| Wylie | e-texts based on the ACIP/ALL Input |
ནུ་མཆོག་གིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། །།སླར?་ཡོན་ཏན་རྒྱ་མཚོ་མཆེད་ཀྱིས་ལན་ཅིག་ཞུས་སོ།། །།མདོ་སྡེ་རྒྱན་གྱི་བསྡུས?་དོན་མཁས་པ་དགའ་བར་བྱེད་པའི་རྒྱན་ཞེས་བྱ་བ་མཁས་པ་ཛྙཱན?་ཤྲིའི?་ཞལ་སྔ?་ནས ་མཛད་པ་བཞུགས་སོ།། །།རྒྱ་གར་སྐད་དུ་།སཱ་ཏྲ་ཨ་ལ་དཀར་པ་ནི་ར་ཐ་།བོད་སྐད་དུ་།མདོ་སྡེ་རྒྱན་གྱི་དོན་བསྡུས་པ། འཕགས་པ་བྱམས་པ་ལ་ཕྱག་འཚལ་ལོ། །མ་བཤད་པའི་སྐྱོན་དང། བཤད་པའི་སྐྱོན་དང། ཕྱིན་ཅི་ལོག་ཏུ་བཤད་པའི་སྐྱོན་གསུམ་དང་བྲལ་བར ་བཤད་པར་བྱའོ། །དེ་ནི་སྟོན་པ་དང་སྟོན་པའི་ཆོས་དང། བསྟན་པར་བྱ་བར་ཆོས་དང། བསྟན་པར་བྱ་བའི་ཐོབས་བླ་ན་མེད་པའོ། །དང་པོ་ལ་སྟོན་པའི་དབྱེ་བ་དང། སེར་སྣ་དགག་པ་དང་།ཆོས་བསྟན་པ་དོན་ཡོད་པ་དང་གསུམ་མོ། །རྒྱལ་སྲས་ཆོག?་ནི་མི་ཞན་དང ་ཞེས་བྱ་བ་ལ་སོགས་པ་ཚིག་བརྒྱད་ཀྱིས་སྟོན་པའི་ཚིག་གོ། རྒྱལ་བ་བྱམས་པས་མཛད་པའི་མདོ་སྡེའི་རྒྱན་ལ་བསྟན་པར་བྱ་བའི་ཆོས་ནི་གཅིག་སྟེ་།ཉེས་པ་བརྒྱད་ཀྱི་གཉེན་པོར་ཐེག་བ་མཆོག་གོ་།དེ་བསྟན་བར་བྱ་བའི་ཐབས་བླ་ན་མེད་པ་ལ་གཉིས་ཏེ། ་ཟབ་བ་དང། རྒྱ་ཆེ་བའོ། །དེ་ཡང་རྣམ་པ་གསུམ་དང་ལྡན་པའི་དབང་དུ་བྱས་ནས་བཤད་དེ། སྒྲ་ནི་ངེས་པར་རྟོགས་པའི་དབང་དུ་བྱས་ནས་བཤད་པ་དང་།སྒྲུབ་པ་ཉམས་སུ་ལེན་པའི་དབང་དུ་བྱས་ནས་བཤད་བ་དང་།བྱང་ཆུབ་སེམས་དཔའ་ཨི་རིགས་དང་ལྡན་པའི་མཁས་པའོ་དབང་དུ་བྱས་ཏེ། བཤད ་པའོ། །དེ་ཡང་སྡེ་སྣོད་གསུམ་དུ་བསྡུས་ནས་རྣམ་བ་བཞི་བཞིའི་སྒོ་ནས་བཤད་པ་ཡིན་ནོ། །དེ་ལྟར་གཞུང་གི་དོན་བསྡུ་ན་ལྔ་ཡིན་ཏེ། བསྒྲུབ་བར་བྱ་བ་དང་།བྱེ་བྲག་ཏུ་ཤེས་པར་བྱ་བ་དང། བསམ་གྱིས་མི་ཁྱབ་བ་དང། ཡོངས་སུ་གྲུབ་པ་མཐར་ཐུག་པའི་དོན་ནོ། །མིང་དང་རྒྱུ་མཚན ་ལ་སོགས་པ་ལྔ་ནི་མི་བཞག་སྟེ་།གཞུང་ནས་བརྗོད་བྱར་མ་བཞག་པ་དང་།འབྱོར་བའི་དོན་ཚུལ་བླ་ན་མེད་པ་མ་ཡིན་པའི་ཕྱིར་རོ། །འོ་ན་གང་ཡིན་ཞེ་ན་།འབྱོར་བའི་དོན་ཚུལ་བླ་མེད་རྒྱུར་བ་ལྔའི་བདག་ཉིད་སྟོན་པར་བྱེད་ཅེས་བྱ་བ་དེ་གོང་མ་དང་སྦྱར་བ་དང། འོག་མ་དང་སྦྱར་བ་གཉིས་བྱམས་པའི་དགོངས་པ་ཡིན ་ལ། གོང་མ་དང་སྦྱར་བ་ནི་བླ་མ་རྒྱུད་པ་ལས་ཤེས་ཏེ་།དེ་དབྱིག་གཉེན་གྱིས་མ་བཤད་དོ། །དབྱིག་གཉེན་གྱིས་འོག་མ་དང་སྦྱར་བའི་བཤད་བ་འདི་ཡིན་ཏེ། གང་ལ་བསླབ་བར་བྱ་བའི་ཡུལ་ཐེག་པ་ཆེན་པོ་བཀར་བསྒྲུབ་པ་དང་།སེམས་བསྐྱེད་ཀྱི་ཡུལ་སྐྱབས་སུ་འགྲོ་བ་མཆོག་ཏུ་བསྒྲུབ་པ་དང་།ཉེ་བར་ལེན་པའི་རྒྱུ་ཐེག་པ ་ཆེན་པོའི་རིགས་བསྒྲུབ་བ་བསྟན་ཏེ། བསྒྲུབ་བར་བྱ་བ་གསུམ་བསྡུས་པ་ཡིན་ནོ། །བྱེ་བྲག་ཏུ་ཤེས་པར་བྱ་བ་ནི་གཉིས་ཏེ་།སེམས་བསྐྱེད་པ་དང་ཁམས་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་བྱེ་བྲག་དང་ཤེས་པར་བྱ་བའོ། །བསམ་པར་བྱ་བ་ནི་གཉིས་ཏེ་།ཟབ་བའི་དེ་ཁོ་ན་དང། རྒྱ་ཆེ་བ་ཐབས་ལ་མཁས་པའི་དེ་ཁོ ་ན་འོངS?་བསམ་གྱིས་མི་བྱ་བ་ལ་གཉིས་ཏེ་།མངོན་པར་ཤེས་པ་ལ་སོགས་བའི་མཐུ་བསམ་གྱིས་མི་ཁྱབ་པ་དང་།དགའ་བ་དང་དད་པ་ལ་སོགས་པ་བདག་དང་གཞན་ཡོངས་སུ་སྨིན་པ་བསམ་གྱིས་མི་ཁྱབ་པའོ། །ཡོངས་སུ་གྲུབ་པའི་དོན་ནི་གཅིག་སྟེ། མངོན་པར་བྱང་ཆུབ་བར་མཐར་ཐུག་པ་ཉིད་དོ། །འདི་ཇི་ལྟར་ཤེས་པར་བྱེད ་པ་གང་ཡིན་ཞེ་ན་སྒྲུབ་པའི?