| Wylie | e-texts based on the ACIP/ALL Input |
text in 2 volumes
volume 1 (sems tsam (mi)) - volume 2 (sems tsam (tsi)) -
རྒྱ་གར་སྐད་དུ། སཱུ་ཏྲཱ་ལཾ་ཀཱ་ར་བྲིཏྟི་བྷ་ཥྱཾ། བོད་སྐད་དུ། མདོ་སྡེ་རྒྱན་གྱི་འགྲེལ་བཤད་འཕགས
་པ་འཇམ་དཔལ་ལ་ཕྱག་འཚལ་ལོ། །དཀོན་མཆོག་གསུམ་བོ་རིན་ཆེན་གཏེར་གྱུར་དང། །ཡང་དག་ཤཱཀ་ཐུབ་སྲས་ཀྱི
་ཐུ་བོ་དང། །རྒྱལ་བ་བདག་ཉིད་ཁྱུ་མཆོག་དེ་དེ་དང། །ཆགས་མེད་སྲས་ཀྱི་གཅུང་ལ་མོས་པ་དང། །བསྟན་བཅོས
་གསལ་བ་འགྲོ་ལ་སྣང་བྱེད་དང། །བླ་མ་གཙོ་བོ་གང་ལས་འདི་ཐོས་པ། །རྟག་པར་ཀུན་ལ་བདག་གིས་སར་གཏུགས་ཏེ།།
་གུས་དང་བཅས་པས་སྤྱི་བོས་ཕྱག་འཚལ་ནས། །དོན་ལ་བསམ་བྱ་བདག་བློ་བླུན་པ་དང། །བསྟན་བཅོས་འདི་ཡི
་ཚིག་དོན་ཟབ་པ་ཡང། །འབྲེལ་པའི་བསམ་པ་བདག་ལ་མ་བྱུང་བས། །དེ་ཕྱིར་བདག་ལ་ཕན་ཕྱིར་ཅུང་ཟད་བྱ། །ཐེག་པ་ཆེན་པོ་མདོ
་སྡེ་རྒྱན་གྱི་ལུས་སུ་བཞག་པ་ནི་མདོར་ན་རིགས་ལ་གནས་པའི་བྱང་ཆུབ་སེམས་དཔའ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ
་བསྐྱེད་ནས་བྱང་ཆུབ་སེམས་དཔའ་ཨི་སྦྱོད་པ་ལ་བསླབ་པར་བྱ་བ་དེ་སྟོན་ཏོ། །དེ་ལ་རིགས་ལ་གནས་པ་ཞེས་བྱ་བ་ལ། །རིགས་ནི་བླ་ན་མེད
་པའི་བྱང་ཆུབ་ཏུ་འཚང་རྒྱ་བའི་ས་བོན་ལ་བྱ་སྟེ། དེ་ལ་རིགས་ཞེས་ཀྱང་བྱ། གཞི་ཞེས་ཀྱང་བྱ། ཉེ་བར་སྟོན་པ་ཞེས་ཀྱང་བྱ། རྒྱུ་ཞེས་ཀྱང་བྱ། །བསྟན་པ་ཞེས
་ཀྱང་བྱ། གནས་ཞེས་ཀྱང་བྱ། སྔོན་དུ་འགྲོ་བ་ཞེས་ཀྱང་བྱ་སྟེ། འདི་དག་ནི་ཤི་ཀྱི་མིང་གི་རྣམ་གྲངས་སོ། །རིགས་དེ་ཡང་མདོར་བསྡུས་ན་རྣམ་པ་གཉིས་ཏེ། རང་བཞིན
་ལ་གནས་པ་དང། ཡང་དག་པར་བསྒྲུབས་པའོ། །དེ་ལ་རང་བཞིན་ལ་གནས་པའི་རིགས་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྐྱེ་མཆེད་ཀྱི་ཁྱད་པར་འཕྲལ་ལ
་རྙེད་པ་ནི་མ་ཡིན་གྱི། འཁོར་བ་ཐོག་མ་མེད་པ་ནས་གཅིག་ནས་གཅིག་ཏུ་བརྒྱུད་དེ་འོངས་པ། ཆོས་ཉིད་ཀྱིས་རྙེད་པ་སྟེ། དེ་དང་ལྡན་པས་བྱང་ཆུབ
་སེམས་དཔའ་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་འཚང་རྒྱ་བའི་སྐལ་བ་ཡོད་པའོ། །ཡང་དག་པར་བསྒྲུབ་པའི་རིགས་ནི་མ་ངེས
་པ་རིགས་ཅན་རྣམས་དགེ་བའི་བཤེས་གཉེན་བསྟེན་པ་དང། སྔོན་དགེ་བའི་རྩ་བ་ལ་གོམས་པར་བྱས་པ་ལས་ངེས་པའི་རིགས་སུ་གྱུར
་པ་སྟེ། སྐབས་འདིར་ནི་གཉིས་ཀ་ལ་བྱ་བར་རིགས་སོ། །དེ་ལ་རང་བཞིན་ལ་གནས་པའི་རིགས་ནི་འབྲས་བུ་མ་གྲུབ་ཅིང་མ་བྱུང་བའོ། །དེ་ལ་རིགས་ཀྱི་འབྲས
་བུ་ནི་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པ་སྟེ། བྱང་ཆུབ་ཏུ་སེམས་མ་བསྐྱེད། ཕ་རོལ་ཏུ་ཕྱིན་པར་སྤྱོད་པ་ལ་མ་ཞུགས
་ན་རིགས་ཡོད་པར་མི་རྟོགས་པས་ན་ཕྲ་བ་ཡིན་ནོ། །ཡང་དག་པར་བསྒྲུབས་པའི་རིགས་ནི་འབྲས་བུ་དང་བཅས་རགS་པ་ཞེས་བྱ་སྟེ། རང་བཞིན་གྱི་རིགS
་ལས་བལྟོས་ནས། དེ་ཙམ་དུ་ཟབ་བ་དང་ཕྲ་བ་མ་ཡིན་པས་རགS་པ་ཞེས་བྱའོ། །རིགས་དེ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་རྣམས་ཉན་ཐོས་དང་རང་སངས
་རྒྱས་ལས་ཀྱང་འཕགས་པ་ཡིན་ན། སོ་སོ་སྐྱེ་བོ་གཞན་ལ་ལྟ་ཅི་སྨོས་ཏེ། དེ་བས་ན་རིགས་དེ་ནི་བླ་ན་མེད་པ་མཆོག་ཁྱད་པར་ཅན་ཞེས་བྱའོ། །དེ་ཅིའི་ཕྱིར་ཞེ་ན། གཉསི་པོ་འདི་དག་ནི་མདོར་ན་རྣམ་པར་དག་པར་བྱ་སྟེ། ཉོན
་མོངས་པའི་སྒྲིབ་པ་ལས་རྣམ་པར་དག་པར་བྱ་བ་དང། ཤེས་བྱའི་སྒྲིབ་པ་ལས་རྣམ་པར་དག་པར་བྱའོ། །དེ་ལ་ཉན་ཐོས་དང་རང་སངས་རྒྱས་ཀྱི་རིགས་ཅན་དག་ནི། ཉོན་མོངས་པའི་སྒྲིབ་པ་ལས་རྣམ་པར་དག་པ་ཙཾ?
་དུ་ཟད་དེ། ཤེས་བྱའི་སྒྲིབ་པ་ལས་རྣམ་པར་དག་པ་ནི་མ་ཡིན་ནོ། །བྱང་ཆུབ་སེམས་དཔའ་ཨི་རིགས་ཅན་དག་ནི། ཉོན་མོངས་པའི་སྒྲིབ་པ་དང། ཤེས་བྱའི་སྒྲིབ་པ་གཉི་ག་ལས་རྣམ་པར་གྲོལ་བ། དེ་བས་ན
་མཆོག་ཁྱད་པར་ཅན་བླ་ན་མེད་པར་རིགས་པར་བྱའོ། །ཡང་རྣམ་པ་བཞིས་བྱང་ཆུབ་སེམས་དཔའ་རྣམས་ཉན་ཐོས་དང་རང་སངས་རྒྱས་ལས་ཁྱད་པར་དུ་འཕགས་པར་རིགས་པར་བྱ་སྟེ། བཞི་པོ་དེ་གང་ཞེ་ན།
་དབང་པོ་དང། རབ་ཏུ་སྒྲུབ་པ་དང། མཁས་པ་དང་འབྲས་བུའོ། །དེ་ལ་དབང་པོའི་ཁྱད་པར་ནི། བྱང་ཆུབ་སེམས་དཔའ་རྣམས་ནི་རང་བཞིན་གྱིས་དབང་པོ་རྣོའོ། །རང་སངས་རྒྱས་རྣམས་ནི་རང་བཞིན་གྱིས་དབང
་པོ་འབྲིང་ངོ། །ཉོན་ཐོས་རྣམས་ནི་རང་བཞིན་གྱིས་དབང་པོ་ཐ་མའོ། །རབ་ཏུ་སྒྲུབ་བའི་ཁྱད་པར་ནི་ཉན་ཐོས་དང་རང་སངས་རྒྱས་དག་བདག་ལ་ཕན་པ་དང། བདེ་བ་བྱ་བའི་ཕྱིར་ཞུགས་ཤིང་སྒྲུབ་པའོ། །བྱང
་ཆུབ་སེམས་དཔའ་དག་ནི་བདག་ལ་ཕན་པ་དང། གཞན་ལ་ཕན་པ་དང། འགྲོ་བ་མང་པོ་ལ་ཕན་པ་དང། འགྲོ་བ་མང་པོ་ལ་བདེ་བ་དང། འཇིག་རྟེན་ལ་སྙིང་རྩེ་བ་དང། ལྷ་དང་མིའི་སྐྱེ་བོ་མང་པོའི་དོན་དང། བདེ
་བ་དང། ཕན་པའི་ཕྱིར་རབ་ཏུ་ཞུགས་པ་ཡིན་པས་སོ། །དེ་ལ་མཁས་པའི་ཁྱད་པར་ནི་ཉན་ཐོས་དང་རང་སངས་རྒྱས་དག། ཕུང་པོ་དང། ཁམས་དང། སྐྱེ་མཆེད་དང། རྟེན་ཅིང་འབྲེལ་བར་འབྱུང་བ་དང་གནས་དང།
་གནས་མ་ཡིན་པ་དང། བདེན་པ་ལ་མཁས་པར་བྱེད་པ་ཙམ་དུ་ཟད་དོ། བྱང་ཆུབ་སེམས་དཔའ་རྣམས་ནི་རིགས་པའི་གནས་ལྔ་ཐམས་ཅད་ལ་མཁས་པར་བྱེད་པས་སོ། འབྲས་བུའི་ཁྱད་པར་ནི།
་ཉན་ཐོས་རྣམས་ཉན་ཐོས་ཀྱི་བྱང་ཆུབ་ཁོང་དུ་ཆུད་པ་དང། རང་སངས་རྒྱས་དག་ཀྱང་རང་སངས་རྒྱས་ཀྱི་བྱང་ཆུབ་ཁོང་དུ་ཆུད་པར་ཟད་དེ། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ནི་བླ་ན་མེད་པ
་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་ཅིང་ཁོང་དུ་ཆུད་པས་ན་ཁྱད་ཞུགས་པར་རིག་པར་བྱའོ། །དེ་ལ་བྱང་ཆུབ་ཀྱི་རིགས་དེ་ནི་ཐོག་མ་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང། བྱང་ཆུབ་ཀྱི་ཕྱོགས་ཐམས་ཅད་དངས
་དང་ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱི་གཞི་དང་རྟེན་ཡིན་པར་རིག་པར་བྱའོ། །འདི་ལ་བྱང་ཆུབ་སེམས་དཔའ་དང་པོ་ཉིད་དུ་སོ་སོ་སྐྱེ་བོའི་དུས་ན། བྱང་ཆུབ་ཏུ་སེམས་བསྐྱེད་པ་ནི་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་ཡང་དག་པའི་སྨོན་ལམ
་ཐམས་ཅད་ཀྱི་གཙོ་བོ་ཡིན་ལ། དེ་ཕན་ཆད་ཀྱི་བྱང་ཆུབ་སེམས་དཔའ་ཨི་ཡང་དག་པའི་སྨོན་ལམ་ཐམས་ཅད་ཀྱང་དེར་འདུས་ཤིང་བསྡུས་པས་ན། དང་པོ་དེ་ཡང་དག་པའི་སྨོན་ལམ་གྱི་རང་བཞིན་ནོ། །ཡང་བྱང་ཆུབ་སེམས་དཔའ་བྱང་ཆུབ་ཏུ་སེམས་བསྐྱེད་པ་ན། འདི་ལྟར
་སེམས་མངོན་པར་འདུ་བྱེད་ཅིང་ཚིག་ཏུ་ཡང་འབྱིན་ཏེ་།ེ་མའོ་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པར་བྱས་ལ། སེམས་ཅན་ཉན་ཐོས་ཀྱི་རིགས་ཅན་དང། །རང་སངས་རྒྱས་ཀྱི་རིགས་ཅན་དག་ནི་མཐར་ཐུག་པའི
་མྱ་ངན་ལས་འདས་པར་གཞག་།ཐེག་པ་ཆེན་པོའི་རིགས་ཅན་དག་ནི། དེ་བཞིན་གཤེགས་པའི་ཡེ་ཤེས་ལ་བཞག་པར་བྱའོ་ཞེས་སེམས་བསྐྱེད་པར་བྱེད་དོ། །དེ་བསན་སེམས་བསྐྱེད་པ་དེ་འདོད་པའི་རྣམ་པའོ། །སེམས་བསྐྱེད་བ་དེའང་བྱང་ཆུབ་དང་སེམས་ཅན་གྱི་དོན་ལ
་དམིགས་ནས། དེ་གཉིས་འདོད་པའི་ཕྱིར་སེམས་བསྐྱེད་པར་བྱེད་ཀྱི། མ་དམིགས་པར་ནི་མ་ཡིན་ཏེ། དེ་བས་ན་སེམས་བསྐྱེད་པ་དེ་བྱང་ཆུབ་ལ་དམིགས་པ་དང། སེམས་ཅན་གྱི་དོན་ལ་དམིགས་པའོ། །གཞན་ཡང་བརྒྱ་བྱིན་དང་ཚངས་པ་ལ་སོགས་པ་འཇིག་རྟེན་པའི་དགེ་བའི
་རྩ་བ་བསྐྱེད་པའི་ཕྱིར་སྨོན་ལམ་བཏབ་པ་དང། ཉན་ཐོས་དང་རང་སངས་རྒྱས་ལ་སོགས་པ་འཇིག་རྟེན་ལས་འདས་པའི་དགེ་བའི་རྩ་བ་བསྐྱེད་པའི་ཕྱིར། ཡང་དག་པའི་སྨོན་ལམ་བཏབ་པ་དེ་དག་ཐམས་ཅད་ཀྱི་ནང་ན་དང་པོ་བྱང་ཆུབ་ཏུ་སེམས་བསྐྱེད་པ་འདི་ཡང་དག་པའི
་སྨོན་ལམ་གྱི་མཆོག་ཡིན་པས་བླ་ན་མེད་པ་སྟེ་དེ་ལྟར་ན་སེམས་བསྐྱེད་པ་འདི་ཡི་རང་བཞིན་དང། རྣམ་པ་དང་དམིགས་པ་དང། མཆོག་ཏུ་གྱུར་པ་སྟེ་རྣམ་པ་བཞིར་རིག་པར་བྱའོ། །ཡང་སེམས་བསྐྱེད་པ་དེ་རྣམ་པ་གཉིས་སུ་རིག་པར་བྱ་སྟེ། འབྱུང་བ་དང་འབྱུང་བ་མ
་ཡིན་པའོ། །དེ་ལ་འབྱུང་བ་ནི་དང་པོ་སེམས་བསྐྱེད་ནས་ཤིན་ཏུ་དེ་དག་གི་རྗེས་སུ་འཇུག་གི་ལྡོག་པར་མི་བྱེད་དོ། །འབྱུང་བ་མ་ཡིན་པ་ནི་ཤིན་ཏུ་དེ་དག་གི་རྗེས་སུ་འཇུག་པ་མ་ཡིན་གྱི་སླར་ཡང་ལྡོག་པར་བྱེད་པའོ། །སེམས་བསྐྱེད་ནས་ལྡོག་པ་དེ་ཡང་རྣམ་པ་གཉིས་
་ཏེ་ཤིན་དུ་ལྡོག་པ་དང། ཤིན་དུ་ལྡོག་པ་མ་ཡིན་པའོ། །དེ་ལ་ཤིན་ཏུ་ལྡོག་པ་ནི་གང་ལན་ཅིག་ཕྱིར་འོད་ནས་བྱང་ཆུབ་ཏུ་སེམས་མི་སྐྱེ་བ་སྟེ། དཔེར་ན་ཉན་ཐོས་ཀྱི་རིགས་ཅན་དག་ཐེག་པ་ཆེན་པོར་བྱང་ཆུབ་ཏུ་སེམས་བསྐྱེད་པ་ལས་ཉན་ཐོས
་ཀྱི་རིགས་ཡོད་པས་ལན་ཅིག་བྱང་ཆུབ་ཀྱི་སེམས་པོར་ན་ཕྱིས་བྱང་ཆུབ་ཀྱི་སེམས་མི་སྐྱེའོ། །ཤིན་དུ་ལྡོག་པ་མ་ཡིན་པ་ནི་ལན་ཅིག་ཕྱིར་ལོག་ནས་ཡང་བྱང་ཆུབ་ཀྱི་སེམས་སྐྱེ་བ་སྟེ་བྱང་ཆུབ་ཀྱི་སེམས་རྒྱ་ཆེར་རབ་ཏུ་དབྱེ་བ་དང། སྐྱེ་བའི་རྒྱུ་དང། རྐྱེན་དང་ལྡོག
་བའི་རྒྱུ་དང། རྐྱེན་ལ་སོགས་པ་ཞིབ་ཏུ་ནི་རྣལ་འབྱོར་སྤྱོད་པའི་ས་ལས་འབྱུང་སྟེ། འདིར་ཡང་དེ་བཞིན་དུ་བལྟ་བར་བྱའོ། །ད་ནི་བྱང་ཆུབ་སེམས་དཔའ་ཨི་སྤྱོད་པ་བསྟན་པར་བྱའོ། །དེ་ལྟར་བྱང་ཆུབ་ཏུ་སེམས་བསྐྱེད་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱང་ཆུབ
་སེམས་དཔའ་ཨི་སྤྱོད་པ་གང་ཞེ་ན། དེ་ཡང་མདོར་ན་རྣམ་པ་གསུམ་དུ་རིག་པར་བྱ་སྟེ། གང་ལ་བསླབ་པ་དང། ཇི་ལྟར་བསླབ་བ་དང། གང་དག་སློབ་པ་སྟེ། དེ་རྣམས་གཅིག་ཏུ་བསྡུས་ནས་བྱང་ཆུབ་སེམས་དཔའ་ཨི་སྤྱོད་པ་ཞེས་བྱའོ། །དེ་ལ་གང་ལ་བྱང་ཆུབ་སེམS
་དཔའ་བསླབ་པར་བྱ་ཞེ་ན། གནས་བདུན་ལ་བསླབ་བར་བྱའོ། །གནས་བདུན་པོ་གང་ཞེ་ན། བདག་གི་དོན་དང། གཞན་གྱི་དོན་དང། དེ་ཁོ་ནའི་དོན་དང། མཐུ་དང། སེམས་ཅན་ཡོངས་སུ་སྨིན་པ་དང། བདག་ཉིད་སངས་རྒྱས་ཀྱི་ཆོས་ཡོངས་སུ་སྨིན་པ་དང།
་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་པ་སྟེ་གནས་བདུན་ནོ། །བསྡུས་པའི་མདོ་ནི། བདག་དང་གཞན་གྱི་དོན་དེ་ཉིད། །མཐུ་དང་སེམས་ཅན་སྨིན་པ་དང། །བདག་ཉིད་སངས་རྒྱས་ཆོས་རྣམས་དང། །བདུན་པ་མཆོག་གི་བྱང་ཆུབ་པོ། །གང
་དུ་བྱང་ཆུབ་སེམས་དཔའ་བསླབ་པར་བྱ་བ་དེ་བསྟན་ཟིན་ཏོ། །ཇི་ལྟར་བསླབ་པར་བྱ་བ་དེ་བསྟན་པར་བྱ་སྟེ་ཇི་ལྟར་བསླབ་པར་བྱ་ཞེ་ན། འདི་ལ་དང་པོ་ཉིད་དུ་བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའ་ཨི་བསླབ་པ་ལ་སློབ་པར་འདོད་པས་ཐེག
་པ་ཆེན་པོའི་ཆོས་ལ་མོས་པ་མང་བར་བྱ་བ་དང། ཆོས་བཙལ་བར་བྱ་བ་དང། ཆོས་བཤད་པར་བྱ་བ་དང། ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་བསྒྲུབ་པར་བྱ་བ་དང། ཡང་དག་པའི་བསྟན་པ་དང། གདམས་ངག་བསྟན་པར་བྱ་བ་དང། ཡང་དག་པའི་བསྟན་པ་དང། གདམས
་དག་ལ་གནས་པར་བྱ་བ་དང། ཐབས་ཀྱིས་ཡོངས་སུ་ཟིན་པའི་ལུས་དང་དག་གི་ལས་དང་ཡིད་ཀྱི་ལས་དང་ལྡན་པར་བྱའོ། །བསྡུས་པའི་མདོ་ནི་མོས་པར་བྱ་བ་མང་བ་དང། ཆོས་བཙལ་བ་དང་བཤད་པ་དང། དེ་བཞིན་དུ་ནི་བསྒྲུབ་པ་དང། །ཡང་དག་བསྟན་དང་གདམས་དག་དང།
་ཐབས་ཀྱི་ཡོངས་སུ་ཟིན་པ་ཡི། །ལུས་ངག་ཡིད་ལས་ཐ་མའོ། །ཇི་ལྟར་བསླབ་པར་བྱ་བ་ཡང་བསྟན་ཟིན་ཏོ། །ད་ནི་གང་དག་བསླབ་པར་བྱ་བ་དེ་བསྟན་པར་བྱཱོ། །དེ་ལ་གང་སློབ་པར་བྱེད་ཅེ་ན། བྱང་ཆུབ་སེམས་དཔའ་རྣམས་སློབ་པར་བྱེད་ཅེའོ། །བྱང་ཆུབ་སེམས་དཔའ་
་དེ་ཡང་མདོར་བསྡུ་ན། རྣམ་པ་བཅུར་རིག་པར་བྱ་སྟེ། རིགས་ལ་གནས་པ་དང། རབ་ཏུ་ཞུགས་པ་དང། བསམ་པ་མ་དག་པ་དང། བསམ་པ་དག་པ་དང། བསཾ་པ་ཡོངས་སུ་མ་སྨིན་པ་དང། བསཾ་པ་ཡོངས་སུ་སྨིན་པ་དང། ངེས་པ་མ་ཡིན་པར་རྟོགS་པ་དང། ངེས་པར་རྟོགས་པ་དང། སྐྱེ་བ་གཅིག
་གིས་ཐོགས་པ་དང། སྲིད་པ་ཐམ་པའོ། །བྱང་ཆུབ་སེམས་དཔའ་དེ་དག་ལ་སྤྱིར་མི་དབྱེ་བར་མིང་དུ་འདི་སྐད་ཅེས་བྱ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེ། །བློ་ལྡན་གཟི་བརྗིད་ཆེ་བ་དང། །ཐུགས་རྗེ་ཆེན་པོ་བསོད་ནམས་ཆེ། །དབང་ཕྱུག་དེད་དཔོན་ཆེན་པོ་དང། །
་རྒྱལ་བའི་གནས་དང་ཆོས་ཆེན་པོ། ཞེས་བྱ་བ་ལ་སོགས་པའོ། །དེ་ལ་རིགས་ལ་གནས་པ་ནི་བླ་ན་མེད་པའི་བྱང་ཆུབ་ཀྱི་ས་བོན་ཙམ་ཡོད་ལ་བྱང་ཆུབ་ཏུ་སེམས་མ་བསྐྱེད་པའོ། །གང་རིགས་ལ་བརྟེན་ནས་བྱང་ཆུབ་སེམས་དཔའ་ཨི་བསླབ་པ་ལ་བསླབ་པ་བྱ་བའི་ཕྱིར་བྱང་ཆུབ
་ཏུ་སེམས་བསྐྱེད་ནས་བྱང་ཆུབ་སེམས་དཔའ་ཨི་ཚུལ་ཁྲིམས་ལ་གནས་པ་ནི་རབ་ཏུ་ཞུགས་པ་ཞེས་བྱའོ། །རབ་ཏུ་ཞུགས་པ་དེ་ཇི་སྲིད་ཏུ་དང་པོ་རབ་ཏུ་དགའ་བའི་སར་མ་ཞུགས་ཏེ། མོས་པར་སྤྱོད་པའི་ས་ལ་གནས་པ་དེ་སྲིད་ཏུ་བསམ་པ་མ་དག་པ་ཞེས་བྱའོ། །ནམ་ས་དང་པོར
་ཞུགས་པ་ནས་ས་བདུན་མན་ཆད་ཀྱི་དུས་ན་ནི་བསམ་པ་དག་པ་ཞེས་བྱའོ། །བསམ་པ་དག་པ་དེ་ཉིད་ཇི་སྲིད་དུ་མཐར་ཐུགས་པའི་ས་བརྒྱད་པ་དང། དགུ་པ་ལ་མ་ཞུགས་ཀྱི་བར་དུ་བསམ་པ་ཡོངས་སུ་མ་སྨིན་པ་ཞེས་བྱ་སྟེ། བརྩལ་བ་དང་འབར་པ་ཡོད་པའི་ཕྱིར་རོ
་ནམས་བརྒྱད་པ་དང་དགུ་པ་ལ་ཞུགས་པའི་དུས་ན་བསམ་པ་ཡོངས་སུ་སྨིན་པ་ཞེས་བྱ་སྟེ་རྩོལ་བ་དང་འབད་པ་མེད་པའི་ཕྱིར་རོ། །ཡོངས་སུ་སྨིན་པ་དེ་ཡང་ཇི་སྲིད་དུ་རྒྱལ་ཚབ་དུ་ངེས་པའི་ས་ས་བཅུང་མ་ཞུགས་ཀྱི་བར་དུ་ངེས་པ་མ་ཡིན་པར་གཏོགས་པ་ཞེས་བྱའོ། །ས་བཅུར་ཞུགS
་ནས་ནི་ངེས་པར་གཏོགས་པ་ཞེས་བྱའོ། །ས་བཅུ་པའི་བྱང་ཆུབ་སེམས་དཔའ་ངེས་པར་གཏོགས་པ་དེ་ལ་ཡང་རྣམ་པ་གཉིས་ཏེ། སྐྱེ་བ་གཅིག་གིས་ཐོགས་པ་དང། སྲིད་པ་ཐ་མའོ། །སྐྱེ་བ་གཅིག་གིས་ཐོགས་པ་ནི་ཚེ་འདི་ཉིད་ལ་བླ་ན་མེད་པར་འཚང་མི་རྒྱའི། སྐྱེ་བ་དེ་འདས
་ནས་ཚེ་རབས་གཞན་དང་ཏུ་བླ་ན་མེད་པའི་བྱང་ཆུབ་ཏུ་འཚང་རྒྱ་བ་སྟེ་དཔེར་ན་འཕགས་པ་བྱམས་པ་ལྟ་བུའོ། །སྲིད་པ་ཐ་མ་པ་ནི་ཚེ་དེ་ཉིད་ལ་བླ་ན་མེད་པའི་བྱང་ཆུབ་ཏུ་འཚང་རྒྱབ་སྟེ། དཔེར་ན་བྱང་ཆུབ་སེམས་དཔའ་དོན་ཐམས་ཅད་གྲུབ་པ་ལྟ་བུའོ། །འདི་གསུམ་ནི
་བསྟན་བཅོས་འདིའི་ལུགས་ཏེ། བསྟན་བཅོས་འདི་འགོ་གཞུག་ཏུ་དོན་གསུམ་བཤད་པར་ཟད་དེ། གསུམ་གང་ཞེ་ན། བྱང་ཆུབ་སེམས་དཔའ་ཨི་རིགས་དང་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང། བྱང་ཆུབ་སེམས་དཔའ་ཨི་སྤྱོད་པ་ལ་བསླབ་པར་བྱའོ། །བསྟན་བཅོས་འདིའི་མིང?་ནི
་མདོ་སྡེ་རྒྱན་ཅེས་བྱ་སྟེ། ཅིའི་ཕྱིར་མདོ་སྡེ་རྒྱན་ཞེས་བྱ་ཞེ་ན། བསྟན་བཅོས་འདི་ཐེག་པ་ཆེན་པོའི་མདོ་སྡེ་ཐམས་ཅད་ཀྱི་ཚིག་དང། དོན་མཛེས་པར་བྱེད་པའི་རྒྱན་དུ་གྱུར་བས་ན་མདོ་སྡེ་རྒྱན་ཅེས་བྱ་སྟེ། ཇི་ལྟར་རྒྱན་དུ་གྱུར་བ་ནི། གང་རྒྱན་པར་བྱེད། གང་ལ་རྒྱན་པར
་པར་བྱེད་ཅེས་བྱ་བ་ནས་རྒྱན་རྣམ་པ་དུས་རྒྱན་པར་བྱེད་ཅེས་བྱ་བ་ལ་སོགས་པས་སྟོན་ཏོ། །དེ་ལ་བསྡུས་ཏེ་བཤད་པ་ནི། དོན་ཤེས་པ་དག་དོན་སྟོན་བྱེད་ཅེས་བྱ་བ་ནས་བརྩམས་ཏེ། དོན་རྣམས་རབ་ཏུ་ཕྱེ་བས་མཁས་པ་རྟག་ཏུ་དགའ་མཆོག་སྐྱེ་ཞེས་བྱ་བ་ཡན་ཆད
་ཚིགས་སུ་བཅད་པ་གསུམ་གྱིས་དོན་རྣམ་པ་གཉིས་ཤིག་སྟོན་ཏེ་ཇི་ལྟར་ཡོད་པ་དང། ཇི་སྙེད་ཡོད་པའོ། །དེ་ལ་ཇི་ལྟར་ཡོད་པའི་བཤད་པ་ནི་གང་རྒྱད་པར་བྱེད་བ་གང་ལ་རྒྱན་པར་བྱེད། གང་གིས་རྒྱན་པར་བྱེད། གང་གི་ཕྱིར་རྒྱན་པར་བྱེད། གང་ལས་རྒྱན་པར་བྱེད། གང་གི་རྒྱན་དུ་བྱེད། གང་དོན
་དུ་རྒྱན་དུ་བྱེད་པས་བསྟན་ཏེ། དེ་ཡང་སྒྲའི་གཙུག་ལག་གི་ཚིག་བྱེད་པ་པོ་དང། ལས་དང་བྱེད་པ་དང། དེའི་ཕྱིར་དང། རྒྱུའི་ཕྱིར་དག་ཡན་ལག་གི་ཕྱིར་དང། མཚན་མའི་ཕྱིར་ཏེ། ངེས་པའི་ཚིག་བདུན་དང་རིམས་བཞིན་དུ་སྦྱར་རོ། །དེ་ཡང་དོན་ཤེས་པ་དག་ཅེས་བྱ་བ་ནས་བརྩམས་ཏེ། རྣམ
་པའི་ཕྱིར་འགྲོ་བའི་སེམས་ཅན་ལ་ཞེས་བྱ་བ་ཡན་ཆད་ཀྱིས་བསྟན་ནོ། །དེ་ལ་ཇི་སྙེད་པའི་བཤད་བ་ནི་གྲངས་ཀྱི་སྒོ་ནས་བསྟན་ཏེ། གྲངས་ཀྱང་དུ་ཞིག་ཅེ་ན་ལྔའོ། །དེ་ཡང་འབྱོར་པའི་དོན་ཚུལ་བླ་མེད་སོང་བ་ལྔའི་རང་བཞིན་རབ་ཏུ་སྟོན་ཅེས་པ་ནས་བརྩམས་ཏེ། ཆོས་དེ་འདིར་བཤད་པ་དགའ་བའི
་མཆོག་བསྐྱེད་དོ་ཞེས་བྱ་བ་ཡན་ཆད་ཀྱིས་བསྟན་ཏེ། གཟུངས་རྒྱན་གྱི་དཔེ་དང་བཅས་པར་བསྟན་པས་ཀྱང་བསྟན་བཅོས་འདི་མདོ་སྡེའི་རྒྱན་དུ་གྱུར་བར་སྟོན་ཏེ། འདི་ནི་ཐད་གཅིག་བསྡུས་ཏེ་བཤད་པ་ཡིན་ནོ། །དེ་ལ་གང་རྒྱན་པར་བྱེད་ཅེ་ན། དེའི་ཕྱིར་དོན་ཤེས་པ་དག་ཅེས་སྨོས་ཏེ། ཐེག་པ
་ཆེན་པོའི་མདོ་སྡེའི་ནང་ནས་ཕུང་པོ་དང་ཁམས་དང་སྐྱེ་མཆེད་དང། ས་དང་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་རང་དང་སྦྱིའི་མཚན་ཉིད་ཀྱི་དོན་ཤེས་པའི་གང་ཟག་གིས་རྒྱན་པར་བྱེད་མདོ་སྡེ་རྒྱན་པར་བྱེད་པའི་བྱེད་པའོ། །དོན་ཤེས་པའི་གང་ཟག་དེ་ཡིན་པས་ན་དེས་ནི་བྱེད་པ་པོ་བསྟན་ཏོ། །གང་ལ་རྒྱན
་པར་བྱེད་ཅེ་ན?། དེའི་ཕྱིར་དོན་སྟོན་བྱེད་ཅེས་སྨོས་ཏེ། དོན་ནི་ཐེག་པ་ཆེན་པོའི་ཆོས་རང་དང་སྤྱིའི་མཚན་ཉིད་དོ། །སྟོན་པར་བྱེད་པ་ནི་དོན་དེ་འཆད་པའི་ཚིག་ལ་བྱ་སྟེ། དོན་དུ་ན་ཐེག་པ་ཆེན་པོའི་མདོ་སྡེའི་དོན་དང། ཚིག་ལ་རྒྱན་པར་བྱེད་ཅེས་བྱ་བའི་ཐ་ཚིག་གོ། ཐེག་པ་ཆེན་པོ་མདོ་སྡེའི་དོན
་དང་ཚིག་ནི་བརྒྱན་པར་བྱ་བའི་ཡུལ་ཡིན་པས་ན་དེས་ནི་ལས་བསྟན་ནོ། །གང་གིས་རྒྱན་པར་བྱེད་ཅེ་ན། དེའི་ཕྱིར་ཚིག་རྩ་བ་དྲི་མ་མེད་པ་ཞེས་སྨོས་ཏེ། ཚིག་ནི་འདུས་བྱས་མི་རྟག་ཅེས་བྱ་བ་རྐང་པ་མི་ཚང་བ་ལ་བྱ་སྟེ། དེ་ཡང་ཡན་ལག་བརྒྱད་དང་ལྡན་པས་ན་དྲི་མ་མེད་པ་ཞེས་བྱའོ། །ཡན
་ལག་བརྒྱད་ནི་ཕྱིར་ཞིབ་ཏུ་བཤད་པར་བྱའོ། །རྩ་བ་ནི་དོན་རྟོགས་པར་ནུས་པའི་རྐང་པ་ཚང་བ་ལ་བྱ་སྟེ། དཔེར་ན་འདུས་བྱས་ཀུན་མི་རྟག། སྐྱེ་ཞིང་འཇིག་པའི་ཆོས་ཅན་ཏེ། སྐྱེ་ཞིང་འཇིག་པར་གྱུར་པ་ལ། །དེ་དག་མྱུར་དུ་ཞི་ལ?་བདེ། ཞེས་བྱ་བལྟ་བུ་སྟེ། དོན
་ཡང་ཡན་ལག་བརྒྱད་དང་ལྡན་པས་དྲི་མ་མེད་པ་ཞེས་བྱའོ། །ཡན་ལག་བརྒྱད་ཀྱང་ཞིབ་ཏུ་ཕྱིས་བཤད་དོ། །ཐེག་པ་ཆེན་པོའི་དོན་དང་ཚིག་ལ་ཡང་རིན་པོ་ཆེ་ལ་སོགས་པས་རྒྱན་ཏུ་མི་རུང་གི་ཚིག་དང་མིང་དང་ཡི་གེ་བཟང་པོས་རྒྱན་པར་བྱེད་དེ། དེས་ནི་བྱེད་པ་བསྟན་ནོ། །གང་གི
་ཕྱིར་རྒྱན་པར་བྱེད་ཅེ་ན། དེའི་ཕྱིར་སྡུག་བསྔལ་བསྒྲལ་ཕྱིར་ཞེས་སྨོས་ཏེ། འཁོར་བ་ན་གནས་པའི་སེམས་ཅན་སྡུག་བསྔལ་རྣམ་པ་བརྒྱད་ལ་སོགས་པས་སྡུག་བསྔལ་པར་གྱུར་བའི་སྡུག་བསྔལ་དེ་ལས་བསྒྲལ་ཏེ། མྱ་ངན་ལས་འདས་པའི་གནས་ཐོབ་པར་བྱ་བའི་ཕྱིར་རྒྱན་པར
་བྱེད་དེ། དེས་ནི་དེའི་ཕྱིར་ཞེས་བྱ་བ་བསྟན་ཏོ། །གང་ལས་བརྒྱན་རྒྱན་དེ་རྒྱུ་ཅི་ལས་བྱུང་ཞེ་ན། དེའི་ཕྱིར་སྡུག་བསྔལ་འགྲོ་ལ་སྙིང་རྗེ་དེ་ཕྱིར་དེ་བདག་ཉིད་ཅེས་སྨོས་ཏེ། ཁམས་གསུམ་ན་གནས་པའི་སེམས་ཅན་སྐྱེ་བ་དང་རྒ་བ་ལ་སོགས་པས་སྡུག་བསྔལ་བར་གྱུར་བ་ལ་སྙིང་རྗེ
་སྟེ། དེ་ལྟར་སྙིང་རྗེ་བའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་སྙིང་རྗེའི་བདག་ཉིད་ཏུ་གྱུར་བས་དེ་ལྟར་ན་སྙིང་རྗེའི་རྒྱས་རྒྱན་བར་བྱེད་དོ་ཞེས་བྱ་བའི་དོན་ཏོ། །འདིས་ནི་རྒྱུའི་ཕྱིར་ཞེས་བྱ་བ་བསྟན་ཏོ། །གང་གི་རྒྱན་དུ་ཐེག་པ་གསུམ་ལས་ཐེག་པ་གང་གི་རྒྱན་དུ་བྱེད་ཅེ་ན། དེའི་ཕྱིར་ཆོས
་ཀྱི་དམ་པ་ཐེག་པ་བསྟན་ཅེས་སྨོས་ཏེ། དམ་པའི་ཐེག་པ་ནི་ཐེག་པ་ཆེན་པོ་ལ་བྱའོ། །ཆོས་དང་གཞུང་གི་ནང་ནས་ཐེག་པ་ཆེན་པོ་འཆད་བའི་ཆོས་དང་གཞུང་དེའི་རྒྱན་དུ་བྱེད་པ་སྟེ། འདིས་ནི་ཡན་ལག་གི་དོན་བསྟན་པ་ཡིན་ནོ། །ཡན་ལག་གི་དོན་ཅེས་བྱ་བ་ནི། རྒྱ་གར་སྐད་དུ་ན
་ཤསྟི?་ཞེས་བྱ་སྟེ། ལྷས་བྱིན་གྱི་ལག་པ། མཆོད་སྦྱིན་གྱི་ལག་པ་ཞེས་པ་ལྟ་བུ་སྟེ། འདིར་ཡང་བསྟན་བཅོས་འདི་ཐེག་པ་ཆུང་དུའི་གཞུང་གི་རྒྱན་དུ་གྱུར་པ་ནི་མ་ཡིན་གྱི། ཐེག་པ་ཆེན་པོའི་མདོ་སྡེའི་གཞུང་གི་རྒྱན་དུ་གྱུར་བ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། གང་གི་དོན་དུ་རྒྱན
་པར་བྱེད། དེའི་ཕྱིར་རྣམ་པ་དེའི་ཕྱིར་འགྲོ་བའི་སེམས་ཅན་ལ་ཞེས་སྨོས་ཏེ། རྣམ་པ་ནི་ཐེག་པ་ཆེན་པོའི་དོན་དང་ཚིག་ལ་བྱའོ། །དེའི་ཕྱིར་འགྲོ་བའི་སེམས་ཅན་ཞེས་བྱ་བ་ནི་ཐེག་པ་ཆེན་པོའི་དོན་རྟོགས་པར་བྱ་བའི་ཕྱིར་ཞུགས་པའི་སེམས་ཅན་ལ་བྱ་སྟེ། དོན་དུ་ན་ཐེག་པ་ཆུང་དུ་ལ་ཞུགས་པའི་སེམས
་ཅན་གྱི་དོན་དུ་རྒྱན་པར་བྱེད་པ་ནི་མ་ཡིན་གྱི། ཐེག་པ་ཆེན་པོ་ལ་ཞུགས་པའི་སེམས་ཅན་གྱི་དོན་དང་ཆེད་དུ་བརྒྱན་པར་བྱེད་དོ་ཞེས་བྱ་བའི་དོན་ཏོ། །འདིས་ནི་མཚན་མའི་ཕྱིར་ཞེས་བྱ་བ་བསྟན་ཏེ། མཚན་མའི་ཕྱིར་ཞེས་བྱ་བ་ནི་སྒྲའི་གཙུག་ལག་ལས་ནི། མིཏ་ཏ་སཔཏ?་མི་ཞེས་བྱ་བས་བྱུང་ཏེ
་དེ་ཡང་དེའི་དོན་དམ་དེའི་ཆེད་ཅེས་བྱ་བ་ལྟ་བུར་འདྲེན་ནོ། །ཇི་ལྟར་ཡོད་པ་ལ་བཤད་ཟིན་ཏོ། །ད་ནི་ཇི་སྙེད་པ་བཤད་པར་བྱའོ། །དེ་ལྟར་བརྒྱན་ན་རྒྱན་དུ་གྱུར་པའི་ཆོས་དུ་ཞིག་གིས་རྒྱན་པར་བྱེད་ཅེ་ན། དེའི་ཕྱིར་འབྱོར་བའི་དོན་ཚུལ་བླ་མེད་སོང་བ་ལྔའི་རང་བཞིན་རབ་ཏུ་སྟོན་ཞེས་སྨོས་ཏེ་འབྱོར
་པའི་དོན་ཚུལ་ནི་ཡི་གེ་དང་ཚིག་དང་དོན་དུ་འབྲེལ་པ་ལ་བྱའོ། །བླ་མེད་སོང་བ་ཞེས་བྱ་བ་ནི་ཡི་གེ་དང་ཚིག་ཏུ་འབྲེལ་བ་དང་ཚིག་དང་དོན་དུ་འབྲེལ་བ་དེ་ཡང་ཐེག་པ་ཆེན་པོར་གཏོགས་པའི་ཡི་གེ་དང། ཚིག་ཏུ་འབྲེལ་བ་དང། ཚིག་དང་དོན་དུ་འབྲེལ་བ་ལ་བྱ་སྟེ། དོན་དུ་ན་ཐེག་པ་ཆེན་པོར
་གཏོགས་པའི་ཡི་གེ་དང་ཚིག་ཏུ་འབྲེལ་བ་དང་དོན་དུ་འབྲེལ་བའི་ཆོས་ལྔའི་རང་བཞིན་རབ་ཏུ་སྟོན་པའི་སྒོ་ནས་རྒྱན་པར་བྱེད་དོ་ཞེས་བྱ་བའི་ཐ་ཚིག་གོ་།ཆོས་ལྔའི་རང་བཞིན་གང་ཡིན་པ་ནི་གསེར་ལས་བརྡུངས་བྱ་ཞེས་བྱ་བ་ལ་སོགས་པ་དཔེའི་སྐབས་སུ་བཤད་པར་བྱའོ། །ང
་ནི་འབྲརེལ་བའི་ཚིག་རྣམས་རེ་རེ་ནས་དབྱེ་བར་བྱ་སྟེ། དོན་ཤེས་པར་བྱེད་པ་དག་།དོན་སྟོན་པར་བྱེད་ཅེས་བྱ་བ་ལ་སོགས་པ་ནི་གང་ཞེས་བྱ་བ་རྣམས་ལས་བརྩམས་ཏེ་ཞེས་བྱ་བ་ལ། དོན་ཤེས་བྱེད་ཅེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་དང་པོས་ནི་གང་རྒྱན་པར་བྱེད། གང
་ལ་བརྒྱན་པར་བྱེད། གང་གིས་རྒྱན་པར་བྱེད། གང་གིས་ཕྱིར་རྒྱན་པར་བྱེད། གང་ལ་རྒྱན་པར་བྱེད། གང་གི་རྒྱན་དུ་བྱེད་གང་གི་དོན་དུ་རྒྱན་པར་བྱེད། རྒྱན་རྣམ་པ་དུས་རྒྱན་པར་བྱེད་པ་ལས་བརྩམས་ཏེ་བསྟན་པ་ཡིན་ནོ། །སུས་རྒྱན་པར་བྱེད་ཅེན?། དོན་ཤེས་པ་པོ་ཞེས་བྱ་བ་ལ
་གང་ཟག་གིས་རྒྱན་པར་བྱེད། གང་ཟག་སུས་རྒྱན་པར་བྱེད་ཅེ་ན། ཐེག་པ་ཆེན་པོའི་མདོ་སྡེ་རྣམས་ཀྱི་རང་དང་སྤྱིའི་མཚན་ཉིད་ཀྱི་དོན་ཤེས་པའི་གང་ཟག་མཁས་པ་དེས་རྒྱན་པར་བྱེད་ཅེས་བྱ་བའི་དོན་ཏོ། །ཅི་ཞིག་ལ་རྒྱན་ཅེ་ན། དོན་སྟོན་པར་བྱེད་པའོ་ཞེས་པ
་ལ་ཅི་ཞིག་ལ་བརྒྱན། གང་ལས་རྒྱན་པར་བྱེད་ཅེ་ན། ཐེག་པ་ཆེན་པོའི་མདོ་སྡེའི་དོན་དང། ཚིག་ལ་བརྒྱན་པར་བྱེད་དོ། །དེ་ལ་དོན་ནི་རང་དང་སྤྱིའི་མཚན་ཉིད་དོ། །སྟོན་པ་ཞེས་བྱ་བ་ནི་དོན་དེ་འཆང་བའི་ཆིག་ལ་བྱའོ། །ཅེས་བརྒྱན་ཅན་ཚིགས་དང་རྩ་བ་དྲི་མ་མེད་པ་སྟེ་ཞེས་པ་ལས
་རྒྱན་གང་གི་བརྒྱན་ཅེ་ན། ཚིག་དྲི་མ་མེད་ཅིང་བཟང་བ་དང། རྩ་བ་དྲི་མ་མེད་ཅིང་བཟང་པས་བརྒྱན་ཏེ། ཚིག་དང་རྩ་བ་བཟང་པོ་ནི་རྒྱན་ཡིན་ནོ། །ཚིག་དྲི་མ་མེད་པའི་དོན་བསྟན་པའི་ཕྱིར། དྲི?་མ་མེད་ཅེས་བྱ་བ་ནི། མྱ་ངན་ལས་འདས་པའི་གྲོང་ཁྱེར་དུ་འགྲོ་བ་ལ་སོགས་པའོ་ཞེས
་པ་ལ། ཚིག་དེ་མྱ་ངན་ལས་འདས་པའི་གྲོང་ཁྱེར་དུ་འགྲོ་བ་ལ་སོགས་པ། ཡན་ལག་བརྒྱད་དང་ལྡན་པས་ན་དྲི་མ་མེད་པ་ཞེས་བྱའོ། །ཡན་ལག་བརྒྱད་ནི་གྲོང་ཁྱེར་དུ་འགྲོ་བ་པ་དང། སྟོབས་དང་ཡོན་ཏན་དུ་ལྡན་པ་དང། རྣམ་པར་གསལ་བ་དང། རྣམ་པར་ཤེས་པ
་དང་མཉན་པར་འོས་པ་དང། མི་རྟེན་པ་དང། རབ་ཏུ་མི་མཐུན་པ་མེད་པ་དང། མི་ཟད་པའོ། །ཚིག་དེ་མྱ་ངན་ལས་འདས་པར་འགྲོ་བའི་ཆོས་སྟན་པར་བྱེད་པའི་མྱ་ངན་ལས་འདས་པ་ཐོབ་པར་བྱེད་པའི་རྒྱུ་བྱེད་པས་ན་གྲོང་ཁྱེར་དུ་འགྲོ་བ་ཞེས་བྱའོ། །ཚིག་དེ་མུ་སྟེགས་རྣམ
་འཇོམས་པའི་སྟོབས་དང་ལྡན་པ་དང། འཇམ་ཞིང་སྙན་པའི་ཡོན་ཏན་དང་ལྡན་པ་ཞེས་བྱའོ། །ངེས་པའི་ཚིག་དང་ཡི་གེ་མཛེས་པ་དག་འབྱུང་བས་རྣམ་པར་གསལ་བ་ཞེས་བྱའོ། །ཚིག་དེ་མཉན་པའི་དུས་ན་ཡང་བརྡ་ཕྲད་པར་སླ་པས་རྣམ་པར་ཤེས་པ་ཞེས་བྱའོ། །ཆོས་དང
་དོན་དུ་བཅས་པ་སྟོན་པས་མཉན་པར་འོས་པ་ཞེས་བྱའོ། །ཁ་དང་བཀུར་སྟི་ལ་མི་ཆགས་བས་མི་བརྟེན་པ་ཞེས་བྱའོ། །སྨྲ་བ་ན་ཡང་ངན?་པ་དང་དགོས་པ་ཉི་ཆེ་སྨྲ་བས་རབ་ཏུ་མི་མཐུན་པ་མེད་པ་ཞེས་བྱའོ། །སྡོབས་པ་ཞུམ་པ་མེད་པ་དང་སྤོབས་བཟང་མི་ཤེས་པའི་ཐབས
་འབྱུང་བས་མི་ཟད་པ་ཞེས་བྱའོ། །དེ་ལྟར་ཡན་ལག་བརྒྱད་དང་ལྡན་པའི་ཚིག་དེ་མདོར་ན་ཡོན་ཏན་གསུམ་དང་ལྡན་པར་རིག་པར་བྱའོ། །ཡོན་ཏན་གསུམ་ནི། དབང་དུ་བྱས་པ་དང། རང་བཞིན་དང། སྦྱོར་བའོ། །དེ་ལ་གྲོང་ཁྱེར་དུ་འགྲོ་ཞེས་བྱ་བའི་ཚིག་གཅིག་གི་དབང་དུ་བྱས་པ
་བསྟན་ཏེ། ཚིག་དེ་མྱ་ངན་ལས་འདས་པ་ཐོབ་པའི་དབང་དུ་བྱས་ནས་གསུངས་པའི་ཕྱིར་རོ། །སྟོབས་དང་ཡོན་ཏན་དུ་ལྡན་པ་དང། རྣམ་པར་གསལ་བ་གཉིས་ཀྱིས་ནི་རང་བཞིན་བསྟན་ཏོ། །ལྷག་མ་རྣམས་ཀྱིས་ནི་སྦྱོང་བ་བསྟན་ཏོ། །རྩ་བ་དྲི་མ་མེད་པ་ཇི་ལྟ་བུ་ཡིན་པ་བསྟན་པའི་ཕྱིར།
་དྲི་མ་མེད་པའི་རྩ་བ་ཞེས་བྱ་བ་ནི་ཚིག་དང་ཡི་གེར་སྦྱོར་ཅིང་ལྡན་པ་ལ་སོགས་པ་རྒྱ་ཆེ་བྱ་སྟེ་ཞེས་བྱ་བ་སྨོས་ཏེ། ཚིག་དང་ཡི་གེར་འབྱོར་བ་ལ་སོགས་པ་ཡན་ལག་བརྒྱད་དང་ལྡན་པས་ན་རྩ་བ་དྲི་མ་མེད་པ་ཞེས་བྱའོ། །ཡང་ལག་བརྒྱད་ནི་ཚིག་དང་ཡི་གེར་འབྱོར་པ་དང་བཅས་པ་དང།
་ལུགས་བཞིན་པ་དང། རྗེས་སུ་གསལ་བ་དང། སོ་སོར་མཐུན་པ་དང། ཉེ་བར་འདྲེན་པ་དང། གཟུང་བར་འོས་པ་དང། མཁS་པ་དང། རབ་ཏུ་བྱེད་པའི་ཡན་ལག་གི་ཚོགས་སོ། །དེ་ལ་ཚིག་དང་ཡི་གེ་དང་མིང་ལ་སོགས་པའི་རིམ་བཞིན་དུ་ལྟ། འོག་མ་འཁྲུལ་པར་འཆད་པས་ན་ཚིག
་དང་ཡི་གེ་དང་འབྱོར་བ་ཞེས་བྱའོ། །ཡང་ན་འབྱོར་བ་ཞེས་བྱ་བ་ནི་རིགས་པ་ལ་བྱ་སྟེ། བྱ་བ་བསྒྲུབ་པའི་རིགས་པ་དང། ལྟོས་པའི་རིགས་པ་དང། གཏན་ཚིགས་བསྒྲུབ་པའི་རིགས་པ་དང། ཆོས་ཉིད་ཀྱི་རིགས་པ་སྟེ། རིགས་པ་བཞི་དང་ལྡན་པའི་ཚིག་དང། ཡི་གེ་སྟོན
་པའི་ཕྱིར་ཚིག་དང་ཡི་གེར་འབྱོར་བ་ཞེས་བྱའོ། །བསྒྲུབ་པར་བྱ་བ་དང། སྒྲུབ་པར་བྱེད་པ་རྣམ་པ་གཉིས་ཡོད་པ་ལས། སྒྲུབ་པར་བྱེད་པས་བསྒྲུབ་པར་བྱ་བ་འགྲུབ་པར་འགྱུར་བའི་མཚན་ཉིད་སྟོན་ཏེ། བསྒྲུབ་པར་བྱ་བ་དང་སྒྲུབ་པར་བྱེད་པ་འབྲེལ་པ་འཆང་པས་ན་བཅས་པ
་ཞེས་བྱའོ། །བཤད་པའི་ཚིག་རྣམས་ཀྱང་སྔར་བཤད་པར་བྱ་བའི་ཆིག་ཕྱིས་མི་སྨྲ་ཕྱིས་སྨྲ་བར་བྱ་བའི་ཚིག་སྔར་མི་སྨྲ་སྟེ། བཤད་པའི་ཚིག་གི་རྣམས་ལྟ་འོག་འབྲེལ་བར་རིམ་བཞིན་དུ་འཆང་པས་ན་ལུགས་བཞིན་པ་ཞེས་བྱའོ། །ཚིག་དང་ཡི་གེ་ཐམས་ཅད་ཀྱང་བརྡ་
་འཕྲད་པར་ཟླ་པ་གསལ་བ་དག་སྟོན་པས་ན་རྗེས་སུ་གསལ་བ་ཞེས་བྱའོ། །ཉན་ཐོས་ཀྱི་རིགས་ཅན་གྱི་གང་ཟག་ལ་ཡང་ཉན་ཐོས་ཀྱི་ཐེག་པའི་ཆོས་སྟོན། །རང་སངས་རྒྱས་ཀྱི་རིགས་ཅན་གྱི་གང་ཟག་ལ་ཡང་རང་སངས་རྒྱས་ཀྱི་ཐེག་པའི
་ཆོས་སྟོན། ཐེག་པ་ཆེན་པོའི་རིགས་ཅན་གྱི་གང་ཟག་ལ་ཡང་ཐེག་པ་ཆེན་པོའི་ཆོས་སྟོན་ཏེ། འཁོར་ཇི་ལྟ་བ་བཞིན་དུ་འཁོར་དང་མཐུན་པར་ཁོ་ནར་སྟོན་པས་ན་སོ་སོར་མཐུན་པ་ཞེས་བྱའོ། །ཆོག?་རྣམས་ཀྱང་ཡིད་དུ་འོང་ཞིང་ཡིད་སིམ་པ་དང། སྙིང་དགའ་བར
་འགྱུར་བ་ཤ་སྟེག་སྟོན་པས་ན་ཉེ་བར་འདེན་པ་ཞེས་བྱའོ། །ཆོས་བཤད་པའི་དུས་བཞིན་དུ་སྟོན་པ་དང། ཆོས་དང་དོན་དུ་བཅས་པར་སྟོན་པས་ན་གཟུང་བར་འོས་པ་ཞེས་བྱའོ། །མཁས་པ་དང་རྟག་ཏུ་བྱེད་པའི་ཡན་ལག་ཅེས་པ་ལ། མཁས་པར་བྱེད་པ་དང། །
་།རྟག་ཏུ་བྱེད་པ་ཞེས་བྱ་བར་སྐྱེད་སྟེ། སློབ་མ་རྣམས་ཆོས་ཀྱི་མཚན་ཉིད་ལ་མཁས་པར་བྱེད་པ་དང། ཆོས་རྒྱུན་ཏུ་སྟོན་པར་བྱེད་པའི་ཕྱིར་མཁས་པ་དང་རྟག་ཏུ་བྱེད་པ་ཞེས་བྱ་སྟེ། དེའི་ཡན་ལག་ནི་ཡང་དག་པའི་ལྟ་བ་ལ་སོགས་པ་འཕགས་པའི་ལམ་གྱི
་ཡན་ལག་བརྒྱད་དོ། །དེ་ལྟ་བུའི་ཆོས་དགེ་འཆང་པས་ནམ་མཁས་པ་དང་རྟག་ཏུ་བྱེད་པའི་ཡན་ལག་གི་ཚོགས་ཞེས་བྱའོ། །ཐེག་པ་ཆེན་པོའི་ཆོས་རྣམས་ལ་རིན་པོ་ཆེ་ལ་སོགས་པས་བརྒྱན་དུ་མི་རུང་སྙམ་པ་ལ། མི་རུང་བས་བསྟན་པའི་ཕྱིར་གང་གི་ཕྱིར་ཚིག་དང་རྩ་བ
་དང། ཡི་གེ་མེད་པར་དོན་བསྟན་པར་མི་ནུས་པའི་ཕྱིར་རོ་ཞེས་སྟོན་ཏེ། ཚིག་བཟང་པོ་དང་རྩ་བ་བཟང་པོ་དང། ཡི་གེ་བཟང་པོ་མེད་པར་ཐེག་པ་ཆེན་པོའི་དོན་བསྟན་པར་མི་ནུས་ཏེ། ཐེག་པ་ཆེན་པོའི་དོན་བསྟན་པར་ཡང་ཚིག་དང་རྩ་བ་དང་ཡི་གེ་བཟང་པོས་སྟོན་པར
་བྱེད་དོ། །གང་གི་ཕྱིར་ཞེ་ན། སྡུག་བསྔལ་བསྒྲལ་བའི་ཕྱིར་རོ་ཞེས་པ་ལ། གང་གི་ཕྱིར་རྒྱན་པར་བྱེད་ཅེ་ན། ཁམས་གསུམ་གྱི་སེམས་ཅན་སྐྱེ་རྒ་ན་འཆི་བ་ལ་སོགས་པས་སྡུག་བསྔལ་བ་རྣམས་ཀྱི་སྡུག་བསྔལ་བསལ་བའི་ཕྱིར་རྒྱན་པར་བྱེད་དོ་ཞེས་བྱ་བའི་དོན་ཏོ། །
་ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་ནི། ཅིའི་ཕྱིར་རྒྱན་པར་བྱེད། རྒྱུ་གང་གི་ཕྱིར་རྒྱན་པར་བྱེད། རྒྱུ་གང་ལས་རྒྱན་ཏེ་བྱུང་ཞེ་ན་ཞེས་བྱ་བའི་དོན་ཏོ། །གང་གི་ཕྱིར་སྡུག་བསྔལ་བའི་འགྲོ་བ་ལ་སྙིང་རྗེ་སྟེ། དེ་བས་ན་སྙིང་རྗེ་བའི་ཕྱིར་རོ་ཞེས་པ་ལ་གང་གི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་སྡུག
་བསྔལ་གྱིས་ཉན་བའི་འགྲོ་བ་ལ་སྙིང་རྗེ་སྟེ། དེ་བས་ན་སྙིང་རྗེ་དང་ལྡན་པའི་རྒྱུས་རྒྱན་པར་བྱེད་དོ་ཞེས་བྱ་བའི་ཐ་ཚིག་གོ་།བདག་ཉིད་ཅེས་བྱ་བ་ནི་སྙིང་རྗེའི་བདག་ཉིད་དོ་ཞེས་བྱ་བ་ལ། བདག་ཉིད་ཅེས་བྱ་བ་ནི་སྙིང་རྗེའི་བདག་ཉིད་ལ་བྱ་སྟེ། བྱང་ཆུབ་སེམས་དཔའ་རྣམས་ནི་སྙིང
་རྗེ་དང་ལྡན་བའི་རང་བཞིན་ཅན་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཅིའི་རྒྱན་དུ་བྱེད་ཅེ་ན་ཞེས་ནི་ཐེག་པ་གསུམ་ལས་ཐེག་པ་གང་གི་རྒྱན་དུ་བྱེད་ཅེས་བྱ་བའི་དོན་ཏོ། །ཐེག་པ་དམ་པའི་རྣམ་པ་བསྟན་པ་ཆོས་གང་ལ་ཡོད་པ་ཆོས་དེ་ཡིའོ་ཞེས་པ་ལ་ཆོས་དེའི་གཞུང་དང་མདོ
་སྡེ་གང་ལས་ཐེག་པ་དམ་པའི་རྣམ་པ་སྟེ། ཐེག་པ་ཆེན་པོའི་ཆོས་ཀྱི་རང་བཞིན་ཐབས་དང་ཤེས་རབ་ཀྱི་མཚན་ཉིད་ཆོས་གང་ལས་འབྱུང་བའི་ཆོས་དེའི་རྒྱན་དུ་བྱེད་ཀྱི། ཐེག་པ་ཆུང་ངུའི་ཆོས་ཀྱི་རྒྱན་དུ་བྱེད་པ་ནི་མ་ཡིན་ནོ་ཞེས་བྱ་བའི་དོན?་ཏོ། །སུ་དག་གི་ཕྱིར་བརྒྱན
་ཅེན?་ཞེས་བྱ་བ་ནི། ཉན་ཐོས་ཀྱི་རིགས་ཅན་གྱི་གང་ཟག་དང། རང་སངས་རྒྱས་ཀྱི་རིགས་ཅན་གྱི་གང་ཟག་དང། །ཐེག་པ་ཆེན་པོའི་རིགས་ཅན་གྱི་གང་ཟག་ལས་གང་གི་དོན་དུ་རྒྱན་པར་བྱེད་ཅེས་བྱ་བའི་ཐེ་ཆོག་གོ་།དེའི་ཕྱིར་འགྲོ་བའི་སེམས་ཅན་གྱི་ཕྱིར་རོ་ཞེས་བྱ་བ་ནི་དེའི
་སྒྲ་ཐེག་པ་ཆེན་པོ་དང་སྦྱར་ཏེ། ཐེག་པ་ཆེན་པོ་དེ་རྟོགས་པར་བྱ་བའི་ཕྱིར་ཞུགས་པའི་སེམས་ཅན་རྣམས་ཀྱི་དོན་དང་ཆེད་དུ་བརྒྱན་པར་བྱེད་དོ་ཞེས་བྱ་བའི་ཐ་ཚིག་གོ་།དེ་ནི་མཚན་མ་བདུན་པ་སྟེ་ཞེས་བྱ་བས་དེའི་ཕྱིར་ཞེས་བྱ་བའི་སྒྲ་སྒྲའི་གཙུག་ལག་གི་མཚན་ཉིད་དང་སྦྱར
་ན། མཚན་མ་བདུན་པ་ཞེས་བྱ་སྟེ། མཚན་མ་བདུན་པའི་དོན་ནི་དེའི་ཕྱིར་རམ་དེའི་དོན་དཱུམ། དེའི་དོན་དུ་ཞེས་བྱ་བའི་ཚུལ་དུ་འདྲེན་ནོ། །རྒྱན་རྣམ་པ་དུས་བརྒྱན་ཅེན་ཞེས་བྱ་བ་ནི་ཐེག་པ་ཆེན་པོའི་ཆོས་དང་དོན་ལ་བརྒྱན་ན། རྒྱན་གྱི་གྲངས་དུ་ཞིག་རྒྱན་པར་བྱེད་ཅེ་ན་ཞེས
་བྱ་བའི་དོན་ཏོ། །དེ་ཡང་ཆོས་ལྔས་བརྒྱན་པར་བྱེད་དོ། །འབྱོར་པ་ན་ལྡན་པའོ་ཞེས་པ་ལ་ཡི་གེ་དང་ཚིག་ཏུ་འབྲེལ་པ་དང་ཚིག་དང་དོན་དུ་འབྲེལ་པ་བྱའོ། །བླ་མེད་ནི་བླ་ན་མེད་པའི་ཐེག་པ་སོང་བ་ལ་བྱའོ་ཞེས་བྱ་བ་ལ་བླ་ན་མེད་སོང་བ་ཞེས་བྱ་བ་ནི་བླ་ན་མེད་པའི་ཐེག་པར་སོང་བ་ལ་བྱ་སྟེ།
་།དོན་དུ་ན་ཐེག་པ་ཆེན་པོར་གཏོགས་པའི་ཆོས་ལྔ་བསྟན་པའི་སྒོ་ནས་རྒྱན་པར་བྱེད་ཅེས་པའི་དོན་ཏོ། །ད་ནི་དོན་གྱི་ཚུལ་ལྔའི་རང་བཞིན་དེ་དག་ཚིགས་སུ་བཅད་པ་གཉིས་ཀྱིས་བསྟན་ཏོ་ཞེས་བྱ་བ་ལ། གོང་དུ་རྒྱན་དུས་བརྒྱན་ཅེས་བྱ་བ་ལ། ཆོས་རྣམ་པ་ལྔས་བསྟན་པས་བརྒྱན་ཏོ་ཞེས་དེ་སྐད་དུ་གླེངས་པ
་ལ་ད་ནི་ཚིགས་སུ་བཅད་པ་གཉིS་པོས་ཆོས་ལྔ་པོ་དེ་དག་གང་དང་གང་ཡིན་པ་སྟོན་ཏེ། །དེ་ལ་ཐེག་པ་ཆེན་པོའི་ཆོས་རྣམས་ནི་དོན་རྣམ་པ་ལྔའི་དབང་དུ་བྱས་ནས་བཤད་དེ། ལྔ་པོ་གང་ཞེ་ན། བསྒྲུབ་པར་བྱ་བ་དང། ཤེས་པར་བྱ་བ་དང། བསམ་པ་དང། བསམ་གྱིས་མི་ཁྱབ་པ་དང། ཡོངས་སུ་རྫོགས
་བར་ཐུགས་སུ་ཆུད་པའི་དོན་སོ་སོ་རང་གིས་རིགས་པ་བྱང་ཆུབ་ཀྱི་ཕྱོགས་ཀྱི་རང་བཞིན་ནོ། །ཆོས་དེ་ལྔའི་འབྲེལ་པ་ནི་རྣམ་པ་གསུམ་སྟེ། ཐེག་པ་ཆེན་པོའི་དངོས་པོ་ལྔ་དང། རང་བཞིན་གསུམ་དང། གང་ཟག་རྣམ་པར་བཞག་པའོ། །དེ་ལ་ཐེག་པ་ཆེན་པོའི་དངོས་པོ་ལྔ་ནི། མི་དང། མཚན་མ་དང
་རྣམ་པར་རྟོག་པ་དང། དེ་བཞིན་ཉིད་དང། རྣམ་པར་མེ་རྟོག་པའི་ཡེ་ཤེས་སོ། །དེ་ལ་མིང་ཞེས་བྱ་བ་ནི་བརྡ་དང་ཐ་སྙད་མངོན་པར་བརྗོད་པའི་རང་བཞིན་ཏེ། འཇིག་རྟེན་པ་གང་མིང་གི་སྒོ་ནས་ཕུང་པོ་དང་ཁམས་ལ་སོགས་པའི་ཆོས་རྣམས་ལ་མངོན་པར་ཞེན་ཏོ། །ཇི་ལྟར་ཞེན་ན་ཇི་ལྟར་མིང
་གང་དང་གང་གིས་ཆོས་གང་དང་གང་དག་ལ་མངོན་པར་བརྗོད་ཅིང་བཏགས་པ་དེ་བཞིན་དུ་ཆོས་དེ་དག་རང་བཞིན་གྱིས་ཡོད་དོ་ཞེས་ཆགས་སོ། །དེ་ལ་མིང་གིས་བརྗོད་པའི་ཆོས་དེ་དག་ནི་མིང་དང་ཆོས་སུ་བཅས་ཏེ་མེད་བ་ཡིན་ནོ། །དེ་བས་ན་བཅོམ་ལྡན་འདས་ཀྱིས་ཀྱང། མིང་ནི་གང
་དང?་གང་དག་གིས། །ཆོས་ནི་གང་དང་གང་བརྗོད་པ། དེ་ན་དེ་ནི་མེད་པ་སྟེ། །དེ་ནི་ཆོས་ཀྱི་ཆོས་ཉིད་དོ་ཞེས་གསུངས་སོ། །དེ་ལྟར་འཇིག་རྟེན་པའི་མིང་གི་སྒོ་ནས་ཆོས་རྣམས་ལ་ཡོད་པར་མངོན་པར་ཞེན་པ་དག་ལ། གང་མིང་གིས་བརྗོད་པའི་ཆོས་དེ་དག་ནི་རང་བཞིན་གྱིས་ཡོད་པ
་མ་ཡིན་ནོ་ཞེས་བྱ་བར་བྱ་བ་དགའ་བས་ན་དེ་དེ་ནི་གཏན་ཚིགས་ཀྱིས་མེད་པར་བསྒྲུབ་པར་བྱ་བའོ། །དེ་དང་ཆོས་འདྲ་བའི་དཔེ་ནི། གསེར་ལས་བརྡུངས་བྱས་འདྲ་ཞིང་ཞེས་བྱ་བ་ལ་འདི་ལྟར་མགར་བ་མཁས་པས་བརྡུངས་པ་དང། བསྲེག་པ་དང་སྦྱང་པ་ལ་སོགས་པའི་འབད
་པ་དང་བརྩོལ་བ་ཆེན་པོ་ལས་སུ་རུང་བར་བྱས་ཏེ། རྣ་ཆ་དང་དཔུང་རྒྱན་ལ་སོགས་པའི་རྒྱུན་དུ་བསྒྲུབས་ན་མཛེས་པས་བརྒྱན་ན་དགའ་བའི་མཆོག་བསྐྱེད་པ་དེ་བཞིན་དུ། ཐེག་པ་ཆེན་པོ་འདི་ལ་ཡང་མིང་གིས་དངོས་པོ་འདི་ལ་མངོན་པར་ཆགས་པ་རྣམས་ལ་མིང་གང
་གིས་བརྗོད་པའི་དངོས་པོ་དེ་དག་རང་བཞིན་གྱིས་ཡོད་པ་མ་ཡིན་ནོ་ཞེས་གཏན་ཚིགས་ཀྱིས་རང་གི་ཕྱོགས་བསྒྲུབ་པ་དང་གཞན་གྱི་ཕྱོགས་སུན་དབྱུང་བ་ལ་སོགས་པའི་སྒོ་ནས་མེད་པར་བསྒྲུབས་ན། གསེར་ལས་བརྡུངས་སུ་བྱས་པ་བཞིན་དུ་དགའ་བའི་མཆོག?
་སྐྱེ་བར་འགྱུར་ཏེ། བསྒྲུབ་པར་བྱ་བ་སྨྲས་ཟིན་ཏོ། །མཚན་མ་ནི་མངོན་པར་བརྗོད་པའི་བདག་ཉིད་ཀྱི་མིང་དེ་ཉིད་ཀྱི་དངོས་པོ་རྟེན་དུ་གྱུར་པ་ས་བོན་དང་མྱུ་གུ་ལ་སོགས་པ་ཕྱིའི་གཞན་གྱི་དབང་གི་རང་བཞིན་གཟུང་བའི་ཆལ་བྱ་སྟེ། ཕྱིའི་དངོས་པོ་གང་ལ་དངོས་པོ་གང
་ལ་བརྟེན་ནས་མིང་རྣམ་པ་སྣ་ཚོགས་འཇུག་པར་འགྱུར་བའི་ཕྱིར་གཞན་དབང་ལ་མཚན་མ་ཞེས་བྱའོ། །དངོས་པོ་དེ་ཡང་རྟེན་ཅིང་འབྲེལ་ཏེ་འབྱུང་བའི་རང་གི་སེམས་ལས་སྣང་བ་ཙམ་དུ་ཟད་པ་བུམ་པ་དང་སྣམ་བུ་ལ་སོགས་པར་འཇིག་རྟེན་རང་གིས་རིགས་ཏེ། དེ་ནི
་རྟེན་འབྲེལ་ཡིན་ནོ་ཞེས་བསྟན་ནས་ཤེས་པར་བྱ་བ་ཙམ་དུ་ཟད། །ཇི་ལྟར་ཞེ་ན་ཕྱིའི་ཅིང་འདྲེལ་ཏེ་འབྱུང་བ་དེ་མངོན་སུམ་དུ་གྱུར་ཏེ། རང་གིས་རིག་པས་ན་མངོན་སུམ་སྣང་བ་དེ་ལ་འཇིག་རྟེན་པ་རྣམས་གཅིག་ཏུ་ཐེ་ཚོམ་སྐྱེ་ཞིང་ཡིད་གཉིས་ཟབ་མེད་པས་ན་ས་བོན་ལས་མྱུ་གུ་མྱུ་གུ
་ལས?་འདབ་མ་ཞེས་བྱ་བ་ལ་སོགས་པའི་སྒོ་ནས་ཤེས་པར་བྱ་བ་ཙམ་དུ་ཟད་དོ། །དེ་དང་ཆོས་འདྲ་བའི་དཔེ་ནི་པདམོ་རྒྱས་པ་བཞིན་ཞེས་བྱ་བ་སྟེ། ཇི་ལྟར་ཉི་མའི་ཟེར་གྱིས་ཁ་ཕྱེ་བའི་པདྨ་ཁ་བྱེ་བ་མཐོང་ན་དགའ་བའི་མཆོག་སྐྱེ་བ་དེ་བཞིན་དུ། ཕྱིའི་དངོས་པོ་རྣམ་པ་རྟེན་ཅིང་འབྲེལ
་ཏེ་འབྱུང་བ་ཡིན་འབད་རྩོལ་ཆེན་པོ་མེད་པས་བསྟན་ཏོ། །ཤེས་པར་གྱུར་ན་དགའ་བའི་མཆོག་སྐྱེ་བར་འགྱུར་ཏེ། ཤེས་པར་བྱ་བ་བཤད་ཟིན་ཏོ། །དེ་ལ་རྣམ་པར་རྟོག་པ་ནི་རྟེན་ཅིང་འབྲེལ་ཏེ་འབྱུང་བདེ་ཉིད་དངོས་པོ་ཙམ་སེམས་དང་སེམས་ལས་བྱུང་བའི་རང་བཞིན་འཛིན་པའི་ཆར
་གྱུར་པའི་ནང་གིས་རྟེན་ཅིང་འབྲེལ་ཏེ་འབྱུང་བ་ལ་བྱའོ། །དེ་ལ་ནི་ཐེག་པ་ཆེན་པོའི་ཆོས་མཉན་བ་དང། བསམ་པ་ལ་སོགས་པའི་སྒོ་ནས་ཚུལ་བཞིན་དུ་རྣམ་པར་རྟོག་པས་ཕྱིའི་ཡུལ་རྣམས་ནི་སེམས་ལས་བྱུང་བ་ཡིན་ནོ། །ཞེས་དེ་ལྟར་བསམ་པར་བྱའོ། །ཇི་ལྟར་མངོན་པའི་ཆོས་བསྡུས་པ་ལS།
་ཆོས་ལས་རབ་ཏུ་ཞུགས་པ་ཆོས་རྣམས་ལ་སྤྱོད་པ་ནི་རིགས་པ་དུ་སྤྱོད་པར་བྱེད་ཅེན། །རིཌ་བ་བཞིས་སྤྱོད་པར་བྱེད། རིཌ་པ་བཞི་ནི་ལྟོས་པཱི་རིཌ་པ་དང། བྱ་བ་བྱེད་པའི་རིགས་པ་དང། གཏན་ཚིགས་བསྒྲུབ་པའི་རིགས་པ་དང། ཆོས་ཉིད་སྒྲུབ་པའི་རིགས་པའོ། །དེ་ལྟར་རིགས་པ་བཞིས་ཕྱིའི་དངོས་པོ་རྣམS
་ནི་སེམས་ལས་སྣང་བ་ཡིན་ནོ་ཞེས་ཚུལ་བཞིན་དུ་རྣམ་པར་བརྟགས་ཏེ་བསམ་ན་ཀུན་ནས་ཉོན་མོངས་པ་སྤང་བ་དང་རྣམ་པར་བྱ་བ་སྐྱེ་བ་དང་རྗེས་སུ་མཐུན་པར་འགྱུར་རོ། །དེ་དང་ཆོས་མཐུན་པའི་དཔེ་ནི་བཀྲེས་པས་ཉེན་པ་གཡོས་ལེགས་ཁ་ཟས་ཟ་བ་འདྲ་ཞེས་བྱ་སྟེ། ཇི་ལྟར་ཁ་ཟས?
་ལེགས་པར་གཡོས་པ་ཁ་དོག་དང་དྲི་དང་རོ་ལ་སོགས་པ་ཕུམ་སུམ་ཚོགས་པ། བཀྲེས་པས་ཉེན་པའི་གང་ཟག་གིས་ཆོས་ན་དགའ་བའི་མཆོག་སྐྱེ་བ་དེ་བཞིན་དུ་ཐེག་པ་ཆེན་པོའི་ཆོས་བདུད་རྩིའི་ཟས་དང་འདྲ་བ་འདི་ལ་ཡང་སྔོན་དམ་པའི་ཆོས་མཉན་པ་དང། བསམ་ཕ་ལ་སོགS
་པ་མ་བྱས་པས་བཀྲེས་པར་གྱུར་པ་རྣམས་ཀྱིས་མཉན་པ་དང་བསམ་པ་ལ་སོགས་པའི་སྒོ་ནས་ཚུལ་བཞིན་ཡིད་ལ་བྱེད་བས་བསམ་ཏེ་ཟོས་ན་དོན་རྟོགས་པས་ཚིམ་པ་ཐོབ་ན་དགའ་བའི་མཆོག་སྐྱེ་བར་འགྱུར་ཏེ། བསམ་པ་བཤད་ཟིན་ཏོ། །དེ་བཞིན་ཉིད་ནི་བསམ་གྱིས
་མི་ཁྱབ་པ་ཞེས་བྱ་སྟེ། ཅིའི་ཕྱིར་ཞེ་ན་སོ་སོ་སྐྱེ་བོས་བསམ་པའི་སྤྱོད་ཡུལ་ལས་འདས་པ་དང། འཕགས་པ་རྣམས་ཀྱིས་སོ་སོ་རང་གིས་རིགས་པར་བྱ་བ་ཡིན་པའི་ཕྱིར་རོ། །དེ་ཡང་ཐེག་པ་ཆེན་པོ་ཇི་ལྟར་བསྡུས་པའི་བསྟན་བཅོས་ལས་ཆོས་ཀྱི་སྐུ་ནི་བསམ་གྱིས་མི་ཁྱབ་པའི
་མཚན་ཉིད་དོ་ཞེས་བཤད་པ་ལྟ་བུའོ། །དེ་ལྟར་ན་དེ་བཞིན་ཉིད་རྣམ་པར་དག་པ་ནི་སོ་སོ་རང་གིས་རིག་པ་ཡིན་པའི་ཕྱིར་དང། འཇིག་རྟེན་ན་དེ་དང་འདྲ་བའི་དཔེ་མེད་པ་དང། རྟོག་གེའི་སྤྱོད་ཡུལ་ལས་འདས་པའི་ཕྱིར་བསམ་གྱིས་མི་ཁྱབ་པའོ། །དེ་དང་ཆོས་འདྲ་བའི་དཔེ་ནི་འཕྲིན
་ཡིག་སྙན་པ་ཐོས་པ་འདྲ་ཞེས་བྱ་བ་སྟེ། ཇི་ལྟར་དོན་དང་ཚིག་ཏུ་འགྲེལ་བ་དོན་ཕུན་སུམ་ཚོགས་པའི་འཕྲིན་ཡིག་སྙན་པ་དེ་དོན་ལ་ཕྱིན་ཅི་ལོག་ཏུ་རྣམ་པར་རྟོག་པ་སྤངས་པའི་མཁས་པའི་ལག་ཏུ་སོང་སྟེ་མཐོང་ནས་དགའ་བའི་མཆོག་སྐྱེ་བ་དེ་བཞིན་དུ་དེ་ཉིད་དེ་ཡང་སངས་རྒྱས་དང་བྱང
་ཆུབ་སེམས་དཔའ་རྣམས་ཀྱིས་ས་དང་པོ་ཁོང་དུ་ཆུད་པ་ནས་བརྩམས་ཏེ་མངོན་སུམ་དུ་བྱུང་བ་ན་དེ་བཞིན་ཉིད་དེ་སོ་སོ་རང་གིས་རིག་པ་དང། རྟོག་གེའི་སྤྱོད་ཡུལ་ལས་འདས་པ་དང། ཟག་པ་མེད་པ་དང་དཔེ་མེད་པར་གཟིགས་ནས་དགའ་བའི་མཆོ་སྐྱེ་སྟེ། དེ་བས་ན་ས་དང་པོ་དེ་རབ་ཏུ་དགའ་བ་ཞེས
་བཏགས་སོ། །དེ་ལྟར་དེ་བཞིན་ཉིད་དེ་འཕགས་པ་རྣམས་ཀྱིས་སོ་སོ་རང་གིས་རིག་ན། ཅིའི་ཕྱིར་བསམ་གྱིས་མི་ཁྱབ་པ་ཞེས་བྱ་ཞེ་ན། བྱིས་ལ་དེ་ཁོ་ན་ཁོང་དུ་མ་ཆུད་པ་རྣམས་ཀྱིས་བསམ་པར་མི་ནུས་ཏེ། དེ་དག་གིས་བསམ་པ་ལས་འདས་པ་ན་བསམ་གྱིས་མི་ཁྱབ་པ་ཞེས་བྱ་སྟེ། བསམ
་གྱིས་མི་ཁྱབ་པ་བཤད་ཟིན་ཏོ། །རྣམ་པར་མི་རྟོག་པའི་ཡེ་ཤེས་ནི་ཡོངས་སུ་རྫོགས་པ་ཐུགས་སུ་ཆུད་པའི་དོན་བྱང་ཆུབ་ཀྱི་ཕྱོགས་ཀྱི་རང་བཞིན་ཞེས་བྱ་སྟེ། ཡོངས་སུ་གྲུབ་པ་རྣམ་པ་གཉིས་ལས་ཕྱིན་ཅི་མ་ལོག་པར་ཡོངས་སུ་གྲུབ་པའི་རང་བཞིན་ཡིན་པས་ཡོངས་སུ་གྲུབ་པ་ཞེས
་བྱའོ། །རྣམ་པར་མི་རྟོག་པ་དེ་ནི་བཤད་པའི་ཆོས་མ་ཡིན་གྱི་རྟོགས་ཤིང་ཁོང་དུ་ཆུད་པར་བྱ་བའི་ཆོས་ཡིན་པས་ན་ཐུགས་སུ་ཆུད་པའི་དོན་ཞེས་བྱའོ། །སེམས་དང་སེམས་ལས་བྱུང་བའི་རང་བཞིན་ཡིན་པས་ན་བྱང་ཆུབ་ཀྱི་ཕྱོགས་ཀྱི་རང་བཞིན་ཞེས་བྱ་སྟེ།
་རྣམ་པར་མི་རྟོག་པའི་ཡེ་ཤེས་དེ་རྩིག་པ་ལ་སོགས་པ་ལྟ་བུར་ཐུན་པའི་རང་བཞིན་མ་ཡིན་གྱི་འཕགས་པ་རྣམས་ཀྱིས་སོ་སོ་རང་གིས་རིག་པར་བྱ་བ་ཡིན་པས་ན་བྱང་ཆུབ་ཀྱི་ཕྱོགས་ལ་རང་བཞིན་དུ་བཤད་དོ། །དེ་དང་ཆོས་འདྲ་བའི་དཔེ་ནི་རིན་ཆེན་སྒྲོམ
་ཕྱེ་ལྟར་ཞེས་བྱ་བ་སྟེ། དཔེར་ན་རིན་པོ་ཆེ་སྣ་ཚོགས་ཡོད་པའི་སྒྲོམ་དེ་ཁ་ཕྱེ་ནས་ཁ་དོག་དང་འོད་ཏུ་ལྡན་པའི་རིན་པོ་ཆེ་སྣ་ཚོགས་མཐོན་ན་དགའ་བའི་མཆོག་སྐྱེ་བ་དེ་བཞིན་དུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་
་རྣམས་ཀྱིས་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་སྤངས་ཏེ། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རིན་པོ་ཆེ་དེ་དག་སེམས་ཀྱི་རྒྱུད་ལ་སྣང་བར་གྱུར་ན་དགའ་བའི་མཆོག་སྐྱེ་བར་འགྱུར་རོ། །བརྒལ་བ་ཡོངས་སུ་གྲུབ་པ་རྣམ་པ་གཉིས་ཏེ། མི་འགྱུར་བར་ཡོངས
་སུ་གྲུབ་པ་དང། ཕྱིན་ཅི་མ་ལོག་པར་ཡོངས་སུ་གྲུབ་པའོ། །དེ་ལྟར་དེ་བཞིན་ཉིད་དང་རྣམ་པར་མི་རྟོག་པའི་ཡེ་ཤེས་གཉིས་ཀ་ལ་ཡང་ཡོངས་སུ་གྲུབ་པར་འདྲ་བ་ལས་ཅིའི་ཕྱིར་དེ་ཉིད་ལ་བསམ་གྱིས་མི་ཁྱབ་པ་ཞེས་བྱ་ལ། རྣམ་པར་མི་རྟོག་པའི་ཡེ
་ཤེས་ལ་བསམ་གྱིས་མི་ཁྱབ་པ་ཞེས་མི་བྱ་ཞེ་ན། ལན་དུ་དེ་གཉིས་ཀ་ཡོངས་སུ་གྲུབ་པ་ཡིན་པར་བདེན་མོད་ཀྱི་འོན་ཀྱང་དེ་བཞིན་ཉིད་ནི་བྱིས་པ་དེ་ཁོ་ན་ཁོང་དུ་མ་ཆུད་པ་རྣམས་ལ་ནམས་ཀྱང་རང་གིས་རིག་པར་མ་གྱུར་ཏོ།
་བྱང་ཆུབ་ཀྱི་ཕྱོགས་ནི་སེམས་དང་སེམས་ལས་བྱུང་བའི་རང་བཞིན་ཡིན་ཏེ། དེ་ཟག་པ་མེད་པའི་ངོ་བོ་ཡིན་དུ་ཟིན་ཀྱང་དེ་ཁོ་ན་མ་རྟོགས་པ་རྣམས་ཀྱིས་སོ་སོ་རང་གིས་རིག་པར་འགྱུར་རོ། །ཇི་ལྟར་ཞེ་ན། འདི་ལྟར་ཆོས་ཀྱི་སྐུའི
་རྒྱུ་མཐུན་པ་ལས་བྱུང་བའི་ཐེག་པ་ཆེན་པོའི་ཆོས་མཉན་པ་དང། མཉན་ནས་སེམས་པའི་དུས་ན་དེ་ཁོ་ན་ཁོང་དུ་མ་ཆུད་པ་རྣམས་ལ་ནམས་ཀྱང་རང་གིས་རིག་པར་མ་གྱུར་ཏོ། །བྱང་ཆུབ་ཀྱི་ཕྱོགས་ནི་སེམས་དང་སེམས་ལས
་བྱུང་བའི་རང་བཞིན་ཡིན་ཏེ། ཟག་པ་མེད་པའི་ངོ་བོ་ཉིད་ཡིན་དུ་ཟིན་ཀྱང་དེ་ཁོ་ན་མ་རྟོགས་པ་རྣམས་ཀྱིས་སོ་སོ་རང་གིས་རིག་པར་འགྱུར་རོ། །ཇི་ལྟར་ཞེ་ན། འདི་ལྟར་ཆོས་ཀྱི་སྐུའི་རྒྱུ་མཐུན་པ་ལས་བྱུང་བའི་ཐེག་པ་ཆེན་པོའི་ཆོས
་མཉན་པ་དང། མཉན་ནས་སེམས་པའི་དུས་ན་དེ་ཁོ་ན་མ་རྟོགས་པ་རྣམས་ལ་ཡང་ཚུལ་བཞིན་དུ་སྦྱོར་བའི་ཚེ་བྱང་ཆུབ་ཀྱི་ཕྱོགས་སོ་སོ་རང་གིས་རིག་པ་དང་རྗེས་སུ་མཐུན་པའི་སེམས་སྐྱེ་བར་འགྱུར་རོ། །སོ་སོ་རང་གིས་རིག་པ་དང་རྗེས་སུ་མཐུན་པའི་སེམས་སྐྱེ་བར
་ཡང་ཅི་མངོན་ཞེ་ན། ཇི་ལྟར་ཐེག་པ་ཆེན་པོ་བསྡུས་པའི་བསྟན་བཅོས་ལས། ཡོངས་སུ་གྲུབ་པའི་རང་བཞིན་ཇི་ལྟར་རིག་པར་བྱ་ཞེ་ན། རྣམ་པར་བྱང་བའི་ཆོས་རྣམ་པ་བཞི་བསྟན་པས་རིག་པར་བྱ་སྟེ། རྣམ་པར་བྱང་བའི་ཆོས་རྣམ་པ་བཞི་ནི། རང་བཞིན་གྱི
་རྣམ་པར་བྱང་བ་དང། དྲི་མ་མེད་པ་རྣམ་པར་བྱང་བ་དང། དེ་ཐོབ་པའི་ལམ་རྣམ་པར་བྱང་བ་དང། དེ་བསྐྱེད་པ་ལ་དམིགས་པའི་རྣམ་པར་བྱང་བའོ། །དེ་ལ་རང་བཞིན་གྱིས་རྣམ་པར་བྱང་བ་ནི་དེ་བཞིན་ཉིད་དོ། །དྲི་མ་མེད་པར་རྣཾ་པར་རྣམ་པར་བྱང་བ་ནི་དེ་བཞིན་ཉིད་དེ་རྣམ་ཉོན་མོངས་པ་དང།
་ཤེས་བྱའི་སྒྲིབ་པ་དྲི་མ་བློ་བུར་དང་བྲལ་བར་གྱུར་པའོ། །དེ་ཐོབ་པའི་ལམ་རྣམ་པར་བྱང་བ་ནི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཐམས་ཅད་དོ། །དེ་བསྐྱེད་པ་ལ་དམིགས་པའི་རྣམ་པར་བྱང་བ་ནི་ཐེག་པ་ཆེན་པོའི་ཆོས་བཤད་པ་ཐམས་ཅད་དང་དེ་ཉན་པ་དང་སེམས་པ
་བྱེད་བའོ། །ཞེས་བཤད་པའོ། །དེ་ལྟར་ཉན་པ་དང་སེམས་པར་བྱེད་པའོ་ཞེས་བཤད་དོ། །རྣམ་པར་བྱང་བ་འཐོབ་པའི་རྒྱུར་གྱུར་པས་ན་ཀུན་བརྟགས་ཀྱི་རང་བཞིན་ཞེས་ཀྱང་མི་བྱ། ཤིན་དུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ལས་བྱུང་བའི་ཆོས་དམིགས་པས་ན་གཞན
་དབང་ཞེས་ཀྱང་མི་བྱའོ། །རྣམ་པ་དེས་ཀྱང་ཉན་པ་དང་སེམས་པ་ལ་སོགས་པའི་དུས་ཀྱི་ཚེན་ཡང་ཟག་པ་མེད་པའི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ཐོབ་པ་དང་རྗེས་སུ་མཐུན་པ་ཡོད་པས་ན་ཟག་པ་མེད་པ་ཞེས་བརྟགས་ཏེ། རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་བསམ་གྱིས་མི་ཁྱབ་པ་ཞེས་མི་རྟགས་པ་ནི་ཁྱད
་པར་དེ་ཡང་དེ། དེ་ལྟར་ཟད་ཅིག་ཐེག་པ་ཆེན་པོའི་ཆོས་ལྔ་དངོས་པོ་ལྔ་སྦྱར་ཏེ། གསེར་ལས་བརྡུངས་བྱས་པ་ལ་སོགས་པ་དཔེ་ལྔ་ནི་དེ་དང་ཆོས་འདྲ་བའི་དཔེར་བསྟན་ནས་བཤད་དོ། །དེ་ལ་ཆོས་ལྔ་པོ་དེ་རང་བཞིན་གསུམ་གྱིས་ཇི་ལྟར་བཤད་ཅེ་ན། གང་བསྒྲུབ་པས་བྱ་བ་ཞེས་བྱ་བ
་དེའི་བཤད་པ་ནི། ཇི་ལྟར་ཐེག་པ་ཆེན་པོ་བསྡུས་པའི་བསྟན་བཅོས་ལ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཐེག་པ་ཆེན་པོ་ཤིན་ཏུ་རྒྱས་པར་བཤད་པ་ལ་བཤད་པ་དེ་ལས་ཀུན་ཏུ་བརྟགས་པའི་རང་བཞིན་ཇི
་ལྟར་རིག་པར་བྱ་ཞེ་ན། མེད་པའི་རྣམ་གྲངས་བཤད་པས་རིག་པར་བྱ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ནང་ནས་རབ་འབྱོར་སངས་རྒྱས་མེད་དོ། །ཆོས་མེད་དོ། ། དགེ་འདུན་མེད་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལས་རིག་པར་བྱའོ
་ཞེས་བཤད་དོ། །མེད་དོ་ཞེས་བྱ་བའི་ཚིག་དང་ཡི་གེ་འདི་དག་ནི་ཀུན་དུ་སྐྲག་པ་སྐྱེད་པར་བྱེད་པ་སྟེ། མེད་པ་ཐོབ་ནས་འཇིག་རྟེན་པ་དག་སྐྲག་པར་འགྱུར་རོ། །དེ་བས་ན་ཀུན་བརྟགས་པའི་རང་བཞིན་ནི་བསྒྲུབ་པར་བྱ་བ་ཞེས་བྱ་སྟེ། །ཇི་ལྟར་བསྒྲུབ
་ཅེ་ན། མེད་ཅེས་བཤད་ཀྱང་ཆོས་འདི་དག་རྣམ་པ་ཐམས་ཅད་ནས་ཐམས་ཅད་དུ་མེད་པ་ནི་མ་ཡིན་གྱི་གཞན་གྱིས་བྱིས་པའི་སྐྱེ་བོ་རྣམས་ཀྱིས་གཟུང་བ་དང་འཛིན་པར་ཀུན་ཏུ་བརྟགས་པའི་བདག་ཉིད་རྣམ་པ་མེད་པ་ལ་དགོང?་ནས་མེད་དོ་ཞེས་བཤད་པ
་ཡིན་ནོ་ཞེས་བསྒྲུབ། དེ་བས་ན་བཅོཾ་ལྡན་འདས་ཀྱི?་ཆོS་རྣམS་ཐམS?་ཅད་མེད་པའི་ཕྱིར། ཀུན་ནས་ཉོན་མོངས་པ་དག་མེད་པ་ཇི་ལྟར་མཐོང་བ་དེ་ལྟར་མིན། དེ་བཞིན་དུ་ཡང་མེད་པ་མིན་ཞེས་གསུངས་སོ། །དེ་དང་ཆོས་འདྲ་བའི་དཔེས?་ནི་གསེར་ལས་བརྡུངས
་བྱས་འདྲ་ཞིང་ཞེས་བྱ་བ་སྟེ། ཇི་ལྟར་གསེར་མགར་མཁས་པས་བསྲེག་པ་དང་བརྡུངས་པ་ལ་སོགས་བ་བྱས་པའི་སྒོ་ནས་ལས་སུ་རུང་བ་གཉེན་པོར་བྱས་ཏེ། དཔུང་རྒྱན་དང་རྣ་ཆ་ལ་སོགས་པའི་རྒྱན་དུ་བྱས་ན་དགའ་པའི་མཆོག་སྐྱེ་བདེ་བཞིན
་དུ་གཏན་ཚིགས་ཀྱི་ཀུན་ཏུ་བརྟགས་བའི་རང་བཞིན་མེད་པར་བསྒྲུབས་ནས་མེད་པ་ཁོ་ནར་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཁོང་དུ་ཆུང་ནས་མཁས་པ་རྣམས་དགའ་བའི་མཆོག་སྐྱེ་བར་འགྱུར་ཏེ་བསྒྲུབ་པར་བྱ་བ་བཤད་ཟིན་ཏོ། །གཞན་གྱི་དབང་གི
་རང་བཞིན་ནི་རྟེན་ཅིང་འབྲེལ་ཏེ་འབྱུང་བ་སེམས་སེམས་ལས་བྱུང་བའི་མཚན་ཉིད་བདེ་བ་དང་སྡུག་བསྔལ་ལ་སོགས་པ་སོ་སོར་རང་གིས་མྱོང་བའོ། །ཀུན་དུ་བརྟགས་པའི་ངོ་བོ་རང་བཞིན་མེད་པར་བསྒྲུབས་ན་ཐེག་པ་ཆེན་པོ་ལ་གཞན་གྱི་དབང་གིས་བསྡུས
་པའི་ཆོས་རྣམས་འབད་པ་མེད་པར་བདེ་བླག་ཏུ་ཤེས་པར་འགྱུར་ཏེ། དེ་ལས་ན་དེ་ནི་ཤེས་པར་བྱ་བ་བཤད་པ་ཡིན་ནོ། །དེ་དང་ཆོས་འདྲ་བའི་དཔེ?་ནི་པདམོ་རྒྱས་པ་བཞིན་ཞེས་བྱ་བ་སྟེ། ཇི་ལྟར་འབད་པ་མེད་པར་ཉི་མའི་ཟེར་གྱིས་པདམོ་ཁ་བྱེ་བ་མཐོང་ན་དགའ་པའི
་མཆོག་སྐྱེ་བ་དེ་བཞིན་དུ་ཀུན་ཏུ་བརྟགས་པའི་རང་བཞིན་མེད་པར་བསྒྲུབས་ན་འབད་པ་ཆེན་པོ་མེད་པར་ཡང་གཞན་གྱི་དབང་གི་ངོ་བོ་བདེ་བླག་ཏུ་རྟོགས་པར་འགྱུར་ཏེ། རྟོགས་ན་མཁས་པ་རྣམས་དགའ་པའི་མཆོག་སྐྱེ་སྟེ། ཤེས་པར་བྱ་བ་བཤད་ཟིན་ཏོ། །གཞན
་པས་འདོད་ཆགས་ལ་སོགས་པའི་མི་དགེ་བའི་ཆོས་རྣམས་སྤངས་པ་གཞན་དབང་གི་སེམས་དང་སེམས་ལས་བྱུང་བའི་རང་བཞིན་མེད་པས་འདོད་ཆགས་ལ་སོགས་པའི་མི་དགེ་བའི་ཆོས་རྣམས་སྤངས་པ་དང། དད་པ་ལ་སོགས་པའི་དགེ་བའི་ཆོས་རྣམས་གོམས་པར་བྱ
་པའི་ཚུལ་གྱིས་ཚུལ་བཞིན་དུ་བསམ་པར་བྱའོ། །དེ་དང་ཆོས་འདྲ་བའི་དཔེ་ནི་བཀྲེས་པས་ཉེན་པ་གཡོས་ལེགས་ཁ་ཟས་ཟབ་འདྲ་ཞེས་བྱ་བ་སྟེ། ཇི་ཏར་ཁ་ཟས་ལེགས་པར་གཡོས་པའི་དྲི་དང་ཁ་དོག་དང་རོ་ཕུན་སུམ་ཚོགས་དེ་བཀྲེས་པས་ཉེན་པས་ཟོས་ན
་དགའ་བའི་མཆོག་སྐྱེ་བ་དེ་བཞིན་དུ་གཞན་གྱི་དབང་གི་ཆོས་ལ་ཡང། འདོད་ཆགས་ལ་སོགས་པའི་མི་དགེ་བའི་ཆོས་སྤོང་བ་དང། དད་པ་ལ་སོགས་པའི་དགེ་བའི?་ཆོས་རྣམས་གོམས་པར་བསྒོམ་པའི་ཚུལ་དུ་ཚུལ་བཞིན་དུ་བསམ་ན་དགའ་མཆོག་སྐྱེ་བར
་འགྱུར་ཏེ། བསམ་པ་བཤད་ཟིན་ཏོ། །ཡོངས་སུ་གྲུབ་པའི་རང་བཞིན་ལ་རྣམ་པ་གཉིས་ཡོད་དེ། དེ་བཞིན་ཉིད་ཀྱི་རང་བཞིན་དང། རྣམ་པར་མི་རྟོགས་བའི་ཡེ་ཤེས་བྱང་ཆུབ་ཀྱི་ཕྱོགས་ཀྱི་རང་བཞིན་ནོ། །དེ་ལ་དེ་བཞིན་ཉིད་ནི་བསམ་གྱིས་མི་ཁྱབ་པ་ཞེས་བྱ་སྟེ།
་ཇི་ལྟར་བསམ་གྱིས་མི་ཁྱབ་པ་ནི་སྔར་བཤད་ཟིན་ཏོ། །གཞན་ཡང་དེ་བཞིན་ཉིད་བསམ་གྱིས་མི་ཁྱབ་པ་ཡིན་པར་མདོ་སྡེ་ལས་ཀྱང་འབྱུང་སྟེ། འཕགས་པ་དཀོན་མཆོག་སྤྲིན་གྱི་མདོ་ལས། སྒྲིབ་པ་ཐམས་ཅད་རྣམ་པར་སིལ་བའི
་བྱང་ཆུབ་སེམས་དཔས་གསོལ་བ། བཅོམ་ལྡན་འདས་དེ་ཁོ་ན་ཞེས་བགྱི་བ་ཅི་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་ཡང་དག་པའི་དོན་གྱི་ཚིག་བླ་དགས་སོ། །གསོལ་པ་བཅོམ་ལྡན་འདས་ཡང་དག་པ་ཞེས་བགྱི་བ་དེ་ཅི
་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་ཡང་དག་པ་ཞེས་བྱ་བ་དེ་ནི་མི་སླུ་བའི་ཚིག་བླ་དགས་སོ། །གསོལ་པ། བཅོམ་ལྡན་འདས་མི་སླུ་བ་ཞེས་བགྱི་བ་ཅི་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་དེ་ཉིད་མ་ནོར་བ
་དེ་ཉིད་ཕྱིན་ཅི་མ་ལོག་པ་ཉིད་དོ། །གསོལ་པ་བཅོམ་ལྡན་འདས་དེ་ཉིད་ཅེས་བགྱི་བ་དེ་ཅི་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་ཆོས་དེ་དག་ནི་སོ་སོ་རང་གིས་རིག་པ་སྟེ། ཡི་གེས་གདགས་པར་མི་ནུས་སོ། །དེ་ཅིའི་ཕྱིར
་ཞེ་ན། ཆོས་དེ་ནི་ཡི་གེ་ཐམས་ཅད་ལས་ཡང་དག་པར་འདས་པ། བརྗོད་པ་ཐམས་ཅད་ལས་ཡང་དག་པར་འདས་པ། ཚིག་གི་སྤྱོད་ཡུལ་ལས་ཡང་དག་པར་འདས་པ། ཚིག་གི་ལམ་ལས་ཡང་དག་པར་འདས་པ། སྤྱོད་པ་ཐམས་ཅད་དང
་བྲལ་བ། རྟོག་གེ་ཐམས་ཅད་དང་བྲལ་བ་བརྟག་ཏུ་མེད་པ་རྟོག་གེ་རྣམས་མི་འཇུག་པ། རྟོག་གེའི་སྤྱོད་ཡུལ་ལས་ཡང་དག་པར་འདས་ནས་བྱིས་པའི་སྤྱོད་ཡུལ་ལས་ཡང་དག་པར་འདས་པ། རྣམ་པར་ཤེས་པའི་སྤྱོད་ཡུལ་ལས་ཡང
་དག་པར་འདས་པ། བསམ་གྱིས་མི་ཁྱབ་བའི་དབྱིངས་ཡིན་ནོ་ཞེས་གསུངས་སོ། །དེ་ལྟར་ན་དེ་བཞིན་ཉིད་ཅེས་བྱ་བའི་ཆོས་དེ་སྤྲོས་པ་དང། རྟོག་གེ་དང། རྣམ་པར་ཤེས་པའི་སྤྱོད་ཡུལ་ལས་ཡང་དག་པར་འདས་ནས་བྱིས་པ་རྣམས་ཀྱིས་བསམ་པར་མི
་ནུས་པས་ན་བསམ་གྱིས་མི་ཁྱབ་པར་བཤད་དོ། །དེ་དང་ཆོས་འདྲ་བའི་དཔེ་ནི་འཕྲིན་ཡིག་སྙན་པ་ཐོས་འདྲ་ཞེས་བྱ་བ་སྟེ། དཔེར་ན་འཕྲིན་ཡིག་ཚིག་དང་དོན་དུ་ལྡན་པ་མཁས་པ་རྣམས་ཀྱིས་ཐོས་ཤིང་མཐོང་ན་དགའ་པའི་མཆོག་སྐྱེ་བ་དེ་བཞིན་དུས
་དང་པོ་ཡན་ཆད་དེ་བཞིན་ཉིད་ཆོས་ཀྱི་དབྱིངས་ཏེ། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་མཐོང་ནས་དགའ་བའི་མཆོག་སྐྱེ་བར་འགྱུར་ཏེ། བསམ་གྱིས་མི་ཁྱབ་པ་བཤད་ཟིན་ཏོ། །རྣམ་པར་མི་རྟོག་པའི་ཡེ་ཤེས་བྱང་ཆུབ་ཀྱི་ཕྱོགས་ཀྱི་རང་བཞིན
་ནི་ཕྱིན་ཅི་མ་ལོག་པའི་ཡོངས་སུ་གྲུབ་པའི་ངོ་བོ་འཕགས་པ་རྣམས་ཀྱིས་ཐུགས་སུ་ཆུད་པར་བྱ་བའི་དོན་སོ་སོ་རང་གིས་རིག་པར་བྱ་བ་ཡིན་ཏེ། དེ་དང་ཆོས་འདྲ་བའི་དཔེ་ནི་རིན་ཆེན་སྒྲོམ་ཕྱེ་ལྟར་ཞེས་བྱ་བ་སྟེ། ཇི་ལྟར་རིན་པོ་ཆེ་སྣ་ཚོགས་ཡོད་པའི་སྒྲོམ
་བ་ཕྱེ་ནས་རིན་པོ་ཆེ་སྣ་ཚོགས་མཐོང་ན་དགའ་བའི་མཆོག་སྐྱེ་བ་དེ་བཞིན་དུ་དེ་ཁོ་ན་མཐོང་བའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སྒྲིབ་པ་གཉིས་སྤངས་ནས་རྣམ་པར་མི་རྟོག་པ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རིན་པོ་ཆེ་སེམས་ཀྱི་རྒྱུད་ལ་སྣང་བར་གྱུར་ན
་དགའ་བའི་མཆོག་སྐྱེ་བར་འགྱུར་ཏེ། དེ་ལྟར་རང་བཞིན་གསུམ་གྱིས་བཤད་པ་ཡིན་ནོ། །ད་ཇི་ལྟར་ན་ཆོས་རྣམ་པ་ལ་གང་ཟག་རྣམ་པར་བཞག་པས་བཤད་ཅེ་ན། འདིས་གང་ཟག་རྣམ་པ་གསུམ་སྣང་སྟེ། མི་ཤེས་པའི་གང་ཟག་དང། ཐེ་ཚོམ་དུ
་གྱུར་པའི་གང་ཟག་དང། ཕྱིན་ཅི་ལོག་ཏུ་མངོན་པར་ཞེན་པའི་གང་ཟག་གོ་།དེ་ལ་མི་ཤེS་པའི་གང་ཟག་ནི་ཐེག་པ་ཆེན་པོའི་དོན་དང། ཚིག་གང་ཡིན་པ་ཁོང་དུ་མ་ཆུད་པའོ། །ཐེ་ཚོམ་དུ་གྱུར་པའི་གང་ཟག་ནི། ཤེས་རབ་ཀྱི་ཕ་རླ་ཏུ་ཕྱིན་པ་ལ་སོགས་པའི་མདོ་སྡེ་དེ་དག་ཐེག་པ
་ཆེན་པོ་ཡིན་ནམ། འོན་ཏེ་མ་ཡིན་སྙམ་དུ་བློ་གཉིས་འཇུག་བའོ། །ལོག་པར་ཞེན་པའི་གང་ཟག་ནི་ཐེག་པ་ཆེན་པོ་འདི་ཐེག་པ་ཆེན་པོ་མ་ཡིན་གྱི་ཉན་ཐོས་ཀྱི་ཐེག་པ་ལ་ཐེག་པ་ཆེན་པོ་ཡིན་ཞེས་འཛིན་པའོ། །དེ་ལ་ལོག་པར་མངོན་པར་ཞེན་པ་དང།
་ཐེ་ཚོམ་དུ་གྱུར་པའི་གང་ཟག་གཉིས་ལ་ནི་ལོག་པར་ཞེན་པ་དང། ཐེ་ཚོམ་བསལ་བར་བྱ་བའི་ཕྱིར་ཐེག་པ་ཆེན་པོའི་ཆོས་འདི་སྒྲུབ་པ་སྟེ། ཇི་ལྟར་སྒྲུབ་ཅེ་ན་འདི་ཉིད་ཐེག་པ་ཆེན་པོ་ཡིན་གྱི་གཞན་ནི་ཐེག་པ་ཆེན་པོ་མ་ཡིན་ནོ་ཞེས་བསྒྲུབ་སྟེ།
་དེ་དང་ཆོས་འདྲ་བའི་དཔེ་ནི་གསེར་ལས་བརྡུངས་བྱས་འདྲ་ཞིང་ཞེས་བྱ་བ་སྟེ། དེ་ཡང་སྔར་བཤད་པ་བཞིན་དུ་སྦྱར་རོ། །མི་ཤེས་པའི་གང་ཟག་ལ་ནི་ཐེག་པ་ཆེན་པོའི་དོན་དང་ཚིག་མཚན་ལྟ་བུ་ཡིན་ནོ་ཞེས་བསྟན་ནས་ཐེག་པ་ཆེན་པོའི་མཚན་ཉིད་གང་ཡིན་པ
་ཤེས་པར་བྱའོ། །དེ་དང་ཆོས་འདྲ་བའི་དཔེ་ནི། པདམོ་རྒྱས་པ་བཞིན་ཞེས་བྱ་བ་སྟེ། དཔེར་ན་འབད་པ་ཆེན་པོ་མེད་པར་ཉི་མའི་ཟེར་གྱིས་ཁ་བྱེ་བའི་པདམོ་མཐོང་ན་དགའ་བའི་མཆོག་སྐྱེ་བ་བཞིན་དུ་ཤེས་པ་རྣམས་ལ་ཐེག་པ་ཆེན་པོ་བསྟན་ཏེ། མི་ཤེས་པ་དང་ཕྲལ
་ནས། ཐེག་པ་ཆེན་པོ་ཤེས་བར་གྱུར་ན་དགའ་བའི་མཆོག་སྐྱེ་བར་འགྱུར་རོ། །དེ་ལྟར་ལོག་པར་ཞེན་པ་དང། ཐེ་ཚོམ་ཅན་གྱི་གང་ཟག་དང་ཐེག་པ་ཆེན་པོ་སྒྲུབ་མི་ཤེས་པའི་གང་ཟག་ལ་ཡང་ཐེག་པ་ཆེན་པོ་བསྟན་པས་ཤེས་པར་བྱས་ནས་གང་ཟག་དེ་གསུམ
་གྱིS་དེ་འདི་ལྟར་བྱ་སྟེ། ཕུང་པོ་དང། ཁམས་དང་སྐྱེ་མཆེད་ལ་སོགས་པ་བསམ་པར་བྱ་བའི་གནས་རྣམས་ལ་ནི་བསམ་མོ། །བསམ་གྱིས་མི་ཁྱབ་པའི་གནས་རྣམས་ལ་བསམ་པ་ནི་སྤང་བར་བྱ་སྟེ། དེ་ལ་བསམ་གྱིས་མི་ཁྱབ་པའི་གནས་གང་ཞེ་ན། དེ་ཡང་བཞི་སྟེ་ཇི་སྐད
་དུ་མདོ་ལས། སངས་རྒྱས་ཀྱི་མཛད་པ་སྒྲུབ་པའི་འཕྲིན་ལས་བསམ་གྱིས་མི་ཁྱབ་པ་དང། ཕྱིའི་དངོས་པོ་རྣམ་པ་སྣ་ཚོགས་སྒྲུབ་པར་བྱེད་པའི་ལས་བསམ་གྱིས་མི་ཁྱབ་པ་དང། ནོར་བུ་དང་སྔགས་དང་སྨན་དང་མཁྱུད་སྤྱད་ཀྱི་སྦྱོར་བ་དང་རབ་ཏུ་ལྡན་པའི་ལས་བསམ་གྱིས
་མི་ཁྱབ་པ་དང། རྣལ་འབྱོར་པའི་རྣལ་འབྱོར་གྱི་སྤྱོད་ཡུལ་བསམ་གྱིས་མི་ཁྱབ་པའི་ཞེས་གསུངས་པ་ལྟ་བུ་སྟེ། བསམ་གྱིས་མི་ཁྱབ་པའི་གནས་དེ་དག་ལ་བསམ་པར་བྱས་ན་སེམས་འཁྲུགས་པ་དང་མྱོས་པར་འགྱུར་ཏེ། དེ་བས་ན་དེ་དག་བསམ་གྱིས་མི་ཁྱབ་པར
་བཤད་དོ། །དེ་ལྟར་བསམ་གྱིས་མི་ཁྱབ་པའི་གནས་ནི་སྤངས། བསམ་པའི་གནས་རྣམས་ལ་བསམས་ན་དགའ་བའི་མཆོག་སྐྱེ་བར་འགྱུར་རོ། །དེ་དང་ཆོས་མཐུན་པའི་དཔེ་ནི་བཀྲེས་པས་ཉེན་པ་གཡོས་ལེགས་ཁ་ཟས་ཟ་བ་འདྲ། འཕྲིན་ཡིག་སྙན་པོ་ཐོས་འདྲ་ཞེས་བྱ་བ་སྟེ། ཇི
་ལྟར་ཁ་ཟས་ལེགས་པ་བཀྲེས་པས་ཟོས་ན་དགའ་བའི་མཆོག་སྐྱེ་བ་དེ་བཞིན་དུ་བསམ་པའི་གནS་རྣམS་ལ་ཚུལ་བཞིན་དུ་བསམས་ན་དགའ་བའི་མཆོག་སྐྱེ་བར་འགྱུར་རོ། །ཇི་ལྟར་འཕྲིན་ཡིག་བཟང་པོ་ལ་ལོག་པར་རྟོག་པ་སྤངས་ཏེ། ལེགས་པར་རྟོགས་ན་དགའ་བའི་མཆོག་སྐྱེ་བ་བཞིན
་དུ། བསམ་གྱིས་མི་ཁྱབ་པའི་གནས་རྣམས་ལ་བསམ་པ་སྤངས་ན་ཡང་དགའ་པའི་མཆོག་སྐྱེ་བར་འགྱུར་རོ། །དེ་ལྟར་གང་ཟག་དེ་དག་གིས་བསམ་གྱིས་མི་ཁྱབ་བའི་གནས་རྣམས་ནི་སྤངས། བསམ་གྱིས་མི་ཁྱབ་པའི་གནས་རྣམས་ལ་ནི་བསམ་ཏེ་མ་ནོར་བར་ཚུལ་བཞིན་དུ་ཞུགས་ན
་ཡོངས་སུ་རྫོགས་པ་ཐུགས་སུ་ཆུད་པའི་དོན་སོ་སོ་རང་གིས་རིག་པ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྟོག་པར་འགྱུར་རོ། །དེ་དང་ཆོས་འདྲ་བའི་དཔེ་ནི་རིན་ཆེན་སྒྲོམ་ཕྱེ་ལྟར་ཞེས་བྱ་བ་སྟེ། དཔེར་ན་རིན་པོ་ཆེའི་སྒྲོམ་ཁ་ཕྱེ་ནས་རིན་པོ་ཆེ་སྣང་ན་དགའ་བའི་མཆོག་སྐྱེ་བ་བཞིན་དུ་བྱང་ཆུབ་བཞིན་དུ
་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་གྱིས་མཉེན་པོ་བྱས་ནས་ཐེག་པ་ཆེན་པོའི་ཆོས་ས་དང་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བའི་མི་མཐུན་པའི་ཕྱོགས་སུ་གྱུར་པ་ཤེས་བྱ་དང་ཉོན་མོངས་པའི་སྒྲིབ་པ་བསལ་ན་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་སེམས་ལ་རྣམ་པར་འགྱུར་བས་ན་དགའ་བའི་མཆོག
་སྐྱེ་བར་འགྱུར་ཏེ། དེ་ལྟར་གང་ཟག་རྣམ་པར་བཞག་པས་བཤད་པ་ཡིན་ནོ། །དེ་ལྟར་ཐང་ཅིག་འདུལ་བའི་འགྲོ་བ་ལ་ལྟོས་སྒྲུབ་པ་ལ་སོགས་པ་ཆོས་ལྔ་བསྟན་པ་ཡིན་ཏེ། རང་བཞིན་མེད་པ་ལ་སོགས་པའི་དོན་ནི་སྒྲུབ་པར་བྱའོ། །གཞན་དབང་གི་རང་བཞིན་གྱིས་བསྡུས་པ་སེམས་དང
་སེམས་ལས་བྱུང་བའི་རང་བཞིན་ནི་ཤེས་པར་བྱའོ། །གཞན་དབང་དེ་ཉིད་ལ་མི་དགེ་བའི་ཆོས་སྤང་བ་དང། དགེ་བའི་ཆོས་བསྒོམ་པ་ལ་སོགས་པའི་ཚུལ་གྱིས་བསམ་པར་བྱའོ། །སངས་རྒྱས་ཀྱི་མཛད་པ་བསྒྲུབ་པའི་འཕྲིན་ལས་ལ་སོགས་པ་ནི་བསམ་གྱིས་མི་ཁྱབ་པར་བཤད་དོ
་རྣམ་པར་མི་རྟོག་པའི་ཡེ་ཤེས་ནི་ཡོངས་སུ་སྒྲུབ་པ་ཐུགས་སུ་ཆུད་པའི་དོན་སོ་སོ་རང་གིས་རིག་པ་བྱང་ཆུབ་ཀྱི་ཕྱོགས་ཀྱི་རང་བཞིན་དུ་བསྟན་ཏེ། འདི་ནི་བསྡུས་ཏེ་བཤད་པའོ། །ཆོས་དེ་འདིར་བཤད་པ་ཡང་དགའ་བའི་མཆོག་བསྐྱེད
་དོ་ཞེས་བྱ་བ་ལ་ཆོས་ཀྱི་སྒྲས་ནི་བསྒྲུབ་པར་བྱ་བ་ལ་སོགས་པ་ལྔ་ལ་བྱ་སྟེ། ཆོས་ལྔ་པོ་རྣམས་མདོ་སྡེའི་རྒྱན་གྱི་བསྟན་བཅོས་འདིས་ཕྱིན་ཅི་མ་ལོག་པར་བཤད་པ་ན་ད་ཐོས་པའི་སྒོ་ནས་མཁས་པ་རྣམས་དགའ་བའི་མཆོག་སྐྱེ་བར་འགྱུར་རོ། །གོང་དུ་དོན་ཤེS
་པའི་གང་ཟག་དག་གིས་ཚིག་དང་རྩ་བ་དྲི་མ་མེད་པས་མདོ་སྡེ་ལ་རྒྱན་པར་བྱེད་ཀྱི་སྣ་ཆ་དང་དཔུང་རྒྱན་ལ་སོགས་པས་བརྒྱན་པ་ནི་མ་ཡིན་ནོ། །ཞེས་གླེང་བ་ལས་བརྒལ་བ། འདི་ལྟར་ཆོས་དེ་རང་བཞིན་གྱིས་ཡོན་ཏན་དང་ལྡན་པ་ལ་ཇི་ལྟར་བརྒྱན་ཅེས་བརྒལ་བ
་ལ་ལན་གདབ་པའི་ཕྱིར་ཞེས་སྨོས་ཏེ། གོང་དུ་བཤད་པ་ལྟར་ན་དང་ཕ་རོལ་ཏུ་ཕྱིན་པའི་མཚན་ཉིད་ཐེག་པ་ཆེན་པོའི་ཆོས་ཉན་ཐོས་དང་རང་སངས་རྒྱས་ལ་སོགས་པ་དང་ཐུན་མོང་དུ་མ་གྱུར་པ་དེ་རང་བཞིན་གྱིས་ཐོག་མར་ཡང་དགེ། བར་དུ་ཡང་དགེ། ཐ་མར་ཡང
་དགེ། དོན་བཟང་པོ་ཚིག་འབྲུ་བཟང་པོ། ཡོངས་སུ་རྫོགས་པ། ཡོངས་སུ་དཀར་བ་སྟེ། ཡོན་ཏན་དང་ལྡན་པ་དེ་ལ་ཇི་ལྟར་བརྒྱན། བརྒྱན་ཅི་དགོས་ཏེ། ཁར་མངར་པོ་ལ་བུ་རམ་མངར་པོས་བསྐུས་ན་ཡང་མངར་མ་བསྐུས་ན་མངར་བས། བུ་རམ་གྱིས་བསྐུ་མི་དགོས
་སོ་ཞེས་སྒོལ་བ་ལ་ཚིགས་སུ་བཅད་པ་གསུམ་པ་རྩོམ་མོ། །གཟུགས་རྣམས་རྒྱན་དང་རང་བཞིན་ལེགས་ལྡན་མེ་ལོང་ནང་སོང་ན། །མཐོང་བའི་དབང་གིས་མི་རྣམས་རབ་ཏུ་དགའ་བའི་མཆོག་ཀྱང་སྐྱེད་ཞེས་བྱ་བ་ལ་རང་བཞིན་གྱིས་ལེགས་ཤིང་མཛེས་པས་ལུས
་ཀྱི་རང་བཞིན་གྱི་གཟུག་ལ་རིན་པོ་ཆེ་ལ་སོགས་པའི་རྒྱན་རྣམ་པ་སྣ་ཚོགས་ཀྱིས་བརྒྱན་ལ་མེ་ལོང་ལ་བལྟས་ཏེ། བཞིན་གྱི་གཟུགས་བརྙན་མཛེས་པ་རྒྱན་དང་བཅས་བདེ་མེ་ལོང་ལ་བལྟོས་ཏེ། བཞིན་གྱི་གཟུགས་བརྙན་མཛེས་པ་དེ་མེ་ལོང་གི་ནང་དུ་སོང་བ་མཐོང
་ན་མཐོང་བའི་དབང་གིས་མི་རྣམས་སྡུན་པས་སེམས་དགའ་བའི་ཁྱད་པར་ལྷག་པར་སྐྱེ་བར་འགྱུར་རོ་ཞེས་བྱ་བའི་དོན་ཏེ་འདི་ནི་དཔེའོ། །དཔེ་དེ་དང་མཐུན་པའི་དོན་ནི། དེ་བཞིན་ཆོས་ཀྱང་དགེར་གསུངས་རང་བཞིན་ཡོན་ཏན་ལྡན་པ་ཡང། །རབ་ཏུ་ཕྱེ་བས་མཁས་བརྟག་ཏུ་དགའ་
་མཆོག་སྐྱེད་ཞེས་སྨོས་ཏེ། དེ་དང་འདྲ་བ་ཆེན་པོའི་ཆོས་ས་དང་ཕ་རོལ་ཏུ་ཕྱིན་པའི་མཚན་ཉིད་འདི་ཡང་ཐོག་མར་ཡང་དགེ་།བར་དུ་ཡང་དགེ་།ཐ་མར་ཡང་དགེ་བ་ཡིན་པས་དགེར་གསུངས་པ་ཞེས་བྱའོ། །དོན་བཟང་ཚིག་བཟང། ཡོངས་སུ་དཀར་བ། ཡོངས་སུ་དག་པ་ཡིན
་པས་རང་བཞིན་གྱིས་ཡོན་ཏན་དང་ལྡན་པ་ཡིན་བ་ཞེས་བྱའོ། །དེ་ལྟར་རང་བཞིན་གྱིས་ཡོན་ཏན་དང་ལྡན་པ་དེ་ཡང་མདོ་སྡེའི་རྒྱན་ལྟ་བུ་བསྟན་བཅོས་མདོ་སྡེའི་ཚིག་དང་དོན་རྣམ་པར་འགྲེལ་ཅིང་རྣམ་པར་འབྱེད་པར་བྱེད། མེ་ལོང་གི་དཀྱིལ་འཁོར་དྲི་མ་མེད་པ་ལྟ་བུའི་ནང་དུ་སོང་སྟེ། འགྲེལ་པའི
་ནང་ནས་དོན་མཐོང་བར་གྱུར་ན་མཁས་པ་བློ་དང་ལྡན་པ་དག་དགའ་བའི་མཆོག་སྐྱེ་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །འདིས་ཅི་སྟོན་ཅེས་བྱ་བ་ནི་དཔེ་དང་བཅས་པའི་ཚིགས་སུ་བཅད་པ་འདིས་ཅེ་སྟོན་ཅེ་ན་ཞེས་བྱ་བའི་ཐ་ཚིག་གོ་།དེའི་འོག་ཏུ་ཚིགས་སུ་བཅད་པ་གསུམ་གྱིས
་ནི་ཆོས་དེ་ལ་རི་མོ་བསྐྱེད་པའི་ཕྱིར་ལེགས་པ་རྣམ་པ་གསུམ་ལ་བསྟན་ཏོ་ཞེས་བྱ་བ་ལ། གོང་དུ་ཐེག་པ་ཆེན་པོའི་ཆོས་དེ་རང་བཞིན་གྱིས་ཡོན་ཏན་དང་ལྡན་ནོ་ཞེས་བསྟན་པ་ལ་ཡོན་ཏན་ཡོད་པར་ཅིས་ཤེས་ཞེ་ན། ལན་དུ་ཚིགས་སུ་བཅད་པ་གསུམ་གྱིས་དཔེ་གསུམ་དང
་སྦྱར་ཏེ་ཐེག་པ་ཆེན་པོའི་ཆོས་ལ་ལེགས་པ་དང་ཡོན་ཏན་རྣམ་པ་གསུམ་ཡོད་པར་སྟོན་ཨོ། །ཡོན་ཏན་རྣམ་གསུམ་ནི། སྒྲིབ་པ་སྤོང་བའི་རྒྱུ་དང། ཕུན་སུམ་ཚོགས་པའི་རྒྱུ་དང། འཕགས་པའི་ནོར་ལ་སྤྱོད་པའི་རྒྱུའོ། །ཇི་ལྟར་བསྣམས་ན་རབ་དཀུ་ལ། །མྱངས་ན་ཞིམ་པའི
་སྨན་བཞིན་དུ། །ཆོས་ཀྱང་དེ་བཞིན་ཉིད་ཀྱིས་གཞག་།དོན་དང་ཡི་གེར་ཤེས་པར་བྱ་བ་ནི་དཔེ་དང་པོའོ། །དེ་ལ་སྨན་གྱི་རིགས་ལ་ལ་འདི་ལྟ་བུ་དག་ཡོད་དེ། གང་གི་ཚེ་རྣའི་དབང་པོས་བསྣམས་ན། དགུ་པས་སྣའི་དཔའ་པོ་གདུང་བར་བྱེད་ཅིང། སིམ་པར་མི་བྱེད་ལ། རྒྱབ་ཀྱིས
་ཕྱོགས་པའི་སེམས་སྐྱེ་བར་བྱེད་དོ། །སྨན་གྱིས་རིགས་དེ་ཉིད་གང་གི་ཚེ་ལྕེའི་དབང་པོ་ལ་གཞག་ཏེ། ལྕེའི་དབང་པོས་མྱངས་པར་གྱུར་ན་རོ་ཕུན་སུམ་ཚོགས་པ་ལས་ལྕེའི་དབང་པོ་སིམ་པར་བྱེད་ཅིང་དགའ་བར་བྱེད་ལ། མངོན་དུ་ཕྱོགས་པའི་སེམས་སྐྱེ་བར
་བྱེད་དོ། །དེ་ནས་རིམ་གྱིས་མགྲིན་པ་ན་མར་སོང་བ་ལ་ལུས་ཀྱི་ནང་དུ་ཕྱིན་ཏེ། ཞུ་བར་གྱུར་བ་ན་ལུས་ལ་ཡོད་པའི་ནད་མཁྲིས་པ་དང་བད་ཀན་དང། རླུང་ལས་གྱུར་པའི་ནད་ཐམས་ཅད་སེལ་བར་བྱེད་དོ། །དེ་དང་འདྲ་བར་ཐེག་པ་ཆེན་པོའི་ཆོས་འདི་ཡང་རྣམ་པ་གཉིས་སུ་བཞག་སྟེ
་ཡི་གེར་བཞག་པ་དང། དོན་དུ་བཞག་པའོ། །དེ་ལ་ཡི་གེ་ནི་སྨན་གྱི་དྲི་དཀུ་བ་ལྟར་ཤེས་པར་བྱའོ། །དོན་ནི་སྨན་གྱི་རོ་མངར་བ་ལྟར་ཤེས་པར་བྱའོ། །ཡི་གེ་སྨན་གྱི་དྲི་དཀུ་བ་ལྟ་བུར་ཤེས་པར་བྱ་བ་ནི། རབ་འབྱོར་སངས་རྒྱས་མེད་དོ་ཆོས་མེད་དོ། །དགེ་འདུན་མེད་དོ། མ
་སྐྱེས་སོ་མ་བྱུང་ངོ། །ཐམས་ཅད་སྟོང་པའོ་ཞེས་བྱ་བ་ལ་སོགས་པའི་མིང་དང་ཚིག་དང། ཡི་གེ་རྣམས་ཐོས་ན་སྨན་དཀུ་བ་རྣམས་པ་བཞིན་དུ། སྐྲག་ཅིང་རྒྱབ་ཀྱིས་ཕྱོགས་བའི་སེམས་བསྐྱེད་པར་བྱེད་དོ། །དེ་ནས་ནམ་ཞིག་དགེ་བའི་བཤེས་གཉེན་ལ་བསྙེན་པ་ལས
་དགེ་བའི་བཤེས་གཉེན་རྣམས་ཀྱིས། ཀྱེ་རིགས་ཀྱི་བུ་མེད་དོ་ཞེས་བྱ་བའི་མིང་དང་ཚིག་དང་ཡི་གེ་འདི་དག་ནི་སྒྲ་ཇི་བཞིན་གྱི་དོན་མ་ཡིན་གྱི་མེད་ཅེས་བྱ་བ་ནི་སོ་སོའི་སྐྱེ་བོ་རྣམས་ཀྱིས་གཟུང་བ་དང་འཛིན་པ་ཀུན་ཏུ་རྟགས་པའི་ཀུན་བརྟགས་ཀྱི་རང་བཞིན་མེད་བར
་ཟད་ཀྱི་གཞན་གྱི་དབང་དང་ཡོངས་སུ་གྲུབ་པའི་རང་བཞིན་ནི་མེད་པ་མ་ཡིན་ནོ་ཞེས་ཐེག་པ་ཆེན་པོའི་དོན་རྣམ་པ་དེ་ལྟ་བུ་ཁོང་དུ་ཆུད་ན་སྨན་གྱི་རོ་དང་པོ་ལྕེའི་དབང་པོས་མྱོང་བ་བཞིན་དུ་དོན་མཐོང་བའི་དུས་ན་དགའ་བའི་མཆོག་སྐྱེ་བར་འགྱུར་རོ། །ཆོས་དེ་ཉིད་ལ་ནམ་ཞིག་ཆ་མཉན་པ་དང་བསཾ
་པ་དང་བསྒོམ་པ་ལ་སོགས་པའི་རིམ་པས་ལྟོར་སོང་བ་ལྟར་བྱས་ནས་སེམས་ལ་ཡོད་པའི་ཉོན་མོངས་པའི་སྒྲིབ་པ་དང། ཤེས་བྱའི་སྒྲིབ་པ་སེལ་བར་བྱེད་དེ་དེ་བས་ན་ཚིགས་བཅད་དེས་སྒྲིབ་པ་སྤོང?་བའི་རྒྱུར་བསྟན་ཏོ། །རྒྱལ་པོ་བཞིན་དུ་མཉེས་བཀའ་སྟེ། ཆོས
་འདི་རྒྱ་ཆེ་དཀའ་ཞིང་ཟབ། །མཉེས་པར་བྱས་ན་དེ་བཞིན་དུ། །ཡོན་ཏན་མཆོག་གི་ནོར་སྦྱིན་བྱེད། །ཅེས་བྱ་བ་ནི་དཔེ་གཉིས་པའོ། །འདི་ལྟར་རྒྱལ་པོ་དེ་དག་ནི་མཉེས་པ་དང་དགའ་བ་དང། མགུ་བར་བྱ་བ་དཀའ་སྟེ། དཔའ་པོ་རྣམས་ཀྱིས་ཀྱང་དཔའ་བའ་ཨི་ལན་གྲངས་མང་པོ
་དྲག་པོས་བྱས་ན་མགུ་བར་འགྱུར་པ་དང། འཛངས་པའི་ལས་ཀྱིས་ཀྱང་འཛངས་པའི་ལས་རླབས་ཆེར་བྱས་ན་མགུ་བར་འགྱུར་བ་དང། མཁས་པ་རྣམས་ཀྱིས་ཀྱང་མཁས་པ་རྒྱ་ཆེར་བྱས་ན་མགུ་བར་འགྱུར་བ་དང། གཞན་ཡང་ལེགས་ཞེས་སྨྲས་ན་ནི་བཏིང་ཞེས་ཟེར། །ཉེས་ཞེས་སྨྲས
་ན་ནི་སྨད་ཅེས་ཟེས?་ཏེ། རྒྱལ་པོ་རྣམས་ནི་ཤིན་ཏུ་ཡང་མཉེས་པར་བྱ་དཀའ་བ་ལས། བརྟེན་ལེགས་པས་མཉེས་པར་གྱུར་ན་གཉེར་དང་འབྲུ་དང་ཕྱུགས་ལ་སོགས་པ་ཅི་བསམ་པ་ཕུན་སུམ་ཚོགས་པར་བྱེད་དོ། །དེ་ཡང་ཡབ་དང་སྲས་མཇལ་བའི་མདོ་ལས། འཕགས་པ་འཆར་གས
་རྒྱལ་པོ་རྣམས་ནི་བསྟེན་པར་དཀའ་བ་ཡིན་ཏེ་རབ་ཏུ་སྡུག་བསྔལ་བས་མཉེས་པར་འགྱུར་རོ། །གང་གི་ཚེ་མཉེས་པར་བྱས་ན་དེའི་ཚེ་ཇི་ལྟར་བསམས་པའི་དོན་རྣམས་སྦྱིན་པར་བྱེད་དོ་ཞེས་གསུངས་པ་ལྟ་བུའོ། །དེ་བཞིན་དུ་ཐེག་པ་ཆེན་པོའི་ཆོས་འདི་ཡང་རྒྱ་ཆེ་ལ་དཀའ་ཞིང་ཐབ
་པས་མཉེས་པར་བྱ་དཀའ་བ་སྟེ། ས་དང་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་འཆད་པས་རྒྱ་ཆེ་བའོ། །སྟོང་པ་དང་བདག་མེད་པར་སྟོན་པས་ན་དཀའ་ཞིང་ཟབ་པ་ཞེས་བྱ་སྟེ། སྟོང་པ་ཞེས་བྱ་བའི་ཚིག་ཀྱང་ཚིག་གཞན་ལ་དོན་གཞན་འབྱུང་བས་བརྟག་དཀའ་བའི་ཕྱིར་དཀའ་བའོ། །དོན་རྣམས
་ཀྱང་རྟོགས་པར་དཀའ་བ་སྟེན་ཟབ་པའོ། །མཉེས་པ་དཀའ་བ་ནི་ཆོས་དེ་མངོན་སུམ་དུ་བྱ་བར་རབ་ཏུ་དཀའ་བས་ན་མཉེས་པར་བྱ་བ་དཀའ་བའོ། །དེ་ཡང་ཅི་མངོན་ཞེ་ན། ཇི་ལྟར་འཕགས་པ་རྒྱ་མཚོ་བློ་གྲོས་ཀྱི་མདོ་ལས་རྒྱ་མཚོ་བློ་གྲོས་སངས་རྒྱས་སུ་བསྒྲུབ་པོ་ཞེས་བྱ་བའི་ཚིག་འདིར
་བླ་མེད་ཀྱིས་ཚོགས་སྒྲུབ་པར་བྱ་བ་ནི་ཤིན་ཏུ་བསྒྲུབ་པར་དཀའ་བའོ་ཞེས་གསུངས་པ་ལྟ་བུའོ། །གང་གི་ཚེ་གོ་ཆའི་བརྩོན་འགྲུས་དང་སྦྱོར་བའི་བརྩོན་འགྲུས་ལ་སོགས་པ་རྩམ་སྟེ་ཆོས་མངོན་གསུམ་དུ་བྱས་ཏེ་མཉེས་པར་བྱས་ན་རྒྱལ་པོ་མཉེས་པར་བྱས་པ་བཞིན་དུ་དེའི་ཚེ་ཁྱད་པར་ཅན་གྱི་ཡོན
་ཏན་མངོན་པར་ཤེས་པ་ལ་སོགས་པ་དང་སྟོབས་དང་མི་འཇིགས་པ་ལ་སོགས་པ་ཡོན་ཏན་དཔག་ཏུ་མེད་པའི་ཕྱུག་པོ་འཐོབ་པར་འགྱུར་ཏེ་འདིས་ནི་ཆོས་དེ་ཕུན་སུམ་ཚོགས་པའི་རྒྱུར་གྱུར་པར་སྟོན་ཏོ། །རིན་ཐང་མེད་པའི་རིན་ཆེན་རིགས། །ལྟ་མི་ཤེས
་པའི་མི་མི་མགུ། །དེ་བཞིན་མི་མཁས་ཆོས་འདི་ལ། །དེ་ལས་བཟློག་པ་མགུ་བར་འགྱུར་ཞེས་བྱ་བ་ནི་དཔེ་གསུམ་པའོ། །ཇི་ལྟར་རིན་པོ་ཆེའི་རིགས་ཕུན་སུམ་ཚོགས་པ་རང་བཞིན་གྱིས་འོད་གསལ་བ་དང་ལྡན་པ་དབྱིབས་དང་ཚད་ཕུན་སུམ་ཚོགས་པ་དེའི་རིན་དུ་འཛམ་བུའི་གླིང་བྱིན
་ན་ཡང་རེན་གྱི་ཐད་དུ་མི་འགྱུར་བའི་རིན་པོ་ཆེའི་རིགས་རིན་ཐང་མེད་པ་དེ་ཤིང་ཐུན་དང། ཐུགས་རྗེ་ལ་སོགས་པ་སྔོན་ཆད་རིན་པོ་ཆེ་འཆང་མ་མྱོང་བ་རིན་པོ་ཆེ་ལྟ་མི་ཤེས་པ་རྣམས་ཀྱི་ལག་ཏུ་སོང་ན་གཅེས་པ་ཡིན་པར་ཁོང་དུ་ཆུད་པའི་ཕྱིར་སེམས་མགུ་བར་མི་འགྱུར་ཞིང
་དཀའ་བར་མི་འགྱུར་རོ། །རིན་པོ་ཆེའི་རིགས་དེ་ཉིད་སྔོན་རིན་པོ་ཆེ་བདག་ལ་བདོག་པར་གྱུར་པ་རིན་པོ་ཆེའི་མཚན་ཉིད་ལྟ་ཤེས་པའི་ལག་ཏུ་སོང་ན་མཆོག་ཏུ་དགའ་བ་སྐྱེ་བར་འགྱུར་ཞིང་གཞན་ཡང་གསེར་ལ་སོགས་པ་ནོར་མང་པོ་སྐྱེ་བའི་རྒྱུར་ཡང་འགྱུར་རོ། །དེ་བཞིན་ཏུ་ཐེག
་པ་ཆེན་པོའི་ཆོས་དོན་དང་ཚིག་ཕུན་སུམ་ཚོགས་པ་འདི་ཡང་དོན་དང་ཚིག་ལྟ་མི་ཤེས་པའི་སྐྱེ་བོའི་ལག་ཏུ་གླེགས་བམ་མམ་བཤད་པའི་ཚིག་སོར་ཡང་དགའ་བ་དང་མགུ་བ་བསྐྱེད་པར་མི་འགྱུར་ལ། དེ་ལས་བཟློག་སྟེ་ཐེག་པ་ཆེན་པོའི་དོན་དང། ཚིག་ཁོང་དུ་ཆུད་པའི་གང་ཟག
་ལྟ་ཤེས་པ་འཕགས་པ་རྣམས་ཀྱི་ལག་ཏུ་སོང་བ་དེའི་ཚེ་དགའ་བའི་མཆོག་སྐྱེད་པར་བྱེད་ལ་དད་པ་དང། ཚུལ་ཁྲིམས་དང། ཐོས་པ་དང། གཏོང་པ་དང། ཤེས་རབ་དང། ངོ་ཚ་ཤེས་པ་དང། ཁྲེལ་ཡོད་པ་སྟེ། འཕགས་པའི་ནོར་བདུན་གྱི་ལོངས་སྤྱོད་ཀྱི་རྒྱུར་ཡང་འགྱུར་བས་ན།
་ཆོས་དེ་འཕགས་པའི་ནོར་ལ་སྤྱོད་པའི་རྒྱུར་གྱུར་པར་ཡང་བསྟན་ཏོ། །དེ་ལ་ཉན་ཐོས་དག་ནི་ཐེག་པ་ཆེན་པོ་འདི་སངས་རྒྱས་ཀྱིས་གསུངས་པར་མི་འདོད་དོ། །སངས་རྒྱས་ཀྱི་གསུང་མ་ཡིན་པ་དང། ཐེག་པ་ཆེན་པོ་ཡོན་ཏན་རྣམ་པ་གསུམ་ཡོད་པ་ཡང་མི་སྲིད་པར་བརྒལ་དུ
་དོགས་པའི་ཕྱིར་ཐེག་པ་ཆེན་པོ་སངས་རྒྱས་ཀྱི་བཀའ་ཡིན་པར་བསྒྲུབ་པའི་དོན་དུ་ཁ་ཅིག་ཐེག་པ་ཆེན་པོ་འདི་སངས་རྒྱས་ཀྱི་ཚིག་ཀྱང་མ་ཡིན་ནོ་དེ་ལ་ལེགས་པ་ལྟ་ག་ལ་ཡོད་ཅེས་ལོག་པར་འཛིན་ཏེ་དེ་དག་ལ་སངས་རྒྱས་ཀྱི་ཚིག་ཏུ་བསྒྲུབ་པའི་ཕྱིར་གཏན་ཚིགས་རྣམ་པར་དབྱེ་བ་ལས
་བརྩམས་ཏེ་ཚིགས་སུ་བཅད་པ་ཞེས་སྨོས་ཏེ། ཉན་ཐོས་ཀྱི་བརྒལ་བ། ཉན་ཐོས་ཀྱི་སྡེ་སྣོད་གསུམ་ནི་སངས་རྒྱས་ཀྱི་བཀའ་ཡིན་པར་བསྒྲུབ་སྟེ། གང་གི་ཕྱིར་སངས་རྒྱས་ཀྱི་བཀའ་ཡིན་པ་རྣམས་ལ་ནི་གོང་དུ་བཤད་པའི་ཡོན་ཏན་རྣམ་པ་གསུམ་དག་སྲིད་དོ། །སངས་རྒྱས་ཀྱི་བཀའ་ཨི་མཚན
་ཉིད་ཉན་ཐོས་ཀྱི་ཐེག་པ་དང་ཐེག་པ་ཆེན་པོར་མཚན་ཉིད་མི་མཐུན་པས་ན། ཐེག་པ་ཆེན་པོ་སངས་རྒྱས་ཀྱི་བཀའ་ཚིག་མ་ཡིན་ཏེ། ཇི་ལྟར་ཉན་ཐོས་མདོ་ལས་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཡོད་ཅེས་བཤད་ན། ཐེག་པ་ཆེན་པོ་ལས་ཆོས་ཐམས་ཅད་སྟོང་པ་ཉིད་དུ་བཤད་པ་དང། ཉན
་ཐོས་ཀྱི་ཐེག་པ་ལ་སྐྱེ་ཞིང་འཇིག་པའི་ཆོས་ཅན་ཞེས་བཤད་ན། ཐེག་པ་ཆེན་པོ་ལས་མི་སྐྱེ་མི་འགག་ཅེས་བཤད་པ་དང། ཉན་ཐོས་ཀྱི་ཐེག་པ་ལ་མཐོང་བ་དང་བསྒོམས་པས་སྤང་བར་བྱ་བའི་ཉོན་མོངས་?་སངས་ན་མྱ་ངན་ལས་འདས་པར་འགྱུར་རོ་ཞེས་གསུངས་ན། ཐེག་པ་ཆེན་པོ
་པ་རང་བཞིན་གྱི་མྱ་ངན་ལས་འདས་པའོ་ཞེས་བཤད་པས་ན། སངས་རྒྱས་ཀྱི་བཀའ་དང་མཚན་ཉིད་མི་མཐུན་པའི་ཕྱིར་ཐེག་པ་ཆེན་པོ་སངས་རྒྱས་ཀྱི་བཀའ་ཡང་མ་ཡིན་ན་དེ་ལ་ཡོན་ཏན་རྣམ་པ་གསུམ་ལྟ་ག་ལ་ཞིག་ཡོད་དེ་མེད་དོ་ཞེས་ལོག་པར་འཛིན་ཏེ། དེ་ལྟར་ལག་བར
་འཛིན་པ་དེ་དག་ལ་ཐེག་པ་ཆེན་པོ་སངས་རྒྱས་ཀྱི་བཀའ་ཡིན་པར་བསྒྲུབ་པའི་ཕྱིར་སངས་རྒྱས་ཀྱི་བཀའ་ཡིན་པའི་གཏན་ཚིགས་རྣམ་པ་བརྒྱད་དུ་དབྱེ་བ་ཚིགས་སུ་བཅད་པ་གཅིག་གིས་སྟོན་ཏོ། །གཏན་ཚིགས་བརྒྱད་ནི་སྔར་ལུང་མ་བསྟན་པ་དང། ལྷན་གཅིག་བྱུང་བ་དང། སྤྱོད་ཡུལ་མ
་ལྱིན་པ་དང། གྲུབ་པ་དང། ཡོད་པ་དང། མེད་པ་དང། གཉེན་པོ་དང། སྒྲ་གཞན་ཕྱིར་རོ། །གལ་ཏེ་ཉན་ཐོས་དག་ན་རེ་ཐེག་པ་ཆེན་པོ་ཞེས་བྱ་བའི་ཆོས་འདི་སངས་རྒྱས་མྱ་ངན་ལས་འདས་པའི་འོག་ཏུ་དམ་པའི་ཆོས་ནུབ་ཅིང་མེད་པར་བྱ་བའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་མེད་དོ་ཞེས
་བྱ་བའི་ཆོས་ཕལ་ཆེར་བྱས་ཏེ་གཞག་ནས་དེ་སངས་རྒྱས་ཀྱི་བཀའ་ཡིན་ནོ་ཞེས་བརྟགས་ཏེ་བཞག་པས་ན་ཟེག་པ་ཆེན་པོ་སངས་རྒྱས་ཀྱི་ཚིག་མ་ཡིན་ནོ་ཞེས་པ་ལ་ལན་དུ་སྔར་ལུང་མ་བསྟན་ཅེས་བྱ་བ་སྨོས་ཏེ། གལ་ཏེ་སངས་རྒྱས་ཀྱི་ཆོས་ནུབ་པར་བྱ་བའི་ཕྱིར་གསུང་རབ་འབྲུད?
་པར་འགྱུར་བ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ལ་ལ་ཞིག་གིས་བྱས་ན་སངས་རྒྱས་ཀྱི་བཀའ་ཡིན་ནོ་ཞེས་བརྟགས་ན། གསུང་རབ་འཁྲུག་པར་འགྱུར་བའི་རྒྱུ། རྒྱལ་པོ་ཀྲི་ཀིའི་རྨི་ལམ་དུ་རྨི་ལམ་རྣམ་པ་བདུན་རྨིས་པ་ལུང་བསྟན་པ་བཞིན་དུ་མྱ་ངན་ལས་འདས་པའི་སྔོན་རོལ་ཏུ་དམ་པའི
་ཆོས་འཇིག་ཅིང་ནུབ་པར་འགྱུར་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་ཆོས་སྟོང་པར་སྨྲ་བ་འདི་ལྟ་བུ་དག་ཀྱང་འབྱུང་སྟེ། དེ་སངས་རྒྱས་ཀྱི་བཀའ་ཡིན་ནོ་ཞེས་སྨྲ་མོད་ཀྱི་དེ་སངས་རྒྱས་ཀྱི་བཀའ་ནི་མ་ཡིན་གྱི། གསུང་རབ་འཇིག་པར་བྱེད་པ་ཡིན་ནོ་ཞེས་སྔར་བསྟན་པའི་རིགས་ན
་དེ་ལྟ་བུ་ལུང་མ་བསྟན་པས་ན་ཐེག་པ་ཆེན་པོ་སངས་རྒྱས་ཀྱི་བཀའ་ཡིན་ནོ། །གལ་ཏེ་ཉན་ཐོས་དག་གང་གི་ཚེ་མཉན་དུ་ཡོད་པ་ལ་སོགས་པར་ཉན་ཐོས་ཀྱི་ཐེག་པ་བཅོམ་ལྡན་འདས་ཀྱིས་བཤད་པ་དེའི་ཚེ་ཐེག་པ་ཆེན་པོ་མ་བཤད་ཀྱི། སངས་རྒྱས་མྱ་ངན་ལས་འདས་པའི་འོག་ཏུ
་ཐེག་པ་ཆེན་པོ་ཞེས་བྱ་བའི་ཆོས་འབྱུང་བས་ན། ཐེག་པ་ཆེན་པོ་སངས་རྒྱས་ཀྱི་ཆོས་མ་ཡིན་ནོ་ཞེས་སྨྲ་བ་ལ་ལན་དུ་ལྷན་ཅིག་འབྱུང་བའི་ཕྱིར་ཞེས་བྱ་བ་སྨོས་ཏེ་གང་གི་ཚེ་བཅོམ་ལྡན་འདས་ཀྱིས་མཉན་དུ་ཡོད་པ་ལ་སོགས་པའི་གནས་སུ་ཐེག་པ་ཆུད་དུ་ཉན་ཐོས་ཀྱི་ཐེག་པར་བཤད
་པ་དེའི་ཚེ་ཐེག་པ་ཆེན་པོ་ཡང་གནས་དེ་དག་ཏུ་བཤད་པས་ན་ཐེག་པ་ཆེན་པོ་སངས་རྒྱས་ཀྱི་བཀའ་ཡིན་པར་བསྒྲུབ་པོ། །ཡང་ཉན་ཐོས་དག་འདི་སྙམ་དུ་རྟོག་གེ་པ་འམ། མུ་སྟེགས་པ་ལ་ལ་ཞིག་གིས་བདག་མཁས་པར་བསྒྲུབས་ཤིང་འཇིག་རྟེན་པ་སྨྲ་བར་བྱ་བའི་ཕྱིར་ཤེས་རབ
་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་གཞུང་མང་པོ་དག་བྱས་ལ། མུ་སྟེགས་ལ་སོགས་པའི་གཙུག་ལག་གི་ནང་ནས་ཀྱང་སྦྱིན་པ་དང་ཚུལ་ཁྲིམས་དང་དཀའ་བར་སྤྱོད་པ་དག་འབྱུང་བས་ན་འདི་རྟོག་གེ་པ་འམ་མུ་སྟེགས་པ་འགའ་ཞིག་གིས་བྱས་པར་བདག་ཅག་དོགས་སོ་ཞེས་སྨྲ
་བ་ལ། དེ་ནི་མི་རིགས་པར་བསྟན་པའི་ཕྱིར་སྤྱོད་ཡུལ་མ་ཡིན་ཞེས་སྨོས་ཏེ། ས་དང་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་མཚན་ཉིད་ཟབ་ཅིང་རྒྱ་ཆེ་བ་བསྟན་པ་དེ་དག་ཀྱང་ཁོང་དུ་མི་ཆུང་ན་དེ་དག་གིས་རྟོག་པ་ལྟ་ག་ལ་ཞིག་སྲིད་དེ་མི་སྲིད་པ་དང་མུ་སྟེགས་པ་ལ་སོགས་པའི
་གཙུག་ལག་གི་ནང་ནས་ཀྱང་ས་དང་ཕ་རོལ་ཏུ་ཕྱིན་པ་དང། མ་བྱུང་མ་སྐྱེས་པའི་ཆོས་ཅུང་ཟད་ཀྱང་མི་འབྱུང་བ་དང། དེ་དག་ལ་དངོས་པོ་མེད་པ་ལ་སོགས་པའི་རང་བཞིན་བསྟན་ཀྱང་དད་པར་མི་འགྱུར་ཏེ་སྤྱོད་ཡུལ་དུ་མ་གྱུར་བས་མུ་སྟེགས་པ་འམ་རྟོག་གེ་པ་དག་གིས
་བྱས་ཞེས་ཀྱང་བྱང་མི་རུང་ངོ། །ཡང་ཉན་ཐོས་དག་འདི་སྙམ་དུ་ཐེག་པ་ཆེན་པོ་འདི་སངས་རྒྱས་ཀྱིས་བཤད་པ་འདི་མ་ཡིན་ནོ། །གང་ཟག་ལ་ལ་ཞིག་གིས་ས་དང་ཕ་རོལ་ཏུ་ཕྱིན་པ་དང་སྐྱེ་བ་དང་འགག་པ་མེད་པའི་དོན་མངོན་སུམ་དུ་བྱས་ཏེ་སངས་རྒྱས་ནས་བཤད་དོ་ཞེས
་སེམས་པ་ལ། དེའི་ཕྱིར་ལན་དུ་གྲུབ་པ་དང་ཞེས་སྨོས་ཏེ། དེ་ལྟར་ན་ཐེག་པ་ཆེན་པོ་འདི་སངས་རྒྱས་ཀྱི་ཚིག་ཡིན་པར་གྲུབ་སྟེ། ཇི་ལྟ་ཞེ་ན། གང་ཟག་གིས་ས་དང་ཕ་རོལ་ཏུ་ཕྱིན་པ་དང་སྐྱེ་བ་དང་འགག་པ་མེད་པའི་དོན་ཁེང་དུ་ཆུད་པའི་གང་ཟག་དེ་ཉིད་སངས་རྒྱས་ཞེས
་བྱ་སྟེ། དེས་བཤད་པའི་ཚིག་ཐམས་ཅད་ཀྱང་སངས་རྒྱས་ཀྱི་ཚིག་ཡིན་པས་ཐེག་པ་འདི་སངས་རྒྱས་ཀྱི་ཚིག་ཏུ་གྲུབ་པོ། །ཡོད་དང་མེད་དང་མེད་པ་དང་ཞེས་བྱ་བ་ལ་ཚིག་སྦྱར་བ་ནི་ཡོད་ན་ཡོད་ལ་མེད་ན་མེད་དོ་ཞེས་སྦྱར་རོ། །ཉན་ཐོས་ལ་བརྟགས་བཅོམ་ལྡན་འདས་ཀྱིས
་ཉན་ཐོས་ཀྱི་ཐེག་པ་དང། རང་སངས་རྒྱས་ཀྱི་ཐེག་པ་དང། ཐེག་པ་ཆེན་པོ་གསུམ་བཤད་དམ་མ་བཤད་ཅེ་ན། ལན་དུ་ཐེག་པ་ཆེན་པོ་བཤད་དེ་ཡོད་དོ་ཞེ་ན། ལན་དུ་ཐེག་པ་ཆེན་པོ་ཞིག་ཡོད་པར་གྱུར་ན་ནི་དེ་ལྟ་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས
་པ་འདི་ཉིད་ཐེག་པ་ཆེན་པོ་ཡིན་པས་སངས་རྒྱས་ཀྱི་ཚིག་ཏུ་གྲུབ་སྟེ། ཐེག་པ་ཆེན་པོ་ནི་འདི་ལ་མ་གཏོགས་པར་ཉན་ཐོས་དང་རང་སངས་རྒྱས་དང་མུ་སྟེགས་པ་ལ་སོགས་པའི་ཆོས་རྣམས་ལ་ཐེག་པ་ཆེན་པོ་ཞེས་བྱ་བར་མི་རིགས་ཏེ། ཇི་ལྟར་མི་རིགས་པ་ནི་འོག
་ནས་ཞིབ་ཏུ་འཆད་དོ། །གལ་ཏེ་ཉན་ཐོས་པ་དག་ན་རེ་ཐེག་པ་གསུམ་དུ་མེད་ཀྱི་ཐེག་པ་ནི་ཅིག་ཏུ་ཟད་དེ་ཉན་ཐོས་ཀྱི་ཐེག་པ་ཉིད་ལ་ཤེས་རབ་རྣོན་པོ་རྣམས་ཀྱིས་བསྒོམས་ན་ནི་སངས་རྒྱས་བར་འགྱུར་རོ། །ཤེས་རབ
་འབྲིང་རྣམས་ཀྱིས་བསྒོམ་ན་ནི་རང་སངས་རྒྱས་སུ་འགྱུར་རོ། །ཤེས་རབ་ཆུང་དུ་རྣམས་ཀྱིས་བསྒོམས་ན་ནི་ཉན་ཐོས་སུ་འགྱུར་རོ། །ཐེག་པ་གཅིག་ཏུ་ཟད་དེ་གསུམ་དུ་མེད་དོ་ཞེས་སྨྲས་པའི་ལན་དུ་མེད་དང་མེད་ཅེས་སྨོས་ཏེ། གལ་ཏེ་ཐེག་པ་ཆེན་པོ་མེད
་ན་ཉན་ཐོས་ཀྱི་ཐེག་པ་ཡང་མེད་པར་འགྱུར་རོ། །ཅིའི་ཕྱིར་ཞེ་ན། སངས་རྒྱས་སུ་འགྲུབ་པའི་ལམ་ཐེག་བ་ཆེན་པོ་མེད་ན་སངས་རྒྱས་འགྲུབ་པ་མེད་དོ། །སངས་རྒྱས་སུ་འགྲུབ་ན་ཐེག་པ་ཆུང་དུ་ཡང་མ་བཤད་པས་ད་ལྟར་སྣང་བའི་ཐེག་པ་ཆུང་དུ་འདི་ཡང་སངས་རྒྱས
་ཀྱི་ཚིག་མ་ཡིན་པར་འགྱུར་རོ། །གལ་ཏེ་ཉན་ཐོས་དག་འདི་སྙམ་དུ་གང་གི་ཚིག་བསྒོམས་ན་ཉོན་མོངས་པའི་གཉེན་པོར་འགྱུར་བ་དེ་སངས་རྒྱས་ཀྱི་བཀའ་སྟེ། དཔེར་ན་ཉན་ཐོས་ཀྱི་ཐེག་པ་བཞིན་ནོ། །ཐེག་པ་ཆེན་པོ་བསྒོམས་ནའང་ཉོན་མོངས་པའི་གཉེན་པོར་ནི
་འགྱུར་བས་སངས་རྒྱས་ཀྱི་ཚིག་མ་ཡིན་ནོ་ཞེས་པ་ལ། ལན་དུ་གཉེན་པོ་དང་ཞེས་སྨོས་ཏེ། ཐེག་པ་ཆེན་པོ་བསྒོམས་ན་རྣམ་པར་མི་རྟོག་པའི་ཡེ་ཤེས་སྐྱེ་བའི་རྟེན་དུ་འགྱུར་རོ། །རྣམ་པར་མི་རྟོག་པའི་ཡེ་ཤེས་སྐྱེས་ན་ཉོན་མོངས་པ་སྤོང་བའི་གཉེན་པོར་འགྱུར
་བས་སངས་རྒྱས་ཀྱི་བཀའ་ཡིན་པར་མངོན་ནོ། །གལ་ཏེ་ཉན་ཐོས་དག?་འདི་སྙམ་དུ་སངས་རྒྱས་ཀྱི་བཀའ་ལས་ནི་ཕུང་པོ་ལ་སོགས་པའི་ཆོས་ཡོད་པར་བཤད་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་ནང་ནས་ཐམས་ཅད་མེད་པར་བཤད་པས་སངས
་རྒྱས་ཀྱི་ཚིག་མ་ཡིན་ནོ་ཞེས་སེམས་པ་ལ། སྒྲ་གཞན་ཕྱིར་ཞེས་སྨོས་ཏེ། བཅོམ་ལྡན་འདས་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པར་མེད་དོ་ཞེS་བཤད་པ་དེ་ཡང་སྒྲ་ཇི་བཞིན་གྱི་དོན་མ་ཡིན་ཏེ། ཇི་ལྟར་བྱིས་པ་རྣམས་ཀྱིས་གཟུང་བ་དང་འཛིན་པར་ཀུན་ཏུ
་བརྟགས་པའི་རང་བཞིན་མེད་པ་ལ་དགོངས་?་མེད་དོ་ཞེས་གསུངས་པ་སྟེ། གཞན་གྱི་དབང་དང་ཡོངས་སུ་གྲུབ་པའི་ངོ་བོ་ནི་མེད་པ་མ་ཡིན་པ་སྟེ། དེ་བས་ན་སྒྲ་ཇི་བཞིན་དུ་བཟུང་པའི་སྒོ་ནས་སངས་རྒྱས་ཀྱི་ཚིག་མ་ཡིན་ནོ་ཞེས་བྱ་བར་མི་རིགས་སོ། །འདི་ལྟ་བུའི་སྤྱོད་པ
་ཟབ་མོ་ནི་རྟོག་གེ་ཅན་གྱི་སྤྱོད་ཡུལ་ཡང་མ་ཡིན་ལ་ཞེས་བྱ་བ་ནི་ས་དང་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་ཨི་སྤྱོད་པ་ཟབ་མོ་འདི་ལྟ་བུ་དག་ནི་རྟོག་གེ་ཅན་དང་མུ་སྟེགས་པ་རྣམས་ལ་བཤད་ན་ཡང་ཁོར་དུ་མི་ཆུད་ན་དེ་དག་གིས་རྟོགས་པའི་སྤྱོད་ཡུལ་དུ
་ལྟག་ལ་འགྱུར་ཏེ་མི་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །མུ་སྟེགས་ཅན་གྱི་གཙུག་ལག་ལས་ཀྱང་འདི་ལྟ་བུ་མི་འབྱུང་ལ་ཞེས་བྱ་བ་ནི། མུ་སྟེགས་ཅན་གྱི་གཙུག་ལག་གི་ནང་ན་ཡང་ས་དང་ཕ་རོལ་ཏུ་ཕྱིན་པ་དང་མ་སྐྱེས་པ་དང་མ་བྱུང་བའི་ཆོས་ཅུང་ཟད་ཀྱང་མི་འབྱུང
་བས་ན་མུ་སྟེགས་པ་དག་གི་བྱས་ཞེས་ཀྱང་བྱར་མི་རུང་ངོ། བརྗོད་དུ་མིན་ཀྱང་མོས་པ་མེད་པའི་ཕྱིར་ཞེས་བྱ་བ་ནི་མ་སྐྱེས་པ་དང་བདག་མེད་པ་ལ་སོགས་པའི་དོན་དེ་དག་ལ་བཤད་ན་ཡང་དད་པ་མེད་དེ་རྒྱབ་ཀྱིས་ཕྱོགས་པའི་ཕྱིར་དེ་དག་གིས་བྱས་ཞེས་བྱ་བར་ཡང
་མི་རིགས་སོ། །ཆོས་ཕ་རོལ་ཏུ་ཕྱིན་པ་བསྟན་པ་འདི་དག་ལ་ནི་འཕགས་པ་བཙུན་པ་རྣམས་དད་པར་བྱེད་དེ་གཞན་དག་གིས་འཕགས་པ་བློ་གྲོས་མི་ཟད་པ་དང། རྒྱ་མཚོ་བློ་གྲོས་དང། དཀོན་མཆོག་སྦྲིན་དང། དཔུང་བཟང་ལ་སོགས་པའི་མདོ་སྡེ་ལས་ཕ་རོལ་ཏུ་ཕྱིན
་པ་ལ་སོགས་པའི་བསྟན་པ་ཐོབ་ནས། སེམས་ཤེས་པ་རྣམས་ཆོས་དེ་དག་མུ་སྟེགས་པ་མ་བྱས་སོ་ཞེས་སེམས་པར་?། གང་སྔར་ལུང་མ་བསྟན་པའི་ཕྱིར་ཞེས་སྨྲས་པ་དེ་ལ་མ་དགོངས་པས་ན། བཅོམ་ལྡན་འདས་ཀྱིས་ལུང་མ་བསྟན་ཏོ་ཞེས་ཟེར་བ་ལ་བཏང་སྙོམས་སུ
་བཞག་མི་རུང་བར་ཚིགས་སུ་བཅད་པ་ཞེས་བྱ་བ་ལ། ཐེག་པ་ཆེན་པོའི་ཆོས་གསུང་རབ་སངས་རྒྱས་ཀྱི་གསུང་མ་ཡིན་པར་སྔར་ལུང་མ་བསྟན་པས་ན་སངས་རྒྱས་ཀྱི་ཚིག་གོ་ཞེས་གང་སྨྲས་པ་དེ་ནི་ཐེག་པ་ཆེན་པོ་སངས་རྒྱས་ཀྱི་ཚིག་མ་ཡིན་ཡང། རྣམ་པ་གསུམ
་གྱི་ཕྱིར་ལུང་མ་བསྟན་ཏེ། གང་ཞེ་ན། དེ་བཞིན་གཤེགས་པ་རྣམས་དམ་པའི་ཆོས་འཆད་པ་དང། སེམས་ཅན་གྱི་དོན་ལ་ཐུགས་བྲེལ་བར་གྱུར་པས་ན་བསྟན་པ་ནུབ་པར་གྱུར་པའི་འཇིགས་པ་འབྱུང་བ་མ་གཟིགས་པས་ལུང་མ་བསྟན་པ་དང། བསྟན
་པ་བསྲུང་བ་ལ་ཆེད་ཆེ་བར་མི་མཛད་པས་ལུང་མ་བསྟན་པ་དང། ཡེ་ཤེས་འདས་པ་དབང་ལྟར་གྱི་དངོས་པོ་ལ་འཇུག་ཀྱང་མ་འོངས་པའི་དངོས་པོ་ལ་མི་འཇུག་པས་ལུང་མ་བསྟན་ཏོ་ཞེས་ཟེར་བ་ལ། མ་འོངས་པ་ན་བསྟན་པ་ནུབ་པར་འགྱུར་བའི་འཇིགས་པ་འབྱུང་བ་རྣམས
་ལ། ལུང་མི་བསྟན་པར་བཏང་སྙོམས་སུ་བཞག་ཏུ་མི་རུང་བ་ལས་བརྩམས་ཏེ་ཚིགས་སུ་བཅད་པ་སྨྲས་པ། སངས་རྒྱས་རྣམས་ནི་མངོན་སུམ་སྤྱན་ཞེས་བྱ་བ་ལ་དེ་བཞིན་གཤེགས་པ་རྣམས་ནི་དགོངས་ཤིང་འབད་མི་དགོངས་པས་ཆོས་ཐམས་ཅད་སྐྱུ་རུ་ར་ལག་མཐིལ
་དུ་བཞག་པ་བཞིན་དུ་གསལ་བར་མཁྱེན་པS་མ་འོངས་པ་ལ་བསྟན་པ་འཇིགས་པ་འབྱུང་བ་རྣམས་ལ་བཏང་སྙོམས་སུ་བཞག་པ་མི་རུང་སྟེ། ཅིའི་ཕྱིར་ཞེ་ན། ཤེའི་སྤྱན་དང་རྫུ་འཕྲུལ་གྱི་སྤྱན་དང། ཤེས་རབ་ཀྱི་སྤྱན་མངའ་བས་ཆོས་ཐམས་ཅད་མངོན་སུམ་དུ་གཟིགས་པའི་ཕྱིར
་རོ། །བསྟན་པ་དག་བྱང་བསྲུང་མཛད་ཅིང་ཞེས་བྱ་བ་ལ། དེ་བཞིན་གཤེགས་པས་བསྐལ་པ་གྲངས་མེད་གསུམ་དུ་དཀའ་བ་རྣམ་པ་སྣ་ཚོགས་སྤྱད་དེ། མངོན་པར་སངས་རྒྱས་པ་ཡང་དམ་པའི་ཆོས་བསྟན་པར་བྱ་བའི་ཕྱིར་སངས་རྒྱས་ལ་སངས་རྒྱས་ནས་ཀྱང་འཕྲིན་ལས་དམ་པའི
་ཆོས། བསྟན་པར་གྲད་ཀྱི་དམ་པའི་ཆོས་བསྟན་པ་རྣམས་ཀྱང་འཇིག་རྟེན་དུ་རིང་དུ་གནས་པར་ཟད་པས་བསྟན་པ་རྣམས་བསྲུང་བ་ལ་ཆད་ཆེར་འཛིན་པས་ན་བཏང་སྙོམས་སུ་བཞག་པར་མི་རིགས་སོ་ཞེས་བྱ་བའི་དོན་ཏོ། །དུས་ལའང་ཡེ་ཤེས་སྒྲིབས་མེད་པས་ཞེས་བྱ
་བ་ལ། དེ་བཞིན་གཤེགས་པའི་ཡེ་ཤེས་ནི་འདམ?་པ་དང་ད་ལྟར་གྱི་དུས་འབའ་ཞིག་མཁྱེན་པ་མ་ཡིན་ཏེ། ཆགས་པ་དང་ཐོབས་པ་མེད་པར་དུས་གསུམ་གྱི་དང་བོ་ཅི་དང་ཅི་འགྱུར་བ་ཐམས་ཅད་ཐུགས་སུ་ཆུང་པས་ན། མ་འོངས་ན་བསྟན་པ་ལ་འཇིགས་པ་འབྱུང་བ
་རྣམས་ལ་ལུང?་མི་བསྟན་པར་བཏང་སྙོམས་སུ་གཞག་པར་མི་རིགས་སོ་ཞེས་བྱ་བའི་དོན་ཏོ། །གང་ཡོད་དང་མེད་དང་མེད་པ་ཞེས་སྨྲས་པ། ཡང་ན་ཉན་ཐོས་ཀྱི་ཐེག་པ་འདི་ཉིད་ཐེག་པ་ཆེན་པོ་ཡིན་ཏེ། འདི་ཉིད་ཀྱི་བྱང་ཆུབ་ཆེན་པོ་འཐོབ་བོ་ཞེས་ལ་ལ་དག་དེ་སྐད་ཟེར་པས། དེའི་ཕྱིར་ཉན་ཐོས
་ཀྱི་ཐེག་བ་ཐེག་པ་ཆེན་པོའི་མི་རུང་བར་ཚིགས་སུ་བཅད་པ་ཞེས་བྱ་བ་ལ། གོང་དུ་ཐེག་པ་ཆེན་པོ་ཡོད་ན་ནི་ཉན་ཐོས་ཀྱི་ཐེག་པ་ཡང་ཡོད་ལ། ཐེག་པ་ཆེན་པོ་མེད་ན་ནི་ཉན་ཐོས་ཀྱི་ཐེག་པ་ཡང་མེད་དེ་།ཅིའིཕྱིར་ཞེ་ན། ཐེག་པ་ཆེན་པོ་མེད་ན་བླ་ན་མེད་པའི་བྱང་ཆུབ་ཏུ་འཚང་རྒྱ་བ་མེད། བླ་ན་མེད
་པའི་བྱང་ཆུབ་སངས་མ་རྒྱས་ན་ཉན་ཐོས་ཀྱི་ཐེག་པ་གསུུམ་ཀྱང་མི་འཆད་པས་ན་མེད་པར་འགྱུར་རོ་ཞེས་བཤད་པ་ལ། ཉན་ཐོས་དག་འདི་སྐད་དུ་ཉན་ཐོས་ཀི་ཐེག་པ་གང་ཟག་ལ་བདག་མེད་པ་དང། བདག་གདོན་ཕུན་སུམ་ཚོགས་པར་བསྒྲུབ་པ་དེ་ཉིད་ཐེག་པ་ཆེན་པོ་ཡིན་ཏེ། རྒྱུ
་འདི་ཉིད་བསྒྲུབས་པ་ལས་བླ་ན་མེད་པའི་བྱང་ཆུབ་འཐོབ་པོ། །ཇི་ལྟར་ཞེ་ན། ཉན་ཐོས་ཀྱི་ཐེག་པ་འདི་ལ་དབང་པོ་རྣོན་པོས་བསྒོམས་ན་ནི་སངས་རྒྱས་སུ་འགྱུར། དབང་པོ་འབྲིང་གིས་བསྒོམས་ན་ནི་རང་སངས་རྒྱས་སུ་འགྱུར། དབང་པོ་ཐམས་བསྒོམས་ན་ནི་ཉན་ཐོས་སུ་འགྱུར་རོ་ཞེས་དེ་སྐད
་དུ་ནོལ་བ་དེ་དག་ལ་ཉན་ཐོས་ཀྱི་ཐེག་པ་དེ་བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་པར་བྱེད་པའི་ཐེག་པ་ཆེན་པོ་མ་ཡིན་པར་རིགས་པར་བསྟན་པའི་ཕྱིར་ཚིགས་སུ་བཅད་པ་རྩོམ་མོ། །མ་ཚང་བ་དང་ཞེས་བྱ་བ་ལ་ཐེག་པ་ཆེན་པོའི་མཚན་ཉིད་བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས
་བར་བསྒྲུབས་པ་ཡིན་ན་ཉན་ཐོས་ཀྱི་ཐེག་པ་ལས་ཕ་རོལ་གྱི་དོན་དུ་བསྟན་པ་མི་འབྱུང་སྟེ། བདག་ཉིད་སྐྱོ་ཞིང་འདོད་ཆགས་དང་བྲལ་བ་དང། རྣམ་པར་གྲལ་བར་འགྱུར་བ་རྣམས་ཀྱིས་ཐབས་སྟོན་པས་ན་གཞན་གྱི་དོན་དུ་མ་ཚང་པས་ཉན་ཐོས་ཀྱི་ཐེག་པ་འདི་ཐེག་པ་ཆེན་པོའི་ཆོས་མ
་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་ཉན་ཐོས་དག་འདི་སྐད་དུ། བདག་སྐྱོ་ཞེས་འདོད་ཆགས་དང་བྲལ་ཞྔ་རྣམ་པར་གྲོལ་བར་འགྱུར་བའི་བདག་གི་དོན་དེ་ཉིད་གཞན་ལ་བཤད་ན་གཞན་དག་ཀྱང་རྣམ་པར་གྲོལ་བར་གཞན་གྱི་དོན་དུ་འགྱུར་ཏེ། དེ་ལྟར་ན་ཉན་ཐོས་ཀྱི་ཐེག་པ
་ཉིད་ཐེག་པ་ཆེན་པོ་ཡིན་ནོ་ཞེས་ཟེར་བ་ལ་ལན་དུ་འགལ་བའི་ཕྱིར་ཞེས་སྨོས་ཏེ། ཉན་ཐོས་འགའ་ཞིག་གིས་བདག་གི་དོན་དུ་འགྱུར་བའི་ཆོས་དེ་གཞན་དག་ལ་བསྟན་ཏེ། འདི་ལྟར་བྱ་ན་བདག་ཉིད་རྣམ་པར་གྲོལ་བར་འགྱུར་རོ་ཞེས་བསྡུན་ན། གང་ཉན་པའི
་གང་ཟག་དེ་དག་ཀྱང་བདག་ཉིད་མྱ་ངན་ལས་འདས་པའི་ཕྱིར་སྦྱོར་གྱི། སེམས་ཅན་གྱི་དོན་དུ་འགྱུར་བ་བླ་ན་མེད་པའི་བྱང་ཆུབ་ཏུ་འཚང་རྒྱ་བར་མི་འགྱུར་བས་གཞན་གྱི་དོན་དུ་འགྱུར་བར་འགལ་ལོ། །གལ་ཏེ་ཉན་ཐོས་དག་འདི་སྙམ་དུ་ཉན་ཐོས་ཀྱི་ཐེག་པ་འདི་ཉིད་ལ་བསྐལ་པ་གྲངས
་མེད་པ་གསུམ་དུ་བསྒོམས་ན་ནི་སངས་རྒྱས་སུ་འགྱུར། བསྐལ་པ་བརྒྱར་བསྒོམས་ན་རང་སངས་རྒྱས་སུ་འགྱུར། ཚེ་གསུམ་དུ་བསྒོམས་ན་ནི་ཉན་ཐོས་སུ་འགྱུར། ཐེག་པ་འདི་ཉིད་ལ་དུས་རིང་པོར་བསྒོམས་ན་འཚང་རྒྱ་བའི་ཐབས་སུ་འགྱུར་རོ་སྙམ་དུ་སེམས་པར་སངས་རྒྱས
་ཀྱི་ཐབས་མ་ཡིན་པར་བསྟན་པའི་ཕྱིར་ཐབས་མིན་ཞེས་བྱ་བ་སྨོས་ཏེ། བླ་ན་མེད་པའི་བྱང་ཆུབ་ཐོབ་པར་བྱེད་པའི་ཐབས་ནི་ཤེས་རབ་ཆེན་པོ་དང་སྙིང་རྗེ་ཆེན་པོའོ། །ཤེས་རབ་ཆེན་པོ་ནི་གང་ཟག་དང་ཆོས་ལ་བདག་མེད་པར་ཁེང་དུ་ཆུད་པའི་ཡེ་ཤེས་སོ། །སྙིང་རྗེ་ཆེན་པོ་ནི
་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཐམས་ཅད་སྡུག་བསྔལ་བསྒྲལ་བར་སེམས་པའི་སམ་པའོ། །ཉན་ཐོས་ཀྱི་ཐེག་པ་ལས་འདི་གཉིས་མི་འབྱུང་བས་ན་ཉན་ཐོས་ཀྱི་ཐེག་པ་ནི་བླ་ན་མེད་པའི་བྱང་ཆུབ་ཀྱི་ཐབས་མ་ཡིན་ཏེ། ཐབས་མ་ཡིན་པར་ཡུན་རིང་པོར་བསྒྲུབས་ན་ཡང
་འཚང་རྒྱ་བར་མི་འགྱུར་ཏེ། དཔེར་ན་རྭ་ལ་ཡུན་རིང་པོར་བཞོས་ན་ཡང་ཞོ་མི་འབྱུང་བ་དང། བྱེ་མ་ལ་ཡུན་རིང་པོར་བརྩིས་ན་ཡང་མར་མི་འབྱུང་བ་ཡིན?་ན་ཏེ། དེ་བས་ན་ཉན་ཐོས་ཀྱི་ཐེག་པ་ནི་ཐེག་པ་ཆེན་པོའི་ཆོས་མ་ཡིན་ནོ་ཞེས་བྱ་བའི་དོན་ཏེ། གལ་ཏེ་ནན་ཐོས་དག
་འདི་སྙམ་དུ་འདི་ལྟར་བྱང་ཆུབ་སེམས་དཔའ་ཨི་སྤྱོད་བ་དངོས་སུ་ཉན་ཐོས་ཀྱི་ཐེག་པའི་ནང་ནས་གསལ་བར་མ་བཤད་ཀྱང་ཡི་གེ་དང་ཚིག་གཞན་གྱིས་རྣམ་པ་གཞན་དུ་བཤད་དེ། དེ་བས་ན་ཉན་ཐོས་ཀྱི་ཐེག་བའི་ནང་ན་ཐེག་པ་ཆེན་པོ་ཡང་ཡིན་པའི་ཕྱིར། ཉན་ཐོས་ཀྱི
་ཐེག་པ་ཉིད་ཐེག་པ་ཆེན་པོ་ཡིན་སྙམ་པ་ལ། དེ་ལྟར་མ་བསྟན་པས་ཞེས་བྱ་བ་སྨོས་ཏེ། ཇི་ལྟར་ཐེག་པ་ཆེན་པོའི་ནང་ནS་ས་བཅུ་དང་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་བཤད་པའི་ཆོས་དེ་དག་ཉན་ཐོས་ཀྱི་ཐེག་པ་ལས་ཅུང་ཟད་ཀྱང་མི་འབྱུང་བས་ན་ཉན་ཐོས་ཀི་ཐེག་པ་འདི་ཐེག་པ་ཆེན་པོའི་ཆོས
་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །སྐྱོ་ཞེས་ཞེས་བྱ་བ་ནི་སྡུག་བསྔལ་གྱི་བདེན་པ་ལ་མི་རྟག་པ་དང་སྡུག་བསྔལ་བ་དང་སྟོང་པ་དང། བདག་མེད་པར་མཐོང་བས་ཡིད་བྱུང་བར་འགྱུར་བའོ། །འདོད་ཆགས་དང་བྲལ་བ་དང་ཞེས་བྱ་བ་ནི་ཀུན་འབྱུང་གི་བདེན་པ་ལ་ཀུན་འབྱུང་དང། རྒྱུ་དང་རྐྱེན་དང་རབ
་ཏུ་བྱུང་བར་མཐོང་ནས་ཉོན་མོངས་པ་ཐམས་ཅད་སྤངས་པར་འགྱུར་པའོ། །རྣམ་པར་གྲོལ་བ་ཞེས་བྱ་བ་ནི་ལམ་གྱི་བདེན་པ་བསྒོམས་ནས་འགོག་པ་མངོན་སུམ་དུ་བྱ་བ་ནི་རྣམ་པར་གྲོལ་བའོ། །ཕ་རོལ་བདག་གི་དོན་ལ་སྦྱོར་བ་ནི་བདག་གི་དོན་ཉིད་ལ་སྦྱོར་བ་སྟེ་ཞེས་བྱ་བ་ལ། ཉན་ཐོས་འགའ་ཞིག
་གི་བདག་གི་དོན་དུ་འགྱུར་བའི་ཆོས་སྐྱོབ་དང་འདོད་ཆགས་དང་བྲལ་བ་དང་རྣམ་པར་གྲོལ་བ་སྟེ། གཞན་ལ་བསྟན་ཏེ། འདི་ལྟར་བསྒྲུབས་ན་བདག་གི་དོན་ཕུན་སུམ་ཚོགས་པར་འགྱུར་རོ་ཞེས་བཤད་ན། གང་ལ་བཤད་པའི་གང་ཟག་དེ་ཡང་བདག་ཉིད་མྱ་ངན་ལས་འདས་པར་འགྱུར་བ
་འབའ་ཞིག་ཏུ་བསྒྲུབ་ཀྱི། སེམས་ཅན་གྱི་དོན་དུ་འབྱུང་བའི་བླན་མེད་པའི་བྱང་ཆུབ་རུ་འཚང་རྒྱ་བ་མི་འཐོབ་པས་ན་ཉན་ཐོས་ཀྱི་ཐེག་པ་ཐེག་པ་ཆེན་པོ་ཡིན་པར་འགལ་ལོ་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་སྦྱོར་བར་བྱ་བ་འདིར་རྣམ་པ་གཞན་དུ་བསྟན་ཏོ་ཞེས་བྱ་བ་ནི། ཉན་ཐོས་དག་འདི་ལྟར་ཐེག་པ་ཆེན
་པོའི་ཆོས་བྱང་ཆུབ་སེམས་དཔས་སྤྱད་པར་བྱ་བ་འདི་དག་ལ་ཉན་ཐོས་ཀྱི་ཐེག་པའི་ནང་ནས་དངོས་སུམ་སྨོས་ཀྱང་མིང་དང་ཚིག་ལ་སོགས་པ་གཞན་དུ་བཏགས་ནས་གསུང་རབ་གཞན་གྱིས་བསྟན་པས་ན་ཉན་ཐོས་གྱི་ཐེག་པའི་ནང་ན་ཐེག་པ་ཆེན་པོ་ཡོང་དོ་ཞེས་ཟེར་རོ། །འདི་ལ་དེ་ལྟ་བུའི
་བསྟན་པ་མི་དམིགས་སོ་ཞེས་བྱ་བ་ནི་ཐེག་པ་ཆུང་དུ་འདིའི་ནང་ནས་ཐེག་པ་ཆེན་པོའི་ཆོད་དང་ས་དང་གྲོལ?་ཏུ་ཕྱིན་པ་བསྟན་པ་ཅུང་ཟད་ཀྱང་མི་འབྱུང་མི་སྣང་བས་ན་ཉན་ཐོས་ཀྱི་ཐེག་པ་ནི་ཐེག་པ་ཆེན་པོའི་ཆོས་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཉན་ཐོས་ཀྱི་ཐེག་པ་དང། ཐེག་པ་ཆེན་པོ་ཕན་ཚུན་དུ་འགལ
་བས་ན་མི་མཐུན་པར་རིགས་སུ་བཅད་པ་ཞེས་བྱ་བ་ལ། གོང་དུ་མ་ཚངས་བ་དང་འགལ་བའི་ཕྱིར་ཞེས་སྨྲས་པ་དེ་ལ་ཇི་ལྟར་འགལ་བའི་དོན་ཏེ། །ཉན་ཐོས་ཀྱི་ཐེག་པའི་རྒྱུད་བ་འབྲས་བུ་ཡང་གཞན་ཐེག་པ་ཆེན་པོའི་རྒྱུ་དང་འབྲས་བུ་ཡང་གཞན་ཏེ་ནང་མི་མཐུན་པ་ལས་བརྩམས
་ནས་ཚིགས་སུ་བཅད་པས་སྟོན་ཏོ། །བསམ་པ་དང་ནི་བསྟན་པ་དང། །སྦྱོར་བ་དང་ནི་སྟོན་པ་དང། །དུས་ཀྱང་རབ་ཏུ་འགལ་བའི་ཕྱིར། །གང་ཆུང་དེ་ཡང་ཆུང་བ་ཉིད་ཞེས་བྱ་བ་ལ། འགལ་བ་རྣམ་ལྔས་ཐེག་པ་ཆེན་པོ་དང་ཐེག་པ་ཆུང་དུ་གཉིས་ནད་ཕན་ཚུན་འགལ་ཏེ། ལྔ་པོ་གང་ཞེ་ན། བསམ
་པ་འགལ་བ་དང་བསྟན་པ་འགལ་བ་དང། སྦྱོར་བ་འགལ་བ་དང། རྩོན་པ་འགལ་བ་དང། །དུས་འགལ་བ་སྟེ་རྣམ་པ་ལྔ་འགལ་བས་ཉན་ཐོས་ཀྱི་ཐེག་པ་ནི་ཆུང་དུ་ཡིན་ཏེ་དེ་བས་ན་ཐེག་པ་ཆུང་དུ་ཤེས་བྱའི་ཐེག་པ་ཆེན་ཞེས་མི་བྱའོ། །དེ་ལ་ཐེག་པ་ཆེན་པོ་ལས་ནི་བདག་དང
་གཞན་མྱ་ངན་ལས་བཟླ་བར་སེམས་ན་ཉན་ཐོས་ཀྱི་ཐེག་པ་ལས་ནི་བདག་ཡོངས་སུ་མྱ་ངན་ལས་འདའ་བར་བྱ་བའི་ཕྱིར་སེམས་པས་ན་བསམ་པ་འགལ་ལོ། །ཐེག་པ་ཆེན་པོའི་གཞུང་ལས་ནི་བདག་དང་གཞན་གྱི་དོན་བྱ་བའི་ཆོས་བསྟན་ན་ཉན་ཐོས་ཀྱི་ཐེག་པ་ལས་བདག་གི་དོན་བྱ
་བའི་ཆོས་བསྟན་པས་ན་བསྟན་པ་འགལ་ལོ། །ཐེག་པ་ཆེན་པོ་ལ་ཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་ནི་བདག་གི་དོན་དང་གཞན་གྱི་དོན་གཉི་ག་ལ་སྦྱོར་ན་ཉན་ཐོས་ཀྱི་ཐེག་པ་ལ་ཞུགས་པའི་གང་ཟག་ནི་བདག་གི་དོན་འབའ་ཞིག་ལ་སྦྱོར་བ་ལ་ཞུགས་པས་ན་སྦྱོར་བ་འགལ
་སོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡེ་ཤེས་ཀྱི་ཚོགས་ནི་ནམ་མཁའ་ཨི་ཁམས་ལྟར་ཀུན་དུ་ཁྱབ་པ་ལ་བསོད་ནམས་ཀྱི་ཚོགས་ནི་ཕྱོགས་བཞིའི་རྒྱ་མཚོའི་ཆུ་བཞིན་བསམས་ན། ཉན་ཐོས་དག་ནི་གང་ཟག་ལ་བདག་མེད་པ་ཙམ་དུ་ཁོང་དུ་ཆུད་པས་ཡེ་ཤེས་ཀྱི་ཚོགས་ཡུངས་འབྲུ?་སྲིན
་བུས་ཟོས་པའི་ནང་གི་ནམ་མཁའ་ཨི་ཁྱོན་ཙམ་དང། ཁ་ཟས་སྤར་པ་གང་ཙམ་གཏོང་བས་བསོད་ནམས་ཀྱི་ཚོགས་བ་གླང་གི་རྗེས་ཀྱི་རྨིག་ཆུ་ཙམ་ཞིག་བསམས་པའི་ཕྱིར་རྟོན་པ་འགལ་ལོ། །ཐེག་པ་ཆེན་པོ་ལ་ཞུགས་པ་རྣམS་ནི་བསྐལ་པ་གྲངས་མེད་པ་གསུམ་གྱིས་བླ་ན་མེད་པའི་བྱང་ཆུབ་ཏུ
་འཚང་རྒྱ་ན་ཉན་ཐོས་དག་ནི་ཆེ་གསུམ་ཙམ་གྱིས་དགྲ་བཅོམ་པའི་འབྲས་བུ་འཐོབ་པས་ན་དུས་འགལ་ལོ། །དེ་ལྟར་ཐེག་པ་ཆེན་པོ་དེ་སངས་རྒྱས་ཀྱི་བཀའ་ཡིན་པར་བསྒྲུབས་པ་དང། ཉན་ཐོས་ཀྱིས་སླར་བསྐྱར་བའི་ཕྱིར། །སངས་རྒྱས་ཀྱི་ཚིག་གི་མཚན་ཉིད་ནི་འདི་ཡིན་ཏེ། གང་མདོ་སྡེ་ལས་འབྱུང། འདུལ
་བ་ལ་ཡང་སྣང། ཆོས་ཉིད་དང་ཡང་འགལ་བར་མི་བྱེད་པར་ཡིན་ན་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པར་བསྟན་པ་ཐེག་པ་ཆེན་པོ་ནི་དེ་ལྟ་མ་ཡིན་ཏེ། དེ་བས་སངས་རྒྱས་ཀྱི་ཆགས་ཡིན་ནོ་ཞེས་ལ་ལ་དག་དེ་སྐད་ཟེར་བས་ཞེས་བྱ་བ་སྨོས་ཏེ། ཉན་ཐོས་དག་ན་དེ་སངས་རྒྱས་ཀྱི་ཚིག་གི་མཚན་ཉིད་ནི་དུས་བསྟན་པ
་དང། ཆེན་པོ་བསྟན་པའི་མདོ་སྡེ་ལས། གང་མདོ་སྡེ་ལས་ཀྱང་འབྱུང་བ་འདུལ་བ་ལས་ཀྱང་སྣང་ཞིང་ཆོས་ཉིད་དང་ཡང་མི་འགལ་བ་དེ་སངས་རྒྱས་ཀྱི་བཀའ་ཡིན་གྱི་དེ་ལས་གཞན་དག་ནི་བཀའ་མ་ཡིན་ནོ་ཞེས་གསུངས་སོ། །དེ་ལ་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པ་ཡོད་དོ་ཞེས་བཤད་པ་ནི
་མདོ་སྡེའི་མཚན་ཉིད་ནི་ཐེག་པ་ཆེན་པོ་ལས་ཆོས་ཐམས་ཅད་རང་བཞིན་མེད་དོ་ཞེས་བཤད་པས་ན་མདོ་སྡེ་ལས་ཀྱང་མི་འབྱུང་སྟེ་མདོ་སྡེ་དང་མི་མཐུན་ནོ། །གཞུང་གང་ལས་ལྟུང་བ་སྟེ་བདུན་འཆད་པའི་གཞུང་དེ་ནི་འདུལ་བ་ཡིན་ཏེ། འདུལ་བ་ལས་ཀྱང་སངས་རྒྱས་དང། ཆོས་དང། དགེ་འདུན་མེད་དོ་ཞེས
་སྨྲས་ན་ལྟུང་བར་འགྱུར་རོ་ཞེས་བཤད་ལ། ཐེག་པ་ཆེན་པོ་ལས་སངས་རྒྱས་མེད། ཆོས་མེད། དགེ་འདུན་མེད་དོ་ཞེས་འབྱུང་བས་འདུལ་བ་ལ་མི་སྣང་སྟེ། འདུལ་བ་དང་ཡང་མི་མཐུན་ནོ། །མ་རིག་པའི་རྐྱེན་ག་ཡིས་འདུ་བྱེད་ལ་སོགས་པ་ལུགས་བཞིན་དུ་འབུང་བ་དང། མ་རིག་པ་འགགས་པས་འདུ
་བྱེད་འགག་པ་ལ་སོགས་པ་ལུགས་ལས་བཟློག་པ་ལ་སོགས་པ་ལུགས་ལས་བཟློག་པ་སྟེ། རྟེན་ཅིང་འབྲེལ་ཏེ་འབྱུང་བ་རྣམས་ནི་ཆོས་ཉིད་ཡིན་པར་བཤད་ན་ཐེག་པ་ཆེན་པོ་ལས་ཆོས་ཐཾས་ཅད་མ་སྐྱེས་མ་བྱུང་ཞེས་བཤད་པས་ཆོས་ཉིད་དང་ཡང་འགལ་ཏེ། དེ་བས་ན་ཐེག་པ་ཆེན་པོ་སངས་རྒྱས་ཀྱི
་ཚིག་མ་ཡིན་ནོ་ཞེས་རྒོལ་ལོ། །དེའི་ཕྱིར་མཚན་ཉིད་དང་མི་འགལ་བར་ཚིགས་སུ་བཅད་པ་ཞེས་བྱ་བ་ལ། དེ་ལྟར་རྒོལ་བ་རྣམས་ལ་ཐེག་པ་འདི་སངས་རྒྱས་ཀྱི་བཀའ་ཨི་མཚན་ཉིད་དང་མི་འགལ་བར་བསྟན་པའི་ཕྱིར་ཚིགས་སུ་བཅད་པ་རྩོམ་མོ་ཞེས་བྱ་བའི་དོན་ཏོ། །དེ་སྐད་དུ་རྒོལ་བའི་ཉན་ཐོས
་དག་ལ་འདི་སྐད་གང་ཁྱེད་ཀྱིས་མདོ་སྡེ་ལ་མི་འབྱུང་བ་དང། འདུལ་བ་ལ་མི་སྣང་བ་དང། ཆོས་ཉིད་དང་མི་འགལ་བ་དེ་སངས་རྒྱས་ཀྱི་བཀའ་མ་ཡིན་ཞེས་སྨྲས་ན། ?་ཉན་ཐོས་སྡེ་བཅོ་བརྒྱད་ལས་ཐམས་ཅད་ཡོད་པར་སྨྲ་བའི་མདོ་སྡེ་དང། འདུལ་བའི
་ཆོས་ཉིད་དང་འགལ་བའི་ཕྱིར་སངས་རྒྱས་ཀྱི་ཚིག་མ་ཡིན་ནམ་ཞེས་སྨྲ་འམ། འོན་ཏེ་འཕགས་པས་མ་བྱིན་ཏིའི་མདོ་སྡེ་དང་འདུལ་བ་དང་ཆོས་ཉིད་དང་འགལ་བའི་ཕྱིར་སངས་རྒྱས་ཀི་ཚིག་མ་ཡིན་ནོ་ཞེས་བྱ་སྟེ། ཅི་ཕན་ཚུན་འགལ་བའི་ཕྱིར་སངས་རྒྱས་ཀྱི་ཚིག་མ་ཡིན་ནོ
་ཞེས་བྱ་འམ། གལ་ཏེ་ཐེག་པ་ཆེན་པོ་ཉན་ཐོས་ཀྱི་ཐེག་པའི་མདོ་སྡེ་དང་འདུལ་བ་དང། ཆོས་ཉིད་དང་འགལ་བའི་ཕྱིར་སངས་རྒྱས་ཀྱི་ཚིག་མ་ཡིན་ནོ་ཞེས་བྱ་ན་ནི། དེ་ལྟར་ན་ཉན་ཐོས་ཀྱི་གཞུང་སྟེ་བཅོ་བརྒྱད་རྣམས་ཀྱང་ཕན་ཚུན་ནས་ཐམས་ཅད་འགལ་བ་ན་ཐམས་ཅད་སངས
་རྒྱས་ཀྱི་ཚིག་མ་ཡིན་པར་འགྱུར་རོ། །ཇི་ལྟར་འགལ་ཞེ་ན། ཐམས་ཅད་ཡོད་པར་སྨྲ་བའི་གཞུང་ལས་སྟོང་པ་ཉིད་དང་ཡང་དག་པར་སྨྲ་བའི་མདོ་སྡེ་བཤད་པ་འཕགས་པས་མ་བྱི་ཏི་རྣམས་སངས་རྒྱས་ཀྱི་བཀའ་ཡིན་པར་ཁས་མི་ལེན་ལ། ཐམས་ཅད་ཡོད་པར་སྨྲ་བའི
་གཞུང་ལས་སྲིད་པ་བར་མ་ངོ་བཤད་ལ་དགེ་འདུན་ཆེན་པོ་པ་རྣམས་ཀྱིས་སངས་རྒྱས་ཀྱི་བཀའ་མ་ཡིན་ནོ་ཞེས་སྤོང་བར་བྱེད་དེ། དེ་ལྟར་སྡེ་བཅོ་བརྒྱད་རྣམས་ཀྱི་མདོ་སྡེ་ཡང་ནང་ཕན་ཚུན་མི་མཐུན་པ་དང། འདུལ་བ་ཡང་ནང་མི་མཐུན་པ་དང། ཆོས་ཉིད་ཀྱང་ནང་མི་མཐུན
་པས་ཐམས་ཅད་སངས་རྒྱས་ཀྱི་བཀའ་མ་ཡིན་པར་འགྱུར་རོ། །འོན་ཏེ་ཐམས་ཅད་ཡོད་པར་སྨྲ་བའི་གཞུང་ལ་ཡང་རང་ཉིད་ཀྱི་མདོ་སྡེ་རྣམས་ཀྱང་ནང་ཕན་ཚུན་མཐུན་པ་དང། འདུལ་བ་རྣམས་ཀྱང་ནང་མཐུན་པ་དང། ཆོས་ཉིད་ཀྱང་ནང་མི་འགལ་བ་དེ་སངས་རྒྱས་ཀྱི
་བཀའ་ཡིན་ནོ་ཞེ་ན་ནི་དེ་ལྟ་ན། །བདག་གི་ཉིད་ལས་འབྱུང་བ་དང། རང་གི་འདུལ་པས་མ་ཐོབ་པའི་ཕྱིར། །ཟབ་ཅིང་རྒྱ་ཡང་ཆེ་བས་ན། །ཆོས་ཉིད་དང་ཡང་འགལ་པ་མེད། ཞེས་བྱ་བ་སྨོས་ཏེ། ཐེག་པ་ཆེན་པོ་ཡང། ལང་ཀར་གཤེགས་པ་དང་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་མདོ
་སྡེ་དང་མཐུན་པས་ན་བདག་ཉིད་ཀྱི་མདོ་སྡེ་ལས་འབྱུང་བ་དང། ཉོན་མོངས་པ་འདུལ་བར་བྱེད་པ་ལ་འདུལ་བ་ཞེས་བྱ་ལ། བྱང་ཆུབ་སེམས་དཔའ་ཉོན་ཨོངས་པ་ནི་ཡོད་པ་དང་མེད་པ་ལ་སོགས་པར་རྟོག་པའི་རྣམ་པར་རྟོག་པ་ཡིན་ཏེ། རྣམ་པར་རྟོག་པ་དེ་སྤོང་བའི་གཉེན་པོ་རྣམ་པར་མི་རྟོག་པའི
་ཡེ་ཤེས་ཀྱང་ཐེག་པ་ཆེན་པོའི་གཞུང་ལ་ཡོད་པས་རང་གི་འདུལ་བ་ལ་ཡང་སྣང་བ་དང། བྱང་ཆུབ་སེམས་དཔའ་ཨི་ཆོས་ཉིད་ནི་ཟབ་ཅིང་རྒྱ་ཆེ་བ་ཡིན་ཏེ། ཟབ་ཅིང་རྒྱ་ཆེ་བ་ཡང་ཐེག་པ་ཆེན་པོ་ལས་འབྱུང་བས་ན། ཆོས་ཉིད་དང་ཡང་མི་འགལ་བའི་ཕྱིར་རོ། །ཐེག་པོ་ཆེན་པ་ཡང་སངས་རྒྱས་ཀྱི་བཀའ་
་ཡིན་ནོ། །དེ་ལ་གང་ཟག་དང་ཆོས་ཀྱི་བདག་མེད་པ་སྟོན་པས་ན་ཟབ་པའོ། །ས་དང་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་འཚོད་པས་ན་རྒྱ་ཆེ་བའི། །འོན་ཏེ་ཉན་ཐོས་ཀྱི་སྡེ་པ་ཐམས་ཅད་ཀྱི་དོན་གཞུང་གང་དུ་འདུས་པ་དེ་སངས་རྒྱས་ཀྱི་བཀའ་ཡིན་ནོ་ཞེ་ན་ནི། དེ་ལྟ་ན་ཉན་ཐོས་སྡེ་པ་ཐ་དད
་པ་སོ་སོའི་ནང་དུ་ནི་གཞུང་ཐམས་ཅད་མ་འདུས་ཀྱི་ཐེག་པ་ཆེན་པོ་འབའ་ཞིག་གི་ནང་དུ་ཐམས་ཅད་འདུས་པས་ཐེག་པ་ཆེན་པོ་ཉིད་སངས་རྒྱས་ཀྱི་བཀའ་ཡིན་པར་འགྱུར་རོ། །སྤྱོད་ཡུལ་མ་ཡིན་པའི་ཕྱིར་ཞེས་སྨྲས་པ་ལ། དེའི་ཕྱིར་རྟོག་གེ་པའི་སྤྱོད་ཡུལ་མ་ཡིན་པར་ཚིགས་སུ
་སུ་བཅད་པ་ཞེས་བྱ་བ་ལ་གོང་དུ་ཐེག་པ་ཆེན་པོ་བསྒྲུབ་པའི་སྐབས་སུ་སྤྱོད་ཡུལ་མ་ཡིན་པར་བསྒྲུབ་པའི་ཕྱིར་ཞེས་སྨོས་པ་ལ། དེ་ཐེག་པ་ཆེན་པོ་མུ་སྟེགས་དང་རྟོག་གེ་པ་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་པར་བསྟན་པའི་ཕྱིར་ཚིགས་སུ་བཅད་པ་རྩོམ་ཚོ་ཞེས་བྱ་བའི་དོན་ཏ
་རྟེན་ཅི། ཞེས་བྱ་བ་ལ་ཐེག་པ་ཆེན་པོ་གང་གིས་གང་ཟག་དང་ཆོས་ལ་བདག་མེད་པ་དཔས་དང་ཕ་རོལ་ཏུ་ཕྱིན་པ་ཁོང་དུ་ཆུད་ནས་མངོན་སུམ་དུ་བྱས་ཏེ་བཤད་པ་དེ་ཐེག་པ་ཆེན་པོ་ཡིན་ན་རྟོག་གེ་པ་རྣམས་ནི་བདེན་པ་མ་མཐོང་བ་ལ་གནས་ཤིང་སྔོན་གྱི་རྟོག་གེའི་གཙུག་ལག
་འགའ་ཞིག་ལ་བརྟེན་ཏེ་གདོད་རྟོག་གེའི་གཙུག་ལག་བྱེད་པས་ན། དེའི་ཕྱིར་ཐེག་པ་ཆེན་པོ་རྟོག་གེའི་སྤྱོད་ཡུལ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །མ་ངེས་ཞེས་བྱ་བ་ལ་ཐེག་པ་ཆེན་པོའི་གཞུང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ནི། དང་པོ་བཅོམ་ལྡན་འདས་ཀྱི
་ཇི་ལྟར་བཤད་པ་བཞིན་དུ་གཞུང་མ་ཉམས་པར་རྟག་ཏུ་དེ་བཞིན་དུ་གནས་པ་ཡིན་ན་རྟོག་གི་པ་རྣམས་ཀྱི་གཙུག་ལག་ནི་དུས་ཀྱི་ཁྱད་པར་གྱིས་གཞུང་གཞན་ནས་གཞན་དུ་འགྱུར་བབས་མ་ངེས་པ་སྟེ་ཇི་ལྟ་ཞེས། སྔོན་དག་ནི་ཚད་མ་བདུན་དུ
་བཞག་གོ་།བར་དུ་ཡང་ཚད་མ་ལྔས་བཞག་གོ་།དེའི་འོག་ཏུ་ཡང་ཚད་མ་བཞིར་གཞག་གོ་།དེ་ནས་ཚད་མ་གསུཾ་དུ་ཡང་གཞག་གོ་།དེ་ནས་ཚད་ན་གཉིས་ཡང་བཞག་གོ་།དེ་ལྟར་མ་ངེS་པས་ན་ཐེག་པ་ཆེན་པོ་རྟོག་གའི་སྤྱོད་ཡུལ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏེ། །མ་ཁྱབ་བ་ཞེས་བྱ་བ་ལ
་ཐེག་པ་ཆེན་པོའི་གཞུང་ལས་ནི་ཕུང་པོ་དང་ཁམས་ལ་སོགས་པའི་ཆོས་ཐམས་ཅད་འབྱུང་སྟེ། ཤེས་བྱ་ཐམས་ཅད་ལ་ཁྱབ་བ་ཡིན་ན་རྟོག་གེ་པ་རྣམས་ཀྱི་གཞུང་ལས་ནི་མངོན་སུམ་དང་རྗེས་སུ་དཔག་པར་བྱ་བའི་ཚད་མའི་ཡུལ་ཉི་ཆོ?་ཞིག་སྤྱོད་དེ། ཤེས
་བྱ་ཀུན་ལ་ཁྱབ་པས་ན་ཐེག་པ་ཆེན་པོ་རྟོག་གེའི་སྤྱོད་ཡུལ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཀུན་རྫོབ་དང་ཞེས་བྱ་བ་ལ་ཐེག་པ་ཆེན་པོ་ལས་ནི་ཀུན་རྫོབ་དང་དོན་དམ་པའི་ཆོས་གཉིས་སྟོན་ལ་རྟོག་གེའི་གཙུག་ལག་ལས་ནི་ཀུན་རྫོབ་ཀྱི་ཆོས་ཉི་ཚེ་ཙམ་ཞིག་སྤྱོད་ཀྱི། དོན
་དམ་པའི་ཆོས་མི་དཔྱད་པས་ཐེག་པ་ཆེན་པོ་རྟོག་གེའི་སྤྱོད་ཡུལ་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ་།སྐྱོ་བ་ཅན་ཞེས་བྱ་བ་ལ་ཐེག་པ་ཆེན་པོ་ལ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབུམ་ལ་སོགས་པ་འབུམ་ཕྲག་གྲངས་མེད་པ་བཤད་པས་ཚིག་དང་སྤོབས་པ་ཟད་པར་མི
་འགྱུར་ལ། རྟོག་ག་རྣམས་ཀྱི་གཙུག་ལག་ནི་ཉུང?་ཤེས་ཞིག་ཡོད་པས་དེ་སྟོན་པའི་ཚེ། ཤེས་དང་སྤོབས་པ་དྲག་པོ་གཞན་དག་གིས་ཚར་བཅད་ན། གཙུག་ལག་ལས་ཇི་ཙམ་འབྱུང་བ་ཞིག་སྨྲས་ནས། དེའི་ཚེ་ཚིག་ཟད་པ་དང་དེ་ནས་སྤོབས་པ་ཟད་པ་དང་སྐྱེ་བར་འགྱུར་ཏེ། དེ་བས་ན
་ཐེག་པ་ཆེན་པོ་རྟོག་གེའི་སྤྱོད་ཡུལ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །རྟོག་གེ་པ་ནི་བྱིས་པའི་གནས་ཞེས་བྱ་བ་ནི། ཐེག་པ་ཆེན་པོ་ནི་འཕགས་པ་རྣམས་ཀྱི་ཁོང་དུ་ཆུད་པར་བྱ་བའི་གནས་ཡིན་ལ། དེ་ནས་སྤོབས་བཟང་པ་དང། རྟོག་གེའི་ཆོས་རྣམས་ན་ཕྱིས་པ་རྣམས་ཀྱིས་ཤེས་བར
་བྱ་བ་ཡིན་པས་ཐེག་པ་ཆེན་པོ་ནི་རྟོག་གེ་པ་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཐབས་མ་ཡིན་པའི་ཕྱིར་ཞེས་བྱ་བ་ནི་ཞེས་པ་ལ། གོང་དུ་ཐབས་མིན་དེ་ལྟར་མ་བསྟན་པ་ཞེས་སྨོས་པ་ལ། ཉན་ཐོས་ཀྱི་ཐེག་པ་ནི་བླ་ན་མེད་པའི་བྱང་ཆུབ་ཐོབ་པའི་ཐབས་མ་ཡིན་པས། ཐེག་པ
་དེ་ལ་ཡུན་རིང་དུ་སྤྱད་ཀྱང་འཆང་རྒྱ་བར་མི་འགྱུར་རོ་ཞེས་བཤད་ན་དེ་ལྟར། ཐེག་པ་ཆེན་པོ་འདི་ཇི་ལྟར་ན་བླ་ན་མེད་པའི་བྱང་ཆུབ་ཀྱི་ཐབས་སུ་འགྱུར་རོ་ཞེས་རྒོལ་ལོ། །ལན་དུ། རྒྱ་ཆེའི་ཕྱིར་དང་ཟབ་པའི་ཕྱིར། །ཡོངས་སུ་སྨིན་དང་རྣམ་མི་རྟོག་།འདི་ལ་དེ་གཉིས་བསྟན་པའི་ཕྱིར། །དེ་ནི་བླ
་ན་མེད་པའི་ཐབས་ཞེས་བྱ་བ་སྨོས་ཏེ། བླ་ན་མེད་པའི་བྱང་ཆུབ་ཐོབ་པར་བྱ་བའི་ཐབས་ནི་རྣམ་པ་གཉིས་ཏེ། རྒྱ་ཆེ་བའི་དོན་དང། ཟབ་པའི་ཆོས་སོ། །དེ་ལ་ས་དང་ཕ་རོལ་ཏུ་ཕྱིན་པ་དང། མངོན་པར་ཤེས་པ་དང། སྟོབས་དང་མི་འཇིགས་པ་ལ་སོགས་པ་ནི་རྒྱ་ཆེ་བའི་ཆོས་སོ། །གང་ཟག་དང
་ཆོས་ལ་བདག་མེད་པ་ནི་ཟབ་པའི་ཆོས་སོ། །ཡང་ན་བསོད་ནམས་ཀྱི་ཚོགས་ནི་རྒྱ་ཆེ་བའི་ཆོས་སོ། །ཡེ་ཤེས་ཀྱི་ཚོགས་ནི་ཟབ་པའི་ཆོས་སོ། །དེ་ལ་རྒྱ་ཆེ་བའི་ཆོས་བསྟན་པས་ནི་སེམས་ཅན་ཡོངས་སུ་སྨིན་པར་འགྱུར་ཏེ། དེ་བཞིན་གཤེགས་པའི་ཡོན་ཏན་མཐུ་ཆེན་པོ་དག་ཐོས་ནས
་དད་པའི་སྒོ་ནས་སེམས་ཅན་དགེ་བ་ལ་འཇུག་པར་འགྱུར་བའི་ཕྱིར་རོ། །ཟབ་པའི་ཆོས་བསྒོམས་པས་ནི་བདག་ཉིད་རྣམ་པར་མི་རྟོག་པའི་ཡེ་ཤེས་འཐོབ་པར་འགྱུར་ཏེ། དེ་ལྟར་བདག་གི་དོན་དང་གཞན་གྱི་དོན་དུ་འགྱུར་བའི་ཆོས་ཟབ་པ་དང། རྒྱ་ཆེ་བ་གཉིས་ཐེག་པ་ཆེན་པོ་འདི་ལས་བསྟན
་པའི་ཕྱིར། ཐེག་བ་ཆེན་པོ་འདི་བླ་ན་མེད་པའི་བྱང་ཆུབ་འཐོབ་པར་བྱེད་པའི་ཐབས་ཡིན་ནོ། །གང་འདི་ལ་སྐྲག་པར་འགྱུར་བ་དེའི་ཕྱིར་གནས་མ་ཡིན་བ་ལ་སྐྲག་པར་འགྱུར་བའི་ཉེས་པ་དང། རྒྱུ་ལ?་ཚིགས་སུ་བཅད་པ་ཞེས་བྱ་བ་དང། རིགས་མེད་པ་དང། ཉན་ཐོས་ཀྱི་རིགས་ཅན་དང། རང
་སངས་རྒྱས་ཀྱི་རིགས་ཅན་དག་གི་གང་ཟག་དག་སྟོང་པ་ཉིད་འཆད་བའི་ཐེག་པ་ཆེན་པོའི་ཆོས་འདི་ལ་སྐྲག་སྟེ་འདི་བདུད་ཀྱིས་བཤད་པ་ཡིན་ནོ་ཞེས་བཤད་པ་དེ་དག་ལ། ཐེག་པ་ཆེན་པོ་འདི་དགའ་བར་བྱ་བའི་གནས་ཡིན་གྱི་སྐྲག་པར་བྱ་བའི་གནས་མ་ཡིན་པ་ལ་སྐྲག་པས་ན་གནས་མ
་ཡིན་པ་ལ་སྐྲག་པ་ཞེས་ཏེ། གནས་མ་ཡིན་པ་ལ་སྐྲག་ཏེ་སྐུར་པ་བཏབ་ན་ངན་སོང་དུ་ལྷུང་བ་ལ་སོགས་པའི་ཉེས་པ་འབྱུང་བ་དང། སྐྲག་ན་ཡང་རྒྱུ་གང་གིས་སྐྲག་པའི་རྒྱུ་བསྟན་པའི་ཕྱིར་ཚིགས་སུ་བཅད་པ་རྩོམ་མོ་ཞེས་བྱ་བའི་དོན་ཏོ། །འགྲོ་བ་གནས་མ
་ཡིན་ལ་སྐྲག་པ་གདུང་བྱེད་པ་ཞེས་བྱ་བ་ལ། འགྲོ་བའི་སྒྲས་ནི་རིགས་མེད་པ་དང། ཉན་ཐོས་ཀྱི་རིགས་ཅན་དང། རང་སངས་རྒྱས་ཀྱི་རིགས་ཅན་ལ་བྱའོ། །ཐེག་པ་ཆེན་པོ་ནི་དགའ་བར་བྱ་བའི་གནས་ཡིན་གྱི། འཇིགས་པར་བྱ་བའི་གནས་མ་ཡིན་པ་ལ་འཇིགས་ནས
་སྐུར་པ་བཏབ་ན་གནས་མ་ཡིན་པ་ལ་སྐྲག་པ་ཞེས་བྱ་སྟེ། དེ་ལྟར་སྐྲག་སྟེ་སྐུར་པ་བཏབ་སྟེ། ངན་སོང་གསུམ་དུ་སྡུག་བསྔལ་མྱོང་བར་བྱེད་པས་གདུང་བར་འགྱུར་བ་ཞེས་བྱའོ། །ཅིའི་ཕྱིར་ངན་སོང་གསུམ་དུ་གདུང་བར་བྱེད་ན་དེའི་ཕྱིར་བསོད་ནམས་མ་ཡིན་ཕུང་པོ་ཚར་འཕེལ
་བ་ཞེས་སྨོས་ཏེ། ཐེག་པ་ཆེན་པོ་ལ་སྐུར་པ་བཏབ་ན་བསོད་ནམས་མ་ཡིན་ཚོགས་འཕེལ་བར་འགྱུར་བས་ངན་སོང་དུ་སྐྱེའོ། །དུས་ཇི་སྲིད་གཅིག་ཏུ་ངན་སོང་དུ་གནས་སྙམ་པ་ལ་ཡུན་རིང་དུ་ཞེས་སྨོས་ཏེ། བསྐལ་གྲངས་མེད་པར་ངན་སོང་དུ་གནས་སོ་ཞེས་བྱ་བའི་དོན་ཏོ། །དེ
་ཡན་ཆད་དུ་དོན་རྣམ་པ་གསུམ་བསྟན་ཏེ། སྐུར་པ་བཏབ་པའི་ཉེས་པ་དང། གང་གི་རྒྱུས་ངན་སོང་དུ་སྐྱེ་བར་འགྱུར་བ་དང། དུས་ཇི་སྲིད་གཅིག་ཏུ་ངན་སོང་དུ་གནས་པ་དང་གསུམ་མོ། །འགྲོ་བ་གནས་མ་ཡིན་ལ་སྐྲག་པ་གདུང་བྱེད་པ་ཞེས་བྱ་བས་སྐུར་པ་བཏབ་པའི་ཉེས
་པ་བསྟན་ཏོ། །བསོད་ནམས་མ་ཡིན་ཕུང་པོ་ཆེར་འཕེལ་ཞེས་བྱ་བས་ངན་སོང་གསུམ་དུ་སྐྱེ་བའི་རྒྱུ་གང་ཡིན་པ་བསྟན་ཏོ། །ཡུན་རིང་དུ་ཞེས་བྱ་བས་དུས་ཇི་སྲིད་དུ་ངན་སོང་དུ་གནས་པ་བསྟན་ཏོ། །ཅིའི་ཕྱིར་གང་ཟག་དེ་དག་ཐེག་པ་ཆེན་པོ་ལ་སྐྲག་པར་བྱེད་ཅེ་ན། དེའི་ཕྱིར
་རིགས་མེད་གྲོགས་ངན་དགེ་སྔོན་མ་བསགས་བློ་མ་སྦྱངས་ཞེས་སྨོས་ཏེ། དེ་ལ་རྒྱུ་རྣམ་པ་བཞིས་ཐེག་པ་ཆེན་པོ་ལ་སྐྲག་པར་འགྱུར་ཏེ། བྱང་ཆུབ་སེམས་དཔའ་ཨི་རིགས་མེད་ན་ཡང་ཐེག་པ་ཆེན་པོ་ལ་སྐྲག་སྟེ། འདི་ནི་རྒྱུ་གཅིག་གོ་།ཉན་ཐོས་དང་རང་སངས་རྒྱས་ཀྱི
་བཤེས་གཉེན་ངན་པས་ཟིན་པ་དང་ཐེག་པ་ཆེན་པོ་ལ་སྐྲག་པར་འགྱུར་ཏེ་འདི་ནི་རྒྱུ་གཉིས་པའོ། །ཚེ་རབས་སྔོན་གཞན་ན་ཐེག་པ་ཆེན་པོ་རྟོགས་པར་འགྱུར་བའི་བསོད་ནམས་ཀྱི་ཚོགས་མ་བསགས་ན་ཡང་སྐྲག་པར་འགྱུར་ཏེ་འདི་ནི་རྒྱུ་གསུམ་པའོ། །ཐེག་པ་ཆེན་པོའི་ཆོས་མཉན
་པ་དང་བསམ་པ་ལ་སོགས་པས་ཚེ་སྔ་ཕྱི་བློ་མ་སྦྱངས་ན་ཡང་ཐེག་པ་ཆེན་པོ་ལ་སྐྲག་བར་འགྱུར་ཏེ་འདི་ནི་རྒྱུ་བཞི་པའོ། །སྐྲག་པའི་རྒྱུ་སྨྲས་ནས་མི་སྐྲག་པའི་རྒྱུ་བཤད་པར་བྱ་སྟེ་ཞེས་བྱ་བ་ལ་གོང་དུ་ཐེག་པ་ཆེན་པོ་ལ་སྐྲག་པར་འགྱུར་བའི་རྒྱུ་ནི་རིགས་མེད་པ་ལ་སོགས་པ
་རྣམ་པ་བཞི་ཡིན་ནོ་ཞེས་བཤད་ནས། ད་ནི་རྒྱུ་གང་ལ་བརྟེན་ན་ཐེག་པ་ཆེན་པོ་ལ་མི་སྐྲག་པར་འགྱུར་བའི་རྒྱུ་བསྟན་ཏེ། འོག་ནས་ཚིགས་སུ་བཅད་པ་ལས་འབྱུང་བ་བཞིན་དུ་ཡིད་ལ་བྱས་ན་ཐེག་པ་ཆེན་པོ་ལ་སྐྲག་པར་མི་འགྱུར་ཏེ། མི་སྐྲག་པའི་རྒྱུ་བསྟན་པའི་ཕྱིར
་ཚིགས་སུ་བཅད་པ་རྩོམ་མོ། །དེ་ལས་གཞན་དང་གཞན་མེད་ཅེས་བྱ་བ་ལ། ཉན་ཐོས་རྣམས་ཀྱིས་ཀྱང་ཉན་ཐོས་ཀྱི་ཐེག་པ་དང། རང་སངས་རྒྱས་ཀྱི་ཐེག་པ་དང། ཐེག་པ་ཆེན་པོ་སྟེ་ཐེག་པ་གསུམ་ཡོད་པར་འདོད་པས། ཐེག་པ་ཆེན་པོ་ཡོད་པར་ཁས་བླངས་ན་དེ་ལྟ་ན་ནི་ཤེས
་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་མ་གཏོགས་པའི་ཐེག་པ་ཆེན་པོ་གཞན་མེད་པས་ན་ཐེག་པ་ཆེན་པོ་སྤོང་ཞིང་སྐུར་པ་འདེབས་པ་དང་སྐྲག་པར་བྱ་བའི་གནས་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་ཉན་ཐོS་དག་ན་རེ་ཉན་ཐོS་ཀྱི་ཐེག་པ་ཉིད་ཐེག་པ་ཆེན་པོ་ཡིན་ཏེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ
་ལ་སོགས་པ་ཐེག་པ་ཆེན་པོ་མ་ཡིན་ནོ་ཞེས་སྨྲ་ན། དེ་ལྟ་ན་ནི་སངས་རྒྱས་ལས་མ་གཏོགས་པའི་ཉན་ཐོས་དང་རང་སངས་རྒྱས་ཞེས་བྱ་བ་གཞན་མེད་པར་འགྱུར་ཏེ། ཅིའི་ཕྱིར་ཞེ་ན། ཀུན་ཀྱང་ཐེག་པ་ཆེན་པོ་ལ་ཞུགས་པས། ཀུན་སངས་རྒྱས་སུ་གྱུར་པའི་ཕྱིར། ཉན་ཐོས་དང་རང
་སངས་རྒྱས་མེད་པའི་ཕྱིར་སྐྱོན་དུ་འགྱུར་རོ། །ཟབ་ཅིང་ཞེས་བྱ་བ་ལ། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པར་བྱེད་པའི་ལམ་ས་དང་ཕ་རོལ་ཏུ་ཕྱིན་པ་དང། གང་ཟག་དང་ཆོས་ལ་བདག་མེད་པ་འདི་ནི་ཤིན་ཏུ་ཟབ་པ་སྟེ། འཕགས་པ་རྣམས་ཀྱིས་ཐུགས་སུ་ཆུད་པར་ཟད་དེ། སོ
་སོའི་སྐྱེ་བོ་རྣམས་ཀྱིས་ཁོང་དུ་མི་ཆུད་དོ་ཞེས་དེ་ལྟར་ཚུལ་བཞིན་དུ་ཡིད་ལ་བྱས་ན་ཐེག་པ་ཆེན་པོ་སྐྲག་པའི་གནས་སུ་མི་འགྱུར་རོ། །རྗེས་སོང་ཕྱིར་ཞེས་བྱ་བ་ནི་གང་གི་ཚེ་བཅོམ་ལྡན་འདས་ཀྱིས་མཉན་དུ་ཡོད་པ་ལ་སོགས་པར་ཉན་ཐོས་ཀྱི་ཐེག་པ་བཤད་པ་དེ་དང
་དུས་གཅིག་ཏུ་ཐེག་པ་ཆེན་པོ་ཡང་བཤད་དེ་དུས་མཉམ་དུ་བྱུང་བས་དུས་མཉམ་དུ་གསུངས་པར་འདྲ་བ་ལ། །ཉན་ཐོས་ཀྱི་ཐེག་པ་ལ་སྐྲག་པར་མི་བྱན་ཐེག་པ་ཆེན་པོ་ལ་ཅིའི་ཕྱིར་སྐྲག་པར་བྱ་བའི་རིགས་ཞེས་དེ་ལྟར་ཚུལ་བཞིན་དུ་ཡིད་ལ་བྱས་ནས་དཔྱད་ན་ཐེག་པ་ཆེན་པོའི་ཆོས
་ལ་སྐྲག་པར་མི་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །སྣ་ཚོགས་སྟོན་ཅིང་ཞེས་བྱ་བ་ལ། གལ་ཏེ་ཐེག་པ་ཆེན་པོའི་ནང་ནས་སྟོང་པ་དང་མེད་པ་འབའ་ཞིག་བཤད་ན་ནི་སྐྲག་པར་བྱ་བའི་གནས་ཀྱང་ཡིན་ན་སྟོང་པ་འབའ་ཞིག་བཤད་པར་མ་ཟད་ཀྱི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་དད?
