིབ་བ་མ་ལུས་པར་སྤངས་པ་ཐོབ་པར་འགྱུར། །ཆོས་ལ་བདག་མེད་པ་ཡང་ཆོས་ཐམས་ཅད་མེད་པ་ཉིད་ཆོས་ལ་བདག་མེད་པ་དང། ནང་ན་བྱེད་པའི་སྐྱེས་བུ་མེད་པ ་ཉིད་ཆོས་རྣམས་ལ་བདག་མེད་པའོ་ཞེས་མི་མཐུན་པར་སྨྲ་བ་དེ་དག་བཀག་པས། ཆོས་བདག་མེད་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་བསྟན་པར་བྱ་བའི་ཕྱིར་བསྟན་བཅོས་བརྩམ་མོ། །གཞན་དག་ན་རི?་མཚན་ཉིད་དང་སྒྲིབ་པ་ལ་སོགས་པ་མ་རྟོགས་པ་དང། ལོག་པར་རྟོགས་པ་རྣམས ་ཡང་དག་བར་རྟོགས་པ་སྐྱེད་པས་མ་རྟོགས་པ་རྣམས་དང། ལོག་པར་རྟོགས་པ་བསལ་པའི་ཕྱིར་ར་ཞེའོ། །ཡང་ན་འཇིག་རྟེན་གྱི་ཁམས་དང་སེམས་ཅན་དང་ཆོས་དང་གདུལ་པ་དང། ཐབས་ཀྱིས་བདག་ཉིད་དེ། ཤེས་བྱ་རྣམ་ལྔ་རེ་རེ་ལ་ཡང་རབ་ཏུ་དབྱེ་བ་མཛའ་ཡས་པའི་ཕྱིར ་ཤེས་པར་བྱ་དཀའ་ཨོ་སྙམ་དུ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེམས་ཞུམ་པ་གང་ཡིན་པ་བརྩལ་བའི་ཕྱིར། མཚན་ཉིད་དང་སྒྲིབ་པ་དང། དེ་ཁོ་ན་ཞེས་བྱ་བ་དག་སྨོས་སོ། །དེ་ལ་ཐོག་མ་ཁོ་ནར་བསྟན་བཅོས་ཀྱི་ལུས་རྣམ་པར་བཞག་སྟེ་ཞེས་བྱ་བ་ལ། དེ་ལ་ཞེས་བྱ་བ་ནི་བསྟན ་བཅོས་ཀྱི་དོན་རྣམ་པར་འབྱེད་པ་འམ། བསྟན་བཅོས་ལའོ། །ཐོག་མ་ཁོ་ནར་ཅེས་བྱ་བ་ནི་དང་པོ་ཁོ་ནར་རོ། །བསྟན་བཅོས་ནི་བཤད་པར་ཟད་དོ། །དེའི་ལུས་ནི་མདོར་བསྡུས་པའམ། དོན་བསྡུས་པའམ་།གནས་ཀྱིས་དོན་ནི་ལུས་སོ། དཔེར་ན་ཕྱི་དང་ནང་གི་སྐྱེད་མཆེད་ཀྱི་སྒནས་ནི་ཁོག་པ་སྟེ་ ་ལུས་ཤེས་བྱ་བ་དེ་བཞིན་དུ། དོན་གང་དག་ལ་གནས་ཏེ། བསྟན་བཅོས་ལ་འཇུག་པའི་དོན་དེ་རྣམས་ནི་དེའི་ལུས་སོ། །དེ་དག་ཀྱང་དོན་བདུན་པོ་དག་སྟེ། མཚན་ཉིད་ལ་སོགས་པའོ། །རྣམ་པར་བཞག་ཅེས་བྱ་བ་ནི་བཅས་པར་བྱ་སྟེ། བཤད་ཅེས ་བྱ་བའི་ཐ་ཚིག་གོ་།བསྟན་བཅོས་ཁོང་དུ་ཆུད་པ་ཉིད་ཀྱི་དེའི་ལུས་ཤེས་པར་མི་འགྱུར་རམ། དེ་བས་ན་ཐོག་མ་དེ་རྣམ་པར་བཞག་པ་ནི་དོན་མེད་དོ། །སློབ་མ་རྣམས་ལ་ཕན་གདགས་པའི་ཕྱིར་དོན་མེད་པ་མ་ཡིན་ནོ། །སློབ་མས་དོན་?་དུ་ཆུད་ན་རྒྱས་པར་བརྗོད་ཀྱང་བདེ ་བླག་ཏུ་ཁོང་དུ་ཆུད་པར་འགྱུར་ཏེ། དཀྱུས་ཀྱིས་བསྟན་པའི་རྟ་ཐགས་ཐོགས་མེད་པར་རྒྱུག་པ་བཞིན་ཏེ། གཞན་དུ་མ་ཡིན་ནོ་ཞེས་བྱ་བ་དོན་བདུན་པ་འདི་དག་བསྟན་བཅོས་འདི་ལས་འཆད་དོ་ཞེས་བྱ་བ་ནི། བསྟན་བཅོས་ཀྱི་ལུས་ཛོགས?་སོ་ཞེས་བྱ་བ་ནི་ཐ་ཚིག་གོ་།ཤེས ་པར་བྱ་བ་ཡིན་པས་དོན་དེ་ཁོང་དུ་ཆུད་པར་བྱ་བ་ཞེས་བྱ་བའི་ཐ་ཚིག་གོ་།བདུན་པོ་ཞེས་བྱ་བི་ནི་གྲངས་སོ། །འདི་དག་ཅེས་བྱ་བ་ནི་མཚན་ཉིད་ལ་སོགས་པ་སྨོས་པ་གང་ཡིན་པ་རྣམས་སོ། །བསྟན་བཅོས་འདི་ལས་ཞེས་བྱ་བ་ནི་དབུས་དང་མཛའ་རྣམ་པར་འབྱེད་པ་ཞེས ་བྱ་པའོ། །འཆད་ཅེས་བྱ་བ་ནི་བསྟན་པ་འམ་གཏན་ལ་འབེབས་པའོ། །འདི་ལྟ་སྟེ་ཞེས་བྱ་བ་ནི་དེའི་དོན་ཁོང་དུ་ཆུད་པར་བྱེད་པའི་ཚིག་གི་ཕྲད་དོ། །མཚན་ཉིད་ཅེས་བྱ་བ་ནི། འདིས་མཚོན་པར་བྱེད་པས་མཚན་ཉིད་དོ། །དེ་ཡང་རྣམ་པ་གཉིས་ཏེ། ཀུན་ནས་ཉོན་མོངས ་པའི་མཚན་ཉིད་དང། རྣམ་པར་བྱང་བའི་མཚན་ཉིད་དོ། །དེ་ལ་ཀུན་ནས་ཉོན་མོངས་པའི་མཚན་ཉིད་ནི་རྣམ་པ་དགུ་སྟེ། ཡང་དག་མ་ཡིན་ཀུན་རྟོག་ཡོད་ཅེས་བྱ་བ་ནས་བཟུང་སྟེ། རྣམ་བདུན་ཡང་དག་མི་རྟོགས་ལས་ཞེས་བྱ་བའི་བར་དུའོ། །ལྷག་མའི་རྣམས ་བར་བྱང་བའི་མཚན་ཉིད་དུ་བསྟན་ཏོ། །གལ་དེ་འདིས་མཚོན་པར་བྱེད་པས་མཚན་ཉིད་ཅེས་བྱ་ན། དེ་ལྟ་ན་ནི་མཚན་ཉིད་ཀུན་ནས་ཉོན་མོངས་པ་དང། རྣམ་པར་བྱང་བ་དང་ཐ་དད་པར་འགྱུར་རོ་ཞེ་ན། དེ་ནི་དེ་ལྟ་མ་ཡིན་ཏེ་དངོས་པོ་རྣམས་རང་བཞིན་ཉིད་མཚན་ཉིད ་དཔེར་ན་སའི་ཁམས་ཀྱི་མཚན་ཉིད་ནི་སྲ་བ་སྟེ། སྲ་བ་ཉིད་ལས་སའི་ཁམས་གུང་ན་མེད་པ་ལྟ་བུའོ། །ཡང་ན་ངེས་མཚོན་པར་བྱ་བས་མཚན་ཉིད་དེ། དེ་ལྟར་ཀུན་ནས་ཉོན་མོངས་པ་དང། རྣམ་པར་བྱང་བ་ཡང་ཀུན་ནས་ཉོན་མོངས་པ་དང། རྣམ་པར་བྱང་བའི་བདག་ཉིད་ཀྱི་མཚོན་པར་བྱ་བས ་མཚན་ཉིད་དུ་འགྱུར་རོ། །ཡང་ན་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱད་པ་གཉིས་ལས་མཚན་ཉིད་རྣམ་པ་གཉིས་ཏེ། རང་གི་མཚན་ཉིད་དང་སྤྱིའི་མཚན་ཉིད་དོ། །སྒྲིབ་པ་ཞེས་བྱ་བ་ནི་དགེ་པའི་ཆོས་རྣམས་ལ་སྒྲིབ་པར་བྱེད་པའམ། འདིས་དགེ་བའི་ཆོས་རྣམས་སྒྲིབས་པས་སྒྲིབ་པ་སྟེ། ་སྐྱེ་བ་ལ་འགེགས་བྱེད་པའི་ཕྱིར་སྒྲིབ་པའོ། །དེ་ཡང་ལྔ་བཅུ་རྩ་གསུམ་མོ། །དེ་ཁོ་ན་ཞེས་བྱ་བ་ནི་འདི་ཉིད་དེ་ཡིན་པས་དེའོ། །དེའི་དངོས་པོ་ནི་དེ་ཁོ་ན་སྟེ། ཕྱིན་ཅི་མ་ལོག་ཅེས་བྱ་བའི་ཐ་ཚིག་གོ་།དེ་ཡང་རྣམ་པ་བཅུའོ། །མི་མཐུན་པའི་ཕྱོགས་སྤངས་པའི་ཕྱིར། ཕྱོགས་ནི་གཉེན་པོ་སྟེ་དེ་ནི་ལམ ་མོ། །དེ་གོམས་པར་བྱ་བ་ནི་བསྒོམ?་པའོ། །གནས་སྐབས་ནི་དེ་ཉིད་རྒྱུན་གྱིས་སྐྱེ་བའི་ཁྱད་པར་རོ། །དེ་ཡང་རྣམ་པ་བཅུ་དགུ་སྟེ། རིགས་ཀྱི་གནས་ལ་སོགས་པའོ། །འབྲས་བུ་ཐོབ་པ་ནི་འབྲས་བུ་རྙེད་པའོ། །དེ་ཡང་རྣམ་བ་བཅོ་ལྔ་སྟེ། རྣམ་པར་སྨིན་བའི་འབྲས་བུ་ལ་སོགས་པའོ། །ཐེག ་པ་བླ་ན་མེད་པ་ཞེས་བྱ་བ་ནི་འདིས་འགྲོ་བས་ཐེག་པ་སྟེ། དེ་ནི་ཐེག?་པ་ཡང་ཡིན་ལ་བླ་ན་མེད་པ་ཡང་ཡིན་པས་ཐེག་པ་བླ་ན་མེད་པའོ། །དེ་ཡང་རྣམ་པ་གསུམ་སྟེ། བསྒྲུབ་པ་བླ་ན་མེད་པ་ལ་སོགས་པའོ། །དོན་བདུན་བཞེས་བྱ་བ་ནི་ངེས་བའི་དོན་དང་གོ་རིམས་ཀྱི་དོན་དུ་སྨོས་པ་སྟེ། དོན ་འདི་རྣམས་འདིར་བཤད་ཀྱི་དེ་ལས་གཞན་མ་ཡིན་ནོ། །ཡང་གོ་རིམས་འདི་ནི་འཇིག་རྟེན་ལས་འདས་པའི་ཡེ་ཤེས་དང་མཐུན་པའི་ཕྱིར་ཏེ། འདི་ལྟར་བྱང་ཆུབ་སེམས་དཔའ་མོས་པས་སྤྱོད་པ་ལ་གནས་པ། ཚུལ་ཁྲིམས་ལ་རབ་ཏུ་གནས་པས། ཐོག་མར་ཀུན་ནས་ཉོན་མོངས་པ་དང ་རྣམ་བར་བྱད་པ་ལ་མཁས་པར་བྱའོ། །དེའི་འོག་ཏུ་དགེ་བའི་ཆོས་རྣམས་ཀྱིས་གང་གིས་སྒྲིབ་པ་གང་ཡིན་པ་དེ་ཤེས་པར་བྱ་སྟེ། དེ་མ་སྤངས་ན་རྣམ་པར་གྲོལ་མི་སྲིད་ལ། རྣམ་པར་མི་ཤེས་ན་ཡང་ཉེས་པ་མ་མཐོང་པས་སྤོང་མི་ནུས་སོ། །དེའི་འོག་ཏུ་སྒྲིབ་པ་དེ་ལས་དམིགས་པ ་གང་གིས་སེམས་རྣམ་པར་གྲོལ་བར་འགྱུར་བ་དེ་ནི་དེ་ཁོ་ན་ཡིན་པར་ཁོང་དུ་ཆུད་པར་བྱའོ། །དེའི་འོག་ཏུ་དམིགས་པ་དེའི་སྒྲིབ་པ་དེ་སྦྱོར་བ་གང་གིས་ཟད་པར་འགྱུར་བ་དེ་གཉེན་པོ་བསྒོམ་པར་ཤེས་པར་བྱའོ། །དེའི་འོག་ཏུ་གཉེན་པོ་བསྒོམ་པ་ནི་དེའི་མི་མཐུན་པའི ་ཕྱོགས་འབྲི་བ་དང་གཉེན་པོ་འཕེལ་བ་ལ་གནས་སྐབས་སུ་ཤེས་པར་བྱ་སྟེ། རིགས་ཀྱི་གནས་སྐབས་ལ་སོགས་པའོ། །དེའི་འོག་ཏུ་འཇིག་རྟེན་ལས་འདས་བའི་ཆོས་མངོན་དུ་གྱུར་པ་ནི་འབྲས་བུ་རྣམས་ཏེ། རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་སོགས་བར་ཤེས་བར་བྱའོ། །དེ་དག་ཐམས་ཅད་ཀྱང་བླ ་མ་དང་བཅས་པས་བྱང་ཆུབ་སེམས་དཔའ་རྣམས་དང་ཉན་ཐོས་ལ་སོགས་པ་དང་ཐུན་མོང་སྟེ། མདོ་ལས་ཇི་སྐད་དུ། རབ་ཏུ་བྱུང་བ་དེ་ཉན་ཐོས་ཀྱི་བསླབ་པ་དང། ཆོ་ག་དང། སྤྱོད་ཡུལ་དང། ཡང་དག་པར་སྤྱོད་པ་ལ་ཡང་སློབ་བོ། །རང་སངས་རྒྱས་ཀྱི་བསླབ་པ་དང་ཆོ་ག་དང། སྤྱོད་ཡུལ ་དང། ཡང་དག་པར་སྤྱོད་པ་ལ་སློབ་བོ། །བྱང་ཆུབ་སེམས་དཔའ་ཨི་བསླབ་པ་དང། ཆོ་ག་དང། སྤྱོད་ཡུལ་དང། ཡང་དག་པར་སྤྱོད་པ་ལ་ཡང་སློབ་བོ་ཞེས་གསུངས་པ་ལྟ་བུའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་ནི་བླ་ན་མེད་པ་ཐུན་མོང་མ་ཡིན་པ་སྟེ་དོན་བདུན་པ་བླ་ན་མེད་པའོ། །གཞན ་ན་རེ་ཀུན་ནས་ཉོན་མོངས་པ་དང། རྣམ་པར་བྱང་བའི་མཚན་ཉིད་ལ་མཁས་པར་བྱ་བ་བསྐྱེད་པའི་ཕྱིར་ཐོག་མར་མཚན་ཉིད་དོ། །དེ་ལ་ཀུན་ནས་ཉོན་མོངས་པ་གང་ཡིན་པ་དེ་ནི་སྒྲིབ་པའོ། །རྣམ་པར་བྱང་བ་གང་ཡིན་བ་དེ་ནི་ཁོ་ནའོ། །དེ་ཁོ་ན་ཉིད་ཁོང་དུ་ཆུད་པས་སྒྲིབ་པ་སྤོང་བར ་འགྱུར་ཏེ། དེའི་ཕྱིར་སྒྲིབ་པ་དང་དེ་ཁོ་ནའོ། །དེ་སྤང་བའི་ཐབས་བསྟན་པའི་ཕྱིར། དེའི་འོག་ཏུ་གཉེན་པོ་འཁོར་དང་བཅས་པ་ནི་ལམ་མོ། །ལམ་དེའི་ཐོག་མ་དང་བར་མ་དང་ཐ་མ་ལ་ཆུང་ངུ་དང་འབྲིང་དང་ཆེན་པོ་རབ་ཏུ་དབྱེ་བར་བསྟན་པའི་ཕྱིར་དེའི་གནས་སྐབས་སོ། །གནས ་སྐབས་དང་མཐུན་པའི་འབྲས་བུ་ཐོབ་པར་བྱེད་པས། དེའི་འོག་ཏུ་འབྲས་བུའོ། །དེ་དག་ཐམས་ཅད་ཀྱང་བྱང་ཆུབ་སེམས་དཔའ་དང། ཉན་ཐོས་ལ་སོགས་པ་དང་ཐུན་མོང་སྟེ། དེ་བས་ན་ཐུན་མོང་མ་ཡིན་པ་ཐེག་པ་ཆེན་པོའི་ཚུལ་རབ་ཏུ་བསྟན་པའི་ཕྱིར་བླ་ན་མེད་བ་ཞེས་བྱའོ ་ཟེར་རོ། །གཞན་དག་ན་རེ་ཡོད་པ་དང་མེད་པའི་མཚན་ཉིད་ཤེས་པར་བྱ་བའི་ཕྱིར་ཐོག་མར་མཚན་ཉིད་བཤད་དོ། །མཚན་ཉིད་ཤེས་ནས་སྒྲིབ་པ་སྤང་བར་བྱ་བ་དང། དེ་ཁོ་ན་མངོན་སུམ་དུ་བྱ་བས་དེའི་འོག་ཏུ་སྒྲིབ་པ་དང་དེ་ཁོ་ནའོ། །དེ་གཉིས་སྤང་བ་དང་མངོན ་དུ་བྱ་བའི་ཐབས་ནི་འདི་ཡིན་ཏེ། གཉེན་པོ་བསྒོམ་པའོ། །དེའི་འབྲིང་དང་མཆོག་ནི་གནས་སྐབས་ཀྱི་ཁྱད་པར་རོ། །ངེས་སྤང་བར་བྱ་བ་ནི་འབྲས་བུའོ། །དེའི་འོག་ཏུ་ཐེག་པ་བླ་ན་མེད་པའོ་ཞེས་བྱ་བར་རབ་ཏུ་བསྟན་པའི་ཕྱིར་འདི་ནི་གོ་རིམས་སོ་ཞེས་ཟེར་རོ། །གཞན་ཡང་སེམས་པ་ཡོད་པ་དང་མེད ་པའི་ཆོས་ལ་རྨོངས་ནས། སྐུར་བ་འདེབས་པ་དང་སྒྲོ་འདོགས་པ་སྤང་བའི་ཕྱིར་མཚན་ཉིད་བཤད་དོ། །རྨོངས་པ་སྤངས་ནས་སྒྲིབ་པ་ལ་མཁས་པར་བྱ་བའི་ཕྱིར་སྒྲིབ་པའོ། །དེས་དེ་ཁོ་ན་བསྒྲིབས་པས་དེ་ཁོ་ན་ལ་མཁས་པར་བྱ་བའི་ཕྱིར་དེའི་འོག་ཏུ་དེ་ཁོ་ནའོ། །དེ་ཁོ་ན་རབ་ཏུ་རྟོགས་པ་བསྒོམS ་པས་སྒྲིབ་པ་སྤོང་པར་འགྱུར་བས་དེ་ཁོ་ནའི་འོག་ཏུ་གཉེན་པོ་བསྒོམ་པའོ། །དེའི་དབྱེ་བ་ལ་མཁས་པར་བྱ་བའི་ཕྱིར་གནས་སྐབས་སོ། །གནས་སྐབས་ཀྱི་འབྲས་བུ་རབ་ཏུ་ཕྱེ་བས་དེ་ལ་མཁས་པར་བྱ་བ་བསྐྱེད་པའི་ཕྱིར་གནས་སྐབས་ཀྱི་འོག་ཏུ་འབྲས་བུའོ། །དེ་དག་ཐམས་ཅད་ཀྱང་ཐེག་པ་ཆེན་པོ ་ལ་བརྟེན་པས་ཐེག་པ་བླ་ན་མེད་པ་ཐ་མར་བཤད་དོ་སྙམ་མོ། །དེ་ལ་མཚན་ཉིད་ལ་བརྩམས་ནས། །ཡང་དག་མ་ཡིན་ཀུན་རྟོག་ཡོད། །དེ་ལ་གཉིས་པོ་ཡོད་མ་ཡིན། །སྟོང་པ་ཉིད་ནི་འདི་ལ་ཡོད། །དེ་ལ་ཡང་ནི་དེ་ཡོད་དོ་ཞེས་བྱ་བར་གསུངས་སོ་ཞེས་བྱ་བ་ལ། དེ་ལ་ཞེས་བྱ་བ་ནི་མཚན་ཉིད ་དང། སྒྲིབ་པ་ལ་སོགས་པ་དངོས་པོ་བདུན་སྨོས་པ་དག་གི་ནང་ནས་མཚན་ཉིད་ལ་བརྩམས་ནས་དབང་དུ་མཛད་དེ། དེའི་ཕྱིར་ཡང་དག་མ་ཡིན་ཀུན་རྟགས་ཡོད་ཅེས་བྱ་བ་ལ་སོགས་པ་གསུངས་སོ། །ཇི་ལྟར་བསྟན་པ་དེ་བཞིན་དུ་བཤད་དེ། ཐོག་མར་མཚན་ཉིད་བསྟན་པས་དེའི་ཕྱིར ་ལྷག་མ་རྣམས་པས་དེ་ཉིད་བཤད་པ་སྔར་བརྩམ་མོ། །ལ་ལ་དག་ཆོས་ཐམས་ཅད་རི་བོང་གི་ར་ལྟར་རང་བཞིན་ཡི་མེད་དོ་སྙམ་དུ་སེམས་པ་དེའི་ཕྱིར་ཐམས་ཅད་ལ་སྐུར་པ་དགག་པའི་དོན་དུ། ཡང་དག་མ་ཡིན་ཀུན་རྟོག་ཡོད་ཅེས་བྱ་བ་གསུངས་ཏེ། རང་བཞིན་གྱི་ཞེས ་བྱ་བ་ཚིག་གི་ལྷག་མའོ། །དེ་ལྟར་ན་མདོ་ལས་ཆོས་ཐམས་ཅད་སྟོང་པའོ་ཞེས་བཤད་པས། མདོ་དང་མི་འགལ་ལམ་ཞེ་ན། མི་འགལ་ཏེ་འདི་ལྟར། དེ་ལ་གཉིས་པོ་ཡོད་མ་ཡིན། ཡང་དག་པ་མ་ཡིན་པ་ཀུན་རྟོག་པ་གཟུང་བ་དང་འཛིན ་པའི་ངོ་བོ་དང་བྲལ་བས་སྟོང་པ་ཞེས་བྱའི་རང་བཞིན་ཡེ་མེད་པ་ནི་མ་ཡིན་ཏེ། དེའི་ཕྱིར་མདོ་དང་མི་འགལ་ལོ། །གལ་ཏེ་དེ་ལྟར་གཉིས་པོ་ནི་རི་བོང་གིར་ལྟར་ཡེ་མེད་ལ། ཡང་དག་པ་མ་ཡིན་པ་ཀུན་ཏུ་རྟོག་པ་ནི། དོན་དམ་པར་རང་བཞིན་གྱི་ཡོད་ན། དེ་ལྟ་ན་ནི་སྟོང་པ་ཉིད་མེད ་པར་འགྱུར་རོ་ཞེ་ན། དེ་ནི་དེ་ལྟར་མ་ཡིན་ཏེ་འདི་ལྟར་སྟོང་པ་ཉིད་ནི་འདི་ལ་ཡོད། ཡང་དག་མ་ཡིན་པ་ཀུན་རྟོག་པ་ལ་གཟུང་བ་དང་འཛིན་པ་མེད་པ་ཉིད་གང་ཡིན་པ་དེ་སྟོང་པ་ཉིད་ཡིན་པས་སྟོང་པ་ཉིད་མེད་པར་མི་འགྱུར་རོ། །གལ་ཏེ་གཉིས་པོ་མེད་པ་སྟོང་པ་ཉིད་ཡིན་ལ། དེ་ཡང་ཡང ་དག་པ་མ་ཡིན་པ་ཀུན་རྟོག་པ་ལ་ཡོད་ན། ཅིའི་ཕྱིར་བདག་ཅག་མ་གྲོལ་ཡོད་ན་ཡང་ཅིའི་ཕྱིར་མ་རྟོགས་སྙམ་པའི་དོགས་པ་བསལ་བའི་ཕྱིར། དེ་ལ་ཡང་ནི་དེ་ཡོད་དོ་ཞེས་བྱ་བ་གསུངས་ཏེ། འདི་ལྟར་སྟོང་པ་ཉིད་ལ་ཡང་ཡང་དག་པ་མ་ཡིན་པ་ཀུན་རྟོག་པ་ཡོད་པས་དེའི་ཕྱིར ་ཁྱེད་མ་གྲོལ་ལོ། །དེ་བས་ན་དྲི་མ་དང་བཅས་པས་ཆུའི་ཁམས་དང་བ་བཞིན་རྟོགས་པར་མི་རུང་ངོ། །ཡང་ན་སེམས་དང་སེམས་ལས་བྱུང་བ་རྣམས་སོ། །གཟུགས་དང་རྫས་ཉིད་དུ་ཡོད་པར་གང་དག་ལྟ་བདེ?་དགག་པའི་ཕྱིར། ཡང་དག་མ་ཡིན་ཀུན་ཡོད་ཅེས་གསུངས་ཏེ་དེ་ཉིད ་རྫས་སུ་ཡོད་དོ། །གཟུགས་ནི་དེ་ལས་ལོགས་ཤིག་ན་ཡང་མེད་ལ་རྫས་སུ་ཡང་མེད་དོ། །ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ལ་གཉིས་པོ་ཡོད་མ་ཡིན། །ཡང་དག་པ་མ་ཡིན་པ་ཀུན་རྟོག་པ་ནི་ཅི་ལ་ཡང་འཛིན་པ་མ་ཡིན། སུས་ཀྱང་གཟུང་བར་བྱ་བ་མ་ཡིན་གྱི། གཟུང་བ་དང་འཛིན ་པ་དང་བྲལ་བའི་དངོས་པོ་ཙམ་ཉིད་དེ། འདི་ལྟར་རྣམ་པར་ཤེས་པ་ལས་ཕྱི་རོལ་ན་གཟུགས་ལ་སོགས་པ་གཟུང་བ་མེད་པར་རྨི་ལམ་ལ་སོགས་པ་བཞིན་དུ། གཟུགས་ལ་སོགས་པར་སྣང་བའི་རྣམ་པར་ཤེས་པ་འབྱུང་ངོ། །གལ་ཏེ་རྒྱུ་ཡིན་ན་དེ་མེད་པར་དེ་འབྱུང་བར་མི་རུང་ངོ། ། ་དེའི་ཕྱིར་དམིགས་པ་མེད་པ་ཉིད་དེ། རྨི་ལམ་ལ་སོགས་པ་བཞིན་ནོ། །གཞན་ལ་ཡང་རང་གི་ས་བོན་ཡོངས་སུ་སྨིན་པ་ལས་དོན་དུ་སྣང་བའི་རྣམ་པར་ཤེས་པ་འབྱུང་བར་ཤེས་པར་བྱའོ། །གཟུང་བ་མེད་ན་འཛིན་པ་མེད་པར་འགྱུར་བས་གཟུང་བ་མེད་ན་འཛིན་པ་མེད་པར་མི་རུང་སྟེ། དེ་བས ་ན་གཟུགས་ནི་ཡང་དག་པ་མ་ཡིན་པ་ཀུན་རྟོག་པ་ལས་གུང་ན་ཡོད་པ་མ་ཡིན་ནོ། །གལ་ཏེ་བ་ཟུང་ང་མེད་ན་དེའི་ཕྱིར་རྣམ་པར་དག་པའི་དམིགས་པ་མེད་པས་ཐར་པ་ཡང་མེད་པར་འགྱུར་རོ་ཞེ་ན། དེ་ནི་དེ་ལྟ་མ་ཡིན་ཏེ། འདི་ལྟར་སྟོང་པ་ཉིད་ནི་འདི་ལ་ཡོད། ནི་ཞེས་བྱ་བའི་སྒྲ་ནི་གང ་གི་ཕྱིར་ཞེས་བྱ་བའི་ཐ་ཚིག་གོ་།སྟོང་པ་ཉིད་ནི་རྣམ་པར་དག་པའི་དམིགས་པ་སྟེ། གཟུང་བ་དང་འཛིན་པ་དང་དྲལ་བ་ཉིད་དེ། དེ་ཡང་ཡང་དག་པར་མ་ཡིན་པ་ཀུན་རྟོག་པ་ལ་ཡོད་པས་ཐར་པ་མེད་པར་མི་འགྱུར་རོ། །གལ་ཏེ་ཡང་དག་པ་མ་ཡིན་པ་ཀུན་རྟོག་པ་ལ་ཡོད་ན། དེ ་ཡོད་པས་ཅིའི་ཕྱིར་མི་རྟོགས་ཤེ་ན། ཡང་དག་པ་མ་ཡིན་པ་ཀུན་རྟོགས་པས་བསྒྲིབས་པས་ནམ་མཁའ་དྲི་མ་མེད་པ་བཞིན་དུ་རྟོགས་པར་མི་རུང་གི་མེད་པ་ནི་མ་ཡིན་ནོ། །ཞེས་བསྟན་པའི་ཕྱིར། དེ་ལ་ཡང་ནི་དེ་ཡོད་དོ་ཞེས་བྱ་བ་གསུངས་སོ། །ཡང་ན་ཐམས་ཅད་ལ་སྐུར་པ་འདེབས ་པ་དགག་པའི་ཕྱིར་ཡང་དག་མ་ཡིན་ཀུན་རྟོག་ཡོད་ཅེས་བྱ་བ་གསུངས་ཏེ། རྣམ་པར་ཤེས་པ་གྱུར་པའི་བདག་ཉིད་ཡོད་པས། ཐམས་ཅད་མེད་པ་ཡང་མ་ཡིན་བདག་ཉིད་ཡོད་པ་ཡང་མ་ཡིན་ནོ། །གང་དག་སེམས་ལ་གཟུགས་ལ་སོགས་པ་ཇི་ལྟར་སྣང་བ་དེ་ལྟར་ཡང་དག ་པ་མ་ཡིན་པ་ཀུན་རྟོག་པ་ལས་ལོགས་ཤིག་ན་རང་བཞིན་དུ་ཡོད་དོ་ཞེས་ཡོད་པ་མ་ཡིན་པ་ལ་སྒྲོ་འདོགས་པ་དགག་པའི་དོན་དུ་དེའི་ཕྱིར། དེ་ལ་གཉིས་པོ་ཡོད་མ་ཡིན་ཞེས་བྱ་བ་གསུངས་སོ། །ཡང་དག་པ་མ་ཡིན་པ་ཀུན་རྟོག་པ་ཙམ་ཡོད་པར་དགོངས་པའོ། ཁ་གཅིག ་གཉིས་པོ་མོ་གཤམ་གྱི་བུ་བཞིན་དུ་དངོས་པོ་མེད་དོ་ཞེས་ཚད་མའི་ངོ་བོར་འཛིན་པ་དང། གཞན་དག་ནང་ན་བྱེད་པའི་སྐྱེས་བུ་མེད་པ་ཉིད་ནི། ཆོས་རྣམས་ཀྱི་སྟོང་པ་ཉིད་དོ་ཞེས་སྨྲ་བ་དེའི་ཕྱིར། སྟོང་པ་ཉིད་ལ་སྐུར་པ་འདེབས་པ་དགག་པའི་དོན་དང། བདག་མེད་པ་ཡང་དག ་པར་བསྟན་པའི་ཕྱིར། སྟོང་པ་ཉིད་ནི་འདི་ལ་ཡོད་ཅེས་བྱ་བ་གསུངས་སོ། །གལ་ཏེ་ཡང་དག་པ་མ་ཡིན་པ་ཀུན་རྟོག་པ་ལ་སྟོང་པ་ཉིད་ཡོད་ན་དེ་ལྟ་ན་ནི། བསྒྲིམ་མི་དགོས་པར་སྲོག་ཆགས་ཐམས་ཅད་ཐར་པར་འགྱུར་རོ་ཞེ་ན། དེ་ལྟ་མ་ཡིན་ཏེ་འདི་ལྟར། ་དེ་ལ་ཡང་ནི་དེ་ཡོད་དོ། །སྟོང་པ་ཉིད་ཀྱང་རྣམ་པར་མ་སྤྱད་ཀྱི་བར་དུ་ཐར་པ་མེད་པའི་ཕྱིར་ཏེ། ཀུན་ནས་ཉོན་མོངས་པར་གྱུར་པ་ནི། འབད་པ་ཆེན་པོས་རྣམ་པར་སྦྱང་དགོས་པས་འབད་པ་མ་བྱས་པར་ཐར་པ་མེད་དོ། །ཡང་ན་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱད་པ་དག་གི་མཚན ་ཉིད་བརྗོད་པ་ལས་གཞན་མེད་པས་དེའི་ཕྱིར་ཀུན་ནས་ཉོན་མོངས་པ་དང། རྣམ་པར་བྱང་བའི་མཚན་ཉིད་རྟག་པའི་དོན་དུ་ཡང་དག་མ་ཡིན་ཀུན་རྟོག་ཡོད་ཅེས་རྒྱ་ཆེར་གསུངས་སོ། །འཁྲུལ་བའི་མཚན་ཉིད་ཀྱི་ཕྱིར་ཡང་དག་པ་མ་ཡིན་པ་ཀུན་རྟོག་པའི་རང་བཞིན་ནི་ཀུ་ནས ་ཉོན་མོངས་པའོ། །འདི་འཁྲུལ་བའི་མཚན་ཉིད་ཇི་ལྟར་ཤེས་པར་བྱ་ཞེ་ན། འདི་ལྟར་དེ་ལ་གཉིས་པོ་ཡོད་མ་ཡིན་བདག་ཉིད་དུ་མེད་པར་གཟུང་བ་དང་འཛིན་པའི་རྣམ་པར་སྣང་བས་འཁྲུལ་པའི་ངོ་བོ་ཉིད་དུ་མངོན་ནོ། །ད་ནི་རྣམ་པར་བྱང་པའི་རང་གི་ངོ་བོ་བརྟག་པའི ་ཕྱིར། སྟོང་པ་ཉིད་ནི་འདི་ལ་ཡོད་ཅེས་བྱ་བ་གསུངས་སོ། །གཉིས་པོ་མེད་པའི་རང་བཞིན་ཡིན་པའི་ཕྱིར། །སྟོང་པ་ཉིད་ཀྱི་རང་བཞིན་རྣམ་པར་བྱང་བའོ། །སྟོང་པ་ཉིད་ཀྱིས་རབ་ཏུ་ཕྱེ་བས་ལམ་དང་འགོག་པ་དག་ཀྱང་འདིར་བསྡུ་བར་རིག་པར་བྱའོ། །ཀུན་ནས་ཉོན ་མོངས་པའི་ཕྱོགས་ཉིད་ལས་རྣམ་པར་བྱང་བའི་ཕྱོགས་བཙལ་པར་བྱའི་རང་གི་རྒྱུད་གུང་ན་མེད་པར་རབ་ཏུ་བསྟན་པའི་ཕྱིར་འདི་ལ་ཞེས་བྱ་བ་གསུངས་སོ། །གལ་ཏེ་གཉིས་པོ་མེད་ན་ཅིའི་ཕྱིར་དེ་ཡོད་པར་འཇིག་རྟེན་འཁྲུལ་པར་གྱུར་ཅེས་དྲིས་པ་དང། དེའི་ཕྱིར་དེ་ལ་ཡང ་ནི་དེ་ཡོད་དོ་ཞེས་བྱ་བ་གསུངས་ཏེ། གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པའོ། །སྒྱུ་མ་ནི་གླང་པོ་ཆེ་ལ་སོགས་པས་སྟོང་ཡང། གླང་པོ་ཆེ་ལ་སོགས་པར་སྣང་བ་ལྟ་བུའོ། །ཡང་དག་པ་མ་ཡིན་པ་གཉིས་པོ་དེ་ལའམ། དེས་ཡང་དག་པ་མ་ཡིན་པ་གཉིས་པོར་ཡོངས ་རྟོག་པས་ཡང་དག་མ་ཡིན་ཀུན་རྟོག་པའོ། །ཡང་དག་པ་མ་ཡིན་པའི་ཚིག?་གིས་ནི། ཇི་ལྟར་འདི་ལ་གཟུང་བ་དང་འཛིན་པར་ཀུན་རྟོག་པ་དེ་བཞིན་དུ་མེད་པར་སྟོན་ཏོ། །ཀུན་རྟོག་པའི་ཚིག་གིས་ནི་དོན་ཇི་ལྟ་བུར་ཀུན་རྟོག་པ་དོན་དེ་ལྟ་བུར་ཡོད་པ་མ་ཡིན་ཞེས་སྟོན་ཏེ། དེ་ལྟར་གཟུང་བ་དང་འཛིན ་པ་ལས་རྣམ་པར་གྲོལ་བ་དེའི་མཚན་ཉིད་བཤད་པ་ཡིན་ནོ། །དེ་ཡང་གང་ཡིན་ཞེ་ན་སེམས་དང་སེམས་ལས་བྱུང་བ་འདས་པ་དང་མ་འོངས་པ་དང། ད་ལྟར་གྱི་དང་རྒྱུ་དང་འབྲས་བུར་གྱུར་པ་དང། ཁམས་གསུམ་པ་དང། ཐོག་མ་མེད་པའི་དུས་ཅན་དང་མྱ་ངན་ལས་འདས་པའི་མཐར་ཐུག་པ་དང ་འཁོར་བའི་རྗེས་སུ་མཐུན་པ་དག་ནི། ཁྱད་པར་མེད་པར་ཡང་དག་པ་མ་ཡིན་པ་ཀུན་རྟོག་པའོ། །ཁྱད་པར་ནི་གཟུང་བ་དང་འཛིན་བའི་རྣམ་པར་རྟོག་པའོ། །དེ་ལ་གཟུང་བར་རྣམ་པར་རྟོག་པ་ནི། དོན་དང་སེམས་ཅན་དུ་སྣང་བའི་རྣམ་པར་ཤེས་པའོ། །འཛིན་པར་རྣམ་པར་རྟོག་པ་ནི་བདག་དང ་རྣམ་པར་རིག་པར་སྣང་བའོ། །གཉིས་པོ་ནི་གཟུང་བ་དང་འཛིན་པའོ་ཞེས་བྱ་བ་དེ་ལ་གཟུང་བ་ནི་གཟུགས་ལ་སོགས་པའོ། །འཛིན་པ་ནི་མིག་གི་རྣམ་བར་ཤེས་པ་ལ་སོགས་པའོ། །གཟུང་བ་དང་འཛིན་པའི་དངོས་པོ་དང་བྲལ་བ་ཉིད་དེ། དབེན་པ་ཉིད་ནི་ཡང་དག་པ་མ་ཡིན་པ་ཀུན ་རྟོག་པའི་སྟོང་པ་ཉིད་ཡིན་གྱི། ཡང་དག་པ་མ་ཡིན་པ་ཀུན་རྟོག་པ་ཡང་མེད་པ་ནི་མ་ཡིན་ཏེ། དཔེར་ན་ཐག་པ་ནི་སྤྲུལ་གྱི་དངོས་པོས་སྟོང་སྟེ། དེའི་རང་བཞིན་མ་ཡིན་བས་དུས་ཐམས་ཅད་དུ་སྟོང་པ་ཉིད་ཡིན་གྱི། ཐག་པའི་དངོས་པོ་ནི་མ་ཡིན་ཏེ། འདིར་ཡང་དེ་བཞིན་ནོ། །དེ་ལ་ཡང ་ནི་དེ་ཡོད་དོ་ཞེས་བྱ་བ་ནི་ཡང་དག་པ་མ་ཡིན་པ་ཀུན་རྟོག་པ་སྟེ། དེ་ལྟར་གློ་བུར་གྱི་སྒྲིབ་པས་ཉོན་མོངས་པའི་ཕྱིར། དེ་ཆུའི་ཁམས་ལ་སོགས་པ་བཞིན་དུ་རྟོག་པར་མི་རུང་ངོ་ཞེས་བསྟན་པ་ཡིན་ནོ། །དེ་ལྟར་གང་ན་གང་མེད་པ་དེ་ནི། དེས་སྟོང་པར་ཡང་དག་པར་རྗེས་སུ་མཐོང་ངོ་ཞེས་བྱ་བ་ལ། ་ཅི་ཞི་གང་ན་མེད་ཅེ་ན་ཡང་དག་པ་མ་ཡིན་པ་ཀུན་རྟོག་པ་ལ་གཉིས་པོ་སྟེ། དེའི་ཕྱིར་ཡང་དག་པ་མ་ཡིན་པ་ཀུན་རྟོག་པ་ལ་གཉིས་ཀྱིས་སྟོང་པར་མཐོང་ངོ། །འདི་ལ་ལྷག་མ་གང་ཡིན་པ་དེ་ནི་ཡོད་དེ་འདི་ལས་ལྷག་མ་གང་ཡིན་ཞེ་ན། ཡང་དག་མ་ཡིན་པ་ཀུན་རྟོག་པ་དང་སྟོང་པ་ཉིད་དོ། །དེ་གཉི་ག་ ་ཡང་འདིར་ཡོད་པར་སྐུར་བ་དང། སྒྲོ་བཏགས་པ་མེད་པར་མཐོང་ན་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །དེ་ལ་ཡང་དག་པ་མ་ཡིན་པ་ཀུན་རྟོག་པ་ལ་གཉིས་པོ་མེད་པར་མཐོང་བའི་ཕྱིར་སྒྲོ་མི་འདོགས་སོ། །ཡང་དག་པ་མ་ཡིན་པ་ཀུན་རྟོག་པ་དང ་སྟོང་པ་ཉིད་ཡོད་པར་མཐོང་བའི་ཕྱིར་ཏེ། སྐུར་བ་མི་འདེབས་ཏེ་སྟོང་བ་གང་ཡིན་པ་དེ་ཡོད་པ་དང་གང་གིས་སྟོང་པ་དེ་དེ་ལ་མེད་པའི་ཕྱིར། །སྟོང་པ་ཉིད་ཀྱི་མཚན་ཉིད་ཕྱིན་ཅི་མ་ལོག་པར་བསྟན་པ་ཡིན་ནོ། །ཐམས་ཅད་མེད་པ་འམ་ཐམས་ཅད་ཡོད་པ་ནི་སྟོང་པ་ཉིད་ཀྱང་མཚན་ཉིད་ཕྱིན ་ཅི་ལོག་ཡིན་ཏེ། སྟོང་པ་ཉིད་མེད་པར་འགྱུར་རོ། །སྟོང་པ་ཞེས་བྱ་བ་མེད་ན་སྟོང་པ་ཉིད་དུ་མི་རུང་སྟེ། ཆོས་ཉིད་ནི་དངོས་པོ་ལ་རག་ལུས་པའི་ཕྱིར་མི་རྟག་པ་ཉིད་ལ་སོགས་པ་བཞིན་ནོ། །གཉིས་པོ་ཡོད་ཞེ་ན། སྟོང་པ་ཉིད་མེད་པར་འགྱུར་རོ། །གལ་ཏེ་གཉིས་པོ་ནི་རི་བོང་གི་རྭ་དང་འདྲན་ཡང་ཇི ་ལྟར་དེས?་ཡང་དག་མ་ཡིན་པ་ཀུན་རྟོག་པ་སྟོང་སྟེ། དཔེར་ན་དགེ་སློང་རྣམས་ཀྱིས་གཙུག་ལག་ཁང་བཞིན་དུ་གཞན་གྱིས་གཞན་སྟོང་པར་མཐོང་ཞེ་ན། དཔེར་ན་ཐག་པ་ལ་འམ། སྒྱུ་མ་བདག་ཉིད་ཀྱིས་མེད་པར་སྦྲུལ་གྱི་རྣམ་པ་དང་སྐྱེས་བུ་ལ་སོགས་པ་ལྟ་བུར་སྣང་བ ་དེ་ལ་ཁ་ཅིག་འཛིན་པ་བཟློག་པའི་ཕྱིར། སྤྲུལ་དང་སྐྱེས་བུ་ལ་སོགས་པས་སྟོང་ངོ་ཞེས་བརྗོད་པ་དེ་བཞིན་དུ། ཡང་དག་པ་མ་ཡིན་པ་ཀུན་རྟོག་པ་ལ་ཡང་བདག་ཉིད་ཀྱིས་མེད་པར་གཟུང་བ་དང་འཛིན་པའི་རྣམ་པར་སྣང་བའི་དེ་ལ་བྱིས་པ་རྣམས་འཛིན་ཅིང་མངོན་པར་ཞེན་པ་དོར་བར ་བྱ་བའི་ཕྱིར་གཉིས་ཀྱིས་སྟེར་ཞེས་བཤད་དོ། །སྟོང་པོ་མ་ཡིན་མི་སྟོང་མིན་ཞེས་བྱ་བའི་ཚིགས་སུ་བཅད་པ་འདི་ཅིའི་ཕྱིར་བརྩམས་ཤེ་ན། འདུས་བྱས་དང་འདུས་མ་བྱས་ཐམས་ཅད་གཉིས་དང་བྲལ་བ་ཉིད་དུ་ཤེས་པར་བྱ་བའི་ཕྱིར་རོ། །དེ་ལྟར་མཛའ་གཅིག་བཀག་པས་འདི་ཐམས་ཅད ་སྟོང་པ་ཡང་མ་ཡིན་མི་སྟོང་པ་ཡང་མ་ཡིན་ནོ་ཞེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ནང་ནས་བཤད་པའི་དགོངས་པ་བསྟན་པ་ཡིན་ནོ། །གཞན་དུ་ན་ལྟག་འོག་འགལ་བར་འགྱུར་རོ། །གཞན་ཡང་དབུ་མའི་ལམ་རབ་ཏུ་བསྟན་པའི་ཕྱིར་ཏེ། གཞན་དུ་ན་ནི་གཅིག་ཏུ་སྟོང་པ་ཁོ་ན་འམ ་མི་སྟོང་པའི་མཐར་འགྱུར་རོ། །ཡང་ན་སྐུར་པ་འདེབས་པ་དང་སྒྲོ་འདོགས་པ་དགག་པས་བཤད་མ་ཐག་པས་འཇུག་བསྡུ་བའི་དོན་དུ་དེ་བརྩམས་སོ། །རྒྱུ་དང་རྐྱེན་དང་འབྲེལ་བ་ལས་སྐྱེས་བའི་ཕྱིར། ཡང་དག་པ་མ་ཡིན་པ་ཀུན་རྟོག་པ་ནི་འདུས་བྱས་ཏེ། དེ་ལ་མི་བལྟོས་པའི་ཕྱིར་སྟོང་པ་ཉིད ་ནི་འདུས་མ་བྱས་སོ། །བཤད་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་ནང་ནས་འབྱུང་བའོ། །ཡོད་པས་ཞེས་བྱ་བ་ནི་ཡང་དག་པ་མ་ཡིན་པ་ཀུན་རྟོག་པ་སྟེ། ཡང་དག་པ་མ་ཡིན་པ་ཀུན་རྟོག་པའི་བདག་ཉིད་ཀྱིས་འདུས་བྱ་སྟོང་པ་མ་ཡིན་ནོ། །མེད་པས་ཞེS་བྱ་བ་ནི་གཉིས་པོ་སྟེ། གཟུང་བ་དང་འཛིན་པའི་བདག་ཉིད་ཀྱིས ་སྟོང་བའོ། །སྟོང་པ་ཉིད་ནི་ཡང་དག་པ་མ་ཡིན་པ་ཀུན་རྟོག་པ་ལ་དེའི་ཆོས་ཉིད་དུ་ཡོད་དེ། སྟོང་པ་ཉིད་ལ་ཡང་དག་པ་མ་ཡིན་པ་ཀུན་རྟོག་པ་ཆོས་ཅན་གྱི་ངོ་བོར་ཡོད་དོ། །དེ་ལྟར་འདུས་མ་བྱས་ཀྱང་ཆོས་ཉིད་ཀྱི་ངོ་བོས་སྟོང་པ་མ་ཡིན་ཏེ། དངོས་པོ་མེད་ཅེས་བྱ་བ་གཉིས་ཀྱིས་ངོ་བོས་སྟོང ་པའོ། །དེ་ནི་དབུ་མའི་ལམ་ཡིན་ནོ་ཞེས་བྱ་བ་ནི་དཀོན་མཆོག་བརྩེགས་པ་ལ་སོགས་པའི་ནང་ནས། འོད་སྲུངས་ཡོད་ཅེས་བྱ་བ་འདི་ནི་མཛའ་གཅིག་གོ་།མེད་ཅེས་བྱ་བ་འདི་ནི་མཛའ་གཉིས་ཏེ། འོད་སྲུངས་མཛའ་གཉིས་པོ་འདི་དག་གི་དབུས་གང་ཡིན་པ་འདི་ནི་ཆོས་རྣམས་ལ་ཡང་དག་པར་སོ ་སོར་རྟོག་པའོ་ཞེས་འབྱུང་བ་གང་ཡིན་པ་སྟེ་དེ་ལྟར་དབུ་མའི་འམ་དེ་དང་མཐུན་པར་བྱས་པ་ཡིན་ནོ། །ཐམས་ཅད་ཅེས་བྱ་བ་ནི་འདུས་བྱས་དང་འདུས་མ་བྱས་སོ། །གཅིག་ཏུ་སྟོང་པ་ཡང་མ་ཡིན་ཞེས་བྱ་བ་ནི། ཡང་དག་པ་མ་ཡིན་པ་ཀུན་རྟོག་པ་དང། དེ་ལ་སྟོང་པ་ཉིད་ཀྱང་ཡོད་པའི་ཕྱིར་རོ། །གཅིག ་ཏུ་མི་སྟོང་པ་ཡང་མ་ཡིན་པ་ནི་གཉིས་པོ་མེད་པའི་ཕྱིར་རོ། །ཐམས་ཅད་ཡོད་པ་འམ་ཐམས་ཅད་མེད་པ་ནི་མཛའ་ཉིད་དུ་འགྱུར་གྱི། དབུ་མའི་ལམ་མ་ཡིན་ནོ། །དེ་ལྟར་ཡང་དག་པ་མ་ཡིན་པ་ཀུན་རྟོག་པའི་ཡོད་པའི་མཚན་ཉིད་དང། མེད་བའི་མཚན་ཉིད་བརྗོད་ནས་ཞེས་བྱ་བ་འདི། ཡོད ་བར་ཉེ་བར་མཚོན་པས་ཡོད་པ་ཉིད། ཡོད་པའི་མཚན་ཉིད་དེ། ཡང་དག་པ་མ་ཡིན་པ་ཀུན་རྟོག་པ་ཡོད་ཅེས་བྱ་བ་དེས་ཡང་དག་པ་མ་ཡིན་པ་ཀུན་རྟོག་པ་ཡོད་པར་སྟོན་ཅེས་བྱ་བའི་ཐ་ཚིག་གོ་།དེ་བཞིན་དུ་མེད་པར་ཉེ་བར་མཚོན་པས་མེད་པ་ཉིད་མེད་པའི་མཚན་ཉིད་དེ། དེ་ཡང ་གཟུང་བ་དང་འཛིན་པའི་དངོས་པོ་མེད་པ་སྟེ། འདི་ལྟར་ཡང་དག་པ་མ་ཡིན་པ་ཀུན་རྟོག་པ་ལ་གཉིས་པོ་མེད་པས་དེའི་ཕྱིར་ཡང་དག་པ་མ་ཡིན་པ་ཀུན་རྟོག་པ་ཡང་གཉིས་ཀྱི་བདག་ཉིད་ཀྱིས་ཡོད་པ་མ་ཡིན་ནོ། །ཞེས་བསྟན་པ་ཡིན་ནོ། །རང་གི་མཚན ་ཉིད་བརྗོད་དེ་ཞེས་བྱ་བ་ལ་ཡོད་པའི་མཚན་ཉིད་དང། རང་གི་མཚན་ཉིད་གཉིས་ཁྱད་པར་ཅི་ཡོད་ཅེ་ན། ཡོད་པའི་མཚན་ཉིད་ནི་སྤྱིའི་འོ། །རང་གི་མཚན་ཉིད་ནི་བྱེ་བྲག་ཡིན་ནོ། །གལ་ཏེ་རང་གི་མཚན་ཉིད་མ་བཤད་ན་ཅི་ཞིག་ཏུ་འགྱུར་ཞེ་ན་།ཡང་དག་པ་མ་ཡིན་པ་ཀུན་རྟོག་པའི་ལུས་མ ་བཤད་པར་འགྱུར་ཏེ། དེ་བས་ན་དེའི་ལུས་ཁོང་དུ་ཆུད་པར་བྱ་བའི་ཕྱིར། དོན་དང་སེམས་ཅན་བདག་རྣམ་རིག། སྣང་བའི་རྣམ་པར་ཤེས་པ་ནི། །རབ་ཏུ་སྐྱེའོ་དེའི་དོན་མེད། །དེ་མེད་པས་ན་དེ་ཡང་མེད་ཅེས་བྱ་བ་གསུངས་སོ། །ཡང་ན་གཟུང་བ་དང་འཛིན་པ་མེད་པའི་ཡང་དག་པ་མ ་ཡིན་པ་ཀུན་རྟོག་བ་ཙམ་ཉིད་དོ་ཞེས་བསྟན་པ་ཡང་དག་པ་མ་ཡིན་པ་ཀུན་རྟོག་པ་ཙམ་དེ་ལ། དབང་པོ་དང་ཡུལ་དང། རྣམ་པར་ཤེས་པ་ཇི་ལྟར་རྣམ་པར་བཞག་པ་མི་ཤེས་པས་ཡང་དག་པ་མ་ཡིན་པ་ཀུན་རྟོག་པའི་སྣང་བ་ཐ་དད་པ་དེ་ལ་རྣམ་པར་བཞག་གོ་ཞེས་ཤེས་པར་བྱ་བའི ་ཕྱིར། ཡང་དག་པ་མ་ཡིན་པ་ཀུན་རྟོག་པའི་རང་གི་མཚན་ཉིད་བཤད་དེ། དོན་དང་སེམས་ཅན་བདག་རྣམ་རིག་།སྣང་བའི་ཞེས་རྒྱ་ཆེར་འབྱུང་བའོ། །ཡང་ན་ཡང་དག་པ་མ་ཡིན་པ་ཀུན་རྟོག་པ་ཡོད་ཅེས་བྱ་བ་ངེས་དེ་ཡོད་པ་ཙམ་དུ་ཤེས་པར་བྱེད་ཀྱི། དེའི་རང་བཞིན་ནི་མ་ཡིན ་བ་དང་གཉིས་པོ་མེད་པར་ཡང་གཟུང་བ་དང་འཛིན་པ་ལ་མངོན་པར་ཞེན་པའི་རྒྱུ་གང་ཡིན་པ་རྣཾ་པར་མི་ཤེས་པ་དང། གང་གི་ཕྱིར་གཉིས་པོ་མེད་པར་ཡིད་ཆེས་པར་བྱ་བ་དེ་ཡང་མ་བཤད་པས་དེ་བསྟན་པའི་ཕྱིར། དོན་དང་སེམས་ཅན་བདག་རྣམ་རིག་།སྣང་བའི་ཞེས ་རྒྱ་ཆེར་གསུངས་སོ། །དེ་ལ་ཡང་དག་པ་མ་ཡིན་པ་ཀུན་རྟོག་པ་ནི་རྣམ་པར་ཤེས་བའི་རང་བཞིན་ནོ། །རྣམ་པར་ཤེས་པ་དེ་ཡང་འདིར་མཚུངས་པར་ལྡན་པ་དང་བཅས་པར་དགོངས་ཏེ། གཙོ་བོར་ནི་རྣམ་པར་ཤེས་པ་གཟུང་ངོ། །གཟུང་བ་དང་འཛིན་པ་ལ་མངོན་པར་ཞེན་པ་དེ ་ཉིད་ཀྱི་རྒྱུ་ནི་དོན་དང་སེམས་ཅན་ལ་སོགས་པར་སྣང་བའོ། །དེའི་དོན་མེད་དེ་མེད་པས་ན་དེ་ཡང་མེད་།ཅེས་བྱ་བ་ནི་གཉིས་པོ་མེད་པའི་རྒྱུའོ། །དེ་ལ་དོན་དང་སེམས་ཅན་དུ་སྣང་བའི་ཀུན་གཞི་རྣམ་པར་ཤེས་པ་མཚུངས་པར་ལྡན་པ་དང་བཅས་པ་སྟེ། དེ་ཡང་རྣམ་པར་སྨིན་བའི ་ཕྱིར་ལུང་དུ་མ་བསྟན་པ་ཉིད་དོ། །བདག་ཏུ་སྣང་བ་ནི་ཉོན་མོངས་པ་ཅན་གྱི་ཡིད་མཚུངས་པར་ལྡན་པ་དང་བཅས་པའོ། །དེ་ཡང་སྒྲིབས་ལ་ལུང་དུ་མ་བསྟན་པ་སྟེ། ཉོན་མོངས་པ་དང་མཚུངས་བར་ལྡན་བའི་ཕྱིར་བསྟན་པའོ། །རྣམ་པར་རིག་པར་སྣང་བ་ནི། མིག་གི་རྣམ་པར་ཤེས ་པ་ལ་སོགས་པ་དྲུག་པ་མཚུངས་པར་ལྡན་པ་དང་བཅས་པ་དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པའོ། །དོན་དང་སེམས་ཅན་དང་བདག་དང་རྣམ་པར་རིག་པ་སྣང་བ་རྣམ་པར་ཤེས་པ་བརྒྱད་པོ་མཚུངས་པར་ལྡན་པ་དང་བཅས་པ་དེ་དག་ནི་ཀུན་འབྱུང་བའི་བདེན་པར ་བསྡུས་པ། ལྷན་ཅིག་བྱེད་པའི་རྐྱེན་ལ་བལྟོས་པའི་ཀུན་གཞི་རྣམ་པར་ཤེས་པ་ལས་ཇི་ལྟར་མཐུན་མཐུན་དུ་འགྲོ་བ་ལྔ་རྣམས་སུ་རབ་ཏུ་འབྱུང་ངོ། །ཀུན་གཞི་རྣམ་པར་ཤེས་པ་ལ་དགེ་བ་དང། མི་དགེ་བ་དང། ལུང་དུ་མ་བསྟན་པའི་ཆོས་ཀྱི་བག་ཆགས་འགྱུར་བའི་ཁྱད་པར ་འགའ་ཞིག་ཡོད། དེའི་དབང་གི་ཕན་ཚུན་ཐ་དད་པར་སྣང་བའི་རྣམ་པར་ཤེས་པ་རབ་ཏུ་སྐྱེའོ། །དོན་ལ་སོགས་པ་མེད་པ་དེར་སྣང་བའི་རྣམ་པར་ཤེས་པ་ཇི་ལྟར་སྐྱེ་སྟེ། མི་མེད་ན་སྡོང་པོ་མི་སྣང་བར་མི་འགྱུར་བ་ལྟ་བུའོ་ཞེ་ན། དེ་ནི་ཉེས་པ་མ་ཡིན་ཏེ། དོན་ལ་སོགས་པར་སྣང་བའི ་རྣམ་པར་ཤེས་པ་ལ་བྱས་པ་རྣམས་རྣམ་པར་ཤེས་པ་ལས་དོན་གུད་ན་ཡོད་བར་མངོན་པར་ཞེན་ཏེ། རབ་རིབ་ཅན་ལ་སྐྲ་བཤད་འཛིངས་པ་ལ་སོགས་པ་བཞིན་ནོ། །དེའི་ཕྱིར་དེ་ལ་མངོན་པར་ཞེན་པ་སྤངས་པའི་ཕྱིར། རྣམ་པར་ཤེས་པ་འདི་ཉིད་དོན་ལ་སོགས་པར་སྣང ་བར་འབྱུང་སྟེ། རབ་རིབ་ཅན་ལ་སྐྲ་ཤད་འཛིངས་པ་ལ་སོགས་པ་སྣང་བ་དེ་བཞིན་དུ་མེད་པར་ཡང་དོན་དང། སེམས་ཅན་ལ་སོགས་པར་སྣང་ངོ་ཞེས་བརྗོད་དོ། །དེ་ལྟར་ན་རྣམ་པར་ཤེས་པ་བརྒྱད་ཀྱི་དངོས་པོ་ཅན། གཞན་གྱི་དབང་ནི་ཡང་དག་པར་མ་ཡིན ་པ་ཀུན་རྟོག་པར་བཤད་པ་ཡིན་ནོ། །གཟུགས་ལ་སོགས་པའི་དངོས་པོར་ཞེས་བྱ་བ་ནི་གཟུགས་དང། སྒྲ་དང། དྲི་དང། རོ་དང། རེག་པ་དང། ཆོས་ཀྱི་ངོ་བོར་ནི། སྣང་བ་ནི་དེའི་རྣམ་པར་འབྱུང་བའི་ཕྱིར་རོ། །སེམས་ཅན་དུ་སྣང་བའི་དབང་པོ ་ལྔར་བདག་དང་གཞན་གྱི་རྒྱུད་ལ་གང་ཡིན་པའོ་ཞེས་བྱ་བ་ནི། སྣང་བ་ཞེས་བྱ་བ་དང་སྦྱར་རོ། །དབང་པོ་ལྔ་ལ་སེམས་ཅན་ཞེས་བྱ་བར་ལྷག་པར་ཆགས་པའི་གནས་སུ་གྱུར་པ་སྟེ། དེ་དག་གིས་སམ། དེ་དག་ལ་ཆགས་པས་སེམས་ཅན་ཏེ། དེའི་རྣམ་པར་འབྱུང་བའི་ཕྱིར། དེ་སྣང་བའི་རྣམ ་པར་ཤེས་པ་ཞེས་བྱའོ། །བདག་དུ་སྣང་བའི་བདག་དུ་རྨོངས་པ་ལ་སོགས་པ་དང་མཚུངས་པར་ལྡན་པའི་ཕྱིར། ཉོན་མོངས་པ་ཅན་གྱི་ཡོད་དོ་ཞེས་བྱ་བ་ལ་ཉོན་མོངས་པ་ཅན་གྱི་ཡིད་ནི་བདག་ཏུ་རྨོངས་པ་དང་བདག་ཏུ་ལྟ་བ་དང་བདག་ལ་ཆགས་པ་དང། ངའོ་སྙམ་པའི་ང་རྒྱལ་དང ་རྟག་ཏུ་མཚུངས་པར་ལྡན་པའོ། །དེ་དག་ཀྱང་བདག་ཏུ་དམིགས་པའི་ཕྱིར་ཉོན་མོངས་པ་ཅན་གྱི་ཡིད་ནི་བདག་ཏུ་སྣང་བར་རིགས་སོ། །རྣམ་པར་རིག་པ་སྣང་བ་ནི་རྣམ་པར་ཤེས་པ་དྲུག་རྣམས་སོ་ཞེས་བྱ་བ་ནི་ཡུལ་འཛིན་པའི་ངོ་བོར་སྣང་བས་དེའི་རྣམ་པར་འབྱུང་བའི་ཕྱིར་རྣམ་པར་རིག་པ་སྣང་ངོ། ། ་དེའི་དོན་མེད་ཅེས་བྱ་བ་ནི་རྣམ་པ་བཞི་ཆར་གྱིའོ། །དོན་དང་སེམས་ཅན་དུ་སྣང་པ་རྣམ་པ་མེད་པ་དང། བདག་དང་རྣམ་པར་རིག་པ་སྣང་བ་ནི་ལོག་པར་སྣང་བའི་ཕྱིར་རོ་ཞེས་བྱ་བ་ནི་དོན་དང་སེམས་ཅན་དུ་སྣང་བའི་གཉིས་གཟུང་བའི་ངོ་བོར་སྣང་བས། ལོག་པར་སྣང་བ་མི་སྲིད་པའི ་ཕྱིར། རྣམ་པ་མེད་པ་ཉིད་ནི་དོན་མེད་པའི་རྒྱུའོ། །གཞན་དག་གི?་འཛིན་པའི་ངོ་བོར་སྣང་བས་རྣམ་པ་མེད་པ་མ་ཡིན་ཏེ། ལོག་པར་སྣང་བ་ཉིད་ནི་དོན་མེད་པའི་རྒྱུའོ་ཞེས་བཤད་དོ། །རྣམ་པ་ནི་དམིགས་པ་ལ་མི་རྟག་པ་ལ་སོགས་པའི་ངོ་བོར་འཛིན་པའི་རྣམ་པ་ཡིན་ན། དེ་ཡང་དེ་དག ་ལ་མེད་དེ། གཟུང་བའི་ངོ་བོར་སྣང་བས་དེའི་ཕྱིར་རྣམ་པ་མེད་པ་ནི་འཛིན་པ་མ་ཡིན་ནོ། །ཞེས་བྱ་བའི་ཐ་ཚིག་གོ། ཡང་ན་དམིགས་པ་ཡང་དག་པར་ཚོར་བ་ལ་རྣམ་པ་ཞེས་བྱ་སྟེ། དེ་ཡང་དེ་དག་ལ་མེད་པས་དམིགས་པ་མེད་པའི་ཕྱིར་རྣམ་པ་མེད་དོ། །གལ་ཏེ་གཉིས་ཀ་ཡང་རྣམ་པ་མེད ་བ་དང། ཕན་ཚུན་ཐ་དད་པའི་ངོ་བོ་ཡིན་ཏེ། གཟུགས་ལ་སོགས་པ་དང་མིག་ལ་སོགས་པ་བཞིན་ནོ། །དེ་ལྟ་ཡིན་ན་ནི་འཇིག་རྟེན་དང་བསྟན་བཅོས་ལས་གྲགས་བའི་གཟུགས་ལ་སོགས་པ་དང། མིག་ལ་སོགས་པ་ལས་རྣམ་པར་ཤེས་པ་རང་བཞིན་བྱེ་བྲག་ཏུ་གྱུར་པ་ཅི་ཡོད་ན། འདི་ལྟར ་བདག་ནི་བསམ་ལ། དེ་དག་དང་ཐ་དད་པ་མེད་པའི་ངོ་བོ་རྣམ་པར་ཤེས་པ་ནི་ཡོངས་སུ་གཟུང་ཞེ་ན། དེ་ལས་ལྷག་པའི་དོན་མི་སྲིད་པའི་ཕྱིར་རོ། །དེ་ནི་འདི་ལྟར་རྣམ་པར་བཞག་སྟེ། འདི་ལྟར་ཐ་དད་པའི་དོན་གྱི་ངོ་བོ་མེད་ཀྱང་སེམས་ཀྱི་རྒྱུད་སོ་སོར་དེས་པས། རྣམ་པར་ཤེས་པ་ཉིད་སོ་སོས་ཟིན་པ ་ཐ་དད་པའི་དོན་ལ་སོགས་པར་སྣང་བར་རང་གི་ས་བོན་ལས་རབ་ཏུ་འབྱུང་སྟེ། འདི་ལྟར་ཡི་དགས་ཀྱི་ཆུ་རྣག་དང་ཕྱིས་ས་དང། གཅིན་ལ་སོགས་པས་གང་བ་དང། སྐྱེས་བུ་ལག་ན་དབྱིག་པ་ཐོགས་པ་རྣམས་ཀྱིས་དོགས་གཉིས་བསྲུང་བར་མཐོང་ལ། མི་ལ་སོགས་པས་ནི་ཆུ་དང་བ་དང ་བསིལ་བ་དང་བཀྲུར་རུང་བ་དང་བཏུང་དུ་རུང་བ་དང་འཇུག་ཏུ་རུང་བས་གང་ཞིང་བགེགས་བྱེད་པ་མེད་པར་ཤེས། །རྣལ་འབྱོར་བ་མི་སྡུག་པ་ཡིད་ལ་བྱེད་པ་ལ་སོགས་པ་གོམས་པས་ནི། རྒྱུན་མི་འཆད་པར་ས་ལ་ཀེང་རུས་ཀྱིས་གང་བར་མཐོང་ངོ། །དེ་བཞིན་དུ་ས་ལ་སོགས་པ་ཟད་པར ་ལ་ཐམས་ཅད་ས་ལ་སོགས་པས་ཁྱབ་པར་མཐོང་ངོ། །དོན་ལ་རག་ལས་ཏེ་བདག་ཉིད་ཐོབ་པ་ནི་དོན་མེད་པར་རམ། དོན་གྱི་རང་གི་ངོ་བོ་ཐ་དད་པའི་རྣམ་པའི་རྣམ་པར་ཤེས་པ་འབྱུང་བར་མི་རིགས་སོ། །དེ་བས་ན་དོན་མེད་བར་ཡང་དོན་དང་སེམས་ཅན་ལ་སོགས་པ་ཐམས་ཅད་དུ་སྣང ་བའི་རྣམ་པར་ཤེས་པ་ཉིད་རབ་ཏུ་འབྱུང་ངོ། །ཞེས་བྱ་བར་ངེས་སོ། །གཟུང་བ་མེད་པར་བདག་དང་རྣམ་པར་རིག་པར་སྣང་བ་གཉིས་འཛིན་པའི་རྣམ་པར་སྣང་བས་ལོག་པར་སྣང་བ་ཉིད་དོ། །ཡང་ན་ཇི་ལྟར་རྣམ་པར་ཤེས་པས་དོན་ཡོངས་སུ་བརྟགས་པ་དེ་བཞིན་དུ་དོན་མེད་དེ་སྟག་ལ་སོགས་པ་ཐོབ ་པ་ལྟར། ལོག་པར་དམིགས་པའི་ཕྱིར། ལོག་པར་སྣང་བ་ཉིད་དོ། །འདི་ལྟར་རྣམ་པར་རིག་པ་ཡང་རྣམ་པར་རིག་པ་གཞན་གྱིས་ཀུན་བརྟགས་བའི་བདག་ཉིད་ཀྱིས་སྟོང་ཞེས་གྲུབ་བའི་མཛའ་ལས་འབྱུང་ངོ། །དེའི་ཕྱིར་དོན་དང་སེམས་ཅན་དུ་སྣང་བ་བཞིན་དུ། བདག་དང་རྣམ ་པར་རིག་པར་སྣང་བའི་དོན་ཡང་མེད་དོ་།དོན་མེད་པས་རྣམ་པར་ཤེས་པ་དེ་ཡང་མེད་དོ། །རྣམ་པར་རིག་པས་ན་རྣམ་པར་ཤེས་པ་སྟེ། དེ་ཡང་གཟུང་བ་མེད་ན་རྣམ་པར་ཤེས་པ་པོར་མི་རིགས་ཏེ། དེ་ལྟ་བས་ན་དོན་མེད་པའི་ཕྱིར་རྣམ་པར་ཤེས ་པ་བོ་ཁོ་ནར་རྣམ་པར་ཤེས་པ་མེད་ཀྱི་དོན་དང་སེམས་ཅན་དང་བདག་དང་རྣམ་པར་རིག་པར་སྣང་བས་ན་མེད་པ་མ་ཡིན་ནོ། །དེ་མེད་དུ་ཟིན་ན་དེ་ལ་གཏོགས་པར་རྣམ་པར་ཤེས་བའི་རང་བཞིན་མ་བསྟན་པའི་ཕྱིར་ཡེ་མེད་པར་ཐལ་བར་འགྱུར་རོ། །དེ་དང་ཐ་དད་པའི་རང་བཞིན་ཡིན་ན ་ནི་དེ་ཇི་ལྟར་རྣམ་པར་ཤེས་པར་རུང། ཇི་ལྟར་ཕན་ཚུན་ཐ་དད་བར་འགྱུར། དེ་ལྟར་གཟུང་བ་དང་འཛིན་པ་ནི་མེད་ལ་དེ་སྣང་བའི་རྣམ་པར་ཤེས་པ་ནི་ཡོད་པས། ཡང་དག་པ་མ་ཡིན་པ་ཀུན་རྟོག་པ་ནི་ཡོད། གཉིས་པོ་ནི་དོན་ཡོད་པ་མ་ཡིན་པར་སྔར་དམ་བཅས་པ་དེ་གྲུབ་བོ་ཞེས་རབ་ཏུ ་བསྟན་བའི་ཕྱིར། ཡང་དག་མ་ཡིན་ཀུན་རྟོག་པ། །དེ་ནི་དེ་ཕྱིར་གྲུབ་པ་ཡིན་ཞེས་བྱ་བ་གསུངས་སོ། །རྣམ་པར་ཤེས་པ་བཞི་པོ་དེ་ཡང་ཡང་དག་པ་མ་ཡིན་པ་ཀུན་རྟོག་པ་གྲུབ་པ་ཡིན་ནོ། །དེ་ཕྱིར་ཞེས་བྱ་བ་ནི་བཤད་མ་ཐག་བའི་རྒྱུ་དེའི་ཕྱིར་ཏེ། དོན་མེད་བས་ན་དེ་ཡང་མེད་ཅེས་བྱའོ། །ཡང ་ཡང་དག་པ་མ་ཡིན་པ་ཀུན་རྟོག་པ་ཡོད་པར་བསྒྲུབ་པ་དང། གཉིས་པོ་མེད་པར་རབ་ཏུ་བསྒྲུབ་པའི་ཕྱིར། །དེ་བཞིན་མ་ཡིན་ཡེ་མེད་མིན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཡང་ན་དེའི་ཕྱིར་ཞེས་བྱ་བ་ནི་འོག་ནས་འགྱུར་བའི་ཕྱིར་རོ། །དེ་ཉིད་རབ་ཏུ་བསྟན་པའི་ཕྱིར། །དེ་བཞིན་མ་ཡིན་ཡེ་མེད ་མིན་ཞེས་བྱ་བ་གསུངས་ཏེ། དེ་བཞིན་དུ་ཡོད་པ་མ་ཡིན་པ་དང་ཡེ་མེད་པ་མ་ཡིན་པའི་ཕྱིར་རོ། །གཟུང་བ་དང་འཛིན་བར་སྣང་བ་དེ་སྐྱེ་བ་སྟེ། དེ་ལ་རྣམ་པ་བཞི་པོ་དེ་ཡང་རྣམ་པ་མེད་པ་དང། ལོག་པར་སྣང་བའི་ཕྱིར་ཇི་ལྟར་མཐུན་པར་འཛིན་པ་ཉིད་དུ་མེད་དོ། །རྣམ་པར་རིག་པ ་གཞན་གྱིས་ཀུན་བརྟགས་པའི་བདག་ཉིད་ཀྱིས་ཐམས་ཅད་སྟོང་པས་གཟུང་བ་ཉིད་དུ་མེད་དོ། །འཁྲུལ་པ་ཙམ་འབྱུང་བའི་ཕྱིར་ཡེ་མེད་པ་ཡང་མ་ཡིན་ནོ་ཞེས་བྱ་བ་ནི་བདག་ཉིད་ཀྱིས་མེད་ཀྱང། རྣམ་པར་སྣང་བ་གང་ཡིན་པ་དེ་ནི་འཁྲུལ་པ་ཞེས་བྱ་སྟེ། སྒྱུ་མ་བཞིན་ནོ། །ཙམ་ཞེས ་བྱ་བའི་སྒྲ་ནི་དེ་ལྷག་མ་རྣམ་པར་བཅད་པའི་ཐ་ཚིག་སྟེ། དེ་ནི་འདི་སྐད་དུ་འཁྲུལ་པའི་རྣམ་པར་ཤེས་པ་ཡོད་དེ། ཡེ་མེད་པ་མ་ཡིན་ནོ་ཞེས་བསྟན་པར་འགྱུར་རོ། །འཁྲུལ་པའི་རྣམ་པར་ཤེས་པ་དེ་གཟུང་བ་དང་འཛིན་པ་མེད་པ་བཞིན་དུ་མེད་པ་ཉིད་དུ་ཅིའི་ཕྱིར་མི་འདོད། རྣམ་པར་ཤེས་པ་ཐམས ་ཅད་ཀྱི་ཡུལ་ལས་འདས་པའི་ཕྱིར། སུས་ཀྱང་དེ་ཡོད་པ་ཉིད་དུ་བརྟག་པར་མ་ནུས་སོ། །ཞེས་བསམས་པའོ་ཞེ་ན་འདི་ལྟར་དེ་ཟད་ནས་ནི་གྲོལ་བར་འདོན་དེའི་ཕྱིར་དེ་མེད་པ་ཉིད་དུ་མི་འདོད་དེ། །དེ་ཇི་ལྟར་ཞེ་ན་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་ཕྱོགས་ཀྱི་མཐུས་དེ་ཡོད་པར་རྗེས་སུ ་དཔག་གོ་།གཞན་དུ་མ་ཞེས་བྱ་བ་ནི་གལ་ཏེ་ཡེ་མེད་པ་ཉིད་དུ་འདོད་ན་ནི་བཅིངས་པ་ཡང་མེད་ཅེས་བྱ་སྟེ། འཁྲུལ་པ་ཙམ་ཡང་མེད་དུ་ཟིན་ན། ཀུན་ནས་ཉོན་མོངས་པ་མེད་པས་བཅིངས་པ་ཡང་མེད་དོ། །སྔར་བཅིངས་པ་ལ་གྲོལ་ལོ་ཞེས་བྱ་བ་ན་གྲོལ་བ་ཡང་མེད་པར་འགྱུར། ཡང་ན་དེ་ཇི་ལྟར ་སྣང་བ་དེ་བཞིན་དུ་ཡོད་པ་འམ། ཡང་ན་ཡེ་མེད་པར་ཅིའི་ཕྱིར་མི་འདོད་ཅེས་གཞན་དེ་སྙམ་དུ་སེམས་པ་བསལ་བའི་ཕྱིར། དེ་ཟད་ནས་ནི་གྲོལ་བར་འདོད་ཅེས་གསུངས་ཏེ། དེ་མ་ཟད་ན་བཅིང་བ་ཞེས་བྱ་བའི་ཐ་ཚིག་གོ། དེ་གཞན་དུ་ན་བཅིངས་བ་དང་གྲོལ་བ་མེད་དོ་ཞེས་དེ་སྐད་བཤད་པར ་འགྱུར་ཏེ། ཀུན་ནས་ཉོན་མོངས་པ་དང་མྱ་ངན་ལས་འདས་པ་ལ་སྐུར་བ་འདེབས་པའི་ཉེས་པར་འགྱུར་རོ། །གལ་ཏེ་ཇི་ལྟར་གཟུང་བ་དང་འཛིན་པ་ཉིད་དུ་ཕྱུགས་ཡན་ཆད་ལ་སྣང་བ་ཡང་གལ་ཏེ་དེ་བཞིན་དུ་དོན་དམ་པར་འགྱུར་ན་ནི། དེ་ལྟ་ཡིན་དུ་ཟིན་ན་རྟག་པར་ཀུན་ནས་ཉོན་མོངས ་བར་འགྱུར་ཏེ། དེ་ལྟར་ན་མྱ་ངན་ལས་འདས་པ་ཡང་མེད་པར་འགྱུར་རོ། །དེ་ལྟར་འཁྲུལ་པ་ཙམ་མེད་ན་ཡང་ཀུན་ནས་ཉོན་མོངས་པ་མེད་པར་འགྱུར་ཏེ། རྟག་ཏུ་རྣམ་པར་བྱང་བར་འགྱུར་རོ། །དེ་ལྟར་ན་གཉི་གར་ཡང་ཐར་བ་ཚོལ་བ་རྣམས་ཀྱི་འབད་པ་དོན་མེད་པར་འགྱུར་བས་དེའི་ཕྱིར་ཡང ་དག་བ་མ་ཡིན་པ་ཀུན་རྟོག་པ་ཡོད་པ་དང་གཉིས་པོ་མེད་པར་གདོན་མི་ཟ་བར་ཁས་བླང་བར་བྱའོ། །སྡུ་བའི་མཚན་ཉིད་སྟོན་ཏེ་ཞེས་བྱ་བ་ནི། བསྡུ་བ་ཉིད་མཚན་ཉིད་དོ། །ཡང་ན་གང་གི་བསྡུ་བར་མཚོན་པ་དེ་བསྡུ་བའི་མཚན་ཉིད་དོ། །དེ་ཡང་ཅིའི་ཕྱིར་བཤད་ཅེ་ན། འདིར་ནི་གཟུང་བ་ ་དང་འཛིན་པར་འབྲལ་བ་ཡང་དག་པ་མ་ཡིན་པ་ཀུན་རྟོག་པ་ཙམ་ཉིད་ཡོད་དོ་ཞེས་སྨྲས་ལ། མདོ་གཞན་དག་ལས་ནི། ངོ་བོ་ཉིད་གསུམ་གསུང་བས་མདོ་དག་དང་མི་འགལ་བར་རབ་ཏུ་བསྟན་པའི་ཕྱིར་དེ་དག་འདིར་བསྡུ་བར་བརྗོད་དེ། ་དེ་ལྟ་བས་ན་འགྲེལ་པ་མཛད་པས། ཡང་དག་པ་མ་ཡིན་པ་ཀུན་རྟོག་པ་ཙམ་དུ་ཟད་ན་ཞེས་བྱ་བ་རྒྱ་ཆེར་སྨོས་སོ། །བརྟགས་པ་དང་ནི་གཞན་དབང་དང། །ཡོངས་སུ་གྲུབ་པ་ཉིད་ཀྱང་ངོ། །དོན་ཕྱིར་ཡང་དག་མིན་རྟོག་ཕྱིར། །གཉིས་པོ་མེད་པའི་ཕྱིར་བཤད་དོ་ཞེས་བྱ་བ་ནི། གཟུང་བ ་དང་འཛིན་པ་རང་བཞིན་གྱིས་སྟོང་པ་ལས། ཡང་དག་པ་མ་ཡིན་པར་ཡང་ཡོད་པར་ཡོངས་སུ་རྟོག་པས་ཀུན་བཏགས་པ་ཞེས་བྱའོ། །དེ་ནི་རྫས་སུ་མེད་ཀྱང་ཐ་སྙད་དུ་ཡོད་པས་ངོ་བོ་ཉིད་ཅེས་བྱའོ། །གཞན་གྱི་དབང་ནི་རྒྱུ་དང་རྐྱེན་ལ་རག་ལས་ཏེ་སྐྱེ་བས་གཞན་གྱི་ཁན?་པས་པའོ།། ་སྨྲས་པ་བརྟགས་མིན་རྐྱེན་ལས་སྐྱེས་པ་དང། །རྣམ་པ་ཀུན་ཏུ་བརྗོད་མེད་པ། །གཞན་གྱི་དབང་གི་ངོ་བོ་ཉིད། །འཇིག་རྟེན་དག་བའི་སྤྱོད་ཡུལ་ལོ། །ཡང་དག་མ་ཡིན་པ་ཀུན་རྟོག་པ་ཉིད་གཉིས་དང་བྲལ་བ་ཉིད་གང་ཡིན་པ་དེ་ནི་ཡོངས་སུ་གྲུབ་བའི་ངོ་བོ་ཉིད་དེ། དེ་ནི་འདུས ་མ་བྱས་པས་མི་འགྱུར་བར་ཡོངས་སུ་གྲུབ་པའོ། །བརྟགས་པའི་ངོ་བོ་ཉིད་ཀྱིས་ཏེ། །ཤིན་ཏུ་སྟོང་ཉིད་གང་ཡིན་པ། །ཡོངས་སུ་གྲུབ་པའི་ངོ་བོ་སྟེ། །མི་རྟོག་ཡེ་ཤེས་སྤྱོད་ཡུལ་ལོ། །དོན་ཕྱིར་ཞེས་བྱ་བ་ནི་དོན་གྱི་དབང་དུ་མཛད་ནས་བཤད་པ་སྟེ། དེ་ལྟར་ཡང་དག་པ་མ་ཡིན་པ་ཀུན ་རྟོག་པའི་ཕྱིར་དང་གཉིས་པོ་མེད་པའི་ཕྱིར་རོ་ཞེས་བརྗོད་པར་བྱའོ། །དོན་ནི་ཀུན་བརྟགས་པའི་ངོ་བོ་ཉིད་དོ་ཞེས་བྱ་བ་ལ། དོན་ནི་འདིར་གཟུགས་ལ་སོགས་པ་དང། མིག་ལ་སོགས་པ་དང། བདག་དང་རྣམ་པར་རིག་པ་རྣམས་ཏེ། དེ་ཡང་རྣམ་པར་བརྟགས་པའི་རང་བཞིན་དུ་ཡང ་དག་པ་མ་ཡིན་པ་ཀུན་རྟོག་པ་ལ་མེད་བས། མེད་པ་ལ་ཀུན་བརྟགས་པའི་ངོ་བོ་ཉིད་ཅེས་བྱའོ། །ཡང་སྨྲས་པ་རྣམ་རྟོག་རྣམ་བར་མི་རྟོག་ནི། །རྣམ་རྟོག་གཞན་གྱི་བརྟགས་པ་སྟེ། རྣམ་རྟོག་གཞན་གྱི་བརྟགས་དེ་ཡི། །རང་བཞིན་དེ་ནི་ཡོད་མ་ཡིན། །ཡང་དག་པ་མ ་ཡིན་པ་ཀུན་རྟོག་པ་ནི་གཞན་གྱི་དབང་གི་ངོ་བོ་ཉིད་དོ་ཞེས་བྱ་བ་ལ་རྒྱུ་དང་རྐྱེན་གཞན་དག་གིས་དབང་བྱེད་པ་དང། སྐྱེད་པ་སྟེ། རང་མི་འབྱུང་བས་གཞན་གྱིས་དབང་ངོ། །གཟུང་བ་དང་འཛིན་པ་མེད་པ་ནི་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ཅེས་བྱ་བ་ནི་མི་འགྱུར་བར་ཡོངས་སུ་གྲུབ་པ་དང། ཕྱིན ་ཅི་མ་ལོག་པར་ཡོངས་སུ་གྲུབ་པས་ཡོངས་སུ་གྲུབ་པའི་ཕྱིར། ཡོངས་སུ་གྲུབ་པའོ་ཞེས་བྱའོ། །འདིར་ནི་ཡང་དག་མ་ཡིན་པ་ཀུན་རྟོག་པ་གཉིས་དང་བྲལ་བ་ཉིད། གཟུང་བ་དང་འཛིན་པ་མེད་པར་བསྟན་པ་ཡིན་གྱི། གཉིས་པོ་མེད་པ་ཙམ་གྱིས་ནི་མ་ཡིན་ནོ། །དེ་ལྟར་ན་ཡང་དག་པ་མ་ཡིན ་པ་ཀུན་རྟོག་པ་ཉིད་རྒྱུ་དང་རྐྱེན་གཞན་གྱི་ཁ་ན་ལས་པས་གཞན་གྱི་དབང་ངོ། །དེ་ཉིད་གཟུང་བ་དང་འཛིན་པའི་ངོ་བོར་བདག་ཉིད་ཀྱིས་མེད་ཀྱང་སྣང་བའི་ཕྱིར་ཀུན་བརྟགས་པའོ། །དེ་ཉིད་གཟུང་བ་དང་འཛིན་པ་དང་བྲལ་བའི་ཕྱིར་ཡོངས་སུ་གྲུབ་པའོ། །དེ་ལྟར་ན་ཡང་དག་པ་མ་ཡིན་པ་ཀུན ་རྟོག་པ་ལ་ངོ་བོ་ཉིད་གསུམ་འདུས་སོ། །དེ་ལྟར་བྱས་ནས་ཡང་དག་པ་མ་ཡིན་པ་ཀུན་རྟོག་པ་ཡོངས་སུ་ཤེས་བར་བྱ་བ་དང། སྤང་བར་བྱ་བ་དང། ཡོངས་སུ་ཤེས་པར་བྱ་བ་མངོན་དུ་བྱ་བའི་དངོས་པོ་ཡང་བསྟན་པ་ཡིན་ནོ། །ཡང་དག་ཕ་མ་ཡིན་པ་ཀུན་རྟོག་པ་མེད་པའི་མཚན་ཉིད་ཡོང ་སུ་མ་ཤེས་པའི་ཕྱིར། ཉོན་མོངས་པ་དང་ལས་དང། ཚེའི་ཀུན་ནས་ཉོན་མོངས་པར་གྱུར་ཏོ། །དེ་ལྟ་བས་ན་མེད་པའི་མཚན་ཉིད་ཡོངས་སུ་ཤེས་པར་བྱ་བ་དང། དེའི་ཐབས་བསྟན་པའི་ཕྱིར་དམིགས་པ་ལ་ནི་བརྟེན་ནས་སུ་ཞེས་རྒྱ་ཆེར་གསུངས་སོ། །ཡང་དག་མ་ཡིན་ཀུན་རྟོག ་པ་ལ་དེ་མཚོན་པ་འམ། ཡང་དག་པ་མ་ཡིན་པ་ཀུན་རྟོག་པའོ། །གཟུང་བ་དང་འཛིན་པ་གཉིས་མེད་པ་ཉིད་ནི་མེད་པའི་མཚན་ཉིད་དོ། །དེ་ལ་འཇུག་པ་ནི་དེ་ཁོང་དུ་ཆུད་པའོ། །དེའི་ཐབས་ནི་ཐབས་གང་གིས་དེའི་མེད་པའི་མཚན་ཉིད་ཀྱི་རྗེས་སུ་འཇུག་པའོ། །དེ་ཡང་ཆོས ་ཀྱི་དབྱིངས་ཀུན་ཏུ་འགྲོ་བའི་དོན་རབ་ཏུ་རྟོགས་པར་བྱ་བར་སྦྱོར་བ་ན། གནས་ཀྱི་ཁྱད་པར་མཁས་པ་རྣམ་པ་གཉིས་སོ། །དེ་ཉེ་བར་མཚོན་པའི་དོན་དུ་ཚིགས་སུ་བཅད་པ་འདི་གསུངས་སོ། །རྣམ་པར་རིག་པ་ཙམ་དུ་དམིགས་པ་ལ་བརྟེན་ནས་དོན་མི་དམིགས་པ ་སྐྱེའོ་ཞེས་བྱ་བ་ནི། དམིགས་པའི་དོན་དང་བྲལ་བ་འདི་ནི་རྣམ་པར་རིག་པ་ཙམ་ཉིད་དེ། རང་གི་ས་བོན་ཡོངས་སུ་སྨིན་པ་ལས་གཟུགས་ལ་སོགས་པ་སྣང་བའི་རྣམ་པར་ཤེས་པ་སྐྱེ་བ་ཡིན་གྱི། གཟུགས་ལ་སོགས་པའི་དོན་ཡོད་པ་མ་ཡིན་ནོ་ཞེས། དེ་ལྟར་འཛིན་པ ་དམིགས་པ་ལ་གནས་ཏེ། གཟུང་བ་མི་དམིགས་པར་རབ་ཏུ་འཇུག་།དེས་འདི་ལྟར་བརྟགས་པར་བྱ་སྟེ། རྣམ་པར་ཤེས་བ་སྐྱེ་བའི་ཚེ་འམ། སྐྱེས་ཟིན་པས་ཡུལ་ལ་དམིགས་པར་གྱུར་གྲངས་ན། དེ་ལ་སྐྱེ་བའི་ཚེ་ནི་མེད་པས་སྐྱེ་བའི་ཚེ་ཡུལ་ལ་དམིགས་པར་མི་རུང་ངོ། །ཡུལ་དུ་སྣང་བའི ་བདག་ཉིད་དུ་སྐྱེ་བའི་ཕྱིར། སྐྱེས་པས་ཀྱང་མ་ཡིན་ཏེ། ཡུལ་དུ་སྣང་བའི་བདག་ཉིད་དུ་སྐྱེ་བ་མ་གཏོགས་པར། གང་བྱེད་ན་རྣམ་པར་ཤེས་པ་ཡུལ་ལ་དམིགས་པའོ་ཞེས་བྱའོ་ཞེས་བྱ་བའི་རྣམ་པར་ཤེས་པའི་བྱ་བ་གཞན་མེད་དོ། གལ་ཏེ་ཡང་ད་ལྟར་གྱི་རྣམ་པར་ཤེས་པ་ཉིད ་ཀྱི་དམིགས་པ་བྱེད་པ་ཡིན་གྱི། སྐྱེ་བའི་ཚེ་ནི་མ་ཡིན་ནོ་ཞེ་ན། དེ་ལྟ་ན་ནི་དམིགས་པའི་རྐྱེན་རྣམ་པར་ཤེས་པའི་སྐྱེ་བ་མ་ཡིན་ཏེ། དེར་ཡོངས་སུ་རྟོག་པ་དོན་མེད་དོ། །ད་ལྟར་གྱི་དམིགས་པ་འཛིན་ན་ནི་སྐད་ཅིག་པ་འཇིག་པའི་གནོད་པར་འགྱུར་རོ། །རང་བཞིན་བྱེ་བྲག་ཏུ་གྱུར་བ ་ཡང་མེད་པས་སྔ་མ་བཞིན་ཏེ། རྣམ་པར་ཤེས་པས་དམིགས་པ་འཛིན་པར་མི་རུང་ངོ། །འོན་ཏེ་དམིགས་པ་འཛིན་པའི་དུས་ན། དེ་ལ་རང་བཞིན་བྱེ་བྲག་ཏུ་གྱུར་པར་འདོད་ན། དེ་ལྟར་ན་ཡང་རང་བཞིན་བྱེ་བྲག་ཏུ་གྱུར་པ་གཞན་ཉིད་དུ་སྣང་བས། བྱུང་བ་གཞན་ཉིད་ཀྱིས་དམིགས་བ་འཛིན ་པར་ཐལ་བར་འགྱུར་རོ། །གཞན་ནི་འགག་བའི་ཚེའི་དོན་ཉིད་སྐྱེ་བའི་ཚེའི་རྣམ་པར་ཤེས་པའི་དམིགས་པའི་རྐྱེན་ཡིན་ཏེ། དེ་ཡང་རང་གིས་རྣམ་པར་སྣང་པའི་རྣམ་པར་ཤེས་པའི་རྒྱུ་ཡིན་པས་རྐྱེན་ལྷག་མ་རྣམས་ལས་ཁྱད་པར་ཅན་ནོ་སྙམ་དུ་སེམས་ཏེ། དེས་ཀྱང་གཟུགས་ལ་སོགS ་པའི་རྡུལ་ཕྲ་རབ་བམ། དེ་འདུས་པ་ལ་དམིགས་པ་ཁོ་ནར་ཀུན་ཏུ་བརྟག་གྲང་ན། དེ་གཉི་ག་ཡང་དམིགས་པར་མི་འགྱུར་ཏེ། རྣམ་པར་ཤེས་པ་ཐམས་ཅད་ནི་བུམ་པ་དང། སྣམ་བུ་ལ་སོགས་པར་སྣང་བ་འབྱུང་གི། རྡུལ་ཕྲ་རབ་ཏུ་སྣང་བར་ནི་མ་ཡིན་ནོ། །དོན་གྱི་རྣམ་པ་གཞན ་དུ་སྣང་བའི་རྣམ་པར་ཤེས་པའི་དམིགས་པ་ནི་གཞན་མ་ཡིན་ཏེ། མིག་ལ་སོགས་པ་ཡང་དམིགས་པ་ཉིད་དུ་ཐལ་བར་འགྱུར་ཏ་རེ། གང་གཞན་ཡང་རྡུལ་ཕྲར་བསིལ་བུ་སོ་སོ་དམིགས་པ་ཡིན་པ་སྙམ་དུ་སེམས་པ་དེའི་འདི་ཡང་ལན་དུ་མི་རུང་སྟེ། སིལ་བུ་དེ་ནི་དེ་དག་སོ་སོ་ཉིད ་ལ་དམིགས་པར་འདོད་ཀྱི་དེ་དག་གི་འདུས་པ་ལ་ནི་མ་ཡིན་ནོ། །དེར་རྡུལ་ཕྲ་རབ་སོ་སོར་སྣང་བའི་ཤེས་པ་ནི་མི་འབྱུང་གི་།འདི་ལྟར་དེ་དག་གི་འདུས་པར་སྣང་བ་སྟེ་།དེ་བས་ན་རྡུལ་ཕྲ་རབ་རྣམས་ལ་དམིགས་མི་སྲིད་དོ། །བརྟགས་པར་ཡོད་པ་ནི་རྒྱུར་མི་སྲིད་བའི་ཕྱིར། རྡུལ་ཕྲ་རབ་འདུས ་པ་ཡང་དམིགས་པ་མ་ཡིན་ན། དེ་མ་ཐག་པ་ལ་སོགས་པའི་རྐྱེན་ལྟར་དམིགས་པའི་རྐྱེན་ཡང་དག་པར་ཤེས་བའི་རྒྱུར་འདོད་དེ། དེའི་ཕྱིར་འགག་པའི་ཚེ་ཡང་དམིགས་བའི་རྐྱེན་དུ་མི་སྲིད་དོ། །ཇི་སྟེ་ཡང་འགག་པ་ཉིད་དམིགས་པ་ཡིན་ན། དེ་ལྟ་ན་ནི་འདས་པ་དང་མ་འོངས་པ ་ཡུལ་དུ་འགྱུར་བ་དང། རྨི་ལམ་ལ་སོགས་པ་ལ་ཡང་རྣམ་པར་ཤེས་པ་དམིགས་པ་མེད་པར་གྲུབ་བོ། །ལ་ལན་རེ་རྨི་ལམ་ལ་སོགས་པའི་རྣམ་པར་ཤེས་པ་ཡང་མཚན་མ་ལ་དམིགས་པའི་ཕྱིར་དམིགས་པ་མེད་པ་མ་ཡིན་ནོ། །མཚན་མ་ནི་དོན་གྱི་གཟུགས་བརྙན་ཏེ་ལྡན་བ ་མ་ཡིན་པའི་འདུ་བྱེད་ཀྱི་རང་བཞིན་ནོ་ཞེའོ་།རྨི་ལམ་ལ་སོགས་པ་དོན་མེད་པ་ལ་དེའི་མཚན་མ་མི་རུང་སྟེ། བཞིན་ལ་སོགས་པ་མེད་པར་དེའི་གཟུགས་བརྙན་མི་འགྲུབ་པ་བཞིན་ནོ། །འབྱུང་བའི་ཚེ་འམ་བྱུང་ཟིན་པའི་རྣམ་པར་ཤེས་པས་ཀྱང་མཚན་མ་ལ་དམིགས་པ་མ་ཡིན ་ཏེ། མེད་པ་དང་དགག་པ་སྔར་བསྟན་བའི་ཕྱིར་རོ། །དེའི་ཕྱིར་ལྡན་པ་མ་ཡིན་པའི་འདུ་བྱེད་ཀྱི་རང་བཞིན་མཚན་མར་མི་རུང་བས། རྣམ་པར་ཤེས་པ་ཉིད་དོན་དུ་སྣང་བས་དོན་གྱི་གཟུགས་བརྙན་ཏེ། རྣམ་པར་ཤེས་པ་ཉིད་དོན་གྱི་རྣམ་པར་གདོན་མི་ཟ་བར་ཁས་བླང་དོགས་སོ།། ་རྣམ་པ་མེད་ན་ནི་དེ་ལ་གཟུང་བ་དང་འཛིན་པ་དེས་པ་ཉིད་དུ་མི་འགྱུར། །གཞན་ནི་ཐོགས་པ་མེད་པའི་གཟུགས་ཉིད་རྨི་ལི་དང། རྣལ་འབྱོར་བ་རྣམས་ཀྱི་མི་སྡུག་པ་ལ་སོགས་པར་དམིགས་པའོ་སྙམ་དུ་སེམས་ཏེ། དེའི་ཡང་ཁ་དག་དང་དབྱིབས་ལ་སོགས་པའི་བདག་ཉིད ་ཡིན་པས། ཐོག་པ་མསེང་པ་ཉིད་དང་ཡིད་འབའ་ཞིག་གི་ཡུལ་དུ་འགལ་ལོ། །རྣམ་པར་རིག་བྱེད་མ་ཡིན་བཙམ་མ་གཏོགས་པར་ཡང་ཐོགས་པ་མེད་པའི་གཟུགས་གཞན་བསྟན་བཅོས་ལས་མ་བཤད་པས། དེའི་ཕྱིར་དེ་ཉིད་ཀྱང་རྟོག་པ་ཙམ་ཉིད་དོ།། ་གཞན་དག་ནི་དམུས?་ལོང་གི་རྨི་ལམ་ན་སྔོན་པོ་ལ་སོགས་པའི་གཟུགས་མི་འཛིན་པའི་ཕྱིར་རོ། དོན་མྱོང་བ་ནི་རྨི་ལམ་གྱི་རྣམ་པར་ཤེས་པའི་ཡུལ་ཉིད་དུ་འདོད་དོ། །དམུས་ལོང་གི་རྨི་ལམ་ན་གཟུགས་མི་འཛིན་པས་ཡིན་ཏེ། བརྡ་མི་ཤེས་བས་མིང་རྣམ་པར་མི་ཤེས་པའི ་ཕྱིར་བཞན་ལ་བསྙད་མི་ནུས་སོ། །གལ་ཏེ་ཡང་མྱོང་བ་ཉིད་རྨི་ལམ་དུ་མཐོང་ན་དེ་ལྟ་ན་དམུས་ལོང་གིས་ཀྱང་གཟུགས་མཐོང་བར་ཅིའི་ཕྱིར་མི་འདོད། དེས་ཀྱང་ཚེ་རབས་སྔ་མ་དག་ལ་གཟུགས་དམིགས་པ་ཉིད་དོ། །ད་ལྟར་གྱི་ཚེ་ལ་དམིགས་པ་ཉིད་རྨི་ལམ་དུ་སྣང་བ་ཡང ་མ་ཡིན་ཏེ། འདས་པ་དང་མ་འོངས་པ་དང་ད་ལྟར་གྱི་འཛིན་པར་ཡང་རྨི་ལམ་དང་གཉིད་ཀྱིས་མ་ལོག་པར་ཁྱད་པར་མེད་དོ། །དེ་ལྟ་བS་ན་དོན་མྱོང་བ་དེ་ནི་རྨི་ལམ་གྱི་རྣམ་པར་ཤེས་པའི་ཡུལ་ལོ་ཞེས་བྱ་བ་ནི་ཀུན་རྟོག་པ་ཙམ་ཉིད་དོ། །འདས་པ་ཡང་མེད་བར་ཡུལ་མེད་པར་རྣམ ་པར་ཤེས་པ་ཉིད་རྨི་ལམ་དུ་དོན་དུ་སྣང་བ་འབྱུང་བར་ངོས། །དེ་ལྟར་རྣམ་པར་རིག་བཙམ་དུ་དམིགས་པས་ཡུལ་མི་དམིགས་པར་བསྒོམ་མོ། །དོན་མི་དམིགས་པ་ལ་བརྟེན་ནས་།རྣམ་པར་རིག་པ་ཙམ་ཡང་མི་དམིགས་པ་སྐྱེ་སྟེ་ཞེས་བྱ་བ་ནི། ཇི་ལྟར་རྣམ་པར་ཤེས ་པ་ལས་ཕྱི་རོལ་ན་ཀུན་རྟགས་པའི་གཟུང་བ་མེད་པས་རྣམ་པར་རིག་བ་ཙམ་ཉིད་ཀྱིས་སྟོབས་ཀྱིས་གཟུང་བ་མེད་པར་འཇུག་པ་དེ་ལྟར་གཟུང་བ་མེད་པའི་སྟོབས་ཀྱི་རྣམ་པར་རིག་པ་ཙམ་ཡང་མེད་པར་ཁོང་དུ་ཆུང་ངོ། །གཟུང་བ་ཉིད་ལ་ལྟོས་ཏེ་དེ་འཛིན་པར་རྣམ་བར་བཞས ་པའི་ཕྱིར། གཟུང་བ་མེད་ན་འཛིན་པར་མི་རུང་ངོ། །དེ་ལྟར་གཟུང་བ་དང་འཛིན་པ་ཀུན་བརྟགས་བའི་རང་གི་ངོ་བོ་དག་གི་མེད་པའི་མཚན་ཉིད་ལ་འཇུག་གི་།ཡང་དག་པ་མ་ཡིན་པ་ཀུན་རྟོག་པ་ནི་མ་ཡིན་ནོ། །ཞེས་བསྟན་པ་ཡིན་ནོ། །ཅིའི་ཕྱིར་ཐོག་མ་ཉིད་དུ་རྣམ་པར་རིག་པ ་ཙམ་ཉིད་མེད་པར་རྣམ་པར་མི་བཞག་ཅི་ན། འཛིན་པ་ནི་གཟུང་བ་ལ་རག་ལས་བའི་ཕྱིར་དམིགས་པར་བྱ་བའི་དོན་མེད་ན། དམིགས་པའི་ངོ་བོའི་དངོས་པོ་འཇིག་པས་བདེ་བླག་ཏུ་འཇུག་པར་འགྱུར་གྱི། གཞན་དུ་ན་གཟུང་བ་དང་འཛིན་པ་གཉིས་ཕན་ཚུན་བལྟོས་བ་མེད་བའི་ཕྱིར། ་དངོས་པོ་ལ་སྐུར་བ་འདེབས་པ་ཉིད་དུ་འགྱུར། །རྒྱུན་མི་འཆད་པར་ཚོགས?་རྣམས་ལ་ཞུགས་ཏེ། བསྐལ་བ་གྲངས་མེད་པ་དང་པོ་ཡོངས་སུ་རྫོགས་ན། གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ་ལས་འདས་པའི་ཡེ་ཤེས་ཀྱི་ས་འདིར་ཆུད་དེ། འདི་ལྟར་རྣམ་པར་རིག་པ་ཙམ་འདི ་ལ་བརྟེན་ནས། གཟུགས་ལ་སོགས་པ་མེད་བར་བསྒོམ་པ་ནི་འཇིག་རྟེན་ལས་འདས་པའི་ལམ་གྱི་ཐོག་མའི་རང་བཞིན་ངོ་བོར་གྱུར་བ་ཞེས་བྱ་བའི་ཏིང་ངེ་འཛིན་འཁོར་དང་བཅས་པ་མངོན་དུ་འགྱུར་རོ། །དེའི་འོག་ཏུ་རྩེ་མོ་ཞེས་བྱ་བའོ། །དེའི་འོག་ཏུ་གཟུང་བ་མ་ལུས་བར་མི་དམིགས ་པས་འཛིན་པ་མི་དམིགས་པ་དང་ཐུན་པ་བཟོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེའི་འོག་ཏུ་དོན་མི་དམིགས་པ་ལ་བརྟེན་ཏེ། རྣམ་པར་ཤེས་པ་ཙམ་ཡང་མི་དམིགས་བར་བསྒོམ་ཞིང་འཇིག་རྟེན་གྱི་ཆོས་ཀྱི་མཆོག་ཅེས་བྱ་བ་ཤེས་རབ་ལ་སོགས་པ་དང་བཅས་པའི ་ཏིང་ངེ་འཛིན་འཁོར་དང་བཅས་པ་མངོན་དུ་འགྱུར་རོ། །དེའི་འོག་ཏུ་མཐོང་བའི་ལམ་སྟེ། དེ་ཉིད་ལ་ཡང་ཆོས་ཀྱི་དབྱིངས་ཀུན། འགྲོ་བར་རྟོགས་པས་ས་དང་པོ་ལ་འཇུག་ཅེས་བྱའོ། །འདི་ནི་ཁོ་ན་ཡིད་ལ་བྱེད་པ་ཡིན་གྱི། ཚད་མེད་པ་ལ་སོགས་པ་བཞིན་དུ་མོས་པ་ཡིད ་ལ་བྱེད་པ་ནི་མ་ཡིན་ཏེ། དམིགས་པ་མི་དམིགས་པའི་རང་བཞན་གྱི་ཕྱིར་རོ་ཞེས་རབ་ཏུ་བསྟན་པའི་ཕྱིར་དེའི་ཕྱིར་ན་དམིགས་པ་ནི། མི་དམིགས་ངོ་བོ་ཉིད་དུ་གྲུབ་ཅེས་བྱ་བ་གསུངས་སོ། །ཡང་ན་རྣམ་པ་འདིས་སོ་སོ་རང་གིས་རིག་པའི་ཕྱིར། ཡང་དག་པ་མ་ཡིན ་བ་ཀུན་རྟོག་པ་ལ་གཉིས་མེད་དོ་ཞེས་གང་སྔར་དམ་བཅས་པ་དེ་གྲུབ་བོ་ཞེས་རབ་ཏུ་བསྟན་པའི་ཕྱིར། དེའི་ཕྱིར་ན་དམིགS་པ་ནི་མི་དམིགས་ངོ་བོ་ཉིད་དུ་གྲུབ་ཅེས་བྱ་བ་གསུངས་སོ། །དེའི་ཕྱིར་ཞེས་བྱ་བ་ནི། དམིགས་པར་བྱ་བའི་དོན་གྱི་དངོས་པོ་མེད་པའི་ཕྱིར་རོ། དམིགS ་པ་ཞེས་བྱ་བ་ནི་དངོས་པོ་དང་བྱེད་པ་པོ་དང་བྱེད་པ་གང་ཡང་རུང་བ་ཞིག་ཏུ་བརྟག་གྲང་ན། ལས་མེད་པས་དེ་གསུམ་ཆར་ཡང་མི་རུང་སྟེ། དེའི་ཕྱིར་དམིགས་པ་མི་དམིགས་པའི་ངོ་བོ་ཉིད་དུ་གྲུབ་བོ། །དེ་ཉིད་ཀྱི་ཕྱིར་འགྲེལ་བ་མཛད་པས་དམིགས་པར་བྱེད་བའི་དོན ་མེད་ན་དམིགས་པར་མི་རུང་བའི་ཕྱིར་ཞེས་བྱ་བ་སྨོས་སོ། །དེ་ལྟ་བས་ན་དམིགས་པ་དང་མི་དམིགས་པ་མཉམ་པར་ཤེས་པར་བྱ། འདི་ལྟར་དམིགས་པ་ནི་མི་དམིགས་པའི་ངོ་བོ་ཉིད་དུ་འགྱུར་ཏེ། དེའི་ཕྱིར་མཉམ་མོ། །དོན་མི་དམིགས་པ་དང་རྣམ་པར་རིག་བ་ཙམ?་དུ་དམིགས་པ་ཡང་མེད ་བར་བྱེ་བྲག་མེད་པའི་ཕྱིར་མཚུངས?་པ་ཉིད་དུ་ཤེས་བར་བྱའོ། །དམིགས་པ་དང་མི་དམིགས་པའོ་སྒྲ་དག་ཕན་ཚུན་འགལ་བ་བསལ་བའི་ཕྱིར། ཡང་དག་པ་མ་ཡིན་བའི་དོན་དུ་སྣང་བས་དམིགས་པ་ཞེས་བྱ་བ་སྨོས་ཏེ། དོན་མེད་བས་འདིས་ནི་ཅི་ཡང་མི་དམིགས་སོ། །དེའི ་ཕྱིར་དོན་དམ་པར་མི་དམིགས་པའི་ངོ་བོ་ཉིད་ཀྱང་ཡིན་པས་འགལ་བ་མེད་དོ། །གཞན་དག་ན་རེ་བྱིས་པ་རྣམས་དོན་མེད་པ་ལ་དོན་དུ་དམིགས་པ་གང་ཡིན་པ་དང། འཕགས་པ་རྣམས་དོན་མི་དམིགས་པ་གང་ཡིན་པ་དེ་གཉིས་མཚན་ཉིད་མཚུངས་པས་མཉམ་པར་བྱ་སྟེ། ་སྤྲུལ་དུ་འཁྲུལ་བ་མི་དམིགས་པ་བཞིན་ནོ། །དེ་ཉིད་ཀྱི་ཕྱིར་སྤྲུལ་དུ་འཁྲུལ་བ་མི་དམིགས་བར་བཤད་པ་བཞིན་དུ། མི་དམིགས་པའི་ངོ་བོ་ཉིད་ཡིན་ཡང། ཡང་དག་པ་མ་ཡིན་པའི་དོན་དུ་སྣང་པའི་ཕྱིར་དམིགས་པ་ཞེས་བཤད་ཞེས་ཟེར་རོ། །གཞན་དག་ན་རེ་བྱིས་བ་རྣམས་ཀྱིས་འཛིན་པར ་དམིགས་པ་གང་ཡིན་པ་དང། དོན་མེད་པའི་ཕྱིར་འཕགས་པ་རྣམས་ཀྱིས་འཛིན་པ་མི་དམིགས་པ་གང་ཡིན་པ་དང། དམིགས་པ་དང་མི་དམིགས་པ་དེ་གཉིས་ནི་གཉི་ག་ཡང་གཟུང་བ་མེད་ན། འཛིན་པ་མེད་པར་བྱེ་བྲག་མེད་བའི་ཕྱིར་མཉམ་བར་ཤེས་བར་བྱ་སྟེ། དེའི་ཕྱིར་ཡང ་དག་པ་མ་ཡིན་པའི་དོན་དུ་སྣང་བས་ཞེས་རྒྱ་ཆེར་སྨོས་ཞེའོ་ཡང་ཁ་ཅིག་སེམས་བསྒྲོད་འདོགས་པ་དང། སྐུར་བ་འདེབས་པའི་གཉེན་པོར་དེ་ལྟ་བས་ན་དམིགས་པ་དང་མི་དམིགས་མཉམ་བར་ཤེས་པར་བྱ་ཞེས་གསུངས་སོ་སྙམ་སྟེ། དོན་མེད་བའི་ཕྱིར་དམིགས་པ་ནི་དམིགས ་པའི་རང་བཞིན་དུ་མེད་པས། ངོ་བོ་ཉིད་ཀྱིས་དེ་མེད་པ་ཞེས་བྱ་སྟེ། དམིགས་པ་ལ་དམིགས་པའི་རང་བཞིན་གསལ་བར་བྱ་བ་འམ། མི་དམིགས་པའི་རང་བཞིན་ཡང་བཞག་པར་བྱ་བ་མེད་དེ། དེ་གཉིས་ཀ་ཡང་རྣམ་པར་བརྟག་ཏུ་མེད་པས་མཉམ་པ་ཉིད་དོ། །དེ་ལྟ་བས་ན་སྒྲོ་འདོགས་པ་དང་སྐུར ་པ་འདེབས་པ་ལ་མི་བལྟོས་པར་དམིགས་པ་དང། མི་དམིགས་པ་གཉིས་སོ་སོ་རང་གིས་མཉམ་པ་ཉིད་དུ་ཤེས་པར་བྱའོ། །སྨྲས་པ་འདི་ལས་བསལ་བ་གང་ཡང་མེད། །བཞག་པར་བྱ་བ་འང་ཅི་ཡང་མེད། །ཡང་དག་ཉིད་ལ་ཡང་དག་བལྟ། །ཡང་དག་མཐོང་བ་རྣམ་པར ་གྲོལ། གལ་ཏེ་དེ་ལྟ་ན་ཅིའི་ཕྱིར་རྣམ་པར་རིགས་པ་ལ་དམིགས་པ་ཞེས་བྱ་བ་ཞེ་ན། མི་དམིགས་པའི་རང་བཞིན་ཡིན། །ཡང་དག་པ་མ་ཡིན་པའི་དོན་དུ་སྣང་བས། འཇིག་རྟེན་དང་བསྟན་བཅོས་ལས་ཀྱང་དེ་བཞིན་དུ་གྲགས་པའི་ཕྱིར་རོ། །རབ་ཏུ་དབྱེ་བའི་མཚན ་ཉིད་སྟོན་ཏེ་ཞེས་བྱ་བ་ལ། འདོད་པ་དང་གཟུགས་དང་གཟུགས་མེད་པའི་ཁམས་ཀྱི་བདག་ཉིད་ནི་ཡང་དག་པ་མ་ཡིན་པ་ཀུན་རྟོག་པའི་རབ་ཏུ་དབྱེ་བ་སྟེ། རྣམ་པ་ཐ་དད་པ་ཉིད་དོ། །རབ་ཏུ་དབྱེ་བ་ཉིད་མཚན་ཉི་ཡིན་པ་རབ་ཏུ་དབྱེ་བའི་མཚན་ཉིད་དེ། རབ་ཏུ་དབྱེ་བ་འདིས་ཡང ་དག་པ་མ་ཡིན་པ་ཀུན་རྟོག་པ་མཚན་པའི་ཕྱིར་རོ། །རབ་ཏུ་དབྱེ་བའི་མཚན་ཉིད་ཀྱང་ཅིའི་ཕྱིར་བཤད་ཅེ་ན། ཡང་དག་པ་མ་ཡིན་པ་ཀུན་རྟོག་པ་ཙམ་ལ་འདོད་བ་དང། གཟུགས་ཀྱི་ཁམས་མི་རིགས་ཏེ། ཁམས་ཐ་དང་བས་མི་མཐུན་བའི་ཕྱོགས་དང་གཉེན་པོ་ཐ་དད་བའི་ཕྱིར ་འཕགས་བའི་གང་ཟག་ལ་སོགས་པར་ཐ་དད་པ་གང་ཡིན་པ་དེ་ཐོབ་པར་མི་འགྱུར་ཏེ། དེ་བས་ན་བསྟན་པ་ལ་ཉེས་པ་ཆེན་པོར་འགྱུར་རོ། །སྙམ་པའི་དོགས་བ་བསལ་བའི་ཕྱིར་རབ་ཏུ་དབྱེ་བའི་མཚན་ཉིད་བཤད་དོ། །ཡང་ན་གང་ན་གང་རྟོགས་པ་དང་དཔྱོད་པ་ཡོད་པ ་དེ་ཉིད་ན། ཡང་དག་པ་མ་ཡིན་པ་ཀུན་རྟོག་པ་ཡོད་ཀྱི་གཞན་ནི་མ་ཡིན་ནོ་སྙམ་སྟེ། དེ་བས་ན་དེ་བསལ་བའི་ཕྱིར། ཡང་དག་མ་ཡིན་ཀུན་རྟོག་ནི། །སེམས་དང་སེམས་བྱུང་ཁམས་གསུམ་པ་ཞེས་རབ་ཏུ་དབྱེ་བའི་མཚན་ཉིད་བརྗོད་དེ། གང་ན་རྟོག་པ་དང་དཔྱོད་པ་ཡོད་ ་པ་ཉི་ཚེ་ལ་ནི་མ་ཡིན་ནོ། །དཔེར་ན་གཟུགས་ནི་འབྱུང་བ་རྣམས་དང་འབྱུང་བ་ལས་གྱུར་པ་ཡིན་པ་དེ་བཞིན་དུ། ཡང་དག་པ་མ་ཡིན་པ་ཀུན་རྟོག་པ་ཡང་སེམས་དང་སེམས་ལས་བྱུང་བ་ཡིན་གྱི། སེམས་འབའ་ཞིག་ནི་མ་ཡིན་ནོ། །དེ་དག་ཀྱང་ཁམS ་གསུམ་པའི་ངོ་བོ་ཉིད་དེ། འདོད་པ་དང་གཟུགས་དང་གཟུགས་མེད་པ་ན་སྤྱོད་པ་ཐ་དད་པས་ཁམས་གསུམ་པ་རྣམས་སོ། །དེ་ལ་ཡང་དག་པ་མ་ཡིན་པ་ཀུན་རྟོག་པ་དེ་ལས་སེམས་ཅན་དམྱལ་བ་ལ་སོགས་བའི་རྣམ་པ་རྣམ་པ་ཉི་ཤུ་གང་དག་འབྱུང་བ་དེ་ནི་འདོད་པའི་ཁམས་སོ། །ཚངས ་རིགས་ལ་སོགས་བའི་རྣམ་པ་རྣམ་པ་བཅུ་བདུན་གང་ཡིན་པ་དེ་དག་ནི་གཟུགས་ཀྱི་ཁམས་སོ། །ནམ་མཁའ་ལ་སོགས་པའི་རྣམ་པ་བཞི་པོ་གང་ཡིན་པ་དེ་དག་ནི་གཟུགས་མེད་པའི་ཁམས་སོ། །གཞན་ན་རེ་འདོད་པ་ལ་འདོད་ཆགས་མ་སྤངས་པ་དང་གཟུགས་ཀྱི་འདུ་ཤེས་དང་མ་བྲལ་བ ་རྣམས་ནི་འདོད་པ་ན་སྤྱོད་བའོ། །འདོད་པ་ལ་འདོད་ཆགས་སྤངས་ལ་གཟུགས་ཀྱི་འདུ་ཤེས་དང་མ་བྲལ་བ་རྣམས་ནི་གཟུགས་ཀྱི་ཁམས་སོ། །འདོད་པ་དང་གཟུགས་ལ་འདོད་ཆགས་སྤངས་ཤིང་གཟུགས་ཀྱི་འདུ་ཤེས་དང་ཡང་བྲལ་བ་རྣམས་ནི་གཟུགས་མེད་པ་ན་སྤྱོད་པའོ་ཞེས ་ཟེར། །གཞན་དག་ནི་འདོད་པ་ལ་འདོད་ཆགས་རྒྱས་པར་གྱུར་པ་རྣམས་ནི་འདོད་པའི་ཁམས་སོ། །གཟུགས་ལ་འདོད་ཆགས་རྒྱས་པར་གྱུར་པ་རྣམས་ནི་གཟུགས་ཀྱི་ཁམས་སོ། །གཟུགས་མེད་པ་ལ་འདོད་ཆགས་རྒྱས་པར་གྱུར་པ་རྣམས་ནི། །གཟུགས་མེད་པའི་ཁམས་ཞེས་སྨྲའོ། །ཁ ་ཅིག་ནི་རྟག་ཏུ་གཡེང་བ་དང་སེམས་ལས་བྱུང་བའི་སྡུག་བསྔལ་གྱི་རྣམ་པའི་གནས་སུ་གྱུར་པ་རྣམས་ནི་འདོད་པའི་ཁམས་སོ། །མཉམ་པར་བཞག་ལ་སེམས་ལས་བྱུང་བའི་སྡུག་བསྔལ་གྱི་རྣམ་པ་དང་བྲལ་བ་རྣམས་ནི་གཟུགས་ཀྱི་ཁམས་སོ། །མཉམ་པར་བཞག་ལ་བདེ་བ་དང ་སྡུག་བསྔལ་གྱི་རྣམ་པ་སྤངས་པ་རྣམས་ནི། གཟུགས་མེད་པའི་ཁམས་ཞེས་སྨྲའོ། །ཁ་གཅིག་ནི་དྲི་དང་རོ་དང་དེ་དག་ཏུ་སྣང་བའི་རྣམ་པར་ཤེས་པ་མ་སྤངས་པ་རྣམ་ནི་འདོད་པའི་ཁམས་སོ། །དྲི་དང་རོ་དང་དེ་དག་ཏུ་སྣང་བའི་རྣམ་པར་ཤེས་པ་སྤང་བ་རྣམས་ནི་གཟུགས་ཀྱི ་ཁམས་སོ། །ཁམS་བཅོ་ལྔར་སྣང་བ་སྤངས་པ་རྣམས་ནི་གཟུགས་མེད་པའི་ཁམས་སོ་ཞེས་སྨྲའོ། །བཤད་པ་དེ་དག་ཐཾས་ཅད་ལ་དེ་དག་གང་ཡིན་ཞེ་ན། ཐོག་མར་བཤད་པ་ལས་བརྗོད་པ་ཉིད་བསྙད་པར་བྱ་བ་སྟེ། དེ་ལྟར་ན་བཤད་པ་འདི་དག་ནི་ལྟོས་པ་དང་བཅས་པ་ཉིད་དོ། །ཡང་དག་པ ་མ་ཡིན་པ་ཀུན་རྟོག་པའི་སྐབས་ཡིན་བཞིན་དུ་ཡང། ཡང་དག་པ་མ་ཡིན་པ་ཀུན་རྟོག་པ་སྨོས་པ་ནི་མི་དམིགས་པས་བར་བཅད་པའི་ཕྱིར་རོ། །རྣམ་གྲངས་ཀྱི་མཆན་ཉིད་ཀྱང་སྟེ་ཞེས་བྱ་བ་ནི། སེམས་དང་སེམས་ལས་བྱུང་བ་རྣམས་ཀྱི་བྱེ་བྲག་རབ་ཏུ་བསྟན་པས། ཡང་དག་པ་མ་ཡིན ་པ་ཀུན་རྟོག་པའི་རྣམ་གྲངས་ཀྱི་མཚན་ཉིད་སྟོན་ཏོ། །ཇི་ལྟ་ཞེ་ན། སེམས་དང་སེམས་ལས་བྱུང་བ་རྣམས་ཡང་དག་པ་མ་ཡིན་པ་ཀུན་རྟོགས་པ་དངོས་པོའི་རང་བཞིན་དང། ཁྱད་པར་ལ་རྟོག་པར་ཞུགས་པའི་ཕྱིར་རོ། །དོན་གྱི་རང་གི་ངོ་བོ་དང་བྱེ་བྲག་མཐོང་བ་སེམས་དང་སེམས ་ལས་བྱུང་བ་རྣམས་དང། ཡང་དག་པ་མ་ཡིན་པ་ཀུན་རྟོག་པ་ཞེས་བྱ་བ་ནི་རྣམ་གྲངས་སུ་གཏོགས་པའོ། །དེ་ལ་དོན་ཙམ་མཐོང་བ་ནི་རྣམ་པར་ཤེས་པའོ་ཞེས་བྱ་བ་ལ་ཙམ་ཞེས་བྱ་བའི་སྒྲ་ནི། ཁྱད་པར་སེལ་བའི་ཕྱིར་ཏེ་ཁྱད་པར་མི་འཛིན་གྱི་དངོས་པོའི་རང་གི་ངོ་བོ་ཙམ་དམིགS ་སོ་ཞེས་བྱ་བའི་ཐ་ཚིག་གོ། དོན་གྱི་ཁྱད་པར་མཐོང་བ་ནི་སེམས་ལས་བྱུང་བ་རྣམས་ཏེ་ཚོར་བ་ལ་སོགས་པའོ་ཞེས་བྱ་བ་མི་ཁྱད་པར་གྱི་ངོ་བོ་དེ་དང་དེས་དེར་མངོན་པར་འཇུག་པའི་ཕྱིར་རོ། །དེ་ལ་གང་དངོས་པོ་དེའི་ཁྱད་པར་སིམ་པ་དང། གདུང་བ་ཉིད་ཡིད་བདེ་བ་ལ་སོགས་བའི ་གནས་གང་ཡིན་པ་དེ་འཛིན་པ་ནི་ཚོར་པའོ། །བུད་མེད་དང་སྐྱེས་པ་ལ་སོགས་པར་ཐ་སྙད་གདགས་པའི་མཚན་མ་དོན་གྱི་ཁྱད་པར་གང་ཡིན་པ་དེ་འཛིན་པ་ནི་འདུ་ཤེས་སོ། །དེ་བཞིན་དུ་གཞན་ཡང་ཅི་རིགས་སུ་སྦྱར་བར་བྱའོ། །དེ་ལྟར་དེ་དག་ཀྱིས་གནས་པ་དང་དམིགས་པ་དང། དུས ་དང་རྫས་མཚུངས་པ་ཉིད་ཀྱིས་མཚུངས་པ་ལྡན་པ་ཡིན་གྱི། རྣམ་པར་ཤེས་པ་དང་ཁྱད་པར་མེད་པར་ཐལ་པར་འགྱུར་བར་རྣམ་པ་མཚུངས་པས་ནི་མ་ཡིན་ནོ། །ཁ་ཅིག་ནི་འདིར་སེམས་ཀྱི་བྱེ་བྲག་ཉིད་སེམས་ལས་བྱུང་བར་དགོངས་པར་ཤེས་ཏེ། རྨ་བྱའི་མདོངས་ལྟར་རྣམ ་པར་ཤེས་པ་དེ་ཉིད། དེ་ལྟ་བུའི་ངོ་བོ་ལ་སོགས་པར་སྣང་བ་སྣ་ཚོགས་སུ་འབྱུང་ངོ་ཞེའོ། །ཇི་ལྟར་ན་གཅིག་པུ་ཡང་ཡིན་ལ་སྣ་ཚོགས་ཀྱང་ཡིན། གཅིག་པུ་དུ་མའི་ངོ་བོ་ཉིད་དུ་འགྱུར་དུ་འོད་ཞེས། འཇིག་རྟེན་ནི་གཅིག་ལ་མི་མཐུན་པའི་མཚན་ཉིད་སྣ་ཚོགས་སུ ་མི་འདོད་དོ། །གལ་ཏེ་ཆོས་ཀྱི་ངོ་བོ་ཉིད་ཡོངས་སུ་གྲུབ་པར་གྱུར་ན་ནི། འདི་ཡང་ཉེས་པར་འགྱུར་རོ། །ནོར་པ་ཙམ་ལ་ནི་ཉེས་པ་འདི་མེད་དེ། དེ་བཞིན་མ་ཡིན་ཡེ་མེད་མིན་ཞེས་བཤད་པའི་ཕྱིར་རོ། །དེ་ནི་དེ་ལྟ་མ་ཡིན་ཏེ། མདོ་ལས་ཚོར་བ་གང་ཡིན་པ་དང། འདུ་ཤེས་གང་ཡིན་པ་དང་།སམས ་གང་ཡིན་པ་དང། རྣམ་པར་ཤེས་པ་གང་ཡིན་པ་ཆོས་འདི་རྣམས་ནི་འདྲེས་པ་སྟེ། མ་ཡིན་ནོ་ཞེས་འབྱུང་བ་དང་འགལ་བའི་ཕྱིར་རོ། །འདྲེས་པ་ཞེས་བྱ་བ་ནི་ཡོད་པ་རྣམས་ཅིག་ཅར་ཕྲད་པར་འགྱུར་པ་ལ་བྱའོ། །གང་ཆོས་ཀྱི་ངོ་བོ་ཉིད་ཡོངས་སུ་མ་གྲུབ་བར་འདོད་པ་དེ་ལ། མདོ་དེ་ནི་དོན ་འདིར་ཁུངས་སུ་མི་རུང་ངོ། །ཡང་དག་པ་མ་ཡིན་པ་ཀུན་རྟོག་པ་ཙམ་དུ་ཟད་ལ་གཞན་ཡང་མེད་པས་རྒྱུ་དང་འབྲས་བུ་རབ་ཏུ་དབྱེ་བ་རྣམ་པར་མི་ཤེས་པས་དེ་རབ་ཏུ་བསྟན་པའི་ཕྱིར་འཇུག་པའི་མཚན་ཉིད་ཀྱང་སྟོན་ཏེ། འདིས་ཡང་དག་པ་མ་ཡིན་པ་ཀུན་རྟོག་པ་རྒྱུད་དང་འབྲས ་བུའི་དངོས་པོར་མཚོན་བའོ། །འཇུག་པ་ཉིད་མཚན་ཉིད་ཡིན་པས་འཇུག་པའི་མཚན་ཉིད་འཇུག་པ་ཡང་རྣམ་པ་གཉིས་སོ། །སྐད་ཅིག་རྒྱུད་མར་འཇུག་པ་སྟེ། དེའི་དབང་གིས་ད་ལྟར་བྱུང་བའི་ཉེ་བར་སྤྱོད་པའི་ཉོན་མོངས་པ་དང། ཚེ་རབས་གཞན་དུ་འཇུག་སྟེ། དེའི་དབང་གིས ་ཚོ་ཕྱི་མའི་ཉོན་མོངས་པ་དང་ལས་དང་ཚེའི་ཀུན་ནས་ཉོན་མོངས་པའོ། །འདིར་ནི་སྐད་ཅིག་རྒྱུད་མར་འཇུག་པ་འཇུག་པའི་མཚན་ཉིད་དུ་བཤད་པའོ། །ཚེ་རབས་གཞན་དུ་འཇུག་བ་ནི་ཀུན་ནས་ཉོན་མོངས་པའི་མཚན་ཉིད་དུ་འོག་ནས་འཆད་དོ། །གཅིག་ནི་རྐྱེན་གྱི་རྣམ་པར་ཤེས། ། ་ཤེས་བྱ་ཆེར་འབྱུང་བ་དེ་ལ། གཅིག་ཅེས་བྱ་བ་དེ་ནི་ཀུན་གཞི་རྣམ་པར་ཤེས་ཏེ། རྣམ་པར་ཤེས་པ་ལྷག་མ་བདུན་རྣམས་ཀྱི?་རྒྱུའི་རྐྱེན་གྱི་དངོས་པོས་རྒྱུ་ཡིན་པས་རྐྱེན་གྱི་རྣམ་པར་ཤེས་པའོ། །གཉིས་པ་ཉེ་བར་སྤྱོད་པ་ཅན་ཞེས་བྱ་བ་ནི། རྣམ་པར་ཤེས་པ་ཞེས་བྱ་བར་སྙེགས ་ཏེ། དེའི་འབྲས་བུའོ་ཞེས་བྱ་བ་ཚིག་གི་ལྷག་མའོ། །དེ་ཡང་རྣམ་པ་བདུན་ནོ། །ཉེ་བར་སྤྱོད་པ་ནི་འཇུག་པའི་རྣམ་པར་ཤེས་པའི་དགོས་པ་ཡིན་པས་ཉེ་བར་སྤྱོད་པ་ཅན་ནོ། །རྣམ་པར་ཤེས་པ་དེ་ལ་སེམས་ལས་བྱུང་བ་ཉེ་བར་སྤྱོད་པ་དང། ཡོངས་སུ་གཅོག་པ་དང་འཇུག་པར་བྱེད་པ་གང་ཡིན་པ་དེ་དག ་ཀྱང་དེའི་འབྲས་བུ་ཞེས་བྱ་བར་སྦྱར་ཏེ། རྣམ་པར་ཤེས་པ་དང། གྲུབ་པ་དང་བདེ་བ་གཅིག་བའི་ཕྱིར་རོ། །ཀུན་གཞི་རྣམ་པར་ཤེས་པ་ནི་རྣམ་པར་ཤེས་པ་གཞན་དག?་ནི་རྒྱུའི་རྐྱེན་གྱི་རྣམ་རྐྱེན་གྱི་རྣམ་པར་ཤེས་པའོ་ཞེས་བྱ་བ་ལ། ཟག་པ་དང་བཅས་པའི་ཆོས་ཐམས་ཅད་དེར་འབྲས་བུའི ་དངོས་པོར་སྦྱོར་བ་དང། དེ་ཡང་དེ་དག་ལ་རྒྱུའི་དངོས་པོར་སྦྱོར་བས་ཀུན་གཞིའོ། །སེམས་ཅན་དང་སྣོད་ཀྱི་འཇིག་རྟེན་དེ་ལྟར་སྣང་བས་རྣམ་པར་རིག་པར་བྱེད་པའི་ཕྱིར་རྣམ་པར་ཤེས་པའོ། །དེ་ཡང་གཅིག་ཏུ་རྣམ་པར་སྨིན་པས་ལུང་དུ་མ་བསྟན་པ་ཉིད་དོ། །ཟག་པ་དང་བཅས་པའི ་ཆོས་ཐམས་ཅད་ཀྱི་ས་བོན་རྗེས་སུ་འབྲེལ་པ་དང། འཇུག་པའི་རྣམ་པར་ཤེས་པ་གཞན་དག་ནི་རྒྱུའི་རྐྱེན་ཡིན་པས་རྐྱེན་གྱིས་རྣམ་པར་ཤེས་པའོ། །དེ་ལས་བྱུང་བ་འཇུག་པའི་རྣམ་པར་ཤེས་པ་ནི་ཉེ་བར་སྤྱོད་པ་ཅན་ནོ་ཞེས་བྱ་བ་ནི། ཀུན་གཞི་རྣམ་པར་ཤེས་པ་དེ་ལས་བྱུང་བ་སྟེ། དེའི་རྐྱེན ་གྱིས་སྐྱེ་ཞེས་བྱ་བའི་ཐ་ཚིག་གོ་། ཇི་ལྟར་འབྱུང་ཞེ་ན། འཇུག་པའི་རྣམ་པར་ཤེས་པ་འབྱུང་བ་ན་དེ་དང་རིགས་གཅིག་པ་འཇུག་པའི་རྣམ་པར་ཤེས་པ་མ་བྱུང་བ་འབྱུང་བར་བྱེད་བའི་ས་བོན་ཀུན་གཞི་རྣམ་པར་ཤེས་པ་ལ་རྟས་བར་བྱེད་དེ། ས་བོན་རྟས་ནས་འགྱུར་བའི་བྱེ་བྲག་རྙེད་པ་དེ་ལས ་ཡང་དེ་དང་རིགས་གཅིག་པ་འཇུག་པའི་རྣམ་པར་ཤེས་པ་འབྱུང་སྟེ། དེ་ལྟར་ན་དེའི་རྐྱེན་གྱིས་འཇུག་པའི་རྣམ་པར་ཤེས་པར་འགྱུར་རོ། །བདེ་བ་ཡང་མ་ཡིན་སྡུག་བསྔལ་ཡང་མ་ཡིན་པའི་ཚོར་བའི་ཉེ་བར་སྦྱོད་བའི་གནས་སུ་གྱུར་པ་དང། ཀུན་གཞི་རྣམ་པར་ཤེས་པ་ལ་བག་ཆགས ་སྒོ་བའི་ཕྱིར། །ཀུན་གཞིའི་རྣམ་པར་ཤེས་པ་ཡང་ཉེ་བར་སྤྱོད་པ་ཅན་དུ་འགྱུར་ལ། འཇུག་པའི་རྣམ་པར་ཤེས་པ་ཡང་རྐྱེན་གྱིས་རྣམ་པར་ཤེས་པར་འགྱུར་བར་མི་འགྱུར་རམ་།རྐྱེན་གྱི་དངོས་པོ་མ་གཏོགས་པར་བག་ཆགས་བསློ་བ་གཞན་མེད་དེ། ཆོས་མངོན་པའི་མདོ་ལས ་ཚིགས་སུ་བཅད་པ་ལས་ཇི་སྐད་དུ། ཕན་ཚུན་འབྲས་བུའི་དངོས་པོ་དང། །རྒྱུ་ཡི་དངོས་པོར་རྟག་ཏུ་ཡང། །རྣམ་པར་ཤེས་ལ་ཆོས་ཀུན་སྦྱོར། །དེ་ཡང་དེ་བཞིན་དེ་དག་ལའོ་ཞེས་གསུངས་པ་ལྟ་བུའོ་ཞེ་ན། ཐལ་བར་མི་འགྱུར་ཏེ་ཅིའི་ཕྱིར་ཞེ་ན། དེའི ་ཚོར་བ་ཤེས་པར་དཀའ་བས་འཇུག་པའི་རྣམ་པར་ཤེས་པ་བཞིན་དུ་ཉེ་བར་སྤྱོད་པ་ཅན་དུ་མི་ཤེས་སོ། །ཡང་ན་ཉི་མ་ལྟར་ཁྱད་ཞུགས་པར་ཤེས་པར་བྱ་སྟེ། འདི་ལྟར་ཉེ་བར་སྤྱོད་བ་ཚོར་བ་རྣམ་པ་གསུམ་པོའི་གནས་ནི་འཇུག་པའི་རྣམ་པར་ཤེས་པ་ཉིད་ཡིན་གྱི། ཀུན་གཞི་རྣམ ་བར་ཤེས་པ་ནི་མ་ཡིན་ནོ། །འདིར་ནི་རྒྱུའི་རྐྱེན་དུ་འདོད་ཀྱི་རྐྱེན་ཙམ་དུ་ནི་མ་ཡིན་ཏེ། འདི་ལྟར་ཀུན་གཞི་རྣམ་པར་ཤེས་པ་ནི་དགེ་བ་དང་མི་དགེ་བའི་ཆོས་ཀྱི་དབང་གིས་རྣམ་པར་སྨིན་པ་དང། རྒྱུ་མཐུན་པའི་འབྲས་བུའི་བག་ཆགS་དང། ལུང་དུ་མ་བསྟན་པའི་ཆོས་ཀྱི་དབང་གིས ་རྒྱུ་མཐུན་པའི་འབྲས་བུའི་བག་ཆགས་ཡོངས་སུ་འཛིན་ཏོ། །དེའི་ཕྱིར་ཀུན་གཞི་རྣམ་པར་ཤེས་པ་ནི་ཟག་པ་དང་བཅས་པའི་ཆོས་མ་ལུས་པ་རྣམས་ཀྱི་རྒྱུའི་རྐྱེན་ཏོ། །འཇུག་པའི་རྣམ་པར་ཤེས་པའི་བདག་པོའི་རྐྱེན་ཏེ། རྒྱུའི་རྐྱེན་མ་ཡིན་པས་འཇུག་པའི་རྣམ་པར་ཤེས་བ་རྐྱེན ་དུ་འགྱུར་བར་ཐལ་བར་འགྱུར་བ་མེད་དོ། །ཉེ་བར་སྤྱོད་པ་ནི་ཚོར་པའོ་ཞེས་བྱ་བ་ལ། རྣམ་པ་གསུམ་ཆར་ཡང་ཉེ་བར་སྤྱོད་པ་སྟེ། མྱོང་བར་བྱེད་ཅེས་བྱ་བའི་ཐ་ཚིག་གོ། སྲིད་པའི་རོ་དྲོ་བའི་སྙིང་པོ་འདྲ་བ་ནི་ཚོར་བ་སྟེ། དེའི་ཕྱིར་བྱིས་པ་རྣམས་དེ་ཀུན་ཏུ་མྱོང་བས་བྱ་བའི་ཕྱིར་ཡུལ ་རྣམས་ལ་ཆགས་སོ། །ཁ་ཅིག་ན་རེ་ཚོར་བ་འབའ་ཞིག་ཏུ་མ་ཟད་ཀྱི་དོན་ལ་དམིགས་པ་ཡང་ཉེ་བར་སྤྱོད་པ་ཞེས་བྱའོ་ཞེས་ཟེར་ཏེ། །བཤད་པ་ལས་ཉེ་བར་སྤྱོད་པ་ནི་ཚོར་བ་ཞེས་འབྱུང་བ་དང་འགལ་བས་དེ་ནི་མ་ཡིན་ནོ། །དོན་ལ་དམིགས་པ་ནི་རྣམ་པར་ཤེས་པ་ལས་གཞན་མ ་ཡིན་པས་དེ་སེམས་ལས་བྱུང་བར་མི་རུང་ངོ། །བདེ་བ་ལ་སོགས་པའི་བྱེ་བྲག་འཛིན་པའི་བདག་ཉིད་ཀྱི་ཕྱིར་ཚོར་བ་ཡོངས་སུ་སྤྱོད་ནི་འདུ་ཤེས་ཉེ་བར་སྤྱོད་པ་དང། འདུ་ཤེས་ལ་རྣམ་པར་ཤེས་པ་འཇུག་པར་བྱེད་པ་དག་ནི་འདུ་བྱེད་རྣམས་ཏེ། སེམས་པ་དང་ཡིད་ལ་རྐྱེན་པ་ལ ་སོགས་པའོ། །ཡང་ན་ཉེ་བར་སྤྱོད་པ་ནི་ཚོར་བའོ་ཞེས་བྱ་བ་ནི། རང་གི་དམིགས་པ་ཇི་ལྟ་བ་བཞིན་དུ་མྱོང་བ་འམ། བདེ་བ་ལ་སོགས་པ་མྱོང་བར་འགྱུར་པའི་ལས་མྱོང་བའི་ཕྱིར་རོ། །དེ་ལྟར་ཡུལ་དང་ལས་ལ་སྤྱོད་པ་ནི་ཚོར་བ་སྟེ། དེའི་ཕྱིར་ཉེ་བར་སྤྱོད་པ་ཞེས་བྱའོ། །ཡུལ་གྱི་དན་རྟགས ་ཐ་སྙད་ཀྱི་མཚན་མ་ཡོངས་སུ་གཅོད་པར་བྱེད་པས་ཡོངས་གཅོད་ནི་འདུ་ཤེས་སོ། །རྣམ་པར་ཤེས་པ་དམིགས་པ་གཞན་ལ་འཇུག་པར་བྱེད་པ་དག་ནི་འདུ་བྱེད་རྣམས་ཏེ། དེ་ལྟར་ན་སེམས་པ་ལ་སོགས་པའི་དབང་གིས་རྣམ་པར་ཤེས་པ་དམིགས་པ་གཞན་ལ་བརྟེན་ཏོ། །སོགས ་པའི་སྒྲས་ནི་འདུན་པ་ལ་སོགས་པ་བསྡུའོ། །གང་ནས་ཅི་འདྲ་གང་གི་ཕྱིར་འཇུག་པ་ནི་བཤད་ཟིན་ཏོ། །ཀུན་ནས་ཉོན་མོངས་པའི་མཚན་ཉིད་ཀྱང་སྟོན་ཏོ་ཞེས་བྱ་བ་ནི་ཉོན་མོངས་པ་དང་ལས་དང་ཚེའི་ཀུན་ནས་ཉོན་མོངས་བ་རྣམས་ཇི་ལྟར་འབྱུང་བ་ན། འགྲོ་བ་ཡོངས་སུ་ཉོན་མོངས ་བར་འགྱུར་བ་དེ་ནི་ཀུན་ནས་ཉོན་མོངས་པའི་མཚན་ཉིད་དོ། །དེ་ནི་བདག་མེད་པར་ཡང་ཡང་དག་པ་མ་ཡིན་པ་ཀུན་རྟོག་པ་ཙམ་ལས་འཁོར་བ་རྒྱས་པར་འགྱུར་བ། རབ་ཏུ་བསྟན་པའི་ཕྱིར་བཤད་དེ། སྒྲིབ་པའི་ཕྱིར་དང་འདེབས་པའི་ཕྱིར། །ཁྲིད་པའི་ཕྱིར་དང་ཀུན་འཛིན་ཕྱིར་ཞེས ་རྒྱ་ཆེར་གསུངས་སོ། །རྟེན་ཅིང་འབྲེལ་པར་འབྱུང་བ་ཡན་ལག་བཅུ་གཉིས་པ་འདི་ཡང་འཇུག་པའི་ཕྱོགས་ཀྱི་དབང་དུ་མཛད་དོ། །དེ་ལ་སྒྲིབ་པའི་ཕྱིར་ཏེ། འགྲོ་བ་ཉོན་མོངས་པར་བྱེད་དོ་ཞེས་ཐ་མར་སྨོས་པ་ནི་ཐམས་ཅད་དང་སྦྱར་རོ། །གང་གིས་སྒྲིབ་པ་དང་ཇི་ལྟར་སྒྲིབ་པའི་ཕྱིར་ཉོན་མོངས་པར ་བྱེད་ཅེ་ན། དེའི་ཕྱིར་མ་རིག་པས་ཡང་དག་པ་ཇི་ལྟ་བ་བཞིན་དུ་མཐོང་བ་ལ་བགེགས་བྱེད་པའི་ཕྱིར་རོ་ཞེས་བྱ་བ་སྨོས་སོ། །མ་རིག་པ་ནི་མི་མཐོང་བའི་བདག་ཉིད་ཡིན་པས་ཡང་དག་པ་མཐོང་བའི་ཡུལ་ལ་རབ་ཏུ་སྒྲིབ་པའི་ཕྱིར། ཡང་དག་པ་མཐོང་བ་མི་སྐྱེ་སྟེ། དེའི་ཕྱིར་ཡང་དག ་པ་མཐོང་བ་སྐྱེ་བ་ལ་བགེགས་བྱེད་པས་མ་རིག་པ་ནི་ཡང་དག་པ་མཐོང་བ་ལ་བགེགས་བྱད་པའོ། །ཡང་དག་པ་མཐོང་བ་ཡང་དངོས་སུ་ནི་འཇིག་རྟེན་ལས་འདས་པའི་ཤེས་རབ་བོ། །དེའི་རྗེས་ལས་བྱུང་བའི་ཕྱིར་དེའི་རྗེས་ལས་ཐོབ་པ་དང། དེ་རྟོགས་པའི་ཕྱིར་དེ་སྤྱོད་བར་བྱེད་པ ་ཐོས་པ་དང། སེམས་དང་བསྒོམ་པ་ལས་བྱུང་བ་ཡང་ཡང་དག་པ་མཐོང་བ་ཞེས་བྱའོ། །ཡང་དག་པ་མཐོང་པའི་བགེགས་སུ་གྱུར་པས། མ་རིག་པ་ནི་འདུ་བྱེད་རྣམས་ཀྱི་རྐྱེན་ཅེས་བྱ་སྟེ། དེ་ལྟར་སྒྲིབ་པའི་ཕྱིར་མ་རིག་པས་འགྲོ་བ་ཉོན་མོངས་པར་བྱེད་དོ། །འདེབS ་པའི་ཕྱིར་ཞེས་བྱ་བ་ཡང་འགྲོ་བ་ཉོན་མོངས་པར་བྱེད་ཅེས་བྱ་བ་དང་སྦྱར་རོ། །གང་གིས་གང་དུ་ཅི་འདེབས་ཤེ་ན། དེའི་ཕྱིར་འདུ་བྱེད་རྣམས་ཀྱིས་རྣམ་པར་ཤེས་པ་ལ་ལས་ཀྱི་བག་ཆགས་ཞེས་བྱ་བ་སྨོས་སོ། །དེ་ལ་འདུ་བྱེད་རྣམས་ནི་ལུས་དང་ངག་དང་ཡིད་ཀྱི་ལས་བསོད་ནམས་དང། བསོད་ནམS ་མ་ཡིན་པ་དང། མི་གཡོ་བའི་ངོ་བོ་ཉིད་གང་ཡིན་པའོ། །དེ་ནི་ཡང་སྲིད་པ་མངོན་པར་འདུ་བྱེད་པས་འདུ་བྱེད་དོ། མ་བཏབ་པ་འདེབས་ཞེས་བྱ་བའི་ཐ་ཚིག་གོ། དེ་ཉིད་འདུ་བྱེད་ཀྱི་སྒྲར་བཤད་ཀྱི་ཐམས་ཅད་ནི་མི་ཡིན་ནོ། །དེ་ཡང་མ་རིག་པའི་དབང་གིས་ཡང་སྲིད་པ ་འདེབས་ནུས་པར་འགྱུར་གྱི། ཡོད་པ་ཙམ་གྱིས་ནི་མ་ཡིན་པས། མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་ཞེས་བྱ་སྟེ། འདི་ལྟར་མ་རིག་པ་མ་སྐྱེས་ན་དེ་དག་ཡང་སྲིད་པ་འདུ་བྱེད་ཀྱི། རིག་པ་སྐྱེས་ན་ནི་མ་ཡིན་ནོ། །བདག་པོ་ཙམ་གྱིས་ནི་མ་རིག་པ་འདུ་བྱེད་ཀྱི་རྐྱེན་ཅེས་མི ་བྱའི། སྤྱིའི་རྐྱེན་ཡིན་པས་ཀུན་ནས་འབྱུང་བ་ན་ཡང་ཡིན་ཏེ། འདི་ལྟར་མ་རིག་པ་ནི་ཉོན་མོངས་པ་ཐམས་ཅད་དང་མཚུངས་པར་ལྡན་པའི་ཕྱིར། ཇི་ལྟར་ཉོན་མོངས་པ་ཀུན་ནས་འབྱུང་བ་རྣམས་ཀྱི་སྤྱིའི་རྐྱེན་ཡིན་པ་དེ་བཞིན་དུ་དེ་ལས་བྱུང་བའི་སེམས་པ་རྣམས་ཀྱིས་ཡང ་ཡིན་ནོ། །བསོད་ནམས་ཀྱི་འདུ་བྱེད་སྲིད་པ་དང་ལོངས་སྤྱོད་བྱེ་བྲག་ཅན་ལ་སྨོན་པའི་རྗེས་སུ་འགྲོ་བ་རྣམས་ཀྱིས་ཡང་ཡིན་ཏེ། ཀུན་ནས་འབྱུང་བ་ནི་དེ་དང་ལྷན་ཅིག་འབྱུང་བའི་མ་རིག་པ་ནི་སྤྱིའི་རྐྱེན་ཡིན་ནོ། །མི་གཡོ་བ་ས་དེ་ལ་ངེས་བར་འབྱུང་བར་ལྟ་བ་ཀུན་འབྱུང་བ་རྣམས ་གྱི་ཡང་ཡིན་ཏེ། དེ་དང་ལྷན་ཅིག་འབྱུང་བའི་མ་རིག་པ་ནི་སྤྱིའི་རྐྱེན་ཡིན་པས། འདུ་བྱེད་ཀྱི་རྐྱེན་ཅེས་བཤད་དོ། །རྣམ་པར་ཤེས་པ་ལ་ཞེས་བྱ་བ་ནི་འདིར་ཀུན་གཞི་རྣམ་པར་ཤེས་པ་ལ་དགོངས་པ་ཡིན་གྱི། འཇུག་པའི་རྣམ་པར་ཤེས་པ་ནི་མ་ཡིན་ཏེ། རྒྱུན་ཆད་པ ་དང་འཇུག་པའི་རྣམ་པར་ཤེས་པས་སྐྱེ་པའི་གནས་སུ་ཁྲིད་མི་སྲིད་པ་དང། དགེ་བ་དང་ཉོན་མོངས་པ་ཅན་གཉིས་འགྲོགས་མི་སྲིད་པས། འདུ་བྱེད་རྣམས་ཀྱིས་དེ་ལ་ལས་ཀྱིས་བག་ཆགས་གཞོམ་མི་སྲིད་པའི་ཕྱིར་རོ། །ལས་ཀྱི་བག་ཆགས་ཞེས་བྱ་བ་ལ་ལས་ཀྱི་བག་ཆགས་ཞེས ་བྱ་བ་འདི་གང་ཡིན་ཞེ་ན། མ་འོངས་པའི་ས་བོན་ཏེ་རྒྱུའི་དངོས་པོའོ། །དཔེར་ན་བྲུའི་འབྲས་བུས་དང་ཐལ་བ་དང། ལུང་ལ་སོགས་པ་རྐྱེན་གྱི་བྱེ་བྲག་ལས་བལྟོས་ཏེ། འགྱུར་བ་ལས་མྱུ་གུ་འབྱུང་བའི་རྒྱུའི་དངོས་པོ་ནི་ས་བོན་ཞེས་བྱ་བ་ལྟ་བུའོ། །འཇོག་པའི་ཕྱིར་ཞེས་བྱ་བ་ནི་འདེབས ་པ་ཉིད་ཀྱི་རྣམ་གྲངས་བཤད་པའོ། །འཇོག་པ་ཡང་རྣམ་པར་ཤེས་པའི་རྒྱུད་འདི་ལ་དེས་ཐོག་མ་ཁོ་ནའི་ས་བོན་དེ་རྒྱས་པར་བྱེད་པ་ཡིན་ཏེ། ཟག་བ་མེད་པའི་ལྟར་ཟག་པ་དང་བཅས་པའི་ཆོས་ནི་འགའ་ཙམ་གྱིས་ཀྱང་ས་བོན་སྔོན་མ་བསྐྱེད་པ་མེད་དེ། འདི་ལྟར་འདུ་བྱེད་རྣམས ་ཀྱི་རྣམ་པར་ཤེས་པ་ལ་ཡང་སྲིད་པའི་ས་བོན་སྐྱེད་པའི་ཕྱིར་འགྲོ་བ་ཉོན་མོངས་པར་བྱེད་དོ། །ཁྲིད་པའི་ཕྱིར་འགྲོ་བ་ཉོན་མོངས་པར་བྱེད་དོ་ཞེས་བྱ་བ་གང་གིས་གང་དུ་གང་ཁྲིད་པ་མི་ཤེས་ནས། དེའི་ཕྱིར་རྣམ་པར་ཤེས་བས་སྐྱེ་བའི་གནས་སུ་ཕྱིན་པར་བྱེད་པའི་ཕྱིར་རོ་ཞེས་བྱ་བ་སྨོས་སོ།། ་ལས་ཀྱིས་ཡོངས་སུ་བསྒོས་བའི་རྣམ་པར་ཤེས་པ་རྒྱུན་ཆགས་སུ་འཇུགས་པས་འཆི་འཕོ་བའི་གནས་ནས་སྐྱེ་བའི་གནས་སུ་ཡང་སྲིད་པའི་ས་བོན་དུ་གྱུར་བའི་བག་ཆགས་ཕྱིན་བར་བྱེད་ཁྲིད་པར་བྱེད་དོ། །དེ་ལྟར་བྱས་ན་ཉིད་མཚམས་སྦྱོར་བའི་རྣམ་པར་ཤེས་པའི་རྐྱེན་ནི་འདུ ་བྱེད་མ་ཡིན་གྱི། སྔོན་གྱི་དུས་ཀྱི་སྲིད་པའི་རྣམ་པར་ཤེས་པ་ཉིད་ཀྱི་རྐྱེན་འདུ་བྱེད་པར་རབ་ཏུ་བསྟན་པ་ཡིན་ཏེ། རྒྱུ་ཞིག་པ་ལས་འབྲས་བུ་འབྱུང་བར་མི་རུང་ངོ། །གཟུགས་མེད་པའི་སྙོམས་པར་འཇུག་པ་རྙེད་པ་རྣམས་ནི་གང་ཤི་བ་དེ་ཉིད་དུ་སྐྱེ་བས་གཟུགས་མེད་པ ་རྣམས་སུ་ཇི་ལྟར་སྐྱེ་བའི་གནས་སུ་ཕྱིན་པར་བྱེད་ཅེ་ན་དེ་ནི་ཅི་རིགས་པར་ཤེས་པར་བྱ་སྟེ། མིང་དང་གཟུགས་བཞིན་ནོ། །ཀུན་འཛིན་ཕྱིར་འགྲོ་བ་ཉོན་མོངས་པར་བྱེད་ཞེས་བྱ་བ་གང་གིས་གང་དུ་གང་ཡོངས་སུ་འཛིན་ཅེ་ན། དེའི་ཕྱིར་མིང་དང་གཟུགས་ཀྱི་ཚེ་ཕྱི་མར་ལུས་སོ་ཞེས ་བྱ་བ་སྨོས་ཏེ་།མིང་དང་གཟུགས་ནི་ཕུང་པོ་ལྔའོ། །དེ་དག་ཀྱང་ཉིད་མཚམས་སྦྱོར་བས་བཟུང་སྟེ། ནུར་ནུར་པོ་དང་མེར་མེར་པོ་དང། ནར་ནར་བོ་དང་གོར་གོར་པོ་དང། རྐང་ལག་འགྱུར་བའི་དུས་དང། སྐྱེ་མཆེད་དྲུག་མ་དོད་ཀྱི་བར་དུ་རྣམ་པར་ཤེས་པའི ་རྐྱེན་གྱིས་མིང་དང་གཟུགས་ཞེས་བྱ་སྟེ། འདིར་ལྟར་དེ་ལ་བསྒོས་པའི་བྱེ་བྲག་གིས་རིགས་མཐུན་པ་གཞན་དག་ཏུ་དེ་བྱེ་བྲག་ཅན་དུ་འགྲུབ་བོ། །དེ་སྐྱེས་ནས་ཀྱང་མི་དང་དུད་འགྲོ་ལ་སོགས་པའི་རིགས་མཐུན་པ་ཐ་དད་པའི་ཕྱིར་ལུས་ཀྱང་ཐ་དད་པས་མིང་དང་གཟུགས་ཀྱིས་ལུས ་ཡོངས་སུ་འཛིན་ཅེས་བྱའོ། །ཡང་ན་འཆི་བ་ལ་ཐུག་གི་བར་དུ་ལུས་ཐམས་ཅད་ཡོངས་སུ་འཛིན་པ་སྟེ། དེ་ཐོག་མ་ཁོ་ནར་ཐམས་ཅད་ཀྱི་རྒྱུའི་དངོས་པོར་རྣམ་པར་གནས་པའི་ཕྱིར་རོ། །ཡང་ན་དབྱེར་མེད་ཀྱང་མིང་དང་གཟུགས་ཀྱིས་ལུས་ཡོངས་སུ་འཛིན་ཏོ་ཞེས་འདི་ཐ་དད་བར ་སྟོན་ཏོ། །དཔེར་ན་འདུས་བྱས་ཐམས་ཅད་ཕུང་པོ་ལྔ་རྣམས་ཀྱིས་ཀུན་བསྡུས་སོ་ཞེས་བྱ་བ་ལྟ་བུའོ། །རྫུས་ཏེ་སྐྱེ་བ་རྣམས་ནི་རྣམ་པར་ཤེས་པའི་རྐྱེན་གྱིས་སྐྱེ་མཆེད་དྲུག་ཉིད་དོ། །དེའི་ཕྱིར་རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས་ཅི་རིགས་པར་ཤེས་པར་བྱའོ། ། ་རྫོགས་བྱེད་ཕྱིར་འགྲོ་བ་ཉོན་མོངས་བར་བྱེད་དོ། །ཞེས་བྱ་བ་གང་གིས་གང་དུ་གང་རྫོགས་པར་བྱེད་པའི་ཕྱིར་ཞེ་ན། སྐྱེ་མཆེད་དྲུག་གིས་མིང་དང་གཟུགས་སུ་བསྡུས་པའི་ལུས་ཏེ། འདི་ལྟར་མིང་དང་གཟུགས་ཀྱི་ཚེ་ནི། མིག་ལ་སོགས་པའི་སྐྱེ་མཆེད་མེད་པའི ་ཕྱིར་ལུས་མ་རྫོགས་པ་ཞེས་བྱའོ། །དེའི་ཚེ་ན་ལུས་ཀྱི་སྐྱེ་མཆེད་ཡོད་མོད་ཀྱི་འོན་ཀྱང་བརྟེན་པ་དང། གནས་ཡོངས་སུ་རྫོགས་པར་མེད་པའི་ཕྱིར་ཡོངས་སུ་མ་རྫོགས་པ་ཉིད་དོ། །སྐྱེ་མཆེད་དྲུག་གི་དུས་ན་ནི་མིག་ལ་སོགས་པ་མངོན་པར་གྲུབ་པས་གནས་ཡོངས་སུ ་རྫོགས་པའི་ཡིན་ནོ། །མིག་ལ་སོགས་པ་དེ་ལ་བརྟེན་པ་རྣམས་ཡོངས་སུ་རྫོགས་པས་ལུས་ཀྱི་སྐྱེ་མཆེད་ཀྱང་ཡོངས་སུ་རྫོགས་པ་ཡིན་ནོ། །ཇི་ལྟར་མིག་ལ་སོགས་པ་དེ་ལ་བརྟེན་ཅེ་ན་དེ་ལ་རག་ལས་ཏེ་འབྱུང་བའི་ཕྱིར་རོ། །ཡིད་ཀྱི་སྐྱེ་མཆེད་ནི་རྣམ་པར་ཤེས་པ་དྲུག ་གིས་བསྡུས་པ་སྟེ། དེའི་ཚེ་གནས་མ་ལུས་པར་ཡོངས་སུ་རྫོགས་པའི་ཕྱིར་ཡོངས་སུ་རྫོགས་པ་ཡིན་ནོ། །ཡན་ལག་དང་ཉིད་ལག་ཡོངས་སུ་རྫོགས་པའི་ཕྱིར་སྐྱེ་མཆེད་དྲུག་གི་དུས་ཉིད་ན། གནས་ཡོངས་སུ་རྫོགས་པས་སྐྱེ་མཆེད་དྲུག་གིས་འགྲོ་བ་ཉོན་མོངས་པར་བྱེད་ཅེས་བྱའོ། །གསུམ ་གཅོད་ཕྱིར་འགྲོ་བ་ཉོན་མོངས་བར་བྱེད་དོ་ཞེས་བྱ་བ་དང་སྦྱར་རོ། །གསུམ་ནི་དབང་པོ་དང་ཡུལ་དང་རྣམ་པར་ཤེས་པ་འདུས་སོ། །བདེ་བ་ལ་སོགས་པའི་ཚེར་བ་འབྱུང་བ་དང་མཐུན་པ་དབང་པོའི་འགྱུར་བ་རྣམ་པ་གསུམ་གང་ཡིན་པ་དེ་ཡོངས་སུ་གཅོད་པ་ནི་རེག་པའོ། །དེ་བས་ན ་དབང་པོའི་འགྱུར་བ་གང་ཡིན་པ་དེའི་རྣམ་པ་དང་འདྲ་བ་རེག་པར་བྱེད་པས་རེག་པ་ཞེས་བྱ་སྟེ། ཡང་ན་སྐྱེ་མཆེད་དྲུག་གི་རྐྱེན་གྱིས་རེག་པ་ནི་བདེ་བ་ལ་སོགས་པར་ཚོར་པ་དང་མཐུན་པ་དབང་པོའི་འགྱུར་བ་རྣམ་པ་གསུམ་བསྐྱེད་དོ། །ཉེ་བར་སྤྱོད་པ་ནི་ཚོར་བས་སོ་ཞེས་བྱ ་བ་ལ། ཚོར་བ་ནི་སྲེད་པས་ཉེ་བར་སྤྱད་པ་སྟེ། རོ་མྱོང་བར་བྱེད་ཅེས་བྱ་བའི་ཐ་ཚིག་གོ། ཡང་ན་བསོད་ནམས་ལ་སོགས་པའི་ལས་ལ་ཉེ་བར་སྤྱོད་པས་ཚོར་བ་ནི་ཉེ་བར་སྤྱོད་པ་ཞེས་བྱའོ། །ཡང་ན་འདིར་ཉེ་བར་སྤྱོད་བ། ཞེས་བྱ་བ་ནི་ཚོར་བ་མྱོང་བ་སྟེ། བདེ་བ་ལ་སོགས་བ་མྱོང ་བ་ན་དེར་བདེ་བ་ལ་སོགས་བ་རྒྱས་པར་གྱུར་པའི་ཕྱིར། རྗེས་སུ་ཆགས་པ་དང་ཁོང་ཁྲོ་བ་དང་གཏི་མུག་རྣམས་ཀྱིས་འགྲོ་བ་ཉོན་མོངས་པར་བྱེད་དོ། །སྡུད་བའི་ཕྱིར་ཞེས་བྱ་བ་གང་གིས་གང་སྡུད་བ་མི་ཤེས་སོ། །དེའི་ཕྱིར་ལས་ཀྱིས་བཏབ་པའི་ཡང་སྲིད་པ་སྲེད་བསོ་ཞེས་བྱ་བ ་སྨོས་སོ། །འདུ་བྱེད་རྣམས་ཀྱིས་ཡང་སྲིད་བའི་ས་བོན་རྣམ་པར་ཤེས་པ་ལ་གསོ་བའི་ཕྱིར་བཏབ་པས། ཡང་སྲིད་པར་འགྱུར་བའི་ས་བོན་ཆུ་དང་འདྲ་བའི་སྲེད་པ། འགྲོ་བ་ཐམས་ཅད་དུ་བྱེ་བྲག་མེད་པར་ལུས་འདོད་བ་ཞེས་བྱ་བས་བརླན་ནས་ཡང་སྲིད་པ་འབྱུང་པར་ཉེ་བར ་སྦྱོར་ཞིང་འབྱུང་བ་ངེས་པར་འཇོག་པ་གང་ཡིན་པ་དེ་ནི་སྡུད་པའོ། །སྦྱོར་བའི་ཕྱིར་ཞེས་བྱ་བ་ལ་གང་གིས་གང་དུ་གང་ཞིག་སྦྱོར་བ་བྲི་བར་བྱ་བའི་སྐབས་སུ་བདག་ཉིད་ཀྱིས་ལེན་པ་རྣམས་ཀྱིས་རྣམ་པར་ཤེས་བ་སྐྱེ་པ་དང། མཐུན་པ་འདོད་པ་ལ་སོགས་པ་རྣམས་སྟེའོ? ་ཞེས་བྱ་བ་སྨོས་སོ། །མངོན་པར་ཞེན་པ་དང་འདུན་པའི་འདོད་ཆགས་ཀྱི་མཚན་ཉིད་ཉེ་བར་ལེན་པ་བཞི་པོ་དག་གིས་ལས་ཀྱི་བཏབ་པའི་རྣམ་པར་ཤེས་པ་སྐྱེ་བ་དང་མཐུན་པ་འདོད་པ་དང་ལྟ་བ་དང། ཚུལ་ཁྲིམས་དང་བརྟུལ་ཞུགས་དང། བདག་ཏུ་སྨྲ ་བདག་ཏུ་སྦྱོར་བར་བྱེད་འཇོག་པར་བྱེད་དེ། འདི་ལྟར་འདུན་པའི་འདོད་ཆགས་ཀྱི་དབང་གིས་རྣམ་པར་ཤེས་པ་དེར་གནས་སོ། །མངོན་དུའི་ཕྱིར་ཞེས་བྱ་བ་འདིར་ཡང་གཞན་གྱིས་ཡོངས་སུ་དྲི་བར་བྱ་བའི་སྐབས་སུ་བདག་ཉིད་ཀྱིས་ལས་བྱས་པའི་རྣམ་པར་སྨིན་པས་ཡང་སྲིད་པར་འབྱིན ་པར་མངོན་པར་བྱེད་པའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། ཇི་ལྟར་སྔོན་བྱས་པའི་ལས་རྣམ་པར་ཤེས་པའི་རྒྱུ་ཡང་འབྱུང་བས་བག་ཆགས་ཀྱི་དུས་སུ་གྱུར་པ་རྣམ་པར་སྨིན་པའི་འབྲས་བུའི་ཕྱིར་རོ། །འཇུག་པ་རྙེད་པས་སྲིད་པ་ཡོད་པར་གྱུར་ཅིང་སྲིད་པ་བཏབ་པ་འགྲུབ་པར་མངོན ་དུ་གྱུར་པ་སྟེ། དེ་ལྟར་ན་སྲིད་པས་མངོན་དུའི་ཕྱིར་འགྲོ་བ་ཉོན་མོངས་པར་བྱེད་དོ། །སྡུག་བསྔལ་ཕྱིར་ནི་སྐྱེ་བ་དང་རྒ་ཤིས་འགྲོ་བ་ཉོན་མོངས་པར་བྱེད་པའོ་ཞེས་བྱ་བ་ནི། དེ་ལྟར་སྲིད་པ་ལས་ཡང་སྲིད་པ་མངོན་པར་འགྲུབ་པ་ཡོད་པ་ཐོག་མ་ཉིད་དུ་མངལ་དུ་ཞུགས ་པ་ན་ཁུ་བ་དང་ཁྲག་གི་ནང་ན་རྣམ་པར་ཤེས་པ་མྱོས་པས་ཉོན་མོངས་པར་བྱེད་དོ། །དེ་བཞིན་དུ་མའི་མངལ་དུ་ཞུ་བ་དང་མ་ཞུ་བའི་གནས་ཀྱི་བར་ན་འགྲོ་ལྡོག་པས་ཉོན་མོངས་པར་བྱེད་དོ། །ཡང་དེ་ལྟར་མའི་ཁ་ཟས་དང་སྤྱོད་པ་ཉམ་ད་བ་དང། ཡང་བ་མ་སྤངས་པས་ཀྱང ་ཉོན་མོངས་པར་བྱེད་དོ། །དེ་བཞིན་དུ་དོག་པ་མི་གཙང་བའི་ལམ་ནས་འབྱུང་བས་ཉོན་མོངས་པར་བྱེད་དོ། །སྐྱེ་གནས་ཀྱང་སྤྱི་ཆེར་དང་སྐྲ་སྐྱེ་བ་ལ་སོགས་པ་རབ་ཏུ་རྒ་བའི་མཚན་ཉིད་དང་མིང་དང་གཟུགས་འཇིག་པའི་འཆི་བའི་མཚན་ཉིད་དང། ལང་ཚོ་དང་སྲོག་ཕངས ་པ་ལས་ཉམས་པས་འགྲོ་བ་ཉོན་མོངས་བར་བྱེད་དོ། །འགྲོ་བར་བྱེད་བས་ན་འགྲོ་བ་སྟེ། རིགས་མཐུན་པའི་གནས་སྐབས་ནས་སྐད་ཅིག་གི་གནས་སྐབས་སུ་འགྲོ་ཞེས་བྱ་བའི་ཐ་ཚིག་གོ་།ཉོན་མོངས་པར་བྱེད་ཅེས་བྱ་བ་ནི། སྐྱེ་བ་དང་རྒ་བ་དང་ན་བ་དང་འཆི་བ་ལ་སོགS ་པས་ཁམས་གསུམ་དུ་སྐད་ཅིག་གཅིག་ནས་གཅིག་ཏུ་བརྒྱུད་པ་འོད་ཞིང་འགྲོ་བར་གྱུར་པས་ཉེན་ཅེས་བྱ་བའི་ཐ་ཚིག་གོ་།ཁ་ཅིག་ན་རེ་རྣམ་པར་བྱང་བའི་མ་ཡིན་པས་ཉོན་མོངས་པ་ཞེས་བྱ་ཞེའོ། །དེ་ལྟར་ཀུན་ནས་ཉོན་མོངས་པའི་མཚན་ཉིད་རྟེན་ཅིང་འབྲེལ་བར་འབྱུང ་བ་ཡན་ལག་བཅུ་གཉིས་པ་འདི་ནི་སྒྲིབ་པའི་ཕྱིར་ཞེས་བྱ་བ་ལ་སོགས་པ་དོན་རྣམ་པ་བཅུ་གཅིག་གིས་རྣམ་པར་བྱང་བའི་མི་མཐུན་པའི་ཕྱོགས་སུ་འགྱུར་རོ། །མ་རིག་པ་ལ་སོགས་པའི་གོ་རིམས་ནི་སྔ་མ་སྔ་མས་ཕྱི་མ་ཕྱི་མ་བསྐྱེད་པའི་ཕྱིར་རོ། །རྟེན་ཅིང་འབྲེལ་པར ་འབྱུང་བ་ཡན་ལག་བཅུ་གཉིས་པ་འདིར་ཡང་མདོར་བསྡུ་ན་ཉོན་མོངས་པ་རྣམ་པ་དུ་བསྟན་ཅེ་ན་དེའི་ཕྱིར་འདི་སྐད་ཅེས་རྟེན་ཅིང་འབྲེལ་པར་འབྱུང་བ་ཡན་ལག་བཅུ་གཉིས་པ། དེ་ཡང་རྣམ་གསུམ་རྣམ་གཉིས་ཀྱང་ཉོན་མོངས་རྣམ་བདུན་ཞེས་བྱ་བ་སྨོས་ཞེས་བྱ ་བའི་སྒྲ་ནི་བསྡུ་བ་དང་གོ་བསྣོར་བའི་ཐ་ཚིག་གོ། ཉོན་མོངས་པ་ཉིད་ཀུན་ནས་ཉོན་མོངས་པ་ཡིན་པས་ཉོན་མོངས་པའི་ཀུན་ནས་ཉོན་མོངས་པ་སྟེ། ལས་ཀྱི་ཀུན་ནས་ཉོན་མོངས་པ་དང་ཚེ་?