་སྐབས་ཞེས་སྨོས་བའི་ཕྱིར་དང་།མཐར་ཡང་ཉེས་པ་ཀུན་གྱི་དྲི་མ་མེད་པ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་འཐོབ་།རིན་ཆེན་སྣོད་ནི་ཕྱེ་བ་ལྟར། སངས་རྒྱས་ཉིད་ནི་ཡང་དག་བསྟན་ཞེས་འབྱུང་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་ཞེ་ན། སྡོམ་ནི་དང་པོ་སྒྲུབ་སྐྱབས་རིགས། དེ་བཞིན་དུ་ནི་སེམས་བསྐྱེ་དང་།རང་གཞན་དོན་དང ་དེ་ཉིད་དོན། །མཐུ་དང་ཡོད་སྨིན་བྱང་ཆུབ་བོ། །ཞེས་ཚིགས་སུ་བཅད་ནས་།གང་ལ་བསླབ་པར་བྱ་བའི་ཡུལ་ཡོངས་སུ་རྫོགས་པའི་དོན་བསྟན་པའི་དོན་བསྟན་པའོ། །དེ་ལ་ཇི་ལྟར་བསླབ་པར་བྱ་ཞེ་ན། མོས་པ་ནང?་པ་ཉི་དང་ནི། །ཆོས་ཚོལ?་པ་དང་སྟོན་པ་དང་།དེ་བཞིན་སྒྲུབ་དང་ཡང་དག་པའི། །གདམས་ངག་རྗེས་སུ་བསྟན་པ་ཡིན། ཞེས་བྱ་བ་གསུངས་ཏེ། ་མགོན་པོས་ཆུ་བོའི་འཕྲོས་ལྟ་བུའི་བཤད་པ་ནི་འདི་ཡིན་ཏེ། ཐོག་མར་ཐེག་པ་ཆེན་པོ་མཆོག་ཏུ་གྲུབ་པ་ལས་བརྩམས་ནས་མོས་པ་འབྱུང་ངོ། མོས་པ་ལས་ཆོས་ཚོལ་བ་འབྱུང་ངོ། དེ་སྟོན་པར་བྱེད་བ་དགེ་བའི་བཤེས་གཉེན་ལ་རག་ལས་པས་ཆོས་སྟོན་པའོ། །དེ་ནས་སྒྲུབ་པ་ནན་ཏན་དུ་བྱ་བ་ཡིན། བསྒྲུབ་པའི་སྐབས་ཞེས་རང་གི་མི ་ནས་སྨོས་པའི་ཕྱིར་བསྒྲུབ་པར་བྱ་བའི་དོན་ཡིན་ནོ། །བྱེ་བྲག་ཏུ་ཤེས་པར་བྱ་བ་ནི་ཡང་དག་པར་གདམས་ངག་དང་རྗེས་སུ་བསྟན་པ་ཡིན་ནོ?་བསམ་པར་བྱ་བ་ནི་དེ་ཁོ་ན་ཉིད་ཟབ་པ་དང་རྒྱ་ཆེ་བ་ཐབས་ལ་མཁས་པའི་སྐབས་སོ། །ཐབས་ཡང་རྣམ་པ་གསུམ་སྟེ། བསྡུ་པའི་དངོས་པོ་བཞིན་དང་ལྡན་པའི་ཕ་རོལ་ཏུ་ཕྱིན་པ་དྲུག ་དང་ཚད?་མེད་པ་བཞི་མ?་བསྡུས་པ་དཀོན་མཆོག་མཆོད་པ་ལ་སོགས་པ་བསྟན་པ་དང། ལམ་གྱིས་བསྡུས་པ་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་བསྟན་པའོ། །བསམ་གྱིས་མི་ཁྱབ་པ་ནི་ཡོན་ཏན་གྱི་སྐབས་སོ། །ཡོངས་སུ་གྲུབ་པ་རྟོགས་པའི་དོན་སོ་སོར་རང་གིས་རིག་པར་བྱ་བ་ནི་མཐར་ཐུག་པའོ་སྐབས་ཡིན་ཏེ། དེ་ལྟར་ན ་བསྟན་བཅོས་ཀྱི་ལུས་ཡོངས་སུ་རྫོགས་པ་མདོར་བཞག་པ་དང། དཔེ་ལྔས་མཚོན་ས་བཀོད་པ་འོག་མ་དང་སྦྱར་བ་ཡིན། །གོང་མ་དང་སྦྱར་པ་རྟོགས་པ་བརྒྱུད་འོངས་པ་ནི་འདི་ཡིན་ཏེ་ཐེག་པ་ཆེན་པོ་ལ་འབྱོར་པའི་དོན་ཚུལ་བླ་ན་མེད་པ་ལྔ་སྟེ། གང་ཞེ་མ་རིག་མཆོག་དང་ལྡན་པའི་གང་ཟག་དོན་ཤེས་བར་ནུས་པ་ལ་ཕྱིན་ཅི་མ་ལོག་བར་དོན་སྟོན ་པ་དང་།སྟོན་པའི་ཚིག་དྲི་མ་མེད་པ་བསྟན་པ་དང་།འགྲོ་བ་ལྔ་པོ་སྡུག་བསྔལ་ལས་བསྒྲལ་བའི་ཆེད་ཡིན་པ་དང་།དེའི་རྒྱུད་སྙིང་རྗེ་ཆེན་པོ་དང་ལྡན་པའི་བདག་ཉིད་དང། བསྟན་བར་བྱ་བའི་ཆོས་ཐེག་པ་མཆོག་ཏུ་གྱུར་པའོ། །དེ་ལྔ་ནི་ཚེ?