་པ་དང་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་ཆོས་སྣ་ཚོགས་དང། ལམ་སྣ་ཚོགས་ཀྱང་བཤད་པས་ན་སྟོང་པར་བཤད་པའི་བཀའ་འདི་ལ་ཡང་དགོངས་པ་འགའ་ཞིག་ཡོད་དོ་ཞེས་ཇི་ལྟར་ཚུལ་བཞིན་དུ་བསམས་ན་ཐེག་པ་ཆེན་པོ་ལ་སྐྲག་པར་མི་འགྱུར་རོ་ཞེས་བྱ་བའི་དོན་ཏོ།།
་མང་པོའི་སྒོ་ནས་རྟག་ཏུ་སྟོན་པ་དང་ལྡན་ཞེས་བྱ་བ་ལ། མང་པོ་ནི་ལང་ཀར་གཤེགས་པ་དང། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་མདོ་སྡེ་མང་པོ་དེ་དང་དེ་དག་ལ་བྱའོ། །སྒོ་ཞེས་བྱ་བ་ནི་སྟོང་པ་ཉིད་སྟོན་པའི་རྣམ་གྲངས་ལ་བྱ་ལ། སྟོང་པ་ཁོང་དུ་ཆུད་པར་བྱ་བའི
་ཕྱིར། མ་བྱུང་བ་དང་མ་སྐྱེས་པ་དང་རང་བཞིན་གྱི་སྟོང་པ་དང་དངོས་པོ་མེད་པ་ཞེས་བྱ་བ་ལ་སོགས་པ་རྣམ་གྲངས་དུ་མས་བསྟན་ཏོ། རྟག་ཏུ་ཞེས་བྱ་བ་ནི་ལན་ཅིག་བསྟན་པར་མ་ཟད་ཀྱི་རྒྱུན་མ་ཆད་པར་བསྟན་ཏེ། དེ་ལྟར་སྟོང་པ་ཉིད་དེ་མདོ་སྡེ་ཐམས་ཅད་ཀྱི་ནང་ནས་རྣམ་གྲངS
་དུ་མས་རྒྱུན་མ་ཆད་པར་བསྟན་པས་ན་སྟོང་པ་འདི་དགོས་པ་ཆེ་ཞིང་ཆེད་ཆེ་བར་མངོན་ཏེ། ཆེད་མི་ཆེན་བཅོམ་ལྡན་འདས་ཀྱིས་ལན་ཅིག་ཙམ་བཤད་དེ་ཕྱིས་མི་གསུང་བའི་རིགས་སོ་ཞེས། ཇི་ལྟར་ཚུལ་བཞིན་དུ་བསམས་ན་ཐེག་པ་ཆེན་པོ་ལ་སྐྲག་པར་མི་འགྱུར་རོ་ཞེས་བྱ་བའི
་དོན་ཏོ། །ཇི་ལྟར་བཤད་བཞིན་མ་ཡིན་ཞེས་བྱ་བའི་སངས་རྒྱས་མེད་ཆོས་མེད་ཅེས་བྱ་བ་ལ་སོགས་པ་བཤད་པའི་ཚིག་འདི་ཐམས་ཅད་ནས་ཐམས་ཅད་ཏུ་ཀུན་མེད་པ་ནི་མ་ཡིན་གྱི་གཟུང་འཛིན་དུ་བྱིས་པ་རྣམས་ཀྱིས་ཀུན་དུ་རྟག་པའི་ཀུན་བརྟགས་མེད་པ་ལ་དགོངས་ནས་མེད་ཅེས་གསུངS
་ཀྱི་འཕགས་པ་རྣམས་ཀྱི་ཡུལ་གཞན་གྱི་དབང་དང། ཡོངས་སུ་གྲུབ་པའི་རང་བཞིན་མེད་པ་མ་ཡིན་ནོ་ཞེས་དེ་ལྟར་ཚུལ་བཞིན་ཡིད་ལ་བྱས་ནས་ཐེག་པ་ཆེན་པོ་ལ་སྐྲག་པར་མི་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །བཅོམ་ལྡན་འདས་ཀྱིས་དགོངས་པ་ཟབ་ཅེས་བྱ་བ་ལ། བཅོམ
་ལྡན་འདས་ཀྱི་བཀའ་ཐམས་ཅད་ནི་ཟབ་ཅིང་ཕྲ་བ་སྟེ་ཅི་ལ་དགོངས་པ་ཤིན་ཏུ་ཤེས་པར་དཀའ་ཞིང་རྟོག་པ་དཀའ་བའོ། །ཇི་ལྟ་ཞེ་ན། དེ་བཞིན་གཤེགས་པ་ཆོས་འཆད་པ་ནི་བསམ་པ་དང་བག་ལ་ཉལ་བ་དང་ཁམས་རྣམས་མཁྱེན་ནས་སེམས་ཅན་སོ་སོའི་སེམས་དང་མཐུན
་བར་ཁ་ཅིག་ལ་ནི་ཡོད་ཅེས་བཤད། ཁ་ཅིག་ལ་ནི་མེད་ཅེས་བཤད། ཁ་ཅིག་ལ་ཡོད་པ་ཡང་མ་ཡིན་མེད་པ་ཡང་མ་ཡིན་ཞེས་བཤད་པ་དེ་དག་ཅི་ལ་དགོངས་ཏེ་བཤད་པ་བདག་གིས་མི་རྟོགས་ཏེ་བདག་གི་སྤྱོད་ཡུལ་མ་ཡིན་ནོ་ཞེས་དེ་ལྟར་ཚུལ་བཞིན་དུ་ཡིད་ལ་བྱ
་སྟེ་བསམས་ན་ཡང་སྐྲག་པར་མི་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །མཁས་པ་ཚུལ་བཞིན་བརྟགས་ན་ཆོས་ལ་སྐྲག་པར་མི་འགྱུར་རོ་ཞེས་བྱ་བ་ནི་བློ་དང་ལྡན་པ་མཁས་པ་རྣམས་ཀྱི་ཚུལ་བཞིན་དུ་བསམས་ནས་དཔྱད་ན་ཐེག་པ་ཆེན་པོའི་ཆོས་ལ་སྐྲག་པར་མི་འགྱུར་རོ་ཞེས
་བྱ་བའི་དོན་ཏོ། །གཞན་དུ་ན་ནི་ལན་ཅིག་ཙམ་ཞིག་དགག་པ་མཛད་པར་འགྱུར་རོ་ཞེས་བྱ་བ་ལ། སྟོང་པ་ཉིད་ཀྱི་དོན་འདི་ཆེད་ཆེ་བ་མ་ཡིན་ན་ནི་མེད་དོ་ཞེS་བྱ་བའི་དགག་པའི་ཚིག་འདི་ལན་འགའ་ཞིག་བཤད་ནས་དེ་ནས་མི་གསུང་བར་རིགས་ན། བཅོམ་ལྡན་འདས་ཀྱི་དེ་ནས་རྒྱུན
་མ་ཆད་པར་མདོ་སྡེ་ཀུན་ལས་གསུངས་པས་ན་གདོན་མི་ཟ་བར་སྟོང་པ་ཉིད་བཤད་པ་འདི་ལ་དོན་ཆེད་ཆེ་བ་ཡོད་ཞེས་བྱ་བའི་དོན་ཏོ། །རིང་ཏུ་ཞུགས་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་ཉིད་ཡིན་པར་ཚིགས་སུ་བཅད་པ་ཞེས་བྱ་བ་ལ་གང་གི་ཚེ་འདི་ནི་བཟང་པོ་འདི
་ནི་ངན་ཏོ་ཞེས་བྱ་བ་དང། འདི་ནི་ཡིན་ནོ་འདི་ནི་མིན་ནོ་ཞེས་བྱེ་བྲག་དབྱེ་བ་དེ་དག་ཀྱང་རིང་བཞུགས་པའི་ཡེ་ཤེས་ཐོབ་པར་གྱུར་ན་དེའི་ཚེ་གདོད་ཡིན་པ་དང་མ་ཡིན་པ་དག་དེའི་སྤྱོད་ཡུལ་དུ་འགྱུར་གྱི་རིང་དུ་ཞུགས་པའི་ཡེ་ཤེས་ཀྱི
་སྤྱོད་ཡུལ་མ་ཡིན་པ་ཐོབ་པ་རྣམས་ལ་ནི་དངོས་པོ་ཐམས་ཅད་མངོན་སུམ་དུ་མི་གྱུར་པས་འདི་སངས་རྒྱས་ཀྱི་ཚིག་མ་ཡིན་ནོ་ཞེས་ངེས་པར་བཞག་ཏུ་མི་རུང་ངོ། །དེ་ལ་རིང་དུ་ཞུགས་པའི་ཡེ་ཤེས་ཞེས་བྱ་བ་ནི་དུས་གསུམ་དང་ཕྱོགས་བཅུ་ན?་གནS
་པའི་དངོས་པོ་ཐམས་ཅད་སྐྱུ?་རུར?་ལག་མཐིལ་དུ་བླངས་པ་བཞིན་དུ། ཐོགས་པ་དང་ཆགས་པ་མེད་པར་མངོན་དུ་གྱུར་པའི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་བྱའོ། །ཐོས་པ་ལ་གནས་ནས་ཐོག་མར་ཡིད་ལ་བྱེད་པ་འབྱུང་བར་འགྱུར་ཞེས་བྱ་བ་ལ། ཐམས
་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པར་བྱེད་པའི་ཐབས་ནི། དང་པོ་ཉིད་དུ་དགེ་བའི་བཤེས་གཉེན་ལ་བརྟེན་ནས་ཐོག་མར་དག་ཞེས་བྱ་བ་ལ་སོགས་པ་ཐེག་པ་ཆེན་པོའི་ཆོས་མཉན་པར་བྱའོ། །དེ་ནས་མཉན་པ་དེ་ལ་བརྟེན་ནས་དེའི་འོག་ཏུ་མི་རྟོག་པ་དང་སྡུག་བསྔལ་བ
་དང་སྟོང་པ་དང་བདག་མེད་པར་བསམས་ཏེ། བསམས་པ་དེ་ལས་ནི་མོས་བར་བྱེད་བའི་ཏིང་ངེ་འཛིན་དྲོད་ལ་སོགས་པ་ཚུལ་བཞིན་ཡིད་ལ་བྱེད་པའི་མཚན་ཉིད་འབྱུང་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ཚུལ་བཞིན་ཡིད་ལ་བྱེད་པ་ལས། །ཡང་དག་དོན་ཡུལ་ཡེ་ཤེས་འབྱུང
་ཞེས་བྱ་བ་ནི་དེ་ལྟར་མོས་པ་སྤྱོད་པའི་ཏིང་ངེ་འཛིན་ཚུལ་བཞིན་དང་བཞི་ནི་རང་གི་རང་བཞིན་རྣམ་པ་བཞི་ལ་བརྟེན་ནས་ས་དང་པོ་མཐོང་བའི་ལམ་ན་འཇིག་རྟེན་ལས་འདས་པའི་ཡང་དག་པའི་ལྟ་བས་ཆོས་དང་གང་ཟག་ལ་བདག་མེད་པའི་མཚན་ཉིད་ཆོས་ཀྱི་དབྱིངས་ཐམS
་ཅད་དུ་འགྲོ་བ་མངོན་སུམ་དུ་གྱུར་པའི་ཡེ་ཤེས་རྣམ་པར་མི་རྟོག་པའི་ཡེ་ཤེས་འབྱུང་ངོ་ཞེས་བྱ་བའི་དོན་ཏོ། །དེ་ལས་ཆོས་འཐོབ་འགྱུར་ཞིང་ཞེས་བྱ་བ་ནི་ས་དང་པོར་རྣམ་པར་མི་རྟོག་པའི་ཡེ་ཤེས་ཐོང་ནས་ས་གཉིས་ནས་ས་བཅུ་པའི་བར་དུ་ཡེ་ཤེས་དེ་ཉིད་ལ་སྒོམས་པས་ཉོན
་མོངས་པ་དང་ཤེས་བྱའི་སྒྲིབ་པ་ཐམས་ཅད་སྤངས་ཏེ། སངས་རྒྱས་ཀྱི་སར་ས་བཅུར་བསྒོམས་པའི་འབྲས་བུ་རྣམ་བར་གྲོལ་བ་ཞེས་བྱ་བའི་སྐུ་འཐོབ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེ་ལས་བློ་གྲོས་འབྱུང་བར་འགྱུར་ཞེས་བྱ་བ་ནི་དེ་ལྟར་རྣམ་པར་འགྲོ་བ་ཐོབ་ན། དེའི་འོག་ཏུ་རྣམ་པར་གྲོལ་བ
་ལ་རྣམ་བར་གྲོལ་བ་ཉིད་དུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པའི་ཡེ་ཤེས་སྐྱེ་བར་འགྱུར་ཏེ་ཡེ་ཤེས་དེའི་མཚན་ཉིད་ཇི་ལྟ་བུ་ཞེ་ན། འདི་ལྟར་བདག་གིས་བྱ་བ་ནི་བྱས། །ཁུར་ནི་པོར་ཚངས་པར་སྦྱོང་པ་ནི་སྤྱད། སྲིད་བ་འདི་ལས་གཞན་མི་ཤེས་སོ་ཞེས་ཁོང་དུ་ཆུང་པའོ། །གང་གི་ཚེ་ན།
་ཡེ་ཤེས་དེ་རང་གིས་རིག་པར་གྱུར་པ་དེའི་ཚེ་ན་ནི་བླང་བར་བྱ་བ་དང། སྤང་བར་བྱ་བ་དང། ཡིན་པ་དང། མ་ཡིན་པ་དག་མངོན་སུམ་དུ་གྱུར་བ་ས་འདི་ནི་ཡིན་འདི་ནི་མ་ཡིན་ཞེས་བྱེ་བྲག་དབྱེ་ཞིང་གཏན་ལ་དབབ་བར་བྱ་བ་ལ་ནི་རིགས་སོ་ཞེས་བྱ་བའི་དོན་ཏོ།ེ་།གང་ཚེ་རང་རིག་དེ
་མེད་པར་ནི་ཇི་ལྟར་རྟོགས་པར་འགྱུར་ཞེས་བྱ་བ་ལ། གང་གི་ཆོས་བཅུའི་འབྲས་བུ་ཐམས་ཅད་མཁྱེན་པའི་ཡེ་ཤེས་དེ་རང་གིས་རིག་པ་མེད་པར་ཐེག་པ་ཆེན་པོ་འདི་སངས་རྒྱས་ཀྱི་ཚིག་མ་ཡིན་པར་ཇི་ལྟར་རྟོགས་པར་འགྱུར་ཞེས་བྱ་བའི་དོན་ཏོ། །སྐྲག་པའི་གནས་མ་ཡིན་པར
་ཚིགས་སུ་བཅད་པ་ཞེས་བྱ་བ་ལ། གོང་དུ་ཐེག་པ་ཆེན་པོ་འདི་སྐྲག་པའི་གནས་མ་ཡིན་ནོ་ཞེས་མདོ་ཙམ་སྨོས་པ་དེ་ད་ཇི་ལྟར་སྐྲག་པའི་གནས་མ་ཡིན་པ་དེ་བཞིན་དུ་འཆད་དེ། ཐེག་པ་ཆེན་པོ་འདི་དགའ་ཞིང་དད་པར་བྱ་བའི་གནས་ཡིན་གྱི་སྐྲག་པར་བྱ་བའི་གནས་མ
་ཡིན་ཞེས་བསྟན་པ་ལས་བརྩམས་ནས་ཚིགས་སུ་བཅད་པ་བསྟན་ཏོ། །བདག་གིས་མི་ཤེས་ཞེས་བྱ་བ་ལ། ཉན་ཐོས་དག་འདི་སྐད་དུ་ཐེག་པ་ཆེན་པོ་ལས་ཆོས་མ་སྐྱེས་པ་མ་བྱུང་ཞེས་བྱ་བ་འདི་དག་བདག་ཅག་ལྟ་བུའི་སྤྱོད་ཡུལ་མི་འགྱུར་ཏེ། འདིར་དག་བདག་ཅག་གིས་མི་རྟོག་པས
་ན་བདག་ཅག་འདི་ལ་འཇུག་པར་མི་ནུས་སོ་ཞེས་དེ་ལྟར་བསམས་ནས་ཀྱང་ཐེག་པ་ཆེན་པོ་ལ་སྐྲག་པའི་གནས་སུ་བྱ་བ་མི་རིགས་ཏེ། ཅིའི་ཕིཡར་ཞེ་ན། འདི་ལྟར་ཐེག་པ་ཆེན་པོ་རྟོགས་པར་འགྱུར་བའི་དགེ་བའི་རྩ་བ་མ་བསགས་པ་དང། ཐེག་པ་ཆེན་པོ་སྟོན་པའི་དག་པའི་?་
་གཉེན་ལ་བསྙེན་བཀུར་མ་བྱས་པ་རྣམས་ཀྱིས་ཐེག་པ་ཆེན་པོའི་དོན་རྟོགས་པར་མི་ནུས་ཏེ། དེ་བས་ཐེག་པ་ཆེན་པོའི་དོན་རྟོགས་པར་འདོད་ན། མགོའི་ཐོད་ལ་མེ་འབར་བ་བསད་པ་དེ་བཞིན་དུ་ཐེག་པ་ཆེན་པོ་སྟོན་པའི་དགེ་བའི་བཤེས་གཉེན་ལ
་བསྙེན་བཀུར་བྱ་བའི་ཕྱིར་འབད་པར་བྱ་སྟེ། འབད་ན་ཐེག་པ་ཆེན་པོའི་དོན་རྟོགས་པར་འགྱུར་རོ། །འདིའི་སྐབས་སུ་ཚིགས་སུ་བཅད་བ་སྟོན་པ། ཐབས་ཀྱི་ཆོ་ག་མཁས་ལ་གལ་ཏེ་བློ་སྦྱངས་མ་བྱས་དང། །ཐབས་ལམ་མཁས་པའི་སྐྱེ་བོ་རྣམས་ཀྱི་རྗེས་སུ་འཇུག་པར་གྱིས
་སྡུག་བསྔལ་མང་པོ་འདུས་ལ་སྤྱོད་པར?་ཡིད་ནི་ཆགས་གྱུར་ན། །གལ་ཏེ་དེ་ཡང་མི་འདོད་ཁྱད་བར་ཉམས་ན་དགའ་བར་གྱིས་ཞེས་བྱ་བ་ལྟ་བུའོ། །སངས་རྒྱས་ཟབ་མོ་མཁྱེན་མ་ཡིན་ཞེས་བྱ་བ་ལ། གལ་ཏེ་ཉན་ཐོས་དག་ནི་འདི་སྐད་དུ། སངས་རྒྱས་ཞེས་བྱ་བ་ཕུང་པོ
་དང་ཁམས་དང་སྐྱེ་མཆེད་དང། རྟེན་ཅིང་འབྲེལ་ཏེ་འབྱུང་བ་དང། བདེན་པ་ལ་སོགས་པའི་ཆོས་ཡོད་པར་ཐུགས་སུ་ཆུད་པས་སངས་རྒྱས་ཞེས་བྱ་སྟེ། མ་སྐྱེས་པ་དང་མ་བྱུང་བ་ལ་སོགས་པ་ཟབ་མོ་འདི་སངས་རྒྱས་ཀྱི་ཐུགས་སུ་ཆུད་པ་ཡང་མ་ཡིན་ཏེ། སངས་རྒྱས་ཀྱི་ཐུགས
་སུ་ཆུད་ཅེས་བྱ་བ་ཡང་བསྟུན་ན་སངས་རྒྱས་ཀྱི་ཟབ་མོ་བཤད་པ་ལྟ་ཅི་ཞིག་ག་ལ་ཡོད་དེ་མེད་དོ་ཞེས་དེ་ལྟར་བསམས་ཏེ་ཡང་སྐྲག་པར་བྱ་བར་མི་རིགས་སོ་ཞེས་བྱ་བའི་དོན་ཏོ། །ཅིའི་ཕྱིར་ཞེ་ན། སངས་རྒྱས་ཞེས་བྱ་བའི་མཚན་འདི་ཡང་འདོད་དཀར་བཏགས་པ་མ་ཡིན་གྱི་དོན་དང
་བཅས་པར་བཏགས་པ་ཡིན་ཏེ། གང་གི་ཕྱིར་ཉོན་མོངས་པ་དང། ཤེས་བྱའི་སྒྲིབ་པ་གཉིད་དང་འདྲ་བ་བག་ལ་ཉལ་ཚུན་ཆད་སྤངས་པ་དང། རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་ཤེས་བྱ་ཐམས་ཅད་ཐུགས་སུ་ཆུད་དེ་བློ་ཁ་ལ་བྱ་བས་ན་སངས་རྒྱས་ཞེས་བྱ་སྟེ། སེམས
་ཅན་གྱི་ཁྱད་པར་འདི་ལྟ་བུ་དག་གིས་ཀྱང་ཟབ་མོ་ཐུགས་སུ་མ་ཆུད་ན། བདག་ཅག་ལ་སོགས་པས་ལྷག་ལ་ཞིག་ཅེས་ཁོང་དུ་ཆུད་ཅེས་འཇིགས་པའི་གནས་སུ་བྱ་བ་མི་རིགས་ཏེ། འདི་ལྟར་དགེ་བའི་བཤེས་གཉེན་ལ་བསྙེན་བཀུར་དང་བསྟེན་པ་ལ་བསྒྲིམ་བར་བྱས་ན
་སངས་རྒྱས་ཀྱི་ཟབ་མོ་ཐུགས་སུ་ཆུང་དམ་མི་ཆུང་པར་འགྱུར་བ་ལྟར། རང་ཉིད་ཀྱིས་ཕྱིས་རྟོཌ་པར་འགྱུར་རོ། །ཟབ་མོ་ཅིའི་ཕྱིར་ན་རྟོག་གེའི་སྤྱོད་ཡུལ་མ་ཡིན་ཞེས་བྱ་བ་ནི་ཇི་ཙམ་དུ་ཚད་མས་གཞལ་བར་བྱ་བའི་ཡུལ་གཏན་ལ་དབབ་པའི་དངོས་པོ་རྣམས་ནི་རྟོག་གེ་པ་རྣམས་ཀྱི་མངོན
་སུམ་དང་རྗེས་སུ་དཔག་པའི་ཚད་མས་རྟོགས་པར་འགྱུར་བ་ཡིན། མ་སྐྱེས་པ་དང་མ་བྱུང་བ་ལ་སོགས་པའི་ཚང་མ་ཟབ་མོ་རྟོག་ག?་པ་རྣམས་ཀྱི་ཚང་མའི་ཡུལ་མ་ཡིན་པས་ཐེག་པ་ཆེན་པོ་ལ་འཇུག་པར་བྱ་བའི་ཡུལ་མ་ཡིན་ནོ་ཞེས་དེ་ལྟར་ཡང་སྐྲག་པར་བྱ་བའི་རིགས་ཏེ།
་ཅིའི་ཕྱིར་ཞེ་ན། རྟོག་གེའི་སེམས་གསལ་བར་བྱ་བའི་ཕྱིར་བསྒྲིམ་པར་བྱ་བའི་ཐེག་པ་ལ་སྐྲག་པར་ནི་མི་བྱའོ། །ཇི་ལྟ་ཞེ་ན། ཐེག་པ་ཆེན་པོ་འདི་རྟོག་གེ་པ་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་པའི་ཕྱིར་ཏེ། དེ་བས་ན་བཅོམ་ལྡན་འདས་དེ་ལ་བྱང་ཆུབ་སེམས་དཔའ་དང་ཉན་ཐོས
་དག་གིས་བསྟོད་པ། རྟོག་གེ?་རྣམས་ཀྱི་ཡུལ་མིན་ཏེ། །བྱིས་པའི་སྤྱོད་ཡུལ་མ་ཡིན་དང། །སེམས་དང་སེམས་ལས་བྱུང་ཡོངས་འདས། །ཐུབ་པ་གང་དག་བསྒོམ་མཛད་དོ་ཞེས་གསུངས་པ་ལྟ་བུའོ། ། ཙརྱ་མི་ཏྲ་ཅི་ཊས་ཀྱང་བདག་ནི་དོན་རྟོག་གེ་པ་སྟེ། གང་དེ་ཁོ་ན་ཁོང་དུ་ཆུང་བའི་ཉན
་ཐོས་དང། རང་སངས་རྒྱས་དག་གིས་ཀྱང་ཆོས་ཀྱི་སྐུ་དང། སྟོབས་དང་མི་འཇིགས་པ་ལ་སོགས་པ་ལ་ཡེ་ཤེས་ཐོགས་ཏེ་མི་འཇུག་གོ་ཞེས་ནས་བཅོམ་ལྡན་འདས་ལ་བསྟོད་པ། གལ་ཏེ་ཀླུ་ཆེན་དེ་དག་ཀྱང། །ཁྱོད་ལ་ནུས་པ་ཐོགས་གྱུར་ན། །སྲད་པ་མི་གཙང་འབུ་ལྟ་བུ་བདག
་ལ་སྐངས་ལྟག་ལ་མཆིས་ཞེS་བསྟོད་པ་ལྟ་བུའོ། །ཅིའི་ཕྱིར་ཟབ་མོའི་དོན་རིག་པ་དག་ཐར་པར་འགྱུར་ཞེས་བྱ་བ་ལ་མ་སྐྱེས་པ་དང་མ་བྱུང་བའི་ཟབ་མོ་རྟོགས་པ་དེ་དག་འབའ་ཞིག་འཁོར་བ་ལས་འདས་ཤིང་མྱ་ངན་འདས་པར་འགྱུར་ལ། མངོན་སུམ་དང་རྗེས་སུ་དཔག་པའི་ཆད
་མས་དངོས་པོ་རྣམས་ལ་འཇལ་བར་བྱེད་པའི་རྟོག་གེ་པ་རྣམས་ཅིའི་ཕྱིར་འཁོར་བ་ལས་འདས་ཤིང་མྱ་ངན་ལས་འདས་པ་མི་འཐོབ་ཅེས་ཏེ། ད་ལྟར་བསམས་ཏེ་ཡང་ཐེག་པ་ཆེན་པོ་ལ་ཡང་སྐྲག་པར་བྱ་བ་མི་རིགས་ཏེ། ཅིའི་ཕྱིར་ཞེ་ན། ཉོན་མོངས་པ་སྤངས་ནས་མྱ་ངན་ལS
་འདས་པ་ཐོབ་ནི་སྟོང་པ་ཉིད་མཐོང་བས་འཐོབ་པར་འགྱུར་གྱི་ཀུན་རྫོབ་ཙམ་དཔྱོད་བའི་རྟོག་གེའི་སེམས་ཀྱིས་ནི་མྱ་ངན་ལས་འདས་པ་ཐོབ་པར་མི་འགྱུར་བའི་ཕྱིར་རོ། །མོས་བ་མེད་པ་མེད་ན་ཡང་དེ་འགྲུབ་པར་ཚིགས་སུ་བཅད་པ་ཞེས་བྱ་བ
་ལ། རིགས་མེད་པ་དང་ཉན་ཐོས་དང་སངས་རྒྱས་ཀྱི་རིགས་ཅན་དག་ཐེག་པ་ཆེན་པོ་ལ་འཇུག་པར་མོས་པ་མེད་ན་དེ་ལྟར་ན་ནི་འདི་ཐེག་པ་ཆེན་པོ་ཡིན་པར་གྲུབ་སྟེ། ཅིའི་ཕྱིར་ཞེ་ན། ཆུང་ངུ་རྣམས་དེ་ལ་མོས་པ་མི་འཇུག་པའི་ཕྱིར་རོ་ཞེས་བསྟན་པས་ཚིགས་སུ་བཅད་པ་བཤད
་པ། ཆུང་ངུར་མོས་ཤིང་རིགས་ཀྱང་ཤིན་དུ་ངན། །གྲོགས་པོ་ངན་པ་དག་གིས་ཡོངས་བསྐོར་བ། །ཟབ་ཅིང་རྒྱ་ཆེར་ལེགས་པར་གསུངས་པ་ཡི། །ཆོས་ལ་གལ་ཏེ་མོས་མེད་གྲུབ་བ་ཡིན་ཞེས་བྱ་བ་ལ། ཉན་ཐོས་དག་ནི་བསོད་ནམས་ཀྱི་ཚོགས་ཀྱང་ཁ་ཟས་སྤང་གང
་ཙམ་གཏོང་པ་ལ་མོས་པ་དང། ཡེ་ཤེས་ཀྱི་ཚོགས་ཀྱང་གང་ཟག་ལ་བདག་མེད་པ་ཙམ་ཞིག་མཐོང་བ་དང་དོན་ཡང་བདག་གི་དོན་ཙམ་ཞིག་བྱེད་པར་འདོད་པས་ཆུང་ངུ་ལ་མོས་བའོ། །དེ་ལྟར་ན་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཆུང་ངུ་ལ་མོས་བར་ཀུན་གཞི་རྣམ
་བར་ཤེས་བ་ལ་ཡང་བསོད་ནམས་དང་ཡེ་ཤེས་ཀྱི་ས་བོན་ཆུང་ངུ་བསགས་པས་རིགས་ཀྱང་ཤིན་ཏུ་ངན་བ་ཞེས་བྱ་སྟེ། ཐེག་པ་ཆུང་ངུར་མྱ་ངན་ལས་འདས་པར་འགྱུར་བའི་རིགས་ཙམ་ཞིག་ཡོད་བར་འགྱུར་བའི་རིགས་ཙམ་ཞིག་ཡོད་བའི་ཕྱིར་རོ། །དཔེར་ན་ལྔ
་རྣམས་ཀྱང་དང་འགྲོག་པར་དགེའི། སེང་གེ་དང་འགྲོགས་པར་མ་མོས་བ་བཞིན་དུ་མོས་བ་ཡང་ཆུང། རིགས་ཀྱང་ངན་པས་ན་ཡང་འགྲོགས་ན་གྲོགས་པོ་ངན་པ་ཉན་ཐོས་ཀྱི་ཕྱོགས་ལ་བརྟེན་པའི་གྲོགས་འབའ་ཞིག་དང་འགྲོགས་པས་ན་གྲོགས་ངན་པས་བསྐོར
་བ་ཞེས་བྱ་སྟེ། དེ་ལྟར་མོས་པ་ཡང་ཆུང་རིགས་ཀྱང་ངན་གྲོགས་ངན་བས་ན། ཟབ་ཅིང་རྒྱ་ཆེ་བ་ལེགས་བར་གསུངས་པའི་ཐེག་པ་ཆེན་པོའི་ཆོས་ལ་མོས་བ་མེད་ན་ཆུང་ངུ་པ་རྣམས་ཀྱིས་མ་མོས་པས་དེའི་ཕྱིར་ཆོས་འདི་ཐེག་པ་ཆེན་བོ་ཡིན་བར་གྲུབ་ངོ། །མདོ་སྡེ
་མ་ཐོས་པ་སྨད་དུ་མི་རུང་བར་ཚིགས་སུ་བཅད་པ་ཞེས་བྱ་བ་ལ། འདི་ནི་སངས་རྒྱས་ཀྱི་ཚིག་ཡིན་འདི་ནི་མ་ཡིན་ཞེས་བྱ་བ་དང། འདི་ནི་ངན་འདི་བཟང་ཞེས་བྱ་བ་དག་ཀྱང་གཞུང་གི་དོན་དང་ཚིག་ཐོས་ནས་གདོང་བསྟོད་པ་དང་སྨད་པར་བྱ་བར་རིགས་ཀྱི། གཞུང་མ་ཐོས་པ་རྣམས་ནི་བཟང?
་ངན་ཅི་ཡིན་གཏོལ་མེད་པས་མ་ཡིན་ནོ་ངན་ཏོ་ཞེས་སྨད་དུ་མི་རུང་བས་ལས་བརྩམས་ནས་ཚིགས་སུ་བཅད་པ་སྟོན་ཏོ། །ཐོས་པའི་རྗེས་སུ་འབྲངས་བས་བློ་ལྡན་ཐོབ། །ཐོས་པ་ལ་ནི་སུ་དག་བརྙས་བྱེད་བ། །ཐོས་པ་སྣ་ཚོགས་དཔག་མེད་ལུས་པ་ལ། །གཏི་མུག་པས་ནི་ཅི་ཕྱིར
་ངེས་པར་བྱ། །ཞེས་བྱ་བ་ལ། ཉན་ཐོས་ཁྱེད་ཉན་ཐོས་ཀྱི་མདོ་སྡེ་རྣམས་ཀྱི་ཕུང་པོ་དང་ཁམས་དང། སྐྱེ་མཆེད་དང་སྤྱིའི་མཚན་ཉིད་ཤེས་པའི་བློ་བྱུང་བ་ཡང། སྔོན་དགེ་བའི་བཤེས་གཉེན་ལས་ཆོས་ཐོབ་པའི་རྗེས་སུ་འབྲངས་ཏེ་།ཐོས་པ་ལ་བརྟེན་ནས་མཁས་ཤིང་བློ་དང་ལྡན་བ་ཐོབ་པ
་ཡིན་ད་ཐོས་པ་ལ་བརྙས་ཏེ། ཐེག་པ་ཆེན་པོའི་ཆོས་མི་ཉན་པར་འདོར་ཞིང་སྐུར་པ་འདེབས་པ་དེ་ནི་བླུན་པོ་གཏི་མུག་བ་ཞེས་བྱ་སྟེ་།ཅིའི་ཕྱིར་ཞེ་ན། བདག་གིས་མ་ཐོས་མི་ཤེས་པའི་ཆོས་ཐེག་པ་ཆེན་པོའི་གཞུང་སྣ་ཚོགས་དཔག་ཏུ་མེད་པ་དག་མ་ཐོབ་ཏེ་ཕྱིན་ལུས་པ་རྣམས
་དོན་ཅི་འབྱུང་གཏོལ་མེད་བར་འདིས་སངས་རྒྱས་ཀྱི་ཚིག་མ་ཡིན་ནོ་ཞེས་ཇི་ལྟར་ངེས་པར་བྱ་སྟེ། གཏན་ལ་དབབ་ཅེས་བྱ་བའི་དོན་ཏོ། །དེ་ཐོས་པ་ལ་སྟོབས་གཞན་མེད་པས་ཞེས་བྱ་བ་བཟང་བ་དང་ངན་པར་བྱེ་བྲག་དབྱེ་བ་དང། ཡིན་པ་དང་མ་ཡིན་པ་ཞེས་བྱེ་བྲག་དབྱེ་བ་འདི
་ཡང་ཐོས་པའི་སྟོབས་ལ་མ་གཏོགས་པར་མ་ཐོས་པ་རྣམས་ཀྱིས་བྱེ་བྲག་ཕྱེད་པར་མི་ནུས་ཏེ། དེ་བས་ན་ཐོས་པ་ལ་བསྒྲིམས་པ་དང་མ་ཐོབ་པའི་ཆོས་ལ་སྨད་པར་མི་བྱའོ་ཞེས་བྱ་བའི་དོན་ཏོ། །གང་ཐོས་པ་དེ་ཡང་ཚུལ་བཞིན་དུ་ཡིད་ལ་བྱ་སྟེ། ཚུལ་བཞིན་མ་ཡིན་པར་ནི་མ་ཡིན
་ནོ་ཞེས་ཚུལ་བཞིན་མ་ཡིན་པར་ཡིད་ལ་བྱེད་པ་ཉེས་པ་ཡིན་བར་ཚིགས་སུ་བཅད་པ་ཞེས་བྱ་བ་ལ། མ་ཐོས་པའི་ཆོས་རྣམས་སྐུར་བ་གདབ་ཏུ་རུང་སྟེ། དེ་བས་ན་ཐོས་བ་ལ་མཉན་པར་བྱའོ་ཞེས་གླེངས་སོ། །ད?་ཐོས་པའི་ཆོས་ལ་ཡང་གཞན་དབང་དང། ཡོངས་སུ་གྲུབ་པ་ཡོད
་ཀྱི་མེད་ཅེས་བྱ་བ་ཡང་ཀུན་བརྟགས་པ་མེད་དོ་ཞེས་དེ་ལྟར་ཚུལ་བཞིན་དུ་ཡིད་ལ་བྱ་སྟེ། ཚུལ་བཞིན་མ་ཡིན་བར་སངས་རྒྱས་མེད་པ་དང་ཆོས་མེད་པ་ལ་སོགས་པའི་ཚིག་ཐམས་ཅད་ནས་ཐམས་ཅད་ཏུ་མེད་དོ་ཞེས་བྱ་བའི་དོན་ཏོ། །ཚུལ་བཞིན་མ་ཡིན་པར
་ཡིད་ལ་བྱས་ནས། སངས་རྒྱས་ཀྱི་ཚིག་མ་ཡིན་ནོ་ཞེས་སྐུར་པ་གདབ་པར་མི་བྱ་སྟེ། དེ་ལྟར་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱ་སྟེ། སྐུར་པ་བཏབ་ན་ཉེས་པ་དང་སྐྱོན་ཡོད་པར་བསྟན་པ་ལས་བརྩམས་ནས་ཚིགས་སུ་བཅད་པ་བསྟན་པ། ཇི་ལྟར་སྒྲ་བཞིན་ཡོངས་བརྟགS
་ན་ཞེས་བྱ་བ་ནི་སངས་རྒྱས་མེད་ཆོས་མེད་དོ་དགེ་འདུན་མེད་དོ་ཞེས་བྱ་བའི་སྒྲ་འདི་ནི་ཐམས་ཅད་ནས་ཐམས་ཅད་དུ་མེད་པར་སྟོན་པ་ནི་མ་ཡིན་གྱི་ཀུན་དུ་བརྟགས་པའི་མཚན་ཉིད་མེད་པ་ལ་དགོངས་ནས་མེད་ཅེས་གསུངས་པ་ཡིན་པ་ལས་སྒྲ་ཇི་བཞིན་དུ་བརྟགས་ན་ཐམས
་ཅད་དུ་མེད་པར་གཟུང་ན་ཉེས་པ་རྣམ་པ་གསུམ་ཐོབ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །བདག་ཉིད་བསྙེམས་ཤིང་ཞེས་བྱ་བས་ནི་སྒྲ་ཇི་བཞིན་དུ་བཟུང་དང། དོན་མ་རྟོགས་པས་བདག་ཉིད་ཀྱི་ལྟ་བ་བསྙེམས་པ་ལ་གནས་པ་ཡིན་ཏེ་བདག་གི་ལྟ་བ་བསྙེམས་པ་ལས་གནས
་བར་གྱུར་ན། ཐེག་པ་ཆེན་པོའི་དོན་ལ་མཁས་པ་བདག་མེད་དོ་ཞེས་བྱ་བའི་ཚིག་གི་དོན་གང་ཡིན་པས་ཚོལ་ཞིང་ཉན་པར་མི་བྱེད་དོ་ཞེས་བྱ་བའི་དོན་ཏོ། །བློ་ཉམས་འགྱུར་ཞེས་བྱ་བ་ནི་དེ་ལྟར་ཐེག་པ་ཆེན་པོའི་དོན་མ་བཙལ་ནས་གཞན་གྱི་དབང་དང་ཡོངས་སུ་གྲུབ་པའི
་རང་བཞིན་ནི་ཡོད། །ཀུན་བརྟགས་ཀྱི་རང་བཞིན་ནི་མེད་པའི་དོན་དུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པར་བྱེད་པའི་ཤེས་རབ་ལས་མ་ཐོབ་བར་ཡོངས་སུ་ཉམས་པར་འགྱུར་ཏེ། འདི་ནི་ཉེས་པ་དང་པོའོ། །ལེགས་པར་གསུངས་ལ་རབ་སྨད་བས། །བརླག
་འགྱུར་ཞེས་བྱ་བ་ནི་མེད་ཅེས་བྱ་བ་སྒྲ་ཇི་བཞིན་དུ་བཟུང་སྟེ། ཐམས་ཅད་ནས་ཐམས་ཅད་དུ་མེད་པར་བཟུང་ནས། བཅོམ་ལྡན་འདས་ཀྱི་གསུང་རབ་ཐོག་མར་ཡང་དགེ་།བར་དུ་ཡང་དགེ་བ་ལ། སངས་རྒྱས་ཀྱི་ཚིག་མ་ཡིན་གྱི་བདུད་ཀྱིས་སྨྲས་པ་ཡིན་ནོ་ཞེས་སྨྲ་པས་ན
་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཉམས་ཏེ་བསོད་ནམས་མ་ཡིན་པའི་ཕུང་པོ་ཆེར་བསགས་པས་སེམས་ཅན་དམྱལ་བར་འགྲོ་དགོས་པའི་ཕྱིར་བརླག་བར་འགྱུར་ཏེ། འདི་ནི་ཉེས་པ་གཉིས་པའོ། །ཁོང་ཁྲོ་སྒྲིབ་ཅེས་བྱ་བ་ནི་ཐེག་པ་ཆེན་པོའི་ཆོས་ལ་སངས་རྒྱས་ཀྱི་བཀའ་མ་ཡིན
་བར་བསམས་སྟེ། ཞེ་སྡང་སྐྱེད་ན་ཆོས་ཀྱིས་ཕོངས་བར་འགྱུར་བའི་ལས་ཀྱི་སྒྲིབ་སྐྱེ་སྟེ། འདི་ནི་ཉེས་བ་གསུམ་པའོ། །དེ་ལ་ཆོས་ཀྱིས་ཕོངས་བར་འགྱུར་བའི་ལས་ཀྱི་སྒྲིབ་པ་ནི་གང་ནས་གང་དུ་སྐྱེས་ཀྱང་འོན་པ་དང་གླེན་པ་དང་ལྐུག་པར་སྐྱེ་བ་དང། དགེ་བའི་བཤེS
་གཉེན་དང་བསྐལ་པར་མི་ཕྲད་པའི་གནས་མཛའ་འཁོབ་དུ་སྐྱེ་བ་ལ་སོགས་པ་སྟེ། ཞིབ་དུ་ནི་རྣལ་འབྱོར་སྤྱོད་པའི་ས་ལས་བསྟན་པ་བཞིན་དུ་བལྟའོ། །སྒྲ་ཇི་བཞིན་མ་ཡིན་པའི་དོན་དུ་མི་ཤེས་པར་ཁོང་ཁྲོ་བར་མི་རིགས་ན་ཞེས་བྱ་བ་ནི་།སངས་རྒྱས་མེད
་ཅེས་བྱ་བ་ལ་སོགས་པའི་སྐུ་འདི་ཐམས་ཅད་ནས་ཐམས་ཅད་དུ་མེད་པའི་དོན་དུ་དྲངས་ཏེ། གཞན་གྱི་དབང་དང་ཡོངས་སུ་གྲུབ་པ་ཡོད་པ་དང། ཀུན་ཏུ་བརྟགས་པ་མེད་བར་མི་ཤེས་པར་ཐེག་པ་ཆེན་པོ་ལ་ཁོང་ཁྲོ་བར་མི་རིགས་པ་ལས་བརྩམས་ནས་ཚིགས
་སུ་བཅད་པ་སྟོན་ཏོ། །ཡིད་ཀྱི་ཁྲོ་བ་རང་བཞིན་གདུག་པ་སྟེ་ཞེས་བྱ་བ་ལ་ཡིད་ཀྱི་ཁྲོ་བ་ཞེས་བྱ་བ་ནི་སེམས་ཀྱི་ཞེ་སྡང་ངོ། །རང་བཞིན་གདུག་པ་ཞེས་བྱ་བ་ནི་རང་བཞིན་གྱི་ཁ་ན་མ་ཐོ་བ་ཡིན་ཞེས་བྱ་བའི་དོན་ཏོ། །ཁ་ན་མ་ཐོ་བ་ནི་རྣམ་པ་གཉིས་སོ། །གང་ཞེ་ན།
་རང་བཞིན་གྱིས་ཁ་ན་མ་ཐོ་བ་དང་བཅས་པའི་ཁ་ན་མ་ཐོ་བའོ། །དེ་ལ་རང་བཞིན་གྱིས་ཁ་ན་མ་ཐོ་བ་ནི་སྡིག་པ་ལྕི་བ་ཡིན་ལ། བཅས་པའི་ཁ་ན་མ་ཐོ་བ་ནི་སྡིག་པ་ཡང་བ་ཡིན་པ་སྟེ། སེམས་གྱི་ཞེ་སྡང་འདི་ནི་རང་བཞིན་གྱིས་ཁ་ན་མ་ཐོ་བ་སྟེ། རང་བཞིན་གྱིས
་གདུག་པའི་མཚན་ཉིད་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །མི་རིགས་པའི་གཟུགས་ལའང་མི་རིགས་ན་ཞེས་བྱ་བ་ལ། དེ་ལྟར་ཞེ་སྡང་འདི་རང་བཞིན་གྱིས་གདུག་པ་ཡིན་བས་ན་གང་མི་ཕན་བར་སེམས་པའི་དག་ལ་སོགས་པ་མི་རིགས་པའི་གཟུགས་ལ་ཡང་ཞེ་སྡང
་བསྐྱེད་པར་མི་རིགས་ན་གཞན་ལྟ་ལ་ཅི་སྨོས་ཞེས་བྱ་བའི་དོན་ཏོ། །ཅིའི་ཕྱིར་ཞེ་ན། ཇི་ལྟར་མངོན་པའི་ཆོས་བསྡུས་པ་ལས། ཉོན་མོངས་པ་བསྟན་པའི་དབང་དུ་བྱས་ནས་ཉོན་མོངས་པའི་མཚན་ཉིད་ཇི་ལྟར་ལྟ་ཞེ་ན། གང་ཆོས་སྐྱེ་བའི་ཚེ་ན་མ་ཞི་ཞིང་གདུག་པའི་མཚན
་ཉིད་དུ་སྐྱེ་ལ་གང་སྐྱེས་ནས་ཀྱང་སེམས་ཀྱི་རྒྱུད་ཀྱི་ཞི་ཞིང་གདུག་པར་བྱེད་པ་དེ་ཉོན་མོངས་པའི་མཚན་ཉིད་དོ་ཞེས་བཤད་དོ། །དེ་ལྟར་ན་སེམས་ཀྱི་ཞེ་སྡང་ངེས་སེམས་གདུག་པ་ཅན་དུ་བྱེད་པས་ན་དགྲ་ལ་སོགས་པ་མི་རིགས་པར་བྱེད་བའི་གཟུགས་ཡང་ཞེ་སྡང་བསྐྱེད་པར་མི་རིགས་སོ་ཞེS
་བྱ་བའི་དོན་ཏོ། །བཅོམ་ལྡན་འདས་ཀྱིས་ཀྱང་མདོ་སྡེ་དེ་དང་དེ་དག་ལས་ཞེ་སྡང་བསྐྱེད་དུ་མི་རུང་བར་བཀའ་ནན་ཡང་ནས་ཡང་དུ་བསྣན་ཏེ་བཀག་གོ་།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་བ་བདུན་བརྒྱབ་ལས་བཤད་པ། འཇམ་དཔལ་ཞེ་སྡང་ཐང་ཅིག་གིས་བསྐལ་པ་དུ་མར་བསགས
་པའི་དགེ་བའི་རྩ་བ་སྲེག་པར་བྱེད་དོ་ཞེས་གསུངས་སོ། །ཉན་ཐོས་ཀྱི་སོག་ལེ་ལྟ་བུའི་མདོ་ལས་ཀྱང་དགེ་སློང་དག་མེས་ཚིག་པའི་མགལ་དུམ་ལ་ཡང་ཁོང་ཁྲོ་བའི་སེམས་ཀྱང་བསྐྱེད་པར་མི་བྱ་ན། སེམས་དང་བཅས་པའི་ལུས་ལ་ལྟ་ཅི་སྨོས་ཞེས་བཅོམ་ལྡན་འདས་ཀྱིས་གསུངས་སོ།།
་མཁས་པ་རྣམས་ཀྱིས་ཐེག་བ་ཆེན་པོ་ལ་དགའ་བར་མ་ནུས་ན་གཟུ་བོ་ལྟ་བུ་དབུས་ཀྱི་ཚུལ་ཉིད་བཟུང་བར་བྱ་སྟེ། གཟུ་བོ་ལྟ་བུའི་ཚུལ་ནི་མཁས་བའི་སྐྱེ་བོ་རྣམས་དགའ་བར་བྱེད་པའི་རིགས་པ་ཡིན་པས། རིགས་པ་དེའི་རྗེས་སུ་འབྲངས་ནས་ཐེག་པ་ཆེན་པོ་འདི་ཞེ་སྡང་བར་བྱེད
་པའི་གནས་ཡིན་ནམ། དད་པར་བྱ་བའི་གནས་ཡིན་པ་རང་ཉིད་ཀྱིས་རྟོགས་པར་འགྱུར་རོ། །གལ་ཏེ་རྟོག་པ་དེ་ཡང་ཁས་ལེན་པར་མི་བྱེད་ན་ནི། དེ་ཅིའི་ཕྱིར། ཐེ་ཚོམ་ཟ་བའི་ཆོས་ལ་སྨོས་ཅི་དགོས་ཞེས་བྱ་བ་སྨོས་ཏེ། མི་རིགས་པའི་གཟུགས་ལ་ཡང་ཞེ་སྡང་བསྐྱེད་པར་མི་རིགས
་ན་སེམས་ཤེས་པ་རྣམས་ཀྱིས་ཐེག་པ་ཆེན་པོ་འདི་སངས་རྒྱས་ཀྱི་ཚིག་ཡིན་ནམ་མ་ཡིན་གཏོལ་མེད་དེ། ཐེ་ཚོམ་དུ་གྱུར་པའི་གནས་ལ་ཞེ་སྡང་བསྐྱེད་པར་མི་རིགས་པ་ལྟ་ཅི་སྨོས་དགོས་ཏེ། མི་རིགས་ཆེས་སོ་ཞེས་བྱ་བའི་དོན་ཏོ། །དེ་བས་ནམ་མཁས་པ་དག་འདི་སྐད་དུ། སྦྲུལ་གྱི་གནས
་ལག་བརྐྱང་དང། །གལ་ཏེ་དེར་ནི་སྤྲུལ་ཡོད་ན། །བྱིས་པ་དོན་མེད་རྙེད་གྱུར་པའི། །ཡོན་ཏན་དེ་ནི་ཅི་ཞིག་འཐོབ་ཅེས་བྱ་བ་ལྟ་བུའོ། །ཡང་གཞན་དག་གིས་སྨྲས་བ། འཇིག་རྟེན་གཞན་ལ་ཐེ་ཚོམ་དང། །མཁས་པས་མི་དགེ་སྤང་བར་བྱ། །གལ་ཏེ་མེད་ནའང་དེ་ཅིར་འགྱུར། །གལ
་ཏེ་ཡོད་དང་མེད་ཅི་བརླག་ཅེས་བཤད་དོ། །དེ་ཕྱིར་བཏང་སྙོམས་སུ་བཞག་ལེགས་ཉེས་པ་མེད་ཅེས་བྱ་བ་ལ། གོང་དུ་བཤད་བ་ལྟར་ན་ཞེ་སྡང་འདི་རང་བཞིན་གྱི་ཁ་ན་མ་ཐོ་བ་ཡིན་པས། རང་བཞིན་གྱིས་ཁ་ན་མ་ཐོ་བ་དེས་མི་གོས་པར་འདོད་པ་རྣམས་ཀྱིས་ཞེ་སྡང་མི་ལྡང་མི་བསྐྱེད
་པར་བཏང་སྙོམས་སུ་བཞག་པ་ཉིད་ལེགས་ཏེ། བཏང་སྙོམས་སུ་བཞག་ན་ཞེ་སྡང་གི་ཉེས་པས་གོས་བར་མི་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ཐེག་པ་ཆེན་པོ་བསྒྲུབ་པའི་སྐབས་བཤད་པ་རྫོགས་སོ།། །།སྐྱབས་སུ་འགྲོ་བའི་ཁྱད་པར་བསྡུས་པ་ཚིགས་སུ་བཅད་བ་ཞེས
་བྱ་བ་ལ། སྐྱབས་སུ་འགྲོ་ཞེས་བྱ་བ་དང། བྱང་ཆུབ་ཏུ་སེམས་བསྐྱེད་བྱ་བ་དང། སྨོན་ལམ་བཏབ་ཅེས་བྱ་བ་དག་ནི་དོན་གཅིག་སྟེ། དེ་ལ་ཉན་ཐོས་དང་རང་སངས་རྒྱས་རྣམས་ནི་བདག་ཡོངས་སུ་མྱ་ངན་ལས་འདའ་བར་བྱ་བའི་ཕྱིར་མཆོག་གསུམ་ལ་སྐྱབས་སུ་འགྲོ་ལ། བརྒྱ་བྱིན་དང་ཚངS
་པ་ལ་སོགས་པ་ནི་འཇིག་རྟེན་གྱི་ལོངས་སྤྱོད་འདོད་པའི་ཕྱིར་སྐྱབས་སུ་འགྲོ་བ་ལ། མི་རྣམས་ལ་ཡང་འཇིག་རྟེན་གྱི་གོ་འཕང་དག་འདོད་བའི་ཕྱིར་རྒྱལ་བོ་ལ་སྐྱབས་སུ་འགྲོ་བ་དང། རི་དགས་ལ་སོགས་པ་རྔོན་པས་དེད་པ་ན་སྲོག་ལས་ཐར་བར་བྱ་བའི་ཕྱིར་རི་དང་ཕུག་ལ་སོགས་བར
་སྐྱབས་སུ་འགྲོ་བ་ཡོད་མོད་ཀྱི། བྱང་ཆུབ་སེམས་དཔའ་རྣམས་ནི་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་ནི་བདག་དང་གཞན་གྱི་དོན་གྱི་ཕྱིར་སྐྱབས་སུ་འགྲོ་བས་གཞན་ལས་ཁྱད་ཞུགས་ཤིང་འཕགས་གབ་དང། སྐྱབས་སུ་འགྲོ་བརྒྱ་ཆེར་རྣལ་འབྱོར་སྤྱོད་པའི་ས་ལས་འབྱུང་བ་ལས།
་འདིར་དོན་གཅེས་པ་ཉི་ཚེ་བསྡུས་ཏེ་བསྟན་པས་ནས་བསྡུས་པ་ཞེས་བྱ་བ་སྟེ། དེ་ལས་བརྩམས་ནས་ཚིགས་སུ་བཅད་པ་སྟོན་ཏོ། །ཐེག་པ་བསྒྲུབ་པའི་སྐབས་ཀྱི་འོག་ཏུ་སྐྱབས་སུ་འགྲོ་བའི་ཁྱད་པར་གྱི་སྐབས་བཤད་པར་འབྲེལ་པ་ཅི་ཡོད་ཅེ་ན། གོང་དུ་དོན?་ཤེས་པ་དག་དོན་སྟོན་བའི?་སྒོ་ནས་
་ཆོས་ལ་རྒྱན་པར་བྱེད་དོ་ཞེས་སྨྲས་པ་དང། བརྒལ?་བ་གལ་ཏེ་ཆོས་དེ་རང་བཞིན་གྱི་ཡོན་ཏན་དང་ལྡན་ན། དེ་ལ་རྒྱན་ཅི་དགོས་ཞེས་པ་དང། བརྒལ་བ་དེའི་ལན་དུ་གཟུགས་རྣམས་རྒྱན་དང་རང་བཞིན་ལེགས་ལྡན་མེ་ལོང་ནང་སོང་ན་ཞེས་བྱ་བ་ལ་སོགས་པའི་ཚིགས
་སུ་བཅད་པ་གཅིག་གིས་དོན་དེ་ཉིད་ཀྱི་རྒྱན་དུ་གཙུག་ལག་འདི་གྱུར་པར་བསྟན་ནས་ཀྱང། དེའི་ཞར་ལ་སྨན་ལ་སོགས་པའི་དེས་གསུམ་གྱིས་ཆོས་འདི་ལ་ཡོན་ཏན་རྣམ་པ་གསུམ་ཡོད་པར་ཡང་བསྟན་ཏོ། །དེ་ལྟར་བསྟན་པ་དང་དེའི་རྗེས་ལ་ཐེག་པ་ཆེན་པོ་འདི་ཡང་སངས་རྒྱས་ཀྱི
་ཚིག་ཀྱང་མ་ཡིན་ན་དེ་ལ་ཡོན་ཏན་ལྟ་ག་ལ་ཞིག་ཡོད་ཅེས་དེ་ལྟར་ལོག་པར་ཞུགས་པ་ལ་འདི་ཉིད་ཐེག་པ་ཆེན་པོ་ཡིན་གྱི། གཞན་མ་ཡིན་ནོ་ཞེས་ཐེག་པ་ཆེན་པོ་སངས་རྒྱས་ཀྱི་ཚིག་ཏུ་བསྒྲུབས་སོ། །དེ་ལྟར་ཐེག་པ་ཆེན་པོ་བསྒྲུབས་པ་དང། ཐེ་ཚོམ་དུ་གྱུར་པ་དང། མི་ཤེས
་པའི་གང་ཟག་རྣམས་དགའ་བ་དང། མགུ་བའི་ཁྱད་པར་ཐོབ་ནས་ཐེག་པ་ཆེན་པོ་འདི་ཉིད་འཚང་རྒྱ་རྒྱ་བར་འགྱུར་བའི་ལམ་ཡིན་གྱི་གཞན་ནི་མ་ཡིན་ནོ་ཞེས་དེ་དག་སངས་རྒྱས་པར་འགྱུར་བའི་ཐབས་ཚོལ་བར་བྱེད་དེ་རིམ་པ་གང་གིས་འཚང་རྒྱ་བར་འགྱུར་བའི་རིམ་པ་སྟོན་ཏེ། དེ
་ཡང་ཐེག་པ་ཆེན་པོ་བསྟན་པའི་ཚུལ་གྱི་སངས་རྒྱས་ལ་སོགས་པ་དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་བའི་རིམ་པས། བླ་ན་མེད་པའི་བྱང་ཆུབ་བཙལ་དགོས་པས་ན། ད་སྐྱབས་སུ་འགྲོ་བའི་དབང་དུ་བྱས་ནས་ཆོས་ལ་ཇི་ལྟར་འཇུག་པ་བསྟན་ཏེ། ཐེག་པ་ཆེན་པོའི་ཚུལ་གྱིས
་སྐྱབས་སུ་སོང་བ་ནི་བདག་དང་གཞན་བདེ་བ་ཕུན་སུམ་ཚོགས་པ་ཐོབ་པའི་རྒྱུ་ཡིན་ནོ། །ཀུན་དུ་སོང་དང་ཁས་བླངས་རྟོགས་དང་ཟིལ་གྱིས་གནོན། །དབྱེ་བའི་རང་བཞིན་རྣམ་བཞིའི་དོན་གྱི་ཁྱད་པར་སྟོན། །ཐེག་ཆེན་མཆོག་ཕྱིར་དཀོན་མཆོག་རྣམས་ལ་སྐྱབས་སོང་བས། །དེ་ཉིད་སྐྱབས
་སུ་སོང་བའི་མཆོག་ཏུ་རིག་པར་བྱ་ཞེས་བྱ་བ་ལ། སེམས་བསྐྱེད་བའི་རང་བཞིན་རྣམ་པ་བཞིར་དབྱེ་བའི་དོན་གྱི་ཁྱད་པར་གྱིས་ན་ཐེག་པ་ཆེན་པོའི་ཚུལ་གྱིས་སངས་རྒྱས་ལ་སོགས་དཀོན་མཆོག་གསུམ་ལ། བྱང་ཆུབ་སེམས་དཔའ་རྣམས་སྐྱབས་སུ་སྔོ་བ་དེ་འཇིག་རྟེན་པ་དང་འཇིག
་རྟེན་ལས་འདས་པའི་སྐྱབས་སུ་སོང་བ་ལས་ཁྱད་པར་རྣམ་པ་བཞིས་ཁྱད་ཞུགས་པས་ན། སྐྱབས་སུ་སོང་བ་གཞན་པས་མཆོག་ཏུ་རིག་པར་བྱའོ། །ཁྱད་པར་རྣམ་པ་བཞི་ནི་ཀུན་དུ་སོང་བའི་ཁྱད་པར་དང། ཁས་བླངས་པའི་ཁྱད་པར་དང། རྟོགས་པའི་ཁྱད་པར་དང། ཟིལ་གྱིས་གནོན
་པའི་ཁྱད་པར་རོ། །དེ་ལ་སེམས་ཅན་བསྒྲལ་བར་བྱ་བའི་ཕྱིར་ཞུགས་པས་ན་ཀུན་དུ་འགྲོ་བ་ཁྱད་ཞུགས་སོ། །སངས་རྒྱས་ཉིད་ཐོབ་པར་བྱའོ་ཞེས་ཁས་ལེན་པ་ན་ཁས་ལེན་པ་ཁྱད་ཞུགས་སོ། །བདག་མེད་པ་ཉིད་རྟོགས་པས་ན་རྟོགས་པ་ཁྱད་ཞུགས་སོ། །བྱང་ཆུབ་ཏུ་སེམས
་བསྐྱེད་ཕན་ཆད་བརྒྱ་བྱིན་ལ་སོགས་པ་འཇིག་རྟེན་པ་དང། ཉན་ཐོས་ལ་སོགས་འཇིག་རྟེན་ལས་འདས་པ་ཐམས་ཅད་ཟིལ་གྱིས་གནོན་པས་ན་ཟིལ་གྱིས་གནོན་པ་ཁྱད་ཞུགས་ཏེ། བཞི་པོ་འདི་ནི་དོན་ཞིབ་ཏུ་ནི་འོག་ནས་འཆད་དོ། །དེ་ལྟར་སྐྱབས་སུ་འགྲོ་བ་རྣམས་ཀྱི
་མཆོག་འདི་དཀའ་བ་མང་པོས་བསྒྲུབ་དགོས་ན་ལ་ལ་མི་སྤྲོ་བ་ཡོད་དེ་སྐྱབས་སུ་འགྲོ་བར་བྱ་བའི་ཚིགས་སུ་བཅད་པ་ཞེས་བྱ་བ་ལ། དེ་ལྟར་བྱང་ཆུབ་སེམས་དཔའ་རྣམས་བདག་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་བྱ་བ་དང། སེམས་ཅན་ཡོངས་བསྒྲལ་བར་བྱ་བའི་ཕྱིར
་ཐེག་པ་ཆེན་པོའི་ཚུལ་གྱིས་དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་སྟེ། བྱང་ཆུབ་ཏུ་སེམས་བསྐྱེད་ཕན་ཆད་བསྐལ་པ་གྲངས་མེད་པ་གསུམ་དུ་མགོ་དང་རྐང་ལག་ལ་སོགས་པ་བཏང་དགོས་པས་བསྒྲུབ་དཀའ་སྟེ། དེ་བས་ན་ལ་ལ་དག་དེ་ལ་མི་འཇུག་ཅི་སེམས་ཞུམ
་པར་གྱུར་པ་ཡོད་པས་སེམས་ཞུམ་པའི་དབང་དུ་མི་བཏང་ཞིང་ཕན་པ་དང་དོན་ཆེན་པོ་ཡོད་པར་བསྟན་པའི་སྒོ་ནས་དགའ་བ་དང་སྤྲོ་བ་བསྐྱེད་པའི་ཕྱིར་ཚིགས་སུ་བཅད་པ་རྩོམ་མོ། །གང་ཕྱིར་ཐོག་མར་རེ་བ་བྱ་དཀའ་སྟེ་ཞེས་བྱ་བ་ལ། རེ་བ་ཞེས་བྱ་བ་ནི། བྱང་ཆུབ་ཏུ་སེམས་བསྐྱེད
་པ་དང། སྨོན་ལམ་འདེབས་པ་ལ་བྱའོ། །དེ་ལ་དང་པོ་སོ་སོ་སྐྱེ་བོའི་དུས་ན་བདག་བླ་ན་མེད་པའི་བྱང་ཆུབ་སངས་རྒྱས་ནས་སེམས་ཅན་ཐམས་ཅད་འཁོར་བའི་དགོན་པ་ལས་བསྒྲལ་ཏེ། མྱ་ངན་ལས་འདས་པ་དང་ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་གཞག་པར་བྱའོ་ཞེས་ཁས
་བླངས་ཤིང་སྨོན་ལམ་གདབ་པ་ཡང་ཤིན་དུ་དཀའ་ཨོ་ཞེས་བྱ་བའི་དོན་ཏོ། །བསྐལ་པ་སྟོང་ཕྲག་དུ་མར་དེ་བསྒྲུབ་དཀའ་ཞེས་བྱ་བ་ལ་དེ་ལྟར་བྱང་ཆུབ་ཏུ་སེམས་བསྐྱེད་ནས་ཀྱང་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་བྱ་བ་དང། སེམས་ཅན་ཡོངས་སུ་བསྒྲལ་བར་བྱ་བའི་ཕྱིར་བསྐལ
་པ་གྲངས་མེད་པ་གསུམ་དུ་མགོ་དང། རྐང་ལག་ལ་སོགས་པ་ཕྱི་ནང་གི་དངོས་པོ་བཏང་བའི་སྒོ་ནས་མོས་པ་སྤྱོད་པའི་ས་ནས་རིམས་ཀྱིས་བཅུ་མན་ཆད་ཏུ་བསྒྲུབ་པ་ཡང་ཤིན་དུ་དཀའ་ཨོ་ཞེས་བྱ་བའི་དོན་ཏོ། །གང་ཕྱིར་སེམས་ཅན་ཕན་བྱ་དོན་ཕྱིར་བསྒྲུབ་ཅེས་བྱ་བ་ལ། དེ་ལྟར་བྱང་ཆུབ་ཏུ
་སེམས་བསྐྱེད་ནས་བསྐལ་པ་གྲངས་མེད་པ་གསུམ་དུ་དཀའ་བ་སྤྱོད་པའི་སྒོ་ནས་ས་བཅུ་མན་ཆད་བསྒྲུབས་ཏེ། ས་བཅུ་འདས་ནས་སངས་རྒྱས་ཀྱི་ས་ཐོབ་པ་དང། ཡེ་ཤེས་གཉིས་སུ་མེད་པ་མངོན་སུམ་དུ་གྱུར་ཏོ། །ཡེ་ཤེས་དེ་ནི་སེམས་ཅན་མྱ་ངན་ལས་འདས་པར་དགོད་པ་དང། ཐམས་ཅད
་མཁྱེན་པའི་ཡེ་ཤེས་ལ་བཞག་པར་བྱ་བའི་ཐབས་ལ་མཁས་པ་ཡིན་ཏེ། ཐབས་དེས་འཁོར་བའི་མཛའ་ཨི་བར་དུ་སེམས་ཅན་སྒྲོལ་བར་བྱེད་པས་ན། སེམས་ཅན་ཕན་བྱ་དོན་ཆེན་གྲུབ་ཅེས་བྱའོ། །དེ་ཕྱིར་ཐེག་ཆེན་འདི་ལ་སྐྱབས་དོན་མཆོག་ཅེས་བྱ་བ་ལ་གོང་དུ་བཤད་པ་ལྟར་ཐེག་པ་ཆེན
་པོའི་ཚུལ་གྱིས་བྱང་ཆུབ་ཏུ་སེམས་བསྐྱེད་ནས་དཀའ་བ་སྤྱད་ནས་མཇུག་ཏུ་སེམས་ཅན་ཐམས་ཅད་ལ་ཕན་འདོག་པའི་ཐབས་སངས་རྒྱས་ཐོབ་པས་ན་ཐེག་པ་ཆེན་པོའི་སྒོར་སྐྱབས་སུ་སོང་བ་དེ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་སྐྱབས་སུ་སོང་བ་བས་ཀྱང་མཆོག་ཡིན་ནོ། །ཚིགS
་སུ་བཅད་པ་འདིས་མདོར་ན་དོན་རྣམ་པ་གསུམ་བསྟན་ཏེ། སྨོན་ལམ་གྱི་ཁྱད་པར་དང། བསྒྲུབ་པའི་ཁྱད་པར་དང། འབྲས་བུ་ཐོབ་པའི་ཁྱད་པར་རོ། །གང་ཕྱིར་ཐོག་མར་རེ་བ་བྱ་དཀའ་སྟེ། ཞེས་བྱ་བས་སྨོན་ལམ་གྱི་ཁྱད་པར་བསྟན་ཏོ། །བསྐལ་པ་སྟོང་ཕྲག་དུ་མར་དེ་བསྒྲུབ་དཀའ་ཞེས་བྱ་བས
་བསྒྲུབ་པའི་ཁྱད་པར་བསྟན་ཏོ། །གང་ཕྱིར་སེམས་ཅན་ཕྱིར་དོན་ཆེན་གྲུབ་ཅེས་བྱ་བས་འབྲས་བུ་ཐོབ་པའི་ཁྱད་པར་བསྟན་ཏོ། །གྲགས་པའི་རྒྱུར་བསྟན་ཏོ་ཞེས་བྱ་བ་ནི་དཀའ་བ་སྤྱོད་པ་རྣམ་པ་སྣ་ཚོགས་དང། ས་དང་ཕ་རོལ་ཏུ་ཕྱིན་པ་ནི་བྱང་ཆུབ་སེམས་དཔའ་ཨི་སྤྱོད་པ་ཡིན་པར་གྲགས་ཏེ།
་ད་ཉིད་བླ་ན་མེད་པ་བྱང་ཆུབ་ཀྱི་རྒྱུ་ང?་བསྟན་ཏོ་ཞེས་བྱ་བའི་དོན་ཏོ། །སྔར་གླེངས་པའི་ཐམས་ཅད་ཏུ་འགྲོ་བའི་དོན་གྱི་ཚིགས་སུ་བཅད་པ་ཞེས་བྱ་བ་ལ་གང་དུ་ཀུན་ཏུ་འགྲོ་བ་ལ་སོགས་པའི་ཁྱད་པར་བཞིས་ཐེག་པ་ཆེན་པོ་ལ་སྐྱབས་སུ་སོང་བ་སྟེ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི
་སྐྱབས་སུ་སོང་བས་འཕགས་སོ་ཞེས་གླེངས་པ་ལ་ཀུན་དུ་འགྲོ་བའི་དོན་རྒྱས་པར་བཤད་པར་བྱ་བའི་ཕྱིར་ཚིགས་སུ་བཅད་པ་རྩམ་མོ་ཞེས་བྱ་བའི་དོན་ཏོ། །སེམས་ཅན་ཐམས་ཅད་བསྒྲལ་ཕྱིར་གང་བཞུགས་དང། །ཐེག་པ་ཡེ་ཤེས་ཀུན་སོང་མཁས་པར་ལྡན། །མྱ་ངན་འདས་ལ
་འཁོར་ཞི་རོ་གཅིག་པ། །བློ་དང་ལྡན་པས་ཀུན་འགྲོར་འདི་རིག་བྱ། ཞེས་བྱ་བ་ལ་ཀུན་དུ་འགྲོ་བ་རྣམ་པ་བཞི་དང་ལྡན་པས་ཀུན་དུ་འགྲོ་བ་ཁྱད་ཞུགས་པར་རིག་པར་བྱ་སྟེ། ཀུན་དུ་འགྲོ་བ་བཞི་ནི། སེམས་ཅན་ཀུན་དུ་འགྲོ་བ་དང། ཐེག་པ་ཀུན་དུ་འགྲོ་བ་དང། ཡེ་ཤེས་ཀུན་དུ་འགྲོ་བ་དང
་མྱ་ངན་ལས་འདས་པ་ཀུན་དུ་འགྲོ་བའོ། །དེ་ལ་ཉན་ཐོས་རྣམས་ནི་བདག་ཡོངས་སུ་མྱ་ངན་ལས་འདའ་བར་བྱ་བའི་ཕྱིར་ཞུགས་ལ། བྱང་ཆུབ་སེམས་དཔའ་རྣམས་ནི་སེམས་ཅན་ཐམས་ཅད་འཁོར་བའི་སྡུག་བསྔལ་ལས་བསྒྲལ་ནས་མྱ་ངན་ལས་བཟླ་བར་བྱ་བའི་ཕྱིར་ཞུགས
་ཏེ། འདིས་ནི་སེམས་ཅན་ཀུན་དུ་འགྲོ་བ་དང་ལྡན་པར་བལྟའོ།?་།ཉན་ཐོས་དག་ནི་ཉན་ཐོས་ཀྱི་ཐེག་པ་རྟོགས་པར་བྱ་བའི་བྱང་ཆུབ་ཏུ་སེམས་བསྐྱེད་ལ། བྱང་ཆུབ་སེམས་དཔའ་རྣམས་ནི་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་དང། ཐེག་པ་ཆེན་པོ་ལ་མཁས་པར་བྱ་བའི་ཕྱིར
་སེམས་བསྐྱེད་དེ། འདིས་ནི་ཐེག་པ་ཀུན་དུ་འགྲོ་བ་དང་ལྡན་པར་བསྟན་ཏོ། །ཉན་ཐོས་དག་ནི་གང་ཟག་ལ་བདག་མེད་པ་ཙམ་རྟོགས་པར་བྱ་བའི་ཕྱིར་སེམས་བསྐྱེད་ལ། བྱང་ཆུབ་སེམས་དཔའ་རྣམས་ནི་གང་ཟག་དང་ཆོས་ལ་བདག་མེད་པ་གཉིས་ཀ་ལ་མཁས་པར་བྱ་བའི་ཕྱིར
་སེམས་བསྐྱེད་དེ། འདིས་ནི་ཡེ་ཤེས་ཀུན་དུ་འགྲོ་བ་དང་ལྡན་པར་བསྟན་ཏོ། །ཉན་ཐོས་དག་ནི་ཞི་བ་ཕྱོགས་གཅིག་པའི་མྱ་ངན་ལས་འདས་པ་ཐོབ་པར་བྱ་བའི་ཕྱིར་སེམས་བསྐྱེད་ལ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་མྱ་ངན་ལས་འདས་པ་ནི་ཀུན་དུ་འགྲོ་བ་སྟེ། འཁོར་བར
་ཡང་འགྲོའོ། །མྱ་ངན་ལས་འདས་པར་ཡང་འགྲོའོ། །དེ་ལ་འཁོར་བ་ནི་ཕུང་པོ་ལྔའི་རང་བཞིན་ནོ། །ཞི་བ་ནི་ཕུང་པོ་ལྔ་སྤངས་པའི་མཚན་ཉིད་མྱ་ངན་ལས་འདས་པའོ། །རོ་གཅིག་པ་ནི་འཁོར་བའི་རང་བཞིན་གང་ཡིན་པ་དེ་ཉིད་མྱ་ངན་ལས་འདས་པའི
་རང་བཞིན་ཡང་དེའོ། །མྱ་ངན་ལས་འདས་པའི་རང་བཞིན་གང་ཡིན་པ་འཁོར་བའི་རང་བཞིན་ཡང་དེ་ཡིན་ནོ་ཞེས། ཤེས་རབ་ཀྱིས་ནི་མྱ་ངན་ལས་འདས་པ་མི་སྟོང། སྙིང་རྗེས་འཁོར་བ་མི་སྟོང་སྟེ་དེ་གཉི་ག་འཇུག་པས་ན་མྱ་ངན་ལས་འདིས་པ་ཀུན་དུ་འགྲོ་བ
་ཞེས་བྱའོ། །དེའི་ཡོན་ཏན་དང་ཉེས་པ་ལ་རྣམ་པར་མི་རྟོགས་པའི་ཕྱིར་རོ་ཞེས་བྱ་བ་ལ། ཤེས་རབ་ཀྱིས་འཁོར་བ་སྟོང་བར་མཐོང་བས་འཁོར་བའི་ཉེས་པ་ལ་མི་རྟོག་།སྙིང་རྗེས་སེམས་ཅན་གྱི་དོན་བྱ་བ་ལ་དགའ་བས་ན་མྱ་ངན་ལས་འདས་པ་ལ་ཡང་ཡོན་ཏན་དུ་མི
་ལྟ་ཞེས་བྱ་བའི་དོན་ཏོ། །ཁས་བླངས་པའི་དོན་དུ་ཚིགས་སུ་བཅད་པ་ཞེས་བྱ་བ་ལ། ཀུན་ཏུ་འགྲོ་བའི་དོན་བཤད་ནས། ཁས་བླངས་པའི་དོན་རྒྱ་ཆེར་བཤད་པའི་ཕྱིར་ཚིགས་སུ་བཅད་པ་རྩོམ་མོ་ཞེས་བྱ་བའི་དོན་ཏོ། །ཁས་བླངས་པའི་དོན་དེ་ཡང་ཁྱད་པར་རྣམ་པ་གསུཾ
་གྱིས་རིག་པར་བྱ་སྟེ། སྨོན་ལམ་གྱི་ཁྱད་པར་དང། བསྒྲུབ་པའི་ཁྱད་པར་དང། ཐོབ་པའི་ཁྱད་པར་རོ། །དགའ་བ་མང་པོས་བྱང་ཆུབ་མཆོག་རྩོལ་ཞིང་ཞེས་བྱ་བ་ལ། ཉན་ཐོས་དག་དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་ན་བདག་མྱ་ངན་ལས་འདས་པ་ཐོབ་པར་ཤོག་ཅིག།
་ཅེས་ཁས་ལེན་ན། བྱང་ཆུབ་སེམས་དཔའ་རྣམས་དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་བ་ནི་སངས་རྒྱས་གང་ལ་སྐྱབས་སུ་སོང་བའི་སངས་རྒྱས་དེ་ཉིད་ཀྱི་རང་བཞིན་ཐོབ་པར་ཤོག་ཅིག་ཅེས་ཁས་ལེན་ཅིང་བྱང་ཆུབ་ཏུ་སེམས་བསྐྱེད་དེ། འདིས་ནི་སྨོན་ལམ་གྱི་ཁྱད་པར་བསྟན་ཏོ། །ཅིའི
་ཕྱིར་སངས་རྒྱས་ཉིད་ཐོབ་པར་བྱ་བར་སེམས་བསྐྱེད་ཅེ་ན་དགའ་བ་མང་པོའི་ཕྱིར་ཏེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སྟོབས་དང། མི་འཇིགས་པ་ལ་སོགས་པའི་ཡོན་ཏན་ཐོས་ནས་དགའ་བ་དང་དད་པ་སྐྱེས་ཏེ། ཡོན་ཏན་དེ་ལྟ་བུ་དང་ལྡན་པའི་སངས་རྒྱས་དེ་བདག་གིས་ཐོབ་པར
་བྱའོ་སྙམ་དུ་སེམས་པའི་ཕྱིར་རོ། །གང་རྣམས་སྐྱོ་བ་མེད་པར་དཀའ་བ་སྤྱོད་ཅེས་བྱ་བ་ལ། སེམས་བསྐྱེད་ནས་ཀྱང་སངས་རྒྱས་དེ་ཐོབ་པར་བྱ་བའི་ཕྱིར་མགོ་དང་རྐང་ལག་ལ་སོགས་པའི་བཏང་བར་བྱ་བ་དཀའ་བ་སྤྱོད་པའི་སྒོ་ནས་མོས་པ་སྤྱོད་པའི་ས་ཡན་ཆད་ས་བཅུ་མན་ཆད་སྐྱོ་བ་མེད་པར་ཁས་ལེན་ཏེ། འདིས་བསྒྲུབ
་པའི་ཁྱད་པར་བསྟན་ཏོ། །རིམ་པར་སངས་རྒྱས་ཀུན་མཚུངས་འགྲོ་ཞེས་བྱ་བ་ལ་དེ་ལྟར་ས་བཅུ་མན་ཆད་རིམ་གྱིས་སྒྲུབས་ནས། སངས་རྒྱས་ཀྱི་སར་སངས་རྒྱས་པར་གྱུར་པ་དང། སངས་རྒྱས་ཀུན་དང་སྐུ་མཉམ་པ་དང། གསུང་མཉམ་པ་དང། ཐུགས་མཉམ་པ་དང། ཚོགས་མཉམ་པ་ཐོབ་པར
་འགྱུར་ཏེ། འདིས་ནི་འབྲས་བུའི་ཁྱད་པར་བསྟན་ཏོ། །སྐུ་གསུམ་བརྙེས་པས་ན་སྐུ་མཉམ་མོ། །ཡེ་ཤེས་བཞི་བརྙེས་པས་ན་ཐུགས་མཉམ་མོ། །ཚངས་པ་དང་བྱ་ཀ་ལ་བིད་ཀའི་དབྱངས་ཀྱིས་སོ་སོར་ཡང་དག་པར་རིག་པ་བཞིས་སྟོན་པས་ན་གསུང་མཉམ་པའོ། །བསོད་ནམས་དང་ཡེ་ཤེས་ཀྱི
་ཚོགས་ཡོངས་སུ་རྫོགས་པར་བརྙེས་པས་ན་ཚོགས་མཉམ་མོ། །ཁས་བླངས་མཆོག་ཏུ་བློ་ལྡན་དེ་རིག་བྱ། །ཞེས་བྱ་བ་ལ་བློ་ལྡན་ནི་བྱང་ཆུབ་སེམས་དཔའ་ལ་བྱ་སྟེ། ཁྱད་པར་རྣམ་པ་གསུམ་དང་ལྡན་པ་ལས་ན་བྱང་ཆུབ་སེམས་དཔའ་ཨི་ཁས་བླངས་བ་ལས་ནི་ཉན་ཐོས་ཀྱི་ཁས་བླངས་པ་དག་པས
་མཆོག་ཏུ་གྱུར་པར་རིག་པར་བྱའོ་ཞེས་བྱ་བའི་དོན་ཏོ། །ཡང་ཁས་བླངས་པའི་ཁྱད་པར་དུ་སངས་རྒྱས་སྲས་ཀྱི་མཆོག་ཏུ་སྐྱེས་པས་ཚིགས་སུ་བཅད་པ་གཞན་གྱིས་བསྟན་ཏོ་ཞེས་བྱ་བ་ལ། གོང་དུ་ཡོན་ཏན་རྣམ་པ་གསུམ་གྱིས་ཁྱད་པར་ཁས་བླངས་པ་ཁྱད་ཞུགས་པར་བསྟན་ནས། དེ
་ཡང་ཚིགས་སུ་བཅད་པ་གཞན་གྱིས་ཁས་བླངས་པ་དེ་ཁྱད་ཞུགས་པར་སྟོན་ཏེ། དེ་ཡང་ཇི་ལྟར་ཞེ་ན། ཉན་ཐོས་དང་རང་སངས་རྒྱས་ཀྱི་བྱང་ཆུབ་ཏུ་སེམས་བསྐྱེད་པ་རྣམས་ཀྱང་སངས་རྒྱས་ཀྱི་སྲས་ཞེས་བྱ་མོད་ཀྱི། དེ་དག་གསུང་ལས་སྐྱེས་པའི་སྲས་ཞེས་བྱའི་ཐུགས་ལས་སྐྱེས་པའི
་སྲས་ཞེས་མི་བྱའོ། །བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པའི་སྲས་རྣམས་ནི་ཐུགས་ལས་སྐྱེས་པའི་སྲས་ཡིན་པས་སྲས་ཀྱི་མཆོག་ཏུ་སྐྱེས་པ་ཞེས་བྱ་སྟེ། སངས་རྒྱས་ཀྱི་སྲས་ཀྱི་མཆོག་ཏུ་སྐྱེས་པའི་སྒོ་ནས་ཀྱང་ཁས་བླངས་པའི་ཁྱད་ཞུགས་པར་སྟོན་ཏོ། །སངས་རྒྱས་རྣམས་ཀྱི་སྲས་མཆོག་ཏུ་ནི
་གང་སྐྱེས་པ། །སེམས་དང་ཤེས་རབ་དང་ནི་ཚོགས་ལྡན་སྙིང་རྗེ་དང། །ས་བོན་མ་དང་མངལ་གནས་མ་མ་མཚུངས་པ་མེད། །དེ་ནི་ཁས་བླངས་མཆོག་ཏུ་བློ་ལྡན་ཤེས་པར་བྱ་ཞེས་བྱ་བ་ལ། འདི་ལྟར་འཁོར་ལོས་སྒྱུར་བའི་རྒྱལ་བོའི་སྲས་ཀྱང་ཡོན་ཏན་རྣམ་པ
་བཞི་དང་ལྡན་པ་དང། འཁོར་ལོས་སྒྱུར་བའི་རིགས་མི་གཅོད་བར་གནས་པ་ཡིན་ཏེ། བཞི་གང་ཞེ་ན། ས་བོན་ཕུན་སུམ་ཚོགས་པ་དང། མ་ཕུན་སུམ་ཚོགས་པ་དང། མངལ་ཕུན་སུམ་ཚོགས་པ་དང། མངལ་ཕུན་སུམ་ཚོགས་པའོ། །དེ་ལས་བོན་ཕུན་སུམ་ཚོགས་པ་ནི་འཁོར་ལོས
་སྒྱུར་བའི་རྒྱལ་པོ་ཉིད་ཀྱི་ས་བོན་དང་ཁུ་བ་གཞག་གིས་གཞན་གྱིས་ནི་མ་ཡིན་ནོ། །མ་ཕུན་སུམ་ཚོགས་པ་ཡང་ས་བོན་དེ་ཡང་བཙུན་མོ་དམ་པ་ལ་བཞག་གི་བྲན་མོ་ངན་པ་ལ་སོགས་པ་ལ་མི་བཞག་པའོ། །དེ་ལྟར་ཕ་ཕུན་སུམ་ཚོགས་པ་དང། མ་ཕུན་སུམ་ཚོགས་པར་འགྱུར་ལ།
་མངལ་གྱི་གནས་ཀྱང་རླུང་དང་མཁྲིས་པ་དང་བད་ཀན་ལ་སོགས་པས་ཉམས་པར་ཡང་མ་བྱས་པའོ། །དེ་ལྟར་ན་ཞག་དང་ཟླ་བ་ལ་སོགས་པ་ཚད་ནས་མངལ་ཡོངས་སུ་རྫོགས་ཏེ། བདེ་བར་སྐྱེས་ནས་ཀྱང་གལ་ཏེ་མ་མས་བཀྲུ་བ་དང། ནུ་མ་བསྣུན་པ་ལ་སོགས་པ་ཞལ་?
་ལེགས་པར་བྱེད་པའི་ལག་ཏུ་སོང་སྟེ། རིམས་ཀྱིས་སྐྱེས་ནས་འཁོར་ལོ་སྒྱུར་བའི་རིགས་མི་གཅོད་པར་གནས་པར་འགྱུར་རོ། །དེ་དང་འདྲ་བར་བྱང་ཆུབ་སེམས་དཔའ་རྣམས་མཚུངས་པ་མེད་པ་རྣམ་པ་བཞི་དང་ལྡན་པར་སངས་རྒྱས་ཀྱི་སྲས་སུ་སྐྱེས་པ། དེ་ཉན་ཐོས་ལ་སོགས་པའི
་ཁས་བླངས་པ་བས་ཁས་བླང་བའི་མཆོག་ཏུ་རིག་པར་བྱ་སྟེ། མཚུངས་པ་མེད་པ་རྣམ་པ་བཞི་ནི། ས་བོན་མཚུངས་པ་མེད་པ་དང། མ་མཚུངས་མེད་པ་དང། མངལ་གྱི་གནས་མཚུངས་པ་མེད་པ་དང། མ་མ་མཚུངས་པ་མེད་པའོ། །ཐེག་པ་ཆེན་པོ་ལ་བརྟེན་པའི་བྱང་ཆུབ་སེམS
་དཔའ་རྣམས་ཀྱི་བླ་ན་མེད་པའི་བྱང་ཆུབ་ཏུ་འཚང་རྒྱ་བའི་ས་བོན་ནི་བྱང་ཆུབ་ཀྱི་སེམས་ཏེ། དེ་ཡང་བྱང་ཆུབ་སེམས་དཔའ་ཨི་རིགས་ལ་གནས་པས་བྱང་ཆུབ་ཏུ་སེམས་བསྐྱེད་ནས་ས་བོན་ཏུ་འགྱུར་ཏེ། ཉན་ཐོས་དང་རང་སངས་རྒྱས་ཀྱི་རིགས་ཅན་ནམ། རིགས་མེད་པས་སེམས་བསྐྱེད་ན
་ནི་ས་བོན་དུ་མི་འགྱུར་རོ། །ས་བོན་དེ་ཡང་གལ་ཏེ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མར་འགྱུར་གྱི་ཕ་རོལ་ཏུ་ཕྱིན་པ་གཞན་མ་གྱུར་ན་སངས་རྒྱས་ཀྱི་གདུང་མི་གཅོད་པར་མི་འགྱུར་རོ། །དེ་ལ་ཡང་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་མངལ་གྱི་གནས
་ལྟ་བུ་དང་ལྡན་ན་འཚང་རྒྱ་སྟེ་ཅིའི་ཕྱིར་ཞེ་ན། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ནི་བླ་ན་མེད་པའི་བྱང་ཆུབ་ཏུ་འཚང་རྒྱ་བའི་རྟེན་དུ་གྱུར་པ་ཡིན་པའི་ཕྱིར་རོ། །བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དེ་མི་མཐུན་པའི་ཕྱོགས་སུ་གྱུར་པ་སེར་སྣ་ལ་སོགས་པས་དྲི་མ་ཅན་དུ་མ་བྱས་ན་གདོད
་འཆང་རྒྱ་བའི་རྟེན་དུ་འགྱུར་གྱི། མི་མཐུན་པའི་ཕྱོགས་ཀྱི་ནི་མ་ཅན་དུ་གྱུར་པའི་རྟེན་དུ་མི་འགྱུར་རོ། །དེ་ལྟར་སངས་རྒྱས་ཀྱི་རིགས་སུ་སྐྱེས་ནས་ཀྱང་གལ་ཏེ་སྙིང་རྗེ་ཆེན་པོས་མ་མ་བྱས་ཏེ། མྱ་ངན་ལས་འདས་པའི་མཐར་མ་ལྟུང་བར་འཁོར་བ་ནས་བྱང་ཆུབ་སེམས་དཔའ་ཨི་སྤྱོད་པ་རྒྱུན་མ
་བཅད་ན་འཚང་རྒྱ་བར་འགྱུར་ཏེ། དེ་ལྟར་ཡོན་ཏན་རྣམ་པ་བཞི་དང་ལྡན་པར་སྐྱེས་པ་དང། སངས་རྒྱས་ཀྱི་གདུང་མི་གཅོད་པར་གནས་པ་ཡིན་ནོ། །དེ་ནི་མངོན་པར་སྐྱེས་པའི་ཁྱད་པར་གྱིས་ཞེས་བྱ་བ་ལ། ཡོན་ཏན་རྣམ་པ་བཞི་དང་ལྡན་པར་བསྐྱེད་པ་ནི། ཉན་ཐོས་དང་རང་སངས་རྒྱས
་ལས་འཕགས་པར་སྐྱེས་པ་ཡིན་པས་མངོན་པར་སྐྱེས་པའི་ཁྱད་པར་ཅན་ཡིན་ནོ། །ལེགས་པར་སྐྱེས་པ་དེ་ཉིད་ལུས་ཀྱི་ཁྱད་པར་གྱིས་ཁྱད་པར་ཅན་དུ་བྱས་པས་ཁས་ལེན་པ་དེ་ཉིད་ཀྱི་ཁྱད་པར་ཚིགས་སུ་བཅད་པ་གཞན་གྱིས་བསྟན་ཏོ་ཞེས་བྱ་བ་ལ། ཡོན་ཏན་རྣམ་པ་བཞི་དང
་ལྡན་པར་སྐྱེས་པ་དེ་ཉིད་ལེགས་པར་སྐྱེས་པ་ཞེས་བྱ་སྟེ། ལེགས་པར་སྐྱེས་པའི་བྱང་ཆུབ་སེམས་དཔའ་དེ་འཇིག་རྟེན་པ་བརྒྱ་བྱིན་ལ་སོགས་པ་དང་འཇིག་རྟེན་ལས་འདས་པ་ཉན་ཐོས་ལ་སོགས་པའི་ལུས་པས་ཀྱང་ལུས་ཁྱད་ཞུགས་པར་ཐོབ་པར
་ཁས་ལེན་པ་དེ་ཁྱད་པར་དུ་འཕགས་པར་བསྟན་པའི་ཚིགས་སུ་གཅད་པ་རྩོམ་མོ། །སྣ་ཚོགས་མཚན་རྣམས་ཀུན་གྱིས་ལུས་བརྒྱན་ཅིང། །སེམས་ཅན་ཐམས་ཅད་སྨིན་བྱའི་ཕྱིར་ནི་དེ་སྟོབས་ཐོབ། །སངས་རྒྱས་རྣམས་ཀྱི་ཞི་བ་བདེ་ཆེན་མཛའ་ཡས་རྙེད། །སེམས་ཅན་ཐམS་
་ཅད་བསྐྱབ་ཕྱིར་ཐབས་ཆེན་བཤམ་པ་ཤེས། ཞེས་བྱ་བ་ལ་དཔེར་ན་འཁོར་ལོ་སྒྱུར་བའི་རྒྱལ་པོའི་སྲས་སུ་སྐྱེས་ན་ཡོན་ཏན་རྣམ་བཞི་དང་ལྡན་པའི་ལུས་ཀྱི་ཁྱད་པར་ཐོབ་སྟེ། བཞི་གང་ཞེ་ན། མི་ཕལ་པ་དང་མི་འདྲ་བའི་མཚན་གྱིས་བརྒྱན་པའི་ལུས
་ཐོབ་པ་དང། རྒྱལ་ཕྲན་གཞན་ཚར་གཅོད་པའི་ལྡན་པ་ཐོབ་པ་དང། རྒྱལ་པོའི་སྲིད་ཀྱིས་ལོངས་སྤྱོད་ཀྱི་བདེ་བ་ཐོབ་པ་དང། རྒྱལ་སྲིད་ཀྱི་གཙུག་ལག་ཁང་དང། རིག་པའི་གནས་ཐམས་ཅད་ལ་མཁས་པའི་ཡེ་ཤེས་ཀྱང་ཐོབ་པོ། །དེ་དང་འདྲི་བར་སངས་རྒྱས་ཀྱི
་སྲས་སུ་སྐྱེས་པ་བྱང་ཆུབ་སེམས་དཔའ་རྣམས་མཚན་སུམ་ཅུ་རྩ་གཉིས་དང། དཔེ་བྱད་བཟང་པོ་བརྒྱད་ཅུས་བརྒྱན་པའི་ལུས་ཐོབ་པས་ན་གཟུགས་བཟང་པོའི་ཁྱད་པར་དང་ལྡན་ཏེ། སྣ་ཚོགས་སྨོས་པ་ནི་འཁོར་ལོས་སྒྱུར་བའི་རྒྱལ་པོ་ལ་ཡང་མཚན་དང་དཔེ་བྱད་ཡོད་མེད་ཀྱི་དེ་བས
་འཕགས་པར་བསྟན་པའི་ཕྱིར་སྣ་ཚོགས་སྨོས་ཏེ། ཇི་ལྟར་འཕགས་ཞེ་ན། རྣམ་པ་གསུམ་གྱིས་འཕགས་ཏེ་གནས་ན་གནས་པ་དང། ཡོངས་སུ་གསལ་བ་དང། ཡོངས་སུ་རྫོགས་པས་འཕགས་སོ། །དཔེར་ན་འཁོར་ལོ་སྒྱུར་བའི་རྒྱལ་པོའི་སྲས་དེ་དགྲའི་ཚོགས་རྣམས་གཞོམ་པར
་ནུས་པའི་ལུས་ཀྱི་རྩལ་དང་ལྡན་པ་བཞིན་དུ། བྱང་ཆུབ་སེམས་དཔའ་དེ་ཡང་སེམས་ཅན་མ་དང?་རྣམS་དད་པར་བྱ་བ་དང། དད་པ་རྣམས་ས་བཅུ་ལ་བཀོད་དེ། ཡོངས་སུ་སྨིན་པར་བྱ་བའི་ལུས་དང་ཡིད་དང་ངག་གསུམ་གྱི་མཐུ་དང་ལྡན་ཏེ། དེ་བས་ན་སྟོབས་ཁྱད་ཞུགས་སོ། །དཔེར་ན་འཁོར
་ལོ་སྒྱུར་བའི་སྲས་སུ་སྐྱེས་པ་དེ་ལོངས་སྤྱོད་ཀྱི་བདེ་བ་ཕུན་སུམ་ཚོགས་པ་བདེ་བ་མྱོང་བར་འགྱུར་བ་བཞིན་དུ་སངས་རྒྱས་ཀྱི་སྲས་སུ་སྐྱེས་པའི་བྱང་ཆུབ་སེམས་དཔས་ཀྱང། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་ཐམས་ཅད་སྤངས་པའི་མཚན་ཉིད་ཀྱི་བདེ་བ་ཡེ་ཤེས་དང། ཐེག་པ་ཆེན
་པོའི་ཏིང་ངེ་འཛིན་དཔག་ཏུ་མེད་པ་དང། སྟོབས་དང། མི་འཇིགས་པ་ལ་སོགས་པའི་བདེ་བ་མྱོང་བར་འགྱུར་ཏེ། དེ་བས་ན་བདེ་བའི་ཁྱད་པར་རང་ཡང་ལྡན་ནོ། །དེ་དཔེར་ན་འཁོར་ལོས་སྒྱུར་བའི་རྒྱལ་པོའི་སྲས་རྒྱལ་སྲིད་ཀྱི་གཙུག་ལག་དང། རིག་པའི་གནས་ལ་མཁས་པ་བཞིན་དུ། བྱང
་ཆུབ་སེམས་དཔའ་ཨི་སངས་རྒྱས་ཀྱི་སྲས་སུ་སྐྱེས་པ་རྣམས་ཀྱང། སེམས་ཅན་ཐམས་ཅད་འཁོར་བའི་བཙོན?་ར་ནས་བསྒྲལ་ཞེས་མྱ་ངན་ལས་འདས་པ་ལ་དགོད་པར་བྱ་བའི་ཐབས་གང་ཡིན་པ་མཁྱེན་ཏེ། ད་བས་ན་ཡེ་ཤེས་ཀྱི་ཁྱད་པར་དང་ཡང་ལྡན་ནོ། །ཐབས་ནི་ཤེས་རབ་དང་སྙིང་རྗེའོ། །དེ་ལ་ཤེས
་ར་བ་དང་ལྡན་པས་འཁོར་བ་ན་གནས་ཀྱང་འཁོར་བའི་ཉེས་པས་མི་གོས་སྙིང་རྗེ་དང?་ལྡན་པས་ཉན་ཐོས་བཞིན་དུ་མྱ་ངན་ལས་འདས་པ་ལ་འབའ་ཞིག་ཏུ་མི་ལྟུང་ངོ། །ཡང?་ལེགS་པར་སྐྱེས་བ་དེ་ཉིད་སངས་རྒྱས་ཀྱི་རིགས?་མི་གཅོད་པར་ཚིགས་སུ་བཅད་པ་གཞན་གྱིས་བསྟན་ཏེ། ཞེས་བྱ་བ་ལ་ཡོན་ཏན་རྣམ་པ་བཞི་དང་ལྡན་པར་སྐྱེས
་པ་ནི་ལེགས་པར་སྐྱེས་པ་སྟེ། དཔེར་ན་འཁོར་ལོས་སྒྱུར་བའི་རྒྱལ་པོའི་སྲས་ཡོན་ཏན་རྣམ་པ་བཞི་དང་ལྡན་ན་འཁོར་ལོས་སྒྱུར?་བའི་རྒྱལ་པོའི་རིགས་རྒྱུན་མི་གཅོད་པ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་ཡོན་ཏན་རྣམ་པ་བཞི་དང་ལྡན་ན་སངས་རྒྱས་ཀྱི་གདུང་མི་གཅོད་པར་བསྟན་པའི
་ཚིགས་སུ་བཅད་པ་རྩོམ་མོ། །ཡོན་ཏན་རྣམ་པ་བཞིན་དབང་བསྐུར་བ་ཐོབ་པ་དང། དབང་ཐོགས་པ་མེད་པ་དང། ལྷག་པར་བྱ་བ་བརྟགས་པ་ལ་མཁས་པ་དང། ཚར་གཅད་པ་དང། ཕན་འདོགས་པར་བྱེད་པའོ། །སངས་རྒྱས་ཀུན་གྱི་འོད་ཟེར་ཆེན་པོ་དབང་བསྐུར་བྱིན་ཞེས་བྱ་བ་ལ་འཁོར
་ལོ་?་བའི་སྲས་སུ་ལེགས་པར་སྐྱེས་པ་དེ་རྒྱལ་ཚབ་དུ་དབང་བསྐུར་བ་ཐོབ་པ་བཞིན་དུ། བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི་སྲས་སུ་སྐྱེས་པ་དེ་དག་ཀྱང་ས་བཅུ་པ་ཆོས་ཀྱི་སྤྲིན་ཐོབ་པའི་དུས་ན་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ཕྱོགས་བཅུའི་འོད་ཟེར་གྱིས་ཆོས་ཀྱི་རྒྱལ
་པོའི་རྒྱལ་ཚབ་ཏུ་དབང་བསྐུར་བ་ཐོབ་པར་འགྱུར་ཏེ། འདིས་ནི་དབང་བསྐུར་བ་ཐོབ་བར་བསྟན་ཏོ། །དེ་ནི་ཆོས་ལ་དབང་བ་ཀུན་དང་ཤིན་ཏུ་ལྡན་ཞེས་བྱ་བ་ལ། དཔེར་ན་འཁོར་ལོས་སྒྱུར་བའི་རྒྱལ་པོའི་སྲས་རྒྱལ་ཚབ་ཏུ་དབང་བསྐུར་ཕན་ཆད་འབངས་སྐོར་ཁ་ཅིག་ལ་ནི?་དབང་ཀུན་ལ་མི་དབང་ཞེས་བྱ
་བ་མེད་པར་ཐམས་ཅད་ལ་དབང་བ་དེ་བཞིན་དུ། ས་བཅུར་བྱང་ཆུབ་སེམས་དཔའ་དབང་བསྐུར་བ་ཐོབ་ཕན་ཆད་ཇི་སྙེད་དུ་ཤེས་པར་བྱ་བ་དང། སྤང་བར་བྱ་བ་དང། མངོན་དུ་བྱ་བ་དང། བསྒོམ་པར་བྱ་བའི་ཆོས་ལ་ཐམས་ཅད་མངོན་བུ་གྱུར་པའི་ཡེ་ཤེས་དང་ལྡན་ཏེ། འདི་ནི་དབང་ཐོགས་པ་མེད
་པར་བསྟན་ཏོ། །སངས་རྒྱས་འཁོར་གྱི་དཀྱིལ་འཁོར་སྟོན་པའི་རྣམ་པར་ཤེས་ཞེས་བྱ་བ་ལ། དཔེར་ན་འཁོར་ལོས་སྒྱུར་བའི་རྒྱལ་པོའི་སྲས་དེ་འབངས་རྣམས་ལ་དོན་ཅི་དང་ཅི་ལྟ་བ་ལ་མཁས་པ་དང། རྒྱལ་པོའི་གཙུག་ལག་དང། བཟོའི་གནས་ལ་མཁས་པ་བཞིན་དུ།
་དབང་བསྐུར་བ་ཐོབ་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱང། སངས་རྒྱས་ཀྱི་འཁོར་དགེ་སློང་ཕ་དང་དགེ་སློང་མ་ལ་སོགས་པའི་ནང་དུ་ཆོས་དང་ཅི་བསྟན་པ་ཤེས་པ་དང། འཁོར་དེ་དག་གདུལ་བར་བྱ་བའི་ཐབས་ཀྱང་ཤེས་པར་འགྱུར་ཏེ། འདིས་ནི་ལྷག་པར་བྱ་བ་བརྟག་པ་ལ་མཁས་པར
་བསྟན་ཏོ། །བསླབ་པ་བཅས་ཕན་གདགས་པ་དང་ཚར་བཅད་བྱེད་ཅེས་བྱ་བ་ལ། བསླབ་པ་བཅས་པ་ནི་ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་བསྟན་པའོ། །དཔེར་ན་དབང་བསྐུར་བ་ཐོབ་པའི་འཁོར་ལོ་སྒྱུར་བའི་རྒྱལ་པོའི་སྲས་ཉེས་པ་བྱེད་པ་རྣམས་ཚར་བཅད་ཅིང་ཆད་པས་གཅོད་པར་ཡང
་ནུས་ལ་ལེགས་པར་བྱེད་པ་རྣམས་ཕན་གདགས་ཤིང་བྱ་དགའ་སྦྱིན་པ་དེ་བཞིན་དུ། དབང་བསྐུར་བ་ཐོབ་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱང་ཁྲིམས་ལ་གནས་ཤིང་ཡོན་ཏན་དང་ལྡན་པ་རྣམས་ལ་ཕན་འདོགས་ཤིང་གཟེངས་བསྟོད་པར་ཡང་ནུས་ལ་བསླབ་པ་ལ་མི་གནས་ཤིང
་སྐྱོན་དང་ལྡན་པ་རྣམས་ལ་ཚར?་གཅོད་ཅིང་ཆད་པས་གཅོད་པར་ཡང་ནུས་ཏེ། འདིས་ནི་ཚར་གཅོད་ཅིང་ཕན་འདོགས་པར་བྱེད་པ་བསྟན་ཏོ། །ཡང་ཁྱད་པར་དེ་བློན་པོ་ཆེན་པོ་ལྟ་བུ་ཚིགས་སུ་བཅད་པ་གཞན་གྱིས་བསྟན་ཏེ་ཞེས་བྱ་བ་ལ། ཐེག་པ་ཆེན་པོའི་ཚུལ་དུ་ཁས་བླངས་པའི་ཁྱད
་པར་དེ་བློན་པོ་ཆེན་པོའི་ཚུལ་དང་འདྲ་བས་བསྟན་ཏེ། དེ་ལ་དོན་རྣམ་པ་བཞི་བྱེད་པ་ནི་བློན་པོ་ཆེན་པོའོ། །བཞི་གང་ཞེ་ན། ནང་ན་སྤྱོད་པ་དང། མཛོད་ཐམས་ཅད་ཀྱི་སྤྱན་པ་དང། བློ་གསང་བ་ལ་ཡིད་བསྟན་པ་དང། བསྐོ?་བ?་ལ་དབང་བའོ། །དེ་དང་འདྲ་བ་ཐེག་བ་ཆེན་པོའི་སྒོར་སེམས་བསྐྱེད
་པས་ཡང་དོན་རྣམ་པ་དེ་བཞིན་བྱེད་པས་ན་བློན་པོ་ཆེན་པོ་དང་འདྲ་བར་བསྟན་པའི་ཕྱིར་ཚིགས་སུ་བཅད་པ་རྩོམ་མོ། །བློན་པོ་ཆེན་པོ་ལྟ་བུར་ཕ་རོལ་ཏུ་ཕྱིན་པ་ལ་འཇུག་པའི་ཕྱིར་ཞེས་བྱ་བ་ལ། དཔེར་ན་རྒྱལ་པོའི་བློན་པོ་ཆེན་པོ་རྒྱལ་པོས་ཐུགས་བརྟན་པར་བྱ་བའི་གནས་ཡིན་པས
་ཞལ་ཏ་དག་བྱེད་ཅིང་བཙུན་མོ་དམ་པའི་ནང་དུ་ཡང་འཇུག་པ་དེ་བཞིན་དུ། བྱང་ཆུབ་སེམས་དཔའ་ཡང་དེ་བཞིན་གཤེགས་པས་ཐུགས་བརྟན་པའི་གནས་ཡིན་པས་ཕ་རོལ་ཏུ་ཕྱིན་པ་བཅུ་ལ་སོགས་པའི་ནང་དུ་འཇུག་ཅིང་སྤྱོད་པར་བྱེད་དོ་ཞེས་བྱ་བའི་དོན་ཏོ། །བྱང་ཆུབ་ཆེན་པོའི་ཕྱོགས
་རྣམས་རྒྱ་ཆེན་རྟག་ཏུ་སྤྱན་ཡང་བྱེད་ཅེས་པ་ལ། དཔེར་ན་རྒྱལ་པོའི་བློན་པོ་ཆེན་པོ་ནོར་རིན་པོ་ཆེ་རྣམ་པ་སྣ་ཚོགས་ཀྱི་བང?་མཛོད་རྣམས་མི་འཁྱམས་པ་དང། མི་བརླག་པར་བྱ་བའི་ཕྱིར་རྟག་ཏུ་སྦྱན་བྱེད་ཅིང་ཉུལ་བར་བྱེད་བ་དེ་བཞིན་དུ། བྱང་ཆུབ་སེམས་དཔའ་རྣམས་ཀྱང་བླ་ན་མེད་པའི་བྱང
་ཆུབ་ཐོབ་པར་བྱེད་པའི་རྒྱུ་བྱང་ཆུབ་ཀྱི་ཕྱོགས་གསུམ་ཅུ་རྩ་བདུན་གྱི་ཆོས་རྒྱ་ཆེན་པོ། །ལང་ཀར་གཤེགས་པ་ལ་སོགས་པའི་མདོ་སྡེ་དེ་དང་དེ་དག་ནས་འབྱུང་བ་རྣམས་ལ་རྟག་ཏུ་སྤྱན་བྱེད་དེ། མི་བརྗེད་པར་སེམས་ལ་འཛིན་པར་བྱེད་དོ། །གསང་བའི་གནས་ཀྱང་རྣམ་པ་གསུམ་བརྟག་པར
་ཤིན་ཏུ་འཛིན་པའི་ཕྱིར་ཞེས་བྱ་བ་ལ། དཔེར་ན་རྒྱལ་པོའི་བློན་པོ་ཆེན་པོ་གསང་བ་ལ་ཡིད་བརྟན་པས་བཀའ་བགྲོས་གསང་བ་ཐམས་ཅད་ཀྱི་ནང་དུ་ཡང་འཇུག་ཅིང། རྒྱལ་པོའི་གསང་བ་ཐམས་ཅད་ཀྱང་འཛིན་པ་དེ་བཞིན་དུ། བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱང་དེ་བཞིན་གཤེགS
་པའི་གསང་བའི་གནས་གསུམ་རྟག་ཏུ་འཛིན་ཏེ། གསང་བ་གསུམ་ནི། སྐུ་གསང་བ་དང། གསུང་གསང་བ་དང། ཐུགས་གསང་བའོ། །དེ་ལ་སྐུ་གསང་བ་ནི་ལོ་ཉེས་ཆེན་པོ་དག་གི་ཚེ་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱིས་ཉ་ཆེན་པོའི་ལུས་བསྟན་ནས་སེམས་ཅན་གསོས་པ་དང།
་ནད་ཀྱི་བསྐལ་པ་དག་གི་དུས་ན་སྨན་པ་ཆེན་པོ་ལྷའི་ལུས་ལྟ་བུ་བསྟན་པ་ལ་སོགས་པའོ། །གསུང་གསང་བ་ནི་བྱིན་གྱིས་བརླབས་ནས་རྩིག་པ་དང། ཤིང་དང་ནམ་མཁའ་ལ་སོགས་པ་ལས་ཀྱང་དམ་པའི་ཆོས་འཆད་པའི་སྒྲ་འབྱུང་བའོ། །ཐུགས་གསང་བ་ནི་བྱིན་གྱིས་བརླབས་ནས་སེམས་ཅན
་བླུན་པོ་དག་གིས་ཀྱང་ཆོས་ཟབ་མོའི་དོན་རྟོག་པའོ། །སེམས་ཅན་མང་པོའི་དོན་ཀྱང་རྟག་ཏུ་རྒྱུན་མི་འཆད་པར་བྱེད་ཅེས་བྱ་བ་ལ། དཔེར་ན་རྒྱལ་པོའི་བློན་པོ་ཆེན་པོ་རྒྱལ་པོའི་བྱ་བ་ཐམས་ཅད་ཀྱང་བྱེད་ཅིང་འབངས་ཆབས་འོག་ཏུ་གཏོགས་པ་རྣམས་སྐྱང་ཞིང་ཚིས་ཀྱང་བྱེད་པ་དེ་བཞིན་དུ། བྱང
་ཆུབ་སེམས་དཔའ་རྣམས་ཀྱང་ཇི་སྲིད་དུ་ཁམས་གསུམ་དུ་སེམས་ཅན་ཐམས་ཅད་ལ་སྙིང་རྗེས་ཁྱབ་པར་བྱས་ནས་མི་དགེ་བ་ལས་བཟློག་ཅིང་དགེ་བ་ལས་བཞག་པར་བྱ་བའི་དོན་དང། མྱ་ངན་ལས་འདས་པར་བཞག་པར་བྱ་བའི་དོན་རྟག་ཏུ་རྒྱུན་མི་འཆད
་པར་བྱེད་དེ?། །ཚེ་རབས་གཅིག་ནས་གཅིག་ཏུ་གར་དེ་སྐྱེས་ཀྱང་ལས་བྱེད་པས་རྟག་ཏུ་བྱེད་པ་ཞེས་བྱའོ། །སྐད་ཅིག་མ་རེ་རེ་ལ་ཡང་བྲེང་མ་ཆད་པར་བྱེད་པས་ན་རྒྱུན་མ་ཆད་པར་བྱེད་པ་ཞེས་བྱའོ། །རྟོགས་པའི་དོན་དུ་ཚིགས་སུ་བཅད་པ་ཞེས་བྱ་བ་ལ། ཀུན་དུ་འགྲོ་བའི་ཨོན་དང་ཁས
་ལེན་པའི་དོན་བསྟན་ནས། ད་ནི་རྟགས་པའི་དོན་རྒྱ་ཆེར་བསྟན་པར་བྱ་བའི་ཚིགས་སུ་བཅད་པ་རྩོམ་མོ། །ཐེག་པ་ཆེན་པོ་འདིར་སྐྱབས་སུ་སོང་ན་དོན་མདོར་ན་གང་ཟག་དང་ཆོས་ལ་བདག་མེད་པར་རྟོགས་པར་འགྱུར་ལ་ཞིབ་ཏུ་ནི་ཡོན་ཏན་རྣམ་པ་བརྒྱད་རྟོགས་པར་འགྱུར་རོ་ཞེས་བྱ
་བའི་དོན་ཏོ། །བསོད་ནམས་ཕུང་ཆེན་ཞེས་བྱ་བ་ལ། དང་པོ་ཉིད་དུ་ཟབ་ཅིང་རྒྱ་ཆེ་བའི་ཐེག་པ་ཆེན་པོའི་མདོ་སྡེ་ལ་མོས་པའི་ཤུགས་ཀྱིས་དད་པ་ཆེན་པོ་བྱུང་བའི་ཚེ་ན་ནི་ནམ་མཁའ་ཨི་ཁམས་དང་སེམས་ཅན་གྱི་མཛའ་ཇི་ཙམ་པའི་བསོད་ནམས་ཀྱི་ཚོགས་ཀྱང་ཐོབ་པར་འགྱུར་ཏེ།
་འདི་ནི་ཡོན་ཏན་རྣམ་པ་གཅིག་གོ་།སྲིད་གསུམ་བླ་ན་ཞེས་བྱ་བ་ནི་དེ་ལྟར་མོས་ནས་བདག་དང་གཞན་གྱི་དོན་དུ་བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པའི་དུས་ན་ནི་འདོད་པའི་ཁམས་དང། གཟུགས་ཁམས་དང། གཟུགས་མེད་པའི་ཁམས་ཀྱི་སེམས་ཅན་ཀུན་ལས
་འཕགས་པར་འགྱུར་ཏེ། འདི་ནི་ཡོན་ཏན་གཉིས་པའོ། །སྲིད་པའི་བདེ་བ་དང་ཞེས་བྱ་བ་ལ་བདག་དང་གཞན་གྱི་དོན་དུ་ལས་དང་ཉོན་མོངས་པའི་དབང་གིས་སྐྱེ་བ་ནི་མ་ཡིན་གྱི་ཤེས་བཞིན་དུ་ནི་སྲིད་པར་སྐྱེ་བ་ཡོངས་སུ་འཛིན་པའི་དུས་ན་ལྷ་དང་མིའི་ལོངས་སྤྱོད་ཕུན་སུམ་ཚོགས་པ་མྱོང
་བར་འགྱུར་ཏེ། འདི་ནི་ཡོན་ཏན་གསུམ་པའོ། །སྡུག་བསྔལ་ཕུང་པོ་རབ་ཞི་ཞེས་བྱ་བ་ལ་གང་གི་ཕྱིར་ས་དང་པོ་ཁོང་དུ་ཆུད་པ་ན་ཆོས་ཀྱི་དབྱིངས་ཀུན་ཏུ་འགྲོ་བའི་མཚན་ཉིད་དུ་རྟོགས་སོ། །དེ་ལྟར་རྟོགས་པས་བདག་དང་གཞན་མཉམ་པ་ཉིད་ཀྱི་སེམས་ཐོབ་སྟེ། དགའ་བའི་མཆོག
་ཀྱང་རྙེད་དོ། །དེ་བས་ན་ས་དང་པོའི་ངེས་པའི་ཚིག་ཏུ་འང་ས་རབ་ཏུ་དགའ་བ་ཞེས་བྱ་སྟེ། དང་པོ་ཉིད་དུ་བདག་དང་གཞན་གྱི་དོན་སྒྲུབ་པའི་ཉེས་པ་རྙེད་པའི་ཕྱིར་རོ། །དེ་ལྟར་ཆོས་ཀྱི་དབྱིངས་ཀུན་དུ་འགྲོ་བའི་མཚན་ཉིད་ཏུ་རྟོགས་པ་དེས་བདག་དང་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་གྱི་ཕུང་པོ་ཞི་བར་བྱེད
་དོ། །དེའི་ཚེ་ན་བདག་ཉིད་འཇིགས་པ་ལྔ་ལས་འདས་པས་ན་བདག་གི་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་ཞིའོ། །བདག་བཞིན་དུ་སེམས་ཅན་རྣམས་ཀྱི་འཇིགས་པ་ལྔ་ཡང་མེད་པར་བྱེད་པས་ན་སེམས་ཅན་གྱི་སྡུག་བསྔལ་གྱི་ཕུང་པོ་ཡང་ཞི་བར་བྱེད། འཇིགས་པ་ལྔ་ནི་འཚོ་བ་མེད་པའི
་འཇིགས་པ་དང། ཚིགས་སུ་བཅད་པ་མེད་པའི་འཇིགས་པ་དང། འཁོར་གྱི་འཇིགས་པ་དང། ངན་འགྲོར་ལྟུང་བའི་འཇིགས་པ་དང། འཆི་འཕོའི་འཇིགས་པ་སྟེ། འདི་ནི་ཡོན་ཏན་བཞི་པའོ། །བློ་མཆོག་བདེ་བ་དང་ཞེས་བྱ་བ་ལ། ས་བརྒྱད་ལ་མི་སྐྱེ་བའི་ཆོས་ལ་བཟོད་པ
་ཐོབ་པའི་དུས་ན་ལྷུན་གྱིས་གྲུབ་པ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་སྣང་བ་ཆེན་པོ་ཐོབ་པས་ན། ཆོས་མཆོག་བདེ་བ་ཐོབ་པ་ཞེས་བྱ་སྟེ། འདི་ནི་ཡོན་ཏན་ལྔ་པའོ། །དེ་ལ་རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་ལྷུན་གྱིས་གྲུབ་པར་གནས་པའི་དཔེ་ཡང་རྒྱ་མཚོའི
་གྲུབ?་ཆེས་བསྟན་པ་ལྟ་བུའོ། །བློ་མཆོག་བདེ་བ་དང་ཞེས་བྱ་བ་ལ། ཆོས་ཆེན་ཕུང་པོ་མཆོག་རབ་རྟག་པའི་སྐུ་སྟེ་དགེ་བའི་ཚོགས། །བག་ཆགས་ལས་ཀྱང་བཟློག་ཅིང་སྲིད་ཞི་རྣམ་པར་གྲོལ་བ་འཐོབ་ཅེས་བྱ་བ་ལ། དེ་ནས་ས་བཅུ་འདས་ནས་སངས་རྒྱས་ཀྱི་སར་ཆེན་པོའི་ཕུང
་བོ་མཆོག་རབ་རྟག་པའི་སྐུ་དགེ་བའི་ཚོགས་ཀྱང་འཐོབ་སྟེ། འདི་ནི་ཡོན་ཏན་དྲུག་པའོ། །སངས་རྒྱས་ཀྱི་སར་བག་ཆགས་ཐམས་ཅད་བཟློག་པ་ཡང་འཐོབ་སྟེ་འདི་ནི་ཡོན་ཏན་བདུན་པའོ། །སྲིད་ཞི་རྣམ་པར་མོལ་བ་ཡང་འཐོབ་སྟེ། འདི་ནི་ཡོན་ཏན་བརྒྱད་པའོ། །ཆོས་ཀྱི་སྐུ་དེ་གསུང་རབ
་ཡན་ལག་བཅུ་གཉིས་འབྱུང་བའི་འབྱུང་གནས་ཡིན་པས་ཆོས་ཆེན་ཕུང་པོ་ཞེས་བྱའོ། །ཆོས་ཀྱི་སྐུ་དེ་ཉན་ཐོས་ཀྱི་རྣམ་པར་གྲོལ་བའི་སྐུ་དང། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་ཐམས་ཅད་ཀྱི་ཕུལ་དུ་གྱུར་བས་མཆོག་རབ་ཅེས་བྱའོ། །ཆོས་ཀྱི་སྐུ་དེ་འཁོར་བའི་མཛའ་
་དང། སེམས་ཅན་གྱི་མཛའ་དང་ནམ་མཁའ་ཨི་མཛའ་ཨི་བར་དུ་གནས་པས་རྟག་པའི་སྐུ་ཞེས་བྱའོ། །སངས་རྒྱས་ཀྱི་སའི་དུས་ན་གང་ཟག་ལ་བདག་མེད་པར་རྟོགས་པས་ནི་ཉོན་མོངས་པའི་བག་ཆགས་སྤངས། ཆོས་ལ་བདག་བདེ་པར་རྟོགས་པས་ནི་ཤེས་བྱའི་བག
་ཆགས་སྤངས་པས་བག་ཆགས་ཐམས་ཅད་ལས་ཀྱང་བཟློག་པའོ། །སངས་རྒྱས་ཀྱི་སའི་དུས་ན་མི་གནས་པའི་མྱ་ངན་ལས་འདས་པ་ཐོབ་པས་སྲིད་ཞི་རྣམ་བར་གྲོལ་བ་ཞེས་བྱ་སྟེ། སྲིད་པ་ནི་འཁོར་བ་སྟེ། འཁོར་བ་ལས་རྣམ་པར་གྲོལ་ཞིང་འཁོར་བ་ལའང་མི་གནས་སོ། །ཞི་བ
་ནི་མྱ་ངན་ལས་འདས་པ་སྟེ་མྱ་ངན་ལས་འདས་པ་ལས་རྣམ་པར་གྲོལ་ཞིང་མྱ་ངན་ལས་འདས་པ་ལ་ཡང་མི་གནས་སོ་ཞེས་བྱ་བའི་དོན་ཏོ། །དེ་ལ་ཤེས་རབ་དང་ལྡན་པས་ནི་འཁོར་བ་ན?་ཡང་འཁོར་བའི་ཉེས་པས་མི་གོས་པས་ན་འཁོར་བ་ན་མི་གནས་པས་སོ། །སྙིང་རྗེ་དང་ལྡན་པས་ཉན
་ཐོས་བཞིན་མྱ་ངན་ལས་འདས་པ་འབའ་ཞིག་ཏུ་མ་ཞུགས་པའི་ཕྱིར་མྱ་ངན་ལས་འདས་པ་ལ་མི་གནས་པས་སོ། །འདི་ཞི་བར་བྱེད་པས་ན་རབ་ཏུ་ཞི་བའོ་ཞེས་པ་ནི་ས་དང་པོར་ཆོས་ཀྱི་དབྱིངས་ཀུན་དུ་འགྲོ་བར་ཤེས་ནས་བདག་དང་གཞན་མཉམ་པ་ཉིད་ཐོབ་པའི་ཡེ་ཤེས་ཀྱིས
་བདག་དང་གཞན་གྱི་འཇིགས་པ་ལྔ་རབ་ཏུ་ཞི་བར་བྱེད་པས་ན་ཡེ་ཤེས་ལ་རབ་ཏུ་ཞི་བ་ཞེས་བྱའོ། །ཟིལ་གྱིས་གནོན་པའི་དོན་དུ་ཚིགས་སུ་བཅད་པ་ཞེས་བྱ་བ་ལ། ཀུན་དུ་འགྲོ་བ་ལ་སོགས་པའི་དོན་གསུམ་བཤད་ནས་ཟིལ་གྱིས་གནོན་པའི་དོན་རྒྱས་པར་བསྟན་པའི་ཕྱིར་ཚིགས
་སུ་བཅད་བརྩོམ་སྟེ། ཐེག་པ་ཆེན་པོ་ལ་སྐྱབས་སུ་སོང་ན་དགེ་བ་རྣམ་པ་བཞིས་ཉན་ཐོས་ལ་སོགས་པ་ཟིལ་གྱིས་གནོན་པར་བྱེད་དོ་ཞེས་བྱ་བའི་དོན་ཏོ། །བློ་ལྡན་དགེ་བ་རྒྱ་ཆེ་ཉན་ཐོས་མང་པོ་ཟིལ་གྱིས་གནོན། །དོན་ཆེ་མཛའ་ཡས་རྟག་ཏུ་རྒྱུན་མི་འཆད་ཅིང་མི་ཟད་པས། ཞེས་བྱ
་བའི་ཚིགས་བཤད་རྐང་པ་ཕྱེད་ཀྱི་བཤད་པས་ནི། དགེ་བའི་འཇིག་རྟེན་མ་ཡིན་དེ་ཡང་སྨིན་པར་བྱེད། །ཕུན་སུམ་མ་ཚོགས་པ་རྙེད་པས་ཕུང་པོ་ཞི་བས་མི་ཟད་པ། ཞེས་བྱ་བའི་ཚིགས་སུ་བཅད་པ་ཕྱེད་ཀྱིས་བཤད་དེ། བློ་དང་ལྡན་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ལ་བྱའོ།
་བྱང་ཆུབ་སེམས་དཔའ་རྣམས་དང་པོ་བྱང་ཆུབ་ཏུ་སེམས་བསྐྱེད་པའི་དགེ་བ་ནས་མོས་པ་སྤྱོད་པའི་ས་འཇིག་རྟེན་གྱི་ཆོས་མཆོག་མན་ཆད་ཀྱི་འཇིག་རྟེན་པའི་དགེ་བ་ནི་ཉན་ཐོས་ཀྱི་དགེ་བ་ལྟར་མྱ་ངན་ལས་འདས་པའི་ཕྱོགས་འབའ་ཞིག་ཏུ་འཇུག་པ་མ་ཡིན་གྱིས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་འཁོར་བར
་འཇུག་པའི་རྒྱུ་ཡང་བྱེད་པས་རྒྱ་ཆེ་བའི་ཕྱིར་ཉན་ཐོས་ཐམས་ཅད་ཟིལ་གྱིས་གནོན་ཏོ། །ས་དང་པོ་ནས་ས་བདུན་མན་ཆད་ཀྱི་འཇིག་རྟེན་ལས་འདས་པའི་དགེ་བ་ནི་བླ་ན་མེད་པའི་བྱང་ཆུབ་པར་བྱེད་པའི་ཕྱིར་དོན་ཆེ་བ་སྟེ། དོན་ཆེ་བའི་ཕྱིར་ཉན་ཐོས་ཐམས་ཅད་ཟིལ་གྱིས་གནོན་ཞེས་བྱ་བའི་དོན་ཏོ། །ས་བརྒྱད
་ཡན་ཆད་ན་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་ལྷུན་གྱིས་གྲུབ་པ་ལ་གནས་པས་ན་དགེ་བའི་རྩ་བ་རྣམས་ཡོངས་སུ་སྨིན་པར་བྱེད། འབྲུ་རྣམས་ཡོངས་སུ་སྨིན་པར་བྱེད་པའི་ཚེ་མང་དུ་འཕེལ་བ་དང་འདྲ་བ་དེ་ཡན་ཆད་དགེ་བའི་རྩ་བ་སྨིན་པས་སྟོབས་དང་མི་འཇིགས་པ་དང། མ་འདྲེས་པ་དང། ས་དང་ཕ་རོལ
་དུ་བྱིན་བ་ལ་སོགས་པའི་ཡོན་ཏན་མཛའ་ཡས་པ་འཕེལ་བར་འགྱུར་ཏེ། དེས་ན་རྟོག་ཏུ་སངས་རྒྱས་ཀྱི་མཛད་པ་རྒྱུན་མི་འཆད་བར་མཛད་ཅིང་དམ་པའི་ཆོས་འཆད་པ་རྒྱུན་མི་འཆད་པར་མཛད་པས་ཀྱང་ཉན་ཐོས་རྣམས་ཟིལ་གྱིས་གནོན་ཏོ་ཞེས་བྱ་བའི་དོན་ཏོ། །དེ་ནས་སངས་རྒྱས་ཀྱི་སར་སྟོབས་དང་མི
་འཇིགས་པ་དང། མ་འདྲེས་པ་ལ་སོགས་པའི་ཡོན་ཏན་ཕུན་སུམ་ཚོགས་པ་རྙེད་པ་ཡང་ཕུང་པོ་ཞི་བ་སྟེ། ཕུང་པོའི་ལྷག་མ་མ་ལུས་པར་སྤངས་པའི་མྱ་ངན་ལས་འདས་པར་ཞུགས་ཀྱང་ཟད་ཅིང་མཐར་ཐུག་པར་མི་འགྱུར་ཏེ། མི་ཟད་པའི་ཕྱིར་ཡང་ཉན་ཐོས་རྣམས་ཟིལ་གྱིས་གནོན་ཏོ། །སྐྱབས་སུ
་འགྲོ་བ་བསྟན་པའི་ཚིགས་སུ་བཅད་པ་ཞེས་བྱ་བ་ལ། གོང་དུ་ནི་ཐེག་པ་ཆེན་པོར་སྐྱབས་སུ་སོང་བ་དེ་ཀུན་འགྲོ་བ་ལ་སོགས་པའི་ཁྱད་བར་བཞི་དང་ལྡན་པས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་སྐྱབས་སུ་འགྲོ་བ་ཁྱད་ཞུགས་སོ་ཞེས་བསྟན་ནས། ད་ནི་སྐྱབས་སུ་འགྲོ་བའི་རང་བཞིན་དང་རྒྱུ་དང་འབྲས
་བུ་དང་ལས་དང་ལྡན་པ་དང་རབ་ཏུ་བྱ་བ་བསྟན་པ་ལས་བརྩམས་ནས་ཚིགས་སུ་བཅད་པ་བརྩོམ་མོ། །དེ་ནི་དེའི་དངོས་འདོད་ཕྱིར་ནི་ཁས་ལེན་ཞེས་བྱ་བ་ཉན་ཐོས་དག་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་ནི་བདག་འཁོར་བའི་སྡུག་བསྔལ་ལས་ཐར་བར་གྱུར་ཅིག་ཅེས་བདག་ཡོངས་སུ་བསྐྱབ་པར་བྱ་བའི་
་ཕྱིར་སྐབས་སུ་འགྲོ་བའོ། །བྱང་ཆུབ་སེམས་དཔའ་རྣམས་དཀོན་མཆོག་གསུམ་ལ་སྐྱབས?་སུ་འགྲོ་བ་ནི། སངས་རྒྱས་གང་ལ་སྐྱབས་སུ་སོང་བའི་སངས་རྒྱས་དེའི་རང་བཞིན་ཉིད་གྲུབ་པར་བྱ་བའི་ཕྱིར་སྐྱབས་སུ་འགྲོ་བར་ཁས་ལེན་ཏེ། སངས་རྒྱས་འདི་སེམས་ཅན་ཐམས
་ཅད་ཀྱི་སྐྱབས་སུ་གྱུར་པ་དེ་བཞིན་དུ་བདག་ཀྱང་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་ཞི་བར་བྱ་བའི་ཕྱིར་སངས་རྒྱས་ཉིད་ཏུ་གྱུར་ཅིག་ཅེས་ཁས་ལེན་ཏེ། དེ་ལྟར་ཁས་ལེན་པ་ནི་རང་བཞིན་ནོ། །སྙིང་རྗེའི་ཕྱིར་རིགས་པར་བྱ་ཞེས་བྱ་བ་ལ་སངས་རྒྱས་གྲུབ་པར་གྱུར་ཅིག་ཅེས་ཁས་ལེན་པ
་ཡང་སེམས་ཅན་སྡུག་བསྔལ་བ་རྣམས་ལ་སྙིང?་རྗེའི་རྒྱུས་ལེན་ཏེ། སྙིང་རྗེ་ནི་སྐྱབས་སུ་འགྲོ་བའི་རྒྱུ་ཡིན་པར་རིག་པར་བྱའོ། །དེའི་ཕྱིར་ཐམས་ཅད་མཁྱེན་པ་ཞེས་བྱ། དེ་ལྟར་སྐྱབས་སུ་འགྲོ་བའི་རང་བཞིན་དང་རྒྱུ་བསྐྱེད་ནས་ས་བཅུ་རིམ་གྱིས་བསྒྲུབས་ནས་སངས་རྒྱས་ཀྱི་སར་ཡེ་ཤེས་བཞིའི
་བདག་ཉིད་ཐམས་ཅད་མཁྱེན་པ་འཐོབ་སྟེ། །དེ་ནི་སྐྱབས་སུ་འགྲོ་བའི་འབྲས་བུའོ། །ཕན་པ་བྱེད་ཅིང་དཀའ་བྱེད་ཡོངས་མི་སྐྱེ་ཞེས་བྱ་བ། སངས་རྒྱས་སུ་གྲུབ་ནས་སེམས་ཅན་ལ་ཕན་པར་བྱེད་པ་དང་བདེ་བར་བྱེད་པ་དང། དཀའ་བ་སྤྱོད་པས་ཡོངས་སུ་མི་སྐྱོ་བ་ནི་སྐྱབས་སུ་འགྲོ་བའི་ལས་ཡིན་ནོ།
་ཚེ་འདིར་ཟང་ཟིང་རྣམ་པ་སྣ་ཚོགས་ཀྱིས་ཕན་བཏགས་ཏེ། མི་དགེ་བ་ལས་བཟློག་ཅིང་དགེ་བ་ལ་བཞག་པ་ནི་ཕན་པར་བྱེད་པའོ། །ཚེ་རབས་གཞན་དུ་ལྷ་དང་མིའི་ལོངས་སྤྱོད་དང་མྱ་ངན་ལས་འདས་པ་ལ་བཀོད་པ་ནི་བདེ་བར་བྱེད་པའོ། །སེམས་ཅན་གྱི་དོན་དུ་ལུས་དང་སྲོག་ལ་ཕངས་པ་མེད
་བར་མགོ་དང་རྐང་ལག་ལ་སོགས་པ་གཏོང་བ་ནི་དཀའ་བ་བྱེད་བས་མི་སྐྱོ་བ་ཞེས་བྱའོ། །ཐེག་བ་ཀུན་གྱིས་འབྱུང་ཞིང་སོ་སོར་འབྲང་ཞིང་རྟག་ཏུ་ཡོན་ཏན་ལྡན་ཞེས་བྱ་བ་ལ། ཐེག་པ་གསུམ་གྱི་ཐབས་ཀྱིས་སེམས་ཅན་རྣམས་ཁམས་གསུམ་ལས་བསྒྲལ་བར་བྱ་པའི་ཕྱིར་སེམས་ཅན་སོ་སོ
་ན་སྡུག་ཅིང་??་པ་རྣམས་ཀྱི་སྐྱབས་དང་མགོན་རྒྱུན་མི་འཆད་འཆད་པར་བྱེད་པའི་ཡོན་ཏན་དང་ལྡན་ཏེ། འདིས་ནི་ལྡན་པ་བསྟན་ཏོ། །སོ་སོར་འབྲང་ཞེས་བྱ་བ་ནི་སེམས་ཅན་རྣམས་ཀྱི་སྐྱབས་དང་མགོན་དུ་གྱུར་བ་ཞེས་བྱ་བའི་དོན་ཏོ། །བྱང་ཆུབ་ཏུ་སེམས་བསྐྱེད་པ་ལ་ཕྱིན་དུ་ཡོད་པ་བསྟན
་བའི་ཕྱིར། བརྡ་དང་ཆོས་ཉིད་ཐོབ་པའི་སློ་ལྡན་རྣམས་ཀྱི་སྐྱབས་སུ་འགྲོ་བ་མཆོག་ཅེས་སྨོས་ཏེ། བྱང་ཆུབ་སེམས་དཔའ་ཨི་སྐྱབས་སུ་འགྲོ་བ་ཕྱེ་ན་རྣམ་པ་གཉིས་ཏེ། བརྡ་ཐོབ་པ་དང། ཆོས་ཉིད་ཀྱིས་ཐོབ་པའོ། །དེ་ལ་མཁན་པོ་དང་སློབ་དཔོན་ལས་བླངས་པའི་བྱང་ཆུབ་ཀྱི་སེམས་ནི་བརྡས?་ཐོབ་པ་ཞེས་བྱའོ
་བྱང་ཆུབ་སེམས་དཔས་ས་དང་པོ་ཐོབ་ནས་ཆོས་ཀྱི་དབྱིངས་ཐམས་ཅད་ཏུ་འགྲོ་བའི་མཚན་ཉིད་རྟོགས་ཏེ་དགེ་བའི་བཤེས་གཉེན་ལམ་བརྟེན་པར་སྨོན་ལམ་ཆེན་པོ་བཅུ་ལ་སོགས་ང་ནི་ཆོས་ཉིད་ཀྱི་ཐོབ་པ་ཞེས་བྱ་སྟེ། དེས་རབ་ཏུ་དབྱེ་བ་བསྟན་ནོ། །དེའང་རྣམ་པ་གཉིས་སུ་དབྱེ་སྟེ། ཆེན་པོ་དང
་ཕྲ་མོའི་ཁྱད་པར་དུའོ། །བརྡས་ཐོབ་པ་ནི་མཁན་པོ་དང་སློབ་དཔོན་ལས་སྒྲའི་སྒོ་ནས་བླངས་པས་ཆེན་པོ་དང་རགས་པ་ཞེས་བྱའོ། །ཆོས་ཉིད་ཀྱིས་ཐོབ་པ་ནི་ཆོས་ཉིད་ཀྱི་དོན་རྟོགས་པ་ལས་རྙེད་པས་ཕྲ་བ་དང་ཟབ་པ་ཞེས་བྱའོ། །སྐྱབས་སུ་འགྲོ་བསྒྲུབ་པའི་ཁྱད་པར་གྱིས་ཚིགས་སུ་བཅད་པ་ཞེས
་བྱ་བ་ལ་གོང་དུ་སྐྱབས་སུ་འགྲོ་བའི་ཡོན་ཏན་རང་བཞིན་ལ་སོགས་པ་བཤད་ནས། ད་ནི་དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་སྟེ། ས་དང་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་བསྒྲུབ་པ་དེ་ཉན་ཐོས་དག་ཀྱང་སྐྱབས་སུ་སོང་ནས། ལྷག་པའི་ཚུལ་ཁྲིམས་དང། ལྷག་པའི་སེམས་དང། ལྷག
་པའི་ཤེས་རབ་བསྒྲུབ་པ་པས་ཁྱད་ཞུགས་བར་བསྟན་པའི་ཕྱིར་ཚིགས་སུ་བཅད་པ་རྩོམ་མོ། །སྐྱབས་སུ་འགྲོ་བ་འདིར་སོང་དོན་ཆེན་ཏེ་ཞེས་བྱ་བ་ལ་འདི་ཞེས་བྱ་བ་ཐེག་པ་ཆེན་པོ་དང་སྦྱར་ཏེ་ཐེག་པ་ཆེན་པོ་འདིར་ཐེག་པ་ཆེན་པོའི་ཚུལ་གྱིས་དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་ན་བདག་གི་དོན་ཕུན་སུམ
་ཚོགས་པ་དང་གཞན་གྱི་དོན་ཕུན་སུམ་ཚོགས་བ་འགྲུབ་པར་འགྱུར་བས་དོན་ཆེ་བ་ཞེས་བྱའོ། །ཡོན་ཏན་མང་པོ་དཔག་མེད་འཕེལ་བས་འགྱུར་ཞེས་བྱ་བ་ལ་ད་ལྟར་བྱང་ཆུབ་ཏུ་སེམས་བསྐྱེད་ནས་ས་རིམ་པས་སྒྲུབས་ནས་སངས་རྒྱས་ཀྱི་སར་མངོན་པར་སངས་རྒྱས་ནས་སྟོབས་དང
་མི་འཇིགས་པ་དང་མ་འདྲེས་པ་དང་བྱང་ཆུབ་ཀྱི་ཕྱོགས་ལ་སོགས་བའི་ཡོན་ཏན་དཔག་ཏུ་མེད་པ་འཐོབ་བར་འགྱུར་ཏེ། དེ་ལྟར་བདག་གི་དོན་ཕུན་སུམ་ཚོགས་པ་གྲུབ་པར་འགྱུར་བའི་ཕྱིར་དོན་ཆེ་བར་བསྟན་ཏོ། །ཐེག་པ་ཆེན་པོར་སྐྱབས་སུ་སོང་ན་གཞན་གྱི་དོན་ཕུན་སུམ་ཚོགས་པ
་ཡང་འགྲུབ་བས་དོན་ཆེ་སྟེ། གཞན་གྱི་དོན་ཕུན་སུམ་ཚོགས་པ་བསྒྲུབ་པ་ཡང་བསམ་པ་ཕུན་སུམ་ཚོགས་པ་དང། སྦྱོར་བ་ཕུན་སུམ་ཚོགས་པས་བསྒྲུབ་པ་བསྟན་པའི་ཕྱིར། འགྲོ་བ་འདི་དག་སྙིང་རྗེའི་བསམ་པས་ཁྱབ། །མཚུངས་མེད་འཕགས་ཆེན་ཆོས
་ཀྱང་རྒྱས་པར་བྱེད། ཅེས་བྱ་བ་སྨོས་ཏེ། སྙིང་རྗེ་ཆེན་པོའི་བསམ་བས་སེམས་ཅན་ཐམས་ཅད་ལ་བྱེ་བྲག་མེད་པར་འཁོར་པའི་སྡུག་བསྔལ་ལས་བསྒྲལ་བར་བྱའོ་སྙམ་དུ་སེམས་ཏེ། འདིས་ནི་བསམ་པ་ཕུན་སུམ་ཚོགས་པ་བསྟན་ཏོ། །དེ་ལྟར་བསམས་ནས་བྱང་ཆུབ་སེམས
་དཔའ་ཨི་རིགས་ཀྱི་གང་ཟག་རྣམས་ལ་མཚུངས་པ་མེད་པར་འཕགས་པ་ཆེན་པོའི་ཆོས་ཕྱོགས་བཅུ་ཐམས་ཅད་ཏུ་རྒྱས་པར་སྟོན་ཅིང་འཆང་བར་བྱེད་དེ། འདིས་ནི་སྦྱོར་བ་ཕུན་སུམ་ཚོགས་པ་བསྟན་ཏེ། །བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་འབྱུང་བའི་ཐེག་པ་ཆེན་པོ་དེ
་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་པས་ཁྱད་ཞུགས་པར་འཕགས་པས་མཚུངས་པ་མེད་པ་ཞེས་བྱའོ། །ཉན་ཐོས་ལའང་འཕགས་པ་ཞེས་གདགས། རང་སངས་རྒྱས་ལའང་འཕགས་པ་ཞེས་གདགས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ལ་ཡང་འཕགས
་པ་ཞེས་བྱ་བ་ལས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཉན་ཐོས་དང་རང་སངས་རྒྱས་རྣམས་ལས་ཀྱང་འཕགས་པ་ཡིན་པས་འཕགས་པ་ཆེན་པོ་ཞེས་བྱ་བ་སྟེ། ཐེག་པ་ཆེན་པོ་འདི་འཕགས་པ་དེ་དག་གི་ཆོས་ཡིན་པས་ན་ཐེག་པ་ཆེན་པ་ལ་འཕགས་པ་ཆེན
་པོའི་ཆོས་ཞེས་བྱའོ། །དཔག་ཏུ་མེད་པ་དང་རྟོག་གེ་དང་གྲངས་དང་དུས་དཔག་ཏུ་མེད་པར་རིག་པར་བྱ་སྟེ་ཞེས་བྱ་བ་ལ། དེ་བཞིན་གཤེགས་པའི་ཡོན་ཏན་ནི་རྟོག་གེ་པ་རྣམས་ཀྱི་མངོན་སུམ་དང་རྗེས་སུ་དཔག་པའི་ཚད་མས་འདི་ཙམ་ཞིག་ཡོད་དེ་ཞེས་འཆད་ཅིང
་དཔག་པར་མི་ནུས་པ་དང། གྲངས་ཀྱི་སྒོ་ནས་ཀྱང་གྲངས་འབུམ་ཞེ་འམ་བྱེ་བ་ཡོད་ཅེས་སྤྱད་པར་མི་ནུས་པ་དང། དུས་ཀྱི་སྒོ་ནས་ཀྱང་བསྐལ་པ་གྲངས་མེད་པར་སྨྲས་ཏེ་བརྗོད་ན་ཡང་མཐར་ཕྱིན་པར་མི་འགྱུར་བས་ན་དཔག་ཏུ་མེད་པ་ཞེས་བྱའོ། །སྐྱབས་སུ་འགྲོ་བའི
་སྐབས་བཤད་པ་རྫོགས་སོ།། །།སྐྱབས་སུ་འགྲོ་བའི་སྐབས་ཀྱི་རྗེས་ལ་རིགས་ཀྱི་སྐབས་བཤད་པར་འབྲེལ་པ་ཅི་ཡོད་ཅེ་ན། གང་དུ་སྐྱབས་སུ་འགྲོ་པའི་བཤད་པའི་མཇུག་ཏུ་སྐྱབས་སུ་འགྲོ་བ་འདིར་སོང་དོན་ཆེན་ཏེ། ཡོན་ཏན་མང་པོ་དཔག་མེད།
་འཕེལ་བར་འགྱུར། །འགྲོ་བ་འདི་དག་སྙིང་རྗེའི་བསམ་པས་ཁྱབ། །མཚུངས་མེད་འཕགས་ཆེན་ཆོས་ཀྱང་རྒྱས་པར་བྱེད་ཅེས་སྨྲས་པའི་ཚིགས་སུ་བཅད་པས། ཐེག་པ་ཆེན་པོ་ལ་སྐྱབས་སུ་སོང་བས་ནི་བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་འགྲུབ་པར་བྱེད
་པས་དོན་ཆེ་བ་བསྟན་ཏེ། དེ་ལྟར་བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་འགྲུབ་པར་བྱེད་པ་དེ་ཡང་ངེས་པ་མེད་དེ། སངས་རྒྱས་ལ་སོགས་པ་ལ་ཉན་ཐོས་དང་རང་སངས་རྒྱས་ཀྱི་རིགས་ཅན་དང་རིགས་མེད་བ་ཀུན་གྱིས་ཐེག་པ་ཆེན་པོ་ལ་སྐྱབས་སུ་སོང་ན་ཐམS
་ཅད་ཀྱིས་དོན་ཆེན་པོ་དེ་འཐོབ་པ་འམ་འོན་ཏེ་ངེས་པ་ཡོད་དེ་ཀུན་སྐྱབས་སུ་སོང་བ་ཁ་ཅིག་དོན་ཆེན་པོ་དེ་འགྲུབ་ཀྱི་སྐྱབས་སུ་སོང་བ་ཀུན་གྱིས་མི་འགྲུབ་སྟེ། ངེས་པ་ཡོད་དམ་ཞེ་ན། ལན་དུ་ངེས་པ་ཡོད་དེ། སངས་རྒྱས་ཀྱི་རིགས་ཅན་རྣམས་སྐྱབས་སུ་སོང་ན་མི
་བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་དང། ཡོན་ཏན་གྱི་ཚོགས་རྣམས་འཕེལ་བར་འགྱུར་གྱི་ཉན་ཐོས་དང་རང་སངས་རྒྱས་ཀྱི་རིགས་ཅན་དང། རིགས་མེད་པ་ལ་སོགས་པས་ཐེག་པ་ཆེན་པོའི་ཚུལ་དུ་སྐྱབས་སུ་སོང་ཡང་ཡོན་ཏན་དེ་དག་འཐོབ་བར་མི་འགྱུར་ཏེ།
་དེ་བས་ན་སྐྱབས་སུ་འགྲོ་བའི་སྐབས་ཀྱི་རྗེས་ལ་རིགས་ཀྱི་སྐབས་བཤད་པར་འབྲེལ་ཏོ། །ཡང་ན་མ་ངེས་པའི་རིགས་ཅན་དག་ཐེག་པ་ཆེན་པོར་སྐྱབས་སུ་སོང་ན་དོན་ཆེན་པོ་དེ་འཐོབ་སྟེ། མ་ངེས་པའི་རིགས་ཅན་ལ་ནི་དགེ་བའི་བཤེས་གཉེན་གྱི་མཐར་ཕྱིན་ཏུ་བསྒྲལ་ན་གདོད་དོན
་ཆེན་པོ་དེ་འཐོབ་ཀྱི། བྱང་ཆུབ་སེམས་དཔའ་ཨི་སྦྱང་བ་སྤྱོད་པ་ལས་ཉན་ཐོས་ལ་སོགས་པའི་བཤེས་གཉེན་གྱིས་དྲངས་ནས་ཐེག་པ་གཞན་དུ་ཡང་འཚང་རྒྱ་བས་གཅིག་ཏུ་ངེས་པ་ནི་མེད་དོ། །ཡང་ན་རིགས་འདི་ནི་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང། ཕ་རོལ་ཏུ་ཕྱིན་པ་ལ་སྦྱོང་བ
་མངོན་པར་འཚང་རྒྱ་བར་འགྱུར་བའི་སྐལ་པ་ཅན་ཞེས་བྱ་སྟེ། དེ་བས་ན་རིགས་ནི་ཆོས་དེ་དག་ཐམས་ཅད་ཀྱི་ས་བོན་ཡིན་ནོ། །ས་བོན་མེད་པར་འབྲས་བུ་འབྱུང་བ་མ་མཐོང་སྟེ། དེ་བས་ན་རིགས་ནི་གོང་དུ་སྐྱབས་སུ་འགྲོ་བ་དང་འོག?་ནས་བྱང་ཆུབ་ཏུ་སེམS
་བསྐྱེད་པ་ལ་སོགས་པ་འབྱུང་བའི་ཆོས་རྣམས་ཀྱི་རྒྱུ་ཡིན་པར་བསྟན་བའི་ཕྱིར་སྐྱངས?་ཀྱི་རྗེས་ལ་རིགས་ཀྱི་སྐབས་བཤད་པར་འབྲེལ་ཏོ། །རིགས་རབ་ཏུ་དབྱེ་བའི་ཚིགས་སུ་བཅད་པ་ཞེས་བྱ་བ་ལ། ཉན་ཐོས་ཀྱི་རིགས་དང་རང་སངས་རྒྱས་ཀྱི་རིགས་དང། སངས་རྒྱས་ཀྱི
་རིགས་ཡོད་པར་བསྟན་པ་ལས་བརྩམས་ཏེ། དང་པོར་བསྡུས་པའི་ཚིགས་སུ་བཅད་པ་རྩོམ་མོ་ཞེས་བྱ་བའི་དོན་ཏོ། །ཡོད་དང་ཞེས་བྱ་བ་ནི་ཉན་ཐོས་ཀྱི་རིགས་ཅན་ཡང་ཡོད། རང་སངས་རྒྱས་ཀྱི་རིགས་ཅན་ཡང་ཡོད། སངས་རྒྱས་ཀྱི་རིགས་ཅན་ཡང་ཡོད་པར་བསྟན
་ཏོ་ཞེས་བྱ་བའི་ཐ་ཚིག་གོ་།མཆོག་དང་ཞེས་བྱ་བ་ནི་ཉན་ཐོས་དང་རང་སངས་རྒྱས་ཀྱི་རིགས་པས་ཀྱང་བདག་དང་གཞན་གྱི་དོན་གྱི་རྒྱུར་གྱུར་པས་བྱང་ཆུབ་སེམS་དཔའ་ཨི་རིཌ་ནི་དཾ་པར་གྱུར་པ་ཡིན་པར་ཡང་སྟོན་ཏོ། །མཚན་ཉིད་དང་ཞེས་བྱ་བ་ནི་རིགས་རྣཾ་པ་གསུམ་ལས
་ཐེག་པ་ཆེན་པོའི་རིགས་ཀྱི་མཚན་ཉིད་དང། རང་བཞིན་ཡང་སྟོན་ཏོ་ཞེས་བྱ་བའི་ཐ་ཚིག་གོ་།མཚན་མ་དང་ནི་ཞེས་བྱ་བ་ནི་སེམས་ཅན་དག་ལ་ཐེག་པ་ཆེན་པོའི་རིགས་ཡོད་པར་ཅི་མངོན་ཞེ་ན། དཔེར་ན་གང་ན་དུ་བ་སྣང་བ་དེ་ན་མཚན་མ་དེས་མེ་ཡོད
་པར་བརྟག་པ་དང། གང་ན་ཆུ་བྱ་སྣང་བ་དེ་ན་ཆུ་ཡོད་པར་བརྟག་པ་བཞིན་དུ་མཚན་མ་དང་རྟགས་འདི་ལྟ་བུ་དག་སྣང་བ་དེ་ལ་བྱང་ཆུབ་སེམས་དཔའ་ཨི་རིགས་ཡོད་པར་མངོན་ནོ་ཞེས་བྱ་བ་ཡང་སྟོན་ཞེས་བྱ་བའི་ཐ་ཚིག་གོ་།རིགས་ཕྱེ་དང་ཞེས་བྱ་ནི། བྱང་ཆུབ་སེམས
་དཔའ་ཨི་རིགས་ལ་ཕྱེན?་གཉིས་སམ་གསུམ་དུ་ཡོད་པ་ཡང་སྟོན་ཏོ་ཞེས་བྱ་བའི་ཐ་ཚིག་གོ་།ཉེས་པ་ནི་ཞེས་བྱ་བའི་བྱང་ཆུབ་སེམས་དཔའ་ཨི་རིགས་ཡོད་ཀྱང་འདོད་ཆགས་དང་ཞེ་སྡང་ལ་སོགས་པའི་ཉོན་མོངས་པས་བསྒྲིབས་ན་བྱང་ཆུབ་སེམས་དཔའ་ཨི་སྤྱོད་པ་ལ་མི་འཇུག་ཅིང
་བླ་ན་མེད་པའི་བྱང་ཆུབ་ནི་མྱུར་དུ་འཚང་རྒྱར་མི་བཏུབ་པར་རིགས་ལ་སྒྲིབ་པའི་སྐྱོན་ཡང་སྟོན་ཏོ་ཞེས་བྱ་པའི་ཐ་ཚིག་གོ་།ལེགས་པ་དང་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་ཨི་རིགས་དང་ལྡན་ན་འཁོར་བ་ན་སེམས་ཅན་ཕལ་པ་བྱེད་ཀྱང་བདེ་བ་དང། ཡོན་ཏན་འདི་དག་ཐོབ
་པར་འགྱུར་རོ་ཞེས་རིགས་ཀྱི་ཡོན་ཏན་ཡང་སྟོན་ཏོ་ཞེས་བྱ་བའི་ཐ་ཚིག་གོ་།རྣམ་གཉིས་དཔེ་དང་ཞེས་བྱ་བ་ལ་བྱང་ཆུབ་སེམས་དཔའ་ཨི་རིགས་ཏེ། །གསེར་ཆེན་པོ་རིགས་དང་འདྲ་བ་དང། རིན་པོ་ཆེ་ཆེན་པོའི་རིགས་དང་འདྲ་བས་ཉན་ཐོས་ལ་སོགས་པའི་རིགས་པས་ཀྱང་འཕགས་སོ
་ཞེS?་བྱ་བ་སྟོན་ཏོ?། །ཞེS་བྱ་བའི་ཐ་ཚིག་གོ་།རྣམ་པ་བཞི་ཞེས་བྱ་བ་ནི་ཡོད་པ་ལ་ཡང་དོན་རྣམ་པ་བཞིས་བསྟན་པ་ལས་དཔེ་རྣམ་པ་གཉིས་ལས་རེ་རེ་ཞིང་ཡང་དོན་རྣམ་པ་བཞི་བཞིར་ཕྱེ་ནས་སྟོན་ཏོ་ཞེས་བྱ་བའི་དོན་ཏོ། །འདི་ནི་རིགས་རབ་ཏུ་དབྱེ་པའི་བསྡུས་པའི་དོན་ཏེ། །ཡོད་པར་རྣམ
་པར་ཕྱེ་བའི་ཚིགས་སུ་བཅད་པ་ཞེས་བྱ་བ་ལ། གོང་དུ་ཡོད་པ་ཞེས་མདོ་ཙམ་དུ་སྨོས་པ་དེ་དང་གཏན་ཚིགས་རྣམ་པ་བཞིས་རིགས་རྣམ་པ་གསུམ་ཇི་ལྟར་ཡོད་པར་བསྟན་པའི་ཕྱིར་ཚིགས་སུ་བཅད་པར་རྩོམ་མོ་ཞེས་བྱ་པའི་ཐ་ཚིག་གོ་།ཁམས་རྣམས་དང་ནི་ཞེས་བྱ་བ་ལ། ཁམས
་ཞེས་བྱ་བ་དང། ས་བོན་ཞེས་བྱ་བ་དང། རིགས་ཞེས་བྱ་བ་དག་ནི་དོན་གཅིག་སྟེ། མིང་གི་རྣམ་གྲངས་ཀྱིས་ཐ་དད་པ་ཙམ་དུ་ཟད་དོ། །འདི་ནི་སེམས་ཅན་གྱི་ཁམས་ན་སེམས་ཅན་གྱི་རང་བཞིན་དང། ས་བོན་ཐ་དད་དེ་སེམས་ཅན་གྱི་རང་བཞིན་ཕྱེ་ན་དཔག་ཏུ་མེད་པ་ཞིག
་ཡོད་དེ་ཇི་ལྟར་ཞེ་ན། འདི་ལྟར་སེམས་ཅན་ཁ་ཅིག་ནི་འདོད་ཆགས་ལ་སྤྱོད་པའི་རང་བཞིན་ཅན་ལ་ཅིག་ཞེ་སྡང་ལ་སྤྱོད་པའི་རང་བཞིན་ཅན། ཁ་ཅིག་གཏི་མུག་ལ་སོགས་པའི་རང་བཞིན་ཅན་ཡིན་པ་དང། ཁ་ཅིག་ཉན་ཐོས་ཀྱི་རིགས་ཀྱི་རང་བཞིན་ཅན་ཁ་ཅིག་ནི་རང་སངས
་རྒྱས་ཀྱི་རང་བཞིན་ཅན། ཁ་ཅིག་ནི་ཐེག་པ་ཆེན་པོའི་རིགས་ཀྱི་རང་བཞིན་ཅན་ཏེ། རང་བཞིན་མི་མཐུན་པ་ཚད་མེད་པ་ཞིག་ཡོད་དོ། །གལ་ཏེ་སེམས་ཅན་ཐམས་ཅད་ཀྱི་རིགས་གཅིག་ཏུ་ཟིན་ན། ལ་ལ་འདོད་ཆགས་ལ་དགའ་བའི་རང་བཞིན། ལ་ལ་ཞེ་སྡང་ལ་སོགས
་བ་ལ་དགའ་བའི་རང་བཞིན་དུ་ཐ་དད་པར་ཅིའི་ཕྱིར་འགྱུར་ཏེ་སེམས་ཅན་གྱི་རང་བཞིན་ཐ་དད་པ་ཚད་མེད་པ་དག་སྣང་བས་ན་རིགས་གཅིག་ཏུ་མ་ཟད་ཀྱི་ཐེག་པ་ཆེ་ཆུང་གསུམ་ཆར་གྱི་རིགས་སོ་སོ་ནས་ཡོད་དོ་ཞེས་བྱ་བའི་དོན་ཏོ། །མོས
་པ་དང་ཞེས་བྱ་བ་ལ། སེམས་ཅན་རྣམས་ཀྱི་མོས་པ་དང་དད་པ་ཡང་མི་མཐུན་ཞིང་ཐ་དད?་དེ། དཔེར་ན་ཁ་ཅིག་མངར་བ་ལ་དད་ཀྱང་སྒྱུར་བ་ལ་མ་དད་པ་དང། ཁ་ཅིག་སྒྱུར་བ་ལ་དད་ཀྱང་ཁབ་ལ་མS?་དད་པ་ཡོད་པ་ལྟར། དགེ་བའི་བཤེས་གཉེན་གྱིས་བསྟན
་ཏམ་མ་བསྟན་ཀྱང་རུང། ཁ་ཅིག་ཉན་ཐོས་ཀྱི་ཐེག་པ་ཉིད་ལ་རང?་ཀྱི་ཇི་ལྟར་བྱས་ཀྱང་ཐེག་པ་ཆེན་པོ་ལ་མ་དད་པ་ལ་སོགས་པ་དད་པ་ཐ་དད་པ་དག་སྣང་ངོ། །།གལ་ཏེ་རིགས་གཅིག་ཏུ་ཟད་དེ་རིགས་དུ་མང?་མེད་ན་ཅིའི་ཕྱིར་མོས་པ་ཐ་དད་དུ་མར་འགྱུར
་ཏེ། མོས་པ་ཐ་དད་པར་སྣང་བས་ན་རིགས་གཅིག་ཏུ་མ་ཟད་ཀྱི་རིགས་རྣམ་པ་གསུམ་དུ་ཡོད་པར་མངོན་ནོ་ཞེས་བྱ་བའི་དོན་ཏོ། །འདི་ནི་གཏན་ཚིགས་གཉིས་པའོ། །སྒྲུབ་བ་ཐ་དད་དབྱེ་བ་དང་ཞེས་བྱ་བ་ལ། ཉན་ཐོས་ཀྱི་རིགས་ཅན་གང་ཟག་ཁ་ཅིག་ཐེག་པ
་ཆེན་པོའི་དགེ་བའི་བཤེས་གཉེན་གྱི་རྐྱེན་གྱི་དབང་གིས་ཐེག་པ་ཆེན་པོའི་རིགས་ཅན་དང་འདྲ་བར་ཐེག་པ་ཆེན་པོའི་ཆོས་ལ་མོས་པ་དང་དད་པ་སྐྱེས་ཀྱང་ས་དང་ཕ་རོལ་དུ་ཕྱིན་པ་ཁ་ཅིག་གིས་བསྒྲུབ་ནུས་ལ། ཁ་ཅིག་གིས་བསྒྲུབ་མི་ནུས་ཏེ། དཔེར་ན་འཕགས་པ་ཤཱ་རིའི
་སྲས་པོ་ལྟ་བུ་ཐེག་པ་ཆེན་པོའི་དགེ་བའི་བཤེས་གཉེན་གྱིས་བསྒྲུབས་ནས་བསྐལ་པ་ཉི་ཤུར་ཐེག་པ་ཆེན་པོའི་ཆོས་སྤྱོད་པ་ལས་ཕྱིས་མུ་སྟབས་ཅན་གྱིས་མིག་བླངས་པ་དང། བྱང་ཆུབ་སེམས་དཔའ་ཨི་སྤྱོད་པ་བསྒྲུབ་མ་ནུས་ནས་བཏང་སྟེ་ཉན་ཐོས་ཀྱི་ཐེག་པར་མྱ་ངན
་ལས་འདས་པ་ལྟ་བུའོ། །གལ་ཏེ་རིགས་གཅིག་ཏུ་ཟད་ན་ཁ་ཅིག་གིས་ཐེག་པ་ཆེན་པོ་བསྒྲུབ་ནུས་ན་ཁ་ཅིག་གིས་མི་ནུས་པ་ཅིའི་ཕྱིར་འགྱུར་ཏེ་ཐམས་ཅད་ཀྱིས་བསྒྲུབ་ནུས་པར་འགྱུར་བའི་རིགས་སོ། །དེ་ལྟར་ན་ཁ་ཅིག་གིས་བསྒྲུབ་ནུས། ཁ་ཅིག་གིས་བསྒྲུབ་མི?
་ནུས་པས་ཐེག་པ་གསུམ་གྱི་རིགས་སོན་ཡོད་པ་ཞེས་བྱ་བའི་ཐ་ཚིག་སྟེ། འདི་ནི་གཏན་ཚིགས་གསུམ་པའོ། །འབྲས་བུའི་དབྱེ་བ་དམིགས་པས་ན་ཞེས་བྱ་བ་ལ། འདི་ལྟར་འབྲས་བུ་བཟང་ངན་རྣམ་པ་གསུམ་ཡང་ཡོད་པར་དམིགས་ཏེ། གང་ཞེ་ན་ཉན་ཐོས་ལྟ་བུའི་བྱང་ཆུབ་ཆུང
་ངུ་དང། རང་སངས་རྒྱས་ལྟ་བུའི་བྱང་ཆུབ་འབྲིང་དང། ཐེག་པ་ཆེན་པོ་ལྟ་བུའི་བྱང་ཆུབ་མཆོག་སྟེ་འབྲས་བུ་བཟང་ངན་གསུམ་དམིགས་པས་དེ་སྐྱེད་པར་བྱེད་པའི་རྒྱུ་ཡང་རྣམ་པ་གསུམ་མེད་དུ་མི་རུང་ངོ། །འཇིག་རྟེན་ན་ཡང་འབྲས་དང་ནས་ལ་སོགས་པ་དང་ཤིང་ཏོག་རྣམ
་པ་སྣ་ཚོགས་ཀྱི་འབྲས་བུ་ཐ་དད་པ་སྣང་བ་དེ་དག་གི་རྒྱུ་ཡང་གཅིག་ཏུ་མ་ཟད་ཀྱི་རྒྱུ་སྣ་ཚོགས་པར་ཡོད་པ་བཞིན་དུ་བྱང་ཆུབ་རྣམ་པ་གསུམ་ཡོད་པས་ན་དེའི་རྒྱུ་རིགས་ཀྱང་རྣམ་པ་གསུམ་མེད་དུ་མི་རུང་ངོ། །གལ་ཏེ་རིགས་གཅིག་ཏུ་ཟད་ན་འབྲས་བུ་རྣམ་པ་གསུམ་དུ་ཅིའི་ཕྱིར་འགྱུར
་ཏེ། འདི་ནི་གཏན་ཚིགས་བཞི་པའོ། །སེམས་ཅན་གྱི་ཁམས་ཐ་དད་པའི་ཕྱིར་ཁམས་ཀྱི་དབྱེ་བ་དཔག་ཏུ་མེད་དེ། རི་ལུའི་ཕུང་པོའི་མདོ་སྡེ་ལས་གསུངས་པ་བཞིན་ཞེས་བྱ་བ་ལ། རི་ལུའི་ཕུང་པོ་ནི་བ་རུ་རའི་ཕུང་པོ་ལ་བྱ་སྟེ། ཇི་ལྟར་རི་ལུའི་ཕུང་པོ་བསྟན་པའི
་མདོ་ལས། བཅོམ་ལྡན་འདས་ཀྱིས་འདི་ལྟ་སྟེ། དགེ་སློང་དག་རི་ལུའི་ཕུང་པོ་འཕང་དུ་ཡང་དཔག་ཚད་གཅིག་ཙམ་ལ་ཆུ་ཞེང་དུ་ཡང་དཔག་ཚད་གཅིག་ཙམ་ཡོད་པའི་རི་ལུའི་ཕུང་པོ་དེ་ལས་སྐྱེས་བུ་ལ་ལ་ཞིག་གིས་ལོ་བརྒྱ་འམ་ལོ་བརྒྱ་འདས
་ནས་རི་ལུ་གཅིག་བླངས་ཏེ། རི་ལུ་འདི་ནི་ཉན་ཐོས་ཀྱི་ཁམས་སུ་གཏོགས། རི་ལུ་འདི་ནི་རང་སངས་རྒྱས་ཀྱི་ཁམས་སུ་གཏོགས་ཞེས་སྨྲས་ན་ཡང་རི་ལུ་དེ་མྱུར་དུ་ཟད་ཅིང་མེད་པར་འགྱུར་གྱི་སེམས་ཅན་གྱི་ཁམས་ནི་དེ་ལྟར་ཟད་པར་མི་འགྱུར
་རོ་ཞེས་གསུངས་པ་ལྟ་བུའོ། །གསུང་རབ་འདི་ལ་ཁམས་ཞེས་བྱ་བའི་དོན་གང་ཞེ་ན། ཁམས་མང་པོ་བསྟན་པའི་མདོ་དང་སྦྱར་ན་ནི་མིག་ལ་སོགས་པའི་ཁམས་ཐ་དད་པར་བསྟན་པའི་སྒོ་ནས་ཁམས་དཔག་ཏུ་མེད་པ་འོན་ཀྱང་འདིའི་སྐབས་སུ་ནི་རིགས
་ལ་ཁམས་ཞེས་བྱ་སྟེ། ཁམས་ཞེས་ཀྱང་བྱ། རིགས་ཞེས་ཀྱང་བྱ། རྒྱུ་ཞེས་ཀྱང་བྱ། ས་བོན་ཞེས་ཀྱང་བྱ་སྟེ། རྣམ་གྲངས་སུ་གཏོགས་སོ། །དེ་ལྟར་སེམས་ཅན་སོ་སོའི་སེམས་ཀྱི་རྒྱུད་ལ་འདོད་ཆགས་ལ་སོགས་པ་ལ་སྤྱོད་པ་ཐ་དད་པའི
་སྒོ་ནས་རིགས་ཀྱང་ཐ་དད་དེ། གང་འདོད་ཆགས་ལ་སོགས་པའི་རིགས་ཡོད་པ་དེ་དག་ནི་འདོད་ཆགས་བསྐྱེད་པ་ཉིད་ཀྱི་རྒྱུ་བྱེད་ཀྱི་ཞེ་སྡང་བསྐྱེད་པའི་རྒྱུ་མི་བྱེད་པ་བཞིན་དུ་ཐེག་པ་གསུམ་གྱི་རིགས་ཐ་དད་པ་རྣམ་པ་གསུམ་ཡང་མེད་དུ་མི་རུང་སྟེ། རིགས་ཐ་དད་པ་གསུམ་མེད
་ན་ཅིའི་ཕྱིར་ཐེག་པ་རྣམ་པ་གསུམ་དུ་འགྱུར་བ་མི་རིགས་སོ། །མཆོག་ཏུ་རྣམ་པར་དབྱེ་བའི་ཚིགས་སུ་བཅད་པ་ཞེས་བྱ་བ་ལ། གོང་དུ་བསྡུས་པའི་དོན་ལས་མཆོག་ཅེས་སྨོས་པ་དེ་འདིར་རྣམ་པ་བཞིས་ན་ཐེག་པ་ཆེན་པོའི་རིགས་མཆོག་ཏུ་གྱུར་པ་བསྟན་པའི་ཕྱིར་ཚིགས
་སུ་བཅད་པ་རྩོམ་མོ་ཞེས་བྱ་བའི་དོན་ཏོ། །ཁྱད་པར་འཕགས་དང་ཐམས་ཅད་དང། །རིགས་ཆེན་དང་ནི་མི་ཟད་ཕྱིར། །དགེ་བ་དེ་ཡི་རྒྱུ་ཡི་ཕྱིར། །རིགས་ཀྱི་མཆོག་ཅེས་བྱ་བ་ཡིན་ཞེས་བྱ་བ་ལ། བྱང་ཆུབ་སེམས་དཔའ་ཨི་རིགས་འདི་ནི་དགེ་བ་རྣམ་བཞི་དག་གི་རྒྱུ་བྱེད
་བས་ཉན་ཐོས་ལ་སོགས་པའི་རིགས་པས་ཀྱང་མཆོག་ཏུ་གྱུར་བར་རིག་པར་བྱའོ། །དགེ་བ་རྣམ་པ་བཞི་པོ་གང་ཞེ་ན། ཁྱད་པར་དུ་འཕགས་པའི་རྒྱུ་བྱེད་པ་དང། དགེ་བ་ཐམས་ཅད་ཀྱི་རྒྱུ་བྱེད་པ་དང། དགེ་བ་དོན་ཆེན་པོའི་རྒྱུ་བྱེད་པ་དང། དགེ་བ་མི་ཟད་པའི་རྒྱུ་བྱེད་པའོ། །
་དེ་ལ་ཉན་ཐོས་རྣམས་ཀྱི་རིགས་ནི་ཉོན་མོངས་པའི་སྒྲིབ་བ་དང། ཤེས་བྱའི་སྒྲིབ་པ་གཉི་ག་དང་བྲལ་བའི་དགེ་བ་གསལ་ཞིང་འབར་བའི་རྒྱུ་མི་བྱེད་ལ། བྱང་ཆུབ་སེམས་དཔའ་ཨི་རིགས་ཀྱིས་ནི་ཉོན་མོངས་པ་དང། ཤེས་བྱའི་སྒྲིབ་པ་གཉི་ག་དང་བྲལ་བའི་དགེ་བ་ལ་གསལ་ཞིང
་དག་ལ་ཁྱད་པར་དུ་འཕགས་པའི་རྒྱུ་བྱེད་བས་ན་ཉན་ཐོས་ཀྱི་རིགས་པས་འཕགས་པར་རིག་པར་བྱའོ། །ཁྱད་པར་དུ་འཕགས་ཞེས་བྱ་བ་ནི་གསལ་བ་དང་དག་པ་ལ་བྱའོ། །དེ་ལ་ཉན་ཐོས་ཀྱི་རིགས་ཀྱིས་ནི་དགེ་བའི་རྩ་བ་ཐམས་ཅད་ཀྱི་རྒྱུ་མི་བྱེད་དེ། ཉན་ཐོས་རྣམས
་ལ་སྟོབས་དང་མི་འཇིགས་པ་དང་མ་འདྲེས་པ་ལ་སོགས་པའི་དགེ་བ་མེད་པའི་ཕྱིར་རོ། །བྱང་ཆུབ་སེམས་དཔའ་ཨི་རིགས་ནི་དགེ་བའི་རྩ་བ་ཐམས་ཅད་ཀྱི་རྒྱུ་བྱེད་དེ། བྱང་ཆུབ་སེམས་དཔའ་ཨི་རིགས་ནས་སྟོབས་དང་མི་འཇིགས་པ་དང། མ་འདྲེས་པ་དང། ས་དང་ཕ་རོལ་ཏུ་ཕྱིན་པ་ལ
་སོགས་པའི་དགེ་བའི་རྩ་བ་ཐམས་ཅད་འབྱུང་བའི་ཕྱིར་ཏེ། དེ་བས་ན་ཉན་ཐོས་ཀྱི་རིགས་པས་འཕགས་པར་རིག་པར་བྱའོ། །ཉན་ཐོས་ཀྱི་རིགས་ཀྱིས་ནི་བདག་གི་དོན་ཙམ་སྒྲུབ་པར་ཟད་ཀྱི་གཞན་གྱི་དོན་མི་སྒྲུབ་པས་དགེ་བ་དོན་ཆེན་པོའི་རྒྱུ་མི་བྱེད་ལ་བྱང་ཆུབ་སེམས་དཔའ་ཨི
་རིགས་ཀྱིས་ནི་བདག་དང་གཞན་གཉི་གའི་དོན་སྒྲུབ་པས་དགེ་བའི་དོན་ཆེན་པོའི་རྒྱུ་བྱེད་པའི་ཕྱིར་རོ། །ཉན་ཐོས་ཀྱི་རིགས་པས་ཀྱང་འཕགས་པར་རིག་པར་བྱའོ། །ཉན་ཐོས་ཀྱི་རིགས་ལས་བྱུང་བའི་དགེ་བའི་རྩ་བ་ནི་ཕུང་པོའི་ལྷག་མ་བཅས་པའི་མྱ་ངན་ལས་འདས་པའི་བར་དུ
་ནི་ཡོད་ཀྱི་ཕུང་པོའི་ལྷག་མ་མ་ལུས་པར་སྤངས་པའི་མྱ་ངན་ལས་འདས་པར་གྱུར་ན་དགེ་བའི་རྩ་བ་ཐམས་ཅད་རྒྱུན་ཆད་དེ། ཟད་པར་གྱུར་ལ་བྱང་ཆུབ་སེམས་དཔའ་ཨི་རིགས་ཀྱིས་ནི་ཕུང་པོའི་ལྷག་མ་མ་ལུས་པར་སྤངས་ཏེ། མྱ་ངན་ལས་འདས་པར་གྱུར་ཀྱང་སྟོབས་དང་མི་འཇིག་པ་ལ
་སོགས་པའི་དགེ་བའི་རྩ་བ་འཁོར་བའི་མཛའ་ཨི་བར་དུ་ཡང་ཟད་པར་མི་འགྱུར་བའི་རྒྱུ་བྱེད་པས་ན་ཉན་ཐོས་ཀྱི་རིགས་པས་འཕགས་པར་རིག་པར་བྱའོ། །མཚན་ཉིད་རྣམ་པར་དབྱེ་བའི་ཚིགས་སུ་བཅད་པ་ཞེས་བྱ་བ་ལ། གོང་དུ་བསྡུས་པའི་དོན་ལས་མཚན་ཉིད་སྨོས་པ་དེ་ལས་ཐེག
་པ་ཆེན་པོའི་རིགས་ཀྱི་མཚན་ཉིད་དང། རང་བཞིན་གང་ཡིན་པ་བསྟན་ཏེ། དེ་ཡང་མཚན་ཉིད་རྣམ་པ་བཞི་ཡོད་དོ་ཞེས་བསྟན་པར་བྱ་བའི་ཕྱིར་ཚིགས་སུ་བཅད་པ་རྩམ་མོ། །རང་བཞིན་དང་ནི་རྒྱས་པ་དང། །གནས་དང་གནས་པའང་དེ་ཡིན་ཏེ། །ཞེས་བྱ་བ་ལ་ཐེག་པ་ཆེན་པོའི
་རིགས་གྱི་མཚན་ཉིད་རྣམ་པ་བཞི་སྟེ། རང་བཞིན་ལ་གནས་པ་དང། ཡང་དག་པར་སྒྲུབས་པ་དང། གནས་ཀྱི་རང་བཞིན་དང། གནས་པའི་རང་བཞིན་ནོ། །དེ་ལ་རྒྱས་པ་ཞེས་བྱ་བ་ནི་ཡང་དག་པར་བསྒྲུབས་པའི་རིགས་ལ་བྱ་བར་རིག་པར་བྱའོ། །དེ་ལ་རང་བཞིན་ལ་གནས་པ་ནི
་འཁོར་བ་ཐོག་མ་མེད་པའི་དུས་ནས་སྐྱེ་མཆེད་ཀྱི་ཁྱད་པར་སུས་ཀྱང་མ་བྱས་མ་བཅོས་པར་མངོན་པར་འཚང་རྒྱ་བར་འགྱུར་བའི་ས་བོན་དང་ལྡན་པ་སྟེ། ས་བོན་དེ་དང་ལྡན་པས་གདོན་མི་ཟ་བར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་འཚང
་རྒྱ་བའི་བསྐལ?་བ་ཡོད་པའོ། །ཡང་དག་པར་བསྒྲུབས་པ་ནི་རང་བཞིན་གྱི་རིགས་ལ་གནས་པའི་བྱང་ཆུབ་སེམས་དཔའ་དེ་ནམ་དགེ་བའི་བཤེས་གཉེན་གྱིས་བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང། བྱང་ཆུབ་སེམས་དཔའ་ཨི་སྤྱད་པ་སྤྱོད་དུ་བཅུག་པ་དེའི་ཅི?་ཡང
་དག་པར་བསྒྲུབས་པའི་རིགས་ཞེས་བྱའོ། །ཡང་ན་ངེས་པའི་རིགས་ཅན་རྣམས་ལ་ནི་རང་བཞིན་ལ་གནས་པ་ཞེས་བྱའོ། །མ་ངེས་པའི་རིགས་ཅན་རྣམས་དགེ་བའི་བཤེས་གཉེན་གྱི་བསྟང་ནས་ཐེག་པ་ཆེན་པོའི་རིགས་སུ་ངེས་པར་བྱས་པ་རྣམས་ལ་ནི་ཡང་དག་པར་བསྒྲུབས
་པ་ཞེས་བྱའོ། །ཡང་ན་བྱང་ཆུབ་སེམས་དཔའ་ཨི་རིགས་ཅན་རྣམས་དང་པོ་ནས་བྱང་ཆུབ་སེམས་དཔའ་ཨི་སྤྱོད་པ་འབའ་ཞིག་ཞུགས་པ་རྣམས་ལ་ནི་རང་བཞིན་ལ་གནས་པ་ཞེས་བྱའོ། །བྱང་ཆུབ་སེམས་དཔའ་ཨི་རིགས་ཅན་ཉན་ཐོས་ཀྱི་སྤྱད་པ་སྤྱོད་པ་ལས་དགེ་བའི་བཤེས་གཉེན་གྱི
་དབང་གིས་བྱང་ཆུབ་སེམས་དཔའ་ཨི་སྤྱོད་པ་བྱེད་དུ་བཅུག་པ་ལ་ནི་ཡང་དག་པར་བསྒྲུབས་པ་ཞེས་བྱའོ། །དཔེར་ན་ས་ནི་སེམས་ཅན་རྣམས་གནས་པའི་གནས་ཡིན་པས་སེམས་ཅན་ནི་དེ་ལ་གནས་པར་བྱེད་པ་ཡིན་པ་བཞིན་དུ་གང་རང་བཞིན་ལ་གནས་པའི་རིགས་དེ་ནི་ཡང་དག
་པར་བསྒྲུབས་པའི་རིགས་ཀྱི་གནས་ཡིན་ལ། ཡང་དག་པར་བསྒྲུབས་པའི་རིགས་ནི་དེ་ལ་གནས་པར་བྱེད་པ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། རང་བཞིན་གྱི་རིགས་ལ་བརྟེན་ནས་ཡང་དག་པར་བསྒྲུབས་པའི་རིགས་འབྱུང་བའི་ཕྱིར་རོ། །ཡོད་དང་མེད་པ་ཤེས་པར་བྱ་ཞེས་བྱ་བ
་ལ་རང་བཞིན་ལ་གནས་པའི་རིགས་ནི་རྒྱུ་ཡིན་ལ། ཡང་དག་པར་བསྒྲུབས་པའི་རིགས་ནི་རྒྱུ་དེའི་འབྲས་བུ་ཡིན་པས་རང་བཞིན་ལ་གནས་པའི་དུས་ན་ནི་རྒྱུའི་མཚན་ཉིད་དུ་ཡོད་ལ་འབྲས་བུའི་མཚན་ཉིད་དུ་མེད་པ་ཞེས་བྱ་སྟེ། རང་བཞིན་ལ་གནས་པ་ཙམ་དུ་བྱང་ཆུབ
་ཏུ་སེམས་བསྐྱེད་པ་ལ་སོགས་པའི་འབྲས་བུ་མེད་པའི་ཕྱིར་རོ། །རྒྱུར་གྱུར་པའི་རིགས་ནི་ནམས་ཀྱང་འབྲས་བུའི་མཚན་ཉིད་དུ་མི་རིགས་ཏེ། རྒྱུ་དེ་ལ་བརྟེན་ནས་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང། སྟོབས་དང་མི་འཇིགས་པ་ལ་སོགས་པའི་ཡོན་ཏན་གྱི་འབྲས་བུ་ནི་མི་འཐུབ?་དེ?
་མ་ཡིན་ཏེ་འགྲུབ་པོ། །ཡང་དག་པར་བསྒྲུབས་པའི་རིགས་ནི་རྒྱུའི་མཚན་ཉིད་དཱུང་ཡོད། །འབྲས་བུའི་མཚན་ཉིད་དུ་ཡང་ཡོད་པ་ཞེས་བྱ་སྟེ། ཅིའི་ཕྱིར་ཞེ་ན། རང་བཞིན་གྱིས་ཀྱང་དེའི་ཚེ་ཡོད་པས་རྒྱུའི་མཚན་ཉིད་དུ་ཡང་ཡོད་ལ། བྱང་ཆུབ་ཏུ་སེམས་ཀྱང་བསྐྱེད
་པས་འབྲས་བུའི་མཚན་ཉིད་ཀྱང་ཡོད་དོ། །ཡོན་ཏན་ནི་སྒྲོལ་བའི་དོན་དུའོ་ཞེས་བྱ་བ་ལ་རིགས་ཞེས་བྱ་བ་ཡིས་ངེས་པའི་ཚིག་སྟོན་ཏོ། །རྒྱ་གར་སྐད་དུ་རིགས་ལ་ནི་གོ་ཏྲ་ཞེས་འབྱུང། ཡོན་ཏན་ལ་ན་གུ་ཎ་ཞེས་འབྱུང་སྟེ། གོའི་དོན་ནི་གུ་ཎ་ཞེས་འབྱུང་བས་ཡོན་ཏན་གྱི་དོན་དུ
་རྦ?་རའི་དོན་ནི་སྒྲོལ་བའི་དོན་དུ་འགྲོ་སྟེ། རིགས་འདིས་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང། མོས་པས་སྤྱོད་པའི་སའི་རིམ་པ་དང། ས་བཅུའི་རིམ་པ་ནས་སངས་རྒྱས་ཀྱི་སའི་བར་གྱི་ཡོན་ཏན་རྣམ་པ་མཐར་ཕྱིན་ཅིང་སྒྲོལ་བར་བྱེད་ལ་འཐོབ་པར་བྱེད
་པས་ན། རིགས་ལ་ཡོན་ཏན་སྒྲོལ་བ་ཞེས་བྱ་བའི་དོན་དུ་འདྲེན་ཏོ། །མཚན་མ་རྣམ་པར་དབྱེ་བའི་ཚིགས་སུ་བཅད་པ་ཞེས་བྱ་བ་ལ། གོང་དུ་བསྡུས་པའི་དོན་ལས་མཚན་མ་ཞེས་སྨོས་པས། མཚན་མའི་དོན་རྒྱས་པར་འཆད་དེ། དཔེར་ན་དུད་པ
་སྣང་བའི་མཚན་མས་མེ་ཡོད་པར་བརྟག་པ་དང། ཆུ་བྱ་སྣང་བའི་མཚན་མས་ཆུ་ཡོད་པར་བརྟག་པ་བཞིན་དུ་མཚན་མ་འམ་རྟགས་རྣམ་པ་བཞི་སྣང་བ་དེ་ལ་བྱང་ཆུབ་སེམས་དཔའ་ཨི་རིགས་ཡོད་པར་བསྟན་པའི་ཕྱིར་ཚིགས་སུ་བཅད་པ་རྩོམ་མོ་ཞེས་བྱ་བའི་དོན
་ཏོ། །སྙིང་རྗེ་དང་ནི་ཞེས་བྱ་བ་སྔ་ནས་རབ་སྦྱོར་བ་ཞེས་བྱ་བ་གཉིས་སུ་སྦྱར་ཏེ། རབ་སྦྱོར་ཞེས་བྱ་བ་ནི་བྱང་ཆུབ་ཏུ་སེམས་བསྐྱེད་པ་ལ་སོགས་པ་བྱེད་བའོ། །བྱང་ཆུབ་ཏུ་སེམས་བསྐྱེད་པའི་སྔོན་རོལ་ནས་སེམས་ཅན་གྱི་ཁམས་ནི་རྟོག་པ་རྣམ་པ་ལྔས་སེམས་ཅན་རྟོག་སྟེ། །
་སྡུག་བསྔལ་བར་མཐོང་ནས། སེམས་ཅན་འདི་དག་གི་རྟོག་པ་ཇི་ལྟར་བསམ་སྙམ་དུ་སེམས་པའི་སྙིང་བརྩེ་བ་ཡོད་ན་བྱང་ཆུབ་སེམས་དཔའ་ཨི་རིགས་ཡོད་པར་རིག་པར་བྱ་སྟེ། འདི་ནི་མཚན་མ་དང་པོའོ། །མོས་པ་དང་ཞེས་བྱ་བ་ལ་ཐེག་པ་ཆེན
་པོའི་ཆོས་ཟབ་ཅིང་རྒྱ་ཆེ་བའི་དོན་མ་རྟོགས་ཀྱང་ཐེག་པ་ཆེན་པོའི་ཆོས་ཟབ་ཅིང་རྒྱ་ཆེ་བ་ཐོས་པ་ཙམ་གྱིས་སྤུ་ལྡང་བ་དང་མཚིམ?་རྐུ་བའི་མཚན་ཉིད་ཀྱི་དད་པ་དང། མོས་པ་སྐྱེས་ན་བྱང་ཆུབ་སེམས་དཔའ་ཨི་རིགས་ཡོད་པར་རིག་པར་བྱ་སྟེ། འདི་ནི་མཚན་མ་གཉིས་པའོ། །
་བཟོད་པ་དང་ཞེས་བྱ་བ་ལ་སྙིང་རྗེ་སྐྱེས་ནས་སེམས་ཅན་གྱི་དོན་དུ་མགོ་དང་རྐང་ལག་གཏོང་བ་དང། གྲང?་བ་དང་ཚ་བ་ལ་སོགས་པའི་དཀའ་བ་སྤྱོད་པ་རྣམ་པ་སྣ་ཚོགས་བཟོད་དེ། དཀའ་བར་སྤྱོད་པ་རྣམས་ཉམས་སུ་ལེན་ན?་བྱང་ཆུབ་སེམས་དཔའ་ཨི་རིགས་ཡོད་པར་རིག
་པར་བྱ་སྟེ། འདི་ནི་མཚན་མ་གསུམ་པའོ། །དགེ་བ་དག་ཀྱང་ཡང་དག་པར་སྤྱོད་ཅེས་བྱ་བ་ལ། དགེ་བའི་སྒྲས་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་བྱ་སྟེ། རང་བཞིན་གྱིས་སྦྱིན་པར་བྱེད་པ་ལ་དགའ་བ་དང། རང་བཞིན་གྱིས་ཚུལ་ཁྲིམས་བསྲུང་བར་དགའ་བ་དང། རང
་བཞིན་གྱིས་བཟོད་པ་ལ་གནས་པར་དགའ་བ་དང། རང་བཞིན་གྱིས་བརྩོན་འགྲུས་རྩོམ་པར་དགའ་བ་དང། རང་བཞིན་གྱིས་བསམ་གཏན་ལ་གནས་པར་དགའ་བ་དང། རང་བཞིན་གྱིས་ཤེས་རབ་རྣོན་བྱང་ཆུབ་སེམས་དཔའ་ཨི་རིགས་ཡོད་པར་རིག་པར་བྱ་སྟེ། འདི
་ནི་མཚན་མ་བཞི་པའོ། །རིགས་རབ་ཏུ་དབྱེ་བའི་ཚིགས་སུ་བཅད་པ་ཞེས་བྱ་བ་ལ་གོང་དུ་བསྡུས་པའི་དོན་ལས་རབ་ཏུ་དབྱེ་བ་ཞེས་སྨོས་པ་ལ། བྱང་ཆུབ་སེམས་དཔའ་ཨི་རིགས་ལ་ཕྱེ་ན་དུ་ཡོད་པ་སྟོན་ཏེ། བྱང་ཆུབ་སེམས་དཔའ་ཨི་རིགས་ལ་ཕྱེ་ན་རྣམ་པ་བཞི་ཡོད་དོ། །
་ཞེས་བསྟན་པའི་ཕྱིར་ཚིགས་སུ་བཅད་པ་རྩོམ་མོ་ཞེས་བྱ་བའི་དོན་ཏོ། །རིགས་ནི་ངེས་དང་མ་ངེས་པ། །འཕྲོགས་པ་དང་ནི་མི་འཕྲོགས་པ། །རྐྱེན་གྱིས་རིགས་ཀྱི་དབྱེ་བ་ནི། །དེ་ནི་མདོར་ན་རྣམ་པ་བཞི། །ཞེས་བྱ་བ་ལ་མདོར་ན་བྱང་ཆུབ་སེམས་དཔའ་རིགས
་ལ་ཕྱེ་ན་རྣམ་པ་བཞི་སྟེ་གང་ཞེ་ན། རིགས་ངེས་པ་དང། རིགས་མ་ངེས་པ་དང། རྐྱེན་གྱིས་འཕྲོགས་པ་དང། རྐྱེན་གྱིས་མི་འཕྲོགས་པའོ། །དེ་ལ་རིགས་ངེས་པ་ནི་གང་ཉན་ཐོས་སུ་རིགས་ངེས་པར་གནས་པ་དང། རང་སངས་རྒྱས་སུ་རིགས་ངེས་པར་གནས་པ་དང། སངས
་རྒྱས་སུ་རིགས་སུ་ངེས་པར་གནས་པ་སྟེ། ཉན་ཐོས་སུ་རིགས་ངེས་པར་གནS་པ་ཡང་རིགས་དེས་ཉན་ཐོས་ཀྱི་བྱང་ཆུབ་ཉིད་འཐོབ་ཀྱི་ཇི་ལྟར་བྱས་ཀྱང་ནམས་ཀྱང་རང་སངས་རྒྱས་ཀྱི་བྱང་ཆུབ་དང། སངས་རྒྱས་སུ་འཐོབ་པའི་རྒྱུར་མི་འགྱུར་རོ། །རང་སངས་རྒྱས་ཀྱི་རིགས་ངེས
་པ་ཡང་རིགས་ངེས་རང་སངས་རྒྱས་ཀྱི་བྱང་ཆུབ་ཉིད་ཐོབ་ཀྱི་ཇི་ལྟར་བྱས་ཀྱང་ནམས་ཀྱང་ཉན་ཐོས་དང་སངས་རྒྱས་ཀྱི་བྱང་ཆུབ་འཐོབ་པའི་རྒྱུར་མི་འགྱུར་རོ། །སངས་རྒྱས་ཀྱི་རིགས་ཅན་ཡང་རིགས་ངེས་སངས་རྒྱས་ཀྱི་བྱང་ཆུབ་ཉིད་ཐོབ་ཀྱི་ཇི་ལྟར་བྱས་ཀྱང་ནམས་ཀྱང་ཉན་ཐོས་དང་རང
་སངས་རྒྱས་ཀྱི་བྱང་ཆུབ་ཏུ་མི་འགྱུར་བའོ། །རིགས་མ་ངེས་པ་ནི་རྐྱེན་གྱི་དབང་གིས་ཉན་ཐོས་དང་རང་སངས་རྒྱས་ཀྱི་རིགས་གང་ཡང་རུང་བ་ཅིག་གི་རྒྱུར་འགྱུར་ཏེ། ཉན་ཐོས་ཀྱི་དགེ་བའི་ཤེས་གཉེན་དག་གིས་བསྒྲལ་ན་ནི་ཉན་ཐོས་ཀྱི་རིགས་ཅན་དུ་ཡང་འགྱུར། རང་སངས
་རྒྱས་ཀྱི་དགེ་བའི་བཤེས་གཉེན་གྱིས་བསྒྲལ་ན་ནི། རང་སངས་རྒྱས་ཀྱི་རིགས་ཅན་དུ་ཡང་འགྱུར། བྱང་ཆུབ་སེམས་དཔའ་ཨི་དགེ་བའི་བཤེས་གཉེན་གྱིས་བསྒྲལ་ན་ནི་སངས་རྒྱས་ཀྱི་རིགས་ཅན་དུ་ཡང་འགྱུར་བའོ། །འདི་ཡང་དཔེ་བསྟན་པ། རིའི?་ཕྱོགས་ལ་ལ་ནི་ས་དང
་རྡོལ་སོགས་པ་ཡོད་པ་གདོན་མི་ཟ་བར་གསེར་ཉིད་དུ་འགྱུར་གྱི། དངུལ་དང་ཟངས་ལ་སོགས་པར་མི་འགྱུར་བ་ཡང་ཡོད། རིའི་ཕྱོགས་ལ་ལ་ན་ས་དང་རྡོལ་སོགས་པ་ཡོད་པ་དངུལ་ཉིད་དུ་འགྱུར་གྱི། གསེར་དང་ཟངས་ལ་སོགས་པར་ཡི་འགྱུར་བ་ཡང་ཡོད། རིའི་ཕྱོགས་ལ
་ལ་ནི་ས་དང་རྡོལ་སོགས་པ་ཡོད་པ་ཟངས་ཉིད་དུ་འགྱུར་གྱི། གསེར་དང་དངུལ་ལ་སོགས་པ་མི་འགྱུར་བ་ཡོད་པ་ལ་རིའི་ཕྱོགས་ལ་ལ་ནི་ས་དང་རྡོལ་སོགས་པ་ཡོད་པ་བཞུ་ཞིང་སྦྱངས་པ་དང། སྨན་གྱི་ཁྱད་པར་ལས་མ་ངེས་ཏེ་ཅིར་ཡང་འགྱུར་བ་ཡང་ཡོད་དེ།
་གལ་ཏེ་གསེར་མགར་གྱིས་སྦྱངས་ཤིང་བཞུ་ན་ནི་གསེར་དུ་ཡང་འགྱུར། དངུལ་མགར་གྱིས་སྦྱངས་ཤིང་བཞུ་ན་ནི་དངུལ་དུ་ཡང་འགྱུར། ཟངས་མགར་གྱིས་སྦྱངས་ཤིང་བཞུན་ནི་ཟངས་སུ་ཡང་འགྱུར་བ་ལྟ་བུའོ། །དེ་བས་ན་རིགས
་ངེས་པ་རྣམས་ནི་རྐྱེན་གྱིས་མི་འཕྲོགས་པ་ཞེས་བྱ་སྟེ། དགེ་བའི་བཤེས་གཉེན་གྱིས་ཇི་ལྟར་བྱས་ཀྱང་རང་གི་བྱང་ཆུབ་ཉིད་ལེན་ལ་བྱང་ཆུབ་གཞན་མི་ལེན་པའི་ཕྱིར་རོ། །རིགས་མ་ངེས་པ་རྣམས་ནི་རྐྱེན་གྱིས་འཕྲོགས་པ་ཞེས་བྱ་སྟེ། དགེ་བའི་བཤེས་གཉེན་གྱིས
་གར་ཁྲིད་པ་དེའི་འབྲས་བུ་འཐོབ་པའི་ཕྱིར་རོ། །ཉེས་པ་རྣམ་པར་དབྱེ་བའི་ཚིགས་སུ་བཅད་པ་ཞེས་བྱ་བ་ལ། བྱང་ཆུབ་སེམས་དཔའ་ཨི་རིགས་ཡོད་ཀྱང་ཉེ་བའི་ཉོན་མོངས་པ་བཞིའི་སྐྱོན་དང་ལྡན་ན་སྐྱོན་དེས་བསྒྲིབས་པས་ས་དང
་ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ་ལ་འཇུག་པར་མི་ནུས་པར་བསྟན་པའི་ཕྱིར་ཚིགས་སུ་བཅད་པ་རྩོམ་མོ། །ཉོན་མོངས་གོམས་དང་ཞེས་བྱ་བ་ལ་བྱང་ཆུབ་སེམས་དཔའ་ཨི་རིགས་ཡོད་ཀྱང་འདོད་ཆགས་དང་ཞེ་སྡང་གཏི་མུག་ལ་སོགས་པའི་ཉོན་མོངས
་པ་ལ་གོམས་ཤིང་འདྲེས་པར་བྱས་པས་འདོད་ཆགས་བདོ་བ་དང་ཞེ་སྡང་བདོ་བ་དང་གཏི་མུག་བདོ་བར་འགྱུར་བས་ཉོན་མོངས་པ་འབའ་ཞིག་ལ་འཇུག་གི་ཕ་རོལ་ཏུ་ཕྱིན་པ་སྤྱོད་པ་ལ་སྤྱོད་མི་ནུས་པར་གྱུར་པ་འདི་ཡང་རིགས་ཀྱི་སྐྱོན་ཏེ་ཉེས་པ་དང་པོའོ། །
་གྲོགས་ངན་དང་ཞེས་བྱ་བ་ལ། བྱང་ཆུབ་སེམས་དཔའ་ཨི་རིགས་ཡོད་ཀྱང་བླུན་པོ་སྡིག་པ་མི་དགེ་བའི་ཆོས་ལ་དགའ་བ་རྣམས་ཀྱིས་བསྟན་ཏེ། སྡིག་པའི་ལས་དག་བྱེད་དུ་བཅུག་པས་ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ་ལ་འཇུག་པར་མི་བྱེད་པ་འདི་ཡང་རིགས
་ཀྱི་སྐྱོན་ཏེ་འདི་ནི་ཉེས་པ་གཉིས་པའོ། །ཕོངས་པ་དང་ཞེས་བྱ་བ་ལ་དབུལ་པོར་གྱུར་པས་བཟའ་བ་དང་བགོ་བ་ལ་སོགས་པའི་ཡོ་བྱད་ཀྱིས་ཕོངས་པས་སྦྱིན་པ་ལ་སོགས་པ་བྱེད་མི་ནུས་ཤིང་ཡོ་བྱད་ཀྱི་དོན་དུ་སྡིག་པའི་ལས་དག་བྱེད་པ་ཡང་རིགས་ཀྱི་སྐྱོན
་ཏེ་འདི་ནི་ཉེས་པ་གསུམ་པའོ། །གཞན་གྱི་དབང་ཞེས་བྱ་བ་ལ་རྒྱལ་པོ་དང་རྐུན་པོ་དང་རྗེ་བོ་ལ་སོགས་པའི་དབང་དུ་གྱུར་ནས་སྲོག་བཅོད་པ་ལ་སོགས་པའི་ལས་མི་བྱེད་དུ་མི་གནང་བ་དང། སྦྱིན་པ་ལ་སོགས་པ་དགེ་བ་བྱེད་ཏུ་མི་སྟེར་བ་ཡང་རིགས་ཀྱི་སྐྱོན་ཏེ་འདི་ནི་ཉེས་པ་བཞི་པའོ། །
་ལེགས་པ་རྣམ་པ་དབྱེ་པའི་ཚིགས་སུ་བཅད་པ་ཞེས་བྱ་བ། གོང་དུ་བསྡུས་པའི་དོན་ལས་ལེགས་པ་ཞེས་འབྱུང་བའི་དོན་རྒྱས་པར་འཆད་དེ། བྱང་ཆུབ་སེམས་དཔའ་ཨི་རིགས་ཡོད་ན་རིགས་སུ་ལ་ཡོད་པ་དེ་ལ་འཁོར་བ་ན་སོ་སོའི་སྐྱེ་བོ་ཕལ་པ་བྱེད་ཀྱང་ཡོན་ཏན་རྣམ
་པ་བཞི་འཐོབ་པར་བསྟན་པའི་ཕྱིར་ཚིགས་སུ་བཅད་པ་རྩོམ་མོ་ཞེས་བྱ་བའི་དོན་ཏོ། །རིང་དང་ངན་འགྲོ་བ་དང་ཞེས་བྱ་བ་ལ། ཉན་ཐོས་དང་རང་སངས་རྒྱས་ཀྱི་རིགས་ཅན་དང། རིགས་མེད་པ་དག་གིས་མཚམས་མེད་པ་ལྔ་ལ་སོགS་པའི་སྡིག་པའི་ལས་བྱས་ན་ནི་ཤི་འཕོས་མ
་ཐག་ཏུ་སེམས་ཅན་དམྱལ་བ་ལ་སོགས་པ་ངན་སོང་གསུམ་དུ་སྐྱེལ། བྱང་ཆུབ་སེམས་དཔའ་ཨི་རིགས་ཅན་གྱི་མཚམས་མེད་པ་ལ་སོགས་པའི་བྱ་བ་ལ་ཉན་ཐོས་དང་རང་སངས་རྒྱས་ཀྱི་རིགས་ཅན་དང། ནམ་ཞིག་ན་ངན་སོང་གི་འབྲས་བུ་མྱོང་བར་འགྱུར་ཏེ།
་འདི་ནི་ལེགས་པ་དང་པོའོ། །དེ་ནས་ཀྱང་ནི་མྱུར་དུ་ཐར་ཞེས་བྱ་བ་ལ་ཉན་ཐོས་དང་རང་སངས་རྒྱས་ཀྱི་རིགས་ཅན་དང། རིགས་མེད་པ་དག་གིས་མཚམས་མེད་པ་ལ་སོགས་པའི་ལས་བྱས་ན་ནི་སེམས་ཅན་དམྱལ་བའི་ཚེའི་ཚད་ཀྱིས་བསྐལ་པར་མ་ཟད་ཀྱི་བར
་དུ་དམྱལ་བ་ལ་སོགས་པ་ངན་སོང་གི་གནས་ན་གནས་པར་འགྱུར་ལ། །བྱང་ཆུབ་སེམས་དཔའ་ཨི་རིགས་ཅན་རྣམས་ཀྱིས་མཚམས་མེད་པ་ལ་སོགས་པའི་ལས་བྱས་ན་དམྱལ་བའི་ཚེའི་ཚད་ཟད་དུ་མི་འདུག་གི་དུས་ཅུང་ཟད་ཅིག་འདུག་ནས་དེ་ནས་ཀྱང་སེམས་ཅན
་དམྱལ་བའི་གནས་ནས་མྱུར་དུ་ཐར་པར་འགྱུར་ཏེ། འདི་ནི་ལེགས་པ་གཉིས་པའོ། །དེ་ཡང་དཔེར་ན་རྒྱལ་པོ་མ་སྐྱེས་དགྲ་ལྟ་བུ་མཚམས་མེད་པ་ལྔ་བྱས་ཀྱང་རིགས་ཀྱི་མཐུས་སེམས་ཅན་དམྱལ་བའི་སྡུག་བསྔལ་དར་གྱི་ཕོ་ལོང་བསྡབས་པ་ཙམ་ཞིག་མྱོང་བ་ལྟར?
་བུའོ། །སྡུག་བསྔལ་མྱོང་བ་ཡང་ཆུང་བ་སྟེ་ཞེས་བྱ་བ་ལ་ཉན་ཐོས་དང་རང་སངས་རྒྱས་ཀྱི་རིགས་ཅན་དང། རིགས་མེད་པ་དག་གིས་མཚན་ས་མེད་པ་ལ་སོགས་པའི་ལས་བྱས་ན་ལུས་སེམས་ལ་གནོད་པའི་སྡུག་བསྔལ་སྡུག་ཅིང་དྲག་ལ་མི་བཟང
་པ་མྱོང་བར་འགྱུར་ན་བྱང་ཆུབ་སེམས་དཔའ་ཨི་རིགས་ཅན་རྣམས་ཀྱིས་མཚམས་མེད་པ་ལ་སོགས་པའི་ལས་བྱས་ན་ལུས་དང་སེམས་ལ་གནོད་པ་སྲབ་ཅིང་ཆུང་མྱོང་བར་འགྱུར་ཏེ། འདི་ནི་ལེགས་པ་གསུམ་པའོ། །སྐྱོ་ཞིང་སེམས་ཅན་སྨིན་པར་བྱེད་ཅེས་བྱ
་བ་ལ་ཉན་ཐོས་དང་སངས་རྒྱས་ཀྱི་རིགས་ཅན་དང། རིགས་མེད་པ་དག་གིས་མཚམས་མེད་པ་ལ་སོཌ་པའི་ལས་བྱོས་ནས་སེམས་ཅན་དམྱལ་བར་སྐྱེས་ནS་དམྱལ་བའི་སྡུག་བསྔལ་མྱོང་བར་འགྱུར་བ་དང། ཕན་ཚུན་ཞེ་སྡང་སྐྱེ་ལ་བྱང་ཆུབ་སེམས་དཔའ་ཨི་རིགས་ཅན
་གྱིས་མཚམས་མེད་པ་ལ་སོགས་པའི་ལས་བྱས་ནས་དམྱལ་བ་ལ་སོགས་པའི་གནས་སུ་སྐྱེ་བ་དང། དམྱལ་བའི་སྡུག་བསྔལ་མྱོང་བར་གྱུར་ནས་མི་དགེ་བའི་ལས་ལ་སྐྱོ་བའི་སེམས་སྐྱེའོ། །སྐྱོ་བ་སྐྱེས་ནས་དམྱལ་བའི་སེམས་ཅན་འདི་དག་ཀྱང་བདག་དང
་འདྲ་བར་སྡུག་བསྔལ་མྱོང་ངོ་ཞེས་དེ་དག་ལ་སྙིང་རྗེའོ། །སྙིང་རྗེ་སྐྱེས་ནས་སེམས་དེ་དག་དགེ་བ་ལ་འཇོག་ཅིང་ཡོངས་སུ་སྨིན་པར་བྱེད་དེ། འདི་ནི་ལེགས་པ་བཞིན་པའོ། །གསེར་ཆེན་པོའི་རིགས་ཀྱི་དཔེའི་ཚིགས་སུ་བཅད་པ་ཞེས་བྱ་བ་ལ་གོང་དུ་སྡུད་པའི
་ངན་ལས་བྱང་ཆུབ་སེམས་དཔའ་ཨི་རིགས་ནི་གསེར་ཆེན་པོའི་རིགས་དང། རིན་པོ་ཆེའི་རིགས་དང་འདྲའོ་ཞེས་སྨོས་པ་ལ། བྱང་ཆུབ་སེམས་དཔའ་ཨི་རིགས་འདི་གསེར་ཆེན་པོའི་རིགས་དང་འདྲ་བར་སྟོན་ཏེ། དཔེར་ན་གསེར་རྣམ་པ་བཞིའི་རྟེན་དང་གཞི
་དང་ས་བོན་བྱེད་པའི་གསེར་ལ་གསེར་ཆེན་བོའི་རིགས་ཞེས་བྱ་བ་དེ་བཞིན་དུ། བྱང་ཆུབ་སེམས་དཔའ་ཨི་རིགས་འདི་ཡང་ཡོན་ཏན་རྣམ་པ་བཞིའི་གཞི་དང་རྟེན་བྱེད་པས་གསེར་ཆེན་པོའི་རིགས་དང་འདྲ་བར་བསྟན་པའི་ཕྱིར་ཚིགས་སུ་བཅད་པ་རྩོམ་མོ་ཞེས
་བྱ་བའི་དོན་ཏོ། །གསེར་གྱི་རིགས་བཞིན་ཤེས་པར་བྱ། །དཔག་ཏུ་མེད་པ་དགེ་བའི་གནས། །ཡེ་ཤེས་དྲི་མེད་ལྡན་པའི་གནས། །མཐུ་རྣམས་ཀྱི་ཡང་གནས་ཡིན་ནོ། །ཞེས་བྱ་བ་ལ། དཔེར་ན་གསེར་ཆེན་པོའི་རིགས་ནི་གསེར་མང་པོའི་གནས་བྱེད་པ་དང། གསེར
་འོད་གསལ་བའི་གནས་བྱེད་པ་དང། གསེར་དྲི་མ་མེད་པའི་གནས་བྱེད་པ་དང། གསེར་ལས་སུ་རུང་བའི་གནས་བྱེད་དོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཨི་རིགས་ཀྱང་ཡོན་ཏན་རྣམ་པ་བཞིའི་གནས་བྱེད་པས་ན་གསེར་ཆེན་པོའི་རིགས་བཞིན་དུ་ཤེས་པར་བྱའོ། །དཔེར
་ན་གསེར་ཆེན་པོའི་གསེར་སྲང་གྲངས་འབུམ་ཕྲག་གྲངས་མེད་པ་མང་པོ་འབྱུང་བའི་གནས་བྱེད་པ་དེ་བཞིན་དུ། བྱང་ཆུབ་སེམས་དཔའ་ཨི་རིགས་འདིས་ཀྱང་ཕ་རོལ་ཏུ་ཕྱིན་པ་དང། ས་དང་བྱང་ཆུབ་ཀྱི་ཕྱོགས་དང། སྟོབས་དང་མི་འཇིགས་པ་ལ་སོགས་པའི
་དགེ་པ་དཔག་ཏུ་མེད་པའི་གནས་བྱེད་པས་གསེར་ཆེན་པོའི་རིགས་དང་འདྲའོ། །དཔེར་ན་གསེར་ཆེན་པོའི་རིགས་གསེར་འོད་འབར་ཞིང་འཚེར་བའི་གནས་བྱེད་པ་དེ་བཞིན་དུ། བྱང་ཆུབ་སེམས་དཔའ་ཨི་རིགས་ཀྱིས་ཀྱང་ཆོས་རྣམས་རང་དང་སྤྱིའི་མཚན་ཉིད་ལ
་ཕྱིན་ཅི་མ་ལོག་པར་ཤེས་པར་བྱེད་པ་རྣམ་པར་མི་རྟོག་པའི་ཡེ་ཤེས་དང་མཉམ་པ་ཉིད་ཀྱི་ཡེ་ཤེས་དང། སོ་སོར་ཀུན་ཏུ་རྟོག་པའི་ཡེ་ཤེས་དང། བྱ་བ་སྒྲུབ་པའི་ཡེ་ཤེས་གསལ་ཞིང་འོང་དང་བཅས་པའི་གནས་སུ་གྱུར་པས་ན་གསེར་ཆེན་པོ་དང་འདྲའོ?