་ཀུན་ནས་ཉོན་མོངས་པ་ཡང་དེ་བཞིན་ནོ། །ཉོན་མོངས་པ་འབྱུང་བ་ན་བདག་དང ་གཞན་ལ་གནོད་པ་བྱེད་པའི་ཕྱིར་ཀུན་ནས་ཉོན་མོངས་པ་སྟེ་།མདོ་ལས་ཀྱང་ཇི་སྐད་དུ་ཆགས་པའི་འདོད་ཆགས་ཀྱིས་ཀུན་ནས་བཀྲིས་པ་བདག་ལ་ཡང་གནོད་པར་སེམས། གཞན་ལ་ཡང་གནོད་པར་སེམས། །གཉི་ག་ལ་ཡང་གནོད་པར་སེམས་སོ། །དེ་བཞིན ་དུ་ཞེ་སྡང་དང་རྨོངས་པ་ཡང་ཤེས་པར་བྱའོ་ཞེས་གསུངས་པ་ལྟ་བུའོ། །ལས་དང་ཚེའི་ཀུན་ནས་ཉོན་མོངས་བ་འབྱུང་བའི་ཕྱིར་ཡང་ཀུན་ནས་ཉོན་མོངས་པ་སྟེ། འདི་ལྟར་ཉོན་མོངས་པའི་དབང་གིས་ན་ལས་ཀྱིས་ཚེ་འཕེན་ཏེ། བདེན་པ་མཐོང་བ་ལ་ལས་ཡོད ་ཀྱེང?་སྲིད་པ་འཕེན་པ་མེད་པ་དང། ཉོན་མོངས་པ་ཀུན་ཏུ་འབྱུང་བས་ཡང་སྲིད་པའི་ས་པོ་ན་སྲིད་པར་བྱེད་པའི་ཕྱིར་ཉོན་མོངས་བ་ཅན་གྱི་སེམས་ཀྱང་ཡང་སྲིད་པའི་ཉིད་མཚིམས་སྦྱོར་བའི་ཕ་ཡིར་ཚེའི་ཀུན་ནས་ཉོན་མོངས་པའི་རྒྱུ་ཡང་ཡིན་ནོ། །དེ་བས ་ན་དགྲ་བཅོམ་པ་ལ་ཉོན་མོངས་པ་ཅན་གྱི་སེམས་མེད་པའི་ཕྱིར། ཉིང་མཚམས་སྦྱོར་བ་མེད་དོ། །ལས་ཀྱང་དགེ་བ་དང་མི་དགེ་པ་སྟེ། དེ་ཉིད་ཀྱི་ཚེ་དང་ལུས་དང་སེམས་སྡུག་བསྔལ་བའི་རྒྱུར་གྱུར་པ་དང། མ་འོངས་པ་ན་རྣམ ་པར་སྨིན་པ་ཡང་འབྱིན་པས་ཀུན་ནས་ཉོན་མོངས་པའོ། །ཚེ་ཡང་གནོད་པ་ཐམས་ཅད་ཀྱི་གནས་སུ་གྱུར་པས་ཉོན་མོངས་པའོ། །རྒྱུ་རྣམ་པ་གཉིས་སུ་ཕྱེ་བའི་ཕྱིར་ཀུན་ནས་ཉོན་མོངས་པ་གསུམ་མོ། །ཉོན་མོངས་པའི་ཀུན་ནས་ཉོན་མོངས་པ་ནི་མ་རིག་པ་དང ་སྲིད་པ་དང། ལེན་པ་རྣམས་ཏེ། གསུམ་ཆར་ཡང་ཉོན་མོངས་པའི་བདག་ཉིད་ཡིན་པའི་ཕྱིར་རོ། །ལས་ཀྱིས་ཀུན་ནས་ཉོན་མོངས་པ་ནི་འདུ་བྱེད་རྣམས་དང་སྲིད་པ་ལ་བྱ་སྟེ། གཉི་ག་ཡང་ལས་ཀྱི་བདག་ཉིད་ཡིན་པའི་ཕྱིར་རོ། །འདི་ནི་བྱེ་བྲག་ཡིན ་ཏེ། རང་གི་ངོ་བོར་གནས་པའི་ལས་ནི་འདུ་བྱེད་རྣམས་སོ། །ས་བོན་དུ་གནས་པ་ནི་སྲིད་པའོ། །ཚོའི་ཀུན་ནས་ཉོན་མོངས་པ་ནི། རྣམ་པར་ཤེས་པ་དང་མིང་དང་གཟུགས་དང། སྐྱེ་མཆེད་དྲུག་དང་རེག་པ་དང་ཚོར་བ་དང། སྐྱེ་བ་དང་རྒ་ཤི་ཞེས་བྱ་བ་ཡན་ལག ་ལྷག་མ་རྣམས་ཏེ། དེ་དག་ནི་ཚེའི་ནང་དུ་འདུས་པའི་ཕྱིར་རོ། །ཀུན་ནས་ཉོན་མོངས་པ་རྣམ་གཉིས་ནི་རྒྱུ་དབྱེ་བར་བྱས་པ་སྟེ། རྒྱུའི་ཀུན་ནས་ཉོན་མོངས་པ་ནི་ཉོན་མོངས་པ་དང། ལས་ཀྱི་ངོ་བ་ཉིད་ཀྱི་ཡན་ལག་རྣམས་ཀྱིས་སོ། །འབྲས་བུའི་ཀུན་ནས་ཉོན་མོངས་པ་ནི ་ཡན་ལག་ལྷག་མ་རྣམས་ཀྱིས་སོ། །དེ་ལ་ལས་དང་ཉོན་མོངས་པ་རྣམས་ནི་རྣམ་པར་ཤེས་པ་ལ་སོགས་པ་ཚོར་བ་ལ་ཐུག་བ་སྐྱེ་བའི་བདག་ཉིད་ཅན་དང། རྒ་ཤིའི་ཉེས་དམིགས་ཅན་གྱི་ཚེ་སྐྱེད་པར་རབ་ཏུ་ཞུགས་པའི་ཕྱིར་རོ། །འབྲས་བུའི་ཀུན་ནས་ཉོན་མོངས ་བ་ནི་ལྷག་མ་རྣམ་པར་ཤེས་པ་ལ་སོགས་པ་རྣམས་ཀྱིས་ཏེ། ལས་དང་ཉོན་མོངས་པའི་འབྲས་བུ་ཡིན་པའི་ཕྱིར་རོ། །རྟེན་ཅིང་འབྲེལ་པར་འབྱུང་བ་དེ་ཉིད་ཀུན་ནས་ཉོན་མོངས་པ་རྣམ་པ་བདུན་ཞེས་བྱ་སྟེ། ཕྱིན་ཅི་ལོག་དང་འདེབས་པ་དང། །ཉེ་བར་ཁྲིད ་པ་དང་ཀུན་འཛིན་པ་དང། ཉེ་བར་སྤྱོད་པ་དང་སྡུད་པ་དང། སྐྱོ་བའི་རྒྱུའི་ཕྱིར་རོ། །རྒྱུ་བདུན་པོ་དེ་ལ་མ་རིག་པ་ནི་ཕྱིན་ཅི་ལོག་གི་རྒྱུའོ་ཞེས་བྱ་བ་ལ་མ་རིག་པར་གྱུར་པ་ནི་དེ་ཁོ་ན་ཉིད་ལ་རྨོངས་པའི་ཕྱིར། མི་རྟག་པ་ལ་སོགས་པ་ལ་རྟག་པའི་ངོ་བོར་མཐོང་བས ་ཕྱིན་ཅི་ལོག་ཅེས་བྱའོ། །འདུ་བྱེད་རྣམས་ནི་འདེབས་པའི་རྒྱུའོ་ཞེས་བྱ་བ་ལ། རྣམ་པར་ཤེས་པ་ལ་ཡན་ལག་བཞིའི་བདག་ཉིད་ཀྱི་ཚེའི་ས་བོན་འཇོག་པའི་ཕྱིར་རོ། །རྣམ་པར་ཤེས་པ་ནི་ཉེ་བར་ཁྲིད་བའི་རྒྱུའོ། །ཞེས་བྱ་བ་ལ་འདིར་ཤི་འཕོས་ནས་སྐྱེ་བའི་ཡུལ་དུ ་ཉེ་བར་ཁྲིད་པའི་ཕྱིར་རོ། །མིང་དང་གཟུགས་དང་སྐྱེ་མཆེད་དྲུག་ནི་ཀུན་འཛིན་བའི་རྒྱུའོ་ཞེས་བྱ་བ་ནི་ཁྲིད་པར་འགྱུར་བ་མིང་དང་གཟུགས་དང། སྐྱེ་མཆེད་དྲུག་གིས་རིས་མཐུན་པ་ཀུན་འཛིན་པའི་ཕྱིར་རོ། །སྔར་མངལ་ནས་སྐྱེ་བ་ལ་སོགས་པའི་སྐྱེ་གནས་ལ་དགོངས་ནས་མིང ་དང་གཟུགས་ཀྱིས་ཀུན་འཛིན་པར་བཤད་དོ། །ད་ནི་བརྫུས་ཏེ་སྐྱེ་བའི་དབང་དུ་མཛད་དེ་སྐྱེ་མཆེད་དྲུག་གིས་ཀྱང་འཛིན་ཏོ་ཞེས་བཤད་དོ། །ཡང་ན་མིང་དང་གཟུགས་ཀྱིས་ཐོག་མ་ཉིད་དུ་ལུས་ཙམ་འཛིན་པར་བརྗོད་པར་བཞེད་པའོ། །འདིར་ནི་ཡོངས་སུ་མ་རྫོགས་པ་དང། ་ཡོངས་སུ་རྫོགས་པ་འཛིན་པས་འགལ་བ་མེད་དོ། །རེག་པ་དང་ཚོར་བ་ནི་ཉེ་བར་སྤྱོད་པའི་རྒྱུའོ་ཞེས་བྱ་བ་ལ། རྒྱུ་དང་བཅས་པའི་མྱོང་བས་དགེ་བ་དང་མི་དགེ་བའི་ལས་ཀྱི་རྣམ་པར་སྨིན་པ་ལ་ཉེ་བར་སྤྱོད་བའི་ཕྱིར་རོ། །སྲེད་པ་དང་ལེན་པ་དང་སྲིད་པ་ནི་སྡུད་པའི་རྒྱུའོ།། ་ཞེས་བྱ་བ་ལ། བྱིས་པ་ལས་ཀྱི་རྣམ་པར་སྨིན་པ་ལ་སྤྱོད་པ་དེ་ཚོར་བ་དེ་དང་དེ་ལ་སྲེད་བར་བྱེད་དེ་སྲིད་པ་འཕེན་ནས། ཡང་དེ་དང་ལྡན་ཞིང་མི་འབྲལ་བར་སྲེད་པས་འདོད་པ་ལ་སོགས་པ་ལེན་ཏོ། །དེ་བླངས་པས་ཀྱང་དེའི་ལས་སྔོན་བྱུང་བ་ཡང་སྲིད་པ། བག་ཆགས་སུ ་གནས་པ་ཡོངས་སུ་གྱུར་ན་ཇི་ལྟར་བཏབ་པ་བཞིན་དུ་རྣམ་པར་སྨིན་པ་འབྱིན་པའི་ཕྱིར། འཇུག་པ་རྙེད་ནས་སྲིད་པར་འགྱུར་རོ། །དེ་ཡང་འདུ་བྱེད་ཀྱིས་བཏབ་པའི་ཡང་སྲིད་པ་མངོན་པར་གྲུབ་པར་བྱ་བའི་ཕྱིར། སྲིད་པ་དང་ལེན་པ་དང་སྲིད་པ་རྣམས་ཀྱིས་སྡུད་ཅིང ་མངོན་པར་འདུ་བྱེད་ཅེས་བྱ་བས་།སྲེད?་པ?་དང་ལེན་པ་དང་སྲིད་པ་རྣམས་རི་སྡུད་པའི་རྒྱུའོ། །ཡང་ན་སྲེད་པའི་དབང་གིས་འདུན་པའི་འདོད་ཆགས་དང་མཐུན་པ་གང་ཡང་རུང་བའི་ལས་ཀྱི་བག་ཆགS་མངོན་དུ་བྱེད་པའི་ཕྱིར། སྲེད ་པ་དང་ལེན་པ་དང་སྲིད་པ་ནི་སྡུད་པའི་རྒྱུའོ། །སྐྱེ་བ་དང་རྒ་ཤི་སྐྱོ་བའི་རྒྱུའོ་ཞེས་བྱ་པ་ནི། དེ་ལྟར་འདི་ནི་ཚེ་དྲངས་པས་སེམས་ཅན་གྱི་རིགས་དེ་དང་དེར་སྐྱེ་བ་དང་རྒ་ཤིའི་སྡུག་བསྔལ་དང་མྱ་ངན་དང་སྦྲེ?་སྔགས་འདོན་པ་དང། སྡུག་བསྔལ་བ་དང་ཡིད་མི་བདེ ་བ་དང། འཁྲུག?་པའི་སྡུག་བསྔལ་རབ་ཏུ་དབྱེ་བ་མཛའ་ལས་པ་གཞན་ཡང་མྱོང་བར་འགྱུར་རོ། །དེ་ལ་ཀུན་ནས་ཉོན་མོངས་པ་རྣམ་པ་གསུམ་དུ་བརྗོད་པ་ཉོན་མོངས་པ་དང་ལས་ནི་།ཚེའི་རྒྱུ་མཐུན་མོང་དང་ཐུན་མོང་མ་ཡིན་པ་རབ་ཏུ་བསྟན་ཏོ། །ཉོན ་མོངས་པ་ནི་ས་ལ་སོགས་བ་ལྟར་ཚེའི་མྱུ་གུའི་ཐུན་མོང་གི་རྒྱུའོ། །ལས་ནི་ཐུན་མོང་མ་ཡིན་ཏེ་མྱུ་གུའི་ས་བོན་ལྟར་དེ་ཐ་དད་པས་ཚེ་ཐ་དད་པའི་ཕྱིར་རོ། །ཡང་ན་འདིར་སྔོན་གྱི་མཛའ་དང། ཕྱི་མའི་མཛའ་དང། མཛའ་ཨི་བར་ཞེས་བྱ་བ་རབས་གསུམ་དུ་ནི་མ་ཡིན ་གྱི། ལས་དང་ཉོན་མོངས་བ་དང་འབྲས་བུ་ཡིན་ཞེས་རབ་ཏུ་སྟོན་ཏོ། །རྣམ་པ་གཉིས་སུ་བརྗོད་པས་འདི་ཉིད་རྒྱུ་དང་འབྲས་བུ་ཙམ་དུ་ཟད་དེ། འདི་ལ་བྱེད་པ་པོའམ། ཚེ་རབ་བོ་ཀུན་ནས་ཉོན་མོངས་པ་གཞན་མེད་དོ་ཞེས་རབ་ཏུ་སྟོན་ཏོ། །ཡང་ན་འདིར་ལས ་དང་ཉོན་མོངས་བཙམ་ཉིད་རྒྱུ་སྟེ་།དེ་དག་ཡོད་བ་དང་མེད་པས་ཚེ་ཡོད་པ་དང་མེད་པར་སྣང་བའི་ཕྱིར་རོ། །དེའི་ཕྱིར་ཚེ་ནི་དེའི་འབྲས་བུ་ཉིད་དོ། །དེ་ལྟ་བས་ན་འདི་ལ་རྒྱུ་འམ་འབྲས་བུ་ནི་མེད་ཀྱི་དུས་སྐབས་ཐམས་ཅད་དུ་ཡང་ཕུང་པོ་ལྔ་ཉིད་དོ་ཞེས་རབ ་ཏུ་སྟོན་ཏོ། །རྒྱུ་རྣམ་པ་བདུན་བཤད་པས་ནི་འཕེན་པའི་མཚན་ཉིད་དང། མངོན་པར་འགྲུབ་པའི་མཚན་ཉིད་དུ་ཡང་རྟེན་ཅིང་འབྲེལ་བར་འབྱུང་བ་རྣམ་པ་གཉིས་སུ་རབ་ཏུ་བསྟན་ཏོ། །དེ་ལ་འཕེན་པའི་མཚན་ཉིད་ནི་གང་ཡིན་འཕེན་པ་དང། ཇི ་ལྟར་འཕེན་པ་དང། །གང་འཕེན་པ་དེ་རབ་ཏུ་བསྟན་པའི་ཕྱིར། རྟེན་ཅིང་འབྲེལ་བར་འབྱུང་བའི་ཡན་ལག་བདུན་གྱིས་བསྟན་ཏོ། །མངོན་པར་འགྲུབ་པའི་མཚན་ཉིད་གི་འཕངས་པ་དེ་གང་གིས་མངོན་པར་འགྲུབ་པ་དང། ཇི་ལྟར་མངོན་པར་འགྲུབ་པ ་དད་གང་མངོན་པར་འགྲུབ་པ་དང། དེའི་ཉེས་པ་བསྟན་པའི་ཕྱིར་ཡན་ལག་ལྔས་སོ། །གང་གིས་འཕེན་ཅེན་མ་རིག་པ་ལས་བྱུང་བའི་འདུ་བྱེད་རྣམས་ཀྱིས་ཏེ། ཇི་ལྟར་དེ་ཁོ?་ན་ལས་རྨོངས་ནས་ཕྱིན་ཅི་ལོག་ཏུ་འདུ་ཤེས་ཏེ། དགེ་བ་དང་མི་དགེ ་བ་དང། མི་གཡོ་བའི་འདུ་བྱེད་རྣམས་མངོན་པ་འདུ་བྱེད་དོ། །འདུ་བྱེད་དེ་དག་གིས་ཇི་ལྟར་འཕེན་ཅེ་ན་།རྣམ་པར་ཤེས་པ་ལ་ས་བོན་གསོས་པས་སྐྱེ་བར་ནུས་པར་གནས་པའི་ཕྱིར་རོ། །ཅི་ཞིག་འཕེན་ཞེན་ཡང་སྲིད་བའི་མིང་དང་གཟུགས།། ་དང་།སྐྱེ་མཆེད་དྲུག་དང་རེག་པ་དང་ཚོར་བ་དེ་ཇི་ལྟར་མཐུན་མཐུན་དུ་སྦྱར་རོ། །དེ་ལྟར་འཕངས་པ་དེ་གང་གིས་མངོན་པར་འགྲུབ་པར་བྱེད་ཅེ་ན། ཇི་སྐད་བཤད་པའི་རིལ་གྱིས་སྔ་མ་འགྲངས་པས་འདིར་སྐྱེས་པའི་ཚེར་བ་ལ་བརྟེན་ནས་སྲེད་པ་སྐྱེས ་བ་གང་ཡིན་བདེ་ལས་འབྱུང་བའི་ལེན་པས་སོ། །ཇི་ལྟར་ངེས་མངོན་པར་འགྲུབ་ཅེ་ན་རྣམ་པར་ཤེས་པ་ལ་བག་ཆགས་སུ་གནས་པའི་ལས་དེ་།དེས་སྲིད་པར་བྱེད་པའི་ཕྱིར་རོ། །འདུ་བྱེད་སྣ་ཚོགས་ཀྱིས་ཡོངས་སུ་བསྒོས་པའི་ཕྱིར། རྣམ ་པར་ཤེས་པ་ལ་ལས་ཀྱི་བག་ཆགས་རྣམ་པ་མང་པོས་གནས་ཏེ་།ལེན་པའི་བྱེ་བྲག་གིས་ཡོངས་སུ་བཟུང་བའི་ཕྱིར། གང་གིས་འདི་ལས་ཡང་སྲིད་པ་ཉིད་པར་འགྱུར་བ་དེ་ནི་འདིར་སྲིད་བ་ཞེས་བྱའོ། །མངོན་པར་འགྲུབ་པ་དེ་གང་ཡིན་ཞེ ་ན། མིང་དང་གཟུགས་ལ་སོགས་པ་འཕངས་པ་དེས་ཕྱིས་སྐྱེ་བ་གང་ཡིན་པའོ། །དེ་ཡོད་པས་ཉིས་པར་འགྱུར་བ་གང་ཡིན་ཞེ་ན་།རྒ་ཤིང་ལང་ཚོ་ནང་སྲོག་འཕངས?་པ་འཇིག་པའི་ཕྱིར་རོ། །འདིར་ཉེ་བར་ཁྲིད་པའི་རྒྱུ་ནི་དོན་མེད་དོ་ཞེན་དོན ་མེད་པ་མ་ཡིན་ཏེ། འཚི་བའི་སྲིད་པ་ཆད་ནས་སྐྱེ་བའི་སྲིད་པ་འབྱུང་བར་རྟོགས་པ་བསལ་བའི་ཕྱིར་རོ། །ཀུན་ནས་ཉོན་མོངས་པ་འདི་དག་ཐམས་ཅད་ནི་ཡང་དག་པ་མ་ཡིན་པ་ཀུན་རྟོག་པ་ལས་འབྱུང་ངོ་ཞེས་བྱ་བ་ནི། སེམས ་དང་སེམས་ལས་བྱུང་བ་རྣམས་ནི་ཀུན་ནས་ཉོན་མོངས་བའི་གནས་ཡིན་པའི་ཕྱིར་ཏེ། དེ་ཡང་ཡང་དག་མ་ཡིན་ཀུན་རྟོག་ནི། །སེམས་དང་སེམས་བྱུང་ཁམས་གསུམ་པ་ཞེས་བཤད་པ་ཡིན་ནོ། །ཡང་དག་མ་ཡིན་པ་ཀུན་རྟོག་པའི་དོན་བསྡུས ་པ་ནི་ཞེས་བྱ་བ་ནི་།དོན་རྒྱས་པར་བཤད་པ་བདེ་བླག་ཏུ་ཁོང་དུ་ཆུད་པར་བྱ་བ་དང། མི་བརྗེད་པར་བྱ་བའི་ཕྱིར་དོན་བསྡུས་པར་བསྟན་ཏོ། །དེའི་ཕྱིར་འདིར་ནི་དོན་གཉི་ག་ཡང་བཤད་དོ། །ཡོད་བའི་མཚན་ཉིད་ནི། ཡང་དག་མ་ཡིན་ཀུན ་རྟོག་ཡོད་ཅེས་བྱ་བའོ། །མེད་པའི་མཚན་ཉིད་ནི། དེ་ལ་གཉིས་པོ་ཡོད་མ་ཡིན་ཞེས་བྱ་བའོ། །རང་གི་མཚན་ཉིད་ནི། དོན་དང་སེམས་ཅན་བདག་རྣམ་རིག་།སྡང་བའི་རྣམ་པར་ཤེས་པ་ནི། རབ་ཏུ་སྐྱེའོ་ཞེས་བྱའོ། །བསྡུས་པའི་མཚན་ཉིད ་ནི་།རྟག་པ་དང་ནི་གཞན་དབང་དང། །ཡོངས་སུ་གྲུབ་པ་ཉིད་ཀྱང་ངོ་ཞེས་བྱའོ། །མེད་པའི་མཚན་ཉིད་ལ་འཇུག་བའི་ཐབས་ཀྱི་མཚན་ཉིད་ནི། དམིགས་པ་ལ་ནི་བརྟེན་ནས་སུ། །མི་དམིགས་པ་ནི་རབ་ཏུ་སྐྱེ་ཞེས་བྱ་བ་ལ་སོགས་པའོ། ། ་རབ་ཏུ་དབྱེ་བའི་མཆན་ཉིད་ནི། །ཡང་དག་མ་ཡིན་ཀུན་རྟོག་ནི། །སེམས་དང་སེམས་བྱུང་ཁམས་གསུམ་པ་ཞེས་བྱའོ། །རྣམ་གྲངས་ཀྱི་མཚན་ཉིད་ནི། དེ་ལ་དོན་མཐོང་རྣམ་པར་ཤེས། །དེ་ཡི་བྱེ་བྲག་སེམས་ལས་བྱུང་ཞེས་བྱ་བའོ། ། ་འཇུག་པའི་མཚན་ཉིད་ནི། གཅིག་ནི་རྐྱེན་གྱི་རྣམ་པར་ཤེས། །གཉིས་བ་ཉེ་བར་སྦྱོད་བ་ཅན་ཞེས་བྱ་བའོ། །ཀུན་ནས་ཉོན་མོངས་བའི་མཚན་ཉིད་ནི། སྒྲིབ་བའི་ཕྱིར་དང་འདེབས་པའི་ཕྱིར། །ཁྲིད་པའི་ཕྱིར་དང་ཀུན་འཛིན་ཕྱིར་ཞེས་བྱ་བ་ལ་སོགས ་པའོ། །དེ་ལྟར་ཡང་དག་པ་མ་ཡིན་བཀུན་རྟོག་པའི་མཚན་ཉིད་རྣམ་པ་དགུར་བརྗོད་ནས་སྟོང་པ་ཉིད་ཇི་ལྟར་ཤེས་པར་བྱ་བ་དེ་སྟོན་ཏེ་ཞེས་བྱ་བ་འདིར་ཇི་ལྟར་སྦྱར་ཞེ་ནི། འདིས་ཡང་དག་པ་མ་ཡིན་པ་ཀུན་རྟོག་པ་དང། སྟོང་པ་ཉིད་དང། སྔར་ཀུན ་ནས་ཉོན་མོངས་པ་ལ་རྣམ་པར་བྱང་བ་དང། ཆོས་ཁོངས་སུ་ཆུང་པ་ལ་བརྟེན་ནས་ཆོས་ཉིད་ངེས་པར་འཛིན་པར་འགྱུར་བ་གཉིས་དམ་བཅས་པ་ཡིན་ཏེ། དེའི་ཕྱིར་ཡང་དག་པ་མ་ཡིན་པ་ཀུན་རྟོག་པ་བཤད་པའི་འོག་ཏུ། སྟོང་པ་ཉིད་ཇི་ལྟར ་ཤེས་པར་བྱ་བ་དེ་ལྟར་འཆད་དེ། མཚན་ཉིད་དང་ནི་རྣམ་གྲངས་དང་ཞེས་རྒྱ་ཆེར་རོ། །དེ་ལ་མཚན་ཉིད་ནི་དངོས་པོ་དང་དངོས་པོ་མེད་པ་དགས་པའི་བདག་ཉིད་དེ། སྟོང་པ་ཉིད་ཀྱིས་རབ་ཏུ་དབྱེ་བ་ཐམས་ཅད་ལ་ཁྱབ་པའི་ཕྱིར་རོ། །མིད་གཞན ་ནི་རྣམ་གྲངས་སོ། །རྣམ་གྲངས་དང་མཐུན་པ་རྣམ་གྲངས་འཇུག་པའི་རྒྱུ་ནི་རྣམ་གྲངས་ཀྱི་དོན་ཏོ། །ནམ་མཁའ་ལྟར་ཐ་མི་དད་པའི་མཚན་ཉིད་ཀྱི་ཕྱིར། རྣམ་པར་མི་རྟོག་ཀྱང་གློ་བུར་གྱི་ཉེ་བའི་ཉོན་མོངས་པ་དང་ཕྲད་པ་དང་བྲལ་བའི་དུས་ཐ་དད ་པས་དབྱེ་བའོ། །གཞན་ཡང་གང་ཟག་དང་ཆོས་སུ་སྒྲོ་འདོགས་པ་ཐ་དད་པས་དབྱེ་བ་རྣམ་པ་བཅུ་དྲུག་གོ། སྒྲུབ་པ་ནི་སྟོང་པ་ཉིད་ཀྱི་རབ་ཏུ་དབྱེ་བསྟོན་པར་བྱེད་པའི་རིག་བའོ། །ཅིའི་ཕྱིར་རྣམ་པ་དེ་དག་གིས་སྟོང་པ་ཉིད་ཤེས་པར་བྱ་ཞེ་ན། ་རྣམ་པར་དག་པའི་དམིགས་པ་ཡིན་པས་ན། རྣམ་པར་དག་པ་འདོད་ཆགས་ཀྱིས་མཚན་ཉིད་ཤེས་པར་བྱའོ། །མདོ་གཞན་དག་ལས་རྣམ་གྲངས་བཤད་པ་རྣམས་པ་མི་རྨོངས་པར་བྱ་བའི་ཕྱིར་རྣམ་གྲངས་སོ། །རྣམ་གྲངས་ཀྱི་དོན་ཁོང་དུ་ཆུད ་བར་གྱུར་ན་སྟོང་པ་ཉིད་ལ་རྣམ་པར་དག་པའི་དམིགས་པ་ཉིད་དུ་ངེས་པའི་ཕྱིར་རྣམ་གྲངས་ཀྱི་དོན་ཏོ། །ཀུན་ནས་ཉོན་མོངས་པ་བསལ་མ། དེ་རྣམ་པར་དག་གོ་ཞེས་ཀུན་ནས་ཉོན་མོངས་པ་དེ་སྤང་བའི་ཕྱིར་འབད་པ་བསྐྱེད་པའི་དོན་དུ་དབྱེ་བའོ། །དབྱེ ་བའི་སྒྲུབ་པ་ཁོང་དུ་ཆུད་ན། །འགྱུར་བ་མེད་ཀྱང་དབྱེ་བ་བདེ་བླག་ཏུ་རིག་པའི་ཕྱིར་དབྱེ་བའི་སྒྲུབ་པ་ཡང་ཤེས་པར་བྱའོ། །མཚན་ཉིད་ཇི་ལྟར་ཤེས་པར་བྱ་ཞེན་ཞེས་བྱ་བ་ནི། མཚན་ཉིད་སྔར་སྨོས་པས་དེའི་ཕྱིར་དེ་ཉིད་དང་པོར ་འདྲི་སྟེ། གཉིས་དངོས་མེད་པའི་དངོས་པོ་ཡི། །དངོས་པོ་སྟོང་པའི་མཚན་ཉིད་དོ་ཞེས་བྱ་བར་ཤེས་བར་བྱའོ། །གཉིས་ནི་གཟུང་བ་དང་འཛིན་པའོ་ཞེས་བྱ་བ་ལ། ཡང་དག་བ་མ་ཡིན་པ་ཀུན་རྟོག་པ་ལ་འམ་།ཡང་དག་བ་མ་ཡིན་པ་ཀུན ་རྟོག་པས་ཀུན་བརྟགས་པའི་བདག་ཉིད་ཡིན་པས་དངོས་པོའི་ངོ་བོར་མེད་དོ། །གཉིས་པ་དངོས་པོ་མེད་པ་དེའི་དངོས་པོ་གང་ཡིན་པ་དེ་ནི་སྟོང་པ་ཉིད་ཀྱི་མཚན་ཉིད་དོ། །ཚིག་ལེའུར་བྱས་པ་དང་མཐུན་པར་བྱས་པའི་ཕྱིར་འདིར་ཡང་དངོས་པོའི་རྐྱེན་མ་སྨོས ་པར་བསྟན་པར་ལྟ་བའོ། །དངོས་པོ་མེད་བའི་དངོས་བོ་ཞེས་བྱ་བ་དེ་དག་གང་ཡིན། དངོས་པོ་མེད་པའི་བདག་ཉིད་ནི་ཡོད་པ་ཉིད་དོ། །གཞན་དུ་ན་དེའི་དངོས་པོ་སྟོང་པ་མེད་པའི་ཕྱིར་རོ། །གཉིས་ཀྱི་དངོས་པོ་ཡོད་པ་ཉིད་དུ་འགྱུར་རོ། །དེའི་ཕྱིར་དེ་ལྟར་དངོས ་པོ་མེད་པའི་ངོ་བོ་ཉིད་སྟོང་བ་ཉིད་ཀྱི་མཚན་ཉིད་དུ་ཡོངས་སུ་བསྟན་པ་ཡིན་ནོ་ཞེས་བྱ་བ་སྨོས་ཏེ། དངོས་པོའི་ངོ་བོའི་མཚན་ཉིད་དུ་མི་མ་ཡིན་ནོ། །དངོས་པོ་མེད་པའི་སྒྲ་ནི་དངོས་པོ་དགག་བའི་ཚིག་ཡིན་ན། དངོས་པོའི་སྒྲ་མེད་ཀྱང་དོན་འདི་ཁོང་དུ་ཆུད་པར ་འགྱུར་བས། དངོས་པོའི་སྤྲ་ནི་འདིར་ལྷག་གོ་།ལྷག་མ་མ་ཡིན་ཏེ་གཉིས་ཀྱིས་དངོས་པོ་མེད་པ་སྟོང་པའི་མཚན་ཉིད་དོ་ཞེས་དེ་ཙམ་ཞིག་བཤད་ན། གཙོར་གཉིས་ཀྱིས་དངོས་པོ་མེད་པ་ཉིད་དུ་རི་བོང་གི་རྭ་དངོས་པོ་མེད་པ་དང་འདྲ་བར་ཁོང་དུ ་ཆུད་དེ། སྡུག་བསྔལ་ཉིད་ལ་སོགས་པ་ལྟར་ཆོས་ཉིད་ཀྱི་ངོ་བོར་མི་རུང་ངོ། །དེ་ལྟ་བས་ན་འདི་སྐད་ཅེས་བྱ་སྟེ་།གཉིས་ཀྱིས་དངོས་མེད་བཞི་སྟོང་པ་ཉིད་དོ། །དངོས་པོ་མེད་པ་དེ་ནི་ཡང་དག་པ་མ་ཡིན་པ་ཀུན་རྟོག་པ་ལ་ཡོད་དེ་།སྟོང་བ ་ཉིད་ཅེས་བྱ་བ་སྟེ་དངོས་པོ་མེད་པའི་དངོས་པོའི་མཚན་ཉིད་ཡོངས་སུ་བཟུང་བའི་ཕྱིར་ཆོས་ཉིད་ཀྱི་ངོ་བོར་བསྟན་པ་ཡིན་ནོ། །ཡང་ན་གཉིས་ཀྱི་དངོས་པོ་མེད་པ་སྟོང་པ་ཉིད་ཀྱིས་བྱ་བ་ལ། མེད་པའི་སྒྲ་ནི་ཐུན་མོང་ཡིན་པས་འདིར་མེད་པ་ཞེས་བྱ་བ་གང་ལ ་དགོངས་བ་མི་ཤེས་པས། གཏན་མེད་པར་རབ་ཏུ་བསྟན་པའི་ཕྱིར་ཡང་དག་པ་མ་ཡིན་པ་ཀུན་རྟོག་པ་ལ། གཉིས་པོའི་དངོས་པོ་མེད་པའི་དངོས་པོ་ཞེས་བྱ་བ་བརྗོད་དོ། །སྔ་ན་མེད་པ་དང་ཞིག་ནས་མེད་པ་གཉིས་ནི་རང་གི་ཉེ་བར་ལེན་པ་ལས ་གཞན་དུ་བཤད་པར་མི་རིགས་སོ། །གཅིག་ལ་གཅིག་མེད་པ་ཡང་གཉི་ག་གནས་ཡིན་པའི་ཕྱིར། གཅིག་ཏུ་གནས་པར་མི་རིགས་སོ། །དེའི་ཕྱིར་དངོས་པོའི་དངོས་པོ་མེད་པའི་མཚན་ཉིད་ཉེ་བར་བཟུང་བས། གཟུང་བ་དང་འཛིན་པ་དག་གཏན་དངོས ་པོ་མེད་པ་ཉིད་སྟོང་པ་ཉིད་ཅེས་བྱ་བར་དེ་ཤེས་པར་བྱས་པ་ཡིན་ནོ། །གལ་ཏེ་མེད་པའི་བདག་ཉིད་སྟོང་པ་ཉིད་ཡིན་ན། དོན་དམ་པ་ཞེས་ཇི་སྐད་བྱ་ཞེ་ན། ཡེ་ཤེས་དམ་བའི་ཡུལ་ཡིན་པས་མི་རྟག་པ་ཉིད་བཞིན་དུ་སྟེ། དངོས་པོའི་ཕྱིར་ནི་མ་ཡིན ་ནོ། །དེ་ལྟ་མོད་ཀྱི་དེ་དངོས་པོ་མེད་པའི་ངོ་བོ་ཉིད་ཀྱང་མ་ཡིན་ཏེ། འདི་ལྟར་དེའི་དངོས་པོ་མེད་པའི་ངོ་བོ་ཉིད་གང་ཡིན་པ་དེ་ནི། ཡོད་པ་མ་ཡིན་མེད་པའང་མིན། ཇི་ལྟར་མེད་པ་མ་ཡིན་ཞེ་ན། འདི་ལྟར་གཉིས་པོའི་དངོས་པོ་མེད་པ ་སྟེ་། ཡོད་པ་ནི་གཉིས་ཀྱིས་དངོས་པོ་གཏན་མེད་པར་ཡང་མི་འགྱུར་ལ། ཡང་དག་པ་མ་ཡིན་པ་ཀུན་རྟོག་བའི་ཆོས་ཉིད་དུ་ཡང་མི་འགྱུར་རོ། །ཇི་ལྟར་མེད་པའང་མ་ཡིན་ཞེ་ན། འདི་ལྟར་གཉིས་པོའི་དངོས་པོ་མེད་པའི་དངོས་པོ་སྟེ། ་གཉིས་ཀྱིས་དངོས་པོ་མེད་པ་ནི་གཉིས་ཀྱི་དངོས་པོ་མེད་པའི་ངོ་བོར་མེད་པ་མ་ཡིན་ཏེ། དེ་མེད་དུ་ཟིན་ན་གཉིས་ཡོད་པ་ཉིད་དུ་འགྱུར་ཞིང། ཡང་དག་པ་མ་ཡིན་པའི་ཆོས་ཉིད་དུ་ཡང་མི་འགྱུར་ཏེ། དཔེར་ན་མི་རྟག་པ་ཉིད་དང་སྡུག ་བསྔལ་བ་ཉིད་བཞིན་ནོ། །སེམས་ཅན་ཕྱིན་ཅི་ལོག་ཏུ་གྱུར་བས་སྒྲོ་བཏགས་བའི་རྟག་པ་དང། བདེ་བའི་དངོས་པོའི་ངོ་བོ་ཉིད་ཡིན་པས། ཡོད་པ་ཡང་མ་ཡིན་མེད་པ་ཡང་མ་ཡིན་ཞེས་བྱའོ། །གལ་ཏེ་ཡང་དག ་པ་མ་ཡིན་པ་ཀུན་རྟོག་པའི་སྟོང་པ་ཉིད་ཆོས་ཉིད་ཡིན་ན། ཅི་སྟེ་དེ་ལས་གཞན་ཞེས་བྱ་བའམ། འོ་ན་ཏེ་གཞན་མ་ཡིན་ཞེ་ན། དེའི་ཕྱིར་དེ་ནི་སྟོང་པ་ཉིད་ཀྱི་མཚན་ཉིད་དོ་ཞེས་བྱ་བ་སྨོས་སོ། །དངོས་པོ་མེད་བའི་ངོ་བོ་ཉིད་ཁོ་ནའོ། །ཡང་ན ་དངོས་པོ་ཁོན་དངོས་པོ་མེད་པ་དགག་པའི་བདག་ཉིད་ཁོ་ནའོ། །དེ་ལྟ་བས་ན་ཡང་དག་པ་མ་ཡིན་པ་ཀུན་རྟོག་པ་དང་ཐ་དད་གཅིག་པའི་མཚན་ཉིད་མི་མཐ་དང་པ་ཡིན་ན་ནི་ཆོས་ཉིད་ལS་ཆོས་ཉིད་གཞན་ཡིན་པ་མི་རུང་སྟེ། ཇི་ལྟར་མི ་རུང་ཞེ་ན་ཆོས་ལས་མཚན་ཉིད་ཐ་དད་པས་ཆོས་ཉིད་ཆོས་གཞན་ཉིད་དུ་འགྱུར་ཏེ། དེ་ལས་གཞན་བའི་ཆོས་བཞིན་ནོ། །ཆོས་གཞན་ནི་ཆོས་གཞན་གྱི་ཆོས་ཉིད་དུ་མི་རུང་སྟེ། དེ་ལ་ཡང་ཆོས་གཞན་བཙལ་དགོས་པས་ཐུགས་པ་མེད་པར ་འགྱུར་རོ། །མི་རྟག་པ་ཉིད་དང་སྡུག་བསྔལ་བ་ཉིད་བཞིན་ནོ་ཞེས་བྱ་བ་ནི། ཇི་ལྟར་མི་རྟག་པ་ཉིད་མི་རྟག་པ་རྣམས་ལས་གཞན་མ་ཡིན་པ་དང། སྡུག་བསྔལ་བ་ཉིད་ཀྱང་སྡུག་བསྔལ་བ་ལས་གཞན་མ་ཡིན་བ་དེ་ལྟར་སྟོང ་བ་ཉིད་ཀྱང་སྟོང་པ་ལས་གཞན་མ་ཡིན་པ་ཞེས་བྱའོ། །གཅིག་པ་ཡིན་དུ་ཟིན་ན་ནི་རྣམ་པར་དག་པའི་དམིགས་པ་དང། སྤྱིའི་མཚན་ཉིད་དུ་མི་འགྱུར་རོ། །འདིས་རྣམ་བར་དག་པར་བྱེད་པས་རྣམ་པར་དག་པ་ནི་ལམ་མོ། །ཆོས ་ཀྱི་རང་གི་མཚན་ཉིད་ལས་གཞན་མ་ཡིན་པའི་ཕྱིར། ཆོས་ཀྱི་རང་གི་མཚན་ཉིད་བཞིན་དུ་ལམ་གྱི་དམིགས་པར་མི་འགྱུར་རོ། །དེའི་ཕྱིར་རང་གི་མཚན་ཉིད་ལས་གཞན་མ་མིན་པའི་ཕྱིར། སྤྱིའི་མཚན་ཉིད་དུ་ཡང་མི་རུང་ངོ། ། ་དེ་ཡང་ཆོས་ཀྱི་རང་གི་ངོ་བོ་དང་འདྲ་བར་ཕན་ཚུན་ཐ་དད་པས་མཉམ་པ་ཉིད་ཉམས་པར་འགྱུར་རོ། །ཡང་ན་རང་གི་མཚན་ཉིད་ནི་དེ་ལས་གཞན་མ་ཡིན་པས་དངོས་པོའི་རང་གི་ངོ་བོ་ཐ་དད་པ་མེད་དོ། །དེའི་ཕྱིར་སྤྱི་མཚན་ཡང་མེད་པར་འགྱུར་ཏེ། སྤྱིའི ་མཚན་ཉིད་ནི་ཐ་དད་པ་ལ་བལྟོས་བའི་ཕྱིར་རོ། །ཡང་ན་རྣམ་པར་དག་པར་བྱ་བའི་ཕྱིར་དམིགས་པ་ནི། རྣམ་པར་དག་པའི་དམིགས་པའོ། །དངོས་པོའི་རང་གི་མཚན་ཉིད་ལ་དམིགས་པས་རྣམ་པར་དག་པའི་ཐོབ་པ་མེད་དེ། སེམས་ཅན་ཐམས ་ཅད་རྣམ་པར་དག་པར་ཐལ་བར་འགྱུར་རོ། །གལ་ཏེ་གཞན་དང་གཞན་མ་ཡིན་བར་མི་བརྗོད་ན། གཅེར་བུ་པ་ལ་སྨྲ་བ་འཆེལ་བར་ཇི་ལྟར་མི་འགྱུར། དངོས་པོ་ཡོད་པ་ལ་དེ་ཉིད་དམ་གཞན་དུ་ལུང་མི་སྟོན་པ་གང་ཡིན་པ་དེ་གཅེར་བུ་བའི་སྨྲ་བ་ལ་འཆེར ་བར་འགྱུར་རོ། །སྟོང་པ་ཉིད་ལ་ནི་དངོས་པོ་མེད་པས་སྐྱོན་དུ་འགྱུར་བ་འདི་མེད་དོ། །དེ་ལྟར་སྟོང་པ་ཉིད་འདི་ནི་མེད་པའི་མཚན་ཉིད་དང་དངོས་པོ་མེད་པའི་ངོ་བོ་ཉིད་ཀྱི་མཚན་ཉིད་དང། མི་གཉིས་པའི་མཚན་ཉིད་དེ། དེ་ཉིད་དང་གཞན་ལ་རྣམ་པར ་གྲོལ་བའི་མཚན་ཉིད་ཡོངས་སུ་བསྟན་པ་ཡིན་ནོ། །སྟོང་པ་ཉིད་ཀྱི་མཚན་ཉིད་བཤད་ཟིན་ཏོ། །ད་ནི་རྣམ་གྲངས་བརྗོད་པར་བྱའོ། །སྟོང་པ་ཉིད་ནི་མདོར་བསྡུ་ན་དེ་བཞིན་ཉིད་དང་ཡང་དག་མཛའ་། །མཚན་མ་མེད་དང་དོན་དམ་དང། །ཆོས ་གྱི་དབྱིངས་ནི་རྣམ་གྲངས་སོ་ཞེས་བྱ་བ་ལ། རྣམ་གྲངས་ཞེས་བྱ་བ་ནི་དོན་གཅིག་ལ་སྒྲ་ཐ་དད་པར་གྲགས་ཏེ། རྣམ་གྲངས་ཀྱི་དོན་བརྗོད་པས་རྣམ་གྲངས་ཞེས་བྱའོ། །བརྗོད་པ་དེ་རྣམས་ནི་མདོ་གཞན་དག་ལས་སྟོང་པ་ཉིད་དུ་སྟོན་ཏོ། །རྣམ ་གྲངས་ལྔ་པོ་དེ་དག་གཙོ་བོ་ཡིན་པར་ཚིགས་སུ་བཅད་པ་ལས་ཇི་སྐད་སྨོས་པ་དེ་བཞིན་དུ་རྣམ་གྲངས་གཞན་འདིར་མ་སྨོས་ཏེ། གསུང་རབ་ལས་ཁོང་དུ་ཆུད་པར་བྱ་བ་ནི་འདི་ལྟ་སྟེ། མི་གཉིས་པ་ཉིད་དང་རྣམ་པར་མི་རྟོག་པའི་དབྱིངས་དང ་ཆོས་ཉིད་དང་བརྗོད་དུ་མེད་པ་ཉིད་དང། མི་འགག་པ་ཉིད་དང་འདུས་མ་བྱས་དང། མྱ་ངན་ལས་འདས་པ་ལ་སོགས་པའོ། །རྣམ་གྲངས་ཀྱི་དོན་ཇི་ལྟར་ཤེས་པར་བྱ་ཞེ་ན། དེ་སྟོན་ཏེ་སྒྲ་དེ་དག་ནི་བརྟགས་པ་མ་ཡིན་གྱི ་།དོན་དང་ལྡན་པ་རྣམས་ཞེས་བྱ་སྟེ། གཞན་མིན་ཕྱིན་ཅི་ལོག་མ་ཡིན། །དེ་འགག་འཕགས་པའི་སྤྱོད་ཡུལ་དང། །འཕགས་པའི་ཆོས་ཀྱི་རྒྱུ་ཡི་ཕྱིར། །རྣམ་གྲངས་དོན་དེ་གོ་རིམས་བཞིན་ཞེས་བྱའོ། །དེ་ལ་གཞན་མ་ཡིན་པའི ་ཕྱིར་དེ་བཞིན་ཉིད་དེ་ཞེས་བྱ་བ་ནི་མི་འགྱུར་བའི་དོན་ཏོ་ཞེས་བྱ་བའི་ཐ་ཚིག་གོ་།དེ་ཉིད་བསྟན་པའི་ཕྱིར་རྟག་ཏུ་དེ་བཞིན་པའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ་།རྟག་པར་དུས་ཐམས་ཅད་འདུས་མ་བྱས་པ་ཡིན་པས་མི་འགྱུར་ཞེས་བྱ་བའི་ཐ་ཚིག་གོ་ཕྱིན་ཅི་ལོག ་མ་ཡིན་པའི་ཕྱིར་ཡང་དག་པའི་མཛའ་སྟེ་ཞེས་བྱ་བ་ལ་ཡང་དག་པ་ནི་བདེན་བ་དང་མནོར་བ་ཞེས་བྱ་བའི་ཐ་ཚིག་གོ་།མཐོང་ཞེས་བྱ་བ་ནི་མུ་སྟེ། གང་ཕན་ཆད་ནས་ཤེས་པར་བྱ་བ་གཞན་མེད་པའི་ཕྱིར་ཡང་དག་པའི་མཛའ་སྟེ། ཡང་དག་བའི་མུ་ཞེས ་བྱའོ། །ཇི་ལྟར་དེ་བཞིན་ཉིད་ཤེས་པར་བྱ་བ་མུ་ཞེས་བྱ་ཞེ་ན། ཤེས་བྱའི་སྒྲིབ་པ་རྣམ་པར་དག་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་ཡིན་པའི་ཕྱིར་རོ། །ཕྱིན་ཅི་ལོག་མ་ཡིན་པའི་ཕྱིར་ཞེས་བྱ་བ་ནི། སྒྲོ་འདོགས་པ་དང་སྐུར་བ་འདེབས་པ་མེད་པའི་ཕྱིར་རོ། འདིར་རྒྱུ ་སྨོས་པ་ཕྱིན་ཅི་ལོག་གི་གཞི་མ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་སྟེ། ཕྱིན་ཅི་ལོག་ནི་རྣམ་པར་རྟོག་བའོ། །རྣམ་པར་རྟོག་པའི་དམིགས་པ་མ་ཡིན་པས་ཕྱིན་ཅི་ལོག་པའོ། །མཚན་མ་འགོག་པའི་ཕྱིར་མཚན་མ་མེད་པ་སྟེ་ཞེས་བྱ་བ་ནི། ་འདིར་མཚན་མ་མེད་པ་ལ་མཚན་མ་འགོག་པ་ཞེས་བྱའོ། །འདིར་རབ་ཏུ་བསྟན་པའི་ཕྱིར་མཚན་མ་ཐམས་ཅད་མེད་པའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། འདུས་བྱས་དང་འདུས་མ་བྱས་ཀྱི་མཚན་མ་ཐམས་ཅད་ཀྱི་སྟོང་པ་ཉིད་སྟོང་བས ་མཚན་མ་མེད་པ་ཞེས་བྱའོ། །མཚན་མ་ཐམས་ཅད་མེད་པའི་ཕྱིར་མཚན་མ་མེད་པ་སྟེ། མཚན་མ་མེད་པ་ཉིད་མཚན་མ་མེད་པའོ། །འཕགས་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་ཡིན་བས་དོན་དམ་པ་སྟེ་ཞེས་བྱ་བ་ལ། དམ་པ་ནི་འཇིག་རྟེན་ལས་འདས་པའི་ཡེ ་ཤེས་ཏེ། དེའི་དོན་ནི་དོན་དམ་པའོ། །འཕགས་པའི་ཆོས་ཀྱི་རྒྱུ་ཡིན་པས་ཆོས་ཀྱི་དབྱིངས་ཏེ་ཞེས་བྱ་བ་ལ། ཆོས་ཀྱི་སྒྲ་ནི་འདིར་འཕགས་པའི་ཆོས་རྣམས་ཏེ། ཡང་དག་བར་ལྟ་བ་ལ་སོགས་པ་དང། ཡང་དག་པར་རྣམ་པར་གྲོལ་བ་དང། ཡེ་ཤེས ་ལ་ཐུག་པ་རྣམས་ལ་བྱ་སྟེ། དེ་དག་གི་རྒྱུ་ཡིན་པས་དབྱིངས་སོ། །དེ་ཉིད་བསྟན་པའི་ཕྱིར་འཕགས་པའི་ཆོས་རྣམས་ནི་དེ་ལ་དམིགས་པས་བྱུང་བའི་ཕྱིར་ཞེས་བྱ་བ་སྨོས་སོ། །རང་གི་མཚན་ཉིད་དང་རྒྱུར་བྱས་པའི་གཟུགས་འཛིན་པ་ལ་ཡང་ཁམས་ཀྱི་སྒྲ ་འདི་འཇུག་པ་དེའི་ཕྱིར། འདིར་དབྱིངས་ཀྱི་དོན་ནི་རྒྱུའི་དོན་ཏེ་ཞེས་བྱ་བ་སྨོས་ཏེ། དཔེར་ན་གསེར་ཁུང་དང་ཟངས་ཁུང་བཞིན་ནོ། །མདོ་གཞན་ལས་རྣམ་གྲངས་གསུངས་པ་གཞན་དག་ཀྱང་འདིའི་ཚུལ་དུ་དོན་བདག་གིས་བསྟན་བར་བྱའོ། །སྟོང་པ་ཉིད་ནི ་གཟུང་བ་དང་འཛིན་པ་མེད་བའི་ངོ་བོ་ཡིན་པས་ཐ་དད་པ་མི་སྲིད་དེ། འདྲི་བ་འམ་ཡང་ན་རྣམ་གྲངས་ཀྱི་དོན་གྱི་འོག་ཏུ་དབྱེ་བ་ཤེས་པར་བྱ་བར་བསྟན་པས། དེའི་ཕྱིར་དེ་བཤད་པའི་འོག་ཏུ་སྟོང་པ་ཉིད་ཀྱིས་རབ་ཏུ་དབྱེ་བ་ཇི་ལྟར་ཤེས་པར་བྱ་ཞེ་ན་ཞེས ་དྲིས་སོ། །ཡང་དག་པ་མ་ཡིན་པ་ཀུན་རྟོག་པ་ནི་ཀུན་ནས་ཉོན་མོངས་བའོ། །དེ་སྤངས་ན་རྣམ་པར་དག་པ་ཞེས་བྱ་སྟེ། ཀུན་ནས་ཉོན་མོངས་པ་དང་རྣམ་པར་དག་པའི་དུས་ན་ཡང་སྟོང་པ་ཉིད་མེ་གཏོགས་པར་གང་ཀུན་ནས་ཉོན་མོངས་པར་འགྱུར་བ་འམ ་རྣམ་པར་བྱང་བར་འགྱུར་བ་གཞན་མེད་དོ། །དེ་ལྟ་བས་ན་ཀུན་ནས་ཉོན་མོངས་པ་དང་རྣམ་བར་དག་པ་གཉིས་ཀྱི་དུས་ན་ཡང། སྟོང་པ་ཉིད་ཀུན་ནས་ཉོན་མོངས་པ་དང་རྣམ་པར་དག་པའོ་ཞེས་རབ་ཏུ་བསྟན་པའི་ཕྱིར་རོ། །ཀུན་ནས་ཉོན་མོངས་རྣམ་པར་དགS་ ་ཅེས་བྱ་བ་སྟེ། དེའི་རབ་ཏུ་དབྱེའོ་ཞེས་བྱ་བ་སྨོས་སོ། །གང་གི་ཚེ་ཉོན་མོངས་ལ། གང་གི་ཚེ་དྲི་མ་མེད་བ་ཁོང་དུ་མ་ཆུད་ནས། གང་གི་ཚེ་ཀུན་ནས་ཉོན་མོངས་ལ། གང་གི་ཚེ་རྣམ་པར་དག་ཅེན་ཞེས་དྲིས་པ་དང། དེ་ནི ་དྲིར་བཅས་དྲི་མ་མེད་ཅེས་རྒྱ་ཆེར་རོ། །གནས་གྱུར་པ་དང་མ་གྱུར་པ་ལ་བལྟོས་པས་།དྲི་མ་དང་བཅས་པ་དང་དྲི་མ་སྤང་བར་རྣམ་བར་བཞག་གོ་།མ་རྟོགས་པ་དང་ལོག་བར་རྟོགས་པའི་ཉེས་བས་མི་མཁས་པ་གང་དག་གཟུང་བ་དང་འཛིན་པ་ལ་མངོན ་པར་ཞེན་ཅིང། འདོད་ཆགས་ལ་སོགས་པའི་ཉོན་མོངས་པས། སེམས་ཀྱི་རྒྱུད་དྲི་མ་ཅན་དུ་གྱུར་བ་ལ་སྟོང་པ་ཉིད་མི་སྣང་བ་དེ་དག་དྲི་མ་དང་བཅས་བའོ་ཞེས་རྣམ་པར་བཞག་གོ་།འཕགས་པ་གང་དག་དེ་ཁོ་ན་མཁྱེན་པས་ཕྱིན་ཅི་ལོག་གི་སེམས ་མེད་པ་ལ་སྟོང་པ་ཉིད་ནམ་མཁའ་ལྟར་རྡུལ་མེད་པ་སྟེ་།རྒྱུན་མི་འཆད་བར་སྣང་བ་དེ་དག་ནི་དྲི་མ་སྤངས་པ་ཞེས་བྱའོ། །དེ་ལྟར་སྟོང་པ་ཉིད་ནི་ཉོན་མོངས་པ་དང་རྣམ་པར་དག་པ་ལ་བལྟོས་པ་ཅན་ཡིན་པར་བལྟ་སྟེ། རང་བཞིན་གྱིས་འོད་གསལ ་བའི་ཕྱིར་ངོ་བོ་ཉིད་དྲི་མ་ཅན་དུ་ནི་མ་ཡིན་ནོ། །གལ་ཏེ་དྲི་མ་དང་བཅས་པར་འགྱུར་ལ་ཞེས་བྱ་བ་རྒྱ་ཆེར་འབྱུང་བ་ནི། འགྱུར་བ་མེད་བར་གནས་སྐབས་ཐ་དད་པ་མཐོང་ལ་འགྱུར་བ་ནི་སྐྱེ་བ་དང་འཇིག་པ་དང་རྗེས་སུ་འབྲེལ་བ་སྟེ། དེའི་ཕྱིར་འགྱུར་བའི ་ཆོས་ཅན་ཡིན་པས་ཇི་ལྟར་མི་རྟག་པར་མི་འགྱུར་ཞེ་ན་ཞེས་བྱ་བ་སྨོས་སོ། །ཀུན་ནས་ཉོན་མོངས་པའི་གནས་སྐབས་ལས་སྟོང་པ་ཉིད་རྣམ་པར་དག་པའི་གནས་སྐབས་སུ་འགྱུར་བ་གཞན་མེད་ཀྱི། དེ་ཁོ་ན་ཉིད་དུ་གནས་པ་རང་བཞིན་གཞན་དུ ་འགྱུར་བ་མེད་པ་སྟེ། གློ་བུར་གྱི་དྲི་མ་དང་བྲལ་བའི་ཕྱིར་འདི་ལྟར་།ཆུ་ཁམས་གསེར་དང་ནམ་མཁའ་རྣམས། །དག་པ་བཞིན་དུ་དག་པར་འདོད། །དེའི་ཕྱིར་མི་རྟག་པར་མི་འགྱུར་རོ། །དཔེར་ན་ཆུའི་ཁམས་དང་གསེར་དང། ་ནམ་མཁའ་རྣམས་དེའི་རང་བཞིན་མ་ཡིན་པའི་ཕྱིར། དྲི་མའི་ངོ་བོ་ཉིད་ཡིན་པར་མ་གྱུར་ཀྱང། གློ་བུར་གྱི་དྲི་མ་ཅན་ཁོ་ན་དང་གློ་བུར་གྱི་དྲི་མ་དང་བྲལ་ན་ཡང་རང་བཞིན་གཞན་དུ་འགྱུར་བ་མེད་པ་བཞིན་དུ་རྣམ་པར་དག་པ་ཉིད་དོ། །དེ་བཞིན་དུ་སྟོང ་བའི་གློ་བུར་གྱི་དྲི་མ་རྣམས་ཀྱིས་ཀུན་ནས་ཉོན་མོངས་བར་འགྱུར་ཡང། འགྱུར་བ་མེད་པའི་རང་གི་ངོ་བོ་ཡིན་ལ། དེ་དང་བྲལ་ན་རྣམ་པར་དག་པ་ཞེས་བྱའོ། །དངོས་པོ་དེ་ཉིད་སྔར་ཀུན་ནས་ཉོན་མོངས་པའི་མཚན་ཉིད་དང། ཕྱིས་རྣམ་པར་དག་པའི་རང ་བཞིན་དུ་གང་རྣམ་པར་འཇོག་པ་དེ་ནི། རང་བཞིན་གཞན་དུ་གྱུར་པས་འགྱུར་བའི་ཆོས་བཟློག་པར་མ་གྱུར་གྱི། གང་ལ་དེ་གཉི་ག་ཡང་གློ་བུར་ཡིན་པ་ལ་ནི་མ་ཡིན་ཏེ། དེ་ལྟ་བས་ན་དེ་འགྱུར་བའི་ཆོས་ཉིད་ལ་རེག་པ་མེད་དོ། །རྦ་ཏུ་དབྱེ་བའི་སྐབས ་ཡིན་པས་སྟོང་པ་ཉིད་ཀྱིས་རབ་ཏུ་དབྱེ་བ་ཐམས་ཅད་བརྗོད་དགོས་ཏེ། དེའི་ཕྱིར་གཞན་ཡང་རབ་ཏུ་དབྱེ་བ་ནི་སྟོང་བ་ཉིད་རྣམ་པ་བཅུ་དྲུག་པོ་འདི་སྟེ་ཞེས་བྱ་བ་སྨོས་སོ། །དངོས་པོ་ཐ་དད་བས་རྣམ་པ་བཅུ་དྲུག་ཏུ་འགྱུར་ཏེ། གཉིས་ཀྱིས་དངོས་པོ་མེད་བའི་རང་གི ་ངོ་བོ་ལ་ནི་ཐ་དད་པ་མེད་དོ། །ནང་སྟོང་པ་ཉིད་ཅེས་བྱ་བ་ནས་དངོས་པོ་མེད་པའི་ངོ་བོ་ཉིད་ཅེས་བྱ་བའི་བར་དུ་སྟོང་པ་ཉིད་རྣམ་པ་བཅུ་དྲུག་པོ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་བྱུང་ངོ། །དེ་ཡང་མདོར་བསྡུ་བ་ཞེས་བྱ་བར་རིག་པར་བྱའོ། །ཟ་བ་བཟང་དང ་དེའི་ལུས། །གནས་ཀྱི་གཞི་ཡི་སྟོང་པ་ཉིད་ཅེས་བྱ་བ་ལ་སོགས་ལ། ཆོས་ཐམས་ཅད་གཉིས་མེད་པའི་ངོ་བོ་ཉིད་ཀྱི་ཕྱིར་སྟོང་པ་ཉིད་ནི་སྤྱིའི་མཚན་ཉིད་དེ། དེའི་ཕྱིར་གཞི་ཐ་དད་པས་དེ་ཐ་དད་པར་སྟོན་ཏོ། །གཞན་དུ་ན་དེ་ནི་ཐ་དད་པར་བསྟན་པར ་མི་ནུས་སོ། །དེ་ལ་ཆགས་པ་དང་མངོན་པར་ཞེན་པ་དེ་སྤངས་པའི་ཕྱིར། ཐོག་མར་ཟབ་གཞིག་པར་བྱའོ། །དེ་ལ་ཆགས་པ་དང་མངོན་པར་ཞེན་པ་དེ་ནི་སངས་རྒྱས་སུ་འགྲུབ་པ་དང། རྣམ་པར་ཐར་པ་ཐོབ་པའི་བགེགས་སུ་གྱུར་པའོ། །དེའི་འོག་ཏུ་དེའི་བཟའ་བའོ།། ་དེའི་འོག་ཏུ་དེ་གཉིས་ཀྱི་གནས་ཏེ་ལུས་སོ། །དེའི་འོག་ཏུ་ཟླ?་བ་ལ་ཕན་འདོགས་པའི་ཕྱིར། བདག་གིར་ཆགས་པ་དང་འཛིན་པ་བཟློག་པའི་ཕྱིར། དེའི་གནས་ཏེ་ལུས་ཀྱི་རྟེན་སྣོད་ཀྱི་འཇིག་རྟེན་གཞིག་པར་བྱའོ། །གཞི་རྣམས་བཞི་པོ་འདིའི་སྟོང་པ ་ཉིད་དེ་ནི་གཞི་སྟོང་པ་ཉིད་ཅེས་བྱའོ། །དེ་ལ་ཟ་བ་སྟོང་པ་ཉིད་ནི་ནང་གི་སྐྱེ་མཆེད་རྣམས་ལས་བརྩམས་སོ་ཞེས་བྱ་བ་ནི། དེ་དག་ཀྱང་མིག་ལ་སོགས་པ་ནས་ཡིད་ལ་ཐུག་པའི་བར་དུའོ། །ཟབ་དེ་ལས་གཞན་མེད་པས་མིག་ལ་སོགས་པ་ཡུལ་ལ་ཉེ་བར་སྤྱོད་པར ་འཇུག་བར་མཐོང་ནས་མིག་ལ་སོགས་པ་ཉིད་ཀྱིས་ཟ་བར་འཇིག་རྟེན་མངོན་བའི་ང་རྒྱལ་བྱེད་པས་དེའི་ཕྱིར། མིག་ལ་སོགས་པའི་སྐྱེ་མཆེད་སྟོང་པ་ཉིད་ལ་ཟབ་སྟོང་པ་ཉིད་ཅེས་བཤད་དོ། །བཟའ་བསྟོང་པ་ཉིད་ནི་ཕྱི་རོལ་གྱི་རྣམས་སོ་ཞེས་བྱ་བ་ལ་གཟུགས་ལ ་སོགས་པ་ནས་ཆོས་ལ་ཐུགས་པའི་བར་དུའོ། །དེ་དག་ལ་ཡུལ་གྱི་དངོས་པོར་བཟའ་བར་བྱ་བས་ན་བཟའ་བ་སྟེ། དེའི་ཕྱིར་ཕྱི་རོལ་གྱི་སྐྱེ་མཆེད་སྟོང་པ་ཉིད་ནི་བཟའ་བ་སྟོང་པ་ཉིད་ཅེས་བཤད་དོ། །ཟ་བ་དང་བཟའ་བ་དེ་གཉིས་ནི་ལུས་དང་ཕན་ཚུན་ཐ་དད་དུ་མི ་འཇུག་པར་གནས། དེའི་ལུས་ནི་ཁོག་བའོ་ཞེས་བྱ་སྟེ། དེ་བས་ན་དེའི་སྟོང་པ་ཉིད་ཅེས་བྱའོ། །གནས་ཀྱི་གཞི་ནི་སྣོད་ཀྱི་འཇིག་རྟེན་ཏེ། ཐམས་ཅད་དུ་སེམས་ཅན་རྣམས་ཀྱི་གནས་ཀྱི་གཞི་རབ་ཏུ་འདོག་པས། དེ་ཉིད་ཀྱི་ཕྱིར་དེ་རྒྱ་ཆེ་རའི་ཕྱིར་དེ ་སྟོང་པ་ཉིད་ནི་ཆེན་པོ་སྟོང་པ་ཉིད་ཅེས་བྱའོ་ཞེས་བྱ་བ་སྨོས་སོ། །གཞིའི་སྒྲ་ནི་རེ་རེ་དང་ཡང་སྦྱར་བར་བྱའོ། །དེ་ལྟར་ཤེས་བྱའི་དངོས་པོ་རྣམས་གཞིའི་སྟོང་པ་ཉིད་ལ་རྟོག་པ་དང་བཅས་པའི་བཞིན་ཡིད་ལ་བྱེད་པས་ཡིད་ལ་བྱེད་པ་ན། བྱང་ཆུབ་སེམས་དཔའ་ ་རྣལ་འབྱོར་བ་དེ་ལ་མཚན་མར་འཛིན་པ་གཞན་འདི་ཉེ་བར་གནས་པར་འགྱུར་རོ། །སྟོང་པ་ཉིད་ཤེས་གང་གིས་ནང་དང་ཕྱིའི་སྐྱེ་མཆེད་ལ་སོགས་པ་འདི་སྟོང་པར་མཐོང་བ་དེ་ལ་གང་གཟུང་བ་དང་འཛིན་པར་མངོན་པར་ཞེན་པ་དང། ཇི་ལྟར་དེའི ་སྟོང་པ་ཉིད་ཤེས་པས་མཐོང་བ་འདི་ཉིད་ཀྱང་འདིར་དོན་དམ་པའི་རྣམ་པའོ་སྙམ་དུ་རྣམ་པར་རྟོག་པ་ལ་རྣལ་འབྱོར་གྱི་སའི་འཁྲུལ་བའི་མཚན་མའི་རྣམ་པར་རྟོག་པ་རྣམ་པ་དེ་གཉིས་གཞིག་པའི་ཕྱིར། སྟོང་པ་ཉིད་སྟོང་པ་ཉིད་དང་དོན་དམ་པ་སྟོང་པ་ཉིད་དེ་གོ ་རིམས་བཞིན་ནོ། །ཤེས་པ་དང་རྣམ་པ་ནི་མ་སྨོས་པར་བྱས་ཏེ་བཤད་དོ། །ཡང་ན་སྟོང་པ་ཉིད་ཡུལ་ཡིན་པས་ཤེས་པ་དེ་ཡང་སྟོང་པ་ཞེས་བཤད་པ་ཡིན་ནོ། །གཟུང་བ་དང་འཛིན་པའི་དངོས་པོ་དེ་སྟོང་པ་ཉིད་ནི་སྟོང་པ་ཉིད་དོ། །ནང་གི་སྐྱེ་མཆེད་པ་སོགས་པ་ཡང་སྟོང ་པ་ཉིད་ཤེས་པ་དེས་ཇི་ལྟར་མཐོང་བ་དེ། འདིར་དོན་དམ་པའོ་སྙམ་པའི་རྣམ་པ་དེས་སྟོང་པ་ཉིད་ནི་དོན་དམ་པ་སྟོང་པ་ཉིད་དོ། །ཅིའི་ཕྱིར་ཞེ་ན། སྟོང་པ་ནི་དོན་དམ་པ་སྟེ་ཀུན་བརྟགས་པའི་རང་བཞིན་གྱི་སྟོང་བ་ཞེས་བྱའོ། །མཚན་མར་འཛིན་པ་གཞན ་འདི་ནི་སྟོང་པ་ཉིད་བསྒོམ་པའི་ཉེས་པར་གྱུར་པ་སྟེ། གང་གི་ཕྱིར་བྱང་ཆུབ་སེམས་དཔའ་སྟོང་པ་ཉིད་སྒྲུབ་པ་དེ་ཡང་དངོས་པོའི་ངོ་བོར་སྒྲོ་བཏགས་པ་སྟེ། དེ་གཞིག་པའི་ཕྱིར་འདུས་བྱས་སྟོང་པ་ཉིད་ཅེས་བྱ་བ་ནས་ཆོས་ཐམས་ཅད་སྟོང་པ་ཉིད་ཅེས་བྱ་བ ་ལ་ཐུག་པའི་བར་གྱི་སྟོང་པ་ཉིད་བཤད་དོ། །ཅིའི་ཕྱིར་སྒྲུབ་པར་བྱེད་ཅེ་ན། དགེ་བ་གཉིས་ཐོབ་པར་བྱེད་པའི་ཕྱིར་ཞེས་བྱ་བ་ནས། སངས་རྒྱས་ཆོས་རྣམས་དག་བྱའི་ཕྱིར་ཞེས་བྱ་བའི་བར་དག་གིས་སྟོང་པ་ཉིད་ལ་སྒྲུབ་པར་བྱེད་དེ། སྟོང་པ་ཉིད་བསྒོམ ་མོ་ཞེས་བྱ་པའི་ཐ་ཚིག་གོ་།དགེ་བ་ནི་འདུས་བྱས་དང་འདུས་མ་བྱས་ཏེ་ལམ་དང་མྱ་ངན་ལས་འདས་པའོ། །དེ་གཉིས་ནི་འདུས་བྱས་སྟོང་པ་ཉིད་དང། འདུས་མ་བྱས་སྟོང་པ་ཉིད་དང་གོ་རིམས་བཞིན་དུ་སྦྱར་རོ། །རྟག་ཏུ་སེམས་ཅན་ཕན་བྱའི་ཕྱིར ་ཞེས་བྱ་བ་ལ། རྣམ་པ་ཐམས་ཅད་དུ་རྟག་པར་བདག་གིས་སེམས་ཅན་ལ་ཕན་པར་བྱའོ་སྙམ་པ་དེའི་སྟོང་པ་ཉིད་ནི་མཛའ་ལས་འདས་པ་སྟོང་པ་ཉིད་དོ། །འཁོར་བ་མི་བཏང་བའི་ཕྱིར་རོ། །ཞེས་བྱ་བ་ནི་སེམས་ཅན་གྱི་དོན་དུ་བདག་གིས་འཁོར ་བ་ཡོངས་སུ་བཏང་བར་མི་བྱ་སྟེ། འཁོར་བ་ཡོངས་སུ་བཏང་ན་བྱང་ཆུབ་མ་རྙེད་པར། ཉན་ཐོས་ཀྱི་སར་གནས་པར་འགྱུར་བས་།དེའི་སྟོང་པ་ཉིད་ནི་ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་དོ། །ཅིའི་ཕྱིར་དེའི་སྟོང་པ་ཉིད་བཤད་ཅེ་ན། ་དེའི་ཕྱིར་འཁོར་བ་ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་དུ་མ་མཐོང་ན་སྐྱོ་སྟེ། འཁོར་བ་ཡོངས་སུ་གཏོང་ངོ་ཞེས་བྱ་བ་སྨོས་སོ། །དགེ་བ་མི་ཟད་བྱ་བའི་ཕྱིར་ཞེས་བྱ་བ་ནི། ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པ་ན་ཡང་དག་གིས་དགེ་བའི་རྩ་བ་རྣམས་མི་ཟང ་པར་བྱའོ་སྙམ་པ་སྟེ། མི་གཏོང་ཞེས་བྱ་བ་ནི་མི་འདོར་བར་བཤད་པའོ། །གལ་ཏེ་དེ་ལྟ་ན་ཇི་ལྟར་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་གྲུབ་པར་འགྱུར་ཞེ་ན། ཟག་པ་དང་བཅས་པའི་ཆོས་ཀྱི་རྣམ་པར་སྨིན་པའི་ལུས་ནི་མེད་ཀྱི ་སངས་རྒྱས་བཅོམ་ལྡན་འདས་རྣཾས་ཀྱི་ཟབ་པ་མེད་པའི་དངོས་པོའི་ཆོས་ཀྱི་སྐུ་ནི་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་ན་ཡང་རྒྱུན་ཆད་པར་མི་འགྱུར་རོ་ཞེས་གྲུབ་པའི་མཛའ་ལས་འབྱུང་ངོ། །དེའི་ཕྱིར་དེའི་སྟོང་པ་ཉིད་ནི་དོར་བ་མེད་པ་ཉིད་ཅེས། ་བྱའོ། །རིགས་ཀྱང་རྣམ་པར་དག་བྱའི་ཕྱིར་ཞེས་བྱ་བ་ལ། དེའི་སྟོང་པ་ཉིད་ནི་རང་བཞིན་སྟོང་པ་ཉིད་དོ། དེ་ཉིད་ཀྱི་ཕྱིར་རིགས་ནི་རང་བཞིན་ཞེས་བཤད་དོ། །འདི་ཇི་ལྟ་བུ་ཞེ་ན་དེའི་ཕྱིར་ངོ་བོ་ཉིད་ཀྱི་ཕྱིར་རོ་ཞེས་བྱ་སྨོས་སོ། །ངོ་བོ་ཉིད་ནི་ཐོག་མ་མེད་པའི ་དུས་ཅན་ཏེ། གློ་བུར་དུ་བྱུང་བ་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ་།ཇི་ལྟར་ཐོག་མ་མེད་པ་ཅན་གྱི་འཁོར་བ་ན་ལ་ལ་ནི་སེམས་དང་བཅས། ལ་ལ་ནི་སེམས་མེད་པ་དེ་བཞིན་དུ་འདིར་ཡང་སྐྱེ་མཆེད་དྲུག་པ་ཁ་ཅིག་ནི་སངས་རྒྱས་ཀྱི་རིགས། ཁ་ཅིག ་ཉན་ཐོས་ལ་སོགས་པའི་རིགས་ཞེས་བྱའོ། །རིགས་ནི་ཐོག་མ་མེད་པ་ནས་གཅིག་ནས་གཅིག་ཏུ་འོངས་པས་སེམས་དང་སེམས་མེད་པའི་བྱེ་བྲག་བཞིན་ཏེ། གློ་བུར་དུ་བྱུང་བ་མ་ཡིན་ནོ། །གཞན་དག་ན་རེ་སེམས་ཅན་ཐམས་ཅད་དེ་བཞིན ་གཤེགས་པའི་རིགས་ཡིན་པས། འདིར་རིགས་ཞེས་བྱ་བ་ནི་དེ་བཞིན་དུ་ཤེས་པར་བྱའོ་ཞེའོ། །མཚན་དང་དཔེ་བྱང་ཐོབ་བྱའི་ཕྱིར་ཞེས་བྱ་བ་ནི་དེའི་ཕྱིར་སྐྱེས་བུ་ཆེན་པོའི་མཚན་རྣམས་དཔེ་བྱང་བཟང་པོ་རྣམས་དང་བཅས་པའི་སྟོང་པ་ཉིད་ནི་མཚན ་ཉིད་སྟོང་པ་ཉིད་ཅེས་བྱའོ། །གཞན་ཡང་སངས་རྒྱས་ཆོས་རྣམས་དག་བྱའི་ཕྱིར། །བྱང་ཆུབ་སེམས་དཔའ་སྒྲུབ་པར་བྱེད། །སྒྲུབ་པར་བྱེད་པ་ཐ་མར་བརྗོད། །དགེ་གཉིས་ཐོབ་པར་བྱ་བའི་ཕྱིར། །བྱང་ཆུབ་སེམས་དཔའ་སྒྲུབ་པར་བྱེད། །རྟག ་ཏུ་སེམས་ཅན་ཕན་བྱའི་ཕྱིར། །བྱང་ཆུབ་སེམས་དཔའ་སྒྲུབ་པར་བྱེད། །ཅེས་ཐམས་ཅད་དང་སྦྱར་རོ། །སངས་རྒྱས་ཀྱི་ཆོས་དེ་གང་དག་ལ་ཞེ་ན། དེའི་ཕྱིར་སྟོབས་དང་མི་འཇིགས་པ་དང་མ་འདྲེས་པ་ལ་སོགས་པའོ་ཞེས་བྱ་བ་སྨོས་སོ། །མདོར་ན་སངས་རྒྱས་ཀྱི་ཆོས ་ཐམས་ཅད་ཐོབ་པར་བྱ་བའི་ཕྱིར་བདག་གིས་འབད་པར་བྱའོ་ཞེས་སྒྲུབ་པར་བྱེད་པས་དེའི་ཕྱིར་རྣམ་པར་བསྒོམ་པ་ཞེས་བྱ་སྟེ། དེའི་སྟོང་པ་ཉིད་ནི་ཆོས་ཐམས་ཅད་སྟོང་པ་ཉིད་ཅེས་བྱའོ། །འདིར་རྣམ་བར་བསྒོམ་པ་ཞེས་བྱ་བ་ཇི་ལྟ་བུ་ཞེ་ན། ཤེས ་པར་བྱ་བ་ལ་ཤེས་པ་བར་ཆད་མེད་པར་འཇུག་པ་སྟེ། དེ་ལྟར་རེ་ཞིག་སྟོང་པ་ཉིད་ལ་སོགས་པ་ནས། ཆོས་ཐམས་ཅད་སྟོང་པ་ཉིད་ལ་ཐུག་གི་བར་དུ་སྟོང་བ་ཉིད་བཅུ་བཞི་རྣམ་པར་བཞག་པར་ཤེས་བར་བྱའོ། །ཟ་བ་པོ་ལ་སོགས་པ་འདི་ལ་སྟོང་པ་ཉིད ་གང་ཡིན་ངོ་བོ་ཉིད་ནི་ཇི་ལྟ་བུ་ཞེ་ན། དེའི་ཕྱིར་གང་ཟག་དང་ནི་ཆོས་རྣམས་ཀྱི། །དངོས་པོ་མེད་འདིར་སྟོང་བ་ཉིད། །དེ་དངོས་མེད་པའི་དངོས་ཡོད་ལ། །དེ་ལ་དེ་ཉིད་གཞན་ཞེས་བྱ་བ་གསུངས་སོ། །དེ་ལ་ཇི་སྐད་དུ་བཤད་པའི་ཟབ་བོ་ལ་སོགས་པ་ལ ་གང་ཟག་དང་ཆོས་ཀྱི་དངོས་པོ་མེད་པ་ནི་སྟོང་པ་ཉིད་དོ། །དངོས་པོ་མེད་པ་དེའི་དངོས་པོ་ཡོད་པ་ཡང་སྟོང་པ་ཉིད་དོ། །དེ་ལ་གང་ཟག་དང་ཆོས་དངོས་པོ་མེད་པ་ནི་དངོས་པོ་མེད་པ་སྟོང་པ་ཉིད་དོ། །དངོས་པོ་མེད་པ་དེའི་དངོས་པོ་ཡོད་པ་ནི་དངོས་པོ་མེད་པའི་ངོ ་བོ་ཉིད་སྟོང་པ་ཉིད་དོ། །འདི་དག་གི་ནང་ནས་སྟོང་པ་ཉིད་རྣམ་པ་གཉིས་ཅིའི་ཕྱིར་ཐ་མར་རྣམ་པར་བཞག་ཅེ་ན། དེའི་ཕྱིར་སྟོང་པ་ཉིད་ཀྱི་མཚན་ཉིད་བསྟན་པའི་ཞེས་བྱ་བ་སྨོས་སོ། །སྟོང་པ་ཉིད་བསྟན་པ་ཡང་ཅིའི་ཕྱིར་ཞེ་ན། དེའི ་ཕྱིར་གང་ཟག་དང་ཆོས་སུ་སྒྲོ་འདོགས་པ་དང། དེའི་སྟོང་པ་ཉིད་ལ་སྐུར་བ་འདེབས་པ་བསལ་བའི་ཕྱིར་གོ་རིམས་བཞིན་ཞེས་བྱ་བ་སྨོས་ཏེ། གང་ཟག་དང་ཆོས་སུ་སྒྲ་འདོགས་པ་བསལ་པའི་དོན་དུ་དངོས་པོ་མེད་པ་སྟོང་པ་ཉིད་རྣམ་པར་བཞག་གོ་།དེའི ་སྟོང་པ་ཉིད་ལ་སྐུར་བ་འདེབས་པ་བསལ་བའི་ཕྱིར། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དོ། །གལ་ཏེ་དངོས་པོ་མེད་པ་སྟོང་པ་ཉིད་མ་བརྗོད་ན། ཀུན་རྟགས་པའི་ངོ་བོ་ཆོས་དང་གང་ཟག་གཉིས་ཡོད་པར་འགྱུར་རོ། །གལ་ཏེ་དངོས་པོ་མེད་པའི ་ངོ་བོ་ཉིད་སྟོང་པ་ཉིད་མ་བཤད་ན། སྟོང་པ་ཉིད་ཀྱི་དངོས་པོ་མེད་པར་འགྱུར་རོ། །དེ་མེད་ན་ཡང་གང་ཟག་དང་ཆོས་གཉིས་སྔ་མ་བཞིན་དུ་དངོས་པོར་འགྱུར་རོ། །དེ་ལ་རྣམ་པར་སྨིན་བའི་རྣམ་པར་ཤེས་པའི་རང་བཞིན་ནང་གི་སྐྱེ་མཆེད་བྱིས་པ་རྣམས ་ཀྱིས་ཟ་བར་བསམས་པ་རྣམས་ལ། ཟ་བའི་གང་ཟག་དང་བརྟགས་པའི་མཚན་ཉིད་མིག་ལ་སོགས་པ་རྣམས་མེད་པ་དང་དེའི་དངོས་པོ་མེད་པའི་དངོས་པོ་ཡོད་པ་ནི་ནང་སྟོང་པ་ཉིད་དོ། །ཕྱིའི་སྐྱེ་མཆེད་གཟུགས་ལ་སོགས་པ་རྣམ་པར་རིག་པ ་སྣང་བའི་ངོ་བོ་ཉིད་བྱིས་པ་རྣམས་ཀྱིས་སྤྱོད་པར་བྱ་བར་བསམས་པ་རྣམས་ལ་བདག་གིས་ཟ་བ་དང། ཡོངས་སུ་བརྟགས་པའི་མཚན་ཉིད་གཟུགས་ལ་སོགས་པའི་དངོས་པོ་མེད་པ་དང། དེའི་དངོས་པོ་མེད་པའི་དངོས་པོ་ཡོད་པ་ནི་ཕྱི་སྟོང་པ་ཉིད་དོ།། ་དེའི་ལུས་ཏེ་ཁོག་པ་ལ་ཟ་བའི་གང་ཟག་དང། བྱིས་པའི་སྐྱེ་བོས་ཀུན་བརྟགས་པའི་གཟུགས་ལ་སོགས་པ་དང། ལུས་ཀྱི་དངོས་པོ་མེད་པ་དང། དེའི་དངོས་པོ་མེད་པའི་དངོས་པོ་ཡོད་པ་ནི་ཕྱི་ནང་སྟོང་པ་ཉིད་དོ། །སྣོད་ཀྱི་འཇིག་རྟེན་ལ་སེམས ་ཅན་གྱི་འཇིག་རྟེན་གྱི་དངོས་པོ་མེད་པ་དང། ཀུན་བརྟགས་པ་དེ་རང་གི་ངོ་བོས་དངོས་པོ་མེད་པ་དང། དེའི་དངོས་པོ་མེད་བའི་དངོས་པོ་ཡོད་པ་ནི་ཆེན་པོ་སྟོང་བ་ཉིད་དོ། །སྟོང་པ་ཉིད་ཤེས་པ་དང་དོན་དམ་པའི་རྣམ་པ་ལ་ཡང། ཤེས་པ་པོ་དང་རྣམ་པ་འཛིན་པ་པོའི ་གང་ཟག་དང། ཀུན་རྟགས་པའི་མཚན་ཉིད་སྟོང་བ་ཉིད་ཤེས་པ་དང། དོན་དམ་པའི་རྣམ་བའི་དངོས་པོ་མེད་པ་དང། དེའི་དངོས་པོ་མེད་པའི་དངོས་པོ་ཡོད་པ་ནི་སྟོང་པ་ཉིད་སྟོང་པ་ཉིད་དང། དོན་དམ་པ་སྟོང་པ་ཉིད་དེ་གོ་རིམ་བཞིན་ནོ། །ད་ནི་གང ་གི་ཕྱིར་བྱང་ཆུབ་སེམས་དཔའ་སྒྲུབ་པར་བྱེད་པ་འདུས་བྱས་ལ་སོགས་པ་ནས། སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་ཐུག་གི་བར་དུ་བྱང་ཆུབ་སེམས་དཔའ་བསྒྲུབ་དགོས་པ་རྣམས་ལ། གང་ཟག་དང་ཀུན་བརྟགས་བའི་མཚན་ཉིད་ཆོས་རྣམས་ཀྱིས་དངོས ་པོ་མེད་པ་དང། དེའི་དངོས་པོ་མེད་པ་མེད་པའི་དངོས་པོ་ཡོད་པ་ནི་འདུས་བྱས་སྟོང་པ་ཉིད་ནས། ཆོས་ཐམས་ཅད་སྟོང་པ་ཉིད་ཅེས་བྱ་བའི་བར་དུ་གོ་རིམས་བཞིན་ཏེ། འདིར་ལྟར་འདུས་བྱས་ལ་བདག་པོའམ་སྦྱོར་བ་པོའི་གང་ཟག་ཀྱང་མེད་དེ། འདུས་བྱས་ཀྱང ་བྱིས་བའི་སྐྱེ་བོས་ཀུན་བརྟགས་པའི་བདག་ཉིད་མེད་དོ། །མདོར་བསྡུས་ན་རྣམ་པར་རྟོག་པའི་འཛིན་པ་ཐམས་ཅད་ཀྱི་གཉེན་པོ་དང། མདོ་སྡེའི་དགོངས་པ་ཐམས་ཅད་ལུང་བསྟན་བའི་ཕྱིར། ཉན་ཐོས་དང་ཐུན་མོང་མ་ཡིན་པ། བྱང་ཆུབ་སེམས་དཔའ་ ་རྣམས་ཀྱི་སྟོང་པ་ཉིད་བཅུ་དྲུག་པོ་འདི་དག་བཤད་དོ། །འདིར་ནི་བཅོམ་ལྡན་འདས་ཀྱིས་སྟོང་པ་ཉིད་ཀྱི་ཡུལ་དང། སྟོང་པ་ཉིད་ཀྱི་རང་བཞིན་དང་སྟོང་པ་ཉིད་བསྒོམ་པའི་དགོས་པ་ཡང་རབ་ཏུ་བསྟན་ཏོ། །དེ་ལ་སྟོང་པ་ཉིད་ཀྱི་ཡུལ་ནི་ཟ་བ་ལ་སོགས་པའི ་དོན་ནས་སངས་རྒྱས་ཀྱི་ཆོས་ལ་ཐུག་གི་བར་དུའོ། །དེ་རབ་ཏུ་བསྟན་པ་ཡང་སྟོང་པ་ཉིད་ཀྱིས་ཆོས་ཐམས་ཅད་ལ་ཁྱབ་པར་ཤེས་པར་བྱེད་པའི་ཕྱིར་རོ། །སྟོང་པ་ཉིད་ཀྱི་རང་བཞིན་ནི་དངོས་པོ་མེད་པའི་ངོ་བོ་ཉིད་དང། དངོས་པོ་མེད་པའི་དངོས་པོའི་ངོ་བོ་ ་ཉིད་དོ། །སྟོང་པ་ཉིད་ཀྱི་རང་བཞིན་རབ་ཏུ་བསྟན་པ་ཡང་སྒྲོ་འདོགས་པ་དང་སྐུར་པ་འདེབས་པའི་གཉེན་པོར་ལྟ་བ་ཐམས་ཅད་ལས་ངེས་པར་འབྱུང་བའི་བདག་ཉིད་དུ་ཤེས་པར་བྱེད་པའི་ཕྱིར་རོ། །སྟེང་པ་ཉིད་བསྒོམ་པའི ་དགོས་པ་ནི་དག་པ་གཉིས་ཐོབ་པར་བྱ་བ་ནས་བརྩམས་ཏེ། སངས་རྒྱས་ཀྱི་ཆོས་ཐོབ་པར་བྱ་བའི་བར་དུའོ། །དེ་བསྟན་པ་ཡང་བདག་དང་གཞན་གྱི་གཟུགས་དང། ཆོས་ཀྱི་སྐུ་ཕུན་སུམ་ཚོགས་པའི་མཆོག་ནི་སྟོང་པ་ཉིད་བསྒོམ་པ་ལས་འཐོབ་བོ ་ཞེས་རབ་ཏུ་བསྟན་པའི་ཐ་ཚིག་གོ་།དེ་ལྟར་སྟོང་པ་ཉིད་ཀྱིས་རབ་ཏུ་དབྱེ་བ་ཤེས་པར་བྱའོ་ཞེ་བྱ་བ་ནི་དྲི་མ་དང་བཅས་པའི་དུས་ན་ཀུན་ནས་ཉོན་མོངས་པ་དང། དྲི་མ་མེད་པའི་དུས་ན་རྣམ་པར་དག་གོ་།ཞེས་བྱ་བ་དང། ནང་སྟོང་པ་ཉིད་ལ་སོགས ་པ་བཅུ་དྲུག་དབྱེ་བ་བཤད་མ་ཐག་པའི་རྣམ་པ་ཡིན་པར་ཤེས་པར་བྱའོ། །དབྱེ་བ་སྨོས་པའི་འོག་ཏུ་དེ་སྒྲུབ་པ་སྨོས་པས་དབྱེ་བ་བཤད་པའི་འོག་ཏུ་།སྒྲུབ་པ་ཇི་ལྟར་ཤེས་པར་བྱ་ཞེ་ན་།ཞེས་དྲིས་སོ། །འདིར་ཅི?་ཞིག་བསྒྲུབ་པར་བྱ་ཞེན། ་གློ་བུར་གྱི་ཉེ་བའི་ཉོན་མོངས་པས་ཀུན་ནས་ཉོན་མོངས་པ་ཉིད་དང་རང་བཞིན་གྱི་རྣམ་པར་དག་པ་ཉིད་དོ། །དེ་ལ་ཀུན་ནས་ཉོན་མོངས་པ་ཉིད་བསྒྲུབ་པའི་དབང་དུ་མཛད་དེ། གལ་ཏེ་ཉོན་མོངས་དེ་མ་གྱུར། །ལུས་ཅན་ཐམས་ཅད་གྲོལ་བར་འགྱུར ་ཞེས་བྱ་བ་གསུངས་སོ། །རྣམ་པར་གྲོལ་བ་ནི་ཀུན་ནས་ཉོན་མོངས་པ་སྤངས་པའོ། །ཀུན་ནས་ཉོན་མོངས་པ་སྤངས་པ་དེ་ཡང་ལམ་བསྒོམས་པས། །དེ་ལ་གལ་ཏེ་གཉེན་པོ་མ་སྐྱེས་པར་ཡང་ཆོས་རྣམས་ཀྱི་སྟོང་པ་ཉིད་གློ་བུར་གྱི་ཉེ་བར་ཉོན་མོངས ་པ་རྣམས་ཀྱིས་ཤེས་བྱ་བ་ལ་།ཡང་གི་སྒྲ་ནི་སྐྱེས་པ་དང་འགྲོ་བ་ཀུན་ནས་ཉོན་མོངས་པར་མི་འགྱུར་ན། དེ་ལྟར་གྱུར་ན་ནི་ཀུན་ནས་ཉོན་མོངས་པ་མེད་པས་འབད་པ་ཉིད་དུ་སེམས་ཅན་ཐམས་ཅད་གྲོལ་བར་འགྱུར་རོ། །འབད་པ་མེད་པར་ཞེས་བྱ་བ་ནི ་གཉེན་པོ་མེད་པ་ཉིད་དུ་སྟེ། གཉེན་པོ་མེད་པར་ནི་སྲོག་ཆགས་རྣམས་ཐར་བ་མེད་དོ། །དེའི་ཕྱིར་སོ་སོའི་སྐྱེ་བོའི་དུས་ན་།དེ་བཞིན་ཉིད་ལ་བློ་བུར་གྱི་དྲི་མ་རྣམས་ཀྱིS་ཀུན་ནས་ཉོན་མོངས་པ་ཉིད་དུ་གདོན་མི་ཟ་བར་ཁས་བླང་དགེས་ཏེ། དེ་ལྟར་སྟོང་པ ་ཉིད་ཀྱིས་རབ་ཏུ་དབྱེ་བ་ཀུན་ནས་ཉོན་མོངས་པ་བསྒྲུབ་པ་ཡིན་ནོ། །ད་ནི་རབ་ཏུ་དབྱེ་བ་རྣམ་པར་དང་བསྒྲུབ་པའི་ཕྱིར་གལ་ཏེ་རྣམ་དག་དེ་མ་གྱུར། །འབད་པ་འབྲས་བུ་མེད་པར་འགྱུར་ཞེས་བྱ་བ་གསུངས་སོ། །ལུས་ཅན་རྣམས་དང་སྦྱར་བར་བྱའོ། །ཅི་སྟེ་གཉེན ་པོ་སྐྱེས་ཀྱང་ཞེས་བྱ་བ་ལ། ཀྱང་གི་སྒྲ་ནི་མ་སྐྱེས་པ་དང་འདྲ་བར་རྣམ་པར་དག་པར་མི་འགྱུར་ན། དེ་ལྟར་གྱུར་ན་ནི་ཐར་བར་བྱ་བའི་ཕྱིར་རྩོལ་བ་འབྲས་བུ་མེད་པར་འགྱུར་ཏེ། གཉེན་པོ་བསྒོམས་ཀྱང་དྲི་མ་དེ་དང་བྲལ་བར་མི་འགྱུར་བ་དང། དྲི་མ་དང ་བཅས་པ་ནི་གྲོལ་བར་མི་འཐད་པའི་ཕྱིར་རོ། །ཐར་པར་བྱ་བའི་ཕྱིར་འབྲས་བུ་མེད་པར་མི་འདོད་པས། དེའི་ཕྱིར་གཉེན་པོ་གོམས་པར་བྱས་ན་།གློ་བུར་གྱི་ཉེ་བའི་ཉོན་མོངས་པ་དང་བྲལ་བས། སྟོང་པ་ཉིད་ཀྱིས་རྣམ་པར་དག་པ་གདོན་མི་གྲ ་བར་ཁས་བླང་དགོས་ཏེ་།དེ་ལྟར་སྟོང་བ་ཉིད་ཀྱི་རབ་ཏུ་དབྱེ་བ་རྣམ་པར་དག་པ་བསྒྲུབས་པ་ཡིན་ནོ། །འདིར་ཀུན་ནས་ཉོན་མོངས་པའི་ཆོས་ཉེ་བར་བཟུང་བས་ཀུན་ནས་ཉོན་མོངས་ལ། རྣམ་པར་དག་པའི་ཆོས་ཉེ་བར་བཟུང་བ་རྣམ་པར་དག་གི་།སྟོང ་པ་ཉིད་ལ་མངོན་དུ་ཀུན་ནས་ཉོན་མོངས་པ་འམ། རྣམ་པར་དག་པ་ནི་མི་འདོད་དོ། །ཆོས་ཉིད་ནི་ཆོས་ཀྱི་ཁ་ནས་ལས་པས་།དེའི་ཕྱིར་ལུས་ཅན་ཐམས་ཅད་གྲོལ་བར་འགྱུར་ཞེས་གསུངས་ཏེ། འདིར་ལུས་ཅན་ཞེས་བྱ་བ་ནི་དེའི་རྒྱུ་ཉིད་དུ ་བཤད་པ་ཡིན་ནོ། །གཞན་དུ་ན་གལ་ཏེ་སྟོང་པ་ཉིད་ལ་མངོན་དུ་ཀུན་ནས་ཉོན་མོངས་པ་འམ་།རྣམ་པར་དག་པར་གྱུར་དུ་ཟིན་ན་ནི། དེའི་ཕྱིར་ལུས་ཅན་རྣམས་དང་འབྲེལ་པ་ཅི་ཡོད་ན་འདི་ལྟར་སྟོང་པ་ཉིད་རྣམ་པར་དག་པས་ལུས་ཅན་རྣམས ་རྣམ་པར་དག་པ་དང་།སྟོང་པ་ཉིད་ཀུན་ནས་ཉོན་མོངས་པས་ཀྱང། ཀུན་ནས་ཉོན་མོངས་པ་ཞེས་བྱ། གལ་ཏེ་སོ་སོའི་སྐྱེ་བོའི་དུས་ན་དག་པ་ཉིད་ཉོན་མོངས་ལ་།འཕགས་པའི་དུས་ན་དག་པ་ཡིན་ན་ན། དེའི་ཕྱིར། ་ཉོན་མོངས་མ་ཡིན་མི་མོངས་མིན། །དེ་ནི་དག་དང་མ་དག་མིན། །ཞེས་བྱ་བ་འདི་གྲུབ་པ་ཡིན་ནོ། །ཇི་ལྟར་ཉོན་མོངས་པར་གྱུར་པ་མ་ཡིན་ལ་མ་དག་པ་ཡང་མ་ཡིན་ཞེ་ན། དག་པ་གཉིས་ཀྱིས་སྐབས་ཁོང་དུ་ཆུད་པར་བྱེད་པས་དག་པ་ཉིད་དེ། ་འདིར་ལུས་དང་སེམས་རང་བཞིན་གྱིས་འོད་གསལ་བའི་ཕྱིར་རོ་ཞེས་འབྱུང་ངོ། །འདིར་ནི་སེམས་ཀྱི་ཆོས་ཉིད་ལ་སེམས་ཀྱི་སྒྲར་བཤད་དེ། སེམས་ཉིད་དྲི་མའི་མཚན་ཉིད་ཀྱི་ཕྱིར་རོ། །ཇི་ལྟར་ཉོན་མོངས་པར་མ་གྱུར་པ་མ་ཡིན་པ་ཡང་མ་ཡིན་ལ་རྣམ་པར་དག ་པ་ཡང་མ་ཡིན་ཞེ་ན། ཉོན་མོངས་པ་ཉིད་ཡིན་པར་དགག་པ་ཉིད་ཀྱིས་ཁོང་དུ་ཆུད་པར་བྱེད་དོ། །དེ་ཡང་གློ་བུར་གྱི་ཉོན་མོངས་པས་ཉོན་མོངས་པ་ཡིན་གྱི་རང་བཞིན་གྱིས་ནི་མ་ཡིན་ཞེས་སྟོན་ཏོ། །དེ་ཡང་ལུང་ལས་གློ་བུར་གྱི་ཉེ་བའི་ཉོན་མོངས་པ་རྣམས་ཀྱི་ཉེ་བར་ཉོན ་མོངས་སོ་ཞེས་འབྱུང་ངོ། །ཀུན་ནས་ཉོན་མོངས་བ་དང་རྣམ་པར་དག་པ་གཉིས་སུ་ཕྱེ་སྟེ་བཤད་ན་།ཅིའི་ཕྱིར་དབྱེ་བ་རྣམ་པ་བཞིར་བཤད་ཅེ་ན། ཁ་ཅིག་ན་རེ་འཇིག་རྟེན་ད?་དང་འཇིག་རྟེན་ལས་འདས་པའི་ལམ་ལས་ཁྱད་པར་དུ་བསྟན་པའི་ཕྱིར་ཏེ་།འཇིག ་རྟེན་གྱི་ལམ་ནི་རང་གི་སའི་དྲི་མ་རྣམས་ཀྱི་ཉོན་མོངས་ཀྱི། དེའི་གཉེན་པོའི་ཕྱིར་འོག་མས་ནི་མ་ཡིན་ནོ། །འཇིག་རྟེན་ལས་འདས་པའི་ལམ་ནི་ཆུང་དུ་དང། འབྲིང་པོ་ལ་སོགས་པའི་བྱེ་བྲག་གིས་ནི་མ་དག་གི། བྲག་པ་མེད་པས་མི་དག་པ་སྟེ་།སྟོང་པ་ཉིད་ནི ་དེ་ལྟ་མ་ཡིན་ནོ་ཞེའོ། །ཀུན་ནས་ཉོན་མོངས་པ་མ་ཡིན་ནོ་ཞེས་བཤད་པ་ལ། གཞན་དག་ན་རེ་མིག་ལ་སོགས་པ་དང་བྱེ་བྲག་ཡོད་པས་མ་དག་པ་མ་ཡིན་ནོ། །མིང་ལ་སོགས་པ་ནི་མ་བསྒྲིབས་པའི་ལུང་དུ་མ་བསྟན་པ་ཡིན་པས་ཉོན་མོངས་པ་མ་ཡིན ་ལ། དེ་དག་གིས་ཟག་པ་དང་བཅས་པས་རང་བཞིན་གྱིས་རྣམ་པར་དག་བ་མ་ཡིན་པས་།མ་དག་པ་ཡིན་ཞེས་བཤད་དོ། །དེ་བཞིན་དུ་ཉོན་མོངས་པ་དེ་ཡང་མ་ཡིན་ཞེ་ན། བཤད་པ་ལ་།དག་པ་མ་ཡིན་ནོ་ཞེས་བྱ་བ་ནི་ཟག་པ་དང་བཅས་པའི་དགེ་བ་དང་བྱེ ་བྲག་ཡོད་བའི་ཕྱིར་ཏེ། ཟག་པ་དང་བཅས་པའི་དགེ་བ་ནི་འཁོར་བར་གཏོགས་པས་ཉོན་མོངས་པ་མེད་པ་མ་ཡིན་ལ། རྣམ་པར་སྨིན་པ་ཡིད་དུ་འོང་བས་དག་པ་སྟེ། ཆོས་ཉིད་ནི་དེ་ལྟ་མ་ཡིན་ནོ། །དེ་ནི་ཉོན་མོངས་པའི་དུས་ན་ཉོན་མོངས་པ་ཅན་ཡིན་ལ་མ་དག་པ ་ཉིད་ཅེས་བཤད་དོ། །དེ་ལྟར་སྟོང་པ་ཉིད་ཀྱིས་རབ་ཏུ་དབྱེ་བ་ཀུན་ནས་ཉོན་མོངས་པ་དང། རྣམ་པར་དག་པའི་བསྟན་པ་འདི་བསྒྲུབ་པ་ཡིན་ནོ། །སྟོང་པ་ཉིད་ཀྱི་དོན་བསྡུས་པ་ནི་མཚན་ཉིད་དང་རྣམ་པར་བཞག་པར་རིག་པར་བྱའོ། །དེ་ལ་མཚན་ཉིད་ནི་དངོས་པོ་མེད་པའི ་མཚན་ཉིད་དང་དངོས་པོའི་མཚན་ཉིད་དོ། །ཞེས་བྱ་བ་ལ་གཉིས་ཀྱིས་དངོས་པོ་མེད་དོ་ཞེས་བཤད་པས། དངོས་པོ་མེད་པའི་མཚན་ཉིད་དོ། །དངོས་པོ་མེད་པའི་དངོས་པོ་ཞེས་བཤད་པས་དངོས་པོའི་མཚན་ཉིད་དོ། །དངོས་པོའི་མཚན་ཉིད་ཀྱང་ཡོད་པ་མ་ཡིན་མེད ་པ་འང་མ་ཡིན་ཞེས་བཤད་པས་།དངོས་པོ་ཡོད་པ་དང་དངོས་པོ་མེད་པ་ལས་རྣམ་པར་གྲོལ་བའི་མཚན་ཉིད་དང། དེ་ཉིད་དང་གཞན་ལ་རྣམ་པར་གྲོལ་བའི་མཚན་ཉིད་དེ། འདི་ནི་སྟོང་པ་ཉིད་ཀྱི་མཚན་ཉིད་དོ། །དེ་བས་ན་ཡང་དག་པ་མ་ཡིན་པ་ཀུན་རྟོག་པ ་དང་ཐ་དང་གཅིག་པའི་མཚན་ཉིད་མིན་ཞེས་བཤད་དེ། དེ་ལྟར་ན་མཚན་ཉིད་ཀྱིས་དོན་བསྡུས་པའོ། །རྣམ་པར་བཞག་པའི་དོན་བསྡུས་པ་ཇི་ལྟར་ཤེས་པར་བྱ་ཞེ་ན། དེའི་ཕྱིར་རྣམ་པར་བཞག་པ་ནི་རྣམ་གྲངས་ལ་སོགས་པ་རྣམ་པར་བཞག་པར་རིག་པར་བྱའོ་ཞེས ་བྱ་བ་སྨོས་ཏེ། རྣམ་གྲངས་དང་དེའི་དོན་དང་དེའི་དབྱེ་བ་དང་དེ་སྒྲུབ་པ་ཞེས་བྱ་བའི་ཐ་ཚིག་གོ། མཚན་ཉིད་ལ་སོགས་པ་རྣམ་པ་བཞི་པོ་འདི་དག་བསྟན་པས་ཉེ་བའི་ཉོན་མོངས་པ་རྣམ་པ་བཞིའི་གཉེན་པོར་རང་གི་མཚན་ཉིད་དང་ལས་ཀྱི་མཚན་ཉིད་དང། ཀུན་ནས་ཉོན་མོངས་པ་དང ་རྣམ་པར་བྱང་པའི་མཚན་ཉིད་དང། རིག་པའི་མཚན་ཉིད་བརྗོད་པ་ཡིན་ནོ། །དེ་ལ་རྣཾ་པར་རྟོག་པའི་གཉེན་པོར་རང་གི་མཚན་ཉིད་དེ། དེ་ནི་དངོས་པོ་དང་དངོས་པོ་མེད་པ་དང་གཉི་ག་དང་ཐ་དད་གཅིག་པ་ཉིད་དུ་འཛིན་པའི་བདག་ཉིད་དོ། །སྟོང་པ་ཉིད་ཀྱི་མཚན་ཉིད་ཐོས་ནས ་མ་མོས་པ་རྣམས་ཀྱིས་སྐྲག་པར་འགྱུར་བ་དེའི་གཉེན་པོར་ལས་ཀྱི་མཚན་ཉིད་དེ། མ་ནོར་པ་དེ་བཞིན་ཉིད་ཀྱི་ལས་དང། ཕྱིན་ཅི་མ་ལོག་པའི་ལས་དང། མཚན་མ་ཐམས་ཅད་སྤོང་པའི་ལས་དང། འཇིག་རྟེན་ལས་འདིས་པའི་ཡེ་ཤེས་ཐམས་ཅད་ཀྱི ་ཡུལ་ཉིད་དུ་གནས་པའི་ལས་དང། དམིགས་ན་འཕགས་པའི་ཆོས་ཀྱི་རྒྱུའི་དངོས་པོའི་ལས་སོ། །དེ་ལྟར་སྟོང་པ་ཉིད་ཀྱི་རང་གི་ངོ་བོ་དང་ལས་ཐོབ་པ་ཙམ་གྱིས་ཆོག་པར་འཛིན་པ་ལེ་ལོ་ཅན་པར་འགྱུར་སྙམ་པའི་སོམ་ཉི་ཟ་བ་རྣམས་ཀྱི་ཐེ་ཚོམ་བསལ ་ཉིད་དོ། །དེ་ཇི་ལྟར་ཀུན་ནས་ཉོན་མོངས་པར་འགྱུར་རྣམ་པར་དག་པར་འགྱུར་སྙམ་པའི་སོམ་ཉི་ཟ་བ་རྣམས་ཀྱི་ཐེ་ཚོམ་བསལ་བའི་ཕྱིར་རིགས་པའི་མཚན་ཉིད་དོ། །བསྟན་བཅོས་དབུས?་དང་མཛའ་རྣམ་པར་འབྱེད་པ་ལས་མཚན་ཉིད་ཀྱི་ལེའུ་བཤད་པ་སྟེ། དང ་པོའི་གྲེལ་བཤད་དོ། །མཚན་ཉིད་བཤད་པའི་འོག་ཏུ་སྒྲིབ་པ་བཤད་པའི་སྐབས་ཡིན་ཏེ་།དེའི་འོག་ཏུ་སྨོས་པས་དེའི་ཕྱིར་སྒྲིབ་པའི་དབང་དུ་མཛད་ཞེས་བྱ་བ་སྨོས་སོ། །ཁྱབ་དང་ཉི་ཚེ་ལྷག་པ་དང། །མཉམ་དང་ལེན་དང ་སྤོང་བ་ནི། །གཉིས་ཀྱིས་སྒྲིབ་པར་བསྟན་པ་ཡིན། །གཉིས་པ་དག་ནི་སྒྲིབ་པ་ནི་བྱང་ཆུབ་སེམས་དཔའ་ཨི་རིགས་ཅན་རྣམས་དང། ཉན་ཐོས་ལ་སོགས་པའི་རིགས་ཅན་རྣམས་ཀྱི་སྒྲིབ་པའོ། །སྒྲིབ་པར་བྱ་བའི་དོན་ཐ་དད་པས་སྒྲིབ་པ་ཐ་དད་པར་རབ་ཏུ ་བསྟན་པའི་ཕྱིར་ལེའུ་འདི་བརྩམས་སོ། །དེ་ལ་ཁྱབ་པ་ནི་བྱང་ཆུབ་སེམས་དཔའ་ཨི་རིགས་ཅན་རྣམས་ཀྱི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་སྟེ་ཞེས་བྱ་བ་ནི། ཁྱབ་པར་བྱེད་པས་ཁྱབ་པ་སྟེ། དོན་མཛའ་དག་ལ་སྒྲིབ་པའི་ཕྱིར་རོ། །དོན་མཛའ་དག་ནི་བདག?་གི ་དོན་དང་གཞན་གྱི་དོན་ཏོ། །ཡང་ན་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་རྣམས་གཉིས་བཏགས་པས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྒྲིབ་པ་ལ་ཁྱད་པར་བྱེད་པས་ཁྱབ་པ་ཞེས་བྱའོ། །ཉོན་མོངས་པ་ཉིད་སྒྲིབ་པས་ན་སྒྲིབ་པའོ། །ཉོན་མོངས་པ་ཉིད་ཀྱི་ཆོས་ཁོ་ན་བ་འདྲ་བས། ་འདིར་ནི་ཉེ་བའི་ཉོན་མོངས་པ་ཡང་ཉོན་མོངས་པའི་སྒྲར་གཟུང་ངོ། །གཞན་དུ་ན་ནི་ཉོན་མོངས་པའི་མཚན་ཉིད་རྣམ་པ་དགུ་ཞེས་བྱ་བར་ཕྲག་དོག་དང་སེར་སྣ་གཉིས་བཟུང་བར་མི་འགྱུར་ཏེ། དེ་གཉིས་ཉེ་བའི་ཉོན་མོངས་པ་ཡིན་པའི་ཕྱིར་རོ། །ཤེས་བྱ་ལ་སྒྲིབ་པས་ཤེས་བྱའི ་སྒྲིབ་པ་སྟེ་།དེས་ཤེས་བྱ་རབ་ཏུ་སྒྲིབ་པས་ཤེས་པའི་ཡུལ་དུ་མི་འགྱུར་རོ། །ཡང་ན་ཤེས་བྱ་བ་ལ་ཡེ་ཤེས་ཀྱི་སྒྲིབ་པ་ཡིན་ཏེ། ཤེས་པར་བྱ་བ་ལ་ཡེ་ཤེས་སྐྱེ་བའི་བགེགས་བྱེད?་པའི་ཕྱིར་རོ། །ཤེས་བྱ་དང་སྒྲིབ་པའི་བར་གྱི་ཚིག་མ་སྨོས་པར་མར་གྱི་བུམ་པ་བཞིན་ནོ།། ་དེ་ཡང་ཉོན་མོངས་པ་ཅན་མ་ཡིན་པའི་ཡེ?་ཤེས་པའོ། །བྱང་ཆུབ་སེམས་དཔའ་ཨི་རིགས་ཅན་རྣམས་ཀྱིས། བདག་དང་གཞན་གྱི་དོན་ཕུལ་དུ་བྱུང་བ་ཐོབ་པ། སངས་རྒྱས་ཉིད་ཐོབ་པར་བྱ་བའི་ཕྱིར་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྣམ་པ་ཐམས་ཅད ་ཀུན་ལ་ནན་ཏན་དུ་བྱ་བ་དེ་ལ་གཉི་ག་ཡང་བགེགས་སུ་གྱུར་པས་དེའི་ཕྱིར། དེ་བྱང་ཆུབ་སེམས་དཔའ་ཨི་རིགས་ཅན་རྣམས་སྒྲིབ་པར་རྣམ་པར་བཞག་གོ། དེ་ལ་ཁྱབ་པ་ནི་ཐམས་ཅད་ཡུལ་ཡིན་ལ་མཛའ་དག་ཅེས་བྱ་བ་ནི་རྣམ་པ་ཐམས་ཅད་ལ་བྱ་ན་།ཇི་ལྟར་མཛའ་དག ་གིས་ཁྱབ་པར་ཤེས་པར་བྱེད་པར་འགྱུར་ཞེ་ན། མཛའ་དག་གི་ཕྱིར་ཁྱབ་པའི་སྒྲིབ་པར་བརྗོད་རྒྱུར་བསྟན་པས་འབྱུང་ངོ། །ཡང་ན་ཁྱབ་པའི་སྒྲ་ནི་མ་ལུས་པའི་དོན་དུ་བསྟན་པའི་ཕྱིར། མཛའ་དག་གི་ཕྱིར་རོ་ཞེས་སྨོས་སོ། །ཉི་ཚེ་བ་ནི་ཉན་ཐོས་ལ་སོགས་པའི་རིགས ་ཅན་རྣམས་ཀྱིས་ཉོན་མོངས་པའི་སྒྲིབ་པའོ་ཞེས་བྱ་བ་ནི་།བདག་གི་དོན?་ཙམ་ལ་སྒྲིབ་པས་སྒྲིབ་པར་བརྟགས་པ་དང་ཁྱབ་པ་མ་ཡིན་པའི་ཕྱིར་ཉི་ཚེ་བཞེས་བྱའོ། །ཉན་ཐོས་དང་རང་སངས་རྒྱས་རྣམས་ལ་ཉོན་མོངས་པ་ཅན་མ་ཡིན་པའི་མི་ཤིག་པ་མེད་དམ་ཞེ་ན། ་འདི་ལྟར་དེ་དག་ལ་ཉོན་མོངས་པའི་སྒྲིབ་པ་ཉིད་རྣམ་པར་བཞག་ཅེ་ན། ཡོད་མོད་ཀྱི་དེ་ནི་དེ་དག་གི་སྒྲིབ་པ་མ་ཡིན་ཏེ། དེ་ཡོད་བཞིན་དུ་ཉན་ཐོས་དང་རང་སངས་རྒྱས་ཀྱི་བྱང་ཆུབ་འཐོབ་པའི་ཕྱིར་རོ། །མི་ཤེས་པ་ནི་སྡུག་བསྔལ་ལ་སོགས ་པའི་བདེན་པའི་ཡུལ་ལ་།ཉན་ཐོས་ལ་སོགས་པའི་ཤེས་པ་སྐྱེ་བའི་བགེགས་སུ་གྱུར་བ་ཡང་མ་ཡིན་ནམ། དེ་བས་ན་དེ་དག་ལ་ཡང་སྒྲིབ་པ་གཉི་ག་ཡོད་པར་འགྱུར་རོ། །དེའི་ཕྱིར་ཉན་ཐོས་ལ་སོགས་པ་ནི་ཉོན་མོངས་པའི་སྒྲིབ་པ་ཁོ་ནའོ་ཞེས ་བརྗོད་པར་མི་བྱའོ་ཞེ་ན་།དེ་ནི་དེ་ལྟ་མ་ཡིན་ཏེ་མ་རིག་པ་ནི་ཉོན་མོངས་པར་གྱུར་པ་དང། རིག་པའི་མི་མཐུན་པའི་ཕྱོགས་སུ་གྱུར་པ་དང། འཁོར་བའི་རྩ་བར་གྱུར་བའི་ཕྱིར་ཉོན་མོངས་པའི་སྒྲིབ་པ་ཉིད་དུ་རྣམ་པར་བཞག་གི། ཤེས་བྱའི ་སྒྲིབ་པ་ནི་མི་ཡིན་ཏེ། སོམ་ཉི་བཞིན་ནོ། །དཔེར་ན་སྡུག་བསྔལ་གྱི་བདེན་པ་ལ་སོགས་པའི་ཡུལ་ལ་སོམ་ཉིད་ཟ་བ་ནི་ཐེ་ཚོམ་དང་ཉོན་མོངས་པ་ཤེས་བྱ་བའི་ཡུལ་གཞན་ལ་ནི་མ་ཡིན་ནོ། །ཡུལ་གཞན་ལ་ནི་སོམ་ཉི་ཉིད་དེ། ཉོན་མོངས་པ་ཡང་མ་ཡིན ་ཐེ་ཚོམ་ཡང་མ་ཡིན་ནོ། །དེ་བཞིན་དུ་སྡུག་བསྔལ་གྱི་བདེན་པ་ལ་སོགས་པའི་ཡུལ་ཉིད་ལ་མི་ཤེས་པ་ནི་མ་རིག་པ་དང་ཉོན་མོངས་པ་ཞེས་བྱ་བའི་ཡུལ་གཞན་ལ་མ་ཡིན་ནོ། །ཡུལ་གཞན་ལ་ནི་མི་ཤེས་པ་ཉིད་ཡིན་ཏེ་།མ་རིག་པའང་མ་ཡིན་ཉོན ་མོངས་པ་དང་མ་ཡིན་ནོ། །དེ་ལྟ་བས་ན་དེ་ནི་ཤིས་པར་བྱ་བ་ལ་ཡེ་ཤེས་ཙམ་འཇུག་པ་ལ་སྒྲིབ་པའི་ཕྱིར་ཤེས་བྱའི་སྒྲིབ་པ་ཞེས་བྱ་སྟེ། མི་རག་པ་ལྟར་ཉོན་མོངས་པ་དང་ལས་དང་ཚེ་རྣམས་ཀྱང་འབྱུང་བ་ནི་མ་ཡིན་ནོ། །གལ་ཏེ་དེ་ལྟ་ན་བྱང་ཆུབ་སེམས ་དཔའ་རྣམས་ཀྱི་སྒྲིབ་པར་རྣམ་པར་མི་བཞག་གོ?་ཞེ་ན། དེ་ནི་དེ་ལྟ་མ་ཡིན་ཏེ། བྱང་ཆུབ་སེམས་དཔའ་རྣམས་ནི་ཐོས་བའི་ཚོགས་ཀྱིས་རབ་ཏུ་དབྱེ་བའི་ཕྱིར། དེ་དག་གི་སྒྲིབ་པ་ནི། །ཤེས་བྱའི་སྒྲིབ་པ་སྟེ། དེ་སྐད་དུ་རིག་པའི ་གནས་ལྔ་དག་ལ་བརྩོན་པར་མ་བྱས་པར། །འཕགས་མཆོག་གིས་ཀྱང་ཐམས་ཅད་མཁྱེན་ཉིད་མི་འགྱུར་ཏེ། །དེ་བས་གཞན་དག་ཚར་གཅོད་རྗེས་སུ་བཟུང་ཕྱིར་རམ། །རང་གིས་ཤེས་པར་བྱ་ཕྱིར་དེ་ལ་དེ་རྩོན་བྱེད་ཅེས་བཤད་དོ། །ལྷག་པ་ནི་འདོད་ཆགས ་ལ་སོགས་པའི་དངོས་པོ་ཆུང་ཡང་བྱང་ཆུབ་སེམས་དཔའ་ཨི་རིགས་ཅན་དང། ཉན་ཐོས་ལ་སོགས་པའི་རིགས་ཅན་དེ་དག་ལ་ཤས་ཚ་བ་དང་རྒྱུན་དུ་འབྱུང་བའོ། །འདོད་ཆགས་ལ་སོགས་པ་སྤྱོད་པ་རྣམས་ཀྱི་སྒྲིབ་པའོ་ཞེས་བྱ་བ་ནི་།སུ་དག་ཡུལ་དན་པ་ལ ་ཡང་འདོད་ཆགས་ལ་སོགས་པ་གང་ཡང་རུང་བ་ཤས་ཆེ་བ་དང་རྒྱུན་ཏུ་འབྱུང་བ་དེ་དག་ནི་འདོད་ཆགས་ལ་སོགས་པ་སྤྱོད་པའོ། །མཉམ་པ་ནི་བྱང་ཆུབ་སེམས་དཔའ་ཨི་རིགས་ཅན་དང། ཉོན་ཐོས་ལ་སོགས་པའི་རིགས་ཅན་དེ་དག་ཉིད་ཀྱིས་སྒྲིབ་པ་སྟེ། ་མཉམ་པ་ནི་གཉི་གའི་རྣམ་པ་ཡང་མེད་པའི་ཕྱིར་རོ། །ཆ་མཚུངས་པར་སྤྱོད་པ་རྣམས་ཀྱི་སྒྲིབ་པའོ་ཞེས་བྱ་བ་ནི། སུ་དག་ཡུལ་དང་འདྲ་བར་ཉོན་མོངས་སྐྱེའི། །རྒྱུན་ཏུ་ནི་མ་ཡིན་པ་དེ་དག་ནི་ཆ་མཚུངས་པར་སྤྱོད་པའོ། །འཁོར་བ་ལེན་པ་དང་གཏོང ་པའི་སྒྲིབ་པ་ནི་ཞེས་བྱ་བ་ལ་སོགས་པ་ནི། བྱང་ཆུབ་སེམས་དཔའ་ཨི་སྙིང་རྗེའི་དབང་གིས་འཁོར་བ་ཉེ་བར་ལེན་པ་དང། ཤེས་རབ་ཀྱིས་དབང་གིས་འཁོར་བའི་ཉེས་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་མཐོང་སྟེ་།སྟོང་པས་དེའི་ཕྱིར་ཉོན་མོངས་པ ་མེད་པར་སེམས་ཅན་ལ་ལྟ་བས་སྐྱེ་བ་ཡོངས་སུ་འཛིན་པ་ནི། མི་གནས་པའི་མྱ་ངན་ལས་འདས་པ་སྟེ། འཁོར་བ་དང་མྱ་ངན་ལས་འདས་པ་གཉིས་ལ་མི་གནས་པའི་ཕྱིར་རོ། །དེའི་སྒྲིབ་པ་ནི་ཉོན་མོངས་པས་ནོན་བཞིན་དུ་འཁོར་བ་ཉེ་བར་ལེན ་པ་དང། ཉེས་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་མཐོང་ནས་སྙིང་རྗེ་མེད་པར་འཁོར་བ་ཡོངས་སུ་བཏོང་བའོ། །གཞན་དག་ན་དེ་སྙིང་རྗེ་དང་ཤེས་རབ་གཉིས་ཀྱི་བགེགས་སུ་གྱུར་པའི་ཕྱིར་མི་ཤེས་པ་ནི་འདིར་སྒྲིབ་པ་ཞེས་བྱའོ་ཞེའོ། །ཡང་ན་ཇི་ལྟར ་དཀོན་མཆོག་བརྩེགས་པ་ཆེན་པོ་ལས། དེའི་བསམ་པ་མྱ་ངན་ལས་འདས་པ་ལ་ཡང་གནས་ལ་།འཁོར་བ་ན་ཡང་སྦྱོར་བར་གནས་པ་ཞེས་བསྟན་པ་ལྟ་བུ་སྟེ། འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མི་གནས་པའི་མྱ་ངན ་ལས་འདས་པའོ། །དེ་ལ་མྱ་ངན་ལས་འདས་པ་ལ་རྒྱབ?