། བཅད་དང་པོའི་དོན་ཏེ། དཔེ་ལྔས་མཚོན་བའི་དོན་ལྔ་སྟེ། མདོར་བསྟན་པའོ། །དེ་ལྔའི་རྒྱས་པར ་བཤད་པ་ནི་འདི་ཡིན་ཏེ། དོན་ཤེས་ཀྱི་རྒྱས་བཤད་ནི་དམིགས་པར་བྱ་བའི་ཡུལ་ཐེག་པ་ཆེན་པོའི་རྒྱུ་འབྲས་བུ་དང་བཅས་པའི་བྱང་ཆུབ་ཀྱི་སྐབས་ཀྱི་བར་རོ། །དོན་སྟོན་གྱི་རྒྱས་བཤད་ནི་ཐེག་པ་ཆེན་པོ་ལ་མོས་པ་ཆོས་ཚོལ་བ་ཇི་ལྟ་བ་བཞིན ་དུ་སྟོན་པའི་སྐབས་སོ། །རབ་ཏུ་བྱེད་པ་དག་དང་ཚིག་རྣམས་དྲི་མེད་ཀྱི་རྒྱས་བཤད་ནི། རྒྱལ་སྲས་ཚིག་ནི་མི་ཞན་ཅིང་ནས། ཡན་ལག་དྲུག་ཅུ་བསམ་མི་ཁྱབ་ཀྱི་བར་རོ། །སྡུག་བསྔལ་བསྒྲལ་ཕྱིར་གྱི་རྒྱས་བཤད་ནི། སྒྲུབ་བའི་སྐབས་ནས་ཚད་མེད་པ་རྣམ་པར ་དབྱེ་བའི་བར་རོ། །འགྲོ་ལ་སྙིང་རྗེའི་ཕྱིར་ཏེ་དེའི་བདག་ཉིད་ཀྱིས་རྒྱས་བཤད་ནི་རྣམ་པར་དབྱེ་བ་ལས་བརྩམས་བ་མན་ཆད་དོ། །ཐེག་མཆོག་བསྟན་པའི་རྣམ་པའི་ཆོས་ཀྱི་རྒྱས་བཤད་ནི་ངོ་ཚ་རྣམ་པར་དབྱེ་བ་ནས་བཟུང་སྟེ། མཐར་ཐུག་པའི་སངས་རྒྱས་ཀྱི་མཚན་ཉིད་རྫོགས ་ཀྱི་བར་གྱིས་སོ། །དེ་ལྟར་ལུས་རྣམ་པར་བཞག་པ་དང། ཡན་ལག་རྒྱས་པར་བཤད་པའི་ཚུལ་གཉིས་སུ་བཤད་པས་མདོ་སྡེའི་དོན་བཤད་པ་ཡིན་ལ། ཚིགས་བཅད་གཉིས་པས་རྒྱན་བཤད་དེ། ཐེག་པ་ཆེན་པའི་ཆོས་ནི་དགའ་བ་བསྐྱེད་པའི་ཕྱིར་མདོ་སྡེའི་རྒྱན ་ཅེས་བྱ་བ་ཡིན་ནོ། །གལ་ཏེ་ལུས་ཅན་དགའ་བ་བསྐྱེད་པས་རྒྱན་ཡིན་ན་།འདི་ལ་དྲི་བ་རྣམ་པ་ལྔ་བྱ་སྟེ་།དྲི་བ་དང་པོ་ནི་ཐེག་པ་ཆེན་པོ་འདི་བཀར་གྲུབ་ན་བཅོམ་ལྡན་འདས་ལས་ཁྱད་པར་དུ་འཕགས་པའི་སྒྲ་དང་དོན་ཅི་ཞིག་བྱམས་པས་བོགས་དབྱུང་དུ་ཡོད་ནས ་དགའ་བ་བསྐྱེད་པར་བྱེད་ཅེ་ན། ལན་དུ་གཟུགས་རྒྱན་རང་བཞིན་ཡོན་ཏན་ལྡན་པ་མེ་ལོང་ནང་སོང་ན་ལ་སོགས་པའོ། །དྲི་བ་གཉིས་པ་ནི་ཐེག་པ་ཆེན་པོ་ལས་འགའ་ཞིག་གི་ཚེ་རྣམ་པར་འཚེ་བ་བཤད་པ་དང། གང་ཡང་མེད་པ་ཉིད་དུ་སྟོན ་བའི་ཕྱིར་དགའ་བ་བསྐྱེད་པ་མ་ཡིན་ནོ་ཞེ་ན། ལན་དུ་ཇི་ལྟར་བསྣམས་ན་རབ་དཀུ་ལ་མན་ཆད་སྨོས་སོ། །དྲི་བ་གསུམ་བ་ནི་ཐེག་པ་ཆེན་པོ་ལས་བསྐལ་པ་དཔག་ཏུ་མེད་པར་དཀའ་བ་སྤྱད་པ་སྣ་ཚོགས་འབྱུང་བས་དེའི་ཕྱིར་དགའ་བ་བསྐྱེད་བ་མ་ཡིན་ནོ་ཞེ་ན ་ལན་དུ་ཆོས་བཀའ་རྒྱ་ཆེན་ཞེས་བྱ་བ་སྨོས་སོ། །དྲི་བ་བཞི་པ་ནི་རྟོག་པ་དང་ལྡན་པ་ནི་རང་ལ་ཕན་པ་ཆོལ་བ་ཡིན་ན། འདི་ལས་ནི་གཞན་ལ་ཕན་པའི་ཕྱིར་རང་ལ་སྡུག་བསྔལ་བསྐྱེད་བས་དགའ་བ་བསྐྱེད་པ་མ་ཡིན་ནོ་ཞེ་ན། ལན་དུ། རིན་ཆེན་རིགས་ལྡན་རིན་ཐང་མེད་ལ ་སོགས་པའོ། །དྲི་བ་ལྔ་པ་ནི་ཐུན་མོང་དུ་གྲགས་པའི་སྡུད་པ་པོ་མེད་པའི་ཕྱིར་དང་།བདག་ཅག་ལ་གྲགས་པ་ཁོ་ན་ཐེག་པ་ཆེན་པོ་ཡིན་ཏེ་།ཐེག་པ་ཆེན་པོ་བཀའ་མ་ཡིན་ནོ་ཞེ་ན། ལན་དུ་སྔར་ལུངS་བསྟན?་ལྷན་ཅིག་བྱུང་མན་ཆད་སྨོས་སོ། །མདོར་བཞག་པ་ལས ་འཕྲོས་སོ། །བསྟན་བཅོས་ཀྱི་རྣམ་བཞག་གཞན་ཡང་ཚིགས་བཅད་དང་པོ་གཉིས་ཀྱིས་བསྟན་བཅོས་ཀྱིས་མཚན་བཤད་པ་དང། དེ་ལས་འཕྲོས་པས་ལེའུ་དང་པོས་ལུས་མདོར་བཞག་པ་བསྟན་པ་།སྐྱབས་འགྲོ་བསྣན་པས་རྒྱས་བཤད་བསྟན། ཉེ་བར་ལེན་པའི ་རྒྱུ་རིགས་དང། རྐྱེན་སེམས་བསྐྱེད་ནས་འབྲས་བུ་མཐར་ཐུག་གི་བར་གྱིས་ཤིན་ཏུ་རྒྱས་པར་བཤད་པ་བསྟན་ཏོ། །རྒྱལ་བ་བྱམས་པས་མཛད་བའི་བསྟན་བཅོས་མདོ་སྡེའི་རྒྱན་གྱིས་ཐོག་མར་མཚན་བཤད་པའི་སྒོ་ནས་ལུས་རྣམ་པར་བཞག་པ་ལ་གསུམ་སྟེ། ་བྱེད་པ་དང་བྱ་བ་དང། དགོས་བའོ། །བྱེད་པ་ལ་རྣམ་པར་དབྱེ་བ་བདུན་ཏེ། དབྱེ་བ་པོ་དང། བྱེད་པའི་ལས་དང། བྱེད་པ་དང། བྱེད་པ་པོའི་ཆེད་དང་།རྒྱུའི་དོན་དང། འབྲེལ་པའི་དོན་དང་།གནས་ཀྱི་དོན་ནོ། །བྱ་བ་ནི་ལྔ་སྟེ་།བསྒྲུ་པར་བྱ་བ་དང་། ་བྱེ་བྲག་ཏུ་ཤེས་བར་བྱ་བ་དང། བསམ་པར་བྱ་བ་དང། བསམ་གྱིས་མི་ཁྱབ་བ་དང། ཡོངས་སུ་གྲུབ་པ་རྟོགས་པའི་དོན་སོ་སོ་རང་གིས་རིག་པར་བྱ་བ་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པ་ཉིད་དོ། །དེ་ཐེག་པ་ཆེན་པོ་མདོ་སྡེའི་རྒྱན་འདིས་རིམ་པ་བཞིན་རྣམ་པར་བཀྲོལ ་བས་མཁས་པ་དགའ་བ་བསྐྱེད་པའི་ཕྱིར་རྒྱན་དུ་བཞག་གོ་།ཆོས་དེ་རང་བཞིན་གྱིས་རྒྱན་དང་ལྡན་ན་བསྟན་བཅོས་འདིས་རྒྱན་དུ་བྱས་པ་ཅི?