་གསེར་ལ་ཡང་ཁ་ཅིག་འཚེར་ཞིང་འོད་གསལ་བ་དང་དྲི་མ་ཅུང་ཟད་ཡོད་ཀྱང་འོད་གསལ་ལོ་ཞེས་སྨྲས་ཏེ། གསེར་ཆེན་པོའི་རིགས་ལས་བྱུང་བའི་གསེར་དེ་ལ་ནི་དྲི་མ་ཅུང་ཟད་ཀྱང་མེད་པས་ན་དྲི་མ་མེད་པ་ཞེས་བྱའོ། །ཡང་གསེར་ཁ་ཅིག་མ་བསྲེགས་པའི་ཚེ
་སེར་བར་འཚེར?་མོད་ཀྱི། བསྲེགས་ན་ཁ་དོག་ནག་པོ་དང་སྐྱ་བོར་འགྱུར་བ་ཡོད་དོ། །གསེར་ཆེན་པོའི་རིགས་ལས་སྐྱེས་པའི་གསེར་རྣམས་ལ་ནི་མེར་བསྲེགས་ན་ཡང་ཁ་དོག་འགྱུར་བ་མེད་པས་དྲི་མ་མེད་པ་ཞེས་བྱའོ། །དཔེར་ན་གསེར་ཆེན་པོའི་རིགས་དྲི་མ་མེད
་པར་བྱེད་པ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཨི་རིགས་འདི་ཡང་ཉོན་མོངས་པའི་བག་ཆགས་ཀྱི་དྲི་མ་ཐམས་ཅད་སྤངས་པའི་མྱ་ངན་ལས་འདས་པའི་གནས་བྱེད་པས་གསེར་ཆེན་པོའི་རིགས་དང་འདྲའོ། །དཔེར་ན་གསེར་ཆེན་པོའི
་རིགས་ནི་གསེར་ཆེན་པོའི་རིགས་དེ་ལས་བྱུང་བའི་གསེར་མགོ་རྒྱུན་དབུང་རྒྱན་ལ་སོགས་པར་བྱས་ན་ཡང་རགས་པ་ཁྲ་མེད་པ་གསེར་ལས་སུ་རུང་བའི་གནས་སུ་གྱུར་པ་དེ་བཞིན་དུ། བྱང་ཆུབ་སེམས་དཔའ་ཨི་རིགས་འདི་མང་འཕྲུལ་གྱི་མིག་ལ་སོགས་པ
་མངོན་པར་ཤེས་པའི་གནས་སུ་འགྱུར་བས་ན། གསེར་ཆེན་པོའི་རིགས་དང་འདྲའོ། །ཉོན་མོངས་པའི་དྲི་མ་མེད་པར་འཐོབ་པའི་གནས་དང་ཞེས་བྱ་བ་ལ། ཉོན་མོངས་པའི་གནས་ངན་ལེན་བླངས་ན་དེ་དང་བྲལ་བདག་འཐོབ་པའི་གནས་དང་རྟེན་དུ་རིག་སྟེ
་གྱུར་ཞེས་བྱ་བའི་དོན་ཏོ། །ཡང་ན་ཉོན་མོངས་པ་སྤངས་ན་ཟག་པ་མེད་ཅིང་དྲི་མ་མེད་པའི་ཆོས་སྐྱེ་སྟེ། རིགས་དེ་ཟག་པའི་ཆོས་མཐོང་བའི་རྟེན་དུ་གྱུར་ཅེས་བྱ་བའི་དོན་ཏོ། །རིན་པོ་ཆེ་ཆེན་པོའི་རིགས་ཀྱི་དཔེའི་ཚིགས་སུ་བཅད་པ་ཞེས་བྱ་བ་ལ། བྱང་ཆུབ
་སེམས་དཔའ་ཨི་རིགས་འདི་ནི་རིན་པོ་ཆེ་ཆེན་པོའི་རིགས་དང་འདྲ་སྟེ། དཔེར་ན་རིན་པོ་ཆེ་ཆེན་པོའི་རིགས་རིན་པོ་ཆེ་ཆེན་པོའི་གཞིའི་གནས་བྱེད་པ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཨི་རིགས་དེ་ཡང་ཡོན་ཏན་རྣམ་པ་བཞིའི་གནས་བྱེད
་བས་རིན་པོ་ཆེ་ཆེན་པོའི་རིགས་དང་འདྲ་བར་བསྟན་པའི་ཕྱིར་ཚིགས་སུ་བཅད་པ་རྩོམ་མོ། །རིན་པོ་ཆེ་རྣམ་པ་བཞི་ནི་རིགས་ཕུན་སུམ་ཚོགས་པ་དང། ཁ་དོག་ཕུན་སུམ་ཚོགས་པ་དང། དབྱིབས་ཕུན་སུམ་ཚོགས་པ་དང། ཚད་ཕུན་སུམ་ཚོགས་པའོ། །
་རིན་ཆེན་མཆོག་རིགས་བཞིན་ཤེས་བྱ། །བྱང་ཆུབ་ཆེན་པོའི་རྒྱུའི་ཕྱིར། །ཡེ་ཤེས་ཆེ་དང་ཏིང་འཛིན་འཕགས། །སེམས་ཅན་མང་པོའི་གནས་ཀྱི་ཕྱིར། ཞེས་བྱ་བ་ལ། དཔེར་ན་རིན་པོ་ཆེའི་རིགས་ནི་ལུགས?་དང་ཟངས་དང་མཆིང་བུ་ལ་སོགས་པ་འབྱུང
་པའི་གནས་མི་བྱེད་ཀྱི་མ་ཏིག་ལ་སོགས་པའི་རིགས་ཕུན་སུམ་ཚོགས་པའི་རིན་པོ་ཆེའི་གནས་སུ་གྱུར་པ་དེ་བཞིན་དུ། བྱང་ཆུབ་སེམས་དཔའ་ཨི་རིགས་དེ་ཡང་ཉན་ཐོས་དང་རང་སངས་རྒྱས་ཀྱི་བྱང་ཆུབ་ཀྱི་གནས་སུ་མི་འགྱུར་གྱི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་རྗེས་ལས
་བྱུང་བ་ཉོན་མོངས་པའི་སྒྲིབ་པ་ཐམས་ཅད་སྤངས་པའི་བྱང་ཆུབ་ཆེན་པོའི་གནས་སུ་གྱུར་པས་ན་རིན་པོ་ཆེ་ཆེན་པོའི་རིགས་དང་འདྲའོ། །དཔེར་ན་རིན་པོ་ཆེ་ཆེན་པོའི་རིགས་དེ་རིན་པོ་ཆེ་འཚེར་ཞིང་འབར་བའི་གནས་སུ་འགྱུར་བ་དེ་བཞིན་དུ་བྱང་ཆུབ་སེམས
་དཔའ་ཨི་རིགས་དེ་ཡང་མེ་ལོང་ལྟ་བུའི་ཡེ་ཤེས་ལ་སོགས་པ་ཡེ་ཤེས་བཞིའི་གནས་སུ་འགྱུར་བས་རིན་པོ་ཆེ་ཆེན་པོའི་རིགས་དད་འདྲའོ། །དཔེར་ན་རིན་པོ་ཆེ་ཆེན་པོའི་རིགས་དེ་ནི། རིན་པོ་ཆེ་ཆེན་པོ་དེ་ཟད་དེ་ཟད་དེའམ་ཆགS་པ་དབྱིབས་མི་སྡུག་པ་མ་ཡིན
་པ་གྲུ་བཞི་དང་ཟླུམ་པོ་ལ་སོགས་པའི་དབྱིབས་ཀྱང་མཛེས་པའི་གནས་སུ་འགྱུར་བ་དེ་བཞིན་དུ། བྱང་ཆུབ་སེམས་དཔའ་ཨི་རིགས་འདི་ཡང་འཕགས་པའི་ཏིང་ངེ་འཛིན་དང། དཔའ་བར་འགྲོ་བའི་ཏིང་ངེ་འཛིན་དང། ནམ་མཁའ་ཨི་མཛོད་ཀྱི་ཏིང་ངེ་འཛིན་ལ
་སོགས་པའི་གནས་སུ་གྱུར་པས་ན་རིན་པོ་ཆེ་ཆེན་པོའི་རིགས་དང་འདྲའོ། །དཔེར་ན་རིན་པོ་ཆེ་ཆེན་པོའི་རིགས་ཆེན་པོར་དབྱིབས་ཆེ་བ་དང། རིན་པོ་ཆེ་མང་པོའི་གནས་སུ་འགྱུར་བ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཨི་རིགས་འདི་ཡང་སེམས
་ཅན་མཛའ་ཡས་པ་མང་པོ་མྱ་ངན་ལས་འདས་པ་དང། ཐམས་ཅད་མཁྱེན་པའི་ཡེ་ཤེས་འཇུག་པའི་གནས་སུ་འགྱུར་བས་ན་རིན་པོ་ཆེ་ཆེན་པོའི་རིགས་དང་འདྲའོ། །རིགས་མེད་པ་ལ་རྣམ་པར་དབྱེ་བའི་ཚིགས་སུ་བཅད་པ་ཞེས་བྱ
་བ་ལ། གོང་དུ་ཉན་ཐོས་ཀྱི་རིགས་དང། རང་སངས་རྒྱས་ཀྱི་རིགས་དང། བྱང་ཆུབ་སེམས་དཔའ་ཨི་རིགས་དང། རིགས་མ་ངེས་པ་བཤད་ནས་ད་ནི་རིགས་མེད་པ་འཆད་དེ། རིགས་མེད་པ་ཞེས་བྱ་བ་འདི་ཡོང་ཡེ་མྱ་ངན་ལས་མི་འདའ་སྟེ།
་ནམ་ཡང་མྱ་ངན་ལས་མི་འདའ་བའ་ཨི་ཕྱིར་རིགས་ཞེས་བྱ་བ་འམ་འོན་ཀྱང་བསྐལ་པ་དུས་ཐང་གི་ཟད་ཅིག་ཏུ་མྱ་ངན་ལས་མི་འདའ་ལ། ཕྱིས་མྱ་ངན་ལ་འདའ་བ་ལ་རིགས་མེད་པ་ཞེས་བྱ་ཞེ་ན། དེ་གཉིས་ཀ་ལ
་རིགས་མེད་པ་ཞེས་བསྟན་པའི་ཕྱིར་ཚིགས་སུ་བཅད་པ་རྩོམ་མོ། །ལ་ལ་གཅིག་ཏུ་རྩོམ་མོ། །ལ་ལ་གཅིག་ཏུ་མི་དགེ་སྤོང། །ལ་ལ་དགེ་བའི་ཆོས་རྣམས་བཅོམ། །ལ་ལ་ཐར་ཕྱོགས་དགེ་བ་མེད། དཀར་པོ་ཆུང་ཡོད་རྒྱུ་དང་བྲལ་ཞེས་བྱ་བ་ལ།
་རིགས་མེད་པ་ཞེས་བྱ་བའི་དོན་ནི་ཐེག་པ་གསུམ་གྱི་མྱ་ངན་ལས་འདས་པར་ཡོངས་སུ་མྱ་ངན་ལས་འདའ་ཞིང་མྱ་ངན་ལས་འདའ་བར་སྐལ་བ་མེད་པའི་རང་བཞིན་ཅན་ལ་བྱ་སྟེ། ཡོངས་སུ་མྱ་ངན་ལས་མི་འདའ་བའ་ཨི་ཆོས་ཅན་ཡང་རྣམ་པ་གཉིས་ཏེ།
་དེའི་དུས་སུ་ཡོངས་སུ་མྱ་ངན་ལས་མི་འདའ་བའ་ཨི་ཆོས་ཅན་དང། དེའི་དུས་ན་མྱ་ངན་ལས་མི་འདའ་བའ་ཨི་ཆོས་ཅན་ནོ། །དེའི་དུས་སུ་ཡོངས་སུ་མྱ་ངན་ལས་མི་འདའ་ཆོས་ཅན་རྣམ་པ་བཞི་སྟེ། གང་ཞེ་ན། དེའི་ཕྱིར་ལ་ལ་གཅིག་ཏུ་མི་དགེ་སྤྱོད་ཅེས
་སྨོས་ཏེ། འདིའི་ལས་ངེས་པར་བྱེད་པའི་དབང་དུ་བྱས་ནས་གསུངས་པ་ཡིན་ནོ། །དེ་ལ་གང་ཟག་ཁ་ཅིག་ལ་བྱང་ཆུབ་སེམས་དཔའ་ཨི་རིགས་ཡོད་ཀྱང་ལས་ངེས་པར་བྱེད་པར་འགྱུར་བའི་དབང་གིས་མ་གསོད་པ་ལ་སོགས་པའི་མཚམས་མེད་པ་ལས
་གདོན་མི་ཟ་བར་བྱེད་པར་འགྱུར་ཏེ། དེའི་དུས་ན་རིགས་ཡོད་ཀྱང་མ་གསོད་པ་ལ་སོགས་པའི་ལས་ངན་པ་བྱས་པས་རིགས་ངེས་མྱ་ངན་ལས་འདས་པ་ཐོབ་པར་མི་འགྱུར་ཏེ། དེ་བས་ན་དེ་ཡང་དེའི་དུས་ན་ཡོངས་སུ་མྱ་ངན་ལས་མི་འདའ་བའ་ཨི་ཆོས་ཅན
་ཡིན་པས་རིགས་མེད་པ་ཞེས་བྱ་བ་སྟེ། འདི་ནི་རྣམ་པ་གཅིག་གོ་།ལ་ལ་དགེ་བའི་ཆོས་རྣམས་བཅོམ། །ཞེས་བྱ་བ་ལ་གང་ཟག་ཁ་ཅིག་ལ་བྱང་ཆུབ་སེམས་དཔའ་ཨི་རིགས་ཡོད་ཀྱང་མི་དགེ་བའི་བཤེས་གཉེན་གྱི་རྐྱེན་གྱིས་ཆད་པའི་ལྟ་བ་ལ་ཕྱོགS
་ནས་ལས་དགེ་བ་མེད། མི་དགེ་བ་མེད། འབྲས་བུ་བདེ་བ་མེད། སྡུག་བསྔལ་མེད། ཚེ་འདི་མེད། ཚེ་ཕྱི་མ་མེད། དཀོན་མཆོག་གསུམ་མེད་ཅེས་བྱ་བ་ལ་སོགས་པའི་ལོག་པའི་ལྟ་བཞུགས་པས་དགེ་བའི་རྩ་བ་ཐམས་ཅད་རྩ་བ་ནས་བཅོམ་སྟེ། བསྐལ་པ
་དུ་མ་ཞིག་དུ་ཡོངས་སུ་མྱ་ངན་ལས་འདའ་བར་མི་འགྱུར་རོ། །འདི་ཡང་དེའི་དུས་ན་ཡོངས་སུ་མྱ་ངན་ལས་མི་འདའ་བའ་ཨི་ཆོས་ཅན་ཡིན་པས་རིགས་མེད་པ་ཞེས་བྱ་སྟེ་རྣམ་པ་གཉིས་པའོ། །ལ་ལ་ཐར་ཕྱོགས་དགེ་བ་མེད་ཞེས་བྱ་བ་ལ། གང་ཟག་ལ་ལ་བྱང་ཆུབ
་སེམས་དཔའ་ཨི་རིགས་ཡོད་ཀྱང་མྱ་ངན་ལས་འདས་པ་ཐོབ་པར་འགྱུར་བའི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་མི་སོགས་ཀྱི་ལྷ་དང་མིའི་གནས་ལ་སོགས་པར་འཁོར་བར་སྐྱེ་བ་འབའ་ཞིག་གི་དག་པ་བསགས་པས་འཁོར་བ་འབའ་ཞིག་ཏུ་སྐྱེ་བའི་བསྐལ་པ་དུ་མར་ཡང
་མྱ་ངན་ལས་འདའ་བ་མི་འཐོབ་བོ། །འདི་ཡང་དེའི་དུས་ན་ཡོངས་སུ་མྱ་ངན་ལས་མི་འདའ་བའ་ཨི་ཆོས་ཅན་ཡིན་པས་རིགས་མེད་པ་ཞེས་བྱ་སྟེ། འདི་ནི་རྣམ་པ་གསུམ་པའོ། །དཀར་པོ་ཆུང་ཡོད་ཅེས་བྱ་བ་ལ། གང་ཟག་ལ་ལ་བྱང་ཆུབ་སེམས་དཔའ་ཨི་རིགས་ཡོད་ཀྱང
་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྫོགས་པར་མི་སོགས་ཀྱི། དཀར་པོའི་ཆོས་མྱ་ངན་ལས་མི་འདའ་བའ་ཨི་རྒྱུ་ཅུང་ཟད་ཙམ་བསགས་པས་བསྐལ་བ་དུ་མར་ཡང་ཡོངས་སུ་མྱ་ངན་ལས་མི་འདའ་ཨོ། །འདི་ཡོངས་སུ་མྱ་ངན་ལས་མི་འདའ་བའ་ཨི་ཆོས་ཅན་ཡིན་པས་རིགས
་མེད་པ་ཞེས་བྱ་སྟེ། འདི་ནི་རྣམ་པ་བཞི་པའོ། །དེའི་དུས་ན་ཡོངས་སུ་མྱ་ངན་ལས་མི་འདའ་བའ་ཨི་ཆོས་ཅན་ཞེས་བྱ་བ་ནི་མཚམས་མེད་པ་བྱེད་པ་རྣཾས་ཀྱང་མཚཾས་མེད་པ་བྱེད་པའི་ལས་མ་བཏང་གི་བར་དུ་མྱ་ངན་ལས་མི་འདའ་བ་དང་ལོག་པ་ཇི་ལྟ་བས་དགེ་བའི་རྩ་བ་ཆད་པ་རྣམས་ལོག་པའི་ལྟ
་བ་དང་བྲལ་ཏེ། དགེ་བའི་རྩ་བ་མ་སྐྱེས་ཀྱི་བར་དུ་ཡོངས་སུ་མྱ་ངན་ལས་མི་འདའ་བ་དང། ཕྱོགས་ཐར་བའི་ཕྱོགས་ཀྱི་དགེ་བའི་རྩ་བ་མི་སོགས་པ་རྣམས་ཀྱང་ཐར་པའི་ཕྱོགས་ཀྱི་དགེ་བའི་རྩ་དམ་བསགས་ཀྱི་བར་དུ་མྱ་ངན་ལས་མི་འདའ་བ་དང། དཀར་པོ་ཆུད་བའི་རྣམས།
་ཀྱང་བསོད་ནམས་དང་ཡེ་ཤེས་ཀྱི་མ་རྫོགས་ཀྱི་བར་དུ་མྱ་ངན་ལས་མི་འདའ་བས་དེའི་དུས་ན་ཡོངས་སུ་མྱ་ངན་ལས་མི་འདའ་བའ་ཨི་ཆོས་ཅན་ཞེས་བྱའོ། །ཡོངས་ཡེ?་མྱ་ངན་ལས་མི་འདའ་བ་ནི་གཅིག་ཡོད་དེ། དེ་བསྟན་པའི་ཕྱིར་རྒྱུ་དང་བྲལ
་ཞེས་བྱ་བ་སྨོས་ཏེ། རྒྱུ་ཞེས་བྱ་བ་ནི་ཐེག་པ་གསུམ་དུ་མྱ་ངན་ལས་འདའ་བའ་ཨི་དགེ་བའི་རྩ་བ་དང་རིགས་མེད་པ་སྟེ། དེ་ལྟར་རིགས་མེད་པས་ན་གང་ཟག་དེ་ཐེག་པ་གསུམ་གྱི་མྱ་ངན་ལས་འདས་པ་རྣམས་ཀྱང་མི་འཐོབ་པའི་ཕྱིར་རོ། །ཡོངས་སུ་མི་འདའ་བའ་ཨི་ཆོས་ཅན
་ཞེས་བྱ་སྟེ། དཔེར་ན་རྡོ་དང་ཤིང་ལ་སོགས་པའི་རང་བཞིན་འདི་རྣམས་ཀྱང་སེམས་དང་སེམས་ལས་བྱུང་བ་ལྟ་བུར་ཤེས་པའི་རང་བཞིན་ཅན་དུ་མི་འགྱུར་བ་དང་འདྲའོ། །འདིར་རིགས་མེད་པ་ལ་གནས་པ་ནི་ཡོངས་སུ་མྱ་ངན་ལས་མི་འདའ་བའ་ཨི་ཆོས་དུ་འདོད་དོ
་ཞེས་བྱ་བ་ལ། རིགས་མེད་ཅེས་སྨྲས་པ། མེད་པའི་སྒྲ་འདི་སྨད་པའི་དོན་དུ་ཡང་མཐོང་སྟེ། བུ་ངན་པ་དང་ཆུང་མ་ངན་པ་ལ་བུ་མེད་ཆུང་མ་མེད་ཅེས་བྱ་བ་ལྟ་བུའོ། །ཆུད་མའི་དོན་དུ་ཡང་མཐོང་སྟེ། བུ་མོ་རྐེད་པ་ཕྲ་བ་ལ་རྐེད་པ་མེད་ཅེས་བྱ་བ་ལྟ་བུའོ།།
་ཡོད་མེད་པའི་དོན་དུ་ཡང་མཐོང་སྟེ་རྙེད་པ་མེད་བཀུར་སྟེ་མེད་ཅེས་བྱ་བ་ལྟ་བུའོ། །འདི་སྐབས་སུ་ནི་མེད་པའི་སྒྲ་སྨད་པའི་དོན་དང་ཡོད་ཡེ་མེད་པའི་དོན་དུ་བལྟ་སྟེ། དེ་ལ་གཅིག་ཏུ་མི་དགེ་བ་སྤྱོད་པ་ནས་བརྩམས་ཏེ། དགེ་བ་ཆུང་བ་ཡན་ཆད་ཀྱིས་དེའི
་དུས་ན་ཡོངས་སུ་མི་འདའ་བས་རིགས་མེད་བར་བཤད་པའི་དོན་དེ་སྨད་པའི་དོན་དུ་བལྟ་སྟེ། བུ་ངན་པ་ལ་བུ་མེད་ཅེས་བྱ་བ་བཞིན་དུ་རིགས་དེ་ཡང་དེའི་དུས་ན་ངན་ཅིང་ཞེན་བར་གྱུར་བ་རིགས་མེད་པ་ཞེས་བཏགས་སོ། །གང་རྒྱུ་དང་བྲལ་བས་ཡོངས་སུ་མྱ
་ངན་ལས་མི་འདའ་བའ་ཨི་ཕྱིར་རིགས་མེད་པར་བཤད་པའི་སྒྲ་འདི་ནི་ཡོད་ཡེ་མེད་པའི་དོན་དུ་བལྟ་སྟེ། དེ་ནི་གཏན་དུ་མྱ་ངན་ལྡས་འདས་པ་མི་འཐོབ་པའི་ཕྱིར་རོ། །རང་བཞིན་ཡོངས་སུ་རྒྱས་བའི་རིགས་ཀྱི་ཆེ་བ་ཉིད་བསྒྲུབ་བར་ཚིགས་སུ་བཅད་པ་ཞེས
་བྱ་བའོ?་ཉན་ཐོས་ཀྱི་རིགས་དང་རང་སངས་རྒྱས་ཀྱི་རིགས་དག་གིས་ནི་བྱང་ཆུབ་ཆེན་པོ་འཐོབ་པར་མི་ནུས་པས་ཤིན་ཏུ་རྒྱ་ཆེ་བ་དང་མཐུ་ཆེ་བ་ཞེས་མི་བྱའོ། །བྱང་ཆུབ་སེམས་དཔའ་ཨི་རིགས་ཀྱིས་ནི། བྱང་ཆུབ་ཆེན་པོ་འཐོབ་པར་བྱེད་པས་ན་རང་བཞིན་རྒྱ་ཆེ་བ་དང། མཐུ་ཆེ
་བར་བསྒྲུབ་པའི་ཕྱིར་ཚིགས་སུ་བཅད་པ་རྩོམ་མོ་ཞེས་བྱ་བའི་དོན་ཏོ། །ཟབ་ཅིང་ཆེར་སྨྲ་བ་གཞན་ལ་ཕན་ཕྱིར་བཤད་པ་ཆོས་ཆེན་ལ། མི་ཤེས་པར་ནི་དང་འགྱུར་ཤིན་ཏུ་རྒྱ་ཆེ་ལ་ཞེས་བྱ་བ་ལ། ཆོས་ཆེན་པོ་ནི་ཐེག་པ་ཆེན་པོའི་ཆོས་ལ་བྱའོ། །ཆོས་དེའི་ནང་ནས་གང
་ཟག་དང་ཆོས་བདག་མེད་པ་དང། མ་སྐྱེས་པ་དང། མི་འགག་པ་ལ་སོགས་པ་འབྱུང་བས་ཟབ་པའོ། །ས་དང་ཕ་རོལ་ཏུ་ཕྱིན་པ་དང། སྟོབས་དང་མི་འཇིགས་པ་ལ་སོགས་པ་འབྱུང་བས་རྒྱ་ཆེ་བའོ། །ཡང་ན་ཡེ་ཤེས་ཀྱི་ཚོགས་འབྱུང་བས་ཟབ་པའོ། །བསོད
་ནམས་ཀྱི་ཚོགས་འབྱུང་བས་རྒྱ་ཆེ་བའོ། །དེ་ལྟར་ཟབ་ཅིང་རྒྱ་ཆེ་བ་འབྱུང་བའི་ཚེས་དེ་དང་སེམས་ཅན་རྣམས་ཚེ་འདི་ལ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ལ་བཞག་པ་དང། ཚེ་རབས་གཞད་དང་མྱ་ངན་ལས་འདས་པ་ཐོབ་པར་བྱ་བའི་ཕྱིར་བཤད་པས་ན་གཞན
་ལ་ཕན་པའི་ཕྱིར་བཤད་པ་ཞེས་བྱའོ། །འདི་ལྟར་བྱང་ཆུབ་སེམས་དཔའ་ཨི་རིགས་ཀྱི་མཐུས་ཟབ་ཅིང་རྒྱ་ཆེ་བའི་ཐེག་པ་ཆེན་པོའི་དོན་མ་རྟོགས་ཤིང་མི་ཤེས་པར་ཡང་ཐོས་པ་ཙམ་གྱི་སྒོ་ནས་དང་པ་དང་མོས་པ་རྒྱ་ཆེ་ཞིང་རླབས་ཆེན་པོ་འབྱུང་བས་ན། མི་ཤེས
་པར་ནི་དད་འགྱུར་ཤིན་ཏུ་རྒྱ་ཆེ་བ་ཞེས་བྱའོ། །ལེགས་པར་བསྒྲུབ་ལ་བཟོད་ཅེས་བྱ་བའོ། །སེམས་ཅན་གྱི་དོན་དུ་མགོ་དང་རྐང་ལག་ལ་སོགས་པ་བཏང་བའི་དཀའ་བར་སྤྱད་པ་དང། ས་དང་ཕ་རོལ་ཏུ་ཕྱིན་པ་བསྒྲུབ་པ་ནི་ལེགས་པར་བསྒྲུབ་པ་ཞེས་བྱ་སྟེ། རིགས
་ཀྱི་མཐུས་དེ་དག་ཐམས་ཅད་ཀྱང་བསྒྲུབ་ནུས་པས་ན་ལེགས་པར་བསྒྲུབ་ལ་བཟོད་ཅེས་བྱའོ། །ཕུན་སུམ་ཚོགས་པའི་མཛའ་དང་ཞེས་བྱ་བ་ལ། དེ་ལྟར་ཐེག་པ་ཆེན་པོའི་ཆོས་ལ་ཡང་མོས། །ལེགས་པར་བསྒྲུབ་པ་ལ་ཡང་མི་སྐྱོ་བར་བསྒྲུབ་པས་བསོད་ནམས་ཡེ་ཤེས་
་ཚོགས་ཕུན་སུམ་ཚོགས་པར་བསྒྲུབས་པའི་མཇུག་ཏུ་བླ་ན་མེད་པའི་བྱང་ཆུབ་ཆེན་པོའི་ཕུན་སུམ་ཚོགས་པ་རྣམ་པ་གཉིས་ལས་ཁྱད་པར་དུ་གྱུར་པ་འཐོབ་པར་འགྱུར་ཏེ། འདི་རིགས་རྒྱ་ཆེ་བ་དང། མཐུ་ཆེ་བ་ལས་འཐོབ་བོ། །ཞེས་བྱ་བའི་དོན་ཏོ།།
་བླ་ན་མེད་པའི་བྱང་ཆུབ་ཀྱི་ཕུན་སུམ་ཚོགས་པ་དེ་ཅི་འདྲ་བ་ཞིག་ཅེ་ན་དེའི་ཕྱིར་རྣམ་གཉིས་མཆོག་སྟེ་ཞེས་བྱ་བ་སྨོས་ཏེ། བླ་ན་མེད?་པའི་བྱང་ཆུབ་ཀྱི་ཕུན་སུམ་ཚོགས་པ་དེའི་ཕུན་སུམ་ཚོགས་པ་རྣམ་པ་གཉིས་ལས་ཁྱད་པར་དུ་གྱུར་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཕུན
་སུམ་ཚོགས་པ་གཉིས་ནི་བརྒྱ་བྱིན་ལ་སོགས་པ་འཇིག་རྟེན་གྱི་ཕུན་སུམ་ཚོགས་པ་དང། ཉན་ཐོས་ལ་སོགས་པ་འཇིག་རྟེན་ལས་འདས་པ་ཕུན་སུམ་ཚོགས་པའོ། །དེ་དག་དེ་ལྟར་འགྱུར་ཞེས་བྱང་ཆུབ་སེམས་དཔའ་དེ་དག་གི་རིགས་དེ་ནི་ཐེག་པ་ཆེན་པོའི་ཆོས
་ལ་མོས་པ་སྐྱེ་བ་དང། བསྒྲུབ་པ་ལ་སྐྱོ་བ་མེད་པ་དང། མཐར་བྱང་ཆུབ་ཆེན་པོའི་ཕུན་སུམ་ཚོགས་པར་འགྱུར་ཏེ་དེའི་ཕྱིར་མཐུ་ཆེའོ་ཞེས་བྱ་བར་སྦྱར་རོ། །དེའི་རང་བཞིན་ཡོན་ཏན་ལྡན་བ་བྱང་ཆུབ་ཆེན་པོའི་རིགས་རྒྱས་ཤེས་བར་བྱ་ཞེས་བྱ་བ་ནི་བྱང་ཆུབ་སེམས
་དཔའ་ཨི་རིགས་དེ་ནི་གོང་དུ་བཤད་པའི་ཚུལ་ལྟར་ན་རང་བཞིན་གྱིས་ཡོན་ཏན་དང་ལྡན་པ་ཞེས་བྱ་སྟེ། དེ་ལྟར་རང་བཞིན་གྱིས་ཡོན་ཏན་དང་ལྡན་པས་རིགས་དེ་ཤིན་ཏུ་རྒྱ་ཆེ་བ་དང། མཐུ་ཆེ་བར་བྱ་བར་བྱ་བའི་དོན་ཏོ། །རིགས་ཀྱི་འབྲས་བུའི་ཁྱད་པར་དུ་ཚིགས
་སུ་བཅད་པ་ཞེས་བྱ་བ་ལ། ཉན་ཐོས་ཀྱི་རིགས་དང་རང་སངས་རྒྱས་ཀྱི་རིགས་ཀྱིས་རང་རང་གིས་འབྲས་བུ་ཐོབ་པ་བས་བྱང་ཆུབ་སེམས་དཔའ་ཨི་རིགས་གྱིས་བྱང་ཆུབ་ཆེན་པོའི་འབྲས་བུ་ཐོབ་པ་ཁྱད་ཞུགས་པར་བསྟན་པའི་ཕྱིར་ཚིགས་སུ་བཅད་པ་རྩོམ་མོ་ཞེས་བྱ་བའི
་དོན་ཏོ། །ཤིན་ཏུ་ཡངས་པའི་ཡོན་ཏན་བྱང་ཆུབ་ཤིང་སྐྱེས་པས། །སྡུག་པོས་བདེ་ཞིང་སྡུག་བསྔལ་ཞི་བས་དམིགས་པའི་ཕྱིར། །བདག་དང་གཞན་ལ་ཕན་བདེ་བྱ་བ་འབྲས་བུ་བས། །རྩ་བ་བཟང་པོ་བཞིན་དུ་རིགས་འདི་མཆོག་ཡིན་ནོ། །ཞེས་བྱ་བ་ལ། རྩ?
་བ་བཟང་པོ་ནི་རྩ་བ་བརྟན་པ་དང། རྩ་བ་མ་དུལ་བའོ། །དཔེར་ན་རྩ་བ་བཟང་པོའི་ཤིང་ལས་སྡོང་པོ་དང། མེ་ཏོག་ལ་སོགས་པ་བརྟེན་ཞིང་བཟང་པོ་འབྱུང་བ་དང། །ཡལ་ག་དང་འདབ་མ་ལ་སོགས་པ་སྡུག་ཅིང་མཛེས་པ་འབྱུང་བ་དང། དེའི་རྒྱུས་གྲིབ་མ་བསིལ་བ་ཡོད་པ་དང།
་འབྲས་བུ་ཕུན་སུམ་ཚོགས་པས་གཞན་ལ་ཕན་པ་བྱེད་པ་བཞིན་དུ་བྱང་ཆུབ་ཀྱི་རིགས་འདི་ལས་ཀྱང་དེ་དང་མཐུན་པའི་ཡོན་ཏན་དག་འབྱུང་བས་བྱང་ཆུབ་ཀྱི་རིགས་ནི་ཤིང་གི་རྩ་བ་བཟང་པོ་དང་འདྲའོ། །དཔེར་ན་ཤིང་རྩ་བ་བཟང་པོ་ལས་སྡོང་པོ་སྦོམ་ཞིང་བསྐམས་པ་དང་བསྲུང་བ
་མེད་པ་འབྱུང་བ་དང། མེ་ཏོག་སྣ་ཚོགས་པ་འབྱུང་བ་དེ་བཞིན་དུ། རིགས་དེ་ལས་ཀྱང་སྟོབས་དང་མི་འཇིགས་པ་དང། མ་འདྲེས་པ་ལ་སོགས་པ་འམ་ཡོན་ཏན་རྒྱ་ཆེན་མེ་ཏོག་དང་འདྲ་བར་འབྱུང་བ་དང་ཟད་ལ་མི་སྐྱ་བའི་ཡེ་ཤེས་ཀྱང་བྱང་ཆུབ་ཆེན་པོ་ཅིས་ཀྱང་མི་ཚུགས
་པ་ཤིང་སྡོང་ལྟ་བུ་སྐྱེས་པས་ན་ཤིང་གི་རྩ་བ་བཟང་པོར་ཤེས་པར་བྱའོ། །དཔེར་ན་ཤིང་རྩ་བ་བཟང་པོ་ལས་ཡལ་ག་དང་མདབ་མ་སྡུག་པོ་ཡོད་པས་གྲིབ་མའི་བསིལ་བ་དང་ལྡན་པའི་ཕྱིར་སེམས་ཅན་རྣམས་ཀྱི་ཚ་བའི་སྡུག་བསྔལ་ནི་སེལ་བསིལ་བའི་བདེ་བ་ཐོབ་པ་དེ་བཞིན
་དུ། བྱང་ཆུབ་སེམས་དཔའ་ཨི་རིགས་འདི་ལས་ཀྱང་ས་དང་ཕ་རོལ་ཏུ་ཕྱིན་པའི་ཡལ་ག་དང་འདབ་མ་སྟུག་པོ་བྱུང་བས་སེམས་ཅན་གྱི་བདེ་བ་སྟུག་པོ་རྒྱ་ཆེ་བ་ནི་ཐོབ་པར་བྱེད་པ་མཐོང། སྡུག་བསྔལ་སྟུག་པོ་མི་བཟད་པ་ནི་ཞི་བར་བྱེད་པར་མཐོང་བས་རྩ་བ་བཟང་པོ་དང་འདྲའོ།།
་དཔེར་ན་རྩ་བ་བཟང་པོའི་ཤིང་ལ་འབྲས་བུ་ཕུན་སུམ་ཚོགས་པ་ཡོད་པས་སེམས་ཅན་གྱི་དོན་ཕུན་སུམ་ཚོགས་པར་བྱེད་པས། དེ་བཞིན་དུ་བྱང་ཆུབ་ཀྱི་རིགས་འདི་ལས་ཀྱང་བདག་ལ་ཕན་པ་དང་བདེ་བར་བྱ་བ་དང། གཞན་ལ་ཕན་པ་དང་བདེ་བར་བྱ་བའི་འབྲས་བུ་འབྱུང
་པས་ན་རྩ་བ་བཟང་པོ་དང་འདྲའོ། །དེ་ལ་ཤིང་རྩ་བ་བཟང་ན་སྡོང་པོ་ལ་སོགས་པ་འགྱེལ་བར་མི་འགྱུར་བས་རྩ་བ་བཟང་བ་ཉིད་བདག་གི་དོན་ཏོ། །ཡལ་ག་དང་འདབ་མ་དང་མེ་ཏོག་དང་འབྲས་བུ་རྒྱ་ཆེ་ཞིང་སྟུག་པས་ནི་གཞན་ལ་ཕན་པར་བྱེད་པས་གཞན་གྱི་དོན་ཏོ། །
་དེ་བཞིན་དུ་བྱང་ཆུབ་ཀྱི་རིགས་ལ་ཡང་ཤིན་ཏུ་ཡང་པའི་ཡོན་ཏན་གྱི་བྱང་ཆུབ་ཀྱི་ཤིང་སྐྱེས་ལ་ནི་བདག་གི་དོན་ཏེ། །སྟུག་པོས་བདེ་ཞིང་སྡུག་བསྔལ་ཞི་བ་དམིགས་པ་ནི་གཞན་གྱི་དོན་ཏོ། །བདག་དང་གཞན་ལ་ཕན་པའི་འབྲས
་བུ་ཞེས་བྱ་བ་ལ་སོགས་པ་ལ། བྱང་ཆུབ་ཀྱི་ཤིང་གི་རྩ་བར་བྱང་ཆུབ་ཀྱི་རིགས་འདི་གྱུར་པས། རིགས་དེ་ལས་བདག་དང་གཞན་ལས་ཕན་པར་འབྲས་བུ་འབྱུང་བས་ན་བྱང་ཆུབ་ཀྱི་རིགས་ཀྱི་ཡོན་ཏན་བསྔགས་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །རིགས་ཀྱི
་སྐབས་བཤད་པ་རྫོགས་ཤོ?།། །།རིགས་ཀྱི་སྐབས་ཀྱི་རྗེས་ལ། སེམས་བསྐྱེད་པའི་སྐབས་བཤད་པར་ཅིས་འབྲེལ་ཞེ་ན། གོང་དུ་རིགས་བཤད་པའི་རྗེས་ལ། ཤིན་ཏུ་ཡངས་པའི་ཡོན་ཏན་བྱང་ཆུབ་ཤིང་སྐྱེས་པས། །སྟུག་པོ་བདེ
་ཞིང་སྡུག་བསྔལ་ཞི་བ་དམིགས་པའི་ཕྱིར། །བདག་དང་གཞན་ལ་ཕན་བདེ་བྱ་བ་འབྲས་བུ་བས། །རྩ་བ་བཟང་པོ་བཞིན་དུ་རིགས་འདི་མཆོག་ཡིན་ནོ། །ཞེས་བཤད་དེ་ཇི་ལྟར་རྩ་བ་བཟང་པོའི་ཤིང་དང་རྩ་བ་བཟང་པོ་ཉིད་རང་གི་དོན་ཕུན་སུམ་ཚོགས་པའོ།
་དེ་ལ་ཡལ་ག་དང་འདབ་མ་དང་མེ་ཏོག་དང་འབྲས་བུ་ལ་སོགས་པ་རྒྱ་ཆེན་པོ་ཡོད་པས་ནི་འགྲོ་བ་མང་པོའི་ལོངས་སྤྱོད་དུ་གྱུར་པས་གཞན་གྱི་དོན་ཕུན་སུམ་ཚོགས་པ་ཞེས་བྱའོ། །དེ་བཞིན་དུ་རང་བཞིན་ལ་གནས་པའི་རིགས་ཡོད་ན། བྱང
་ཆུབ་སེམས་དཔའ་རྣམས་ཀྱིས་བདག་དང་གཞན་གྱི་དོན་གཉིས་འགྲུབ་པར་འགྱུར་རོ། །དེ་ལ་རྣམ་པ་གཉིས་འགྲུབ་པ་ཡང་རིགས་འབའ་ཞིག་ཡོད་པ་ཙམ་གྱིས་མི་ཆོག་གི་རིགས་ལ་རྟེན་ནས་སེམས་བསྐྱེད་པ་ལ་སོགས་པའི་རིམ་པས་བསྒྲུབས་ན་འདོད་པ
་འགྲུབ་ཀྱི། སེམས་མ་བསྐྱེད་ན་ནི་མི་འགྲུབ་པོ། །སེམས་བསྐྱེད་པ་ལ་སོགས་པའི་ཡང་རིགས་ཡོད་ན་འདོད་འབྱུང་སྟེ་གང་ལ་རིགས་ཡོད་པ་གདོན་མི་ཟ་བར་བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་འགྱུར་བས་ན་རིགས་ཀྱི་སྐབས་ཀྱི་རྗེས་ལ་སེམས
་བསྐྱེད་པར་འགྱུར་བའི་སྐབས་བཤད་པར་འབྲེལ་ལོ། །ཡང་ན་སེམས་བསྐྱེད་པའི་རང་བཞིན་ནི་འདི་ལྟར་གྱུར་ཅིག་ཅེས་སྨོན་ལམ་འདེབས་པའི་མཚན་ཉིད་དོ། །སྨོན་ལམ་འདེབས་པ་དེ་ཡང་བདག་ཉིད་བླ་ན་མེད་པའི་བྱང་ཆུབ་འདོད་པ་དང། སེམས་ཅན་གྱི་དོན་བྱེད་པར
་འདོད་པའི་ཕྱིར་སྨོན་ལམ་འདེབས་ཏེ། སེམས་ཅན་གྱི་དོན་བྱ་བའི་ཐབས་ནི་བླ་ན་མེད་པའི་བྱང་ཆུབ་ཏུ་སངས་རྒྱས་པ་ཐོབ་པའོ། །དེ་བས་ན་སེམས་ཅན་གྱི་ཐབས་སུ་གྱུར་པའི་བླ་ན་མེད་པའི་བྱང་ཆུབ་བསྒྲུབས་ན་བྱང་ཆུབ་ཏུ་སེམས་བསྐྱེད་པ་ལ་སོགས་པའི་རིམ་པས
་བསྒྲུབ་པོ། །དེ་ལ་ཡང་རིགས་དང་བཅས་པའི་སྟོབས་ཀྱིས་བྱང་ཆུབ་ཏུ་སེམས་བསྐྱེད་ན་ནི་སེམས་ཅན་དེ་ལྡོག་པ་མེད་པའི་ཆོས་སུ་འགྱུར་རོ་ཞེས་བསྟན་པའི་ཕྱིར་རིགས་ཀྱི་རྗེས་ལ་སེམས་སྐྱེད་པའི་སྐབས་བཤད་པར་འབྲེལ་ཏོ། །སེམས་བསྐྱེད་པའི་མཚན་ཉིད་དུ
་ཚིགས་སུ་བཅད་པ་ཞེས་བྱ་བ་ལ། བྱང་ཆུབ་ཏུ་སེམས་བསྐྱེད་པའི་མཚན་ཉིད་དུ་རང་བཞིན་བསྟན་པར་བྱ་བའི་ཕྱིར་ཚིགས་སུ་བཅད་པ་རྩོམ་མོ་ཞེས་བྱ་བའི་དོན་ཏོ། །སྤྲོ་བ་ཆེ་ཞིང་རྩོམ་པ་ཆེ། །དོན་ཆེན་པོ་དག་འཐོབ་པ་ཆེ། །བྱང་ཆུབ་སེམས་དཔའ་སེམS
་དཔའ་སྟེ། །དོན་གཉིས་དང་ནི་སེམས་བསྐྱེད་པའོ་ཞེས་བྱ་བ་ལ། །བྱང་ཆུབ་ཀྱི་སེམས་ཀྱི་མཚན་ཉིད་ནི་སྤྲོ་བ་ཆེ་བའི་མཚན་ཉིད་དང། རྩོམ་པ་ཆེ་བའི་མཚན་ཉིད་དང། དོན་ཆེ་བའི་མཚན་ཉིད་དང། ཐོབ་པ་ཆེན་པོའི་མཚན་ཉིད་དང། དོན་གཉིས་ལ་དམིགS
་པའི་མཚན་ཉིད་དང། གོང་དུ་བཤད་པ་རྣམས་བསྒྲུབ་པར་བྱའོ་སྙམ་དུ་སེམས་བསྐྱེད་པའི་སེམས་ལས་བྱུང་བས་སེམས་དཔའ་ཞེས་བྱ་བའི་སེམས་ལས་གཡོ་བའི་རང་བཞིན་ལ་སེམས་བསྐྱེད་བ་ཞེས་བྱའོ། །སྤྲོ་བ་ཆེ་བ་ནི་གོ་ཆའི་བརྩོན་འགྲུས་ཀྱིས་ཐེག་པ་ཆེན
་པོའི་ཆོས་ཟབ་ཅིང་རྒྱ་ཆེ་བའི་ཆོས་རྣམས་མཉན་པ་དང་བསམ་པ་ལ་སོགས་པའི་སྒོ་ནས་རྟོགས་པར་བྱའོ། །ཞེས་སེམས་སྤྲོ་ཞིང་མི་ལྡོག་པ་དང། སེམས་ཅན་ཀྱི་དོན་དུ་བསྐལ་པ་གྲངས་མེད་པར་མགོ་དང་རྐང་ལག་ལ་སོགས་གཏོང་པའི་དཀའ་བ་སྤྱོད
་པའི་སྤྲོ་ཞིང་མི་ལྡོག་པའི་སེམས་བསྐྱེད་པ་དང་པོ་ལ་སྤྲོ་བ་ཆེ་བ་ཞེས་བྱའོ། །རྩོམ་པ་ཆེ་བ་ནི་དེ་ལྟར་གོ་ཆའི་བརྩོན་འགྲུས་བརྩམS་ནས་གོ་ཆ་བརྩམས་ཤིང་ཁས་བླངས་པ་བཞིན་དུ་སྦྱོར་བའི་བརྩོན་འགྲུས་ཀྱི་ཇི་ལྟར་གོ་ཆ་བོ་ཞིང་ཁས་བླངས་པ་བཞིན་དུ
་ཟབ་ཅིང་རྒྱ་ཆེ་བའི་ཆོས་རྟོགས་པར་བྱ་བའི་ཕྱིར་ནི་ཆོས་ཉན་པ་དང། སེམས་པ་གོམས་པ་ལ་འཇུག། སེམས་ཅན་གྱི་དོན་དུ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པ་དང་དཀའ་བ་སྤྱད་པ་རྣམ་པ་སྣ་ཚོགས་བསྒྲུབ་པའི་ཕྱིར་རྩོམ་པ་ཆེ་བ་ཞེས་བྱའོ། །སེམས་བསྐྱེད
་པ་དེ་འང་བདག་གི་དོན་ཕུན་སུམ་ཚོགས་པར་བསྒྲུབ་པར་བྱ་བ་དང། གཞན་གྱི་དོན་ཕུན་སུམ་ཚོགས་པར་བསྒྲུབ་པར་བྱ་བའི་ཕྱིར་སེམས་བསྐྱེད་པས་ན་དོན་ཆེ་བའོ། །དེ་ལྟར་སེམས་བསྐྱེད་ནས་འཇུག་ཏུ་འབྲས་བུ་བླ་ན་མེད་པའི་བྱང་ཆུབ་ཐོབ་པས་ན་ཐོབ་པ་ཆེ
་ཞེས་བྱའོ། །བྱང་ཆུབ་ཀྱི་སེམས་དེ་ཡང་སེམས་གཡོ་ཞིང་འགུལ་བར་བྱེད་པའི་མཚན་ཉིད་སེམས་ལས་བྱུང་བས་སེམས་དཔའ་ཞེས་བྱ་བས་བསྐྱོད་ནས་བྱང་ཆུབ་ཀྱི་སེམས་སྐྱེས་བས་ན་བྱང་ཆུབ་སེམས་དཔའ་ཨི་སེམས་ཞེས་བྱ་སྟེ། བྱང་ཆུབ་ཀྱི་སེམས་དེ་ནི་སེམས
་དཔའ་ཞེས་བྱ་བའི་སེམས་བསྐྱེད་དོ་ཞེས་བྱ་བའི་དོན་ཏོ། །བྱང་ཆུབ་ཀྱི་སེམས་དེ་ཅི་ལས་དམིགས་ནས་སེམས་སྐྱེ་ཞེ་ན། དེ་ན་ཨིད་དོན་གཉིས་ལ་དམིགས་ནས་སེམས་སྐྱེ་སྟེ། དོན་གཉིས་ནི་བདག་ཉིད་བྱང་ཆུབ་ཆེན་པོ་ཐོབ་པར་བྱ་བར་དམིགས་པ་དང། སེམས་ཅན
་ལ་ཕན་པ་དང་བདེ་བའི་དོན་བྱ་བར་དམིགས་ནས་བྱང་ཆུབ་ཀྱི་སེམས་བསྐྱེད་དོ་ཞེས་བྱ་བའི་དོན་ཏོ། །དེ་ཡན་ཆད་ཀྱིས་མདོར་ན་བྱང་ཆུབ་ཀྱི་སེམས་དེ་ཡོན་ཏན་གསུམ་དང་ལྡན་པ་དང། དོན་གཉིས་ལ་དམིགས་པ་ཡིན་པར་བསྟོན་ཏོ། །དེ་ལ་ཡོན་ཏན
་རྣམ་པ་གསུམ་ནི། སྐྱེས་བུ་བྱེད་བའི་ཡོན་ཏན་དང། དོན་བྱེད་པའི་ཡོན་ཏན་དང། འབྲས་བུ་ཡོངས་སུ་འཛིན་པའི་ཡོན་ཏན་ཏོ། །དོན་གཉིས་ནི་བྱང་ཆུབ་ཀྱི་དོན་ལ་དམིགས་པ་དང། སེམས་ཅན་གྱི་དོན་ལ་དམིགས་པའོ། །དེ་ལ་སྤྲོ་བ་ཆེ་ཞིང་རྩོམ་པ
་ཆ་ཞེས་བྱ་བའི་ཚིག་གཉིས་ཀྱིས་བུ་བྱེད་པའི་ཡོན་ཏན་བསྟན་ཏེ། དང་པོ་སེམས་བསྐྱེད་པ་ན་ཡང་སེམས་ཀྱི་ཤུགས་དྲག་ཏུ་བསྐྱེད་ལ་ཕྱིས་སྒྲུབ་པའི་ཚེ་ན་ཡང་དཀའ་བ་སྤྱོད་པ་ཐམས་ཅད་དེ་བཞིན་དུ་བསྒྲུབ་པའི་ཕྱིར་རོ། །དོན་ཆེན་པོ་ཞེས་བྱ་བས་དོན་ཆེན་པོའི་ཡོན་ཏན་ཏེ། བདག
་དང་གཞན་གྱི་དོན་བྱེད་པའི་ཕྱིར་རོ། །ཐོབ་ཆེ་ཞེས་བྱ་བས་འབྲས་བུ་ཡོངས་སུ་འཛིན་པའི་ཡོན་ཏན་བསྟན་ཏེ་མཐར་བླ་ན་མེད་པའི་བྱང་ཆུབ་ལེན་པའི་ཕྱིར་རོ། །དོན་གཉིས་ཤེས་བྱ་བས་གཉིས་ལ་དམིགས་པ་བསྟན་ཏེ། བྱང་ཆུབ་དང་སེམས་ཅན་གྱི་དོན་ལ་དམིགS
་པའི་ཕྱིར་རོ། །སེམས་བསྐྱེད་པ་རབ་ཏུ་དབྱེ་བའི་ཚིགས་སུ་བཅད་པ་ཞེས་བྱ་བ་ལ། བྱང་ཆུབ་སེམས་ཀྱི་སེམས་མཚན་ཉིད་ནས་བྱང་ཆུབ་ཀྱི་སེམས་པ་ཕྱེ་ན་དུ་ཡོད་པའི་རབ་ཏུ་དབྱེ་བ་འཆད་དེ། བྱང་ཆུབ་ཀྱི་སེམས་ལ་ཕྱེ་ན་མོས་པའི་སེམས་བསྐྱེད་པ་དང། ལྷག
་པའི་བསམ་པ་རྣམ་པར་དག་པའི་སེམས་བསྐྱེད་པ་དང། རྣམ་པར་སྨིན་པའི་སེམས་བསྐྱེད་པ་དང། སྒྲིབ་པ་སྤངས་པའི་སེམས་བསྐྱེད་པ་དང་ཕྱེ་ན་རྣམ་པ་བཞི་ཡོད་དོ་བསྟན་པའི་ཕྱིར་ཚིགས་སུ་བཅད་བརྩོམ་མོ། །སེམས་བསྐྱེད་དེ་ནི་མོས་བ་དང་ཞེས་བྱ་བ་ལ།
་མོས་པ་སྤྱོད་པའི་ས་དྲོད་དང། སྤྱི་བོ་དང། བཟོད་པ་དང་འཇིག་རྟེན་གྱི་ཆོས་ཀྱི་མཆོག་གི་ཚེ་ན་སེམས་བསྐྱེད་པ་ནི་ཐེག་པ་ཆེན་པོའི་ཆོས་ཟབ་ཅིང་རྒྱ་ཆེ་བ་རྟོགས་ནས་སེམས་བསྐྱེད་པ་ནི་མ་ཡིན་གྱི་ཐེག་པ་ཆེན་པོའི་ཆོས་ཟབ་ཅིང་རྒྱ་ཆེ་བས?་དང་པའི་སྒོ་ནས་སེམས་བསྐྱད་པས་ན།
་མོས་པའི་སེམས་བསྐྱེད་པ་ཞེས་བྱའོ། །ལྷག་པའི་བསམ་པ་དག་པ་གཞན་ཞེས་བྱ་བ་ལ། གཞན་གྱི་སྒྲ་ནི་ས་དང་པོ་ཡན་ཆད་ས་བདུན་པ་མན་ཆད་ཀྱིས་ལ་བྱ་སྟེ། ས་བདུན་པོ་དེ་དག་གི་སེམས་པ་ལ་ནི་ལྷག་པའི་བསམ་པ་དག་པའི་སེམས་བསྐྱེད་པ་ཞེས་བྱའོ། །
་ཅིའི་ཕྱིར་ཞེ་ན། གང་བདག་ཡིན་པ་ད་གཞན་གང་གཞན་ཡིན་པ་དེ་བདག་ཅེས་གཞན་དུ་མཉམ་པ་ཉིད་ཀྱི་སེམས་ཐོབ་པས་བདག་གཞན་གྱི་དོན་ཕུན་སུམ་ཚོགས་པ་འཐོབ་པར་བྱ་བའི་ཕྱིར་ལྷག་པའི་བསམ་པ་ཞེས་བྱའོ། །གཟུང་བ་དང་འཛིན་པའི་དྲི་མ་དང་བྲལ
་བར་བྱ་བའི་ཕྱིར་དག་པ་ཞེས་བྱའོ། །རྣམ་པར་སྨིན་པའི་ས་འདོད་དེ་ཞེས་བྱ་བ་ལ། ས་རྒྱད་པ་དང། དགུ་པ་དང། བཅུ་པར་བྱང་ཆུབ་དུ་སེམས་བསྐྱེད་པ་ལ་ནི་རྣམ་པར་སྨིན་པའི་བྱང་ཆུབ་ཀྱི་སེམས་ཞེས་བྱ་སྟེ། ཅིའི་ཕྱིར་ཞེ་ན། ས་དེ་དག
་ལ་རྣམ་པར་མི་རྟོག་པའི་ཡེ་ཤེས་ལྷུན་གྱིས་གྲུབ་པ་ཐོབ་པས། སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་རྣམས་ལ་ཡང། བརྩལ་འབད་མེད་བར་ལྷུན་གྱིས་གྲུབ་པར་སྤྱོད་པས་ན། རྣམ་པར་སྨིན་པའི་སེམས་བསྐྱེད་པ་ཞེས་བྱའོ། །དེ་བཞིན་སྒྲུབ་པ་སོངས་པའོ་ཞེས
་བྱ་བ་ལ། སངས་རྒྱས་ཀྱིས་ཀུན་ཏུ་འོད་ཀྱི་དུས་ན་ཟད་བ་དང་མི་སྐྱེ་བའི་མཚན་ཉིད་ཀྱི་བྱང་ཆུབ་ཀྱི་སེམས་སྐྱེས་པ་ལ་སྒྲིབ་པ་མེད་པའི་སེམས་སྐྱེས་པ་ཞེས་བྱ་སྟེ། ཅིའི་ཕྱིར་ཞེ་ན། དེའི་ཆེ་བྱང་ཆུབ་ཀྱི་སེམས་དེ་ནི་ཉོན་མོངས་པའི་སྒྲིབ་བ་དང། ཤེས་བྱའི་སྒྲིབ་པ་མ
་ལུས་པར་སྤངས་པའི་མཚན་ཉིད་ཡིན་པའི་ཕྱིར་རོ། །དེ་བས་ན་འཕགས་པ་འགའ་ཡའི་རྩེ་མོའི་མདོ་ལས་ཀྱང། ལྷའི་བུ་གཞན་ཡང་སེམས་བསྐྱེད་པ་དང་པོ་ནི་རྒྱུ་ལས་ཡང་དག་པར་བྱུང་བའོ། །སེམས་བསྐྱེད་པ་གཉིས་པ་ནི་ཡེ་ཤེས་ལས་ཡང་དག་པར་བྱུང་བའོ།།
་སེམས་བསྐྱེད་པ་གསུམ་པ་ནི་སྤོང་བ་ལས་ཡང་དག་པར་བྱུང་བའོ། །སེམས་བསྐྱེད་པ་བཞི་པ་ནི་འབྲས་བུ་ལས་ཡང་དག་པར་བྱུང་བའོ་ཞེས་གསུངས་སོ། །སེམས་བསྐྱེད་པ་རྣམ་པར་དབྱེ་བ་གདོན་མི་ཟ་བའི་ཚིགས་སུ་བཅད་པ་ཞེས་བྱ་བ་ལ། བྱང་ཆུབ་ཏུ་སེམས
་བསྐྱེད་པ་རྣམ་པ་བཞིར་ཕྱེ་བ་ལ་བཞི་པོ་དེ་དག་གི་རྩ་བ་ནི་གང། བསམ་བ་ནི་གང། དོན་ཞེས་བཅུ་གཅིག་དྲིས་པ་དང། དེ་བཞིན་དུ་ལན་བཏབ་པ་ལ་གདོན་མི་ཟ་བ་ཞེས་བྱ་སྟེ། དེ་ལས་བརྩམS་ནས་ཚིགས་སུ་བཅད་པ་བསྟན་ཏོ། །དེའི་རྩ་བ་སྙིང་རྗེས་འདོད་ཅེས
་བྱ་བ་ལ། བྱང་ཆུབ་སེམས་རྣམ་པ་བཞིའི་རྩ་བ་གང་ཞེ་ན་ཞེས་དྲིས་པ་དང། དེའི་ལན་དུ་བྱང་ཆུབ་ཀྱི་སེམས་རྣམ་པ་བཞིའི་རྩ་བ་ནི། སྙིང་རྗེ་ཡིན་པར་འདོད་པའི་ཕྱིར་རོ་ཞེས་སྙིང་རྗེས་སེམས་ཅན་གྱི་སྡུག་བསྔལ་བསལ་བར་བྱའོ། སྙམ་དུ་སེམས་པ་སྟེ། དེས
་སེམས་ཅན་ཐམས་ཅད་བསྡུས་ནས་གནས་སོ། །གལ་ཏེ་སྙིང་རྗེ་རྩ་བར་གྱུར་པ་མེད་ན་ནི་སེམས་ཅན་རྣམས་ཀྱི་དོན་དུ་བྱང་ཆུབ་ཀྱི་སེམས་རྣམས་ཀྱི་མི་སྐྱེད་ཀྱི་ཉན་ཐོས་བཞིན་དུ་མྱ་ངན་ལས་འདས་པར་འཇུག་པར་འགྱུར་ཏེ། དེ་བས་ན་རྩ་བ་ནི་སྙིང་རྗེའི། །བྱང་ཆུབ་ཀྱི་སེམས་དེ
་བཞིའི་བསམ་པ་གང་ཇི་ལྟར་ཞེ་ན། དེའི་ཕྱིར་རྟག་ཏུ་སེམས་ཅན་ཕན་པར་སེམས་ཞེས་བྱ་བ་སྨོས་ཏེ། འཁོར་བའི་མཛའ་ཨི་བར་དུ་སེམས་ཅན་ཐམས་ཅད་ཟང་ཟིང་རྣམ་པ་སྣ་ཚོགས་ཀྱིས་ཕན་བཏགས་ཏེ། ཚེ་འདིར་མི་དགེ་བ་ལས་བཟློག་ཅིང་དགེ་བ་ལ་གཞག་པ་དང། ཚེ
་རབས་གཞན་དུ་མྱ་ངན་ལས་འདས་པ་ལ་དགོད་དོ་སྙམ་དུ་སེམས་པ་ནི་བྱང་ཆུབ་ཀྱི་སེམས་དེ་དག་གི་བསམ་པའོ། །བྱང་ཆུབ་ཀྱི་སེམས་དེ་དག་ཅི་ལ་མོས་ཤེ་ན། དེའི་ཕྱིར་ཆོས་ལ་མོས་ཞེས་སྨོས་ཏེ། བྱང་ཆུབ་ཀྱི་སེམས་བཞི་པོ་དེ་དག་ཀྱང་ཉན
་ཐོས་དང་སངས་རྒྱས་ཀྱི་ཆོས་ལ་ནི་མ་དད་ཀྱི། ཐེག་པ་ཆེན་པོའི་ཆོས་ཟབ་ཅིང་རྒྱ་ཆེ་བ་ལ་དད་དེ། དེ་ནི་བྱང་ཆུབ་ཀྱི་སེམས་དེ་དག་གི་མོས་པའོ། །བྱང་ཆུབ་ཀྱི་སེམས་དེ་དག་ཅི་ལ་དམིགས་ཤེ་ན། དེའི་ཡེ་ཤེས་ཚོལ་བར་དམིགས་པ་དེ་བཞིན་ནོ་ཞེས་བྱ་བ་སྨོས་ཏེ། དེའི
་ཡེ་ཤེས་ནི་ཐེག་པ་ཆེན་པོའི་ཡེ་ཤེས་ཏེ། རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་བྱའོ། །རྣམ་པར་མི་རྟོག་པའི་ཡེ་ཤེས་ཐོབ་པར་བྱ་བའི་ཕྱིར་ཐེག་པ་ཆེན་པོའི་ཆོས་ཉན་པ་དང། སེམས་པ་དང། བསྒོམས་པ་ལ་སོགས་པའི་སྒོ་ནས་ཚོལ་བ་ཉིད་བྱང་ཆུབ་ཀྱི
་སེམས་ཀྱི་དམིགས་པ་ཞེས་བྱའོ། །བྱང་ཆུབ་ཀྱི་སེམས་དེ་དག་གི་ཐེག་པ་གང་ཞེ་ན། དེའི་ཕྱིར་གོང་དུ་འདོད་པ་ཐེག་པ་སྟེ་ཞེས་བྱ་བ་སྨོས་ཏེ། མོས་བ་སྤྱོད་པའི་ས་ལ་གནས་པ་ནས་དང་པོ་ཇི་ལྟར་ཐོབ་པར་བྱ་ཞེས་དང། ས་བཅུ་ཐོབ་པ་དང། སངས་རྒྱས་ཀྱིས
་ཇི་ལྟར་ཐོབ་པར་བྱ་ཞེས་འདོད་པ་ནི་བྱང་ཆུབ་ཀྱི་སེམས་དེ་དག་གི་ཐེག་པ་ཡིན་ཏེ། འདོད་པ་དེས་ས་གོང་ནས་གོང་དུ་འཕར་བའི་ཕྱིར་རོ། །བྱང་ཆུབ་ཀྱི་སེམས་དེ་དག་གི་རྟེན་གང་ཞེ་ན། དེའི་ཕྱིར་སྡོམ་པ་རྒྱ་ཆེན་དེའི་རྟེན་ཞེས་བྱ་བ་སྨོས་ཏེ། བྱང་ཆུབ་སེམས་དཔའ་ཨི་
་སྡོམ་པ། སྡོམ་པའི་ཚུལ་ཁྲིམས་དང། སེམས་ཅན་དོན་བྱེད་པའི་ཚུལ་ཁྲིམས་དང། དགེ་བསྡུད་པའི་ཚུལ་ཁྲིམས་ནི་བྱང་ཆུབ་ཀྱི་སེམས་དེ་དག་གི་རྟེན་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །བྱང་ཆུབ་ཀྱི་སེམས་དེ་དག་གི་བར་དུ་གཅོད་པ་གང་ཞེ་ན། དེའི
་ཕྱིར་མི་མཐུན་ཕྱོགས་རྣམས་སྐྱེ་བ་ལ་བཟོད་པ་རབ་ཏུ་གཅོད་པའོ་ཞེས་བྱ་བ་སྨོས་ཏེ། བྱང་ཆུབ་ཀྱི་སེམས་དེ་ནི་བདག་དང། གཞན་ལ་ཕན་པར་སེམས་པ་ཡིན། སེམས་དེ་དང་མི་མཐུན་པ་ནི་བདག་འབའ་ཞིག་མྱ་ངན་ལས་འདས་པར་འགྲོ་བར་སེམས་དཔའ་ཨི་སེམས
་ཉན་ཐོས་དང་རང་སངས་རྒྱས་ཀྱི་སེམས་ལ་བྱ་སྟེ། ཐེག་པ་ཆུང་ངུའི་སེམས་སྐྱེས་པར་གྱུར་པ་ཉམས་སུ་བླངས་ཏེ། མ་སྤངས་ན་བྱང་ཆུབ་ཀྱི་སེམས་མི་འབྱུང་བས་དེ་ནི་བར་དུ་གཅོད་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །བྱང་ཆུབ་དེ་དག་གི་སེམས་ཀྱི་རང་བཞིན་གང
་ཞེ་ན། དེ་ཕྱིར་བསོད་ནམས་ཡེ་ཤེས་རང་བཞིན་ཏེ་ཞེས་བྱ་བ་སྨོས་ཏེ། བྱང་ཆུབ་ཀྱི་སེམས་ནི་རྣམ་པ་གཉིས་ཏེ། སྙིང་རྗེའི་མཚན་ཉིད་དང། ཤེས་རབ་ཀྱི་མཚན་ཉིད་དོ། །དེ་ལ་སྙིང་རྗེའི་མཚན་ཉིད་སེམས་ཅན་ཐམས་ཅད་མྱ་ངན་ལས་ཟློ་སྙམ་དུ་སེམས
་པ་སྟེ། དེ་ནི་བསོད་ནམས་ཀྱི་རང་བཞིན་ནོ། །ཤེས་རབ་ཀྱི་མཚན་ཉིད་ནི་ཆོས་ཐམས་ཅད་སྟོང་པ་ཡིན་པས་སེམས་ཅན་གང་ཡང་མྱ་ངན་ལས་འདས་པ་མེད་དོ་སྙམ་དུ་སེམས་པ་སྟེ། དེ་ནི་ཡེ་ཤེས་ཀྱི་རང་བཞིན་ནོ། །བྱང་ཆུབ་ཀྱི་སེམས་ཀྱི་སེམས
་དེ་དག་གི་ལེགས་པ་གང་ཞེ་ན། དེའི་ཕྱིར་དགེ་བ་འཕེལ་བ་ལེགས་པའོ་ཞེས་བྱ་བ་སྨོས་ཏེ། བྱང་ཆུབ་ཀྱི་སེམས་བསྐྱེད་པ་ལས་ནམ་མཁའ་ཨི་ཁམས་ཇི་ཙམ་པ་དང། སེམས་ཅན་གྱི་ཁམས་ཇི་ཙམ་པ་དང། འཇིག་རྟེན་གྱི་ཁམས་ཇི་ཙམ་པ་དེ་ཙམ་གྱི
་བསོད་ནམས་འཕེལ་བར་འགྱུར་རོ། །དེ་ནི་བྱང་ཆུབ་ཀྱི་སེམས་ཀྱི་ལེགས་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །བྱང་ཆུབ་ཀྱི་སེམས་དེ་དག་གི་འཁོར་བ་ལས་ཇི་ལྟར་འབྱུང་ཞེ་ན། །དེའི་ཕྱིར་རྟག་ཏུ་ཕ་རོལ་ཏུ་ཕྱིན་པ་སྦྱོར། །དེ་ནི་འབྱུང་བར་བརྗོད་པའོ་ཞེས་བྱ་བ་སྨོས་ཏེ།
་ཁམས་གསུམ་ནས་འབྱུང་བ་དང། བླ་ན་མེད་པའི་བྱང་ཆུབ་ཐོབ་པར་བྱ་བའི་ཕྱིར་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྦྱང་ཅིང་སྦྱར་ན་འཁོར་བ་ལས་འབྱུང་བར་འགྱུར་བས་ན་འབྱུང་བར་བྱེད་པ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །བྱང་ཆུབ་ཀྱི་སེམས་དེ་དག་གི
་མཐར་ཐུག་པ་གང་ཞེ་ན་དེའི་ཕྱིར། སོ་སོ་རང་གི་སྦྱོར་བ་ཡིས། དེ་ནི་སའི་མཐར་ཐུག་སྟེ་ཞེས་བྱ་བ་སྨོས་ཏེ། ས་བཅུ་རེ་རེ་ནས་རྫོགས་པར་ཐོབ་པ་ལ་སའི་མཐར་ཐུག་པ་ཞེས་བྱའོ། །དེ་ལྟར་སའི་མཐར་ཐུག་པར་འགྱུར་བ་ཡང་ས་དང་པོ་ལ་སྦྱིན་པའི་ཕ
་རོལ་ཏུ་ཕྱིན་པ་ལ་སྦྱར་ཏེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་རྫོགས་ནས་ས་དང་པོ་མཐར་ཕྱིན་པ་ཞེས་བྱ་བ་ནས། ས་བཅུ་པ་ལ་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱར་ཏེ། ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྫོགས་པ་དང། ས་བཅུ་པ་མཐར་ཕྱིན་པ་ཞེས་བྱའོ། །བྱང
་ཆུབ་སེམས་དཔའ་ཨི་སེམས་བསྐྱེད་པ། གདོན་མི་ཟ་བར་རིག་པར་བྱའོ་ཞེས་བྱ་བ་ལ། རྣམ་པ་བཅུ་གཅིག་དྲིས་པ་ལས་དེ་བཞིན་དུ་ལན་བཏབ་པ་དེ་ནི་བྱང་ཆུབ་སེམས་དཔའ་ཨི་སེམས་བསྐྱེད་པ་རྣམ་པ་བཞིན་གདོན་མི་ཟ་བ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །བརྔའི་དམ
་བཅའ་བར་སེམས་བསྐྱེད་པ་ཚིགས་སུ་བཅད་པ་ཞེས་བྱ་བ་ལ། བྱང་ཆུབ་ཏུ་སེམས་བསྐྱེད་པ་རྣམ་པ་གཉིས་ཡོད་དེ། བརྡའི་དམ་བཅའ་བར་སེམས་བསྐྱེད་པ་དང། དོན་དམ་པའི་བྱང་ཆུབ་ཀྱི་སེམས་སོ། །དེ་ལ་བརྡའི་དམ་བཅའ་བར་བྱང་ཆུབ་ཏུ་སེམས་བསྐྱེད
་པ་ནི་སོ་སོ་སྐྱེ་བོའི་དུས་ན་སེམས་བསྐྱེད་པས་ན་མོས་པ་སྤྱོད་པའི་ས་འཇིག་རྟེན་ཆོས་མཆོག་མན་ཆད་ཀྱི་ཚེ་སེམས་བསྐྱེད་པ་ལ་བྱ་སྟེ། དེ་ཡང་དགེ་བའི་བཤེས་གཉེན་གྱིས་བྱང་ཆུབ་ཏུ་སེམས་བསྐྱེད་ན་བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་པར
་འགྱུར་བས་སེམས་བསྐྱེད་པའི་རིགས་ཞེས་བསྐུལ་བ་འམ། བདག་ཉིད་ཀྱི་དགེ་བའི་རྩ་བའི་མཐུས་བྱང་ཆུབ་ཏུ་སེམས་བསྐྱེད་པ་སྟེ། དེ་ཡང་མཁན་པོ་དང་སློབ་དཔོན་ལ་སོགས་པས་སེམས་བསྐྱེད་པའི་ཚིག་ཇི་སྐད་བརྗོད་པ་བཞིན་དུ་ཚིག་བྱུང་ན
་སེམས་བསྐྱེད་པ་ནི་བརྡས་ཡི་དམ་བཅའ་བར་སེམས་བསྐྱེད་པ་ཞེས་བྱའོ། །དེ་ལ་དོན་དམ་པའི་བྱང་ཆུབ་ཀྱི་སེམས་ནི་ས་དང་པོ་ཡན་ཆད་ཀྱི་དུས་ནས་སྐྱེའོ། །གྲོགས་སྟོབས་རྒྱུ་སྟོབས་རྩ་བའི་སྟོབས། །ཐོས་པའི་སྟོབས་དང་ཐོས་གོམS
་སྟོབས། །བརྟན་དང་མི་བརྟན་སྐྱེ་བར་གསུངས། །སེམས་བསྐྱེད་གཞན་གྱིས་བསྟན་པའོ། །ཞེས་བྱ་བ་ལ། གྲོགས་སྟོབས་ཞེས་བྱ་བའི་ཚིག་དང། སེམས་བསྐྱེད་གཞན་གྱིས་བསྟན་པ་ཞེས་བྱ་བའི་ཚིག་གཉིས་སུ་སྦྱར་ཏེ། སེམས་བསྐྱེད་པ་གང་མཁན་པོ
་འམ། སློབ་དཔོན་ནམ། དགེ་བའི་བཤེས་གཉེན་ལ་ལ་ཞིག་གིས་བྱང་ཆུབ་དུ་སེམས་བསྐྱེད་ན་ཕན་པ་དང་ལེགས་པ་རྒྱ་ཆེན་པོ་འབྱུང་བས་སེམས་བསྐྱེད་པའི་རིགས་སོ་ཞེས་བྱ་བའི་ཆོས་བསྟན་པ་ལས་བྱང་ཆུབ་ཏུ་སེམས་བསྐྱེད་པ་ནི་གྲོགས་ཀྱི་སྟོབས་ཀྱི་སེམས་བསྐྱེད
་པ་ཞེས་བྱའོ། །བྱང་ཆུབ་སེམས་དཔའ་ཨི་རིགས་ཡོད་པས་རིགས་ཀྱི་མཐུས་ཤུགས་ཀྱིས་བསྐུལ་ནས་བྱང་ཆུབ་དུ་སེམས་བསྐྱེད་པ་ནི་རྒྱུའི་སྟོབས་ཀྱིས་བསྐྱེད་པ་ཞེས་བྱའོ། །རྒྱུ་དང་རིགས་དག་ནི་དོན་གཅིག་གོ་།ཚེ་རབས་སྔ་མ་ལ་ཐེག་པ་ཆེན་པོའི་དོན་ཟབ་ཅིང་རྒྱ
་ཆེ་བ་རྟོགས་པར་འགྱུར་བ་དང། བྱང་ཆུབ་ཏུ་སེམས་བསྐྱེད་པར་འགྱུར་བའི་དགེ་བའི་རྩ་བ་དང། བསོད་ནམས་ཀྱི་ཚོགས་བསགས་པས་རིགས་།རྟས་པར་གྱུར་ནས་བྱང་ཆུབ་ཏུ་སེམས་པ་ནི་རྩ་བའི་སྟོབས་ཀྱིས་བསྐྱེད་པ་ཞེས་བྱའོ། །ཚེ་རབས་སྔ་མ་ལ་ཐེག་པ་ཆེན་པོའི
་ཆོས་ཉན་པ་དང། བསམས་པ་དང། བསྒོམས་པ་བྱ་སྟེ། ཡེ་ཤེས་ཚོགས་བསགS་པS་ཚེ་འདིར་བྱང་ཆུབ་ཏུ་སེམས་བསྐྱེད་པ་ནི་ཐོས་པའི་སྟོབས་ཀྱིས་སེམས་བསྐྱེད་པ་ཞེས་བྱ་སྟེ། ཡང་ན་དེ་བཞིན་གཤེགས་པས་ལ་དཀར་གཤེགས་པ་ལ་སོགས་པའི་མདོ་སྡེ་དེ
་དང་དེ་དག་བཤད་པ་ན་ལྷ་དང་མི་ལ་སོགས་པའི་འགྲོ་བ་མང་པོ་བྱང་ཆུབ་ཏུ་སེམས་བསྐྱེད་པ་ནི་ཐོས་པའི་སྟོབས་ཀྱིས་སེམས་ལS་ཆོས་ཐོS་པ་ཡང་ལན་གྲངS་མེད?་དུ་མཉན་ཏེ་ཆོས་དང་ལS་ཆོས་ཐོS་པ་ཡང་ལན་གྲངS་མེད?་དུ་མཉན་ཏེ་ཆོས་དང་དོན་ཤེས་ཀྱིས་མཐོང
་ནས་སེམས་བསྐྱེད་པ་ནི་ཐོས་པས་གོམས་པའི་སྟོབས་ཀྱིས་སེམས་བསྐྱེད་པ་ཞེས་བྱའོ། །དེ་ལྟར་བརྡས་ཡི་དམ་བཅའ་བར་སེམས་བསྐྱེད་པ་རྣམ་པ་ལྔ་ལས་གྲོགས་ཀྱིས་སེམས་བསྐྱེད་པ་ནི་མི་བརྟན་པའི་མཚན་ཉིད་དུ་སྐྱེ་བར་གསུངས་པ་སྟེ། ཕྱི་ནས་དེ་ལ་ལྡོག་པ
་ཡོད་པའི་ཕྱིར་རོ། །རྒྱུའི་སྟོབས་དང་ཐོས་པའི་སྟོབས་དང་ཐོས་པ་གོམས་པའི་སྟོབས་ཀྱིས་སེམས་བསྐྱེད་པ་ནི་བརྟན་པའི་མཚན་ཉིད་དུ་གསུངས་པ་སྟེ། དེ་དག་ལ་སླར་ལྡོག་པ་མེད་པའི་ཕྱིར་རོ། །གཞན་གྱིས་བསྟན་པ་ལ་སེམས་བསྐྱེད་པ་ནི་གཞན་གྱིས་གོ་བར་བྱས་པ
་ལས་བརྡས་ཡི་དམ་འཛིན་པ་ཞེས་བྱའོ་ཞེས་བྱ་བ་ལ། མཁན་པོ་འམ་སློབ་དཔོན་ནམ་དགེ་བའི་བཤེས་གཉེན་འབའ་ཞིག་གིས་འདི་སྙམ་དུ་སེམས་ལ། ཆོག?་ཏུ་འདི་སྐད་བརྗོད་ཅིག་ཅེས་བསྒོ་སྟེ། གོ་བར་བྱས་པས་འདི་བཞིན་དུ་བརྗོད་ནས་བྱང་ཆུབ་ཏུ་སེམས
་བསྐྱེད་པ་ནི་བརྡས་ཡི་དམ་འཛིན་པའི་སེམས་བསྐྱེད་པ་ཞེས་བྱའོ། །དེའི་རིགས་རྒྱས་པས་ཞེས་བྱ་བ་ལ། ཐེག་པ་ཆེན་པོ་རྟོགས་པའི་དགེ་བའི་རྩ་བ་དང་བསོད་ནམས་བསགས་པས་བྱང་ཆུབ་ཀྱི་རིགས་རྟས་པར་གྱུར་ནས། བྱང་ཆུབ་ཏུ་སེམས་བསྐྱེད་པ་ནི
་རྩ་བའི་སྟོབས་ཀྱིས་སེམས་བསྐྱེད་པ་ཞེས་བྱའོ། །དོན་དམ་པའི་སེམས་བསྐྱེད་ཚིགས་སུ་བཅད་པ་ཞེས་བྱ་བ་ལ། གང་གི་ཚེ་གང་ཟག་དང་ཆོS་ལ་བདག་མེད་པར་རྟོཌ་ནས་ཆོས་ཀྱི་དབྱིངས་ཐམS་ཅད་དུ་འགྲོ་བའི་མཚན་ཉིད་དུ་ཁོང་དུ་ཆུད་དེ་གཟུང་བ་དང་འཛིན་པ་གཉིས་སྤངས་ནས་གཟུང
་པ་ལ་ཡང་མི་རྟོག་།འཛིན་པ་ལ་ཡང་རྣམ་པར་མི་རྟོག་པའི་ཡེ་ཤེས་སྐྱེས་པས་ན། དོན་དམ་པའི་བྱང་ཆུབ་ཏུ་སེམས་སྐྱེས་པ་ཞེས་བྱ་སྟེ། དེ་ཡང་ས་དང་པོ་ཐོབ་པའི་ཚེ་ན་དོན་དམ་པའི་བྱང་ཆུབ་ཀྱི་སེམས་སྐྱེའོ། །དོན་དམ་པའི་བྱང་ཆུབ་ཀྱི་སེམས་དེ་རྒྱུ
་དང་ཡོན་ཏན་དང་རང་བཞིན་ལ་སོགས་པའི་ཚིགས་སུ་བཅད་པ་བདུན་པ་བསྟན་ཏོ་ཞེས་བྱ་བའི་དོན་ཏོ། །རྣམ་པར་མི་རྟོག་པའི་ཡེ་ཤེས་དེ་ལ་ཅིའི་ཕྱིར་དོན་དམ་པའི་བྱང་ཆུབ་ཀྱི་སེམས་ཞེས་བྱ་ཞེ་ན། །ལུང་དམ་པ་ལ་མནོས་པ་དང། རྒྱུ་དམ་པ་སྒྲུབས
་པ་དང། རང་བཞིན་དམ་པ་ཁོང་དུ་ཆུད་པར་བྱ་བའི་ཕྱིར་དོན་དམ་པའི་བྱང་ཆུབ་ཀྱི་སེམས་ཞེས་བྱའོ་ཞེས་བསྟན་པར་འདོད་ནས། རྫོགས་པའི་སངས་རྒྱས་རབ་བསྙེན་བྱས་ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་ཅིག་སྨོས་ཏེ། ཤེས
་བྱ་ཐམས་ཅད་ཐུགས་སུ་ཆུད་པས་ན་རྫོགས་ཞེས་བྱ་བ་ལ་དེ་ཡང་ཕྱིན་ཅི་མ་འོག་པར་ཐུགས་སུ་ཆུད་པས་སངས་རྒྱས་ཞེས་བྱའོ། །མོས་པ་སྤྱོད་པའི་སར་བསྐལ་པ་གྲངས་མེད་པར་གཅིག་ཏུ་དེ་བཞིན་གཤེགས་པ་རྣམས་ལ་གདུགས་དང་རྒྱལ་མཚན་དང། མེ་ཏོག
་དང་བདུག་པ་ལ་སོགས་པ་མཆོད་པ་དང་དེ་བཞིན་གཤེགས་པ་དེ་དག་གི་ཐད་ནས་དམ་ཆོས་ཉན་པ་རྣམས་བསམས་པ་རྣམས་བསྒོམས་པར་བྱས་པ་ནི་རྫོགས་པའི་སངས་རྒྱས་རབ་བསྙེན་བྱ་ཞེས་སྨོས་ཏེ་འདིས་ནི་ལུང་དམ་པ་མནོས་པར་བསྟན་ཏོ། །བསོད
་ནམས་ཡེ་ཤེས་ཚོགས་རབ་བསགས་ཞེས་བྱ་བ་ལ་ཕ་རོལ་ཏུ་ཕྱིན་པ་དྲུག་ལས། སྦྱིན་པ་དང་ཚུལ་ཁྲིམས་དང་བཟོད་པ་གསུམ་ནི་བསོད་ནམས་ཀྱི་ཚོགས་སོ། །བསམ་གཏན་དང་ཤེས་རབ་གཉིས་ནི་ཡེ་ཤེས་ཀྱི་ཚོགས་ལ་བརྩོན་འགྲུས་གཉིས་ཀའི་ཚོགས་ཏེ་དེ
་གཉིས་ཀྱང་བསྒྲུབས་ཞེས་བྱ་བའི་དོན་ཏོ། །ཡང་ན་དེ་བཞིན་གཤེགས་པ་རྣམས་ལ་གདུགས་དང་རྒྱལ་མཚན་ལ་སོགས་མཆོད་པ་ནི་བསོད་ནམས་ཀྱི་ཚོགས་ལ་དམ་པའི་ཆོས་མཉན་པ་དང་བསམས་པ་ལ་སོགས་པ་བྱས་པ་ནི་ཡེ་ཤས་ཀྱི་ཚོགས་ཏེ་དེ་གཉིས
་ཀྱང་བསྒྲུབས་ཞེས་བྱ་བའི་དོན་ཏོ། །འདིས་ནི་རྒྱུ་དམ་པ་བསྒྲུབ་པ་བསྟན་ཏོ། །ཆོས་ལ་མི་རྟོག་ཡེ་ཤེས་སྐྱེས། །དེ་ཕྱིར་དེ་ནི་དམ་པའོ་ཞེས་བྱ་བ་ལ། དེ་ལྟར་རྫོགས་པའི་སངས་རྒྱས་ལ་ཡང་རབ་བརྙེན་བྱས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས?་བསགས
་པས་ཆོས་རྣམས་ལ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཏེ། འདིས་ནི་རང་བཞིན་དམ་པ་ཁོང་དུ་ཆུད་པར་སྟོན་ཏོ། །དེ་ལ་ཆོས་ནི་ཕུང་པོ་ཁམས་དང་སྐྱེ་མཆེད་ལ་སོགས་པ་བསྟན་པ་དང་གསུང་རབ་ཡན་ལག་བཅུ་གཉིས་ལ་བྱ་སྟེ། དེ་དག་ལ་གཟུང་བའི་མཚན་ཉིད་ལ
་ཡང་མི་རྟོག་།འཛིན་པའི་མཚན་ཉིད་དུ་ཡང་མི་རྟོག་པར་ཡང་མི་རྟག་མི་རྟོག་མི་རྟག་པར་ཡང་རྟོག་པ་ནི། ཆོས་ལ་མི་རྟག་པའི་ཡེ་ཤེས་སྐྱེས་པ་ཞེས་བྱ་སྟེ། དོན་དུ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཐོབ་པ་ལ་བྱའོ། །དེ་ལྟར་ལུང་དམ་པ་དང་རྒྱུ་དམ་པར་བསྒྲུབ་པས
་ན་རང་བཞིན་དམ་པ་རྟོགས་པའི་ཕྱིར་རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་དོན་དམ་པའི་བྱང་ཆུབ་ཀྱི་སེམས་ཞེས་བྱའོ། །དོན་དམ་པའི་བྱང་ཆུབ་ཀྱི་སེམས་དེས་དང་པོའི་ཚེ་ཐོབ་ནས་དགའ་བའི་མཆོག་སྐྱེ་བར་འགྱུར་ཏེ། དེར་དགའ་བའི་མཆོག་སྐྱེས་པས་ས་དང
་པོ་ཡང་མིང་དུས་རབ་ཏུ་དགའ་བཞེས་བཏགས་སོ། །ཅིའི་ཕྱིར་དེའི་ཚེ་དགའ་བ་སྐྱེ་ཞེ་ན། དེའི་ཕྱིར་ཆོས་དང་སེམས་ཅན་རྣམས་དང་ནི། དེ་ཡི་བྱ་བ་དམ་པ་དང། སངས་རྒྱས་དང་ཡང་སེམས་མཉམ་རྙད། །དེ་ནི་དེའི་དགའ་བའི་མཆོག་ཅེས་བཤད་དེ། ས
་དང་པོ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཐོབ་པའི་ཚེ། ཆོས་ཐམས་ཅད་ལ་སེམས་མཉམ་པ་རྙེད་ཐོབ་པ་དང། སེམས་ཅན་ཐམས་ཅད་ལ་སེམས་མཉམ་པ་རྙེད་པ་དང། དེའི་བྱ་བ་དམ་པ་ལ་སེམས་མཉམ་པ་རྙེད་པ་དང། སངས་རྒྱས་དང་ཡང་སེམས་མཉམ་རྙེད་དོ། །
་མཉམ་པ་བཞི་རྙེད་པས་བརྒྱ་བྱིན་དང་ཚངས་པ་ལ་སོགས་པ་འཇིག་རྟེན་གྱི་འབྱོར་བ་རྙེད་དེ་དགའ་བ་དང། འཕགས་པ་ཉན་ཐོས་ལ་སོགས་པས་འཇིག་རྟེན་ལས་འདས་པའི་འབྱོར་པ་རྙེད་དེ་དགའ་བ་བས་བྱང་ཆུབ་སེམས་དཔའ་ཨི་དགའ་བའི་མཆོག་རྙེད་པས་ནས
་ཡང་རབ་ཏུ་དགའ་བ་ཞེས་བྱའོ། །དེ་ལ་ཕུང་པོ་ལྔ་ཇི་ལྟར་རང་བཞིན་གྱིས་སྟོང་པ་ཡིན་པ་དེ་བཞིན་དུ་ཁམས་དང་སྐྱེ་མཆེད་རྣམས་ཀྱང་རང་བཞིན་གྱིས་སྟོང་པ་ཡིན་ནོ་ཞེས་ཆོས་ལ་བདག་མེད་པ་ཁོང་དུ་ཆུད་པས་སེམས་མཉམ་པ་ཉིད་རྙེད་པ་ཞེས་བྱའོ། །ཇི་ལྟར་བདག?
་གང་ཡིན་པ་སེམས་ཅན་གཞན་ཡང་དེ་ཡིན་ནོ། །གཞན་གང་ཡིན་པ་བདག་ཀྱང་དེ་བཞིན་ཞེས་བདག་དང་གཞན་མཚུངས་པར་ཁོང་དུ་རྒ་ན་འཆི་སྤང་བར་བྱའོ་སྙམ་དུ་སེམས་པས་དེའི་བྱ་བ་དམ་བྱའོ། །དེའི་བྱ་བ་ཞེས་བྱ་བ་ནི་སེམས་ཅན་རྣམས་ཀྱི
་དོན་བྱ་བ་སྟེ། སེམས་ཅན་གྱི་ཉོན་མོངས་པ་དང། སྡུག་བསྔལ་སེལ་བར་བྱེད་པ་ནི་དེའི་བྱ་བ་དམ་པ་ཞེས་བྱའོ། །ཇི་ལྟར་བདག་གི་ཀུན་འབྱུང་གི་མཚན་ཉིད་ཉོན་མོངས་བ་དང། སྡུག་བསྔལ་གྱི་མཚན་ཉིད་སྐྱེ་རྒ་ན་འཆི
་སྤང་བར་བྱ་བ་དེ་བཞིན་དུ་སེམས་ཅན་རྣམས་ཀྱི་ཀུན་འབྱུང་གི་མཚན་ཉིད་ཉོན་མོངས་པ་དང། སྡུག་བསྔལ་གྱི་མཚན་ཉིད་སྐྱེ་རྒ་ན་འཆི་སྤང་བར་བྱའོ་སྙམ་དུ་སེམས་པས་དེའི་བྱ་བ་དམ་པ་ལ་སེམས་མཉམ་པ་ཉིད་རྙེད་བ་ཞེས་བྱ་སྟེ། དེ་འང་ས་བཅུའི་ས་དང
་པོའི་ནང་ནས་སེམས་ཅན་གྱི་དོན་རབ་ཏུ་ཐོབ་པར་བྱ་བ་རྗེས་སུ་དྲན་ཅིང་རབ་ཏུ་དགའ་བ་ཡིན་ཞེས་བྱ་བ་དང། བདག་ནི་སེམས་ཅན་ཐམས་ཅད་ཀྱི་གནས་སུ་གྱུར་ཏོ་ཞེས་རབ་ཏུ་དགའ་བ་བསྐྱེད་དོ་ཞེས་གསུངས་པ་ལྟ་བུའོ། །སངས་རྒྱས་བཅོམ་ལྡན་འདས
་རྣམས་ཀྱི་ཆོས་ཀྱི་སྐུ་གང་ཡིན་པ་དང་བདག་གིས་རྟོགས་པའི་ཆོས་ཀྱི་དབྱིངས་ཆོས་ཀྱི་སྐུ་གང་ཡིན་པ་གཉིས་སུ་ཐ་དད་པ་མེད་པར་ཁོང་དུ་ཆུད་པས་སངས་རྒྱས་དང་སེམས་མཉམ་པ་རྙེད་པ་ཞེས་བྱ་སྟེ། དེ་བས་ན་ས་བཅུའི་མདོ་ལས་ཀྱང་བདག་ནི
་སངས་རྒྱས་ཀྱི་ས་དང་ཉེ་བར་གྱུར་ཏོ་ཞེས་རབ་ཏུ་དགའ་བ་བསྐྱེད་དོ་ཞེས་བྱ་བ་དང། བདག་གིས་དེ་བཞིན་གཤེགས་པ་ཐམས་ཅད་མཐོང་བར་འགྱུར་བ་དང་ཉེ་བར་གྱུར་ཏོ། །ཞེས་རབ་ཏུ་དགའ་བ་བསྐྱེད་དོ། །བདག་ནི་དེ་བཞིན་གཤེགས་བ་ཐམས
་ཅད་ཀྱི་ཡུལ་ལ་ཡང་དག་པར་འབྱུང་ངོ་ཞེས་རབ་ཏུ་དགའ་བ་བསྐྱེད་དོ་ཞེས་གསུངས་པ་ལྟ་བུའོ། །དོན་དམ་པའི་བྱང་ཆུབ་ཀྱི་སེམས་དེ་དོན་རྣམ་པ་དྲུག་དང་ལྡན་པར་བསྟན་པའི་ཕྱིར། སྐྱེ་བ་རྒྱ་ཆེ་དེ་ལ་སྤྲོ། །བསམ་པ་ཡང་ནི་རྣམ་པར་དག། ལྷག
་མ་དག་ལ་མཁས་པ་དང། རབ?་བྱུང་བ་ཉིད་དུ་ཤེས་པར་བྱ། ཞེས་པ་བཤད་དེ་དོན་རྣམ་པ་དྲུག་ནི་སྐྱེ་བའི་དོན་དང། རྒྱ་ཆེ་བའི་དོན་དང། སྤྲོ་བའི་དོན་དང། བསམ་པ་རྣམ་པར་དག་པའི་དོན་དང། ལྷག་མ་ལ་མཁས་པའི་དོན་དང། འབྱུང་བ་ཉིད་ཀྱི
་དོན་ཏོ། །བྱང་ཆུབ་ཀྱི་སེམས་དེ་གནས་གང་ནས་སྐྱེ་བ་བསྟན་པ་ནི་སྐྱེ་བའི་དོན་ཏོ། །ཉན་ཐོས་དག་ནི་བདག་གི་དོན་དུ་སེམས་བསྐྱེད་ཀྱི་བྱང་ཆུབ་སེམས་དཔའ་རྣམས་ནི་བདག་དང་གཞན་གཉིས་ཀའི་དོན་ཏུ་སེམས་བསྐྱེད་པས་རྒྱ་ཆེ་བའི་དོན་དང་ལྡན་ནོ། །ཉན་ཐོས
་དག་ནི་བདག་གི་དོན་བྱ་བར་སྤྲོའོ། །བྱང་ཆུབ་སེམས་དཔའ་རྣམས་ནི་བདག་གཞན་གཉི་གའི་དོན་བྱ་བར་སྤྲོ་བས་སྤྲོ་བའི་དོན་དང་ལྡན་ནོ། །ཉན་ཐོས་རྣམས་ནི་ཉོན་མོངས་པའི་སྒྲིབ་པ་དག་ནས་རང་གི་བྱང་ཆུབ་ཀྱི་འབྲས་བུ་ཐོབ་བ་ཙམ་དུ་ཟད་ཀྱི་བྱང་ཆུབ་སེམས
་དཔའ་རྣམས་ཀྱི་ནི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་གཉིས་དག་ནས་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་ཤེས་པས་ན་བསམ་པ་རྣམ་པར་དག་བའི་དོན་དང་ལྡན་ནོ། །ཉན་ཐོས་དག་ནི་རྒྱུན་དུ་ཞུགས་པ་ཐོབ་པ་དང། ལན་ཅིག་ཕྱིར་འོང་བ་དང། ཕྱིར་མི་འོང
་བ་དང། དགྲ་བཅོམ་པའི་ས་ལ་མཁས་པ་ཙམ་དུ་ཟད་ཀྱི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ས་དང་པོ་ཐོབ་པ་དང། ས་གཉིས་པ་ཡན་ཆད་ས་བཅུ་མན་ཆད་ཀྱི་སའི་རང་བཞིན་དང་ཡོན་ཏན་ལ་མཁས་པ་དང། ས་གོང་མ་རྣམས་ཇི་ལྟར་ཐོབ་པར་བྱ་བའི
་ཐབས་ལ་ཡང་མཁས་པར་ན་ལྷག་མ་དག་ལ་མཁས་པའི་དོན་དང་ལྡན་ནོ། །ས་དང་པོ་མཐར་ཕྱིན་ཏེ་བོར་ནས་ས་གཉིས་པ་ལ་འཇུག་བ་ནི་འབྱུང་བ་ཉིད་ཀྱི་དོན་དང་ལྡན་པ་ཞེས་བྱ་སྟེ། ས་དང་པོ་ཡང་ཇི་ལྟར་མདོར་བར་འགྱུར་ཞེ་ན་ས་དང་པོ
་ལ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པ་དང་དེ་བཞིན་གཤེགས་པ་བརྒྱའི་ཞལ་ལྟ་བ་ལ་སོགས་པ་ཡོན་ཏན་བརྒྱ་ཕྲག་བརྒྱ་བྱེད་པ་ཡང་ཡིད་ལ་བྱེད་པ་དེ་དག་ཐམས་ཅད་ཀྱང་སེམས་ཙམ་དུ་ཟད་དེ་རྣམ་པར་རྟོག་པ་ལ་སྐྱེས་སོ་ཞེས་རྟོག་ཅིང
་སེམས་ཙམ་དུ་རྟོག་ཅིང་སེམས་ཙམ་དུ་རྟོག་པ་དེ་ཡང་སྤངས་ཏེ་རྣམ་པར་མི་རྟོག་པ་ལ་གནས་པས་ས་དང་པོ་བོར་ནས་ས་གཉིས་པ་ལ་འཇུག་པར་འགྱུར་བར་ཤེས་བར་བྱའོ། །སྐྱེ་བ་དོན་རྒྱ་ཆེར་བསྟན་པའི་ཕྱིར་ཆོས་ལ་མོས་པ་ས་བོན་དང་ཞེས་བྱ་བ་ལ་སོགས་
་པ་ཚིགས་བཅད་ཅིག་སྨོས་སོ། །དེ་ལ་སྐྱེ་བའི་དོན་ཀྱང་རྣམ་པ་བཞིར་རིག་པར་བྱ་སྟེ། ས་བོན་གྱི་བྱེ་བྲག་དང། མའི་བྱེ་བྲག་དང། མངལ་གྱི་བྱེ་བྲག་དང། མ་མའི་བྱེ་བྲག་གོ་།དེ་ལ་ཐེག་པ་ཆེན་པོའི་ཆོས་ཟབ་ཅིང་རྒྱ་ཆེ་བ་ལ་མོས་ཤིང
་དད་པ་ལས་བྱང་ཆུབ་ཀྱི་སེམས་སྐྱེས་པ་ལས་ཆོས་ལ་མོས་པ་ནི་ས་བོན་ནོ། །མ་མཆོག་ཕ་རོལ་ཏུ་ཕྱིན་པས་སྐྱེས་བྱ་བ་ལ། ཕ་རོལ་ཏུ་ཕྱིན་པའི་མཆོག་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། ཆོས་ཐམས་ཅད་སྟོང་པར་རྟོགས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ
་ཕྱིན་པ་ལ་དོན་དམ་པའི་བྱང་ཆུབ་ཀྱི་སེམས་སྐྱེས་པས་མ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །དེ་བས་ན་འཕགས་པ་དྲི་མ་མེད་པར་གྲགས་པའི་མདོ་ལས་ཀྱང། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ནི། །ཐབས་ལ་མཁས་པ་མ་ཡིན་ཏེ། །མ་ནི
་ཤེས་རབ་ཕ་རོལ་ཕྱིན། །ཞེས་གསུངས་སོ། །ཏིང་ངེ་འཛིན་གྱི་རྒྱལ་པོའི་མདོ་ལས་ཀྱང། མཁའ་མཉམ་རྡུལ་བྲལ་གཟུགས་མཆོག་འཆོག་།སྐུ་མེད་མཚན་བྲལ་ཤེས་རབ་སྲས། །རབ་ཟབ་ཡོན་ཏན་རྒྱ་མཚོའི་ཐུགས་རྗེ་ཅན། །དཔེ་མེད་བདག་གི
་སྤྱི་བོར་ཕྱག་ཞོག་ཅིག། ཅེས་གསུངས་སོ། །བསམ་གཏན་བདེ་བའི་མངལ་དུ་སྟེ་ཞེས་བྱ་བ་སྟེ། དཔེར་ན་མཁྲིས་པ་དང་བད་ཀན་ལ་སོགས་བའི་ནང་མེད་པའི་མངལ་དེ་བདེ་བ་བཞིན་དུ་རྣམ་པར་རྟོག་པའི་གནོད་པ་ཐམས་ཅད་སྤངས་པའི་བསམ་གཏན
་དེ་ཡང་བྱང་ཆུབ་སེམས་ཀྱི་མངལ་བདེ་བ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། སེམས་རྩ་གཅིག་པའི་མཚན་ཉིད་ཀྱིས་བསམ་གཏན་ཡོད?་དང་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པའི་ཤེས་རབ་བསྐྱེད་པས་བསམ་གཏན་ནི་མཇལ་ལྟ་བུར་བཤད་དོ། །སྙིང
་རྗེ་སྐྱེད་པ་མ་མའོ་ཞེས་བྱ་བ་ལ་དཔེར་ན་མ་མ་དམ་པས་བུ་གཡངས་དང་མི་བདེ་བའི་གནས་སུ་མི་ལྟུང་བར་སྲུང་བར་བྱེད་པ་བཞིན་དུ་སྙིང་རྗེ་ཆེན་པོས་ཀྱང་བྱང་ཆུབ་ཀྱི་སེམས་དེ་ཉན་ཐོས་ཀྱི་མྱ་ངན་ལས་འདས་པའི་གཡང་སར་ལྟུང་བར་བྱེད་པ་སྲུང་པར
་བྱེད་པས་ན་སྙིང་རྗེ་ཆེན་པོ་ནི་མ་མའོ། །རྒྱ་ཆེ་བའི་དོན་ཞིབ་ཏུ་བསྟན་བའི་ཕྱིར། རྒྱ་ཆེར་ཤེས་པར་བྱ་བ་ནི། སྨོན་ལམ་ཆེན་པོ་བཅུ་བསྒྲུབས་ཕྱིར། ཞེས་བྱ་བ་སྨོས་ཏེ། ས་དང་པོར་བདག་དང་གཞན་གྱི་དོན་དུ་སྨོན་ལམ་ཆེན་པོ་བཅུ་བསྒྲུབས་ཏེ་བཏབ་པས་ན་བྱང་ཆུབ
་ཀྱི་སེམས་དེ་རྒྱ་ཆེ་བར་རིག་པར་བྱའོ། །སྨོན་ལམ་བཅུ་ཡང་ས་བཅུའི་ས་དང་པོ་ལས་དེ་བྱང་ཆུབ་སེམས་དཔའ་ས་རབ་ཏུ་དགའ་བ་དེ་ལ་ཤིན་གནས་ཤིང་རྣམ་པ་འདི་ལྟ་བུའི་སྨོན་ལམ་ཆེན་པོ་དང་བརྩོན་འགྲུས་ཆེན་པོ་དང། མངོན་པར་བསྒྲུབ་པ་ཆེན་པོ་འདི་དག
་མངོན་པར་བསྒྲུབ་སྟེ། འདི་ལྟར་སངས་རྒྱས་ཐམས་ཅད་མ་ལུས་བར་ལྷག་མ་མེད་པ་མཁའ་དག་ལ་མཆོད་ཅིང་རིམ་གྲོའི་ཕྱིར་རྣམ་པའི་མཆོག་ཐམས་ཅད་དང་ལྡན་པ་མོས་པ་རྒྱ་ཆེན་པོས་རྣམ་པར་དག་པ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །སྤྲོ་བའི་དོན་རྒྱ་ཆེར
་བསྟན་བའི་ཕྱིར། སྤྲོ་བར་རིག་པར་བྱ་བ་ནི། དགའ་བྱེད་རྒྱུན་རིངས་མི་སྐྱོ་བར་ཞེས་སྨོས་ཏེ། བསྐལ་པ་གྲངས་མེད་པ་གསུམ་གྱི་བར་དུ་སེམས་ཅན་གྱི་དོན་དུ་མགོ་དང་རྐང་ལག་ལ་སོགས་པ་བཏང་བའི་སྤྱོད་པ་ལ་ཡང་སྐྱོ་བ་ཅུང་ཟད་ཀྱང་མེད་པའི་ཕྱིར་དོན་དམ་པའི་བྱང
་ཆུབ་ཀྱི་སེམས་དེ་སྤྲོ་བ་དང་ལྡན་པར་རིགས་པར་བྱའོ། །བསམ་པ་རྣམ་པར་དག་པའི་དོན་རྒྱ་ཆེར་བསྟན་པའི་ཕྱིར། བྱང་ཆུབ་བསྙེན་པར་རིག་པ་དང། དེ་ཡི་ཐབས་ཤེས་རྙེད་པས་ཀྱང། བསམ་པ་དག་པར་ཤེས་པར་བྱ་ཞེས་བྱ་བ་སྨོས་ཏེ། ས་དང་པོ་ཐོབ་པ་ན་སངས
་རྒྱས་ཀྱི་ས་ཐོབ་ཏུ་ཉེ་བར་ཁོང་དུ་ཆུད་པས་ཀྱང་བསམ་རྣམ་པར་དག་པར་ཁོང་དུ་ཆུད་པར་རིག་པར་བྱ་སྟེ། དེའི་ཕྱིར་ས་དང་པོ་ལས་ནི་བདག་ནི་སངས་རྒྱས་ཀྱི་སར་ཉེ་བར་གྱུར་ཏོ་ཞེས་རབ་ཏུ་དགའ་བ་བསྐྱེད་དོ་ཞེས་གསུངས་སོ། །གཞན་ཡང་ཐབས་གང་གིས་སངས
་རྒྱས་ཀྱི་ས་དེ་ཐོབ་པར་བྱ་བའི་རྒྱུ་དང་ཐབས་ཀྱང་རྟོགས་ཏེ། དེའི་ཕྱིར་ཡང་བསམ་པ་རྣམ་པར་རིག་པར་བྱའོ། །དེ་བས་ན་ས་དང་པོ་ལས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ལ་འཇུག་པའི་ཐབས་རྗེས་སུ་དྲན་ཞིང་རབ་ཏུ་དགའ་བ་ཡིན་ཞེས་གསུངས་སོ། །
་ལྷག་མ་ལ་མཁས་པའི་དོན་བསྟན་པའི་ཕྱིར་ས་གཞན་ལ་ནི་མཁས་པའོ་ཞེས་བྱ་བ་སྨོས་ཏེ། ས་དང་པོ་ལ་གནས་པའི་ཆོས?་གཉིས་ཡན་ཆད་ས་བཅུ་མན་ཆད་ཀྱི་རང་བཞིན་དང་ཡོན་ཏན་གང་ཡིན་པ་ལ་ཡང་མཁས། ས་གཉིས
་པ་ཡན་ཇི་ལྟར་ཐོབ་པར་བྱ་བའི་ཐབས་ལ་མཁས་པས་ན་ལྷག་མ་ལ་མཁས་པ་ཞེས་བྱའོ། །འབྱུང་བའི་དོན་རྒྱ་ཆེར་བསྟན་པའི་ཕྱིར་འབྱུང་བར་ཤེས་པར་བྱ་བ་ནི། མཉམ་པར་བཞག་བཞིན་ཡིད་བྱེད་པར། །བརྟགས་པ་ཙམ་དུ་དེ་ཤེས་ཕྱིར། །དེ་འང་རྣམ
་པར་མི་རྟོག་ཕྱིར་ཞེས་སྨོས་ཏེ། ས་དང་པོ་ལས་བྱུང་ནས་ས་གཉིས་པར་འཇུག་པར་འགྱུར་བ་ཡང་དང་པོའི་རང་བཞིན་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པ་ཡིན་པ་དང། དེའི་ཡོན་ཏན་སངས་རྒྱས་བརྒྱའི་ཞལ་ལྟ་བ་ལ་སོགས་པ་ཀུན
་རྫོབ་དུ་སའི་མཚན་ཉིད་ཇི་ལྟར་གཞག་པ་ཡང་ཡིད་ལ་བྱེད་ལ། སའི་མཚན་ཉིད་དེ་དག་ཀྱང་སེམས་ཙམ་དུ་ཟད་དེ། སེམས་ཀྱིས་བརྟགས་པ་ཙམ་དུ་ཟད་དོ་ཞེས་རྟོག་ཅིང་སེམས་ཙམ་དུ་རྟོག་པ་དེ་ཡང་སྤངས་ཏེ། རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་གནས
་རྣམས?་དང་པོ་བོར་ནས་ས་གཉིས་པ་ལ་འཇུག་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དཔེའ?་བདག་ཉིད་ཆེན་པོ་ལ་ཚིགས་སུ་བཅད་པ་དྲུག་གོ་ཞེས་བྱ་བ་ལ་གོང་དུ་བརྡའི་སེམས་བསྐྱེད་པ་དང། དོན་དམ་པའི་སེམས་བསྐྱེད་པ་གཉིས་ཀྱི་རྒྱུ་དང། རང་བཞིན་དང་ཡོན
་ཏན་ལ་སོགས་པ་བཤད་ནས། དེ་ཚིགས་བཅད་དྲུག་གིས་དཔེའི་ཡོན་ཏན་དང་སྦྱར་ཏེ་སེམས་བསྐྱེད་པ་རྣམ་པ་གཉིས་ཀྱི་བདག་ཉིད་ཆེ་བ་དང། ཡོན་ཏན་ཆེ་བ་སྟོན་ཏོ་ཞེས་བྱ་བའི་དོན་ཏོ། །ས་དང་མཚུངས་པར་བསྐྱེད་པ་སྟེ་ཞེས་བྱ་བ་ལ་སོ་སོའི་སྐྱེ་བོའི་དུས་ནས་བརྩམས
་ནས་ཏེ། མོས་པ་སྤྱོད་པའི་ས་ཆོས་མཆོག་མན་ཆད་ཀྱི་དུས་ན་བསྐྱེད་པ་ནི་ས་དང་མཚུངས་པར་ཤེས་པར་བྱ་སྟེ། དཔེར་ན་ས་ཆེན་པོ་ལ་བརྟེན་ནས་རྩཝ་དང་ཤིང་དང་སྨན་དང་འབྲུ་རྣམ་པ་སྣ་ཚོགས་སྐྱེ་བ་དེ་བཞིན་དུ་དང་པོར་སེམས་བསྐྱེད་པ་དེ་ལ་བརྟེན་ནས་ཀྱང་བསཾ
་པ་དང་སྦྱོར་བ་ལ་སོགས་པ་དང། ཕ་རོལ་ཏུ་ཕྱིན་པ་དང། བྱང་ཆུབ་ཀྱི་ཕྱོགས་དང། སངས་རྒྱས་ཀྱི་ཆོས་ཀྱི་སྟོབས་དང། མི་འཇིགས་པ་དང་མ་འདྲེས་པ་ལ་སོགས་པ་འབྱུང་བས་ན་དང་པོ་སེམས་བསྐྱེད་པ་ནི་ས་དང་མཚུངས་པར་རིག་པར་བྱའོ། །གཞན་ཡང་གསེར་གྱིས
་མཆོག་དང་འདྲ་ཞེས་བྱ་བ་ལ། གཞན་གྱི་སྒྲས་ནི་བསམ་པ་ལ་བསྙེགས་ཏེ་བསམ་པ་དང་ལྡན་པའི་བྱང་ཆུབ་ཀྱི་སེམས་ནི་གསེར་གྱི་མཆོག་དང་འདྲའ་བར་རིག་པར་བྱ་སྟེ། །ཅིའི་ཕྱིར་ཞེ་ན། དཔེར་ན་གསེར་གྱི་མཆོག་བསྲེགས་པ་དང། གཅོད་པ་དང་བདར་བའི?།
་སོགས་པ་རྣམ་པ་མང་པོས་བརྟགས་ན་ཡང་ཁ་དོག་དང་རང་བཞིན་ལ་འགྱུར་བ་མེད་པ་དེ་བཞིན་དུ། སེམས་ཅན་རྣམས་ལ་ཕན་པ་དང་བདེ་བར་བྱ་བར་སེམས་པའི་བསམ་པ་དང་ལྡན་པའི་བྱང་ཆུབ་ཀྱི་སེམས་ལ་ཡང་ནམ་ཇི་ལྟར་འགྱུར་བ་མེད་པས་ན་བསམ་པ་དང
་ལྡན་པའི་བྱང་ཆུབ་ཀྱི་སེམས་ནི་གསེར་མཆོག་དང་འདྲའོ། །ཡར་གྱི་ཟླ་བ་ཆོས་པ་བཞིན་ཞེས་བྱ་བ་ལ། སྦྱོར་བ་དང་ལྡན་པའི་བྱང་ཆུབ་ཀྱི་སེམས་ནི་ཡར་གྱི་ཟླ་བ་ཆོས་པ་དང་འདྲ་སྟེ་དཔེར་ན་ཟླ་བ་ཆོས་གཅིག་ནས་ཉའི་བར་དུ་ཡང་ཞེང་ཇེ་ཆེ་ཆེར་སྐྱེ་བ་དེ་བཞིན་དུ་ཕ་རོལ་ཏུ
་བྱིན་པ་ལ་སྦྱོར་ཞིང་སྤྱོད་པའི་སྦྱོར་བའི་ཤུགས་ཀྱིས་ཕུལ་ན་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དང་ཕ་རོལ་ཏུ་ཕྱིན་པ་འཕེལ་ཞིང་རྒྱས་པར་འགྱུར་བ་ན་སྦྱོར་བ་དང་ལྡན་པའི་བྱང་ཆུབ་ཀྱི་སེམས་ནི་ཟླ་བ་ཆོས་པ་དང་འདྲའོ། །གཞན་ཡང་མེ་དང་འདྲ་བར་ཤེས་པར་བྱ
་ཞེས་བྱ་བ་ལ། གཞན་གྱི་སྒྲས་ནི་ལྷག་བའི་བསམ་པ་ལ་བསྙེགས་ཏེ་ལྷག་པའི་བསམ་པ་དང་ལྡན་པའི་བྱང་ཆུབ་ཀྱི་སེམས་ནི་མེ་དང་འདྲ་བར་ཤེས་པར་བྱ་སྟེ། ཅིའི་ཕྱིར་ཞེ་ན། དཔེར་ན་མེ་ཤིང་ཇི་ཙམ་ཇི་ཙམ་དུ་བསྣན་པ་མེའི་ལྕེ་དང་འོད་ཀྱང་དེ་ཙམ་དེ་ཙམ་དུ
་ཆེར་འགྱུར་བ་དེ་བཞིན་དུ་ལྟག་པའི་བསམ་པ་ཞེས་བྱ་བ་ནི་མོས་པ་སྤྱོད་པའི་ས་དྲོད་ལ་གནས་ན་གོང་མའི་རྩེ་མོ་ཐོབ་པར་བྱའོ་སྙམ་དུ་སེམས་ནས་ས་བཅུ་ལ་གནས་ནས་སངས་རྒྱས་ཀྱི་ས་ཐོབ་པར་བྱའོ་སྙམ་དུ་སེམས་པ་ལ་བྱ་སྟེ། སེམས་དེས་ཡོན་ཏན་གོང་མ
་ཁྱད་པར་ཅན་རྣམས་མངོན་སུམ་དུ་བྱེད་པས་ན་ལྷག་པའི་བསམ་པ་དང་ལྡན་པའི་བྱང་ཆུབ་ཀྱི་སེམས་ན་མེ་དང་འདྲ་བར་ཤེས་པར་བྱའོ། །གཏེར་བཞིན་དུ་ཤེས་པར་བྱ་སྟེ་ཞེས་བྱ་བ་ལ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་སེམས་ནི
་གཏེར་ཆེན་པོ་དང་འདྲ་བར་ཤེས་པར་བྱ་སྟེ། གཏེར་ཆེན་པོ་ན་མདོ་ལས་དུད་དང་པདམོ་དང། པདམོ་ཆེན་པོ་ལ་སོགས་པ་རྣམ་པ་བཞི་ཡོད་དོ་ཞེས་གསུངས་སོ། །གཏེར་དེ་དག་ནས་ཡོ་བྱད་བྱུང་སྟེ་བཟའ་བ་དང་པོག་པ་ལ་སོགས་པ་སེམས་ཅན་ལ་བྱིན་ན་སེམས་ཅན
་རྣམས་ཚིམ་པར་ཡང་བྱེད་ལ། ཡོ་བྱད་ཇི་སྙེད་ཅིག་བྱུང་ན་ཡང་གཏེར་དེ་ཟད་པར་མི་འགྱུར་བ་དེ་བཞིན་དུ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པས་ཆོས་དང་ཟང་ཟིང་ལ་སོགསྤའི་ལོངས་སྤྱོད་ཀྱིས་བྱང་ཆུབ་སེམས་དཔའ་རྣམས་སེམས་ཅན་མཛའ་མེད་པ་རྣམས་ཚིམ
་པར་ཡང་བྱེད་ལ། བྱང་ཆུབ་སེམས་དཔའ་ཨི་སྦྱིན་པ་དེ་ཕུང་པོའི་ལྷག་མ་མ་ལུས་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡང་ཟད་པར་མི་འགྱུར་བས་ན་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་བའི་སེམས་བསྐྱེད་པ་ནི་གཏེར་ཆེན་པོ་དང་འདྲའོ། །གཞན་ནི་རིན
་ཆེན་འབྱུང་གནས་བཞིན་ཞེས་བྱ་བ་ལ། གཞན་གྱི་སྒྲས་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསྙེགས་ཏེ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་བྱང་ཆུབ་ཀྱི་སེམས་ནི་རིན་པོ་ཆེའི་འབྱུང་གནས་དང་འདྲ་སྟེ། དཔེར་ན་རིན་པོ་ཆེ་རྣམ་པ་སྣ
་ཚོགས་འབྱུང་བའི་འབྱུང་ཁུང་ནས་རིན་པོ་ཆེ་དཔག་ཏུ་མེད་པ་སྣ་ཚོགས་འབྱུང་བ་དེ་བཞིན་དུ། བྱང་ཆུབ་སེམས་དཔའ་ཨི་ཚུལ་ཁྲིམས་དང་ལྡན་པའི་སེམས་བསྐྱེད་པ་ལ་ཡངས་དང་ཕ་རོལ་ཏུ་ཕྱིན་པ་དང་བྱང་ཆུབ་ཀྱི་ཕྱོགས་དང་སྟོབས་དང་མི་འཇིགས་པ་ལ་སོགS
་པའི་ཆོས་རིན་པོ་ཆེ་དཔག་ཏུ་མེད་པ་འབྱུང་བས་ན་ཚུལ་ཁྲིམས་དང་ལྡན་པའི་བྱང་ཆུབ་ཀྱི་སེམས་ནི་རིན་པོ་ཆེའི་འབྱུང་གནས་དང་འདྲ་བའོ། །གཞན་དག་རྒྱ་མཚོ་འདྲ་བ་སྟེ་ཞེས་བྱ་བ་ལ། གཞན་ཀྱི་སྒྲས་ནི་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་བྱ་སྟེ། བཟོད
་པའི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་བྱང་ཆུབ་ཀྱི་སེམས་ནི་རྒྱ་མཚོ་དང་འདྲ་བར་ཤེས་པ་སྟེ། དཔེར་ན་རྒྱ་མཚོ་གྲུ་དང་ཏ་དང་ཆུ་སྲིན་ལ་སོགས་པས་དཀྲུགས་ན་ཡང་རྙོག་པ་ཅན་དུ་མི་འགྱུར་བ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཨི་བཟོད་པ་དང་ལྡན
་པའི་སེམས་ལ་ཡང་གྲང་བ་དང་ཚ་བ་དང་བཀྲེས་པ་དང་སྐོམ་པ་གཞན་གྱིས་གནོད་པར་བྱ་བ་ལ་སོགས་པས་དཀྲུགས་ཀྱང་ཞེ་སྡང་གི་རྙོག་པ་མི་ལྡང་བས་ན་བཟོད་པ་དང་ལྡན་པའི་བྱང་ཆུབ་ཀྱི་སེམས་ནི་རྒྱ་མཚོ་དང་འདྲ་བའོ། །རྡོ་རྗེ་འདྲ་དང་ཞེས་བྱ་བ
་ལ་བརྩོན་འགྲུས་དང་ལྡན་པའི་བྱང་ཆུབ་ཀྱི་སེམས་ནི་རྡོ་རྗེ་དང་འདྲ་སྟེ་ཇི་ལྟར་ཞེ་ན། དཔེར་ན་རྡོ་རྗེ་ཞེས་མི་ཚུགས་པ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཨི་བརྩོན་འགྲུས་དང་ལྡན་པའི་སེམས་ལ་ཡང་ལེ་ལོའི་མཚོན་གྱིས་མི་ཚུགས་པས་ན་བརྩོན་འགྲུས
་དང་ལྡན་པའི་བྱང་ཆུབ་ཀྱི་སེམས་ནི་རྡོ་རྗེ་དང་འདྲ་བའོ། །རི་རབ་དང་འདྲ་ཅེས་བྱ་བ་ལ་བསམ་གཏན་དང་ལྡན་པའི་བྱང་ཆུབ་ཀྱི་སེམས་ནི་རི་རབ་དང་འདྲ་བར་ཤེས་པར་བྱ་སྟེ། ཇི་ལྟར་ཞེ་ན། རིའི་རྒྱལ་པོ་རི་རབ་ཕྱོགས་བཞིའི་རླུང་གང
་གིས་ཀྱང་མི་བསྐྱོད་པ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཨི་ཏིང་ངེ་འཛིན་རྩེ་གཅིག་པའི་ཏིང་ངེ་འཛིན་དང་ལྡན་པའི་སེམས་ལ་ཡང་གཡེང་བའི་རྣམ་པར་རྟོག་པའི་རླུང་གི་མི་བསྐྱོད་པས་ན་བསམ་གཏན་དང་ལྡན་པའི་སེམས་བསྐྱེད་པ་ནི་རི་རབ
་དང་འདྲ་བའོ། །རྩིའི་རྒྱལ་པོ་འདྲ་བ་དང་ཞེས་བྱ་བ་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་བྱང་ཆུབ་ཀྱི་སེམས་ནི་རྩིའི་རྒྱལ་པོ་དང་འདྲ་བར་ཤེས་པར་བྱ་སྟེ། ཇི་ལྟར་ཞེ་ན། དཔེར་ན་རྩིའི་རྒྱལ་པོ་མཐོང་བ་དང། བསྣམས་པ་དང
་མྱངས་པ་དང་རེག་པས་ཀྱང། བད་ཀན་དང། མཁྲིས་པ་དང་རླུང་ལས་གྱུར་པའི་ནང་ཐམས་ཅད་ཞི་བར་བྱེད་པ་དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་མཉན་པ་དང། བསམས་པ་དང། བསྒོམས་པའི་སྒོ་ནས་ཉོན་མོངས་པ་དང། ཤེས་བྱེའི་སྒྲིབ
་པ་ཐམས་ཅད་ཞི་བར་བྱེད་པས་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་སེམས་ནི་སྨན་གྱི་རྒྱལ་པོ་དང་འདྲ་བའོ། །མཛའ་ཆེན་བཞིན་དུ་གཞན་རིག་བྱ་ཞེས་བྱ་བ་ལ། ཚད་མེད་པ་བཞི་དང་ལྡན་པའི་བྱང་ཆུབ
་ཀྱི་སེམས་ནི་མཛའ་བོ་ཆེན་པོ་འདྲ་བར་རིག་པར་བྱ་སྟེ། ཇི་ལྟར་ཞེ་ན། དཔེར་ན་མཛའ་བོ་ཆེན་པོ་དུས་གསུམ་དུ་ཡང་གྲོགས་བྱེད་དེ། བདེ་བའི་ཆེ་ཡང་གྲོགས་བྱེད་དེ། སྡུག་བསྔལ་གྱི་ཚེ་ཡང་གྲོགས་བྱེད་དེ། བདེ་བ་ཡང་མ་ཡིན་སྡུག་བསྔལ་ཡང
་མ་ཡིན་པའི་ཚེ་ཡང་གྲོགས་བྱེད་པ་དེ་བཞིན་དུ་ཚད་མེད་པ་བཞི་དང་ལྡན་པའི་བྱང་ཆུབ་ཀྱི་སེམས་ཀྱིས་ཀྱང་དུས་ཐམས་ཅད་དུ་སེམས་ཅན་ཡལ་བར་མི་འདོར་ཏེ། བདེ་བའི་དུས་ན་ཡང་སེམས་ཅན་མི་འདོར། །སྡུག་བསྔལ་གྱི་དུས་ན་ཡང་སེམས
་ཅན་མི་འདོར། བདེ་བ་དང་སྡུག་བསྔལ་གཉི་གའི་དུས་ན་ཡང་སེམས་ཅན་མི་འདོར་རོ། །ཇི་ལྟར་ཞེ་ན། སྙིང་རྗེས་མི་སྡུག་བསྔལ་གྱི་དུས་ནི་སེམས་མི་འདོར་ཏེ། སེམས་ཅན་སྡུག་བསྔལ་ལས་འབྱིན་པར་བྱེད་པའི་ཕྱིར་རོ། །བྱམས་པས
་ནི་བདེ་བའི་དུས་ན་སེམས་ཅན་མི་འདོར་ཏེ་སེམས་ཅན་བདེ་བ་ལ་འཇོག་པར་བྱེད་པའི་ཕྱིར་རོ། །དགའ་བས་གང་བདེ་བའི་དུས་ན་སེམས་ཅན་མི་འདོར་ཏེ་སེམས་ཅན་རྣམས་རྟག་ཏུ་བདེ་བ་དང་ལྡན་པར་དགའ་བའི་ཕྱིར་རོ། །བཏང་སྙོམས་ཀྱིས་བདེ་བ་དང
་སྡུག་བསྔལ་གཉི་གའི་དུས་ན་སེམས་ཅན་མི་འདོར་ཏེ། ཇི་ལྟར་ཞེ་ན། སེམས་ཅན་བདེ་བ་བྱུང་བ་རྣམས་འདོད་ཆགས་དང་ལྡན་པར་མ་གྱུར་ཅིག་ཅེས་སེམས་པ་དང་སྡུག་བསྔལ་གྱི་དུས་ན་ཞེ་སྡང་དང་ལྡན་པར་མ་གྱུར་ཅིག་ཅེས་སེམས་པའི་ཕྱིར
་རོ། །ཡིད་བཞིན་ནོར་བུ་འདྲ་བ་དང་ཞེས་བྱ་བ་ལ། མངོན་པར་ཤེས་པ་ལྔ་དང་ལྡན་པའི་བྱང་ཆུབ་ཀྱི་སེམས་ནི་ཡིད་བཞིན་གྱི་ནོར་བུ་དང་འདྲ་བར་ཤེས་པར་བྱ་སྟེ། དཔེར་ན་ཡིད་བཞིན་གྱི་ནོར་བུ་ལས་བཟའ་བ་དང་བགོ་བ་ལ་སོགས་པའི་ཡོ་བྱད
་ཅི་དང་ཅི་བསམས་པ་རྣམས་འབྱུང་བ་དེ་བཞིན་དུ་འགྲུབ་པ་དང་འདྲ་བར་རྫུ་འཕྲུལ་མངོན་པར་ཤེས་པ་དང། རྫུ་འཕྲུལ་གྱི་མིག་དང། རྫུ་འཕྲུལ་གྱི་རྣ་བ་དང། གཞན་གྱི་སེམས་ཤེས་པ་དང། སྔོན་གྱི་གནས་རྗེས་སུ་དྲན་པ་དང། འཆི་འཕོ་ཤེས་པས་ཀྱང་ལུས
་རྣམ་པ་སྣ་ཚོགས་སུ་སྤྲུལ་པ་དང། སེམས་ཅན་གྱི་གཟུགས་མཐོང་བར་བྱས་པ་དང། སྒྲ་ཐོས་པར་བྱ་བ་དང། སེམས་ཤེས་པར་བྱ་བ་དང། སྔོན་གྱི་དུས་ཤེས་པར་བྱ་བ་དང། ཕྱི་མའི་དུས་ཤེས་པར་བྱ་བ་ལ་སོགས་པར་ཇི་དང་ཅི་བསམS་པ་དེ་བཞིན་དུ་འགྲུབ་པས
་མངོན་པར་ཤེས་པ་ལྔ་དང་ལྡན་པའི་བྱང་ཆུབ་ཀྱི་སེམས་ཡིད་བཞིན་གྱི་ནོར་བུ་དང་འདྲའོ། །ཉི་མ་འདྲ་བར་གཞན་རིག་བྱ་ཞེས་བྱ་བ་ལ་གཞན་གྱི་བསྡུ་བའི་དངོས་པོ་བཞི་དང་སྦྱར་ཏེ། བསྡུ་བའི་དངོས་པོ་བཞི་དང་ལྡན་པའི་བྱང་ཆུབ་ཀྱི་སེམས་ནི་ཉི་མ་དང་འདྲ་བར
་རིག་པར་བྱ་སྟེ། དཔེར་ན་ཉི་མས་ལོ་ཐོག་རྣམ་པ་སྣ་ཚོགས་སྨིན་པར་བྱེད་པ་དེ་བཞིན་དུ། སྦྱིན་པ་དང། དག་སྙན་པ་དང། དོན་སྤྱོད་པ་དང། དོན་མཐུན་པས་ཀྱང་སེམས་ཅན་རྣམས་བསྡུས་ནས་སྨིན་པར་བྱེད་དེ། ཇི་ལྟ་ཞེ་ན། སེར་སྣ་ཅན་རྣམས་ནི་སྦྱིན་པས
་བསྡུས་ནས་དགེ་བ་ལ་བཀོད་ཞེ་སྡང་ཅན་རྣམས་ནི་དག་སྙན་པས་བསྡུས་ནས་དགེ་བ་ལ་བཀོད། གཏི་མུག་ཅན་རྣམས་ནི་དོན་སྤྱད་པས་བསྡུས་ནས་དགེ་བ་ལ་བཀོད། ང་རྒྱལ་ཅན་རྣམས་ནི་དོན་མཐུན་པས་བསྡུས་ནས་དགེ་བ་ལ་བཀོད་པས་ན་བསྡུ་བའི་དངོས་པོ
་དང་འདྲ་བའི་བྱང་ཆུབ་ཀྱི་སེམས་ནི་ཉི་མ་དང་འདྲ་བའོ། །དྲི་ཟའི་དབྱངས་དང་འདྲ་བ་དང་ཞེས་བྱ་བ་ལ། དཔེར་ན་དྲི་ཟ་དབྱངས་སྙན་པ་སྙན་ཅིང་འཇམ་པ་སེམས་ཅན་རྣམས་ཀྱིས་ཐོས་ན་སེམས་དགའ་བ་དང་བདེ་བ་སྐྱེ་བ་དེ་བཞིན་དུ་ཆོས་སོ་སོ་ཡང་དག་པར
་རིག་པ་དང། དོན་སོ་སོ་ཡང་དག་པར་རིག་པ་དང། ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པ་དང། སྤོབས་པ་སོ་སོ་ཡང་དག་པར་རིག་པ་བཞི་ཡིས་སེམས་ཅན་རྣམས་ལ་ཆོས་དང་དོན་གང་འདོད་པ་དེ་དག་སོ་སོའི་སྐྱེད?་ཀྱི་ཆོས་བཤད་ནས་དགའ་བ་དང་སིམ་
་བར་འགྱུར་བས་ན་སོ་སོ་ཡང་དག་པར་རིག་པ་བཞི་དང་ལྡན་པའི་སེམས་ནི་དྲི་ཟའི་དབྱངས་དང་འདྲའོ། །རྒྱལ་པོ་ལྟ་བུར་གཞན་ཞེས་བྱ་བ་ལ། གཞན་གྱི་སྒྲས་ནི་སོ་སོར་བརྟེན་པ་བཞི་ལ་བྱ་སྟེ། སོ་སོར་བསྟེན་པ་བཞི་དང་ལྡན་པའི
་བྱང་ཆུབ་ཀྱི་སེམས་ནི་རྒྱལ་པོ་ལྟ་བུར་ཤེS་པར་བྱ་སྟེ། ཇི་ལྟ་ཞེ་ན། རྒྱལ་པོ་ནི་ཆུང་ཟ་བའི་རྒྱུ་ཡང་བྱེད། ཆུང་མི་ཟ་བཱི་རྒྱུ་ཡང་བྱེད། གལ་བསྟེན་ལེགS་ན་ནི་སྲིད་དང་ལོངས་སྤྱོད་ལ་སོགས་པ་སྦྱིན་པར་བྱེད་པས་ཆུད་མི་ཟ་བའི་རྒྱུ་བྱེད་དོ། །བསྟེན་ཉེས་ན་ནི་སྲིད་དང་སྲོག་ལ་བབ་པས
་རྒྱུ་བྱེད་དོ། །དེ་བཞིན་དུ་གང་ཟག་དང། ཡི་གེ་དང། བཀྲི་བའི་དོན་གྱི་མདོ་དང། རྣམ་པར་ཤེས་པ་ལ་བརྟེན་ན་ནི་ཆུད་ཟ་བའི་རྒྱུར་འགྱུར། ཆོས་དང་དོན་དང་ངེས་པའི་དོན་གྱི་མདོ་དང་ཡེ་ཤེས་ལ་བརྟེན་ན་ནི་ཆུད་མི་ཟ་བའི་རྒྱུར་འགྱུར་བས་སོ། །བང?
་མཛོད་འདྲ་དང་ཞེས་བྱ་བ་ལ། བསོད་ནམས་ཡེ་ཤེས་ཀྱི་ཚོགས་དང་འདྲ་བའི་བྱང་ཆུབ་ཀྱི་སེམས་ནི་བར་མཛོད་དང་འདྲ་སྟེ། ཇི་ལྟ་ཞེ་ན་བང་མཛོད་ཀྱི་ནང་ན་འབྲུ་དང་ནོར་ལ་སོགས་པ་རྣམ་པ་མང་པོ་ཡོད་པ་དེ་བཞིན་དུ་བསོད་ནམས་ཀྱི་ཚོགས་དང་ལྡན་པའི་བྱང
་ཆུབ་ཀྱི་སེམས་ལ་ཡང་བསོད་ནམས་ཀྱི་ཚོགས་དཔག་ཏུ་མེད་པ་ཡོད་པ་དང། ཡེ་ཤེས་ཀྱི་ཚོགས་དང་ལྡན་པའི་བྱང་ཆུབ་ཀྱི་སེམས་ལ་ཡང་ཡེ་ཤེས་ཀྱི་ཚོགས་དཔག་ཏུ་མེད་པ་ཡོད་པའི་ཕྱིར་བང་མཛོད་དང་འདྲ་བའོ། །ལམ་པོ་ཆེ་ཞེས་བྱ་བ་ལ།
་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང་ལྡན་པའི་བྱང་ཆུབ་ཀྱི་སེམས་ནི་ལམ་ཆེན་པོ་དང་འདྲ་སྟེ་ཇི་ལྟ་ཞེ་ན། ལམ་པོ་ཆེར་དུས་གསུམ་གྱི་སེམས་ཅན་རྣམས་ཀྱང་འགྲོ་ལ་རྒྱལ་པོ་དང་བློན་པོ་དང་འབངས་ལ་སོགས་པ་ཡང་འགྲོ་ལ། དེ་བཞིན
་དུ་འདས་པའི་དེ་བཞིན་གཤེགས་པ་དང་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱང་ལམ་འདི་ནས་མྱ་ངན་ལས་འདས་པར་གཤེགས། ད་ལྟར་གྱི་དེ་བཞིན་གཤེགས་པ་དང་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱང་ལམ་འདི་ནས་མྱ་ངན་ལས་འདས་པར
་གཤེགས། མ་འོངས་པའི་དེ་བཞིན་གཤེགས་པ་དང་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱང་ལམ་འདི་ནས་མྱ་ངན་ལས་འདས་པའི་གནས་སུ་གཤེགས་པར་འགྱུར་བས་ན་ལམ་པོ་ཆེ་དང་འདྲའོ། །དེ་དང་འདྲ་བར་དེ་བཞིན་གཞན་ཞེས་བྱ་བ་ལ། གོང་དུ་སྐྱེས
་པ་དག་དཔེ་དང་སྦྱར་ཏེ་བཤད་པ་དེ་དང་འདྲ་བར་དེ་བཞིན་དུ་འོག་ནས་འབྱུང་བའི་སེམས་བསྐྱེད་པ་རྣམས་ཀྱང་དཔེ་དང་སྦྱར་ཏེ་བཤད་དོ་ཞེས་བྱ་བའི་དོན་ཏོ། །ཐེག་པ་འདྲ་པར་རྣམ་རིག་བྱ་ཞེས་བྱ་བ་ལ། ཞི་གནས་དང་ལྷག་མཐོང་དང་ལྡན་པའི་བྱང་ཆུབ་ཀྱི་སེམS
་ནི་ཐེག་པ་དང་འདྲ་བར་རིག་པར་བྱ་སྟེ། དཔེར་ན་རྟ་དང་གླང་པོ་དང་ཤིང་རྟ་ལ་སོགས་པའི་ཐེག་པས་ལུར?་ཁལ་རྣམས་ཁྱེར་ནས་གང་ལ་འགྲོ་ཟེར་བྱ་བའི་གནས་སུ་ཕྱིན་པ་འགྲོ་བ་དེ་བཞིན་དུ་ཞི་གནས་དང་ལྷག་མཐོང་ཟུང་དུ་འབྲེལ་པ་དང་ལྡན་པའི་སེམས་ཀྱིས
་ཀྱང་བདག་དང་གཞན་གྱི་དོན་དང་གྱི་ཁུར་བདེ་པར་ཁྱེར་ནས་མྱ་ངན་ལས་འདས་པའི་གནས་སུ་འགྲོ་བར་བྱེད་པའི་ཕྱིར་ཐེག་པ་དང་འདྲའོ། །བཀོད་མ་འདྲ་བར་སེམས་སྐྱེས་ནས་ཞེས་བྱ་བ་ལ། བཀོད་མ་ནི་ཆུ་མིག་གི་ཁྱད་པར་ལ་བྱ་སྟེ། གཟུངས་དང་སྤོབས་བ
་དང་ལྡན་པའི་བྱང་ཆུབ་ཀྱི་སེམས་ནི་ཆུ་མིག་ཁྱད་པར་ཅན་དང་འདྲའོ། །ཇི་ལྟར་ཞེ་ན། །དཔེར་ན་ཆུ་མིག་ཁྱད་པར་སྔོན་བྱུང་བའི་ཆུ་དག་ཀྱང་ལྟེངས་ནས་འཛིན་ཅིང་སྔོན་མ་བྱུང་བའི་ཆུ་ཡང་རྒྱུན་མི་འཆད་འབྱུང་བར་བྱེད་པ་དེ་བཞིན་དུ་གཟུངས་ཀྱིས་ནི་སྔོན་ཐོས
་པའི་ཆོས་དང་དོན་མི་བརྗེད་བར་བྱེད་ལ། སྤོབས་བས་ནི་སྔོན་མ་ཐོས་པའི་ཆོས་དང་དོན་རྟོག་པར་བྱེད་ཅིང་བསྐལ་པར་བཤད་ན་ཡང་སྤོམས་པ་ཟད་པར་མི་འགྱུར་བས་བཀོད་མ་དང་འདྲའོ། དགའ་བའི་སྒྲ་དང་མཚུངས་པ་དང་ཞེས་བྱ་བ
་ལ། ཆོས་ཀྱི་མདོ་བཞི་དང་ལྡན་པའི་བྱང་ཆུབ་ཀྱི་སེམས་ནི་དགའ་བའི་སྒྲ་དང་ལྡན། ཇི་ལྟར་ཞེ་ན། སེམས་ལ་ལ་ཞིག་ཉེ་དུ་དང་ནོར་རྫས་ལ་སོགས་པ་དང་བྲལ་བ་མི་དགའ་ཞིང་གནས་པ་ལS། འགའ་ཞིག་གིས་ཉེ་དུ་དང་ནོར་རྫས་ལ་སོགས་པ་དང་ཕྲད་པར་འགྱུར?
་རོ་ཞེས་གཏམ་སྙན་པ་སྨྲས་ན་སེམས་དགའ་བ་སྐྱེ་བ་དེ་བཞིན་དུ་མྱ་ངན་ལས་འདས་བ་དང་ཐར་པ་ཐོབ་པར་འདོད་པ་རྣམས་ཀྱིས་འདུས་བྱས་ཐམས་ཅད་མི་རྟག་པ་དང། ཟག་པ་དང་བཅས་པ་ཐམས་ཅད་སྡུག་བསྔལ་བ
་དང། ཆོས་ཐམས་ཅད་བདག་མེད་པ་དང། ཞི་བ་དང་མྱ་ངན་ལས་འདས་པའོ་ཞེས་བྱ་བའི་སྒྲ་ཐོས་ནས་བདུད་རྩིས་ཚིམ་པར་བྱས་པ་དེ་བཞིན་དུ་སེམས་དགའ་བ་སྐྱེ་བས་ན་ཆོས་ཀྱི་མདོ་བཞི་ནི་དགའ་བའི་སྒྲ་དང་མཚུངས་སོ། །ཀླུང་ཆེན་རྒྱུན་དང་འདྲ
་བའོ་ཞེས་བྱ་བ་ལ། བགྲོད་པ་གཅིག་པའི་ལམ་དང་ལྡན་པའི་བྱང་ཆུབ་ཀྱི་སེམས་ནི་ཆུ་བོའི་རྒྱུན་དང་འདྲ་སྟེ་ཇི་ལྟ་ཞེ་ན། དཔེར་ན་ཆུ་བོ་ཡང་འབད་རྩོལ་མེད་པས་རང་གི་ལྷུན་གྱིས་འབབ་པ་བཞིན་དུས་བརྒྱད་པའི་དུས་ན་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་སྟེ།
་རྣམ་པར་མི་རྟོག་པའི་ཡེ་ཤེས་ལྷུན་གྱིས་གྲུབ་པས་བདག་ཉིད་ཀྱི་སངས་རྒྱས་ཀྱི་ཆོས་ཡོངས་སུ་སྨིན་པར་བྱ་བ་དང། སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་ལ་འབད་རྩོལ་མེད་པར་རང་གིས་ལྷུན་གྱིས་གྲུབ་པར་བྱེད་པས་ན་ཆུ་བོའི་ཀླུང་དང་འདྲའོ། །རྒྱལ
་སྲས་རྣམས་ཀྱིས་སེམས་བསྙེད་བ། སྤྲིན་དང་འདྲ་བ་རབ་བསྟན་ཏེ་ཞེས་བྱ་བ་ལ། ཐབས་དང་ལྡན་པའི་སྲས་རྣམས་ཀྱི་བྱང་ཆུབ་ཀྱི་སེམས་ནི་སྤྲིན་དང་འདྲ་བར་བསྟན་ཏེ། དཔེར་ན་སྤྲིན་ཆེན་པོ་ལས་ས་གཞི་དང་ལོ་ཐོག་ལ་སོགས་པའི་འཇིག་རྟེན
་གྱི་འབྱོར་པ་སྣ་ཚོགས་འབྱུང་བ་དེ་བཞིན་དུ་ཐབས་དང་ཤེས་རབ་ཟུང་དུ་འབྲེལ་པའི་ཐབས་དང་ལྡན་པའི་བྱང་ཆུབ་ཀྱི་སེམས་ལས་ཀྱང་དགའ་ལྡན་གྱི་ཕོ་བྲང་ནས་འཆི་འཕོ་བ་བསྟན་པ་དང་ལྷུམས་སུ་གཤེགས་པ་ནས་མྱ་ངན་ལས་འདས་པ་བསྟན
་པའི་བར་དག་འབྱུང་བ་དང། འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་དང། མཐོ་རིས་དང་མྱ་ངན་ལས་འདས་པར་འགྱུར་བའི་ཆོས་རྣམས་སྣ་ཚོགས་འབྱུང་བས་སྤྲིན་དང་འདྲའོ། །དེའི་ཕྱིར་དེ་ལྟར་ཡོན་ཏན་ཕྱུག་ཅེས་བཤད་པ་ལ། གོང་དུ་བཤད
་བ་ལྟར་དཔེ་རྣམ་པ་ཉི་ཤུ་རྩ་གཉིས་ཀྱི་ཚུལ་གྱིས་ན་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱང་ཆུབ་དེ་ཡོན་ཏན་གྱིས་ཕྱུག་པ་ཡིན་ཏེ་དེ་བས་ན་དད་པ་དང་དགའ་བའི་སེམས་ཀྱིས་བྱང་ཆུབ་ཀྱི་སེམས་དེ་བསྐྱེད་པར་བྱའོ་ཞེས་བྱ་བའི་དོན་ཏོ། །སངས་རྒྱས་ཀྱི་ཆོས
་རྣམས་ཀྱི་ཚོགས་ཞེས་བྱ་བ་ལ། སངས་རྒྱས་ཀྱི་ཆོས་ནི་སྟོབས་དང་མི་འཇིགས་པ་དང་མ་འདྲེས་པ་ལ་སོགས་པའི་སངས་རྒྱས་ཀྱི་སར་གཏོགས་པའི་ཡོན་ཏན་ལ་བྱའོ། །ཆོགས་ཀྱི་སྒྲས་ནི་ས་བཅུ་དང་ཕ་རོལ་ཏུ་ཕྱིན་པ་བཅུ་ལ་སོགས་པ་ལ་བྱའོ། །རང་གི་རྒྱུན
་གྱིས་འབབ་པའི་ཕྱིར་ཞེས་བྱ་བ་ལ། དཔེར་ན་ཆུ་ཀླུང་འབད་རྩོལ་མེད་པར་རང་གི་དང་གིས་འབབ་པ་དེ་བཞིན་དུ་འགྲོད་པ་གཅིག་པའི་དུས་ན་ཡང་རྣམ་པར་མི་རྟོག་པ་ལྷུན་གྱིས་གྲུབ་པས་བདག་དང་གཞན་གྱི་དོན་འབད་རྩོལ་མེད་པར་བྱེད་དོ་ཞེས་བྱ
་བའི་དོན་ཏོ། །བགྲོད་པ་གཅིག་པའི་ལམ་གང་གི་ཚེ་ན་རྟོགས་ཤེས་ན་དེ་ཕྱིར། མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ་ན་བགྲོད་པ་གཅིག་སྟེ་ཞེས་སྨོས་ཏེ། ས་བརྒྱད་ཐོབ་པའི་ཚེ་ཆོས་ཐམས་ཅད་མ་སྐྱེས་པའོ་ཞེས་མི་སྐྱེ་བའི་ཆོས་ལ་བཟོད
་པ་ཐོབ་ཏེ། དེའི་ཚེ་རྣམ་པར་མི་རྟོག་པའི་ཡེ་ཤེས་ལྷུན་གྱིས་གྲུབ་པ་རྙེད་པ་བགྲོད་པ་གཅིག་པ་ཞེས་བྱའོ། །བགྲོད་པ་གཅིག་པའི་དོན་དམ་པའི་ཕྱིར་ས་དེར་སོང་བའི་བྱང་ཆུབ་སེམས་དཔའ་རྣམས་བྱ་བ་བྱེད་པ་ཐ་མི་དད་པའི་ཕྱིར་རོ་ཞེས་སྨོས་ཏེ།
་ས་བརྒྱད་པ་ལ་ཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་རྣམ་པར་མི་རྟོག་པའི་ལྷུན་གྱིས་གྲུབ་བས་སངས་རྒྱས་ཀྱི་ཆོས་ཡོངས་སུ་སྨིན་པར་བྱ་བ་དང། སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་ལ་ལྷུན་གྱིས་གྲུབ་པ་ཉིད་དུ་བྱེད་པར་འདྲ་སྟེ་ཐ་དད་མེད་པས
་ན་བགྲོད་པ་གཅིག་པའོ་ཞེས་བྱའོ། །སེམས་མ་སྐྱེས་པ་ལ་སྨད་པར་ཚིགས་སུ་བཅད་པ་ཞེས་བྱ་བ་ལ། གོང་དུ་བྱང་ཆུབ་གྱི་རྒྱུ་དང་རང་བཞིན་ལ་སོགས་པ་ཡང་བཤད། དཔེའི་སྒོ་ནས་ཡོན་ཏན་ཆེ་བར་ཡང་བརྗོད་ནས་བྱང་ཆུབ་ཀྱི་སེམས་དམ་པ་དེ་མ
་བསྐྱེད་ན་སྐྱོན་ཡོད་པ་དང་བདེན་པ་བཞི་མི་ཐོབ་བར་བསྟན་པའི་ཕྱིར་ཚིགས་སུ་བཅད་པ་རྩོམ་མོ་ཞེས་བྱ་བའི་དོན་ཏོ། །ཕ་རོལ་དོན་སེམས་དེ་ཐབས་རྙེད། །དགོངས་ཆེན་དོན་མཆོག་དེ་ཉིད་མཐོང། །ཆེར་འོས་སེམས་བསྐྱེད་སྤངས་པ
་ཡི། །སྐྱེ་བོས་བདེ་སྤངས་ཞི་བར་འགྲོ་ཞེས་བྱ་བ་ལ། ཐེག་པ་ཆེན་པོ་བྱང་ཆུབ་ཀྱི་སེམས་དེ་བྱང་ཆུབ་སེཾས་དཔའ་དང་དེ་བཞིན་གཤེགས་པས་བསྐྱེད་པར་འོས་པར་ཆེར་འོས་སེམས་བསྐྱེད་པ་ཞེས་བྱ་སྟེ། ཉན་ཐོས་དང་རང་སངས་རྒྱས་གང་གིས་བྱང་ཆུབ་ཀྱི་སེམས་དེ་སྤངས་ནས་ཡང
་སྐྱེས་ན་དེ་དག་གིས་བདེ་བ་བཞི་སྤངས་ཤིང། བདེ་བ་བཞི་དང་བྲལ་ནས། ཞི་བ་མྱ་ངན་ལས་འདས་པ་འབའ་ཞིག་ཏུ་འགྲོ་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེ་ལ་ཕ་རོལ་གྱི་དོན་ཕ་རོལ་ལ་ཕན་པར་བྱ་བ་སྟེ། དེ་བར་སྤངས་པ་ཕུན་སུམ་ཚོགས་པ་དང། ཡེ་ཤེས་ཕུན་སུམ
་རྫོགས་པ་ལ་བཞག་པའོ། །དེ་ལ་སྤངས་པ་ལ་རྣམ་པ་གཉིས་ཏེ། ཉོན་མོངས་པའི་སྒྲིབ་པ་སྤངས་པ་དང། ཤེས་བྱའི་སྒྲིབ་པ་སྤངས་པའོ། །ཡེ་ཤེས་ཀྱང་རྣམ་པ་གཉིས་ཏེ། གང་ཟག་ལ་བདག་མེད་པར་ཁོང་དུ་ཆུད་པའི་ཡེ་ཤེས་དང། ཆོས་ལ་བདག
་མེད་པར་ཁོང་དུ་ཆུད་པའི་ཡེ་ཤེས་སོ། །བྱང་ཆུབ་སེམས་དཔའ་དག་ཕ་རོལ་གྱི་དོན་ལ་སེམས་པ་ལས་བདེ་བ་མཆོག་སྐྱེ་སྟེ། བྱང་ཆུབ་ཀྱི་སེམས་དང་བྲལ་བ་དེ་ནི་བདེ་བ་དེ་ཡང་མི་འཐོབ་པོ་ཞེས་བྱ་བའི་དོན་ཏོ། །དེ་ཐབས་རྙེད་ཅེས་བྱ་བ་ལ། དེའི་སྒྲས?
་ནི་ཕ་རོལ་གྱི་དོན་དང་སྦྱར་ཏེ་ཕ་རོལ་གྱི་དོན་བསྒྲུབ་པར་བྱ་བའི་ཐབས་རྙེད་པ་ལས་བྱང་ཆུབ་སེམས་དཔའ་བདེ་བ་མཆོག་སྐྱེ་སྟེ་ཕ་རོལ་གྱི་དོན་གྱི་ཐབས་ནི་ཐབས་དང་ཤེས་རབ་པོ། །གང་གིས་བྱང་ཆུབ་ཀྱི་སེམས་དེ་སྤངས་པ་དེས་བདེ་བ་ཡང་མི་ཐོབ་པོ་ཞེས་བྱ་བའི
་དོན་ཏོ། །དགོངས་ཆེན་དོན་མཆོག་ཅེས་བྱ་བ་ནི་ཐེག་པ་ཆེན་པོའི་ཆོས་ཟབ་མོ་མ་སྐྱེས་པ་དང་མ་བྱུང་བ་དང། ཕ་བསད་པ་དང་མ་བསད་པ་ཞེས་བྱ་བ་ལ་སོགས་པ་དགོངས་པ་ཟབ་མོ་ཅི་ལ་དགོངས་ནས་བཤད་པའི་དོན་རྟོགས་པ་ལས་བྱང་ཆུབ་སེམས་དཔའ་
་རྣམས་བདེ་བ་མཆོག་སྐྱེ་སྟེ། བྱང་ཆུབ་ཀྱི་སེམས་མ་སྐྱེས་པ་དེ་ནི་བདེ་བདེ་ཡང་མི་འཐོབ་པོ་ཞེས་བྱ་བའི་དོན་ཏོ། །དེ་ཉིད་མཐོང་ཞེས་བྱ་བ་ལ། དེ་ཉིད་ནི་ཆོས་ལ་བདག་མེད་པ་བའི་དོན་ཏོ། །སེམས་བསྐྱེད་པ་དང་བསྔགས་པས་ངན་འགྲོ་དང་དཔའ་རྣམས་བདེ་བ་སྐྱེ་སྟེ། བྱང
་ཆུབ་ཀྱི་སེམས་སྤངས་པས་ནི་བདེ་བ་དེ་ཡང་མི་འཐོབ་པོ་ཞེས་བྱ་བའི་དོན་ཏོ། །སེམས་བསྐྱེད་པ་དང་བསྔགས་པས་ངན་འགྲོ་དང་ཡོངས་སུ་སྐྱོ་བས་མི་འཇིགས་པའི་ཕྱིར་ཚིགས་སུ་བཅད་པ་ཞེས་བྱ་བ་ལ། དོན་དམ་པའི་བྱང་ཆུབ་ཀྱི་སེམས་དེ་ཡང་ཡོན་ཏན་དང།
་ལེགས་པ་བརྗོད་པ་དང། ཡོན་ཏན་ལེགས་པ་ཡོད་པས་དོན་དམ་པའི་བྱང་ཆུབ་ཀྱི་སེམས་སྐྱེས་ན་ངན་སོང་གསུམ་དུ་སྐྱེ་བའི་འཇིགས་པ་ཡང་མེད། སེམས་ཅན་གྱི་དོན་གྱི་ཕྱིར་དཀའ་བ་རྣམ་པ་སྣ་ཚོགས་སྤྱོད་པས་སྐྱོ་བའི་འཇིགས་པ་མེད་པར་བསྟན
་པའི་ཕྱིར་ཚིགས་སུ་བཅད་པ་རྩོམ་མོ། །བློ་ལྡན་སེམས་མཆོག་སྐྱེས་མ་ཐག་ཏུ་ཡང། །མཛའ་ཡས་ཉེས་བ་བྱེད་ལས་སེམས་རབ་བསྡམས། །བདེ་དང་སྡུག་བསྔལ་ལ་ཡང་རྟག་ཏུ་དགའ་། །དགེ་ལྡན་སྙིང་རྗེ་གཉིས་ན་རྟག་པར་འཕེལ་ཞེས་བྱ་བ་ལ། བློ་ལྡན་ནི
་བྱང་ཆུབ་སེམས་དཔའ་ལ་བྱ་སྟེ། བདག་མེད་པ་གཉིས་ཁོང་དུ་ཆུད་པའི་ཡེ་ཤེས་ཡོད་པས་སོ། །སེམས་མཆོག་ནི་དོན་དམ་པའི་བྱང་ཆུབ་ཀྱི་སེམས་ལ་བྱ་སྟེ་ས་དང་པོར་དོན་དམ་པའི་བྱང་ཆུབ་ཀྱི་སེམས་དེ་སྐྱེས་ནས། ཆོས་ཀྱི་དབྱིངས་ཐམས་ཅད་དུ་འགྲོ
་བའི་མཚན་ཉིད་དུ་མཐོང་མ་ཐག་ཏུ་ནམ་མཁའ་ཨི་མཐས་གཏུགས་པའི་སེམས་ཅན་མཛའ་ཡས་པ་རྣམས་ལ་ལུས་དང་ངག་དང་ཡིད་གསུམ་གྱི་སྒོ་ནས་སྲོག་གཅོད་པ་དང། མ་བྱིན་པར་ལེན་པ་ལ་སོགས་པ་ཉེས་པར་བྱེད་པ་ལས་སེམས་བསྡམས་ཏེ། དེ་ཕན་ཆད་མི
་བྱེད་པའི་སྡོམ་པ་ཐོབ་པའོ། །དེ་ལྟར་སྡིག་པ་མི་བྱེད་པའི་སྡོམ་པ་ཐོབ་པས་ན་བྱང་ཆུབ་སེམས་དཔའ་དེ་ངན་སོང་གསུམ་དུ་སྐྱེ་བའི་འཇིགས་པ་མེད་དོ། །བྱང་ཆུབ་སེམས་དཔའ་རྣམས་ལྷ་དང་མི་ལ་སོགས་པའི་ལོངས་སྤྱོད་ཀྱི་བདེ་བ་མྱོང་བའི་ཚེ་ན་ཡང་ཡིད་བདེ
་ལ། ངན་སོང་ལ་སོགས་པ་དང། སེམས་ཅན་གྱི་དོན་དུ་མགོ་དང་རྐང་ལག་ལ་སོགས་གཏོང་བ་སྡུག་བསྔལ་མྱོང་བའི་དུས་ན་ཡང་ཡིད་བདེ་སྟེ། ཅིའི་ཕྱིར་ཞེ་ན། རྟག་ཏུ་དགེ་བའི་ཆོས་འཕེལ་བར་བྱས་པ་དང། རྟག་ཏུ་སྙིང་རྗེ་ཉིད་འཕེལ
་བར་བྱས་པའི་ཕྱིར། བདེ་བ་དང་སྡུག་བསྔལ་གཉི་གའི་དུས་ན་བདེ་བའོ། །དེ་ལ་དགེ་བ་འཕེལ་བར་བྱས་པས་ལྷ་དང་མི་ལ་སོགས་པའི་བདེ་བ་མྱོང་བའི་དུས་ན་ཡང་ལོངས་སྤྱོད་ལ་གནས་པའི་ཕྱིར་བདེའོ། །སྙིང་རྗེ་འཕེལ་བར་བྱ་བའི་ཕྱིར་སེམས་ཅན་གྱི་དོན
་དུ་ངན་སོང་གསུམ་དུ་གྲང་བ་དང་ཚ་བ་ལ་སོགས་པ་མང་པོ་མྱོང་བ་ཡང་སྐྱོ་བ་མེད་པས་ན་སྡུག་བསྔལ་གྱི་དུས་ན་ཡང་བདེའོ། །མི་བྱ་བ་བསྡམ་པར་ཚིགས་སུ་བཅད་པ་ཞེས་བྱ་བ་ལ། མི་བྱ་བ་ནི་མི་དགེ་བ་བཅུ་མི་བྱ་བ་སྟེ། གོང་དུ་དོན་དམ་པ་བྱང་ཆུབ
་ཀྱི་སེམས་སྐྱེས་མ་ཐག་ཏུ་མཛའ་ཡས་པའི་ཉེས་པ་བྱེད་པ་ལས་སེམས་བསྡམས་སོ་ཞེས་མདོ་ཙམ་དུ་བསྟཾ་བ་དེ་ཇི་ལྟར་བསྒོཾས?་བ་ཚིགས་སུ་བཅད་པ་ཅི་གིས་ཞིབ་ཏུ་བཤད་དོ་ཞེས་བྱ་བའི་དོན་ཏོ། །ནམ་ཞིག་ལུས་དང་སྲོག་ལ་མི་བལྟ་ཞིང་ཞེས་བྱ་བ་ལ། བྱང་ཆུབ
་སེམས་དཔའ་རྣམས་ནི་བདག་པས་ཆེས་སེམས་ཅན་ཕ་རོལ་པོ་གཅེས་ཤིང་འཕངས་པར་འཛིན་ཏེ། སེམས་ཅན་གྱི་དོན་ཞིག་ཏུ་འགྱུར་ན་ལུས་ལ་ཡང་མི་ལྟ་སྟེ་ལུས་གཏོང་བ་དང་སྲོག་ལ་ཡང་མི་ལྟ་སྟེ་སྲོག་ཀྱང་འདོར་རོ་ཞེS་བྱ་བའི་དོན་ཏོ། །གཞན་གྱི་དོན་ཕྱིར་རབ་ཏུ
་དལ་མེད་ན་ཞེས་བྱ་བ་ལ། གཞན་ཡང་སེམས་ཅན་མི་དགེ་བ་ལས་ཟློག་ཅིང་དགེ་བ་ལ་གཞག་པ་དང། བླ་ན་མེད་པའི་བྱང་ཆུབ་ཐོབ་པར་བྱ་བའི་ཕྱིར། བསྐལ་པ་གྲངས་མེད་པར་མགོ་དང་རྐང་ལག་ལ་སོགས་པ་གཏོང་པའི་དུས་སུ་སྡུག་བསྔལ་གྱིས
་ཀྱང་སྐྱོ་བ་མེད་དོ་ཞེས་བྱ་བའི་དོན་ཏོ། །དེ་ལྟ་བུ་དག་གཞན་གྱིས་གནོད་བྱས་པས། ཉེས་པ་བྱས་པའི་ལས་ལ་ག་ལ་འཇུག་ཅེས་བྱ་བ་ལ། དེ་ལྟར་གཞན་གྱི་དོན་དུ་ལུས་དང་སྲོག་ལ་ཡང་མི་ལྟ་ཞིང་སྡུག་བསྔལ་རྣམ་པ་སྣ་ཚོགས་ཉམས་སུ་ལེན་པ་དེ་སེམS
་ཅན་གཞན་གྱིས་བྱང་ཆུབ་སེམས་དཔའ་དེ་ལ་སྲོག་གཅོད་པ་ལ་སོགས་པའི་ཉེས་པ་བྱས་པས་དེའི་ལན་དུ་སྲོག་གཅོད་པ་ལ་སོགས་པའི་ཉེས་པ་བྱེད་པ་དང། བདག་གི་དོན་དང་སེམས་ཅན་གཞན་ལ་སྲོག་གཅོད་པ་ལ་སོགས་པའི་ཉེས་པ་བྱེད་པ་ལ་གང་ཞིག
་འཇུག་སྟེ། ཅུང་ཟད་ཀྱང་མི་འཇུག་གོ་ཞེས་བྱ་བའི་དོན་ཏོ། །སེམས་མི་ལྡོག་པར་ཚིགས་སུ་བཅད་པ་གཉིས་སོ་ཞེས་བྱ་བ་ལ། གལ་ཏེ་བྱང་ཆུབ་སེམས་དཔའ་དེ་ལུས་དང་སྲོག་ལ་ཡང་མི་ལྟ་བར་སེམས་ཅན་གྱི་དོན་བྱེད་དུ་ཟིན་ཀྱང་སྐབས་སུ་བྱང་ཆུབ་ཀྱི
་སེམས་ལས་བཟློག་གོ་སྙམ་དུ་སེམས་པ་ལ། བྱང་ཆུབ་སེམས་དཔའ་རྣམས་ནི་ཡེ་ཤེས་ཀྱི་ཚོགས་དང། བསོད་ནམས་ཀྱིས་ཚོགས་ཀྱིས་བརྟན་པས་བྱང་ཆུབ་ཀྱི་སེམས་ལས་བཟློག་མི་སྲིད་དོ་ཞེས་བསྟན་པའི་ཕྱིར་ཚིགས་སུ་བཅད་པ་གཉིས་སྨོས་སོ། །དེས
་ནི་ཆོས་ཀུན་སྒྱུ་མ་ལྟ་བུར་བརྟགས་ཞེས་བྱ་བ་ལ། བྱང་ཆུབ་སེམས་དཔའ་ཨི་ཡེ་ཤེས་ཀྱི་ཚོགས་ཀྱི་ཕྱི་དང་ནང་གི་ཆོས་ཐམས་ཅད་སྒྱུ་མ་དང་སྨིག་རྒྱུ་དང་རྨི་ལམ་ལྟ་བུར་རང་བཞིན་གྱིས་སྟོང་པར་མཐོང་ངོ་ཞེས་བྱ་བའི་དོན་ཏོ། །སྐྱེ་བསྐྱེད་མོས་ཚལ་དུ་འགྲོ་བ་བཞིན
་ཞེས་བྱ་བ་ལ། དཔེར་ན་སྐྱེད་མོས་ཚལ་ངན་པ་ནས་བཟང་པོར་འགྲོ་བས་ན། སྔོན་པས་ལྷག་པར་དགའ་བ་སྐྱེ་བ་དེ་བཞིན་དུ། བྱང་ཆུབ་སེམས་དཔའ་རྣམས་བསོད་ནམས་ཀྱི་ཚོགས་དང་ལྡན་པས་མི་ལ་སོགས་པའི་གནས་ནས་ཤི་འཕོས་ཏེ་མིའི་ལོངས་སྤྱོད
་བཏང་ནས་ལྟ་ལ་སོགས་པའི་གནས་ལེན་པས་ན་སྐྱེད་མོས་ཚལ་ངན་པ་བོར་ནས་བཟང་པོ་ལེན་བ་བཞིན་དུ་དགའ་བའི་མཆོག་སྐྱེའོ་ཞེས་བྱ་བའི་དོན་ཏོ། །འབྱོར་པའི་དུས་དང་ཞེས་བྱ་བ་ལ། བྱང་ཆུབ་སེམས་དཔའ་ལྷའི་གནས་སུ་སྐྱེས་ན་བརྒྱ་བྱིན་དང་ཚངS
་པ་ལ་སོཌ་པ་ལྷའི་བདག་པོར་འགྱུར་བ་དང། མིའི་ནང་དུ་སྐྱེས་ན་འཁོར་ལོས་སྒྱུར་བའི་རྒྱལ་པོ་ལ་སོགས་པ་མིའི་བདག་བོར་འགྱུར་བ་ནི་འབྱོར་པའི་དུས་ཤེས་བྱའོ། །རྒྱུད་པའི་དུས་ན་ཡང་ཞེས་བྱ་བ་ལ། ལོངས་སྤྱོད་བཏང་ནས་འཆི་བའི་དུས་ལ་བབ་པ་ནི་རྒུད་པའི་དུས
་ཞེས་བྱའོ། །ཉོན་མོངས་སྡུག་བསྔལ་དག་གིས་མི་འཇིགས་སོ་ཞེས་བྱ་བ་ལ། བྱང་ཆུབ་ཀྱི་སེམས་ལྡོག་པ་ནི་ཡང་ན་འདོད་ཆགས་ལ་སོགས་པའི་ཉོན་མོངས་པས་བཅིངས་པར་དོགས་བས་བྱང་ཆུབ་ཀྱི་སེམས་བོར་ནས་མྱ་ངན་ལས
་འདའ་བ་འམ། ཡང་སྐྱེ་བ་དང་རྒས་པ་ལ་སོགས་པའི་སྡུག་བསྔལ་གྱིས་འཇིགས་ནས་བྱང་ཆུབ་ཀྱི་སེམས་འདོར་གྲང་ན། བྱང་ཆུབ་སེམས་དཔའ་ཨི་ཡེ་ཤེས་ཀྱི་ཚོགས་ཀྱིས་ཆོས་སྒྱུ་མ་ལ་སོགས་པ་ལྟ་བུར་མཐོང་བས་ལྷ་དང་མི་ལ་སོགས་པའི་འབྱོར
་བའི་དུས་ན་ཡང་འདོད་ཆགས་ལ་སོགས་པས་ཉོན་མོངས་པས་མི་གོས་པའི་ཕྱིར། ཉོན་མོངས་པས་མི་འཇིགས་ལ། བྱང་ཆུབ་སེམས་དཔའ་བསོད་ནམས་ཀྱི་ཚོགས་ཀྱི་ཚེ་གཅིག་ཏུ་འཚོ་ཞིང་སྐྱེ་བ་ལེན་པས་ན་སྐྱེད་མོས་ཚལ་གཅིག་ནས་གཅིག་ཏུ་འཕོངས?