་ཀྱིས་བལྟས་པའི་ཕྱིར་བསམས་པ་དང་སྦྱོར་བས་འཁོར་བ་ལེན་ཏེ། རིགས་མེད་པའི་སེམས་ཅན་བཞིན་ནོ། །དེ་བཞིན་དུ་འཁོར་བ་ལ་རྒྱབ་ཀྱིས་བལྟས་པའི་ཕྱིར། མྱ་ངན་ལས་འདས་པར ་སོང་པའི་བསམ་པ་དང། སྦྱོར་བ་གཉིས་ཀྱིས་འཁོར་བ་ཡང་ཡོངས་སུ་གཏོང་སྟེ། ཉན་ཐོས་ལ་སོགས་པའི་རིགས་ཅན་རྣམས་ཇི་ལྟ་བ་བཞིན་ནོ། །དེ་ལྟར་འཁོར་བ་ལེན་པ་དང་དེ་བཏོད་བ་ཡང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མི་གནས་པའི་མྱ ་ངན་ལས་འདས་པ་ལ་སྒྲིབ་པ་སྟེ། འཁོར་བ་དང་མྱ་ངན་ལས་འདས་པ་གཉིས་ལས་མཛའ་གཅིག་ཏུ་ལྟུང་བའི་ཕྱིར་རོ། །བྱང་ཆུབ་སེམས་དཔའ་རྣམས་དེ་བཞིན་གཤེགས་པར་གྱུར་པའི་དུས་ན་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་སྤངས་ཕའི ་འཁོར་བ་ལ་མི་གནས་པ་དང། ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པ་ན་ཡང་ཆོས་ཀྱི་སྐུ་རྒྱུན་མི་འཆད་པའི་ཕྱིར། ཉན་ཐོས་ལ་སོགས་པ་བཞིན་དུ་མྱ་ངན་ལས་འདས་པ་ལ་མི་གནས་ཏེ། དེ་ལྟར་ན་འཁོར་བ་དང་མྱ་ངན ་ལས་འདས་པ་གཉི་ག་ལ་མི་གནས་སོ། །འདིར་བྱང་ཆུབ་སེམས་དཔའ་དང་། འབྲས་བུ་དང་མི་གནས་པའི་མྱ་ངན་ལས་འདས་པ་ལ་དང། །འབྲས་བུ་དང་མི་གནས་པའི་མྱ་ངན་ལས་འདས་པ་ལ་བགེགས་བྱེད་པའི་ཕྱིར་སྒྲིབ་པ་རྣམ་པ ་ལྔ་པོ་འདི་དག་གྲངས་བཞིན་ནོ། །དེ་ལྟར་འདི་དག་ནི་ཅི་རིགས་པར་ཞེས་བྱ་བ་ནི་ཇི་ལྟར་མཐུན་མཐུན་དུའོ། །དེ་ལ་དང་པོ་དང་ཐ་མ་ནི་བྱང་ཆུབ་སེམས་དཔའ་ཨི་རིགས་རྣམས་ཀྱི་སྒྲིབ་པའོ། །དང་འོག་ནི་ཉན་ཐོས་ལ་སོགས་པའི་རིགས་ཅན ་རྣམས་ཀྱི་སྒྲིབ་པའོ། །གཞན་གཉིས་ནི་གཉི་གའི་སྒྲིབ་པའོ། །དེ་ལ་ཤེས་བྱའི་སྒྲིབ་པ་ནི་བྱང་ཆུབ་སེཾས་དཔའ་རྣམས་ཀྱི་སྒྲིབ་པར་བཤད་དེ། དེ་ཡང་ཉོན་མོངས་པ་ཅན་མ་ཡིན་པའི་མི་ཤེས་པའོ་ཞེས་བྱ་བར་ཤེས་སོ། །གཉི་གའི་སྒྲིབ་པའི་ཉོན་མོངས ་པའི་སྒྲིབ་ལ་རྣམ་པ་དུ་ཡོད་པ་དང། རང་བཞིན་ཇི་ལྟ་བུ་དང་གང་གི་བགེགས་སུ་གྱུར་པ་མི་ཤེས་ཏེ། དེའི་ཕྱིར་ཉོན་མོངས་མཚན་ཉིད་རྣམ་དགུའོ་ཞེས་བྱ་བ་གསུངས་ཏེ་།སྒྲིབ་ཅེས་བྱ་བ་དང་སྦྱར་རོ། །ཉོན་མོངས་པའི་མཚན་ཉིད་ནི་ཉོན་མོངས་པའི ་རང་བཞིན་ནོ། །རྣམ་པ་དགུ་པོ་དེ་ཇི་ལྟ་བུ་ཞེ་ན། དེའི་ཕྱིར་ཀུན་ཏུ་སྦྱོར་རྣམས་ཞེས་བྱ་བ་གསུངས་སོ། །སྡུག་བསྔལ་སྣ་ཚོགས་ལ་ཀུན་ཏུ་སྦྱོར་བས་ཀུན་ཏུ་སྦྱོར་བ་རྣམས་སོ། །སྡུག་བསྔལ་སྣ་ཚོགས་ཀྱང་འདོད་པ་དང། གཟུགས་དང་གཟུགས ་མེད་པར་གཏོགས་པའི་ལུས་ཏེ་།སྡུག་བསྔལ་གྱི་སྡུག་བསྔལ་ཉིད་དང་འགྱུར་བའི་སྡུག་བསྔལ་ཉིད་དང། འདུ་བྱེད་ཀྱི་སྡུག་བསྔལ་ཉིད་ཁམས་གསུམ་དང་ཅི་རིགས་སུ་སྦྱར་རོ། །དེ་ཡང་རྗེས་སུ་ཆགས་པའི་ཀུན་ཏུ་སྦྱོར་བ་ནས་།སེར་སྣའི་ཀུན ་ཏུ་སྦྱོར་བའི་བར་དུའོ། །དེ་ལ་ཁོང་ཁྲོ་བ་ནི་ཞེ་སྡང་ངོ། །ཕྲག་དོག་ནི་གཞན་གྱི་ཕུན་སུམ་ཚོགས་པ་ལ་མི་བཟོད་པའོ། །སེར་སྣ་ནི་ཡོ་བྱང་ཀུན་འཛིན་པ་སྟེ། དེ་གསུམ་ནི་འདོད་པར་གཏོགS་པའོ། །རྗེས་སུ་ཆགས་པའི་ཀུན་ཏུ་སྦྱོར་བ་ནི་ཁམS ་གསུམ་གྱི་སྲིད་པའོ། །དེ་བཞིན་དུ་ང་རྒྱལ་དང་མ་རིག་པ་དང་ལྟ་བ་དང། མཆོག་ཏུ་འཛིན་པ་དང་ཐེ་ཚོམ་གྱི་ཀུན་ཏུ་སྦྱོར་བ་རྣམས་ནི་ཁམས་གསུམ་པ་དག་ཉིད་དོ། །འཇིག་ཚོགས་དང་མཐར་འཛིན་པའི་ལྟ་བ་དང། ལོགས་པར་ལྟ་བ་རྣམས་ནི་ལྟ ་བའི་ཀུན་ཏུ་སྦྱོར་བའོ། །སྟ་བ་དང་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་ནི་མཆོག་ཏུ་འཛིན་པའི་ཀུན་ཏུ་སྦྱོར་པའོ། །ཐེ་ཚོམ་ནི་བདེན་པ་དང་དཀོན་མཆོག་རྣམས་ལ་ཡིད་གཉིས་ཟ་བའོ། །གཞན་ཁྲོ་བ་ལ་སོགས་པ་ཉེ་བའི་ཉོན་མོངས ་ཏེ། ཇི་ལྟར་འབངས་པ་བཞིན་དུ་མིང་དང་གཟུགས་ལ་སོགས་པ་མཛའ་ཚོར་བ་ལ་ཐུག་པའི་བར་གྱི་དངོས་པོ་འབྱུང་བ་ནི་སྐྱེ་བ་ཡིན་ཏེ། དེའི་ཚེ་སེམས་ཅན་གྱི་རིས་སྐལ་བ་འདྲ་བ་དེ་ནས་སྐྱེས་པའི་ཕྱིར་རོ། །སྐྱེས་ནས་ནི་མིང་དང་གཟུགས ་ཡོངས་སུ་རྫོགས་པ་ནི་ཤིན་ཏུ་སྐྱེ་བ་ཡིན་ནོ། །མིང་དང་གཟུགས་ཀུན་ཏུ་རྫོགས་པ་དབང་པོ་མཚང་བ་མེད་པའི་གནས་སྐབས་སུ་འགྲོ་བ་ནི་འཕོས་པའོ། །འཕོས་ནས་སྐྱེ་མཆེད་དྲུག་མའི་མངལ་ནས་བྱུང་སྟེ་ཡུལ་ལ་དམིགས་པར་མངོན་དུ་ཕྱོགས་པས་འཇུག་པ་ནི ་མངོན་པར་འབྱུང་བ་ཡིན་ཏེ། མངལ་གྱི་སྒོ་ནས་འབྱུང་བ་ཡིན་ནོ། །བཙས་ཕྱིན་ཆད་འདུག་པ་ནི་རབ་ཏུ་བྱུང་བ་ཡིན་ནོ། །དེ་ལྟར་ན་སྲིད་པའི་རྐྱེན་གྱིས་སྐྱེ་བ་ཞེས་བྱ་བ་ཡོངས་སུ་རྫོགས་པའི་སྐྱེ་བས་བསྡུས་པ་ཡིན་ནོ། །སྔར་ཇི་ལྟར་འཕངས་པ་བཞིན་མིང་དང་གཟུངས ་ནས་ཚོར་བ་ལ་ཐུག་པའི་བར་འདི་ནི་སྐྱེ་བའི་གནས་སྐབས་ཐ་དད་པའི་མཚན་ཉིད་ཡིན་ནོ། །སྐྱེ་བའི་རང་གི་མཚན་ཉིད་ནི་སེམས་ཅན་རྣམས་ཀྱི་བདག་གི་དངོས་པོ་ཐོབ་པའོ། །བདག་གི་དངོས་པོ་ཐོབ་པ་དེ་སྟོན་པ་ནི་ཕུང་པོ་སོ་སོར་ཐོབ་པ་དང། ཁམས་སོ་སོར ་ཐོབ་པ་དང། སྐྱེ་མཆེད་སོ་སོར་ཐོབ་པ་དང་ཞེས་བྱ་བ་ཡིན་ནོ། །དེ་ལྟ་ན་སེམས་ཅན་རྣམས་ཀྱི་བདག་ཉིད་རྣམ་པ་གསུམ་སྟེ། ཕུང་པོ་ལ་སོགས་པའི་རྒྱུན་ལ་སེམས་ཅན་དུ་འདུ་ཤེས་ཤིང་མངོན་པར་ཞེན་པའི་ཕྱིར་རོ། །གསུམ་སྨོས་པ་ནི་གཅིག་པུ་དང་ལུས་ཅན ་དང། ཡུལ་ལ་དམིགས་པར་བྱེད་པ་ཡང་བདག་གོ་ཞེས་བདག་ཏུ་རྟོག་པ་རྣམ་པ་གསུམ་གསལ་བའི་ཕྱིར་རོ། །སྤུངས་པའི་དོན་ནི་ཕུང་པོའི་དོན་ཡིན་པས་ཕུང་པོ་སྨོས་པ་ནི་བདག་གཅིག་པུར་རྟོགས་བ་བསལ་བའི་ཕྱིར་རོ། །ཆོས་ཙམ་གསོབ་ནི་ཁམས་སོ་ཞེས་བྱ་བ་དེས ་ཚིག་ཡིན་པའི་ཕྱིར་ཁམས་སྨོས་པ་ནི་ལུས་ཅན་བདག་ཡིན་པར་རྟོག་པ་བསལ་པའི་ཕྱིར་རོ། །མིག་ལ་སོགས་པ་ཡུལ་ལ་དམིགས་པར་བྱེད་པ་ནི་སྐྱེ་མཆེད་རྣམས་ཡིན་གྱི། དམིགས་པར་བྱེད་པའི་བདག་ནི་གང་ཡང་ཡོད་བ་མ་ཡིན་པས་སྐྱེ་མཆེད་སྨོས་པ་ནི་བདག ་ཏུ་རྟོགས་པ་གསུམ་པ་བསལ་བའི་ཕྱིར་རོ། །དེ་ལྟར་གནས་སྐབས་དང་བཅས་པའི་སྐྱེ་བའི་མཚན་ཉིད་ཐ་དད་པ་རྒྱས་པར་བསྟན་ནས། ཡང་མདོར་སྟོན་པ་ནི་ཕུང་པོ་རྣམས་མངོན་པར་འགྲུབ་པ་དང་སྲོག་གི་དབང་པོ་རབ་ཏུ་སྐྱེས་པ་ཞེས་བྱ་བ་ཡིན་ནོ། །དེ་ལྟར་བྱས་ན་དྲོད་གཤར་ལས ་སྐྱེས་པ་དང། རྫུས་ཏེ་བྱུང་བའི་སེམས་ཅན་རྣམས་ཀྱི་སྐྱེ་བའི་མཚན་ཉིད་ཀྱང་བསྟན་པ་ཡིན་ནོ། །དེ་ལ་གསར་དུ་བྱུང་བ་ནི་མངོན་པར་གྲུབ་པ་ཡིན་ནོ། །སྲོག་གི་དབང་པོ་ནི་སེམས་ཅན་རྣམས་ཀྱི་སྔོན་གྱི་ལས་ཀྱིས་འཕངས་པ་སྐལ་པ་འདྲ་བའི་རྒྱུན་འབྲེལ་བར་བྱ་བ་ལ་ནུས་པ་ཡོད ་པ་གང་གིས་རིས་མཐུན་པ་དེར་མངོན་པར་བྱུང་སྟེ། ཕུང་པོའི་རྒྱུན་འཇུག་ཅིང་གནས་པ་སྟེ། གནས་པ་དེ་ཡང་སྲོག་ཅེས་བྱའོ། །དེ་ལྟར་ན་མདོར་ན་རིས་མཐུན་པར་མཚམས་སྦྱར་ནས་རྒྱུན་དང་བཅས་པ་ནི་སྐྱེ་བ་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །སྐྱེ་བ་རྣམ་པ་ལྔའི་ནང་ནས ་དང་པོའི་སྐྱེ་བ་ནི་རེ་ཞིག་སྲེད་པའི་རྐྱེན་གྱིས་ཡིན་པར་རིགས་ན་དེའི་འོག་མ་དག་ནི་འོག་མ་འོག་མ་རྐྱེན་ཡིན་ན་ཇི་ལྟར་སྲིད་པའི་རྐྱེན་གྱིས་ཡིན་ཞེས་བྱ་ཞེ་ན། སྲིད་པས་ནི་སྐྱེ་བ་དང་པོ་ལ་དེའི་ངོ་བོའི་ནུས་པ་ཡོད་པར་བྱས་ནས་དེའི་བྱེ་བྲག་ལས་གནས་སྐབས་གཞན་ལྷག ་མ་རྣམས་ཀྱང་འོག་མ་འོག་མ་རྐྱེན་ཉིད་དུ་གྱུར་པ་ཡིན་ཏེ། དེ་རྩ་བ་ཡིན་པའི་ཕྱིར་སྲེད་པའི་རྐྱེན་གྱིས་ཡིན་ནོ་ཞེས་བསྟེན་ཏོ། །དང་པོའི་བྱེ་བྲག་རྣམ་པར་འབྱེད་པའི་མདོ་སྡེ་ལས་ཀྱང་བཅོམ་ལྡན་འདས་ཀྱིས་དེ་ལྟར་དགེ་སློང་དག་རྣམ་པ་བཞིའི་མཚན་ཉིད་ཀྱི་སྐྱེ་བ་ནི་རིམ་པ་གང ་གིས་སྐྱེ་བ་དང། གང་སྐྱེ་བ་དང་ཇི་ལྟར་སྐྱེ་བ་དེ་ནི་འདིའི་སྐྱེ་བའི་མཚན་ཉིད་ཡིན་པར་རིག་པར་བྱའོ་ཞེས་གསུངས་སོ། །རྣམ་པ་བཞིའི་མཚན་ཉིད་ནི་ཇི་ལྟར་འཕངས་པའི་མིང་དང་གཟུགས་དང་སྐྱེ་མཆེད་དྲུག་དང། རེག་པ་དང་ཚོར་བའི་མཚན་ཉིད་དོ། །རིམ་པ་གང་གིས ་སྐྱེ་བ་ནི་ས་བོན་བཏབ་པའི་སྐྱེ་བ་དང། དེའི་འོག་ཏུ་དེའི་འཕེལ་བའི་སྐྱེ་བ་དང། དེའི་འོག་ཏུ་བཅས་པའི་སྐྱེ་བ་དང། དེའི་འོག་ཏུ་འཕེལ་བའི་སྐྱེ་བ་དང། འཕེལ་ནས་ལོངས་སྤྱོད་དང། ཐ་སྙད་ནུས་པ་ཐོབ་པའི་སྐྱེ་བ་སྟེ་རིམ་པ་འདིས་སྐྱེ་པ་ཡིན་ནོ། །སྐྱེ་བ་གང ་སྒྲིབ་བོ། །འཇིག་ཚོགས་ལ་ལྟ་བའི་གཞི་ནི་ཉེ་བར་ལེན་པའི་ཕུང་པོ་ལྔ་རྣམས་ཏེ། དེ་ལ་དམིགས་པ་ལས་བྱུང་བའི་ཕྱིར་རོ། །མདོ་སྡེ་ལས་ཀྱང་ཇི་སྐད་དུ། དགེ་སྦྱོང་ངམ་བྲམ་ཟེ་གང་ལ་ལ་བདག་དང་བདག་གི་རྗེས་སུ་ལྟ་བ་ན། ཉེ ་བར་ལེན་པའི་ཕུང་པོ་ལྔ་པོ་འདི་དག་ཉིད་ལ་བརྟེན་ནས་རྗེས་སུ་བལྟའོ། །མངོན་པར་ཞེན་པ་ན་མངོན་པར་ཞེན་ཏོ་ཞེས་གསུངས་སོ། །ཡོངས་སུ་ཤེས་པ་དེ་ཡང་ཇི་ལྟ་བྱ་ཞེ་ན། ཕུང་པོ་རྣམས་ལ་བདག་དང་བདག་གིས་སྟོང་པ་ཉིད་དང། བྱིས་པཱི་སྐྱེ་བོས་ཀུན་བརྟགS ་པའི་ཆོས་ཀྱི་རང་བཞིན་གྱིས་སྟོང་པ་ཉིད་དུ་མཐོང་བ་གང་ཡིན་པ་དང། མི་རྟག་པ་ཉིད་དང། སྡུག་བསྔལ་བ་ཉིད་དང། བདག་མེད་པ་ཉིད་དང། ཀུན་འབྱུང་བ་ལ་སོགས་པར་མཐོང་བ་གང་ཡིན་པ་དེ་ནི་དེ་དག་ཡོངས་སུ་ཤེས་པའོ། །འདིར ་རྒྱུ་སྨོས་པ་དེས་ཉེ་བར་ལེན་པའི་ཕུང་པོ་རྣམས་ཡོངས་སུ་མི་ཤེས་པའི་ཕྱིར་རོ་ཞེས་བྱ་བའོ། །མ་རིགས་པས་རྟག་པ་ལ་སོགས་པའི་རྣམ་པ་རྣམས་ཀྱིས་བསྒྲིབས་པའི་ཕུང་པོ་རྣམས་ལ་དེ་ཡོངས་སུ་ཤེས་པ་མེད་པའི་ཕྱིར། མ་རིགས་པ་ནི་ཕུང་པོ་ཡོངས་སུ་ཤེས ་པ་ལ་སྒྲིབ་བོ། །ལྟ་བའི་ཀུན་ཏུ་སྦྱོར་བ་ནི། འགོག་པའི་བདེན་པ་ཡོངས་སུ་ཤེས་པ་ལ་སྒྲིབ་བོ། །ལྟ་བའི་ཀུན་ཏུ་སྦྱོར་བ་ནི་ལྟ་བ་ལ་གསུམ་སྟེ། འཇིག་ཚོགས་དང། མཐར་འཛིན་པ་དང་ལོག་པར་ལྟ་བ་རྣམས་སོ། །དེ་ལ་འཇིག་ཚོགས་ལ་ལྟ་བ ་ནི། ཉེ་བར་ལེན་པའི་ཕུང་པོ་ལྔ་རྣམས་བདག་གམ་བདག་གིར་ལྟ་བའོ། །མཐར་འཛིན་པར་ལྟ་བ་ནི་བདག་ཏུ་མངོན་པར་བརྟགས་པའི་དངོས་པོ་དེ་ཉིད་ལ་རྟག་བར་བལྟ་བ་འམ། ཆད་པར་ལྟ་བའོ། །ལྟ་བ་གང་གི་རྒྱུ་འམ་འབྲས་བུ་འམ་བྱེད་པ་འམ། ་ཡོད་པའི་དངོས་པོ་ལ་སྐུར་པ་འདེབས་པ་དང། ལོག་པར་ཀུན་ཏུ་རྟོག་པ་དེ་ནི་ལོག་པར་ལྟ་བའོ། །འགོག་པའི་བདེན་པ་ཡོངས་སུ་ཤེས་པ་ནི་ཞི་བ་ལ་སོགས་རྣམ་པ་རྣམས་སོ། །ཇི་ལྟར་དེ་ནི་དེ་ལ་སྒྲིབ་ཅེ་ན། དེའི་ཕྱིར་འཇིག་ཚོགས་དང། མཐར་འཛིན ་པ་གཉིས་ཀྱིས་དེ་ལ་སྐྲག་པ་དང། ལོག་པར་ལྟ་བས་དེ་ལ་སྐུར་པ་འདེབས་པའི་ཕྱིར་རོ་ཞེས་བྱ་བ་སྨོས་སོ། །དེ་ལ་འཇིག་ཚོགས་དང་མཐར་འཛིན་པར་ལྟ་བ་དག་གིས་བདག་དེར་མེད་པར་འགྱུར་རོ་ཞེས་འགོག་པ་ལ་སྐྲག་པར་འགྱུར་རོ། །ལོག་པར་ལྟ་བས ་ཀྱང་འགོག་པ་མེད་དོ་ཞེས་སྐུར་པ་འདེབས་སོ། །དེ་ལ་འཇིག་འཚོགས་དང་མཐར་འཛིན་པར་ལྟ་བ་དག་གིས་ཞི་བ་དང། གྱ་ནོམ་པ་དང། ངེས་པར་འབྱུང་བར་ཡོངས་སུ་མི་ཤེས་ལ། ལོག་པར་ལྟ་བས་འགོག་པར་ཡོངས་སུ་མི་ཤེས་ཏེ། དེ་ལྟར་ལྟ་བའི་ཀུན་ཏུ ་སྦྱོར་བ་ནི་འགོག་པ་ཡོངས་སུ་ཤེས་པ་ལ་སྒྲིབ་བོ། །མཆོག་ཏུ་འཛིན་པའི་ཀུན་ཏུ་སྦྱོར་བ་ནི། ལམ་གྱི་བདེན་པ་ལ་ཡོངས་སུ་ཤེས་པ་ལ་སྒྲིབ་སྟེ་ཞེས་བྱ་བ་དེ་ལ་མཆོག་ཏུ་འཛིན་བའི་ཀུན་ཏུ་སྦྱོར་བ་ནི་།ལྟ་བ་མཆོག་ཏུ་འཛིན་པ་དང་ཚུལ་ཁྲིམས་དང་བརྟུལ ་ཞུགས་མཆོག་ཏུ་འཛིན་པའོ། །དེ་ལ་ལྟ་བ་མཆོག་ཏུ་འཛིན་པ་ནི་།ལྟ་བ་དང་ལྟ་བའི་གནས་ཉེ་བར་ལེན་བོའི་ཕུང་པོ་ལྔ་རྣམས་ལ་མཆོག་ལ་སོགས་པར་ལྟ་བ་གང་ཡིན་པའོ། །ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་ནི། ་ཚུལ་ཁྲིམས་སཾ། བརྟུལ་ཞུཌ་སཾ། དེ་གཉི་གའི་དེ་དག་གི་གནས་ཉེ་བར་ལེན་པའི་ཕུང་པོ་ལྔ་རྣམས་ལ། དག་པ་དང་གྲོལ་བ་དང། ངེས་པར་འབྱིན་པར་ཡང་དག་པར་རྗེས་སུ་ལྟ་བའི་ལྟ་བ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་དང་།བརྟུལ་ཞུགས ་མཆོག་ཏུ་འཛིན་པའོ། །ལམ་ཡོངས་སུ་ཤེས་པ་ཡང་ངེས་པར་འབྱིན་པ་ལ་སོགས་པའི་རྣམ་པ་རྣམས་སུ་ཤེས་པའོ། །ཇི་ལྟར་ན་མཆོག་ཏུ་འཛིན་པའི་ཀུན་ཏུ་སྦྱོར་བ་ལམ་ཡོངས་སུ་ཤེས་པ་ལ་སྒྲིབ་ཅེ་ན། དེའི་ཕྱིར་རྣམ་པ་གཞན་གྱིས་དག་པར ་མཆོག་ཏུ་འཛིན་པའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། ཚུལ་ཁྲིམས་དང་བརྟུལ་ཞུགས་ཅམ་གིས་སམ། །འདོད་པའི་བདེ་བའི་གནས་ཀྱིས་སམ། དཀའ་བ་སྤྱོད་པས་སམ། གངས་ཅན་ལ་སོགས་པའི་ཤེས་པས་དག་པར་མཆོག་ཏུ་འཛིན་པའི་ཕྱིར་རོ།། ་ལྟ་བ་ལ་མཆོག་ཏུ་འཛིན་པས་ཀྱང་གང་གིས་དག་པར་ཡིད་ཆེས་བ་དེ་ཉིད་དམ་པར་མཆོག་ཏུ་འཛིན་ཏོ། །དེ་ལྟར་ན་མཆོག་ཏུ་འཛིན་པའི་ཀུན་ཏུ་སྦྱོར་བསལ་མ་བོར་ཏེ་རྣམ་པ་གཞན་གྱིས་དག་པར་མཆོག་ཏུ་འཛིན་ཏོ། །ཐེ་ཚོམ་གྱི ་ཀུན་ཏུ་སྦྱོར་བ་ནི་དཀོན་མཆོག་གསུམ་ཡོངས་སུ་ཤེས་པ་ལ་སྒྲིབ་སྟེ་།ཇི་ལྟ་ཞེ་ན་དེའི་ཕྱིར། དེའི་ཡོན་ཏན་ལ་མངོན་པར་ཡིད་མི་ཆེས་པའི་ཕྱིར་རོ་ཞེས་བྱ་བ་སྨོས་སོ། །ཐེ་ཚོམ་གྱི་ཀུན་ཏུ་སྦྱོར་བ་ནི་བདེན་པ་དེ་དང་དཀོན་མཆོག་རྣམས་ལ་ཡིད་གཉིས ་ཟ་བ་སྟེ། སངས་རྒྱས་དཀོན་མཆོག་ལ་ཡོན་ཏན་དང་ཉེས་པ་ཐམས་ཅད་ཕུལ་དུ་ཕྱིན་པ་དང། བསལ་བའི་མཐར་ཐུག་པའི་གནས་སུ་ཡོངས་སུ་ཤེས་པའོ། །ཆོས་དཀོན་མཆོག་ལ་འཁོར་བའི་རྒྱ་མཚོ་ལས་སྒྲོལ་བ་དང། རྒྱུ་དང་བཅས་པའི་སྡུག་བསྔལ ་དང་གཏན་དུ་བྲལ་བའི་བདག་ཉིད་དེ། དེ་ཁོང་དུ་ཆུད་པར་བྱེད་པར་ཡོངས་སུ་ཤེས་པའོ། །དགེ་བདུན་དཀོན་མཆོག་ལ་དགེ་སྦྱོང་གི་འབྲས་བུ་ལ་གནས་པ་དང། དེར་ཞུགས་པ་དང། བླ་ན་མེད་པའི་སྦྱིན་གནས་ཀྱི་ཞིང་ཡིན་པར་ཡོངས་སུ་ཤེས་པའོ། །བདེན ་པ་ལ་མཐོང་བ་དང་ཐེ་ཚོམ་སྤངས་པའི་ཕྱིར་ཤེས་ནས་དད་པ་རྙེས་པས་དཀོན་མཆོག་གསུམ་གྱི་ཡོན་ཏན་ལ་མངོན་པར་ཡིད་མཆེས་ཀྱི་ཐེ་ཚོམ་མ་སྤངས་པ་ནི་མ་ཡིན་པ་ནི་དེའི་ཕྱིར་ཐེ་ཚོམ་གྱི་ཀུན་ཏུ་སྦྱོར་བ་ནི་དཀོན་མཆོག་གསུམ་ཡོངས་སུ་ཤེས་པ་ལ་སྒྲིབ ་ཅེས་བྱའོ། །ཕྲག་དོག་གི་ཀུན་ཏུ་སྦྱོར་བ་ནི་རྙེད་པ་དང་བཀུར་སྟི་ཡོངས་སུ་ཤེས་པ་ལ་སྒྲིབ་ཅེས་བྱའོ། །འདིར་རྒྱུ་སྨོས་པ་དེའི་ཉེས་པ་མི་མཐོང་བའི་ཕྱིར་རོ་ཞེས་བྱའོ། །ཕྲ་དོག་གི་ཀུན་ཏུ་སྦྱོར་བ་ནི་རྙེད་པ་དང། བཀུར་སྟི་ལ་ཆགས་པ་སྟེ། གཞན་གྱི་ཕུན ་སུམ་ཚོགས་པ་ཞེ་སྡང་གི་ཆར་གཏོགས་པས་སེམས་ཁོང་ནས་འཁྲུག་པའོ། །རྙེད་པ་དང་བཀུར་སྟི་ལ་གནོད་པ་ཐམས་ཅད་ཀྱི་གནས་ཡིན་པར་ཁོང་དུ་ཆུད་པ་ནི་ཡོངས་སུ་ཤེས་པའོ། །ཕྲག་དོག་གིས་ནི་རྙེད་པ་དང་བཀུར་སྟི་ཡོན་ཏན་ཐམས་ཅད་ཀྱི་མི ་མཐུན་པའི་ཕྱོགས་སུ་གྱུར་པ་དང་།གནོད་པ་སྣ་ཚོགས་ཀྱིས་རྩ་བར་གྱུར་པར་མི་ཤེས་པས། །དེའི་ཕྱིར་ཕྲག་དོག་གི་ཀུན་ཏུ་སྦྱོར་བ་ནི་རྙེད་པ་དང་བཀུར་སྟི་ཡོངས་སུ་ཤེས་པ་ལ་སྒྲིབ་བོ། །སེར་སྣའི་ཀུན་ཏུ་སྦྱོར་བའི་ཡོ་བྱད་བསྙུང་བ་ཡོངས་སུ་ཤེས་པ་ལ་སྒྲིབ་བོ། །ཇི་ལྟ་ཞེ་ན་དེའི ་ཕྱིར་ཡོ་བྱད་ལ་ལྷག་པར་ཞེན་པའི་ཕྱིར་རོ་ཞེས་བྱ་བ་སྨོས། །སེར་སྨིན་ཡོང་བྱང་རྣམས་ལ་ལྷག་པར་ཆགས་པ་སྟེ། འདོད་ཆགས་ཀྱི་ཆར་གཏོགས་པས་ཚག་ཆས་རྣམས་ལ་སེམས་ཀུན་ཏུ་འཛིན་པའོ། །ཡོ་བྱད་བསྙུང་བ་ནི་ཡོ་བྱད་རྣམས་ལས་ལྷག་པར་དབེན ་པའོ། །དེ་ལ་ཡོན་ཏན་ཐམས་ཅད་ཀྱི་གནས་ཀྱིས་དངོས་པོར་རྟོག་པ་ནི་ཡོངས་སུ་ཤེས་པའོ། །སེར་སྣའི་ཡོ་བྱད་རྣམས་ལ་ལྷག་པར་ཆགས་པས། ཡོན་ཏན་ཐམས་ཅད་ཀྱི་གནས་སུ་ཡོངས་སུ་མི་ཤེས་ཏེ། དེའི་ཕྱིར་ཡོ་བྱད་སྙུང་བ་ལ་སྒྲིབ་ཞེས་བཤད་དོ། །དེ་ལ་རྗེས་སུ ་ཆགས་པ་དང་ཁོང་ཁྲོ་བའི་ཀུན་ཏུ་སྦྱར་བ་ན་དེ་ཁོ་ན་རྟོགས་པར་བྱེད་པར་སྦྱོར་བ་ན་སྒྲིབ་ཀྱིས་ལྷག་མ་རྣམས་ནི་མ་ཡིན་ནོ། །ལྷག་མ་རྣམས་ནི་དེ་ཁོ་ན་རྟོགས་པར་བྱེད་པར་ཞུགས་པར་བྱེད་པ་ལ་སྒྲིབ་བོ། །དེ་ཉིད་ཀྱི་ཕྱིར་དེ་དག་གི་གོ་རིམས་ནི་འདི་ལྟ་སྟེ། ཐར ་པ་འདོད་པས་ཟོག་མ་ཉིད་དུ་གདོན་མི་ཟ་བར་འཁོར་བ་ལ་སེམས་སྐྱོ་བར་བྱའོ། །དེ་ནས་ཐམས་ཅད་ལ་བཏང་སྙོམས་སུ་བྱའོ། །དེ་ནས་གནོད་པ་ཐམས་ཅད་ཀྱི་རྩ་བ་ཡིན་པས་འཇིག་ཚོགས་ལ་ལྟ་བ་ཡོངས་སུ་ཤེས་པར་བྱའོ། །དེའི་འོག་ཏུ་དེའི་གཞི་ལ་སྡུག ་བསྔལ་དང་ཀུན་འབྱུང་བའི་བདག་ཉིད་དུ་ཡོངས་སུ་ཤེས་པར་བྱའོ། །དེ་ནས་དེ་འགོག་པ་ཤེས་པར་བྱའོ། །དེའི་འོག་ཏུ་འཐོབ་པའི་ལམ་ཤེས་པར་བྱའོ། །དེ་ནས་བདེན་པ་མཐོང་བ་དང་ཡོན་ཏན་དེ་དག་རྟོགས་པའི་ཕྱིར་དཀོན་མཆོག་ལ་ཤེས་ནས་དད་པར་འཐོབ ་པོ། །བདེན་པ་མཐོང་པའི་སྟོབས་ཉིད་ཀྱིས་ཀྱང་རྙེད་པ་དང་བཀུར་སྟི་དང། ཡོ་བྱད་བསྙུངས་པ་གཉིས་ཀྱི་ཉེས་པ་དང་ཡོན་ཏན་མཐོང་བ་ཡིན་ཏེ་།དེ་ལྟར་སྒྲིབ་པར་བྱ་བའི་ཆོས་ཀྱི་གོ་རིམས་ཀྱི་རྒྱུས་དེའི་སྒྲིབ་པའི་གོ་རིམས་ཀྱང་རིག་པར་བྱའོ། །ཐམས ་ཅད་ལ་ཡང་ཐམས་ཅད་སྒྲིབ་པ་ཉིད་དུ་སྲིད་པའི་ཕྱིར་།གཞི་སོ་སོར་ངེས་པས་སྒྲིབ་པར་བཤད་པ་ནི་མི་རིག་པ་མ་ཡིན་ནམ་ཞེ་ན་།འདིར་གཞི་སོ་སོར་ངེས་བར་བྱ་བ་ནི་མ་ཡིན་གྱི་སོ་སོར་ཉེ་བར་གནས་བའི་ཕྱིར་གཙོ་བོར་བྱས་ཏེ་འདི་བསྟན་ཏོ། །ཅི ་སྒྲིབ་པ་དེ་ཟད་དམ?་ཞེན་།དེ་ནི་བྱང་ཆུབ་སེམས་དཔའ་དང་ཉན་ཐོས་ལ་སོགས་པའི་སྤྱི་མཐུན་ནོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྒྲིབ་པ་ནི། དགེ་བ་ལ་སོགས་པ་བཅུ་ལ་གཞན་སྒྲིབ་པ་གང་ཡིན་པ་དང་།དགེ་བ་ལ་སོགས་པ་ཡང་གང་ཡིན་མི་ཤེས་ཏེ་།དེའི ་ཕྱིར་སྦྱོར་བ་མེད་དང་སྐྱེ་མཆེད་མིན། །རྣལ་འབྱོར་མིན་བས་གང་བསྐྱེད་དང་ཞེས་གསུངས་པ་ལ་སོགས་པ་ནི་སྒྲིབ་པའོ། །དགེ་བ་ལ་སོགས་པ་ནི། དགེ་དང་བྱང་ཆུབ་ཡང་དག་འཛིན་ཞེས་བྱ་བ་ལ་སོགས་པ་དོན་བཅུའོ། །དེ་ལ་དགེ་བ་ནི་བྱང་ཆུབ་ཀྱི་རྒྱུར་གྱུར་པ ་དེ། དགེ་བའི་རྩ་བ་ཐམས་ཅད་དོ། །བྱང་ཆུབ་ནི་དེའི་འབྲས་བུའོ། །དེ་ལ་དགེ་བ་ནི་སྤྱིར་བསྟན་པས་རབ་ཏུ་དབྱེ་བ་དང། །རང་བཞིན་མི་ཤེས་ནས་དེའི་ཕྱིར་དེ་ཁོང་དུ་ཆུད་བར་བྱ་བའི་ཕྱིར་རྩོམ་སྟེ། ཡང་དག་འཛིན་བློ་ལྡན་འཁྲུལ་མང་སྒྲིབ་བ་མེད། །བསྔོ ་དང་མི་སྐྲག་སེར་སྣ་མེད་ཅེས་བྱ་བ་དེ་དག་ནི་དགེ་བཞེས་བྱའོ། །བྱང་ཆུབ་ཀྱང་སྨོས་པ་ཙམ་གྱིས་རང་བཞིན་མི་ཤེས་ཏེ་།དེའི་ཕྱིར་དེ་ནི་?་ངོ་ཞེས་སྟོན་ཏོ། །ཁ་ཅིག་ན་རེ་དགེ་བ་དང་བྱང་ཆུབ་དང། ཡང་དག་བར་འཛིན་པ་ལ་སོགས་པ་བཞིན་དུ་སྒྲིབ ་པ་རང་གི་རྒྱུད་ཡོད་པར་བཤད་པས། འདིར་རང་གི་རྒྱུད་ཡོད་པ་ཉིད་དུ་ཤེས་ཀྱི། བསྟན་བ་དང་བཤད་པའི་དངོས་པོར་ནི་མ་ཡིན་ནོ་ཞེའོ། །སྐྱེ་བ་ལ་སྒྲིབ་པ་ནི་དགེ་བ་ལ་རྣམ་པར་བཞག་གོ་།དེ་ཡང་བྱང་ཆུབ་ཀྱི་སེམས་ལ་སོགས་བ་རྣམས་ཀྱི་སྤྱི? ་མཐུན་?་གྱི་།དགེ་བ་དང་སྐྱེད་པར་བྱ་བའི་ཕྱིར་རོ་ཡང་དག་པར་འཛིན་པ་ལ་སོགས་པ་ལ་སྒྲིབ་པ་དང། རྟན་ལ་སོགས་པ་ལ་སྒྲིབ་པ་ནི། ཡང་དག་པར་འཛིན་པ་ལ་སོགས་པ་རྣམས་ཀྱི་སྒྲིབ་པ་སྟེ་ཐ་དད?་དོ། །བྱང་ཆུབ་ནི་མི་འཁྲུག་པ་དང། ། ་ཐོབ་པར་བྱ་བ་ཡིན་པས་དེའི་ཕྱིར་།དེའི་གནས་པ་ལ་སྒྲིབ་པ་དང། ཐོབ་པར་བྱ་བ་ལ་སྒྲིབ་པ་རྣམ་པར་བཞག་སྟེ་།དེ་བས་ན་དེ་རང་གི་རྒྱུད་དུ་ཡོད་པར་མི་འགྱུར་རོ། །དེ་དག་གི་གོ་རིམས་ཀྱང་མདོར་ན་དགེ་བའི་རྩ་བ་མ་ལུས་པར་བསྒྲུབས་ནས་བྱང་ཆུབ་ཐོབ་པར ་བྱའོ། །རྒྱས་པར་ནི་ཐོག་མ་ཉིད་དུ་བྱང་ཆུབ་ཀྱི་སེམས་བསྐྱེད་པར་བྱ་སྟེ། བདག་དང་གཞན་གྱི་དོན་ཕུན་སུམ་ཆོགས་པའི་གཞིར་གྱུར་པའི་ཕྱིར་རོ། །དེ་ནས་སེམས་བསྐྱེད་པ་དང་མཐུན་པར་སྦྱིན་པ་ལ་སོགས་པ་བསྒྲུབ་པར་བྱ་སྟེ། དེས་བྱང་ཆུབ་སེམས་དཔར་མངོན་ནོ། ། ་དེ་ནས་བསྐལ་པ་གྲངས་མེད་པར་གོམས་པར་བྱས་ཏེ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསགS་པས་བསམ་པ་རྣམ་པར་སྦྱང་བའི་ཕྱིར་།གང་ཟག་དང་ཆོས་ལ་ནོར་བའི་གཉེན་པོར་མ་ནོར་བའི་བདག་ཉིད་མཐོང་བའི་ལམ་བསྐྱེད་པར་བྱའོ། །དེ་ནས་རྣམ་བར་དག ་པའི་ཁྱད་པར་དང་ལྡན་པར་བྱ་བའི་ཕྱིར་སྒྲིབ་པ་དང་བྲལ་བས་རབ་ཏུ་ཕྱེ་བ་བསྒོམ་པའི་ལམ་མཐར་ཕྱིན་པར་བྱའོ། །དེ་ནས་ཉན་ཐོས་ལ་སོགས་པ་ལས་འདའ་བར་སྦྱོར་བས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དགེ་བའི་རྩ་བ་ཇི་ལྟར་བསགས་པ་དེ་དག་ཐམས ་ཅད་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བྱའོ། །དེ་ནས་གནས་དེ་ཐོབ་པ་དང་།བྱང་ཆུབ་ཆེན་པོར་བསམ་པར་མི་བྱེད་པས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསྟན་པ་ཟབ་ཅིང་རྒྱ་ཆེ་བ་རྣམས་ལ་སྐྲག་བར་མི་འགྱུར་རོ། །དེ་ནས་མང་དུ་ཐོས་པ་དང་།རྟོགས་པ་དང ་ལྡན་ནས་སེམས་ཅན་ཡོངས་སུ་སྨིན?་པར་བྱ་བའི་ཕྱིར་ཆོས་རྒྱ་ཆེར་སྟོན་ཏོ། །དེ་ནས་འདུལ་བ་ཡོངས་སུ་སྨིན་ནས་དེ་དག་རྣམ་པར་དགྲོལ་བའི་ཕྱིར་དབང་སྟེ་།སངས་རྒྱས་ཉིད་ཐོབ་བོ། །འདིར་སྒྲིབ་པ་སུམ་ཅུ་དང་སྒྲིབ་པར་བྱ་བ་དགེ་བ་ལ་སོགས་པའི་དོན་བཅུ་བཤད་པས་དེའི ་ཕྱིར་དགེ་བ་ལ་སོགས་པ་དེ་རྣམས་ལ་གང་ལ་སྒྲིབ་པ་དུ་ཡོད་པ་མི་ཤེས་ནས་དྲིས་པ་དང་དེའི་ཕྱིར། དེ་དག་གི་ནི་སྒྲིབ་པ་རྣམས། །གསུམ་གསུམ་དག་ཏུ་ཤེས་པར་བྱ་ཞེས་བྱ་བ་གསུངས་སོ། །དེ་ལ་སྒྲིབ་པ་གསུམ་ཞེས་བྱ་བ་ལ་སྦྱོང་བ་མེད་པ་ནི་བརྩོན་པ་མེད་པའོ། ། ་འདི་ལ་སྒྲིབ་པ་གང་ཞེ་ན་།བག་མེད་པ་འམ་ལེ་ལོའི་ཉོན་མོངས་པ་གང་གིས་མི་སྦྱོར་བ་སྟེ། ཉོན་མོངས་པའི་ས་བོན་དང་ལྡན་པ་ལུང་དུ་མ་བསྟན་པ་འམ། ཉོན་མོངས་པར་གྱུར་པའི་གནས་སྐབས་ཀྱི་བྱེ་བྲག་གང་དུ་མི་སྦྱོར་བའོ། །རྒྱུན་དུ་མ་ཆུད་པ ་འམ་གུས་པར་མི་སྦྱོར་བ་སྟེ། ཆུང་བས་ན་སྦྱོར་བ་མེད་པ་ཞེས་བྱའི། །སྦྱོར་བ་མེད་པ་ནི་མ་ཡིན་ཏེ། དེ་ལ་སྒྲིབ་བར་མི་འཐད་པའི་ཕྱིར་རོ། །སྐྱེད་མཆེད་མ་ཡིན་པ་ལ་སྦྱོར་བ་ནི། བྱང་ཆུབ་དང་བྱང་ཆུབ་ཐོབ་པར་བྱེད་པའི་དགེ་བའི་རྩ་བ་རྣམས་སྐྱེ་བའི་སྒོ་གསུང་རབ་གང ་ཡིན་པ་དེ་སྐྱེ་མཆེད་དེ། དེ་ལས་གཞན་པ་ནི་སྐྱེ་མཆེད་མ་ཡིན་ནོ། །དེར་སྦྱོར་བ་ནི་འདི་ལས་ཕྱི་རོལ་པ་རྣམས་སྐྱེ་མཆེད་མ་ཡིན་པ་ལ་སྦྱོར་བའོ། །དེ་ལ་སྒྲིབ་པ་གང་ཞེ་ན། མི་ཤེས་པ་འམ་ལྟ་བའི་ཉོན་མོངས་པ་གང་གིས་སྐྱེ་མཆེད་མ་ཡིན་པ་ལ་སྦྱོར་བ་སྟེ། སྦྱོར ་བ་དེ་ཉིད་སྒྲིབ་པའོ། །ཚུལ་བཞིན་མ་ཡིན་པ་ལ་སྦྱོར་བའོ་ཞེས་བྱ་བ་ལ་ཚུལ་བཞིན་ཐབས་ཏེ། གང་གིས་ཐབས་གང་ཡིན་པ་དེ་ལས་གཞན་དུ་སྦྱོར་བ་ནི། ཚུལ་བཞིན་མ་ཡིན་པ་ལ་སྦྱོར་བའོ། །བསྟན་པ་འདི་ཉིད་ལས་འདི་ལྟ་སྟེ། འདོད་ཆགས་སྤྱོད་པ་ལ ་བསྒོམ་པ་ནི་འདོད་ཆགས་སྤོང་བའི་ཐབས་མ་ཡིན་པ་དང། ཞེ་སྡང་སྤྱོད་པ་ལ་མི་སྡུག་པའི་བསྒོམས་པ་ཞེས་འབྱུང་བའོ། །འདིར་ཡང་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པའམ་།དེའི་རྒྱུ་ནི་སྦྱོར་བའི་སྒྲིབ་པའོ། །བྱང་ཆུབ་ཀྱི་སྒྲིབ་པ་གསུམ་ནི་ཞེས་བྱ་བ། བྱང ་ཆུབ་ནི་དོན་ཇི་ལྟ་བ་བཞིན་དུ་ཐུགས་སུ་ཆུད་བའོ། །དགེ་བ་མི་སྐྱེ་བ་ཞེས་བྱ་བ་ནི་གོང་དུ་བཤད་པ་ཉིད་དོ། །མི་སྐྱེ་བ་ཇི་ལྟར་སྒྲིབ་ཅེ་ན་།དགེ་བ་མེད་ན་བྱང་ཆུབ་ཏུ་མི་འགྱུར་ཏེ་།དེའི་ཕྱིར་དགེ་བ་མི་སྐྱེ་བ་ནི་བྱང་ཆུབ་ཀྱི་སྒྲིབ་པའོ། །ཡང་ན་གནས་སྐབས་ཀྱི་བྱེ་བྲག་གི་ཚེ ་དགེ་བ་ལ་སྐྱེ་བ་ལ་སྒྲིབ་པའི་ཉོན་མོངས་པ་གང་ཡིན་པ་དེ་ཉིད་བྱང་ཆུབ་ཀྱི་སྒྲིབ་པ་གང་ཡིན་ཏེ། གང་ཚོགས་གང་གི་སྒྲིབ་བར་ངེས་པ་དེ་ནི་དེའི་འབྲས་བུའི་སྒྲིབ་པ་ཡང་ཡིན་ནོ། །སྐྱེས་ཟིན་པ་ཡང་ཡིན་ལ་མི་བྱེད་པ་ནི་མི་བསྒོམ་པ་སྟེ། །ཡེལ་བར་མི་བྱེད་ཅེས་བྱ་བའི་ཐ ་ཚིག་གོ། ལེ་ལོ་ལ་སོགས་པའི་ཉོན་མོངས་པ་གང་གིས་གནས་སྐབས་ཀྱི་བྱེ་བྲག་གང་ལ་དགེ་བ་སྐྱེས་ཀྱང་ཡང་དང་ཡང་ཡིད་ལ་མི་བྱེད་པ་དེ་ནི་འདིར་སྒྲིབ་པའོ། །ཚོགས་ཡོངས་སུ་མ་རྫོགས་པའོ་ཞེས་བྱ་བ་ནི། ཚོགས་ཇི་སྙེད་ཀྱི་བྱང་ཆུབ་ཐོབ་པར་འགྱུར་བའི་བསོད་ནམས་དང། ་ཡེ་ཤེས་ཀྱི་ཚོགས་དེ་སྙེད་མ་རྫོགས་པ་དང་། གོད་མ་ལྟ་བུའི་གནས་སྐབས་ཀྱི་ཉོན་མོངས་པ་འམ་ཚོགས་ཆུང་བའོ། །གཞན་དག་ན་རེ་བྱེ་བྲག་དུ་མ་བཤད་ཀྱང་ངེས་བར་འབྱེད་བའི་ཆ་དང་མཐུན་པ་རྣམས་ཀྱི་སྒྲིབ་བ་ནི་འདིར་མི་སྐྱེ་བ་ལ་བྱ་བར་འདོད། གཞན་དག་གི ་ནི་མ་ཡིན་ནོ། །དེ་དག་སྐྱེས་པ་ཡིད་ལ་བྱེད་པ་དང། ཡིད་ལ་བྱེད་ཀྱང་ཚོགས་མ་བསགས་པ་ནི་སྒྲིབ་པ་ཞེས་བྱའོ་ཞེའོ། །ཡང་དག་པར་འཛིན་པ་ནི་བྱང་ཆུབ་ཀྱི་སེམས་བསྐྱེད་པ་སྟེ་ཞེས་བྱ་བ་ནི་།བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་མ་ལུས་པ་དང་།དེའི་འབྲས་བུ ་སངས་རྒྱས་ཉིད་དང་།སེམས་ཅན་ཐམས་ཅད་ཀྱང་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་བླ་ན་མེད་པར་གཞག་བར་བྱ་བ་ཉིད་དུ་འདིས་ཡང་དག་པར་འཛིན་ཅིང་ཡོངས་སུ་ལེན་པས་ན། ཡང་དག་པར་འཛིན་པ་ནི་བྱང་ཆུབ་ཀྱི་སེམས་བསྐྱེད་པའོ། །དེ ་ཡང་བདག་དང་གཞན་ལ་ཕན་པར་བྱེད་པའི་བསམ་པ་སྟེ་།སེམས་དཔའ་བདུན་དང་བཅས་པའོ། །དེའི་སྒྲིབ་པ་གསུམ་ལ་རིགས་དང་མི་ལྡན་པ་ནི་རིགས་མེད་པ་འམ་ཉན་ཐོས་ལ་སོགས་པའི་རིགས་སོ། །དགེ་བའི་བཤེས་གཉེན་དང་མི་ལྡན་པ་ཞེས་བྱ་བ་ནི། ་རིགས་ཡོད་ཀྱང་དེ་གང་དག་བྱང་ཆུབ་ཀྱི་སེམས་བསྐྱེད་པ་ཡང་དག་པར་འཛིན་དུ་འཇུག་པ་དེ་དག་དང་མི་ཕྲད་པ་སྟེ། གང་ལ་བརྟེན་ནས་བྱང་ཆུབ་ལས་རྣམ་བར་ལྡོག་པ་འམ། དགེ་བའི་ཆོས་རྣམས་ཀྱིས་མི་འཕེལ་བའོ། །དགེ་བའི་བཤེས་གཉེན་དང་ཕྲད ་དུ་ཟིན་ཀྱང་འཁོར་བའི་སྡུག་བསྔལ་རྣམས་ཀྱིས་སེམས་ཡོངས་སུ་སྐྱོ་སྟེ། སེམས་ཅན་ལོག་པར་ཞུགས་པ་རྣམས་ལ་སེམས་སྐྱོ་ནས་མྱུར་དུ་མྱ་ངན་ལས་འདའ་བར་སེམས་སོ། །འདི་ལ་སྒྲིབ་པ་གང་ཞེ་ན་།རྒྱུ་དང་མི་ལྡན་པ་དང་རྒྱེན་དང་མི་ལྡན་པ་དང་།སེམས ་ཅན་རྣམས་ལ་སྙིང་མ་རྗེ་བ་དང་ལེ་ལོ་སྟེ་།སྙིང་རྗེ་མེད་པ་ནི་སེམས་ཅན་གྱི་དོན་གྱི་སྐྱོ་བར་འགྱུར་བ་འམ་སྒྱིང་ལུག་པར་འགྱུར་རོ། །བློ་དང་ལྡན་པ་ནི་བྱང་ཆུབ་སེམས་དཔའ་ཉིད་དེ་ཞེས་བྱ་བ་ནི། རང་བཞིན་གྱི་ཉན་ཐོས་ལ་སོགས་པའི་རིགས་ཅན་རྣམས ་པས་དབང་པོ་རྣོ་བ་དང། ཤེས་པར་བྱ་བ་ཐམས་ཅད་ཀྱིས་རྣམ་པ་ཐམས་ཅད་ལ་ཉེ་བར་རྟོགས་པའི་སྐབས་ཡིན་པ་དང་ཆོས་ཟབ་ཅིང་རྒྱ་ཆེ་བ་ལ་མོས་པས། བྱང་ཆུབ་སེམས་དཔའ་ཉིད་བློ་ལྡན་ཡིན་གྱི་གཞན་ནི་ནམ་ཡིན་ནོ། །བྱང་ཆུབ་སེམས་དཔའ་ཉིད་ནི། ་གཞན་གྱི་དོན་ཕྱིན་ཅི་མ་ལོག་པར་སྒྲུབ་པའོ། །སྒྲུབ་པ་དང་མི་ལྡན་ཞེས་པ་ནི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ལ་མི་འཇུག་པའོ། །སྒྲུབ་པ་ལ་གནས་པ་ནི་བྱང་ཆུབ་སེམས་དཔར་ཤེས་སོ། །སྐྱེ་བ་ངན་པ་ནི་སྐྱེ་བོ་བླུན་པོའོ་ཞེས་བྱ་བ་ནི་ཡོངས་སུ་མི་རྟོག་པའི་སྐྱེ་བོ་ཞེས ་བྱ་བའི་ཐ་ཚིག་སྟེ་།སྐྱེ་བོ་ངན་པ་ནི་སྒྲུབ་པ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་ལ་འདིའོ་ཞེས་མི་ཤེས་པའོ། །སྐྱེ་བོ་སྔར་བ་ནི་ཞེ་འགྲས་པ་རྣམས་སོ་ཞེས་བྱ་བ་ནི་།བྱང་ཆུབ་སེམས་དཔའ་ལ་ཞེ་སྡང་བ་རྣམས་ཏེ་།དེ་དག་གླགས་ཚོལ་བས་བྱང་ཆུབ་སེམས་དཔའ་ཨི ་ཡོན་ཏན་ཡང་དག་པ་རྣམས་ནི་མི་མཐོང་ལ་།ཉེས་པ་མེད་པ་ནི་མཐོང་བའམ་ཞེ་སྡང་གིས་གནོད་པར་སེམས་པས་ཡོན་ཏན་ཡང་དག་པ་རྣམས་བཅས་པས?་ཏེ་།སྒྲོ་བཏགས་ནས་མེད་པའི་ཉེས་པ་སྒྲོགས་པའོ། །འདི་ལ་སྒྲིབ་པ་གང་ཞེ་ན་།སྦྱིན་པའི་ཕ་རོལ་ཏུ ་ཕྱིན་པ་ལ་སོགས་པའི་མི་མཐུན་པའི་ཕྱོགས་དང་མི་ཤེས་པ་དང་ཞེ་སྡང་བའོ། །འཁྲུལ་པ་མེད་པའི་སྒྲིབ་པ་གསུམ་ནི་ཞེས་བྱ་བ་ནི། སྒྲོ་འདོགས་པ་དང་སྐུར་པ་འདེབས་ཕྱིར་འཁྲུལ་པའོ། །གཉེན་པོ་ནི་འཁྲུལ་པའམ་མེད་པ་སྟེ་།མཐོང་བའི་ལམ་མོ། །ཁ ་ཅིག་ན་རེ་ཕྱིན་ཅི་ལོག་གི་གནས་ངན་ལེན་ནི་གཟུང་བ་དང་འཛིན་བ་ལ་མངོན་པར་ཞེན་པའི་བག་ཆགས་བརྟས་པ་ཞེའོ། །གཞན་དག་ན་རེ་མཐོང་བས་སྤང་བར་བྱ་བའི་བག་ལ་ཉལ་ཐམས་ཅད་དམ་།ཆོས་ཀྱི་དབྱིངས་ཐམས་ཅད་དུ་འགྲོ་བར་ཁོང་དུ ་ཆུད་པར་བྱ་བའི་བགེགས་སུ་གྱུར་པ་ཉོན་མོངས་པ་ཅན་མ་ཡིན་པའི་མི་ཤེས་པའི་ས་བོན་ཀུན་གཞི་རྣམ་པར་ཤེས་པ་ལ་གནས་པ་ཡོངས་སུ་གསོས་པའོ་ཞེའོ། །གཞན་དག་ན་རེ་བདག་ལ་སོགས་བ་མེད་པར་བདག་ལ་སོགས་པར་རྣམ་པར་རྟོག་པ་ནི་ཕྱིན་ཅི་ལོག་གོ་ཞེའོ། ། ་ཉོན་མོངས་པ་ལ་སོགས་པ་བསྒྲིབ་པ་གསུམ་ལས་ལྷག་མ་གང་ཡང་རུང་བ་ཞེས་བྱ་བ་དེ་ལ་ཉོན་མོངས་པའི་སྒྲིབ་པ་ནི་ཤས་ཆེ་བ་དང་ཡུན་རིང་པོ་ནས་འདོད་ཆགས་ལ་སོགས་པ་ཀུན་ཏུ་འབྱུང་བ་སྟེ། དེའི་གཉེན་པོ་ལ་སྦྱོར་བའི་སྐབས་མི་འབྱེད་པས་འཁྲུལ ་པ་མེད་པ་ལ་སྒྲིབ་པོ། །ལས་ཀྱི་སྒྲིབ་པ་ནི་མཚམས་མེད་པ་ལ་སོགས་པའི་ལས་ངན་སོང་དུ་ངེས་པ་གང་ཡིན་པའོ། །རྣམ་པར་སྨིན་པའི་སྒྲིབ་པ་ནི་ངན་སོང་ལ་སོགས་བ་སྟེ་།དེར་སྐྱེས་པ་ལ་འཕགས་པའི་ཆོས་སྐྱེ་བའི་སྐལ་པ་མེད་དོ། །ཉོན་མོངས་པ་དང ་ལས་དང་ཚེ་ད་དག་ལས་ལྷག་མ་གང་ཡང་རུང་བ་ཞིག་སྒྲིབ་པ་ཡིན་གྱི་ཟང་བར་ནི་མ་ཡིན་ནོ། །རྣམ་པར་གྲོལ་བའི་ཡོངས་སུ་སྨིན་པར་བྱེད་པའི་ཤེས་རབ་ཡོངས་སུ་མ་སྨིན་པའོ་ཞེས་བྱ་བ་ནི་རྣམ་པར་གྲོལ་བ་ཐོབ་པར་བྱེད་པའི་ཤེས་རབ་ལས་སུ་མི་རུང་བའོ། །ཁ ་ཅིག་ན་རེ་ངེས་པར་འབྱེད་པའི་ཆ་དང་མཐུན་པའི་གནས་མ་ཐོབ་པའི་ཕྱིར་ཞེའོ། །གཞན་དག་ན་རེ་རྣམ་པར་མི་རྟོག་པ་དང་དེ་ལ་སྦྱོར་བ་ཅན་གཉིས་ནི། འདིར་རྣམ་པར་གྲོལ་བ་ཡོངས་སུ་སྨིན་པར་བྱེད་པའི་ཤེས་རབ་བོ། །དེ་གཉིས་ཡོངས་སུ་མ་སྨིན་པ་ནི ་ཚོགས་ཡོངས་སུ་མ་རྫོགས་པའི་ཕྱིར་དེ་ཁོ་ན་རྟོགས་པའི་འོས་མ་ཡིན་པ་དང་།དེའི་རྒྱུའི་དངོས་པོའི་འོས་མ་ཡིན་པ་དང། གོ་རིམས་བཞིན་ནོ་ཞེའོ། །འདི་ལ་སྒྲིབ་བ་གང་ཞེ་ན་།མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པའི་བག་ཆགས་བརྟས་པ་དང་།ཉོན ་མོངས་པའི་སྒྲིབ་པ་ལ་སོགས་པའི་ལྷག་མ་གཞན་གང་ཡང་རུང་བ་དང་ཤེས་རབ་ཡོངས་སུ་སྨིན་པའི་གེགས་སུ་གྱུར་བ་མི་ཤེས་པ་དང་ཚོགས་ཡོངས་སུ་མ་རྫོགས་པའོ། །སྒྲིབ་པ་སྤངས་པ་ནི་སྒྲིབ་པ་མེད་པ་ཞེས་བྱ་བ་ནི་འདིས་སྒྲིབ་པ་སྤོང་བར་བྱེད་པས་སྒྲིབ་པ་སྤོང ་བ་སྟེ། སྒྲིབ་བའི་གཉེན་པོ་ཡིན་པས་སྒྲིབ་པ་མེད་པ་ནི་བསྒོམ་པའི་ལ་མོ། །དེའི་གསུམ་ནི་ལྷན་ཅིག་སྐྱེས་པའི་གནས་ངན་ལེན་ཅེས་བྱ་བ་ནི། བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པའི་བག་ལ་ཉལ་ལོ། །ཡང་ན་བདག་ཏུ་ལྟ་བ་ལ་སོགས ་བ་ལྷན་ཅིག་སྐྱེས་པ་རྣམས་དང་།ཆོས་ཀྱི་དབྱིངས་མཆོག་གི་དོན་ལ་སོགས་པ་རྟོགས་པའི་གེགས་བྱེད་པ་ཉོན་མོངས་པ་ཅན་མ་ཡིན་པའི་ས་བོན་ཀུན་གཞི་རྣམ་པར་ཤེས་པ་ལ་གནས་པ་ཡོངས་སུ་གསོས་པའོ། །ལེ་ལོ་ནི་སྙོམ་ལས་གཏི་མུག་གི་ཆར་གཏོགས་པས ་སེམས་མངོན་པར་མི་སྤྲོ་བའོ་བག་མེད་པ་ནི་ཡུལ་ལ་རྣམ་པར་ཆགས་པ་དང་དགེ་བ་ལ་མི་འཇུག་པའོ། །ཁ་ཅིག་ན་རེ་ཏིང་ངེ་འཛིན་གྱི་རོ་མྱང་བ་ནི་བག་མེད་པའོ་ཞེའོ། །དེ་ལ་གནས་ངན་ལེན་དང་ལེ་ལོས་ནི་ལམ་མི་བསྒོམ་མོ། །བག་མེད་པས་ནི་དགེ་བ་ལས་སེམས ་མི་སྲུང་བའོ། །འདི་ལ་སྒྲིབ་པ་གང་ཞེ་ན། གསུམ་པོ་དེ་ཉིད། །ཡོངས་སུ་བསྔོ་བའི་སྒྲིབ་པ་གསུམ་ནི་གང་དག་གིས་སེམས་གཞན་དུ་སྔོ་བར་བྱེད་ཀྱི་ཞེས་བྱ་བ་དེ་ལ་སྔོ་བ་ནི་དགེ་བའི་རྩ་བ་སྐྱེས་ཤིང་བྱུང་བ་རྣམས་སངས་རྒྱས་ཉིད་དུ་སེམས་ཀྱིས་ངེས་པར་བྱེད་པའོ། ། ་དེ་ལ་སྒྲིབ་པ་གསུམ་སྟེ། གསུམ་གང་ཞེ་ན་།གང་དག་གིས་སངས་རྒྱས་ཉིད་ལས་གཞན་དུ་འཁོར་བའམ་།ཉན་ཐོས་ལ་སོགས་པའི་བྱང་ཆུབ་སེམས་ཡོངས་སུ་སྔོ་བར་བྱེད་ཀྱི། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མི་བསྔོའོ། །དེ་དག་ཀྱང ་སྲིད་པ་ཆགས་པ་དང་།ལོངས་སྤྱོད་པ་ལ་ཆགས་པ་དང། སེམས་ཞུམ་པའོ། །སྲིད་པ་ནི་ཉེ་བར་ལེན་པའི་ཕུང་པོ་ལྔ་རྣམས་སོ། །ཕྱེད་པར་བྱ་བས་ན་ལོངས་སྤྱོད་དེ་གཟུགས་ལ་སོགས་པ་ཡུལ་རྣམས་སོ། །དེ་དག་ལ་རྣམ་པར་ཆགས་པ་ནི་ཆགས་པའོ། ། ་སེམས་ཞུམ་པ་ནི་སེམས་རྒྱ་ཆུང་བ་སྟེ། སངས་རྒྱས་ཉིད་དུ་ག་ལ་འགྲུབ་བདག་ལྟ་བུས་ག་ལ་ཞིག་ཅེས་བདག་ལ་མི་སྲིད་པར་སེམས་སོ། །དེ་ལ་སྲིད་པ་ལ་ཆགས་པ་དང་ལོངས་སྤྱོད་ལ་ཆགས་པས་ནི་བདེ་འགྲོར་སེམས་སྔོ་བར་བྱེད་དོ། །སེམས་ཞུམ་པས ་ནི་ཉན་ཐོས་ཀྱི་ཐེག་པར་སྔོ་བར་བྱེད་དོ། །འདི་ལ་སྒྲིབ་པ་གང་ཞེ་ན། སྲིད་པ་དང་ལོངས་སྤྱོད་ལ་སྲེད་པ་དང། ལེ་ལོ་དང་སྙིང་རྗེ་མེད་པའོ། །མི་སྐྲག་པའི་སྒྲིབ་པ་གསུམ་ནི་ཞེས་བྱ་བ་ལ་།མི་སྐྲག་པ་གང་ཞེ་ན་།སྟོང་པ་ཉིད་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཨི ་ཆོས་ཟབ་ཅིང་རྒྱ་ཆེ་བ་ལ་མོས་ཤིང་མི་འཇིགས་པའོ། །གང་ཟག་ལ་མི་སྲིད་སྙམ་པ་ནི་ཐེག་པ་ཆེན་པོའི་ཚུལ་མངོན་པར་བརྗོད་པའི་གང་ཟག་ལས་ནོར་བར་ཁོང་དུ་ཆུད་ཅིང་འཆད་པ་དང་ཚུལ་ཁྲིམས་དང་ཏིང་ངེ་འཛིན་དང། ཤེས་རབ་ལ་སོགས་པ་ཡོན་ཏན ་ལ་ཡིད་མི་ཆེས་པའོ། །ཆོས་ལ་མི་མོས་པ་ནི་སངས་རྒྱས་ཀྱིས་གསུང་རབ་ཚུལ་ཟབ་ཅིང་རྒྱ་ཆེ་བ་ཁོང་དུ་ཆུད་པར་བྱེད་པ་དང་།དོན་མ་ལོག་པའོ་ཞེས་ཡིད་མི་ཆེས་པའོ། །དོན་ལ་སྒྲ་བཞིན་དུ་སྤྱོད་པ་ནི་མ་སྐྱེས་པ་དང་མ་འགགས་པ་དང་།གཟོད་ནས་ཞི་བ་ལ་སོགས ་པའི་དོན་ལ་སྒྲ་ཇི་བཞིན་ཁོ་ནར་རྟོག་པར་བྱེད་ཅིང་དགོངས་པའི་དོན་གྱི་དེ་ཁོ་ན་ཁོང་དུ་མི་ཆུད་པ་སྟེ་།དེའི་ཕྱིར་མ་སྐྱེས་པ་ལ་སོགས་པའི་དོན་ལ་མི་མོས་སོ། །འདི་ལ་སྒྲིབ་པ་གང་ཞེ་ན། ཐེ་ཚོམ་དང། ཤེས་རབ་དང། ཏིང་ངེ་འཛིན་གྱི་མི་མཐུན་པའི་ཕྱོགས་སུ ་གྱུར་པ་མི་ཤེས་པ་དང་དགོངས་པའི་དོན་ལ་སྤྱོད་པ་མི་མཐུན་པའི་ཕྱོགས་སུ་གྱུར་པའོ། །སེར་སྣ་མེད་པའི་སྒྲིབ་པ་གསུམ་ནི་ཞེས་བྱ་བ་ལ། སེར་སྣ་མེད་པ་ནི་གང་གིས་དམ་པའི་ཆོས་གནས་པར་བྱ་བའི་ཕྱིར་རམ། །གཞན་རྗེས་སུ་གཟུང་བའི་ཕྱིར་ཆོས་སྟོན ་པར་བྱེད་བའོ། །དམ་པའི་ཆོས་ལ་ཆེད་ཆེར་མི་འཛིན་པ་ནི་གཅེས་སུ་མི་འཛིན་པ་སྟེ། དེས་གཞན་གྱི་སེམས་ཀྱི་རྒྱུད་ལ་གོ་བར་མི་བྱེད་པ་དང། དམ་པའི་ཆོས་སུ་ཡུན་རིང་དུ་གནས་པར་མི་བྱེད་པའོ། །རྙེད་པ་དང་བཀུར་སྟི་དང་མཆོད་པ་ལ་ཆེད་ཆེར་མི ་འཛིན་པ་ནི་གཅེས་སུ་མི་འཛིན་པའོ། །དམ་པའི་ཆོས་ལ་ཆེད་ཆེར་འཛིན་ཀྱང་བདག་དང་གཞན་མཚུངས་སམ་ལྷུན་ཅིག་གི་དོགས་ཏེ་།དེའི་ཕྱིར་རྙེད་པ་ལ་སོགས་པའི་བར་ཆད་དུ་འགྱུར་པས་འཇིགས་ནས་ཆོས་མི་འཆད་པའོ། །རྙེད་པ་དང་བཀུར་སྟི ་ལ་ལྷག་པར་ཞེན་པ་མེད་ཀྱང་སེམས་ཅན་རྣམས་ལ་སྙིང་རྗེ་མེད་པ་ཞེས་བྱ་བ་ནི། སེམས་ཅན་རྣམས་ལ་སྙིང་རྗེ་མེད་པས་ཆོས་མི་འཆད་དེ་སྙིང་རྗེ་མེད་པ་ནི་སེམས་ཅན་གྱི་སྡུག་བསྔལ་གྱི་གནོད་པར་མི་འགྱུར་རོ། །འདི་ལ་སྒྲིབ་པ་གང་ཞེ་ན། ཆེད ་ཆེར་མི་འཛིན་པ་དང་རྙེད་པ་དང་བཀུར་སྟི་ལ་ཆགས་པ་དང་སྙིང་རྗེ་མེད་པའོ། །དབང་གི་སྒྲིབ་པ་གསུམ་ནི་ཞེས་བྱ་བ་ལ་དབང་ནི་སེམས་ཀྱི་དབང་རྣམས་ཐམས་ཅད་ཐོབ་པ་སངས་རྒྱས་ཉིད་དབང་ངོ། །དེའི་སྒྲིབ་པ་གསུམ་པོ་དག་མི་ཤེས་པས་དེའི་ཕྱིར། གང་དག་གིས ་དབང་བྱེད་པ་མི་འཐོབ་པ་སྟེ་ཞེས་བྱ་བ་སྨོས་སོ། །དབང་བྱེད་པ་ནི་སེམས་ཀྱི་དབང་ལ་དག་ལུས་པའི་ཕྱིར། གང་དག་གིས་དབང་བྱེད་པ་མི་འཐོབ་པ་དེ་ཉིད་དབང་གིས་སྒྲིབ་པའོ་ཞེས་བརྗོད་དོ། །དབང་བྱེད་པ་ནི་ཡེ་ཤེས་དང་སྤོང་བ་དང་མཐུ་ཕུན་སུམ་ཚོགས་པའོ ་ཡང་ན་གང་དག་གིས་དབང་བྱེད་པ་མི་འཐོབ་པ་ཞེས་བྱ་བ་ནི་དབང་གི་རྣམ་གྲངས་སུ་བསྟན་པ་སྟེ། སངས་རྒྱས་ཉིད་མི་འཐོབ་ཅེས་བྱ་བའི་ཐ་ཚིག་གོ་།ཐོས་བས་ཕོངས་པ་ནི་དམ་པའི་ཆོས་ཉན་པ་དང་གཏན་དུ་བྲལ་བ་སྟེ། ཅ?་ལག་རྣམས་དང་གཏན་དུ་བྲལ་བ ་ལ་རྩ་ལག་གིས་ཕོངས་པའོ་ཞེས་བྱ་བ་ལྟ་བུའོ། །ཐེས་པས་ཕོངས་པ་དེ་ཡང་ཆོས་ཀྱི་ཕོངས་པར་འགྱུར་བའི་ལས་སྐྱེས་པས་འགྱུར་ཏེ། རང་གི་ལྟ་བ་མཆོག་ཏུ་འཛིན་པ་ལ་གནས་པའི་ཕྱིར་རམ། །མི་དགེ་བའི་བཤེས་གཉེན་ལ་བརྟན་པའི་ཕྱིར་འགྱོད་པ་མེད ་པ་གང་དག་གིས་ཐེག་པ་ཆེན་པོའི་མདོ་སྡེ་ལ། འདི་ནི་བདུད་ཀྱིས་སྨྲས་པ་དང། ངན་སོང་གི་རྒྱུ་སྟེ། འདི་ནི་སངས་རྒྱས་གྱིས་གསུངས་བ་མ་ཡིན་ནོ་ཞེས་སྤོང་བ་དང་།གཞན་དག་ཀྱང་དེ་ལ་མོས་པ་བཟློག་པ་དང། ཡི་གེར་བྲིས་པ་འཕྱི་བ་དང། སྲིད་པ་དང་ཆུར་སྐྱུར ་བ་ལ་སོགས་པའི་རྣམ་པ་རྣམས་ཀྱིས་དམ་བའི་ཆོས་ཉན་པ་དང་ལྡན་པའི་ལས་ཀྱི་ས་བོན་ཡོངས་སུ་གསོས་པས་དམ་པའི་ཆོས་ཀྱིས་འོངས་པར་འགྱུར་བའི་ལས་རབ་ཏུ་སྐྱེའོ། །ཐོས་པས་ཕོངས་པར་མ་གྱུར་ན་ཡང་ཐོས་པ་ཉུང་སྟེ། ཡེ་ཤེས་ཀྱི་ཚིག་ཡོངས་སུ་མ་རྫོགས་པས ་སྒྲིབ་པོ་ཞེས་སྦྱར་རོ། །ཐོས་པ་ཉུང་བ་ནི་ཆོས་རབ་ཏུ་རྣམ་པར་འབྱེད་མི་ནུས་སོ། །མང་དུ་ཐོས་པར་གྱུར་ཀྱང་ཏིང་ངེ་འཛིན་ཡོངས་སུ་སྦྱང་བ་མ་བྱས་པ་ཉིད་ཀྱང་སྒྲིབ་བོ་ཞེས་སྦྱར་རོ། །འདུན་པ་ལ་སོགས་པ་ལས་གང་ཡང་རུང་བ་ཞིག་མེད་པའི་ཕྱིར་རམ་སྤོང་བའི་འདུ་བྱེད་བརྒྱད་པ་དག? ་ལས་གང་ཡང་རུང་བ་ཞིག་མེད་པས་བསྒོམ་པ་ཡོངས་སུ་མ་རྫོགས་པའི་ཕྱིར་ཏིང་ངེ་འཛིན་ཡོངས་སུ་སྦྱང་བ་མ་བྱས་པའོ། །ཡང་ན་སངས་རྒྱས་ཀྱི་ཏིང་ངེ་འཛིན་རྡོ་རྗེ་ལྟ་བུ་ལ་སོགས་པ་ཡོངས་སུ་མི་སྒྲུས་པ་ནི་ཡོངས་སུ་སྦྱང་པ་མ་བྱས་པའོ། །འདི་ལ་སྒྲིབ་པ་གང་ཞེ་ན། ཆོས་ཀྱིས ་ཕོངས་པར་གྱུར་བའི་ལས་དང་ཐོས་པ་ཉུང་སྟེ། འཆལ་བའི་ཤེས་རབ་དང་ཏིང་ངེ་འཛིན་དང་མི་མཐུན་པའི་ཕྱིད་བ་དང་རྒོད་པ་ལ་སོགས་པ་ཉེ་བར་ཉོན་མོངས་པའོ། །སྒྲིབ་པ་འདི་ནི་ཞེས་བྱ་བ་ནི་སྦྱོར་བ་མེད་པ་ལ་སོགས་པའོ། །དགེ་བ་ལ་སོགས་པ་ཞེས་བྱ་བ་ནི། དབང ་ལ་ཐུག་གི་བར་དུ་དངོས་པོ་རྣམས་བཅུའོ། །དོན་གང་ལ་བྱེད་རྒྱུ་བཅུར་འགྱུར་བ་ཞེས་བྱ་བ་ནི་སྐྱེ་བ་ལ་སོགས་པ་ནས། འཐོབ་པ་ལ་ཐུག་གི་བར་གྱི་དོན་གང་ལ་སྒྲིབ་པ་དེ་བཟློག་ན་སྦྱོར་བ་ལ་སོགས་པ་ནས་ཏིང་ངེ་འཛིན་ཡོངས་སུ་སྦྱང་བ་བྱས་པ་ལ་ཐུག་པ་རྣམས་ནི ་བྱེད་རྒྱུ་བཅུར་འགྱུར་རོ། །འདིར་ནི་སོ་སོ་ཐ་དད་ཀྱང་སྐྱེ་བ་ལ་སོགས་པའི་རྒྱུ་ཉིད་དུ་ཁྱད་པར་མེད་པའི་ཕྱིར་བྱེ་བྲག་མེད་པའི་བསྟན་ཏོ། །དོན་དེའི་སྐབས་ཀྱིས་ཞེས་བྱ་བ་ནི་སྐྱེ་བ་ལ་སོགས་པའི་དོན་གྱི་དབང་དུ་བྱས་ཞེས་བྱ་བའི་ཐ་ཚིག་སྟེ། འདི་ལྟར་དགེ ་བ་ལ་སོགས་པ་དེ་དག་སྐྱེ་བ་ལ་སོགས་པའི་རྒྱུ་ལ་གེགས་སུ་གྱུར་པའི་ཚེ་ན། སྐྱེ་བ་ལ་སོགས་པ་ལ་སྒྲིབ་བོ་ཞེས་བྱ་སྟེ། དཔེར་ན་རྩིག་པ་ལ་སོགས་པས་སྣང་བ་སྒྲིབས་ནས། དེའི་འབྲས་བུ་མིག་གི་རྣམ་པར་ཤེས་པ་ལ་ཡང་སྒྲིབ་བོ་ཞེས་བྱ་བ་ལྟ་བུའོ། །དེ་ལྟར ་བྱས་ནས་ཆོས་བཅུ་པོ་དེ་དག་གི་སྒྲིབ་པ་སུམ་ཅུ་པོ་བཟློག་ན་བྱེད་རྒྱུ་སུམ་ཅུ་བསྟན་པ་ཡིན་ནོ། །དེ་ལ་དགེ་བ་སྐྱེ་བའི་བྱེད་རྒྱུ་གསུམ་ནི་སྦྱོར་བ་དང་སྐྱེ་མཆེད་ལ་སྦྱོར་བ་དད་ཚུལ་བཞིན་ལ་སྦྱོར་བའོ། །འདི་ལྟ་སྟེ། མིག་ལ་སོགས་པ་ཞེས་བྱ་བ་ནི་འདིར་དཔེ་སྟེ། ་མིག་ལ་སོགས་པ་ནི་རྣམ་པར་ཤེས་པ་འབྱུང་བའི་བྱེད་རྒྱུ་ཉིད་ཡིན་གྱི། གནས་པ་ལ་སོགས་བའི་བྱེད་རྒྱུ་ནི་མ་ཡིན་ནོ། །དེ་ལ་སྦྱོར་བ་མེད་པ་ལ་སོགས་བ་སྦྱོར་བ་ལ་མངོན་དུ་གེགས་སུ་གྱུར་བ་ན་གཅིག་ནས་གཅིག་ཏུ་བརྒྱུད་དེ་དགེ་བ་སྐྱེ་བ་ལ་ཡང་གེགས ་བྱེད་པས་དེ་བཞིན་དུ་སྐྱེ་བ་ལ་སྒྲིབ་པ་ནི་དགེ་བ་ལ་སྒྲིབ་པ་སྟེ་།དེའི་ཕྱིར་དེ་བསྐྱེད་པར་བྱ་བའི་ཕྱིར་རོ་ཞེས་བྱ་བ་སྨོས་སོ། །དགེ་བ་ལ་གནས་པ་ལ་སོགས་པའི་སྲིད་པས་སྐྱེ་བའི་སྒྲིབ་པ་ཉིད་ཡིན་ནོ་ཞེས་སྟོན་ཏེ། བྱང་ཆུབ་ལ་ནི་གནས་པའི་བྱེད་རྒྱུ་ཡོད་དེ། བྱང་ཆུབ་ནི་གནས་གྱུར ་པའོ། །དེ་བཞིན་ཉིད་དྲི་མ་མེད་པ་ནི་གནས་པའོ། །འདིར་རྒྱུ་སྨོས་བ་མི་འཁྲུགས་པའི་ཕྱིར་རོ་ཞེས་བྱ་བའོ། །འཇིག་རྟེན་ཇི་སྲིད་བདེ་སྲིད་དུ་གནས་བས་མི་འཁྲུགས་པ་སྟེ། གཞན་དུ་མི་འགྱུར་བ་དང་རྣམ་པར་མི་ལྡོག་བའོ། །ཉན་ཐོས་ལ་སོགས་པའི་བྱང ་ཆུབ་ནི་བདག་གི་རྒྱུ་ཉིད་ཀྱི་དོན་བྱས་ནས་རྣམ་བར་ལྡོག་གོ། །བྱང་ཆུབ་སེམས་དཔའ་ནི་སེམས་ཅན་ཐམས་ཅད་ལ་ཕན་བ་དང་བདེ་བར་བྱ་བའི་ལྷག་པའི་བསམ་བས་ཚོགས་རྣམས་ལ་འཇུག་པ་ན་གནས་གྱུར་པའི་མཚན་ཉིད་བྱང་ཆུབ་སེམས་ཅན་ཇི་སྲིད ་པ་དེ་སྲིད་དུ་གནས་པར་སྨོན་ཏེ། ཉན་ཐོས་ལ་སོགས་པ་ལྟར་མི་སྐྱེ་བ་ཙམ་གྱི་ཕྱིར་ནི་མ་ཡིན་ནོ། །གནས་པ་ནི་སྐྱེ་བ་མེད་བར་མི་འགྱུར་བས་འདིར་ཡང་སྐྱེ་བ་ཡོད་པར་འགྱུར་རོ། །དེ་བས་ན་བྱང་ཆུབ་ཀྱི་གནས་པའི་བྱེད་རྒྱུ་ཉིད་བརྗོད་ཀྱི་སྐྱེ་བའི་བྱེད་རྒྱུ་ནི་མ ་ཡིན་ནོ། །དེ་མ་གཏོགས་པར་གཞན་གནས་པའི་བྱེད་རྒྱུ་མེད་པས་དེའི་ཕྱིར་དེ་ཉིད་བཤད་དོ། །ཡང་ན་དེ་བཞིན་ཉིད་རྣམ་པར་དག་པ་ནི་བྱང་ཆུབ་སྟེ། དེ་བཞིན་ཉིད་ངོ་བོ་ཉིད་ཀྱིས་རྣམ་པར་དག་པས་སྐྱེ་བ་མེད་།གློ་བུར་གྱི་དྲི་མ་མེད་བར་གྱུར་ན་བྱེད ་རྒྱུ་དེ་དག་གིས་གཏན་དུ་གནས་པ་ཉིད་ཅེས་བརྗོད་ཀྱི་སྐྱེ་བ་ནི་མ་ཡིན་ནོ། །བྱང་ཆུབ་ཀྱི་གནས་པའི་བྱེད་རྒྱུ་ནི་དགེ་བའི་རྩ་བ་སྐྱེ་བ་དང། ཡིད་ལ་བྱེད་པ་དང་ཚོགས་ཡོངས་སུ་རྫོགས་པའོ། །འདིར་ཡང་དགེ་བ་མི་སྐྱེ་བ་ལ་སོགས་པ་ནི་དགེ་བ་སྐྱེ་བ་ལ ་སོགས་བའི་།གེགས་སུ་གྱུར་བས་བྱང་ཆུབ་ཀྱི་གནས་པ་ལ་གནོད་པ་བྱེད་པའི་ཕྱིར་གནས་པའི་སྒྲིབ་བ་ཞེས་བཤད་དོ། །གནས་པའི་བྱེད་རྒྱུ་ནི་དཔེར་ན་སེམས་ཅན་རྣམས་ཀྱི་ཟས་གཞི་ལྟ་བུའོ་ཞེས་བྱ་བ་ནི། འདིར་དཔེའོ། །ཁམ་གྱི་ཟ་བའི་ཟས་ལ་སོགས་པ་ལྷན?་མེད་བའི་སེམས ་ཅན་སྐྱེད་བར་བྱེད་བ་ནི་མ་ཡིན་གྱི་སྔར་སྐྱེས་བ་རྣམ་བར་གནས་བར་བྱེད་པ་ཉིད་དོ། །རྟེན་པའི་བྱེད་རྒྱུ་ཞེས་བྱ་བ་ལ་རྟེན་ནི་བྱང་ཆུབ་ཀྱི་སེམས་ཏེ། དགེ་བའི་ཆོས་ཐམས་ཅད་ཀྱི་གཞིར་གྱུར་པ་དེ་ནི་དེའི་རྟེན་ཏེ། འདིས་འཛིན་པས་དཔེར་ན་སེམས་ཅན་གྱི་འཇིག་རྟེན་གྱི་སྣོད་ཀྱི ་འཇིག་རྟེན་ལྟ་བུའོ་ཞེས་བྱ་བ་ནི་འདིར་དཔེའོ། །དེའི་བྱེད་རྒྱུ་ནི་རིགས་དང་བཤེས་གཉེན་ཕུན་སུམ་ཚོགས་པ་དང། སེམས་ཡོངས་སུ་མི་སྐྱོ་བའོ། །དེ་ལ་རིགས་དང་མི་ལྡན་པ་ལ་སོགས་པ་ནི་བརྟེན་པའི་བྱེད་རྒྱུ་དང་འགལ་བས་རྟེན་ལ་ཡང་སྒྲིབ་པར་བཤད་དོ། །དེའི་ཕྱིར་རྟེན ་གྱི་སྒྲིབ་པ་ནི་ཡང་དག་བར་འཛིན་པ་ལ་སྒྲིབ་སྟེ། བྱང་ཆུབ་ཀྱི་སེམས་རྒྱུར་གྱུར་བའི་ཕྱིར་རོ་ཞེས་བྱ་བ་སྨོས་སོ། །དཔེར་ན་གཟུགས་ཀྱི་སྣང་བ་ལྟ་བུའོ་ཞེས་བྱ་བ་ནི་འདིར་དཔེའོ། །གསལ་བའི་བྱེད་རྒྱུ་ནི་བློ་ལྡན་བྱང་ཆུབ་སེམས་དཔའ་ཨི་སྒྲིབ་པ་སྟེ་རབ་ཏུ་བསྟན་བར་བྱ་བའི་ཕྱིར་རོ། །དེ་ཡང ་སྒྲུབ་པ་ཕུན་སུམ་ཚོགས་པ་དང། སྐྱེ་བོ་རུང་བ་དང་འགྲོགས་པ་དང། སྐྱེ་བོ་གནོད་པར་སེམས་པ་དང་འགྲོགས་བའོ། །འདིར་སྒྲུབ་པ་དང་མི་ལྡན་བ་ལ་སོགས་པ་ནི་བློ་ལྡན་གསལ་བའི་སྒྲིབ་པ་ཞེས་བྱ་སྟེ། དེའི་ཕྱིར་གསལ་བ་ལ་སྒྲིབ་པ་ནི་བློ་དང་ལྡན་པ་ལ་སྒྲིབ་བ་སྟེ། ་དེ་བསྟན་བར་བྱ་བའི་ཕྱིར་རོ་ཞེས་བྱ་བ་སྨོས་སོ། །དཔེར་ན་གཟུགས་ཀྱི་སྣང་བ་ལྟ་བུའོ་ཞེས་བྱ་བ་ནི་འདིར་དཔེའོ། །སྣང་བ་ནི་གཟུགས་འབའ་ཞིག་གསལ་བའི་བྱེད་རྒྱུ་ཉིད་ཡིན་ཏེ། སྐྱེ་བ་ལ་སོགས་བའི་བྱེད་རྒྱུ་ནི་མ་ཡིན་ནོ། །འགྱུར་བའི་བྱེད་རྒྱུ་ནི་འཁྲུལ་པ་མེད་པའི་རྒྱུ་སྟེ། ་སྒྲོ་འདོགS་པ་དང་སྐུར་བ་འདེབས་པ་འཁྲུལ་པ་ལྡོག་པའི་བདག་ཉིད་ཡིན་བས་འཁྲུལ་བ་མེད་པ་ནི་མཐོང་བའི་ལམ་མོ། །འཁྲུལ་བ་མེད་པར་འགྱུར་བ་ཞེས་བྱ་བ་སྟེ། དཔེར་ན་ཤིང་ལ་སོགས་པའི་ཐལ་བ་ལ་སོགས་པ་ལྟ་བུའོ། །དེའི་བྱེད་རྒྱུ་གསུམ་ནི་ཕྱིན་ཅི་ལོག་གི ་གནས་ངན་ལེན་བཅོམ་པ་དང། ཉོན་མོངས་པ་ལ་སོགས་བའི་སྒྲིབ་པ་གསུམ་མེད་པ་དང། རྣམ་པར་གྲོལ་བ་ཡོངས་སུ་སྨིན་པར་བྱེད་བའི་ཤེས་རབ་ཡོངས་སུ་སྨིན་པའོ། །དཔེར་ན་བཅོ་པ་ལ་སོགས་པའི་མེ་ལ་སོགས་པ་ལྟ་བུའོ་ཞེས་བྱ་བ་ནི་འབྲས་ཆན་ལ ་སོགས་པ་དང་མི་འདྲ་བ་སྟེ། དེའི་རྒྱུད་དུ་གཏོགས་པའོ། །འབྲས་ལ་སོགས་པ་འགྱུར་རོ་ཞེས་བྱ་བ་དེའི་བྱེད་རྒྱུ་ནི་མེ་ལ་སོགས་པའོ། །འབྲལ་བའི་བྱེད་རྒྱུ་ནི་སྒྲིབ་པ་མེད་པའི་རྒྱུ་སྟེ། མཐོང་བའི་ལམ་གྱིས་སྣང་བར་བྱ་བའི་སྒྲིབ་པ་ལས་ལྷག་མ་དག་འདིས་སྤོང་བས་སྒྲིབ་པ་མེད ་པ་ནི་བསྒོམ་པའི་ལམ་མོ། །དེའི་བྱེད་རྒྱུ་གསུམ་ནི་ལྷན་ཅིག་སྐྱེས་པའི་གནས་ངན་ལེན་བཅོམ་བ་དང། བརྩོན་འགྲུས་དང་བག་ཡོད་པའོ། །དེ་དག་ཀྱང་འབྲལ་བའི་བྱེད་རྒྱུའི་གཉེན་པོ་ཡིན་པའི་ཕྱིར་རོ། །དེའི་ཕྱིར་འབྲལ་བ་ལ་སྒྲིབ་པ་ནི་སྒྲིབ་པ་མེད་པ་ལ་སྒྲིབ་སྟེ་ཞེས་བྱ་བ་སྨོས། །ད ་ཡང་འབྲལ་བའི་བྱེད་རྒྱུའི་གཉེན་པོའི་དངོས་པོར་སྒྲིབ་སྟེ་འདིར་རྒྱུ་སྨོས་པ། དེ་སྒྲིབ་པ་དང་བྲལ་བའི་ཕྱིར་རོ་ཞེས་བྱ་བའོ། །འདིས་འབྲལ་བར་བྱེད་པས་འབྲལ་བའོ། །བསྒྱུར་བའི་བྱེད་རྒྱུ་ནི་བསྔོ་བའི་རྒྱུ་སྟེ། དེས་དགེ་བའི་རྩ་བ་བྱང་ཆུབ་ཆེན་པོར་སྦྱོར་བའི་མཚན་ཉིད་ཀྱི་ཕྱིར་རོ། །དེ ་ཡང་སྲིད་པོ་དང་ལོངས་སྤྱོད་ལས་ཕྱིར་ཕྱོགས་པ་དང་སེམས་ཞུམ་པ་མེད་པའོ། །དེའི་ཕྱིར་བསྒྱུར་བའི་བྱེད་རྒྱུའི་གེགས་ནི་བསྔོ་བའི་སྒྲིབ་པར་ལྟ་བར་བྱའོ། །ཅིའི་ཕྱིར་ཞེན་བསྔོ་བ་ནི་བྱང་ཆུབ་ཆེན་པོར་སེམས་ཡོངས་སུ་བསྔོ་བའི་མཚན་བཉིད་ཀྱི་ཕྱིར་རོ་ཞེས་བྱ་བ་ནི་ཡིད་ཆེས ་པའི་བྱེད་རྒྱུ་ནི་མི་སྐྲག་པའི་རྒྱུ་སྟེ། དེ་ཡང་གང་ཟག་ལ་སྲིད་དོ་སྙམ་པ་དང་ཆོས་ལ་མོས་པ་དང་།དགོངས་བའི་དོན་ཁོང་དུ་ཆུད་པའོ། །ཆོས་དེ་རྣམས་ཀྱིས་ཡིད་ཆེས་པར་འགྱུར་བས་དེའི་ཕྱིར་ཡིད་ཆེས་བའི་བྱེད་རྒྱུའི་གེགས་ཡིན་པས་ཡིད་ཆེས་པ་ལ་སྒྲིབ་པ་ནི ་མི་སྐྲག་པ་ལ་སྒྲིབ་སྟེ། འདིར་རྒྱུ་སྨྲས་པ་།ཡིད་མི་ཆེས་པས་སྐྲག་པའི་ཕྱིར་རོ་ཞེས་བྱ་བའོ། །ཡིད་མི་ཆེས་པས་ནི་ཆོས་ལ་སྐྲག་པར་འགྱུར་རོ། །ཡིད་ཆེས་པར་བྱེད་པའི་བྱེད་རྒྱུ་ནི། སེར་སྣ་མེད་པའི་རྒྱུ་སྟེ་དེ་ནི་དམ་པའི་ཆོས་ཆེར་འཛིན་པ་དང་རྙེད་པ་དང་བཀུར་སྟི་དང། ་མཆོད་པ་ལ་མི་ལྟ་བ་དང། སེམས་ཅན་རྣམས་ལ་སྙིང་རྗེ་བའོ། །ཡིད་ཆེས་བར་བྱེད་པའི་རྒྱུ་དང་འགལ་བས་ཡིད་ཆེས་པར་བྱེད་པ་ལ་སྒྲིབ་པ་ནི། སེར་སྣ་མེད་པ་ལ་སྒྲིབ་བར་རྣམ་པར་བཞག་སྟེ། འདིར་རྒྱུ་སྨོས་པ་ཆོས་ལ་སེར་སྣ་མེད་པས་གཞན་ཡིད་ཆེས་པར་བྱེད་པའི་ཕྱིར ་རོ་ཞེས་བྱ་བའོ། །དམ་པའི་ཆོས་ཆེད་ཆེར་མི་འཛིན་པ་ལ་སོགས་པས་ཆོས་ལ་སེར་སྣ་བྱེད་པར་འགྱུར་རོ། །ཆོས་ལ་སེར་སྣ་བྱེད་བས་ཀྱང་གཞན་རྣམས་ལ་ཆོས་འཆང་པར་མི་བྱེད་པས་དེའི་ཕྱིར་ཡིད་ཆེས་པར་བྱེད་པ་ལ་སྒྲིབ་པས་ནི་སེར་སྣ་མེད་པ་ལ་སྒྲིབ། །འཐོབ་པའི་བྱེད་རྒྱུ་གསུམ ་ནི་ཆོས་ཀྱིས་འཕོངས་པར་འགྱུར་བའི་ལས་མེད་པ་དང། མང་དུ་ཐོས་པ་དང་ཏིང་ངེ་འཛིན་ཡོངས་སུ་སྦྱད་བར་བྱས་པའོ། །དེ་དང་འགལ་བས་ཐོས་པས་ཕོངས་པ་ལ་སོགས་པ་ནི་དབང་གིས་སྒྲིབ་པར་རྣམ་པར་བཞག་སྟེ་འདིར་རྒྱུ་སྨོས་པ་དབང་དེ་ལ་དབང་བྱེད་པ་འཐོབ་པའི་མཚན་ཉིད ་ཀྱི་ཕྱིར་རོ་ཞེས་བྱ་བའོ། །ཁ་ཅིག་ན་རེ་དགེ་བ་ལ་སོགས་པའི་གོ་རིགས་ཀྱི་རྒྱུ་ནི་འདི་ལྟ་བུ་སྟེ་དག་པའི་ཆོས་ཀྱི་སེམས་ཀྱི་རྒྱུད་ཉེ་བར་བསྟན་པས་བྱང་ཆུབ་འཐོབ་བའི་སྐལ་བ་ཡོད་དེ། དེའི་ཕྱིར་ཐོག་མར་དགེ་བ་བཤད་དོ། །དེའི་འོག་ཏུ་བྱང་ཆུབ་བཤད་དོ། །བྱང་ཆུབ་ཀྱི་སེམས་ནི ་ཆོས་དགེ་བའི་ཆོས་ཐམས་ཅད་ཀྱི་གཞིར་གྱུར་པས་བྱང་ཆུབ་ཀྱི་སེམས་ལ་བརྟེན་ནམ། བྱང་ཆུབ་ལ་ཐུག་གི་བར་དུ་དེ་གཉིས་ཀ་སྒྲུབ་ནུས་བར་འགྱུར་ཏེ། དེའི་ཕྱིར་དེའི་འོག་ཏུ་བྱང་ཆུབ་ཀྱི་སེམས་བཤད་དོ། །བྱང་ཆུབ་ཀྱི་སེམས་བསྐྱེད་ནས་ཕ་རོལ་ཏུ་ཕྱིན་པ་?་ལ ་རབ་ཏུ་སྦྱོར་བ་དང་སྐྱེ་?་པ་དང་སྐྱེ་བོ་སྡང་བ་ཡོངས་སུ་སྤོང་སྟེ། དེ་ལྟར་འདིའི་བྱང་ཆུབ་སེམས་དཔའ་ཨི་དངོས་པོ་བསྟན་པ་ཡིན་ནོ། །དེའི་ཕྱིར་ཡང་དག་བར་འཛིན་པའི་འོག་ཏུ་བློ་ལྡན་བཤད་དོ། །དེ་ལྟར་སྦྱོར་བ་ན་ཕྱིན་ཅི་ལོག་སྤོང་ཞིང་ཕྱིན་ཅི་ལོག་མེད་པའི་ཡེ་ཤེས་སྐྱེད་པར ་བྱེད་དེ། དེའི་ཕྱིར་བློ་ལྡན་གྱི་འོག་ཏུ་འཁྲུལ་པ་མེད་པར་བཤད་དོ། །དེ་ནི་མཐོང་བའི་ལམ་སྟེ། དེ་ལ་གོམས་པས་སྒྲིབ་པ་རྣམ་སྤོང་བས་དེའི་ཕྱིར། དེའི་འོག་ཏུ་སྒྲིབ་པ་སྤོང་བཱི་སྒྲིབ་པ་མེད་པར་བཤད་དོ། །སྒྲིབ་པ་མེད་ན་སྲིད་པ་དང་ལོངས་སྤྱོད་ལ་ཆགས་པ་མེད་པའི་ཕྱིར་སངས ་རྒྱས་ཉིད་དུ་ཡིད་ཀྱིས་ཡོངས་སུ་སྔོ་བར་བྱེད་ཀྱི་གཞན་དུ་མ་ཡིན་ནོ། །དེའི་ཕྱིར་དེའི་འོག་ཏུ་བསྔོ་བ་བཤད་དོ། །དེ་ལྟ་བུར་ནི་སངས་རྒྱས་ཀྱི་ཆོས་ཤིན་ཏུ་ཟབ་མོ་རྣམས་ལ་མཆོག་ཏུ་དགའ་བ་སྐྱེ་སྟེ། མི་སྐྱེས་བས་དེའི་ཕྱིར་དེའི་འོག་ཏུ་མི་སྐྲག་བ? ་བཤད་དོ། །དེ་ལྟར་ཆོས་མངོན་སུམ་དུ་གྱུར་བ་ཐབས་གང་དང་གང་གིS་སེམས་ཅན་འདུལ་བར་མཐོང་བའི་ཐབས་དེ་དང་དེ་ལ་བརྟེན་པས་དེ་ལ་སེར་སྣ་འབྱུང་བར་ག་ལ་འགྱུར་བས། མི་སྐྲག་བའི་འོག་ཏུ་སེར་སྣ་མེད་པ་བཤད་དོ། །དེ་ལྟར་སྒྲིབ་པ་སྤངས་པ་དང་དཀར ་པོའི་ཆོས་རྣམས་ཡོངས་སུ་རྫོགས་པའི་བྱང་ཆུབ་སེམས་དཔའ་ནི་སེམས་ལ་དབང་བར་འགྱུར་བས་དེའི་ཕྱིར་དེའི་འོག་ཏུ་དབང་བཤད་དེ། གོ་རིམས་ནི་འདིའོ་ཞེས། ལེའུར་བཅོས་པ་འདིར་སྒྲིབ་པའི་སྐབས་ཡིན་པས་དེའི་ཕྱིར་དགེ་བ་ལ་སོགས་པའི་སྐྱེ་བའི་བདེ ་རྒྱུ་རྣམས་ནི། སྒྲིབ་པ་བཞིན་དུ་མདོར་མཛད་བས་སྐབས་ནས་འབྱུང་བ་རྣམས་པར་གྱི་ཚིགས་སུ་བཅད་པས་སྡུད་པར་མཛད་དོ། །བྱེད་རྒྱུ་བཅུ་ནི་སྐྱེ་བ་དང། གནས་པ་བརྟེན་དང་བསྟན་བྱ་དང། །འགྱུར་དང་འབྲལ་དང་གཞན་དུ་དང། །ཡིད་ཆེས་གོ་བྱེད་འཐོབ ་རྣམས་ལ། །དེ་ནི་དཔེར་བརྗོད་བསྡུ་བའི་ཕྱིར། །བར་གྱི་ཚིགས་བཅད་གཉིས་པ་སྟེ། །མིག་དང་ཟས་སམ་མར་མེ་དང། །མེ་ལ་སོགས་པ་དེ་ཡི་དཔེ། །ཟོར་བ་བཟོ་ཤེས་དུ་བ་དང། །རྒྱུ་དང་ལམ་ལ་སོགས་པ་གཞན་ཞེས་བྱ་བའོ། །ཕྱོགས་དང་ཕ་རོལ ་ཕྱིན་ས་ལ། །སྒྲིབ་པ་དག་ནི་གཞན་ཡིན་ནོ། །སྔར་ནི་དགེ་བ་དང་དེའི་སྒྲིབ?་པ་བྱེ་བྲག་ཏུ་མ་ཕྱེ་བར་བཤད་དོ། །དེ་ནི་ཕྱོགས་དང་ཞེས་བྱ་བ་ལ་སོགས་པའི་བྱེ་བྲག་དང་ཐུན་མོང་དང་ཐུན་མོང་མ་ཡིན་པའི་བྱེ་བྲག་གིས་ནི་དགེ་བ་བཤད་དོ། །བཞི་ལ་? ་ལོ་དང་ཞེས་བྱ་བ་ལ་སོགས་པའི་བྱེ་བྲག་གིས་ནི་ཕྱོགས་ལ་སོགས་པའི་དགེ་བ་ལ་སྒྲིབ་པ་བཤད་དོ། །དེར་གཏོགས་པས་ཉན་ཐོས་དང་བྱང་ཆུབ་སེམས་དཔའ་གཉི་གའི་བྱ་བ་བྱེ་བྲག་མེད་པའི་ཕྱིར་དེ་ལ་བྱང་ཆུབ་ཀྱི་ཕྱོགས་ནི་ཐུན་མོང་པའོ། །ཕ་རོལ་ཏུ་ཕྱིན ་པ་དང་ས་རྣམས་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱ་བ་ཐུན་མོང་མ་ཡིན་པ་སྟེ། བྱང་ཆུབ་སེམས་དཔའ་རྣམ་ཉིད་དེ་ལ་ལྷག་པར་བྱེད་པའི་ཕྱིར་རོ། །སྔར་ནི་དགེ་བ་ལ་སོགས་པའི་རྒྱུ་ལ་སྒྲིབ་བའི་སྒོ་ནས་འབྲས་བུ་ལ་སྒྲིབ་པར་བཤད་དོ། །འདིར་ནི་འབྲས་བུ་ལ་དངོས་སུ་སྒྲིབ་པ ་ཉིད་དེ། དེ་བས་ན་སྔ་མ་ལས་གཞན་ཞེས་བྱ་བའོ། །ཡང་ན་སྦྱོར་བ་མེད་པ་ལ་སོགས་པ་ལས་གཞི་ལ་མི་མཁས་པ་ལ་སོགས་པ་གཞན་ཉིད་དེ། དེ་གཞན་ཞེས་བྱ་བའོ། །ཡང་ན་དགེ་བ་དང་བྱང་ཆུབ་ཅེས་བྱ་བ་ནི། འདིར་བྱང་ཆུབ་སེམས་དཔའ་ཉིད་ཀྱི་ཐབས་རང་བཅས་པའི ་སྤྱོད་པ་དང། འབྲས་བུ་ལ་སྦྱོར་བ་མེད་པ་ལ་སྒྲིབ་བོ?་ཞེས་བཤད་དོ། །འདིར་ནི་བྱང་ཆུབ་ཀྱི་ཕྱོགས་ལ་སོགས་པ་རྣམ་པར་འབྱེད་བས། གཞིལ་མི་མཁས་པ་ལ་སོགས་པ་ནི། སྦྱོར་བ་མེད་པ་ལ་སོགས་པ་ལས། དགེ་བ་ཐུན་མོང་དང་ཐུན་མོང་མ་ཡིན་པའི་སྒྲིབ་པ་གཞན་དུ་རིག་པར ་བྱའོ། །དེ་ལ་ཉན་ཐོས་ལ་སོགས་པ་ཐ་དང་པས་བྱང་ཆུབ་གསུམ་སྟེ། དེ་དག་དང་མཐུན་པས་དྲན་པ་ཉེ་བར་གཞག་པ་ལ་སོགས་པ་ནས་ལམ་ལ་ཐུག་གི་བར་དག་ནི་བྱང་ཆུབ་ཀྱི་ཕྱོགས་རྣམས་ཞེས་བྱའོ། །ཕ་རོལ་ཏུ་ཕྱིན་པ་བཅུ་དང། ས་བཅུ་རྣམས་ནི་མདོ་ལས་ཇི་སྐད་འབྱུང ་བ་བཞིན་ནོ། །གཞིལ་མི་མཁས་པས་ནི་དྲན་བ་ཉེ?་བར་གཞག་པ་རྣམས་ལ་སྒྲིབ?་བོ་ཞེས་བྱ་བ་ལ་དེ་དག་ནི་ལུས་དང་ཚོར་བ་དང། སེམས་དང་ཆོས་དྲན་པ་ཉེ་བར་བཞག་པ་དང། བཞིའོ། །དེ་དག་གི་གཞིན་ལུས་དང་ཚོར་བ་དང་སེམས་དང་ཆོས་རྣམས་ཏེ། དེའི་ཡུལ་ཡིན ་པའི་ཕྱིར་རོ། །དེ་ལ་གནས་སུ་མངོན་པར་ཞེན་པའི་གཞི་ནི་ལུས་སོ། །བདག་མི་ལོངས་སྤྱོད་དུ་མངོན་པར་ཞེན་པའི་གཞི་ནི་ཚོང་བའོ། །བདག་ཏུ་མངོན་པར་ཞེན་པའི་གཞི་ནི་སེམས་སོ། །བདག་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བར་མངོན་པར་ཞེན་པའི་གཞི་ནི་ཆོས་རྣམས་སོ།། ་ལུས་ལ་སོགས་པའི་རང་དང་སྤྱིའི་མཚན་ཉིད་ཁོང་དུ་མཆུད་པ་གང་ཡིན་པ་དེ་ནི་དེ་ལ་མི་མཁས་པའོ། །དེ་ལ་ལུས་ཀྱི་རང་གི་མཚན་ཉིད་ནི་མི་གཙང་བ་དུ་མའི་རྫས་སུ་འདུས་པའི་བདག་ཉིད་དོ། །ཚོར་བ་ཡི་ནི་བདེ་བ་ལ་སོགས་པའི་རང་བཞིན་ནོ། །རྣམ་པར་ཤེས་པའི་ནི་ཡུལ་ལས ་སོ་སོར་རྣམ་པར་རིག་བའོ། །ཆོས་རྣམས་ཀྱི་ཇི་ལྟར་མཐུན་མཐུན་དུ་སྦྱར་རོ། །སྤྱིའི་མཚན་ཉིད་ནི་མི་རྟག་པ་དང་སྡུག་བསྔལ་བ་དང། སྟོང་པ་དང་བདག་མེད་པའི་རྣམ་པའོ། །ཡང་ན་ལུས་ལ་སོགས་པ་ལ་མི་གཙང་བ་དང། སྡུག་བསྔལ་པ ་དང་མི་རྟག་པ་དང། བདག་མེད་པའི་རྣམ་པར་མ་རྟོགས་པ་འམ། །གཙང་བ་དང་བདེ་བ་དང། རྟག་པ་དང་བདག་གི་རྣམ་པར་རྟོག་པ་ནི་གཞི་ལ་མི་མཁས་པ་སྟེ། འདི་ལྟར་མི་ཤེས་པ་འམ། ལྟ་བ་ནི་དྲན་པ་ཉེ་བར་གཞག་པ་རྣམས་ལ་སྒྲིབ་པའོ། །དྲན་པ་ཉེ་བར ་གཞག་པ་རྣམས་ནི་ཤེས་རབ་དང་དྲན་བའི་རང་བཞིན་ཡིན་ན་།ཅིའི་ཕྱིར་གཞི་ལམ་མཁས་པ་ནི་སྒྲིབ་པ་ཞེས་བརྗོད་ཀྱི། གཞི་མ་དྲན་པ་ནི་མ་ཡིན་ཞེ་ན། ཤེས་རབ་ཀྱི་ཁ་ན་ལས་ཏེ་འབྱུང་བའི་ཕྱིར་རོ། །འདི་ལྟར་ཤེས་རབ་ནི་མཐོང་བའི་བདག་ཉིད་ཀྱི་ཕྱིར་ཏེ། ཤེས་རབ ་ཀྱི་རྗེས་ལས་ཐོབ་པའི་དམིགས་པ་ལ་དྲན་བ་ལ་སོགས་པ་རབ་ཏུ་འཇུག་གི། ཤེས་རབ་བཞིན་དུ་རང་གི་རྒྱུད་ཡོད་པ་ནི་མ་ཡིན་ཏེ་།དེའི་ཕྱིར་མི་དྲན་པ་ནི་སྒྲིབ་པ་ཞེས་མི་བཤད་དོ། །ལེ་ལོ་ནི་ཡང་དག་པར་སྤོང་བ་རྣམས་ལ་སྒྲིབ་བོ། །བརྩོན་འགྲུས་ཀྱིས་མི་མཐུན ་པའི་ཕྱོགས་སྐྱེས་པ་དང་མ་སྐྱེས་པ་སྤོང་བ་དང། མི་སྐྱེས་པ་དང་གཉེན་པོ་སྐྱེས་པ་དང། མ་སྐྱེས་པ་ཕྱིར་ཞིང་འབྱུང་བ་དང། སྐྱེས་པའི་ཕྱིར་འཇུག་པ་ན་ཡང་དག་པར་སྤོང་བ་ཞེས་བྱ་བའི་མིང་འཐོབ་བོ། །དེ་ནི་དབྱེར་མེད་ཀྱང་འབྲས་བུ་ཐ་དད་བའི་ཕྱིར་རྣམ་པ་བཞིར་བཞག ་གོ་།དེ་བS?་ན་ཡང་དག་པར་སྤོང་བ་རྣམས་བརྩོན་འགྲུས་ཀྱི་བདག་ཉིད་ཡིན་བས་ལེ་ལོ་ནི་སྒྲིབ་པར་བཤད་དོ། །གཉིས་ཀྱིས་ཏིང་ངེ་འཛིན་མཉམ་པ་དང་ཞེས་བྱ་བ་ནི་རྫུ་འཕྲུལ་གྱི་རྐང་པ་རྣམས་ལ་སྒྲིབ་བོ། །འདིས་རྫུ་འཕྲུལ་བྱེད་བས་རྫུ་འཕྲུལ་ཏེ། དེ་ཡང་འདུན་པ་དང ་བརྩོན་འགྲུས་དང། སེམས་དང། དཔྱོད་པའི་ཏིང་ངེ་འཛིན་ཏོ། །དེ་ཉིད་རྫུ་འཕྲུལ་གྱི་རྐང་པ་སྟེ་།ནམ་མཁའ་ལ་འགྲོ་བ་དང། སྤྲུལ་པ་ལ་སོགས་པ་རྫུ་འཕྲུལ་གྱི་གནས་སུ་གྱུར་པའི་ཕྱིར་རོ། །ཡང་ན་འགྲོ་བས་རྫུ་འཕྲུལ་ཏེ་ནམ་མཁའ་ལ་འགྲོ་བ་ལ་སོགས་པ་འབྱོར ་པ་ཞེས་བྱ་བའི་ཐ་ཚིག་གོ་།དེའི་རྐང་པ་ནི་རྫུ་འཕྲུལ་གྱི་རྐང་པ་སྟེ། དེའི་གཞི་ཡིན་པའི་ཕྱིར་རོ། །འདུན་པའི་ཏིང་ངེ་འཛིན་ལ་སོགས་པ་རྣམ་པ་བཞི་པོ་དེ་ཉིད་ནི་ཏིང་ངེ་འཛིན་ཏོ། །དེ་ལ་འདུན་པའི་ཏིང་ངེ་འཛིན་ལ་ནི་འདུན་པ་གཙོ་བོ་སྟེ། དེའི་སྒོ་ནས་ཏིང་ངེ་འཛིན་འཐོབ་པའི་ཕྱིར་རོ། ། ་བརྩོན་འགྲུས་ལ་སོགས་པ་ཡང་དོན་མེད་པ་ནི་མ་ཡིན་ཏོ། འདུན་པའི་གྲོགས་བྱེད་པའི་ཕྱིར། དེ་དག་ནི་དེར་གཙོ་བོ་མ་ཡིན་པས་དྲོ་དག་མི་བཤད་དོ། །དེ་བཞིན་དུ་བརྩོན་འགྲུས་དང་སེམས་དང་དཔྱོད་པའི་ཏིང་ངེ་འཛིན་རྣམས་ཀྱང་བརྗོད?་པར་བྱའོ། །གཉིས་ཀྱིས་ཏིང་ངེ་འཛིན་ཉམས ་པ་སྒྲིབ་པར་བཤད་པ་དེ་མི་ཤེས་ཏེ། དེའི་ཕྱིར་འདུན་པ་དང་བརྩོན་འགྲུས་དང་སེམས་དང། དཔྱོད་པ་རྣམས་ལས་གང་ཡང་རུང་བ་ཞིག་མ་ཚང་བ་ཡོངས་སུ་མ་རྫོགས་པ་དང་སྤོང་བའི་འདུ་བྱེད་བསྒོམ?་པ་མ་ཚང་བས་ཞེས་བྱ་བ་སྨོས་སོ། །དེ་ལ་འདུན་པ་དང་བརྩོན་འགྲུས་དང། ་སེམས་དང་དཔྱོད་པ་དེ་དག་ལས་གང་ཡང་རུང་ལ་ཞིག་མ་ཚང་བས་ཡོངས་སུ་བསྐང་པ་ཉམས་ཏེ། དེའི་དབང་གིས་ཏིང་ངེ་འཛིན་མེད་པའི་ཕྱིར་རོ། །བསྒོམ་པ་ཉམས་པ་ནི་སྤྱོད་པའི་འདུ་བྱེད་བརྒྱད་པོ་དག་ལས་མ་ཚང་བའི་ཕྱིར་རོ། །དེ་དག་ནི་དད་པ་དང་འདུན་པ་དང། བརྩོན ་འགྲུས་དང། ཤིན་ཏུ་སྦྱངས་པ་དང། དྲན་པ་དང། ཤེས་བཞིན་དང། སེམས་པ་དང། བཏང་སྙོམས་ཀྱི་བདག་ཉིད་དོ། །སྤོར་བའི་འདུ་བྱེད་འདི་དག་བསྒོམས་ན་།ཏིང་ངེ་འཛིན་ལ་དབང་ཐོབ་སྟེ། གཞན་དུ་མ་ཡིན་ནོ། །དེ་བས་ན་དེ་དག་མ་ཚང་ན་སྒོམ་པ་ཉམས་པ་ཞེས ་བྱ་སྟེ་།ཏིང་ངེ་འཛིན་ལ་དབང་མི་ཐོབ་པ། །འདི་ལ་སྒྲིབ་པ་གང་ཞེ་ན། འདུན་པ་ལ་སོགས་བའི་ཕྱོགས་དང་སྤོང་བའི་འདུ་བྱེད་ཀྱི་མི་མཐུན་པའི་ཕྱོགས་ཉེ་བའི་ཉོན་མོངས་པའོ། །འདི་ལྟ་སྟེ། ལེ་ལོ་དང་དམིགས་པ་བརྗེད?་པ་དང། བྱིང་བ་དང་རྒོད་པ་དང། འདུ་མི་བྱེད ་པ་དང། འདུ་བྱེད་པའོ། །ཐར་པའི་ཆ་དང་མཐུན་པ་རྣམས་མི་སྐྱེད་པ་ནི་དབང་པོ་རྣམས་མི་ལ་སྒྲིབ་བོ་ཞེས་བྱ་བ་ནི་འཁོར་བས་སྐྲག་སྟེ་།ཐར་པའི་དབང་དུ་བྱས་ནས་དགེ་བའི་རྩ་བ་གང་མངོན་པར་འདུ་བྱེད་པ་ངེས་ཐར་པ་རྙེད་པར་ངེས་པར་ཐར་པའི་ཆ?་དང་མཐུན་པ ་ཞེས་བྱའོ། །དེ་བསྐྱེད་ན་དད་པ་ལ་སོགས་པ་དབང་པོའི་མིང་འཐོབ་པར་འགྱུར་ཏེ། གཞན་དུ་མ་ཡིན་པས་ཐར་པའི་ཆ་དང་མཐུན་པ་མི་སྐྱེད་པ་ནི་དབང་པོ་རྣམས་ལ་སྒྲིབ་པར་བཤད་དོ། །དེ་ལ་སྒྲིབ་པ་གང་ཞེ་ན། ཉེ་བའི་ཉོན་མོངས་པ་གང་གིས་ཐར་བའི་ཆ ་དང་མཐུན་པ་མི་སྐྱེད་པ་སྟེ་དེ་ནི་ཡང་སྲིད་པ་ལ་ཆགས་པ་དང། མྱ་ངན་ལས་འདས་པས་འཇིགས་པའོ། །དབང་པོ་དེ་དག་གི་ཉམ་ཆུང་བ་ནི་སྟོབས་རྣམས་ལ་སྒྲིབ་པོ། །དབང་པོ་རྣམས་ཀྱི་ཉམ་ཆུང་བ་ཇི་ལྟ་བུ་ཞེ་ན། དེའི་ཕྱིར་མི་མཐུན་པའི་ཕྱོགས་དང་འདྲེ་བའི་ཕྱིར་རོ་ཞེས ་བྱ་བ་སྨོས་ཏེ་།མི་མཐུན་པའི་ཕྱོགས་མ་དད་པ་དང་ལེ་ལོ་དག་བརྗེད་ངས་བ་དང། གཡེང་བ་དང་འཆལ་བའི་ཤེས་རབ་ཀྱི་བདག་ཉིད་ཀྱིས་ཟལ་གྱིས་གནོས་ཅེས་བྱ་བའི་ཐ་ཚིག་གོ་།དྲོ་བར་གྱུར་བ་དང་རྩེ་མོས་རབ་ཏུ་ཕྱེ་བདག་ནི་དབང་པོ་རྣམས་སོ། །ངེས་པར་འབྱེད ་པའི་ཆ་དང་མཐུན་པ་རྣམ་པ་གཉིས་པོ་འདི་ནི་མི་མཐུན་པའི་ཕྱོགས་མ་དད་པ་ལ་སོགས་པས་ཟིལ་གྱིས་ནན་བའི་ཕྱིར་ཉམ་ཆུང་བ་སྟེ་།དེའི་ཕྱིར་འདི་ལས་ཡོངས་སུ་ཉམས་པ་སྲིད་དོ། །མི་མཐུན་པའི་ཕྱོགས་ཐུལ་བས་བཟོད་པ་དང་འཇིག་རྟེན་བའི་ཆོས་ཀྱི་མཆོག ་གི་དུས་ན་དད་པ་ལ་སོགས་པ་སྟོབས་ཀྱི་མིང་འཐོབ་བོ། །དེའི་ཕྱིར་དད་པ་ལ་སོགས་པ་དེ་དག་ཉིད་དྲོ་བར་གྱུར་པ་དང་རྩེ་མོའི་དུས་ན་མི་མཐུན་པའི་ཕྱོགས་ཀྱི་ཟིལ་གྱིས་ནོན་ནས་ཉམ་ཆུང་བ་གང་ཡིན་པ་དེ་ནི་སྟོབས་རྣམས་ལ་སྒྲིབ་སྟེ། དེ་ཡོད་ན་སྟོབས་ཀྱི་བྱེ་བྲག? ་མི་སྲིད་དོ། །འདི་ལ་སྒྲིབ་པ་གང་ཞེ་ན་།མ་དད་པ་ལ་སོགས་པ་མི་མཐུན་པའི་ཕྱོགས་དེ་ཉིད་དོ། །ལྟ་བའི་ཉེས་བ་ནི་བྱང་ཆུབ་ཀྱི་ཡན་ལག་རྣམས་ལ་སྒྲིབ་བོ། །བྱང་ཆུབ་ནི་འདིར་མཐོང་བའི་ལམ་ལ་དགོངས་བ་སྟེ་དེའི་བྲན་པ་དང་ཆོས་རྣམ་པར་འབྱེད་པ་དང། བརྩོན ་འགྲུས་དང། དགའ་བ་དང་ཤིན་ཏུ་སྦྱངས་པ་དང། ཏིང་ངེ་འཛིན་དང་བཏང་སྙོམས་ཀྱི་བདག་ཉིད་བྱང་ཆུབ་ཀྱི་ཡན་ལག་བདུན་པ་དེ་དག་ནི་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་སྤོང་བའི་དུས་ན་འབྱུང་བས་ཡན་ལག་རྣམས་ཞེས་བྱའོ། །གལ་ཏེ་བྱང ་ཆུབ་དང་མཐུན་པས་ཡན་ལག་ཏུ་འགྱུར་རོ་ཞེ་ན། དེ་ལྟ་ན་ནི་དྲན་པ་ཉེ་བར་གཞག་པ་རྣམས་ཀྱང་བྱང་ཆུབ་ཀྱི་ཡན་ལག་ཉིད་དུ་ཐལ་བར་འགྱུར་རོ། །ལྔ་བའི་ཉེས་བ་ནི་བྱང་ཆུབ་ཀྱི་ཡན་ལག་རྣམས་ལ་སྒྲིབ་བོ་ཞེས་བྱ་བ་དེ་ཇི་ལྟར་ཞེ་ན། དེའི་ཕྱིར་དེ་དག་མཐོང་བའི་ལམ་གྱིས་རབ ་ཏུ་ཕྱི་བའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ་།མཐོང་བའི་ལམ་དུ་རྣམ་པར་བཞག་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ་།ལྟ་བའི་ཉེས་པ་འདི་གང་ཞེ་ན་།ཀུན་བརྟགས་པའི་ལྟ་བ་རྣམ་པ་ལྔ་དང་།ཐེ་ཚོམ་དང་མ་རིག་པ་དང་།དེ་ལ་དམིགས་པའི་འདོད་ཆགས་ལ་སོགས་པ ་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་མཚུངས་པར་ལྡན་པ་དང་བཅས་པ་རྣམས་སོ། །ཐེ་ཚོམ་ལ་སོགས་པ་ཡང་འདིར་སྒྲིབ་པ་མ་ཡིན་ནམ་ཞེ་ན་སྒྲིབ་པ་ཡིན་དུ་ཟིན་ཀྱང་འདིར་གཙོ་བོར་བརྗོད་པར་བཞེད་པས་ལྟ་བའི་སྐྱོན་སྨོས་པའི་ཕྱིར་དེ་དག་མ་སྨོས་ཀྱང ་འགལ་བ་མེད་དོ། །ལྟ་བ་ལ་སོགས་པ་དེ་རྣམས་ཀྱི་ས་བོན་ཀུན་གཞི་རྣམ་པར་ཤེས་པ་ལ་གནས་པ་ཉིད་མཐོང་བའི་ལམ་གྱིས་སྤོང་བའི་ཕྱིར་དེའི་སྒྲིབ་པ་ཞེས་བྱའོ། །གནས་ངན་ལེན་གྱི་གཉེན་པོ་ནི་ལམ་གྱི་ཡན་ལག་ཡང་དག་པར་ལྟ་བ་དང། རྟོག ་པ་དང། ངག་དང་།ལས་ཀྱི་མཛའ་དང་།འཚོ་བ་དང་།རྩོལ་བ་དང་།དྲན་པ་དང། ཏིང་ངེ་འཛིན་རྣམས་ལ་སྒྲིབ་སྟེ་།འདིར་རྒྱུ་སྨོས་པ། ལམ་གྱི་ཡན་ལག་དེ་དག་སྒོམ་པའི་ལམ་གྱིས་རབ་ཏུ་ཕྱེ་བའི་ཕྱིར་རོ་ཞེས་བྱ་བ་སྟེ་།སྒོམ་པའི་ལམ་ལ་རྣམ་པར་བཞག་པའི ་ཕྱིར་རོ། །གནས་ངན་ལེན་གྱི་ཉེས་པ་དེ་གང་ཞེ་ན། རྒྱས་པར་བྱ་བ་ན་ནི་འཇིག་ཚོགས་པ་དང་མཐར་འཛིན་པའི་ལྟ་བ་ལྷན་ཅིག་སྐྱེས་པ་མཚུངས་པར་ལྡན་པ་དང་བཅས་པ་དང་དེ་ལ་ཡང་དམིགས་ལ་ཡུལ་ལ་ཡང་དམིགས་པ་འདོད་ཆགས་ལ་སོགས་པ་ཉོན་མོངས་པ ་དང་ཉོ་བའི་ཉོན་མོངས་པ་མཚུངས་པར་ལྡན་པ་དང་བཅས་པ་རྣམས་ཏེ་།དེ་དག་གི་ས་བོན་ཀུན་བཞི་རྣམ་པར་ཤེས་པ་ལ་གནས་པ་གང་ཡིན་པ་དེ་ནི་གནས་ངན་ལེན་ཏོ། །མདོར་བསྡུ་ན་ནི་མཐོང་བས་སྤང་བར་བྱ་བ་ལས་གཞན་པ་ཟག་པ་དང་བཅས་པ་སྟེ ་དེའི་ནུས་པ་ཀུན་གཞི་རྣམ་པར་ཤེས་པ་ལ་གནས་པ་ནི་གནས་ངན་ལེན་ཏོ། །དེ་བསྒོམ་བའི་ལམ་གྱིས་སྤང་བར་བྱ་བ་ཡིན་པས་ལམ་ཀྱི་ཡན་ལག་གི་སྒྲིབ་པར་རྣམ་པར་བཞག་གོ་།བྱང་ཆུབ་ཀྱི་ཕྱོགས་རྣམས་ལ་སྒྲིབ་པ་ནི་བཤད་ཟིན་ཏོ ་དེའི་འོག་ཏུ་ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱི་བཤད་དགོས་པས་དེའི་ཕྱིར། ཕ་རོལ་ཏུ་ཕྱིན་པ་རྣམས་ལ་སྒྲིབ་པ་ནི། ཕྱུག་པོ་དང་ནི་བདེ་འགྲོ་དང། །སེམས་ཅན་སི?་སྟོང་སྒྲིབ་པ་དང། །ཞེས་རྒྱ་ཆེར་སྨོས་སོ། །འདི་ལ་ཕ་རོལ་ཏུ་ཕྱིན་པ་བཅུ་པོ་དག་གི་ཕ་རོལ་ཏུ་ཕྱིན་པ ་གང་གི་འབྲས་བུ་གང་ཡིན་པ་དེ་ལ་སྒྲིབ་པས་དེའི་སྒྲིབ་པ་ཞེས་བརྗོད་པ་ཡིན་ནོ། །འདི་ལ་སེར་སྣ་ལ་སོགས་པ་སྦྱིན་པ་ལ་སོགས་པ་ལ་དངོས་སུ་གེགས་བྱེད་བཞིན་དུ་ཅིའི་ཕྱིར་དེའི་འབྲས་བུ་ལ་སྒྲིབ་པར་བརྗོད་ལ། ཕ་རོལ་ཏུ་ཕྱིན་པ་རྣམས་ལ་སྒྲིབ་པར་ནི་མ་? ་ཅེ་ན། དེའི་འབྲས་བུའི་དོན་དུ་སྦྱིན་པ་ལ་སོགས་པ་ལ་ཐམས་ཅད་འཇུག་སྟེ། དེ་བས་ན་སེར་སྣ་ལ་སོགས་པ་སྤང་བར་ནན་ཏན་བསྐྱེད་བའི་ཕྱིར་འབྲས་བུ་ལ་སྒྲིབ་པར་བཤེད་དེ་།ཕ་རོལ་ཏུ་ཕྱིན་པ་རྣམས་ལ་སྒྲིབ་པར་ནི་མ་ཡིན་ནོ། །ཡང་ན་སེར་སྣ་ལ་སོགS ་པ་སྒྲིབ་པ་ཕྱུག་པོ་ལ་སོགས་པའི་མི?་མཐུན་བའི་ཕྱོགས་སུ་གྱུར་པ་དབུལ་བོ་ལ་སོགས་པའི་འབྲས་བུ་སྐྱེད་པ་ན་ཕྱུག་པོ་ལ་སོགས་བའི་འབྲས་བུ་ལ་གེགས་བྱེད་པས་དེའི་སྒྲིབ་པ་ཞེས་བྱའོ། །དེ་དག་གི་འབྲས་བུ་གང་ཞེ་ན། དེ་ལ་སྦྱིན་པའི་ཕ་རོལ་ཏུ ་ཕྱིན་པའི་འབྲས་བུ་གཙོ་བོར་ནི་ཕྱུག་པོ་དང་བདག་པོའོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་འབྲས་བུ་ནི་བདེ་འགྲོའོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་འབྲས་བུ་ནི་སེམས་ཅན་ཡོངས་སུ་མི་གཏོང་བའོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་འབྲས་བུ་ནི་ཉེས ་པ་དང་ཡོན་ཏན་འབྲི་བ་དང་འཕེལ་བའོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་འབྲས་བུ་ནི་བསྟན་པ་ལ་སེམས་ཅན་འཛུད་པའོ། །ཤེས་རབ?་ཀྱི་ཕ་རོལ་ཏུ་ཕྱིན་པའི་འབྲས་བུ་ནི་བཙུན་པ་དེ་རྣམས་རྣམ་པར་གྲོལ་བར་བྱེད་བའོ། །ཐབས་མི?་མཁས་པའི་ཕ ་རོལ་ཏུ་ཕྱིན་པའི་འབྲས་བུ་ནི་བྱང་ཆུབ་ཡོངས་སུ་བསྔོ་བས་དགེ་བ་མི་ཟད་པའོ། །སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པའི་འབྲས་བུ་ནི་དགེ་བརྒྱུན་མི་འཆད་པའོ། །སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པའི་འབྲས་བུ་ནི་དགེ་བའི་ཆོས་ངེས་པར་འབྱེད་པའོ། །ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་བའི་འབྲས ་བུ་ནི་ཆོས་ལ་ལོངས་སྤྱོད་པ་རང་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའོ། །ཕྱུག་པོ་དང་བདག་པོ་ལ་སྒྲིབ་ཅེས་བྱ་བ་ལ། དེ་ལ་ཕྱུག་པོ་ནི་ནོར་དང་ཡོ་བྱད་མང་བའོ། །བདག་པོ་ནི་ལོངས་སྤྱོད་དེ་ལ་དབང་བའོ། །དེ་གཉི་ག་ལ་སྒྲིབ་པ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་སྒྲིབ་པ་སྟེ། དེའི ་འབྲས་བུ་ཡིན་པའི་ཕྱིར་རོ། །དེ་གང་ཞེ་ན་སེར་སྣའོ། །བདེ་འགྲོ་ལ་སྒྲིབ་ཅེས་བྱ་བ་ལ་།མཇེས་པར་འགྲོ་བ་ནི་བདེ་འགྲོ་སྟེ་མི་དང་ལྟའོ། །དེ་ལ་སྒྲིབ་པ་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒྲིབ་པ་སྟེ་།དེའི་འབྲས་བུ་ཡིན་པའི་ཕྱིར་རོ། །ང་ནི་འཆལ་བའི་ཚུལ་ཁྲིམས་ཏེ། ལུས ་དང་ངག་གི་ལས་ངན་པའོ། སེམས་ཅན་ཡོངས་སུ་མི་གཏོང་བ་ཞེས་བྱ་བ་ནི་སེམས་ཅན་གནོད་པར་བྱེད་པ་ལ་ཡང་ཕན་འདོགས་པ་བཞིན་དུ་འཛིན་པ་སྟེ། དེ་ཡང་བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་འབྲས་བུའོ། །དེའི་སྒྲིབ་པ་ནི་ཁྲོ་བའོ། །ཉེས་པ་དང་ཡོན་ཏན་འབྲི་ཞིང ་འཕེལ་བ་ཞེས་བྱ་བ་ལ། བདག་དང་གཞན་ལ་གནོད་པར་རབ་ཏུ་ཞུགས་པ་སྐྱེས་པ་རྣམས་སྤོང་བ་དང། མ་སྐྱེས་པ་རྣམས་མི་སྐྱེད་པ་ནི་ཉེས་པ་རྣམས་འགྲི་བའོ། །བདག་དང་གཞན་ལ་ཕན་པར་ཞུགས་པ་སྐྱེས་པ་རྣམས་ཕྱིར་ཞིང་འབྱུང་བ་དང་མ་སྐྱེས་པ་རྣམས་སྐྱེད་པ་ནི་ཡོན ་ཏན་རྣམས་འཕེལ་བའོ། །འདི་ལ་སྒྲིབ་པ་གང་ཞེ་ན་ལེ་ལོའི་འདུལ་བ་འཛུད་པ་ལ་སྒྲིབ་ཅེས་བྱ་བ་ལ། འདུལ་བ་རྣམས་བསྟན་པ་ལ་འཛུད་པ་ནི་མཐོ་རིས་དང་བྱང་གྲོལ་རྙེད་པའི་རྒྱུད་ཁས་ལེན་པའི་ཕྱིར་རོ། །ཉེ་བར་ཞི་བས་གུས་པ་སྐྱེ་སྟེ་སེམས་ཅན་ཀུན་བརྗོད་པ་དང་རྫུ་འཕྲུལ ་གྱི་བསྒྲིམ་མི་དགོས་པར་བསྟན་པ་རྟོགས་པར་བྱེད་དོ། །འདི་ལ་སྒྲིབ་པ་ནི་གཡེང་བའོ། །རྣམ་པར་གྲོལ་བར་བྱེད་པ་ལ་སྒྲིབ་ཅེས་བྱ་བ་ལ་རྣམ་བར་གྲོལ་བར་བྱེད་པ་ནི་ཉོན་མོངས་པ་སྤོང་བ་སྟེ། དེ་ཡང་རྗེས་སུ་བསྟན་པས་འགྱུར་རོ། །རྗེས་སུ་བསྟན་པ་ནི་ཤེས་རབ་ཀྱིས་ཏེ། གཞན ་གྱིས་མ་ཡིན་ནོ། །དེའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འབྲས་བུ་ནི་རྣམ་པར་གྲོལ་བར་བྱེད་པའོ། །དེའི་སྒྲིབ་པ་ཉོན་མོངས་པ་ཅན་གྱི་ཤེས་རབ་བམ་གཏི་མུག་གམ། འཆལ་བའི་ཤེས་རབ་པོ། །སྦྱིན་པ་ལ་སོགས་པ་མི་ཟད་པ་ལ་སྒྲིབ་སྟོ་ཞེས་བྱ་བ ་ནི་སྦྱིན་པ་དང་ཚུལ་ཁྲིམས་ལ་སོགས་པ་མི་ཟད་པ་ལ་སྒྲིབ་པ་གང་ཡིན་པ་དེ་ནི། ཐབས་ཀྱི་ཕ་རོལ་ཕྱིན་པའི་སྒྲིབ་པའོ། །སྦྱིན་པ་ལ་སོགས་པ་དེ་ཡང་ཇི་ལྟར་མི་ཟད་པར་འགྱུར་ཞེ་ན། དེའི་ཕྱིར། བྱང་ཆུབ་ཏུ་ཡོངས་སུ་བསྔོ་བས་དེ་མི་ཟད་བའི་ཕྱིར་རོ་ཞེས་བྱ་བ་སྨོས་སོ། ་བྱང་ཆུབ་ཆེན་པོར་ཡོངས་སུ་བསྔོས་པའི་སྦྱིན་པ་ལ་སོགས་པའི་དགེ་བའི་རྩ་བ་ནི་སངས་རྒྱས་ཉིད་བཞིན་དུ་ཟད་པར་མི་འགྱུར་རོ། །ཁ་ཅིག་ན་རེ་དེའི་སྒྲིབ་པ་ནི་བྱང་ཆུབ་ཆེན་པོར་ཡོངས་སུ་བསྔོ་བའི་མཚན་ཉིད་ཀྱི་ཐབས་མི་ཤེས་པའོ་ཞེའོ། །གཞན་དག་ན་རེ་ཐབS ་མི་མཁས་པ་འཁོར་གསུམ་དུ་འཛིན་བ་ནི་དེའི་སྒྲིབ་པའོ་ཞེའོ། །ཚེ་རབས་ཐམས་ཅད་དུ་དགེ་བ་རྒྱུན་མི་འཆད་པར་འབྱུང་བ་ལ་སྒྲིབ་ཅེས་བྱ་བ་ལ། དགེ་བ་རྒྱུན་མི་འཆད་པ་ནི་ཉིན་རེའམ་སྐད་ཅིག་རེ་རེ་ལ་སྟེ། དེ་ཡང་སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པའི་འབྲས་བུའོ།། ་ཇི་ལྟ་ཞེ་ན། དེའི་ཕྱིར། སྨོན་ལམ་གྱི་དབང་གིས་དེ་དང་མཐུན་པའི་སྐྱེ་བ་ཡོངས་སུ་འཛིན་པའི་ཕྱིར་ཞེས་བྱ་བ་སྨོས་སོ། །སྨོན་ལམ་གྱི་དབང་གིས་སྦྱིན་པ་ལ་སོགས་པ་རྒྱུན་མི་འཆད་པར་འབྱུང་བ་དང་མཐུན་པའི་སྐྱེ་བ་ཡོངས་སུ་འཛིན་ཏོ། །དེ་ལ་སྒྲིབ་པ་ནི་སྦྱིན་པ་ལ ་སོགས་པ་དང་མཐུན་པར་སྨོན་ལམ་མི་འདེབས་པའོ། །དགེ་བ་དེ་ཉིད་ངེས་པར་བྱེད་པ་ལ་སྒྲིབ་པ་ཞེས་བྱ་བ་ནི་ཉིན་རེ་འམ་སྐད་ཅིག་རེ་རེ་ལ་གཅིག་ཏུ་བྱེད་པ་ནི་ངེས་པར་བྱེད་པའོ། །འདིར་རྒྱུ་སྨོས་པ། སོ་སོར་བརྟགས་པ་དང་བསྒོམས་པའི་སྟོབས་ཀྱིས་མི་མཐུན ་པའི་ཕྱོགས་ཀྱིས་ཟིལ་གྱིས་མི་གནོན་པའི་ཕྱིར་རོ་ཞེས་བྱ་བའོ། །དེ་ལ་སོ་སོར་བརྟགས་པའི་སྟོབས་ནི་བརྟགས་པ་དང་ལྡན་པའི་ཤེས་རབ་བོ་།བརྟན་པ་ནི་བརྟགས་པའི་ཆོས་ཏེ། བརྩོན་འགྲུས་དང་ཏིང་ངེ་འཛིན་དང་ཤེས་རབ་གསུམ་ལྷན་ཅིག་སྐྱེས་པ་ལ ་བཏགས་པའི་ཕྱིར་རོ། །བསྒོམ་པའི་སྟོབས་ནི་གོམས་པ་དང་ལྡན་པས་བསྒྲིམ་མི་དགོས་པར་སྦྱིན་པ་ལ་སོགས་པ་ལ་འཇུག་པའི་ཕྱིར། དེའི་གཉེན་པོ་སེར་སྣ་ལ་སོགས་པས་ཟིལ་གྱིས་མི་ནོན་པའི་ཕྱིར་རོ། །འདི་ལ་སྒྲིབ་པ་གང་ཞེ་ན། སོ་སོར་མ་བརྟགས་པ་དང་བསྒོཾ?་པའི ་ཉམ་ཆུང་བའོ། །བདག་དང་གཞན་ཆོས་ལ་ལོངས་སྤྱོད་པ་དང་ཡོངས་སུ་སྨིན་པར་བྱེད་པ་ལ་སྒྲིབ་ཅེས་བྱ་བ་ནི་ལོངས་སྤྱོད་པའི་འཁོར་གྱི་དཀྱིལ་འཁོར་དུ་རྣམ་པར་གནས་ཏེ། ཐེག་པ་ཆེན་པོའི་ཆོས་ཟབ་ཅིང་རྒྱ་ཆེ་བ་ལ་ལོངས་སྤྱོད་པ་དང། སྤྲུལ་པ་རྣམ་པ་སྣ་ཚོགས ་ཀྱི་ལས་ཀྱིས་ཆོས་སྟོན་པས་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་ནི་འབྲས་བུའོ། །དེའི་སྒྲིབ་པ་ནི་ཐོས་པའི་དོན་ལ་སྒྲ་ཇི་བཞིན་དུ་སྤྱོད་པ་དང། ཤེས་རབ་ཆུང་བ་ནི་སྒྲིབ་པོ་ཞེས་བྱའོ། །འདི་ལ་རྫས་སུ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་མིང་དུ་ནི་བཅུ་སྟེ། ཕ་རོལ་ཏུ་ཕྱིན ་པ་བཞིན་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་རབ་ཏུ་ཕྱི་བའི་ཕྱིར་རོ། །དེ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་འཇིག་རྟེན་ལས་འདས་པ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཏེ། ཡེ་ཤེས་དེས་སྒྲིབ་པ་ཐམས་ཅད་རིམས་ཀྱིས་སྤོང་ངོ། །ཐབས་དང་སྨོན་ལམ་དང། ་སྟོབས་དང། ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་འཇིག་རྟེན་ལས་འདས་པའི་ལམ་གྱི་རྗེས་ལས་ཐོབ་པའི་ཡེ་ཤེས་ཀྱིས་བསྡུས་སོ། །ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་མཆོག་ཡིན་ན་ཇི་ལྟར་རྣམ་པར་མི་རྟོག་པ་མ་ཡིན་ཞེ་ན། ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར ་མི་རྟོག་པའི་ཡེ་ཤེས་ཀྱི་རྗེས་ལ་ཐོབ་པའི་ཡེ་ཤེས་ཏེ། ཡེ་ཤེས་དེས་ཁོང་དུ་ཆུད་པ་ཡོངས་སུ་བཅད་ནས་བདག་ཉིད་ཀྱང་ཆོས་ལ་ལོངས་སྤྱོད་པ་རབ་ཏུ་མྱོང་ལ། གཞན་དག་ཀྱང་ཡོངས་སུ་སྨིན་པར་བྱེད་པ་ཡིན་ཏེ། འདི་གཉི་ག་ཡང་རྣམ་པར་མི་རྟོག་པ་ལ ་མེད་པས་དེའི་ཕྱིར་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་རྣམ་པར་མི་རྟོག་པ་མ་ཡིན་ནོ། །ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱི་སྒྲིབ་པ་བཤད་ཟིན་ཏོ། །དེའི་འོག་ཏུ་ས་རྣམས་ཀྱི་བརྗོད་པ་དགོས་པས་དེའི་ཕྱིར་རྟས་རྣམས་ལ་ཡང་གོ་རིམས་བཞིན་ཏེ་།ཀུན་ཏུ་འགྲོ ་དོན་མཆོག་གི་དོན་ཅེས་རྒྱ་ཆེར་སྨོས་སོ། །དེ་ལས་ནི་བཅུ་སྟེ། རབ་ཏུ་དགའ་བ་དང་དྲི་མ་མེད་པ་དང། འོད་བྱེད་པ་དང། འོད་འཕྲོ་ཅན་དང། ཤིན་ཏུ་སྦྱང་དཀའ་དང་མངོན་དུ་གྱུར་པ་དང་རིང་དུ་སོང་བ་དང། མི་གཡོ་བ་དང། ལེགས་པའི་བློ ་གྲོས་དང། ཆོས་ཀྱི་སྤྲིན་ནོ། །དེ་ལ་ཆོས་ཀྱི་དབྱིངས་ལ་ཀུན་ཏུ་འགྲོ་བ་ལ་སོགས་བའི་དོན་དུ་ཁོང་དུ་ཆུད་པའི་གནས་སྐབས་ཀྱི་ཁྱད་པར་རྣམས་ནི་གོང་ནས་གོང་དུ་ཆུད་པའི་གནས་ཀྱིས་ཚུལ་དང་དེ་ལས་སྐྱེས་པའི་ཡོན་ཏན་གྱི་གཞིའི་ཚུལ་གྱིས་ས་རྣམས་ཤེས ་བྱའོ། །གཞན་དག་ན་རེ་ཆོས་ཀྱི་དབྱིངས་ཀུན་ཏུ་འགྲོ་བ་ལ་སོགས་པའི་དོན་ལ་གནས་པ་གང་གིས་བྱང་ཆུབ་སེམས་དཔའ་མང་དུ་གནས་པ་དེ་དང་དེ་ལ་གནས་པའི་ཕྱིར་ས་ཞེས་བྱའོ། ཞེའོ། །ས་རྣམས་ཀྱིས་རྣམ་པར་བཞག་པ་ནི་རབ་ཏུ་དགའ་བ་ལ་མཐོང ་བའི་ལམ་སྐྱེ་བའི་ཕྱིར་བྱང་ཆུབ་སེམས་དཔེས་ཆོས་མངོན་པར་རྟོགས་སོ། །ཆོས་མངོན་པར་རྟོགས་ནས་དྲི་མ་མེད་པ་ལ་རང་གི་ངང་གིས་འབྱུང་བ་ལྷག་པའི་ཚུལ་ཁྲིམས་བསླབ་པའི་ཁྱད་པར་སྒྲུབ་སྟེ། ལྟུང་བ་ཕྲ་མོའི་འཆལ་པའི་ཚུལ་ཁྲིམས་ཐམས་ཅད་དང་བྲལ ་བའི་ཕྱིར་རོ། །འོད་བྱེད་པ་ལ་ནི་ཆེ་རབས་གཞན་དུ་ཡང་ཆོས་ལས་མི་ཉམས་པ་ལྷག་པའི་སེམས་བསླབ་པའི་ཁྱད་པར་སྒྲུབ་བོ། །འོད་འཕྲོ་ཅན་དང། ཤིན་ཏུ་སྦྱང་དཀའ་དང། མངོན་དུ་གྱུར་པ་ལ་ནི་བྱང་ཆུབ་ཀྱི་ཕྱོགས་དང་བདེན་པ་དང་རྟེན་ཅིང་འབྲེལ་པར ་འབྱུང་བ་ལ་དམིགས་པ་ལྷག་པའི་ཤེས་རབ་བསླབ་པའི་ཁྱད་པར་སྒྲུབ་པའོ། །ས་ལྷག་མ་རྣམས་ལ་ནི་བསླབ་པ་དེ་དག་ཉིད་ཀྱི་འབྲས་བུ་རྣམ་པ་བཞིར་རིག་པར་བྱའོ། །དེ་ལ་རིང་དུ་སོང་བ་ལ་ནི་འབད་པ་དང་བཅས་པར་མཚན་མ་མེད་པའི་ཡེ་ཤེས་ལ་གནས ་པ་སྒྲུབ་བོ། །མི་གཡོ་པ་ལ་ནི་ལྷུན་གྱིས་གྲུབ་པར་མཚན་མ་མེད་པའི་ཡེ་ཤེས་ལ་གནས་པ་ཞིང་རྣམ་པར་དག་པ་དང་ལྷན་ཅིག་སྒྲུབ་བོ། །ལེགས་པའི་བློ་གྲོས་ལ་ནི་སོ་སོ་ཡང་དག་པར་རིག་པ་ཡོན་ཏན་གྱི་ཁྱད་པར་གང་གིས་ཆོས་སྨྲ་བར་འགྱུར་བསྒྲུབ་བོ ་ཆོས་ཀྱི་སྤྲིན་ལ་ནི་ཏིང་ངེ་འཛིན་དང་གཟུངས་ཀྱི་ཡོན་ཏན་གྱི་ཁྱད་པར་སྒྲུབ་བོ། །ཀུན་ཏུ་འགྲོ་བ་ལ་སོགས་པ་ཆོས་ཀྱི་དབྱིངས་རྣམ་པ་བཅུ་ལ་ཞེས་བྱ་བ་ནི་ཆོས་ཀྱི་དབྱིངས་ལ་བྱང་ཆུབ་སེམས་དཔའ་ཨི་ས་བཅུ་རྣམས་ཀྱིས་ཀུན་ཏུ་འགྲོ་བ་ལ་སོགས་པའི་དོན་གང་ཡིན་པ་ཁོང་དུ་ཆུད ་པར་བྱེད་པའོ། །དེ་ལ་ཉོན་མོངས་པ་ཅན་མ་ཡིན་པའི་མི་ཤེས་པ་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའ་ས་བཅུ་ལ་རྣམ་པ་བཅུར་གོ་རིམས་གཞིན་དུ་སྒྲིབ་སྟེ། དེའི་མི་མཐུན་པའི་ཕྱོགས་སུ་གྱུར་པའི་ཕྱིར་རོ་ཞེས་བྱ་བ་ནི་སའི་མི་མཐུན་པའི་ཕྱོགས་ཡིན་པའི་ཕྱིར་རོ། །ས་རྣམས་ནི ་འཇིག་རྟེན་ལས་འདས་པའི་ཏིང་ངེ་འཛིན་དང་ཤེས་རབ་ལ་སོགས་པའི་གནས་སྐབས་ཀྱི་ཁྱད་པར་གྱི་བདག་ཉིད་དེ། དེ་དག་སྐྱེ་བའི་གེགས་བྱེད་པའི་ཕྱིར་ཉོན་མོངས་པ་ཅན་མ་ཡིན་པའི་ཡེ་ཤེས་པ་ནི་མི་མཐུན་པའི་ཕྱོགས་སོ། །འདི་ལ་ཉོན་མོངས་པ་ཅན་མ་ཡིན་པའི་མི་ཤེས ་པ་ཁོ་ན་སྒྲིབ་པར་མ་ཟད་ཀྱི་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་དག་ཀྱང་ཡིན་ནོ། །འདི་ལྟར་རབ་ཏུ་དགའ་བ་ལ་ནི་མཐོང་བའི་ལམ་གྱིས་སྤང་བར་བྱ་བ་ཐམས་ཅད་སྒྲིབ་སྟེ། འདི་ལྟར་ཀུན་ཏུ་འགྲོ་བའི་དོན་ཁོང་དུ་ཆུད་པར་བྱེད་པ་མཐོང་བའི་ལམ་གྱིས་བདེན་པ་རྣམས ་ལ་ལོག་པར་རྟོགས་པའི་བག་ལ་ཉལ་བ་ཐམས་ཅད་སྤོང་བའི་ཕྱིར་རོ། །བསྒོམ་པ་སྤང་བར་བྱ་བ་རྣམས་ནི་ས་ལྷག་མ་རྣམས་ཀྱིས་སྤོང་ངོ། །དེ་དག་ནི་མ་སྤངས་ཀྱང་སྤངས་བཞིན་ཏེ། བྱང་ཆུབ་སེམས་དཔའ་རྣམས་ལ་ཀུན་ནས་ཉོན་མོངས་པར་བྱེད་པ་མ་ཡིན་ནོ། །དོན་དེ ་ཉིད་ཀྱི་དབང་དུ་མཛད་དེ་ཚིགས་སུ་བཅད་པ་དེ་གསུངས་པ། ཐབས་ཆེན་རྣམས་དང་ལྡན་པ་ལ། །ཉོན་མོངས་བྱང་ཆུབ་ཡན་ལག་འགྱུར། །འཁོར་བའང་ཞི་བའི་བདག་ཉིད་དེ། དེ་ཕྱིར་དེ་བཞིན་གཤེགས་བསམ་ཡས་ཤེའོ། །ས་བཅུ་རྣམས་ལ་ཕ་རོལ་ཏུ་ཕྱིན་པ་བཅུ ་གོ་རིམས་བཞིན་དུ་ལྷག་པར་ཆེ་བ་ཡིན་ནོ་ཞེས་འབྱུང་བའི་ཕྱིར་མི་མཐུན་པའི་ཕྱོགས་སེར་སྣ་ལ་སོགས་པ་གོ་རིམས་བཞིན་དུ་སྤོང་བར་མངོན་ནོ། །གལ་ཏེ་ཉོན་མོངས་པ་གཞན་ཡང་སྒྲིབ་ན་ཅིའི་ཕྱིར་ས་རྣམས་ལ་ཉོན་མོངས་པ་ཅན་མ་ཡིན་པའི་མི་ཤེས་པ ་ཁོ་ན་སྒྲིབ་བཤད་ཅེ་ན། ཐུན་མོང་མ་ཡིན་བའི་ཕྱིར་ཏེ། དེ་ནི་བྱང་ཆུབ་སེམས་དཔའ་རྣམས་ཁོ་ན་ལ་མྱ་ངན་ལས་འདས་པ་ཐོབ་པར་བྱ་བའི་གེགས་སུ་འགྱུར་གྱི་ཉན་ཐོས་ལ་སོགས་པ་ལ་ནི་མ་ཡིན་ཏེ། འདི་ལྟར་ཉན་ཐོས་དང་རང་སངས་རྒྱས ་རྣམས་ལ་དེ་ཡང་ཀྱང་གྲོལ་བར་འགྱུར་ལ་བྱང་ཆུབ་སེམས་དཔའ་རྣམས་ནི་མ་ཡིན་པས་དེའི་ཕྱིར?་ཐུན་མོང་མ་ཡིན་ནོ། །དེ་ས་རྣམས་ལ་སྒྲིབ་བར་བཤད་ཀྱང་ས་རྣམས་ལ་སྒྲིབ་པ་དེ་ཁོ་ནར་མ་ཟད་དེ། ཉོན་མོངས་བའི་ཉན་ཐོས་ལ་སོགས་པ་དང་བྱང་ཆུབ་སེམས་དཔའ་རྣམས ་ལ་འདྲ་བས་བྱང་ཆུབ་སེམས་དཔའ་ཨི་ས་རྣམས་ལ་དེའི་སྒྲིབ་པར་བཞག་པ་ཡང་མེད་བཀག་པ་ཡང་མེད་དེ། དེ་མ་བཤད་ཀྱང་སྒྲིབ་བ་ལས་ལྡོག་པར་མི་འགྱུར་རོ། །གཞན་ན་རེ་ཉན་ཐོས་ལ་སོགས་པ་དང་བྱང་ཆུབ་སེམས་དཔའ་རྣམས་ལ་འདྲ་བས་ཉོན་མོངས་ཅན་མ་ཡིན ་བའི་མི་ཤེས་པ་ནི་ས་རྣམས་ལ་སྒྲིབ་པར་ཁྱད་པར་དུ་བཤད་ཀྱི། ཉོན་མོངས་པ་ནི་ཞར་ལ་ཡོད་པས་མ་སྨོས་སོ་ཞེས་ཟེར་ཏེ། ཉོན་མོངས་པ་ཡང་ཉན་ཐོས་ལ་སོགས་པ་དང། བྱང་ཆུབ་སེམས་དཔའ་རྣམས་ལ་འདྲ་བ་ཉིད་ཡིན་པས་དེ་ཞར་ལ་ཡོད་ཅེས་བྱ་བར་མི་རུང ་ངོ། །གཞན་ན་རེ་ས་རྣམས་ཀྱིས་མི་ཤེས་པའི་སྒྲིབ་པ་ཡང་ཡིན་པ་དེ་ནི་ཉན་ཐོས་རྣམས་ཀྱི་ཉོན་མོངས་པ་ཅན་མ་ཡིན་པའི་མི་ཤེས་པ་ཡིན་ཡང་ཐར་པ་ལ་གེགས་མི་བྱེད་དེ། འདི་ལྟར་ཉན་ཐོས་དག་ལ་ས་རྣམས་ལ་མི་ཤེས་པ་ཡོད་བཞིན་དུ་རྣམ་པར་འགྲོལ་ལོ། ། ་བྱང་ཆུབ་སེམས་དཔའ་རྣམས་ལ་ནི་མྱ་ངན་ལས་འདས་པ་ཐོབ་པར་བྱ་བ་ལ་གེགS་ཀྱི་རྒྱུར་གྱུར་པའི་ཕྱིར་ཉོན་མོངས་པ་ཅན་ནོ་ཞེའོ། །དེ་ནི་དེ་ལྟ་མ་ཡིན་ཏེ་ཉོན་མོངས་ཅན་མིན་སྒྲིབ་པ་བཅུ་ཞེས་བཤད་པའི་ཕྱིར་རོ་ཞེའོ། །ས་དང་པོ་ལ་ནི་ཆོས་ཀྱི་དབྱིངས་ཀུན་དུ་འགྲོ ་བའི་དོན་དུ་རྟོགས་ཏེ། ཞེས་བྱ་བ་དེ་ལས་དང་པོ་ནི་འཇིག་རྟེན་ལས་འདས་པའི་ཤེས་རབ་འཁོར་དང་བཅས་པ་དང་པོ་པ་སྟེ། མཐོང་བའི་ལམ་གྱིས་བསྡུས་བའོ། །ཆོས་ཀྱི་དབྱིངས་ནི་སྟོང་པ་ཉིད་དེ། སྤྱིའི་མཚན་ཉིད་བས་གཅིག་ལ་ཇི་ལྟ་བར་ཐམས་ཅད་ལ་ཡང ་དེ་བཞིན་ནོ། །ཐམས་ཅད་དུ་སོང་བས་ཀུན་ཏུ་འགྲོ་བ་སྟེ། ཆོས་ཀྱི་དབྱིངས་ནི་མ་རྟོགས་པར། །འདི་ལྟར་ཆོས་ནི་ཡོད་མ་ཡིན། །ཞེས་འབྱུང་བ་ནི་ཆོས་ཀྱི་དབྱིངས་ཀུན་ཏུ་འགྲོ་བའི་ཁུངས་ཡིན་ནོ། །རྟོགས་ཞེས་བྱ་བ་ནི་མངོན་དུ་བྱེད་ཅེས་བྱ་བའི་ཐ་ཚིག་སྟེ། རྟོགས་པ་དེས་བདག ་གང་ཡིན་པ་དེ། གཞན་ལ་གཞན་གང་ཡིན་པ་དེ་བདག་གོ་ཞེས་བདག་དང་གཞན་མཉམ་པ་ཉིད་རབ་ཏུ་ཐོབ་ནས་གཞན་དང་བདག་གིས་སྟོང་པ་ཉིད་ཐ་དད་པར་མ་མཐོང་བས་བདག་དང་གཞན་དུ་བྱེ་བྲག་གིས་རློམ་སེམས་མེད་དོ། །དེའི་ཕྱིར་དེ་ལ་སྦྱིན་པཱ་ཕ་རོལ་ཏུ་ཕྱིན་པ་ལྷག ་བར་ཆེ་བ་ཡིན་ཏེ། དེའི་ཕྱིར་འདི་ལ་བྱང་ཆུབ་སེམས་དཔའ་བདག་གི་དོན་བཞིན་དུ་གཞན་གྱི་དོན་ལ་རབ་ཏུ་འཇུག་གོ་།འདི་ནི་རྟོགས་པ་དང་གཉེན་པོ་དང་གཉེན་པོའི་འབྲས་བུ་བསྟན་པ་ཡིན་ཏེ། དེ་གསུམ་ནི་ས་གཞན་དག་ཏུ་ཡང་ཤེས་པར་བྱའོ། །གཉིས་པ་ལ་ནི་མཆོག ་གི་དོན་དུ་སྟེ། རང་བཞིན་གྱིས་འོད་གསལ་བར་མཐོང་བའི་ཕྱིར་ཆོས་ཀྱི་དབྱིངས་རབ་ཏུ་རྟོགས་སོ་ཞེས་བྱ་བར་སྦྱར་རོ། །དེས་དེ་འདི་སྙམ་དུ་སེམས་ཏེ། དེ་ལྟ་བས་ན་བསྒྲུབ་ཏུ་མཚུངས་བ་ལ་བདག་གིས་རྣམ་པ་ཐམས་ཅད་དུ་ཡོངས་སུ་སྦྱང་བར་མངོན་པར་བསྒྲུབ་པ་ཉིད ་ལ་བརྩོན་པར་བྱའོ་སྙམ་མོ་ཞེས་ལུང་ལས་བཤད་དོ། །མདོ་ལས་ཀྱང་འདི་སྐད་ཅེས་དེ་བས་ན་དགེ་བ་བཅུའི་ལས་ཀྱི་ལམ་དེ་དག་ཤེས་རབ་ཀྱི་རྣམ་པར་ཡོངས་སུ་བསྒོམས་ན་ཉན་ཐོས་ཀྱི་ཐོག་བའི་བར་དུ་འགྱུར་རོ། །དེ་བས་གོང་དུ་ཡོངས་སུ་སྦྱངས་པས་རང་སངས་རྒྱས ་ཀྱི་ཐེག་པའི་བར་དུ་འགྱུར་རོ། །དེ་བས་གོང་དུ་ཡོངས་སུ་སྦྱངས་པས་བྱང་ཆུབ་སེམས་དཔའ་ཨི་ས་ཡོངས་སུ་དག་པ་དང་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ་དང། སྤྱོད་པ་རྒྱས་བའི་བར་དུ་འགྱུར་རོ། །དེ་བས་གོང་དུ་རབ་ཏུ་ཡོངས་སུ་དག་པས་སྟོབས་བཅུའི་བར་དུ་འགྱུར་རོ། །དེ་ལྟ ་བས་ན་བསྒྲུབ་ཏུ་མཚུངས་པ་ལ་བདག་གིས་ཞེས་རྒྱ་ཆེར་བཤད་དོ། །གང་གིས་འདི་ལྟར་དེ་འདི་སྙམ་དུ་སེམས་ཏེ། ས་གཉིས་པ་ལ་དེ་ལྟ་བས་ན་ཞེས་བྱ་བ་ལ་སོགས་པ་སྟེ། དེ་བས་ན་གཉིས་པ་ལ་མཆོག་གི་དོན་དུ་རབ་ཏུ་རྟོགས་བར་མངོན་ནོ། །མངོན་པར ་བསྒྲུབས་པ་ནི་འབང་པ་འམ་བྱ་བའོ། །རྣམ་པ་ཐམས་ཅད་དུ་ཡོངས་སུ་སྦྱང་བ་ནི་ཆོས་ཀྱི་དབྱིངས་ལ་ཉོན་མོངས་པ་ཅན་དང་ཉོན་མོངས་པ་ཅན་མ་ཡིན་པའི་རྨོངས་པ་སེལ་བའོ། །དེ་བས་ནས་དེ་ལ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལྷག ་པར་ཆེ་བ་ཡིན་ཏེ། ཁྱད་པར་དུ་འཕགས་པའི་དོན་ལ་སྨོས་པས་བདག་ཤིན་ཏུ་སྣོད་དུ་བྱེད་པའི་ཕྱིར་རོ། །གསུམ་པ་ལ་ནི་དེའི་རྒྱུ་མཐུན་པ་དོན་གྱི་མཆོག་ཏུ་རྟོགས་ཏེ། སངས་རྒྱས་ཀྱི་གསུང་ནི་ཆོས་ཀྱི་དབྱིངས་རབ་ཏུ་རྟོགས་པས་རབ་ཏུ ་ཕྱེ་བའི་ཕྱིར་རོ། །འདི་ལྟར་རྣམ་པ་ཐམས་ཅད་དུ་ཡོངས་སུ་དག་པ་ཆོས་ཀྱི་སྐུ་ཞེས་བྱ་བའི་ཆོས་ཀྱི་དབྱིངས་ཀྱི་དབང་གིས་ཆོས་ཀྱི་དབྱིངས་ཀྱི་རྒྱུ་མཐུན་པ་མེད་ལ་སོགས་པ་བསྟན་པའི་ཆོས་རབ་ཏུ་བྱུང་བའི་ཕྱིར་རོ། །ཆོས་ཀྱི་དབྱིངས་མཆོག་ཡིན་པས་དེའི་རྒྱུ་མཐུན་པས ་བསྟན་བའི་ཆོས་ཀྱང་མཆོག་ཡིན་པ་དང། ཆོས་ཀྱི་དབྱིངས་ཡོངས་སུ་དག་པར་བྱ་བའི་རྒྱུ་ཡིན་བའི་ཕྱིར་རོ། །དེས་ཆོས་ཀྱི་དབྱིངས་ཀྱི་རྒྱུ་མཐུན་པ་ཐོས་པ་མཆོག་ཏུ་རིག་ནས་ཞེས་རྒྱ་ཆེར་འབྱུང་བ་ལ་ངེས་ཞེས་བྱ་བ་ནི་ཆོས་ཀྱི་དབྱིངས་རབ་ཏུ་རྟོགས་པས་སོ།། ་ཐོག?་པ་ཞེས་བྱ་བ་ནི་མདོ་ལ་སོགས་པའི་ཆོས་ཐོས་པའོ། །དེ་ལ་མཆོག་ཏུ་རིག་ནས་ཞེས་བྱ་བ་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་དེ་བཞིན་དུས་སོ་སོར་རང་གིས་ཤེས་ཞེས་བྱ་བའི་ཐ་ཚིག་གོ་།དེའི་ཕྱིར་ཞེས་བྱ་བ་ནི་སངས་རྒྱས་ཀྱིས་གསུང་མཉན ་བའི་ཕྱིར། །མེའི་འོབས་སྟོང་གསུམ་གྱི་སྟོང་ཆེན་པོའི་ཚད་ཙམ་དུ་ཡང་བདག་ཉིད་མཆོག་ཞེས་བྱ་བ་ནི་མདོ་ལས་གསུངས་བ། གལ་ཏེ་ལ་ལ་ཞིག་དེ་ལ་འདི་སྐད་ཅེས་ཟེར་ཏེ། གལ་ཏེ་ཁྱོད་མེའི་འོབས?་ཆེན་བོ་འབར་བ། ཀུན་ཏུ་འབར་བ། ཀུན་ཏུ་རབ་ཏུ ་མཆེར་ཅིང་འབར་བ། མེ་ལྕེ་གཅིག་ཏུ་གྱུར་བའི་ནང་དུ་བདག་རབ་ཏུ་མཆོད་ཞིང་སྡུག་བསྔལ་གྱི་ཚར་བ་ཆེན་པོ་མྱོང་བར་འགྱུར་བ་རང་གི་ལུས་ཀྱིས་ཉམས་སུ་ལེན་ན་ངེས་ཁྱོད་ལ་ཆོས་ཀྱི་ཚིག་ཡང་དག་བར་རྫོགས་པའི་སངས་རྒྱས་ཀྱིས་བསྟན་པར ་བྱང་ཆུབ་སེམས་དཔའ་ཨི་སྤྱོད་པ་ཡོངས་སུ་སྦྱོར་བ་འདི་བཤད་པར་བྱའོ། །ཞེ་ན་ཡང་དེ་འདི་སྙམ་དུ་སེམས་ཏེ། ཡང་དག་པར་རྫོགས་བའི་སངས་རྒྱས་ཀྱིས་བསྟན་པ། བྱང་ཆུབ་སེམས་དཔའ་ཨི་སྤྱོད་བ་ཡོངས་སུ་སྤྱོད་བའི་ཆོས་ཀྱི་ཚིག་གཅིག་གི་དོན་དུ་ཡང་སྟོང་ཆེན་པོའི་འཇིག་རྟེན ་གྱི་ཁམས་མེས་རབ་ཏུ་གང་བར་ཚངས་པའི་འཇིག་རྟེན་ནས་བདག་གིས་བདག་ངོར་བར་མོས་ན་མེའི་འོབས་ཐ་མལ་བར་བདག་དེ་རབ་ལྟ་ཅི་སྨོས། སེམས་ཅན་དམྱལ་བའི་སྡུག་བསྔལ་ཐམས་ཅད་ཉམས་སུ་བབ་ཀྱང་བདག་གིས་སངས་རྒྱས་ཀྱིས་ཆོས་ཐམས་ཅད་གསལ་བར་བྱ ་ནེ། མིའི་སྡུག་བསྔལ་དང་འགྲོགས་བལྟ་ལ་ཅི་སྨོས་ཀྱི་སྙམ་ནས་ཞེས་བྱ་བའོ། །དེ་བས་ནས་དེ་ལ་བཟོད་བའི་ཕ་རོལ་ཏུ་ཕྱིན་པ་ལྷག་པར་ཆེ་བ་ཡིན་ཏེ། ཐོས་པའི་ཆེད་དུ་ཉོན་མོངས་པ་ཐམས་ཅད་ལ་ཡང་མི་འབྱེད་པའི་ཕྱིར་རོ། །བཞི་པ་ལ་ནི་ཡོངས་སུ་བཟུང་བ་མེད་པའི་དོན་དུ་སྟེ། ཆོས ་ཀྱི་དབྱིངས་རབ་ཏུ་རྟོགས་སོ་ཞེས་བྱ་བར་སྦྱར་རོ། །ས་བཞི་པ་ལ་ནི་མཉམ་པའི་ཕྱིར་ཆོས་ཀྱི་དབྱིངས་བདག་གི་བ་མེད་བར་རབ་ཏུ་རྟོགས་ཏེ། འདི་ལྟར་ཆོས་ཀྱི་དབྱིངས་ལ་བདག་གང་ཡང་མེད་བའི་ཕྱིར་རོ། །ཡང་ན་ཕྱིན་ཅི་ལོག་ཐམས་ཅད་ཀྱི་ཡུལ་མ་ཡིན་པའི་ཕྱིར་སུའི་ཡོངས་སུ་བཟུང་བ་ཡང ་མ་ཡིན་ནོ། །བདག་ཉིད་ཀྱིས་ཕྱིན་?