་ཡོད་ཅེ་ན་།གཟུགས་རྒྱན་རང་བཞིན་ལ་སོགས་པ་སྨོས་སོ། །དགོས་པ་ནི་ཕན་ཡོན་རྣམ་པ་གསུམ་སྟེ། སྒྲིབ་བ་སྤོང ་བ་དང། དབང་འབྱོར་བའི་རྒྱུ་དང། འཕགས་པའི་ནོར་ལ་ལོངས་སྤྱོད་པའི་རྒྱུའོ། །ཁ་ཅིག་འདི་སྐད་དུ་།འདི་དཀའ་མ་ཡིན་ན་ཕན་ཡོན་ལྟ?་སྨོས་ཀྱང་ཅི་དགོས་སྙམ་པ་ལ། ཐེག་པ་ཆེན་པོ་སངས་རྒྱས་ཀྱིས་བཀའ་ཉིད་དུ་བསྒྲུབ་པར་བྱེ ་བ་ཡིན་ཏེ། གཏན་ཚིགས་དང། བསྒྲུབ་བྱ་བླ་ན་མེད་བའི་ཐབས་སུ་གྲུབ་པ་དང། དེ་ལ་སྐྲག་པའི་ཉེས་དམིགས་རྒྱུ་དང་བཅས་པ་དང་།སྐྲག་པར་མི་བྱ་བའི་ཤེས་པའི་གཏན་ཚིགས་དང། དགག་པ་མི་འགྲུབ་པའི་རྒྱུ་མཚན་དང་།གནས་མ་ཡིན་པ་ལ ་སྐྲོག་མི་དགོས་པ་དང། མ་མོས་པ་ཉིད་ཀྱིས་གྲུབ་པ་དང། རང་གིས་མ་ཐོབ་པ་སྤང་བར་མི་རིགས་པ་དང་།སྤང་བའི་རྒྱུ་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་དགག་པ་དང། ཁོང་དུ་མ་ཆུད་པས་སྤང་བར་མི་རིགས་པ་སྟེ་བཅུ་པའོ། །དེ་ལ་སྔར་ལུང་མ ་བསྟན་པ་ལ་སོགས་པ་གཏན་ཚིགས་བདུན་ནོ། །སྔར་ལུང་མ་བསྟན་པས་སྒྲུབ་པ་དེས་པ་སྤང་བ་དང་།ཡོད་མེད་ཀྱིས་མ་གྲུབ་པ་སྤང་བ་དང། སྤྱོད་ཡུལ་མ་ཡིན་པ་སྒྲུབ་པར་བྱེད་བ་སྟེ་གསུམ་མོ། །ཐེག་པ་ཆེན་པོར་གྲུབ་བའི་དཀོན་མཆོགS་ལ་སྐྱབས་སུ་འགྲོ་བར ་མོས་པ་བསྒྲུབ་པར་བྱ་བ་ལ་དགུ་སྟེ། སྐྱབས་སུ་འགྲོ་བ་མཆོག་གི་ཁྱད་པར་དང། དེ་ལ་སྤྲོ་བར་བྱ་བ་དང། དེའི་ངོ་བོ་དང་།རྒྱུ་དང་།འབྲས་བུ་དང། ལས་དང། ལྡན་པ་དང། དབྱེ་བ་དང། ཕན་ཡོན་ནོ། །དེ་ལ་སྐྱབས་སུ་འགྲོ་བའི་ཁྱད་པར་ནི་ཀུན་ཏུ་འགྲོ་བ་ལ་སོགས་པ་བཞིའོ? ་དེའི་ཉེ་བར་ལེན་པའི་རྒྱུ་བསྒྲུབ་པར་བྱ་བའི་ཕྱིར་རིགས་ཡོད་པ་དང་།མེད་པ་དང། རིགས་ཀྱི་ཕྱེ་བ་དང་།འབྲས་བུ་ཁྱད་པར་དུ་འཕགས་པ་སྟེ་བཞིའོ། །ཡོད་པ་ཡང། ཡོད་དང་མཆོག་དང་མཚན་ཉིད་དང། །རྟགས་དང་རིགས་རབ་དབྱེ་བ་དང། །ཉེས་དམིགས ་དང་ནི་ཕན་ཡོན་དང། ?་རྣམ་གཉིས་ཏེ་རྣམ་པ་བཞི་སྟེ་རྣམ་པ་དགུའོ། །དེའི་རྐྱེན་ནང་གི་ཚུལ་བཞིན་ཡིད་ལ་བྱེད་པའི་བདག་ཉིད་སེམས་བསྐྱེད་བ་རྣམ་པ་བཅུ་གསུམ་སྟེ། མཚན་ཉིད་དང་རབ་ཏུ་དབྱེ་བ་དང། རྣམ་པར་བཞག་པ་དང་།ཡང་དག་པར་བླངས ་པ་བརྡའ་ལས་བྱུང་བ་དང། དོན་དམ་པ་དང་།དཔེའི་ཆེ་བ་དང། སེམས་མ་བསྐྱེད་པ་སྨད་པ་དང། བསྐྱེད་པ་བསྔགས་པ་དང། མི་བྱེད་པའི་སྡོམ་པ་འཐོབ་བ་དང། སེམས་མི་ལྡོག་པ་དང། སྡུག་བསྔལ་གྱིས་མི་འཇིགས་པ་དང། སེམས་ཅན་ཡལ་བར་མི་འདོད་བ་དང། ་ལེ་ལོ་མི་རིགས་བའོ། །བསྡུན་གཉིས་ཏེ། མཚན་ཉིད་དང། དབྱེ་བའོ། །དེ་ལ་དྲུག་སྟེ། མངོན་པར་རྟོགས་པའི་དབྱེ་བ་དང། རྣམ་པར་བཞག་པའི་དབྱེ་བ་དང་།བརྡར་བརྟགས་དོན་དམ་གྱི་དབྱེ་བ་དང་།དཔེའི་སྒོ་ནས་དབྱེ་བ་དང་།སྐྱོན་དང་ཡོན་ཏན་གྱི་སྒོ་ནས་དབྱེ་བ་དང། ལས ་ཀྱི་སྒོ་ནས་དབྱེ་བའོ། །སྒྲུབ་པ་ནི་དགུ་སྟེ་།མཚན་ཉིད་དང་མཉམ་པ་ཉིད་དང་།གཞན་གྱི་དོན་ཁྱད་པར་དུ་བྱ་བ་དང། གཞན་གྱི་དོན་སྒྲུབ་པའི་དབྱེ་བ་དང་།དེའི་ཕུན་སུམ་ཚོགས་པ་དང་།སྒྲུབ་པའི་ཁྱད་པར་དང། སྤྱོད་ཡུལ་བསྔོ་བ་དང། གཞན་གྱིས་ཉེས་པ་བཟོད་པ་དང། སྒྲུབ ་པའི་ཆེ་བ་ཉིད་དོ། །བསམ་པར་བྱ་བ་དེ་ཁོ་ན་ཉིད་ཟབ་མོ་རྣམ་པ་དྲུག་གིས་བསྟན་ཏེ། དོན་དམ་པའི་མཚན་ཉིད་དང་།བདག་ཏུ་ལྟེ་བ་ཕྱིན་ཅི་ལོག་དགག་པ་དང། ཕྱིན་ཅི་ལོག་དམད་པ་དང། བདག་མེད་ཀྱང་ཞི་བར་རུང་བ་དང་།གཉེན་པོ་ཡེ་ཤེས་ལ་འཇུག་པ་དང་།ཡེ་ཤེས ་ཀྱི་ཆེ་བ་ཉིད་དོ། །བསམ་གྱིས་མི་ཁྱབ་པའི་མཐུ་ནི་རྣམ་པ་བདུན་གྱིས་བསྟན་ཏེ། མཚན་ཉིད་རྣམ་པར་དབྱེ་བ་དང། རྒྱུ་དང་འབྲས་བུ་དང་།ལས་དང་ལྡན་པ་དང་།འཇུག་པ་དང་།ཆེ་བའི་ཡོན་ཏན་ནོ། །ལས་ལ་དྲུག་སྟེ་།མཐོང་།སྟོན་།འོད་ཟེར་རྣམ་པར་རོལ་པ། སྤྲུལ་པ་དང ་ཞིང་དག་གོ། ཡོངས་སུ་སྨིན་པ་ནི་རྣམ་པ་གཉིས་ཏེ་བདུན་དང་གཞན་ནོ། །དེ་ལ་བདག་ཡོངས་སུ་སྨིན་པ་རྒྱ་ཆེ་བའི་བདག་ཉིད་དང་བཅས་པ་སྟེ། དགའ་དང་དང་དང་ར?་བཞི་སྙིང་བརྩེ་དང། །བཟོད་དང་ཡིད་གཞུངས་མཐུ་ཅན་ཉིད་དང་ནི། །མི་འཕྲོགས་བ་དང་ཡན་ལག་ལྡན ་པ་རབ། །དེ་ནི་རྒྱལ་སྲས་ཡོངས་སུ་སྨིན་པའི་མཚན། །སེམས་ཅན་ཡོངས་སུ་སྨིན་པ་ནི་ལྔ་སྟེ་།རང་བཞིན་དང་།རབ་ཏུ་དབྱེ་བ་དང། ཕན་བདེའི་བསམ་པ་དང་།སྦྱོར་བ་ཕ་རོལ་ཏུ་ཕྱིན་པ་དྲུག་གིས་བསྒྲུབ་པ་དང། མཇུག་བསྡུ་བའོ། །ཡོངས་སུ་གྲུབ་པའི་དོན་བླ་ན་མེད་པའི་བྱང་ཆུབ ་ལ་གཉིས་ཏེ། མདོར་བསྟན་པ་དང། རྒྱས་པར་བཤད་པའོ། །དང་པོ་ལ་འདི་སྟེ། ཡང་དག་པར་འགྲུབ་པ་དང། ངོ་བོ་ཉིད་དང། དཔེ་དང་སངས་རྒྱས་ཉིད་གཉིས་སུ་མེད་པའི་མཚན་ཉིད་མཐུ་དང་བཅས་པའོ། །རྒྱས་པར་བཤད་པ་ལ་བཅུ་གཉིས་ཏེ་།དེ ་སྐྱབས་གནས་བླ་ན་མེད་པ་དང། གནས་ཡོངས་སུ་གྱུར་པ་དང་།མཛད་པ་ལྷུན་གྱིས་གྲུབ་པ་དང། རྒྱུན་མི་འཆད་པ་དང་།ཟག་པ་མེད་པའི་དབྱིངས་ཟབ་པ་དང། འབྱོར་པ་རྣམ་པར་དབྱེ་བ་དང། སེམས་ཅན་ཡོངས་སུ་སྨིན་པར་མཛད་བའི་རྒྱུ་དང་།ཆོས་ཀྱི་དབྱིངས་རྣམ་པར་དག་པ་དང ་སྐུ་གསུམ་དང། ཡེ་ཤེས་རྣམ་པར་དབྱེ་བ་དང། སངས་རྒྱས་ཐམས་ཅད་གཅིག་པ་དང། ཐ་དད་བ་ལས་གྲོལ་བ་དང། སངས་རྒྱས་ཉིད་ལ་འཇུག་པའི་ཐབས་དང། ཕན་ཚུན་མཛད་པ་གཅིག་བ་དང། སངས་རྒྱས་ཉིད་ལ་སྤྲོ་བར་བྱ་བ་སྟེ་བཅུ་གཉིས་སོ། །སྐྱབས་གནས ་བླ་ན་མེད་པ་ལ་གསུམ་སྟེ། ཉོན་མོངས་པ་ལས་སྐྱོབ་བ་དང། འཚེ་བ་ལས་སྐྱོབ་པ་དང། འཆི་བ་ལ་སོགས་པ་ལས་སྐྱོབ་པ་དང་།སྐྱབས་ཆེན་པོ་བླ་ན་མེད་པའི་རྒྱུ་མཚན་དང་།ཡོངས་སུ་རྫོགS་པ་དང། ཡུལ་དུས་རྣམ་པར་རྫོགས་པའི་ཕྱིར་རོ། །གནས་ཡོངས་སུ་གྱུར ་པ་ལ་བཞི་སྟེ། གཉེན་པོ་ཕུན་སུམ་ཚོགས་པ་དང་ལྡན་པ་དང་།གཞན་ལས་ཁྱད་པར་དུ་འཕགས་པ་དང་།ཡོན་ཏན་གྱི་དབྱེ་བ་དང། དཔེ་རྣམ་པ་གསུམ་མོ། །ཟག་མེད་ཀྱི་དབྱིངས་ཟབ་པ་ལ་རྣམ་པ་གསུམ་སྟེ། མཚན་ཉིད་དང་གནས་དང། ཕྲིན་ལས་ཟབ ་པའོ། །དང་པོ་ལ་བཞི་སྟེ། རྣམ་པར་དག་པའི་མཚན་ཉིད་ཟབ་པ་དང་།བདག་མཆོག་གི་མཚན་ཉིད་ཟབ་པ་དང། ལུང་མི་སྟོན་པའི་མཚན་ཉིད་ཟབ་པ་དང་།རྣམ་པར་གྲོལ་བའི་མཚན་ཉིད་ཟབ་པའོ། །ཕྲིན་ལས་ཟབ་པ་ལ་བཅུ་གཅིག་སྟེ། ཡོན་ཏན་གནས་ཉིད ་དང་།སེམས་ཅན་སྨིན་མཛད་དང་།མཐར་ཐུག་གཤེགས་དང། ཆོས་སྟོན་ཕྲིན་ལས་དང་།མཛད་པ་གཅིག་དང། ཡེ་ཤེས་དུ་གཅིག་འཇུག་རྣམ་པར་མི་རྟག་དང། ཡེ་ཤེས་སྣ་ཚོགས་ཡེ་ཤེས་མི་འཇུག་དང། ཡེ་ཤེས་ཁྱད་པར་འཕགས། བདེ་གཤེགས ་སྙིང་པོ་ཅན་ནོ། །འབྱོར་པ་རྣམ་པར་དབྱེ་བ་ལ་གསུམ་སྟེ། མཐུ་ཕུལ་དུ་བྱུང་བ་དང་།རྣམ་པའི་རབ་ཏུ་དབྱེ་བ་དང་།གཞན་དུ་གྱུར་པའི་འབྱོར་པའི་རབ་ཏུ་དབྱེ་བའོ། །སེམས་ཅན་ཡོངས་སུ་སྨིན་པར་མཛད་པའི་རྒྱུ་ལ་བདུན་ཏེ་།ཇི་ལྟར་སྨིན་པར་མཛད་པ་དང་།ཡ་མཆན་ཆེ་བ་ཉིད་དང ་སྨིན་པའི་ཐབས་མར་བ་དང་།ལྷུན་གྱིས་གྲུབ་ཅིང་འདུ་བྱེད་པ་དང་བྲལ་བ་དང། དེའི་དཔེ་དང་།གཅིག་ནས་གཅིག་ཏུ་སྨིན་པ་དང་།ངོམས་པ་དང། འཕེལ་བ་མེད་པར་བསྟན་པའོ། །ཆོས་ཀྱི་དབྱིངས་རྣམ་པར་དག་པ་ལ་དྲུག་སྟེ། ངོ་བོ་ཉིད་དང་།རྒྱུ་དང་འབྲས་བུ་དང། ལས ་དང་ལྡན་པ་དང། འཇུག་པའོ། །མོས་པའི་ལེའུ་བདུན་གྱིས་བསྟན་ཏེ། རྣམ་པར་དབྱེ་བ་དང། བར་དུ་གཅོད་པ་དང། ཕན་ཡོན་དང། ཐེག་པ་ཆེན་པོ་ལ་མོས་པ་ལེན་དུ་གཞུག་པ་དང་།ཞུམ་པ་དགག་པ་དང་།བསོད་ནམས་ཀྱི་ཁྱད་པར་དང། མོས་པའི་འབྲས་བུའོ། ། ་ཆོས་ཚོལ་བ་ལ་བཅུ་དགུ་སྟེ། དམིགས་པ་ཡོངས་སུ་ཚོལ་བ་དང། དེ་རྙེད་པ་དང། ཡིད་ལ་བྱེད་པ་དང། ཆོས་ཀྱི་དེ་ཁོ་ན་ཉིད་དང། དེ་ཁོ་ན་ཉིད་སྒྱུ་མ་ལྟ་བུར་ཡོངས་སུ་ཆོལ་བ་དང། ཤེས་བྱ་ཡོངས་སུ་ཚོལ་བ་དང། ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་ཡོངས་སུ་ཚོལ་བ་དང། རྣམ་པར ་རིག་པ་ཙམ་དང། མཚན་ཉིད་དང། རྣམ་པར་གྲོལ་བ་དང། ངོ་བོ་ཉིད་མེད་པ་དང། མི་སྐྱེ་བའི་ཆོས་ལ་བཟོད་པ་དང། ཐེག་པ་གཅིག་པ་ཉིད་དང། རིག་པའི་གནས་དང། ཁམས་བརྟས་པ་དང་།ཆོས་ཚོར་བའི་རབ་ཏུ་དབྱེ་བ་དང། རྒྱུ་ཉིད་དུ་དང་།སྤང་བྱ་རྣམ་པར་རྟོག་པ་ཚོལ་བ་དང་།མཇུག ་བསྡུ་བ་ཕན་ཡོན་དང་བཅས་པའོ། །དེ་ཁོ་ན་སྒྱུ་མ་ལྟ་བུར་ཚོལ་བ་ལ་བཅུ་གཅིག་སྟེ། སྒྱུ་མའི་མཚན་ཉིད་དང་།དུས་གཅིག་ཏུ་རྟོགས་པར་སྤྱོད་པ་དང། དཔེ་དང་སྦྱར་བ་དང། དོན་དང་སྦྱར་བ་དང། དགོས་པ་དང་སྦྱར་བ་དང། རྒྱུ་མཚན་དང་སྦྱར་བ་དང་།དཔེའི་དབྱེ་བ་དང། མི་མཐུན་པ་དང་གཉན ་པོའི་དབྱེ་བ་དང་།སྤོང་བའི་ཚུལ་དང་།ཐར་བའི་དཔེ་དང་།སྒྱུ་མ་ལ་སོགས་པ་དཔེ་བརྒྱད་ཀྱི་དོན་བསྟན་པའོ། །ཆོས་སྟོན་པ་བཅུ་གཅིག་སྟེ། སེར་སྣ་དགག་པ་དང་།ཆོས་དོན་མེད་པ་མ་ཡིན་པ་དང་།སྟོན་པ་རྣམ་པར་དབྱེ་བ་དང་།སྟོན་པ་ཕུན་སུམ་ཚོགས་པ་དང་།ཚིག་ཕུན་སུམ་ཚོགས་པ་དང་།ཡི་གེ་ཕུན ་སུམ་ཚོགས་པ་དང། སྟོན་བའི་ཆེ་བའི་བདག་ཉིད་དང། དོན་ཕུན་སུམ་ཚོགས་པ་དང། ལྡེམ་པོར་དབོངས?་པ་དང། དགོངས་པ་རྣམ་པར་དབྱེ་བ་དང། ཤིན་ཏུ་རྒྱས་པ་བསྡུས་བ་ཕན་ཡོན་དང་བཅས་པ་བསྟན་པ་དང། ཆོས་བསྟན་པའི་ཕན་ཡོན་ནོ། །བསྒྲུབ་པའི་ལེའུ ་ལ་བརྒྱད། རྣམ་པར་དབྱེ་བ་དང། སྒྲུབ་པ་ལ་བག་ཡོད་པར་བྱ་བ་དང། ཉོན་མོངས་པ་ཁོ་ནས་ཉོན་མོངས་པ་ལས་ངེས་པར་འབྱུང་བ་དང། ཐེག་པ་དམན་པ་ཡིད་ལ་བྱེད་པ་སྤང་བ་དང། རང་བཞིན་གྱིས་ངག་པ་ལ་སྐྲག་པ་སྤང་བ་དང། ཆགས་པ་ལས་སྐྱེས་པཱི་ལྟུང་བ་དགག་པ་དང། ་ཇི་ལྟར་གང་དུ་སྒྲུབ་པ་དང། སྒྲུབ་པའི་འཁོར་གསུམ་ཡོངས་སུ་དག་པའོ། །བྱེ་བྲག་ཏུ་ཤེས་པར་བྱ་བའི་གདམས་ངག་དང་རྗེས་སུ་བསྟན་པ་ལ་བཅུ་གསུམ་སྟེ། མོས་པ་རྣམ་པར་འཕེལ་བ་དང། དེ་བཞིན་དུ་ནི་ཚོགས་བསགས་པ་ལ་སོགས་པ་དང། ཆོས་ཀྱི་རྒྱུན་གྱི་ཏིང་ངེ་འཛིན་ཐོབ ་པ་ལས་གདམས་ངག་རྙེད་པ་དང། དེ་ལ་དམིགས་པའི་སེམས་དྲུག་བསྟན་པ་དང། ཡིད་ལ་བྱེད་པ་བཅུ་གཅིག་བསྟན་པ་དང། ཞི་གནས་གྱི་སེམས་དགུ་བསྟན་པ་དང། དེ་ལས་རིམ་གྱིས་བསམ་གཏན་ལས་སུ་རུང་བ་ཅན་ཡོན་ཏན་དང་བཅས་པ་ཐོབ་པ་དང། ངེས་པར་འབྱེད ་པའི་ཆ་དང་མཐུན་པ་དང། མཐོང་བའི་ལམ་དང། དེའི་མཚན་ཉིད་རྣམ་པར་བཞག་པ་དང། ཆེ་བའི་བདག་ཉིད་དང། བསྒོམ་པའི་ལམ་དང། གདམས་ངག་གི་ཆེ་བའི་བདག་ཉིད་བསྟན་པའོ། །ཐབས་དང་ལྡན་པའི་ལས་རྣམ་པར་དབྱེ་བ་ལ་གསུམ་སྟེ། ཀུན་ནས་སློང་བའི་ཐབS ་དང། ལྟ་བའི?་ཐབས་དང། འཁོར་གསུམ་ཡོངས་སུ་དག་པའི་ཐབས་སོ། །ཕ་རོལ་ཏུ་ཕྱིན་པ་དྲུག་ལ་གྲངས་དང་དེའི་མཚན་ཉིད་གོ་རིམས་དང། དེས་པའི་ཚིག་དང་གོམས་བྱ་ཡོན་ཏན་དང། དེ་དག་རབ་དབྱེ་བསྡུ་དང་མི་མཐུན་ཕྱོགས། ཡོན་ཏན་ཕན་ཚུན་རྣམ་ངེས་ཡིན་ཤེས་བྱའོ། ། ་བསྡུ་བའི་དངོས་པོ་བཞི་ལ་དྲུག་སྟེ། ངོ་བོ་དང་བྱེད་བ་དང། ལས་དང་གྲངས་ངེས་པ་དང། རབ་ཏུ་དབྱེ་བ་དང་ཕན་ཡོན་ནོ། །མཆོད་ལ་སོགས་པ་བཞི་ནི་སངས་རྒྱས་ལ་མཆོད་བ་དང། དགེ་བཤེས་བསྟེན་པ་དང། ཚད་མེད་པ་བསྒོམ་པ་དང། དེ་དག་འཇུག་བསྡུ་བའོ། །མཆོད་ཕག?་རྒྱུ ་མཚན་དང་ནི་ཡོངས་བསྔོ?་དང། །རྟེན་དང་དངོས་དང་རྒྱུ་དང་ནི། །ཡེ་ཤེས་དང་ནི་ཞིང་ངག་དང། །གནས་ཀྱི་སྒོ་ནས་རབ་ཏུ་བསྟན། །དགེ་བཤེས་བསྟེན་པ་གཞི་དང་ནི། །རྒྱུ་མཚན་དང་ནི་ཡོངས་བསྔོ་དང། །རྒྱུ་དང་ཡེ་ཤེས་ཞིང་ངག་དང། །གནས་ཀྱི་སྒོ་ནས་རབ་ཏུ་བསྟན། །ཚད་མེད་པ་ལ་གསུམ་སྟེ། ་ཁྱད་པར་དང། རབ་ཏུ་དབྱེ་བ་དང་སྙིང་རྗེའི་རྣམ་པར་དབྱེ་བའོ། །སྙིང་རྗེའི་རྣམ་པར་དབྱེ་བ་ལ་ཉི་ཤུ་རྩ་གཉིས་ཏེ། དམིགས་པའི་རབ་ཏུ་དབྱེ་བ་དང། འབྲས་བུ་ལྔ་དང། སྲིད་པ་དང་ཞི་བར་མི་གནས་པ་དང། འཁོར་བ་ཡོངས་སུ་ཤེས་པ་དང་སྙིང་རྗེའི་རྒྱུ་རྣམ་པར་དབྱེ་བ་དང་ལྗོན་ཤིང་གི་དཔེ་དང། ་ཕན་ཡོན་དང། སྙིང་རྗེ་ཚོཌ་པ་དང་བྲལ་བ་དང། སྙིང་རྗེ་བྱམས་པས་ཁྱད་བར་དུ་འཕཌ?་པ་དང་སྐྲག་བ་དང་དགའ་བའི་རྒྱུ་མཚན་དང། སྙིང་རྗེའི་སྡུག་བསྔལ་གྱིས་བདེ་བ་ཟིལ་གྱིས་གནོན་པ་དང། སྙིང་རྗེ་བྱིན་པའི་ཕན་ཡོན་དང། སྡུག་བསྔལ་ཁས་ལེན་པ་དང། རྣམ་པ་གསུམ་པོ་དང། དེའི་འབྲས ་བུ་འཕེལ་བ་དང། སྦྱིན་པ་ལ་སྤྲོ་བ་བསྐྱེད་པ་དང། གཞན་བདེ་བས་བདེ་བ་ཉམས་སུ་མྱོང་བ་དང། སྦྱིན་པ་ལ་རྗེས་སུ་རྟོན་པ་དང། བརྩེ་བས་སྦྱིན་པ་ཁྱད་པར་དུ་འཕགས་པ་དང། ཉེ་བར་སྤྱང་པའི་ཁྱད་པར་གྱིས་དགའ་བ་དང། ཕ་རོལ་ཏུ་ཕྱིན་པ་ཉེ་བར་སྒྲུབ་པ་དང། སྙིང་ཇེའི་རྐྱེན་རྣམ་པ་བཞི ་དང། སྙིང་རྗེ་ཆེན་པོ་མཆོག་གི་རྣམ་པའོ། །བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པ་ལ་ཉི་ཤུ་རྩ་བཞི་སྟེ། ངོ་ཚའི་རྣམ་པར་དབྱེ་བ་དང། བརྟན་པ་དང། མི་སྐྱོ་བ་དང། བསྟན་བཅོS་ཤེས་པ་དང། འཇིག་རྟེན་ཤེས་པ་དང། རྟོན་པ་དང། སོ་སོ་ཡང་དག་པར་རིག་པ་དང། ཚོགས་གཉིས ་དང། དྲན་པ་ཉེ་བར་གཞག་པ་དང། ཡང་དག་པར་སྤོང་བ་དང། རྫུ་འཕྲུལ་གྱི་རྐང་བ་དང། དབང་པོ་དང། སྟོབས་དང། བྱང་ཆུབ་ཀྱི་ཡན་ལག་དང། འཕགས་པའི་ལམ་དང། ཞི་གནས་དང། ལྟག་མཐོང་དང། ཐབས་ལ་མཁས་པ་དང། གཟུངས་དང། སྨོན་ལམ་དང། ཏིང་ངེ་འཛིན་དང། ་ཆོས་ཀྱིས་སྡོམ་དང། དེའི་སྐད་ཅིག་མ་དང། བདག་མེད་པ་དང། ངོ?