་འདྲ་པར་མཐོང་བས་སྐྱེ་བ་དང་རྒ་བའི་སྡུག་བསྔལ་གྱིས་འཇིགས་པ་མེད་པས་བྱང་ཆུབ་ཀྱི་སེམས་ག་ལ་ལྡོག་སྟེ་མི་སྡོག་གོ་ཞེས་བྱ་བཱི་དོན་ཏོ། །སྐྱེ་བ་སྐྱེད་མོས་ཚལ་དང་འདྲའོ་ཞེས་བསྟན་པའི་དོན་རྒྱས་པར་བཤད་པའི་ཕྱིར། རང་གི་ཡོན་ཏན་སེམས་ཅན
་ཕན་བར་དགའ་། །བསམས་བཞིན་སྐྱེ་དང་རྫུ་འཕྲུལ་རྣམ་པར་འཕྲུལ་རྒྱན་དང་ཟS་དང་ས་མཆོག་རྣམ་བཞི་སྟེ། །རྩེད་མོ་དགའ་བའི་སྙིང་རྗེ་མེད་ལ་མེད་ཅེས་སྨོས་ཏེ། སེམས་ཅན་དག་སྐྱེད་མོས་ཚལ་དུ་འགྲོ་བས་ན་རྣམ་པ་བཞི་བྱེད་དེ། ལུས་བཀྲུས
་ནས་རྒྱན་ལ་སོགས་པར་བྱེད་པ་དང། ས་གཞི་བདེ་བ་དག་ཏུ་གནས་པར་བྱེད་པ་དང། གླུ་གར་ལ་སོགས་པ་རྩེད་མོ་རྣམ་པ་སྣ་ཚོགས་བྱེད་པ་སྟེ་དེ་ལྟ་བུ་སྐྱེད་མོས་ཚལ་དུ་ནི་སེམས་འཇུག་ཅིང་ལྡོག་པ་མེད་དོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་
་ཚེ་གཅིག་ནས་གཅིག་གི་སྐྱེད་མོས་ཚལ་དུ་རྒྱུ་བས་ན་སྦྱིན་པ་དང་ཚུལ་ཁྲིམས་དང་ཏིང་ངེ་འཛིན་དང་གཟུགས་དང་ཤེས་རབ་ཀྱི་རྒྱན་ལ་སོགས་པ་རང་གི་ཡོན་ཏན་གྱི་རྒྱན་ཡིན་ནོ། །སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བར་དགའ་པའི་སེམS
་ནི་ཁ་ཟས་བཟང་པོ་ལྟ་བུའོ། །སེམས་ཅན་གྱི་དོན་དུ་ལྷ་དང་མི་ལ་སོགས་པའི་གནས་དེ་དང་དེ་དག་ཏུ་སྐྱེ་བར་བྱའོ་ཞེས་པ་སམས་བཞིན་དུ་སྐྱེ་བ་ནི་སྐྱེད་མོས་ཚལ་གྱི་མཆོག་དང་འདྲ་བའོ། །སེམས་ཅན་གྱི་དོན་དུ་མངོན་པར་ཤེས་པ་ལྔས་རྫུ་འཕྲུལ་རྣམ་པ་སྣ
་ཚོགས་མཛད་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྩེད་མོས་ཏེ་ཡོན་ཏན་དེ་བཞི་དང་ལྡན་ན་བྱང་ཆུབ་སེམས་ལས་ག་ལ་ལྡོག་སྟེ་མི་ལྡོག་གོ་ཞེས་བྱ་བའི་དོན་ཏོ། ཡོན་ཏན་དེ་བཞི་ཡང་བདག་དང་གཞན་གྱི་དོན་སྤངས་པ་སྙིང་རྗེ་མེད་བའི་ཉན་ཐོས་དང
་རང་སངས་རྒྱས་ལ་མི་སྲིད་དེ་མེད་དོ་ཞེས་བྱ་བའི་དོན་ཏོ། །སྡུག་བསྔལ་གྱི་འཇིགས་པ་བཟློག་པར་ཚིགས་སུ་བཅད་པ་ཞེས་བྱ་བ་ལ། དེ་ལྟར་བྱང་ཆུབ་སེམས་དཔའ་ཉོན་མོངས་པས་འཇིགས་པ་ཡང་མེད་འཆི་བའི་སྡུག་བསྔལ་གྱིས་འཇིགས་པ་མེད
་དུ་ཟིན་ཀྱང་འཁོར་བ་ན་སེམས་ཅན་གྱི་དོན་དུ་མགོ་དང་རྐང་ལག་ལ་སོགས་པ་གཏོང་བའི་སྡུག་བསྔལ་གྱི་འཇིགས་པར་འགྱུར་རོ་སྙམ་པ་ལ། སྡུག་བསྔལ་དེ་ཡང་མེད་པར་བསྟན་པའི་ཕྱིར་ཚིགས་སུ་བཅད་པ་རྩོམ་མོ་ཞེས་བྱ་བའི་དོན་ཏོ། །གཞན་ཕྱིར
་བརྩོན་ལྡན་སྙིང་རྗེ་ཅན་དག་ནི། དེ་དག་མནར་མེད་པའང་དགའ་འཛིན་ན། །གཞན་ལ་བརྟེན་པའི་སྡུག་བསྔལ་བྱུང་བ་ཡིས། །སྲིད་པ་དག་ན་དེ་འདྲ་ག་ལ་སྐྲག་ཅེས་བྱ་བ་ལ། གཞན་གྱི་ཕྱིར་ཞེས་བྱ་བ་ནི་སེམས་ཅན་གཞན་ཚེ་འདིར་མི་དགེ་བས། །
་བཟློག་ཅིང་དགེ་བ་ལ་བཞག་པ་དང། ཚེ་རབས་གཞན་དུ་མྱ་ངན་ལས་འདས་པ་དང། ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་གཞག་པ་ནི་གཞན་གྱི་ཕྱིར་ཞེས་བྱའོ། །དེའི་ཚེད་དུ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པ་ནི་བརྩོན་པ་དང་ལྡན་པ་ཞེས་བྱའོ། །སེམS
་ཅན་གཞན་དུ་སྡུག་བསྔལ་བས་བདག་ཀྱང་སྡུག་བསྔལ་བར་འགྱུར་བས་ན་སྙིང་རྗེ་ཅན་ཞེས་བྱ་སྟེ། བྱང་ཆུབ་སེམས་དཔའ་དེ་དག་ནི་སེམས་ཅན་གྱི་དོན་དུ་འགྱུར་ན་མནར་མེད་པའི་སེམས་ཅན་དམྱལ་བ་ན་གནས་ན་ཡང་དགའ་ཞིང་བདེ་བ་སྟེ། སྐྱེ་བ་མེད
་ན་སེམས་ཅན་གྱི་དོན་དུ་འཁོར་ན་མགོ་དང་རྐང་ལག་ལ་སོགས་པ་བཏང་བ་ཙམ་གྱི་སྡུག་བསྔལ་གྱིས་ག་ལ་སྐྲག་སྟེ་མི་སྐྲག་གོ་ཞེས་བྱ་བའི་དོན་ཏོ། །སེམས་ཅན་ཡལ་བར་འདོར་དུ་མི་རུང་བར་ཚིགས་སུ་བཅད་པ་ཞེས་བྱ་བ་ལ།
་དེ་ལྟར་བྱང་ཆུབ་ཀྱི་སེམས་ལས་ཀྱང་མི་ལྡོག་པ་སྡུག་བསྔལ་གྱིས་མི་སྐྲག་ཏུ་ཟིན་ཀྱང་བྱང་ཆུབ་ཀྱི་སེམས་དང་ལྡན་པ་དག་སེམས་ཅན་གྱི་དོན་མི་བྱེད་དེ་ཡལ་བར་འདོར་རོ་སྙམ་པ་ལ། བྱང་ཆུབ་ཀྱི་སེམས་དང་ལྡན་པ་རྣམས་ཀྱིས་སེམས་ཅན་གྱི་དོན་འདོར་དུ་མི
་རུང་བར་བསྟན་པའི་ཕྱིར་ཚིགས་སུ་བཅད་པ་རྩོམ་མོ་ཞེས་བྱ་བའི་དོན་ཏོ། །སློབ་དཔོན་ཐུགས་རྗེ་ཆེན་པོས་རྟག་ཏུ་བརྟེན་ཅེས་བྱ་བ་ལ། འཇིག་རྟེན་ན་བདག་གི་དོན་དུ་བྱ་བ་རྣམས་ལ་གཞན་གྱིས་མ་བསྐུལ་བར་མ་བྱས་ན་ཡང་ངོ་ཚ་ཞིང་ཁྲེལ་བ་ཡིན་ན་གཞན་གྱིས
་བདག་གི་དོན་དུ་བྱ་བ་ལ་གཞན་གྱིས་བསྐུལ་ཏེ་མ་བྱས་ན་ཧ་ཅང་ཁྲེལ་ཅེས་པའོ། །དེ་ལྟ་བུ་ཡིན་པ་ལས་སློབ་དཔོན་དང་མཁན་པོ་འཛངས་པ་ལ་བརྟེན་པ་རྣམས་ནི་གདོན་མི་ཟ་བར་གཞན་གྱིས་བསྐུལ་མ་དགོས་པར་བདག་དོན་བྱེད་པར་འགྱུར་རོ། །དེ་དང་འདྲ
་པར་བྱང་ཆུབ་སེམས་དཔའ་རྣམས་ནི་སེམས་ཅན་སྡུག་བསྔལ་བ་རྣམས་ལ་རྟག་ཏུ་དོན་གྱིས་ཅི་ཞིག་ཅེས་བསྐུལ་བའི་སྙིང་རྗེ་ཆེན་པོའི་སློབ་དཔོན་གྱིས་རྒྱུན་དུ་བརྟེན་ཏེ། སེམས་ཅན་གྱི་དོན་བྱ་བར་བསྐུལ་མི་འདེབས་སོ། །ཞེས་བྱ་བའི་དོན་ཏོ། །ཕ་རོལ་སྡུག
་བསྔལ་བས་ནི་སེམས་གདུངས་ན་ཞེས་བྱ་བ་ལ། གཞན་ཡང་བྱང་ཆུབ་སེམས་དཔའ་རྣམས་ལ་སློབ་དཔོན་སྙིང་རྗེ་ཆེན་པོས་བརྟེན་པར་མ་ཟད་ཀྱི། སེམས་ཅན་གཞན་གྱི་སྡུག་བསྔལ་བ་མཐོང་ན་ཤིན་དུ་བདག་ཉིད་སྡུག་བསྔལ་བར་འགྱུར་བའི་རང་བཞིན་ཅན
་གདོད་བདག་དང་གཞན་གྱི་དོན་འགྲུབ་ཀྱི་སྒྲུབ་པ་མེད་ན་མི་འགྲུབ་པས་སེམས་བསྐྱེད་པའི་རྗེས་ལ་སྒྲུབ་པའི་སྐབས་བཤད་པར་འབྲེལ་ཏོ། །ཡང་ན་གོང་དུ་རིགས་ལ་གནས་པས་བྱང་ཆུབ་ཏུ་སེམས་བསྐྱེད་ནས་བྱང་ཆུབ་སེམས་དཔའ་ཨི་བསླབ་པ་ལ་བསླབ་པར་བྱའོ
་ཞེས་བཤད་པ་ལ། ད་ཅི་ལ་དམིགས་ནས་བྱང་ཆུབ་སེམས་དཔའ་ཨི་བསླབ་པ་ལ་སློབ་པར་བྱེད་པའི་བསླབ་པའི་དམིགས་པའི་ཁྱད་པར་སྟོན་ཏོ། །བསླབ་པའི་དམིགས་པ་འཁྱད་པར་ཡང་རྣམ་པ་ལྔ་སྟེ། བདག་དང་གཞན་གྱི་དོན་དང། དེ་ཁོ་ནའི་དོན་དང། མཐུ་དང། ཡོངS
་སུ་སྨིན་པ་དང། བླ་ན་མེད་པའི་བྱང་ཆུབ་པོ། །དེ་ལྔ་ཡང་ཉན་ཐོས་ལ་སོགས་པ་ལས་ཁྱད་ཞུགས་ཏེ་ཇི་ལྟ་ཞེ་ན། ཉན་ཐོས་རྣམས་ཀྱི་བསླབ་པ་ནི་བདག་གི་དོན་ལ་དམིགས་པ་དང། གང་ཟག་ལ་བདག་མེད་པའི་དེ་ཁོ་ནའི་དོན་ཡིན་པ་དང། སྟོང་གསུམ
་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་གཅིག་ཙམ་གྱི་ནང་དུ་རྫུ་འཕྲུལ་བྱེད་ནུས་པས་མཐུ་ཆུང་བ་དང། བདག་ཡོངས་སུ་སྨིན་པར་བྱེད་པ་དང། ཉན་ཐོས་ཀྱི་བྱང་ཆུབ་ལེན་པ་ཙམ་དུ་ཟད་ཀྱི་བྱང་ཆུབ་སེམས་དཔའ་ནི་དེ་ལས་ཀུན་བཟློག་པ་སྟེ། བདག་དང
་གཞན་གྱི་དོན་ལ་དམིགས་པ་དང། གང་ཟག་དང་ཆོས་ལ་བདག་མེད་པ་དེ་ཁོ་ནའི་དོན་ཡིན་བ་དང། རྫུ་འཕྲུལ་ཡང་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་འཇུག་པ་དང། བདག་དང་སེམས་ཅན་གཉིས་ཀ་སྨིན་པར་བྱེད་པ་དང། བླ་ན་མེད་པའི་བྱང
་ཆུབ་ལེན་པས་ཁྱད་ཞུགས་ཏེ། དེ་ལ་ཡང་བདག་དང་གཞན་གྱི་དོན་དང་དེ་ཁོ་ནའི་དོན་དང། མཐུ་དང། ཡོངས་སུ་སྨིན་པར་བྱེད་པ་དང། བཞི་ལ་ནི་རྒྱུའི་མཚན་ཉིད་ལྟ་བུར་དམིགས། བླ་ན་མེད་པའི་བྱང་ཆུབ་ལ་ནི་འབྲས་བུའི་མཚན་ཉིད་ལྟ་བུར་དམིགས་པས། སེམS
་བསྐྱེད་པའི་རྗེས་ལ་བསྒྲུབ་པའི་སྐབས་བཤད་པར་འབྲེལ་ཏོ། །ཡང་ན་གོང་དུ་རིགས་ལ་གནས་པས་བྱང་ཆུབ་ཏུ་སེམས་བསྐྱེད་ནས་བྱང་ཆུབ་སེམས་དཔའ་ཨི་བསླབ་པ་ལ་སླབ་པར་བྱ་སྟེ། བྱང་ཆུབ་སེམས་དཔའ་ཨི་བསླབ་པ་ཡང་གང་ལ་བསླབ་པར་བྱ་བ་དང། ཇི
་ལྟར་བསླབ་པར་བྱ་བ་དང། གང་གིས་བསླབ་བར་བྱ་བ་དང་རྣམ་པ་གསུམ་མོ་ཞེས་སྨོས་པ་ལ། གང་ལ་བསླབ་པར་བྱ་བ་དེ་སྟོན་ཏེ། གང་ལ་བསླབ་པར་བྱ་ཞེ་ན། བདག་དང་གཞན་གྱི་དོན་ལ་སོགས་པ་རྣམ་པ་ལྔ་ལ་བསླབ་པར་བྱ་སྟེ། རྣམ་པ་ལྔ་པོ་དེ?་ཡང
་བསྒྲུབ་པ་ལ་གནས་པ་རྣམས་ཀྱིས་འགྲུབ་པར་ནུས་ཀྱི་སྒྲུབ་པ་མེད་པ་རྣམས་ཀྱིས་འགྲུབ་པར་མི་ནུས་པར་བསྟན་པའི་ཕྱིར་སེམས་བསྐྱེད་པའི་རྗེས་ལ་སྒྲུབ་པའི་སྐབས་བཤད་པར་འབྲེལ་ཏོ། །གནས་རྩོམ་འབྲས་བུ་སྐྱེ་བ་ཆེ་བདག
་ཉིད། །རྒྱལ་སྲས་རྣམས་ཀྱི་སྒྲུབ་པ་ཡིན་པར་འདོད་ཅེས་བྱ་བ་ལ། རྒྱལ་བ་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་དང། ཆོས་ཀྱི་དབྱིངས་ལ་སྟེ། དེ་གཉིས་རྟོག་པ་ལས་སྐྱེས་པ་རྣམས་ནི་རྒྱལ་བའི་སྲས་ཞེས་བྱ་སྟེ། དངོས་སུ་བྱང་ཆུབ་སེམས་དཔའ་ལ་བྱའོ། །བྱང་ཆུབ
་སེམས་དཔའ་རྣམས་ཀྱི་སྒྲུབ་པ་ནི་བསླབ་པ་གསུམ་ལྟ་བུའི་མཚན་ཉིད་ཡིན་པར་འདོད་དེ། གང་ཞེ་ན། གནས་ཆེ་བའི་བདག་ཉིད་དང། རྩོན་པ་ཆེ་བའི་བདག་ཉིད་དང། འབྲས་བུ་ཆེ་བའི་བདག་ཉིད་དུ་འདོད་དོ། །དེ་ལ་དང་པོ་བྱང་ཆུབ་ཏུ་སེམས་བསྐྱེད་པ་ན་སེམས
་ཅན་ཐམས་ཅད་བླ་ན་མེད་པའི་བྱང་ཆུབ་ཏུ་བསྒྲལ་པར་བྱའོ་ཞེས་སེམས་བསྐྱེད་པ་དེ་ལས་སྒྲུབ་པ་བྱུང་བས་ན། སྒྲུབ་པ་དེ་གནས་ཆེ་བའི་བདག་ཉིད་དོ། །དེ་ལྟར་སེམས་བསྐྱེད་ནས་མོས་པ་སྤྱོད་པའི་ས་ཡན་ཆད། ས་བཅུ་མན་ཆད་ཀྱི་དུས་ན་བདག་དང་གཞན་གྱི
་དོན་དག་བྱེད་པ་རྩོམ་པ་ཆེ་བའི་བདག་ཉིད་དུ་འདོད་དོ། །དེ་ནས་སངས་རྒྱས་ཀྱིས་ཀུན་དུ་འོད་དུ་བླ་ན་མེད་པའི་བྱང་ཆུབ་ཀྱི་འབྲས་བུ་མེད་པར་འབྲས་བུ་ཡིན་ནོ་ཞེS་བྱ་བའི་དོན་ཏོ། །གཞན་གྱི་བྱ་བ་ཉེ་བར་གནས་པ་ལ། གཞན་གྱིས་བསྐུལ་བ་ཤིན་དུ་ངོ་ཡང་ཚ་ཞེས་བྱ་བ་ལ།
་དེ་ལྟར་སློབ་དཔོན་སྙིང་རྗེ་ཆེན་པོས་ཡང་བསྟེན་གཞན་སྡུག་བསྔལ་བས་ཀྱང་བདག་སྡུག་བསྔལ་བའི་རང་བཞིན་ཅན་ཡང་ཡིན་པ་དེ་སེམས་ཅན་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་གཞག་པའི་སྐབས་སུ་བབ་ལ། སེམས་ཅན་གྱི་དོན་བྱེད་པ་རྣམས་དགེ་བའི་བཤེས
་གཉེན་གྱིས་བསྐུལ་ནས་དོན་བྱེད་བར་གྱུར་ལ། བྱང་ཆུབ་སེམས་དཔའ་ལྷག་པར་ངོ་ཚ་བ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ལེ་ལོ་ལ་ཡོངས་སུ་སྨད་པའི་ཚིགས་སུ་བཅད་པ་ཞེས་བྱ་བ་ལ། བྱང་ཆུབ་སེམས་དཔའ་བདག་དང་གཞན་གྱི་དོན་དུ་བྱང་ཆུབ་ཏུ་སེམས་བསྐྱེད
་ནས་བརྩོན་འགྲུས་བསྙུར་ཏེ་བྱ་དགོས་ཀྱི། ལེ་ལོ་བྱར་མི་རུང་བར་བསྟན་པའི་ཕྱིར་ཚིགས་སུ་བཅད་པ་རྩམ་མོ་ཞེས་པའི་དོན་ཏོ། །སེམས་ཅན་དག་གི་ཁུར་ཆེན་མགོས་ཁྱེར་ལ། །སེམས་ཅན་མཆོག་ནི་དལ་གྱིས་འགྲོ་མི་མཛེས། །བདག་དང་གཞན་གྱི་རྣམ་མང་བཅིང
་བས་བཅིངས། །བརྒྱ་འགྱུར་དུ་ནི་བརྩོན་འགྲུས་བྱ་བར་རིགས་ཞེས་བྱ་བ་ལ། འཇིག་རྟེན་ཡང་ཁུར་ཆེན་པོ་ཁྱེར་ལ་ལམ་རིང་པོར་འགྲོ་བ་རྣམས་མ་བསྙུང་བར་དལ་གྱིས་སོང་ན་གནས་དེར་ཕྱིན་པར་མི་འགྱུར་བ་དེ་བཞིན་དུ། བྱང་ཆུབ་སེམས་དཔའ་སེམས་ཅན
་ཐམས་ཅད་བླ་ན་མེད་པའི་བྱང་ཆུབ་ཏུ་བསྒྲལ་ལོ་ཞེས་བྱ་བའི་ཁུར་མགོས་ཁྱེར་ཏེ་གཅེས་པར་བྱས་ནས་བྱང་ཆུབ་ཀྱི་སེམས་བསྐྱེད་དེ་སངས་རྒྱས་གྱི་སར་འགྲོ་དགོས་པ་དེ་ཕ་རོལ་ཏུ་ཕྱིན་པ་དྲུག་སྤྱོད་པ་ལ་བརྩོན་འགྲུས་དལ་གྱིས་འཇུག་པར་མི་རིགས་ཏེ། ཅིའི་ཕྱིར་ཞེ་ན།
་དཔེར་ན་འཕགས་པ་ཉན་ཐོས་ལྟ་བུ་བདག་འབའ་ཞིག་གི་དོན་དུ་བྱེད་ལ། བདག་ཉིད་ཀྱིས་ལས་དང་ཉོན་མོངས་པ་དང་ཆེ་བའི་བཅིང་བ་གཅོད་པར་རྩོམ་པ་ཡང་གཙུགས་ཤིང་ལ་མེ་འབྱུང་བ་བཞིན་དུ་བརྩོན་འགྲུས་བསྙུང་ནས་ཚེ་གསུམ་མམ། བདུན་གྱིས་རང་གི
་འབྲས་བུ་ཐོབ་པར་བྱེད་ན་བྱང་ཆུབ་སེམས་དཔའ་བདག་དང་གཞན་གཉི་གའི་རྒྱུད་ལ་ཡོད་པའི་ལས་དང་ཉོན་མོངས་པ་དང་འཆེ་བའི་བཅིང་བས་བཅིངས་པ་དེ་བསལ་བར་བྱ་བའི་ཕྱིར། ལེ་ལོ་བྱ་བར་མི་རིགས་ཀྱི་ཉན་ཐོས་བས་བརྒྱ་སྟོང་དུ་མས་བླགས་ཏེ། བརྩོན
་འགྲུས་བརྩམས་པའི་རིགས་སོ་ཞེས་བྱ་བའི་དོན་ཏོ། །བཅིང་བ་གསུམ་ནི་མངོན་པའི་ཆོས་མཛོད་ལ། །མཚམས་མེད་པའི་ལས་རྣམས་དང། །ཉོན་མོངས་མི་བཟད་ངན་འགྲོ་དང། །སྒྲ་མི་སྙན་དང་འདུ་ཤེས་མེད། །སྒྲིབ་པ་དག་ནི་གསུམ་དུ་འདོད། །དེ་ལ
་མཚམས་མེད་པ་ལྔ་ལས་ཀྱིས་བཅིངས་པའོ། །འདོད་ཆགས་དང་ཞེ་སྡང་ཆེན་པོ་ནི་ཉོན་མོངས་པའི་བཅིང་བའོ། །ངན་སོང་གསུམ་དང་བྱང་གི་སྒྲ་མི་སྙན་དང་འདུ་ཤེས་མེད་པའི་ལྷར་སྐྱེས་པ་ནི་ཆེའི་འཆིང་བའོ། །བྱང་ཆུབ་ཏུ་སེམས་བསྐྱེད་པ་ལྷག་པར་བྱ་བའི
་སྐབས་རྫོགས་སོ།། །།སེམས་བསྐྱེད་པའི་སྐབས་ཀྱི་རྗེས་ལ་སྒྲུབ་པའི་སྐབས་བཤད་པར་ཅིས་འབྲེལ་ཅེ་ན། གོང་དུ་སེམས་ཅན་དག་གི་ཁུར་ནི་མགོས་ཁྱེར་ལ། །སེམས་ཅན་མཆོག་ནི་དལ་གྱིས་འགྲོ་མི་མཛེས།
་བདག་དང་གཞན་གྱི་རྣམ་མང་བཅིང་བས་བཅིངS། །བརྒྱ་འགྱུར་དུ་ནི་བརྩོན་འགྲུས་བྱ་བར་རིགས། ཞེས་བྱ་བ་སྨོས་ཏེ། ཕ་རོལ་ཏུ་ཕྱིན་པ་ལ་སྒྲུབ་པ་མེད་ན། སེམས་བསྐྱེད་པ་ཙམ་གྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མི་འཐོབ་སྟེ། དེ་བས་ན་སེམས
་བསྐྱེད་ལ་གདོན་མི་ཟ་བར་སྒྲུབ་པ་བརྩམ་དགོས་སོ། །དེའི་ཕྱིར་བྱང་ཆུབ་སེམས་དཔའ་ཨི་སྒྲུབ་པ་ནི་གནས་ཆེན་པོ་སྟེ། བྱང་ཆུབ་ཀྱི་སེམས་ལ་གནས་པའི་ཕྱིར་རོ་ཞེས་འོག་ནས་ཀྱང་བཤད་དོ། །དེ་ལྟ་བས་ན་བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ
་ལ་བརྟེན་ནས་སྒྲུབ་བ་ལ་འཇུག་པར་བྱ་སྟེ། སེམས་ཀྱང་བསྐྱེད། སྒྲུབ་པ་ལ་གནས་ནས་བདག་ཉིད་དེ། དེའི་ཕྱིར་ན་བྱང་ཆུབ་སེམས་དཔའ་ཨི་སྤྱོད་པ་ནི་ཐོག་མར་ཡང་དགེ། བར་དུ་ཡང་དགེ། ཐ་མར་ཡང་དགེ་བ་ཞེས་བྱའོ། །དེ་ལ་གནས་ཆེ་བས་ཐོག
་མར་དགེའོ། །རྩོམ་པ་ཆེ་བས་བར་དུ་དགེའོ། །འབྲས་བུ་ཆེ་བས་ཐ་མར་དགེའོ། །དེ་ལྟར་ཆེ་བ་རྣམ་པ་གསུམ་དང་ལྡན་པ་ཡིན་པས་ན། རྟག་ཏུ་ལེན་པ་ཆེན་པོ་བཟོད་པ་ཆེ། །དོན་ཆེན་ཡང་དག་བསྒྲུབ་པའི་བྱ་བ་བྱེད་ཅེས་སྨོས། དང་པོ་བྱང་ཆུབ
་ཏུ་སེམས་བསྐྱེད་པ་ན་སེམS་ཅན་ཐམS་ཅད་བླ་ན་མེད་པའི་བྱང་ཆུབ་ཏུ་བསྒྲལ་བར་བྱའོ་ཞེས་ཁས་བླངས་པས་ན་ལེན་པ་ཆེའོ། །དེ་ནས་མོས་པ་སྤྱོད་པའི་ས་ཡན་ཆད་ས་བཅུ་མན་ཆད་ཀྱི་དུས་ན་བདག་དང་གཞན་གྱི་དོན་དུ་དཀའ་བ་སྤྱོད་པ་རྣམ་པ་སྣ་ཚོགས་ཀྱིས
་མི་སྐྱབས་ན་བཟོད་པ་ཆེ་བའོ། །མཇུག་ཏུ་སངས་རྒྱས་ཀྱི་ས་དེའི་ཚེ་བླ་ན་མེད་པའི་བྱང་ཆུབ་ཏུ་སངས་རྒྱས་ནས་བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་བསྒྲུབ་པས་ན། དོན་ཆེན་པོ་ཡང་དག་པར་བསྒྲུབ་པའི་བྱ་བ་བྱེད་པ་ཞེས་བྱའོ། །བདག་དང་གཞན
་གྱི་དོན་ལ་ཁྱད་བར་མེད་པའི་ཚིགས་སུ་བཅད་པ་ཞེས་བྱ་བ་ལ། སེམས་བསྐྱེད་ནས་སྒྲུབ་པ་ལ་གནས་པར་བྱའོ་ཞེས་གོང་དུ་སྨོས་ཏེ། དེ་ཡང་བདག་གི་དོན་སྒྲུབ་པ་དང། གཞན་གྱི་དོན་སྒྲུབ་པར་བྱའོ། །དེ་ལ་བདག་གི་དོན་ནི་ཉོན་མོངས་པ་དང་སྡུག་བསྔལ
་སྤངས་པ་དང། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བདེ་བ་ཐོབ་པར་བྱ་སྟེ་།ཇི་ལྟར་བདག་ལ་དེ་ལྟར་སྒྲུབ་པ་དེ་བཞིན་དུ་སེམས་ཅན་གཞན་ལ་ཡང་དེ་དང་འདྲ་བར་སྒྲུབ་པར་བྱེད་དོ་ཞེས་བསྟན་པའི་ཕྱིར་ཚིགས་སུ་བཅད་པ་རྩོམ་མོ། །ཞེས་བྱ་བའི
་དོན་ཏོ། །གཞན་ཡང་བདག་ཏུ་མཉམ་པའི་སེམས་རྙེད་པ་ཞེས་བྱ་བ་ལ། དེ་ཁོ་ན་མངོན་སུམ་དུ་མ་གྱུར་ཀྱང་བདག་གི་སེམས་བསྐྱེད་པས་མོས་པ་སྤྱོད་པའི་ས་ན་མཉན་པ་དང། སེམས་པ་ལ་སོགས་པའི་སྒོ་ནས་ཡེ་ཤེས་ཀྱི་ཚོགས་ཀྱིས་བདག་གང་ཡིན
་པ་སེམས་ཅན་གཞན་ཡང་དེ་ཡིན། །གཞན་གང་ཡིན་པ་བདག་ཀྱང་དེ་ཡིན་ཞེས་བདག་དང་སེམས་ཅན་གཞན་དུ་སེམས་མཉམ་པ་རྙེད་པ་དང། ས་དང་པོ་ཐོབ་པའི་དུས་ན་ཆོས་ཀྱི་དབྱིངས་ཐམས་ཅད་དུ་འགྲོ་པའི་མཚན་ཉིད་དུ་རྟོགས་པས་བདག་དང་གཞན
་དུ་སེམས་མཉམ་པ་ཉིད་རྙེད་དོ་ཞེས་བྱ་བའི་དོན་ཏོ། །ཡང་ན་བདག་པས་གཞན་མཆོག་སྡུག་བྱེད་པ་ཞེས་བྱ་བ་ལ། ཡེ་ཤེས་ཀྱིས་བདག་དང་གཞན་མཉམ་ཉིད་དུ་རྟོགས་པ་ཡང་མ་ཟད་ཀྱི། སྙིང་རྗེ་ཆེན་པོས་བདག་པས་ཀྱང་ལྷག་པར་གཞན་ལ་སྡུག་པ་དང་གཅེས
་པ་དང་ཕངS་པར་བྱེད་དོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་བདག་པས་གཞན་དོན་མཆོག་ཏུ་ཤེས། བདག་གི་དོན་དང་གཞན་གྱི་དོན་ཀྱང་གང་ཞེས་བྱ་བ་ལ། གོང་དུ་བཤད་པ་ལྟར་ཡེ་ཤེས་ཀྱིས་ནི་བདག་དང་གཞན་མཉམ་པ་ཉིད་དུ་རྟོགས། སྙིང་རྗེས་བདག་པས་སེམས
་ཅན་གཞན་ལ་གཅེས་པར་འཛིན་ཏེ་གཞན་གྱི་དོན་བྱ་བ་ལ་མཆོག་ཏུ་སེམས་པའི་བྱང་ཆུབ་སེམས་དཔའ་དེ་དག་ལ་འདི་ནི་བདག་གི་དོན། འདི་ནི་གཞན་གྱི་དོན་ཤེས་ཐ་དད་པར་དབྱེ་བ་ཅི་ཡང་མེད་ཀྱི་དོན་བྱས་གང་གཞན་གྱི་དོན་བྱས་པ་དེ་ཉིད་བདག་གི་དོན་ཡང
་དེ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ་།གཞན་གྱི་དོན་ཁྱད་པར་དུ་བྱ་བའི་ཚིགས་སུ་བཅད་པ་ཞེས་བྱ་བ་ལ་གོང་དུ་བྱང་ཆུབ་ཆུབ་སེམས་དཔའ་རྣམས་ནི་བདག་པས་གཞན་ལ་གཅེས་པར་བྱེད་དོ་ཞེས་བཤད་པ་ཇི་ལྟར་ན་བདག་པས་གཞན་ལ
་གཅེས་པར་བྱེད་པ་ཞེས་བསྟན་པའི་ཕྱིར་ཚིགས་སུ་བཅད་པ་རྩོམ་མོ་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་སྙིང་རྗེའི་བདག་ཉིད་གཞན་དོན་ཕྱིར། །བདག་ལ་སྡུག་བསྔལ་གདུང་བར་བྱེད་པ་ལྟར། ཇི་ལྟར་འཇིག་རྟེན་པ་དག་དགྲ་དག་ལ། གདུང་བར་བྱ་བའི་སྙིང་རྗེ་ཡོད
་མ་ཡིན་ཞེས་བྱ་བ་ལ། དཔེར་ན་སྙིང་རྗེ་ཆེན་པོའི་རང་བཞིན་ཅན་བྱང་ཆུབ་སེམས་དཔའ་རྣམས་སེམས་ཅན་གཞན་བདེ་བ་དང། ལེགས་པར་བཞག་པའི་ཕྱིར་སེམས་ཅན་གཞན་གྱི་དོན་དུ་ལོངས་སྤྱོད་དང། སྲིད་གཏོང་བ་དང། མགོ་དང་རྐང་ལག་ལ་སོགས
་པ་བཅད་པའི་སྡུག་བསྔལ་གྱིས་བྱང་ཆུབ་སེམས་དཔའ་རང་ཉིད་ལ་མི་བདེ་བ་དང། གནོད་པ་བྱེད་པ་ལྟ་བུ་འཇིག་རྟེན་ན་དགྲ་དང་གཤེད་པོ་ལ་སོགས་པ་ལས་གནོད་པར་བྱའོ་ཞེS་བསད་པ་དང་བཅད་པ་ལ་སོཌ་པ་གནོད་པ་སྣ་ཚོགས་ཀྱིས་གནོན་པར་བྱེད་དུ
་བཅུག་ཀྱང་གཞན་གྱི་དོན་དུ་བྱང་ཆུབ་སེམས་དཔའ་བདག་ལ་གནོད་པར་བྱེད་པའི་གནོད་པ་དེ་ཙམ་མི་ནུས་སོ་ཞེས་བྱ་བའི་དོན་ཏོ། །གཞན་གྱི་དོན་སྒྲུབ་པའི་དབྱེ་བའི་ཚིགས་སུ་བཅད་པ་གཉིས་ཏེ་ཞེས་བྱ་བ་ལ། གོང་དུ་སྒྲུབ་པའི་གནས་དང། རྩོམ
་པ་དང། འབྲས་བུ་ཡང་བཤད། བདག་དང་གཞན་གྱི་དོན་ལ་བྱེ་བྲག་མེད་པ་ཡང་བསྟན། བདག་པས་གཞན་པའི་དོན་གཅེས་པར་བྱེད་པ་ཡང་བསྟན་ནས་ད་ནི་ཚིགས་སུ་བཅད་པ་གཉིས་ཀྱིས་སེམས་ཅན་རྣམ་པ་གསུམ་ལ་དོན་རྣམ་པ་བཅུ་གསུཾ
་གྱིས་བྱེད་དོ་ཞེས་བསྟན་པའི་ཕྱིར་ཚིགས་སུ་བཅད་པ་རྩོམ་མོ་ཞེས་བྱ་བའི་དོན་ཏོ། །ཆུང་འབྲིང་དམ་པའི་ཆོས་ཉིད་གནས་པ་དག་ཅེས་བྱ་བ་ལ། སེམས་ཅན་གསུམ་ཞེས་སྟོན་ཏེ། ཉན་ཐོས་ཀྱི་ཐེག་པའི་རིགས་ཅན་རྣམས་ནི་ཆུང་ངུའི་ཆོས་ཉིད
་ལ་གནས་པ་ཞེས་བྱའོ། །རང་སངས་རྒྱས་ཀྱི་ཐེག་པ་ལ་གནས་པའི་རིགས་ཅན་རྣམས་ནི་འབྲིང་གི་ཆོས་ཉིད་ལ་གནས་པ་ཞེས་བྱའོ། །བྱང་ཆུབ་སེམས་དཔའ་ཨི་རིགས་ཅན་གྱི་གང་ཟག་རྣམས་ནི་དམ་པའི་ཆོས་ཉིད་ལ་གནས་པ་ཞེས་བྱའོ། །ལེགས་པར་བསྟན་དང་ཞེས
་བྱ་བ་ལ། ཆོ་འཕྲུལ་རྣམ་པ་གསུམ་ཡོད་དེ། རྗེས་སུ་བསྟན་པའི་ཆོ་འཕྲུལ་དང། བཤད་པའི་ཆོ་འཕྲུལ་དང། རྫུ་འཕྲུལ་གྱི་ཆོ་འཕྲུལ་ལོ། །དེ་གང་ཟག་རིགས་ཅན་གསུམ་རྣམས་སོ་སོའི་སེམས་བརྟགས་ན། །ཁྱོད་གྱི་སེམས་འདོད་ཆགས་དང་བཅས་སོ་ཞེ་འམ། ཞེ་སྡང
་དང་བཅས་སོ་ཞེའམ། གཏི་མུག་དང་བཅས་སོ་ཞེས་སྟོན་པ་ནི་རྗེས་སུ་བསྟན་པའི་ཆོ་འཕྲུལ་ཞེ་ནའོ། །དེ་ནས་དེའི་གཉེན་པོ་མི་གཙང་བ་དང་བྱམས་པ་ལ་སོགས་པ་འཆད་པ་ནི་བཤད་པའི་ཆོ་འཕྲུལ་ཞེས་བྱ་སྟེ། བསྟན་པ་ལ་དད་པ་རྣམས་ལ་ཆོ་འཕྲུལ་རྣམ་པ་གཉིས
་བཤད་པ་ནི་ལེགས་པར་བཤད་བྱ་སྟེ། འདི་ནི་དོན་གཅིག་པ་རྣཾ་པ་གཅིག་གོ་།མགུ་བྱེད་ཅེས་བྱ་བ་ལ། བསྟན་པ་ལ་མ་དད་པའི་མུ་སྟེགས་ལ་སོགས་པ་ལ་རྫུ་འཕྲུལ་གྱི་ཆོ་འཕྲུལ་གྱིས་གཅིག་ལས་དུ་མར་སྤྲུལ་པའི་ཆོ་འཕྲུལ་བསྟན་པས་དད་པར་བྱས་ནས། སངས་རྒྱས་ཀྱི་བསྟན
་པ་ལ་བཅུད་པ་ནི་མགུ་བར་བྱེད་པ་ཞེས་བྱ་སྟེ། འདི་ནི་དོན་བྱེད་པ་རྣམ་གཉིས་སོ། །འཇུག་པ་ཞེས་བྱ་བ་ལ་དཀོན་མཆོག་གསུམ་ལ་སྐྱབས་སུ་བཏང་ནས་ཁྲིམས་འཛིན་དུ་བཅུག་པ་ན་འཇུག་པ་ཞེས་བྱ་སྟེ་འདི་ནི་དོན་གསུམ་པའོ། །དོན་ལ་ངེས་པ་ཞེས་བྱ་བ་ལ།
་ཐེག་པ་གསུམ་གྱི་རིགས་ཅན་སོ་སོའི་ཐེག་པའི་ཆོས་ལ་ཐེ་ཚོམ་དུ་གྱུར་པའི་ཐེ་ཚོམ་སེལ་བའི་དོན་ལ་ངེས་པ་ཞེས་བྱ་སྟེ། འདི་ནི་དོན་བྱེད་པ་བཞི་པའོ། །དགེ་བར་ཡོངས་སུ་སྨིན་བྱེད་ཅེས་བྱ་བ་ལ། ཐེ་ཚོམ་བསམ་པ་རྣམས་ཕ་རོལ་ཏུ་ཕྱིན་པ་དྲུག་སྤྱོད་དུ
་བཅུག་པ་ནི་ཡོངས་སུ་སྨིན་པར་བྱེད་པ་ཞེས་བྱ་སྟེ། འདི་ནི་དོན་བྱེད་པ་ལྔ་པའོ། །དེ་ལྟར་ལུང་བསྒོ་བོ་ཞེས་བྱ་བ་ལ་བསམ་གཏན་གྱི་མན་ངག་མེད་པ་རྣམས་ལ་བསམ་གཏན་གྱི་མན་ངག་སྦྱིན་པའི་ལུང་བསྒོ་བ་ཞེས་བྱ་སྟེ། འདི་ནི་དོན་བྱེད་པ་དྲུག་པའོ། །གནས་དང་ཞེས
་བྱ་བ་ལ། བསམ་གཏན་གྱི་མན་ངག་ཐོབ་པ་རྣམས་ལ། སེམས་རྩེ་གཅིག་པའི་ཏིང་ངེ་འཛིན་ཐོབ་པར་བྱས་པ་ནི་གནས་པ་རྣམས་ཀྱིས་ཞེས་བྱ་སྟེ། འདི་ནི་དོན་བྱེད་པ་བདུན་པའོ། །བློ་གྲོས་བྱེད་ཅེས་བྱ་བ་ལ་ཤེས་རབ་བསྐྱེད་ནས
་ཐེག་པ་སོ་སོའི་མྱ་ངན་ལས་འདས་པ་དང་ཐར་པ་ཐོབ་པར་བྱེད་པའི་བློ་གྲོས་བྱེད་ཅེས་བྱ་སྟེ། འདི་ནི་དོན་བྱེད་པ་བརྒྱད་པའོ། །ཡོན་ཏན་ལྡན་པ་ཐོབ་དང་ཞེས་བྱ་བ་ལ། ཐར་པ་ཐོབ་པ་རྣམས་ཀྱི་མངོན་ཤེས་པ་དང། བྱང་ཆུབ་ཀྱི་ཕྱོགས་དང། མཛའ་དག་སྐྱེ
་མཆེད་ཅེས་པ་ལ་སོགས་པའི་ཡོན་ཏན་ཐོབ་པར་བྱས་པའི་ཡོན་ཏན་དང་ལྡན་པ་ཐོབ་པ་ཞེས་བྱ་སྟེ། འདི་ནི་དོན་བྱེད་པ་དགུ་པའོ། །དེ་བཞིན་དུ་རིགས་སུ་སྐྱེས་དང་ཞེས་བྱ་བ་ལ། འདི་ཡན་ཆད་དུ་ནི་ཐེག་པ་གསུམ་གྱི་རིགས་ལ་གནས་པ་གང་ཟག་རྣམས་ལ
་སྤྱིར་ཐུན་མོང་དུ་དོན་ཇི་ལྟར་བྱེད་པ་བསྟན་པས་ད་ནི་ཐེག་པ་ཆེན་པོའི་རིགས་ཅན་འབའ་ཞིག་གི་དོན་ཐུན་མོང་མ་ཡིན་པར་བྱེད་པ་སྟེ། མོས་པ་སྤྱོད་པའི་སའི་རིམ་པ་ནས་ས་དང་པོ་ཐོབ་པར་བྱ་བ་ནི་རིགས་སུ་སྐྱེས་པ་ཞེས་བྱ་སྟེ། ས་བཅུ་ལས་ཀྱང་ས་དང་པོ་ཐོབ་པ
་ན་སངས་རྒྱས་ཀྱི་རིགས་སུ་སྐྱེས་སོ་ཞེས་གསུངས་སོ། །འདི་ནི་དོན་བྱེད་པ་བཅུ་པའོ། །ལུང་བསྟན་ཅེས་བྱ་བ་ལས་བརྒྱད་པའི་དུས་ན་ལུང་བསྟན་པ་ཐོབ་པ་ཞེས་བྱ་སྟེ། ཅིའི་ཕྱིར་ཞེ་ན། ས་བརྒྱད་ཐོབ་པའི་བྱང་ཆུབ་སེམས་དཔའ་རྣམས་དེ་བཞིན་གཤེགས
་པས་སངས་རྒྱས་ཀྱི་ཞིང་ཆེ་གེ་མོ་ཞིག་ཏུ་སངས་རྒྱས་ཀྱི་མཚན་འདི་ཞེས་བྱ་བར་འགྱུར་རོ་ཞེས་ལུང་སྟོན་པའི་ཕྱིར་ཏེ། འདི་ནི་དོན་བྱེད་པ་བཅུ་གཅིག་པའོ། །དབང་བསྐུར་དང་ཞེས་བྱ་བ་ལས་བཅུ་པའི་དུས་ན་ནི་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འོད
་ཟེར་གྱིས་ཆོས་ཀྱི་རྒྱལ་པོའི་རྒྱལ་ཚབ་ཏུ་དབང་བསྐུར་བར་མཛད་དེ། འདི་ནི་དོན་བྱེད་པ་བཅུ་གཉིས་པའོ། །དེ་བཞིན་གཤེགས་མཁྱེན་བླ་མེད་གོ་འཕངས་དང་ཞེས་བྱ་བ་ལ་སངས་རྒྱས་ཀྱིས་ཀུན་དུ་འོད་དུ་མེ་ལོང་ལྟ་བུའི་ཡེ་ཤེས་ལ་སོགས་པ་ཡེ་ཤེས་བཞི་ཐོབ
་པར་བྱས་པ་ནི་དེ་བཞིན་གཤེགས་པའི་མཁྱེན་པ་བླ་ན་མེད་པའི་གོ་འཕངས་ལ་བཞག་པ་ཞེས་བྱ་བ་སྟེ། འདི་ནི་དོན་བྱེད་པ་བཅུ་གསུམ་པའོ། །གཞན་དོན་དེ་གསུམ་བཅུ་གསུམ་བདག་ཉིད་དོ་ཞེས་བྱང་ཆུབ་སེམས་དཔའ་གཞན་གྱི་དོན་བྱེད་པ་ནི་སེམས་ཅན་རྣམ་པ་གསུམ
་ལ་དོན་རྣམ་པ་གསུམ་བྱེད་དོ་ཞེས་བྱ་བའི་དོན་ཏོ། །གཞན་གྱི་དོན་སྒྲུབ་པ་ལ་ཚིགས་སུ་བཅད་པ་ཞེས་བྱ་བ་ལ། གཞན་གྱི་སྒྲས་ནི་ཉན་ཐོས་ཀྱི་རིགས་ཅན་དང། རང་སངས་རྒྱས་ཀྱི་རིགས་ཅན་དང། ཐེག་པ་ཆེན་པོའི་རིགས་ཅན་རྣམས་ལ་བྱ་སྟེ། སེམས་ཅན་དེ་དག་གི་དོན་སྒྲུབ
་པ་ལ། སེམས་ཅན་དེ་དག་གི་བསམ་པ་ཆེ་ཆུང་དང་སྣོད་ཆེ་ཆུང་ལས་ཆོས་ཀྱང་དེ་དང་འཚམ་པར་སོ་སོའི་ཐེག་པ་འཆད་པ་ནི་ཅི་རིགས་དོན་བྱེད་པ་སྟེ། དེ་བསྟན་པའི་ཕྱིར་ཚིགས་སུ་བཅད་པ་རྩོམ་མོ་ཞེས་བྱ་བའི་དོན་ཏོ། །སྐྱེ་བ་མཐུན་པ་ཞེས་བྱ་བ་ལ། ཉན་ཐོས་ཀྱི
་རིགས་ཅན་གྱི་གང་ཟག་རྣམས་ནི་དབང་པོ་རྟུལ་ཞིང་སྣོད་ཆུང་བ་ཡིན་པས་ཉན་ཐོས་ཀྱི་ཐེག་པའི་ཆོས་ཉིད་བཤད་ཀྱི་ཐེག་པ་ཆེན་པོའི་ཆོས་མི་བཤད་པ་དང། རང་སངས་རྒྱས་ཀྱི་རིགས་ཅན་གྱི་སྐྱེ་བོ་རྣམས་ནི་ཤེས་རབ་འབྲིང་ལ་སྣོད་འབྲིང་ཡིན་པས་རང་སངས
་རྒྱས་ཀྱི་ཆོས་ཉིད་བཤད་ཀྱི་ཐེག་པ་ཆེན་པོ་མི་བཤད་པ་དང། ཐེག་པ་ཆེན་པོའི་རིགས་ཅན་གྱི་སྐྱེ་བོ་རྣམས་ཤེས་རབ་རྣོ་བསྣེད་ཆེན་པོ་ཡིན་པས་ཐེག་བ་ཆེན་པོའི་ཆོས་ཉིད་བཤད་ཀྱི། ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པའི་ཆོས་མི་བཤད་པ་སྟེ། དེ
་བས་ན་འཕགས་པ་དཀོན་མཆོག་བརྩེགས་པ་ལས་ཀྱང། ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་རྣམས་ལ་ཟབ་ཅིང་རྒྱ་ཆེ་བའི་ཆོས་འཆད་པ་ནི། བྱང་ཆུབ་སེམས་དཔའ་ཨི་འཕྲུལ་པའོ་ཞེས་གསུངས་པའོ། །ཕྱིན་ཅི་མ་ལོག་འཆད་པ་དང་ཞེས་བྱ་བ་ལ། ཉན་ཐོས
་དང་རང?་སངས་རྒྱས་དང་ཐེག་པ་ཆེན་པོའི་རིགས་ཅན་རྣམས་ལ་ཡང་རྣམ་པ་གསུམ་ཡོད་དེ། འདོད་ཆགས་ཀྱི་ཤས་ཆེ་བ་དང། ཞེ་སྡང་གི་ཤེས་ཆེ་བ་དང། གཏི་མུག་གི་ཤས་ཆེ་བ་སྟེ། དེ་དག་ལ་ཡང་རྗེས་སུ་བསྟན་པའི་ཆོས་འཕྲུལ་གྱིས་སེམས་བརྟགས་ནས་བཤད
་པའི་ཆོ་འཕྲུལ་གྱིས་འདོད་ཆགས་ཅན་ལ་མི་གཙང་བ་བསྒོམ་པ་སྟོན། ཞེ་སྡང་ཅན་ལ་བྱམས་པ་བསྒོམ་པ་སྟོན། །གཏི་མུག་ཅན་ལ་རྟེན་ཅིང་འབྲེལ་པར་འབྱུང་བ་བསྒོཾ་པ་སྟོན་པ་ནི་ཕྱིན་ཅི་མ་ལོག་པར་འཆད་པ་ཞེས་བྱའོ། མི
་འགྱིང་པ་དང་ཞེས་བྱ་བ་ལ། རྫུ་འཕྲུལ་གྱིས་ཆོ་འཕྲུལ་གྱིས་འབར་བ་དང། འཕུར་བ་ལ་སོགས་པ་བསྟན་ནས་སེམས་ཅན་མགུ་བར་བྱ་སྟེ། བསྟན་པ་ལ་དད་པ་སྐྱེད་ཀྱང་བྱང་ཆུབ་སེམས་དཔས་འདི་ལྟ་བུ་ཞིག་གི་དོན་བྱས་སོ་ཞེས་ལུས་དང་ངག་དང་ཡིད་ཀྱི་སྒོ་ནས
་འགྱིང་བ་མེད་དེ། ལུས་ཀྱི་སྒོ་ནས་མི་འགྱིང་བ་ནི་ལུས་མི་འཆོས་བའོ། །ངག་གི་སྒོ་ནས་མི་འགྱིད་པ་ནི་དེམས?་སྤྱད་མི་བྱེད་པའོ། །སེམས་ཀྱི་སྒོ་ནས་མི་འགྱིད་པ་ནི་ང་རྒྱལ་དང་ཆེ་བར་མི་སེམས་པའོ། །ང་རྒྱལ་མེད་ཅིང་ཅེས་བྱ་བ། རྫུ་འཕྲུལ་གྱིས་སེམས་ཅན་མགུ་བར་བྱས་ནས་སྐྱབས་སུ་བཏང
་སྟེ། བསླབ་པ་ལ་འཛིན་དུ་བཅུག་པ་རྣམས་ལ་ཡང་འདི་ནི་བདག་གིས་བཏུལ་ཏེ་བདག་གི་སློབ་མ་ཡིན་ནོ་སྙམ་དུ་སེམས་པས་ང་རྒྱལ་མེད་པ་ཞེས་བྱའོ། །མཁས་དང་ཞེས་བྱ་བ་ལ་ཐེག་པ་གསུམ་གྱི་རང་དང་སྤྱིའི་མཚན་ཉིད་ལ་མཁས་པས་སེམས་ཅན་མི་ཤེས་པ་རྣམS
་ཀྱི་མི་ཤེས་པ་སེལ་བ་དང། ལོག་པར་ཤེས་པ་རྣམས་ཀྱི་ལོག་པར་ཤེས་པ་མེད་པར་བྱེད་པ་དང། ཐེ་ཚོམ་གཅོད་པར་བྱེད་པས་ན་མཁས་པ་ཞེས་བྱའོ། །བཟོད་ཅེས་བྱ་བ་དང། བྱང་ཆུབ་སེམས་དཔས་སེམས་ཅན་ས་བཅུ་དང་ཕ་རོལ་ཏུ་ཕྱིན་པ་བཅུ་ལ་དགོང་པའི
་ཕྱིར་སེམས་ཅན་གྱི་དོན་དུ་གྲང་བ་དང། ཆེ་བ་ལ་སོགས་པ་ཉམས་སུ་ལེན་ཅིང་སྐྱོ་བ་མེད་པས་ན་བཟོད་པ་ཅན་ཞེས་བྱའོ། །དུལ་ཞེས་བྱ་བ་ལ་ལུས་བསྡམས་པ་དང། དག་བསྡམས་པ་དང་ཡིད་བསྡམས་པས་དུལ་བ་ཞེས་བྱ་སྟེ། བདག་དེ་ལྟར་དུལ་ན་སེམས་ཅན་གཞན
་ཡང་བྱང་ཆུབ་སེམས་དཔས་དུལ་བར་ནུས་སོ། །ཅིའི་ཕྱིར་ཞེ་ན། མདོ་ལས་ཀྱང་བདག་མ་གྲོལ་ན་སེམས་ཅན་གྲོལ་བར་མི་ནུས། བདག་མ་ཞི་ན་སེམས་ཅན་ཞི་བར་བྱ་བར་མི་ནུས། བདག་མ་དུལ་ན་སེམས་ཅན་གཞན་དུལ་བར་བྱ་བར་མི་ནུས་སོ་ཅེས་གསུངས་པའི་ཕྱིར
་ཏེ། འདི་ཡན་ཆད་དུ་བྱང་ཆུབ་སེམས་དཔའ་སེམས་ཅན་ས་ལ་ཞུགས་པ་རྣམས་ལ་དོན་ཇི་ལྟར་བྱེད་པ་བསྟན་ཏོ། །ཤིན་ཏུ་རིང་སོང་ཞེས་བྱ་བས་ས་ལ་ཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་གཞན་ཡང་ས་ལ་འཇེག?་པའི་སྒོ་ནས་སེམས་ཅན་གྱི་དོན་བྱེད་པ་སྟོན་ཏོ། །ས་དང
་པོ་ཐོབ་པ་ནས་སངས་རྒྱས་ཀྱིས་མན་ཆད་ས་བཅུ་གཅིག་ལ་ཞུགས་པའི་དུས་ན་ནི་རིང་དུ་སོང་བ་ཞེས་བྱ་སྟེ་ཅིའི་ཕྱིར་ཞེ་ན། ས་དེ་དག་ལ་ཉན་ཐོས་དང། རང་སངས་རྒྱས་དང་སོ་སོའི་སྐྱེ་པོ་རྣམས་ཀྱིས་འཇུག་པར་མི་ནུས་པའི་ཕྱིར་རོ། དེ་ལས་དང་པོའི་དུས་ན་ནི་བྱང་ཆུབ
་སེམས་དཔའ་དེ་བཞིན་གཤེགས་པའི་རིགས་སུ་སྐྱེས་པའི་ས་བྱ་སྟེ། དེ་ཐོབ་དང་སེམས་ཅན་གཞན་དག་དང་ས་དང་པོ་ཐོབ་པར་བྱ་བ་དང། དེ་བཞིན་གཤེགས་པའི་རིགས་སུ་སྐྱེ་བར་བྱེད་པའི་དོན་བྱེད་ནུས་སོ། །ས་བརྒྱད་པའི་དུས་ན་ནི་ལུང་བསྟན་པ་ཐོབ་པ་ཞེས་བྱ་སྟེ། རྣམ་པར་མི་རྟོག
་པ་ལྷུན་གྱིས་གྲུབ་པ་ཐོབ་པས་བདག་དེ་ལ་གནས་ནས་སེམས་ཅན་གཞན་ཡང་དེ་ལ་འཇོག་པར་ནུས་སོ། །ས་བཅུའི་དུས་ན་ནི་རྒྱལ་ཚབ་ཏུ་དབང་བསྐུར་བ་ཐོབ་པ་ཞེས་བྱ་སྟེ། བདག་དེ་ལ་གནས་ན་སེམས་ཅན་གཞན་ཡང་གནས་ཏེ་ཐོབ་པར་བྱ་བར་ནུས་སོ། །སངས་རྒྱས
་ཀྱི་སའི་དུས་ན་ནི་ཡེ་ཤེས་བཞི་ལ་གནས་པ་སྟེ། བདག་གིས་དེ་ཐོབ་པར་སེམས་ཅན་གཞན་ཡང་དེ་ལ་དགོད་པར་བྱ་བར་ནུས་སོ། །མི་ཟད་པ་ཞེས་བྱ་བ་ལ། བྱང་ཆུབ་སེམས་དཔའ་ཨི་སྒྲུབ་པ་ནི་མི་བཟད་པ་སྟེ། ཅིའི་ཕྱིར་ཞེ་ན། རྣམ་པ་བཞིས་མི་ཟད་པའི་ཕྱིར་རོ། །
་རྣམ་པ་བཞི་ནི་བྱང་ཆུབ་ཀྱི་སེམས་ཀྱིས་བསྒྲལ་བར་བྱ་བའི་སེམས་ཅན་མི་ཟད་པས་སེམས་ཅན་གྱི་དོན་དུ་སྐྱེད་པའི་བྱང་ཆུབ་ཀྱི་སེམས་མི་ཟད་པ་དང། བྱང་ཆུབ་ཀྱི་སེམས་མི་ཟད་པས་བསམ་པ་མི་ཟད་པ་དང། བསམ་པ་མི་ཟད་པས་བསམ་པ་ལས་བྱུང་བའི་སྙིང་རྗེ་མི་ཟད
་པ་དང། སྙིང་རྗེ་མི་ཟད་པར་ཐབས་དང་ཤེས་རབ་ཀྱང་མི་ཟད་པ་སྟེ་དེ་བས་ན་མི་ཟད་པ་ཞེས་བྱའོ། །རྒྱལ་སྲས་རྣམས་ཀྱི་སྒྲུབ་པ་མཆོག་ཡིན་ནོ་ཞེས་བྱ་བ་ལ་གོང་དུ་བཤད་པ་ལྟ་བུའི་ཚུལ་དུ་བྱང་ཆུབ་སེམས་དཔའ་རྣམས་སེམས་ཅན་གྱི་དོན་བྱེད་པས་བྱང་ཆུབ་སེམས་དཔའ་
་རྣམས་ཀྱི་སྒྲུབ་པ་ནི་མཆོག་དམ་པ་མ་ནོར་བ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འགྱིང་བ་མེད་པས་མགུ་བར་བྱེད་པའོ་ཞེས་བྱ་བ་ལ། བྱང་ཆུབ་སེམས་དཔའ་ཨི་རྫུ་འཕྲུལ་གྱི་ཆོ་འཕྲུལ་གྱིས་སེམས་ཅན་དད་པ་བསྐྱེད་དེ་མགུ་བར་བྱས་ན་ཡང་འགྱིད
་པ་མེད་དེ། ང་རྒྱལ་སྐྱེད་པ་མེད་དོ་ཞེས་བྱ་བའི་དོན་ཏོ། །ང་རྒྱལ་མེད་པས་ནི་འཇུག་པ་སྟེ་ཞེས་བྱ་བ་ལ། རྫུ་འཕྲུལ་གྱི་ཆོ་འཕྲུལ་གྱིས་སེམས་ཅན་དད་པ་བསྐྱེད་ནས་སྐྱབས་སུ་བཏང་སྟེ། བསྟན་པ་ལ་འཛུད་ཀྱིས་རྫུ་འཕྲུལ་བྱས་སོ་སྙམ་དུ་སེམས་པ་མེད་ལ། འདི
་དག་ནི་བདག་གི་བསྟན་པ་ལ་བཅུག་སྟེ། བདག་གི་སློབ་མ་ཡིན་ནོ་སྙམ་དུ་སེམས་དཔའ་ཨི་ང་རྒྱལ་ཡང་མེད་དོ་ཞེས་བྱ་བའི་དོན་ཏོ། །མཁས་པས་ནི་དོན་ལ་ངེས་པར་འགྱུར་རོ་ཞེས་བྱ་བ་ལ། ཐེག་པ་གསུམ་གྱི་རང་དང་སྤྱིའི་མཚན་ཉིད་ལ་མཁས་པས་ནི་བདག་གིས
་ཀྱང་དེ་ནི་ཕྱིན་ཅི་མ་ལོག་པར་རྟོགས་ལ། སེམས་ཅན་གཞན་གྱི་ཡང་མི་ཤེས་པ་དང་ལོག་པར་ཤེས་པ་དང། ཐེ་ཚོམ?་གཅོད་པར་བྱེད་པས་ན་དོན་ལ་ངེས་པ་ཞེས་བྱའོ། །བཟོད་པས་ནི་དགེ་བ་ལ་ཡོངས་སུ་སྨིན་པར་བྱེད་པའི་སྒྲུབ་པ་ཞེས་བྱ་བ་ལ། སེམས་ཅན
་རྣམས་ཕ་རོལ་ཏུ་ཕྱིན་པ་བཅུ་དང། ས་བཅུའི་དགེ་བ་ལ་བཀོད་ནས། ཡོངས་སུ་སྨིན་པར་བྱ་བའི་དོན་དུ་གྲང་བ་དང། ཚ་བ་ལ་སོགས་པའི་སྡུག་བསྔལ་གྱིས་མི་སྐྱོ་བ་ནི་བཟོད་པ་ཞེས་བྱ་བའི་དོན་ཏོ། །དུལ་བས་ནི་ལུང་བསྒོ་བ་ལ་སོགས་པའི་སྒྲུབ་པ་སྟེ། ཞེས
་བྱ་བ་ལ་བདག་ཉིད་ལུས་དང་ངག་ཡིད་གསུམ་གྱི་སྡོམ་པ་ལ་གནས་པ་ནི་སེམས་ཅན་མི་དགེ་བ་ལས་བཟློག་ཏེ། དགེ་བ་ལ་སོགས་པ་ལ་བཞག་པའི་ཕྱིར་ལུང་བསྒོ་བས་གདུལ་བར་ནུས་ཏེ། ཅིའི་ཕྱིར་ཞེ་ན། བདག་མདུལ་བར་གཞན་གདུལ་བར་མི་ནུས་པའི་ཕྱིར
་རོ། །ཤིན་ཏུ་རིང་དུ་སོང་བས་ནི་རིགས་སུ་སྐྱེ་བ་ལ་སོགས་པ་སྒྲུབ་སྟེ། ཞེས་བྱ་བ་ལ། ས་བཅུ་གཅིག་ཐོབ་བས་ནི་སེམས་ཅན་རྣམས་དེ་བཞིན་གཤེགས་པའི་རིགས་སུ་སྐྱེ་བ་སྒྲུབ་པ་དང། ལུང་བསྟན་པ་སྒྲུབ་པ་དང། ཐམས་ཅད་མཁྱེན་པའི་ཡེ་ཤེས་སྒྲུབ
་པར་ནུས་ཀྱི་རིང་དུ་སོང་བའི་ས་མཐོབ་པར་ནི་མི་ནུས་ཞེས་བྱ་བའི་དོན་ཏོ། །སྒྲུབ་པའི་ཁྱད་པར་ཚིགས་སུ་བཅད་པ་ཞེས་བྱ་བ་ལ། འདོད་ཁམས་ཀྱི་ལྷ་དང་མི་ནི་འདོད་པའི་ཡོན་ཏན་ལྔ་ཙམ་སྒྲུབ། གཟུགས་དང་གཟུགས་མེད་པའི་ཁམས་ཀྱི་ལྟ་དག་ནི་བསམ་གཏན
་གྱི་བདེ་བ་ཙམ་སྒྲུབ། ཉན་ཐོས་དང་རང་སངས་རྒྱས་རྣམས་ནི་བདག་གི་དོན་དུ་ཞི་བ་ཕྱོགས་གཅིག་པའི་མྱ་ངན་ལས་འདས་པ་ཙམ་སྒྲུབ་ཀྱི་དེ་དག་ལས་བྱང་ཆུབ་སེམས་དཔའ་ཨི་སྒྲུབ་པ་འཕགས་སོ་ཞེས་བསྟན་པའི་ཕྱིར་ཚིགས་སུ་བཅད་པ་རྩོམ་ཞེས་བྱ་བའི་དོན་ཏོ། །
་འདོད་པའི་སྐྱེ་བོའི་འཇིགས་པ་ཆེན་པོ་ཡིན་ཞེས་བྱ་བ་ལ། འདོད་པའི་ཁམས་སུ་སྐྱེས་པའི་སེམས་ཅན་རྣམས་ནི་རྟག་ཏུ་གཟུགས་ལ་སོགས་པ་འདོད་པ་ལྔའི་ཡོན་ཏན་ལ་སྤྱོད་པས་དེའི་རྒྱུ་དང་རྐྱེན་གྱིས་ཚེ་འདིར་ཡང་བཅིང་བ་དང་གསད་པ་ལ་སོགས་པའི་ལུས
་ཀྱི་སྡུག་བསྔལ་དང་སེམས་ལ་མི་བདེ་བ་ལ་སོགས་པ་སེམས་ཀྱི་སྡུག་བསྔལ་འབྱུང་ཞིང་དེའི་རྒྱུས་ཚེ་རབས་གཞན་དུ་ཡང་ངན་སོང་གསུམ་དུ་སྐྱེ་བར་འགྱུར་བས་ན་འཇིགས་པ་ཆེན་པོ་ལྡན་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །སྲིད་པའི་བདེ་དགའ་མི་བརྟན་ཕྱིན་ཅི
་ལོག་ཅེས་བྱ་བ་ལ། སྲིད་པའི་སྒྲས་ནི་གཟུགས་དང་གཟུགས་མེད་པའི་ཁམས་ལ་བྱ་སྟེ། གཟུགས་དང་གཟུགས་མེད་པའི་ཁམས་ཀྱི་ཏིང་ངེ་འཛིན་བདེ་པ་ལ་ཆགས་པའི་ཏིང་ངེ་འཛིན་ལ་བྱ་སྟེ། བདེ་བ་ནི་མི་བརྟན་པ་ཡང་ཡིན་ལ་ཕྱིན་ཅི་ལོག་ཡང་ཡིན་ནོ་ཞེས་བྱ
་བའི་དོན་ཏོ། །ཅིའི་ཕྱིར་ཞེ་ན། མི་རྟག་པ་ཡོད་པ་དང། དོན་དམ་པའི་སྡུག་བསྔལ་ཡོད་པའི་ཕྱིར་རོ། །དེ་ལ་མི་རྟག་ཡོད་པ་ནི་བདེ་བ་དང་འགྲོགས་སུ་མེད་ཀྱི་ཤི་འཕོས་ནས་ངན་སོང་ལ་སོགས་པར་སྐྱེ་བར་འགྱུར་ཏེ། དེ་ལྟར་མི་རྟག་པ་ཡོད་པས་མི་བརྟན
་པའོ། །གནས་དེ་དག་ན་བདེ་བ་ཡང་མ་ཡིན། སྡུག་བསྔལ་ཡང་མ་ཡིན་པའི་འདུ་བྱེད་ཀྱི་སྡུག་བསྔལ་གྱི་ཁྱབ་པ་དང། དོན་དམ་པའི་སྡུག་བསྔལ་ཡོད་དོ། །དེས་སྡུག་བསྔལ་ཡིན་པར་མ་མཐོང་བས་ན་ཕྱིན་ཅི་ལོག་ཡོད་པ་ཞེས་བྱའོ། །སོ་སོ་རང་གིས་སྐྱེད་
་པ་རབ་ཞི་ཞིང་དག་ཅེས་བྱ་བ་ལ། འཕགས་པ་ཉན་ཐོས་དང་རང་སངས་རྒྱས་དག་ནི་སོ་སོ་རང་གི་རྒྱུད་ལ་ཡོད་པའི་སྐྱེ་བ་དང། རྒ་བ་ལ་སོགས་པའི་སྡུག་བསྔལ་སྐྱེད་བར་བྱེད་པའི་རྒྱུ་ལས་དང་ཉོན་མོངས་པ་སྤངས་ནས་སྙིང་རྗེ་མེད
་པའི་ཕྱིར་སེམས་ཅན་གྱི་དོན་ལ་བྱ་བ་སྤངས་ཏེ། ཞི་བ་ཕྱོགས་གཅིག་པའི་མྱ་ངན་ལས་འདས་པར་དགའ་བར་བྱེད་དོ་ཞེས་བྱ་བའི་དོན་ཏོ། །རྟག་ཏུ་ཀུན་གྱི་སྐྱེད་པ་ཞི་བ་སྙིང་རྗེ་བདག་ཅེས་བྱ་བ་ལ། བྱང་ཆུབ་སེམས་དཔའ་ནི་ཤེས་རབ་དང་ཡང་ལྡན། སྙིང་རྗེ་དང
་ཡང་ལྡན་པ་ཡིན་ཏེ། ཤེས་རབ་དང་ལྡན་པ་འཁོར་བའི་མཛའ་ཨི་བར་དུ་སེམས་ཅན་ཀུན་གྱི་དོན་ལ་ཡོད་པའི་སྐྱེ་བ་དང། རྒ་བ་ལ་སོགས་པའི་སྡུག་བསྔལ་སྐྱེད་པར་བྱེད་པའི་རྒྱུ་ཉོན་མོངས་པ་ཞི་བར་བྱས་ནས་སྙིང་རྗེ་དང་ལྡན་པས་ཉན་ཐོས་བཞིན་དུ་མྱ་ངན་ལས
་འདས་པའི་དབྱིངས་འབའ་ཞིག་ཏུ་མ་ཞུགས་ཀྱི་སེམས་ཅན་གྱི་དོན་དུ་འཁོར་བ་ན་བཞུགས་སོ་ཞེས་བྱ་བའི་དོན་ཏོ། །ཚིགས་བཅད་འདིས་ནི་བྱང་ཆུབ་སེམས་དཔའ་ཨི་སྒྲུབ་པ་འཇིག་རྟེན་གྱི་སྒྲུབ་པ་དང། འཇིག་རྟེན་ལས་འདས་པའི་བསྒྲུབ་པ་ལས་ཀྱང་འཕགས་པར
་སྟོན་ཏེ། ཤེས་རབ་དང་ལྡན་པས་ནི་བདག་དང་གཞན་གྱི་རྒྱུད་ལ་ཡོད་པའི་ཉོན་མོངས་པ་སེལ་བས་འཇིག་རྟེན་གྱི་བསྒྲུབ་པས་ཀྱང་འཕགས་སོ། །སྙིང་རྗེ་ཡོད་པས་མྱ་ངན་ལས་འདས་པའི་ཕྱིར་ཉན་ཐོས་ལ་སོགས་པའི་འཇིག་རྟེན་ལས་འདས་པའི་སྒྲུབ
་པ་ལས་ཀྱང་འཕགས་སོ། །ད་ནི་ཚིགས་སུ་བཅད་པ་གཅིག་གིས་འཇིག་རྟེན་གྱི་བསྒྲུབ་པ་བས་བྱང་ཆུབ་སེམས་དཔའ་ཨི་བསྒྲུབ་པ་ཆེས་ཁྱད་ཞུགས་ཏེ་འཕགས་སོ་ཞེས་བསྟན་པའི་ཕྱིར། སྐྱེ་བོ་རྨོངས་པ་བདག་གི་བདེ་དོན་བརྩོན། །རྟག་ཏུ་དེ་རྙེད་མི་འགྱུར་སྡུག
་བསྔལ་འགྱུར་རོ། །ཞེས་བྱ་བ་ལ་སོགས་ཚིགས་སུ་བཅད་པ་གཅིག་སྨོས་ཏེ། སྐྱེ་བོའི་སྒྲས་ནི་སོ་སོའི་སྐྱེ་བོ་ལ་བྱའོ། །རྨོངས་པ་ཤེས་རབ་བྲལ་ཏེ་གཏི་མུག་གིས་ཁེབས་པའི་ཕྱིར་རོ། །སོ་སོའི་སྐྱེ་བོ་གཏི་མུག་གིས་ཁེབས་པ་དག་བདག་བདེ་བ་དང་སྐྱིད་བར་བྱའོ་ཞེས་དེའི
་ཆེད་དུ་ཞིང་རྨོ་བ་དང་མཚོང་བྱ་བ་དང། ཁང་ཁྱིམ་རྩིག་པ་དང། བུ་སྨད་བརྩལ་བ་ལ་སོགས་པ་ལ་བརྩོན་པར་བྱེད་དེ། རྟག་ཏུ་ཤ་ཐང་ཡང་བདེ་བ་དང་སྐྱིད་པ་མ་རྙེད?་གྱི་དེའི་རྒྱུས་ཚེ་འདི་ཡང་གྲང་བ་དང། ཚེ་བ་དང་བཀྲེས་པ་ལ་སོཌ་པའི་སྡུག་བསྔལ་མྱོང་ལ། ཆེར་བས་གཞན་དུ་ཡང
་ངན་སོང་གསུཾ་ལ་སོཌ་པའི་སྡུག་བསྔལ་མྱོང་བར་འགྱུར་ཞེས་བྱ་བའི་དོན་ཏོ། །བསྟན་པ་རྟག་ཏུ་ཕ་རོལ་དོན་བརྩོན་པ། །གཉིས་ཀའི་དོན་བསྒྲུབ་མྱ་ངན་འདS་པར་འགྱུར་ཞེས་བྱ་བ་ལ་བརྟན་པ་ནི་བྱང་ཆུབ་སེམས་དཔའ་ལ་བྱ་སྟེ། ཤེས་རབ་དང་བརྩོན་འགྲུས་སུ་ལྡན་པ་འམ། བསམ་གཏན་དང་རྩོན་འགྲུས་སུ
་ལྡན་པའི་ཕྱིར་བརྟན་པ་ཞེས་བྱའོ། །རྟག་ཏུ་ཞེས་བྱ་བ་ནི་འཁོར་བའི་མཛའ་ཨི་བར་དུའོ། །ཕ་རོལ་གྱི་དོན་ལ་བརྩོན་ཞེས་བྱ་བ་ནི་གཞན་ཕན་པ་དང་བདེ་བ་ལ་གཞག་པའི་ཕྱིར། བདག་ཉིད་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་ཅེས་བྱ་བའི་དོན་ཏོ། །དེ་ལྟར་མཛད་པའི་བྱང་ཆུབ་སེམས
་དཔའ་དེས་གཞན་གྱི་ཆེད་དུ་བསྒྲུབས་ཀྱང་བདག་དང་གཞན་གཉིས་ཀའི་དོན་བསྒྲུབས་ནས། མཇུག་ཏུ་བདག་ཉིད་མི་གནས་པའི་མྱ་ངན་ལས་འདས་པ་ཐོབ་པར་གྱུར་ཏོ། །ཞེས་བྱ་བའི་དོན་ཏོ། །སྤྱོད་ཡུལ་ཡོངས་སུ་བསྔོ་བར་ཚིགས་སུ་བཅད་པ་ཞེས་བྱ་བ་ལ། བྱང་ཆུབ་སེམས
་དཔའ་རྣམས་ལུས་དང་ངག་དང་ཡིད་ཀྱི་སྒོ་ནས་ཕ་རོལ་ཏུ་ཕྱིན་པ་དྲུག་བསྒྲུབ་བས་སེམས་ཅན་གྱི་དོན་བྱེད་པར་ཡང་མ་ཟད་ཀྱི། སྤྱོད་ཡུལ་ཡོངས་སུ་བསྔོ་བའི་སྒོ་ནས་ཀྱང་སེམས་ཅན་གྱི་དོན་བྱེད་པར་སྟོན་ཏེ། སྤྱོད་ཡུལ་ནི་ལུས་ཀྱི་སྒོ་ནས་སྤྱོད་ལམ་བཞི་ལ་སྤྱོད་པ་དང།
་མིག་གི་དབང་པོ་ནས་ཡིད་ཀྱི་དབང་པོའི་བར་དུ་དབང་པོ་དྲུག་གིས་སོ་སོའི་ཡུལ་མཐོང་བ་དང་ཐོས་པ་ལ་སོགས་བ་བྱས་པའི་རྣམས་སེམས་ཅན་གྱི་དོན་དུ་བསྔོ་བར་བསྟན་པའི་ཕྱིར་ཚིགས་སུ་བཅད་པ་རྩོམ་མོ་ཞེས་བྱ་བའི་དོན་ཏོ། །ཇི་ལྟ་ཇི་ལྟར་རྒྱལ་སྲས་སྤྱོད་པའི་ཚེ།
་ཞེས་བྱ་བ་ལ་ཇི་ལྟ་ཇི་ལྟར་ཞེས་བྱ་བ་ནི་གང་དང་གང་གི་ཚེ་ན་ཞེས་བྱ་བའི་དོན་ཏོ། །རྒྱལ་སྲས་སྤྱོད་པ་ཞེས་བྱ་བ་ནི་དོན་གྱི་གྲོང་ལ་སོགས་པར་འཇུག་པའམ། སྤྱོད་ལམ་བཞིས་གནས་པ་ལ་བྱའོ། །དབང་པོའི་སྤྱོད་ཡུལ་སྣ་ཚོགས་འཇུག་གྱུར་པ་ཞེས་བྱ་བ་ནི་མིག་གི་དབང
་པོ་ནས་ཡིད་ཀྱི་དབང་པོའི་བར་དུ་དྲུག་གོ་།དེའི་སྤྱོད་ཡུལ་ནི་གཟུགས་ནས་ཆོས་ཀྱི་བར་དུ་དྲུག་གོ་།འཇུག་པ་ནི་མིག་གིས་གཟུགས་མཐོང་བ་དང། རྣ་བས་སྒྲ་ཐོས་པ་ནས་ཡིད་ཀྱིས་ཆོས་ཤེས་པའི་བར་དུའོ། །དེ་ལྟ་དེ་ལྟར་རིགས་པའི་མཐུན།
་ཚིག་གིས་ཞེས་པ་ལ་དེ་ལྟ་དེ་ལྟར་ཞེས་བྱ་བ་ནི། དེ་དང་དེའི་ཚེ་ན་ཞེས་བྱ་བའི་དོན་ཏོ། །རིགས་པ་ཞེས་བྱ་བ་ནི་བདག་དང་གཞན་གྱི་དོན་དུ་འགྱུར་བའི་ཕྱིར་རོ། །མཐུན་པའི་ཚིག་ནི་བདག་གིས་ཅི་དང་ཅི་མཐོང་བ་དང། སེམས་ཅན་གྱི་དོན་དུ་བསྔོ་བའི་ཚིག་འབྲེལ
་ཏེ། ཅི་དང་ཅི་མཐོང་བ་དང་ཅི་ཐོས་པ་རྣམས་བདག་དང་གཞན་གྱི་དོན་བྱས་ནས་སེམས་ཅན་གྱི་དོན་དུ་བསྔོ་བས་ན། སེམས་ཅན་ལ་ཕན་པའི་ཕྱིར་མངོན་པར་འདུ་བྱེད་ཅེས་བྱའོ། །སེམས་ཅན་རྣམས་ལ་མི་ཟོད་པ་དགག་པའི་ཕྱིར་ཚིགས་སུ་བཅད་པ་ཞེས་བྱ་བ་བྱང
་ཆུབ་སེམས་དཔའ་འཁོར་བ་ན་སེམས་ཅན་གྱི་དོན་བྱེད་པའི་ཚེ་ཕན་བཏགས་ན་ཡང་སླར་གནོད་པ་བྱེད་པ་དང། བྱང་ཆུབ་སེམས་དཔའ་ལ་བརྡེག་པ་དང། བརྩོག་པ་ལ་སོགས་པའི་གནོད་པ་བྱེད་པར་སེམས་པ་རྣམས་ལ་མི་བཟོད་པར་མི་རིགས་ཀྱི། །དང་དུ་བླང་བ
་རིགས་པར་བསྟན་པའི་ཕྱིར་ཚིགས་སུ་བཅད་པ་རྩོམ་མོ་ཞེས་བྱ་བའི་དོན་ཏོ། །རྟག་ཏུ་རང་དབང་མེད་པའི་སྐྱོན་སེམས་ཀྱིས། །སྐྱེ་བོས་ཉེས་པ་བློ་ལྡན་མི་སེམས་ཏེ་ཞེས་བྱ་བ་ལ། བྱང་ཆུབ་སེམས་དཔའ་ཤེས་རབ་དང་སྙིང་རྗེར་ལྡན་པ་ཡིན་ཏེ། དེ་ལ་ཤེས་རབ་ཀྱིས
་ནི། སེམས་ཅན་གྱིས་བྱང་ཆུབ་སེམས་དཔའ་ལ་གནོད་པར་བྱས་ན་ཡང་སེམས་ཅན་དེ་དག་འདོད་ཆགས་དང། ཞེ་སྡང་དང། གཏི་མུག་གི་དབང་དུ་སོང་སྟེ། རྟག་ཏུ་ཡང་རང་དབང་མེད་པར་བྱང་ཆུབ་སེམས་དཔའ་ལ་བརྡེག་པ་དང། བཅིང་བ་ལ་སོགས་པའི་ཉེས
་པར་བྱེད་པར་སེམས་ཀྱི་དབང་ཡོད་བཞིན་དུ་ཉེས་པ་བྱེད་བ་ནི་མ་ཡིན་ནོ་ཞེས་ཏེ་དེ་ལྟར་ཐུགས་སུ་ཆུད་པས་ན་ཉོན་མོངས་པ་རྣམས་ཀྱིས་ཉེས་པར་དགོངས་ཀྱི་སེམས་ཅན་རྣམས་ཀྱིས་ཉེས་པར་མི་དགོངས་སོ་ཞེས་བྱ་བའི་དོན་ཏོ། །མི་འདོད་བཞིན་དུ་ཤེས་པར་བྱེད
་པའི་སྐྱེ་བོ་ཡིན་པས་སྙིང་རྗེ་འཕེལ་ཕྱིར་རོ་ཞེས་བྱ་བ་ལ། བྱང་ཆུབ་སེམས་དཔའ་རྣམས་ནི་ཐུགས་རྗེ་འཕེལ་ཏེ། དེ་བས་དཔེར་ན་གཡུལ་དག་ཏུ་བདག་དང་གཞན་གཉིས་ཀ་ལ་གནོད་པར་འགྱུར་བའི་འཐབ་མོ་ལ་འགྲོ་བ་དག། ཇོ་བོ་དང་རྒྱལ་པོ་ལ་སོགས་པའི
་དབང་གིས་མི་འདོད་བཞིན་དུ་འགྲོ་བ?་དེ་དང་འདྲ་བར་སྐྱེ་བོ་འདི་དག་གནོད་པ་བྱེད་པས་ཡང། འདོད་ཆགས་དང། གཏི་མུག་དང་ཞེ་སྡང་གི་དབང་དུ་གྱུར་བས་མི་འདོད་བཞིན་དུ་ཉེས་པ་བྱེད་པ་བཞིན་ནོ་ཞེས་ཐུགས་སུ་ཆུད་ནས་དེ་དག་ལ་ཐུགས་རྗེའི་གནས་སུ་དགོངས
་ཀྱི། གནོད་པའི་ལན་གླན་པར་ནི་མི་དགོངས་སོ་ཞེས་བྱ་བའི་དོན་ཏོ། །འདི་ཡན་ཆད་དུ་བྱང་ཆུབ་སེམས་དཔའ་ཨི་སྒྲུབ་པ་རྒྱ་ཆེར་བསྟན་ཏོ།། །།སྒྲུབ་པའི་ཆེ་བ་ཉིད་ཀྱི་ཚིགས་སུ་བཅད་པ་ཞེས་བྱ་བ་ལ། ད་ནི་ཚིགས་བཅད་གཅིག་གིས་སྒྲུབ་པའི་དོན
་མདོར་བསྡུས་ནས་ཀྱང་སྟོན་བྱང་ཆུབ་སེམས་དཔའ་ཨི་སྒྲུབ་པའི་ཆེ་ཡིས?་ཉིད་ཀྱང་འཆད་དེ། ཆེ་བའི་བདག་ཉིད་ནི་ཟིལ་གྱིས་གནོན་པའི་ཆེ་བ་དང་མྱ་ངན་ལས་འདས་པ་དང། ཡོན་ཏན་འཕེལ་བ་ཆེ་བ་དང། ཡོངས་སུ་མི་གཏོང་བ་ཆེ་བའོ། །སྲིད་རྒྱུད
་མཛའ་དག་ཟིལ་གནོན་འགྲོ་བ་དང་ཞེས་བྱ་བས་ཟིལ་གྱིས་གནོན་པས་ཆེ་བ་བསྟན་ཏེ། སྲིད་པ་ནི་ཁམས་གསུམ་ལ་བྱའོ། །རྒྱུད་ཀྱི་སྲས་ནི་འགྲོ་བ་སྡུག་བསྔལ་ལ་བྱ་སྟེ། བྱང་ཆུབ་སེམས་དཔས་གནས་ཆེ་བ་དང། རྩོམ་པ་ཆེ་བ་དང། འབྲས་བུ་ཆ
་བའི་སྒྲུབ་པ་དང། གནས་པ་དང། ཁམས་གསུམ་དང་འགྲོ་བ་སེམས་ལྔའི་རྒྱུད་ཅན་ཐམས་ཅད་ཟིལ་གྱིས་གནོན་ན་མི་གནས་པའི་མྱ་ངན་ལས་འདས་པའི་གྲོང་ཁྱེར་དུ་བྱེད་དོ་ཞེས་བྱ་བའི་དོན་ཏོ། །ཅིའི་ཕྱིར་སེམས་ཅན་རྣམས་ནི། ཁམས་གསུཾ
་ན་འདོད་ཆགས་ལ་སོགས་པ་ཉོན་མོངས་པས་གསོལ། བྱང་ཆུབ་སེམས་དཔའ་ནི་ཁམས་གསུམ་ན་གནས་ཀྱང། ཆོས་ཐམས་ཅད་སྟོང་པར་ཐུགས་སུ་ཆུད་པས་ཁམས་གསུམ་གྱི་ཉེས་པས་མི་གོས་པའི་ཕྱིར་ཁམས་གསུམ་ཟིལ་གྱིས་གནོན་ཏོ་ཞེས་བྱ་བའི་དོན་ཏོ།།
་སྒྲུབ་པ་འདི་ནི་ཞི་བའི་མཆོག་ཏུ་འགྲོ་ཞེས་བྱ་བ་ལ། མྱ་ངན་ལས་འདས་པའི་ཆེ་བ་བསྟན་ཏེ། སྒྲུབ་པ་འདི་ཞེས་བྱ་བའི་སྒྲས་ནི་གནས་ཆེ་བ་དང། རྩོམ་པ་ཆེ་བ་དང། འབྲས་བུ་ཆེ་བའི་སྒྲུབ་པ་ལ་བྱ་བར་བསྙེགས་ཏེ། སྒྲུབ་པ་དེ་ལ
་གནས་ན་མ་གནས་པའི་མྱ་ངན་ལས་འདས་པར་འགྲོ་བས་ན་ཞི་བའི་མཆོག་ཏུ་འགྲོ་བ་ཞེས་བྱའོ། །ཡོན་ཏན་རྣམ་པ་མང་པོ་འཕེལ་བྱེད་ཅིང་བྱ་བས་ཡོན་ཏན་འཕེལ་བའི་ཆེ་བ་བསྟན་ཏེ། སྒྲུབ་པ་དེ་ལ་གནས་ན་སྟོབས་དང། མི་འཇིགས་པ་དང། མ་འདྲེས
་པ་ལ་སོགས་པའི་ཡོན་ཏན་ཐོས་པས་ཡོན་ཏན་མང་པོ་འཕེལ་བར་བྱེད་པས་ཞེས་བྱའོ། །སྙིང་རྗེའི་བསམ་པས་སྐྱེ་བ་རྟག་ཏུ་སྡུད་ཅེས་བྱ་བ་ལ། སེམས་ཅན་ཡོངས་མི་བཏང་བའི་ཆེ་བ་བསྟན་ཏེ། སྒྲུབ་པ་དེ་ལ་གནས་ན་སྙིང་རྗེ་དང་ལྡན་པའི་བྱང་ཆུབ་སེམS
་དཔའ་རྣམས་སྙིང་རྗེའི་སེམས་ཀྱིས་འཁོར་བའི་མཛའ་ཨི་བར་དུ་ཡང་སེམས་ཅན་ཡོངས་སུ་མི་གཏོང་ངོ་ཞེས་བྱ་བའི་དོན་ཏོ། །ཇི་སྐད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས། རབ་འབྱོར་ཅི་སྟེ་གཟུགས་དངོས་པོར་འགྱུར་ཞིང་དངོས་པོ་མེད་པ་ཡང་མ་ཡིན
་ན་ནི། ཐེག་པ་ཆེན་པོ་འདིས་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ནས་འབྱུང་བར་མི་འགྱུར་རོ་ཞེས་བྱ་བས་དོན་ནི་འདི་སྐད་སྟོན་པ་ཡིན་ཏེ། གལ་ཏེ་གཟུགས་ལ་སོགས་པའི་ཆོས་འདི་དག་ཇི་ལྟར་བྱིས་པའི་སྐྱེ་བོ་རྣམས
་ཀྱིས?་བརྗོད་ཅིང་དབང་པོས་གཟུང་བ་དེ་བཞིན་དུ་ཡང་དག་པར་གྲུབ་པར་འགྱུར་ན་ནི་འདི་དག་ཡོད་པ་ཡིན་གྱི་མེད་པ་མ་ཡིན་པར་འགྱུར་རོ། །དེ་ལྟར་ན་ནི་ཐེག་པ་ཆེན་པོ་རྣམ་པར་མི་རྟོག་པའི་ཡེ་ཤེས་འདིས་ལྟ་དང་བཅས་པའི་འཇིག་རྟེན་ཟིལ་གྱིས
་གནོན་ཅིང་ཁམས་གསུམ་ལས་འབྱུང་བར་མི་འགྱུར་རོ། །ཅིའི་ཕྱིར་ཞེ་ན། བྱིས་པ་དང་མཁས་པ་གཉིས་ལ་ཁྱད་པར་མེད་པའི་ཕྱིར་རོ། །གཉི་གས་ཀྱང་དེ་ཁོ་ན་མཐོང་བའི་ཕྱིར་རོ། །དེ་བས་ན་བཅོམ་ལྡན་འདས་ཀྱིས་ཀྱང་ཇི་ལྟར་བྱིས་པ་རྣམ་བརྟགས་བཞིན
་དང་དངོས་པོ་ཡོད་པར་འགྱུར་པ་དང། ཇི་ལྟར་མཐོང་བཞིན་ཡོད་ན་ནི། ཐམས་ཅད་དེ་ཉིད་མཐོང་བར་འགྱུར་ཞེས་གསུངས་པ་ལྟ་བུའོ། །གང་གི་ཕྱིར་གཟུགས་ལ་སོགས་པའི་ཆོསའདི་དག་བྱིས་བས་ཀུན་ཏུ་བརྟག་པའི་བདག་ཉིད་དུ་རང་བཞིན་ཡོད་པ
་ན་ཡིན་ཏེ། དེ་བས་ན་བྱང་ཆུབ་སེམས་དཔའ་རྣམས་དེ་ལྟར་ཚུལ་བཞིན་དུ་ཞུགས་ན། ཡོན་ཏན་མི་རྟོག་པའི་ཡེ་ཤེས་སྐྱེ་བར་འགྱུར་རོ། །རྣམ་པར་མི་རྟོག་པའི་ཡེ་ཤེས་ནི་ཐེག་པ་ཆེན་པོ་སྟེ། ཡེ་ཤེས་དེ་ལྷ་དང་བཅས་བའི་འཇིག་རྟེན་ཟིལ་གྱིས་མནན
་ནས་ཁམས་གསུམ་ལས་འབྱུང་བར་འགྱུར་བའི་དོན་ཏོ། །བསྒྲུབ་པའི་སྐབས་བཤད་པ་རྫོགས་སོ།། །།བམ་པོ་དང་པོའི་འབྲེལ་པ་རྫོགས་སོ།། །།བསྒྲུབ་པའི་སྐབས་བཤད་པའི་རྗེས་ལ། དེ་ཁོ་ནའི་སྐབས་བཤད་བ་ཅིར་འབྲེལ་ཅེ་ན། གོང
་དུ་སྒྲུབ་པའི་རྗེས་ལ་སྲིད་རྒྱུ་མཛའ་དག་ཟིལ་གནོན་འགྲོ་བ་དང། བསྒྲུབ་པ་འདི་ནི་ཞི་བའི་མཆོག་ཏུ་འགྲོ་ཞེས་བྱ་བའི་ཚིགས་སུ་བཅད་པ་གཅིག་གིས་བྱང་ཆུབ་སེམས་དཔའ་ཨི་སྒྲུབ་པ་ལ་གནས་པ་རྣམས་བདག་ཉིད་ཆེན་པོ་བཞི་འཐོབ་བོ་ཞེས་བཤད་དེ། བདག་ཉིད
་ཆེན་པོ་བཞི་པོ་དེ་ཡང་སྒྲུབ་པ་ལ་ཡང་དེ་ཁོ་ན་ཡང་མཐོང་བར་འགྱུར་ན་གདོད་འཐོབ་ཀྱི། བསྒྲུབ་པ་ཡོད་ཀྱང་དེ་ཁོ་ན་མ་མཐོང་བ་རྣམས་ཀྱི་ནི་མི་འཐོབ་བོ། །གོང་དུ་བདག་དང་གཞན་གྱི་དོན་བསྒྲུབ་པར་བྱའོ་ཞེས་བཤད་དོ། །བདག་དང་གཞན་གྱི་དོན་ལ
་ཞུགས་པ་དེས་ཀྱང་བདག་ཉིད་ཉོན་མོངས་པས་མ་བཅིངས་པར་བྱ་སྟེ། བདག་བཅིངས་ནས་གཞན་གྲོལ་བར་མི་ནུས་པའི་ཕྱིར་རོ། །དེ་ལ་ཉོན་མོངས་པ་ལས་ཐར་པར་བྱ་བའི་ཐབས་ནི་དེ་ཁོ་ན་མཐོང་བ་སྟེ་དེ་བས་ན་སྒྲུབ་པའི་སྐབས་ཀྱི་རྗེས་ལ། ཉོན་མོངས
་པས་མི་གོས་པའི་ཐབས་དེས། དེ་ཁོ་ནའི་སྐབས་བཤད་པར་འབྲེལ་ལོ། །ཡང་ན་དང་པོ་ཉིད་དུ་གཙུག་ལག་གི་ལུས་སུ་བཞག་པ་ནི་རིགས་ལ་གནས་པའི་བྱང་ཆུབ་སེམས་དཔས་བྱང་ཆུབ་ཏུ་སེམས་བསྐྱེད་ནས་བྱང་ཆུབ་སེམས་དཔའ་ཨི་བསླབ་པ་ལ་བསླབ་པར་བྱའོ
་ཞེས་གླེངས་ལ་བྱང་ཆུབ་སེམས་དཔའ་ཨི་བསླབ་པ་གང་ཞེ་ན་དེ་འང་རྣམ་པ་གསུཾ་ཏེ་གང་ལ་བསླབ་པར་བྱ་བ་དང། ཇི་ལྟར་བསླབ་པར་བྱ་བ་དང། གང་གིS་བསླབ་པར་བྱ་བའོ། །གང་ལ་བསླབ་པར་བྱ་བ་རྣམ་པ་བདུན་ཏེ། བདག་གི་དོན་སྒྲུབ་པ་དང། གཞན་གྱི་དོན་སྒྲུབ
་པ་དང། དེ་ཁོ་ནའི་དོན་དང། མཐུའི་དོན་དང་སངས་རྒྱས་ཀྱི་ཆོས་ཡོངས་སུ་སྨིན་པར་བྱ་བ་དང། སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་དང། བླ་ན་མེད་པའི་བྱང་ཆུབ་པོ་ཞེས་སྨོས་པ་ལ། བདག་དང་གཞན་གྱི་དོན་སྒྲུབ་པའི་འོག་ཏུ་དེ་ཁོ་ནའི་དོན་སྨོས་བས་ན་སྒྲུབ་བའི་རྗེས་ལ་དེ་ཁོ་ནའི
་དོན་བཤད་པར་འབྲེལ་ཏོ། །དོན་དམ་པའི་མཚན་ཉིད་ཀྱི་ཚིགས་སུ་བཅད་པ་ཞེས་བྱ་བ་ལ། དོན་དམ་པ་རྣམ་པ་གཉིས་ཏེ། དེ་བཞིན་ཉིད་ཆོས་ཀྱི་དབྱིངས་རྣམ་པར་དག་པ་དང། གཉིས་སུ་མེད་པའི་རྣམ་པར་མི་རྟོག་པའི་ཡེ་ཤེས་སོ། །དེ་བཞིན
་ཉིད་ཅིའི་ཕྱིར་དོན་དམ་བ་ཞེས་བྱ་ཞེ་ན། འཕགས་པའི་ལམ་བསྒོམས་པའི་འབྲས་བུ་ཡིན་པས་དོན་ཞེས་བྱ་བ་ལ། ཆོས་ཐམས་ཅད་དུ་གྱུར་པས་དམ་པ་ཞེས་བྱའོ། །ཡང་ན་དོན་ཞེས་བྱ་བ་ནི་ཡུལ་ལ་བྱ་སྟེ། རྣམ་པར་མི་རྟོག་པའི་ཡེ་ཤེས་དམ
་པའི་ཡུལ་ཡིན་པས་དོན་དམ་པ་ཞེས་བྱའོ། །དེ་བཞིན་ཉིད་ཀྱི་མཚན་ཉིད་ཀྱི་དོན་དམ་པའི་མཚན་ཉིད་བཤད་པའི་ཕྱིར་ཡོད་མིན་མེད་མིན་དེ་བཞིན་གཞན་མ་ཡིན་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །རྣམ་པར་མི་རྟོག་པའི་ཡེ་ཤེས་གཉིས་སུ
་མེད་པའི་ཡེ་ཤེས་ནི་ཕྱིས་འཆད་དོ། །དེ་ལ་གཉིས་དང་བྲལ་ཞིང་གཉིས་སུ་མིང?་པའི་དོན་ནི་དོན་དམ་པའི་མཚན་ཉིད་དེ། ཡང་གཉིས་སུ་མེད་པ་རྣམ་ལྔས་དོན་དམ་པའི་མཚན་ཉིད་བསྟན་ཏོ། །དེ་ལ་དོན་དམ་པ་ཡོངས་སུ་གྲུབ་པའི་མཚན་ཉིད
་དེ་ཀུན་ཏུ་བརྟགས་པ་དང། གཞན་གྱི་དབང་གི་མཚན་ཉིད་ལྟ་བུར་ཡོད་པ་མ་ཡིན་པས་ན་ཡོད་མིན་ཞེས་བྱའོ། །དོན་དམ་པ་དེ་ཡོངས་སུ་གྲུབ་པའི་ངོ་བོ་ནི་མེད་པ་མ་ཡིན་པས་ན་མེད་མིན་ཞེས་བྱའོ། །འདི་ནི་གཉིས་སུ་མེད་པའི་དོན་གཅིག་བསྟན
་ཏོ། །དེ་བཞིན་གཞན་མ་ཡིན་ཞེས་བྱ་བ་ལ། དེ་བཞིན་མ་ཡིན་གཞན་མ་ཡིན་ཞེས་བྱ་བར་སྦྱར་ཏེ། གཅིག་པ་མ་ཡིན་པས་དེ་བཞིན་མ་ཡིན་ལ། ཐ་དད་པ་མ་ཡིན་པས་གཞན་མེད་པའོ། །དེ་ལ་ཡོངས་སུ་གྲུབ་པ་དང། ཀུན་བརྟགས་དང་གཞན་གྱི་དབང་དུ་མཚན་ཉིད་གཅིག་པ
་མ་ཡིན་པས་དེ་བཞིན་མ་ཡིན་པ་ཞེས་བྱ་བའི་དོན་ཏོ། །ཇི་ལྟ་ཞེ་ན། ཡོངས་སུ་བརྟགས་པའི་རང་བཞིན་ནི་ཡོད་པ་མ་ཡིན་པ་ཕྱིན་ཅི་ལོག་ཏུ་སྣང་བ་ཡིན་ལ། ཡོངས་སུ་གྲུབ་པའི་རང་བཞིན་ནི་བདེན་པ་ཡང་དག་པ་ཕྱིན་ཅི་མ་ལོག་པས་ཀུན་བརྟགས་དང་རང་བཞིན་གཅིག
་བ་མ་ཡིན་ནོ། །གཞན་གྱི་དབང་གི་རང་བཞིན་ཀུན་བརྟགས་ཀྱི་ཆོས་ཀྱི་རྟེན་དུ་གྱུར་པ་སྟེ་རྟེན་ཅིང་རྟེན་པར་འབྱུང་བའི་ཀུན་ནས་ཉོན་མོངས་པའི་ངོ་བོ་ཡིན་ལ་ཡོངས་སུ་གྲུབ་པ་ཀུན་བརྟགS་ཀྱི་མོS་ཀྱི་རྟེན་དུ་མ་གྱུར་ལ། རྟེན་འབྲེལ་ཏེ་བྱུང་བ་མ་ཡིན་པ་རྣམ་པར་བྱང་བའི་ཆོས་ཡིན
་པས་གཞན་དབང་དང་ཡང་རང་བཞིན་གཅིག་པ་མ་ཡིན་ནོ། །ཀུན་དུ་བརྟགས་པ་དང། གཞན་གྱི་དབང་གཉིས་དང་ཡོངས་སུ་གྲུབ་པ་ཐ་དད་པ་ཡང་མ་ཡིན་པས་ན་གཞན་མ་ཡིན་པ་ཞེས་བྱ་སྟེ། ཇི་ལྟ་ཞེ་ན་གཞན་གྱི་དབང་གི་རང་བཞིན་ལ་གཟུང་འཛིན་དུ་ཀུན་དུ
་བརྟགས་པ་དང་བྲལ་བ་ཉིད་ལ་ཡོངས་སུ་གྲུབ་པའི་རང་བཞིན་ཞེས་བྱ་བར་ཟད་ཀྱི་དེ་ལ་མ་གཏོགས་པར་ཡོངས་སུ་གྲུབ་པའི་རང་བཞིན་ལོགས་ཤིག་ན་མེད་པའི་ཕྱིར་རོ། །དེའི་དཔེ་ནི་འདུས་བྱས་དང། འདུས་མ་བྱས་ཀྱི་མཚན་ཉིད་མི་རྟག་པ་ལ་སོགས་པ་བཞིན་ཏེ། གལ
་ཏེ་འདུས་བྱས་ལ་མི་རྟག་པ་གཅིག་ཏུ་གྱུར་ན་ནི་མི་རྟག་པ་བཞིན་དུ་འདུས་བྱས་རྟག་ཏུ་ཞི་བས་མི་སྣང་བའི་སྐྱོན་དུ་འགྱུར་རོ། །གལ་ཏེ་འདུས་བྱས་དང་མི་རྟག་པ་ཐ་དད་པར་གྱུར་ན་ནི་མི་རྟག་པ་ལོགས་ཤིག་ཏུ་འདུས་བྱས་ལ་མི་རྟག་པ་མེད་པའི་ཕྱིར་འདུས་བྱས་ལ་མི་རྟག་པར
་འགྱུར་བ་བཞིན་ཏེ། འདི་ནི་གཉིས་སུ་མེད་པའི་དོན་གཉིས་པའོ། །མི་སྐྱེ་མི་འཇིགས་ཅེས་བྱ་བ་ལ་ཡོངས་སུ་གྲུབ་པ་དེ་ལས་དང་ཉོན་མོངས་པའི་རྒྱུ་རྐྱེན་གྱིས་མ་བསྐྱེད་པས་ན་མི་སྐྱེའོ། །མ་སྐྱེས་པའི་ཆོས་ལ་འགག་པ་མེད་པས་ན་མི་འཇིག་པ་སྟེ་འདུས་མ་བྱས་ཀྱི་རང་
་བཞིན་ཏེ་ཞེས་བྱ་བའི་དོན་ཏོ། །འདི་ནི་གཉིས་སུ་མེད་པའི་དོན་གསུམ་པའོ། །འབྲི་བར་མི་འགྱུར་ཏེ། འཐེལ?་བ་མེད་ཅིང་ཞེས་བྱ་བ་ལ། འཁོར་བའི་དུས་དང་མྱ་ངན་ལས་འདས་པའི་དུས་ན་ཡང་ཡོངས་སུ་གྲུབ
་པ་དེ་ལ་འབྲི་བ་ཡང་མེད། འཕེལ་བ་ཡང་མེད་དེ་ནམ་མཁའ་བཞིན་ནོ། །དཔེར་ན་ནམ་མཁའ་ལ་གནས་པའི་སྤྲིན་ལ་སོགས་པ་བྲི་བར་གྱུར་ཀྱང་ནམ་མཁའ་ལ་བྲི་བ་མེད་པ་དང་ནམ་མཁའ་སྔོན་མེད་པའི་སྦྲིན་ལ་སོགས་པ་བྱུང་ན་ཡང་ནམ་མཁའ་གསར་དུ་བྱུང་བ
་མེད་པ་དེ་བཞིན་འཕགས་པའི་ལམ་བསྒོམས་པའི་དུས་ན་འཁོར་བའི་ཆོས་ཉོན་མོངས་པ་བྲི་ཡང་སྟོང་པ་ཉིད་ལ་བྲི་བ་མེད་དེ། རྣམ་པར་བྱང་བའི་ཕྱོགས་བྱང་ཆུབ་ཀྱི་ཕྱོགས་འཕེལ་ན་ཡང་སྟོང་པ་ཉིད་ལ་འཕེལ་བ་མེད་དེ་འདི་ནི་གཉིས་སུ་མེད་པའི་དོན
་བཞི་པའོ། །རྣམ་བར་དག་མེད་ལ་རྣམ་པར་དག་འགྱུར་ཞེས་པ་ལ། དོན་དམ་པ་སྟོང་པ་ཉིད་དོ། །དེ་ནི་ནམ་མཁའ་དང་གསེར་དང་ཆུའི་ཁམས་དང་ཤེལ་ལ་སོགས་པ་རང་བཞིན་གྱིས་དག་པ་བཞིན་དུ་སྟོང་པ་ཉིད་ཀྱི་རང་བཞིན་གྱིས་དག་པ་སྟེ། ནམ
་མཁའ་ཨི་རང་བཞིན་གྱིས་དག་པ་ལ་ཆུ་ལ་སོགས་པས་བཀྲུས་ཏེ་དག་པར་བྱར་མེད་པ་བཞིན་དུ། སྟོང་པ་ཉིད་ཀྱི་རང་བཞིན་ལ་ཡང་དྲི་མ་དག་པར་བྱར་མེད་པས་ན་རྣམ་པར་དག་པ་མེད་པ་ཞེས་བྱའོ། །རང་བཞིན་ལ་དྲི་མ་གསལ་དུ་མེད་ཀྱང་དཔེར་ན་ནམ་མཁའ་
་ལ་བློ་བུར་གྱི་སྤྲིན་བསལ་བ་དང། གསེར་ལ་གློ་བུར་གྱིས་རྡོ་བསལ་བ་བཞིན་དུ་སྟོང་པ་ཉིད་ལ་ཉོན་མོངས་བའི་སྒྲིབ་པ་དང། ཤེས་བྱའི་སྒྲིབ་པ་དྲི་མ་གློ་བུར་ཡོད་པ་གསལ་བར་མི་བྱ་བ་ཡང་མ་ཡིན་ཏེ། བསལ་ཞིང་དག་པར་བྱ་དགོས་པར་རྣམ་བར་དག་པར
་འགྱུར་བ་ཞེས་ཀྱང་བྱ་སྟེ། འདི་ནི་གཉིས་སུ་མེད་བའི་དོན་ལྔ་པའོ། །དེ་ནི་དོན་མཚན་ཞེས་བྱ་བ་ལ། གཉིས་སུ་མེད་པའི་མཚན་ཉིད་ལྔ་པ་དེ་ནི་དོན་དམ་པའི་མཚན་ཉིད་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །བདག་ཏུ་ལྟ་བའི་ཕྱིན་ཅི་ལོག་དགག་པའི་ཕྱིར་ཚིགས་སུ་བཅད
་པ་ཞེས་བྱ་བ་ལ་དུ་མ་དང་མི་རྟག་པའི་མཚན་ཉིད་ཕུང་པོ་ལྔ་ལ་བདག་གིར་ལྟ་བའི་འཇིག་ཚོགས་སུ་ལྟ་བ་ལ་བདག་གིར་ལྟ་བར་ཞེས་བྱ་སྟེ། བདག་དང་བདག་གི་མེད་པ་ལ་བདག་དང་བདག་གིར་ལྟ་བས་ན་ཕྱིན་ཅི་ལོག་གོ་།ཕྱིན་ཅི་ལོག་སྟེ་སྐྱོན་ཡིན་པས་སྤང་དགོས་པར
་བསྟན་པའི་ཕྱིར་ཚིགས་སུ་བཅད་པ་རྩོམ་མོ་ཞེས་བྱ་བའི་དོན་ཏོ། །དོན་དམ་པ་བཤད་པའི་སྐབས་སུ་བདག་ཏུ་ལྟ་བ་ཕྱིན་ཅི་ལོག་བཤད་པའི་སྐབས་མ་ཡིན་ན་བདག་ཏུ་ལྟ་བ་སྐབས་འདིར་བཤད་པ་ཅིར་འབྲེལ་ཞེ་ན། དོན་དམ་པ་ཞེས་བྱ་བ་ནི་གང་ཟག་ལ་བདག
་མེད་པའི་སྟོང་པ་དང། ཆོས་ལ་བདག་མེད་པའི་སྟོང་པ་ཉིད་ལ་བྱའོ། །དེ་ལ་བདག་ཏུ་ལྟ་བ་ནི་གང་ཟག་ལ་བདག་མེད་པའི་སྟོང་པ་ཉིད་དུ་མི་མཐུན་པ་སྟེ། དེ་བས་ན་ཇི་ཙམ་བདག་ཏུ་ལྟ་བ་ཡོད་པ་དེ་ཙམ་དུ་གང་ཟག་ལ་བདག་མེད་པ་མ་རྟོགས་པས། གང་ཟག
་བདག་མེད་པར་རྟོག་པར་འདོད་པས་བདག་ཏུ་འདོད་པ་སྤོངས?་ཤིག་ཅེས་བསྟན་པ་དང་གང་ཟག་ལ་བདག་མེད་པའི་དོན་གཏན་ལ་དབབ་པའི་ཕྱིར། འདིར་བདག་ཏུ་ལྟ་བའི་བཤད་པར་འབྲེལ་ཏོ། །མུ་སྟེགས་ཅན་རྣམས་བདག་ཏུ་ལྟ་བ་ཡང་སྤང་ན་ནི་བདག་ཡོད
་དེ་ཞེས་དེ་ལྟར་སེམས་པའི་འཇིག་ཚོགས་ལ་ལྟ་བ་ཉིད་རང་བདག་གི་རང་བཞིན་ཡིན་གྲང། ཡང་ན་འཇིག་ཚོགས་ལ་ལྟ་བའི་གནས་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་བདག་གི་རང་བཞིན་ཡིན་གྲང། ཡང་ན་དེ་གཉིས་ལ་མ་གཏོགས་པར་བདག་བྱ་བ་ཞིག་ལོགས་ཤིག་ན
་ཡོད་པར་བརྟག་པར་གྲང་ན། དེ་གསུམ་ཆར་ལྟར་མི་རིགས་པས་གང་ཟག་ལ་བདག་མེད་དོ། །དེ་ལ་བདག་ཏུ་ལྟ་བ་ཉིད་བདག་གི་རང་བཞིན་ཡིན་པར་མི་རིགས་པར་བསྟན་པའི་ཕྱིར་བདག་ཏུ་ལྟ་བར་རང་ཉིད་བདག་མཚན་མིན་ཞེས་བྱ་བ་སྨོས་ཏེ། བདག་ཏུ་ལྟ་བའི་སྒྲས
་ནི་འཇིག་ཚོགས་ལ་ལྟ་བ་ལ་བྱ་སྟེ། འཇིག་ཚོགས་ལ་ལྟ་བ་དེ་ཉིད་མུ་སྟེགས་ཅན་གྱིས་བརྟགས་པའི་བདག་རྟག་པའི་མཚན་ཉིད་མ་ཡིན་ཏེ་།ཅིའི་ཕྱིར་ཞེ་ན། དེ་ཡི་མཚན་ཉིད་མི་འདྲ་ཕྱིར་ཞེས་བྱ་བ་སྨོས་སོ། །འདི་ལྟར་འཇིག་ཚོགས་ལ་ལྟ་བའི་མཚན་ཉིད་ཀྱང་གཞན
་མུ་སྟེགས་ཅན་གྱིས་བརྟགས་པའི་བདག་དེའི་མཚན་ཉིད་ཀྱང་གཞན་ཏེ། དེ་གཉིས་མཚན་ཉིད་མི་འདྲ་བས་ན་འཇིག་ཚོགས་ལ་ལྟ་བ་ཉིད་བདག་གི་མཚན་ཉིད་མ་ཡིན་ནོ། །ཇི་ལྟར་མཚན་ཉིད་མི་འདྲ་ཞེན་མུ་སྟེགས་པས་ནི་བདག་དེ་འདུས
་མ་བྱས་པ་དང། རྟག་པ་དང་ཁྱབ་པ་དང། ལས་མི་བྱེད་པའི་མཚན་ཉིད་དུ་བརྟགས་སོ། །འཇིག་ཚོགས་ལ་ལྟ་བ་ནི་སེམས་ཀྱི་ཆོས་ཡིན་ཏེ། སེམས་ནི་འདུས་བྱས་དང་མི་རྟག་པ་དང། མ་ཁྱབ་པ་དང་ལས་རྣམ་པ་གསུམ་བྱེད་པ་ཡིན་པས་མཚན་ཉིད་མི་འདྲའོ?།
་འཇིག་ཚོགས་ལ་ལྟ་བའི་རྟེན་དུ་གྱུར་པ་ཕུང་པོ་ལྔ་ཡང་བདག་གི་མཚན་ཉིད་དུ་མི་རིགས་བར་བསྟན་པའི་ཕྱིར། ངན་པའི་གནས་མིན་ཞེས་བྱ་བ་སྨོས་ཏེ། ངན་པའི་སྒྲས་ནི་འཇིག་ཚོགས་ལ་ལྟ་བ་ལ་སྙེགས་ཏེ། ཕུང་པོ་ལྔ་པོ་འདི་འཇིག་ཚོགས་སུ་ལྟ་བ་འདི།
་རྟན་དུ་གྱུར་པ་དང། ཉོན་མོངས་པའི་གནས་ངན་ལེན་གྱིས་བསྐྱེད་པས་ན་ངན་པའི་གནས་ཞེས་བྱ་བ་སྟེ། ངན་པའི་གནས་ཀྱི་ཕུང་པོ་ལྔ་ཡང་བདག་གི་མཚན་ཉིད་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། དེའི་ཕྱིར་མཚན་ཉིད་མི་འདྲ་བའི་ཕྱིར་ཞེས་བྱ་བ་སྨོས་ཏེ། མུ་སྟེགས
་པས་བརྟགས་པའི་མཚན་ཉིད་ཀྱང་གཞན་ཕུང་པོ་ལྔའི་མཚན་ཉིད་ཀྱང་གཞན་ཏེ། མཚན་ཉིད་མི་འདྲ་བས་ན་ཕུང་པོ་ལྔ་པོ་ཉིད་བདག་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། བདག་ནི་འདུས་མ་བྱས་དང། རྟག་པ་དང་ཁྱབ་པ་དང། ལས་མི་བྱེད་པར་འདོད་ལ། ཕུང་པོ
་ལྔ་ནི་འདུས་བྱས་དང། མི་རྟག་པ་དང། མ་ཁྱབ་པ་དང། ལས་བྱེད་པ་ཡིན་པས་མཚན་ཉིད་མི་འདྲའོ། །དེ་ཉིད་མ་གཏོགས་པར་བདག་ལོགས་ན་ཡོད་པར་ཡང་མི་རིགས་པར་བསྟན་པའི་ཕྱིར་གཉིས་མིན་ཞེས་སྨོས་ཏེ། འཇིག་ཚོགས་ལ་ལྟ་བ་དང། ཕུང་པོ
་ལྔ་ལས་མ་གཏོགས་པར་བདག་བྱ་བ་དེ་དེ་ལོགས་ཤིག་ན་ཡོད་པ་ཡང་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། མངོན་སུམ་གྱི་ཚང་མའི་ཡུལ་དུ་ཡང་མ་གྱུར་རྗེས་སུ་དཔག་པའི་ཚད་མའི་ཡུལ་དུ་ཡང་མ་གྱུར་པའི་ཕྱིར་རོ། །འདི་ལྟར་དངོས་པོ་ཡོད་བའི་རྣམས
་ནི་ཡང་ན་མངོན་སུམ་གྱི་ཚད་མའི་ཡུལ་དུ་གྱུར་ཏེ་གཟུགས་ལ་སོགས་པ་ཡིན་ནོ། །ཡང་ན་རྗེས་སུ་དཔག་པའི་ཆད་མའི་ཡུལ་དུ་འགྱུར་ཏེ། དཔེར་ན་མིག་གི་དབང་པོ་ལྟར་མི་སྣང་ཡང། མིག་གི་རྣམ་པར་ཤེས་བསྐྱེད་པའི་རྒྱུ་བྱེད་པའི་སྒོ་ནས་མིག་གི་དཔའ་པོ་ཡོད་པར
་བརྟགས་ན་བདག་འདི་ནི་ཚད་མ་གཉི་གས་བརྟགས་ན་ཡང་ཡོད་པར་མ་མཐོང་བས་ན་ལོགས་ཤིག་ན་མེད་དོ། །གལ་ཏེ་བདག་མེད་ན་ཅིའི་ཕྱིར་སེམས་ཅན་རྣམས་བདག་ཅེས་རྟོག་སྙམ་པ་ལ་དེའི་ཕྱིར། འདིར་ནི་ནོར་ཙམ་སྐྱེས་ཞེས་སྨོས་ཏེ། དཔེར་ན་ཐག་པ་ལ་སྤྲུལ་དུ་འཁྲུལ
་པའི་ཐག་པ་དེ་ལ་ཡོད་པ་མ་ཡིན་གྱི་སྤྲུལ་ལྟ་བུར་ནོར་བར་མཐོང་བ་དང། རྨི་ལམ་ན་གཟུགས་རྣམ་པ་སྣ་ཚོགས་མཐོང་བ་ཡོད་པ་མ་ཡིན་གྱི?་ནོར་བར་མཐོང་བ་དེ་བཞིན་དུ་བདག་བདག་ཅེས་རྟོག་པ་འདི་ཡང་ཕྱིན་ཅི་ལེག་དང། འཁྲུལ་པའི་སེམས་བསྐྱེད་བར་ཟད་ཀྱི་དངོས
་པོར་ཡོད་པའི་རྟོག་པ་ནི་མ་ཡིན་པའི་དོན་ཏོ། །འདི་ལྟར་བདག་ཡོད་པ་ནི་བདག་ཏུ་ཉོན་མོངས་པས་བཅིངས་པར་གྱུར་ལ། ཉོན་མོངས་པའི་བཅིངས་པ་བཅད་ན་ཐར་པར་འགྱུར་བ་ཡིན་ན། བདག་མེད་ན་སུ་ཞིག་ཐར་པར་འགྱུར་སྙམ་པ་ལ་དེའི་ཕྱིར། ཐར་པ་ནོར་ཙམ
་ཟད་པའོ་ཞེས་སྨོས་ཏེ། དཔེར་ན་ཐར?་པ་ལ་སྤྲུལ་དུ་འཁྲུལ་པ་སྟེ་སྤྲུལ་གྱི་འཁྲུལ་པ་དང་བྲལ་ཏེ། ཐག་པར་ཤེས་པར་གྱུར་པ་ན་ལུས་བདེ་བ་དང་སེམས་བདེ་བ་ཐོབ་པར་འགྱུར་རོ། །དེ་བཞིན་དུ་བདག་མེད་པ་ལ་བདག་ཏུ་འཁྲུལ་པ་ཟད་དེ། དེ་སྤངས་པ་ཉིད་ཐར་པ་དང་མྱ
་ངན་ལས་ཞེས་བྱ་བར་ཟད་ཀྱི་ཐར་པ་ཐོབ་པར་བྱེད་པའི་བདག་ནི་གང་ཡང་ཡོད་པ་མ་ཡིན་ནོ་ཞེས་སྟོན་ཏེ། དེ་བས་ན་ཙམ་གྱི་སྒྲས་བདག་ཡོད་པ་ཡིན་པ་འགོག་གོ་།ཕྱིན་ཅི་ལོག་ཀུན་ཏུ་སྨད་པའི་ཚིགས་སུ་བཅད་པ་གཉིས་སུ་ཞེས་བྱ་བ་ལ། ཇི་ཙམ་དུ་སེམས
་ཅན་སྤྱོད་ཅིང་གནས་པ་ཐམས་ཅད་ཕྱིན་ཅི་ལོག་ཡིན་ལ། ཕྱིན་ཅི་ལོག་གི་རྒྱུས་ནི་སྐྱེ་བ་དང་རྒ་བ་ལ་སོགས་པའི་སྡུག་བསྔལ་རྟག་ཏུ་མྱོང་སྟེ། དེ་ལྟར་སེམས་ཅན་རྣམས་འཁྲུལ་པ་ལ་ཡང་གནས་སྡུག་བསྔལ་བ་ཡང་ཡིན་ན་འཁྲུལ་པ་ལ་གནས་པ་དང། སྡུག་བསྔལ་ཡིན
་པར་ཅིའི་ཕྱིར་མ་རྟོགས་ཞེ་ན། ཕྱིན་ཅི་ལོག་ལ་གནས་པ་དང། མ་རིག་པས་ཁེབས་པས་མ་རྟོགས་ཏེ། དེ་བས་ན་ཕྱིན་ཅི་ལོག་ལ་སྨད་པའི་ཕྱིར་ཚིགས་སུ་བཅད་པ་གཉིས་རྩོམ་མོ་ཞེས་བྱ་བའི་དོན་ཏོ། །འཁྲུལ་ཙམ་གནས་ཞིང་དང་བཞིན
་སྡུག་བསྔལ་བ། །སྐྱེ་བོས་རྟག་འཁྲུལ་ཅི་ཕྱིར་རྟོགས་མ་གྱུར་ཞེས་བྱ་བ་ལ། འཇིག་རྟེན་པ་དག་བདག་ཡོད་དོ་ཞེས་དེ་དག་ཏུ་ཡོད་པ་དང། ཆོས་ཡོད་དོ་ཞེས་རྟོགས་པ་ཡོད་པ་ཡང་ནོར་པ་ཡིན་བས་ན་འཁྲུལ་པ་ཙམ་ལ་གནས་པ་ཞེས་བྱའོ། །དེའི་རྒྱུས
་སྐྱེ་བ་དང་རྒ་བ་ལ་སོགས་པའི་སྡུག་བསྔལ་རྣམ་པ་སྣ་ཚོགས་འབྱུང་བས་ན་རང་བཞིན་གྱིས་སྡུག་བསྔལ་བ་ཞེས་བྱའོ། །དེ་ལྟར་སྐྱེ་བོ་རྣམས་ནི་རྟག་ཏུ་འཁྲུལ་པ་ལ་ཡང་གནས་ལ་སྡུག་བསྔལ་བ་ཡང་ཡིན་པ་དེ་འདྲ་བའི་མཚན་ཉིད་དུ་ཅིའི་ཕྱིར
་རྟོགས་པར་མ་གྱུར་ཅེ་ན། འོག་ནས་འབྱུང?་བའི་ཚུལ་དུ་མུན་པ་ཆེན་པོས་ཁེབས་བར་མ་གྱུར་ཏོ་ཞེས་བྱ་བའི་དོན་ཏོ། །རིག་པ་མེད་ཅིང་ཞེས་བྱ་བ་ལ་དངོས་པོ་འདི་དག་འཁྲུལ་བ་ཡིན་པ་དང། སྡུག་བསྔལ་ཡིན་པར་ཁོང་དུ་ཆུད་པའི་ཡང་དག་པའི
་ཡེ་ཤེས་ཟག་པ་མེད་པའི་རང་བཞིན་མེད་པས་ན། རིག་པ་མེད་པ་ཞེ་བྱའོ། །རིག་ཉིད་ཅེས་བྱ་བ་ལ་ཡང་དག་པའི་ཡེ་ཤེས་ཀྱིས་རིག་པས་ཀྱང་ཟག་པ་དང་བཅས་པའི་ཤེས་པས་ཚོར་བ་བདེ་བ་དང་སྡུག་བསྔལ་བ་དང། བདེ་བ
་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པ་མྱོང་བ་ཡོད་པས་རིག་པ་ཡོད་ཅེས་བྱའོ། །སྡུག་བསྔལ་ཉིད་ཅེས་བྱ་བ་ལ་ཚོར་བ་རྣམ་པ་གསུམ་མྱོང་ཡང་གསུམ་ཆར་ཡང་སྡུག་བསྔལ་བའི་མཚན་ཉིད་ཡིན་ཏེ། ཚོར་བ་གསུམ་ཆར་ལ་ཡང་སྡུག་བསྔལ་གྱི
་རང་བཞིན་སྤངས་པའི་ཕྱིར་རོ། །ཇི་ལྟ་ཞེ་ན། སྡུག་བསྔལ་གྱི་ཚོར་བས་ནི་རང་བཞིན་གྱི་སྡུག་བསྔལ་མ་སྤངས། བདེ་བའི་ཚོར་བས་ནི་འགྱུར་བའི་སྡུག་བསྔལ་མ་སྤངས། །བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་མ་ཡིན་པའི་ཚོར་བས་ནི་འདུ་བྱེད་ཀྱི་སྡུག་བསྔལ་མ
་སྤངས་ཏེ། དེ་བས་ན་ཚོར་བ་གསུམ་ཆར་སྡུག་བསྔལ་བ་ཉིད་དོ། །སྡུག་བསྔལ་མེད་པ་ཞེས་བྱ་བ་ལ། མུ་སྟེགས་པ་དག་གིས་ནི་སྡུག་བསྔལ་དེ་དག་ཀྱང་བདག་གིས་མྱོང་ངོ་ཞེས་སྨྲས་ཏེ། སྡུག་བསྔལ་རྣམ་པ་གསུམ་ཡོད་ཀྱང་སྡུག་བསྔལ་རྣམ་པ་གསུམ་དང་ལྡན་ཞིང་དེ
་མྱོང་བར་བྱེད་པའི་བདག་མེད་པས་ན་སྡུག་བསྔལ་མེད་པ་ཞེས་བྱའོ། །ཆོས་དངོས་ཞེས་བྱ་བ་ལ་དེ་ལྟར་བདག་ནི་ཀུན་རྫོབ་ཏུ་ཡང་མེད་ཀྱི་ཕུང་པོ་དང་ཁམས་ལ་སོགས་པའི་ཆོས་ནི་ཀུན་རྫོབ་ཏུ་སྒྱུ་མ་དང། སྨིག་རྒྱུ་བ་ཙམ་དུ་ཡོད་པས་ཆོས་དངོས་ཤེས་བྱ་སྟེ། འདི
་ཡན་ཆད་ཀྱི་ཚིག་གིས་གང་ཟག་ལ་བདག་མེད་པར་བསྟན་ཏོ། །དེ་དངོས་མིན་ཞེས་བྱ་བ་ལ་དོན་དམ་པར་ནི་ཆོས་དེ་ཡང་རང་བཞིན་དང་བདག་མེད་དེ་སྟོང་པ་ཡིན་པས་དེ་དངོས་མིན་ཞེས་བྱ་སྟེ། ཚིག་འདིས་ནི་ཆོས་ལ་བདག་མེད་པ་བསྟན་ཏོ། །དངོས་པོ་རྟེན་འབྱུང
་མངོན་སུམ་འཇུག་པ་ལ། །འགྲོ་བ་ཇི་ལྟར་གཞན་དག་བྱེད་ལ་བརྟེན། ཞེས་བྱ་བ་ལ། དངོས་པོའི་སྒྲས་ནི་ཕྱིའི་དངོས་པོ་དང་ནང་གི་དངོས་པོ་ལ་བྱ་སྟེ། གཉི་ག་ལ་ཡང་རྟེན་ཅིང་འབྲེལ་ཏེ་འབྱུང་བ་ཡིན་པ་འཇིག་རྟེན་པ་ཀུན་གྱི་མངོན་སུམ་དུ་སྣང་ངོ། །ཇི་ལྟ་ཞེ་ན
་ཕྱིའི་དངོས་པོ་རྣམས་ཀྱང་ས་བོན་དང་ས་གཞི་དང་ཆུ་དང་མེད་དང་རླུང་ལ་སོགས་པའི་རྒྱུ་རྐྱེན་ལས་འབྱུང་བར་སྣང་ལ། ནང་གི་དངོས་པོ་ལྔ་ཡང་མ་རིག་པ་དང་འདུ་བྱེད་ལ་སོགས་པ་དང། ཕ་མའི་ཁྲག་དང། ཁུ་བ་ལས་བྱུང་བའི་རྒྱུ་རྐྱེན་སྣང་ན། ཆོས་འདི་དག
་རྟེན་ཅིང་འབྲེལ་ཏེ་འབྱུང་བ་མ་ཡིན་གྱི། བདག་དང་བྱེད་པ་པོ་ལ་སོགས་པ་གཞན་དག་གིས་བྱས་སོ་ཞེས་ཅིའི་ཕྱིར་དང་དེ་ལྟར་ལྟ་ཞིང་རྟོག་ཅེས་བྱ་བའི་དོན་ཏོ། །གང་ཕྱིར་ཡོད་པ་མ་ཡིན་མེད་མཐོང་བ། །དེ་འདྲའི་མུན་ནག་རྣམ་པ་དེ་གང་ཞིག་ཅེས་བྱ་བ་ལ་འཇིག
་རྟེན་ལ་གྲགས་པའི་མུན་པས་ནི་དངོས་པོ་ཡོད་པ་མི་མཐོང་བར་བྱེད་དེ། ཡོད་པ་ནི་མི་མཐོང་གི་མེད་པ་ནི་མཐོང་བར་བྱེད་པར་མུན་པ་ནི་མི་སྲིད་དོ། །སེམས་ཅན་རྣམས་ཀྱི་སེམས་ཀྱི་རྒྱུད་ལ་ཡོད་པའི་མ་རིག་པའི་མུན་པ་དེ་ནི་ཕྱི་ནང་གི་ཆོས་རྟེན་ཅིང་འབྲེལ་ཏེ་འབྱུང
་བའི་མཚན་ཉིད་དུ་ཡོད་པ་དེ་ནི་མི་མཐོང་བར་བྱེད་ལ་མུ་སྟེགས་ཀྱིས་བརྟགས་བའི་བདག་ཅེས་བྱ་བ་མེད་བ་དེ་མཐོང་བར་བྱེད་པའི་དེའི་མུན་ནག་དེ་འཇིག་རྟེན་གྱི་མུན་པ་དང་འདྲ་བ་མ་ཡིན་པ་ངོ་མཚར་དུ་གྱུར་བའི་མུན་བའི་ཞིག་སྐྱེས་སོ་ཞེས་བྱ
་བའི་དོན་ཏོ། །བདག་མེད་པར་ཞི་བ་དང་སྐྱེ་བར་རུང་བར་ཚིགས་སུ་བཅད་པ་ཞེས་བྱ་བ་ལ། བདག་གི་སྒྲ་འདི་མུ་སྟེགས་ཀྱིས་བརྟགས་པའི་བདག་དང་གང་ཟག་གི་རྣམ་གྲངས་སུ་ཡང་འགྲོ་སྟེ། འདི་ལྟར་སེམས་ཅན་དང་སྲོག་དང་གང་ཟག་དང་ཤེད་ཅན་དང་ཤེད་བུ་ཞེས
་བྱ་བ་ལ་སོགས་པའོ། །བདག་གི་སྒྲ་ཆོས་ལ་བྱ་བར་ཡང་མཐོང་སྟེ་རང་བཞིན་དང་བཅས་པའི་ཆོས་ཞེས་བཤད་ན་བདག་དང་བཅས་པའི་ཆོས་ཞེས་བྱ་བའི་དོན་ཏོ། །དེ་ལ་གོང་དུ་བདག་ནི་མེད་ཀྱི་ཆོས་ཙམ་དུ་ཟད་ལ་དོན་དམ་པར་ཆོས་དེ་འང་མེད་དོ་ཞེས་བཤད་པ་ལ་མུ་སྟེགS
་པ་དང་ཉན་ཐོས་པ་དག་འདི་སྐད་དུ་ཡོད་དོ་ཞེས་རྒོལ་ལོ། །འདི་ལས་ཕྱི་རོལ་ཏུ་གྱུར་པའི་མུ་སྟེགས་པ་དག་ནི་ཕྱིན་ཅི་ལོག་ཏུ་གྱུར་པས་བདག་མེད་པ་ཡང་བདག་ཏུ་མངོན་པར་ཞེན་ཏོ། །ཆོས་འདི་དག་ཉན་ཐོས་པ་དག་ནི་ཆོས་ལ་ཕྱིན་ཅི་ལོག་ཏུ་འཛིན་ཏོ། །གཟུགས་ལ
་སོགས་པའི་ཆོས་འདི་དག་བྱིས་པའི་སྐྱེ་བོས་ཇི་ལྟར་བརྟགས་པ་དེ་བཞིན་དུ་ངོ་བོ་ཉིད་དུ་ཡོད་དོ་ཞེས་འཛིན་ཏོ། །དེ་གཉིས་ག་ཡང་ཕྱིན་ཅི་ལོག་ཏུ་གྱུར་པས་བདག་ཏུ་ལྟ་བ་དང་ཆོས་སུ་ལྟ་བ་ལ་གནས་ན་བདག་ཀྱང་ཡོད་པར་མཐོང་ཆོས་ཀྱང་ཡོད་པར་མཐོང་ངོ། །དེ
་བས་ན་མུ་སྟེགས་པ་དག་ནི་བདག་ཏུ་བཅིངས་པ་དང་ཐར་པར་འདོད། ཉན་ཐོས་དག་ནི་ཆོས་བཅིངས་པ་དང་ཐར་པར་འདོད་དེ། གལ་ཏེ་བདག་དང་ཆོས་མེད་ན་ཇི་ལྟར་ཐར་པ་དང་གང་ཐར་པར་འགྱུར་བ་ཇི་ལྟར་བཅིངས་པ་དང་སུ་བཅིངས་པར་འགྱུར་ཏེ། དེ་བས་ན་བདག
་དང་ཆོས་ཡིན་ནོ་ཞེས་རྒོལ་ལོ། །དེ་བས་བདག་དང་ཆོས་མེད་པར་ཡང་མྱ་ངན་ལས་འདས་པ་ཐོབ་པ་དང། འཁོར་བར་སྐྱེ་རུང་བར་བསྟན་པའི་ཕྱིར་ཚིགས་སུ་བཅད་པ་བརྩམ་མོ་ཞེས་བྱ་བའི་དོན་ཏོ། །ཞི་དང་སྐྱེ་བ་དོན་མཆོག་ཚུལ་གྱིས་ནི། །དེ་གཉིས་ལ་ཡང་བྱེ་བྲག
་ཅུང་ཟད་མེད། ཅེས་བྱ་བ་ལ་ནི་ཞི་བ་ནི་མ་རིག་པ་འགགས་པས་ན་རྒ་ཤི་འགག་པའི་བར་གྱི་མྱ་ངན་ལས་འདས་པ་ལ་བྱའོ། །སྐྱེ་བ་ནི་མ་རིག་པའི་རྐྱེན་གྱིས་འདུ་བྱེད་པས་ན་སྐྱེ་བའི་རྐྱེན་གྱིས་རྒ་ཤིའི་བར་གྱི་འཁོར་བའི་མཚན་ཉིད་ལ་བྱ་སྟེ། འཁོར་བ་དང་མྱ་ངན་ལས་འདས
་པ་གཉིས་ཀྱང་དོན་དམ་པའི་ཚུལ་དུ་ན་བདག་མེད་པའི་རང་བཞིན་དུ་མཉམ་མོ། །ཇི་ལྟ་ཞེ་ན། ཇི་ལྟར་འཁོར་བ་བྱིས་པས་བརྟགས་པའི་བདག་དང་ཆོས་ཀྱི་རང་བཞིན་གྱིས་སྟོང་པ་དེ་བཞིན་དུ་མྱ་ངན་ལས་འདས་པ་ཡང་བྱིས་པས་བརྟགས་པའི་བདག་དང་ཆོས་ཀྱི་རང་བཞིན་གྱིས
་སྟོང་སྟེ། དེ་ལྟར་བདག་དང་ཆོས་ཀྱི་རང་བཞིན་གྱིས་སྟོང་པས་འཁོར་བ་དང་མྱ་ངན་ལས་འདས་པ་གཉི་ག་མཉམ་པ་ཡིན་ཏེ། དེ་བས་ན་འཁོར་བ་གང་ཡིན་པ་དེ་ཉིད་མྱ་ངན་ལས་འདས་པ་ཡིན་ཏེ། ཚུལ་དེ་ལྟ་བུ་ཡིན་པས་ན་འཁོར་བ་དང་མྱ་ངན་ལས་འདས་པ་གཉིས་ལ
་བྱེ་བྲག་ཏུ་ཁྱད་པར་མི་འདྲ་བར་བཞག་པ་ཅུང་ཟད་ཀྱང་བཞག་པ་མེད་དོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་དེ་ལྟ་ན་སོ་སོའི་སྐྱེ་བོ་རྣམས་ནི་འཁོར་བ་ན་གནས། འཕགས་པ་རྣམས་ནི་མྱ་ངན་ལས་འདས་པ་ཐོབ་ཅེས་ཅིའི་ཕྱིར་བརྗོད་ཅེ་ན། དེའི་ཕྱིར་འོན?་ཀྱང་དགེ་བའི་ལས་རྣམས
་བྱེད་པ་དག། སྐྱེ་བ་ཟད་པས་ཞི་བ་ཐོབ་པར་བཤད་ཅེས་སྨོས་ཏེ། སྐྱེ་བ་ནི་འཁོར་བ་ལ་བྱ་སྟེ། འཁོར་བ་ནི་མི་རྟག་པ་ལ་སོགས་པར་ཚུལ་བཞིན་མ་ཡིན་པའི་ཡིད་ལ་བྱས་པའི་ཕྱིན་ཅི་ལོག་ལས་བྱུང་བ་ཡིན་ནོ། །མྱ་ངན་ལས་འདས་པ་ནི་མི་རྟག་པ་དང། སྡུག་བསྔལ
་ལ་སོགས་པ་ཚུལ་བཞིན་ཡིད་ལ་བྱས་པས་ཕྱིན་ཅི་ལོག་སྤངས་པ་ལས་ཐོབ་པ་ཡིན་ཏེ། བདག་དང་ཆོས་ཞེས་བྱ་བ་མྱ་ངན་ལས་འདས་པར་འགྱུར་བ་མེད་ཀྱང་མི་རྟག་པ་ལ་སོགས་པ་ཚུལ་བཞིན་ཡིད་ལ་བྱེད་པ་ལ་བརྟེན་ནས་བྱང་ཆུབ་ཀྱི་ཕྱོགས་སུམ་ཅུ་རྩ་བདུན་གྱི་ལམ
་བསྒོམ་པའི་དགེ་བ་བྱེད་པ་རྣམས་ཀྱིས་ཕྱིན་ཅི་ལོག་གི་མཚན་ཉིད་ཀྱི་སྐྱེ་བཟད་པར་བྱས་པ་ཉིད་མྱ་ངན་ལས་འདས་པར་ཐོབ་པར་བཤད་དེ། དེ་ལས་མ་གཏོགས་པར་མྱ་ངན་ལས་འདས་པ་ལོགས་ཤིག་ན་མེད་དོ་ཞེས་བྱ་བའི་དོན་ཏོ། །ཚིགས་སུ་བཅད་པ་འདིས་ཐེག་པ
་ཆེན་པོ་དང་ཐེག་པ་ཆུང་དུ་གཉི་གའི་ཐུན་མོང་གི་མྱ་ངན་ལས་འདས་པ་ཐོབ་པར་བསྟན་ཏོ། །འདི་མན་ཆད་ནི་ཐུན་མོང་མ་ཡིན་པ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་མྱ་ངན་ལས་འདས་པ་ཇི་ལྟར་ཐོབ་པར་བྱ་བའི་ཐོབS
་བསྟན་ཏོ། །ཕྱིན་ཅི་ལོག་ལས་སྨད་པ་བྱས་ནས་དེའི་གཉེན་པོ་དོན་དམ་པའི་ཡེ་ཤེས་ལ་འཇུག་པའི་ཕྱིར་ཚིགས་སུ་བཅད་པ་བཞིའོ། །ཞེས་བྱ་བ་ལ་དོན་དམ་པ་རྣམ་པ་གཉིས་ལས་འདི་མན་ཆད་དུ་དེ་ཁོ་ན་ཉིད་ཀྱི་དོན་དམ་པ་བསྟན་ནས། ང་ནི་རྣམ
་པར་མི་རྟོག་པའི་ཡེ་ཤེས་ཀྱི་མཚན་ཉིད་ཀྱི་དོན་དམ་པ་སྟོན་ཏེ། གོང་དུ་སེམས་ཅན་འཁྲུལ་པ་ལ་གནས་པ་དང། སྡུག་བསྔལ་བས་ཉོན་མོངས་པར་འགྱུར་ཀྱང་ཕྱིན་ཅི་ལོག་གིས་ནོན་པས་འཁྲུལ་པ་དང་སྡུག་བསྔལ་བར་ཁོང་དུ་མ་ཆུད་ཀྱང་ཞེས་ཕྱིན་ཅི
་ལོག་ལ་སྨད་ནས་ད་དེའི་གཉེན་པོར་ཐུན་མོང་མ་ཡིན་པའི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་དབང་དུ་བྱ་སྟེ། རྣམ་པར་མི་རྟོག་པའི་ཡེ་ཤེས་དེས་བྱང་ཆུབ་སེམས་དཔའ་རྣམས་ཇི་ལྟར་ཆོས་ལ་བདག་མེད་པར་རྟོགས་ནས་སངས་རྒྱས་ཀྱི་ས་ཐོབ་བར་བསྟན་པའི
་ཕྱིར་ཚིགས་སུ་བཅད་པ་བཞི་རྩོམ་ཞེས་བྱ་བའི་དོན་ཏོ། །འདི་མན་ཆད་ཚིགས་སུ་བཅད་པ་ལྔ་ཞིག་འབྱུང་བ་ལ་ཚིགས་སུ་བཅད་པ་བཞིས་ནི་ཚོགས་ཀྱི་ལམ་དང། སྦྱོར་བའི་ལམ་དང། མཐོང་བའི་ལམ་དང། བསྒོམ་པའི་ལམ་སྟོན་ཏོ། །ཚིགས་སུ་བཅད་པ་ལྔ་པས
་ནི་མཐར་ཐུག་པའི་ལམ་སྟོན་ཏོ། །བྱང་ཆུབ་སེམས་དཔས་བསོད་ནམས་ཡེ་ཤེས་ཀྱི། །མཛའ་ཡས་ཕ་རོལ་ཚོགས་རྣམས་བསགས་ནས་སུ། ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་དང་པོ་གཅིག་གི་བསྡུས་པའི་དོན་ནི་ཚོགས་ཆེན་པོ་བསགས་པ་དང།
་ཏིང་ངེ་འཛིན་ལ་བརྟེན་ཏེ་ཆོས་ལ་ངེས་པ་ན་སེམས་འཐོབ་པ་དང། ཡིད་ཀྱི་རྟོག་པ་ལས་ཆོས་རྣམས་སྣང་བ་ཁོང་དུ་ཆུད་པ་དེ་སྟོན་ཏོ། །དེ་ལ་བྱང་ཆུབ་སེམས་དཔའ་བསོད་ནམས་ཀྱི་ཚོགས་དང། ཡེ་ཤེས་ཀྱི་ཚོགས་མཛའ་ཡས་པ་སྟེ། བསྐལ་པ་གྲངས་མེད་པ
་གཅིག་གི་བར་དུ་བསགས་ནས་མཐོང་བའི་ལམ་དང། ས་དང་པོ་ཐོབ་པ་ནས་ཕ་རོལ་ཏུ་སོན་པ་ཞེས་བྱ་སྟེ། ཕ་རོལ་གྱི་སྒྲ་ནི་ས་དང་པོ་ཐོབ་པ་ལ་བྱའོ། །འདིས་ནི་ཚོགས་ཆེན་པོ་བསགས་པ་བསྟན་ཏེ། བསྐལ་པ་གྲངས་མེད་པ་གཅིག་ཏུ་དེ་བཞིན་གཤེགས་པ་ལ་རྒྱལ་མཚན་དང
་གདུགས་ལ་སོགས་པ་བསྙེན་བཀུར་བྱས་པ་ནི་བསོད་ནམས་ཀྱི་ཚོགས་སོ། །དེ་བཞིན་གཤེགས་པ་དེ་དག་ལས་དམ་པའི་ཆོས་ཉན་པ་དང། བསམ་པ་དང་བསྒོམ་པ་བྱས་པ་ནི་ཡེ་ཤེས་ཀྱི་ཚོགས་སོ། །ཡང་ན་བསྐལ་པ་གྲངས་མེད་པ་གཅིག་ཏུ་སྦྱིན་པ་དང། ཚུལ་ཁྲིམས
་དང་བཟོད་པ་བསྒྲུབ་པ་ནི་བསོད་ནམས་ཀྱི་ཚོགས་སོ། །བསམ་གཏན་དང་ཤེས་རབ་བསྒོམས་པས་ནི་ཡེ་ཤེས་ཀྱི་ཚོགས་སོ། །བརྩོན་འགྲུས་ནི་གཉིས་ཀའི་ཚོགས་སོ། །ཡང་ན་སྦྱིན་པ་ནས་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལྔ་བསྒྲུབས་པ་ནི་བསོད་ནམས་ཀྱི་ཚོགས་སོ།།
་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམས་པ་ནི་ཡེ་ཤེས་ཀྱི་ཚོགས་སོ། །ཆོས་ལ་སེམས་པ་ཤིན་ཏུ་ངེས་པས་ན་ཞེས་བྱ་བ་ལ། ཇི་ལྟར་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསགས་པ་དེ་མི་རྟག་པ་དང་སྡུག་བསྔལ་བ་དང་སྟོང་པ་དང་བདག་མེད་པར་བསྒོམས་པའི་ཏིང་ངེ
་འཛིན་ལ་བརྟེན་ནས་གསུང་རབ་ཡན་ལག་བཅུ་གཉིས་ཀྱི་ཆོས་རྣམས་པ་མི་རྟག་པ་དང། སྟོང་པ་དང་བདག་མེད་པར་བསམ་སྟེ། གཏན་ལ་ཕབ་ནས་མི་རྟག་པ་དང་སྟོང་པ་ལ་སོགས་པའི་དོན་ལ་ཐེ་ཚོམ་མེད་པར་གྱུར་པ་ནི་ཆོས་ལ་སེམས་པ་ཤིན་ཏུ་ངེས་པ་ཞེས་བྱ
་སྟེ། འདིས་ནི་ཏིང་ངེ་འཛིན་ལ་བརྟེན་ནས་ཆོས་ལ་ངེས་པར་སེམས་པ་ཐོབ་པར་བསྟན་ཏེ། འདི་ཡན་ཆད་ཚིགས་བཅད་རྐང་པ་གསུམ་གྱིས་ཚོགས་ཀྱི་ལམ་བཤད་དོ། །རྟོགས་པའི་རྒྱུ་ཅན་དོན་གྱི་རྣམ་པར་རྟོགས་ཞེས་བྱ་བ་ལ། ཕྱིའི་དངོས་པོའི་གཟུགས་དང་སྒྲ་ལ་སོགས
་པ་དང། སྣམ་བུ་ལ་སོགས་པ་ནི་དོན་གྱི་རྣམ་པ་ཞེས་བྱ་སྟེ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསགས་ཆོས་ལ་ངེས་པར་སེམས་ཐོབ་པ་དེས། དེའི་རྗེས་ལ་བུམ་པ་དང་སྣམ་བུ་ལ་སོགས་པ་འདི་དག་ཐམས་ཅད་ཀྱི་རྒྱུ་ལས་བྱུང་བ་ཡིན་ཏེ། སེམས་ལས་མ་གཏོགས
་པར་ལོགས་ཤིག་ན་ཡོད་པ་མ་ཡིན་ནོ་ཞེས་རྟོགས་པ་ནི་རྟོགས་པའི་རྒྱུན་ཅན་དོན་གྱི་རྣམ་པར་རྟོགས་པ་ཞེས་བྱ་སྟེ། འདིས་ཡིད་ཀྱི་རྟོགས་པ་ལས་དོན་དུ་སྣང་བར་ཁོང་དུ་ཆུད་པ་དེ་སྟོན་ཏོ། །དེ་ལྟར་རྟོགས་པ་ཡང་མོས་པ་སྤྱོད་པའི
་ས་དྲོད་ཀྱི་དུས་སྣང་བ་ཐོབ་པའི་ཏིང་ངེ་འཛིན་གྱི་དུས་ན་རྟོགས་པ་སྟོན་ཏོ། །རྟོགས་པའི་ཙམ་དུ་དོན་རྣམས་དེས་རིག་ནས། །དེས་སྣང་སེམས་ཙམ་ལ་ནི་རབ་ཏུ་གནས་ཞེས་བྱ་བའི་རྐང་པ་གཉིས་ཀྱིས་བསྡུས་པའི་དོན་ནི། དོན་རྣམས་སེམས་ལས་སྣང་བ་མཐོང་བ་དང།
་དེ་ནས་སེམས་ཙམ་ལ་གནས་བ་དེ་སྟོན་ཏོ། །དོན་རྣམས་ཞེས་བྱ་བ་ནི་གཟུགས་དང་སྒྲ་ལ་སོགས་པ་གཟུང་བའི་ཆོས་རྣམས་ལ་བྱ་སྟེ། གཟུང་བའི་ཆོས་རྣམས་སེམས་ལས་ཇི་ལྟར་བྱུང་ཞིང་སྐྱེ་བ་མངོན་སུམ་དུ་གྱུར་པ་ནི་རྟོག་པ་ཙམ་དུ་དོན་རྣམས་དེས་རིག་བྱས་ཏེ། ཚིག
་དེས་དོན་རྣམས་ལ་སྣང་བར་མཐོང་བར་བསྟན་ཏོ། །འདི་ནི་ངེས་པར་འབྱེད་བའི་ཕྱོགས་སྤྱི་བོའི་དུས་དེ་སྣང་བ་མཆེད་པའི་ཏིང་ངེ་འཛིན་ཏེ། །དེ་སྣང་བ་ཞེས་བྱ་བའི་རྣམ་པར་ཤེས་པ་ལ་སྣང་བའི་གཟུང་བའི་ཆོས་རྣམས་ལ་བྱ་སྟེ། གཟུང་བའི་ཆ་སྤངས་ནས་གཟུང་བ་དང
་བྲལ་བའི་སེམས་ཙམ་གྱི་ཆོས་ལ་གནས་པ་ནི་སེམས་ཙམ་ལ་རབ་ཏུ་གནས་པར་བྱ་སྟེ། འདིས་ནི་སེམས་ཙམ་ལ་གནས་པ་བསྟན་ཏོ། །འདིས་ནི་ངེས་པར་འབྱེད་པའི་ཕྱོགས་བཟོད་པའི་དུས་ཏེ་དེ་ཁོ་ནའི་ཕྱོགས་ཅིག་ལ་ཞུགས་པའི་ཏིང་ངེ་འཛིན་ཏོ། །འདི་ཡན
་ཆད་སྦྱོར་བའི་ལམ་བསྟན་ཏོ། །ཆོས་ཀྱི་དབྱིངས་ཀྱང་ཤིན་ཏུ་མངོན་སུམ་གྱུར་ཅེས་བྱ་བ་ལ་དེ་ནས་ངེས་པར་འབྱེད་པའི་ཏིང་ངེ་འཛིན་གྱི་ཆའི་འོག་ཏུ་ས་དང་པོ་མཐོང་བའི་ལམ་སྐྱེས་ནས། མཐོང་བའི་ལམ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་ཆོས་ཀྱི་དབྱིངས་མངོན
་སུམ་དུ་བྱེད་དོ། །ཞེས་བྱ་བའི་དོན་ཏོ། །དེ་ནས་གཉིས་ཀྱི་མཚན་དང་རྣམ་པར་བྲལ་ཞེས་བྱ་བ་ལ། མཐོང་བའི་ལམ་ལ་ཆོས་ཀྱི་དབྱིངས་མངོན་སུམ་དུ་གྱུར་བ་དང། དེ་ནས་གཟུང་བའི་སྒྲིབ་བའི་མཚན་ཉིད་དང་ཡང་བྲལ་འཛིན་པའི་སྒྲིབ་པའི་མཚན་ཉིད་དང་ཡང་བྲལ་ཏེ།
་གཉིས་སུ་མེད་པའི་ཆོས་དབྱིངས་ལ་གནས་སོ་ཞེས་བྱ་བའི་དོན་ཏོ། །འདིས་ནི་མཐོང་བའི་ལམ་བསྟན་ཏོ། །ད་ནི་ཚིགས་སུ་བཅད་པ་གསུམ་པས་མཐོང་བའི་ལམ་ན་ཆོས་ཀྱི་དབྱིངས་ཇི་ལྟར་མངོན་སུམ་དུ་འགྱུར་བའི་རྒྱུ་དང་ཐབས་སྟོན་ཏོ། །དེ་བས་ན་སེམས་ལ་གཞན་མེད་པར་ནི
་བློས་རིག་ནས། །དེ་ཕྱིར་སེམས་ཀྱང་མེད་པར་ཤིན་ཏུ་རྟོགས་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་གཅིག་སྨོས་སོ། །འདི་ལྟར་བཟོད་པའི་དུས་ན་སྒྲིབ་པ་སྤངས་པ་དང། འཇིག་རྟེན་གྱི་ཆོས་མཆོག་གི་ཆེ་གཟུང་བ་མེད་ན་འཛིན་པ་ཡང་མདོ་ཞེ་རྟོགས་ཏེ། ཇི་ལྟར་ཞེ་ན།
་བུམ་པ་དང་སྣམ་བུ་ལ་སོགས་པ་འདི་དག་ནི་སེམས་ལས་ལོགས་ཤིག་ན་ཡོད་པ་མ་ཡིན་ནོ་ཞེས་ཁོང་དུ་ཆུད་དོ། །དེ་ལྟར་ཕྱིའི་ཡུལ་མེད་པས་འདི་ལ་དམིགས་པའི་སེམས་ཀྱང་མེད་དོ་ཞེས་རྟོགས་ཏེ་གཟུང་བ་མེད་ན་འཛིན་པ་ཡོད་པར་མི་རིགས་པའི་ཕྱིར་རོ། །བློ་དང
་ལྡན་པས་གཉིས་པོ་མེད་རིགས་ནས་ཞེས་བྱ་བ་ལ། བློ་དང་ལྡན་པ་ནི་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་སྟེ། འཇིག་རྟེན་གྱི་ཆོས་མཆོག་གི་ཚེ་གཟུང་བ་དང་འཛིན་པ་གཉིས་མེད་པར་ཁོང་དུ་ཆུད་ནས་གཟུང་འཛིན་གྱི་སྒྲིབ་པ་སྤངས་པ་དང། དེ་མ་ཐག་ཏུ་མཐོང་བའི་ལམ་སྐྱེད
་ནས་ཆོས་ཀྱི་དབྱིངས་མངོན་སུམ་དུ་བྱེད་དོ་ཞེས་བྱ་བའི་དོན་ཏོ། །འདི་འཇིག་རྟེན་གྱི་ཆོས་མཆོག་གི་དུས་ཏེ། དེ་མ་ཐག་པའི་ཏིང་ངེ་འཛིན་ཞེས་བྱའོ། །དེ་མི་ལྡན་པའི་ཆོས་ཀྱི་དབྱིངས་ལ་གནས་ཞེས་བྱ་བ་ལ། དེ་ལྟར་འཇིག་རྟེན་གྱི་ཆོས་མཆོག་གི་རྗེས་ལ་མཐོང་བའི
་ལམ་སྐྱེས་ནས་མཐོང་བའི་མཐོང་ལམ་ན་གཟུང་བ་དང་འཛིན་པ་གཉིས་དང་མི་ལྡན་པའི་ཆོས་ཀྱི་དབྱིངས་ལ་གནས་ཏེ། མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པས་སྤངས་སོ་ཞེས་བྱ་བའི་དོན་ཏོ། །བློ་དང་ལྡན་པའི་རྟག་པ་ཐམས་ཅད་ཏུ། །མཉམ་སོང་མི་རྟོག་ཡེ་ཤེས
་རྟོགས་དག་གིས། ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་བཞི་པས་བསྒོམ་པའི་ལམ་སྟོན་ཏོ། །བློ་དང་ལྡན་པ་ནི་བྱང་ཆུབ་སེམས་དཔའ་ཨོ། །བྱང་ཆུབ་སེམས་དཔའ་ཨི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་དུག་སྨན་ཆེན་པོ་ལྟར་སྒྲིབ་པའི་དུག་སེལ་ཏོ་ཞེས་བྱ་བར་སྦྱར་རོ། །
་རྟག་པར་ནི་ས་གཉིས་ནS་ས་བཅུ་མན་ཆད་རྒྱུན་དུ་སྒྲིབ་པ་སྤོང་ངོ་ཞེས་བྱ་བའི་དོན་ཏོ། །ཐམས་ཅད་དུ་ཞེས་བྱ་བ་ནི་ཕྱིའི་དངོས་པོ་ཐམས་ཅད་དང་ནང་གི་དངོས་པོ་ཐམས་ཅད་ལ་ཞེས་བྱ་བའི་དོན་ཏོ། །མཉམ་པར་སོང་བ་ཞེས་བྱ་བ་ནི་ཕྱིའི
་དངོས་པོ་ལ་སྟོང་པར་མཐོང་བ་དེ་བཞིན་དུ་ནང་གི་དངོས་པོ་ལ་ཡང་སྟོང་པར་མཐོང་ངོ་ཞེས་བྱ་བའི་དོན་ཏོ། །གཟུང་བ་ལ་ཡང་མི་རྟོག། འཛིན་པ་ལ་ཡང་མི་རྟོག་བས་མི་རྟོག་པའི་ཡེ་ཤེས་ཞེས་བྱ་སྟེ། ཡེ་ཤེས་དེའི་མཐུས་ན་ཞེས་བྱ་བའི་ཐ་ཚིག་གོ་།དེ་གནས
་ཉེས་པ་བསགས་པས་ཁྲོད་སྟུག་བོ། །དུག་སྨན་ཆེན་པོ་ལྟ་བུར་དུག་སེལ་ཏོ་ཞེས་བྱ་བ་ལ། དེའི་སྒྲ་ནི་བསྒོམ་པའི་ལམ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ལ་བྱའོ། །གནས་ནི་བྱང་ཆུབ་སེམས་དཔའ་ཨི་སེམས་ཀུན་གཞི་རྣམ་པར་ཤེས་པ་གཞན་གྱི་དབང
་གི་མཚན་ཉིད་ལ་བྱའོ། །ཉེས་པ་ནི་ཀུན་གཞི་ལ་ཡོད་པའི་ཉོན་མོངས་པའི་སྒྲིབ་པ་དང་གཟུང་འཛིན་གྱི་བག་ཆགས་ལ་བྱའོ། །བསགས་པ་ནི་འཁོར་བ་ཐོག་མ་མེད་པའི་དུས་ནས་བག་ཆགས་སེམས་ལ་ཞེན་པར་བྱས་པའོ། །བག་ཆགས་དེ་ཡང་ཤེས་པར
་བྱ་བ་དཀའ་ཞིང་སྤང་བར་བྱ་བ་དཀའ་སྟེ་ཕྲ་བས་ན་ཁྲོད་སྟུག་པ་ཞེས་བྱའོ། །དུག་སྨན་ཆེན་པོ་ནི་སྨན་གང་ཐིགས་པ་འགའ་ཙམ་དུག་གི་བུམ་པར་ལྷུང་ན་དུག་ཐམས་ཅད་སྨན་དུ་འགྱུར་བ་དང། བསྣམས་པ་ཙམ་གྱིས་ཀྱང་དུག་སེལ་བར་བྱེད་པ་སྟེ། དཔེར
་ན་དུག་སྨན་ཆེན་པོ་བསྣམས་པ་དང། མྱངས་པས་དུག་ཐམས་ཅད་མེད་པར་བྱེད་དེ་བཞིན་དུ་བསྒོམས་པའི་ལམ་གྱི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་ཕྲ་མོ་ལ་སོགས་པ་དུག་དང་འདྲ་བར་བསལ་ནས
་གནས་གཞན་དུ་འགྱུར་ཏེ། སངས་རྒྱས་ཀྱིས་ལ་རྣམ་པར་མི་རྟོག་པའི་ཡེ་ཤེས་མངོན་དུ་བྱེད་དོ་ཞེས་བྱ་བའི་དོན་ཏོ། །ཡིད་ཀྱི་རྟོག་པས་ཆོས་དེ་དག་གི་དོན་རབ་ཏུ་སྣང་བས་ཞེས་བྱ་བ་ལ་སེམས་ལས་བུམ་པ་དང་སྣམ་བུ་ལ་སོགས་པ་དེ་དག་སྣང
་བར་ཟད་ཀྱི་སེམས་ལས་མ་གཏོགས་པར་ལོགས་ཤིག་ན་ཡོད་པ་མ་ཡིན་ནོ་ཞེས་གོང་དུ་ཆུད་ཅིང་ཡིད་ཆེས་པའི་དོན་ཏེ། འདི་ནི་དྲོད་ཀྱི་དུས་དང་སྦྱར་རོ། །གྲངས་མེད་པ་རབ་དབྱེའི་དུས་ཀྱིས་དེའི་ཕ་རོལ་ཡོངས་སུ་རྫོགས་པས་ན་མཛའ་ཡས་ཕ་རོལ་ཏོ་ཞེས་བྱ་བ་ལ་མཛའ་
་ཡས་པའི་སྒྲ་ནི་བསྐལ་པའི་གྲངས་རབ་ཏུ་དབྱེ་བའི་དུས་དང་སྦྱར་ཏེ། བསྐལ་པ་གྲངས་མེད་པ་གཅིག་གི་བར་དུ་བསྒྲུབས་པས་ནམ་མཁའ་ཡས་པ་ཞེས་བྱའོ། །དེའི་རྗེས་ལས་དང་པོ་ཐོབ་པ་ན་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ། །དོན་རྣམས་ཡིད་ཀྱིས་རྟོགས་པ་ཙམ་རིག་ནས་ཞེས་བྱ
་བ་ལ། གཟུགས་ལ་སོགས་པ་དངོས་པོ་གཟུང་བའི་ཆ་རྣམས་སེམས་ལ་འབྱུང་བར་མངོན་སུམ་དུ་མཐོང་ཞེས་བྱ་བའི་དོན་ཏེ། འདི་ནི་སྤྱི་བོའི་དུས་སོ། །འདི་ལྟ་བུར་སྣང་བའི་སེམས་ཙམ་ལ་གནས་ཏེ་ཞེས་བྱ་བ་ལ། གཟུང་བ་དང་འཛིན་པ་ལྟ་བུར་སྣང་བ་ལས་གཟུང
་བའི་ཆ་སྤངས་ནས་འཛིན་པའི་ཆ་ཙམ་ལ་གནས་པ་སྟེ། འདི་ནི་བཟོད་པའི་དུས་སོ། །དེ་ཕན་ཆད་ཆོས་ཀྱི་དབྱིངས་མངོན་དུ་འགྱུར་རོ་ཞེས་བྱ་བ་ལ། དྲོད་དང་རྩེ་མོ་དང་བཟོད་པ་སྐྱེས་པའི་དུས་ལ་མཐོང་བའི་ལམ་སྐྱེས་ནས་ཆོས་ཀྱི་དབྱིངས་མངོན་སུམ་དུ་བྱེད་དོ་ཞེས་བྱ་བའི
་དོན་ཏོ། །གསུམ་པས་ནི་ཇི་ལྟར་ཆོས་ཀྱི་དབྱིངས་དེ་མངོན་སུམ་དུ་རིག་པ་སྟོན་ཏོ་ཞེས་བྱ་བ་ལ། ཚིགས་སུ་བཅད་པ་གསུམ་པས་ནི་ཐབས་གང་དང་རྒྱུ་གང་གིས་མཐོང་བའི་ལམ་སྐྱེས་ན་ཆོས་ཀྱི་དབྱིངས་མངོན་སུམ་དུ་བྱེད་པའི་རྒྱུ་སྟོན་ཏོ། །དེ་ཡང་འཇིག་རྟེན་གྱི་ཆོས
་མཆོག་གི་ཏིང་ངེ་འཛིན་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །བཞི་པས་ནི་བསྒོམ་པའི་ལམ་ན་གནས་ཡོངས་སུ་རྗེས་པའི་དོན་དམ་པའི་ཡེ་ཤེས་ལ་འཇུག་པར་སྟོན་ཏོ་ཞེས་བྱ་བ་ལ། ཚིགས་སུ་བཅད་པ་བཞི་པས་ནི་བསྒོམ་པའི་ལམ་སྟེ་ས་གཉིས་པ་ནས་ས་བཅུ་མན་ཆད
་བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་སྤངས་ཏེ། གནས་གཞན་དུ་གྱུར་ནས་སངས་རྒྱས་ཀྱི་ས་ལ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཐོབ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །རྟག་པར་ཞེས་བྱ་བ་ནི་ས་གཉིས་པ་ནས་ས་བཅུ་མན་ཆད་རྒྱུན་ཏུ་སྒྲིབ་པ
་སྤོངས་ཞེས་བྱ་བའི་དོན་ཏོ། །གཞན་གྱི་དབང་གི་ངོ་བོ་ཉིད་དེ་ལ་མཉམ་དུ་སོང་སྟེ་ཞེས་བྱ་བ་ནི་ཉོན་མོངས་པའི་བག་ཆགས་དང། གཟུང་འཛིན་གྱི་བག་ཆགས་ཀྱི་ཀུན་གཞི་ལ་ཁྱབ་པར་གནས་ཞེས་བྱ་བའི་དོན་ཏོ། །
་རིང་དུ་ཞུགས་པ་ཞེས་བྱ་བ་ནི་བག་ཆགས་དེ་དག་ཐམས་ཅད་ཀྱང་འཁོར་བ་ཐོག་མ་མེད་པ་ནས་བསགས་བསགས་པ་ཡང་སྤང་ཞིང་བསལ་དཀའ་ཞེས་བྱ་བའི་ཐ་ཚིག་གོ་།དོན་དམ་བའི་ཡེ་ཤེས་ཀྱི་ཆེ་བའི་ཕྱིར་ཚིགས་སུ་བཅད་པ་ཞེས་བྱ་བ་ལ། དོན
་དམ་པའི་ཡེ་ཤེས་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཏེ། ཡེ་ཤེས་དེའི་ཆེ་བའི་བདག་ཉིད་བསྟན་པ་དང། ཆེ་བའི་བདག་བསྟན་པའི་སྒོ་ནས་མཐར་ཐུག་པའི་ལམ་ཡང་བསྟན་པའི་ཕྱིར་ཚིགས་སུ་བཅད་པ་རྩོམ་མོ་ཞེས་བྱ་བའི་དོན་ཏོ། །ཐུབ་པས་གསུངས
་པའི་ཆོས་ལེགས་རབ་གཞག་པ་ཞེས་བྱ་བ་དེ་ལ། ཐུབ་པ་ནི་སངས་རྒྱས་བཅོམ་ལྡན་འདས་ཏེ། ལུས་དང་ངག་ཡིད་གསུམ་གྱི་སྒོ་ནས། སྡིག་པ་མི་དགེ་བ་མི་མཛད་པར་ཐུབ་པས་ཐུབ་པའོ། །ཐུབ་པ་དེས་གསུངས་པ་ནི་ཐུབ་པ་ངས?་བཤད་ཅེས་བྱ་བའི་དོན་ཏོ།།
་ཆོས་ནི་གསུང་རབ་ཡན་ལག་བཅུ་གཉིས་ཏེ་ཆོས་དེ་དག་ནི་ཐོག་མར་ཡང་དགེ་བར་དུ་ཡང་དགེ་བར?་དུ་ཡང་དགེ་ཐམས་ཅད་ཡང་དགེ་ཚིག་བཟང་པོ་དོན་བཟང་པོ་ལེགས་པར་བཞག་པ་ཞེས་བྱ་སྟེ། ཆོས་དེ་དག་གི་དོན་དམ་བ་ལ་བློ་གྲོས་བཞག་པར་བྱའོ་ཞེས་བྱ་བར་སྦྱར་རོ། །རྩ་བའི་ཆོས
་ཀྱི་དབྱིངས་ལ་བློ་གྲོས་བཞག་ཅེས་བྱ་བ་ལ་དོན་དམ་པའི་ཡེ་ཤེས་ལ་ཞུགས་པའི་བྱང་ཆུབ་སེམས་དཔས་ཐེག་པ་ཆེན་པོ་མདོ་སྡེ་ཐམས་ཅད་ཀྱི་དོན་གཅིག་ཏུ་བསྡུས་ནས་དམིགས་པར་བྱེད་པའི་སེམས་ནི་རྩ་བའི་སེམས་ཞེས་བྱའོ། །སེམས་དེ་ལ་རྩ
་བའི་སེམས་ཞེས་བྱ་བར་ཅི་མངོན་ཞེ་ན། མདོ་སྡེ་རྒྱན་གྱི་གཙུག་ལག་ཉིད་ལས་འབྱུང་བར་མངོན་ཏེ། འདིའི་རྗེས་སུ་བསྟན་པ་དང། བཤད་པའི་སྐབས་ལས། དེ་བས་མདོ་སྡེ་ལ་སོགས་པའི། ཆོས་ཉིད་སྟོན་པ་དེ་ལ་ནི། དང་པོ་ཉིད་དུ་བརྟུལ་ཞུགས
་པས། །མདོ་སོགས་མི་ལ་སེམས་བཞག་བྱ། །ཞེས་བྱ་བ་ལ་སོགས་ལ་ཚིགས་སུ་བཅད་པ་གསུམ་གྱིས་སེམས་རྣམ་པ་དྲུག་བཤད་དེ། དྲུག་གང་ཞེ་ན། རྩ་བའི་སེམས་དང། རྗེས་སུ་སྤྱོད་པའི་སེམས་དང། རྣམ་པར་སྤྱོད་པའི་སེམས་དང། རྗེས་སུ་འཛིན་པའི
་སེམས་དང། ཀུན་དུ་སྡུད་པའི་སེམས་དང། རྗེས་སུ་སྟོན་པའི་སེམས་སོ་ཞེས་བཤད་དོ། །དེ་ལ་རྩ་བའི་སེམས་གང་ཞེ་ན། གང་མདོ་སྡེ་ལ་སོགས་པའི་མིང་ལ་དམིགས་པ་སྟེ། མདོ་དང་ལུང་དུ་བསྟན་པའི་སྡེ་ལ་སོགས་པའི་ཆོས་ལ། མདོ་སྡེ་འདིའི་མིང
་ནི་ཡང?་ཀར་གཤེགས་པ་ཞེས་བྱ་སྟེ། མདོ་སྡེ་འདིའི་མིང་ནི་ས་བཅུ་པ་ཞེས་བྱ་ཞེས་བྱ་བ་ལ་སོགས་པ་མདོ་སྡེ་རྣམས་ཀྱི་མིང་ལ་དམིགས་པ་ནི་རྩ་བའི་སེམས་ཞེས་བྱའོ། །ཡང་ན་ཐེག་པ་ཆེན་པོ་མདོ་སྡེ་རྣམས་ཀྱི་མི་དང། ཚིག་དང་ཡི་གེ་རྣམས་ལ་སོ་སོར་མི
་དམིགས་པར་ཐེག་པ་ཆེན་པོའི་ཆོས་ཐམས་ཅད་ཀྱི་དོན་ཐམས་ཅད་གཅིག་ཏུ་བཟླུམས་པ་ནས་དེ་ལ་དམིགས་པར་བྱེད་པའི་སེམས་ཞེས་བྱའོ། །བློ་གྲོས་ཞེས་བྱ་བ་ནི་ཤེས་རབ་ལ་བྱ་སྟེ། རྩ་བའི་སེམས་དང་འབྲེལ་བའི་ཤེས་རབ་ཀྱིས་ཆོས་ཀྱི་དབྱིངས་ལ
་དམིགས་ཤིང་ཆོས་ཀྱི་དབྱིངས་ལ་བསྒོམ་པ་དང། ཆོས་ཀྱི་དབྱིངས་ལ་སེམས་པར་བྱེད་པ་ནི་ཆོས་ཀྱི་དབྱིངས་བློས་གཞག་པ་ཞེས་བྱ་སྟེ། དྲན་རྒྱུད་རྟོག་པ་ཙམ་རིག་བརྟན་པ་དག་ཅེས་བྱ་བ་ལ། རྩ་བའི་སེམས་དང་འབྲེལ་བའི་ཤེས་རབ་ཀྱིས་ཆོས་ཀྱི་དབྱིངས
་ལ་དམིགས་པའི་དུས་ན། སེམས་ཀྱི་རྒྱུད་ལས་དང་པོ་ཕུལ་དུ་ཕྱིན་པ་དང། བྱང་ཆུབ་ཀྱི་ཕྱོགས་ལ་སོགས་པའི་ཆོས་ལ་སེམས་ཤིང་དྲན་པའི་བྱུང་ཡང་དག་སེམས་ལས་བྱུང་བ་དང་སེམས་ཙམ་དུ་རིག་ནས་སེམས་ཙམ་མོ་སྙམ་དུ་རྟོག་པ་དེའང་སྤངས་ཏེ། དེ
་ལ་ཡང་མི་མི་རྟོག་པ་ནི་བསྟན་པ་ཞེས་བྱ་སྟེ། དེ་ལྟར་དུ་སེམས་པ་བྱང་ཆུབ་སེམས་དཔའ་དེ་མཐར་འདི་ལྟར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །མྱུར་དུ་ཡོན་ཏན་རྒྱ་མཚོ་ཕ་རོལ་འགྲོ་ཞེས་བྱ་བ་ལ་ཡོན་ཏན་དེ་ལྟ་བུ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་དེ་མྱུར
་དུ་སྟོབས་དང་མི་འཇིགས་པ་ལ་སོགས་པའི་ཡོན་ཏན་རྒྱ་མཚོའི་ཕ་རོལ་འགྲོ་སྟེ། མྱུར་དུ་བླ་མེད་པའི་བྱང་ཆུབ་ཏུ་འཆང་རྒྱ་བར་འགྱུར་ཏེ་ཞེས་བྱ་བའི་དོན་ཏོ། །དེ་ཁོ་ནའི་སྐབས་བཤད་པ་རྫོགས་སོ།། །།དེ་ཁོ་ནའི་སྐབས་བཤད
་པའི་རྗེས་ལ། མཐུའི་མཚན་ཉིད་ཀྱི་སྐབས་བཤད་པ་ཅིས་འབྲེལ་ཞེ་ན། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ནི་རྣམ་པ་གཉིས་བྱ་བ་ཡིན་ཏེ། བདག་གི་དོན་དང་གཞན་གྱི་དོན་ནོ། །དེ་ལ་རང་ཉིད་ཀྱིས་སངས་རྒྱས་ཀྱི་ཆོས་ཡོངས་སུ་རྫོགས་པར་བྱ་བ་ནི་བདག་དོན་ཏོ།།
་སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་ནི་གཞན་དོན་ཏོ། །དེ་ལ་བདག་གི་དེ་ཁོ་ན་ཁོང་དུ་ཆུད་པར་གྱུར་ན་སངས་རྒྱས་ཀྱི་ཆོས་ཡོངས་སུ་རྫོགས་པར་འགྱུར་རོ། །དེ་ནས་དེ་ཁོ་ན་ཁོང་དུ་ཆུད་པའི་འོག་ཏུ་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་འཕྲུལ་གྱི་མིག
་ལ་སོགས་པའི་ཡོན་ཏན་ཁྱད་པར་ཅན་སྒྲུབ་པས་ནི་སེམས་ཅན་ཡོངས་སྨིན་པར་འགྱུར་ཏེ། འཕྲུལ་གྱི་མིག་ལ་སོགས་པའི་ཡོན་ཏན་ཁྱད་པར་ཅན་དེ་ཡང་སྐབས་ཀྱིས་མངོན་པར་རྟོགས་པ་དང་མཐར་ཐུག་པའི་མངོན་པར་རྟོགས་པ་གཉིས་ཀྱིས་འགྲུབ་སྟེ།
་དེ་བས་ན་ཁོ་ནའི་རྗེས་ལ་མཐུའི་སྐབས་བཤད་པར་འབྲེལ་ཏོ། །ཡང་ན་བདག་ཉིད་ཀུན་ནས?་ཉོན་མོངས་པ་མེད་པའི་ཐབས་ནི་ཁོ་ནའི་དོན་ཡིན་པར་བཤད། བདག་ཉིད་ཀུན་ནས་ཉོན་མོངས་པ་མེད་པས་ཀྱང་དབང་པོ་མ་ཐོབ་པ་དང་སེམས་ཅན་རྣམས་གདུག་ཅིང
་དགུག་པར་མི་ནུས་པས་བྱང་ཆུབ་སེམས་དཔའ་སྐྱོ་བ་སྐྱེས་ཏེ། དེ་བས་ན་སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་སྐྱོ་བར་མི་འགྱུར་བར་ཐབས་བསྟན་པའི་ཕྱིར། དེ་ཁོ་ནའི་རྗེས་ལ་མཐུའི་སྐབས་བཤད་པར་འབྲེལ་ཏ། །ཡང་ན་གང་ལ་བསླབ་པར་བྱ་བ་ལ་རྣམ་པ
་བདུན་དུ་གཞག་པ་ལས་དེ་ཁོ་ནའི་སྐབས་ཀྱི་རྗེས་ལ་མཐུ་སྨོས་པ་བཞིན་ཏེ་བཤད་དགོས་པའི་ཕྱིར་དེ་ཁོ་ནའི་འོག་ཏུ་མཐུའི་སྐབས་བཤད་པར་འབྲེལ་ཏེ། །མཐུའི་སྐབས་འདི་ལ་དོན་རྣམ་པ་དྲུག་ཅིག་འབྱུང་སྟེ། མཐུའི་མཚན་ཉིད་རབ་ཏུ་དབྱེ་བ་དང། མཐུའི
་རྒྱུ་དང། མཐུའི་འབྲས་བུ་དང་མཐུའི་ལས་དང། མཐུའི་ལྡན་པ་དང། མཐུའི་རབ་ཏུ་དབྱེ་བའོ། །མཐུའི་མཚན་ཉིད་རབ་ཏུ་དབྱེ་བའི་ཚིགས་སུ་བཅད་པ་ཞེས་བྱ་བ་ལ། མཐུ་ནི་འཕྲུལ་གྱི་མིག་ནས་ཟག་པ་ཟད་པ་མངོན་པར་ཤེས་པའི་པར་དུ་མངོན་པར་ཤེས
་པ་དྲུག་ལ་བྱ་སྟེ། མངོན་པར་ཤེས་པ་དྲུག་གི་མཚན་ཉིད་དང་རང་བཞིན་གང་ཡིན་པ་ལས་བརྩམ་སྟེ། ཚིགས་སུ་བཅད་པ་རྩོམ་མོ་ཞེས་བྱ་བའི་དོན་ཏོ། །སྐྱེ་དང་ཞེས་བྱ་བ་ལ། །འདིར་འཆིབ་མ་སྨོས་སུ་ཟིན་ཀྱང། གང་ན་དུ་བ་ཡོད་པ་དེ་ན་མེ་ཡོད་པར
་གདོན་མི་ཟ་བཞིན་དུ་སྐྱེ་བ་ཡོད་ན་འཆི་བ་གདོན་མི་ཟ་བར་འབྱུང་ལ། འཆི་བ་ཡོད་ན་སྐྱེ་བ་གདོན་མི་ཟ་བར་འབྱུང་བས་དོན་གྱི་ཤུཌ་ཀྱིས་འཆི་བ་ཡང་བསྟན་པ་ཡིན་པར་རིག་བྱའོ། །དེ་ལ་སེཾས་ཅན་ཐཾས་ཅད་འདི་ནས་ཤི་ནས་གནས་ཆེ་གེ་མོ་ཞིག་ཏུ་སྐྱེ་སྟེ། དེ་ནS་ཤི་ནས་གནས་ཆེ་གེ་མོ
་ཞིག་ཏུ་སྐྱེ་ཞེས་བྱ་བ་ནས། སངས་མ་རྒྱས་པ་དང་མྱ་ངན་ལས་མ་འདས་བར་དུ་སེམས་ཅན་གྱི་སྐྱེ་བ་དང། འཆི་བ་ཤེས་ཏེ། འདི་ནི་འཆི་བ་དང་སྐྱེ་བ་ཤེས་པའི་མངོན་པར་ཤེས་པའོ། །དག་ཅེས་བྱ་བ་ལ་སེམས་ཅན་ཤི་འཕོས་ནས་ལྷ་དང་མི་དང། སེམས་ཅན
་དམྱལ་བ་དང། བྱོལ་སོང་ལ་སོགས་པའི་ལམ་རྒྱུད་ལྔ་དེ་དང་དེ་དག་ཏུ་སྐྱེས་པའི་ཚིག་ཅི་དང་ཅི་སྨྲས་པ་ཤེས་ཤིང་ཐོས་ཏེ། འདི་ནི་ལྷའི་རྣ་བའི་མངོན་པར་ཤེས་པའོ། །སེམས་ཤེས་བྱ་བ་ལ་།སེམས་འདི་ནི་འདི་ནི་འདོད་ཆགས་དང་བཅས་འདི་ནི་འདོད་ཆགས་དང
་བྲལ། འདི་ནི་ཞེ་སྡང་དང་བཅས། འདི་ནི་ཞེ་སྡང་དང་བྲལ་ཞེས་བྱ་བ་ལ་སོགས་པ་སེམས་ཅན་གྱི་སྤྱོད་པ་བརྒྱད་ཁྲི་བཞི་སྟོང་ཤེས་པ་ནི་སེམས་ཤེས་པ་ཞེས་བྱ་སྟེ། འདི་ནི་སེམས་ཀྱི་རྣམ་གྲངས་མངོན་པར་ཤེས་པའོ། །དགེ་དང་མི་དགེ་བསྐྱེད་ཅེས་བྱ་བ་ལ། སེམས
་ཅན་ཐམས་ཅད་ཀྱིས་འཁོར་བ་ཐོག་མ་མེད་པ་ནས་དགེ་བ་ཅི་བྱས་པ་དང། མི་དགེ་བ་ཅི་བྱས་པ་ཤེས་ཏེ། སེམས་ཅན་འདིས་ཚེ་རབས་སྔ་མ་འདིའི་ཚེ་ན་ནི་སྦྱིན་པ་བྱས་པས་སྦྱིན་པའི་བག་ཆགས་དང་ལྡན། ཚེ་རབས་སྔ་མ་འདིའི་ཚེ་ན་ནི་ཚུལ་ཁྲིམས་བསྲུངས་པས་ཚུལ
་ཁྲིམས་ཀྱི་བག་ཆགས་དང་ལྡན་པ་ཞེས་བྱ་བ་ལ་སོགས་པ་ཚེ་རབས་སྔ་མ་ལ་ཅི་དང་ཅི་བྱས་པའི་བག་ཆགས་ཤེས་པ་དང། དེ་བཞན་དུ་སེཾས་ཅན་འདིས་ཚེ་སྔ་མ་འདིའི་ཚེ་ན་སྲོག་བཅད་པ་བྱས་པས་སྲོག་བཅད་པའི་བག་ཆཌ་དང་ལྡན་ཞེས་བྱ་བ་ལ
་སོགས་པ་ཚེ་སྔ་མ་ལ་མི་དགེ་བཅི་དང་ཅི་བྱས་པའི་བག་ཆགས་ཤེས་པ་ནི་དགེ་བ་དང་མི་དགེ་བ་བསྐྱེད་པ་ཞེས་བྱ་སྟེ། འདི་ནི་སྔོན་གྱི་གནས་མངོན་པར་ཤེས་པའོ། །དེའི་གནས་དང་ཞེས་བྱ་བ་ལ། དེའི་གནས་ནི་དེ་བཞིན་གཤེགས་པ་རྣམས་བཞུགས་པའི་སངས
་རྒྱས་ཀྱི་ཞིང་དང། སེམས་ཅན་རྣམས་གནས་པའི་འཇིག་རྟེན་གྱི་ཁམས་ལ་བྱ་སྟེ། དེ་བཞིན་གཤེགས་པ་ལ་མཆོད་པའི་ཕྱིར་རྫུ་འཕྲུལ་གྱིས་སངས་རྒྱས་ཀྱི་ཞིང་དུ་འགྲོ་བར་བྱ་བ་ཤེས་པ་དང། སེམས་ཅན་གདུལ་བར་བྱ་བའི་ཕྱིར་འཇིག་རྟེན
་གྱི་ཁམས་དེ་དང་དེ་དག་ཏུ་རྫུ་འཕྲུལ་གྱིས་འགྲོ་བར་བྱ་བ་ཤེས་པ་ནི་དེའི་གནས་ཤེས་པ་ཞེས་བྱ་སྟེ། །འདི་ནི་རྫུ་འཕྲུལ་གྱི་ཡུལ་མངོན་པར་ཤེས་པའོ། །འབྱུང་བ་ཞེས་བྱ་བ་ལ། འབྱུང་བ་ནི་ཐབས་གང་གིས་བདག་དང་སེམས་ཅན་གཞན་འཁོར་བ
་ལས་ཐར་པར་བྱ་སྟེ། དེ་ཤེས་པ་ནི་འབྱུང་བ་ཤེས་པ་སྟེ། དེ་ནི་ཟག་པ་ཟད་པ་མངོན་པར་ཤེས་པ་ཞེས་བྱའོ། །མངོན་སུམ་གང་ཞེས་བྱ་བ་ནི་མངོན་པར་ཤེས་པ་དྲུག་པོ་དེ་དག་ཀྱང། སྐྱུ་རུ་ར་ལག་མཐིལ་དུ་བཞག་པ་བཞིན་དུ་གསལ་བར
་མངོན་སུམ་དུ་ཤེས་སོ་ཞེས་པའི་དོན་ཏེ། །ཀུན་འགྲོ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་ཨི་མངོན་པར་ཤེས་པ་དྲུག་འཇིག་རྟེན་གྱི་ཁམས་ཀུན་དུ་ཡང་འཇུག་པའང་དུས་གསུམ་ཀུན་དུ་ཡང་འབྱུང་བས་ན་ཀུན་འགྲོ་བ་ཞེས་བྱའོ། །རབ་ཏུ
་ཐར་ལ་ཞེས་བྱ་བ་ནི་མངོན་པར་ཤེས་པ་རེ་རེ་ཞི་ཡང་སེམས་ཅན་གྱི་དོན་དུ་རྣམ་པ་དུ་མར་བྱ་བ་ལ་ཐོགས་པ་མེད་ཅེས་བྱ་བའི་དོན་ཏོ། །བསྟན་པ་ཐོབ་པའི་དུས་ནི་ཐོགས་པ་མེད་ཅེས་བྱ་བ་ལ། བསྟན་པ་ཐོབ་པ་ནི་བྱང་ཆུབ་སེམས་དཔའ་?
་མཐུན་ནི་བྱང་ཆུབ་སེམས་དཔའ་དེ་དག་གི་མངོན་པར་ཤེས་པ་དྲུག་ལ་བྱའོ། །ཐོགས་པ་མེད་པ་ནི་མངོན་པར་ཤེས་པ་དེ་དག་འཇིག་རྟེན་གྱི་ཁམས་ཀུན་དུ་འཇུག་པ་དང། དུས་ཐམས་ཅད་དུ་འབྱུང་བས་ཐོགས་པ་མེད་པས་ཏེ། འདིས་ནི་ཉན་ཐོས་དང
་རང་སངས་རྒྱས་དང། འཇིག་རྟེན་གྱི་དྲང་སྲོང་གི་མངོན་པར་ཤེས་པས་ཀྱང་འཕགས་པ་སྟོན་ཏོ། །ཅིའི་ཕྱིར་ཞེ་ན། དེ་དག་གི་མངོན་པར་ཤེས་པ་ནི་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་མི་འཇུག་པ་དང། དུས་ཐམས་ཅད་དུ་འབྱུང་བས
་ཐོགས་པ་དང་བཅས་པའོ། །འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཞེས་བྱ་བ་ནི། བྱང་ཆུབ་སེམས་དཔའ་ཨི་མངོན་པར་ཤེས་པ་རྣམས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐཾས་ཅད་དུ་འཇུག་གོ་ཞེས་བྱ་བའི་དོན་ཏོ། །དོན་དྲུག་པོ་དེ་དག་རབ་ཏུ་དབྱེ་བ་དང་བཅས
་པ་ཞེས་བྱ་བ་ནི་མངོན་པར་ཤེས་པ་དྲུག་པོ་དེ་དག་གཅིག་ལ་ཡང་དུ་མར་སྤེལ་བར་མངོན་སུམ་དུ་བྱ་བ་ལ། བྱང་ཆུབ་སེམས་དཔའ་རྣམས་ཐོགས་པ་མེད་པ་ཞེས་བྱ་བའི་དོན་ཏོ། །དེ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མཐུ་མངོན་པར་ཤེས་པས་བསྡུས
་པའོ་ཞེས་བྱ་བ་ལ། མངོན་པར་ཤེས་པ་དྲུག་པོ་དེ་ནི་བྱང་ཆུབ་སེམས་དཔའ་ཨི་མཐུ་ཞེས་བྱ་སྟེ་མངོན་པར་ཤེས་པ་དྲུག་དུ་རྟོགས་པ་ཉིད་ལ་བྱང་ཆུབ་སེཾས་དཔའ་ཨི?་ཞེས་བྱའོ་ཞེས་བྱ་བའི་དོན་ཏོ། །མཐུའི་མཚན་ཉིད་རྣམ་པར་དབྱེ་བའི་རང་བཞིན་གྱི་དོན་གསུངས་སོ་ཞེས་བྱ
་པ་ལ། བྱང་ཆུབ་སེམས་དཔའ་ཨི་མཐུའི་མཚན་ཉིད་རྣམ་པ་དྲུག་ཏུ་དབྱེ་བའི་སྒོ་ནས་བྱང་ཆུབ་སེམས་དཔའ་ཨི་མཐུའི་རང་བཞིན་སྟོན་ཏོ་ཞེས་བྱ་བའི་དོན་ཏུ། །རྒྱུའི་དོན་ལ་བརྩམས་ཏེ་ཚིགས་སུ་བཅད་པ་ཞེས་བྱ་བ་ལ། མངོན་པར་ཤེས་པ་དྲུག་གི་མཚན་ཉིད་དང་དབྱེ་བ
་བཤད་ནས། དེ་རྒྱུ་གང་གིས་མངོན་པར་ཤེས་པ་དྲུག་ཐོབ་པར་འགྱུར་པའི་རྒྱུ་བསྟན་པའི་ཕྱིར་ཚིགས་སུ་བཅད་པ་རྩོམ་སྟེ། རྒྱུ་རྣམ་པ་གསུམ་པོ་གང་ཞེ་ན། བསམ་གཏན་བཞི་པ་ལ་གནས་པ་དང། རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་གནས་པ་དང། ཇི་ལྟར
་རྣམ་པར་བཞག་པ་ཡིད་ལ་བྱེད་པའོ། །བསམ་གཏན་བཞི་པ་ཤིན་ཏུ་དག་ཐོབ་ནས་ཞེས་བྱ་བ་ལ། གཟུགས་ཀྱི་ཁམས་ཀྱི་བསམ་གཏན་བཞི་པ་སྟེ། བསམ་གཏན་དང་པོ་དང། བསམ་གཏན་གཉིས་པ་དང། བསམ་གཏན་གསུམ་པ་དང
་བསམ་གཏན་བཞི་པའོ། །ཤིན་ཏུ་དག་པ་ནི་སྲེད་པ་ཤས་ཆེར་བསྒོམས་པ་དང། ང་རྒྱལ་ཤེས་ཆེར་བསྒོམ་པ་དང། ཐེ་ཚོམ་ཤས་ཆེར་བསྒོམ་པ་མེད་པའོ། །ཡང་ན་ཐོད་རྒལ་དང། ལུགས་སུ་བསྒོམ་པ་དང། ལུགས་སུ་མི་བསྒོམ་པ་ཐོབ་པ་ནི་དག་པ་ཞེས
་བྱའོ། །ཡང་ན་ཉེས་པ་བརྒྱད་སྤངས་བ་ནི་དག་པ་སྟེ། ཉེས་པ་བརྒྱད་པོ་གང་ཞེ་ན། དབུགས་རྡུབ་པ་དང། འབྱུང་བ་དང། རྟོགས་པ་དང། དཔྱོད་པ་དང། བདེ་བ་དང་སྡུག་བསྔལ་དང། ཡིད་བདེ་བ་དང། མི་བདེ་བའོ། །ཐོབ་ནས་ཞེས་བྱ་བ་ནི་བསམ
་གཏན་བཞི་པ་དག་པ་དེ་ལ་གནས་དེ་ལ་བརྟེན་ནས་ཞེས་བྱ་བའི་དོན་ཏོ། །མི་རྟོག་ཡེ་ཤེས་ཡོངས་སུ་གཟུང་བ་དང་ཞེས་བྱ་བ་ནི། བསམ་གཏན་བཞི་པ་ལ་གནས་པའི་ཚེ་གཟུང་འཛིན་ལ་མི་རྟོག་པའི་རྣམ་པར་མི་རྟོག་པའི་ཡེ་ཤེས་དང་འབྲལ་དེས
་ཀྱང་ཡོངས་སུ་ཟིན་ཞེས་བྱ་བའི་དོན་ཏེ། །རྣམ་པར་བཞག་བཞིན་ཡིད་ལ་བྱེད་པ་ལས་ཞེས་བྱ་བ་ནི་དེའི་ཚོ་ཅི?་ཞིག་ཡིད་ལ་བྱེད་ཅེ་ན། རྒྱུ་གང་དང་གང་གིས་མངོན་པར་ཤེས་པ་གང་དང་གང་འཐོབ་པར་འགྱུར་བའི་རྒྱུ་མདོ་སྡེ་ལས་བཤད་དེ་རྣམ་པར་བཞག
་པ་དེ་ཡིད་ལ་བྱེད་པ་བས་མངོན་པར་ཤེས་པ་ཐོབ་པར་འགྱུར་ཏེ། དེའི་རྒྱུ་ཡང་མདོ་སྡེ་ལས་འཕྲུལ་གྱི་མིག་གི་མངོན་པར་ཤེས་པ་ཐོབ་པར་འདོད་པས་ཕྱོགས་ཐམས་ཅད་སྣང་བས་ཁྱབ་པར་མོས་ཤིང་ཡིད་ལ་གྱིས་ཤིག་།དེ་གསུངས་པ་དང་རྫུ་འཕྲུལ་མངོན
་པར་ཤེས་པ་ཐོབ་པར་འདོད་པས་ལུས་ཡང་བར་མོས་སིང་ཡིད་ལ་གྱིས་ཤིག་ཅེས་གསུངས་པ་ལྟ་བུའོ། །མཐུ་?་པའི་དམ་པ་ཐོབ་པར་འགྱུར་བ་དང་ཞེས་བྱ་བ་ལ་བྱང་ཆུབ་སེམས་དཔའ་ཨི་མངོན་པར་ཤེས་པ་དྲུག་ནི་ཉན་ཐོས་དང། རང་སངས་རྒྱས་དང། འཇིག
་རྟེན་པའི་མངོན་པར་ཤེས་པ་བས་འཕགས་པས་ན་དམ་པ་ཞེས་བྱ་བ་སྟེ། བསམ་གཏན་བཞི་པ་ལ་ནི་གནས། རྣམ་པར་མི་རྟོག་པའི་ཡེ་ཤེས་དང་ནི་ལྡན། ཇི་ལྟར་རྣམ་པར་བཞག་པའི་ཆོས་ཡིད་ལ་བྱས་ན་མཐུ་རྣམ་པ་དྲུག་ཐོབ་པ་འགྲུབ་པར་འགྱུར་རོ་ཞེས
་བྱ་བའི་དོན་ཏོ། །འབྲལ་བུའི་དོན་ལས་བརྩམས་ཏེ་ཚིགས་སུ་བཅད་པ་ཞེས་བྱ་བ་ལ། མངོན་པར་ཤེས་པ་དྲུག་གི་འབྲས་བུ་བསྟན་པའི་ཕྱིར་ཚིགས་སུ་བཅད་པ་རྩོམ་དེ། མངོན་པར་ཤེས་པ་དྲུག་གི་འབྲས་བུ་ཡང་རྣམ་པ་གསུམ་སྟེ། དཔེ་མེད་ཅིང་རྒྱ་ཆེ་བའི
་སྤྱོད་པ་ཤིན་ཏུ་གནས་པ་དང། སངས་རྒྱས་ལ་མཆོད་པ་བྱེད་པ་དང། སེམས་ཅན་འདྲེན་པར་བྱེད་པའོ། །གང་གིས་འཕགས་དང་འཕྲུལ་དང་ཚངས་པ་ཡི། །དཔེ་མེད་རྒྱ་ཆེན་སྤྱད་པ་ཤིན་ཏུ་གནས། ཞེས་བྱ་བས་དཔེ་མེད་པ་རྒྱ་ཆེན་པོ་སྤྱོད་པས་གནས་པ་བསྟན
་ཏེ། དེ་ལ་གནས་པའི་གནས་པ་ནི་སྟོང་པ་ཉིད་དང་མཚན་མ་མེད་པ་སྨོན་པ་མེད་པས་གནས་པའི་བདེན་པ་གཞིར་གནས་པ་འམས?་དང་ཕ་རོལ་ཏུ་ཕྱིན་པས་གནས་པའོ། །འཕྲུལ་གྱི་གནས་པ་ནི་གཟུགས་ཀྱི་ཁམས་བསམ་གཏན་བཞི་པ་ལ་གནས་པ་འམ།
་གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་ལ་གནས་པའོ། །ཚངས་པའི་གནས་པ་ནི་བྱམས་པ་དང། སྙིང་རྗེ་དང། དགའ་བ་དང། བཏང་སྙོམས་ལ་གནས་པའོ། །དེ་ལ་ཡང་རྣམ་པར་ཐར་པ་གསུམ་ལས་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ལས་འཕགས
་པ་དག་པ་ལ་ཆེར་གནས་སོ། །བདེན་པ་བཞི་ལས་ཀྱང་འགོག་པའི་སྙོམས་པར་འཇུག་པ་ལ་འཕགས་པ་དག་ཕལ་ཆེར་གནས་སོ། །གཟུགས་དང་གཟུགས་མེད་པའི་ཏིང་ངེ་འཛིན་ལས་ཀྱང་འཕགས་བསམ་གཏན་བཞི་པ་ལ་གནས་པ་དག་ཕལ་ཆེར་གནས
་སོ། །ཆད་མེད་པ་ལས་ཀྱང་སྙིང་རྗེ་ཆེན་པོ་ལ་འཕགས་པ་དག་ཕལ་ཆེར་གནས་སོ། །ཕྱོགས་སུ་དེ་སོང་སངས་རྒྱས་སེམས་ཅན་དག། ཡང་དག་མཆོད་ཅིང་རྣམ་དག་འགུགས་པར་བྱེད་ཅེས་བྱ་བ་ལ། མངོན་པར་ཤེས་པ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་
་དེ་རྫུ་འཕྲུལ་གྱིས་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་དག་ཏུ་སོང་ནས་སངས་རྒྱས་བཅོམ་ལྡན་འདས་ལ་མཆོད་པ་བྱེད་དེ། འདིས་ནི་སངས་རྒྱས་མཆོད་པའི་འབྲས་བུ་བསྟན་ཏོ། །གཞན་ཡང་རྫུ་འཕྲུལ་གྱིས་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང
་དག་ཏུ་སོང་ནས་འཕུར་བ་དང་འབར་བ་ལ་སོགས་པའི་སྒོ་ནས་སེམས་ཅན་འགུགས་ཏེ། དགེ་བ་ལ་འཇོག་པར་བྱེད་དེ་འདིས་ནི་སེམས་ཅན་འདྲེན་པའི་འབྲས་བུ་བསྟན་ཏོ། །ལས་རྣམ་པ་དྲུག་གི་དོན་ལས་བརྩམས་ཏེ་ཚིགས་སུ་བཅད་པ་བཞིའོ་ཞེས་བྱ་བ་ལ། མངོན
་པར་ཤེས་པའི་འབྲས་བུ་བསྟན་ནས་དེ་ཚིགས་སུ་བཅད་པ་བཞིས་མངོན་པར་ཤེས་པ་དྲུག་གི་ལས་འཆད་དེ། ལས་ཀྱང་རྣམ་པ་དྲུག་གོ་།མཐོང་བའི་ལས་དང། སྟོན་པའི་ལས་ལས་བརྩམས་ཏེ་ཚིགས་སུ་བཅད་པ་ཞེས་བྱ་བ་ལ། མངོན་པར་ཤེས་པ་དྲུག་དང
་ལྡན་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སེམས་ཅན་གྱི་འཇིག་རྟེན་དང། སྣོད་ཀྱི་འཇིག་རྟེན་གཉིས་སྒྱུ་མ་ལྟ་བུ་ཁོང་དུ་ཆུར་པ་ནི་མཐོང་བའི་ལས་སོ། །དབང་བཅུ་དང་ལྡན་པས་སེམས་ཅན་རྣམས་ལ་འཕུར་བ་དང། འབར་བ་ལ་སོགས་པ་དང། འཇིག
་རྟེན་གྱི་ཁམས་སུ་འཇིག་པ་དང། ཆགས་པ་སྟོན་པའི་སྟོང་པའི་སེམས་ལས་ཞེས་བྱ་སྟེ། ལས་དེ་གཉིས་བསྟན་པར་བྱ་བའི་ཕྱིར་ཚིགས་སུ་བཅད་པ་རྩམ་མོ་ཞེས་བྱ་བའི་དོན་ཏོ། །སེམས་ཅན་བཅས་བསྐྱེད་པ་འཇིག་པ་ཡི། །འཇིག་རྟེན་ཁམས་ཀུན་སྒྱུ
་མ་འདྲ་བར་མཐོང་ཞེས་བྱ་བ་ལ། མངོན་པར་ཤེས་པ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་དེས་སྣོད་ཀྱི་འཇིག་རྟེན་དང་སེམས་ཅན་དུ་བཅས་པ་སྐྱེས་ཏེ། འཇིག་རྟེན་གྱི་ཁམས་འཆགས་པ་དང། འཇིག་རྟེན་སྐལ་པའི་ས་སྦྱོད་པ་ན། སྒྱུ་མ་དང་འདྲ་བར་མཐོང
་དོ། །ཇི་ལྟ་ཞེ་ན། དཔེར་ན་སྒྱུ་མ་དང། སྨིག་རྒྱུ་བ་དང། རྨི་ལམ་ལ་སོགས་པ་རང་བཞིན་གྱིས་སྟོང་ཞིང་མེད་ཀྱང་སྐྱེ་བར་ཡང་ལྕང་བ་དེ་བཞིན་དུ་སྣོད་ཀྱི་འཇིག་རྟེན་དང། སེམས་ཅན་གྱི་འཇིག་རྟེན་གཉི་ག་ཡང་རང་བཞིན་གྱིས་སྟོང་སྟེ། མེད་ཀྱང་སྐྱེ་བར་སྣང
་འཇིག་པར་ཡང་སྣང་བས་སྒྱུ་མ་དང་འདྲའོ་ཞེས་མཐོང་ངོ། །འདི་ནི་མཐོང་བའི་ལས་ཏེ་ལས་རྣམ་པ་གཅིག་གོ་།དབང་ལྡན་རྣམ་པ་སྣ་ཚོགས་བཅས་པ་ཡང། །ཇི་བཞིན་འདོད་པར་དེ་དག་ཡང་དག་སྟོན་ཞེས་བྱ་བ་ལ། མངོན་པར་ཤེས་པ་ཐོབ་པའི་བྱང་ཆུབ་སེམས
་དཔའ་ནི་དབང་དང་ལྡན་པས་རྫུ་འཕྲུལ་རྣམ་པ་སྣ་ཚོགས་ཀྱི་སེམས་ཅན་གང་ལ་རྫུ་འཕྲུལ་གང་བསྟན་ན་འདུལ་ཞིང་དགའ་བར་འགྱུར་བ་སེམས་ཅན་གང་ལ་རྫུ་འཕྲུལ་ཏེ་སྟོན་ཏེ་འབར་བསྟོན་པས་འདུལ་བའི་སེམས་ཅན་རྣམས་ལ་འབར་བར་སྟོན། །འཕུང་བས
་འདུལ་བའི་སེམས་ཅན་རྣམས་ལ་འཕུར་བ་ལ་སོགས་པའོ། །འདི་ནི་སྟོན་པའི་ལས་ཏེ་ལས་གཉིས་པའོ། །འོད་ཟེར་གྱི་ལས་ལས་བརྩམས་ཏེ་ཚིགས་སུ་བཅད་པ་ཞེས་བྱ་བ་ལ་བྱང་ཆུབ་སེམས་དཔའ་སེམས་ཅན་གྱི་དོན་དུ་ཕྱོགས་བཅུར་འོད་ཟེར་སྟོན་པ་ལས
་བརྩམས་ནས་ཚིགས་སུ་བཅད་པ་རྩོམ་ཏེ། དེ་ཡང་དོན་རྣམ་པ་གཉིས་ཀྱི་ཕྱིར་འོད་ཟེར་གཏོང་ངོ། །གང་ཞེ་ན། ངན་སོང་དུ་སྐྱེས་པའི་སེམས་ཅན་སྡུག་བསྔལ་བ་རྣམས་མཐོ་རིས་སུ་དགོད་པར་བྱ་བའི་ཕྱིར་འོད་ཟེར་གཏོང་བ་དང། བདུད་ཀྱི་གནས་དང་བདུད་རྣམས་བསྐྱོད
་ཅིང་སྒྲག་པར་བྱ་བའི་ཕྱིར་འོད་ཟེར་གཏོང་ངོ། །འོད་ཟེར་བཏང་བས་མི་བཟང་སྡུག་བསྔལ་དང། །ངན་སོང་བ་རྣམས་མཐོ་རིས་འགྲོ་བར་བྱེད་ཅེས་བྱ་བ་ལ། བྱང་ཆུབ་སེམས་དཔའ་མངོན་པར་ཤེS་པ་དྲུག་དང། དབང་བཅུ་དང་ལྡན་པS་ཕྱོཌ་བཅུར་འོད་ཟེར་བཏང་བས་སེཾས་ཅན
་དམྱལ་བའི་གནས་ན་བཅོ་ཞིང་གཏུམ་པ་ལ་སོགས་པའི་སྡུག་བསྔལ་དང། ཡི་དགས་ཀྱི་གནས་ན་བཀྲེས་པ་ལ་སོགས་པའི་སྡུག་བསྔལ་དང། བྱོལ་སོང་གི་གནས་ན་གཅིག་གིས་གཅིག་གསོད་པ་ལ་སོགས་པའི་སྡུག་བསྔལ་རྣམས་འོད་ཟེར་དེས་རེག་པ
་དང་དང་སྐྱེས་ཤིང་འབྲལ་དུ་ཡང་སྡུག་བསྔལ་ཞི་བར་བྱེད་པ་དང། དེ་ནས་ཤི་འཕོས་ནས་ལྷ་དང་མིའི་གནས་བདེ་འགྲོར་སྐྱེ་བར་བྱེད་དེ། །འདི་ནི་ལས་གསུམ་པའོ། །བདུད་གནས་གཞལ་མེད་ཁང་མཐོ་མཛེས་པ་དག། བདུད་བཅས་རབ་ཏུ་བསྐྱོད་ཅིང་སྐྲག་པར་བྱེད་ཅེས་བྱ་
་བ་ལ། བདུད་ཀྱི་གནས་ནི་བདུད་དེ་དག་འགོད་པའི་ཁང་ཁྱིམ་སྟེ། མཐོ་བ་ནི་བརྩེགས་མ་དང་རིམ་པ་དུ་མ་འདུག་པའོ། །མཛེས་པ་ནི་རིན་པོ་ཆེ་ལས་བྱས་པའོ། །བདུད་བཅས་ཞེས་བྱ་བ་ནི་བདུད་འཁོར་དང་བཅས་པ་སྟེ། འོད་ཟེར
་བཏང་སྟེ་བདུད་ཀྱི་གནས་རྣམས་ནི་བསྐྱོད། བདུད་ཀྱི་གནས་གཡོས་པས་བདུད་རྣམས་སྐྲག་པར་བྱེད་དེ། འདི་ནི་ལས་བཞི་པའོ། །རྣམ་པར་རོལ་པའི་ལས་དང་སྤྲུལ་པའི་ལས་ལས་བརྩམས་ཏེ་ཚིགས་སུ་བཅད་པ་ཞེས་བྱ་བ་ལ། རྣམ་པར་རོལ་པ་ནི་ནམ་མཁའ་
་མཛོད་ཀྱི་ཏིང་ངེ་འཛིན་ཞེས་བྱ་བ་ལ་སོགས་པ་ཐེག་པ་ཆེན་པོའི་ཏིང་ངེ་འཛིན་དཔག་ཏུ་མེད་པ་ལ་འཇུག་པའོ། །སྤྲུལ་པའི་ལས་ནི་སེམས་ཅན་གྱི་དོན་དུ་རྣམ་པ་གསུམ་དུ་སྦྲུལ་པར་བྱེད་དོ། །བཟོའི་གནས་སྤྲུལ་ནས་སེམས་ཅན་འདུལ་བ་དང། སྐྱེ་བ་སྦྲུལ
་ནས་སེམས་ཅན་འདུལ་བ་དང། དགའ་ལྡན་གྱི་ཕོ་བྲང་ནས་འཆི་བ་བསྟན་ནས་མྱ་ངན་ལས་འདས་པའི་བར་དག་སྤྲུལ་པ་བསྟན་ནས། སྤྲུལ་པའི་མཆོག་བསྟན་ནས་སེམས་ཅན་འདུལ་བར་བྱེད་པའོ། །ཏིང་ངེ་འཛིན་དཔག་ཏུ་མེད་ལ་རྣམ་རོལ་ཅིང། །མཆོག་རྣམ
་འདུས་པའི་འོག་ཏུ་ཡང་དག་སྟོན་ཅེས་བྱ་བ་ལ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཨི་འཁོར་ཚོགས་པ་ནི་ཚོགས་རྣམས་འདུས་པ་ཞེས་བྱ་སྟེ། དེ་བཞིན་གཤེགས་པ་དང་བྱང་ཆུབ་སེམས་དཔའ་གཙོ་བོ་ཆོགས་པའི་དབུས་སུ་ཐེག་པ་ཆེན་པོའི་ཏིང་ངེ
་འཛིན་དཔག་ཏུ་མེད་པ་ལ་སྙོམས་པར་འཇུག་པར་སྟོན་པ་ནི་ཏིང་ངེ་འཛིན་གྱིས་རྣམ་པར་རོལ་པ་ཞེས་བྱ་སྟེ། དཔེར་ན་འཕགས་པ་འཇམ་དཔལ་དེ་བཞིན་གཤེགས་པའི་དང། བྱང་ཆུབ་སེམས་དཔའ་ཨི་འཁོར་གྱི་དབུས་སུ་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས
་པ་དང། སུས་ཀྱང་ཏིང་ངེ་འཛིན་དེ་ལས་བསླང་བར་མ་ནུས་པ་དང། བུ་མོ་ལེགས་པའི་བློ་གྲོས་ཀྱིས་བསླང་ངོ་ཞེས་བྱ་བ་ལ་སོགས་པ་ལྟ་བུའོ། །འདི་ནི་རྣམ་པར་རོལ་པའི་ལས་ཏེ་ལས་རྣམ་པ་ལྔའོ། །ལས་དང་སྐྱེ་བ་དང་ནི་མཆོག་གི་སྤྲུལ་པས་ཀྱང་ཐམས་ཅད
་དུས་སུ་སེམས་ཅན་དོན་བྱེད་དོ་ཞེས་བྱ་བས་སྤྲུལ་པའི་ལས་བསྟན་ཏེ། ལས་སྤྲུལ་པས་ཀྱང་དུས་ཐམས་ཅད་ཏུ་སེམས་ཅན་གྱི་དོན་བྱེད། སྐྱེ་བ་སྤྲུལ་པས་ཀྱང་དུས་ཐམས་ཅད་ཏུ་སེམས་ཅན་གྱི་དོན་བྱེད། མཆོག་གི་སྤྲུལ་པས་ཀྱང་དུས་ཐམས་ཅད་དུས་སེམས
་ཅན་གྱི་དོན་བྱེད་དོ་ཞེས་བྱ་བའི་དོན་ཏོ། །འདི་ལས་དྲུག་དང། དེ་ལ་རྫ་མཁན་དང། པི་ཝང་མཁན་ལ་སོགས་པའི་བཟོའི་གནས་རྣམ་པ་སྣ་ཚོགས་བྱེད་པར་སྤྲུལ་པ་ནི་ལས་སྤྲུལ་པ་ཞེས་བྱ་སྟེ། ལྟ་དང་ཀླུ་དང་གནོད་སྦྱིན་ནས་བྱོལ་སོང་ལ་སོགས་པའི
་གནས་སུ་སྐྱེས་ནས། དེ་དག་གི་ལུས་འདྲ་བར་བསྟན་པ་ནི་སྐྱེ་བ་སྤྲུལ་པ་ཞེས་བྱའོ། །འོག་མིན་གྱི་ཕོ་བྲང་ནས་མྱ་ངན་ལས་འདས་པའི་བར་དག་བསྟན་པ་ནི་མཆོག་གི་སྤྲུལ་པ་ཞེས་བྱའོ། །ཞིང་ཡོངས་སུ་དག་པར་བྱེད་པ་ལས་བརྩམས་ཏེ་ཚིག
་སུ་བཅད་པ་ཞེས་བྱ་བ་ལས། མངོན་པར་ཤེས་པའི་ལས་དག་བསྟན་ནས། ད་ནི་མངོན་པར་ཤེS་པ་དྲུག་དང་ལྡན་པ་རྣམས་སངས་རྒྱས་ཀྱི་ཞིང་རྣམ་པ་གཉིས་དག་པར་བྱེད་དོ་ཞེས་བསྟན་པའི་ཕྱིར་ཚིགས་སུ་བཅད་པ་རྩོམ་མོ་ཞེས་བྱ་བའི་དོན་ཏོ། །ཞིང
་རྣམ་པ་གཉིས་ནི་སྣོད་ཀྱི་འཇིག་རྟེན་དང། སེམས་ཅན་གྱི་འཇིག་རྟེན་ན། །ཞིང་རྣམས་འདོད་པ་བཞིན་དུ་བསྟན་པའི་ཕྱིར། །ཡེ་ཤེས་ལ་ཡང་དབང་བས་དག་པ་ཐོབ་ཅེས་བྱ་བ་འདི་སྣོད་ཀྱི་འཇིག་རྟེན་དག་པར་བྱེད་པ་སྟོན་ཏེ། དེ་ཡང་གང་གིས་དག་པར
་བྱེད་པ་དང། གང་དག་པར་བྱེད་པ་སྟེ་རྣམ་པ་གཉིས་སོ། །བྱང་ཆུབ་སེམས་དཔའ་དབང་བཅུ་ཐོབ་པ་སྟེ། དབང་བཅུ་ལས་ཡེ་ཤེས་ཀྱི་དབང་གིས་སངས་རྒྱས་ཀྱི་ཞིང་རྣམས་ཤེལ་གྱི་ཁ་དོག་ཏུ་བསྟན་ན་དགའ་བའི་ཁ་དོག་ཏུ་སྟོན་པ་དང། གསེར་གྱི
་ཁ་དོག་ཏུ་བསྟན་ན་དགའ་བའི་རྣམས་ལ་གསེར་ལ་སོགས་པའི་ཁ་དོག་ཏུ་སྟོན། དེ་དག་ཐོབ་ཅེས་བྱ་བ་ནི་དེ་ལྟར་སྟོན་ནུས་ཞེས་བྱ་བའི་ཐ་ཚིག་གོ་།སངས་རྒྱས་མཚན་དག་མེད་པར་སངས་རྒྱས་མཚན། །ཡང་དག་བསྒྲགས་པས་ཁམས་གཞན་འགྱེད་ཅེས་བྱ
་བས། སེམས་ཅན་གྱི་འཇིག་རྟེན་དག་པར་བྱེད་པ་སྟོན་ཏེ། བྱང་ཆུབ་སེམས་དཔའ་མངོན་པར་ཤེས་པ་དྲུག་དང་ལྡན་པ་དེས། འཇིག་རྟེན་གྱི་ཁམས་གང་ན་ཡང་སངས་རྒྱས་དང་ཆོས་དང་དགེ་བདུན་གྱི་མཚན་མི་ཐག་ཅིང་མེད
་བའི་འཇིག་རྟེན་གྱི་ཁམས་དེར་དཀོན་མཆོག་གསུམ་གྱི་མཚན་གྲགས་པར་བྱ་སྟེ། དད་པ་བསྐྱེད་ནས་འཇིག་རྟེན་གྱི་ཁམས་གང་ན་དཀོན་མཆོག་གསུམ་ཡོད་པའི་འཇིག་རྟེན་ཁམས་དེད་སྐྱེ་བ་ལ་འཇོག་པར་བྱེད་དོ་ཞེས་བྱ་བའི་དོན་ཏོ། །ལྡན་པའི་དོན་ལས
་བརྩམས་ཏེ་ཚིགས་སུ་བཅད་པ་ཞེས་བྱ་བ་ལ། མངོན་པར་ཤེས་པ་དྲུག་གི་ལས་དང། མངོན་པར་ཤེས་པ་དྲུག་གིས་སངས་རྒྱས་ཀྱི་ཞིང་དག་པར་བྱེད་པར་བསྟན་ནས། ད་ནི་མངོན་པར་ཤེས་པ་དག་ཡང་པ་དེ་ཡོན་ཏན་དང་ལྡན་པ་བསྟན་པའི་དོན་ཏེ། །དེ་ཡང
་སེམས་ཅན་སྦྱིན་པར་བྱེད་ནུས་པར་བྱེད་པ་དང་ལྡན་པ་དང། རབ་ཏུ་བསྔགས་པ་དང་ལྡན་པ་དང། ཚིག་གཟུང་བར་འོས་པ་དང་ལྡན་པ་སྟེ་རྣམ་པ་གསུམ་དང་ལྡན་ནོ་ཞེས་བྱ་བའི་དོན་ཏོ། །སེམས་ཅན་སྨིན་བྱེད་ནུས་པར་འགྱུར་བ་ནི། །ཇི་ལྟར་འདབ་མ་རྒྱས
་པའི་བྱ་བཞིན་དུ་ཞེས་བྱ་བ་ལ། སེམས་ཅན་སྨིན་པར་བྱེད་ནུས་པ་དང་ལྡན་པ་བསྟན་ཏེ། དཔེར་ན་བྱང་དང་གཤོག་རྫོགས་ཤིང་རྒྱས་པ་ནམ་མཁའ་ལ་འགྲོ་བ་ན་ཆེན་པོ་འབད་པ་མེད་པར་དགའ་མགུར་འགྲོ་ཞིང་ནམ་འཕང་གཅོད་པ་དེ་བཞིན་དུ་མངོན
་པར་ཤེས་པ་དྲུག་དང་ལྡན་ན་གཅིག་ཏུ་འབད་པ་མེད་པར་བསྡུ་པའི་དངོས་པོ་བཞིས་སེམས་ཅན་བསྡུས་ནས་མི་དགེ་བ་ལས་བཟློག་པས་དགེ་བ་ལ་བཞག་པ་ལ་སོགས་པའི་དགེ་བའི་སྒོ་ནས་སེམས་ཅན་སྨིན་པར་བྱེད་ནུས་སོ་ཞེས་བྱ་བའི་དོན་ཏོ། །སངས་རྒྱས
་ལས་ཀྱང་ཤིན་ཏུ་བསྔགས་པ་ཐོབ་ཅེས་བྱ་བས་རབ་ཏུ་བསྔགས་པ་དང་ལྡན་པ་བསྟན་ཏེ། མངོན་པར་ཤེས་པ་དང་ལྡན་ན་སེམས་ཅན་སྨིན་པར་བྱེད་ལ་དེ་བཞིན་གཤེགས་པ་ལ་འདྲི་ཞིང་ཞུ་བ་རྣམས་ཀྱང་ཕྱིན་ཅི་མ་ལོག་པར་འདྲི་བས་ཇི་སྐད་དུ་མདོ་སྡེ་དག
་ལས་རིགས་ཀྱི་བུ་ཁྱོད་ཀྱིས་མདོ་ཞུ་བ་ཞུས་པ་དང་དྲི་བ་དྲིས་བ་ལེཌ་ལེགས་སོ་ཞེས་བྱ་བ་ལ་སོགས་པའི་བསྔགས་པ་ཐོབ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །སྐྱེ་དགུ་རྣམས་ལ་ཚིག་གཟུང་བར་འོས་པར་འགྱུར་ཞེས་བྱ་བས། ཚིག་གཟུང་བ་དང་འོས་པ་དང་ལྡན་པ་བསྟན
་ཏེ། མངོན་པར་ཤེས་པ་དང་ལྡན་ན་གཞན་གྱི་སེམས་དང་མཐུན་པར་ཚིག་སྨྲ་བ་དང། རྫུ་འཕྲུལ་རྣམ་པ་སྣ་ཚོགས་བསྟན་ནས་སེམས་ཅན་མགུ་བར་བྱས་པའི་ཕྱིར་བྱང་ཆུབ་སེམས་དཔའ་དེའི་ཚིག་སེམས་ཅན་ཐམས་ཅད་ཀྱིས་མི་གཅོག་ཅིང་ཇི་སྐད་བསྒོ་བ་བཞིན
་དུ་ཉན་དུ་བཏུབ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །འཇུག་པའི་དོན་ལས་བརྩམས་ཏེ་ཚིགས་སུ་བཅད་པ་ཞེས་བྱ་བ་ལ། ལྡན་པའི་དོན་བསྟན་ནས་མངོན་པར་ཤེས་དྲུག་དང་ལྡན་པའི་སེམས་ཅན་བྱང་ཆུབ་སེམས་དཔའ་རྣམས་མཐུན་རྣམ་པ་དྲུག་གིས་སེམས
་ཅན་གྱི་རྣོན?་ལ་ཇི་སྐད་འཇུག་པ་བསྟན་པའི་ཕྱིར་ཚིགས་སུ་བཅད་པ་རྩོམ་མོ་ཞེས་བྱ་བའི་དོན་ཏོ། །མངོན་ཤེས་དྲུག་དང་ཞེས་བྱ་བ་ལ་མངོན་པར་ཤེས་པ་དྲུག་ནི་འཕྲུལ་གྱི་མིག་གི་མངོན་པར་ཤེས་པ་ནས་ཟག་པ་ཟད་པ་མངོན་པར་ཤེས་པའི་བར་དུ་དྲུག་གོ།
་འདི་ནི་མཐུ་རྣམ་པ་གཅིག་གོ་།རིག་པ་གསུམ་ཞེས་བྱ་བ་ལ། རིག་པ་གསུམ་ནི་སྔོན་གྱི་གནས་རྗེས་སུ་དྲན་པའི་རིག་པ་དང། འཆིང?་ཕོ་རིག་པ་དང། ཟག་པ་ཟད་པ་རིག་པ་སྟེ། སྔོན་གྱི་གནས་རྗེས་སུ་དྲན་པའི་རིག་པས་ནི་སྔོན་གྱི་དུས་ལ་མཁས་སོ། །འཆི
་འཕོའི་རིགས་པས་ནི་ཕྱི་མའི་དུས་ལ་མཁས་པོ། །ཟག་པ་ཟད་པའི་རིགས་པས་ནི་ད་ལྟར་གྱི་དུས་ལ་མཁས་ཏེ། འདི་ནི་མཐུ་རྣམ་པ་གཉིས་སོ། །རྣམ་པར་ཐར་པ་བརྒྱད་དང་ཞེས་བྱ་བ་ལ། རྣམ་པར་ཐར་པ་བརྒྱད་ནི་གཟུགས་ཅན་གཟུགས་ལ་ལྟ་བ་སྟེ། རྣམ
་པར་ཐར་པ་དང་པའོ། །ནང་གཟུགས་མེད་པའི་འདུ་ཤེས་ལ་ཕྱིའི་གཟུགས་ལ་ལྟ་བ་སྟེ། རྣམ་པར་ཐར་པ་གཉིས་པའོ། །བཟང་པོའི་རྣམ་པར་ཐར་པ་ལུས་ཀྱི་མངོན་སུམ་དུ་བྱས་ནས་གནས་ཏེ་རྣམ་པར་ཐར་པ་གསུམ་པའོ། །ནམ་མཁའ་མཛའ་ཡས་སྐྱེ་མཆེད
་དང། རྣམ་ཤེས་མཛའ་ཡས་སྐྱེ་མཆེད་དང། ཅུང་ཟད་མེད་པའི་སྐྱེ་མཆེད་དང། ཅུང་ཟད་མེད་མིན་སྐྱེ་མཆེད་དང། འགོག་པའི་སྙོམས་པར་འཇུག་པ་དང་བརྒྱད་དེ། འདི་ནི་རྣམ་པ་གསུམ་མོ། །དེ་བཞིན་ཟིལ་གནོན་བརྒྱད་ཅེས་བྱ
་བ་ལ། ཟིལ་གྱིས་གནོན་པའི་སྐྱེ་མཆེད་ཀྱང་བརྒྱད་དེ་གང་ཞེ་ན། ནང་གཟུགས་ཀྱི་འདུ་ཤེས་ལ་།ཕྱིའི་གཟུགས་རྣམས་ལ། ཆུད་པ་དང། ཁ་དོག་བཟང་པོ་དང། ཁ་དོག་ངན་པ་དང། གྱ་ནོམ་པར་མཐོང་སྟེ། གཟུགས་དེ་དག་ཀྱང་ཟིལ་གྱིས་མནན་ནས
་མངོན་པར་ཤེས་པ་ཟིལ་གྱིས་མནན་ནས་མཐོང་སྟེ། །འདི་ནི་ཟིལ་གྱིས་གནོན་པའི་སྐྱེ་མཆེད་དང་པོའོ། །དེ་བཞིན་དུ་ནང་གཟུགས་ཀྱི་འདུ་ཤེས་ལ། ཕྱིའི་གཟུགས་རྣམས་ལ་ཆེན་པོར་མཐོང་སྟེ། འདི་ནི་ཟིལ་གྱིས་གནོན་པའི་སྐྱེ་མཆེད་གཉིས་པའོ། །ནང
་གཟུགས་མེད་པའི་འདུ་ཤེས་ལ་ཕྱིའི་གཟུགས་རྣམས་ལ་ལྟ་སྟེ། ཆུང་དུའོ་ཞེས་བྱ་བ་ནི་ཟིལ་གྱིས་གནོན་པའི་སྐྱེ་མཆེད་གསུམ་པའོ། །ནད་གཟུགས་མེད་པའི་འདུ་ཤེས་ལ་ཕྱིའི་གཟུགས་རྣམས་ལ་ལྟ་སྟེ། ཆེན་པོའོ་ཞེས་བྱ་བ་འདི་ནི་ཟིལ་གྱིས་གནོན
་པའི་སྐྱེ་མཆེད་བཞི་བའོ། །དེའི་སྟེང་དུ་སྔོན་པོ་དང་སེར་པོ་དང་དམར་པོ་དད་དཀར་པོ་མནན་ཏེ་བརྒྱད་དེའི་ནི་མཐུ་རྣམ་པ་བཞིའོ། །ཐམས་ཅད་སྐྱེ་མཆེད་བཅུ་དང་ཞེས་བྱ་བ་ལ། ཐམས་ཅད་སྐྱེ་མཆེད་བཅུ་ནི་ས་དང། ཆུ་དང་མེ་དང། རླུང་སྟེ་འབྱུང་བ་ཆེན་པོ
་བཞི་དང། སྔོན་པོ་དང། སེར་པོ་དང། དམར་པོ་དང། དཀར་པོ་སྟེ་ཁ་དོག་བཞི་དང། ནམ་མཁའ་མཛའ་ཡས་སྐྱེ་མཆེད་དང། རྣམ་ཤེས་མཛའ་སྐྱེ་མཆེད་གཉིས་ཀྱིས་བསྣན་ཏེ་བཅུའོ། །འདི་ནི་མཐུ་རྣམ་པ་ལྔའོ། །དཔག་ཏུ་མེད་པའི་ཏིང་ངེ་འཛིན་རྣམས་ནི
་ཞེས་བྱ་བ་ལ། ཐེག་པ་ཆེན་པོའི་ཏིང་ངེ་འཛིན་དཔག་ཏུ་མེད་པ་རྣམས་ཀྱང་བྱང་ཆུབ་སེམས་དཔའ་ཨི་མཐུ་ཡིན་ཏེ། དེ་ཡང་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་དང། ནམ་མཁའ་མཛོད་ཀྱི་ཏིང་ངེ་འཛིན་ལ་སོགས་པ་སྟེ། འདི་ནི་མཐུ་རྣམ་པ་དྲུག་གོ་།བརྟན་པ
་ཐོབ་པའི་མཐུ་ཞེས་བྱ་བ་ལ། གོང་དུ་བཤད་པ་དྲུག་པོ་དེ་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའི་མཐུ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དོན་རྣམ་པར་དབྱེ་བའི་མཚན་ཉིད་ཀྱི་དོན་དྲུག་གིས་མཐུ་བཤད་ནས། དེའི་ཆེས་བསྟན
་པའི་ཕྱིར་ཚིགས་སུ་བཅད་པ་ཞེས་བྱ་བ་ལ། མཐུ་རྣམ་པ་དྲུག་ཏུ་ཕྱེ་བའི་སྒོ་ནས་མཐུ་རྣམ་པ་དྲུག་གིས་བྱང་ཆུབ་སེམས་དཔའ་མཐུ་ནི་དྲུག་ཡིན་ནོ་ཞེས་བཤད་ནས། དེ་མངོན་པར་ཤེས་པ་དྲུག་གི་ཡོན་ཏན་ཆེ་བ་བསྟན་པའི་ཕྱིར་ཚིགས་སུ་བཅད་པ་རྩོམ་སྟེ། ཆེ
་པ་ཡང་རྣམ་པ་གསུམ་མོ། །གང་ཞེ་ན། དབང་གི་ཆེ་བ་དང། དགའ་བའི་ཆེ་བ་དང། སྲིད་པ་ན་མི་འཇིག་པའི་ཆེ་བའོ། །དེ་ནི་དབང་གི་མཆོག་རྣམས་ཐོབ་པའི་བློ། །འགྲོ་བ་དབང་མེད་རང་དབང་བཀོད་རྟག་ཏུ་ཞེས་བྱ་བ་ལ། དབང་གི་ཆེ་བ་བསྟན་ཏེ། མངོན
་པར་ཤེས་པ་དྲུག་པའི་བྱང་ཆུབ་སེམས་དཔའ་ཞེས་བྱ་བའི་དོན་ཏོ། །མཐུ་རྣམ་པ་དྲུག་ཐོབ་པ་འམ་དབང་རྣམ་པ་བཅུ་ཐོབ་པའམ་ཡེ་ཤེས་རྣམ་པར་དག་པ་ལ་དབང་ཐོབ་པས་ན་དབང་གི་མཆོག་ཐོབ་པའི་བློ་ཞེས་བྱ་སྟེ། བློ་ནི་ཤེས་རབ་ལ་བྱའོ། །སེམས
་ཅན་རྣམས་ལས་དང་ཉོན་མོངས་པའི་དབང་དུ་སོང་ནས་ཚེ་འདིར་ཡང་ལས་དང་ཉོན་མོངས་པས་གར་དྲངས་པར་འཇུག་པས་ན་རང་དབང་མེད་པ་དང། ཚེ་རབས་གཞན་དུ་ཡང་ལས་དད་ཉོན་མོངས་པས་གང་དུ་འཕགས་པར་མི་འདོད་བཞིན་དུ་འགྲོ་དགོས
་པས་ན་རང་དབང་མེད་པ་སྟེ། རང་དབང་མེད་པའི་སེམས་ཅན་དེ་དག་རྫུ་འཕྲུལ་བསྟན་ཏེ། དད་པ་བསྐྱེད་ནས་དགེ་བ་ལ་བཀོད་བས་ན་རང་དབང་བཀོད་པ་ཞེས་བྱ་སྟེ། བྱང་ཆུབ་སེམས་དཔའ་ཨི་ཉིད་ཀྱི་དབང་དུ་བྱས་ཞེས་བྱ་བའི་དོན་ཏོ། །རྟག་ཏུ་གཞན་ལ
་བྱ་གཅིག་ཏུ་མངོན་པར་དགའ་ཞེས་བྱ་བས་དགའ་བའི་ཆེ་བ་བསྟན་ཏེ། བདག་གི་དོན་དུ་མི་སེམས་པར་དུས་ཐམས་ཅད་དུ་ཡང་སེམས་ཅན་གཞན་ལ་ཕན་པ་དང་བདེ་བར་བྱ་བ་འབའ་ཞིག་ལ་མོས་ཤིང་དེ་འབ་ཞིགས་མེས་པས་ན་གཞན་ལ་ཕན་པར་བྱ
་བར་རྣམ་པར་དགའ་བ་ཞེས་བྱའོ། །སེང་གེ་བཞིན་དུ་རབ་བརྟན་སྲིད་ན་སྤྱོད་ཅེས་བྱ་བས་སྲིད་པ་ན་མི་འཇིགས་པའི་ཆེ་བ་བསྟན་ཏེ། དཔེར་ན་སེང་གེ་ནགས་དང་ནགས་ཀྱི་འདབ་ན་ཕུག་དང་རིལ་སོགས་པ་ན་གནས་ཤིང་རྒྱུ་བའི་ཆེ།
་རི་དགས་གང་གིས་ཀྱང་མི་འཇིགས་པར་གནས་པ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་བརྟན་པ་ཐོབ་པ་རྣམས་སེམས་ཅན་གྱི་དོན་དུ་ཁམས་གསུམ་ལ་གནས་པའི་ཚེ་ཡང་བདུད་དང་མུ་སྟེགས་ལ་སོགས་པ་གང་གིས་ཀྱང་མི་འཇིགས་ཤིང། འདོད་ཆགས
་དང་ཞེ་སྡང་ལ་སོགས་པའི་ཉོན་མོངས་པས་གོས་སུ་དོགས་པའི་འཇིགས་པ་ཡང་མེད་པར་ཡོད་དོ་ཞེས་པའི་དོན་ཏོ།། །།མཐུའི་སྐབས་བཤད་པ་རྫོགས་སོ།། །།མཐུའི་སྐབས་བཤད་པའི་རྗེས་ལ། ཡོངས་སུ་སྨིན་པའི་སྐབས་བཤད
་པར་འབྲེལ་བ་ཅི་ཡོད་ཅེ་ན། གོང་དུ་ཐེག་བ་སྒྲུབ་པའི་སྐབས་སུ་རྒྱ་ཆེའི་ཕྱིར་དང་ཟབ་པའི་ཕྱིར། ཡོངས་སུ་སྨིན་དང་རྣམ་མི་རྟོག་།འདི་ལ་གཉིས་ནི་བསྟན་པའི་ཕྱིར། །དེ་ནི་བླ་ན་མེད་པའི་ཐབས། ཞེས་བཤད་དེ། མཐུ་རྒྱ་ཆེན་པོ་བཤད་པ་མཐོང་བས་ནི
་སེམས་ཅན་ཡོངས་སུ་སྨིན་པར་འགྱུར་ཏེ། བྱང་ཆུབ་པའི་སྒོ་ནས་མཐུ་མཐོང་བ་དང། དེ་ལ་ཆོགས་བསྐྱེས་ནས་ཐོབ་པར་བྱ་བའི་ཕྱིར་འབང་པར་བྱེད་དེ། དོན་མཐུ་ཉིད་ཀྱི་སྐབས་སུ་བཤད་ཟིན་ཏོ། །ཟབ་པ་བཤད་པས་ནི་རྣམ་པར་མི་རྟོག་པའི་ཡེ
་ཤེས་སྐྱེས་པའི་སྒོ་ནས་བདག་ཉིད་སངས་རྒྱས་ཀྱི་ཆོས་ཡོངས་སུ་སྨིན་པར་འགྱུར་ཏེ། དེའི་ཕྱིར་ཡོངས་སུ་སྨིན་པའི་སྐབས་བཤད་པས་ནི་མཐུའི་རྗེས་ལ་ཡོངས་སུ་སྨིན་པའི་སྐབས་བཤད་པར་འབྲེལ་ཏོ། །ཡང་ན་བྱང་ཆུབ་སེམས་དཔའ་སེམས་ཅན
་གྱི་དོན་ལ་སྐྱོ་བ་མེད་པའི་ཐབས་ཡིན་པར་བཤད། འཁོར་བ་ན་གནོད་པ་དང། སྡུག་བསྔལ་རྣམ་པ་སྣ་ཚོགས་ཀྱིས་སྐྱོ་བ་མེད་པར་དུས་རིང་པོར་བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི་ཆོས་ཡོངས་སུ་སྨིན་པར་བྱེད་པ་དང། སེམས་ཅན་ཡོངས་སུ་སྨིན།
་བས་ན། དགེ་བའི་ཆོས་རྣམས་རྒྱ་ཆེར་འཕེལ་བར་འགྱུར་ཏེ། དེ་བས་ན་དགེ་བའི་ཆོས་རྒྱ་ཆེར་འཕེལ་པར་བྱེད་པའི་ཐབས་ཡོངས་སུ་སྨིན་པར་བྱེད་པའི་སྐབས་བཤད་དེ། དེའི་ཕྱིར་མཐུའི་འོག་ཏུ་ཡོངས་སུ་སྨིན་པའི་སྐབས་བཤད་པར་འབྲེ་ཏོ། །ཡང་ན་གང་ལ
་བསླབ་པར་བྱ་བ་རྣམ་པ་བདུན་བཤད་པ་ལས་མཐུའི་རྗེས་ལ་བདག་ཡོངས་སུ་སྨིན་པར་བྱ་བ་སྨོས་པས་ན་དེ་བཤད་པའི་སྐབས་སུ་བབ་པའི་ཕྱིར། མཐུའི་རྗེས་ལ་ཡོངས་སུ་སྨིན་པའི་སྐབས་བཤད་པར་འབྲེལ་ཏོ། །བྱང་ཆུབ།
་སེམས་དཔའ་ཡོངས་སུ་སྨིན་པའི་བསྡུ་བའི་ཚིགས་སུ་བཅད་པ་ཞེས་བྱ་བ་ལ། ཡོངས་སུ་སྨིན་པ་རྣམ་གཉིས་ལ་བདག་ཡོངས་སུ་སྨིན་པ་འཆད་དེ་ཡོངས་སུ་སྨིན་ཅེས་བྱ་བ་ནི། དཔེར་ན་ནམ་ཤིང་རྟོག་བཟའ་བས་རུང་བའི་དུས་ན་ཡོངས་སུ་སྨིན་བ་ཞེས་བྱ་བ་དང། ཁ
་ཟས་བཟའ་བར་རུང་བའི་དུས་ན་ཡོངས་སུ་སྨིན་བ་ཞེས་བྱ་བ། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་ནམ་དགའ་བ་དང་དང་པ་ལ་སོགས་པ་ཡོན་ཏན་དུ་ཤེས་པ་ཚོན་པོ་དང་ལྡན་ན་བྱང་ཆུབ་སེམས་དཔའ་ཨི་ཡོངས་སུ་སྨིན་པར་འགྱུར་བ་ཞེས་བྱའོ། །དེ་ལ་ཡང་དང
་པོའི་ཚིགས་བཅད་གཅིག་གིས་ནི་ཡོངས་སུ་སྨིན་པའི་དོན་མདོར་བསྟན་པའོ། །གྲོགས་མཆོག་ཅེས་བྱ་བ་ལ་སོགས་པ་ཚིགས་བཅད་ལྷག་མས་ནི་གོང་མའི་དོན་ཉིད་ཞིབ་ཏུ་འཆད་པས་ན་ཚིགས་བཅད་དང་པོ་ནི་བསྡུས་པའི་ཚིགས་སུ་བཅད་པ་ཞེས་བྱའོ། །དགའ་
་ཞིང་ཞེས་བྱ་བ་ལ། ཐེག་པ་ཆེན་པོའི་ཆོས་ཟབ་ཅིང་རྒྱ་ཆེན་པོ་འབྱུང་བ་བདག་དང་གཞན་གྱི་དོན་དུ་བསྟན་པ་དེ་འབའ་ཞིག་ལ་དགའ་ཞིང་དེ་ལ་འདོད་པ་ཡོད་ཀྱི་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཆོས་ལ་འདོད་པ་མེད་ན་བྱང་ཆུབ་སེམས་དཔའ་དེ་ཡོངས་སུ་སྨིན་པ་ཡིན
་པར་རིག་པར་བྱའོ་ཞེས་བྱ་བའི་དོན་ཏོ། །དད་ལ་ཞེས་བྱ་བ་ལ་ཐེག་པ་ཆེན་པོའི་གང་ཟག་དགེ་བའི་བཤེས་གཉེན་རྣམས་ལ་འདི་ནི་བླ་ན་མེད་པའི་བྱང་ཆུབ་ཀྱི་ལམ་སྟོན་པར་བྱེད་པ་ཡིན་བས་ན་དགེ་བའི་བཤེས་གཉེན་ཡིན་ནོ་སྙམ་དུ་སེམས་པ་ནི་དད་པ་ཞེས་བྱ་སྟེ། འདི་
་ལྟ་བུའི་སེམས་ཡོད་ན་ཡོངས་སུ་སྨིན་པའི་མཚན་ཉིད་དོ། །རབ་ཞི་ཞེས་བྱ་བ་ལ། ནམ་རང་བཞིན་གྱི་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་ཤས་ཆུང་བར་གྱུར་ལ་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་སྤོང་ནུས་པའི་མཐུ་དང་ལྡན
་པ་ནི་རབ་ཏུ་ཞི་བ་ཞེས་བྱ་སྟེ། དེ་ལྟ་བུའི་མཐུ་ཡོད་ན་ཡོངས་སུ་སྨིན་པའི་མཚན་ཉིད་དུ་གྱུར་པ་རིག་པར་བྱའོ། །སྙིང་བརྩེ་བ་ཞེས་བྱ་བ་ལ། སེམས་ཅན་སྡུག་བསྔལ་བ་མཐོང་ནས་སེམས་ཅན་དེ་དག་གི་སྡུག་བསྔལ་ཇི་ལྟར་བསལ་བར་བྱ་སྙམ་དུ་སེམས་པ་ནི
་སྙིང་རྗེ་བརྩེ་བ་ཞེས་བྱ་སྟེ། སྙིང་རྗེ་དེ་ལྟ་བུ་ཡོད་ན་ཡོངས་སུ་སྨིན་པའི་མཚན་ཉིད་དུ་རིག་པར་བྱའོ། །བཟོད་པ་དང་ནི་ཞེས་བྱ་བ་ལ། བདག་ཉིད་སངས་རྒྱས་ཀྱི་ཆོས་ཡོངས་སུ་སྨིན་པར་བྱ་བ་དང། སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཚེ། མགོ