་ལོག་མ་ཡིན་པས་འདི་ལ་ཡོངས་སུ་བཟུང་བ་གང་ཡང་མེད་དེ། འདི་ལྟར་ཆོས་ལ་སྲེད་པ་ཡང་ལྡོག་གོ་ཞེས་ལུང་ལས་འབྱུང་ངོ། །དེ་ལྟར་འོད་འཕྲོ་ཅན་ནི་སྤྲོས་པ་མེད་པའི་ཡེ་ཤས་ཀྱི་དབྱིངས་ཁོང་དུ་ཆུད་བའི་ཕྱིར་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཐོབ་སྟེ། ་བྱང་ཆུབ་སེམས་དཔའ་མདོ་ལ་སོགས་པའི་ཆོས་པ་སྲེད་པ་སྔ་ན?་ཡིན་པ་གང་ཡིན་པ་དེ་ཡང་ལྡོག་གོ་།གཞན་དག་ན་རེ་བསམ་གཏན་དང་ཏིང་ངེ་འཛིན་དང་སྙོམས་པར་འཇུག་པ་ནི་ཆོས་ལ་སྲེད་པའོ། །དེ་བས་ན་ས་དེ་ལ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལྷག་པར་ཆེ་བ་ཡིན ་ཏེ། དག་དང་ཡིད་ཀྱིས་སྤྱོད་པ་ལས་འདས་པར་རྒྱུན་ཏུ་བྱང་ཆུབ་ཀྱི་ཕྱོགས་རྣམས་ཀྱིས་གནས་པའི་ཕྱིར་རོ། །ལྔ་པ་ལ་ནི་རྒྱུད་ཐ་དད་པ་མེད་པའི་དོན་དུ་སྟེ་།ཆོས་ཀྱི་དབྱིངས་རབ་ཏུ་རྟོགས་ཞེས་བྱ་བ་དང་སྦྱར་རོ། །འདས་པ་དང་མ་བྱོན་པ་དང་ད་ལྟར་གྱི་སངས་རྒྱས་བཅོམ་ལྡན ་འདས་ཐམས་ཅད་ནང་དང། བྱང་ཆུབ་སེམས་དཔའ་ཨི་རྒྱུད་རྣམས་དང་བདག་ཐ་མི་དད་ཅིང་མཚུངས་པར་མཐོང་ངོ། །སེམས་དང་བསམ་པ་རྣམ་པར་དག་པ་མཉམ་པ་ཉིད་བཅུས?་ཞེས་བྱ་བ་ནི་ལུང་གིས་སྟོན་ཏེ། འདས་པའི་སངས་རྒྱས་ཀྱི་ཆོས ་རྣམ་པར་དག་པ་ལ་བསམ་བ་མཉམ་པ་ཉིད་དང། མ་བྱིན་པའི་སངས་རྒྱས་ཀྱི་ཆོས་རྣམ་པར་དག་པ་ལ་བསམ་པ་མཉམ་པ་ཉིད་དང། ད་ལྟར་བྱུང་བའི་སངས་རྒྱས་ཀྱི་ཆོས་རྣམ་པར་དག་པ་ལ་བསམ་པ་མཉམ་པ་ཉིད་དང། ཚུལ་ཁྲིམས་རྣམ་པར་དག་པ་ལ་བསམ་པ་མཉམ ་པ་ཉིད་དང། སེམས་ཅན་རྣམ་པར་དག་པ་ལ་བསམ་པ་མཉམ་པ་ཉིད་དང། ལྟ་བ་དང་ཐེ་ཚོམ་དང་ཡིད་གཉིས་དང་འགྱོད་པ་སེལ་བས་རྣམ་པར་དག་པ་ལ་བསམ་པ་མཉམ་པ་ཉིད་དང། ལམ་དང་ལམ་མ་ཡིན་པ་ཤེས་པ་རྣམ་པར་དག་པ་བསམ་པ་མཉམ ་པ་ཉིད་དང། ལམ་ཤེས་པ་རྣམ་པར་དག་པ་ལ་བསམ་པ་མཉམ་པ་ཉིད་དང། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཐམས་ཅད་གོང་ནས་གོང་དུ་རྣམ་པར་འཇིག་པ་རྣམ་པར་དག་པ་ལ་བསམ་པ་མཉམ་པ་ཉིད་དང། སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱེད་པ་རྣམ་པར ་དག་པ་ལ་བསམ་པ་མཉམ་པ་ཉིད་ཅེས་བྱ་བ་སྟེ། མཉམ་པ་ཉིད་འདི་དག་གིས་སངས་རྒྱས་ཐམས་ཅད་ཀྱི་རྒྱུད་ཐ་མི་དད་པར་རབ་ཏུ་རྟོགས་ཏེ། ཀུན་གཞི་རྣམ་པར་ཤེས་པ་གནས་གྱུར་བའི་མཚན་ཉིད་ཆོས་ཀྱི་སྐུ་ཐ་མི་དད་པའི་ཕྱིར་རོ། །དེ་བས་ན་ས་དེ་ལ་བསམ ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལྷག་པར་ཆེ་བ་ཡིན་ཏེ། དོན་དམ་པར་བདེན་པའི་རྣམ་པར་བསྒོམ་པ་མང་བའི་ཕྱིར་རོ། །དྲུག་པ་ནི་ཀུན་ནས་ཉོན་མོངས་པ་དང། རྣམ་པར་དག་པ་མ་ཡིན་པའི་དོན་དུ་སྟེ། ཆོས་ཀྱི་དབྱིངས་རབ་ཏུ་རྟོགས་ཞེས་བྱ་བར་སྦྱར་རོ། །རྟེན་ཅིང ་འབྲེལ་བར་འབྱུང་བའི་མཚན་ཉིད་ཀུན་ནས་ཉོན་མོངས་པ་དེ་ལ་གློ་བུར་དུ་འབྱུང་བའི་ཕྱིར་རང་བཞིན་གྱིས་ཀུན་ནས་ཉོན་མོངས་པས་མ་ཡིན་ནོ། །རང་བཞིན་གྱིས་རྣམ་བར་དག་པས་རྣམ་པར་དག་པར་འགྱུར་བ་མ་ཡིན་ནོ། །དེ་ལྟར་རང་གིས་རིག་པའི་ཚུལ་གྱིས་རྣམ ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་ཆོས་ཀྱི་དབྱིངས་རབ་ཏུ་རྟོགས་སོ་ཞེས་ལུང་དེ་ཉིད་ལས་སྟོན་ཏེ་།རྟེན་ཅིང་འབྲེལ་པར་འབྱུང་བ་ལ་གང་ཀུན་ནས་ཉོན་མོངས་པར་འགྱུར་བ་འམ། རྣམ་པར་དག་པར་འགྱུར་བའི་ཆོས་དེ་གང་ཡང་མེད་པར་རབ་ཏུ་རྟོགས་པའི་ཕྱིར་རོ། །ས་དྲུག ་པ་ལ་ནི་བྱང་ཆུབ་སེམས་དཔའ་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་རྣམ་པར་རྟོགས་ཏེ་།ཆོས་ཀྱི་དབྱིངས་དང་རང་བཞིན་གྱིས་འོད་གསལ་བའི་ཕྱིར་དེ་ལ་ཡང་ཆོས་གང་ལ་ཀུན་ནས་ཉོན་མོངས་པ་འམ། རྣམ་པར་བྱང་བ་མེད་པར་རྟོགས་སོ། །རྟེན་ཅིང་འབྲེལ་པར་འབྱུན་བའི་ཡན ་ལག་རྣམས་ནི་ཀུན་ནས་ཉོན་མོངས་པ་ཙམ་དུ་ཟད་པའི་ཕྱིར་གང་ལ་ཀུན་ནས་ཉོན་མོངས་པ་འམ། རྣམ་པར་དག་པར་ཀུན་ཏུ་རྟོགས་པར་བདག་གམ་བདག་གི་མེད་དོ། །དེའི་ཕྱིར་ས་དེ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལྷག་པར་ཆེ་བ་ཡིན་ཏེ། ཀུན་ནས་ཉོན་མོངས་པ་དང ་རྣམ་པར་དག་པ་མེད་བའི་དོན་དུ་རྟེན་ཅིང་འབྲེལ་བར་འབྱུང་བ་ཟབ་མོ་ཁོང་དུ་ཆུད་པའི་ཕྱིར་རོ། །བདུན་པ་ལ་ནི་ཐ་དད་པ་མེད་པའི་དོན་དུ་སྟེ། ཆོས་ཀྱི་དབྱིངས་རབ་ཏུ་རྟོགས་ཞེས་བྱ་བར་སྦྱར་རོ། །ས་དེ་ལ་བྱང་ཆུབ་སེམས་དཔའ་མཚན་མ་ཐམས་ཅད་མི་འབྱུང་བས་ཟིལ་གྱིས ་ནོན་ཏེ། མཚན་མ་འབྱུང་བའི་སྒོ་ནས་ཐ་དད་པ་འབྱུང་བའི་ཕྱིར་རོ། །དེ་བས་ན་མཚན་མ་མེད་བའི་ཕྱིར་བདུན་པ་ལ་ཐ་དད་པ་མེད་པའི་དོན་རབ་ཏུ་རྟོགས་སོ་ཞེས་བྱའོ། །དོན་དེ་ཉིད་རབ་ཏུ་བསྟན་པའི་ཕྱིར་མཚན་མ་མེད་པས་མདོ་ལ་སོགས་པའི་ཆོས་ཀྱི་མཚན་ཉིད་ཐ་དད་པ་མི ་འབྱུང་བའི་ཕྱིར་རོ་ཞེས་བྱ་བ་སྨོས་སོ། །ས་དྲུག་པའི་བར་དུ་ནི་མདོ་ལ་སོགས་པའི་ཆོས་ཀྱི་མཚན་མ་གང་གིས་ཆོས་ཀྱི་དབྱིངས་ལ་འཇུག་པ་དེ་དག་ཤུགས་ཀྱིས་དེ་ལ་འཇུག་པ་དང། དེའི་ཕྱིར་རྗེས་ལ་ཐོབ་པའི་ཤེས་པ་གཉིས་ཀྱིས་ཐ་དད་པ་ཉིད་དུ་མངོན་དུ་འགྱུར་རོ། །ས་བདུན ་པ་ལ་ནི་མཚན་མ་ཐམས་ཅད་རོ་གཅིག་པའི་རྣམ་པའི་ཡེ་ཤེས་ཀྱིས་ཆོས་ཀྱི་དབྱིངས་མཚན་མ་མེད་པར་རབ་ཏུ་རྟོགས་པས་མཚན་མ་དེ་དག་མི་འབྱུང་ངོ། །དེའི་ཕྱིར་ས་དེ་ལ་ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལྷག་པར་ཆེ་བ་ཡིན་ཏེ། འདི་ལྟར་མཚན་མ་ཐམས་ཅད་མཚན ་མ་མེད་བ་ཉིད་དུ་ཡང་རབ་ཏུ་རྟོགས་ལ། མཚན་མར་བྱས་བའི་ཐ་སྙད་ཀྱང་མི་འགོག་སྟེ། དེ་རབ་ཏུ་རྟོགས་པས་ཀྱང་དེ་ཉིད་ལ་དབང་བྱེད་བ་རབ་ཏུ་འཐོབ་བའི་ཕྱིར་རོ། །བརྒྱད་པ་ལ་ནི་བྲི་བ་མེད་ཅིང་འཕེལ་བ་མེད་པའི་དོན་དུ་སྟེ་།ཆོས་ཀྱི་དབྱིངS ་རབ་ཏུ་རྟོགས་སོ་ཞེས་བྱ་བར་སྦྱར་རོ། །ཆོས་ཀྱི་དབྱིངས་རང་བཞིན་གྱིས་རྣམ་པར་དག་བའི་ཕྱིར་དྲི་མ་དང་བཅས་པ་དང། དྲི་མ་མེད་པའི་དུས་ན་ཡང་ཁྱད་པར་མེད་པའི་ཕྱིར་རོ། །དེ་བས་ན་དེ་རྟག་ཏུ་དེ་བཞིན་ཁོན་བས་དེ་བཞིན་ཉིད་ཅེས་བྱའོ། །མཚན་མ་དང་བྲལ་བ་ན་གང ་ལ་ཡང་བྲི་བ་ཡང་མེད་ལ་མཚན་མ་ཡོད་པ་ན་ཡང་གང་ལ་ཡང་འཕེལ་བ་ཡང་མེད་དོ། །ལ་ལ་ན་རེ་འདི་ལྟར་མཚན་མ་ཉིད་མཚན་མ་མེད་པའོ་ཞེའོ། །འདིར་རྒྱུ་སྨོས་པ། མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པས་ཞེས་བྱ་བའོ། །ས་བརྒྱད་པ་ལ་བྱང་ཆུབ་སེམས་དཔའ་མི་སྐྱེ ་བའི་ཆོས་ལ་བཟོད་པ་ཐོབ་པས་ཆོས་ཀྱི་དབྱིངས་ལ་བྲི་བ་མེད་པ་དང། ལྷག་པ་མེད་པ་ཉིད་དུ་དེ་ལྟར་རབ་ཏུ་རྟོགས་སོ། །ཀུན་ནས་ཉོན་མོངས་པ་ནི་བྲི་པ་མེད་པ་འམ་རྣམ་པར་བྱང་བ་ན་འཕེལ་བའི་ཆོས་གང་ཡང་མེད། སྔོན་མེད་པའི་ཆོས་མི་སྐྱེ་བའི་ཕྱིར། དབང ་རྣམ་པ་བཞི་སྟེ། རྣམ་པར་མི་རྟོག་པ་ལ་དབང་བ་དང། ཞིང་ཡོངས་སུ་དག་པ་ལ་དབང་བ་དང། ཡེ་ཤེས་ལ་དབང་བ་དང། །ལས་ལ་དབང་པའོ། །དེ་ལ་ལྷུན་གྱིས་གྲུབ་པར་མཚན་མ་ཐམས་ཅད་མི་འབྱུང་བས་ཆོས་ཀྱི་དབྱིངས་ནི་རྣམ་པར་མི་རྟོག་པའི་ཡེ ་ཤེས་ལ་དབང་བའི་གནས་སུ་རིག་པར་བྱའོ། །བདུན་པ་ལ་ཡང་མཚན་མ་མི་འབྱུང་བ་ཡོད་མོད་ཀྱི་མངོན་པར་འདུ་བྱེད་པས་ཡིན་གྱི། འདིར་ནི་ལྷུན་གྱིས་གྲུབ་པ་ཡིན་པས་བྱེ་བྲག་ཡོད་དོ། །ཇི་ལྟར་བཞེད་པ་བཞིན་དུ་སངས་རྒྱས་ཀྱི་ཞིང་དང་འཁོར་གྱི་དཀྱིལ ་འཁོར་ཀུན་ཏུ་བསྟན་པའི་མཐུ་བརྙེས་པས་ཆོས་ཀྱི་དབྱིངས་ནི་ཡོངས་སུ་དག་པ་ལ་དབང་བའི་གནས་སུ་རིག་པར་བྱའོ། །དེ་བས་ནས་དེ་ལ་སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པ་ལྷག་པར་ཆེ་བ་ཡིན་ཏེ། རྣམ་པར་མི་རྟོག་པ་དང་ཞིང་ལ་དབང་བ་ཐོབ་པས་དགེ་བ་ལ་བར་ཆར ་མེད་པར་སྦྱོར་བའི་ཕྱིར་རོ། །དགུ་པ་ལ་ནི་ཡེ་ཤེས་ལ་དབང་པོའི་གནས་ཉིད་དུ་སྟེ་ཅི་ཞེ་ན། ཆོས་ཀྱི་དབྱིངས་རབ་ཏུ་རྟོགས་ཞེས་བྱ་བར་སྦྱར་རོ། །དགུ་བ་ལ་ནི་ཡེ་ཤེས་ལ་དབང་བའི་གནས་ཏེ། རབ་ཏུ་རྟོགས་སོ་ཞེས་བྱ་བར་ཅི་མངོན་ཞེ་ན་།དེའི་ཕྱིར་སོ་སོ་ཡང་དག་པར་རིག ་པ་ཐོབ་པའི་ཕྱིར་རོ་ཞེས་བྱ་བ་སྨོས་སོ། །ས་འདི་ལ་ཆོས་དང། དོན་དང་ངེས་པའི་ཚིག་དང་།སྤེངས?་པ་སོ་སོ་ཡང་དག་པར་རིག་པ་གཞན་དག་གིས་མི་འདུས་པར་རབ་ཏུ་ཐོབ་བོ། །དེ་བས་ན་འདིར་མི་ཆོས་ཀྱི་དབྱིངས་ཡེ་ཤེས་ལ་དབང་བའི་གནས་ཏེ་རབ་ཏུ་རྟོགས་སོ་ཞེས ་བྱ་བར་མངོན་ནོ། །དེའི་ཕྱིར་ས་དེ་ལ་སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལྷག་པར་ཆེ་བ་ཡིན་ཏེ། ཤེས་རབ་ཀྱི་སྟོབ་ཀྱིས་ཁྱད་པར་དང་ལྡན་པའི་ཕྱིར་རོ། །ས་བཅུ་པ་ལ་ནི་ལས་ལ་དབང་བའི་གནས་ཉིད་དུ་རྟོགས་སོ། །དེ་ཅི་མངོན་ཞེ་ན། དེའི་ཕྱིར་ཇི་ལྟར་བཞེད་པ་བཞིན་དུ་སྤྲུལ ་པ་རྣམས་ཀྱིས་སེམས་ཅན་ཀྱི་དོན་མཛད་པའི་ཕྱིར་རོ་ཞེས་བྱ་བ་སྨོས་སོ། །འདིས་ནི་ས་བཅུ་བ་ལ་ཆོས་ཀྱི་དབྱིངས་ལས་ལ་དབང་བའི་གནས་སུ་རབ་ཏུ་རྟོགས་སོ། །དེས་དེ་བཞིན་གཤེགས་པའི་ཕྲིན་ལས་རྣམས་ལ་དབང་བྱེད་པ་རབ་ཏུ་བརྙས་ཏེ། འདི་ལྟར་བདེ་བར ་གཤེགས་པ་བཞིན་དུ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་མཛའ་ཡས་པ་ན་གནས་པའི་སེམས་ཅན་དག་ལ་སྤྲུལ་པའི་སྐུ་རྣམས་ཀྱིས་ཇི་ལྟར་འདོད་པ་བཞིན་དུ་གང་ལ་།ཇི་ལྟར་གང་གི་ཆོS་གང་བྱ་བ་དེ་ལ་དེ་ལྟར་དེའི་ཚེ་དེ་མཛད་དོ། །དེ་བས་ནས་འདི ་ལ་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལྟག་པར་ཆེ་བ་ཡིན་ཏེ་།ཆོས་ལ་ལོངས་སྤྱོད་པ་དང་སེམས་ཅན་ཡོངས་སུ་སྨིན་པར་མཛད་པའི་ཁྱད་པར་དང་ལྡན་པའི་ཕྱིར་རོ། །དེ་ལྟར་བྱང་ཆུབ་སེམས་དཔའ་ས་བཅུ་ཇི་སྐད་དུ་བཤད་པ་དེ་དག་ལ་ཆོས་ཀྱི་དབྱིངས་རྣམ ་པ་བཅུ་རབ་ཏུ་རྟོག་པ་རྣམ་པ་ཐམས་ཅད་དུ་ཡོངས་སུ་སྦྱང་པ་ལ་གེགས་སུ་གྱུར་པ་ཉོན་མོངས་པ་ཅན་མ་ཡིན་པའི་མི་ཤེས་པས་རེ་རེ་ལ་ཡང་སྒྲིབ་པ་གང་ཡིན་པ་དེའི་གཉེན་པོ་བྱང་ཆུབ་སེམས་དཔའ་ཨི་ས་བཅུ་རྣམ་པར་བཞག་གོ་།ས་དགུ་པ་དང་ས་བཅུ ་དག་གིས་ཁྱད་པར་ནི་འབྲས་བུས་བསྟན་བ་ཡིན་གྱི། དམིགས་པ་ཐ་དད་པར་རབ་ཏུ་རྟོགས་པའི་ཁྱད་པར་གྱིས་ནི་མ་ཡིན་ཏེ། གནས་པ་ཅིར་ཡང་སྤྱད་དུ་མེད་པའི་ཕྱིར་རོ། །ཀུན་ཏུ་འགྲོ་བ་ལ་སོགས་པའི་དོན་དུ་རྟོགས་པའི་དགོས ་པ་ནི་ས་བཅུ་རྣམས་སུ་ཕ་རོལ་ཏུ་ཕྱིན་པ་བཅུ་གོ་རིམས་བཞིན་དུ་ཁྱད་པར་དུ་འགྲོ་བའོ། །དེའི་ཕྱིར་འདི་སྐད་ཅེས་ས་ལ་སྒྲིབ་པ་ནི་ཕ་རོལ་ཏུ་ཕྱིན་པ་རྣམས་ཁྱད་པར་ཏུ་འགྲོ་བ་ལ་སྒྲིབ་པའོ་ཞེས་བཤད་དོ། །ཡང་ན་མདོ་ལས་ཏིང་ངེ་འཛིན་བརྒྱ་ལ་སྙོམས་པར ་འཇུག་པ་ལ་སོགས་པས་གོང་ནས་གོང་དུ་ཁྱད་དུ་འཕགས་མཆོག་རྣམས་ཀྱི་ཡེ་ཤེས་ཀྱི་མཐར་ཐུག་པའི་འབྲས་བུ་གསུང་པ་ཉིད་ཀུན་ཏུ་འགྲོ་བ་ལ་སོགས་པའི་དོན་དུ་རབ་ཏུ་རྟོགས་པའི་དགོངས་པ་ཞེས་བྱའོ། །སྒྲིབ་པ་རྣམ་པ་དུ་མ་གོང་དུ་བཤད་པ་ཐམས ་ཅད་ནི་སྒྲིབ་པ་གཉིས་ཀྱི་ནང་དུ་འདུས་བར་རབ་ཏུ་བསྟན་པའི་ཕྱིར་མདོར་བསྡུ་ན། ཉོན་མོངས་པའི་སྒྲིབ་པ་དང་།ཤེས་བྱའི་སྒྲིབ་པ་ཉིད་དུ་བསྟན་ཞེས་བྱ་བ་སྨོས་སོ། །མདོར་སྡུ་ན་གཉིས་ཁོ་ན་སྟེ། གསུམ་དུ་མེད་དོ་ཞེས་བྱ་བ་དེ་ཅི་མངོན་ཞེ་ན། དེའི་ཕྱིར ་དེར་ནི་སྒྲིབ་པ་ཐམས་ཅད་དེ་ཞེས་བྱ་བ་གསུངས་ཏེ། ནང་དུ་འདུས་སོ་ཞེས་བྱ་བ་ནི་ཚིག་གི་ལྷག་མའོ། །སྒྲིབ་པ་ཐམས་ཅད་སྒྲིབ་པ་གཉིས་ཀྱི་ནང་དུ་འདུས་པས་གསུམ་པ་གཞན་མེད་པར་མངོན་ནོ། །གང་གི་ཕྱིར་སྒྲིབ་པ་ཐམས་ཅད་འདི་ཉིད་ཀྱི་ནང་དུ་འདུས ་པ་དེའི་ཕྱིར་སྒྲིབ་པ་ཐམས་ཅད་སྡུད་བ་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་རྣམ་པ་གཉིས་པོ་འདི?་ཟད་ན་སྒྲིབ་པ་ཐམས་ཅད་ལས་གྲོལ་བ་འདོད་དེ། སྒྲིབ་པ་ཐམས་ཅད་སྤོང་ཞེས་བྱ་བའི་ཐ་ཚིག་གོ་།སངས་རྒྱས་ཀི་སའི་སྒྲིབ་པ་མ་བཤད་པར་དེ་ཉིད་ཀྱི་ནང་དུ་འདུས ་པ་ཇི་ལྟར་འགྱུར་།བརྗོད་པས་དེའི་ནང་དུ་གཏོགས་བར་འགྱུར་བ་ཡང་མ་ཡིན་ཏེ། རང་བཞིན་གྱིས་འདུས་སོ། །དེ་ལྟ་མོད་ཀྱི་ཁྱབ་པའི་སྒྲིབ་པ་བཤད་པའི་ཕྱིར་དེ་ཉིད་ཀྱང་བཤད་ཟིན་ཏོ། །གཞན་དུ་ན་ནི་ཉི་ཚེ་བའི་སྒྲིབ་པ་ཉིད་དུ་འགྱུར་རོ་ཡང་ན་སངས ་རྒྱས་ཀྱི་མའི?་སྒྲིབ་པ་བསྡུ་བའི་དོན་དུ་དེར་ནི་སྒྲིབ་པ་ཐམས་ཅད་དེ། དེ་ཟད་ནས་ནི་གྲོལ་བར་འདོད་ཅེས་བྱ་བ་གསུངས་སོ། །སངས་རྒྱས་ཀྱི་སའི་སྒྲིབ་པ་མ་ཟད་བར་གྲོལ་བ་མེད་དེའི་ཕྱིར་སྒྲིབ་པ་ལྷག་མ་ལྟར་དེའི་སྒྲིབ་པ་ཡང་བསྟན་པ་ཡིན་ནོ། །ཉོན་མོངས་པ་ཅན་མ་ཡིན ་པའི?་མི་ཤེས་པ་རབ་ཏུ་ཕྲ་བའི་གནས་སྐབས་དང། ཉོན་མོངས་པའི་བག་ཆགས་ནི་སངས་རྒྱས་ཀྱི་སའི་སྒྲིབ་པ་ཞེས་བྱ་སྟེ། དེ་བས་ན་ཤིན་ཏུ་ཕྲ་བའི་ཕྱིར་གཞན་དུ་བརྟགས་མི་ནུས་པས་དེ་སྐད་ཅེས་བཤད་པར་འགྱུར་རོ། །སྒྲིབ་པ་ཆེན་པོ་ནི་ཁྱབ་པ་གང་ཡིན་པའོ ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་ཨི་རིགས་ཅན་རྣམས་ཀྱི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པའོ། །སྒྲིབ་པ་ཆུང་བུ་ནི་ཉི་ཚེ་བ་གང་ཡིན་པའོ་ཞེས་བྱ་བ་ནི་ཉན་ཐོས་ལ་སོགས་པའི་རིགས་ཅན་རྣམས་ཀྱི་ཉོན་མོངས་པའི་སྒྲིབ་པ་ཉིད་དོ། །སྦྱོར་བའི་སྒྲིབ་པ་ནི་ལྷག་མ་གང ་ཡིན་པའོ་ཞེས་བྱ་བ་ནི་འདོད་ཆགས་ལ་སོགས་པ་སྤྱོད་པ་དེ་དག་ཉིད་ཀྱི་སྟེ། དེས་སྦྱོར་བ་ཉིད་མི་འཐོབ་བོ། །འཐོབ་བ་ལ་སྒྲིབ་པ་ནི་མཉམ་པ་གང་ཡིན་པའོ་ཞེས་བྱ་བ་ནི་ཆ་མཚུངས་པར་སྤྱོད་པ་རྣམས་ཀྱི་སྟེ། དེ་འཐོབ་པའི་གེགས་སུ་འགྱུར་པའི་ཕྱིར་རོ། །ཐོབ་པ་ཁྱད ་པར་ཅན་ལ་སྒྲིབ་པ་ནི་ལེན་པ་དང་སྤོང་བ་གང་ཡིན་པའོ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་རིགས་ཅན་རྣམས་ཀྱི་སྟེ། ཐོབ་པར་བྱ་བ་ཁྱད་པར་ཅན་ལ་སྒྲིབ་པའི་ཕྱིར་རོ། །མི་གནས་པའི་མྱ་ངན་ལས་འདས་པ་ནི་ཐོབ་པར་བྱ་བ་ཁྱད་པར་ཅན་ཏེ། དེ་ཉིད་འབྲས་བུའི་ཁྱད ་པར་དུ་ཡང་རིག་པར་བྱའོ། །ཡང་དག་བར་སྦྱོར་བ་ལ་སྒྲིབ་པ་ནི་ཉོན་མོངས་པའི་མཚན་ཉིད་རྣམ་པ་དགུ་གང་ཡིན་པའོ་ཞེས་བྱ་བ་ནི་ཀུན་ཏུ་སྦྱོར་བ་དགུ་ནི་སྒྲིབ་པོ་ཞེས་བཤད་པའི་ཕྱིར་རོ། །དེ་དག་ཡང་དག་པར་སྦྱོར་བ་ལ་ཇི་ལྟར་སྒྲིབ་པ་དེ་བཞིན་དུ་བཤད་ཟིན་ཏོ། ་རྒྱུ་ལ་སྒྲིབ་པ་ནི་དགེ་པ་ལ་སོགས་པ་རྣམ་པ་བཅུ་ལ་སྒྲིབ་པ་གང་ཡིན་པ་སྟེ། རྒྱུའི་དོན་གྱི་སྐབས་ཀྱི་ཕྱིར་ཞེས་བྱ་བ་ནི་དེ་དག་པ་ལ་སོགས་པའི་རྒྱུ་ལ་གེགས་བྱེད་པའི་སྒོ་ནས་སྒྲིབ་པར་འགྱུར་བས་རྒྱུ་ལ་སྒྲིབ་པ་ཞེས་བྱའོ། དེ་ཁོ་ན་ལ་འཇུག་པ་ལ་སྒྲིབ་པ་ནི་བྱང་ཆུབ་ཀྱི་ཕྱོགས ་རྣམས་ལ་སྒྲིབ་པ་གང་ཡིན་པའོ་ཞེས་བྱ་བ་ནི་དེ་དག་གིས་དེ་ཁོ་ན་ལ་འཇུག་པར་བྱེད་དོ། །དགེ་བ་བླ་ན་མེད་པ་ལ་སྒྲུབ་པ་ནི་ཕ་རོལ་ཏུ་ཕྱིན་པ་རྣམས་ལ་སྒྲིབ་པ་གང་ཡིན་པའོ། །ཞེས་བྱ་བ་ནི་དེའི་བླ་ན་དགེ་བ་མེད་པའི་ཕྱིར་རོ། །དེ་ཁྱད་པར་དུ་འགྲོ ་པ་ལ་སྒྲིབ་པ་ནི་ས་རྣམས་ལ་སྒྲིབ་པ་གང་ཡིན་པའོ་ཞེས་བྱ་བ་ལ་ཕ་རོལ་ཏུ་ཕྱིན་པ་ཉིད་འཇིག་རྟེན་ལས་འདས་པའི་ཁྱད་པར་གྱི་གནས་སུ་གྱུར་བ་ནི་ས་རྣམས་ཞེས་བྱའོ། །བསྡུས་པའི་སྒྲིབ་པ་ནི་མདོར་བསྡུས་པ་རྣམ་པ་གཉིས་པོ་གང་ཡིན་པའོ་ཞེས་བྱ་བ་ནི་ཉོན་མོངས ་པའི་སྒྲིབ་པ་དང་ཤེས་བྱའི་སྒྲིབ་པ་སྟེ། དེ་དག་གིས་སྒྲིབ་པ་ཐམས་ཅད་བསྡུས་པའི་ཕྱིར་རོ། །དེས་བདེ་བླག་ཏུ་ལེན་པ་དང། འཛིན་པར་བྱ་བའི་ཕྱིར་དོན་བསྡུས་པ་བཤད་དེ་བསྡུ་བ་བྱས་པས་བདེ་བླག་ཏུ་ལེན་ཏོ་འཛིན་ཏོ། །བསྟན་བཅོས་དབུས་དང་མཛའ་ ་རྣམ་པར་འབྱེད་པ་ལས་སྒྲིབ་པའི་ལེའུར་བཅད་པ་སྟེ་གཉིས་པའི་འགྲེལ་བཤད་དོ།། །།སྒྲིབ་པ་བཤད་པའི་འོག་ཏུ་དེ་ཁོ་ན་བཤད་པའི་སྐབས་ཡིན་ཏེ། དེའི་འོག་ཏུ་སྨོས་པའི་ཕྱིར་རོ། །དེ་བས་ན་དེ་ཁོ་ནའི་དབང་དུ་མཛད་དེ་གསུངས ་པ?་ཞེས་བྱ་བ་སྨོས་སོ། །དེ་ཁོ་ན་ཡང་རྣམ་པ་དུ་མ་ཡོད་དེ། དེའི་ཕྱིར་དེའི་དབྱེ་བ་ཁོང་དུ་ཆུད་པར་དེ་ཁོ་ནའི་རང་གི་ངོ་བོ་ཁོང་དུ་ཆུད་པར་དཀའ་བས་དེའི་ཕྱིར་དེ་ཁོ་ནའི་དབྱེ་བ་ཉིད་དང་པོར་བསྟན་བའི་ཕྱིར་རྩ་བ་མཚན་ཉིད་ཁོ་ན་ཞེས་དེ་ཁོ་ན་བཅུ་རྒྱ་ཆེར ་གསུངས་སོ། །ཁ་ཅིག་ན་རེ་རྩ་བའི་དེ་ཁོ་ན་ལ་དེ་ཁོ་ན་གཞན་འདུས་པར་བསྟན་པའི་ཕྱིར་རྩ་བའི་དེ་ཁོ་ན་བཤད་དོ། །རྩ་བའི་དེ་ཁོ་ན་ལ་ཡོངས་སུ་ཤེས་པར་བྱེད་པ་དང་སྤོང་བ་དང་མངོན་སུམ་དུ་བྱེད་པ་ལ་ཞུཌ་པའི་ཉེས་པ་གཞོམ་བའི་ཕྱིར་མཚན་ཉིད་ཀྱི་དེ ་ཁོ་ན་བཤད་དོ། །འཁོར་བ་ལ་སྐྱོ་བར་བྱ་བའི་ཐབས་རབ་ཏུ་བསྟན་པའི་ཕྱིར་ཕྱིན་ཅི་མ་ལོག་པའི་དེ་ཁོ་ན་བཤད་དོ་།སྐྱོ་ནས་ཉན་ཐོས་ཀྱི་ཐག་པས་ངེས་པར་འབྱུང་བར་བསྟན་པའི་ཕྱིར་འབྲས་བུ་དང་རྒྱུའི་དེ་ཁོ་ན་བཤད་དོ། །ཉན་ཐོས་ནི་འཕགས་པའི ་བདེན་པ་?་ཏུ་རྟོགས་པ་དང་བསྒོམ་པ་གཉིས་ཀྱིས་ངེས་པར་འབྱུང་ངོ་རྣམ་པ་ཐམས་ཅད་ཤེས་པ་སྒྲུབ་པའི་ཐབས་བསྟན་པའི་ཕྱིར་རགས་པའི་དེ་ཁོ་ན་བཤད་དོ། །སྒྲིབ་པ་ཐམ་ཅད་སྤང་བའི་ཐབས་བསྟན་པའི་ཕྱིར་ཕྲ་བའི་དེ་ཁོ་ན་བཤད་དོ། །ལེགས་པར་གནས ་པའི་ཆོས་བསྟན་པའི་ཕྱིར་ཐབས་བསྟན་པ་དང། ཕས་ཀྱི་རྒོལ་བ་ཐམས་ཅད་ཚར་གཅོད་པའི་ཐབས་བསྟན་པའི་ཕྱིར་གྲགས་པའི་དེ་ཁོ་ན་བཤད་དོ། །ཆོས་ཀྱི་དབྱིངས་སུ་མཆུངས་ཀྱང་རིགས་དང་དབང་པོ་དང་བསམ་པའི་བྱེ་བྲག་གིས་རྣམ་པར་དག་པ་ཐ་དད་པར ་བསྟན་པའི་ཕྱིར་རྣམ་པར་དག་པའི་སྤྱོད་ཡུལ་གྱི་དེ་ཁོ་ན་བཤད་དོ། །རྣམ་པ་ཐམས་ཅད་དུ་ཀུན་ནས་ཉོན་མོངས་པ་དང་རྣམ་བྱང་བ་ལ་འཇུག་པའི་ཐབས་བསྟན་པའི་ཕྱིར་བསྡུ་བའི་དེ་ཁོ་ན་བཤད་དོ། །དེ་བཞིན་ཉིད་ལས་བརྩམས་ཏེ་སོམ་ཉི་ཐམས་ཅད་རྣམ་པར ་ལྡོག་པའི་མཐུ་བསྟན་པའི་ཕྱིར་རབ་ཏུ་དབྱི་བའི་དེ་ཁོ་ན་བཤད་དོ། །བདག་ཏུ་འཛིན་པ་རྣམས་པ་ཐམས་ཅད་བཟློག་སྟེ་།བདག་མེད་པ་རབ་ཏུ་བཞག་པའི་མཐུ་བསྟན་པའི་ཕྱིར་མཁས་པའི་དེ་ཁོ་ན་བཤད་དོ་ཞེའོ་གཞན་དག་ན་རེ་རྩ་བའི་དེ་ཁོ་ན་ནི་བྱང་ཆུབ་སེམས ་དཔའ་ཨི་སྟེ། ཐུན་མོང་མ་ཡིན་པའོ། །དེ་ཁོ་ན་གཉིས་པ་ནི་དེ་ཉིད་ལ་ལོག་པར་སྦྱོར་བའི་གཉེན་པོའོ། །དེ་ཁོ་ན་གསུམ་པ་ནི་ཡང་དག་པའི་རྣལ་འབྱོར་དང་མཐུན་པའོ། །དེ་ཁོ་ན་བཞི་པ་ནི་ཉན་ཐོས་དང་རང་སངས་རྒྱས་དང་ཐུན་མོང་པའོ། །དེ་ཁོ་ན་ལྔ་བ་ནི་སྒྲིབ ་པའི་ཐབས་སོ། །དེ་ཁོ་ན་དྲུག་པ་ནི་འཇིག་རྟེན་དང་ཐུན་མོང་ངོ། །དེ་ཁོ་ན་བདུན་པ་ནི་དེ་དང་ཐུན་མོང་པ་ཡིན་པའོ། །དེ་ཁོ་ན་བརྒྱད་པ་ནི་ཤེས་བྱ་མདོར་བསྡུ་བའོ། །དེ་ཁོ་ན་དགུ་པ་ནི་རང་བཞིན་ནོ། །དེ་ཁོ་ན་བཅུ་པ་ནི་ཉོན་མོངས་པའི་རྩ་བ་འཇོམས་པའི་ཞེའོ། །མདོར ་བསྡུས་བ་དེ་ཁོ་ན་བཅུ་པོ་དེ་དག་ནི་དེ་བཞིན་གཤེགས་པ་རྣམས་ཀྱིས་ལྡེམ་པོར་དགོངས་ཏེ་གསུངས་པའི་གནས་སུ་གྱུར་པའོ། །རྒྱས་པར་བྱན?་དེ་ཁོ་ན་དཔག་ཏུ་མེད་དོ། །ཁ་ཅིག་ན་རེ་འདི་ལ་དེ་ཁོ་ན་དང་མཐུན་པས་ཀུན་རྫོབ་ཀྱང་དེ་ཁོ་ན་ཞེས་བསྟན་ཅེའོ།། ་གཞན་དག་ན་རེ་དེ་དག་ཐམས་ཅད་ནི་ཇི་སྐད་བཤད་པའི་རྣམ་པ་རྣམས་ཀྱིས་མི་སླུ་བའི་ཕྱིར་དེ་ཁོ་ན་རྣམས་ཞེས་བྱ་སྟེ། གང་རྣམས་པ་གང་གིས་སླུ་བར་མི་བྱེད་པ་དེ་ནི་དེ་བཞིན་པས་དེ་ཁོ་ན་ཞེས་བྱའོ་ཞེའོ། །དེ་ལ་རྩ་བའི་དེ་ཁོ་ན་ནི ་ངོ་བོ་ཉིད་རྣམ་པ་གསུམ་སྟེ་ཞེས་བྱ་བ་དེ་མ་གྲགས་པས་དེའི་ཕྱིར། ཀུན་བརྟགས་པ་དང་གཞན་གྱི་དབང་དང། ཡོངས་སུ་གྲུབ་པ་སྟེ་ཞེས་བྱ་བ་སྨོས་སོ་།ཅིའི་ཕྱིར་ངོ་བོ་ཉིད་གསུམ་ལ་རྩ་བའི་དེ་ཁོ་ན་ཞེས་བརྗོད་ཅེ་ན་དེ་རབ་ཏུ་བསྟན་པའི་ཕྱིར་དེ་ལ་དེ་ཁོ ་ན་གཞན་རྣམ་པར་བཞག་པའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། དེར་མཚན་ཉིད་ལ་སོགས་པའི་དེ་ཁོ་ན་གཞན་འདུས་སོ་ཞེས་བྱ་བའི་ཐ་ཚིག་གོ། ཅིའི་ཕྱིར་ངོ་བོ་ཉིད་རྣམ་པ་གསུམ་ཉེ་བར་གཟུང་ཞེན་།ཁ་ཅིག་ན་རེ་ཐ་སྙད་དང་དོན་དམ་པ་དང་དེའི་གནས ་རབ་ཏུ་བསྟན་པའི་ཕྱིར་རོ་ཞེའོ། །གཞན་དག་ན་རེ་ཕྱིན་ཅི་ལོག་དང་དེའི་རྒྱུ་དང་རེའི་གཉེན་པོའི་དམིགས་པ་རབ་ཏུ་བསྟན་པའི་ཕྱིར་རོ་ཞེའོ། །གཞན་དག་ན་རེ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྒྲིབ་པ་དང་བྲལ་བར་བྱ་བའི་ཕྱིར་སྤང་བ་དང་ཡོངས ་སུ་ཤེས་པར་བྱ་བ་དང་མངོན་སུམ་དུ་བྱ་བའི་དངོས་པོ་རབ་ཏུ་བསྟན་པའི་ཕྱིར་རོ་ཞེའོ། །གཞན་དག་ན་རེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་རང་བཞིན་གྱིས་ཟབ་པ་ངོ་བོ་ཉིད་གསུམ་གྱི་སྒོ་ནས་མ་ནོར་བར་རྟོགས་པར་བྱ་བའི་ཕྱིར་རོ་ཞེའོ། །དེ ་སྐད་དུ་ཆོས་མངོན་པའི་མདོའི་ནད་ནས་ཚིགས་སུ་བཅད་པ་གཉིས་ལས། བྱུང་རྟེན་སྒྱུ་མ་ལ་སོགས་བསྟན། །རྟགས་ལ་བརྟེན་ནས་མེད་པ་བསྟན། །རྣམ་དག་རྣམ་པ་བཞིར་བརྟེན་ནས། །ཡོངས་སུ་གྲུབ་པ་བསྟན་པ་ཡིན། །དག་པ་དེ་ནི ་རང་བཞིན་དང། །དྲི་མ་མེད་དང་ལམ་དང་དམིགས། །རྣམ་པར་དག་པའི་ཆོས་ཀྱི་རྣམས། །རྣམ་པ་བཞི་པོས་བསྡུས་པ་ཡིན་ཞེས་གསུངས་སོ། །བྱུང་བ་གཞན་གྱི་དབང་གི་ངོ་བོ་ཉིད་ལ་བལྟོས་ནས་མདོ་ལས་སྒྱུ་མ་ལ་སོགས་པ་བསྟན་ཏེ། དེ་ནི ་རྒྱུ་མ་ལ་སོགས་པ་བཞིན་དུ་ལོག་བར་སྣང་བའི་ཕྱིར་རོ། །མེད་པ་ཀུན་བརྟགS་པའི་ངོ་བོ་ཉིད་ལ་བལྟོས་ནས་མེད་པ་བསྟན་ཏོ། །རྣམ་པར་དག་པ་རྣམ་བ་བཞི་ལ་བལྟོས་ནས་ཡོངས་སུ་གྲུབ་བར་བསྟན་ཏོ། །རྣམ་པར་དག་པ་རྣམ་པ་བཞི་ལ་རང་བཞིན་གྱིས་རྣམ་པར་དག ་པ་ནི་དྲི་མ་དང་བཅས་པའི་དུས་ཀྱི་དེ་བཞིན་ཉིད་ལ་སོགས་པའོ། །དྲི་མ་མེད་པས་རྣམ་པར་དག་པ་ནི་དེ་དག་ཉིད་དྲི་མ་མེད་པའི་དུས་ནའོ། །སྟོང་པ་ཉིད་ལ་སོགས་པ་འཐོབ་པའི་ལམ་རྣམ་པར་དག་པ་ནི་བྱང་ཆུབ་ཀྱི་ཕྱོགས་ལ་སོགས་པའོ། །ལམ་བསྐྱེད་པའི ་ཕྱིར་དམིགས་པ་རྣམ་པར་དག་པ་ནི་ཆོས་ཀྱི་དབྱིངས་ཀྱི་རྒྱུ་མཐུན་པ་བསྟན་པའི་ཆོས་མདོའི་སྡེ་ལ་སོགས་པ་སྟེ། དེ་ལ་བརྟེན་ནས་ལམ་སྐྱེ་བའི་ཕྱིར་རོ། །འདི་ལྟར་རྣམ་པར་དག་པ་འདི་བཞིས་རྣམ་པར་བྱང་བའི་ཆོས་ཐམས་ཅད་བསྡུས་ཏེ་ཚིགས་སུ་བཅད་པ་གཉིས ་ཀྱི་དོན་མདོར་བསྡུས་པའོ། །གཞན་དག་ན་རི་འཇིག་རྟེན་པ་འཇིག་རྟེན་ལས་འདས་པ་དང་།དེའི་རྗེས་ལས་འཐོབ་པའི་ཡེ་ཤེས་ཀྱི་ཡུལ་ཡིན་པར་རབ་ཏུ་བསྟན་པའི་ཕྱིར་ཅི་རིགས་པར་ངོ་བོ་ཉིད་གསུམ་བཟུང་ངོ་ཞེའོ། །ཅིའི་ཕྱིར་འདིར་ངོ་བོ་ཉིད་གསུམ་ལ་དེ་ཁོ་ན་ཞེས ་བྱ་བ་ནི་དེ་ཁོ་ནའི་དོན་ནི་མ་ནོར་པའི་དོན་ཡིན་ན། ཅིའི་ཕྱིར་འདིར་ངོ་བོ་ཉིད་གསུམ་ལ་མ་ནོར་བ་ཞེས་བྱ་བ་འདི་ལྟར་ངོ་བོ་ཉིད་གསུམ་ལ་དེ་ཁོ་ན་ཞེས་བྱ་སྙམ་དུ་དྲི་བར་བསམས་པའོ། །ངོ་བོ་ཉིད་གསུམ་རྟག་མེད་ཅེས་བྱ་བ་ལ་སོགས་པ་རྒྱ་ཆེར་སྨོས་པ་ལ ་ཀུན་བརྟགས་པའི་མཚན་ཉིད་ནི་རྟག་ཏུ་མེད་པའོ་ཞེས་བྱ་བ་ལ། གང་ལ་བྱིས་པ་རྣམས་ཀྱིས་གཟུང་བ་དང་འཛིན་པ་དང་སྨྲ་བ་དང་སྨྲ་བར་བྱ་བར་མངོན་པར་ཞེན་པ་རྨི་ལམ་ལྟར་རབ་ཏུ་འབྱུང་བ་དེ་ནི་རང་གི་ངོ་བོར་མེད་པའི་ཕྱིར་བརྟགས་པའི་ངོ་བོ་ཉིད་དོ།། ་དེའི་ཕྱིར་མེད་པའི་བདག་ཉིད་ཡིན་པ་དང། འཁྲུལ་པ་མེད་པའི་ཕྱིར་མེད་པ་ཉིད་ཀུན་བརྟགས་པའི་མཚན་ཉིད་དོ། །དེའི་ཕྱིར་ཀུན་བརྟགས་པའི་ངོ་བོ་ཉིད་ཀྱི་དེ་ཁོ་ན་ཞེས་བརྗོད་དོ། །ཕྱིན་ཅི་མ་ལོག་པའི་ཕྱིར་རོ་ཞེས་བྱ་བ་ལ་ཕྱིན་ཅི་མ་ལོག་པའི་དོན་ནི་འདིར་ ་ཁོ་ནའི་དོན་དུ་སྟོན་ཏོ། །གཞན་གྱི་དབང་གི་མཚན་ཉིད་ནི་ཡོད་ཀྱང་ཡང་དག་པར་ན་མ་ཡིན་ཏེ་ཞེས་བྱ་བ་ལ། གཟུང་བ་དང་འཛིན་པ་ལ་སོགས་པ་བརྟགས་པའི་ཐ་སྙད་ཀྱི་གནས་ཡིན་པས་ཡོད་དོ། །གཟུང་བ་དང་འཛིན་པ་ལ ་སོགས་བའི་བདག་ཉིད་དུ་མེད་པས་ཡང་དག་པར་ན་དེ་བཞིན་དུ་མ་ཡིན་ནོ། །དེ་ཉིད་བསྟན་པའི་ཕྱིར་འཁྲུལ་པའི་ཕྱིར་རོ་ཞེས་བྱ་བ་སྨོས་སོ། །དེ་ནི་འདི་སྐད་དུ་སྒྱུ་མའི་རྒྱུ་ལྟར་སྣང་བ་གང་ཡིན་པ་དེ་ནི་ཡིན་ནོ། །ཇི་ལྟར་གཟུང་བ་དང་འཛིན་པའི་རྣམ་པར་སྣང ་བ་དེ་ནི་དེ་ལྟ་མ་ཡིན་ཏེ། སྒྱུ་མའི་སྐྱེས་བུ་ལ་སོགས་པ་བཞིན་ནོ། །དེའི་ཕྱིར་འཁྲུལ་པ་ཞེས་བསྟན་པར་འགྱུར་རོ། །དེ་ནི་གཞན་གྱི་དབང་གི་ངོ་བོ་ཉིད་ལ་དེ་ཁོ་ན་སྟེ། གཞན་དུ་ཡོད་པ་བདག་ཉིད་ལ་མེད་པའི་རྣམ་པར་སྣང་ངོ། །སྐབས་ཡིན་པས་འདིར་ཡང་ཕྱིན་ཅི ་ལོག་གོ་ཞེས་བྱ་བར་སྦྱར་རོ། །ཡོངས་སུ་གྲུབ་པའི་མཚན་ཉིད་ནི་།ཡོད་དང་མེད་པ་ཁོ་ན་སྟེ་།ཞེས་བྱ་བ་ནི་ཡོད་པ་དང་མེད་པ་དང་དེ་ཁོ་ན་ནི་ཡོངས་སུ་གྲུབ་པའི་མཚན་ཉིད་དེ། གཉིས་པོ་མེད་པ་ཡོད་པའི་བདག་ཉིད་ཡིན་པས་ཡོད་པས་སོ། །གཉིས་པོ ་མེད་པའི་བདག་ཡིན་པས་མེད་པའོ། །རྣམ་པར་དག་པའི་དམིགས་པ་ཡིན་པས་དེ་ཁོ་ནའོ། །འདི་རིན་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ལ་དེ་ཁོ་ན་སྟེ་ཕྱིན་ཅི་མ་ལོག་བའི་ཕྱིར་རོ་ཞེས་བྱ་བ་དང་སྦྱར་རོ། །ངོ་བོ་ཉིད་གསུམ་གྱི་དེ་ཁོ་ན་ནི་བཤད་ན། མཚན་ཉིད ་མ་བཤད་དེ། དེའི་ཕྱིར་དྲི་མ་པ་འམ་ཡང་ན་རྩ་བའི་དེ་ཁོ་ནའི་འོག་ཏུ་མཚན་ཉིད་ཀྱི་དེ་ཁོ་ན་བཤད་ལ། དེ་ཡང་མ་གྲགས་པས་ན་མཚན་ཉིད་ཀྱི་དེ་ཁོ་ན་གང་ཞེ་ན་ཞེས་དྲིས་ཏེ། དེའི་ཕྱིར་འདི་ལ་ཆོས་དང་གང་ཟག་དང་ཞེས་རྒྱ་ཆེར་གསུངས་སོ། །གང ་ཤེས་ནས་གང་ཟག་དང་ཆོས་གཉིས་ལ་སྒྲོ་འདོགས་པ་དང་སྐུར་པ་འདེབས་པར་ལྟ་བ་མི་འབྱུང་བ་དེ་ནི་ཀུན་བརྟགས་པའི་ངོ་བོ་ཉིད་ཀྱི་དེ་ཁོ་ནའི་མཚན་ཉིད་ངོ་ཞེས་བྱ་བ་ལ། བདག་དང་གཟུགས་ལ་སོགས་པའི་ཆོས་རྣམས་དེ་དག་ཏུ་སྣང་བའི ་རྣམ་པར་ཤེས་པ་མ་གཏོགས་པར་དེའི་དམིགས་པར་གྱུར་པ་དོན་དམ་པར་ཡོད་དོ། །ཞེས་མངོན་པར་ཞེན་པ་ནི་སྒྲོ་འདོགས་པར་ལྟ་པའོ། །ཐ་སྙད་དུ་ཡང་མེད་དོ་ཞེས་བྱ་བ་ནི་སྐུར་པ་འདེབས་པ་ལྟ་བའོ། །གཞན་དག་ན་རེ་གང་ཟག་དང་ཆོས་སུ་སྣང་པའི་རྣམ་པར ་ཤེས་པ་སྤོང་བ་ནི་སྐུར་པ་འདེབས་པར་ལྟ་པའོ་ཞེས་ཟེར་ཏེ། འཛིན་པ་སྤོང་བ་འདི་ནི་བསམ་དགོས་པའོ། །མཚན་ཉིད་གང་ཡོངས་སུ་བཅད་པས་གང་ཟག་དང་ཆོས་གཉིས་ལ་སྒྲོ་འདོགས་པ་དང་སྐུར་བ་འདེབས་བར་ལྟ་བ་དེ་ནི་ཀུན་བརྟགས་པའི་ངོ་བོ་ཉིད་ཀྱི་དེ་ཁོ ་ནའི་མཚན་ཉིད་དེ། སྒྲོ་འདོགས་པ་དང་སྐུར་པ་འདེབས་པ་སྤངས་བར་རིག་པར་བྱའོ། །དེའང་ཐ་སྙད་དུ་དེ་ཁོ་ན་ཡིན་གྱི་ངོ་བོ་ཉིད་ཀྱིས་ནི་མ་ཡིན་ནོ། །གང་གི་ཕྱིར་ཀུན་བརྟགས་ཁོང་དུ་ཆུད་ན་གང་ཟག་དང་ཆོས་གཉིས་ལ་སྒྲོ་འདོགས་པ་དང་སྐུར་བ་འདེབས ་པར་ལྟ་བ་མི་འགྱུར་བ་ཞེས་བྱ་བ་ནི་མི་སྐྱེའི་ཞེས་བྱ་བའི་ཐ་ཚིག་གོ་།གཟུང་བ་དང་འཛིན་པ་གཉིས་ལ་སྒྲོ་འདོགས་པ་དང་སྐུར་པ་འདེབས་པར་ལྟ་བ་ཞེས་རྒྱ་ཆེར་འབྱུང་བ་ལ། གཟུང་བ་དང་འཛིན་བར་སྣང་བའི་འཁྲུལ་པ་གང་ལ་ཆོས་དང་གང་ཟག་ཏུ་འཛིན་པ ་དེ་གལ་ཏེ་དེ་ཁོ་ན་ཉིད་དུ་ཡོད་དོ་ཞེས་མངོན་པར་ཞེན་ན་དེ་ལྟ་བུ་གཟུང་བ་དང་འཛིན་པར་སྒྲོ་འདོགས་པའོ། །ཇི་སྟེ་གཟུང་བ་བཞིན་དུ་འཛིན་པ་ཡང་མེད་པའོ་ཞེས་མངོན་པར་ཞེན་ན་།དེ་ལྟ་བུ་ནི་གཟུང་བ་དང་འཛིན་པ་ལ་སྐུར་བ་འདེབས་པའོ། །མཚན་ཉིད་གང ་ཤེས་ནས་གཟུང་པ་དང་འཛིན་པ་གཉིས་ལ་སྒྲོ་འདོགས་བ་དང་སྐུར་པ་འདེབས་པར་ལྟ་བར་མི་འབྱུང་བ་དེ་ནི་གཞན་གྱི་དབང་གི་ངོ་བོ་ཉིད་ཀྱི་མཚན་ཉིད་དེ། སྒྲོ་འདོགས་པ་དང་སྐུར་འདེབས་པ་སྤངས་བར་ཤེས་པར་བྱའོ། །དེ་ཡང་བརྟགས་པ་སྟེ་གཟུང ་བ་དང་འཛིན་པའི་བདག་ཉིད་དུ་མེད་པའོ། །དེའི་ཐ་སྙད་ཀྱི་གནས་ཡིན་པའི་ཕྱིར་ཡོད་པའོ། །དེ་ལྟར་ཡོངས་སུ་ཤེས་ན་གཞན་གྱི་དབང་ལ་སྒྲོ་འདོགས་པ་དང་སྐུར་བ་འདེབས་པར་ལྟ་བ་མི་འབྱུང་ངོ། །དངོས་པོ་དང་དངོས་པོ་མེད་པར་སྒྲོ་འདོགས་བ་དང་སྐུར ་བ་འདེབས་བར་ལྟ་བ་ཞེས་རྒྱ་ཆེར་འབྱུང་བ་ལ་ཁ་ཅིག་ན་རེ་།གལ་ཏེ་སྟོང་པ་ཉིད་དངོས་པོ་ཡོད་པ་ཉིད་དོ་ཞེས་ཡང་དག་པར་རྗེས་སུ་ལྟ་ན། དེ་ལྟ་བུ་ནི་དངོས་པོར་སྒྲོ་འདོགས་པར་ལྟ་བར་འགྱུར་རོ། །ཇི་སྟེ་མེད་པ་ཉིད་དོ་ཞེ་ན། དེ་ལྟ་བུ་ནི ་དངོས་པོ་མེད་པར་ལྟ་བའོ། །མཚན་ཉིད་གང་ཤེས་ནས་དངོས་པོ་དང་དངོས་པོ་མེད་པར་ལྟ་བ་དེ་གཉིས་མི་འབྱུང་བ་ནི་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ཀྱི་དེ་ཁོ་ནའི་མཚན་ཉིད་དོ། །ཁ་ཅིག་ན་རེ་དེ་ཡང་དངོས་པོ་དང་དངོས་པོ་མེད་པ་ལས་རྣམ་པར་གྲོལ་བའི་ངོ་བོ ་ཉིད་ཡིན་ལ། དེ་ཤེས་ནས་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ལ་དངོས་པོ་དང་དངོས་པོ་མེད་བར་ལྟ་བ་མི་འབྱུང་ངོ་ཞེའོ། །གཞན་དག་ན་རེ་དངོས་པོ་དང་དངོས་པོ་མེད་པ་ལས་རྣམ་པར་གྲེལ་བའི་བདག་ཉིད་ཅན་ལ། དངོས་པོའི་ངོ་བོར་སྒྲོ་འདོགས་པའི་ཕྱིར་གཉིས ་པོ་མེད་པ་ནི་རང་གིས་ངོ་བོས་སྟོང་བ་ཉིད་དོ་ཞེ་ན། དངོས་པོར་སྒྲོ་འདོགས་པའི་མཐར་འགྱུར་རོ། །དངོས་པོ་དང་དངོས་པོ་མེད་པ་ལས་རྣམ་པར་གྲོལ་བ་གཉིས་སུ་མེད་པའི་རང་བཞིན་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་དུ་ཡང་མེད་དོ་ཞེ་ན། དངོས ་པོ་མེད་པར་སྐུར་བ་འདེབས་པའི་མཐར་འགྱུར་རོ་ཞེས་ཟེར་རོ། །གཞན་ན་རེ་དངོས་པོ་དང་དངོས་པོ་མེད་པ་གཉིས་ལ་སོ་སོར་སྒྲོ་འདོགས་པ་དང་སྐུར་བ་འདེབས་པར་ལྟ་བ་དང་སྦྱུར་བས་བཤད་པ་འདི་གཉིས་ཀྱང་བསམ་དགོས་པའི་ཞེའོ། །འདིར་དངོས་པོ ་ནི་གཉིས་པོ་མེད་པའི་དངོས་པོ་སྟེ། གལ་ཏེ་དེ་ལ་དངོས་པོ་ཉིད་དུ་འཛིན་ན་དེ་ལྟ་ན་ནི་དངོས་པོར་སྒྲོ་འདོགས་པར་འགྱུར་རོ། །ཇི་སྟེ་དངོས་པོ་མེད་པ་ཉིད་དུ་འཛིན་ན་དེ་ལྟ་ན་ནི་སྐུར་པ་འདེབས་པར་འགྱུར་རོ། །འདིར་དངོས་པོ་མེད་པ་ན་ནི་གཉིས་པོའི་དངོས་པོ་མེད ་པ་སྟེ་གལ་ཏེ་དེ་ལ་ཆད་བ་ཉིད་དུ་ན་དེ་ལྟ་ན་ནི་དངོས་པོ་མེད་པའང་ཤིན་ཏུ་མེད་པ་ཉིད་པས་སྒྲོ་འདོགས་པར་འགྱུར་རོ། །ཇི་སྟེ་གཉིས་པོ་ཉིད་དུ་འཛིན་ན་དེ་ལྟ་ན་ནི་སྐུར་བར་འགྱུར་ཏེ། འདི་ལྟར་དེ་ནི་གཉིས་ཀྱི་དངོས་པོ་མེད་པས་རབ་ཏུ་ཕྱེ་བ་ཡིན་ནོ། །ཡང་ན ་གལ་ཏེ་དེ་དངོས་པོའི་ངོ་བོར་འཛིན་ན་དེ་ལྟ་ན་ནི་སྒྲོ་བཏགས་པར་འགྱུར་རོ། །ཇི་སྟེ་དངོས་པོ་མེད་པ་ཉིད་དུ་འཛིན་ན་དེ་ལྟ་ན་ནི་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་ལ་ཡང་སྐུར་པར་འགྱུར་ཏེ། མཛའ་གཉིས་སྤངས་བ་འདི་ནི་ཡོངས་སུ་གྲུབ་པ་ཉིད་ཀྱི་དེ་ཁོ་ནའི་མཚན ་ཉིད་དོ། །དོན་ཕྱིར་ཡང་དག་སྨིན་རྟོག་ཕྱིར། གཉིས་པོ་མེད་པའི་ཕྱིར་བཤད་དོ། །ཞེས་ངོ་བོ་ཉིད་གསུམ་གྱི་མཚན་ཉིད་སྔར་ཡང་བཤད་མ་ཟིན་ནམ་ཞེ་ན་།དེར་ནི་ངོ་བོ་ཉིད་ཀྱི་མཚན་ཉིད་དོ། །འདིར་ནི་གང་ཤེས་ནས་མི་འབྱུང་བ་དེ་ནི་དེ་ཁོ་ནའི་མཚན ་ཉིད་དོ། །ཞེས་བྱ་བའི་མཚན་མ་ཡིན་པས་ཟློས་པ་མེད་དོ། །གང་ཤེས་ནས་གང་ཟག་ལ་སོགས་པར་སྒྲོ་འདོགས་པ་དང་སྐུར་པ་འདེབས་པར་ལྟ་བ་མི་འབྱུང་བ་དེ་ནི་རྩ་བའི་དེ་ཁོ་ནའི་མཚན་ཉིད་དོ། །དེའི་འོག་ཏུ་བཤད་པའི་ཕྱིར་མཚན་ཉིད་ཀྱི ་དེ་ཁོ་ནའི་འོག་ཏུ་ཕྱིན་ཅི་མ་ལོག་པའི་དེ་ཁོ་ན་བརྗོད་བར་བྱ་སྟེ། དེའི་ཕྱིར་ཕྱིན་ཅི་མ་ལོག་བའི་དེ་ཁོ་ན་ནི་ཞེས་རྒྱ་ཆེར་སྨོས་སོ། །མི་རྟག་པ་དང་སྡུག་བསྔལ་པ་དང་སྟོང་པ་དང་བདག་མེད་པ་ནི་རྟག་པ་དང་བདེ་པ་དང་གཙང་བ་དང་བདག་ཏུ་ཕྱིན་ཅི་ལོག་པའི་གཉེན ་པོ་ཡིན་པས་ཕྱིན་ཅི་མ་ལོག་བའི་དེ་ཁོ་ན་ཞེས་བྱའོ། །རྩ་བའི་དེ་ཁོ་ནའི་ནང་དུ་དེ་ཁོ་ན་གཞན་འདུས་སོ་ཞེས་སྔར་དམ་བཅས་པས་དེའི་ཕྱིར་རྩ་བའི་དེ་ཁོ་ན་དེར?་ཇི་ལྟར་ཞེ་ན་ཞེས་རྒྱ་ཆེར་དྲིས་སོ། །མི་རྟག་པ་ལ་སོགས་པ་ཉིད་ཅེས་བྱ་བ་ནི་མི་རྟག་པ་ལ་སོགས ་པ་གང་དག་ཡིན་པ་མི་རྟག་བ་དང་སྡུག་བསྔལ་བ་དང་སྟོང་པ་དང་བདག་མེད་པའི་རྣམ་པ་དེ་དག་མི་རྟག་པ་ལ་སོགས་པའོ། །དེའི་དངོས་པོ་ནི་མི་རྟག་པ་ལ་སོགས་པ་ཉིད་དོ། །རྩ་བའི་དེ་ཁོ་ནའི་མང་དུ་ཕྱིན་ཅི་མ་ལོག་བའི་དེ་ཁོ་ན་འདུས་བར་བསྟན་པའི་ཕྱིར་མི ་རྟག་དོན་ནི་མེད་དོན་དང་ཞེས་རྒྱ་ཆེར་གསུངས་སོ། །མི་རྟག་པའི་དོན་ནི་རྣམ་པ་གསུམ་སྟེ་།མེད་པའི་དོན་དང། སྐྱེ་ཞིང་འཇིག་པའི་དོན་དང། དྲི་མ་དང་བཅས་ཤིང་དྲི་མ་མེད་པའི་དོན་ཏོ། །གང་དུས་ཐམས་ཅད་དུ་དེ་བཞིན་དུ་མེད་པ་དེ་ནི་རྟག་པ་སྟེ། དེ ་ལས་བཟློག་པ་ནི་མི་རྟག་པ་སྟེ། དེ་དག་ཏུ་གོ་རིམས་བཞིན་ནོ་ཞེས་བྱ་བ་ནི་དེ་ལ་དུས་ཐམས་ཅད་དུ་མེད་པའི་དོན་མི་རྟག་པའི་དོན་གྱིས་ཀུན་བརྟགས་པའི་ངོ་བོ་ཉིད་ནི་མི་རྟག་པའོ། །གཞན་དག་ན་རེ་ངེས་པའི་ཚིག་གི་ཚུལ་དུ་ན ་རྟག་བར་མེད་པ་ནི་མི་རྟག་པར་རིག་པར་བྱའོ་ཞེའོ། །གཞན་གྱི་དབང་གི་ངོ་བོ་ཉིད་ནི་སྐད་ཅིག་རེ་རེ་ལ་སྐྱེ་ཞིང་འཇིག་པའི་མཚན་ཉིད་ཡིན་ཏེ་།མི་རྟག་པའི་ཕྱིར་མི་རྟག་པའོ། །དེ་ནི་རྐྱེན་ལས་བྱུང་བ་དང་འཇིགS་པ་ལས་རྒྱུ་མེད་པའི་ཕྱིར་རོ། །ཡོངས་སུ་གྲུབ་པའི ་ངོ་བོ་ཉིད་མི་འགྱུར་བའི་ཆོས་ཡིན་དུ་ཟིན་ཀྱང་དྲི་མ་དང་བཅས་པ་དང་དྲི་མ་མེད་པ་ཉིད་ཀྱི་དོན་གྱི་མཚན་ཉིད་གློ་བུར་གྱི་དོན་མི་རྟག་པའོ། །སྡུག་བསྔལ་ལེན་དང་མཚན་ཉིད་དང་ཞེས་རྒྱ་ཆེར་འབྱུང་བ་ལ་སྡུག་བསྔལ་ལ་ཡང་རྣམ་པ་གསུམ་སྟེ། ཉེ་བར་ལེན་པས ་སྡུག་བསྔལ་བ་དང་མཚན་ཉིད་ཀྱིས་སྡུག་བསྔལ་བ་དང། འབྲེལ་བས་སྡུག་བསྔལ་བའོ། །དེ་ལ་བརྟགས་པའི་ངོ་བོ་ཉིད་ནི་ཉེ་བར་ལེན་པས་སྡུག་བསྔལ་ཏེ། ཡོངས་སུ་མ་ཤེས་པས་འདི་འམ་གཞན་ན་སྡུག་བསྔལ་ཉེ་བར་ལེན་པS་སྡུག་བསྔལ་ལོ། །ཇི་ལྟར་ན་དེ་ཡོངས་སུ་མ་ཤེས་པS་སྡུག ་བསྔལ་ཉེ་བར་ལེན་པ་དེ་བསྟན་པའི་ཕྱིར་གང་ཟག་དང་ཆོས་ལ་མངོན་པར་ཞེན་པ་ཉེ་བར་ལེན་བའི་ཕྱིར་ཞེས་བྱ་བ་སྨོས་ཏེ། དེས་དངོས་པོར་འཛིན་པའི་སྒོ་ནས་གང་ཟག་དང་ཆོས་སུ་མངོན་པར་ཞེན་པས་ན་གང་ཟག་དང་ཆོས་ལ་མངོན་པར་ཞེན་པའོ། ། ་དེ་ཡང་གཉིས་སུ་ལྷུང་བའི་ཕྱིར་ཀུན་བརྟགས་པའི་ངོ་བོ་ཉིད་དེ། ཀུན་བརྟགས་པའི་ངོ་བོ་ཉིད་ལ་མངོན་པར་ཞེན་པ་ནི་སྡུག་བསྔལ་གྱི་རྒྱུན་གྱི་རྒྱུ་ཡིན་པས་དེ་སྐད་བཤད་ཀྱི། ཀུན་བརྟགས་པ་ཉིད་ནི་སྡུག་བསྔལ་མ་ཡིན་ཏེ། དེ་མེད་པའི་ཕྱིར་རོ། །ཡང ་ན་ཀུན་བརྟགས་པའི་ངོ་བོ་ཉིད་གང་ཟག་དང་ཆོས་ལ་མངོན་པར་ཞེན་ནས་དངོས་པོའི་ངོ་བོར་ཉེ་བར་ལེན་པ་སྟེ་།དེ་ལྟར་ཉེ་བར་ལེན་པས་རྟགས་པའི་ངོ་བོ་ཉིད་ནི་སྡུག་བསྔལ་ལོ། །གཞན་གྱི་དབང་གི་ངོ་བོ་ཉིད་ནི་མཚན་ཉིད་ཀྱི་སྡུག་བསྔལ་ཞེས་བྱ ་བ་དང་སྦྱར་རོ། །མཚན་ཉིད་ཀྱི་སྡུག་བསྔལ་བ་ནི་སྡུག་བསྔལ་ཞིང་རྣམ་པ་གསུམ་སྟེ། སྡུག་བསྔལ་གྱི་སྡུག་བསྔལ་ཉིད་དང་འགྱུར་བའི་དུ(མདོ་འགྲེལ་ཏེ། མཚན་ཉིད་ཀྱི་སྡུག་བསྔལ་བའོ། །ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ནི་འབྲེལ་པས་སྡུག་བསྔལ་བའོ། །ཡང་ཞེས་བྱ་བའི་སྒྲ་ནི་སྡུག་པའི་དོན་ཏོ། །ཇི་ལྟ་ཞེ་ན། འབྲེལ་པའི་ཕྱིར་ཏེ། དེའི་ཕྱིར་སྡུག་བསྔལ་དང་འབྲེལ་པའི་ཕྱིར་བྱ་བ་སྨོས་སོ། །གཞན་གྱི་དབང་གི ་ངོ་བོ?་ཉིད་ནི་སྡུག་བསྔལ་ཏེ། དེའི་ཆོས་ཡོངས་སུ་གྲུབ་པ་ཡང་སྡུག་བསྔལ་དང་འབྲེལ་པའི་ཕྱིར་སྡུག་བསྔལ་ཞེས་བྱའོ། །རྩ་བའི་དེ་ཁོ་ན་ཉིད་ཀྱི་ནང་དུ་གོ་རིམས་བཞིན་ནོ། །ཞེས་བྱ་བ་དེ་ལ། ཉེ་བར་ལེན་པས་སྡུག་བསྔལ་ནི་ཀུན་བརྟགས་པའོ། །མཚན་ཉིད ་ཀྱིས་ནི་གཞན་གྱིས་དབང་ངོ། །འབྲེལ་བས་ནི་ཡོངས་སུ་གྲུབ་པའོ། །དངོས་མེད་དེ་ཡི་དངོས་མ་ཡིན། །རང་བཞིན་གྱིས་ནི་སྟོང་བར་འདོད་ཅེས་བྱ་བ་ལ་སྟོང་པ་ཉིད་ནི་རྣམ་པ་གསུམ་སྟེ། དངོས་པོ་མེད་པས་སྟོང་པ་ཉིད་དང། དེ་མ་ཡིན་པས་སྟོང་བ་ཉིད་དང། རང ་བཞིན་གྱིས་སྟོང་པ་ཉིད་དོ། །དེ་ལ་དངོས་པོ་མེད་པས་སྟོང་པ་ཉིད་ནི་ཀུན་བརྟགས་པའི་ངོ་བོ་ཉིད་དོ། །དེ་ཉིད་བསྟན་པའི་ཕྱིར། ཀུན་བརྟགས་བའི་མཚན་ཉིད་ནི་རི་བོང་གི་རྭ་ལ་སོགས་པའི་རང་བཞིན་ལྟར་མངོན་སུམ་དང་རྗེས་སུ་དཔག་པ་རྣམ་པ་གང ་གིས་ཀྱང་ཡོད་པར་བཟུང་དུ་མེད་དེ། དངོས་པོ་མེད་པ་ཉིད་པས་དེའི་སྟོང་པ་ཉིད་དོ་ཞེས་བྱ་བ་སྨོས་སོ། །དེ་མ་ཡིན་པས་སྟོང་པ་ཉིད་ནི་གཞན་གྱི་དབང་གི་ངོ་བོ་ཉིད་དེ། དེ་ཉིད་བསྟན་པའི་ཕྱིར། གཞན་གྱི་དབང་གི་མཚན་ཉིད་ནི་ཇི་ལྟར་བྱིས?་པ་རྣམས་ཀྱིས ་གཉིས་ཀྱི་བདག་ཉིད་དུ་ཀུན་བརྟགས་པ་དེ་ལྟར་མེད་ཀྱི་ཇི་ལྟར་དག་བས་འཇིག་རྟེན་པའི་ཡེ་ཤེས་ཀྱིས་རྟོགས་པར་འགྱུར་བ་ལྟ་བུ་ཡང་ཡེ་མེད་པ་ནི་མ་ཡིན་ཏེ། དེ་བས་ན་དེ་མ་ཡིན་པས་དེའི་སྟོང་པ་ཉིད་དོ་ཞེས་བྱ་བ་སྨོས་སོ། །རང་བཞིན་གྱིས་སྟོང་པ ་ཉིད་ནི་ཡོངས་སུ་གྲུབ་པའི?་ངོ་བོ་ཉིད་དེ། དེའི་ཕྱིར་ཡོངས་སུ་གྲུབ་པའི་མཚན་ཉིད་ནི་གཉིས་པོ་མེད་པའི་དངོས་པོའི་ངོ་བོ་ཉིད་ཡིན་པའི་ཕྱིར་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་དོ། །དེ་བས་ན་རང་བཞིན་ཁོ་ན་སྟེ་ངོ་བོ་ཉིད་ཁོ་ན་བས་དེའི་སྟོང་པ་ཉིད་དོ། ། ་ཞེས་བྱ་བ་སྨོས་སོ། །མཚན་ཉིད་མེད་པས་བདག་མེད་དང། །ཞེས་རྒྱ་ཆེར་འབྱུང་བ་ལ་བདག་མེད་པ་ཡང་རྣམ་གསུམ་སྟེ། མཚན་ཉིད་མེད་པས་བདག་མེད་པ་དང། མི་མཐུན་པའི་མཚན་ཉིད་ཀྱིས་བདག་མེད་པ་དང་རང་གི་མཚན་ཉིད་ཀྱིས་བདག་མེད་པའོ། ་དེ་ལ་ཀུན་བརྟགས་པའི་ངོ་བོ་ཉིད་ནི་མཚན་ཉིད་ཀྱིས་དངོས་པོ་མེད་པས་མཚན་ཉིད་མེད་པ་ཉིད་བདག་མེད་པ་སྟེ་།དེའི་ཕྱིར་ཀུན་བརྟགས་པའི་ངོ་བོ་ཉིད་ནི་མཚན་ཉིད་ཀྱིས་མེད་པའི་ཕྱིར་མཚན་ཉིད་མེད་པ་ཉིད་དེའི་བདག་མེད་པ་ཞེས་བྱ་བ་སྨོས་ཏེ། རྣམ་པ་གཞན། ་གྱིས་ནི་མ་ཡིན་པར་སྟོན་ཏོ། །གཞན་གྱིས་དབང་ན་མི་མཐུན་པའི་མཚན་ཉིད་ཀྱིས་བདག་མེད་པ་སྟེ། འདི་ལྟར་གཞན་གྱི་དབང་གི་མཚན་ཉིད་ནི་དངོས་པོའི་ངོ་བོར་ཡོད་ཀྱང་དེས་བྱིས་པ་རྣམས་ཀྱིས་གཉིས་སུ་ཇི་ལྟར་ཀུན་བརྟགས་པ་དེ་ལྟར་ནི་ཡོད་པ་མ ་ཡིན་ནོ། །དེ་དང་མི་མཐུན་པའི་མཚན་ཉིད་ཅེས་བྱ་བ་ནི་ཀུན་བརྟགས་པའི་མཚན་ཉིད་དང་མི་འདྲ་བ་སྟེ། གཞན་གྱི་དབང་གི་མཚན་ཉིད་དེའི་བདག་མེད་པའོ། །དེ་ལྟར་ན་ཀུན་བརྟགས་པའི་བདག་ཉིད་ཀྱིས་དེའི་བདག་མེད་པར་བསྟན་པ་ཡིན་ནོ། ། ་རང་གི་མཚན་ཉིད་ཀྱིས་བདག་མེད་པ་ནི་ཡོངས་སུ་གྲུབ་པ་སྟེ། འདི་ལྟར་ཡོངས་སུ་གྲུབ་བ་ནི་ངོ་བོ་ཉིད་གཟུང་བ་དང་འཛིན་པའི་དངོས་པོ་མེད་པའི་རང་བཞིན་ཡིན་པའི་ཕྱིར་བདག་ཉིད་མེད་པས་དེ་བས་ན་རང་གི་མཚན་ཉིད་དེའི་བདག་མེད་པའོ ་ཞེས་བྱ་བ་ནི་ཡོངས་སུ་གྲུབ་པའི་ཆོས་ལ་བདག་མེད་པའི་ངོ་བོ་ཉིད་དུ་སྟོན་ཏོ། །སྟོང་པ་ཉིད་དང་བདག་མེད་པ་འདི་གཉིས་ལ་ཁྱད་པར་ཅི་ཡོད་ཅེ་ན། ཁ་ཅིག་ན་རེ་གང་ན་གང་མེད་པ་དེ་ནི་དེས་སྟོང་ལ། གང་ཞིག་གང་གིས་བདག་སྟེ་ངོ་བོ་ཉིད ་མ་ཡིན་པ་དེ་ནི་བདག་མེད་པ་སྟེ། འདི་གཉིས་ཀྱི་ཁྱད་པར་ནི་འདི་ཡིན་ནོ་ཞེའོ། །ཁ་ཅིག་ན་རེ་དོན་དུ་ཁྱད་པར་གང་ཡང་མེད་མོད་ཀྱི་རྣམ་པར་བཞག་པའི་བྱེ་བྲག་གིས་ཐ་དད་དེ། འདི་ལྟར་གང་ན་གང་མེད་པ་དེས་དེའི་ངོ་བོ་ཉིད་མེད་པའི་ཕྱིར་བདག་མེད་པ་དང། ་ཅིག་ཤོས་ནི་དེ་ལ་ཡོངས་སུ་མ་གྲུབ་པའི་ངོ་བོ་ཉིད་ཀྱི་ཕྱིར་སྟོང་པ་ཉིད་དོ་ཞེའོ། །སྒྲོ་འདོགས་པ་དང་སྐུར་པ་འདེབས་པའི་མཛའ་གཉིས་ཀྱི་གཉེན་པོ་དང་གློ་བུར་གྱི་དྲི་མ་བསྟན་པའི་ཕྱིར་རོ། །རྩ་བའི་དེ་ཁོ་ན་རྣམ་པ་གསུམ་ལ་གོ་རིམ་བཞིན་དུ་མི་རྟག་པ་ཉིད ་རྣམ་བ་གསུམ་ཡོངས་སུ་བསྟན་ཏེ། ངོ?་མེད་པའི་དོན་མི་རྟག་པ་ཉིད་དང་།སྐྱེ་ཞིང་འཇིག་པ་མི་རྟག་པ་ཉིད་དང། དྲི་མ་དང་བཅས་ཤིང་དྲི་མ་མེད་པའི་མི་རྟག་པ་ཉིད་དོ། །དེ་བཞིན་དུ་བདག་མེད་པ་རྣམ་པ་གསུམ་གྱི་བར་དུ་བསྟན་པ་ནི་ཕྱིན་ཅི་མ་ལོག་པའི ་དེ་ཁོ་ནའོ། །དེའི་འོག་ཏུ་འབྲས་བུ་དང་རྒྱུའི་དེ་ཁོ་ན་བརྗོད་དགོས་ཏེ་།དེའི་ཕྱིར་འབྲས་བུ་དང་དེའི་དེ་ཁོ་ན་ནི་རྩ་བའི་དེ་ཁོ་ན་ཉིད་ལ་ཞེས་རྒྱ་ཆེར་སྨོས་སོ། །དེ་ལ་ཀུན་ནས་ཉོན་མོངས་པའི་ཕྱོགས་ཀྱི་དབང་དུ་མཛད་དེ། སྡུག་བསྔལ་གྱི་བདེན་པ་ནི་འབྲས་བུའི ་དེ་ཁོ་ནའོ། །ཀུན་འབྱུང་གི་བདེན་པ་ནི་རྒྱུའི་དེ་ཁོ་ནའོ། །རྣམ་པར་བྱང་བའི་ཕྱོགས་ལ་ཡང་འགོག་པའི་བདེན་པ་ནི་འབྲས་བུའི་དེ་ཁོ་ནའོ། །ལམ་གྱི་བདེན་པ་ནི་རྒྱུའི་དེ་ཁོ་ནའོ། །དེ་ལྟར་སྡུག་བསྔལ་ལ་སོགས་པ་བདེན་པ་རྣམ་པ་བཞི་ནི་འབྲས་བུ་དང་རྒྱུའི ་དེ་ཁོ་ནའོ། །རྩ་བའི་དེ་ཁོ་ན་ཉིད་ལ་སྡུག་བསྔལ་དང་ཀུན་འབྱུང་བ་དང་འགོག་པ་དང་ལམ་གྱི་བདེན་པ་རྣམས་སོ་ཞེས་བཤད་ན། དེ་ཡང་ཇི་ལྟར་ན་རྩ་བའི་དེ་ཁོ་ན་སྡུག་བསྔལ་ལ་སོགས་པ་བདེན་པའི་ངོ་བོ་ཉིད་ཡིན་པ་མི་ཤེས་ནས། དེའི་ཕྱིར།། ་ཇི་ལྟར་རྩ་བའི་དེ་ཁོ་ན་རྣམ་པ་གསུམ་ལ་སྡུག་བསྔལ་ལ་སོགས་པའི་བདེན་པ་ཞེས་བྱ་ཞེ་ན་ཞེས་བྱ་བ་དྲིས་བ་དང་དེའི་ཕྱིར་འདི་ལྟར་དེ་མི་རྟག་པ་ལ་སོགས་པའི་མཚན་ཉིད་ཀྱིས་ཏེ། དེའི་ཕྱིར་སྡུག་བསྔལ་བདེན་པར་འདོད་ཅེས་བྱ་བ་སྨོས་ཏེ་།མི་ ་རྟག་པ་དང་སྡུག་བསྔལ་བ་དང་སྟོང་པ་དང་བདག་མེད་པ་ཉིད་ནི་སྡུག་བསྔལ་གྱི་བདེན་པའི་མཚན་ཉིད་པས་དེ་དག་ཐམས་ཅད་བརྟགས་པ་ལ་སོགས་པ་རེ་རེ་ལ་ཡོད་པར་རྒྱས་པར་བསྟན་ཏེ། དེའི་ཕྱིར་བརྟགས་པ་ལ་སོགས ་པ་རེ་རེ་ལ་སྡུག་བསྔལ་གྱི་བདེན་པ་ཉིད་དུ་འདོད་དོ། །ཀུན་འབྱུང་བའི་དོན་རྣམ་པ་གསུམ་གྱིས་རྩ་བའི་དེ་ཁོ་ནར་ཀུན་འབྱུང་བའི་བདེན་པའི་གོ་རིམས་བཞིན་ནོ། །ཀུན་འབྱུང་བའི་དེ་ཉིད་མི་ཤེས་པས་དེའི་ཕྱིར་ཀུན་འབྱུང་བའི་དོན་རྣམ་པ་གསུམ ་ནི། བག་ཆགས་དང་ནི་ཀུན་ནས་བྱུང། །མ་བྲལ་བ་ཡང་དེ་བཞིན་ནོ། །ཞེས་བྱ་བ་སྨོས་ཏེ། རྣམ་པ་གསུམ་ནི་བག་ཆགས་ཀྱི་ཀུན་འབྱུང་བ་དང། ཀུན་ནས་བྱུང་བའི་ཀུན་འབྱུང་བ་དང། མ་བྲལ་བའི་ཀུན་འབྱུང་བའོ། །དེ་ལ་བག་ཆགས་ཀྱི ་ཀུན་འབྱུང་བ་ནི་ཀུན་བརྟགས་པའི་ངོ་བོ་ཉིད་དུ་ཤེས་པར་བྱ་སྟེ། དེའི་ཕྱིར་ཀུན་བརྟགས་པའི་ངོ་བོ་ཉིད་ལ་མངོན་པར་ཞེན་པའི་བག་ཆགས་སོ་ཞེས་བྱ་བ་སྨོས་ཏེ། ཀུན་བརྟགས་པའི་ངོ་བོ་ཉིད་མེད་པར་ཡོད་དོ་ཞེས་མངོན་པར་ཞེན་པ་ཉེ་བར་བཟུང་ནས ་འཇིག་རྟེན་གྱི་ཆོས་རྣམ་པར་རྟོག་པའི་བག་ཆགས་འཇོག་པར་བྱེད་ཀྱི་མངོན་པར་ཞེན་པ་མེད་པ་འཇིག་རྟེན་ལས་འདས་པ་དག་ནི་མ་ཡིན་ཏེ། དེ་བས་ན་ཀུན་བརྟགས་པའི་ངོ་བོ་ཉིད་ལ་བག་ཆགས་ཀྱིས་ཀུན་འབྱུང་བ་ཞེས་བྱའོ། །ཀུན་ནས་བྱུང ་བའི་ཀུན་འབྱུང་ནི་གཞན་གྱི་དབང་གི་ངོ་བོ་ཉིད་དོ། །ཀུན་ནས་བྱུང་བ་ཞེས་བྱ་བ་ནི་བདག་ཐོབ་པ་སྟེ། དེ་གང་ལས་བྱུང་བ་དེ་ནི་དེ་ལས་འབྱུང་ངོ་ཞེས་བྱ་བའི་ཕྱིར་ཀུན་ནས་འབྱུང་བའོ། །དེ་ཡང་རང་བཞིན་ཇི་ལྟ་བུ་ཞེས་བྱ་དེའི་ཕྱིར་ལས་དང་ཉོན ་མོངས་པ་རྣམས་སོ་ཞེས་བྱ་བ་སྨོས་ཏེ། དེ་དག་ཀྱང་དངོས་པོའི་རང་བཞིན་ཡིན་པས་གཞན་གྱི་དབང་གི་ངོ་བོ་ཉིད་དོ། །མ་བྲལ་བའི་ཀུན་འབྱུང་བ་ནི་དེ་བཞིན་ཉིད་ལ་བྱ་སྟེ། ཇི་ལྟ་ཞེ་ན་དེའི་ཕྱིར། སྒྲིབ་པ་དང་མ་བྲལ་ཞེས་བྱ་བ་སྨོས་ཏེ། ་དེ་ནི་འདི་སྐད་དུ། དེ་བཞིན་ཉིད་ཇི་སྲིད་དུ་སྒྲིབ་པ་རྣམས་དང་མ་བྲལ་བ་དེ་སྲིད་དུ་སྡུག་བསྔལ་ཀུན་འབྱུང་ཞེས་བྱ་བ་འམ། སྒྲིབ་པ་རྣམས་དང་མ་བྲལ་བའི་དེ་བཞིན་ཉིད་ནི་ཀུན་འབྱུང་བའི་ཆོས་ཉིད་ཡིན་པས་ཀུན་འབྱུང་བའི་མིང་འཐོབ་བོ་ཞེས ་བྱ་བར་བསྟན་བར་འགྱུར་རོ། །འགོག་པ་རྣམ་པ་གསུམ་གྱིས་རྩ་པའི་དེ་ཁོ་ནར་འགོག་བའི་བདེན་པ་ཡིན་ན་དེ་ཡང་མི་ཤེས་ནས་དེའི་ཕྱིར། འགོག་པ་རྣམ་པ་གསུམ་ནི་ངོ་བོ་ཉིད་དང་གཉིས་མི་སྐྱེ། །དྲི་མ་ཞི་བ་གཉིས་སུ་འདོད། །ཅེས་བྱ་བ་སྨོས ་སོ། །དེ་ལ་ངོ་བོ་ཉིད་ཀྱིས་མི་སྐྱེ་བ་ནི་ཀུན་རྟགས་པ་སྟེ། དེ་ནི་མོ་གཤམ་གྱི་བུ་བཞིན་དུ་ངོ་བོ་ཉིད་མེད་པས་གཏན་དུ་མི་སྐྱེ་སྟེ། གཟུང་བ་དང་འཛིན་པ་གཉིས་མི་སྐྱེ་བ་ནི་གཞན་གྱི་དབང་སྟེ། དེ་ཡང་གཟུང་བ་དང་འཛིན་པ་གཉིས་ཀྱི་རང་བཞིན་དང ་གཏན་བྲལ་བའི་ཕྱིར་འཁྲུལ་པ་གཉིས་ཀྱི་བདག་ཉིད་དུ་མི་སྐྱེ་བའོ། །དྲི་མ་ཞི་བ་གཉིས་ནི་ཡོངས་སུ་གྲུབ་པའོ། །ཀྱང་ཞེས་བྱ་བ་ནི་བསྡུ་བའི་དོན་ཏོ། །དེ་ཡང་མི་ཤེས་ནས་དེའི་ཕྱིར་སོ་སོར་བརྟགས་བའི་འགོག་པ་དང། དེ་བཞིན་ཉིད་ཅེས་བྱ་བའོ་ཞེས་བྱ་བ ་སྨོས་སོ། །དྲི་མ་ནི་རྣམ་པ་གཉིས་ཏེ། འདོད་ཆགས་ལ་སོགས་པའི་སྒྲིབ་པ་དང་ཀུན་བརྟགས་པའོ། །དེ་ལ་ཟག་པ་མེད་པའི་ཡེ་ཤེས་ཀྱིས་བོན་གནས་ནས་བཏོན་ཏེ། འདོད་ཆགས་ལ་སོགས་པའི་དྲི་མ་རྣམས་གཏན་མི་སྐྱེ་བའི་བདག་ཉིད་ཀྱིས་ཞི་བ་ནི་སོ ་སོར་བརྟགས་པའི་འགོག་པའོ། །དེ་བཞིན་ཉིད་སྤྱོད་ཡུལ་པ་གཉིས་སུ་མེད་པའི་ཡེ་ཤེས་ཀྱིས་ཀུན་བརྟགས་པའི་དྲི་མ་མི་སྐྱེ་བའི་བདག་ཉིད་ཀྱིས་ཞི་བ་ནི་དེ་བཞིན་ཉིད་དོ། །འདི་གཉིས་ནི་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་དོ། །འགོག་པ་རྣམ་པ་འདི ་གསུམ་ནི་བརྟགས་པ་ལ་སོགས་བརྩ་བའི་དེ་ཁོ་ནར་གོ་རིམས་བཞིན་དུ་ཤེས་པར་བྱའོ། །གཞན་དག་ན་རེ་དེ་བཞིན་ཉིད་རབ་ཏུ་རྟོགས་པས་ཉོན་མོངས་པ་དང་ཀུན་བརྟགས་པའི་དྲི་མ་གཉིས་ཞི་བ་ནི་དེ་བཞིན་ཉིད་ཅེས་བརྗོད་དེ་གཉིས་འགོག ་པ། དང་རང་བཞིན་འགོག་བ་ཞེས་འབྱུང་བའི་ཕྱིར་རོ། །རང་བཞིན་ཞེས་བྱ་བ་ནི་སེམས་རང་བཞིན་གྱིས་འོད་གསལ་བའི་ཕྱིར་དེ་བཞིན་ཉི་ལ་བྱའོ། །དེའི་ཕྱིར་དེ་བཞིན་ཉིད་ལ་དམིགས་པས་འགོག་པ་གང་ཡིན་པ་དེ་ནི་རང་བཞིན ་གྱིས་འགོག་པ་ཞེས་བྱ་སྟེ། འགགས་པ་ཙམ་ལ་སོ་སོར་བརྟགས་པའི་འགོག་པ་ཞེས་བྱའོ་ཞེའོ། །ཁ་ཅིག་ནར་འདིར་འགགས་པས་འགོག་པ་ནི་དེ་བཞིན་ཉིད་དོ། །འགོག་པ་ནི་མི་སྐྱེ་བའི་བདག་ཉིད་པས་ངོ་བོ་ཉིད་ཀྱིས་མི་སྐྱེ་བ་ལ་སོགས་པ་ཐམས ་ཅད་བསྡུས་ཏེ། འགོག་པའི་བདེན་པ་ཞེས་བྱའོ། །འགོག་བའི་བདེན་པ་རྩ་བའི་དེ་ཁོ་ནར་བསྡུས་པ་བཤད་ཟིན་ཏོ། །དེའི་འོག་ཏུ་ལམ་གྱི་བདེན་པ་བསྡུ་བར་བྱ་སྟེ། དེའི་ཕྱིར་ལམ་གྱི་བདེན་པ་རྩ་བའི་དེ་ཁོ་ན་རྣམ་པ་གསུམ་དུ་ཇི་ལྟར་རབ་ཏུ་བཞག ་ཅེ་ན་ཞེས་དྲིས་པ་དང་དེའི་ཕྱིར། ཡོངས་སུ་ཤེས་པར་བྱ་བ་ལ་སོགས་པ་གསུངས་སོ། །ཀུན་བརྟགས་པ་ནི་ཡོངས་སུ་ཤེས་པར་བྱ་བའོ། །ཞེས་བྱ་བ་ལ། ཀུན་བརྟགས་པ་ནི་གཏན་མེད་པ་ཉིད་པས་དེ་ནི་ཡོངས་སུ་ཤེས་པར་བྱ་བར་ཟད་ཀྱི་སྤང་དུ་མེད ་དེ་མེད་པ་ནི་སྤང་བར་མི་རུང་ངོ། །གཞན་གྱིས་དབང་ནི་ཡོངས་སུ་ཤེས་པར་བྱ་བ་དང་སྤང་བའོ་ཞེས་བྱ་བ་ལ། གཞན་གྱི་དབང་ནི་ཇི་ལྟར་སྣང་བ་དེ་ལྟར་མེད་པར་ཤེས་པར་བྱའི། བརྟགས་པ་བཞིན་དུ་ཐམས་ཅད་ཀྱི་བདག་ཉིད་ཀྱིས་མེད ་པར་ནི་མ་ཡིན་ནོ། །ལས་དང་ཉོན་མོངས་པ་ནི་དངོས་པོའི་བདག་ཉིད་ཡིན་པས་སྤང་བར་བྱ་བ་ཡང་ཡིན་ནོ། །ཡོངས་སུ་གྲུབ་པ་ནི་ཡོངས་སུ་ཤེས་པར་བྱ་བ་དང་ཐོབ་བར་མངོན་སུམ་དུ་བྱ་བའོ་ཞེས་བྱ་བ་ལ་ཡོངས་སུ་གྲུབ་པ་ནི་དངོས་པོ་དང ་དངོས་པོ་མེད་པ་ལས་རྣམ་པར་གྲོལ་བའི་མཆན་ཉིད་དང་གནས་གྱུར་པ་ཉིད་དུ་ཡོངས་སུ་ཤེས་པར་བྱ་ཞིང། གནས་གྱུར་པ་ཉིད་རྣམ་པར་གྲོལ་བ་ཆོས་ཀྱི་སྐུར་མངོན་སུམ་དུ་བྱ་བ་ཡིན་པས་སྟོང་པ་ཉིད་ནི་ཡོངས་སུ་ཤེས་པར་བྱ་བའོ། །འགོག ་བ?་ནི་ཐོབ་བར་མངོན་སུམ་དུ་བྱ་བའོ། །ཁ་ཅིག་ན་རེ་གཉིས་ལ་རྣམ་པ་གཉིས་གཉིས་ཏེ་ཡོངས་སུ་ཤེས་པ་རྣམ་པ་གཉིས་ནི་ཤེས་པའི་ཡོངས་སུ་ཤེས་པ་དང། སྤོང་བའི་ཡོངས་སུ་ཤེས་བའོ། །དེ་ལ་དང་པོ་དང་གསུམ་པ་ནི་ཤེས་བའི་ཡོངས་སུ་ཤེས་པ ་ཡོངས་སུ་ཤེས་པར་བྱ་བའོ། །གཉིས་པ་ནི་གཉིས་ཀས་ཡོངས་སུ་ཤེས་པར་བྱ་བའོ། །མངོན་སུམ་དུ་བྱ་བ་རྣམ་པ་གཉིས་ནི། ཤེས་བར་མངོན་སུམ་དུ་བྱ་བ་དང། ཐོབ་པར་མངོན་སུམ་དུ་བྱ་བའོ། །དེ་ལ་ཤེས་པར་མངོན་སུམ་དུ་བྱ་བས་ནི་གསུམ་ཆར ་ཡང་མངོན་སུམ་དུ་བྱ་བའོ། །ཐོབ་པར་མངོན་སུམ་དུ་བྱ་བས་ནི་གསུམ་པ་ཉིད་དོ་ཞེའོ། །དེ་ལྟར་རྩ་བའི་དེ་ཁོ་ན་འདིར་ཡོངས་སུ་ཤེས་པར་བྱ་བ་དང་སྤང་བར་བྱ་བ་དང་མངོན་སུམ་དུ་བྱ་བ་རྣམས་ཀྱིས་ལམ་གྱི་བདེན་པ་རྣམ་པར་བཞག་པར་རིག་པར ་བྱའི་དེའི་ཁོངས་སུ་གཏོགས་པར་བསྡུ་བ་ནི་མ་ཡིན་ནོ། །དེ་ལ་བདེན་པ་བཞིས་ནི་ཀུན་ནས་ཉོན་མོངས་པ་གང་ཡིན་པ་དང་གང་ལས་བྱུང་བ་དང། དེ་གཉིས་རྣམ་པར་དག་པ་གང་ཡིན་པ་དང་གང་ལས་འགྱུར་བ་དེ་རྣམས་ཡོངས་སུ་བརྗོད་དོ། །དེ་དག་གི ་གོ་རིམས་ནི་ཇི་ལྟར་མངོན་པར་རྟོགས་པ་བཞིན་དུའོ། །རགས་པ་དང་ཕྲ་བའི་དེ་ཁོ་ན་ནི་ཞེས་བྱ་བ་ལ། རགS་པའི་དེ་ཁོ་ན་ནི་ཀུན་རྫོབ་ཀྱི་བདེན་པའོ། །ཕྲ་བའི་དེ་ཁོ་ན་ནི་དོན་དམ་པའི་བདེན་པ་སྟེ། འདི་ལྟར་དང་པོར་རགས་པས་སེམས་ཅན་རྣམས ་ཡོངས་སུ་སྨིན་པར་བྱེད་དོ། །ཡོངས་སུ་སྨིན་པར་གྱུར་པས་ཕྲ་བས་རྣམ་པར་གྲོལ་བར་བྱེད་དེ། དེའི་ཕྱིར་དང་པོར་དམིགས་པའོ། །ཕྱིས་ནི་ཕྲ་བའོ། །ཚིག་ལེའུར་བྱས་པ་དང་མཐུན་པར་བྱ་བའི་ཕྱིར་བཟློག་སྟེ་གསུངས་སོ། །དེ་ལ་མཉམ་པར་མ ་བཞག་བའི་ཤེས་བའི་ཡུལ་ཡིན་པས་ཀུན་རྫོབ་ཀྱི་བདེན་པ་ནི་རགས་པའི་དེ་ཁོ་ནའོ། །མཉམ་པར་བཞག་བའི་ཤེས་པའི་ཡུལ་ཡིན་པས་དོན་དམ་པའི་བདེན་པ་ནི་སུ?་བའི་དེ་ཁོ་ནའོ། །ཡང་ན་རྣམ་པར་ཤེས་པའི་ཡུལ་ཡིན་པས་ན ་རགས་པའོ། །ཡེ་ཤེས་ཀྱི་ཡུལ་ཡིན་པས་ན་ཕྲ་པའོ། །དེ་ཁོ་ན་ཐམས་ཅད་རྩ་བའི་དེ་ཁོ་ནར་བསྡུ་བར་དམ་བཅས་པས་ན། དེའི་ཕྱིར་དེ་རྩ་བའི་དེ་ཁོ་ནར་ཇི་ལྟར་རིག་པར་བྱ་ཞེ་ན་ཞེས་དྲིས་ཏེ། དེའི་ཕྱིར་བརྟགས་པ ་དང་ནི་ཤེས་པ་དང། །དེ་བཞིན་བརྗོད་པ་རགS་པ་ཡིན། །ཞེས་བྱ་བ་གསུངས་སོ། །བརྟགས་བ་དང་ཤེས་པ་དང་བརྗོད་པ་རྣམས་ནི་རགས་པའི་དེ་ཁོར་སྟེ་རྩ་བའི་དེ་ཁོ་ནར་རིག་པར་བྱའོ། །དེ་ཉིད་བསྟན་པར་བྱ་བའི་ཕྱིར་ཀུན་རྫོབ་ནི་རྣམ་པ་གསུམ་སྟེ་ཞེས་རྒྱ་ཆེར་སྨོས ་སོ། །དོན་མེད་པ་ལ་གཟུགས་དང་བུམ་པ་སྣམ་བུ་ཞེས་བྱ་བར་རྣམ་པར་བཞག་པ་ནི་བརྟགས་པའི་ཀུན་རྫོབ་བོ། །ཁ་ཅིག་ན་རེ་གཟུགས་དང་ཚོར་བ་དང། །འདུ་ཤེས་ལ་སོགས་པའི་རང་བཞིན་དང་བྱེ་བྲག་གིས་མིང་གིས་བརྗོད་པ་ནི་བརྟགས ་པའི་ཀུན་རྫོབ་བོ་ཞེའོ། །ཁ་ཅིག་ན་རེ་བརྗོད་པ་ལ་བལྟོས་ནས་གཟུགས་དང་ཚོར་བ་ཞེས་བྱ་བར་ཐ་སྙད་འདོགས་པ་གང་ཡིན་པ་དེ་ནི་བརྟགས་པའི་ཀུན་རྫོབ་བོ་ཞེའོ། །སེམས་དང་སེམས་ལས་བྱུང་བ་བཞིན་དུ་མེད་པས་ན་ཀུན ་བརྟགས་པའི་ངོ་བོ་ཉིད་དོ། །ཤེས་པའི་ཀུན་རྫོབ་ནི་རྣམ་པར་རྟོག་པ་གང་གིས་གཟུགས་ལ་སོགས་པ་དང་བུམ་པ་ལ་སོགས་པ་རྣམ་པར་ཤེས་པ་སྣང་བ་ལས། ཕ་རོལ་ན་མེད་ཀྱང་ཕྱི་རོལ་ན་ཡོད་པ་བཞིན་དུ་ཇི་ལྟར་རྣམ་པར་གནས ་པ་ལྟར་དངོས་པོའི་ངོ་བོར་མངོན་པར་ཞེན་པའི་རྣམ་པར་རྟོག་པ་དེ་ནི་ཤེས་པའི་ཀུན་རྫོབ་བོ། །བརྗོད་པ་ཡང་ཀུན་རྫོབ་བོ་ཞེས་བྱ་བ་ལ་ཡང་ཞེས་བྱ་བའི་སྒྲ་ནི་བསྡུ་བར་བྱ་བའི་དོན་ཏེ། ཡོངས་སུ་གྲུབ་པ་ནི་རྣམ་པར་རྟོག་པ་དང ་བརྗོད་པ་ལས་འདས་ཀྱང་སྟོང་པ་ཉིད་དང། དེ་བཞིན་ཉིད་དང། དྲི་མ་དང་བཅས་པ་དང། དྲི་མ་མེད་པ་ལ་སོགས་པའི་རྣམ་གྲངས་ཀྱིས་བསྟན་པ་ན་བརྗོད་པའི་ཀུན་རྫོབ་བོ། །ཀུན་རྫོབ་རྣམ་པ་གསུམ་པོ་དེས་ཀུན་རྫོབ་ཀྱིས་བདེན་པ ་ཉིད་དེ། རྩ་བའི་དེ་ཁོ་ནར་གོ་རིམས་བཞིན་དུ་རིག་པར་བྱའོ། །ཀུན་རྫོབ་ནི་ཐ་སྙད་དོ། །བརྟགས་པ་ཞེས་བྱ་བ་ནི་བརྗོད་པ་སྟེ། དོན་མེད་པར་བརྗོད་པ་ཙམ་གྱིས་ཐ་སྙད་དུ་བྱ་བ་ནི་བརྟགས་པའི་ཀུན་རྫོབ་བོ། །དེ་བས་མངོན་མེད་པའི་ཕྱིར་བཏགས་པའི ་ཀུན་རྫོབ་ཀྱི་ཀུན་བརྟགས་པ་ཀུན་རྫོབ་ཀྱི་བདེན་པའོ། །དོན་མེད་བཞིན་དུ་དོན་དུ་མངོན་པར་ཞེན་ནས་ཤེས་པ་དེས་ཐ་སྙད་འདོགས་པ་དེ་ནི་ཤེས་པའི་ཀུན་རྫོབ་སྟེ། དེ་ནི་མངོན་པར་ཞེ་ན་བའི་རྣམ་པར་རྟག་པའོ། །དེ་བས་ན་ཤེས་པའི་ཀུན་རྫོབ་ཀྱི་གཞན་གྱི ་དབང་ཀུན་རྫོབ་ཀྱི་བདེན་པའོ། །ཆོས་ཀྱི་དབྱིངས་བརྗོད་དུ་མེད་པ་ལ་དེ་བཞིན་ཉིད་ལ་སོགས་པའི་སྒྲས་བརྗོད་པ་གང་ཡིན་པ་དེ་ནི་བརྗོད་པ་སྟེ། དེར?་ཆོས་ཀྱི་དབྱིངས་ལ་ཐ་སྙད་འདོགས་པ་ནི་བརྗོད་པའི་ཀུན་རྫོབ་བོ། །དེ་བས་ན་བརྗོད་པའི་ཀུན་རྫོབ་ཀྱིས ་ཡོངས་སུ་གྲུབ་པ་ཀུན་རྫོབ་ཀྱི་བདེན་པའོ། །དེ་ལ་བརྟགས་པ་དང་བརྗོད་པའི་ཀུན་རྫོབ་ཉིད་ནི་སྐབས་སུ་བསྡུས་ནས་རྣམ་པར་བཞག་པར་རིག་པར་བྱའི། རང་བཞིན་གྱིས་ནི་མ་ཡིན་ནོ། །ཀུན་རྫོབ་ཀྱི་བདེན་པ་བཤད་ཟིན་ཏོ། །ང་ནི་དོན་དམ་པའི་བདེན ་པ་བརྗོད་པར་བྱ་སྟེ། དེའི་ཕྱིར། དམ་བའི་དོན་ནི་གཅིག་བུའོ་ཞེས་བྱ་བ་གསུངས་སོ། །བརྟགས་པ་དང་ནི་གཞན་དབང་དང་གཉིས་ནི་དོན་དམ་པར་མི་སྲིད་པའི་བདེན་པ་ནི་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་གཅིག་པུར་རིག་པར་བྱའོ། །ཡོངས་སུ་གྲུབ ་པ་དེ་ཡང་ཅིའི་ཕྱིར་དོན་དམ་པ་ཞེས་བྱ་ཞེ་ན་དེའི་ཕྱིར་དོན་དང་ཐོབ་དང་སྒྲུབ་པ་ནི། དོན་དམ་རྣམ་པ་གསུམ་དུ་འདོད་ཅེས་བྱ་བ་གསུངས་སོ། །དོན་དམ་པ་ནི་རྣམ་པ་གསུམ་སྟེ། དོན་དོན་དམ་པ་དང། ཐོབ་བར་བྱ་བ་དོན་དམ་པ་དང། སྒྲུབ་པ་དོན་དམ ་བའོ། །དེ་ལ་དོན་དམ་པ་དེ་བཞིན་ཉིད་དེ། དམ་པ་ནི་འཇིག་རྟེན་ལས་འདས་པའི་ཡེ་ཤེས་སོ། །དེའི་ཡུལ་ཡིན་པས་དོན་ཏེ་།དབང་པོ་རྣམས་ཀྱིS་དོན་བཞིན་དུ། །དེ་བཞིན་ཉིད་ནི་དམ་པའི་དོན་ཅེས་བྱའོ། །དེ་ཉིད་བསྟན་པའི་ཕྱིར་ཡེ་ཤེས་དམ་པའི ་དོན་ཡིན་པའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། དམིགས་པའི་དངོས་པོར་རྣམ་པར་བཞག་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ། ཡེ་ཤེས་དང་ཐ་མི་དད་པའི་ཕྱིར་དེའི་ཚེ་དམིགས་པར་འགྱུར་པ་ནི་མ་ཡིན་གྱི། རྣམ་པར་རིག་པ ་ཅམ་སྣང་བ་བཞིན་ཏེ་།དཔེར་ན་གང་དག་རྣམ་པར་རིག་པ་ཙམ་དུ་བཟོད་པ་དེ་དག་ལ་གཟུགས་ལ་སོགས་པ་རྣམ་པར་རིག་པ་ཙམ་མ་གཏོགས་པར་གཟུགས་ལ་སོགས་པར་སྣང་བ་ནི་མེད་པ་ལྟ་བུའོ། །ཐོབ་བར་བྱ་བ་དོན་དམ་པ་ནི་མྱ་ངན་ལས ་འདས་པ་སྟེ། ཤིན་ཏུ་དྲི་མ་མེད་པའི་དེ་བཞིན་ཉིད་གནས་གྱུར་པའི་མཚན་ཉིད་དོ། །ཇི་ལྟར་ན་དོན་དམ་པ་ཞེ་ན། དེའི་ཕྱིར་དོན་གྱི་དམ་པ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་སྨོས་སོ། །དེ་ནི་དམ་པ་ཡང་ཡིན་ལ་དོན་ཡང་ཡིན་པས་ན་དོན་དམ་པ་སྟེ། དེ ་འདུས་བྱས་དང་འདུས་མ་བྱས་ཀྱི་ཆོས་རྣམས་ཀྱིས་མཆོག་ཡིན་པས་དམ་པའོ། །ལམ་གྱི་དགོས་པ་ཡིན་པས་ན་དོན་ཏོ་འདི་ལྟར་མྱ་ངན་ལས་འདས་པ་ཐོབ་པར་བྱ་བ་ནི་ལམ་གྱི་དགོས་པ་སྟེ། གནོད་པའི་ཉེས་པ་ཐམས་ཅད་དང་བྲལ་བའི་ཕྱིར་མྱ ་ངན་ལས་འདས་པ་ནི་དོན་ཏོ། །འདི་ལྟར་ཉེས་པ་དང་བཅས་པ་ལ་ནི་དོན་མེད་པ་ཞེས་བྱའོ། །སྒྲུབ་པ་དོན་དམ་པ་ནི་ལམ་སྟེ། ཅིའི་ཕྱིར་ཞེ་ན། དེ་ནི་དོན་ནི་དམ་པ་ཡིན་པའི་ཕྱིར་རོ། །དོན་ནི་ཡུལ་ལམ་དགོས་པ་སྟེ། ཡུལ་ནི་དེ་བཞིན་ཉིད་དོ། ། ་དགོས་པ་ནི་མྱ་ངན་ལས་འདས་པའོ། །ཡུལ་གྱི་སྒོ་ནས་དམ་པ་ཞེས་བྱ་ན། ཇི་ལྟར་ན་གཅིག་ལ་གཅིག་བརྟེན་པར་མི་འགྱུར། གཅིག་ལ་གཅིག་བརྟེན་པར་གྱུར་ན་ཅི་ཉེས?་ཤེ་ན། གཏན་ལ་བབ་པ་མེད་པར་འགྱུར་རོ། །གཅིག་ལ་གཅིག་བརྟེན ་དུ་ཟིན་ཀྱང་དེ་ལྟར་མི་འགྱུར་ཏེ། སེང་གེ་དང་ནགས་བཞིན་ནོ། །དོན་དམ་པའི་བདེན་པ་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་དུ་བསྟན་ལ། ལམ་ལ་ནི་སྔ་མ་དང་བྱི་མའི་ཆ་མེད་པ་མ་ཡིན་བས་ཡོངས་སུ་གྲུབ་པར་མི་རུང་སྟེ་།དེ་ལྟ་བས་ན་ལམ ་ཀྱི་དོན་དམ་པའི་བདེན་པ་མ་ཡིན་ལ་ཡོངས་སུ་མ་གྲུབ་པས་ཀྱང་དོན་དམ་པའི་བདེན་པར་བསྡུར་མི་རུང་ན་འདུས་མ་བྱས་དང་འདུས་བྱས་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་དུ་ཇི་སྐད་བརྗོད་ཅེ་ན། དེའི་ཕྱིར་འགྱུར་མེད་ཕྱིན་ཅི་མ་ལོག་པ་ཡོངས་སུ་གྲུབ་པ་རྣམ་པ ་གཉིས་ཞེས་བྱ་བ་གསུངས་སོ། །ཡང་ན་ཡོངས་སུ་གྲུབ་པ་ནི་དེ་བཞིན་ཉིད་དེ། དེ་ཡང་གཞན་གྱི་དབང་གི་མཚན་ཉིད་གཉིས་དང་བྲལ་བ་ཉིད་པས་མྱ་ངན་ལས་འདས་པ་དང་ལམ་གཉིས་ཡོངས་སུ་གྲུབ་པ་ཉིད་དུ་མི་རུང་ན་མྱ་ངན་ལས་འདས་པ་ཞེས ་བྱ་བ་འདུས་མ་བྱས་དང། ལམ་ཞེས་བྱ་བ་འདུས་བྱས་གཉིས་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་དོ་ཞེས་ཇི་སྐད་དུ་བྱ་ཞེ་ན། འདི་ནི་ཀླན་ཀར་མི་རུང་སྟེ། འདི་ལྟར་དེ་ལ་གཉིས་པོ་མེད་པ་ནི་ཡོངས་སུ་གྲུབ་པ་ཉིད་དེ། གཉིས་པོ་མེད་པ་ཉིད་ཡོངས་སུ་གྲུབ ་པ་ཞེས་དེ་ལས་གཞན་དགག་པར་ནི་མི་བྱེད་དེ། དེ་བས་ན་དེ་ལས་གཞན་ཡང་སྟེ། འགྱུར་བ་མེད་པ་དང། ཕྱིན་ཅི་མ་ལོག་པར་ཡོངས་སུ་གྲུབ་པ་གཉིས་ཀྱང་ཡོངས་སུ་གྲུབ་པ་ཞེས་སྦྱར་རོ། །འདུས་མ་བྱས་ནི་མྱ་ངན་ལས་འདས་པ་དང་དེ་བཞིན ་ཉིད་དེ་།འདུས་མ་བྱས་ནི་གཞན་དུ་འགྱུར་བ་མེད་པའི་ཕྱིར་འགྱུར་བ་མེད་པར་ཡོངས་སུ་འགྲུབ་པས་ཡོངས་སུ་གྲུབ་པའོ། །འདུས་བྱས་ནི་ལམ་གྱི་བསྡུས་པས་བྱའོ་གཞན་ལ་མ་ཡིན་ཏེ། ཕྱིན་ཅི་མ་ལོག་པར་ཡོངས་སུ་གྲུབ་པས་ཡོངས་སུ་གྲུབ་པ་ཞེས ་བྱ་བར་སྦྱར་རོ། །ཇི་ལྟ་ཞེ་ན། དེའི་ཕྱིར་ཤེས་བྱའི་དངོས་པོ་ལ་ཕྱིན་ཅི་ལོག་མེད་པའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། གང་གི་ཕྱིར་ཤེས་པར་བྱ་བ་ལ་ཕྱིན་ཅི་ལོག་ཏུ་མི་འགྱུར་པ་དེའི་ཕྱིར་ལམ་ཡོངས་སུ་གྲུབ་པ་ཡིན་ཏེ། དེ་བས་ན་བསམ་པ་ཐ་དད་པའི ་ཕྱིར་འདུས་བྱས་དང་འདུས་མ་བྱས་གཉི་ག་ཡང་ཡོངས་སུ་གྲུབ་པ་ཡིན་པས་འགལ་བ་མེད་དོ། །དེ་ལ་གཅིག་གིས་འཇིག་རྟེན་གགས་པ་སྟེ་ཞེས་བྱ་བ་ནི་ཇི་ལྟར་བརྗོད་པ་བཞིན་དུ་མེད་པ་ཀུན་བརྟགས་པའི་ངོ་བོ་ཉིད་ཀྱིས་ཏེ། དེ་གཞན་གྱིས་ ་ནི་མ་ཡིན་ནོ། །དེའི་རང་གི་ངོ་བོ་མི་ཤེས་པས་དེའི་ཕྱིར་དངོས་པོ་གང་ལ་ཞེས་བྱ་བ་རྒྱ་ཆེར་སྨོས་སོ། །བརྡ་ནི་མིང་དང་མིང་ཅན་འབྲེལ་པར་ཤེས་པའོ། །འདྲིས་པ་ནི་དེ་ལ་ཡང་དང་ཡང་དུ་སྦྱོར་ཞིང་ལྟ་བའོ། །དེ་ལ་རྗེས་སུ་ཞུགས ་བའི་བློ་ཞེས་བྱ་བ་ལ། བརྡ་ལ་འདྲེས་པའི་རྗེས་ལ་ཞུགས་པའི་བློ་གང་ཞེ་ན། དེ་དག་དྲན་པ་སྟེ། དེ་ནི་འདི་སྐད་དུ་བརྔ?་ལ་འདྲིས་པའི་དྲན་བའི་རྗེས་སུ་སོང་བའི་བློས་འཇིག་རྟེན་པ་བསྟན་བཅོས་ཤེས་པ་དང། དེ་མི་ཤེས་པ་ཐམས་ཅད་ཀྱི་ཐ་སྙད ་དུ་བཏགས་པའི་དངོས་པོ་གང་ལ་ལ་འདི་ནི་ས་ཡིན་ནོ་ཞེས་བྱ་བ་ལ་སོགས་པར་ལྟ་བ་མཐུན་པ་ཡིན་ནོ་ཞེས་བསྟན་པར་འགྱུར་རོ། །དེ་ནི་དེ་ཁོ་ན་བཞིན་དུ་འཇིག་རྟེན་དུ་གྲགས་པའི་ཕྱིར་དེ་ནི་འཇིག་རྟེན་གྱི་གྲགས་པའི་དེ་ཁོ་ན་ཞེས་བྱའོ། ། ་གསུམ་གྱིས་རིགས་པའི་གྲགས་པའོ་ཞེས་བྱ་བ་ནི་ངོ་བོ་ཉིད་རྣམ་པ་གསུམ་གྱི་དབང་དུ་མཛད་དེ་རིགས་པ་ཞེས་བྱ་བས་ན་དེའི་ཕྱིར་ངོ་བོ་ཉིད་གསུམ་གྱི་རིགས་པའི་གྲགས་པའི་དེ་ཁོ་ནར་རྣམ་པར་བཞག་གོ། དེ་ཡང་མི་ཤེས་ཏེ། དེ་བས་ན ་བསྟན་པའི་ཕྱིར། གང་དམ་པ་རིགས་པའི་དོན་ལ་མཁས་པ་ཞེས་བྱ་བ་ལ་སོགས་པ་སྨོས་སོ་།དེ་ལ་དམ་པ་དག་ནི་གང་དག་རིགས་པའི་དོན་ལ་མཁས་པ་དག་གོ་།རྟོགས་གེ་དག་ནི་གང་དག་དཔྱོད་པ་ཅན་དག་སྟེ་།སྔ་མ་བཤད་པར་བསམ ་ནས་ཚིགས་ཕྱི་མ་བརྗོད་དོ། །ཡང་ན་དམ་པ་དག་ནི་དགེ་བ་ཅི་ཞེས་ཚོལ་བ་ཅན་དག་གོ། རིགས་པའི་དོན་ལ་མཁས་པ་དག་ནི་ལྟོས་པ་དང། བྱ་བ་བྱེད་པ་དང། འཐད་པ་དང། ཆོས་ཉིད་ཀྱི་རིགས་བཞི་དང་མི་འགལ་བའི་དོན་ལ་མཁས ་པ་དགྲ་གོ་།རྟོག་གེ་པ་དག་ནི་རྟོག་པ་དང་སེལ་ནུས་པ་དག་དང་དེ་བཞིན་གཤེགས་པའི་གསུང་རབ་ལ་བརྟེན་ནས་བསྟན་བཅོས་ཕྱིན་ཅི་མ་ལོག་པར་བྱེད་པའོ། །དཔྱོད་པ་ཅན་དག་ནི་བདག་དང་གཞན་གྱི་བསྟན་པ་བཅོས་ལ་མཁས་པར་གྱུར ་པ་དང། ལེགས་པ་དང་ཉེས་པ་དཔྱོད་པ་དག་གོ་།ཁ་ཅིག་ལས་ནི་དཔྱོད་པ་ཅན་ཞེས་མི་འབྱུང་སྟེ། དེ་དག་འདི་སྐད་དུ། དམ་པ་ཞེས་བརྗོད་པ་དེ་གང་ཞེ་ན། དེའི་ཕྱིར་རིགས་པའི་དོན་ལ་མཁས་པ་དག་ཅེས་བྱ་བ་སྨོས་སོ། །དེ་དག་ཀྱང་རྟོག་གེ་པའི་ས་དང ་བསྒོམ་པའི་ས་ལས་གནས་པའི་ཕྱིར་རྣམ་པ་གཉིས་ཏེ་།དེའི་ཕྱིར་རྟོག་གི་དག་ཅེས་བྱ་བ་སྨོས་སོ་ཞེས་ཟེར་རོ། །དེ་དག་ལས་ཀྱང་ཁ་ཅིག་ནི་འཇིག་རྟེན་གྱི་གྲགས་པའི་རྗེས་སུ་འབྲང་བས་ན། དེའི་ཕྱིར་ཚད་མ་གསུམ་ལ་བརྟེན་ནས་ཞེས་བྱ་བ་སྨོས་ཏེ། ་ཚད་མ་གསུམ་དང་མི་འགལ་བར་ཞེས་བྱ་བའི་ཐ་ཚིག་གོ་།ཚད་མ་གསུམ་ནི་མངོན་སུམ་དང། རྗེས་སུ་དཔག་པ་དང་ལུང་ངོ། །དེ་ལ་མངོན་སུམ་ནི་དབང་པོ་ལྔ་ལས་སྐྱེས་པ་དང། བདེ་བ་དང་སྡུག་བསྔལ་ལ་སོགས་པ་མྱོང་བའི་ཡིད་དོ། །ཚུལ ་གསུམ་པའི་རྟགས་ཀྱིས་རྗེས་སུ་དཔག་པར་བྱ་བའི་དོན་ལ་ཤེས་པ་ནི་རྗེས་སུ་དཔག་པའོ། །ཡིད་ཆེས་པས་བསྟན་པ་ནི་ལུང་སྟེ། ཡིད་ཆེས་པས་ནི་བརྫུན་ཏུ་སྨྲ་བའི་རྒྱུ་དང་མི་ལྡན་པ་དག་གོ། ཡང་ན་མངོན་སུམ་དང་རྗེས་སུ་དཔག་པ་དང་ལུང་གིས་རབ་ཏུ་གྲུབ་བའི ་གཏན་ཚིགས་དང། དཔེས་བསྒྲུབ་པར་བྱ་བ་གྲུབ་པ་དེ་ཉིད་གཞན་ལ་སྒྲུབ་པར་བྱེད་པས་ཚད་མ་གསུམ་ལ་བདེན་ནས་ཞེས་བྱ་བ་སྨོས་ཏེ། འཐད་པ་སྒྲུབ་པའི་རིགས་པས་གྲགས་པའི་དངོས་པོའོ། །ཞེས་བྱ་བ་ལ། འཐད་པ་ནི་བསྒྲུབ་པར་བྱ་བ་རྟོགས ་པར་བྱེད་པའི་ཐབས་ཡིན་པས་ཚུལ་གསུམ་པའི་རྟགས་སོ། །འཐད་པའི་སྒྲུབ་པ་ནི་འཐད་པ་སྒྲུབ་པ་སྟེ། དེས་རྟོགས་པར་བྱ་བའི་ཕྱིར་ཚུལ་གསུམ་པའི་རྟགས་བརྗོད་པའོ། །རིགས་པ་ནི་ཐབས་ཏེ་།སྦྱོར་བ་དེས་པ་གང་གི་རྟགS་ཀྱི་ཚུལ ་གསུམ་བརྗོད་པའོ། །ཡང་ན་འཐད་པ་ནི་གཞན་དུ་མི་སྲིད་པའོ། །སྒྲུབ་པའི་རིགས་པ་ནི་ཆའི་སྦྱོར་བ་སྟེ། འཐད་པ་སྒྲུབ་པའི་རིགས་པའོ་ཞེས་ཚིག་རྣམ་པར་སྦྱར་བའོ། །ཡང་ན་འཐད་པ་ཉིད་སྒྲུབ་པའི་རིགས་པ་ཡིན་པར་ཚིག་རྣམ་པར་སྦྱར་པར་བྱའོ།། ་སྒྲུབ་པའི་རིགས་པ་གཞན་དག་ལས་དབྱེ་བའི་ཕྱིར་འཐད་པ་སྨོས་ཏེ་།དེ་ལྟར་ན་ཚད་མ་གསུམ་ལ་བརྟེན་ནས་འཐད་པ་སྒྲུབ་པའི་རིགས་པས་གང་གྲགས་པའི་དངོས་པོ་ངོ་བོ་ཉིད་གསུམ་གྱི་ནང་ནས་གང་ཡང་རུང་བ་སྟེ ་རིགས་པས་གྲགས་པ་ཞེས་བྱའོ། །གྲགས་བའི་དེ་ཁོ་ན་བཤད་ཟིན་ཏོ། །དེའི་འོག་ཏུ་རྣམ་པར་དག་པའི་སྤྱོད་ཡུལ་བརྗོད་དགོས་ཏེ། དེའི་ཕྱིར། རྣམ་པར་དག་བའི་སྤྱོད་ཡུལ་གྱི་དེ་ཁོ་ན་རྣམ་པ་གཉིས་ཏེ་ཞེས་བྱ་བ་སྨོས་སོ། །དེ་ཡང ་ཇི་ལྟར་རྣམ་པ་གཉིས་སུ་འགྱུར་བ་དེ་བསྟན་པའི་ཕྱིར། ཉོན་མོངས་པའི་སྒྲིབ་པ་རྣམ་པར་དག་བའི་ཡེ་ཤེས་ཀྱི་སྤྱོད་ཡུལ་དང་ཤེས་བྱའི་སྒྲིབ་པ་རྣམ་པར་དག་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་ལོ་ཞེས་བྱ་བ་སྨོས་སོ། །ཉོན་མོངས་པའི་སྒྲིབ་པ་རྣམ་པར ་དག་པ་ནི་ཉོན་མོངས་པའི་སྒྲིབ་པ་སྤངས་པ་སྟེ། ཉོན་མོངས་པའི་སྒྲིབ་པ་རྣམ་པར་དག་པར་བྱ་བའི་ཕྱིར་རམ། ཉོན་མོངས་པའི་སྒྲིབ་པ་རྣམ་པར་དག་པར་བྱེད་བའི་ཡེ་ཤེས་ནི་ཉོན་མོངས་པའི་སྒྲིབ་པ་རྣམ་པར་དག་པའི་ཡེ་ཤེས་ཏེ། ཉོན་མོངས་པའི ་སྒྲིབ་པ་རྣམ་པར་དག་པར་བྱ་བར་དགོས་པ་འམ། དེའི་རྒྱུ་ཞེས་བྱ་བའི་ཐ་ཚིག་གོ་།ཉོན་མོངས་པའི་སྒྲིབ་པ་རྣམ་པར་དག་པའི་ཡེ་ཤེས་དེའི་སྤྱོད་ཡུལ་ཞེས་བྱ་བ་ནི་ཡུལ་ཞེས་པའི་ཐ་ཚིག་གོ་།དེ་བཞིན་དུ་ཤེས་བྱའི་སྒྲིབ་པ་རྣམ་པར་དག ་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་ལ་ཡང་བརྗོད་པར་བྱའོ། །དེ་ལ་ཉོན་མོངས་པའི་སྒྲིབ་པ་ནི་མཐོང་བ་དང་བསྒོམ་པའི་ལམ་གྱི་སྤང་བར་བྱ་བའི་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་ཐམས་ཅད་དོ། །དེ་བས་ན་མཐོང་བ་དང་བསྒོམ་པ་དང་དེ་དང ་ཉེ་བར་སྤྱོད་པའི་ཡེ་ཤེས་ཀྱི་ཡུལ་ནི་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་དེ་ཁོ་ན་གང་ཡིན་པ་སྡུག་བསྔལ་དང། ཀུན་འབྱུང་བ་དང། འགོག་པ་དང་ལམ་རྣམས་ཀྱི་བདེན་པ་ཞེས་བྱ་བ་སྟེ། དེ་ནི་ཉོན་མོངས་པའི་སྒྲིབ་པ་རྣམ་པར་དག་བའི ་ཡེ་ཤེས་ཀྱིས་སྤྱོད་ཡུལ་ལོ། །ཤེས་པར་བྱ་བ་ནི་ཤེས་བྱ་བ་སྟེ། དེ་ནི་མདོར་ན་རིག་པའི་གནས་ལྔ་དག་གོ་།དེ་དག་ནི་ནང་དང། བརྡ་སྤྲོད་པ་དང། གཏན་ཚིགས་དང། གསོ་བ་དང། བཟོ་དང། ལས་ཀྱི་གནས་ཞེས་བྱ་བ་ཐམས་ཅད་དོ། །དེ་ལ་ཡེ་ཤེས ་གེགས་སུ་གྱུར་པ་ཉོན་མོངས་པ་ཅན་མ་ཡིན་པའི་མི་ཤེས་པ་ནི་ཤེས་བྱའི་སྒྲིབ་པའོ། །དེ་རྣམ་པར་སྦྱོང་བ་ནི་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱི་རྗེས་སུ་མཐུན་པའི་མོས་པས་སྤྱོད་པའི་སར་བསྡུས་པ་དང་རབ་ཏུ་དགའ་བ་ལ་སོགས་པ་བཅུ་གཅིག་ཏུ་བསྡུས ་པ་དང། དེའི་རྗེས་ལས་ཐོབ་པའི་ཡེ་ཤེས་ས། །དེ་ཡང་བྱང་ཆུབ་སེམས་དཔའ་དང། དེ་བཞིན་གཤེགས་པའི་ཐུགས་ཀྱི་རྒྱུད་ལ་མངའ་བ་སྟེ། དེ་ནི་ཀུན་ཏུ་འགྲོ་བའི་དོན་ལ་སོགས་པའི་སྒོ་ནས་དེ་བཞིན་ཉིད་ལ་དམིགས་པས་དེའི་ཕྱིར། ཤེས་བྱའི་སྒྲིབ ་པ་རྣམ་པར་དག་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་གྱི་དེ་ཁོ་ན་ནི་དེ་བཞིན་ཉིད་དོ། །འབྲས་བུ་དང་རྒྱུའི་དེ་ཁོ་ན་བཤད་པ་དང། ཕྲ་བའི་དེ་ཁོ་ན་བཤད་པས་རྣམ་པར་དག་པའི་སྤྱོད་ཡུལ་ཀྱང་རྣམ་པ་གཉིས་ཀྱང་བཤད་ཟིན་ན། །འདི་བརྗོད་པ་དོན་མེད་པར་མི་འགྱུར ་རམ་ཞེ་ན། དོན་མེད་པར་མི་འགྱུར་ཏེ། འདི་ལྟར་འབྲས་བུ་དང་རྒྱུའི་དེ་ཁོ་ན་དང་ཕྲ་བའི་དེ་ཁོ་ན་ནི་དངོས་པོ་རྣམ་པར་བཞག་པའི་ཕྱིར་བཤད་དོ། །འདིར་ནི་སྒྲིབ་པ་ཇི་ལྟར་རྣམ་པར་དག་པར་འགྱུར་བ་སྟེ། དེའི་ཕྱིར་དེ་སྐད་བསྟན་ཏོ། །རྣམ་པར་དག ་པའི་སྤྱོད་ཡུལ་འདི་རྣམ་གཉིས་ནི་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་གཅིག་པུས་བརྗོད་དེ། འདིར་རྒྱུ་སྨོས་པ། ངོ་བོ་ཉིད་གཞན་ནི་རྣམ་པར་དག་པའི་ཡེ་ཤེས་རྣམ་པ་གཉིས་ཀྱི་སྤྱོད་ཡུལ་མ་ཡིན་ནོ་ཞེས་བྱ་བའོ། །ཅིའི་ཕྱིར་ཞེ་ན་ཡང་དག་པ་མ ་ཡིན་པ་ཀུན་རྟོག་པ་ནི་གནས་ངན་ལེན་གྱི་དྲི་མ་གཉིས་ཀྱིས་དྲི་མ་ཅན་དུ་གྱུར་པའི་ཕྱིར་རོ། །ཀུན་བརྟགས་པ་ནི་མེད་པའི་ཕྱིར་རོ། །ཡེ་ཤེས་རྣམ་གཉིས་ཀྱི་ཡུལ་ནི་ཆོས་ཉིད་ཡིན་པས། རྣམ་པར་དག་པའི་སྤྱོད་ཡུལ་གྱི་དེ་ཁོ་ན་ནི་ཡོངས་སུ་གྲུབ་པ་ཉིད ་ཀྱིས་རྣམ་པར་བཞག་གོ་།རྣམ་པར་དག་པའི་སྤྱོད་ཡུལ་གྱི་དེ་ཁོ་ན་བཤད་ཟིན་ཏོ། །དེའི་འོག་ཏུ་བསྡུ་བའི་དེ་ཁོ་ན་བརྗོད་དགོས་ཏེ་།དེའི་ཕྱིར་རྩ་བའི་དེ་ཁོ་ན་རྣམ་པ་གསུམ་དུ་བསྡུ་བའི་དེ་ཁོ་ན་ཇི་ལྟར་རིག་པར་བྱ་ཞེན་ཞེས ་དྲིས་པ་དང། རྩ་བའི་དེ་ཁོ་ན་རྣམ་པ་གསུམ་དུ་བསྡུ་བའི་དེ་ཁོ་ན་འདུས་པར་བསྟན་པའི་ཕྱིར། རྒྱུ་དང་རྣམ་པར་རྟོག་པ་དང། །མིང་ནི་རྣམ་པ་གཉིས་སུ་བསྡུ། །ཞེས་རྒྱ་ཆེར་གསུངས་ཏེ། གཞན་གྱི་དབང་དང་ཀུན་བརྟགས་པ་གཉིས་སུ་བསྡུའོ། །དེ ་ལ་བསྡུ་བའི་དེ་ཁོ་ན་ཅི་རིགས་སུ་སྦྱར་རོ། །ཞེས་བྱ་བ་ནི་གར་འོས་པར་རྩ་བའི་དེ་ཁོ་ནར་དངོས་པོ་ལྔ་དག་འདུས་པར་རིག་པར་བྱ་བའི་གོ་རིམས་བཞིན་དུ་ནི་མ་ཡིན་ནོ། །དངོས་པོ་ལྔ་ནི་རྒྱུ་མཚན་དང། མིང་དང་རྣམ་པར་རྟོག་པ་དང། དེ་བཞིན ་ཉིད་དང་ཡང་དག་བའི་ཡེ་ཤེས་ཏེ། ཤེས་པར་བྱ་བ་ཐམས་ཅད་དངོས་པོ་རྣམ་པ་ལྔ་པོ་འདིར་བསྡུ་བའི་ཕྱིར་དངོས་པོ་རྣམ་པ་འདི་ལྔ་ལ་བསྡུ་བའི་དེ་ཁོ་ན་ཞེས་བྱའོ། །ཁ་ཅིག་ན་རེ་དེ་ལ་རྒྱུ་མཚན་ནི་ཀུན་གཞི་རྣམ་པར་ཤེས་པ་དང། ཉོན་མོངས ་བ་ཅན་གྱི་ཡིད་དང། འཇུག་བའི་རྣམ་པར་ཤེས་པ་རྣམས་ཏེ། ཕན་ཚུན་རྒྱུའི་དངོས་པོ་ཡིན་པས་རྒྱུ་མཚན་ནོ། །མིང་ནི་རྒྱུ་མཚན་གང་ཡིན་པ་དེ་ཉིད་བརྗོད་དུ་མེད་ཟིན་ཀྱང་མིག་བརྔ་བཞིན་དུ་གོ་བར་བརྗོད་པའོ། །ཇི་སྐད་དུ་སྨྲས་པའི་རྒྱུ་མཚན ་གྱི་རང་བཞིན་དང་བྱེ་བྲག་ཏུ་རྣམ་པར་རྟོག་པ་ཁམས་གསུམ་པ་དང་ལྡན་པའི་སེམས་དང་སེམས་ལས་བྱུང་བ་ནི་རྣམ་པར་རྟོག་པའོ། །སྟོང་པ་ཉིད་ནི་དེ་བཞིན་ཉིད་དོ། །ཡང་དག་པའི་ཡེ་ཤེས་ནི་འཇིག་རྟེན་ལས་འདས་པ་སྟེ། དེ་བཞིན་ཉིད་ལ ་དམིགས་པའོ། །དེ་དག་གི་གོ་རིམས་ནི་དེ་ལ་ཀུན་ནས་ཉོན་མོངས་པར་གདགས་པའི་དངོས་པོ་ཡིན་པས་ན་དང་པོར་རྒྱུ་མཚན་ནོ། །ཀུན་ནས་ཉོན་མོངས་པ་ཞེས་བཏགས་པའི་ཕྱིར་དེའི་འོག་ཏུ་མིང་དོ། །མིང་ཇི་ལྟ་བ་དེ་བཞིན་དུ་ཀུན་ནས་ཉོན་མོངས ་པར་གདགས་པའི་དངོས་པོ་ལ་རྣམ་པར་རྟོག་པའི་ཕྱིར་དེའི་འོག་ཏུ་རྣམ་པར་རྟོག་པའོ། །ཀུན་ནས་ཉོན་མོངས་པ་དེ་ཡང་དེ་བཞིན་ཉིད་དང་ཡང་དག་པའི་ཡེ་ཤེས་ཀྱིས་འགག་པར་འགྱུར་པས་ན་དེའི་འོག་ཏུ་དེ་བཞིན་ཉིད་དང་ཡང་དག་པའི་ཡེ་ཤེས་སོ་ཞེའོ། ་གཞན་དག་ན་རེ། འཁྲུལ་པའི་རྒྱུ་ནི་འཁྲུལ་པ་སྟེ། དེའི་རྒྱུ་ནི་གནས་ངན་ལེན། །དེ་བས་འཁྲུལ་པ་དེ་ཡི་རྒྱུ། །རང་བཞིན་ཞི་བ་དེ་ཤེས་པ་ཞེས་བྱ་བའི་ཚིགས་སུ་བཅད་པ་འདིས་དངོས་པོ་ལྔའི་དོན་ཏོ་ཞེའོ། །དེ་ལ་ནང་གི་མིག་ལ་སོགས་པའི་རྣམ་པར་ཤེས ་པར་བསྡུས་པ་རྣམས་ཀྱི་འཁྲུལ་པའི་རྒྱུ་ནི་ཕྱི་ནང་གི་གཟུགས་ལ་སོགས་པ་དང་།མིག་ལ་སོགས་པར་བསྡུས་པའི་འཁྲུལ་པའོ། །ཕྱི་ནང་གི་འཁྲུལ་པ་དེ་དག་གི་རྒྱུ་ནི་གནས་ངན་ལེན་ཏེ། དེ་ཡང་ཀུན་གཞི་རྣམ་པར་ཤེས་པའི་བག་ཆགས ་སོ། །བག་ཆགས་དེའི་རྒྱུ་ནི་ཕྱི་ནང་གི་འཁྲུལ་པ་དེ་ཉིད་དོ། །དེ་ལྟ་བས་ན་དེ་ལ་བརྗོད་པ་འཇུག་གོ་།བརྗོད་པའི་དབང་གིས་ཀུན་གཞི་རྣམ་པར་ཤེས་པ་ལ་བག་ཆགས་གནས་སོ། །རང་བཞིན་གྱིས་ཞི་བ་ཞེས་བྱ་བ་ནི་དེ་བཞིན་ཉིད་དེ། རང ་བཞིན་གྱིས་ཀུན་ནས་ཉོན་མོངས་པ་མེད་པའི་ཕྱིར་ཆོས་ཀྱི་དབྱིངས་སོ། །དེ་ཤེས་པ་ཞེས་བྱ་བ་ནི་དེ་བཞིན་ཉིད་ལ་དམིགས་པ་ལམ་ཏུ་གཏོགས་པའི་ཡེ་ཤེས་གང་ཡིན་པའོ། །དེ་ལ་རྒྱུ་དང་རྣམ་པར་རྟོག་པ་གཉིས་ནི་རྒྱུ་དང་རྐྱེན་གྱིས་བསྐྱེད་བའི ་ཕྱིར་གཞན་གྱི་དབང་དུ་བསྡུའོ། །མིང་ནི་ཀུན་བརྟགས་པར་ཞེས་བྱ་བ་ལ་།མིང་ཇི་ལྟ་བ་བཞིན་དུ་དོན་མེད་པས་མིང་ནི་ཀུན་བརྟགས་པར་བསྡུའོ། །དེ་ལྟར་ན་སྐབས་ཡིན་པའི་ཕྱིར་ཀུན་བརྟགས་བར་མིང་བསྡུས་ཀྱི། ངོ་བོ་ཉིད་ཀྱིས་བསྡུས་བ་ནི ་མ་ཡིན་ནོ། །ངོ་བོ་ཉིད་མེད་པར་གྲུབ་པ་ལས་ཀུན་བརྟགས་པའི་ངོ་བོ་ཉིད་ནི་རྒྱུ་ལ་སོགས་པ་དངོས་པོ་ལྔས་མ་བསྡུས་སོ་ཞེས་གང་བཤད་པ་དང་འགལ་བ་མེད་དེ། དེར་ནི་ངོ་བོ་ཉིད་བསྡུ་པར་འདོད་པའི་ཕྱིར་རོ། །ཡང་དག་ཡེ་ཤེས་རབ་ཁོ་ན་ཞེས ་བྱ་བ་ནི། རྟག་ཏུ་འམ་མཛེས་པའི་དེ་ཁོ་ན་སྟེ། དེ་བཞིན་ཉིད་དོ། །སྟོང་པ་ཉིད་ལ་དམིགས་པ་གཉིས་སུ་མེད་པའི་ཡེ་ཤེས་དང། དེའི་རྗེས་ལས་ཐོབ་པ་དག་པ་འཇིག་རྟེན་པ་ནི་ཡང་དག་པའི་ཡེ་ཤེས་སོ། །དེ་བཞིན་ཉིད ་དང་ཡང་དག་པའི་ཡེ་ཤེས་དེ་གཉིས་ཊཱི་གྱུར་བ་མེད་པ་དང། ཕྱིན་ཅི་ལོག་མེད་པའི་ཡོངས་སུ་གྲུབ་པས་གོ་རིམས་བཞིན་དུ་ཡོངས་སུ་གྲུབ་པའི་ཕྱིར་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་གཅིག་པུས་བསྡུས་སོ། །སྡུ་པའི་དེ་ཁོ་ན་བཤད་ཟིན་ཏོ། །རབ ་ཏུ་དབྱེ་བའི་དེ་ཁོ་ན་ལ་རྣམ་པ་དུ་ཡོད་པ་དང། དེ་རྩ་བའི་དེ་ཁོ་ནར་ཇི་ལྟར་བསྡུ་བ་མི་ཤེས་ནས་དེའི་ཕྱིར། རབ་ཏུ་དབྱེ་བའི་དེ་ཁོ་ན་རྩ་བའི་དེ་ཁོ་ནར་ཇི་ལྟར་རིག་པར་བྱ་ཞེ་ན་ཞེས་དྲིས་པ་དང་དེའི་ཕྱིར། རབ་ཏུ་དབྱེ་བའི་དེ་ཁོ་ན་རྣམ་པ། ་བདུན་ཏེ་ཞེས་བྱ་བ་སྨོས་སོ། །གང་ཞེ་ན་དེའི་ཕྱིར། འཇུག་པའི་དེ་ཁོ་ན་དང་མཚན་ཉིད་ཀྱི་དེ་ཁོ་ན་ཞེས་བྱ་བ་རྒྱ་ཆེར་སྨོས་ཏེ། དགོངས་པ་དེས་པ་འགྲེལ་པ་ལས་འཇུག་པའི་དེ་བཞིན་ཉིད་ནས་ཡང་དག་པར་བསྒྲུབ་པའི་དེ་བཞིན་ཉིད ་ཀྱི་བར་དུ་དེ་བཞིན་ཉིད་རྣམ་པ་བདུན་བཀའ་སྩལ་པ་གང་ཡིན་པ་དེ་ཉིད་འདིར་འཇུག་པའི་དེ་ཁོ་ན་ནས། ཡང་དག་པར་སྒྲུབ་པའི་དེ་ཁོ་ནའི་བར་དུ་རབ་ཏུ་དབྱེ་བའི་དེ་ཁོ་ན་རྣམ་པ་བདུན་དུ་བཤད་དོ། །དེ་ལ་འཇུག་པའི་དེ་ཁོ་ན་ནི་གང ་འཁོར་བ་ལ་ཐོག་མ་དང་ཐ་མ་མེད་པའོ། །དེ་ཉིད་འཇུག་པའི་དེ་བཞིན་ཉིད་དེ། འདི་ལྟར་དེ་ནི་ནམ་ཡང་ཐོག་མ་དང་ལྡན་པར་མི་འགྱུར་རོ། །མཚན་ཉིད་ཀྱི་དེ་ཁོ་ན་ནི་གང་ཟག་དང་ཆོས་ལ་བདག་མེད་པ་སྟེ། །ཞན་དུ་མི་འགྱུར་བའི ་ཕྱིར་དེ་ཉིད་མཚན་ཉིད་དེ་བཞིན་ཉིད་དོ། །རྣམ་པར་རིག་པའི་དེ་ཁོ་ན་ནི་ཆོས་རྣམས་ཀྱིས་རྣམ་པར་རིག་པ་ཙམ་ཉིད་དོ། །ཁ་ཅིག་ན་རེ་རྣམ་པར་མི་རྟག་པའི་ཡེ་ཤེས་སམ་རྣམ་པར་རིག་པའི་གནས་འདི་ནི་རྣམ་པར་རིག་པའི་དེ་ཁོ་ནའོ་ཞེའོ ་རྣམ་པར་རིག་པའི་དེ་ཁོ་ན་ནི་གཞན་དུ་འགྱུར་བ་མེད་པའི་ཕྱིར་རྣམ་པར་རིག་པའི་དེ་བཞིན་ཉིད་ཅེས་བྱའོ། །གནས་པའི་དེ་ཁོ་ན་ནི་སྡུག་བསྔལ་གྱི་བདེན་པ་སྟེ། འདུ་བྱེད་རྣམས་སྡུག་བསྔལ་བར་གནས་པའི་ཕྱིར་རོ། །དེ་ཉིད་རྟག་པར་དེ་བཞིན་པས ་ན་དེ་བཞིན་ཉིད་དོ། །ལོག་པར་སྒྲུབ་པའི་དེ་ཁོ་ན་ནི་ཀུན་འབྱུང་བའི་བདེན་པ་སྟེ། དེ་ཡང་གང་འདུ་བྱེད་དེ་དག་ལ་ཡོན་ཏན་དུ་ལྟ་བས་འཇུག་པའི་ཕྱིར་རོ། །རྣམ་པར་དག་པའི་དེ་ཁོ་ན་ནི་ཉོན་མོངས་པའི་སྒྲིབ་པ་རྣམ་པར་དག་པ་སྟེ། དེ་ནི་དེ་བཞིན ་ཉིད་དང་འགོག་པའི་བདེན་པའོ། །ཁ་ཅིག་ན་རེ་གནས་གྱུར་པའི་བདག་ཉིད་འགོག་པའི་བདག་ཉིད་འགོག་པའི་བདེན་པ་ཉིད་དོ་ཞེའོ། །ཡང་དག་པར་སྒྲུབ་པའི་དེ་ཁོ་ན་ནི་ལམ་གྱི་བདེན་པའོ། །གཞན་དག་ན་རེ་རྣམ་པར་རིག་པའི་དེ་ཁོ་ན་ནི་ཚུལ་བཞིན ་དུ་སྦྱོར་བ་སྟེ། ཡང་དག་པར་སྒྲུབ་པའི་དེ་ཁོ་ན་དང། རྣམ་པར་རིག་པའི་དེ་ཁོ་ན་ཡང་ལམ་གྱི་བདེན་པ་ཉིད་དོ་ཞེའོ། །དེ་ཁོ་ན་གསུམ་པོ་འདི་དག་ཀྱང་རྟག་ཏུ་དེ་བཞིན་པས་དེ་བཞིན་ཉིད་ཅེས་བྱ་བར་འགྱུར་རོ། །དེ་ལ་འཇུག་དེ་ཁོ་ན་རྣམ་པ་གཉིས ་རྩ་བའི་དེ་ཁོ་ན་ཀུན་བརྟགས་པ་དང། གཞན་གྱི་དབང་གི་མཚན་ཉིད་དུ་རིག་པར་བྱའོ། །ཞེས་བྱ་བ་དེ་ལ་འཇུག་པ་ནི་ཚེའི་རྒྱུན་ཐོག་མ་མེད་པ་ཅན་ཏེ། དེ་ནི་མེད་པས་ཀུན་བརྟགས་པའི་ངོ་བོ་ཉིད་དོ། །རྒྱུན་དེ་སུ་དག་གི་ཡིན་པ་དེ་དག་ནི་རྒྱུས་རབ ་ཏུ་ཕྱེ་པའི་ཕྱིར་གཞན་གྱི་དབང་གི་ངོ་བོ་ཉིད་དེ། དེ་ལྟར་གང་དག་གིས་ཡིན་པ་དང། འཇུག་པ་གང་ཡིན་པ་དེ་ནི་འཇུག་པའི་དེ་ཁོ་ན་ཞེས་བསྟན་པ་ཡིན་ནོ། །ཡང་ན་ཉོན་མོངས་པ་དང་ལས་དང་ཚེ་རྣམས་ཀྱི་འབྱུང་བ་ཐོག་མ་མེད་པ་ཅན་ནི་འཁོར ་པར་འཇུག་པ་ཞེས་བྱའོ། །དེ་ཡང་ཀུན་བརྟགས་པའི་ངོ་བོ་ཉིད་ལ་མངོན་པར་ཞེན་པས་རབ་ཏུ་ཕྱེ་བ་སྟེ། དེའི་ཕྱིར་འཇུག་དེ་ཁོ་ན་རྣམ་པ་གཉིས། རྩ་བའི་དེ་ཁོ་ན་ཞེས་བྱ་བ་སྨོས་སོ། །དེ་བཞིན་དུ་གནས་པ་དང་ནི་ངན་པར་ཞུགས་ཞེས་བྱ་བ་ལ་ལོག་ ་པར་སྒྲུབ་པ་ནི་ངན་པར་ཞུགས་བའོ། །དེ་བཞིན་དུ་རྩ་པའི་དེ་ཁོ་ན་རྣམ་པ་གཉིས་སུའོ་ཞེས་བྱ་བ་ནི་སྡུག་བསྔལ་དང་ཀུན་འབྱུང་བ་གཉིས་རྒྱུ་དང་རྐྱེན་གྱི་རབ་ཏུ་ཕྱེ་བ་དང། ཀུན་རྟོག་པའི་ཡུལ་ཡིན་པའི་ཕྱིར་གནས་པ ་དང་ལོག་པར་སྒྲུབ་པའི་དེ་ཁོ་ན་རྣམ་པ་གཉིས་སུ་ཕ་སྦུ?་པའོ?