་ཚ?་ལ་སོགས་བའི་ལས་མདོར་བསྡུས་པ་བསྟན་པའོ། །བསམ་གྱིས་མི་ཁྱབ་པའི་ཡོན་ཏན་ཉི་ཤུ་རྩ་བཞི་སྟེ། ངོ་མཚར་ཚེ་བ་དང་མི་ཆེ་བ་རྣམ་པར་དབྱེ་བ་དང། སེམས་མཉམ་པ་ཉིད་དང། ཕན་འདོགས་པ་དང། ལན་དུ་ཕན ་འདོགས་པ་དང། སྨོན་པ་དང། སྦྱོར་བ་ཆུང་མི་ཟ་བ་དང། ཡང་དག་པའི་སྦྱོར་བ་དང། ཡོངས་སུ་ཉམས་པ་དང། ཁྱད་པར་ཅན་གྱི་ཆོས་རྣམ་པར་དབྱེ་བ་དང། བཅོས་མ་དང་བཅོས་མ་མ་ཡིན་པའི་ཡོན་ཏན་དང། འདུལ་བ་རྣམ་པར་དབྱེ་བ་དང། ལུང་བསྟན་པ ་དང། ངེས་པར་འགྱུར་བ་དང། གདོན་མི་ཟ་བར་བྱ་དགོས་པ་དང། རྟག་པར་བྱ་བ་དང། གཙོ་བོའི་དངོས་པོ་དང། གདགས་པ་རྣམ་པར་བཞག་པ་དང། ཡོངས་སུ་ཚོལ་བ་དང། ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པ་དང། དཔག་ཏུ་མེད་བ་དང། བཤད་པའི་འབྲས་བུ་དང། ་ཐེག་པ་ཆེན་པོ་དང། དེའི་འབྲས་བུ་དང། བྱང་ཆུབ་སེམས་དཔའ་རྣམ་པར་དབྱེ་བ་དང། དེའི་མཚན་གྱི་རྣམ་པར་དབྱེ་བའོ། །ཡོངས་སུ་གྲུབ་པ་མཐར་ཐུག་པའི་སྐབས་ལ་བཅོ་བརྒྱད། རྟགས་དང། ཕྱོགས་དང། ལྷག་པའི་བསམ་པ་དང། ཡོངས་སུ་འཛིན་པ་དང། ་སྐྱེ་བ་དང། གནས་པ་དང། ས་རྣམ་པར་དབྱེ་བ་མདོར་བསྟན་པ་དང། སའི་མཚན་ཉིད་དང། དེའི་གང་ཟག་དང། དེ་ལ་བསླབ་པ་རྣམ་པར་བཞག་པ་དང། ཕུང་པོ་རྣམ་པར་གཞག་པ་དང། གྲུབ་པ་དང། ས་ལ་ཞུགས་པའི་རྟགས་དང། ཕ་རོལ་ཏུ་ཕྱིན་པ་ཐོབ་པའི་རྟགས་དང ་དེའི་ཕན་ཡོན་དང། སའི་ངེས་པའི་ཚིག་དང། ཐོབ་པ་དང། སྤྱོད་པ་དང། སངས་རྒྱས་ཀྱི་ཡོན་ཏན་རྣམ་པར་དབྱེ་བའོ། །དེ་ཡང་བསྡུས་ན་གཉིས་ཏེ། རྒྱུའི་ཁྱད་པར་དང། ངོ་བོའི་སྒོ་ནས་སོ། །རྒྱུ་ལ་དྲུག་སྟེ། རྟགས་དང། ཕྱོགས་དང། བསམ་པ་དང། ཡོངས་སུ་འཛིན་པ་དང། ་སྐྱེ་བ་དང། སའི་སྒོ་ནས་སོ། །ངོ་བོའི་སྒོ་ནས་སངས་རྒྱས་ཀྱི་ཡོན་ཏན་བཅོ་བརྒྱད་དེ། ཚད་མེད་པ་དང། རྣམ་ཐར་ལ་སོགས་པ་དང། ཉོན་མོངས་པ་མེད་པ་དང། སྨོན་ནས་མཁྱེན་པ་དང། སོ་སོ་ཡང་དག་པར་རིག་པ་དང། མངོན་པར་ཤེས་པ་དང། མཚན་དང། དཔེ་བྱད་དང། ཡོངས་སུ ་དག་པ་དང། སྟོབས་དང། མི་འཇིགས་པ་དང། བསྲུང་མེད་དྲན་པ་ཉེར་གནས་དང། བག་ཆགས་བཅོམ་པ་དང། བསྙེལ་བ་མི་མངའ་བ་དང། ཐུགས་རྗེ་ཆེན་པོ་དང། མ་འདྲེས་པའི་ཡོན་ཏན་དང། ཐམས་ཅད་མཁྱེན་པའི་ཡོན་ཏན་དང། ཕ་རོལ་ཏུ་ཕྱིན་པ་རྫོགས་པ་དང། ་སངས་རྒྱས་ཀྱི་མཚན་ཉིད་རྣམ་པར་དབྱེ་བའོ།། །རྒྱལ་སྲས་མི་ཕམ་མགོན་ལ་མངོན་སུམ་དུ། །རྣ་བའི་སྙིམ་པས་བདུད་རྩིའི་རྒྱུན་འཐུངས་པས། །སྐལ་ལྡན་གངྒཱ་པཏ?་རའི་སློབ་མ་མི། བྲམ་ཟེ་རིན་ཆེན་རྡོ་རྗེས་ལེགས་བཟུང་ནས། །ཐེག་ཆེན་མདོ་སྡེ་མ་ལུས་པ་ཡི་དོན། །མཁས་པ་དགའ་ ་བར་བྱེད་པའི་རྒྱན་བཤད་པ། །མཁས་པ་ཛྙཱ་ན་ཤྲཱི་ཡིས་རྣ་རྒྱན་ལྟར། །ལེགས་བཟུང་དེས་ནི་བཤད་པ་མངོན་སུམ་དུ། །དགེ་སློང་ཆོས་ཀྱི་བརྩོན་འགྲུས་ཀྱིས་མཉན་ནས། །མ་ནོར་དོན་ཚིག་ཕྲེང་བ་ལྟར་སྦྲེང་འདི། །བྱམས་པ་ཉིད་ལས་མཁས་པ་བཞིས་བརྒྱུད་ནས། །ཕྱི་མ་དག་ལ་སྣང་བར་བྱ་ཕྱིར་བྲིས། ། ་ཐེག་པ་ཆེན་པོ་མདོ་སྡེའི་རྒྱན་གྱི་དོན་བསྡུས་པ། སློབ་དཔོན་མཁས་པ་ཆེན་པོ་ཛྙཱ་ན་ཤྲཱིས་མཛད་པ་རྫོགས་སོ།། །།བོད་ཀྱི་ལོཙྪ་བ་དགེ་སློང་ཆོས་ཀྱི་བརྩོན་འགྲུས་ཀྱིས་བསྒྱུར་བའོ། །སླར་ཡང་གུ་ཎོ་ད་དྷིས་ལན་ཅིག་ཞུས་སོ།། །། ་