་དང་རྐང་ལག་ལ་སོགས་པ་གཏོང་པ་དང། གྲང་བ་དང་ཚབ་ལ་སོགས་པའི་སྡུག་བསྔལ་བྱུང་ཡང་ཉམས་སུ་ལེན་ནུས་ན་ནི་བཟོད་པ་ཞེས་བྱ་སྟེ། བཟོད་པ་དེ་ལྟ་བུ་ཡོད་ན་ནི་བྱང་ཆུབ་སེམས་དཔའ་ཡོངས་སུ་སྨིན་པར་འགྱུར་བར་རིག་པར་བྱའོ། །ཡིད་སྣོ་བ
་ཞེས་བྱ་བ་ལ། ཆོས་རྣམས་བཤད་པའི་དུས་ན་ཡང། དང་པོ་ཉན་པའི་དུས་ན་ཡང་དོན་དང་ཚིག་འཛིན་ནུས་ལ། དེའི་འོག་ཏུ་ཚིག་རྣམས་ནི་མི་བརྗོད་པར་ཚིག་འཛིན?་ནུས། དོན་རྣམས་ནི་མ་ནོར་བར་རྟོག་ནུས་པ་ནི་ཡིད་སྣོ་བ་ཞེས་བྱ་སྟེ། དེ་ལྟ་བུ་དང་ལྡན་ན་བྱང
་ཆུབ་སེམས་དཔའ་ཡོངས་སུ་སྨིན་པར་འགྱུར་བར་རིག་པར་བྱའོ། །མཐུ་ཡོད་དང་ཞེས་བྱ་བ་ལ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཤས་ཆེར?་བསགས་པས་ཉོན་མོངས་པ་རྣམས་ཀྱིས་ཟིལ་གྱིས་མི་ནོན་ཅིང་སྟོང་པ་ཉིད་ཀྱི་དོན་རྟོགས་པ་ནི་མཐུ་ཡོད་པ་ཞེས་བྱ་སྟེ། དེ
་འདྲ་བ་དང་ལྡན་པ་ཡང་ཡོངས་སུ་སྨིན་པར་འགྱུར་བའི་མཚན་ཉིད་དོ། །མི་འཕྲོགས་པ་དང་ཞེས་བྱ་བ་ལ། བྱང་ཆུབ་སེམས་དཔའ་དེ་བྱང་ཆུབ་སེམས་དཔའ་ཨི་སྤྱོད་པ་ལ་གནས་པའི་དུས་ན་བདུད་ལ་སོགས་པ་སངས་རྒྱས་ཀྱི་གཟུགས་སུ་སྤྲུལ་ཏེ། བྱང་ཆུབ་སེམས་དཔའ་ཨི
་སྤྱོད་པ་འདོད་དུ་བཅུག་ཀྱང་སྤྱོད་པ་མི་གཏོང་བ་དང། མུ་སྟེགས་པས་རྣམ་པ་སྣ་ཚོགས་བཤད་དེ་ལྟ་བ་གཞན་དུ་བསྒྱུར་བརྩམས་ཀྱང་ལྟ་བ་མི་འགྱུར་བ་ནི་མི་འཕྲོགས་པ་ཞེས་བྱ་སྟེ། དེ་ལྟ་བུར་གྱུར་ན་ཡོངས་སུ་སྨིན་པའི་མཚན་ཉིད་ཡིན་ནོ། །ཡན་ལག་དང་ལྡན་པ་ཞེS
་བྱ་བ་ལ། ནམ་ཡོངས་སུ་སྨིན་པར་གྱུར་པ་དེ་ན་སྤོང་བའི་ཡན་ལག་ལྔ་དང་ལྡན་ཏེ། སྤོང་བའི་ཡན་ལག་ལྔ་ནི་དང་པོ་དང། གཡོ་མེད་པ་དང། སྒྱུ་མེད?་པ་དང། ནད་མེད་པ་དང། གནས་མཐུ་དང་ལྡན་པ་སྟེ། དེ་ལྔའི་དོན་ཞིབ་ཏུ་ནི་འོག་ནས་འཆད་དེ། །རབ་ཅེས་བྱ་བ་ནི
་གོང་དུ་བཤད་པའི་ཆོས་དགུ་པོ་ཀུན་ཀྱང་ཤས་ཆེན་པོ་དང་ལྡན་པ་ཞེས་བྱ་བའི་དོན་ཏོ། །དེ་ནི་རྒྱལ་སས་ཡོངས་སུ་སྨིན་པའི་མཚན་ཉིད་ཅེས་བྱ་བ་ནི་གང་དུ་བཤད་པའི་ཆོས་དགུ་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡོངས་སུ་སྨིན་པའི་མཚན་ཉིད་དེ། དེ་དགུ་དང
་ལྡན་ན་བྱང་ཆུབ་སེམས་དཔའ་དེ་ཡོངས་སུ་སྨིན་པོའི་མཚན་ཉིད་དང་ལྡན་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དགའ་བ་ཡོངས་སུ་སྨིན་པ་ལས་བརྩམས་ཏེ་ཚིགས་སུ་བཅད་པ་ཞེས་བྱ་བ་ལ། གོང་དུ་ཆོས་རྣམ་པ་དགུ་ཞིག་གླེངས་པ་ལས་དགའ་བའི་སེམས་ཇི་ཙམ་ཞིག་ཐོབ་ན།
་དགའ་བ་སྨིན་པར་གྱུར་པ་བསྟན་པའི་ཕྱིར་ཚིགས་སུ་བཅད་པ་རྩོམ་མོ་ཞེས་བྱ་བའི་དོན་ཏོ། །དེ་ཡང་དོན་རྣམ་པ་གསུམ་གྱིས་བསྟན་ཏེ། །དགའ་བ་ཡོངས་སུ་སྨིན་པར་བྱེད་པའི་རྒྱུ་དང། དགའ་བ་ཡོངས་སུ་སྨིན་པའི་རང་བཞིན་དང། དགའ་བ་ཡོངས་སུ་སྨིན་པའི་ལས་དང
་གསུམ་མོ། །གྲོགས་མཆོག་ལ་སོགས་གསུམ་དང་ཞེས་བྱ་བ་ལ། གྲོགས་ནི་དགེ་བའི་བ་ཤེས་གཉེན་ལ་བྱ་སྟེ། དགེ་བའི་བ་ཤེས་གཉེན་ལ་བརྟེན་པ་དང། དམ་པའི་ཆོས་ཉན་པ་དང། མཉན་ནས་ཆོས་ཀྱི་དོན་ཕྱིན་ཅི་མ་ལོག་པར་ཡིད་ལ་བྱེད་པ་ན་གྲོགས་མཆོག་ལ
་སོགས་པ་གསུམ་ཞེས་བྱ་སྟེ། འདི་ནི་དགའ་བ་ཡོངས་སུ་སྨིན་པའི་རྒྱུ་ཡིན་ནོ། །བརྩོན་འགྲུས་ཆེ་ཞེས་བྱ་བ་ལ། ཐེག་པ་ཆེན་པོའི་ཆོས་ཉན་པ་དང་སེམས་པ་དང་བསྒོམ་པ་ལ་བར་འགའ་འཇུག་པར་འགའ་མི་འཇུག་པ་མ་ཡིན་གྱི། རྒྱུན་མི་འཆད་པར་འཇུག་བས་ན།
་བརྩོན་འགྲུས་ཆེ་བ་ཞེས་བྱའོ། །དམ་པའི་མཐར་ཕྱིན་ཞེས་བྱ་བ་ལ། བསམ་གྱིས་མི་ཁྱབ་པའི་གནས་བཞི་ལ་ཐེ་ཚོམ་དང་སོམ་ཉི་མེད་པ་ནི་དམ་པའི་ཆོས་མཐར་ཕྱིན་པ་ཞེས་བྱ་སྟེ། བསམ་གྱིས་མི་ཁྱབ་པའི་གནས་བཞི་ནི། སེམས་ཅན
་གྱི་ལས་ཆོས་རྣམས་སྣ་ཚོགས་བསམ་གྱིས་མི་ཁྱབ་བ་དང། སྨན་དང་སྔགས་གྱི་མཐུ་བསམ་གྱིས་མི་ཁྱབ་པ་དང། དེ་བཞིན་གཤེགས་པའི་ཡེ་ཤེས་བསམ་གྱིས་མི་ཁྱབ་པ་དང། རྣལ་འབྱོར་བའི་སྤྱོད་ཡུལ་བསམ་གྱིས་མི་ཁྱབ་པ་སྟེ། བརྩོན་འགྲུས་ཆེ་བ
་དང། རྣམ་པའི་མཐར་ཕྱིན་པ་རང་གཉིས་ཀྱིས་དགའ་བ་ཡོངས་སུ་སྨིན་པའི་རང་བཞིན་བསྟན་ཏོ། །མཆོག་གི་ཆོས་ཀྱང་སྡུད་ཅེས་བྱ་བ་ལ། མཆོག་གི་ཆོས་ནི་ཐེག་བ་ཆེན་པོའི་ཆོས་ཏེ། སྡུད་ཅེས་བྱ་བ་ནི་ཐེག་པ་ཆེན་པོའི་ཆོས་འཇིག་རྟེན་ལ་རིང་དུ
་གནས་ཤིང་མེ་ནུབ་པར་བྱ་བའི་ཕྱིར་སྲུང་བར་བྱེད་དེ། དེ་ཡང་ཇི་ལྟར་སྲུང་བར་བྱེད་ཅེ་ན། ཇི་ཅམ་དུ་ཐེག་པ་ཆེན་པོའི་ཆོས་འཆད་པའི་གང་ཟག་དང། ཉན་པའི་གང་ཟག་ཡོད་པ་དེ་ཙམ་དུ་ཐེག་པ་ཆེན་པོའི་ཆོས་མ་ནུབ་པ་ཡིན་པར་ཁོང་དུ་ཆུད
་པས་ཐེག་པ་ཆེན་པོའི་ཆོས་འཆད་པ་ཡིན་པ་དང། ཉན་པའི་གང་ཟག་རྣམས་ལ་འཆེ་བ་དང། གནོད་པ་བྱེད་པ་རྣམས་ཀྱི་སྐྱབས་བྱེད་ཅིང་ཡོ་བྱད་རྣམ་པ་སྣ་ཚོགས་ཀྱིས་སྟོང་པར་བྱེད་པའོ། །འདིས་ནི་ཡོངས་སུ་སྨིན་པའི་ལས་བསྟན་ཏོ། །དམ་ཆོས
་ཆེར་གཟུང་ཕྱིར་ནི་སྙིང་རྗེ་ཅན། ཡང་དག་ཡོངས་སུ་སྨིན་པའི་མཚན་ཉིད་འདོད་ཅེས་བྱ་བ་ནི་དགའ་བ་ཡོངས་སུ་སྨིན་པ་བསྟན་པ་དེ་ཡང། སྙིང་རྗེ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་རྣམས་ཐེག་པ་ཆེན་པོའི་ཆོས་གཟུང་ཞིང་འཇིག་རྟེན་དུ་རིང་དུ་གནས
་པའི་བྱ་བའི་ཕྱིར་དགའ་བ་ཡོངས་སུ་སྨིན་པར་བྱ་བ་ལ་འཇུག་སྟེ། གོང་དུ་བཤད་པ་དེ་དག་ནི་དགའ་བ་ཡོངས་སུ་སྨིན་བའི་མཚན་ཉིད་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །བྱང་ཆུབ་སེམས་དཔའ་ཨི་མོས་བ་ཡོངས་སུ་སྨིན་པའི་མཚན་ཉིད་དེ་ནི་ཐེག་པ་ཆེན་པོའི
་ཆོས་གཟུངས་སུ་གཟུང་བའི་དབང་དུ་བྱས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དགའ་བ་ཡོངས་སུ་སྨིན་པ་ཡང་ཐེག་པ་ཆེན་པོའི་ཆོས་འཇིག་རྟེན་དུ་ཡུན་རིང་དུ་གནས་པའི་དོན་དུ་སྨིན་པར་བྱེད་དོ་ཞེས་བྱ་བའི་ཐ་ཚིག་གོ་།དང་པ་ཡོངས་སུ་སྨིན་པ་ལས་བརྩམས་ཏེ
་ཚིགས་སུ་བཅད་པ་ཞེས་བྱ་བ་ལ། དད་པའི་ཆ་ཇི་ཙམ་ཞིག་སེམས་ལ་སྐྱེས་ན་དད་པ་ཡོངས་སུ་སྨིན་པ་ཞེས་བྱ་བ་བསྟན་པའི་ཕྱིར་ཚིགས་སུ་བཅད་པ་རྩོམ་སྟེ། དེ་ཡང་དོན་དུ་ན། དད?་པའི་རྒྱུ་ཡང་བསགས། དད་པའི་རང་བཞིན་ཡང་ཕུན་སུམ་ཚོགས། །དད་པའི
་ལས་དང་ཡང་ལྡན་ན། དང་པ་ཡོངས་སུ་སྨིན་ཏོ་ཞེས་བསྟན་པའི་ཕྱིར་ཚོགས་སུ་བཅད་པ་རྩོམ་མོ་ཞེས་བྱ་བའི་དོན་ཏོ། །ཡོན་ཏན་ཤེས་པར་ཞེས་བྱ་བ་ལ། ཡོན་ཏན་ཤེས་པ་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཡོན་ཏན་ཁོང་དུ་ཆུད་པ་སྟེ། དེ་ཡང་ཇི
་ལྟར་ཁོང་དུ་ཆུད་ཅེ་ན། ཇི་ལྟར་བཅོམ་ལྡན་འདས་དེ་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཞེས་བྱ་བ་ལ་སོགས་པའི་ཡོན་ཏན་དང་ལྡན་པར་ཁོང་དུ་ཆུད་པའོ། །དེ་ལྟར་ཁང?་དུ་ཆུད་པ་ལས་དད་པ་སྐྱེ་བར་འགྱུར་བས་ན་འདི
་ནི་རྒྱུ་ཡིན་ནོ། །ཡིད་ཀྱང་མི་ཕྱེད་ན་ཞེས་བྱ་བ་ལ། ས་དང་པོར་ཆོས་ཀྱི་དབྱིངས་ཐམས་ཅད་དུ་འགྲོ་བའི་མཚན་ཉིད་དུ་ཁོང་དུ་ཆུད་ནས་དེ་ཕན་ཆད་སངས་རྒྱས་ལ་སེམས་མི་ཕྱེད་པ་དང། ཆོས་དང་དགེ་འདུན་ལ་སེམས་མི་ཕྱེད་པ་སྟེ། འདི་ནི་དད་པ་ཡོངས་སུ་སྨིན་པའི
་རང་བཞིན་ཡིན་ནོ། །ཏིང་འཛིན་མྱུར་ཐོབ་དང་ཞེས་བྱ་བ་ལ། དད་པ་ཡོངས་སུ་སྨིན་པར་གྱུར་ན་ཐེག་པ་ཆེན་པོའི་ཏིང་ངེ་འཛིན་དང་ནམ་མཁའ་མཛོད་ཀྱི་ཏིང་ངེ་འཛིན་དང་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ལ་སོགས་པའི་དཔག་ཏུ་མེད་པ་རྣམས་མྱུར་དུ་ཐོབ་པར་གྱུར
་ཏོ་ཞེས་བ་བའི་དོན་ཏོ། །འབྲས་བུ་མྱོང་དང་ཞེས་བྱ་བ་ལ། འབྲས་བུ་ནི་རྫུ་འཕྲུལ་གྱི་མིག་ལ་སོགས་པའི་མངོན་པར་ཤེས་པ་དྲུག་ལ་བྱ་སྟེ། དད་པ་ཡོངས་སུ་སྨིན་ན་མངོན་པར་ཤེས་པ་དྲུག་ཀྱང་འཐོབ་པར་འགྱུར་རོ་ཞེས་བྱ་བའི་ཏིང་ངེ་འཛིན་ཐོབ་པ་དང་འབྲས
་བུ་མྱོང་བ་གཉིས་ནི་ལས་ཡིན་པ་ནི་དག་པར་བྱའོ། །རྒྱལ་སྲས་རྣམས་ནི་སྟོན་ལ་མོས་པའི་ཕྱིར་ཡང་དག་ཡོངས་སུ་སྨིན་པའི་སངས་རྒྱས་འདོད་ཅེས་བྱ་བ་ལ། བྱང་ཆུབ་སེམས་དཔའ་སངས་རྒྱས་བཅོམ་ལྡན་འདས་ལ་མོས
་ཤིང་དད་པར་བྱ་བའི་ཕྱིར། རྒྱུ་དང་རང་བཞིན་དང་ལས་གསུམ་དང་ལྡན་པའི་དད་པ་ཡོངས་སུ་སྨིན་པའི་མཚན་ཉིད་ཡིན་ན་ཞེས་བྱ་བའི་དོན་ཏོ། །རབ་ཏུ་ཞི་བ་ཡོངས་སུ་སྨིན་པ་ལས་བརྩམས་ཏེ་ཚིགས་སུ་བཅད་པ་ཞེས་བྱ་བ་ལ། ཞི་བ་ནི་ཉོན
་མོངས་པ་སྤངས་ཏེ། ཉོན་མོངས་པ་ཇི་ཙམ་ཞིག་སྤངས་ན། རབ་ཏུ་ཞི་བ་སྨིན་པར་འགྱུར་བསྟན་པའི་ཕྱིར་ཚིགས་སུ་བཅད་པ་རྩོམ་སྟེ། དེ་ཡང་རྒྱུ་དང། རང་བཞིན་དང། ལས་གསུམ་དང་ལྡན་ན་རབ་ཏུ་ཞི་བ་ཡོངས་སུ་སྨིན་པ་ཡིན་ནོ་ཞེས་སྟོན་ཏོ།
་ཤིན་ཏུ་བསྡམས་ཤིང་ཞེས་བྱ་བ་ལ། ཤིན་ཏུ་བསྡམས་པ་ནི་དྲན་པ་དང་ཤེས་བཞིན་གྱིས་ཟིན་པས། མིག་གི་དབང་པོ་ནས་ཡིད་ཀྱི་དབང་པོའི་བར་དུ་དབང་པོ་རྣམས་ཡུལ་ལ་མི་འཇུག་པར་བཀག་པ་ནི་ཤིན་ཏུ་བསྡམS
་པ་ཞེས་བྱ་སྟེ། དང་པོ་སྡོམ་པ་ལེན་པ་ནས་བརྩམས་ཏེ། ཟས་ལ་ཚོད་རིག་པ་དང། གྲོ་དང་ཐོ་རངས་ལ་མི་ཉལ་བ་དང། དབང་པོ་བསྡམས་པ་ལ་སོགས་པའི་ཚོགས་ཀྱི་ལམ་དང། སྤྱོད་པའི་ལམ་དང། མཐོང་བའི་ལམ་དང། བསྒོམ
་པའི་ལམ་དང། མཐར་ཐུག་པའི་ལམ་སྟེ། ལམ་འདི་དག་ནི་རབ་ཏུ་ཞི་བ་སྨིན་པའི་རྒྱུ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཉོན་མོངས་རྟོག་པ་སྤངས་ཞེས་བྱ་བ་ལ། བྱང་ཆུབ་སེམས་དཔའ་ཨི་ཉོན་མོངས་པ་ནི་རྣམ་པར་རྟོག་པ་ཡིན་ཏེ། དེ་ཡང
་འདོད་ཆགས་ལ་རྟོག་པ་དང། ཞེ་སྡང་ལ་རྟོག་པ་དང། ཡོད་པར་རྟོག་པ་དང། མེད་པར་རྟོག་པ་དང། རྟག་པར་རྟོག་པ་དང། མི་རྟག་པར་རྟོག་པ་ལ་སོགས་པ་སྟེ། རྟག་པ་དེ་དག་སྤངས་པ་ནི་རབ་ཏུ་ཞེས་བྱ་བ་ཡོངས་སུ་སྨིན་པའི་རང་བཞིན
་ནོ། །བར་ཆད་མེད་ཅིང་ཞེས་བྱ་བ་ལ། འདོད་ཆགས་ཀྱི་གཉེན་པ་མི་གཙང་བ་བསྒོམ་པ་དང། ཞེ་སྡང་གི་གཉེན་པོ་བྱམས་པ་བསྒོམ་པ་དང། གཏི་མུག་གི་གཉེན་པོར་རྟེན་ཅིང་འབྲེལ་པར་འབྱུང་བ་བསྒོམ་པ་ལ་བར་ཆད་མེད་དེ། །རྒྱུན་ཏུ་བསྒོམ་པར་བྱེད་པ་ནི་རབ
་ཏུ་ཞི་བའི་ཡོངས་སུ་སྨིན་པའི་ལམ་རྣམ་པ་གཅིག་གོ། དགེ་ལ་མངོན་པར་དགའ་ཞེས་བྱ་བ་ནི་སྦྱིན་པ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་དྲུག་ལ་སྤྱོད་དེ་བསྒོམ་པ་ལ་རང་བཞིན་གྱིས་དགའ་བ་སྟེ། འདི་ནི་ཡོངས་སུ་སྨིན་པའི་ལས་རྣམ་པ་གཉིས་སོ། །རྒྱལ་བའི
་སྲས་ཀྱིས་ཉོན་མོངས་པ་བསལ་བའི་ཕྱིར། ཡང་དག་ཡོངས་སུ་སྨིན་པའི་མཚན་ཉིད་འདོད་ཅེས་བྱ་བ་ལ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྣམ་པར་རྟོག་པའི་ཉོན་མོངས་པ་བསལ་བའི་ཕྱིར་ཡོངས་སུ་སྨིན་པའི་རྒྱུ་དང། རང་བཞིན་དང། ལས་གསུམ་ནི་བྱང་ཆུབ
་སེམས་དཔའ་ཨི་ཉོན་མོངས་པ་རབ་ཏུ་ཞི་བའི་མཚན་ཉིད་ཡོངས་སུ་སྨིན་པའི་མཚན་ཉིད་ཡིན་པར་འདོད་ཅེས་བྱ་བའི་དོན་ཏོ། །སྙིང་རྗེ་ཡོངས་སུ་སྨིན་པའི་མཚན་ཉིད་ཀྱི་དབང་དུ་བྱས་ཏེ་ཚིགས་སུ་བཅད་པ་ཞེས་བྱ་བ་ལ། སེམས་ཅན་སྡུག་བསྔལ་བ་མཐོང་ན་སེམS
་ཅན་གྱི་སྡུག་བསྔལ་བསལ་བའི་ཕྱིར་འཇུག་པ་ནི་སྙིང་རྗེ་སྟེ། སེམས་ཀྱི་བརྩེ་བ་ཇི་ཙམ་ཞིག་སྐྱེས་ན་སྙིང་རྗེ་ཡོངས་སུ་སྨིན་པ་ཡིན་པ་བསྟན་པའི་ཕྱིར་ཚིགས་སུ་བཅད་པ་རྩོམ་མོ་ཞེས་བྱ་བའི་དོན་ཏོ། །དེ་ཡང་སྙིང་རྗེའི་རྒྱུ་དང། རང་བཞིན་དང། ལས་གསུམ་དན་ལྡན
་ན་སྙིང་རྗེ་ཡོངས་སུ་སྨིན་པ་སྟོན་ཏེ། །སྙིང་རྗེ་རང་བཞིན་དང་ནི་ཞེས་བྱ་བ་ལ། རང་བཞིན་གྱི་སྒྲ་ནི་རིགས་ལ་བྱ་སྟེ། སྙིང་རྗེའི་རིགས་ཅན་ཞེས་བྱ་བའི་དོན་ཏོ། །དེའང་རྣལ་འབྱོར་སྤྱོད་པའི་ས་ལས། རིགས་དང་ཁམས་དང་ས་བོན་དང་རང་བཞིན་དག་ནི་དོན་གཅིག
་སྟེ། མིང་གི་རྣམ་གྲངས་ཙམ་དུ་ཟང་པོ་ཞེས་བྱ་བ་བཤད་དོ། །གཞན་སྡུག་བསྔལ་མཐོང་བ་ཞེས་བྱ་བ་ལ། སེམས་ཅན་གཞན་དག་སྐྱེ་བ་དང་རྒ་བ་དང་འདོད་པ་མི་རྙེད་པ་ལ་སོགས་པའི་སྡུག་བསྔལ་ཀྱི་སྡུག་བསྔལ་བར་གྱུར་པ་མཐོང་ནས་དེ་དག་གི་སྡུག་བསྔལ
་བསལ་བར་བྱའོ་སྙམ་དུ་སེམས་པ་ནི་སྙིང་རྗེ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཆུང་ངུའི་སེམས་ཀྱང་ཡང་དག་རབ་ཏུ་སྤོང་ཞེས་བྱ་བ་ལ། ཆུང་ངུའི་སེམས་ནི་ཉན་ཐོས་དང། རང་སངས་རྒྱས་སེམས་ཅན་གཞན་གྱི་དོན་བཏང་ནས་མྱ་ངན
་ལས་འདས་པར་འཇུག་པ་སྟེ། སེམས་དེ་སྤངས་ནས་སེམས་ཅན་གྱི་དོན་དུ་འཁོར་བར་འགྲོ་སེམས་པ་ནི་ཆུང་ངུའི་སེམས་སྤོང་བ་ཞེས་བྱ་སྟེ། སྙིང་རྗེའི་རང་བཞིན་དང། གཞན་སྡུག་བསྔལ་བ་མཐོང་ན་སྙིང་རྗེ་བ་དང། ཆུང་ངུའི་སེམས་སྤོང་བ་དང་གསུམ་ནི་སྙིང
་རྗེ་ཡོངས་སུ་སྨིན་པའི་རྒྱུ་ཡིན་ནོ། །ཁྱད་པར་འགྲོ་དང་ཞེས་བྱ་བ་ལ། གོང་དུ་སྨོས་པའི་རྒྱུ་གསུམ་གྱིས་རྒྱུ་བྱས་ནས་སྙིང་རྗེ་ཡང་རྗེ་ཆེར་འགྲོ་སྟེ། ས་དང་པོའི་དུས་པས་ས་གཉིས་པའི་དུས་ན་སྙིང་རྗེ་ཆེ་བ་ལས། ས་དགུ་པའི་སྙིང་རྗེ་བས་ས་བཅུ་པའི་སྙིང་རྗེ་ཆེ་བ་གྱུར་པ
་ནི་ཁྱད་པར་དུ་འགྲོ་བ་ཞེས་བྱ་སྟེ། འདི་ནི་སྙིང་རྗེ་ཡོངས་སུ་སྨིན་པའི་རང་བཞིན་ནོ། །འགྲོ་པའི་མཆོག་འགྱུར་བ་ཞེས་བྱ་བ་ལ། དེ་ལྟ་བུའི་སྙིང་རྗེ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་ངེས་དང་པོའི་དུས་ན་ཆོས་ཀྱི་དབྱིངས་ཀུན་དུ་འགྲོ་བར་རྟོགས་པ་དེའི་ཚེ། སེམས་ཅན
་ཀུན་ལས་འཕགས་པའི་ལུས་མཚན་དང་དཔེ་བྱད་ཀྱིས་བརྒྱན་པ་ཐོབ་པ་ནི་འགྲོ་བའི་མཆོག་ཏུ་གྱུར་པ་ཞེས་བྱ་སྟེ། འདིས་ནི་ལས་བསྟན་ཏེ། །བཟོད་པ་ཡོངས་སུ་སྨིན་པའི་མཚན་ཉིད་ལས་བརྩམས་ཏེ་ཚིགས་སུ་བཅད་པ་ཞེས་བྱ་ལ། སངས་རྒྱས་ཀྱི་ཆོས་ཡོངས་སུ
་སྨིན་པར་བྱ་བ་དང། སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་དུས་གྲང་བ་དང་ཆེ་བ་ལ་སོགས་པའི་སྡུག་བསྔལ་རྣམས་ཉམས་སུ་ལེན་པ་ནི་བཟོད་པ་ཞེས་བྱ་སྟེ། སྡུག་བསྔལ་ཅི་ཙམ་ཞིག་ཉམས་སུ་ལེན་པར་ནུས་ན་བཟོད་པ་ཡོངས་སུ་སྨིན་པར་འགྱུར་བ་ཡིན་ནོ་ཞེས་བྱ་བའི་ཚིགས
་སུ་བཅད་པ་རྩོམ་མོ་ཞེས་བྱ་བའི་དོན་ཏོ། །དེ་ཡང་བཟོད་པ་ཡོངས་སུ་སྨིན་པའི་རྒྱུ་དང། རང་བཞིན་དང། ལས་གསུམ་དང་ལྡན་ན་ཡོངས་སུ་སྨིན་པ་ཡིན་པར་བསྟན་ཏོ། །རང་བཞིན་བརྟོན་པ་ཞེས་བྱ་བ་ལ། བརྟན་པ་དང། བཟོད་པ་དང། མི་བརྗེད་པ་དང། ཞེ་སྡང་མེད
་པ་ལ་སོགས་པ་ནི་བཟོད་པའི་མིང་གི་རྣམ་གྲངས་སོ། །རང་བཞིན་ཡང་འདིའི་སྐབས་སུ་རིགས་ལ་བྱ་སྟེ། རང་བཞིན་གྱིས་བཟོད་པའི་རིགས་ཡོད་ཅེས་བྱ་བའི་དོན་ཏོ། །གང་གི་ཕྱིར་བཟོད་པའི་རིགས་ཡོད་པས་ན་བཟོད་པ་ཕུན་སུམ་ཚོགས་པ་འཆད་པའི་མདོ་སྡེ་མ་ཐོས
་ཀྱང་གཞན་གྱིས་གནོད?་པས?་བྱས་པ་ལ་སོགས་པའི་སྡུག་བསྔལ་རྣམས་ཉམས་སུ་ལེན་ཅིང་ཞེ་སྡང་མི་སྐྱེའོ་ཞེས་བྱ་བའི་དོན་ཏོ། །སོ་སོར་བརྟགས་པ་བསྒོམ་པ་ཞེས་བྱ་བ་ལ། སོ་སོར་བརྟགས་པ་ནི་ཤེས་རབ་ལ་བྱ་སྟེ། བཟོད་པ་ཕུན་སུམ་ཚོགས་པ་དང་ལྡན་པའི་མདོ་སྡེ་དག
་ཐོས་ནས་ཆོས་ཐམས་ཅད་སྒྱུ་མ་དང་རྨི་ལམ་དང་སྨིག་རྒྱུ་ལྟ་བུར་ཁོང་དུ་ཆུད་པ་དང། སྡུག་བསྔལ་བ་དང། གནོད་པ་བྱས་པ་དག་ལ་བཟོད་ཅིང་ཉམས་སུ་ལེན་ཏོ། །སོ་སོར་བརྟགས་པ་བསྒོམ་པའི་དོན་དག་ནི་དེ་ལྟ་བུའོ། །ཡང་ན་གཞན་དག་གིས་བདག་ལ་གནོད་པ་བྱས་པ
་དང། བདག་གིས་གྲང་བ་དང་ཚ་བ་ལ་སོགས་པའི་སྡུག་བསྔལ་མྱོང་བ་འདི་དག་ཀྱང་ཚ་སྔ་མ་ལ་བདག་གིས་གཞན་ལ་གནོད་པ་བྱས་པའི་རྒྱུས་ཚེ་འདིར་བདག་སྡུག་བསྔལ་མྱོང་བར་འགྱུར་བ་ཡིན་ཏེ། དེ་ཡང་བདག་གིས་གནོད་པ་བྱས་ན་ནི་ཚེ་རབས་གཞན་དུ་ཡང་སྡུག
་བསྔལ་མྱོང་བར་འགྱུར་བས་གནོད་པས་ཅི་ཙམ་བྱུང་ཡང་བཟོད་པར་བྱའོ་སྙམ་དུ་སེམས་པ་ནི་སོ་སོར་བརྟགས་པ་བསྒོམ་པ་ཞེས་བྱ་སྟེ། རང་བཞིན་བརྟན་པ་དང། སོ་སོར་བརྟགས་པ་གཉིས་ནི་བཟོད་པ་ཡོངས་སུ་སྨིན་པའི་རྒྱུ་ཡིན་ནོ། །སྡུག་བསྔལ་གྲང་ལ་སོགས་པ
་རྟག་མི་མཛད་ཅེས་བྱ་བ་ལ། སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་དང། སངས་རྒྱས་ཀྱི་ཆོས་ཡོངས་སུ་སྨིན་པར་བྱ་བའི་ཕྱིར། གྲང་བ་དང་ཆེ་བ་དང། སྦྲང་བུ་དང་ཤ་སྦྲང་དང། བཀྲེས་པ་དང་སྐོམ་པ་ལ་སོགས་པའི་སྡུག་བསྔལ་བྱུང་ཡང། ཉམས་སུ་ལེན་ཅིང་སེམས
་མི་ལྡོག་པ་ནི་མི་མཛེད་པ་ཞེས་བྱ་སྟེ། འདི་ནི་བཟོད་པའི་རང་བཞིན་ནོ། །ཁྱད་པར་འགྲོ་དང་ཞེས་བྱ་བ་ལས་བཅུ་གོང་ནས་གོང་དུ་བཟོད་པ་ཡངས་ཤིང་ཤས་ཇེ་ཆེ་ཇེ་ཆེར་གྱུར་པ་ནི་ཁྱད་པར་དུ་འགྲོ་བ་ཞེས་བྱ་སྟེ། འདི་བཟོད་པའི་ལས་རྣམ་པ་གཅིག་གོ་།དགེ་ལ་མངོན་པར་
་དགའ་ཞེས་བྱ་བ་ལ། བཟོད་པ་དང་ལྡན་པ་རྣཾས་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་སྤྱོད་པ་ལ་དགའ་སྟེ། འདི་ནི་བཟོད་པའི་ལས་རྣམ་པ་གཉིས་སོ། །བཟོད་པ་ཡོངས་སུ་སྨིན་པའི་མཚན་ཉིད་འདོད་ཅེས་བྱ་བ་ལ། གོང་དུ་བཤད་པ་ལྟ་བུར་བཟོད
་པའི་རྒྱུ་དང། རང་བཞིན་དང། ལས་གསུམ་དང་ལྡན་ན་བཟོད་པ་ཡོངས་སུ་སྨིན་ནོ་ཞེས་བྱ་བའི་དོན་ཏོ། །ཡིད་རྣོ་བ་ཡོངས་སུ་སྨིན་པ་ལས་བརྩམས་ཏེ་ཚིགས་སུ་བཅད་པ་ཞེས་བྱ་བ་ལ། དྲན་པ་དང་ཤེས་རབ་གཉིས་པོ་ཡིད་རྣོ་བ་ཞེས་བྱའོ། །ཡིད་ན་ཡིད་རྣོ་བ་ཞེས་བྱ
་བ་ནི་ཤེས་རབ་ཀྱི་རྣམ་གྲངས་ཀྱི་མིང་སྟེ། ཡིད་རྣོ་བ་ཞེས་ཀྱང་བྱ་ཤེས་རབ་ཅེས་ཀྱང་བྱ་སྟེ། དེ་བས་ན་མདོ་དེ་དག་ལས། བཅོམ་ལྡན་འདས་ཀྱིས་ཤེས་རབ་ཀྱི་དབང་དུ་བྱས་ནས་ཤེས་རབ་ཅན་ཡིད་རྣོ་བ་མཁས་པའོ་ཞེས་གསུངས་སོ། །དོན་དུ་ན་དེ་ཁོ་ན་ཁོང་དུ་མ་ཆུད
་པ་བསྐལ་པ་གྲངས་མེད་པ་གཅིག་གི་བར་དུ་ཉན་པ་དང་སེམས་པ་ལ་སོགས་པའི་དགེ་བ་ལ་ཞུགས་པའི་གང་ཟག་མོས་པ་སྤྱོད་པ་རྣམས་ཀྱི་ཤེས་རབ་ལ་ཡིད་རྣོ་བ་ཞེས་བྱ་སྟེ། དེ་ཡང་ཡིད་རྣོ་བ་ཞེས་བྱ་བའི་རྒྱུ་དང། རང་བཞིན་དང་ལས་གསུམ་དང་ལྡན་ན
་ཡིད་རྣོ་བ་ཡོངས་སུ་སྨིན་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར་ཚིགས་སུ་བཅད་པ་རྩོམ་མོ་ཞེས་བྱ་བའི་དོན་ཏོ། །རྣམ་སྨིན་དག་ཅིང་ཅེས་བྱ་བ་ལ་ཚེ་རབས་སྔ་མ་ལ་དམ་པའི་ཆོས་ཉན་པ་དང། སེམས་པ་ལ་སོགས་པའི་དགེ་བ་བྱས་པས་གར་སྐྱེས་གར་སྐྱེས་ཀྱང་མིག
་ལ་སོགས་པའི་དབང་པོ་ཐམས་ཅད་ཚང་པ་དང་རང་བཞིན་གྱིས་ཤེས་རབ་རྣོ་བའི་མཚན་ཉིད་དང་ལྡན་ཕུང་པོ་ལྔ་ཐོབ་བ་ནི་རྣམ་པར་སྨིན་པ་ཞེས་བྱ་སྟེ། འདིས་ནི་ཡིད་རྣོ་བ་རྣམ་པར་སྨིན་པའི་རྒྱུ་བསྟན་ཏོ། །ཐོས་པ་ལ་སོགས་མི་བརྗེད་ཅེས་བྱ་བ་ལ། གོང་དུ་དྲན་པ
་དང་ཤེས་རབ་གཉིས་ལ་ཡིད་རྣོ་བ་ཞེས་བྱའོ་ཞེས་བསྟན་ཏེ། དྲན་པ་དང་ལྡན་པའི་ཕྱིར་དམ་པའི་ཆོས་ཐོས་པ་དང། བསམས་པ་དང། བསྒོམས་པ་ལ་སོགས་པ་དང། སྔོན་ལུས་ཀྱི་སྒོ་ནས་ལས་ཅི་བྱས་པ་དང་ངག་གི་སྒོ་ནས་ཚིག་ཅི་སྨྲས་པ་རྣམས་དྲན་ཞིང་མི་བརྗེད
་དོ་ཞེས་བྱ་བའི་དོན་ཏོ། །དེ་བཞིན་ལེགས་སྨྲས་ཉེས་སྨྲས་རབ་ཏུ་ཆུད་ཅེས་བྱ་བ་ལ། ཤེས་རབ་དང་ལྡན་པས་ན་བདག་དང་གཞན་གྱི་ལེགས་པ་སྨྲས་པ་དང། ཉེས་པར་སྨྲས་པ་ངོས་ཟིན་ཅིང་རྟོགས་ཏེ། འདིས་ཚིག་འདི་སྨྲས་པ་ནི་མནོང?་ཏེ་ལེགས་པར་སྨྲས་པ་ཡིན་ནོ་ཞེས
་རྟོགས། འདིས་ནི་ཚིག་འདི་སྨྲས་པ་ནི་ནོར་ཏེ་ཉེས་པར་སྨྲས་པ་ཡིན་ནོ་ཞེS་རྟོཌ་ཏེ། མཉན་པ་ལ་སོཌ་པ་མི་བརྗེད་པ་དང། ལེཌ་པར་སྨྲས་པ་དང། ཉེ་བར་སྨྲས་པ་ཁོང་དུ་ཆུད་པ་ནི་ཡིད་རྣོ་བའི་རང་བཞིན་ནོ། །དྲན་པ་ཡི་སྟེ་ཞེས་བྱ་བ་ནི་མཉན་པ་ལ་སོགས་པ་མི་བརྗེད་པར་ནི་དྲན་པར
་བྱེད་དོ་ཞེས་བྱ་བའི་དོན་ཏོ། །བློ་ཆེན་སྐྱེ་བ་རུང་ཞེས་བྱ་བ་ལ། ཇི་ལྟར་བྱས་པ་མི་བརྗེད་པ་དང། ལེགས་ཉེས་ཀྱང་ངེས?་ཟིན་ཏེ་བྱེ་བྲག་ཕྱེད་པའི་ཤེས་རབ་དེས་འཇིག་རྟེན་ལས་འདས་པའི་ཡེ་ཤེས་སྐྱེད་པ་བས་བློ་ཆེན་སྐྱེ་བ་རུང་ཞེས་བྱ་བས་སྟེ། འདི་ནི་ལས་སོ། །
་དེ་ལ་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ནི་ས་དང་པོར་ཆོས་དབྱིངས་ཐམས་ཅད་དུ་འགྲོ་བའི་མཚན་ཉིད་དུ་རྟོགས་པའི་གཉིས་སུ་མེད་པའི་ཡེ་ཤེས་ལ་བྱའོ། །སྟོབས་དང་ལྡན་པ་བསྐྱེད་པ་ཡོངས་སུ་སྨིན་པ་ལས་བརྩམས་ཏེ་ཚིགས་སུ་བཅད་པ་ཞེས་བྱ་བ་ལ་སྟོབས
་ཞེས་བྱ་བ་དང། མཐུ་ཞེས་བྱ་བ་དོན་གཅིག་སྟེ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསགས་ནས་སྒྲིབ་པ་གཉིས་སྤངས་ཏེ། ཆོས་ཀྱི་དབྱིངས་རྟོགས་པར་ནུས་པ་ནི་སྟོབས་ཞེས་བྱའོ། །དེ་འང་སྟོབས་ཀྱི་རྒྱུ་དང་རང་བཞིན་དང། ལས་གསུམ་དང་ལྡན་ན་སྟོབས་ཡོངS
་སུ་སྨིན་པ་ཡོན་ནོ་ཞེས་བྱ་བའི་ཕྱིར་ཚིགས་སུ་བཅད་པ་རྩོམ་མོ་ཞེས་བྱ་བའི་དོན་ཏོ། །དགེ་བ་གཉིས་ཀྱིས་ཁམས་གཉིས་རྒྱས་པ་དང་ཞེས་བྱ་བ་ལ། དགེ་བ་གཉིས་ནི་བསོད་ནམས་ཚོགས་ཀྱི་དགེ་བ་དང། ཡེ་ཤེས་ཀྱི་ཚོགས་ཀྱི་དགེ་བའོ། །ཁམས་ཀྱི་སྒྲས་ནི་ཚོགས
་དེ་གཉིས་ཀྱི་ས་བོན་ལ་བྱ་སྟེ། བསོད་ནམས་ཀྱི་ཚོགས་ཀྱིས་བསོད་ནམས་ཀྱི་ས་བོན་རྟས་པར་བྱེད། ཡེ་ཤེས་ཀྱི་ཚོགས་ཀྱིས་ཀྱང་ཡེ་ཤེག་ཀྱི་ཚོགས་ཀྱི་ས་བོན་རྟས་བར་བྱེད་ཅེས་བྱ་བའི་དོན་ཏོ། །འདིས་ནི་སྟོབས་ཡོངས་སུ་སྨིན་པའི་རྒྱུ་བསྟན་ཏོ། །འབྲས་བུ་སྐྱེ་བའི་རྟེན་དུ་རུང
་བའི་མཆོད་ཅེས་བྱ་བ་ལ། རྟེན་ཅེས་བྱ་བ་ནི་ལུས་ལ་བྱ་སྟེ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསགས་པས་གཟུང་འཛིན་སྤངས་ནས་སྟོང་པ་ཉིད་ཁོང་དུ་ཆུད་དེ། སངས་རྒྱས་ཀྱི་ས་ཐོབ་པའི་འབྲས་བུ་སྐྱེ་བ་ཞེས་བྱ་སྟེ། དེ་ལྟ་བུ་ནུས་བའི་ལུས
་ཐོབ་པར་གྱུར་ན། འབྲས་བུ་སྐྱེ་བའི་རྟེན་རུང་བའི་མཆོག་ཅེས་བྱ་སྟེ། འདིས་ནི་སྟོབས་ཀྱི་རང་བཞིན་བསྟན་ཏོ། །མཆོག་གི་སྒྲས་ནི་ལུས་དེ་ཉན་ཐོས་དང། རང་སངས་རྒྱས་ལ་སོགས་པ་ལས་འཕགས་པར་བསྟན་ཏོ། །བསམ་པ་གྲུབ་ཅིང་ཅེས་བྱ་བ་ལ་བསོད་ནམས
་དང་ཡེ་ཤེས་ཀྱི་ཚོགས་དང་ལྡན་པ་དེ་དག་ཉིད་ཅི་བསམས་པ་རྣམས་ཀྱང་དེ་བཞིན་དུ་འགྲུབ་ལ། སེམས་ཅན་གྱི་བསམ་པ་ཡང་ཡོངས་སུ་ཁེངས་པར་བྱེད་ཅེས་བྱ་བའི་དོན་ཏོ། །འདི་ནི་སྟོབས་ཀྱི་ལས་རྣམ་པ་གཅིག་གོ་།འགྲོ་བའི་མཆོག་ཏུ་གྱུར་ཅེས་བྱ་བ་ལ།
་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དང་ལྡན་པ་དེ་ཡེ་ཤེས་ཀྱི་ཚོགས་དང་ལྡན་པ་ནི་སེམས་ཅན་ཀུན་ལས་ཤེས་པར་འཕགས་པ་བསོད་ནམས་ཀྱི་ཚོགས་དང་ལྡན་པ་ནི་སེམས་ཅན་ཀུན་པས་ལུས་མཛེས་པ་དང་ལོངས་སྤྱོད་ཀྱིས་འཕགས་ཞེས་བྱ་བའི
་དོན་ཏོ། །འདི་ནི་སྟོབས་ཡོངས་སུ་སྨིན་པའི་ལས་གཉིས་པའོ། །སྟོབས་རྙེད་ཡོངས་སུ་སྨིན་པའི་མཚན་ཉིད་དེ་ཞེས་བྱ་བ་ནི་སྟོབས་ཀྱི་རྒྱུ་དང། རང་བཞིན་དང། ལས་གསུམ་དང་ལྡན་ན་སྟོབས་ཡོངས་སུ་སྨིན་པ་རྙེད་དོ་ཞེས་བྱ་བའི་དོན་ཏོ། །མི་འཕྲོགS
་པ་ཡོངས་སུ་སྨིན་པ་ལས་བརྩམས་ཏེ། ཚིགས་སུ་བཅད་པ་ཞེས་བྱ་བ་ལ། བྱང་ཆུབ་སེམས་དཔའ་ནི། བསོད་ནམས་ཀྱི་མཐུ་དང། ཡེ་ཤེས་ཀྱི་ཚོགས་ཀྱི་མཐུ་དང་ལྡན་པས་བདུད་ལ་སོགས་པས་ནི་སྤྱོད་པ་བསྒྱུར་བར་མི་ནུས་པ་ལ་མུ་སྟེགས་ལ་སོགས་པས
་ཀྱང་ལྟ་བ་བསྒྱུར་བ་མི་ནུས་པ་བསྟན་པའི་ཕྱིར་ཚིགས་སུ་བཅད་པ་རྩོམ་མོ་ཞེས་བྱ་བའི་དོན་ཏོ། །དེ་ཡང་མི་འཕྲོགས་པའི་རྒྱུ་དང། རང་བཞིན་དང་ལས་གསུམ་དང་ལྡན་ན་མི་འཕྲོགས་པ་ཡོངས་སུ་སྨིན་པ་ཡིན་པར་སྟོན་ནོ། །ཆོས་བཟང་རིགས་པ་རྣམ་པར
་དཔྱོད་པའི་སེམས་ཞེས་བྱ་བ་ལ། ཆོས་བཟང་པོ་ནི་ཐེག་པ་ཆེན་པོའི་ཆོས་ཏེ། ཐེག་པ་ཆེན་པོའི་ཆོས་ལ་རིགས་པ་རྣམ་པ་བཞིས་དཔྱད་ཅིང་བསམས་པ་ལས། ཆོས་ཀྱི་དོན་གཏན་ལ་ཕབ་ཅིང་ཐེ་ཚོམ་མེད་པའི་སེམས་རྙེད་པ་ནི་རིགས་པས་རྣམ་པར་དཔྱོད་པའི
་སེམས་ཞེས་བྱ་སྟེ། འདི་ནི་མི་འཕྲོགས་པའི་རྒྱུའོ། །དེ་ལ་རིགས་པ་བཞི་ནི་ལྟོས་པའི་རིགས་པ་དང། བྱ་བ་བྱེད་པའི་རིགས་པ་དང། གཏན་ཚིགས་སྒྲུབ་པའི་རིགས་པ་དང། ཆོས་ཉིད་ཀྱི་རིགས་པའོ། །དེ་ལ་རྒྱུ་ལས་བརྟེན་ནས་འབྲས་བུ་སྐྱེ་བའི་རིམ་པ་ལ་ལྟོས
་པའི་རིགས་པ་ཞེས་བྱ་སྟེ། དཔེར་ན་གཟུགས་དང་མིག་གི་དབང་པོ་ལ་བརྟེན་ནས། མིག་གི་རྣམ་པར་ཤེས་པ་སྐྱེ་བ་ནི་ལྟོས་པའི་རིགས་པ་ཞེས་བྱའོ། །རྒྱུ་རྐྱེན་གྱི་མཐུ་ལས་མིག་གི་རྣམ་པར་ཤེས་པ་སྐྱེས་ནས་གཟུགས་ལ་ལྟ་བ་ལ་སོགས་པ
་རང་གི་ལས་བྱེད་པ་ནི་བྱ་བ་བྱེད་པའི་རིགས་པ་ཞེས་བྱའོ། །གཏན་ཚིགས་སྒྲུབ་པའི་རིགས་པ་ནི་གསུམ་ཏེ། འབྲས་བུའི་རྒྱུ་དང། རང་བཞིན་གྱི་རྒྱུ་དང། མི་དམིགས་པའི་རྒྱུའོ། །དེ་ལ་འབྲས་བུའི་རྒྱུ་ནི་གང་ན་དུ་བ་ཡོད་པ་དེ་ན་མེ་ཡོད་དོ་ཞེས་བྱ
་བ་ལྟ་བུའོ། །རང་བཞིན་གྱི་རྒྱུ་ནི་ཤིང་ཞེས་བྱ་བས་ཤིང་ཤ་པ་དང་ཐང་ཤིང་ལ་སོགས་པ་ཀུན་ལ་ཁྱབ་པས་ན་འདི་ནི་ཤིང་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། ཤིང་ཤ་པ་ཡིན་པའི་ཕྱིར་རི་ཞེས་བྱ་བ་ལྟ་བུའོ། །མི་དམིགས་པའི་རྒྱུ་ནི་ས་ཕྱོགས་འདི
་ན་དམིགས་སུ་རུང་བའི་མཚན་ཉིད་ཀྱི་བུམ་པ་མི་སྣང་བས་ནི་བུམ་པ་མེད་དོ་ཞེས་བྱ་བ་ལྟ་བུའོ། །ཆོས་ཉིད་ཀྱི་རིགས་པ་ནི་དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང། མ་བྱུང་ཡང་རུང། མ་རིག་པའི་རྐྱེན་གྱིས་འདུ་བྱེད་ལ་སོགས་པའི་ཆོས
་ཉིད་འདི་ནི་ཡེ་ནས་གནས་བའོ་ཞེས་བྱ་བ་ལྟ་བུའོ། །རྟག་ཏུ་བདུད་ཀྱི་བར་ཆད་བྱེད་པ་མེད་ཅེས་བྱ་བ་ལ། ནམ་བྱང་ཆུབ་སེཾས་དཔའ་བྱང་ཆུབ་སེམས་དཔའ་ཨི་སྤྱོད་པའི་ཚེ་བདུད་ལ་སོཌ་པ་སངས་རྒྱས་ཀྱི་གཟུགས་སུ་སྤྲུལ་ཏེ། བྱང་ཆུབ་དཔའ་ཨི་སྤྱོད་པ་འདོར་དུ་བཅུག་ཀྱང
་འདོད་དུ་མི་བཏུབ་པ་དང། མུ་སྟེཌ་ལ་སོཌ་པས་གཏན་ཚིཌ་རྣམ་པ་སྣ་ཚོགས་ཀྱིས་ལྟ་བ་སུན་ཕྱུང་ནས་གཞན་དུ་བྱུང་བར་བརྩམས་ཀྱང་ལྟ་བ་འདོར་དུ་མི་བཏུབ་པ་ནི། རྟག་ཏུ་བདུད་ཀྱིས་བར་ཆད་བྱེད་པ་མེད་ཅེས་བྱ་བ་སྟེ།
་འདི་ནི་མི་འཕྲོགས་པ་ཡོངས་སུ་སྨིན་པའི་རང་བཞིན་ནོ། །ཁྱད་པར་རྙེད་དང་ཞེས་བྱ་བ་ལ། རིགས་པས་རྣམ་པར་སྤྱོད་པའི་སེམས་དེ་ས་རིམ་པར་གནས་པ་ལ་ཡང་ཞི་ཤས་ཇེ་ཆེ་ཇེ་ཆེར་གྱུར་པ་ནི་ཁྱད་པར་རྙེད་པ་ཞེས་བྱའོ། །དེ་ཡང་དཔེར་ན་ས་དང
་པོའི་རིགས་པས་རྣམ་པར་སྤྱོད་པའི་སེམས་པས། ས་གཉིས་པའི་རིགས་པས་རྣམ་པར་སྤྱོད་པའི་སེམས་ཤས་ཆེ་བས་ན་ཁྱད་ཞུགས་པ་ཡིན་ཏེ། འདི་ནི་མི་འཕྲོགས་པ་རྣམ་པར་སྨིན་པའི་ལས་རྣམ་པ་གཅིག་གོ། གཞན་གྱི་ཕྱོགས་སུན་འབྱིན
་ཞེས་བྱ་བ་ལ། གཞན་གྱི་ཕྱོགས་ནི་མུ་སྟེག་པ་རྣམས་ཀྱི་གཙུག་ལག་དང་ལྡན་པ་ལ་བྱ་སྟེ། རིགས་པས་རྣམ་པར་སྤྱོད་པའི་སེམས་དང་ལྡན་པས་མུ་སྟེགས་པ་ལ་སོགས་པའི་ཕྱོགས་ནི་སུན་འབྱིན་པར་ནུས་བདག་གི་སངས་རྒྱས་ཀྱི་གཞུང་ཉིད་ནི
་གཟུགས་པར་ནུས་ཞེས་བྱ་བའི་དོན་ཏོ། །འདི་ནི་མི་འཕྲོགས་པའི་ལས་ཡོངས་སུ་སྨིན་པའི་ལས་རྣམ་པ་གཉིས་པའོ། །མི་འཕྲོགས་ཡོངས་སུ་སྨིན་པའི་མཚན་ཉིད་དོ་ཞེས་བྱ་བ་ལ་མི་འཕྲོགས་པའི་རྒྱུ་དང། རང་བཞིན་དང། །ལས་གསུམ
་དང་ལྡན་ན་མི་འཕྲོགས་པ་ཡོངས་སུ་སྨིན་པར་འགྱུར་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །སྤོང་བའི་ཡན་ལག་དང་ལྡན་པ་ཡོངས་སུ་སྨིན་པ་ལས་བརྩམས་ཏེ་ཚིགས་སུ་བཅད་པ་ཞེས་བྱ་བ་ལ། སྤོང་བ་ནི་ས་དང་པོའི་ཆོས་ཀྱི
་དབྱིངས་རྟོགས་ནས་གཟུང་བ་དང་འཛིན་པ་གཉིས་སྤངས་པ་ལ་སྤོང་བ་ཞེས་བྱ་སྟེ། དེའི་གྲོགས་སུ་གྱུར་པའི་ཆོས་རྣམ་པ་ལྔ་ནི་སྤོང་བའི་ཡན་ལག་དང་ལྡན་པ་ཞེས་བྱའོ། །ལྔ་པོ་ཡང་གང་ཞེ་ན། དད་པ་དང། གཡོ་མེད་པ་དང། སྒྱུ་མེད་པ་དང།
་ལུས་ལ་ནད་མེད་པ་དང། ཤེས་རབ་པོ། དེ་ཡང་སྤོང་བའི་ཡན་ལག་གི་རྒྱུ་དང། རང་བཞིན་དང། ལས་གསུམ་དང་ལྡན་ན་སྤོང་བའི་ཡན་ལག་ཡོངས་སུ་སྨིན་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར་ཚིགས་སུ་བཅད་པ་རྩོམ་མོ་ཞེས་བྱ་བའི་དོན་ཏོ། །དགེ་བ་རྩོགས་དང
་ཞེས་བྱ་བ་ལ། དགེ་བའི་སྒྲས་ནི་བསོད་ནམས་ཀྱི་ཚོགས་དང། ཡེ་ཤེས་ཀྱི་ཚོགས་ལ་བྱ་སྟེ། དེ་གཉིས་བརྩམས་ཞེས་བྱ་བའི་དོན་ཏེ། །དེ་ནི་སྤོང་བའི་ཡན་ལག་གི་རྒྱུའོ། །ཡན་ལག་ལྔ་ལས་འདི་ནི་དད་པ་དང་སྦྱར་རོ། །གནས་ཀྱང་བརྩོན་པར་རུང་ཞེས་བྱ་བ་ལ། དགེ
་བའི་སྒྲས་ནི་ལུས་ལ་བྱ་སྟེ། ཉན་པ་དང་སེམས་བ་དང་བསྒོམས་ལ་སོགས་པ་དགེ་པ་བྱེད་པ་ན་ལུས་ལ་གནོད་པ་དང། མི་བདེ་བ་མེད་ཅིང་བརྩོན་འགྲུས་རྒུན་དུ་རྩོམ་པར་ནུས་པའི་ལུས་ལ་ནི་གནས་ཀྱང་བརྩོན་པར་རུང་བ་ཞེས་བྱ་བ་སྟེ། འདི་ནི་སྤོང་པའི་ཡན་ལག་གི
་རང་བཞིན་ནོ། །ཡན་ལག་ལྔ་ལས་འདི་ནི་ལུས་ལ་ནད་མེད། པ་སྦྱར་རོ། །དབེན་ལ་དགའ་དང་ཞེས་བྱ་བ་ལ། འདུ་འཛི?་ཐམས་ཅད་སྤངས་ནས་ཤིང་དྲུང་བྲག་ཕུག་ལ་སོགས་པའི་གནས་དཔེན་པ་དག་ནི་གནས་པར་དགའ་བ་ནི་དབེན་པ་མཆོག་ལ་དགའ་ཞེས་བྱ་སྟེ། འདི
་ནི་སྤོང་བའི་ཡན་ལག་གི་ལས་རྣམ་པ་གཅིག་སྟེ། གཡོ་མེད་པ་དང་སྒྱུ་མེད་པ་དང་སྦྱར་རོ། །དགེ་ལ་མངོན་པར་དགའ་ཞེས་བྱ་བ་ལ། དགེ་བའི་སྒྲ་ཐེག་པ་ཆེན་པོའི་ཆོས་ལ་བྱ་སྟེ། ཆོས་དེ་དག་ཉན་པ་དང། སེམས་པ་དང། བསྒོམ་པ་ལ་དགའ་བ་ནི་དགེ་བ་ལ་མངོན
་པར་དགའ་ཨོ་ཞེས་བྱའོ། །འདི་ནི་སྤོང་བའི་ཡན་ལག་གི་ལས་རྣམ་པ་གཉིས་པ་སྟེ། འདི་ནི་ཤེས་རབ་དང་སྦྱར་རོ། །རྒྱལ་བའི་སྲས་ཀྱི་ཡན་ལག་ལྡན་པ་ཡི། །ཡང་དག་ཡོངས་སུ་སྨིན་པའི་མཚན་ཉིད་འདོད་ཅེས་བྱ་བ་ལ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤོང་པའི་ཡན
་ལག་རྣམ་པ་ལྔ་རྣམ་པ་རྒྱུ་དང། རང་བཞིན་དང། ལས་དང་ལྡན་ན་སྤོང་བའི་ཡན་ལག་ཡོངས་སུ་སྨིན་པའི་མཚན་ཉིད་དུ་འདོད་དོ། །བདག་ཡོངས་སུ་སྨིན་པའི་རྣམ་པ་དགུའི་ཆེ་བ་ལས་བརྩམས་ཏེ་ཚིགས་སུ་བཅད་པ་ཞེས་བྱ་ལ། བྱང་ཆུབ་སེམས་དཔའ་རྣམས་དད
་པ་ནས་སྤོང་བའི་ཡན་ལག་གི་བར་དུ་ཆོས་དགུ་དང་ལྡན་ན་བདག་ཉིད་སངས་རྒྱས་ཀྱི་ཡོངས་སུ་སྨིན་པ་ཞེས་བྱ་སྟེ། དགུ་པོས་བདག་སངས་རྒྱས་ཀྱི་ཆོས་ཡོངས་སུ་སྨིན་པར་འགྱུར་བའི་ཆོས་དགུ་པོ་ཉིད་ཡོན་ཏན་དང། བདག་ཉིད་ཆེན་པོ་བསྟན
་པའི་ཕྱིར་ཚིགས་སུ་བཅད་པ་རྩོམ་མོ་ཞེས་བྱ་བའི་དོན་ཏེ། ཆེ་བ་ཡང་རྣམ་པ་གཉིས་སོ། །གང་ཞེ་ན། གཞན་ཡོངས་སུ་སྨིན་པའི་བྱ་བའི་རྟེན་དུ་གྱུར་པ་དང། ཆོས་ཀྱི་ལུས་འཕེལ་པར་འགྱུར་བའོ། །དེ་ལྟར་དངོས་པོ་རྣམ་པ་དགུ་སྨིན་པའི་གཞི་ཞེས་བྱ་བ
་ལ། །དེ་ལྟར་ཞེས་བྱ་བ་ནི་གོང་དུ་བཤད་པ་ལྟ་བུའོ། །དངོས་པོ་རྣམ་པ་དགུ་ནི་དད་པ་ནས་སྤོང་བའི་ཡན་ལག་གི་བར་དུ་དགུ་སྟེ། གོང་དུ་བཤད་པ་ལྟར་ན་བྱང་ཆུབ་སེམས་དཔའ་དེ་ཆོས་རྣམ་པ་དགུའི་གཞིའམ་རྟེན་ཏམ་གནས་ལྟ་བུ་གྱུར་ཅེས་བྱ་བའི་དོན་ཏོ། །
་ཕ་རོལ་ཡོངས་སུ་སྨིན་བྱེད་རུང་དང་ལྡན་ཞེས་བྱ་བས་གཞན་ཡོངས་སུ་སྨིན་པར་བྱ་བའི་རྟེན་དུ་གྱུར་པར་བསྟན་ཏེ། བྱང་ཆུབ་སེམས་དཔའ་དེ་ཆོས་རྣམ་པ་དགུ་བརྟེན་དུ་གྱུར་པས་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པར་ནུས་ཤིང་སེམས་ཅན་ཡོངས་སུ་སྨིན་པའི
་མཐུ་ཡོང་ལ་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའི་གནས་སུ་ཡང་གྱུར་ཅེས་བྱ་བའི་དོན་ཏོ། །དགེ་བརྟག་ཏུ་རབ་ཏུ་འཕེལ་བའི་དངོས་ཞེས་བྱ་བས་རྟག་ཏུ་ཆོས་ཀྱི་ལུས་འཕེལ་བ་བསྟན་ཏེ། བྱང་ཆུབ་སེམས་དཔའ་ཆོས་དགུའི་རྟེན་དུ་གྱུར་པས་ན་སེམས་ཅན
་ཡོངས་སུ་སྨིན་པར་བྱེད་པར་ནུས་པར་ཡང་མ་ཟད་ཀྱི། དུས་ཐམས་ཅད་དུ་ཕ་རོལ་ཏུ་ཕྱིན་པ་དྲུག་གི་ཆོས་རྣམས་འཕེལ་བར་འགྱུར་ཏེ་བདག་གི་རྒྱུད་ལ་དགེ་བ་བསྐྱེད་པའི་གཞི་དང། རྟེན་དུ་ཡང་གྱུར་ཅེས་བྱ་བའི་དོན་ཏོ། །རྟག་ཏུ་འགྲོ་བ་རྣམས་ཀྱི
་གཉེན་མཆོག་འགྱུར་ཞེས་བྱ་བ་ལ། དེ་ལྟར་བྱང་ཆུབ་སེམས་དཔའ་དེ་ཆོས་རྣམ་པ་དགུ་དང་ཡང་ལྡན། སེམས་ཅན་ཡོངས་སུ་སྨིན་པར་བྱེད་པར་མཐུ་ཡང་ཡོད། །རྟག་ཏུ་དགེ་བའི་ཆོས་ཀྱང་འཕེལ་བ་ནས། སེམས་ཅན་རྣམས་ཚེ་འདི་ཟང་ཟིང་གིས
་ཕན་བརྟགས་ནས་དགེ་བ་ལ་བཀོད་དེ་ཕན་པར་བྱེད་པ་དང། ཚེ་རབས་གཞན་དུ་བདེ་འགྲོ་དང་མྱ་ངན་ལས་འདས་པ་བཀོད་དེ་བདེ་བར་བྱས་པས་ན་འགྲོ་བ་རྣམས་ཀྱི་གཉེན་མཆོག་གྱུར་པ་ཞེས་བྱ་སྟེ། ཕམ་དང་ཉེ་དུ་གཉེན་བཤེས་པས་སེམས་ཅན་ལ་ཕན་པ་ལྷག་པར
་མཛད་པས་ན་གཉེན་མཆོག་ཏུ་གྱུར་པའོ། །ཅིའི་ཕྱིར་ཞེ་ན། ཕ་མས་ནི་འདིར་ཟང་ཟིང་གིས་ཕྲན་ཚོགས་ཙམ་གྱིས་ཕན་འདོགས་པར་ནུས་ཀྱི། ཚེ་རབས་གཞན་དུ་མཐོ་རིས་དང་མྱ་ངན་ལས་འདས་པར་འཇོག་པར་མི་ནུས་པའི་ཕྱིར་རོ། །སེམས་ཅན་ཡོངས་སུ་སྨིན་པའི་རྣམ
་པར་དབྱེ་བ་ལས་བརྩམས་ཏེ་ཚོགས་སུ་བཅད་པ་བཅུ་གཅིག་གོ་ཞེས་བྱ་བ་ལ་གོང་དུ་གང་ལ་བསླབ་པར་བྱ་བ་ལ་རྣམ་པ་བདུན་དུ་བཞག་པ་ལས་འདི་ཡན་ཆད་བདག་ཡོངས་སུ་སྨིན་པས་བརྩམས་པའི་བར་དུ་རྣམ་པ་ལྔ་བཤད་ནས། དེ་སེམས་ཅན་ཡོངས་སུ
་སྨིན་པར་བྱེད་པ་ལས་བརྩམས་ཏེ། ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་ཚིགས་སུ་བཅད་པ་བཅུ་གཅིག་གིས་སྟོན་ཏོ། །དེ་ལ་བདག་ཡོངས་སུ་སྨིན་པར་བྱེད་པའི་རྗེས་ལ་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པར་བསྟན་པ་ལ་འབྲེལ་བར
་ལྟ་བ་ཅི་ཡོད་ཅེ་ན། ཇི་ལྟར་བདག་མ་སྨིན་བདག་མ་གྲོལ་བདག་ཐར་པར་མ་གྱུར་པའི་སེམས་ཅན་གྲོལ་བ་དང་ཐར་པར་བྱ་བར་མི་རུང་ཏེ། དེ་བས་ན་བདག་ཡོངས་སུ་སྨིན་པར་བྱེད་པའི་རྗེས་ལ་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་བཤད་པར་འབྲེལ་ཏོ། །ཚིགS
་སུ་བཅད་པ་བཅུ་གཅིག་གི་བསྡུས་པའི་དོན་ནི་རྣམ་པ་བཞི་སྟེ། ཡོངས་སུ་སྨིན་པའི་རང་བཞིན་དང། རབ་ཏུ་དབྱེ་བ་དང། བསམ་པ་དང། སྦྱོར་པའོ། །ཇི་ལྟར་སྨ་རྣམས་དང་ནི་ཁ་ཟས་དག། གཟག་ཅིང་སྦྱང་དུ་རུང་བར་སྨིན་འདོད་ལྟར། ཞེས་བྱ་བ་ལ་སོགས
་ཚིགས་སུ་བཅད་པ་གཅིག་གིས་ནི་ཡོངས་སུ་སྨིན་པའི་རང་བཞིན་སྟོན་ཏོ། །འདི་ནི་འབྲས་དད་ཕོལ་མིག་ལ་སོགས་པའི་རྨ་རྣམས་ནམ་དབུག་པའི་དུས་ལ་བབ་ཅིང་རྣག་འཛག་པ་དེའི་དུས་ན་ཡོངས་སུ་སྨིན་པ་ཡིན་པ་དང། ནམ་མཁའ་?་ཟས་ལ་སོགས་པ་སྦྱད་དུ་རུང་
་སྟེ། བཟར་རུང་བར་གྱུར་པ་ན་ཡོངས་སུ་སྨིན་པ་ཞེས་བྱ་སྟེ། འདི་ནི་དཔེའོ། །དོན་བསྟན་པའི་ཕྱིར་དེ་བཞིན་གནས་ལ་ཕྱོགས་གཉིས་ཞི་བ་དང། དེ་བཞིན་སྤྱད?་ཅིང་སྨིན་པར་བརྗོད་ཅེས་བྱ་བ་ལ་སྨོས་ཏེ། གནས་གྱི་སྒྲ་ནི་ཕུང་པོ
་ལྔ་ལ་བྱའོ། །ཕྱོགས་གཉིས་ནི་འདོད་ཆགས་ལ་སོགས་པ་ཉོན་མོངས་པའི་ཕྱོགས་དང། དད་པ་ལ་སོགས་པ་གཉེན་པོའི་ཕྱོགས་སོ། །དཔེར་ན་རྨ་ནད་ན་རྣག་འཛག་བའི་དུས་ན་སྨིན་པ་ཞེས་བྱ་བ་བཞིན་དུ་ནམ་བདག་ཕུང་པོ་ལ་འདོད་ཆག་ལ་སོགས
་པའི་ཉོན་མོངས་པ་ཡོད་པ་ཞི་བར་བྱ་ནུས་ཤིང་སྤོང་ནུས་པའི་ལུས་ཐོབ་པ་དང་དཔེར་ན་ཁ་ཟས་བཟང་རུང་བར་གྱུར་ན་སྨིན་པ་ཞེས་བྱ་བ་དེ་བཞིན་དུ་ནམ་བདག་གི་ལུས་ལ་ཡོད་པའི་དགེ་བའི་ཕྱོགས་རྣམས་རྒྱུན་ཏུ་སྤྱད་ཅིང་བསྒོམ་པར་དུས་པའི
་ལུས་ཐོབ་ན་གང་ཟག་དེ་ཡོངས་སུ་སྨིན་པར་བྱས་པ་ཞེས་བྱའོ། །ཚིགས་སུ་བཅད་པ་གཉིས་པ་ཞེས་བྱ་བས་ཡོངས་སུ་སྨིན་པའི་རབ་ཏུ་དབྱེ་བ་སྟོན་ཏེ། དེ་རྣམ་པ་བརྒྱད་ཀྱིས་ནི་བྱང་ཆུབ་སེམས་དཔའ་སེམས་ཅན་ཡོངས་སུ་སྨིན་པར་བྱེད་དོ་ཞེས
་བྱ་བའི་དོན་ཏོ། ཁྲལ་བར་སྨིན་བྱེད་ཅེས་བྱ་བ་ལ། སེམས་ཅན་རྣམས་འདོད་ཆགས་དང་བྲལ་བར་བྱས་ཞེ་སྡང་དང་བྲལ་བར་བྱས་ནས་ཉོན་མོངས་པ་ཀུན་དང་བྲལ་བར་བྱས་པ་ནི་བྲལ་བར་སྨིན་བྱེད་ཅེས་བྱའོ། །ཡོངས་སུ་སྨིན་བྱེད་ཅེས་གསུངས་ཞེས་བྱ་བ་ལ། ཐེག
་པ་གསུམ་གྱི་ཐབས་ཀྱིས་ཐེག་པ་གསུམ་གྱི་རིགས་ཅན་གྱི་གང་བྲག་ཀུན་སྨིན་པར་བྱས་པ་ནི་ཡོངས་སུ་སྨིན་བྱེད་ཅེས་བྱའོ། །དེ་བཞིན་རབ་ཏུ་སྨིན་བྱེད་ཅེས་བྱ་བས་མུ་སྟེགས་ལ་སོགས་པའི་གྲོགས་དག་གིས་ཀྱང་ཆོས་བསྟན་པའི
་སྒོ་ནས་གཟུགས་དད་གཟུགས་མེད་པའི་ཁམས་དག་ཏུ་སྨིན་པར་བྱེད་པ་ཡོད་མོད་ཀྱི་སླར་ལྡོག་པར་འགྱུར་བས་ན་རབ་ཏུ་སྨིན་པར་བྱེད་ཅེས་མི་བྱའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐེག་པ་གསུམ་གྱི་མྱ་ངན་ལམ་འདས་པའི་འབྲས་བུ་ལ་བཀོད་དེ
་སྨིན་བར་བྱས་པ་རྣམས་ལ་སླར་ལྡོག་པ་མེད་པས་ན་རབ་ཏུ་སྨིན་བྱེད་ཅེས་བྱའོ། །རྗེས་སྨིན་གཞན་ཞེས་བྱ་བ་ལ། གདུལ་བ་དང་མཐུན་པར་ཆོས་བསྟེན་པའི་སྒོ་ནས་སྨིན་པར་བྱས་པ་ནི་རྗེ་སྨིན་ཞེས་བྱ་སྟེ། འདོད་ཆགས་ཅན་ལ་མི་གཙང་བ་བསྒོམ་པ་འཆད་པ་དང། ཞེ
་སྡང་ཅན་ལ་བྱམས་པ་བསྒོམ་པ་དང། གཏི་མུག་ཅན་ལ་རྟེན་ཅིང་འབྲེལ་ཏེ་འབྱུང་བ་བསྒོམ་པ་འཆད་པའོ། །ལེགས་པར་སྨིན་བྱེད་ཅེས་བྱ་བ་ལ། མཐོ་དམན་དང་བྱམས་སྡང་མེད་པར་སྙོམས་པར་སེམས་ཅན་ཀུན་སྨིན་པར་བྱེད་ཅིང་སེམས་ཅན་སྨིན་པར་བྱེད
་པའི་དུས་ན་ཡང་བསྒྲིམས་ཏེ་ནན་གྱིས་བསྟི་སྟང་དང་གུས་པ་དང་བཅས་པར་སྨིན་པར་བྱེད་པ་ནི་ལེཌ་པར་སྨིན་བྱེད་ཅེས་བྱའོ། །ལྷག་པར་སྨིན་ཅེས་བྱ་བ་ལ། བདག་ཉིད་ཀྱིས་ས་དང་པོ་ཐོབ་ནས་ཆོས་ཀྱི་དབྱིངས་རྟོཌ་པར་བྱ་སྟེ། གཞན་དག་ཀྱང་ས་དང་པོ་ཐོབ་པར་བྱས་ནས་ཆོས་ཀྱི་དབྱིངས་རྟོཌ་པར་བྱས
་བ་ནི་ལྷག་པར་སྨིན་བྱེད་ཅེས་བྱའོ། །རྟག་སྨིན་བྱེད་དང་ཅེས་བྱ་བ་ལ། གང་འདས་པ་དང་ད་ལྟར་ཀྱི་སངས་རྒྱས་བཅོམ་ལྡན་འདས་རྣཾས་ཀྱིས་མིང་གིས་ཚོགས་དང། ཚིག་གི་ཚོགས་དང། ཡི་གེའི་ཚོགས་ཀྱི་སྒོ་ནས་ཆོས་ཀྱི་ཕྱིན་ཅི་མ་ལོག་པར་བཤད་པ་དང། སེམས་ཅན་གྱི་དོན་དུ
་མིང་གི་ཚོགས་དང། ཚིག་གི་ཚོགས་དང། ཡི་གེའི་ཚོགས་རྣམས་ཀྱི་སྒོ་ནས་ཆོས་དེ་དག་གི་དོན་རྟག་ཏུ་ཕྱིན་ཅི་མ་ལོག་པར་འཆད་པ་ནི་རྟག་ཏུ་སྨིན་བྱེད་ཅེས་བྱའོ། །ཡང་ན་མི་རྟག་པ་དང། སྡུག་བསྔལ་བ་དང། སྟོང་པ་དང། བདག་མེད་པའི་རང་བཞིན་དུ་རྟག
་པར་ཡང་དེ་ལྟར་ཕྱིན་ཅི་མ་ལོག་པར་འཆད་ཀྱི་རྟག་པ་ལ་སོགས་པའི་མཚན་ཉིད་དུ་ནམས་ཀྱང་མི་འཆད་པས་ན་རྟག་སྨིན་བྱེད་ཅེས་བྱའོ། །ལུས་ཅན་སྟེང་སྨིན་བྱེད་ཅེས་བྱ་བ་ནི་ལུས་ཅན་ནི་སེམས་ཅན་ལ་བྱ་སྟེ། སེམས་ཅན་རྣམས་མོས་པ་སྤྱོད་པའི་ས་དྲོད་ལ
་གནས་ནས་གོང་མ་སྤྱི་བོ་ཐོབ་པར་བྱས་པས་ནས་དགུ་ལ་གནས་ན་ས་བཅུ་ཐོབ་པར་བྱས་པ་ནི་སྟེང་སྨིན་བྱེད་ཅེས་བྱ་སྟེ། དོན་དུ་ན་ཉན་ཐོས་རྒྱུན་དུ་ཞུགས་པ་དག་སྨིན་པར་བྱས་ན་ནི་དགྲ་བཅོམ་པའི་འབྲས་བུ་ཐོབ་པར་འགྱུར། ས་དང་པོའི་བྱང་ཆུབ་སེམས་དཔའ་སྨིན་པར
་བྱས་ན་ནི་འཚང་རྒྱ་བ་ཐོབ་པར་འགྱུར་བ་ལྟ་བུ་དག་ལ་སྟེང་སྨིན་བྱེད་ཅེས་བྱའོ། །ཚིགས་སུ་བཅད་པ་གསུམ་པ་དང་བཞིས་ཞེས་བྱ་བ་ལ། ད་ནི་ཚིགས་སུ་བཅད་པ་གསུམ་པ་དང་བཞི་པས་བྱང་ཆུབ་སེམས་དཔའ་རྣམས་དགོངས་པ་གང་དང
་བསམས་པ་གང་གིས་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའི་དགོངས་པའི་ཁྱད་པར་སྟོན་ཏེ། དེ་ཡང་ཕ་མ་གཉེན་བཤེས་ཀྱི་བསམ་པ་ལས་བྱེ་དྲག་ཏུ་འཕགས་པ་དང། འཇིག་རྟེན་བདག་ལ་བྱམས་པའི་བསམས་པས་བྱེ་བྲག་ཏུ་འཕགས་པ་དེས་སྟོན་ཏེ། ཇི་ལྟར
་རྒྱལ་སྲས་ཕན་པར་བསམས་པ་ཡིས། །འགྲོ་བ་ཐམས་ཅད་རྣམ་པར་སྨིན་བྱེད་གནས་ཞེས་བྱ་བ་ལ། ཇི་ལྟར་བྱང་ཆུབ་སེམས་དཔའ་རྣམས་སེམས་ཅན་ཚེ་འདི་ལ་ཕན་པ་ལ་བཞག་པར་བྱའོ་སྙམ་དུ་དགོངས་པ་དང་ཚེ་རབས་གཞན་དུ་བདེ་བ་ལ་དགོད་པར་བྱའོ
་སྙམ་དུ་དགོངས་པའི་སྒོ་ནས་སེམས་ཅན་ལ་ཕན་པར་བྱ་བའི་དགོངས་པས་སེམས་ཅན་རྣམས་ཚེ་འདི་ལ་ཡོ་བྱད་རྣམ་པ་སྣ་ཚོགས་ཀྱིས་ཕོངས་པ་མེད་པར་བྱས་ནས། མི་དགེ་བ་ལས་བཟློག་ཅིང་དགེ་བ་ལ་བཀོད་དེ་སྨིན་པར་བྱེད་པ་དང། ཚེ་རབས་གཞན་དུ་ལྷ་དང
་མིའི་མཐོ་རིས་དང་མྱ་ངན་ལས་འདས་པ་ལ་བཀོད་དེ་སྨིན་པར་བྱས་པ་ལྟར་འཇིག་རྟེན་པ་ཕ་མ་ལ་སོགས་པ་བུ་ཚ་ལ་དེ་ལྟ་བུའི་བསམ་པ་མི་འབྱུང་ངོ་ཞེས་བྱ་བར་སྦྱར་རོ། །དེ་བཞིན་ཕ་དང་མ་དང་གཉེན་བཤེས་རྣམས་བུ་དང་གཉེན་པ་རྣམས་ལ་མི་གནས་སོ
་ཞེས་བྱ་བ་ལ། ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་ཅན་ལ་ཕན་པ་དང། བདེ་བར་བྱའོ་སྙམ་དུ་དགོངས་པ་ལྟ་བུ་ཕ་མ་བུ་ལ་ཕན་པའི་བསམ་པ་དེ་ལྟ་བུ་མི་འབྱུང་བ་དང། གཉེན་བཤེས་དག་གཉེན་རྣམས་ལ་ཕན་པའི་བསམ་པ་དེ་ལྟ་བུ་མི་འབྱུང་ངོ་ཞེས་བྱ་བའི
་དོན་ཏོ། །ཅིའི་ཕྱིར་ཞེ་ན། ཕ་མ་དང་གཉེན་བཤེས་དག་ཇི་ལྟར་བུ་ཚ་དང་གཉེན་རྣམས་ལ་ཕན་པ་དང། བདེ་བར་བྱའོ་སྙམ་དུ་བསམས་ཀྱང་ཚེ་འདིར་ཟང་ཟིང་ཙམ་ཞིག་ལ་བཞག་པར་ནུས་སུ་ཟད་ཀྱི་དགེ་བ་ལ་འཇོག་པར་མི་ནུས་པ་དང། ཚེ་རབས་གཞན་དུ་མཐོ
་རིས་མྱ་ངན་ལས་འདས་པ་ལ་འཇོག་པར་མི་ནུས་པའི་ཕྱིར་ཏེ། འདིས་ནི་ཕ་མ་དང་གཉེན་བཤེས་ཀྱི་བསམ་པ་ལས་བྱེ་བྲག་ཏུ་འཕགས་པར་བསྟན་ཏོ། །ཇི་ལྟར་སྙིང་བརྩེ་བདེ་དང་ཕན་འགོད་ཕྱིར། སེམས་ཅན་གཞན་ལ་བྱམས་པར་འདོད་པ་ལྟར་ཞེས་བྱ་བ་ལ། ཇི
་ལྟར་བྱང་ཆུབ་སེམས་དཔའ་སྙིང་རྗེ་དང་ལྡན་པ་རྣམས་སེམས་ཅན་ལ་ཚེ་འདིར་ཟང་ཟིང་སྣ་ཚོགས་ཀྱིས་ཕན་བཏགས་ནས་དགེ་བ་ལ་འགོད་པས་བདེ་བ་ལ་བཀོད་པ་དང། ཚེ་རབས་གཞན་དུ་མཐོ་རིས་དང་མྱ་ངན་ལས་འདས་པ་ཐོབ་པར་བྱས་པས་ཕན་པ་ལ་བཀོད་དེ་སེམས་ཅན་ལ
་བྱམས་པར་དགོངས་པའི་དགོངས་པ་མངའ་བ་ལྟར། འཇིག་རྟེན་པ་རྣམས་རང་ལ་ཕན་པའི་བསམ་པ་དེ་ཙམ་ནི་འབྱུང་ངོ་ཞེས་བྱ་བར་སྦྱར་རོ། །དེ་བཞིན་འཇིག་རྟེན་པ་བདག་བྱམས་མིན་ན། ཤིན་ཏུ་མཛའ་བའི་འགྲོ་བ་གཞན་ཅི་སྨོས་ཞེས་བྱ་བ་ལ། ཇི་ལྟར་བྱང་ཆུབ
་སེམས་དཔའ་རྣམས་སེམས་ཅན་ལ་ཕན་པ་དང་བདེ་བའི་དགོངས་པ་མངའ་བ་ལྟར་སེམས་ཅན་རྣམས་བདག་ལ་ཕན་པར་བྱ་བ་ན་ཇི་བྱས་ན་ཕན་པར་འགྱུར་ཞེས་རྣམ་པ་དུ་མར་བསམས་ཀྱང་ཕན་པའི་བསམ་པ་དེ་ལྟ་བུ་མི་འབྱུང་སྟེ། ཅིའི་ཕྱིར་ཞེ་ན། བདག་ལ་ཕན་པར་བྱ
་བར་བསམས་སུ་ཟིན་ཀྱང་ཕན་པ་མ་ཡིན་པ་དད་བདེ་བ་མ་ཡིན་པ་ལ་འགོད་པར་བྱེད་པའི་ཕྱིར་རོ། །ཇི་ལྟ་ཞེ་ན། བདག་ལ་བདེ་བ་བྱའོ་ཞེས་མ་བྱིན་པར་ལེན་པ་ལ་སོགས་པ་བྱས་པ་དང། དེའི་རྐྱེན་གྱིས་ཚེ་འདིར་བཅིང་བ་དང་གསང་པ་ལ་མྱོང་བར་འགྱུར་བས་ཕན་པ་མ
་ཡིན་པ་ལ་བཀོད་དོ། དེའི་རྐྱེན་གྱིས་ཚེ་རབས་གཞན་དུ་སེམས་ཅན་དམྱལ་བ་ལ་སོགས་པ་ངན་སོང་གསུམ་དུ་སྐྱེ་བ་ཡིན་པས་བདེ་བ་མ་ཡིན་པ་ལ་བཀོད་དོ། །ཡང་མུ་སྟེགས་པ་ལ་སོགས་པ་བདག་ཚེ་འདི་དང་ཕྱི་མར་བདེ་བར་བྱའོ་ཞེས་ཚེ་འདིར་ཐལ་བའི་ནང་ན་ཉལ
་བ་དང། ཁྱི་དང་བ་ལང་གི་དཀའ་ཐུབ་དང་བྲག་ཁ་ནས་མཆོད་པ་ལ་སོགས་པ་བྱས་པས་ཚེ་འདིར་ཕན་པ་མ་ཡིན་པ་ལ་བཀོད་དོ། །དེའི་རྒྱུས་ཚེ་རབས་གཞན་དུ་ངན་སོང་གསུམ་དུ་སྐྱེ་བར་འགྱུར་པས་ན་བདེ་བ་མ་ཡིན་པ་ལ་བཀོད་དེ། འདི་ནི་འཇིག་རྟེན་པ་བདག་ལ
་བྱམས་པའི་བསམ་པ་བས་ལྷག་པར་སྟོན་ཏོ། །འཇིག་རྟེན་པ་དག་ལ་བདག་ཕན་པར་བྱའོ་སྙམ་དུ་བསམ་ན་ཡང་བྱང་ཆུབ་སེམས་དཔའ་སེམས་ཅན་གཞན་ཕན་པ་དང་བདེ་བའི་བྱ་བར་དགོངས་པའི་བསམ་པ་ལྟ་བུ་མི་འབྱུང་ན། འཇིག
་རྟེན་ན་གྲོགས་དག་གིས་གྲོགས་ལ་ཕན་པར་བྱའོ་སྙམ་དུ་སེམས་པའི་བསམ་པ་ལ་བྱང་ཆུབ་སེམས་དཔའ་ཨི་དགོངས་པ་ལྟ་ག་ལ་ཞིག་འབྱུང་སྟེ་མི་འབྱུང་ངོ་ཞེས་བྱ་བའི་དོན་ཏོ། །ཚིགས་སུ་བཅད་པ་ལྷག་མ་རྣམས་ཀྱིས་ནི། སྦྱོར་བ་གང་གིས་སེམས་ཅན
་རྣམས་ཡོངས་སུ་སྨིན་པར་བྱེད་པ་ཕ་རོལ་ཏུ་ཕྱིན་པ་རྣམས་སྒྲུབ་པ་སྟོན་ཏེ་ཞེས་བྱ་བ་ལ། ཚིགས་སུ་བཅད་པ་བཅུ་གཅིག་གིས་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་བསྟན་པ་ལས་འདི་ཡན་ཆད་ཚིགས་སུ་བཅད་པ་བཞི་ནི་བསྟན་ཟིན་ཏོ། །ད་ནི་ཕྱི་ནས་ཚིགས་
་སུ་བཅད་པ་བདུན་ཞིག་ལུས་ཏེ། བདུན་ལས་ཀྱང་ཚིགས་སུ་བཅད་པ་དྲུག་གིས་ནི་སྦྱོར་བ་དང་ཕྲིན་ལས་གང་གིས་ཡོངས་སུ་སྨིན་པར་བྱེད་པ་བསྟན། ཐ་མའི་ཚིགས་སུ་བཅད་པ་བདུན་པས་ནི་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའི་བདག་ཉིད་ཆེན་པོ་བསྟན
་ཏོ། །དེ་ལ་སྦྱོར་བ་གང་གིས་སེམས་ཅན་ཡོངས་སུ་སྨིན་པར་མཛད་ཅེ་ན། སྦྱིན་པ་ནས་ཤེས་རབ་ཀྱི་བར་དུ་ཕ་རོལ་ཏུ་ཕྱིན་པ་དྲུག་བསྒྲུབ་པའི་སྦྱོར་བས་སེམས་ཅན་ཡོངས་སུ་སྨིན་པར་བྱེད་དོ་ཞེས་བྱ་བའི་དོན་ཏོ། །སྦྱིན་པ་ཅི་འདྲ་བས་སེམས་ཅན་ཇི་ལྟར་སྨིན་པར
་བྱེད་པ་དེ་ལས་བརྩམས་ནས་ཚིགས་སུ་བཅད་པ་ཞེས་བྱ་བ་ལ། ཕ་རོལ་ཏུ་ཕྱིན་པ་དྲུག་ལས་ཀྱང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་སེམས་ཅན་སྨིན་པར་བྱེད་པ་བཤད་དེ། དེ་ཡང་སྦྱིན་པ་ཇི་ལྟ་བུ་བཏད་ནས་སེམས་ཅན་རྣམས་ཇི་ལྟར་སྨིན་པ་བྱེད་པ་བསྟན་པའི་ཕྱིར
་ཚིགས་སུ་བཅད་པ་རྩོམ་མོ་ཞེས་བྱ་བའི་དོན་ཏོ། །དེ་ལ་སྦྱིན་པ་ཅི་འདྲ་བས་སེམས་ཅན་ཡོངས་སུ་སྨིན་པར་བྱེད་ཅེ་ན། སྦྱིན་པ་རྣམ་པ་གསུམ་གྱིས་སེམས་ཅན་ཡོངས་སུ་སྨིན་པར་བྱེད་དེ། སྦྱིན་པ་གསུམ་ནི་བདག་གི་ལུས་དང་ལོངས་སྤྱོད་ཐམས་ཅད་སྦྱིན་པ
་དང། མི་མཚུངས་པ་མེད་པའི་སྦྱིན་པ་དང། མི་དོམས་པའི་སྦྱིན་པའོ། །བྱང་ཆུབ་སེམས་དཔའ་ཨི་ལུས་དང་ལོངས་སྤྱོད་དང། །གཞན་ལ་མི་སྦྱིན་པ་ནི་གང་ཡང་མེད་ཅེས་བྱ་བས་བདག་གི་ལུས་ལོངས་སྤྱོད་ཐམས་ཅད་སྦྱིན་པ་བསྟན་ཏེ། བྱང་ཆུབ་སེམས་དཔའ་རྣམས
་སེམས་ཅན་གྱི་དོན་དུ་བདག་གི་དངོས་པོ་ལ་ཡང་མི་སྦྱིན་ཞིང་ཕངས་ཏེ་ཕྱིན་བཞག་བ་གང་ཡང་མེད་དེ། སློང་བ་རྣམས་ལ་མགོ་དང་མིག་དང་རྐང་ལག་དང་ཁྲག་དང་ཤ་དང་ཆི་ལ་ལ་སོགས་པ་མི་གཏོང་པ་གང་ཡང་མེད་དོ། །ལོངས་སྤྱོད་ལ་ཡང་མི་གཏང་ཞིང་གཅེས
་ཏེ་ཕྱེ་ན་བཞག་པ་གང་ཡང་མེད་དོ། །གསེར་དང། དངུལ་དང། འབྲུ་དང། བང་བ་དང། བུ་དང། ཆུང་མ་དང། བྲན་དང། ཕྱུགས་ལ་སོགས་པ་ཀུན་གཏོང་བར་བྱེད་པའི་ཕྱིར་རོ། །མཚུངས་པར་སྦྱིན་པ་ཞེས་བྱ་བས་མི་མཚུངས་པ་མེད་པའི་སྦྱིན་པ་བསྟན་ཏེ། བྱང
་ཆུབ་སེམས་དཔའ་རྣམས་ནི་མཐོན་པོ་ལ་སྦྱིན་གྱི་དམའ་བ་ལ་མི་སྦྱིན་པ་དང། མཛའ་བ་ལ་སྦྱིན་གྱི་མི་མཛའ་བ་ལ་མི་སྦྱིན་པ་འམ། མཁས་པ་ལ་སྦྱིན་གྱི་མི་མཁས་པ་ལ་མི་སྦྱིན་ཞེས་བྱ་བ་མེད་དེ། འདྲ་བ་ཁོ་ནར་སེམས་ཅན་ལ་གཏོང་ཞིང་སྦྱིན་པར་བྱེད་པའི་ཕྱིར་རོ།
་ཡོན་ཏན་ངོམས་མི་འགྱུར་ཞེས་བྱ་བས་མི་ངོམས་པའི་སྦྱིན་པ་བསྟན་ཏེ། བྱང་ཆུབ་སེམས་དཔའ་ཨི་སྦྱིན་པ་ནི། ལོ་འམ་བསྐལ་པ་བསྐལ་པ་འདི་སྙེད་ཅིག་ཏུ་བྱས་པས་ཚོག་ཅེས་བྱ་བ་མེད་ཀྱི། སྐད་ཅིག་མ་རེ་རེར་ཡང་བྲེང་མ་ཆད་པར་འཁོར་བའི་མཛའ་ཨི་བར་དུ་བྱིན
་ཡང་ཆོག་པ་མེད་པས་ན་ཡོན་ཏན་ངོམས་པ་མི་འགྱུར་བོ་ཞེས་བྱའོ། །སྦྱིན་པ་དེ་གསུམ་གྱིས་ཇི་ལྟར་སེམས་ཅན་ཡོངས་སུ་སྨིན་པར་བྱེད་ཅེ་ན། དེའི་ཕྱིར་ཕན་འདོགས་རྣམ་པ་གཉིས་ཀྱིས་གཞན་སྨིན་བྱེད་ཅེས་སྨོས་ཏེ། ཇི་ལྟར་ཡོངས་སུ་སྨིན་བྱེད་ཅེས། ཚེ་འདིར
་ཕན་བཏགས་ཏེ། ཕན་པ་ལ་བཀོད་པ་དང། ཚེ་རབས་གཞན་དུ་ཕན་བཏགས་ཏེ་བདེ་བ་ལ་བཀོད་པས་ཡོངས་སུ་སྨིན་པར་བྱེད་དོ་ཞེས་བྱ་བའི་དོན་ཏོ། །དེ་ལ་ཚེ་འདིར་ཕན་བརྟགས་པ་ནི་ཟང་ཟིང་རྣམ་པ་སྣ་ཚོགས་བྱིན་ནས་ཡོ་བྱད་ཀྱིས་ཕོངས་པའི་གནོད་པ་མེད
་པར་བྱ་སྟེ། ལོངས་སྤྱོད་དང་ལྡན་པར་བྱས་པའོ། །ཚེ་རབས་གཞན་དུ་ཕན་བཏགས་པ་ནི་ཚེ་འདིར་དགེ་བ་བྱེད་དུ་བཅུག་པས་ཚེ་རབས་གཞན་དུ་ལྷ་དང་མིའི་བདེ་འགྲོ་དང། མྱ་ངན་ལས་པ་ཐོབ་པར་བྱས་པའི་ཕྱིར་རོ། །དེ་ལྟ་བུའི
་ཚུལ་ཁྲིམས་ཀྱིས་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་དེ་ལས་བརྩམས་ཏེ། ཚིགས་སུ་བཅད་པ་ཞེས་བྱ་བ་ལ། ཚུལ་ཁྲིམས་ཀྱིས་སེམས་ཅན་ཡོངས་སུ་སྨིན་པ་སྟོན་ཏེ། དེ་ཡང་ཚུལ་ཁྲིམས་ཅི་འདྲ་བས་སེམས་ཅན་ཇི་ལྟར་སྨིན་པར་བྱེད་པ་བསྟན
་པའི་ཕྱིར་ཚིགས་སུ་བཅད་པ་རྩོམ་མོ་ཞེས་བྱ་བའི་དོན་ཏོ། །དེ་ལ་ཇི་ལྟ་བུའི་ཚུལ་ཁྲིམས་ཀྱིས་སེམས་ཅན་ཡོངས་སུ་སྨིན་པར་བྱེད་ན། ཚུལ་ཁྲིམས་རྣམ་པ་ལྔས་སེམས་ཅན་ཡོངས་སུ་སྨིན་པར་བྱེད་དེ། ཚུལ་ཁྲིམས་རྣམ་པ་ལྔ་ནི། རྟག་བའི་ཚུལ
་ཁྲིམས་དང། རང་བཞིན་གྱི་ཚུལ་ཁྲིམས་དང། ཡོངས་སུ་རྫོགས་པའི་ཚུལ་ཁྲིམས་དང། ལྷག་པར་རྟོགས་པའི་འཁྲུལ་བ་མེད་པའི་ཚུལ་ཁྲིམས་སོ། །རྟག་ཏུ་ཞེས་བྱ་བས་ལྷག་པའི་ཚུལ་ཁྲིམས་བསྟན་ཏེ། འཕགས་པ་ཉན་ཐོས་དག་ནི་སྡོམ་པ
་མནོས་ནས་ཇི་སྲིད་འཚོའི་བར་དུ་ཡོད་ཀྱི། བྱང་ཆུབ་སེམས་དཔའ་རྣམས་ནི་སྡོམ་པ་མནོས་པ་ནས་བརྩམས་ཏེ། བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་གི་བར་དུ་ཚུལ་ཁྲིམས་ཡོད་པས་ན་རྟག་པའི་ཚུལ་ཁྲིམས་ཞེས་བྱའོ། །ཡང་ན་དང་པོ་སྡོམ་པ་མནོས
་ནས་བར་འགའ་བསྲུང་བར་འགའ་མི་བསྲུང་བ་མ་ཡིན་གྱི། ནམ་འཚོའི་བར་དུ་བསྲུང་བས་ན་རྟག་པའི་ཚུལ་ཁྲིམས་ཞེས་བའོ། །རང་བཞིན་ཞེས་བྱ་བས་རང་བཞིན་གྱི་ཚུལ་ཁྲིམས་བསྟན་ཏེ། ཚུལ་ཁྲིམས་བསྲུང་བ་ལ་སྔོན་དུ་གོམས་པ་བྱས་པས
་ཕྱིས་འབད་པ་དང་རྩོལ་བ་ཆེན་པོ་མེད་པར་ཚུལ་ཁྲིམས་ལ་རང་གི་ངང་གིས་གནས་པས་ན་རང་བཞིན་གྱི་ཚུལ་ཁྲིམས་ཞེས་བྱའོ། །ཡང་ན་སྡོམ་པ་མནོས་ཏེ་ཚེ་འདི་མ་བྲལ་ན་ཚེ་རབས་གང་སྐྱེས་གར་སྐྱེས་ཀྱང་དགེ་བའི་བཤེས་གཉེན་ལས་ཚུལ་ཁྲིམས
་ཀྱི་རང་བཞིན་དང། ཡོན་ཏན་མ་ཐོས་པར་ཡང་དང་གིས་ཁ་ན་མ་ཐོ་བའི་ཆོས་རྣམས་མི་བྱེད་པར་འཛེམ་པ་ཡོད་པ་དང། དགེ་བའི་ཆོས་བྱེད་པ་ལ་དགའ་བ་ཡོད་པ་ནི་རང་བཞིན་གྱི་ཚུལ་ཁྲིམས་ཞེས་བྱའོ། །ལྷག་པར་འཚེ་བ་མེད་ཅེས་བྱ་བས་ཡོངས་སུ་རྫོགས་པའི་ཚུལ
་ཁྲིམས་བསྟན་ཏེ། འཚེ་བ་མེད་པ་ནི་མི་དགེ་བ་བཅུ་མི་སྤྱོད་པ་སྟེ། མི་དགེ་བ་བཅུ་རྨི་ལམ་ན་ཡང་སྤྱོད་པར་མི་འབྱུང་བ་ནི་ལྷག་པར་འཚེ་བ་མེད་པ་ཞེས་བྱའོ། །དེ་ལྟར་གྱུར་ན་ཚུལ་ཁྲིམས་ཡོངས་སུ་རྫོགས་པ་ཞེས་བྱ་སྟེ། དེ་ཡང་ས་བཅུའི་ས་གཉིས་སུ་ཕྱིན་པའི་དུས
་ན་བྱང་ཆུབ་སེམས་དཔའ་དགེ་བ་བཅུ་ཡོངས་སུ་རྫོགས་པ་ལྷག་པར་ཚེ་བར་བྱེད་པའི་ཆོས་མི་དགེ་བཅུ་རྨི་ལམ་ན་ཡང་སྤྱོད་པ་མི་འབྱུང་བས་ཡོངས་སུ་རྫོགས་པའི་ཚུལ་ཁྲིམས་ཞེས་བྱའོ། །བདག་དགའ་ཞེས་བྱ་བས་ལྷག་པར་རྟོགས་པའི་ཚུལ་ཁྲིམས་བསྟན་ཏེ། བྱང་ཆུབ
་སེམས་དཔའ་ས་དང་པོར་ཆོས་ཀྱི་དབྱིངས་ཀུན་ཏུ་འགྲོ་བའི་མཚན་ཉིད་དུ་རྟོགས་ནས་བདེན་པ་མཐོང་བ་དང་འཕགས་པ་དགྱེས་པའི་ཚུལ་ཁྲིམས་ཐོབ་སྟེ། དང་གིས་མི་དགེ་བ་བཅུ་སྤངས་པ་དང། དགེ་བ་བཅུ་ལ་གནས་པར་དགའ་བ་ནི་བདག་དགའ་བ་ཞེས་བྱའོ་།བག་ཡོད
་ཅེས་བྱ་བས་རྟག་ཏུ་འཁྲུལ་པ་མེད་པའི་ཚུལ་ཁྲིམས་བསྟན་ཏེ། དག་གི་སྒོ་ནས་སྨྲ་བར་བྱ་བ་མ་ཡིན་པ་དག་སྨྲ་བ་དང། ལུས་ཀྱི་སྒོ་ནས་འགྲོ་བར་བྱ་བ་མ་ཡིན་པ་དག་གི་གནས་སུ་འགྲོ་བ་དང། ཡིད་ཀྱི་སྒོ་ནས་བསམ་པར་བྱ་བ་མ་ཡིན་པའི་ཆོས་དག་སེམས་པ་ནི་བག་མེད
་པ་ཞེས་བྱ་སྟེ། དེ་ལས་ནི་ལྟུང་བ་དང་ཉིད་བྱས་དག་གིས་འཁྲུལ་པ་འབྱུང་བར་འགྱུར་རོ། །དག་གི་སྒོ་ནས་སྨྲ་བར་བྱ་བ་ཡིན་པ་མི་སྨྲ་བ་དང། ལུས་ཀྱི་སྒོ་ནས་འགྲོ་བར་བྱ་བ་མ་ཡིན་པའི་གནས་དག་ཏུ་མི་འགྲོ་བ་དང། ཡིད་ཀྱི་སྒོ་ནས་བསམ་པར་བྱ་བ་མ་ཡིན་པའི་ཆོས
་དག་མི་སེམས་པ་ནི་བག་ཡོད་པ་ཞེས་བྱ་སྟེ། བྱང་ཆུབ་སེམས་དཔའ་བག་ཡོད་པ་དེ་ལ་རྟག་ཏུ་གནས་ནས་སྤྱོད་ལམ་ཐམས་ཅད་དུ་ཡང་ལྟུང་བ་དང་ཉེས་བྱས་དག་གིས་འཁྲུལ་པ་མི་འབྱུང་བས་འཁྲུལ་པ་མེད་པའི་ཚུལ་ཁྲིམས་ཞེས་བྱའོ། །ཡང་ན་རྒྱུ་རྣམ་པ་གསུམ་ལས
་འཁྲུལ་པ་འབྱུང་སྟེ། གསུམ་གང་ཞེ་ན། ལེ་ལོ་དང། བག་མེད་པ་དང། བརྗེད་ངས་པའོ། །བྱང་ཆུབ་སེམས་དཔའ་ནི་སྤྱོད་ལམ་ཐམས་ཅད་དུ་ཡང། ནན་ཏན་དུ་བཅས་པར་གནས་པས་ལེ་ལོ་དང། བག་མེད་པ་དང་བརྗེད་ངས་པ
་མེད་པའི་ཕྱིར་ལྟུང་བ་དང་ཉེས་བྱས་ལ་སོགས་པ་མི་འབྱུང་བའི་ཕྱིར་འཁྲུལ་པ་མེད་པའི་ཚུལ་ཁྲིམས་ཞེས་བྱའོ། །ཇི་ལྟར་སེམས་ཅན་ཡོངས་སུ་སྨིན་པར་བྱེད་ཅེ་ན། དེའི་ཕྱིར་གཞན་ཡང་འདི་ལ་འགོད་ཅེས་སྨོས་ཏེ། བདག་ཉིད་ཚུལ་ཁྲིམས་ལྔ་ལ་གནས་པ
་བཞིན་དུ་སེམས་ཅན་གཞན་ཡང་ཚུལ་ཁྲིམས་རྣམ་པ་ལྔ་ལ་བཀོད་དེ་དེ་དང་ལྡན་པར་བྱས་པས་ཡོངས་སུ་སྨིན་པར་བྱེད་དོ། །ཇི་ལྟར་ཡོངས་སུ་སྨིན་པར་བྱེད་པ་ཡང་དེ་ལྟར་ཡང་ཟད་ཀྱི་གཞན་ཡང་ཡོད་པར་བསྟན་པའི་ཕྱིར། ཕ་རོལ་གཅིག་ནས་གཅིག་ཏུ
་ཕན་གཉིས་འདོགས་ཞེས་བྱ་བ་སྨོས་ཏེ། ཕན་གཉིས་འདོགས་པ་ནི་ཚེ་འདིར་ཕན་འདོགས་པ་དང། ཚེ་རབས་གཞན་དུ་ཕན་འདོགས་པའོ། །དེ་ལ་ཚེ་འདིར་ཕན་འདོགས་པ་ནི་སེམས་ཅན་རྣམས་ཚུལ་ཁྲིམས་ལ་བཀོད་པ་ནི། དགེ་བ་བྱེད་ཅིང་མི་དགེ་བ་མི་བྱེད
་པའི་ཕྱིར་མི་དགེ་བྱས་པ་ལས་གྱུར་པའི་བཅིང་བ་དང། བསད་པ་ལ་སོགས་པ་མི་འབྱུང་བས་ཚེ་འདིར་ཕན་བཏགས་སོ། །ཚེ་རབས་གཞན་དུ་ཕན་བཏགས་པ་ཡང་རྣམ་པ་གཉིས་ཏེ། ཚེ་གཅིག་ནས་གཅིག་ཏུ་རྣམ་པར་སྨིན་པ་རྒྱན་མ་ཆད་པར་བྱས་པ་དང།
་ཚེ་བ་ཅིག་ནས་གཅིག་ཏུ་རྒྱུ་མཐུན་པའི་འབྲས་བུ་རྒྱུན་མ་ཆད་པར་བྱས་བའོ། །དེ་ལ་ཕ་རོལ་གཅིག་ནས་གཅིག་ཏུ་ཞེས་བྱ་བ་ནི་སེམས་ཅན་གཞན་ཆོར?་བས་གཅིག་ནས་གཅིག་ཏུ་བརྒྱུད་མར་ཞེས་བྱ་བའི་དོན་ཏོ། །ཚེ་རབས་གཞན་དུ་ཕན་པ་རྣམ་པ་གཉིས་འདོགས
་པ་བསྟན་པའི་ཕྱིར། རྣམ་སྨིན་རྒྱུ་མཐུན་ལེགས་པར་སྨིན་བར་བྱེད་ཅེས་བྱ་བ་སྨོས་ཏེ། ཚེ་འདིར་ཚུལ་ཁྲིམས་བསྲུངས་པས་ཚེ་རབས་གཞན་དུ་ལྷ་དང་མིའི་བདེ་འགྲོ་ཐོབ་པ་ནི་རྣམ་པར་སྨིན་པའི་འབྲས་བུའོ། །ལྟ་དང་མིའི་གནས་སུ་སྐྱེ་བན་ཚུལ་ཁྲིམས་བསྲུང་ཕ་ལ་དགའ་
་བར་གྱུར་པ་ནི་རྒྱུ་མཐུན་པའི་འབྲས་བུའོ། །རྒྱུ་མཐུན་པའི་འབྲས་བུ་དེ་ལ་ལྷ་དང་མིའི་བདེ་འགྲོ་ཐོབ་པ་ནི་རྣམ་པར་སྨིན་པའི་འབྲས་བུའོ། །དེ་ན་ཡང་ཚུལ་ཁྲིམས་བསྲུང་བ་ལ་དགའ་བ་ནི་རྒྱུ་མཐུན་པའི་འབྲས་བུ་སྟེ། དེ་ལྟར་རྣམ་པར་སྨིན་བ་དང། རྒྱུ་མཐུན་པའི་འབྲས་བུ
་གཉིས་ནི་གཅིག་གིས་གཅིག་བསྐྱེད་དེ་རྒྱུན་མི་འཆད་པར་འབྱུང་བ་ནི་ཚེ་རབས་གཞན་དུ་ཕན་བཏགས་པ་ཞེས་བྱའོ། །ཡོངས་སུ་རྫོགས་པའི་ཚུལ་ཁྲིམས་ནི་ལྷག་པར་འཚེ་བ་མེད་པའི་ཕྱིར་རོ་ཞེས་བྱ་བ་ལ། མི་དགེ་བ་བཅུ་མི་བྱེད་པ་ནི་འཚེ་བ་མེད་པ་ཞེས་བྱ་སྟེ། རྨི་ལམ་དུ
་ཡང་མི་དགེ་བ་བཅུ་མི་སྤྱོད་པ་ནི་ལྷག་པར་འཚེ་བ་མེད་པ་ཞེས་བྱ་སྟེ། དེ་ལྟར་ན་ཡོངས་སུ་རྫོགས་པའི་ཚུལ་ཁྲིམས་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འཚེ་བ་མེད་པ་རྫོགས་པ་ནི་ལྷག་པར་མི་འཚེ་བའི་དོན་འཆད་དེ། མི་དགེ་བ་བཅུ་རྨི་ལམ་ན་ཡང་མི་བྱེད་པར་རྫོགས་ན་ལྷག
་བར་མི་འཚེ་བ་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་ན་ཡོངས་སུ་རྫོགས་པའི་ཚུལ་ཁྲིམས་སུ་འགྱུར་ཞེ་ན། དེའི་ཕྱིར། དགེ་བ་བཅུའི་ལས་རྨི་ལམ་ན་ཡོངས་སུ་རྫོགས་པའི་ཕྱིར་ཞེས་བྱ་བ་སྨོས་ཏེ། དགེ་བ་བཅུའི་ལས་ཀྱི་ལམ་ཡོངས་སུ་རྫོགས་ནས་མི་དགེ་བ་བཅུ་རྨི་ལམ་ན་ཡང་བྱེད
་པར་མི་རྨིན་ཡོངས་སུ་རྫོགས་པའི་ཚུལ་ཁྲིམས་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །རྨི་ལམ་ན་ཡང་མི་དགེ་བ་བཅུ་མི་བྱེད་པ་ནི་ས་བཅུ་ལས་ས་གཉིས་ཀྱི་ཚེ་ན་མི་འབྱུང་སྟེ། དེ་བས་ནས་བཅུ་པའི་ས་གཉིས་ལས་ཀྱང་ཀྱེ་རྒྱལ་བའི་སྲས་བྱང་ཆུབ་སེམས་དཔའ་ས་གཉིས་པ
་འདི་ལ་གནས་པ་རྣམས་ནི་དབྱིག་པ་སྤངས་མཚོན་ཆ་སྤངས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །བདག་ཉིད་དེ་ལ་དགའ་བས་ལྷག་པར་རྟོགས་པའི་ཚུལ་ཁྲིམས་ཞེས་བྱ་བ་ལ། ས་དང་པོའི་ཆོས་ཀྱི་དབྱིངས་ཀུན་དུ་འགྲོ་བའི་མཚན་ཉིད་རྟོགས་པ་ན་བདེན་པ་མཐོང་བས་མི་དགེ་བ་མི་བྱེད
་པ་དང་དགེ་བ་བྱེད་པ་ལ་རང་གི་དང་གིས་དགའ་ཞེས་བྱ་བའི་དོན་ཏོ། །བག་ཡོད་པའི་ཕྱིར་ཞེས་བྱ་བ་ལ། དག་གི་སྒོ་ནས་སྨྲ་བར་བྱ་བ་མ་ཡིན་པ་མི་སྨྲ་བ་དང། ལུས་ཀྱི་སྒོ་ནས་འགྲོ་བར་བྱ་བ་མ་ཡིན་པ་དག་ཏུ་མི་འགྲོ་བ་དང། སེམས་ཀྱི་སྒོ་ནས་བསམ་པར་བྱ་བ་མ་ཡིན་པ་དག་མི་བསཾ
་པ་ནི་བག་ཡོད་པ་ཞེས་བྱའོ། །བག་ཡོད་པ་རྣམས་ལས་རྟག་ཏུ་ལྟུང་བ་དང། ཉེས་བྱས་མི་འབྱུང་བས་དེ་ཉིད་ལ་འཁྲུལ་པ་མེད་པའི་ཚུལ་ཁྲིམས་ཞེས་བྱའོ། །བཟོད་པ་ཇི་ལྟ་བུས་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་དེ་ལས་བརྩམས་ཏེ་ཚིགས་སུ
་བཅད་པ་ཞེས་བྱ་བ་ལ། ད་ནི་བཟོད་པའི་ཕ་རོལ་ཏུ་ཕྱིན་པས་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་སྟོན་ཏེ། དེ་ཡང་བཟོད་པ་འདི་འདྲ་བས་སེམས་ཅན་འདི་ལྟར་སྨིན་པར་བྱེད་དོ་ཞེས་བསྟན་པའི་ཕྱིར་ཚིགས་སུ་བཅད་པ་རྩོམ་མོ་ཞེས་བྱ་བའི་དོན་ཏོ། །བཟོད་པ་ཅི་འདྲ་པས་སེམS
་ཅན་ཡོངས་སུ་སྨིན་པར་བྱེད་ཅེ་ན། དེའི་ཕྱིར། ཕ་རོལ་གནོད་པ་བྱེད་པ་ཕན་བྱེད་བློ། ཉེས་པ་བྱས་པ་དྲག་པོ་རབ་ཏུ་བཟོད་ཅེས་བྱ་བ་སྨོས་ཏེ། སེམས་ཅན་གཞན་གྱིས་སྲོག་དང་སྲིད་དང་ལོངས་སྤྱོད་ལ་སོཌ་པ་མེད་པར་བྱེད་པ་ནི་ཕ་རོལ་གནོད་པ་བྱེད་པ་ཞེS་བྱ་སྟེ། གནོད་པར་བྱེད་པ་དེ་དག་ལ
་བྱང་ཆུབ་སེམས་དཔའ་གནོད་པ་ལ་ཀླན་ཀར་སྙམ་མི་དགོས་ཏེ་གནོད་པར་བྱས་པ་འདི་དག་ལ་བཟོད་པར་བྱས་ན་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་འགྱུར་རོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་གྱུར་ན། བླ་ན་མེད་པའི་བྱང་ཆུབ་ཐོབ
་པས་འདི་ནི་དགེ་བའི་བཤེས་གཉེན་ཡིན་ནོ་སྙམ་དུ་སེམས་ཤིང་སྨྲ་བ་ནི་ཕ་རོལ་གནོད་པར་བྱེད་ལ་ཕན་བྱེད་བློ་ཞེས་བྱ་བའོ། །སྲོག་དང་སྲིད་ལ་འབབ་པའི་ཉེས་པ་བྱས་ན་ཡང་ཞེ་སྡང་མི་ལྡང་ཞིང་ཉམས་སུ་མི་ལེན་ལ། སླར་གནོད་པའི་ལན་མི་ལྡོན་པ་ནི་ཉེས་པར་བྱེད་པ་དྲག་པོ
་བཟོད་པ་ཞེས་བྱའོ། །ཇི་ལྟར་ཡོངས་སུ་སྨིན་པར་བྱེད་ཅེ་ན། དེའི་ཕྱིར། ཐབས་ཤེས་གནོད་པར་བྱེད་པའི་བཟོད་པ་ཡི། །གནོད་པར་བྱེད་པ་དག་ནི་དགེ་ལ་བཀོད་ཅེས་བྱ་བ་སྨོས་ཏེ། གནོད་པར་བྱེད་པ་རྣམས་ལ། འདི་ནི་ཕན་འདོགས་པ་ཡིན་ནོ་སྙམ་དུ་སེམས་ཤིང་ཚིག
་དེ་སྐད་སྨྲས་པ་ཉིད་ཐབས་ཤེས་པ་ཞེས་བྱའོ། །ཕན་འདོགས་པ་ཡང་རྣམ་པ་གཉིས་ཏེ། ཚེ་འདིར་ཕན་འདོགས་པ་དང་ཆེ་རབས་གཞན་དུ་ཕན་འདོགས་པའོ། །ཚེ་འདིར་ཕན་འདོགས་པ་ནི་ཉེས་པ་དྲག་པོ་བྱས་པ་རྣམས་ཡང་གནོད་པ་དྲག་པོ་དག་བཟོད་དེ། སླར་གནོད
་པའི་ལན་མ་གླན་པས་ན་ཚེ་འདིར་ཕན་འདོགས་སོ། །ཚེ་རབས་གཞན་དུ་ཕན་འདོགས་པའི་ཐབས་ཤེས་པའི་སེམས་ཀྱིས་གནོད་པར་བྱེད་པ་རྣམས་ལ་ཕན་འདོགས་སོ་སྙམ་དུ་སེམས་ཤིང་ཁྱོད་ཀྱིས་ཕན་འདོགས་སོ་ཞེས་སྨྲས་པས་གཞན་དག་འདི་སྙམ་དུ་སེམས་ཏེ། བདག་གིས་གནོད
་པ་བྱས་ན་ཡང་སླར་ཕན་འདོགས་ཞེས་སྨྲས་པ་དང་སྦྱར་ན་སེམས་ཅན་འདི་ནི་སེམས་ཅན་ཆེན་པོ་ཞིག་སྟེ་སྙམ་ནས་དེ་ལ་དད་པ་སྐྱེ་ཞིང་དེའི་དབང་དུ་གྱུར་པ་དང། ཚེ་འདིར་དགེ་བ་བྱེད་པ་ལ་བཀོད་དེ་ཚེ་རབས་གཞན་དུ་མཐོ་རིས་དང་མྱ་ངན་ལས་འདས་པ་ཐོབ་པར་བྱས་པ་ནི
་ཚེ་གཞན་དུ་ཕན?་འདོགས་པའོ། །བརྩོན་འགྲུས་ཇི་ལྟ་བུས་ཇི་ལྟར་ཡོངས་སུ་སྨིན་པར་བྱེད་པ་དེ་ལས་བརྩམས་ཏེ་ཚིགས་སུ་བཅད་པ་ཞེས་བྱ་བ་ལ། ད་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པས་སེམས་ཅན་སྨིན་པར་བྱེད་པ་སྟོན་ཏེ། དེ་ཡང་བརྩོན་འགྲུས་ཇི་ལྟ་བུས་སེམS
་ཅན་འདི་འདྲ་བར་ཡོངས་སུ་སྨིན་པར་བྱེད་དོ་ཞེས་བསྟན་པའི་ཕྱིར་ཚིགས་སུ་བཅད་པ་རྩོམ་མོ་ཞེས་བྱ་བའི་དོན་ཏོ། །བརྩོན་འགྲུས་ཇི་ལྟ་བུས་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའི་དོན། །དེ་ཡང་ནན་ཏན་མཆོག་ལ་གནས་ནས་སུ། རྒྱལ་སྲས་སེམས་ཅན་མང
་པོ་སྨིན་པར་བྱེད་ཅེས་བྱ་བར་སྨོས་ཏེ། དེ་ཡང་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་དང་སྦྱར་ཏེ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པར་འགྱུར་ཏེ། བྱང་ཆུབ་སེམས་དཔའ་དེ་ཡང་ཞེས་བྱ་བའི་དོན་ཏོ། །གོ་ཆའི་བརྩོན་འགྲུས་དང། སྦྱོར་བའི་བརྩོན
་འགྲུས་དང། མ་ཞུམ་པའི་བརྩོན་འགྲུས་དང། མ་འཁྲུག་པའི་བརྩོན་འགྲུས་དང། ཆོག་མི་ཤེས་པའི་བརྩོན་འགྲུས་དེ་དག་ཀྱང་འཁོར་བའི་མཛའ་ཨི་བར་དུ་གཏོང་བར་མི་བྱེད་པ་ནི་ནན་ཏན་མཆོག་ལ་གནས་པ་ཞེས་བྱའོ། །བརྩོན་འགྲུས་དེ་ལྟ་བུ་ལ་བརྟེན
་ནས་བྱང་ཆུབ་སེམས་དཔའ་སེམས་ཅན་མཛའ་ཡས་པ་རྣམས་ཡོངས་སུ་སྨིན་པར་བྱེད་དོ་ཞེས་བྱ་བའི་དོན་ཏོ། །ད་ཇི་ལྟར་ཡོངས་སུ་སྨིན་པར་བྱེད་པ་བསྟན་པའི་ཕྱིར། ཕ་རོལ་དགེ་བའི་སེམས་གཅིག་ཕྱིར་ཡང་ནི། །བསྐལ་པ་བྱེ་བ་སྟོང་དུ་སྐྱོ་མི་འགྱུར་ཞེས་སྨོས
་ཏེ། སེམས་ཅན་གཅིག་གི་སེམས་ཀྱི་རྒྱུད་ཀྱི་སྐད་ཅིག་མ་གཅིག་ལ་སྦྱིན་པ་ལ་སོགས་པའི་དགེ་བ་གཅིག་བསྐྱེད་པའི་ཕྱིར། དགེ་བ་བསྐྱེད་པར་ནུས་པའི་སྐབས་གཟིགས་ན་འཇིག་རྟེན་གྱི་ཁམས་ཐམས་ཅད་ཡང་གཤེགས་ཤིང
་བསྐལ་པ་བྱེ་བ་བརྒྱ་སྟོང་གྲངས་མེད་པར་ཡང་སེམས་ཅན་གྱི་དོན་མཛད་ཅིང་གཤེགས་པ་ལ་སྐྱོ་བ་མི་མངའ་ཨོ་ཞེས་བྱ་བའི་དོན་ཏོ། །དེ་ནི་འདི་སྐད་དུ་བསྟན་པ་ཡིན་ཏེ། བྱང་ཆུབ་སེམས་དཔའ་ཨི་བརྩོན་འགྲུས་ཀྱིས་སེམས་ཅན་རྣམས་ལ་ཚེ་འདིར་ཕན་བཏགས
་པ་དང་ཚེ་འདིར་གཞན་དུ་ཕན་བཏགས་པས་སེམས་ཅན་ཡོངས་སུ་སྨིན་པར་བྱེད་དོ་ཞེས་བྱ་བའི་དོན་ཏོ། །དེ་ལ་བརྩོན་འགྲུས་ཀྱིས་ཚེ་འདིར་དགེ་བའི་སེམས་གཅིག་ལ་བཀོད་པ་ནི་ཚེ་འདིར་ཕན་བཏགས་པའོ། །དེའི་རྒྱུས་ཚོར་བ་གཞན་དུ་མཐོ་རིས་དང
་མྱ་ངན་ལས་འདས་པ་ཐོབ་པར་བྱས་པ་ནི་ཚེ་གཞན་དུ་ཕན་བཏགས་པའོ། །བསམ་གཏན་ཇི་ལྟ་བུས་ཇི་ལྟར་ཡོངས་སུ་སྨིན་པར་བྱེད་པ་ལས་བརྩམས་ཏེ་ཚིགས་སུ་བཅད་པ་ཞེས་བྱ་བ་ལ། དེ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པས་སེམས་ཅན་ཡོངས་སུ་སྨིན
་བར་བྱེད་པ་སྟོན་ཏེ། བསམ་གཏན་ཅི་འདྲ་བས་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་བསྟན་པའི་ཚིགས་སུ་བཅད་པ་རྩོམ་མོ་ཞེས་བྱ་བའི་དོན་ཏོ། །བསམ་གཏན་ཇི་ལྟ་བུས་སེམས་ཅན་ཡོངས་སུ་སྨིན་པར་བྱེད་ཅེ་ན་དེའི་ཕྱིར། ཡིད་ཀྱི་བླ་ན་མེད་པའི་དབང་བསྐུར
་ནས། ཞེས་བྱ་བ་སྨོས་ཏེ། ཡིད་ནི་སེམས་ལ་བྱ་སྟེ། སེམས་ཀྱང་རྣམ་པར་ཤེས་པ་ཀུན་ལ་མི་བྱའི་ཡིད་ཀྱི་རྣམ་པར་ཤེས་པ་ལ་བྱའོ། །དབང་ནི་ཏིང་ངེ་འཛིན་ལ་བྱ་སྟེ། ཅིའི་ཕྱིར་ཞེ་ན། ཏིང་ངེ་འཛིན་གྱིས་སེམས་མི་གཡེང་བར་རྩེ་ཅིག་ཏུ་འཇོག་པར་བྱེད་པས
་ན་ཏིང་ངེ་འཛིན་ལ་དབང་ཞེས་བྱ་སྟེ། ཐེག་པ་ཆེན་པོའི་ཏིང་ངེ་འཛིན་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ལ་སོགས་པ་ཡིད་ཀྱི་རྣམ་པར་ཤེས་པ་ཐོབ་པར་བྱས་པ་ལ་ཡིད་ཀྱིས་བླ་ན་མེད་པའི་དབང་བསྐུར་ནས་ཞེས་བྱ་བའོ། །དེ་ལྟར་ཏིང་ངེ་འཛིན་བསྒྲུབས་ནས་ཏིང་ངེ
་འཛིན་གྱི་མཐུས་འཁྲུལ་གྱི་མིག་དང་རྣ་བ་ལ་སོགས་པ་རྫུ་འཕྲུལ་རྣམས་ཀྱང་སེམས་ཅན་གྱི་དོན་དུ་བྱེད་དོ་ཞེས་བྱ་བའི་ཐ་ཚིག་གོ་།གཞན་གྱི་མཆོད་འདོད་ཐམས་ཅད་བཅོམ་ནས་སུ། ཞེས་བྱ་བ་ལ་ཏིང་ངེ་འཛིན་ཏམས་ཅད་བསྒྲུབས་པ་དང། རྫུ་འཕྲུལ་བསྒྲུབས་པ་དག་ཀྱང
་སེམས་ཅན་གཞན་གྱིས་མཆོད་པ་དང། བསྐུར་སྟིའི་ཕྱིར་བསྒྲུབས་པ་ནི་མ་ཡིན་གྱི་ཟང་ཟིང་མེད་པའི་སེམས་ཅན་གྱིས་མཆོད་པ་དང་བཀུར་སྟི་བྱེད་པར་འགྱུར་བ་ལ་ཆགས་པ་སྤངས་ནས་སེམས་ཅན་ཡོངས་སུ་སྨིན་པར་བྱེད་དོ་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་ཡོངས་སུ་སྨིན་པར
་བྱེད་ཅེ་ན། དེའི་ཕྱིར། གཞན་ཡང་མཆོག་གི་བསྟན་ལ་འདུག་པའི་བྱེད་ཅེས་སྨོས་ཏེ། རྫུ་འཕྲུལ་གྱི་མཐུས་འབར་བ་དང་འཕུར་པ་ལ་སོགས་པར་བསྟན་ནས། སེམས་ཅན་གཞན་དེ་བཞིན་གཤེགས་པའི་བསྟན་པ་ལ་དགའ་བ་དང། མགུ་བ་དང། ?་བ་སྐྱེད་པར་བྱེད་ཅེས
་བྱ་བའི་དོན་ཏོ། །དེར?་ཡང་མི་ཟད་ཀྱི་གཞན་ཡང་བྱེད་པར་བསྟན་པའི་ཕྱིར། དེ་དག་དགེ་བ་ཡང་དག་འཕེལ་བར་བྱེད་ཅེས་བྱ་བ་སྨོས་ཏེ། སངས་རྒྱས་ཀྱི་བསྟན་པ་ལ་དད་པ་སྐྱེད་པ་ཙམ་དུ་མ་ཟད་ཀྱི་དད་པ་ཡང་སྐྱེད་པ་ཕ་རོལ་ཏུ་ཕྱིན་པ་དྲུག་སྤྱོད་དུ་ཡང་བཅུག་བས་དགེ
་བ་ཡང་འཕེལ་བར་བྱེད་པ་ཡིན་ནོ། །ཤེས་རབ་ཇི་ལྟ་བུས་ཇི་ལྟར་ཡོངས་སུ་སྨིན་པར་བྱེད་པ་དེ་ལས་བརྩམས་ཏེ་ཚིགས་སུ་བཅད་པ་ཞེས་བྱ་བ་ལ། ད་ནི་ཤེས་རབ་ཀྱི་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་སྟོན་ཏེ། དེ་ཡང་ཤེས་རབ་ཇི་ལྟ་བུས་སེམས་ཅན་ཇི་ལྟར
་ཡོངས་སུ་སྨིན་པར་བྱེད་པ་བསྟན་པའི་ཕྱིར་ཚིགས་སུ་བཅད་པ་རྩོམ་མོ་ཞེས་བྱ་བའི་དོན་ཏོ། །ཤེས་རབ་ཇི་ལྟ་བུས་སེམས་ཅན་ཇི་ལྟར་ཡོངས་སུ་སྨིན་པར་བྱེད་ཅེ་ན། དེའི་ཕྱིར། དེ་ཉིད་དགོངས་པའི་ཚུལ་ལ་དེ་དེས་པས་ཞེས་བྱ་བ་སྨོས་ཏེ། དེ་ཉིད་ཀྱི་ཚུལ་ལ་དེས་པ་དང
་དགོངས་ཚུལ་ལ་དེས་ཞེས་བྱ་བར་སྦྱར་རོ། །དེ་ལ་གང་ཟག་ལ་བདག་མེད་པ་དང། ཆོས་ལ་བདག་མེད་པ་གཉིས་ནི་དེ་ཉིད་ཀྱི་ཚུལ་ཞེས་བྱ་སྟེ། བྱང་ཆུབ་སེམས་དཔའ་དེའི་ཤེས་རབ་ཀྱིས་ཆོས་དེ་ལ་ཐེ་ཚོམ་མེད་པར་བྱས་ཤིང་གཏན་ལ་ཕབ་པར་བྱས་པ་ནི་དེ་ཉིད་ཀྱི་ཚུལ་ལ
་ངེས་པར་བྱེད་པ་ཞེས་བྱའོ། །དོན་གཞན་དགོངས་པ་དང་དུས་གཞན་ལ་དགོངས་པ་ལ་སོགས་པ་དགོངས་པ་བཞི་དང་ལྡེམ་པར་དགོངས་པ་བཞི་ལ་ནི་དགོངས་པའི་ཚུལ་ཞེས་བྱའོ། །ཆོས་དེ་དག་ལ་ཐེ་ཚོམ་མེད་པར་བྱས་པ་ནི་དགོངས་པའི
་ཚུལ་ལ་ངེས་པ་ཞེས་བྱའོ། །ཚིག་འདིས་བདག་ཉིད་ཀྱི་ཡེ་ཤེས་ཀྱི་ཚོགས?་ཀྱི་ཡོན་ཏན་ལ་གནས་པར་བསྟན་ཏོ། །ཇི་ལྟར་སེམས་ཅན་ཡོངས་སུ་སྨིན་པར་བྱེད་ཅེ་ན། དེའི་ཕྱིར། སེམས་ཅན་ཐེ་ཚོམ་ཤིན་ཏུ་སེལ་བར་བྱེད་ཅེས་བྱ་བ་སྨོས་ཏེ། དེ་ལྟར་བདག་ཉིད
་ཐེ་ཚོམ་མེད་པར་བྱས་ནས་སེམས་ཅན་རྣམས་དེ་ཁོ་ནའི་ཚུལ་དང། དགོངས་པའི་ཚུལ་ལ་ཐེ་ཚོམ་དུ་གྱུར་པ་རྣམས་ཀྱི་ཐེ་ཚོམ་བསལ་ནས་ཐེ་ཚོམ་མེད་པ་ལ་དགོད་པར་བྱེད་ཀྱི། དེ་ལྟ་བུའི་ཚུལ་དུ་སེམས་ཅན་ཡོངས་སུ་སྨིན་པར་བྱེད་དོ། །འདིས་ནི་སེམས་ཅན་གཞན
་དག་ཡེ་ཤེས་ཀྱི་ཚོགས་ལ་བཀོད་པ་བསྟན་ཏོ། །ཚིག་དེ་དག་གི་མཇུག་བསྡུ་བའི་ཕྱིར། དེ་ཕྱིར་རྒྱལ་བའི་བསྟན་ལ་དེ་གུས་པས། བདག་དང་ཕ་རོལ་དགེ་བའི་ཡོན་ཏན་འཕེལ་ཞེས་བྱ་བ་སྨོས་ཏེ། སེམས་ཅན་རྣམས་དེ་ཉིད་ཀྱི་ཚུལ་དང། དགོངས་པའི
་ཚུལ་ལ་ཐེ་ཚོམ་མེད་པར་བྱས་པས་སངས་རྒྱས་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་གུས་པ་དང་དད་པ་དང་རིམ་གྲོ་བསྐྱེད་དོ། །དེ་བས་ན་བྱང་ཆུབ་སེམས་དཔའ་དེས་བདག་གི་དགེ་བའི་ཡོན་ཏན་ཡང་འཕེལ་བར་བྱས་ཕ་རོལ་གྱི་དགེ་བའི་ཡོན་ཏན་ཡང་འཕེལ་བར
་བྱས་སོ། །ཇི་ལྟ་ཞེ་ན། དེ་ཉིད་དང་དགོངས་པའི་ཚུལ་ལ་ཐེ་ཚོམ་མེད་པས་ན་བདག་དགེ་བའི་ཡོན་ཏན་འཕེལ་བར་བྱས་སོ། །དེ་ཉིད་དང་དགོངས་པའི་ཚུལ་ལ། སེམས་ཅན་གཞན་ཐེ་ཚོམ་ཟ་བའི་ཐེ་ཚོམ་བསལ་བས་ཕ་རོལ་ཀྱང་དགེ་བའི་ཡོན་ཏན་ལ་འཕེལ་བར་བྱས
་སོ། །མཇུག་བསྡུ་བའི་ཚིགས་སུ་བཅད་པ་ཞེས་བྱ་བ་ལ། སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའི་སྐབས་སུ་ཕ་རོལ་ཏུ་ཕྱིན་པ་དྲུག་གིས་སེམས་ཅན་ཡོངས་སུ་སྨིན་པར་བྱེད་དོ་ཞེས་རྒྱ་ཆེར་བསྟན་ནས། དེ་དོན་དེ་ཉིད་མཇུག་བསྡུ་ཞིང་ཇི་ལྟར་སེམས་ཅན་ཡོངས་སུ་སྨིན་པར
་བྱས་པའི་དོན་མདོར་བསྡུས་ཏེ་བསྟན་པའི་ཕྱིར་ཚིགས་སུ་བཅད་པ་རྩོམ་མོ་ཞེས་བྱ་བའི་དོན་ཏོ། །སེམས་ཅན་གང་དུ་འདུལ་ཞིང་སྨིན་པར་བྱེད་ཅེ་ན། དེའི་ཕྱིར། ཇི་ལྟར་བདེ་འགྲོར་འགྲོ་བ་དགེ་གསུམ་མམ་ཞེས་བྱ་བ་སྨོས་ཏེ། ཇི་ལྟར་ཞེས་བྱ་བ་ནི་གོང་དུ་བཤད་པ་ལྟར་ན་གོང་དུ
་བྱང་ཆུབ་སེམས་དཔའ་སེམས་ཅན་ཡོངས་སུ་སྨིན་པར་བྱེད་དོ་ཞེས་བྱ་བའི་དོན་ཏོ། གང་ཟག་རིགས་མེད་པ་རྣམས་ནི་དགེ་བ་བཅུ་སྤྱོད་དུ་བཅུག་ཅིང་ལྟ་དང་མིའི་བདེ་འགྲོའི་གནས་སུ་བཀོད་ཅིང་ཡོངས་སུ་སྨིན་པར་བྱེད་དོ་ཞེས་བྱ་བའི་དོན་ཏོ། །གང་ཟག་ཉན་ཐོས་ཀྱི་རིགས
་ཅན་ནས་རང་སངས་རྒྱས་ཀྱི་རིགས་ཅན་ནམ། སངས་རྒྱས་ཀྱི་རིགས་ཅན་དག་ནི་དགེ་བ་ལ་བཀོད་པར་བྱེད་དེ་དགེ་བ་གསུམ་ནི་ཐེག་པ་གསུམ་ལ་བྱ་སྟེ། དེ་ལ་ཉན་ཐོས་ཀྱི་རིགས་ཅན་ནི་ཉན་ཐོས་ཀྱི་ཐེག་པར་བཀོད་ཅིང་ཡོངས་སུ་སྨིན་པར་བྱེད། རང་སངས་རྒྱས་ཀྱི་རིགS
་ཅན་ནི་རང་སངས་རྒྱས་ཀྱི་ཐེག་པ་ལ་བཀོད་ཅིང་ཡོངས་སུ་སྨིན་པར་བྱེད། སངས་རྒྱས་ཀྱི་རིགས་ཅན་ནི་ཐེག་པ་ཆེན་པོ་ལ་ཡོངས་སུ་སྨིན་པར་བྱེད་དོ་ཞེས་བྱ་བའི་དོན་ཏོ། །སུ་དག་ཡོངས་སུ་སྨིན་པར་བྱེད་ཅེ་ན། དེའི་ཕྱིར། འགྲོ་བ་མ་ལུས་ཞེས་བྱ་བ་སྨོས་ཏེ། རིགས་མེད
་པ་དང། ཉན་ཐོས་ཀྱི་རིགས་ཅན་དང། རང་སངས་རྒྱས་ཀྱི་རིགས་ཅན་ལ་སོགས་པ་སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱེད་དོ་ཞེས་བྱ་བའི་དོན་ཏོ། །རྒྱུ་གང་གིས་ཡོངས་སུ་སྨིན་པར་བྱེད་ཅེ་ན། དེའི་ཕྱིར། སྙིང་རྗེ་ཞེས་བྱ་བ་སྨོས་ཏེ། སེམས་ཅན་ལ་ཐུགས་བརྩེ
་བའི་རྒྱུས་སེམས་ཅན་ཡོངས་སུ་སྨིན་པར་བྱེད་དོ་ཞེས་བྱ་བའི་དོན་ཏོ། །སུས་ཡོངས་སུ་སྨིན་པར་བྱེད་ཅེ་ན། དེའི་ཕྱིར། བྱང་ཆུབ་སེམས་དཔས་ཏེ་ཞེས་བྱ་བ་སྨོས་ཏེ། ཡོངས་སུ་སྨིན་པར་བྱེད་བ་ནི་བྱང་ཆུབ་སེམས་དཔའ་ཡིན་ཏེ། བྱང་ཆུབ་སེམས་དཔས་ཡོངས་སུ་སྨིན་པར་བྱེད
་ཅེས་བྱ་བའི་དོན་ཏོ། །རྣམ་པ་དུ་དང་ཇི་ལྟ་བུས་ཡོངས་སུ་སྨིན་པར་བྱེད་ཅེ་ན། དེའི་ཕྱིར། ཆུང?་དང་མཆོག་དང་འབྲིང་གི་རྣམ་པ་ཡིས་ཞེས་བྱ་བ་སྨོས་ཏེ། མོས་པ་སྤྱོད་པའི་ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ནི། གཟུང་འཛིན་མ་སྤངས་པ་དང་བསོད་ནམས་དང
་ཡེ་ཤེས་ཀྱི་ཚོགས་ཤས་ཆུད་པས་བདག་ཉིད་ཀྱང་ཆུང་བ་ཞེས་བྱ་བས། གཞན་མོས་པ་སྤྱོད་པའི་སར་བཀོད་ནས་གཟུང་འཛིན་མ་སྤངས་པ་དང་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཆུང་དུལ་བཞག་པས་ཆུང་དུའི་རྣམ་པས་ཡོངས་སུ་སྨིན
་པར་བྱེད་པ་ཞེས་བྱའོ། །བྱང་ཆུབ་སེམས་དཔའ་རྣམས་བརྒྱད་པ་དང་དགུ་པོ་དང་བཅུ་པ་ལ་གནས་པའི་དུས་ན་བདག་ཉིད་ཀྱང་རྣམ་པར་མི་རྟོག་པའི་ལྷུན་གྱིས་གྲུབ་བརྙེད་ནས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཆེན་པོ་ལ་གནས་ལ་གཞན་ཡང་ས་དེ
་གསུམ་ལ་བཀོད་ན། རྣམ་པར་མི་རྟོག་པ་ལྷུན་གྱིས་གྲུབ་པ་ཐོབ་པར་བྱས་པ་དང། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཆེན་པོ་ལ་བཞག་པས་ནི་ཆོག་གི་རྣམ་པས་ཡོངས་སུ་སྨིན་པ་ཞེས་བྱའོ། །ནམ་བྱང་ཆུབ་སེམས་དཔའ་ས་དང་པོ་ནས་བདུན་པ་མན་ཚད་ལ་གནས
་བའི་དུས་ན་བདག་ཉིད་ཀྱང་འབད་རྩོལ་དང་བཅས་པའི་རྣམ་པར་མི་རྟོག་པའི་ཡེ་ཤེས་དང་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ལ་གནས་ལ། སེམས་ཅན་གཞན་དག་ཀྱང་སོ་དེ་དག་ལ་བཀོད་ན་འབད་རྩོལ་དང་བཅས་པའི་རྣམ་པར་མི་རྟོག་པའི་ཡེ
་ཤེས་དང་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ལ་བཀོད་པ་འབྲིང་གི་རྣམ་པས་སེམས་ཅན་ཡོངས་སུ་སྨིན་པ་ཞེས་བྱའོ། །དུས་ཇི་སྲིད་ཅིག་ཏུ་སེམས་ཅན་ཡོངས་སུ་སྨིན་པར་བྱེད་ཅེ་ན། དེའི་ཕྱིར། འཇིག་རྟེན་ཡོད་དང་མཉམ་པར
་འཇུག་པས་འདུལ་ཞེས་བྱ་བ་སྨོས་ཏེ། ནམ་མཁའ་ཨི་མཛའ་སྲིད་དུ་ཡོད་པ་སེམས་ཅན་གྱི་ཁམས་ཀྱང་དེ་སྲིད་དུ་ཡོད་དོ། །འཇིག་རྟེན་གྱི་ཁམས་ཇི་སྲིད་དུ་ཡོད་པ་དེ། སེམས་ཅན་གྱི་ཁམས་ཀྱང་དེ་སྲིད་དུ་ཡོད་དོ། །སེམས་ཅན་གྱི་ཁམས་ཡོད་ཀྱི་བར་དུ
་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པས་ན་འཇིག་རྟེན་ཡོད་དང་མཉམ་པར་འཇུག་པས་འདུལ་ཞེས་བྱའོ། །ཡོངས་སུ་སྨིན་པའི་སྐབས་ཀྱི་བཤད་པ་རྫོགས་སོ།། །།ཡོངས་སུ་སྨིན་པའི་སྐྱབས་བཤད་པའི་རྗེས་ལ། རྣམ་པ་ཐམས་ཅད་མཁྱེན་པའི
་སྐབས་བཤད་པ་འབྲེལ་བ་ཅི་ཡོད་ཅེ་ན། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་ཅན་གྱི་སེམས་ཀྱི་རྒྱུད་ལའང་དགེ་བའི་རྩ་བ་ཡོངས་སུ་སྨིན་པར་བྱས། བདག་གི་སེམས་ཀྱི་རྒྱུད་ལའང་དགེ་བའི་རྩ་བ་ཡོངས་སུ་སྨིན་པར་བྱས་པ་དེ། མྱུར་དུ་བླ་ན་མེད་པའི
་བྱང་ཆུབ་ཐོབ་པར་བྱས་པ་དེས་ན་ཡོངས་སུ་སྨིན་པའི་སྐབས་ཀྱི་འོག་ཏུ་རྣམ་པ་ཐམས་ཅད་མཁྱེན་པའི་སྐབས་བཤད་པར་འབྲེལ་ཏོ། །ཡང་ན་བདག་དང་གཞན་གྱི་དོན་དང་དེ་ཁོ་ནའི་དོན་དང། མཐུ་དང་ཡོངས་སུ་སྨིན་པ་དང། བླ་ན་མེད་པའི་བྱང་ཆུབ་སྟེ།
་དངོས་པོ་ལྔ་ནི་བྱང་ཆུབ་སེམས་དཔའ་ཨི་བསླབ་པའི་དམིགས་པར་བྱས་པ་ཡིན་ནོ། །དེ་ལ་བྱང་ཆུབ་སེམས་ཀྱིས་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་འདོད་ཅིང་སྨོན་ལམ་འདེབས་སོ། །བྱང་ཆུབ་ཐོབ་པར་བྱ་ལ་ཡང་ཅི་དགོས་ཤེ་ན་།བདག་དང་གཞན་གྱི་དོན
་ཡོངས་སུ་རྫོགས་པར་དགོས་ཏེ། དེ་བཞིན་དེའི་རྗེས་ལ་བདག་དང་གཞན་གྱི་དོན་གྱི་སྐབས་བཤད་དོ། །བདག་དང་གཞན་གྱི་དོན་ལ་ཞུགས་པ་དེས་ཀྱང་བདག་ཉིད་ཀུན་ནས་ཉོན་མོངས་པས་མ་གོས་པར་བྱས་པ་ཡིན་ཏེ། དེ་བས་ན་ཀུན་ནས་ཉོན་མོངས
་པས་མ་གོས་པར་བྱས་པ་ཡིན་ཏེ། དེ་བས་ན་ཀུན་ནས་ཉོན་མོངས་པས་མི་གོས་པའི་ཐབས་དེ་ཁོ་ནའི་སྐབས་བཤད་དོ། །ཀུན་ནས་ཉོན་མོངས་པས་ཀྱང་མ་གོས་ཀྱང་མཐུ་མེ་ན་སེཾས་ཅན་གྱི་དོན་ལ་སྐྱོ་བར་འགྱུར་ཏེ། དེ་བས་ན་སེམས་ཅན་གདུལ་བར་བྱ་བའི་དོན་ལ་མི་སྐྱོ
་པའི་ཐབས་མཐུའི་སྐབས་བཤད་དོ། །དེ་ལྟར་དེ་ཁོ་ནའི་དང། མཐུ་གཉིས་ཀྱིས་བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི་ཆོས་ཡོངས་སུ་སྨིན་པ་དང། སེམས་ཅན་ཡོངས་སུ་སྨིན་པར་བྱེད་དེ། ཇི་ལྟ་ཞེ་ན། གང་གི་ཕྱིར། བྱང་ཆུབ་སེམས་དཔའ་དེ་ཁོ་ན་ལོང་སུ་ཆུང་ན་བདག་ཉིད
་ཀྱི་རྒྱུད་ལ་དགའ་བ་ལ་སོགས་པའི་ཆོས་དགུ་ཤས་ཆེར་མྱུར་དུ་འགྲུབ་ཅིང་ཐོབ་པར་འགྱུར་གྱི་དེ་ཁོ་ན་ཁོང་དུ་མཆུད་ན་ནི་མི་འགྱུར་ཏེ། དེ་བས་ན་དེ་ཁོ་ན་ཁོང་དུ་ཆུད་པ་ལས་བདག་སངས་རྒྱས་ཀྱི་ཆོས་ཡོངས་སུ་སྨིན་པར་འགྱུར་རོ། །མཐུ་དང་ལྡན་ན་སྐྱོ་བ་དང་གནོད་པ་མེད་པར
་སེམས་ཅན་ཡོངས་སུ་སྨིན་པར་བྱེད་ནུས་ཏེ། མཐུ་མེད་པས་ནི་མི་ནུས་ཏེ། དེ་བས་ན་མི་སྐྱོ་བའི་ཐབས་ནི་མཐུ་དང་ལྡན་པའི་ཐབས་ཀྱིས་བཤད་དོ། །དེ་ལྟར་བདག་དང་སེམས་ཅན་ཡོངས་སུ་སྨིན་པར་ལྡན་པ་རྣམས་ནི་ཤ་ཐ་དད་དང་མི་བདེ་བ་མེད
་པར་ཚོགས་ཡོངས་སུ་རྫོགས་ནས་བླ་ན་མེད་པའི་བྱང་ཆུབ་ཏུ་འཆང་རྒྱ་བར་འགྱུར་ཏེ། དེའི་རྗེས་ལ་ཡོངས་སུ་སྨིན་པའི་སྐབས་ཀྱི་རྗེས་ལ། རྣམ་པ་ཐམས་ཅད་མཁྱེན་པའི་སྐབས་བཤད་པར་འབྲེལ་ཏེ། དེ་ལ་བདག་དང་གཞན་ཀྱི་དོན་དང་དེ་ཁོ་ནའི་དོན་དང། མཐུ་དང
་ཡོངས་སུ་སྨིན་པ་བཞི་ནི་རྒྱུ་ལྟ་བུར་དམིགས་སོ། །བླ་ན་མེད་པའི་བྱང་ཆུབ་ནི་འབྲས་བུར་དམིགས་སོ། །རྣམ་པ་ཐམས་ཅད་མཁྱེན་པ་ལ་ཚིགས་སུ་བཅད་པ་གཉིས་ཏེ། གསུམ་པ་ནི་བཤད་པའོ་ཞེས་བྱ་བ་ལ། མེ་ལོང་ལྟ་བུའི་ཡེ་ཤེས་དང། མཉམ་པ་ཉིད་ཀྱི་ཡེ་ཤེས་དང།
་སོ་སོར་ཀུན་དུ་རྟོག་པའི་ཡེ་ཤེས་དང། བྱ་བ་སྒྲུབ་པའི་ཡེ་ཤེས་དང། ཆོས་ཀྱི་དབྱིངས་དང་ལྔ་ལ་སངས་རྒྱས་ཞེས་བྱ་སྟེ། སངས་རྒྱས་དེ་ཉིད་ལ་རྣམ་པ་ཐམས་ཅད་མཁྱེན་པ་ཞེས་བྱའོ། །སངས་རྒྱས་དེའི་དོན་ཚིགས་སུ་བཅད་པ་གཉིས་ཀྱིས་ནི་མདོ་ཙམ་དུ་བསྟན་པ
་དེ་ཚིགས་སུ་བཅད་པ་གསུམ་པས་བཟླས་ཏེ་ཞིབ་ཏུ་འཆད་དོ་ཞེས་བྱ་བའི་དོན་ཏོ། །དེ་ལ་ཚིགས་སུ་བཅད་པ་གཉིས་ཀྱིས་བསྡུས་པའི་དོན་ནི་རྣམ་པ་གསུམ་སྟེ། ཡང་དག་པར་འཐོབ་པ་དང། རང་བཞིན་དང་དཔེའོ། །ཡང་དག་པར་ཐོབ་པ་ལ་རྣམ་པ་བཞི་སྟེ། དཀའ་བ
་སྤྱོད་པ་བརྒྱ་ཕྲག་ཇི་སྙེད་བ་དང། དགེ་བའི་ཚོགས་ཇི་སྙེད་པ་དང། དུས་ཇི་སྲིད་ཅིག་དང། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་ཇི་ཙམ་སྤངས་པས་སངས་རྒྱས་ཐོབ་པ་ནི་ཡང་དག་པར་ཐོབ་པར་ཞེས་བྱའོ། །དཔག་མེད་དཀའ་སྤྱོད་བརྒྱ་རྣམས་དང་ཞེས་བྱ་བས་དཀའ་
་བ་སྤྱོད་པ་བརྒྱ་ཕྲག་ཇི་སྙེད་བསྟན་ཏེ། སེམས་ཅན་གྱི་དོན་དུ་མགོ་དང་རྐང་ལག་ལ་སོགས་པ་དང་བུ་སྨད་བཏང་བ་དང་འཇིག་རྟེན་གྱི་ཁམས་མེ་མ་མུར་ཀྱིས་གང་བར་ཡང་འབོག་ཅིང་འགྲོ་བ་ལ་སོགས་པའི་དཀའ་བ་སྤྱོད་པ་དཔག་ཏུ་མེད་པ་བརྒྱ་ཕྲག་གྲངས་མེད་པ་ཞིག་ཀྱང
་སྤྱད་ཅེས་བྱ་བའི་དོན་ཏོ། །བརྒྱ་སྨོས་པས་ནི་མཚོན་པ་ཙམ་དུ་ཟད་ཀྱི་གྲངས་སྟོང་ཕྲག་ལ་སོགས་པ་ཚད་མེད་པ་རྣམས་ཀྱང་བསྡུའོ། །དཔག་མེད་དགེ་བ་བསགས་པ་དང་ཞེས་བྱ་བས། དགེ་བའི་ཚོགས་ཇི་སྙེད་པ་བསྟན་ཏེ། ས་དང་ཕ་རོལ་ཏུ་ཕྱིན་པ་དང། བྱང་ཆུབ་ཀྱི་ཕྱོགས་ལ་སོཌ
་པ་དགེ་བ་དཔག་ཏུ་མེད་པ་ཡང་བསགས་ཞེས་བྱ་བའི་དོན་ཏོ། །དཔག་ཏུ་མེད་པའི་དུས་དང་ནི་ཞེས་བྱ་བས། དུས་ཇི་སྲིད་ཅིག་བསྟན་ཏེ། དུས་ཀྱང་བསྐལ་པ་གྲངས་མེད་པ་གསུམ་གྱི་བར་དུ་སྤྱོད་ཅེས་བྱ་བའི་དོན་ཏོ། །དཔག་མེད་སྒྲིབ་པ་ཟད་པའི་ཕྱིར་ཞེས་བྱ་བས། ཉོན་མོངས་པ
་དང། ཤེས་བྱའི་སྒྲིབ་ལ་ཇི་ཙམ་སྤངས་པ་བསྟན་ཏེ། འཁོར་བ་ཐོགས་མེད་པ་ནས་མ་སྤངས་པའི་ཉོན་མོངས་པའི་སྒྲིབ་པ་ཡང་སྤངས་ཤེས་བྱའི་སྒྲིབ་པ་ཡང་སྤངས་ཞེས་བྱ་བའི་དོན་ཏོ། །འདི་ཡན་ཆད་ཡང་དག་པར་ཐོབ་པ་བསྟན་ཏོ། །དང་བཞིན་ཡང་རྣམ་པ་གཉིས་ཏེ་སྤངས
་པ་ཕུན་སུམ་ཚོགས་པ་བསྟན་པ་དང། ཡེ་ཤེས་ཕུན་སུམ་ཚོགས་པའོ། །སྒྲིབ་པ་ཀུན་གྱི་དྲི་མེད་པ་ཞེས་བྱ་བས་སྤངས་པ་ཕུན་སུམ་པ་བསྟན་ཏེ། སངས་རྒྱས་ཀྱི་དུས་ནས་བཅུར་གཏོགས་པའི་ཉོན་མོངས་པའི་གྲིབ་པ་དང། ཤེས་བྱའི་སྒྲིབ་པའི་བག་ཆགས
་ཀྱང་མ་ལུས་པར་སྤངས་པས། སྒྲིབ་པ་ཀུན་གྱི་དྲི་མེད་ཅེས་བྱའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཐོབ་ཅེས་བྱ་བས། ཡེ་ཤེས་ཕུན་སུམ་ཚོགས་པ་བསྟན་ཏེ། དེ་ཡང་རྣམ་པ་ཐམས་ཅད་མཁྱེན་ཅེས་བྱ་བར་སྦྱར་རོ། །དེ་ལ་མི་རྟག་པ་དང། སྡུག་བསྔལ་བ་དང། སྟོང་པ་དང
་བདག་མེད་པར་དེ་ལྟ་བུར་ཕྱིན་ཅི་མ་ལོག་པར་ཤེས་པས་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཞེས་བྱའོ། །ཕུང་པོ་དག་ཁམས་ལ་སོགས་པའི་ཆོས་ཀུན་མ་ལུས་པར་མཁྱེན་པས་ན་ཐམས་ཅད་མཁྱེན་པ་ཞེས་བྱ་སྟེ། འདིས་ནི་རང་བཞིན་བསྟན་ཏོ། །རིན་ཆེན་སྣོད་ནི་ཕྱེ་བ་ལྟེ
་སངས་རྒྱས་པར་ནི་ཤིན་ཏུ་བསྟན་ཅེས་བྱ་བ་ལ། དཔེར་ན་རིན་པོ་ཆེའི་སྒྲོམ་ཁ་ཕྱེན་ཁ་དོག་དང་དབྱིབས་སུ་ལྡན་པའི་རིན་པོ་ཆེ་སྣ་ཚོགས་སྣང་བ་དེ་བཞིན་དུ་ཉོན་མོངས་པ་དང། ཤེས་བྱའི་སྒྲིབ་པ་གཉིས་སྤངས་ཏེ། སངས་རྒྱས་ཀྱི་ས་ཐོབ་པའི་དུས་ན་སྟོབས་དང་མི་འཇིགས
་པ་དང་མ་འདྲེས་པ་ལ་སོགས་པ་སངས་རྒྱས་ཀྱི་ཆོས་རིན་པོ་ཆེ་སྣ་ཚོགས་དག་དེའི་ཆེ་སྣང་ངོ་ཞེས་བྱ་བའི་དོན་ཏོ། །དཔག་མེད་དཀའ་སྤྱོད་བརྒྱ་རྣམས་དང་ཞེས་བྱ་བ་ལ་རྒྱས་པར་བསྟན་པའི་ཕྱིར། དལ་བརྒྱས་རྨད་འབྱུང་དཀའ་སྤྱད་ཅེས་སྨོས
་ཏེ། འབད་པ་དང། བསྒྲུབ་པ་དང་རྩོལ་བ་དྲག་པོ་གྲངས་མེད་པས་མགོ་དང་རྐང་ལག་དང། བུ་སྨད་ལ་སོགས་པ་བཏང་བར་སྤྱད་པ་ནི་དལ་བརྒྱས་རྨད་འབྱུང་བའི་དཀའ་བར་སྤྱད་པ་ཞེས་བྱ་སྟེ། དེ་ལྟ་བུར་དཀའ་སྤྱད་པ་འཇིག་རྟེན་དང། ཉན་ཐོས་དང་སངས་རྒྱས་ལ
་མེད་པས་ན་རྨད་དུ་བྱུང་བ་ཞེས་བྱའོ། །དེ་ཡང་མདོ་དག་ལས་སེམས་ཅན་གྱི་དོན་དུ་ངས་མིག་ཡོངས་སུ་བཏང་བ་བསགས་ན་ནི་རི་རབ་པས་ཀྱང་མཐོ་ལ། །བྲག་ཡོངས་སུ་བཏང་བས་བསགས་ན་ནི་ཕྱོགས་བཞིའི་རྒྱ་མཚོ་བས་ཀྱང་མང་ངོ་ཞེས་བྱ་བའི་དོན་ཏོ། །དཔག
་མེད་དགེ་བ་བསགས་པ་དང་ཤེས?་བྱའི་དོན་རྒྱས་པར་བསྟན་པའི་ཕྱིར། དགེ་བསགས་ཀུན་ཞེས་སྨོས་ཏེ། ཕ་རོལ་ཏུ་ཕྱིན་པ་དང། ས་བཅུ་དང། བྱང་ཆུབ་ཀྱི་ཕྱོགས་ལ་སོགས་པའི་དགེ་བ་ཀུན་ཀྱང་བསགས་ཞེས་བྱ་བའི་དོན་ཏོ། །དཔག་ཏུ་མེད་པའི
་དུས་དང་ནི་ཞེས་བྱ་བའི་དོན་རྒྱས་པར་བསྟན་པའི་ཕྱིར། དུས་རིང་བསྐལ་པ་མཆོག་འགྲོ་ཞེས་སྨོས་ཏེ། དུས་རིང་གི་སྒྲས་ནི་བསྐལ་པ་ཆུང་དུ་དང། བར་གྱི་བསྐལ་པ་ཙམ་དུ་བསྒྲུབ་པ་མ་ཡིན་གྱི་བསྐལ་པ་ཆེན་པོར་བསྒྲུབ་པར་སྟོན་ཏོ། །མཆོག
་གི་སྒྲས་ནི་བསྐལ་པ་གྲངས་མེད་པ་གསུམ་གྱི་བར་དུ་བསྒྲུབ་པར་སྟོན་ཏོ། །དཔག་མེད་སྒྲིབ་པ་ཟད་པའི་ཕྱིར་སྒྲིབ་པ་ཟད་ཅེས་སྨོས་ཏེ། འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་ཉོན་མོངས་པའི་སྒྲིབ་པ་དང། ཤེས་བྱའི་སྒྲིབ་པ་ཀུན་སྤངས་ཞེས་བྱ་བའི་དོན་ཏོ།།
་སྒྲིབ་པ་ཀུན་གྱི་དྲི་མེད་པ་ཞེས་བྱ་བའི་དོན་རྒྱ་ཆེར་བསྟན་པའི་ཕྱིར། སར་གཏོགས་སྒྲིབ་པ་ཕྲ་བཅོམ་ཞེས་བྱ་བ་སྨོས་ཏེ། སངས་རྒྱས་པའི་དུས་ནས་དང་པོ་ནས་ས་བཅུ་ཡན་ཆད་ན་ཡོད་པའི་སྒྲིབ་པ་ཕྲ་མོ་དང། ཤེས་བྱའི་སྒྲིབ་པ་ཕྲ་མོ་དང་ཡང་ཞེས་བྱ་བའི་དོན་ཏོ། །རྣམ
་པ་ཐམས་ཅད་མཁྱེན་པ་ཐོབ་ཅེས་བྱ་བར་རྒྱ་ཆེར་བསྟན་པའི་ཕྱིར་སངས་རྒྱས་ཏེ་ཞེས་བྱ་བ་སྨོས་ཏེ། ནམ་སངས་རྒྱས་པའི་དུས་ན་ཆོས་ཐམས་ཅད་ཕྱིན་ཅི་མ་ལོག་པར་ཐུགས་སུ་ཆུང་པས་སངས་རྒྱས་ཞེས་བྱའོ། རིན་ཆེན་སྟོང་ཉིད་བྱེ་བ་ལྟར་ཞེས་བྱ་བའི་དོན་རྒྱ་ཆེར་བསྟན་པའི
་ཕྱིར། དེ་ནི་མཐུ་ཆེན་སྣོད་ཕྱེ་བཞིན་ཞེས་བྱ་བ་སྨོས་ཏེ། རིན་པོ་ཆེ་གང་སེམས་ཅན་གཞན་གྱི་བསམས་པ་ཡོངས་སུ་རྫོགས་པར་བྱེད་པའི་རིན་པོ་ཆེ་ནི་མཐུ་ཆེན་པོའི་རིན་པོ་ཆེ་ཞེས་བྱ་སྟེ། མཐུ་ཆེན་པོའི་རིན་པོ་ཆེའི་སྣོད་ཀྱི་ཁ་ཕྱེ་ན་རིན་པོ་ཆེ་ཆེན་པོ་སྣ་ཚོགས་སྣང
་ཞིང་བདག་དང་གཞན་གྱི་བསམ་པ་ཡོངས་སུ་རྫོགས་པར་བྱེད་པ་དེ་བཞིན་དུ་སངས་རྒྱས་ཀྱི་སའི་དུས་མཉོན་མོངས་པ་དང། ཤེས་བྱའི་སྒྲིབ་པ་མ་ལུས་པར་སྤངས་ན་བདག་དང་གཞན་གྱི་བསམ་པ་ཡོངས་སུ་རྫོགས་པར་བྱེད་པའི་ཆོས་སྟོབས་དང། མི་འཇིགས
་པ་ལ་སོགས་པའི་རྣམ་པ་སྣ་ཚོགས་སྣང་ཞིང་བདག་དང་གཞན་གྱི་བསམ་པ་ཡོངས་སུ་རྫོགས་པར་བྱེད་དོ་ཞེས་བྱ་བའི་དོན་ཏོ། །སངས་རྒྱས་དེའི་གཉིས་སུ་མེད་པའི་མཚན་ཉིད་མཐུ་དང་བཅས་པ་ལ་གཉིས་ཏེ། གསུམ་པ་ནི་བཤད་པར་གྱུར་པའོ་ཞེས་བྱ་བ
་ལ། སངས་རྒྱས་ནི་གཉིས་སུ་མེད་པའི་མཚན་ཉིད་ཡིན་ཏེ། ཅིའི་ཕྱིར་ཞེ་ན། གཟུང་བ་དང་འཛིན་པ་ནི་གཉིས་ཞེས་བྱ་ལ། སངས་རྒྱས་བའི་དུས་ན་གཟུང་བ་དང་འཛིན་པ་གཉིས་སྤངས་པས་གཉིས་སུ་མེད་པ་ཞེས་བྱའོ། །ཡང་ན་ཡོད་པ་དང་མེད་པ་གཉི་ལ་གཉིས
་སུ་ཞེས་བྱ་སྟེ། སངས་རྒྱས་པ་ན་ཡོད་པ་ཡང་མ་ཡིན་མེད་པ་ཡང་མ་ཡིན་པས་གཉིས་སུ་མེད་པ་ཞེས་བྱའོ། །ཅི་ཞིག་ཡོད་པ་མ་ཡིན་ཞེ་ན། སངས་རྒྱས་པའི་ཚེ་གཟུང་བ་དང་འཛིན་པ་ཀུན་ཏུ་བརྟགས་པའི་ཀུན་བརྟགས་ཀྱི་མཚན་ཉིད་ཡོད་པ་མ་ཡིན་པའོ
་ཅི་ཞིག་མེད་པ་མ་ཡིན་ནམ་ཞེ་ན། ཡོངས་སུ་གྲུབ་པ་ཡོད་པའི་མཚན་ཡོད་པའི་ཕྱིར་རོ། །མཐུ་ནི་གཉིས་མེད་པའི་མཚན་ཉིད་ཀྱི་ཡོན་ཏན་ལ་བྱ་སྟེ། ཚིགས་སུ་བཅད་པ་གཉིས་ཀྱིས་ནི་གཉིས་སུ་མེད་པའི་མཚན་ཉིད་དང། མཐུ་མདོ་ཙམ་བསྟན། ཚིགས་སུ་བཅད་པ་གསུཾ
་པས་ནི་དེ་ཉིད་ཀྱི་དོན་བཟླས་ནས་རྒྱ་ཆེར་འཆད་དོ་ཞེས་བྱ་བའི་དོན་ཏོ། །ཐམས་ཅད་ཆོས་ནི་སངས་རྒྱས་ཏེ་ཞེས་བྱ་བ་ལ། སངས་རྒྱས་ཞེས་བྱ་བ་ནི་གང་ཟག་ལ་བདག་མེད་པ་དང། ཆོས་ལ་བདག་མེད་པ་དང། སྐྱེ་བ་དང་བདག
་པ་མེད་པའི་ཆོས་ལ་སངས་རྒྱས་ཞེས་བྱ་ལ། ཆོས་ཐམས་ཅད་ལ་བདག་མེད་པ་གཉིས་དང། སྐྱེ་འགག་མེད་པར་མ་ཁྱབ་པ་མེད་ཅིང་སངས་རྒྱས་ཀྱི་ཆོས་ཀྱི་སྐུ་བདག་མེད་པ་གཉིས་ཀྱི་རང་བཞིན་སྐྱེ་འགག་མེད་པའི་རང་བཞིན་དང། ཆོས་ཐམས
་ཅད་ཀྱི་བདག་མེད་པས་གཉིས་དང། །སྐྱེ་འགག་མེད་པའི་རང་བཞིན་དུ་མི་འདྲ་བ་ཅུང་ཟད་ཀྱང་མེད་པས་ན་ཆོས་ཐམས་ཅད་ལ་སངས་རྒྱས་ཞེས་བྱའོ། །དེ་བས་ན་འཕགས་པ་རྡོ་རྗེ་བཅོད་པའི་མདོ་ལས་ཀྱང། གང་ཞིག་ང་ལ་གཟུགས་སུ་ལྷ། གང
་ཞིག་ང་ལ་སྒྲ་རུ?་རྟོག་།ལོག་པར་ཞུགས་པས་སོང་བས་ཏེ། །སྐྱེ་བོ་དེས་ནི་ང?་མི་མཐོང། །དེ་བཞིན་ཉིད་དུ་སངས་རྒྱས་ལྟ། །འདྲེན་པ་རྣམས་ནི་ཆོས་ཀྱི་སྐུ། །ཆོས་ཉིད་ཤེས་པར་མི་རུང་སྟེ། །དེ་དག་རྣམ་པར་རིག་མི་འགྱུར་ཞེས་གསུངས་སོ། །འཕགས
་པ་ཡེ་ཤེས་སྣང་བའི་རྒྱན་གྱི་མདོ་ལས་ཀྱང། མི་སྐྱེ་ཆོས་ནི་རྟག་ཏུ་དེ་བཞིན་གཤེགས། ཐམས་ཅད་ཆོས་ཀྱང་བདེ་བར་གཤེགས་དང་འདྲ་ཞེས་གསུངས་སོ། །སྨྲས་པ། གལ་ཏེ་ཆོས་ཐམས་ཅད་སངས་རྒྱས་ཡིན་ན་སངས་རྒྱས་ཀྱི་ཡོད་པའི་རང་བཞིན
་ཡིན་པས། སངས་རྒྱས་བཞིན་དུ་ཆོས་གཞན་ཡང་ཡོད་པའི་རང་བཞིན་དུ་འགྱུར་རམ་སྙམ་པ་ལ། ཆོས་ནི་གང་ཡང་ཡོད་མ་ཡིན་ཞེས་སྨོས་ཏེ། བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱིས་གཟུང་བ་དང་འཛིན་པ་ཀུན་ཏུ་བརྟགས་པའི་མཚན་ཉིད་དང་བུཾ་པ
་དང་སྣམ་བུ་ལ་སོགས་པ་ཀུན་བརྟགས་པའི་མཚན་ཉིད་ཀྱི་ཆོས་ནི་གང་ཡང་ཡོད་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དཀར་པོའི་ཆོས་ཀྱི་རང་བཞིན་ཞེས་བྱ་བ་ལ། སངས་རྒྱས་ནི་དང་པོ་ཉིད་ཀྱང་ས་དང་ཕ་རོལ་ཏུ་ཕྱིན་པ་དང། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས
་བསྒྲུབས་པ་ལས་གྲུབ་ལ། སངས་རྒྱས་ཀྱི་དུས་ན་ཡངས་དང་ཕ་རོལ་ཏུ་ཕྱིན་པ་དང། བྱང་ཆུབ་ཀྱི་ཕྱོགས་དང། སྟོབས་དང་མི་འཇིགས་པ་ལ་སོགས་པའི་རང་བཞིན་དུ་གནS་པས་ན་དཀར་པོའི་ཆོས་ཀྱི་རང་བཞིན་ཞེས་བྱའོ། །དེ་ལྟར་ན་སངས་རྒྱས་དེ་ཕ་རོལ་ཏུ་ཕྱིན་པ་དེ
་དག་ཉིད་ཀྱི་རང་བཞིན་ཁོ་ན་ཡིན་ནོ་ཞེས་བརྗོད་དམ་ཞེ་ན། དེའི་ཕྱིར། དེས་ཀྱང་དེ་ནི་བསྟན་མ་ཡིན་ཞེས་སྨོས་ཏེ། གཏོང་བ་པོ་དང། ལེན་པ་དང། རྫས་ལ་སོགས་པ་ལྟ་བུར་རྣམ་པ་གསུམ་དུ་དམིགས་པའི་ཀུན་བརྟགས་ཀྱི་མཚན་ཉིད་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམས་ནི་རང་བཞིན
་གྱིས་ཡོད་པ་མ་ཡིན་པས་ན། ཀུན་བརྟགས་པའི་མཚན་ཉིད་ཀྱི་ཕ་རོལ་ཏུ་ཕྱིན་པ་དེས་སངས་རྒྱས་དེའི་རང་བཞིན་ཡིན་ནོ་ཞེས་ཀྱང་མི་བརྗོད་དེ། ཅིའི་ཕྱིར་སངས་རྒྱས་ནི་ཀུན་བརྟགས་ཀྱི་ཆོས་མ་ཡིན་པའི་ཕྱིར་རོ། །དེ་ཡན་ཆད་ཀྱིས་གཉིས་སུ་མེད་པའི་མཚན་ཉིད་བཤད་དོ
་རིན་ཆེན་ཆོས་ཀྱི་རྒྱུ་ཡིན་པས། དེ་ནི་རིན་ཆེན་འབྱུང་གནས་བཞིན་ཞེས་བྱ་བ་ལ། དཔེར་ན་རིན་པོ་ཆེ་འབྱུང་གནས་ནས་རིན་པོ་ཆེ་རྣམ་པ་སྣ་ཚོགས་འབྱུང་བ་བཞིན་དུ། སངས་རྒྱས་དེ་ལས་ཀྱང་བཤད་པར་བྱ་བའི་ཆོས་རིན་པོ་ཆེ་དཔག་ཏུ་མེད་པ་དང། སྟོབས་དང
་མི་འཇིགས་པ་ལ་སོགས་པའི་ཆོས་རིན་པོ་ཆེ་དཔག་ཏུ་མེད་པ་འབྱུང་སྟེ། ཆོས་རིན་པོ་ཆེ་རྣམས་འབྱུང་བའི་རྒྱུ་དང་རྐྱེན་དང་གཞི་བྱེད་པས་ན་སངས་རྒྱས་ནི་རིན་པོ་ཆེའི་འབྱུང་གནས་དང་འདྲའོ་ཞེས་བྱ་བའི་དོན་ཏོ། །དགེ་བའི་ལོ་དོག་རྒྱུ་ཡི་ཕྱིར། །དེ་ནི་སྤྲིན་དང
་འདྲ་བར་འདོད་ཅེས་བྱ་བ་ལ་།དཔེར་ན་སྤྲིན་ལས་ཆར་འབབ་ཅིང་ཆར་འབབ་པའི་རྐྱེན་གྱིས་ནས་དང་འབྲས་ལ་སོགས་པའི་ལོ་ཏོག་སྣ་ཚོགས་སྨིན་ཅིང་རྒྱས་པར་འགྱུར་བ་དེ་བཞིན་དུ། སངས་རྒྱས་དེ་ལས་ཀྱང་ཆོས་བཤད་པའི་ཆར་རྣམ་པ་སྣ་ཚོགས
་ཕར་ནས་སེམས་ཅན་གྱི་སེམས་ཀྱི་རྒྱུད་ཞིང་འདྲ་བ་ལ་སྦྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་དགེ་བའི་ལོ་ཏོག་སྐྱེད་པའི་རྒྱུ་སངས་རྒྱས་བྱེད་པས་ན། དེ་བས་ན་སངས་རྒྱས་ནི་སྤྲིན་དང་འདྲ་བར་འདོད་དོ་ཞེས་བྱ་བའི་དོན་ཏོ། །འདིས་ནི་མཐུ་ཆེ་བསྟན་ཏོ། །དེ་བཞིན
་ཉིད་དང་ཐ་དད་པ་མ་ཡིན་པས་ཆོས་ཐམས་ཅད་ནི་སངས་རྒྱས་ཏེ་ཞེས་བྱ་བ་ལ། བུམ་པ་དང་སྣམ་བུ་ལ་ཡོད་པའི་གང་ཟག་དང་ཆོས་བདག་མེད་པ་དང་སྐྱེ་འགག་མེད་པའི་དེ་བཞིན་ཉིད་དང། ཆོས་ཀྱི་སྐུའི་བདག་མེད་པ་གཉིས་དང། སྐྱེ་འགག་མེད
་པའི་དེ་བཞིན་ཉིད་དུ་མི་འདྲ་བ་མེད་ནས་ཆོས་ཐམས་ཅད་ལ་སངས་རྒྱས་ཞེས་བྱའོ་ཞེས་བྱ་བའི་དོན་ཏོ། །ཐམས་ཅད་ཆོས་ནི་སངས་རྒྱས་ཏེ་ཞེས་བྱ་བའི་དོན་དང། དཀར་པོའི་ཆོས་ཀྱི་རང་བཞིན་ཏེ་ཞེས་བྱ་བའི་དོན་བསྟན་པའི་ཕྱིར། །སངས་རྒྱས་ཆོས་ཀུན་ཆོགས་པའམ
་ཞེས་བྱ་བ་སྨོས་སོ། །བདག་མེད་པ་གཉིས་དང། སྐྱེ་འགག་མེད་པའི་ཆོས་ལ་ནི་སངས་རྒྱས་ཞེས་བྱ་ལ། སྟང་པ་ཉིད་ཀྱི་ཆོས་ཀྱི་ནང་དུ་མ་འདུས་པའི་ཆོས་གང་ཡང་མེད་པས་ན་སངས་རྒྱས་ཆོས་ཀུན་ཚོགས་པ་ཞེས་བྱའོ། །ཡང་ན་སངས་རྒྱས་ཉིད་དང་པོ་ཡང་ས་དང།
་ཕ་རོལ་ཏུ་ཕྱིན་པ་དང། བྱང་ཆུབ་ཀྱི་ཕྱོགས་བསྒྲུབས་པ་ལས་གྲུབ་པ། སངས་རྒྱས་སུ་གྲུབ་པ་ན་ཡང་ས་དང་ཕ་རོལ་ཏུ་ཕྱིན་པ་དང། བྱང་ཆུབ་ཀྱི་ཕྱོགས་དང། སྟོབས་དང་མི་འཇིགས་པ་ལ་སོགས་པའི་ཆོས་ཐམས་ཅད་ཚོགས་པར་ཡོད་པས་ན་སངས་རྒྱས་ཆོས་ཀུ
་ཚོགས་པ་ཞེས་བྱའོ། །ཆོས་ནི་གང་ཡང་ཡོད་མ་ཡིན་ཞེས་བྱ་བ་དང། དེས་ཀྱང་དེ་ནི་བསྟན་མ་ཡིན་ཞེས་བྱ་བའི་དོན་བསྟན་པའི་ཕྱིར། ཡང་ན་ཆོས་ཀུན་བྲལ་བ་སྟེ། ཞེས་སྨོས་ཏེ། སངས་རྒྱས་པའི་དུས་ན་གཟུང་བ་དང། འཛིན་པས་ཀུན་ཏུ་བརྟགས་པའི་ཆོས་གང་ཡང
་མེད་པས་ན་ཆོས་ཀུན་དང་བྲལ་བ་ཞེས་བྱའོ། །ཡང་ན་གཟུང་འཛིན་གྱི་མཚན་ཉིད་ཀྱི་ཕ་རོལ་ཏུ་ཕྱིན་བ་རྣམས་དེའི་དུས་ན་མེད་པས་ན་ཆོས་ཀུན་དང་བྲལ་བ་ཞེས་བྱ་བའོ། །རིན་ཆེན་ཆོས་ཀྱི་རྒྱུ་ཡིན་པས། །དེ་ནི་རིན་ཆེན་འབྱུང་གནས་བཞིན་ཞེས་བྱ་བའི་དོན་བསྟན་པའི
་ཕྱིར། རིན་ཆེན་ཆོས་རབ་ཆེ་ཡངས་འབྱུང་ཕྱིར་རིན་ཆེན་ཆོས་ཀྱི་འབྱུང་གནས་བཞིན་ཞེས་བྱ་བ་སྨོས་ཏེ། དཔེར་ན་རིན་པོ་ཆེ་འབྱུང་གནས་ནས་རིན་པོ་ཆེ་སྣ་ཚོགས་འབྱུང་བ་བཞིན་དུ། སངས་རྒྱས་དེ་ལས་ཀྱང་བཤད་པར་བྱ་བའི་ཆོས་ཐེག་པ་ཆེན་པོའི་ཆོས་རིན་པོ
་རྣམས་འབྱུང་བ་དང། ཡངས་ཤིང་རྒྱ་ཆེ་བའི་ཆོས་ས་དང། ཕ་རོལ་ཏུ་ཕྱིན་པ་དང། སྟོབས་དང་མི་འཇིགས་པ་ལ་སོགས་པ་འབྱུང་བའི་རྒྱུ་བྱེད་པས་ན་སངས་རྒྱས་ནི་རིན་པོ་ཆེའི་འབྱུང་གནས་དང་འདྲའོ་ཞེས་བྱ་བའི་དོན་ཏོ། །དགེ་བའི་ལོ་ཏོག་རྒྱུའི་ཕྱིར། དེ་ནི་སྤྲིན་དང་འདྲ
་པར་འདོད་ཅེས་བྱ་བའི་དོན་བསྟན་པའི་ཕྱིར། འབྱུང་པོ་དགེ་བའི་ལོ་ཏོག་ཆེར་འཕེལ་རྒྱུ་ཕྱིར་སྤྲིན་དང་འདྲ་ཞེས་སྨོས་ཏེ། དཔེར་ན་སྤྲིན་ལས་ཆར་ཕབ་ནས་ལོ་ཏོག་རྣམ་པ་སྣ་ཚོགས་འཕེལ་ཞིང་རྒྱས་པར་བྱེད་པ་དེ་བཞིན་དུ་འབྱུང་པོ་ནི་སེམས་ཅན་ལ་བྱ་སྟེ། དེ་བཞིན་གཤེགS
་པས་ཀྱང་ཆོས་ཀྱི་ཆར་ཕབ་ནས་སེམས་ཅན་གྱི་སེམས་ཀྱི་རྒྱུད་ཞིང་དང་འདྲ་བ་ལ་ཕ་རོལ་ཏུ་ཕྱིན་པའི་དགེ་བའི་ལོ་ཏོག་རྒྱ་ཆེར་འཕེལ་ཞིང་རྒྱས་པར་བྱེད་པས་ན་སངས་རྒྱས་ནི་སྤྲིན་དང་འདྲའོ་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་ཆོས་ཀྱི་ཆར་འབེབས་པ་བསྟན་པའི་ཕྱིར། སྐྱེ་དགུ་དག
་ལ་ཆོས་ཀྱི་ཆད་ཆེན་ལེགས་བཤད་མི་ཟད་རབ་ཏུ་འབེབས་ཞེས་སྨོས་སོ། །དེ་ལ་ཆར་ཆེན་ལེགས་བཤད་མི་ཟད་པ་ཞེས་བྱ་བའི་ཚིག་ཕྱིས་འབྱུང་ལ། སྐྱེ་དགུ་དག་ལ་ཆོས་ཀྱི་ཆར་ཞེས་བྱ་བའི་ཚིག་སྔར་བྱུང་མོད་ཀྱི། ཚིག་འདི་ལྟར་སྦྱར་ཏེ་ཆོས་ཆེན་པོ་ལེགས་པར
་བཤད་པ་མི་ཟད་པ་སྐྱེ་དགུ་དག་གི་སེམས་ཀྱི་རྒྱུད་ལ་འབེབས་པས་ན་སྤྲིན་དང་འདྲའོ་ཞེས་སྦྱར་རོ། །ཆེན་པོ་ཞེས་བྱ་བ་ནི་ས་དང། ཕ་རོལ་ཏུ་ཕྱིན་པའི་མཚན་ཉིད་ཐེག་པ་ཆེན་པོའི་ཆོས་ལ་བྱའོ། །ཆོས་དེ་ཡང་ཐོག་མར་ཡང་དགེ་།བར་དུ་ཡང་དག་།ཐོ་མར་ཡང་དགེ།
་དོན་བཟང་ཚིག་བཟང་བས་ན་ལེགས་པར་བཤད་པ་ཞེས་བྱའོ། །ཆོས་དེ་ལན་ཅིག་རྟོགས་ན་འཁོར་བར་མཛའ་ཨི་བར་དུ་ཡང་མེད་པར་འགྱུར་བས་ན་མི་ཟད་པ་ཞེས་བྱའོ། །འབེབས་ཞེས་བྱ་བ་ནི་འདུལ་བའི་སེམས་ཅན་རྣམས་ལ་བཤད་ཅེས་བྱ་བའི་དོན་ཏོ། །སངས
་རྒྱས་བ་དེ་ཉིད་སྐྱབས་བླ་ན་མེད་པ་ལ་ཚིགས་སུ་བཅད་པ་ལྔའོ་ཞེས་བྱ་བ་ལ། སངས་རྒྱས་ཀྱི་མཐུའི་སྐབས་ཀྱི་རྗེས་ལ་སྐྱབས་བླ་ན་མེད་པའི་ཁྱད་པར་བཤད་པའི་འབྲེལ་བ་ཅི་ཡོད་ཅེ་ན། ལན་དུ་འཇིག་རྟེན་པ་དག་རི་ལ་སོགས་པ་ལ་སྐྱབས་ཚོལ་བ་དང། ཉན་ཐོས
་དག་མྱ་ངན་ལས་འདས་པ་ལ་སྐྱབས་ཚོལ་བ་བས་ནི་རིན་པོ་ཆེའི་འབྱུང་གནས་ལྟ་བུ་དང། སྤྲིན་ལྟ་བུའི་མཐུ་དང་ལྡན་པའི་སངས་རྒྱས་སུ་གྲུབ་ན་སྐྱབས་སུ་སོང་བ་ཐམས་ཅད་ཀྱི་སྐྱབས་པས་སྐྱབས་བླ་ན་མེད་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར། མཐུའི་རྗེས་ལ་སྐྱ?
་བླ་ན་མེད་པའི་ཁྱད་པར་བཤད་པར་འབྲེལ་ཏོ། །བརྒལ་བ་སྔར་སྐྱབས་ཀྱི་སྐབས་བཤད་པ་དང་འདིར་སྐྱབས་ཀྱི་སྐབས་བཤད་པར་གཉིས་སུ་ཁྱད་པར་ཅི་ཡོད་ནས། ལན་གཉིས་སུ་བཟླས་ཏེ་བཤད་ཅེ་ན། སྔར་ནི་གང་ཟག་གི་ཁྱད་པར་གྱི་དབང་དུ་བྱས་ནས་ཐེག་ཆེན་མཆོག
་ཕྱིར་དཀོན་མཆོག་རྣམས་ལ་སྐྱབས་སོང་བ། དེ་ཉིད་སྐྱབས་སུ་སོང་བའི་མཆོག་ཏུ་རིག་པར་བྱའོ་ཞེས་སྨོས་ལ། འདིར་ནི་འཇིག་རྟེན་པ་དག་རྒྱལ་པོ་དང་རྐུན་པོ་ལ་སོགས་པས་འཇིགས་ནས་རི་ལ་སོགས་པ་ལ་སྐྱབས་སུ་འགྲོ་བ་དང། ཉན་ཐོས་པ་དག་འཁོར་བའི་སྐྱེ་རྒ་ན་འཆི
་ལ་སོགས་པས་འཇིགས་ནས་བདག་བསྐྱབ་པའི་ཕྱིར། དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བའི་གང་ཟག་དེ་དག་པས་གང་ཟག་གང་སངས་རྒྱས་གང་ལས་སྐྱབས་སུ་སོང་བའི་སངས་རྒྱས་དེ་ཉིད་ཐོབ་པར་བྱས་ནས་བདག་ཉིད་སེམས་ཅན་ཀུན་གྱི་སྐྱབས་སུ་གྱུར་ཅིག་ཅེས་དཀོན
་མཆོག་གསུམ་ལ་སྐྱབས་སུ་འགྲོ་བའི་བྱང་ཆུབ་སེམས་དཔའ་དེ་སྐྱབས་གཞན་པས་མཆོག་ཏུ་གྱུར་པ་ཡིན་ཏེ། བདག་དང་གཞན་གཉི་ག་གནོད་པ་ཐམས་ཅད་ལས་བསྐྱབས་པའི་ཕྱིར་སྐྱབས་སུ་སོང་བས་སོ། །དེའི་སྐབས་སུ་ནི་གང་ཟག་གི་དབང་དུ་བྱས་ནས་སྐྱབས་སུ་འགྲོ་བའི་སྐབས
་བཤད་ཀྱི་བྱང་ཆུབ་ཀྱི་དབང་དུ་བྱས་པས་ནི་མ་ཡིན་ནོ། །སྐྱབས་སུ་འགྲོ་བའི་ཁྱད་པར་འདི་ནི་བྱང་ཆུབ་ཏུ་བྱས་པ་སྟེ། སུས་བླ་ན་མེད་པའི་བྱང་ཆུབ་ཐོབ་པ་དེ་ཉིད་བདག་དང་གཞན་གྱི་སྐྱབས་སུ་གྱུར་པས་སྐྱབས་བླ་ན་མེད་པ་ཡིན་ནོ་ཞེས་སྟོན་ཏེ། དེ་བས་ན་ཁྱད་པར་ནི་དེ་ཡོད་དེ
་སངས་རྒྱས་པ་ནི་སྐྱབས་ཡིན་ལ་ཞེས་བྱ་བ་ལ། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་སྤངས་ནས་ཆོས་ཐམས་ཅད་ཐུགས་སུ་ཆུད་དེ། སངས་རྒྱས་པ་ཉིད་སྐྱབས་ཞེས་བྱ་སྟེ། ཅི་ལ་སྐྱོབ་ཅེ་ན། ཉོན་མོངས་པ་དང་ལས་དང་ཚེ་གསུམ་ལས་སྐྱོབ་པས་སངས་རྒྱས་པ་ཉིད་སྐྱབས
་ཞེས་བྱའོ། །རྟག་ཏུ་ཉོན་མོངས་ཚོགས་ཀུན་དང་ཞེས་བྱ་བ་ལ། ཉོན་མོངས་པའི་ཉོན་མོངས་པ་ལས་སྐྱོབ་པར་འགྱུར་ཏེ། སངས་རྒྱས་པར་གྱུར་ན་འཁོར་བའི་མཛའ་ཨི་བར་དུ་ཡང་མཐོང་བ་དང་བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པའི་ཚོགས་ཀུན་སེམས་ལ་མི་འབྱུང་ཞིང
་ཉོན་མོངས་པས་མི་གོས་པར་འགྱུར་བས་ན་ཉོན་མོངས་པ་ལས་སྐྱོབ་པོ་ཞེས་བྱ་བའི་དོན་ཏོ། །ཉེས་སྤྱོད་དག་ནི་ཐམས་ཅད་དང་ཞེས་བྱ་བས། ལས་ཀྱི་ཀུན་ནས་ཉོན་མོངས་པ་ལས་སྐྱོབ་པར་བསྟན་ཏེ། མཚམས་མེད་པ་ལྔ་དང། མི་དགེ་བ་བཅུ་ལ་སོགས་པ་ནི་ཉེས
་པར་སྤྱོད་པ་ཞེས་བྱ་སྟེ། སངས་རྒྱས་པར་གྱུར་ན་མཚམས་མེད་པ་ལྔ་དང། མི་དགེ་བ་བཅུ་ལ་སོགས་པ་མི་མཛད་པས་ལས་ཀྱི་ཀུན་ནS་ཉོན་མོངས་པ་ལས་སྐྱོབ་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །རྒ་དག་ཤི་བ་དག་ལས་ཀྱང་ཞེས་བྱ་བས་ཚེའི་ཀུན་ནས་ཉོན་མོངས་པ་ལ
་སྐྱོབ་པར་སྟོན་ཏེ། འདིར་སྐྱེ་བ་ཞེས་བྱ་བ་མ་སྨོས་སུ་ཟིན་གྱིས་ཀྱང། མ་སྐྱེས་པར་རྒ་བ་དང་འཆི་བ་མི་སྲིད་པས་སྐྱེ་བ་ཡང་དོན་གྱི་ཤུགས་ཀྱིས་བསྟན་པར་རིག་པར་བྱའོ། །སངས་རྒྱས་པར་གྱུར་ན་སྐྱེ་བ་དང་རྒ་བ་དང་ན་བ་དང་འཆི་བ་ལ་སོགས་པ་མི་འབྱུང་བས་ཚེའི
་ཀུན་ནས་ཉོན་མོངས་པ་ལས་ཀྱང་བསྐྱབ་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཚིགས་སུ་བཅད་པ་འདིས་ནི་བདག་གི་སྐྱབས་སུ་བདག་གྱུར་པར་སྟོན་ཏེ། དེ་བས་ན་སངས་རྒྱས་པ་ཉིད་སྐྱབས་ཡིན་པར་སྟོན་ཏོ། །ད་ནི་སངས་རྒྱས་ན་སེམས་གཞན་ལ་ཡང་སྐྱབས་རྣམ་པ
་ལྔ་བྱེད་པས་སྐྱབས་བླ་ན་མེད་པ་ཡིན་པའི་ཕྱིར་རོ། །འཆེ?་བ་དག་ནི་འཚེ་བ་ཐམས་ཅད་དང་ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གཅིག་སྨོས་སོ། །དེ་ལ་འཚོ་བ་ཐམས་ཅད་ལས་སྐྱོབ་པ་ནི་དེ་བཞིན་གཤེགས་པའི་བྱིན་གྱིས་བརླབས་ཀྱིས་ལོང་བས་ན་མིག་རྙེད།
་འོན་པས་ནི་སྒྲ་ཐོས། སྨྱོན?་པས་ནི་དྲན་པ་རྙེད། ནད་རྣམ་པ་སྣ་ཚོགས་དང། ལོ་ཉས་ནི་ཞི་བར་བྱས་ཞེས་བྱ་བ་ལ་སོགས་ཏེ། འདི་ནི་གཞན་གྱི་སྐྱོབ་པ་རྣམ་པ་གཅིག་གོ་།ངན་སོང་དང་ནི་ཞེས་བྱ་བླང་ན་སོང་ལས་སྐྱོབ་པ་སྟོན་ཏོ། །དེ་ཡང་དེ་བཞིན་གཤེགས་པའི
་འོད་བཏང་བས། སེམས་ཅན་དམྱལ་བ་ལ་སོགས་པ་ངན་སོང་བ་རྣམས་ཀྱི་ལུས་ལ་རེག་ནས་ངན་སོང་གི་སྡུག་བསྔལ་ཐམས་ཅད་ཞི་བར་བྱས་ཏེ། མཐོ་རིས་སུ་སྐྱེ་བར་བྱས་པ་དང། ངན་སོང་དུ་སྐྱེ་བར་འདོད་པ་རྣམས་ལ་འོད་དེས་རེག་ནས་ངན་སོང་དུ་མི་སྐྱེ
་མར་བྱས་ཏེ། འདི་ནི་གཞན་སྐྱོབ་པ་རྣམ་པ་གཉིས་སོ། །ཐབས་མིན་དང་ཞེས་བྱ་བ་ཐབས་མ་ཡིན་པ་ལས་སྐྱོབ་པ་བསྟན་ཏེ། མུ་སྟེགས་ཅན་གྱི་ལྟ་བ་རྣམ་པ་སྣ་ཚོགས་ཐལ་བ་ལ་ཉལ་བས་ཐར་པ་དང་མཐོ་རིས་ཚོལ་བ་དང། ཚོར་མན་ཉལ་བས་ཐར་པ་དང་མཐོ་རིས་ཚོལ
་བ་དང་གྲིག་ཁ་ནས་མཚངས?་པས་ཐར་པ་དང་མཐོ་རིས་ཚོལ་བདག་ནི་དེ་ལས་ཐར་པ་དང་མཐོ་རིས་ཐོབ་པར་མི་འགྱུར་བས་ན་ཐབས་མ་ཡིན་པ་ཞེས་བྱའོ། །ཐབས་མ་ཡིན་པ་ལ་ཞུགས་པའི་མུ་སྟེགས་པ་དེ་དག་ལམ་ངན་པ་དོར་དུ་བཅུག་ནས། མཐོ་རིས་ཀྱི་ལམ་དང
་དགེ་བ་བཅུ་དང་ཐར་པའི་ལམ་འཕགས་པའི་ལམ་གྱི་ཡན་ལག་བརྒྱུད་ལ་འགོད་དེ་འདི་ནི་གཞན་སྐྱོབ་པ་རྣམ་པ་གསུམ་མོ། །འཇིག་ཚོགས་ནི་ཞེས་བྱ་བས་འཇིག་ཚོགས་ལ་སྐྱོབ་པ་སྟོན་ཏེ། བདག་དང་བདག་གི་མེད་པའི་ཕུང་པོ་ལྔ་ལ་བདག་དང། བདག་གིར་ལྟ་བ་ནི
་འཇིག་ཚོགས་ལ་ལྟ་བའོ། །འཇིག་ཚོགས་ལ་ལྟ་བའི་སེམས་ཅན་དེ་དག་ལ་ཉན་ཐོས་དང། རང་སངས་རྒྱས་ཀྱི་ཆོས་གང་ཟག་ལ་བདག་མེད་པ་བསྟན་ནས། ཉན་ཐོས་ཀྱི་མྱ་ངན་ལས་འདས་པ་ལ་བཀོད་པ་ནི་འཇིག་ཚོགས་ལས་སྐྱོབས་པ་ཞེས་བྱ་སྟེ། འདི་ནི་གཞན
་སྐྱོབ་པ་རྣམ་པ་བཞི་པའོ། །ཐེག་ཆུང་ལས་ཞེས་བྱ་བས་ཐེག་པ་ཆུང་དུ་ལས་སྐྱོབ་པ་བསྟན་ཏེ། མ་དེས་པའི་རིགས་ཅན་དག་ཉན་ཐོས་ཀྱི་ཐེག་པར་ཞུགས་པ་འམ། འཇུག་ཏུ་འདོད་པ་རྣམས་དེ་ལས་བཟློག་ནས་ཐེག་པ་ཆེན་པོ་ལ་འགོད་པར་བྱེད་པ་ནི་ཐེག་པ་ལ
་སྐྱོབ་པ་ཞེས་བྱ་སྟེ། འདི་ནི་གནས་གཞན་སྐྱོབ་པ་རྣམས་པ་ལྔའོ། །དེའི་ཕྱིར་སྐྱབས་ནི་དམ་པའོ་ཞེས་བྱ་བ་ནི་སེམས་ཅན་གཞན་ལ་ཡང་སྐྱབས་རྣམ་པ་ལྔ་བྱེད་པས་ན་དེའི་ཕྱིར་སངས་རྒྱས་སུ་གྲུབ་པས་ནི་སྐྱབས་དམ་པ་སྐྱབས་བླ་ན་མེད་དོ་ཞེས་བྱ་བའི་དོན་ཏོ།།
་ད་ནི་ཚིགས་སུ་བཅད་པ་གསུམ་པས་སྐྱབས་དེ་ཉིད་དཔེ་མེད་པ་དང། མཆོག་ཏུ་གྱུར་པའི་ཕྱིར་འཇིག་རྟེན་དང། འཇིག་རྟེན་ལས་འདས་པའི་ཕྱིར་སྐྱབས་པས་ཀྱང་སྐྱབས་བླ་ན་མེད་པ་ཡིན་ནོ་ཞེས་གོང་དུ་ཚིགས་སུ་བཅད་པ་དང་པོ་དང་གཉིས་པར་བསྟན་པའི་དོན་གཉིས་ཀྱིས
་བླ་ན་མེད་པའི་དོན་དུ་བསྟན་པའི་ཕྱིར། སངས་རྒྱས་སྐྱབས་ནི་དཔེ་མེད་མཆོག་ཡིན་ཏེ། ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གཅིག་སྨོས་སོ། །སངས་རྒྱས་པར་གྱུར་པ་ཉིད་བདག་དང་གཞན་གྱི་སྐྱབས་ཀྱི་གནས་སུ་གྱུར་པས་སངས་རྒྱས་ཀྱི་སྐྱབས
་ཡིན་ཏེ། སངས་རྒྱས་ཀྱི་སྐྱབས་དང་སྐྱབས་འདི་གཉིས་སུ་འདྲའོ་ཞེས་དེ་དང་བསྟུན་ཅིང་འདྲ་བར་གཞལ་དུ་རུང་བ་འཇིག་རྟེན་གང་ན་ཡང་མེད་པས་ན་དཔེ་མེད་པ་ཞེས་བྱའོ། །འཇིག་རྟེན་པ་དག་རི་ལ་སོགས་པ་ལ་སྐྱབས་འགྲོ་བ་དང། ཉན་ཐོས་དག་མྱ་ངན་ལས
་འདས་པ་ལ་སྐྱབས་སུ་འགྲོ་བ་བས། སྐྱབས་འདི་དམ་པ་ཡིན་པས་ན་མཆོག་ཅེས་བྱ་སྟེ། དེའི་ཕྱིར་ན་སྐྱབས་བླ་ན་མེད་པའོ། །ཇི་ལྟར་ན་མེད་པའི་ཕྱིར་སྐྱེ་འཆི་ཞེས་བྱ་བ་སྨོས་ཏེ། སངས་རྒྱས་བར་གྱུར་ན་སྐྱེ་འཆི་ཀུན་ལས་སྲུང་བར་བྱེད་དེ། ཅིའི་ཕྱིར་ཞེ་ན།
་སངས་རྒྱས་ཕན་ཆད་སྐྱེ་བ་དང་རྒ་བ་དང་ན་བ་ལ་སོགས་པ་མི་འབྱུང་བའི་ཕྱིར་ཏེ། འདིས་ནི་ཚེའི་ཀུན་ནས་ཉོན་མོངས་པ་ལས་སྐྱོབ་པར་བསྟན་ཏོ། །ཉོན་མོངས་ཞེས་བྱ་བ་ནི། སངས་རྒྱས་པར་གྱུར་ན་ཉོན་མོངས་པ་ལས་སྲུང་བར་བྱེད་དོ། །ངན་སོང་ཀུན་ལས་ཞེས
་བྱ་བ་ནི། ལས་ཀྱི་ཀུན་ནས་ཉོན་མོངས་པ་ལས་སྲུང་བར་བྱེད་དེ། ཅིའི་ཕྱིར་ཞེ་ན། སངས་རྒྱས་ཕན་ཆད་མཚམས་མེད་པ་ལྔ་དང་མི་དགེ་བ་བཅུ་ལ་སོགས་པའི་ལས་མི་བྱེད་པའི་ཕྱིར་ཏེ། འདིས་ནི་ལས་ཀྱི་ཀུན་ནས་ཉོན་མོངས་པ་ལས་སྐྱོབ་པ་བསྟན་ཏོ། །ཚིགས
་དེ་དག་གིས་སངས་རྒྱས་ན་བདག་གི་སྐྱབས་སུ་བདག་འགྱུར་བར་བསྟན་པ་ཡིན་ནོ། །དེ་སངས་རྒྱས་ན་གཞན་གྱི་སྐྱབས་སུ་གྱུར་པ་ཡང་ཡིན་པར་བསྟན་པའི་ཕྱིར། སྣ་ཚོགས་འཇིགས་འགྱུར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སངས་རྒྱས་ན་འཇིགས་པ་སྣ་ཚོགས་ལས་ཀྱང
་སྲུང་བར་བྱེད། ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པའི་མཐུས། ལོང་བས་མིག་རྙེད་པ་དང། འོ་ན་པས་རྣ་བས་སྒྲ་ཐོས་པ་ལ་སོགས་པ་བྱས་པའི་ཕྱིར་རོ། །འཇིག་ཚོགས་ཐམས་ཅད་དང་ཞེས་བྱ་བ་ལ་སངས་རྒྱས་ན་འཇིག་ཚོགས་ཐམས
་ཅད་ལས་སྲུང་བར་བྱེད་དོ། །ཇི་ལྟ་ཞེ་ན། ལྷ་དང་མི་ལ་སོགས་པ་བདག་དང་བདག་གིར་ཆགས་པ་རྣམས་ལ་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་ཆོས་གང་ཟག་ལ་བདག་མེད་པ་བསྟན་ནས་མྱ་ངན་ལས་འདས་པ་ལ་བཀོད་པའི་ཕྱིར་རོ། །ཐེག་པ་ཞེས་བྱ་བ
་ལ་སངས་རྒྱས་པར་གྱུར་ན་ཐེག་པ་ཆུང་དུ་ལ་སྲུང་བར་བྱེད་དོ། །ཇི་ལྟ་ཞེ་ན། མ་ངེས་པའི་རིགས་ཅན་རྣམས་ཐེག་པ་རྣམ་པ་གཉིས་སུ་ཞུགS་པ་དང། འཇུག་པར་འདོད་པ་རྣམས་དེ་ལས་བཟློག་ནས་ཐེག་པ་ཆེན་པོར་བཀོད་པའི་ཕྱིར་རོ། །ནམ་མང་སྡུག་བསྔལ་ཞེས
་བྱ་བ་ལ། སངས་རྒྱས་བར་གྱུར་ན་སྡུག་བསྔལ་རྣམ་པ་མང་པོ་ལས་སྲུང་བར་བྱེད་དེ། ཇི་ལྟ་ཞེ་ན། དེ་བཞིན་གཤེགས་པས་འོད་བཀྱེ་བའི་སྒོ་ནས་སེམས་ཅན་དམྱལ་བ་ལ་སོགས་པའི་སྡུག་བསྔལ་ཞི་བར་བྱ་སྟེ། མཐོ་རིས་སུ་སྐྱེ་བར་བྱེད་པ་དང། སེམས་ཅན་དམྱལ
་བར་སྐྱེ་བར་འགྱུར་བ་རྣམས་ལ་འོད་ཀྱིས་རེག་པས་དེར་སྐྱེ་བར་མི་འགྱུར་བར་བྱས་པའི་ཕྱིར་རོ། །ཐབས་མེད་སོང་ཞེས་བྱ་བ་ལ། སངས་རྒྱས་ན་ཐབས་མེད་པར་སོང་བ་རྣམས་སྲུང་བར་བྱེད་དེ། ཇི་ལྟ་ཞེ་ན། ཐབས་མེད་པ་ནི་མུ་སྟེགས་པ་ཐལ་བ་དང་ཚེར་མ་ལ
་སོགས་པ་ལ་ཉལ་བའི་སྒོ་ནས་ཐར་པ་དང། མཐོ་རིས་ཚོལ་བར་བྱེད་པ་སྟེ། དེ་དག་ལ་ཐད་པའི་ལམ་བྱང་ཆུབ་ཀྱི་ཕྱོགས་སྟོང་པར་བྱེད་པ་དང། མཐོ་རིས་ཀྱི་ལམ་དགེ་བ་བཅུ་སྟོན་པར་བྱེད་པའི་ཕྱིར་རོ། །ཚིགས་བཅད་བཞི་པས་ནི་རྒྱུ་གང་གིས་ན་སངས་རྒྱས་སུ་གྲུབ
་པ་དེ་སྐྱབས་བླ་ན་མེད་པའི་རྒྱུ་གང་ཡིན་པ་སྟོན་ཏེ། སྐྱབས་བླ་ན་མེད་པའི་རྒྱུ་ཡང་རྣམ་པ་གཉིས་སོ། །གང་ཞེ་ན། བདག་གི་དོན་མཐར་ཐུགས་པ་དང། གཞན་གྱི་དོན་མཐར་ཐུགས་པའོ། །དེ་ལྟར་བདག་དང་གཞན་གྱི་དོན་མཐར་ཐུགས་བས་ན་རྒྱུ་དེས་སྐྱབས་བླ་ན
་མེད་པའི་མཐུ་དང་ལྡན་པར་འགྱུར་བ་སྟོན་ཏོ། །དེ་ལ་བདག་གི་དོན་མཐར་ཐུག་པའི་དབང་དུ་བྱས་ནས། སངས་རྒྱས་ཆོས་ཀྱི་ཡོངས་སུ་རྫོགས་པའི་ལུས་ཞེས་སྨོས་ཏེ། ནམ་སངས་རྒྱས་བའི་དུས་ན་སངས་རྒྱས་ཀྱི་ཆོས་སྟོབས་དང། མི་འཇིགས་པ་དང། མ་འདྲེས་པ་དང།
་བྱང་ཆུབ་ཀྱི་ཕྱོགས་ལ་སོགས་པས་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་དང་ལྡན་པའི་ཆོས་ཀྱི་སྐུ་དང། ལོང་སྤྱོད་རྫོགས་པའི་སྐུ་དང། སྤྲུལ་པའི་སྐུ་ཐོབ་སྟེ། དེ་བS་ན་བདག་གི་དོན་མཐར་ཕྱིར་ཏོ། །གཞན་གྱི་དོན་མཐར་ཐུགས་པ་ལ་ཡང་རྣམ་པ་གཉིས་ཏེ། ཆོས་ལ་སེམས་ཅན་འདུལ་བར་རིགས
་དང། སྙིང་རྗེ་མཐར་ཕྱིན་པའོ། །དམ་པའི་ཆོས་ལ་སེམས་ཅན་འདུལ་བར་རིག་ཅེས་བྱ་པས་ཆོས་ལ་སེམས་ཅན་འདུལ་བར་རིག་པ་བསྟན་ཏེ། དམ་པའི་ཆོས་ལ་ལེགས་པར་བཤད་པ་གསུང་རབ་ཡན་ལག་བཅུ་གཉིས་ལ་སེམས་ཅན་འགོད་ཅིང་འདུལ་བར་བྱ་བའི
་ཐབས་ཐུགས་སུ་ཆུད་དེ། འདོད་ཆགས་ཅན་ལ་ནི་མི་གཙང་བ་བསྟན་པས་འདུལ། ཞེ་སྡང་ཅན་ལ་ནི་བྱམས་པ་བསྟན་པས་འདུལ། གཏི་མུག་ཅན་ལ་ནི་རྟེན་ཅིང་འབྲེལ་ཏེ་འབྱུང་བ་བསྟན་པས་འདུལ་བ་ཐུགས་སུ་ཆུད་པའི་ཕྱིར་རོ། །འདིས་ནི་ཤེས་རབ་དང་ལྡན་པར་བསྟན
་ཏོ། །འགྲོ་བ་ཀུན་ལ་སྙིང་བརྩེ་ཕ་རོལ་སོང་ཞེས་བྱ་བས། སྙིང་རྗེ་མཐར་ཕྱིན་པ་བསྟན་ཏེ་ཁམས་གསུམ་པའི་སེམས་ཅན་དུས་གསུམ་གྱིས་བསྡུས་པ་སྐྱེ་བ་རྣམ་པ་བཞི་ནས་སྐྱེ་བ་རྣམས་ནི་འགྲོ་བ་ཞེས་བྱ་སྟེ། དེ་དག་གི་སྡུག་བསྔལ་བསལ་བར་བྱའོ་སྙམ་དུ་སེམས་པའི
་སྙིང་རྗེ་མཐར་ཕྱིན་ཅིང་ཡོངས་སུ་རྫོགས་པར་གྱུར་པ་ནི་སྙིང་རྗེ་ཕ་རོལ་སོང་ཞེས་བྱའོ། །ཡང་ན་སྙིང་རྗེའི་ཤུགས་ཀྱིས་ཡོན་ཏན་ཐམས་ཅད་རྫོགས་པར་ཐོབ་པ་ལ་སྙིང་བརྩེ་ཕ་རོལ་སོང་ཞེས་བྱའོ། །ཡང་ན་སེམས་ཅན་ལ་སྙིང་རྗེ་བའི་མཐུས་མཐར་ཐུག་པའི་གནས
་སངས་རྒྱས་སུ་གྲུབ་པ་སྙིང་བརྩེས་ཕ་རོལ་སོང་ཞེས་བྱ་སྟེ། འདིས་ནི་ཐབས་དང་ལྡན་པ་བསྟན་ཏོ། །དེ་ལྟར་བྱང་ཆུབ་སེམས་དཔའ་ཐབས་དང་ཤེས་རབ་དང་ནི་བདག་གཞན་གཉི་ག་སྐྱོབ་པར་ནུས་པས་ཐབས་དང་ཤེས་རབ་གཉིས་ནི་སྐྱབས་བླ་ན་མེད་པ་འབྱུང་བའི་རྒྱུ་ཡིན
་ནོ་ཞེས་བྱ་བའི་དོན་ཏོ། །སངས་རྒྱས་དེ་འདིར་སྐྱབས་ཀྱི་མཆོག་ཏུ་དགོངས་ཞེས་བྱ་བ་ལ། དེ་ལྟར?་སངས་རྒྱས་པར་གྱུར་ན་བདག་གི་དོན་ཡང་མཐར་ཐུག་གཞན་གྱི་དོན་ཡང་མཐར་ཐུག་པས་ན་སངས་རྒྱས་པ་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་སྐྱབས?
་གཞན་པས་ཀྱང་མཆོག་ཏུ་གྱུར་ཅིང་བླ་ན་མེད་པར་བྱེད་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཚིགས་སུ་བཅད་པ་ལྔ་བས་ནི་དུས་ཇི་སྲིད་ཅིག་ཏུ་སེམས་ཅན་གྱི་སྐྱབས་བྱེད་པ་དང། སེམས་ཅན་ཇི་སྙེད་ཅིག་གི་སྐྱབས་བྱེད་པ་དང། གང་གི་ཕྱིར་སྐྱབས་སུ་བྱེད་པ་སྟེ་དོན་རྣམ་པ་གསུམ་བསྟན?
་ཏོ། །དུས་ཇི་སྲིད་ཅིག་ཏུ་སེམས་ཅན་གྱི་སྐྱབས་བྱེད་པ་བསྟན་པའི་ཕྱིར་འཇིག་རྟེན་བར་དུ་ཞེས་བྱ་བ་སྨོས་ཏེ། ནམ་མཁའ་ཨི་ཁམས་གྱི་མཐར་ཐུག་པ་འཇིག་རྟེན་གྱི་ཁམས་ཀྱི་མཛའ་ཡང་དེར་ཐུག་གོ་།འཇིག་རྟེན་གྱི་ཁམས་ཀྱི་མཐར་ཐུག་པ་སེམས་ཅན་གྱི་ཁམས་ཀྱི་མཛའ་ཡང?
་དེར་ཐུག་གོ་།སེམས་ཅན་གྱི་ཁམས་ཀྱི་མཛའ་གར་ཐུག་པ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་སེམས་ཅན་གྱི་སྐྱབས་མཛད་པའི་མཛའ་ཡང་དེར་ཐུག་གོ་།དོན་དུ་ནམ་མཁའ་ཨི་ཁམས་ཀྱི་མཛའ་ཡང་ཐུག་པ་མེད་པ་དེ་བཞིན་དུ་འཇིག་རྟེན་གྱི་ཁམས་ཀྱི་མཛའ་ལ
་ཡང་ཐུག་པ་མེད་དོ། །འཇིག་རྟེན་གྱི་ཁམས་ཀྱི་མཛའ་ལ་ཐུག་པ་མེད་པ་དེ་བཞིན་དུ་སེམས་ཅན་གྱི་ཁམས་ཀྱི་མཛའ་ལ་ཡང་ཐུག་པ་མེད་དོ། །སེམས་ཅན་གྱི་ཁམས་ཀྱི་མཛའ་ལ་ཐུག་པ་མེད་པ་དེ་བཞིན་དུ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་སེམས་ཅན
་བསྐྱབ་པའི་མཛའ་ཡང་ཐུག་པ་མེད་དོ། །འཁོར་པའི་མཛའ་ཨི་བར་དུ་སྐྱབས་མཛད་ཅེས་བྱ་བའི་དོན་ཏོ། །ཇི་སྙེད་ཅིག་གི་སྐྱབས་མཛད་ཅེ་ན། དེའི་ཕྱིར། འགྲོ་ཀུན་གྱི་ཞེས་བྱ་བ་སྨོས་ཏེ། རིགས་ཡོད་པ་དང་རིགས་མེད་པ་དང། རིགས་མ་དེས་པ་ལ་སོགས་པ་སེམས་ཅན
་ཀུན་གྱི་སྐྱབས་མཛད་དོ་ཞེས་བྱ་བའི་དོན་ཏོ། །སངས་རྒྱས་སྐྱབས་ནི་ཆེན་པོ་སྟེ་ཞེས་བྱ་བ་ལ། དེ་ལྟར་འཁོར་བའི་མཛའ་ཨི་བར་དུ་སེམས་ཅན་ཀུན་གྱི་སྐྱབས་བྱེད་པས་ན་སངས་རྒྱས་ཀྱིས་སེམས་ཅན་སྐྱོབ་པ་ནི་འཇིག་རྟེན་པའི་སྐྱབས་དང། ཉན་ཐོས་ལ་སོགས་པའི་སྐྱབས
་པས་ཀྱང་སྐྱབས་མཆོག་ཏུ་གྱུར་པ་དང། ཆེན་པོར་གྱུར་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གང་གི་ཕྱིར་སྐྱོབ་ཅེ་ན། དེའི་ཕྱིར། སྡུག་བསྔལ་འབྱོར་པ་ཐམས་ཅད་ནི། བཟློག་པ་དང་ནི་འཕེལ་བར་རིག་ཅེས་བྱ་བ་སྨོས་ཏེ། སེམས་ཅན་རྣམས་ཀྱི་སྡུག་བསྔལ་སྐྱེ་རྒན་འཆི་ལ་སོགས་པའི
་སྡུག་བསྔལ་བཟློག་པར་བྱ་བ་དང། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་འབྱོར་བ་ཐམས་ཅད་འཕེལ་བར་བྱ་བའི་ཕྱིར་སྐྱབས་མཛད་དོ་ཞེས་བྱ་བའི་དོན་ཏོ། །གནས་ཡོངས་སུ་གྱུར་པའི་ཚིགས་སུ་བཅད་པ་དྲུག་སྟེ་ཞེས་བྱ་བ་ལ། སྐྱབས་བླ་ན་མེད་པའི་དོན་དོན་བསྟན་ནས། དེ་ནི
་གནས་ཡོངས་སུ་གྱུར་པའི་དོན་བསྟན་པའི་ཕྱིར་ཚིགས་སུ་བཅད་པ་དྲུག་རྩོམ་མོ་ཞེས་བྱ་བའི་དོན་ཏོ། །དེ་ལ་གནས་ཞེས་བྱ་བ་ནི་གཟུགས་ཀྱི་ཕུང་པོ་ནས་རྣམ་པར་ཤེས་པའི་བར་དུ་ཕུང་པོ་ལྔ་ལ་བྱ་སྟེ། ཕུང་པོ་དེ་དག་ལ་ཡོད་པའི་ཉོན་མོངས་པ་དང། ཤེས་བྱའི་སྒྲིབ
་པ་སྤངས་ནས་ཆོས་ཀྱི་དབྱིངས་རྣམ་པར་དག་པར་གྱུར་པ་དང། རྣམ་པར་མི་རྟོག་པའི་ཡེ་ཤེས་སུ་གྱུར་པ་ལ་གནས་གཞན་དུ་གྱུར་པ་ཞེས་བྱའོ། །དེ་ལ་གཟུགས་དང་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དེ་ཕུང་པོ་བཞི་དང་རྣམ་པར་ཤེས་པའི་ཕུང་པོ་ལས་མིག་གི་རྣམ
་པར་ཤེས་པ་ནས་ཉོན་མོངས་པའི་ཡིད་ཀྱི་བར་དུ་དག་ན་ཆོས་ཀྱི་དབྱིངས་རྣམ་པར་དག་པར་འགྱུར་རོ། །ཀུན་གཞི་རྣམ་པར་ཤེས་པ་དག་ན་རྣམ་པར་མི་རྟོག་པའི་ཡེ་ཤེས་སུ་འགྱུར་རོ། །ཡང་ན་གཟུགས་དང་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་པ་དག་དང། རྣམ་པར་ཤེས
་པ་བརྒྱད་ལ་ཡོད་པའི་སྟོང་པ་ཉིད་དག་ན་ཆོས་ཀྱི་དབྱིངས་རྣམ་པར་དག་པར་འགྱུར་རོ། །རྣམ་པར་ཤེས་པ་བརྒྱད་ལས་ཀུན་གཞི་དག་ན་མེ་ལོང་ལྟ་བུའི་ཡེ་ཤེས་སུ་འགྱུར་རོ། །ཉོན་མོངས་པའི་ཡིད་དག་ན་མཉམ་པ་ཉིད་ཀྱི་ཡེ་ཤེས་སུ་འགྱུར་རོ། །ཡིད་ཀྱི་རྣམ་ཤེས་པ་དག་ན
་སོ་སོར་ཀུན་ཏུ་རྟོག་པའི་ཡེ་ཤེས་སུ་འགྱུར་རོ། །མི་གནས་ལུས་ཀྱི་བར་དུ་རྣམ་པར་ཤེས་པ་ལྔ་དག་ན་བྱ་བ་སྒྲུབ་པའི་ཡེ་ཤེས་སུ་འགྱུར་ཏེ། ཡེ་ཤེས་བཞི་དང་ཆོས་ཀྱི་དབྱིངས་རྣམ་པར་དག་པ་ལྔ་ཐོབ་པ་ལ་གནས་གཞན་དུ་གྱུར་པ་ལྔ་ཞེས་བྱའོ། །གནས་གཞན་དུ་གྱུར་པ་?
་ཚིགས་སུ་བཅད་པ་དྲུག་གིས་བསྟན་པ་ལས་ཚིགས་སུ་བཅད་པ་དང་པོའི་བསྡུས་པའི་དོན་ནི་མི་མཐུན་བའི་ཕྱོགས་ཀྱི་ས་བོན་དང་བྲལ་བ་དང། གཉེན་པོ་ཕུན་སུམ་ཚོགས་པ་དང་ལྡན་པས་གནས་གཞན་དུ་གྱུར་པ་སྟེ། མདོད་ན་དོན་དེ་བསྟན་ཏེ། །ཉོན
་མོངས་ཤེས་བྱའི་སྒྲིབ་པའི་ས་བོན་དུས་རིང་རྟག་ལྡན་པ་ཞེས་བྱ་བ་དང། གང་ལ་བྱང་འགྱུར་ཞེས་བྱ་བའི་ཚིག་གཉིས་སུ་སྦྱར་ཏེ། ས་བོན་ནི་བག་ཆགས་ལ་བྱའོ། །ཉོན་མོངས་པར་སྒྲིབ་པའི་ས་བོན་ནི་ཉོན་མོངས་བ་སྒྲིབ་པའི་བག་ཆགས་སོ། །ཤེས་བྱའི་སྒྲིབ་པའི་ས་བོན་ནི
་ཤེས་བྱའི་སྒྲིབ་བའི་བག་ཆགས། །དུ་རིང་ཞེས་བྱ་བ་ནི་བག་ཆགས་དེ་དག་ཀྱང་འཁོར་བ་ཐོག་མ་མེད་པའི་དུས་ནས་བསགས་པ་ཞེས་བྱ་བའི་དོན་ཏོ། །རྟག་ལྡན་ཞེས་བྱ་བ་ནི། བག་ཆགས་དེ་དག་ཀྱང་སྔོན་སོ་སོའི་སྐྱེ་བོའི་དུས་ན་ལན་འགའ་ཡང་འཕགས་པའི་ལམ
་གྱི་མ་སྤངས་མ་བཅོམ་ཞེས་བྱ་བའི་དོན་ཏོ། །འདིས་ནི་མི་མཐུན་པའི་ཕྱོགས་ཀྱི་ས་བོན་དང་བྲལ་བ་བསྟན་ཏོ། །བག་ཆགས་དེ་དག་གཉེན་པོ་གང་གིས་སྤངས་ཤེ་ན། དེའི་ཕྱིར། སྤོང་བ་རྒྱ་ཆེ་རྣམ་པ་ཀུན་གྱིས་བྱང་གྱུར་པ་ཞེས་སྨོས་ཏེ། སྤོང་བ་ཞེས་བྱ་བ་སྟོན་ཏོ། །
་དེ་དག་ཇི་ལྟར་སྤོང་བར་བྱེད་ཅེ་ན། ཞེས་བྱ་བ་སྟོན་ཏེ། རྒྱ་ཆེ་བ་ཞེས་བྱ་བ་ནི་ས་དང་པོ་ནས་ས་བཅུ་པ་མན་ཆད་ཀྱི་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱི་ལམ་ལ་རྒྱ་ཆེ་བ་ཞེས་བྱ་སྟེ། ཡེ་ཤེས་དེས་སྤོང་བར་བྱེད་ཅེས་བྱ་བའི་དོན་ཏོ། །རྣམ་པ་ཀུན་གྱིས་ཞེས་བྱ་བ
་ནི་ས་རེ་རེ་ལ་ཡང་ཡེ་ཤེས་ཆེན་པོའི་ཆེན་པོ་ལ་སོགས་པ་དགུ་དགུ་ཡོད་པས་སྤོང་ངོ་ཞེས་བྱ་བའི་དོན་ཏོ། །གང་ལ་བྱང་འགྱུར་བ་ཞེས་བྱ་བ་ནི་ཡེ་ཤེས་དེ་དག་གིས་གཉེན་པོ་བྱས་ནས་གང་གི་སེམས་ལ་ཉོན་མོངས་པ་དང། ཤེས་བྱའི་སྒྲིབ་པ་བྱང་བར་གྱུར་ན་གནས
་གཞན་དུ་གྱུར་པ་ཐོབ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏེ། །འདིས་ནི་གཉེན་པོ་ཕུན་སུམ་ཚོགས་པ་དང་ལྡན་པ་བསྟན་ཏོ། །གནས་གྱུར་ཐོབ་པ་ཞེས་བྱ་བ་ལ། དེ་ལྟར་སྒྲིབ་པ་གཉིས་སྤངས་པས་ཡེ་ཤེས་བཞི་དང་ཆོས་ཀྱི་དབྱིངས་རྣམ་པར་དག་པ་ལྔ་ཐོབ་པ་ནི་གནས་གྱུར
་བ་ཐོག་པ་ཞེས་བྱའོ། །སངས་རྒྱས་དཀར་པོའི་ཆོས་མཆོག་ཡོན་ཏན་ལྡན་ཞེས་བྱ་བ་ལ། དེ་ལྟར་སངས་རྒྱས་ཀྱི་སར་ཆོས་ལྔ་ཐོབ་པ་དག། །སྟོབས་དང། མི་འཇིགས་པ་དང། ས་འདྲེས་པ་ལ་སོགས་པའི་ཡོན་ཏན་ཕུན་སུམ་ཚོགས་པ་རྙེད་པར་འགྱུར་བས་ན་དཀར་པོའི་ཆོས་མཆོག
་གི་ཡོན་ཏན་ལྡན་ཞེས་བྱ་སྟེ། ཉན་ཐོས་ལ་སོགས་པ་ལ་ཡོན་ཏན་དེ་མེད་པས་ན་མཆོག་ཅེ་བྱའོ། །གོང་དུ་སྒྲིབ་པ་གཉིས་སྤོང་བར་བྱེད་པ་ནི་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱི་ལམ་གྱིས་སྤོང་ངོ་ཞེས་བཤད་པ་ལ་ཡེ་ཤེས་ཀྱི་ལམ་གཉིས་ཡོད་བར་བསྟན་པའི་ཕྱིར་རོ། །རྣམ་པར
་མི་རྟོག་ཡེ་ཤེས་ལམ་དག་དེ་ཐོབ་ཕྱིར་ཞེས་བྱ་བ་སྨོས་ཏེ། ཤིན་ཏུ་རྣམ་པར་དག་པའི་རྣམ་པརྨི་རྟོག་པའི་ཡེ་ཤེས་ཀྱི་ལམ་ཐོབ་པ་དང། དེའི་ཕྱི་ནས་ཐོབ་པ་ཤེས་བྱ་མཛའ་དག་ཡུལ་དུ་གྱུར་པའི་དག་པ་འཇིག་རྟེན་པའི་ཡེ་ཤེས་ཀྱི་ལམ་ཐོབ་པས་ལམ་དེ་གཉིས
་ཀྱིས་སྒྲིབ་པ་གཉིས་མ་ལུས་པར་སྤངས་སོ་ཞེས་བྱ་བའི་དོན་ཏོ། །དེ་ལ་ཤིན་ཏུ་རྣམ་པར་དག་པ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་ཆོས་ཐམས་ཅད་ནམ་མཁའ་ཨི་ངོས་བཞིན་དུ་སྟོད་པར་མཐོང་ངོ། །དེའི་ཕྱི་ནས་ཐོབ་པ་ཤེས་བྱ་མཛའ་དག་པ་ཡུལ་དུ་གྱུར་པ་དད
་པ་འཇིག་རྟེན་པའི་ཡེ་ཤེས་ཀྱིས་ནི་དུས་གསུམ་གྱི་བསྡུས་པའི་འཇིག་རྟེན་གྱི་ཁམས་ཀྱི་དངོས་པོ་ཐམས་ཅད་སྒྱུ་མ་དང་སྨིག་རྒྱུ་ལྟ་བུར་མཐོང་ངོ། །ད་ནི་ཚིགས་སུ་བཅད་པ་གཉིས་ལས་ཉན་ཐོས་དང་རང་སངས་རྒྱས་ལ་ཡང་གནས་གཞན་དུ་གྱུར་པ་ཡོད་མོད་ཀྱི
་དེ་བཞིན་གཤེགས་པའི་གནས་གཞན་དུ་གྱུར་པ་ནི་དེ་དག་ལས་ཀྱང་འཕགས་ཤིང་ཁྱད་ཞུགས་པར་སྟོན་ཏེ་དེ་བས་ན། དེ་བཞིན་གཤེགས་པ་དེ་ནི་དེར་ཞུགས་ནས་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་གཅིག་སྨོས་སོ། །དེ་ལ་ཆོས་ཀྱི་དབྱིངས་ཇི་ལྟར
་གནས་པ་དེ་བཞིན་དུ་ཐུགས་སུ་ཆུད་པས་དེ?་བཞིན་གཤེགས་པ་ཞེས་བྱ་སྟེ། དེ་བཞིན་གཤེགས་པ་དེར་ཞུགས་ཞེས་བྱ་བ་ནི་གནས་གཞན་དུ་གྱུར་པའི་ཟག་པ་མེད་པའི་དབྱིང་དེ་རྙེད་ཐུགས་སུ་ཆུད་ནས་ཞེས་བྱ་བའི་དོན་ཏོ། །རི་དབང་མཐོ་སྟངས་བཞུགས་བཞིན
་འགྲོ་ལ་གཟིགས་ཞེས་བྱ་བ་ནི་རིའི་དབང་པོ་ནི་རི་རབ་སྟེ། སེམས་ཅན་ལ་ལ་ཞིག་རི་རབ་ཀྱི་སྟེང་ན་གནས་ནས་ཕྱོགས་བཅུར་བལྟས་ན་ཉེ་བ་ཡང་མཐོང་ངོ། །རིང་བ་ཡང་མཐོང། བཟང་བ་ཡང་མཐོང་ངན་པ་ཡང་མཐོང་བ་དེ་བཞིན་དུ་དེ་བཞིན
་གཤེགས་པ་རྣམས་ཀྱང་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་གནས་གཞན་དུ་གྱུར་པ་ལས་འཕགས་པ་དེ་བཞིན་གཤེགས་པའི་གནས་གཞན་དུ་གྱུར་པ་མཐོན་པོ་དེ་བརྙེས་ནས། ཐུགས་རྗེ་ཆེན་པོས་སེམས་ཅན་ཐམས་ཅད་ལ་གཟིགས་སོ་ཞེས་བྱ
་བའི་དོན་ཏོ། །ཞི་བར་མངོན་དགའ་ཨི་འགྲོ་ལའང་ཐུགས་རྗེ་ན། སྲིད་ལ་མངོན་དགའ་ཨི་འགྲོ་ལ་ཅི་ཞིག་སྨོས་ཞེས་བྱ་བ་ལ། དེ་ལྟར་ཐུགས་རྗེས་ཀུན་ལ་གཟིགས་ནས་ཉན་ཐོས་སྙིང་རྗེ་ཆེན་པོ་མེད་པས་སེམས་ཅན་གྱི་དོན་སྤངས་ཏེ་བདག་འབའ་ཞིག་གི་དོན
་དུ་ཞི་བ་མྱ་ངན་ལས་འདས་པར་ཞུགས་པ་དེ་དག་འཁོར་བ་ཐོག་མ་མེད་པ་ནས་ཉེ་བར་གཉེན་དུ་གྱུར་པའི་སེམས་ཅན་གྱི་དོན་མ་བྱས་པ་དང། ཤེས་བྱའི་སྒྲིབ་པ་སྤངས་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་མ་ཐོབ་པོ་ཞེས་དེ་དག་ལ་ཡང་ཐུགས
་རྗེ་དགོངས་ནས་སེམས་ཅན་ཕལ་པ་འཇིག་རྟེན་གྱི་ཁམས་ཆོས་ལ་མངོན་པར་དགའ་བ་བདག་གི་དོན་ཙམ་ཡང་བྱེད་མི་ནུས་པ་སྡུག་བསྔལ་རྣམ་པ་མང་པོས་རྟག་ཏུ་གཟིར་ཅིང་འདོད་པ་ལྔའི་ཡོན་ཏན་གྱིས་འཁོར་བའི་སེམས་ཅན་རྣམས་ཐུགས
་བརྩེ་བར་གྱུར་པར་ལྟ་སྨོས་ཀྱང་ཅི་དགོངས་ཏེ། ཐུགས་རྗེ་འབྱུང་ཞེས་སོ་ཞེས་བྱ་བའི་དོན་ཏོ། །ཁྱད་པར་རིང་བའི་འཇིག་རྟེན་ངན་པ་རྣམས་ལ་ཞེས་བྱ་བ་ལ། ཁྱད་པར་རིང་བའི་འཇིག་རྟེན་ནི་ཉན་ཐོས་དང། རང་སངས་རྒྱས་རྣམས་དེ་བཞིན་གཤེགས
་པ་དང་གཉིས་ཀྱི་བར་ན་ཡོན་ཏན་ཁྱད་ཞུགས་པར་འཕགས་པའི་ཕྱིར་རོ། །འཇིག་རྟེན་ངན་པ་ནི་སོ་སོ་སྐྱེ་བོ་རྣམས་ཏེ། འཁོར་བ་ལས་འདས་པའི་ཕྱིར་རོ། །ད་ནི་ཚིགས་སུ་བཅད་པ་གསུམ་པས་གནས་གཞན་དུ་གྱུར་པའི་ཡོན་ཏན་ཕྱེན་དུ་ཡོད་པའི་ཡོན
་ཏན་གྱི་རབ་ཏུ་དབྱེ་བ་སྟོན་ཏོ། །དེ་བས་ན་འཇུག་དང་རབ་འཇུག་མི་འཇུག་གནས་མི་འཇུག་ཅེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གཅིག་སྨོས་སོ། །དེ་བཞིན་གཤེགས་པའི་གནས་གཞན་དུ་གྱུར་པ་ནི། རྟག་ཏུ་འང་སེམས་ཅན་གྱི་དོན་འབའ་ཞིག་མཛད་དེ།
་གཞན་གྱི་དོན་དུ་འཇུག་པས་ན་འཇུག་པ་ཞེས་བྱའོ། །གནས་གཞན་དུ་གྱུར་པ་དེ་ཆོས་ཐམས་ཅད་ཀྱི་མཆོག་ཡིན་ཏེ། མཆོག་ཏུ་འཇུག་པས་ན་རབ་ཏུ་འཇུག་ཅེས་བྱ་སྟེ། འཇིག་རྟེན་པའི་ཆོས་ཐམས་ཅད་པས་ཀྱང་མཆོག་ཏུ་གྱུར་ལ་ཉན་ཐོས་པ་འཇིག
་རྟེན་ལས་འདས་པ་རྣམས་ཀྱི་གནས་གཞན་དུ་གྱུར་པ་བས་ཀྱང་མཆོག་ཏུ་གྱུར་པའི་ཕྱིར་རོ། །གནས་མི་འཇུག་ཅེས་བྱ་བ་ལ་གནས་ནི་གནས་གཞན་དུ་གྱུར་པ་ལ་བྱ་སྟེ། ཀུན་ནས་ཉོན་མོངས་པའི་རྒྱུ་རྣམ་པ་གསུམ་ལ་མི་འཇུག་པས་ན་གནས་མི་འཇུག་ཅེས
་བྱའོ། །ཀུན་ནས་ཉོན་མོངས་པའི་རྒྱུ་རྣམ་པ་གསུམ་ནི་ཡུལ་ཉེ་བར་གྱུར་བ་དང། ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་དང། བག་ལ་ཉལ་མ་སྤངས་པའོ། །ལྡོག་དང་ཞེས་བྱ་བ་ལ་གནས་གཞན་དུ་གྱུར་པ་དེ་ཀུན་ནས་ཉོན་མོངས་པ་རྣམས་ལ་ཡང་མི་འཇུག་སྡིག
་པ་མི་དགེ་བ་རྣམས་ལ་ཡང་མི་འཇུག་སྟེ། བདག་སྤྱོད་པ་ལ་ལོག་པ་ན་ལྡོག་པ་ཞེས་བྱའོ། །ཀུན་འཇུག་ཅེས་བྱ་བ་ལ་དུས་ཀུན་དུ་འཇུག་པས་ན་ཀུན་འཇུག་སྟེ། ལན་ཅིག་གནས་གཞན་དུ་གྱུར་པ་ཐོབ་ནས་འཁོར་བའི་མཛའ་ཨི་བར་དུ་ཡང་ཉམས་པར་མི་འགྱུར
་པའི་ཕྱིར་རོ། །ཡང་ན་ཀུན་ནས་ཉོན་མོངས་པའི་གཉེན་པོའི་ཆོས་ཀུན་ལ་འཇུག་པས་ན་ཀུན་འཇུག་ཅེས་བྱའོ། །གཉིས་ཞེས་བྱ་བ་ལ། དང་པོ་ཉིད་དུ་མངོན་པར་བྱང་ཆུབ་པ་སྟོན་པ་ལ་འཇུག་།འཇུག་ཏུ་མྱ་ངན་ལས་འདས་པ་སྟོན་པ་ལ་འཇུག་སྟེ། རྣམ་པ་གཉི་སྟོན་པ་ལ
་འཇུག་པས་ན་གཉིས་འཇུག་ཅེས་བྱའོ། །མི་གཉིས་ཞེS་བྱ་ལ་དོན་དུ་གཉིས་སུ་མི་འཇུག་ཅེས་བྱ་བའི་དོན་ཏེ། །གཉིས་སུ་མི་འཇུག་པ་ནི་འཁོར་བར་ཡང་མི་འཇུག་།མྱ་ངན་ལས་འདས་པར་ཡང་མི་འཇུག་པའི་ཕྱིར་རོ། །དེ་ལ་ཤེས་རབ་དང་ལྡན་པས་འདུས་བྱས་ཀྱི་མཛའ་
་སྤངས་བའི་ཕྱིར་འཁོར་བར་མི་འཇུག་གོ་།སྙིང་རྗེས་འདུས་མ་བྱས་སྤངས་བས་ན་མྱ་ངན་ལས་འདས་པར་ཡང་མི་འཇུག་གོ་།མཉམ་དང་ཞེས་བྱ་བ་ཉོན་མོངས་པ་ཐམས་ཅད་སྤངས་པའི་རྣམ་པར་ཀྲོལ་བ་ལ་ནི་ཉན་ཐོས་དང་རང་སངས་རྒྱས
་དང་སངས་རྒྱས་སུ་ཐ་དད་པ་མེད་པས་ན་མཉམ་དུ་འཇུག་པ་ཞེས་བྱའོ། །བྱེ་བྲག་ཅེས་བྱ་བ་ལ། ཤེས་བྱའི་སྒྲིབ་པ་སྤངས་པ་དང། སྟོབས་དང་མི་འཇིགས་པ་ལ་སོགས་པའི་ཡོན་ཏན་རྣམས་ཀྱིས་ནི་ཉན་ཐོས་ཀྱི་གནས་གཞན་དུ་གྱུར་པ་བས་འཕགས་པས་ན་བྱེ་བྲག་ཏུ་འཇུག་པ
་ཞེས་བྱའོ། །ཀུན་འགྲོ་ཉིད་ཅེས་བྱ་བ་ལ་སེམས་ཅན་རྣམས་ལ་ཐེག་པ་རྣམ་པ་གསུམ་ཀུན་འགྲོ་འཇུག་ཅེས་བྱའོ། །དེ་བཞིན་གཤེགས་ཀྱི་ཡོངས་གྱུར་འདོད་ཅེས་བྱ་བ་ནི། དེ་བཞིན་གཤེགས་པའི་གནས་གཞན་དུ་གྱུར་ལ་གོང་དུ་བཤད་པའི་ཡོན་ཏན་གྱི་བྱེ་བྲག་དང
་ལྡན་པར་འདོད་དོ་ཞེས་བྱ་བའི་དོན་ཏོ། །རབ་དང་ལྡན་པའི་ཕྱིར་རྒྱ་ཆེར་འཇུག་བས་ན་ཀུན་འཇུག་པའོ་ཞེས་བྱ་བ་ལ། ཟག་པ་མེད་པའི་ཆོས་དང་ལྡན་པས་རབ་དང་ལྡན་པ་ཞེས་བྱ་བ་འམ། ཉོན་མོངས་པའི་གཉེན་པོ་ཐམས་ཅད་ཀྱི་ཆོས་དང་ལྡན་པས་རབ་དང་ལྡན
་པ་ཞེས་བྱ་བ་སྟེ། དེ་བས་ན་གཉེན་པོའི་ཆོས་ཐམས་ཅད་ལ་འཇུག་པའི་ཕྱིར་རྒྱ་ཆེར་འཇུག་པ་ཞེས་བྱའོ། །ཚིགས་སུ་བཅད་པ་བཞི་པས་ནི་ལྔ་མའི་བྱེད་ཀྱི་སངས་རྒྱས་ཀྱི་རང་བཞིན་ཀུན་ཏུ་སོང་བའི་དོན་མདོར་བསྟན། ཕྱི་མའི་ཕྱེད་ཀྱིས་ནི་དོན་དེ་ཉིད་བཟླས་ཏེ་རྒྱ་ཆེར
་བཤད་པའི་སྒོ་ནས་ཀུན་དུ་འགྲོ་བའི་དོན་ནམ་མཁའ་དང་མཐུན་པས་སངས་རྒྱས་ཀྱི་རང་བཞིན་ཀུན་ཏུ་སོང་སྟེ་ཁྱབ་པར་སྟོན་ཏེ། དེ་བས་ན་ཇི་ལྟར་ན་ནམ་མཁའ་རྟག་ཏུ་ཀུན་སོང་འདོད། །དེ་བཞིན་དེ་ཡང་རྟག་ཏུ་ཀུན་སོང་འདོད་ཅེས་བྱ་བ་ལ་སོགས་པ་སྨོས་སོ། །དཔེར་ན་ནམ་མཁའ་འདི
་དུས་གསུམ་དཱུང་བུམ་པ་དང་སྣམ་བུ་ལ་སོགས་པ་དངོས་པོ་ཀུན་ཏུ་འགྲོ་བར་འདོད་པ་དེ་བཞིན་དུ། ཆོས་ཀྱི་དབྱིངས་ཟག་པ་མེད་པ་དེ་འང་སེམས་ཅན་ཀུན་གྱི་སེམས་ཀྱི་རྒྱུད་ལ་ཡོད་པ་དང་ཁྱབ་པར་འདོད་དེ་ཞེས་བྱ་བའི་དོན་ཏོ། །འདིར་ནི་ཀུན་དུ་ཁྱབ་པའི་དོན་མདོར་བསྟན?་བར?
་པའོ། །ཇི་ལྟར་ནམ་མཁའ་ཨི་རྟོག་ཏུ་ཀུན་སོང་འདོད་ཅེས་བྱ་བའི་དོན་དེ་ཉིད་རྒྱས་པར་བསྟན་པའི་ཕྱིར་ཇི་ལྟར་ན་ནམ་མཁའ་གཟུགས་ཡུལ་ཀུན་ཏུ་སོང་ཞེས་བྱ་བ་སྨོས་ཏེ། དཔེར་ན་ནམ་མཁའ་འདི་གཟུགས་ཀྱི་རྣམ་པར་རིང་པོ་དང། ཐུང་ངུ་དང། དཀར་པོ་དང། དམར་པོ་ལ་སོགས
་པ་ཀུན་ལ་ཁྱབ་པ་དེ་བཞིན་དུ། ཆོས་ཀྱི་དབྱིངས་ཀྱིས་ཀྱང་ཀུན་ལ་ཁྱབ་པོ་ཞེས་བྱ་བའི་དོན་ཏོ། །དེ་བཞིན་དེ་ཡང་རྟག་ཏུ་ཀུན་སོང་འདོད་ཅེས་བྱ་བའི་དོན་དེ་ཉིད་རྒྱ་ཆེར་བསྟན་པའི་ཕྱིར། དེ་བཞིན་དེ་ཡང་སེམས་ཅན་ཚོགས་ཀུན་སོང་ཞེས་བྱ་བ་སྨོས་ཏེ། ནམ་མཁའ་དང་འདྲ
་བར་ཟག་པ་མེད་པའི་ཆོས་ཀྱི་དབྱིངས་དེས་ཀྱང་སེམས་ཅན་ཐམས་ཅད་ཀྱིས་སེམས་ཀྱི་རྒྱུད་ལ་ཁྱབ་བོ་ཞེས་བྱ་བའི་དོན་ཏོ། །སངས་རྒྱས་ལ་སེམས་ཅན་ཐམས་ཅད་བདག་ཉིད་དུ་ཉེ་བར་འགྲོ་བ་ཡོངས་སུ་རྫོགས་པ་ལས་རིག་པར་བྱའོ་ཞེས་བྱ་བ་ལ་སེམས་ཅན་གྱི་ཚོགས
་ཀུན་སོང་བ་ཞེས་བྱ་བའི་དོན་ཏོ། །སངས་རྒྱས་ནི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཡིན་ལ། ས་དང་པོར་ཆོས་ཀྱི་དབྱིངས་ཐམས་ཅད་དུ་འགྲོ་བའི་མཚན་ཉིད་དུ་རྟོགས་པ་ན་བདག་དང་སེམས་ཅན་དུ་སེམས་མཉམ་པ་ཉིད་ཐོབ་པ་དང། བདག་གང་ཡིན་པ་སེམས་ཅན་ཡང་དེ
་ཡིན་ལ། སེམས་ཅན་གང་ཡིན་པ་བདག་ཀྱང་དེ་ཡིན་ནོ་ཞེས་ཁོང་དུ་ཆུད་དོ། །མཉམ་པ་ཉིད་ཁོང་དུ་ཆུད་པ་དེ་ས་བཅུ་རིམ་གྱིས་བསྒོམས་ནས་སངས་རྒྱས་ཀྱི་སའི་དུས་ན་སེམས་ཅན་ཐམས་ཅད་དང་བདག་ཉིད་དུ་མཉམ་པ་ཉིད་ཁོང་དུ་ཆུད་པ་ཡོངས་སུ་རྫོགས་པས
་ན་སེམས་ཅན་གྱི་ཚོགས་ཐམས་ཅད་དུ་སོང་ཞེས་བྱའོ། །ཉེ་བར་འགྲོ་བ་ཞེས་བྱ་བའི་དོན་ནི་མཉམ་པ་ཉིད་དུ་ཁོང་དུ་ཆུད་ཅེས་བྱ་བའི་དོན་ཏོ། །བརྒལ་བ་གལ་ཏེ་ཆོས་ཀྱི་དབྱིངས་དེ་རྟག་ཏུ་ཡོད་ལ་སེམས་ཅན་ཀུན་ལ་ཡང་ཁྱབ་ན་སེམས་ཅན་རྣམས་ཀྱིས་ཅིའི་ཕྱིར་ཆོས
་ཀྱི་དབྱིངས་མ་རྟོགས་ཤིང་སངས་རྒྱས་མ་མཐོང་ངོ་ཞེ་ན། དེའི་ལན་དུ་ཚིགས་སུ་བཅད་པ་ལྔ་པ་རྩོམ་སྟེ། ཚིགས་སུ་བཅད་པའི་བསྡུས་པའི་དོན་ནི་ཆོས་ཀྱི་དབྱིངས་དེ་ཐམས་ཅད་དུ་སོན་གྱང་སྣོད་དུ་མ་གྱུར་པའི་སེམས་ཅན་རྣམས་ཀྱིས་སངས་རྒྱས་མི་མཐོང་བར་དཔེ་དང
་བཅས་པར་སྟོན་ཏེ། དཔེ་བསྟན་པའི་ཕྱིར། ཇི་ལྟར་ཆུ་ཡི་སྣོད་ཆགས་ན། ཟླ་བའི་གཟུགས་བརྙན་མི་སྣང་བཞིན་ཞེས་བྱ་བ་སྨོས་ཏེ། དཔེར་ན་ཆུ་མེད་པའི་སྣོད་དུ་ཡང་ཟླ་བའི་གཟུགས་བརྙན་མི་འབྱུང་ལ་སྣོད་ཆག་པའི་ནང་དུ་ཡང་ཟླ་བའི་གཟུགས
་བརྙན་མི་འབྱུང་སྟེ་འདི་ནི་དཔེའོ། །དོན་བསྟན་པའི་ཕྱིར། དེ་བཞིན་སེམས་ཅན་ངན་པ་ལ། སངས་རྒྱས་གཟུགས་ནི་མི་སྣང་ངོ་ཞེས་བྱ་བ་སྨོས་ཏེ། དེ་དང་འདྲ་བར་སེམས་ཅན་གང་གི་སེམས་ཀྱི་རྒྱུད་ཆུའི་སྣོད་དང་འདྲ་བ་ལ་བསོད་ནམས་དང་ཡེ་ཤེས་ཚོགས་ཀྱི་ཆུས་མ་བཀང
་བ་དང། འདོད་ཆགས་དང་ཞེ་སྡང་ལ་སོགས་པའི་ཉོན་མོངས་བའི་ཚོགས་དང། སྡིག་པ་མི་དགེ་བའི་ལས་བྱས་པས་སེམས་ཀྱི་རྒྱུད་སྣོད་དང་འདྲ་བ་སྣོད་ཆགས་པ་ལྟ་བུར་སེམས་ཉམས་པར་བྱས་ལ། སྣོད་ཆགས་པ་ལྟ་བུའི་སེམས་ཅན་ངན་པས་བདག་ལ་སངས
་རྒྱས་ཀྱི་རང་བཞིན་ཡོད་ཀྱང་མི་མཐོང་ངོ་ཞེས་བྱ་བའི་དོན་ཏོ། །ཚིགས་སུ་བཅད་པ་དྲུག་པའི་བསྡུས་པའི་དོན་ནི་སངས་རྒྱས་མཐོང་བར་འགྱུར་བའི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་འདི་བསགས་པ། སངས་རྒྱས་ཀྱིས་གདུལ་བའི་གདུལ་བྱ་ཡོད་ན། སངས་རྒྱས
་འཇིག་རྟེན་དུ་སྐྱེ་བས་ན་དེ་དག་གིས་མཐོང་བར་འགྱུར་ལ། སངས་རྒྱས་གདུལ་བའི་སྐལ་པ་ཅན་རྣམས་བཏུལ་ནས་དཀའ་བ་མེད་པར་གྱུར་ན་མྱ་ངན་ལས་འདའ་བར་དེ་དག་གིས་མི་མཐོང་བ་དཔེ་དང་བཅས་པས་བསྟན་པའི་ཕྱིར་ཚིགས་སུ་བཅད་པ་རྩོམ་སྟེ། དཔེ
་བསྟན་པའི་ཕྱིར་སྨྲས་པ། ཇི་ལྟར་མེ་ནི་གཞན་དུ་འབར། གཞན་དུ་ཡང་ནི་ཞི་བར་འགྱུར་ཞེས་བྱ་བ་སྨོས་ཏེ། གཞན་དུ་ན་ཞེས་བྱ་བ་ནི། མེ་དང་ཤིང་ཡོད་པའི་གནས་ལ་སྙེགས་ཏེ་དཔེར་ན་མེ་འདི་དག་གང་ན་མེ་དང་ཤིང་ཡོད་པའི་གནས་ན་ནི་འབར་གྱི། གནས་གང
་ན་མ་དང་ཤིང་མེད་པར་ནི་མེ་འབར་བས་གཞན་དུ་ཡང་ཞི་བར་འགྱུར་ཞེས་ཏེ་འདི་ནི་དཔེའོ། །དོན་བསྟན་པའི་ཕྱིར་སྣང་བ་དང་ནི་མི་སྣང་བར། སངས་རྒྱས་ལ་ཡང་དེ་བཞིན་ཤེས་ཞེས་བྱ་བ་སྨོས་ཏེ། དཔེར་ན་མེ་ཤིང་ཡོད་པའི་གནས་ནི་འབར། ཤིང་མེད་པའི་གནས
་ནི་མི་འབར་བ་དེ་བཞིན་དུ་སངས་རྒྱས་ཀྱང་དེ་དང་འདྲ་བར་ཤེས་པར་བྱ་སྟེ། ཇི་ལྟ་ཞེ་ན། སེམས་ཅན་གང་གི་སེམས་ཀྱི་རྒྱུད་ལ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱི་ཤིང་སྤུངས་པ་དེ་དག་ནི་སངས་རྒྱས་ཀྱིས་གདུལ་བར་བྱ་བའི་སེམས་ཅན་ཡིན་པས་གནས་དེར
་སངས་རྒྱས་མངོན་པར་སངས་རྒྱས་པར་སྟོན་པས་སེམས་ཅན་གྱི་མཐོང་བའི་ཕྱིར་སྣང་བ་ཞེས་བྱའོ། །སངས་རྒྱས་ཀྱིས་གདུལ་བར་བྱ་བའི་སྐལ་པ་ཅན་རྣམས་ནི་བཏུལ་ནས་སངས་རྒྱས་མཐོང་བའི་སྐལ་པ་མེད་ན་སངས་རྒྱས་ཡོངས་སུ་མྱ་ངན་ལས་འདྲའ་བས་ན་དེ་དག་གིས་མི་མཐོང
་བའི་ཕྱིར་མི་སྣང་བ་ཞེས་བྱའོ། །སངས་རྒྱས་བྱ་བ་ལྷུན་གྱིས་གྲུབ་པས་རྒྱུན་མི་འཆད་པ་ལ་ཚིགས་སུ་བཅད་པ་བཞི་སྟེ་ཞེས་བྱ་བ་ལ། ཟག་པ་མེད་པའི་དབྱིངས་ཀྱི་མཚན་ཉིད་བཤད་ནས། ད་ནི་སངས་རྒྱས་རྣམས་ཀྱི་ཕྲིན་ལས་ཀྱི་མཚན་ཉིད་ཚིགས་སུ་བཅད
་པ་བཞི་བསྟན་ཏོ། །དེ་ལ་འཕགས་པ་ཉན་ཐོས་དག་བདག་གི་དོན་གྱི་ལས་བྱེད་པ་ན་ཡང་འདི་ལྟར་བྱའོ་སྙམ་དུ་སེམས་ན་རྩོལ་བ་དང་འབད་པ་མེད་པས་ན་ལྷུན་གྱིས་གྲུབ་པ་མ་ཡིན་ནོ། །ཕུང་པོ་ལྷག་མ་མ་ལུས་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཞུགས
་པས་ན། བྱ་བ་ཐམས་ཅད་རྒྱུན་ཆད་པས་ན་རྒྱུན་མི་འཆད་པ་མ་ཡིན་ནོ། །དེ་བཞིན་གཤེགས་པའི་ཕྲིན་ལས་ནི་དེ་ལས་ཁྱད་ཞུགས་པ་སྟེ། དགོངས་པ་དང་རྩལ་བ་དང་འབད་པ་མེད་པར་འབྱུང་བས་ན་ལྷུན་གྱི་གྲུབ་པའོ། །བདག་དང་སེམས་ཅན་གྱི་དོན་དུ་འཁོར
་བའི་མཛའ་དང་སེམས་ཅན་གྱི་མཛའ་ཨི་བར་དུ་མཛད་པས་རྒྱུན་མི་འཆད་པའོ། །དེ་ལ་ཚིགས་སུ་བཅད་པ་དང་པོ་དང་གཉིས་པའི་བསྡུས་པའི་དོན་ནི་རྔ་མ་བརྡུངས་པའི་སྒྲ་དང། ནོར་བུའི་མཐུ་དང་མཐུན་པས་སངས་རྒྱས་ཀྱི་ཕྲིན་ལས་ལྷུན་གྱིས་གྲུབ་པར
་མཛད་པས་དེ་དཔེ་སྟོན་ཏེ། རྡའི་དཔེ་བསྟན་པའི་ཕྱིར། ཇི་ལྟར་རྔ་དག་མ་བརྡུངས་པར། སྒྲ་ནི་ཀུན་ཏུ་འབྱུང་བ་ལྟར། ཞེས་བྱ་བ་སྨོས་ཏེ། དཔེར་ན་སེམས་ཅན་གྱི་བསོད་ནམས་ལས་བྱུང་བའི་རྔ་དང་ཤིང་བུ་དང་ལག་བས་མ་བརྡུངས་པར་ཡང་འདུས་བྱས་ཐམས་ཅད
་ནི་མི་རྟག་པའོ། །ཟག་བ་དང་བཅས་པ་ཐམས་ཅད་ནི་སྡུག་བསྔལ་བའོ། །ཆོས་ཐམས་ཅད་ནི་བདག་མེད་པའོ། །ཞི་བ་ནི་མྱ་ངན་ལས་འདས་པའོ་ཞེས་བྱ་བ་ལ་སོགས་པའི་སྒྲ་འབྱུང་བ་ལྟར་ཞེས་བྱ་བའི་དོན་ཏོ། །བརྒྱ་བྱིན་ལྷའི་དབང་པོའི
་གནས་ན་བརྒྱ་བྱིན་གྱི་བསོད་ནམས་ལས་བྱུང་བའི་རྔ་ནི་དེ་ནམ་བརྒྱ་བྱིན་འདོད་པ་ལྔའི་ཡོན་ཏན་ལ་འཇུག་པ་ན་སུས་ཀྱང་མ་བརྡུངས་པར་འདོད་པ་ལྔ་ལ་དགའ་བར་འགྱུར་བ་དང། རྗེས་སུ་མཐུན་པའི་སྒྲ་འབྱུང་ངོ། །ནམ་བརྒྱ་བྱིན
་འདོད་པ་ལྔའི་ཡོན་ཏན་ལ་ལྡོག་པར་གྱུར་བ་ན་སུས་ཀྱང་མ་རྡུངས་བར་འདོད་པའི་ཡོན་ཏན་ལྔ་ལས་ཕྱིར་ལྡོག་པར་འདོད་པ་དང་རྗེས་སུ་མཐུན་པའི་སྒྲ་འབྱུང་སྟེ། དཔེ་དང་འདྲ་བར་ཞེས་བྱ་བའི་དོན་ཏོ། །དོན་བསྟན་པའི་ཕྱིར། དེ་བཞིན་རྒྱལ་བ་གཟའ་མེད
་བར། །བཤད་པ་དག་ནི་འབྱུང་བར་འགྱུར་ཞེས་བྱ་བ་སྨོས་ཏེ། དཔེ་དེ་དང་འདྲ་བར་དེ་བཞིན་གཤེགས་པ་རྣམས་ཟག་པ་མེད་པའི་དབྱིངས་ལ་ཞུགས་ཤིང་སེམས་ཅན་གྱི་དོན་དུ་ཆོས་བཤད་པ་རྣམ་པ་སྣ་ཚོགས་མཛད་པ་ཡང་ཆོས་བཤད་པར་བྱའོ་སྙམ་དགོངS
་པ་མི་མངའ་ཞིང་འབད་བ་དང་བརྩལ་བ་མེད་པར་ཡང་ལྷུན་གྱིས་གྲུབ་པ་ཉིད་དུ་ཆོས་བཤད་པ་འབྱུང་ངོ་ཞེས་བྱ་བའི་དོན་ཏོ། །ལྷུན་གྱིས་གྲུབ་བར་སེམས་ཅན་གྱི་དོན་མཛད་པ་ནོར་བུའི་དཔེ་བསྟན་པ་རི་ཕྱིར། ཇི་ལྟར་ནོར་བུ་འབད་མེད་པར། རང་གི་འོད་ནི
་སྟོན་པ་ལྟར་ཞེས་བྱ་བ་སྨོས་ཏེ། དཔེར་ན་རིན་པོ་ཆེ་ལ་སོགས་པ་ནོར་བུ་རྣམས་ལས་འོད་བྱུང་བS་ན་ནོར་བུ་འདི་ལྟར་བདག་གིས་འོད་འབྱུང་བར་བྱའོ་སྙམ་དུ་བསམ་པ་དང། འབད་རྩོལ་མེད་བར་ཡང་འོད་སྣང་བ་དེ་བཞིན་དུ་ཞེས་བྱ་བའི་དོན་ཏོ། དོན་དེ་བསྟན་པའི་ཕྱིར། དེ
་བཞིན་སངས་རྒྱས་གཟའ་མེད་པར། །མཛད་པ་དག་ནི་རྣམ་བར་སྟོན་ཅེས་བྱ་བ་སྨོས་ཏེ། དེ་དང་འདྲ་བར་དེ་བཞིན་གཤེགས་པ་རྣམས་སེམས་ཅན་གྱི་དོན་དུ་སྐུ་དང། གསུང་དང་ཐུགས་ཀྱི་སྤྲུལ་པ་སྟོན་པ་ན་བདག་གིས་སྤྲུལ་པ་འདི་ལྟ་བུ་དག་བྱའོ་སྙམ་དགོངS
་པ་དང། འབད་རྩོལ་མེད་བར་ལྷུན་གྱིས་གྲུབ་པ་ཉིད་དུ་སྐུ་དང་གསུང་དང་ཐུགས་ཀྱི་སྤྲུལ་པ་དག་འབྱུང་བ་སྟོན་ཏེ། འདིས་ནི་སངས་རྒྱས་ཀྱི་བྱ་བ་ལྷུན་གྱིས་གྲུབ་པར་བསྟན་ཏོ། །ཚིགས་སུ་བཅད་པ་གསུམ་པ་དང་བཞི་པས་ནི་སངས་རྒྱས་ཀྱི་མཛད་པ་རྒྱུན་མི་འཆད
་པར་ནམ་མཁའ་ཨི་དཔེ་བསྟོན་ཏེ། དཔེ་བསྟན་པའི་ཕྱིར་སྨྲས་པ། ཇི་ལྟ་བུར་ནི་ནམ་མཁའ་ལ། །འཇིག་རྟེན་བྱེད་པ་མི་འཆད་སྣང་ཞེས་བྱ་བ་སྨོས་ཏེ། འཇིག་རྟེན་གྱི་བྱེད་པ་ནི་འགྲོ་བ་དང་འདུག་པ་དང་ཉལ་བ་ལ་སོགས་པའོ། །དཔེར་ན་ནམ་མཁའ་ཨི་དབྱིངས་དེ་ལ
་ཁ་ཅིག་ཏུ་ནི་འཇིག་རྟེན་འགྲོ་བར་སྣང། ཁ་ཅིག་ཏུ་འཇིག་རྟེན་གནས་པར་སྣང་བ་ལ་སོགས་པ་འཇིག་རྟེན་གྱི་བྱ་བ་རྒྱུན་མི་འཆད་པར་འབྱུང་ངོ་ཞེས་བྱ་བའི་དོན་ཏོ། །དོན་དེ་བསྟན་པའི་ཕྱིར་སྨྲས་པ། དེ་བཞིན་ཟག་མེད་དབྱིངས་ན་ཡང། །རྒྱལ་བའི་བྱེ་བྲག་རྒྱུན
་མི་འཆད་ཅེས་བྱ་བ་སྨྲོས་ཏེ། དེ་དང་འདྲ་བར་དེ་བཞིན་གཤེགས་པ་རྣམས་ཟག་པ་མེད་པའི་ཆོས་ཀྱི་དབྱིངས་རྣམ་པར་དག་པ་ལ་གནས་ན་སེམས་ཅན་གྱི་དོན་དུ་སྐུ་དང་གསུང་ཐུགས་སྤྲུལ་པའི་ཕྲིན་ལས་རྒྱུན་མི་འཆད་པར་འབྱུང་ངོ་ཞེས་བྱ་བའི་དོན་ཏོ། །ནམ
་མཁའ་ལ་ནི་བྱ་བ་དག་རྟག་ཏུ་འབྲི་ཞིང་མངོན་པར་འབྱུང་ཞེས་བྱ་བ་ལ། དཔེར་ན་ནམ་མཁའ་ཨི་དབྱིངས་འདི་ལ་སེམས་ཅན་སེམས་ཅན་མ་ཡིན་པའི་བྱ་བ་རྟག་ཏུ་འབྲི་བ་དང། རྟག་ཏུ་མངོན་པར་འབྱུང་སྟེ། ཁ་ཅིག་ཏུ་ནི་ཕྱིའི་དངོས་པོ་ནགས་ཚལ་ལ་སོགས་པ་མེས
་ཚིག་ཅིང་མེད་པར་གྱུར་པ་དང། ནང་གི་དངོས་པོ་སེམས་ཅན་ལ་སོགས་པ་འཆི་བར་ཡང་སྣང་བས་ན་འབྲི་བར་འབྱུང་ངོ། །ནམ་མཁའ་ཨི་ཕྱོགས་ཁ་ཅིག་ཏུ་ཕྱིའི་དངོས་པོ་ནགས་ལ་སོགས་པར་སྐྱེ་བ་དང། ནང་གི་དངོས་པོ་སེམས་ཅན་དག་ཀྱང་སྐྱེ་བས་ན་མངོན་བར
་སྣང་ངོ་ཞེས་བྱ་བའི་དོན་ཏོ། །དེ་བཞིན་ཟག་མེད་དབྱིངས་ན་ཡང། །སངས་རྒྱས་ཕྲིན་ལས་སྐྱེ་ཞིང་འབྲི་ཞེས་བྱ་བ་ལ། དེ་འདྲ་བར་དེ་བཞིན་གཤེགས་པ་རྣམས་ཟག་པ་མེད་པའི་དབྱིངས་ན་བཞུགས་པ་ན། སངས་རྒྱས་ཀྱི་སྐྱེ་འགྱུར་བ་ཡང་སྣང། འབྲི་བར་འགྱུར་བར
་ཡང་སྣང་སྟེ། ཇི་ལྟར་ཞེ་ན། ནམ་སེམས་ཅན་སྐལ་བ་ཡོད་པའི་དུས་ན་ནི་སྤྲུལ་པའི་སྐུས་མངོན་པར་སངས་རྒྱས་པ་ལ་སོགས་བ་སྟོན་པས་ན་སྐྱེ་བར་སྣང་ངོ། །སྐལ་བ་མེད་པར་གྱུར་བ་ལ་མྱ་ངན་ལས་འདས་པས་ན་འབྲི་བར་ཡང་སྣང
་ངོ། །འདིས་ནི་སངས་རྒྱས་ཀྱི་མཛད་པར་མི་སྣང་བར་འཆད་པ་བསྟན་ཏོ། །ཟག་པ་མེད་པའི་དབྱིངས་ཟབ་པའི་ཚིགས་སུ་བཅད་པ་བཅུ་དྲུག་གོ་ཞེས་བྱ་བ་ལ། སངས་རྒྱས་ཀྱི་ཕྲིན་ལས་ལྷུན་གྱི་གྲུབ་པ་དང། རྒྱུན་མི་འཆད་པ་བསྟན་ནས། དེ་ཟག་པ་མེད་པའི་དབྱིངས
་ཟབ་པ་བསྟན་པའི་ཕྱིར་ཚིགས་སུ་བཅད་པ་བཅུ་དྲུག་རྩོམ་མོ་ཞེས་བྱ་བའི་དོན་ཏོ། །དེ་ཟག་པ་མེད་པའི་དབྱིངས་ཟབ་པ་ཡང་རྣམ་པ་གསུམ་སྟེ། མཚན་ཉིད་ཟབ་པ་དང། གནས་པ་ཟབ་པ་དང། ལས་ཟབ་པའོ། །མཚན་ཉིད་ཟབ་པ་ལ་ཡང་རྣམ་པ་གཉིས་སྟེ། རྣམ་པར
་དག་པའི་མཚན་ཉིད་དང། བདག་གི་མཆོག་ཏུ་གྱུར་བའི་མཚན་ཉིད་དང། ལུང་དུ་མ་བསྟན་པའི་དངོས་བོའི་མཚན་ཉིད་དང། རྣམ་པར་གྲོལ་བའི་མཚན་ཉིད་དོ། །སྔ་མ་ཕྱི་མར་ཁྱད་མེད་ཀྱང། སྒྲིབ་པ་ཐམས་ཅད་དྲི་མ་མེད། །དག་པ་མ་ཡིན་པ་དག་མིན། །སངས
་རྒྱས་དེ་བཞིན་ཉིད་དུ་འདོད་ཅེས་བྱ་བས་རྣམ་བར་དག་པའི་མཚན་ཉིད་བསྟན་ཏེ། སྔོན་ཀུན་ནས་ཉོན་མོངས་པའི་རང་བཞིན་ཡིན་པ་ལས་ཕྱིས་ལམ་བསྒོམ་སྟེ་དྲི་མ་མེད་པར་གྱུར་པ་ནི་དག་པ་ཞེས་བྱའོ། །སྔ་མ་ནི་སོ་སོའི་སྐྱེ་བོའི་དུས་སོ། །ཕྱི་མ་ནི་མངོན་པར་སངས
་རྒྱས་བའི་དུས་ལ་བྱ་སྟེ། སངས་རྒྱས་ཀྱི་ཆོས་ཀྱི་སྐུ་ནི་དེ་བཞིན་ཉིད་སྟོང་པ་ཉིད་ཀྱི་རང་བཞིན་ཡིན་པར་འདོད་དེ། སྟོང་པ་ཉིད་ནི་སོ་སོའི་སྐྱེ་བོའི་དུས་ན་ཡང་སྟོང་བ་དང་རང་བཞིན་གྱིས་འོད་གསལ་བའི་རང་བཞིན་ཡིན། ཕྱི་མ་སྟེ་མངོན་པར་སངས་རྒྱས་བའི་དུས་ན་ཡང
་སྟོང་བ་དང་རང་བཞིན་གྱིས་འོད་གསལ་བའི་རང་བཞིན་ཡིན་པས་དག་བའི་རང་བཞིན་དུ་ཁྱད་བར་མེད་དེ་ལ་སྦྱང་དུ་མེད་པ་བདག་པ་མེད་པ་ཡིན་ནོ། །འོན་ཀྱང་མངོན་པར་རྫོགས་བར་སངས་རྒྱས་པའི་དུས་ན་ལམ་བསྒོམས་པའི་མཐུས་ཉོན་མོངས་བའི་སྒྲིབ་པ་དང། ཤེས་བྱའི
་སྒྲིབ་པ་གློ་བུར་གྱི་དྲི་མ་མེད་པར་གྱུར་ཏེ། ཕྱིས་དག་པར་འགྱུར་བས་ན་མ་དག་པ་ཡང་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཚིགས་སུ་བཅད་པ་གཉིས་པས་ནི་ཟག་པ་མེད་བའི་དབྱིངས་ན་སངས་རྒྱས་རྣམས་བདག་གི་མཆོག་ཏུ་གྱུར་བ་སྟོན་ཏོ། །ཅིའི་ཕྱིར་བདག་གི་མཆོག
་ཏུ་གྱུར་ཏོ་ཞེ་ན། དེའི་ཕྱིར། བདག་མེད་པ་ཡི་མཆོག་ཐོབ་ཕྱིར་ཞེས་བྱ་བ་སྨོས་ཏེ། བདག་མེད་པའི་མཆོག་ནི་གང་ཟག་ལ་བདག་མེད་པ་དང། ཆོས་ལ་བདག་མེད་པ་དང། ཟག་པ་མེད་བའི་དབྱིངས་ན་སངས་རྒྱས་རྣམས་བདག་མེད་པ་གཉིས་ཀྱི་མཆོག་གི་བདག་ཉིད་དང།
་རང་བཞིན་དུ་གྱུར་པས་ན་བདག་གི་མཆོག་ཏུ་གྱུར་པར་རྣམ་པར་བཞག་གོ་།དེ་ལ་བདག་ཅེས་བྱ་བའི་སྒྲ་འདི་ནི་སྐབས་ཁ་ཅིག་ཏུ་མུ་སྟེགS་བས་ཡོངས་སུ་བརྟགས་པའི་བདག་ཉིད་ལ་ཡང་བྱ་བར་འདྲེན་ཏེ། འདི་ལྟར་བདག་དང་སེམས་ཅན་དང་སྲོག་ཅེས་བྱ་བ་ལ་སོགས་པའོ།།
་བདག་ཅེས་བྱ་བའི་སྒྲ་འདི་སྐབས་ཁ་ཅིག་ཏུ་ཆོས་ཀྱི་རང་བཞིན་ལ་ཡང་བྱ་བར་འདྲེན་ཏེ། མེ་ནི་དྲོ་བའི་བདག་ཉིད་ཅེས་བྱ་སྟེ། དྲོ་བའི་རང་བཞིན་ཅེས་བྱ་བའི་དོན་ཏོ། །ས་སྲ་བའི་བདག་ཉིད་ཅེས་བཤད་ན། སྲ་བའི་རང་བཞིན་ཅེས་བྱ་བའི་དོན་ཏོ། །འདིས་སྐབས་བདག་ཅེས
་བྱ་བའི་སྒྲ་རང་བཞིན་གྱི་དོན་དུ་དྲང་སྟེ། སངས་རྒྱས་རྣམས་ནི་བདག་མེད་བའི་རང་བཞིན་དུ་གྱུར་པས་བདག་གི་མཆོག་ཐོབ་པ་ཞེས་བྱའོ། །དེ་ལ་བདག་མེད་པའི་མཆོག་གང་ཡིན་ཞེ་ན། དེའི་ཕྱིར། སྟོང་པ་ཉིད་ནི་རྣམ་དག་པ་ཞེས་བྱ་བ་སྨོས་ཏེ། ནམ་གང་ཟག
་དངོས་པོ་མེད་པའི་སྟོང་པ་དང། ཆོས་དངོས་པོ་མེད་བའི་སྟོང་པ་གཟུང་འཛིན་གྱི་དྲི་མ་ལས་དག་པར་གྱུར་ཏེ། སྟོང་པ་དག་པར་དེ་ཐོབ་ན་བདག་མེད་པའི་མཆོག་ཐོབ་པ་ཞེས་བྱའོ། །དོན་དེ་ཉིད་བསྟན་བའི་ཕྱིར། སངས་རྒྱས་དག་པའི་བདག་ཐོབ་བས། བདག་ཉིད་ཆེན་པོ་བདག
་ཏུ་གྱུར་ཅེས་བྱ་བ་སྨྲོས་ཏེ། ཟག་པ་མེད་པའི་དབྱིངས་ན་སྟོང་བ་ཉིད་རྣམ་པར་དག་པ་ཐོབ་ནས། སངས་རྒྱས་རྣམས་ཀྱིས་བདག་མེད་པའི་མཆོག་ཐོབ་བར་གྱུར་པས། དེའི་ཚེ་ན་སངས་རྒྱས་རྣམས་བདག་ཉིད་དུ་འགྱུར་བ་ཞེས་བྱའོ། །དེ་ལྟར་བདག་ཉིད་ཆེན་པོའི་བདག་ཏུ་གྱུར
་པས་ན་ཟག་པ་མེད་པའི་དབྱིངས་ལ་བདག་གི་མཆོག་ཏུ་གྱུར་པ་རྣམ་པར་བཞག་སྟེ། འདིས་ནི་བདག་གི་མཆོག་གི་མཚན་ཉིད་བསྟན་ཏོ། །བདག་གི་མེད་པའི་མཆོག་གི་བདག་ཉིད་ཀྱི་ཕྱིར་རོ་ཞེས་བྱ་བ་ལ་གང་ཟག་ལ་བདག
་མེད་པ་དང་ཆོས་ལ་བདག་མེད་པ་གཉིས་ནི་བདག་མེད་བའི་ཆོས་མཆོག་ཅེས་བྱའོ། །དེའང་ནམ་གཟུང་འཛིན་གྱི་དྲི་མ་ལས་དག་པར་གྱུར་ན་བདག་མེད་པའི་མཆོག་ཏུ་བཞག་གོ་ཞེས་བྱ་བའི་དོན་ཏོ། །དེ་ཡང་ངོ་བོ་ཉིད་ཀྱི་དོན་དུ་སངས་རྒྱས་རྣམས་ཀྱི་བདག་གོ་ཞེས
་བྱ་ལ་།བདག་གི་མཆོག་ཐོབ་ཅེས་བྱ་བའི་བདག་གི་སྒྲ་ནི་འདིའི་སྐབས་སུ་ངོ་བོ་ཉིད་ཀྱི་དོན་ལ་བྱ་སྟེ། སངས་རྒྱས་རྣམས་བདག་མེད་པའི་ངོ་བོ་ཉིད་དུ་གྱུར་པས་བདག་གི་མཆོག་ཐོབ་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་རྣམ་པར་དག་པས་བདག་མེད་
་བའི་བདག་གི་མཆོག་དག་པ། སངས་རྒྱས་རྣམས་ཀྱིས་ཐོབ་པར་འགྱུར་ཞེས་བྱ་བ་ལ། ཟག་པ་མེད་པའི་དབྱིངས་ན་བདག་མེད་པ་གཉིས་རྣམ་པར་དག་པའི་བདག་ཉིད་དུ་སངས་རྒྱས་རྣམས་གྱུར་པས་ན་བདག་མེད་པའི་བདག་གི་མཆོག་དམ་པ་སངས་རྒྱས་ཀྱིས་ཐོབ་བོ་ཞེས
་བྱ་བའི་དོན་སྟོ་།ད་སངས་རྒྱས་ཤི་ནས་འབྱུང་བར་འགྱུར་རཾ། སངས་རྒྱས་ཤི་ནས་འབྱུང་བར་མི་འགྱུར་རོ་ཞེས་དྲི་བ་ལ་ལུང་བསྟན་དུ་མེད་པར་བསྟན་པའི་ཕྱིར། དངོས་མིན་དངོས་པོ་མེད་མིན་ཏེ་ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གསུམ་པ་སྨོས་སོ། །དེ་ལ་ཟག
་པ་མེད་པའི་དབྱིངས་ན་སངས་རྒྱས་རྣམས་ནི་དངོས་པོ་ཡོད་པ་ཡང་མ་ཡིན་དངོས་པོ་མེད་པ་ཡང་མ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། སངས་རྒྱས་ནི་ཆོས་ཀྱི་སྐུ་ཡིན་ལ། ཆོས་ཀྱི་སྐུ་ནི་སྟོང་པ་ཉིད་ཡིན་པས་སྟོང་པ་ཉིད་ལ་ནི་ཀུན་ཏུ་བརྟགས་པའི་གང་ཟག་གི
་དངོས་པོ་ཡང་མེད། ཀུན་ཏུ་བརྟགས་པའི་ཆོས་ཀྱི་དངོས་པོ་ཡང་མེད་པའི་ཕྱིར་དངོས་པོ་ཡོད་པ་མ་ཡིན་པའོ། །ཡོངས་སུ་གྲུབ་པའི་རང་བཞིན་ནི་ཡོད་པ་མ་ཡིན་ལ། ཀུན་བརྟགས་ཀྱི་ཆོས་དང། གང་ཟག་གི་རི་བོང་གི་རྭ་བཞིན་དུ་མེད་པས་ན་དེའི་ཚེ་ན
་ཡོད་པར་མི་གཞག་གོ་།དངོས་པོ་མེད་པ་ཡང་མ་ཡིན་ཏེ། དེ་བཞིན་ཉིད་ཡོངས་སུ་གྲུབ་པའི་མཚན་ཉིད་དེའི་ཚེ་ཡོད་པའི་ཕྱིར་རོ། །དེའི་ཕྱིར་སངས་རྒྱས་ཉིད་ཅེས་བརྗོད་ཞེས་བྱ་བ་ལ། གོང་དུ་བཤད་པ་ལྟར་ན་སངས་རྒྱས་དེ་དངོས་པོ་ཡོད་པ་མ་ཡིན་དངོས
་པོ་མེད་པ་ཡང་མ་ཡིན་པར་བརྗོད་དོ་ཞེས་བྱ་བའི་དོན་ཏོ། །དེའི་ཕྱིར་སངས་རྒྱས་དེ་བཞིན་འདྲི། ལུང་དུ་མི་བསྟན་ཚུལ་དུ་རིག་ཅེས་བྱ་བ་ལ། དེ་ལྟར་སངས་རྒྱས་ཡོད་པ་ཡང་མ་ཡིན་མེད་པ་ཡང་མ་ཡིན་པས། སངས་རྒྱས་ཤི་ནས་འབྱུང་བར
་འགྱུར་རམ། སངས་རྒྱས་ཤི་ནས་མི་འབྱུང་ངོ་ཞེས་འདྲི་བ་ལ། སངས་རྒྱས་ཤི་ནས་འབྱུང་བར་འགྱུར་བ་མ་ཡིན། སངས་རྒྱས་ཤི་ནས་མི་འབྱུང་བར་འགྱུར་བ་ཡང་མ་ཡིན་ནོ་ཞེས་ལུང་དུ་མི་བསྟན་པའི་ཚུལ་དུ་རིག་པར་བྱའོ། །ཇི་ལྟ་ཞེ་ན། སངས་རྒྱས
་ཤི་ནས་འབྱུང་བར་འགྱུར་བ་མ་ཡིན་ཏེ། ཀུན་བརྟགས་ཀྱི་བདག་དང། ཆོས་ཀྱི་མཚན་ཉིད་དུ་མི་འབྱུང་བའི་ཕྱིར་རོ། །སངས་རྒྱས་ཤི་ནས་འབྱུང་པར་མི་འགྱུར་བ་ཡང་མ་ཡིན་ཏེ། ཡོངས་སུ་གྲུབ་པའི་མཚན་ཉིད་དུ་འབྱུང་བའི་ཕྱིར་རོ། །འདིས་ནི་ལུང་དུ
་མ་བསྟན་པའི་ཉོན་མོངས་པའི་མཚན་ཉིད་དུ་བསྟན་ཏོ། །ཇི་ལྟར་མིག་ལ་རབ་རིབ་དང། །ལྕགས་ལ་ཚ་བ་ཞི་བ་ལྟར། །སངས་རྒྱས་སེམས་དང་ཤེས་རབ་ལ། །ཡོད་དང་མེད་པ་མི་བརྗོད་ཞེས་བྱ་བ་ལ། །དཔེར་ན་མིག་ལ་རབ་རིབ་ཞི་བ་དེ་ཡོད་པ་ཞེས
་ཀྱང་མི་བརྗོད། མེད་པ་ཞེས་ཀྱང་མི་བརྗོད་དེ། ཇི་ལྟར་ཡོད་བ་ཞེས་ཀྱང་མི་བརྗོད་ཅེ་ན། རབ་རིབ་ཞི་བ་དང་མེད་པ་དང་འགགས་པར་གྱུར་ལ་དེ་རབ་རིབ་ཀྱི་དངོས་པོར་གྱུར་པ་མ་ཡིན་པའི་ཕྱིར་ཏེ། དཔེར་ན་རིམས་ནད་ཀྱི་ཚ་བ་དང་བྲལ་ན། ནམ
་བྲལ་བའི་དུས་ན་རྐང་ལག་ན་བར་བྱེད་པའི་ཚ་བ་དེའི་དུས་ན་མེད་པའི་ཕྱིར་རོ། །མེད་པ་ཞེས་ཀྱང་མི་བརྗོད་དེ། གང་གི་ཕྱིར་མིག་དག་པ་ཡོད་པས་མིག་གི་ལས་གཟུགས་ལ་བལྟ་བའི་བྱ་བ་བྱེད་པའི་ཕྱིར་ཏེ། གལ་ཏེ་དེའི་ཚེ་ཐམས་ཅད་ནས་ཐམས་ཅད་དུ་མེད་པར་གྱུར་ན་ནི
་རབ་རིབ་བཞིན་དུ་མིག་ཀྱང་མེད་པར་གྱུར་པས་མིག་གི་བྱ་བ་གཟུགས་ལ་བལྟ་བ་ལ་སོགས་པའི་བྱ་བ་བྱེད་མི་ནུས་པར་འགྱུར་རོ། །དེ་ཡང་རིམས་ནད་བྱ་བ་དང་འདྲ་སྟེ། རིམས་ནད་བྱ་བ་ནི་རིམས་ཀྱི་ཆེ་བ་མེད་ཀྱང་ཆེ་བ་དང་བྲལ་བའི་ལུས་བདེ་བ་ཕྱིན་ཡོད་པ་བཞིན་ནོ། །དེ་བཞིན
་དུ་ལྕགས་ལ་ཚ་བ་ཞི་བ་ཡང་ཡོད་པ་ཞེས་ཀྱང་མི་བརྗོད། མེད་པ་ཞེས་ཀྱང་མི་བརྗོད་དེ། ཅིའི་ཕྱིར་ཡོད་པ་ཞེས་མི་བརྗོད་ཅེ་ན། ལྕགས་བསིལ་བར་གྱུར་པ་ན་ཚ་བའི་དངོས་པོ་མེད་པའི་ཕྱིར་ཏེ། རིམས་ཀྱི་ཚ་བ་མེད་པ་བཞིན་ནོ།།
་མེད་པ་ཞེས་ཀྱང་མི་བརྗོད་དེ། ལྕགས་ཀྱི་བསིལ་བ་ཕྱིན་ཡོད་པས་གང་གི་ཕྱིར་ལྕགས་ཀྱི་བྱ་བ་རྣམ་པ་སྣ་ཚོགས་བྱེད་པའི་ཕྱིར་རོ། །གལ་ཏེ་དེའི་ཚེ་ཐམས་ཅད་དུ་མེད་པར་གྱུར་ན་ནི་ལྕགས་ཀྱང་མེད་པར་གྱུར་པས་ལྕགས་ཀྱི་བྱ་བ་བྱེད་པ་ཡང་མེད་པར་མི
་འགྱུར་ཏེ། དེ་ཡང་རིམས་མེད་ཀྱང་རིམས་དང་བྲལ་བའི་ལུས་བདེ་པ་ཕྱིན་ཡོད་པ་བཞིན་ནོ། །དེ་བཞིན་དུ་སངས་རྒྱས་ཀྱི་སེམས་ལྕགས་དང་འདྲ་བ་ལ། འདོད་ཆགས་ཀྱི་མེ་ཚོ་དང་འདྲ་བཞི་བ་དང། སངས་རྒྱས་ཀྱི་ཡེ་ཤེས་མིག་དང་འདྲ་བ་ལམ་རིག་པ་རབ
་རིབ་དང་འདྲ་བ་ཞི་བ་ནི་ཡོད་པ་ཞེས་ཀྱང་མི་བརྗོད། མེད་པ་ཞེས་ཀྱང་མི་བརྗོད་དོ། །ཅིའི་ཕྱིར་ཡོད་པ་ཞེས་ཀྱང་མི་བརྗོད་ཆེན། ནམ་སེམས་རྣམ་པར་གྲོལ་བ་དང། ཤེས་རབ་རྣམ་པར་གྲོལ་བའི་དུས་ནི་འདོད་ཆགས་ཀྱི་ཚ་བ་དང། མ་རིག་པའི་རབ་རིབ་མེད
་པའི་ཕྱིར་རོ། །མེད་པ་ཞེས་ཀྱང་མི་བརྗོད་དེ། སེམས་རྣམ་པར་གྲོལ་བ་དང། ཤེས་རབ་རྣམ་པར་གྲོལ་བ་ཕྱི་ན་ཡོད་པའི་ཕྱིར་རོ། །དེ་ལ་འདོད་ཆགས་དང་བྲལ་ན་ནི་སེམས་རྣམ་པར་གྲོལ་བར་འགྱུར་ཏེ། མྱ་ངན་ལས་འདས་པ་ཐོབ་ཅེས་བྱ་བའི་དོན་ཏོ། །མ
་རིག་པ་དང་བྲལ་ནི་ནི་ཤེས་རབ་རྣམ་པར་གྲོལ་བར་འགྱུར་ཏེ། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་ཅེས་བྱ་བའི་དོན་ཏོ། །དེ་མོད་པས་བསྐྱེད་པའི་ཕྱིར་རོ། །མེད་པ་མ་ཡིན་ཏེ་ཞེས་བྱ་བ་ལ། འདོད་ཆགས་མེད་པ་ལས་བྱུང་བ་ནི་སེམས་རྣམ་པར་གྲོལ་བ་མ་རིགས
་པ་མེད་པ་ལས་བྱུང་བ་ནི་ཤེས་རབ་རྣམ་པར་གྲོལ་བ་སྟེ། དེ་གཉིས་དང་བྲལ་བའི་བདེ་བའི་མཚན་ཉིད་ནི་མེད་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ལ་རྣམ་པར་གྲོལ་བའི་མཚན་ཉིད་ནི་འདི་ལྟ་སྟེ། མཐོང་བ་དང་བསྒོམས་པས་སྤོང་བར་བྱ་བའི་ཉོན་མོངས་དང་བྲལ་བ
་ནི་སེམས་རྣམ་པར་གྲོལ་བའོ། །རྣམ་པར་གྲོལ་བ་ལ་རྣམ་པར་གྲོལ་བ་ཉིད་དུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པ་ནི་ཤེས་རབ་རྣམ་པར་གྲོལ་བའོ། །འདིས་ནི་རྣམ་པར་གྲོལ་བའི་མཚན་ཉིད་བསྟན་ཏོ། །དེ་ལ་འདི་ཡན་ཆད་ཟབ་པ་བསྟན་ཏོ། །མཚན་ཉིད་ཟབ་པ
་ལ་ཚིགས་སུ་བཅད་པ་བཞིས་བསྟན་ཏེ། འདི་ཡན་ཆད་ཀྱི་ཚིགས་བཅད་གསུམ་གྱིས་ནི་དེ་བཞིན་གནས་གཞན་དུ་གྱུར་པ་བསྟན་ཏོ། །ཇི་ལྟར་མིག་ལ་རབ་རིབ་དང་ཞེས་བྱ་བའི་ཚིགས་བཅད་གཅིག་གིས་ནི་གནས་ངན་ལེན་གྱི་ལམ་གནས་གཞན་དུ་གྱུར
་པ་བསྟན་ཏེ་།སེམས་གནས་གཞན་དུ་གྱུར་ཏོ་ཞེས་བྱ་བའི་དོན་ཏོ། །དེ་ལ་དེ་བཞིན་གཤེགས་པ་རྣམས་ཐག?་པ་མེད་པའི་དབྱིངས་ལ་བཞུགས་པའི་ཚེ། སྐུ་གཅིག་པ་ཞེས་བྱ་འམ། ཐ་དད་པ་ཞེས་བྱ་ཞེ་ན། དེའི་ཕྱིར། སངས་རྒྱས་རྣམས་ཀྱི་དྲི་མེད་དབྱིངས
་གཅིག་མིན་རྣམ་མང་མ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གཅིག་སྨོས་སོ། །དེ་བཞིན་གཤེགས་པ་རྣམས་ཟག་པ་མེད་པའི་དབྱིངས་ཆོས་ཀྱི་དབྱིངས་ལ་ཞུགས་པའི་དུས་ལ་སྐུ་གཅིག་པ་ཞེས་ཀྱང་མི་བྱ། སྐུ་རྣམ་པ་མང་བ་སྟེ་ཐ་དད་པ་དུ་མ
་ཞེས་ཀྱང་མི་བྱའོ་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་ཐ་དད་པ་ཞེས་ཀྱང་མི་བྱ་ཞེ་ན། དེའི་ཕྱིར། ནམ་མཁའ་ལྟ་བུར་ལུས་མེད་ཅིང་ཞེས་བྱ་བ་སྨོས་ཏེ། གང་ལ་ལུས་མེད་པ་དང། བདག་ཏུ་འཇིག་པ་མེད་པ་དེ་དག་ལ་ནི་ལུས་ཐ་དད་པ་བཞག་པར་མི་ནུས་ཀྱི། གང་ལ
་ལུས་ཡོད་པ་དང། བདག་ཏུ་འཛིན་པ་ཡོད་པ་དེ་ལ་ནི་ལྷས་བྱིན་གྱི་ལུས་འདི་ནི་མཆོད་སྦྱིན་གྱི་ལུས་ཐ་དད་པར་བཞག་པར་ནུས་སོ། །དཔེར་ན་ནམ་མཁའ་ལུས་མེད་ལ་བདག་ཏུ་འཛིན་པ་མེད་པས་ནམ་མཁའ་ལ་ཐ་དད་པར་བཞག་པར་མི་ནུས་པ་དེ་བཞིན་དུ། ཆོས
་ཀྱི་དབྱིངས་ལ་བཞུགས་པའི་དུས་ན་ཡང་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་ལ་ལུས་པ་མེད་པ་དང། བདག་ཏུ་འཛིན་པ་མེད་པས་ན་ཐ་དད་པ་དུ་མར་བཞག་སྟེ། ཐམས་ཅད་ཆོས་ཀྱི་དབྱིངས་ཀྱི་མཚན་ཉིད་དུ་རོ་གཅིག་པར་གནས
་པའི་ཕྱིར་རོ། །ཇི་ལྟར་གཅིག་པ་མ་ཡིན་ཞེ་ན། དེའི་ཕྱིར། སྔོན་གྱི་ལུས་རྗེས་སུ་འབྲང་བའི་ཕྱིར་ཞེས་བྱ་བ་སྨོས་ཏེ། ཆོས་ཀྱི་དབྱིངས་ལ་བཞུགས་པའི་ཆེ་ན་སྐུ་རྣམ་པ་དུ་མར་བཞག་པ་མེད་ཡོད་ཀྱིས། མོས་པ་སྤྱོད་པའི་ས་ནས་ས་བཅུ་དག་ལ
་བྱང་ཆུབ་སེམས་དཔའ་ཨི་སྤྱོད་པ་ལ་འཇུག་ཅིང་སྤྱོད་པ་ན་བྱང་ཆུབ་སེམས་དཔའ་ཨི་སོ་སོའི་སྐུ་དུ་མ་ཡོད་པས་ན་སྐུ་གཅིག་པ་ཁོ་ནར་ཡང་མི་བཞག་གོ་།འདིས་ནི་གནས་པ་ཟབ་པ་བསྟན་ཏེ། གཅིག་དང་དུ་མ་མ་ཡིན་པའི་མཚན་ཉིད་དུ་གནས་པའི
་ཕྱིར་རོ། །ལས་ཟབ་པ་ནི་བྱང་ཆུབ་ཀྱི་ཕྱོགས་ལ་སོགས་པ་རིན་པོ་ཆེའི་གནས་ཀྱི་ལས་དང། སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའི་ལས་དང། མཐར་ཐུག་པར་འགྲོ་བའི་ལས་དང། ཆོས་བསྟན་པའི་ལས་དང། ཆོས་བསྟན་པའི་ལས་དང་སྤྲུལ་པ་ལ་སོགས་པ་བྱ་བའི
་ལས་དང། ཡེ་ཤེས་འཇུག་པའི་ལས་དང། རྣམ་པར་མི་རྟོག་པའི་ལས་དང། སྣ་ཚོགས་ཀྱི་རྣམ་པའི་ཡེ་ཤེས་ཀྱི་ལས་དང། ཡེ་ཤེས་མི་འཇུག་པའི་ལས་དང། རྣམ་པར་གྲོལ་བ་མཚུངས་པ་ལ་ཡེ་ཤེས་ཀྱི་བྱེ་བྲག་གི་ལས་ཏེ། ལས་དེ
་རྣམས་བསྟན་ཏོ། །སྟོབས་སོགས་སངས་རྒྱས་ཆོས་རྣམས་ཀྱི། །བྱང་ཆུབ་རིན་ཆེན་འབྱུང་གནས་འདྲ། ཞེས་བྱ་བ་ལ་།ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་སྤངས་ནས། མངོན་པར་བྱང་ཆུབ་པ་ནི་རིན་པོ་ཆེ་འབྱུང་གནས
་དང་འདྲ་སྟེ། ཇི་ལྟར་ཞེན་།དཔེར་ན་རིན་པོ་ཆེའི་འབྱུང་གནས་ནས། རིན་པོ་ཆེ་རྣམ་པ་སྣ་ཚོགས་འབྱུང་བ་དེ་བཞིན་དུ། མངོན་པར་བྱང་ཆུབ་པ་ལས་ཀྱང་སྟོབས་དང་ནི་འཇིགས་པ་དང་མ་འདྲེས་པ་དང། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རིན་པོ་ཆེ
་འབྱུང་བའི་ཕྱིར་ཏེ། འདི་ནི་བྱང་ཆུབ་ཀྱི་ཕྱོགས་ལ་སོགས་པ་རིན་པོ་ཆེའི་གནས་ཀྱི་ལས་བསྟན་ཏོ། །འགྲོ་བའི་དགེ་བའི་ལོ་ཏོག་གི་།སྤྲིན་ཆེན་དང་ཡང་འདྲ་བར་རིག་ཅེས་བྱ་བ་ལ། སྤྲིན་ཆེན་པོ་ལས་ཆར་བབ་ནས་འབྲུ་རྣམ་པ་སྣ་ཚོགས་སྤྲིན་པར་བྱེད
་བ་དེ་བཞིན་དུ་སེན་རྣམས་ཀྱི་སེམས་ཀྱི་རྒྱུད་ལ་ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱི་དགེ་བའི་ལོ་ཏོག་སྐྱེ་བའི་རྒྱུ་བྱེད་པས་ན། ཟག་པ་མེད་པའི་དབྱིངས་ནི་སྤྲིན་ཆེན་པོ་དང་འདྲ་བར་རིག་པར་བྱ་སྟེ། འདིས་ནི་སེམས་ཅན་ཡོངས་སུ་སྨིན་པའི་ལས་བསྟན་ཏོ། །
་བསོད་ནམས་ཡེ་ཤེས་རབ་རྫོགས་པས། ཟླ་བ་ཉ་བ་འདྲ་བར་རིག་ཅེས་བྱ་བ་ལ། ཟླ་བ་ཉ་བའི་དུས་ན། ཟླ་བ་ཤས་རྫོགས་པས། ད་རྫོགས་པར་བྱ་བ་ཅུང་ཟད་ཀྱང་མེད་དེ། རྣམ་པ་ཐམས་ཅད་དུ་རྫོགས་པ་དེ་བཞིན་དུ་མངོན་དོན་པར་སངས
་རྒྱས་པའི་དུས་ན་ཡང་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་མ་རྫོགས་པ་ཅུང་ཟད་ཀྱང་མེད་དེ། བསོད་ནམས་ཀྱི་ཚོགས་ཐམས་ཅད་རྫོགས་ཡེ་ཤེས་ཀྱི་ཚོགས་ཀྱང་ཐམས་ཅད་རྫོགས་པས་ཟླ་བ་ཉ་བ་དང་འདྲ་སྟེ། འདིས་ནི་མཐར་འགྲོ་བའི
་ལས་བསྟན་ཏོ། །ཡེ་ཤེས་སྣན་པ་བྱེད་པའི་ཕྱིར། ཉི་མ་ཆེན་པོ་འདྲ་བར་རིག་ཅེས་བྱ་བ་ལ། དེ་ལ་ཉི་མ་ལ་ནི་ཆེ་ཆུད་མེད་དེ། ཐམས་ཅད་ཀྱང་གླིང་བཞི་སྣང་བ་ཙམ་དུ་ཟད་དོ། །དེ་ལ་ཉི་མ་ཆེན་པོ་ཞེས་བྱ་བ་ཡང་ནི་ཡོད་པར་མི་སྲིད་མོད་ཀྱི།
་འོན་ཀྱང་སྒྲོ་བརྟགས་ནས་ཐམས་ཅད་དུ་བྱས་ཏེ། གང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་སྣང་བར་བྱེད་པ་ལ་ཉི་མ་ཆེན་པོ་ཞེས་བྱ་བ་སྟེ། དཔེར་ན་ཉི་མ་ཆེན་པོས་སྟོང་གསུམ་ཀུན་ཏུ་སྣང་བར་བྱེད་པ་དེ་བཞིན་དུ།
་དེ་བཞིན་གཤེགས་པ་རྣམས་ཀྱི་ཡེ་ཤེས་ལས་ཀྱང་དམ་པའི་ཆོས་བཤད་པའི་འོད་ཟེར་བྱུང་ནས་ཕྱོགས་བཅུའི་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་རྒྱུད་ལ་སྣང་བར་བྱེད་པས་ན་ཉི་མ་ཆེན་པོ་དང་འདྲ་སྟེ། འདིས་ནི་ཆོས་བསྟན་པའི་ལས་བཤད་དོ།།
་ཉི་མའི་དཀྱིལ་འཁོར་འོད་ཟེར་ནི་ཞེས་བྱ་བ་ལ། ཉི་མའི་དཀྱིལ་འཁོར་ལས་བྱུང་བའི་འོད་ཟེར་ལ་ཉི་མའི་དཀྱིལ་འཁོར་གྱི་འོད་ཟེར་ཞེས་བྱ་བ་སྟེ། འོད་ཟེར་རྣམ་པ་གཉིས་སུ་འཇུག་སྟེ། འདྲེས་པ་གཅིག་ཏུ་འཇུག་པ
་དང། བྱ་བ་གཅིག་ཏུ་འཇུག་པའོ་ཞེས་བྱ་བའི་དོན་ཏོ། །འདྲེས་པ་ཚད་མེད་དེ་བཞིན་དུ་ཞེས་བྱ་བས་འདྲེས་པ་གཅིག་ཏུ་འཇུག་པ་བསྟན་ཏེ། འདྲེས་པ་གཅིག་ཅེས་བྱ་བའི་དོན་ཏོ། །འོད་ཟེར་དེ་དག་དང་པོ་ཡང་ཉི་མའི་དཀྱིལ་འཁོར་ལས་བྱུང
་ལ། བྱུང་བའི་ཚེ་ན་ཡང་དུས་གཅིག་ཏུ་བྱུང་ཞིང་ཐ་དད་པ་མི་འདྲ་བ་མེད་པར་འབྱུང་ལ། རྟེན་ཀྱང་ཉི་མའི་དཀྱིལ་འཁོར་ལ་རྟེན་ཅིང་འོད་ཟེར་ཐམས་ཅད་སྣང་བར་བྱེད་པར་འོད་ཟེར་གཅིག་གིས་སྣང་བའི་ལས་བྱས་པ་ན?་འོད་ཟེར་ཚད་མེད་གཞན་ཐམས་
་ཅད་ཀྱི་སྣང་བའི་ལས་ཀྱང་འོད་ཟེར་གཅིག་པོ་དེས་བྱས་པ་ཡིན་ཏེ། འདྲེས་པའི་ལས་བྱས་པའི་དོན་ནི་དེའོ། །རྟག་ཏུ་བྱ་བ་གཅིག་འཇུག་ཅིང་ཞེས་བྱ་བ་ལ། བྱ་བ་གཅིག་ཏུ་འཇུག་པར་བསྟན་ཏེ། བྱ་བ་གཅིག་ཏུ་འཇུག་པའི་དོན་ནི་འོད་ཟེར་གཅིག
་གིས་འདམ་ལ་སོགས་པ་སྐེམས་པར་བྱེད་པ་དང་ལོ་ཏོག་ལ་སོགས་པ་སྨིན་པར་བྱེད་པའི་ལས་བྱེད་པ་དེ་བཞིན་དུ་།འོད་ཟེར་གཉིས་བ་དང་གསུཾ་པ་ལ་སོགས་པ་ཡང་ལS་གཞན་མི་བྱེད་ཀྱི། སྐེམས་པ་དང་སྨིན་པར་བྱེད་བའི་ལས་བྱེད་པར་ཟད་པས་ན་བྱ་བ
་གཅིག་གོ་།དེ་བཞིན་ཟག་པ་མེད་དབྱིངས་ན་ཞེས་བྱ་བ་ལ་དེ་དང་འདྲ་བར་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཟག་པ་མེད་པའི་དབྱིངས་ན་བཞུགས་པའི་ཚེ་ན་ཡང་དེ་བཞིན་གཤེགས་པ་རྣམས་འདྲེས་པ་གཅིག་ཏུ་འཇུག་པ་དང། བྱ་བ
་གཅིག་ཏུ་འཇུག་གོ་ཞེས་བྱ་བའི་དོན་ཏོ། སངས་རྒྱས་རྣམས་ཀྱི་ཚད་མེད་འདྲེས་ཞེས་བྱ་བས་འདྲེས་པ་གཅིག་ཏུ་འཇུག་པ་སྟོན་ཏོ། །དེ་བཞིན་དུ་དེ་བཞིན་གཤེགས་པའི་ཕྲིན་ལས་ཚད་མེད་པ་མཛད་ན་ཡང་ནམ་དེ་བཞིན་གཤེགས་པ་གཅིག་གིས
་སེམས་ཅན་གཅིག་ཡོངས་སུ་སྨིན་པར་མཛད་པ་ན་ཆོས་ཀྱི་སྐུ་ལ་ཐ་དད་པ་མེད་དེ། ཆོས་ཀྱི་སྐུ་རང་བཞིན་གཅིག་བས་ན་དེའི་ཚེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཀྱང་སེམས་ཅན་ཡོངས་སུ་སྨིན་པར་མཛད་པ་ཡིན་ཏེ། འདི་ནི་འདྲེས་པ་གཅིག
་པའི་དོན་ཏེ། །བྱ་བ་དག་ལ་བྱེད་གཅིག་ཅིང་ཞེས་བྱ་བས་བྱེད་པ་གཅིག་པའི་དོན་བསྟན་ཏེ། བྱེད་པ་གཅིག་བ་ནི་ཇི་ལྟར་དེ་བཞིན་གཤེགས་པ་གཅིག་གིས་སྤྲུལ་པ་མཛད་ཅིང་སེམས་ཅན་གྱི་སེམས་ཀྱི་རྒྱུད་ལ་ཉོན་མོངས་པ་འདམ་དང་འདྲ
་བར་སྐེམས་པར་བྱེད་པ་དང། དགེ་བའི་ལོ་ཏོག་སྨིན་པར་མཛད་པ་དེ་བཞིན་དུ་དེ་བཞིན་གཤེགས་པ་གཞན་གྱིས་ཀྱང་ཕྲིན་ལས་དེ་ཁོ་ནར་མཛད་པར་ཟད་ཀྱི་ཕྲིན་ལས་གཞན་མི་མཛད་པས་ན་བྱ་བ་གཅིག་གོ་།ཡེ་ཤེས་སྣང་བ་བྱེད་པར་འདོད་ཅེས
་བྱ་བ་ལ། ཇི་ལྟར་ཉི་མའི་འོད་ཟེར་གཅིག་གིས་འཇིག་རྟེན་གྱི་ཁམས་སྣང་བྱ་བ་ཀུན་ཏུ་སྣང་བར་བྱེད་པ་དེ་བཞིན་དུ་འོད་ཟེར་གཉིས་པ་ལ་སོགས་པས་ཀྱང་གཅིག་གིས་ཁྱབ་པའི་གནས་ཀུན་ཏུ་ཁྱབ་ཅིང་སྣང་བར་བྱེད་པ་དེ་དང་འདྲ་བར་དེ་བཞིན
་གཤེགས་པ་གཅིག་གིས་ཡེ་ཤེས་ཀྱིས་ཤེས་བྱ་ཀུན་ལ་ཁྱབ་ཅིང་སྣང་བ་དང། སྤྲུལ་པའི་ལས་ཀྱིས་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་དེ་བཞིན་དུ། དེ་བཞིན་གཤེགས་པ་གཞན་གྱི་ཀྱང་ཡེ་ཤེས་ཤེས་བྱ་ཀུན་ལ་སྣང་ཞིང་ཁྱབ་པར་བྱེད་པ
་སྤྲུལ་པས་སེམས་ཅན་སྨིན་པར་བྱེད་ལ་ཡོངས་སུ་སྨིན་པར་བྱེད་དོ་ཞེས་བྱ་བའི་དོན་ཏོ། །འདིས་ནི་སྤྲུལ་བ་ལ་སོགས་པའི་བྱ་བའི་ལས་བསྟན་ཏོ། །ཉི་མའི་འོད་ཟེར་གཅིག་བྱུང་ན། །འོད་ཟེར་ཐམས་ཅད་འབྱུང་བ་བཞིན་ཞེས་བྱ་བ་ལ། དཔེར་ན་ཉི་མའི་འོད
་ཟེར་གཅིག་བྱུང་བའི་དུས་ན་འོད་ཟེར་གཞན་མ་བྱུང་བ་ཡང་མ་ཡིན་པ་དང། སྔ་ཕྱིར་བྱུང་བ་ཡང་མ་ཡིན་གྱི། ཐམས་ཅད་དུས་གཅིག་ཏུ་འབྱུང་བ་དེ་བཞིན་དུ་ཞེས་བྱ་བའི་དོན་ཏོ། །དེ་བཞིན་དུ་སངས་རྒྱས་རྣམས་ཀྱི་ཡང། །ཡེ་ཤེས་འབྱུང་བར་ཤེས་པར་བྱ་ཞེས
་བྱ་བ་ལ། དེ་དང་འདྲ་བར་སངས་རྒྱས་ཀྱི་ཡེ་ཤེས་བྱ་བ་ལ་འཇུག་པ་ན་ཤེས་བྱ་ཁ་ཅིག་ནི་མཁྱེན་ཁ་ཅིག་ནི་མི་མཁྱེན་ཅེ་འམ། ཁ་ཅིག་ནི་སྔར་མཁྱེན་ཁ་ཅིག་ནི་ཕྱིས་མཁྱེན་བྱ་བ་མེད་པར་དུས་གཅིག་ཏུ་ཕུང་པོ་དང་ཁམས་ལ
་སོགས་པའི་ཤེས་བྱ་རྣམ་པ་སྣ་ཚོགས་མ་ལུས་པ་མཁྱེན་ཏོ་ཞེས་བྱ་བའི་དོན་ཏོ། །འདིས་ནི་ཡེ་ཤེས་འཇུག་པའི་ལས་བསྟན་ཏོ། །ཇི་ལྟར་ཉི་མའི་འོད་ཟེར་ནི་འཇུག་པ་བདག་གིས་བྱ་བ་མེད་ཅེས་བྱ་བ་ལ། དཔེར་ན་ཉི་མའི་འོད་ཟེར་འདིས་སྣང
་བར་བྱ་བའི་གནས་སེམས་ཅན་དང་གླིང་ངག་ཏུ་སྣང་བར་བྱེད་པ་ལ་འཇུག་ཅིང། གནས་འདི་དག་ཏུ་ནི་བདག་གིས་སྣང་བར་བྱ་བ་འདི་དག་ཏུ་ནི་མི་བྱ་ཞེས་མི་རྟོག་པ་དང། འོད་ཟེར་འདི་དག་ནི་བདག་གི་འོད་ཟེར་ཡིན་ཏེ། འོད་འདིས་ཀུན་ཏུ་སྣང
་བར་བྱའོ་སྙམ་དུ་མི་རྟོག་གོ་ཞེས་བྱ་བའི་དོན་ཏོ། །དེ་བཞིན་སངས་རྒྱས་ཡེ་ཤེས་ཀྱང། འཇུག་པ་བདག?་གིར་བྱ་བ་མེད་ཅེས་བྱ་བ་ལ། དེ་བཞིན་དུ་གང་ཟག་དང་ཆོས་ལ་བདག་མེད་པར་ཐུགས་སུ་ཆུད་ནས་ཉོན་མོངས་པ་དང། ཤེས་བྱའི་སྒྲིབ་པ་སྤངས
་པའི་མེ་ལོང་ལྟ་བུའི་ཡེ་ཤེས་ལ་སོགས་པ་ཡེ་ཤེས་བཞིས་སེམས་ཅན་རྣམས་ལ་ཕན་པ་དང། བདེ་བདག་ལ་འཇུག་པ་ནང་དང་བདག་ཏུ་རྟག་པ་མེད་དོ་ཞེས་བྱ་བའི་དོན་ཏོ། །འདིས་ནི་རྣམ་པར་མི་རྟག་པའི་ལས་བསྟན་ཏོ། །ཉི་མའི་འང་ཟེར་གཅིག
་བཏང་བས། ཇི་ལྟར་འཇིག་རྟེན་སྣང་བྱེད་བཞིན་ཞེས་བྱ་བ་ལ། ཉི་མའི་འོད་ཟེར་སྟང་དང་ལྡན་པར་འདོད་དེ། དེ་ལས་ཀྱང་འོད་གཅིག་གིས་འཇིག་རྟེན་གྱི་ཁམས་དང་གླེང་ཐམས་ཅད་ཏུ་སྣང་བར་བྱེད་དོ་ཞེས་བྱ་བའི་དོན་ཏོ། །དེ་བཞིན་ཤེས་བྱ་ཐམས་ཅད
་ལ། །སངས་རྒྱས་ཡེ་ཤེས་ཅིག་ཅར་སྣང་ཞེས་བྱ་བ་ལ། དཔེར་ན་མེ་ལོང་གི་དཀྱིལ་འཁོར་དུ་དེ་དང་ཉེ་བའི་གཟུགས་རྣམ་པ་ཇི་སྙེད་ཡོད་པ་ཐམས་ཅད་དུས་ཅིག་ཏུ་སྣང་བ་དེ་བཞིན་དུ་ཤེས་པར་བྱ་བའི་ཆོས་ཕུང་པོ་དང་ཁམས་ལ་སོགས་པ་ཇི་སྙེད་ཡོད
་པ་ཐམས་ཅད་ལ་ཡེ་ཤེས་ཅིག་ཅར་འཇུག་སྟེ། ཐོགས་པ་མེད་པར་དུས་གཅིག་ཐམས་ཅད་ཐུགས་སུ་ཆུད་ཅེས་བྱ་བའི་དོན་ཏོ། །འདིས་ནི་སྣ་ཚོགས་ཀྱི་རྣམ་པ་ཡེ་ཤེས་ཀྱི་ལས་བསྟན་ཏོ། །ཇི་ལྟར་ཉི་མའི་འོད་ཟེར་ལ། སྤྲིན་ལ་སོགས་པས་བསྒྲིབས་པར་འདོད་ཅེས
་བྱ་བ་ལ། དཔེར་ན་ཉི་མའི་འོད་ཟེར་ཀུན་དུ་སྣང་བ་བཀྱེ་ཡང། སྤྲིན་དང་ཁང་ཁྱིམ་དང་སྐྱབས་ལ་སོགས་པས་བསྒྲིབས་ན་འོད་ཟེར་མི་སྣང་ཏེ། ཉི་མའི་འོད་ཟེར་གྱིས་བསྒྲིབས་མི་སྣང་བར་བྱས་པ་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་བཞིན་སངས་རྒྱས་ཡེ་ཤེས
་ལ། །སྒྲིབ་པ་སེམས་ཅན་ཉེས་ལྡན་ཞེས་བྱ་བ་ལ། དེ་དང་འདྲ་བར་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་སེམས་ཅན་གྱི་དོན་དུ་ཡེ་ཤེས་ཀྱི་འོད་ཟེར་ཀུན་ཏུ་བཏང་ཡང་སེམས་ཅན་གྱིས་སྤྲུལ་པའི་སྐུ་ལ་སོགས་པ་མི་མཐོང་བ་ནི་སེམས་ཅན་རྣམས
་ཀྱི་རྒྱུད་ལ་སྣོང་དུ་མི་འགྱུར་བའི་སྒྲིབ་པ་རྟོགས་པ་ལྔ་ལ་སོགས་པའི་ཉེས་པ་དང་ལྡན་པས་ན་མ་མཐོང་ངོ་ཞེས་བྱ་བའི་དོན་ཏོ། །འདིས་ནི་ཡེ་ཤེས་མི་འཇུག་པའི་ལས་བསྟན་ཏེ། །ཇི་ལྟར་མདུད་པའི་དབང་གིས་ན། །གོས་ལ་ཚོན་བཀྲ་རི་མོ་བཞིན་ཞེས
་བྱ་བ་ལ། དཔེར་ན་གོས་དཀར་པོའི་མཚན་ཉིད་རང་བཞིན་གཅིག་ཀྱང་མདུད་པ་བོར་ནས་ཚོན་དུ་བཙོས་ན་གང་དུ་མདུང་པ་མ་བོར་བ་ནི་ཚོན་གྱིས་ཞེན་ལ། གང་དུ་མདུད་པ་བོར་བར་རི་མོ་བཀྲ་བ་དེ་བཞིན་དུ་ཞེས་བྱ་བའི་དོན་ཏོ། །དེ་བཞིན་འཕེན་པའི
་དབང་གིས་ན། གྲོལ་བའི་ཡེ་ཤེས་རི་མོ་བཀྲ་ཞེས་བྱ་བ་ལ། དེ་དང་འདྲ་བའི་ཟག་པ་མེད་པའི་དབྱིངས་སྟོང་པ་ཉིད་དུ་རོ་གཅིག་མོད་ཀྱི། སྔོན་བྱང་ཆུབ་སེམས་པའི་དུས་ན་སྨོན་ལམ་བཏབ་པ་དང། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསགས་པའི
་ཤུགས་ཀྱིས་ན་དེ་བཞིན་གཤེགས་པ་རྣམས་ཀྱི་རྣམ་པར་གྲོལ་བའི་ཡེ་ཤེས་རི་མོ་བཀྲ་སྟེ། ཡེ་ཤེས་རྣམ་པ་བཞི་མངའ་བ་དང། ཡེ་ཤེས་དེས་ཀྱང་ཤེས་བྱ་ཐམས་ཅད་ཐུགས་སུ་ཆུད་པ་དང། སྐུ་དང་གསུང་དང་ཐུགས་སྤྲུལ་པ་ལ་སོགས་པ་རྣམ་པ་སྣ་ཚོགས
་འབྱུང་བའི་ཕྱིར་ཏེ། འདིས་ནི་རྣམ་པར་གྲོལ་བ་མཚུངས་བ་ལ་ཡེ་ཤེས་ཀྱི་བྱེ་བྲག་གི་ལས་བསྟན་ཏོ། །ཇི་ལྟ་ཞེ་ན། ཉོན་མོངས་པ་སྤང་བའི་མཚན་ཉིད་དུ་ནི་ཉན་ཐོས་དང། རང་སངས་རྒྱས་དང། དེ་བཞིན་གཤེགས་པར་འདྲ་མོད
་ཀྱི་ཉན་ཐོས་ལ་སོགས་པས་ཤེས་བྱའི་སྒྲིབ་པ་མ་སྤངས་པ་དང། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཆེན་པོ་མ་བསགས་པས་ཡེ་ཤེས་བཞི་དང། སྤྲུལ་པ་རྣམ་པ་སྣ་ཚོགས་འགྱེད་པར་མི་ནུས་པར་ན་རྣམ་པར་གྲོལ་པ་མ་ཡིན་ནོ། །ཟག་པ་མེད་པའི
་དབྱིངས་ནི་ཟབ་པ་རྒྱ་ཆེ་བར་བཤད་ནས། དོན་དེ་ཉིད་བསྡུས་ཏེ་བསྟན་པའི་ཕྱིར། དྲི་མེད་དབྱིངས་ཀྱང་ཟབ་པ་ནི། །མཚན་དང་གནས་དང་ལས་རྣམས་དང། སངས་རྒྱས་རྣམས་ཀྱི་དེ་བཤད་པ་།ཚོན་གྱི་ནམ་མཁར་རི་མོ་འདྲི་ཞེས་བྱ་བ་སྨོས་ཏེ། དྲི་མ
་མེད་པའི་དབྱིངས་ནི་ཟག་པ་མེད་པའི་དབྱིངས་སོ། །ཟག་པ་མེད་པའི་དབྱིངས་དེ་ནི་གཟུང་འཛིན་གྱི་སྤྲོས་པ་ཐམས་ཅད་ལས་འདས་པས་ནམ་མཁའ་ལྟར་ཟབ་པ་སྟེ། དེ་ཡང་ཟབ་པ་རྣམ་པ་གསུམ་མོ། །གང་ཞེ་ན། མཚན་ཉིད་ཟབ་པ་དང། གནས་ཟབ
་པ་དང། ལས་ཟབ་པའོ། །དེ་གསུམ་སངས་རྒྱས་ཀྱིས་བཤད་པ་ནི་ཚོན་གྱིས་ནམ་མཁའ་ལ་རི་མོ་འདྲི་བ་དང་འདྲ་སྟེ། དཔེར་ན་སྐྱེས་བུ་ལ་ལ་ཞིག་གིས་ཚོན་གྱི་ནམ་མཁའ་ལ་རི་མོ་འདྲི་བར་བྱེད་ན་དེ་ནི་ཤིན་ཏུ་དཀའ་བ་སྤྱོད་པ་ཡིན་ནོ། །འོན་ཀྱང་སྐྱེས་བུ་མཁས་པ
་དེས་ཚོན་ཀྱིས་ནམ་མཁའ་ལ་རི་མོ་འདྲི་བར་བྱེད་དེ། དེ་ནི་ཤིན་ཏུ་ངོ་མཚར་དུ་བྱ་བའོ། །དེ་དང་འདྲ་བར་ཟག་པ་མེད་པའི་དབྱིངས་ནི་འཕགས་པ་རྣམས་ཀྱི་ཡེ་ཤེས་ཀྱིས་སོ་སོ་རང་གིས་རིག་པར་བྱ་བའི་ཆོས་ཡིན་ཏེ། ཚིག་ཏུ་བརྗོད་པ་མི་ནུས་ན་དེ་བཞིན་གཤེགས
་བ་རྣམས་ཀྱིས་མཚན་ཉིད་ཟབ་པ་དང། གནས་ཟབ་པ་དང། ལས་ཟབ་པའི་སྒོ་ནས་ཚིགས་སུ་བཅད་པ་ནི་ཀུན་དུ་དཀའ་བར་སྤྱོད་པ་སྟེ། ངོ་མཚར་དུ་བྱ་བ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །སྤྲོས་པ་མེད་པའི་ཕྱིར་ཞེས་བྱ་བ་ནི་གཟུང་བ་དང་འཛིན་པ་གཉིས་མེད་པའི་ཕྱིར
་ཞེས་བྱ་བའི་དོན་ཏོ། །ཆོས་ཀྱི་དབྱིངས་དེ་སེམས་ཅན་ལ་ཡོད་པར་བསྟན་པའི་ཕྱིར། ཐམས་ཅད་བྱེ་བྲག་མེད་པར་ཞེས་བྱ་བ་ལ་སོགས་པ་ཚིགས་བཅད་གཅིག་སྨོས་སོ། །དེ་བཞིན་ཉིད་ནི་གང་ཟག་དང་ཆོས་ལ་བདག་མེད་པའི་རང་བཞིན་ཡིན་ཏེ། བདག་མེད
་པ་གཉིས་ཀྱིས་ནི་དངོས་པོ་ཀུན་ལ་ཁྱབ་པོ། །དེ་ལས་ཀྱང་སོ་སོའི་སྐྱེ་བོ་རྣམས་ལ་ཡོད་པའི་གང་ཟག་དང་ཆོས་ལ་བདག་མེད་པ་དང། འཕགས་པ་རྣམས་ལ་ཡོད་པའི་གང་ཟག་དང་ཆོས་ལ་བདག་མེད་པ་གཉིས་སུ་ཐ་དད་པ་མེད་པས་ན་བྱེ་བྲག་མེད་པ་ཞེས་བྱའོ
་དེ་བཞིན་ཉིད་ནི་དག་གྱུར་པས། དེ་བཞིན་གཤེགས་ཏེ་ཞེས་བྱ་བ་ལ། དེ་བཞིན་ཉིད་ནི་ཀུན་ལ་ཡོད་མོད་ཀྱི། ནམ་བདག་མེད་པ་གཉིས་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་གློ་བུར་དང་བྲལ་ཏེ། དག་པར་གྱུར་པ་དེ་ནི་དེ་བཞིན་གཤེགས་པ་ཞེས་བྱའོ་ཞེས་བྱ་བ་ནི?
་དོན་ཏོ། །དེའི་ཕྱིར། དེའི་སྟོང་པ་ལུས་ཅན་ཀུན་ཞེས་བྱ་བ་ལ། དེ་ལྟར་དེ་བཞིན་ཉིད་སེམས་ཅན་ལ་ཡོད་པས་ན་དེའི་སེམས་ཅན་ཐམས་ཅད་ནི་དེ་བཞིན་གཤེགས་པའི་སྙིང་པོ་ཅན་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །རབ་འབྱོར་པ་རྣམ་པར་དབྱེ་བ
་ལ་ཚོགས་སུ་བཅད་པ་བཅུ་གཅིག་གོ་ཞེས་བྱ་བ་ལ། ཟག་པ་མེད་པའི་དབྱིངས་ཟབ་པ་བཤད་ནས། ད་ཚིགས་སུ་བཅད་པ་བཅུ་གཅིག་གིས་ཟག་པ་མེད་པའི་དབྱིངས་དེ་འབྱོར་པ་དང། བདེ་བ་དང། སྐྱིད་པ་དང་ལོངས་སྤྱོད་ཕུན་སུམ་ཚོགས་པ་དང
་ལྡན་པར་སྟོན་ཏོ་ཞེས་བྱ་བའི་དོན་ཏོ། །ཉན་ཐོས་རྣམས་ཀྱི་འབྱོར་པས་ནི། །འཇིག་རྟེན་པའི་ཟིལ་གྱིས་གནོན་ཅེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གཉིས་ཀྱི་བསྡུས་པའི་དོན་ནི་ཟག་པ་མེད་པའི་དབྱིངས་ན་མཐུའི་མཆོག་གི་ཁྱད་པར
་ལྡན་བས་སངས་རྒྱས་རྣམས་ཀྱི་འབྱོར་བའི་ཁྱད་བསྟན་པ་ཡིན་ཏེ། ཉན་ཐོས་རྣམས་ཀྱི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དང། མངོན་པར་ཤེས་པ་རྣམས་ཀྱིས་ནི་འཇིག་རྟེན་པའི་བསོད་ནམས་དང། ཡེ་ཤེས་ཀྱི་ཚོགས་དང། དྲང་སྲོང་གི
་མངོན་པར་ཤེས་པ་ལ་སོགས་པ་འབྱོར་པ་ཟིལ་གྱིས་གནོན་ཏེ། ཅིའི་ཕྱིར་ཞེ་ན། འཇིག་རྟེན་པའི་འབྱོར་པ་བས་ནི་ཉན་ཐོས་ཀྱི་འབྱོར་པ་ཁྱད་ཞུགས་ཤིང་རྒྱ་ཆེ་བའི་ཕྱིར་རོ། །རང་སངས་རྒྱས་ཀྱིས་ཡེ་ཤེས་ནི། །ཉན
་ཐོས་ཀྱི་ནི་ཟིལ་གྱིས་གནོན་ཅེས་བྱ་བ་ལ། རང་སངས་རྒྱས་ཀྱི་སའི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དང། མངོན་པར་ཤེས་པ་ལ་སོགས་པའི་ཡོན་ཏན་གྱི་ཉན་ཐོས་ཀྱི་འབྱོར་པ་ཟིལ་གྱིས་གནོན་ཏེ། དེ་བས་འཕགས་ཤིང་རྒྱ་ཆེ་བའི་ཕྱིར་རོ།།
་བྱང་ཆུབ་སེམས་དཔའ་ཨི་འབྱོར་པ་ཡི། །དེ་ཡི་ཆར་ཡང་ཉེ་བར་མི་འགྲོ་ཞེས་བྱ་བ་ལ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དང། མངོན་པར་ཤེས་པ་ལ་སོགས་པའི་ཡོན་ཏན་གྱི་ཐད་ན་རང་སངས་རྒྱས་ཀྱི་ཡོན་ཏན
་བརྒྱའི་ཆ། སྟོང་གི་ཆ། བྱེ་བའི་ཆར་ཡང་མི་འགྲོ་ཞེས་བྱ་བ་ནས། གྲངས་དང་འདྲ་བགྲང་བ་དང། དཔེ་ལ་སོགས་པ་ལ་ཡང་མི་རུང་ངོ་ཞེས་བྱ་བའི་དོན་ཏོ། །དེ་བཞིན་གཤེགས་པའི་འབྱོར་བ་ཡི། །དེ་ཡི་ཆར་ཡང་ཉེར་མི་འགྲོ་ཞེས་བྱ་བ་ལ། དེ་བཞིན
་གཤེགས་པ་རྣམས་ཀྱི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དང། མངོན་པར་ཤེས་པ་དང། སྟོབས་དང་མི་འཇིགས་པ་ལ་སོགས་པའི་ཡོན་ཏན་གྱི་ཐད་ན་བྱང་ཆུབ་སེམས་དཔའ་ཨི་འབྱོར་པ་དང། ཡོན་ཏན་བརྒྱའི་ཆ་དང། སྟོང་དང། དབྱེ་བའི་ཆར་ཡང
་ཉེ་བར་མི་འགྲོ་ཞེས་བྱ་བའི་དོན་ཏོ། །ས་བཅུའི་ས་བཅུ་པ་ལས་ཀྱང། ཀྱེ་རྒྱལ་བའི་སྲས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་པའི་ཡུལ་དང་བྱིན་གྱིས་བརླབས་འདི་ཡང་དེ་ལྟར་ཚད་མེད་པ་དེ་བཞིན་གཤེགས་པ་རྣམས་ཀྱི་སྤྱོད་ཡུལ་དང་ཡུལ་འཇུག་པ
་ཅི་འདྲ། བྱང་ཆུབ་སེམས་དཔའ་རྡོ་རྗེ་སྙིང་པོས་སྨྲས་པ།། ཀྱེ་རྒྱལ་བའི་སྲས་འདི་ལྟ་སྟེ། དཔེར་ན་མི་ལ་ལ་ཞིག་གིས་འཇིག་རྟེན་གླིང་བཞི་པའི་འཇིག་རྟེན་གྱི་ཁམས་རྡེའུ་རྒྱ་ཤུག་གི་ཚི?་གུ་ཙམ་གཉིས་སམ་གསུམ་བླངས་ཏེ། འདི་སྐད་དུ། འཇིག་རྟེན་གྱི་ཁམས
་མཛའ་ཡས་པ་དག་ན་སའི་ཁམས་ཇི་སྙེད་ཅིག་ཡོད། རྡེའུ་འདི་ལས་ཇི་ཙམ་ཞིག་གིས་ལྷག་པར་འཕགས་ཤིང་ལྷག་པར་ཚད་མེད་ཅེས་ཟེར་བ་ཞིག་ཡོད་ན། ཀྱེ་རྒྱལ་བའི་སྲས་དེ་ལྟར་ཁྱོད་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་ཡེ་ཤེས
་ཚད་མེད་པ་མདའ་བ་རྣམས་ཀྱི་ཆོས་ཉིད་ལ་བྱང་ཆུབ་སེམས་དཔའ་ཨི་ཆོས་ཉིད་ཀྱིས་འཇལ་བ་ནི་ཁྱོད་ཀྱི་ཚིག་འདི་དང་འདྲ་བར་བདག་གི་དཔགས་སོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཚིགས་སུ་བཅད་པ་གསུམ་པའི་བསྡུས་པའི་དོན་ནི་རྣམ་པར་རབ་ཏུ་དབྱེ་བའི
་ཁྱད་པར་དང། ཟབ་པའི་བྱད་པར་ཉིད་ཀྱི་སངས་རྒྱས་ཀྱི་འབྱོར་པ་ཚད་མེད་པ་དང། བསམ་གྱིས་མི་ཁྱབ་པ་ཡིན་པར་སྟོན་ཏེ། རབ་ཏུ་དབྱེ་བའི་ཁྱད་པར་གྱིས་ན་ཚད་མེད་པ་ཞེས་བྱ་སྟེ། ཚིག་གི་སྒོ་ནས་དེ་བཞིན་གཤེགས་པའི་འབྱོར་པ་ལ་གྲངས་ཀྱིས་འདི་སྙེད་ཅིག
་ཡོད་ཅེས་བཅད་པར་མི་ནུས་པས་ན་ཚད་མེད་པ་ཞེས་བྱའོ། །ཟབ་པའི་ཁྱད་པར་གྱིས་ནི་བསམ་གྱིས་མི་ཁྱབ་པ་ཞེས་བྱ་སྟེ། དེ་བཞིན་གཤེགས་པའི་འབྱོར་པ་ནི་ཉན་ཐོས་དང་རང་སངས་རྒྱས་ལ་སོགས་པའི་སེམས་ཀྱི་སྤྱོད་ཡུལ་ལས་འདས་པའི་ཕྱིར་རོ། །སངས
་རྒྱས་རྣམས་ཀྱི་འབྱོར་པ་ནི། །བསམ་ཡས་དཔག་ཏུ་མེད་པར་འདོད་ཅེས་བྱ་བ་ལ། དེ་བཞིན་གཤེགས་པ་རྣམས་ཀྱི་སྤྱོད་པ་དང་ལོངས་སྤྱོད་ནི་བསམ་གྱིས་མི་ཁྱབ་པར་འདོད་པ་དང། དཔག་ཏུ་མེད་པར་འདོད་དེ་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་ཞེ་ན། འབྱོར་པ་ཟབ
་བས་ཉན་ཐོས་དང་རང་སངས་རྒྱས་ཀྱི་སེམས་ཀྱི་ཡུལ་ལས་འདས་པས་ན་བསམ་གྱིས་མི་ཁྱབ་པའོ། །རབ་ཏུ་དབྱེ་བ་མཛའ་ཡས་ཏེ་གྲངས་ཀྱིས་འདི་སྙེད་ཅིག་ཡོད་དེ་ཞེས་ཚིག་གིས་བཅད་པར་མི་ནུས་པས་ན་དཔག་ཏུ་མེད་པའོ། །ཇི་ལྟར་ཚད་མེད་པ་དང། ཇི་ལྟར་ན་བསཾ
་གྱིས་མི་ཁྱབ་པ་ཡིན་ནོ་ཞེ་ན། དེའི་ཕྱིར་གང་གིས་གང་དུ་ཇི་ལྟ་དང། ཇི་ཙམ་གང་དུ་འཇུག་པའོ་ཞེས་བྱ་བ་སྨོས་ཏེ། གང་ཟག་གི་དོན་དུ་འཇུག་པ་ཉིད་ཀྱང་ཆད་མེད་ཅིང་བསམ་གྱིས་མི་ཁྱབ་སྟེ་གང་ཟག་གཅིག་གཉིས་ཀྱིས་དོན་དུ་ཞུགས་པ་མ་ཡིན་གྱི་སེམས་ཅན་ཚད་མེད
་པའི་དོན་དུ་ཞུགས་པའི་ཕྱིར་རོ། །གང་དུ་འཇུག་པ་ཡང་བསམ་ཡས་ཤིང་དཔག་ཏུ་མེད་དེ་འཇིག་རྟེན་གྱི་ཁམས་གཉིས་སུ་མེད་པའི་སེམས་ཅན་གྱི་དོན་ལ་ཞུགས་པ་མ་ཡིན་གྱི། འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པར་ཞུགས་པའི་ཕྱིར་རོ།།
་ཇི་ལྟར་ཞུགས་པ་ཡང་བསམ་ཡས་ཤིང་དཔག་ཏུ་མེད། རྣམ་པ་འམ་ཐབས་སམ་རྒྱུ་གཅིག་གཉིས་ཀྱིས་འབྱོར་བ་སྒྲུབས་པ་མ་ཡིན་གྱི་རྒྱུ་དང་ཐབས་ཀྱི་རྣམ་པ་དཔག་ཏུ་མེད་པས་སྒྲུབས་པའི་ཕྱིར་རོ། །ཅི་ཙམ་དུ་འཇུག་པ་ཡང་བསམ་ཡས་ཤིང་དཔག་ཏུ་མེད་དེ།
་སེམས་ཅན་ལ་ལ་ལ་ཕན་པ་དང། བདེ་བ་མང་པོ་བྱས་པའི་ཕན་མང་པོ་བཏགས་པ་ཡང་གྲངས་མེད་ལ། སེམས་ཅན་ལ་ལ་ལ་ཕན་པ་དང། བདེ་བ་ཉུང་དུས་ཕན་བཏགས་པའི་ཉུང་དུས་ཕན་བཏགས་པ་ཡང་གྲངས་མེད་པའི་ཕྱིར་རོ། །དུས་ཇི་སྲིད་ཅིག་ཏུ་འཇུག
་པ་བསམ་ཡས་ཤིང་དཔག་ཏུ་མེད་དེ། བསྐལ་པ་གྲངས་མེད་པའི་བར་འཇུག་ཅིང་སྒྲུབ་པར་བྱེད་པའི་ཕྱིར་རོ། །ཚིགས་སུ་བཅད་པ་ལྷག་མ་རྣམས་ཀྱིས་ནི་གཞན་དུ་འགྱུར་བའི་ཁྱད་པར་གྱིས་འབྱོར་པའི་ཁྱད་པར་བསྟན་ཏོ། །འབྱོར་བའི་ཁྱད་པར་བསྟན་པ་ལ་ཚིག
་སུ་བཅད་པ་བཅུ་གཅིག་གིས་འབྱུང་བ་ལས། ཚིགས་སུ་བཅད་པ་གསུམ་གྱིས་དོན་བཤད་ནས་ཕྱི་ནས་ཚིགས་སུ་བཅད་པ་ལྷག་མ་བརྒྱད་ཀྱིས་ནི་ཕུང་པོ་ལྔ་གནས་གཞན་དུ་གྱུར་པ་ཐ་དད་པའི་སྒོ་ནས་སངས་རྒྱས་ཀྱི་འབྱོར་བ་དང། ལོངས་སྤྱོད་ཀྱང་ཐ་དད
་པ་མང་པོ་ཡོད་དོ་ཞེས་སྟོན་ཏེ། །ཆོས་འདིའི་གནས་གྱུར་ན་འབྱོར་པ་འདི་ཐོབ་པར་འགྱུར་རོ་ཞེས་པ་ལ་སོགས་པར་སྟོན་ཏོ་ཞེས་བྱ་བའི་དོན་ཏོ། །དབང་པོ་ལྔ་རྣམས་གཞན་གྱུར་ན། །འབྱོར་པའི་མཆོག་ཀྱང་ཐོབ་པར་འགྱུར་ཞེས་བྱ་བ་ལ། དབང་པོ
་དྲུག་ལས་ཡིད་ཀྱི་དབང་པོ་བཞག་སྟེ། མིག་གི་དབང་པོ་ནས་ལུས་ཀྱི་དབང་པོའི་བར་དུ་དབང་པོ་ལྔ་གཞན་དུ་གྱུར་ཏེ་དག་པར་གྱུར་ན་འབྱོར་པའི་མཆོག་དམ་པ་རྣམ་པ་གཉིས་ཐོབ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ཀུན་གྱི་དོན་ཀུན་འཇུག་པ་དང་ཞེས་བྱ
་བ་ལ། ཀུན་མིག་གི་དབང་བོ་ནས་ལུས་ཀྱི་དབང་པོའི་བར་དུ་དབང་པོ་ལྔ་ལ་བྱའོ། །དོན་ཀུན་ནི་གཟུགས་ནས་རེག་བྱའི་བར་ཡུམ་ལྔ་ལ་བྱ་སྟེ། སྔོན་དབང་པོ་མ་དག་པའི་དུས་ན་ནི་མིག་གི་དབང་པོས་ཀྱང་གཟུགས་འབའ་ཞིག་ལ་འཇུག་པར་ནུས་ཀྱི། སྒྲ་ལ་སོགས་པའི་ཡུལ
་ལྷག་མ་ལ་འཇུག་པར་མི་ནུས་པས་ལས་གནས་གཞན་དུ་གྱུར་ཏེ་དག་པར་གྱུར་ན་མིག་གི་དབང་པོ་འབའ་ཞིག་གིས་གཟུགས་ལ་ལྟ་བར་ནུས་པ་ནས། སྒྲ་ལ་ཉན་པ་དང། རེག་བྱ་ཤེས་པར་ནུས་པའི་བར་དུ་དབང་པོ་ལྷག་མ་རྣམས་ཀྱི་ལས་ཀུན་ཀྱང་བྱེད
་པར་ནུས་ཏེ། འདྲི་ནི་འབྱོར་པ་མཆོག་ཐོབ་པ་རྣམ་པ་གཅིག་གོ་།བརྒྱ་རྩ་བཅུ་གཉིས་ཡོན་ཏན་འབྱུང་ཞེས་བྱ་བ་ལ། དབང་པོ་གཅིག་ཅིང་ཡང་ཡོན་ཏན་བརྒྱ་རྩ་བཅུ་གཉིས་བཅུ་གཉིས་དང་ལྡན་པར་འགྱུར་ཏེ། དབང་པོ་གཅིག་ཅིང་ཡོན་ཏན
་དེ་སྙེད་དང་ལྡན་པའི་ཡོན་ཏན་ནོ། །འཕགས་པ་གཟུངས་ཀྱི་དབང་ཕྱུག་ཆེན་པོའི་རྒྱལ་པོ་དང། དམ་པའི་ཆོས་པུཎྜ་རི་ཀ་ལ་སོགས་པའི་མདོ་སྡེ་ལས་འབུང་བ་བཞིན་དུ་བལྟའོ། །འདི་འབྱོར་པ་མཆོག་ཐོབ་པ་རྣམ་པ་གཉིས་པའོ། །བརྒལ་བ་གལ་ཏེ
་གཉིས་ལ་སོགས་པ་ཕྱིའི་ཡུལ་མེད་དེ། རི་བོང་གི་རྭ་བཞིན་དུ་ཡིན་ན་དབང་པོ་ལྔ་ཇི་ལྟར་གནས་གཞན་དུ་འགྱུར་ལན་དུ་རང་གི་ས་བོན་གང་དག་ལ། རྣམ་རིག་སྣང་བ་གང་འབྱུང་བ། །སྐྱེ་མཆེད་རྣམ་པ་གཉིས་སོ་ཞེས། །དེ་དང་དེ་དག་ཐུབ་པ་གསུངས་ཞེS
་རྣམ་པར་ཤེས་པ་ཙམ་དུ་སྟོན་པའི་བསྟན་བཅོས་ལས་འབྱུང་སྟེ། དེའི་དོན་ནི་ཀུན་གཞི་རྣམ་པར་ཤེས་པ་ལས་གཟུང་བ་དང་འཛིན་པའི་བག་ཆགས་དང། ས་བོན་ཡོད་པ་ནས་མིག་གི་རྣམ་པར་ཤེས་པ་ནས་ཡིད་ཀྱི་རྣམ་པར་ཤེས་པའི་བར
་དུ་རྣམ་པར་ཤེས་པ་དྲུག་འབྱུང་བ་ལ་ནི་ནང་གི་སྐྱེ་མཆེད་དྲུག་དུ་བཤད། རྣམ་པར་ཤེས་པ་དེ་དག་ལས་ཀྱང་མིག་གི་རྣམ་པར་ཤེས་པ་ལས་ཀྱང་གཟུགས་སུ་སྣང་བ་འབྱུང་བ་ལས་ཡིད་ཀྱི་རྣམ་པར་ཤེས་པ་ལས་ཆོས་སུ་སྣང་པ་འབྱུང་བ་ནི་ཕྱིའི་སྐྱེ
་མཆེད་དུ་བཤད་དེ། དེ་བས་ན་རྣམ་པར་རིག་པ་ཙམ་དུ་སྨྲ་བ་ལ་ཡང་ཕྱི་ནང་གི་སྐྱེ་མཆེད་དུ་དབྱེ་བ་ཡོད་དོ། །གང་གི་ཚེ་བྱང་ཆུབ་སེམས་དཔས་ཁམས་གསུམ་ཐམས་ཅད་ནི་སེམས་རྩམ་མོ་ཞེས་བྱ་བ་ལ་སོགས་པ་མཉན་པ་དང
་བསམ་པ་དང་བསྒོམ་པ་ལ་སོགས་པའི་རིམ་པས་གཟུགས་ཀྱི་འདུ་ཤེས་བསལ་ནས་གཟུགས་ལ་སོགས་པའི་ཕྱིན་ཅི་ལོག་སྤོང་བར་བྱེད་པ་ན་གང་སྔོན་གྱི་ནང་གི་སྐྱེ་མཆེད་སོ་སོའི་ནང་གི་མངོན་པར་ཆགས་པའི་ཕྱིན་ཅི་ལོག་སྤངས་ན། གནས་གཞན
་དུ་གྱུར་པ་ཞེས་བྱ་སྟེ། དེ་ལས་འབྱོར་པ་མཆོག་རྣམ་པ་གཉིས་ཐོབ་པར་གྱུར་པས་ན་ཡུལ་མེད་པར་ཡང་གནས་གཞན་དུ་འགྱུར་བར་དུད་སྟེ་འགལ་བ་མེད་དེ། །ཡིད་ཀྱང་གཞན་དུ་གྱུར་ན་ནི། འབྱོར་པ་དམ་པ་ཐོབ་པར་འགྱུར་ཞེས་བྱ་བ་ལ།
་ཉན་ཐོས་ཀྱི་ལྟ་བའི་ཚུལ་གྱིས་ནི་རྣམ་པར་ཤེས་པ་དྲུག་འདས་པ་ཐག་པ་ལ་ཡིད་ཀྱི་དབང་པོ་ཞེས་ཟེར་ཏེ། ཐེག་པ་ཆེན་པོའི་ཚུལ་གྱིས་ནི་ཡིད་ཀྱི་དབང་པོ་ནི་དེ་ལ་མི་བྱའི། ཉོན་མོངས་པའི་ཡིད་ལ་བྱ་སྟེ། ཉོན་མོངས་པའི་ཡིད་དེ་གནས་གཞན
་དུ་གྱུར་ན་ཞེས་བྱ་བའི་དོན་ཏོ། །དེ་ལ་རྣམ་པར་མི་རྟོག་པའི་ཡེ་ཤེས་ནི་ཡིད་ཀྱི་རྣམ་པར་ཤེས་པ་ཡང་ཡང་དག་པར་ལྡན་ཞིང་འབྱུང་སྟེ། ཡིད་ཀྱི་རྣམ་པར་ཤེས་པའི་རྟེན་ནི་ཉོན་མོངས་པའི་ཡིད་ཡིན་ཏེ། དཔེར་ན་མིག་གི་རྣམ་ཤེས་པའི་རྟེན
་མིག་གི་དབང་པོ་ཡིན་པ་ལྟ་བུའོ། །དེ་ལ་ཇི་སྲིད་དུ་སོ་སོའི་སྐྱེ་བོའི་དུས་ན་ཉོན་མོངས་བའི་ཡིད་གནས་གཞན་དུ་མ་གྱུར་པའི་ཚེ་བདག་ཏུ་ལྟ་བ་དང། བདག་ཏུ་ཆགས་པ་དང། བདག་ཏུ་ང་རྒྱལ་དང། བདག་ཏུ་གཏི་མུག་པ་ལ་སོགས་པ་ཉེ་བའི་ཉོན་མོངས
་པ་བཞི་དང་ལྡན་ཞིང་ཀུན་གཞི་རྣམ་པར་ཤེས་པ་ལ་བདག་དང་བདག་གི་ཞེས་ཕྱིན་ཅི་ལོག་གི་རྣམ་པར་འཇུག་གོ་།ཇི་ལྟར་ཉོན་མོངས་པའི་ཡིད་ཕྱིན་ཅི་ལོག་གི་རྣམ་པར་ཞུགས་པས་དེ་ལ་རྟེན་པའི་ཡིད་ཀྱི་རྣམ་པར་ཤེས་པ་ལ་ཡང་གཟུགས
་ལ་སོགས་པའི་ཡུལ་ལ་ཕྱིན་ཅི་ཕོག་ཏུ་འཇུག་སྟེ། གཟུགས་ལ་སོགས་པའི་ཡུལ་མེད་པར་ཡང་ཡོད་དོ་སྙམ་དུ་མངོན་པར་ཆགས་པར་བྱེད་དོ། །ནམ་ཉོན་མོངས་པའི་ཡིད་དེ་བདག་དང་བདག་གིར་ལྟ་བ་སྤངས་ནས་གནས་གཞན་དུ་གྱུར་ཏེ། མཉམ
་པ་ཉིད་ཀྱི་ཡེ་ཤེས་སུ་གྱུར་ན་འབྱོར་པ་དམ་པ་མཆོག་ཐོབ་པར་གྱུར་ཏོ་ཞེས་བྱ་བའི་དོན་ཏོ། །ཆོས་གང་ལ་འབྱོར་པ་ཐོབ་ཅེ་ན། དེའི་ཕྱིར། འབྱོར་པའི་རྗེས་སུ་ཡེ་ཤེས་ནི། །རྣམ་པར་མི་རྟོག་དྲི་མ་མེད་ཅེས་སྨོས་ཏེ། འབྱོར་པའི་སྒྲས་ནི་དབང་པོ
་ལྔ་གནས་གཞན་དུ་གྱུར་ནས་ཡུལ་ཐམས་ཅད་ལ་འཇུག་པར་ནུས་པ་དང་གཅིག་ཡང་ཡོན་ཏན་བརྒྱ་རྩ་བཅུ་གཉིས་ཐོབ་པ་ལ་བྱ་སྟེ། རྗེས་སུ་འཇུག་པ་ནི་འབྱོར་པ་དེ་དང་ལྷན་ཅིག་འགྲོགས་པ་འམ། འབྱོར་པ་དེ་དང་མཐུན་པར་གནས་པ་ལ་བྱ
་སྟེ། འབྱོར་པ་དང་ལྷན་ཅིག་གནས་པ་གང་ཞེ་ན། རྣམ་པར་མི་རྟོག་པའི་ཡེ་ཤེས་དྲི་མ་མེད་པའོ། །དེ་ལ་ཀུན་གཞི་རྣམ་པར་ཤེས་པ་གནས་གཞན་དུ་གྱུར་ན་རྣམ་པར་མི་རྟོག་པའི་ཡེ་ཤེས་སུ་འགྱུར་ཏེ། གཟུང་བ་དང་འཛིན་པར་རྟོག་པ་མེད་པས
་ན་རྣམ་པར་མི་རྟོག་པའོ། །ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་སྤངས་པས་ན་དྲི་མ་མེད་པའོ། །ཉོན་མོངས་པའི་ཡིད་མ་དག་པའི་དུས་ན་ཡང་ཀུན་བཞི་ལ་བདག་དང་བདག་གིར་དམིགས་པ་དག་སྟེ། མཉམ་པ་ཉིད་ཀྱི་ཡེ་ཤེས་སུ་གྱུར་པ་ན་རྣམ
་པར་མི་རྟོག་པའི་ཡེ་ཤེས་ལ་བདག་དང་བདག་གིར་མེད་པར་མཉམ་པ་ཉིད་དུ་དམིགས་ཏེ། དེ་བས་ན་ཉོན་མོངས་པའི་ཡིད་གནས་གཞན་དུ་གྱུར་ན་རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་དམིགས་པའི་འབྱོར་པའི་དམ་པ་ཐོབ་པར་འགྱུར་རོ་ཞེས
་བྱ་བའི་དོན་ཏོ། །ཡང་ན་ཉོན་མོངས་པའི་ཡིད་གནས་གཞན་དུ་གྱུར་པ་དང། དབང་པོ་གཅིག་ཀྱང་ཀུན་གྱི་དོན་ལ་འཇུག་པ་དང། ཡོན་ཏན་བརྒྱ་རྩ་བཅུ་གཉིས་འཐོབ་པའི་འབྱོར་པ་དང་ལྷན་ཅིག་འབྱུང་ཞིང་འགྲོགས་པའི་མཉམ་པ་ཉིད་ཀྱི་ཡེག
་ཤེས་རྣམ་པར་མི་རྟོག་པའི་དྲི་མ་མེད་པར་གྱུར་ཏེ། མཉམ་པ་ཉིད་ཀྱི་ཡེ་ཤེས་སུ་གྱུར་པ་ཉིད་འབྱོར་པའི་མཆོག་རྙེད་བ་ཞེས་བྱའོ། །མཉམ་པ་ཉིད་ཀྱི་ཡེ་ཤེས་སུ་གྱུར་པ་ན་བདག་དང་བདག་གི་རྟོག་པ་མེད་པས་ན་རྣམ་པར་མི
་རྟོག་པ་ཞེས་བྱའོ། །བདག་ཏུ་ལྟ་བ་དང། བདག་ཏུ་གཏི་མུག་ལ་སོགས་ཉེ་བའི་ཉོན་མོངས་པ་བཞི་དང་བྲལ་བས་ན་དྲི་མ་མེད་པ་ཞེས་བྱའོ། །དེ་དང་ལྷན་ཅིག་ཏུ་འབྱོར་བའི་ཡེ་ཤེས་ཐམས་ཅད་དུ་འཇུག་གོ་ཞེས་བྱ་བ་ལ། དེ་དང་ལྷན་ཅིག་ཅེས་བྱ་བ་ནི་དབང
་པོ་གཅིག་ཅིང་ཡང་ཡུལ་ཀུན་ལ་འཇུག་པ་དང། ཡོན་ཏན་བརྒྱ་?་བཅུ་གཉིས་ཀྱི་འབྱོར་བ་དང། རྣམ་པར་རྟོག་པའི་ཡེ་ཤེས་དང། དེའི་རྒྱབ་ནས་ཐོབ་པ་དག་པ་འཇིག་རྟེན་པའི་ཡེ་ཤེས་དང་རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་དམིགས་པ་མཉཾ
་པ་ཉིད་ཀྱི་ཡེ་ཤེས་དང་བཅས་པས་རྟག་པར་ཡང་སེམས་ཅན་གྱི་དོན་ལ་འཇུག་གོ་ཞེས་བྱ་བའི་དོན་ཏོ། །དོན་བཅས་འཛིན་པ་གཞན་གྱུར་པས། །འབྱོར་པ་དམ་པ་ཐོབ་པར་འགྱུར་ཞེས་བྱ་བ་ལ། དོན་གྱི་སྒྲ་ནི་གཟུགས་ནས་ཆོས་ཀྱི་བར་དུ་ཡུལ་དྲུག
་ལ་བྱའོ། །འཛིན་པའི་སྒྲས་ནི་མིག་གི་རྣམ་པར་ཤེས་པ་ནས་ལུས་ཀྱི་རྣམ་པར་ཤེས་པའི་བར་དུ་རྣམ་པར་ཤེས་པ་ལྔའི་ཚོགས་ལ་བྱ་སྟེ། ཡུལ་དྲུག་དང་རྣམ་པར་ཤེས་པའི་ཚོགས་དག་སྟེ། གནས་གཞན་དུ་གྱུར་ན། འབྱོར་པ་དམ་པ་རྣམ་པ་གཉིས
་འཐོབ་པར་འགྱུར་རོ། །ཞེས་བྱ་བའི་དོན་ཏོ། །ཞིང་ཡང་འདོད་བཞིན་དག་པ་དང། །ལོངས་སྤྱོད་ཤིན་ཏུ་སྟོན་པར་ཞེས་བྱ་བ་ལ། ཕྱིའི་ཡུལ་རྣམས་གཞན་དུ་མ་གྱུར་བའི་དུས་ན་ནི་དམ་གྲོག་དང། ཚོར་མ་དང། གསེག་མ་དང། གྱོ་མོ་ལ་སོགས་པ་ལྟ་བུར
་མ་དག་བ་སྣང་ལ། ནམ་དག་པར་འགྱུར་བའི་དུས་ན་ཇི་ལྟར་འདོད་པ་བཞིན་དུ་བཻ་དཱུརྱ་དང། ཤེལ?་དང་གསར་ལ་སོགས་པ་ཁ་དོག་གིས་གཞི་ལྟ་བུར་དག་པས་སྣང་བར་འགྱུར་ཏེ། དོན་དག་ནི་འབྱོར་པ་དེ་འཐོབ་བོ། །རྣམ་པར་ཤེས་པ་ལྔའི་ཚོགས་མ་དག
་པའི་དུས་ན་ནི་མིག་གི་རྣམ་པར་ཤེས་བས་ཀྱང་གཟུགས་ལ་དམིགས་ཤིང་གཟུགས་ལ་ལོངས་སྤྱོད་བྱེད་པ་ཙམ་ལས་མི་ནུས་ཏེ། སོ་སོའི་ཡུལ་ཉི་ཚེ་ལ་འཇུག་པ་ཙམ་ལས་ལྟག་པར་མི་ནུས་པ་ལས་ནམ་དག་སྟེ་གནས་གྱུར་པ་རྣམ་པར་ཤེས་པ་ལྡས
་སངས་རྒྱས་ཀྱི་ཞིང་དེ་དག་ན་བདུད་རྩིའི་རྫིང་དང། དཔག་བསམ་གྱི་ཤིང་ལ་སོགས་པའི་ལོངས་སྤྱོད་རྣམ་པ་སྣ་ཚོགས་སྟོན་ཏེ། འཛིན་པ་གཞན་དུ་གྱུར་པ་ལས་ནི་འབྱོར་བའི་མཆོག་ཐོབ་བར་འགྱུར་རོ། །རྣམ་རྟོག་གཞན་དུ་གྱུར་ན་ནི། །འབྱོར་བ་དམ
་པ་ཐོབ་པར་འགྱུར་ཞེས་བྱ་བ་ལ། རྣམ་པར་རྟོག་བའི་སྒྲས་ནི་ཡིད་ཀྱི་རྣམ་པར་ཤེས་པ་ལ་བྱ་སྟེ། ཡིད་ཀྱི་རྣམ་པར་ཤེས་པ་མ་དག་པའི་དུས་ན་གཟུགས་དང་སྒྲ་ལ་སོགས་པ་ཆོས་རྣམ་པ་སྣ་ཚོགས་ལ་རྟོག་པ་དེ་དག་སྟེ་གནས་གྱུར་ན་འབྱོར་པ
་དམ་པ་རྣམ་པ་གཉིས་འཐོབ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ཡེ་ཤེས་དང་ནི་ལས་ཀུན་ཀྱང། །རྟག་ཏུ་ཐོགས་པ་མེད་པའོ་ཞེས་བྱ་བ་ལ། འབྱོར་བ་གཉིས་ནི་ཡེ་ཤེས་རྟག་ཏུ་ཐོགས་པ་མེད་པ་དང། ལས་ཀུན་ལ་རྟག་ཏུ་ཐོགས་པ་མེད་བའོ། །དེ་ལ
་ཡེ་ཤེས་ཀྱི་སྒྲས་ནི་མེ་ལོང་ལྟ་བུའི་ཡེ་ཤེས་དང། མཉམ་པ་ཉིད་ཀྱི་ཡེ་ཤེས་དང། བྱ་བ་གྲུབ་པའི་ཡེ་ཤེས་དང། སོ་སོར་ཀུན་ཏུ་རྟོག་པའི་ཡེ་ཤེས་ལ་བྱ་སྟེ། ཡེ་ཤེས་དེ་དག་གིས་དངོས་པོ་ཁ་ཅིག་ཤེས་ཁ་ཅིག་མི་ཤེས་པ་མ་ཡིན་ཏེ། དངོས
་པོ་ཀུན་ཤེས་པ་དང། དུས་ཁ་ཅིག་ཏུ་ཤེས་ཁ་ཅིག་ཏུ་མི་ཤེས་པ་མ་ཡིན་གྱི་དུས་ཐམས་ཅད་དུ་ཤེས་པ་ནི་ཡེ་ཤེས་རྟག་ཏུ་ཐོགས་པ་མེད་ཅེས་བྱའོ། །ལས་ཀྱི་སྒྲས་ནི་སྤྲུལ་བའི་ཕྲིན་ལས་མཛད་བ་ལ་བྱ་སྟེ། འོག་མིན་གྱི་ཕོ་བྲང་ནས་འཆི་འཕོ་བ
་དང། མངོན་པར་བྱང་ཆུབ་པ་ལ་སོགས་པ་སྤྲུལ་པ་རྣམ་པ་སྣ་ཚོགས་རྟག་ཏུ་རྒྱུན་མི་འཆད་པར་མཛད་པས་ན་ལས་ཀུན་ལ་རྟག་ཏུ་ཐོགས་པ་མེད་པ་ཞེས་བྱའོ། །རྟེན་ཀྱང་གཞན་དུ་འགྱུར་ན་ནི་འབྱོར་བ་དམ་པ་ཐོབ་པར་འགྱུར་ཞེས་བྱ་བ་ལ། རྟེན་གྱི
་སྒྲས་ནི་ཀུན་གཞི་རྣམ་པར་ཤེས་པ་དང། དེའི་དམིགས་པའི་བྱ་བའི་ཡུལ་སྣོད་གྱི་འཇིག་རྟེན་ས་གཞི་ཆེན་པོ་ལ་བྱ་སྟེ། ཀུན་གཞི་རྣམ་པར་ཤེས་པ་ཡང་ལས་དགེ་བ་དང་མི་དགེ་བའི་བག་ཆགས་ཀྱི་གནས་སུ་གྱུར་པ་དང། ལུས་དང་ལོངས་སྤྱོད
་དང། གནས་ལྟ་བུར་ཡང་ཀུན་གཞི་ཉིད་དེ་ལྟར་སྣང་བས་ན་ཀུན་གཞི་ལ་རྟེན་ཞེས་བྱའོ། །སྣོད་ཀྱི་འཇིག་རྟེན་ས་གཞི་ཆེན་པོ་ཡང་སེམས་ཅན་གྱི་འཇིག་རྟེན་གྱི་གནས་སུ་གྱུར་པ་དང། རྩ་ཤིང་རྣམ་པ་སྣ་ཚོགས་སྐྱེ་བའི་རྟེན་དུ་གྱུར་པས་ན་རྟེན་ཅེས་བྱ་སྟེ། སྣོད་ཀྱི
་འཇིག་རྟེན་ཀུན་གཞིའི་དམིགས་པའི་ཡུལ་ཡིན་པར་ཅི་མངོན་ཞེ་ན། སུམ་ཅུ་པའི་རབ་ཏུ་དབྱེ་བ་ལས། གང་ཕྱིར་ཀུན་གཞི་རྣམ་ཤེས་ལས། །རྣམ་སྨིན་ས་བོན་ཐམས་ཅད་ལ། ལེན་པ་དག་དང་དེ་ཡི་གནས། །རྣམ་པར་རིག་པ་མི་རིག་པའོ་ཞེས་གསུངས
་པའི་ཕྱིར་ཏེ། ཀུན་གཞི་རྣམ་པར་ཤེས་པ་དམིགས་པའི་ཡུལ་དང་བཅས་ཏེ། གནས་གཞན་དུ་གྱུར་ན་འབྱོར་བའི་དམ་པ་མཆོག་ཐོབ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །འབྱོར་བ་གང་འཐོབ་ཅེ་ན། དེའི་ཕྱིར། མི་གནས་བའི་མྱ་ངན་ལས་འདས། །
་སངས་རྒྱས་རྣམས་ཀྱི་མ་གཡོ་གནས་ཞེས་སྨོས་ཏེ། ཀུན་གཞི་དམིགས་པ་དང་བཅས་ཏེ་གནས་གཞན་དུ་གྱུར་ན་དེ་བཞིན་གཤེགས་པ་རྣམས་ཟག་པ་མེད་པའི་དབྱིངས་ན་བཞུགས་བའི་ཚེ། མི་གནས་བའི་མྱ་ངན་ལས་འདས་པའི་འབྱོར་བ་ཐོབ་པར་འགྱུར
་ཏེ། མི་གནས་པ་ནི་འཁར་བ་ན་ཡང་མི་གནས། མྱ་ངན་ལས་འདས་པ་ལ་ཡང་མི་གནས་པའོ། །འཁྲིག་པ་གཞན་དུ་གྱུར་ན་ནི། འབྱོར་བ་དམ་པ་འཐོབ་བར་འགྱུར་ཞེས་བྱ་བ་ལ། འཁྲིག་བ་ནི་ལུས་ཀྱི་དབང་པོའི་ཕྱོགས་ཅིག་སྟེ། བུད་མེད་དང་སྐྱེས་བའི
་དབང་པོ་གཉིས་ཕན་ཚུན་སྦྱོར་བ་ལས་འཁྲིག་པ་ཞེས་བྱའོ། །འཁྲིག་པ་དེ་གནས་གཞན་དུ་གྱུར་ཏེ། མི་ཚངས་པར་སྦྱོད་པའི་འདོད་ཆགས་དང་བྲལ་བར་གྱུར་ན་འབྱོར་པ་དམ་པ་རྣམ་པ་གཉིས་འཐོབ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །སངས་རྒྱས་བདེ་བར་གནས
་ཞེས་བྱ་བ་ལ། མི་ཚངས་པར་སྤྱོད་པའི་འདོད་ཆགས་དང་བྲལ་ན་སངས་རྒྱས་རྣམས་ཀྱི་སྤྲོས་པ་ཐམས་ཅད་དང་བྲལ་བའི་ཏིང་ངེ་འཛིན་གྱི་བདེ་བ་ཐོབ་པར་གྱུར་ཏེ། འདི་ནི་འབྱོར་པ་དམ་པ་ཐོབ་པ་རྣམ་པ་གཅིག་གོ་།བུད་མེད་ཉོན་མོངས་མེད་པ་ལྟ་ཞེས་བྱ་བ་འམ། མི
་ཚངས་པར་སྤྱོད་པའི་འདོད་ཆགས་བྲལ་ན་འགྲོ་བ་བཟང་མོ་དག་མཐོང་དུ་ཟིན་ཀྱང་ཉོན་མོངས་པ་མི་སྐྱེ་སྟེ། འདོད་ཆགས་མི་སྐྱེའོ་ཞེས་བྱ་བའི་དོན་ཏོ། །འདི་ནི་འབྱོར་པ་དམ་པ་ཐོབ་པ་རྣམ་པ་གཉིས་སོ། །ནམ་མཁར་འདུ་ཤེས་རྣམ་གྱུར་ན། འབྱོར་པ་དམ་པ་རྙེད
་པར་འགྱུར་ཞེས་བྱ་བ་ལ་གང་དུ་ཐོགས་པ་མེད་པ་དེ་ནི་ནམ་མཁའ་བཞིན་ནོ་ཞེས་རྟོག་ན། གང་དུ་ཐོགས་པ་དང་བཅས་པ་དེ་དག་ནི་གཟུགས་ཡིན་ནོ་ཞེས་རྟོག་པ་ནི་ནམ་མཁའ་ཨི་འདུ་ཤེས་བྱ་སྟེ། འདུ་ཤེས་དེ་སྤངས་ནས་འབྱོར་བ་དམ་པ་རྣམ་པ་གསུམ་ཐོབ
་པར་གྱུར་རོ་ཞེས་བྱ་བའི་དོན་ཏོ། །བསམ་པའི་དོན་ནི་འགྲུབ་པ་དང་ཞེས་བྱ་བ་ལ། བསམ་པའི་དོན་འགྲུབ་པ་ནི་ནམ་མཁའ་མཛོད་ཀྱི་ཏིང་ངེ་འཛིན་ཐོབ་པས་ཅི་བསམ་པ་ཡོ་བྱད་ཐམས་ཅད་ནམ་མཁའ་ལས་འབྱུང་བར་འགྱུར་ཏེ། འདི་ནི་འབྱོར་པ་དམ་པ
་ཐོབ་པ་རྣམ་པ་གཅིག་གོ་།འགྲོ་དང་གཟུགས་ནི་གཅིག་པའོ་ཞེས་བྱ་བ་ལ་འགྲོ་བ་ཐོག་པ་མེད་པ་འཐོབ་སྟེ། རྩིག་པ་དང་རི་ལ་སོགས་པ་ལ་ཐོགས་པ་མེད་པའི་ཕྱིར་རོ། །འདི་ནི་འབྱོར་བ་དམ་པ་འཐོབ་པ་རྣམ་པ་གཉིས་སོ། །གཟུགས་འཇིག་པ་ནི་ཐམས
་ཅད་ནམ་མཁར་བྱ་བར་བསམས་ན་དངོས་པོ་ཐམས་ཅད་ནམ་མཁའ་ཨི་ངོས་བཞིན་དུ་འགྱུར་ཏེ། འདི་ནི་འབྱོར་བ་དམ་པ་འཐོབ་པ་རྣམ་པ་གསུམ་མོ། །གོང་དུ་སངས་རྒྱས་ཀྱི་འབྱོར་བ་བཤད་པ་རྣམས་ཀྱི་དོན་རྒྱ་ཆེར་བཤད་པ་བསྡུས་ཏེ་བསྟན་པའི་ཕྱིར། དེ་ལྟར
་གཞན་གྱུར་དཔག་མེད་དེ། འབྱོར་བ་དཔག་ཏུ་མེད་པར་འདོད། །བསམ་ཡས་བྱ་བ་བསྒྲུབ་པ་རྣམས་ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གཅིག་སྨོས་ཏེ། དེ་ལྟར་ཞེས་བྱ་བ་ནི་གོང་དུ་བཤད་པའི་ཚུལ་ལྟར་རོ། །གོང་དུ་བཤད་པའི་ཚུལ་ལྟར་བཤད་ན།
་གཟུགས་ཀྱི་ཕུང་པོ་ལ་གྲངས་སུ་ཡོད་པ་གནས་གཞན?་གྱུར་པ་དང། ཚོར་བའི་ཕུང་པོ་ལ་དུ་ཡོད་པ་གནས་གཞན་དུ་གྱུར་བ་དང། འདུ་ཤེས་ཀྱི་ཕུང་པོ་ལ་དུ་ཡོད་པ་གནས་གཞན་དུ་གྱུར་པ་དང། འདུ་བྱེད་ཀྱི་ཕུང་པོ་ལ་འདུ་བྱེད་ཀྱི་སེམས
་དང་ལྡན་པ་དང་མི་ལྡན་པ་དུ་ཡོད་པའི་གནས་གཞན་དུ་གྱུར་བའི་ཚུལ་གྱིས་ཕྱེ་སྟེ་བཤད་ན། གནས་གཞན་དུ་གྱུར་བའི་དཔག་ཏུ་མེད་པར་འགྱུར་བ་དང། གནས་གཞན་དུ་གྱུར་པ་དཔག་ཏུ་མེད་པ་རྣམས་ནི་མདོ་སྡེ་དང་དེ་དག་གི་ནང་ནས་ཇི་སྐད་དུ་འབྱུང
་བ་བཞིན་དུ་བལྟ་བར་བྱའོ། །དེ་ལྟར་གཞན་དུ་གྱུར་པ་དཔག་ཏུ་མེད་པས་ན་གནས་གཞན་དུ་གྱུར་པ་ལས་བྱུང་བའི་འབྱོར་བ་དང། ཡོན་ཏན་ཡང་དཔག་ཏུ་མེད་པར་ཡོད་པར་འདོད་དོ། །ཇི་ལྟར་འབྱོར་པ་དཔག་ཏུ་མེད་པ་དེ་བཞིན་དུ་འབྱོར་པ་ལས
་བྱུང་བའི་སྤྲུལ་པའི་སྐུ་ལ་སོགས་པ་སེམས་ཅན་གྱི་དོན་དུ་ཕྲིན་ལས་བསྒྲུབ་པ་ཡང་མཛའ་ཡས་དཔག་ཏུ་མེད་པར་འདོད་དེ། །འབྱོར་བ་རེ་རེ་ཞིང་ཡང་སྤྲུལ་པ་དང་ཕྲིན་ལས་མཛའ་ཡས་པར་འབྱུང་བའི་ཕྱིར་རོ། །འབྱོར་བ་དང་ཕྲིན་ལས་དེ་དག་གང་གི་དུས་ནས་གང
་དང་གང་ན་གནས་འཐོབ་ཅེ་ན། དེའི་ཕྱིར། སངས་རྒྱས་དྲི་མེད་གནས་ནའོ་ཞེས་སྨོས་ཏེ། དེ་དག་ཀྱང་སངས་རྒྱས་ཀྱི་དྲི་མ་མེད་པའི་གནས་ཟག་པ་མེད་པའི་གནས་ན་བཞུགས་པའི་ཚེ་ཐོབ་ཅིང་དེའི་ཚེ་འབྱུང་ངོ་ཞེས་བྱ་བའི་དོན་ཏོ། །སངས་རྒྱས་ཕའི་དེའི་སེམས
་ཅན་ཡོངས་སུ་སྨན་པར་བྱེད་རྒྱུ་ལ་ཚིགས་སུ་བཅད་པ་བདུན་ནོ་ཞེས་བྱ་བ་ལ། འབྱོར་པའི་རྗེས་ལ་ཡོངས་སུ་སྨིན་པའི་རྒྱུའི་སྐབས་བཤད་པར་འབྲེལ་པ་ཅི་ཡོད་ཅེ་ན། དེ་ལྟར་སངས་རྒྱས་ཀྱི་སའི་དུས་ན་འབྱོར་པ་ཕུན་སུམ་ཚོགས་པ་འཐོབ་སྟེ། དེ་རང་གི་དོན་གྱི
་མཐར་ཐུགས་པའི་སངས་རྒྱས་བཅོམ་ལྡན་འདས་དེ་ལྷུན་གྱིས་གྲུབ་བར་མི་རྟོག་བཞིན་དུ་སེམས་ཅན་ཡོངས་སུ་སྨིན་པར་མཛད་དེ། དེའི་ཕྱིར། འབྱོར་བའི་རྗེས་ལ་ཡོངས་སུ་སྨིན་བའི་སྐབས་བཤད་པར་འབྲེལ་ཏོ། །དེ་ལ་གོང་དུ་ཡང་སེམས་ཅན་ཡོངས་སུ
་སྨིན་པར་བྱེད་པའི་སྐབས་བཤད། འདིར་ཡང་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའི་སྐབས་བཤད་དེ། ལན་གཉིས་སུ་བཤད་ན་དེ་གཉིས་ལ་ཁྱད་པར་ཅི་ཡོད་ཅེ་ན། སྔར་ནི་བྱང་ཆུབ་སེམས་དཔའ་ཨི་སྤྱོད་པ་ལ་གནས་པའི་ཚེ། དེ་ལྟར་སེམས་ཅན
་ཡོངས་སུ་སྨིན་པར་བྱེད་པ་དེ་བསྟན་ཏོ། །ང་ནི་མཐར་ཐུགས་པ་སངས་རྒྱས་ཀྱིས་བརྙེས་ནས་སེམས་ཅན་ཇི་ལྟར་ཡོངས་སུ་སྨིན་པར་བྱེད་པ་དེ་སྟོན་ཏེ། ཁྱད་པར་ནི་དེ་ཡོད་དེ། དེ་ཡང་སངས་རྒྱས་པར་གྱུར་པ་དོན་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའི་རྒྱུ
་དང་གནས་དང་རྟེན་ཡིན་ནོ་ཞེས་ཚིགས་སུ་བཅད་པ་བདུན་གྱིས་སྟོན་ཏོ་ཞེས་བྱ་བའི་དོན་ཏོ། །ཚིགས་སུ་བཅད་པ་དང་པོ་བསྡུས་པའི་དོན་ནི་ཡོངས་སུ་སྨིན་པ་ཅི་འདྲ་བའི་རྒྱུར་སངས་རྒྱས་པར་གྱུར་པ་སྟོན་ཏོ། །དགེ་བ་འཕེལ་བའི་འཇིག་རྟེན་རྣམ་དག་མཆོག
་ཏུ་འགྲོ་ཞེས་བྱ་བ་ལ། དང་པོ་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང། བསླབ་པ་མནོས་པ་དང། སྲོང་དང་ཐོ་རངས་ལ་མི་ཉལ་བ་དང། ཟས་ལ་ཚོང་རིག་པ་ལ་སོགས་བའི་རིམ་པས་མོས་པ་སྤྱོད་པའི་ས་དང་ས་བཅུ་ལ་སོགས་པ་རིམ་གྱིས་ཞུགས་པ་ནི་དགེ་བ
་འཕེལ་བའི་འཇིག་རྟེན་ཞེས་བྱ་སྟེ། དེ་དག་སྐུ་དང་ཡེ་ཤེས་ཀྱིས་བསྡུས་པ་སངས་རྒྱས་ཀྱི་སར་མི་གནས་པའི་མྱ་ངན་ལས་འདས་པ་ཐོབ་པ་ནི་རྣམ་དག་མཆོག་ཏུ་འགྲོ་བ་ཞེས་བྱའོ། །དགེ་བ་མ་བསགས་དགེ་བ་འཕེལ་བའི་མཆོག་ཏུ་འགྲོ་ཞེས་བྱ་བ
་ལ་བྱང་ཆུབ་ཏུ་སེམས་མ་བསྐྱེད་པ་ནས། ས་བཅུ་དག་ཏུ་མ་ཞུགས་པ་ནི་དགེ་བ་མ་བསགས་པ་ཞེས་བྱ་སྟེ། དེ་དག་བྱང་ཆུབ་ཏུ་སེམས་བསྐྱེད་པ་ནས་ས་བཅུ་དག་ཏུ་ཞུགས་པར་གྱུར་པ་ནི་དགེ་བ་འཕེལ་བའི་མཆོག་ཏུ་འགྲོ་བ་ཞེས་བྱའོ། །དེ་ལྟར
་འཇིག་རྟེན་ཕྱོཌ་ཕྱོགས་རྒྱལ་བ་ཡིས་རབ་བཤད་པས་ཞེས་བྱ་བ་ལ། དེ་ལྟར་ཞེས་བྱ་བ་ནི་གོང་དུ་བཤད་དོ། །དགེ་བ་འཕེལ་བ་རྣམས་རྣམ་པར་གྲོལ་བར་བཞག་པ་དང། དགེ་བ་མ་བསགས་པ་རྣམས་དགེ་བ་འཕེལ་བ་ལ་བཀོད་པ་ཡང་འཇིག་རྟེན་གྱི
་ཁམས་གཅིག་ཏུ་དེ་ལྟར་བྱས་པ་མ་ཡིན་གྱི། ཕྱོགས་ཕྱོགས་ཏེ་ཕྱོགས་བཅུའི་འཇིག་རྟེན་ཀུན་ཏུ་ཡོངས་སུ་སྨིན་པ་དང་གྲོལ་བར་མཛད་དོ་ཞེས་བྱ་བའི་དོན་ཏོ། །སུས་དེ་ལྟར་མཛད་ཅེ་ན། རྒྱལ་བས་ཏེ་སངས་རྒྱས་བཅོམ་ལྡན་འདས
་ཀྱིས་མཛད་དོ། །རྒྱུ་གང་གིས་མཛད་ཅེ་ན་རབ་ཏུ་བཤད་པ་སྟེ། གསུང་རབ་ཡན་ལག་བཅུ་གཉིས་བཤད་པའི་ཐབས་ཀྱིས་མཛད་དོ། །དེ་ལྟར་བཤད་པས་ན། མ་སྨིན་སྨིན་པ་རྟག་འགྱུར་བ་ཞེས་སྨོས་ཏེ། དེ་ལྟར་བཤད་པས་དགེ་བའི་རྩ་བ་མ་སྨིན་པ་རྣམས
་ནི་དགེ་བའི་རྩ་བ་མཆོག་ཏུ་འཕེལ་བ་ལ་བཀོད་པས་ཡོངས་སུ་སྨིན་པར་བྱས་སོ། །དགེ་བའི་རྩ་བ་སྨིན་པ་རྣམས་ནི་མྱ་ངན་ལས་འདས་པ་ལ་བཀོད་པས་རྣམ་པར་དག་པ་མཆོག་ཐོབ་པར་བྱས་སོ། །ཡོངས་སུ་སྨིན་པར་མཛད་པ་དེ་ཡང་སྐབས་འགའ་ཙམ། ལན
་འགའ་ཙམ་མཛད་པ་ནི་མ་ཡིན་གྱི་རྒྱུན་མ་ཆད་པར་འཁར་པའི་མཛའ་ཨི་བར་དུ་མཛད་པས་རྟག་ཏུ་འགྱུར་བ་ཞེས་བྱའོ། །དེ་ལྟར་རྒྱུན་ཏུ་སེམས་ཅན་ཡོངས་སུ་སྨིན་པར་མཛད་ན་འཁོར་བའི་སེམས་ཅན་ཟད་བར་མི་འགྱུར་རམ་སྙམ་པ་ལ། དེའི་ཕྱིར། མ་ལུས
་འདིར་མ་ཡིན་ཞེས་སྨོས་ཏེ། དེ་ལྟར་རྟག་ཏུ་སྨིན་པར་མཛད་ཀྱང་འཁོར་བའི་གནས་འདི་ནས་སེམས་ཅན་མ་ལུས་པར་ཟད་པར་མི་འགྱུར་ཏེ། དེའི་ཕྱིར་ཞེ་ན། སེམས་ཅན་གྱི་ཁམས་མཛའ་ཡས་མུ་མེད་པའི་ཕྱིར་རོ། །མྱ་ངན་ལས་འདས་པའི་གནས་སུ
་ཡང་འཕེལ་བ་དང་ལྷག་མེད་དེ། ཆོས་ཀྱི་དབྱིངས་ལ་སྐྱེ་འགག་མེད་པའི་ཕྱིར་རོ། །ཚིགས་སུ་བཅད་པ་གཉིས་པའི་བསྡུས་པའི་དོན་ནི་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་ལ། ངོ་མཚར་ཆེ་བ་ཡིན་པ་དང། ངོ་མཚར་ཆེ་བ་མ་ཡིན་པའི་མཚན
་ཉིད་དེ་སྟོན་ཏོ། །དེ་ལྟར་རྙེད་དཀའ་ཞེས་བྱ་བ་ལ། དེ་ལྟར་ན་ཞེས་བྱ་བ་ནི་གོང་དུ་བཤད་པ་ལ་བྱ་སྟེ། གོང་དུ་བཤད་པ་ལྟར་ན་བྱང་ཆུབ་དེ་རྙེད་པར་དཀའ་བ་ཡིན་ནོ། །ཇི་ལྟ་ཞེ་ན། དཔག་མེད་དཀའ་སྤྱོད་བརྒྱ་རྣམས་དང། དཔག་མེད་དགེ་བ
་བསགས་པ་དང། །དཔག་ཏུ་མེད་པའི་དུས་དང་ནི། །དཔག་མེད་སྒྲིབ་པ་ཟད་པའི་ཕྱིར། །སྒྲིབ་པ་ཀུན་གྱི་དྲི་མེད་པ། །རྣམ་པ་ཐམས་ཅད་མཁྱེན་པ་ཐོབ་ཅེས་བཤད་པ་ལྟར་ན། བྱང་ཆུབ་དེ་རྙེད་པར་དཀའ་བ་ཡིན་ནོ། །རྙེད་པར་དཀའ་བའི་བྱང་ཆུབ་ཆེན
་པོ་དེ་བརྟན་པས་རྟག་ཏུ་ཐོབ་བོ་ཞེས་བྱ་བའི་དོན་ཏོ། །དེ་ཐོབ་ན་བདག་གི་དོན་ཀྱང་ཕུན་སུམ་ཚོགས་པར་འགྱུར་གཞན་གྱི་དོན་ཀྱང་ཕུན་སུམ་ཚོགས་པར་མཛད་དོ། །ཡོན་ཏན་མཆོག་ལྡན་རྨད་འབྱུང་བ་ཞེས་བྱ་བས། བདག་གི་དོན་ཕུན་སུམ་ཚོགས
་པ་བསྟན་ཏེ། བྱང་ཆུབ་ཆེན་པོ་དེ་ཐོབ་ན་སྟོབས་དང་མི་འཇིགས་པ་དང། མ་འདྲེས་པ་ལ་སོགས་པའི་ཡོན་ཏན་ཉན་ཐོས་དང་སོ་སོའི་སྐྱེ་བོ་ལ་མེད་པ་རྣམས་དང་ལྡན་པར་འགྱུར་བས་ན་ཡོན་ཏན་མཆོག་ལྡན་རྨད་འབྱུང་བ་ཞེས་བྱ་སྟེ། ཡོན
་ཏན་དེ་དག་ཉན་ཐོས་ལ་སོགས་པ་ལ་ཡོད་པར་མི་སྲིད་པས་ན་རྨད་དུ་བྱུང་བ་ཞེས་བྱའོ། །བྱང་ཆུབ་ཆེན་པོ་རྟག་བརྟན་ཞེས་བྱ་བ་ལ། བླ་ན་མེད་པའི་བྱང་ཆུབ་དེ་ཉན་ཐོས་དང་རང་སངས་རྒྱས་པའི་བྱང་ཆུབ་པས་འཕགས་པས་བྱང་ཆུབ་ཆེན་པོ་ཞེས་བྱའོ
་བྱང་ཆུབ་དེ་འཁོར་བའི་མཛའ་ཨི་བར་དུ་ཡོད་པས་རྟག་པ་ཞེས་བྱའོ། །ནམས་ཀྱང་ཉམས་ཤིང་འགྱུར་བ་མེད་པས་ན་བརྟན་པ་ཞེས་བྱའོ། །སྐྱབས་མེད་རྣམས་ཀྱི་སྐྱབས་ཞེས་བྱ་བས་གཞན་གྱི་དོན་མཛད་པ་བསྟན་ཏེ། སེམས་ཅན་རྣམས་འཁོར་བའི་སྡུག
་བསྔལ་ལས་བསྒྲལ་ཞིང་མྱ་ངན་ལས་འདས་པ་ལ་འཇོག་པར་བྱེད་པ་མེད་པས་ན་སྐྱབས་མེད་པ་ཞེས་བྱ་སྟེ། སེམས་ཅན་འཁོར་དེ་དག་འཁོར་བའི་སྡུག་བསྔལ་ལས་བསྒྲལ་ནས་མྱ་ངན་ལས་འདས་པའི་གནས་སུ་འཇོག་པར་བྱེད་པས་ན་སྐྱབས་མེད
་རྣམས་ཀྱི་སྐྱབས་ཞེས་བྱའོ། །ཕྱོགས་ཕྱོགས་སུ་ནི་ཞེས་བྱ་བ་ལ། བྱང་ཆུབ་སེམས་དཔའ་དེ་ཡང་འཇིག་རྟེན་གྱི་ཁམས་འགའ་འམ་ཕྱོགས་འགའ་ཐོབ་པ་མ་ཡིན། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་འཐོབ་པོ་ཞེས་བྱ་བའི་དོན་ཏོ། །བསྟན་
་པས་ཞེས་བྱ་བ་ལ་དེ་འང་སུ་འཐོབ་ཅེ་ན། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་འཐོབ་ཅེས་བྱ་བའི་དོན་ཏོ། །དུས་ཀུན་ཏུ་ཞེས་བྱ་བ་ནི་ཉི་མ་རེ་རེ་ལའང་འཐོབ་ཅེས་བྱ་བའི་དོན་ཏོ། །རྟག་ཏུ་འཐོབ་ཅེས་བྱ་བ་ནི་སྐད་ཅིག་མ་རེ་རེ་ལའང་འཐོབ་ཅེས
་བྱ་བའི་དོན་ཏོ། །དེ་ནི་འཇིག་རྟེན་ན་ངོ་མཚར་མཆོག་ཅེས་བྱ་བ་ལ། དེ་ལྟར་ཤིན་ཏུ་རྙེད་དཀའ་བའི་བྱང་ཆུབ་དེ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀུན་ཏུ་ཉི་མ་རེ་རེ་དང་སྐད་ཅིག་མ་རེ་རེ་ལ་ཡང་ལེན་ཅིང་ཐོབ་པར་བྱེད
་པ་ནི་འཇིག་རྟེན་ན་ངོ་མཚར་མཆོག་ཏུ་བྱ་བ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཚུལ་སྦྱོད་པས་རྨད་འབྱུང་མེད་ཅེས་བྱ་བ་ལ། རྣམ་པ་གཉིས་སུ་ན་ངོ་མཚར་ཆེ་བ་ཡང་མ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། རྒྱུ་འབྲས་སཱ་ལུ་བཏབ་པ་ལ། འབྲས་བུ་ཡང་སཱ་ལུ་འབྱུང་བ་ངོ་མཚར
་མི་ཆེ་བ་བཞིན་དུ་ཚུལ་ནི་བྱང་ཆུབ་ཐོབ་པ་དང་མཐུན་པའི་ལམ་ལ་བྱ་སྟེ། བླ་ན་མེད་པའི་བྱང་ཆུབ་ཐོབ་པའི་ལམ་ས་དང་ཕ་རོལ་ཏུ་ཕྱིན་པ་དང། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སྤྱད་ནས་དེའི་འབྲས་བུ་བླ་ན་མེད་པའི་བྱང་ཆུབ་ཉིད་ཐོབ་པ་ནི་ངོ་མཚར་ཆེན་པོར་བྱ
་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཚིགས་སུ་བཅད་པ་གསུམ་པའི་བསྡུས་པའི་དོན་ནི་དུས་གཅིག་སྒོ་མང་པོ་ནས་ཡོངས་སུ་སྨིན་པའི་ཐབས་ཀྱི་རྒྱུ་དུ་མ་ཡོད་བར་སྟོན་ཏོ། །དེ་ཡང་མདོར་ན་ཇི་ལྟར་ཡོངས་སུ་སྨིན་པར་བྱེད་པ་དང། གང་ལ་གནས་པའི་སེམས
་ཅན་ཡོངས་སུ་སྨིན་པར་བྱེད་པའི་རྒྱུ་མདོར་ན་དེ་གཉིས་སྟོན་ཏོ། །ལ་ལར་ཆོས་ཀྱི་འཁོར་ལོ་སྒོ་མང་བརྒྱ་དག་ནས་ཀྱང་སྟོན་ཞེས་བྱ་བ་ལ། འཇིག་རྟེན་གྱི་ཁམས་ཁ་ཅིག་ཏུ་ནི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་དང་ས་དང་ཕ་རོལ་ཏུ་ཕྱིན་པ་ཆོས་ཀྱི་རྣམ་གྲངས་ཀྱི་སྒོ
་མང་པོ་ལས་བརྩམས་ཏེ་ཆོས་ཀྱི་འཁོར་ལོ་བསྐོར་ཞིང་འཆད་པར་ཡང་སྟོན་ཏོ་ཞེས་བྱ་བའི་དོན་ཏོ། །ལ་ལར་སྐྱེ་བ་ཞེས་བྱ་བ་ལ་གང་གི་ཚེ་ཆོས་ཀྱི་འཁོར་ལོ་བསྐོར་བ་དེ་ཉིད་ཀྱི་དུས་ན་འཇིག་རྟེན་གྱི་ཁམས་ལ་ལར་ནི་དགའ་ལྡན་ནས་ཤི་འཕོས་ནས་ཛམྦཱཱིུ་གླིང
་དུ་ཡུལ་གྱི་ལྷུམ་སུ་སྐྱེ་བ་ལ་སོགས་པ་སྟོན་ཏོ་ཞེས་བྱ་བའི་དོན་ཏོ། །མི་སྣང་བ་ཞེས་བྱ་བའི་དོན་ནི་དེ་ཉིད་ཀྱི་དུས་ན་འཇིག་རྟེན་གྱི་ཁམས་ལ་ལར་ནི་མི་སྣང་བ་སྟོན་ཏེ། བྱང་ཆུབ་སེམས་དཔའ་ཨི་སྐུ་ལས་ནི་འཕོ་བ་སྟོན་ཏོ་ཞེས་བྱ་བའི་དོན་ཏོ། །ལ་ལར་སྣ་ཚོགས་སྐྱེ་བོ་སྤྱོད
་ཅེས་བྱ་བ་ལ། སྣ་ཚོགས་སྐྱེ་བོ་སྤྱོད་པ་ནི་བྱང་ཆུབ་སེམས་དཔའ་ཨི་སྐྱེས་པའི་རབས་ཀྱི་སྤྱོད་པ་མཛད་པ་ལ་བྱ་སྟེ། དེ་ཉིད་ཀྱི་དུས་ན་འཇིག་རྟེན་གྱི་ཁམས་ཁ་ཅིག་ཏུ་ནི་སྐྱེས་པ་རབས་ཀྱི་སྤྱོད་པ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་མཛད་ནས་ལུས་དང་ལོངས་སྤྱོད་ལ་སོགས་པ་སེམས
་ཅན་གཞན་ལ་བཏང་བ་དང། སེམས་ཅན་ཀྱི་དོན་དུ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྤྱད་ནས། ཁ་ན་མ་ཐོ་བ་རྡུལ་ཙམ་ལ་ཡང་བག་བྱ་བ་དང། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་སྤྱད་ནས། ཀ་ལིང་ཀའི་རྒྱལ་པོས་དྲང་སྲོང་བཟོད་པ་སྨྲ་བ་ཡན་ལག་དང་ཉིད་ལག
་སྤྱད་ན་ཡང་ཉམས་སུ་ལེན་པ་ལ་སོགས་པ་བསྟན་ཏོ་ཞེས་བྱ་བའི་དོན་ཏོ། །ལ་ལར་བྱང་ཆུབ་ཐམས་ཅད་ཅེས་བྱ་བ་ལ། དེ་ཉིད་ཀྱིས་ན་འཇིག་རྟེན་གྱི་ཁམས་ཁ་ཅིག་ཏུ་ནི་རྡོ་རྗེ་གདན་ལ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་སྤངས
་ནས་མངོན་པར་བྱང་ཆུབ་པ་ལྟ་བུར་ཡིད་སྟོན་ཏོ་ཞེས་བྱ་བའི་དོན་ཏོ། །ལ་ལར་མྱ་ངན་ལས་འདའ་བར་ཡང་ཞེས་བྱ་བ་ལ། དེ་ཉིད་ཀྱི་ཆེན་འཇིག་རྟེན་གྱི་ཁམས་ཁ་ཅིག་ཏུ་མྱ་ངན་ལས་འདའ་བར་བསྟན་ནས་སེམས་ཅན་ཡོངས་སུ་སྨིན་པར་ཡང་བྱེད་དོ་ཞེས་བྱ
་བའི་དོན་ཏོ། །ལན་ཅིག་མ་ཡིན་ཞེས་བྱ་བ་ལ། གོང་དུ་བཤད་པ་ལྟ་བུར་ཁམས་རྣམ་པ་སྣ་ཚོགས་ཀྱང་ལན་ཅིག་ཅིག་ཅར་མཛད་ནས་རྒྱུན་གཅོད་པ་མ་ཡིན་གྱི་འཁོར་བའི་མཛའ་ཨི་བར་དུ་རྒྱུན་མི་འཆད་པར་མཛད་ཅེས་བྱ་བའི་དོན་ཏོ། །འདིས་ནི་ཇི་ལྟར་སེམས
་ཅན་ཡོངས་སུ་སྨིན་བར་མཛད་པ་དེ་སྟོན་ཏོ། །དེའི་གནས་ནས་མི་གཡོ་ཐམས་ཅད་བྱེད་ཅེས་བྱ་བ་ལ། དེའི་གནས་ཞེས་བྱ་བ་ནི་ཆོས་ཀྱི་དབྱིངས་ཟག་པ་མེད་པ་ལ་བྱ་སྟེ། ཐབས་རྣམ་པ་སྣ་ཚོགས་ཀྱི་ཕྲིན་ལས་མཛད་དེ་ཟག་པ་མེད་པའི་དབྱིངས་ལས་མི
་གཡོ་མི་འགུལ་མི་ཉམས་ལ་གཡོ་བའི་མཚན་ཉིད་ཀྱི་ཕྲིན་ལས་དེ་དག་ཐམས་ཅད་ཀྱང་མཛད་དེ་ཞེས་བྱ་བའི་དོན་ཏོ། །ཚིགས་སུ་བཅད་པ་བཞི་བའི་བསྡུས་བའི་དེ་ནི་སེམས་ཅན་སྨིན་པར་སྦྱོར་ཞིང་མཛད་བའི་རྒྱུ་ཟག་པ་མེད་པའི
་དབྱིངས་རྟོག་པ་དང་མངོན་པ་འདུ་བྱེད་པ་མེད་པ་དེ་སྟོན་ཏེ། དེ་བས་ན་ང་ཡིས་སྨིན་པར་བྱས་ཤེ་འམ་ཞེས་བྱ་བ་ལ་སོགས་པ་ཚིགས་བཅད་གཅིག་སྨོས་ཏེ། སེམས་ཅན་འདི་དག་བྱང་ཆུབ་སེམས་དཔའ་ཨི་ས་རྙེད་པ་དང། སངས་རྒྱས་སུ་གྱུར་བ་འདི་དག
་སྔོན་ངས་སྨིན་པར་བྱས་པ་ཡིན་ནོ་ཞེས་དེ་ལྟར་མི་དགོངས་མི་རྟོག་གོ་ཞེས་བྱ་བའི་དོན་ཏོ། །ལུས་ཅན་འདི་ནི་སྨིན་བྱ་དང་ཞེས་བྱ་བ་ལ། སེམས་ཅན་འདི་དག་ནི་ད་ལྟར་སྨིན་པར་བྱར་དུས་ལམ་བབ་པས་ཕྱིས་ལ་དགོང་ཅིང་འཚང་རྒྱ་བར་བྱའོ་ཞེས་དེ་ལྟར་མི་རྟོག་མི་དགོངS
་སོ་ཞེས་བྱ་བའི་དོན་ཏོ། །ད་ལྟར་སྨིན་བར་བྱེད་དོ་ཞེས་སངས་རྒྱས་རྣམས་ནི་མི་དགོངས་སྟེ་སེམས་ཅན་འདི་དག་ནི་ད་ལྟར་གྱི་དུས་ནས་ལ་ཡང་བཀོད་འཚང་རྒྱ་བའི་བྱ་བའི་དུས་ན་ཡང་བཞག་གོ་ཞེས་དེ་ལྟར་མི་དགོངས་མི་རྟོག་ཅེས་བྱ་བའི་དོན་ཏོ། །འདིས་ནི་རྣམ་པར
་རྟོག་མི་མངའ་བསྟན་ཏེ། མངོན་པར་འདུ་བྱེད་མེད་པར་ཞེས་བྱ་བ་ལ། རྟོག་པ་མི་མངའ་བར་མི་ཟད་ཀྱི་སེམས་ཅན་སྨིན་བར་མཛད་བ་ན་བརྩལ་བ་དང། འབད་པ་ཡང་མེད་དེ། ལྷུན་གྱིས་གྲུབ་པར་མཛད་དོ་ཞེས་བྱ་བའི་དོན་ཏོ། །ཕྱོགས་ཕྱོགས་ཀུན་ལ་ཞེས་བྱ་བ
་ལ། དེ་ལྟར་སྨིན་པར་མཛད་པ་ཡང་ཕྱོགས་འགའ་འམ། འཇིག་རྟེན་གྱི་ཁམས་འགར་མཛད་པ་མ་ཡིན་གྱི་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་མཛད་དོ་ཞེས་བྱ་བའི་དོན་ཏོ། །སྒོ་གསུམ་ནས་ཞེས་བྱ་བ་ལ། སེམས་ཅན་གྱི་དོན་སྨིན་བར་མཛད
་བ་ཡང་ཐབས་འགའ་འམ། ཐེག་པ་འགས་མཛད་པ་མ་ཡིན་གྱི་སྒོ་གསུམ་སྟེ་ཐེག་པ་གསུམ་ཆར་བསྟན་པའི་སྒོ་ནས་སྨིན་པར་མཛད་དོ་ཞེས་བྱ་བའི་དོན་ཏོ། །སྐྱེ་བའི་ཚོགས་ནི་ཞེས་བྱ་བ་ལ། སྨིན་པར་མཛད་པ་ཡང་སེམས་ཅན་འགའ་ཞིག་སྨིན་བར་མཛད་པ
་མ་ཡིན་གྱི་སྐྱེ་བོའི་ཆོགས་ཀྱི་སེམས་ཅན་ཐམས་ཅད་སྨིན་པར་མཛད་དོ་ཞེས་བྱ་བའི་དོན་ཏོ། །རྟག་ཏུ་ཞེས་བྱ་བ་ལ། སྨིན་པར་མཛད་པའང་ལོའམ་བསྐལ་པ་འགར་མཛད་པ་མ་ཡིན་གྱི་རྟག་ཏུ་སྟེ་འཁོར་བའི་མཛའ་ཨི་བར་དུ་མཛད་དོ་ཞེས་བྱ་བའི་དོན་ཏོ། །དགེ་བའི་ཆོས་རྣམས་འཕེལ་བར
་འགྱུར་ཞེས་བྱ་བ་ལ། ཐེག་པ་གསུམ་གྱི་སྒོ་ནས་ཆོས་རྣམས་བཤད་ཅིང་བསྟན་པས་སེམས་ཅན་གྱི་སེམས་ལ་བྱང་ཆུབ་ཀྱི་ཕྱོགས་དང། ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་དགེ་བའི་ཆོས་འཕེལ་བ་དང། བརྟས་པ་དང་སྨིན་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ཚིགས་སུ་བཅད་པ
་སྔའི་བསྡུས་པའི་དོན་ནི་མངོན་པར་འདུ་བྱེད་པ་མེད་པར་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་ཉི་མའི་དཔེ་བསྟན་པ་དེ་བས་ན། ཇི་ལྟར་ཉི་མའི་འོད་ཟེར་རྒྱ་ཆེར་ཡོངས་བཏང་བས། ཕྱོགས་ཕྱོགས་ཀུན་ལ་ལོ་ཏོག་སྨིན
་པར་བྱེད་ཅེས་བྱ་བ་སྨོས་ཏེ། ཉི་མ་དེ་ལས་འོད་ཟེར་གཅིག་གཉིས་འབྱུང་བར་མ་ཟད་ཀྱི་འོད་ཟེར་གྲངས་མེད་བར་འབྱུང་བས་ན་རྒྱ་ཆེ་བ་ཞེས་བྱའོ། །ཇི་ཙམ་སྣང་བར་བྱས་བའི་གནས་ཛམྦུའི་གླིང་དང། འཇིག་རྟེན་གྱི་ཁམས་ཀུན་ཏུ་སྣང་བར་བྱེད་པས་ན་ཡངས་པ་ཞེས
་བྱ་སྟེ། དཔེར་ན་ཉི་མའི་འོད་ཟེར་བཏང་ལ་ལོ་ཏོག་སྨིན་པར་བྱའོ་སྙམ་དུ་རྟོག་པ་དང་མངོན་པར་འདུ་བྱེད་པ་མེད་ཀྱང། འོད་ཟེར་རྒྱ་ཆེན་པོ་བཏང་ནས་ཕྱོགས་བཅུ་ཀུན་ཏུ་ནས་འབྲས་ལ་སོགས་པ་ལོ?་རྟོག་སྨིན་པར་བྱེད་པའི་དོན་ཏེ། འདིས་ནི་སྨིན་པར་བྱེད་པའི་དཔེ་བསྟན
་ཏོ། །ཆོས་ཀྱི་ཉི་མ་རབ་ཞི་ཆོས་ཚུལ་འོད་བཏང་བས། །ཕྱོགས་ཕྱོགས་ཀུན་ཏུ་སེམས་ཅན་སྨིན་པར་བྱེད་ཅེས་བྱ་བ་ལ། ཟག་པ་མེད་པའི་དབྱིངས་ནི་གསུང་རབ་ཡན་ལག་བཅུ་གཉིས་འོད་ཟེར་འདྲ་བར་བྱུང་བའི་རྒྱུ་ཡིན་པས་ཉི་མའི་དཀྱིལ་འཁོར་འདྲ་བའི་ཕྱིར་ཆོས
་ཀྱི་ཉི་མ་ཞེས་བྱའོ། །རབ་ཞི་ནི་མྱ་ངན་ལས་འདས་པ་ཞེས་བྱ་སྟེ། ཀུན་འབྱུང་དང་སྡུག་བསྔལ་སྤངས་པའི་ཕྱིར་རོ་ཆོས་ཚུལ་ནི་མྱ་ངན་ལས་འདས་པ་སྟེ། ཐོབ་པར་བྱེད་རྒྱུད་ཐབS་ལ་བྱ་སྟེ། དེའི་རྒྱུ་དང་གསུང་རབ་ཡན་ལག་བཅུ་གཉིས་བཤད་པའོ། །འོད་གཏོང་བ་ཞེས་བྱ་བ་ནི་ཆོས་བཤད
་པའི་ཞེས་བྱ་བའི་དོན་ཏེ། ཆོས་བཤད་པས་ནི་ཕྱོགས་བཅུ་ཀུན་ཏུ་སེམས་ཅན་ཡོངས་སུ་སྨིན་པར་མཛད་དོ་ཞེས་བྱ་བའི་དོན་ཏོ། །ཚིགས་སུ་བཅད་པ་དྲུག་པའི་བསྡུས་པའི་དོན་ནི་གཅིག་ནས་གཅིག་ཏུ་སྨིན་པར་བྱེད་པ་མི་ཟད་པ་སྟོན་ཏོ། །དེ་བས་ན་ཇི་ལྟར
་མར་མེ་གཙིག་ལ་མར་མེའི་ཚོགས་མང་འབྱུང། གྲངས་མེད་དཔག་ཏུ་མེད་ཀྱང་ཟད་པར་མི་འགྱུར་ཏེ་ཞེས་བྱ་བ་སྨོས་ཏོ། དཔེར་ན་མར་མེ་གཅིག་ལ་མར་མེ་གྲངས་མེད་དཔག་ཏུ་མེད་པ་རྣམS་བསྲེགས་ཏེ། སོ་སོར་ལུས་ཀྱང་དང་པོའི་མར་མེ་གཅིག་པོ་དེ་ལ་ཟད་པ་དང་འགྲིབ་པ་མེད་དོ་ཞེས
་བྱ་བའི་དོན་ཏོ། །དེ་བཞིན་སྨིན་པ་གཅིག་ལས་སེམས་ཅན་ཚོགས་མང་པོ། །གྲངས་མེད་དཔག་མེད་འབྱུང་ཡང་ཟད་མི་འགྱུར་ཞེས་བྱ་བ་ལ། དེ་དང་འདྲ་བར་དེ་བཞིན་གཤེགས་པ་སེམས་ཅན་གཅིག་སྨིན་པར་བྱ་སྟེ། སངས་རྒྱས་པར་བྱས་པ་དང། སངས་རྒྱས་པ་དེས་སེམS
་ཅན་གྱི་ཚོགས་མང་པོ་གྲངས་མེད་དཔག་ཏུ་མེད་པ་རྣམས་འཚང་རྒྱ་བར་བྱས་ཏེ་སྨིན་པར་བྱས་ཀྱང་ཡོངས་སུ་སྨིན་པར་བྱེད་པའི་དེ་བཞིན་གཤེགས་པའི་ཡེ་ཤེས་དང། ཆོས་བཤད་པ་ལ་ཟད་པ་དང་འགྲིབ་པར་མི་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དོན་འདིའང་འཕགས
་པ་དྲི་མ་མེད་པར་གྲགས་པའི་མདོ་ལས་གསུངས་ཏེ། ཇི་ལྟ་ཞེ་ན། ཁྱིམ་བདག་ཇི་ལྟར་བདག་ཅག་བདུད་ཀྱི་གནས་ནས་གནས་པར་བགྱི། སྨྲས་པ་སྲིང་མོ་དག་མི་ཟད་པའི་ཆོས་ཀྱི་སྒྲོན་མ་ཞེས་བྱ་བའི་ཆོས་ཀྱི་སྒོ་ཡོད་དོ། །དེ་ལ་ནན་ཏན་གྱིས་ཤིག་།དེ་འང་གང་ཞེ་ན།
་འདི་ལྟ་སྟེ་སྲིང་མོ་དག་སྒྲོན་མ་གཅིག་ལས་སྒྲོན་མ་བརྒྱ་སྟོང་འབར་བར་བྱས་ཀྱང་སྒྲོན་མ་དེ་འབྲི་བར་མི་འགྱུར་བ་དེ་བཞིན་དུ་སྲིད་མོ་དག་ཀྱང་བྱང་ཆུབ་སེམས་དཔའ་ཨི་གཅིག་གིས་སེམས་ཅན་བརྒྱ་སྟོང་མང་པོ་རྣམས་བྱང་ཆུབ་ལ་བཀོད་ཀྱང་བྱང་ཆུབ་སེམས་དཔའ་
་དེའི་སེམས་ཀྱི་དྲན་པ་མི་འབྲི་ཡོངས་སུ་མི་འབྲི་སྟེ་ཕྱིར་ཞིང་སྐྱེ་ཞེས་གསུངས་པ་ལྟ་བུའོ། །ཚིགས་སུ་བཅད་པ་བདུན་པའི་བསྡུས་པའི་དོན་ནི་ཐེག་པ་གསུམ་གྱི་སྒོ་ནས་ཡོངས་སུ་སྨིན་པར་བྱས་པ་རྣཾས་རྣམ་པར་གྲོལ་བའི་དབྱིངས་སུ་འཇུག་པ་ན་ཡོངས་སུ་སྨིན་པ་ཐམས
་ཅད་ཀྱི་གོ་སྐབས་འབྱེད་པའི་ཕྱིར་ཆོས་ཀྱི་དབྱིངས་མི་དོམས་པ་དང། ཆོས་ཀྱི་དབྱིངས་སུ་སྨིན་པ་དཔག་ཏུ་མེད་པ་ལུས་ཀྱང་ལྷག་མ་མེད་པའི་ཕྱིར་འཕེལ་བ་མེད་པ་རྒྱ་ཆེན་པོའི་དཔེ་སྟོན་ཏོ། །རྒྱ་མཚོ་ཆེན་པོ་ཆུ་ཡིས་ངོམས་མི་འགྱུར་ཞེས་བྱ་བ་ལ། དཔེར་ན་རྒྱ་མཚོ་ཆེན་པོར་ཕྱོགས
་བཅུའི་ཆུ་བྲན་དང་ཆུ་བོ་མང་པོ་དེར་འདུས་ཀྱང་འདི་རྙེད་གཅིག་བབ་བསང་ཆོག་གི་བྱ་བ་མེད་ཀྱི་ཆུ་བོ་མང་པོ་དེར་འཇུག་པའི་གོ་སྐབས་འབྱེད་བའི་ཕྱིར་ངོམས་པ་མེད་དོ་ཞེས་བྱ་བའི་དོན་ཏོ། །ཆུ་ཆེན་མང་པོ་རབ་ཏུ་འབབ་པས་འཕེལ་མི་འགྱུར་ཞེས་བྱ་བ་ལ། རྒྱུ་མཚོར་ཕྱོགས
་བཅུའི་ཆུ་བོ་དང་ཆུ་བྲན་མང་པོ་དེར་འདུས་ཏེ་རྟག་ཏུ་འབབ་ཀྱང། རྒྱ་མཚོ་ལ་ལུད་པ་དང་ལྷག་པ་མེད་པས་འཕེལ་བར་མི་འགྱུར་ཞེས་བྱ་བའི་དོན་ཏོ། །དེ་བཞིན་སངས་རྒྱས་དབྱིངས་ཀྱང་རྣམ་དག་རྟག་འབབ་པས། །དོམས་ཤིང་འཕལ་བར་མི་འགྱུར་ངོ་མཚར་ཆེ
་ཞེས་བྱ་བ་ལ། དེ་བཞིན་ཞེས་བྱ་བ་ནི་དེ་དང་འདྲ་བར་ཞེས་བྱ་བའི་དོན་ཏོ། །སངས་རྒྱས་དབྱིངས་ཞེས་བྱ་བ་ནི། སངས་རྒྱས་རྣམས་མི་ཟག་པ་མེད་པའི་དབྱིངས་སུ་ཞེས་བྱ་བའི་ཐེ་ཚིག་གོ་།རྣམ་དག་རྟག་འབབ་པ་ཞེས་བྱ་བ་ནི་ཉན་ཐོས་དཔག་ཏུ་མེད་པ་དང། རང་སངས
་དཔག་ཏུ་མེད་པ་དང། བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པ་རྣམས་མྱ་ངན་ལས་འདས་བར་གྱུར་པ་ཐམས་ཅད་ཟད་པ་མེད་པའི་དབྱིངས་སུ་འཇུག་ཀྱང་རྣམ་པར་གྲོལ་བ་འདི་སྙེད་ཅིག་ཞུགས་ཀྱིས་ད་ཆོག་གོ་ཞེས་འགོག་པ་མེད་ཀྱི་རྣམ་པར་གྲོལ་བ་ཐམས་ཅད་དེར་འཇུག
་པའི་སྐབས་མེད་པས་དོམས་པར་མི་འགྱུར་བ་ཞེས་བྱའོ། །ཡོངས་སུ་སྨིན་པ་དཔག་ཏུ་མེད་པ་ཞིག་དེར་ཞུགས་ཀྱང་ཆོས་ཀྱི་དབྱིངས་ལ་སྐྱེས་པ་དང་ལུས་པར་གྱུར་པ་མེད་པས་ན་འཕེལ་བར་འགྱུར་པ་སྟེ། དེ་ནི་ངོ་མཚར་དུ་བྱ་བ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཆོས་ཀྱི་དབྱིངས
་རྣམ་པར་དག་པ་ལ་ཚིགས་སུ་བཅད་པ་བཞིའོ་ཞེས་བྱ་བ་ལ། སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའི་སྐབས་ཀི་རྗེས་ལ་ཆོས་ཀྱི་དབྱིངས་རྣམ་པར་དག་པའི་སྐབས་བཤད་པར་འབྲེལ་པ་ཅི་ཡོད་ཅེ་ན། འདི་ནི་བྱང་ཆུབ་བཤད་པའི་སྐབས་ཡིན་ཏེ། སྔར་བྱང་ཆུབ་བཤད་པའི་སྐབས་སུ་རལ་བརྒྱས
་རྨད་འབྱུང་དཀའ་སྤྱད་དགེ་བསཌ་ཀུན། །དུས་རིང་བསྐལ་པ་མཆོག་འགྲོ་སྒྲིབ་ཀུན་ཟག་།སར་གཏོཌ་སྒྲིབ་པ་ཕྲ་བཅོཾ་སངས་རྒྱས་ཏེ། དེ་ནི་མཐུ་ཆེན་རིན་ཆེན་སྣོད་ཆེ་བཞིན་ཞེས་བྱ་བ་བྱང་ཆུབ་ཀྱི་མཚན་ཉིད་སྤྱི་ཙམ་དུ་བཤད་ནས་སངས་རྒྱས་པར་གྱུར་ན་ཡོངས་སུ་སྨིན་པར
་བྱེད་དོ་ཞེས་དེ་ཙམ་དུ་ཟད་དོ་།ད་ནི་བྱང་ཆུབ་ཀྱི་རང་བཞིན་དང། འབྲས་བུ་དང་ལས་དང་ལྡན་པ་དང་འཇུག་པར་ཕྱེ་ནས་ཁྱད་པར་དུ་བསྟན་པའི་ཕྱིར་ཆོས་ཀྱི་དབྱིངས་རྣམ་པར་དག་པའི་སྐབས་བཤད་དོ། །ཡང་ན་འདི་ནི་བྱང་ཆུབ་བཤད་པའི་སྐབས་ཡིན་ཏེ། སྔར་གོང་དུ་བྱང
་ཆུབ་སེམས་དཔའ་རྣམས་ཀྱི་བསླབ་པར་བྱ་བ་ནི་བདག་དང་གཞན་གྱི་དོན་ལ་བརྩམས་ནས་བྱང་ཆུབ་ཀྱི་བར་དུ་དོན་རྣམ་པ་བདུན་བསླབ་པར་བྱའོ་ཞེས་བཤད་པ་ལས་མདོ་སྡེ་དེ་དག་གི་ནང་ནས་བྱང་ཆུབ་རྣམ་པ་དུ་མ་བཤད་དེ། དེ་ལས་ཀྱང་སྔར་ནི་གཟུངས་ཀྱི་དབང་ཕྱུག་གི
་རྒྱལ་པོ་དང། དམ་པའི་ཆོས་པུཎ་ད་རི་ཀ་ལ་སོགས་པའི་ནང་ནས་བྱང་ཆུབ་ཀྱི་མཚན་ཉིད་ཇི་ལྟར་འབྱུང་བ་དེ་བསྟན་ལ་ཕབ་ཏེ་བཤད་དོ། །ད་ནི་དེ་མ་ཡིན་པའི་མདོ་སྡེ་གཞན་དག་གི་ནང་ནས་བྱང་ཆུབ་ཀྱི་མཚན་ཉིད་འབྱུང་བ་གཏན་ལ་དབབ་པར་བྱ་བའི་ཕྱིར། ཆོས་ཀྱི་དབྱིངས
་རྣམ་པར་དག་པའི་སྐབས་བཤད་པ་བསྟན་ཏེ། དེ་ལ་སངས་རྒྱས་ཀྱི་སའི་མདོ་ལས་ཆསོ་ལྔས་སངས་རྒྱས་ཀྱིས་བསྡུས་པ་ཡིན་ཏེ། ཆོས་ལྔ་གང་ཞེ་ན། ཆོས་ཀྱི་དབྱིངས་རྣམ་པར་དག་པ་དང། མེ་ལོང་ལྟ་བུའི་ཡེ་ཤེས་དང། མཉམ་པ་ཉིད་ཀྱི་ཡེ་ཤེས་དང།.་སོ་སོར་ཀུན
་དུ་རྟོག་པའི་ཡེ་ཤེས་དང། བྱ་བ་གུབ་པའི་ཡེ་ཤེས་སོ། །དེ་ལ་སངས་རྒྱས་ཀྱི་སའི་མདོ་ལས་འབྱུང་བའི་ཆོས་ལྔའི་དབང་དུ་བྱས་ནས། ཆོས་ལྔ་པོ་དེ་འདིར་མདོ་ཙམ་དུ་གཏན་ལ་འབེབས་ཏེ། ཆོས་ལྔ་པ་དེ་རྣམས་ཀྱི་རབ་ཏུ་དབྱེ་བ་རྒྱ་ཆེར་གཏན་ལ་དབབ་པ་ནི། སངས་རྒྱས་ཀྱི
་ས་ཐེག་པ་ཆེན་པོའི་མདོ་སྡེ་ཉིད་ཀྱི་ནང་ནས་འབྱུང་བ་བཞིན་དུ་བལྟ་བར་བྱའོ། །སངས་རྒྱས་ཀྱི་ས་ལས་ཀྱང་ཆོས་ཀྱི་དབྱིངས་དང་པོར་སྨོས་པས། འདིར་ཡང་ཆོས་ཀྱི་དབྱིངས་ཀྱི་སྐབས་ཚིགས་སུ་བཅད་པ་བཞི་དང་པོར་འཆད་དེ། ཡེ་ཤེས་བཞི་རྣམས་རིམ་བཞིན་དུ་ཕྱིས་འཆད་དོ།
་ཞེས་བྱ་བའི་དོན་འཆད་དོ། །ཐམས་ཅད་ཆོས་ཀྱི་དེ་བཞིན་ཉིད་ཅེས་བྱ་བ་ལ། ཆོས་ཐམས་ཅད་ནི་འདུས་བྱས་དང། འདུས་མ་བྱས་སམ། ཟག་པ་དང་བཅས་པའམ། ཟག་པ་མེད་པ་སྟེ། ཆོས་དེ་རྣམས་ཀྱི་དེ་བཞིན་ཉིད་ནི་སྟོང་པ་ཉིད་ལ་བྱའོ། །སངས་རྒྱས་ཀྱི་སའི་སྟོང་པ་ཉིད་དུས
་ཀྱི་སྟོང་པ་ཉིད་དེ་བཞིན་དེའི་མཚན་ཉིད་དང་རང་བཞིན་ཅི་འདྲ་ཞེ་ན་སྒྲིབ་པ་གཉིས་དག་པའི་མཚན་ཉིད་དེ་ཞེས་བྱ་བ་སྨོས་ཏེ། སངས་རྒྱས་ཀྱི་དུས་ཀྱི་དེ་བཞིན་ཉིད་ནི་ཉོན་མོངས་པའི་སྒྲིབ་པ་དང། ཤེས་བྱའི་སྒྲིབ་གཉིས་དང་བྲལ་བའི་མཚན་ཉིད་དང་རང་བཞིན་ཡིན་ནོ་ཞེས་བྱ་བའི
་དོན་ཏོ། །འདིས་ནི་དེ་བཞིན་ཉིད་གནས་གཞན་དུ་གྱུར་པ་བསྟན་ཏོ། །དངོས་པོ་ཤེས་པ་དེ་ལ་དམིགས་ཞེས་བྱ་བ་ལ། དངོས་པོ་ཤེས་པ་ནི་དེའི་རྒྱུ་བ་ནས་ཐོབ་པ་དག་པ་འཇིག་རྟེན་པའི་ཡེ་ཤེས་ལ་བྱ་སྟེ། དངོས་པོའི་སྒྲས་ཀུན་གཞི་རྣམ་པར་ཤེས་པ་གཞན་གྱི
་དབང་གི་མཚན་ཉིད་གནས་གཞན་དུ་གྱུར་བའི་མཚན་ཉིད་རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་བྱའོ། །རྣམ་པར་མི་རྟོག་པའི་ཡེ་ཤེས་དེ་ཡང་དེའི་རྒྱབ་ནས་ཐོབ་པ་དག་པ་འཇིག་རྟེན་པའི་ཡེ་ཤེས་ཀྱིས་ཕྱིན་ཅི་མ་ལོག་པར་ཤེས་པར་བྱེད་ཀྱི་ཡེ་ཤེས་གཞན་གྱིས་ནི
་མ་ཡིན་ཏེ། དེ་བས་ན་དེའི་རྒྱབ་ནས་ཐོབ་པ་དག་པ་འཇིག་རྟེན་པའི་ཡེ་ཤེས་ལ་དངོས་པོ་ཤེས་པ་ཞེས་བྱ་སྟེ་འདིར་འདིས་ནི་གནས་ངན་ལེན་གྱི་རྟེན་ཀུན་གཞི་གནས་གཞན་དུ་གྱུར་པར་བསྟན་ཏོ། །དེ་ཞེས་བྱ་བའི་སྦྲས?་ནི་ཆོས་ཀྱི་དབྱིངས་ལ་བསྙགས་ཏེ། ཆོས་ཀྱི་དབྱིངས་ལ་ནི
་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་དམིགས་སོ་ཞེས་བྱ་བའི་དོན་ཏོ། །འདིས་ནི་ལམ་གྱི་གནས་གཞན་དུ་གྱུར་པ་བསྟན་ཏོ། །མི་ཟད་དབང་གི་མཚན་ཉིད་དོ་ཞེས་བྱ་བ་ལ་དེའི་རྒྱབ་ནས་ཐོབ་པ་དག་པ་འཇིག་རྟེན་པའི་ཡེ་ཤེས་ཀྱིས་རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་དམིགས་ནས
་དབང་མི་ཟད་པ་ཐོབ་སྟེ། ཇི་ལྟ་ཞེ་ན། དག་པ་འཇིག་རྟེན་པའི་ཡེ་ཤེས་ཀྱིས་རྣམ་པར་མི་རྟོག་པའི་རང་བཞིན་ཕྱིན་ཅི་མ་ལོག་པར་རྟོག་པའི་ཕྱིར་རོ། །རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་ཀྱང་ཆོས་ཀྱི་དབྱིངས་དེ་བཞིན་ཉིད་ལ་དབང་མི་ཟད་པ་སྟེ། ཇི་ལྟ་ཞེ་ན། རྣམ་པར་མི་ཏོག་
་པའི་ཡེ་ཤེས་ཀྱི་ཐམས་ཅད་དུ་ཆོས་ཀྱི་དབྱིནས་ལ་རྩེ་གཅིག་ཏུ་འཇོག་པའི་ཕྱིར་ཏེ། འདིས་ན་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་བསྟན་ཏོ། །ཀུན་ནས་དེ་བཞིན་ཉིད་ཤེས་ནས། །བསྒོམས་པ་ཡང་དག་འབྱུང་བ་སྟེ་ཞེས་བྱ་བ་ལ་སོགས་པའི་ཚིགས་བཅད་གཅིག
་གིས་རྒྱུའི་དོན་དང་འབྲས་བུའི་དོན་ཏེ། ཀུན་ནS་ཞེས་བྱ་བ་ནི་ཐོག་པ་ཆེན་པོའི་མདོ་སྡེ་དེ་དག་གི་ནང་ནས་ཆོས་ཀྱི་དབྱིངས་སྟོན་པའི་མིང་གི་རྣམ་གྲངས་མ་སྐྱེས་པ་དང། མ་བྱུང་བ་ལ་སོགས་པ་འབྱུང་བ་མཉན་པ་དང། སེམས་པ་དང་བསྒོམས་པ་ལ་སོགས་པའི་རིམ་པ་སྦྱོར་བའི
་ས་ན་བསྒོམས་པ་ལས་མཐོང་བའི་ལམ་ན་དེ་བཞིན་ཉིད་ཤེས་པའི་ཡེ་ཤེས་སྐྱེས་ཏེ་ཆོས་ཀྱི་དབྱིངས་ཐམས་ཅད་དུ་འགྲོ་བའི་མཚན་ཉིད་དུ་རྟོགས་པ་རྣམ་པར་མི་རྟོག་པའི་ཡེ་ཤེས་སྐྱེས་སོ་ཞེས་བྱ་བའི་དོན་ཏོ། །རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱངས་དང་པོའི་དུས་ན་ཐོབ་པོ། །དེ་ནས
་ས་གཉིས་ནས་ས་བཅུ་མན་ཆད་ཡེ་ཤེས་དེ་ཉིད་བསྒོམས་པས་ཡང་དག་པ་འབྱུང་སྟེ། སངས་རྒྱས་ཀྱི་སར་ཆོས་ཀྱི་དབྱིངས་རྣམ་པར་དག་པ་མངོན་སུམ་དུ་བྱས་སོ་ཞེS་བྱ་བའི་དོན་ཏོ། །འདིས་ནི་རྒྱུའི་དོན་བསྟན་ཏོ། །རྣམ་པ་ཀུན་དུ་སེཾས་ཅན་དོན། །གཉིས་བསྐྱེད་མི་ཟད་འབྲས་བུའོ་ཞེས་བྱ་བ་ལ། རྣམ་པ
་ཀུན་དུ་ནི་དུས་ཐམས་ཅད་དུ་འམ། ཕན་པ་དང་བདེ་བའི་རྣམ་པ་ཐམས་ཅད་ཀྱིས་ཞེས་བྱ་བའི་དོན་ཏོ། །སེམས་ཅན་ཀུན་ཞེས་བྱ་བ་ནི་སེམས་ཅན་ལ་ཞེས་བྱ་བའི་དོན་ཏོ། །གཉིས་བསྐྱེད་པ་ནི་སེམས་ཅན་ལ་ཕན་པ་བསྐྱེད་པ་དང། བདེ་བ་སྐྱེ་པ་དེ། ཚེ་རབས་གཞན་དུ
་མཐོ་རིས་དང་མྱ་ངན་ལས་འདས་པ་ལ་བཀོད་པ་ནི་ཕན་པའོ། །ཚེ་འདིར་ཟང་ཟིང་གིས་ཕན་བཏགས་ན་དགེ་བ་བྱེད་བཅུག་པ་ནི་ཕན་པ་སྟེ། འདིས་ནི་འབྲས་བུའི་དོན་བསྟན་ཏོ། །མི་ཟད་པར་ཞེས་བྱ་བ་ནི་འཁོར་བའི་མཛའ་ཨི་བར་དུ་ཡང་བདེ་བ་དང་བདེ་བ་རྒྱུན་མི་གཅོད
་ཅེས་བྱ་བའི་དོན་ཏོ། །ལུས་དང་དག་དང་སེམས་སྦྲུལ་པའི། །སྦྱོར་བའི་ཐབས་ཀྱི་ལས་ཅན་ནོ་ཞེས་བྱ་བ་ལ་སོགས་པ་ཚིགས་བཅད་གཅིག་གིས་ལས་ཀྱི་དོན་དང་ལྡན་པའི་དོན་བསྟན་ཏེ། ལུས་སྦྲུལ་པའི་སྦྱོར་བའི་ཐབས་ཀྱི་ལས་ཅན་དང། ངག་སྦྲུལ་པའི་སྦྱོར་བའི་ཐོབས
་ཀྱི་ལས་ཅན་དང། སེམས་ཅན་སྤྲུལ་པའི་སྦྱོར་བའི་ཐབས་ཀྱི་ལས་ཅན་ནོ་ཞེས་བྱ་བར་སྦྱར་རོ། །དེ་ལ་བརྒྱ་བྱིན་དང་ཚངས་པ་དང་ལྷ་དང་ཀླུ་ལ་སོགས་བའི་ལུས་སུ་བསྟན་པ་ནི་ལུས་སྤྲུལ་པའི་སྦྱོར་བའི་ཐབས་ཀྱི་ལས་ཅན་ཞེས་བྱའོ། །བྱིན་གྱིས་བརླབས་ཀྱིས་ནམ་མཁའ་དང་རྩིག
་པ་དང། ཤིང་ལ་སོགས་པ་ལས་ཀྱང་དམ་པའི་ཆོས་འཆད་པའི་སྒྲ་འབྱུང་བ་ནི་དག་སྤྲུལ་པའི་ཐབས་ཀྱི་ལས་ཅན་ཞེས་བྱའོ། །ཕྱིན་གྱིས་བརླབས་ནས་བླུན་པོ་རྣམས་ཀྱང་ཟབ་མོ་རྟོགས་པའི་སེམས་དང་ལྡན་པར་བྱ་སྟེ། ཆོས་བཤད་ནས་ཆོས་ཀྱི་དོན་རྟོགས་པར་བྱས
་པ་དང། འཕགས་པ་ཤཱ་རིའི་སྲས་པོ་དང། རབ་འབྱོར་ལ་སོགས་པ་བྱིན་གྱིས་བརླབས་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་འཆད་དུ་བཅུག་པ་ནི་སེམས་སྤྲུལ་པའི་སྦྱོར་པའི་ཐབས་ཀྱི་ལས་ཅན་ཞེས་བྱ་སྟེ། སྦྱོར་བ་ཞེས་བྱ་བ་ནི་ལས་ལ་བྱའོ། །སྤྲུལ
་པ་ནི་ལས་གསུམ་གྱི་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའི་ལས་ནི་ལས་དེ་ཉིད་ཐབས་ཡིན་ཏེ། ཐབས་དེ་ལྟ་བུ་དག་མཛད་པ་ཐུགས་སུ་ཆུད་པས་ན་ལས་ཅན་ཞེས་བྱ་སྟེ། འདིས་ནི་ལས་ཀྱི་དོན་བསྟན་ཏོ། །དེ་ལ་ལུས་སྤྲུལ་པ་ལ་ཡང་རྣམ་པ
་གཉིས་ཏེ། བདག་དང་འབྲེལ་བ་དང། གཞན་དང་འབྲེལ་པའོ། །དེ་ལ་བདག་དང་འབྲེལ་བ་ནི་བདག་ཉིད་བརྒྱ་བྱིན་དང་ཚངས་བ་ལ་སོགས་པའི་ལུས་སུ་སྤྲུལ་པའོ། །གཞན་དང་འབྲེལ་བ་ནི་སེམས་ཅན་གཞན་དང་རྩི་ཤིང་ལ་སོགས་པ་ཡང
་བྱིན་གྱིས་བརླབས་ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཨི་སྐྱེ་བ་ལྟ་བུར་སྟོན་པའོ། །དག་སྤྲུལ་པ་ལ་ཡང་རྣམ་པ་གཉིས་ཏེ། བདག་དང་འབྲེལ་བ་དང་གཞན་དང་འབྲེལ་བའོ། །དེ་ལ་བདག་དང་འབྲེལ་བ་ནི་དེ་བཞིན་གཤེགས་པ་ཉིད་གསུང
་ཡན་ལག་དབྱངས་དྲུག་ཅུ་རྩ་གཉིས་དང་ལྡན་པར་སྦྲུལ་ནས་དམ་པའི་ཆོས་འཆད་པའོ། །གཞན་དང་འབྲེལ་བ་ནི་རྩིག་པ་དང་ཤིང་དང་ནམ་མཁའ་ལ་སོགས་པ་ལས་ཀྱང་དམ་པའི་ཆོས་འཆད་པའི་སྒྲ་འབྱུང་བའོ། །སེམས་སྦྲུལ་པ་ཡང་རྣམ་པ
་གཉིས་ཏེ། བདག་དང་འབྲེལ་པ་དང། གཞན་དང་འབྲེལ་པའོ། །བདག་དང་འབྲེལ་པ་ནི་ཡེ་ཤེས་ཀྱིས་བྱིན་གྱིས་བརླབས་ཀྱིས་ཆོས་ཀྱི་དོན་ཟབ་པོ་དག་ཐུགས་སུ་ཆུད་པའོ། །གཞན་དང་འབྲེལ་པ་ནི་བྱིན་གྱིས་བརླབས་ནས
་བླུན་པོ་རྣམས་ཀྱང་དམ་པའི་ཆོས་ཟབ་མོ་རྟོགས་པར་བྱས་པ་དང་འཕགས་པ་ཉན་ཐོས་དག་ཀྱང་དམ་པའི་ཆོས་ཟབ་མོ་འཆད་ཏུ་བཙུག་པའོ། །ཏིང་ངེ་འཛིན་དང་གཟུངས་ཀྱི་སྒོ་གཉིས་པོ་དཔག་ཏུ་མེད་པ་དང་ལྡན་ཞེས་བྱ་བ་ལ། ཆོས་ཀྱི་དབྱིངས
་ཏེ། ཏིང་ངེ་འཛིན་གྱི་སྒོ་དང་ལྡན་པ་དང། གཟུངས་ཀྱི་སྒོ་དང་ལྡན་པ་དང། གཉིས་པོ་དཔག་ཏུ་མེད་པ་དང་ལྡན་ཏེ། དེས་ནི་ལྡན་པའི་དོན་བསྟན་པའོ། །དེ་ལ་ཏིང་ངེ་འཛིན་ནི་ཐེག་བ་ཆེན་པོའི་ཏིང་ངེ་འཛིན་དང། ནམ་མཁའ་མཛོད་ཀྱི་ཏིང་ངེ
་འཛིན་དང། དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ལ་སོགས་པའོ། །གཟུངས་ཀྱི་སྒོ་ནི་མི་ཟད་པའི་ཟ་མ་ཏོག་གི་གཟུངས་དང། སྒོ་མཛའ་ཡས་པའི་གཟུངས་ཞེས་བྱ་བ་ལ་སོགས་པའོ། །གཉིས་པོ་དཔག་ཏུ་མེད་པ་ནི་བསོད་ནམས་ཀྱི་ཚོགས་དཔག
་ཏུ་མེད་པ་དང། ཡེ་ཤེས་ཀྱི་ཚོགས་དཔག་ཏུ་མེད་?་རང་བཞིན་ཆོས་དང་རྫོགས་ལོངས་སྤྱོད། །སྦྲུལ་པ་དག་གིས་ཐ་དད་འཇུག་ཅེས་བྱ་བ་ལ། དེ་བཞིན་གཤེགས་པའི་སྐུ་ནི་ཆོས་ཀྱི་སྐུ་འབའ་ཞིག་ཏུ་མ་ཟད་ཀྱི་རང་བཞིན་གྱི་སྐུ་དང་ཆོས་ལ་རྫོགས
་པར་ལོངས་སྤྱོད་པའི་སྐུ་དང། སྤྲུལ་པའི་སྐུ་དང་ཐ་དད་པ་མི་མཐུན་པ་རྣམ་པ་གསུམ་གྱིས་སེམས་ཅན་གྱི་དོན་ལ་འཇུག་གོ་ཞེས་བྱ་བའི་དོན་ཏོ། །དེ་ལ་རང་བཞིན་གྱི་སྐུ་ནི་ཆོས་ཀྱི་སྐུའོ། །ཆོས་ལ་ལོངས་སྤྱོད་པ་ནི་རྫོགས་པར་ལོངས་སྤྱོད་པའི
་སྐུའོ། །སྤྲུལ་པ་ནི་སྤྲུལ་པའི་སྐུ་སྟེ། འདིས་ནི་འཇུག་པའི་དོན་བསྟན་ཏོ། །ཆོས་ཀྱི་དབྱིངས་རྣམ་པར་དག་པའི་དོན་གོང་དུ་རྒྱ་ཆེར་བཤད་པ་རྣམས་ཀྱང་མཇུག་བསྡུས་པའི་ཕྱིར་ཏེ། འདི་ནི་སངས་རྒྱས་རྣམས་ཀྱི་ཡང། ཆོས་དབྱིངས་རྣམ
་པར་དག་པ་བཤད་ཅེས་སྨོས་ཏེ། གོང་དུ་རང་བཞིན་དང་རྒྱུ་དང་འབྲས་བུ་དང། ལས་དང་ལྡན་པ་དང། འཇུག་པ་བཤད་པ་དེ་ནི་སངས་རྒྱས་ཀྱི་ཆོས་ཀྱི་རྣམ་པར་དག་པ་དེ་ལྟ་བུ་ཡིན་ནོ་ཞེས་བཤད་པའི་དོན་ཏོ། །སངས་རྒྱས་ཀྱི་སྐུ་རྣམ་པར་དགེ
་བའི་ཚིགས་སུ་བཅད་པ་བདུན་ཏེ་ཞེས་བྱ་བ་ལ་གོང་དུ་སྐུ་གསུམ་ཐ་དད་དུ་འཇུག་པ་མདོ་ཙམ་དུ་བསྟན་ནས། ད་ཚིགས་སུ་བཅད་པ་བདུན་གྱིས་སྐུ་གསུམ་ཐ་དད་དུ་འཇུག་པ་རྒྱ་ཆེར་ཞིབ་ཏུ་འཆད་དོ་ཞེས་བྱ་བའི་དོན་ཏོ། །རང་བཞིན་དང་ནི་ཞེས་བྱ་བ་ནི། རང་བཞིན་ནི་ཆོས
་ཀྱི་སྐུ་ལ་བྱ་སྟེ། ནམ་ཀུན་གཞི་རྣམ་པར་ཤེས་པ་ལ་ཡོད་པའི་གཟུང་བ་དང་འཛིན་པའི་དྲི་མ་སྤངས་ནས་ཆོས་ཀྱི་དབྱིངས་མེ་ལོང་ལྟ་བུའི་ཡེ་ཤེས་སུ་གྱུར་པ་ན་ཆོས་ཀྱི་སྐུ་ཞེས་བྱའོ། །རྫོགས་ལོངས་སྤྱོད་ཅེས་བྱ་བས་རྫོགས་པར་ལོངས་སྤྱོད་པའི་སྐུ
་བསྟན་ཏེ། ནམ་ཉོན་མོངས་པའི་ཡིད་གནས་གཞན་དུ་གྱུར་ནས་མཉམ་པ་ཉིད་ཀྱི་ཡེ་ཤེས་སུ་གྱུར་པ་དང། ཡིད་ཀྱི་རྣམ་པར་ཤེས་པ་གནས་གཞན་དུ་གྱུར་ནས་སོ་སོར་ཀུན་རྟོགས་པའི་ཡེ་ཤེས་སུ་གྱུར་ཏེ། སར་རྟོག་པའི་བྱང་ཆུབ་སེམས་དཔའ་རྣམS
་ལ་ཆོས་ཀྱི་ལོངས་སྤྱོད་ཆེན་པོ་མཛད་པ་ནི་ལོངས་སྤྱོད་རྫོགས་པའི་སྐུ་ཞེས་བྱའོ། །སྤྲུལ་པའི་སྐུ་ཡང་གཞན་ཡིན་ཏེ་ཞེས་བྱ་བ་ལ། གཞན་གྱི་སྒྲས་ནི་ཆོས་ཀྱི་སྐུ་དང་ལོངས་སྤྱོད་རྫོགས་པའི་སྐུ་འབའ་ཞིག་ཏུ་མ་ཟད་ཀྱི་སྤྲུལ་པའི་སྐུ་ཡང་ཡོད་དོ། །
་ནམ་མིག་གི་རྣམ་པར་ཤེས་པ་ནས་ལུས་ཀྱི་རྣམ་པར་ཤེས་པའི་བར་དུ་གནས་གཞན་དུ་གྱུར་པས་དག་ལ་ལྡན་གྱི་ཕོ་བྲང་དུ་འཆི་འཕོ་བསྟན་པ་དང། མྱ་ངན་ལས་འདས་པའི་བར་དག་བསྟན་པའི་སྒོ་ནས་ཛམྦུའི་གླིང་གི་སེམས་ཅན་ཡོངས་སུ་སྨིན
་པར་བྱེད་པ་ནི་སྤྲུལ་པའི་སྐུ་ཡིན་ནོ་ཞེས་བྱ་བའི?་དོན་ཏོ། །སངས་རྒྱས་རྣམས་ཀྱི་སྐུ་དབྱེ་བ་ཞེས་བྱ་བ་ལ། དེ་བཞིན་གཤེགས་པ་རྣམས་ལ་ནི་སྐུ་གཅིག་ཏུ་མ་ཟད་ཀྱི་ཕྱེན་རྣམ་པ་གསུམ་ཡོད་དོ་ཞེས་བྱ་བའི་དོན་ཏོ། །ཐོག་མ་གཉིས་པོའི་གནས་ཡིན
་ཞེས་བྱ་བ་ལ་ཐོག་མ་ནི་ཆོས་ཀྱི་སྐུ་ལ་བྱ་སྟེ། ཆོས་ཀྱི་སྐུ་ནི་རྫོགས་ལོངས་སྤྱོད་པའི་སྐུ་དང་སྤྲུལ་སྐུ་གཉིས་ཀྱི་གནས་ནས་རྟེན་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་བས་ན་སངས་རྒྱས་ཀྱི་སའི་ཏིང་ངེ་འཛིན་ཏི་ཀ་ལས་ཀྱང་དེ་ལ་ཆོས་ཀྱི་རྣམ
་གྲངས་མཛའ་དག་ཐོས་པའི་བག་ཆགས་ཡོངས་སུ་སྨིན་པས་མ་ལུས་བར་བསྒོམས་པ་རྒྱུ་གྱུར་བའི་རྟག་ཏུ་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བ་སྐྱེ་བའི་ཕྱིར་ཉེ་བར་གནས་པའི་ཏིང་ངེ་འཛིན་དང། གཟུངས་ཀྱི་སྒོ་དཔག་ཏུ་མེད་པ་དང། བསོད་ནམS
་དང་ཡེ་ཤེས་ཀྱི་ཚོགས་དང་ལྡན་པ་ཤེས་བྱ་དང་ཉོན་མོངས་པའི་སྒྲིབ་པ་ཐམས་ཅད་ལས་དབེན་པ་ནི་ཆོས་ཀྱི་དབྱིངས་རྣམ་པར་དག་པ་སྟེ། ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་དོ། །ཕྱིན་ཅི་མ་ལོག་པའི་རང་བཞིན་ཡིན་ནོ། །འཕགས་པའི་ཆོས་ཐམས
་ཅད་ཀྱི་སྐྱེ་བའི་རྒྱུའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་ཉིད་དོ་ཞེས་བཤད་དོ། །རྫོགས་ལོངས་སྤྱོད་པའི་སྐུ་ཆེར་བཤད་པའི་ཕྱིར་རྫོགས་པ་ཁམས་རྣམས་ཐམས་ཅད་དུ། མང་པོ་ཡོངས་སུ་སྡུད་ཐ་དད་དོ། །ཞིང་དང་མིང་དུ་བསྡུ་རྣམས་དང། ཆོས
་ལ་རྫོགས་ལོངས་སྤྱོད་བྱེད་པས་ཅེས་བྱ་བ་སྨོས་ཏེ། རྫོཌ་བར་ལོངས་སྤྱོད་པའི་སྐུ་ནི་འཇིག་རྟེན་གྱི་ཁམས་དང་སངས་རྒྱས་ཀྱི་ཞིང་ཐམས་ཅད་ན་མང་པོ་ཡོངས་སུ་སྡུད་པ་ཐམས་ཅད་དང། ཞིང་ཐ་དད་པ་དང། སྐུ་ཐ་དད་པ་དག་ཆོས་ལ་རྫོགས་པ་ལོངས་སྤྱོད
་པ་ཐ་དད་པ་རིག་པར་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་ལ་མང་པོ་ཡོངས་སུ་སྡུད་པ་ཞེས་བྱ་བ་ནི་འཁོར་སྡུད་པ་ཞེས་བྱ་བ་ནི། རྫོགས་ལོངས་སྤྱོད་པའི་འཁོར་མང་པོ་ཡང་ཐ་དད་དོ། །ཇི་ལྟ་ཞེ་ན། རྫོགས་ལོངས་སྤྱོད་པའི་འཁོར་ཁ་ཅིག་ནི་བྱང་ཆུབ་སེམས་དཔའ་
་བློ་གྲོས་མི་ཟད་པ་ཞེས་བྱ་བ་ལ་སོགས་པས་བསྐོར་ལ། རྫོགས་ལོངས་སྤྱོད་པའི་ཁ་ཅིག་ཏུ་ནི་བྱང་ཆུབ་སེམས་དཔའ་ཀུན་དུ་བཟང་པོ་དང། སྤྱན་རས་གཟིགས་ཀྱི་དབང་པོ་ཞེས་བྱ་བ་ལ་སོགས་པ་བྱང་ཆུབ་སེམས་དཔའ་ཨི་འཁོར་གཞན་གྱིས་བསྐོར་བའི་ཕྱིར་རོ།།
་ཞིང་ཐ་དད་པ་ནི་སངས་རྒྱས་ཀྱི་ཞིང་གིས་གཞི་ཁ་ཅིག་ཤེལ་གྱི་ཁ་དོག་ཏུ་གནས་ཁ་ཅིག་གསེར་དང་བཻ་ཌཱུརྱ་ལ་སོགས་པའི་ཁ་དོག་ཏུ་གནས་པའི་ཕྱིར་རོ། །མིང་ཐ་དད་པ་ནི་རྫོགས་ལོངས་སྤྱོད་པའི་སྐུ་ཁ་ཅིག་ནི་མཚན་རྣམ་པར་སྣང་མཛད་ཅེས་བྱ་ཁ་ཅིག་སྣང་བ
་མཛའ་ཡས་ཞེས་བྱ། ཁ་ཅིག་ཀུན་དུ་བཟང་པོ་ཞེས་བྱ་བ་ལ་སོགས་པ་མཚན་ཐ་དད་པའི་ཕྱིར་རོ། །སྐུ་ཐ་དད་པ་ནི་ཁ་ཅིག་སྐུ་མདོག་གསེར་དུ་སྣང་བ་དང། ཁ་ཅིག་ཤེ་ལ་དང། ཁ་ཅིག་དངུལ་དུ་སྣང་བ་དང་།ཁ
་ཅིག་ནི་སྐུ་ཚད་ཆེ་ཁ་ཅིག་གི་སྐུ་ཚད་ཆུང་བའི་ཕྱིར་རོ། །ཆོས་ལ་རྫོགས་པར་ལོངས་སྤྱོད་པ་ཐ་དད་པ་ནི་ཁ་ཅིག་གི་རྫོགས་ལོངས་སྤྱོད་པའི་འཁོར་ནས་བཅུའི་ཐག་པ་ཆེན་པོ་འཆད། ཁ་ཅིག་ནི་ལད་ཀར་གཤེགས་པ་འཆད། ཁ་ཅིག་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན
་པ་འཆད་པའི་ཕྱིར་རོ། །ཆོས་ཀྱི་སྐུ་རྒྱ་ཆེར་བསྟན་པའི་ཕྱིར་མཉམ་ཞིང་ཕྲ་བ་དེ་དང་འབྲེལ། རང་བཞིན་སྐུར་ནི་འདོད་པའོ་ཞེས་བྱ་བ་སྨོས་ཏེ། ཆོས་ཀྱི་སྐུ་ཐམས་ཅད་མཉམ་པར་འདོད་དེ། སངས་རྒྱས་རྣམས་ཀྱི་ཆོས་ཀྱི་དབྱིངས་ལ་ཐ་དད་པ་ནི་མི་མཐུན་པ་མེད་པའི
་ཕྱིར་རོ། །ཆོས་ཀྱི་སྐུ་ནི་ཕྲ་བར་འདོད་དེ། ཉན་ཐོས་དང་རང་སངས་རྒྱས་ལ་སོཌ་པའི་སྤྱོད་ཡུལ་དུ་མ་གྱུར་པའི་ཕྱིར་རོ། །ཆོས་ཀྱི་སྐུ་ནི་རྫོགས་ལོངས་སྤྱོད་པའི་སྐུ་དང་འབྲེལ་བར་འདོད་དོ། རྫོགས་ལོངས་སྤྱོད་པའི་སྐུའི་རྒྱུར་གྱུར་པ་བསྟན་པའི་ཕྱིར་རོ། །ཇི་ལྟར་རྒྱུར་འགྱུར
་ཅེ་ན། ཆོས་ཀྱི་སྐུའི་རྒྱུ་མཐུན་པ་ལས་རྫོགས་ལོངས་སྤྱོད་པའི་སྐུ་བྱུང་ནས་སར་ཞུགས་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་དང་ཐུན་མོང་མ་ཡིན་པའི་ཐེག་པ་ཆེན་པོའཆོས་རྣམས་ཀྱི་ལོངས་སྤྱོད་རྫོགས་པའི་མཛད་པའི་ཕྱིར་རོ། །ཡང་ན་རྣམ་པར་མི་རྟོག
་པའི་ཡེ་ཤེས་ཀྱི་རྗེས་ལས་ཐོབ་པ་དག་པ་འཇིག་རྟེན་པའི་ཡེ་ཤེས་ལ་རྫོགས་ལོངས་སྤྱོད་པའི་སྐུ་ཞེས་བྱ་སྟེ། དག་པ་འཇིག་རྟེན་པའི་ཡེ་ཤེས་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་ལས་འབྱུང་བས་ཀྱིས་སྐུ་དང་འབྲེལ་བ་ཞེས་བྱའོ། །ཇི་ལྟར་འབྲེལ་པའི་དོན་བསྟན་པའི་ཕྱིར
་ལོངས་སྤྱོད་རྫོགས་པ་འབྲེལ་བའི་རྒྱུ། །འདོད་བཞིན་ལོངས་སྤྱོད་སྟོན་པའོ་ཞེས་སྨོས་ཏེ། བསམས་པ་བཞིན་ཕྱིའི་ལོངས་སྤྱོད་ས་གཞི་ཞེས་དང། གསེར་ལ་སོགས་པ་བསྟན་པར་བྱ་བའི་ཕྱིར་དང། ཅིར་དགར་ནང་གི་ལོངས
་སྤྱོད་ཐེག་པ་ཆེན་པོའི་ཆོས་ཟབ་མོ་བསྟན་པར་བྱ་བའི་ཕྱིར་རྫོགས་ལོ་ངེས་སྤྱོད་པ་འབྱོར་པ་དང་བཅས་པའི་སྐུ་འབྱུང་བའི་རྒྱུན་ཆོས་ཀྱི་སྐུ་ཡིན་ནོ་ཞས་བྱ་བའི་དོན་ཏོ། །དེ་བས་ན་རྫོགས་ལོངས་སྤྱོད་པའི་སྐུ་དང་འབྲེལ་ཏོ། །སྤྲུལ་པའི་སྐུ་རྒྱ་ཆེར་བཤད་པའི
་ཕྱིར། སྤྲུལ་པའི་སྐུ་ནི་རིག་སྟེ་ཞེས་བྱ་བ་སྨོས་ཏེ། དགའ་དན་གྱི་ཕོ་བྲང་ནས་འཆི་འཕོ་བསྟན་པ་ལ་སོགས་པ་ལ་འབའ་ཞིག་ལ་སྤྲུལ་པའི་སྐུ་ཞེས་བྱ་བར་མ་ཟད་ཀྱི། བརྒྱ་བྱིན་དང་ཚངས་པ་དང། ཡི་དགས་དང་བྱོལ་སོང་ལ་སོགས་པའི་ལུས་སུ་སྤྲུལ་པ
་ཐམས་ཅད་ལ་སྤྲུལ་པའི་སྐུ་ཞེས་བྱ་བས། སྤྲུལ་པའི་སྐུ་ནི་དཔག་ཏུ་མེད་པར་རིག་པར་བྱ་སྟེ། བྱོལ་སོང་ལ་སོགས་པར་སྤྲུལ་པའི་སྐུ་ཡིན་པའི་ཕྱིར་རོ། །རྫོགས་ལོངས་སྤྱོད་པའི་སྐུ་དང་སྤྲུལ་པའི་སྐུ་དང་སྤྲུལ་པའི་སྐུའི་དོན་མདོར་བསྡུས་ཏེ་བསྟན་པའི་ཕྱིར་གཉིས
་ལ་དོན་གཉིས་ཕུན་སུམ་ཚོགས། རྣམ་པ་ཀུན་དུ་རབ་ཏུ་གནས་ཞེས་བྱ་བ་སྨོས་ཏེ། གཉིས་ནི་རྫོགས་ལོངས་སྤྱོད་པའི་སྐུ་དང་སྤྲུལ་པའི་སྐུ་གཉིས་ལ་བྱ་སྟེ། སྐུ་དེ་གཉིས་ལ་དོན་གཉིས་ཤེས་བྱ་འམ་སྐུ་འམ་དེ་གཉིས་ཀྱི་དོན་གཉིས་མཛད་དོ་ཞེས་བྱ་བའི་དོན་ཏོ། །དེ
་ལ་དོན་གཉིས་ནི་བདག་གི་དོན་ཕུན་སུམ་ཚོགས་པ་དང། གཞན་གྱི་དོན་ཕུན་སུམ་ཚོགས་པ་སྟེ། དེ་ལ་ལོངས་སྤྱོད་རྫོགས་པའི་སྐུ་ལ་ནི་བདག་གི་དོན་ཕུན་སུམ་ཚོགས་པ་རྣམ་པ་ཐམས་ཅད་དུ་གནས་ཏེ། ཅིའི་ཕྱིར་ཞེ་ན། རྫོགས་ལོངས་སྤྱོད་པའི་སྐུས་ནི་སར
་ཞུགས་པའི་བྱང་ཆུབ་སེམས་དཔའ་ཨི་འཁོར་གྱི་ནང་དུ་ཐུན་མོང་མ་ཡིན་པའི་ཐེག་པ་ཆེན་པོའི་ཆོས་ཀྱི་ལོངས་སྤྱོད་སོ་སོར་མྱོང་བའི་ཕྱིར་རོ། །སྤྲུལ་པའི་སྐུ་ལ་ནི་གཞེན་གྱི་དོན་ཕུན་སུམ་ཚོགས་པ་རྣམ་པ་ཐམས་ཅད་ཏུ་གནས་ཏེ། ཛམྦུའི་གླིང་ལ་སོགས་པར་ཆོས་ཀྱི
་འཁོར་ལེ་བསྐོར་བའི་སྒོ་ནས་གཞན་གྱི་དོན་འབའ་ཞིག་མཛད་པའི་ཕྱིར་རོ། །སྤྲུལ་པའི་སྐུ་ལ་རྣམ་པ་ཐམས་ཅད་དུ་གཞན་གྱི་དོན་ཕུན་སུམ་ཚོགས་པ་ཇི་ལྟར་ཉེ་བར་གནས་ཤེ་ན། དེའི་ཕྱིར། བཟོ་དང་སྐྱེ་དང་བྱང་ཆུབ་ཆེ། །རྟག་ཏུ་མྱ་ངན་འདས་སྟོན
་པས། །སངས་རྒྱས་སྤྲུལ་པའི་སྐུ་འདི་ནི། །རྣམ་པར་གྲོལ་བའི་ཐབས་ཆེན་པོ། །ཞེས་སྨོས་ཏེ། སྤྲུལ་པའི་སྐུ་འདིས་རྟག་ཏུ་བཟོ་སྟོན་པ་དང། སྐྱེ་བ་སྟོན་པ་དང། བྱང་ཆུབ་ཆེན་པོ་སྟོན་པ་དང། མྱ་ངན་ལས་འདས་པ་སྟོན་པའི་སྒོ་ནས་སེམས་ཅན་རྣམས་མྱ
་ངན་ལས་འདས་པ་ལ་འཇོག་པར་བྱེད་པའི་ཐབS?་ཆེན་པོ་ཡིན་པས་ན། སྤྲུལ་པའི་སྐུ་གཞན་གྱི་དོན་ཕུན་སུམ་ཚོགས་པ་རྣམ་པ་ཐམས་ཅད་དུ་གནས་པ་ཡིན་ནོ། །དེ་ལ་བཟོ་སྟོན་པ་ནི་ཤིང་མཁན་དང་རྫ་མཁན་དང་པི་ཝང་མཁན་ལ་སོགས་པ་རྣམ་པ་སྣ་ཚོགS
་སྟོན་པའོ། །སྐྱེ་བ་སྟོན་བ་ནི་དགའ་ལྡན་ནས་ཤི་འཕོས་ཤིང་མངལ་དུ་གཤེགས་པ་དང། རྒྱལ་རིགས་དང་བྲམ་ཟེའི་རིགས་ལ་སོགས་པ་སྣ་ཚོགས་སུ་སྐྱེ་བ་སྟོན་པའོ། །བྱང་ཆུབ་ཆེན་པོ་སྟོན་པ་ནི་རྡོ་རྗེ་གདན་དུ་མངོན་པར་བྱང་ཆུབ་ཅིང་བདུད་འཇོམས
་པར་སྟོན་པའོ། །མྱ་ངན་ལས་འདས་པ་སྟོན་པ་ནི་མྱ་ངན་ལས་འདས་པ་སྟོན་པས་འདུལ་བ་རྣམས་ལ་ཕུང་པོའི་འདོར་བ་ལྟ་བུར་སྟོན་པའོ། །སངས་རྒྱས་སྐུ་སངས་རྒྱས་སྐུ་ཡང་བསྡུ་བ་ནི། །སྐུ་གསུམ་དུ་ཡང་ཤེས་པར་བྱ་ཞེས་བྱ་བ་ལ། དེ་བཞིན་གཤེགས
་པའི་ཆོས་གྱི་སྐུ་དང། རྫོགས་པར་ལོངས་སྤྱོད་པའི་སྐུ་དཔག་ཏུ་མེད་པ་རྣམས་དང། སྤྲུལ་པའི་སྐུ་དཔག་ཏུ་མེད་པ་རྣམས་ཀྱང་སྐུ་གསུམ་དུ་འདུས་པར་རིག་པར་བྱ་སྟེ། ཆོས་ཀྱི་སྐུ་རྣམས་ཆོས་ཀྱི་སྐུར་བསྡུ། རྫོགས་པར་ལོངས་སྤྱོད་པའི་སྐུ་དཔག་ཏུ་མེད་པར
་ཡང་རྫོགས་ལོངས་སྤྱོད་པའི་སྐུར་བསྡུ། སྤྲུལ་པའི་སྐུ་དཔག་ཏུ་མེད་པ་རྣམས་ཀྱང་སྤྲུལ་བའི་སྐུ་བསྡུ་བར་རིག་པར་བྱའོ་ཞེས་བྱ་བའི་དོན་ཏོ། །བདག་དང་གཞན་དོན་གནས་བྱས་པ། །སྐུ་གསུམ་དག་གིས་ཤིན་ཏུ་གནས་ཞེས་བྱ་བ་ལ། དེ་ལྟར་སྐུ་གསུམ་དུ་
་བསྟན་པ་ངེས་ཀྱང་རྣམ་པ་གསུམ་བསྟན་ཏེ། གསུམ་པོ་ནི་བདག་གི་དོན་དང་བཅས་པ་བསྟན་པ་དང་གཞན་ཀྱི་དོན་དང་བཅས་པ་བསྟན་པ་དང། །གནས་དང་བཅས་པ་བསྟན་པ་ནི་རྫོགས་ལོངས་སྤྱོད་པའི་སྐུ་སྟེ་སྐུ་དེས་སྒྲིབ་པ་གཉིས་དང་བྲལ་བའི་ཡེ་ཤེས
་གཉིས་སུ་མེད་པ་རང་གིས་མྱོང་བའི་ཕྱིར་རོ། །གཞན་གྱི་དོན་དང་བཅས་པའི་སྤྲུལ་པ་ནི་སྤྲུལ་པའི་སྐུ་སྟེ། དེས་ཛམྦུའི་གླིང་དུ་ཆོས་ཀྱི་འཁོར་ལོ་བསྐོར་བ་ལ་སོགས་པའི་སྒོ་ནས་སོམས་ཅན་གྱི་དོན་བྱེད་པའི་ཕྱིར་རོ། །དེའི་གནས་དང་བཅས་པ་ནི་ཆོས་ཀྱི་སྐུ་སྟེ།
་ཆོས་ཀྱི་སྐུ་ནི་རྫོགས་ལོངས་སྤྱོད་པའི་སྐུ་དནག། སྤྲུལ་བའི་རྟན་དང་གནས་ཡིན་པའི་ཕྱིར་རོ། །མེད་སྡེ་ལས། དེ་བཞིན་གཤེགས་པ་ཐམས་ཅད་མཉམ་པའོ་ཞེས་གསུངས་པ་དང། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་རྟག་པའོ་ཞེས་གསུངས་པའི་དོན་བསྟན་པའི
་ཕྱིར། གནས་དང་བསམ་པ་རྣམས་ནང་ནི། ལས་ཀྱང་དེ་དག་མཚུངས་པར་འདོད་ཅེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་གཅིག་སྨོས་ཏེ། མཉམ་པ་རྣམ་པ་གསུམ་གྱིས་དེ་བཞིན་གཤེགས་པ་ཐམས་ཅད་མཚུངས་ཏེ་ཐ་མི་དད་པའི་ཕྱིར་སངས་རྒྱས་ཐམས་ཅད་ནི
་མཉམ་པ་ཞེས་བྱའོ། །མཉམ་པ་རྣམ་པ་གསུམ་ནི་གནས་མཉམ་པ་དང། བསམ་པ་མཉམ་པ་དང། ལས་མཉམ་པའོ། །དེ་ལ་གནས་མཉམ་པ་ནི་ཆོས་ཀྱི་སྐུ་སྟེ། སྐུ་གཉིས་ཀྱི་རྟེན་དུ་གྱུར་པའི་རང་བཞིན་ཆོས་ཀྱི་དབྱིངས་རྣམ་པར་དག་པ་ལ་ཐ་དད་པ་མི་འདྲ་བ་མེད
་པའི་ཕྱིར་རོ། །བསམ་པ་མཉམ་པ་ནི་རྫོགས་ལོངས་སྤྱོད་པའི་སྐུ་སྟེ། རྫོགས་ལོངས་སྤྱོད་པའི་སྐུ་ཐམས་ཅད་ལ་བསམ་པ་ཆེ་ཆུང་དང་བཟང་ངན་མེད་ཀྱི་ཐམས་ཅད་ཀྱང་སེམས་ལ་ཕན་པ་དང་བདེ་བར་བྱ་བ་དགོངས་པ་གཅིག་པའི་ཕྱིར་རོ། །ལས་གཅིག་པ་ནི་སྤྲུལ
་པའི་སྐུ་སྟེ། སྤྲུལ་པའི་སྐུ་ཐམས་ཅད་ཀྱང་སྤྲུལ་པ་སྤྲུལ་ནས་སྤྲུལ་པའི་ཕྲིན་ལས་ཀྱིས་སེམས་ཅན་འདུལ་བར་མཛད་པར་འདྲ་བ་དང། དེ་བཞིན་གཤེགས་པ་གཅིག་གིས་སྤྲུལ་པ་སྤྲུལ་ན་དེ་བཟིན་གཤེགས་པ་བ་ཞན་གྱིས་ཀྱང་སྤྲུལ་པ་དེ་སྤྲུལ་པ་ཡིན་པ་འཕྲིན?