། །མཚན་ཉིད་རྣམ་པར་རིག་དང་དག། ཡང་དག་སྒྲུབ་པ་གཅིག་པུའོ་ཞེས་བྱ་བ་ནི་མཚན་ཉིད་ཀྱི་དེ་ཁོ་ན་དང། རྣམ་པར་རིག་པའི་དེ་ཁོ་ན་དང། རྣམ་པར་དག་པའི་དེ་ཁོ་ན་དང། ་ཡང་དག་པར་སྒྲུབ་པའི་དེ་ཁོ་ན་སྟེ། དེ་ཁོ་ན་འདི་བཞི་ནི་རྩ་བའི་དེ་ཁོ་ན་གཅིག་ཁོ་ན་སྟེ། འདི་ལྟར་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་དོ། །དེ་ལ་མཚན་ཉིད་ཀྱི་དེ་ཁོ་ན་དང་རྣམ་པར་དག་པའི་དེ་ཁོ་ན་གཉིས་ནི་གཞན་དུ་འགྱུར་བ་མེད་པ་ཡོངས ་སུ་གྲུབ་པས་ཡོངས་སུ་གྲུབ་པའོ། །རྣམ་པར་དག་པའི་དེ་ཁོ་ན་དང། ཡང་དག་པར་སྒྲུབ་པའི་དེ་ཁོ་ན་གཉིས་ནི་ཕྱིན་ཅི་མ་ལོག་པར་ཡོངས་སུ་གྲུབ་པས་ཡོངས་སུ་གྲུབ་པའོ། །འདི་ལ་འཇུག་པ་དང་གནས་པ་དང། །ལོག་པར་སྒྲུབ་པའི་དེ ་ཁོ་ན་གསུམ་གྱིས་ནི་སེམས་ཅན་རྣམས་མཉམ་པར་བསྟན་ཏོ། །མཚན་ཉིད་དང་རྣམ་པར་རིག་པའི་དེ་ཁོ་ན་གཉིས་ཀྱི་ནི་ཆོས་མཉམ་པའོ། །རྣམ་པར་དག་པའི་དེ་ཁོ་ནས་ནི་བྱང་ཆུབ་མཉམ་པའོ། །ཡང་དག་པར་སྒྲུབ་པའི་དེ་ཁོ་ནས ་ནི་ཤེས་རབ་མཉམ་པར་བསྟན་ཏོ། །སྨྲས་པ་སེམས་ཅན་མཉམ་པར་གསུམ་གྱིས་བརྗོད། །ཆོས་རྣམས་མཉམ་པ་གཉིས་ཀྱིས་ཏེ། །དེ་ལྟར་བྱང་ཆུབ་བློ་མཉམ་པར། །རེ་རེ་རབ་ཏུ་བསྟན་པ་ཡིན། །རབ་ཏུ་དབྱེ་བའི་དེ་ཁོ་ནའི་འོག་ཏུ་མཁས ་པའི་དེ་ཁོ་ན་བཤད་དེ། དེ་བས་ན་དེ་བསྟན་པའི་ཕྱིར། མཁས་དེ་ཁོ་ན་རྣམ་བཅུ་ནི། །བདག་ཏུ་བའི?་གཉེན་པོའོ། །ཞེས་གསུངས་ཞེས་བྱ་བ་སྨོས་སོ། །ཕུང་པོ་ལ་སོགས་པ་ལ་བདག་ཏུ་ལྟ་བ་རྣམ་པ་བཅུ་པོ་དེ ་ཡང་ཇི་ལྟ་བུ་ཡིན་པ་དེ་མི་ཤེས་ནས་།དེའི་ཕྱིར་ཕུང་པོ་ལ་སོགས་པ་ལ་བདག་ཏུ་ལྟ་བ་རྣམ་པ་བཅུ་པོ་དེ་དག་ཇི་ལྟ་ཞེ་ན་ཞེས་དྲིས་པ་དང་དེའི་ཕྱིར། གཅིག་དང་རྒྱུ་དང་ཟ་བ་དང། །བྱེད་པ་དང་ནི་དབང་སྒྱུར་དང། །བདག་པོའི་དོན་དང་རྟག་པ་དང། །ཉོན ་མོངས་པ་དང་དག་པའི་གནས། །རྣལ་འབྱོར་ཅན་དང་མ་གྲོལ་བགྲོལ། །དེ་དག་ལ་ནི་བདག་ཏུ་ལྟ། །ཞེས་བྱ་བ་གསུངས་ཏེ་།ཕུང་པོ་ལ་སོགས་པ་ལ་ཞེས་བྱ་བར་སྦྱར་རོ། །བདག་མེད་པ་ལ་འཛིན་པ་རྣམ་པ་འདི་བཅུ་མི་ཞེས་བྱ་བ་ནི་བདག་མེད་པའི་ཕྱིར ་མེད་པ་ལ་འཛིན་པ་ཞེས་བྱ་བ་སྨོས་སོ། །གལ་ཏེ་བདག་མེད་ན་གཟུང་པའི་གཞན་གྱི་དབང་དུ་གྱུར་པའི་འཛིན་པ་ཇི་ལྟར་ཡུལ་མེད་པ་ལ་འཇུག་ཅེ་ན། འདི་ནི་ཡུལ་མེད་པ་མ་ཡིན་ཏེ། ཕུང་པོ་ལ་སོགས་པ་ལ་འཇུག་གོ། དེའི་ཕྱིར་དེ་དག་གི་གཉེན ་པོར་ཕུང་པོ་ལ་སོགས་པ་ལ་མཁས་པ་རྣམ་པ་བཅུ་བཤད་དོ། །ཇི་ལྟར་ན་ཕུང་པོ་ལ་སོགས་པ་ལ་བདག་ཏུ་འཛིན་གྱི་བདག་ནི་ཡོད་པ་མ་ཡིན་ངེས་ཤེ་ན། འདི་ལྟར་ཕུང་པོ་ལ་སོགས་པ་མི་གཏོག་པར་བདག་ཅེས་བྱ་བ་རིགས་པར་ཡོངས་སུ ་བརྟགས་ན་དམིགས་སུ་མེད་དོ། །བདག་ཏུ་སྨྲ་བ་དག་བདག་གི་བྱ་བ་དང་རང་བཞིན་གང་ཡིན་པ་དེ་དག་ཐམས་ཅད་རྫ?་ཕུང་པོ་ལ་སོགས་པ་ལ་འཇུག་སྟེ། དེའི་ཕྱིར་ཕུང་པོ་ལ་སོགས་པ་ཉིད་བདག་ཏུ་འཛིན་པའི་གཞི་ཡིན་པར་མངོན་ནོ། ། ་བདག་ཏུ་མངོན་པར་ཞེན་པ་རྣམས་ནི་རྣམ་པ་འདི་བཅུས་བདག་ཏུ་འཛིན་པ་འབྱུང་གི་གཞན་དག་གིས་ནི་མ་ཡིན་ཏེ། དེའི་ཕྱིར་ཕུང་པོ་ལ་སོགས་པ་ལ་མཁས་པ་ནི་བདག་ཏུ་འཛིན་པ་ཐམས་ཅད་ཀྱི་གཉེན་པོར་རིག་པར་བྱའོ། །འདི་ལྟ་སྟེ ་གཅིག་པུར་འཛིན་པ་ཞེས་བྱ་བ་ནི་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་དག་ལ་རིལ་པོའི་བདག་ཏུ་འཛིན་པ་སྟེ། དེའི་གཉེན་པོར་ཕུང་པོ་ལ་མཁས་པའོ། །རྒྱུར་འཛིན་པ་ཞེས་བྱ་བ་ནི་མིག་ལ་སོགས་པས་བསྒོ་བའི་ཕྱིར་བདག་ལ་རྒྱུར་འཛིན་པ་སྟེ། ་དེའི་གཉེན་པོར་ཁམས་ལ་མཁས་པའོ། །དེ་བཞིན་དུ་གཞན་དག་ལ་ཡང་མི་མཐུན་པའི་ཕྱོགས་དང་གཉེན་པོ་བརྗོད་པར་བྱའོ། །ཡང་ན་བདག་ཉིད་ལས་ཐམས་ཅད་འབྱུང་ངོ། །སྙམ་པ་འདི་ནི་རྒྱུར་འཛིན་པ་སྟེ། ་ལས་དགེ་བ་དང་མི་དགེ་བ་གང་ཡིན་པ་དེའི་འབྲས་བུ་ཚེ་འདི་ལ་འདོད་པ་དང། མི་འདོད་པའི་རྒྱུ་དག་ཡིན་པར་སེམས་པ་ནི། རྒྱུར་འཛིན་པའོ། །ཟ་བར་འཛིན་པ་ཞེས་བྱ་བ་ནི་སེམས་ཡིན་པའི་ཕྱིར་བདག་ནི་ཟ་བའོ། །གསལ་བ་དང ་མི་གསལ་བ་ནི་སེམས་མེད་པའི་ཕྱིར་བཟའ་བའོ། །ཡང་ན་དགེ་བ་དང་མི་དགེ་བའི་ལས་རྣམས་ཀྱི་བར་དུ་སྐྱེ་པ་གང་ཡིན་པ་དེ་ཉིད་དེའི་འབྲས་བུ་ལ་ཟ་བར་བྱེད་དོ་སྙམ་པ་ནི་ཟ་བར་འཛིན་པའོ། །བྱེད་པར་འཛིན་པ་ཞེས་བྱ་བ་ནི ་ལེགས་པར་བྱས་པ་དང། ཉེས་པར་བྱས་པའི་ལས་རྣམས་བདག་ཉིད་ཀྱིས་བྱེད་པར་འཛིན་པ་གང་ཡིན་པའོ། །ཡང་ན་བྱེད་པ་དང་ལྡན་པ་གང་ཞིག་བྱ་བ་དེ་དང་དེ་དག་བྱེད་པ་ནི་བདག་གོ་ཞེས་བྱེད་པར་འཛིན་པའོ། །རང་དབང་དུ ་འཛིན་པ་ཞེས་བྱ་བ་ནི་རང་དགར་དབང་བྱེད་པ་གང་ཡིན་པ་དེ་ནི་བདག་གོ་།དབང་དུ་བྱ་བ་གང་ཡིན་པ་དེ་ནི་བདག་གོ་ཞེས་བྱ་བར་འཛིན་པ་གང་ཡིན་པའོ། །ཡང་ན་རྒྱུ་དང་འབྲས་བུ་འབྱུང་བ་ལ་དབང་བྱེད་དོ་སྙམ་པ་ནི་རང་དབང ་དུ་འཛིན་པའོ། །བདག་པོར་འཛིན་པ་ཞེས་བྱ་བ་ནི་བདག་པོ་དང་རྗེ་བོ་དང་དབང་ཕྱུག་གང་ཡིན་པ་དེ་ནི་བདག་གོ་སྙམ་དུ་སེམས་པའོ། །ཡང་ན་འབྲས་བུ་དང་མཐུན་པར་དེ་ལ་སྤྱོད་པའི་བདག་པོ་ནི་བདག་གོ་སྙམ་དུ་སེམས་པ་ནི་བདག་པོར ་འཛིན་པའོ། །རྟག་པར་འཛིན་པ་ཞེས་བྱ་བ་ནི་རྒྱུ་ལ་སོགས་པ་དངོས་པོ་རྣམ་པ་ལྔས་རྣམ་པར་མ་དག་ཀྱང་བདག་རྟག་པ་ཁོ་ནའོ། །གཞན་དུ་ན་མ་བྱས་པ་དང་ཕྲད་པ་དང། བྱས་པ་ཆུད་ཟོས་པ་དང། དེ་བཞིན་དུ་དྲན་པ་དང། སོ་སོར ་ངོ་ཤེས་པ་ཡང་མེད་པར་འགྱུར་རོ། །ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བར་འཛིན་པ་ཞེས་བྱ་བ་ནི་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་རྟེན་ཡིན་པའི་ཕྱིར་རོ། །རྣལ་འབྱོར་ཅན་དུ་འཛིན་པ་ཞེས་བྱ་བ་ལ། བདག་ལ་ཡིད་འཛིན་པ་ནི་རྣལ ་འབྱོར་རོ། །ཡང་ན་དབུགས་དང་ཡིད་འགོག་པའོ། །བདག་དང་ཡིད་སྦྱོར་བའི་ཁྱད་པར་ནི་རྣལ་འབྱོར་ཏེ། དེ་ལ་འདི་ཡོད་པ་ནི་རྣལ་འབྱོར་ཅན་ནོ། །མ་གྲོལ་བ་དང་གྲོལ་བ་འཛིན་པ་ཞེས་བྱ་བ་ནི་བདག་སྔར་བཅིངས་པ་ལས་གྲོལ་ལོ་སྙམ་དུ་རྣམ་པར་རྟོག ་པ་གང་ཡིན་པའོ། །མཁས་པ་རྣམ་པ་བཅུ་པོ་འདི་དག་རྩ་བའི་དེ་ཁོ་ནར་ཇི་ལྟར་འདུ་ཤེས་ན་ཞེས་བྱ་བ་ལ། །མཁས་པ་ཞེས་བྱ་བ་ནི་ཕུང་པོ་ལ་སོགས་པ་ལ་མཁས་པ་ཡིན་ན། །དེ་ངོ་བོ་ཉིད་གསུམ་པོ་དག་ཏུ་ཇི་ལྟར་འདུས་ཏེ། མེ་སྲིད་དོ་སྙམ ་ནས་དྲིས་པའོ། །འདི་ལྟར་ངོ་བོ་ཉིད་གསུམ་དུ་ཕུང་པོ་ལ་སོགས་པ་དེ་དག་འདུས་སོ་ཞེས་བྱ་བ་ནི་མཁས་པའི་ཡུལ་ལ་འདིར་མཁས་པ་ཞེས་བྱ་བའི་སྒྲར་བརྗོད་ཀྱི་མཁས་པ་དེ་ཉིད་དུ་མ་ཡིན་ཏེ། དེ་ལྟ་བས་ན་མཁས་པའི་དེ་ཁོ་ན་སྐབས་ཀྱིས་དེར ་བསྡུ་པའི་དངོས་པོ་ནི་མ་ཡིན་པར་རིག་པར་བྱ་སྟེ། འདི་ལྟ་སྟེ་དཔེར་ན་འབྲས་བུ་དང་རྒྱུའི་དེ་ཁོ་ན་ལམ་གྱི་བདེན་པ་གསུམ་དུ་འདུས་པར་བཤད་པ་ལྟ་བུའོ། །དེ་ཉིད་ཇི་ལྟར་འདུས་པའང་མ་ཤེས་ནས། ཇི་ལྟར་འདུས་ཤེས་ན་ཞེས་དྲིས་པ་དང། དེའི ་ཕྱིར་ཀུན་ཏུ་རྟོག་དང་རྣམ་རྟོག་དོན་།ཆོས་ཉིད་དོན་གྱི་དེ་དག་དེར་ཞེས་བྱ་བ་གསུངས་ཏེ་།ངོ་བོ་ཉིད་གསུམ་དུ་ཕུང་པོ་ལ་སོགས་པ་དེ་དག་འདུས་སོ། །ཞེས་བྱ་བའི་སྐབས་ཡིན་ནོ། །དེ་ལ་ཁམས་ལ་སོགས་པ་བས་སྔར་བསྟན་པའི་ཕྱིར་ཕུང་པོ་རྣམས་ཐོག ་མར་བསྡུས་ལ་བཤད་པར་བྱའོ། །དེ་དག་ལས་ཀྱང་གཟུགས་དེ་བསྡུ་བར་བྱ་སྟེ། དེའི་ཕྱིར་གཟུགས་ལ་རྣམ་པ་གསུམ་སྟེ་།གང་ཞེ་ན་ཀུན་བརྟགས་པའི་གཟུགས་དང་རྣམ་པར་བརྟགས་པའི་གཟུགས་དང་།ཆོས་ཉིད་ཀྱི་གཟུགས་སོ།། ་དེ་ལ་ཀུན་བརྟགས་པའི་གཟུགས་གང་ཞེ་ན་།གང་གཟུགས་ཀྱི་ཀུན་བརྟགས་པའི་ངོ་བོ་ཉིད་དོ་ཞེས་བྱ་བ་ནི་དེའང་གང་མིང་དུ་དམིགས་པ་མ་གཏོགས་པར་དེ་ལ་ཡུལ་གྱི་ངོ་བོ་དངོས་པོར་ཡོངས་སུ་རྟོག་པ་སྟེ་།དེ་གཏན ་མེད་པའི་ཕྱིར་ཀུན་བརྟགས་ཞེས་བྱའོ། །རྣམ་པར་བརྟགས་པའི་གཟུགས་ནི་གང་གཟུགས་གཞན་གྱི་དབང་གི་ངོ་བོ་ཉིད་དོ་ཞེས་བྱ་བ་ནི་རྒྱུ་དང་རྐྱེན་ལ་རག་ལས་ཞེས་བྱ་བའི་ཐ་ཚིག་གོ་།ཅིའི་ཕྱིར་འདི་རྣམ་པར་བརྟགས་པའི་གཟུགས་ཞེས ་བྱ་ཞེ་ན་།དེའི་ཕྱིར་དེ་ལ་གཟུགས་སུ་རྣམ་པར་རྟོག་པར་བྱེད་དོ་ཞེས་བྱ་བ་སྨོས་ཏེ། འདི་ལྟར་དེ་ཁོ་ན་མ་མཐོང་བ་རྣམས་ཀྱིས་ཡོངས་སུ་མ་ཤེས་ཏེ། གཟུགས་སུ་སྣང་བའི་རྣམ་པར་ཤེས་པ་ལ་གཟུགས་སུ་འདུ་ཤེས་ནས་གཟུགས་ལ་མངོན་པར ་ཞེན་པར་བྱེད་དེ། དཔེར་ན་ཕུང་པོ་ལ་བདག་དུ་འཛིན་པ་བཞིན་ནོ། །དེ་བས་ན་གཞན་གྱི་དབང་ལ་རྣམ་པར་བརྟགས་པའི་གཟུགས་ཞེས་བྱའོ། །ཆོས་ཉིད་ཀྱི་གཟུགས་ནི་གང་གཟུགས་ཀྱིས་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་དོ་ཞེས་བྱ་བ་ནི་རྣམ་པར་བརྟགS ་པའི་གཟུགས་དང་ཀུན་བརྟགས་པའི་གཟུགས་དེ་དག་དང་བྲལ་བའི་བདག་ཉིད་སྟོང་པ་ཉིད་དོ། །གཟུགས་ཇི་ལྟ་བ་ཞེས་བྱ་བ་ནི་གཟུགས་ལ་གསུམ་དུ་ཕྱེ་སྟེ་ངོ་བོ་ཉིད་གསུམ་དུ་བསྡུས་པ་དེ་བཞིན་དུ་ཚོར་བ་ལ་སོགས་པའི་ཕུང་པོ་རྣམས ་དང། ཁམས་དང་སྐྱེ་མཆེད་ལ་སོགས་པ་ལ་ཡང་སྦྱར་བར་བྱའོ། །ཞེས་བྱ་བ་ནི་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་རྣམས་དང་རྣམ་པར་ཤེས་པའི་ཕུང་པོ་དང། ཁམས་དང་སྐྱེ་མཆེད་རྣམས་དང་།རྟེན་ཅིང་འབྲེལ་པར་འབྱུང་བའི་ཡན ་ལག་རྣམས་དང། གནས་དང་གནས་མ་ཡིན་པ་དང། དབང་པོ་རྣམས་དང། དུས་གསུམ་དང། བདེན་པ་བཞི་དང། འདུས་བྱས་དང། འདུས་མ་བྱས་དང། ཚེར་བ་ལ་སོགས་པ་དང། ཁམས་ལ་སོགས་པ་དེ་དག་ཀྱང་ཀུན་བརྟགས ་པ་དང་།རྣམ་པར་བརྟགས་པ་དང། ཆོས་ཉིད་ཀྱི་ངོ་བོ་ཉིད་ཀྱི་བྱེ་བྲག་གིས་རྣམ་པ་གསུམ་གསུམ་དུ་ཕྱེ་སྟེ། ངོ་བོ་ཉིད་གསུམ་དུ་སྡུ་བར་བྱའོ། །དེ་ལ་གཟུགས་སུ་སྣང་བ་རྣམས་ལ་གཟུང་བའི་དངོས་པོར་རྟོག་པ་བཞིན་དུ་ཚོར་བ་ལ་སོགས་པར ་སྣང་བདེ་ལ་།གཟུང་བ་དང་འཛིན་པའི་དངོས་པོ་གཏན་མེད་པ་བཞིན་དུ་ཡང་ཀུན་རྟོག་པ་གང་ཡིན་པ་དེ་ཀུན་བརྟགས་པའི་ཚོར་བ་ནས་ཀུན་བརྟགས་པའི་རྣམ་པར་ཤེས་པའི་བར་དུའོ། །གང་ལ་གཟུང་བ་དང་འཛིན་པར་རྟོག་པར་བྱེད་པ་དེ་ནི་རྣམ ་བར་བརྟགས་པའི་ཚོར་བ་ནས་རྣམ་པར་བརྟགས་པའི་རྣམ་པར་ཤེས་པའི་བར་དུའོ། །ཆོས་ཉིད་ཀྱི་ཚོར་བ་ནི་གང་ཚོར་བའི་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་དེ། ཆོས་ཉིད་ཀྱི་རྣམ་པར་ཤེས་པའི་བར་དུ་དེ་བཞིན་དུ་བརྗོད་པར་བྱའོ། །དེ་གཅིག་ཏུ་ཁམས ་དང་སྐྱེ་མཆེད་རྣམས་ལ་ཡང་ཅི་རིགས་པར་རྒྱས་པར་བརྗོད་པར་བྱའོ། །གཟུགས་དང་ཚོར་བ་ནས་འདུས་བྱས་དང་འདུས་མ་བྱས་ཞེས་བྱ་བའི་བར་དུ་མིང་གིས་བརྗོད་པར་བྱ་བའི་དངོས་པོ་གང་ཡིན་པ་དེ་ཡང་ཀུན་བརྟགས་པ་དང་གཞན་གྱི་དབང་དང། ་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་དུ་རིག་པར་བྱའོ། ཇི་ལྟ་ཞེ་ན། དེ་ལ་གཟུགས་ལ་སོགས་བའི་ངོ་བོ་ཉིད་དུ་བརྟགS་པའི་ཕྱིར་ཀུན་བརྟགས་པའོ། །གདགS་པའི་གནས་ཀྱི་དངོས་པོ་ཡིན་པས་གཞན་གྱི་དབང་སྟེ། དེ་ཉིད་རྐྱེན་གཞན་རག་ལས་པའི་ཕྱིར ་རོ། །གཟུགས་ལ་སོགས་པའི་དངོས་པོ་རང་གཏན་བྲལ་བ་ཉིད་ཡོངས་སུ་གྲུབ་པའོ། །གཞན་གྱི་དབང་ཉིད་གཟུགས་ལ་སོགས་པའི་དངོས་པོར་མིང་དུ་བརྗོད་ཀྱི་ཀུན་བརྟགས་པའི་ནི་མ་ཡིན་ན། ཀུན་བརྟགS་པར་རྣམ་པར་རྟོག་པ་དོན་མེད་པ་ཉིད་དུ་མི ་འགྱུར་རམ་ཞེ་ན་།དོན་མེད་པ་མ་ཡིན་ཏེ། དེ་ལ་གཟུགས་ལ་སོགས་པའི་ངོ་བོ་ཉིད་དུ་སྒྲོ་བཏགས་པའི་ཕྱིར་རོ། །ཇི་ལྟ་ཇི་ལྟ་བུར་དོན་ལ་མིང་འཇུག་པ་དེ་ལྟ་དེ་ལྟ་བུར་མེད་མོད་ཀྱི་བྱིས་པ་རྣམས་དེའི་ངོ་བོ་ཉིད་དུ་མངོན་པར་ཞེན་ཏོ། །དེའང་ལོག་པར ་ཞེན་པ་ཡིན་གྱི་ཡང་ཡང་དག་པའི་དོན་དུ་མ་ཡིན་པར་ཅི་མངོན་ཞེན་།མཐུན་ནམ་མི་མཐུན་ཡང་རུང་སྟེ་མིང་དང་དོན་གཉིས་ཀྱིས་བརྗོད་པར་བྱ་བ་དང། བརྗོད་པའི་དངོས་པོ་ལྡོག་པའི་ཕྱིར་རོ། །གལ་ཏེ་ཤིང་ལ་སོགས ་པའི་སྒྲ་དང་དེ་དག་གི་དོན་རྣམས་ཐ་དད་པའི་རོ་པོ་མ་ཡིན་དུ་ཟིན་ན། དེ་ལྟ་ན་ནི་མིང་དང་དེ་དག་གི་དོན་གྱི་ངོ་བོ་ཐ་མི་དད་པའི་ཕྱིར་དོན་བཞིན་དུ་བརྗོད་པ་ལྡོག་པར་འགྱུར་རོ། །དོན་ཀྱང་མིང་གི་ངོ་བོ་དང་ཐ་མི་དང་ན་བརྗོད་པར་བྱ་བ་ལས་ཉམས་པར ་འགྱུར་ཏེ་ངེས་པའི་རྒྱུ་མེད་པའི་ཕྱིར་རོ། །ཡང་ན་མིང་གིས་བརྗོད་པ་ཡང་གཞན་ལ་དོན་གྱི་བརྗོད་པར་བྱ་བ་ཡང་གཞན་དུ་འགྱུར་པས་ཐུག་པ་མེད་པར་འགྱུར་རོ། །དོན་གཅིག་ལ་མིང་མང་པོ་འམ་།མིང་གཅིག་ལ་ཡང་དོན་མང་པོར་གྱུར་ན་དུ་མའི་ངོ་བོར ་འགྱུར་ཏེ། གཅིག་ནི་དུ་མའི་ངོ་བོར་མི་རུང་ངོ། །དངོས་པོ་མེད་པའི་བརྗོད་པ་དག་ཀྱང་དོན་བཞིན་དུ་མེད་པར་འགྱུར་ཏེ། དེའི་དོན་དངོས་པོ་མེད་པའི་ཕྱིར་རོ། །ཡང་ན་མིང་ཡོད་པའི་ཕྱིར་དེའི་དོན་ཀྱང་ཡོད་པར་འགྱུར་རོ། །མི་མཐུན་པ་ཡང་སྒྲ་དང་མཐུན ་པར་དོན་ཤེས་པ་མེད་དེ། དེ་ལ་ཤིང་ནི་སྒྲ་ཉིད་དེ་དོན་ནི་མ་ཡིན་ནོ། །དོན་ནི་ཤིང་ཡང་མ་ཡིན་ཤིང་མ་ཡིན་པའང་མ་ཡིན་ནོ། །དོའི?་ཕྱིར་ཤིང་གི་སྒྲའི་དོན་ནི་ཤིང་ཤེས་པའི་ཡུལ་དུ་མི་འགྱུར་ཏེ། དེའི་དོན་ནི་ཤིང་གི་བདག་ཉིད་མ་ཡིན་པའི་ཕྱིར ་རོ། །དེ་ལྟར་སྒྲ་དང་དོན་གཉིས་རྗོད་པ་དང་བརྗོད་པར་བྱ་བའི་དངོས་པོ་ལས་ལྡོག་གོ་།མི་མཐུན་ན་ཡང་ངེས་པའི་རྒྱུ་མེད་པའི་ཕྱིར་བརྗོད་པ་དང། བརྗོད་པར་བྱ་བ་ངེས་པ་མེད་པར་འགྱུར་རོ། །མིང་གིས་དོན་བསྐྱེད་དམ་གསལ་བར་བྱེད་གྲང་ན ་དེ་ལ་སྐྱེད་པར་བྱེད་པ་ནི་མ་ཡིན་ཏེ་།སྐྱེས་ཟིན་པའི་དོན་ལ་མིང་འདོགས་པའི་ཕྱིར་རོ། །ཡང་དང་ཡང་མིང་འོད?་གས་པས་སྐྱེས་ཟིན་པ་ཡང་ཡང་དང་ཡང་བསྐྱེད་དགོས་པར་ཐལ་བར་ཡང་འགྱུར་རོ། །གསལ་བར་བྱེད་པ་ཡང་མ་ཡིན་ཏེ། ་འདི་ལྟར་དོན་རྟོགས་ནས་མིང་འདོགས་ན་རྟོགS་ཟིན་པ་ལ་ནི་གསལ་བར་བྱ་བ་མི་རིགས་སོ། །མིང་དེ་ཉིད་ཀྱིས་དོན་ཉིད་ཡིན་པར་སུ་དེ་མི་ཤེས་པ་གཞན་དག་གིས་ནི་མི་རྟོགས་སོ། །དེ་ཉིད་དོན་དེ་ཉིད་གསལ་བར་བྱེད་པ་ཡང་ཡིན། གསལ་བར་མི་བྱེད་པ་ཡང་ཡིན ་ཞེས་བྱ་བར་ནི་མི་རུང་སྟེ། གསལ་བར་བྱེད་སྒྲོན་མ་ལ་སོགས་པ་དག་ནི་གསལ་བར་བྱ་བའི་དོན་ཤེས་པ་ལ་བལྟོས་ནས་གསལ་བར་བྱེད་པ་མ་ཡིན་ནོ། །གསལ་བར་བྱ་བ་བུམ་པ་དང་སྣམ་བུ་ལ་སོགས་པ་ལ་གསལ་བར་བྱེད་པ་དེས་པ་ཡང་མ་མཐོང ་བས་དོན་ཐམས་ཅད་ལ་མིང་ཐམས་ཅད་ཀྱིས་གསལ་བར་བྱེད་པར་འགྱུར་དུ་འོང་ངོ། །དྲི་ལ་སོགས་པས་ངེས་པ་མེད་པ་ཡང་མ་ཡིན་ཏེ། འདི་ལྟར་སྟེའུ་དང་ཆུ་སོགས་པ་ནི་དྲིལ་སོགས་པ་སྐྱེད་པ་པོར་འདོད་ཀྱི་གསལ་བར་བྱེད་པ་ནི་མ་ཡིན་ནོ། ་དེ་བས་ན་རྗོད་པ་དང་བརྗོད་པར་བྱ་བ་ལ་མངོན་པར་ཞེན་པ་བཞིན་དུ་དོན་མེད་པ་ཉིད་དུ་མངོན་ནོ། །དེ་ལྟར་ན་ངོ་བོ་ཉིད་གསུམ་དུ་ཕུང་པོ་ལ་སོགས་པ་འདུས་པའི་ཕྱིར་མཁས་པའི་དེ་ཁོ་ན་རྣམ་པ་བཅུ་ནི་རྩ་བའི་དེ་ཁོ་ན་ཉིད་དུ་བལྟའོ། །བདག་ཏུ ་ལྟ་བའི་གཉེན་པོར་ཕུང་པོ་ལ་སོགས་པའི་དོན་ནི་བཤད་དེ། དོན་གང་ལ་ཕུང་པོ་ལ་སོགས་པ་ལ་མཁས་པའི་མི་མཐུན་པའི་ཕྱོགས་བདག་ཏུ་ལྟ་བ་ཕུང་པོ་ལ་སོགས་དོན་ནི་མ་བཤད་པས་དེ་ད?་བརྗོད་པར་བྱ་སྟེ། ཐོག་མར་དུ་མ་ཉིད་དང་ནི། །བསྡུས ་དང་ཡོངས་སུ་ཕྱེ་བའི་དོན་ཅེས་བྱ་བ་སྨྲས་སོ། །ཐོག་མར་ཞེས་བྱ་བ་ནི་དང་པོར་བརྗོད་དོ་ཞེས་བྱ་བར་སྦྱར་རོ། །དེ་ལ་ཐོག་མ་ཁོ་ནར་ཕུང་པོ་བཤད་དེ། དེ་དག་ཀྱང་དོན་ནམ་པ་གསུམ་དུ་རིག་པར་བྱ་སྟེ། དུ་མའི་དོན་ནི་གཟུགས་གང་ཅིའང་རུང་སྟེ། ་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བ་འམ་ནང་གི་འམ་ཕྱིའི་མར་གS?་པའམ་ཕྲ་བ་འམ་ངན་པ་འམ་གྱ་ནོམ་པ་འམ་རྒྱང་རིང་པོ་འམ་ཐག་ཉེ་བ་དེ་ལྟ་བུ་དག་ནི་དུ་མའི་དོན་ཏེ་།འདས་པ་ལ་སོགས་པའི་རྫས་མང་པོ་དག་ལ་ཕུང་པོ་ཞེས་བརྗོད་པའི ་ཕྱིར་རོ། །བསྡུས་པའི་དོན་ནི་ཕུང་པོ་སྟེ། བསྡུས་ན་གཅིག་ཏུ་བྱས་པའོ། །ཡོངས་སུ་ཕྱེ་བའི་དོན་ཡང་ཕུང་པོ་ཞེས་བྱ་བ་དང་སྦྱར་ཏེ། ཀྱང་ཞེས་བྱ་བའི་སྒྲ་ནི་དུ་མའི་དོན་དང་བསྡུས་པའི་དོན་གཉིས་ཀྱང་བསྡུ་བའི ་དོན་ཏོ། །འདིར་རྒྱུ་སྨོས་པ། གཟུགས་ཀྱི་མཆན་ཉིད་ཀྱིས་ཕུང་པོ་ནི་ཚོར་བ་ལ་སོགས་པའི་མཚན་ཉིད་ལས་ཐ་དད་དུ་རྣམ་པར་བཞག་པའི་ཕྱིར་རོ། །ཞེས་བྱ་བའོ། །ཐ་དད་པ་ཡང་ཡོངས་སུ་ཕྱེ་བ་ནི་རྣམ་གྲངས་སུ་གཏོགས་པའོ། ། ་འདིར་ཅིའི་ཕྱིར་ན་ཡན་ལག་འདི་གསུམ་གྱི་ཕུང་པོའི་དོན་རྣམ་པར་བཞག་ཅེ་ན། ཕུང་པོའི་དོན་ནི་སྤུངས་པའི་དོན་ཏེ་ཞེས་བྱ་བས་ན་དེའི་ཕྱིར་དེ་ལྟར་རྣམ་པར་བཞག་སྟེ་།འཇིག་རྟེན་ན་ཡང་མཐོང་བའི་ཕྱིར་རོ། །དེ་ལྟར་འཇིག་རྟེན ་ན་ཡང་དུ་མ་དང་བསྡུས་པ་དང་ཡོངས་སུ་ཕྱེ་བ་གང་ཡིན་པ་དེ་དག་ནི་སྤུངས་པ་ཞེས་བརྗོད་པར་མཐོང་ངོ། །གཟུགས་ཀྱི་ཕུང་པོ་ཇི་ལྟ་བ་དེ་བཞིན་དུ་ཚོར་བའི་ཕུང་པོ་ལ་སོགས་པ་ཡང་རིག་པར་བྱའོ། །དེ་ལ་ཇི་ལྟར་བྱུང་པ་གང་ཡིན་པ་དང ་འབྱུང་བར་འགྱུར་བ་གང་ཡིན་པ་ལ་སོགས་པ་འདི་དག་ཐམས་ཅད་ནི་སྐྱེས་བུ་ཡིན་ནོ་ཞེས་བདག་གཅིག་པུར་འཛིན་པ་གང་ཡིན་པ་དེའི་གཉེན་པོར་ཇི་ནས་ཕུང་པོའི་དོན་ལ་མཁས་པར་བྱ་བ་བཤད་དེ་།ཇི་ལྟ་ཞེ་ན། འདས་པ་ལ་སོགས ་པ་ཐ་དད་པའི་གཟུགས་ལ་སོགས་པར་གཅིག་ཏུ་བསྡུས་པ་རྣམས་ལ་གཟུགས་ལ་སོགས་པའི་ཕུང་པོར་གདགས་པའི་ཕྱིར་རོ། །དེ་ཡང་རྨོངས་པ་རྣམས་གསུམ་གྱི་གཉེན་པོར་ཕུང་པོ་རྣམ་གསུམ་བཞག་སྟེ། རྨོངས་པ་རྣམ ་པ་གསུམ་ནི་གཅིག་ཏུ་རྨོངས་པ་དང། བཟླུམ་པ་ལ་རྨོངས་པ་དང། མཚན་ཉིད་འདྲེས་པ་ལ་རྨོངས་པའོ། །ཕུང་པོའི་འོག་ཏུ་ཁམས་རྣམས་བསྟན་ཏེ། དེ་བས་ན་ཕུང་པོའི་དོན་གྱི་འོག་ཏུ་ཁམས་ཀྱི་དོན་གསུངས་པ། འཛིན་དང ་གཟུང་དང་དེ་འཛིན་པ། །ས་བོན་དོན་དེ་གཞན་དུ་འདོད་ཅེས་བྱ་བའོ། །གཞན་ཞེས་བྱ་བའི་སྒྲ་ནི་ཁམས?་ཉིད་དང་སྦྱར་ཏེ་ཕུང་པོའི་འོག་ཏུ་བསྟན་པའི་ཕྱིར་རོ། །དེའི་ཕྱིར་བཤད་པ་བྱེད་པས་ཀྱང། གཞན་གང་ཞེ་ན། ཁམས་སོ་ཞེས་བྱ་བ་སྨོས་སོ། །ས ་བོན་གྱི་དོན་ནི་ཁམས་ཀྱི་དོན་ཏེ་།དཔེར་ན་གསེར་ཡོད་པའི་གསེར་གྱི་ཁམས་ཞེས་བྱ་བ་སྟེ། གསེར་གྱི་ས་བོན་ཞེས་བྱ་བར་མངོན་པ་ལྟ་བུའོ། །དེ་ཡང་འབྲས་བུ་ཐ་དད་པས་རྣམ་པ་གསུམ་དུ་དབྱེ་བ་སྟེ། འཛིན་པའི་ཁམས་དང་གཟུང་བའི་ཁམས ་དང་?་།དེ་འཛིན་པའི་ཁམས་སོ། །དེ་ལ་འཛིན་པའི་ས་བོན་གྱི་དོན་ནི་མིག་གི་ཁམས་ལ་སོགས་པ་སྟེ། གང་དག་མིག་གི་ཁམས་ནས་ཡིད་ཀྱི་ཁམས་ལ་ཐུག་གི་བར་གྱི་ཁམས་དེ་དག་མིག་གི་ཁམས་ལ་སོགས་པའོ། །དེ་དག་ཀྱང་གཟུགས ་ལ་སོགས་པ་ཡུལ་འཛིན་པའི་གནས་སུ་གྱུར་པའི་ཕྱིར་འཛིན་པ་དག་གོ། །རིགས་མཐུན་པའི་མིག་ལ་སོགས་པ་དག་ནི་རྒྱུ་ཡིན་པའི་ཕྱིར་ཁམས་རྣམས་ཞེས་བྱའོ། །གཟུང་བའི་ས་བོན་གྱི་དོན་གཟུགས་ཀྱི་ཁམས་ལ་སོགས་པ་ནས་ཆོས་ཀྱི་ཁམས་ལ ་ཐུག་གི་བར་དག་གོ་།མིག་ལ་སོགས་པའི་རྣམ་པར་ཤེས་པའི་ཡུལ་ཡིན་པའི་ཕྱིར་གཟུང་བ་དག་གོ་།དེ་དག་ཀྱང་དེ་བཞིན་དུ་གཟུགས་ལ་སོགས་པ་མཚུངས་པ་རྣམས་ཀྱི་རྒྱུའི་དངོས་པོ་ཡིན་པས་ཁམས་རྣམས་ཞེས་བྱའོ། །དེ་འཛིན་པའི ་ས་བོན་གྱི་དོན་ནི་མིག་གི་རྣམ་པར་ཤེས་པའི་ཁམས་ལ་སོགས་པ་སྟེ། གཟུགས་ལ་སོགས་པ་ལ་ཤེས་པའི་ངོ་བོ་ཉིད་ཡིན་པས་གཟུགས་ལ་སོགས་པ་ལ་འཛིན་པ་མིག་གི་རྣམ་པར་ཤེས་པ་ཡིན་གྱི་རྣམ་པར་ཤེས་པ་ལ་ཐུག་གི་བར་དག་གོ། ་དེ་དག་ཀྱང་མིག་གི་རྣམ་པར་ཤེས་པ་ལ་སོགས་པ་མཚུངས་པ་ནམས་ཀྱི་རྒྱུར་གྱུར་པའི་ཕྱིར་ཁམས་རྣམས་ཞེས་བྱ་སྟེ། མིག་གི་རྣམ་པར་ཤེས་པའི་ཁམས་ནས་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཀྱི་བར་དག་གོ། ཁ་ཅིག་ན་རེ་མིག་ལ་སོགས ་པ་ལ་མངོན་པར་ཞེན་པའི་ལས་ཀྱི་བག་ཆགས་བསྒོས་པའི་ཀུན་གཞི་རྣམ་པར་ཤེས་པ་ནི་མིག་ལ་སོགས་པའི་ས་བོན་ཏེ་གོ་རིམས་བཞིན་ནོ། །དེ་བཞིན་དུ་གཟུགས་ལ་སོགས་པ་ལ་མངོན་པར་ཞེན་པའི་ལས་ཀྱི་བག ་ཆགས་བསྒོས་པའི་ཀུན་གཞི་རྣམ་པར་ཤེས་པ་ནི་གཟུགས་ལ་སོགས་པའི་ས་བོན་ཏེ་གོ་རིམས་བཞིན་ནོ། །དེ་བཞིན་དུ་མིག་ལ་སོགས་པའི་རྣམ་པར་ཤེས་པ་ལ་མངོན་པར་ཞེན་པའི་ལས་ཀྱི་བག་ཆགས་བསྒོས་པའི་ཀུན་གཞི་རྣམ་པར ་ཤེས་པ་ནི་མིག་གི་རྣམ་པར་ཤེས་པའི་ས་བོན་ཏེ་གོ་རིམས་བཞིན་ནོ། །དེ་ལྟར་ན་ཀུན་གཞི་རྣམ་པར་ཤེས་པ་ཉིད་ལ་ཁམས་ཞེས་བྱ་བའི་སྒྲར་བརྗོད་ཀྱི། མིག་ལ་སོགས་པ་ལ་ནི་མི་བྱའོ་ཞེས་ཏེ་།འདི་ནི་བསམ་དགོས་པའོ། །བྱེད་པ་དང ་བྱ་བ་དང། ལས་རྣམས་ལ་རྨོངས་པ་ལྡོག་པར་བྱ་བའི་ཕྱིར་ས་བོན་གྱི་དོན་རྣམ་པ་གསུམ་ལ་ཁམས་རྣམ་པར་བཞག་གོ་།འདི་ལ་མིག་ལ་སོགས་པ་སྔ་མ་ནི་མིག་ལ་སོགས་པ་ཕྱི་མ་བདག་གི་རྒྱུར་གྱུར་པ་ཡིན་གྱི། འདི་ལ་རྒྱུ་བདག ་ཅེས་བྱ་བ་གཞན་གང་གང་ཡང་མེད་དོ། །དེ་ལྟར་ན་ཁམས་ལ་མཁས་ན་བདག་ལ་རྒྱུར་འཛིན་པ་ལྡོག་པར་འགྱུར་རོ། །ཁམས་ཀྱི་དོན་གྱི་འོག་ཏུ་སྐྱེ་མཆེད་རྣམས་ཀྱི་དོན་བརྗོད་པར་བྱ་སྟེ། དེའི་ཕྱིར་ཚོར་དང་དོན་རྣམས་ཡོངས་སྤྱོད་ཀྱི། ཉེར ་སྤྱོད་འབྱུང་སྒོ་གཞན་ཡིན་ནོ་ཞེས་བྱ་བ་གསུངས་སོ། ཁམས་རྣམས་ལས་གཞན་པ་ནི་སྐྱེ་མཆེད་དང་རྟེན་ཅིང་འབྲེལ་པར་འབྱུང་པ་ལ་སོགས་པ་མང་ཞིག་ཀྱང་ཡོད་ལ། གཞན་ཞེས་བྱ་བའི་སྒྲིན་སྦྱིར་བརྗོད་པའི་ཕྱིར། གཞན་གང་ཡིན ་ཞེས་དྲིས་པ། ཁམས་རྣམས་ཀྱི་འོག་ཏུ་བཤད་པའི་ཕྱིར་དོན་གྱིས་ན་སྐྱེ་མཆེད་རྣམས་ལ་གཞན་ཞེས་བྱ་བའི་སྒྲ་འདི་གནས་པར་བསྟན་པའི་ཕྱིར། སྐྱེ་མཆེད་དོ་ཞེས་བྱ་བ་སྨོས་སོ། །དེ་ལ་ནང་གི་སྐྱེ་མཆེད་དྲུག་པོ་དག་ནི་ཚོར་བའི ་ཉེ་བར་སྤྱོད་པ་སྐྱེ་བའི་སྒོའི་ཕྱིར་རོ། །ཕྱིའི་དྲུག་པོ་དག་ནི་དོན་ཡོངས་སུ་སྤྱོད་པའི་ཉེ་བར་སྤྱོད་པ་སྐྱེ་བའི་སྒོའི་ཕྱིར་རོ་ཞེས་བྱ་བ་ལ་སོགས་པ་ལ། སྐྱེ་བའི་སྒོའི་དོན་ནི་སྐྱེ་མཆེད་ཀྱི་དོན་ཏོ། །སྐྱེ་བ་ནི་འབྱུང་བ་སྟེ། ཚོར་བ་དང་དོན་ཡོངས་སུ་གཅོད་པའི་ཉེ་བར ་སྤྱོད་པ་གཉིས་ཀྱི་སྐྱེ་བ་དེ་མཆེད་པར་བྱེད་བས་སྐྱེ་མཆེད་དོ། །ཚོར་བ་དང་འདུ་ཤེས་ཀྱི་ཉེ་བར་སྤྱོད་པ་སྐྱེ་བའི་སྒོའི་བྱེ་བྲག་གིས་ཕྱི་དང་ནང་དུ་དབྱེ་སྟེ། ཚོར་བ་ནི་བདེ་བ་དང་སྡུག་བསྔལ་དང། བདེ་བ་ཡང་མ་ཡིན་སྡུག་བསྔལ་ཡང་མ་ཡིན་པའོ། ། ་དེ་ཉིད་ཉེ་བར་སྤྱོད་པས་ན་ཉེ་པར་སྤྱོད་པ་སྟེ། མྱང་བ་ཞེས་བྱ་བའི་ཐ་ཚིག་གོ་།ནང་གི་སྐྱེ་མཆེད་རྣམས་ནི་ཚོར་བའི་ཉེ་བར་སྤྱོད་པ་དེ་སྐྱེ་བའི་སྒོར་བཤད་དོ། །ཡུལ་རྣམས་ཀྱང་དེ་སྐྱེ་བའི་སྒོ་ཡིན་མོད་ཀྱི་གནས་མིག་ལ་སོགས་པ་ནི་ཕན་འདོགས ་པ་དང་།གནོད་པ་བྱེད་པ་དང་།དེ་ལ་ཡང་རབ་ཏུ་ཤེས་པ་དང། ཐུན་མོང་མ་ཡིན་པས་གནས་སུ་གྱུར་པའི་ཕྱིར་མིག་ལ་སོགས་བ་ཡོད་ན་དེའི་སྒོ་ནས་ཚོར་བ་ལས་སྤྱོད་བར་འགྱུར་གྱི། མེད་ན་ནི་མ་ཡིན་པའི་ཕྱིར་རོ། །དོན་ཡོངས་སུ་སྤྱོད་པ་ནི ་འདུ་ཤེས་ཏེ། དོན་ལ་མཚན་མར་འཛིན་པའི་བདག་ཉིད་ཀྱི་ཕྱིར་རོ། །དེ་ཉིད་དོན་རྟོགས་པའི་བདག་ཉིད་ཡིན་པས་ཡུལ་རྣམས་ལ་ཉེ་བར་སྤྱོད་དོ། །དེ་སྐྱེ་བའི་དངོས་པོའི་སྒོ་ཡིན་པས་ན་ཕྱི་རོལ་གྱི་སྐྱེ་མཆེད་རྣམས་བཤད་ཀྱི། ནང་གི་རྣམས ་ནི་མ་ཡིན་ཏེ། སྐྱེ་བའི་སྒོ་ཡིན་དུ་ཟིན་ཀྱང་འདི་ལྟར་ཡུལ་གྱི་དངོས་པོ་མེད་ན་ནང་གི་མིག་ལ་སོགས་པའི་སྐྱེ་མཆེད་ཡོད་ཀྱང་དོན་ཡོངས་སུ་གཅོད་པ་ལ་ཉེ་བར་སྤྱོད་པ་མེད་པར་འགྱུར་རོ། །ཚོར་བ་དང་དོན་ཡོངས་སུ་གཅོད་པ་མཚུངས་པར ་ལྡན་པ་དང་བཅས་པ་དག་སྐྱེ་བའི་སྒོའི་དངོས་པོ་ཡིན་པའི་ཕྱིར་སྐྱེ་མཆེད་འདི་དག་རིག་པར་བྱ་སྟེ། གཙོ་བོར་ནི་གཉིས་གཟུང་ངོ། །གཙོ་བོར་གཟུང་བ་ནི་ལས་ཀྱི་འབྲས་བུ་ལ་སྤྱོད་པ་དང། དོན་ཡོངས་སུ་གཅོད་པའི་བདག་ཉིད་ཡིན་པའི། ་ཕྱིར་རོ། །ཚོར་བ་དང་དོན་ཡོངས་སུ་གཅོད་པ་ལ་ཉེ་བར་སྤྱོད་པའི་སྒོ་ནས་ཟ་བ་པོར་རྣམ་པར་རྟོག་པ་འབྱུང་སྟེ། དེའི་ཕྱིར་དོན་གཉིས་ཀྱིས་སྐྱེ་མཆེད་རྣམ་པར་བཞག་པ་བྱས་སོ། །དེ་ལྟར་སྐྱེ་མཆེད་ལ་མཁས་པ་ཟ་བ་པོ་ནི ་ནང་གི་སྐྱེ་མཆེད་རྣམས་ཡིན་ལ་།བཟའ་བར་བྱ་བ་ནི་ཕྱིའི་རྣམས་ཡིན་ཏེ་།ཟབ་པོའི་བདག་མེད་དོ་སྙམ་ནས་བདག་ཟ་བ་པོར་འཛིན་པ་ལྡོག་པར་འགྱུར་རོ། །མིག་ལ་སོགས་པའི་སྐྱེ་མཆེད་ལ་ཕན་པ་དང། གནོད་པའི་ཕྱིར་དེའི ་གནས་ཉིད་ཟ་བ་པོར་ཐ་སྙད་བརྟགས་སོ། །གང་བཤད་པ་དེ་མི་རིགས་ཏེ་།གཟུགས་བཀག་པའི་ཕྱིར་བདག་བཞིན་དུ་མིག་ལ་སོགས་པའི་སྐྱེ་མཆེད་རྣམས་ཀྱང་མེད་པའི་ཕྱིར་རོ་ཞེ་ན་།འདི་ནི་ཀླན་ཀར་མི་རུང་སྟེ། འདི་ལྟར་ཀུན་བརྟགS ་པའི་གཟུགས་ཁོ་ན་འདིར་དགག་པར་བྱའི། རྣམ་པར་བརྟགས་པའི་གཟུགས་ནི་མ་ཡིན་ནོ། །དེ་ལ་མིག་ལ་སོགས་པར་སྤྲོས་པས་བསྒོས་པའི་ལས་ཀྱིས་འཕངས་པས་ཀུན་གཞི་རྣམ་པར་ཤེས་པ་འགྱུར་བའི་ཁྱད་པར་རྙེད་པ་ནི་ནང་གི ་སྐྱེ་མཆེད་དོ། །རྒྱུ་དེ་ལས་བྱུང་བ་འཇུག་པའི་རྣམ་པར་ཤེས་པ་ལ་གཟུགས་ལ་སོགས་པར་སྣང་བ་ནི་ཕྱིའི་སྐྱེ་མཆེད་དོ། །ཀུན་གཞི་རྣམ་པར་ཤེས་པ་ཐུན་མོང་གི་དོན་དུ་སྣང་བ་གང་ཡིན་པ་དང། སེམས་ཅན་དུ་སྣང་བ་ག་ང? ་ཡིན་པ་དེ་ཡང་གཟུང་བ་དང་འཛིན་བར་སྣང་བ་འཇུག་པའི་རྣམ་པར་ཤེས་པ་སྐྱེ་བའི་བདག་པོའི་རྐྱེན་ཡིན་པའི་ཕྱིར་ཕྱིའི་སྐྱེ་མཆེད་ཅེས་བྱའི། དེ་ཡུལ་དུ་གྱུར་པའི་ཕྱིར་ནི་མ་ཡིན་ནོ། །དེ་ལྟར་ན་གོ་མདོ་སྡེ་ལས་གཉིས་ལ་རྟེན་ནས ་མིག་གི་རྣམ་པར་ཤེས་པ་ལ་སོགས་པ་སྐྱེའོ་ཞེས་འབྱུང་བ་དང་མི་འགལ་ལམ་།གཟུགས་ལ་སོགས་པར་སྣང་བ་ནི་རྣམ་པར་ཤེས་པ་ལས་ཐ་དད་ན་དེ་ཉིད་སྐྱེ་བའི་རྐྱེན་དུ་དེ་ཉིད་འགྱུར་པར་ནི་མི་རིགས་ཏེ་།སྐྱེས་པ་དང་མ་སྐྱེས ་པའི་དུས་ཡོད་པ་དང་མེད་པའི་ཕྱིར་རོ། །བདག་ཉིད་ལ་འཇུག་པ་འགལ་བའི་ཡང་ཕྱིར་རོ། །འདི་ལྟ་བས་ན་གདོན་མི་ཟ་བར་རྣམ་པར་ཤེས་པ་སྣང་བ་ལས་ཐ་དད་པར་གྱུར་པ་གཟུགས་ལ་སོགས་པར་ཁས་བླང་བར་བྱའོ་ཞེ་ན། །འདི་ཡང་ཀླན ་ཀར་མི་རུང་སྟེ། འདི་ལྟར་ས་གཟུགས་ལ་སོགས་པའི་སྣང་བའི་རྣམ་པར་ཤེས་པ་ནི་འདྲ་བའི་རྣམ་པར་ཤེས་པ་སྐྱེ་པར་བྱ་བའི་ཕྱིར་རྐྱེན་གྱིས་རྣམ་པར་ཤེས་པ་ལ་བག་ཆགས་འཇོག་གོ། བག་ཆགས་ཡོངས་སུ་གྱུར་ནས་ཡང་གཟུགས་སོགས ་པར་སྣང་བའི་རྣམ་པར་ཤེས་པ་སྐྱེ་སྟེ་།དེ་ལྟར་ན་རྣམ་པར་ཤེས་པ་གཟུགས་ལ་སོགས་པར་སྣང་བའི་བདག་ཉིད་ཀྱིས་བག་ཆགས་བསྐྱེད་པ་རྣམ་པར་ཤེས་པའི་རྐྱེན་ཡིན་པར་བཤད་པས་ན་མདོ་སྡེ་དང་འགལ་བར་འགྱུར་བ་མེད་དོ། །དེ ་ལྟར་ན་རང་སྣང་བའི་རྣམ་པར་ཤེས་པའི་རྐྱེན་ཡིན་པའི་ཕྱིར་གཟུགས་ལ་སོགས་པར་སྣང་བ་ནི་དམིགས་པའི་དོན་དུ་འཐད་དོ། །ཡང་ན་ཇི་ལྟར་ཕྱིའི་དོན་དུ་སྨྲ་བདག་གིས་བསྐྱེད་པར་བྱ་བ་དང། སྐྱེད་པ་པོ་ལྟ་བུར་མེད་ཀྱང་དེ་ཡོད་པ་དང ་མེད་པ་ལས་རྣམ་པར་ཤེས་པ་ཡོད་པ་དང་མེད་པར་འགྱུར་བའི་དབང་དུ་བྱས་ནས་རྣམ་པར་ཤེས་པ་དང་ལྷན་ཅིག་སྐྱེས་པ་ནི་དམིགས་པའི་རྐྱེན་དུ་འཇོག་པ་དེ་བཞིན་དུ་འདིར་ཡང་གཟུགས་ལ་སོགས་པ་སྣང་བའི་རྣམ་པར་ཤེས་པ་བསྐྱེད ་པར་བྱ་བ་དང་སྐྱེད་པ་པོའི་དངོས་པོར་མེད་ཀྱང་དེ་ཡོད་པ་དང་མེད་པ་ལས་རྣམ་པར་ཤེས་པ་ཡོད་པ་དང་མེད་པར་འགྱུར་བ་འཁྲུལ་པ་མེད་པའི་ཕྱིར་རྐྱེན་དང་རྐྱེན་ཅན་དུ་རྣམ་པར་བཞག་གོ། གཟུགས་སུ་སྣང་བ་དང་རྣམ་པར ་ཤེས་པ་གཉིས་ཐ་མི་དད་པའི་ཕྱིར་དཔེ་དང་དངོས་སུ་མི་འདྲའོ་ཞེན་།མ་ཡིན་ཏེ། ཐ་དད་པར་གདགས་པའི་ཕྱིར་རོ། །དཔེར་ན་རྨི་ལམ་དང་སྒྱུ་མ་དང་དྲི་ཟའི་གྲོང་ཁྱེར་ལ་སོགས་པའི་རྣམ་པར་ཤེས་པ་དོན་དམ་པར་ཐ་མི་དད་མོད་ཀྱི། ་གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པའི་གནས་ཡིན་པའི་ཕྱིར་གཟུང་བ་དང་འཛིན་པའི་རྣམ་པར་ཐ་སྙད་ཀྱི་ཐ་དད་པ་ལྟ་བུར་དམིགས་པར་བྱ་བ་དང་དམིགས་པར་བྱེད་པའི་དངོས་པོར་རྣམ་པར་བཞག་པ་དེ ་བཞིན་དུ་གཞན་ལ་ཡང་འགལ་བ་མེད་དོ། །གཞན་ཡང་དམིགས་པར་བྱ་བ་དང་དམིགས་པར་བྱེད་པའི་དངོས་པོ་ནི་ཐམས་ཅད་དུ་ཡང་གདགས་པ་ཉིད་དུ་ཟད་ཀྱི་དངོས་སུ་མེད་དེ། རྣམ་པར་ཤེས་བ་ནི་སྐྱེས་པའམ་མ་སྐྱེས་པས་ཀྱང་ཡུལ་ལ ་དམིགས་པར་མི་འགྱུར་ཏེ་སྐྱེས་མ་ཐག་ཏུ་ཞིག་པའི་ཕྱིར་དམིགས་པར་བྱེད་པའི་ཚེ་མི་སྡོད་པ་དང་མེད་པའི་ཕྱིར་རོ། །ཡུལ་ཡང་སྐྱེས་པ་དང་མ་སྐྱེས་པ་གཉིས་ཀ་ལ་ཡང་དམིགས་སུ་མི་རུང་སྟེ་།སྐྱེས་པ་ནི་གནས་པ་མེད་པ་དང། མ་སྐྱེས་པ་ནི་མེད ་པའི་ཕྱིར་ཏེ། གཞི་མེད་པ་ལ་ནི་དམིགས་པར་བྱར་མི་རུང་ངོ། །གང་གིས་ལྟར་ཡོད་པ་ཙམ་གྱིས་རྒྱུ་དང་འབྲས་བུའི་དངོས་པོ་དེ་ཉིད་དམིགས་པར་བྱ་བ་དང་དམིགས་པར་བྱེད་པར་འཇོག་པ་དེའི་ལྟར་ན་ཡང་ད་ལྟར་གྱི་རྣམ་པར་ཤེས་པའི་དམིགS ་པ་ནི་དོན་མེད་པར་འགྱུར་ཏེ། དེའི་བདག་ཉིད་དུ་གྲུབ་ཟིན་པའི་ཕྱིར་རོ། །སྐྱེ་བའི་ཚེ་འང་དོན་མེད་པར་འགྱུར་ཏེ། མེད་པའི་ཕྱིར་རོ། །སྐྱེ་བའི་ཚེ་དོན་མེད་པར་མི་འགྱུར་ཏེ་།འདི་ལྟར་ཡུལ་གྱི་དངོས་པོ་ཡོད་ན་།རྣམ་པར་ཤེས་པ་དེར་སྣང་བའི་བདག ་ཉིད་འཐོབ་པའི་ཕྱིར་རོ་ཞེ་ན་།གལ་ཏེ་ཡུལ་དུ་སྣང་བའི་རྣམ་པར་ཤེས་པའི་རྒྱུ་ཕྱི་རོལ་གྱི་དོན་ཡིན་ཏེ་།དེ་ལྟ་ན་འདས་པ་དང་མ་འོངས་པ་དང་རྨི་ལམ་ལ་སོགས་པའི་རྣམ་པར་ཤེས་པ་རྣམ་པ་མེད་པར་འགྱུར་རོ། །ཡང་ན་དེའི་དོན་མེད་པས་མེད་པ་ཉིད ་དུ་འགྱུར་རོ། །རྐྱེན་མ་ཚང་བ་ནི་འབྲས་བུ་འབྱུང་བར་མི་རུང་སྟེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །མེད་པ་ནི་རྐྱེན་དུ་མི་རུང་ངོ། །ཕྱིའི་དོན་ཡང་རྣམ་པར་ཤེས་པའི་དམིགས་པའི་རྐྱེན་དུ་མི་འགྱུར་ཏེ་།དེ་མེད་ཀྱང་འབྱུང་བའི་ཕྱིར་རོ། །དེ་བས ་ན་རབ་རིབ་ཅན་ལ་སོགས་པའི་རྣམ་པར་ཤེས་པ་ཐམས་ཅད་ཕྱིའི་དོན་དམིགས་པ་ལ་མི་བལྟོས་པ་ཉིད་ཁས་བླང་བར་བྱའོ། །སྐྱེ་མཆེད་ཀྱི་དོན་གྱི་འོག་ཏུ་རྟེན་ཅིང་འབྲེལ་བར་འབྱུང་བའི་དོན་བརྗོད་དགོས་ཏེ། དེའི་ཕྱིར་རྟེན་ཅིང་འབྲེལ་བར་འབྱུང་བའི ་དོན་ཏེ། རྒྱུ་དང་འབྲས་བུ་རྩོལ་བ་ལ་།སྒྲོ་འདོགS་མེད་ཅིང་སྐུར་འདེབས་མེད་ཅེས་བྱ་བ་སྨོས་སོ། །གཡོ་བ་མེད་དང་མི་རྟག་པ་དང་ནུས་པའི་རྐྱེན་ལས་བྱུང་བའི་དོན་ཏོ། །མདོ་སྡེ་ལས་ཀྱང་འདི་སྐད་དུ་།འདི་ཡོད་པས་འདི་འབྱུང། འདི་སྐྱེས་པའི ་ཕྱིར་འདི་སྐྱེ་བ་སྟེ། འདི་ལྟར་མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་ཞེས་བྱ་བ་རྒྱ་ཆེར་གསུངས་པ་ལྟ་བུའོ། །འདི་ཡང་རྩེན་ཅིང་འབྲེལ་པར་འབྱུང་བའི་རྒྱུ་དང་འབྲས་བུ་དང་བྱེད་པ་རྣམས་ལ་སྒོ་འདོགས་པ་དང་སྐུར་པ་འདེབས་པ་དགག་པར ་འདོད་པར་བསྟན་པའི་ཕྱིར། རྒྱུ་དང་འབྲས་བུ་དང་བྱེད་པ་རྣམས་ལ་སྒྲོ་འདོགས་པ་མེད་པ་དང་།སྐུར་པ་འདེབས་པ་མེད་པའི་དོན་ནི་རྟེན་ཅིང་འབྲེལ་པར་འབྱུང་བའི་དོན་ནོ་ཞེས་བྱ་བ་སྨོས་སོ། །རྩོལ་བ་ཞེས་བྱ་བའི་སྒྲ་ནི་བྱེད་པར་བཤད་དོ།། ་དེ་ལ་རྒྱུ་ལ་སྒྲོ་འདོགས་པ་ནི་མ་རིག་པ་ལ་སོགས་པ་བོར་ནས་སྐྱེས་བུ་དང་དབང་ཕྱུག་དང་བདག་དང་གཙོ་བོ་ལ་སོགས་པ་ལ་རྒྱུ་ཉིད་དུ་རྟོག་པའི་ཕྱིར་རོ། །དེ་བསྟན་པར་བྱ་བའི་ཕྱིར། འདུ་བྱེད་ལ་སོགས་པ་ཐ་མ་རྒ་ཤི་ལ་ཐུག་པ་དག་གི་མི ་མཐུན་པའི་རྒྱུ་ལ་རྟོག་པའི་ཕྱིར་རོ་ཞེས་བྱ་བ་སྨོས་སོ། །འདུ་བྱེད་ལ་སོགས་པ་མི་རྟག་པ་རྣམས་ཀྱི་རྒྱུ་སྐྱེས་བུ་ལ་སོགས་པ་རྟག་པ་ནི་མི་མཐུན་པ་སྟེ། མི་འདྲ་ཞེས་བྱ་བའི་ཐ་ཚིག་གོ་།ཡང་ན་རྒྱུའི་རང་བཞིན་འགྱུར་བ་ལ་ལྟོས་ནས་ས་བོན ་ལ་སོགས་པ་མཐོང་སྟེ། རང་བཞིན་རྟག་པ་ལ་ནི་འགྱུར་བ་མེད་དོ། །མི་མཐུན་པའི་རྒྱུ་ཉིད་ལ་རྒྱུར་རྟོག་པའི་ཕྱིར་རྒྱུ་ལ་སྒྲོ་འདོགས་པའོ། །རྒྱུ་ལ་སྐུར་པ་འདེབས་པ་ནི་རྒྱུ་མེད་བ་ཅན་དུ་རྟོག་པའི་ཕྱིར་རོ་ཞེས་བྱ་བ་ནི་འདུ་བྱེད་ལ་སོགས་པ ་རྒྱུ་མེད་པར་སྒྱེ་བར་ཁས་བླང་བས་འདུ་བྱེད་ལ་སོགས་པའི་རྒྱུ་མ་རིག་པ་ལ་སོགས་པ་གསལ་བ་ཡིན་ནོ། །འབྲས་བུ་ལ་སྒྲོ་འདོགས་པ་ནི་བདག་དང་བཅས་པའི་དུ་བྱེད་ལ་སོགས་པ་མ་རིག་པ་ལ་སོགས་པའི་རྐྱེན་ལས་འབྱུང ་བར་རྟོག་པའི་ཕྱིར་རོ་ཞེས་བྱ་བ་ལ། ཁ་ཅིག་ན་རེ་བདག་ཡོད་ན་ནི་འདུ་བྱེད་ལ་སོགས་པའི་རྐྱེན་རྣམས་ལས་འབྱུང་གི། མེད་ན་ནི་མ་ཡིན་ནོ་ཞེས་འབྲས་བུ་འདུ་བྱེད་ལ་སོགས་པར་བདག་སྒྲོ་འདོགས་པ་ཞེས་བྱའོ་ཞེའོ། །གཞན་དག ་ན་རེ་བདག་གི་རྫས་དང་ལྡན་པས་སམ། དེ་ཕན་པ་དང་གནོད་པ་བྱེད་པས་བདག་དང་བཅས་པའི་འདུ་བྱེད་ལ་སོགས་པ་ནི་མ་རིག་པ་ལ་སོགས་པའི་རྐྱེན་ལས་འབྱུང་བར་རྟོག་པའི་ཕྱིར་འབྲས་བུ་ལ་སྒྲོ་འདོགས་པ་ཞེས་བྱའོ། །འབྲས་བུ ་ལ་སྐུར་པ་འདེབས་པ་ནི་འདུ་བྱེད་ལ་སོགས་པ་མ་རིག་པ་ལ་སོགས་པའི་རྐྱེན་གྱིས་འབྱུང་བ་མེད་པར་རྟོག་པའི་ཕྱིར་རོ་ཞེས་བྱ་བ་ནི་འདི་ལྟ་སྟེ། ལེགས་པར་སྤྱད་པ་ཡང་མེད་ཉེས་པར་སྤྱད་པ་ཡང་མེད་འཇིག་རྟེན་ཕ་རོལ་ཡང་མེད་དོ་ཞེས ་མེད་པ་པ་རྣམས་ལེགས་པར་སྤྱད་པ་དང། ཉེས་པར་སྤྱད་པ་དང་འཇིག་རྟེན་ཕ་རོལ་ལ་སྐུར་པ་འདེབས་པར་སྨྲ་བའོ། །བྱེད་པ་ལ་སྒྲོ་འདོགས་པ་ནི་འདུ་བྱེད་ལ་སོགས་པ་སྐྱེ་བ་མ་རིག་པ་ལ་སོགས་པ་བྱེད་པར་རྟོག་པའི་ཕྱིར་རོ་ཞེས ་བྱ་བ་ནི་གལ་ཏེ་འདུ་བྱེད་ལ་སོགས་པ་སྐྱེ་བ་ལམ་རིག་པ་ལ་སོགས་པ་དངོས་པོའི་རང་བཞིན་དོན་གཞན་དུ་གྱུར་པ་ཞིག་བྱེད་པར་རྟོག་པ་དེ་ལྟ་བུ་ནི་བྱེད་པ་ལ་སྒྲོ་འདོགས་པའོ། །བྱེད་པ་ལ་བསྐུར་པ་འདེབས་པ་ནི་ནུས་པ་མེད་པར ་རྟོག་པའི་ཕྱིར་རོ་ཞེས་བྱ་བ་ལ་།མ་རིག་པ་ལ་སོགས་པ་ཡོད་པ་ཙམ་གྱིས་འདུ་བྱེད་ལ་སོགས་པ་སྐྱེ་བར་ནུས་པ་ཡིན་ཡང་ནུས་པ་མེད་པར་རྟོག་པའི་ཕྱིར་བྱེད་པ་ལ་སྐུར་པ་འདེབས་པའོ། །དེ་མེད་པའི་ཕྱིར་སྒྲོ་འདོགས་པ་དང་སྐུར ་པོ་འདེབས་པ་མེད་པར་རིག་པར་བྱའོ་ཞེས་བྱ་བ་ནི་རྒྱུ་དང་འབྲས་བུ་དང་བྱེད་པ་རྣམས་ལ་སྒྲོ་འདོགས་པ་དང་སྐུར་པ་འདེབས་པ་དེ་མེད་བའི་ཕྱིར་སྒྲོ་འདོགས་བ་མེད་པ་དང་སྐུར་པ་འདེབས་པ་མེད་བར་རིག་པར་བྱའོ། །དེ་ལྟར་རྟེན་ཅིང་འབྲེལ་པར་འབྱུང་བ་ལ ་མཁས་པ་འདི་ནི་མ་རིག་པ་ལས་གཞན་བ་བདག་གམ་གཞན་ཡང་རུང་སྟེ། བྱེད་པར་འཛིན་པ་གང་ཡིན་པ་དེའི་གཉེན་པོ་ཡིན་པར་རིག་པར་བྱའོ། །འདི་ལ་མ་རིག་པ་མ་གཏོགས་པར་དགེ་བ་དང་མི་དགེ་བའི་ལས་རྣམས་བྱེད་པ་ནི་བདག་གམ ་གཞན་ཡང་རུང་སྟེ་མེད་དོ། །འདུ་བྱེད་རྣམས་མ་གཏོགས་པར་རྣམ་པར་ཤེས་པའི་བྱེད་པ་གཞན་མེད་དོ། །ཐམས་ཅད་དུ་ཡང་ཅི་རིགས་པར་བརྗོད་པར་བྱ་སྟེ། མ་རིག་པ་ལ་སོགས་པ་གཡོ་བ་མེད་པ་མི་རྟག་པ་ལ་སོགས་པ་ནུས་པ་ཡོད་པ ་དག་ལས་འདུ་བྱེད་ལ་སོགས་པ་འབྱུང་བའི་ཕྱིར་རོ། །རྟེན་ཅིང་འབྲེལ་པར་འབྱུང་བའི་དོན་གྱི་འོག་ཏུ་གནས་དང་གནས་མ་ཡིན་པའི་དོན་བརྗོད་དགོས་ཏེ། དེའི་ཕྱིར། མི་འདོད་འདོད་དང་རྣམ་དག་དང། །མཉམ་དུ་འབྱུང་དང་དབང་བྱེད ་དང། །འཐོབ་དང་ཀུན་ཏུ་སྦྱོང་པ་དག། གཞན་དབང་ཉིད་ཀྱི་དོན་དེ་གཞན། །ཞེས་བྱ་བ་གསུངས་སོ། །གནས་དང་གནས་མ་ཡིན་པ་ནི་གཞན་གྱི་དབང་ཉིད་རྣམ་པ་བདུན་གྱི་དོན་གྱིས་རིག་པར་བྱ་སྟེ་ཞེས་བྱ་བ་དེ་ལ་གནས་ནི་རྒྱུ་ཡིན་ནོ།། ་གནས་མ་ཡིན་པ་ནི་རྒྱུ་མ་ཡིན་ཏེ། ཇི་སྐད་དུ། བདེན་པར་སྨྲ་ཞིང་ཁྲོ་བ་མེད། །སློང་ལ་ཆུང་ཡང་སྦྱིན་པར་བྱ། །རྣམ་པ་འདི་གསུམ་གནས་ཀྱིས་ནི། །ལྷ་མིན་ནང་དུ་སྐྱེ་བར་འགྱུར་ཞེས་ཚིགས་སུ་བཅད་པ་ལ?་འབྱུང་བ་ལྟ་བུ་སྟེ། ་རྒྱུ་ཡིན་པར་མངོན་ནོ། །ཡང་ན་གནས་ནི་སྲིད་པའོ། །གནས་མ་ཡིན་པ་ནི་མི་སྲིད་པའོ། །དེ་ལ་མཁས་པ་ནི་གནས་དང་གནས་མ་ཡིན་པ་ལ་མཁས་པའོ། །གཞན་གྱི་དབང་གི་དངོས་པོ་གཞན་གྱི་དབང་ཉིད་དེ། གཞན་ལ ་རག་ལས་ཤེས་བྱ་བའི་ཐ་ཚིག་གོ་།རྣམ་པ་དེ་བདུན་ཡང་ལས་དང་ཉོན་མོངས་པ་དང་ཚེའི་གཞན་ཀྱི་དབང་ཉིད་གསུམ་དུ་འདུས་སོ། །དེ་ལ་མི་འདོད་བའི་གཞན་གྱི་དབང་ཉིད་ནི་ཞེས་བྱ་བ་ལ་།མི་འདོད་བ་ནི ་ངན་འགྲོ་རྣམས་ཏེ། དེར་འགྲོ་བ་གཞན་གྱི་དབང་ཉིད་དུ་བསྟན་པའི་ཕྱིར། ཉེས་བར་སྤྱོད་པ་སྲོག་གཅོད་པ་ལ་སོགས་པ་ལུས་དང་ངག་དང་ཡིད་ཀྱི་ལས་སུ་བསྡུས་པ་སྦྱོར་བ་དང་བཅས་པ་དང་འཇུག་གིས་མི་འདོད་བཞིན་དུ་ཡང་ངན་འགྲོར ་འགྲོ་བའི་ཕྱིར་རོ་ཞེས་བྱ་བ་སྨོས་སོ། །ངན་འགྲོ་དག་ནི་སེམས་ཅན་དམྱལ་བ་དང། ཡི་དགས་དང་དུད་འགྲོའི་དེ་དག?་ཤིན་ཏུ་སྡུག་བསྔལ་བའི་ཕྱིར་དེར་འགྲོ་འདོད་པ་ནི་སུ་ཡང་མེད་མེད་ཀྱི། ལས་རྣམས་སྟོབས་དང་ལྡན་པ་ངན་འགྲོའི་རྒྱུ་ཡང ་ཡིན་པས་ཉེ་བར་སྤྱོད་པ་ནི་མི་འདོད་བཞིན་དུ་ལས་ཀྱི་དབང་གིས་དེར་འགྲོ་བར་འགྱུར་རོ། །འདོད་པའི་གཞན་གྱི་དབང་ཉིད་ནི་ལེགས་པར་སྤྱད་པས་བདེ་འགྲོར་འགྲོ་བའི་ཕྱིར་རོ་ཞེས་བྱ་བ་ལ། འདོད་པ་ནི་བདེ་འགྲོར་འགྲོ་བའོ། །བདེ་འགྲོ་ན་ལྷཾ ་དང་མིའོ། །ལེགས་པར་སྤྱོད་པ་ནི་སྲོག་གཅོད་པ་ལ་སོགས་པ་སྦྱོར་བ་དང་བཅས་པ་དང། འཇུག་པ་རྣམས་ལས་ལོག་པ་དང། སྟོན་པ་དང་།བླ་མ་དང་ཡོན་ཏན་དང་ལྡན་པ་ལ་སོགས་པ་ལ་སྦྱིན་པ་དང་རིམ་གྲོ་དང་བཀུར་སྟིལ་སོགས་པ་བྱེད ་པ་དང་བྱམས་བ་དང་སྙིང་རྗེ་ལ་སོགས་པ་ཡོན་ཏན་གྱི་ཁྱད་པར་རྣམས་སོ། །གཞན་གྱི་དབང་ཉིད་ནི་ལེགས་པར་སྤྱད་པ་མེད་བར་གཞན་གྱིས་ནི་འདོད་དུ་ཟིན་ཀྱང་བདེ་འགྲོར་འགྲོ་བ་མེད་པའི་ཕྱིར་ཏེ། བདེ་འགྲོར་སྐྱེ་བ་ནི་ལེགས་པར་སྤྱད་པ་ལ ་རག་ལུས་པ་ཉིད་དོ། །རྣམ་པར་དག་པའི་གཞན་གྱི་དབང་ཉིད་ནི་ཆེས་རྒྱ་ཆེར་འབྱུང་བ་ལ་རྣམ་པར་དག་པ་ནི་ཉོན་མོངས་བ་སྤངས་པའོ། །སྒྲིབ་པ་ལྔ་ནི་འདོད་པ་ལ་འདུན་པ་དང། གནོད་སེམས་དང། རྨུགས་པ་དང། གཉིད་དང་།རྒོད་པ་དང ་འབྱོར་པ་དང་།ཐེ་ཚོམ་མོ། །རྨུགས་པ་དང་གཉིད་གཅིག་ཏུ་བསྡུས་ཏེ་ལྔར་འགྱུར་རོ། །དགེ་བའི་ཕྱོགས་ལ་སྒྲིབ་པར་བྱེ་བྲག་མེད་པས་སྒྲིབ་པ་རྣམས་སོ། །བྱེ་བྲག་དུ་ནི་སྒྲིབ་པ་རྣམས་ཤེས་མངོན་པར་དགའ་བ་དང། ལུས་དང་ངག་གི་ལས ་མཆི་བ་ལ་ཚངས་པ་མཚུངས་པར་སྤྱོད་པ་རྣམས་ཀྱིས་ལེགས་པར་བླངས་པ་ལེགས་པར་སྒྲུབ་པ་དང། ཞི་གནས་ཀྱི་དུས་ན་མ་བྱིན་པ་དང། རབ་ཏུ་འཛིན་བའི་དུས་ན་མི་གཡོད་པ་དང་།ཞི་གནས་དང་ལྷག་མཐོང་གི་དུས་ན་རང་གི་དང་གིས་འཇུག ་པ་ལ་རིམ་པ་བཞིན་དུ་བསྒྲིབས་པས་ན་སྒྲིབ་པ་རྣམས་ཞེས་བྱའོ། །དེ་དག་མ་སྤངས་ལགས་ཞེས་བྱ་བ་ནི་མ་བཏང་བའོ། །བྱང་ཆུབ་ཀྱི་ཡན་ལག་བདུན་གྱི་བར་དུ་མ་བསྒོམ་ན་ཞེས་བྱ་བ་ལ། བར་དུ་ཞེས་བྱ་བ་ནི་མཛའ་བརྗོད་བ་སྟེ་།དྲན་པ་ཉེ་བར་བཞག ་པ་རྣམས་དང་ཡང་དག་པར་སྤོང་བ་རྣམས་དང་རྫུ་འཕྲུལ་གྱི་རྐང་པ་རྣམས་དང། དབང་པོ་རྣམས་དང། སྟོབས་རྣམས་དང་བསྡུའོ། །སྡུག་བསྔལ་གྱི་མཛའ་མི་བྱེད་པའི་ཕྱིར་རོ་ཞེས་བྱ་བ་ལ། སྡུག་བསྔལ་གྱི་མཛའ་ནི་གང་ན་སྡུག་བསྔལ་མེད་པ་སྟེ། ་དེ་ནི་མྱ་ངན་ལས་འདས་པའོ། །དེ་མི་བྱེད་པ་ནི་མི་འཐོབ་བ་སྟེ། མྱ་ངན་ལས་འདས་པ་མི་འཐོབ་བོ་ཞེས་བྱ་པའི་ཐ་ཚིག་གོ། །ཡང་ན་སྡུག་བསྔལ་གྱི་མཛའ་ཞེས་བྱ་བ་ནི་སྡུག་བསྔལ་གང་ལས་སྡུག་བསྔལ་གཞན་དང་མཚམས་མི་སྦྱོར་བའོ། །དེ་ནི་སྡུག་བསྔལ་དེ་ལྟ་བུར་མི་བྱེད་པ་སྟེ། སྡུག ་བསྔལ་དང་མཚམས་སྦྱོར་བར་མི་བྱེད་ཅེས་བྱ་བའི་དོན་ཏོ། །སྒྲིབ་པ་ལྔ་སྤངས་པ་ལ་རག་ལུས་པའི་ཕྱིར་རྣམ་པར་དག་པ་གཞན་གྱི་དབང་ཉིད་དོ། །མཉམ་དུ་འབྱུང་བའི་གཞན་གྱི་དབང་ཉིད་ནི་དེ་བཞིན་གཤེགས་པ་དང་འཁོར་ལོ་སྒྱུར་བ་གཉིས ་གཉིས་སྔ་ཕྱི་མེད་པར་ཞེས་བྱ་བ་ནི་ལྷན་ཅིག་ཅེས་བྱ་བའི་ཐ་ཚིག་གོ། དེ་བཞིན་གཤེགས་པ་གཉིས་དང་འཁོར་ལོ་སྒྱུར་བ་གཉིས་འཇིག་རྟེན་གྱི་ཁམས་གཅིག་ཏུ་མི་འབྱུང་ཞེས་བྱ་བ་ནི། ཁ་ཅིག་ན་རེ་དེ་བཞིན་གཤེགས་པ་གཉིས་སྟོང ་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སུ་མི་འབྱུང་བར་འདོད་ཀྱི། འཁོར་ལོ་སྒྱུར་བ་གླིང་བཞི་པར་འབྱུང་བར་མི་འདོད་དོ་ཞེའོ། །གཞན་དག་རེ་དེ་བཞིན་གཤེགས་པ་གཉིས་ཀྱང་གླིང་བཞི་པ་ཉིད་དུ ་མི་འབྱུང་ངོ་ཞེས་ཟེར་ཏེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཆོས་ཀྱི་སྐུའི་དབང་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སུ་གླིང་བཞི་པ་རེ་རེ་ཡང་སྤྲུལ་པའི་སྐུས་མངོན་པར་བྱང་ཆུབ་པ་དང་ཡོངས་སུ་མྱ་ངན་ལས་འདས ་པ་ཡང་སྟོན་ཏེ་།འདི་ལྟར་གླིང་བཞི་པ་གཅིག་ཏུ་དགའ་ལྡན་དང། མི་རྣམས་ཀྱི་ནང་དུ་ཡང་ཚེ་ཡོངས་སུ་འཛིན་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་དགོངས་པ་སྟེ་།དེ་ནི་གླང་བཞི་པ་གཞན་དཱུང་འདྲའོ། །དེ་ལྟ་བས་ན་འོག་མིན་གྱི་གནས ་ཉིད་དུ་བཅོམ་ལྡན་འདས་མངོན་པར་སངས་རྒྱས་ནས་སྤྲུལ་པའི་སྐུས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་ཁོངས་སུ་གཏོགས་པའི་གླིང་བཞི་པ་རེ་རེར་ཡང་དགའ་ལྡན་དུ་སྐྱེ་བ་དང། འཆི་འཕོ་དང། མིའི་ནང་དུ་ཚེ་ཡོངས་སུ ་འཛིན་པ་ལ་སོགས་པ་ཐམས་ཅད་སྟོན་ཏོ་སྙམ་དུ་སེམས་སོ། །འདི་ལ་སངས་རྒྱས་དང་འཁོར་ལོ་སྒྱུར་བ་འབྱུང་བ་ནི་མཉམ་པར་འགྱུར་བ་ཡིན་པའི་ལས་ལ་རག་ལས་པས་ལྷན་ཅིག་ཏུ་སྐྱེ་བར་འགྱུར་བ་གཞན་གྱི་དབང་ཉིད་དོ། །དབང་བྱེད ་པའི་གཞན་གྱི་དབང་ཉིད་ནི་བུད་མེད་འཁོར་ལོ་སྒྱུར་བ་ལ་སོགས་པ་མི་བྱེད་པའི་ཕྱིར་ཞེས་བྱ་བ་ནི་འཁོར་ལོ་སྒྱུར་བར་འགྱུར་བའི་ལས་ཀྱི་རྣམ་པར་སྨིན་བ་ནི་སྐྱེས་པའི་ལུས་ཀྱིས་སྨིན་པར་ནུས་ཏེ། བུད་མེད་ལ་ནི་བུད་མེད་རིན་པོ་ཆེ་ལ་སྤྱོད ་པའི་མཐུ་མེད་པའི་ཕྱིར་རོ། །སོགས་པ་ཞེས་བྱ་བའི་སྒྲ་ནི་བརྒྱ་བྱིན་ལ་སོགས་པ་བསྡུའོ། །འཐོབ་པའི་གཞན་གྱི་དབང་ནི་བུད་མེད་ཀྱིས་རང་བྱང་ཆུབ་དང་བླ་ན་མེད་པ་ཡང་དག་པར་རྫོགས་པར་བྱང་ཆུབ་བར་མི་འགྱུར་བའི་ཕྱིར་རོ་ཞེས ་བྱ་བ་ལ་འཐོབ་པ་ནི་སངས་རྒྱས་དང་རང་བྱང་ཆུབ་ཉིད་འཐོབ་པའོ། །དེ་ལ་གཞན་གྱི་དབང་ཉིད་ནི་སྐྱེས་པས་འཐོབ་པར་འགྱུར་གྱི་བུད་མེད་ཀྱི་ཐོབ་པར་མི་འགྱུར་ཏེ། དེ་ནི་གོ་རིམས་བཞིན་དུ་བསེ་རུ་ལྟ་བུར་འདྲེ་བ་མེད་པ་དང། ས་གསུམ་གྱི་སྟོན ་པར་མི་སྲིད་བའི་ཕྱིར་ཏེ་།དེའང་སྐྱེ་བོ་གཡོན་ཅན་ཐམས་ཅད་ཀྱི་སྤྱོད་ཡུལ་ཡིན་པ་དང། ཤེས་རབ་ཆུང་བས་སློབ་དཔོན་མེད་པར་མངོན་པར་རྫོགས་པར་བྱང་ཆུབ་པའི་འོས་མ་ཡིན་པའི་ཕྱིར་རོ། །ཀུན་ཏུ་སྤྱོད་བའི་གཞན་ཀྱིས་དབང་ཉིད་ནི་ལྟ ་བུ་ཕུན་སུམ་ཚོགས་པ་གསོད་པ་ལ་སོཌ་བ་ཀུན་ཏུ་མི་སྤྱོད་ལ། སོ་སོའི་སྐྱེ་བོ་ནི་ཀུན་ཏུ་སྤྱོད་པའི་ཕྱིར་ཏེ་ཞེས་བྱ་བ་ལྟ་བ་ཕུན་སུམ་ཚོགས་པ་ནི་བདེན་པ་མཐོང་བའོ། །གསོད་པ་ནི་སྲོག་གཅོད་པ་ཡིན། སོགས་པ་ཞེས་བྱ་བའི་སྒྲས་ནི་མ ་བྱིན་བར་ལེན་པ་ལ་སོགས་པ་བསྡུས་ཏེ། གསོད་པ་ལ་སོགས་པ་དེ་དག་ནི་ལུས་དང་ངག་གི་བྱ་བའི་རང་བཞིན་ནོ། །མཐོང་བའི་ལམ་ཉིད་ཀྱི་གསོང་བ་ལ་སོགས་པ་ཉེས་པར་སྤྱོད་པ་ཀུན་ནས་སློང་བའི་ཉོན་མོངས་པ་སྤངས་བའི་ཕྱིར་ལྟ་བུ ་ཕུན་སུམ་ཚོགས་པ་དང་ལྡན་པ་ནི་ཀུན་ཏུ་མི་སྤྱོད་དོ། །སོ་སོའི་སྐྱེ་བོ་ནི་དེ་མ་སྤངས་པའི་ཕྱིར་ཀུན་ཏུ་སྤྱོད་དོ། །དེ་མ་སྤངས་པ་ཡང་དེའི་གཉེན་པོར་ལམ་མ་སྐྱེས་པའི་ཕྱིར་རོ། །དེ་ལྟར་མི་འདོད་པ་ལ་སོགས་པ་གཞན་གྱི་དབང་ཉིད་ཀྱི་རྗེས་སུ ་སོང་བ་གནས་མ་ཡིན་པ་ལ་མཁས་པ་ནི་སྐྱེས་བུ་དང་དབང་ཕྱུག་ལ་སོགས་པ་ལ་རང་དབང་ཅན་དུ་འཛིན་པའི་གཉེན་པོའོ། །གལ་ཏེ་རང་དབང་ཅན་འགའ་ཞིག་ཡོད་ན་ནི་ཉེས་པར་སྤྱད་པ་ལས་ངན་འགྲོར་འགྲོ་བར་མི་འགྱུར་རོ། །དེ་བཞིན ་དུ་གཞན་དག་ལ་ཡང་བརྗོད་པར་བྱའོ། །གནས་དང་གནས་མ་ཡིན་པའི་དོན་བསྟན་པའི་འོག་ཏུ་དབང་པོ་རྣམས་ཀྱི་དོན་བརྗོད་དགོས་པས་དེའི་ཕྱིར་དབང་པོ་ནི་རྣམ་པ་ཉི་ཤུ་རྩ་གཉིས་ཏེ་ཞེས་བྱ་བ་སྨོས་ཏེ། མིག་གི་དབང་པོ་ནS་ཀུན ་ཤེས་པ་དང་ལྡན་པའི་དབང་པོ་ལ་ཐུག་གི་བར་དུའོ། །དེ་ལ་དབང་པོའི་དོན་ནི་དབང་བྱེད་བའི་དོན་ནོ། །གང་ཞིག་གང་ལ་དབང་བྱེད་པ་དེ་མི་ཤེས་ནས། དེའི་ཕྱིར་འཛིན་དང་གནས་དང་རྒྱུན་མི་འཆད། །སྦྱོད ་དང་དག་པ་གཉིས་ཀྱི་ཕྱིར་ཞེས་བྱ་བ་གསུངས་ཏེ། འདི་ལ་གཉིས་པ་དབང་བྱེད་པའི་ཕྱིར་ཞེས་བྱ་བ་རིགས་པ་ལས་ཚིག་ལེའུར་བྱས་པ་དང་མཐུན་པར་བྱ་བའི་ཕྱིར་དབང་བྱེད་པ་ཞེས་བྱ་བའི་སྒྲ་ནི་མི་སྨོས་པར་བལྟའོ། །དེ་བས་ན་བཤད ་པ་བྱེད་བས། དེ་དག་ལ་དེ་དབང་བའི་ཕྱིར་རོ་ཞེས་བྱ་བ་སྨོས་སོ། །འཛིན་པའི་ཕྱིར་ཞེས་བྱ་བ་། ཕྱིར་ཞེས་བྱ་བའི་སྒྲ་ནི་འདིར་དགོས་པ་ཡིན་པར་བརྗོད་དེ། འཛིན་པའི་དགོས་པ་སྟེ་ཆེད་པ་ཡིན་ལ། དེ་བཞིན་དུ་གཞན་དག་ལ་ཡང་ཇི་རིགས ་པར་བརྗོད་པར་བྱའོ། །དེ་དག་ལ་ཞེས་བྱ་ནི་དོན་འཛིན་པ་ལ་སོགས་པ་ལའོ། །དབང་བྱེད་ཅེས་བྱ་བ་ནི་ལྷག་པར་དབང་བས་ན་དབང་བྱེད་པ་སྟེ་རྒྱུ་ཞེས་བྱ་བའི་ཐ་ཚིག་གོ། གཟུགས་ལ་སོགས་པ་ཆོས་ལ་ཐུག་པ་ངག་ནི་གཟུགས་པ་སོགས ་པ་ཡུལ་རྣམས་ཏེ་།དེ་དག་ལ་འཛིན་པ་ནི་མིག་ལ་སོགས་པའི་རྣམ་པར་ཤེས་པའོ། །དེ་ལ་མིག་ལ་སོགས་པ་དབང་པོ་དྲུག་དབང་བྱེད་པ་ནི་མིག་ནི་གཟུགས་ཀྱི་བྱེ་བྲག་མ་ལུས་པའི་རྣམ་པར་ཤེས་པའི་རྟེན་ཡིན་པས་གཟུགས་ལ ་སོགས་པ་ལ་ལྷག་པར་དབང་བྱེད་པས་ན་དབང་པོ་ཞེས་བྱ་སྟེ། གཟུགས་སྔོན་པོ་ནི་གཟུགས་སེར་པོ་ལ་སོགས་པའི་རྣམ་པར་ཤེས་པའི་དམིགས་པར་མི་འགྱུར་རོ། །དེ་བཞིན་དུ་རྣ་བ་ལ་སོགས་པ་ལ་ཡང་ཅི་རིགས་སུ་བརྒྱས་པར་བརྗོད་པར ་བྱའོ། །གནས་པར་བྱ་བ་ལ་ནི་སྲོག་གི་དབང་བོ་དབང་བྱེད་དེ་ཞེས་བྱ་བ་ལ་།སྲོག་གི་དབང་པོ་ནི་སྔོན་གྱི་ལས་ཀྱི་བག་ཆགས་ཀྱིས་འཕང་པའི་རྣམ་པར་སྨིན་བའི་རྒྱུད་ལ་བར་དུ་གཅོད་པའི་རྐྱེན་མེད་ན་སྐད་ཅིག་སྔ་མ་སྔ་མས་འདྲ་བའི་སྐད་ཅིག ་ཕྱི་མ་ཕྱི་མ་རྣམས་སུ་མཚམས་སྦྱོར་བའི་མཐུ་ཡོད་པའོ། །གནས་པར་བྱ་བ་ལ་ནི་སྲོག་གི་དབང་པོ་དབང་བྱེད་ཅེས་བྱ་བ་ལ་རྒྱུ་སྨོས་པ། འདིའི་དབང་གིས་མི་འཆི་བའི་ཕྱིར་རོ་ཞེས་བྱ་བ་སྟེ་།མི་འཆི་བ་ནི་སྔོན་གྱི་ལས་ཀྱིས་འཕངས་པ་རིགས་མཐུན་པའི་རྗེས་སུ ་འཇུག་པའོ། །ཁ་ཟས་ལ་སོགས་པ་ནི་སེམས་ཅན་གནས་པའི་རྒྱུ་ཡིན་དུ་ཟིན་ཀྱང་དབང་པོ་མ་ཡིན་ཏེ། དེ་དག་ཡོད་བཞིན་དུ་ཚེ་ཟད་པ། གནས་པ་མེད་པའི་ཕྱིར་རོ། །གཟུགས་དང་གཟུགས་མེད་བའི་ཁམས་ན་ཁམ་གྱི་ཟ་བའི་ཟས་རྣམས་མེད ་ཀྱང་སྲོག་གི་དབང་པོ་ཉིད་ཀྱིས་གནས་པ་ཡོད་བའི་ཕྱིར་རོ། །དེ་ན་རེག་པ་ལ་སོགས་པ་ནི་གནས་པར་དབང་བྱེད་པར་མི་རུང་སྟེ། འགོག་པ་དང་འདུ་ཤེས་མེད་པའི་སྙོམས་པར་འཇུག་པའི་གནས་དང་འདུ་ཤེས་མེད་པ་དག་ལ་རེག་པ་ལ་སོགས་པ་མེད ་ཀྱང་སེམས་ཅན་རྣམས་གནས་པར་སྲིད་པའི་ཕྱིར་རོ། །རིགས་འཆོ་བ་ལ་ཕོ་དངམོའི་དབང་པོ་གཉིས་དབང་བྱེད་དེ་ཞེས་བྱ་བ་ལ། བུ་བྱུང་ན་རིགས་རྒྱུན་མི་འཆད་བར་འགྱུར་བས་བུ་འབྱུང་བ་ནི་རིགས་འཚོ་བའོ། །དེ་ཉིད་བསྟན་པའི་ཕྱིར་འབྱུང་བར ་དབང་བྱེད་པའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ་།ལུས་ཀྱི་དབང་པོའི་ཕྱོགS་འགའ་ཉིད་དེ་།དབང་བྱེད་པའི་བྱེ་བྲག་གིས་ཕོ་དང་མོའི་དབང་པོ་ཞེས་བྱ་བ་འཐོབ་བོ། །གང་ན་ཕའི་དབང་པོ་དང་མོའི་དབང་པོ་ཡོད་པ་དེ་ན་རིགས་རྣམ་པར་བཞག་པ་ཡོད་དེ། དའི ་དབང་གིས་རིགས་རྒྱུན་མི་འཆད་དོ། །འདོད་པ་ན་སྤྱོད་པའི་ལྷ་རྣམས་ལ་ནི་ཕོའི་དབང་པོ་དང་མའི་དབང་པོ་ཡོད་པ་ལ་རིགས་རྣམ་པར་བཞག་གི་མེད་པ་ལ་ནི་མ་ཡིན་ནོ། །དྲི་ཟ་ལ་སོགས་བ་ལ་ནི་དེ་ལ་དབང་བྱེད་བ་མེད་དེ། དྲི་ཟ་ལ་སོགས་པ་ཡོད་དུ ་ཟིན་ཀྱང་ཕོ་མོའི་དབང་པོ་མེད་པ་མ་ནིང་ལ་སོགས་པ་ལ་བུ་འབྱུང་བའི་མཐུ་མེད་བའི་ཕྱིར་རོ། །ཟས་ལ་སོགས་པ་ནི་དབང་བྱེད་པ་ཡིན་ཡང་སེམས་ཅན་གྱི་གྲངས་སུ་མ་གཏོགས་པས་དབང་པོ་ཞེས་མི་བྱའོ། །ཉེ་བར་སྤྱོད་པ་ལ་ནི་ཚོར་བའི་དབང།། ་པོ་རྣམས་ཏེ་ཞེས་བྱ་བ་ནི་དབང་བྱེད་ཅེས་བྱ་བ་དང་སྦྱར་ཏེ་།ཇི་ལྟ་ཞེ་ན་དེའི་ཕྱིར། དགེ་བ་དང་མི་དགེ་བའི་ལས་ཀྱི་འབྲས་བུ་ལ་ཉེ་བར་སྤྱོད་པའི་ཕྱིར་རོ་བྱ་བ་སྨོས་སོ། ཚོར་བའི་དབང་པོ་ནི་ལྔ་སྟེ། བདེ་བ་དང་སྡུག ་བསྔལ་དང་ཡིད་བདེ་བ་དང། ཡིད་མི་བདེ་བ་དང། བཏང་སྙོམས་སོ། །དེ་དག་ནི་མྱོང་བའི་བདག་ཡིན་པས་དགེ་བ་དང་མི་དགེ་བ་དང་ལས་ཀྱི་འབྲས་བུ་སྤྱོད་ཀྱི། མིང་དང་གཟུགས་ནི་དེ་ལ་དབང་བྱེད་པ་མ་ཡིན་ཏེ། ཚོར་བའི་རྒྱུ་ཡིན་པའི་ཕྱིར་རོ། ། ་དེའི་རྒྱུའི་དངོས་པོ་ནི་ཚོར་བ་རྣམ་པར་སྨིན་པའི་གཙོ་བོ་ཡིན་བའི་ཕྱིར་རོ། །འཇིག་རྟེན་པའི་རྣམ་པར་དག་པ་ནི་འཇིག་རྟེན་པའི་ཉོན་མོངས་པ་རྣམས་སྤངས་པའོ། །དེ་ལ་དད་པ་ལ་སོགས་པའོ་ཞེས་བྱ་བ་ནི་དད་པ་དང། བརྩོན་འགྲུས་དང། དྲན་པ་དང་ཏིང་ངེ ་འཛིན་དང་ཤེས་རབ་ཀྱི་དབང་པོ་དང་ལྔ་སྟེ་།དབང་བྱེད་ཅེས་བྱ་བར་རྙེགས་སོ། །དེ་དག་ནི་མ་དད་པ་ལ་སོགས་པའི་གཉེན་པོ་ཡིན་པ་དང་འཇིག་རྟེན་བའི་ལམ་གྱིས་རབ་ཏུ་ཕྱེ་བའི་ཕྱིར་རོ། །གཞན་ན་རེ་ཐར་བའི་ཆ་དང་མཐུན་པས་རབ་ཏུ་ཕྱི་བའི་ཕྱིར་རོ་ཞེའོ།། ་འཇིག་རྟེན་ལས་འདས་པའི་རྣམ་པར་དག་པ་ནི་ཀུན་ཤེས་བར་བྱེད་པའི་དབང་པོ་ལ་སོགས་པའོ་ཞེས་བྱ་བ་ནི་དབང་བྱེད་དོ་ཞེས་བྱ་བར་སྙེགས་ཏེ། འཇིག་རྟེན་ལས་འདས་པའི་ལམ་གྱིས་ཉོན་མོངས་པ་རྣམས་སྤངས་པ་ནི་འཇིག་རྟེན་ལས་འདས་བའི ་རྣམ་པར་དག་པའོ། །དེ་ལ་ཀུན་ཤེས་པར་བྱེད་བའི་དབང་པོ་དང། ཀུན་ཤེས་པའི་དབང་པོ་དང། ཀུན་ཤེས་པ་དང་ལྡན་པའི་དབང་པོ་གསུམ་ཞི་དབང་བྱེད་པ་སྟེ། དེ་དག་མཐོང་བ་དང། བསྒོམ་པ་དང། མི་སློབ་བའི་ལམ་དུ་རིམ་པ་བཞིན་དུ ་བསྡུས་པའི་ཕྱིར་རོ། །དེ་ལ་དད་པ་ལ་སོགས་པ་ལྔ་དང། ཡིད་དང། བདེ་བ་དང། ཡིད་བདེ་བ་དང། བཏང་སྙོམས་རྣམས་ནི་མི་ལྕོགས་པ་མེད་པ་ལ་སོགས་པ་ལ་བརྟེན་པའི་བྱེ་བྲག་གིས་ཅི་རིགས་པའི་དབང་དུ་བྱས་ཏེ། དབང་པོ་དགུ་ནི ་མཐོང་བའི་ལམ་ལ་ནི་ཀུན་ཤེས་པར་བྱེད་བའི་དབང་པོའོ། །བསྒོམ་བའི་ལམ་གྱི་ནི་ཀུན་ཤེས་བའི་དབང་པོའོ། །མི་སློབ་པའི་ལམ་ལ་ནི་ཀུན་ཤེས་པ་དང་ལྡན་པའི་དབང་པོ་ཞེས་བྱའོ། །རྣལ་འབྱོར་པ་རྣམས་ནི་གཞན་དུ་རྣམ་པར་འཇོག་སྟེ། ཀུན་ཤེས ་པར་བྱེད་པའི་དབང་པོ་དང། ཀུན་ཤེས་པའི་དབང་པོ་གཉིས་ལ་ནི་དབང་པོ་བཅུ་སྟེ། སྔར་སྨོས་པ་དགུའི་ནང་དུ་ཡིད་མི་བདེ་བ་བསྣན་ན་བཅུར་འགྱུར་རོ། །ཀུན་ཤེས་པ་དང་ལྡན་པའི་དབང་པོ་ལ་ནི་དགུ་ཉིད་དོ། །དེ་ལ་ངེས་བར་འབྱེད་བའི་ཆ་དང་མཐུན ་པའི་བདག་ཉིད་སྦྱོར་བའི་ལམ་དང། མཐོང་བའི་ལམ་སྐད་ཅིག་བཅོ་ལྔ་དག་ལ་ནི་ཡིད་ཀྱི་དབང་པོ་དང། དད་པ་ལ་སོགས་པ་ལྔ་དང། མི་ལྕོགས་པ་མེད་པ་ལ་སོགས་པ་ལ་བརྟེན་པའི་བྱེ་བྲག་གིས་ཅི་རིགས་པར་བདེ་བ་དང། ཡིད་བདེ་བ་དང། ་ཡིད་མི་བདེ་བ་དང་།བཏང་སྙོམས་ཀྱི་དབང་པོ་རྣམས་ལས་གང་ཡང་རུང་བའོ་ཡིད་མི་བདེ་བའི་དབང་བོ་ནི་སྦྱོར་བའི་དུས་ན་ངེས་པར་འབྱེད་བའི་ཆ་དང་མཐུན་པའི་འོག་ཏུ་ཐར་པ་མཆོག་འདོད་པས་བསྡུས་པར་རིག་པར་བྱའོ། །དབང་པོ ་འདི་བཅུ་ནི་ཅི་རིགས་བར་སྦྱར་བར་བྱ་སྟེ། སྔོན་ཀུན་མི་ཤེས་པ་ཁོ་ན་ཀུན་ཤེ?་པར་བྱེད་བའི་ཕྱིར་ཞུགས་པས་མི་ཤེས་པ་ཀུན་ཤེས་པར་བྱེད་པའི་དབང་པོ་ཞེས་བྱའོ། །མཐོད་བའི་ལམ་སྐད་ཅིག་བཅུ་དྲུག་ནས་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་བར ་དུ་སློབ་བའི་ལམ་དེ་ལ་དབང་པོ་རྣམ་པ་བཅུ་པོ་དེ་ཉིད་ཀུན་ཤེས་པའི་དབང་པོ་ཞེས་བྱ་བ་སྟེ། སྔོན་མི་ཤེས་བ་ཤེས་པར་བྱར་མེད་པའི་ཕྱིར་རོ། །མི་སློབ་པའི་ལམ་ལ་ཡིད་མི་བདེ་བའི་དབང་པོ་མ་གཏོགས་པར་ལྷག་མ་རྣམས་ཀུན་ཤེས་པ་དང ་ལྡན་པའི་དབང་པོའི་མིང་འཐོབ་བོ། །ཀུན་ཤེས་པ་དང་ལྡན་པའི་དབང་པོ་ཡིན་པས་ཀུན་ཤེས་པ་དང་ལྡན་པའི་དབང་པོ་ཞེས་བྱའོ། །དེ་ལྟར་དབང་པོ་ལ་མཁས་པ་ནི་སྐྱེས་བུ་དང། མཐུ་བོ་ཆེ་དང་སྲེད་མེད་ཀྱི་ཕུལ་སོགས་པ་ལ་དབང ་པོར་འཛིན་པ་གང་ཡིན་པ་དེ་ལྡག་པར་འགྱུར་རོ། །དབང་པོའི་དོན་གྱི་འོག་ཏུ་དུས་གསུམ་གྱི་དོན་བརྗོད་དགོས་པས་དེའི་ཕྱིར། འབྲས་བུ་རྣམས་སྤྱད་ཟིན་དང། དེ་བཞིན་མ་སྤྱད་གཞན་ཡིན་ནོ་ཞེས་བྱ་བ་སྨོས་ཏེ ་དེ་ལ་རྒྱུ་ནི་སྐྱེ་བར་བྱེད་བའི་རྒྱུའོ། །འབྲས་བུ་ནི་ཚེས་བསྡུས་པའོ། །རྒྱུ་སྤྱད་ཛིན་པ་ནི་འབྲས་བུ་བྱུང་ཟིན་པའོ། །འབྲས་བུ་སྤྱད་ཟིན་པ་ནི་མྱོང་ནས་ཡོངས་སུ་ཟད་པ་སྟེ། རྣམ་པ་དེ་ལྟ་བུའི་རྒྱུ་དང་དེའི་འབྲས་བུ་ནི་འདས་པའོ། །དེའི་ཕྱིར། འབྲས་བུ་དང ་དེའི་རྒྱུ་སྤྱད་ཟིན་པའི་ཕྱིར་འདས་བའི་དུས་སོ། །རྣམ་པ་འདི་ཉིད་ཀྱི་འབྲས་བུ་དང། རྒྱུ་མ་སྤྱད་པའི་ཕྱིར་མ་འོངས་པའི་དུས་སོ། །ད་ལྟར་བྱུང་བའི་དུས་ནི་ད་ལྟར་གྱི་ཆོའི་རྒྱུས་འབྲས་བུ་བྱིན་པའི་ཕྱིར་རྒྱུ་སྤྱད་བའི་དོན་དམ་དེའི་འབྲས་བུ་ནི་ད་ལྟར ་གྱི་ཚེ་རྗེས་སུ་འབྲང་བ་ཉིད་དེ། །འབྲས་ཕུ?་མ་སྦྱོད་པའི་ཕྱིར་ད་ལྟར་བྱུང་བའི་དུས་སུ་རིག་པར་བྱའོ། །དངོས་པོ་རྣམས་ཀྱི་སྐད་ཅིག་སོ་སོ་ནི་རྒྱུ་དང་འབྲས་བུའི་དངོས་པོ་ཡིན་པས་སྐད་ཅིག་ཉིད་ཀྱི་དབང་དུ་བྱས་ཏེ་དུས་རྣམ་པར་བཞག་པར་རིག་བར་བྱའོ།། ་དེ་ལ་རྒྱུ་སྤྱད་ཟིན་པ་ནི་རང་གི་འབྲས་བུ་བསྐྱེད་བའི་ཕྱིར་རོ། །འབྲས་བུ་སྤྱད་ཟིན་པ་ནི་འབྲས་བུ་སྐྱེས་མ་ཐག་ཏུ་འཇིག་བའི་ཕྱིར་རོ། །དེ་ལྟར་འབྲས་བུ་དང་རྒྱུ་སྤྱད་ཟིན་པའི་ཕྱིར་འདས་བའི་དུས་ཡིན་ལ་འབྲས་བུ་དང་རྒྱུ་མ་སྤྱད་པའི་ཕྱིར་མ་འོངས་པའི་དུས་ཏེ། ་དགོས་པ་མ་བསྐྱེད་པ་དང་སྐྱེས་པ་ལ་ཞིག་པ་མེད་པའི་ཕྱིར་འབྲས་བུ་དང་རྒྱུ་མ་སྤྱད་པར་རིག་པར་བྱའོ། །རྒྱུ་སྤྱད་ལ་འབྲས་བུ་མ་སྤྱད་པའི་ཕྱིར་ཞེས་བྱ་བ་ནི་དགོས་པ་བསྐྱེད་བའི་ཕྱིར་རྒྱུ་སྤྱད་པ་ཞེས་བྱའོ། །དགོས་པ་མ་ཞིག་པའི་ཕྱིར་འབྲས་བུ་མ་སྦྱང་པ་ཞེས་བྱའོ ་དེ་ལྟར་དུས་ལ་མཁས་པ་ནི་དུས་མ་གཏོགས་པར་གཞན་མི་དམིགས་པའི་ཕྱིར་བདག་རྟག་པར་འཛིན་པ་ལྡོག་པར་འགྱུར་རོ། །དུས་གསུམ་གྱི་དོན་གྱི་འོག་ཏུ་བདེན་པ་བཞིའི་དོན་བརྗོད་དགོས་པས། དེའི་ཕྱིར། ཚོར་བ་རྒྱུ་དང་བཅས་བའི་དོན། །དེ་ཡི་རྒྱུ་ནི ་སྒྲུབ་པ་ཡིན་ཞེས་རྒྱ་ཚོར་གསུངས་སོ། །ཚོར་བ་ནི་སྡུག་བསྔལ་གྱི་དོན་ཏོའི?་ཞེས་འཇིག་རྟེན་གྲགས་སོ། །བསྟན་བཅོས་ལས་ཀྱང་གང་ཅི་ཚོར་བ་ཡང་རུང་སྟེ། དེ་ནི་འདིར་སྡུག་བསྔལ་ལོ་ཞེའོ། །བདེན་བ་རྣམ་པར་བཞག་པ་ནི་ཟག་པ་དང་བཅས་པའི་བདེ་བ་དང ་སྡུག་བསྔལ་དང་བདེ་བ་ཡང་མ་ཡིན་སྡུག་བསྔལ་ཡང་མ་ཡིན་པའི་ཚོར་བ་རྒྱུ་དང་བཅས་པ་ཐམས་ཅད་སྡུག་བསྔལ་གྱི་བདེན་པའི་དོན་ཡིན་ནོ། །ཞེས་བསྟན་པའི་ཕྱིར་བཤད་པ་བྱེད་པས་ཀྱང། དེ་ལ་སྡུག་བསྔལ་གྱི་བདེན་པ་ནི་ཚོར་བརྒྱུ་དང་བཅས་པའི་དོན ་ཞེས་བྱ་བ་སྨོས་སོ། །ཚོར་བ་ཐམས་ཅད་སྡུག་བསྔལ་ཡིན་པར་ཅི་མངོན་ཞེ་ན། དེའི་ཕྱིར་གང་ཅི་ཚོར་ཡང་རུང་སྟེ། དེ་ནི་འདིར་སྡུག་བསྔལ་ལོ་ཞེས་བྱ་བའི་ཕྱིར་ཞེས་བྱ་བ་སྨོས་སོ། །ཚོར་བ་དེ་དག་ཀྱང་སྡུག་བསྔལ་གྱི་སྡུག་བསྔལ་ཉིད་དང། འགྱུར་བའི་སྡུག ་བསྔལ་ཉིད་དང། འདུ་བྱེད་ཀྱི་སྡུག་བསྔལ་ཉིད་རྣམས་སུ་ཇི་ལྟར་མཐུན་མཐུན་དུ་སྦྱར་ཏེ། སྡུག་བསྔལ་བའོ། །ཡང་ན་འདུ་བྱེད་ཀྱི་སྡུག་བསྔལ་ཉིད་ཀྱིས་སྡུག་བསྔལ་བའོ། །ཚོར་བའི་རྒྱུ་ནི་ཚོར་བའི་གནས་ཀྱི་ཆོས་རྣམས་སུ་རིགས་བར་བྱའོ་ཞེས་བྱ ་བ་ལ་།བདེ་བ་དང། སྡུག་བསྔལ་བ་དང། སྡུག་བསྔལ་བ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པ་མྱོང་བར་འགྱུར་བའི་ཆོས་རྣམས་ནི་ཆོས་པའི་གནས་རྣམས་སོ། །དེ་ལྟར་ཕུང་པོ་ལྔ་པོ་དག་ནི་སྡུག་བསྔལ་གྱི་བདེན་བར་བསྟན་པ་ཡིན་ནོ། །དེའི་རྒྱུ་ནི ་སྒྲུབ་པ་ཡིན། ཀུན་འབྱུང་བའི་བདེན་པ་སྟེ་ཞེས་བྱ་བ་ལ་།དེའི་ཞེས་བྱ་བའི་སྒྲ་ནི་སྡུག་བསྔལ་གྱི་བདེན་པ་དང་སྦྱར་རོ། །སྒྲུབ་པ་གང་གིས་སྡུག་བསྔལ་བསྐྱེད་པ་ནི་བསྒྲུབ་པ་སྟེ། ཀུན་འབྱུང་བའོ། །དེ་ཡང་ཚོར་བ་དང་ཚོར་བའི་གནས་ཀྱི་ཆོས་རྣམས་ལ ་སྲིད་པའི་རྒྱུ་སྔོན་དུ་སོང་བའི་ལུས་དང་ངག་དང་ཡིད་རབ་ཏུ་གཡོ་བའི་ངོ་བོ་ཉིད་དོ། །མདོར་ན་ཡང་སྲིད་པ་ཀུན་སློང་བའི་ལས་ནི་ཀུན་འབྱུང་བར་བསྟན་པོ་ཡིན་ནོ། །དེ་གཉིས་ཞི་བའི་ཕྱིར་འགོག་པའི་བདེན་པའོ་ཞེས་བྱ་བ་ལ། དེ་གཉིས་ཞེས་བྱ་བ་ནི ་སྡུག་བསྔལ་དང་ཀུན་འབྱུང་བའི་བདེན་པ་གཉིས་སོ། །ཞི་བའི་ཕྱིར་ཞེས་བྱ་བ་ནི་མི་སྐྱེ་བའི་ཕྱིར་རོ། །དེ་ལྟར་རྒྱུ་དང་བཅས་པའི་སྡུག་བསྔལ་མི་སྐྱེ་བའི་མཚན་ཉིད་ཡིན་པའི་ཕྱིར་འགོག་པ་ལ་རྣམ་པ་གཉིས་སུ་བསྟན ་པ་ཡིན་ཏེ། ཀུན་འབྱུང་བ་ཞི་བའི་ཕྱིར་ཕུང་པོའི་ལྷག་མ་དང་བཅས་པའོ། །སྡུག་བསྔལ་ཞི་བའི་ཕྱིར་ཕུང་པོའི་ལྷག་མ་མེད་པའོ། །དེ་ཉིད་ཀྱི་དབང་དུ་བྱས་ནས་སྡུག་བསྔལ་དང་ཀུན་འབྱུང་བ་གཉིས་ཀྱིས་གཉེན་པོའི་ཕྱིར་སྡུག་བསྔལ་དང ་ཀུན་འབྱུང་བ་འགོག་པར་འགྱུར་བའི་ལམ་ནི་ལམ་གྱི་བདེན་པའོ། །དེ་ལྟར་བདེན་པ་ལ་མཁས་པ་ནི་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་ཙམ་རྟོགས་ནས་དེ་དག་ལས་གཞན་པ་ལས་ཀུན་ནས་ཉོན་མོངས་པ་དང། རྣམ་པར་བྱང་བར་འཛིན་པ་ལྡོག ་པར་འགྱུར་ཏེ་མེད་པའི་ཕྱིར་རོ། །བདེན་པ་རྣམས་ཀྱི་དོན་གྱི་འོག་ཏུ་ཐེག་པ་གསུམ་གྱི་དོན་བསྟན་པར་བྱ་སྟེ། དེའི་ཕྱིར་ཡོན་ཏན་སྐྱོན་དང་རྣམ་མི་རྟོག་།ཤེས་པས་གཞན་ལས་བདག་གིས་ནི། །ངེས་པར་འབྱུང་ཕྱིར་གཞན་ཞེས་བྱ་ཞེས་བྱ་བ ་གསུངས་སོ། །ཤེས་པ་ཞེས་བྱ་བའི་སྒྲ་ནི་ཡོན་ཏན་དང་སྐྱོན་ཤེས་པ་དང། རྣམ་པར་མི་རྟོག་པའི་ཡེ་ཤེས་ཞེས་བྱ་བ་གཉིས་ཀ་དང་སྦྱར་བར་བྱའོ། །ཡང་ན་བར་དུ་རྣམ་པར་རྟོག་ཅེས་བྱ་བའི་སྒྲ་ཞིག་མ་སྨོས་བར་ལྟ་བར་བྱའོ། །དེ་ལ་ཡོན་ཏན ་དང་སྐྱོན་ཤེས་པ་ནི་གཞན་ལས་དང་བདག་གིS་ཕྱེ་སྟེ། བརྗོད་པར་བྱའོ། །རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་ནི་བདག་ཉིད་གྱིས་ཏེ། དེ་བས་ན་འབྲེལ་བ་ལས་ཅི་རིགས་སུ་སྦྱར་བར་བྱའོ་ཞེས་བྱ་བ་སྨོས་སོ། །དེ་ལ་མྱ་ངན་ལས་འདས་པ་དང་། ་འཁོར་བ་ལ་ཡོན་ཏན་དང་སྐྱོན་དུ་ཤེས་ཞེས་བྱ་བ་ལ། མྱ་ངན་ལས་འདས་པ་ཞེས་བྱ་བའི་སྒྲ་ནི་འདིར་ལམ་དང་འགོག་པར་གཟུང་སྟེ། དཔེར་ན་རབ་ཏུ་ཞི་བ་ཞེས་བྱ་བའི་སྒྲ་བཞིན་ནོ། །དེ་ལ་འགོག་པ་ལ་ནི་ཞི་བའི་རྣམ་པ་ལ་སོགས་པ་དང། ་ལམ་ལ་ངེས་པར་འབྱིན་བའི་རྣམ་པ་ལ་སོགས་པར་ཤེས་པ་ནི་མྱ་ངན་ལས་འདས་པ་ལ་ཡོན་ཏན་དུ་ཤེས་པའོ། །འཁོར་བ་ནི་སྡུག་བསྔལ་དང་ཀུན་འབྱུང་བའི་བདག་ཉིད་དེ། དེ་ཡང་མི་རྟག་པ་དང་སྡུག་བསྔལ་བའི་རྣམ་པ་ལ་སོགས་པ་དང། ཀུན་འབྱུང་བ ་དང་རྐྱེན་གྱི་རྣམ་པ་ལ་སོགས་པར་ཤེས་པ་ནི་འཁོར་བ་ལ་སྐྱོན་དུ་ཤེས་པའོ། །གཞན་ལས་ཐོས་ཞེས་བྱ་བ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ལ་སོགས་པ་ལས་མྱ་ངན་ལས་འདས་པ་དང་འཁོར་བ་གཉིས་ཀྱི་ཡོན་ཏན་དང་སྐྱོན་ཇི་སྐད་དུ་སྨོས་པ ་ཐོས་པའོ། །ངེས་པར་འབྱུང་བའི་ཕྱིར་ཞེས་བྱ་བ་ནི་འཁོར་བ་ལས་བྱུང་བའི་ཕྱིར། ཉན་ཐོས་ཀྱི་ཐེག་པ་ཞེས་བྱ་བ་ནི་གཞན་གྱི་སྒྲ་ལ་བརྟེན་ནས་ངེས་པར་འབྱུང་བའི་ཕྱིར་རོ། །ཉན་ཐོས་ཀྱི་ཐེག་པ་ཞེས་བྱ་བས་ནི་རང་སངས་རྒྱས་ཀྱི་ཐེག་པ་ལས་བྱེ་བྲག ་ཏུ་སྟོན་ཏོ། །དེ་ཉིད་ཀྱིས་ཞེས་བྱ་བ་ནི་མྱ་ངན་ལས་འདས་པ་དང། འཁོར་བ་གཉིས་ལ་ཡོན་ཏན་དང་སྐྱོན་དུ་ཤེས་ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་གཞན་ལས་མ་ཐོས་པར་བདག་གིས་ངེས་པར་འབྱུང་བའི་ཕྱིར་རང་སངས་རྒྱས་ཀྱི་ཐེག་པའོ ་གཞན་ལས་མ་ཐོས་པར་བདག་གིས་ཤེས་པར་བྱ་བ་ནི་ཉན་ཐོས་ཀྱི་ཐེག་པ་ལས་བྱེ་བྲག་ཏུ་བསྟན་ཏོ། །རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་ཞེས་བྱ་བ་ནི་འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་གཉིས་བརྗོད་དུ་མེད་པར་རྟོགས་པའི་ཕྱིར་རྣམ ་པར་མི་རྟོག་པའི་ཡེ་ཤེས་ཏེ། གཞན་ལས་མ་ཐོས་པར་བདག་ཉིད་ཀྱིས་ངེས་པར་འབྱུང་བའི་ཕྱིར་ཐེག་པ་ཆེན་པོའོ། །འདིར་ནི་རང་སངས་རྒྱས་ཀྱི་ཐེག་པ་ལས་ཡེ་ཤེས་ཀྱིས་བྱེ་བྲག་ཏུ་བྱས་སོ། །གཞན་དག་ན་རེ་གཞན་ལས་ཐོས་ནས་གང ་ཟག། ལ་བདག་མེད་པའི་ཡུལ་ཅན་ཡོན་ཏན་དང་སྐྱོན་དུ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་ངེས་པར་འབྱུང་བ་ནི་ཉན་ཐོས་ཀྱི་ཐེག་པའོ། །མཉན་པ་ལ་མི་བལྟོས་པར་བདག་ཉིད་ཀྱིས་ངེས་པར་འབྱུང་བ་ནི་རང་སངས་རྒྱས་ཀྱི་ཐེག་པའོ། །མི་གནས་པའི ་མྱ་ངན་ལས་འདས་པ་ཐོབ་པར་བྱེད་པ་ཆོས་ལ་བདག་མེད་པའི་ཡུལ་ཅན་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་བདག་ཉིད་ཀྱི་ངེས་པར་འབྱུང་བ་ནི་ཐེག་པ་ཆེན་པོ་ཞེས་བྱའོ། །རྣམ་པར་བཤད་པ་འདི་ནི་འགྲེལ་བ་དང་འགལ་ལོ། ། ་ད་ལྟར་ཐེག་པ་གསུམ་ལ་མཁས་པ་ནི་རྣལ་འབྱོར་ཙམ་དུ་ཟད་པར་མཐོང་བས་བདག་རྣལ་འབྱོར་ཅན་དུ་འཛིན་པ་ལྡོག་པར་འགྱུར་རོ། །ད་ནི་འདུས་བྱས་དང་འདུས་མ་བྱས་ཀྱི་དོན་བསྟན་བའི་ཕྱིར་རོ། །བཏགས་བཅས་རྒྱུར་བཅས་རྒྱུ་མཚན་དང། །རབ་ཏུ་ཞེ ་བདེན་བཅས་ནི། །ཐ་མ་ཉིད་དུ་བཤད་པ་ཡིན་ཞེས་བྱ་བ་གསུངས་སོ། །ཐ་མར་བཤད་པ་དེ་གང་ཞེ་ན། དེའི་ཕྱིར། འདུས་བྱས་དང་འདུས་མ་བྱས་སོ་ཞེས་བྱ་བ་སྨོས་ཏེ། ཐམས་ཅད་ཀྱི་ཐ་མར་བཤད་བའི་ཕྱིར་རོ། །དེ་ལ་འདུས་བྱས་ནི་བཏགས་པ་དང ་བཅས་ཤིང་རྒྱུ་དང་བཅས་བའི་རྒྱུ་མཚན་གྱིས་རྣམ་པར་བཞག་གོ། འདུས་མ་བྱས་ནི་དོན་དང་བཅས་པའི་རབ་ཏུ་ཞི་བས་རྣམ་པར་བཞག་གོ་།བཏགས་པ་དང་རྒྱུ་དང་རྒྱུ་མཚན་ཡང་མི་ཤེས་ནས་དེ་བསྟན་པར་བྱ་བའི་ཕྱིར། དེ་ལ་བཏགས་པ་ནི་མིང་གི ་ཚོགས་ལ་སོགས་པའོ་ཞེས་བྱ་བ་སྨོས་སོ། །མིང་དང་ཚིག་གི་ཚོགས་ཀྱི་དངོས་པོ་དག་གི་ངོ་བོ་ཉིད་དང། ཁྱད་པར་གཉིས་བརྟགས་པས་ན་མིང་དང་ཚིག་གི་ཚོགས་གཉིས་ནི་བརྟགས་པའོ། །ཡི་གེའི་ཚོགས་ནི་དེ་གཉི་ག་ཡང་གསལ་བར ་བྱེད་པའི་ཕྱིར་བཏགས་པའོ། །རྒྱུ་ནི་ས་བོན་དུ་བསྡུས་བའི་ཀུན་གཞི་རྣམ་པར་ཤེས་པའོ་ཞེས་བྱ་བ་དེ་ཡང་ཟག་པ་དང་བཅས་པའི་ཆོས་ཐམས་ཅད་ཀྱི་བག་ཆགས་ཀྱི་རྗེས་སུ་སོང་བ་འབྲས་བུ་མ་བྱིན་པ་ཀུན་འབྱུང་བའི་བདེན་པར་བསྡུས་པ་ཉིད ་དོ། འབྲས་བུ་བྱིན་པ་ལས་རྣམ་པར་དབྱེ་བའི་ཕྱིར། །ས་བོན་དུ་བསྡུས་པ་ཞེས་བྱ་བ་སྨོས་སོ། །རྒྱུ་མཚན་ནི་གནས་དང་ལུས་དང་ལོངས་སྤྱོད་དུ་བསྡུས་པ་ཞེས་བྱ་བ་ནི་ཀུན་གཞི་རྣམ་པར་ཤེས་པ་ཞེས་བྱ་བར་སྦྱར་རོ། །འཇུག་པ་ནི་རྣམ་པ་ཤེས་པར ་བསྡུས་པ་ཡིད་དང་འཛིན་པ་དང་རྣམ་པར་རྟོག་པར་བསྡུས་པའོ་ཞེས་བྱ་བ་དེ་ལ། གནས་ནི་སྣོད་ཀྱི་འཇིག་རྟེན་ཏེ། དེར་སྣང་བའི་ཀུན་གཞི་རྣམ་པར་ཤེས་བའོ། །གནས་ཀྱི་བདག་ཉིད་དུ་བསྡུས་བས་ན་གནས་སུ་བསྡུས་པའོ། །ལུས་སུ་སྣང་བའི་རང་བཞིན ་ལ་ལུས་སུ་བསྡུས་པ་ཞེས་བྱའོ། །ལུས་ནི་དབང་པོ་དང་བཅས་བའི་ཁོག་པ་ལུས་དེར་སྣང་བའི་ཀུན་གཞི་རྣམ་པར་ཤེས་པའོ། །ལུས་སུ་བསྡུས་པ་ནི་ལུས་གྱི་བདག་ཉིད་དང་ལྡན་པ་ཞེས་བྱ་བའི་ཐ་ཚིག་གོ། ལོངས་སྤྱོད་དུ་བསྡུས་པ་ནི་གོང་དུ་བཤད ་པ་དེ་ཉིད་དེ། དེ་གཉིས་ལ་རྣམ་པར་ཤེས་པ་གཞན་དག་དབང་བྱེད་པའི་དངོས་པོར་ལོངས་སྤྱོད་པས་ན་ལོངས་སྤྱོད་དོ། །ཡང་ན་བཟའ་བ་དང་བཏུང་བ་ལ་སོགས་བའི་དོན་ལ་ལོངས་སྤྱོད་བས་ན་ལོངས་སྤྱོད་དེ། དེར་སྣང་བའི་རྣམ་པར་ཤེས་པ་ནི་ལོངས་སྤྱོད ་དུ་བསྡུས་བའོ། །བཏགས་པ་དང་བཅས་ཤིང་རྒྱུ་དང་བཅས་པའི་རྒྱུ་མཚན་དེ་ནི་མཚུངས་པར་ལྡན་པ་དང་བཅས་པ་གཞན་གྱི་དབང་གི་ངོ་བོ་བསྡུས་པའི་ཕྱིར་འདུས་བྱས་སུ་རིག་པར་བྱའོ། །མཚུངས་པར་ལྡན་པ་དང་བཅས་པ་ནི་སེམས་ལས་བྱུང་བ ་སྟེ་།འདུས་བྱས་དེ་ནི་དེ་ཉིད་འབའ་ཞིག་མ་ཡིན་པར་བསྟན་ཏོ། །དེ་ཡང་གང་གི་རྒྱུ་མཚན་ཞེ་ན། མིང་གི་ཚོགས་ལ་སོགས་པའི་རྒྱུ་མཚན་ཏེ། དེ་ནི་དེ་དག་གི་ངོ་བོ་ཉིད་དང། ཁྱད་པར་རྗོག?་བར་བྱེད་པའི་ཕྱིར་རོ། །དེ་དག་གི་རྗེས་སུ་འབྲང་པས ་རང་བཞིན་དང་བྱེ་བྲག་ལ་མངོན་པར་ཞེན་བའི་སེམས་དང་སེམས་ལས་བྱུང་བ་ཡིད་དང་འཛིན་པ་དང་རྣམ་པར་རྟོག་པ་ཞེས་བྱ་བ་རྣམས་ཀྱི་རྒྱུ་མཚན་ཡང་ཡིན་ནོ། །ཁ་ཅིག་ན་རེ་ཡིད་དང་འཛིན་པ་དང་རྣམ་པར་རྟོག་པ་ཡང་ཀུན་གཞི་རྣམ་པར་ཤེས་པའི་རྒྱུ་མཚན་ཏེ། དེ་ལ་བག་ཆགས་རྟས་བར་བྱེད་བའི་ཕྱིར་རོ་ཞེའོ། །གཞན་དག་ནི་རང་བཞིན་དང་བྱེ་བྲག་ཏུ་འདོགས་པས་ན་འདོགས་པའི་མཚན་མ་ནི་འདུ་ཤེས་ཏེ། མཚན་མར་འཛིན་བའི་བདག་ཉིད་ཀྱི་ཕྱིར་རོ། །གནས་དང་ལུས་དང་ལོངས་སྤྱོད་དུ་ ་བསྡུས་པ་ཀུན་གཞི་རྣམ་པར་ཤེས་པ་ནི་བག་ཆགས་རྟས་པར་བྱེད་པའི་ཕྱིར་གཞི་རྒྱུ་མཚན་ནོ། །ཡིད་དང་འཛིན་པ་དང་རྣམ་པར་རྟོག་པ་རྣམས་ནི་དམིགས་པ་མཚན་མར་བྱེད་པའི་ཕྱིར་དམིགས་པའི་རྒྱུ་མཚན་ཡང་ཡིན་ལ་གཉི ་ག་མཚན་མར་བྱེད་པའི་ཕྱིར་དམིགས་པ་དང། དམིགས་པར་བྱེད་པའི་རྒྱུ་མཚན་ཡང་ཡིན་ནོ་སྙམ་དུ་སེམས་སོ། །དེ་ལ་ཡིད་ནི་གང་རྟག་ཏུ་རློམ་སེམས་པའི་རྣམ་པའོ་ཞེས་བྱ་བ་ལ་།བདག་གམ་བདག་གི་ཞེས་གང་རྟག་པར་རློམ་སེམས་པ་དེ་ནི ་ཡིད་ཅེས་བྱ་སྟེ་།དེ་ནི་བདག་ཏུ་རྨོངས་པ་དང། བདག་ཏུ་ལྟ་བ་དང། བདག་ལ་ཆགས་པ་དང་།ངའོ་སྙམ་པའི་ང་རྒྱལ་དང། ཀུན་ཏུ་འགྲོ་བ་ལྔ་པོ་ཚོར་བ་དང། འདུ་ཤེས་དང། སེམས?་པ་དང། རེག་པ་དང། ཡིད་ལ་བྱེད་པ་དགྲ་དང་མཚུངས ་པར་ལྡན་ནོ། །འཛིན་པ་ནི་རྣམ་པར་ཤེས་པའི་ཚོགས་ལྔ་པོ་ཞེས་བྱ་བ་ནི་ཡུལ་གྱི་རང་བཞིན་གྱི་ངོ་བོ་ཉིད་འཛིན་པའི་མཚན་ཉིད་ཀྱི་ཕྱིར་རོ། །རང་རིག་པ་ཡིན་པས་བརྗོད་མི་ནུས་པའི་ཕྱིར་འཛིན་པ་ཞེས་བྱའོ། །རྣམ་པར་རྟོག་པ་ནི་ཡིད་ཀྱི་རྣམ་པར ་ཤེས་པ་སྟེ་།དེ་ནི་ཆོས་རྣམས་ཀྱི་རང་དང་སྤྱིའི་མཚན་ཉིད་ལ་རྣམ་པར་རྟོག་པ་ཅན་གྱི་ཕྱིར་རོ། །བཏགས་པ་དང་བཅས་ཤིང་རྒྱུ་དང་བཅས་པའི་རྒྱུ་མཚན་འདི་ལས་དང་ཉོན་མོངས་པ་གཉིས་ཀྱིས་མངོན་པར་འདུས་བྱས་པའི་ཕྱིར་འདུས་བྱས་སོ། །འདུས ་མ་བྱས་ནི་རབ་ཏུ་ཞི་སྔའི?་འགོག་པ་དང་རབ་ཏུ་ཞི་པའི་དོན་དེ་བཞིན་ཉིད་དེ་ཞེས་བྱ་བ་ལ། རྒྱུ་དང་བཅས་པའི་སྡུག་བསྔལ་རབ་ཏུ་ཞི་བའི་མཚན་ཉིད་ཡིན་པའི་ཕྱིར་འགོག་པ་ནི་རབ་ཏུ་ཞི་པའི་བར་རུང་ན། དེ་བཞིན་ཉིད་ཇི་ལྟར་རབ་ཏུ་ཞི་བའི་དོན་ཅེས ་བྱ་ཞེ་ན། རབ་ཏུ་ཞི་བའི་དོན་ཡིན་པའི་ཕྱིར་རོ། །འགོག་པ་དང་དེ་བཞིན་ཉིད་གཉིས་འབྲེལ་པ་ཅི་ཡང་མེད་པ་སྙམ་ན། ཇི་ལྟར་རབ་ཏུ་ཞི་བའི་དོན་ཅེས་བྱ་ཞེ་ན། དེ་བཞིན་ཉིད་ནི་ལམ་གྱི་དམིགས་པ་ཡིན་པའི་ཕྱིར་རོ། །ཇི་ལྟར་ན་ལམ་ཡང ་རབ་ཏུ་ཞི་བ་ཉིད་ཅེས་བྱ་ཞེ་ན་།དེས་རབ་ཏུ་ཞི་བར་བྱེད་པའི་ཕྱིར་རོ། ། ། །རབ་ཏུ་ཞི་བའི་ཕྱིར་མྱ་ངན་ལས་འདས་པ་ནི་རབ་ཏུ་ཞི་བའོ། །འདིས་རབ་ཏུ་ཞི་བར་བྱེད་པའི་ཕྱིར་ལམ་ཡང་རབ་ཏུ་ཞི་བའོ། །དེ་ལྟར་ན་ཚིག་རྣམ་པར ་སྦྱར་པ་ཐ་དད་པའི་ཕྱིར་བརྗོད་པ་གཅིག་གིས་མྱ་ངན་ལས་འདས་པ་དང་ལམ་གཉི་ག་རབ་ཏུ་ཞི་བ་ཞེས་བྱ་བར་བཟུང་ངོ། །ཅི་ལམ་གྱི་བདེན་པ་འདུས་བྱས་སམ་འོན་ཏེ་འདུས་མ་བྱས་ཤེ་ན་།བསྐྱེད་པར་བྱ་བ་ཡིན་པས་འདུས་བྱས་སོ། །གལ་ཏེ་ལས ་དང་ཉོན་མོངས་པས་མངོན་པར་འདུས་མ་བྱས་པ་དང། འདུས་མ་བྱས་ཀྱིས་རབ་ཏུ་ཕྱེ་བའི་ཕྱིར་འདུས་མ་བྱས་ཞེས་བརྗོད་ན་ཉེས་པ་མེད་དོ། །དེ་ལྟར་དོན་འདིས་ཕུང་པོ་ལ་སོགས་པ་ཤེས་པ་ན་ཕུང་པོ་ལ་སོགས་པ་ལ་མཁས་པར་རིག་པར་བྱའོ ་ཞེས་བྱ་བ་ནི་།ཐོག་མ་དུ་མ་ཉིད་དང་ནི་།བསྡུས་དང་ཡོངས་སུ་ཕྱེ་བའི་དོན་ཅེས་བྱ་བ་སྟེ་།རྒྱས་པར་ཐམས་ཅད་ལ་བརྗོད་པར་བྱའོ། །དེ་ཁོ་ནའི་དོན་བསྡུས་པ་ནི་མདོར་བསྡུ་ན་དེ་ཁོ་ན་རྣམ་པ་གཉིས་སོ། །རྒྱས་པར་ནི་རྣམ་པ་བཅུར་བཤད་དོ། ། ་དེ་བས་ན་མདོར་བསྡུ་ན་རྣམ་པ་གཉིས་ཏེ་ཞེས་བྱ་བ་སྨོས་སོ། །རྣམ་པ་གཉིས་པོ་ཇི་ལྟ་བུ་ཞེ་ན་།མེ་ལོང་ལྟ་བུའི་དེ་ཁོ་ན་དང། སྣང་བའི་དེ་ཁོ་ནའོ་ཞེས་བྱ་བ་སྨོས་སོ། །དེ་ལ་རྩ་བའི་དེ་ཁོ་ན་སྟེ་ནི་མེ་ལོང་ལྟ་བུའི་དེ་ཁོ་ན་སྟེ། དེ་ཡང་ངོ་བོ་ཉིད་གསུམ ་མོ། །ཅིའི་ཕྱིར་དེ་ལ་མེ་ལོང་ལྟ་བུའི་དེ་ཁོ་ན་ཞེས་བྱ་ཞེ་ན། མཚན་ཉིད་ཀྱི་དེ་ཁོ་ན་ལ་སོགས་པ་ལྷག་མ་རྣམས་དེར་སྣང་བའི་ཕྱིར་རོ། །སྣང་བའི་དེ་ཁོ་ན་ནི་མཚན་ཉིད་ཀྱི་དེ་ཁོ་ན་ལ་སོགས་པ་སྔར་བསྟན་པ་རྣམ་པ་དགུ་གང་ཡིན་པའོ། །ཅིའི་ཕྱིར ་དེ་དག་སྣང་བའི་དེ་ཁོ་ན་ཞེས་བྱ་ཞེ་ན་།རྩ་བའི་དེ་ཁོ་ན་ལ་སྣང་བའི་ཕྱིར་རོ། །ང་རྒྱལ་མེད་པ་སྣང་བའི་དེ་ཁོ་ན་ནི་མཚན་ཉིད་ཀྱི་དེ་ཁོ་ན་སྟེ་།གང་ཟག་དང་ཆོས་དང་གཟུང་བ་དང། འཛིན་པ་དང། དངོས་པོ་དང། དངོས་པོ་མེད ་པ་ལ་སྒྲ་མི་འདོགས་པ་དང། སྐུར་བ་མི་འདེབས་པའི་ཕྱིར་ངེས་ང་རྒྱལ་མེད་པར་འགྱུར་རོ། །ཕྱིན་ཅི་ལོག་གི་གཉེན་པོ་སྣང་བའི་དེ་ཁོ་ན་ནི་ཕྱིན་ཅི་མ་ལོག་པའི་མཚན་ཉིད་དེ། དེ་ནི་རྟག་པ་ལ་སོགས་པར་ཕྱིན་ཅི་ལོག་གི ་གཉེན་པོར་གྱུར་པའོ། །ཉན་ཐོས་ཀྱི་ཐེག་པས་ངེས་པར་འབྱུང་བ་སྣང་བའི་དེ་ཁོ་ན་ནི་འབྲས་བུ་དང་རྒྱུའི་དེ་ཁོ་ན་སྟེ། འཕགས་པའི་བདེན་པ་བཞི་རབ་ཏུ་རྟོགས་ཤིང་བསྒོམས་པས་ཉན་ཐོས་ངེས་པར་འབྱུང་དོ། །ཐེག་པ་ཆེན་པོས་ངེས་པར་འབྱུང ་བ་སྣང་བའི་དེ་ཁོ་ན་ནི་ཕྲ་བ་དང་རགས་པའི་དེ་ཁོ་ན་སྟེ་།རགS་པས་ཀུན་རྫོབ་གྱི་བདེན་པས་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་པ་དང། ཕྲ་བ་དོན་དམ་པའི་བདེན་པས་རྣམ་པར་གྲེལ་བར་བྱེད་པའི་ཕྱིར་ཐེག་པ་ཆེན་པོས་ངེས་པར་འབྱུང་བའོ ་ཕས་ཀྱི་རྒོལ་བ་ཚར་གཅོད་པ་སྣང་བའི་དེ་ཁོ་ན་ནི་གྲགས་པའི་དེ་ཁོ་ནའོ། །ཇི་ལྟ་ཞེ་ན། །དེའི་ཕྱིར་དཔེ་ལ་བརྟེན་ཏེ་རིགས་པས་ཚར་གཅོད་པའི་ཕྱིར་ཞེས་བྱ་བ་སྨོས་ཏེ་།ཚར་བཅད་པ་ལ་དཔེ་ནི་འཇིག་རྟེན་དུ་གྲགས་པའོ། །རིགས་པ་ནི་རིགS་པས ་རབ་ཏུ་གྲུབ་པ་ལ་བརྟེན་པའོ། །ཐེག་པ་ཆེན་པོ་མངོན་པར་བརྗོད་པ་སྣང་བའི་དེ་ཁོ་ན་ནི་རྣམ་པར་དག་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་གྱི་དེ་ཁོ་ན་སྟེ་།ངེས་ནི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་རྣམ་པར་དག་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་གྱི་ལུང་གཞན ་མངོན་པར་བརྗོད་པ་སྟེ་།དེ་ནི་ཐེག་པ་ཆེན་པོའོ། །ཤེས་བྱའི་རྣམ་པ་ཐམས་ཅད་ལ་འཇུག་པ་སྣང་བའི་དེ་ཁོ་ན་ལ་བསྡུ་བའི་དེ་ཁོ་ན་དངོས་པོ་ལྔ་སྟེ། དེ་ནི་ཤེས་པར་བྱ་བ་ཐམས་ཅད་ལ་འཇུག་པའི་ཕྱིར། མ་ནོར་བ་དེ་བཞིན་ཉིད་མངོན་པར་བརྗོད་པ ་པ་སྣང་པའི་དེ་ཁོ་ན་ནི་རབ་ཏུ་དབྱེ་བའི་དེ་ཁོ་ན་སྟེ་།དེས་དངོས་པོ་ནམས་ཀྱི་མ་ནོར་བ་དེ་བཞིན་ཉིད་དང་གཞན་མ་ཡིན་པ་དེ་བཞིན་ཉིད་མངོན་པར་བརྗོད་པའི་ཕྱིར་རོ། །བདག་ཏུ་འཛིན་པའི་གཞི་ལ་དགོངས་པ་ཐམས་ཅད་རྟོགས་པར་སྣང་བའི་དེ་ཁོ་ན་ཞེས ་བྱ་བ་ནི་མཁས་པའི་དེ་ཁོ་ན་སྟེ། དེས་བདག་ཏུ་འཛིན་པའི་གཞི་ལ་དགོངས་པ་ཐམས་ཅད་ཀྱི་སྒོ་ནས་རྟོགས་ཏེ་།བསམ་པ་བཅུ?་པོ་དག་གིས་ཕུང་པོ་ལ་བདག་ཏུ་འཛིན་པ་འཇུག་པར་སྔར་ཇི་སྐད་དུ་བསྟན་པའོ། །དེ་ཁོ་ནའི་དོན་བསྡུས་པ་སྨོས་པ་ནི་བདེ་བླག་ཏུ ་འཛིན་པའི་ཕྱིར་ཏེ། དོན་གྱིས་ཚིག་འདྲེན་པའི་ཕྱིར་རོ། །རྨོངས་པ་མེད་པ་དང་ཡོངས་སུ་སྐྱོ་བ་ཡང་མེད་པར་བྱ་བའི་ཕྱིར་ཏེ་།སྐབས་ཀྱི་མགོ་འཇུག་ཡོངས་སུ་མཐོང་ན་ཡོངས་སུ་སྐྱོ་བ་མི་སྐྱེའོ། །ཇི་ལྟར་བསྟན་པ་བཞིན་དུ་བཤད་པ་རྟོགས་པས་རྨོངས ་པ་ཡང་མི་འབྱུང་ངོ། །དེ་ཁོ་ན་བཤད་ཟིན་ཏོ། །བསྟན་བཅོས་དབུས་དང་མཛའ་རྣམ་པར་འབྱེད་པ་ལས་དེ་ཁོ་ནའི་ལེའུར་བཅད་པ་སྟེ་།གསུམ་པའི་འགྲེལ་བཤད་དོ།། །།དེ་ཁོ་ན་བཤད་པའི་འོག་ཏུ་གཉེན་པོ་བསྒོམ་པ་དང། དེའི ་གནས་དང་འབྲས་བུ་ཐོབ་པ་བཤད་དགོས་ཏེ། དེ་བས་ན་དེ་བསྟན་པའི་ཕྱིར་ལེའུར་བཅད་པ་བཞི་པ་བརྩམས་སོ། །དེ་ཁོ་ནའི་འོག་ཏུ་བསྟན་པ་དང་གཉེན་པོ་བསྒོམ་པ་ལ་རག་ལུས་པའི་ཕྱིར་དེའི་གནས་དང་འབྲས་བུ་ཐོབ་པ་ཉིད་ཀྱང་སྨོས་སོ། །བསྟན ་པའི་མདོར་བྱས་པ་ལས་གཉེན་པོ་ནི་བྱང་ཆུབ་ཀྱི་ཕྱོགས་སུ་བཞེད་པར་བསྟན་པའི་ཕྱིར་།གཉེན་པོ་བསྒོམས་པ་ནི་བྱང་ཆུབ་ཀྱི་ཕྱོགས་བསྒོམས་པ་སྟེ་ཞེས་བྱ་བ་སྨོས་སོ། །དེ་དག་བསྒོམས་ན་མི་མཐུན་པའི་ཕྱོགས་སྒྲིབ་པ་ཇི་སྐད་བསྟན་པ་རྣམས་སྤང ་པར་བྱ་བ་ལ་མཐུ་ཡོད་པར་འགྱུར་བས་གཉེན་པོ་རྣམས་ཞེས་བྱའོ། །དེ་རྣམས་ཀྱང་སུམ་ཅུ་རྩ་བདུན་ནོ། །དྲན་པ་ཉེ་བར་གཞག་པ་བཞི་ནས་འཕགས་པའི་ལམ་ཡན་ལག་བརྒྱད་པའི་བར་དུའོ། །དེ་རྣམས་བསྒོམས?་པ་ནི་སྤེལ་བ་དང། སྐྱེད་པ་དང། ་གོམས་པར་བྱ་བ་དང་ལན་མང་དུ་བྱ་བ་ཞེས་བྱ་བའི་རྣམ་གྲངས་སོ། །དེ་ཡང་དེ་ཁོ་ན་འི?་འོག་ཏུ་བསྟན་པའི་ཕྱིར་དེ་ད་བརྗོད་པར་བྱའོ། །བྱང་ཆུབ་ཀྱི་ཕྱོགས་བསྒོམ་པ་ལ་ཅིའི་ཕྱིར་དྲན་པ་ཉེ་བར་གཞག་པ་བསྒོམ་པ་ཉིད་ཐོག་མར་བཤད་ཀྱི་གཞན ་མ་ཡིན་ཞེ་ན། དེ་ལ་རེ་ཞིག་དང་པོར་གནས་ངན་ལེན་ཕྱིར་སྲོད་རྒྱུའི་ཕྱིར་ཞེས་རྒྱ་ཆེར་སྨོས་སོ། །དེ་ལ་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་ཕྱོགས་བསྒོམས་པ་ལའོ། །རེ་ཞིག་ཅེས་བྱ་བ་ནི་རིམ་གྱི་དོན་ཏེ། ཐོག་མར་ངན་པ་ཉེ་བར་བཞག ་པ་བསྒོམ་པ་ཇེ་བཤད་ལ། གཞན་ཡང་ཕྱིས་བཤད་དོ། །ཞེས་བྱ་བར་འགྱུར་རོ། །མྱ་ངན་ལས་འདས་པ་དང་འཁོར་པ་གཉིས་ཀྱི་ཡོན་ཏན་དང་ཉེས་པ་མ་རྟོགས་པའི་ཕྱིར་འདུ་བྱེད་རྣམས་ལ་བདེ་པ་དང་གཙང་པ་དང་རྟག་པ་དང་བདག་ཏུ་མངོན ་པར་ཞེན་པས་ཕྱིས་པ་རྣམས་སྲིད་པ་དང་ལོངས་སྤྱོད་ལ་མངོན་པར་དགའ་ཞིང་མྱ་ངན་ལས་འདས་པས་སྐྲག་གོ་།ཡོན་ཏན་དང་ཉེས་པ་མ་རྟོགས་པ་དང་བདེ་པ་ལ་སོགས་པ་ལ་མངོན་པར་ཞེན་པ་དེ་ཡང་བདེན་ན་མཐང་ནས་ལྡོག་པར་འགྱུར་ཏེ། ་དེའི་ཕྱིར་འཁོར་བ་ལ་སྐྱེ་བར་བྱ་བའི་དོན་དང། མྱ་ངན་ལས་འདས་པ་མངོན་སུམ་དུ་བྱ་པའི་དོན་དུ་བདེན་པ་བཞི་ལ་འཇུག་པར་བྱ་བའི་ཕྱིར་དྲན་པ་ཉེ་བར་གཞག་པ་བསྒོམ་པ་ཉིད་ཐོག་མར་བཤད་དོ། །ལུས་ཀྱིས་ནི་གནས་ངན་ལེན་རབ་ཏུ ་སྟེན་ཞེས་བྱ་བ་ལ། གནས་ངན་ལེན་ནི་ངན་པར་གནས་པ་སྟེ། འདི་ལྟར་ཉིན་གཅིག་བཞིན་མངོན་པར་འདུས་བྱས་ཀྱང་ལུས་འགྱུར་བ་ཉིད་པས་ལུས་ཀྱིས་ནི་གནས་ངན་ལེན་རབ་ཏུ་སྟོན་ཏོ། །དེའི་ཕྱིར་ལུས་ལ་ཡོངས་སུ་བརྟགས་པས་སྡུག ་བསྔལ་གྱི་བདེན་པ་ལ་འཇུག་གོ་།དེ་ཅིའི་ཕྱིར་ཞེ་ན་།དེའི་མཚན་ཉིད་ནི་གནས་ངན་ལེན་དང་བཅས་པའི་འདུ་བྱེད་ཡིན་པའི་ཕྱིར་རོ་ཞེས་བྱ་བ་སྟེ། འདི་ལྟར་སྡུག་བསྔལ་གྱི་བདེན་པའི་མཚན་ཉིད་དེ་ངོ་བོ་ཉིད་ནི་གནས་ངན་ལེན་དང ་བཅས་པའི་འདུ་བྱེད་རྣམས་ཡིན་ལ་།ལུས་ཀྱིས་ཀྱང་གནས་ངན་ལེན་དུ་རབ་ཏུ་སྟོན་པས་།དེའི་ཕྱིར་ལུས་ལ་ཡོངས་སུ་བརྟགས་པས་སྡུག་བསྔལ་གྱི་བདེན་པ་ལ་འཇུག་གོ་།གནས་ངན་ལེན་མི་ཤེས་པས་དེའི་ཕྱིར་།གནས་ངན་ལེན་ནི ་འདུ་བྱེད་ཀྱི་སྡུག་བསྔལ་ཉིད་དེ་ཞེས་བྱ་བ་སྨོས་སོ། །འདུ་བྱེད་ནི་དངོས་པོ་རྣམས་ཀྱི་སྐྱེ་བའོ། །དེ་ཡང་གནོད་པ་ཐམས་ཅད་ཀྱི་གཞི་ཡིན་པས་གནས་ངན་ལེན་ཡིན་ལ། འཕགས་པ་རྣམས་དང་མི་མཐུན་པའི་ཕྱིར་སྡུག་བསྔལ་ཉིད་དེ། ཇི་སྐད་དུ། ་སྐྱེ་འདི་གནོད་ཡིན་སྐྱེ་བ་ཡོད་ན་རྒ་དང་འཆི་བ་དང། །ནད་དང་ཕོངས་དང་གསོད?་དང་འཆིད་པ་ལ་སོགས་དགྲ་རྣམས་ཡོད། །གལ་ཏེ་འཇིགS་མད་སྐྱེ་བ་མེད་གྱུར་གནོད་པ་དེ་དག་མེད། །ཤིང་སྐྱེས་མེད་ན་མེ་དང་རླུང་དང་ནགས་མེས་འགྱེལ་མི་འགྱུར ་ཞེས་བྱ་བ་ལྟ་བུའོ། །དེས་ཞེས་བྱ་བ་འདི་འདུ་བྱེད་ཀྱི་སྡུག་བསྔལ་ཉིད་ཀྱིས་སོ། །འགྱུར་པའི་སྡུག་བསྔལ་དང། སྡུག་བསྔལ་གྱི་སྡུག་བསྔལ་ཉིད་གཉིས་ཀྱིས་ནི་མ་ཡིན་ཏེ། དེ་གཉིས་ཁྱབ་པ་མ་ཡིན་པ་དང་འདུ་བྱེད་ཀྱི་སྡུག་བསྔལ་ཉིད་རྒྱུ་ཡིན་པའི་ཕྱིར་རོ།། ་ཟག་པ་དང་བཅས་པའི་དངོས་པོ་ཐམས་ཅད་འཕགས་པས་སྡུག་བསྔལ་དུ་གཟིགས་ཀྱི་ཟག་པ་མེད་པ་ནི་མ་ཡིན་ཏེ། ལམ་གྱི་བདེན་པ་ནི་ཚེ་སྐྱེ་བའི་གཉེན་པོ་ཡིན་པའི་ཕྱིར་རོ། །ཕྱིན་ཅི་ལོག་གི་བསམ་པ་ཉམས་པའི་ཕྱིར་སོ་སོའི་སྐྱེ?