་ལས་ཐུན་མོང་པས་ན་ལས་གཅིག་གོ་།རྟག་པའི་དོན་བསྟན་པའི་ཕྱིར། རང་བཞིན་དང་ནི་རྒྱུན་མི་འཆད། །རྒྱུན་གྱིས་དེ་དག་རྟག་པའོ་ཞེས་སྨོས་ཏེ། དེ་ལ་རྟག་པ་རྣམ་པ་གསུམ་གྱིས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་རྟག་པ་ཞེས་བྱ་སྟེ། རྟོག་པ་གསུམ་ནི་རང
་བཞིན་རྟག་པ་དང། རྒྱུན་མི་འཆད་པ་རྟག་པ་དང། རྒྱུན་རྟག་པའོ། །དེ་ལ་རང་བཞིན་རྟག་པའི་ཆོས་ཀྱི་སྐུ་སྟེ། ཆོས་ཀྱི་སྐུ་ནི་རང་བཞིན་གྱིས་སྐྱེ་འགག་མེད་པའི་རང་བཞིན་ཡིན་པའི་ཕྱིར་རོ། །རྒྱུན་མི་འཆད་པར་རྟག་པ་ནི་རྫོགས་ལོངས་སྤྱོད་པའི་སྐུ་སྟེ། བྱང་ཆུབ
་སེམས་དཔའ་སར་ཞུགས་པའི་ནང་ན་ཐེག་པ་ཆེན་པོའི་ཆོས་ཀྱི་ལོངས་སྤྱོད་རྒྱུན་མི་འཆད་པར་མཛད་པའི་ཕྱིར་རོ། །རྒྱུན་གྱིས་རྟག་པ་ནི་སྤྲུལ་པའི་སྐུ་སྟེ། འཇིག་རྟེན་གྱི་ཁམས་ལ་ལར་མྱ་ངན་ལས་འདས་པ་བསྟན་ནས་མི་སྣང་བར་བྱས་ཀྱང་འཇིག་རྟེན་གྱི་ཁམS
་གཞན་དག་ཏུ་སྐྱེ་བ་དང། མངོན་པར་སངས་རྒྱས་པ་བསྟན་ནས་སེམས་ཅན་གྱི་དོན་མཛད་པ་འཁོར་བའི་མཛའ་ཨི་བར་དུ་ཡང་རྒྱུན་མི་གཅོད་པའི་ཕྱིར་རོ། །སངས་རྒྱས་ཀྱི་ཡེ་ཤེས་རྣམ་པར་དབྱེ་བའི་ཚིགས་སུ་བཅད་པ་བཅུ་སྟེ་ཞེས་བྱ་བ་ལ། སྐུ་གསུམ་གྱི་སྐབས
་བཤད་པའི་རྗེས་ལ་ཡེ་ཤེས་ཀྱི་སྐབས་བཤད་པར་འབྲེལ་པ་ཅི་ཡོད་ཅེ་ན། སྐབས་འདི་ནི་བྱང་ཆུབ་བཤད་པའི་སྐབས་ཡིན་ལ་སངས་རྒྱས་ཀྱི་ས་ཡང་ཆོས་ལྔས་བསྡུས་ཏེ། ཆོས་ཀྱི་དབྱིངས་རྣམ་པར་དག་པ་དང། མེ་ལོང་ལྟ་བུའི་ཡེ་ཤེས་དང། མཉམ་པ་ཉིད
་ཀྱི་ཡེ་ཤེས་དང། སོ་སོར་ཀུན་དུ་རྟོག་པའི་ཡེ་ཤེས་དང། བྱ་བ་གྲུབ་པའི་ཡེ་ཤེས་སོ་ཞེས་བཤད་པ་ལས་ཆོས་ཀྱི་དབྱིངས་བཤད་པའི་ཟླ་ལ་ཆོས་ཀྱི་དབྱིངས་ནི་རང་བཞིན་དང། རྫོགས་ལོངས་སྤྱོད་པ་དང། སྤྲུལ་པའི་སྐུ་སྟེ་རྣམ་པ་གསུམ་དུ་འཇུག་གོ་ཞེས་སྐུ
་གསུམ་གྱི་རབ་ཏུ་དབྱེ་བ་བཤད་དོ། །ད་ནི་ཡེ་ཤེས་ཀྱི་དབང་དུ་བྱས་ནས་ཡེ་ཤེས་བཞིའི་རང་བཞིན་བཤད་པར་བྱ་སྟེ། དེ་ཡང་ཚིགས་སུ་བཅད་པ་བཅུས་སྟོན་ཏོ་ཞེས་བྱ་བའི་དོན་ཏོ། །ཡེ་ཤེས་བཞི་ལས་ཀྱང་མེ་ལོང་ལྟ་བུའི་ཡེ་ཤེས་ལྔར་བྱུང་བས་ན་?་སྤྱོད
་པའི་ཕྱིར་མེ་ལོང་ཡེ་ཤེས་མི་གཡོ་སྟེ། ཡེ་ཤེས། གསུམ་ནི་དེ་ལ་གནས་ཞེས་སྨོས་ཏེ། མེ་ལོང་ལྟ་བུའི་ཡེ་ཤེས་མི་གཡོ་བ་མེད་པའི་རང་བཞིན་ཆོས་ཀྱི་དབྱིངས་རྣམ་པར་དག་པ་ལ་རྟག་ཏུ་གནས་ཤིང་འཁོར་བའི་མཛའ་ཨི་བར་དུ་ཡང
་འབྱུང་འཇུག་མེད་པར་རྒྱུ་ན་མི་འཆད་པར་འཇུག་པར་འབྱུང་བའི་ཕྱིར་མི་གཡོ་བ་ཞེས་བྱ་བ་ལ་ཡེ་ཤེས་གསུམ་ནི་འབྱུང་འཇུག་ཡོད་པས་ན་གཡོ་བ་ཞེས་བྱ་སྟེ། གཡོ་བའི་ཡེ་ཤེས་གསུམ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ལ་གནས་ཤིང་བརྟེན་ཏོ་ཞེས་བྱ
་བའི་དོན་ཏོ། །དེ་བས་ན་སངས་རྒྱས་ཀྱི་སའི་མདོ་ལས་ཀྱང་འདི་ལྟ་སྟེ། བསོད་ནམས་འདོད་པའི་སྐྱེ་བུ་ལ་ལས་ཇི་ཙམ་འགྲོ་བ་དང་འོད་ཞིང་ལྟག་པ་རྣམས་བདག་གི་ལུས་ཀྱི་ཡོན་ཏན་དང་ཉེས་པ་སོ་སོར་བལྟ་པའི་ཕྱིར་ཉེས་པ་གཞིག་པ་དང། ཡོན་ཏན་བསྐྱེད་པའི
་ཕྱིར་མེ་ལོང་གི་དཀྱིལ་འཁོར་ཆེན་པོར་གནས་བཟང་པོར་མི་གཡོ་བར་གཞག་པ་དེ་བཞིན་དུ། དེ་བཞིན་གཤེགས་པ་རྣམས་ཀྱི་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་དཀྱིལ་འཁོར་ཀྱང་གྲངས་མེད་དཔག་ཏུ་མེད་པའི་སེམས་ཅན་རྣམ་ཀྱི་ཀུན་ནས་ཉོན་མོངས་པ་དང། རྣམ་པར
་བྱང་བ་དོར་བ་དང་བསྐྱེད་པའི་ཕྱིར་ཆོས་ཀྱི་དབྱིངས་རྣམ་པར་དག་པའི་གནས་སུ་རྒྱུན་མི་འཆད་བའི་ཕྱིར་མི་གཡོ་བར་གཞག་གོ་ཞེས་གསུངས་པ་ལྟ་བུའོ། །ཡེ་ཤེས་གསུམ་གང་ཞེ་ན། དེའི་ཕྱིར། མཉམ་པ་ཉིད་དང་སོ་སོར་རྟོག། བྱ་བ་གྲུབ་པ་ཉིད་ཀྱང་དོ་ཞེས
་སྨོས་ཏེ་མེ་ལོང་ལྟ་བུ་ཡེ་ཤེས་ལ་གནས་པའི་ཡེ་ཤེས་གསུམ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་དང། སོ་སོར་ཀུན་དུ་རྟོག་པའི་ཡེ་ཤེས་དང། བྱ་བ་གྲུབ་པའི་ཡེ་ཤེས་སོ། །མེ་ལོང་ཡེ་ཤེས་ང་ཡེ་མེད་ཅེས་བྱ་བ་ལ། མེ་ལོང་ལྟ་བུའི་ཡེ་ཤེས་ལ་གཟུང་བ་དང་འཛིན་པར་རྟོག
་པ་དང། ང་དང་བདག་ཏུ་རྟོག་པ་དང། བརྩལ་བ་འབད་པ་མེད་པས་དའི་མེད་པ་ཞེས་བྱ་སྟེ། དེ་བས་ན་སངས་རྒྱས་ཀྱི་སའི་མདོ་ལས་ཀྱང། འདི་ལྟ་སྟེ། མེ་ལོང་གི་དཀྱིལ་འཁོར་དུ་གཟུགས་བརྙན་རྣམ་པ་དུ་མ་རྣམ་པ་མང་པོ་སྐྱེ་ཡང་མེ་ལོང་གི་དཀྱིལ་འཁོར
་ལ་དེ་དག་མེད་དེ། མེ་ལོང་གི་དཀྱིལ་འཁོར་དེ་ལ་ཆེད་དུ་འཇུག་པ་མེད་ཅིང་མངོན་པར་འདུ་བྱེད་པ་མེད་པ་དེ་བཞིན་དུ་དེ་བཞིན་གཤེགས་པ་རྣམས་ཀྱི་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་གཟུགས་བརྙན་རྣམ་པ་དུ་མ་རྣམ་པ་མང་པོ་སྣང་སྟེ། མེ་ལོང་ལྟ་བུའི་ཡེ་ཤེས་ལ་གཟུགས་བརྙན
་མེད་དེ། མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་གཟུགས་བརྙན་དེ་ལ་ཆེད་དུ་འཇུག་པ་མེད་ཅིང་མངོན་པར་འདུ་བྱེད་བ་མེད་དོ་ཞེས་གསུངས་སོ། །ཡོངས་སུ་མཆད་ཅེས་བྱ་བ་ལ། མེ་ལོང་ལྟ་བུའི་ཡེ་ཤེས་ལ་ནི་ཡུལ་དང་ཕྱོགས་སུ་མ་ཆད་པ་སྟེ། ཡུལ་དང་ཕྱོགས་ཁ་ཅིག་ཏུ་འཇུག་གི་ཁ
་ཅིག་ཏུ་མི་འཇུག་པ་མ་ཡིན་པར་ཡུལ་དང་ཕྱོགས་ཐམས་ཅད་དུ་འཇུག་ཅིང་འབྱུང་བའི་ཕྱིར་རོ། །རྟག་ཏུ་ལྡན་ཞེས་བྱ་བ་ནི་དུས་མ་ཆད་པར་བསྟན་ཏེ་དུས་ཁ་ཅིག་ཏུ་མི་འབྱུང་བ་མ་ཡིན་གྱི་དུས་གསུམ་ཐམས་ཅད་དུ་འབྱུང་བའི་ཕྱིར་རོ། །དེ་བས་ན་སངས་རྒྱས་ཀྱི་སའི་མདོ་ལས
་ཀྱང། འདི་ལྟ་སྟེ། མེ་ལོང་གི་དཀྱིལ་འཁོར་ངོས་ཐམས་ཅད་ཤིན་ཏུ་ཕྱིས་པ་ནི་མདུན་དང་ལོགས་དང། རྒྱབ་ཐམས་ཅད་ཀྱང་གཟུགས་བརྙན་སྐྱེ་བའི་རྒྱུར་འགྱུར་བ་དེ་བཞིན་དུ། དེ་བཞིན་གཤེགས་པ་རྣམས་མེ་ལོང་ལྟ་བུའི་ཡེ་ཤེས་ཡོངས་སུ་ཚད་པ་མེད་པའི་རྣམ་པ་ཤིན་ཏུ་ཕྱིས
་ན་ཐམས་ཅད་ཀྱང་གཟུགས་བརྙན་སྐྱེ་བའི་རྒྱུ་འགྱུར་ཞེས་གསུངས་པ་ལྟ་བུའོ། །ཤེས་བྱ་ཀུན་ལ་མ་རྨོངས་ཏེ་ཞེས་བྱ་བ་ལ། མེ་ལོང་ལྟ་བུའི་ཡེ་ཤེས་ལ་ནི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་མེད་པས་མེ་ལོང་དག་པའི་ངོས་སུ་གཟུགས་བརྙན་རྣམ་པ་སྣ་ཚོགས་པ་སྣང་བ་དང་འདྲ
་བར་ཤེས་བྱའི་རྣམ་པ་ཐམས་ཅད་ཡེ་ཤེས་དེ་ལ་སྣང་ཞིང་ཡེ་ཤེས་ཐུགས་སུ་ཆུད་བས་ན་ཤེས་བྱ་ཐམས་ཅད་ལམ་རྨོངས་པ་ཞེས་བྱའོ། །དེ་བས་ན་སངས་རྒྱས་སའི་མདོ་ལས་ཀྱང་དེ་འདི་ལྟ་སྟེ། མེ་ལོང་གི་དཀྱིལ་འཁོར་ཤིན་ཏུ་ཕྱིས་པ་དངས་ཤིང་གསལ་བ་དྲི་མེད་པ་ཀུན
་ནས་ལྷ་མ་མི་ལྟག་ལྷང་དེར་སྣང་བ་དེ་བཞིན་དུ་དེ་བཞིན་གཤེགས་པ་རྣམས་ཀྱི་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱང་སངས་རྒྱས་ཀྱི་ཡེ་ཤེས་ཀྱིས་ཉོན་མོངས་པ་དང། ཤེས་བྱའི་སྒྲིབ་པ་སྦྱངས་ཤིང་ཤིན་ཏུ་ཕྱིས་པ་སེམས་ཅན་ཐམས་ཅད་ཀྱི་བྱ་བ་གྲུབ་པའི་ཕྱིར་དེ་ལ་གནས་པའི་ཏིང
་ངེ་འཛིན་ཡོངས་སུ་བཟུང་བས་དངས་ཤིང་གསལ་ཏེ། ཀུན་ནས་ལྟམ་མེ་ལྷ་གེ་ལྟར་དེར་སྣང་ངོ་ཞེས་གསུངས་སོ། །དེ་དག་ལ་ཡང་རྟག་མངོན་མེད་ཅེས་བྱ་བ་ལ། མིག་གི་རྣམ་པར་ཤེས་པས་གཟུགས་ལ་དམིགས་པ་ན་སྔོན་པོ་དད་སེར་པཽ
་ལ་སོགས་པ་རྣམ་པ་དང། དམིགས་པ་སོ་སོར་གཅོད་ཀྱང་ཐ་སྙད་མེད་པ་དེ་བཞིན་དུ་ཡེ་ཤེས་ཀྱི་དཀྱིལ་འཁོར་དེར་ཤེས་བྱའི་གཟུགས་བརྙན་རྣམས་སྣང་ཡང་འདི་ནི་སྔོན་པོ་འདི་ནི་སེར་པོ་ཞེས་རྣམ་པ་དང་དམིགས་པ་མི་གཅོད་ཅིང་རྟོག་པ་མེད་པས་དེ
་དག་པ་རྟག་མངོན་མེད་ཅེས་བྱའོ། །རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་ནི་རྟག་མངོན་མེད་བྱ་བ་ལ?། དམིགས་པར་བྱེད་པ་མཉམ་པར་དམིགས་ཏེ། ཅིའི་ཕྱིར་ཞེ་ན། ཆོས་ཀྱི་དབྱིངས་དེ་བཞིན་ཉིད་ལ་དམིགས་པའི་ཕྱིར་རོ། །དེ་བས་ན་སངས་རྒྱས་ཀྱི་སའི་མདོ
་ལས་ཀྱང་དེ་འདི་ལྟ་སྟེ། མེ་ལང་གི་དཀྱིལ་འཁོར་ནི་རྣམ་པ་གཟུགས་བརྙན་རྣམ་པ་དུ་མར་རྣམ་པ་མང་པོ་དེ་དག་དང་ཉེ་བར་འཕྲད་ཅིང་དེའི་མཚན་མའི་ཕྱིར་ལྡན་པ་ཡང་མ་ཡིན་མི་ལྡན་པ་ཡང་མ་ཡིན་པ་དེ་བཞིན་དུ། དེ་བཞིན་གཤེགས་པ་རྣམས་ཀྱི་མེ་ལོང་ལྟ
་བུའི་ཡེ་ཤེས་ཀྱང། ཡེ་ཤེས་ཀྱི་གཟུགས་གཞན་རྣམ་པ་དུ་མ་རྣམ་པ་མང་པོ་དེ་དག་ཉེ་བར་མི་འཕྲད་ཅིང་མི་བརྗོད་པའི་ཆོས་ཀྱི་ཕྱིར་ལྡན་པ་ཡང་མ་ཡིན། མི་ལྡན་པ་ཡང་མ་ཡིན་ན་ཞེས་གསུངས་སོ། །ཡེ་ཤེས་ཀུན་གྱི་རྒྱུ་ཡིན་པས། །ཡེ་ཤེས་འབྱུང་གནས
་ཆེན་པོ་འདྲ་ཞེས་བྱ་བ་ལ། ཡེ་ཤེས་ཀྱི་འབྱུང་གནས་ཡེ་ཤེས་མང་པོ་འབྱུང་བ་ལྟར་མེ་ལོང་ལྟ་བུའི་ཡེ་ཤེས་ལས་ཀྱང་མཉམ་པ་ཉིད་ཀྱི་ཡེ་ཤེས་དང། སོ་སོར་ཀུན་ཏུ་རྟོག་པའི་ཡེ་ཤེས་དང། བྱ་བ་སྒྲུབ་པའི་ཡེ་ཤེས་རྣམས་འབྱུང་སྟེ། ཡེ་ཤེས་གཞན་འབྱུང
་བའི་རྒྱུ་བྱེད་པས་ན་ཡེ་ཤེས་ཀྱི་འབྱུང་གནས་ཆེན་པོ་ཞེས་བྱའོ། །དེ་བས་ན་དེ་བཞིན་གཤེགས་པ་སྐྱེ་པ་འབྱུང་བ་བསྟན་པའི་མདོ་ལས། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཡེ་ཤེས་ཀྱི་འབྱུང་གནས། རྣམ་པ་ཐམས་ཅད་དུ་ཡེ་ཤེས་ཀྱི་རྟེན་དུ་གྱུར་པའི་ཡེ
་ཤེས་དང་ལྡན་པའི་ཕྱིར་རོ་ཞེས་གསུངས་སོ། །སངས་རྒྱས་ཀྱི་སའི་མདོ་ལས་འདི་ལྟ་སྟེ། མེ་ལོང་གི་དཀྱིལ་འཁོར་གཟུགས་ཀྱི་རྐྱེན་བསྡད་པས་གཟུགས་བརྙན་མང་པོ་སྐྱེ་བའི་རྒྱུར་གྱུར་པ་དེ་བཞིན་དུ། དེ་བཞིན་གཤེགས་པ་རྣམས་ཀྱི་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱང
་སེམས་ཅན་གྱི་དུས་ཀྱི་རྐྱེན་བསྡད་པས་སེམས་ཡེ་ཤེས་ཀྱི་གཟུགས་བརྙན་སྣ་ཚོགས་སྐྱེ་བའི་རྒྱུར་འགྱུར་རོ་ཞེས་གསུངས་སོ། །རྫོགས་ལོངས་སྤྱོད་པའི་སངས་རྒྱས་དེ་ཞེས་བྱ་བ་ལ། མེ་ལོང་ལྟ་བུའི་ཡེ་ཤེས་དེ་ལ་རྫོགས་ལོངས་སྤྱོད་པའི་སངས་རྒྱས་ཞེས་ཀྱང
་བྱ་སྟེ། ཅིའི་ཕྱིར་ཞེ་ན། རྫོགས་ལོངས་སྤྱོད་པའི་སྐུ་འབྱུང་བའི་རྒྱུར་གྱུར་པ་དང། གཟུང་འཛིན་གཉིས་དང་བྲལ་པའི་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་བདེ་བ་རང་གིས་མ་ཡོང་བའི་ཕྱིར་རོ། །ཡེ་ཤེས་གཟུགས་བརྙན་འབྱུང་ཕྱིར་ཏེ་ཞེས་བྱ་བ་ལ། རྣམ་པར་མི་རྟོག་པའི
་ཡེ་ཤེས་དེ་ལ་ཅིའི་ཕྱིར་མེ་ལོང་ལྟ་བུའི་ཡེ་ཤེས་བྱ་ཞེ་ན། དཔེར་ན་མེ་ལོང་གི་ནང་དུ་གཟུགས་བརྙན་རྣམ་པ་སྣ་ཚོགས་འབྱུང་བ་དེ་བཞིན་དུ་རྣམ་པར་མི་རྟོག་པའི་ཡེ་ཤེས་དེ་ལ་ཡང་མཉམ་པ་ཉིད་དང། སོ་སོར་ཀུན་ཏུ་རྟག་པ་དང། བྱ་བ་གྲུབ་པའི་ཡེ་ཤེས
་ཀྱི་གཟུགས་བརྙན་འབྱུང་བས་ན་མེ་ལོང་ལྟ་བུའི་ཡེ་ཤེས་ཞེས་བྱའོ། །མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་རང་བཞིན་བསྟན་པའི་ཕྱིར། སེམས་ཅན་མཉམ་པ་ཉིད་ཀྱི་ཡེ་ཤེས་ནི་ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གཅིག་སྨོས་ཏེ། ས་དང་པོའི་དུས་ན་བདག
་གང་ཡིན་པ་སེམས་ཅན་གཞན་ཡང་དེ་ཡིན། གཞན་གང་ཡིན་པ་བདག་ཀྱང་དེ་ཡིན་ནོ་ཞེས་སེམས་ཅན་དང་བདག་གཉིས་སུ་མཉམ་པ་ཉིད་དང་ས་དང་པོའི་དུས་ན་རྟོགས་སོ་ཞེས་བྱ་བའི་དོན་ཏོ། །སྒོམ་པ་དག་ཕྱིར་འདོད་པ་སྟེ་ཞེས་བྱ་བ་ལ། ས་དང་པོར
་མཉམ་པ་ཉིད་རྟོགས་པའི་ཡེ་ཤེས་ལས་གཉིས་ནས་ས་བཅུའི་བར་དུ་བསྒོམ་པ་དང། ས་བཅུ་མན་ཆད་ནས་བདག་ཏུ་རྟོག་པའི་བག་ཆགས་ཕྲ་མོ་ཡང་སྤངས་ནས་དག་པར་གྱུར་པ་དང། སངས་རྒྱས་ཀྱི་སར་མཉམ་པ་ཉིད་ཀྱི་ཡེ་ཤེས་སུ་གྱུར་པ་འདོད་དོ
་ཞེས་བྱ་བའི་དོན་ཏོ། །མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་རང་བཞིན་བསྟན་པའི་ཕྱིར། མི་གནས་ཞི་བར་ཞུགས་པ་ནི། །མཉམ་ཉིད་ཡེ་ཤེས་སུ་ཡང་འདོད་ཅེས་སྨོས་ཏེ། སངས་རྒྱས་ཀྱི་སར་མི་གནས་པའི་མྱ་ངན་ལས་འདས་པར་ཞག
་ནས། འཁོར་བ་དང་མྱ་ངན་ལས་འདས་པ་གཉིས་ཀ་ལ་ཐ་དང་བ་མེད་ཅིང་རོ་གཅིག་པར་དམིགས་པ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཡིན་པར་འདོད་དོ་ཤེས་བྱ་བའི་དོན་ཏོ། །དེ་བས་ན་སངས་རྒྱས་ཀྱི་སའི་མདོ་ལས་ཀྱང། འཇིག་རྟེན་དང་ཞེ་བར་བྱ་བར་རོ
་གཅིག་པ་བྱ་བ་མཉམ་པ་ཉིད་ཡོངས་སུ་རྫོགས་པ་དང་ཞེས་གསུངས་སོ། །མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་ལྡན་པའི་དོན་བསྟན་པའི་ཕྱིར། བྱམས་དང་སྙིང་རྗེ་ཆེན་པོ་དང། །ཐམས་ཅད་དུས་སུ་ལྡན་པར་རིག་ཅེས་སྨོས་ཏེ། མཉམ་པ་ཉིད་ཀྱི་ཡེ་ཤེས་དེ
་ནི་དུས་ཐམས་ཅད་དུ་ཚད་མེད་པ་བཞི་ལས་བྱམས་པ་ཆེན་པོ་དང་སྙིང་རྗེ་ཆེན་པོ་དང་ལྡན་པར་རིག་པར་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་ལ་སེམས་ཅན་ཐམས་ཅད་བདེ་བ་ལ་འཇོག་པར་བྱེད་བ་ནི་བྱམས་པ་ཆེན་པོའོ། །སེཾས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་སེལ་བར
་བྱེད་པ་ནི་སྙིང་རྗེ་ཆེན་པའོ། །དེ་ལྟར་མཉམ་པ་ཉིད་ཀྱི་ཡེ་ཤེས་བྱམས་པ་དང་སྙིང་རྗེར་ལྡན་པའི་ཕྱིར་དེ་བཞིན་གཤེགས་པའི་སྐྱེ་བ་འབྱུང་བར་བསྟན་པའི་མདོ་ལས་ཀྱང། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཡེ་ཤེས་ཀྱི་ཟླ་བ་ཆེན་པ་ཡིན་ཏེ།
་སེམས་ཅན་ཐམས་ཅད་ཞིང་ཉེ་བར་སྟོན་པའི་ཕྱིར་རོ་ཞེས་གསུངས་སོ། །སངས་རྒྱས་ཀྱིས་ལས་ཀྱང། སྐྱབས་ཀྱི་རྣམ་པ་བྱམས་པ་ཆེན་པོ་མཉམ་པ་ཉིད་ཡོངས་སུ་རྫོགས་པ་དང། བཏང་སྙོམས་ཚད་མེད་པ་རྣམས་སྙིང་རྗེ་ཆེན་པོ་མཉམ་པ་ཉིད་ཡོངས
་སུ་རྫོགས་པ་དང་ཞེས་གསུངས་སོ། །སེམས་ཅན་རྣམས་ཀྱི་མོས་བཞིན་དུ། །སངས་རྒྱས་གཟུགས་ནི་ཤིན་ཏུ་སྟོན་ཞེས་བྱ་བ་ལ། གཞན་ཡང་མཉམ་པ་ཉིད་ཀྱི་ཡེ་ཤེས་ནི་སེམས་ཅན་སོ་སོའི་མོས་པ་དང། ཐ་དད་ཕ་དང། བསམ་པ་བཞིན་དུ་སྐུ་སྟོན
་པར་བྱེད་དོ། །ཁ་ཅིག་ལ་སྐུའི་ཁ་དོག་སྔོན་པོར་སྟོན། ཁ་ཅིག་ལ་སེར་པོར་སྟོན་པ་ལ་སོགས་པའོ། །དེ་བས་ན་དེ་བཞིན་གཤེགས་པ་གསང་བ་བསྟན་པའི་མདོ་ལས་ཀྱང། སེམས་ཅན་ལ་ལ་ལས་ནི་དེ་བཞིན་གཤེགས་པའི་ཁ་དོག་སྔོན་པོར། ལ་ལ་ལས་ནི
་སེར་པོར་མཐོང་བ་ལ་སོགས་ལ་གསུངས་སོ། །སངས་རྒྱས་ཀྱི་སའི་མདོ་ལས་ཀྱང། ཇི་ལྟར་མོས་པའི་སེམས་ཅན་ཐམས་ཅད་ལ་དེ་བཞིན་གཤེགས་པའི་གཟུགས་ཀྱི་སྐུ་སྟོན་པ་མཉམ་པ་ཉིད་ཡེ་ཤེས་སུ་རྫོགས་པ་དང་ཞེས་གསུངས་སོ། །སོ་སོར་ཀུན་དུ་རྟོག
་པའི་ཡེ་ཤེས་ཀྱི་རང་བཞིན་བསྟན་པའི་ཕྱིར། སོ་སོར་རྟོག་པའི་ཡེ་ཤེས་ནི། རྟག་ཏུ་ཤེས་བྱར་མི་ཐོགས་ཏེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སོ་སོའི་སྐྱེ་པོའི་དུས་ཡིད་ཀྱི་རྣམ་པར་ཤེས་པ་སེར་པོ་དང། སྔོན་པོ་ལ་སོགས་པ་ལ་གཅོད་ཅིང་རྟོག་པ་དེ་གནས
་གྱུར་ན་སོ་སོར་རྟོག་པའི་ཡེ་ཤེས་ཞེས་བྱ་སྟེ། དེ་ཡང་ཆོས་རྣམས་ཀྱི་མཚན་ཉིད་ཇི་ལྟ་བ་བཞིན་དུ་རྟོགས་ཤིང་ཐུགས་སུ་ཆུད་པའི་རང་བཞིན་ཡིན་པས་སོ་སོར་རྟོག་པའི་ཡེ་ཤེས་ཞེས་བྱའོ། །དེ་བས་ན་སངས་རྒྱས་ཀྱི་བའི་མདོ་ལས་ཀྱང། དེ་འདི་ལྟ་སྟེ།
་འཇིག་རྟེན་གྱི་ཁམས་ཁོར་ཡུག་དང་ཁོར་ཡུག་ཆེན་པོས་ཀུན་ཏུ་བསྐོར་བ་དེ་བཞིན་དུ་དེ་བཞིན་གཤེགས་པ་རྣམས་ཀྱི་སོ་སོར་རྟོག་པའི་ཡེ་ཤེས་ཀྱང་རྣམ་པ་ཐམས་ཅད་དུ་ཆོས་ཐམས་ཅད་ཀྱི་རང་གི་མཚན་ཉིད་དང་སྤྱིའི་མཚན་ཉིད་ལ་མ་རྨོངས་པས་ཀུན་ཏུ་།
་བསྐོར་རོ་ཞེས་གསུངས་སོ། །དེ་ཡང་ཆོས་ཁ་ཅིག་གི་རང་དང་སྤྱིའི་མཚན་ཉིད་ཁོང་དུ་ཆུད་པ་མ་ཡིན་གྱི་ཆོས་ཐམས་ཅད་ཀྱི་རང་དང་སྤྱིའི་མཚན་ཉིད་ཁོར་དུ་ཆུད་པས་ན། རྟག་ཏུ་ཤེས་བྱ་ལ་མི་ཐོགས་ཞེས་བྱ་སྟེ། དེ་བས་ན་སངས་རྒྱས་ཀྱི་སའི་མདོ་ལས་ཀྱང། དེ་འདི
་ལྟ་སྟེ། འཇིག་རྟེན་གྱི་ཁམས་ནིལན་ཅིག་ཏུ་རྣམ་པ་སྣ་ཚོགས་ཤེས་པར་འགྱུར་བ་དེ་བཞིན་དུ་དེ་བཞིན་གཤེགས་པ་རྣམས་ཀྱི་སོ་སོར་རྟོག་པའི་ཡེ་ཤེས་ཀྱང་ཤེས་པར་བྱ་བ་ཐམས་ཅད་ལ་མི་ཆགས་པའི་ཡེ་ཤེས་རྣམ་པ་སྣ་ཚོགས་ཞེས་པར་བྱེད་པའི་
་རྒྱུར་འགྱུར་རོ་ཞེས་གསུངས་སོ། །དེ་བས་ན་དེ་བཞིན་གཤེགས་པ་སྐྱེ་བ་འབྱུང་བར་བསྟན་པའི་མདོ་ལས་ཀྱང། སངས་རྒྱས་བཅོམ་ལྡན་འདས་ནི་ཡེ་ཤེས་ཀྱི་ཉི་མ་ཆེན་པོ་ཡིན་ཏེ། ཤེས་བྱ་ཐམས་ཅད་ལ་ཡེ་ཤེས་ཀྱི་སྣང་བར་བྱེད
་པའི་ཕྱིར་རོ་ཞེས་གསུངས་སོ། །ཏིང་ངེ་འཛིན་དང་གཟུངས་རྣམས་ཀྱི། །གཏེར་ལྟ་བུར་ནི་དེ་ཉིད་དོ་ཞེས་བྱ་བ་ལ། སོ་སོར་ཀུན་ཏུ་རྟོག་པའི་ཡེ་ཤེས་ལས་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ལ་སོགས་པའི་ཏིང་ངེ་འཛིན་དཔག་ཏུ་མེད་པ་འབྱུང་བ་དང།
་མི་ཟད་པའི་ཟ་མ་ཏོག་ལ་སོགས་པ་གཟུངས་དཔག་ཏུ་མེད་པ་འབྱུང་བ་ན་དེ་བདག་གི་གཏེར་དུ་གྱུར་པ་ཉིད་ཅེས་བྱ་སྟེ། དེ་བས་ན་སངས་རྒྱས་ཀྱི་སའི་མདོ་ལས་ཀྱང། ཡང་ཤིན་ཏུ་ཡང་དག་པར་རྟོག་པའི་ཡེ་ཤེས་ནི་དེ་འདི་ལྟ་སྟེ། འཇིག་རྟེན་གྱི
་ཁམས་སེམས་ཅན་གྱི་རྟེན་དུ་གྱུར་པ་དེ་བཞིན་དུ་དེ་བཞིན་གཤེགས་པ་རྣམས་ཀྱིས་སོ་སོར་རྟོག་པའི་ཡེ་ཤེས་ཀྱང་ཏིང་ངེ་འཛིན་དང། གཟུངས་ཀྱི་སྒོ་དང། སོ་སོར་ཡང་དག་པར་རིག་པ་དང། སྤོབས་པ་སྟོན་པ་དང། སངས་རྒྱས་ཀྱི་ཆོས་རྣམས
་ཀྱི་རྟེན་དུ་འགྱུར་རོ་ཞེས་གསུངས་སོ། །འཁོར་གྱི་དཀྱིལ་འཁོར་རྣམས་སུ་ཡང། འབྱོར་པ་ཐམས་ཅད་རབ་ཏུ་སྟོན་ཅེས་བྱ་ལ། སོ་སོར་རྟོག་པའི་ཡེ་ཤེས་ཀྱིས་བྱང་ཆུབ་སེམས་དཔའ་སར་ཞུགས་པའི་འཁོར་གྱི་དཀྱིལ་འཁོར་དུ་ཕྱིའི་ལོངས་སྤྱོད་གྱི་འབྱོར
་པ་རིན་པོ་ཆེའི་ས་གཞི་དང། རིན་པོ་ཆེའི་ཤིང་དང། ལྔ་ལྔི་རྣམ་པ་སྣ་ཚོགས་སྟོན་པར་བྱེད་དེ། དེ་བས་ན་སངས་རྒྱས་ཀྱི་སའི་མདོ་ལས་ཀྱང། དེ་འདི་ལྟ་སྟེ། འཇིག་རྟེན་གྱི་ཁམས་ནི་སེམས་ཅན་རྣམས་ཀྱི་ཡོངས་སུ་ལོངས་སྤྱོད་པར་འགྱུར་པ་དེ་བཞིན
་དུ། དེ་བཞིན་གཤེགས་པ་རྣམས་ཀྱི་སོ་སོར་རྟོག་པའི་ཡེ་ཤེས་ཀྱང་རྣམ་པ་ཐམས་ཅད་དུ་ཕུན་སུམ་ཚོགས་པ་སངས་རྒྱས་ཀྱི་དཀྱིལ་འཁོར་ཐམས་ཅད་དུ་སྟོན་ཅིང་ཆོས་རིན་པོ་ཆེ་རྫོགས་པར་ལོངས་སྤྱོད་བར་འགྱུར་ཞེས་གསུངས་སོ། །ཐེ་ཚོམ་ཐམས
་ཅད་བཅོད་པ་སྟེ་ཞེས་བྱ་བ་ལ། སོ་སོར་རྟོག་པའི་ཡེ་ཤེས་དེས་ཐེག་པ་ཆེན་པོའི་ཆོས་ཀྱི་རང་དང་སྤྱིའི་མཚན་ཉིད་ལ་ཐེ་ཚོམ་དུ་གྱུར་པའི་ཐེ་ཚོམ་གཅོད་པར་བྱེད་དོ་ཞེས་བྱ་བའི་དོན་ཏོ། །ཆོས་ཆེན་ཆར་ནི་ཤིན་ཏུ་འབེབས་ཞེས་བྱ་བ་ལ། སོ་སོར
་རྟོག་པའི་ཡེ་ཤེས་དེས་བྱང་ཆུབ་སེམས་དཔའ་སར་ཞུགས་པ་རྣམས་ལ་ཐེག་པ་ཆེན་པོའི་ཆོས་ཟབ་ཅིང་རྒྱ་ཆེ་བ་རྣམས་ཀྱང་སྟོན་པར་མཛད་དེ་ཞེས་བྱ་བའི་དོན་ཏོ། །དེ་བས་ན་སངས་རྒྱས་ཀྱི་སའི་མདོ་ལས་ཀྱང་།དེ་འདི་ལྟ་སྟེ། འཇིག་རྟེན་གྱི
་ཁམས་ནི་རི་རབ་ལ་སོགས་པ་རིན་པོ་ཆེའི་རེ་སྣང་བས་ཉེ་བར་དམིགས་པ་དེ་བཞིན་དུ། དེ་བཞིན་གཤེགས་པ་རྣམས་ཀྱི་སོ་སོར་རྟོག་པའི་ཡེ་ཤེས་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་མཐུ་དང་ལྡན་པ་ཆོས་རྒྱ་ཆེན་པོ་བསྟན་པ་རབ་ཏུ་སྣང་ངོ་ཞེས
་གསུངས་སོ། །བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་རང་བཞིན་བསྟན་པའི་ཕྱིར། བྱ་བ་གྲུབ་པའི་ཡེ་ཤེས་ནི། ཐམས་ཅད་ཁམས་སུ་སྤྲུལ་པ་དང། །སྣ་ཚོགས་དཔག་མེད་བསམ་ཡས་པས། །སེམས་ཅན་ཀུན་གྱི་དོན་སྒྲུབ་པའོ་ཞེས་བྱ་བ་སྨོས་ཏེ། བྱ་བ་གྲུབ་པའི་ཡེ་ཤེས
་ཀྱིས་ནི། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ། སྐུ་སྤྲུལ་པ་དང། ཐུགས་སྤྲུལ་པ་དང། གསུང་སྤྲུལ་པS་འཕགས་པ་དང། འཕགས་པ་མ་ཡིན་པའི་སེམས་ཅན་ཀུན་གྱི་དོན་སྒྲུབ་པར་མཛད་དོ་ཞེས་བྱ་བའི་དོན་ཏོ། །སྤྲུལ་པ་དེ་ཡང་སྣ་ཚོགས་ཀྱིས་སེམS
་ཅན་གྱི་སྒྲུབ་པ་དང། བསམ་གྱིས་མི་ཁྱབ་པའི་སེམས་ཅན་གྱི་དོན་སྒྲུབ་པའོ། །དེ་ལ་ལྷ་དང་ཀླུ་དང་གནོད་སྦྱིན་དང་དྲི་ཟ་ལ་སོགས?་པ་སེམས་ཅན་སྣ་ཚོགས་ཀྱི་སྐུར་སྤྲུལ་པས་ན་སྣ་ཚོགས་ཀྱིས་སེམས་ཅན་གྱི་དོན་སྒྲུབ་པའོ། །དེ་ཡང་གྲངས་ཀྱི་གཅིག་གཉིས་སམ
་བརྒྱ་སྟོང་ཞེས་གྲངས་གཅད་པར་ནི་མི་ནུས་པ་ཞིག་སྤྲུལ་པར་མཛད་པས་ན། དཔག་ཏུ་མེད་པ་སེམས་ཅན་གྱི་དོན་སྒྲུབ་པའོ། །སྤྲུལ་པ་མང་པོ་སྤྲུལ་པ་དེ་དག་ཀྱང་སེམས་ཀྱི་སྤྲུལ་པ་ལས་འདས་པ་སྙེད་ཅིག་སྤྲུལ་པར་མཛད་པས་ན། བསམ་གྱིས་མི་ཁྱབ་བའི་སེམS
་ཅན་སྒྲུབ་པའོ། །དེ་ལ་སྣ་ཚོགས་དང་དཔག་ཏུ་མེད་པ་དང་བསམ་གྱིས་མི་ཁྱབ་པ་གསུམ་གྱི་དོན་རིམ་བཞིན་དུ་བསྟན་བའི་ཕྱིར། བྱ་བ་གྲུབ་པའི་བྱེ་བྲག་དང། གྲངས་དང་ཞིང་གིས་རྟག་ཏུ་སྟེ། སངས་རྒྱས་སྤྲུལ་པ་བསམ་མི་ཁྱབ་།དེ
་ཡང་རྣམ་པ་ཀུན་རིག་བྱ་ཞེས་སྨོས་ཏེ། སྤྱིར་ན་སངས་རྒྱས་ཀྱི་སྤྲུལ་པ་ནི་རྟོག་པའང་བསམ་གྱིས་མི་ཁྱབ་པའི་རྣམ་པས་སེམས་ཅན་གྱི་དོན་བྱེད་པར་རིག་པར་བྱ་སྟེ། ཇི་ལྟར་བསམ་གྱིས་མི་ཁྱབ་ཅེ་ན། བྱ་བ་གྲུབ་པའི་བྱེ་བྲག་བསམ་གྱིས་མི་ཁྱབ་པ་དང་།གྲངས
་བསམ་གྱིས་མི་ཁྱབ་པ་དང། ཞིང་བསམ་གྱིས་མི་ཁྱབ་པའི་ཕྱིར་རོ། །དེ་ལ་ལྷ་དང་མི་འགའ་ཨི་ལུས་སུ་སྤྲུལ་པར་མ་ཟད་ཀྱི་སེམས་ཅན་ཐམས་ཅད་གྱི་ལུས་སུ་སྤྲུལ་ནས་སེམས་ཅན་གྱི་དོན་མཛད་པར་ན་བྱ་བ་གྲུབ་པའི་བྱེ་བྲག་བསམ་གྱི་མི་ཁྱབ་པ་སྟེ། འདིས་ནི་སྣ
་ཚོགས་ཀྱི་དོན་བསྟན་ཏོ། །སྤྲུལ་པ་པ་ཡང་གཅིག་གཉིས་གཅིག་སྤྲུལ་པར་མ་ཟད་ཀྱི་ཚིག་གི་སྒོ་ནས་གྲངས་མི་མཆོད་པ་ཞིག་སྤྲུལ་ནས་སེམས་ཅན་གྱི་དོན་མཛད་པས་ན་གྲངས་བསམ་གྱིས་ནི་ཁྱབ་པ་སྟེ། འདིས་ནི་དཔག་ཏུ་མེད་པའི་དོན་སྟོན་ཏོ། །དེའང་སངས་རྒྱས
་ཀྱི་ཞིང་གཅིག་གཉིས་སུ་འཇུག་པ་མ་ཡིན་གྱི་ཕྱོགས་བཅུའི་སངས་རྒྱས་ཞིང་འབྱམས་མས་པར་འཇུག་པས་ན་ཞིང་བསམ་གྱིས་མི་ཁྱབ་བ་འདིས་ནི་མཛའ་ཡས་བའི་དོན་བསྟན་ཏོ། །དེ་བས་ན་དེ་བཞིན་གཤེགས་པ་སྐྱེ་བ་འབྱུང་བ་བསྟན་པའི་མདོ་ལས། །སངས
་རྒྱས་བཅོམ་ལྡན་འདས་རྣམས་ནི་ཡེ་ཤེས་ཀྱི་སྨན་ཆེན་པོ་དང་ལྡན་པ་སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་བའི་ནད་ཞི་བར་བྱེད་པའི་ཕྱིར་རོ་ཞེས་གསུངས་སོ། །ད་ནི་ཡེ་ཤེས་བཞིའི་རྒྱུ་བསྟན་ཏེ། དེའང་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་རྒྱུ་བསྟན་པའི་ཕྱིར། འཛིན་དང།
་ཞེས་སྨྲོས་ཏེ། དང་པོ་སོ་སོ་སྐྱེ་བོའི་དུས་ན་དགེ་བའི་བཤེས་གཉེན་ལ་བརྟེན་ནས་དམ་པའི་ཆོས་མཉན་པ་དང། མཉན་ནས་ཚིག་དང་དོན་གསུང་བ་དང། གསུང་བ་རྣམས་བསམ་ཞིང་བསྒོམས་ཏེ་སྒྲིབ་པ་གཉིས་སྤངས་ནས་ཀུན་གཞི?་གནས་གྱུར་པ་མེ་ལོང་ལྟ་བུའི
་ཡེ་ཤེས་འཐོབ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །མཉམ་པ་ཉིད་ཀྱི་རྒྱུ་བསྟན་པའི་ཕྱིར། སེམས་ཀྱང་མཉམ་པ་དང་ཞེས་སྨོས་ཏེ། སོ་སོའི་སྐྱེ་བོའི་དུས་ན་བྱམས་པ་ཆེན་པོའ?་སེམས་ཀྱིས་བདག་གི་དོན་ཇི་ལྟར་བསྒྲུབ་ཅིང་བྱ་བ་དེ་བཞིན་དུ
་སེམས་ཅན་གཞན་གྱི་དོན་ཀྱང་དེ་བཞིན་དུ་བསྒྲུབ་པར་བྱའོ་ཞེས་བདག་དང་གཞན་གྱི་དོན་སྒྲུབ་པ་ལ་ཐ་དད་པ་མེད་པར་བསྒྲུབ་པར་སེམས་པ་ལས་མཉམ་པ་ཉིད་ཀྱི་ཡེ་ཤེས་འབྱུང་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །སོ་སོར་ཀུན
་ཏུ་རྟོག་པའི་ཡེ་ཤེས་ཀྱི་རྒྱུ་བསྟན་པའི་ཕྱིར་ཡང་དག་ཆོས་ཀྱང་རབ་བསྟན་དང་ཞེས་བྱ་བ་ལ། ཇི་ལྟར་ཐོས་པའི་ཆོས་དང་དོན་རྣམ་ཕྱིན་ཅི་མ་ལོག་པར་གཞན་ལ་བསྟན་པ་ལས། སོ་སོར་ཀུན་དུ་རྟོག་པའི་ཡེ་ཤེས་འབྱུང་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ།
་བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་རྒྱུ་བསྟན་པའི་ཕྱིར། བྱ་བ་དག་ནི་སྒྲུབ་པ་ལ་ཞེས་སྨོས་ཏེ། སོ་སོའི་སྐྱེ་བོའི་དུས་ན་སེམས་ཅན་གྱི་བྱ་བ་ཞིང་རྨོ་བ་དང་ཚོང་བྱ་བ་ལ་སོགས་པའི་གྲོགས་བྱས་ན་བྱ་བ་གྲུབ་པའི་ཡེ་ཤེས་འབྱུང་ངོ་ཞེས་བྱ་བའི་དོན་ཏོ། །སངས་རྒྱས
་གཅིག་མ་ཡིན་པ་དང་ཐ་དད་པ་ཡིན་པའི་ཚིགས་སུ་བཅད་པ་དེ་ལ་ཁ་ཅིག་འཇིག་རྟེན་གྱི་ཁམས་གཅིག་ཏུ་སངས་རྒྱས་གཅིག་མངོན་པར་རྫོགས་པར་སངས་རྒྱས་ན་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གཞན་དག་ཏུ་སངས་རྒྱས་གཞན་མི་འབྱུང་ནི་སྐྱེ་ཞེས
་ཟེར་རོ། །ལ་ལས་ནི་འཁོར་བ་ཐོག་མ་མེད་པའི་དུས་ནས་སངས་རྒྱས་གཅིག་ཅིག་ཏུ་ཟད་དེ་དེས་སངས་རྒྱས་ཀྱི་ཞིང་ཁམས་ཐམས་ཅད་དུ་སེམས་ཅན་གྱི་དོན་མཛད་ཅིང་སངས་རྒྱས་ཀྱི་ཕྲིན་ལས་མཛད་དོ་ཞེས་སྨྲའོ། །ཁ་ཅིག་ནི་སངས་རྒྱས་མང་དུ་ཡོད་དོ།
་ཆོས་ཀྱི་སྐུ་ལ་གནས་པའི་ཚེ་ཡང་དེ་དང་བདག་ཏུ་རྟོག་པ་སྤངས་པ་དང་ཤེས་བྱ་དང་ཉོན་མོངས་པའི་སྒྲིབ་པ་དང་བྲལ་བའི་ཆོས་ཀྱི་སྐུ་མང་དུ་ཡོད་དོ་ཞེས་ཟེར་ཏོ། དེ་ལ་སངས་རྒྱས་གཅིག་ཏུ་ཡང་མ་ཟད་དུ་མར་ཡང་མེད་པར་བསྟན་པའི་ཕྱིར་ཚིགས་སུ་བཅད
་བརྩོམ་མོ་ཞེས་བྱ་བའི་དོན་ཏོ། །ཐ་དད་རིགས་དང་ཞེས་བྱ་བ་ལ། སངས་རྒྱས་ནི་གཅིག་ཁོ་ནར་ཟད་པར་མི་རུང་ཏེ། ཅིའི་ཕྱིར་ཞེ་ན། སངས་རྒྱས་ཀྱི་རིགས་ཐ་དད་པའི་ཕྱིར་ཏེ། ཐ་དད་ཅེས་བྱ་བའི་དོན་ནི་སེམས་ཅན་གྱི་ཁམས་ན་སངས
་རྒྱས་ཀྱི་རིགས་དང་ལྡན་པའི་སེམས་ཅན་མཛའ་ཡས་ཞེས་བྱ་བའི་དོན་ཏོ། དེ་ལ་དཔེར་ན་ས་བོན་གྱི་ཕུང་པོ་ཆེན་པོ་ལས་ས་བོན་འབྲུ་གཅིག་གིས་མྱུ་གུ་སྐྱེད་ཀྱི། གཞན་གྱིས་མི་བསྐྱེད་དོ་ཞེས་བྱ་བར་མི་རིགས་པ་དེ་བཞིན་དུ་སེམས་ཅན་གྱི་ཁམས་ནས
་འཚང་རྒྱ་བར་འགྱུར་བའི་རིགས་ཅན་བསམ་གྱིས་མི་ཁྱབ་པ་དག་ཅིག་ཡོད་པ་ལས་གཅིག་ཅིག་འཚང་རྒྱའི་གཞན་ཅིའི་ཕྱིར་འཚང་རྒྱ་བར་མི་འགྱུར་ཏེ། འཚང་རྒྱ་བར་མི་འགྱུར་བས་སྨྲ་བར་མི་རིགས་སོ། །དོན་མེད་དང་ཞེས་བྱ་བ་ལ། དཔེར་ན་གནS
་གཅིག་ཏུ་ཁ་ཟས་གཡོགས་པ་འདྲང?་པ་དང་ཕན་པར་འགྱུར་བ་དེ་བཞིན་དུ་གཞན་དག་གཡོས་པ་དང་ཡང་དྲངས་པ་དང་ཕན་པར་འགྱུར་བ་དང་འདྲ་བར་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་སུས་བསགས་བ་དེ་དག་ཐམས་ཅད་འཚང་རྒྱ་བར་འགྱུར་བ་ཡིན
་གྱི། ཅུང་མི་ཟ་བ་ལས་གལ་ཏེ་གཅིག་ཅིག་འཚང་རྒྱའི་གཞན་འཚང་མི་རྒྱན་ནི་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་བྱང་ཆུབ་སེམས་དཔའ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསགས་པ་རྣམས་དོན་མེད་པར་འགྱུར་ཏེ། དོན་མེད་པ་མ་ཡིན
་པས་ན་སངས་རྒྱས་གཅིག་ཏུ་ཟད་པར་མི་རུང་ངོ། །རྫོགས་དང་ཞེས་བྱ་བ་ལ་དེ་བཞིན་གཤེགས་པ་རྣམས་དང་པོ་བྱང་ཆུབ་ཏུ་སེམས་བསྐྱེད་པ་ན་སེམས་ཅན་ཐམས་ཅད་བླ་ན་མེད་པའི་བྱང་ཆུབ་ལ་བཞག་གོ་ཞེས་སེམས་བསྐྱེད་པ་ལ་མངོན་པར
་སངས་རྒྱས་པའི་དུས་ན་སེམས་ཅན་འཚང་རྒྱ་བ་ལ་འཇོག་པར་ཟད་ན་གལ་ཏེ་གཅིག་ཅིག་འཚད་རྒྱའི་གཞན་འཚང་མི་རྒྱན་ནི་སངས་རྒྱས་ཀྱི་དུས་ན་ཡང་སེམས་ཅན་སུ་ཡང་སངས་རྒྱས་སུམ་བཀོད་བས་དེ་བཞིན་གཤེགས་པས་སེམས་ཅན་གྱི
་དོན་བྱ་བ་རྫོགས་པར་ན་གྱུར་ཏེ། དེ་ལྟ་བུ་ཡང་མི་རིགས་པས་ན་སངས་རྒྱས་གཅིག་ཏུ་མི་རུང་སྟེ། དེ་བས་ཚིག་འདི་ཡན་ཆད་ཀྱིས་འཇིག་རྟེན་གྱི་ཁམས་གཅིག་ཏུ་སེམས་ཅན་གཅིག་མངོན་བའི་སངས་རྒྱས་པའི་དུས་ན་གཞན་སངས་མི་རྒྱའོ་ཞེས་བཤད་པ་དེ
་མི་རིགས་པར་བསྟོན་ཏོ། །ཐོག་མ་མེད་པའི་ཕྱིར་ཞེས་བྱ་བ་ལ། དང་པོ་ནས་སངས་རྒྱས་གཅིག་ཅིག་ཏུ་ཟད་དེ། སངས་རྒྱས་དུ་མ་མེད་དོ་ཞེས་ཐོག་མའི་ཞེས་བྱ་བ་གང་ཡང་མེད་དེ། ཅིའི་ཕྱིར་ཞེ་ན། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་མ་བསགS
་པར་ནི་འཚང་རྒྱ་བར་ནི་མི་རིགས་ལ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱང་དེའི་ལུང་འབོག་པའི་སངས་རྒྱས་གཞན་མེད་དུ་མི་རུང་བས་སངས་རྒྱས་དེའི་ལུང་འདོག་པའི་སངས་རྒྱས་གཞན་ཡང་དགོས་ལ། དེ་ལ་ཡང་སངས་རྒྱས་དེ་ལ་ལུང་?
་པའི་སངས་རྒྱས་གཞན་དག་ཀྱང་དགོས་ཏེ། དེ་ལྟར་རྒྱུད་ནས་སངས་རྒྱས་གཅིག་ཏུ་མི་རུང་བས་འདིས་ནི་ཐོག་མ་མེད་པ་ནས་སངས་རྒྱས་གཅིག་ཏུ་ཟད་དེ་ཞེས་ཟེར་བ་བཀག་གོ་།སངས་རྒྱས་གཅིག་མིན་ཞེས་བྱ་བ་ལ། གོང་དུ་བཤད་པ་ལྟར་ན
་སངས་རྒྱས་ནི་གཅིག་ཏུ་མ་ཟད་ཀྱི་གྲངས་མེད་དཔག་ཏུ་མེད་དོ་ཞེས་བྱ་བའི་དོན་ཏོ། །ཐ་དང་མེད་དྲི་མེད་གནས་ལ་མང་པོ་མེད་ཅེས་བྱ་བའི་དོན་ལ། དྲི་མེད་གནས་ནི་ཆོས་ཀྱི་དབྱིངས་ཟག་པ་མེད་པའི་དབྱིངས་ལ་བྱ་སྟེ། ཆོས་ཀྱི་དབྱིངས་ལ་ཞུགས་པའི་དུས་ན།
་སངས་རྒྱས་རྣམས་ཀྱི་ཆོས་ཀྱི་སྐུ་ལ་མི་མཐུན་དུ་མར་མེད་པས་ན་ཆོས་ཀྱི་སྐུ་ནི་མང་པོར་ཡོད་པ་ཡང་མི་འདོད་དེ་འདིས་ནི་ཆོས་ཀྱི་སྐུ་མང་དུ་ཡོད་པར་སྨྲ་བ་བཀག་གོ་།སངས་རྒྱས་སུ་འགྱུར་བའི་ཐབས་ཀྱི་ཚིགས་སུ་བཅད་པ་བཞིའོ་ཞེས་བྱ་བ་ལ་ཆོས་ཀྱི
་དབྱིངས་རྣམ་པར་དག་པ་དང། ཡེ་ཤེས་བཞི་ལ་སངས་རྒྱས་ཞེས་བྱ་སྟེ་།སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནས་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལྔ་ནི་སངས་རྒྱས་སུ་འགྱུར་བ་ཞེས་བྱའོ། །ཕ་རོལ་ཏུ་ཕྱིན་པ་ལྔ་དག་པར་བྱེད་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ
་ཡིན་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པའི་ཕྱིར་ཚིགས་སུ་བཅད་པ་བཞི་རྩོམ་མོ་ཞེས་བྱ་བའི་དོན་ཏོ། །གང་རྣམས་མེད་པ་དེ་ཉིད་ནི། །ཡོད་པ་ཡི་ནི་དམ་པའོ་ཞེས་བྱ་བ་ལ། ས་དང་པོའི་དུས་ན་ཀུན་བརྟགས་ཀྱི་རང་བཞིན་མེད་པར་ཁོང་དུ་ཆུད་དོ།།
་གཟུང་བ་དང་འཛིན་པའི་རང་བཞིན་ཀུན་བརྟགས་པ་དང་པོར་མེད་པར་གྱུར་བ་དེ་ཉིད་ཡོད་པའི་མཆོག་ཅེས་གདགས་ཏེ། ཅིའི་ཕྱིར་ཞེ་ན། གཟུང་འཛིན་དང་བྲལ་བའི་ཡོངས་སུ་གྲུབ་པའི་མཚན་ཉིད་ཡོད་པའི་ཕྱིར། རྣམ་པ་ཀུན་ཏུ་མི་དམིགས
་པ། དམིགས་པ་ཡི་ནི་མཆོག་ཏུ་འདོད་ཅེས་བྱ་བ་ལ། ས་དང་པོའི་དུས་ན་ཀུན་བརྟགས་པའི་རང་བཞིན་དང་བདག་དང་བདག་གིར་རྟོག་པ་དང། ཆོས་སུ་རྟོག་པ་མི་དམིགས་ཏེ་མ་མཐོང་བ་ཉིད་དང་དམིགས་པའི་མཆོག་ཅེས་བྱ། ཅིའི་ཕྱིར
་ཞེ་ན། གཟུང་འཛིན་དང་བྲལ་བའི་ཡོངས་སུ་གྲུབ་པའི་མཚན་ཉིད་དེ་དེའི་ཚེ་དམིགས་ཏེ། མཐོང་བའི་ཕྱིར་རོ། །བསྒོམ་པ་དག་ནི་མི་མཐོང་སྟེ། སྒོམ་པ་ཡི་ནི་མཆོག་ཏུ་འདོད་ཅེས་བྱ་བ་ལ། ས་གཉིས་ནས་ས་བཅུ་མན་ཆད་ཀྱི་ཚེ་གཟུང་བ་དང
་འཛིན་པ་དང་བདག་གི་རྟོག་པ་སྤངས་ཏེ། སྒོམ་པར་བྱེད་པ་དང་སྒོམ་པར་བྱེད་པ་གཉིས་མི་མཐོང་བར་སྒོམ་བ་གཉིས་སྒོམ་པའི་མཆོག་ཏུ་འདོད་དེ། ཅིའི་ཕྱིར་ཞེ་ན། དམིགས་སུ་མེད་པའི་མཚན་ཉིད་བསྒོམ་པའི་ཕྱིར། རྙེད་པ་དག་ནི་མ་མཐོང་ན། རྙེད
་པ་ཡང་ནི་མཆོག་ཏུ་འདོད་ཅེས་བྱ་བ་ལ། སངས་རྒྱས་ཀྱི་སའི་དུས་ན་རྫོགས་ལོངས་སྤྱོད་པའི་སྐུ་དང། སྤྲུལ་པའི་སྐུ་དང། སྟོབས་དང། མི་འཇིགས་བ་ལ་སོགས་པའི་ཆོས་རྙེད་པར་མ་མཐོང་བ་ཉིད་རྙེད་པའི་མཆོག་ཅེས་བྱ་སྟེ། ཅིའི་ཕྱིར་ཞེ་ན།
་ཆོས་ཀུན་གྱི་མཆོག་ཆོས་ཀྱི་སྐུ་རྙེད་པའི་མཆོག་གོ་།དེ་ལྟར་དམིགས་སུ་མེད་པའི་མཚན་ཉིད་དུ་བསྒོམས་ན་འཚང་རྒྱ་བའི་ཐབས་སུ་འགྱུར་བར་བསྟན་ནས་དམིགས་པ་དང་བཅས་པ་རྣམས་ལ་འཚང་རྒྱ་བ་མེད་བར་བསྟན་པའི་ཕྱིར། ལྕི་བ་དང་ནི་རིང
་པ་དང། མཚན་མ་དག་གི་བརྩོན་འགྲུས་མཐོང། བྱང་ཆུབ་སེམས་དཔའ་ང་རྒྱལ་ཅན། །བྱང་ཆུབ་ལས་ནི་རིང་ཞེས་བྱ་ཞེས་སྨོས་ཏེ། ལ་ལ་དག་འདི་སྙམ་དུ་བླ་ན་མེད་པའི་བྱང་ཆུབ་ནི་སྟོབས་དང་མི་འཇིགས་པ་ལ་སོགས་པ་རྨད་དུ་བྱུང་བའི་ཆོས་དང་ལྡན
་ཞིང་དེ་ཡང་བསྒྲུབ་པ་དཀའ་བར་མཐོང་བས་ལྕི་བར་ཡང་མཐོང་ལ། བསྐལ་པ་གྲངས་མེད་པ་གསུམ་གྱི་བར་བསྒྲུབ་དགོས་པས་རིང་པོར་མཐོང་བ་དང། བསྐོམ་པར་བྱ་བའི་ཡུལ་འགའ་ཞིག་མཐོང་བས་མཚན་མ་མཐོང་བ་དང། བླ་ན་མེད་པའི་བྱང་ཆུབ་ནི
་བརྩོན་འགྲུས་བརྩམས་པས་འཐོབ་ལ། བདག་ཀྱང་བརྩོན་འགྲུས་རྩོམ་པ་ཡིན་ཏེ། སངས་རྒྱས་འཐོབ་པར་འགྱུར་གྱི། གཞན་དག་ནི་བརྩོན་འགྲུས་མེད་དེ་བདག་དེ་བས་ལྷག་གོ་སྙམ་དུ་ང་རྒྱལ་བྱེད་ཅིང་དངོས་བོར་དམིགས་པ་དང་བཅས་པ་རྣམས་ལ་བླ་ན་མེད
་པའི་བྱང་ཆུབ་ཐོབ་པ་མེད་པས་ན་བྱང་ཆུབ་ལས་རིང་བཞེས་བྱའོ། །དམིགས་སུ་མེད་པ་སྒོམ་པ་ནི། སངས་རྒྱས་ཀྱི་ཐབས་སུ་འགྱུར་ལ་དམིགས་པ་ཅན་ནི་ཐབས་མ་ཡིན་པར་བསྟན་པ་འཇུག་བསྡུ་བའི་ཕྱིར་ཇི་ལྟར་སྨྲས་པ་དེ་ཐམས་ཅད། བརྟགས་པ་ཙམ་དུ་མཐོང
་ན་ནི། །མི་རྟོག་བྱང་ཆུབ་སེམས་དཔའ་རྣམས། །བྱང་ཆུབ་ཉིད་ནི་ཐོབ་ཅེས་བྱ་ཞེས་སྨོས་ཏེ། གོང་དུ་བཤད་པའི་ལྕི་བ་དང་རིང་པ་དང། མཚན་མ་དང་བརྩོན་འགྲུས་བརྩམས་པར་བཤད་པ་རྣམས་བཏགས་ཙམ། སེམས་ཙམ་དུ་ཟད་པ་མཐོང་ལ། སེམས་ཙམ
་པོ་དེ་ལ་ཡང་མི་རྟོག་ན་བྱང་ཆུབ་སེམས་དཔའ་ཆོས་ལ་མི་སྐྱེ་བའི་བཟོད་པ་ཐོབ་པ་རྣམ་པར་མི་རྟོག་པའི་ཡེ་ཤེས་ལྷུན་གྱིས་གྲུབ་པའི་ཕྱིར་དེ་ཐོབ་པ་ཉིད་བྱང་ཆུབ་ཐོབ་པ་ཞེས་བྱའོ། །སངས་རྒྱས་རྣམས་ཕན་ཚུན་དུ་བྱ་བའི་གཅིག་བསྡུ་བའི་ཚིགས་སུ་བཅད་པ
་བཞི་སྟེ་ཞེས་བྱ་བ་ལ། ཆོས་ཀྱི་དབྱིངས་རྣམ་པར་དག་པ་དང། ཡེ་ཤེས་བཞི་ལའང་སངས་རྒྱས་ཞེས་བྱ་སྟེ། སངས་རྒྱས་དེ་ཐོབ་པ་ནི་དེ་བཞིན་གཤེགས་པ་ཕྲིན་ལས་གཅིག་པར་བསྟན་པའི་ཕྱིར་ཚིགས་སུ་བཅད་པ་བཞི་བརྩམས་ཞེས་བྱ་བའི་དོན་ཏོ། །ཀླུང
་དག་སའི་འོག་ཏུ་མ་སོང་ན་ཞེས་བྱ་བ་ལ། ཀླུང་གི་སྒྲས་ནི་ཕྱོགས་ནས་འབབ་པའི་ཆུ་བྲན་དང་ཆུ་བོ་རྣམས་ལ་བྱ་སྟེ། དེ་དག་ཇི་སྲིད་དུ་སའི་འོག་ཏུ་མ་སོང་རྒྱ་མཚོར་མ་ཞུགས་མ་འདུས་ཀྱི་བར་དུ་ཞེས་བྱ་བའི་དོན་ཏོ། །གནས་རྣམས
་ཐ་དད་ཅེས་བྱ་བ་ན་ཆུ་དྲན་དང་ཆུ་བོ་དེ་དག་ཤར་དང། ལྟོ་ལ་སོགས་པའི་གནས་ནས་འབབ་པ་དང། རི་དང་གཤོང་ལ་སོགས་པ་ནས་འབབ་པས་གནས་ཐ་དད་པ་ཞེས་བྱའོ། །ཆུ་བོ་དག་ཀྱང་ཁ་ཅིག་དམར། ལ་ལ་སྔོ་ལ་ལ་སྐྱ་བ་ནས་ཆུ་ཡང་ཐ་དད་པ་ཞེས
་བྱའོ། །རྒྱ་མཚོལ་བལྟོས་ནས་ཆུ་བོ་དེ་དག་ཆུ་ཞིང་གཏིང་དཔག་ཏུ་ཡོད་པས་ཡང་ཆུང་བ་ཞེས་བྱའོ། །ཆུ་བོ་དེ་དག་ལ་ལས་ནི་བད་ཀན་སྐྱེད་པར་བྱེད། ལ་ལས་ནི་མཁྲིས་པ་སྐྱེད་པར་བྱེད། ལ་ལ་མངར། ལ་ལ་སྐྱུར་བས་ན་ཐ་དད་བྱ་བ་བྱེད་ཅེས་བྱ་སྟེ། ལས
་ཐ་དད་པར་བྱེད་ཅེས་བྱ་བའི་དོན་ཏོ། །ཆུ་གནས་སྲོག་ཆགས་ཕྲ་མོ་ཉེར་སྤྱོད་འགྱུར་ཞེས་བྱ་བ་ལ། རྒྱ་མཚོར་མ་ལུས་པའི་ཆུ་བོ་དེ་དག་ཇི་སྲིད་དུ་རྒྱ་མཚོར་མ་འདུས་ཀྱི་བར་དུ་ཆུ་བོ་ལ་བརྟེན་པའི་སྲོག་ཆགས་གྲངས་ཉུང་བ་དང། བོང་ཆུང་བ་རྣས་ཀྱི
་གནས་དང་ལོངས་སྤྱོད་ཙམ་བྱེད་པས་ཆུ་གནས་སྲོག་ཆགས་ཕྲ་མོ་ཉེར་སྤྱོད་འགྱུར་ཞེས་བྱའོ། །ཐམས་ཅད་རྒྱ་མཚོར་སོང་བར་གྱུར་ན་ནི་ཞེས་བྱ་བ་ལ། ཕྱོགས་ཕྱོགས་ཀྱི་ཆུ་བོ་དེ་དག་རྒྱ་མཚོ་ཆེན་པོར་ཞུགས་ཤིང་འདུས་ན་ནི་ཞེས་བྱ་བའི་དོན་ཏོ། །རྒྱ
་མཚོར་བུ་ཞུགས་པ་ཐམས་ཅད་ཀྱང་གསེར་གྱི་དཀྱིལ་འཁོར་ལ་བརྟེན་བས་ན། གནས་རྣམ་གཅིག་པ་ཞེས་བྱའོ། །རྒྱ་མཚོ་ལ་ཆུ་ཞིང་གི་ཁ་ཚོན་དང་གཏིང་དཔག་དཀའ་བས་ན་ཆུ་ཞིང་ཆེ་ལ་གཅིག་བ་ཞེས་བྱའོ། །རྒྱ་མཚོའི་ཆུ་ཐམས་ཅད་ནི་ལན་ཆེའི་རོར
་རོ་གཅིག་པས་བྱ་བ་གཅིག་ཅེས་བྱ། རྒྱ་མཚོན་གནས་པའི་སེམས་ཅན་གྲངས་མང་བ་དང་བོང་ཆེན་པོ་རྣམས་ཀྱི་གནས་དང་ལོངས་སྤྱོད་དུ་གྱུར་པས་ན་ཆུ་ལ་གནས་པའི་སྲོག་ཆགས་མང་པོ་རྟག་ཏུ་ཉེར་སྤྱོད་ཆེ་ཞེས་བྱ་སྟེ་འདི་ནི་དཔེའོ། །དེའི་དོན་བསྟན
་པའི་ཕྱིར། སངས་རྒྱས་ཉིད་དུ་རབ་ཏུ་མ་ཞུགས་པར་ཞེས་བྱ་བ་སྨོས་ཏེ། བྱང་ཆུབ་སེམས་དཔའ་རྣམས་མངོན་པར་སངས་རྒྱས་ནས་ཆོས་ཀྱི་དབྱིངས་རྣམ་པར་དག་པ་མ་མཐོང་གི་བར་དུ་ཞེས་བྱ་པའི་དོན་ཏོ། །བྱང་ཆུབ་སེམས་དཔའ་ཨི་དུས་ནས་སོ་སོའི་ཕུང་པོ
་ལྔ་ལ་བརྟེན་ནས་གནས་རྣམས་ཐ་དད་པ་ཞེས་བྱའོ། །སངས་རྒྱས་མ་ཐོབ་ཀྱི་བར་དུ་བྱང་ཆུབ་སེམས་དཔའ་རྣམས་ལ་ཤེས་རབ་ཆེ་ཆུང་ཡོད་པས་བསྟན་པའི་བློ་མི་མཐུན་ཞེས་བྱའོ། །མངོན་པར་སངས་མ་རྒྱས་པའི་བར་དུ་ཤེས་བྱ་ཐམས་ཅད་མངོན་སུམ་དུ
་གྱུར་པའི་ཡེ་ཤེས་ཐམས་ཅད་མཁྱེན་པའི་ཡེ་ཤེས་མེད་བས་ན་རྟོགས་པ་ཆུང་བ་ཞེས་བྱའོ། །སངས་རྒྱས་ཀྱི་བར་དུ་བྱང་ཆུབ་སེམས་དཔའ་ཁ་ཅིག་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད། ཁ་ཅིག་ཚུལ་ཁྲིམS་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ལ་སོཌ་བ་སྤྱོད་བ་ཐ་དད་པS་ན་བདག
་བྱེད་ཐ་དད་དེ་ཞེས་བྱ་སྟེ། ཕྲིན་ལས་ཐ་དད་ཅེས་བྱ་བའི་དོན་ཏོ། །སེམས་ཅན་གྲངས་མེད་དཔག་ཏུ་ཡོད་པ་དག་གི་དོན་མཛད་པས་ནི་སེམས་ཅན་དོན་ཆུང་རྟག་ཏུ་ཉེར་སྤྱོད་ཅེས་བྱའོ། །ཐམས་ཅད་སངས་རྒྱས་ཉིད་དུ་ཞུགས་པས་ན་ཞེས་བྱ་བ་ལ། བྱང་ཆུབ་སེམས
་དཔའ་དེ་དག་ཐམས་ཅད་སངས་རྒྱས་ཀྱི་ས་ཐོབ་སྟེ། མངོན་བར་སངས་རྒྱས་ནས་ཆོས་ཀྱི་དབྱིངས་རྣམ་པར་དག་པར་ཞུགས་ཤིང་མངོན་སུམ་དུ་བྱས་ན་ཞེས་བྱ་བའི་དོན་ཏོ། །མངོན་པར་སངས་རྒྱས་པའི་ཚེ་ཐམས་ཅད་ཀྱང་ཆོས་ཀྱི་དབྱིངས་རྣམ་པར་དག་པའི
་གནས་ལ་གནས་ཤིང་བརྟན་པས་ན། གནས་བྱང་གཅིག་པ་ཞེས་བྱའོ། །སངས་རྒྱས་ཀྱི་སའི་ཚེ་ཡང་ཤེས་བྱ་ཐམས་ཅད་མངོན་སུམ་དུ་གྱུར་པའི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པས་ན། རྟོག་པ་ཆེན་པོ་གཅིག་ཅེས་བྱའོ། །སངས་རྒྱས་པའི་ཚེ
་སངས་རྒྱས་གཅིག་ཕྲིན་ལས་སྤྲུལ་པ་སྤྲུལ་པ་མཛད་པ་བཞིན་དུ་སངས་རྒྱས་གཞན་ཡང་ཕྲིན་ལས་དེ་ཁོ་ནར་མཛད་པར་ཟད་ལ། སངས་རྒྱས་གཅིག་གི་སྤྲུལ་པ་ན་ཆོས་ཀྱི་སྐུར་སངས་རྒྱས་ཐམས་ཅད་སྐུ་གཅིག་པས་གཞན་གྱིས་ཀྱང་སྤྲུལ་བ
་ཡིན་པའི་ཕྱིར། བྱ་བ་གཅིག་ཏུ་འདྲེས་པ་ཞེས་བྱའོ། །མངོན་པར་སངས་རྒྱས་ཕན་ཆད་སེམས་ཅན་གྲངས་མེད་དཔག་ཏུ་མེད་པ་རྣམས་སྐད་ཅིག་མ་གཅིག་ལ་འདུག་ཅིང་སྨིན་པར་བྱེད་པས་ན། རྟག་པར་ཡང་དེ་དག་སེམས་ཅན
་ཚོགས་ཆེ་ལོངས་སྤྱོད་ཆེ་ཞེས་བྱའོ། །སངས་རྒྱས་ཉིད་ལ་སྤྲོ་བར་བྱ་བའི་ཚིགས་སུ་བཅད་པ་ཞེས་བྱ་བ་ལ། ཆོས་ལྔ་ལ་སོགས་པ་དང་ལྡན་པ་ནི་སངས་རྒྱས་ཏེ། སངས་རྒྱས་དེ་ནི་གོང་དུ་བཤད་པ་ལྟ་བུའི་ཡོན་ཏན་དཔག་ཏུ་མེད་པ་ཡོན་ཏན་དང་ལྡན་པས
་ན་སངས་རྒྱས་ཐོབ་པར་བྱ་བ་དཀའ་བ་བསྐྱེད་པའི་ཕྱིར་ཚིགས་སུ་བཅད་པ་རྩོམ་མོ་ཞེས་བྱ་བའི་དོན་ཏོ། །རྣམ་བ་ཐམས་ཅད་མཁྱེན་པ་བསྟན་པའི་དོན་མདོར་བསྡུས་ཏེ་འཆད་པའི་ཚིགས་སུ་བཅད་པ་ཐ་མའི་བསྡུས་པའི་དོན་ནི་རྣམ་པ་གསུམ་སྟེ། བདག?
་གི་དོན་ཕུན་སུམ་ཚོགས་པ་དང། གཞན་གྱི་དོན་ཕུན་སུམ་ཚོགས་པ་དང། བདེ་བའི་འབྱུང་གནས་སུ་གྱུར་པའོ། །དེ་ལྟར་སངས་རྒྱས་ས་ནི་དཔེ་མེད་ཀྱི། དཀར་པོའི་ཆོས་དང་ལྡན་ཞེས་བྱ་བ་ལ། དེ་ལྟར་ཞེས་བྱ་བ་ནི་གོང་དུ་བཤད་པའི་ཚུལ་ལམ
་རིམ་པ་ལྟར་ན་ཞེས་བྱ་བའི་དོན་ཏོ། །ཆོས་ཀྱི་དབྱིངས་རྣམ་པར་དག་པ་དང། ཡེ་ཤེས་བཞི་ལས་སངས་རྒྱས་ཀྱིས་ཞེས་བྱ་སྟེ། སངས་རྒྱས་ཀྱི་སའི་ཡོན་ཏན་སྟོབས་དང་མི་འཇིག་པ་ལ་སོགས་པ་ཡོན་ཏན་བླ་ན་མེད་པ་ནི་ཉན་ཐོས་ལ་སོགས
་པ་གཞན་ལ་མེད་པས་དཔེ་མེད་པ་ཞེས་བྱ་སྟེ། དེ་ལྟ་བུའི་ཡོན་ཏན་དཔེ་མེད་པ་སྟོབས་དང་མི་འཇིགས་པ་ལ་སོགས་པ་དཀར་པོའི་ཆོས་དཔག་ཏུ་མེད་པ་དང་ལྡན་པས་ན་བདག་གི་དོན་ཕུན་སུམ་ཚོགས་སོ་ཞེས་བྱ་བའི་དོན་ཏོ། །སེམས་ཅན
་སངས་རྒྱས་པ་ནི་སེམས་ཅན་རྣམས་ཚེ་འདིར་ཟང་ཟིང་སྣ་ཚོགས་ཀྱི་ཕན་བཏགས་པས་བདེ་བར་བྱས་པ་དང། ཚེ་རབས་གཞན་དུ་མཐོ་རིས་དང་ཐར་པ་ལ་བཀོད་པས་ཕན་པར་བྱས་པའི་ཕྱིར་ཕན་དང་བདེ་བའི་རྒྱུ་ཞེས་བྱ་སྟེ། འདིས་ནི་གཞན་གྱི
་དོན་ཕུན་སུམ་ཚོགས་པ་བསྟན་ཏོ། །དགེ་མཆོག་བདེ་བ་མི་ཟད་འབྱུང་གནས་ཕྱིར་ཞེས་བྱ་བ་ལ། སོ་སོའི་སྐྱེ་བོ་བརྒྱ་བྱིན་དང་ཚངས་པ་ལ་སོགས་པ་ལ་བདེ་བ་ཡོད་ཀྱང་ཟག་པ་དང་བཅས་པའི་བདེ་བ་ཡིན་བས་དགེ་བའི་མཆོག་ཅེས་མི་བྱའི། །མངོན་པར
་སངས་རྒྱས་པ་ན་ཟག་པ་མེད་པའི་བདེ་བ་དང་ལྡན་པས་དགེ་བའི་མཆོག་གི་འབྱུང་གནས་ཞེས་བྱའོ། །འཕགས་པ་ཉན་ཐོས་ལ་སོགས་པ་ལ་ཟག་པ་མེད་པའི་བདེ་བ་ཡོད་ཀྱང་ཕུང་པོའི་ལྷག་མ་མ་ལུས་པར་སྤངས་པའི་མྱ་ངན་ལས་འདས་པར་ཞུགས་པའི
་ཆོ། མེད་བར་གྱུར་བས་ན་བདེ་བ་ཟག་པ་ཞེས་བྱ་བ་ལ། སངས་རྒྱས་ཀྱི་སའི་དུས་ན་བདེ་བ་ཇི་སྙེད་པ་ཐམས་ཅད་འཁོར་བའི་མཛའ་ཨི་བར་དུ་ཡང་མེད་པར་མི་འགྱུར་བའི་ཕྱིར་བདེ་བ་མི་ཟད་པའི་འབྱུང་གནས་ཞེས་བྱ་སྟེ། འདིས་བདེ་བའི་འབྱུང་གནས་སུ་འགྱུར་བ
་བསྟན་ཏོ། །དགེ་བའི་བློ་གྲོས་བྱང་ཆུབ་སེམས་བསྐྱེད་རིགས་ཞེས་བྱ་བ་ལ། ཕ་རོལ་ཏུ་ཕྱིན་པ་དྲུག་སྤྱོད་པའི་ཤེས་རབ་དང་ལྡན་པས་བྱང་ཆུབ་སེམས་དཔའ་རྣམས་ལ་དགེ་བའི་བློ་གྲོས་ཞེས་བྱ་སྟེ། བླ་ན་མེད་པའི་བྱང་ཆུབ་ནི་གོང་དུ་བཤད་པ་ལྟ་བུར་བདག་གི
་དོན་ཕུན་སུམ་ཚོགས་པ་དང། གཞན་གྱི་དོན་ཕུན་སུམ་ཚོགས་པ་དང་བདེ་བའི་འབྱུང་གནས་སུ་གྱུར་པས་ན་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་བྱ་བའི་ཕྱིར་བྱང་ཆུབ་ཏུ་སེམས་བསྐྱེད་པ་ཞེས་བྱ་བའི་དོན་ཏོ། །མདོར་གཟུང་བ་ནི་ཞེས་བྱ་བ་ལ། མདོ་སྡེའི་རྒྱན་དང
་པོ་ན་བརྩམས་ཏེ་འདི་ཡན་ཆད་དུ་དོན་ཅི་འབྱུང་བ་བསྡུས་ཏེ་བསྟན་ན་ཞེས་བྱ་བའི་དོན་ཏོ། །མདོར་བསྡུས་དང་ངོ་ཞེས་བྱ་བ་ལ། མདོར་བསྡུས་ན་འདི་ཡན་ཆད་དུ་དོན་བཅུ་ཞིག་བསྟན་ཏེ། དེ་ལ་དང་པོ་ནི་བསྟན་བཅོས་འདི་ཅིའི་ཕྱིར་མདོ་སྡེའི་རྒྱན་ཞེས་བྱ་སྟེ་ཞེས
་དྲིས་པ་ལ། འདིར་ཕྱིར་མདོ་སྡེའི་རྒྱན་ཞེས་བྱའོ། །ཚིགས་བཅད་ལྔས་བསྟན་ཏེ། གྲུབ་ཅེས་བྱ་བ་ལ། དེའི་རྗེས་ལ་ཚིགས་བཅད་བཅོ་ལྔས་ཐེག་པ་ཆེན་པོ་གྲུབ་པ་བསྟན་ཏོ། །སྐྱབས་ཞེས་བྱ་བ་ལ། དེའི་རྗེས་ལ་ཐེག་པ་ཆེན་པོ་ལ་སྐྱེར་སུ་འགྲོ་བ་ཚིགས
་བཅད་བཅུ་གཉིས་ཀྱིས་བསྟན་ཏོ། །རིགས་ཞེས་བྱ་བ་ལ་རིགས་ཀྱི་སྐབས་ཀྱང་ཚིགས་བཅད་བཅུ་གསུམ་གྱིས་བསྟན་ཏོ་ཞེས་བྱ་བའི་དོན་ཏོ། །དེ་བཞིན་བྱང་ཆུབ་སེམས་བསྐྱེད་དང་ཞེས་བྱ་བ་ལ། གོང་མ་དང་འདྲ་བར་བྱང་ཆུབ་ཏུ
་སེམས་བསྐྱེད་པའི་སྐབས་ཀྱང་ཚིགས་བཅད་ཉི་ཤུ་བདུན་གྱིས་བསྟན་ཏེ་ཞེས་བྱ་བའི་དོན་ཏོ། །བདག་དང་ཞེས་བྱ་བ་ལ་བདག་གི་སྐབས་ཀྱང་ཚིགས་བཅད་གསུམ་གྱིས་བསྟན་ཏོ་ཞེས་བྱ་བའི་དོན་ཏོ། །གཞན་དོན་ཞེས་བྱ་བ་ལ་གཞན་གྱི་དོན་སྒྲུབ
་པ་ལ་ཡང་ཚིགས་བཅད་དྲུག་གིས་བསྟན་ཏོ་ཞེས་བྱ་བའི་དོན་ཏོ། །ཡང་དག་དོན་ཞེས་བྱ་བ་ལ་དེ་ཁོ་ནའི་དོན་ཀྱང་ཚིགས་བཅད་བཅུས་བཤད་དོ་ཞེས་བྱ་བའི་དོན་ཏོ། །མཐུ་ཞེས་བྱ་བ་ལ། མཐུའི་དོན་ཀྱང་ཚིགས་བཅད་བཅུས་བསྟན་ཏོ་ཞེས་བྱ་བའི
་དོན་ཏོ། །ཡོངས་སྨན་ཞེས་བྱ་བ་ལ་བདག་ཡོངས་སུ་སྨིན་པ་དང། སེམས་ཅན་ཡོངས་སུ་སྨིན་པ་ཉི་ཤུས་བསྟན་ཏོ་ཞེས་བྱ་བའི་དོན་ཏོ། །བྱང་ཆུབ་དེ་ཞེས་བྱ་བ་ལ། བྱང་ཆུབ་ཀྱི་སྐབས་ཀྱང་ཚིགས་སུ་བཅད་པ་བརྒྱ་བཅུ་བདུན་གྱིས་བསྟན་ཏོ་ཞེས
་བྱ་བའི་དོན་ཏོ། །བྱང་ཆུབ་ཀྱི་སྐབས་འདི་དང་པོ་ན་བརྩམས་ཏེ་བྱང་ཆུབ་ཀྱི་ལེའུ་དང་སྦྱར་བར་རིག་པར་བྱའོ་ཞེས་བྱ་བ་ལ། དང་པོའི་སྐབས་ནས་བརྩམས་ཏེ་བྱང་ཆུབ་ཀྱི་བར་དུ་བཤད་པ་འདི་དག་རྣལ་འབྱོར་སྤྱོད་པའི་ས་བྱང་ཆུབ་སེམས་དཔའ་ཨི་ས
་ལས་རིམ་པ་ཇི་སྐད་དུ་འབྱུང་བ་དེ་བཞིན་དུ་འདིར་ཡང་སྦྱར་བར་བྱའོ་ཞེས་བྱ་བའི་དོན་ཏོ། །བམ་པོ་གཉིས་པའི་བཤད་པ་རྫོགས་སོ།། །།མོས་པའི་མཚན་ཉིད་རྣམ་པར་དབྱེ་བ་ལ་ཚིགས་སུ་བཅད་པ་གཉིས་ཏེ་ཞེས་བྱ་བ་ལ། བྱང་ཆུབ
་ཀྱི་སྐབས་ཀྱི་རྗེས་ལ་མོས་པའི་སྐབས་བཤད་པར་འབྲེལ་བ་ཅི་ཡོད་ཅེ་ན། འདི་ཡན་ཆད་དུ་བདག་དང་གཞན་གྱི་དོན་ནས་བྱང་ཆུབ་ཀྱི་སྐབས་ཀྱི་བར་དུ་བྱང་ཆུབ་སེམས་དཔའ་ཨི་བསླབ་པ་དམིགས་པའི་ཁྱད་པར་བཤད་ནས། ད་ནི་དམིགས་པའི་ཡུལ
་དེ་ལ་ཇི་ལྟར་བསླབ་པར་བྱ་བ་དེ་སྟོན་ཏེ། དེ་ལ་ཇི་ལྟར་བསླབ་པར་བྱ་ཞེ་ན། རྣམ་པ་གཉིས་ལ་བསླབ་པར་བྱ་བ་སྟེ། བསམ་པའི་ཁྱད་པར་དང་སྦྱོར་བའི་ཁྱད་པར་གྱིས་སོ། །དེ་ལ་སྦྱོར་བའི་ཁྱད་པར་ལ་ཡང་རྣམ་པ་བཞི་སྟེ། ཆོས་ཡོངས་སུ་ཚོལ་བ་དང།
་བདག་དང་གཞན་ལ་ཕན་པ་བསྒྲུབ་པ་དང། བདག་དང་གཞན་ལ་ཕན་པ་རྣམ་པར་དག་པ་དང། བདག་དང་གཞན་ལ་ཕན་བ་མཐར་བྱུང་བའོ། །དེ་ལ་བསམ་པའི་ཁྱད་པར་གྱིས་བསླབ་པ་ནི་དམ་བའི་ཆོས་ལ་མོས་པ་དང། དང་པ་སྐྱེད་པར་བྱ་བ་སྟེ། ཡང་བདག
་དང་གཞན་གྱི་དོན་ལས་བརྩམས་ནས་བྱང་ཆུབ་ཀྱི་དོན་གྱི་བར་དུ་རྒྱུ་དང་འབྲལ་བུར་གྱུར་པ་ཕྱིན་ཅི་མ་ལོག་པ་ཆོས་ལྔ་རྣམས་ཀྱི་རང་བཞིན་གང་ཡིན་པ་མཐོང་བ་རྣམས་ཀྱིས་ཟབ་ཅིང་རྒྱ་ཆེ་བའི་ཆོས་དེ་དག་ལ་དང་པོ་ཉིད་དུ་དད་པ་དང་མོས་པ་མང་བར་བྱ
་སྟེ། དེ་བས་ན་བྱང་ཆུབ་ཀྱི་སྐབས་ཀྱི་རྗེས་ལ་མོས་པའི་སྐབས་བཤད་པར་འབྲེལ་ཏེ། །ཡང་ན་གོང་དུ་རིགས་ལ་གནས་པའི་བྱང་ཆུབ་སེམས་དཔས་བྱང་ཆུབ་ཏུ་སེམས་བསྐྱེད་ནས། བྱང་ཆུབ་སེམས་དཔའ་ཨི་བསླབ་པ་ལ་བསླབ་པར་བྱའོ་ཞེས་གླེང་སོ། །དེ་ལ་བྱང
་ཆུབ་སེམས་དཔའ་ཨི་བསླབ་པ་གསུམ་སྟེ། གང་ལ་བསླབ་པར་བྱ་བ་དང། ཇི་ལྟར་བསླབ་པར་བྱ་བ་དང། གང་ལ་བསླབ་པར་བྱ་བ་ལས་བདག་དང་གཞན་གྱི་དོན་ནས་བྱང་ཆུབ་ཀྱི་བར་དུ་བསླབ་པར་བྱ་བ་ནི་བསྟན་ཟིན་ཏོ། །ད་ནི་ཇི་ལྟར་བསླབ་པར་བྱ་བ་དེ་སྟོན
་ཏོ། །དེ་ལ་ཡང་ཇི་ལྟར་བསླབ་པར་བྱ་ཞེ་ན། ཆོས་ལ་མོས་བ་མང་བ་དང་ཆོས་བརྩལ་བ་དང། ཆོས་བཤད་པ་དང། ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་བསྒྲུབ་པ་དང། བསྟན་པ་དང། གདམས་ངག་འཆད་པ་དང། གདམས་ངག་ལ་གནས་པར་བྱ་བ་དང། ཐབས
་ཀྱི་ཡོངས་སུ་ཟིན་པའི་ལུས་དང། ངག་དང་ཡིད་ཀྱི་ལས་དང་ལྡན་བར་བྱ་བའི་རིམ་པས་བསླབ་པར་བྱ་སྟེ། དེ་བས་ན་བྱང་ཆུབ་ཀྱི་སྐབས་ཀྱི་རྗེས་ལ་མོས་པའི་སྐབས་བཤད་བར་འབྲེལ་ཏོ། །དེ་ལ་མོས་པ་དང་དད་པ་དང། ཡིད་ཆེས་པ་ཞེས་བྱ་བ་ལ་དགེ་ནི་དོན་ཅིག་སྟེ
་ཚིག་གི་རྣམ་གྲངས་ཙམ་དུ་ཟད་དོ། །དེ་ལ་གཟུགས་ལ་སོགས་བའི་ཕུང་པོ་ལ་སོགས་པ་བརྩམས་ནས་ཕུང་པོའི་དོན་གང་ཞེ་ན། གང་ཅུང་ཟད་གཟུགས་འདས་བ་དང། མ་འོངས་པ་དང། ད་ལྟར་གྱི་དང། རགས་པ་དང། ཕྲ་བ་དང། ངན
་པ་དང། བཟང་པོ་དང། ཉེ་བ་དང། རིང་བ་དེ་དག་ཐམས་ཅད་གཅིག་ཏུ་བསྡུས་ནས་གཟུགས་ཀྱི་ཕུང་པོའི་གྲངས་སུ་འགྲོའོ་ཞེས་བྱ་བ་བཞིན་དུ་མདོ་སྡེ་ལས་མོས་པ་ཡང་འདས་པ་དང། ད་ལྟར་དང། མ་འོངས་པ་དང། ནང་དང། ཕྱི་དང། རགས་བ་དང་ཕྲ་པ
་དང། ངན་པ་དང་བཟང་པོ་དང། ཉེ་བ་དང་རིང་ཞེས་ཕྱེ་ནས་བསྟན་ཏེ། དེ་ལྟར་མོས་བའི་མཚན་ཉིད་ཀྱི་དཔེ་བསྟན་པའི་ཕྱིར་ཚིགས་སུ་བཅད་པ་གཉིས་རྩོམ་མོ་ཞེས་བྱ་བའི་དོན་ཏོ། །སྐྱེས་དང་ཞེས་བྱ་བ་ལ། ལས་དང། འབྲས་བུ་དང། བདེན་པ་དང། དཀོན
་མཆོག་ལ་སོགས་པ་ལ་ཡིད་ཆེས་པ་འདས་པའི་དུས་སུ་བྱུང་བ་དང། ད་ལྟར་གྱི་དུས་སུ་བྱུང་བ་ལ་སྐྱེས་པའི་མོས་པ་ཞེས་བྱའོ། །ལས་དང་འབྲས་བུ་ལ་སོགས་པ་ལ་ཡིད་ཆེས་པའི་དད་བ་མ་འོངས་པ་ནས་འབྱུང་བར་འགྱུར་པ་ལ་མ་སྐྱེས་པའི་མོས
་པ་ཞེས་བྱའོ། །མོས་པ་ནི་སེམས་ལས་བྱུང་བའི་ཆོས་ཡིན་ཏེ། སེམས་ལས་བྱུང་བའི་ཆོས་ཆོས་མོས་པས་ན་མ་ཐེག་པ་ཆེན་པོའི་ཆོས་དམིགས་ནས་འདི་ནི་དེ་བཞིན་དུ་བདེན་ནོ་ཞེས་དད་ཅིང་ཡིད་ཆེས་པར་གྱུར་བ་ནི་འཛིན་པ་ཞེས་བྱའོ། །འདི་ནི
་ནང་གི་མོས་པས་སོ། །ལས་དང་འབྲས་བུ་ལ་སོགས་པ་ལ་ཡིད་ཆེས་པ་ནི་མོས་པ་དང་འདས་པའི་དུས་སུ་བྱུང་བ་ལ་དམིགས་ནས་དགའ་བ་སྐྱེས་ཏེ། མོས་པ་སྔོན་འབྱུང་བ་ནི་ལེགས་སོ་ཞེས་རོ་མྱང་བ་དང། རྗེས་སུ་ཡི་རང་བ་དང། མངོན་པར
་དགའ་བར་སྤྱད་པ་ནི་གཟུང་འགྱུར་བའི་མོས་པའོ་ཞེས་བྱ་སྟེ། འདིས་ནི་ཕྱི་རོལ་གྱི་མོས་པ་བསྟན་ཏོ། །ན་མ་དགེ་བའི་བཤེས་གཉེན་གྱི་བསྟན་པའི་བསླབ་པ་ལས་མོས་པ་དང་དད་པ་སྐྱེས་པ་ནི་གྲོགས་ལས་བླངས་པའི་མོས་པ་ཞེས་བྱ་སྟེ། དེ་ནི་མོS
་པ་རགས་པའོ། །བདག་ཉིད་ལ་མོས་པ་དང། དད་པའི་ས་བོན་དང། རིགས་ཡོད་པ་ལས་མོས་པ་སྐྱེས་པ་ནི་བདག་ཉིད་ཀྱི་མོས་པ་ཞེས་བྱ་སྟེ། མོས་པ་འདི་ནི་ཕྲ་པའོ། །མུ་སྟེགས་པའི་ཆོས་དང་སེམས་ཅན་ཡོད་པར་བཤད་པ་ལ། ཡིད་ཆེས་ཤིང་དང
་པའི་མོས་པ་ནི་ནོར་པའི་མོས་པ་ཞེས་བྱ་སྟེ། འདི་ནི་མོས་པ་ངན་པའོ། །དེ་བཞིན་གཤེགས་པའི་གསུང་རབ་མི་རྟག་པ་དང་སྡུག་བསྔལ་བར་འཆད་པ་ལ་ཡིད་ཆེས་པའི་མོས་པ་ནི་གཞན་དུ་མ་ནོར་བའི་མོས་པ་ཞེས་བྱ་སྟེ། མོས་པ་དེ་ནི་བཟང་པོའོ
་མོས་པ་སྐྱེ་བའི་རྒྱུ་རྐྱེན་ཀུན་ཚོགས་ནས་མོས་པ་སྐྱེས་པར་གྱུར་པ་དང་མངོན་དུ་མོས་པ་ཞེས་བྱ་སྟེ། འདི་ནི་མོས་པ་ཉེ་བའོ། །མོས་པ་སྐྱེ་བའི་རྒྱུ་རྐྱེན་མ་ཚོགས་པས། མོས་པ་མངོན་དུ་མ་སྐྱེས་པ་ལ་ནི་དེ་ནི་གཞན་ཞེས་བྱ་སྟེ། འདི་ནི་མོས་པ་རིང
་པའོ། །དགེ་བའི་བཤེས་གཉེན་ལ་བརྟེན་ནས་དམ་པའི་ཆོས་མཉན་པ་ལས་མོས་པ་འབྱུང་བ་ནི་སྦྲ་སྤྱོད་པའི་མོས་པ་ཞེས་བྱའོ། །ཇི་ཨལྟར་ཐོས་པའི་ཆོས་རྣམས་རིགས་པ་བཞིས་སེམས་དང་སེམས་ལས་བྱུང་བའི་མོས་པ་ལ་ནི་ཚོལ་བའི་མོས
་པ་ཞེས་བྱའོ། །སྒོམ་བསྒོམ་སྟེ་ཆོས་ཀྱི་དོན་རྟོག་པ་ལས་བྱུང་བའི་མོས་པ་ལ་ནི་ལྟ་བའི་མོས་བ་ཞེས་བྱའོ། །མོས་པ་སྐྱེས་ཀྱང་བདུད་དང་མུ་སྟེགས་ལ་སོགས་པས་དྲངས་ནས་མོས་པར་གྱུར་ན་ནི་འཕྲོག་པའི་མོས་པ་ཞེས་བྱ་སྟེ། འདི་ནི་མོS
་པ་ཆུང་ངུའོ། །སྐབས་སུ་དད་པ་ཡང་འབྱུང་ལ་མ་དང་པ་ཡང་འབྱུང་བ་ལ་ནི་མོས་པ་ཡང་རྣམ་འདྲེས་དེའི་མོས་པ་ཞེས་བྱ་སྟེ། འདི་ནི་མོས་པ་འབྲིང་ངོ། །དང་པ་འབའ་ཞིག་རྒྱུན་དུ་འབྱུང་གི་མ་དང་པ་ནི་མི་འབྱུང་བའི་མོས་པ་ལ་ནི་མཐུན་ཕྱོགས
་མ་འདྲིས་བུའི་མོས་པ་ཞེས་བྱ་སྟེ། དེ་ནི་མོས་པ་ཆེན་པོའོ། །སྐབས་སུ་དད་པ་ཡང་འབྱུང། ཉན་ཐོས་དང་རང་སངས་རྒྱས་ཀྱི་ཆོས་ལ་མོས་པ་ནི་ཆུང་ངུའི་མོས་པ་ཞེས་བྱའོ། །ཐེག་པ་ཆེན་པོའི་ཆོས་ལ་དད་པ་ནི་རྒྱ་ཆེ་བའི་མོས་པ་ཞེས་བྱའོ། །
་མོས་པ་སྤྱོད་བའི་ས་དྲོད་ནས་ས་བཅུ་མན་ཆད་ཡོན་ཏན་ཁྱད་པར་ཅན་གོང་མ་ཐོབ་པར་མོས་པ་ལས་འདོད་ཆགས་ལ་སོགས་བའི་ཉོན་མོངས་པ་ལS་བར་དུ་གཅོད་པ་ཡོད་པའི་མོས་བ་ནི་སྒྲིབ་པའི་མོས་བ་ཞེས་བྱའོ
་ཡོན་ཏན་གོང་མ་ཐོབ་པར་བྱ་བ་ལ། བར་དུ་གཅོད་བ་མེད་བའི་མོས་པ་ལ་ནི་མ་བསྒྲིབས་བའི་མོས་བ་ཞེས་བྱའོ། །མོས་པ་གུས་པ་དང་བཅས་བ་དང། རྒྱུན་མི་འཆད་བར་འབྱུང་བའི་མོས་པ་ནི་ལྡན་བའི་མོས་པ་ཞེས་བྱའོ། །མོས་པ་གུས་པ་དང་བཅས་པ
་དང། གྱུན་མི་འཆད་བ་ལ་ནི་མི་ལྡན་བའི་མོས་བ་ཞེས་བྱའོ། །ས་དང་བོར་ཆོས་ཀྱི་དབྱིངས་རྟོག་པའི་རྒྱུར་འགྱུར་བ་མོས་པ་སྤྱོད་པའི་སར་བསྐལ་པ་གྲངས་མེད་བ་གཅིག་ཏུ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསགས་བ་དང་ལྡན་པ
་ལ་ནི་ཚོགས་བསགས་བའི་མོས་བ་ཞེས་བྱའོ། །ཆོས་ཀྱི་དབྱིངས་རྟོགས་པར་འགྱུར་བའི་རྒྱུ་བསྐལ་པ་གྲངས་མེད་པ་གཅིག་ཏུ་བསོད་ནམས་དང། ཡེ་ཤེས་ཀྱི་ཚོགས་བསགས་པ་དང་ལྡན་པའི་མོས་པ་མེད་པ་ནི་ཚོགས་མེད་པའི་མོས
་པ་ཞེས་བྱའོ། །ས་དང་པོ་ནས་ས་བདུན་མན་ཆད་ཀྱི་བྱང་ཆུབ་སེམས་དཔའ་ཨི་མོས་པ་ནི་བརྟན་པར་ཞུགས་པའི་མོས་པ་ཞེས་བྱ་སྟེ། མོས་པ་ལ་བྲི་བ་དང་ཉམས་པ་མེད་པའི་ཕྱིར་རོ། །ས་བརྒྱད་ནས་ས་བཅུའི་བར་གྱི་བྱང་ཆུབ་སེམས
་དཔའ་ཨི་མོས་པ་ལ་ནི་རིང་དུ་སོ་བའི་མོས་པ་ཞེས་བྱ་སྟེ། རྣམ་པར་མི་རྟོགས་བ་ལྷན་གྱིས་གྲུབ་པ་དང་ལྡན་པའི་མོས་པ་ཡོད་བའི་ཕྱིར་རོ། །མོས་བའི་བར་དུ་གཅོད་བ་ལ་ཚིགས་སུ་བཅད་པ་གསུམ་མོ་ཞེས་བྱ་བ་ལ། ཚིགས་སུ་བཅད་བ་གཉིས
་ཀྱིས་མོས་པའི་མཚན་ཉིད་དང་རབ་ཏུ་དབྱེ་བ་བསྟན་ནས་ཚིགས་སུ་བཅད་བ་གསུམ་གྱིས་མོས་པ་ཕྱེ་སྟེ་བཤད་བ་དེ་དག་གི་བགེགས་དང་བར་དུ་གཅོད་པ་སྟོན་ཏོ་ཞེས་བྱ་བའི་དོན་ཏོ། །ཡིད་ལ་མི་བྱེད་མང་བ་དང་ཞེས་བྱ་བ་ལ། སྐྱེས་པའི་མོས
་པ་ལ་ནི་ཡིད་ལ་མི་བྱེད་པ་མེད་བར་བར་དུ་གཅོད་དེ། ཅིའི་ཕྱིར་ཞེ་ན། འདས་པ་དང་ད་ལྟར་གྱི་དུས་སུ་མོས་བའི་བྱུང་བ་ལ་ཡང་དེ་ཉིད་ལ་མངོན་སུམ་དུ་མ་བྱས་ན་མེད་པར་འགྱུར་བའི་ཕྱིར་རོ། །ལེ་ལོ་ཞེས་བྱ་བ་ལམ་སྐྱེས་བའི་མོས་པ་ལ་ནི་ལེ་ལོ
་བར་དུ་གཅོད་དེ་དེ་བསྐྱེད་པར་བྱ་བའི་ཕྱིར་བརྩོན་འགྲུས་བརྩམས་ཏེ། གཞན་ན་སྐྱེ་བར་མི་འགྱུར་བའི་ཕྱིར། རྣལ་འབྱོར་འཁྲུགས་པ་དང་ཞེས་བྱ་བ་ལ། བཟུང་བ་དང་འཛིན་བར་འགྱུར་བའི་མོས་པ་ལ་ནི་རྣལ་འབྱོར་འཁྲུགས་བ་བར་དུ་གཅོད་དེ་རྣལ
་འབྱོར་འཁྲུགས་པ་ཞེས་བྱ་བ་ནི་འདས་བའི་སེམས་སྐྱེས་པ་ལ་གཟུང་པའི་དངོས་པོར་ཆགས་པ་དང་ད་ལྟར་གྱི་མོས་པའི་སེམས་བསྐྱེད་པ་ལ་ནི་འཛིན་བའི་དངོས་པོར་ཆགས་པ་ནི་རྣལ་འབྱོར་འབྲུགས་པ་ཞེས་བྱ་སྟེ་།དེ་ལྟར་གྱུར་ན་གཟུང་འཛིན
་དང་བྲལ་བའི་ཏིང་ངེ་འཛིན་གྱིས་ཐོབ་པས་བར་དུ་གཅོད་པ་ཡིན་ནོ། །གྲོགས་པོ་ངན་དང་ཞེས་བྱ་བ་ལ། གྲོགས་ལས་བླངས་བའི་མོས་པ་ལ་ནི་གྲོགས་པོ་ངན་པ་བར་དུ་གཅོད་དེ། སྔོན་དགེ་བའི་བཤེས་གཉེན་གྱིས་ཡང་དག་པར་འཛིན་དུ
་བཅུག་ཀྱང་ཕྱིས་སྡེག་པའི་གྲོགས་པོ་བླངས་པའི་ཆོས་འཛིན་དུ་བཅུག་པ་སྔར་གཟུང་བ་ཆུད་ཟོས་པའི་ཕྱིར་རོ། །དགེ་ཞན་ཞེས་བྱ་བ་ལ། བདག་ཉིད་ལས་བྱུང་བའི་མོས་པ་ལ་ནི་དག་པ་ཞན་པ་བར་དུ་གཅོད་དེ། བདག་ལ་མོས་པའི་ས་བོན་དང
་རིགས་ཡོད་ཀྱང་དེ་ལྡང་ཞིང་སྐྱེ་བར་འགྱུར་བའི་དགེ་བ་ཆེར་མ་བསགས་ན་རིགས་ཡོད་པས་ཀྱང་སྐྱེ་བར་མི་འགྱུར་བས་ན་དེ་བར་དུ་གཅོད་དོ། །ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་ཅེས་བྱ་བ་ལ། མ་ནོར་བའི་མོས་པ་ལ་ནི་ཚུལ་བཞིན་མ་ཡིན
་པ་ཡིད་ལ་བྱེད་པ་བར་དུ་གཅོད་དེ། རྟག་པ་དང། བདེ་བ་དང། གཅད་བ་དང་བདག་ཏུ་ཡིད་ལ་བྱས་ན། བདག་མེད་པ་དང་མི་རྟགས་པ་ལ་སོགས་པའི་ཡིད་ལ་བྱེད་པ་མེད་འགྱུར་བའི་ཕྱིར་རོ། །བག་མེད་པ་དང་ཞེས་བྱ་བར་།མངོན་དུ་བའི
་མོས་པ་ལ་ནི་བག་མེད་པ་བར་དུ་གཅོད་དེ། ཅིའི་ཕྱིར་ཞེ་ན། མངོན་དུ་བའི་མོས་པ་ནི་འདོད་མ་ཆགས་པ་དང། ཞེ་མི་སྡང་བ་དང། གཏི་མི་མུག་བ་དང། བརྩོན་འགྲུས་ཀྱི་རྐྱེན་ལས་སྐྱེ་ལ། འདོད་ཆགས
་དང་ཞེ་སྡང་དང་གཏི་མུག་དང་ལེ་ལོ་བཞིན་བག་མེད་བ་ཡིན་ཏེ། བག་མེད་པ་དེ་བྱུང་ན་མངོན་དུ་བའི་མོས་པ་དེ་མི་འབྱུང་བས་བར་དུ་གཅོད་པ་ཡིན་ནོ། །ཐོས་ཉུང་བ་ཞེས་བྱ་བ་ལ། སྒྲ་གཅོད་བའི་མོS་པ་མ་ནི་ཐོས་པ་ཉུང་བས་བར་དུ
་གཅོད་དོ། །ཅིའི་ཕྱིར་ཞེ་ན། བཀྲི་བའི་དོན་གྱི་མདོ་སྡེ་ཙམ་ཐོས་ཀྱི་དེས་བའི་དོན་གྱི་མདོ་སྡེམ་ཐོས་ན་སྟོང་པ་དང་བདག་མེད་པ་བཤད་པ་ཐོས་པ་དང། སྐྲག་བར་འགྱུར་བའི་ཕྱིར་རོ། །ཐོས་དང་བསམ་པ་ཉུང་དུས་དགའ་ཞེས་བྱ
་བ་ལ། ཚོལ་བའི་མོས་པ་ལ་ནི་ཐོས་བ་ཙམ་གྱིས་ཆོག་བར་འཛིན་བ་དང། ཐོས་པ་དེ་ལ་ཡང་ཅུང་ཟད་ཙམ་གྱིས་བསམས་བ་ཆོག་པར་འཛིན་བ་བར་དུ་གཅོད་དེ། ཐོས་པ་དེ་ལམ་བསམས་པ་དང། བསམས་པ་ལས་ཡང་བསཾ
་པ་རྒྱ་ཆེར་མ་བྱས་ན་ནི་བསམ་པའི་དོན་ཀུན་རྟོགས་པར་མི་འགྱུར་བས་བར་དུ་གཅོད་དོ། །ཞི་བ་ཙམ་གྱིས་ང་རྒྱལ་དང་ཞེས་བྱ་བ་ལ་ལྟ་བའི་མོས་པ་ལ་ནི་བསམས་པ་ཙམ་གྱིས་ཆོག་པར་འཛིན་པ་དང། ཞི་གནས
་བསྒོམ་པ་ཙམ་གྱིས་ཆོག་པར་འཛིན་ཅིང་ང་རྒྱལ་བྱ་སྟེ། ལྷག་མཐོང་མི་བསྒོམ་བ་བར་དུ་གཅོད་དེ། བསམས་པ་ཙམ་གྱིས་ཆོག་བར་འཛིན་ལམ་བསྒོམS་ན་བསྒོམ་པས་མཐོང་བར་བྱ་བའི་དོན་མི་ཐོབ་བ་དང། ཞི་གནས་ཙམ
་བསྒོམ་སྟེ་ལྷག་མཐོང་མ་བསྒོམ་ན་བདེན་པ་རྟོགས་པར་མི་འགྱུར་བའི་ཕྱིར་བར་དུ་གཅོད་དོ། །མ་འདྲེས་པ་ཡང་དེ་བཞིན་རིགས་ཞེས་བྱ་བ་ལ། དེ་བཞིན་དུ་འཕྲོགས་པ་དང་རྣམ་པར་འདྲེས་པའི་རིགས་པ་ལ་ནི་འདྲེས་པར་མ་བྱས་པས
་བར་དུ་གཅོད་དེ། ཡང་ནས་ཡང་དུ་གོམས་བར་བྱས་ཤིང་འདྲིས་བར་མ་བྱས་ན་མོས་པ་གཞན་གྱི་འཕྲོཌ་པར་ཡང་འགྱུར་ལམ་དང་བ་དང་དད་བར་འདྲེས་བཱི་མཚན་འབྱུང་བས?་མ?་འདྲེས་བ་ལ་ཡང་བར་དུ་གཅོད་དོ། །མི་སྐྱོ་བ་དང་ཞེས་བྱ་བ་ལ་ཐེག་པ་ཆུང་ངུའི་མོས་བ་ལ་ནི་འཁོར
་བའི་ཆོས་ཀྱི་མི་སྐྱོང་བར་དུ་གཅོད་དེ་འཁོར་བའི་ཆོས་ཀྱིས་མི་སྐྱོ་བ་མེད་དེ་འཁོར་བར་དགའ་ནས་འཁོར་བ་ལས་འདས་པའི་མྱ་ངན་ལས་འདས་པ་མི་འཐོབ་པའི་ཕྱིར་རོ། །དེ་བཞིན་སྐྱོ་ཞེས་པ་ལ། རྒྱ་ཆེན་པོ་ཐེག་བ་ཆེན་བོའི་ཆོས་ལ་ནི་མོས་པ
་ལ་ནི་འཁོར་བར་སྐྱོ་བར?་འདུད?་གཅོད་དེ། འཁོར་བར་སྐྱོ་བར་གྱུར་ན་འཁོར་བ་ན་བདག་དང་གཞན་གྱི་དོན་མི་བྱེད་ཅིང་མྱ་ངན་ལས་འདས་པའི་ཕྱིར་རོ། །མ་བསྒྲིབས་པའི་མོས་བ་ལ་ནི་བསྒྲིབས་བའི་མོས་པས་བར་དུ་གཅོད་དེ། མོས་བ་སྤྱོད་བའི་ས
་དྲོད་ནས་ས་བཅུ་མན་ཆོད་དུ་ཁྱད་བར་དུ་འགྲོ་བ་ལ་མོས་བ་ལ་འདོད་ཆགས་དང་ཞེ་སྡང་དང་བཅས་བའི་མོས་པ་ཡོད་བར་གྱུར་ན་སྒྲིབ་བ་མེད་པའི་མོས་བ་མི་འབྱུང་བའི་ཕྱིར་རོ། །མི་ལྡན་པ་ཞེས་བྱ་བ་ལ་ལྡན་པའི་མོས་བ་ལ་ནི་མི་ལྡན་བའི་མོས
་བ་བར་དུ་གཅོད་དེ། གུས་བར་བྱེད་པ་མེད་པ་དང། རྟག་པར་བྱེད་བ་མེད་བའི་མོས་བ་བྱུང་ན་གུས་པ་དང་བཅས་པ་དང། རྟག་བ་དང་བཅས་བའི་མོས་བ་ནི་འབྱུང་བའི་ཕྱིར་རོ། །ཚོགས་རྣམས་བསགས་པ་དག་ཀྱང་ཞེས་བྱ་བ་ལ་སོགས་པའི་མོས་པ
་ལ་ནི་ཚོགས་མ་བསགས་པས་བར་དུ་གཅོད་དེ། ས་དང་པོ་ཐོབ་བར་འགྱུར་བའི་རྒྱུ་བསྐལ་བ་གྲངས་མེད་པ་གཅིག་ཏུ་བསོད་ནམས་དང་ཡེ་ཤེས་བསགས་པ་མེད་ནས་དང་པོར་ཆོས་ཀྱི་དབྱིངས་རྟོགས་བར་འགྱུར་བའི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས
་བསྐལ་བ་གྲངས་མེད་པར་ཅིག་ཏུ་བསགས་བའི་ཚོགས་དང་མི་ལྡན་པའི་ཕྱིར་རོ། །མོས་བའི་བར་དུ་གཅོད་བར་བྱ་ཞེས་བྱ་བ་ལ། ཡིད་མི་བདེ་བ་མང་པོ་ནས་བརྩམས་ཏེ། ཚོགས་མ་བསགས་བའི་བར་དུ་ནི་འདི་དག་མོས་བའི་རབ་ཏུ་དབྱེ་བའི་བར་དུ་གཅོད་པ
་ཡིན་པར་རིག་པར་བྱའོ་ཞེས་བྱ་བའི་དོན་ཏོ། །མོས་པའི་ཡོན་ཏན་ལ་ཚིགས་སུ་བཅད་པ་ལྔ་སྟེ་ཞེས་བྱ་བ་ལ་ཚིགས་སུ་བཅད་བ་གཉིས་ཀྱི་མོས་པའི་རབ་ཏུ་དབྱེ་བ་བསྟན། ཚིགས་སུ་བཅད་པ་གསུམ་གྱིས་མོས་པའི་བར་དུ་གཅོད་པ་བསྟན་ཏེ།
་དེ་ནི་ཚིགས་སུ་བཅད་པ་ལྔས་མོས་པའི་ཡོན་ཏན་མོས་པ་རབ་ཏུ་ཕྱེ་བ་ལ་བར་ཆད་དེ་དག་གི་བར་དུ་གཅོད་པར་མ་བྱས་ན་མོས་པ་ཡོན་ཏན་དང་ལྡན་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ་ཞེས་བྱ་བའི་ཡོན་ཏན་ནོ། །བསོད་ནམས་ཆེ་ཞིང་ཞེས་བྱ་བ་ལ་སྐྱེས་པའི་མོས
་པ་ལ་རྣམ་པ་གཉིས་ཏེ། ད་ལྟར་གྱི་མོས་པ་དང་འདས་པའི་མོས་པ་གཉིས་ལས། ད་ལྟར་གྱི་མོས་པ་ལ་ནི་བསོད་ནམས་ཆེ་བའི་ཡོན་ཏན་འཐོབ་ཏེ། ད་ལྟར་གྱི་དུས་ན་ཐེག་པ་ཆེན་པོའི་ཆོས་ལ་མོས་པ་སྐྱེས་མ་ཐག་ཏུ་བསོད་ནམས་ཀྱི་ཚོགས་དཔག་ཏུ་མེད
་པ་འཕེལ་བར་འགྱུར་བའི་ཕྱིར་རོ། །འགྱོད་པ་མེད་ཅེས་བྱ་བ་ལ་འདས་པའི་མོས་པ་ནི་འགྱོད་པ་མེད་པའི་ཡོན་ཏན་འཐོབ་ཏེ། ཅིའི་ཕྱིར་ཞེ་ན། སྔོན་ཐེག་པ་ཆེན་པོའི་ཆོས་ལ་མོས་པ་བྱུང་བ་མཐོང་ན་དགའ་བའི་ཁྱད་པར་སྐྱེ་བའི་སེམས་གདུང་བ་མི་སྐྱེ་བའི
་ཕྱིར་རོ། །ཡིད་བདེ་བ་ཆེན་པོ་སྟེ་ཞེས་བྱ་བ་ལ་གཟུང་བའི་མོས་པ་དང་འཛིན་པའི་མོས་པ་གཉིས་ལ་ནི་ཡིད་བདེ་བ་དང་བདེ་བ་ཆེན་པོའི་ཡོན་ཏན་འཐོབ་སྟེ། ཇི་ལྟ་ཞེ་ན། གཟུང་བའི་དངོས་པོ་ལ་དངོས་པོར་མ་ཆགས་པ་དེ་ཁོ་ན་ཕྱོགས་གཅིག་པའི་ཏིང་ངེ
་འཛིན་གྱི་བདེ་བ་ཐོབ་པས་ཡིད་བདེ་བའི་ཡོན་ཏན་འཐོབ་བོ། །འཛིན་པ་ལ་དངོས་པོ་ལ་ཆགས་པ་སྤངས་ན་དེ་མ་ཐག་པའི་ཏིང་ངེ་འཛིན་གྱི་བདེ་བ་འཐོབ་སྟེ་དེ་བས་ན་བདེ་བ་ཆེན་པོའི་ཡོན་ཏན་འཐོབ་བོ། །ཆུད་མི་ཟ་དང་ཞེས་བྱ་བ་ལ་གྲོགས་ལས་བླངས
་པའི་མོས་པ་ལ་བར་དུ་གཅོད་པ་རྣམས་ཀྱིས་བར་ཆད་མ་བྱས་ན་ཆུད་མི་ཟ་བའི་ཡོན་ཏན་འཐོབ་སྟེ། འགྱུར་བ་མེད་པ་དང། ཉམས་པར་མི་འགྱུར་བའི་ཕྱིར་རོ། །བརྟན་པ་དང་ཞེས་བྱ་བ་ལ་བདག་ཉིད་ཀྱི་མོས་པ་ལ་བར་དུ་གཅོད་པ་རྣམས་ཀྱི་བར་ཆད་མ
་བྱས་ན་བརྟན་པའི་ཡོན་ཏན་འཐོབ་པོ། །ཉམས་པ་དང་མེད་པར་མི་འགྱུར་བའི་ཕྱིར་རོ། །ཁྱད་པར་འགྲོ་དང་དེ་བཞིན་དུ་ཞེས་བྱ་བ་ལ། ནོར་པ་མེད་པ་དང། མངོན་དུ་བ་དང། སྒྲ་སྤྱོད་པ་དང། ཚོལ་བ་དང། ལྟ་བ་དང། འཕྲོགས་པ་དང་མ་འདྲེས་པའི་མོས་པ་རྣམས
་ལ་གལ་ཏེ་དེ་དག་གི་མི་མཐུན་པའི་ཕྱོགས་ཀྱིས་བར་དུ་མ་བཅད་ན་ཁྱད་པར་དུ་འགྲོ་བའི་ཡོན་ཏན་འཐོབ་སྟེ། ནོར་བ་མེད་པའི་མོས་པ་ལ་ནི་ནོར་བས་བར་ཆད་མ་བྱས་ན་ནོར་པོ་མེད་པ་ཆེན་པོ་སྐྱེ་བར་འགྱུར་བ་དང། མངོན་དུ་བ་ལ
་བག་མེད་བར་བར་ཆད་མ་བྱས་ན་མངོན་དུ་བ་འབྲིང་ལས་མངོན་དུ་བ་ཆེན་པོ་སྐྱེས་པར་འགྱུར་བ་དང། དེ་བཞིན་དུ་ལྟག་མ་རྣམས་ལ་ཡང་བར་དུ་གཅོད་པས་བར་ཆད་མ་བྱས་ན་འབྲིང་ལ་ཆེན་པོར་སྐྱེ་བར་འགྱུར་རོ། །ཆོས་རྣམས་མངོན་པར་རྟོགས་པ་དང་ཞེས
་བྱ་བ་ལ། མི་མཐུན་པའི་ཕྱོགས་ཀྱིས་མ་འདྲེས་པའི་མོས་པ་ལ་བར་དུ་གཅོད་པའི་ཆོས་ཀྱིས་བར་ཆད་མ་བྱས་ན་ཆོས་རྣམས་མངོན་པར་རྟོགས་པར་འགྱུར་ཏེ་ས་དང་པོར་འཐོབ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །བདག་དང་གཞན་དོན་ཐོས་པའི་མཆོག་ཅེས
་བྱ་བ་ལ། ཉན་ཐོས་ཀྱི་ཐེག་པ་ལ་མོས་བ་ལ་བར་དུ་གཅོད་པས་བར་ཆད་མ་བྱས་ན་བདག་གི་དོན་མཆོག་ཐོབ་པར་འགྱུར་ཞེས་བྱ་བའི་དོན་ཏོ་།ཐེག་པ་ཆེན་པོ་ལ་མོས་པ་ལ་བར་དུ་གཅོད་པས་བར་ཆད་མ་བྱས་ན་བདག་དང་གཞན་གྱི་དོན་མཆོག་འཐོབ་པར་འགྱུར་ཏེ་མི
་གནས་བའི་མྱ་ངན་ལས་འདས་པ་ཐོབ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །མངོན་ཤེས་མངོན་པ་ཞེས་བྱ་བ་ལ་སྒྲིབ་པ་མེད་པའི་མོས་པ་དང། ལྡན་པའི་མོས་པ་དང། ཆགས་བསགས་པའི་མོས་པ་དང། བརྟན་པར་ཞུགས་པའི་མོས་པ་དང། རིང་དུ་སོང
་བའི་མོས་པ་རྣམས་ལ་བར་དུ་གཅོད་པའི་ཆོས་ཀྱིས་བར་ཆད་མ་བྱས་ན་མངོན་པར་ཤེས་པ་མྱུར་བའི་ཡོན་ཏན་འཐོབ་སྟེ། སྒྲིབ་པ་མེད་པ་དང་ལྡན་པ་དང་ཚོགས?་བསགས་པ་གསུམ་གྱིས་དང་པོ་རྣོ་བའི་མཆོག་ཐོབ་བརྟན་པར་ཞུགས་པ་དང། རིང་དུ་སོང་བ།
་གཉིས་ཀྱིས་མྱུར་དུ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པོ་ཞེས་བྱ་བའི་དོན་ཏོ། །དེ་དག་ནི་མོས་པར་འགྱུར་བའི་ཡོན་ཏན་ནོ་ཞེས་བྱ་བ་ལ་བསོད་ནམས་ཆེ་བ་ནས་མངོན་པར་ཤེས་པ་མྱུར་བའི་བར་དག་གི་ཡོན་ཏན་བཤད་པ
་དེ་དག་ནི་མོས་བ་རབ་ཏུ་ཕྱེ་བའི་ཡོན་ཏན་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ཡན་ཆད་དུ་མོས་པའི་མཚན་ཉིད་རབ་ཏུ་དབྱེ་བ་དང། མོས་པའི་བར་དུ་གཅོད་པ་དང། མོས་པའི་ཡོན་ཏན་བསྟན་ནས་ང?་ཚིགས་སུ་བཅད་པ་གསུམ་དང་རྐང་པ་གཅིག
་གིས་འཇིག་རྟེན་པའི་མོས་པ་དང། འཇིག་རྟེན་ལས་འདས་པའི་མོས་པ་བས་བྱང་ཆུབ་སེམས་དཔའ་ཨི་མོས་པ་ཁྱད་ཞུགས་པར་བསྟན་ནས་དེ་ནས་ཐེག་པ་ཆེན་པོའི་མོས་པ་སྒྲུབ་དགོས་པ་སྟོན་ཏེ། དེ་ལ་ཡང་དང་པོའི
་ཚིགས་བཅད་གཅིག་གིས་ནི་དོན་མདོ་ཙམ་དུ་བསྟན། དེའི་ལྷག་མ་རྣམས་ཀྱིས་དོན་དེ་ཉིད་ཞིབ་ཏུ་འཆད་དོ། །དེ་ལ་འདོད་པའི་ཁམས་ཀྱི་མོས་པ་དང་གཟུགས་ཀྱི་ཁམས་ཀྱི་སེམས་ཅན་གྱི་མོས་པ་དང། གཟུགས་མེད་པའི་ཁམས་ཀྱི་སེམས་ཅན
་གྱི་མོས་བ་ནི་འཇིག་རྟེན་པའི་མོས་པ་ཞེས་བྱའོ། །འཕགས་པ་ཉན་ཐོས་ཀྱི་མོས་པ་དང་རང་སངས་རྒྱས་ཀྱི་མོས་བ་ནི་འཇིག་རྟེན་ལས་འདས་པའི་མོས་པ་ཞེས་བྱའོ། །འདོད་པ་ཅན་ནི་དེ་ཁྱི་འདྲ་ཞེས་བྱ་བ་ལ། འདོད་པའི་ཡོན་ཏན་ལྔ་ལ་ཆགས་པ
་དང་ལྡན་པ་རྣམས་ནི་འདོད་པ་ཅན་ཞེས་བྱ་སྟེ། དོན་དུ་འདོད་པའི་ཁམས་གྱི་སེམས་ཅན་རྣམས་ཀྱི་མོས་པ་ནི་ཁྱིའི་མོས་པ་དང་སེམས་དང་འདྲའོ་ཞེས་བྱ་བའི་དོན་ཏོ། །ཏིང་ངེ་འཛིན་པའི་དུ་སྦལ་བཞིན་ཞེས་བྱ་བ་ལ་གཟུགས་ཀྱི་ཁམས་ཀྱི་བསམ
་གཏན་བཞི་དང། གཟུགས་མེད་པའི་ཁམས་ཀྱི་སྙོམས་བར་འཇུག་པ་བཞི་ལ་ཆགས་བའི་སེམས་ཅན་རྣམས་ཀྱི་མོས་བ་ནི་རུ་སྦལ་གྱི་སེམས་དང་མོས་བ་དང་འདྲའོ་ཞེས་བྱ་བའི་དོན་ཏོ། །བདག་གི་དོན་བདེ་བྲན་ལྟ་བུ་ཞེས་བྱ་བ་ལ། བདག་གི་དོན་ལ་ཞུཌ
་པའི་འཕགས་པ་ཉན་ཐོས་དང་རང་སངས་རྒྱས་ཀྱི་མོས་པ་ནི་བྲན་གྱི་སེམས་དང་མོས་པ་ལྟ་བུ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་གཞན་དོན་བྱེད་པ་རྒྱལ་པོ་འདྲ་ཞེས་བྱ་བ་ལ། གཞན་དོན་བྱེད་པ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མོས་པ་ནི་རྒྱལ་པོའི་སེམས་དང
་མོས་པ་འདྲའོ་ཞེས་བྱ་བའི་དོན་ཏོ། །འདིས་ནི་ཁྱད་ཞུགས་པའི་དོན་མདོར་བསྟན་ཏོ། །འདི་ཉིད་མན་ཆད་དེ་ཉིད་ཞིང་ཏུ་འཆད་དེ། འདོད་པ་ཅན་གྱི་ཁྱི་དང་ཇི་ལྟ་བུར་འདྲ་ཞེ་ན་དེའི་ཕྱིར། ཇི་ལྟར་དུ་ཁྱི་ནི་སྡུག་བསྔལ་དག་གིས་ཉེན་ཞེས་སྨོས་ཏེ། དེ་བཞིན
་གཡེམ་དང་ཞེས་བྱ་བར་སྦྱར་ཏེ། དཔེར་ན་ཁྱི་དུས་ཐམས་ཅད་དུ་ཁ་ཟས་འབའ་ཞིག་ལ་སེམས་ཤིང་ཁ་ཟས་ཀྱི་ཕྱིར་སེམས་འཇུག་པས་སྡུག་བསྔལ་གྱིས་ཉེན་པ་དེ་དང་འདྲ་བར་གཡེམ་པས་ཏེ་འདོད་པའི་ཁམས་ན་གནས་པའི་སེམས་ཅན་འདོད་པ
་ལྔའི་ཡུལ་ལ་ཆགས་པ་རྣམས་ཀྱང་རྟག་ཏུ་དེ་འབའ་ཞིག་ལ་སེམས་འཇུག་པས་སྡུག་བསྔལ་ལས་ཉན་པ་ཞེས་བྱའོ། །རྟག་ཏུ་རྟོགས་པས་ཆོག་མི་ཤེས་ཞེས་བྱ་བ་ལ། གཞན་ཡང་ཁྱི་ནི་རྟག་ཏུ་ཡང་བཀྲེས་པའི་རང་བཞིན་ཅན་དེ་ཁ་ཟས་ཀྱི་ཆོ་ག་མི་ཤེS
་པ་དེ་བཞིན་དུ་འདོད་པ་ལྔའི་ཡོན་ཏན་ལ་ཆགས་པ་རྣམས་ཀྱང་རྟག་ཏུ་འདོད་པ་ལྔའི་ཡོན་ཏན་ལ་སེམས་ལ་འདོད་པ་ལྔའི་ཡོན་ཏན་པ་སྤྱན་ན་ཡང།?་ཚ་ཆུ?་འཐུང་བ་བཞིན་དུ་ངོམས་པའི་མཛའ་མེད་པས་ན་ཁྱིའི་སེམས་དང་འདྲའོ་ཞེས་བྱ་བའི་དོན་ཏོ། །ཏིང་ངེ་འཛིན་པ་ཇི་ལྟར་དུ་སྦལ་འདྲ་ཞེ་ན།
་དེའི་ཕྱིར་ཇི་ལྟར་དུ་སྦལ་དེ་ནི་ཆུའི་ནང་ན་བསྐུམས་ཤིང་འདུག་ཅེས་བྱ་བ་སྨོས་སོ། །གནས་དང་ཞེས་བྱ་བར་སྦྱར་རོ། །དཔེར་ན་རུས་སྦལ་དེ་ནི་རྒྱ་མཚོ་ཆེན་པོའི་ནང་ན་གནས་ཀྱང་རྐང་ལག་བརྐྱང་སྟེ་མི་འདུག་གི་འགུར་དང་གསབ་གསེམ་དང་ཕུག་དག་ན་རྐང
་ལག་བསྐུམས་ནས་རང་གི་ཁོག་པ་ཉིད་ཀྱི་ནང་དུ་བསྡུས་ཏེ་འདུག་པ་དེ་བཞིན་དུ་གཟུགས་ཀྱི་བསམ་གཏན་པ་དང། གཟུགས་མེད་པའི་སྙོམས་པར་འཇུག་པ་ལ་གནས་པའི་བསམ་གཏན་པ་རྣམས་ཀྱང་སེམས་དང་སེམས་ལས་བྱུང་བ་ནང་དུ་བསྡུས་ནས་གང
་ཟག་ལ་བདག་མེད་པ་དང་ཤེས་བྱ་རྣམས་གྱི་རང་དང་སྤྱིའི་མཚན་ཉིད་རྒྱ་མཚོ་སྙེད་ཡོད་པ་ལ་ཤེས་རབ་ཀྱི་འཇུག་པ་མེད་པས་ན་རུས་སྦལ་གྱི་སེམས་དང་འདྲའོ་ཞེས་བྱ་བའི་དོན་ཏོ། །ཡང་ན་སེམས་ཅན་དེ་དག་ནི
་བསམ་གཏན་དང་ཏིང་ངེ་འཛིན་དང་སྙོམས་པར་འཇུག་པ་ཐོབ་པ་ཙམ་གྱིས་ཆོག་བར་འཛིན་གྱི་ཡོན་ཏན་ཁྱད་པར་ཅན་མ་ཐོབ་པ་དང། བདེན་པ་བཞི་ཁོ་ན་མ་རྟོགས་པས་ན་རུས་སྦལ་གྱི་སེམས་དང་འདྲའོ། །བདག་གི་དོན་བྱེད
་པ་ཇི་ལྟར་བྲན་ལྟ་བུ་ཡིན་ཞེ་ན། དེའི་ཕྱིར། ཇི་ལྟར་བྲན་ནི་རྟག་ཏུ་འཇིགས་ཤིང་སྐྲག་པས་ལུས་ཀྱིས་ཞེས་བྱ་བ་སྨོས་ཏེ། བདག་གི་དོན་ཞེས་བྱ་བ་དང་སྦྱར་རོ། །དཔེར་ན་བྲན་ནི་རྗེ་བོའི་སེམས་སམ་ཚིག་དང་འགལ་བ་བྱས་ན་ཆད་བས
་གཅོད་པ་དང་གནོད་པ་བྱེད་དུ་འོང་ཞེས་བྱ་རྟག་ཏུ་འཇིགས་པ་དང་བཅས་པས་གནས་པ་དང། ལུས་ཀྱིས་རྗེ་བོ་ལ་སྲི་ཞུ་བྱེད་ཅིང་རྗེ་བོའི་འཁོར་ན་རྒྱུ་ཞིང་གནས་པ་དང་འདྲ་བར་ཉན་ཐོས་དང་རང་སངས་རྒྱས་རྣམས་གང་ཟག
་ལ་བདག་མེད་པར་ཁོང་དུ་ཆུད་བ་དང། ཆོས་རྣམས་ཀྱི་རང་དང་སྤྱིའི་མཚན་ཉིད་ཁོང་དུ་ཆུད་པ་རུས་སྦལ་གྱི་མོས་པ་ལྟ་བུ་མེད་དུ་ཟིན་ཀྱང་བདག་གི་དོན་ལྷུར་བྱེད་བས་ན་འཁོར་བའི་ཆོས་ཀྱིས་རྟག་ཏུ་འཇིགས་པར་གནས་ཤིང་དེ
་བཞིན་གཤེགས་པའི་བསླབ་པ་བཅས་པ་ལས་ཆུང་ཟད་ཅིག་ཉམས་པར་བྱས་ན་ཡང་བཀའ་དང་འགལ་བར་འགྱུར་བ་དང། བརླག་པར་འགྱུར་རོ་ཞེས་རྟག་ཏུ་ཡང་དེ་བསྲུང་བ་བྱེད་པ་ཙམ་དུ་ཟད་ཀྱི་གཞན་གྱི་དོན་མི་བྱེད་པས
་ན་བྲན་གྱི་སེམས་དང་འདྲའོ་ཞེས་བྱ་བའི་དོན་ཏོ། །གཞན་གྱི་དོན་བྱེད་པ་ཇི་ལྟར་རྒྱལ་པོ་དང་འདྲ་ཞེ་ན། དེའི་ཕྱིར། རྒྱལ་པོ་ཡང་ནི་ཇི་ལྟར་བཀའ་ཡིས་ཡུལ་དབང་བྱེད་གནས་བ་ལྟར་ཞེས་སྨོས་ཏེ། སྐྱེ་བོ་གཞན་དག་ལ་ཞེས་བྱ་བ་ལ
་སྦྱར་རོ། །དཔེར་ན་རྒྱལ་པོ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཆེ་བས་དབང་དང་ཀས་ཆགས་འོག་ཏུ་དབང་གི་མངལ་བའི་འབངས?་དང། དཀོར་ལ་ཅི་དཀར་བྱེད་ན་བཞི་ན་གཞན་གྱི་དོན་སྟོན་ཅིང་བྱེད་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱང་ཤེས་རབ་དང་སྙིང
་རྗེ་དང་ལྡན་པའི་ཕྱིར་ཆོས་གཉིས་ལ་དབང་བྱེད་དེ་འཁོར་བ་ལ་དབང་བྱེད་པ་དང་མྱ་ངན་ལས་འདས་པ་ལ་དབང་བྱེད་པའོ། །དེ་ལ་ཤེས་རབ་དང་ལྡན་པས་ནི་འཁོར་བ་ལ་དབང་བྱེད་དེ། ཇི་ལྟ་ཞེ་ན། ཤེས་རབ་དང་ལྡན་པས་འཁོར་བ་ན་གནས་ཀྱང་འཁོར་བའི་ཉོན་མོངས
་པ་རྣམས་ཀྱི་མི་གོས་པའི་ཕྱིར་རོ། །སྙིང་རྗེ་དང་ལྡན་པས་ནི་མྱ་ངན་ལས་འདས་པ་ལ་དབང་བྱེད་དེ། ཇི་ལྟ་ཞེ་ན། སྙིང་རྗེ་དང་ལྡན་པས་མྱ་ངན་ལས་འདས་པ་འབའ་ཞིག་ལ་མི་གནས་ཀྱི། སེམས་ཅན་དོན་དུ་འཁོར་བར་འཇུག་པའི་ཕྱིར་ཏེ། དེ་བས་ན་རྒྱལ་པོའི
་སེམས་དང་འདྲའོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ཐེག་པ་ཆེན་པོའི་མོས་བ་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་མོས་པ་བས་ཁྱད་ཞུགས་པར་བསྟན་ནས། ད་ནི་ཚིགས་བཅད་རྐང་བ་གསུམ་གྱི་ཐེག་པ་ཆེན་པོའི་མོས་པ་བསྒྲུབ་པ་རིག་པར་བསྟན
་པའི་ཕྱིར། རྟག་ཏུ་མོས་པ་མང་བོའི་ཁྱད་པར་ཤེས་པར་བྱ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །རྟག་ཏུ་ཞེས་བྱ་བ་ནི་དུས་ཐམས་ཅད་དུ་མོས་པ་ཁྱད་ཞུགས་ཞེས་བྱ་བའི་དོན་ཏོ། །མོས་པ་མང་པོ་ནི་འདོད་པའི་ཁམས་ཀྱི་སེམས་ཅན་གྱི་མོས་པ་དང།
་གཟུགས་དང་གཟུགས་མེད་པའི་ཁམས་ཀྱི་སེམས་ཅན་གྱི་མོས་པ་དང་ཉན་ཐོས་དང་རང་སངས་རྒྱས་ཀྱི་མོས་པ་བས་ཁྱད་ཞུགས་པར་ཤེས་བར་བྱའོ། །ཐེག་པ་ཆེན་པོ་ལ་མཆོག་ཚུལ་དེ་བཞིན་རིག་ནས་ནི། དེ་ལ་བརྟེན་པ་དེ་ལྟ་རྟག་ཏུ་དེ་ཉིད་ཚོལ་ཞེས་བྱ་བ་ལ།
་གོང་དུ་བཤད་པ་ལྟར་ན་ཐེག་པ་ཆེན་པོའི་ཆོས་ལ་མོས་པ་ནི་མོས་པའི་མཆོག་ཡིན་པ་དང་ཚུལ་གྱི་མོས་པ་ཡིན་པར་རིག་ནས་ཐེག་པ་ཆེན་པོའི་ཆོས་དེ་ལ་བརྟན་པ་བྱང་ཆུབ་སེམས་དཔའ་རྣམས་དུས་ཐམས་ཅད་དུ་ཡང་ཐེག་པ་ཆེན་པོའི་ཆོས་ལ
་མོས་པ་དེ་ཉིད་ཚོལ་ཞིང་དེ་ཉིད་སྒྲུབ་པར་བྱེད་དོ་ཞེས་བྱ་བའི་དོན་ཏོ། །ཐེག་པ་ཆེན་པོའི་ཆོས་ལ་མོས་པ་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་མོས་བ་བས་ཁྱད་ཞུགས་པ་ཡིན་བས་མཆོག་ཅེས་བྱའོ། །བདག་དང་གཞན་གྱི་དོན
་གྱི་ཐབས་འབྱུང་བས་ཚུལ་བཞིན་ཞེས་བྱའོ། །དོན་དེ་ཉིད་ཅེས་བྱ་བ་ལ་འདོད་པ་ཅན་གྱི་དེ་ཁྱི་འདྲ་ཞེས་བྱ་བ་ལ། དེ་གཞན་དོན་བྱེད་པ་རྒྱལ་པོ་འདྲ་ཞེས་བྱ་བ་ཡན་ཆད་ཀྱིས་རྒྱལ་པོར་ཁྱད་ཞུགས་པའི་དོན་དེ་ཉིད་བརྟན་ཏོ་ཞེས་བྱ་བའི་དོན་ཏོ། །གཞན་གྱིས
་བསྒྲུབས་ནས་ཞེས་བྱ་བ་ལ། ཇི་ལྟར་ཁྱི་ནི་ཞེས་བྱ་བ་ནས་བརྩམས་ཏེ། གཞན་གྱི་དོན་སྟོན་སྐྱེ་བ་གཞན་དག་ཅེས་བྱ་བ་ཡན་ཆད་ཀྱིས་སྔར་བཤད་པའི་དོན་ཉིད་ཕྱི་མས་ཞིབ་ཏུ་འཆད་དེ་བསྟན་ཏོ་ཞེས་བྱ་བའི་དོན་ཏོ་ཐེག་པ་ཆེན་པོ་ལ་ཡང་དག་པར་མཛུད?་དོ་ཞེས་བྱ་བ་ལ། རྟག་ཏུ
་མོས་བ་ཞེས་བྱ་བ་ནས་བརྩམས་ཏེ། རྟག་ཏུ་དེ་ཉིད་ཚོལ་ཞེས་བྱ་བ་ཡན་ཆད་ཀྱིས་ཐེག་བ་ཆེན་པོའི་མོས་པ་ལ་འཇུད་པར་བྱེད་པའི་དོན་སྟོན་ཏོ་ཞེས་བྱ་བའི་དོན་ཏོ། །མོས་པ་ལ་ཞུམ་པ་དགག་པ་ཞེས་བྱ་བའི་ཚིགས་སུ་བཅད་པ་ཞེས་བྱ་བ་ལ། ཁ་ཅིག་འདི་སྙམ
་དུ་བླ་ན་མེད་པའི་བྱང་ཆུབ་ནི་ལྷ་འཕགས་པས་ཐོབ་པར་འགྱུར་གྱི། མིས་ཐོབ་པར་མི་འགྱུར་རོ་སྙམ་ནས་ཞུམ་པ་དང་མིས་ཐོབ་ན་ཡང་བསྐལ་པ་གྲངས་མེད་པ་གསུམ་གྱིས་ཐོབ་པས་བསྒྲུབ་དཀའ་ཨོ་སྙམ་ནས་ཞུམ་པ་དང། དེ་ལྟར་དུས་རིང་དུ་བསྒོམས་ཀྱང་ལ་ལས
་ཐོབ་ཀྱི་ཀུན་གྱིས་མི་ཐོབ་པོ་སྙམ་ནས་ཞུམ་པ་དེ་དག་ལ་རྒྱུ་རྣམ་པ་གསུམ་གྱིས་ན་ཞུམ་པར་མི་རིགས་པར་བསྟན་པའི་ཕྱིར་ཚིགས་སུ་བཅད་པ་རྩོམ་མོ་ཞེས་བྱ་བའི་དོན་ཏོ། །རྒྱུ་དང་པོ་བསྟན་པའི་ཕྱིར་མིར་གྱུར་པ་ལས་ཞེས་བྱ་བ་སྨོས་ཏེ། བླ་ན་མེད་པའི
་བྱང་ཆུབ་ནི་མིར་གྱུར་པ་ལས་ཐོབ་ཀྱི་ལྷ་ལ་སོགས་པའི་གནས་ནས་ཐོབ་པ་མ་ཡིན་པས་ནི་ཞུམ་པར་བྱ་བའི་མི་རིགས་སོ་བྱ་བའི་དོན་ཏོ། །རྒྱུ་གཉིས་པ་བསྟན་པའི་ཕྱིར། བྱང་ཆུབ་ནི་སྐད་ཅིག་རེ་རེར་འཐོབ་པར་འགྱུར་རོ་ཞེས་སྨོས་ཏེ། བྱང་ཆུབ་དེ་ཡང
་དུས་རིང་པོར་བསྡུད་མི་དགོས་ཀྱི་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་དག་ན་སྐད་ཅིག་མ་རེ་རེ་ལ་ཡང་འཐོབ་པས་ན་ཞུགས་པར་མི་རིགས་སོ་ཞེས་བྱ་བའི་དོན་ཏོ། །རྒྱུ་གསུམ་པ་བསྟན་པའི་ཕྱིར། སེམས་ཅན་ཚད་མེད་ཅེས་སྨོས་ཏེ། དེ་ལའང་སེམས་ཅན་ལ་ལས་མ
་ཐོབ། ལ་ལས་མི་ཐོབ་པ་མ་ཡིན་གྱི་སེམས་ཅན་ཚད་མེད་གྲངས་མེད་དཔག་ཏུ་མེད་པ་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱིས་བྱང་ཆུབ་ཐོབ་པས་ན་ཞུམ་པར་བྱ་བའི་མི་རིགས་སོ་ཞེས་བྱ་བའི་དོན་ཏོ། །དེའི་ཕྱིར་ཞུམ་པ་ལ་ནི་མི་བཟོད་མི་བྱ་ཞེS་བྱ་བ་ལ་།དེ་ལྟར་རྒྱུ་རྣམ་པ་གསུམ་གྱི་ཕྱིར
་ན་ཞུམ་པའི་སེམས་སྐྱེས་པར་གྱུར་པ་དང། བཟོད་པར་མི་བྱ་སྡད་བར་བྱ་བའི་རིགས་སོ་ཞེས་བྱ་བའི་དོན་ཏོ། །མོས་པ་བསོད་ནམས་ཀྱི་ཁྱད་པར་ལ་ཚིགས་སུ་བཅད་པ་གཉིས་སོ་ཞེས་བྱ་བ་ལ། འདི་ཡན་ཆད་དུ་མོས་པའི་མཚན་ཉིད་དབྱེ་བ་ནས། མོས་པ་ལ་ཞུགས
་པ་དགག་པའི་བར་དུ་བསྟན་ནས། ད་ཚིགས་སུ་བཅད་པ་གཉིས་ཀྱིས་ཉན་ཐོས་དང་རང་སངས་རྒྱས་དག་ཐེག་པ་ཆུང་ངུ་ལ་མོས་པའི་བསོད་ནམས་བས་བྱང་ཆུབ་སེམས་དཔའ་རྣམས་ཐེག་པ་ཆེན་པོའི་ཆོས་ལ་མོས་པ་ལྷག་པར་བསོད་ནམས་དཔག་ཏུ་མེད་པའི་ཇེ་བསྟན
་པའི་ཕྱིར་ཚིགས་སུ་བཅད་པ་སྨོས་སོ་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་བསོད་ནམས་འཕེལ་བ་ནི། །གཞན་ལ་བཟའ་བ་བྱིན་པས་སོ། །དེ་ལྟར་དེ་བདག་ཟོས་པ་ནི། །བསོད་ནམས་ཆེན་པོ་འབྱུང་མ་ཡིན་ཞེས་བྱ་བ་ལ། འདི་ལྟར་ཁ་ཟས་ཀྱི་རོལ་ཆགས་པ་དང། ལུས་མཛེས་
་པར་འདོད་པ་དང། རྒྱགས་པའི་ཕྱིར་ཁ་ཟས་ཟོས་ན་ནི་ཁ་ཟས་དེ་ཉིད་བསོད་ནམས་མ་ཡིན་པར་འགྱུར་རོ། །འདྲངས་པར་བྱ་བ་ཙམ་གྱིས་བསམ་པས་ཟོས་ན་ནི་བསོད་ནམས་སུ་ཡང་མི་འགྱུར། བསོད་ནམས་མ་ཡིན་པར་མི་འགྱུར་རོ། །གང་གི་ཚེ་རྒྱགས་པ་ལ་སོཌ
་པའི་བསམ་པས་ཟ་བ་ནི་མ་ཡིན་གྱི། དཔེར་ན་ཤིང་རྟ་ཁལ་དགལ?་བའི་ཕྱིར་མིག་དང་སྲོག་ཤིང་མར་གྱིས་བསྐུས་པ་དེ་བཞིན་དུ། བདག་གི་དོན་དུ་དགེ་བ་སྤྱད་པའི་ཆེད་དུ་ལུས་བརྟན་པར་བྱ་བའི་ཕྱིར་བདག་ཉིད་ཟོས་ན་བསོད་ནམས་སུ་འགྱུར་ཡང་བསོད་ནམས
་ཆེན་པོར་མི་འགྱུར་ཏེ། ཁ་ཟས་དེ་ཉིད་སེམས་ཅན་ལ་ཕན་པར་བྱ་བའི་ཕྱིར་གཞན་ལ་བྱིན་ན་བསོད་ནམས་ཆེ་ཞིང། དཔག་ཏུ་མེད་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །འདི་ནི་དཔེའོ། །དེའི་དོན་བསྟན་པའི་ཕྱིར་རོ། ཕ་རོལ་དོན་གནས་བསྟན་པས
་ནི། མདོ་ལས་གསུངས་པའི་ཆོས་ཐོབ་འགྱུར་ཞེས་བྱ་བ་སྨོས་ཏེ། ཐེག་པ་ཆེན་པོའི་མདོ་སྡེའི་ནང་ནས་ནི་ཕ་རོལ་གྱི་དོན་དུ་བྱ་བའི་ཐབས་སྟོན་པས་ཁྱད་པར་ཆེན་པོའི་ཆོས་ལ་མོས་པར་གྱུར་པ་དང། ཐེག་པ་ཆེན་པོའི་མདོ་སྡེ་དེ་དང་དེ་དག་གི་ནང་ནས་ཐེག་པ་ཆེན
་པོའི་ཆོས་བཀླགས་ཤིང་མཉན་ནས་རྗེས་སུ་བསྔགས་པ་བཅུ་ཐོབ་པར་འགྱུར་རོ་ཞེས་བྱ་བ་ལ་སོགས་པའི་ཡོན་ཏན་དེ་དང་དེ་དག་ཐོབ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །རང་དོན་གནས་པའི་ཆོས་བསྟན་པས་འཐོབ་པར་འགྱུར་བ་མ་ཡིན་ནོ་ཞེས་བྱ
་བ་ལ་ཉན་ཐོས་ཀྱི་ཐེག་པའི་ནང་ནས་ནི་བདག་གི་དོན་དུ་འགྱུར་བ་ཙམ་གྱི་ཐབས་ཞིག་སྟོན་པར་ཟད་བས་ན་ཐེག་པ་ཆེན་པོའི་ཆོས་ལ་མོས་པ་ཙམ་གྱི་བསོད་ནམས་དང་ཡོན་ཏན་ཐོབ་པར་འགྱུར་བ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །མོས་པའི་འབྲས་བུ་བསྡུ
་བར་ཚིགས་སུ་བཅད་པ་ཞེས་བྱ་བ་ལ། དེ་ལྟར་ཐེག་པ་ཆེན་པོའི་ཆོས་ལ་མོས་པ་བསོད་ནམས་ཆེ་བར་བསྟན་ནས་སྤྱིར་ནི་ཐེག་པ་ཆེན་པོའི་ཆོས་ལ་མོས་པའི་འབྲས་བུ་དཔག་ཏུ་མེད་པས་འཁོར་བའི་མཛའ་ཨི་བར་དུ་བརྗོད་ཀྱང་ཟད་པར་མི་འགྱུར་མོད་ཀྱི་མདོར
་བསྡུས་ན་འདི་དག་འཐོབ་པོ་ཞེས་བསྟན་པའི་ཕྱིར་ཚིགས་སུ་བཅད་པ་རྩོམ་མོ་ཞེས་བྱ་བའི་དོན་ཏོ། །ཚིགས་སུ་བཅད་པ་འདིའི་བསྡུས་པའི་དོན་ནི་གང་དུ་མོས་པ་དང། གང་གིས་མོས་པ་དང། ཇི་ལྟ་བུས་མོས་པ་དང། མོས་པའི་འབྲས་བུ་གང་ཡོངས་སུ་འཛིན
་པ་དེ་སྟོན་ཏོ། །དེ་ལྟར་འཕགས་པ་ཆེན་པོའི་ཆོས་ནི་ཡོངས་འགྱུར་བས་ཞེས་བྱ་བ་དེ་ལྟར་ཞེས་བྱ་བ་ནི་གོང་དུ་བཤད་པ་ལྟར་ན་ཞེས་བྱ་བའི་དོན་ཏོ། །ཉན་ཐོས་དང་རང་སངས་རྒྱས་འཕགས་པ་ཡིན་མོད་ཀྱི་བྱང་ཆུབ་སེམས་དཔའ་དང་དེ་བཞིན་གཤེགས
་བདག་ནི་དེ་དག་ལས་ཀྱང་ཁྱད་ཞུགས་པ་ཡིན་པས་འཕགས་པ་ཆེན་པོ་ཞེས་བྱའོ། །དེ་དག་གི་ཆོས་ནི་ཐེག་པ་ཆེན་པོ་ལ་བྱ་སྟེ། ཐེག་པ་ཆེན་པོ་དེའི་ནང་ནས་ཀྱང་ཉན་ཐོས་དང་རང་སངས་རྒྱས་ལ་མེད་པའི་ས་དང་ཕ་རོལ་ཏུ་ཕྱིན་པས་ཡང་བསྒྱུར་བ་ཞེས་བྱ་བ་སྟེ། འདིས་ནི
་གང་དུ་མོས་པ་བསྟན་ཏོ། །བློ་དང་ལྡན་པས་ཞེས་བྱ་བ་མ་བློ་དང་ལྡན་པ་ནི་བྱང་ཆུབ་སེམས་དཔའ་ལ་བྱ་སྟེ། ཐབས་དང་ཤེས་རབ་ཟུང་དུ་འབྲེལ་བའི་ཤེས་རབ་དང་ལྡན་པའི་ཕྱིར་ཏེ། འདིས་ནི་གང་གིས་མོས་པ་བསྟན་ཏོ། །རྟག་ཏུ་མོས་པ་ཆེ་བསྐྱེད་ནས་ཞེས་བྱ་བ་ལ། ཐེག
་པ་ཆེན་པོའི་ཆོས་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་རྒྱུན་མ་ཆད་པར་ཞུམ་པ་དང། སྤ་དཀོང་བ་མེད་པའི་སེམས་ཀྱིས་མོས་པ་དང་དད་པ་ཆེར་བསྐྱེད་ནས་ཞེས་བྱ་བའི་དོན་ཏོ། །འདིས་ནི་ཇི་ལྟར་མོས་པ་བསྟན་ཏོ། །དེ་ལྟར་མོས་པ་བྱས་ན་འབྲས་བུ་རྣམ
་པ་གསུམ་འཐོབ་པའི་ཕྱིར་རོ། །བསོད་ནམས་རྒྱ་ཆེ་ནི་རྟག་ཏུ་རྣམ་འཕེལ་དང། མཚུངས་མེད་ཡོན་ཏན་དག་གི་བདག་ཉིད་ཆེན་པོར་འགྱུར་ཞེས་སྨོས་ཏེ། འབྲས་བུ་གསུམ་ནི་བསོད་ནམས་རྒྱ་ཆེར་འཕེལ་བ་དང། དེ་ཉིད་འཕེལ་བ་དང་སངས་རྒྱས་པའོ། །དེ་ལ
་ཐེག་པ་ཆེན་པོའི་ཆོས་ལ་དང་པོ་མོས་ཤིང་དད་པ་སྐྱེས་པ་ན་བསོད་ནམས་དཔག་ཏུ་མེད་པ་སྐྱེ་བར་འགྱུར་བས་བསོད་ནམས་རྒྱ་ཆེར་འཕེལ་བ་ཞེས་བྱའོ། །དེ་ནས་ཀྱང་སངས་རྒྱས་སུ་མ་གྲུབ་ཀྱི་བར་དུ་ས་བཅུ་མན་ཆད་ཀྱི་དུས་ན་ཡང་མོས་པ་ཡང་སྦར་ཞིང་ཇེ་ཆེ་ཇེ
་ཚེར་འཕེལ་བསོད་ནམས་ཀྱི་ཚོགས་ཀྱང་ཆེར་འཕེལ་བར་འགྱུར་བས་ན་དེ་ནི་རྟག་ཏུ་རྣམ་པར་འཕེལ་ཞེས་བྱའོ། །དེ་ནས་སངས་རྒྱས་ཀྱི་སའི་དུས་ན། ཉན་ཐོས་དང་རང་སངས་རྒྱས་ལ་མེད་པའི་ཡོན་ཏན་སྟོབས་དང་མི་འཇིག་པ་ལ་སོགས་པའི་ཡོན་ཏན
་ཐོབ་པས་བདག་ཉིད་འཚང་རྒྱ་བར་འགྱུར་བའི་ཕྱིར་མཚུངས་མེད་ཡོན་ཏན་བདག་གིས་བདག་ཉིད་ཆེན་པོར་འགྱུར་ཞེས་བྱ་སྟེ། ཚིག་དེ་དག་གིས་ནི་མོས་པའི་འབྲས་བུ་གང་ཡོངས་སུ་འཛིན་པ་བསྟན་ཏོ། །མོས་པའི་སྐབས་བཤད་པ་རྫོགས་སོ།། །།
་ཆོས་ཡོངས་སུ་ཚོལ་བའི་སྐབས་ལས་ཞེས་བྱ་བ་ལ། མོས་པའི་སྐབས་བཤད་པའི་རྗེས་ལ་ཆོས་ཡོངས་སུ་ཚོལ་བའི་སྐབས་བཤད་པར་འབྲེལ་བ་ཅི་ཡོད་ཅེ་ན། ཐེག་པ་ཆེན་པོའི་ཆོས་ལ་མོས་པ་དང་དྲན་པ་མང་བའི
་བྱང་ཆུབ་སེམས་དཔའ་ཨི་ཆོས་ལ་མོས་པར་བྱ་བ་ཙམ་གྱིས་ཆོག་བར་བྱ་བ་མ་ཡིན་གྱི་ཆོས་བཙལ་བར་ཡང་བྱ་དགོས་ཏེ། དེ་བས་མོས་པའི་རྗེས་ལ་ཆོས་བཙལ་བའི་སྐབས་བཤད་པར་འབྲེལ་ཏོ། །དམིགས་པ་འང?་ཡོངས་སུ་ཚོལ་བ་ཚིགས་སུ་བཅད་པ
་བཞིའོ་ཞེས་བྱ་བ་ལ། ཆོས་བཙལ་བའི་ཡང་རྣམ་པ་གསུམ་བཙལ་བར་བྱ་སྟེ་།དམིཌ་པ་ཡོངས་སུ་བཙལ་བ་དང་།དམིཌ་པ་རྙེད་བ་ཡོངས་སུ་བཙལ་བ་དང་།ཡིད་ལ་བྱེད་པ་ཡོངས་སུ་བཙལ་བའོ། །དེ་ལས་ཉན་པའི་ཤེས་རབ་དང། བསམ་པའི་ཤེས་རབ་དང། བསྒོམས་པའི་ཤེས་རབ
་ཀྱིས་ཡུལ་གང་ལ་དམིགས་པར་བྱ་བའི་དམིགས་པ་རྗེ་བཙལ་ཏེ། ཡུལ་འདི་ནི་དམིགས་པར་བྱའོ་ཞེས་ཤེས་རབ་རྣམ་པ་གསུམ་གྱིས་དམིགས་པར་བྱ་བའི་ཡུལ་བཙལ་བ་བསྟན་པའི་ཕྱིར་ཚིགས་སུ་བཅད་པ་བཞི་རྩོམ་མོ་ཞེས་བྱ་བའི་དོན་ཏོ།།
་སྡེ་སྣོད་དག་ནི་གསུམ་མམ་གཉིས་ཀྱང་རུང་ཞེས་བྱ་བ་ལ། ཤེས་རབ་རྣམ་གསུམ་གྱིས་དམིགས་པར་བྱ་བའི་ཡུལ་ནི་རྒྱ་ཆེར་བཤད་ན་སྡེ་སྣོད་གསུམ་གྱི་ཆོས་དག་སྟེ། སྡེ་སྣོད་གསུམ་ནི་མདོ་སྡེའི་སྡེ་སྣོད་དང། འདུལ་བའི་སྡེ་སྣོད་དང། མཐོན་པའི་ཆོས་ཀྱི་སྡེ
་སྣོད་དང། དམིགས་པར་བྱ་བའི་ཡུལ་མདོར་བསྟན་ན་ནི་ཐེག་པ་ཆུང་ངུ་དང། ཐེག་པ་མཆོག་གི་བྱེ་བྲག་གིས། སྡེ་སྣོད་རྣམ་པ་གཉིས་སུ་བཞག་སྟེ། ཉན་ཐོས་ཀྱི་སྡེ་སྣོད་དང། བྱང་ཆུབ་སེམས་དཔའ་ཨི་སྡེ་སྣོད་དོ། །དེ་ལ་གསུང་རབ་ཡན་ལག་བཅུ་གཉིས་ལ་ཤིན
་ཏུ་རྒྱས་པ་དང། སྐྱེས་པ་རབས་ཀྱི་སྡེ་གཉིས་ནི་བྱང་ཆུབ་སེམས་དཔའ་ཨི་སྡེ་སྣོད་ཅེས་བྱའོ། །ལྷག་མ་རྣམས་ལས་ཕལ་ཆེར་ནི་ཉན་ཐོས་ཀྱི་སྡེ་སྣོད་དེ། ཕལ་ཆེར་སྨོས་པས་ནི་ལྷག་མ་ལ་ཐེག་པ་ཆེན་པོའི་དང་ཉན་ཐོས་ཀྱི་ཐེག་པ་ཆེད་པའི་ཆོས་ཅན་ཐུན
་མོང་དུ་གྱུར་བའང་ཡོད་པར་སྟོན་ཏོ། །ཅིའི་ཕྱིར་གསུམ་པོ་དང་གཉིས་པོ་དེ་དག་ལ་སྡེ་སྣོད་ཅེས་བྱ་ཞེ་ན། དེའི་ཕྱིར་བསྡུ་པའི་ཕྱིར་ཏེ། དཔེར་ན་སྣོད་གང་དུ་འབྲུ་བྲེ་བཅུ་ཤོང་ཞིང་འདུས་པའི་སྣོད་དེ་ལ་སྣོད་ཅེས་བྱ་བ་དང་འདྲ་བར་གསུམ་པོ་དང་གཉིས་པོ
་འདིར་ཡང་གསུང་རབ་ཡན་ལག་བཅུ་གཉིས་ཀྱི་དོན་དང་ཚིགས་ཐམས་ཅད་འདུས་པས་སྡེ་སྣོད་ཅེས་བྱའོ། །ཡང་ན་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཀྱི་ཆོས་ནས་སྐུ་དང་ཡེ་ཤེས་ལ་སོགས་པའི་བར་དུ་ཤེས་པར་བྱ་བའི་དོན་ཐམས་ཅད་འདུས་པས་ན
་དེའི་ཕྱིར་སྡེ་སྣོད་ཅེས་བྱའོ། །དེའི་ཕྱིར་སྡེ་སྣོད་གསུམ་དུ་བཞག་ཅེ་ན། དེའི་ཕྱིར་རྒྱུ་ཡང་དགུར་འདོད་དོ་ཞེས་སྨོས་ཏེ། སྡེ་སྣོད་གསུམ་དུ་བཞག་པ་ནི། རྒྱུ་རྣམ་པོ་དགུའི་ཕྱིར་སྡེ་སྣོད་གསུམ་དུ་བཞག་པར་འདོད་དོ་ཞེས་བྱ་བའི་དོན་ཏོ། །སྡེ་སྣོད་གསུམ་དུ་གཞག
་པ་ལ་དོགས་པ་ཅི་ཡོད་ཅེ་ན། དེའི་ཕྱིར་རྣམ་པར་གྲོལ་ཞེས་སྨོས་ཏེ། སྡེ་སྣོད་གསུམ་དུ་བཞག་པ་ནི་སེམས་ཅན་རྣམས་འཁོར་བ་ལས་འབྱུང་ཞིང་མྱ་ངན་ལས་འདས་པ་ཐོབ་པར་བྱ་བ་དང། སངས་རྒྱས་པ་ཐོབ་པར་བྱ་བའི་ཕྱིར་སྡེ་སྣོད་གསུམ་དུ་བཞག་གོ་ཞེས་བྱ
་བའི་དོན་ཏོ། །ཇི་ལྟར་གྲོལ་བར་འགྱུར་ཞེན་དེའི་ཕྱིར། བག་ཆགས་ཤེས་བྱེད་ཞི་བར་བྱེད་པ་དང། རབ་ཏུ་རྟོགས་པར་ཞེས་བྱ་བ་སྨོས་ཏེ། རྣམ་པར་གྲོལ་བར་བྱེད་པ་ནི་སྡེ་སྣོད་གསུམ་མཉན་པ་དང། བསམས་པ་དང། བསྒོམས་པའི་ཤེས་རབ་ཀྱི་རྣམ་པར་གྲོལ
་བར་བྱེད་དོ་ཞེས་བྱ་བའི་དོན་ཏོ། །དེ་ལ་མཉན་པའི་ཤེས་རབ་ཀྱིས་ནི་བག་ཆགས་སུ་བྱེད། ནམ་ཐོས་པའི་དུས་ན་ཆོས་ཀྱི་དབྱིངས་རྣམ་པར་དག་པའི་རྒྱུ་མཐུན་པ་ལས་བྱུང་བའི་མོས་པའི་བག་ཆགས་འཇོག་པར་བྱེད་པའི་ཕྱིར་རོ། །བསམས་པའི་ཤེས་རབ་ཀྱིས
་ནི་ཤེས་པར་བྱེད། དེ་ཇི་ལྟ་ཇི་ལྟར་བསམས་པ་དེ་ལྟ་དེ་ལྟར་དེ་དག་གིས་དོན་རྟོགས་པར་འགྱུར་བའི་ཕྱིར་རོ། །ཆོས་རྟོགས་པ་དང་ལྡན་པའི་ཤེས་རབ་ཅན་མི་བསྒོམ་པ་ལ་འཇུག་སྟེ། བསྒོམ་པ་ལ་ཞུགས་པའི་ཏིང་ངེ་འཛིན་གྱི་མཚན་ཉིད་ཞི་གནས་འཐོབ་པར
་འགྱུར་རོ། །ཞི་གནས་ཀྱི་སྟོབས་ཀྱིས་ནི་ཉོན་མོངས་པ་ཞི་བར་བྱེད་དེ་ཉོན་མོངས་པ་རྣམས་འཇིལ་བར་བྱེད་ཅེས་བྱ་བའི་དོན་ཏོ། །ཏིང་ངེ་འཛིན་ཐོབ་པས་སེམས་རྩེ་གཅིག་ཏུ་གྱུར་ན་ལྷག་མཐོང་གི་མཚན་ཉིད་ཀྱི་ཤེས་རབ་སྐྱེ་བར་འགྱུར་ཏེ། ཤེས
་རབ་ཀྱིས་ནི་བདེན་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རྟོགས་པར་བྱེད་དེ། བདེན་པ་རྟོགས་ན་མཐོང་བ་དང་བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་རྩ་ནས་འབྱིན་པས་ན་དེ་ལྟར་རྣམ་པར་གྲོལ་བར་འགྱུར་རོ། །རྒྱུ་དགུའི་ཕྱིར་ཏེ་ཞེས་བྱ་བ་ལ་ཉོན་མོངས་པའི་རྣམ
་པ་གསུམ་སྟེ། ཐེ་ཚོམ་ཉེ་བའི་ཉོན་མོངས་པ་དང། འདོད་པ་ལ་ཆགས་པས་རྗེས་སུ་སྦྱོར་བའི་མཛའ་དང། བདག་ངལ་བ་ལ་རྗེས་སུ་སྦྱོར་བ་མཛའ་ཨི་ཉེ་བའི་ཉོན་མོངས་པ་དང། བདག་ཉིད་ལྟ་བའི་ཉེ་བའི་ཉོན་མོངས་པ་དང་སྟེ། ཉོན་མོངས་པ་དེ་དག་སྤང་བའི་ཕྱིར་སྡེ
་སྣོད་གསུམ་བཤད་དོ་ཞེས་བྱ་བའི་དོན་ཏོ། །ཐེ་ཚོམ་གྱི་གཉེན་པོ་ནི་མདོ་ཡིན་ཏེ་ཞེས་བྱ་བ་ལ། ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པའི་ཆོས་རྣམས་ལ་ཐེ་ཚོམ་གྱུར་པའི་ཉོན་མོངས་པའི་གཉེན་པོར་ནི་མདོ་སྡེའི་སྡེ་སྣོད་བཤད་པ་ཡིན་ནོ་ཞེས་བྱ་བའི
་དོན་ཏོ། །ཇི་ལྟར་ཐེ་ཚོམ་གྱི་གཉེན་པོར་འགྱུར་རོ་ཞེ་ན། དེའི་ཕྱིར། གང་དོན་གང་ལ་ཐེ་ཚོམ་ཟ་བ་དེ་ལ་རྣམ་པར་གདོན་མི་ཟ་བར་བྱ་བའི་ཕུང་པོ་བཤད་པས་སོ་ཞེས་སྨོས་ཏེ། གང་ཞེས་བྱ་བ་ནི་གང་ཟག་གང་ཞེས་བྱ་བའི་དོན་ཏོ། །དོན་གང་ལ་ཞེས་བྱ་བ་ནི་ཕུང
་པོ་དང་ཁམས་དང་སྐྱེ་མཆེད་དེ། རྟེན་ཅིང་འབྲེལ་ཏེ་འབྱུང་བ་དང། བདེན་པ་དང་ས་དང་ཕ་རོལ་ཏུ་ཕྱིན་པའི་རང་དང་སྤྱིའི་མཚན་ཉིད་ཀྱི་དོན་གང་ལ་ཞེས་བྱ་བའི་དོན་ཏོ། །ཐེ་ཚོམ་ཟ་བ་ནི་ཡིན་ནམ་མ་ཡིན་སྙམ་དུ་ཡིད་གཉིས་ཟ་བའོ། །གདོན་མི་ཟ་པར་བྱ་པའི་དོན
་ནི་ཐེ་ཚོམ་ཟ་བདེ་དག་གི་ཐེ་ཚོམ་མེད་པར་བྱས་ནས། ཆོས་ཀྱི་མཚན་ཉིད་གཏན་ལ་བབ་བར་ཤེས་པར་བྱ་བའི་ཕྱིར་མདོ་སྡེ་བཤད་དོ་ཞེས་བྱ་བའི་དོན་ཏོ། །འདུལ་བ་ནི་མཛའ་གཉིས་རྗེས་སུ་སྦྱོར་བའི་ཉེས་པ་གཉེན་པོ་གཉིས་པོ་སྟེ་ཞེས་བྱ་བ་ལ། འདུལ་བའི་སྡེ
་སྣོད་ནི་འདོད་པ་ལ་ཆགས་པས་རྗེས་སུ་སྦྱོར་བའི་མཛའ་དང་བདག་ངལ་བ་ལ་རྗེས་སུ་སྦྱོར་བ་ལ་མཛའ་ཨི་ཉེ་བའི་ཉོན་མོངS་པཱི་གཉེན་པོར་བཤད་དེ་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་མཛའ་གཉིས་རྗེས་སུ་སྦྱོར་བའི་ཉེས་པའི་གཉེན་པོར་འགྱུར་ཞེ་ན། འདོད་པ་ལ་ཆགས་པས་རྗེས
་སུ་སྦྱོར་བའི་མཛའ་ཨི་གཉེན་པོར་འགྱུར་བར་བསྟན་པའི་ཕྱིར་ཁ་ན་མ་ཐོ་བ་དང་བཅས་པ་ལ་ཀུན་དུ་སྦྱོར་བ་དགག་པའི་ཕྱིར་འདོད་པ་ལ་ཆགས་པས་རྗེས་སུ་སྦྱོར་པའི་མཛའ་དང་ཞེས་སྨོས་ཏེ། འདོད་པ་ལ་ཆགས་པ་ནི་གང་བཅོམ་ལྡན་འདས་ཀྱིས་སྤྱོད་དུ་མི་སྣང
་བར་བསླབ་པ་ཚིགས་སུ་བཅད་པ་ལས་འདས་ནས་ཡོ་བྱད་སྣ་ཚོགས་སོགས་པའི་ཚུལ་གྱིས་བདག་ཆེ་བ་དང་རྒྱགས་པར་བྱ་བའི་དོན་དུ་ཀུན་ཏུ་ལོངས་སྤྱོད་པར་བྱེད་པ་སྟེ། དཔེར་ན་འདོད་པ་ལ་ཞེན་པའི་ཁྱིམ་ན་གནས་པ་ལ་སོགས་པ་ལྟ་བུའོ། །དེའི
་གཉེན་པོ་ནི་ཁ་ན་མ་ཐོ་བ་དང་བཅས་པ་ལ་ཀུན་ཏུ་སྤྱོད་པ་སྤྱོད་དུ་མི་གནད་པར་བཀག་སྟེ། དེ་ལ་སྤྱོད་པ་གང་གིས་ཕས་ཕམ་པ་དང་ལྟུང་བ་དང་ཉས་བྱས་ལ་སོགས་པ་འབྱུང་བར་འགྱུར་བའི་སྤྱོད་པ་ནི་ཁ་ན་མ་ཐོ་བ་དང་བཅས་པའི་སྤྱོད་པ་ཞེས་བྱ་སྟེ།
་དེ་བཀག་པ་ཡང་འདི་དང་འདི་རྣམས་ནི་སྤྱོད་དུ་མི་གནང་ངོ་ཞེས་བཀག་པ་དང། བསླབ་ཚིགས་བཅས་པ་རྣམས་ལ་ནི་བག་དང་གུས་པ་དང་བཅས་པ་དང། བསྒྲིམས་ཏེ་སྲུངས་ཤིག་ཅེས་བཀའ་སྩལ་པའོ། །བདག་ངལ་བ་ལ་རྗེས་སུ་སྦྱོར་བའི་མཛའ་ཨི་གཉེན
་པོར་གྱུར་པ་བསྟན་པའི་ཕྱིར། ཁ་ན་མ་ཐོ་བ་མེད་པ་ལ་ཀུན་དུ་སྤྱོད་པར་རྗེས་སུ་གནང་བའི་ཕྱིར་བདག་ངལ་བ་ལ་རྗེས་སུ་སྦྱོར་བའི་མཛའ་ཨི་འོ་ཞེས་བྱ་བ་སྨོས་ཏེ། ཁ་ན་མ་ཐོ་བ་མེད་པ་ལ་ཀུན་དུ་སྤྱོད་པར་གནད་བ་ནི་གང་བཅོམ་ལྡན་འདས་ཀྱི་ལྷུང་བཟེད་དང། ཆོས
་གོས་ལ་སོགས་པའི་ཡོ་བྱད་སྤྱོད་དུ་གནད་བ་རྣམས་ལ་བྱ་སྟེ། དེ་ཡང་མུ་སྟེགས་ཅན་གྱི་དཀའ་ཐུབ་ཐལ་བ་དང་ཚོར་མར་ཉལ་བ་དང་ཟས་གཅོད་པ་དང་ཁྱི་དང་བ་ལང་ལ་སོཌ་པའི་དཀའ་ཐུབ་ཀྱིས་བདག་གི་ལུས་སྡུག་བསྔལ་བར་བྱེད་པའི་གཉེན་པོར་གསུངས་ཏེ། དེ་བས
་ན་འདུལ་བ་ལས་ཀྱང། བཅོམ་ལྡན་འདས་ཀྱིས་ཚུལ་ཁྲིམས་དང་ལྡན་བ་དང། ཡོན་ཏན་དང་ལྡན་པའི་དགེ་སློང་ནི་ཁ་ཟས་རོ་བརྒྱ་དང་ལྡན་པ་དང། བརྒྱ་སྟོང་རི་བའི་གོས་དང། ཁང་བ་གཙང་མ་དག་ཀྱང་སྤྱོད་དུ་གནང་དོ་ཞེས་གསུངS
་སོ། །མདོར་ན་ཁ་ཟས་རོ་བརྒྱ་བཟོས་ནས་ཀྱང་ཆགས་པ་དང་རྒྱགས་བ་མེད་ན་དེ་ཉིད་ཁ་ན་མ་ཐོ་བ་མེད་པར་སྤྱོད་བ་ཡིན་ལ། སྔོ་རྔད?་ཀྱི་བག་ཟོས་ནས་ཆགས་པ་དང་རྒྱགས་པ་ཡོད་ན་དེ་ཉིད་ཁ་ན་མ་ཐོ་བ་དང་བཅས་པར་སྤྱོད་པའོ། །བརྒྱ་སྟོང་རི་བའི
་གོས་གྱོན་ནས་ཀྱང་ཆགས་པ་དང། རྒྱགས་པ་མེད་པར་སྤྱོད་ན་དེ་ཉིད་ཁ་ན་མ་ཐོ་བ་མེད་པར་སྤྱོད་ལ། ཕྱག་དར་ཁྲོད་པ་རྣམས་ལ་སྤྱོད་དེ། གལ་ཏེ་ཆགས་པ་དང་རྒྱགས་པ་ཡོད་ན་དེ་ཉིད་ཁ་ན་མ་ཐོ་བ་དང་བཅས་པར་སྤྱོད་པ་ཡིན་ནོ། །མངོན་པའི་ཆོས་ནི
་བདག་ཉིད་ལྟ་བ་བསྙེམས་པའི་གཉེན་པོར་ཏེ་ཞེས་བྱ་བ་ལ། ཉུང་ཟད་ཙམ་ཐོས་ལ་མང་དུ་ཐོས་པ་མེད་པར་ཆུང་ཟད་ཙམ་ཤེས་པའི་ཆོས་ཀྱི་ང་རྒྱལ་བྱེད་ཅིང་ལྟ་བ་དང། ཚུལ་ཁྲིམས་ཕྱིན་ཅི་ལོག་ལ་ཆགས་ནས་དགེ་བའི་བཤེས་གཉེན
་དག་གི་ཐད་ནས་མང་དུ་ཐོས་པ་མི་ཚོལ་བ་ནི་བདག་ཉིད་ལྟ་བ་བསྙམས་བ་ཞེས་བྱ་སྟེ། དེའི་གཉེན་པོར་མངོན་པའི་ཆོས་བཤད་དོ་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་ལྟ་བ་བསྙེམས་པའི་གཉེན་པོར་འགྱུར་ཞེ་ན། དེའི་ཕྱིར། ཆོས་ཀྱི་མཚན་ཉིད་མ་ལོག
་པར་བསྟན་པའི་ཕྱིར་ཞེས་སྨོས་ཏེ། མངོན་པའི་ཆོས་ཀྱི་ནང་ནས་ནི་ཆོས་རྣམས་ཀྱི་རང་དང་སྤྱིའི་མཚན་ཉིད་ཕྱིན་ཅི་མ་ལོག་པར་བཤད་ལ་དེ་ཐོས་པར་གྱུར་ན་ཆོས་ཀྱི་མཚན་ཉིད་ཕྱིན་ཅི་མ་ལོག་བར་ཁོང་དུ་ཆུད་པར་འགྱུར་བས་ལྟ་བ་དང་ཚུལ་ཁྲིམS
་ལ་ཕྱིན་ཅི་ལོག་ཏུ་འཛིན་པ་སྤོང་བར་བྱེད་པའི་ཕྱིར་ཏེ། འདི་ཡན་ཆད་རྒྱུ་རྣམ་པ་གསུམ་འཆད་དོ། །ཡང་མདོ་སྡེ་ནི་བསླབ་པ་གསུམ་བཤད་དོ་ཞེས་བྱ་བ་ལ། བསླབ་པ་གསུམ་ནི་ལྟག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་དང། ལྷག་པའི་སེམས་ཀྱི་བསླབ་པ་དང
་ལྷག་པའི་ཤེས་རབ་ཀྱི་བསླབ་པའོ། །དེ་ལ་ཉན་ཐོས་ཀྱི་ཚུལ་ཁྲིམས་ཀྱིས་ནི། ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་ནི་ཚུལ་དང་ལྡན་པ་ཡི། །སོ་སོ་ཐར་པའི་སྡོམ་པས་བསྡམས་པ་སྤྱོད་ཡུལ་དང་སྤྱོད་པ་ཕུན་སུམ་ཚོགས་པ་ཁ་ན་མ་ཐོ་བ་ཕྲ་མོ་ལ་ཡང་འཇིགས་པར་ལྟ
་བ་སྟེ། ཡང་དག་པར་བླངས་པའི་གནས་རྣམས་ལ་སློབ་པོ་ཞེས་གསུངས་པའོ། །ལྷག་པའི་སེམས་ཀྱིས་བསླབ་པ་ནི་གཟུགས་ཀྱི་ཁམས་ཀྱི་བསམ་གཏན་བཞི་དང། གཟུགས་མེད་པའི་ཁམས་ཀྱི་སྙོམས་པར་འཇུག་པ་བཞིའོ། །ལྷག་པའི་ཤེས་རབ་ཀྱི
་བསླབ་པ་ནི། འཕགས་པའི་བདེན་པ་བཞི་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པའོ། །ཐེག་པ་ཆེན་པོས་ཚུལ་གྱིས་ན། སྡོམ་པའི་ཚུལ་ཁྲིམས་དང། དགེ་བའི་སྡུད་པའི་ཚུལ་ཁྲིམས་དང། སེམས་ཅན་གྱི་དོན་བྱེད་པའི་ཚུལ་ཁྲིམས་གསུམ་ལ་ནི་ལྷག
་པའི་ཚུལ་ཁྲིམས་ཀྱི་བསླབ་པ་ཞེས་བྱའོ། །ནམ་མཁའ་མཛོད་དང་དཔའ་པར་འགྲོ་བའི་ཏིང་ངེ་འཛིན་ལ་སོགས་པ་ནི་ལྷག་པའི་སེམས་ཀྱི་བསླབ་པ་ཞེས་བྱའོ། །རྣམ་པར་མི་རྟོགས་པའི་ཡེ་ཤེས་ལ་ནི་ལྷག་པའི་ཤེས་རབ་ཀྱི་བསླབ་བ་ཞེས་བྱ་སྟེ། ཉན
་ཐོས་དང་ཐེག་པ་ཆེན་པོའི་མདོ་སྡེའི་ནང་ནས་བསླབ་པ་གསུམ་འཆད་དོ་ཞེས་བྱ་བའི་དོན་ཏོ། །འདུལ་བས་ནི་ལྷག་པའི་ཚུལ་ཁྲིམས་དང། ལྷག་པའི་སེམས་བསྒྲུབ་པ་ཡིན་ཏེ་ཞེས་བྱ་བ་ལ། འདུལ་བས་ནི་ལྷག་པའི་ཚུལ་ཁྲིམས་དག་པར་བྱེད་པ་དང།
་ལྷག་པའི་སེམས་མངོན་སུམ་དུ་བྱེད་པ་ཡིན་ཏེ། ལྷག་པའི་ཚུལ་ཁྲིམས་དག་པར་བྱེད་པ་ནི་འདུལ་བ་ལས་འབྱུང་བ་བཞིན་དུ་སྤྱད་ན་ཚུལ་ཁྲིམས་ལ་སྐྱོན་མེད་པའི་ཕྱིར་རོ། །ཚུལ་ཁྲིམས་དང་ལྡན་པ་འགྱོད་པ་མེད་པ་ལ་སོགS་པའི་རིམ་གྱིས་ཏིང་ངེ
་འཛིན་ཐོབ་པའི་ཕྱིར་རོ་ཞེས་བྱ་བ་ལ་ཚུལ་ཁྲིམས་དང་ལྡན་ན་འགྱོད་པ་མེད་པར་འགྱུར་རོ། །འགྱོད་པ་མེད་ན་ལུས་འགལ་དང་ཐོབ་བོ། །ལུང?་བག་འདས་ཐོབ་ན་བདེ་བ་སོ་སོར་མྱོང་བར་འགྱུར་རོ། །བདེ་བ་སོ་སོར་མྱོང་ན་སེམས་རྩེ་གཅིག་ཏུ་འགྱུར་ཏེ། དེ་བས་ན་ཏིང་ངེ་འཛིན
་མངོན་སུམ་དུ་འགྱུར་རོ། །མངོན་པའི་ཆོས་ནི་ལྷག་པའི་ཤེས་རབ་ཏུ་སྒྲུབ་པ་ཡིན་ཏེ་ཞེས་བྱ་བ་ལ། མངོན་པའི་ཆོས་ཀྱིས་ནི་ཆོས་རྣམས་ཀྱི་རང་དང་སྤྱིའི་མཚན་ཉིད་མ་ནོར་བར་ཤེས་པའི་ལྷག་པའི་ཤེས
་རབ་སྒྲུབ་ཅིང་མངོན་སུམ་དུ་བྱེད་པ་ཡིན་ཏེ་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་ལྷག་པའི་ཤེས་རབ་སྒྲུབ་ཅེ་ན། དེའི་ཕྱིར། མ་ནོར་བ་རྣམ་པར་རབ་ཏུ་སྣང་བར་འབྱེད་པའི་ཕྱིར་རོ་ཞེས་སྨོས་ཏེ། མངོན་པའི་ཆོས་ཀྱི་ནང་ནས་ནི་ཆོས་ཀྱི་རང་དང་སྤྱིའི་མཚན་ཉིད
་མ་ནོར་བར་ཕྱེ་སྟེ་བཤད་པས་ན་དེ་ཐོས་པའི་སྒོ་ནས་ཆོས་ཀྱི་མཚན་ཉིད་ལ་མ་ནོར་བར་ཤེས་པའི་ཤེས་རབ་སྐྱེ་བར་འགྱུར་ཏེ། འདི་ཡན་ཆད་ཀྱིས་རྒྱུ་དྲུག་བསྟན་ཏོ། །ཡང་མདོ་སྡེས་ནི་ཆོས་དང་དོན་བཤད་དོ་ཞེས་བྱ་བ་ལ། མིང་དང་ཚིགས
་དང་ཡི་གེ་རྣམས་ལ་ནི་ཆོས་ཞེས་བྱའོ། །དེས་བརྗོད་པར་བྱ་བ་ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་ལ་ནི་དོན་ཞེས་བྱའོ། །ཡང་ན་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པ་ལ་ནི་ཆོས་ཞེས་བྱའོ། །དགོངས་པ་བཞི་དང་ལྡེམ་པོ་དག
་བཞི་ལ་ནི་དོན་ཞེས་བྱའོ། །ཡང་ན་མཐོ་རིས་ཐོབ་པར་བྱེད་པའི་རྒྱུ་དགེ་བ་བཅུ་པའི་ཆོས་ཞེས་བྱའོ། །མྱ་ངན་ལས་འདས་པ་ཐོབ་པར་བྱེད་པའི་རྒྱུ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ལ་སོགས་པ་ལ་ནི་དོན་ཞེས་བྱ་སྟེ། མདོ་སྡེའི་ནང
་ནས་ནི་ཆོས་དང་དོན་གཉིས་འཆད་དོ་ཞེས་བྱ་བའི་དོན་ཏོ། །འདུལ་བས་ནི་ཆོས་དང་དོན་སྒྲུབ་བ་སྟེ་ཞེས་བྱ་བ་ལ། འདུལ་བས་ནི་ཆོས་དང་དོན་མངོན་སུམ་དུ་བྱེད་དོ་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་མངོན་སུམ་དུ་བྱེད་ཅེ་ན། དེ་ཅིའི་ཕྱིར། ཉོན་མོངས་པ
་འདུལ་བ་ལ་བརྩོན་པས་དེ་གཉིས་རབ་ཏུ་རྟོགས་པའི་ཕྱིར་ཞེས་བྱ་བ་སྨོས་ཏེ། འདུལ་བ་ལ་བརྟེན་ནས་མི་བཙང་བ་བསྒོམ་པས་སོགས་པའི་སྒོ་ནས་ཉོན་མོངས་པ་འདུལ་བ་ལ་བརྩོན་པས་ན་ཚིག་དང་ཡི་གེའི་མཚན་ཉིད་ཀྱི་ཆོས་དང་ཕུང་པོ་དང
་ཁམས་ལ་སོགས་པའི་མཚན་ཉིད་ཀྱི་དོན་ནམ་ཐོ་རིས་ཀྱི་མཚན་ཉིད་ཀྱི་ཆོས་དང་མྱ་ངན་ལས་འདས་པའི་མཚན་ཉིད་ཀྱི་དོན་རྣམས་རྟོགས་པར་འགྱུར་བས་འདུལ་པ་ནི་ཆོས་དང་དོན་མངོན་སུམ་དུ་བྱེད་དོ། །མངོན་པའི་ཆོས་ཀྱིས་ནི་ཆོས་དང
་དོན་ཡང་དག་པར་བརྗོད་པ་རྣམ་པར་གདོན་མི་ཟ་བ་ལ་མཁས་པའོ་ཞེས་བྱ་བ་ལ་ཆོས་དང་དོན་ཡང་དག་པར་བརྗོད་པ་ནི་ཆོས་དང་དོན་གཞན་ལ་བཤད་དོ། །རྣམ་པར་གདོན་མི་ཟ་བར་མཁས་པ་ནི་གཏན་ལ་དབབ་པ་འམ་ཕྱིན་ཅི་མ་ལོག་པར་མཁས
་པ་ལ་སྟེ། མངོན་པའི་ཆོས་ཀྱི་མཚན་ཉིད་ལ་མཁས་པར་གྱུར་ན་ཆོས་དང་དོན་རྣམས་གཞན་ལ་མ་ནོར་བར་བཤད་པ་ལ་མཁས་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེ་ལ་མདོ་སྡེའི་ནང་ནས་མདོར་བསྡུས་ནས་དོན་དུ་ཞིག་འབྱུང། འདུལ་བའི་ནང་ནས་དོན་མདོར
་བསྡུས་ན་དོན་དུ་ཞིག་འབྱུང། མངོན་པའི་ཆོས་ཀྱི་ནང་ནས་དོན་མདོར་བསྡུས་ན་དུ་ཞིག་འབྱུང་བ་དང། ཅིའི་ཕྱིར་ཞེ་ན། མདོ་སྡེ་ཞེས་བྱ་ཅིའི?་ཕྱིར་ན་འདུལ་བ་ཞེས་བྱ། ཅིའི་ཕྱིར་ན་མངོན་པའི་ཆོས་ཞེས་བྱ་ཞེ་ན། དེའི་ཕྱིར། མདོ་སྡེ་འདུལ་བ་མངོན་པའི་ཆོས། །འདོད
་ན་རྣམ་པ་བཞིའི་དོན་འདོད་ཅེས་བྱ་བ་ལ་སྨོས་ཏེ། མདོ་སྡེ་ཡང་མདོར་ན་དོན་རྣམ་པ་བཞི་འབྱུང་བའི་ཕྱིར་མདོ་སྡེ་ཞེས་བྱ་བར་འདོད་ལ། འདུལ་བ་ཡང་མདོར་ན་དོན་རྣམ་པ་བཞི་འབྱུང་བས་འདུལ་བར་འདོད་ལ། མངོན་པའི་ཆོས་ཀྱང་མདོར་ན་དོན་རྣམ་པ
་བཞི་འབྱུང་བས་མངོན་པའི་ཆོས་སུ་འདོད་ཞེས་བྱ་བའི་དོན་ཏོ། །བློ་ལྡན་པས་ནི་དེ་ཤེས་པས། །རྣམ་པ་ཐཾས་ཅད་མཁྱེན་པ་འཐོབ་ཅེས་བྱ་བ་ལ། བློ་ལྡན་པ་ནི་བྱང་ཆུབ་སེམས་དཔའ་ཨོ། །དེ་ཞེས་བྱ་བ་ནི་སྡེ་སྣོད་གསུམ་ལ་བྱ་སྟེ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྡེ་སྣོད་གསུམ
་ཤེས་ན་ཐཾས་ཅད་མཁྱེན་པའི་ཡེ་ཤེས་འཐོབ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ཉན་ཐོས་རྣམས་ནི་ཟད་ལ་མི་སྐྱེ་བའི་ཡེ་ཤེས་ཚོལ་བ་ཙམ་དུ་ཟད་དེ། རྣམ་པ་ཐམས་ཅད་མཁྱེན་པ་མི་ཚོལ་བས་ན་སྡེ་སྣོད་གསུམ་མ་ཤེས་ཀྱང་ཟད་ལ་མི་སྐྱེ་བའི་ཡེ་ཤེས་འཐོབ་སྟེ། སྒྱུ་གང་གིས
་འཐོབ་ཅེ་ན། ཚིགས་སུ་བཅད་པ་གཅིག་ཙམ་གྱི་དོན་ཤེས་པས་ཀྱང་ཟད་ལ་མི་སྐྱེ་བའི་ཡེ་ཤེས་འཐོབ་པར་འགྱུར་རོ། །གནས་རྣམས་དང་ནི་མཚན་ཉིད་དང། ཆོས་དོན་སྟོན་ཕྱིར་མདོ་ཡིན་ནོ་ཞེས་བྱ་བ་ལ། གནས་དང་མཚན
་ཉིད་དང་ཆོས་ཀྱི་དོན་ཏེ། རྣམ་པ་བཞི་སྟོན་པའི་ཕྱིར་མདོ་སྡེ་ཞེས་བྱའོ། །དེ་ལ་གནས་ལ་རྣམ་པ་གསུམ་སྟེ། ཡུལ་གང་དུ་བཤད་པ་དང། གང་གིས་བཤད་པ་དང། གང་གི་དོན་དུ་བཤད་པའོ། །དེ་ཡང་མདོ་སྡེ་དེ་དག་ལས་འདི་སྐད་བདག་གིས་ཐོས
་པའི་དུས་གཅིག་ན་བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་དགེ་སློང་དང། བྱང་ཆུབ་སེམས་དཔའ་མང་པོ་དང། ཐབས་གཅིག་ཏུ་བཞུགས་སོ་བྱ་བ་གསུངས་སོ། །དེ་ལྟར་ན་རྒྱལ་པའི་ཁབ་ལ་སོགས་པ་ཡུལ་གང་དུ་བཤད་པ་དེ་ཡང་གནས་ཡིན་བར་བསྟན
་ཏོ། །བཅོམ་ལྡན་འདས་གང་གིས་བཤད་པའི་དོན་སྟོན་པའི་བཅོམ་ལྡན་འདས་ཀྱང་གནས་ཡིན་པར་བསྟན་ཏོ། གང་ཟག་གང་གི་དོན་དུ་ཆོས་བཤད་པའི་གང་ཟག་དེ་ཡང་གནས་ཡིན་པར་བསྟན་ཏོ། །མཚན་ཉིད་ལ་རྣམ་པ་གཉིས་ཏེ། །ཀུན་རྫོབ་ཀྱི་བདེན
་པའི་མཚན་ཉིད་དང། དོན་དམ་པའི་བདེན་པའི་མཚན་ཉིད་དེ། དེ་ལ་བུམ་པ་དང། སྣམ་བུ་དང་གང་ཟག་ཅེས་བྱ་བ་ལ་སོགས་པ་ཚིག་ཏུ་བརྗོད་ཅིང་བསམ་དུ་རུང་བ་རྣམས་ནི་ཀུན་རྫོབ་ཀྱི་བདེན་པའི་མཚན་ཉིད་དོ། །བརྗོད་དུ་མི་རུང་ཞིང་བསམ་དུ་མི་རུང
་བ་རྣམས་ནི་དོན་དམ་པའི་བདེན་པའི་མཚན་ཉིད་དོ། །ཡང་བརྗོད་པ་དང་རྗོད་པ་ལས་གཞན་པའི་དབང་པོ་སྤྱོད་ཡུལ་དུ་གྱུར་པ་ནི་ཀུན་རྫོབ་ཀྱི་བདེན་པ་ཞེས་བྱའོ། །བརྗོད་པ་ལས་གཞན་པ་ལས་མི་བལྟོས་པ་ནི་དབང་པོའི་སྤྱོད་ཡུལ་དུ་མ་གྱུར་བ་ནི་དོན
་དམ་པའི་བདེན་པ་ཞེས་བྱའོ། །ཡང་ན་ཀུན་ནས་ཉོན་མོངས་པ་ནི་དམིགས་པའི་ཡུལ་དུ་གྱུར་པ་རྣམས་ནི་ཀུན་རྫོབ་ཀྱི་བདེན་པ་ཞེས་བྱའོ། །ཆོས་ཀྱི་དབྱིངས་དང་རྣམ་པར་མི་རྟོག་བའི་ཡེ་ཤེས་ནི་དོན་དམ་པའི་བདེན་པ་ཞེས་བྱའོ། །ཕུང་པོ་དང་ཁམས་དང
་སྐྱེ་མཆེད?་དང་ཟས་བཞི་དང། རྟེན་ཅིང་འབྲེལ་ཏེ་འབྱུང་བ་ལ་སོགས་པ་ལ་ནི་ཆོས་ཤེས་བྱ་སྟེ། ཟས་བཞི་ནི་ཁམས་གྱི་ཟས་དང། རེ་བ་དང། ཡིད་ལ་བྱེད་པ་དང། རྣམ་པར་ཤེས་པའི་ཟས་སོ་དགོངས་པ་བཞི་པ་ནི་དོན་ཞེས་བྱའོ། །མངོན་དུ་དང་ནི་རྒྱུ་མི་འཆད། །
་ཟིལ་གནོན་རྟོགས་ཕྱིར་མངོན་པའི་ཆོས་ཞེས་བྱ་བ་ལ། མངོན་པའི་ཆོས་སྟོན་པ་དང། རྒྱུན་མི་འཆད་པར་སྟོན་པ་དང་ཟིལ་གྱིས་གནོན་པ་དང། རྟོགས་པར་བྱེད་པའི་མངོན་པའི་ཆོས་ཞེས་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་ལ་བདེན་པ་བཞི་དང། བྱང་ཆུབ་ཀྱི
་ཕྱོགས་སུམ་ཅུ་རྩ་བདུན་དང། རྣམ་པར་ཐར་པའི་སྒོ་གསུམ་ལ་སོགས་པ་མྱ་ངན་ལས་འདས་པའི་ལམ་བསྟན་པས་ཆོས་རྣམས་ཀྱི་རང་དང་སྤྱིའི་མཚན་ཉིད་དང། མྱ་ངན་ལས་འདས་པའི་ཆོས་མངོན་དུ་བྱེད་པས་ན་མངོན་པའི་ཆོས་ཞེས་བྱའོ། །རྒྱུན་མི་འཆད
་པའི་ནི་རྣམ་པ་མང་པོའི་དོན་ཏེ། ཆོས་གཅིག་པ་ཡང་གཟུགས་ཡོད་པ་དང། གཟུགས་མེད་པ་དང། བརྟན་དུ་ཡོད་པ་དང། བསྟན་དུ་མེད་པ་དང། བལྟར་ཕོད་བ་དང། བལྟར་མེད་པ་ལ་?་པའི་བྱེ་བྲག་གིས་རྣམ་པ་མང་དུ་འཆད་པའི་ཕྱིར་མངོན་པའི་ཆོས་ཞེས་བྱའོ། །
་མངོན་པའི་ཆོས་ལ་མཁས་ན་རྩོད་པ་དང་རྩོད་པའི་གཞི་ལ་སོགས་པ་ལ་མཁས་པས་རྩོད་པ་ཐམས་ཅད་ཞི་བར་བྱེད་དེ། བས་ཀྱི་རྒོལ་བ་ཟིལ་གྱིས་གནོན་པས་ན་མངོན་པའི་ཆོས་ཞེས་བྱའོ། །མངོན་པའི་ཆོས་ལ་མཁས་ན་མདོ་སྡེ་རྣམས་ཀྱི་དོན་རྟོགས་པར
་འགྱུར་ཏེ། མདོ་སྡེའི་དོན་རྟོགས་པར་བྱེད་པའི་ཕྱིར་མངོན་པའི་ཆོས་ཞེས་བྱའོ། །ལྟུང་བ་སྐྱེ་དང་བླ་བ་དང། འབྱུང་བའི་ཆོས་ནི་འདུལ་བ་སྟེ་ཞེས་བྱ་བ་ལ། གང་ནས་ལྟུང་བ་དང་ལྟུང་བ་སྐྱེ་བ་དང། བསླང་བ་དང་དབྱུང་བ་སྟེ། ཆོས་རྣམ་པ་བཞི་འབྱུང་བ་དེ་ལ་འདུལ?
་བ་ཞེས་བྱ་བའི་དོན་ཏོ། །གང་ཟག་དང་ནི་བཅས་པ་དང། རབ་ཏུ་དབྱེ་བ་ངེས་པའི་ཕྱིར་ཞེས་བྱ་བ་ལ། རྣམ་པ་གཞན་དུ་ཡང་གང་ཟག་དང་བཅས་པ་དང། རྣམ་པར་དབྱེ་བ་ཡང་ངེས་པ་སྟེ། ཆོས་རྣམ་པ་བཞི་འབྱུང་བ་ལ་འདུལ་བ་ཞེས་བྱ་བའི་དོན་ཏོ། དེ་ལ་
་ལྟུང་བ་ནི་ལྟུང་བའི་སྡེ་ལྔའོ་ཞེས་བྱ་བ་ལ། ལྟུང་བ་སྡེ་ལྔ་ནི་ཕས་ཕམ་པ་དང། དགེ་འདུན་གྱི་ལྷག་མ་དང། ཉེས་པ་སྦོམ་པོ་དང། སོ་སོར་བཤགས་པ་དང། ལྟུང་བའོ། །ལྟུང་བ་སྐྱེ་བ་ནི་མི་ཤེས་པ་དང། བག་མེད་པ་དང་ཉོན
་མོངས་པ་མང་བ་དང། མ་གུས་པའི་ཕྱིར་རོ་ཞེས་བྱ་བ་ལ། རྒྱུ་བཞི་ལ་ལྟུང་བ་སྐྱེ་བར་འགྱུར་ཏེ། རྒྱུ་བཞི་ནི་མི་ཤེས་པ་ལ་སོགས་པའོ། །དེ་ལ་མི་ཤེས་པ་ནི་ཇི་ཙམ་གྱིས་ནི་ཕས་ཕམ་པར་འགྱུར། ཅི་ཙམ་གྱིས་ནི་ལྟུང་བར་འགྱུར། ཕས་ཕམ་པ
་ནི་གང་ལྟུང་བ་ནི་གང་ཡིན་པ་ནི་ཤེས་པས་ལྟུང་བ་སྐྱེས་པར་འགྱུར་པའོ། །བག་མེད་པ་ནི་བྱིས་པ་དང་བུ་མོ་དང་ཁྱིམ་ན་གནས་པ་དག་དང། བྱ་བ་ངན་པ་དག་ལ་ཞུགས་པས་ལྟུང་བ་འབྱུང་བར་འགྱུར་རོ། །ཉོན་མོངས་པ་མེད་པ་ནི་འདོད་ཆགས་དང་ཞེ
་སྡང་ལ་སོགས་པ་ཤས་ཆེ་བས་ཉོན་མོངས་པའི་དབང་དུ་གྱུར་ནས་ལྟུང་འབྱུང་བའོ། །མ་ལུས་པ་ནི་དང་པོ་ཉིད་ཚངས་བར་སྤྱོད་པ་ཉིད་འདོད་པའི་ཕྱིར་རབ་ཏུ་བྱུང་བ་ནི་མ་ཡིན་གྱི་རྒྱལ་པོ་འམ་རྐུན་པོ་ལ་སོགས་པའི་འཇིག་པ་འམ། འཚེ་བ་ཙམ་གྱིས་དོན
་དུ་བྱུང་བས་བསླབ་པ་བླངས་ནས་ཡང་ཚུལ་ཁྲིམས་ལ་མ་གུས་ཏེ། ཚོད་ཡོད་པར་འཛིན་པ་དང་ལེ་ལོ་བྱེད་པས་ལྟུང་བ་བྱུང་བར་འགྱུར་པའོ། །བསླད་བ་ནི་བསམ་པ་སྟེ། ཆད་པའི་ལས་ཀྱིས་ནི་མ་ཡིན་ནོ་ཞེས་བྱ་བ་ལ། ཆད་པའི་ལས་ཀྱིས་ཉེན་པ་ལས
་ཐར་བར་བྱེད་པ་ལ་ནི་འབྱུང་བར་ཞེས་བྱ་བའི་ལྟུང་བ་དང་ཉེས་པ་ལ་སོགས་པ་གང་བྱུང་ན་སེམས་ཀྱི་འགྱོད་པ་བསྐྱེད་ཅིང་ཕྱིན་ཆད་མི་བྱ་བར་བསྡམས་པས་ཉེས་པས་ཐར་བར་གྱུར་པ་ལ་མིང་དུ་བསླབ་པ་ཞེས་བྱའོ། །དབྱུང་པ་ནི་རྣམ་པ?་བདུན་ཏེ་ཞེས
་བྱ་བ་ལ། ལྟུང་བ་སྡེ་ལྔ་ལས་གང་ཡང་རུང་བ་དེ་ལས་བྱུང་བའི་ཐབས་རྣམ་པ་བདུན་ཡོད་དེ། །རྣམ་པ་བདུན་ནི་སོ་སོར་བཤགས་པ་དང། ཆད་པ་ལས་ཁས་ལེན་པ་དང། བསྒྱུར་བ་དང། དགྲོལ་བ་དང། གནས་ཡོངས་སུ་གྱུར་པ་དང། ཡང་དག་པར་སོ
་སོར་རྟོག་པ་དང་ཆོས་ཉིད་ཐོབ་པའོ། །དེ་ལ་སོ་སོར་བཤགས་པ་དང་ཞེས་བྱ་བ་ལ་ལྟུང་བ་ལ་སོགས་པ་ཉེས་པ་བྱུང་བ་ན་དགེ་སློང་གཅིག་གམ་གཉིས་སམ་གསུམ་མམ་བཞི་ལ་སོགས་པའི་མདུན་དུ་འཐོལ་ནས་ཉེས་པ་ལས་ཐར་བར་བྱེད་པ་ནི་སོ་སོར
་བཤགས་པ་ཞེས་བྱའོ། །བསླབ་པ་བྱིན་པ་ལ་སོགས་པ་ལ་ཆད་པའི་ལས་ཁས་ལན་པ་དང་ཞེས་བྱ་བ་ལ་དགེ་སློང་འབའ་ཞིག་གིས་འདོད་ཆགས་ཀྱི་དབང་གིས་རབ་ཏུ་གཟིར་ནས་སེམས་འཁྲུགས་པར་འགྱུར་བཞིན་དུ་མི་ཆངས་པར་སྤྱོད་པའི
་ཆོས་བྱས་པ་ལས་ཕྱིས་འགྱོད་པ་ཆེན་པོ་སྐྱེས་ནས་སེམས་ལ་གཅགས་པར་གྱུར་ཏེ་ཉེས་པ་གཅིག་ཙམ་ཡང་མེ་འཆབ་པའི་སེམས་ཐབ་ནས་ཉེས་བ་ཀུན་བཤགས་ནས་དེ་ཆད་པའི་ཁས་ལེན་དུ་བཅུག་ལ་དེ་ནས་བསླབ་པ་སླར་སྦྱིན་བར་བྱ་སྟེ། དེ་ལ
་ཆད་པ་ནི་ལས་ནི་བསྙེན་བར་རྫོགས་བ་ཐམས་ཅད་ཀྱི་ཐ་མར་བཞག་ཅིང་ཐ་མ་ཟ་བ་སྦྱིན་པ་དང། དགེ་སྦྱོང་ཐམས་ཅད་ཀྱི་དང་པོར་བཞག་ཅིང་དང་པོར་བཟའ་བ་སྦྱིན་པ་ལ་སོགས་པའི་ཆད་པའི་ལས་བྱེད་དུ་གཞུག་པའོ། །བསླབ་པ་ལས་རྣམ་བྲངས་ཀྱི་བན
་པའི་ཕྱིར་བསྒྱུར་བ་དང་ཞེས་བྱ་བ་ལ། བསྒྱུར་བས་དབྱུང་བ་ནི་བཅོམ་ལྡན་འདས་ཀྱིས་ཕྱི་དྲའི་ཁ་ཟས་བཟའ་བར་མི་གནང་ངོ་ཞེས་བསླབ?་པ་བྱེད་པ་ལས་རྣམ་གྲངས་གཞན་གྱིས་བཟའ་བར་གནང་བ་ཡང་ཡོད་དེ་ལམ་དུ་སོན་པ་ལ་དུས་ཞེ
་འབྱུང་བ་ལ་སོགས་པའོ། །དགེ་འདུན་ཚོགས་པ་བསླབ་པའི་གནས་དགྲོལ་པའི་ཕྱིར་བཀྲོལ་བ་དང་ཞེས་བྱ་བ་ལ། བཅོམ་ལྡན་འདས་ཀྱིས་འཕགས་པ་དགའ་བོ་ལ་བཀའ་སྩལ་པ། ཡོངས་སུ་མྱ་ངན་ལས་འདས་པའི་དུས་ན་དྲན?
་པར་གྱིས་ཤིག་དང། བསླབ་པ་བཅས་པ་རྣམས་ལ་བསླབ་པའི་ཚིག་ཕྲན་ཚོགས་རྣམས་དགྲོལ་བར་བྱ་ཞེས་གསུངས་པ་ལས་མྱ་ངན་ལས་འདས་པའི་ཚེ་འཕགས་པ་དགའ་གོ་མྱ་ངན་གྱིས་ནོན་ནས་བཅོམ་ལྡན་འདས་ལ་?