་བོ་རྣམས་ཀྱིས ་ནི་མ་ཡིན་ནོ། །མདོའི་སྡེ་ལས་ཀྱང་མདོར་ན་ཉེ་བར་ལེན་པའི་ཕུང་པོ་ལྔ་ནི་སྡུག་བསྔལ་ལོ་ཞེས་གསུངས་སོ། །གཞན་དག་ན་རེ་འདུ་བྱེད་ཀྱི་སྡུག་བསྔལ་ཉིད་ནི་ལས་སུ་མི་རུང་བའོ་ཞེས་ཟེར་རོ། །གཞན་ན་རེ་ལས་སུ་མི་རུང་པ་ནི་གནས་ངན་ལན་མ་ཡིན ་ནོ། །ཅིའི་ཕྱིར་ཞེ་ན། ལས་སུ་མི་རུང་བའི་ཟག་པ་དང་བཅས་པའི་ཕྱིར་ངེས་པར་ཟག་པ་དང། བཅས་པ་ནི་ས་བོན་ཀྱི་རྒྱུ་ལས་བྱུང་བར་ཁས་བླང་དགོས་ན་།དེ་ནི་དགྲ་བཅོམ་པའི་རྒྱུད་ལ་ས་བོན་མེད་ཀྱང་རེས་འགའ་ཁ་ཟས་དང་གནས་པ་ལ ་སོགས་པ་དྲགས་པ་ལས་འབྱུང་ངོ། །དེ་ནི་ཟག་པ་མེད་པ་ཡིན་པའི་ཧཡིར་གནས་ངན་ལེན་ཅེས་བྱར་མི་རུང་ངོ་ཞེས་ཟེར་རོ། །དེ་བས་ན་ཀུན་གཞི་རྣམ་པར་ཤེས་པ་ལ་ཟག་པ་དང་བཅས་པའི་ཆོས་ཀྱིས་ས་བོན་གནས་པ་ནི་འདིར་གནས་ངན་ལེན་དུ་འདོད ་དོ། བད་ཨེབ་དང། སྡུག་བསྔལ་དང། སྡུག་བསྔལ་བ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པ་དང་ལྷན་ཅིག་པའི་ལུས་འདི་ནི་དེའི་འབྲས་བུའོ། །དེ་བས་ན་བདེ་བ་ལ་སོགས་པའི་གནས་སྐབས་དང་ལྷན་ཅིག་པ་སྐད་ཅིག ་རེ་རེ་ལ་འབྱུང་བའི་ལུས་ཀྱི་གནས་ངན་ལེན་དེ་རབ་ཏུ་སྟོན་ཏེ། ཤེས་པར་བྱེད་ཅེས་བྱ་བའི་ཐ་ཚིག་གོ། དཔེར་ན་མྱུ་གུས་གཡུལ་གྱི་སེར་གའི་ནང་དུ་སོང་བའི་ས་བོན་མངོན་པ་ལྟ་བུའོ། །དེའི་ཕྱིར་ལུས་ལ་ཡོངས་སུ་བརྟགས་པས་སྡུག་བསྔལ ་གྱི་བདེན་པ་ལ་འཇུག་གོ་།འདིར་རྒྱུ་སྨོས་པ། དེའི་མཚན་ཉིད་ནི་གནས་ངན་ལེན་དང་བཅས་པའི་འདུ་བྱེད་ཡིན་པའི་ཕྱིར་རོ་ཞེས་བྱ་བ་སྟེ། ས་བོན་དང་བཅས་པའི་འདུ་བྱེད་ཀྱི་བདག་ཉིད་ཡིན་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ་།འདུ་བྱེད ་ཀྱི་སྡུག་བསྔལ་ཉིད་ནི་འགྱུར་བ་དང། སྡུག་བསྔལ་གྱི་སྡུག་བསྔལ་ཉིད་དག་གནས་ངན་ལེན་གཉིས་རྗེས་སུ་སོང་བ་དང། དེའི་རྒྱུ་ཡིན་པའི་ཕྱིར་འདུ་བྱེད་ཀྱི་སྡུག་བསྔལ་དུ་བཤད་དོ། །དེ་བས་ན་འདུ་བྱེད་ཀྱི་སྡུག་བསྔལ་ཉིད་ཀྱིས ་ཟག་པ་དང་བཅས་པའི་དངོས་པོ་ཐམས་ཅད་འཕགས་པ་རྣམས་ཀྱིས་སྡུག་བསྔལ་ཉིད་དུ་གཟིགས་སོ། །དེ་ལྟར་ན་ལུས་དྲན་པ་ཉེ་བར་བཞག་པས་སྡུག་བསྔལ་གྱི་བདེན་པ་ལ་འཇུག་གོ་།སྲེད་པའི་རྒྱུ་ནི་ཚོར་བ་སྟེ་།ཞེས་བྱ་བ་ནི་མ ་རིག་པའི་འདུས་ཏེ་རེག་པ་ལས་བྱུང་བར་དགོས་པ་སྟེ་།ཟག་པ་མེད་པ་ནི་དེའི་རྒྱུ་མ་ཡིན་པའི་ཕྱིར་རོ། །དེ་ལ་བདེ་བའི་ཚོར་བ་ནི་དེ་དང་ལྡན་ཞིང་མི་འབྲལ་བར་སྲེད་པའི་རྒྱུའོ། །སྡུག་བསྔལ་ནི་དེ་དང་མི་འཕྲད་པ་དང་འབྲལ་བར་སེད ་པའི་རྒྱུའོ། །སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པ་ནི་སྙོམས་པར་འཇུག་པ་འགའ་ཞིག་ལ་དེའི་གནས་སྐབས་ལ་མངོན་པར་དགའ་བའི་སྲེད་པའི་རྒྱུ་དང། དེ་དང་ཕྲད་ཅིང་མི་འབྲལ་བར་སྲེད་པའི་རྒྱུ་ཡིན་ནོ། །དེ ་སྡུག་བསྔལ་གྱི་ཚོར་བས་རེག་ན་འདོད་པའི་བདེ་བ་ལ་མངོན་པར་དགའ་ཨོ་ཞེས་འབྱུང་བའི་ཕྱིར། །སྡུག་བསྔལ་ཚོར་བ་ཡང་བདེ་བ་ལ་སྲིད་པའི་རྒྱུར་འགྱུར་ཏེ། དེ་ལ་ཡོངས་སུ་བརྟགས་པས་ཀུན་འབྱུང་བའི་བདེན་པ་ལ་འཇུག་གོ་།དེ་ལ་ཚོར་བ་རྣམས ་ལ་རང་བཞིན་དང་འབྲས་བུ་དང་མི་རྟག་པ་དང་སྡུག་བསྔལ་བ་ཉིད་དུ་ཉེ་བར་ཡོངས་སུ་རྟོག་ན་ཀུན་འབྱུང་བའི་བདེན་པ་ལ་འཇུག་སྟེ་།སྲེད་པ་ནི་དེའི་འབྲས་བུ་ཁོང་དུ་ཆུང་ངོ་ཞེས་བྱ་བའི་ཐ་ཚིག་གོ་།མདོ་སྡེ་ལས་སྲེད་པ་ནི་ཀུན་འབྱུང་བའི་བདེན ་པར་གསུངས་ཏེ་།སྡུག་བསྔལ་ཀུན་འབྱུང་བ་གང་ཞེ་ན་།ཡང་འབྱུང་བའི་སྲེད་པ་དགའ་བའི་འདོད་ཆགས་དང་ལྡན་པའོ་ཞེས་རྒྱ་ཆེར་འབྱུང་ངོ། །དེ་ལྟར་ཚོར་བ་དྲན་པ་ཉེ་བར་བཞག་པས་ཀུན་འབྱུང་བའི་བདེན་པ་ལ་འཇུག་གོ་།བདག་ཏུ་མངོན་པར ་ཞེན་པའི་གཞིན་སེམས་ཏེ་ཞེས་བྱ་བ་ལ་།རྟག་པ་ལ་སོགས་པའི་ཡོན་ཏན་ཁྱད་པར་ཅན་གྱི་བདག་གཞན་མེད་པས་ན་བདག་ཏུ་མངོན་པར་ཞེན་པའི་དམིགས་པ་ནི་སེམས་ཉིད་དོ། །དེ་བས་ན་དེ་ཡོངས་སུ་བརྟགས་པས་འགོག་པའི་བདེན་པ་ལ ་ཞི་བ་ཉིད་དུ་འཇུག་སྟེ། འདིར་རྒྱུ་སྨོས་པ་།བདག་ཆད་པར་དོགས་པའི་འཇིག་པ་མེད་པའི་ཕྱིར་རོ་ཞེས་བྱ་བ་སྟེ་།སེམས་ལ་མི་རྟག་པ་ལ་སོགས་པར་ཡོངས་སུ་བརྟགས་པས་བདག་ཏུ་མངོན་པར་ཞེན་པ་ལྡོག་ཅིང་བསྡུག་བསྔལ་དུ་འདུ་ཤེས ་འབྱུང་ངོ། །དེའི་ཕྱིར་བདག་ཆེད་པའི་འཇིགས་པ་མེད་པས་སྡུག་བསྔལ་བ་ཙམ་ཞིག་གཅོད་པའི་ཕྱིར་འགོག་པའི་བདེན་པ་ལ་ཞི་བ་ཉིད་དུ་འཇུག་སྟེ། དེ་ལྟར་སེམས་དྲན་པ་ཉེ་བར་གཞག་པས་འགོག་པའི་བདེན་པ་ལ་འཇུག་ཅེས་བྱའོ། ། ་ཆོས་ལ་ཡོངས་སུ་བརྟགས་པས་ཀུན་ནས་ཉོན་མོངས་པ་དང་རྣམ་པར་།བྱང་བའི་ཆོས་ལ་རྨོངས་པ་མེད་པའི་ཕྱིར་ལམ་གྱི་བདེན་པ་ལ་འཇུག་གོ་ཞེས་བྱ་བ་དེ་ལ། ཀུན་ནས་ཉོན་མོངས་པའི་ཆོས་རྣམས་ནི་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་རྣམས་སོ།། ་རྣམ་པར་བྱང་བ་རྣམས་ནི་ཉེ་བའི་གཉེན་པར་གྱུར་ལ་རྣམས་ཏེ་།མི་སྡུག་པ་དང་བྱམས་པ་ལ་སོགས་པའོ། །ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་དེ་རྣམས་ལ་གཉིན་པོ་དང་མི་མཐུན་པའི་ཕྱོགས་ཀྱི་ངོ་བོར ་ཤེས་ནས་གནོད་པ་ཐམས་ཅད་བསྟན་དུ་སྤངས་པའི་ཐབས་ལམ་གྱི་བདེན་པ་ལ་མངོན་དུ་ཕྱོགས་པར་འགྱུར་ཏེ་།དེ་ལྟར་ཆོས་དྲན་པ་ཉེ་བར་གཞག་པས་ལམ་གྱི་བདེན་པ་ལ་འཇུག་གོ་།འཇུག་པ་ནི་འདིར་བདེན་པ་སོ་སོ་ལ་བདེན་པའི་མཆོག ་ཉིད་དུ་རྟོགས་པའོ། །དེ་ལ་ལུས་དྲན་པ་ཉེ་བར་གཞག་པ་བསྒོམ་པ་ནི་མི་རྟག་པ་དང། སྡུག་བསྔལ་བ་དང། སྟོང་པ་དང་།བདག་མེད་པ་དང་།མི་གཙང་བ་དུ་མའི་རྫས་ཀྱང་རང་བཞིན་དང་།མི་གཙང་བའི་ས་བོན་དང། མི་གཙང་བའི ་རྒྱུ་མཐུན་པ་དང་།མི་གཙང་བ་གནས་པའི་རྒྱུ་དང་།མི་གཙང་བར་འགྱུར་བ་དང། ལྦུ་བ་རྡོས་པ་བཞིན་དུ་སྙིང་པོ་མེད་པ་དང། འགྲོ་བ་དང་སྐྱེ་གནས་ཡིན་པར་བསྒོམ་མོ། །ཚོར་བ་དང་སེམས་དང། ཆོས་དྲན་པ་ཉེ་བར་གཞག་པ་རྣམས ་བསྒོམ་པ་ཡང་མི་རྟག་པ་དང། སྡུག་བསྔལ་བ་དང། སྟོང་པ་དང། བདག་མེད་པ་དང་།རང་གི་མཚན་ཉིད་དང་།རྒྱུ་དང་འབྲས་བུ་དང། ཁམས་དང་ས་དང། འགྲོ་བ་དང་།དགེ?་བ་དང། མི་དགེ་བ་དང། ལུང་དུ་མ་བསྟན་པ་དང་།མི ་མཐུན་པའི་ཕྱོགས་དང་།གཉེན་པོ་ཡིན་པར་བསྒོམ་མོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་དྲན་པ་ཉེ་བར་གཞག་པ་བསྒོམ་པ་ནི་འདི་ལྟ་བུ་ཡང་ཡིན་ལ་རྣམ་པར་རྟོག་པ་སྤངས་པའི་ཕྱིར་མི་དམིགས་པའི་རྣམ་པ་ཡང་བསྒོམ་མོ། །དྲན་པ་ཉེ་བར ་གཞག་པ་རྣམས་ཤེས་རབ་ཀྱི་རང་བཞིན་ཡིན་དུ་ཟིན་ཀྱང་དྲན་པ་ཉེ་བར་གཞག་པའི་ཚིག་ནི་དྲན་པའི་སྟོབས་ཀྱི་ཉེ་བར་གནས་པའི་ཕྱིར་རམ་འདི་དག་གི་དྲན་པ་ཉེ་བར་གཞག་བ་ཞེས་བྱའོ། །དྲན་པ་ཉེ་བར་བཞག་པ་བསྒོམ་པའི་འོག་ཏུ་ཡང་དག ་སྤོང་བ་བསྒོམ་པ་བཤད་དེ་།དེའི་ཕྱིར་ཞེ་ན་།དེའི་ཕྱིར་འདི་ལྟར། མི་མཐུན་ཕྱོགས་དང་གཉེན་པོ་རྣམས། །རྣམ་པ་ཐམས་ཅད་ཡོངས་ཤེས་ནས་ཞེས་རྒྱ་ཆེར་གསུངས་སོ། །དྲན་པ་ཉེ་བར་གཞག་པ་བསྒོམས་ནས་ཞེས་ཁྱད་པར་མེད་པར་བརྗོད་ཀྱང ་ཆོས་དྲན་པ་ཉེ་བར་བཞག་པ་བསྒོམ་པ་ཉིད་ཡིན་པར་རིག་པར་བྱའོ། །ཁམས་དང་སའི་སྤངས་པ་དང་།སྤྱིའི་མཚན་ཉིད་ལ་སོགས་པའི་རྣམ་པ་དང་།དེ་བཞིན་དུ་ཟག་པ་དང་བཅས་པ་དང་།ཟག་པ་མེད་པ་དང། ཁམས་དང་ས་དང་སློབ་པ་དང ་མི་སློབ་པ་ལ་སོགས་པའི་རྣམ་པ་དང་།དེ་བཞིན་དུ་ཟག་པ་དང་བཅས་པ་དང་།ཟག་པ་མེད་པ་དང། ཁམས་དང་ས་དང་སློབ་པ་དང་མི་སློབ་པ་ལ་སོགས་པའི་བྱེ་བྲག་གིས་མི་མཐུན་པའི་ཕྱོགས་དང་མཉེན་པོ་རྣམ་པ་ཐམས་ཅད་དུ་ཡོངས་སུ་ཤེས ་ན་མི་མཐུན་པའི་ཕྱོགས་བསལ་ང་ནི་འདིར་སྐྱེས་པ་རྣམས་ཀྱི་རྒྱུན་ཆད་པ་དང། མ་སྐྱེས་པ་རྣམས་མི་སྐྱེད་པའོ། །གཉེན་པོ་བསྐྱེད་པའི་ཕྱིར་ཞེས་བྱ་བ་ལ་།གཉེན་པོ་བསྐྱེད་པ་ནི་སྐྱེས་པ་རྣམས་ཀྱི་རྒྱུན་གྱིས་རྗེས་སུ་འཇུག་པ་དང་མ་སྐྱེས་པ་རྣམས་བསྐྱེད ་པའོ། །བརྩོན་འགྲུས་རྣམ་པ་བཞི་རབ་ཏུ་འབྱུང་ཞེས་བྱ་བ་ནི་མི་མཐུན་པའི་ཕྱོགས་དང་གཉེན་པོ་གཉིས་སྐྱེས་པ་དང་མ་སྐྱེས་པ་ཐ་དད་བས་བརྩོན་འགྲུས་རྣམ་པ་བཞི་འབྱུང་སྟེ། སྡིག་པ་མི་དགེ་པའི་ཆོས་སྐྱེས་པ་རྣམས་སྤང་བའི་ཕྱིར་ཞེས ་རྒྱ་ཆེར་འབྱུང་ངོ་ཞེས་བྱ་བ་འདིས་ནི་ལུས་གིས་བརྩོན་འགྲུས་ཉིད་རྣམ་པ་བཞི་འབྱུང་བར་སྟོན་ཏོ། །རྒྱ་ཆེར་ཞེས་བྱ་བ་ནི་ཚིག་ལྷག་མ་དང་སྦྱར་རོ། །དེ་ལ་འདི་ནི་ཚིག་ལྷག་མ་སྟེ་སྡིག་པ་མི་དགེ་བའི་ཆོས་སྐྱེས་པ་རྣམས་སྤངས་པའི་ཕྱིར་འདུན ་པ་སྐྱེད་དོ་འབད་དོ། །བརྩོན?་འགྲུས་བརྩོམ་མོ། །སེམས་རབ་ཏུ་འཛིན་ཏོ། །ཡང་དག་པར་རབ་ཏུ་འཇོག་གོ་ཞེས་བྱ་བ་དང། དེ་བཞིན་དུ་སྡིག་པ་མི་དགེ་བའི་ཆོས་མ་སྐྱེས་པ་རྣམས་མི་བསྐྱེད་པའི་ཕྱིར་འདུན་པ་བསྐྱེད་དེ་ཞེས་རྒྱ་ཆེར་འབྱུང ་བའོ། དེ་བཞིན་དུ་དགེ་བའི་ཆོས་མ་སྐྱེས་པ་རྣམས་བསྐྱེད་པའི་ཕྱིར་འདུན་པ་བསྐྱེད་དོ་ཞེས་རྒྱ་ཆེར་བྱའོ། །དགེ་བའི་ཆོས་སྐྱེས་བ་རྣམས་གནས་པ་དང་ཕྱིར་མི་འབྱུང་བ་དང་།ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་འདུན་པ་བསྐྱེད་དོ། །འབད?་དོ།། ་བརྩོན་འགྲུས་བརྩམ་མོ། །སེམས་རབ་ཏུ་འདོན?་ཏོ། །ཡང་དག་པར་རབ་ཏུ་འཇོག་གོ་ཞེས་བྱ་བའོ། །སྐྱེས་པ་རྣམས་གནས་པ་ནི་ཡོངས་སུ་མི་ཉམས་པའོ། །ཕྱིར་ཞིང་འབྱུང་བ་ནི་རྒྱུན་དུ་སྐྱེས་པའོ། །ཡོངས་སུ་རྫོགས་པར་བྱ་བ་ནི་ཕུལ་དུ་ཕྱིན་པར་འགྱུར ་བའོ། །འདུན་པ་བསྐྱེད་ཅེས་བྱ་བ་ནི་གུས་པར་བརྩོན་འགྲུས་བརྩོན་པའི་འབྱོར་པ་སྟོན་ཏོ།། །འབད་ཅེས་བྱ་བ་ནི་ལེ་ལོ་སྤངས་ཏེ་ལུས་དང་སེམས་མངོན་དུ་བྱེད་ཅེས་བྱ་བའི་ཐ་ཚིག་གོ་།བརྩོན་འགྲུས་བརྩོམ་ཞེས་བྱ་བ་ནི་ཕྱིར་བ་དང་རྒོད་པ་བསལ ་པའི་ཕྱིར་རོ། །ཇི་ལྟར་རྩོམ་ཞེ་ན། ཡང་དག་པར་ཤེས་པར་བྱ་བ་དང་།དགའ་བར་བྱ་བའི་ཆོས་ཡིད་ལ་བྱེད་པས་བྱིང?་བའི་སེམས་རབ་ཏུ་འཛིན་ཏོ། །སེམས་རྒོང་པར་གྱུར་ན་དམིགS་པ་དེ་ཉིད་ལ་ཡང་དག་པར་རབ་ཏུ་འཇོག་སྟེ་།འཛིན་ཅེས ་བྱ་བའི་ཐ་ཚིག་གོ། དེ་ཡང་དག་པར་སྦོང?་བ་རྣམས་ནི་བརྩོན་འགྲུས་ཀྱི་རང་བཞིན་དུ་བསྟན་པ་ཡིན་ཏོ་།འདི་རྣམས་ཀྱིས་ལུས་དང་ངག་དང་ཡིད་ཡང་དག་པར་འཛིན་པས་ན་ཡང་དག་པར་འཛིན་པ་རྣམས་སོ། །དེར་གནས་ལས་སུ་རུང་པ་ཉིད་ཅེས་རྒྱ ་ཆེར་འབྱུང་བ་ལ་དེའི?་ཞེས་བྱ་བ་ནི་མི་མཐུན་པའི་ཕྱོགས་བསལ་པའི་ཕྱིར་བརྩོན་འགྲུས་བརྩོམ་པ་དེ་ལའོ། །སེམས་གནས་པའི་ལས་སུ་རུང་བ་ཉིད་ནི་དོན་ཐམས་ཅད་འབྱོར་པར་ནུས་པ་ཉིད་དེ་ལས་སུ་རུང་བ་ཉིད་དོ། །ལས་སུ་རུང་བ་དེ་ཡང་འདུན ་པ་དང་བརྩོན་འགྲུས་དང་སེམས་དང་།སྤྱོད་པའི་དབང་གི་བྱུང་བས་ན་དེའི་ཕྱིར། ལས་སུ་རུང་བ་ཉིད་ནི་རྫུ་འཕྲུལ་གྱི་རྐང་པ་བཞི་པོ་དག་སྟེ་ཞེས་བྱ་བ་སྨོས་སོ། །མངོན་པར་ཤེས་པ་ལ་སོགས་པ་དོན་ཐམས་ཅད་འགྲུབ་པར་བྱེད་པ་ནི་རྫུ་འཕྲུལ་ལོ ་དེའི་གནས་ཡིན་པའི་ཕྱིར་རྫུ་འཕྲུལ་གྱི་རྐང་པ་ཞེས་བྱ་སྟེ་།རྒྱུ་ཞེས་བྱ་བའི་ཐ་ཚིག་གོ་།དེ་བས་ན་དོན་ཐམས་ཅད་འབྱོར་པའི་རྒྱུ་ཡིན་པའི་ཕྱིར་ཞེས་སྨོས་ཏེ་།དེ་དག་ཀྱང་འདུན་པའི་ཏིང་ངེ་འཛིན་སྤོང་བའི་འདུ་བྱེད་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་པ་དང ་བརྩོན་འགྲུས་ཀྱི་ཏིང་ངེ་འཛིན་སྤོང་པའི་འདུ་བྱེད་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་པ་དང། །སེམས་ཀྱི་ཏིང་ངེ་འཛིན་སྤོང་བའི་འདུ་བྱེད་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་པ་དང། དཔྱོད་བའི་ཏིང་ངེ་འཛིན་སྤོང་བའི་འདུ་བྱེད་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་པ་ཞེས་བྱའོ ་དེ་ལ་འདུན་པའི་ཏིང་ངེ་འཛིན་ནི་གང་གི་ཚེ་འདུན་པའི་དབང་གིས་བརྩོན་འགྲུས་སྦོམ་པ་ལ་གུས་པར་འཇུག་པ་ན་སེམས་རྩེ་གཅིག་པ་ཉིད་ལ་རེག་པའོ། །བརྩོན་འགྲུས་ཀྱི་ཏིང་ངེ་འཛིན་ནི་གང་གི་ཚེ་བརྩོན་འགྲུས་རྩོམ་པ་ན་རྟག་པར་སྦྱར་པས་སེམས་རྩེ་གཅིག ་པ་ཉིད་ལ་རེག་པའོ། །སེམས་ཀྱི་ཏིང་ངེ་འཛིན་ནི་གང་གི་ཚེ་སྔོན་གྱི་ཏིང་ངེ་འཛིན་གྱི་ས་བོན་ལ་བརྟེན་ནས་སེམས་ཉིད་ཀྱིས་སེམས་འཛིན་ཅིང་གང་སེམས་རྩེ་གཅིག་པ་ཉིད་ལ་རེག་པའོ། །སྤྱོད་པའི་ཏིང་ངེ་འཛིན་ནི་གང་གི་ཚེ་དམིགས་པ་རབ་ཏུ་རྣམ ་པར་འབྱེད་པ་ན་སེམས་རྩེ་གཅིག་པ་ཉིད་ལ་རེག་པའོ། །གནས་པ་ནི་འདིར་སེམས་གནས་པ་སྟེ་།ཏིང་ངེ་འཛིན་དུ་རིག་པར་བྱའོ་ཞེས་བྱ་བ་ལ། ཏིང་འཛིན་སྨོས་པ་ནི་འདུས་བྱས་ཀྱི་མཚན་ཉིད་ལས་དབྱེ་བའི་ཕྱིར་རོ། །འདི་ལྟར་བརྩོན་འགྲུས་བརྩམས་པ ་ནི་སེམས་ལས་སུ་རུང་བ་ཉིད་རྫུ་འཕྲུལ་གྱི་རྐང་པ་བཞིར་གྱུར་པ་དེའི་ཕྱིར་ཡང་དག་པར་སྤོང་བའི་འོག་ཏུ་རྫུ་འཕྲུལ་གྱི་རྐང་པ་རྣམས་བསྟན་ཏོ། །ལས་སུ་རུང་པ་དེ་ཡང་དགོS?་པ་ནི་གང་རྒྱུ་ནི་གང་ཞེ་ན་དེའི་ཕྱིར། །ཉེས་པ་ལྔ་སྤང་པའི་ཕྱིར་འདུ་བྱེད ་བསྒོམ་པའི་རྒྱུ་ལས་བྱུང་བར་རེག་པར་བྱའོ་ཞེས་བྱ་བ་སྨོས་སོ། །ཉེས་པ་ལྔ་པོ་དེ་དག་མི་ཤེས་ནས་།དེའི་ཕྱིར་ཉེས་པ་ལྔ་པོ་དེ་དག་གང་ཞེ་ན་ཞེས་དྲིས་པ་དང། དེ་དག་ནི་བསྟན་པའི་ཕྱིར་།ལེ་ལོ་དང་ནི་གདམས་ངག་རྣམས། །བརྫེད?་དང ་དར་བྱིང་དང་རྒོད་པ་དང་ཞེས་རྒྱ་ཆེར་གསུངས་སོ། །དེ་དག་ནི་ཉེས་པ་དྲུག་ཏུ་འགྱུར་རོ་སྙམ་བ་ལ་།དེའི་ཕྱིར་།དེ་ལ་བྱིང་བ་དང་རྒོད་པ་ནི་ཉེས་པ་གཅིག་ཏུ་བསྡུའོ་ཞེས་བྱ་བ་སྨོས་ཏེ་།དེའི་ཕྱིར་ལྔར་འགྱུར་རོ། །དེ་ལ་ལེ ་ལོ་ནི་སྦྱོར་བའི་ཚེ་ནི་ཉེས་པ་སྟེ། དེས་མི་སྦྱོར་བའི་ཕྱིར་རོ། །བརྩོན་པའི་ཚེ་གདམས་ངག་བརྗོད་པ་ནི་ཉེས་པ་སྟེ་།དེས་སེམས་མཉམ་པར་བཞག་པ་མེད་པའི་ཕྱིར་རོ། །མཉམ་པར་བཞག་པ་ལ་བྱིང་བ་དང་རྒོད་པ་ནི་ཉེས་བ་སྟེ། ངེས་སེམས་ལས?་སུ་རུང ་བ་མེད་པའི་ཕྱིར་རོ། །བྱིང་བ་དང་རྒོད་པར་འདུ་མི་བྱེད་པ་ཉེས་པའོ། །མངོན་བར་འདུ་མི་བྱེད་པ་ནི་བཏང་སྙོམས་ཏེ། དེས་དེ་གཉིས་རབ་ཏུ་ཞི་བར་མི་བྱེད་པའི་ཕྱིར་རོ། །རབ་ཏུ་ཞི་བའི་ཚེ་ནི་མངོན་པར་འདུ་བྱེད་པའོ་ཞེས་བྱ་བ་ནི་ཉེས་པ་ཞེས་བྱ ་པར་སྙོགས་སོ། །མངོན་པར་འདུ་བྱེད་པ་ནི་སེམས་པའོ། །བྱིང་བ་རྒོད་པ་དང་བྲལ་བས་མཉམ་པ་ཉིད་དུ་གྱུར་པའི་ཕྱིར་རབ་ཏུ་ཞི་བ་ཞེས་བྱའོ། །སྤང་བར་བྱ་བའི་ཕྱིར་འདུ་བྱེད་རྣམས་ནི་སྤོང་བའི་འདུ་བྱེད་རྣམས་སོ། །གང་སྤང་པའི ་ཕྱིར་ཞེ་ན་།བཤད་མ་ཐག་པའི་ཉེས་པ་ལྔ་རྣམས་སྤང་བའི་ཕྱིར་རོ། །གལ་ཏེ་དེ་ལྟ་ན་ངེས་དེ་དག་སྤོང་བའི་འདུ་བྱེད་བརྒྱད་ཇི་ལྟར་རྣམ་པར་བཞག་པ་བརྗོད་དགོས་སོ། །དེ་ལ་ལོ་ལོ་སྤང་བའི་ཕྱིར་བཞི་སྟེ་།འདུན་པ་དང་རྩོལ་བ་དང་།དད ་པ་དང་ཤིན་ཏུ་སྦྱངས་པའོ། །དེ་ལ་འདུན་པ་ནི་འདོད་པའོ། །རྩོལ་བ་ནི་བརྩོན་འགྲུས་སོ། །དད་པ་ནི་མངོན་པར་ཡིད་ཆེས་པའོ། །ཤིན་ཏུ་སྦྱངས་པ་ནི་ལས་སུ་རུང་པ་ཉིད་དོ། །ཇི་ལྟར་ན་ལེ་ལོ་སྤང་བའི་ཕྱིར་དེ་དག་རྣམ་པར་བཞག་ཅེ་ན་།དེའི་ཕྱིར ་དེ་དག་ཀྱང་གོ་རིམས་བཞིན་དུ་རིག་པར་བྱ་སྟེ་།གནས་དང་དེ་ལ་གནས་པ་དང། རྒྱུ་དང་འབྲས་བུ་ཉིད་དུའོ་ཞེས་བྱ་བ་སྨོས་སོ། །དེ་དག་གཅིག་ལས་གཅིག་འབྱུང་བས་ན་ལེ་ལོ་སྤོང་བར་འགྱུར་བ་སྟོན་ཏོ། །རྩོལ་བའི་གནས་ནི་འདུན་པའོ ་གནས་པ་ནི་རྩོལ་བ་སྟེ། འདོད་པ་ནི་རྩོལ་བའི་སྔོན་དུ་འགྲོ་བའི་ཕྱིར་རོ། །གནས་འདུན་པའི་རྒྱུ་ནི་དང་པ་སྟེ་།ཇི་ལྟ་ཞེ་ན། དེའི་ཕྱིར། ཡིད་ཆེས་པར་གྱུར་ན་འདོད་པའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ་།རྒྱུ་དང་འབྲས་བུ་ལ་དད་པ་དང་ལྡན་པ་ནི་བྱ་བ་ལ་འདོད་པར ་འགྱུར་རོ། །གནས་པ་རྩོལ་བ་དེའི་འབྲས་བུ་ནི་ཤིན་ཏུ་སྦྱངས་པ་སྟེ་།ཇི་ལྟ་ཞེ་ན་།དེའི་ཕྱིར། བརྩོན་འགྲུས་བརྩམས་ན་ཏིང་ངེ་འཛིན་གྱི་ཁྱད་པར་ཐོབ་པའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། ཏིང་ངེ་འཛིན་ཁྱད་པར་དུ་འགྲོ་བ་ནི་ཤིན་ཏུ་སྦྱངས་པའི ་རྒྱུའོ། །དེའི་ཕྱིར་བརྩོན་འགྲུས་བརྩམས་པའི་ཏིང་ངེ་འཛིན་ཁྱད་པར་དུ་འགྲོ་བས་ཤིན་ཏུ་སྤྱངས་པ་ནི་རྩོལ་བའི་འབྲས་བུར་བཤད་དོ། །དེ་ལྟར་བརྩོན་འགྲུས་བརྩམས་པ་གནན་ངན་ལན་གྱི་རྣམ་པར་རྟོག་པའི་ཉེས་པ་དང་བྲལ་བས་དགའ་བ་སྐྱེའོ།། ་ཡིད་དགའ་བས་ལུས་དང་སེམས་གཉིས་ཤིན་ཏུ་སྦྱངས་ཏེ་ལས་སུ་རུང་བ་ཉིད་ཀྱི་མཚན་ཉིད་དོ། །དེ་བས་ན་ཏིང་ངེ་འཛིན་གྱི་ཁྱད་པར་ཐོབ་པའི་ཕྱིར་ཞེས་བྱ་བའོ། །འདིར་ནི་བརྩོན་འགྲུས་རྒྱུ་དང་བཅས་ཤིང་འབྲས་བུ་དང་བཅས་པ་ལེ་ལོའི ་གཉེན་པོར་བཤད་དོ། །ཉེས་པ་བཞིའི་གཉེན་པོར་གྲངས་བཞིན་ནོ་ཞེས་བྱ་བ་དེ་ལ་དྲན་པ་ནི་གདམས་ངག་བརྗེད་པའི་གཉེན་པོའོ། །ཤེས་བཞིན་ནི?་བྱིང་བ་དང་རྒོད་པའི་གཉེན་པོའོ། །སེམས་པ་ནི་མངོན་པར་འདུ་མི་བྱེད་པའི་གཉེན་པོའོ། ། ་བཏང་སྙོམས་ནི་མངོན་པར་འདུ་བྱེད་པའི་གཉེན་པོ་སྟེ། འདིར་འདུ་བྱེད་ཀྱི་བཏང་སྙོམས་སུ་ཤེས་པར་བྱའོ། །དྲན་པ་ལ་སོགས་པའི་མཚན་ཉིད་བརྗོད་པར་འདོད་པའི་ཕྱིར་རོ། །དེ་དག་ཀྱང་དྲན་པ་ལ་སོགས་པ་རིག་པར་བྱ་སྟེ་།གོ་རིམས ་བཞིན་ནོ་ཞེས་བྱ་བ་འདི་སྨོས་སོ། །དྲན་པ་ནི་དམིགས་པ་མ་བརྗེད་པའོ་ཞེས་རྒྱ་ཆེར་འབྱུང་བ་ལ་དྲན་པ་ནི་དམིགས་པ་མ་བརྗེད་པའོ་ཞེས་བྱ་བ་ནི་སེམས་གནས་པར་བྱ་བའི་གདམས་ངག་ཡིད་ཀྱིས་བརྗོད་ཅེས་བྱ་བའི་ཐ་ཚིག་གོ་ཤེས་བཞིན་ནི ་དྲན་ལ་མ་བརྗེད་པར་གྱུར་ན་བྱིང་བ་དང་རྒོད་བ་རྟོག་པའོ་ཞེས་བྱ་བ་ནི་དྲན་པ་ཉེ་བར་གནས་པ་ཤེས་བཞིན་དང་ལྡན་པར་འགྱུར་རོ། །དེའི་ཕྱིར་དྲན་པ་མ་བརྗེད་པར་གྱུར་ན་ཞེས་བྱ་བ་སྨོས་ཏེ་།བྱིང་བ་དང་རྒོད་པ་རྟོགས་ནས་ཞི ་གནས་དང་ལྷག་མཐོང་གཉིས་ཟུང་དུ་འབྲེལ་བའི་ཕྱིར་བསྒྲིམ་མི་དགོས་པར་འཇུག་གོ་ཞེས་བྱ་བའི་ཐ་ཚིག་གོ་།བཏང་སྙོམས་ཞེས་བྱ་བ་ནི་ཡུལ་གཞན་ལ་མངོན་པར་འདུ་མི་བྱེད་ཅེས་བྱ་བའི་ཐ་ཚིག་གོ་།དེ་ནི་འདི་སྐད་དུ་གདམས་ངག་ལ་དྲན ་བ?་ཤིན་ཏུ་ཉེ་བར་གནས་པ་ནི་བྱིང་བ་དང་རྒོད་བའི་སེམས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་ཤིང་།བྱིང་བ་དང་རྒོད་བ་དང་འབྲལ་བའི་ཕྱིར་དེ་མངོན་པར་འདུ་བྱེད་ལ་བྱིང་བ་དང་རྒོད་པ་དང་བྲལ་ནས་ཡང་བཏང་སྙོམས་སུ་བྱེད་དོ་ཞེས ་བསྟན་པར་འགྱུར་རོ། །དེ་ལྟར་དེའི་སེམས་རྣལ་དུ་འཇུག་པ་ལས་སུ་རུང་བ་ཉིད་ཡིན་ནོ། །རྫུ་འཕྲུལ་གྱི་རྐང་པའི་འོག་ཏུ་དབང་པོ་ལྔ་རྣམས་ཏེ། དད་པ་ལ་སོགས་པའོ་ཞེས་བྱ་བ་ནི་བསྟན་ཅེས་བྱ་བར་སྦྱར་རོ། །དེ་དག་ཇི་ལྟར་རྣམ་པར་བཞག་ཅེ་ན ་ཞེས་བྱ་བ་ནི་གང་གི་ཕྱིར་ཞེས་དགོངས་པའོ། །དེའི་ཕྱིར་ཐར་པའི་ཆ་དང་མཐུན་བསྐྱེད་ན། །འདུན་དང་སྦྱོར་བ་དབང་བྱེད་དོ་ཞེས་རྒྱ་ཆེར་གསུངས་སོ། །དབང་བྱེད་པ་ཞེས་བྱ་བར་སྙགས་སོ་ཞེས་བྱ་བ་འདིས་ནི་འདུན་པ་དང་སྦྱོར་བ་དབང་བྱེད་ཅེས ་བྱ་བའི་སྒྲ་འདིར་སྨོས་པ་འོག་མ་རྣམས་ལ་ཡང་སྙེགས་སོ་ཞེས་སྟོན་ཏོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་ཀྱི་སེམས་ལས་སུ་རུང་བ་ཐར་པའི་ཆ་དང་མཐུན་པའི་དགེ་བའི་རྩ་བ་བསྐྱེད་ནས་ཞེས་བྱ་བ་ནི་སེམས་ལས་སུ་རུང་བ་སེམས་ཀྱི་རྒྱུད་ལ་ཐར་པའི་ཆ་དང ་མཐུན་བའི་དགེ་བའི་རྩ་བ་རབ་ཏུ་འཇོག་པ་འཐོབ་སྟེ་འདུན་པ་ནི་དབང་བྱེད་པ་ནས་རབ་ཏུ་རྣམ་པར་འབྱེད་པ་ནི་དབང་བྱེད་པའི་བར་དུ་འགྱུར་གྱི་སེམས་ལས་སུ་མི་རུང་བ་ལ་ནི་མ་ཡིན་ནོ། །སེམས་ལས་སུ་རུང་བ་ཉིད་དེ་ཡང་རྫུ་འཕྲུལ་གྱི་རྐང་པ་རྣམས་ཀྱིས ་འགྱུར་རོ། །དེ་བས་ན་རྫུ་འཕྲུལ་གྱི་རྐང་བའི་འོག་ཏུ་ཐར་པའི་ཆ་དང་མཐུན་པའི་དགེ་བའི་རྩ་བ་བསྐྱེད་པ་ལ་དབང་བྱེད་པས་དད་པ་ལ་སོགས་པ་དབང་པོ་ལྔ་རྣམས་རྣམ་པར་བཞག་གོ་།འདུན་པ་ནི་དབང་བྱེད་པ་ཞེས་བྱ་བ་ནི་རྒྱུ་ལ་འབྲས་བུ་བཏགས་ནས་དད་པ་ཉིད ་ལ་འདིར་འདུན་པའི་སྒྲར་བཤད་དེ། དཔེར་ན་ཞོ་དང་ག་གོན་ལ་འཕྲལ་དུ་རིམས་ཤེས་བྱ་བ་ལྟ་བུའོ། །ཡང་ན་ཡོད་པ་ཉིད་དང་ཡོན་ཏན་དང་ནུས་པ་རྣམས་ལ་གོ་རིམས་བཞིན་དུ་མངོན་པར་ཡིད་ཆེས་པ་དང་།དད་བ་དང་འདོད་པ་རྣམས་ནི་དད་བའི་མཚན ་ཉིད་དོ། །དེ་བས་ན་འདུན་པ་སྨོས་པས་འདིར་འདོད་པའི་མཚན་ཉིད་དད་པ་ཉིད་སྨོས་པར་འགྱུར་གྱི་འདུན་པ་ནི་མ་ཡིན་ནོ། །སྦྱོར་བ་ནི་དབང་བྱེད་བ་ཞེས་བྱ་བ་ནི་འདིས་སྦྱོར་བར་བྱེད་པས་ན་སྦྱོར་བ་སྟེ་།སྦྱོར་བའི་སྒྲ་ནི་བརྩོན་འགྲུས་ལ་བྱ་བར་དགོངས་པའོ། །དམིགS ་པ་མི་བརྗེད་པ་ནི་དབང་བྱེད་པ་ཞེས་བྱ་བ་ནི་དྲན་པའི་དབན་པོ་དབང་བྱེད་པ་སྟེ་།དམིགས་པ་གསལ་བའི་མཚན་ཉིད་ནི་དྲན་པའི་དབང་པོའོ། །མི་འཕྲོག་པ་ནི་དབང་བྱེད་པ་ཞེ་སྦྱ་བ་ནི་ཏིང་ངེ་འཛིན་གྱི་དབང་པོ་དག?་བྱེད་པ་སྟེ། སེམས་རྩེ་གཅིག་པའི་མཚན་ཉིད་ཡིན ་པས་མི་འཕྲོ་བ་ནི་ཏིང་ངེ་འཛིན་གྱི་དབང་པོའོ། །རབ་ཏུ་རྣམ་པར་འབྱེད་བ་ནི་དབང་བྱེད་བ་ཞེས་བྱ་བ་ནི་ཤེས་རབ་ཀྱི་དབང་པོ་དབང་བྱེད་པ་སྟེ། ཤེས་རབ་ཀྱི་དབང་པོ་ཆོས?་རྣམ་པར་འབྱེད་པའི་བདག་ཉིད་ཡིན་པའི་ཕྱིར་རོ། །ཀྱང་ཞེས་བྱ་བའི་སྒྲ་ནི་ཐར་པའི་ཆ་དང ་མཐུན་པའི་དགེ་བའི་རྩ་བ་བསྐྱེད་པ་ལ་དབང་བྱེད་པས་དད་པ་ལ་སོགས་པ་དབང་པོ་ལྔ་པོ་དག་དང་གོ་རིམས་བཞིན་དུ་རིག་པར་བྱའོ་ཞེས་བྱ་བར་སྟོན་ཏོ། །དད་པར་གྱུར་པ་ནི་འཁོར་བའི་བརྩོན་ར་ནས་འབྱུང་བར་འགྱུར་བས་དེའི་ཕྱིར་བརྩོན་འགྲུས་བརྩོམ ་མོ་བརྩོན་འགྲུས་བརྩམས་པ་བསློབ་པ་གསུམ་སྒྲུབ་སྟེ། དྲན་པ་དང་ཏིང་ངེ་འཛིན་དང་ཤེས་རབ་ཀྱི་དབང་པོ་རྣམས་གོ་རིམས་བཞིན་ནོ། །དེ་ལྟར་མཐོང་བའི་ལམ་ལ་སྦྱོར་བའི་ས་ལ་དབང་པོ་འདི་རྣམས་གཙོ་བོར་འདོད་དོ། །གཞན་དག་ན་རེ་ཐར་པའི་ཆ་དང ་མཐུན་པའི་དགེ་བའི་རྩ་བསྐྱེད་པ་ལ་དབང་བྱེད་པ་ལ་སོགས་པའི་དབང་བོ་ཞེས་མི་བྱའི། ཐར་པའི་ཆ་དང་མཐུན་པའི་དགེ་བའི་རྩ་བ་བསྐྱེད་ནས་འདུན་པ་ལ་སོགས་པ་ལ་དབང་བྱེད་པས་ན་འདི་དག་དབང་པོ་ཞེས་བྱའོ། །དེ་ཉིད ་བསྟན་པའི་ཕྱིར་།འདུན་པ་ནི་དབང་བྱེད་བ་ཞེས་བྱ་བ་སྨོས་ཏེ། དད་པའི་དབང་བོ་ཞེས་བྱ་བ་དང་སྦྱར་རོ། །སྦྱོར་བ་ནི་བྱེད་པའོ། །མི་བརྗེད་པ་ནི་དམིགས་པ་ཆུད་མི་ཟ་བའོ། །འཕྲོ་བ་མེད་པས་ན་མི་འཕྲོ་བའོ། །རབ་ཏུ་རྣམ་པར་འབྱེད་པས་ན་རབ་ཏུ་རྣམ་པར? ་འབྱེད་པའོ། །སྦྱོར་བ་དང་མི་བྱེད་པ་དང་མི་འཕྲོ་བ་དང་རབ་ཏུ་རྣམ་པར་འབྱེད་པ་དེ་དག་ལ་བརྩོན་འགྲུས་དང་དྲན་པ་དང་ཏིང་ངེ་འཛིན་དང་ཤེས་རབ་ཅེས་བྱ་བའི་སེམས་ལས་བྱུང་བ་རྣམས་དབང་བས་ན་དབང་པོ་རྣམས་ཞེས་བྱ་བར་གྱུར་ཏོ་ཞེས་ཟེར་རོ། ། ་འདིར་ནི་ཇི་སྐད་དུ་བཤད་པར་བྱ་སྟེ་།ཐར་པའི་ཆ་དང་མཐུན་པའི་དགེ་བའི་རྩ་བ་བསྐྱེད་པ་གཉིས་ཀྱི་དུས་ན་འདུན་པ་ལ་སོགས་པ་དབང་བྱེད་པ་དང། དད་པ་ལ་སོགས་པ་རང་བཞིན་བྱེ་བྲག་ཏུ་གྱུར་པ་གང་ཡང་མེད་དེ། འདི་ལྟར་དེའི་དུས་ན་དེ་ལ་དབང ་བྱེད་པས་དེ་དག་དབང་པོར་བཞག་གོ་།དད་པ་ལ་སོགས་པ་དེ་དག་ཉིད་སྟོབས་དང་ལྡན་པར་གྱུར་པ་ལ་སྟོབས་རྣམས་ཞེས་བྱ་སྟེ། དབང་པོའི་འོག་ཏུ་བཤད་པའི་ཕྱིར་རོ། །དེ་དག་སྟོབས་ལྡན་ཇི་ལྟ་བུ་ཞེ་ན། དེའི་ཕྱིར་མི་ཐུན་ཕྱོགས་ནི་བསྲབས ་པའི་ཕྱིར་ཞེས་བྱ་བ་གསུངས་ཏེ་། མི་མཐུན་པའི་ཕྱོགས་སྲབ་མོར་གྱུར་པའི་ཕྱིར་རོ། །དེ་ཉིད་བསྟན་པའི་ཕྱིར། གང་གི་ཚེ་དེ་དག་ཉིད་ཅེས་བྱ་བ་སྨོས་ཏེ། དད་པ་ལ་སོགས་པའི་དབང་པོ་རྣམས་སོ། །མ་དད་པ་ལ་སོགས་པ་མི་མཐུན་པའི་ཕྱོགས ་རྣམས་ཞེས་བྱ་བ་ནི་མ་དད་པ་དང་ལེ་ལོ་དང་བརྗེད་པ་དང་གཡེང་བ་དང་ཤེས་བཞིན་མེད་པ་རྣམས་སོ། །མི་མཐུན་པའི་ཕྱོགས་རྣམས་དང། །དད་པ་ལ་སོགས་པ་མི་འདྲེ་བ་ནི་རབ་ཏུ་སྲབ་པའི་ཕྱིར་ཏེ་།སྐབས་སྐབས་སུ་ཀུན་ཏུ་འབྱུང་བ་མེད་པས་ན་སྐབས ་མི་ཐོད?་ཅེས་པའི་ཐ་ཚིག་གོ། དེའི་ཚེ་སྟོབས་རྣམས་ཤེས་བྱའོ། །དེའི་ཚེ་ན་ནི་དེ་དག་གིས་མི་མཐུན་བའི་ཕྱོགས་མ་བསྲབས་པས་དབང་པོ་དེ་དག་མི་མཐུན་པའི་ཕྱོགས་རྣམས་བ་དང་འདྲེའོ། །གལ་ཏེ་མི་མཐུན་པའི་ཕྱོགས་རྣམས་མ་ཐུལ་བར་དབང་པོ་རྣམས་ཤེས ་བྱ་ན། ཇི་ལྟར་མཁས་པའི་དེ་ཁོ་ན་ཉིད་ལས་འཇིག་རྟེན་པའི་རྣམ་པར་དག་པའི་དབང་གིས་དད་པ་ལ་སོགས་པའི་དབང་པོར་བཤད་ཅེ་ན་།དེར་ནི་དབང་པོ་རྣམས་ལ་བྱེ་བྲག་མེད་པར་དགོངས་པའོ། །འདིར་ནི་ངེས་པར་འབྱེད་པའི་ཆ་དང་མཐུན་པའི ་དགེ་བའི་རྩ་བའི་བྱེ་བྲག་ཡོད་དོ། །དེ་བས་ན་འགལ་བ་མེད་དོ། །དེའི་ཕྱིར་འདིར་དབང་པོ་དེ་དག་ཉིད་སྟོབས་རྣམས་ཤེས་བྱ་ཞེས་བྱ་བ་སྨོས་སོ། །དད་པར་གྱུར་པ་དེ་རྒྱུ་དང་འབྲས་བུ་ལ་བརྩོན་འགྲུས་བརྩོམ་མོ། །འབྲས་བུ་འདི་ཉིད་ཀྱི་རྒྱུ་ནི་འདིའོ།། ། ་རྒྱུ་འདི་ཉིད་ཀྱི་འབྲས་བུ་ནི་འདིའོ་ཞེས་དེ་ལྟར་དད་པར་གྱུར་པ་ནི་འབྲས་བུ་ལ་དད་པས་དེའི་རྒྱུ་ལ་བརྩོན་འགྲུས་བརྩོམ་མོ། །བརྩོན་འགྲུས་བརྩམས་པ་ནི་དྲན་པ་ཉེ་བར་གནས་སོ། །དྲན་པ་ཉེ་བར་གནས་བ་ནི་གཡེང་བ་མེད་པའི་ཕྱིར་སེམས་མཉམ་པར ་འཇོག་སྟེ། རྩེ་གཅིག་བར་འགྱུར་རོ། །སེམས་མཉམ་པར་བཞག་པ་ནི་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཏེ། ཏིང་ངེ་འཛིན་གྱིས་རྗེས་སུ་གཟུང་བའི་ཤེས་རབ་ནི་གསལ་བར་འགྱུར་རོ། །ཐར་པའི་ཆ་དང་མཐུན་པ་སྐྱེད་ཟིན་ལ་དབང་པོ་རྣམས ་བསྟན་ན་ཐར་པའི་ཆ་དང་མཐུན་པའི་འོག་ཏུ་ནི་ངེས་པར་འབྱེད་པའི་ཆ་དང་མཐུན་པ་རྣམས་དང་དབང་པོ་རྣམས་ཀྱི་འོག་ཏུ་ནི་སྟོབས་རྣམས་བསྟན་ན་དེའི་ཕྱིར་ངེས་པར་འབྱེད་པའི་ཆ་དང་མཐུན་པ་རྣམས་ཀྱི་དབང་པོའི་དུས་སུ་ན་རིག་པར་བྱ་བ་འམ། འོན ་ཏེ་སྟོབས་ཀྱི་དུས་ལ་རིག་པར་བྱ། དེ་བཞིན་དུ་ངེས་པར་འབྱེད་པའི་ཆ་དང་མཐུན་པ་རྣམས་ཀྱི་དབང་པོ་དང་སྟོབས་ཀྱི་རང་བཞིན་ནམ་།འོན་ཏེ་དེ་ལས་གཞན་པའི་རང་བཞིན་ཡིན་པ་བརྗོད་དགོས་ཏེ་།དེའི་ཕྱིར། དབང་པོ་རྣམས་དང་སྟོབས ་རྣམས་ལ། ངེས་འབྱེད་ཆ་མཐུན་གཉིས་གཉིས་སོ་ཞེས་བྱ་བ་གསུངས་སོ། །ཡང་ན་ཇི་ལྟར་ཐར་པའི་ཆ་དང་མཐུན་པ་རྣམས་གཉེན་པོ་བསྒོམས་ནས་རབ་ཏུ་བྱེ?་བའམ་།དད་པ་ལ་སོགས་པས་རབ་ཏུ་ཕྱེ་བར་གྱུར ་བ་དེ་ལྟར་ངེས་པར་འབྱེད་པའི་ཆ་དང་མཐུན་པ་རྣམས?་ཀྱང་དོ། །དེའི་ཕྱིར་ཐར་པའི་ཆ་དང་མཐུན་པ་བསྐྱེད་ཟིན་ནས་ཞེས་རྒྱ་ཆེར་སྨོས་སོ། །དེའི་ཕྱིར། ངེས་འབྱེད་ཆ་མཐུན་གཉིས་གཉིས་ཞེས་བྱ་བ་ཐམས་ཅད་གསུངས་སོ། །དྲོ་བར་གྱུར་པ ་རྣམས་དང་རྩེ་མོ་དག་གི་ཚེ་ནི་དབང་པོ་རྣམས་སོ། །དགེ་བའི་རྩ་བ་དེ་དག་ཆུང་བའི་ཕྱིར་ཏེ། དེ་དག་རྣམས་སུ་མི་རིགས་པས་དེ་དག་དབང་པོ་ཉིད་དོ། །བཟོད་པ་དག་དང་འཇིག་རྟེན་པའི་ཆོས་ཀྱི་མཆོག་རྣམས་ཀྱིས་ཚེ་ནི་སྟོབས་རྣམས ་སོ་ཞེས་བྱ་བ་ནི་དེ་དག་ཆེ་བའི་ཚིག་སྟེ། བཟོད་པ་འཇིག་རྟེན་པའི་ཆོས་ཀྱི་མཆོག་དེ་དག་ནི་དབང་པོ་རྣམས་སུ་མི་རིགས་ཀྱི་སྟོབས་རྣམས་ཉིད་དོ། །ཆུང་དུ་དང་འབྲིང་པོ་དང་ཆེན་པོའི་བྱེ་བྲག་གིས་དད་པ་ལ་སོགས་པ་ནི་རྣམ་པ་གསུམ ་མོ། །དེ་ལ་ཆུང་ངུ་དང་འབྲིང་པོ་དེ་དག་ནི་དབང་པོ་རྣམས་སོ། །ཆེན་པོ་དག་ནི་སྟོབས་རྣམས་སོ། །ཆུང་དུ་གང་ཡིན་པ་དག་ནི་དྲོ་བར་གྱུར་བ་རྣམས་སོ། །འབྲིང་པོ་དག་ནི་རྩེ་མོ་རྣམས་སོ། །ཆེན་པོ་ལ་ཡང་བཞིར་དབྱེ་སྟེ། དེ ་ལ་ཆུང་ངུ་དང་འབྲིང་པོ་དང་ཆེན་པོ་རྣམས་ནི་བཟོད་པ་ཆུང་དུ་དང་འབྲིང་པོ་དང་ཆེན་པོ་དག་གོ་རིམས་བཞིན་ནོ། །ཆེན་པོའི་ཡང་ཆེན་པོ་དག་ནི་འཇིག་རྟེན་པའི་ཆོས་ཀྱི་མཆོག་རྣམས་སོ། །ངེས་པར་འབྱེད་པའི་ཆ་དང་མཐུན ་པ་འདི་དག་ཐམས་ཅད་ནི་ཏིང་ངེ་འཛིན་དང་ཤེས་རབ་ཀྱི་རང་བཞིན་ཏེ་།མཚུངས་པར་ལྡན་པ་དང་བཅས་པ་རྣམས་སོ། །དེ་ལ་དྲོ་བའི་རྣམ་པ་ནི་དྲོ་བར་གྱུར་པ་སྟེ་། དཔེར་ན་གཙུབས་ཤིང་གཙུབས་པ་ལས་ཤིང་ཚིག་པར་ནུས་པའི་མེའི ་མཚན་མ་ཐོག་མར་བྱུང་བ་ནི་དྲོ་བ་འབྱུང་བའོ། །དེ་བཞིན་དུ་འཕགས་པའི་ལམ་གྱི་མེས་ཉོན་མོངས་པ་ཐམས་ཅད་ཀྱི་སྲེག་པར་ནུས་པའི་ཐོག་མའི་རང་བཞིན་ཡིན་པས་དྲོ་བར་གྱུར་པ་ཞེས་བྱའོ། །དགེ་བའི་རྩ་བ་གཡོ་བ་རྣམས་ལས་རྩེ་མོར ་ཕྱིན་པས་ན་རྩེ་མོའོ། །བདེན་པའི་དོན་ལ་རབ་ཏུ་བཟོད་པས་བཟོད་པའོ། །ཟག་པ་དང་བཅས་པའི་ཆོས་གཞན་པས་དམ་པ་ཡིན་པས་ན་འཇིག་རྟེན་པའི་ཆོས་ཀྱི་མཆོག་རྣམས་ཞེས་བྱའོ། །དེ་མ་ཐག་ཏུ་མཐོང་བའི་ལམ་སྐྱེ་བས་ན་དེ་དག་མཆོག ་ཅེས་བྱ་སྟེ་།དེ་དག་ནི་སྐད་ཅིག་པའོ། །ངེས་པར་འབྱེད་པའི་ཆ་དང་མཐུན་པ་ལྷག་མ་རྣམས་ནི་རྒྱུན་ཅན་ནོ། །དེ་ལ་ཐར་པའི་ཆ་དང་མཐུན་པའི་དགེ་བའི་རྩ་བ་ནི་འཁོར་བར་རབ་ཏུ་ཕྱེ་བའི་མཐུ་འཇོམས་པའི་ཚུལ་དུ་རིག་པར་བྱའོ། །ངེས་པར་འབྱེད་པའི ་ཆ་མཐུན་པའི་ཟག་པ་མེད་པའི་ཆོས་འབྱུང་བའི་མཐུ་བསྐྱེད་པའི་ཚུལ་དུ་རིག་པར་བྱ་སྟེ། ཆོས་ཀྱི་མཆོག་གི་འོག་དུ་མཐོང་བའི་ལམ་འབྱུང་བའི་ཕྱིར་རོ་དེ་ཡང་བྱང་ཆུབ་ཀྱི་ཡན་ལག་གི་རབ་ཏུ་ཕྱེ་བའི་ཕྱིར་སྟོབས་ཀྱི་འོག་ཏུ་བྱང་ཆུབ་ཀྱི་ཡན་ལག་རྣམས ་བཤད་དོ། །དེ་དག་ཇི་ལྟར་རྣམ་པར་བཞག་ཅེ་ན་ཞེས་བྱ་བ་ནི་ཅིའི་ཕྱིར་རྣམ་པར་བཞག་ཅེས་བྱ་བར་དགོངས་པའོ། །དེའི་ཕྱིར་རང་བཞིན་ཡན་ལག་གནས་ཡན་ལག་ཅེས་རྒྱ་ཆེར་གསུངས་སོ། །མཐོང་བའི་ལམ་ལ་བྱང་ཆུབ་ཀྱི་ཡན ་ལག་ཏུ་གྱུར་པ་དག་ནི་བྱང་ཆུབ་ཀྱི་ཡན་ལག་རྣམས་སོ་ཞེས་བྱ་བ་ནི་དེ་ཁོ་ན་ཉིད་མ་མཐོང་བ་ལས་དེ་ཐོག་མ་ཉིད་དུ་མཐོང་བའི་ཕྱིར་མཐོང་བའོ། །འཕགས་པའི་སར་ཕྱིན་པར་བྱེད་པའི་ཕྱིར་ལམ་ཞེས་བྱ་བ་སྟེ། དེའི་ཕྱིར་མཐོང་བའི་ལམ་ཞེས ་བྱའོ། །ངེས་པར་འབྱེད་པའི་ཆ་དང་མཐུན་པའི་ཚེ་ན་ནི་དར་ལས་ཆོད་པ་ལྟ་བུར་བདེན་པ་རྣམས་རྟོགས་སོ་མཐོང་བའི་ལམ་གྱི་ཚེ་ན་ནི་དེ་བསལ་བ་ལྟ་བུར་རྟོགས་སོ། །དེ་ལ་དེ་ཁོ་ན་མངོན་པར་རྫོགས་པར་བྱང་ཆུབ་པ་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས ་སོ། །དེ་ལ་དྲད?་བ་ལ་སོགས་པ་དྲུག་ནི་བྱང་ཆུབ་དང་མཐུན་པའི་ཕྱིར་དེའི་ཡན་ལག་རྣམས་སོ། །ཆོས་རྣམ་པར་འབྱེད་པ་ནི་རྟོག་པའི་བདག་ཉིད་པས་ན་བྱང་ཆུབ་སྟེ། དེ་དག་གིས་གྲོགས་སུ་གྱུར་པས་ཡན་ལག་གོ་། ་གཞན་ན་རེ་བར་ཆད་མེད་པའི་ལམ་དུ་གཏོགས་པའི་ཆོས་རབ་ཏུ་རྣམ་པར་འབྱེད་པ་ནི་བྱང་ཆུབ་ཀྱི་ཡན་ལག་གོ་།རྣམ་པར་གྲོལ་བའི་ལམ་དུ་གཏོགས་པ་ནི་བྱང་ཆུབ་ཅེས་བྱའོ་ཞེས་ཟེར་རོ། །དེ་ལ་དྲན་པ་ནི་བྱང་ཆུབ་ཀྱི་གནས་ཀྱི་ཡན་ལག་སྟེ། ་བྲན་པའི་སྟོབས་ཀྱིས་དམིགས་པ་དེ་ལ་མི་གཡེང་བའི་ཕྱིར་རོ། །ཆོས་རྣམ་པར་འབྱེད་པ་ནི་རང་བཞིན་གྱི་ཡན་ལག་སྟེ། བྱང་ཆུབ་ཀྱི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །བརྩོན་འགྲུས་ནི་ངེས་པར་འབྱུང་བའི་ཡན་ལག་སྟེ། བརྩོན་འགྲུས་ཀྱིས་སོ་སོའི་སྐྱེ ་བོའི་ས་ལས་ཤིན་ཏུ་འདྲ་བའི་ཕྱིར་རོ། །དགའ་བ་ནི་ཕན་ཡོན་གྱི་ཡན་ལག་སྟེ། དེས་ལུས་དང་སེམས་ལ་ཕན་འདོགས་པའི་ཕྱིར་རོ། །རྣམ་པ་གསུམ་ནི་ཀུན་ནས་ཉོན་མོངས་པ་མེད་པའི་ཡན་ལག་སྟེ་།ཤིན་ཏུ་སྦྱངས་པ་དང་ཏིང་ངེ་འཛིན་དང་བཏང་སྙོམS ་སོ། །དེ་དག་ནི་ཀུན་ནས་ཉོན་མོངས་པའི་གཉེན་པོར་གྱུར་པའི་ཕྱིར་རོ། །ཡང་ན་ཉོན་མོངས་པ་མེད་པའི་གཞི་དང་གནས་དང། ངོ་བོ་ཉིད་ཐ་དད་པའི་ཕྱིར་རོ། །ཅིའི་ཕྱིར་ཀུན་ནས་ཉོན་མོངས་པ་མེད་པའི་ཡན་ལག་རྣམ་པ་གསུམ་བསྟན་ཅེ་ན་ཞེས ་བྱ་བ་ནི་ཅིའི་ཕྱིར་རྣམ་པ་གསུམ་དུ་བཤད་སྙམ་དུ་བསམས་པ་སྟེ། དེའི་ཕྱིར། འདི་ལ་གཞི་དང་གནས་དང་ནི། །ངོ་བོ་ཉིད་དུ་བསྟན་པ་ཡིན་ཞེས་གསུངས་སོ། །ཤིན་ཏུ་སྦྱངས་པ་ནི་ཀུན་ནས་ཉོན་མོངས་པ་མེད་པའི་གཞི་སྟེ། ཀུན་ནས་ཉོན་མོངས་པ་མེད ་པ་ནི་རྣམ་པར་དག་པའོ། །གཞི་ནི་རྒྱུ་ཡིན་ནོ། །ཇི་ལྟར་གཞི་ཞེས་བྱ་ཞེ་ན་།དེའི་ཕྱིར་ཀུན་ནས་ཉོན་མོངས་པ་ནི་གནས་ངན་ལེན་གྱི་རྒྱུ་ལས་བྱུང་བའི་ཕྱིར་དེ་ནི་དེའི་གཉེན་པོ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་སྨོས་སོ། །དེ་ནི་འདི་སྐད་དུ་ཀུན་ནས་ཉོན་མོངས་པའི ་གཞིའི་གཉེན་པོར་གྱུར་པའི་ཕྱིར་ཀུན་ནས་ཉོན་མོངས་པ་མེད་པའི་གཞི་ཡིན་ནོ་ཞེས་བསྟན་པར་འགྱུར་རོ། །ལུས་དང་སེམས་ལས་སུ་མི་རུང་བ་ཉིད་ནི་གནས་ངན་ལེན་ཅེས་བྱ་སྟེ་དེ་ཡོད་ན་སེམས་རྩེ་གཅིག་པ་མེད་པའི་ཕྱིར་སེམས་གཡེངས ་པར་འགྱུར་རོ། །སེམས་གཡེངS་པ་ལ་འདོད་ཆགས་ལ་སོགས་པ་ཀུན་ནས་ཉོན་མོངས་པ་རྣམས་འབྱུང་སྟེ་།དེ་ལྟར་ན་གནས་ངན་ལེན་ནི་ཀུན་ནས་ཉོན་མོངས་པའི་རྒྱུ་ཡིན་ནོ། །གནས་ངན་ལེན་དེའི་གཉེན་པོ་ནི་ཤིན་ཏུ་སྦྱངས་པའོ། །ཇི་ལྟར་ཞེ་ན ་ཤིན་ཏུ་སྦྱངས་པས་ན་ལུས་དང་སེམས་གཉིས་ལས་སུ་རུང་བར་འགྱུར་ཏེ་།དེ་ལྟར་ན་ཤིན་ཏུ་སྦྱངས་པ་ནི་ཀུན་ནས་ཉོན་མོངས་པ་མེད་པའི་གཞིར་རྣམ་པར་བཞག་གོ་།ཏིང་ངེ་འཛིན་ནི་གནས་སོ་ཞེས་བྱ་བ་ནི་ལུས་དང་སེམས་གཉིས་ཤིན་ཏུ་སྦྱངས ་པས་རྗེས་སུ་གཟུང་བས་ན་སེམས་མཉམ་པར་འཇོག་གོ་།སེམས་མཉམ་པར་བཞག་ན་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ཡང་དག་པ་ཇི་ལྟ་བ་བཞིན་དུ་མཐོང་བས་ཉོན་མོངས་པ་རྣམས་སྤོང་བ་སྟེ་།དེ་ལྟར་ན་ཀུན་ནས་ཉོན་མོངས་པ་མེད ་པའི་གནས་ཏིང་ངེ་འཛིན་ཏོ། །བཏང་སྙེམས?་ནི་ངོ་བོ་ཉིད་དོ། །ཞེས་བྱ་བ་ནི་གནས་པ་ཀུན་ནས་ཉོན་མོངས་པར་གྱུར་པ་དང་མཐུན་པའི་སེམས་ནི་མཉམ་པ་དང་སེམས་རྣལ་དུ་མི་འཇུག་པ་དང་སེམས་རྩོལ་བ་དང་བཅས་པའི་གཉེན་པོ་ཡིན་པའི་ཕྱིར་རོ།། ་དེ་ལྟར་ན་བཏང་སྙོམས་ནི་ཀུན་ནས་ཉོན་མོངས་པ་མེད་པའི་ངོ་བོ་ཉིད་དོ། །གཞན་ན་རེ་སྤོང་བའི་ལམ་རྣམས་ཀྱིས་མཐོང་བ་སྤང་བར་བྱ་བའི་ཉོན་མོངས་བ་རྣམས་སྤངས་པས་ཉོན་མོངས་བའི་རྗེས་སུ་འཆིང་བ་དང་བྲལ་བའི་ངོ་བོ་ཉིད་ཀྱིས་རྣམ་པར ་དག་བའི་རྣམ་པར་གྲོལ་བའི་ལམ་དུ་གཏོགས་བའི་ཤེས་རབ་ཤེས་བྱ་བ་ལ་ངེས་པ་སྐྱེ་བ་དེ་འདིར་བཏང་སྙོམས་ཞེས་བྱ་སྟེ། དགོས་པ་བྱས་བའི་ཕྱིར་ཟད་པ་ལ་ཟད་དོ་སྙམ་དུ་བཏང་སྙོམས་སུ་བྱེད་པའི་ཕྱིར་རོ་ཞེའོ། །བྱང་ཆུབ་གྱི་ཡན་ལག་གི་འོག་ཏུ ་ལམ་གྱི་ཡན་ལག་རྣམས་ཏེ་།དེ་དག་ཇི་ལྟར་རྣམ་པར་བཞག་ཅེ་ན་ཞེས་བྱ་བ་ནི་མཐོང་བའི་ལམ་གྱི་འོག་ཏུ་བསྒོམ་པའི་ལམ་སྟེ་།དེ་ལ་ལམ་གྱི་ཡན་ལག་རྣམས་ཞེས་བྱའོ། །དེའི་ཕྱིར་བྱང་ཆུབ་ཀྱི་ཡན་ལག ་གི་འོག་ཏུ་ལམ་གྱི་ཡན་ལག་རྣམས་བརྗོད་དོ། །དེ་དག་གང་གི་དོན་དུ་རྣམ་པར་བཞག་ཅེ་ན། དེའི་ཕྱིར་།ཡོངས་སུ་གཅོད་དང་གོ་བྱེད་དང་ཞེས་རྒྱ་ཆེར་གསུངས་སོ། །མི་མཐུན་བའི་ཕྱོགས་ལོག་བར་ལྟ་བ་ནས་མི་མཐུན་པའི་ཕྱོགས་ལོག ་པའི་ཏིང་ངེ་འཛིན་གྱི་བར་གྱིས་ཡང་དག་པར་ལྟ་བ་ལ་སོགས་པ་ལམ་གྱི་ཡན་ལག་བརྒྱད་བོ་དག་གོ་རིམས་བཞིན་དུ་རྣམ་པར་བཞག་གོ་།ཡང་དེ་དག་གི་གོ་རིམས་ཀྱིས་ཏེ་།བསྒོམ་པའི་ལམ་ཞེས་རྒྱ་ཆེར་འབྱུང་བའོ། །བརྟེན་པར་བསྒོམ ་པར་བྱ་བ་ཡིན་པས་ན་བསྒོམ་པའི་ལམ་མོ། །བསྒོམ་པའི་ལམ་དེ་ལ་མཐོང་བའི་ལམ་ཐོབ་པར་བསྒོམས་པས་བསྒོམས་པ་ཡོངས་སུ་གཅོད་པའི་ཡན་ལག་ནི་ཡང་དག་པའི་ལྟ་བའོ། །འཇིག་རྟེན་པ་ཞེས་བྱ་བ་ནི་རྟོག་པ་དང་བཅས་པའི་ཕྱིར ་འཇིག་རྟེན་པའོ། །དེ་འབྱུང་བའི་མཐུ་རྙེད་པས་ལམ་ལ་མཉམ་པར་བཞག་པ་ན་ཡང་དེ་རྣམ་པར་བཞག་གོ་།འཇིག་རྟེན་ལས་འདས་བ་ནི་རྣམ་པར་མི་རྟོག་པའོ། །རྣམ་པར་མི་རྟོག་པར་གྱུར་ཀྱང་ཡང་དག་པར་ལྟ་བའི་གནས་སུ་གྱུར ་པས་ན་ཡང་དག་པར་ལྟ་བ་ཞེས་བྱའོ། །དེའི་ཕྱིར་འཇིག་རྟེན་ལས་འདས་བའི་རྗེས་ལས་ཐོབ་པ་ཞེས་སྨོས་ཏེ་།འཇིག་རྟེན་ལས་འདས་པ་མཐོང་བའི་ལམ་གྱིས་རྗེས་ལས་ཐོབ་བ་ནི་སྐྱེས་ཞེས་བྱ་བའི་ཐ་ཚིག་གོ་།དེའི་ཡུལ་གང་ཞེ་ན ་དེའི་ཕྱིར་དེས་རང་གི་རྟོགས་བ་ཞེས་བྱ་བ་སྨོས་སོ། །མཐོང་བའི་ལམ་གྱིས་རྟོགས་པ་ལ་བདག་གིས་འདི་ལྟ་བུ་རྟོགས་སོ་ཞེས་ཡོངས་སུ་གཅོད་པ་སྟེ། མཐོང་བའི་ལམ་ཡུལ་ཡིན་པས་ན་ཡང་དག་བར་ལྟ་བ་ཞེས་བྱའོ་གཞན་གོ་བར་བྱེད་པའི ་ཡན་ལག་ཅེས་བྱ་བ་རྒྱ་ཆེར་འབྱུང་བ་ནི་ཡང་དག་པའི་ལྟ་བ་དེས་ཡོངས་སུ་བཅད་པའི་དེ་ཁོ་ན་ཡང་དག་པའི་དག་དང་ཡང་དག་བའི་རྟོག་པས་གཞན་ལ་གོ་བར་བྱེད་པའི་ཕྱིར་།ཡང་དག་པའི་རྟོགས་པ་དང་ཡང་དག་པའི་དག་ནི་གཞན་ཡིད་ཆེས ་པར་བྱེད་པའི་ཡན་ལག་།དེའི་ཕྱིར་།ཀུན་ནས་སློང་བ་དང་བཅས་པའི་དག་གིས་དེ་གོ་བར་བྱེད་པའི་ཕྱིར་རོ་ཞེས་བྱ་བ་སྨོས་སོ། །ཡང་དག་པའི་རྟོག་པ་ནི་དག་ཀུན་ནས་སློང་བ་སྟེ། མ་བརྟགས་མ་དཔྱད་པར་ཚིག་མི་སྨྲའོ་ཞེས་མདོ་ལས ་གསུངས་པའི་ཕྱིར་རོ། །དེ་འབྱུང་བའི་ཕྱིར་མཉམ་པར་བཞག་པ་ན་ཡང་དེ་གཉིས་དང་ལྡན་པར་རིག་པར་བྱའི་མཉམ་པར་བཞག་པ་ན་ཡང་དག་པར་རྟོག་པར་བྱེད་པ་འམ་སྨྲ་བ་ནི་མ་ཡིན་ནོ། །གཞན་ཡིད་ཆེས་བར་བྱེད་པའི་ཡན་ལག་ནི་རྣམ་པ ་གསུམ་སྟེ་།ཡང་དག་པའི་དག་དང་ལས་ཀྱི་མཛའ་དད་ལས་ཀྱི་འཚོ་བའོ། །ཇི་ལྟ་ཞེ་ན་དེའི་ཕྱིར། །དེ་དག་ཀྱང་གོ་རིམས་བཞིན་དུ་།ལྟ་དང་ཚུལ་ཁྲིམས་ཡོ་བྱད་སྙུངས?། །གཞན་ལ་རྣམ་པར་རིག་བྱེད་འདོད། དེ་ནས་བྱ་བ་སྨོས་ཏེ་།ཡང་དག་པའི ་དག་དང་ལུས་ཀྱི་མཛའ་དང་འཚོ་བ་དང་གོ་རིམས་བཞིན་ནོ། །ཡང་དག་པའི་དག་གིས་ཞེས་རྒྱ་ཆེར་འབྱུང་བ་ལ། །བརྙས་པ་ཞེས་བྱ་བ་ནི་ཆོས་བསྟན་པའོ། །འབྲེལ་བའི་གཏམ་ངེས་པས་ཞེས་བྱ་བ་ནི། །མངོན་པར་རྟོག་པ་ལས་བརྩམས ་ནས་གཞན་དེ་དག་དང་རྒོལ་ཞིང་ལན་འདེབས་བ་སྟེ་།བསྙད་པ་དང་འབེལ་བའི་གཏམ་རྣམ་པར་ངེས་པ་འདིས་ནི་འདི་ལྟར་འདི་ཐོགས་པ་མེད་པ་དང་།དོན་ཤིན་ཏུ་གཏན་ལ་ཕབ་པ་དད་འགལ་བ་མེད་པ་དང་དོན་གསལ་བ་བརྗོད་པ་ལས་ན ་འདིས་དེ་ཁོ་ན་ངེས་པར་རྟོགས་སོ་ཞེས་ཤེས་རབ་ལ་གཞན་དག་ཡིད་ཆེས་པར་འགྱུར་རོ། །ཡང་དག་པའི་ལས་ཀྱི་མཛའ་ནི་ཚུལ་ཁྲིམས་ལ་སྟེ་ཞེས་བྱ་བ་ནི་ཡིད་ཆེས་པར་འགྱུར་རོ་ཞེས་བྱ་བར་སྦྱར་རོ། །ཇི་ལྟར་ཞེ་ན་དེའི་ཕྱིར་བྱ་བ་མ་ཡིན་པ་མི་ ་བྱེད་པའི་ཕྱིར་རོ་ཞེས་བྱ་བ་སྨོས་སོ། །ཡང་དག་པའི་ལས་ཀྱི་མཛའ་ནི་ཉེས་པར་སྤྱོད་པ་དང་མི་མཐུན་པ་སྟེ་དེའི་ཕྱིར་དེ་དང་ལྡན་ན་སྲོག་གི་ཕྱིར་ཡང་བྱ་བ་མ་ཡིན་པ་མི་བྱེད་དེ། དེའི་ཕྱིར་འདི་ནི་འཕགས་པ་དགྱེས་པའི? ་ཚུལ་ཁྲིམས་དང་ལྡན་ནོ་ཞེས་ཡིད་ཆེས་པ་འབྱུང་ངོ། །ཡང་དག་པའི་འཚོ་བས་ནི་ཡོ་བྱད་བསྙུངས་པ་ལ་སྟེ་ཞེས་བྱ་བ་ནི་ཡིད་ཆེས་པར་འགྱུར་རོ་ཞེས་བྱ་བར་སྦྱར་རོ། །ཇི་ལྟ་ཞེན་དེའི་ཕྱིར། ཆོས་ཀྱིས་གོས་ལ་སོགས་པ་ཚོད་ཟིན་པར་ཚོལ་བའི ་ཕྱིར་རོ་ཞེས་བྱ་བ་སྨོས་སོ། །འཚོ་བའི་ཡོད་བྱད་ཀྱི་ཕྱིར་ཚུལ་འཆོས་པ་ལ་སོགས་པའི་ཉེས་བ་མེད་པའི་ལུས་དང་ངག་གིས་ཀུན་ཏུ་སྤྱོད་པ་ནི་ཡང་དག་པའི་འཚོ་བ་སྟེ་།དེས་འདི་ལྟར་ད་འདི་ནི་ལུས་གནས་པ་ཙམ་དུ་བྱ་བའི་ཕྱིར་རིགས་པ་དང ་ཚོང་ཟིན་པར་ཆོས་གོས་ལ་སོགས་པ་ཚོལ་བས་ན་གདོན་མི་ཟ་བར་འདི་ནི་ཡོ་བྱད་རྣམས་ལ་སྲེད་པ་སྤངས་སོ་ཞེས་ཡོ་བྱད་བསྙུངས་པར་ཡིད་ཆེས་པར་འགྱུར་རོ། །དེ་ལ་ཡང་དག་པའི་ལྟ་བས་ནི་མངོན་པའི་ང་རྒྱལ་མེད་པར་འགྱུར་ཏེ། རང་གི ་རྟོགས་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པའི་ཕྱིར་རོ། །ཡང་དག་པའི་རྟོག་པས་ཀུན་ནས་བསླང་བའི་ཚིག་གིས་ནི་སེང་གེའི་སྒྲ་སྒྲོག་གོ་།ཡང་དག་པའི་དག་དང། ལས་ཀྱི་མཛའ་དང། འཚོ་བ་རྣམས་ཀྱིས་ནི་རང ་གིས་དམ་བཅས་པ་ཡང་དག་པར་བརྗོད་དོ། །དེ་ལ་མི་མཐུན་པའི་ཕྱོགས་ཀྱི་གཉེན་པོའི་ཡན་ལག་རྣམས་གསུམ་མི་ཤེས་ནས་དེའི་ཕྱིར་།ཡང་དག་པའི་རྩོལ་བ་དང་དྲན་པ་དང་ཏིང་ངེ་འཛིན་ཏོ་ཞེས་བྱ་བ་སྨོས་སོ། །དེ་དག་ཀྱང་མི་མཐུན ་པའི་ཕྱོགས་གང་གི་གཉེན་པོ་ཡིན་ཞེ་ན། དེའི་ཕྱིར་དེ་དག་ནི་གོ་རིམས་བཞིན་དུ་།ཉོན་མོངས་ཉེ་བའི་ཉོན་མོངས་དབང། །མི་མཐུན་ཕྱོགས་ཀྱི་གཉེན་པོའོ་ཞེས་བྱ་བ་གསུངས་སོ། །དེ་ལ་དང་པོའི་གཉེན་པོ་ནི་ཡང་དག་པའི་རྩོལ་བ་སྟེ ་ཞེས་བྱ་བ་ལ་།བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་ནི་མི་མཐུན་པའི་ཕྱོགས་དང་པོ་སྟེ་།དེའི་གཉེན་པོ་ནི་ཡང་དག་པའི་རྩོལ་བའོ། །ཇི་ལྟ་ཞེན་དེའི་ཕྱིར། དེས་ཞེས་བྱ་བ་སྨོས་ཏེ་།ཡང་དག་པའི་རྩོལ་བས་ལམ་བསྒོམ་པའི་ཕྱིར་རོ། །བྱིང་བ ་དང་རྒོད་པ་དང་བྲལ་བའི་ཏིང་ངེ་འཛིན་གྱི་དུས་ཀྱི་བརྩོན་འགྲུས་ཡང་དག་པའི་ལྟ་བས་བསྡུས་པ་ནི་ཡང་དག་པའི་རྩོལ་བ་སྟེ་།དེས་བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་རྣམས་སྤང་བར་བྱ་བའི་ཕྱིར་དེའི་གཉེན་པོ་འམ་བསྒོམ་མོ། །དེའི་ཕྱིར་ཡང་དག ་པའི་ཏིང་ངེ་འཛིན་སྒྲུབ་པས་ཡང་དག་པའི་རྩོལ་བ་ནི་དང་པོའི་གཉེན་པོ་ཞེས་བྱའོ། །ལམ་བསྒོམ་པ་དེ་ཉིད་ལ་གཉིས་པ་ཉེ་བའི་ཉོན་མོངས་པ་བྱིང་བ་དང་རྒོད་པའི་མཚན་ཉིད་ཀྱི་ནི་ཡང་དག་པའི་དྲན་པ་སྟེ་།ཞེས་བྱ་བ་ནི་གཉེན་པོ་ཞེས་བྱ་བར་སྦྱར་རོ། ། ་ཇི་ལྟ་ཞེ་ན་དེའི་ཕྱིར། ཞི་གནས་ལ་སོགས་པའི་རྒྱུ་རྣམས་ལ་དྲན་པ་ཤིན་ཏུ་ཉེ་བར་གནས་པས་བྱིང་བ་དང་རྒོད་པ་མེད་པའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། སོགས་པ་པ་ཞེས་བྱ་བའི་སྒྲ་ནི་རབ་ཏུ་འཛིན་པའི་རྒྱུ་དང་།བཏང་སྙོམས་ཀྱི་རྒྱུ་ཡིན་པར་ཤེས་པར་བྱའོ ་དེ་ལ་གཡེང་བའི་རྒྱུ་ཉེ་བར་ཞི་བར་བྱེད་པས་ཞི་གནས་སོ། །ཞི་གནས་ལ་སོགས་པའི་རྒྱུ་ནི་ཞི་གནས་ལ་སོགས་པའི་བྱེད་རྒྱུའོ། །དེ་ལ་སེམས་རྒོད་པ་འམ་རྒོད་དུ་དོགས་པ་ཞིག་ཏུ་གྱུར་ན་།སྐྱེ་བར་འགྱུར་བའི་དངོས་པོ་ཡིད་ལ་བྱེད་པ་ནི་ཞི་གནས་ཀྱི་རྒྱུའོ ་སེམས་བྱིང་བ་འམ། ཕྱིར་དུ་དོགས་པ་ཞིག་ཏུ་གྱུར་ན། མངོན་པར་དགའ་བར་གྱུར་པའི་དངོས་པོ་ཡིད་ལ་བྱེད་པ་ནི་རབ་ཏུ་འཛིན་པའི་རྒྱུའོ། །ཞི་གནས་ལ་གཅིག་ཏུ་ངེས་པའི་ལམ་འམ། ལྷག་མཐོང་ལ་གཅིག་ཏུ་ངེས་པ་འམ། ཟུང་དུ་འབྲེལ ་པས་འཇུག་པའང་རུང་སྟེ་།ཉེ་བའི་ཉོན་མོངས་པ་དེ་གཉིས་ཀྱིས་ཉེ་བར་ཉོན་མོངས་པར་གྱུར་པ་ལ་ལྟུན་གྱིས་གྲུབ་པ་ཡིད་ལ་བྱེད་པ་ནི་བཏང་སྙོམས་ཀྱི་རྒྱུའོ། །མངོན་པར་ཤེས་པ་ལ་སོགས་པ་ཡོན་ཏན་གྱི་རང་བཞིན་གྱི་དབང་འབྱོར་བའི་མི་མཐུན་པའི་ཕྱོགས་གང ་ཡིན་པ་ནི། སྙོམས་པར་འཇུག་པའི་སྒྲིབ་པའི་རང་བཞིན་ཉོན་མོངས་པ་ཅན་མ་ཡིན་པའི་མི་ཤེས་པའོ། །གསུམ་པ་ནི་དེའི་ཡང་དག་པའི་ཏིང་ངེ་འཛིན་ཏེ་གཉེན་པོ་ཞེས་བྱ་བར་སྦྱར་རོ། །ཇི་ལྟ་ཞེ་ན་དེའི་ཕྱིར། བསམ་གཏན ་ལ་གནས་ནས་མངོན་པར་ཤེས་པ་ལ་སོགས་པ་ཡོན་ཏན་མངོན་པར་བསྒྲུབ་པའི་ཕྱིར་རོ་ཞེས་སྨོས་སོ། །བསམ་གཏན་ནི་ཡོན་ཏན་ཁྱད་པར་ཅན་ཐམས་ཅད་མངོན་པར་བསྒྲུབ་པའི་གནས་ཡིན་ཏེ། དེ་བས་ན་མངོན་པར་ཤེས་པ་ལ་སོགས་པ ་ཡོན་ཏན་མངོན་པར་སྒྲུབ་པའི་མཐུན་བའི་ཕྱོགས་སུ་གྱུར་པ་ནི། སྙོམས་པར་འཇུག་པའི་སྒྲིབ་པའི་གཉེན་པོའོ། །དེ་བས་ན་དེ་ལྟར་ཡང་དག་པའི་རྩོལ་བ་ནི་ཉོན་མོངས་པའི་སྒྲིབ་པ་དང་བྲལ་བ་སྟོན་ཏོ། །ཡང་དག་པའི་ངན?་པས་ནི་ཏིང་ངེ་འཛིན ་ཡོངས་སུ་དག་པའོ། །ཡང་དག་པའི་ཏིང་ངེ་འཛིན་གྱིས་ནི་སྙོམས་པར་འཇུག་པའི་སྒྲིབ་པ་དང་བྲལ་བའོ། །གཉེན་པོ་བསྒོམ་པ་མདོར་བསྡུས་ན་རྣམ་པ་གསུམ་དུ་རིག་པར་བྱ་སྟེ་ཞེས་བྱ་བ་ནི་།རྩོམ་པ་དང་ཐོབ་པ་དང་གྲུབ་པའི་བྱེ་བྲག་གིས་སོ། ། ་རྒྱས་པར་བྱས་ན་རྣམ་པ་དུ་མ་ཡོད་དོ། །དེ་ཇི་ལྟ་ཞེ་ན་།རྗེས་སུ་མཐུན་ལ་ཕྱིན་ཅི་ལོག་།ཅེས་རྒྱ་ཆེར་འབྱུང་བ་དེ་ལ་།ཕྱིན་ཅི་མ་ལོག་པའི་རྗེས་སུ་མཐུན་ལ་ཕྱིན་ཅི་ལོག་པ་ཞེས་བྱ་བ་ལ་།ཕྱིན་ཅི་མ་ལོག་པ་ནི་མཐོང་བའི་ལམ་སྟེ། དེ་ཁོ་ན ་ཡུལ་ཡིན་པའི་ཕྱིར་རོ། །དེའི་རྗེས་སུ་མཐུན་པའི་ཕྱིར་ཕྱིན་ཅི་མ་ལོག་པའི་རྗེས་སུ་མཐུན་པའོ། །འདི་ནི་སོ་སོའི་སྐྱེ་བོའི་སྦོམ་པ་ཡིན་པས་དེ་ཁོ་ན་ཡུལ་དུ་མ་གྱུར་པའི་ཕྱིར་ཕྱིན་ཅི་ལོག་སྟེ་།སོ་སོའི་སྐྱེ་བོས་ཉོན་མོངས་པ་རྣམས་མ་ལུས ་པར་མ་སྤངས་པའི་ཕྱིར་རོ། །ཇི་ལྟར་ན་ཕྱིན་ཅི་ལོག་ཏུ་གྱུར་པའི་ཕྱིན་ཅི་ལོག་མེད་པའི་རྗེས་སུ་མཐུན་པར་འགྱུར་ཞེ་ན་།ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པའི་རྒྱུ་མཐུན་པ་ཐོས་པའི་བག་ཆགས་ལས་བྱུང་བའི་ཕྱིར་རོ། །དེ་ཡང་དྲན་པ་ཉེ་བར་གཞག་པ་། ་བསྒོམ་པ་ནས་བརྩམས་ཏེ་།སྟོབས་བསྒོམ་པའི་བར་དུའོ། །ཕྱིན་ཅི་ལོག་མེད་པ་ཕྱིན?་ཅི་ལོག་རྗེས་སུ་འབྲེལ་པ་ཞེས་བྱ་པ་འདི་ནི་སློབ་མ་རྣམས་ཀྱི་བྱང་ཆུབ་ཀྱི་ཡན་ལག་བསྒོམ་པ་དང་ལམ་བསྒོམ་པ་སྟེ། དེ་ཁོ་ན་ཡུལ་དུ་གྱུར་པས་ན་ཕྱིན་ཅི་ལོག་མེད ་པའོ། །བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་ཡོད་པའི་ཕྱིར་ཕྱིན་ཅི་ལོག་རྗེས་སུ་འབྲེལ་པའོ། །ཕྱིན་ཅི་ལོག་ཀྱང་མེད་ལ་ཕྱིན་ཅི་ལོག་ཀྱང་རྗེས་སུ་འབྲེལ་པ་ཡང་མེད་པ་ཞེས་བྱ་བ་འདི་ནི་དགྲ་བཅོམ་པ་ནི་སློབ་པའི་བསྒོམ་པ་སྟེ། དེ་ཁོ་ན་ཡུལ་དུ་གྱུར་པས་ན་ཕྱིན་ཅི་ལོག ་མེད་པའོ། །དགྲ་བཅོམ་པས་ནི་དྲི་མ་རྣམས་མ་ལུས་པར་སྤངས་པའི་ཕྱིར་ཕྱིན་ཅི་ལོག་རྗེས་སུ་འབྲེལ་བ་མེད་དོ། །ད་ནི་ཉན་ཐོས་རྣམས་ལས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གཉེན་པོ་བསྒོམ་པ་ཁྱད་པར་བསྟན་པའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ནི། ་དམིགས་དང་ཡིད་ལ་བྱེད་པ་དང། །འཐོབ་པས་དེ་ནི་ཁྱད་པར་འབགས?་ཞེས་བྱ་བ་སྨོས་ཏེ་།དེ་ལ་དམིགས་པ་ཁྱད་པར་དུ་འཕགས་པ་ནི་།ཉན་ཐོས་དང་རང་སངས་རྒྱས་རྣམས་ནི་རང་གི་རྒྱུད་དུ་གཏོགས་པའི་ལུས་ལ་སོགས་པ་ཞེས་བྱ་བ་སྟེ། ལུས་དང་ཚོར ་པ་དང་སེམས་དང་ཆོས་རྣམས་ལ་དམིགས་སོ། །བྱང་ཆུབ་སེམས་དཔའ་རྣམས་ནི་བདག་དང་གཞན་གྱི་རྒྱུད་དུ་གཏོགས་པ་རྣམས་སོ་ཞེས་བྱ་བ་ནི་ལུས་དང་ཚོར་བ་དང་སེམས་དང་ཆོས་རྣམས་ལ་དམིགས་སོ། །ཅིའི་ཕྱིར་དམིགས་པ་ཐ་དད་ཅེ་ན། འདི་ལྟར་ཉན ་ཐོས་ལ་སོགས་པ་ནི་རང་གི་དོན་གྱི་དབང་དུ་བྱས་ནས་གཉེན་པོ་བསྒོམ་པ་ལ་འཇུག་གོ་།བྱང་ཆུབ་སེམས་དཔའ་ནི་བདག་དང་གཞན་གྱི་དོན་གྱི་དབང་དུ་མཛད་པའི་ཕྱིར་རོ། །མི་རྟག་པ་ལ་སོགས་པའི་རྣམ་པར་ཞེས་བྱ་བ་ནི་མི་རྟག་པ་དང། སྡུག་བསྔལ་བ་དང ་སྟོང་པ་དང་བདག་མེད་པའི་རྣམ་པར་རོ། །ཅིའི་ཕྱིར་ཉན་ཐོས་དང་རང་སངས་རྒྱས་རྣམས་ལ་སོགས་པ་དེ་ལྟར་ཡིད་ལ་བྱེད་ཅེ་ན་།དེ་དག་ལ་སྐྱོ་བར་བྱེད་པའི་ཕྱིར་ཏེ། སྐྱོ་བར་མ་གྱུར་བ་དེ་དག་འབྲལ་པར་མི་འགྱུར་རོ། །བྱང་ཆུབ་སེམས་དཔའ་རྣམས་ནི་དམིགས ་པའི་ཚུལ་དུའོ་ཞེས་བྱ་བ་ནི་བརྟགས་པའི་ངོ་བོ་ཉིད་དམིགས་པའི་རྣམ་པར་ཞེས་བྱ་བའི་ཐ་ཚིག་གོ་།ཅིའི་ཕྱིར་དེ་ལྟར་ཡིད་ལ་མཛད་ཅེ་ན་རྣམ་པར་རྟོག་པ་ཐམས་ཅད་སྤང་བའི་ཕྱིར་ཏེ། འདི་ནི་དེ་དག་གི་ཁྱད ་པར་ཞེས་བྱའོ། །མི་དམིགས་པའི་ཚུལ་འབའ་ཞིག་ཏུ་ཡིད་ལ་མཛད་པ་ཡང་མ་ཡིན་གྱི། མི་རྟག་པ་ལ་སོགས་པའི་རྣམ་པར་ཡང་ཡིད་ལ་མཛད་དེ། དེ་ལྟར་ན་ཡིད་ལ་བྱེད་པའི་ཁྱད་པར་གྱིས་ཁྱད་པར་དུ་འཕགས་སོ། །ནས་ཀྱང་ལུས་ལ་སོགས ་པ་དང་འཕྲལ་བར་བྱ་བའི་ཕྱིར་ཞེས་བྱ་བ་ནི་ལུས་ལ་སོགས་པ་དང་བྲལ་བ་ནི། ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པ་དང། དེ་ལ་དམིགས་པའི་ཉོན་མོངས་པ་སྤོངས་པའོ། །བྱང་ཆུབ་སེམས་དཔའ་རྣམས་ནི་འབྲལ་བར་བྱ་བའི་ཕྱིར ་ཡང་མ་ཡིན། མི་བྲལ་བར་བྱ་བའི་ཕྱིར་ཡང་མ་ཡིན་ཏེ་།དེ་ཅིའི་ཕྱིར་ཞེ་ན་།ལུས་ལ་སོགས་པ་དང་ཤིན་ཏུ་བྲལ་བ་དང་མ་བྲལ་ན་ཡང་སེམས་ཅན་གྱི་དོན་བྱ་བར་མི་ནུས་པར་འགྱུར་ཏེ། ཉོན་མོངས་པ་ཟད་པ་དང། སེམས་ཅན་ཕལ་པ་བཞིན་ནོ། ་གལ་ཏེ་ཡང་འབྲལ་བའི་ཕྱིར་ཡང་མ་ཡིན་མི་འབྲལ་བའི་ཕྱིར་ཡང་མ་ཡིན་ན་ཅིའི་ཕྱིར་གཉེན་པོ་རྣམས་བསྒོམ་ཞེན་དེའི་ཡང་མ་ཡིན་ན་ཅིའི་ཕྱིར་གཉེན་པོ་རྣམས་བསྒོམ་ཞེན་དེའི་ཕྱིར་བསྒོམ་མོ་ཞེས་བྱ་བ་སྨོས་ཏེ། མི་གནས་པའི་མྱ་ངན་ལས ་འདས་པ་དེ་གང་ཞེ་ན། བྱང་ཆུབ་སེམས་དཔའ་ཨི་ཚེ་ན་ནི་ལས་དང་སྐྱེ་བ་ལ་དབང་བ་ལ་གནས་ནས་སྙིང་རྗེ་དང་ལྡན་པའི་ཕྱིར་འཁོར་བར་སྐྱེ་ཡང་ཤེས་རབ་ཀྱི་སྟོབས་ཀྱིས་དེར་ཀུན་ནས་ཉོན་མོངས་པར་མི་འགྱུར་ཏེ། འདི་ནི་བྱང་ཆུབ་སེམས་དཔའ་ཨི ་མི་གནས་པའི་མྱ་ངན་ལས་འདས་པ་ཞེས་བརྗོད་དོ། །འཁོར་བ་གནས་ཀྱང་སོ་སོའི་སྐྱེ་བོ་བཞིན་དུ་ཉོན་མོངས་པར་ཡང་མི་འགྱུར་ལ། ཉན་ཐོས་ལ་སོགས་པ་བཞིན་དུ་ཉེ་བར་ལེན་པ་མེད་པའི་མྱ་ངན་ལས་འདས་པར་ཡང་མི་འགྱུར་རོ། །དེ ་བཞིན་གཤེགས་པའི་དུས་ན་ཡང་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་སྤངས་པས་འཁོར་བ་ལ་མི་གནས་ལ་།ཆོས་ཀྱི་སྐུ་རྒྱུན་མི་འཆད་ཅིང་ལོངས་སྤྱོད་རྫོགས་པ་དང་།སྤྲུལ་པའི་སྐུ་གཉིས་ཀྱིས་འཇིག་རྟེན་ཇི་སྲིད་པ་དེ་སྲིད་དུ་གཞན་གྱིས ་དོན་མཛད་པའི་ཕྱིར། ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པ་ལ་ཡང་མི་གནས་སོ། །དེ་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གཉེན་པོ་བསྒོམ་པ་འདི་ནི་དམིགས་པ་དང་ཡིད་ལ་བྱེད་པ་དང་འབྲས་བུའི་ཁྱད་པར་རྣམས་ཀྱིས་ཉན ་ཐོས་ལ་སོགས་པ་ལས་ཁྱད་པར་དུ་འཕགས་སོ། །གཉེན་པོ་བསྒོམ་པ་བཤད་ཟིན་ཏོ། །གཉེན་པོ་བསྒོམ་པའི་འོག་ཏུ་དེའི་གནས་བཤད་དེ། དེའི་ཕྱིར་དེའི་གནས་གང་ཞེ་ན་ཞེས་དྲིས་སོ། །དེའི་ཞེས་བྱ་བ་ནི་གཉེན་པོ་བསྒོམ་པ་དེའི་སྟེ་།དེའི་ཕྱིར ་རྒྱུ་ནི་གནས་སྐབས་ཞུགས་པ་དང་ཞེས་རྒྱ་ཆེར་གསུངས་སོ། །དེ་ལ་རྒྱུ་ཡི་གནས་ནི་གང་རིགས་ལ་གནས་པའི་གང་ཟག་གོ་ཞེས་བྱ་བ་ལ་།རིགས་ནི་རྒྱུ་དང་ས་བོན་ཞེས་བྱ་བའི་ཐ་ཚིག་གོ་།དེ་ལ་གང་རིགས་ཉིད་དུ་གྱུར་གྱི་སེམས ་བསྐྱེད་བ་ལ་སོགས་པ་ལ་མ་ཡིན་ཏེ་།དེ་ནི་འདིར་རིགས་ལ་གནས་པར་འདོད་དེ་།དེ་ནི་གོང་མིའི་གནས་རྣམས་སུ་རྗེས་སུ་འཇུག་སྟེ་མི་ལྡོག་གོ་།ཁ་ཅིག་ན་རེ་རིགས་དེ་ཡང་དགེ་བའི་རྩ་བའི་རང་བཞིན་ནོ་ཞེས་ཟེར་ཏེ་།དགེ་བའི་རྩ་བ་གཉིས་ལ ་ཁ་ཅིག་ནི་ཉན་ཐོས་ཀྱི་རིགས་ཞེས་བྱ་བ་ནས་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཨི་རིགས་ཀྱི་བར་དུའོ་ཞེའོ། །ཁ་ཅིག་ན་རེ་སོ་སོའི་སྐྱེ་བོའི་གནས་ལས་བརྩམས་ཏེ་དབང་པོའི་བྱེ་བྲག་ལ་རིགས་ཞེས་བྱ་སྟེ། སེམས་ཀྱི་ས་བོན་གྱི་མཐུལ་རིགས ་ཞེས་དེ་སྐད་ཀྱང་ཟེར་ཏེ་དེ་ཡོད་ན་སོ་སོའི་སྐྱེ་བོའི་དུས་དང་སློབ་པའི་དུས་ན་ཉན་ཐོས་ཀྱི་རིགས་ཞེས་བྱ་བ་ནས་བྱང་ཆུབ་སེམས་དཔའ་ཨི་རིགས་ཀྱི་བར་དུའོ་ཞེའོ། །མི་སློབ་པའི་དུས་ན་ནི་ཉན་ཐོས་ཤེའི་རང་སངས་རྒྱས་ཞེས་བྱ་སྟེ། དེ་ནི་གནས ་སྐབས་ཀྱི་མཐར་ཐུག་པའི་ཕྱིར་དེ་ནི་རིགས་མ་ཡིན་ནོ། །དེ་ཡང་ཉན་ཐོས་ལ་སོགས་པའི་བྱེ་བྲག་གིས་གསུམ་དུ་དབྱེའོ། །ངེས་པ་དང་མ་ངེས་པའི་བྱེ་བྲག་གིས་དྲུག་ཏུ་འགྱུར་རོ། །ཞུགས་པའི་གནས་ནི་སེམས ་བསྐྱེད་པའི་ཞེས་བྱ་བ་ནི་ཉན་ཐོས་དང་རང་སངས་རྒྱས་དང་དེ་བཞིན་གཤེགས་པའི་རིགས་རྣམས་དང་གོ་རིམས་བཞིན་དུ། ཉན་ཐོས་དང་རང་སངས་རྒྱས་དང་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་བྱང་ཆུབ་ཏུ་སེམས་བསྐྱེད་པས་རྣམ་པ་གསུམ ་དུ་འགྱུར་རོ། །དེ་ནི་སྦྱོར་བའི་རྩ་བར་གྱུར་པའི་ཕྱིར་དེ་བྱུང་ན་སྦྱོར་བར་ཞུགས་པ་ཡིན་པས་ན་།དེ་སྐྱེད་པ་ལ་སྦྱོར་བར་ཞུགས་པའི་གནས་ཞེས་བྱའོ། །དེའི་ཕྱིར་སྦྱོར་བའི་གནས་ནི་སེམས་བསྐྱེད་ནས། །འབྲས་བུ་མ་ཐོབ་ཚུན་ཆད་ངོ་ཞེས་བྱ་བ་སྟེ། ་སེམས་བསྐྱེད་པའི་སྦྱིན་པ་དང་།ཚུལ་ཁྲིམས་ལ་སོགས་པ་ནས་སྟོབས་བསྒོམ་པ་ལ་ཐུག་གི་བར་དུ། དགེ་བའི་རྩ་བ་ཡང་དག་པར་བརྩམས་ཤིང་ཐོག་མའི་འབྲས་བུ་ཐོབ་པར་བྱེད་པའི་ཐབས་ཡིན་པས་དེ་ལ་སྦྱོར་པ་ཞེས་བྱའོ། །ཇི་ལྟར ་རྒྱུ་དང་ཞུགས་པའི་གནས་ལ་བྱང་ཆུབ་ཀྱི་ཕྱོགས་བསྒོམ་པའི་གནས་ཞེས་བཤད་ཅེ་ན། དེའི་རྒྱུ་ཡིན་པའི་ཕྱིར་དེ་བས་ན་འདི་སྐད་དུ་རིགས་ནས་སེམས་བསྐྱེད་པ་ཞེས་བྱ་བ་ཕྱི་མ་ཕྱི་མ་འབྲས་བུའོ་ཞེས་བྱ་བ་ལ་སོགས་པ་བཤད་དོ། །འབྲས་བུའི ་གནས་ནི་ཐོབ་པའོ་ཞེས་བྱ་བ་ནི་དང་པོའི་འབྲས་བུ་སྟེ། འབྲས་བུའི་ཕྱིར་སྦྱོར་རོ། །དེ་བས་ན་སྦྱོར་བའི་འོག་ཏུ་འབྲས་བུའི་གནས་སོ། །བྱ་བ་མེད་པའི་གནས་ནི་མི་སློབ་པའོ་ཞེས་བྱ་བའོ། །ཁམས་གསུམ་གྱི་འདོད་ཆགས་དང་བྲལ ་བའི་ཕྱིར་མི་སློབ་པ་སྟེ་།དེའི་འབྲས་བུ་རྣམས་ཡོངས་སུ་རྫོགས་པས་ན། འབྲས་བུ་གཞན་ཐོབ་པར་བྱ་བ་མེད་པའི་ཕྱིར་བྱ་བ་མེད་པའི་གནས་སོ། །ཁྱད་པར་གྱི་གནས་ནི་མངོན་པར་ཤེས་པ་ལ་སོགས་པ་ཡོན་ཏན་གྱི་ཁྱད་པར་དང་ལྡན ་པའོ་ཞེས་བྱ་བ་ནི་དགྲ་བཅོམ་པར་མཚུངས་པ་ལས་མངོན་པར་ཤེས་པ་ལ་སོགས་པ་ཡོན་ཏན་གྱི་ཁྱད་པར་རྣམས་དང་ལྡན་པས། གཞན་ལས་ཁྱད་ཞུགས་པར་མངོན་པར་ཤེས་པ་ལ་སོགས་པ་ཡོན་ཏན་གྱི་ཁྱད་པར་བསྒྲུབ་པའི་གནས་ལ་ཁྱད་པར་གྱི ་གནས་ཞེས་བྱའོ། །བླ་མའི་གནས་ནི་ཉན་ཐོས་ལ་སོགས་པ་བས་།སར་ཞུགས་པའི་བྱང་ཆུབ་སེམས་དཔའ་ཨོ་ཞེས་བྱ་བ་ནི། བདག་དང་གཞན་གྱི་དོན་བྱེད་པ་འཇིག་རྟེན་ལས་འདས་པའི་ལམ་བདག་མེད་པ་གཉིས་རྟོགས་བར་བྱེད་པ་ཐོབ་པས། དེ་ལས ་གཞན་པའི་ཐེག་པའི་བླ་མར་གྱུར་པས་ན་།གནས་དེ་ལ་བླ་མའི་གནས་ཞེས་བྱའོ། །བླ་ན་མེད་པའི་གནས་ནི་སངས་རྒྱས་ཏེ། ཅིའི་ཕྱིར་ཞེ་ན་དེའི་ཕྱིར། དེའི་གོང་ན་གནས་མེད་པའི་ཕྱིར་རོ་ཞེས་བྱ་བ་སྨོས་སོ། །ཡོན་ཏན་དང་ཉེས་པ་ཐམས་ཅད་ཕུལ་དུ ་ཕྱིན་པ་དང་བརྩལ་བའི་མཐར་ཕྱིན་པས་ན་སངས་རྒྱས་སུ་གྲུབ་པ་སྟེ། དེའི་གོང་དུ་ཁྱད་པར་ཅན་གྱི་གནས་གཞན་མེད་པས་དེ་ཉིད་ལ་བླ་ན་མེད་པ་ཞེས་བྱའོ། །དེ་སྙེད་དུ་བཤད་པས་གནས་མ་ལུས་པར་ཡོངས་སུ་རྫོགས་ཀྱང་བྱང་ཆུབ་སེམས ་དཔའ་རྣམས་ཀྱི་ས་བཅུ་གཅིག་ཏུ་རབ་ཏུ་དབྱེ་བ་བསྟན་པའི་ཕྱིར། མོས་པས་སྤྱོད་པ་ལ་སོགས་པའི་གནས་ནས། དབང་བསྐུར་པའི་གནས་ལ་ཐུག་གི་བར་དུ་ཡང་བཤད་དོ། །སངས་རྒྱས་རྣམས་ཀྱི་སྐུ་གསུམ་རབ་ཏུ་དབྱེ་བ་བསྟན་པའི་ཕྱིར། ཕྱིན ་པའི་གནས་ལ་སོགས་པ་ཡང་གསུམ་དུ་བསྟན་ཏོ། །དེ་ལ་རྒྱུ་དང་ཞུགས་པའི་གནས་ནི་བྱང་ཆུབ་སེམས་དཔའ་དང་གཞན་དག་ཐུན་མེད་པར་རིག་པར་བྱའོ། །དེ་ལ་མོས་པའི་གནས་ནི་བྱང་ཆུབ་སེམས་དཔའ་རྣམ་ཀྱི་མོས་པས་སྤྱོད་པའི་ས་ཐམས ་ཅད་དོ་ཞེས་བྱ་བ་ནི་སེམས་བསྐྱེད་ནས་ས་ལ་མ་ཞུགས་ཚུན་ཆད་དེ། བར་དེར་དེ་ཁོ་ན་མ་མཐོང་ཡང་དེ་ཁོ་ན་མཐོང་བ་དང་འདྲ་བར་སངས་རྒྱས་བྱང་ཆུབ་སེམས་དཔའ་རྣམས་ལ་མོས་པས་ངོ་བོ་ཉིད་གསུམ་གྱི་སྒོ་ནས་ཆོས་རྣམས་སྒྲུབ་ཅིང། དེ་ལས་ ་གཞན་པ་སེམས་ཅན་རྣམས་ཀྱི་བྱ་དཀའ་བ་སྦྱིན་པ་དང། ཚུལ་ཁྲིམས་ལ་སོགས་པ་སངས་རྒྱས་སུ་འགྲུབ་པའི་ཚོགས་རྣམས་ལ་འཇུག་པ་སྟེ་།དེ་བས་ན་གནས་མོས་པས་རབ་ཏུ་ཕྱེ་པ་ཡིན་པས་མོས་པས་སྤྱོད ་པ་ཞེས་བྱའོ། །དེ་ཡང་བསྐལ་པ་གྲངས་མེད་པ་འམ་དེ་བས་ལྷག་པའོ། །འཇུག་བའི་གནས་ནི་ས་དང་པོའོ་ཞེས་བྱ་བ་ནི་ངོ་བོ་ཉིད་གསུམ་ལ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་།དང་པོ་ཁོ་ནར་དེ་ཁོ་ན་རང་གིས་རིག་ཅིང་རྟོགས་པས་ན་འཇུག་པའི ་གནས་ཞེས་བྱ་སྟེ། འདི་ཉིད་ནི་བྱང་ཆུབ་སེམས་དཔའ་ཨི་མཐོང་བའི་ལམ་མོ། །ངེས་པར་འབྱུང་བའི་གནས་ནི་དེའི་གོང་མས་དྲུག་པོ་དག་གོ་ཞེས། བྱ་བ་ནི་བསྒོམ་པས་སྤང་བར་བྱ་བའི་མཚན་མ་རྣམ་པ་སྣ་ཚོགས་ལ་མངོན་པར་ཞེན་པ་སྤངས ་པའི་མཐར་ཐུག་པར་འགྲོ་བ་དང་རྩོལ་བ་དང་བཅས་པའི་སྦྱོར་བའི་མཐར་ཐུག་པར་འགྲོ་བའི་ཕྱིར། ས་འདི་དག་ལ་ངེས་པར་འབྱུང་བའི་གནས་ཞེས་བྱའོ། །ལུང་བསྟན་པའི་གནས་ནི་ས་བརྒྱད་པའོ་ཞེས་བྱ་བ་ནི་མཚན་མ་ཐམས་ཅད་ལ་འབད ་པ་དང་འདུ་ཤེས་རྣམ་པ་ཐམས་ཅད་དུ་བྲལ་བས་ས་བརྒྱད་པ་ནི་སངས་རྒྱས་སུ་འགྲུབ་པར་ངེས་པ་ཡིན་ཏེ་།སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་མངོན་སུམ་དུ་ལུང་བསྟན་པས་ལུང་སྟོན་ཏོ། །བརྗོད་པའི་གནས་ནི་དགུ་པའོ་ཞེས་བྱ་བ་ནི ་ས་དགུ་པར་ཉན་ཐོས་དང་རང་སངས་རྒྱས་རྣམས་པས་སོ་སོ་ཡང་དག་བར་རིག་པ་བཞི་ཁྱད་པར་དུ་འཕགས་པ་རྙེད་པས་ན་བླ་ན་མེད་པའི་ཆོས་ཆེན་པོ་བརྗོད་པ་ཡིན་ནོ། །དབང་སྐུར་བའི་གནས་ནི་བཅུ་པའོ་ཞེས་བྱ་བ་ནི་ས་བཅུ་པ་ལ་བྱང་ཆུབ ་སེམས་དཔའ་ཨི་ལམ་གྱི་མཐར་ཕྱིན་པས་ན། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་རྣམ་པར་བཞུགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་འོད་ཟེར་དག་གིས་མངོན་པར་དབང་བསྐུར་བས་དབང་བསྐུར་པའོ། །ཕྱིན་པའི་གནས ་ནི་སངས་རྒྱས་རྣམས་ཀྱི་ཆོས་ཀྱི་སྐུའོ་ཞེས་བྱ་བ་ནི་སྒྲིབ་པ་ཐམས་ཅད་སྤངས་པ་དང། དེའི་གཉེན་པོ་ཟག་པ་མེད་པའི་ཆོས་ཀྱི་ས་བོན་རབ་ཏུ་རྒྱས་པས་གནས་གྱུར་པའི་རང་བཞིན་ཆོས་ཐམས་ཅད་ལ་དབང་བྱེད་པ། ཀུན་གཞི་མེད་པ་ཞེས་བྱ་བ་སངས་རྒྱས ་རྣམས་ཀྱི་ཆོས་ཀྱི་སྐུའོ། །དེས་ན་ཆོས་རྟོགས་པར་བྱ་བའི་མཐར་ཕྱིན་པས་ཕྱིན་པའི་གནས་ཞེས་བྱའོ། །གཞན་དག་ན་རེ་གློ་བུར་གྱི་དྲི་མ་མ་ལུས་པར་བསལ་བས་ཆོས་ཀྱི་དབྱིངས་རབ་ཏུ་རྣམ་པར་དག་པ་ཉིད་ནི་ཆོས་ཀྱི་སྐུ་ཡིན་པས་ཆོས་ཀྱི་སྐུའོ ་ཞེས་ཟེར་རོ། །གཞན་དག་ན་རེ་ཤེས་བྱ་ཐམས་ཅད་ལ་ཡང་ཆགས་པ་མེད་པ་དང། ཐོགས་པ་མེད་པར་འཇུག་པའི་ཡེ་ཤེས་ཁྱད་བར་ཅན་ནི་ཆོས་ཀྱི་སྐུའོ། །ཕན་ཡོན་གྱི་གནས་ནི་ལོངས་སྤྱོད་རྫོགས་པའི་སྐུའོ་ཞེས་བྱ་བ་ནི་ངོ་བོ་ཉིད་ཀྱི ་སྐུ་སྟེ་།སྐུ་གང་ལ་བ་ཞུགས་ནས་མངོན་པར་རྫོགས་པར་བྱང་ཆུབ་སྟེ། སྐུ་དེ་མཐར་ཕྱིན་པའི་བྱང་ཆུབ་སེམས་དཔའ་རྣམས་དང་ལྷན་ཅིག་ཏུ་འཁོར་གྱི་དཀྱིལ་འཁོར་རྣམས་ནི་ཆོས་ཀྱི་འགྲོ་བ་མྱོང་བར་འགྱུར་བ་དེ་ནི་ལོངས་སྤྱོད་རྫོགས་པའི ་སྐུའོ། །བྱ་བ་བསྒྲུབ་པའི་གནས་ནི་སྤྲུལ་བའི་སྐུའོ་ཞེས་བྱ་བ་ནི་ངོ་བོ་ཉིད་ཀྱི་སྐུ་ལ་བརྟེན་ནས་སེམས་ཅན་གྱི་བསམ་པ་ལ་གཟིགས་ཏེ། འདུལ་བའི་ཕྱིར་བྱ་བ་ལ་ཞུགས་པ་དང་རབ་ཏུ་དབྱེ་བ་མཛའ་ཡས་པ་ནི་སྤྲུལ་པའི་སྐུའོ། །གནས ་རྣམ་པ་མང་པོ་འདི་ཐམས་ཅད་ཀྱང་མདོར་བསྡུ་ན་ཆོས་ཀྱི་དབྱིངས་ལ་རྣམ་པ་གསུམ་སྟེ་ཞེས་བྱ་བར་རིག་པར་བྱའོ། །ཇི་ལྟ་ཞེ་ན་དེའི་ཕྱིར། མ་དག་མ་དག་དག་པ་དང། རྣམ་པར་དག་བཅི་རིགས་སྦྱར་ཞེས་བྱ་བ་གསུངས་སོ། །དེ་ལ་མ་དག ་པའི་གནས་ནི་རྒྱུའི་གནས་ནས་ཉེ་བར་གཟུང་སྟེ་སྦྱོར་པའི་བར་དུའོ་ཞེས་བྱ་བ་ནི་རྒྱུ་དང་ཞུགས་པ་དང་སྦྱོར་བ་དང་མོས་པའི་གནས་རྣམས་བཟུང་ངོ། །གནས་དེ་དག་ནི་ཆོས་ཀྱི་དབྱིངས་དྲི་མ་མ་ལུས་པར་མ་སྤངས་པས་ན་མ་དག་པའི ་གནས་ཞེས་བྱའོ། །མ་དག་པ་དང་དག་པའི་གནས་ནི་སློབ་པ་རྣམས་སོ་ཞེས་བྱ་བ་ནི་འདིར་ཡང་འབྲས་བུའི་ཁྱད་པར་དང་བཅས་པ་དང། ཁྱད་པར་ཅན་དང་།བླ་མ་དང་བཅས་པ་དང། འཇུག་པ་དང། ་ངེས་པར་འབྱུང་བ་དང། ལུང་བསྟན་པ་དང་།བརྗོད་པ་དང། དབང་བསྐུར་བའི་གནས་ནམས་བཟུང་སྟེ་།གནས་འདི་དག་ན་ཡང་ཆོས་ཀྱི་དབྱིངས་ལ་ཉོན་མོངས་པ་སྤངས་པ་དང་།མ་སྤངས་པའི་ཕྱིར་མ་དག་པ་དང་།དག་པ ་ཞེས་བྱའོ། །རྣམ་པར་དག་པའི་གནས་ནི་མི་སློབ་པ་རྣམས་ཞེས་བྱ་བ་ནི་བྱ་བ་མེད་པ་དང། ཁྱད་པར་ཅན་དང། བླ་ན་མེད་པ་དང། ཕྱིན་པ་དང། ཕན་ཡོན་དང། བྱ་བསྒྲུབ་པའི་གནས་རྣམས་ལ་རྣམ་པར་དག་པའི་གནས ་ཞེས་བྱ་སྟེ་།མི་སློབ་པ་རྣམས་ནི་ཉོན་མོངས་པ་མ་ལུས་པར་སྤངས་པའི་ཕྱིར་རོ། །གནས་འདི་དག་ནི་སོ་སོའི་སྐྱེ་པོ་དང་།སློབ་པ་དང་མི་སློབ་པ་རྣམས་ལ་རྣམ་པར་བཞག་གོ་།དེ་དག་གི་རྣམ་པར་བཞག་བ་རྣམ་པ་མང་པོ་དེ་ཇི་ལྟར་རྣམ ་པར་རིག་པར་བྱ་ཞེན་དེའི་ཕྱིར། འདི་ལས་ཇི་ལྟར་འོས་འོས་སུ་།གང་ཟག་རྣམ་བར་བཞག་བར་འདོད་ཅེས་བྱ་བ་གསུངས་སོ། །འདི་ལས་ཞེས་བྱ་བ་ནི་གནས་རབ་ཏུ་དབྱེ་བ་ལས་ཞེས་བྱ་བའི་ཐ་ཚིག་གོ་།ཇི་ལྟར་འོས་འོས་སུ་ཞེས ་བྱ་བ་ནི་ཇི་ལྟར་མཐུན་པ་སྟེ་།འདི་ནི་རིགS་ལ་གནས་པའོ། །འདི་ནི་ཞུགས་པའོ་ཞེས་བྱ་བ་ལ་སོགས་པའོ། །སོགས་པ་སྨོས་པས་ནི་འདི་ནི་སྦྱོར་བའོ། །རྒྱུན་དུ་ཞུགས་པའོ། །ལན་ཅིག་ཕྱིར་འོང་བའོ། །ཕྱིར་མི་འོང་བའོ། །དགྲ་བཅོམ ་པའོ། །རྒྱན་དང་བཅས་པའོ། །བྱང་ཆུབ་སེམས་དཔའ་ཨོ། །དེ་བཞིན་གཤེགས་པའོ། །མོས་པས་སྤྱོད་པའོ། །ལྷག་པའི་བསམ་པ་དག་པ་ལ་སྤྲོད་པའོ། །ངེས་པར་འབྱུང་པའོ། །ལུང་སྟོན་པའོ། །ཆོས་བརྗོད་པའོ། །དབང་བསྐུར་པའི ་བྱང་ཆུབ་ཐོབ་པའོ། །ལོངས་སྤྱོད་པའོ། །གཞན་གྱི་དོན་མཛད་པའོ། །ཞེས་བྱ་བ་དག་གོ། གནས་བཤད་ཟིན་ཏོ།། །།གནས་ནི་འབྲས་བུའི་སྔོན་དུ་འགྲོ་བས་གནས་ཀྱི་འོག་ཏུ་འབྲས་བུ་བཤད་པའི་ཕྱིར། འབྲས་བུ་ཐོབ་པ་གང་ཞེ་ན ་ཞེས་དྲིས་པ་དང། དེའི་ཕྱིར་།སྣོད་གྱུར་རྣམ་པར་སྨིན་བརྗོད་དང་ཞེས་རྒྱ་ཆེར་གསུངས་སོ། །འདི་མདོར་བསྡུ་ན་འབྲས་བུ་རྣམ་པ་ལྔ་སྟེ་།སྣོད་དུ་གྱུར་པ་དང། སྟོབས་དང། འདོད་པ་དང། །འཕེལ་བ་དང། རྣམ་པར་དག་པའོ། །དེ་ལ་སྣོད་དུ ་གྱུར་པ་ནི། གང་དགེ་བ་དང་རྗེས་སུ་མཐུན་པའི་རྣམ་པར་སྨིན་པའོ་ཞེས་བྱ་བ་ནི་དེ་ཡང་མི་ཁོམ་པ་བརྒྱད་སྤངས་པའི་སྐྱེ་མཆེད་དྲུག་ཁྱད་པར་ཅན་ཟག་པ་དང་བཅས་པའི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཀྱི་རྣམ་པར་སྨིན་པ་སྟེ་།དགེ་པའི་ཆོས་ཐམས་ཅད ་སྐྱེ་པའི་གཞི་ཡིན་པས་སྣོད་ཅེས་བྱའོ། །སྟོབས་ནི་གང་སྣོད་དུ་གྱུར་པའི་དབང་གིས་ཞེས་བྱ་བ་ནི་ལུས་ལས་ཉོན་མོངས་པ་སྐྱེ་བ་ཆུང་བའི་ཕྱིར། དགེ་བ་ཤས་ཆེར་གྱུར་པ་དེ་རྒྱས་པའོ་ཞེས་བྱ་བའི་ཐ་ཚིག་གོ་འདི་ནི་སྟོབས་ཞེས་བྱའོ། །འདོད་པ་ནི ་གང་སྟོན་གོམས་པར་བྱས་པས་དགེ་བ་འདོད་པའོ་ཞེས་བྱ་བ་ནི་འདས་པའི་ཚེ་རབས་རྣམས་སུ་དགེ་བའི་ཆོས་གོམས་པའི་ཕྱིར་།ད་ལྟར་གྱི་ཚེ་དགེ་བའི་ཆོས་ལ་སེམས་པ་གང་ཡིན་པ་དེ་ནི་འདོད་པའོ། །འཕེལ་བ་ནི་གང་ད་ལྟར་བྱུང་བ་ན་དགེ་བའི་ཆོས ་ལ་གོམས་པར་བྱས་པས་སྔོན་མེད་པའི་དགེ་བའི་ཆོས་ཁྱད་པར་ཅན་སྐྱེ་བ་སྟེ་།དགེ་བའི་རྩ་བ་རྒྱས་པའོ་ཞེས་བྱ་བར་དགོངས་པའོ། །སྟོབས་དང་འཕེལ་བའི་ཁྱད་པར་ནི་འདི་ཡིན་ཏེ། སྟོབས་ནི་དགེ་བ་ཆུང་དུའི་རྣམ་པར་སྨིན་པ་ལ་ཡང་བལྟོས་ནས་མི ་འགྱུར་བའོ། །འཕེལ་བ་ནི་དགེ་བ་བ་རྣམས་གོང་ནས་གོང་དུ་ཁྱད་པར་དུ་འགྱུར་བའོ། །གཞན་དག་ནི་དགེ་བའི་རྩ་བ་རྒྱས་ཞེས་བྱ་བ་ནི་དགེ་པའི་ཆོས་ཁྱད་པར་ཅན་གྱི་བག་ཆགས་ལ་འདིར་རྒྱས་པ་ཞེས་བྱའོ་སྙམ་དུ་སེམས་སོ། །རྣམ་པར ་དག་པ་ནི་གང་སྒྲིབ་པ་སྤངས་པའོ་ཞེས་བྱ་བ་ནི། དེ་ལ་ཉན་ཐོས་དང་རང་སངས་རྒྱས་ཀྱི་རིགས་རྣམས་ནི་ཉོན་མོངས་པའི་སྒྲིབ་པ་སྤངས་པས་རྣམ་པར་དག་པས་རྣམ་པར་དག་གོ་།བྱང་ཆུབ་སེམས་དཔའ་ཨི་རིགས་རྣམS ་ཀྱི་རྣམ་པར་དག་པ་ནི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་སྤངས་པའོ། །འདི་དག་ནི་འབྲས་བུ་རྣམ་པ་ལྔ་དང་གོ་རིམས་བཞིན་ཏེ་ཞེས་བྱ་བ་ལ་རྣམ་པར་སྨིན་པའི་འབྲས་བུ་ནི་གང་དགེ་བའི་ཆོས་དང་མཐུན་པར་རྣམ་པར་སྨིན་པའོ། །བདག ་པོའི་འབྲས་བུ་ནི་གང་སྣོད་དུ་གྱུར་པའི་དབང་གིས་དགེ་བ་ཤས་ཆེར་གྱུར་པའོ། །རྒྱུ་མཐུན་པའི་འབྲས་བུ་ནི་གང་སྔོན་གོམས་པར་བྱས་པས་དགེ་བ་འདོད་པའོ། །སྐྱེས་བུ་བྱེད་བའི་འབྲས་བུ་ནི་གང་ད་ལྟར་བྱུང་བ་ན་དགེ་བའི་ཆོས་གོམས ་པར་བྱས་པས་དགེ་བའི་རྩ་བ་རྒྱས་པའོ། །བྲལ་པའི་འབྲས་བུ་ནི་གང་སྒྲིབ་པ་སྤངས་པའོ། །ཕྱི་མ་ཕྱི་མ་ཐོག་མ་དང། ཞེས་རྒྱ་ཆེར་འབྱུང་བས་ནི་འབྲས་བུ་མདོར་བཤད་པ་ལྔ་པོ་འདི་ཉིད་ཀྱི་རབ་ཏུ་དབྱེ་བ་མདོར་སྟོན་ཏོ། །ཕྱི་མ ་ཕྱི་མ་འབྲས་བུ་ནི་རིགས་ལས་སེམས་བསྐྱེད་དང་སེམས་བསྐྱེད་པ་ལས་སྦྱོར་བ་དང་དེ་ལྟ་བུ་ལ་སོགས་པ་སྟེ་།གནས་གཅིག་ནས་གཅིག་ཏུ་བརྒྱུད་བ་ཞེས་ཇི་སྐད་དུ་བཤད་པས་རིག་པར་བྱའོ། །ཐོག་མའི་འབྲས་བུ་ནི་དང་པོར ་འཇིག་རྟེན་ལས་འདས་པའི་ཆོས་ཐོབ་པའོ་ཞེས་བྱ་བ་ནི་མཐོང་པའི་ལམ་ཐོབ་པའོ། །གོམས་པར་བྱས་པའི་འབྲས་བུས་ནི་དེའི་ཕ་རོལ་སློབ་པའི་གནས་སོ་ཞེས་བྱ་བ་ནི་མཐོང་པའི་ལམ་ཕན་ཆད་སློབ་བའི་གནས་ལ་།གང་ཟག་ལྔས ་རབ་ཏུ་ཕྱེ་བ་ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང། ཕྱིར་མི་འོང་བའི་འབྲས་བུ་སྟེ། སྦྱོར་བ་དང་བཅས་པའི་རྗེས་ལ་སྒོམ་པའི་ལམ་གྱི་རང་བཞིན་ཡིན་པས་གོམས་པར་བྱས་པའི་འབྲས་བུའོ། །རྫོགས་བའི་འབྲས་བུ་ནི་མི་སློབ་པའི ་ཆོས་རྣམས་སོ་ཞེས་བྱ་བ་ནི་དེ་དག་ཀྱང་ཡང་དག་པའི་ལྟ་བ་དང། རྟོག་པ་དང་།ངག་དང། ལས་ཀྱི་མཛའ་དང། འཚོ་བ་དང། རྩོལ་བ་དང། དྲན་པ་དང། ཏིང་ངེ་འཛིན་དང་།རྣམ་པར་གྲོལ་པ་དང་།རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་ཞེས ་བྱ་བ་རྣམས་ཏེ། འབྲས་བུ་ཐམས་ཅད་ཀྱི་མཛའ་ལ་གནས་པའི་ཕྱིར་རྫོགས་པའི་འབྲས་བུ་ཞེས་བྱའོ། །རྗེས་སུ་མཐུན་པའི་འབྲས་བུ་ནི་རྒྱུའི་དངོས་པོས་ཕྱི་མ་ཕྱི་མ་འབྲས་བུར་རིག་བར་བྱའོ་ཞེས་བྱ་བ་དེ་ལ་སེམས་བསྐྱེད་པ་ནི་རིགས་དང་རྗེས་སུ ་མཐུན་པའི་སེམས་བསྐྱེད་པ་ནི་འབྲས་བུའོ། །ཕྱི་མ་ཕྱི་མ་འབྲས་བུ་ལ་སོགས་པ་དང། རྗེས་སུ་མཐུན་པའི་འབྲས་བུ་ལ་སོགས་པ་སོ་སོར་སྨོས་པ་ནི་བསྟན་པ་དང་བཤད་པར་རིམ་བཞིན་དུ་རིག་པར་བྱའོ། །མི་མཐུན་པའི་ཕྱོགས་ཀྱི་འབྲས་བུ་ནི་སྤོང་བའི་ལམ ་སྟེ། ཐོག་མའི་འབྲས་བུ་གང་ཡིན་པ་ཉིད་མི་མཐུན་པའི་ཕྱོགས་ཉིད་འབྲས་བུ་ཡིན་པས་ན་མི་མཐུན་པའི་ཕྱོགས་ཀྱི་འབྲས་བུ་སྟེ་།སྤོང་བའི་ལམ་དེས་ཉོན་མོངས་པ་རྣམས་དང་འབྲལ་ལོ། །ཐོག་མའི་འབྲས་བུ་ནི་གོང་དུ་བཤད་པ་ཐོག་མར་འཇིག ་རྟན་ལས་འདས་ཆོས་ཐོབ་པའོ་ཞེས་བྱ་བ་གང་ཡིན་པའོ། །མི་མཐུན་པའི་ཕྱོགས་ཀྱི་སྒྲ་ནི་གཉེན་པོའི་གགས་ཡིན་པའི་ཕྱིར་སྒྲིབ་པ་ལ་བྱར་ཟིན་ཀྱང། འདིར་ནི་མི་མཐུན་པའི་ཕྱོགས་གཉེན་པོ་ལ་བྱ་བར་འདོད་དོ། །སྒྲིབ་པ་གཞོམ་པའི ་ཕྱོགས་ཡིན་པས་ན་གཉེན་པོ་ཞེས་བྱ་བར་སྦྱར་རོ། །བྲལ་པའི་འབྲས་བུ་ནི་གོམས་པར་བྱས་པའི་འབྲས་བུ་དང་རྫོགས་པའི་འབྲས་བུ་སྟེ། ཉོན་མོངས་པ་དང་བྲལ་བ་ནི་སློབ་བ་དང་མི་སློབ་པ་དང། རིམ་བཞིན་ནོ་ཞེས་བྱ་བ་ལ་།གོམས ་པར་བྱས་པའི་འབྲས་བུ་བྲལ་བ་ནི། ལ་ནི་ཅག་ཕྱིར་འོང་པའི་འབྲས་བུ་ལ་ཞུགས་པ་ལ་སོགས་པ་སློབ་པ་ལྔ་རྣམས་ཏེ། ཉོན་མོངས་པའི་ལྷག་མ་དང་བཅས་པའི་ཕྱིར་རོ། །རྫོགས་པའི་འབྲས་བུ་ནི་ཡོངས་སུ་ཉམས་པའི་ཆོས་ཅན་ལ ་སོགས་པ་མི་སློབ་པ་རྣམས་ཡིན་ཏེ། དྲུག་ཅར་ཡང་ཁམས་གསུམ་གྱི་ཉོན་མོངས་པ་རྣམས་མ་ལུས་པར་སྤངས་པའི་ཕྱིར་རོ། །གོང་མ་ནི་ཕྱེ་སྟེ་བཤད་པའོ། །འདིར་ནི་མ་ཕྱེ་བ་སྟེ། ཁྱད་པར་རོ། །ཁྱད་པར་གྱི་འབྲས ་བུ་ནི་མངོན་པར་ཤེས་པ་ལ་སོགས་པ་ཡོན་ཏན་གྱི་ཁྱད་པར་རོ་ཞེས་བྱ་བ་འདི་ཡང་གོམས་པར་བྱས་པ་དང་རྫོགས་པའི་འབྲས་བུའི་ཁྱད་པར་ཉིད་དུ་རིག་པར་བྱའོ། །ཅིའི་ཕྱིར་ཞེ་ན་།ཕྱིར་མི་འོང་བ་རྣམས་དང། དགྲ་བཅོམ་པ ་རྣམས་དང་།རང་སངས་རྒྱས་རྣམས་དང། བྱང་ཆུབ་སེམས་དཔའ་རྣམས་དང་།དེ་བཞིན་གཤེགས་པ་རྣམས་ཀྱི་ཡོན་ཏན་ཁྱད་པར་ཅན་ཐོབ་པར་བརྗོད་པར་འདོད་པའི་ཕྱིར་རོ། །བླ་མའི་འབྲས་བུ་ནི་བྱང་ཆུབ་སེམས་དཔའ་ཨི་ས ་རྣམས་ཏེ་།འདིར་རྒྱུ་སྨོས་པ། དེ་མ་ཡིན་པའི་ཐེག་པ་ལས་བླ་མར་གྱུར་པའི་ཕྱིར་རོ་ཞེས་བྱ་བའོ། །བྱང་ཆུབ་སེམས་དཔའ་ཨི་ས་རྣམས་ནི་མཐོང་བ་དང། བསྒོམ་པའི་ལམ་གྱི་རང་བཞིན་ཡིན་པས་ཐོག་མའི་འབྲས་བུ་དང་གོམས ་བར་བྱས་པའི་འབྲས་བུ་ཡིན་དུ་ཟིན་ཀྱང་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་བ་ལ་བལྟོས་ནས་རྣམ་པར་མི་རྟོག་པ་དང་།སངས་རྒྱས་ཀྱི་རིགས་ཡིན་པ་དང་།བྱང་ཆུབ་ཆེན་པོ་འབྲས་བུ་ཡིན་པས་བྱང་ཆུབ་སེམས་དཔའ་རྣམས་ནི ་བླ་མའི་འབྲས་བུ་ཡིན་པར་རིག་པར་བྱའོ། །བླ་ན་མེད་པའི་འབྲས་བུ་ནི་སངས་རྒྱས་ཀྱི་སའོ་ཞེས་བྱ་བ་འདི་ཡང་རྫོགས་པའི་འབྲས་བུ་ཉིད་ཡིན་དུ་ཟིན་ཀྱང། བག་ཆགས་དང་བཅས་པའི་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་ཐམས ་ཅད་སྤངས་པ་དང་།ཉོན་མོངས་པ་ཅན་མ་ཡིན་པའི་མི་ཤེས་པ་སྤངས་པའི་ཕྱིར་།དེའི་གོང་ན་གཞན་མེད་བས་བླ་ན་མེད་པའི་འབྲས་བུ་ཞེས་བྱའོ། །འབྲས་བུ་གཞན་འདི་དག་ནི་མདོར་བསྟན་ཏེ། རྒྱས་པར་བྱ་ན་དཔག་ཏུ་མེད་དོ་ཞེས ་བྱ་བ་རྒྱས་པར་བྱ་ན། ཉན་ཐོས་དང་རང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང། ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་འབྲས་བུ་རབ་ཏུ་ཕྱེ་སྟེ། བཤད་ནས་ཚད་མེད་པར་འགྱུར་རོ། །གཉེན་པོ་བསྒོམ་པའི་དོན་བསྡུས་པ་ལས ་བྱང་བར་བྱ་བའི་བསྒོམ་པ་ནི། དྲན་པ་ཉེ་བར་གཞག་པ་བསྒོམ་པ་སྟེ་།འཕགས་པའི་བདེན་པ་བཞི་ལ་བྱང་བར་བྱ་བའི་ཕྱིར་རོ། །སྲབ་པའི་བསྒོམ་པ་ནི་ཡང་དག་པར་སྤོང་པ་སྒོམ་པ་སྟེ་།མི་དགེ་བའི་ཆོས་རྣམས་བསྲབ་པའི་ཕྱིར་རོ། ། ་ཡོངས་སུ་སྦྱར་བ་བྱ་བའི་བསྒོམ་པ་ནི་རྫུ་འཕྲུལ་གྱི་རྐང་པ་བསྒོམ་པ་སྟེ་།དེ་ལ་ཏིང་ངེ་འཛིན་ཡོངས་སུ་སྦྱང་བར་བྱ་བའི་ཕྱིར་ཉེས་པ་ལྔ་སྤངས་པའི་འདུ་བྱེད་བརྒྱད་བསྟེན་པའི་ཕྱིར་རོ། །གོང་མ་ཡང་དག་པར་བརྩམས་པའི་བསྒོམ་པ་ནི་དབང་པོ་བསྒོམ་པ ་སྟེ་།དེ་ནི་ཐར་པའི་ཆ་དང་མཐུན་པའི་དགེ་བའི་རྩ་བ་བསྐྱེད་པའི་ཕྱིར་རོ། །འདྲེ་བའི་བསྒོམ་པ་ནི་སྟོབས་བསྒོམ་པ་སྟེ་།མཐོང་བའི་ལམ་དང་འདྲེ་བའི་ཕྱིར་རོ། །ཞུགས་པའི་བསྒོམ་པ་ནི་བྱང་ཆུབ་ཀྱི་ཡན་ལག་བསྒོམ་པ་སྟེ། དེར་དེ་ཁོ་ན་ལ་ཞུགས ་པའི་ཕྱིར་རམ་།འཇིག་རྟེན་ལས་འདས་པའི་ཆོས་ལ་ཞུགས་པའི་ཕྱིར་རམ། འཕགས་པའི་ལམ་ལ་ཞུགས་པའི་ཕྱིར་རོ། །མཆོག་གི་བསྒོམ་པ་ནི་ལམ་བསྒོམ་པ་སྟེ་།མཐོང་བའི་ལམ་པས་བསྒོམ་པའི་ལམ་མཆོག་ཏུ་གྱུར་པའི་ཕྱིར་རོ། །ཐོག ་མའི་བསྒོམ་པ་ནི་སོ་སོའི་སྐྱེ་བོའི་གནས་སྐབས་ཏེ་།རྗེས་སུ་མཐུན་ལ་ཕྱིན་ཅི་ལོག་པའོ། །བར་མའི་བསྒོམ་པ་ནི་སློབ་པའི་གནས་སྐབས་ཏེ་།ཕྱིན་ཅི་ལོག་མེད་ལ་ཕྱིན་ཅི་ལོག་རྗེས་སུ་འབྲེལ་པའོ། །མཛའ་ཨི་བསྒོམ་པ་ནི་མི་སློབ་པའི་གནས་སྐབས་ཏེ། ་ཕྱིན་ཅི་ལོག་ཀྱང་མེད་ལ་ཕྱིན་ཅི་ལོག་རྗེས་སུ་འབྲེལ་བ་ཡང་མེད་པའོ། །བླ་མ་དང་བཅས་པའི་བསྒོམ་པ་ནི་ཉན་ཐོས་ལ་སོགས་པའོ། །བླ་ན་མེད་པའི་བསྒོམ་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྟེ། གང་དམིགས་པ་དང་ཡིད་ལ་བྱེད་པ་དང ་ཐོབ་པ་ཁྱད་པར་དུ་འཕགས་པ་ཞེས་བསྟན་པའོ། །གནས་སྐབས་རྣམས་ཀྱི་དོན་བསྡུས་པ་ནི་སྐལ་པ་ཡོད་པའི་གནས་སྐབས་ནི་རྒྱུའི་གནས་སྐབས་སོ། །རྩོམ་པའི་གནས་སྐབས་ནི་སེམས་བསྐྱེད་བ་དང་བཅས་པའི ་སྦྱོར་པའོ། །མ་དག་པ་དང་དག་པའི་གནས་སྐབས་ནི་གནས་གཉིས་ཏེ། འབྲས་བུའི་གནས་དང། བྱ་བ་དང་བཅས་པའི་གནས་སོ། །ཤིན་ཏུ་དག་པའི་གནས་སྐབས་ནི་བྱ་བ་མེད་པའི་གནས་སྐབས་སོ། །རྒྱན་དང་བཅས་པའི་གནས་སྐབས ་ནི་ཁྱད་པར་གྱི་གནས་སྐབས་སོ། །ཁྱད་པར་བྱ་བའི་གནས་སྐབས་ནི་བླ་མའི་གནས་སྐབས་ཏེ། བྱང་ཆུབ་སེམས་དཔའ་ཨི་ས་བཅུས་ཁྱབ་པས་ན་ཁྱབ་པར་བྱ་བའི་གནས་སྐབས་སོ་ཞེས་བྱའོ། །བླ་ན་མེད་པའི་གནས་སྐབས་ནི་སངས་རྒྱས ་བཅོམ་ལྡན་འདས་རྣམས་ཏེ། དེའི་གོང་ན་གནས་གཞན་མེད་པའི་ཕྱིར་རོ། །དེ་ཡང་ཕྱིན་པའི་གནས་སྐབས་དང། ཕན་ཡོན་གྱི་གནས་སྐབས་དང། བྱ་བསྒྲུབ་པའི་གནས་སྐབས་ཏེ། གང་སྔར་བཤད་པའོ། །འབྲས་བུ་རྣམས་ཀྱི་དོན་བསྡུས ་པ་དང་བྱེ་བྲག་དང་།སྔོན་གོམས་པར་བྱས་པ་དང། གོང་ནས་གོང་དུ་སྒྲུབ་པ་དང། བསྟན་པ་དང། བཤད་པའོ་ཞེས་བྱ་པ་འདི་དག་ནི་བཤད་པ་བྱེད་པ་ཉིད་ཀྱི་བཤད་པ་སྟེ་།དེ་ལ་བསྡུས་པ་ནི་རྣམ་པར་སྨིན་པའི་འབྲས་བུ་ལ་སོགས་པ ་འབྲས་བུ་ལྔ་སྡེ། དེ་དག་ཏུ་འབྲས་བུ་ཐམས་ཅད་བསྡུས་པའི་ཕྱིར་རོ། །དེའི་བྱེ་བྲག་ནི་ལྷག་མ་རྣམས་སོ་ཞེས་བྱ་བ་ལ། འབྲས་བུ་ལྔ་པོ་དེ་དག་ཉིད་ཀྱི་རབ་ཏུ་དབྱེ་བའོ། །ལྷག་མ་རྣམས་ནི་ཕྱི་མ་ཕྱི་མ་འབྲས་བུ་ལ་སོགས་པར་རིག་པར་བྱའོ། ་སྔོན་གོམས་པར་བྱས་པ་ནི་རྣམ་པར་སྨིན་པའི་འབྲས་བུའོ་ཞེས་བྱ་བ་ནི་སྔོན་གྱི་ཚེ་རབས་སུ་དགེ་བ་བསགS་པ་ད་ལྟར་གྱི་ཚེ་ལ་རྣམ་པར་སྨིན་པ་སྟེ་།དགེ་བ་དང་མཐུན་པར་སྐྱེ་བས་ན་།དེའི་ཕྱིར་སྔོན་གོམས་པར་བྱས་པ་ཞེས་བཤད་དོ།། ་གོང་ནས་གོང་དུ་སྒྲུབ་པ་ནི་དེ་མ་ཡིན་པ་གཞན་བཞིའོ་ཞེས་བྱ་བ་ནི། བདག་པོའི་འབྲས་བུ་དང་།རྒྱུ་མཐུན་པའི་འབྲས་བུ་དང། སྐྱེས་བུ་བྱེད་པའི་འབྲས་བུ་དང། བྲལ་བའི་འབྲས་བུའོ། །དེ་ལ་རྣམ་པར་སྨིན་པས་སྒྲུབ་པ་ནི་སྟོབས་སོ། །སྟོབས ་ཀྱིས་སྒྲུབ་པ་ནི་འདབ་པའོ། །འདོད་པས་སྒྲུབ་པ་ནི་འཕེལ་བའོ། །འཕེལ་བས་སྒྲུབ་པ་ནི་རྣམ་པར་དག་པའོ། །ཁ་ཅིག་ན་རེ་གོང་ནས་གོང་དུ་བཤད་པས་རབ་ཏུ་ཕྱེ་བས་ན་གོང་ནས་གོང་དུ་སྒྲུབ་པ་ཞེས་བྱའོ་ཞེའོ། །བསྟན་པ་ནི་ཕྱི་མ་ཕྱི་མ ་འབྲས་བུ་ལ་སོགས་པ་བཞིའོ་ཞེས་བྱ་བ་ནི་ཕྱི་མ་ཕྱི་མ་འབྲས་བུ་དང། ཐོག་མའི་འབྲས་བུ་དང། གོམས་པར་བྱས་པའི་འབྲས་བུ་དང་།རྫོགས་པའི་འབྲས་བུའོ། །བཤད་པ་ནི་རྗེས་སུ་མཐུན་པའི་འབྲས་བུ་ལ་སོགས་པ་དྲུག་སྟེ་།བཞི་པོ ་དེ་དག་ཉིད་བཤད་པའི་ཕྱིར་རོ་ཞེས་བྱ་བ་དེ་ལ། རྗེས་སུ་མཐུན་པའི་འབྲས་བུ་ནི་ཕྱི་མ་ཕྱི་མ་འབྲས་བུའི་བཤད་པའོ། །མི་མཐུན་པའི་ཕྱོགས་ཀྱི་འབྲས་བུ་ནི་།ཐོག་མའི་འབྲས་བུ་བཤད་པའོ། །བྲལ་པའི་འབྲས་བུ་གོམས་པར་བྱས་པ་དང་ ་རྫོགས་པའི་འབྲས་བུའི་བཤད་པའོ། །ཁྱད་པར་གྱི་འབྲས་བུ་དང། བླ་མའི་འབྲས་བུ་དང། བླ་ན་མེད་པའི་འབྲས་བུ་ནི་རྫོགས་པའི་འབྲས་བུ་ཉིད་ཀྱི་བཤད་པ་སྟེ། དེ་ཉིད་ལ་རྒྱན་དང་བཅས་པར་བརྗོད་འདོད་པའི་ཕྱིར་རོ། ཁ་ཅིག་ན་རེ་ཁྱད་པར ་གྱི་འབྲས་བུ་ནི་གོམས་པར་བྱས་པའི་འབྲས་བུ་དང། རྫོགས་པའི་འབྲས་བུ་གཉིས་ཀྱི་བཤད་པ་སྟེ་།ཕྱིར་མི་འོང་པ་ལ་ཡང་མངོན་པར་ཤེས་པ་ལ་སོགས་པ་ཡོན་ཏན་འབྱུང་བའི་ཕྱིར་རོ། །བླ་ན་མེད་པའི་འབྲས་བུ་ནི་རྫོགས་པའི་འབྲས ་བུའི་བཤད་པའོ་ཞེའོ། །བསྟན་བཅོས་དབུས་དང་མཛའ་རྣམ་པར་འབྱེད་པ་ལས་གཉེན་པ་བསྒོམ་པའི་ལེའུར་བཅད་པ་སྟེ་བཞི་པའི་འགྲེལ་བཤད་དོ།། །།མཚན་ཉིད་ལ་སོགས་པ་དངོས་པོ་དྲུག་བཤད་པའི་འོག་ཏུ་ཐེག ་པ་བླ་ན་མེད་པ་བསྟན་པས་དེའི་ཕྱིར་དེ་དག་བཤད་པའི་འོག་ཏུ་ཐེག་པ་བླ་ན་མེད་པ་བཤད་པའི་སྐབས་སུ་བབ་སྟེ། དེའི་ཕྱིར། ད་ནི་ཐེག་པ་བླ་ན་མེད་པ་བཤད་དགོས་པས་དེ་བརྗོད་དོ་ཞེས་བྱ་བ་སྨོས་སོ།། ་ད་ནི་ཞེས་བྱ་བ་ནི་མཚན་ཉིད་ལ་སོགས་པ་དྲུག་བཤད་པའི་འོག་ཏུ་ཞེས་བྱ་བའི་ཐ་ཚིག་གོ་།དེ་དག་གི་འོག་ཏུ་བཤད་པའི་ཕྱིར་རོ་སྙམ་དུ་དགོངས་པའོ། །ཡང་ན་གཉེན་པོ་བསྒོམ་པ་དང། གནས་དང་འབྲས་བུ་ཐོབ་པ་དག་ནི་ཉན་ཐོས་ལ ་སོགས་པ་དང། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐུན་མོང་ཡིན་པར་བཤད་དོ། །ཐུན་མོང་མ་ཡིན་པའི་གནས་སྐབས་སུ་བབ་པས་ན་ཐེག་པ་བླ་ན་མེད་པ་ནི་བྱང་ཆུབ་སེམས་དཔའ་རྣམས་དང། ཉན་ཐོས་ལ་སོགས་པར་ཐུན་མོང་མ་ཡིན་ཏེ། ་འདིར་གཙོ་བོར་བཤད་དོ་ཞེས་བསྟན་པའི་ཕྱིར་།ད་ནི་ཐེག་པ་བླ་ན་མེད་པ་བཤད་དགོས་པས་དེ་ལ་བརྗོད་དོ་ཞེས་བྱ་བ་སྨོས་སོ། །འདི་ལས་གོང་ན་མེད་པས་ནི་བླ་ན་མེད་པ་ཞེས་བྱ་བའི་སྒྲ་ནི་ཁྱད་པར་དུ་འཕགས་པའི་རྣམ་གྲངས་སུ་གཏོགས ་པའོ། །དེ་ཡང་གང་ཞེ་ན་ཐེག་པ་ཆེན་པོ་སྟེ་།ཇི་ལྟར་ཉན་ཐོས་དང། རང་སངས་རྒྱས་ཀྱི་ཐེག་པ་དག་ལས་ཐེག་པ་ཆེན་པོ་ཁྱད་པར་དུ་འཕགས་པ་དེ་ལྟར་ཐེག་པ་ཆེན་པོ་ལས་ནི་ཁྱད་པར་དུ་འཕགས་པ་དམ་པ་གཞན་མེད་དེ། དེ་ལ་རྒྱུ ་དང་འབྲས་བུ་གཉིས་ཤིན་ཏུ་མཆོག་ཏུ་གྱུར་པའི་ཕྱིར་རོ། །བླ་ན་མེད་པའི་དངོས་པོ་ནི་བླ་ན་མེད་པ་ཉིད་དོ། །དེ་ཡང་གང་ཞེ་ན་།དེའི་ཕྱིར། བླ་མེད་ཉིད་ནི་སྒྲུབ་པ་དང་ཞེས་རྒྱ་ཚར་གསུངས་སོ། །ཐེག་པ་ཆེན་པོ་ནི་བླ་ན་མེད་པ་ཉིད་རྣམ ་པ་གསུམ་སྟེ་ཞེས་བྱ་བ་ལ། ཐེག་པ་ཆེན་པོ་ཞེས་བྱ་བ་དེ་གང་ཞེ་ན་།རྣམ་པ་གསུམ་པོ་དེ་དག་ཉིད་དོ། སྒྲུབ་པ་དང་།དམིགས་པ་དང། ཡང་དག་པར་འགྲུབ་པའོ། །དེ་ལ་སྒྲུབ་པ་བླ་ན་མེད་པ་ཉིད་ནི་ཕ་རོལ་ཏུ་ཕྱིན་པ་བཅུ་སྒྲུབ ་བར་བྱེད་པ་ཉིད་དེ། ཕ་རོལ་ཏུ་ཕྱིན་པ་རྣམས་སྒྲུབ་པ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྒྲུབ་པ་བླ་ན་མེད་པ་ཞེས་བྱའོ། །དམིགས་པ་ནི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་ཆོས་རྣམས་དང། ཆོས་ཀྱི་དབྱིངས་དེ་།དམིགས་པ་འདིས་བྱང་ཆུབ་ ་སེམས་དཔའ་རྣམས་གྱི་དོན་མ་ལུས་པར་མཛད་ནུས་པར་འགྱུར་རོ། །དེའི་ཕྱིར་གཞན་གྱི་དོན་བྱེད་ནུས་པའི་རྒྱུའི་དམིགས་པ་ནི་དམིགས་པ་བླ་ན་མེད་པ་ཉིད་དོ། །ཅིའི་ཕྱིར་ཞེ་ན། དེ་དང་ལྡན་པའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དམིགས་པ་དེ་བླ ་ན་མེད་པ་ཞེས་བྱའོ། །ཡང་དག་པར་གྲུབ་པ་ནི་རིགས་དང་མོས་པ་དང་སེམས་བསྐྱེད་པ་ལ་སོགས་པ་རྣམས་ཀྱི་འབྲས་བུ་སྟེ་།དེ་ནི་རིགས་ལ་སོགས་པ་ལས་ཡང་དག་པར་འགྲུབ་བར་འགྱུར་འཐོབ་པར་འགྱུར་བས་ན་ཡང་དག་པར་འགྲུབ་པ་ཞེས་བྱའོ། །དེ ་ཡང་དེ་ལས་ཡང་དག་པར་འགྲུབ་པ་ཁྱེད་པར་དུ་འཕགས་པ་གཞན་མེད་པས་ན་བླ་ན་མེད་པ་ཞེས་བྱའོ། །དེ་བས་ན་འདིར་ཡང་དག་པར་འགྲུབ་པ་དེ་ལས་ཁྱད་པར་དུ་འཕགས་པ་གཞན་མེད་པའི་དངོས་པོ་ཉིད་བླ་ན་མེད་པ་ཉིད་དོ། །འདིར་ནི་བྱང་ཆུབ་སེམས་དཔའ་ ་རྣམས་ཀྱི་སྒྲུབ་པ་གཞི་དང་བཅས་པ་འབྲས་བུ་དང་བཅས་པ་ལ་ཐེག་པ་ཆེན་པོ་ཞེས་བཤད་པ་ཡིན་ཏེ་།དེ་ཡང་བླ་ན་མེད་པ་ཉིད་རྣམ་པ་གསུམ་བཤད་མ་ཐག་པས་བླ་ན་མེད་པ་ཞེས་བྱའོ། །ཡང་ན་ཐེག་པ་ཆེན་པོ་ནི་རྣམ་པར་རྟོག་པའི་སྤྲོས་པ ་ཐམས་ཅད་དང་བྲལ་བའི་ཡེ་ཤེས་མཚུངས་པར་ལྡན་པ་དང་བཅས་པ་ཚོགས་དང་བཅས་པ། སྦྱོར་བ་དང་བཅས་པ་།རྗེས་ལས་ཐོབ་པའི་ཡེ་ཤེས་དང་བཅས་པ། ཁྱད་པར་ཅན་གྱི་ཡོན་ཏན་དང་བཅས་པ་།དམིགས་པ་དང་བཅས་པ་།འབྲས་བུ ་དང་བཅས་པའོ། །དེ་ལ་དམིགས་པ་ནི་དེ་བཞིན་ཉིད་དོ། །འབྲས་བུ་ནི་མི་གནས་པའི་མྱ་ངན་ལས་འདས་པའོ། །ཐེག་པ་ཆེན་པོ་འདི་སྟོན་པའི་མདོ་སྟེ་ལ་སོགས་པ་བཤད་པ་གང་ཡིན་བ་དེ་དག་ཀྱང་ཐེག་པ་ཆེན་པོའི་ཡིན་ནོ། །ཚིག་ཀྱང་གཞི་དང་འདྲ ་པར་གདགས་ཏེ། དཔེར་ན་ཁོར་བ་བསད་པ་དང་རིན་པོ་ཆེ་འཕྲོགS་པ་ལྟ་བུའོ། །འདིས་ཐེག་ཆེན་མི་གནས་པའི་མྱ་ངན་ལས་འདས་པ་ཐོབ་པར་བྱེད་པས་ཐེག་པའོ། །དེ་ཡང་ཆེན་པོ་རྣམ་པ་བདུན་དང་ལྡན་པས་ན ་ཆེན་པོའོ། །དེ་ནི་ཐེག་པ་ཡང་ཡིན་ལ་ཆེན་པོ་ཡང་ཡིན་པས་ཐེག་པ་ཆེན་པོའོ། །ཆེན་པོ་རྣམས་པ་བདུན་ནི་དམིགས་པ་དང། སྒྲུབ་པ་དང། ཡེ་ཤེས་དང། བརྩོན་འགྲུས་དང། ཐབས་དང། འཐོབ་པ་དང། ལས་ཆེན་པོའོ། །དེ་ལ ་དམིགས་པ་ཆེན་པོ་ནི་སྟོང་ཕྲག་བརྒྱ་པ་ལ་སོགས་པ་མདོ་སྡེ་མཛའ་ཡས་པའི་ཆོས་རྣམས་བྱང་ཆུབ་སེམས་དཔའ་ཨི་ལམ་གྱི་དམིགས་པ་ཡིན་པའི་ཕྱིར་རོ། །སྒྲུབ་པ་ཆེན་པོ་ནི་བདག་དང་གཞན་གྱི་དོན་མཛའ་དག་སྒྲུབ་པའི་ཕྱིར་རོ། །ཡེ་ཤེས ་ཆེན་པོ་ནི་གང་ཟག་དང་།ཆོས་ལ་བདག་མེད་པར་ཤེས་པའི་ཕྱིར་རོ། །བརྩོན་འགྲུས་ཆེན་པོ་ནི་བསྐལ་བ་གྲངས་མེད་པ་གསུམ་དུ་བྱ་དཀའ་བ་བརྒྱ་སྟོང་ཕྲག་དུ་མ་ལ་སྦྱོར་བའི་ཕྱིར་རོ། །ཐབས་མཁས་པ་ཆེན་པོ་ནི་འཁོར་བ་དང། མྱ ་ངན་ལས་འདས་པ་ལ་མི་གནས་པའི་ཕྱིར་རོ། །འཐོབ་པ་ཆེན་པོ་ནི་སྟོབས་དང་མི་འཇིགས་པ་དང། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ལ་སོགས་པ་ཡོན་ཏན་དཔག་ཏུ་མེད་པ་གྲངས་མེད་པ་འཐོབ་པའི་ཕྱིར་རོ། །ལས་ཆེན་པོ་ནི་འཁོར་བ་ཇི ་སྲིད་པ་དེ་སྲིད་དུ་བྱང་ཆུབ་མངོན་པར་སྟོན་པས་སངས་རྒྱས་ཀྱི་མཛད་པ་སྒྲུབ་པའི་ཕྱིར་རོ། །འདི་དག་ཉིད་ནི་ཐེག་པ་ཆེན་པོ་བླ་ན་མེད་པ་སྟེ། དེ་ལས་ཐེག་པ་ཁྱད་པར་ཅན་གཞན་མེད་པའི་ཕྱིར་རོ། །དེ་ཡང་སྒྲུབ་པ་དང་དམིགས་པ་དང ་ཡང་དག་པར་འགྲུབ་པ་སྟེ་།འདི་ལྟར་དེ་དག་དང་ལྡན་པས་ན་ཐེག་པ་ཆེན་པོ་བླ་ན་མེད་པ་ཞེས་བྱའོ། །སྒྲུབ་པ་ཉིད་བླ་ན་མེད་པ་ཡིན་པས་སྒྲུབ་པ་བླ་ན་མེད་པ་ཉིད་དེ། དེ་བཞིན་དུ་དམིགས་པ་དང་ཡང་དག་པར་འགྲུབ་པ་བླ་ན་མེད་པ་ཉིད ་ཀྱང་རིག་པར་བྱའོ། །བླ་ན་མེད་པ་ཉིད་དེ་དག་ནི་བྱང་ཆུབ་སེམས་དཔའ་ཨི་ལམ་དང། དེའི་གནས་དང་དེའི་འབྲས་བུའི་དབང་དུ་བྱས་ཏེ། གོ་རིམས་བཞིན་དུ་རྣམ་པར་བཞག་གོ་།འདི་ལྟ་སྟེ། སངས་རྒྱས་ཀྱི་གསུངས་རབ་ཀྱིས་ཀྱང་སྒྲུབ་པ། ་དང་དམིགས་པ་དང་དེའི་འབྲས་བུ་དང་།འདི་རྣམས་ཙམ་ཞིག་བཤད་པར་ཟད་དོ། །དམིགས་པ་ནི་སྒྲུབ་པའི་སྔོན་དུ་འགྲོ་བས་དམིགས་པ་སྔར་བཤད་པའི་རིགས་པ་ལས། བྱང་ཆུབ་སེམས་དཔའ་རྣམས་ལ་སྒྲུབ་པ་སྙིང་པོར་བྱ་བ་བསྟན་པའི ་ཕྱིར་སྒྲུབ་པ་སྔར་བཤད་དོ། །དེ་ལ་ཇི་ལྟར་ན་སྒྲུབ་པ་བླ་ན་མེད་པ་ཉིད་ཅེས་བྱ་ཞེ་ན་།དེའི་ཕྱིར་།སྒྲུབ་པ་བླ་ན་མེད་པ་ནི་ཕ་རོལ་ཏུ་ཕྱིན་པ་བཅུ་ལ་སྒྲུབ་པར་རིག་པར་བྱའོ་ཞེས་བྱ་བ་སྨོས་སོ། །ཕ་རོལ་ཏུ་ཕྱིན་པ་རྣཾས་སྒྲུབ་པ་ནི་ཕ་རོལ་ཏུ་ཕྱིན་པ་རྣམས་ལ་ནན་ཏན་བྱེད་པའོ། ཕ ་རོལ་ཏུ་ཕྱིན་པ་སྒྲུབ་པ་དེ་ཡང་ཐེག་པ་ཆེན་པོ་ཉིད་དུ་བཤད་ཀྱི་།གཞན་ནི་མ་ཡིན་པས་ན་ཐེག་པ་ཆེན་པོ་ཉིད་བླ་ན་མེད་པར་སྟོན་ཏོ། །སྒྲུབ་པ་དེ་ཡང་རྣམ་པ་གང་གིས་ཕ་རོལ་ཏུ་ཕྱིན་པ་རྣམས་ལ་སྦྱོར་བ་ནི་བླ་ན་མེད་པར་འགྱུར་བའི་རྣམ་པ་དེ ་དག་བསྟན་པའི་ཕྱིར། སྒྲུབ་པ་དག་ནི་རྣམ་དྲུག་སྟེ་ཞེས་བྱ་བ་གསུངས་སོ། །ཕ་རོལ་ཏུ་ཕྱིན་པ་རྣམས་ལ་སྒྲུབ་པ་ཇི་ལྟར་ན་དམ་པར་འགྱུར་བ་ནས་།ཇི་ལྟར་ན་ཁྱད་པར་མེད་པའི་བར་དུ་འགྱུར་བ་མི་ཤེས་ནས། དེའི་ཕྱིར་དེ་ལ། དམ་པ་བཅུ ་གཉིས་བདག་ཉིད་དེ་ཞེས་བྱ་བ་སྨོས་སོ། །དམ་བ་ནི་ནམ་པ་བཅུ་གཉིས་ཏེ། ཆེ་བ་དང་བླ་ན་མེད་ཅེས་བྱ་བའི་ཐ་ཚིག་གོ། དེའི་རྣམ་པ་བསྟན་པའི་ཕྱིར་།རྒྱ་ཆེ་བ་དང་ཡུན་རིངས་དང་ཞེས་རྒྱ་ཆེར་གསུངས་སོ། །རྒྱ་ཆེ་བ་དམ་པ་ནས་འགྲུབ ་བ་དམ་པ་ཞེས་བྱ་བའི་བར་དུ་རྣམ་པ་བཅུ་གཉིས་པོ་འདི་དག་ནི་དམ་པའོ། །དེ་ལ་རྒྱ་ཆེ་བ་དམ་པ་ནི་འཇིག་རྟེན་གྱི་ཕུན་སུམ་ཚོགས་པ་ཐམས་ཅད་མི་འདོད་པ་དང་མཆོག་ཏུ་རིག་པར་བྱའོ་ཞེས་བྱ་བ་ལ། ཕུན་སུམ་ཚོགས་པ་ཞེས་བྱ་བ ་ནི་མངོན་པར་མཐོ་བའོ། །དེ་ཡང་རྣམ་པ་གཉིས་ཏེ་།རྙེད་པ་དང་མ་རྙེད་པའོ། །དེ་ལ་བདག་གི་བདེ་བ་ལ་མི་ཆགས་པ་དང། གཞན་གྱི་སྡུག་བསྔལ་བསལ་བར་ཞུགས་པའི་ཕྱིར་རྙེད་པ་ལ་མི་ཆགས ་ཤིང་མ་རྙེད་པ་མི་འཚོལ་ལོ། །ཇི་སྐད་དུ་།དགེ་བ་ཁྱོད་ཀྱི་བསོད་ནམས་བསོད་ནམས་འབྲས་བུ་གང། ཐམས་ཅད་གཞན་གྱི་དོན་ཏེ་བདག་གི་དོན་རྒྱུར་མིན་ཞེས་འབྱུང་བ་ལྟ་བུའོ། །སྤོང་བ་ཡེ་ཤེས་དང་མཐུ་ཕུན་སུམ་ཚོགས ་པའི་སངས་རྒྱས་ཉིད་འབྲས་བུ་ཡིན་པའི་ཕྱིར་མཆོག་གོ་།ཡང་ན་འཇིག་རྟེན་ན་རྒྱ་ཆེ་བ་ནི་རྣམ་པ་གཉིས་སུ་བརྗོད་དེ་།ཆེ་བར་མངོན་པ་དང་ལྡན་དུ་ཕན་འདོགས་པ་མི་འདོད་པའོ། །དེ་ལྔར་ན་བྱང་ཆུབ་སེམས་དཔའ་ནི་འཇིག་རྟེན་གྱི ་སུན་སུམ་ཚོགས་པ་ཐམས་ཅད་མི་འདོད་ཀྱང་སྦྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་རྣམས་ལ་ཇེ་བས་ཇེ་ཆེར་སྦྱོར་ཏེ་།དེ་བས་ན་དེ་སྒྲུབ་པ་རྒྱ་ཆེ་བ་ཉིད་ཅེས་བྱའོ། །ཡུན་རིང་བ་དམ་པ་ནི་ཡུན་རིང་བའི་ཕྱིར་མཆོག་སྟེ་།ཡུན་རིང་བ ་ཉིད་ཀྱང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ལ་ཡུན་རིང་པོར་གོམས་པར་བྱེད་པའོ། །དེ་ཡང་དུས་ཇི་སྲིད་པ་མི་ཤེས་ནས་དེའི་ཕྱིར། བསྐལ་པ་གྲངས་མེད་པ་གསུམ་དུ་ཡོངས་སུ་བསྒོམ་པའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། བྱང ་ཆུབ་སེམས་དཔའ་རྣམས་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་བསྒོམ་པ་བསྐལ་པ་གྲངས་མེད་པ་གསུམ་གྱི་མཐར་ཐུག་པར་བྱེད་པས་ཤིན་ཏུ་ཡུན་རིང་བ་ཡིན་ནོ། །ཆེད་དུ་བྱ་བ་དམ་པ་ནི་སེམས་ཅན་ཐམས་ཅད་ཀྱི་དོན་བྱ ་བའི་ཆེད་ཀྱི་ཕྱིར་རོ་ཞེས་བྱ་བ་ལ་།བྱང་ཆུབ་སེམས་དཔའ་བདག་གི་བདེ་བ་ལ་མི་ཆགས་པ་རྣམས་ནི། སེམས་ཅན་ལ་ཕན་པ་དང་བདེ་བར་བྱ་བའི་ཆེད་དུ་སྦྱིན་པ་ལ་ཞུགས་པས་དེའི་ཕྱིར་ཆེད་དུ་བྱ་བ་དམ་པ་ཞེས་བྱའོ། །ཟད་མི ་ཤེས་པ་དམ་པ་ནི་མི་ཟད་པའི་ཕྱིར་དམ་པ་སྟེ་།ཟད་མི་ཤེས་པ་གང་ཞེན། དེའི་ཕྱིར། བྱང་ཆུབ་ཆེན་པོར་ཡོངས་སུ་བསྔོས་པས་།གཏན་དུ་ཡོངས་སུ་གཏུགས་པར་མི་འགྱུར་བའི་ཕྱིར་རོ་ཞེས་བྱ་བ་སྨོས་སོ། །བྱང་ཆུབ་ཆེན་པོར་ཡོངས་སུ་བསྔོས ་པའི་སྦྱིན་པ་ལ་སོགས་པ་ནི་།སྐྱེ་བའི་གནས་ཐམས་ཅད་དུ་རྣམ་པར་སྨིན་པའི་འབྲས་བུ་བྱིན་ཡང་གཏན་དུ་ཆད་པར་མི་འགྱུར་ཏེ་།གནས་གྱུར་པའི་མཚན་ཉིད་ཆོས་ཀྱི་སྐུ་སྒྲུབ་པ་དང་།དེ་ཡང་མི་ཟད་པས་ཕུང་པོའི་ལྷག་མ་མེད་པའི ་མྱ་ངན་ལས་འདས་པར་གཏན་དུ་ཡོངས་སུ་གཏུགས་པར་མི་འགྱུར་ཀྱི། ཉན་ཐོས་ལ་སོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་པ་ནི་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ལུས་རྣམ་པ་ཐམས་ཅད་དུ་རྒྱུན་ཆད་པས ་རྒྱུན་ཆད་པར་འགྱུར་རོ། །ཡང་ན་བྱང་ཆུབ་ཆེན་པོར་ཡོངས་སུ་བསྔོས་པས་སྦྱིན་པ་ལ་སོགས་པ་མི་ཟད་པར་འགྱུར་ཏེ། རྣམ་པར་སྨིན་བ་མང་བའི་ཕྱིར་རོ། །མང་བ་ལ་ཡང་མི་ཟད་བ་ཞེས་བྱ་སྟེ་།རྣམ་པར་སྨིན་པ་སྦྱིན་པས་གཏན་དུ་ཡོངས་སུ ་གཏུགས་པར་མི་འགྱུར་བའི་ཕྱིར་རོ། །ཉན་ཐོས་ལ་སོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་པ་ལ་ནི་དེ་ལྟར་མི་ཟད་པར་མི་འགྱུར་རོ། །ཡང་ན་སེམས་ཅན་རྣམས་ཀྱི་དོན་དུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དགེ་བའི་རྩ་བ་བྱང་ཆུབ་ཆེན ་པོར་ཡོངས་སུ་བསྔོས་པ་དང་།སེམས་ཅན་གྱིས་ཁམས་བཞིན་དུ་མི་ཟད་པ་ཡིན་ཏེ་།དེ་བས་ན་སེམས་ཅན་གྱི་ཁམས་བཞིན་དུ་གཏན་དུ་ཡོངས་སུ་གཏུགས་པར་མི་འགྱུར་རོ། །རྒྱུན་མི་འཆད་པ་དམ་པ་ནི་བདག་དང་གཞན ་མཉམ་པ་ཉིད་དུ་མོས་པའི་ཕྱིར་ཏེ། སེམས་ཅན་ཐམས་ཅད་ལ་སྦྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་རྣམས་ཡོངས་སུ་རྫོགས་པར་བྱེད་པའི་ཕྱིར་རོ་ཞེས་བྱ་བ་ནི་ས་རབ་ཏུ་དགའ་བ་ལ་བྱང་ཆུབ་སེམས་དཔའ་ས་ཆོས་ཀྱི་དབྱིངས་ཀུན་ཏུ་ ་འགྲོ་བའི་དོན་དུ་རྟོགས་པས་བདག་དང་གཞན་མཉམ་པ་ཉིད་དུ་མོས་སོ། །དེ་དག་དང་གཞན་མཉམ་པ་ཉིད་དུ་མོས་པའི་ཕྱིར་བདག་དང་གཞན་དུ་རྣམ་པར་རྟོག་པ་སྤངས་པས། རང་གི་སྦྱིན་པ་ལ་སོགས ་པ་བཞིན་དུ་གཞན་གྱི་སྦྱིན་པ་ལ་སོགས་པས་ཀྱང་སེམས་ཤིན་ཏུ་དགའ་བ་ཐོབ་བོ། །དེ་བས་ན་སྐད་ཅིག་རེ་རེ་འམ་ཡུད་ཅམ་རེ་རེ་འམ་ཉི་མ་རེ་རེར་ཡང་རྒྱུན་མི་འཆད་པར་དེའི་སྦྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་རྣམས་ཡོངས་སུ ་རྫོགས་པར་འགྱུར་རོ། །ཚགས་མེད་པ་དམ་པ་ནི་གཞན་གྱི་སྦྱིན་པ་ལ་སོགས་པ་ལ་རྗེས་སུ་ཡི་རང་བ་ཙམ་གྱིས་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་པའི་ཕྱིར་རོ་ཞེས་བྱ་བ་ནི་ཅི་ནས་ཀྱང་དེ་དག་ལ་རྗེས་སུ་ཡི་རང་བ་ཙམ་གྱིས་སྦྱིན་པ་ལ་སོགS ་པ་ཕ་རོལ་ཏུ་ཕྱིན་པ་རྣམས་ཡོངས་སུ་རྫོགས་པར་འགྱུར་བ་དེ་ལྟར་བྱང་ཆུབ་སེམས་དཔའ་རྣམས་སེམས་ཅན་རྣམས་ཀྱི་སྦྱིན་པ་ལ་སོགས་པ་དགེ་བའི་རྩ་བ་རྣམས་ལ་རབ་ཏུ་དགའ་བའི་ཡིད་ཀྱིས་རྗེས་སུ་ཡི་རང་བར་བྱེད་དོ། །དབང་འབྱོར་པ ་དམ་པ་ནི་ནམ་མཁའ་མཛོད་ཀྱི་ཏིང་ངེ་འཛིན་ལ་སོགས་པས་སྦྱིན་པ་ལ་སོགས་པ་ཡོངས་སུ་རྫོགས་པར་བྱེད་པའི་ཕྱིར་རོ་ཞེས་བྱ་བ་ནི། བྱང་ཆུབ་སེམས་དཔའ་རྣམས་ཆོས་ཀྱི་དབྱིངས་རྟོགས་པ་བསྒོམ་པས་།ཏིང་ངེ་འཛིན་ནམ་མཁའ་མཛོད་ཅེས ་བྱ་བ་འཐོབ་སྟེ། དེ་ཐོབ་པས་སེམས་ཅན་རྣམས་ཀྱི་བསམ་པ་ཐམས་ཅད་ཡོངས་སུ་བསྐང་བའི་ཕྱིར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་འགྱུར་ཏེ་།དེའི་དབང་གིས་ནམ་མཁའ་ཉིད་མཛོད་དམ། ཡང་ན་ནམ་མཁའ་ལ་མཛོད་འཆའ ་བའི་ཏིང་ངེ་འཛིན་ལ་ནམ་མཁའ་མཛོད་ཅེས་བྱ་བར་བརྗོད་དེ་།འདི་ལྟར་ཏིང་ངེ་འཛིན་དེའི་མཐུས་ཡོ་བྱད་ཐམས་ཅད་ནམ་མཁའ་ལས་འབྱུང་བར་འགྱུར་རོ། །སོགས་པའི་སྒྲས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་མདོ་ལས་འབྱུང་བའི ་ཏིང་ངེ་འཛིན་རྣམས་བསྡུའོ། །ཡོངས་སུ་བཟུང་བ་དམ་པ་ནི་།རྣམ་པར་རྟོག་པའི་ཡེ་ཤེས་ཀྱིས་ཡོངས་སུ་བཟུང་བའི་ཕྱིར་རོ། ཞེས་བྱ་བ་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྣམ་པར་མི་རྟོག་པའི་ཡེ་ཤེས་ནི་སྦྱིན་བདག་དང་སྦྱིན་པར་བྱ་བ་དང ་ལེན་པ་གསུམ་མི་དམིགས་པས་རྣམ་པར་མི་རྟོགས་པའི་ཡེ་ཤེས་སོ། །དེ་བཞིན་དུ་ཤེས་པར་བྱེད་པ་དང་།ཤེས་པར་བྱ་བ་དང། ཤེས་པ་གསུམ་གྱིས་བར་དུ་མི་དམིགས་པའི་ཕྱིར་རྣམ་པར་མི་རྟོག་པའི་ཡེ་ཤེས་ཏེ་།རྣམ་པར་མི་རྟོག་པའི ་ཡེ་ཤེས་དམ་པ་དེས་ཡོངས་སུ་གཟུང་བའི་སྦྱིན་པ་ལ་སོགས་པ་སྒྲུབ་བོ། །ཇི་ལྟ་ཞེ་ན། དེའི་རྗེས་སུ་འབྲང་བ་དང་དེ་ལ་དམིགས་པའི་ཕྱིར་ཏེ་།དེའི་ཕྱིར་དམ་པ་ཞེས་བྱའོ་རྩོལ་བ་དམ་པ་ནི་མོས་པས་སྤྱོད་པའི་ས་ལ་བཟོད་པ་ཆེར་གྱུར་བའོ ་ཞེས་བྱ་བ་ལ། །བསྐལ་པ་གྲངས་མེད་པ་དང་པོ་ནི་མོས་པས་སྤྱོད་པའི་ས་ཞེས་བྱ་སྟེ། རིགས་དང་བཤེས་གཉེན་གྱི་སྟོབས་ཀྱིས་བྱང་ཆུབ་ཏུ་སེམས་བསྐྱེད་ནས། ངོ་བོ་ཉིད་གསུམ་གྱིས་སྒོ་ནས་ཆོས་ཐམས་ཅད་ལ་བདག་མེད་པར་ཤིན་ཏུ་མོས་བའི ་བཟོད་པ་ཆེ་བ་སྟེ་།མ་དང་པ་ལ་སོགས་པ་མི་མཐུན་པའི་ཕྱོགས་ལས་རྒྱལ་བ་ལ་བྱའོ། །དེ་ནི་བྱང་ཆུབ་སེམས་དཔའ་ཨི་རྩོམ་པའི་དུས་ཏེ་།དེའི་ཕྱིར་བཟོད་པ་ཆེན་པོ་ནི་རྩོམ་པ་དམ་པ་ཞེས་བྱ་སྟེ། འཐོབ་པ་དམ་པ་ནི་ས་དང་པོའོ་ཞེས་བྱ་བ་ནི་ས་དང ་པོ་ལ་ཆོས་ཀྱི་དབྱིངས་ཀུན་ཏུ་འགྲོ་བ་རྟོགས་པས་འཇིག་རྟེན་ལས་འདས་པའི་ཕ་རོལ་ཏུ་ཕྱིན་པ་རྣམས་འཐོབ་པོ་སྔར་ས་དང་པོ་ལ་སྦྱོར་བས་བསྡུས་པ་ནི་འཇིག་རྟེན་པ་ཉིད་དེ་།དེའི་ཕྱིར་ས་དང་པོ་ལ་འཐོབ་པ་དམ་པ་ཞེས་བྱའོ། །རྒྱུ་མཐུན་པ་དམ ་བ་ནི་དེ་མ་ཡིན་པ་གཞན་བརྒྱད་པོ་དག་ལའོ་ཞེས་བྱ་བ་ནི། དེ་མ་ཡིན་པ་གཞན་ས་བརྒྱད་པོ་དག་ལ་གོང་ནས་གོང་དུ་ཁྱད་པར་ཐོབ་བ་ནི་ས་དང་པོ་ལ་ཐོབ་པའི་ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱི་རྒྱུ་མཐུན་པ་ཡིན་པས་རྒྱུ་མཐུན་པ་དམ་པའོ། །ཡང་ན་མོས ་པས་སྦྱོད་པའི་ས་ལ་ཕ་རོལ་ཏུ་ཕྱིན་པ་རྣམས་བསྒོམས་པའི་སྟོབས་ཀྱིས་ས་དང་པོ་འཐོབ་པ་ནི་འཐོབ་པ་དམ་པ་སྟེ། ས་དང་པོ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མཐོང་བའི་ལམ་དུ་བསྡུས་པ་དེར་ཞུགས་ན། དེའི་བདག ་ཉིད་ཀྱི་ཆོས་རབ་ཏུ་ཐོབ་པའི་ཕྱིར་།དེ་བཞིན་གཤེགས་པའི་རིགས་སུ་སྐྱེས་པ་ཡིན་ནོ་ཞེས་མདོ་ལས་འབྱུང་ངོ། །ས་ལྷག་མ་རྣམས་ཕ་རོལ་ཏུ་ཕྱིན་པ་རྣམས་བསྒོམ་པའི་སྟོབས་ཀྱིས་ཐོབ་པའི་ས་དང་པོའི་རྒྱུ་མཐུན་པ་དམ་པའོ། ། ་ཡང་ནས་བརྒྱད་བོ་འདི་དག་ནི་ས་དང་པོ་ལ་རབ་ཏུ་ཐོབ་པའི་ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱི་རྒྱུ་མཐུན་པར་འགྱུར་བས་རྒྱུ་མཐུན་པ་དམ་པའོ། །འགྲུབ་པ་དམ་པ་ནི་ས་བཅུ་པ་དང་དེ་བཞིན་གཤེགས་པའི་ས་ལ། བྱང་ཆུབ་སེམས་དཔའ་ ་འགྲུབ་པ་དང་སངས་རྒྱས་འགྲུབ་པའི་ཕྱིར་རོ་ཞེས་བྱ་བ་ལ། ས་བཅུ་པ་ལ་བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའ་ཨི་སྤྱོད་པ་ཐམས་ཅད་ཚར་ཕྱིན་ནས་དེ་བཞིན་གཤེགས་པ་རྣམས་ཀྱིས་རྒྱལ་ཚབ་དུ་དབང་བསྐུར་ཏེ། བསོད་ནམས ་དང་ཡེ་ཤེས་ཀྱི་ཚོགས་བསམ་གྱིས་མི་ཁྱབ་པ་ཡོངས་སུ་རྫོགས་པ་དང། ཆོས་ཐམས་ཅད་ལ་རྣམ་པ་རྟོག་པ་དང་བྲལ་བ་དང། རྣམ་པ་ཐམས་ཅད་དུ་བདག་དང་གཞན་གྱི་དོན་སྒྲུབ་པའི་ཕྱིར། ས་བཅུ་པ་ལ་བྱང་ཆུབ་སེམས ་དཔའ་རྣམས་ཀྱི་འགྲུབ་པ་དམ་པའོ། །སྤོང་བ་དང་ཡེ་ཤེས་དང་མཐུ་ཁྱད་པར་ཅན་རྣམས་ཐོབ་པའི་ཕྱིར་བཅོམ་ལྡན་འདས་ནི་འགྲོ་བ་ཐམས་ཅད་ཀྱི་སྟོན་པ་ཡིན་པས་དེའི་ཕྱིར་སངས་རྒྱས་སུ་གྲུབ་པས་འགྲུབ་པའོ། །འགྲུབ་བ་དེ་ཡང ་གང་ཞེ་ན་།བྱང་ཆུབ་སེམས་དཔའ་ཨི་ཆོས་རྣམས་དང་།སངས་རྒྱས་ཀྱི་ཆོས་རྣམས་རྣམ་པ་ཐམས་ཅད་དུ་མངོན་པར་སྒྲུབ་པའོ། །ཡང་ན་སློབ་པའི་སར་བསྡུས་པའི་ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱི་ཕུལ་དུ་བྱུང་བ་ནི་ས་བཅུ་པ་སྟེ་།དེ་བས ་ནད?་དེ་ལ་བྱང་ཆུབ་སེམས་དཔའ་ཡོངས་སུ་འགྲུབ་བོ། །མི་སློབ་པའི་སར་བསྡུས་པ་རྣམས་ཀྱི་ཕུལ་དུ་བྱུང་བ་ནི་སངས་རྒྱས་ཀྱི་ས་སྟེ། ས་དེ་ན་ཕ་རོལ་ཏུ་ཕྱིན་པ་རྣམས་ལ་སློབ་པ་མེད་པའི་ཕྱིར། སངས་རྒྱས་སུ་ཡོངས་སུ་འགྲུབ་པས་འགྲུབ་པ་སྟེ། དེ་ལྟར ་བྱང་ཆུབ་སེམས་དཔའ་ཨི་ཡོངས་སུ་འགྲུབ་པ་དང་།དེ་བཞིན་གཤེགས་པའི་སར་སངས་རྒྱས་ཡོངས་སུ་གྲུབ་པས་འགྲུབ་པ་དམ་པར་རིག་པར་བྱའོ། །དེའི་ཕྱིར་དམ་པའི་དོན་གྱི་ནི། ཕ་རོལ་ཕྱིན་པ་བཅུར་འདོད་དོ་ཞེས་བྱ་བ་ནི་འདི་ལྟར་དམ་པ་རྣམ ་པ་བཅུ་གཉིས་པོ་འདི་དག། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྦྱིན་པ་ལ་སོགས་པ་ལ་ཡོད་ཀྱི་།ཉན་ཐོས་ལ་སོགས་པའི་སྦྱིན་པ་ལ་སོགས་པ་ལ་ནི་མེད་པ་དེའི་ཕྱིར། དམ་པ་ཞེས་བྱ་སྟེ། དོན་འདིས་བྱང་ཆུབ་སེམས་དཔའ་རྣམས་ཉིད་ཀྱི་སྦྱིན་པ ་ལ་སོགས་པ་ཡེ་ཤེས་ལ་ཐུག་པ་རྣམས་ངེས་པའི་ཚིག་གིས་ཚུལ་གྱིས་ཕ་རོལ་ཏུ་ཕྱིན་པ་བཅུ་པོ་དག་ཏུ་སྟོན་ཏོ། །དེ་བས་ན་ཕ་རོལ་ཕྱིན་པ་རྣམས་ལ་སྒྲུབ་བ་གང་ཡིན་པ་དེ་ཡང་དམ་པ་ཞེས་བྱའོ། །ཁ་ཅིག་ཅེས་བྱ་བ་ནི་གང་དག་ཕ་རོལ་ཏུ ་ཕྱིན་པ་རྣམས་ཀྱི་མིང་ཙམ་ཡང་མི་ཤེས་པ་དེ་རྣམས་ལ་དེ་དག་གིས་མིང་བསྟན་པར་བྱ་བའི་ཕྱིར་།སྦྱིན་དང་ཚུལ་ཁྲིམས་བཟོད་བྲཚོན་འགྲུས། །བསམ་གཏན་དང་ནི་ཤེས་རབ་ཐབས། །སྨོན་ལམ་སྟོབས་དང་ཡེ་ཤས་དང། ་འདི་དག་ཕ་རོལ་ཕྱིན་བཅུའོ་ཞེས་བྱ་བ་བརྗོད་དེ། ཆེད་དུ་བྱ་བ་དམ་པ་ནི་སེམས་ཅན་ཐམས་ཅད་ཀྱི་དོན་བྱ་བའི་ཆེད་ཀྱི་ཕྱིར་རོ་ཞེས་བཤད་པ་དེའི་ཕྱིར་།འདི་དག་གི་སོ་སོའི་ལས་ཅི་ཞེ་ན་ཅེས་དྲིས་པ་དེའི་ཕྱིར། ལས་ནི་རྗེས་སུ་འཛིན ་བྱེད་དང། གནོད་མི་བྱེད་དང་དེ་ལ་བཟོད་ཅེས་རྒྱ་ཆེར་གསུངས་སོ། །བྱང་ཆུབ་སེམས་དཔའ་ཨི་སྦྱིན་པས་ནི་སེམས་ཅན་རྣམས་རྗེས་སུ་འཛིན་པའོ་ཞེས་བྱ་བ་ནི་དེ་ལ་མཆོད་པ་དང། ཕན་གདགས་པར་འདོད་པས། ཕྱི་དང་ནང་གི་དངོས་པོ་ཁ ་ན་མ་ཐོ་བ་མེད་པས་ལན་དུ་ཉན་འདོགས་པ་དང་།རྣམ་པར་སྨིན་པ་ལ་སོགས་པ་ལ་མི་ལྟ་བར་སེམས་བ་གང་གིས་ཡོངས་སུ་གཏོང་ཞིང་ལུས་དང་ངག་གིས་ལས་ཀྱི་ཀྱང་སྒྲུབ་པ་འདི་ནི་།བྱང་ཆུབ་སེམས ་དཔའ་ཨི་ཟང་ཟིང་གི་སྦྱིན་པ་སྟེ། འདིས་བཀྲེས་པ་དང་སྐོམ་པ་ལ་སོགས་པའི་སྡུག་བསྔལ་སེལ་བས་སེམས་ཅན་རྣམས་རྗེས་སུ་འཛིན་ཏོ། །སྙིང་རྗེ་སྔོན་དུ་བཏང་སྟེ་སེམས་ཅན་རྣམས་ལ་མི་གནོད་པའི་འཚོ་བ་དང་།བསྟན་བཅོས ་དང་།སྒྱུ་རྩལ་དང་བཟོ་རྣམས་སྟོན་པ་དང། བདེ་འགྲོ་དང་ཐར་པའི་ལམ་སྟོན་པ་ནི་ཆོས་ཀྱི་སྦྱིན་པ་སྟེ། འདིས་ཀྱང་འཚོ་བ་མེད་བ་དང་ངན་འགྲོ་འཁོར་བའི་སྡུག་བསྔལ་སེལ་བས་སེམས་ཅན་རྣམས་རྗེས་སུ་འཛིན་ཏོ། །རྒྱལ་པོ་དང ་ཆོམ་རྐུན་དང་བགོ་སྐལ་ལ་སྤྱོད་པ་དང། གཅན་ཟན་ལ་སོགས་པས་ཟིན་པ་དེ་དག་ལས་ཐར་བར་བྱེད་བ་ནི་མི་འཇིགས་པ་སྦྱིན་པ་སྟེ་།འདིས་ཀྱང་སྲོག་དང་ལོངས་སྤྱོད་དང། བུ་དང་ཆུང་མ་ལ་སོགས་པས་ཕོངས་པའི་འཇིགས ་པ་སེལ་བས་སེམས་ཅན་རྣམས་རྗེས་སུ་འཛིན་ཏོ། །ཚུལ་ཁྲིམས་ཀྱིས་ནི་དེ་དག་ལ་གནོད་པར་བྱེད་དོ་ཞེས་བྱ་བ་ནི་ལུས་དང་ངག་གིས་ཉེས་པར་སྤྱོད་པ་ཐམས་ཅད་སྤོང་བ་དང་འཇིག་རྟེན་དང་མཐུན་པའི་བཀག་པ་དང། བསྒོ་བས ་ལུས་དང་ངག་གི་ལས་ལྡོག་ཅིང་སྒྲུབ་བ་ནི་ཚུལ་ཁྲིམས་ཏེ། ཚུལ་ཁྲིམས་དེ་ལ་རྣམ་པར་གནས་པས་སེམས་ཅན་ལ་གནོད་པ་དང་མི་བདེ་བར་སྒྲུབ་པ་སྲོག་གི་ཕྱིར་ཡང་བདག་ཉིད་ཀྱང་མི་བྱེད་ཅིང་གཞན་ལ་ཡང་བྱེད་དུ་མི་འཇུག ་པའོ། །བཟོད་པ་ནི་གཞན་དག་གིས་གནོད་པར་བྱས་པ་ལ་ཇི་མི་སྙམ་པར་བྱེད་དོ་ཞེས་བྱ་བ་ནི་སྙིང་རྗེའི་སེམས་སྔོན་དུ་བཏང་བས་སྡུག་བསྔལ་གྱི་རྣམ་པ་ཐམས་ཅད་ལ་ཇི་མི་སྙམ་པར་བྱེད་ཅིང་དང་དུ་ལེན་པའི་བདག་ཉིད་ཀྱི་བཟོད་པ་སྟེ། ་དེས་གཞན་དག་གིས་གསོད་པ་དང་འཆིང་བ་དང་རྡེག་པ་ལ་སོགས་པ་བྱས་པ་ལ་སླར་གནོད་པ་མི་བྱེད་པས་ཇི་མི་སྙམ་པར་བྱེད་པའོ། །བརྩོན་འགྲུས་ཀྱིས་ནི་ཡོན་ཏན་རྣམས་འཕེལ་བར་བྱེད་དོ་ཞེས་བྱ་བ་ནི་སྦྱིན་པ་ལ་སོགས་པའི་ཕྱིར་སྤྲོ་བ་ནི ་བརྩོན་འགྲུས་ཏེ། དེས་སྦྱིན་པ་ལ་སོགས་པའི་ཡོན་ཏན་གོམས་པར་བྱས་པས་ཡོན་ཏན་ཁྱད་པར་དུ་འཕགས་པར་འགྲུབ་པ་ནི་འཕེལ་བའོ། །བསམ་གཏན་གྱིས་ནི་རྫུ་འཕྲུལ་ལ་སོགས་པས་མགུ་པར་བྱས་ཏེ་འཛུད་དོ། ཞེས་བྱ་བ་ལ་སོགས་བ་ཞེས ་བྱ་བའི་སྒྲས་ནི། སེམས་ཀྱི་རྣམ་གྲངས་ཤེས་པ་བསྡུའོ། །བསམ་གཏན་ནི་ཏིང་ངེ་འཛིན་ལ་སེམས་རྩེ་གཅིག་པའོ། །རྫུ་འཕྲུལ་ནི་ནམ་མཁའ་ལ་འགྲོ་བ་ལ་སོགས་པའོ། །འཛུད་པ་ནི་བསྟན་བའི་ཆོས་ཉིད་སྟོན་པ་སྟེ། བསམ་གཏན་གྱི་འབྲས་བུ་རྫུ ་འཕྲུལ་དང་།ཀུན་བརྗོད་པའི་ཆོ་འཕྲུལ་གཉིས་ཀྱིS་མགུ་བར་བྱས་ན་བསྟན་པ་ལ་འཛུད་ནུས་པར་འགྱུར་རོ། །ཤེས་རབ་ཀྱིས་ནི་ཡང་དག་པའི་གདམས་ངག་བྱིན་པས་རྣམ་པར་གྲོལ་བར་བྱེད་དོ་ཞེས་བྱ་བ་ལ། ཤེས་རབ་ནི་རྣམ་པ་ཐམས་ཅད་དུ་ཆོས་རབ ་ཏུ་རྣམ་པར་འབྱེད་པའི་མཚན་ཉིད་དོ། །དེའི་ལས་ནི་ཡང་དག་པའི་གདམས་ངག་སྦྱིན་པ་སྟེ་།ཉོན་མོངས་པ་སྤོང་བ་ཡང་ཕྱིན་ཅི་མ་ལོག་པར་རྗེས་སུ་བསྟན་པ་ལ་རག་ལུས་པའོ། །དེ་བས་ན་ཤེས་རབ་ཀྱིས་ཡང་དག་པའི་གདམས་དག་བྱིན་པས ་རྣམ་པར་གྲོལ་བར་བྱེད་དོ། །ཐབས་ལ་མཁས་པའི་ཕ་རོལ་ཏུ་ཕྱིན་པས་ནི། བྱང་ཆུབ་ཆེན་པོར་ཡོངས་སུ་བསྔོས་བས། སྦྱིན་པ་ལ་སོགས་པ་མི་ཟད་པར་བྱེད་དོ་ཞེས་བྱ་བ་ནི་ཆོས་གང་འགྲུབ་པར་བྱ་བ་དང་།རྣམ་པར་འཕེལ་བར་བྱ་བ་དང། འཐོབ་པར ་བྱ་བ་དང། སྤང་བར་བྱ་བའི་ཕྱིར་རིགས་པ་གང་ཡིན་པ་དེ་ནི་ཐབས་ཡིན་ནོ། །དེ་ལ་མཁས་པ་ནི་ཐོག་ཏུ་ཕེབས་པ་སྟེ་།ཐབས་ལ་མཁས་པའོ། །དེའི་ལས་ནི་སྦྱིན་པ་ལ་སོགས་པ་བྱས་ཤིང་བསགས་པ་རྣམས་བྱང་ཆུབ་ཆེན་པོར་ཡོངས་སུ་བསྔོས་པས་མི་ཟད་པ ་བྱེད་པའོ། །བྱང་ཆུབ་ཆེན་པོར་ཡོངས་སུ་བསྔོས་པའི་དགེ་བའི་རྩ་བ་རྣམས་ནི་བྱང་ཆུབ་ཆེན་པོ་བཞིན་དུ་མི་ཟད་པར་འགྱུར་རོ། །སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པས་ནི་མཐུན་བའི་སྐྱེ་བ་ཡོངས་སུ་འཛིན་པས་ཚེ་རབས་ཐམས་ཅད ་དུ་སངས་རྒྱས་འབྱུང་བར་མ?་ཉེས་པར་བྱེད་ཅིང་སྦྱིན་པ་ལ་སོགས་པ་ལ་རྟག་ཏུ་འཇུག་གོ་ཞེས་བྱ་བ་ལ་།སྨོན་ལམ་ནི་རྣམ་པ་དུ་མར་སྨོན་པའི་བདག་ཉིད་ཡིན་མོད་ཀྱི། འདིར་ནི་དགེ་བ་དང་མཐུན་པའི་སྐྱེ་བ་ལ་སྨོན་པ་སྨོན་ལམ་དུ་འདོད་དོ། །དེའི ་ལས་ནི་ཚེ་རབས་ཚེ་རབས་སུ་སངས་རྒྱས་འབྱུང་བ་མཉེས་པར་བྱེད་པ་དང་།སྦྱིན་པ་ལ་སོགས་པ་ལ་རྟག་ཏུ་འཇུག་པའོ། །སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་བས་ནི་སོ་སོར་རྟོག་པ་དང་།བསྒོམ་བའི་སྟོབས་གཉིས་ཀྱིས་མི་ཐུན་པའི་ཕྱོགས་ཀྱིས ་ཟིལ་གྱིས་མི་ནོན་པའི་ཕྱིར་སྦྱིན་པ་ལ་སོགས་པ་ལ་ངེས་པར་འཇུག་གོ་ཞེས་བྱ་བ་ལ་སོ་སོར་རྟོག་པ་ནི་ཤེས་རབ་བོ། །བསྒོམ་པ་ནི་དགེ་བའི་ཆོས་གོམས་པར་བྱེད་པ་སྟེ་།དེ་གཉིས་ལ་མི་མཐུན་པའི་ཕྱོགས་ཀྱིས་ཟིལ་གྱིས་མི་ནོན་པ་ནི། ་སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ། །དེའི་ལས་ནི་སྐད་ཅིག་རེ་རེ་ལ་ཡང་གདོན་མི་ཟ་བར་སྦྱིན་པ་ལ་སོགས་པ་ལ་འཇུག་པའོ། །དེས་པ་ཞེས་བྱ་བ་ནི་སྒྲ་ནི་རྒྱུན་མི་འཆད་པའི་རྣམ་གྲངས་སོ། །སོ་སོར་རྟོག་པ་དང་སྒོམ་པའི་སྟོབས་དང ་ལྡན་པའི་སྦྱིན་པ་ལ་སོགས་པའི་དགེ་བ་ལ་མི་མཐུན་བའི་ཕྱོགས་རྣམས་ཀྱིས་ཟིལ་གྱིས་མི་ནོན་ཏོ། །ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པས་ནི། ཆོས་ལ་སྒྲ་ཇི་བཞིན་དུ་རྨོངས་པ་དང་བྲལ་བས། སྦྱིན་པ་ལ་སོགས་པའི་དབང་དུ་མཛད ་པའི་ཆོས་ལ་ལོངས་སྤྱོད་པ་མྱོང་བ་དང་།སེམས་ཅན་རྣམས་ཀྱང་ཡོངས་སུ་སྨིན་པར་བྱེད་དོ་ཞེས་བྱ་བ་ནི་ཐེག་པ་ཆེན་པོའི་ཆོས་བསྟན་པ་ཐམས་ཅད་ལ་སྒྲ་ཇི་བཞིན་དུ་རྨོངས་པ་དང་དྲལ་བའི་ཡེ་ཤེས་ནི། ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན ་པའོ། །སྒྲ་ཇི་བཞིན་དུ་རྨོངས་པ་དེ་ཡང་གང་ཞེ་ན། གང་གིས་དགོངས་པའི་དོན་སྤངས་ཏེ་།སྒྲ་ཇི་བཞིན་ཉིད་དུ་རྟོག་པ་འདི་ནི་སྒྲ་ཇི་བཞིན་དུ་རྨོངས་པའོ། །སྦྱིན་པའི་དབང་དུ་མཛད་པ་ནི་སྦྱིན་པ་ལ་དམིགས་ནས། མདོ་ལ་སོགས་པའི་ཆོས ་བསྟན་པ་གང་ཡིན་པ་དེ་སྦྱིན་པའི་དབང་དུ་མཛད་པའོ། །ཚུལ་ཁྲིམས་དང། བཟོད་པ་དང། བརྩོན་འགྲུས་ལ་སོགས་པའི་དབང་དུ་མཛད་པ་དེ་ཡང་དེ་བཞིན་དུ་ལྟ་བར་བྱའོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐེག་པ ་ཆེན་པོ་ལས་བརྩམས་ཏེ་།ཕྱིན་ཅི་མ་ལོག་པ་འཕེལ་བ་གཏམ་དེས་པར་མཛད་པ་དང་།སེམས་ཅན་རྣམས་ལ་ཕྱིན་ཅི་མ་ལོག་པའི་ཆོས་བསྟན་པས། ཡོངས་སུ་སྨིན་པར་མཛད་པའི་ཆོས་ལ་ལོངས་སྤྱོད་པ་མྱོང་བ་དང། སེམས་ཅན་ཡོངས ་སུ་སྨིན་པར་མཛད་བ་ནི། ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ལས་ཏེ། མདོ་ལ་སོགས་པའི་ཆོས་བསྟན་པ་ནི་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པས་རབ་ཏུ་ཕྱེ་བའི་ཕྱིར་རོ། །དམ་པ་སྒྲུབ་པ་བཤད་པའི་འོག་ཏུ་ཡིད་ལ་བྱེད་པའི་སྒྲུབ་པ་བརྗོད་དགོས་ཏེ། ་དེའི་ཕྱིར་།ཡིད་ལ་བྱེད་པ་སྒྲུབ་པ་གང་ཞེན་ཞེས་དྲིས་པ་དང། དེའི་ཕྱིར་མ་ཐེག་པ་ཆེན་པོར་ཇི་ལྟ་བུར། །ཆོས་རྣམས་བརྟགས་པ་མཛད་པ་དག། ཞེས་རྒྱ་ཆེར་གསུངས་སོ། །སྦྱིན་པ་ལ་སོགས་པའི་དབང་དུ་མཛད་ནས་ཞེས་བྱ་བ་ནི་སྦྱིན ་པ་དང། ཚུལ་ཁྲིམས་དང། བཟོད་པ་དང། བརྩོན་འགྲུས་ལ་སོགས་པའི་ཆེད་ཀྱི་ཕྱིར་རོ། །མདོ་ལ་སོགས་པ་ཇི་ལྟར་བཏགS་པའི་ཆོས་རྣམས་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱིས་རྣམ་པ་གང་གིས་སྦྱིན་པ་ལ་སོགས་པའི་དབང་དུ་མཛད ་དེ་།མདོ་དང་དབྱངས་ཀྱིས་བསྙད་པ་དང། ལུང་བསྟན་པ་ལ་སོགས་པའི་ཆོས་རྣམས་གསུངས་པ་དེ་བཞིན་དུ་དེ་དག་གི་དོན་དང། ཚིག་འབྲུ་ལ་སྒྲོ་འདོགས་པ་དང་།སྐུར་པ་འདེབས་པ་མེད་པར་ཡིད་ལ་བྱེད་བ་ནི་ཡིད་ལ་བྱེད་བ་སྒྲུབ་པ་སྟེ ་གཞན་དུ་མ་ཡིན་ནོ། །ཐེག་པ་ཆེན་པོ་ཞེས་བྱ་བ་ནི་ཉན་ཐོས་ཀྱི་ཐེག་པ་མ་ཡིན་པ་སྟེ། ཉན་ཐོས་ཀྱི་ཐེག་པ་བདག་གི་དོན་ཉིད་དུ་སྦྱིན་པ་ལ་སོགས་པ་བཤད་ཀྱི་།ཇི་ལྟར་ཐེག་པ་ཆེན་པོར་བདག་དང་གཞན་གྱི་དོན ་བྱེད་པ་ལྟ་བུ་ནི་མ་ཡིན་ཏེ་།དེ་བས་ན་ཐེག་པ་ཆེན་པོ་ཉིད་སྦྱིན་པ་ལ་སོགས་པའི་དབང་དུ་མཛད་དེ་།མདོ་ལ་སོགས་པའི་ཆོས་ཇི་ལྟར་བཏགས་པ་རྣམས། བྱང་ཆུབ་སེམས་དཔའ་རྣམས་སྒྲུབ་པ་ཡིད་ལ་བྱེད་པ་ནི་ཡིད་ལ་བྱེད་པ་སྒྲུབ་པའོ ་ཉན་ཐོས་ཀྱིས་ཐེག་པར་སྦྱིན་པ་ལ་སོགས་པའི་དབང་དུ་མཛད་དེ་།གསུངས་བའི་མདོ་ལ་སོགས་པ་ཡིད་ལ་བྱེད་བ་ནི་ལོག་པར་སྒྲུབ་པ་སྟེ། རང་གི་དོན་ཙམ་ལ་བརྟེན་པའི་ཕྱིར་རོ་ཞེས་བསྟན་པ་ཡིན་ནོ། །དེ་དག་ཀྱང་ཕལ་ཆེར་སེམས ་སྙོམས་བ་ཉིད་དང། མི་ཆགས་བ་དང། མ་ཁེངས་པ་དང་།མི་དམིགས་པ་རྣམས་ཀྱི་དབང་དུ་མཛད་དེ་བཞག་པའོ། །དེ་ལ་གང་ཡོན་ཏན་ཅན་དང། ཡོན་ཏན་མེད་པ་རྣམས་ལ་མཚུངས་པར་ཕན་འདོགས་པར་འདོད་པ་འདི ་ནི་སེམས་སྙོམས་པ་ཉིད་དོ། །དེ་ལ་གང་སྲིང་པ་དང་ལོངས་སྤྱོད་ལ་འདོད་པ་མེད་པར་གཞན་གྱི་དོན་ཉིད་དུ་སྦྱིན་པ་ལ་སོགས་པ་ལ་སྦྱོར་བ་འདི་ནི་མི་ཆགས་པའོ། །དེ་ལ་གང་སྦྱིན་པ་ལ་སོགས་པ་བདག་རློམ་སེམས་སུ་མི་བྱེད་ཅིང ་གཞན་ལ་མི་བརྙས་པ་འདི་ནི་མ་ཁེངས་པའོ། །དེ་ལ་གང་སྦྱིན་པ་སྦྱིན་བདག་དང། ལེན་པ་རྣམས་མི་དམིགས་པའི་ཚུལ་གྱིས་འཁོར་གསུམ་ཡོངས་སུ་དག་པ་གང་ཡིན་པ་འདི་ནི་།མི་དམིགས་པའོ། །ཐོས་པ་དང་།བསམ་པ ་དང། བསྒོམ་པ་ལས་བྱུང་བའི་ཤེས་རབ་ཀྱིས་ཞེས་བྱ་བ་དེ་ལ། ཡིད་ཆེས་བའི་གསུངས་རབ་ལས་སྐྱེས་པའི་ངེས་པ་ནི་ཐོས་པ་ལས་བྱུང་བའོ། །རིགས་པ་དང་ངེས་པར་སེམས་པ་ལས་སྐྱེས་པ་ནི་བསམ་པ་ལས་བྱུང་བའི་འོ། ། ་བསྒོམ་པ་ལས་སྐྱེས་པ་ནི་བསྒོམས་པ་ལS་བྱུང་བའི་འོ། །རྒྱུན་དུ་ཞེས་བྱ་བ་འདི་ཡང་དང་ཡང་དུའོ། །འཇུག་པ་ཐམས་ཅད་ནི་འབྲས་བུའི་ཕྱིར་ཏེ། དེ་བས་ན་ཤེས་རབ་རྣམ་པ་གསུམ་གྱིས་ཡིད་ལ་བྱེད་པ་དེ་ཡོན་ཏན་ཅི་ཞིག་བྱེད་ཅེ་ན་ཞེས ་དྲིས་པ་དང་།དེའི་ཕྱིར་།ཁམས་རྟས་བྱེད་དང་འཇུག་བྱེད་དང། །དེའི་དོན་རྣམས་འགྲུབ་པར་འགྱུར་ཞེས་གསུངས་སོ། །ཁམས་ནི་རིགས་དང་ས་བོན་ནོ། །དེའི་བརྟས་པ་ནི་འཕེལ་བའོ། །ཁམས་བརྟས་པས་ནི་ཚེ་ཕྱི་མ་ཤེས་རབ ་ཆེ་ཞིང་གསལ་བར་འགྱུར་རོ། །ཐོས་བ་དེའི་དོན་ལ་སྙིང་ནས་འཇུག་པར་བྱེད་དོ་ཞེས་བྱ་བ་ནི་མདོ་ལ་སོགས་པའི་ཆོས་ཐོས་པ་དེའི་དོན་ལ་རིགས་པའི་སྟོབས་བསྐྱེས་པས། བསམས་པ་ལས་བྱུང་བའི་ཤེས་རབ་ཀྱིས་དོན་ཡོད་པ་ཕྱིན་ཅི་མ་ལོག་པ་ལ ་བསམ་པ་ཐག་པ་ནས་འཇུག་བའོ། །བསྒོམས་པ་ལས་བྱུང་བ་ནི་དོན་འགྲུབ་པར་འགྱུར་ཏེ་ཞེས་བྱ་བ་ལ། དོན་གྲུབ་པ་ནི་དེ་ཁོ་ན་ཁོང་དུ་ཆུད་པའོ། །ཇི་ལྟ་ཞེ་ན་དེའི་ཕྱིར། ས་ལ་འཇུག་པ་ཡོངས་སུ་སྦྱོང་བའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ་དྲན་པ་ཉེ་བར ་བཞག་པ་ལ་སོགས་པ་ཡོངས་སུ་དག་པས་ས་ལ་འཇུག་པའི་ཕྱིར་རོ། །དེའི་ཕྱིར་དྲན་པ་ཉེ་བར་གཞག་པ་ལ་སོགས་པ་ཉིད་ཀྱིས་ས་ལ་འཇུག་པར་བསྟན་ཏོ། །དེ་བས་ན་དྲན་པ་ཉེ་བར་གཞག་པ་ལ་སོགས་པ་ས་ལ་འཇུག་པར་གྱུར་པ་རྣམས ་བསྒོམས་པ་ལས་བྱུང་བའི་ཤེས་རབ་ཀྱིས་ཡོངས་སུ་སྤྱོད་བས་དོན་འགྲུབ་པར་འགྱུར་ཏེ་།ས་ལ་འཇུག་གོ་ཞེས་བྱ་བའི་ཐ་ཚིག་གོ་།ཡིད་ལ་བྱེད་བ་སྒྲུབ་པ་འདི་ཡང་འཁོར་དང་བཅས་བར་ཤེས་བར་བྱ་སྟེ། འབའ་ཞིག་ནི་མ་ཡིན་ནོ་།དེའི་འཁོར ་གང་ཞེ་ན་།དེ་ནི་ཆོས་སྤྱོད་རྣམ་བཅུ་དང། ཡང་དག་ལྡན་པར་ཤེས་པར་བྱ་ཞེས་གསུངས་སོ། །ཡོངས་སུ་ཟིན་པར་རིག་པར་བྱ་སྟེ་ཞེས་བྱ་བ་ནི་ཀུན་ནས་བསྒོར་བ་ཞེས་བྱ་བའི་ཐ་ཚིག་གོ་།ཆོས་ཀྱི་བདག་ཉིད་དུ་འམ་ཆོས་ཀྱི་བྱེད་དུ་སྤྱོད་པ་དག ་ནི་ཆོས་སྤྱོད་པ་དག་གོ་།དེ་དག་ཀྱང་མི་ཤེས་ནས་།དེའི་ཕྱིར། ཆོས་སྤྱོད་རྣམ་པ་བཅུ་གང་ཞེ་ན་ཞེས་དྲིས་པ་དང། དེའི་ཕྱིར། ཡི་གེ་འདྲི་མཆོད་སྦྱིན་བ་དང་ཞེས་བྱ་བ་རྒྱ་ཆེར་གསུངས་སོ། །དེ་ལ་ཡི་གེར་འདྲི་བ་ནི ་ཐེག་པ་ཆེན་པོ་ཡུན་རིང་དུ་གནས་པར་བྱ་བ་འམ་།མཉམ་པ་འམ་བཀླག་པའི་ཕྱིར་བདག་གམ་གཞན་གྱིས་སོ། །མཆོད་པ་ནི་མེ་ཏོག་དང། བདུག་པ་དང། མར་མེ་དང། སྤོས་ལ་སོགས་པས་ཐེག་པ་ཆེན་པོ་ལ་མཆོད་པའོ། །སྦྱིན་པ ་ནི་ཐེག་པ་ཆེན་པོ་ལ་ཞུགས་པ་གཞན་དག་ལ་ཡི་གེར་དྲིས་པའི་གླེགས་བམ་ལ་སོགས་པ་བསྟི་བསྟང་དུ་བྱས་ཏེ་སྦྱིན་པའོ། །གཞན་ཀློག་པ་ལ་ཉན་པ་ནི་བསྟི་སྟེང་དུ་བྱས་ཏེ་ཉན་པའོ། །བདག་ཉིད་ཀློག་པ་ནི་གུས་པ་ཆེར་བྱས་ཏེ ་ཀློག་པའོ། །ལེན་པ་ནི་དང་པ་ཆེན་པོས་བདག་ལ་བདོག་པར་བྱེད་པའོ། །ཚིག་དང་དོན་འཆད་པ་ནི་འབད་པ་ཆེན་པོས་འོས་པ་རྣམས་ལ་སྟོན་པར་བྱེད་པའོ། །ཁ་དོག་དུ་བྱེད་པ་ནི་བླངས་པའི་ཕྱིར་ཞིང་གོམས་པར་བྱེད་པའོ། །སེམས ་པ་ནི་རིགས་པའི་དོན་པ་དེའི་སྒོ་ནས་སྤྱོད་པའོ། །བསྒོམ་པ་ནི་མཉམ་བར་བཞག་བའི་ཤེས་རབ་ཀྱིས་གོམས་པར་བྱེད་པའོ། །དང་ཞེས་བྱ་བ་ནི་བསྡུ་བའི་དོན་ཏོ། །དེ་ལ་ཡི་གེར་འདྲི་བ་དང། མཆོད་བ་དང་།སྦྱིན་བ་དང། ཉན ་བ་ཞེས་བྱ་བའི་ཚིག་བཞི་པོ་འདི་དག་གིས་ནི། ལུས་ཀྱི་ལས་རབ་ཏུ་བསྟན་ཏོ། །ཀློག་བ་དང། ལེན་པ་དང། འཆད་པ་དང། ཁ་ཏོན་དུ་བྱེད་པ་ཞེས་བྱ་བའི་ཚིག་བཞི་པོ་འདི་དག་གིས་ནི་དག་གི་ལས་རབ་ཏུ་སྟོན་ཏོ། །སེམས ་པ་དང་སྒོམ་པ་ཞེས་བྱ་བ་དེ་དག་གིས་ནི་ཡིད་ཀྱི་ལས་རབ་ཏུ་སྟོན་ཏོ། །སྤྱོད་པ་དེ་བཅུའི་བདག་ཉིད་ནི། །བསོད་ནམས་ཕུང་པོ་དཔག་ཏུ་མེད། །གང་ཆོས་ལ་སྤྱོད་པ་རྣམ་པ་བཅུ་གསུངས་པ་དེ་ལ་ཆོས་སྤྱོད་པ་གཅིག་ལས་བསོད་ནམས ་ཀྱི་ཕུང་པོ་སྐྱེ་བ་གང་ཡིན་པ་དེ་ཡང་ཤིན་ཏུ་མང་པའི་ཕྱིར། བདག་གམ་གཞན་གྱིས་ཚད་བཟུང་བར་མི་ནུས་སོ། །སྦྱིན་པ་དང། ཚུལ་ཁྲིམས་དང། བསམ་གཏན་ལ་སོགས་པའི་ཆོས་འདྲ་བར་བསྟན་པ་ལས། ཅིའི་ཕྱིར་མདོ་དག་ལས་ཐེག ་པ་ཆེན་པོ་ཉིད་ཀྱི་ཆོས་སྤྱོད་པ་ཤིན་ཏུ་འབྲས་བུ་ཆེ་བར་བསྟན་གྱི་།ཉན་ཐོས་ཀྱི་ཐེག་པ་ལ་ནི་མ་ཡིན་ཞེ་ན་ཞེས་བྱ་བ་ནི་ཆོས་སྤྱོད་པ་འབྲས་བུ་ཆེ་བར་བསྟན་ཅེས་བྱ་བར་སྦྱར་རོ། རྣམ་པ་གཉིས་ཀྱིས་ཕྱིར་ཏེ་ཞེས་བྱ་བ་ནི་ཐེག་པ་ཆེན་པོའི་ཆོས་སྤྱོད ་བ་འབྲས་བུ་ཤིན་ཏུ་ཆོ་བར་བསྟན་ཏོ་ཞེས་བྱ་བར་སྦྱར་རོ། །རྣམ་པ་གཉིས་པོ་གང་ཞེ་ན། དེའི་ཕྱིར། ཁྱད་པར་ཕྱིར་དང་མི་ཟང་ཕྱིར་ཞེས་བྱ་བ་གསུངས་སོ། །དེ་ཉིད་ཀྱང་མི་ཤེས་ནས་དེའི་ཕྱིར་།ཁྱད་པར་གྱི་ཕྱིར་ནི་ཇི་ལྟ་བུ་མི་ཟད་པའི ་ཕྱིར་ནི་ཇི་ལྟ་བུ་ཞེ་ན་ཞེས་དྲིས་པ་དང། དེའི་ཕྱིར། གཞན་ལ་ཕན་འདོགས་མ་ཞི་ཕྱིར་ཞེས་བྱ་བ་གསུངས་སོ། །ཐེག་པ་ཆེན་པོར་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སྦྱིན་པ་ལ་སོགས་པ་སྒྲུབ་པས་སེམས་ཅན་ཐམས་ཅད་ཀྱི་དོན་བྱ་བར ་རོ་གཅིག་པར་བསྟན་གྱི་།ཉན་ཐོས་ཀྱི་ཐེག་པ་ལས་ནི་བདག་གི་དོན་གཙོ་བོར་བཤད་དོ། །དེ་བས་ན་ཉན་ཐོས་ཀྱི་ཐེག་པ་ལས་ཐེག་པ་ཆེན་པོ་གཞན་ལ་ཕན་འདོགས་པའི་ཕྱིར་ཁྱད་པར་དུ་འཕགས་ཏེ། དེ་ལྟར་རྒྱུ་བརྗོད་པས་ཉན་ཐོས ་ཀྱི་ཐེག་པ་ལས་ཐེག་པ་ཆེན་པོ་ཁྱད་པར་དུ་འཕགས་སོ། །བསོད་ནམས་དང་ཡེ་ཤེས་ཀྱིས་ཚོགས་བསམ་གྱིས་མི་ཁྱབ་པའི་འབྲས་བུ་སྐུ་གསུམ་དུ་བསྡུས་པ། འཇིག་རྟེན་ཇི་སྲིད་དུ་ཡོད་པ་དེ་སྲིད་དུ་སེམས་ཅན་ལ་ཕན་པར་མཛད་པར་ཞུགས་པ ་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པ་ན་ཡང་རྒྱུན་མི་འཆད་པ་གནས་གྱུར་བའི་མཚན་ཉིད་བསྟན་བས་མི་ཟད་པ་ཡིན་ནོ། །ཉོན་ཐོས་ཀྱི་ཐེག་པ་ནི་དེ་ལྟ་མ་ཡིན་ཏེ། ཉན་ཐོས་ཀྱི་ཚོགས་ཀྱི་འབྲས་བུ་ནི་ཕུང་པོའི་ལྷག་མ་མེད ་པའི་མྱ་ཉན་ལས་འདས་པ་རྣམས་ཐམས་ཅད་དུ་རྒྱུན་འཆད་པའི་ཕྱིར་ཟད་པར་བཤད་དོ། །དེ་ལྟར་མྱ་ངན་ལས་འདས་པ་ན་ཡང་འབྲས་བུ་རྒྱུན་མི་འཆད་པར་བསྟན་པས་ཉན་ཐོས་ཀྱི་ཐེག་པ་ལས་ཐེག་པ་ཆེན་པོ ་ཁྱད་པར་དུ་འཕགས་སོ་།ཡང་ན་ཐེག་པ་ཆེན་པོའི་དོན་ནི་སྦྱིན་པ་ལ་སོགས་པ་སྟེ་།སེམས་ཅན་ཐམས་ཅད་ལ་ཕན་གདགས་པར་ཞུགས་པའོ། །ཉན་ཐོས་ཀྱི་ཐེག་པའི་དོན་ནི་དེ་ལྟ་མ་ཡིན་ཏེ་།ཉན་ཐོས་རྣམས་རང་གི་དོན་ལ་བརྩོན་པའི ་ཕྱིར་རོ། །སྦྱིན་པ་ལ་སོགས་པ་བྱང་ཆུབ་སེམས་དཔའ་དག་གི་ཆོས་རྣམས་ཟག་པ་མེད་པའི་ལུས་སུ་གྱུར་པས། མྱ་ངན་ལས་འདས་ཀྱང་རྒྱུན་འཆད་པར་མི་འགྱུར་གྱིས་།ཉན་ཐོས་རྣམས་ཀྱི་ལམ་ནི་གཟིངས་ལྟ་བུ་ཡིན་པས་ཡོངས་སུ་མྱ ་ངན་ལས་འདས་པར་རྒྱུན་འཆད་པར་འགྱུར་ཏེ་།དེ་དག་གི་ནི་མི་ཟད་པ་མ་ཡིན་ནོ། །དེ་བས་ན་ཐེག་པ་ཆེན་པོ་ཉིད་ཀྱི་ཆོས་སྤྱོད་པ་འབྲས་བུ་ཆེན་པོར་རིགས་ཀྱི་ཉན་ཐོས་ཀྱི་ཐེག་པ་ནི་མ་ཡིན་ནོ། །དེ་ལ་ཡིད་ལ་བྱེད་པ་སྒྲུབ་པའི་འོག་ཏུ་རྗེས ་སུ་མཐུན་པའི་ཆོས་སྒྲུབ་པ་བརྗོད་པར་བྱ་སྟེ། དེའི་ཕྱིར་རྗེས་སུ་མཐུན་པའི་ཆོས་སྒྲུབ་པ་གང་ཞེ་ན་ཞེས་དྲིས་པ་དང། དེའི་ཕྱིར། མི་གཡེང་ཕྱིན?་ཅི་མ་ལོག་པར་།འགྱུར་བར་རྗེས་སུ་མཐུན་པའི་ཆོས་ཞེས་བྱ་བ་གསུངས་སོ། །བསམ ་གཏན་དུ་བྱ་བ་དང། ཤེས་པར་བྱ་བའི་ཆོས་ཀྱི་རྗེས་སུ་སོང་བ་རྗེས་སུ་ཞུགས་པའི་ཞི་གནས་དང་ལྷག་མཐོང་བསྒོམ་པའི། བདག་ཉིད་ཀྱི་སྒྲུབ་པ་ནི། རྗེས་སུ་མཐུན་པའི་ཆོས་སྒྲུབ་པའོ། །དེ་ལ་ཞི་གནས་བསྒོམ་པའི་བདག་ཉིད་ནི་མི་གཡེང ་པའོ། །ལྷག་མཐོང་བསྒོམ་པའི་བདག་ཉིད་ནི་ཕྱིན་ཅི་མ་ལོག་པར་གྱུར་པ་ཞེས་བྱ་སྟེ་།འདི་རྣམས་གཉིས་ནི་རྗེས་སུ་མཐུན་པའི་ཆོས་སྒྲུབ་པའོ། །མི་ཞེས་བྱ་བ་ནི་དོན་མང་ཞིག་ཏུ་ཡང་བསྙེགས་པས་མི་གཡེང་བ་ཞེས་བྱ་བ་ཇི་ལྟ ་བུ་ཡིན་བར་མི་ཤེས་ནས་།དེའི་ཕྱིར་།དེ་ལ་གཡེང་བ་རྣམས་ལ་དྲུག་མེད་པའི་ཕྱིར་མི་གཡེང་བའོ་ཞེས་བྱ་བ་སྨོས་སོ། །གཡེང་བ་རྣམ་པ་དྲུག་མི་ཤེས་ཏེ། ཇི་ལྟ་བུ་ཞིག་སྙམ་པ་ལ། དེའི་ཕྱིར་།གཡེང་བ་རྣམ་པ་དྲུག་ནི་ཞེས་རྒྱ ་ཆེར་སྨོས་སོ། །དེ་ལྟར་ཡང་རབ་ཏུ་དབྱེ?་བ་ཙམ་ཞིག་བསྟན་གྱི་གཡེང་བའི་རང་གི་ངོ་བོ་ནི་མ་བཤད་པས་ན་།གཡེང་བ་རྣམས་པ་དྲུག་པོ་འདི་དག་གི་མཚན་ཉིད་ཇི་ལྟ་བུར་རིག་པར་བྱ་ཞེ་ན་ཞེས་དྲིས་པ་དང། དེའི་ཕྱིར། ལྡང་དང་ཡུལ ་ལ་འཇུག་པ་དང་ཞེས་རྒྱ་ཆེར་གསུངས་སོ། །བློ་ལྡན་ཞེས་བྱ་བ་ནི་བློ་ཅན་ཏེ་བྱང་ཆུབ་སེམས་དཔའ་ཨོ། །དེ་ལ་ལྡང་བ་ནི་རྣམ་པར་ཤེས་པ་ལྔ་རྣམས་ཀྱི་ཏིང་ངེ་འཛིན་ལས་ལྡང་བ་སྟེ་ཞེས་བྱ་བ་ནི་།གང་གི་ཚེ་མཉམ་པར་བཞག་པ་ལ་མིག་ལ་སོགS ་པའི་རྣམ་པར་ཤེས་པ་ལྔ་རྣམས་ལས་གང་ཡང་རུང་པ་གཅིག་ཅིག་འབྱུང་བ་དེའི་ཚེ་ཏིང་ངེ་འཛིན་ལས་ལངས་པར་གྱུར་པས་འདི་ནི། ངོ་བོ་ཉིད་ཀྱི་གཡེང་བ་སྟེ་།ཕྱི་རོལ་དུ་བལྟས་པའི་ཕྱིར་རོ། །རྣམ་པར་ཤེས་པའི་ཚོགས་ལྔ་རྣམས་གཡེང ་བའི་བདག་ཉིད་ཡིན་པའི་ཕྱིར་རོ། །རྣམ་པར་ཤེས་པའི་ཚོགས་ལྔ་རྣམས་ཀྱིས་ཏིང་ངེ་འཛིན་ལས་ལྡང་བར་གྱུར་པས་ན་ངོ་བོ་ཉིད་ཀྱིས་གཡེང་བ་ཞེས་བྱའོ། །ཡུལ་ལ་འཇུག་པ་ནི་ཕྱི་རོལ་དུ་གཡེང་བ་ཞེས་བྱ་བ་ནི། ཁ་ཅིག་ན་ར་གང་གི་ཚེ ་མཉམ་པར་བཞག་པ་ཏིང་ངེ་འཛིན་ལ་དམིགས་པ་ལས་།མི་འདོད་བཞིན་དུ་དམིགས་པ་གཞན་ལ་ཡིད་ཀྱི་རྣམ་པར་ཤེས་པ་འཇུག་པ་དེའི་ཚེ་།དམིགས་པ་གཞན་ལ་འཕོས་པས་ཕྱི་རོལ་ཏུ་གཡེང་བའོ་ཞེའོ། །གཞན་ན་རེ་མཉམ ་པར་བཞག་པའི་ཏིང་ངེ་འཛིན་གྱི་དམིགས་པ་སྤངས་ཏེ། ཡིད་ཀྱི་རྣམ་པར་ཤེས་པ་ཡུལ་གཞན་དུ་འཕོས་པ་ནི་ཕྱི་རོལ་དུ་གཡོད་བའོ་ཞེའོ། །ཏིང་ངེ་འཛིན་གྱི་རོ་མྱང་བ་དང་བྱིང་བ་དང་རྒོད་པ་ནི་ནང་གི་གཡེང་བའོ་ཞེས་བྱ་བ་ལ། གལ ་ཏེ་མཉམ་པར་གཞག་པས་ཏིང་ངེ་འཛིན་དེ་ཉིད་ལ་སྲིད་པ་ལ་སོགས་པ་ཉོན་མོངས་པས་རོ་མྱངས་ན། ཉོན་མོངས་པ་ཅན་གྱི་ཏིང་ངེ་འཛིན་ཉེ་བར་གནས་པའི་ཕྱིར་ཡང་དག་པའི་ཏིང་ངེ་འཛིན་དེ་ལས་གཡེང་བར ་འགྱུར་རོ། །བྱིང་བ་དང་རྒོད་པ་དག་གིས་ཀྱང་ཞི་གནས་དང་ལྷག་མཐོང་མཉམ་པར་འཇུག་བའི་ཏིང་ངེ་འཛིན་ལས་གཡེང་བར་འགྱུར་རོ། །རོ་མྱོང་བ་དང་བྱིང་བ་དང་རྒོད་བས་ཏིང་ངེ་འཛིན་ཉམས་པར་འགྱུར་བས་ན། རོ་མྱང་བ་ལ་སོགS ་པ་ནི་ནང་གི་གཡེང་བའོ། །ཡིད་ཆེས་པའི་བསམ་པ་ནི་མཚན་མའི་གཡེང་བ་སྟེ་ཞེས་བྱ་བ་ནི་བདག་ལ་འདི་ནི་བསམ་གཏན་པ་སྟེ་།ཆེ་བའི་བདག་ཉིད་ཅན་ནོ་ཞེས་དེ་ལྟར་ཡིད་ཆེས་པར་འགྱུར་རོ་སྙམ་བའི་མཚན?་མ་དེས། ཏིང་ངེ་འཛིན ་ལ་བརྩོན་པ་ནི་བསམ་པ་ལྡོག་བར་ཞུགས་པའི་ཕྱིར་དགེ་བའི་ཕྱོགས་ཐོབ་པ་འམ། མ་ཐོབ་པ་ལས་གཡེངས་པས་མཚན་མའི་གཡེང་བ་ཞེས་བྱ་སྟེ་།འདིར་རྒྱུ་སྨོས་པ། དེ་ལ་མཚན་མར་བྱས་ནས་སྦྱོར་བའི་ཕྱིར་རོ་ཞེས་བྱ་བའོ། ། ་ཤེས་ཀྱི་ཁེ་འདོད་པས་ཡིད་ཆེས་པའི་བསམ་པ་དེ་མཚན་མར་བྱས་ནས་བདག་ལ་ཡིད་ཆེས་པར་འགྱུར་རོ་སྙམ་སྟེ་།ཏིང་ངེ་འཛིན་དུ་ཞུགས་མའི་ཕྱིར་རོ། །ངར་འཛིན་པ་དང་བཅས་པའི་ཡིད་ལ་བྱེད་པ་ནི་གནས་ངན་ལེན་གྱི་གཡེང ་བ་སྟེ་ཞེས་བྱ་བ་ནི་སྙིང་ནས་ཏིང་ངེ་འཛིན་གྱི་ཡོན་ཏན་འདོད་ཀྱང་།བདག་ནི་བསམ་གཏན་པའོ་ཞེས་ངའོ་སྙམ་པའི་ང་རྒྱལ་དང་ལྡན་ཏེ། དེའི་ཕྱིར་དེ?་བདག་ལ་ནི་བསྟོད་གཞན་ལ་ནི་ཁྱད་དུ་བསོད་པས་ན། ངར་འཛིན་པ་དང་བཅས ་པའི་ཡིད་ལ་བྱེད་པའོ། །ཅིའི་ཕྱིར་འདི་ལ་གནས་ངན་ལེན་གྱི་ཡིད་ལ་བྱེད་པ་ཞེས་བྱ་ཞེ་ན། དེའི་ཕྱིར། གནས་ངན་ལེན་གྱི་དབང་གིས་ངའོ་སྙམ་པའི་ང་རྒྱལ་ཀུན་འབྱུང་བའི་ཕྱིར་ཞེས་བྱ་བ་སྨོས་སོ། །དེ་ནི་འདི་སྐད་དུ། གཡེང ་བ་ནི་གནས་ངན་ལེན་གྱིས་རབ་ཏུ་ཕྱེའོ་ཞེས་སྟོན་པར་འགྱུར་རོ། །གནས་ངན་ལེན་ཅི་ཞེ་ན་།ངའོ་སྙམ་པའི་ང་རྒྱལ་གྱི་བག་ཆགས་ཡོངས་སུ་བལྟས་པ་སྟེ། དེས་ངའོ་སྙམ་པའི་ང་རྒྱལ་ཀུན་ཏུ་འབྱུང་བས། དེའི་དབང་གིས་ངའོ་སྙམ ་པའི་ང་རྒྱལ་ཀུན་ཏུ་འབྱུང་བའི་ཕྱིར་རོ། །གཞན་དག་ན་རེ་འཇིག་ཚོགས་ལ་ལྟ་བ་ནི་གནས་ངན་ལེན་ཏོ་ཞེའོ། །དམན་པའི་སེམས་ནི་ཡིད་ལ་བྱེད་པའི་གཡེང་བ་སྟེ་ཞེས་བྱ་བ་ནི་ཉན་ཐོས་ལ་སོགས་པའི་རིགས་སུམ་ངེས་པ་ཐེག་པ ་ཆེན་པོ་ཡིད་ལ་བྱེད་པ་དང་ལྡན་པ་འཁོར་བའི་སྡུག་བསྔལ་གྱིས་སྐྲག་པ་དང། སེམས་ཅན་ལོག་བར་ཞུགས་པ་དང། མི་དགེ་བའི་བཤེས་གཉེན་གྱིས་བརྟེན་པས་ན་ཉན་ཐོས་དང་རང་སངས་རྒྱས་ཀྱི་སེམས་བསྐྱེད་པར་འགྱུར་ཏེ། རང་གི ་དོན་ཙམ་འཛིན་པའི་ཕྱིར་དེ་ནི་སེམས་དམན་པའོ། །ཉན་ཐོས་དང་རང་སངས་རྒྱས་ཀྱི་སེམས་དེ་ནི། ཐེག་པ་ཆེན་པོ་ཡིད་བྱེད་པ་ལས་གཡེང་བར་བྱེད་པས་ཡིད་ལ་བྱེད་པའི་གཡེང་བ་ཞེས་བྱ་སྟེ། འདིར་རྒྱུ་སྨོས་པ། ཐེག་པ་དམན་པ་ཡིད ་ལ་བྱེད་པ་ཀུན་ཏུ་འབྱུང་བའི་ཕྱིར་རོ་ཞེས་བྱ་བའོ། །ཐེག་པ་དམན་པ་ནི་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་སྟེ། བདག་ཡོངས་སུ་མྱ་ངན་ལས་འདའ་བར་བྱ་བའི་ཆེད་དུ་ཞུགས་པ་དང། ཡིད་ལ་བྱེད་བའི་གཡེང་བ་ཀུན་ཏུ་འབྱུང་བའི་ཕྱིར ་ཐེག་པ་ཆེན་པོ་ཡིད་ལ་བྱེད་པ་ལས་གཡེང་བར་བྱེད་པས་ན། དམན་པའི་སེམས་ནི་ཡིད་ལ་བྱེད་པའི་གཡེང་བ་ཞེས་བྱའ། །དེ་ལྟར་ན་འདི་ནི་བྱང་ཆུབ་སེམས་དཔའ་གཡེང་བ་རྣམ་པ་དྲུག་གི་སྐྱོན་དང་བྲལ་བའི་ཞི་གནས་བསྒོམ་པར་རིག་པར ་བྱའོ། །དེ་ལྟར་གཡེང་བ་མེད་པས་ཇི་ལྟར་ཕྱིན་ཅི་མ་ལོག་པར་གྱུར་པའི་རྗེས་སུ་མཐུན་པའི་ཆོས་སྒྲུབ་པ་བསྒོམ་པར་བྱ་བ་དེ་ལྟར་འཆད་དེ། ཕྱིན་ཅི་མ་ལོག་པའི་བདག་ཏུ་ཞུགས་པ་ནི་ཕྱིན་ཅི་མ་ལོག་པར་གྱུར་པའོ། །དེ་ལ་གང་ཇི་ལྟར་གནས ་པའི་གཞི་དེ་ལ་དེ་བཞིན་དུ་ཤེས་པ་ནི་ཕྱིན་ཅི་མ་ལོག་པ་སྟེ་།གཞི་དེ་ཡང་རྣམ་པ་དྲུག་ཏུ་ཡོད་མི་ཤེས་ནས་།དེའི་ཕྱིར། དེ་ལ་ཕྱིན་ཅི་མ་ལོག་པ་ནི་དངོས་པོ་རྣམ་པ་བཅུར་རིག་པར་བྱ་སྟེ་ཞེས་བྱ་བ ་སྨོས་སོ། །ཕྱིན་ཅི་མ་ལོག་པའི་གཞི་བསྟན་པའི་ཕྱིར། འདི་ལྟ་སྟེ་།ཡི་གེ་དོན་དང་ཡིད་བྱེད་དང། མི་འཕྲོ་བ་དང་མཚན་ཉིད་གཉིས་ཞེས་བྱ་བ་སྨོས་སོ། །ད་ནི་གཞི་དེ་དག་ལ་ཇི་ལྟར་ཕྱིན་ཅི་མ་ལོག་པར་གྱུར་པ་དེ་བསྟན་པའི ་ཕྱིར་དེ་ལ། འབྲེལ་པའི་ཕྱིར་དང་འདྲིས་ཕྱིར་དང། །མ་འབྲེལ་ཕྱིར་དང་མ་འདྲིས་ཕྱིར། །དོན་ཡོད་པ་དང་མེད་པ་སྟེ། །དེ་ནི་ཡི་གེར་མ་ལོག་པའོ་ཞེས་བྱ་བ་སྨོས་སོ། །ཡི་གེ་རྣམས་འབྲེལ་ཏེ་ཞེས་བྱ་བ་ལ། འབྲེལ་པ་ནི་ཕན་ཚུན ་འབྱར་བ་ཡིན་ན་།ཅིག་ཅར་འབྱུང་བ་མེད་བའི་ཕྱིར་དེ་ཡང་ཡི་གེ་རྣམས་ལ་མེད་དོ། །ཡི་གེ་རྣམས་ལ་ཅིག་ཅར་བརྗོད་དུ་མི་རུང་སྟེ་།སྔར་བརྗོད་པ་རྣམས་ནི་བརྗོད་མ་ཐག་ཏུ་ཞིག་པས་ཡི་གེ་ཕྱི་མ་བརྗོད་པའི་དུས་སུ་མི་སྡོད་དོ་སྙམ ་བའི་དོགས་པ་བསལ་བའི་ཕྱིར། རྒྱུན་མི་འཆད་པར་བརྗོད་པ་ཞེས་བྱ་བ་སྨོས་ཏེ་།དེ་ནི་འདི་སྐད་དུ་མ་ནོར་བ་དང། མ་ཐོགས་པར་བརྗོད་པ་ལ་འདིར་ཡི་གེ་རྣམས་འབྲེལ་པར་འདོད་ཀྱི་།ཡི་གེ་རྣམས་ཕན་ཚུན་འབྱར་བ་ནི་མ་ཡིན་ནོ་ཞེས ་བསྟན་པར་འགྱུར་རོ། །འདིའི་མིང་ནི་འདི་ཞེས་བྱའོ་ཞེས་འདྲིས་པས་ཞེས་བྱ་བ་ནི་དངོས་པོ་འདིའི་མིང་འདིའོ་ཞེས་བརྡ་ལ་གོམས་པར་གྱུར་བ་སྟེ། དེ་ལྟར་རྣམ་པ་འདི་གཉིས་ཀྱིས་ཡི་གེ་རྣམས་དོན་ཡོད་པ་ཉིད་དུ་ཁོང་དུ་ཆུད་པར་བྱེད་དོ་ཞེས་བྱ ་བའི་ཐ་ཚིག་གོ། བཟློག་པ་ནི་དོན་མེད་པ་ཉིད་དོ་ཞེས་བྱ་བ་ནི་གཉི་ག་མེད་པ་འམ། གང་ཡང་རུང་བ་མཚང་བ་ནི་བཟློག་པའོ། །དེ་ལྟར་བཟློག་པ་གང་ཡིན་པ་ཞེས་བྱ་བ་ནི་ཤེས་པའོ། །དེ་ནི་ཡི་གེ་ལ་ཕྱིན་ཅི་མ་ལོག་པར་རིག་པར ་བྱའོ་ཞེས་བྱ་བ་ནི་ཀུན་རྫོབ་ཏུ་ཡིན་གྱི། དོན་དམ་པར་ནི་མ་ཡིན་ཏེ་དོན་དམ་པར་ནི་ཕྱིན་ཅི་མ་ལོག་པར་རྣམ་པར་མི་རྟོག་པའི་ཕྱིར་རོ། །ཕྱིན་ཅི་མ་ལོག་པ་འདིས་ཀྱང་བྱང་ཆུབ་སེམས་དཔའ་སྒྲའི་དོན་དང་བྲལ ་བའི་ཆོས་ཐམས་ཅད་རྟོག་པར་འགྱུར་རོ། །ད་ནི་ཡི་གེར་འདོགས་པའི་རྒྱུའི་དོན་ལ་ཕྱིན་ཅི་མ་ལོག་པར་བསྟན་པའི་ཕྱིར། གཉིས་སུ་སྣང་བར་གྱུར་པ་ནི། དེ་ལྟར་ཡོད་པ་མ་ཡིན་ཏེ་ཞེས་རྒྱ་ཆེར་གསུངས་སོ། །གཉིས་ནི་གཟུང་བ་དང་འཛིན་པར་སྣང ་བ་སྟེ་ཞེས་བྱ་བ་ནི་གང་ཞིག་ཅེ་ན། གཞན་གྱི་དབང་གི་ངོ་བོ་ཉིད་དོ། །ཅིའི་ཕྱིར་ཞེ་ན། གཟུང་བ་དང་འཛིན་པའི་ས་བོན་དང་ལྡན་པའི་ཕྱིར་རོ། །འདི་ལ་སྣང་བའི་དོན་གང་ཞེ་ན། དེའི་ཕྱིར་དེའི་རྣམ་པར་འབྱུང་བའི་ཕྱིར་ཞེས་བྱ་བ་སྨོས་ཏེ། གཟུང ་བ་དང་འཛིན་པའི་རྣམ་པར་འབྱུང་བས་གཟུང་བ་དང་འཛིན་པར་སྣང་གི་།ཤེལ་སྒོང་ལྟར་ཉེ་བར་གཞག་པས་འགྱུར་བ་ལྟ་བུ་ནི་མ་ཡིན་ནོ། །ད་ལྟར་ཡོད་པ་མ་ཡིན་ཏེ་ཞེས་བྱ་བ་ནི་གཉིས་པོ་མེད་པའི་རང་བཞིན་ཡིན་པས་ཇི་ལྟར་སྣང་བའི་རྣམ ་པ་དེ་ལྟར་མེད་པའོ། །དེ་ལྟར་འཕྲུལ་པའི་རྣམ་པར་ཤེས་པ་འབྱུང་བའི་རྒྱུར་གྱུར་པའི་ཕྱིར། དོན་ལ་མཐོང་བ་གང་ཡིན་པ་དེ་ནི་དེ་ལ་ཕྱིན་ཅི་མ་ལོག་པའོ་ཞེས་བྱ་བ་ནི་ཡོད་པ་དང་མེད་པ་སྤངས་པའི་ཕྱིར་རོ་སྙམ་དུ་དགོངས་པའོ། །དོན་གྱི་ཡོད་པ་སྤངས ་པ་ཞེས་བྱ་བ་ལ། འདིར་རྒྱུ་སྨོས་པ། གཟུང་བ་དང་འཛིན་པའི་དངོས་པོ་མེད་པའི་ཕྱིར་རོ་ཞེས་བྱ་བའོ། །དོན་གྱི་ཡོད་པ་ནི་གཟུང་བ་དང་འཛིན་པ་ཡོད་པའོ། །དེ་སྤངས་པ་ནི་གཟུང་བ་དང་འཛིན་པའི་རྣམ་པས་སྟོང་པའི་ཕྱིར་རོ། །མེད་པ་སྤངས་པ་ཅིའི་ཕྱིར ་ཞེ་ན། དེར་སྣང་པའི་འཁྲུལ་པ་ཡོད་པའི་ཕྱིར་རོ་ཞེས་བྱ་བ་སྟེ། གཟུང་བ་དང་འཛིན་པར་སྣང་པའི་འཁྲུལ་པ་ཡོད་དོ་ཞེས་བྱའི་ཐ་ཚིག་གོ། འདི་ཡང་ཀུན་རྫོབ་ཏུ་ཕྱིན་ཅི་མ་ལོག་པ་ཞེས་བྱ་བའི་དོན་དམ་པར་ནི་མ་ཡིན་ཏེ། རྣམ་པར ་རྟོག་པ་དང་བཅས་པའི་ཕྱིར་རོ། །ཕྱིན་ཅི་མ་ལོག་པར་ཤེས་པ་འདིས་བྱང་ཆུབ་སེམས་དཔའ་ཆོས་ཐམས་ཅད་གཟུང་བ་དང་འཛིན་པའི་ངོ་བོ་ཉིད་དང་བྲལ་བར་རབ་ཏུ་རྟོགས་སོ། །ད་ནི་གཟུང་བ་དང་འཛིན ་པའི་རྒྱུ་ཀུན་གཞི་རྣམ་པར་ཤེས་པ་ལ་ཕྱིན་ཅི་མ་ལོག་པར་བསྟན་པའི་ཕྱིར། རྟོག་པ་དེ་ཡི་བསྒོས་པ་ཡི་།རྟོག་པ་ཡིད་བྱེད་དེའི་གནས་ནི་ཞེས་རྒྱ་ཆེར་གསུངས་སོ། །གཟུང་བ་དང་འཛིན་པར་རྟོག་པས་ཡོངས་སུ་བསྒོས་པ་ནི་རྟོག་པའི ་ཡིད་ལ་བྱེད་པ་སྟེ་ཞེས་བྱ་བ་ནི་གཟུང་བ་དང་འཛིན་པའི་རྣམ་པར་སྣང་བའི་མཚན་ཉིད་ཀྱི་དོན་དེ་ལ་འདི་ནི་གཟུང་བའོ། །འདི་ནི་འཛིན་པའོ་ཞེས་དག་དང་ཡིད་གཉིས་ཀྱི་བརྗོད་པ་གང་ཡིན་པ་དེ་ནི་རྟོག་པ་ཞེས་བྱའོ། །རྟོག་པ་དེས་ཡོངས་སུ ་བསྒོས་པ་ནི་མ་འོངས་པ་ན་།རིགས་འདྲ་བའི་རྟོགས་པ་བསྐྱེད་པའི་ཕྱིར། ས་བོན་ཡོངས་སུ་རྟས་པར་བྱེད་པས་ན་བསྒོས་པ་ཞེས་བྱའོ། །དེ་ནི་རྟོག་པའི་ཡོངས་སུ་བསྒོས་པའི་ཕྱིར། འབྲས་བུ་ལ་རྒྱུ་བཏགས་ཏེ་རྟོག་པ་ཡིད་ལ་བྱེད ་པ་ཞེས་བྱའོ། །རྟོགས་པའི་བག་ཆགས་ནི་འདིར་རྟོག་པ་སྟེ་།དེ་ལ་རྟོག་པ་ཡོད་པས་ན་རྟེན་དང་བརྟེན་པ་དབྱེ་བ་མ་བྱས་པའི་ཕྱིར་རམ། ཡང་ན་རྟེན་གྱི་སྒྲ་མ་སྨོས་པའི་ཕྱིར་རྟོག་པ་ཡིད་ལ་བྱེད་པ་ཞེས་བྱ་སྟེ། གཟུང་བ་དང ་འཛིན་པར་རྣམ་པར་རྟོག་པ་དེའི་ས་བོན་གྱི་རྟེན་དུ་གྱུར་པའི་ཕྱིར་རོ། །དེ་ལ་བརྟེན་ནས་ཡང་རྟོག་པ་འབྱུང་བའི་ཕྱིར་རོ། །རྟེན་ཡིན་པས་འདི་ནི་ཡིད་ལ་བྱེད་པ་ལ་ཕྱིན་ཅི་མ་ལོག་པའོ་ཞེས་བྱ་བ་ནི། ཕྱིན་ཅི་མ་ལོག་པར་ཤེས་པའི་ཞེས ་བྱ་བའི་ཐ་ཚིག་གོ། ཡིད་ལ་བྱེད་པ་གང་ལ་ཕྱིན་ཙམ་ལོག་བའི་ཡིད་ལ་བྱེད་པ་དེ་ཡང་མི་ཤེས་ནས། ཡིད་ལ་བྱེད་པ་གང་ལ་ཕྱིན་ཅི་མ་ལོག་ཅེ་ན་ཞེས་དྲིས་པ་དང། དེའི་ཕྱིར་ཡིད་ལ་བྱེད་པའི་ཁྱད་པར་བསྟན་པའི་ཕྱིར། གཟུང་བ ་དང་འཛིན་པར་སྣང་བའི་རྒྱུ་ལ་སྟེ་ཞེས་བྱ་བ་སྨོས་ཏེ། ཀུན་གཞི་རྣམ་པར་ཤེས་པའི་ཁྱད་པར་གྱི་བདག་ཉིད་ཅེས་བྱ་བའི་ཐ་ཚིག་གོ་།ཇི་ལྟར་འདི་གཟུང་བ་དང་འཛིན་པར་སྣང་བའི་རྒྱུར་གྱུར་པ་དེ་བསྟན་པའི་ཕྱིར། རྟོག་པ་ཡིད་ལ་བྱེད་པ་ནི ་བརྗོད་པའི་འདུ་ཤེས་ཀྱིས་ཡོངས་སུ་བསྒོས་པའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། གཟུང་བ་དང་འཛིན་པར་སྣང་བའི་རྒྱུ་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །ཡང་ན་རྟོག་པའི་ཡིད་ལ་བྱེད་པ་ཞེས་བརྗོད་པ་འཇུག་བའི་རྒྱུ་ཡིན་པར་བསྟན་པའི་ཕྱིར། བརྗོད ་པའི་འདུ་ཤེས་ཀྱིས་ཡོངས་སུ་བསྒོས་པའི་ཕྱིར་རྟོག་པ་ཡིད་ལ་བྱེད་པ་ཞེས་བྱའོ་ཞེས་བྱ་བ་སྨོས་སོ། །བརྗོད་པ་ལས་བྱུང་བ་འམ། བརྗོད་པ་ཀུན་ནས་སློང་བའི་འདུ་ཤེས་པ་ནི་བརྗོད་པའི་འདུ་ཤེས་ཏེ། མཚུངས་པར་ལྡན་པ་དང་བཅས ་པ་དེས་།རྟོག་པའི་ཡིད་ལ་བྱེད་བ་ལ་རང་གི་ས་བོན་ཡོངས་སུ་གསོས་པས་རྟོག་པ་ཡིད་ལ་བྱེད་པ་ཡོངས་སུ་བསྒོས་པ་ཞེས་བྱའོ། །འདི་ཡང་ཀུན་རྫོབ་ཏུ་ཕྱིན་ཅི་མ་ལོག་པ་སྟེ་།དོན་དམ་པར་ནི་མ་ཡིན་ནོ། །ཕྱིན་ཅི་མ་ལོག་པ ་འདིས་བྱང་ཆུབ་སེམས་དཔའ་ཕྱིན་ཅི་ལོག་གི་གཞི་གཟུང་བ་དང། འཛིན་པ་ལ་མངོན་པར་ཞེན་པའི་མཚན་ཉིད་ཡོངས་སུ་སྤོང་བ་སྟེ། དེ་ལྟར་ན་གནས་ངན་ལེན་དེ་བདེ་བླག་ཏུ་སྤོང་བར་འགྱུར་རོ། །ང་ནི་མི་འཕྲ་བ་ལ་ཕྱིན་ཅི་མ ་ལོག་པར་བསྟན་པའི་ཕྱིར་རོ། །དོན་གྱི་ཡོད་དང་མེད་པ་སྟེ། །སྒྱུ་མ་ལ་སོགས་བཞིན་དུ་འདོད། །ཅེས་རྒྱ་ཆེར་གསུངས་སོ། །དོན་གྱི་ཡོད་པ་དང་མེད་པ་གོང་དུ་བཤད་མ་ཐག་པ་གང་ཡིན་པ་ཞེས་བྱ་བ་ལ། གོང་དུ ་བཤད་པ་གང་ཞེ་ན། གཉིས་སུ་སྣང་བར་གྱུར་བ་ནི། །དེ་ལྟར་ཡོད་པ་མ་ཡིན་ཏེ། །དེ་ནི་དོན་ལ་མ་ལོག་པ་།ཡོད་དང་མེད་པ་རྣམ་པར་སྤངས་ཞེས་བྱ་བའོ། །དེ་ནི་སྒྱུ་ལ་སོགས་པ་བཞིན་དུ་འདོད་དེ། སྒྱུ་མ་ལ་སོགས་པ་དང ་འདྲ་བས་ན་།སྒྱུ་མ་ལ་སོགས་པ་བཞིན་ནོ། །དེ་ཉིད་བསྟན་པའི་ཕྱིར། དཔེར་ན་སྒྱུ་མ་ནི་རང་གི་བདག་ཉིད་ཀྱིས་མེད་བཞིན་དུ། གླང་པོ་ཆེ་ལ་སོགས་པའི་བདག་ཉིད་དུ་སྣང་བས་ན། གླང་པོ་ཆེ་ལ་སོགས་པའི ་དངོས་པོར་ཡོད་པ་མ་ཡིན་ལ་ཞེས་བྱ་བ་ནི་གླང་པོ་ཆེ་ལ་སོགས་པའི་དངོས་པོར་མེད་པས་།རྣམ་པ་ཐམས་ཅད་དུ་མེད་པ་ཡང་མ་ཡིན་ཏེ་།དེ་ནི་འཁྲུལ་པ་ཙམ་དུ་ཡོད་པའི་ཕྱིར་མེད་པའང་མ་ཡིན་ཏེ། གླང་པོ་ཆེ་ལ་སོགས་པའི ་རྣམ་པར་སྣང་བ་དེ་ནི་།འཁྲུལ་པ་ཙམ་དུ་ཡོད་པའི་ཕྱིར་ཡེ་མེད་པའང་མ་ཡིན་ནོ། །དེ་བཞིན་དུ་ཡོད་ཀྱང་ཇི་ལྟར་གཟུང་བ་དང་འཛིན་པར་སྣང་བ་ལྟར་ཡོད་པ་འང་མ་ཡིན་ལ། ཁམས་གསུམ་པའི་སེམས་དང་སེམས་ལས་བྱུང ་བའི་རང་གི་ངོ་བོ་དེ་།དེ་ལྟ་བུར་སྣང་བ་དེ་འཁྲུལ་པ་ཙམ་དུ་ཡོད་པའི་ཕྱིར་མེད་པ་འང་མ་ཡིན་ནོ། །སོགས་པ་ཞེས་བྱ་བའི་སྒྲས་ནི་སྨིག་རྒྱུ་དང་རྨི་ལམ་དང་།ཆུ་ཟླ་ལ་སོགས་པ་ཆུ་དང་སྐྱེས་པ་དང་བུད་མེད་ཀྱི་བདག་ཉིད་དུ་ཇི་ལྟར ་སྣང་བ་དེ་བཞིན་དུ་ཡོད་པ་མ་ཡིན་ལ། དེ་འཁྲུལ་བ་ཙམ་དུ་ཡོད་བའི་ཕྱིར་མེད་པ་འང་མ་ཡིན་ནོ། །དེ་བཞིན་དུ་དོན་ལ་རྒྱ་ཆེར་སོ་སོར་སྦྱར་བར་བྱའོ། །འདིར་ཡང་སོགས་པའི་སྒྲ་ནི་དྲི་ཟའི་གྲོང་ཁྱེར་དང། བྲག་ཅ་ལ་སོགས་པར་རིག་པར ་བྱའོ། །དེ་ལྟར་དོན་ལ་སྒྱུ་མ་ལ་སོགས་པ་ལྟ་བུར་མཐོང་ནས་།ཡོད་པ་དང་མེད་པའི་ཕྱོགས་ལ་སེམས་མི་འཕྲོ་སྟེ། གཡེད་བ་མེད་པར་མཐོང་བ་གང་ཡིན་པ་དེ་ནི་མི་འཕྲོ་བ་ལ་ཕྱིན་ཅི་མ་ལོག་པའོ། །མི་འཕྲོ་བ་གང་ཞེ་ན། གཞན ་དག་ན་རེ་དབུ་མའི་ལམ་གྱི་ཏིང་ངེ་འཛིན་ཏོ་ཞེའོ། །གལ་ཏེ་དེ་ལྟ་ན་ཇི་ལྟར་མི་འཕྲོ་བ་ལ་ཕྱིན་ཅི་མ་ལོག་པར་འགྱུར་ཞེ་ན། དེའི་ཕྱིར། དེས་ཡོད་པ་དང་མེད་པ་ལ་སེམས་འཕྲོ་བ་མེད་པའི་ཕྱིར་རོ་ཞེས་བྱ་བ་སྨོས་སོ། །ཕྱིན་ཅི་མ་ལོག་པ་འདིས ་བྱང་ཆུབ་སེམས་དཔའ་ཡོད་པ་དང་མེད་པར་རྟོག་པ་མེད་པའི་ཕྱིར་རོ། །སྟོང་པ་ཉིད་ལ་དམིགས་པ་ལས་མི་གཡེང་སྟེ། དེ་བས་ན་མི་འཕྲོ་བ་ལ་ཕྱིན་ཅི་མ་ལོག་པ་ཞེས་བྱའོ། །འདི་ཡང་ཀུན་རྫོབ་ཏུ་ཕྱིན་ཅི་མ་ལོག་པ་ཡིན་གྱི། དོན་དམ ་པར་ནི་མ་ཡིན་ཏེ་།དེ་ནི་རྣམ་པར་རྟོག་པའི་ཕྱིར་རོ། །ད་ནི་རང་གི་མཚན་ཉིད་ལ་ཕྱིན་ཅི་མ་ལོག་པ་བསྟན་པའི་ཕྱིར། རྟོག་པ་ཐཾས་ཅད་མི་འཇུག་ཕྱིར། ཐམས་ཅད་མིང་ཙམ་ཁོ་ན་སྟེ་ཞེས་བྱ་བ་རྒྱ་ཆེར་གསུངས་སོ། །གང་འདི་མིག་དང་གཟུགས་རྣམས་ནས། ཡིད ་དང་ཆོས་རྣམས་ཞེས་བྱ་བའི་བར་འདི་དག་ཐམས་ཅད་ནི་མིང་ཙམ་མོ་ཞེས་བྱ་བ་ནི་སྐྱེད་མཆེད་བཅུ་གཉིས་ཀྱི་བདག་ཉིད་ཤེས་བྱ་ཐམས་ཅད་ནི་མིང་ཙམ་མོ། །དེ་ལ་མིང་གི་ངོ་བོ་ཉིད་དང་ཁྱད་པར་དུ་འདོགས་པའོ། །གདགས་པར་བྱ་བའི་དོན ་དང་བཏགས་པ་ནི་ངོ་བོ་ཉིད་མེད་དེ། དེའི་བདག་ཉིད་དུ་ཀུན་བརྟགས་པའི་ཕྱིར་རོ། །ཀུན་བརྟགས་པ་ཡང་མེད་པའི་ཕྱིར་རོ། །གཞན་དུ་ན་ནི་མིང་ལ་མི་བལྟོས་པར་མིག་ལ་སོགས་པར་འཛིན་པར་འགྱུར་ཏེ་།བརྡ་ལ་མ་བྱང་བར་མི་འཛིན ་པ་མེད་དོ། །དེ་བས་ན་མིག་དང་གཟུགས་ཞེས་བྱ་བ་དེ་ནི། དོན་གྱི་ངོ་བོ་ཉིད་མ་ཡིན་པས་མིག་དང་གཟུགས་ནས་ཡིད་དང་ཆོས་རྣམས་ཞེས་བྱ་བའི་བར་དག་ནི་མིང་ཙམ་མོ་ཞེས། དེ་ལྟར་གང་ཤེས་པ་ནི་རྣམ་པར་རྟོག་པ་ཐམས ་ཅད་ཀྱི་གཉེན་པོ་ཡིན་པས་འདི་ནི་རང་གི་མཚན་ཉིད་ལ་ཕྱིན་ཅི་མ་ལོག་པའོ་ཞེས་བྱ་བ་ནི་ཀུན་བརྟགས་པའི་ཆོས་ཀྱི་སྒོ་ནས། ཆོས་ཐམས་ཅད་ལ་རྣམ་པར་རྟོག་པ་ཐམས་ཅད་འཇུག་སྟེ་།དེ་བས་ན་མིང་ཙམ་དུ་རྟོགས་པའི་ཤེས་པ་རྣམ ་པར་རྟོག་པ་ཐམས་ཅད་ཀྱི་གཉེན་པོ་ནི། རང་གི་མཚན་ཉིད་ལ་ཕྱིན་ཅི་མ་ལོག་པ་ཞེས་བསྟན་ཏོ། །དེའང་ཅི་དོན་དམ་པའི་རང་གི་མཚན་ཉིད་ལ་འམ་འོན་ཏེ་ཀུན་རྫོབ་ཀྱི་ལ་བྱ་བ་མི་ཤེས་ནས་།དེའི་ཕྱིར། རང་གི་མཚན་ཉིད་གང་ལ་ཞེ་ན་ཞེས་དྲིས་པ ་དང། དེའི་ཕྱིར། དོན་དམ་པའི་རང་གི་མཚན་ཉིད་ལའོ་ཞེས་བྱ་བ་གསུངས་ཏེ། འདི་ནི་ཕྱིན་ཅི་མ་ལོག་པའོ། །དོན་དམ་པའི་རང་གི་མཚན་ཉིད་ནི་བརྗོད་དུ་མེད་པའི་ཕྱིར་ཀུན་རྫོབ་ཏུ་ནི་མ་ཡིན་ནོ། །ཅིའི་ཕྱིར་ཞེ ་ན། འདི་ལྟར་ཀུན་རྫོབ་ཏུ་ནི་མིང་འདི་ཙམ་མོ་ཞེས་འཛིན་པ་མེད་དེ། བརྗོད་པའི་སྒོ་ནས་ཆོས་ཀྱི་ངོ་བོ་ཉིད་ལ་ཀུན་ཏུ་རྟོག་པ་འཇུག་པའི་ཕྱིར། འདི་ནི་ཀུན་རྫོབ་ཉིད་ཡིན་གྱི་དོན་དམ་པར་ནི་མ་ཡིན་ཏེ། མིང་ཙམ་དུ་རྣམ་པར་རྟོག་པའི ་ཕྱིར་རོ། །ཕྱིན་ཅི་མ་ལོག་པ་འདིས་བྱང་ཆུབ་སེམས་དཔའ་ཀུན་རྫོབ་དང་དོན་དམ་པ་ལ་མཁས་པར་འགྱུར་རོ། །ད་ནི་སྤྱིའི་མཚན་ཉིད་ལ་ཕྱིན་ཅི་མ་ལོག་བར་བསྟན་པའི་ཕྱིར། ཆོས་ཀྱི་དབྱིངས་ནི་མ་རྟོག་པར། འདི་ལྟར་ཆོས་ཡོད ་མ་ཡིན་ཏེ་ཞེས་རྒྱ་ཆེར་གསུངས་སོ། །ཆོས་ལ་དབང་མེད་པ་ལ་མ་གཏོགས་པའི་ཆོས། གཟུགས་ཅན་ནམ་གཟུགས་མེད་པ་གང་ཡང་མེད་དོ། ཆོས་ཐམས་ཅད་ནི་བརྗོད་དུ་མེད་པའི་རང་བཞིན་ཡིན་ལ། གཟུང་བ་དང་འཛིན་པའི་དངོས ་པོ་དང་བྲལ་བའི་ཕྱིར་རོ། །དེ་བས་ན་ཆོས་ཀྱི་དབྱིངས་ནི། ཆོས་ཐམས་ཅད་ཀྱི་སྤྱིའི་མཚན་ཉིད་དོ་ཞེས་བྱ་སྟེ། ཆོས་ཐམས་ཅད་ལ་བྱེ་བྲག་མེད་པར་དེ་ཡོད་པའི་སྤྱིའི་མཚན་ཉིད་ཅེས་བྱའོ། །དེ་ལྟར་ཤེས་པ་གང་ཡིན་པ་དེ་ནི་སྤྱིའི་མཚན ་ཉིད་ལ་ཕྱིན་ཅི་མ་ལོག་པ་སྟེ། ཀུན་རྫོབ་ཏུ་ཡིན་གྱི་དོན་དམ་པར་ནི་མ་ཡིན་ཏེ་དེ་རྣམ་པར་མི་རྟོག་པའི་ཕྱིར་རོ། །ཕྱིན་ཅི་མ་ལོག་པ་འདིས་བྱང་ཆུབ་སེམས་དཔའ་རྣམ་པར་དག་པའི་དམིགས་པ་ལ་མཁས་པར་འགྱུར་ཏེ། རྣམ་པར་མི་རྟོག ་པའི་ཡེ་ཤེས་ཀྱི་ཡུལ་ཡིན་པའི་ཕྱིར་རོ། །རང་དང་སྤྱིའི་མཚན་ཉིད་གཉིས་ལ་ཁྱད་པར་ཅི་ཡོད་ཅེ་ན། བརྗོད་པའི་ངོ་བོ་ཉིད་དུ་སྒྲོ་བཏགས་པའི་གཉེན་པོར་བརྗོད་དུ་མེད་བའི་ངོ་བོ་ཉིད་ནི་དོན་དམ་པའི་མཚན་ཉིད་དོ། །ཀུན་བཏགས་པའི་ངོ་བོ ་ཉིད་ཀྱི་བདག་མེད་པ་ནི་ཆོས་ཐམས་ཅད་ཀྱི་རང་བཞིན་ཏེ། སྤྱིའི་མཚན་ཉིད་དོ། །དེ་ལྟར་མཐོང་པ་ཐ་དད་པའི་དབང་གིས་ཁྱད་པར་དུ་གྱུར་གྱི། དོན་ལས་ནི་མ་ཡིན་ན། །ད་ནི་ཆོས་ཀྱི་དབྱིངས་རྣམ་པར་མ་དག་པ་དང། རྣམ་པར་དག་པ་ལ་ཕྱིན་ཅི་མ་ལོག་པར ་བསྟན་པའི་ཕྱིར། ཕྱིན་ཅི་ལོག་གི་ཡིད་ལ་བྱེད། མ་སྤངས་པ་དང་སྤངས་པ་ལས་ཞེས་རྒྱ་ཆེར་གསུངས་སོ། །ཕྱིན་ཅི་ལོག་གི་ཡིད་ལ་བྱེད་པ་མ་སྤངས་པ་ནི། ཆོས་ཀྱི་དབྱིངས་དེ་རྣམ་པར་དག་བའོ། །སྤངས་པ་ནི་རྣམ་པར་དག་པའོ་ཞེས་བྱ་བ་དེ་ལ། ཕྱིན་ཅི ་ལོག་གི་ཡིད་ལ་བྱེད་པ་ནི་ཀུན་བཞི་རྣམ་པར་ཤེས་པའི་རྒྱུ་ཕྱིན་ཅི་ལོག་ཏུ་རྣམ་པར་རྟོག་པ་སྟེ། དེ་མ་སྤངས་པ་ནི་ཆོས་ཀྱི་དབྱིངས་རྣམ་པར་མི་དག་པའོ། །སྤངས་པ་ནི་རྣམ་པར་དག་པ་སྟེ། དེ་ལྟར་ཤེས་པ་གང་ཡིན་པ་དེ་ནི་རྣམ་པར་མ་དག་པ་དང། ་རྣམ་པར་དག་པ་ལ་ཕྱིན་ཅི་མ་ལོག་པ་སྟེ་།གོ་རིམས་བཞིན་ནོ་ཞེས་བྱ་བ་ལ། ཕྱིན་ཅི་ལོག་གི་ཡིད་ལ་བྱེད་པ་མ་སྤངས་པ་ནི། ཆོས་ཀྱི་དབྱིངས་རྣམ་པར་མ་དག་བའོ་ཞེས་བྱ་བ་ནི་ཆོས་ཀྱི་དབྱིངས་རྣམ་པར་མ་དག་པ་ལ་ཕྱིན་ཅི་ལོག་པའོ། །དེ་སྤངས ་པ་ནི་རྣམ་པར་དག་པའོ་ཞེས་བྱ་བ་ནི་རྣམ་པར་དག་པ་ལ་ཕྱིན་ཅི་མ་ལོག་པའོ། །ཅིའི་ཕྱིར་ཞེ་ན། ཆོས་ཀྱི་དབྱིངས་ལ་གློ་བུར་གྱིས་ཉེ་བའི་ཉོན་མོངས་པར་གྱུར་བའི་ཕྱིར་རོ། །འདི་ཡང་ཀུན་རྫོབ་ཏུ་ཕྱིན་ཅི་མ་ལོག་པ་སྟེ། དོན་དམ་པར་ནི་མ་ཡིན་ནོ། །ཕྱིན་ཅི་མ ་ལོག་པ་འདིས་བྱང་ཆུབ་སེམས་དཔའ་ཨི་ཆོས་ཀྱི་དབྱིངས་ལ་སྒྲིབ་པ་སྤངས་པ་དང། མ་སྤངས་པ་རབ་ཏུ་ཤེས་སོ། །དེ་ནི་ཆོས་ཀྱི་དབྱིངས་རྣམ་པར་དག་པ་དང། རྣམ་པར་མ་དག་པ་གློ་བུར་དུ་འབྱུང་བ་ལ་ཕྱིན་ཅི་མ་ལོག་པ་བསྟན་པའི་ཕྱིར་ཆོས་ཀྱི་དབྱིངས ་ནི་རང་བཞིན་གྱིས། །རྣམ་པར་དག་ཕྱིར་ནམ་མཁའ་བཞིན་ཞེས་རྒྱ་ཆེར་གསུངས་སོ། །ཆོས་ཀྱི་དབྱིངས་ནམ་མཁའ་བཞིན་དུ་རང་བཞིན་གྱིས་རྣམ་པར་དག་པའི་ཕྱིར། རྣམ་པར་མ་དག་པ་དང་ཕྱིས་རྣམ་པར་དག་ཅེས་བྱ་བ་འདི་གཉིས་ཀྱང་གློ་བུར? ་ཡིན་ཞེས་བྱ་བ་དེ་ལ། ཆོས་གྱི་དབྱིངས་ལ་ཡང་དག་པ་མ་ཡིན་པའི་རྣམ་པར་རྟོག་པའི་ཉེ་བའི་ཉོན་མོངས་པས་རྣམ་པར་མ་དག་པ་ཞེས་བཤད་དོ། །ཕྱིས་གཉེན་པོ་བྱུང་ནས་དེ་སྤངས་པས་རྣམ་པར་དག་སྟེ། དེ་གཉི་ག་ཡང ་ཆོས་ཀྱི་དབྱིངས་ལ་གློ་བུར་ཡིན་ནོ། །ཅིའི་ཕྱིར་ཞེ་ན། ནམ་མཁའ་བཞིན་དུ་ཆོས་ཀྱི་དབྱིངས་རང་བཞིན་གྱིས་རྣམ་པར་དག་བའི་ཕྱིར་རོ། །རང་བཞིན་ཀྱིས་རྣམ་པར་དག་པ་ལ་རྣམ་པར་མ་དག་པ་ནི་གློ་བུར་ཡིན་གྲང་ན་རྣམ་པར་དག་པ་ནི ་རྟག་ཏུ་རྣམ་པར་དག་པ་ཡིན་པས་ཇི་ལྟར་གློ་བུར་དུ་འགྱུར་ཞེ་ན། དྲི་མ་དང་བྲལ་བས་རྣམ་པར་དག་པ་གང་ཡིན་པ་དེ་འདིར་བརྗོད་པས་འདོད་པས་ན་ཉེས་པ་འདི་མེད་དེ། དེ་བས་ན་འདི་སྐད་དུ་རྣམ་པར་དག་པ་ནི་ཕྱིས་རྣམ་པར་དག་ཅེས་བཤད་དོ།། ་དེ་ལྟར་ཤེས་པ་གང་ཡིན་པ་དེ་ནི་ཆོས་ཀྱི་དབྱིངས་ལ་རྣམ་པར་མ་དག་པ་དང་རྣམ་པར་དག་པ་གློ་བུར་དུ་བྱུང་བ་ཉིད་ལ་ཕྱིན་ཅི་མ་ལོག་པའོ། །འདི་ཡང་ཀུན་རྫོབ་ཏུ་ཡིན་གྱི་དོན་དམ་པར་ནི་མ་ཡིན་ནོ། །ཕྱིན་ཅི་མ་ལོག་པ་འདིས་བྱང་ཆུབ་སེམས ་དཔའ་ཆོས་ཀྱི་དབྱིངས་ལ་ཀུན་ནས་ཉོན་མོངས་པ་དང། རྣམ་པར་བྱང་བའི་དུས་ན་བཅོས་མ་མ་ཡིན་པར་རབ་ཏུ་ཤེས་སོ། །ད་ནི་མི་སྐྲག་པ་དང་མཁེངས་པ་ལ་ཕྱིན་ཅི་མ་ལོག་པར་བསྟན་པའི་ཕྱིར། ཆོས་རྣམས་དང་ནི་གང་ཟག་གི། ཀུན་ནས ་ཉོན་མོངས་རྣམ་བདག་མེད། ཅེས་རྒྱ་ཆེར་གསུངས་སོ། །གང་ཟག་གིས་ཀུན་ནས་ཉོན་མོངས་བ་མེད། རྣམ་པར་དག་པ་མེད། ཆོས་ཀྱང་མེད་དེ། ཀུན་ནས་ཉོན་མོངས་པ་དང། རྣམ་པར་དག་པ་ཞེས་བྱ་བར་བསྙེགས་སོ། །འདིར་རྒྱུ་སྨོས་པ། འདི ་ལྟར་གང་ཟག་མེད་ཅིང་ཆོས་མེད་པའི་ཕྱིར་རོ་ཞེས་བྱ་བ་སྟེ། ཀུན་ནས་ཉོན་མོངས་པ་དང། རྣམ་པར་བྱང་བ་གཉིས་ཀྱི་དུས་ན། ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་མ་གཏོགས་པར་གང་ཞིག་ཡོད་ན་ནི། དེའི་ཀུན་ནས་ཉོན་མོངས ་པའམ་རྣམ་པར་བྱང་བར་ཡོངས་སུ་རྟག་ཏུ་རུང་སྟེ། དེ་ཐ་དད་པས་འགྲིབ་པ་དང་འཕེལ་བར་ཡང་འགྱུར་ན། དེ་ལྟ་བུའི་གང་ཟག་ནི་མེད་དེ། མངོན་སུམ་དང་རྗེས་སུ་དཔག་པའི་ཡུལ་མ་ཡིན་པའི་ཕྱིར་རོ། །དངོས་པོ་གཅིག་ལ་དུ་མར་ཡོངས་སུ་རྟོག་པ ་འཇུག་པའི་ཕྱིར་ཀུན་བརྟགས་པའི་བདག་ཉིད་ཀྱི་ཆོས་ཀྱང་ཡོད་པ་མ་ཡིན་ཏེ། གཅིག་ནི་དུ་མའི་བདག་ཉིད་དུ་མི་རུང་ངོ། །དེ་བས་ན་གང་ཟག་དང་ཆོས་གཉིས་མ་གཤན་གྱི་བུ་ལ་སོགས་པ་བཞིན་དུ་མེད་པས་ན། ཀུན་ནས་ཉོན་མོངས་པ་དང ་རྣམ་པར་བྱང་བ་མེད་དེ། དག་པ་འཇིག་རྟེན་བའི་ཡེ་ཤེས་ཀྱི་སྤྱོད་ཡུལ་གཞན་གྱི་དབང་ལ་ནི། ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བར་མི་འདོད་དོ། །ཅིའི་ཕྱིར་ཞེ་ན། བརྗོད་དུ་མེད་པ་དང་གཉིས་སུ་མེད་པའི་རང་བཞིན་ཡིན་པའི་ཕྱིར་རོ།། ་གལ་ཏེ་གཞན་གྱི་དབང་གི་ཡང་མ་ཡིན་པར་འདོད་ན་གོ་དེ་དག་གི་ཡིན་ཏེ་།དེ་མེད་ན་ཀུན་ནས་ཉོན་མོངས་སྤང་བ་དང། རྣམ་བར་བྱང་བ་ཐོབ་པར་བྱ་བའི་ཕྱིར་འབྱང་བ་དོན་མེད་པར་འགྱུར་རོ་ཞེ་ན། ཆོས་ཀྱི་དབྱིངས་ཀུན་ནས་ཉོན་མོངས ་པ་དང་རྣམ་པར་དག་པར་འགྱུར་པས་ཉེས་པ་འདི་མེད་དོ་།ཆོས་ཀྱི་དབྱིངས་དེའི་བདག་ཉིད་མ་ཡིན་པ་ཉིད་ལ་དེ་དག་རྣམ་པར་བཞག་སྟེ་།ཆོས་ཀྱི་དབྱིངས་ལ་དེ་གཉི་ག་ལ་ཡང་གློ་བུར་ཡིན་ལ་ཆོས་ཀྱི་དབྱིངས་ཀྱང་ནམ་མཁའ་བཞིན་དུ་འགྱུར་བ ་མེད་པའི་ཕྱིར་རོ། །དེའི་ཕྱིར། ཀུན་ནས་ཉོན་མོངས་པའི་ཕྱོགས་ལ་སུའི་འགྲིབ་པ་ཡང་མེད་ལ། རྣམ་པར་བྱང་བའི་ཕྱོགས་ལ་སུའི་ཁྱད་པར་དུ་འགྱུར་བ་ཡང་མེད་ན་།གང་གི་ཕྱིར་སྐྲག་པ་འམ་ང་རྒྱལ་དུ་འགྱུར་ཏེ། འདི་ནི་སྐྲག་པ་མེད་པ ་དང་ཁེངས་པ་མེད་པ་ལ་ཕྱིན་ཅི་མ་ལོག་པའོ། །གཞན་དག་ན་རེ་ཀུན་ནས་ཉོན་མོངས་པའི་ཕྱོགས་ལ་ཡང་སུའི་གྲིབ་པ་ཡང་མེད་ལ། རྣམ་པར་བྱད་བའི་ཕྱོགས་ལ་ཡང་སུའི་ཁྱད་པར་དུ་འགྱུར་བ་ཡང་མེད་དེ། དེ་གཉི་ག་དང་ལྡན་པ་སུ་ཡང་མེད ་པའི་ཕྱིར་རོ། །གང་གི་ཕྱིར་དེ་དག་ནི་དེ་ལྟ་ཡིན་པས་དེ་ལ་ངའི་འདི་མེད་དོ་ཞེས་སྐྲག་པར་འགྱུར་དུ་འང་ཅི་ཡོད་།ངའི་ཁྱད་པར་ནི་འདི་ཡིན་ནོ་ཞེས་ང་རྒྱལ་དུ་འགྱུར་དུ་ཡང་ཅི་ཡོད་ཅེས་ཟེར་རོ། །གཞན་དག་ནི་འདི ་སྙམ་དུ་སེམས་ཏེ་། གང་ཟག་ནི་མེད་པ་ཉིད་དོ། །གང་གནས་འདི་གཉིས་མྱོང་བ་དང་འདི་གཉིས་གང་ལ་བརྟག་པའི་ཆོས་དེ་ཡང་མེད་པ་ཉིད་དོ། །ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་འདི་དག་ནི་རྟེན་ཅིང་འབྲེལ་པར་འབྱུང ་བ་ཉིད་དུ་ཟད་དོ་སྙམ་མོ། །འདི་ཡང་ཀུན་རྫོབ་ཏུའོ། །དོན་དམ་པར་ནི་མ་ཡིན་ཏེ་།དེ་ནི་རྣམ་པར་མི་རྟོག་པའི་ཕྱིར་རོ། །ཕྱིན་ཅི་མ་ལོག་པ་འདིས་ཆོས་ཀྱི་དབྱིངས་ཟད་པ་དང་འཕེལ་བ་མེད་པའི་ཕྱིར་འགྱུར་བ་མེད་པར་རབ་ཏུ་རྟོག ་པར་འགྱུར་རོ། །གཞན་ན་རེ་ཕྱིན་ཅི་མ་ལོག་པ་འདིས་སྒྲིབ་པ་ཐམས་ཅད་སྤངས་ཏེ། སྒྲིབ་པ་དང་བྲལ་བར་ངེས་པར་འབྱུང་ངོ་ཞེའོ། །ཡང་ན་ཀུན་རྫོབ་ཀྱི་བདག་ཉིད་ཕྱིན་ཅི་མ་ལོག་པ་འདི་བཅུས་།དོན་དམ་པའི་ཕྱིན་ཅི་མ་ལོག་པར་འདི་བསྟན ་ཏེ་།གཞན་དུ་ནི་བསྟན་པ་མི་འཐད་པའི་ཕྱིར་རོ། །གཞན་ན་རེ་གང་དག་ཡི་གེ་དང། དོན་དང། ཡིད་ལ་བྱེད་པ་དང། མི་འཕྲོ་བ་དང། རང་གི་མཚན་ཉིད་དང། སྤྱིའི་མཚན་ཉིད་དང། མ་དག་པ་དང། དག་པ་དང། གློ་བུར ་དང། མི་སྐྲག་པ་དང། ཁེངས་པ་མེད་པ་ལ་ཕྱིན་ཅི་མ་ལོག་པ་དེ་དག་ངོ་བོ་ཉིད་གསུམ་གྱི་དབང་དུ་བྱས་པའོ་ཞེའོ། །དེ་ལ་ཡི་གེ་དང་དོན་ལ་ཕྱིན་ཅི་མ་ལོག་པ་ནི་ཀུན་བརྟགས་པའི་ངོ་བོ་ཉིད་ཀྱི་དབང་དུ་བྱས་པ་སྟེ། འབྲེལ ་པ་དང་གཉིས་སུ་ལྟུང་བའི་དོན་ནི་བརྟགས་པའི་ཕྱིར་རོ། །དེ་ཁོ་ནའི་ཡུལ་མ་ཡིན་དུ་ཟིན་ཀྱང་།དེ་བཞིན་དུ་ཕྱིན་ཅི་མ་ལོག་པ་དེ་བཞིན་ཉིད་ཀྱི་ཕྱིར་རོ། དེ་གཉིས་ཕྱིན་ཅི་མ་ལོག་པ་ཉིད་དོ། །ཡིད་ལ་བྱེད་པ་ལ་ཕྱིན་ཅི་མ་ལོག་པ་ནི ་གཞན་གྱི་དབང་གི་ངོ་བོ་ཉིད་ཀྱི་དབང་དུ་བྱས་པ་སྟེ། རྟོག་པ་དང་ཡིད་ལ་བྱེད་པ་གཉིས་རང་བཞིན་གྱིས་ཀུན་གཞི་རྣམ་པར་ཤེས་པ་ཡིན་པའི་ཕྱིར་རོ། །མི་འཕྲོ་བ་ལ་ཕྱིན་ཅི་མ་ལོག་པ་ནི་ཡོངས་སུ་གྲུབ་བའི་ངོ་བོ་ཉིད་ཀྱི་དབང་དུ་བྱས་པ་སྟེ། ཅིའི ་ཕྱིར་ཞེ་ན་།རྣམ་པར་མི་རྟོག་པའི་ཡེ་ཤེས་ནི་།ཡོད་པ་དང་མེད་པ་ལ་གཡེར་བ་དང་བྲལ་བའི་ཕྱིར་དང་།ཕྱིན་ཅི་མ་ལོག་པར་ཡོངས་སུ་གྲུབ་པས་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་དུ་བསྡུས་པའི་ཕྱིར་རོ། །རང་དང་སྤྱིའི་མཚན་ཉིད་ལ་ཕྱིན་ཅི་མ་ལོག་པ་ནི ་ཆོས་ཀྱི་དབྱིངས་ཉིད་ལ་སྟེ། རྣམ་པར་རྟོག་པའི་ཡུལ་ལས་འདས་པའི་ངོ་བོ་ཉིད་ཀྱི་ཕྱིར་རོ། །མ་དག་པ་དང་དག་པ་ལ་ཕྱིན་ཅི་མ་ལོག་པ་ནི་ཆོས་ཀྱི་གནས་སྐབས་ཀྱི་བྱེ་བྲག་ལའོ། །གློ་བུར་ལ་ཕྱིན་ཅི་མ་ལོག་པ་ནི་ཆོས་ཀྱི་དབྱིངས་ཉིད་ལ་སྟེ། དེ་ནམ ་མཁའ་བཞིན་དུ་རང་བཞིན་གྱིས་རྣམ་པར་དག་པ་དེ་ལ། སེམས་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་འདི་གཉིས་ནི་གློ་བུར་ཡིན་པར་རྣམ་པར་བཞག་གོ། མི་སྐྲག་པ་དང་ཁེངས་པ་མེད་པ་ལ་ཕྱིན་ཅི་མ་ལོག་པ་ལ་ནི་ཆོས་ཀྱི་དབྱིངས་ཉིད་ལ ་སྟེ་། དེ་ནམ་མཁའ་བཞིན་དུ་བཅོས་མ་མ་ཡིན་པའི་ཕྱིར་འབྲི་བ་དང་ཁྱད་པར་དུ་གྱུར་པ་མེད་པའི་ཕྱིར་རོ། །དེ་ལྟར་ཕྱིན་ཅི་མ་ལོག་པ་བཅུ་པོ་འདི་དག་ངོ་བོ་ཉིད་གསུམ་དུ་རིག་པར་བྱའོ། །བཤད་མ་ཐག་པའི་ཕྱིན་ཅི་མ་ལོག་པ་བཅུ་པོ་འདི་དག ་ནི་མདོ་སྡེ་ལས་གསུངས་པའི་རྡོ་རྗེའི་ཚིག་བཅུ་དག་དང་གོ་རིམས་བཞིན་དུ་སྦྱར་བར་བྱ་སྟེ། རྡོ་རྗེའི་ཚིག་བཅུ་པོ་གང་ཞེ་ན། ཡོད་པ་དང་མེད་པ་དང། ཕྱིན་ཅི་མ་ལོག་པ་དང། གནས་དང། སྒྱུ་མ་ལྟ་བུ་ཉིད་དང། རྣམ་པར་མི་རྟོག་པ་ཉིད་དང། རང ་བཞིན་གྱི་འོད་གསལ་བ་ཉིད་དང། ཀུན་ནས་ཉོན་མོངས་པ་དང། རྣམ་པར་བྱང་བ་དང། ནམ་མཁའ་ལྟ་བུ་དང། འགྲིབ་པ་མེད་པ་དང། ཁྱད་པར་དུ་འཕགས་པ་མེད་པའོ། །དེ་ལ་ཕྱིན་ཅི་མ་ལོག་ཐམས་ཅད་འཇོམས་པ་དང། །དེ་དག་གིས ་མི་ཆོམས་པའི་ཕྱིར་རྡོ་རྗེ་དང་འདྲ་བས་ན་རྡོ་རྗེ་ཞེས་བྱ་སྟེ། བཤད་མ་ཐག་པའི་ཕྱིན་ཅི་མ་ལོག་པའི་ཤེས་པའོ། །རྡོ་རྗེ་དེ་ནི་འདི་དག་གིས་རྟོགས་པར་བྱེད་། ཁོང་དུ་ཆུད་པར་བྱེད་པས་རྡོ་རྗེ་ཚིག་རྣམས་ཏེ་།རྡོ་རྗེའི ་རྣམ་པར་བཤད་པ་ཞེས་བྱ་བའི་ཐ་ཚིག་གོ། ཇི་སྟེ་ན་ཡང་ཡི་གེ་དང་དོན་དང་ཡིད་ལ་སོགས་པ་ཉིད་ལ་ཚིག་ཅེས་བྱ་བའི་སྒྲར་བརྗོད་དེ། དེའི་ཕྱིར། རྡོ་རྗེའི་ཚིག་རྣམས་ཏེ་།དམིགས་པ་ཞེས་བྱ་བའི་ཐ་ཚིག་གོ་།ཡིད་རྡོ་རྗེ་བཞིན་དུ་མི་ཚམས ་པའི་ཚིག་དེ་དག་ནི་རྡོ་རྗེའི་ཚིག་རྣམས་ཞེས་བྱའོ། །འདིར་ཕྱིན་ཅི་མ་ལོག་པ་རྣམས་མདོ་སྡེ་དང་སྦྱར་བར་བྱ་བའི་ཕྱིར་རྡོ་རྗེའི་ཚིག་རྣམས་བཀོད་དོ། །ཡང་ན་རྡོ་རྗེའི་ཚིག་རྣམས་ནི་ཕྱིན་ཅི་མ་ལོག་པ་རྣམ་པ་བཅུའི་སྒོ་ནས་བཤད་པར་བསྟན་པའོ། ། ་དེ་ལ་ཡི་གེ་རྣམས་ཀྱི་དོན་ཡོད་པ་དང་མེད་པ་ནི་ཡོད་པ་དང་མེད་པ་སྟེ་།དེ་བས་ན་ཡི་གེ་རྣམས་ལ་ཕྱིན་ཅི་མ་ལོག་པ་ནི། རྡོ་རྗེའི་ཚིག་རྣམས་ཀྱི་ནང་ནས་ཡོད་པ་དང་མེད་པར་རིག་པར་བྱའོ། །གཉིས་སུ་སྣང་བ་ཀུན་བརྟགས་པ་དེ་ནི་འདིར་དོན ་ཡིན་ཏོ་།དེ་ཡང་དེ་ལྟར་ཡོད་པ་མ་ཡིན་ཞེས་བྱ་བ་འདི་ནི་འདིར་ཕྱིན་ཅི་མ་ལོག་པ་སྟེ་།དེ་ལྟར་དོན་ལ་ཕྱིན་ཅི་མ་ལོག་པ་ནི་རྡོ་རྗེའི་ཚིག་རྣམས་ཀྱི་ནང་ནས་ཕྱིན་ཅི་མ་ལོག་པ་དང་སྦྱར་བར་བྱའོ། །རྟོག་པའི་ཡིད་ལ་བྱེད་པ་ཉིད་འདིར་གནས་ཏེ། ་དེ་བས་ན་ཡིད་ལ་བྱེད་པ་ལ་ཕྱིན་ཅི་མ་ལོག་པ་ནི་རྡོ་རྗེའི་ཚིག་རྣམས་ཀྱི་ནང་ནས་གནས་ཞེས་བྱ་བ་དང་སྦྱར་རོ། །སྒྱུ་མ་ལ་སོགས་པ་ལྟ་བུར་གང་སེམས་མི་འཕྲོ་བ་ལ་ཕྱིན་ཅི་མ་ལོག་པ་འདི་ནི། རྡོ་རྗེའི་ཚིག་གི་ནང་ནས་སྒྱུ་མ་ལྟ་བུ་ཉིད་དང ་སྦྱར་རོ། །ཆོས་ཀྱི་དབྱིངས་ཀྱི་རང་གི་མཚན་ཉིད་ནི་རྟོག་པ་དང་བྲལ་བས་རྣམ་པར་མི་རྟོག་པ་སྟེ། དེ་བས་ན་རང་གི་མཚན་ཉིད་ལ་ཕྱིན་ཅི་མ་ལོག་པ་ནི་རྣམ་པར་མི་རྟག་པ་ཉིད་དུ་བལྟའོ། །ཆོས་ཀྱི་དབྱིངས་ཀྱི་སྦྱི་ནི་རང་བཞིན་གྱིས་འོད ་གསལ་བ་སྟེ། དེ་བས་ན་སྤྱིའི་མཚན་ཉིད་ལ་ཕྱིན་ཅི་མ་ལོག་པ་ནི་རང་བཞིན་གྱིས་འོད་གསལ་བར་བསྡུས་སོ། །ཆོས་ཀྱི་དབྱིངས་རྣམ་པར་མ་དག་པའི་བྱེ་བྲག་དང། རྣམ་པར་དག་པའི་བྱེ་བྲག་ནི་ཀུན་ནས་ཉོན་མོངས་པ་དང། རྣམ་པར་བྱང་བ་སྟེ། དེའི ་ཕྱིར་།མ་དག་པ་དང་དག་པ་ལ་ཕྱིན་ཅི་མ་ལོག་པ་ནི་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་ནང་དུ་འདུས་སོ། །ཆོས་ཀྱི་དབྱིངས་ལ་ཀུན་ནས་ཉོན་མོངས་པ་དང་རྣམ་པར་དག་པ་གཉིས་གློ་བུར་དུ་བྱུང་བ་ལ་ཕྱིན་ཅི་མ་ལོག་པ་འདི་ཡང ་ནམ་མཁའ་ལྟ་བུ་ཉིད་དང། སྦྱར་བར་བྱའོ། །ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་དུས་གཉིས་ན། ཆོས་ཀྱི་དབྱིངས་ཟད་པ་དང་འཕེལ་བ་མེད་པས་།མི་སྐྲག་པ་དང་ཁེངས་པ་མེད་པ་ལ་ཕྱིན་ཅི་མ་ལོག་པ་ནི་རྡོ་རྗེའི་ཚིག་རྣམས་ཀྱི་ནང ་ནས། འགྲིབ་བ་པ་མེད་པ་དང་ཁྱད་པར་དུ་འཕགས་པ་མེད་པ་དང་སྦྱར་རོ། །དེ་ལྟར་ཕྱིན་ཅི་མ་ལོག་པ་བཅུ་པོ་འདི་དག་ནི་།རྡོ་རྗེའི་ཚིག་བཅུ་པོ་དང་གོ་རིམས་བཞིན་དུ་སྦྱར་རོ། །རྡོ་རྗེའི་ཚིག་རྣམས་ཀྱི་ལུས་རྣམ་པར་གཞག་པ་ཞེས་བྱ་བ་ནི ་དོན་གང་དག་གི་དབང་དུ་བྱས་ཏེ་།རྡོ་རྗེའི་ཚིག་རྣམས་འཇུག་པའི་དོན་དེ་རྣམས་དེ་དག་གི་ལུས་སོ། །དེ་དག་ཀྱང་རྣམ་པ་བཞིར་བཞག་སྟེ་།ངོ་བོ་ཉིད་དང་དམིགས་པ་དང། རྣམ་པར་མི་རྟོག་པ་ཉིད་དང། རྒལ་བ་དང། ལན་ནོ། ། ་དེ་ལ་ངོ་བོ་ཉིད་ནི་གསུམ་སྟེ་ཡོངས་སུ་གྲུབ་པ་དང། ཀུན་བརྟགS་པ་དང། གཞན་གྱི་དབང་ཞེས་བྱ་བ་དག་སྟེ་།ཚིག་དང་པོ་གསུམ་དང་གོ་རིམས་བཞིན་ནོ་ཞེས་བྱ་བ་དེ་ལ་།དང་པོ་ནི་ཡོད་པ་དང། མེད་པ་དང། ཕྱིན་ཅི་མ་ལོག་པ་དང ་གནས་ཞེས་བྱ་བའོ། །དེ་ལ་ཡོངས་སུ་གྲུབ་པ་ནི་ཡོད་པ་དང་མེད་པར་བཤད་དོ། །ཀུན་བརྟགས་པ་ནི་ཕྱིན་ཅི་མ་ལོག་པར་བཤད་དོ། །གཞན་གྱི་དབང་ནི་གནས་སུ་བཤད་དོ། །ཇི་ལྟར་ཞེ་ན། ཁ་ཅིག་ན་རེ་ཡོངས་སུ་གྲུབ་པ་ནི་ཡོད་པ་དང་མེད ་པའི་ཕྱིར་ཡོད་པ་དང་མེད་པར་བསྟན་པ་ཡིན་ནོ་ཞེའོ། །ཇི་ལྟར་ཡོད་པ་དང་མེད་པའི་མཚན་ཉིད་ཀྱི་ཕྱིར་ཡོངས་སུ་གྲུབ་པ་ཞེ་ན། ཁ་ཅིག་ན་རེ་ཡོད་པ་དང་མེད་པར་བརྗོད་པའི་ཕྱིར་རོ་ཞེའོ། །གཞན་དག་ན་རེ་ཡི ་གེ་རྣམས་འབྲེལ་བ་དང་འདྲིས་པའི་ཕྱིར་རྣམ་པར་བརྟགས་པའི་དོན་གྱིས་དོན་ཡོད་པ་དང་བཟློག་ན་དོན་མེད་པར་མཐོང་བས་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་བརྗོད་དུ་མེད་པར་རྟོགས་པར་འགྱུར་ཏེ། དེ་བས་ན་དེ་ཡོད་པ་དང་མེད་པ་ནི་ཡོངས་སུ ་གྲུབ་པའི་ངོ་བོ་ཉིད་དུ་བཤད་དོ་ཞེའོ། །གཞན་ན་རེ་ཐེག་པ་ཆེན་པོ་བསྟན་པའི་ཆོས་ནི་ཤིན་ཏུ་རྣམ་པར་དག་བའི་ཆོས་ཀྱི་དབྱིངས་ཀྱི་རྒྱུ་མཐུན་པ་དང། ཕྱིན་ཅི་ལོག་གི་གཉེན་པོའི་དམིགས་པ་ཡིན་པའི་ཕྱིར། ཡོངས་སུ་གྲུབ་པའི་ངོ ་བོ་ཉིད་ཅེས་བྱ་སྟེ། རྣམ་པར་བརྟགས་བའི་ངོ་བོ་ཉིད་ཀྱི་དོན་ཡིན་དུ་ཟིན་ཀྱང་ཀུན་བརྟགས་པ་མ་ཡིན་ཏེ། དེའི་ཕྱིར། ཡོད་པ་དང་མེད་པ་ནི་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་དུ་བཤད་དོ་ཞེའོ། །གཞན་དག་ན་རེ་ཡོད་པ་དང་མེད་པར་ཕྱིན ་ཅི་མ་ལོག་པའི་ཕྱིར་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་དུ་བཤད་དོ་ཞེའོ། །ཕྱིན་ཅི་མ་ལོག་པ་ནི་ཀུན་བརྟགས་པ་སྟེ་།ཡོད་པ་མ་ཡིན་ཡང་གཉིས་པོ་མེད་པའི་ངོ་བོར་སྣང་བའི་མཚན་ཉིད་དུ་གྱུར་པའི་ཕྱིར་རོ། །གནས་ནི་གཞན་གྱི་དབང་སྟེ ་དེ་ནི་རྒྱུ་ཡིན་པས་ན་གནས་ཞེས་བྱའོ། །འབྲས་བུ་ཡིན་པས་ན་གཞན་གྱི་དབང་ཞེས་བྱའོ། །ངོ་བོ་ཉིད་གསུམ་པོ་འདི་དག་ཉིད་ཤེས་པར་བྱ་བ་ཡིན་པས་དམིགས་པའོ། །རྣམ་པར་མི་རྟོག་པ་ཉིད་ཅེས་བྱ་བ་ནི་འདིར་ཚིག་རྣམ ་པར་སྦྱར་བའི་བྱེ་བྲག་གིས་ན། གང་གིས་རྣམ་པར་མི་རྟོག་ཅེ་ན་།རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་སོ། །གང་ལ་རྣམ་པར་མི་རྟོག་ཅེ་ན། རང་བཞིན་གྱིས་འོད་གསལ་བ་ལའོ་ཞེས་བྱ་བ་སྨོས་སོ། །དེ་ལ་ཚིག་རྣམ་པར་སྦྱར ་པའི་བྱེ་བྲག་ནི་འདི་ཡིན་ཏེ། འདིས་རྣམ་པར་མི་རྟོག་བས་ན་རྣམ་པར་མི་རྟོག་པ་དང། དེ་རྣམ་པར་རྟག་པར་བྱ་བ་མ་ཡིན་པས་ན། རྣམ་པར་མི་རྟོག་པ་སྟེ། དེའི་དངོས་པོ་ནི་རྣམ་པར་མི་རྟོག་པ་ཉིད་དོ། །དེ་ལྟར་རྣམ་པར་མི་རྟོག་པ་ཉིད ་ནི་།རྡོ་རྗེའི་ཚིག་གཉིས་ཀྱིས་བརྗོད་པར་བསྟན་ཏོ། །དེ་བས་ན་འདི་ཤེས་བྱ་དང། ཤེས་པ་རྣམ་པར་བཞག་པ་འདི་ལྟ་སྟེ་།ངོ་བོ་ཉིད་གསུམ་དང། རྣམ་པར་མི་རྟོག་པ་ཉིད་དང། གོ་རིམས་བཞིན་དུ་རིག་པར་བྱའོ། །དེ་ལ་ངོ ་བོ་ཉིད་གསུམ་ནི་གཟུང་བ་ཡིན་པའི་ཕྱིར་ཤེས་བྱར་རྣམ་པར་བཞག་གོ་།རྣམ་པར་མི་རྟོག་པ་ཉིད་ནི་འཛིན་པ་ཡིན་པའི་ཕྱིར་ཤེས་བར་རྣམ་པར་བཞག་གོ་།བརྒལ་བ་དང་ལ་ནི་རྡོ་རྗེའི་ཚིག་བཤད་ཟིན་པའི་ལྷག་མ་རྣམས་སོ། ་འདི་ལ་རྡོ་རྗེའི་ཚིག་ཁ་ཅིག་ནི་བརྒལ་བའི་ལན་ཉིད་དེ། འདི་ལྟ་སྟེ། སྒྱུ་མ་ལྟ་བུ་ཉིད་དང། ནམ་མཁའ་ལྟ་བུ་ཉིད་དང། འགྲིབ་པ་མེད་པ་ཉིད་དང། ཁྱད་པར་དུ་འཕགས་པ་མེད་པ་ཞེས་བྱའོ། །ཁ་ཅིག་ནོ་བརྒལ་བ་ཉིད་དེ ་འདི་ལྟ་སྟེ་།ཀུན་ནས་ཉོན་མོངས་པ་བ་དང་རྣམ་པར་བྱང་བ་ཞེས་བྱ་བའོ། །དེ་བས་ན་བརྒལ་བའི་ལན་དང་བརྒལ་བ་ནི། བརྒལ་བ་དང། ལན་ཏེ་མི་མཐུན་པ་གཅིག་མ་བཅུག་པའོ། །དེ་ལ་བརྒལ་བ་ནི་གལ་ཏེ་ཀུན་བརྟགས་པ་དང་གཞི ་གྱི་དབང་གི་མཚན་ཉིད་ཀྱི་ཆོས་དེ་དག་མེད་ན་།གཟུང་བ་དང་འཛིན་པ་ཉིད་དུ་ཞེས་བྱ་བའི་ཚིག་གིས་ལྷག་མའོ། །ཇི་ལྟར་དམིགས་པར་འགྱུར། གཟུང་བ་དང་འཛིན་པ་ཉིད་དུ་ཞེས་བྱ་བར་དགོངས་སོ། །ཇི་སྟེ་ཡོད་ན་དེ་ལྟ་ན་གོ་ཆོས་རྣམས་རང ་བཞིན་གྱིས་འོད་གསལ་བ་ཉིད་དུ་མི་རུང་སྟེ། གཟུང་བ་དང་འཛིན་པའི་བདག་ཉིད་དུ་ཡོད་པའི་ཕྱིར་རོ། །འདི་ནི་བརྒལ་བའོ། །དེའི་ལན་ནི་སྒྱུ་མ་ལྟ་བུ་ཉིད་ཡིན་ཏེ། དཔེར་ན་སྒྱུ་མ་བྱས་པ་ལྟ་བུ་ནི་མེད་ཀྱང་དམིགས་ལ་ལྟ་བུའོ་ཞེས་བྱ་བ་སྟེ། སྒྱུ་མ ་ནི་དམིགས་སུ་ཡོད་ཀྱང་དེའི་ཕྱིར་དེ་བཞིན་དུ་ཡོད་དོ་ཞེས་བྱ་པར་ཤེས་པར་མི་ནུས་སོ། །གལ་ཏེ་ཆོས་རྣམས་རང་བཞིན་གྱིས་འོད་གསལ་བ་ཉིད་ཡིན་ན། ཇི་ལྟར་སྔར་ཀུན་ནས་ཉོན་མོངས་ལ་ཕྱིས་རྣམ་པར་བྱང་ཞེས་བརྒལ་ཏེ། ་རང་བཞིན་གྱིས་རྣམ་པར་དག་པ་ཡིན་ན་།ནམ་དུ་ཡང་ཀུན་ནས་ཉོན་མོངས་པ་མི་འཐད་དོ་ཞེས་བྱ་བ་དེའི་ལན་ནི་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་ནམ་མཁའ་ལྟ་བུར་རིག་པར་བྱ་བ་ཡིན་ཏེ། དཔེར་ན་ནམ་མཁའ་རང་བཞིན་གྱིས་རྣམ ་པར་དག་པ་ལ་གློ་བུར་གྱི་ཉེ་བའི་ཉོན་མོངས་པས་ཀུན་ནས་ཉོན་མོངས་སོ། །དེ་དང་བྲལ་བ་རྣམ་པར་བྱང་དོ་ཞེས་བྱ་བ་དེ་བཞིན་དུ་ཆོས་ཀྱི་དབྱིངས་རང་བཞིན་གྱིས་རྣམ་པར་དག་པ་ཡང་གློ་བུར་གྱིས་ཉེ་བའི་ཉོན་མོངས་པ་རྣམས་ཀྱིས་ཀུན་ནས་ཉོན ་མོངས་སོ། །དེ་དང་བྲལ་ན་རྣམ་པར་བྱང་ངོ། །གལ་ཏེ་སངས་རྒྱས་དཔག་ཏུ་མེད་པ་བྱུང་སྟེ། སེམས་ཅན་དཔག་ཏུ་མེད་པ་དག་གིས་ཀུན་ནས་ཉོན་མོངས་པ་བསལ་ཏེ། ཐོག་མ་མེད་པའི་འཁོར་བར་སངས་རྒྱས་འབྱུང་བ་རེ་རེས་ཀྱང་སེམས ་ཅན་དཔག་ཏུ་མེད་པ་དག་འཁོར་བ་དང་ཕྲལ་ཏེ་།མྱ་ངན་ལས་འདས་པར་བཙུང་ན། དེའི་ཕྱིར། ཇི་ལྟར་འཁོར་བ་རྒྱུན་ཆད་པར་མི་འགྱུར་ཞིང་།མྱ་ངན་ལས་འདས་པ་འཕེལ་བར་མི་འགྱུར་ཞེས་བརྒལ་བ་དེའི་ལན་ནི་འགྲིབ་པ་མེད་པ་དང། ་ཁྱད་པར་དུ་འཕགས་པ་མེད་པ་ཉིད་ཡིན་ཏེ། སེམས་ཅན་གྱི་ཁམས་དང་རྣམ་པར་བྱད་བའི་ཕྱོགས་དཔག་ཏུ་མེད་པའི་ཕྱིར་རོ་ཞེས་བྱ་བ་སྟེ། ཚད་དང་ལྡན་པའི་དངོས་པོ་ནི་འགྲིབ་པ་འམ་རྒྱུན་ཆད་པར་སྔོན་གྱི་སེམས་ཅན་གྱི་ཁམS ་དཔག་ཏུ་མེད་པ་དེ་ལ་ནི། འགྲིབ་པར་ཡང་མི་མངོན་ན་རྒྱུན་ཆད་པར་ལྟ་ག་ལ་མངོན་ཏེ་ནམ་མཁའ་བཞིན་ནོ། །རྣམ་པར་བྱད་བ་ཡང་དཔག་ཏུ་མེད་པའི་ཕྱིར་ཁྱད་པར་ཉིད་ཀྱང་མེད་ན་།དེ་འཕེལ་བར་ཇི་ལྟར་འགྱུར་ཏེ། ནམ་མཁའ་ ་སྒྲིབ་པ་དང་བྲལ་བ་དང་སྒྲིབ་པ་འབྱུང་བ་བཞིན་ནོ། །ལུས་རྣམ་པར་བཞག་པ་གཉིས་ནི་ཞེས་བྱ་བ་ནི་རྡོ་རྗེའི་ཚིགས་རྣམས་ཀྱི་ཞེས་བྱ་བར་སྦྱར་རོ། །གང་ལ་གང་ཞིག་གང་ལས་འཁྲུལ། །མ་འཁྲུལ་གང་ཞིག་གང་ལ་དང། །འཁྲུལ་དང་མ་འཁྲུལ ་འབྲས་བུ་ཉིད། །དེ་ཉིད་ཀྱི་ནི་ཐ་མའོ། །ཞེས་བྱ་བ་ནི་རྡོ་རྗེའི་ཚིག་རྣམས་ཀྱིས་འཁྲུལ་པའི་ཡུལ་དང། འཁྲུལ་པའི་རང་གི་ངོ་བོ་ཉིད་དང་།འཁྲུལ་པའི་རྒྱུ་དང། འཁྲུལ་པའི་འབྲས་བུ་དང། འཁྲུལ་པའི་འབྲས་བུ་མཐར་ཕྱིན་པ་བསྟན་ཏོ། །དེ་བཞིན ་དུ་མ་འཁྲུལ་པའི་རང་གི་ངོ་བོ་དང། མ་འཁྲུལ་པའི་ཡུལ་དང། མ་འཁྲུལ་པའི་འབྲས་བུ་དང། དེའི་མཐར་ཕྱིན་པ་ཡང་བསྟན་ཏོ། །དེ་ལ་གང་ལ་འཁྲུལ་ཅེས་བྱ་བ་ནི། ཡོད་པ་དང་མེད་བ་ལ་སྟེ། ཡི་གེ་རྣམས་ཀྱི་དོན་ཡོད་པ་དང་མེད་པའི ་མཚན་ཉིད་ལ་རྗོད་པ་དང་བརྗོད་པར་བྱ་བ་དང་།དེའི་འབྲེལ་བ་ནི་དངོས་པོའི་ངོ་བོར་ཀུན་བརྟགས་པའི་ཕྱིར་རོ་གང་ཞིག་འཁྲུལ་ཅེས་བྱ་བ་ལ། ཕྱིན་ཅི་ལོག་ནི་འཁྲུལ་བ་སྟེ། བདག་ཉིད་ལ་ཡོད་པ་མ་ཡིན་པར་།གཉིས་ཀྱི་རྣམ་པར་སྣང ་པའི་ཕྱིར་རོ། །གང་ལས་འཁྲུལ་ཞེས་བྱ་བ་ནི། གནས་ལས་འཁྲུལ་པ་སྟེ། གནས་མི་རྟོག་པས་ཡོངས་སུ་བསྒོས་པའི་ཡིད་ལ་བྱེད་པ་ཀུན་གཞི་རྣམ་བར་ཤེས་པའི་བདག་ཉིད་དོ། །མ་འཁྲུལ་གང་ཞིག་ཅེས་བྱ་བ་ནི། སྒྱུ་མ་ལ་སོགས་པ་ལྟ་བུར ་དོན་གྱིས་ཡོད་པ་དང་མེད་པར་མི་འཕྲོ་བ་ནི་མ་འཁྲུལ་པའོ། །དངོས་པོ་དང་དངོས་པོ་མེད་པ་ལ་མངོན་པར་ཞེན་པ་འཁྲུལ་པའི་གཉེན་པ་ཡང་མ་འཁྲུལ་པ་སྟེ། དེ་ནི་སྒྱུ་མ་ལྟ་བུ་ཉིད་དང། རྣམ་པར་མི་རྟོག་པ་ཉིད་དུ་གོ?་རིམས་བཞིན་དུ་བསྟན ་ཏོ། །གང་ལ་ཞེས་བྱ་བ་ནི་གང་ལ་དེ་མ་འཁྲུལ་པའོ། །དེ་ཡང་རང་བཞིན་གྱིས་འོད་གསལ་བ་ཉིད་ལ་སྟེ་།ཡོངས་སུ་གྲུབ་པའི་ངོ་བོ་ཉིད་མཚན་ཉིད་ལའོ། །འཁྲུལ་དང་མ་འཁྲུལ་འབྲས་བུ་ཉིད་ཅེས་བྱ་བ་དེ་ལ་།འཁྲུལ་པའི་འབྲས་བུ་ནི ་ཀུན་ནས་ཉོན་མོངས་པ་སྟེ། འཁྲུལ་པའི་རྒྱུ་མཐུན་པའི་ཞེས་བྱ་བའི་ཚིག་གི་ལྷག་མའོ། །མ་འཁྲུལ་པའི་རྒྱུ་མཐུན་པའི་མ་འཁྲུལ་པ་ནི། མ་འཁྲུལ་པའི་འབྲས་བུའི་ཕྱིར་མ་འཁྲུལ་བའི་འབྲས་བུ་ནི་རྣམ་པར་བྱང ་བ་སྟེ་།མཚུངས་པར་ལྡན་པ་དང་བཅས་པའི་ཞེས་བྱ་བའི་ཚིག་གི་ལྷག་མའོ། །ཉིད་ཅེས་བྱ་བ་བརྗོད་པས་དེའི་འབྲས་བུ་ཀུན་ནས་ཉོན་མོངས་པ་དང་རྣམ་བར་བྱང་བ་ཞེས་བྱ་བ་འདིས་བཤད་དེ། ནམ་མཁའ་ལྟ་བུ་ཉིད་ཅེས་བྱ་བས ་ནི་ཆོས་ཀྱི་དབྱིངས་གང་གིས་འཁྲུལ་བ་དང་མ་འཁྲུལ་པའི་འབྲས་བུ་དེ་དག་ཀུན་ནས་ཉོན་མོངས་བ་དང། རྣམ་བར་བྱང་བའི་བདག་ཉིད་ཡིན་གྱི་།དེ་དེའི་རང་བཞིན་ནི་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར་རོ། །དེ་གཉིས་ནི་ཐ་མའོ་ཞེས་བྱ་བ་ནི ་ཁ་ཅིག་ན་རེ་ཀུན་ནས་ཉོན་མོངས་པ་དང། རྣམ་པར་བྱང་བ་གཉིས་ཀྱི་མཛའ་ནི་མྱ་ངན་ལས་འདས་པ་སྟེ་།དེ་ཡང་འགྲིབ་པ་མེད་པ་དང་ལྷག་བ་མེད་བས་མཐར་ཐུག་པ་མེད་པའི་ཕྱིར་བཤད་དོ་ཞེའོ། །གཞན་དག་ན་རེ་འཁོར་བ ་དཔག་ཏུ་མེད་པའི་ཕྱིར་།འབྲི་བ་མེད་བས་འགྲིབ་པ་མེད་པ་དང་ལྡན་པས་ནི་ཀུན་ནས་ཉོན་མོངས་བའི་ཐ་མའོ། །མྱ་ངན་ལས་འདས་པ་དཔག་ཏུ་མེད་པས་འཕེལ་བ་མེད་པའི་ཕྱིར། ཁྱད་པར་དུ་འཕགས་པ་མེད་པ་དང་ལྡན་པ་ནི ་རྣམ་པར་བྱང་བའི་མཛའ་ཨོ་ཞེས་ཟེར་རོ། །རྡོ་རྗེའི་ཚིག་བཅུ་པོ་འདི་དག་ནི་ཕྱིན་ཅི་མ་ལོག་བའི་ཞར་ལ་བཤད། ཀྱི་མདོར་བྱས་པ་ལས་ནི་མི་འབྱུང་ངོ། །དེ་བས་ན་ཡོད་མེད་ཕྱིན་ཅི་མ་ལོག་དང། །གནས་དང་སྒྱུ་མ་ལྟ་བུ་ཉིད། མི་རྟོག ་པ་དང་རང་བཞིན་གྱིས། །རྟག་པར་འོད་གསལ་ཉིད་དང་ནི། །ཀུན་ནས་ཉོན་མོངས་རྣམ་བྱེད་དང། །དེ་བཞིན་ནམ་མཁའ་ལྟ་བུར་ཉིད། །འགྲིབ་དང་མེད་པ་ལྷག་མེད་པས། རྡོ་རྗེའི་ཚིག་ནི་བཅུ་ཞེས་བྱའོ་ཞེས་བྱ་བ་བར་གྱི་ཚིགས་སུ ་པ་ཅད་པ་གཉིས་ཀྱི་སྡུད་དོ། །འདི་ལ་ཡོངས་སུ་གྲུབ་པའི་སྒྲ་དང་དོན་འབྲེལ་བར་ལྟ་བའི་ཕྱིན་ཅི་ལོག་དང་།དོན་རྣམས་ཇི་ལྟ་བུར་སྣང་བ་དེ་ལྟ་བུར་ངོ་བོ་ཉིད་དུ་ཡོད་བར་མཐོང་བའི་ཕྱིན་ཅི་ལོག་དང་།དོན་དེ་འབྱུང་བའི་རྒྱུ་ལ་ཕྱིན་ཅི་ལོག་དང་།དོན་ལ ་སྒྲོ་འདོགས་པ་དང་སྐུར་བ་འདེབས་པར་ལྟ་བའི་ཕྱིན་ཅི་ལོག་དང་།མིང་ཇི་ལྟ་བ་བཞིན་དུ་དོན་གྱི་ངོ་བོ་ཉིད་དུ་ལྟ་བའི་ཕྱིན་ཅི་ལོག་དང་།དངོས་པོ་རྣམས་ཀྱི་རང་དང་སྤྱིའི་མཚན་ཉིད་ལ་དངོས་པོ་ཉིད་དུ་ཕྱིན་ཅི་ལོག་དང་།བཀྲ་ཤིས་པ ་དང་བཀྲ་ཤིས་པ་མ་ཡིན་པ་ཀུན་ཏུ་སྤྱོད་པ་ལས་རྣམ་པར་དག་པ་དང་།རྣམ་པར་མ་དག་པར་ལྟ་བའི་ཕྱིན་ཅི་ལོག་དང་།གཅིག་ཁོ་ན་ལ་རྣམ་པར་མ་དག་བ་དང་།རྣམ་པར་དག་པར་ལྟ་བའི་ཕྱིན་ཅི་ལོག་དང། ཀུན་ནས་ཉོན ་མོངས་པ་དང་རྣམ་པར་བྱང་བ་སྤང་བ་དང། །འཐོབ་པ་འགྲིབ་པ་དང་ཁྱད་པར་དུ་ལྟ་བས་སྐྲག་པ་དང་རྒྱལ་བ་འབྱུང་བའི་ཕྱིན་ཅི་ལོག་སྟེ། འདི་དག་ནི་ཕྱིན་ཅི་ལོག་བཅུའོ། །བྱང་ཆུབ་སེམས་དཔའ་ ་ལ་དེ་དག་མེད་པས། ཇི་སྐད་བཤད་པའི་དོན་རྣམས་ལ་ཕྱིན་ཅི་མ་ལོག་པར་གནས་པ་ནི་ལྷག་མཐོང་བསྒོམ་པ་ཡིན་པར་རིག་པར་བྱའོ། །རྗེས་སུ་མཐུན་པའི་ཆོས་སྒྲུབ་པ་བཤད་ཟིན་ཏོ།། །། ་རྗེས་སུ་མཐུན་པའི་ཆོས་སྒྲུབ་པའི་འོག་ཏུ་མཛའ་གཉིས་སྤང་བ་སྒྲུབ་བ་བརྗོད་བར་བྱ་སྟེ། དེའི་ཕྱིར་མཛའ་གཉིས་སྤངས་པ་སྒྲུབ་པ་གང་ཞེ་ན་ཞེས་དྲིས་པ་དང་།དེའི་ཕྱིར་གང་དཀོན་མཆོག་བརྩེགས་པ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངS ་ལས་ཡང་དག་པར་སྒྲུབ་པའི་ངོ་བོ་ཉིད་བསྟན་པའི་ཕྱིར་།དབུ་མའི་ལམ་བཤད་དོ་ཞེས་བྱ་བ་སྨོས་སོ། །འོད་སྲུངས་འདི་ལྟ་སྟེ། དཀོན་མཆོག་བརྩེགས་པ་ཆེན་པོ་ཆོས་ཀྱི་རྣམ་གྲངས་ལ་སློབ་བར་འདོད་པའི་བྱང་ཆུབ་སེམས ་དཔའ་ཚུལ་བཞིན་དུ་རབ་ཏུ་ཆོས་ལ་སྦྱར་བར་བྱའོ། །ཚུལ་བཞིན་དུ་ཆོས་ལ་སྦྱོར་བ་གང་ཞེ་ན་།འདི་ལྟ་སྟེ་།ཆོས་རྣམས་ལ་ཡང་དག་པར་སོ་སོར་རྟོག་པ་སྟེ་།གང་བདག་མེད་པར་རྟོག་པ་དང་།སེམས ་ཅན་མེད་པ་དང། སྲོག་མེད་པ་དང་།གསོ་བ་མེད་བ་དང་།སྐྱེས་བུ་མེད་པ་དང། གང་ཟག་མེད་པ་དང། ཤེད་ལས་སྐྱེ་མེད་བ་དང་།ཤེད་བུ་མེད་བར་སོ་སོར་རྟོག་བ་འདི་ནི། འོད་སྲུངས་དབུ་མའི་ལམ་མོ་ཞེས་བྱ་བ་ནས། མར ་མེའི་དཔེ་གཉིས་པ་ལ་ཐུག་གི་བར་དུ་རྒྱ་ཆེར་འབྱུང་པའོ། །མཛའ་གང་སྤངས་བས་དེ་རིག་པར་བྱ་ཞེ་ན་ཞེས་བྱ་བའི་མཛའ་གང་སྤངས་བས་དབུ་མའི་ལམ་ཤེས་པར་བྱ་ཞེས་བྱ་བའི་ཐ་ཚིག་གོ། དེའི་ཕྱིར། ཐ་དད་པ་དང་གཅིག ་མཛའ་དང། །མུ་སྟེགས་ཉན་ཐོས་གཉིས་ཀ་དང་།ཞེས་རྒྱ་ཆེར་གསུངས་སོ། །བཅོ་ལྔ་པོ་འདི་དག་ནི་མཛའ་གཉིས་དབྱེ་བ་སྟེ་།འདི་དག་སྤངས་བས་དེ་རིག་བར་བྱའོ། །འདིར་ཐ་དད་བ་ལ་སོགས་བར་ལྟ་བའི་མཛའ་ནི་ཕྱོགས ་རེ་རེ་ལ་མངོན་པར་ཞེན་པའི་ཕྱིར་འབྲས་བུ་ལ་སྒྱུ་གདགས་པར་བྱས་པའོ། །དེ་ལ་གཟུགས་ལ་སོགས་པ་དང་བདག་ཐ་དད་ཅེས་བྱ་བ་ཡང་མཛའ་ཨོ། །གཅིག་ཅེས་བྱ་བ་ཡང་མཛའ་ཨོ་ཞེས་བྱ་བ་དེ་ལ། གཟུགས་ལ་སོགས་པ་ཕུང ་པོ་རྣམས་དང། སྐྱེ་མཆེད་རྣམས་དང་ཁམས་རྣམས་ནི་བདག་རྟག་བའི་སྤྱད་བར་བྱ་བའི་འོས་སུ་རྟོགས་པ་གང་ཡིན་པ་དེ་དག་ནི་གཟུགས་ལ་སོགས་པ་དང་བདག་ཐ་དད་དོ་སྙམ་པའི་མཛའ་ཨོ། །ནད་གི་འདུ་བྱེད་གཟུགས་ལ ་སོགས་བ་ལ་བདག་ཏུ་འདུ་ཤེས་ནས་གང་མཐོང་བ་དང། ཐོས་པ་དང། ཤེས་པ་དེ་ནི་བདག་ཡིན་ལ་།ཕྱིའི་རྣམས་ནི་བདག་གི་བ་ཡིན་པར་རྟོག་བ་གང་ཡིན་བ་དེ་ནི་གཟུགས་ལ་སོགས་པ་དང་བདག་གཅིག་གོ་ཞེས ་བྱ་བའི་མཛའ་སྟེ། །གང་མདོ་སྡེ་ལས་།སྲོག་ཀྱང་གཞན་ལ་ལུས་ཀྱང་གཞན་བ་དང་སྲོག་དེ་ལུས་དེ་ཡིན་ཞེས་བྱ་བར་ལྟ་བ་ཉིད་འདིར་མཛའ་ཞེས་བྱ་བའི་སྒྲར་བསྟན་ཏོ། །དེ་ཡོངས་སུ་སྤངས་བའི་ཕྱིར་ཞེས་བྱ་བ་ནི་གཟུགས་ལ་སོགས་པ་དང ་བདག་དེ་ཉིད་དང་གཞན་གྱི་མཛའ་ཡོངས་སུ་སྤང་བའི་ཕྱིར་རོ། །དབུ་མའི་ལས་གང་ཆོས་ཙམ་ཞིག་ཡུལ་དུ་གྱུར་པའི་ཡེ་ཤེས་སོ། །དེ་ཉིད་བསྟན་པའི་ཕྱིར་གང་བདག་མེད་པར་སོ་སོར་རྟོག་བ་ནས་ཤེད་བུ་མེད་པར་སོ་སོར་རྟོག་པའི་བར་དུའོ ་ཞེས་བྱ་བ་སྨོས་སོ། །ཆོས་ཙམ་དུ་མཐོང་བས་ན་བདག་མོ་གཤམ་གྱི་བུ་བཞིན་དུ་མེད་བར་ཁོང་དུ་ཆུད་ནས་མེད་པར་སོ་སོར་རྟོག་སྟེ་།རྗེས་སུ་རྟོགས་ཞེས་བྱ་བའི་ཐ་ཚིག་གོ། དེ་དང་གཟུགས་ལ་སོགས་པ་དེ་ཉིད་དམ་གཞན ་དུ་འཛིན་པར་ལྟ་ག་ལ་འགྱུར་།བདག་ཅེས་བྱ་བའི་སྒྲ་ཉིད་ཀྱིས་དེའི་དོན་ཁོང་དུ་ཆུད་བར་འགྱུར་ན། ཅིའི་ཕྱིར་སེམས་ཅན་ལ་སོགས་པ་རྣམ་གྲངས་ཀྱི་བྱེ་བྲག་སྨོས་ཞེ་ན། ཐམས་ཅད་ཀྱིས་རྣམ་གྲངས་ཐམས་ཅད་ཁོང་དུ་ཆུད་པ ་མི་འགྱུར་ཏེ་།དེའི་ཕྱིར་ཐམས་ཅད་ཀྱིས་དེའི་དོན་ཁོང་དུ་ཆུད་བར་བྱ་བའི་ཕྱིར་རྣམ་གྲངས་གཞན་བཤད་དོ། །ཡང་ན་དེའི་དུས་སུ་གཡེངས་བ་རྣམས་ལ་རྣམ་གྲངས་གཞན་གྱིས་དེའི་དོན་རྟོགས་པར་བྱ་བའི་ཕྱིར་ཏེ་།རྗོད་བར་བྱ ་བ་དེ་ཉིད་བརྗོད་ན་ནི་གཞན་དག་གིས་བརྙད་བར་འགྱུར་བའི་ཕྱིར་རོ། །གཟུགས་ལ་སོགས་པ་རྟག་གོ་ཞེས་བྱ་བ་ནི་མུ་སྟེགས་ཅན་གྱི་མཛའ་སྟེ་།དེ་དག་ནི་རྟག་པར་ཕྱིན་ཅི་ལོག་གིས་ནོན་པའི་ཕྱིར་ཀུན་བརྟགས་པའི་གཟུགས ་ལ་སོགས་པ་ལ་དངོས་པོ་ཁོ་ནར་མངོན་པར་ཞེན་ནས་རྟག་པ་ཉིད་དུ་རྟོག་གོ། མི་རྟག་གོ་ཞེས་བྱ་བ་ནི་ཉན་ཐོས་ཀྱི་མཛའ་སྟེ། དེ་དག་ཀྱང་ཀུན་བརྟགས་པའི་ངོ་བོ་ཉིད་ཀྱི་གཟུགས་ལ་སོགས་པ་ལ་དངོས་པོའི་ངོ་བོར་མི་རྟག ་པ་ཉིད་དུ་སྒྲོ་འདོགས་པའི་ཕྱིར་མཛའ་ཉིད་དེ་།ཤིན་ཏུ་འཁོར་བ་ལས་སྐྱོ་བར་བྱེད་པ་དང་མྱ་ངན་ལས་འདས་པའི་མཐར་ལྷུང་བར་བྱེད་པས་མི་རྟག་པར་ལྟ་བའི་མཛའ་ཨོ། །དེ་གཉི་ག་ཡོངས་སུ་སྤང་བའི ་ཕྱིར་ཞེས་བྱ་བ་མི་རྟག་པ་དང་མི་རྟག་པར་ལྟ་བ་ཡོངས་སུ་སྤང་བའི་ཕྱིར་དབུ་མའི་ལམ་སྟེ། གང་གཟུགས་ལ་སོགས་པ་ལ་རྟག་པར་ཡང་མི་རྟོག། མི་རྟག་པར་ཡང་མི་རྟོག་པའོ། །དེ་ཡང་གང་ཞེ་ན་།རྣམ་པར་མི་རྟག་པའི་ཡེ་ཤེས ་ཏ། གང་གཟུགས་ལ་སོགས་པ་ལ་གཟུགས་ལ་སོགས་པ་ཉིད་དུ་རྟག་པ་འམ་།མི་རྟག་པར་མི་རྟོག་པའོ། །གཟུགས་ལ་སོགས་པ་ཞེས་བྱ་བ་ལ་སོགས་པའི་སྒྲས་ནི་ཚོར་བ་དང། །འདུ་ཤེས་དང། འདུ་བྱེད་དང་རྣམ་པར་ཤེས ་པའི་ཕུང་པོ་རྣམས་དང། ས་དང། ཆུ་དང། མེ་དང། རླུང་དང་།ནམ་མཁའ་ཨི་ཁམས་རྣམས་དང། མིག་དང། རྣ་བ་དང། སྣ་དང། ལྕེ་དང་།ལུས་དང། ཡིད་ཀྱི་སྐྱེད་མཆེད་རྣམས་བསྡུའོ། །བདག་ཡོད་ཅེས་བྱ་བའི་སྒྲས་ནི་གང ་ཟག་བུ་སྒྲོ་འདོགས་པའི་མཛའ་ཨོ་ཞེས་བྱ་བ་ནི་ཕུང་པོ་དང་།ཁམས་དང། སྐྱེད་མཆེད་རྣམས་དང། ཐ་དད་པ་འམ། ཐ་དད་པ་མ་ཡིན་པའང་རུང་སྟེ་།བདག་མོ་གཤམ་གྱི་བུ་བཞིན་དུ་རྫས་མེད་པར་མཐོང་ཡང་།གང་ཟག ་ལ་བདག་ཏུ་དངོས་པོའི་ངོ་བོར་སྒྲོ་འདོགS་པའི་ཕྱིར་མཛའ་ཨོ། །བདག་མེད་ཅེས་བྱ་བ་ནི་སྐུར་པ་འདེབས་པའི་མཛའ་སྟེ། ཞེས་བྱ་བ་ནི་ཡོད་པ་ལ་མེད་པར་ཡོངས་སུ་རྟོག་པ་ནི་སྐུར་བ་འདེབས་པ་ཞེས་བྱ་ན། བདག་ནི་མེད་པས་ཇི ་ལྟར་བདག་མེད་ཅེས་བྱ་བ་ལ་སྐུར་པ་འདེབས་པའི་མཐར་འགྱུར་ཞེ་ན། དེའི་ཕྱིར། བརྟགས་པའི་ཡོད་པ་ལ་སྐུར་པ་འདེབས་པའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། བདག་མེད་པར་སྐུར་བ་འདེབས་པའི་མཛའ་ཞེས་བྱ་བ་དང་སྦྱར་རོ། །དེ་ཡང ་ཆོས་རྣམས་ཀྱི་རྒྱུན་ཏེ་།གང་ལ་རྒྱུ་དང་འབྲས་བུ་འབྲེལ་བར་མངོན་པའོ། །ཡང་ན་སྤྱིར་གང་དུ་ལྷ་དང་མིར་གདགས་པའོ། །དེ་ཡོངས་སུ་སྤངས་པའི་ཕྱིར་དབུ་མའི་ལམ་སྟེ་ཞེས་བྱ་བ་ནི་བདག་ཡོད་པ་དང་མེད་པར་ལྟ་བ་ཡོངས་སུ་སྤང ་པའི་ཕྱིར་རོ། །དེ་ནི་དབུ་མའི་ལམ་གང་ཡིན་པ་རྟག་པར་བྱ་བའི་ཕྱིར། གང་བདག་དང་བདག་མེད་པ་དེ་གཉིས་ཀྱི་དབུས་ཞེས་བྱ་བ་སྨོས་སོ། །དེའི་དབུས་ཅི་ཞིག་ཅེ་ན། རྣམ་པར་མི་རྟོག་པའི་ཡེ་ཤེས་སོ། །གཟུང་བའི་དོན་ལ ་རྣམ་པར་རྟོག་པ་མཛའ་ཉིད་དུ་བསྟན་ནས། འཛིན་པའི་དོན་ལ་རྣམ་པར་རྟོག་པ་མཛའ་ཉིད་དུ་བསྟན་པའི་ཕྱིར། །སེམས་ཡང་དག་པའོ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཡང་ན་གང་ཟག་ལ་སྒྲོ་འདོགས་པ་དང་སྐུར་པ་འདེབས་པའི ་མཛའ་བསྟན་ནས་ཆོས་ལ་སྒྲོ་འདོགས་པ་དང་སྐུར་པ་འདེབས་པའི་མཛའ་བསྟན་པའི་ཕྱིར། སེམས་ཡང་དག་པའོ། །ཞེས་བྱ་བ་ནི་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །སེམས་ཇི་ལྟར་སྣང་བ་དང་ཇི་ལྟར་བརྗོད་པ་དེ་བཞིན་དུ་ཡང་དག་པར ་ཡོད་དོ་ཞེས་བྱ་བ་འདི་ནི། ཆོས་ལ་སྒྲོ་འདོགས་པའི་མཛའ་སྟེ་སེམས་ཀྱི་ངོ་བོ་ཉིད་ཡང་དག་པ་མ་ཡིན་པ་ལ་ཡང་དག་པ་ཉིད་དུ་སྒྲོ་འདོགS་པའི་ཕྱིར་རོ། །སེམས་ཡང་དག་པ་མ་ཡིན་ནོ་ཞེས་བྱ་བ་ནི་སྐུར་པ་འདེབས་པའི་མཛའ་ཨོ། །དེ ་ནི་གཟུང་བ་དང་འཛིན་པ་དང་བྲལ་བའི་བདག་ཉིད་བརྗོད་དུ་མེད་པར་ཡོད་ཀྱང་མེད་པར་མཐོང་སྟེ་།ཆོས་ཀྱི་ངོ་བོ་ཉིད་ལ་རྣམ་པ་ཐམས་ཅད་དུ་སྐུར་པ་འདེབས་པས་ན་སྐུར་པ་འདེབས་བའི་མཛའ་ཨོ། །དེ་ཡོངས་སུ་སྤང་བའི་ཕྱིར་ཞེས ་བྱ་བ་ནི་སྒྲོ་འདོགས་པ་དང་སྐུར་པ་འདེབས་པ་དང་བྲལ་བ་ཆོས་ལ་བདག་མེད་པར་རྟོགས་པར་བྱ་བའི་ཕྱིར་། དབུ་མའི་ལམ་སྟེ་།དེ་ནི་གང་ལ་སེམས་མེད་པ་དང་།ཡིད་མེད་པ་དང། རྣམ་པར་ཤེས་པ་མེད་པ་ཞེས་བྱ་བ་ནི་མངོན་པར ་ཞེན་པ་འབྱུང་བ་མེད་དོ་ཞེས་བྱ་བའི་ཚིག་གི་ལྷག་མའོ། །ཡང་ན་ཡུལ་གང་ལ་ཟག་པ་དང་བཅས་པའི་བག་ཆགས་བསགས་པའི་བདག་ཉིད་ཀྱི་སེམས་མི་འཇུག་པ་དང། མངོན་པར་འདུ་བྱེད་པ་མེད་པའི ་མཚན་ཉིད་ཀྱི་སེམས་པ་མེད་པ་དང། རློམ་སེམས་ཀྱི་རྣམ་པའི་ཡིད་མེད་པ་དང་རྣམ་པར་རྟོག་པའི་རྣམ་པར་ཤེས་པ་མེད་པ་འདི་ནི་དབུ་མའི་ལམ་ཤེས་ཞེས་བྱའོ། །དེ་ལ་སེམས་ནི་ཀུན་གཞི་རྣམ་པར་ཤེས་པ་སྟེ་།ཟག་པ་དང ་བཅས་པའི་ཆོས་ཐམས་ཅད་ཀྱི་བག་ཆགས་བསགས་པའི་ཕྱིར་རོ། །སེམས་པ་ནི་ཡིད་ཀྱི་ལས་ཏེ། དགེ་བ་དང་མི་དགེ་བ་དང། ལུང་དུ་མ་བསྟན་པ་རྣམས་ལ་སེམས་འཇུག་པར་བྱེད་པའི་ལས་ཅན་ནོ། །ཡིད་ནི་ཉོན་མོངས་པ་ཅན ་གྱི་ཡིད་དོ། །རྣམ་པར་ཤེས་པ་ནི་རྣམ་པར་ཤེས་པའི་ཚོགས་དྲུག་གོ། མི་དགེ་བ་ལ་སོགས་པས་ཆོས་རྣམས་ནི་ཀུན་ནས་ཉོན་མོངས་པའོ། །ཞེས་བྱ་བ་ནི་མི་མཐུན་པའི་ཕྱོགས་ཀྱི་མཛའ་ཨོ། །དགེ་བ་ལ་སོགས་པ་ནི་རྣམ་པར་དག ་པའོ། །ཞེས་བྱ་བ་ནི་གཉེན་པོའི་མཛའ་ཨོ། །ཞེས་བྱ་བ་ལ་སོགས་པའི་སྒྲས་ནི་ཁ་ན་མ་ཐོ་བ་དང་བཅས་པ་དང་ཁ་ན་མ་ཐོབ་མེད་པ་དང། འཇིག་ཏེ?་པ་དང། འཇིག་རྟེན་ལས་འདས་པ་དང། །ཟག་པ་དང་བཅས་པ་དང། ཟག་པ ་མེད་པ་དང། འདུས་བྱས་དང། འདུས་མ་བྱས་ལ་སོགས་པ་བསྟན་པར་འགྱུར་རོ། །དེ་ལ་དགེ་བ་དང་མི་དགེ་བའི་ཆོས་ཇི་ལྟར་སྣང་བ་དང་བརྗོད་པ་དེ་བཞིན་དུ་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བར་ལྟ་བ་ནི། །མི་མཐུན ་པའི་ཕྱོགས་ཀྱི་མཛའ་དང། གཉེན་པོའི་མཛའ་ཨོ། །དེ་ལ་མི་དགེ་བ་ནི་མི་བདེ་བའི་དོན་ཏོ། །ཁ་ན་མ་ཐོ་བ་དང་བཅས་པ་ནི་ཉེས་པར་སྤྱོད་པ་ཀུན་ནས་སློང་བའི་ཕྱིར་རོ། །འཇིག་རྟེན་པ་ནི་ཕྱིན་ཅི་ལོག་གི་ཕྱིར་རོ། །ཟག་པ་དང་བཅས ་པ་ནི་ཟག་པ་རྒྱས་པར་འགྱུར་བའི་ཕྱིར་རོ། །འདུས་བྱས་ནི་རྐྱེན་རྣམས་ཀྱིས་བསྐྱེད་པའི་ཕྱིར་རོ། །དེ་ལས་བཟློག་པ་ནི་དགེ་བ་ལ་སོགས་པར་རིག་པར་བྱའོ། །དེ་ཡོངས་སུ་སྤང་བའི་ཕྱིར་དབུ་མའི་ལམ་སྟེ་ཞེས་བྱ་བ་ལ། མི་མཐུན་པའི་ཕྱོགས་དང ་གཉེན་པོ་ནི་དེ། ཞེས་བྱ་བའི་སྒྲ་དང་སྦྱར་རོ། །དབུ་མའི་ལམ་མི་ཤེས་ནས་།དེའི་ཕྱིར། གང་མཛའ་དེ་གཉིས་ཁས་མི་ལེན་ཅིང་མི་བརྗོད་མི་སྨྲའོ་ཞེས་བྱ་བ་སྨོས་སོ། །དེ་ཁས་མི་ལེན་པ་ནི་མི་མཐུན་པའི་ཕྱོགས་དང་གཉེན་པོ་ལ་མངོན་པར ་ཞེན་བ་མེད་པའོ། །མི་བརྗོད་པ་ནི་མི་མཐུན་པའི་ཕྱོགས་དང་གཉེན་པོའི་མཛའ་དེ་ལ་གཞན་དག་ཡང་དག་པར་འཛིན་དུ་མི་འཇུག་པའི་ཕྱིར་རོ། །མི་སྨྲ་བ་ནི་མི་མཐུན་པའི་ཕྱོགས་དང་གཉེན་པོ་གཉིས་མི་བརྗོད་པའི་ཕྱིར་རོ། །མུ་སྟེགས ་ཅན་དང་ཉན་ཐོས་ཀྱི་མཛའ་ཨི་གཉེན་པོར་དབུ་མའི་ལམ་བསྟན་ནས། བྱང་ཆུབ་སེམས་དཔའ་ཨི་མཛའ་ཨི་གཉེན་པོར་དབུ་མའི་ལམ་བསྟན་པའི་ཕྱིར། གང་ཟག་དང་ཆོས་དེ་གཉིས་ཡོད་ཅེས་བྱ་བ་ནི་རྟག་པའི་མཛའ་ཨོ། །མེད་དོ་ཞེས་བྱ ་བ་ནི་ཆད་པའི་མཛའ་ཨོ་ཞེས་བྱ་བ་སྨོས་ཏེ། རང་གི་མཚན་ཉིད་ལ་རྟག་པར་སྒྲོ་འདོགས་པའི་ཕྱིར་།ཡོད་དོ་ཞེས་བྱ་བ་ནི་རྟག་པའི་མཛའ་ཨོ། །རང་གི་ངོ་བོ་ལ་རྣམ་པ་ཐམས་ཅད་དུ་སྐུར་བ་འདེབས་བའི་ཕྱིར་མེད་དོ་ཞེས་བྱ་བ་ནི་ཆད་བའི ་མཛའ་ཨོ། །དེ་ཡོངས་སུ་སྤང་པའི་ཕྱིར་དབུ་མའི་ལམ་སྟེ་།མཛའ་དེ་གཉིས་ཀྱི་དབུས་གང་ཡིན་པའོ་ཞེས་བྱ་བ་ལ། ཁ་ཅིག་ན་རེ་མཛའ་གཉིས་ཀ་དང་བྲལ་བ་ནི་འདིར་དབུ་མར་འདོད་དོ་ཞེའོ། །གཞན་ན་རེ་འདི་གཉི་གའི་མཚན་ཉིད ་ནི་འདིར་མཛའ་གཉིས་ཀྱི་དབུས་སོ་ཞེའོ། །ཇི་ལྟ་ཞེ་ན་།ཡང་དག་བ་མ་ཡིན་པ་ཀུན་རྟོག་པ་ལྟ་བུ་འམ། ཆོས་ཀྱི་དབྱིངས་ལྟ་བུར་ཤེས་བྱ་དང་བརྗོད་པར་བྱ་བའི་དངོས་པོ་རྫས་ཉིད་དང་དོན་དམ་པར་ཡོད་དོ་ཞེས་མངོན་པར་ཞེན ་པ་དེ་ནི་རྟག་པའི་མཛའ་སྟེ། དེ་ནི་དེ་བཞིན་དུ་མེད་པའི་ཕྱིར་རོ། །དེ་ལྟར་རི་བོང་གི་རྭ་བཞིན་དུ་མེད་པ་ཉིད་དུ་ལྟ་བ་ནི་ཆད་བའི་མཛའ་སྟེ། ཅིའི་ཕྱིར་ཞེ་ན། དེ་བརྟགས་བར་ཡོད་པའི་ཕྱིར་རོ། །དེ ་བས་ན་དེ་བསལ་བར་བྱ་བའི་ཕྱིར་ཆད་བའི་མཛའ་ཞེས་བྱའོ། །དེའི་ཕྱིར་ཡོད་པ་ཉིད་དང་མེད་པ་ཉིད་ཀྱི་དབུས་རྫས་ཉིད་དང་དོན་དམ་པར་མེད་པ་ལ་བརྟགས་བར་ཡོད་དེ་ཞེས་བྱ་བ་ནི་གཉི་གའི་མཚན་ཉིད་ཡིན་ནོ། །དེ་མི་མཐུན་བའི ་ཕྱོགས་དང་གཉེན་པོ་ལ་སྒྲོ་འདོགས་པའི་མཛའ་ཨི་དབང་དུ་མཛད་དེ་མ་རིག་པ་ལ་གཟུང་བའོ། །འཛིན་པའོ་ཞེས་བྱ་བ་ནི་མཛའ་སྟེ། དེ་བཞིན་དུ་མ་རིག་པ་དང། འདུ་བྱེད་རྣམས་དང། དེའི་གཉེན་པོ་འདུས་མ་བྱས་ལ་གཟུང་བའོ ་འཛིན་བའོ་ཞེས་བྱ་བ་ཡང་མཛའ་སྟེ། འདིར་རྒ་ཤིའི་བར་ལ་ཞེས་བྱ་བའི་མཛའ་སྨོས་པ་ནི་རྣམ་པར་ཤེས་པ་དང་།མིང་དང་གཟུགས་ལ་སོགས་པ་ཡང་བསྡུའོ། །རྣམ་པར་ཤེས་པ་ལ་གཟུང་བའོ་འཛིན་པའོ་ཞེས་ཕྱ་བ་ཡང ་མཛའ་ཨོ། །དེ་བཞིན་དུ་མིང་དང། གཟུགS་དང། སྐྱེ་མཆེད་དྲུག་དང། རེག་པ་དང། ཚོར་བ་དང། སྲེད་པ་དང། ལེན་པ་དང། སྲིད་པ་དང། སྐྱེ་བ་དང། རྒ་ཤི་ལ་གཟུང་བའོ་འཛིན་པའོ་ཞེས་བྱ་བ་ཡང་མཛའ་ཨོ། །དེ་ལ ་མ་རིག་བ་ནི་བདེན་བ་དང་དཀོན་མཆོག་མི་ཤེས་པའི་བདག་ཉིད་དོ། །འདུ་བྱེད་རྣམས་ནི་བསོད་ནམས་དང། བསོད་ནམས་མ་ཡིན་བ་དང་།མི་གཡོད་འི་ངོ་བོ་ཉིད་དེ། ཟག་པ་དང་བཅས་བའི་སེམས་པས་ཡང་སྲིད་བ་མངོན་བར ་འདུ་བྱེད་པའི་ཕྱིར་རོ། །དེ་བཞིན་དུ་ཀུན་ནས་ཉོན་མོངས་པའི་མཚན་ཉིད་བཤད་པའི་ཚུལ་དུ་རྣམ་པར་ཤེས་པ་ལ་སོགས་པ་ཡང་རྒྱ་ཆེར་བརྗོད་བར་བྱའོ། །རིག་པ་ནི་ཟག་པ་མེད་པའི་ཡེ་ཤེས་སོ། །འདུ་བྱེད་རྣམས་ཀྱི་གཉེན ་པོ་ནི་འདུས་མ་བྱས་ཀྱི་ཡེ་ཤེས་སོ། །དེ་ཉིད་ཀྱི་ཕྱིར་འདུས་མ་བྱས་གཞན་ལས་དབྱེ་བའི་ཕྱིར་གཉེན་པོ་ཞེས་བྱ་བ་སྨོས་སོ། །གཞན་དག་ནི་མི་སྐྱེ་བ་ཅན་ཡིན་པས་ན་འདུས་མ་བྱས་རྣམ་པ་བརྒྱད་ཅར་ཡང་འདིར་འདོད་དོ། །གཉེན་པོ ་ནི་ཟག་པ་མེད་པའི་སེམས་པ་སྟེ་།ཡང་སྲིད་པ་མངོན་པར་འདུ་མི་བྱེད་བའི་ཕྱིར་རོ་སྙམ་དུ་སེམས་སོ། །དེ་འགོག་པ་ལ་གཟུང་བའོ་འཛིན་བའོ་ཞེས་བྱ་བ་ཡང་མཛའ་སྟེ་ཞེས་བྱ་བ་ལ། དེ་ཞེས་བྱ་བའི་སྒྲས་ནི་རྣམ་པར་ཤེས་པ་ལ ་སོགས་པ་ནས་རྒ་ཤིལ་ཐུག་གི་བར་དུ་སྦྱར་རོ། །འགོག་པ་ཡང་ངོ་བོ་ཉིད་དམ་རྒྱུ་ཡིན་པ་མི་ཤེས་ནས། དེའི་ཕྱིར་ལམ་གང་གི་མིང་དང་གཟུགས་འགག་པའོ། །ཞེས་བྱ་བ་སྨོས་སོ། །གང་གིས་མིང་དང་གཟུགས་དེ་འགག་བར ་འགྱུར་ཞེ་ན་།མིང་དང་གཟུགས་ཀྱི་གཉེན་པོ་ཟག་བ་མེད་པའི་ལམ་གྱིས་སོ། །རིག་པ་དང་མ་རིག་པ་དེ་ནི་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་དོ་ཞེས་བྱ་བ་དེ་ནི། འདིར་ཡེ་ཤེས་འཁོར་དང་བཅས་པ་སྟེ་ལམ་མོ། །དེའི་ཕྱིར་འདིས ་འགག་བར་བྱེད་པས་འགོག་པའོ། །དེ་ལ་མཛའ་གང་ཞེ་ན། གཟུང་བ་དང་འཛིན་པ་ལ་མངོན་པར་ཤེས་པ་འདི་ཉིད་དོ། །ཅིའི་ཕྱིར་ཞེ་ན། མ་རིག་པ་ལ་སོགས་པ་གཉིས་མེད་པའི་རང་བཞིན་དག་ལ་མེད་བཞིན་དུ་གཉིས་སུ ་སྒྲོ་འདོགས་པ་འཇུག་པའི་ཕྱིར་རོ། །དེ་བཞིན་དུ་ནག་པོ་དང་དཀར་པོའི་ཕྱོགས་ཀྱི་བྱེ་བྲག་གིས། གཟུང་བ་དང་འཛིན་པའི་མཛའ་རྣམ་པ་གཉིས་སོ་ཞེས་བྱ་བ་དེ་ལ། ནག་བོའི་ཕྱོགས་ནི་མ་རིག་པ་ནས་རྒ་ཤིའི་བར་སྲིད ་བའི་ཡན་ལག་བཅུ་གཉིས་སོ། །དེ་བཞིན་དུ་དཀར་པོའི་ཕྱོགས་ཀྱང་མ་རིག་པ་ལ་སོགས་པ་འགག་པའི་བྱེ་བྲག་གིས་མ་རིག་པ་འགག་པ་ནས། རྒ?་ཤི་འགོག་པའི་བར་རྣམ་པ་བཅུ་གཉིས་སོ། །དེ་ལ་འདིས་མ་རིག་པ་ལ་སོགས་པ ་འགག་བར་འགྱུར་བས་ན། དེའི་གཉེན་པོར་གྱུར་པ་འམ་ཉིད་ལ་འགོག་པའི་སྒྲར་བརྗོད་དོ། །དེ་ཡོངས་སུ་སྤང་བའི་ཕྱིར་ཞེས་བྱ་ནི་གཟུང་བ་དང་འཛིན་པའི་མཛའ་ཡོངས་སུ་སྤང་པའི་ཕྱིར་དབུ ་མའི་ལམ་བསྟན་ཏོ་ཞེས་བྱ་བ་དང་སྦྱར་རོ་དེ་ཡང་མི་ཤེས་ཏེ། དེའི་ཕྱིར་རིག་པ་དང་མ་རིག་པ་འདི་ནི་གཉིས་སུ་མེད་ཅེས་བྱ་བ་སྨོས་སོ། །ཇི་ལྟར་ན་རིག་པ་དང་མ་རིག་པ་ནས། རྒ་ཤི་དང་རྒ་ཤི་འགག་པའི་བར་དུ་གཉིས་སུ་མེད་ཅེ་ན། དེའི་ཕྱིར་རིག ་པ་དང་མ་རིག་པ་ལ་སོགས་པ་གཟུང་བ་དང་འཛིན་པའི་དངོས་པོ་མེད་པའི་ཕྱིར་རོ། །ཞེས་བྱ་བ་སྨོས་སོ། །དེའི་དངོས་པོ་མེད་པ་ནི་མ་རིག་པ་ལ་སོགས་པ་གཉིས་སུ་མེད་བའི་རང་བཞིན་ཡིན་པའི་ཕྱིར་རོ། །ཡང་ན་རིག་པ་དང་མ་རིག ་པ་ནི་ཀུན་བརྟགས་བའི་ངོ་བོ་ཉིད་དེ། དེའི་ཕྱིར་ཀུན་བརྟགས་པའི་ངོ་བོ་ཉིད་རིག་པ་དང། མ་རིག་པ་དངོས་པོ་མེད་པར་མཚུངས་པས། རིག་པ་དང་མ་རིག་པ་གཉིས་སུ་མེད་དོ། །དེ་བཞིན་དུ་འདུ་བྱེད་རྣམས་དང། འདུས་མ ་བྱས་དང། རྣམ་པར་ཤེས་པ་དང། དེ་འགོག་པ་ནས་འགོག་པ་དང་རྒ་ཤི་ཞེས་བྱ་བའི་བར་དུ་བརྗོད་པར་བྱའོ། །འདིར་དབུ་མའི་ལམ་གང་ཞེ་ན། རིག་པ་དང་མ་རིག་པ་འདི་ནི་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་པར་ཤེས ་པ་དེ་ཉིད་དེའི་རིག་པ་བསྐྱེད་པར་བྱ་བ་ཡང་མེད་ཅིང་མ་རིག་པ་དགག་བར་བྱར་ཡང་མེད་ཅིང། འདུ་བྱེད་རྣམས་སྤང་བར་བྱ་བ་ཡང་མེད་ལ། དེ་འགོག་པ་ཐོབ་པར་བྱ་བ་ཡང་མེད་པ་དེ་ལྟར་ཤེས་བ་གང་ཡིན་པ་དེ་ནི་གཉིས ་སུ་དབྱེར་མེད་པའོ། །ཀུན་ནས་ཉོན་མོངས་པ་ནི་རྣམ་པ་གསུམ་སྟེ་ཞེས་བྱ་བ་དེ་ལ། ཉོན་མོངས་པ་རྣམས་ནི་ལས་དང་ཚེའི་ཀུན་ནས་ཉོན་མོངས་པའི་རྒྱུ་ཡིན་པ་དང། བདག་ཉིད་ཀྱང་ཉོན་མོངས་པར་གྱུར་པས་ཀུན་ནས་ཉོན་མོངས ་པ་ཞེས་བྱའོ། །ཡང་ན་བདག་དང་གཞན་ལ་གནོད་པར་བྱེད་པའི་རྒྱུ་ཡིན་པས་ཀུན་ནས་ཉོན་མོངས་པ་ཞེས་བྱའོ། །ལས་ཀྱང་ཉོན་མོངས་པའི་དབང་གིས་བྱུང་བ་དང། ཚེའི་རྒྱུར་གྱུར་བ་དང། བདག་ཉིད་ཀྱང་ཁ་ཅིག་ཉོན་མོངས་པར་གྱུར ་པས་ཀུན་ནས་ཉོན་མོངས་པ་ཞེས་བྱའོ། །ཚེ་ཡང་ལས་དང་ཉོན་མོངས་པའི་དབང་གིས་བྱུང་བ་དང་གནོད་པ་ཐམས་ཅད་ཀྱི་གནས་སུ་གྱུར་པའི་ཕྱིར་ཀུན་ནས་ཉོན་མོངས་པ་ཞེས་བྱའོ། །ཡང་ཉོན་མོངས་པའི་ཀུན་ནས་ཉོན་མོངས་པ་རྣམ་པ་གསུམ ་དུ་དབྱེ་བ་བསྟན་པའི་ཕྱིར། ཀུན་ནས་ཉོན་མོངས་པ་ཡང་རྣམ་པ་སྟེ་ཞེས་རྒྱ་ཆེར་སྨོས་སོ། །དེ་ལ་ལྟ་བ་ནི་ལྔ་སྟེ། །འཇིག་ཚོགས་ལ་ལྟ་བ་ལ་སོགས་པའོ། །འདོད་ཆགས་དང། ཞེ་སྡང་དང། གཏི་མུག་ཉིད་རྒྱུ་སྟེ། མྱ་ངན་ལ་སོགས་པའི ་རྒྱུ་དང་ཡང་སྲིད་བའི་རྒྱུ་ཡིན་པའི་ཕྱིར་རོ། །གཞན་དག་ན་རེ་འདོད་ཆགས་ལ་སོགས་པའི་རྒྱུ་ནི་དེའི་རྗེས་སུ་མཐུན་པ་དབང་པོ་དང། དོན་དང་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་དང། འདོད་ཆགས་ལ་སོགས་པའི་བག་ཆགས་ཀུན ་གཞི་རྣམ་པར་ཤེས་པ་ལ་གནས་པའོ་ཞེས་ཟེར་རོ། །དེར་སྣང་བ་ནི་འདོད་ཆགས་ལ་སོགས་པའི་རྒྱུ་བོ་ཞེས་དེ་སྐད་ཀྱང་མཛེར་ཏོ། །ཡང་སྲིད་བ་ལ་སྨོན་པ་ནི་སྲིད་པ་ཕྱི་མ་འདོད་པའོ། །དེའི་གཉེན་པོ་ནི་སྟོང་པ་ཉིད་ཤེས་པ་ཞེས་རྒྱ་ཆེར ་འབྱུང་བ་དེ་ལ་ལྟ་བ་རྣམས་ཀྱི་གཉེན་པོ་ནི་སྟོང་པ་ཉིད་ཤེས་པ་སྟེ། སྟོང་པ་ཉིད་ཀྱི་ཡུལ་ལ་ཤེས་པ་ནི་འདིར་སྟོང་པ་ཉིད་ཤེས་པའོ། །འདོད་ཆགས་ལ་སོགས་པའི་རྒྱུའི་གཉེན་པོ་ནི་མཚན་མ་མེད་པ་ཤེས་པ་སྟེ། མཚན་མ ་ཐམས་ཅད་བྲལ་བའི་ཕྱིར་རམ། །མཚན་མ་མེད་པ་ཡུལ་དུ་གྱུར་པ་ཤེས་པ་ནི་མཚན་མ་མེད་པ་ཤེས་པ་སྟེ། ཀུན་བརྟགས་འདོད་ཆགས་ལ་སོགས་པའི་སྟོང་པ་ཉིད་ཡུལ་དུ་གྱུར་པའི་ཕྱིར། ཡང་སྲིད་པར་སྨོན་པའི་གཉེན་པོ ་ནི་སྨོན་པ་མེད་པ་ཤེས་པ་སྟེ། ཡང་སྲིད་པར་སྨོན་པ་དང་བྲལ་བ་འམ། ཡང་སྲིད་པའི་སྟོང་པ་ཉིད་ཡུལ་དུ་གྱུར་བ་ཤེས་པ་ནི་སྨོན་པ་མེད་པ་ཤེས་པའོ། །ལས་ཀྱི་ཀུན་ནས་ཉོན་མོངས་པ་ནི ་དགེ་བ་དང་མི་དགེ་བའི་ལས་མངོན་པར་འདུ་བྱེད་པའོ་ཞེས་བྱ་བ་ནི་སྲིད་པ་ལ་འཕེན་པའི་ལས་དགེ་བ་དང་མི་དགེ་བ་གཉིས་སོག་པ་དང་མངོན་པར་འགྲུབ་པ་མངོན་པར་འདུ་བྱེད་བའོ། །གཉེན་པོ་ནི་མངོན་པར་འདུ་མི ་བྱེད་པ་ཤེས་བའོ་ཞེས་བྱ་བ་ནི། ཤེས་པ་གང་གིས་ལས་ཀྱིས་དེའི་ཡང་སྲིད་པ་མངོན་པར་འདུ་མི་བྱེད་བ་ཤེས་པ་སྟེ། དེའང་དེ་བཞིན་ཉིད་ཡུལ་དུ་གྱུར་པའོ། །ཚེའི་ཀུན་ནས་ཉོན་མོངས་པ་ནི་ཡང་སྲིད་པར་སྐྱེ་བ་ཞེས་བྱ་བ་ནི་ཉིད ་མཚམས་སྦྱོར་བའི་སེམས་སོ། །སྐྱེས་པའི་སེམས་དང་སེམས་ལས་བྱུང་བ་རྣམས་སྐད་ཅིག་རེ་རེ་ལ་བྱུང་བ་ཞེས་བྱ་བ་ནི་ཉིད་མཚམས་སྦྱོར་བ་ཕན་ཆད་མ་ཤི་ཚུན་ཆད་དོ། །ཡང་སྲིད་བའི་རྒྱུན་ཏོ། །ཞེས་བྱ་བ་ནི་ཉོན་མོངས ་པ་དང་བཅས་བའི་འཆི་བའི་སྲིད་པ་དང་དེའི་འོག་ཏུ་བར་མ་དོའི་སྲིད་པ་དང། དེ་ནས་ཡང་སྐྱེ་བའི་སྲིད་པའོ། །གཟུགས་མེད་པའི་སྙོམས་པར་འཇུག་པ་ཐོབ་པ་རྣམས་ཀྱི་ནི་འཆི་བའི་སྲེད་བ་དེ་ཉིད་ཀྱི་འོག་ཏུ་སྐྱེས་བའི་སྲིད་པའོ། ། ་དེའི་གཉེན་པོ་ནི་སྐྱེ་བ་མེད་པ་ཤེས་པ་དང། འབྱུང་བ་མེད་པར་ཉེས་པ་དང། ངོ་བོ་ཉིད་མེད་པ་ཤེས་པའོ། །ཞེས་བྱ་བ་དེ་ལ་ཆོས་ཐམས་ཅད་ཀུན་བརྟགས་པའི་བདག་ཉིད་ཀྱིས་མ་སྐྱེས་པར་ཤེས་པ་དང། སྟོང ་པ་ཉིད་ཡུལ་དུ་གྱུར་བའི་ཤེས་པ་གང་ཡིན་པ་དེ་ནི་སྐྱེ་བ་མེད་པ་ཤེས་བའོ། །ཀུན་བརྟགས་པའི་ཆོས་རྣམས་ཀྱི་སྟོང་པ་ཉིད་ཡུལ་དུ་གྱུར་པའི་ཤེས་པ་ནི་འབྱུང་བ་མེད་པ་ཤེས་པ་སྟེ། །དེས་དེ་དག་གིས་འབྱུང་བ་མེད་པ ་རྟོག་པའི་ཕྱིར་རོ། །མོ་གཤམ་གྱི་བུ་བཞིན་དུ་མེད་པའི་ཕྱིར་དངོས་པོའི་རྒྱུན་ངོ་བོ་ཉིད་མེད་པར་ཤེས་པ་གང་ཡིན་པ་དེ་ནི་ངོ་བོ་ཉིད་མེད་པ་ཤེས་པའོ། ད?་སྟོང་པ་ཉིད་ཤེས་པ་ལ་སོགས་པ་ཤེས་པ་རྣམ་པ་བདུན་པོ་དེ་དག་ནི ་ཇི་སྐད་དུ་བཤད་པ་མི་མཐུན་བའི་ཕྱོགས་ལྟ་བ་ལ་སོགས་པ་རྣམ་པ་བདུན་གྱི་གཉེན་པོའོ། །ཉོན་མོངས་པ་དང། ལས་དང། ཚོའི་ཀུན་ནས་ཉོན་མོངས་པ་རྣམ་པ་དེ་གསུམ། རྣམ་པ་བདུན་དུ་ཐ་དད་པར་གྱུར་པ་དེ་དག་དང་བྲལ་བ་ནི་རྣམ ་པར་བྱང་བ་སྟེ། བྲལ་བ་ནི་སྤངས་པའོ། །གཞན་དག་ནི་དེ་བཞིན་ཉིད་དང། ལམ་དང། མྱ་ངན་ལས་འདས་པ་ནི་རྣམ་པར་བྱང་བ་སྟེ། འདི་ལ་ལམ་འདིས་བྲལ་བ་ནི་བྲལ་བ་སྟེ་།དེ་ལྟར་ཚིག་རྣམ་པར་སྦྱར་བ་ཐ་དད་པའི་ཕྱིར། དེ་བཞིན་ཉིད ་ལ་སོགས་པ་ནི་རྣམ་པར་བྱང་བའོ་སྙམ་དུ་སེམས་སོ། །དེ་ལྟར་སྟོང་པ་ཉིད་ཤེས་པ་ལ་སོགས་པས་ཞེས་བྱ་བ་ལ། སོགས་པའི་སྒྲས་ནི་སྟོང་པ་ཉིད་ཤེས་པ་དང། མཚན་མ་མེད་པ་ཤེས་པ་དང། སྨོན་པ་མེད་པ་ཤེས་པ་དང། མངོན ་པར་འདུ་མི་བྱེད་པ་ཤེས་པ་དང། སྐྱེ་བ་མེད་པ་ཤེས་པ་དང་།འབྱུང་བ་མེད་པ་ཤེས་པ་དང། ངོ་བོ་ཉིད་མེད་པ་ཤེས་པ་ཡོངས་སུ་བསྡུའོ། །ཤེས་བྱ་སྟོང་པ་ཉིད་ལ་སོགས་པའི་ཆོས་རྣམས་ཞེས་བྱ་བ་ནི། འདི་ལ ་ཡང་སོགས་པའི་སྒྲས་ཤེས་བྱ་སྟོང་པ་ཉིད་དང། ཤེས་བྱ་མཚན་མ་མེད་པ་ཉིད་དང། ཤེས་བྱ་སྨོན་པ་མེད་པ་ཉིད་དང། ཤེས་བྱ་མངོན་པར་འདུ་མི་བྱེད་པ་ཉིད་དང། ཤེས་བྱ་སྐྱེ་བ་མེད་པ་དང། ཤེས་བྱ་འབྱུང་བ་མེད་པ ་དང། ཤེས་བྱ་ངོ་བོ་ཉིད་མེད་པ་ཡོངས་སུ་གྲུབ་པའི་མཚན་ཉིད་རྣམས་ཡོངས་སུ་བསྡུའོ། །ཀུན་ནས་ཉོན་མོངས་པ་རྣམ་པ་གསུམ་པ་དེ་དག་དང་ཅི་རིགས་པར་སྟོང་པ་ཉིད་ལ་སོགས་པའི་བར་དུ་མི་བྱེད་དོ་ཞེས་བྱ་བ་ནི། ཤེས་བྱ་སྟོང་བ་ཉིད ་ལ་སོགས་པའི་ཆོས་རྣམས་ནི་བཤད་པ་ཐག་པའི་ཉོན་མོངས་པ་དང་ལས་དང་ཚེའི་ཀུན་ནས་ཉོན་མོངས་པ་དག་ཐ་དད་པར་གྱུར་པའོ། །རང་བཞིན་གྱིས་སྟོང་པ་ཉིད་ལ་སོགས་པའོ་ཞེས་བྱ་བ ་ནི། སྟོང་པ་ཉིད་ཤེས་པ་ལ་སོགས་པས་སྟོང་པ་ཉིད་དུ་མི་བྱེད་པའོ། །ཅི་རིགས་པར་ཞེས་བྱ་བ་ལ། འདིར་རིགས་པས་ནི་འདི་ཡིན་ཏེ། སྟོང་པ་ཉིད་ཤེས་པས་ཤེས་བྱ་སྟོང་པ་ཉིད་ལྟ་བའི་ཀུན་ནས་ཉོན་མོངས་པ་དང་མི་ལྡན་ཞིང ་བྲལ་བར་མི་བྱེད་དེ། ལྟ་བའི་སྟོང་པ་ཉིད་ནི་བདག་ཉིད་ཀྱིས་ལྟ་བའི་ངོ་བོ་ཉིད་མ་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་མཚན་མ་མེད་པ་ཤེས་པས་ཤེས་བྱ་མཚན་མ་མེད་པ་འདོད་ཆགས་ལ་སོགས་པའི་མ་ཆན་མ་རྣམས་དང ་བྲལ་བར་མི་བྱེད་དེ། འདོད་ཆགས་ལ་སོགས་པའི་མཚན་མའི་སྟོང་པ་ཉིད་ནི། བདག་ཉིད་ཀྱི་མཚན་མ་མེད་པའི་ཕྱིར་རོ། །སྨོན་བ་མེད་པ་ཤེས་པས་ཤེས་བྱ་སྨོན་པ་མེད་པར་མི་བྱེད་དེ། སྨོན་པའི་སྟོང་པ་ཉིད་ནི་རང་བཞིན ་གྱིས་སྨོན་པ་མེད་པའི་མཚན་ཉིད་ཡིན་པའི་ཕྱིར་རོ། །མངོན་པར་འདུ་མི་བྱེད་བ་ཤེས་པས་ཤེས་བྱ་མངོན་པར་འདུ་མི་བྱེད་པར་མི་བྱེད་དེ། མངོན་པར་འདུ་བྱེད་པའི་སྟོང་པ་ཉིད་ནི་རང་བཞིན་གྱིས་མངོན་པར་འདུ་མི་བྱེད་པའི་མཚན ་ཉིད་ཡིན་པའི་ཕྱིར་རོ། །སྐྱེ་བ་མེད་པ་ཤེས་པས་ཤེས་བྱ་སྐྱེ་བ་མེད་པར་མི་བྱེད་དེ། སྐྱེ་བ་སྟོང་པ་ཉིད་ནི་རང་བཞིན་གྱིས་སྐྱེ་བ་མེད་པའི་མཚན་ཉིད་ཡིན་པའི་ཕྱིར་རོ། །འབྱུང་བ་མེད་པ་ཤེས་པས་ཤེས་བྱ་འབྱུང་བ་མེད་བར་མི ་བྱེད་དེ། །སེམས་དང་སེམས་ལས་འབྱུང་བ་སྐད་ཅིག་རེ་རེ་ལ་འབྱུང་བའི་སྟོང་པ་ཉིད་ནི། རང་བཞིན་གྱིས་འབྱུང་བ་མེད་པའི་མཚན་ཉིད་ཡིན་པའི་ཕྱིར་རོ། །ངོ་བོ་ཉིད་མེད་པར་ཤེས་པས་ཤེས་བྱ་ངོ་བོ་ཉིད་མེད་པར་མི་བྱེད་དེ། ཡང ་སྲིད་པའི་ངོ་བོ་ཉིད་ནི་རང་བཞིན་གྱིས་ངོ་བོ་ཉིད་མེད་པའི་ཕྱིར་རོ། །ཡང་ན་ཀུན་ནས་ཉོན་མོངས་པ་རྣམ་པ་གསུམ་པོ་དེ་དག་དང་ཅི་རིགས་པར་ཞེས་རྒྱ་ཆེར་སྨོས་པ་ནི། ཉོན་མོངས་པ་དང་ལས་དང་ཚེའི་ཀུན་ནས་ཉོན་མོངས་པ་རྣམ་པ་བདུན་དུ ་ཕྱེ་པ་དང། ཤེས་བྱ་སྟོང་བ་ཉིད་ལ་སོགས་པའི་ཆོས་རྣམས་ཀྱི་ནང་ནས་ཆོས་གང་ཀུན་ནས་ཉོན་མོངས་པ་ཐ་དད་པ་གང་དང་སྦྱར་བར་རིགས་པའི་ཆོས་དེ་ནི་སྟོང་པ་ཉིད་ཤེས་པ་ལ་སོགས་པས་སྟོང་པ་ཉིད་དུ་མི་བྱེད་ཀྱི་ཤེས་པར་བྱ་བ་ཉིད ་དོ། །དེ་ལ་ལྟ་བའི་ཀུན་ནས་ཉོན་མོངས་པ་ནི་སྟོང་པ་ཉིད་ཤེས་པ་དང་སྦྱར་རོ། །དེ་བཞིན་དུ་ཡང་སྲིད་པའི་རྒྱུན་ནི་ངོ་བོ་ཉིད་མེད་པ་ཤེས་པ་དང་སྦྱར་བའི་བར་དུའོ། །ཅིའི་ཕྱིར་མི་བྱེད་ཅེ་ན་འདི་ལ། ཆོས་ཀྱི་དབྱིངས་རང་བཞིན་གྱིས་ཀུན་ནས ་ཉོན་མོངས་པ་ཅན་དུ་མ་གྱུར་པའི་ཕྱིར། དེ་དག་རང་བཞིན་གྱིས་སྟོང་པ་ཉིད་ལ་སོགས་པའོ། །དེ་ལ་ལྟ་བ་རྣམས་ནི་སྟོང་པ་ཉིད་ཤེས་པས་སྟོང་པར་མི་བྱེད་དེ། དེ་དག་ནི་རང་བཞིན་གྱིས་སྟོང་པ་ཉིད་ཀྱི་མཚན་ཉིད་ཡིན་པའི་ཕྱིར་རོ། །འདོད་ཆགས་ལ ་སོགས་པའི་རྒྱུ་ནི་མཚན་མ་མེད་པ་ཤེས་པས་མཚན་མ་མེད་པར་མི་བྱེད་དེ། ཆོས་ཀྱི་དབྱིངས་རང་བཞིན་གྱིས་མཚན་མ་མེད་པའི་ཕྱིར་རོ། །དེ་བཞིན་དུ་ཡང་སྲིད་པའི་རྒྱུན་ནི་ངོ་བོ་ཉིད་མེད་པར་ཤེས་པས་།ངོ་བོ་ཉིད་མེད་པར་མི་བྱེད ་པའི་བར་དུ་སྟེ། འདི་ལྟར་གཉེན་པོ་མ་སྐྱེས་ཀྱང་ཀུན་བརྟགས་པའི་ངོ་བོ་ཉིད་ཡོད་པ་མ་ཡིན་པ་ཉིད་དོ། །དེ་གང་གི་ཕྱིར་དེ་ལྟ་བུར་གྱུར་པ་དེའི་ཕྱིར། གལ་ཏེ་ཆོས་ཀྱི་དབྱིངས་ཀུན་ནས་ཉོན་མོངས་པར་འགྱུར་བ་འམ། རྣམ་པར་དག་པར་འགྱུར ་པའོ་སྙམ་དུ་རྟོག་པ་འདི་ནི་མཛའ་སྟེ། ཅིའི་ཕྱིར་ཞེ་ན། དེའི་ཕྱིར། རང་བཞིན་གྱིས་ཀུན་ནས་ཉོན་མོངས་པ་ཅན་མ་ཡིན་པ་ལ་ནི་ཉོན་མོངས་པ་དང། རྣམ་པར་དག་པ་མེད་པའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ་།ནམ་མཁའ་བཞིན་ནོ། །མཛའ་དེ་གཉིས ་ཡོངས་སུ་སྤང་བར་བྱ་བའི་ཕྱིར་དབུ་མའི་ལམ་སྟེ། གང་སྟོང་པ་ཉིད་རིག་པའི་བདག་ཉིད་ཀྱིས་ཤེས་བྱ་སྟོང་པ་ཉིད་ལ་སོགས་པའི་ཆོས་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ཀྱི་བདག་ཉིད་རྣམས་།དེའི ་མི་མཐུན་པའི་ཕྱོགས་གཞན་གྱི་དབང་གི་ངོ་བོ་ཉིད་ལྟ་པ་ལ་སོགས་པ་དང་བྲལ་བར་སྟོང་པར་མི་བྱེད་ཀྱི། རིག་པ་མ་སྐྱེས་སུ་ཟིན་ཀྱང་ལྟ་བའི་ངོ་བོ་ཉིད་ཀྱི་ཆོས་རྣམས་ཉིད་ཀྱིས་ཀུན་བརྟགས་པའི་ངོ་བོ་ཉིད་ཀྱིས་སྟོང་པའོ། །དེ་བཞིན ་དུ་གང་མཚན་མ་མེད་པས་ཆོས་རྣམས་མཚན་མ་མེད་པར་མི་བྱེད་དེ། ཆོས་རྣམས་ཉིད་ཀྱིས་མཚན་མ་མེད་པ་ནས། ངོ་བོ་ཉིད་མེད་པས་ཆོས་རྣམས་ངོ་བོ་ཉིད་མེད་པར་མི་བྱེད་དེ། ཆོས་རྣམས་ཉིད་ཀྱིས་ངོ་བོ་ཉིད་མེད་པའི་བར ་དུའོ། །གང་དག་དེ་ལྟར་སོ་སོར་རྟོག་པ་འདི་ནི་འོད་སྲུངས་ཆོས་རྣམས་ལ་ཡང་དག་པར་སོ་སོར་རྟོག་པ་ཞེས་བྱའོ། །དེ་བཞིན་དུ་རིག་པ་ཡོད་པ་དང། དེའི་མི་མཐུན་པའི་ཕྱོགས་ཡོད་པ་ཡང་ཀུན་བརྟགས་པའི་ངོ་བོ་ཉིད་དང་བྲལ་བར ་བསྟན་པས། སྒྲོ་བརྟགས་པ་དང་སྐུར་པ་འདེབས་པའི་མཛའ་སྤངས་པ་ཡིན་ནོ། །གང་རྟག་ཏུ་འདས་པའི་རྣམ་པར་རྟོག་པའི་རབ་ཏུ་དབྱེ་བ་དེ་ལས་འདི་ནི་གཞན་ཡིན་ཏེ། རྣམ་པར་རྟག་པའི་འཐའ་གཉིས་རྣམ་པ་བདུན་ནོ། །རྣམ་པར ་རྟོག་པའི་རབ་ཏུ་དབྱེ་བ་བསྟན་པའི་ཕྱིར། འདི་ལྟ་སྟེ་།དངོས་པོ་ཡོད་པར་རྣམ་པར་རྟོག་པ་ཡང་མཛའ་ཨོ། །དངོས་པོ་མེད་པར་རྣམ་པར་རྟོག་པ་ཡང་མཛའ་འོ་ཞེས་བྱ་བ་སྨོས་ཏེ། ཇི་ལྟ་ཞེ་ན། དེའི་ཕྱིར། གང་ཟག་ཡོད་དེ་དེ་གཞིག ་པའི་ཕྱིར་སྟོང་པ་ཉིད་དོ། །ཡང་ན་བདག་མེད་པ་ཡང་མེད་དོ་སྙམ་དུ་རྟོགས་པའི་ཕྱིར་སྟེ། ཞེས་བྱ་བ་སྨོས་སོ། །གལ་ཏེ་ཆོས་རྣམས་རང་བཞིན་གྱིས་སྟོང་པའི་ཕྱིར་སྟོང་པ་ཉིད་ཀྱིས་སྟོང་པར་མི་བྱེད་ན། དེས་ན་གང་ཟག་ཡོད་དེ ་གཞིག་པའི་ཕྱིར་སྟོང་པ་ཉིད་དོ། །ཡང་ན་གང་ཟག་མེད་པའི་ཕྱིར་བདག་མེད་པ་ཡང་མེད་པར་འགྱུར་ཏེ་།གཉེན་པོ་ནི་མི་མཐུན་པའི་ཕྱོགས་མེད་པ་མ་ཡིན་ནོ། །དེ་བས་ན་གདོན་མི་ཟ་བར་གང་ཟག་ཡོད་པའམ། བདག་མེད་པར་ཡང་མེད། ་པར་ཤེས་པར་བྱའོ་ཞེ་ན། དེ་མེད་པར་ཡང་རྣམ་པར་རྟོགས་པའི་མཛའ་ཨོ། །ཡོད་པ་དང་མེད་པར་རྣམ་པར་རྟོག་པའི་མཛའ་འདི་གཉིས་སྤང་པའི་ཕྱིར་དབུ་མའི་ལམ་འདི་སྟེ། འོད་སྲུངས་གང་ཟག་རྣམ་པར་གཞིག་པའི་ཕྱིར། སྟོང་པ་ཉིད་མ་ཡིན ་གྱིས་སྟོང་པ་ཉིད་གྱིས་སྟོང་ངོ་ཞེས་མདོ་ལས་རྒྱ་ཆེར་འབྱུང་བའོ། །དེ་ལ་ཀུན་ནས་ཉོན་མོངས་པ་ཅན་གྱི་གང་ཟག་རྣམ་པར་གཞིག་པ་དང། རྣམ་པར་བྱང་བའི་གང་ཟག་བསྐྱེད་པར་བྱ་བའི་ཕྱིར་སྟོང་པ་ཉིད་མ་ཡིན་གྱི་།གང་ཟག་བསྐྱེད་པར་བྱ་བ་དང ་གཞིག་པར་བྱ་བའི་དངོས་པོ་མེད་པའི་ཕྱིར་།དམག་ལ་སོགས་པ་བཞིན་བཏགས་པར་ཡོད་པས་སྟོང་པ་ཉིད་ཀྱིས་སྟོང་གི་།འཇིག་ཚོགས་ལ་ལྟ་བས་གང་ཟག་ཏུ་སྒྲོ་བཏགས་པས་ནི་མ་ཡིན་ཏེ། དེ་ནི་གཏན་མེད་པའི་ཕྱིར་རོ། །དེ་ལྟར་བྱས་ན ་གང་ཟག་དང་ཆོས་ཀྱི་བདག་ཉིད་ཀྱིས་སྟོང་པ་ཉིད་དངོས་པོ་མ་ཡིན་གྱི་དེ་དང་བྲལ་བའི་ཕྱིར་རོ། །ཡོངས་སུ་གྲུབ་པའི་བདག་ཉིད་ཀྱིས་ནི་དངོས་པོ་མེད་པ་མ་ཡིན་ནོ། །སྟོང་པ་དེ་ཡོངས་སུ་འགྲུབ་པའི་བདག་ཉིད་དུ་བསྟན་པའི་ཕྱིར། ་སྔོན་གྱི་མཛའ་སྟོང་པ། ཕྱི་མའི་མཛའ་སྟོང་པ། ད་ལྟར་བྱུང་པ་སྟོང་པ་ཞེས་བྱ་བ་སྨོས་ཏེ། དུས་གསུམ་ཆར་དུ་ཡང་དེ་བཞིན་དུ་ཡོད་པར་བསྟན་པའོ། །ཡང་ན་སོ་སོའི་སྐྱེའོ་དང། སློབ་པ་དང། མི་སློབ་པའི་དུས་དག་ནའང་དེ་བཞིན་དུ ་ཡོད་པར་བསྟན་པ་སྟེ་།དེ་ལ་སོ་སོའི་སྐྱེ་བོའི་དུས་ནི་སྔོན་གྱི་མཛའ་ཨོ། །མི་སློབ་པའི་དུས་ནི་ཕྱི་མའི་མཛའ་ཨོ། །སློབ་པའི་དུས་ནི་ད་ལྟར་བྱུང་བའི་མཛའ་ཨོ?། །གང་གི་ཕྱིར་དེ་ལྟར་ཡོད་པ་དང་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཡིན་པ་དེའི་ཕྱིར ་འོད་སྲུངས་སྟོང་པ་ཉིད་ལ་བརྟེན་པར་བྱའི་ཞེས་གསུངས་ཏེ། རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་ཡུལ་ཡིན་པར་བསྟན་ཏོ། །གང་ཟག་ལ་ནི་མ་ཡིན་ནོ་ཞེས་བྱ་བ་ནི་བརྗོད་པ་ཙམ་དུ་ཟད་པའི་ཕྱིར་རོ། །ཞི་བར ་བྱ་བར་རྣམ་པར་རྟག་པ་ཡང་མཛའ་འོ། །ཇི་ལྟ་ཞེ་ན་དེའི་ཕྱིར། སྤང་བར་བྱ་བ་དང་སྤོང་བར་བྱེད་པར་རྟོག་པས་སྟོང་པ་ཉིད་ཀྱིས་སྒྲག་པའི་ཕྱིར་རོ་ཞེས་བྱ་བ་སྨོས་སོ། །དེ་ལ་ཞི་བར་བྱ་བ་ནི་སྤང་བར་བྱ་བའོ། །ཞི་བར་བྱེད་པ་ནི་སྤོང་བར་བྱེད་པ་སྟེ། ་ཆོས་རྣམས་ནི་སྤང་བར་བྱ་བ་ཉིད། སྟོང་པ་ཉིད་ནི་སྤོང་བར་བྱེད་པ་བརྟགས་ནས་སྟོང་པ་ཉིད་ལ་སྐྲག་པ་སྐྱེའོ། །ཇི་ལྟ་ཞེ་ན་།ཀུན་ནས་ཉོན་མོངས་པ་རྣམ་པ་གསུམ་ནི་སྤང་བར་བྱ་བ་ཡིན་ན་།གལ་ཏེ་དེ་རང་བཞིན་གྱི་སྟོང་པ་ལྟ་ན་གོ། ་དེའི་ཕྱིར་གང་ཟག་སྤང་བར་བྱ་བ་མ་ཡིན་པར་འགྱུར་རོ། །སྤང་བར་བྱ་བ་མེད་ན་སྤོང་བར་བྱེད་པ་ཡང་མེད་དོ་ཞེས་སྟོང་པ་ཉིད་ཀྱི་སྐྲག་པ་སྐྱེ་སྟེ། འདི་ཡང་མཛའ་ཉིད་དུ་།ཅིའི་ཕྱིར་ཞེ་ན་།གཟུགས་དང་ཚོར་བ་ལ་སོགས་པའི ་ཆོས་ཇི་ལྟར་རྣམ་པར་ཤེས་པའི་བདག་ཉིད་ལ་སྣང་པ་དེ་བཞིན་དུ་དེ་དག་རྫས་སུ་ཡོད་དོ་ཞེས་མངོན་པར་ཆགས་ཏེ། ཀུན་བརྟགས་པའི་ངོ་བོའི་གཟུགས་ལ་སོགས་པ་དེ་དག་བདག་བཞིན་དུ་རང་བཞིན་གྱིས་མེད་པར་མ་ཤེས ་ནས་སྟོང་པ་ཉིད་ཀྱིས་སྐྲག་གོ། དེ་བས་ན་རྣམ་པར་རྟོག་པའི་མཛའ་དེ་གཉིས་ཡོངས་སུ་སྤང་བར་བྱ་བའི་ཕྱིར། དཔེ་ནམ་མཁའ་སྟེ་།འོད་སྲུངས་འདི་ལྟ་སྟེ་།དཔེར་ན། མི་ལ་ལ་ནམ་མཁའ་ལ་སྐྲག་ཅིང་འཇིགས་ནས་བྲང་བརྡུང ་ཉིད་དུ་སྟེ། ནམ་མཁའ་ནི་སོལ་ཞེས་དེ་སྐད་ཟེར་ན་།འོད་སྲུངས་དེ་ཇི་སྙམ་དུ་སེམས། ནམ་མཁའ་དེ་གསལ་བར་ནུས་སམ། གསོལ་པ། བཅོམ་ལྡན་འདས་དེ་ནི་རྔོ་མི་ཐོག་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ ་པ། །འོད་སྲུངས་དེ་བཞིན་དུ་དགེ་སྦྱོང་དམ་བྲམ་ཟེ་གང་དག་སྟོང་པ་ཉིད་ཀྱི་སྐྲག་རབ་ཏུ་སྐྲག་ན། དེ་དག་ནི་སེམས་འཁྲུགས་པ་ཆེན་པོར་གྱུར་ཏོ་ཞེས་ང་སྨྲའོ། །དེ་ཅིའི་ཕྱིར་ཞེ་ན་འོད་སྲུངས་དེ་དག་སྟོང་པ་ཉིད་ལ་སྤྱོད་ན། དེ་ཉིད་ཀྱིས ་འཇིགས་པའི་ཕྱིར་རོ་ཞེས་འབྱུང་བའོ། །དེ་ནི་འདི་སྐད་དུ་བསྟན་པར་འགྱུར་ཏེ་།ཇི་ལྟར་ནམ་མཁའ་གཟུགས་ཐམས་ཅད་ཀྱིས་རྗེས་སུ་སོང་བས་གསལ་བར་མི་ནུས་པ་དེ་བཞིན་དུ། ཆོས་ཐམས་ཅད་ལ་སྟོང་པ་ཉིད་དུས་ཐམས་ཅད ་དུ་གནས་ཕར?་གསལ་བར་མི་ནུས་ཏེ། ཆོས་མ་སྤངས་སྟོང་པ་ཉིད་གནས་པ་ལས་གསལ་བར་ཡང་མི་ནུས་ལ། ཆོས་གསལ་བས་སྟོང་པ་ཉིད་བཞག་པ་ཡང་མ་ཡིན་ནོ། །དེའི་ཕྱིར་འདི་ནི་སྐྲག་པའི་གནས་མ་ཡིན་ནོ་ཞེས་སྟོན ་ཏོ། །སྐྲག་པར་བྱ་བར་རྣམ་པར་རྟོག་པ་ཡང་མཛའ་ཨོ་སྐྲག་པར་བྱ་བ་དེ་ལས་འཇིགས་པར་རྣམ་པར་རྟོག་པ་ཡང་མཛའ་སྟེ། གང་ལས་འཇིགས་པར་འགྱུར་བ་དེ་ནི་སྐྲག་པར་འགྱུར་བའོ་ཞེས་བྱའོ། །དེ་ལས་འཇིགས་པ་བྱུང་བས་ན ་འཇིག་པ་སྟེ་།དེ་ལས་མི་འདོད་པའི་འབྲས་བུའོ། །སྐྲག་པར་བྱ་བ་དེ་དང་འཇིགས་པ་དེ་ལ་གང་རྣམ་པར་རྟག་པ་དེ་ནི་མཛའ་སྟེ་།ཇི་ལྟ་ཞེ་ན་དེའི་ཕྱིར། སྡུག་བསྔལ་གྱིས་ཁོང་སྡངས་པས་ཀུན་བརྟགས་པའི་གཟུགས་ལ་སོགས ་པ་ལ་སྐྲག་པའི་ཕྱིར་རོ་ཞེས་བྱ་བ་སྨོས་སོ། །བྱིས་པ་ནི་ཀུན་བརྟགས་པའི་ངོ་པོ་གཟུགས་ལ་སོགས་པ་ལ་དངོས་པོར་ཀུན་བརྟགས་ནས། དེ་དག་ལ་ནི་འདོད་པའི་འབྲས་བུ་འཇིག་པར་རྣམ་པར་རྟོག་གོ། དེའི་ཕྱིར་སྡུག་བསྔལ་གྱིས ་ཁོང་སྡངས་པས་།གཟུགས་ལ་སོགས་པ་དེ་དག་དང་།དེའི་མཚན་མ་རྣམས་ཀྱིས་འཇིགS་ཤིང་སྐྲག་པར་འགྱུར་རོ། །རྣམ་པར་རྟོག་པའི་མཛའ་དེ་གཉིས་ཡོངས་སུ་སྤང་པའི་ཕྱིར་དཔེ་རི་མོ་མཁན་ཏེ། འོད་སྲུངས་འདི་ལྟ་སྟེ། དཔེར་ན ་རི་མོ་མཁན་ཞིག་བདག་ཉིད་ཀྱིས་གནོད་སྦྱིན་གྱི་གཟུགས་འཇིགས་འཇིགས་ལྟ་ཞིག་བྲིས་ནས་།ངེས་འཇིགས་སྐྲགས་ཏེ། ཁ་བུབ་ཏུ་འགྱེལ་ནས་བརྒྱལ་བར་གྱུར་པ་དེ་བཞིན་དུ་འོད་སྲུངས་བྱིས ་པ་སོ་སོའི་སྐྱེ་བོ་རྣམས། གཟུགས་དང། སྒྲ་དང། དྲི་དང། རོ་དང། རེག་པ་བདག་ཉིད་ཀྱིས་བྱས་པ་དེ་དག་གིས་འཁོར་བ་ན་འཁོར་ཡང་།ཆོས་དེ་དག་ཡང་དག་པ་ཉིད་ཇི་ལྟ་བ་བཞིན་དུ་རབ་ཏུ་མི་ཤེས་སོ་ཞེས་འབྱུང་བའོ། །ཇི་ལྟར ་རི་མོ་མཁན་གྱིས་བདག་ཉིད་ཀྱིས་གནོད་སྦྱིན་གྱི་གཟུགས་འཇིགས་འཇིགས་ལྟ་ཞིག་བྲིས་པ་ལ་ལོག་པར་རྣམ་པར་རྟོག་པས། གནོད་སྦྱིན་གྱི་དངོས་པོ་ཡང་དག་པའོ་སྙམ་དུ་སྒྲོ་བཏགས་ཏེ། དེས་སྐྲག་ནས་བརྒྱལ་བར་འགྱུར ་བ་དེ་བཞིན་དུ་།བྱིས་པ་ལོག་པར་རྣམ་པར་རྟོག་པ་ལ་ཞུགས་པ་སྐད་ཅིག་གི་གནས་སྐབས་པ་ཐམས་ཅད་ནི། བདག་ཉིད་ཀྱིས་བྱས་པ་ཞེས་བྱ་བ་བདག་ཉིད་ཀྱིས་རྣམ་པར་བརྟགས་པ་བདག་གི་འཁོར་ན་འཁོར་ཏེ། རིགས་མཐུན ་པར་སྐད་ཅིག་ཀྱང་མི་གནས་པའི་ཕྱིར་རོ། །དཔེ་སྔ་མ་ནི་ཉན་ཐོས་ལ་སོགས་ལས་བརྩམས་པའོ། །འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ལས་བརྩམས་པའོ་ཞེས་བྱ་བ་ལ། ཁ་ཅིག་ན་རེ་ཉན་ཐོས་ནི་སྟོང་པ་ཉིད་ཡོངས་སུ་འདྲིས་པར་མ ་བྱས་པས་སྟོང་པ་ཉིད་ཀྱིས་སྐྲག་གོ་།བྱང་ཆུབ་སེམས་དཔའ་ནི་ཀུན་བརྟགས་བའི་ཆོས་ལ་རྣམ་པ་ཀུན་ནས་ཉོན་མོངས་པ་སྟེ། །རྣམ་པར་རྟོག་པ་ནི་ཉོན་མོངས་པའི་ཕྱིར་རོ་ཞེའོ། །གཞན་དག་ན་རེ་འདི་གཉིས་ལ་དོན་དུ་བྱེ་བྲག་མེད་མོད་ཀྱི ་རིས་གཉིས་ཀྱིས་དབང་གིས་གཉིས་སུ་བརྗོད་དོ་ཞེའོ། །གཞན་དག་ན་རེ་ཉན་ཐོས་ནི་སྟོང་པ་ཉིད་ཀྱིས་སྐྲག་པའི་ཕྱིར་རྟོགས་པར་བྱ་བ་མ་རྟོགས་སོ། །བྱང་ཆུབ་སེམས་དཔའ་རྣམས་ནི་རྣམ་པར་བརྟགས་པའི་ཆོས་ཀྱིས་སྐྲག ་པའི་ཕྱིར་རོ་ཞེའོ། །ཁ་ཅིག་ན་རེ་སྔ་མ་ནི་བདག་ཏུ་འཛིན་པའི་གཉེན་པོའོ། །འདི་ནི་ཆོས་སུ་འཛིན་པའི་གཉེན་པོའོ་ཞེའོ། །གཟུང་བར་རྣམ་པར་རྟོག་པ་ཡང་མཛའ་ཨོ། །འཛིན་པར་རྣམ་པར་རྟོག་པ་ཡང་མཛའ་འོ། །གཟུང་བ་གཟུགས་ལ་སོགས་པ ་དང། དེ་ལ་འཛིན་པ་རྣམ་པར་ཤེས་པའི་ཚོགས་དེ་དག་རང་གི་མཚན་ཉིད་དང་འབྲས་བུས་ཤེས་པར་བྱར་ཡོད་བཞིན་དུ། བདག་ལ་སོགས་པ་དང་འདྲ་པར་སྒྲོ་བཏགས་པའི་བདག་ཉིད་དུ་ཇི་ལྟར་འགྱུར་ཞེས་།དེ་ལྟར་གཟུང་བ་དང་འཛིན་པ ་གཉིས་ལ་དངོས་པོར་ཡོངས་སུ་རྟོག་པ་ནི་འདིར་མཐར་འདོད་དོ། །རྣམ་པར་རྟོག་པའི་མཛའ་དེ་གཉིས་ཡོངས་སུ་སྤང་པའི་ཕྱིར་དཔེ་སྒྱུ་མ་བྱེད་པ་སྟེ། འོད་སྲུངས་འདི་ལྟ་སྟེ་།དཔེར་ན་སྒྱུ་མ་བྱེད་པའི་མི་ཞིག་གིས་སྒྱུ་མ་སྤྲུལ་པ་སྤྲུལ་ནས། སྒྱུ་མ ་སྤྲུལ་པ་དེས་སྒྱུ་མ་བྱེད་པ་དེ་ཉིད་ཟོས་པ་དེ་བཞིན་དུ། འོད་སྲུངས་དགེ་སློང་རྣལ་འབྱོར་སྤྱོད་པ་དམིགས་པ་གང་དང་གང་ཡིད་ལ་བྱེད་པ་དེ་དག་ཐམས་ཅད་དེ་ལ་གསོག་དུ་སྣང་ངོ་ཞེས་རྒྱ་ཆེར་འབྱུང་བའོ། །ཇི་ལྟར་འདིས་རྣམ་པར་རྟོག ་པའི་མཛའ་འདི་གཉིས་ཡོངས་སུ་སྤོང་ཞེ་ན། དེའི་ཕྱིར། རྣམ་པར་རིག་པ་ཙམ་དུ་ཤེས་པས་དོན་དངོས་པོ་མེད་པར་ཤེས་པར་བྱས་ནས། དོན་དངོས་པོ་མེད་པར་ཤེས་པ་དེས་ཀྱང་རྣམ་པར་རིག་པ་ཙམ་དུ་ཤེས་པ་དེ་ཉིད་རྣམ་པར་བཟློག་གོ། ་དོན་དངོས་པ་མེད་ན་?་རྣམ་པར་ཤེས་པ་མི་སྲིད་པའི་ཕྱིར་ཏེ། དེ་ལྟར་ན་འདི་ནི་འདིར་མཚུངས་སོ་ཞེས་བྱ་བ་སྨོས་ཏེ་།སྒྱུ་མ་ཕྱེད་པ་ལྟ་བུ་ནི་རྣམ་པར་རིག་པ་ཙམ་དུ་ཤེས་པའོ། །སྤྲུལ་པའི་གནོད་སྦྱིན་ལྟ་བུ་ནི་དོན་དངོས་པོ་མེད་པར་ཤེས་པ་སྟེ་།དོན ་དངོས་པོ་མེད་པར་ཤེས་པ་ནི་རྣམ་པར་རིག་པ་ཙམ་དུ་ཤེས་པས་རབ་ཏུ་ཕྱེ་པའི་ཕྱིར་རོ། །ཇི་ལྟར་སྤྲུལ་པ་བྱེད་པ་སྤྲུལ་པ་ཟོས་པ་དེ་བཞིན་དུ་།དོན་དངོས་པོ་མེད་པར་ཤེས་པས་ཀྱང་རྣམ་པར་རིག་པ་ཙམ་དུ་ཤེས་པ་དེ་ཉིད་ཟོས་ཏེ་།དོན་ལ་དམིགས་ ་པ་ནི་རྣམ་པར་རིག་པ་ཤེས་བྱ་བས། དོན་མེད་ན་རྣམ་པར་རིག་པ་ནམ་ཡང་མེད་པའི་ཕྱིར་རོ། །ཡང་དག་པ་ཉིད་དུ་རྣམ་པར་རྟོག་པ་ཡང་མཛའ་ཨོ། །ལོག་པ་ཉིད་དུ་རྣམ་པར་རྟོག་པ་མང་མཛའ་སྟེ་ངེས་པར ་འབྱེད་པའི་ཆ་དང་མཐུན་པའི་དུས་ན་།ཡང་དག་པར་སོ་སོར་རྟོག་པ་ན་ཡང་དག་པ་ཉིད་དུ་འམ་།ལོག་པ་ཉིད་དུ་རྟོགས་པའི་མཛའ་གཉིས་སོ། །ཇི་ལྟ་ཞེ་ན། ཡང་དག་པ་ཉིད་ནི་ཟག་པ་མེད་པའི་ཆོས་རྣམས་སོ། །ལོག་པ་ཉིད་ནི་ཟག་པ་དང ་བཅས་པའི་ཆོས་རྣམས་སོ། །དེ་ལ་གལ་ཏེ་སོ་སོ་ཡང་དག་པར་རྟོག་པ་ན་ཡང་དག་པ་ཉིད་དུ་ཆགས་ན། དེ་ལྟ་ན་ནི་ཟག་པ་དང་བཅས་པའི་དགེ?་པ་དང། ཡང་དག་པར་སོ་སོར་རྟོག་པར་མི་འགྱུར་རོ། །ཅི་སྟེ་ཡང་དག་པ་མ་ཡིན་པའི ་མཚན་ཉིད་ཁོ་ནའོ་སྙམ་ན། །དེ་ལྟ་ན་ཡང་ཁམས་གསུམ་དང་ལྡན་པའི་དགེ་པ་བཞིན་དུ་ལོག་པ་ཉིད་དུ་འགྱུར་ཏེ་།འཐའ་དེ་གཉིས་ཡོངས་སུ་སྤངས་པའི་ཕྱིར། དཔེ་ཤེང་གཉིས་ལས་མེ་འབྱུང་བ་དེ། འོད་སྲུངས་འདི་ལྟ་སྟེ་དཔེར་ན། ཤིང ་གཉིས་རླུང་གིས་དྲུང་པ་ལས་མེ་འབྱུང་སྟེ། བྱུང་མ་ཐག་ཏུ་ཤིང་དེ་གཉིས་ཚིག་པར་བྱེད་པ་དེ་བཞིན་དུ། འོད་སྲུངས་ཡང་དག་པར་སོ་སོར་རྟོག་པ་ཡོད་ན་འཕགས་པའི་ཤེས་རབ་ཀྱི་དབང་པོ་སྐྱེ་སྟེ། སྐྱེས་མ་ཐག་ཏུ་ཡང་དག་པར་སོ་སོར ་རྟོག་པ་ཉིད?་ཚིག་པར་བྱེད་དོ། །ཞེས་འབྱུང་ངོ། །དེའི་དོན་ནི་འདི་ཡིན་ཏེ། དཔེར་ན་མེའི་མཚན་ཉིད་མ་ཡིན་པ་ཤིང་གཉིས་ལས་མེ་འབྱུང་སྟེ། བྱུང་ནས་ཀྱང་ཤིང་གཉིས་ཚིག་པར་བྱེད་དོ། །དེ་བཞིན་དུ་ཡང་དག་པ་ཉིད་ཀྱིས ་མཚན་ཉིད་མ་ཡིན་པ་ཡང་དག་པར་སོ་སོར་རྟོག་པ་ལས། ཡང་དག་པ་ཉིད་ཀྱི་མཚན་ཉིད་འཕགས་པའི་ཤེས་རབ་ཀྱི་དབང་པོ་སྐྱེ་སྟེ། སྐྱེས་ནས་ཀྱང་ཡང་དག་པར་སོ་སོར་རྟོག་པ་ཉིད་ཚིག་པར་བྱེད་དེ། རྣམ་པར་འཇིག་པར་བྱེད་ཅེས ་བྱ་བའི་ཐ་ཚིག་གོ་།རྣམ་པར་འཇིག་པ་དེ་ཡང་ཚིག་པ་དང་འདྲ་བར་བྱེད་པས་ན་ཚིག་པར་བྱེད་ཅེས་བྱ་སྟེ། གྱུར་པར་མཐོང་བའི་ཕྱིར་རོ། །ཡང་དག་པར་སོ་སོར་རྟོག་འདི་ཟག་པ་དང་བཅས་པ་ཡིན་ཡང། ཡང་དག་པ་ཉིད་ཀྱི་རྗེས་སུ་མཐུན ་པའི་ཕྱིར་ཡང་དག་པར་སོ་སོར་རྟོག་པ་ཞེས་བྱ་བར་སྟོན་ཏོ། །བྱེད་པར་རྣམ་པར་རྟོག་པ་ཡང་མཛའ་འོ། །མི་བྱེད་པ་རྣམ་པར་རྟོག་པ་ཡང་མཛའ་སྟེ་།ཇི་ལྟ་ཞེ་ན། དེའི་ཕྱིར། ཡེ་ཤེས་ནི་བློ་སྔོན་དུ་འགྲོ་བས་བྱེད་པའམ་།མཐུན་མེད་པར་རྟོག་པའོ ་ཞེས་བྱ་བ་སྨོས་སོ། །གལ་ཏེ་ཡེ་ཤེས་འདིས་མི་ཤེས་བ་སྤོང་དོ?་སྙམ་དུ་རྟོགས་ནས་དེ་སྦང་བའི་ཕྱིར་འཇུག་གོ་།ཞེས་བྱ་བ་འདི་ནི། བྱེད་པའི་རྣམ་པར་རྟག་པའི་མཛའ་ཨོ། །ཡེ་ཤེས་ནི་སྐད་ཅིག་པ་ཡིན་པས་སྤྱོད་པ་བྱེད་པའི་དུས་ན་མི་སྲིད་དེ། དེ ་བས་ན་མི་ཤེས་པ་སྤང་པའི་མཐུ་མེད་དོ། །ཞེས་བྱ་བ་འདི་ནི་མི་བྱེད་བར་རྣམ་པར་རྟོག་པའི་མཛའ་ཨོ། །རྣམ་པར་རྟོག་པའི་མཛའ་དེ་གཉིས་ཡོངས་སུ་སྤང་པའི་ཕྱིར་དོབ?་མར་མེ་སྟེ། འོད་སྲུངས་འདི་ལྟ་སྟེ་།དཔེར་ན་མར་མེ་བྱུང་ན་མུན་བ་མུན་ནག་ཐམS ་ཅད་མེད་པར་འགྱུར་ཡང་།འདེ?་གྲུངས་མར་མེ་འདི་ལྟར་བདག་གི་མུན་པ་མུན་ནག་ཐམས་ཅད་བསལ་ལོ་སྙམ་དུ་མི་སེམས་མོད་ཀྱི། འོན་ཀྱང་མར་མ་ལ་བརྟོན་ནས་མུན་པ་མུན་ནག་མེད་པར་འགྱུར་བ་དེ་བཞིན་དུ། འོད་སྲུངས་ཡེ་ཤེས་སྐྱེས་ན་ནི ་མི་ཤེས་པ་མེད་པར་འགྱུར་ཏེ། །ཡེ་ཤེས་ནི་འདི་སྙམ་དུ་བདག་གིས་མི་ཤེས་པ་བསལ་ཏོ་སྙམ་དུ་མི་སེམས་མོད་ཀྱི། འོན་ཀྱང་ཡེ་ཤེས་ལ་བརྟེན་ནས། མུན་པ་མེད་པར་འགྱུར་རོ་ཞེས་འབྱུང་པའོ། །འདི་སྐད་དུ་བསྟན་པར་འགྱུར་ཏ། དཔེར་ན ་མར་མེ་ནི་བྱེད་པས་སྟོང་ཞིང་མུན་བ་མུན་ནག་བསལ་བར་བསམ་པ་མེད་ཀྱང་།ཕྱོགས་གང་དུ་བྱུང་བའི་ཕྱོགས་དེར་མར་མེ་ཡོད་པ་ཙམ་གྱི་མུན་བ་མུན་ནག་ཐམས་ཅད་མེད་བར་འགྱུར་རོ། །དེ་བཞིན་དུ་རྒྱུད་གང་ལ་རྣམ་པར་མི་རྟོག་པའི ་པའི་ཡེ་ཤེས་སྐྱེད་པར་གྱུར་ན། དེ་ཡོད་པ་ཙམ་གྱིས་རྒྱུད་དེ་ལས་མི་ཤེས་པ་མེད་པར་འགྱུར་ཏེ། ཡེ་ཤེས་ནི་རྣམ་པར་མི་རྟོག་པ་དང་།བྱེད་པ་མེད་པའི་ཕྱིར་རོ། །དེ་ལྟར་ཡེ་ཤེས་ནི་བྱེད་བའི་མཐུ་མེད་ལ། མར་མེ ་བཞིན་དུ་ཡོད་པ་ཙམ་གྱི་མི་མཐུན་པའི་ཕྱོགས་སེལ་ཏོ། །སྐྱེ་བ་མེད་པར་རྣམ་པར་རྟོག་པ་ཡང་མཛའ་ཨོ། །དུས་མཉམ་པ་ཉིད་དུ་རྣམ་པར་རྟོག་པ་ཡང་མཛའ་ཨོ། །ཇི་ལྟ་ཞེ་ན་།དེའི་ཕྱིར། གལ་ཏེ་གཉེན་པོ་མ་སྐྱེས་པ་འམ་ཞེས་བྱ་བ་སྨོས་ཏེ། ་དེ་ལྟར་དུས་ཇི་སྲིད་དུ་སྔོན་གཉེན་བམ་སྐྱེས་པ་དེ་བཞིན་དུ་ད་ཡང་མི་སྐྱེའོ་སྙམ་པ་འདི་ནི་སྐྱེ་བ་མེད་པར་རྟོག་པའི་མཛའ་ཨོ། །ཡང་ན་ཀུན་ནས་ཉོན་མོངས་པ་ཡུན་རིང་བ་ཉིད་དུ་རྟོག་པ་ཞེས་བྱ་བ་ནི་མི་ཤེས་པ་དང། ཡེ་ཤེས་མི་མཐུན་པར ་གནས་པས་ཡེ་ཤེས་འབྱུང་པའི་མཐུ་མེད་དོ། །ཇི་སྟེ་རྒྱལ་སྐྱེས་སུ་ཟིན་ན་ཡང་མི་ཤེས་པ་དེ་ཡུན་རིང་པོ་ནས་གནས་གནས་པའི་ཕྱིར་།ཡེ་ཤེས་སྐད་ཅིག་པ་དེས་གསལ་བར་བྱ་མི་ནུས་སོ། །དེ་བས་ན་ཉོན་མོངས་པ་དང་རྣམ་པར་བྱང་བ ་གཉིས་དུས་མཉམ་པ་ཉིད་དོ་སྙམ་པའི་རྣམ་པར་རྟོག་པའི་མཛའ་དེ་ཉིད། ཡོངས་སུ་སྤང་པའི་ཕྱིར་མར་མེའི་ཕྱིར་མར་མེའི་དཔེ་གཉིས་པ་སྟེ། འོད་སྲུངས་འདི་ལྟ་སྟེ་།དཔེར་ན་ཁྱིམ་མམ་ཁང་པའམ་ཁང་ཕྲན་ལོ་བརྒྱ་སྟོང་འདས་པར ་སུས་ཀྱང་ལན་འགའ་ཡང་མར་མེ་མ་བུས་པ་དེར་མི་ལ་ལ་ཞིག་གིས་མར་མེ་བུས་ན། འོད་སྲུངས་དེ་ཇི་སྙམ་དུ་སེམས། མུན་བ་མུན་ནག་དེ་འདི་ལྟར་བདག་ནི་ལོ་བརྒྱ་སྟོང་དུ་བསགས་པ་ཡིན་ཏེ་།བདག་འདི་ནས་མི་འགྲོའོ་སྙམ་དུ ་སེམས་སམ། གསོལ་བ། བཅོམ་ལྡན་འདས་མི་སེམས་ཏེ། མར་མེ་བྱུང་ན་མུན་པ་མུན་ནག་ལ་མི་འཆི་བའི་ནུས་པ་མ་མཆིས་ཀྱི། གདོན་མི་འཚལ་བར་མ་འཆིས་པར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ་འོད་སྲུངས་དེ་བཞིན་དུ་ལས་དང་ཉོན་མོངས་པ་བསྐལ་པ་བརྒྱ་སྟོང་དུ་བསགས་པ་ཡང་ཚུལ་བཞིན་ཡིད་ལ་བྱེད་པའི་སོ་སོར་རྟོག་པ་གཅིག་གིས་མེད་པར་འགྱུར་རོ། །འོད་སྲུངས་མར་མེ་ཞེས་བྱ་བ་དེ་ནི་འཕགས་པའི་ཤེས་རབ་ཀྱི་དབང་པོའི ་ཚིག་བླ་དགས་སོ་འོད་སྲུངས་མུན་པ་མུན་ནག་ཅེས་བྱ་བ་དེ་ནི་ལས་དང་ཉོན་མོངས་པས་ཚིག་བླ་དགས་སོ་ཞེས་འབྱུང་བའོ། །དེ་ལྟ་བས་ན་འདིས་ནི་སྐྱེ་བོ་རྐྱེན་ལ་རག་ལས་པའི་ཕྱིར་གཉེན་པོ་མི་སྐྱེ་བ་དང། ཀུན་ནས་ཉོན་མོངས་པའི་ཕྱོགས ་དང། དུས་མཉམ་པ་ཉིད་ཀྱི་ལམ་བཏབ་པ་སྟེ་།ནག་པོའི་ཕྱོགས་སྟོབས་ཆུང་ཞིང་གཉེན་པོ་དེ་སྟོབས་དང་ལྡན་པའི་ཕྱིར་མུན་པ་མུན་ནག་དང་མར་མེ་བཞིན་ནོ། །མཛའ་གཉིས་སྤངས་པ་སྒྲུབ་པ་བཤད་ཟིན་ཏོ།། །། ་མཛའ་གཉིས་སྤངས་པ་སྒྲུབ་པའི་འོག་ཏུ་ཁྱད་པར་ཅན་དང་ཁྱད་པར་མེད་པ་སྒྲུབ་པ་སྨོས་སོ། །དེའི་ཕྱིར་མཛའ་གཉིས་སྤངས་བསྒྲུབ་པ་བཤད་པའི་འོག་ཏུ་ཁྱད་པར་ཅན་དང་ཁྱད་པར་མེད་པ་སྒྲུབ་པ་གང་ཞེ་ན་ཞེས་དྲིས་པ་དང་།དེའི་ཕྱིར། ་ཁྱད་པར་ཅན་དང་ཁྱད་མེད་དང། །ས་བཅུ་བདག་ཏུ་ཤེས་པར་བྱ། །ཞེས་བྱ་བ་གསུངས་སོ། །ས་ཅུ་པོ་དེ་དག་རེ་རེ་ལ་ཡང་སྒྲུབ་པ་རྣམ་པ་གཉི་ག་གཉི་གའོ། །ཇི་སྙེད་ཞེ་ན་དེའི་ཕྱིར། ས་གང་ལ་ཕ་རོལ་ཏུ་ཕྱིན་པ་གང་གི་ཤས ་ཆེ་བ་ཞེས་བྱ་བ་རྒྱ་ཆེར་སྨོས་སོ། །བྱང་ཆུབ་སེམས་དཔའ་ཨི་ས་གང་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཕ་རོལ་ཏུ་ཕྱིན་པ་གང་ལ་ལྷག་པར་སྤྱོད་པ་དེ་ནི། བྱང་ཆུབ་སེམས་དཔའ་ས་དེ་ལ་ཕ་རོལ་ཏུ་ཕྱིན་པ་གཞན་དག་པས་ཤས་ཆེར་གྱུར ་བས་ན་ཁྱད་པར་ཅན་ཞེས་བྱ་སྟེ་།འདི་ལྟར་ས་དང་པོ་ལ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཤས་ཆེ་བ་ཡིན་ཏེ། དེ་ལ་སྒྲུབ་པ་ཁྱད་པར་ཅན་ཞེས་བྱའོ། །དེ་བཞིན་དུ་ས་བཅུ་པ་ལ་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་དུའོ། །ས་དེ་དང་དེས?་ཕ ་རོལ་ཏུ་ཕྱིན་པ་ལྟག་མ་ཐམས་ཅད་ལ་ཡང། ཁྱད་པར་མེད་པར་ཡང་དག་པར་སྒྲུབ་པ་ནི་དེ་དག་ལ་སྒྲུབ་པ་ཁྱད་པར་མེད་པ་ཞེས་བྱ་སྟེ། ཇི་སྐད་དུ། ས་རབ་ཏུ་དགའ་བ་ལ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི ་ཤས་ཆེ་བ་ཡིན་ཏེ། ལྟག་མ་རྣམས་ཀྱང་ཅི་ནུས་ཅི་འོས་སུ་ཡང་དག་པར་མི་སྒྲུབ་པ་མ་ཡིན་ནོ་ཞེས་གསུངས་པ་ལྟ་བུའོ། །དེ་བཞིན་དུ་ས་ལྷག་མ་རྣམས་ལ་ཡང་མདོ་ལས་ཇི་སྐད་བཤད་པ་བཞིན་དུ་རིག་པར་བྱའོ། །སྒྲུབ་པ་བླ་ན་མེད ་པ་ཉིད་བཤད་ཟིན་ཏོ། །ད་ནི་དམིགས་པ་བླ་ན་མེད་པ་ཉིད་བཤད་པའི་སྐབས་སུ་བབ་སྟེ། དེའི་ཕྱིར་དམིགས་པ་བླ་ན་མེད་པ་ཉིད་གང་ཞེ་ན་ཞེས་བྱ་བ་སྨོས་སོ། །དེའི་འོག་ཏུ་དེ་དམིགས་ཀྱིས་དབྱེ་བའི་ཕྱིར། རྣམ་པར་བཞག་དང ་དེ་བཞིན་དབྱིངས་ཞེས་རྒྱ་ཆེར་གསུངས་སོ། །དམིགས་པ་ནི་རྣམ་པ་བཅུ་གཉིས་པོ་འདི་དག་སྟེ། རྣམ་པར་བཞག་པའི་དམིགས་པ་ནས། ཕུལ་དུ་བྱུང་བའི་དམིགས་པའི་བར་དུའོ། །དེ་མ་ཡིན་པའི་དམིགས་པ་གཞན་ཐམས་ཅད་པས ་མཆོག་ཡིན་པས། དམིགས་པ་བླ་ན་མེད་པ་ཉིད་ཅེས་བྱའོ། །དེ་ལ་དང་པོ་ནི་ཕ་རོལ་ཏུ་ཕྱིན་པའི་ཆོས་གང་དག་སྟེ། དེ་དག་ཀྱང་སངས་རྒྱས་དང། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སེམས་ཅན་ལ་ཕན་བདགས?་པའི་ཕྱིར། རྣམ ་པར་བཞག་པས་ན་རྣམ་པར་བཞག་པའོ། །དེ་ཉིད་བསྟན་པའི་ཕྱིར་འགྲེལ་བ་བྱེད་པས་ཀྱང་ཆོས་བརྟགS་པ་རྣམ་པར་བཞག་པའི་དམིགས་པ་ཞེས་བྱ་བ་སྨོས་སོ། །ཆོས་རྣམས་ནི་ཕ་རོལ་ཏུ་ཕྱིན་པ་དང། བྱང་ཆུབ་ཀྱི་ཕྱོགས་དང། ཕུང་པོ ་ལ་སོགས་པ་བརྟགས་པ་སྟེ། འདིས་རྣམ་པར་བཞག་པ་འམ་ཡང་ན་དེ་འདིར་བཞག་པས་ན། ཆོས་བརྟགས་པ་རྣམ་པར་བཞག་པའོ། །མངོན་པར་རྟོགས་པ་དང་མཐུན་པའི་ཕྱིར། འདིར་རྣམ་པར་བཞག་པའི་དམིགས་པ ་ལ་སོགས་པའི་གོ་རིམས་སུ་བལྟའོ། །གཉིས་པ་ནི་དེ་བཞིན་ཉིད་དེ་ཆོས་ཀྱི་རྣམ་གྲངས་སུ་གཏོབས་པའི་ཕྱིར་རོ། །གསུམ་པ་དང་བཞི་པ་ཞེས་བྱ་བ་དེ་ལ། གསུམ་པ་ནི་སྒྲུབ་པའི་དམིགས་པའོ། །བཞི་པ་ནི་སྒྲུབ་པའི་དམིགས་པའོ། །དེ་དག་ཉིད་ལ ་ཞེས་བྱ་བ་ནི་དང་པོ་དང་གཉིས་པའོ། །གོ་རིམས་བཞིན་ཏེ་ཞེས་བྱ་བ་ལ་དང་པོ་ནི་སྒྲུབ་པའི་དམིགས་པའོ། །གཉིས་པ་ནི་སྒྲུབ་པའི་དམིགས་པ་སྟེ། །འདིར་རྒྱུ་སྨོས་པ། ཆོས་ཀྱི་དབྱིངས་རབ་ཏུ་རྟོགས་པས། ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི ་ཆོས་རྣམས་ཁོང་དུ་ཆུད་པའི་ཕྱིར་རོ་ཞེས་བྱ་བའོ། །ཆོས་ཀྱི་དབྱིངས་རབ་ཏུ་རྟོགས་པས་ཟག་པ་མེད་པའི་ཕ་རོལ་ཏུ་ཕྱིན་པ་རྣམས་མངོན་པར་ཁོང་དུ་ཆུད་ཅེས་བྱ་བའི་ཐ་ཚིག་སྟེ། དང་པོ་ནི་སྒྲུབ་པའི་དམིགས་པའོ། །གཉིས་པ་ནི་སྒྲུབ་པའི་དམིགS ་པའོ། །ལྔ་པ་ནི་འཛིན་པའི་དམིགས་པ་སྟེ། ཐོས་པ་ལས་བྱུང་བའི་ཤེས་པའི་དམིགས་པའོ། །ཐོས་པ་ཙམ་གྱིས་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་ཆོས་རྣམས་དང། ཆོས་ཀྱི་དབྱིངས་འཛིན་པས་ན། ཐོས་པ་ལས་བྱུང་བའི་ཤེས་པ་ནི་འཛིན ་པ་ཞེས་བྱའོ། །འཛིན་པའི་དམིགས་པ་ནི་འཛིན་པའི་དམིགས་པ་སྟེ། དེ་ཡང་དང་པོ་དང་གཉིས་པ་དེ་ཉིད་དེ། རྣམ་པར་བཞག་པ་དང་ཆོས་ཀྱི་དབྱིངས་ཀྱི་དམིགས་པའོ། །དྲུག་པ་ནི་བསམས་པ་ལས་བྱུང་བ་སྟེ་།རྟོགས་ནས་འཛིན་པའི ་ཕྱིར་རོ་ཞེས་བྱ་བ་ནི་།ལྟོས་པ་དང་བྱ་བ་བྱེད་པ་དང་འཐད་པ་སྒྲུབ་པ་དང་ཆོས་ཉིད་ཀྱི་རིགས་པ་རྣམས་ཀྱིས་ཐོས་པའི་དོན་ཁོང་དུ་ཆུད་ནས་འཛིན་པའི་ཕྱིར་རོ། །ངེས་པར་འཛིན་པ་ནི་བསམས་པ་ལས་བྱུང་བའི་ཤེས་པ་སྟེ་།དེའི་ངེས་པ་ནི ་ངེས་པར་འཛིན་པའི་དམིགས་པའོ། །བདུན་བ་ནི་བསྒོམས་པ་ལས་བྱུང་བ་སྟེ་།ཞེས་བྱ་བ་ནི་དམིགས་པ་ཞེས་བྱ་བ་དང་སྦྱར་རོ། །སོ་སོ་རང་གིས་རིག་པའི་ཕྱིར་རོ་ཞེས་བྱ་བ་ནི། སོ་སོ་རང་གིས་དོན་འཛིན་པས་ན་རབ་ཏུ་འཛིན་པ་སྟེ། ་ས་དང་པོ་ལ་འཇུག་པར་སྦྱོར་བ་ཅན་བསྒོམས་པ་ལས་བྱུང་པའི་ཤེས་པའོ། །དེ་ཡང་དྲན་པ་ཉེ་བར་གཞག་པ་ནས་བརྩམས་ནས་སྟོབས་ཀྱི་བར་དུ་སྟེ། དེའི་དམིགས་པ་ནི་རབ་ཏུ་འཛིན་པའི་དམིགས་པའོ།། ་བརྒྱད་པ་ནི་ས་དང་པོ་ལ་མཐོང་བའི་ལམ་གྱིའོ་ཞེས་བྱ་བ་ནི། སོ་སོ་རང་གི་ཆོས་ཀྱི་དབྱིངས་གཉིས་སུ་མེད་པ་ཐམས་ཅད་དུ་སོང་བ་རྟོགས་པའོ། །ཡང་ན་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་རྣམས་དང། ཐམས་ཅད་དུ་འགྲོ་བའི ་དོན་གྱི་ཡུལ་ལ་ཉོན་མོངས་པ་ཙན་མ་ཡིན་པའི་མི་ཤེས་པའི་དགྲ་བོ་རྟོགས་པ་ནི་རབ་ཏུ་རྟོགས་པ་སྟེ་།དེ་ཡང་མཐོང་བའི་ལམ་མོ། །དེའི་དམིགས་པ་ནི་རབ་ཏུ་རྟོགས་པའི་དམིགས་པའོ། །དགུ་བ་ནི་བསྒོམ་པའི་ལམ་གྱི་སྟེ། ས ་བདུན་པའི་བར་དུའོ་ཞེས་བྱ་བ་ནི། ཆོས་ཀྱི་དབྱིངས་རབ་ཏུ་རྟོགས་པ་དེ་ཉིད་གོམས་པར་བྱས་པས། གོང་ནས་གོང་དུ་ཁྱད་ཞུགས་པར་འགྲོ་བས་རབ་ཏུ་རྒྱས་པ་སྟེ་།བསྒོམ་པའི་ལམ་ས་བདུན་པའི་བར་དུའོ། །བསྒོམ་པའི་ལམ ་དེའི་དམིགས་པ་ནི་རབ་ཏུ་རྒྱས་པའི་དམིགས་པའོ། །བཅུ་པ་ནི་དེ་ཉིད་ན་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ལམ་གྱི་སྟེ་ཞེས་བྱ་བ་ནི། དམིགས་པའོ་ཞེས་བྱ་བ་དང་སྦྱོར་རོ། །ཆོས་རྣམས་པར་ཁོང་དུ་ཆུད་པའི་ཕྱིར་རོ། །ཞེས་བྱ་བ ་ནི་ས་དེ་ཉིད་ན་མདོ་ལ་སོགས་པའི་ཆོས་ཀྱི་མཚན་མའི་རྣམ་པ་ལ་སོགས་པ་ལ་མངོན་པར་ཞེན་པ་དང་བྲལ་བའི་སྒོ་ནས་ཆོས་རྣམ་པར་ཁོང་དུ་ཆུད་པས་ན་རྣམ་པར་ཁོང་དུ་ཆུད་པོའོ། །དེ་ཉིད་ནི་བསྒོམ་པའི་ལམ་ཞེས་བྱ་སྟེ། ས་བདུན་པ་ཉིད་དུའོ།། ་རྣམ་པར་ཁོང་དུ་ཆུད་པའི་དམིགས་པ་ནི། རྣམ་པར་ཁོང་དུ་ཆུད་པའི་དམིགས་པའོ། །བཅུ་གཅིག་པ་ནི་ས་བརྒྱད་པ་ལའོ་ཞེས་བྱ་བ་ནི། མཚན་མ་དང་འབད་པའི་ཡིད་ལ་བྱེད་པ་ཐམས་ཅད་དང་བྲལ་ནས་རང་གི་ཚུལ་གྱིས་རྣལ་དུ་འདུག ་པས་འཇུག་པའི་ཕྱིར་ཏེ། བསྒོམ་པའི་ལམ་དེ་ཉིད་ལ་རྣལ་དུ་འདུག་པ་ཞེས་བྱའོ། །རྣལ་དུ་འདུག་པའི་དམིགས་པ་ནི། རྣལ་དུ་འདུག་བའི་དམིགས་པའོ། །བཅུ་གཉིས་པ་ནིས་དགུ་པ་ལ་སོགས་པ་གསུམ་ལའོ་ཞེས་བྱ་བ་ནི། ས་དགུ་པ་ལ་སོ་སོ་ཡང ་དག་པར་རིག་པའི་ཡེ་ཤེས་ཕུལ་དུ་བྱུང་བ་ཐོབ་པའི་ཕྱིར་རོ། །ས་བཅུ་པ་ལ་ནི་ལས་ལ་དབང་བ་ཕུལ་དུ་བྱུང་བ་ཐོབ་པའི་ཕྱིར་རོ། །སངས་རྒྱས་ཀྱི་སར་ནི་ཉོན་མོངས་པ་དང་།ཤེས་བྱའི་སྒྲིབ་པ་ལྷག་མ་རྣམ་པར་དག་པ་ཕུལ་དུ་བྱུང་བ་ཐོབ་པའི་ཕྱིར་ཏེ ་དེ་ལྟར་ས་དག་པ་ལ་སོགས་པ་གསུམ་ལ་ཡེ་ཤེས་དང། ལས་དང། རྣམ་པར་དག་པ་ཕུལ་དུ་བྱུང་བས་ས་དེ་དག་ལ་གནས་པའི་དམིགས་པ་གང་ཡིན་པ་དེ་དག་ནི། ཕུལ་དུ་བྱུང་བའི་དམིགས་པ་ཞེས་བྱའོ། །གཞན་ན་རེ་ལམ་ཕུལ་དུ་བྱུང་བ་ཉིད ་ཆུང་དུ་དང། འབྲིང་དང། ཆེན་པོར་ཕྱེ་ནས། ས་གསུམ་པོ་དག་ལ་ཕུལ་དུ་བྱུང་བའི་དམིགས་པར་བཤད་དོ་ཞེའོ། །དང་པོ་དང་གཉིས་པ་དེ་དག་ནི་དེ་དང་དེའི་དམིགས་པའི་མིང་འཐོབ་བོ་ཞེས་བྱ་བ་ནི། དམིགས་པ་དེ་དག་ཀྱང་འདི ་ལྟ་སྟེ་།ཆོས་རྣམ་པར་བཞག་པའི་དམིགS་པ་དང། ཆོས་ཀྱི་དབྱིངས་ཀྱི་དམིགས་པའོ། །དེ་ལ་དམིགས་པ་དེ་ཉིད་ཀྱང་ཡེ་ཤེས་དེ་དང་དེ་དག་དུ་དེ་དང་དེའི་མིང་འཐོབ་སྟེ་།ཐོས་པ་ལས་བྱུང་བའི་ཤེས་པའི་དུས་ནི་འཛིན་པའི་དམིགས་པ་སྟེ། འཛིན ་པའི་ཡེ་ཤེས་ཀྱི་ཡུལ་ནི་ཐོས་པ་ཡིན་པའི་ཕྱིར་རོ། །དེ་བས་ན་འཛིན་པའི་ཤེས་བ་ལ་འཛིན་པ་ཞེས་བྱའོ། །དེ་བཞིན་དུ་ཕུལ་དུ་བྱུང་བའི་དམིགས་པའི་བར་དུ་བརྗོད་པར་བྱའོ། །ས་དགུ་པ་དད་བཅུ་པ་དང་སངས་རྒྱས་ཀྱི་སར་ནི་འཇིག་རྟེན ་ལས་འདས་པའི་ཡེ་ཤེས་དད་དེའི་རྗེས་ལས་ཐོབ་པ་དག་པ་འཇིག་རྟེན་པ་ཕུལ་དུ་བྱུང་བ་བརྙེས་ཏེ་།འདིའི་དམིགས་པ་ནི་ཕུལ་དུ་བྱུང་བའི་དམིགས་པའོ། །དམིགས་པ་བླ་ན་མེད་པ་ཉིད་བཤད་ཟིན་ཏོ།། །། ་ད་ནི་ཡང་དག་པར་འགྲུབ་པ་བླ་ན་མེད་པ་ཉིད་ཀྱི་སྐབས་སུ་བབ་པས་དེ་བསྟན་པའི་ཕྱིར། ཡང་དག་པར་འགྲུབ་པ་གང་ཞེ་ན་ཞེས་བྱ་བ་སྨོས་ཏེ། སྒྲུབ་པ་དེ་དང་དེ་ཡང་དག་པར་འགྲུབ་པས་ན་ཡང་དག ་པར་འགྲུབ་པའོ། །དེ་ལས་གཞན་པའི་ཡང་དག་པར་འགྲུབ་པ་རྣམས་ལས་ཁྱད་པར་དུ་འཕགས་པ་དང། ཡང་དག་པར་འགྲུབ་པ་ཁྱད་པར་ཅན་དེ་ལས་གཞན་མེད་པའི་ཕྱིར་བླ་ན་མེད་པ་ཞེས་བྱའོ། །དེ་བསྟན་པའི་ཕྱིར་།མཚང ་མེད་དང་མི་སྤོང་དང། །མི་གཡེང་བ་དང་རབ་རྫོགས་དང། ཞེས་རྒྱ་ཆེར་གསུངས་སོ། །དེ་ལ་རྐྱེན་མ་ཚང་བ་མེད་པ་ནས་བརྩམས་ཏེ། བྱང་ཆུབ་ཀུན་ཏུ་སྟོན་བྱ་བའི་བར་དུ་རྣམ་པ་བཅུ་པོ་དེ་ལྟ་བུ་ནི་ཡང་དག་པར་འགྲུབ་པའོ ་དེ་ལ་རྐྱེན་མཚང་པ་མེད་པ་ནི་རིགས་ཡང་དག་པར་འགྲུབ་པའོ་ཞེས་བྱ་བ་ལ། རྐྱེན་རྣམས་མ་ཚང་མེད་པ་ནི་ཐམས་ཅད་ཚོགས་པའོ། །དེ་དག་ཚོགས་ན་རིགས་ཡང་དག་པར་འགྲུབ་སྟེ། རྒྱས་པ་དང་ཁྱད་བར་ཅན་དུ་འགྱུར་ཞེས ་བྱ་བའི་ཐ་ཚིག་གོ། དེ་ཡང་སྐྱེས་བུ་དམ་པ་ལ་བརྟེན་པ་དང། དམ་པའི་ཆོས་ཉན་པ་དང། ཚུལ་བཞིན་ཡིད་ལ་བྱེད་པ་ལ་སོགས་པའོ། །རིགས་དང་བཤེས་གཉེན་ལ་སོགས་པ་དེ་དག་མ་ཚང་བས་མ་ཚང་བའོ། །ཐེག་པ་ཆེན་པོ་མི ་སྤོང་བ་ནི་མོས་བ་ཡང་དག་པར་འགྲུབ་བའོ་ཞེས་བྱ་བ་ནི། གལ་ཏེ་ཟབ་ཅིང་རྒྱ་ཆེ་བའི་མཚན་ཉིད་ཐེག་པ་ཆེན་པོའི་ཆོས་མི་སྤོང་ན། དེ་ལྟར་ན་དེའི་ངེས་པར་འཛིན་པའི་བདག་ཉིད་ཀྱི་མོས་པ་རྒྱས་པར་འགྱུར་རོ། །ཐེག་པ་དམན་པར་མི ་གཡེང་བ་ནི་སེམས་བསྐྱེད་པ་ཡང་དག་པར་འགྲུབ་པའོ་ཞེས་བྱ་བ་ནི། གལ་ཏེ་བྱང་ཆུབ་ཏུ་སེམས་བསྐྱེད་ལ། བྱང་ཆུབ་ཀྱི་སེམས་ལས་ལྡོག་པའི་རྐྱེན་ཡོད་དུ་ཟིན་ཀྱང། ཉན་ཐོས་ཀྱི་ཐེག་པ་འམ་རང་སངས་རྒྱས་ཀྱི་ཐེག ་པར་དེས་སེམས་མི་འཇུག་ན། དེ་ལྟ་ན་བྱང་ཆུབ་ཀྱི་སེམས་དེ་རྟས་པར་འགྱུར་རོ། །ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པ་ནི་འགྲུབ་པ་ཡང་དག་པར་གྲུབ་པའོ་ཞེས་བྱ་བ་ལ། བྱང་ཆུབ་ཀྱི་སེམས་བསྐྱེད་པ་དག་དེའི་དབང་གིས་སྦྱིན་པ་ལ་སོགས་པ ་ཕ་རོལ་ཏུ་ཕྱིན་པ་རྣམས་ཡོངས་སུ་རྫོགས་པས་ཐམས་ཅད་མཁྱེན་པ་ཉིད་སྒྲུབ་པ་རྒྱས་པར་འགྱུར་རོ། །འཕགས་པའི་ལམ་བསྐྱེད་པ་ནི་།སྐྱོན་མེད་པར་འཇུག་པ་ཡང་དག་པར་འགྲུབ་པའོ་ཞེས་བྱ་བ་ནི། ཐོག་མ་ཉིད་དུ་སྔོན་མ་སྐྱེས་པའི་འཕགས ་པའི་ལམ་བསྐྱེད་པས་སྐྱོན་མེད་པ་ལ་འཇུག་པར་འགྱུར་རོ། །སྐྱོན་ཞེས་བྱ་བ་ནི་ཉེས་པ་འམ་ཟག་བ་སྟེ་།གང་ན་དེ་མེད་པ་དེ་ནི་སྐྱོན་མེད་བ་སྟེ་།རླུང་མེད་པ་བཞིན་ཏེ། ཟག་པ་མེད་པའི་སའོ། །ངེས་པར་འཇུག་པ་ཞེས་འབྱུང་བ་ཡང་མེད ་པ་ཉིད་ངེས་བ་སྟེ། འདི་ལྟར་མཐོང་བའི་ལམ་སྐྱེས་ན་བདེ་འགྲོ་དང་མྱ་ངན་ལས་འདས་པ་ཉིད་དུ་ངེས་པར་འགྱུར་རོ། །དགེ་བའི་རྩ་བ་འཕེལ་བ་ནི་ཡུན་རིང་པོ་ནས་འདྲིས་པར་བྱ་བའི་ཕྱིར། སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་ཡང་དག ་པར་འགྲུབ་པའོ་ཞེས་བྱ་བ་ནི་མཐོང་བའི་ལམ་ཐོས་ནས། དེའི་རྗེས་ལས་ཐོབ་པ་བསྒོམ་པའི་ལམ་ལ་ཡུན་རིང་པོར་འདྲིས་པར་བྱས་གོམས་པར་བྱས་པས། དགེ་བའི་རྩ་བ་འགྲུབ་པ་ནི་དགེ་བའི་རྩ་བ་འཕེལ་པའོ། །དེས་སེམས ་ཅན་ཡོངས་སུ་སྨིན་པར་བྱེད་ནུས་པར་འགྱུར་ཏེ། དེའི་ཕྱིར་དགེ་བའི་རྩ་བ་འཕེལ་བ་ནི། སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་ཡང་དག་པར་འགྲུབ་པའོ། །གཞན་དག་ན་རེ་དེའི་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་ཡང་དག ་པར་འགྲུབ་པ་ནི་འདི་ལྟ་བུ་ཡིན་ཏེ། འདི་ལྟར་འདིས་ཡུན་རིང་པོ་ནས་གོམས་པར་བྱེད་པ་ལ་བརྟེན་ནས། སེམས་ཅན་རྣམས་ཀྱི་རྒྱུད་ལ་དགེ་བའི་རྩ་བ་བརྟན་པོར་བྱས་པར་གྱུར་པའོ། །ཞེས་ཟེར་རོ། །སེམས་ལས་སུ་རུང་བ་ནི། ཞིང་ཡོངས ་སུ་དག་པ་ཡང་དག་པར་འགྲུབ་པའོ་ཞེས་བྱ་བ་ལ། དེ་ལྟར་བསྒོམས་པས། དགེ་བའི་རྩ་བ་རྣམས་འཕེལ་ནས་གཅིག་ཏུ་བགྲོད་པའི་ལམ་གྱིས་མི་མཐུན་པའི་ཕྱོགས་མཚན་མ་དང་འབད་པ ་དང་བྲལ་བའི་ཕྱིར། སེམས་ལས་སུ་རུང་སྟེ། ལས་སུ་རུང་བ་དེའི་དབང་གིས་ཇི་ལྟར་འདོད་པ་བཞིན་།སངས་རྒྱས་ཀྱི་ཞིང་ཤེལ་ལ་སོགས་པ་ལྟ་བུར་སྟོན་ཏེ། དེ་བས་ན་སེམས་ལས་སུ་རུང་བ་ནི་ཞིང་ཡོངས་སུ་དག་བ་ཡང ་དག་པར་འགྲུབ་པའོ། །མདོ་གཞན་ལས་ཀྱང་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་འདོད་པས། རང་གི་སེམས་ཡོངས་སུ་དག་པར་བྱའོ་ཞེས་གསུངས་སོ། །འཁོར་བ་དང་མྱ་ངན་ལས་འདས་པ་ལ་མི་གནས་པ་ནི། ཕྱིར ་མི་ལྡོག་པའི་ས་ལ་ལུང་བསྟན་པ་ཐོས་བ་ཡང་དག་པར་འགྲུབ་པ་སྟེ་ཞེས་བྱ་བ་ཇི་ལྟ་བུ་ཞེ་ན། དེའི་ཕྱིར་འཁོར་བ་དང་མྱ་ངན་ལས་འདས་པ་གཉིས་ལས་ཕྱིར་མི་ལྡོག་པའི་ཕྱིར་རོ་ཞེས་བྱ་བ་སྨོས་སོ། །དེ་ལྟར ་སེམས་ལས་སུ་རུང་བས་འཁོར་བ་དང་མྱ་ངན་ལས་འདས་པ་གཉིས་ལ་མི་གནས་པར་འགྱུར་ཏེ། སེམས་ཅན་ལ་ལྟ་བའི་ཕྱིར་།སྦྱིན་པ་ལ་སོགས་བ་ཕ་རོལ་ཏུ་ཕྱིན་པ་གསུམ་གྱི་འབྲས་བུ་མངོན་པར་མཐོ་བ་ཡོངས ་སུ་འཛིན་པས་མྱ་ངན་ལས་འདས་པ་ལ་མི་གནས་སོ། །བརྩོན་འགྲུས་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་གསུམ་ཡོངས་སུ་གཟུང་བས་།འཁོར་བའི་ཉོན་མོངས་པ་རྣམས་ཀྱིས་ཉེ་བར་ཉོན་མོངས་པར་མི་འགྱུར་ཏེ་།དེ་བས་ན་འཁོར ་བ་ལ་ཡང་མི་གནས་སོ། །ཡང་ན་འཁོར་བ་དང་མྱ་ངན་ལས་འདས་པ་ལ་མི་གནས་པ་ནི་།དེ་ལས་མི་ལྡོག་པའོ། །དེ་ལ་སེམས་ཅན་ལ་ལྟ་བའི་ཕྱིར་འཁོར་བ་ལས་མི་ལྡོག་པ་སྟེ་།སྙིང་རྗེས་འཁོར་བ་ལེན་པའི་ཕྱིར་རོ། །ཤེས ་རབ་ཀྱིས་མྱ་ངན་ལས་འདས་པ་ལས་མི་ལྡོག་གོ། དེ་ལྟར་འཁོར་བ་དང་མྱ་ངན་ལས་འདས་པ་ལ་མི་གནས་པའི་བྱང་ཆུབ་སེམས་དཔའ་ནི། ཕྱིར་མི་ལྡོག་པའི་ས་མི་གཡོ་བ་ལ་གནས་པས། སངས་རྒྱས་སུ་ལུང་བསྟན་པ་འཐོབ ་པ་ཡང་དག་པར་འགྲུབ་པ་ཡིན་ནོ། །ཡང་ན་ཕྱིར་མི་ལྡོག་པའི་ས་ཐོབ་པ་དང་།ལུང་བསྟན་པ་ཐོབ་པ་ཡང་དག་པར་འགྲུབ་པ་ཡིན་ནོ། །སྒྲིབ་པ་མེད་པའི་སངས་རྒྱས་ཀྱིས་ཡང་དག་པར་འགྲུབ་པའོ། །ཞེས་བྱ་བ་ནི། འདི་ལྟར་བག ་ཆགས་དང་བཅས་པའི་ཉོན་མོངས་པ་དང་།ཤེས་བྱའི་སྒྲིབ་པ་ཐམས་ཅད་སྤངས་པས་སྐུ་གསུམ་དུ་བསྡུས་པའི་སངས་རྒྱས་ཀྱིས་ཡང་དག་པར་འགྲུབ་སྟེ། དེ་བས་ན་སྒྲིབ་པ་མེད་པ་ནི་སངས་རྒྱས་ཀྱི་ས་ཡང་དག་པར་འགྲུབ་པའོ། །དེ ་རྒྱུན་མི་གཅོད་པ་ནི། བྱང་ཆུབ་ཀུན་ཏུ་སྟོན་པ་ཡང་དག་པར་འགྲུབ་པའོ། །ཞེས་བྱ་བ་ནི། སངས་རྒྱས་ཀྱི་བྱང་ཆུབ་དེ་རྒྱུན་མི་གཅོད་པ་ནི་ཐུགས་རྗེ་ཆེན་པོའི་དབང་གིས་འཇིག་རྟེན་ཇི་སྲིད་པ་དེ་སྲིད་དུ། བྱང་ཆུབ་རབ་ཏུ་སྟོན་པ་ནི ་བྱང་ཆུབ་ཀུན་ཏུ་སྟོན་པ་ཡང་དག་པར་འགྲུབ་པ་སྟེ། འདིར་ཡང་དགའ་ལྡན་གྱི་གནས་རབ་ན་བཞུགས་པ་དང། ལྷུམས་སུ་ཞུགས་པ་དང། བལྟམས་པ་དང། འཁྲུངས་པ་དང། འདོད་པ་ལ་ལོངས་སྤྱོད་པ་དང། མངོན་པར་འབྱུང ་བ་དང། དཀའ་བ་སྤྱོད་པ་དང། ཆོས་ཀྱི་འཁོར་ལོ་ཆེན་པོ་བསྐོར་བ་དང། ཡོངས་སུ་མྱ་ངན་ལས་འདས་བ་ཆེན་པོ་ལ་སོགས་པ་ཡང་འདིར་བསྟན་པ་ཡིན་ཏེ། བྱང་ཆུབ་ཀུན་ཏུ་སྟོན་པ་ནི་དེ་དག་དང་ཐ་དད་བ་མ་ཡིན་པའི་ཕྱིར་རོ།། ་བྱང་ཆུབ་ཀུན་ཏུ་སྟོན་པ་ཞེས་བྱ་བ་ནི། དཔེ་ཙམ་དུ་སྨོས་སུ་ཟད་པས། ལྷག་མ་རྣམས་ཀྱང་གཟུང་ངོ། །དེ་ལྟར་ཞེས་བྱ་བ་ནི། འདིར་ཚིག་གི་དོན་དཀྱུས་མ་རྣམས་རྫོགས་པ་ལ་བྱ་སྟེ་།དོན་དང་མཐུན་པའི་མིང་དུ་བརྗོད་པ་འམ། །རབ ་ཏུ་རྟོགས་པའི་དོན་དུ་།འདི་ནི་དབུས་རྣམ་པར་འབྱེད་པའི་བསྟན་བཅོས་ཏེ་ཞེས་བྱ་བའོ། །འདིར་མཛུད་པ་འཇུག་པའི་རྒྱུ་སྨོས་པ། དབུ་མའི་ལམ་རབ་ཏུ་སྟོན་པའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། གང་གི ་ཕྱིར་བསྟན་བཅོས་འདིར་འདི་ལྟར་རྟག་པ་དང་ཆད་པའི་མཛའ་དང་བྲལ་བ། དབུ་མའི་ལམ་རབ་ཏུ་བསྟན་པས་།དེའི་ཕྱིར་བསྟན་བཅོས་འདི་དབུས་རྣམ་བར་འབྱེད་པ་ཞེས་བྱ་སྟེ། དབུས་རྣམ་པར་འགྲེལ་པ་དང། རབ་ཏུ་བཤད ་ཅེས་བྱ་བའི་ཐ་ཚིག་གོ། འདི་ནི་དབུས་དང་མཛའ་རྣམ་པར་འབྱེད་པ་ཡང་ཡིན་ཏེ། འདིར་རྒྱུ་སྨོས་པ། དབུས་དང་མཛའ་གཉིས་རབ་ཏུ་སྟོན་པའི་ཕྱིར་རོ་ཞེས་བྱ་བ་སྟེ་།དེའི་དབུས་དང་མཛའ་རྣམ་པར་འབྱེད་པ་ཞེས་བྱའོ། །དེ ་ལ་དབུས་ནི་ཆོས་ཀྱི་དབྱིངས་གཉིས་སུ་མེད་པའོ། །མཛའ་ནི་སྒྲོ་འདོགས་པ་དང་སྐུར་པ་འདེབས་པའོ། །ཡང་ན་ཐོག་མ་དང་ཐ་མ་སྤངས་པའི་དབུས་རབ་ཏུ་སྟོན་པའི་ཕྱིར་རོ་ཞེས་བྱ་བ་ནི། ཁ་ཅིག་ན་རེ་དེ་བཞིན་ཉིད་དོ་ཞེའོ། །གཞན་དག་ན་རེ་ཡང ་དག་པ་མ་ཡིན་པ་ཀུན་རྟོག་པ་ཐོག་མ་དང་ཐ་མ་མེད་པ་ནི། འདིར་དབུས་དང་མཛའ་ཞེས་བྱ་བ་དང་སྦྱར་ཏེ། རབ་ཏུ་སྟོན་ཏོ་ཞེའོ། །རྟོགས་པར་དཀའ་དང་སྙིང་པོའི་དོན་ཅེས་བྱ་བ་དང། གོ་རིམ་བཞིན་ཞེས་བྱ་བ་ནི་རྟོག་གེའི་སྤྱོད་ཡུལ ་མ་ཡིན་པའི་ཕྱིར་རྟོགས་པར་དཀའ་བའི་དོན་ཏོ། །པས་ཀྱི་རྒོལ་བ་དག་གིས་མི་ཤེས་པའི་ཕྱིར་སྙིང་པོའི་དོན་སྟེ་།རྟོག་གའི་སྤྱོད་ཡུལ་མ་ཡིན་པ་ནི་འདི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་ཡུལ་དུ་རྟོགས་པའི་ཕྱིར་རོ། །སྙིང་པོའི་དོན་ནི་དོན ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་བསྟན་པའི་ཕྱིར་རོ། །དོན་ཆེན་ནི་བདག་དང་གཞན་གྱི་དོན་གྱི་ཆེད་ཀྱི་ཕྱིར་རོ་ཞེས་བྱ་བ་ནི། བྱང་ཆུབ་སེམས་དཔའ་ཨི་སྤྱོད་པའི་ཆེད་པའི་ཕྱིར་ཏེ། བྱང་ཆུབ་སེམས་དཔའ་ཨི་སྤྱོད་པ་དེ་ཡང་བདག་དང ་གཞན་གྱི་དོན་སྒྲུབ་བར་བྱེད་པའི་ཕྱིར་རོ། །དེ་བཞིན་དུ་ཀུན་གྱི་དོན་ནི་ཐེག་པ་གསུམ་ཅར་གྱི་དབང་དུ་བྱས་པའི་ཕྱིར་རོ། །ཞེས་བྱ་བ་ནི་ཉན་ཐོས་དང་རང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལམ་བཤད་པའི་ཕྱིར་རོ། །དོན་མེད་ཐམས་ཅད ་སེལ་བའོ། །ཞེས་བྱ་བ་ནི། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་སྤོང་བར་བྱེད་པའོ། །བླ་ན་མེད་པ་ཉིད་ཀྱི་དོན་བསྡུས་པ་ཞེས་བྱ་བ་ལ། དོན་བསྡུས་པ་བརྗོད་པའི་དགོས་པ་ནི་སྔར་བཤད་ཟིན་ཏོ། །མདོར་བསྡུ་ན་བླ་ན་མེད་པ་ཉིད་རྣམ་པ་གསུམ་སྟེ། ་ཞེས་བྱ་བ་ནི། རྒྱས་པར་མཛའ་ཡས་པའོ། །སྒྲུབ་པ་ནི་བླ་མེད་ཉིད་ཀྱི་སྒྲུབ་པ་དང་ཞེས་གང་གསུངས་པའོ། །སྒྲུབ་པའི་གཞི་ནི་དམིགས་པ་ཞེས་གང་གསུངས་པའོ། །སྒྲུབ་པའི་འབྲས་བུ་ཡང་དག་འགྲུབ། །བསྟན་པ་ཉིད་དུ་འདོད་པ་ཡིན་ཞེས ་གསུངས་པའོ། །སྒྲུབ་བ་དེ་ཡང་ཇི་ལྟ་བུ་ཞེ་ན། དམ་པའོ་ཞེས་བྱ་བ་ནི། དམ་པ་བཅུ་གཉིས་བདག་ཉིད་དེ། ཞེས་གསུངས་པའོ། །གང་གིས་ཤེ་ན། ཐེག་པ་ཆེན་པོར་ཇི་ལྟ་བུར། །ཆོས་རྣམས་གདགས་པར་མཛད་པ་དག་།ཅེས་བྱ་བ་ལ་སོགས་པས་སོ་ཞེས་བྱ ་པས་ནི། བྱང་ཆུབ་སེམས་དཔས་རྟག་པར་ཡང། །ཤེས་རབ་གསུམ་གྱིས་ཡིད་བྱེད་པའོ། །ཞེས་འབྱུང་བའི་ཕྱིར་རོ། །དེ་བཞིན་དུ་།དེ་ནི་ཆོས་སྤྱོད་རྣམ་ཅུ་དང། ཡང་དག་ལྡན་པར་ཤེས་པར་བྱ། །ཞེས་བྱ་བའོ། །ཇི་ལྟ་བུར་ཞེ་ན། རྣམ་པ་གང་གི་ཞི་གནས ་བསྒོམ་པ་ལ་གཡེང་བ་མེད་པར་གྱུར་པ་ཞེས་བྱ་བ་ནི་གཡེང་བ་རྣམ་པ་དྲུག་མེད་པའི་ཕྱིར་རོ། །ལྷག་མཐོང་བསྒོམ་པ་ལ་ཕྱིན་ཅི་མ་ལོག་པར་གྱུར་པའོ་ཞེས་བྱ་བ་མི་ཡི་གེ་ལ་སོགས་པ་བཅུ་ལ་ཕྱིན་ཅི་ལོག་མེད་པའི་ཕྱིར་རོ། །གང་གི་དོན་དུ་ཞེ་ན། དབུ་མིང? ་ལམ་གྱི་ངེས་བར་འབྱུང་བར་བྱ་པའི་དོན་དུའོ་ཞེས་བྱ་བ་ནི། མཛའ་གཉིས་སྤངས་པ་སྒྲུབ་པ་གང་ཞེ་ན་ཞེས་འབྱུང་བའོ། །གང་དུ་ཞེ་ན། ས་བཅུ་དག་ཏུ་སྟེ་ཇི་ལྟ་ཞེ་ན་དེའི་ཕྱིར། ཁྱད་པར་ཅན་དང་ཁྱད་པར་མེད་པ་ཞེས་གསུངས་སོ། །ཅི་ཞིག་ཅེ་ན། ས་བཅུ་དག་ཏུ་ཤེས ་པར་བྱ། ཞེས་འབྱུང་བ་སྟོན་ཏོ། །ཕྱིན་ཅི་ལོག་པ་རྣམས་ཀྱི་དོན་བསྡུས?་པ་ནི་ཡི་གེ་ལ་ཕྱིན་ཅི་མ་ལོག་པས་ཞི་གནས་ཀྱི་མཚན་མ་དམིགས་པ་ཞེས་བྱ་བ་འབྲེལ་རང་བཞིན་དང་བྲལ་བ་མངོན་སུམ་དུ་བྱེད་བ་དང ་དོན་ལ་ཕྱིན་ཅི་མ་ལོག་པས་ཕྱིན་ཅི་ལོག་གི་མཚན་མ་གཉིས་ཀ་ཡང་སྣང་བ་ཙམ་དུ་རབ་ཏུ་རྟོགས་པ་དང། ཡིད་ལ་བྱེད་པ་ལ་ཕྱིན་ཅི་མ་ལོག་བས་ཕྱིན་ཅི་ལོག་གི་གཞི་ཀུན་གཞི་རྣམ་པར་ཤེས་པ་ལ་གཉིས་སུ་མངོན་པར་ཞེན་པའི་ས ་བོན་བསགས་པ་ཡོངས་སུ་སྤོང་བ་དང། མི་འཕྲོ་བ་ལ་ཕྱིན་ཅི་མ་ལོག་བས་ཕྱིན་ཅི་ལོག་གི་མཚན་མ་སྒྱུ་མ་ལ་སོགས་པ་ལྟ་བུར་ཡོད་པ་དང་མེད་པར་མངོན་པར་ཞེན་པ་མེད་པས་ལེགས་པར་རྟོགས་པར་བྱེད་པ་དང། རང་གི་མཚན་ཉིད ་ལ་ཕྱིན་ཅི་མ་ལོག་པས་དེའི་གཉེན་པོ་རྣམ་པར་མི་རྟོག་པ་བརྗོད་པ་དང་བྲལ་བ་ཆོས་ཀྱི་རང་གི་མཚན་ཉིད་ཀྱི་ཡུལ་ལ། ལམ་བསྒོམ་པ་དང། སྤྱིའི་མཚན་ཉིད་ལ་ཕྱིན་ཅི་མ་ལོག་པས་ཆོས་ཐམས་ཅད་སྦྱིར་རྣམ་པར་བྱང་བའི་རང་བཞིན ་དུ་རྟོགས་པ་དང། མ་དག་པ་དང་དག་པའི་ཡིད་ལ་བྱེད་པ་ལ་ཕྱིན་ཅི་མ་ལོག་པས་དེའི་སྒྲིབ་པ་མ་སྤངས་པ་དང། སྤངས་པར་རབ་ཏུ་ཤེས་ཏེ། ཆོས་ཀྱི་དབྱིངས་རང་བཞིན་གྱིས་འོད་གསལ་བ་ལ་གློ་བུར་གྱི་ཉོན་མོངས་བས་ཉེ་བར་ཉོན་མོངས་པར་གྱུར་པའི་ཕྱིར ་རོ། །དེའི་གློ་བུར་དུ་བྱུང་བ་ལ་ཕྱིན་ཅི་མ་ལོག་པས་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་ཡང་དག་བ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་བ་ཞེས་བྱ་བ་ནི། རང་བཞིན་གྱིས་འོད་གསལ་བ་ལ་གཞན་དུ་ནི་ཀུན་ནས་ཉོན་མོངས་པ་དང་རྣམ་བར ་བྱང་བར་འགྱུར་མི་སྲིད་པའི་ཕྱིར་རོ། །མི་སྐྲག་པ་དང། ཁེངས་བ་མེད་པ་ལ་ཕྱིན་ཅི་མ་ལོག་པས། ཆོས་དང་གང་ཟག་ལ་མངོན་པར་ཞེན་པ་མེད་དེ། སྒྲིབ་པ་མེད་པར་ངེས་པར་འབྱུང་བའོ། །བསྟན་བཅོས་དབུས་དང་མཛའ་རྣམས་བར ་འབྱེད་པ་ལས། ཐེག་པ་བླ་ན་མེད་པའི་ལེའུར་བཅད་པ་ལྔའི་འགྲེལ་པ་བཤད་དེ། སློབ་དཔོན་བློ་བརྟན་གྱིས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཛིན་མི་ཏྲ་དང། ཤཱི་ལེནྡྲ་བོ་དྷི་དང། ཞུ་ཆེན ་གྱི་ལོཙྪ་བ་བནདེ་ཡེ་ཤེས་སྡེ་ལ་སོགས་པས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། *། །དགོངས་པ་ངེས་པར་འགྲེལ་པའི་མདོ་ལས་འཕགས་པ་བྱམས་པའི་ལེའུའི་བཤད་པ་སློབ་དཔོན་ཡེ་ཤེས་སྙིང་པོས་མཛད་པ་བཞུགས་སོ།། །། ་