་ཏེ། དགོངས་པར་བྱ་བ་མ་གསོལ་ཏོ། །དེ་ནས་ཕྱིས་མྱ་ངན་ལས་འདས་པའི་འོག་ཏུ་ཅིའི་ཕྱིར་བཅོམ་ལྡན་འདས་ལ་དགོངས་པར་མ་གསོལ་ཅེས་འཕགས་པ་འོད་སྲུངས་ཆེན་པོ་ལ་སོགས་པ་ཡང་དག་པར་སྡུད་བར
་བྱེད་པ་རྣམས་ཀྱིས་འཕགས་པ་དགའ་བོ་ཆད་པས་གཅད་དོ། །དེ་ལྟར་མྱ་ངན་ལས་འདས་པའི་དུས་ན་བསླབ་ཚིགས་ཕྲན་ཚོགས་རྣམས་དགྲོལ་བར་བྱའོ་ཞེས་གསུངས་པ་དེ་ལ་བརྟེན་ནས་ཐམས་ཅད་ཡོད་པར་སྨྲ་བའི་གཞུང་གྲི་སྡེ་ལས་དགེ་འདུན
་ཚོགས་པས་བསླབ་ཚིག་ཕྲ་མོ་རྣམས་དགྲོལ་བར་བྱ་བ་ཡོད་དོ་ཞེས་གྲགས་སོ། །དེའང་གྲག་པ་ཙམ་དུ་ཟད་དེ་བསླབ་ཚིག་ལས་དགེ་འདུན་གྱིས་སྔོན་ཡང་དགྲོལ་བ་མེད། ད་ལྟར་ཡང་དཀྲོལ་བ་མེད་དོ། །དགེ་སློང་མ་ཕ་དང་དགེ་སློང་མ་བ་མོས་ཀྱི་མཚན་འགྱུར
་ནས་ཐུན་མོང་མ་ཡིན་པའི་ལྟུང་བ་ནི་གནས་ཡོངས་སུ་གྱུར་པ་དང་ཞེས་བྱ་བ་ལ། གནས་ཡོངས་སུ་གྱུར་པའི་སྒོ་ནས་ཉེས་པ་ལས་བྱུང་བ་ནི་དགེ་སློང་ཕ་ལ་ཕས་ཕམ་པ་བཞི་ཡོད་ལ། དགེ་སློང་མ་བབས་ཕམ་པ་བརྒྱད་ཡོད་ལ་པ་ལ་སོཌ་པའི་ཕ་མ་པ་དང
་ལྟུང་བ་རྣམ་པ་མང་ཉུང་དུ་གྱུར་ཏེ། མི་མཐུན་པས་ན་དགེ་སློང་ཕོ་མོ་གཉིས་ཀ་ལྟུང་བ་ཐུན་མོང་པ་མ་ཡིན་པ་ཞེས་བྱའོ། །དེ་ལྟར་དགེ་སློང་ཞིག་གལ་ཏེ་མཚན་གྱུར་ནས་བུད་མེད་ཀྱི་མཚན་སྐྱེས་པར་གྱུར་ན་དགེ་སློང་གི་ཚེ་ལྟུང་བ་བྱུང་ཡང་ལྟུང་བ་དེ་ཐུན
་མེད་མ་ཡིན་ཏེ། དགེ་སློང་ཉིད་ཀྱིས་བཤགས་པར་བྱ་བ་ཡིན་པས་བུད་མེད་དུ་མཚན་གྱུར་ན་ཉེས་པ་བཤགས་པ་ལ་སོགས་པའི་ཆོག་མ་བྱས་ཀྱང་ཉེས་པ་ལས་འབྱུང་བར་འགྱུར་རོ། །གལ་ཏེ་དགེ་སློང་མ་ཞིག་མཚན་གྱུར་ཏེ་བོད་གྱུར་ན་དགེ་སློང་མའི་ལྟུང་བ་ཡང
་དགེ་སློང་མ་ཉིད་ཀྱིས་བཤཌ་པར་བྱ་བ་ཡིན་ཏེ་ལྟུང་བ་ཐུན་མོང་མ་ཡིན་པས་ན་སྐྱེས་པའི་མཚན་བྱུང་བར་གྱུར་ན་བཤགས་པ་ལ་སོགས་པའི་ཆོ་ག་མ་བྱས་པར་ཡང་ཉེས་པ་ལས་འབྱུང་བར་འགྱུར་རོ། །ཆོས་ཀྱི་མདོའི་རྣམ་སོ་སོར་རྟོག་པའི་བྱེ་བྲག་སྟེ་ཡང་དག་པར་སོ་སོར
་རྟོག་པ་དང་ཞེས་བྱ་བ་ལ། ཡང་དག་པར་སོ་སོར་རྟོག་པའི་སྒོ་ནས་འབྱུང་བར་འགྱུར་བ་ནི་འདུས་བྱས་ཐམས་ཅད་མི་རྟག་པ་དང། ཆོས་ཐམས་ཅད་བདག་མེད་པ་དང། ཟག་པ་དང་བཅས་པ་སྡུག་བསྔལ་བ་དང། ཞི་བ་མྱ་ངན་ལས་འདས་པའོ་ཞེས་ཆོས
་ཀྱི་མོད་གསུངས་པ་ལ་སོ་སོར་བརྟགས་ཏེ། དོན་ཤེས་ཀྱིས་མཐོང་ནས་ཉེས་བ་ཕྲན་ཚོགས་ཕྲན་ཆགས་ལས་འབྱུང་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །བདེན་པ་མཐོང་བས་ཕྲ་མོའི་ལྟུང་བ་མེད་པའི་ཆོས་ཉིད་ཐོབ་པའི་ཕྱིར་ཆོས་ཉིད་ཐོབ་པའོ་ཞེས་བྱ་བ་ལ།
་ཆོས་ཉིད་ཐོབ་པའི་སྒོ་ནས་འབྱུང་བར་འགྱུར་བ་ནི་བདེན་པ་བཞི་མཐོང་ན་སྔོན་ཉེས་པ་ཕྲན་ཚོགས་བྱས་པ་ལས་ཀྱང་ཐར་བར་འགྱུར་ལ། གྱིས་ཀྱང་ཉེས་པ་ཕྲན་ཚོགས་མི་བྱེད་པའི་ཆོས་ཉིད་ཐོབ་པས་ན་ལྟུང་བ་ལས་འབྱུང་བར་འགྱུར་རོ་ཞེས་བྱ་བའི
་དོན་ཏོ། །གང་ཟག་ལས་ནི་དེ་ལས་བརྟེན་ནས་བཅས་པ་དང་ཞེས་བྱ་བ་ལ། གང་ཟག་གི་སྒོ་ནས་འདུལ་བར་བཞག་པ་ནི་ཉེས་པ་བྱེད་པའི་གང་ཟག་གང་ལ་བརྟེན་ནས་བསླབ་ཚིགས་བཅས་པ་སྟེ། དཔེར་ན་ཚེ་དང་ལྡན་པ་བཟང་བྱིན་ལ་བརྟེན་ནས
་བསླབ་པའི་གནས་དང་པོ་མི་ཚངས་པར་སྤྱོད་པ་མི་གནས་པའི་བསླབ་ཚིགས་བཅས་པ་ལྟ་བུའོ། །བཅས་པའི་གང་ཟག་གི་ཉེས་པ་གསོལ་ནས་སྟོན་པས་དགེ་འདུན་བསོགས་ཏེ་བསླབ་པ་བཅས་པའོ་ཞེས་བྱ་བ་ལ། བཅས་པའི་སྒོ་ནས་འདུལ
་བར་བཞག་པ་ནི་གང་ཟག་གིས་ཉེས་པ་བྱས་པའི་ཉེས་པའི་དམིགས་དགེ་སློང་རྣམས་ཀྱིས་སངས་རྒྱས་ལ་གསོལ་ནས་སངས་རྒྱས་ཀྱི་དགེ་འདུན་བསོགས་ཏེ། དགེ་སློང་དག་དང་ཕྱིན་ཆད་དགེ་སློང་རྣམས་ཀྱི་ཆོས་འདི་ལྟ་བུ་བྱེད་དུ་མི་གནང་ངོ་ཞེས
་བསླབ་པ་བཅས་པའོ། །རྣམ་པར་དབྱེ་བ་ལས་གང་བསླབ་པའི་གནས་བཅས་པ་ལ་མདོར་བསྟན་པའི་རྣམ་པར་དབྱེ་བའོ་ཞེས་བྱ་བ་ལ། རྣམ་པར་དབྱེ་བའི་སྒོ་ནས་འདུལ་བར་བཞག་པ་ནི་ཇི་ལྟར་བཅོམ་ལྡན་འདས་ཀྱིས་རྩཝ་དང་ཆུ་སྔོན་པོའི་གནས
་དག་ཏུ་བཤད་པ་དང་གཅི་པ་མི་བྱའོ་ཞེས་བསླབ་པའི་ཚིགས་བཅས་ཏེ། མདོར་བསྟན་པ་ལས་རྒྱས་པར་ཕྱེ་ནས་བཤད་པ་སྟེ། ཇི་ལྟ་ན་རྒྱལ་པོའི་ཀུན་དགའ་ར་བར་སོང་བ་དང་དྲུག་སྡེ་རྣམས་ཀྱིས་རྩཝ་སྔོན་པོ་ལ་སོགས
་པ་རྩེད་མོའི་གནས་དག་ན་བཤད་གཅིའི་བྱས་པ་ལས་བསླབ་པའི་གནས་བཅས་སོ་ཞེས་ཞིབ་ཏུ་བཤད་པ་ལྟ་བུའོ། །རྣམ་པར་གདོན་མི་ཟ་བའི་ཕྱིར་ཏེ། དེ་ལ་ལྟུང་བ་དང་ལྟུང་བ་མ་ཡིན་པ་དང་ཇི་ལྟར་རབ་ཏུ་ངེས་པར་བྱེད་པའི་ཕྱིར་རོ་ཞེས་བྱ་བ
་ལ། རྣམ་པར་གདོན་མི་ཟ་བའི་སྒོ་ནས་འདུལ་བར་བཞག་པ་ནི་ལྟུང་བ་སྡེ་ལྔ་ལས་འདི་ནི་ལྟུང་བ་ཡིན། འདི་ནི་ཕས་ཕམ་པ་ཡིན། འདི་ནི་ཉེས་པ་སྦོམ་པོ་ཡིན། འདི་ཙམ་གྱིས་ནི་ལྟུང་བར་འགྱུར་རོ། །འདི་ཙམ་གྱིས་ནི་ལྟུང་བར་མི་འགྱུར་རོ། །ཞེས་གཏན
་ལ་ཕབ་སྟེ་བསྟན་པའོ།། །།དམིགས་པའི་བཙལ་བའི་སྐབས་བཤད་པ་རྫོགས་སོ།། །།དམིགས་བརྙེད་པ་ཡོངས་སུ་ཚེ་ལ་བ་ལ་ཚིགས་སུ་བཅད་པ་གསུམ་སྟེ་ཞེས་བྱ་བ་ལ། དམིགས་པ་རྙེད་པ་ནི་དམིགས་པ་མངོན་སུམ་དུ་གྱུར
་པ་སྟེ། དམིགས་པ་ཡོངས་སུ་ཚོལ་བའི་སྐབས་ཀྱི་རྗེས་ལ་དམིགས་པ་རྙེད་པའི་སྐབས་བཤད་པར་འབྲེལ་པ་ཅི་ཡོད་ཅེ་ན། གོང་དུ་བཤད་པ་ལྟར་དམིགས་པའི་ཡུལ་བཙལ་ཏེ་ཡུལ་རྙེད་ན་གཏན་ལ་ཕབ་ན་དེའི་འོག་ཏུ་དམིགས་པའི་ཡུལ་མངོན
་སུམ་དུ་འགྱུར་བས་ན་དམིགས་པ་ཡོངས་སུ་ཚོལ་བའི་སྐབས་ཀྱི་རྗེས་ལ། དམིགས་པ་རྙེད་པ་ཡོངས་སུ་ཚོལ་བའི་སྐབས་བཤད་པར་འབྲེལ་ཏོ། །དེ་ལ་དམིགས་པའི་ཡུལ་ཡང་རྣམ་པ་བཞི་སྟེ། ཆོས་ལ་དམིགས་པ་དང། ནང་ལ་དམིགས་པ
་དང། ཕྱི་ལ་དམིགས་པ་དང། ཕྱི་ནང་གཉིས་ཐམས་ཅད་ཀྱི་དེ་བཞིན་ཉིད་ལ་དམིགས་པའོ། །ཆོས་ལ་དམིགས་པར་འདོད་པ་སྟེ་ཞེས་བྱ་བ་ལ། དེ་ལ་ཆོས་ཞེས་བྱ་བའི་སྒྲ་ནི་གསུང་རབ་ཡན་ལག་བཅུ་གཉིས་ལ་བྱ་སྟེ། དེ་དག་ཀྱང་ཤེས་རབ་རྣམ
་པ་གསུམ་གྱི་དམིགས་པར་བྱ་བའི་ཡུལ་དུ་འདོད་དོན་ཞེས་བྱ་བའི་དོན་ཏོ། །ཡང་ན་ཆོས་ཞེས་བྱ་བ་ནི་ཐེག་པ་ཆེན་པོའི་མདོ་སྡེ་རྣམས་ལ་བྱ་སྟེ། དེ་འང་བྱང་ཆུབ་སེམས་དཔའ་དབང་པོ་རྣོན་པོ་རྣམས་ཀྱིས་དམིགས་པར་བྱ་བ་ཡིན་པར་འདོད་ཀྱི་ཐམས
་ཅད་ཀྱི་དམིགས་པར་བྱ་མའི་ཡུལ་ནི་མ་ཡིན་ནོ། །ཡང་ན་ཆོས་ནི་ཀུན་ནས་ཉོན་མོངས་པ་དང། རྣམ་པར་བྱང་བའི་ཆོས་གཉིས་ལ་བྱ་སྟེ། ཆོས་དེ་དག་ཉིད་སྐྱེ་ཞིང་འཇིག་པའི་རང་བཞིན་ཅན་དུ་ཟད་ཀྱི་དེ་ལས་མ་གཏོགས་པའི་བདག་དེང་ནང་ན་བྱེད་པ
་སྐྱེས་བུ་གང་ཡང་སྐྱེད་དོ་ཞེས་བྱ་བའི་དོན་ཏོ། །ནང་དང་ཞེས་བྱ་བ་ལ། གཟུགས་ཀྱི་ཕུང་པོ་དང་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་རྣམ་པར་ཤེས་པའི་ཕུང་པོ་ལ་ནང་ཞེས་བྱའོ། །ནང་ན་འཛིན་པར་གྱུར་པ་མིག་གི་སྐྱེ་མཆེད་ནས་ཡིད་ཀྱི་སྐྱེ་མཆེད
་ཀྱི་བར་ལ་འཛིན་པ་ཞེས་བྱའོ། །ཕྱི་དང་ཞེས་བྱ་བ་ལ་གཟུགས་ནས་ཆོས་ཀྱི་སྐྱེ་མཆེད་ཀྱི་བར་གྱི་ཡུལ་དྲུག་གཟུང་བར་གྱུར་པ་ལ་ཕྱི་ཞེས་བྱའོ། །དེ་ལ་ཆོས་ལ་དམིགས་པ་དད་པོར་བསྟན་ཀྱང་ཆོས་ལ་དམིགས་པ་རྙེད་པ་བཤད་པ་མང་བས
་ཕྱིས་ཚིགས་བཅད་གཉིས་པ་དང། གསུམ་པས་རྒྱས་པར་འཆད་ཀྱི་ནང་གི་དམིགས་པ་རྙེད་པ་དང། ཕྱིའི་དམིགས་བརྙེད་པ་དང། ཕྱི་ནང་ཐམས་ཅད་ཀྱི་དེ་བཞིན་ཉིད་ཀྱི་དམིགས་པ་རྙེད་པ་བཤད་པ་ཉུང་བས་ན་དེ་དག་གི་དམིགས་པ་རྙེད་པ་དང
་པོར་བཤད་པར་བྱ་སྟེ། དེ་བས་ན་གཉིས་ཀའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཕྱིར་པ་གཉིས་ཀྱི་དེ་བཞིན་ཉིད་རྣམ་པ་གཉིས་ལ། གཉིས་ཀ་ཞེས་བྱ་སྟེ། རྣམ་ཕྱིའི་དེ་བཞིན་ཉིད་མངོན་སུམ་དུ་གྱུར་ན་ཕྱིའི་དམིགས་བརྙེད་པ་དང། ནམ་ནང་གི་དེ
་བཞིན་ཉིད་མངོན་སུམ་དུ་གྱུར་ན་ནང་གི་དམིགས་པ་རྙེད་ཅེས་བྱའོ། །རྒྱུ་གང་གིས་ཕྱི་ནང་གི་དེ་བཞིན་ཉིད་མངོན་སུམ་དུ་འགྱུར་ཞེ་ན་དེའི་ཕྱིར། དོན་གཉིས་ཀྱིས་ནི་གཉིས་ཀ་རྙེད་ཅེས་བྱ་བ་སྨོས་ཏེ། དོན་གཉིས་ཀྱིས་ན་ཕྱི་ནང་གཉིས་ཀྱི་དེ་བཞིན་ཉིད་ཀྱི
་དམིགས་པ་རྙེད་པར་འགྱུར་ཏེ། དོན་གཉིས་ཀྱིས་ནི་གཟུང་བའི་དོན་དང་འཛིན་པའི་དོན་ཐ་དད་པ་མ་ཡིན་པར་མཐོང་བ་དང། འཛིན་པའི་དོན་ལས་གཟུང་བའི་དོན་ཐ་དད་པ་མ་ཡིན་པར་མཐོང་པའོ། །དེ་ལ་གལ་ཏེ་འཛིན་པ
་སྟེ་སེམས་ལས། གཟུང་བ་སྟེ་ཕྱིའི་ཡུལ་རྣམས་ལོགས་ཤིག་ན་ཡོད་པ་མ་ཡིན་པར་མཐོང་ནས་སེམས་ཙམ་དུ་མཐོང་ནས་གཟུང་བའི་གཡེང་བ་སྤངས་པས་ཕྱིའི་དམིགས་པ་རྙེད་པ་ཞེས་བྱ་སྟེ། འདི་ནི་བཟོད་པའི་དུས་ནའོ། །གལ་ཏེ་གཟུང་བ་སྟེ།
་ཕྱིའི་ཡུལ་ལས་འཛིན་པ་སྟེ། ནང་གི་སེམས་ཐ་དད་པ་མ་ཡིན་པ་མཐོང་སྟེ། ཕྱིའི་ཡུལ་མེད་པ་བཞིན་དུ་ནང་གི་སེམས་ཀྱང་མེད་དོ་ཞེས་ཁོང་དུ་ཆུད་ན་འཛིན་པ་ལ་གཡེང་བ་སྤནགས་བས་ནང་གི་དམིགས་པ་རྙེད་པ་ཞེས་བྱ་སྟེ། འདི་ནི་འཇིག་རྟེན
་གྱི་ཆོས་མཆོག་གི་དུས་ནའོ། །ཕྱི་དང་ནང་གཉིས་ཀའི་དེ་བཞིན་ཉིད་རྙེད་པར་ཇི་ལྟར་འགྱུར་ཞེ་ན། དེའི་ཕྱིར་གཉིས་པོ་དག་ནི་མི་དམིགས་པ་ཞེས་བྱ་བ་སྨོས་ཏེ། གང་གི་ཆོས་ཀྱི་དབྱིངས་ཐམས་ཅད་དུ་འགྲོ་བའི་མཚན་ཉིད་དུ་རྟོགས་ནས་སྣང་བ་གཟུང
་བ་ཡང་མི་དམིགས་འཛིན་པའི་ཡང་མི་དམིགས་པར་འགྱུར་ཏེ། གཉིས་སུ་མེད་པའི་ཡེ་ཤེས་ལ་གནས་པར་གྱུར་ན་ཕྱི་ནང་ཐམས་ཅད་ཀྱི་དེ་བཞིན་ཉིད་ཀྱི་དམིགས་པ་རྙེད་པ་ཞེས་བྱ་སྟེ། འདི་ནི་ས་དང་པོའི་དུས་ནའོ། །དྲོང་དང་སྦྱི་པོའི་ཚེ་ན་ནི་ཕྱི་ནང
་གི་དེ་བཞིན་ཉིད་མངོན་སུམ་དུ་མ་གྱུར་པས་དམིགས་པ་རྙེད་པར་མི་བཤད་དོ། །ལུས་ལ་སོགས་པ་ནི་ཕྱི་ནང་སྟེ་ཞེས་བྱ་བ་ལ། ལུས་སྟེ་ཕུང་པོ་ལྔ་ལ་ནི་ནང་ཞེས་བྱ། གཟུགས་ལ་སོགས་པའི་ཡུལ་དྲུག་ལ་ནི་ཕྱི་ཞེས་བྱའོ། །དེ་གཉིས་ཀྱི་དེ་བཞིན་ཉིད
་ལ་དེ་གཉིས་སོ་ཞེས་བྱ་བ་ལ། ཕྱི་ནང་གཉིས་ཀྱི་དེ་བཞིན་ཉིད་རྣམ་པ་གཉིས་ལ་གཉིས་ཀའི་ཞེས་བྱ་སྟེ། ཕྱིའི་དེ་བཞིན་དང་ནང་གི་དེ་བཞིན་ཉིད་དོ། །སྨྲས་བ་སྟོད་པ་ཉིད་ནི་རོ་གཅིག་པར་ཟད་ན་ཅིའི་ཕྱིར་རྣམ་པ་གཉིས་སུ་བཞག་ཅེ་ན། ལན་དུ་དེ་བཞིན
་ཉིད་ལ་རྣམ་པ་གཉིས་སུ་དབྱེ་བ་མེད་མོད་ཀྱི། ཕྱི་ནང་གི་ཆོས་ཆོས་ཅན་རྣམ་པ་གཉིས་སུ་ཐ་དད་པས་ཆོས་ཉིད་ཀྱང་རྣམ་པ་གཉིས་སུ་བཞག་སྟེ། དཔེར་ན་བུམ་པའི་ནམ་མཁའ་དང། གནས་ཁང་གི་ནམ་མཁའ་ཞེས་བྱ་བ་ལ་སོགས་པ་བཞིན་ནོ། །གཟུང
་བའི་དོན་ནས་འཛིན་པའི་དོན་ཐ་དྡ་པ་མ་ཡིན་པར་མཐོང་བ་དང་ཞེས་བྱ་བ་ལ། རྣམ་པར་ཤེས་པ་ཉིད་གཉིས་ལྟ་བུར་རྣམ་པར་སྣང་སྟེ། གཟུང་བའི་ཕྱིའི་ཡུལ་ལན་གཏོགས་པར་འཛིན་བཞེས་བྱ་བ་མིག་ལ་སོགས་པ་ནང་གི་སྐྱེ་མཆེད་བྱིས་པ་བཏགས་པ་ལྟ་བུར
་ལོགས་ཤིག་ན་ཡོད་པ་མ་ཡིན་ཏེ། ཡུལ་དང་འདྲ་བར་སེམས་ཀྱང་མེད་པར་མཐོང་ན་ནང་གི་དམིགས་པ་རྙེད་པ་ཞེས་བྱ་སྟེ། འདི་ནི་འཇིག་རྟེན་གྱི་ཆོས་ཀྱི་མཆོག་གི་དུས་ནའོ། །འཇིག་རྟེན་པའི་དོན་ལས་གཟུང་བའི་དོན་ཐ་དད་པ་མ་ཡིན་པར
་མཐོང་བའོ་ཞེས་བྱ་བ་ལ། སེམས་ཉིད་གཟུགས་ལ་སོགས་པའི་དོན་དུ་སྣང་བར་ཟད་ཀྱི་སེམས་ལས་མ་རྟོགས་པའི་གཞན་ཡོད་པ་མ་ཡིན་ནོ་ཞེས་མཐོང་ན་ཕྱིའི་དམིགས་པ་རྙེད་པ་ཞེས་བྱ་སྟེ། འདི་བཟོད་པའི་དུས་ནའོ། །ཕྱི་དང་ནང་དང
་ཕྱི་ནང་ཐམས་ཅད་ཀྱི་དེ་བཞིན་ཉིད་དམིགས་ལ་རྙེད་པ་བསྟན་ནས་ད་ནི་ཇི་ལྟར་ན་ཆོས་ལ་དམིགས་པ་རྙེད་བར་འགྱུར་བ་དེ་བསྟན་ཏེ། དེའི་ཕྱིར། ཆོས་ལ་དམིགས་པ་རྙེད་པ་ནི། ཐོས་པ་དམིགས་པ་རྙེད་པ་ནི། ཐོས་པ་ལ་སོགས་ཤེས་རབ་གསུམ་གྱིས་ཞེས་བྱ་བ་ལ་སོགS
་པ་སྨོས་ཏེ། ཆོས་ནི་གསུང་རབ་ཡན་ལག་བཅུ་གཉིས་ལ་སོགས་པའོ། །ཆོས་དེ་དག་ལ་དམིགས་པ་རྙེད་དེ། དོན་མངོན་དུ་འགྱུར་བ་ཡང་དོན་རྣམ་པ་གསུམ་གྱིས་འགྱུར་ཏེ། ཐོས་པའི་ཤེས་རབ་དང། བསམ་པའི་ཤེས་རབ་དང། བསྒོམ
་པའི་ཤེས་རབ་གསུམ་གྱིས་མངོན་སུམ་དུ་འགྱུར་རོ། །ཐོས་པའི་ཤེས་རབ་ཀྱིས་ཇི་ལྟར་མངོན་སུམ་དུ་འགྱུར་བ་བསྟན་པའི་ཕྱིར། ཡིད་ཀྱི་གྲཏོག་པས་བཤད་པ་བཞིན། དད་པ་ལ་ནི་རབ་འཛིན་ཕྱིར་ཞེས་སྨོས་ཏེ། རྣ་བའི་རྣམ་པར་ཤེས་པ་ནི་
་རྣམ་པར་མི་རྟོག་པ་ཡིན་པས་དེས་དོན་རྟོགས་པར་མི་ནུས་པས་ན་ཡིད་ཀྱི་རྟོག་པ་ཞེས་བྱ་བས་རྣ་བའི་རྣམ་པར་ཤེས་པའི་རྗེས་ལས་བྱུང་བ་རྣམ་པར་རྟོག་པ་དང་བཅས་པའི་ཡིད་ཀྱི་རྣམ་པར་ཤེས
་པ་ལ་ཡིད་ཀྱི་རྟོག་པ་ཞེས་བྱའོ། །གང་གི་ཚེ?་སེམས་གཡེངས་པ་མེད་པར་ཆོས་ཉན་པ་དང་རྣ་བླགས་ཏེ་ཆོས་ཉན་པ་དང། མཉམ་པར་བཞག་པའི་སེམས་ཀྱིས་ཆོས་ཉན་པ་ན། མཁན
་པོ་དང་སློབ་དཔོན་གྱིས་ཆོས་ཐམས་ཅད་སེམས་ལས་བྱུང་ངོ་ཞེས་བཤད་པ་བཞིན་དུ་དད་པ་དང་མོས་པས་དེ་བཞིན་དུ་འཛིན་ཏེ། མིང་དང་ཚིག་དང་ཡི་གེ་ལ་སོགས་པ་འདི་དེ་དག་ཐམས་ཅད་སེམས་ལས་སྣང་བར་ཟད་དོ
་ཞེས་ཉན་པའི་བྱེ་བྲག་བྱེད་ཅིང་ཡིད་ཆེས་པར་གྱུར་ན་ཐོས་པའི་ཤེས་རབ་ཀྱིས་ཆོས་ལ་དམིགས་པ་རྙེད་པ་ཞེས་བྱའོ། །སེམས་ཀྱི་ཤེས་རབ་ཀྱིས་ཇི་ལྟར་དམིགས་པ་བསྟན་བའི་ཕྱིར། རྟོག་པ་ལས་ནི་དོན་སྣང་དང་ཞེས་བྱ་བ
་སྨོས་ཏེ། གང་གི་ཚེ་སེམས་ལ་ཞུགས་བ་ན་ཡིད་ཀྱི་རྟོག་པ་ཉིད་ལས་དོན་གྱི་དངོས་པོ་འདི་དག་རྣམ་པར་ཟད་ཀྱི་ཡིད་ཀྱི་རྟོག་པ་མ་གཏོགས་པར་དོན་འདི་དག་ཐ་དད་པར་ལོགས་ན་ཡོད་པ་མ་ཡིན་ནོ་ཞེས་མཐོང་བའི་དེའི
་ཚེ་ཐོས་པ་ཤེས་རབ་ཀྱི་ཆོས་ལ་དམིགས་པ་རྙེད་པ་ཞེས་བྱ་སྟེ། གོང་དུ་ཕྱི་དང་ནང་གི་དམིགས་པ་རྙེད་པའི་སྐབས་སུ་བཤད་པ་ལྟར་ན་གཟུང་བའི་དོན་ལས་འཛིན་པའི་དོན་ཐ་དད་པ་མ་ཡིན་པར་མཐོང་བ་དང། འཛིན་པའི
་དོན་ལ་གཟུང་བའི་དོན་ཐ་དད་པ་མ་ཡིན་པར་མཐོང་ན། སེམས་པའི་ཤེས་རབ་ཀྱིས་ཆོས་ལ་དམིགས་པ་རྙེད་པ་བཞག་གོ་།བསྒོམ་པའི་ཤེས་རབ་ཀྱི་ཆོས་ལ་དམིགས་པ་ཇི་ལྟར་རྙེད་པ་བསྟན་པའི་ཕྱིར། སེམས་ཀྱིས
་མིང་ལས་གནས་པས་སོ་ཞེས་སྨོས་ཏེ། སེམས་ཀྱི་ཞེས་བྱ་བ་ནི་བསྒོམས་པའི་ཤེས་རབ་ཀྱིས་ཞེས་བྱ་བའི་དོན་ཏོ། །མིང་གི་སྒྲས་ནི་ཚོར་བ་ལ་སོགས་པ་གཟུགས་མེད་པའི་ཕུང་པོ་ལ་བྱ་སྟེ། གང་གི་ཆོ་གཟུང་བ་དང་འཛིན་པ་གཉིས་མི
་དམིགས་པར་གྱུར་ནས་དམིགས་སུ་མེད་པའི་དེ་བཞིན་ཉིད་ཙམ་ལས་གནས་པར་གྱུར་ན་མིང་ལ་གནས་པ་ཞེས་བྱ་སྟེ། དེ་ལྟར་གྱུར་ན་བསྒོམས་པའི་ཤེས་རབ་ཀྱིས་ཆོས་ལ་དམིགས་བ་རྙེད་པ་ཞེས་བྱའོ། །དེ་ཡང་གོང་དུ་ཕྱི་ནང་ཐམས
་ཅད་གྱི་དེ་བཞིན་ཉིད་རྟོགས་པའི་གཉིས་སུ་མེད་པའི་དམིགས་པ་རྙེད་པ་ལྟར་རྙེད་ན་བསྒོམས་པའི་ཤེས་རབ་ཀྱིས་ཆོས་ལ་དམིགས་བརྙེད་པར་བཞག་གོ་།དམིགས་པ་རྣམ་པ་གསུམ་རྙེད་པར། །སྔར་སྨྲས་དེ་ལ་གནས་པའོ་ཞེས་བྱ་བ་ལ།
་ཆོས་ལ་དམིགས་པ་རྙེད་པ་ཉིད་དང། ནང་གི་དམིགས་པ་རྙེད་པ་དང། ཕྱིའི་དམིགས་པ་རྙེད་པ་དང། ཕྱི་ནང་ཐམས་ཅད་ཀྱི་དེ་བཞིན་ཉིད་ཀྱི་དམིགས་པ་རྙེད་པ་འབྱུང་བས་ན་སྔར་སྨྲས་པའི་ཕྱི་ནང་གི་དམིགས་པ་རྙེད་པ་ལ་སོགS
་པ་རྣམ་གསུམ་བཤད་པ་ཡང་ཆོས་ལ་དམིགས་པ་རྙེད་པ་ཁོ་ན་ལས་འབྱུང་བས་ན་དེ་དག་ཀྱང་ཅ་ཨོས་ལ་དམིགས་པ་ལ་རྙེད་པ་ལ་གནས་ཤིང་བརྟེན་ཏོ་ཞེས་བྱ་བའི་དོན་ཏེ། །ཡིད་ལ་བྱེད་པ་ཡོངས་སུ་ཚོལ་བ་ལ་ཚིགས་སུ་བཅད་པ་ལྔ་སྟེ་ཞེས
་བྱ་བ་ལ། དམིགས་པ་རྙེད་པའི་སྐབས་ཀྱི་རྗེས་ལ་ཡིད་ལ་བྱེད་པ་ཡོངས་སུ་ཚོལ་བའི་སྐབས་བཤད་པར་འབྲེལ་པ་ཅི་ཡོད་ཅེ་ན། གོང་དུ་བཤད་པ་ལྟར་དམིགས་པ་རྙེད་པར་གྱུར་ན་དེ་ནི་ཡིད་ལ་བྱེད་པ་རྙེད་པ་དང་ཏིང་ངེ་འཛིན་རྙེད་པ་ཞེས་བྱ་སྟེ།
་དེ་བས་ན་དམིགས་པ་རྙེད་པའི་རྗེས་ལ་ཡིད་ལ་བྱེད་པ་ཡོངས་སུ་ཚོལ་བའི་སྐབས་བཤད་པར་འབྲེལ་ཏོ། །ཡང་ན་ཡིད་ལ་བྱེད་པའི་ཁྱད་པར་གང་དང་ལྡན་ན་གོང་དུ་བཤད་པའི་དམིགས་པ་དེ་རྙེད་པར་གྱུར་པའི་ཡིད་ལ་བྱེད་པའི་ཁྱད་པར་དེ་གཏན
་ལ་དབབ་དགོས་ཏེ། དེ་བས་ན་དམིགས་པ་རྙེད་པའི་རྗེས་ལ་ཡིད་ལ་བྱེད་བའི་སྐབས་བཤད་པར་འབྲེལ་ཏོ། །དེ་ལ་རྣལ་འབྱོར་བའི་ཡིད་ལ་བྱེད་པ་ནི་རྣམ་པ་བཅོ་བརྒྱད་ཡོད་དེ། དེ་ལ་ཡང་སྤྱིར་བསྟན་པ་དང། ཁྱད་པར་དུ་བསྟན་པ་སྟེ། རྣམ
་པ་གཉིས་སུ་བསྟན་ཏོ། །དེ་ལ་རིགས་གསུམ་ཞེས་བྱ་བ་ནི་སྤྱིར་བསྟན། བྱ་བ་བྱེད་པ་ལ་སོགས་པ་མན་ཆད་ཀྱིས་ནི་ཁྱད་པར་དུ་བསྟན་ཏོ། །ཡང་ན་མདོར་བསྟན་པ་དང། རྒྱས་བར་བསྟན་ཏེ། རིགས་གསུམ་ཞེས་བྱ་བས་ནི་མདོར་བསྟན་ཏོ། །བྱ་བ་བྱེད་ལ་སོགS
་བས་ནི་རྒྱས་པར་བསྟན་ཏོ། །ཡིད་ལ་བྱེད་པ་བཅོ་བརྒྱད་ལ། རིགས་གསུམ་ཡིད་ལ་བྱེད་པ་དང། བྱ་བ་བྱེད་པའི་ཡིད་ལ་བྱེད་པ་དང། གནོད་པ་དང་མི་གནོད་བཅས་ཞེས་བྱ་བ་ལ་དེ་གཉིས་གཅིག་ཏུ་བསྡུས་ཏེ། དེ་གཉིས་ལ་གནས་རྣམ་པར་འབྱེད་པ
་ཡིད་ལ་བྱེད་པ་ཞེས་བྱ་བ་དང། མོས་པ་ལ་ཤིན་ཏུ་འཇིག་པའི་ཡིད་ལ་བྱེད་པ་དང། རབ་ཏུ་འདོད་བྱེད་གཞན་ཞེས་བྱ་བ་ནི་གཞན་ཡང་རབ་ཏུ་འདོད་པའི་ཡིད་ལ་བྱེད་པ་དང། ཆུང་དུ་དང་ནི་རྫོགས་པའི་གནས། རྟོག་བཅས་རྟོག་མེད་རྣམ་གཉིས་ཏེ་ཞེས
་བྱ་བའི་འདི་རྣམ་པ་གཅིག་ཏུ་བསྡོམ་ན་དེ་རྣམས་ནི་ཏིང་ངེ་འཛིན་ལས་གནས་པར་བྱེད་པ་ཞེས་བྱ་བ་དང། ཡེ་ཤེས་དང་ནི་ཡང་དག་ལྡན། །རྣལ་འབྱོར་རྒྱུའི་རང་བཞིན་ནོ་ཞེས་བྱ་བ་འདི་གཉིས་གཅིག་ཏུ་བསྡོམས་ན། ཤེས་པ་དང་ལྡན་པ་ཡིད་ལ་བྱེད་པ་དང
་དེ་ནི་འདྲེས་པར་དམིགས་པ། དམིགས་པ་ཡིད་ལ་བྱེད་པ་དང། དེའང་ཐ་དད་དམིགས་པ་ཡིད་ལ་བྱེད་པ་དང། དེའང་རྣམ་པ་ལྔ་ཞེས་བྱ་བ་ནི་འདྲེས་བར་དམིགས་པ་ཡིད་ལ་བྱེད་བ་ལ་རྣམ་པ་ལྔ་ཡོད་དོ་ཞེས་བྱ་བའི་དོན་ཏོ། །རྣམ་པ་བདུན་ཏེ་ཞེས
་བྱ་བ་ལ་ཐ་དད་པར་དམིགས་པ་ཡིད་ལ་བྱེད་པ་རྣམས་ན་ཡོད་པ་དང། ཡོངས་སུ་ཤེས་བའི་ཡིད་ལ་བྱེད་པ་རྣམ་པ་ལྔ་ཡོད་པ་དང། བསྒོམས་པའི་རྣམ་བ་ལྔ་ཡིད་ལ་བྱེད་པ་ནི་བཞི་དང་སུམ་ཅུ་རྩ་བདུན་ཡོད་པ་དང། གོང་དུ་བཤད་པའི་ཡིད་ལ་བྱེད་པ་དེ
་དག་ཐམས་ཅད་ཀྱང་ཞིག་ནས་དང། ལྷག་མཐོང་གི་རང་བཞིན་ཡིན་ཏེ། དེ་བས་ན་ལམ་གཉིས་རང་བཞིན་གྱི་ཡིད་ལ་བྱེད་པ་དང། ལེགས་པ་གཉིས་ཡིད་ལ་བྱེད་པ་དང། གནོད་པ་ཡིད་ལ་བྱེད་པ་དང། སྦྱོར་བ་ཡིད་ལ་བྱེད་པ་དང། དབང་བྱེད་པ་ཡིད་ལ
་བྱེད་པ་དང། ཆུང་དུའི་ཡིད་ལ་བྱེད་པ་དང། རྒྱ་ཆེའི་ཡིད་ལ་བྱེད་པ་དང། འདི་དག་ནི་ཡིད་པ་བྱེད་པ་རྣམ་པར་བཅོ་བརྒྱད་དོ་ཞེས་བྱ་བའི་དོན་ཏོ། །རྣལ་འབྱོར་རྣམས་ཀྱི་ཡིད་ལ་བྱེད། དེ་ལྟར་ཐམས་ཅད་རང་བཞིན་འདོད་ཅེས་བྱ་བ་ལ། རྣལ་འབྱོར་བ་རྣམS
་ཀྱི་ཡིད་ལ་བྱེད་པ་ནི་གོང་དུ་བཤད་པ་ལྟར་མདོར་བསྡུས་པ་དང། རྒྱས་པར་བཤད་པ་ཐམས་ཅད་ཀྱང་རྣམ་པ་བཅོ་བརྒྱད་ཀྱི་རང་བཞིན་དུ་ཟད་པར་འདོད་ཅེས་བྱ་བའི་དོན་ཏོ། །དེ་ལ་རིགས་ངེས་པ་ནི་ཉན་ཐོས་ལ་སོགས་པའི་རིགས་སུ་ངེས་པའོ
་ཞེས་བྱ་བ་ལ། ཉན་ཐོས་ཀྱི་རིགས་ངེས་པས་ཉན་ཐོས་ཀྱི་ཆོས་བདེན་པ་བཞི་ལ་དམིགས་པ་དང། རང་སངས་རྒྱས་ཀྱི་རིགས་ངེས་པས་རང་སངས་རྒྱས་ཀྱི་ཆོས་རྟེན་ཅིང་འབྲེལ་ཏེ་འབྱུང་བ་ལ་དམིགས་པ་དང། བྱང་ཆུབ་སེམས་དཔའ་ཨི་རིགས
་ངེས་པས་གང་ཟག་དང་ཆོས་ལ་བདག་མེད་པ་ལ་དམིགས་པ་ནི་རིགས་ངེས་པ་ཡིད་ལ་བྱེད་པ་ཞེས་བྱའོ། །བྱ་བ་བྱེད་པ་ནི་གང་ཚོགས་བསགས་པའོ་ཞེས་བྱ་བ་ལ། ས་དང་པོ་ན་ཆོས་ཀྱི་དབྱིངས་རྟོགས་པར་འགྱུར་བའི་རྒྱུ་མོས་པས་སྤྱོད་པའི་སར
་བསྐལ་པ་གྲངས་མེད་པ་གཅིག་ཏུ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསགS་པ་རྣཾས་ཀྱི་ཡིད་ལ་བྱེད་པ་ལ་ནི་བྱ་བ་བྱེད་པའི་ཡིད་ལ་བྱེད་པ་ཞེས་བྱའོ། །གནས་རྣམ་པར་དབྱེ་བ་ནི་ཞེས་བྱ་བ་ལ། གནས་རྣམ་པར་དབྱེ་བའི་ཡིད་ལ་བྱེད་པ་ནི་རྣམ་པ་གཉིས
་ཏེ། གནོད་པ་དང་བཅས་བའི་གནས་དང། གནོད་པ་མེད་པའི་གནས་སོ། །གང་གནད་པ་དང་བཅས་པའི་གནས་ནི་ཁྱིམ་ན་གནས་པའི་གནས་པས་སོ་ཞེས་བྱ་བའི?། གནོད་པ་དང་བཅས་པའི་གནས་ནི་ཁྱིམ་ན་གནས་པ་རྣམ་ལ་བྱ་སྟེ། དེ་དག་གི
་ཡིད་ལ་བྱེད་པ་བུ་སྨད་གསོ་བ་དང་སོ་ནམ་གྱི་བྱ་བ་མང་པོས་རྟག་ཏུ་?་ཐུགས་པས་ན་གནོད་པ་དང་བཅས་བའི་གནས་ཞེས་བྱའོ། །རབ་ཏུ་བྱུང་བའི་གནས་ནི་གནོད་པ་མེད་བའོ་ཞེས་བྱ་བ་ལ། རབ་ཏུ་བྱུང་བ་རྣམས་ལ།
་གསོ་བ་དང་སོ་ནམ་བྱ་བའི་འཁྲུགས་པ་མེད་པས་ན་གནོད་པ་མེད་པའི་གནས་ཞེས་བྱའོ། །མོས་པ་ལ་འཇོག་པ་ནི་གང་སངས་རྒྱས་རྗེས་སུ་དྲན་པ་དང་ལྡན་པའོ་ཞེས་བྱ་བ་ལ། གང་སངས་རྒྱས་རྗེས་སུ་དྲན་པ་དང། ཡིད་ལ་བྱེད་པ་ནི
་མོས་པ་ལ་འཇོག་པ་ཡིད་ལ་བྱེད་པ་ཞེས་བྱ་སྟེ། སངས་རྒྱས་རྗེས་སུ་དྲན་བར་བྱ་བ་ལ་ཡང་ཐེག་པ་ཆེན་པོ་བསྡུས་པའི་བསྟན་ཆོས་ཀྱི་ནང་ནས་རྣམ་པ་དུས་སངས་རྒྱས་སུ་དྲན་བར་བྱ་ཞེ་ན། མདོར་ན་རྣམ་པ་བདུན་ལྟ་བུར་སངས་རྒྱས་རྗེས་སུ་དྲན་པ་བསྒོཾས་ཏེ
་རྣམ་པ་བདུན་སངས་རྒྱས་རྣཾས་ཆོས་ཐཾས་ཅད་ལ་དབང་སྒྱུར་བ་ཡིན་ཏེ། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཐོགས་པ་མེད་པར་འཇུག་པའི་འཇིག་རྟེན་གྱི་མངོན་པར་ཤེས་པ་དང་ལྡན་པ་ཡིན་ནོ་ཞེས་རྗེས་སུ་དྲན་པར་བྱའོ། །དེ་བཞིན་གཤེགས་པའི
་རྟག་བའི་སྐུ་སྟེ། དེ་བཞིན་ཉིད་རྟག་ཏུ་མེད་པར་གྱུར་པ་དང་ལྡན་ནོ་ཞེས་རྗེས་སུ་དྲན་པར་བྱའོ། །དེ་བཞིན་གཤེགས་པ་ནི་མཆོག་ཏུ་ཁ་ན་མ་ཐོ་བ་མེད་པ་ཡིན་ཏེ། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་སྤངས་བ་ཡིན་ཞེས་རྗེས་སུ་དྲན
་པར་བྱའོ། །དེ་བཞིན་གཤེགས་པ་ནི་ལྷུན་གྱིས་གྲུབ་པ་ཡིན་ཏེ། སངས་རྒྱས་ཀྱི་མཛད་པ་ཐམས་ཅད་ལྷུན་གྱིས་གྲུབ་ཅིང་རྒྱུན་མི་འཆད་པར་མཛད་དོ་ཞེས་རྗེས་སུ་དྲན་པར་བྱའོ། །དེ་བཞིན་གཤེགས་པ་ནི་ལོངས་སྤྱོད་ཆེན་པོ་ཡིན
་ཏེ། སངས་རྒྱས་ཀྱི་ཞིང་རབ་ཏུ་རྣམ་པར་དག་བའི་ལོངས་སྤྱོད་དང་ལྡན་པ་ཡིན་ནོ་ཞེས་རྗེས་སུ་དྲན་པར་བྱའོ། །དེ་བཞིན་གཤེགས་པ་ནི་གོས་པ་མེད་པ་ཡིན་ཏེ། འཇིག་རྟེན་ཆོས་བརྒྱད་ཀྱིས་མ་གོས་པའོ་ཞེས་རྗེས་སུ་དྲན་པར་བྱའོ། །དེ
་བཞིན་གཤེགས་པ་ནི་དོན་ཆེན་པོ་ཡིན་ཏེ། མངོན་བར་སངས་རྒྱས་བ་ནས་མྱ་ངན་ལས་འདས་པ་ཆེན་པོ་བསྟན་བའི་ཐབས་ཀྱིས་སེམས་ཅན་སྨིན་པ་དང་གྲོལ་བར་མཛད་པ་ཡིན་ནོ་ཞེས་རྗེས་སུ་དྲན་བར་བྱའོ། །འདོད་པ་བསྐྱེད་བ་ནི་གང་དེ་ལ
་ཡིད་ཆོས་བ་དང་ལྡན་པའོ་ཞེས་བྱ་བ་ལ། དེ་ལྔར་སངས་རྒྱས་བཅོམ་ལྡན་འདས་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཞེས་ཡིད་ཆེས་པ་དང། དེའི་ཆོས་ནི་ལེགས་པར་བཤད་པ་ཡིན་ནོ་ཞེས་ཡིད་ཆེས་པ་ལ་འདོད་པ་བསྐྱེད་བའི་ཡིད
་ལ་བྱེད་པ་ཞེས་བྱའོ། །ཡང་ན་སངས་རྒྱས་བཅོམ་ལྡན་འདས་ནི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་བ་སྤངས་པ་སྟོབས་ལ་སོགས་བའི་ཡོན་ཏན་དང་ལྡན་པ་སྐུ་གསུམ་གྱི་ངོ་བོ་ཡིན་ནོ་ཞེས་ཡིད་ཆེས་པ་དང། ཆོས་ལ་ཡང་བཤད་པའི
་ཆོས་ནི་སྒྲུབ་པར་བྱེད་བའི་ཆོས་དང། མྱ་ངན་ལས་འདས་པའི་ཆོས་གསལ་བར་སྟོན་བར་བྱེད་པ་ཡིན་སྒྲུབ་བར་བྱེད་པའི་ཆོས་ཀྱང་མྱ་ངན་ལས་འདས་པ་ཐོབ་བར་བྱེད་བའི་ལམ་དུ་གྱུར་པ་ཡིན། མྱ་ངན་ལས་འདས་པ་ཡང་ཉོན
་མོངས་བ་དང་སྡུག་བསྔལ་སྤངས་པའི་རང་བཞིན་ཡིན་ནོ་ཞེས་ཡིད་ཆེས་བ་དང། དགེ་འདུན་ཡང་འཁོར་བའི་འདམ་ལས་རྒལ་བ་དང། འཁོར་བའི་འདམ་ལས་རྒལ་བར་གྱུར་བའི་ལཾ་ལ་གནས་བ་ཡིན་ནོ་ཞེས་ཡིད་ཆེས་པ་ནི་འདོད
་བ་སྐྱེད་པའི་ཡིད་ལ་བྱེད་བ་ཞེས་བྱའོ། །ཏིང་ངེ་འཛིན་ལ་གནས་བ་ནི་གང་ཉེ་བར་གྱུར་བ་དང། ངོ་བོའི་ཏིང་ངེ་འཛིན་དང་ལྡན་ཏེ་ཞེས་བྱ་བ་ལ། བསམ་གཏན་དང་པོ་ལ་འཇུག་པའི་ཏིང་ངེ་འཛིན་ཉེར་བསྡོགས་སུ་གྱུར་པ་དང་རྩ་བའི་ཏིང་ངེ
་འཛིན་བསམ་གཏན་དང་པོ་ནས་བཞི་པ་མན་ཆད་ངོ་བོའི་ཏིང་ངེ་འཛིན་དང་ལྡན་པ་ལ་རྣམས་ལ་ཏིང་ངེ་འཛིན་ལ་གནས་པའི་ཡིད་ལ་བྱེད་པ་ཞེས་བྱ་བའོ། །དེ་ལ་ཉེ་བར་གྱུར་པའི་ཏིང་ངེ་འཛིན་ལ་ནི་ཆུང་ངུའི་གནས་ཞེས་བྱའོ། །ངོ་བོའི
་ཏིང་ངེ་འཛིན་ལ་ནི་རྫོགས་པའི་གནས་ཞེས་བྱའོ། །ཏིང་ངེ་འཛིན་དེ་དག་ཉིད་ལ་རྣམ་པ་གསུམ་པ་བཞག་སྟེ། དེའི་ཕྱིར་རྟོག་པ་དང་བཅས་དཔྱོད་པ་དང་བཅས་པ་དང་ཞེས་བྱ་བོ་ལ་སོགས་པ་སྨོས་ཏེ་ཉེར་བསྡོགས་དང་བསམ
་གཏན་དང་པོ་ལ་ནི་རྟོགས་པ་དང་བཅས་པ་སྤྱོད་པ་དང་བཅས་པའི་ཏིང་ངེ་འཛིན་ཅེས་བྱ་བའོ། །བསམ་གཏན་གཉིས་པ་དང། བར་གྱི་བསམ་གཏན་རྣམས་ལ་ནི་རྣམ་པར་མི་རྟོག་ཅིང་དཔྱོད་པ་བཙམ་གྱི་ཏིང་ངེ་འཛིན་ཅེས་བྱའོ། །བསམ་གཏན་གསུམ
་པ་དང་བཞི་པ་ལ་ནི་རྣམ་པར་མི་དཔྱོད་པའི་ཏིང་ངེ་འཛིན་དང་ལྡན་པས་ཞེས་བྱའོ། །ཤེས་པ་དང་ལྡན་བས་ནི་རྣལ་འབྱོར་གྱི་རྒྱ་དང་རྣལ་འབྱོར་གྱི་ཤེས་པ་དང་ལྡན་པ་སྟེ་ཞེས་བྱ་བ་ལ་རྣལ་འབྱོར་གྱི་རྒྱུ་དང་རྣལ་འབྱོར་གྱི་ཤེས་པ་དང
་ལྡན་པ་གཉིས་ལ་ཤེས་པ་དང་ལྡན་པའི་ཡིད་ལ་བྱེད་པ་ཞེས་བྱའོ། །དེའང?་རིམ?་བཞིན་ཐོས་པ་དང་བསམས་པ་ངང་བསྒོམས་བའོ་ཞེས་བྱ་བ་ལ་ཐོས་པའི་ཤེས་རབ་དང་།བསམས་པའི་ཤེས་རབ་གཉིས
་ལ་ནི་རྣལ་འབྱོར་གྱི་རྒྱུ་ཞེས་བྱ་སྟེ། ཞི་གནས་དང་ལྷག་མཐོང་གི་རྒྱུར་གྱུར་པའི་ཕྱིར་རོ། །ཤེས་རབ་ལ་ནི་རྣལ་འབྱོར་གྱི་ཤེས་རབ་དང་ལྡན་པ་ཞེས་བྱ་སྟེ། ཞི་གནས་དང་ལྷག་མཐོང་གི་རྒྱུར་གྱུར། བསྒོམས་པའི་ཤེས་རབ་ལ་ནི་རྣལ་འབྱོར
་གྱི་ཤེས་རབ་དང་ལྡན་པ་ཞེས་བྱ་སྟེ། ཞི་གནས་དང་ལྷག་མཐོང་བསྒོམས་པའི་ཕྱིར་རོ། །མ་འདྲེས་བར་དམིགས་པ་རྣམ་པ་ལྔ་སྟེ་ཞེས་བྱ་བ་ལ། འདྲེས་པར་དམིགས་པ་ཡིད་ལ་བྱེད་པ་ལྔ་ཡོད་དེ། མདོ་སྡེ་ལ་འདྲེས་བར་དམིགས་པ་དང། ཆོས
་དུ་བརྗོད་པ་ལ་དམིགས་པ་དང། གླང་གཞི་ལ་འདྲེས་པར་དམིགས་པ་དང། འཛིན་པ་ལ་འདྲེས་པར་དམིགས་པ་དང། འཆད་པ་ལ་འདྲེས་པར་དམིགས་པའོ། །མདོ་སྡེ་དང་ཞེས་བྱ་བ་ལ་ཇི་སྙེད་དུ་མདོ་སྡེ་འབྱུང་བ་ཐམས་ཅད་ཀྱི་དོན་གཅིག་ཏུ་བསྡུས་ན་མདོ
་སྡེ་འབྱུང་བ་ཐམས་ཅད་ཀྱི་དོན་འདི་ཙམ་དུ་འབྱུང་བར་བཟང་ངོ་ཞེ་འམ། སྟོང་པར་ཟད་དོ་ཞེས་དམིགས་པ་ནི་མདོ་སྡེ་ལ་དམིགས་པ་ཞེས་བྱའོ། །ཆེད་དུ་བརྗོད་པ་དང་ཞེས་བྱ་བ་ལ་ཇི་སྙེད་དུ་ཆེད་དུ་བརྗོད་པ་རྒྱ་ཆེར་བཤད་བར་བྱ་བ་རྣམས་ཀྱི་ས་དོན་གཅིག་ཏུ
་བསྡུས་ན་འདི་སྐད་དུ་སྟོན་པར་ཟད་ཅི?་འམ། ཐམས་ཅད་ཀྱང་སྟོང་པའི་དོན་ཅེས་དམིགས་པའི་ནི་ཚད་དུ་བརྗོད་པ་ལ་འདྲས་པར་དམིགས་པའོ། །གླེང་གཞི་རྣམ་པ་ཞེས་བྱ་བ་ལ་ཇི་སྙེད་གླེང་གཞི་རྒྱ་ཆེར་བཤད་པ་ཐམས་ཅད་ཀྱི་དོན་བསྡུས་ན་འདི་སྐད་དུ
་འཆད་བར་ཟད་ཅེ་འམ་ཐམས་ཅད་ཀྱི་དོན་ཡང་སྟོན་པར་ཟད་དོ་ཞེས་དམིགས་པ་ནི་གླེང་གཞི་ལ་འདྲེས་པར་དམིགས་པ་ཞེས་བྱའོ། །འཛིན་གནས་ཞེས་བྱ་བ་ལ། ཇི་ཙམ་དུ་མཁན་པོ་དང་སློབ་དཔོན་གྱི་ཐད་ནས་ཆོས་དང་དོན་གཟུང་བ་དེ་དག
་ཐམས་ཅད་མདོར་བསྡུས་ན་འདི་སྐད་དུ་སྟོང་བར་ཟད་དོ་ཞེས་དམིགས་པ་ནི་འཛིན་པ་ལ་འདྲེས་པར་དམིགས་པ་ཞེས་བྱའོ། །ཟད་བའི་བར་དུ་དམིགས་འདྲེས་པར་དམིགས་བའོ་ཞེས་བྱ་བ་ལ། ཇི་ཙམ་དུ་བདག་གི་གཞན་ལ་བཤད་པ་དང། སངས
་རྒྱས་དང་བྱང་ཆུབ་སེམས་དཔའ་དང་འཕགས་པ་དག་གིས་བཤད་པ་ཐམས་ཅད་ཀྱང་དོན་མདོར་བསྡུས་ན་ཐང་འདི་སྐད་དུ་འབྱུང་བར་ཟད་དོ་ཞེ་འམ། ཐམས་ཅད་ཀྱང་སྟོང་བར་ཟད་དོ་ཞེས་དམིགས་པ་ནི་འཆིང་པ་ལ་འདྲེས་པར་དམིགས་པའོ་ཞེས
་བྱའོ། །མིང་ལ་དམིགས་པ་དང་ཞེས་བྱ་བ་ལ། མིང་ནི་ལྷས་བྱིན་དང་མཆོད་སྦྱིན་ཞེས་བྱ། གཟུགས་དང་སྒྲ་ཞེས་བྱ་བ་སྟེ། ཆོས་འདི་ལ་འདི་སྐད་ཅེས་བྱ་ཞེས་དམིགས་པ་ནི་མིང་ལ་དམིགས་པ་ཞེས་བྱའོ། །ཚིགས་ལ་དམིགས་པ་དང་ཞེས་བྱ་བ་ལ།
་མིང་མང་བོ་འདུས་པ་ལ་ཚིག་ཅེས་བྱ་སྟེ། དཔེར་ན་འདུས་བྱས་ཐམས་ཅད་མི་རྟག་པའོ་ཞེས་བྱ་བ་ལྟ་བུའོ། །མདོ་སྔ་འདིའི་ནང་ནས་ཚིག་འདི་སྙད་ཅིག་འབྱུང་ཞེའམ། ཚིག་འདིའི་དོན་ནི་འདི་ཡིན་ནོ་ཞེས་དམིགས་པ་ཞེས་བྱའོ། །ཡི་གེ་ལ་དམིགས་པ་
་ཞེས་བྱ་བ་ལ། ཨ་དང་ཀ་ལ་སོགས་པ་ལ་དམིགས་པ་ལ་ཡི་གེ་ལ་དམིགས་སོ་ཞེས་བྱའོ། །གང་ཟག་ལ་བདག་མེད་པ་ལ་དམིགས་པ་དང་ཞེས་བྱ་བ་ལ། ཕུང་པོ་ལྔ་ཙམ་དུ་ཟད་ཀྱི་ཕུང་པོ་ལྔའི་ནང་ན་མུ་སྟེགས་ཀྱིས་བཏགས་བའི
་བདག་དང་སེམས་ཅན་མེད་དོ་ཞེས་དམིགས་པ་ནི་གང་ཟག་ལ་བདག་མིང་པའི་དམིགས་པ་ཞེས་བྱའོ། །ཆོས་གི?་བདག་མེད་པ་ལ་དམིགས་པ་དང་ཞེས་བྱ་བ་ལ་ཕུང་པོ་ལ་སོགས་པའི་ཀུན་བརྟགས་ཀྱི་ཆོས་རྣམས་ཀྱི་ཆོས་རྣམས་ཀྱང་རྨི་ལམ་གྱི་གཟུགས
་དང་འདྲ་སྟེ། རང་བཞིན་མེ་?་ཞེས་དམིགས་པ་ནི་ཆོས་བདག་མེད་པ་ལ་དམིགས་པ་ཞེས་བྱའོ། །གཟུགས་ཅངཡི་ཆོས་ལ་དམིགས་པ་དང་ཞེས་བྱ་བ་ལ། བདག་དང་གཞན་དང་གཉིས་གའི་ལུས་ལ་མི་གཙང་བ་ལ་སོགས་བ་ལ་སོགས་པའི་རྣམ་པར་དམིགས་པ་ནི
་གཟུགས་ཅན་གྱི་ཆོས་ལ་དམིགས་པ་ཞེས་བྱའོ། །གཟུགས་མེད་བའི་ཆོས་ལ་དམིགས་པ་ཞེས་བྱ་བ་ལ། ཚོར་བ་ཐཾས་ཅད་སྡུག་བསྔལ་བར་དམིགས་པ་དང། སེམས་མི་རྟག་པར་དམིགས་པ་དང། ཆོས་ལ་བདག་མེད་བར་དམིགས་པ་ནི་གཟུགས་མེད་བའི་ཆོས་ལ་དམིགས་བ་ཞེས་བྱའོ།།
་ཡོངས་སུ་ཤེས་པའི་ངེས་པ་ཡིད་ལ་བྱེད་བ་ཞེས་བྱའོ་ཞེས་པའི་དོན་ཏོ། །དེ་ལ་ཡོངས་སུ་ཤེས་པར་བྱེད?་པའི་དངོས་པོ་ནི་སྡུག་བསྔལ་ལོ་ཞེས་བྱ་བ་ལ། །ཡོངས་སུ་ཞེས་པའི་དངོས་པོ་ཞེས་བྱ་བ་ནི་ཤེས་པར་བྱ་བའི་ཡུལ་ལ་བྱའོ། །དེ་ཡང་ཉེ་བར་ལེན་པའི
་ཕུང་པོ་ལྔ་སྡུག་བསྔལ་གྱི་བདེན་པས་བསྡུས་པ་ལ་བྱའོ། །ཡོངས་སུ་ཤེས་བར་བྱ་བའི་དོན་ནི་དེ་ཉིད་མི་རྟག་པ་དག། སྡུག་བསྔལ་བ་དང། །སྟོང་བ་དང། བསམ་མེད་པའོ་ཞེས་བྱ་བ་ལ། ཕུང་པོ་ལྔ་ལ་ཇི་ལྟར་ཡོངས་སུ་ཤེས་བར་བྱ་བ་ནི་དོན་ཞེས
་བྱ་སྟེ། དེ་ཡང་མི་རྟག་པ་ལ་སོགས་པ་རྣམ་པ་བཞི་ལྟར་ཤེས་པར་བྱའོ། །དེ་ལ་སྐད་ཅིག་མའི་མེ་ལ་འཇིག་པས་ན་མི་རྟག་པའོ། །སྡུག་བསྔལ་ལ་རྣམ་པ་གསུམ་དང་སྔོན་པས་ན་སྡུག་བསྔལ་པའོ། །ཕུང་པོའི་ནང་མུ་སྟེགས་ཀྱི་བཏགས་བའི
་བདག་རྟགས་པ་མེད་པས་ན་སྟོང་པའོ། །ཕུང་པོ་ཉིད་མུ་སྟེགས་ཀྱིས་བཏགས་པའི་བདག་རྟགས་བའི་རང་བཞིན་མེད་པས་ན་བདག་མིང་བའོ། །ཡོངས་སུ་ཤེས་པར་བྱེད་བ་ནི་ལམ་མོ་ཞེས་བྱ་བ་ལ། ཉེ་བར་ལེན་བའི་ཕུང་པོ་ལྔ་ལ་མི་རྟག་པ་ལ
་སོགས་པ་ལྟ་བུར་ཤེས་བར་བྱེད་པ་ནི་འཕགས་པའི་ལམ་གྱི་ཡན་ལག་བརྒྱད་དོ། །དེ་ལ་ཡང་ཡང་དག་པའི་ལྟ་བས་མི་རྟག་པ་ལ་སོགས་པ་ལྟ་བུར་ཤེས་པར་བྱེད་དོ་ཞེས་བྱ་བའི་དོན་ཏོ། །ཡོངས་སུ་ཤེས་པར་བྱེད་བའི་འབྲས་བུ་ནི་རྣམ
་པར་གྲོལ་པའི་ཞེས་བྱ་བ་ལ། ཡང་དག་པའི་ལྟ་བས་ཕུང་པོ་?་ལ་མི་རྟག་པ་ལ་སོགས་པ་ལྟ་བུར་ཤེས་པར་བྱས། འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་ལས་རྣམ་པར་གྲོལ་བར་འགྱུར་ཏེ། སེམས་རྣམ་པར་གྲོལ་བ་ནི་ཡོངས་སུ
་ཤེས་བར་བྱེད་བའི་འབྲས་བུ་ཡིན་ནོ། །དེ་རབ་ཏུ་རིག་པ་ནི་རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའོ་ཞེས་བྱ་བ་ལ། འདོད་ཆགས་ལ་སོགས་པའི་སེམས་རྣམ་པར་གྲོལ་ནས་དེའི་འོག་ཏུ་སེམས་རྣམ་པར་གྲོལ་ལོ་ཞེས་རྣམ་པར་གྲོལ་བའི
་ཡེ་ཤེས་མཐོང་བ་སྐྱེས་པ་ལ་ནི་དེ་རབ་ཏུ་རིག་པ་ཞེས་བྱའོ་ཞེས་བྱ་བའི་དོན་ཏོ། །བསྒོམ་པའི་རྣམ་པ་ལ་ཞུགས་པ་ཡིད་ལ་བྱེད་པ་ལ་བསྒོམ་པའི་རྣམ་པ་བཞི་དང། བསྒོམ་པའི་རྣམ་པ་སུམ་ཅུ་རྩ་བདུན་ཡོད་བ་ལས་བསྒོམ་པའི་རྣམ
་པ་བཞི་པོ་བསྟན་པའི་ཕྱིར། གང་ལ་བདག་མེད་པའི་རྣམ་པ་ལ་བསྒོམ་པ་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཉན་ཐོས་རྣམས་ནི་མོས་པས་སྦྱོང་བའི་ས་ནས་གང་ཟག་ལ་བདག་མེད་པའི་རྣམ་པ་ལ་བསྒོམ་སྟེ། ཕུང་པོ་ལྔ་ཙམ་དུ་ཟད
་ཀྱི། མུ་སྟེགས་ཀྱིས་བཏགས་པའི་བདག་ནི་མེད་ལ་ཕུང་པོ་ལྔ་ཉིད་ལ་ཡང་མི་རྟག་པ་དང་སྡུག་བསྔལ་བ་དང། སྟོང་པ་དང་བདག་མེད་པའི་བསྒོམ་པའི་ཕྱིར་རོ། །ཆོས་ལ་བདག་མེད་པའི་རྣམ་པ་ལ་བསྒོམ་པ་དང་ཞེས་བྱ་བ་ལ། བྱང་ཆུབ
་སེམས་དཔའ་རྣམས་ནི་མོས་པས་སྤྱོད་བའི་ས་ན་ཆོས་ལ་བདག་མེད་པའི་རྣམ་པར་བསྒོམས་ཏེ། གཟུགས་ལ་སོགས་པའི་ཆོས་འདི་དག་ཀྱང་རྨི་ལམ་གྱི་གཟུགས་ལ་སོགས་པ་བཞིན་དུ་སེམས
་ལས་བྱུང་བར་ཟད་དོ་ཞེས་བསྒོམ་པའི་ཕྱིར་རོ། །མཐོང་བའི་རྣམ་པ་ལ་བསྒོམ་པ་དང་ཞེས་བྱ་བ་ལ། ཉན་ཐོས་མཐོང་བའི་ལམ་སྐྱེས་ཏེ། རྒྱུན་ཏུ་ཞུགས་པ་ཐོབ་པ་དང། །བྱང་ཆུབ་སེམས་དཔའ་མཐོང་བའི་ལམ་སྐྱེས་ཏེ། ས་དང་ཕོ་ཐོབ་པའི
་ཚེ་ན་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་ལ་སོགས་པ་བཟོད་པ་བརྒྱད་ལ་གནས་པ་ནི་མཐོང་བའི་རྣམ་པ་ལ་བསྒོམ་པ་ཞེས་བྱའོ། །ཡེ་ཤེས་ཀྱི་རྣམ་པ་ལ་བསྒོམ་པ་ཞེས་བྱ་བ་ལ་མཐོང་བའི་ལམ་དེ་ཉིད་ཀྱིས་དུས་ན་ཡེ་ཤེས་རྣམ་པ
་བརྒྱད་ལ་གནས་པའི་ཚེ་ན་ནི་ཡེས་ཀྱི་རྣམ་པ་ལ་བསྒོམ་པ་ཞེས་བྱའོ། །ཡང་ན་ཞི་གནS་བསྒོམ་པ་ལ་གནས་པའི་ཚེ་ན་ནི་མཐོང་བའི་རྣམ་པ་བསྒོམ་པ་ཞེས་བྱའོ། །ལྷག་མཐོང་བསྒོམ་པའི་དུས་ན་ནི་ཡེ་ཤེས་ཀྱི་རྣམ་པ་ལ་བསྒོམ་པ་ཞེས་བྱའོ། །དེ་ལས
་སྒོམ་པའི་རྣམ་པ་སུམ་ཅུ་རྩ་བདུན་ནི་ཞེས་བྱ་བའོ། བྱང་ཆུབ་ཀྱི་ཕྱོགས་སུམ་ཅུ་རྩ་བདུན་བསྒོམ་པ་ལ། བསྒོམ་པའི་རྣམ་པ་སུམ་ཅུ་རྩ་བདུན་ཞེས་བྱ་སྟེ། བྱང་ཆུབ་ཀྱི་ཕྱོགས་སུམ་ཅུ་རྩ་བདུན་ཡང་དྲན་པ་ཉེ་བར་བཞག་པ་བཞི་ནས་བརྩམས
་ཏེ། འཕགས་པའི་ལམ་གྱི་ཡན་ལག་བརྒྱད་ཀྱི་བར་དུའོ། །མི་སྡུག་པའི་རྣམ་པ་ལ་བསྒོམ་པ་དང་ཞེས་བྱ་བ་ལ། ནང་གི་ལུས་དང་ཕྱིའི་ལུས་དང། ཕྱི་ནང་གཉིས་ཀའི་ལུས་ལ་ཀླད་པའི་རྒྱས་ནས་རྐང་པའི་མཐིལ་གྱི་བར་དུ་ཁྲག་དང་རྣག་ལ་སོགས
་པས་གང་བར་དམིགས་པ་དང། རྣམ་པར་སྡོས་པ་དང། བམ་པ་ལ་སོགས་པའི་བསྒོམ་པ་ནི་མི་སྡུག་པའི་རྣམ་པ་ལ་བསྒོམ་པ་ཞེས་བྱའོ། །འདིས་ནི་ལུས་དྲན་པ་ཉེ་བར་བཞག་པ་བསྟན་ཏོ། །སྡུག་བསྔལ་གྱི་རྣམ་པ་བསྒོམས་དང་ཞེས་བྱ་བ་ལ།
་ཚོར་བ་བདེ་བ་དང། ཚོར་བ་སྡུག་བསྔལ་བ་དང། ཚོར་བ་བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པ་རྣམས་རྟག་ཏུ་སྡུག་བསྔལ་མ་ཡིན་ནོ་ཞེས་བསྒོམ་པ་ནི་སྡུག་བསྔལ་གྱི་རྣམ་པ་ལ་བསྒོམ་པ་ཞེས་བྱའོ། །དེ་ལ་ཚོར
་བ་བདེ་བ་ཡང་ནམ་ཞིག་ན་སྡུག་བསྔལ་གྱི་རྒྱུར་འགྱུར་བས་འགྱུར་པའི་སྡུག་བསྔལ་དང་ལྡན་པ་དང། ཚོར་བ་སྡུག་བསྔལ་བ་དང། སྡུག་བསྔལ་གྱི་སྡུག་བསྔལ་དང་ལྡན་པ་དང། ཚོར་བ་བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ
་ཡིན་པ་ནི་འདུ་བྱེད་ཀྱི་སྡུག་བསྔལ་དང་ལྡན་པས་ཚོར་བ་ཐམས་ཅད་སྡུག་བསྔལ་བ་ཞེས་བྱ་སྟེ། འདིས་ནི་ཚོར་བ་དྲན་པ་ཉེ་བར་གཞག་པ་བསྟན་ཏེ། །མི་རྟག་པའི་རྣམ་པ་ལ་བསྒོམ་པ་དང་ཞེས་བྱ་བ་ལ། རྣམ་པར་ཤེས་པ་བརྒྱད
་དང། སེམས་ལས་བྱུང་བ་རྣམས་ནི་སྐད་ཅིག་ཏུ་འདོད་ཆགས་དང་བཅས་པ་དང། འདོད་ཆགས་མེད་བར་འགྱུར་པ་དང། སྐད་ཅིག་ཏུ་ཞེ་སྡང་དང་བཅས་པ་དང། ཞེ་སྡད?་མེད་པར་འགྱུར་བ་དང། སྐད་ཅིག་ཏུ་གཏི་མུག་དང་བཅས་པ་དང
་གཏི་མུག་མེད་པར་འགྱུར་བ་དང། ཞི་བ་དང་མ་ཞི་བར་འགྱུར་རོ་ཞེས་བསྒོམ་པ་ནི་མི་རྟག་པའི་རྣམ་པ་ལ་བསྒོམ་པ་ཞེས་བྱ་སྟེ། འདིས་ནི་སེམས་དྲན་པ་ཉེ་བར་གཞག་པ་བསྟན་ཏོ། །བདག་མེད་པའི་རྣམ་པ་ལ་བསྒོམ་པ་དང་ཞེས
་བྱ་བ་ལ། ཆོས་རྣམ་པ་གཉིས་ཏེ། ཀུན་ནས་ཉོན་མོངས་བའི་ཆོས་དང། རྣམ་པར་བྱུང་བའི་ཆོས་སོ། །འཁོར་བའི་དུས་ན་ནི་འདོད་ཆགས་ལ་སོགས་པ་ཀུན་ནས་ཉོན་མོངས་བའི་ཆོས་དང་ལྡན་པར་ཟད། མྱ་ངན་ལས་འདས་པའི་དུས
་ན་ནི་དད་པ་ལ་སོགས་པ་རྣམ་པར་བྱང་བའི་ཆོས་དང་ལྡན་པར་ཟད་ཀྱི། ཀུན་ནས་ཉོན་མོངས་པ་དང། རྣམ་པར་བྱང་བར་འགྱུར་བའི་བདག་རྟག་པ་གང་ཡང་མེད་དོ་ཞེས་བསྒོམ་པ་ནི་བདག་མེད་པའི་རྣམ་པ་ལ་བསྒོམ་པ་ཞེས་བྱ་སྟེ།
་འདི་ནི་ཆོས་དྲན་པ་ཉེ་བར་གཞག་པ་བསྟན་ཏོ། །འདིས་ནི་དྲན་པ་ཉེ་བར་གཞག་པ་བཞི་བསྟན་ཏོ། །རབ་ཏུ་ཐོབ་པའི་རྣམ་པ་ལ་བསྒོམ་པ་དང་ཞེས་བྱ་བ་ལ། ལྟག་པའི་ཚུལ་ཁྲིམས་དང་སེམས་དང། ལྟག་པའི་ཤེས་རབ
་ཀྱི་མཚན་ཉིད་དགེ་བ་མ་སྐྱེས་པ་རྣམས་བསྐྱེད་བར་བྱ་བའི་ཕྱིར། མོས་པ་བསྐྱེད་འབ?་བརྩོན་འགྲུས་རྩོམ་པ་ནི་རབ་ཏུ་ཐོབ་པའི་རྣམ་པ་ལ་བསྒོམ་པ་ཞེས་བྱ་སྟེ། འདིས་ནི་ཡང་དག་བར་སྤོང་བའི་རྣམ་པ་གཅིག་གོ་།བསྟེན་པའི་རྣམ་པ་ལ་བསྒོམ་པ་དང
་ཞེས་བྱ་བ་ལ། བསླབ་པ་གསུམ་གྱི་མཚན་ཉིད་དབྱེ་བའི་ཆོས་སྐྱེས་པའི་རྣམས་འཕེལ་བ་དང། རྒྱས་བ་དང་རྒྱ་ཆེར་འགྱུར་བར་བྱ་བའི་ཕྱིར་ཡང་ནས་ཡང་དུ་དེ་ལ་བསྒོམ་པ་ནི་བསྟེན་པའི་རྣམ་པ་ལ་བསྒོམ་པ་ཞེས་བྱ་སྟེ། འདིས་ནི་ཡང་དག་པའི་སྤོང?
་བ་གཉིས་བའོ། །གདོན་པའི་རྣམ་པ་ལ་བསྒོམ་པ་དང་ཞེས་བྱ་བ་ལ། བསླབ་པ་གསུམ་གྱིས་མི་མཐུན་པའི་ཕྱོགས་སུ་འགྱུར་བ་སྡིག་པ་མི་དགེ་བའི་ཆོས་སྐྱེས་བ་རྣམས་སྤང་བར་བྱ་བའི་ཕྱིར། མོས་པ་བསྐྱེད་འབད་བརྩོན་འགྲུས་རྩོམ་པ་ནི་འདོན
་པའི་རྣམ་པ་ལ་བསྒོམ་པ་ཞེས་བྱ་སྟེ། འདིས་ནི་ཡང་དག་པའི་སྤོང་བ་གསུམ་པའོ། །སྡིག་པ་མི་དགེ་བའི་ཆོས་སྤངས་པ་ཡང་སྡིག་པ་མི་དགེ་བའི་ཆོས་དེ་དག་རྒྱུན་ཏུ་སྐྱེ་བ་ལས་སྐྱེ་བའི་རྒྱུན་བཅད་པའོ། །ཡང་སྡིག་པའི་ཆོས་དེ་དག་གི་ས་བོན་སྤངས་པ
་ཉིད་ཀྱི་སྤངས་པ་ཞེས་བྱ་སྟེ། གཞན་དུ་ན་སྡིག་པའི་ཆོས་སྐྱེས་ཟིན་པའི་རྣམས་ནི་སྤང་དུ་མེད་དེ། རང་ཉིད་སྐྱེས་མ་ཐག་ཏུ་འགག་པར་འགྱུར་བས་སོ། །གཉེན་པོ་རྣམ་པ་ལ་བསྒོམ་པ་ཞེས་བྱ་བ་ལ། སྡིག་པ་མི་དགེ་བའི་ཆོས་མ་སྐྱེས་པ་རྣམས་མི
་བསྐྱེད་བའི་ཕྱིར་དེའི་གཉེན་པོ་འདོད་ཆགས་ཀྱི་གཉེན་པོར་མི་གཙང་བ་བསྒོམ་པ་དང། ཞེ་སྡང་གི་གཉེན་པོར་བྱམས་པ་བསྒོམ་པ་དང་གཏི་མུག་གི་གཉེན་པོར་རྟེན་ཅིང་འབྲེལ་བར་འབྱུང་བ་བསྒོམ་པ་ནི་གཉེན་པོའི་རྣམ་པ་ལ་བསྒོམ་པ་ཞེས་བྱ་སྟེ།
་འདིས་ནི་ཡང་དག་པའི་སྤོང་བ་བཞི་པ་བསྟན་ཏོ། །དེ་ཡི་གཉེན་པོ་ལ་བསྒོམས་ན་བག་ཆགས་བཅོམ་པར་འགྱུར་རོ། །བག་ཆགས་བཅོམ་ན་སྡིག་པ་མི་དགེ་བའི་ཆོས་མ་སྐྱེས་བ་རྣམས་མི་སྐྱེ་བར་འགྱུར་ཏེ། ཀླ་སྐྱེས་བ་སྤོང་བའི་ཐབས་ཀྱང་དེ་ལྟ་བུའོ། །འདི་ཡན་ཆད
་ཡང་དག་པའི་སྤོང་བ་བཞི་བསྟན་ཏེ། །བཤད་དོ། །ཆོག་པར་འཛིན་པའི་གཉེན་པོ་ཡིད་ལ་བྱེད་པ་བསྒོམ་པ་ནི་དད་པ་བསྐྱེད་པའོ་ཞེས་བྱ་བ་ལ། ཡང་དག་པའི་སྤོང་བ་བཞི་ཙམ་གྱི་དགེ་བས་ཆོག་པར་འཛིན་ཅིང་དགེ་བ་རྒྱ་ཆེན་པོ་དང་ཏིང་ངེ་འཛིན་ལ་སོགས་པ་ནི
་ཚོལ་བ་ལ་དེའི་གཉེན་པོ་ཡིད་ལ་བྱེད་པ་བསྒོམས་ཏེ། དེའི་གཉེན་པོ་ཡིད་ལ་བྱེད་པ་ཡང་གང་ཡིན་ཞེ་ན། དད་བ་སྐྱེས་པའོ། །དད་པ་སྐྱེས་པ་ནི་ཏིང་ངེ་འཛིན་དང། དགེ་བའི་རྩ་བརྒྱ་ཆེན་པོ་བསྐྱེད་བའི་ཕྱིར། མོས་པ་དང་དགའ་བ་དང་སྒྲོ་བ་སྐྱེད་པ་ནསྟེ། འདིས་ནི་མོས
་བ་རྫུ་འཕྲུལ་གྱི་རྐང་པ་བསྟན་ཏོ། །གཡེང་བ་དང་ཐེ་ཚོམ་གྱི་གཉེན་པོ་ཡིད་ལ་བྱེད་པ་བསྒོམ་པ་ནི་ནམ་འབང་བ་དང་བརྩོན་འགྲུས་རྩོམ་པ་ནི་རིམ་བཞིན་ནོ་ཞེས་བྱ་བ་ལ། ཏིང་ངེ་འཛིན་དུ་ཞུགས་པ་ན་འདོད་པ་ལྔའི་ཡོན་ཏན་ལ་སེམས་གཡེངས་པས
་གཡང་བ་ཞེས་བྱའོ། །བསྒོམ་པའི་ཡུལ་དང་ཤེས་བྱའི་ཡུལ་དངོས་པོ་ལ་ཡིན་ནམ་མ་ཡིན་སྙམ་དུ་ཡིད་གཉིས་ཟ་བ་ནི་ཐེ་ཚོམ་ཞེས་བྱ་སྟེ། གཡེང་བའི་གཉེན་པོར་ནི་འབད་པ་ཡིད་ལ་བྱའོ། །ཐེ་ཚོམ་གྱི་གཉེན་བར་ནི་བརྩོན་འགྲུས་ཡིད་ལ་བྱ་སྟེ། རིམ
་བཞིན་ནོ། །ཇི་ལྟར་གཉེན་པོར་འགྱུར་ཞེ་ན། ཏིང་ངེ་འཛིན་གྱི་དུས་ན་ཕྱིའི་ཡུལ་ལ་སེམས་གཡེངས་ཤིང་ཕྱར་བར་གྱུར་བ་དང། མི་གཡེངས་པར་གྱུར་པའི་ཕྱིར་འབད་པར་བྱའོ། །ནམ་ཐེ་ཚོམ་དུ་གྱུར་པ་རྣམ་བརྩལ་ཏེ། ལེ་ལོའི་དབང་དུ་བྱས་ན་ནི་ཐེ་ཚོམ
་ལས་ཐར་བར་མི་འགྱུར་ཏེ། བརྩོམ་འགྲུས་བསྐྱེད་ལ་ཡང་ཞེས་ཡང་དུ་བཞིགས་ཤིང་བརྟགས་ཏེ་སྤྱད་ན་ཐེ་ཚོམ་མེད་བར་འགྱུར་བས། ཐེ་ཚོམ་གྱི་གཉེན་པོ་ནི་བརྩོན་འགྲུས་རྩོམ་མོ། །རྒོད་པའི་གཉེན་པོར་ཏིང་ངེ་འཛིན་བསྒོམ་པ་ནི་ནམ་སེམས་རབ་ཏུ་འཛིན
་པའོ་ཞེས་བྱ་བ་ལ། སྔོན་རྩིད་མོ་བྱས་པ་དང། བརྒད་པ་ལ་སོགས་པ་དྲན་ནས་སེམས་འཕྲོས་པར་གྱུར་པ་ནི་རྒོད་པ་ཞེས་བྱ་སྟེ། དེའི་གཉེན་བོར་ནི་ཞི་གནས་གྱི་ཏིང་ངེ་འཛིན་བསྒོམ་མོ། །ཞི་གནས་ཀྱི་ཏིང་ངེ་འཛིན་བསྒོམས་པ
་ན་སེམས་རབ་ཏུ་འཛིན་པ་ཞེས་བྱ་སྟེ། སེམས་གཡེངས་པ་ལས་ཞི་གནས་ཀྱིས་བླ་ན་ནས། ཏིང་ངེ་འཛིན་གྱི་ཡུལ་ལས་བླན་ནས་བཞག་པའི་ཕྱིར་རོ། །ཞུམ་པའི་གཉེན་པོར་ཏིང་ངེ་འཛིན་གྱི་རྣམ་པ་བསྒོམ་པ་ནི་ནམ་སེམས་རབ་ཏུ་གཟེངས
་བསྟོད་དེ་ཞེས་བྱ་བ་ལ། ཞུམ་པའི་ནི་ལེ་ལོའི་དབང་དུ་གྱུར་ན་སེམས་སྤྲོ་བ་མེད་པ་དང་གཉིད་དང། རྨུགས་པ་དང་ནོན་པ་སྟེ། དེའི་གཉེན་པོར་ནི་ལྷག་མཐོང་གི་ཏིང་ངེ་འཛིན་བསྒོམ་མོ།།ནམ་ལྷག་མཐོང་གི་ཏིང་ངེ་འཛིན་བསྒོམ་པ་ནི་སེམས
་རབ་ཏུ་གཟེངས་བསྟོད་པ་ཞེས་བྱ་སྟེ། རྨུགས་པར་གྱུར་དང་ལྷག་མཐོང་གིས་དེ་བཞིན་གཤེགས་པའི་ཡོན་ཏན་ནམ་ཏིང་ངེ་འཛིན་གྱི་འབྲས་བུར་བསམས་ནས། སེམས་སྤྲོ་བ་དང་གསལ་བའི་མཚན་ཉིད་བསྐྱེད་པར་བྱ་བ་ཞེས་བྱ་བའི་དོན
་ཏོ། །དེ་དག་རྫུ་འཕྲུལ་གྱི་རྐང་པ་བཞི་དང་རིམ་བཞིན་དུ་སྦྱར་རོ་ཞེས་བྱ་བ་ལ། ཆོག་པར་འཛིན་ཅེས་བྱ་བ་ལ་སོགས་པས་ནི་མོས་པ་རྫུ་འཕྲུལ་གྱི་རྐང་པ་བསྟན་ཏོ། །གཡེང་བ་ཞེས་བྱ་བ་ལ་སོགས་པས་ནི་བརྩོན་འགྲུས་རྫུ་འཕྲུལ་གྱི་རྐང་པ
་བསྟན་ཏོ།།རྒོད་པའི་གཉེན་པོར་ཞེས་བྱ་བ་ལ་སོགས་པས་ནི་སེམས་རྫུ་འཕྲུལ་གྱི་རྐང་བ་བསྟན་ཏོ། ཞུམ་པའི་གཉེན་པོར་ཞེས་བྱ་བ་ལ་སོགས་པ་ནི་དཔྱོད་པ་རྫུ་འཕྲུལ་གྱི་རྐང་པ་བསྟན་ཏོ། །རིམ་བཞིན་དུ་སྦྱར་རོ། །སེམས་གནས་འཇིག་རྟེན
་ལས་འདས་པའི་ཕུན་སུམ་ཚོགས་པ་ལ་ཡིད་ཆེས་པའི་རྣམ་པ་བསྒོམ་པ་དང་དང་ཞེས་བྱ་བ་ལ། རྫུ་འཕྲུལ་གྱི་རྐང་པ་བཞི་ཐོབ་སྟེ། འཇིག་རྟེན་པའི་ཏིང་ངེ་འཛིན་ཐོབ་པ་ལ་སེམས་གནས་པ་ཞེས་བྱ་བའམ། མོས་པ་སྤྱོད་པའི་ཏིང་ངེ་འཛིན
་བཞི་ཐོབ་པ་ལ་སེམས་གནས་པ་ཞེས་བྱའོ། །ས་དང་པོར་གཉིས་སུ་མེད་པའི་ཡེ་ཤེས་ཐོབ་པ་ལ་ནི་འཇིག་རྟེན་ལས་འདས་པ་ཞེས་བྱ་སྟེ། དེའི་ཚེ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ནི་ཕུན་སུམ་ཚོགས་པ་ཞེས་བྱ་སྟེ། འཇིག་རྟེན་གྱི་ཏིང་ངེ་འཛིན་ཐོབ
་པས་འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པ་ཐོབ་པར་བྱ་བའི་ཕྱིར་བསྒོམ་པར་བྱའོ། །ཇི་ལྟར་བསྒོམ་ཞེ་ན། ཡིད་ཆེས་པའི་རྣམ་པར་བསྒོམས་ཏེ། ས་དང་པོའི་དུས་ན་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཕུན་སུམ་ཚོགས་པ་ཡིན་ལ། བསོད
་རྣམས་དང་ཡེ་ཤེས་ཀྱི་ཚོགས་དེ་དག་སྒྲུབ་ཅིང་ཐོབ་པར་བྱར་རུང་ངོ་ཞེས་སེམས་པ་ནི་ཡིད་ཆེས་པའི་རྣམ་པ་བསྒོམ་པ་ཞེས་བྱ་སྟེ། འདིས་ནི་དད་པའི་དབང་པོ་བསྟན་ཏོ། །ཇི་ལྟར་ཡིད་ཆེས་པ་རྣམས་ལ་བསྒོམ་པ་དེ་བཞིན་དུ་འབད་པའི་རྣམ་པ་ལ
་བསྒོམ་པ་དང་ཞེས་བྱ་བ་ལ་དད་པའི་དབང་པོས་འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པ་ལ་ཡོད་བའི་མཚན་ཉིད་དུ་ཡིད་ཆེས་བའི་རྣམ་པས་བསྒོམ་པ་དེ་བཞིན་དུ་བརྩོན་འགྲུས་ཀྱིས་ཀྱང་འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས
་པ་དེ་ལ་རྟོགས་པ་དང། མངོན་སུམ་དུ་བྱ་བའི་ཕྱིར་ཡང་ནས་ཡང་དུ་གོམས་པར་བྱེད་པ་ནི་འབད་པའི་རྣམ་པ་ལ་བསྒོམ་པ་ཞེས་བྱ་སྟེ། འདིས་ནི་བརྩོན་འགྲུས་ཀྱི་དབང་པོ་བསྟན་ཏེ། ཆོས་མི་བརྗེད་པའི་རྣམ་པ་བསྒོམ་པ་དང་ཞེས་བྱ་བ་ལ་དད་པའི
་དབང་པོས་ཡིད་ཚེས་པར་བྱས་པ་དང། བརྩོན་འགྲུས་ཀྱི་དབང་པོས་མངོན་སུམ་དུ་བྱས་པའི་ཆོས་དེ་སེམས་ལམ་རྨུགས་ཤིང་སེམས་ལ་གསལ་བར་སྣང་བའི་མཚན་ཉིད་དུ་བསྒོམ་པ་ནི་སེམས་མི་བརྗེད་པའི་རྣམ་པ་ལ་བསྒོམ་པ་ཞེས་བྱ་སྟེ། འདིས
་ནི་དྲན་པའི་དབང་པོ་བསྟན་ཏོ། །སེམས་གནས་པ་ནི་རྣམ་པ་ལ་བསྒོམ་པ་དང་ཞེས་བྱ་བ་ལ། དྲན་པའི་དབང་པོས་མ་བརྗེད་པར་བྱས་པའི་ཆོས་དེ་ཉིད་ལ་སེམས་བཞག་ཏེ། རྩེ་གཅིག་ཏུ་བསྒོམ་པ་ནི་སེམས་གནས་པའི་རྣམ་པ་ལ་བསྒོམ་པ་ཞེས་བྱ་སྟེ།
་འདིས་ནི་ཏིང་ངེ་འཛིན་གྱི་དབང་པོ་བསྟན་ཏོ། །རབ་ཏུ་འབྱེད་པའི་རྣམ་པ་ལ་བསྒོམ་པ་ཞེས་བྱ་བ་ལ། དེ་ལྟར་སེམས་རྩེ་གཅིག་ཏུ་གཞག་ན་ཆོས་དེ་དག་གི་རང་དང་སྤྱིའི་མཚན་ཉིད་ཕྱིན་ཅི་མ་ལོག་པར་ཤེས་པའི་ཤེས
་རབ་སྐྱེ་བར་འགྱུར་ཏེ། དེ་ནི་རབ་ཏུ་འབྱེད་པའི་རྣམ་པ་ལ་སྒོམ་པ་ཞེས་བྱ་སྟེ། འདིས་ནི་ཤེས་རབ་གྱི་དབང་པོ་བསྟན་ཏོ། །འདི་ཡན་ཆད་དུ་དབང་པོ་ལྔ་བསྟན་ཏོ། །དབང་པོ་དེ་དག་མི་མཐུན་པོའི་ཕྱོགས་བཅོམ་པའི་ཡིད་ལ་བྱེད་པ་ནི་སྟོབས་རྣམས
་ལའོ། །ཞེས་བྱ་བ་ལ་དད་པའི་དབང་པོ་ནས་ཤེས་རབ་ཀྱི་དབང་པོའི་བར་དུ་དབང་པོ་ལྔ་པོ་ཉིད་ལན་མ་མི་མཐུན་པཱི་ཕྱོགས་ཀྱིས་མི་འཕྲོགས་ཤིང་དེ་དག་གི་དབང་དུ་མུ?་གྱུར་ལ་མི་མཐུན་པའི་ཕྱོགས་ཆོམས་པའི་ཚུལ་དུ་ཡིད་ལ་བྱེད་པ་ལ་ནི
་སྟོབས་ལྔ་ཞེས་བྱའོ། །དེ་ལ་མི་མཐུན་པའི་ཕྱོགས་ནི་མ་དད་པ་དང། ལེ་ལོ་དང་དྲན་པ་ཉམས་པ་དང། གཡེང་བ་དང། འཆལ་བའི་ཤེས་རབ་སྟེ། ནམ་མ་དད་པས་མི་འཕྲོགས་པའི་དུས་ན་ནི་དད་པའི་སྟོབས་ཞེས་བྱའོ། །ནམ་ལེ་ལོས་མི་འཕྲོགS
་པའི་དུས་ན་ནི་བརྩོན་འགྲུས་ཀྱི་སྟོབས་ཞེས་བྱའོ། །ནམ་དྲན་པ་ཉམས་པས་མི་འཕྲོགས་པའི་དུས་ན་ནི་དྲན་པའི་སྟོབས་ཞེས་བྱའོ། །ནམ་གཡང་བས་མི་འཕྲོག་པའི་དུས་ན་ནི་ཏིང་ངེ་འཛིན་གྱི་སྟོབས་ཞེས་བྱའོ། །ནམ་འཆལ་པའི་ཤེས་རབ
་ཀྱིས་མི་འཕྲོགས་པའི་དུས་ནི་ཤེས་རབ་ཀྱི་སྟོབས་ཞེས་བྱ་སྟེ། འདི་ཡན་ཆད་སྟོབས་ལྔ་བཤད་དོ། །དབང་པོ་ལྔ་དང་སྟོབས་ལྔ་ལ་ཁྱད་པར་ཅི་ཡོད་ཅེ་ན། གང་གི་མ་དད་པ་ལ་སོགས་པའི་མཐུན་པའི་ཕྱོགས་དང། དད་པ་ལ་སོགས་པ
་གཉེན་པོ་ཉིད་དུ་འདེན་པར་འབྱུང་བ་ན་ནི་དབང་པོ་ཞེས་བྱའོ། །མི་མཐུན་པའི་ཕྱོགས་ཀྱི་མ་འདྲེས་པར་གཉེན་པོ་འབའ་ཞིག་འབྱུང་བ་ན་ནི་སྟོབས་ཞེས་བྱ་སྟེ་བྱེ་བྲག་ནི་དེ་ཡོད་དོ། །ཡང་དག་བྱང་ཆུབ་རབ་ཏུ་སྣང་བ་རྣམ་པ་བསྒོམ་པ་དང
་ཞེས་བྱ་བ་ལ། ཟད་པ་མི་སྐྱེ་བའི་ཡེ་ཤེས་ལ་ཡང་དག་བྱང་ཆུབ་ཅེས་བྱ་སྟེ། མཐོང་བ་དང་བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་སྔར་སྤངས་པ་ལ་ནི་ཟད་པ་ཞེས་བྱའོ། །དེ་ཕྱིན་ཆད་སེམས་ཀྱི་རྒྱུད་ལ་ཉོན་མོངས་པ་མི་འབྱུང་བ་ནི་མི་སྐྱེ་བ་ཞེS
་བྱའོ། །ཡང་ན་ས་དང་པོར་ཆོས་ཀྱི་དབྱིངས་ཀུན་ཏུ་འགྲོ་བའི་མཚན་ཉིད་དུ་རྟོགས་ནས་གཟུང་འཛིན་གཉིས་སྤངས་ཏེ། གཉིས་སུ་མེད་པའི་ཡེ་ཤེས་ཐོབ་པ་ལ་ཡང་དག་བྱང་ཆུབ་ཅེས་བྱ་སྟེ། དེ་སེམས་ལ་གསལ་ཞིང་མ་བརྗོད་པར་བསྒོམ་པ
་ལ་ནི་ཡང་དག་བྱང་ཆུབ་སྣང་བའི་རྣམ་པ་ལ་བསྒོམ་པ་ཞེས་བྱའོ། །དེ་ཡང་དྲན་པར་བྱེད་པས་ན་འདིས་དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་བསྟན་ཏོ། །དེ་ཉིད་ལ་རྣམ་པར་འབྱེད་པ་དང་ཞེས་བྱ་བ་ལ། དེ་ཉིད་ལ་ཅེས་བྱ་བ་ནི་ཟད་ལ་མི་སྐྱེ
་བའི་ཡེ་ཤེས་སམ། གཉིས་སུ་མེད་པའི་ཡེ་ཤེས་ལ་བྱ་སྟེ། ཡེ་ཤེས་དེའི་མཚན་ཉིད་མི་བརྗེད་པར་བྱས་པ་ཉིད་ཕྱིན་ཅི་མ་ལོག་པར་ཤེས་པ་ནི་རྣམ་པར་འབྱེད་པ་ཞེས་བྱའོ། །དེ་ཡང་གང་གི་དུས་ན་ཤེས་ཞེ་ན་ས་དང་པོའི་དུས་ན་ཤེས་ཏེ
་དེའི་ཚེ་ཆོས་ཀྱི་དབྱིངས་ཐམས་ཅད་དུ་འགྲོ་བའི་མཚན་ཉིད་དུ་རྟོགས་པའི་ཕྱིར་ཏེ། འདིས་ནི་ཆོས་རབ་ཏུ་འབྱེད་པས་བྱང་ཆུབ་ཀྱི་ཡན་ལག་བསྟན་ཏོ། །སྤྲོ་བ་དང་ཞེས་བྱ་བས་ཆོས་ཀྱི་དབྱིངས་རྟོགས་པ་དེ་ཉིད་ལ། ཡང་ནས་ཡང་དུ་གོམས་པར
་བྱེད་པ་ནི་སྤྲོ་བ་ཞེས་བྱ་སྟེ། དེ་ཡང་བརྩོན་འགྲུས་ཀྱིས་བྱེད་པས་ན་འདིས་ནི་བརྩོན་འགྲུས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་བསྟན་ཏོ། །ཡིད་བདེ་བ་དང་ཞེས་བྱ་བ་ལ། ས་དང་པོར་ཆོས་ཀྱི་དབྱིངས་རྟོགས་ནས་དགའ་བའི་ཁྱད་པར་སྐྱེ་བ་ལ་ནི
་ཡིད་བདེ་བ་ཞེས་བྱ་སྟེ། འདི་ཡངས་དང་པོའི་ཚེ་རྟོགས་ནས་དགའ་བ་སྐྱེས་པས་ན། ས་དང་པོའི་མིང་ཡང་ས་རབ་ཏུ་དགའ་བ་ཞེས་བཏགས་ཏེ། དེས་ནི་དགའ་བ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་བསན?་ཏོ། །ལུས་སུ་རུང་བ་དང་ཞེས་བྱ་བ་ལ།
་ལུས་ཤིན་ཏུ་བྱ་བ་དང། སེམས་ཤིན་ཏུ་བྱང་བ་ལས་སུ་རུང་བ་ཞེས་བྱའོ། །དེ་ལ་ལུས་ལས་སུ་རུང་བ་ནི་བདག་གི་དགོས་པ་སྒྲུབ་པ་ལ་ལུས་ཡང་ཞིང་ཟོ་མདོག་བདེ་པའོ། །སེམས་ལས་སུ་རུང་བ་ནི་ཞུམ་རྒོད་མེད་ཅིང་ཏིང་ངེ་འཛིན་གྱི
་ཡུལ་ལ་འཇུག་པ་དང། སེམས་གསལ་བ་སྟེ་འདིས་ནི་ཤིན་ཏུ་སྦྱངས་བ་བྱང་ཆུབ་ཀྱི་ཡན་ལག་བསྟན་ཏོ། །སེམས་གནས་པ་དང་ཞེས་བྱ་བ་ལ། ཟད་པ་མི་སྐྱེ་བའི་ཡེ་ཤེས་སམ། དེ་བཞིན་ཉིད་མ་བརྗེད་པར་བྱས་པ་ལ་སེམས་གནས་པའི
་རྣམ་པ་བསྒོམ་པ་ཞེས་བྱ་སྟེ། འདིས་ནི་ཏིང་ངེ་འཛིན་བྱང་ཆུབ་ཀྱི་ཡན་ལག་བསྟན་ཏོ། །མཉམ་པ་ཉིད་ཀྱི་རྣམ་པར་བསྒོམ་པ་ཞེས་བྱ་བ་ལ། དེ་ལྟར་སེམས་རྩེ་གཅིག་ཏུ་བཞག་པ་ལས་ཞུམ་པ་དང་རྒོད་པ་གཉིས་མེད་པར་བསྒོམ་པ་ནི་མཉམ་པ་ཉིད་ཀྱི་རྣམ
་པ་ལ་བསྒོམ་པ་ཞེས་བྱ་སྟེ། འདིས་ནི་བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་བསྟན་ཏོ། །དེ་ལ་བཏང་སྙོམས་རྣམ་པ་གསུམ་སྟེ། བཏང་སྙོམས་ཀྱི་ཐོག་མའི་དུས་དང། བར་གྱི་དུས་དང། ཐ་མའི་དུས་སོ། །དེ་ལ་བཏང་སྙོམས་ཀྱི་ཐོག་མའི་དུས་ཀྱིས་ཞུམ
་རྒོད་གཉིས་སེམས་མི་མཉམ་པར་བྱེད་པ་ཡིན། ཞུམ་རྒོད་སྤངས་པའི་སེམས་དང་པོར་ཐོབ་པ་ལ་བཏང་སྙོམས་ཀྱི་ཐོག་མའི་དུས་ཞེས་བྱའོ། །དེ་ནས་ཕན་ཆད་ཞུམ་རྒོད་སྤངས་པའི་སེམས་མཉམ་པ་ཉིད་ལ་སེམས་དང་གིས་གནས་པ་ནི་བར་གྱི་དུས་ཞེས
་བྱའོ། །དེའི་དུས་ན་རིང་དུ་མ་བསྒོམས་པས་ཞུམ་རྒོད་འབྱུང་བའི་དོགས་པ་ཡོད་པ་ལས་རྣལ་འབྱོར་པས་ཡུན་རིང་དུ་བསྒོམས་ནས་ཞུམ་རྒོད་འབྱུང་བའི་དོགས་པ་ཡང་མེད་པར་བསྒོམ་པ་ནི་བཏང་སྙོམས་ཀྱིས་ཐ་མའི་དུས་ཞེས་བྱ་སྟེ། འདི་ཡན
་ཆད་དུ་བྱང་ཆུབ་ཀྱི་ཡན་ལག་བདུན་བསྟན་ཏོ། །ཐོག་མ་གདོན་མི་ཟ་བའི་རྣམ་པ་བསྒོམ་པ་དང་ཞེས་བྱ་བ་ལ། ས་དང་པོར་ཆོས་ཀྱི་དབྱིངས་ཀུན་ཏུ་འགྲོ་བའི་མཚན་ཉིད་དུ་རྟོགས་པ་ནི་ཐོབ་པ་གདོན་མི་ཟ་བ་ཞེས་བྱ་བའོ། །དེ་ལྟར་ས་དང་པོར་ཆོས་ཀྱི
་དབྱིངས་རྟོགས་ས་བཅུ་མན་ཆད་དེ་ཉིད་ལ་བསྒོམ་པ་ནི་ཐོབ་པ་གདོན་མི་ཟ་བའི་རྣམ་པ་བསྒོམ་པ་ཞེས་བྱ་སྟེ། དེ་ལྟར་ཡང་ཡང་དག་པའི་ལྟ་བས་བསྒོམ་པས་ན་འདིས་ནི་ཡང་དག་ལྟ་བ་ལྟ་བ་བསྟན་ཏོ། །ཡོངས་སུ་སྦྱངས་པའི་ས་རྟོགས་པའི་རྣམ
་པ་བསྒོམ་པ་དང་ཞེས་བྱ་བ་ལ། ཆོས་པས་སྤྱོད་པའི་ས་ན་རྣལ་འབྱོར་པས་མཉན་པ་དང་བསམས་པའོ། །བསྒོམ་པ་ལ་སོགས་པའི་རིམ་པས་ཆོས་ཀྱི་དབྱིངས་རྟོགས་ཤིང་ས་དང་པོ་ཐོབ་པར་བྱས་པའི་ས་དང་པོ་ལ་ཡོངས་སུ་སྦྱངས་པའི་ས་ཞེས
་བྱའོ། །དེ་ནས་རྣལ་འབྱོར་པ་ཞེས་ཏིང་ངེ་འཛིན་ལས་ལངས་ནས་བདག་གིས་ཆོས་ཀྱི་དབྱིངས་ཇི་ལྟར་རྟོགས་ཞེས་བརྟགས་ནས་མཉན་པ་དང། བསམས་པ་དང། བསྒོམ་པའི་རིམས་པས་རྟོགས་སོ་ཞེས་ཁོང་དུ་ཆུད་པས་ཡོངས་སུ་སྦྱངས་པའི་ས
་རྟོགས་པའི་རྣམ་པ་ལ་བསྒོམ་པ་ཞེས་བྱ་སྟེ། དེ་ལྟར་ཡང་ཡང་དག་པའི་རྟོག་པས་རྟོགས་པས་ན་འདིས་ནི་ཡང་དག་པའི་རྟོག་པ་བསྟན་ཏོ། །ཕ་རོལ་ལ་ཡང་དག་པའི་རིག་པའི་བྱེད་པའི་རྣམ་པ་ལ་སྒོམ་བ་དང་ཞེས་བྱ་བ་ལ། དེ་ལྟར་རྣལ་འབྱོར་པས
་ཡང་དག་པའི་ལྟ་བ་དང། ཡང་དག་པའི་རྟོག་པས་ས་དང་པོར་ཆོས་ཀྱི་དབྱིངས་ཇི་ལྟར་རྟོགས་པ་དེ་ཁོ་ན་ཁོང་དུ་མ་ཆུད་པ་རྣམས་ལ་ཚིག་གིས་འཆད་ཅིང་གོ་བར་བྱེད་པ་ནི་ཕ་རོལ་ལ་ཡང་དག་པར་རིག་པར་བྱེད་པའི་རྣམ་པ་ལ་སྒོམ་པ་ཞེས་བྱ་སྟེ། དེ
་ལྟར་ཡང་ཡང་དག་པའི་ངག་གིས་བྱེད་པས་ན་འདིས་ནི་ཡང་དག་པའི་དག་བསྟན་ཏོ། །འཕགས་པ་འདུན་པར་བྱེད་པའི་ཚུལ་ཁྲིམས་ལ་ཞུགས་པའི་རྣམ་པ་ལ་བསྒོམ་པ་དང་ཞེས་བྱ་བ་ལ། འཕགས་པ་རྣམས་དགྱེས་པའི་ཚུལ་ཁྲིམས་ལ་ནི་འཕགས
་པ་འདུན་པར་བྱེད་པའི་ཚུལ་ཁྲིམས་ཞེས་བྱ་སྟེ། དེ་ཡང་སྲོག་གཅོད་པ་ནས་ལོག་པར་ལྟ་བའི་པར་དག་མི་དགེ་བ་བཅུ་སྤངས་ཤིང་རང་བཞིན་གྱི་དགེ་པ་བཅུ་ལ་གནས་པ་ནི་འཕགས་པ་འདུན་པར་བྱེད་པའི་ཚུལ་ཁྲིམས་ཞེས་བྱ་སྟེ། ཚུལ་ཁྲིམས་དེ་ལ
་གནས་པར་ཞུགས་པའི་རྣམ་པ་ལ་བསྒོམ་པ་ཞེས་བྱའོ། །དེ་ལྟར་ཡང་དག་པའི་ལས་ཀྱི་མཛའ་ཨི་བྱེད་བསམ་འདིས་ནི་ཡང་དག་པའི་ལས་ཀྱི་མཛའ་བསྟན་ཏོ། །བསྙུངས་པའི་ཚུལ་ཀུན་སྤྱོད་པའི་རྣམ་པ་ལ་བསྒོམ་པ་དང་ཞེS
་བྱ་བ་ལ། ལྷུང་བཟེད་དང་ཆོས་གོས་ལ་སོགས་པ་ལུང་ལས་ཇི་སྐད་འབྱུང་བ་ལས་ལྷག་པར་མི་འཚོལ་ཞིང་སྙུང་བ་དང། གཡོ་དང་སྒྱུས་མི་འཚོ་བ་ནི་བསྙུངས་པའི་ཚུལ་དུ་ཀུན་སྤྱོད་པའི་རྣཾ་བ་ལ་བསྒོམ་པ་ཞེས་བྱ་སྟེ། དེ་ཡང་ཡང་དག་པའི་འཚོ་བས་བྱེད
་པས་ན་འདིས་ནི་ཡང་དག་པའི་འཚོ་བ་བསྟན་ཏོ། །སྔོན་ཡོངས་སུ་བསྒོམས་པས་ཐོབ་པའི་ལམ་ལ་གོམས་པའི་རྣམ་པ་ལ་བསྒོམ་པ་དང་ཞེས་བྱ་བ་ལ། མོས་པ་སྤྱོད་པའི་ས་ནས་ས་དང་པོའི་བར་དུ་བསྒོམས་པས་ས་དང་པོའི་ཚེ་བརྩོན་འགྲུས་ཁྱད
་ཞུགས་པ་ནི་སྔོན་ཡོངས་སུ་བསྒོམས་པས་ཐོབ་པའི་ལམ་ཞེས་བྱའོ། །དེ་ནས་ས་གཉིས་ནས་ས་བཅུ་མན་ཆད་བརྩོན་འགྲུས་ཁྱད་ཞུགས་པ་དེ་ཉིད་ལ་གོམས་པར་བྱེད་པ་ལ་ནི་གོམས་པའི་རྣམ་པ་ལ་བསྒོམ་པ་ཞེས་བྱ་སྟེ། དེ་ལྟར་ཡང་ཡང་དག
་པའི་རྩོལ་བས་བྱེད་པས་ན་འདིས་ནི་ཡང་དག་པའི་བརྩོལ་བ་བསྟན་ཏོ། །ཆོས་གནས་པའི་མཚན་མ་མི་བརྗེད་པའི་རྣམ་བསྒོམ་པ་དང་ཞེས་བྱ་བ་ལ། ཆོས་ནི་ཆོས་ཀྱི་དབྱིངས་རྣམ་པར་དག་པའོ། །ཆོས་དེ་ཉིད་ལ་རྩེ་གཅིག་ཏུ་འཇོག་པ་ནི
་གནས་པ་ཞེས་བྱ་སྟེ། ཆོས་ཀྱི་དབྱིངས་ལ་སེམས་རྩེ་གཅིག་འཇོག་པའི་ཚེ་ཞུམ་པ་དང་རྒོད་པའི་ཚེ་གཉེན་པོ་མཚན་མ་རྣམ་པ་གསུམ་མི་བརྗེད་པར་བྱེད་པ་ནི་མཚན་མ་མི་བརྗེད་པའི་རྣམ་པ་ལ་བསྒོམ་པ་ཞེས་བྱ་སྟེ། དེ་ཡང་དག
་པས་བྱེད་པས་ན་འདིས་ནི་ཡང་དག་པའི་དྲན་པ་བསྟན་ཏོ། །མཚན་མ་རྣམ་པ་གསུམ་ནི་ཞི་གནས་ཀྱི་མཚན་མ་དང། གཟེངས་བསྟོད་པའི་མཚན་མ་དང། བཏང་སྙོམས་ཀྱི་མཚན་མའོ། །དེ་ལན་མ་སེམས་རྒོད་པར་གྱུར་པའི་དུས་ན་ནི་ཞི
་གནས་ཀྱི་མཚན་མ་བསྒོམས་ཏེ་རྒོད་པ་ཞི་བར་བྱའོ། །ན་མ་སེམས་ཞུམ་པར་གྱུར་བའི་དུས་ན་ནི་གཟེངས་བསྟོད་པའི་མཚན་མ་ཡིད་ལ་བྱས་ཤིང་སེམས་སྤྲོ་བ་བསྐྱེད་པར་བྱའོ། །ནམ་ཞུམ་རྒོད་སྤངས་ཏེ་སེམས་མཉམ་པར་གྱུར་བའི་དུས་ན་ནི་བཏང
་སྙོམས་ཀྱི་མཚན་མ་ཡིད་ལ་བྱ་ཞིང་སེམས་མི་བསྐྱོད་པར་ལ་གཞག་གོ། སེམས་གནས་པ་མཚན་མ་མེད་པ་གནས་ཡོངས་སུ་གྱུར་པའི་རྣམ་པ་བསྒོམ་པ་ཞེས་བྱ་བ་ལ། དེ་ལྟར་སེམས་རྩེ་གཅིག་ཏུ་གྱུར་པས་ཞུམ་རྒོད་མི་འབྱུང་བའི་ཕྱིར། དེའི
་གཉེན་པོ་མཚན་མ་རྣམ་པ་གསུམ་ལ་ཡང་མི་དམིགས་མི་གནས་པ་ལ་སེམས་པ་གནས་པ་མཚན་མ་མེད་པ་ཞེས་བྱའོ། །དེ་ལྟར་མཚན་མ་མེད་པ་བསྒོམས་པ་ཉིད་གནས་གྱུར་པའི་རྣམ་པ་ལ་བསྒོམ་པ་ཞེས་བྱ་སྟེ། སྔོན་ཞུམ་རྒོད་དང་བཅས
་པའི་གནས་དང་བྲལ་ནས་ཞུམ་རྒོད་མི་འབྱུང་ཞིང་སེམས་རྣལ་དུ་འདུག་པའི་གནས་ཐོབ་པའི་ཕྱིར་གནས་གྱུར་པ་ཞེས་བྱ་སྟེ། དེ་ལྟར་ཡང་ཡང་དག་པའི་ཏིང་ངེ་འཛིན་གྱིས་བྱེད་པས་ན་འདིས་ནི་ཡང་དག་པའི་ཏིང་ངེ་འཛིན་བསྟན་ཏེ། འདི་ཡན་ཆད
་འཕགས་པའི་ལམ་གྱི་ཡན་ལག་བརྒྱད་བཤད་ཟིན་ཏོ། །ཞི་གནས་དང་ལྷག་མཐོང་བསྒོམ་པའི་ལམ་གྱི་རང་བཞིན་བཤད་པ་གང་ཡང་མེད་དོ་ཞེས་བྱ་བ་ལ། ད་ནི་ཞི་གནས་དང་ལྷག་མཐོང་བསྒོམ་པའི་ལམ་གྱི་རང་བཞིན་བཤད་པའི་སྐབས་སུ
་བབ་སྟེ་དེ་གཉིས་ཀྱི་བཤད་པ་ནི་གང་ཡང་མེད་དེ། བཤད་མི་དགོས་སོ་ཞེས་བྱ་བའི་ཐ་ཚིག་གོ་།ཅིའི་ཕྱིར་ཞེ་ན། གོང་དུ་ཡིད་ལ་བྱེད་པ་བཤད་པ་དང། འོག་ནས་ཡིད་ལ་བྱེད་པ་འཆད་པར་འགྱུར་བ་རྣམས་ཀྱང་ཞི་གནས་དང་ལྷག་མཐོང་གི
་ཆར་གཏོགས་པར་ཟད་དེ། ཞི་གནས་དང་ལྷག་མཐོང་དུ་འདུས་པས་ལོགས་ཤིག་དུ་བཤད་མི་དགོས་སོ། །ལེགས་པ་ཡིད་ལ་བྱེད་པ་ནི་རྣམ་པ་གཉིས་ཏེ། གནས་ངན་ལེན་བསལ་བ་དང། ལྟ་བའི་མཚན་མ་བསལ་བའོ་ཞེས་བྱ་བ་ལ། ཡིད་ལ་བྱེད
་པ་གང་གིས་གནས་ངན་ལེན་སེལ་བར་བྱེད་པ་དང། ལྟ་པའི་མཚན་མ་སེལ་བར་བྱེད་པ་དེ་ལ་ལེགས་པར་ཡིད་ལ་བྱེད་པ་ཞེས་བྱ་སྟེ། དེའང་གནས་ངན་ལེན་སེལ་བ་དང། ལྟ་བ་སེལ་བའི་སྒོ་ནས་རྣམ་པ་གཉིས
་གཞག་གོ་།དེ་ལ་གནས་ངན་ལེན་རྣམ་པ་གཉིས་ཏེ། ལུས་ཀྱི་གནས་ངན་ལེན་དང། སེམས་ཀྱི་གནས་ངན་ལེན་ཏོ། །དེ་ལ་ལུས་ཀྱི་གནས་ངན་ལེན་ནི་སྲོག་གཅོད་པ་དང། མ་བྱིན་པར་ལེན་པ་དང། མི་ཚངས་པར་སྤྱོད་པ་ལ་སོགས
་པའི་མི་དགེ་བ་བྱེད་པའོ། །སེམས་ཀྱི་གནས་ངན་ལེན་ནི་མི་ལུས་མི་དགེ་བ་སྤྱོད་པའི་རྒྱུ་འདོད་ཆགས་དང། ཞེ་སྡང་ལ་སོགས་པ་སེམས་ལ་གཡོ་བ་སྟེ། ཆོས་ལ་བདག་མེད་པར་ཁོང་དུ་ཆུད་པས་ནི་གནས་དང་ལེན་སེལ་བར་བྱེད་པའོ།།
་འཇིག་ཚོགས་སུ་ལྟ་བ་དང། མཐར་འཛིན་པར་ལྟ་བ་དང། ལོག་པར་ལྟ་བ་དང། ལྟ་བ་བསྙེམས་པ་དང། ཚུལ་ཁྲིམས་དང་བརྟུལ་ཞུགས་བསྙེམས་པའི་བག་ཆགས་ལ་ལྟ་བའི་མཚན་མ་སེལ་བ་ཞེས་བྱ་སྟེ། གང་ཟག་ལ་བདག་མེད་པར
་ཁོང་དུ་ཆུད་པས་ནི་ལྟ་བའི་མཚན་མ་སེལ་བར་བྱེད་དོ། །ཡང་དག་པར་ནི་དེ་པ་ནི་གང་ཆོས་ཀྱི་རྒྱུན་ལས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ལས་གདམས་པ་འཛིན་པའོ་ཞེས་བྱ་བ་ལ། ཐེག་པ་ཆེན་པོའི་རིགས་ལ་གནས་པས་བྱང
་ཆུབ་ཏུ་སེམས་བསྐྱེད་ནས་མོས་པ་སྤྱོད་པའི་ཏིང་ངེ་འཛིན་བཞི་ཐོབ་པ་ལ་ཆོས་ཀྱི་རྒྱུན་ཅེས་བྱ་སྟེ། ཆོས་ཀྱི་རྒྱུན་ལ་གནས་པ་དེས་ས་དང་པོ་ཐོབ་པར་བྱ་བའི་ཕྱིར། ས་དང་པོ་ཐོབ་པར་འགྱུར་བའི་ཏིང་ངེ་འཛིན་གྱི་མན་ངག་སངས་རྒྱས་དང།
་བྱང་ཆུབ་སེམས་དཔའ་རྣམས་ལས་ལེན་ཅིང་འཛིན་པ་ལ་ཡང་དག་པར་ནོད་པ་ཡིད་ལ་བྱེད་པ་ཞེས་བྱའོ་ཞེས་བྱ་བའི་དོན་ཏོ། །སྦྱོར་བ་ཅན་གྱི་ཡིད་ལ་བྱེད་པ་དང་པོ་བསྟན་པའི་ཕྱིར། ཏིང་ངེ་འཛིན་གྱི་སྤྱོད་ཡུལ་གྲངས་ཉེ་བར་རྟོགས་པའི
་སྦྱོར་བ་ཅན་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཏིང་ངེ་འཛིན་གྱི་སྤྱོད་ཡུལ་ནི་མདོ་སྡེ་ལ་སོགས་པ་གསུང་རབ་ཡན་ལག་བཅུ་གཉིས་སོ། །གསུང་རབ་དེ་དག་གི་མིང་དང་ཚིགས་དང་ཡེ་གེའི་གྲངས་སུ་ཡོད་པ་རྟོགས་པ་ནི་ཏིང་ངེ་འཛིན་གྱི་སྤྱོད་ཡུལ
་གྲངས་ཉེ་བར་རྟོགས་པའི་སྦྱོར་བ་ཅན་ཞེས་བྱའོ། །དེ་ཉིད་ཀྱི་དོན་བསྟན་པའི་ཕྱིར། གང་གིས་མདོ་སྡེ་ལ་སོགས་པའི་མིང་དང་ཚིག་དང་ཡི་གེའི་གྲངས་ཉེ་བར་རྟོགས་པའོ་ཞེས་བྱ་བ་སྨོས་ཏེ། གང་གིས་ཞེས་བྱ་བ་ནི་ཡིད་ལ་བྱེད་པ་གང་གིས་ཞེས
་བྱ་བའི་དོན་ཏོ། །ཡིད་ལ་བྱེད་ཅིང་རྟོགས་པའི་ཁྱད་པར་གང་གིས་མདོ་སྡེ་ལ་སོགས་པ་གསུང་རབ་ཡན་ལག་བཅུ་གཉིས་ལ་གསུང་རབ་འདིའི་ནང་ནས་མིང་གི་གྲངས་ནི་འདི་སྙེད་ཅིག་འབྱུང། ཚིག་གི་གྲངས་ནི་འདི་སྙེད་ཅིག་འབྱུང། ཡི་གེའི་གྲངS
་ན་འདི་སྙེད་ཅིག་འབྱུང་བ་ཞེས་རྟོགས་པ་ནི་གྲངས་ཉེ་བར་རྟོགས་པའི་སྦྱོར་བ་ཅན་ཞེས་བྱའོ། །སྦྱོར་བ་ཅན་གྱི་ཡིད་ལ་བྱེད་བ་གཉིས་ལས་བསྟན་པའོ་ཕྱིར། འཇུག་པ་ཉེ་བར་རྟོགས་པའི་སྦྱོར་བ་ཅན་ནི་གང་གིས་རྣམ་པ་གཉིས་ལ་འཇུག
་པ་སྟེ་ཤེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གིས་ཆོས་ཀྱི་ཚང་ཁོང་དུ་ཆུད་པར་བྱ་བའི་ཕྱིར་སྦྱོར་བ་ནི་འཇུག་པ་ཉེ་བར་རྟོགས་པའི་སྦྱོར་བ་ཅན་ཞེས་བྱའོ། །དེ་ལ་གང་གིས་བྱ་བ་ནི་ཡིད་ལ་བྱེད་པ་གང་གིས་ཤེ་འམ?། གང་ཟག་གང་གིS
་ཞེས་བྱ་བའི་ཐ་ཚིག་གོ་།རྣམ་པ་གཉིས་ལ་འཇུག་པ་ཉེ་བར་རྟོགས་ཞེས་བྱ་བ་ནི་ཡི་གེ་རྣམས་ཀྱི་ཚད་ལ་འཇུག་པ་ཉེ་བར་རྟོགས་པ་དང། མིང་དང་ཚིག་གཉིས་ཀྱི་ཚད་ལ་འཇུག་པ་ཉེ་བར་རྟོགས་པའོ། །དོན་དེ་ཉིད་བསྟེན་པའི་ཕྱིར།།
་ཡི་གི་རྣམས་ཀྱི་ཚང་ལ་འཇུག་པ་དང། མིང་དང་ཚིག་གི་ཚད་མེད་པ་ལ་འཇུག་པའོ་ཞེས་སྨོས་ཏེ། ཡི་གེ་རྣམས་ཀྱི་ཚད་ཡོད་པར་ཤེས་པ་ནི་ཡི་གེ་རྣམས་ཀྱི་ཚང་ལ་འཇུག་པ་ཞེས་བྱ་སྟེ་དེ་ཡི་གེའི་ཕྱི?་མོ་མི་ཨ་ནས་ཀའི་བར་དུ་བཞི
་བཅུ་རྩ་བརྒྱན་ལས་མེད་པའི་ཕྱིར་རོ། །ལྷས་བྱིན་དང་མཆོད་སྦྱིན་ཞེས་མིང་དུ་རྟགས་པ་དང། །འདུ་བྱས་མི་རྟག་ཅེས་ཚིག་ཏུ་བཏགས་པ་རྣམས་ལ་ཚད་མེད་པར་ཁོང་དུ་ཆུད་པ་ནི་མིང་དང་ཚིག་གི་ཚད་མེད་པ་ལ་འཇུག་པ
་ཞེས་བྱ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་བསྟོད་ཕྲག་བརྒྱ་པ་ལ་སོགས་པ་མདོ་སྡེ་དེ། དེ་དག་གི་ནང་ནས་མིང་དང་ཚིག་དཔག་ཏུ་མེད་པར་འབྱུང་བའི་ཕྱིར་རོ། །སྦྱོར་བ་ཅན་གྱི་ཡིད་ལ་བྱེད་པ་གསུམ་པ་བསྟན་པའི་ཕྱིར་ཀུན་ཏུ་རྟོག་པ་ཉེ་བར་རྟོགས
་པའི་སྦྱོར་བ་ཅན་ནི། གང་གིས་གཉིས་གཟུང་ནས་ཀུན་རྟོགས་པ་གཉིས་ཉེ་བར་རྟོགས་པ་སྟེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གིས་ཞེས་བྱ་བ་ནི། གང་ཟག་གང་གིས་ཤེའམ། ཡིད་ལ་བྱེད་པ་གང་གིས་ཞེས་བྱ་བའི་དོན་ཏོ། མིང་གཟུང་པ་དང
་དོན་གཟུང་བའི་སྒོ་ནས་མིང་དང་དོན་གཉིས་རྟོགས་ན་དེ་གཉི་ཀ་ཉིད་ཀྱི་དོན་རྟོག་པར་འགྱུར་བ་ནི་ཀུན་རྟོགས་པ་ཉེ་བར་རྟོགས་པའི་སྦྱོར་བ་ཅན་ཞེས་བྱའོ། །དོན་དེ་ཉིད་རྟོགས་པའི་ཕྱིར་མིང་ལ་ཀུན་རྟོགས་པ་གཟུང་སྟེ། དོན་ལ་ཀུན་རྟོགས་པ་གཟུང་བ་དང་ཞེས་བྱ་བ་སྨོས་ཏེ། བུམ་པ་དང་སྣམ་བུ་དང
་ལྷས་བྱིན་དང། མཆོད་སྦྱིན་ཞེས་བྱ་བའི་མིང་ཤེས་པ་ནི་མིང་ལ་ཀུན་རྟོགས་པ་གཟུང་བ་ཞེས་བྱའོ། །དེ་ལྟར་མི་ཤེས་ནས་བུམ་པ་ཞེས་བྱའི་མིང་ལ་དེའི་དོན་གང་ཡིན་ཞེ་ན། ལྟ་ཟླུམ་པོ་སྐ་དང་སྡེང་སྡེང་པོ་ཆུ་བླུགས་སུ་རུང་བ་སྟེ། རྟོགས་པ་ནི་མིང་གི
་སྒོ་ནས་དོན་ལ་ཀུན་རྟོགས་པ་གཟུང་བ་ཞེས་བྱའོ། །དེ་ཀུན་རྟོགས་པ་གཟུང་སྟེ། ཀུན་རྟོགས་པའོ་ཞེས་བྱ་བ་ལ། བུམ་པ་ཞེས་པའི་དོན་ལྟོ་ཟླུས་པོ་རྐེ་དང་སྡེང་སྡེད་པོ་ཆུ་བླུགས་སུ་རུང་བདེ་ལ་མིང་དུ་ཇི་སྐད་བྱ་ཞེ་ན་དེ་ལ་ནི་བུམ་པ་ཞེས་བྱའོ་ཞེས་རྟོགས
་བ་ནི་དོན་གྱི་སྦོ་ནས་ཡིད་དུ་བཏགས་པ་ཡིན་ན། །ཡི་ཀེའི་ཀུན་ལ་བརྟགས་པ་མ་ཡིན་ནོ་ཞེས་བྱ་བ་ནི་ཡི་གེ་ཀ་དང་ཨ་ལ་སོགས་པ་གུག་སྐྱོད་མེད་པ་རྣམས་ལ་ནི་ཀུན་བཏགས་པ་ཞེས་མི་བཞག་སྟེ། དེ་ཅིའི་ཕྱིར་ཞེ་ན། ཡི་གེ་འབྲུ་གཅིག་ལ་ནི་མིང
་མེད་དོ། །མིང་མེད་པས་ན་དེ་དོན་བརྟག་ཏུ་མི་རུང་བའི་ཕྱིར་རོ། །སྦྱོར་བ་ཅན་གྱི་ཡིད་ལ་བྱེད་པ་བཞི་པ་བསྟན་པའི་ཕྱིར། རིམ་པ་ཉེ་བར་རྟོགས་པའི་སྦྱོར་བ་ཅན་ནི། གང་གིས་མིང་ཀུན་འཛིན་པ་སྔོན་བྱས་པའི་དོན་འཛིན་པ་ལ་འཇུག་པ་ཉེ་བར་རྟོགས་པའོ?
་ཞེས་བྱ་བ་སྨོས་ཏེ། སྔར་མིང་བཏགས་ཤིང་ཤེས་པར་བྱས་ནས་དེ་ནས་མིང་ཤེས་ཟིན་པའི་འོག་ཏུ་དོན་ཤེས་པར་བྱེད་པ་ནི་རིམ་པ་ཉེ་བར་རྟོགས་པའི་སྦྱོར་བ་ཅན་ཞེས་བྱ་སྟེ། དེ་ཡར་འཇིག་རྟེན་པ་དག་ཐ་སྙད་པ་མཁས་པར་བྱ་བའི་ཕྱིར་བུམ་པ་དང
་སྣམ་བུ་དང་ལྷས་བྱིན་དང་མཆོད་སྦྱིན་ཞེས་བྱ་བ་ལ་སོགས་ཕ་མིང་ཇི་ལྟར་ཤེས་པར་བྱེད་དོ། །དེ་ལྟར་མིང་ཇི་ལྟར་ཤེས་པར་བྱས་ནས། དེ་ནས་དོན་གྱི་དངོས་པོ་འདི་ལ་མིང་དུ་ཇི་སྐད་ཅེས་བྱ་བ་འམ་ཞེ་འམ་མིང་འདི་སྐད་ཅེས་བྱ་བའི་དོན་ནི་འདི་ལྟ་བུ
་ཡིན་ནོ། །མ་ཞེས་མིང་ལ་བརྟེན་ནས་དོན་ལ་རྟོག་གོ་།སྦྱོར་བ་ཅན་གྱི་ཡིད་ལ་བྱེད་པ་ལྔ་པ་བསྟན་པའི་ཕྱིར། རབ་ཏུ་རྟོག་པའི་སྦྱོར་བ་དེ་ཡང་རྣམ་པ་བཅུ་གཅིག་ཏུ་རིག་པར་བྱ་སྟེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འོག་ནས་འབྱུང་བའི་ཆོས་བཅུ་གཅིག་རྟོགS
་པ་ནི་རབ་ཏུ་རྟོགས་པའི་སྦྱོར་བཞེས་བྱའོ། །གློ་བུར་དུ་བྱུང་བ་རབ་ཏུ་རྟོག་པ་དང་ཞེS་བྱ་བ་ལ། མིང་དུ་བཏགས་པ་དང་དོན་དུ་བརྟགས་པཱི་ཆས་འདི་དག་ནི་གྱི་ན་བརྙན་མར་བཏས་པར་ཟད་དོ་ཞེས་ཁོང་དུ་ཆུད་པ་ནི་གློ་བུར་དུ་བྱུང་བ་རབ་ཏུ་རྟོགས་པ་ཞེས་བྱ་སྟེ། གང་གི་ཕྱིར
་དོན་ལ་མིང་བཏགས་པ་རྣམས་ཀྱང་གྱི་ན་བློ་བུར་བརྟགས་པ་ཡིན་ལ། མིང་ལ་དོན་དུ་བཏགས་པ་རྣམས་ཀྱང་གྱི་ན་གློ་བུར་དུ་བཏགས་པར་ཁོང་དུ་ཆུད་པ་སྟེ། དེ་ནི་མོས་པ་སྤྱོད་པའི་ས་དྲོད་ཀྱི་དུས་ན་ཁོང་དུ་ཆུད་དོ། །ཡང་དག་པར་སྣང་བའི་མཚན་པ་རབ་ཏུ
་རྟོགས་པ་དང་ཞེས་བྱ་བ་ལ། གཟུང་བ་དང་འཛིན་པའི་ཆོས་དེ་དག་ཡོད་པ་མ་ཡིན་པ་ལས་ཡོད་པ་ལྟ་བུར་སྣང་བ་ནི་ཡང་དག་པར་སྣང་བ་ཞེས་བྱ་སྟེ། འདི་ལྟར་སྣང་བར་བྱེད་པའི་རྒྱུ་ལ་མཚན་མ་ཞེས་བྱའོ། །དེ་ལྟར་སྣང་བར་བྱེད་པའི་རྒྱུ་ནི་སེམས་དང་སེམས
་ལས་བྱུང་པ་ཡིན་ཏེ། གཟུང་བ་དང་འཛིན་པ་འདི་དག་སེགས་དང་སེམས་ལས་བྱུང་བ་ལ་སྣང་བར་ཁོང་དུ་ཆུད་པ་ནི་ཡང་དག་པར་སྣང་བའི་མཚན་མ་རབ་ཏུ་རྟོགས་ཞེས་བྱ་སྟེ། དེ་ཡང་མོས་པ་སྤྱོད་པའི་ས་རྩེ་མོའི་དུས་ན
་དེ་ལྟར་རྟོགས་སོ། །དོན་མི་དམིགས་པ་རབ་ཏུ་རྟོགས་པ་དང་ཞེས་བྱ་བ་ལ། གཟུགས་ནས་ཆོས་ཀྱི་བར་དུ་ཡུལ་དྲུག་ལ་བྱ་སྟེ་ཡུལ་དྲུག་པོ་དེ་དག་ལ་མི་རྟོག་ཅིང། དེ་དག་སེམས་ལ་སྣང་བར་ཐམས་ཅད་སྤངས་ནས་མི་སྣང་བར་གྱུར་པ་ལ།
་དོན་མི་དམིགས་པ་རབ་ཏུ་རྟོགས་པ་ཞེས་བྱའོ། །དེ་ཡང་མོས་པས་སྤྱོད་པའི་ས་བ་བྲོད?་པའི་དུས་ན་རྟོགས་སོ། །དམིགས་པ་མི་དམིགས་པ་རབ་ཏུ་རྟོགས་པ་དང་ཞེས་བྱ་བ་ལ། ཡུལ་དྲུག་ལ་དམིགས་པར་བྱེད་པའི་སེམས་མི་གི་རྣམ་པར་ཤེས་པ་ནས
་ཡིད་ཀྱི་རྣམ་པར་ཤེས་པའི་བར་ཁོང་དུ་ཆུད་པ་ནི་དམིགས་པ་མི་དམིགས་པ་རབ་ཏུ་རྟོགས་པ་ཞེས་བྱའོ། །དེ་ཅིའི་ཕྱིར་ཞེ་ན། གཟུང་བ་མེད་དང་དེ་ལ་འཛིན་པར་བྱེད་པའི་སེམས་ཀྱང་ཡོད་པ་མ་ཡིན་ནོ་ཞེས་ཁོང་དུ་ཆུད་པའི་ཕྱིར་ཏེ། དེ
་ནི་མོས་པ་སྤྱོད་པའི་ས་འཇིག་རྟེན་གྱི་ཅོས་མཆོག་གི་དུས་ན་ཁོང་དུ་ཆུད་དོ། །ཆོས་ཀྱི་དབྱིངས་རབ་ཏུ་རྟོགས་པ་དང་ཞེས་བྱ་བ་ལ། དེ་ལྟར་གཟུང་བ་དང་འཛིན་པ་གཉིས་སྤངས་ནས་མཐོང་བའི་ལམ་ན་ཆོས་ཀྱི་དབྱིངས་ཐམས་ཅད་དུ་འགྲོ
་པའི་མཚན་ཉིད་དུ་མཐོང་བ་ནི་ཆོས་ཀྱི་དབྱིངས་རབ་ཏུ་རྟོགས་པ་ཞེས་བྱ་སྟེ་དེའང་ས་དང་པོའི་ཚེ་ཁོང་དུ་ཆུད་དོ། །གང་ཟག་ལ་བདག་མེད་པར་རབ་ཏུ་རྟོགས་པ་དང་ཞེས་བྱ་བ་ལ། མཐོང་བའི་ལམ་ན་ཉན་ཐོས་རྒྱུན་ཏུ་ཞུགས་པ་ལ་སོགས
་པས་ནི་གང་ཟག་ལ་བདག་མེད་པར་རབ་ཏུ་རྟོགས་ཏེ། ཕུང་པོ་ལྔ་ཙམ་དུ་ཟད་ཀྱི་མུ་སྟེགས་ཀྱི་བཏགས་པའི་བདག་ཉི་ཡོད་པ་མ་ཡིན་ནོ་ཞེས་ཁོང་དུ་ཆུད་པའི་ཕྱིར་རོ། །ཆོས་ལ་བདག་མེད་པར་རབ་ཏུ་རྟོགས་པ་དང་ཞེས་བྱ་བ་ལ། བྱས
་ཆུབ་སེམས་དཔའ་རྣམས་ཀྱིས་ནི་མཐོང་བའི་ལམ་ལ་ཆོས་ལ་བདག་མེད་པར་རབ་ཏུ་རྟོགས་ཏེ། ཕུང་པོ་ལྔ་ཉིད་ཀྱང་རྨི་ལམ་གྱི་གཟུགས་བཞིན་དུ་མེད་དོ་ཞེས་ཁོང་དུ་ཆུད་པའི་ཕྱིར་རོ། །བསམ་པ་ཆུང་དུ་རབ་ཏུ་རྟོགས་པ་དང་ཞེས་བྱ་བ་ལ། ཉན་ཐོས
་རྒྱུན་ཏུ་ཞུགས་པ་དང། ལན་ཅིག་ཕྱིར་འོང་བ་དང་ཕྱིར་མི་འོང་བ་དང། དགྲ་བཅོམ་པ་དང། རང་སངས་རྒྱས་རྣམས་ནི་བསམ་པ་ཆུད་དུས་རབ་ཏུ་རྟོགས་པ་ཞེས་བྱ་སྟེ། བདག་གི་དོན་ཙམ་བྱ་བ་དང། གང་ཟག་ལ་བདག་མེད་པ་ཙམ་ལས་མ་རྟོགས་པའི
་ཕྱིར་རོ། །རྒྱ་ཆེན་པོར་བདག་ཉིད་ཆེན་པོའི་བསམ་པ་རབ་རྟོགས་དང་ཞེས་བྱ་བ་ལ། ས་བཅུ་པའི་བྱང་ཆུབ་སེམས་དཔའ་རྣམས་དང། དེ་བཞིན་གཤེགS་པ་རྣཾས་ནི་རྒྱ་ཆེན་པོའི་བདག་ཉིད་ཆེན་པོའི་བསཾ་པ་རབ་ཏུ་རྟོགས་པ་ཞེས་བྱ་སྟེ་བདག་དང་སེམས་ཅན་ཐཾས་ཅད
་ཀྱི་དོན་བྱ་བ་རྟོགས་པ་དང། གང་ཟག་དང་ཆོས་ལ་བདག་མེད་པར་རྟོགས་པའི་ཕྱིར་རོ། །ཇི་ལྟར་ཆོས་ཁོད་དུ་ཆུད་པའི་ཆོས་རྣམ་པར་གཞག་པར་རབ་ཏུ་རྟོགས་པ་དང་ཞེས་བྱ་བ་ལ། མཐོང་བའི་ལམ་ས་དང་པོའི་དུས་ནི་ཆོས་ཀྱི་དབྱིངས་རྟོགས་པ་ནི་ཇི་
་ལྟར་ཆོས་ཁོང་དུ་ཆུད་པ་ཞེས་བྱའོ། །དེ་ལྟར་ཆོས་ཀྱི་དབྱིངས་ཁོར་དུ་ཆུད་ནས་དེ་ཁོང་དུ་ཆུད་པའི་ཡོན་ཏན་སྐད་ཅིག་མ་གཅིག་ལ་དེ་བཞིན་གཤེགས་པ་བརྒྱའི་ཞལ་བལྟ་བ་ལ་སོགS་པ་རྣམས་རྟོགས་པ་ནི་ཆོས་རྣམ་པར་བཞག
་པ་རབ་ཏུ་རྟོགས་པ་ཞེས་བྱ་སྟེ། དེ་ཡང་ས་དང་པོའི་དུས་ན་ཡང་དག་པའི་ལྟ་བས་རྟོགས་སོ། །རྣམ་པར་གཞག་པའི་ཆོས་རབ་ཏུ་རྟོགས་པ་དང་ཞེས་བྱ་བ་ལ། ས་གཉིས་ནས་ས་བཅུ་མན་ཆད་ན་བསྒོམ་པར་བྱ་བའི་ཆོས་རྣམས་ཀྱང་རབ་ཏུ་རྟོགས་ཤིང
་བསྒོམ་པར་བྱ་བའི་ཆོས་རྟོགས་ཤིང་དེའི་ཡོན་ཏན་སྐད་ཅིག་གཅིག་ལ་དེ་བཞིན་གཤེགས་པ་སྟོང་གི་ཞལ་མཐོང་བ་ལ་སོགས་པ་ནི་རྣམ་པར་བཞག་པའི་ཆོས་རབ་ཏུ་རྟགས་པ་ཞེས་བྱ་སྟེ། འདི་ནི་བསྒོམ་པའི་ལམ་ན་ཡང་དག་པའི་རྟོག་པ་རྟོགས་སོ།།
་དབང་བྱེད་པ་ཡིད་ལ་བྱེད་པ་ནི་རྣམ་པ་གསུམ་སྟེ་ཞེས་བྱ་བ་ལ། དབང་བྱེད་པའི་ཡིད་ལ་བྱེད་པ་ལ་རྣམ་པ་གསུམ་ཡོད་དེ། ཉོན་མོངས་པའི་སྒྲིབ་པ་དག་པ་ལ་དབང་བྱེད་པ་དང། ཉོན་མོངས་པ་དང
་ཤེས་བྱའི་སྒྲིབ་པ་དག་པ་ལ་དབང་བྱེད་པ་དང། ད་ལྟར་མངོན་པར་སྒྲུབ?་པ་ལ་དབང་བྱེད་པའོ། །ཉོན་མོངས་པའི་སྒྲིབ་པ་ཤིན་ཏུ་རྣམ་པར་དག་པ་དང་ཞེས་བྱ་བ་ལ། འདོད་ཆགས་ལ་སོགས་པ་མཐོང་བ་དང། བསྒོམས་པས་སྤང?
་བར་བྱ་བའི་ཉོན་མོངས་པ་རྣམས་ལ་བྱ་སྟེ། ཉོན་མོངS་པ་དེ་དག་ཉིད་རྣཾ་པར་ཐར་པ་དང་མྱ་ངན་ལས་འདས་པ་ཐོབ་པར་བྱ་བ་ལ་བར་དུ་གཅོད་པS་ན་སྒྲིབ་པ་ཞེS་བྱའོ། །སྒྲིབ་པ་དེ་དག་སྤངS་ནས་ཕྱིས་སེམས་ཀྱི་རྒྱུད་ལ་མི་སྐྱེ་བར་བྱས་པ་ནི་ཉོན་མོངS་པའི་སྒྲིབ་པ་ཤིན་ཏུ་རྣཾ་པར་དག་པ་ཞེS་བྱ་སྟེ། འདིS་ནི་ཉོན་མོངས
་པཱི་སྒྲིབ་པ་དག་པ་ལ་དབང་བྱེད་པ་བསྟན་ཏོ། །ཉོན་མོངསS་པ་དང་ཤེS་བྱའི་སྒྲིབ་པ་ཤིན་ཏུ་རྣཾ་པར་དག་པ་དང་ཞེས་བྱ་བ་ལ། ཉོན་མོངས་པའི་སྒྲིབ་པ་ནི་གོང་དུ་བཤད་པར་ཟད་དོ། །གཟུང་བ་དང་འཛིན་པའི་ཆོས་ལ་ཡོད་པར་ཆགས་པ་ནི་ཤེས་བྱའི་སྒྲིབ་པ་ཞེས་བྱ་སྟེ། དེ
་ཡང་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པར་བྱ་བ་ལ་བར་དུ་གཅོད་པས་ན་སྒྲིབ་པའོ། །སྒྲིབ་པ་དེ་སྤངས་ནས་ཕྱིས་མི་སྐྱེ་བར་བྱས་པ་ལ་ཤེས་བྱའི་སྒྲིབ་པ་ཤིན་ཏུ་རྣམ་པར་དག་པ་ཞེས་བྱ་སྟེ། འདིས་ནི་ཉོན་མོངས་པ་དང་ཤེས་བྱའི
་སྒྲིབ་བདག་པ་ལ་དབང་བྱེད་པ་བསྟན་ཏོ། །ཡོན་ཏན་མངོན་པར་སྒྲུབ་པ་ཤིན་ཏུ་རྣམ་པར་དག་པ་ཞེས་བྱ་བ་ལ། ཡོན་ཏན་ནི་མངོན་པར་ཤེས་པ་དྲུག་དང། སྟོབས་དང་མི་འཇིགས་པ་ལ་སོགས་པ་ལ་བྱའོ། །ཡོན་ཏན་དེ་དག་ཐོབ་པར་བྱ
་བ་ལ་བར་དུ་གཅོད་པ་སྤངས་ནས་ཡོན་ཏན་དེ་དག་མངོན་སུམ་དུ་བྱས་པ་ལ་ཡོན་ཏན་མངོན་པར་བསྒྲུབ་པ་ཤིན་ཏུ་རྣམ་པར་དག་པ་ཞེས་བྱ་སྟེ། འདིས་ནི་ཡོན་ཏན་མངོན་པར་སྒྲུབ་པ་ལ་དབང་བྱེད་པ་བསྟན་ཏོ། །ཆོས་ལ་དེ་ཁོ་ན་ཉིད་ཀྱི
་དོན་ཡོངས་སུ་ཚོལ་བ་ལ་ཚིགས་སུ་བཅད་པ་གཉིས་སོ་ཞེས་བྱ་བ་ལ་ཆོས་ནི་རྣམ་པ་གཉིས་ཏེ། ཀུན་ནས་ཉོན་མོངས་པའི་ཆོས། དང། རྣམ་པར་བྱང་པའི་ཆོས་སོ། །ཆོས་དེ་དག་གི་དེ་ཁོ་ན་ཉིད་ནི་ཆོས་དེ་དག་གི་མཚན་ཉིད་ཕྱིན་ཅི་མ་ལོག་པའི་རང་བཞིན་ཏེ། དེ་ཡང
་ཀུན་བརྟགས་ཀྱི་རང་བཞིན་དང། གཞན་དབང་གི་རང་བཞིན་དང། ཡོངས་སུ་གྲུབ་པའི་རང་བཞིན་ནོ། །ཆོས་དེ་དག་ཀྱང་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཐོབ་པས་ནི་ཁོང་དུ་ཆུད་དོ། །ཡིད་ལ་བྱེད་པ་ཚོལ་བའི་སྐབས་བཤད་པའི་རྗེས་ལ་ཆོས་ལ་དེ་ཁོ་ན་ཉིད
་ཀྱི་དོན་ཡོངས་སུ་ཚོལ་བའི་སྐབས་བཤད་པར་འབྲེལ་པ་ཅི་ཡོད་ཅེ་ན། ཡིད་ལ་བྱེད་པ་ཞེས་བྱ་བ་ལ། རྩེ་གཅིག་པ་ཞེས་བྱ་བ་དང། ཏིང་ངེ་འཛིན་ཅེས་བྱ་བ་དང། མཉམ་པར་བཞག་པ་རྣམས་མི་བྱེད་གཅིག་སྟེ། མདོ་ལས་སེམས་མཉམ་པར་བཞག་པ
་ཐོབ་པ་གཞག་པ་ཐོབ་ན་དེ་ཁོ་ན་ཉིད་ཁོང་དུ་ཆུད་པར་འགྱུར་རོ་ཞེས་འབྱུང་བས་ཡིད་ལ་བྱེད་པའི་སྐབས་ཀྱི་རྗེས་ལ་དེ་ཁོ་ནའི་སྐབས་བཤད་པར་འབྲེལ་ཏོ། །དེ་ཉིད་གང་ནི་གཉིས་ཀྱིས་རྟག་ཏུ་སྤངས་ཞེས་བྱ་པ་ལ། གང་ཟག་དང་ཆོས་ལ་བདག་མེད་པའི་རང་བཞིན
་སྟོང་པ་ཉིད་ལ་དེ་ཉིད་ཅེས་བྱའོ། །སྟོང་པ་ཉིད་སོ་སོའི་སྐྱེ་བོ་ནས་འཕགས་པའི་དུས་ན་ཡང་གཟུང་བ་དང་འཛིན་པ་དང་བྲལ་བ་ཡིན་པས་རྟག་ཏུ་གཉིས་ཀྱིས་སྤངས་ཞེས་བྱ་སྟེ། དེ་ལྟར་རྟག་ཏུ་གཟུང་འཛིན་དང་བྲལ་བ་ཡང། གཟུང་འཛིན་ལྟ་བུར་སྣང་བ་འདི
་ནི་ཀུན་རྟགས་ཀྱི་མཚན་ཉིད་དོ་ཞེས་བྱ་བའི་དོན་ཏོ། །ནོར་པའི་གནས་ཞེས་བྱ་བ་ལ་ནོར་པའི་གནས་ནི་གཞན་གྱི་དབང་གི་མཚན་ཉིད་དེ་ཐག་པ་ལ་སྤྲུལ་དུ་རྟོག་པ་བཞིན་དུ་གཞན་དབང་དེ་གཟུང་བ་དང་འཛིན་པ་ལྟ་བུར་རྟོག་པའི་རྒྱུ་བྱེད་པའི་ཕྱིར་ནོར་པའི་གནས
་ཞེས་བྱའོ། །གཞན་དབང་གིས་གཟུང་འཛིན་ལྟ་བུར་རྟོགས་པས་སོ། །སྤྲོས་པ་མེད་པ་རྣམ་པ་ཀུན་ཏུ་སྤྱོད་མི་ནུས་ཞེས་བྱ་བ་ལ་སྤྲོས་པ་མེད་ཅིང་བྲོད་པར་མི་ནུས་པ་ནི་ཡོངས་སུ་གྲུབ་པའི་རང་བཞིན་ཏེ། ཡོངས་སུ་གྲུབ་པ་གཟུང་འཛིན་གྱི་ཆོས་མེད་པས་ན་སྤྲོས་པ
་མེད་པའོ། །ཡོངས་སུ་གྲུབ་པ་དེ་མིང་དང་ཚིག་དང་ཡེ་གེS་འདི་འདྲའོ་ཞེས་བསྙད་དུ་མི་རུང་བས་ན་རྣམ་པ་ཀུན་ཏུ་བརྗོད་མི་ནུས་ཞེས་བྱའོ། །ཤེས་བྱ་ཞེས་བྱ་བ་ལ། དང་པོ་ཀུན་བརྟགས་ཀྱི་མཚན་ཉིད་ནི་སྤང་བར་བྱ་བ་མ་ཡིན་ཏེ། ཇི་ལྟར
་ཤེས་བར་བྱ་བ་ཞེ་ན། ཀུན་བརྟགས་ཀྱི་ཆོས་འདི་དག་ནི་རི་བོང་གི་རྭ་བཞིན་དུ་ཡོད་པ་མ་ཡིན་ནོ་ཞེS་ཤེས་པར་བྱའོ། །སྤངས་པ་ཞེས་བྱ་བ་ལ། གཉིས་པ་གཞན་དབང་གི་མཚན་ཉིད་ནི་སྤང་བར་བྱ་བ་མ་ཡིན་ཏེ། གཞན་དབང་ལ་ཡོད་པའི་གཟུང
་འཛིན་གྱི་དྲི་མ་སྦྱང་དགོས་པའི་ཕྱིར་རོ། །རྣམ་སྦྱང་རང་བཞིན་དྲི་མ་མེད་པར་རིག་ཅེས་བྱ་བ་ལ། གསུམ་པ་ཡོངས་སུ་གྲུབ་པའི་མཚན་ཉིད་ནི་རྣམ་པར་སྦྱང་བ་ཡིན་བར་རིག་པར་བྱ་སྟེ། ཡོངས་སུ་གྲུབ་བོ་ཉིད་ཀྱི་རང་བཞིན་ཉིད་རྣམ་པར་དག་ཅིང
་དྲི་མ་མེད་བ་ཡིན་ཡང་བློ་བུར་གྱི་དྲི་མ་སྤྱང་བ་རིམ་བྱ་བ་མ་ཡིན་ཏེ། སྦྱང་དགོས་པའི་ཕྱིར་རོ། །དེ་ལྟར་ཡོངས་སུ་གྲུབ་པའི་རང་བཞིན་གྱིས་རྣམ་པར་དག་བ་ཡིན་ཡང་གློ་བུར་གྱི་དྲི་མ་སྦྱང་དགོས་པའི་རྣམ་པ་གསུམ་བསྟན་པའི་ཕྱིར། དེ་ནི་ནམ
་མཁའ་གསེར་དང་ཆུ་འདྲ་ཉོན་མོངས་རྣམ་དག་འདོད་ཅེས་བྱ་བ་སྨོས་ཏེ། དཔེར་ན་ནམ་མཁའ་དང་གསེར་དང་ཆུ་རྣམས་རང་བཞིན་གྱིས་དག་ཀྱང་གློ་བུར་གྱི་དྲི་མ་སྤྲིན་དང་ས་རྡོ་དང་རྙོག་པ་བསལ་དགོས་པ་དེ་བཞིན་དུ་ཡོངས་སུ་གྲུབ་པའི་རང
་བཞིན་ཡང་རང་བཞིན་གྱིས་རྣམ་པར་དག་པ་ཡིན་མོད་ཀྱི་གློ་བུར་གྱི་དྲི་མ་སྦྱང་དགོས་སོ་ཞེས་བྱ་བའི་ཐ་ཚིག་གོ་།དེ་ལས་གཞན་ནི་འཇིག་རྟེན་དག་ནི་ཅི་ཡང་མེད་ཅེས་བྱ་བ་ལ། དེའི་སྒྲས་ནི་ཆོས་ཀྱི་དབྱིངས་སྟོང་པ་ཉིད་ལ་བྱ་སྟེ། སྟོང་པ་ཉིད
་ལས་གཞན་པའི་ཆོས་སྟོང་པར་མ་འདུས་པའི་ཆོས་ནི་འཇིག་རྟེན་ན་གཟུགས་ལ་སོགས་པ་གང་ཡང་ཡོད་པ་མ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། ཕྱི་ནང་གི་ཆོས་ཐམས་ཅད་ལ་སྟོང་པས་ཁྱབ་པའི་ཕྱིར་རོ། །འགྲོ་བ་མ་ལུས་པ་ཡང་དེ་ལ་རྨོངས
་བའི་བློ་ཞེས་བྱ་བ་ལ། དེ་ལྟར་སྟོང་བའི་མཚན་ཉིད་ཀྱིས་ཆོས་ཐམས་ཅད་ལ་ཁྱབ་པ་ལ། སྟོང་པའི་ཆོས་ཙམ་ཞིག་ཡོད་བར་ཟད་ཀྱི། དེ་ལས་ལྷག་པ་གཞན་མེད་ན་སེམས་ཅན་ཐམས་ཅད་ཀྱང་སྟོང་པའི་ཆོས་དེ་ལ་མགོ་རྨོངས་ཏེ། སྟོང་པའི་ཆོས་མ་རྟོགས
་མ་མཐོང་ངོ་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་འཇིག་རྟེན་གཏི་མུག་རྣམ་པ་འདི་མངོན་འཕེལ་ཞེས་བྱ་བ་ལ་འདི་ནི་འཇིག་རྟེན་དུ་ངོ་མཚར་དུ་བྱ་བ་སྟེ། སྟོང་བས་ཀུན་ཏུ་ཁྱབ་དུ་ཟིན་ཀྱང་སྟོང་པ་མི་མཐོང་བའི་གཏི་མུག་དང་མ་རིག་པ་འདི་འཁོར་བ་ཐོག་མ་མེད་པ
་ནས་ཇི་ལྟར་རྙེད་ཅིང་བསྐྱེད་དེ་སྤེལ་ཞེས་བྱ་བའི་དོན་ཏོ། །ཡོད་པ་ཀུན་ཏུ་རྣམ་སྤངས་མེད་ལ་མངོན་པར་ཆགས་ཞེས་བྱ་བ་ལ། དེ་ལྟར་སྟོང་པས་ཀུན་ཏུ་ཁྱབ་སྟེ། སྟོང་པར་མ་འདུས་པ་མེད་ན་ཡོད་པའི་ཆོས་སྟོང་པ་ནི་མ་སྤངས་ཏེ། མ་མཐོང་ལ་མེད་པའི
་ཆོས་གཟུགས་ལ་སོགས་པ་རི་བོང་གི་རྭ་བཞིན་མེད་པ་ཡིན་མངོན་པར་ཆགས་ཤིང་ཡོད་པར་འཛིན་པར་བྱེད་དོ། །དེ་ནི་ངོ་མཚར་དུ་བྱ་བ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཡང་ན་མཚན་ཉིད་གསུམ་ལས་གཞན་པའི་ཆོས་ནི་འཇིག་རྟེན་ན་ཅི་ཡང་མེད་དེ།
་ཀུན་ནས་ཉོན་མོངས་པ་དང། རྣམ་པར་བྱང་བའི་ཆོས་ཐམས་ཅད་ཀྱང་མཚན་ཉིད་གསུམ་དུ་འདུས་པའི་ཕྱིར་རོ། །དེ་ལྟར་མཚན་ཉིད་གསུམ་ཙམ་དུ་ན་སེམས་ཅན་ཐམས་ཅད་ཀྱང་དེ་ལ་རྨོངས་ཏེ། མཚན་ཉིད་གསུམ་མ་མཐོང་བའི་གཏི་མུག་འདི
་ལྟ་བུ་ཇི་ལྟར་སྤེལ་ཏེ་བསྐྱེད་ན་ཡོད་པའི་ཆོས་མཚན་ཉིད་གསུམ་ནི་མ་མཐོང་ལ་མེད་པའི་ཆོས་གཟུང་བ་དང་འཛིན་པ་ལ་ནི་ཆགས་པར་བྱེད་ཅེས་བྱ་བའི་དོན་ཏོ། །ཆོས་ཀྱི་དབྱིངས་དེ་ལྟ་བུའི་མཚན་ཉིད་ལས་འཇིག་རྟེན་ན་གཞན་ཅི་ཡང
་མེད་དེ་ཞེས་བྱ་བ་ལ། ཆོས་ཀྱི་དབྱིངས་གཟུང་འཛིན་དང་བྲལ་བ་ལ་ནི་སྟོང་པ་ཉིད་ལས་མ་གཏོགས་པའི་ཆོས་གཟུགས་དང་སྒྲ་ལ་སོགས་པ་ཅི་ཡང་མེད་དེ། ཐམས་ཅད་སྟོང་པས་ཁྱབ་པའི་ཕྱིར་རོ། །ཆོས་ཉིད་ལ་ཆོས་ཐ་དད་པ་མ
་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ལ། ཅིའི་ཕྱིར་སྟོང་པས་ཁྱབ་ཅེ་ན། ཆོས་ཉིད་དེ་སྟོང་པས་ལ་ཆོས་ཏེ། གཟུགས་ལ་སོགས་པ་ལོགས་ཤིག་ན་ཐ་དད་པར་ཡོད་པ་མ་ཡིན་བས?་ན་ཐམས་ཅད་སྟོང་བས་ཁྱབ་ཅེས་བྱ
་བའི་དོན་ཏོ། །དེ་ཁོ་ན་ཉིད་ལ་རྒྱུ་མ་ལྟ་བུར་ཡོངས་སུ་ཚོལ་བའི་ཚིགས་སུ་བཅད་པ་བཅོ་ལྔའོ་ཞེས་བྱ་བ་ལ། དེ་ཁོ་ན་ཚོལ་བའི་སྐབས་ཀྱི་རྗེས་ལ། དེ་ཁོ་ན་ལ་སྒྱུ་མ་ལྟ་བུར་ཡོངས་སུ་ཚོལ་བའི་སྐབས་བཤད་པར་འབྲེལ་བ་ཅི་ཡོད་ཅེ་ན།
་དེ་ཁོ་ན་ཞེས་བྱ་བ་དང། ཕྱིན་ཅི་མ་ལོག་པ་ཞེས་བྱ་བ་དང། མ་ནོར་བ་ཞེས་བྱ་བ་དག་དོན་གཅིག་སྟེ། དེ་ཡང་ཡང་དག་པ་མ་ཡིན་པ་དང། ཡང་དག་པ་སྟེ་རྣམ་པ་གཉིས་སོ། །དེ་ལ་ཡང་དག་པ་མ་ཡིན་པ་ལ་ཡང་ཡང་དག་པ་མ་ཡིན
་བ་ཉིད་དུ་མཐོང་བ་དང། ཡང་དག་པ་ལ་ཡང་ཡང་དག་པ་ཉིད་དུ་མཐོང་ན་དེ་ཉིད་ལ་ཁོ་ན་ཤེས་པ་ཞེས་བྱའོ། །འདི་ལྟར་གོང་དུ་དེ་ཉིད་གང་ནི་རྟག་ཏུ་གཉིས་ཀྱིས་སྤངས་དང་རྣམ་བའི་གནས། སྤྲོས་པ་མེད་པ་རྣམ་པ་ཀུན་ཏུ་བརྗོད་མི
་ནུས་ཞེས་བྱའོ། །ཀུན་བརྟགས་དང་གཞན་དབང་དང་ཡོངས་སུ་གྲུབ་པའི་རང་བཞིན་གསུམ་རིམ་བཞིན་དུ་གཉིས་དང་བྲལ་བ་དང། འཁྲུལ་བའི་གནས་དང། བརྗོད་བ་མེད་ཅིང་སྤྲོས་པ་མེད་པའི་བདག་ཉིད་དུ་བཤད་དེ། དེ་ཁོ་ན་རྣམ་པ
་གསུམ་པོ་དེ་ལ་རྣམ་པ་གང་གིས་ན་སྒྱུ་མ་ལྟ་བུར་ཡིན་པར་བརྟག་ཅིང་བཙལ་དགོས་པར་དེའི་ཕྱིར་དེ་ཁོ་ན་ཉིད་ཚོལ་བའི་སྐབས་ཀྱི་རྗེས་ལ་དེ་ཁོ་ན་ཉིད་ལ་རྒྱུ་མ་ལྟ་བུར་ཡོངས་སུ་ཚོལ་བའི་སྐབས་བཤད་པར་འབྲེལ་ཏོ། །ཡང་ན་ཐེག
་པ་ཆེན་པོའི་མདོ་སྡེ་དེ་དང་དེ་དག་གི་ནང་ནS་ཆོས་ཐཾས་ཅད་ནི་སྒྱུ་མ་ལྟ་བུའོ་ཞེS་བཤད་དེ། ཇི་ལྟར་ན་ཆོS་ཐཾས?་ཅད?་རྒྱུ་མ་ལྟ་བུ་ཡིན་པར་བརྟག་ཅིང་བཙལ་བའི་ཕྱིར་ཚིགས་སུ་བཅད་པ་བཅོ་ལྔ་རྩེ་མོ་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་སྒྱུ་མ་དེ་བཞིན་དུ། ཡང་དག་མ་ཡིན་ཀུན་རྟོག་སྟེ་ཞེS
་བྱ་བ་ལ། དཔེར་ན་སྒྱུ་མ་མཁན་གྱིས་སྔགས་དང་སྨན་གྱིས་ཡོངས་སུ་ཟིན་པ་ནི་མཐུ་ལས་སྒྱུ་མའི་རྟ་དང་གླང་པོ་ལ་སོགས་པ་སྣང་བའི་རྒྱུ་རྡོ་དང་ཤིས་ལ་སོགས་པ་ལྟ་བུར་ནི་ཡང་དག་པ་མ་ཡིན་གུན་ཏུ་རྟོག་སྟེ། སེམས་དང་སེམས་ལས་བྱུང་བ་རྟེན
་ཅིང་འབྲེལ་ཏེ་འབྱུང་བ་གཞན་དབང་གི་མཚན་ཉིད་ཡིན་པར་འདོད་དེ་ཅིའི་ཕྱིར་ཞེ་ན། སྔགས?་དང་སྨན་གྱིས་ཟིན་བའི་རྡོ་དང་ཤིང་བུ་ཡང་རྟ་དང་གླང་པོར་སྣང་བའི་རྒྱུ་བྱེད་བ་དེ་བཞིན་དུ་གཞན་དབང་ཡང་གཟུང་བ་དང་འཛིན་བ་ལྟ་བུར་སྣང་བའི་རྒྱུ་བྱེད
་པས་ན་རྡོ་ཤིང་གི་ཚུལ་ལྟ་བུར་བལྟའོ། །ཇི་ལྟར་སྒྱུ་མ་བྱས་པ་ལྟར། ནོར་པ་གཉིས་ཞེས་བྱ་བ་ལ། དཔེར་ན་སྒྱུ་མ་མཁན་གྱིས་སྨན་དང་སྔགས་ཀྱི་མཐུ་རྡོ་དང་ཤིང་ལ་སོགས་པ་ལས་སྒྱུ་མའི་གཟུགས་རྟ་དང་གླང་པོ་ལ་སོགས་བ་སྒྱུ་མའི་དབྱིབS?
་སྣ་ཚོགས་སྣང་བ་ལྟར་ནི་གཞན་དབང་ལ་ཀུན?་བརྟགས་ཀྱི་མཚན་ཉིད་ནོར་བ་གཉིས་སུ་ནོར་བ་སྣང་བར་བལྟས་ཏེ། ནོར་པ་གཉིས་ནི་གཟུང་བ་ལྟ་བུར་སྣང་བ་དང། འཛིན་པ་ལྟ་བུར་སྣང་བའོ། །ཡང་དག་མ་ཡིན་པའི་ཀུན་དུ་རྟོག་པ་ལ་ནོར་པ་གཉིས་ཏེ་ཞེས་བྱ་བ་ལ། ཡང་དག
་མ་ཡིན་ཀུན་རྟོག་ནི་གཞན་གྱི་དབང་གི་མཚན་ཉིད་དེ། དེ་ལ་ནོར་བ་གཉིས་སྣང་བ་ནི་ཀུན་བརྟགས་ཀྱི་མཚན་ཉིད་དོ་ཞེས་བྱ་བྱའི་དོན་ཏོ། །ཇི་ལྟར་དེ་ལ་དེ་མེད་བཞིན། །དེ་ལྟར་དམ་པའི་དོན་དུ་འདོད་ཅེས་བྱ་བ་ལ། མདོ་སྡེ་དག་གིས་ནད་ནས་དོན་དམ་པའི་བདེན་པ
་དང། ཀུན་རྫོབ་ཀྱི་བདེན་པ་ཞེས་འགྱུར་བ་བདེན་པ་གཉིས་ཀྱི་མཚན་ཉིད་དཔྱོད་དེ། དཔེར་ན་སྒྱུ་མའི་རྟ་དང་གླང་པོ་ལ་སོགས་པའི་དབྱིབས་རྡོ་དང་ཤིང་ལས་ཀྱི་རྒྱུ་ལས་རྟ་དང་གླང་པོར་སྣང་མོད་ཀྱི། རྡོ་དང་ཤིང་དེ་ལ་རྟ་དང་གླང?་པོའི་རང་བཞིན་མེད་པ་དེ་ལྟར་གཞན་གྱི
་དབང་གི་མཚན་ཉིད་ལ་ཀུན་ཏུ་བརྟགས་པའི་རང་བཞིན་གཟུང་བ་དང་འཛིན་པ་གཉིས་མེད་དེ་གཟུང་འཛིན་དང་བྲལ་ནས་ཡོངས་སུ་གྲུབ་པའི་མཚན་ཉིད་དུ་གྱུར་བ་ནི་དོན་དམ་པའི་བདེན་པ་ཡིན་པར་འདོད་དོ་ཞེས་བྱ་བའི་དོན་ཏེ་འདིས་ནི་དོན་དམ་བའི་བདེན
་པའི་མཚན་ཉིད་བཤད་དོ། །ཇི་ལྟར་དེ་དག་ཀུན་རྫོབ་བདེན་པའོ་ཞེས་བྱ་བ་ལ། དཔེར་ན་སྒྱུ་མའི་ཤིང་དང། རྡོ་བ་ལས་རྟ་དང་གླང་པོ་ལ་སོགས་པའི་དབྱིབས་སྣ་ཚོགས་སྣང་བ་ལྟར་གཞན་གྱིས་དབང་གི་མཚན་ཉིད་ལས། ཀུན
་བརྟགས་ཀྱི་མཚན་ཉིད་གཟུང་བ་དང། འཛིན་པར་སྣང་བ་ཐམས་ཅད་ནི་ཀུན་རྫོབ་ཀྱི་བདེན་བ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འདི་ནི་ཀུན་རྫོབ་ཀྱི་བདེན་པའི་མཚན་ཉིད་བསྟན་ཏོ། །ཇི་ལྟ་བུར་ནི་དེ་མེད་ན། དེ་ཡི་རྒྱུ་ཡང་སྣང་བར་བྱེད་ཅེས་བྱ་བ་ལ།
་དཔེར་ན་སྒྱུ་མ་མཁན་གྱི་སྔགས་དང་སྨན་གྱི་མཐུས་རྡོ་དང་ཤིང་ལS་རྟ་དང་གླང་པོ་ལ་སོཌ་པ་སྣང་བ་སྔགས་དང་སྨན་གྱི་མཐུ་ཆད་ནས་རྟ་དང་གླང་པོའི་དབྱིབས་མེད་དེ་མི་སྣང་བར་གྱུར་ན་གླང་པོ་ལ་སོགས་པའི་དབྱིབས་ཀྱི་རྒྱུ་ལས་སྣང་བ་རྙེད་དེ་རྟ་དང་གླང་པོ་ནི
་མི་མཐོང་གི་རྡོ་དང་ཤིང་བུ་མཐོང་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེ་བཞིན་ཤིན་ཏུ་གནས་གྱུར་ན་མེད་པར་རྟོགས་པ་དམིགས་པར་འགྱུར་ཞེས་བྱ་བ་ལ། དེ་བཞིན་དུ་ནམ་གཟུང་བ་དང་འཛིན་པ་གཉིས་མེད་པར་རྟོགས་ན། ཀུན་གཞི་རྣམ
་པར་ཤེས་པ་གཞན་དབང་གི་མཚན་ཉིད་གནས་གྱུར་ན་གཉིས་དང་བྲལ་བའི་རྣམ་པར་ཡོངས་སུ་གྲུབ་པའི་མཚན་ཉིད་དམིགས་པར་འགྱུར་ཏེ། དཔེར་ན་ཐག་པ་ལ་སྦྲུལ་དུ་མཐོང་བ་དང་བྲལ་ན་ཐག་པ་མཐོང་བ་བཞིན་ནོ། །གནས་གྱུར་ན་ཡང
་དག་པ་མ་ཡིན་པའི་ཀུན་དུ་རྟོགས་བའི་དོན་ཡང་དག་པར་དམིགས་སོ་ཞེས་བྱ་བ་ལ། ནམ་ཀུན་གཞི་གནས་གྱུར་ནས་གཞན་དབང་ལ་གཟུང་བ་དང་འཛིན་བའི་ནོར་པ་གཉིས་མེད་པར་འགྱུར་ཏེ། གཟུང་འཛིན་དང་བྲལ་ན་དེའི་ཚེ་དག་བ་འཇིག་རྟེན
་པའི་ཡེ་ཤེས་རྒྱབ་ནས་ཐོབ་པ་ཡང་དག་པ་མ་ཡིན་པར་ཀུན་དུ་རྟོགས་པ་གཞན་གྱི་དབན་གི་དོན་མ་ནོར་བར་རྟོགས་པར་འགྱུར་ཏེ། ཇི་ལྟར་རྟོགས་ཤེ་ན། གཉིས་དང་བྲལ་བའི་མཚན་ཉིད་དུ་རྟོགས་ཤིང་མཐོན་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ
་དེའི་རྒྱུ་ལས་ཇི་ལྟ་བུར་འཇིག་རྟེན་མ་ནོར་འདོད་བཞིན་སྤྱོད་ཅེས་བྱ་བ་ལ། དེའི་སྒྲས་ནི་རྟ་དང་གླང་པོའི་བྱང་གཟུགས་སུ་སྣང་བ་ལ་བྱ་སྟེ། དེའི་རྒྱུ་ནི་རྡོ་དང་ཤིང་བུ་ལ་སོགས་པའོ། །དཔེར་ན་རྡོ་དང་ཤིང་བུ་ལས་རྟ་དང་གླང་པོའི་བྱང་གཟུགས་སུ་སྣང་བའི་བྱང་གཟུཌ
་རྣམས་མི་སྣང་པར་གྱུར་ན་དེའི་རྒྱུ་རྡོ་དང་ཤིང་བུ་ལ་འཇིག་རྟེན་པ་རྣམས་མ་ནོར་བར་སྤྱོད་པ་དང། འདོད་བཞིན་སྤྱོད་དོ། །མ་ནོར་བར་སྤྱད་པ་ནི་རྟ་དང་གླང་པོ་ལྟ་བུར་ནོར་པ་མ་མཐོང་གི་རྡོ་དང་ཤིང་ཉིད་དུ་མ་ནོར་བར་མཐོང་བའི་ཕྱིར་རོ། །འདོད་བཞིན་སྤྱོད་པ
་ནི་དེ་དག་ལ་ཆགས་པ་དང་འཇིགས་པའི་སྤྱོད་པའི་ཕྱིར་རོ། །དེ་བཞིན་ཤིན་ཏུ་གྱུར་ན་ཡང། མ་ཐོག་རྣལ་འབྱོར་འདོད་བཞིན་སྤྱོད་ཅེས་བྱ་བ་ལ། དེ་དང་འདྲ་བར་གཞན་དབང་གནས་གྱུར་ཏེ། གཟུང་འཛིན་གཉིས་སྤངས་ན་ཕྱིན་ཅི་མ་ལོག་པ་ལ་གནས་པའི
་རྣལ་འབྱོར་པ་རྣམས་མ་ལོག་པར་སྤྱོད་པ་དང་དེ་བཞིན་སྤྱོད་དོ། །ཇི་ལྟར་མ་ལོག་བར་སྤྱོད་ཅེ་ན། གཟུང་བ་དང་འཛིན་པའི་འཁྲུལ་པ་མ་མཐོང་བས་ན་མ་ནོར་སྤྱོད་དོ། །ཇི་ལྟར་འདོད་བཞིན་སྤྱོད་ཅེ་ན། དེ་ཕན་ཆད་ཆགས་པ་དང་འཇིགས་པ་མེད་པར་སྤྱོད་པའི
་ཕྱིར་རོ། །དེ་ཡི་སྣང་བ་དེ་ལ་ཡོད། །དེ་ཡི་དངོས་པོ་མེད་པ་སྟེ། །དེ་ཕྱིར་སྒྲ་ལ་སོགས་པ་ལ། །ཡོད་དང་མེད་པར་བརྗོད་པ་ཡིན་ཞེས་བྱ་བ་ལ། དེའི་སྒྲ་ནི་སྒྱུ་མའི་རྟ་དང་གླང་པོའི་དབྱིབས་སུ་སྣང་བའི་རྒྱུ་རྡོ་དང་ཤིང་བུ་ལ་བྱ་སྟེ། རྡོ་དང་ཤིང་བུ་དེ་ལ་རྟ་དང་གླང་པོ་ལ་སོཌ
་བའི་བྱད་གཟུགས་སུ་འཁྲུལ་པ་སྣང་བ་ཙམ་ནི་མེད་པ་མ་ཡིན་པས་སྒྱུ་མ་ལ་སོགས་པ་ལ་ཡོད་པ་ཞེས་ཀྱང་མི་བརྗོད་དེ། དེ་ལྟར་འཁྲུལ་བར་སྣང་བ་ཙམ་ཡོད་ཀྱང་རྟ་དང་གླང་པོའི་དངོས་པོ་ཉིད་ཡོད་ཀྱང་མ་ཡིན་པས་མེད་པ་ཞེས་བརྗོད་པ་མ་ཡིན་ནོ་ཞེS
་བྱ་བའི་དོན་ཏོ། །དངོས་པོ་དེ་ལ་དངོས་པོ་མེད་མིན་ཞེས་བྱ་བ་ལ། དངོས་པོའི་སྒྲས་ནི་རྟ་དང་གླང་བོ་སྣང་བར་བྱེད་པའི་རྒྱུ་རྡོ་དང་ཤིང་བུ་ལ་བྱ་སྟེ། རྡོ་དང་ཤིང་བུ་ལས་རྟ་དང་གླང་པོའི་དབྱིབས་སུ་སྣང་བ་འཁྲུལ་བ་ཙམ་དུ་མེད་བ་མ་ཡིན་པས་ན་དངོས་མེད
་མིན་ཞེས་བྱའོ། །དངོས་མེད་དངོས་པོ་ཉིད་མ་ཡིན་ཞེས་བྱ་བ་ལ། དེ་ལྟར་འཁྲུལ་པ་ཙམ་དུ་སྣང་ཡང་རྟ་དང་གླང་པོའི་དངོས་པོ་ཉིད་མེད་དེ། དེ་བས་ན་རྟ་དང་གླང་པོའི་དངོས་པོ་ཉིད་དུ་ནི་ཡོད་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །
་དངོས་དང་དངོས་མེད་བྱེ་བྲག་མེད། །རྒྱུ་ལ་སོགས་པ་བཇོད?་པ་ཡིན་ཞེས་བྱ་བ་ལ། དེ་ལྟར་འཁྲུལ་པ་ཙམ་དུ་ནི་ཡོད་ཀྱི་དངོས?་པོ་ཉིད་མེད་པས་ན་དངོས་པོ་དང་དངོས་པོ་མེད་པ་གཉིས་བྱེ་བྲག་མེད་ཅིང་དོ་ན་གཅིག་པར་སྒྱུ་མ་ལ་སོགས་པ་བརྗོད་པ་ཡིན་ཏེ་ཇི
་ལྟར་ཞེ་ན། གང་འཁྲུལ་པའི་དངོས་པོ་ཙམ་དུ་ཡོད་པ་དེ་ཉིད་ལ་བརྟགས་ན་དོན་དམ་པར་བ་ལང་ལ་སོགས་པའི་རང་བཞིན་དུ་མེད་པ་ཡིན་པ་ཡོད་པ་དང་མེད་པ་གཉིས་བྱེ་བྲག་མེད་དེ་དོན་གཅིག་པར་བརྗོད་པ་དང། གང་བ་ལ་སོགས་པའི་དངོས་པོ
་མེད་པ་ཉིད་ལ་འཁྲུལ་པ་ཙམ་དུ་སྣང་བའི་དངོས་པོ་མེད་པས་མ་ཡིན་ཏེ། ཡོད་པས་ན་དངོས་པོ་མེད་པ་དང་དངོས་པོ་གཉིས་སུ་ཡང་བྱེ་བྲག་མེད་དེ་དོན་གཅིག་གོ་།དངོས་མེད་མ་ཡིན་དེ་མ་ཡིན་ཞེ་བྱ་བ་ལ། དངོས་པོ་མེད་པ་མ་ཡིན་པ་ནི་འཁྲུལ་པ
་ཙམ་དུ་ཡོད་པའི་ཕྱིར་ཏེ། འཁྲུལ་པ་ཙམ་དུ་ཡོད་པ་དེ་ཡང་བ་ལང་ལ་སོཌ་པའི་རང་བཞིན་ཉིད་མེད་པས་དེ་མ་ཡིན་ཞེས་བྱ་སྟེ། དེ་དངོས་པོར་ཡོད་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ལ་དེ་ལྟ་བུར་སྣང་བ་ལ་སོགས་པ་ཡོད་པ་གང་ཡིན་པ་དེ་ཉིད
་བ་ལང་ལ་སོགས་པའི་དངོས་པོ་མེད་པ་ཉིད་དོ། །ཞེས་བྱ་བ་ལ་དངོས་པོ་དང་དངོས་པོ་མེད་པ་གཉིས་བྱེ་བྲག་མེད་པར་སྟོན་ཏོ། །རྟ་དང་གླང་པོ་ལ་སོགས་པར་འཁྲུལ་པ་ཙམ་དུ་སྣང་བར་ཡོད་པ་གང་ཡིན་པ་དེ་ཉིད་ལ་བ་ལང་ལ་སོགས་པའི་རང་བཞིན
་མེད་པས་ན། དངོས་པོ་དང་དངོས་པོ་མེད་པ་གཉིས་དོན་གཅིག་གོ་ཞེས་བྱ་བའི་དོན་ཏོ། །བ་ལང་ལ་སོགས་པ་མེད་པ་སྟེ་ཡིན་པ་དེ་ཉིད་དེ་ལྟ་བུའི་སྣང་བར་ཡོད་པའོ་ཞེས་བྱ་བ་ལ་དོན་དམ་པར་བ་ལང་ལ་སོགས་པར་སྣང་ཡང་བ་ལང་ལ་སོགས་པའི་དངོས་པོ
་མེད་པ་དེ་ཉིད་ལ་འཁྲུལ་བ་ཙམ་དུ་སྣང་བའི་དངོས་པོ་ཡོད་བས་ན་དེ་དངོས་པོ་མེད་པ་དང་དངོས་པོ་གཉིས་སུ་དོན་གཅིག་གོ་ཞེས་བྱ་བའི་དོན་ཏོ། །དེ་བཞིན་གཉིས་སྣང་དེ་ལ་ཡོད། །དེ་ཡི་དངོས་པོ་མེད་པ་སྟེ། དེ་ཕྱིར་ཡོད་དང་མེད་པར་ནི། །གཟུགས་ལ་སོགས
་པ་བརྗོད་པའོ་ཞེས་བྱ་བ་ལ། དཔེར་ན་སྒྱུ་མའི་རྒྱུ་ཤིང་དང་རྡོ་བ་ལ་རྟ་དང་གླང་པོ་ཙམ་དུ་འཁྲུལ་པར་སྣང་བ་ཡོད་པ་དེ་བཞིན་དུ་ཡང་ཡང་དག་པ་མ་ཡིན་པའི་ཀུན་རྟོགས་པ་གཞན་གྱི་དབང་གི་མཚན་ཉིད་དེ་ལ་གཟུགས་ལ་སོགས་པའི་གཟུང་བ་དང་འཛིན
་པ་གཉིས་སུ་སྣང་བ་འཁྲུལ་པ་ཙམ་དུ་ཀུན་རྫོབ་དུ་ཡོད་པ་ཞེས་བྱ་སྟེ། དེ་བས་ན་གཟུགས་ལ་སོགས་པ་ལ་ཡང་ཡོད་པར་ཡང་བརྗོད་དོ། །དེའི་ཕྱིར་དབུས་དང་མཛའ་རྣམ་པར་འབྱེད་པ་ལས་ཀྱང། ཡང་དག་མ་ཡིན་ཀུན་རྟོགས་ཡོད་ཅེས་བཤད་དེ
་གཟུང་བ་དང་འཛིན་པ་གཉིས་ཀུན་རྫོབ་དུ་ཡོད་ཅེས་བྱ་བའི་དོན་ཏོ། །དེ་ལྟར་གཟུང་འཛིན་གཉིས་འཁྲུལ་པར་སྣང་བ་ཙམ་དུ་ཀུན་རྫོབ་དུ་ཡོད་ཀྱང་དོན་དམ་པར་ན་གཟུང་བའི་དངོས་པོ་དང་འཛིན་པའི་དངོས་པོ་ཉིད་མེད་དེ། དེ་བས་ན་གཟུགས་ལ་སོགས
་པ་ལ་མེད་པ་ཞེས་བརྗོད་དོ། །དེ་བས་ན་དབུས་དང་མཛའ་རྣམ་པར་འབྱེད་བ་ལS་ཀྱང། གཉིས་པོ་དེ་ན་ཡོད་མ་ཡིན་ཞེས་བཤད་དེ། དོན་དམ་པར་ན་གཟུང་འཛིན་གཉིས་མེད་དོ་ཞེས་བྱ་བའི་དོན་ཏོ། །ཡང་ན་མི་མཐུན་པའི་ཕྱོགས་ཐམས་ཅད་བསལ་བ།
་སྤྲོས་པ་ཐམས་ཅད་དང་བྲལ་བ་རྣམ་པར་མི་རྟོགས་པའི་ཡེ་ཤེས་ཐོབ་པའི་དུས་ན་བྱིས་པས་ཡོངས་སུ་བརྟགས་པའི་གཟུགས་ལ་སོགས་པའི་ཆོས་མེད་པར་མཐོང་སྟེ། དེ་བས་ན་དེའི་དངོས་པོ་མེད་པ་ཞེས་བརྗོད་དོ། །དངོས་པོ་དེ་ལ་དངོས་མེད་མིན་ཞེས
་བྱ་བ་ལ། དངོས་པོའི་སྒྲ་ནི་གཞན་དབང་ལ་བྱ་སྟེ། གཞན་དབང་ལ་གཟུང་བ་དང་འཛིན་པ་ལྟ་བུར་སྣང་བ་འ་ཁྲུལ་པ་ཙམ་དུ་མེད་པ་མ་ཡིན་པས་ན་དངོས་མེད་མིན་ཞེས་བྱའོ། །དངོས་མེད་དངོས་པོ་ཉིད་མ་ཡིན་ཞེས་བྱ་བ་ལ། གཟུང་བ་འཁྲུལ་བ་ཙམ་དུ་སྣང
་བར་ཡོད་པ་དེ་ཡང་གཟུང་འཛན་གྱི་རང་བཞིན་དུ་གྲུབ་པ་མེད་བས་དངོས་མེད་ཅེས་བྱ་སྟེ། དེ་ལྟར་དངོས་པོ་མེད་པས་ན་གཟུང་བ་དང་འཛིན་པ་གཉིས་དངོས་པོ་ཉིད་དུ་ཡོད་པ་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དངོས་དང
་དངོས་མེད་བྱེ་བྲག་མེད། །གཟུགས་ལ་སོགས་པ་བརྗོད་པ་ཡིན་ཞེས་བྱ་བ་ལ། དེ་ལྟར་སྣང་བ་ཙམ་དུ་ནི་ཡོད་ལ་རང་བཞིན་ནི་མེད་པས་ན་གཟུགས་ལ་སོགས་པས་དངོས་པོ་དང་དངོས་པོ་མེད་པ་གཉིས་བྱེ་བྲག་མེད་ཅིང་དོན་གཅིག་པར་བརྗོད་དེ། ཇི
་ལྟ་ཞེ་ན། ཀུན་རྫོབ་པའི་དངོས་པོ་ཙམ་དུ་ཡོད་པ་དེ་ཉིད་དོན་དམ་པར་རང་བཞིན་མེད་པ་དང་དོན་དམ་པར་རང་བཞིན་མེད་པ་ཉིད་ལ་ཡང་ཀུན་རྫོབ་ཏུ་འཁྲུལ་པ་ཙམ་དུ་དངོས་པོ་ཡོད་པས་ན་དངོས་པོ་དང་དངོས་པོ་མེད་པ་དོན་གཅིག་གོ།
་གཉིས་པོར་སྣང་བར་ཡོད་པ་གང་ཡིན་པ་དེ་ཉིད་གཉིས་པོ་མེད་པའོ་བྱ་བ་ལས་གཉིས་པོར་སྣང་བ་ནི་ཡང་དག་པ་མ་ཡིན་པའི་ཀུན་དུ་རྟོག་པ་སྟེ། གཟུང་འཛིན་གཉིས་སྤངས་པའི་ཕྱིར་རོ། །ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པ་དེ་ལ་གང
་གི་ཚེ་ན་མིང་དང་གཟུགས་ལ་སོགས་པ་གཉིས་དང་བྲལ་བཱི་སེཾས་དང་སེམས་ལས་བྱུང་བའི་རང་བཞིན་ཙམ་དུ་ཤེས་པ་དེའི་ཚེ་ན་གཉིས་སུ་འཛིན་པ་ལས་ལོག་པར་གྱུར་ནས་གཉིས་སུ་མེད་པའི་སེམས་དང་སེམས་ལས་མཐོང་པ་ཙམ་དུ་འགྱུར་ཏེ། དེ་ལྟར
་ན་གཉིས་པོར་སྣང་བ་ཡོད་པ་གང་ཡིན་པ་དེ་ཉིད་གཉིས་པོ་མེད་པ་ཞེས་བྱའོ། །ཅིའི་ཕྱིར་ཞེ་ན་གཅིག་ཏུ་ཡོད་པ་ཁོ་ནར་ཡང་ཆད་པར་མི་བཤད། མེད་པ་ཁོ་ནར་ཡང་ཆད་པར་མི་བཤད་དེ་གཉིས་སུ་བྱེ་བྲག་མེད་པར་ཡང་ཅིའི་ཕྱིར་མི་བཤད་ཅེ་ན
་ཅིའི་ཕྱིར་སྒྲོ?་བཏགས་པ་དང་སྐུར་འདེབས་མཛའ་དགག་པའི་ཕྱིར་ནི་འདོད་པ་ཡིན། །ཐེག་པ་ཆུད་བས་འགྲོ་བ་ཡང། །དགག་པའི་ཕྱིར་མིང་ཉིད་དོ་ཞེས་བྱ་བ་སྨོས་ཏེ། ཡོད་པ་དང་མེད་པ་གཅིག་ཏུ་ཆད་པར་བཤད་པ་དང། བྱེ་བྲག་མེད་པར
་བཤད་པ་ནི་གོ་རིམ་བཞིན་དུ་རྣམ་པ་གསུམ་དགག་པའི་ཕྱིར་བཤད་དེ། སྒྲོ་འདོགས་པའི་མཛའ་དགག་པ་དང། སྐུར་པ་འདེབས་པའི་མཛའ་དགག་པ་དང། ཐེག་པ་ཆུང་ངུས་དབྱུང་བ་དགག་པའི་ཕྱིར་རོ། །དེ་ལ་མོས་པ་སྤྱོད་པའི་ས་བཟོད་པའི་དུས་ན་རྣམ་པར
་ཤེས་པ་ཉིད་རྣམ་པ་གཉིས་སུ་སྣང་བར་ཟད་ཀྱི་རྣམ་པར་ཤེས་པ་ལས་མ་གཏོགས་པའི་ཕྱིའི་དོན་མེད་པར་ཁོང་དུ་ཆུད་དེ། དེའི་ཚེ་དངོས་པོ་མེད་པ་ལ་དངོས་པོ་མེད་པར་རིག་ནས་སྒྲོ་མི་འདོགས་པའི་ཕྱིར་སྒྲོ་འདོགས་པའི་མཛའ་བཀག་གོ་།མོས་པ་སྤྱོད་པའི
་ས་དྲོང་དང་རྩེ་མོའི་དུས་ན་གཟུང་བ་དང་འཛིན་པ་གཉིས་འཁྲུལ་པར་སྣང་བ་ཙམ་དུ་ཡོད་པར་ཁོང་དུ་ཆུད་པས་ཀུན་རྫོབ་ཀྱི་དངོས་པོ་ལ་ཀུན་རྫོབ་ཙམ་དུ་ཡོད་པར་རིག་སྟེ། མེད་དོ་ཞེས་བྱ་སྐུར་པ་མི་འདེབས་པའི་མཛའ་བཀག་གོ་།ཡོད་པ་དང་མེད་པ་གཉིས་ཁྱད
་པར་མེད་པར་ཁོང་དུ་ཆུད་པས་ཉན་ཐོས་ཀྱི་མྱ་ངན་ལས་འདས་པར་མི་འཇུག་སྟེ། དེ་བས་ན་ཉན་ཐོས་ཀྱི་ཐེག་པས་འབྱུང་བ་བཀག་གོ་།ཇི་ལྟ་ཞེ་ན། ཉན་ཐོས་རྣམས་ནི་གཟུགས་ལ་སོགས་པའི་དངོས་པོ་ཡོད་པར་རྟོག་ཅིང་དེའི་སྒོ་ནས་སྡུག་བསྔལ་གྱིས་སྐྲག
་པས། སྐྱེ་བ་དང་འཇིག་པའི་རྣམ་པར་བསྒོམ་པའི་སྒོ་ནས་སྐྱོ་བར་བྱེད་དོ། །སྐྱོ་ནས་འདོད་ཆགས་དང་བྲལ་བར་བྱེད་དོ། །དེ་ནས་འཁོར་བ་ལས་འབྱུང་སྟེ། མྱ་ངན་ལས་འདས་པ་ལ་འཇུག་པར་བྱེད་དོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ནི་གང་གཞན་གྱི་དབང
་གི་མཚན་ཉིད་ལས་རྣམ་པ་གཉིས་སུ་སྣང་བ་ཙམ་དུ་ཡོད་པར་བཤད་པ་དེ་ཉིད་རྣམ་པར་ཤེས་པ་ལས་མ་གཏོགས་པར་གཟུགས་ལ་སོཌ་པ་ཀུན་བརྟགས་ཀྱི་ཆོས་ཡོད་པ་མ་ཡིན་པར་ཁོང་དུ་ཆུད་པ་ལ་གང་ཀུན་བརྟགས་ཀྱི་མཚན་ཉིད་དུ་ཡོད་པ་མ་ཡིན་པར་བཤད་པ་དེ
་ཉིད་ལ་ཀུན་རྫོབ་ཏུ་འཁྲུལ་པར་སྣང་བ་ཙམ་དུ་ཡོད་པར་ཁོང་དུ་ཆུད་བས་འཁོར་བར་སྐྱོ་བ་མེད་དོ། །འཁོར་བ་མི་སྐྱོན་ཉན་ཐོས་ལྟར་མགོའི་ཐོད་ལ་མེ་བསད་པའི་ཚུལ་དུ་བརྩོན་འགྲུས་མྱུར་ནས་མྱ་ངན་ལས་འདས་པར་མི་འཇུག་སྟེ། དེ་བས་ན་གཉིས་ཁྱད་
་པར་མེད་པར་རྟོགས་པས་ནི་ཉན་ཐོས་ཀྱི་ཐེག་པས་འབྱུང་བ་ལས་བཀག་པ་ཡིན་ནོ། །ནོར་པའི་རྒྱུ་ནི་ནོར་པ་དང། །གཟུགས་ཀྱི་རྣམ་པར་རིག་པར་འདོད། །གཟུགས་མེད་པའི་རྣམ་པར་རིག་ཅེས་བྱ་བ་ལ། བྱིས་པ་རྣམས་ཀྱི་རྣམ་པར
་རིག་པ་ནི་རྣམ་པ་གཉིས་སུ་འཇུག་པར་འདོད་དེ། ནོར་བའི་རྒྱུ་དང་ནོར་པའོ། །དེ་ལ་ནོར་པའི་རྒྱུ་ནི་མིག་གི་དབང་པོ་ནས་ལུས་ཀྱི་དབང་པོའི་བར་དུ་དབང་པོ་ལྔ་དང། གཟུགས་ནས་རེག་བྱའི་བར་དུ་ཡུལ་ལ་བྱའོ། །དེ་དག་ཐམས་ཅད་དང་པོ་ཡང་རྣམ་པར
་ཤེས་པ་འཁྲུལ་པ་ལ་སྣང་ལ། ཕྱིས་ཀྱང་སེམས་འཁྲུལ་པའི་རྒྱུ་བྱེད་པའི་ཕྱིར་ཏེ། ནོར་པའི་རྒྱུ་ལ་ནི་གཟུགས་ཀྱི་རྣམ་པར་རིག་པ་ཞེས་བྱ་བར་འདོད་དོ། །ནོར་པ་ནི་དབང་པོ་དང་ཡུལ་དེ་དག་ལ་འདི་དང་འདི་འདྲ་ཞེས་གཅོད་པར་བྱེད་པའི་མིག་ལ་སོཌ
་པའི་རྣམ་པར་ཤེས་པ་ལ་བྱ་སྟེ། ནོར་པ་ལ་ནི་གཟུགས་མེད་པའི་རྣམ་པར་རིག་པ་ཡིན་པར་འདོད་དོ་ཞེས་བྱ་བའི་དོན་ཏོ། །དངོས་པོ་མེད་ཕྱིར་གཞན་མེད་འགྱུར་ཞེས་བྱ་བ་ལ། དེ་ལྟར་དབང་པོ་ལྔ་དང་ཡུལ་ལྔའི་དབང་པོ་མེད་པར་གྱུར་ན་གཞན་ཡང
་མེད་པར་འགྱུར་ཏེ། དབང་པོ་དང་ཡུལ་ལ་རྟེན་ཅིང་དམིགས་བའི་རྣམ་པར་ཤེས་པ་རྣམས་ཀྱང་མེད་པར་འགྱུར་རོ། །ཅིའི་ཕྱིར་ཞེ་ན། གཟུང་བ་མེད་དང་འཛིན་པ་མེད་པ་མི་རིགས་པའི་ཕྱིར་རོ། །གཟུགས་སུ་ནོར་པའི་རྒྱུ་རྣམ་པར་རིག་པ་དེ་ནི་གཟུགས་ཀྱི
་རྣམ་པར་རིག་པ་གཟུགས་ཞེས་བྱ་བར་འདོད་དོ་ཞེས་བྱ་བ་ལ། གཟུགས་ཀྱི་སྒྲས་ནི་དབང་པོ་ལྔ་དང་ཡུལ་ལྔ་ལ་བྱ་སྟེ། དེ་དག་ཀྱང་རྣམ་པར་ཤེས་པ་ལས་བྱུང་བས་ན་གཟུགས་སུ་ནོར་པའི་རྒྱུར་ནི་རྣམ་པ་ལྔར་རིག་པར་བྱའོ། །རྣམ་པར་རིག་པ་ལས་དབང་པོ
་ལྔ་དང་ཡུལ་ལྔར་སྣང་བ་ལ་ནི་གཟུགས་ཀྱི་རྣམ་པར་རིག་པ་ཞེས་བྱ་བར་འདོད་དོ་ཞེས་བྱ་བའི་དོན་ཏོ། །གཟུགས་སུ་ནོར་པ་དེ་ཡང་རྣམ་པར་རིག་པ་གཟུགས་མེད་པ་སྟེ་ཞེས་བྱ་བ་ལ། གཟུགས་སུ་ནོར་པ་འདི་ནི་སྔོན་པོ་འདི་ནི་སེར་པོ་ཞེས་རྟོགས་པའི་མིག་ལ་སོགས
་པའི་རྣམ་པར་ཤེས་པ་ལ་བྱ་སྟེ། དེ་ནི་རྣམ་པར་རིག་པ་གཟུགས་མེད་དོ་ཞེས་བྱ་བའི་དོན་ཏོ། །རྒྱུ་མེད་པའི་ཕྱིར་རོ་ཞེས་བྱ་བ་ལ། ས་བོན་མེད་ན་འབྲས་བུ་མི་སྐྱེ་བ་བཞིན་དུ་རྣམ་པར་ཤེས་པ་རྣམས་སྐྱེ་བའི་རྒྱུ་ནི་ཡུལ་ལྔ་དང་དབང་པོ་ལྔ་ཡིན་ཏེ། ཡུལ་ལྔ་དང་དབང
་པོ་ལྔ་མེད་པར་འགྱུར་ན་རྣམ་པར་ཤེས་པ་རྣམས་ཀྱང་མི་འབྱུང་ངོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་མིག་ལ་སོགས་པའི་དབང་པོ་ཡང་མེད། གཟུགས་ལ་སོགས་པའི་ཡུལ་ཡང་མེད། དེ་དག་མེད་པས་རྣམ་པར་ཤེས་པ་རྣམས་ཀྱང་མེད་པ་ཡིན་ན། ཅིའི་ཕྱིར
་ཡུལ་དང་དབང་པོ་དང་རྣམ་པར་ཤེས་པ་ལྟ་བུར་སྣང་བ་མཉམ་པ་ལ་གཟུང་བ་དང་འཛིན་པའི་དབང་པོ་མེད་ཀྱང་གཟུང་བ་དང་འཛིན་པ་ལྟ་བུར་སྣང་བ་སྲིད་པ་འཇིག་རྟེན་དུ་གྲགས་པའི་དཔེ་དང་གསུང་རབ་ལས་འབྱུང་བའི་དཔེ་བསྟན་ཏེ། འཇིག་རྟེན་དུ་གྲགS
་པའི་དཔེ་བརྟན་པའི་ཕྱིར། སྒྱུ་པའི་གླང་པོའི་བྱད་གཟུགས་འཛིན་པ་ཡི། །ནོར་པའི་ཕྱིར་ནི་གཉིས་སུ་བཤད་པ་ཡིན། ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྒྱུ་མའི་ཤིང་དང་རྡོ་བ་ལས་སྒྱུ་མའི་གླང་པོ་དང་རྟ་ལ་སོགས་པའི་བྱང་གཟུགས་སྣང་བ་གླང་པོ་དང་རྟ
་ལ་སོགས་པའི་རང་བཞིན་དུ་ཡོད་པ་མ་ཡིན་པ་ལས་སྣང་བས་ན་ནོར་པ་ཞེས་བྱ་སྟེ། དེ་ལྟར་ནོར་པའི་ཕྱིར་ན་གཉིས་སུ་བཤད་དེ་གཟུང་བར་བཤད་པ་དང། འཛིན་པར་བཤད་པའོ། །ཇི་ལྟར་གཟུང་བར་བཤད་ཅེ་ན་དེའི་ཕྱིར། ཇི་ལྟར་གཉིས་པོ་དེ་ན
་མེད་པ་ལ། གཉིས་པོ་དེ་དང། ཉེ་བར་དམིགས་པ་ཡིན་ཞེས་བྱ་བ་སྨོས་ཏེ། དཔེར་ན་རྟ་དང་གླང་པོར་སྣང་བའི་རྒྱུ་རྡོ་དང་ཤིང་ལ་གཟུང་བ་དང་འཛིན་པ་གཉིས་མེད་ཀྱང་གཟུང་བ་དང་འཛིན་པར་དམིགས་ཤིང་སྣང་སྟེ། དེ་ན་ལྟ་དང་གླང་པོ་ལ་སོགས་པར་སྣང་བ
་ནི་གཟུང་བའོ། །མ་རིག་པས་ཁེབས་པའི་བྱིས་པ་རྣམས་བདག་ཅག་གི་རྟ་དང་གླང་པོ་འདི་དག་མཐོང་ངོ་སྙམ་དུ་སེམས་པ་ནི་འཛིན་པའོ། །གསུང་རབ་ཀྱི་དཔེས་བསྟན་པའི་ཕྱིར། ཀེང་རུས་གཟུགས་བརྙན་འཛིན་པ་ནི། །ནོར་ཕྱིར་གཉིས་སུ་བཤད་པ་སྟེ།
་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ལས་དང་པོ་པའི་རྣལ་འབྱོར་བས་དུར་ཁྲོད་ལ་སོགས་པར་སོང་ནས་ཀེང་རུས་ལ་བརྟགས་པའོ། །དེ་ལྟར་ཇི་ལྟར་བརྟགས་པ་བཞིན་དུ་བསྒོམས་པ་དང་ཏིང་ངེ་འཛིན་གྱི་དུས་ན། ཀེང་རུས
་ལ་སོགས་པ་སེམས་ཀྱི་གཟུགས་བརྙན་སེམས་ལ་སྣང་ངོ། །ཀེང་རུས་ཀྱི་གཟུགས་བརྙན་ཡོད་པ་མ་ཡིན་པ་ལ་སྣང་བས་ན་ནོར་པ་ཞེས་བྱ་སྟེ། དེ་ལྟར་ནོར་པ་ཡིན་པའི་ཕྱིར་གཉིས་སུ་བཤད་དེ། གཟུང་བར་བཤད་པ་དང་འཛིན་པའོ། །ཇི་ལྟར
་གཉིས་སུ་བཤད་ཅེ་ན། དེའི་ཕྱིར། ཇི་ལྟར་དེ་ན་གཉིས་མེད་ལ། །གཉིས་སུ་ཉེ་བར་དམིགས་པ་བཞིན། ཞེས་བྱ་བ་སྨོས་ཏེ། དཔེར་ན་ཀེང་རུས་ཀྱི་གཟུགས་བརྙན་སྣང་བའི་གནས་ན་གཟུང་བ་དང་འཛིན་པ་གཉིས་མེད་ཀྱང་གཟུང་བ་དང་འཛིན་པ
་གཉིས་སུ་ཉེ་བར་དམིགས་ཤིང་སྣང་སྟེ། ཀེང་རུས་ཀྱི་གཟུགས་བརྙན་ནི་གཟུང་བའོ། །དེ་ལ་དམིགས་པར་བྱེད་པའི་རྣམ་པར་ཤེས་པ་ནི་འཛིན་པའོ། །དེ་དང་འདྲ་བར་གཞན་དབང་ལ་གཟུང་བ་དང་འཛིན་པ་གཉིས་སྣང་བ་གཟུང་འཛིན་གྱི
་དངོས་པོར་ཡོད་པ་མ་ཡིན་ཡང། གཟུང་བ་དང་འཛིན་པ་གཉིས་སུ་སྣང་ཞེས་བྱ་བའི་དོན་ཏོ། །ཆོས་གང་ནོར་པའི་མཚན་ཉིད་ནི། །དེ་བཞིན་ཡོད་དང་མེད་པའི་ཕྱིར། །ཡོད་མེད་བྱེ་བྲག་མེད་པས་ན། །ཡོད་དང་མེད་པ་སྒྱུ་མ་འདྲ། ཞེས་བྱ་བ
་ལ། ཆོས་ནི་རྣམ་པ་གཉིས་ཏེ། མི་མཐུན་པའི་ཕྱོགས་འདོད་ཆགས་ལ་སོགས་པ་ཀུན་ནས་ཉོན་མོངས་པའི་ཆོས་དང། གཉེན་པའི་ཕྱོགས་དད་པ་ལ་སོགས་པ་རྣམ་པར་བྱང་བའི་ཆོས་སོ། །འདོད་ཆགས་ལ་སོགས་པ་ཀུན་ནས་ཉོན་མོངས
་པའི་ཆོས་ཀྱང་གཟུང་བ་དང་འཛིན་པའི་ངོ་བོར་ཡོད་པ་མ་ཡིན་པར་ཡོད་པ་ལྟ་བུར་སྣང་བས་ན་ནོར་པའི་མཚན་ཉིད་ཅེས་བྱ་སྟེ། མི་མཐུན་པའི་ཕྱོགས་ཀྱི་ཆོས་དེ་དག་ནི་ཡོད་པར་ཡང་སྒྱུ་མའི་ཡོད་པ་དང་འདྲ་སྟེ། མེད་པ་ཡང་སྒྱུ་མའི་མེད་པ་དང་འདྲ་ལ། ཡོད་མེད་བྱེ
་བྲག་མེད་པ་ཡང་སྒྱུ་མཱི་ཡོད་མེད་བྱེ་བྲག་མེད་པ་དང་འདྲ་བS་ན་ཡོད་པ་དང་མེད་པ་སྒྱུ་མ་དང་འདྲ་བའི་ཕྱིར་ཆོས་དེ་ཐམས་ཅད་སྒྱུ་མ་དང་འདྲ་ཞེས་བྱའོ། །ཇི་ལྟར་ཡོད་པ་དང་འདྲ་ཞེ་ན། དཔེར་ན་སྒྱུ་མ་རྟ་དང་གླང་པོར་འདྲ་བར་སྣང་བ་ཙམ་མེད་པ་མ་ཡིན་ཏེ། ཡོད་བཞིན
་དུ་གཟུང་བ་དང་འཛིན་པར་སྣང་བ་དེ་དག་ཀྱང་སྣང་བ་ཙམ་དུ་འཁྲུལ་པར་མེད་པ་མ་ཡིན་ཏེ། ཡོད་པས་ན་ཡོད་པ་ཡང་སྒྱུ་མ་དང་འདྲ་བ་ཡིན་ནོ། །ཇི་ལྟར་མེད་པ་སྒྱུ་མ་དང་འདྲ་ཞེ་ན་ཇི་ལྟར་སྒྱུ་མའི་རྟ་དང་གླང་པོ་འདྲ་པར་སྣང་ཡང་རྟ་ཉིད་ཀྱི་རང་བཞིན་དང་གླང
་པོ་ཉིད་ཀྱི་རང་བཞིན་མེད་པ་དེ་བཞིན་དུ་གཟུང་བ་དང་འཛིན་པ་ལྟ་བུར་སྣང་བ་དེ་དག་སྣང་ཡང་གཟུང་བའི་རང་བཞིན་དང་འཛིན་པའི་རང་བཞིན་ཉིད་དུ་གྲུབ་པར་མེད་པས་ན་མེད་པ་ཡང་སྒྱུ་མ་ལྟ་བུའོ། །ཡོད་མེད་བྱེ་བྲག་མེད་པ་ཇི་ལྟར་སྒྱུ་མ་ལྟ་བུར་ཞེ་ན།
་དཔེར་ན་སྒྱུ་མའི་རྟ་དང་གླང་པོར་སྣང་བ་ཙམ་དུ་ཡོད་ཀྱང། རྟ་དང་གླང་པོའི་རང་བཞིན་ཉིད་མེད་པས་ཡོད་པ་དང་མེད་པ་བྱེ་བྲག་མེད་པ་དང། གང་ན་གླང་པོ་དང་རྟའི་རང་བཞིན་མེད་པ་དེ་ན་རྟ་དང་གླང་པོར་སྣང་བ་ཙམ་ཡོད་པས་ཡོད་པ་དང་མེད་པར་བྱེ་བྲག
་མེད་དོ། །དེ་དང་འདྲ་བར་གཟུང་བ་དང་འཛིན་པ་སྣང་བ་ཙམ་དུ་ཡོད་པས་ན་གཟུང་འཛིན་གྱི་རང་བཞིན་མེད་པས་ཡོད་པ་དང་མེད་པ་བྱེ་བྲག་མེད་པ་དང། གཟུང་འཛིན་རང་བཞིན་མེད་པ་ལ། སྣང་བ་ཙམ་ཡོད་པས་མེད་པ་ཡོད་པ་བྱེ་བྲག་མེད་དེ།
་དེ་བས་ན་ཡོད་པ་དང་མེད་པ་བྱེ་བྲག་མེད་པ་ཡང་སྒྱུ་མ་ལྟ་བུར་རིག་པར་བྱའོ། །ཞེས་བྱ་བའི་དོན་ཏོ། །ཡོད་པ་དང་མེད་པ་དེ་གཉིས་ཀྱི་བྱེ་བྲག་མེད་པས་ན་ཡོད་པ་ཡང་མ་ཡིན་མེད་པ་ཡང་མ་ཡིན་ནོ་ཞེས་བྱ་བ་ལ། སྣང་བ་ཙམ་དུ་ཡོད་ཀྱང
་རང་བཞིན་མེད་པའི་ཕྱིར་ཡོད་པ་ཡང་མ་ཡིན་ནོ། །རང་བཞིན་མེད་ཀྱང་སྣང་བ་ཙམ་དུ་ཡོད་པས་ན་མེད་པ་ཡང་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་མི་མཐུན་པའི་ཕྱོགས་རྣམས་སྒྱུ་མ་ལྟ་བུར་བསྟན་ནས་གཉེན་པོའི་ཆོས་རྣམས་ཀྱང
་སྒྱུ་མ་ལྟ་བུར་བསྟན་པའི་ཕྱིར། གཉེན་པོའི་ཆོས་ནི་གང་ཡིན་པ། །དེ་བཞིན་མེད་དང་མེད་པའི་ཕྱིར། །དེ་བཞིན་མེད་པས་མཚན་མ་མེད། །སྒྱུ་མ་འདྲ་བར་བསྟན་པ་ཡིན། ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེའི་གཉེན་པོའི
་ཆོས་ནི་རྣམ་པ་གསུམ་སྟེ། བསྒྲུབ་པར་བྱ་བའི་ཆོས་དྲན་པ་ཉེ་བར་གཞག་པ་ལ་སོགས་པ་བྱང་ཆུབ་ཀྱི་ཕྱོགས་སུམ་ཅུ་རྩ་བདུན་དང། བཤད་པར་བྱ་བའི་ཆོས་གསུང་རབ་ཡན་ལག་བཅུ་གཉིས་དང། འཐོབ་པར་བྱ་བའི་ཆོས་མངལ་དུ་འཇུག
་པ་ལ་སོགས་པ་སྟེ། ཆོས་དེ་དག་ཀྱང་མཚན་ཉིད་མེད་ཅིང་སྒྱུ་མ་དང་འདྲ་བར་བསྟན་ཏོ་ཞེས་བྱ་བའི་དོན་ཏོ། །ཅིའི་ཕྱིར་ཞེ་ན། བསྒྲུབ་བར་བྱ་བའི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ཡང་ཇི་ལྟར་བྱས་པས་གཟུང་བ་དང་འཛིན་པ་ལྟ
་བུར་བརྟགས་པ་ལྟར་ཡོད་པ་མ་ཡིན་པའི་ཕྱིར་སྒྱུ་མ་ལྟ་བུ་སྟེ། དེ་བཞིན་མེད་དང་ཞེས་བྱ་བ་དང་སྦྱར་རོ། །བཤད་པར་བྱ་བའི་ཆོས་གསུང་རབ་ཡན་ལག་བཅུ་གཉིས་ཀྱང་ཇི་ལྟར་བཅོམ་ལྡན་འདས་ཀྱིས་མིང་དང་ཚིག་དང་ཡི་གེའི་ཚུལ་དུ
་བཤད་པ་ལྟར་ཡོད་པ་མ་ཡིན་པས་སྒྱུ་མ་ལྟ་བུ་སྟེ། དེ་ནི་མེད་པའི་ཕྱིར་ཞེས་བྱ་བ་དང་སྦྱར་རོ། །འཐོབ་པར་བྱ་བའི་ཆོས་སངས་རྒྱས་ཀྱི་མངལ?་དུ་འཇུག་པ་དང། མངོན་པར་རྫོགས་པར་བྱང་ཆུབ་པ་དང། མྱ་ངན་ལས་འདས་པ་ལ་སོགས
་པ་བསྟན་པ་ཡང་ཇི་ལྟར་བསྟན་པ་བཞིན་དུ་ཡོད་པ་མ་ཡིན་པས་ན་སྒྱུ་མ་ལྟ་བུ་སྟེ། དོན་དེ་བཞིན་མེད་པས་ཞེས་བྱ་བ་དང་སྦྱར་ཏེ། དེ་ཆོས་དེ་དག་མཚན་ཉིད་མེད་ཅིང་རང་བཞིན་ཡོད་པ་ཡང་མ་ཡིན་པར་སྣང་བས་ན་སྒྱུ་མ་ལྟ་བུ་མ་ཡིན
་ཞེས་བྱ་བའི་དོན་ཏོ། །གལ་ཏེ་ཀུན་ནས་ཉོན་མོངས་པའི་ཕྱོགས་ཀྱང་སྒྱུ་མ་ལྟ་བུ་ཡིན་ལ། རྣམ་པར་བྱང་བའི་ཕྱོགས་ཀྱང་སྒྱུ་མ་ལྟ་བུ་ཡིན་ན་རྣམ་པར་བྱང་བའི་ཕྱོགས་སྒྱུ་མ་ལྟ་བུས་ཀུན་ནས་ཉོན་མོངས་པའི་ཕྱོགS་སྒྱུ་མ་ལྟ་བུར་ཇི་ལྟར
་སྤང་སྙམ་པ་ལ། དེའི་ཕྱིར། དཔེའི་དོན་དུ་ཚིགས་སུ་བཅད་པ་ཞེས་བྱ་བ་སྨོས་ཏེ། ཀུན་ནས་ཉོན་མོངས་པའི་ཕྱོགས་སྒྱུ་མ་ལྟ་བུ་ཡིན་ཡང་རྣམ་པར་བྱང་བའི་ཕྱོགས་སྒྱུ་མ་ལྟ་བུས་སྤང་དུ་རུང་བར་དཔེས་བསྟན་ཏོ་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་སྒྱུ
་མའི་རྒྱལ་པོ་དག། སྒྱུ་མའི་རྒྱལ་པོ་གཞན་གྱིས་ཕབ། །གང་གིས་ཆོས་ཀུན་མཐོང་བའི། །རྒྱལ་སྲས་དེ་དག་ང་རྒྱལ་མེད་ཅེས་བྱ་བ་ལ། དཔེར་ན་སྒྱུ་མའི་རྒྱལ་པོ་མཐུ་ཆུང་དུ་ལ་ལ་ཞིག་འཁོར་དང་བཅས་ཏེ་གནས་འགའ་ཞིག་ན་འདུག་པ་ལས་སྒྱུ
་མའི་རྒྱལ་པོ་མཐུ་དང་ལྡན་པ་འཁོར་དང་བཅས་པ་ལ་ལ་ཞིག་གིས་གནས་འགའ་ཞིག་ན་འདུག་པས་སྒྱུ་མའི་རྒྱལ་པོ་མཐུ་ཆུང་ངུ་ཕབ་སྟེ། ཕབ་པར་བྱས་ནས་གནས་ནས་བཏོན་པ་དེ་བཞིན་དུ་ཀུན་གཞི་རྣམ་པར་ཤེས་པ་ནི་གནས་ལྟ་བུ
་སྟེ། དེ་ན་མིག་ལ་སོགས་པའི་རྣམ་པར་ཤེས་པ་ཉོན་མོངས་པ་དང་བཅས་པ་གནས་པ་ནི་སྒྱུ་མའི་རྒྱལ་པོ་ལྟ་བུ་སྟེ། ཅིའི་ཕྱིར་ཞེ་ན། རྒྱལ་པོ་དབང་དང་ལྡན་པ་དེ་བཞིན་དུ་དེ་དག་ཀྱང་ཀུན་ནས་ཉོན་མོངས་པའི་ཆོས་གཞན་སྐྱེ་བ་ལ
་དབང་བས་ན་རྒྱལ་པོ་ལྟ་བུའོ། །ཀུན་ནས་ཉོན་མོངས་པ་དང་ལྡན་པའི་སེམས་ལས་བྱུང་བ་ནི་སྒྱུ་མའི་རྒྱལ་པོའི་འཁོར་ལྟ་བུའོ། །ཀུན་གཞི་རྣམ་པར་ཤེས་པ་ལ་དད?་པ་ལ་སོགས་པའི་དགེ་བ་དང་ལྡན་པའི་རྣམ་པར་ཤེས་པ་རྣམས་སྒྱུ་མའི་རྒྱལ་པོ
་ལྟ་བུ་ལ། དེའི་འཁོར་གྱི་སེམས་ལས་བྱུང་བ་རྣམས་ནི་སྒྱུ་མའི་རྒྱལ་པོའི་འཁོར་ལྟ་བུ་སྟེ། ཀུན་གཞི་ལ་ཡོད་པའི་ཉོན་མོངས་པའི་རྣམས་དགེ་བའི་ཕྱོགས་སྤངས་པའི་ནི་སྒྱུ་མའི་རྒྱལ་པོ་གཅིག་གིས་ཅིག་འཕམ་པར་བྱས་པ་ཡིན་ནོ་ཞེས་བྱང་ཆུབ་སེམས
་དཔའ་གང་གིས་ཁོང་དུ་ཆུད་པའི་བྱང་ཆུབ་སེམས་དཔའ་དེ་ནི་ཆོས་གཉིས་ལ་ང་རྒྱལ་མེད་དེ། ཀུན་ནས་ཉོན་མོངས་པའི་ཕྱོགས་ལ་ཡང་ང་རྒྱལ་མེད་ལ། རྣམ་པར་བྱང་བའི་ཕྱོགས་ལ་ཡང་ང་རྒྱལ་མེད་དོ། །ཇི་ལྟར་ང་རྒྱལ་མེད་ཅེ་ན། བདག་གིས་རྣམ་པར་བྱང་བའི་ཕྱོཌ
་འདི་བསྒོམས་པས་ཀུན་ནས་ཉོན་མོངས་པའི་ཕྱོགས་འདི་སྤངས་སོ་ཞེས་མི་སེམས་པའི་ཕྱིར་རོ། །སྒྱུ་མའི་རྨི་ལམ་སྨིག་རྒྱུ་གཟུགས་བརྙན་མིག་ཡོར་བྲག་ཅ་བཞིན། །ཆུའི་ཟླ་བའི་གཟུགས་འདྲ་སྤྲུལ་དང་མཚུངས་པར་ཤེས་པར་བྱ། །
་དྲུག་དང་དྲུག་དང་གཉིས་དང་དྲུག་གཉིས་གསུམ་ཡང་རེ་རེར་འདོད། །མཁྱེན་མཆོག་སངས་རྒྱས་རྣམས་ཀྱི་འདུ་བྱེད་དེ་དག་གསུངས། ཞེས་བྱ་བ་ལ། འཇིག་རྟེན་པའི་མཁས་པ་དང་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་ཤེས་པ་བས་དེ་བཞིན་གཤེགས
་པ་མཁྱེན་པ་འཕགས་པས་ན་སངས་རྒྱས་ནི་མཁྱེན་མཆོག་ཅེས་བྱ་སྟེ། མཁྱེན་མཆོག་སངས་རྒྱས་རྣམས་ཀྱིས་ནང་གི་སྐྱེ་མཆེད་དྲུག་དང། ཕྱིའི་སྐྱེ་མཆེད་དྲུག་དང། སེམས་དང་སེམས་ལས་བྱུང་བ་གཉིས་དང། དྲུག་གཉིས་ཏེ། ནང་གི་སྐྱེ་མཆེད་དྲུག
་དང། ཕྱིའི་སྐྱེ་མཆེད་དྲུག་དང། གསུམ་ནི་བཤད་པའི་ཆོས་དང། ཏིང་ངེ་འཛིན་ལ་གནས་པའི་ཆོས་དང། བསམས་བཞིན་དུ་སྲིད་པ་འཛིན་པ་གསུམ་ཏེ། འདུ་བྱེད་དེ་དག་ན་སྒྱུ་མ་ལྟ་བུ་ཡིན་ནོ་ཞེས་བྱ་བའི་ས་སྤྲུལ་པ་དང་མཚུངས་པ་ཡིན་ནོ་ཞེས་བཤད
་དོ། །དེ་ཡང་འདུ་བྱེད་དེ་དག་དང་དཔེ་རེ་རེས་སྦྱར་ཏེ་བསྟན་ཏོ་ཞེས་བྱ་བའི་དོན་ཏོ། །དེ་ལ་མིག་གི་སྐྱེ་མཆེད་ནས་ཡིད་ཀྱི་སྐྱེ་མཆེད་ཀྱི་བར་དུ་ནང་གི་སྐྱེ་མཆེད་དྲུག་ནི་སྒྱུ་མ་ལྟ་བུ་སྟེ། ཅིའི་ཕྱིར་ཞེ་ན། སྒྱུ་མའི་གླང་པོ་དང་མིག་ལ་སོགས་པ་ལ་བདག་དང་སེཾས་ཅན
་དང་སྲོག་མེད་ཀྱང་བདག་དང་སེཾས་ཅན་དང་སྲོག་ལྟ་བུར་སྣང་བ་དེ་བཞིན་དུ་ནང་གི་སྐྱེ་མཆེད་དྲུག་ལ་ཡང་བདག་དང་སེཾས་ཅན་སྲོག་མེད་མོད་ཀྱི་བདག་དང་སེམS་ཅན་དང་སྲོག་ལྟ་བུར་སྣང་བས་ན་སྒྱུ་མ་ལྟ་བུའོ། །གཟུཌ་ན་ཆོS་ཀྱི་བར་དུ་ཕྱིའི་སྐྱེ་མཆེད་དྲུག་ནི་རྨི་ལཾ་ལྟ་བུ་སྟེ། ཅིའི་ཕྱིར་ཞེ་ན། རྨི་ལཾ་ན་སྣང་བའི་གཟུཌ་དང་སྒྲ་དང་བུད
་མེད་དང་སྐྱེས་པ་ལ་སོཌ་པ་རྣཾས་པར་ཀུན་ཏུ་ལོངས་སྤྱོད་པའི་ཡུལ་ལྟ་བུར་སྣང་ཡང་ཡོད་པ་མ་ཡིན་པ་དེ་བཞིན་དུ་དེ་ལྟར་དངོས་སུ་གཟུགས་དང་སྒྲ་ལ་སོགས་པ་རྣམ་པར་ཤེས་པའི་ཡུལ་དུ་སྣང་ཡང་ཡོད་པ་མ་ཡིན་པའི་ཕྱིར་རྨི་ལམ་ལྟ་བུའོ། །སེམས་དང་སེམས
་ལས་བྱུང་བ་གཉིས་ནི་སྨིག་རྒྱུ་ལྟ་བུ་སྟེ། ཇི་ལྟ་ཞེ་ན། སྨིག་རྒྱུ་ཆུར་མེད་ཀྱང་ཆུ་ལྟ་བུར་ནོར་པར་བྱེད་པ་དེ་བཞིན་དུ་སྔོན་པོ་དང་སེར་པོ་ལ་སོགས་པའི་དངོས་པོ་འདི་དག་ཡོད་པ་མ་ཡིན་ཀྱང་སྔོན་པོ་སེར་པོ་ལྟ་བུར་ནོར་པར་འཛིན་པའི་ཕྱིར་སྨིག་རྒྱུ་ལྟ་བུའོ། །ཡང་མིག་གི
་སྐྱེ་མཆེད་ནས་ཡིད་ཀྱི་སྐྱེ་མཆེད་ཀྱི་བར་དུ་ནང་གི་སྐྱེ་མཆེད་དྲུག་ནི་གཟུགས་བརྙན་ལྟ་བུ་སྟེ། ཅིའི་ཕྱིར་ཞེ་ན། མེ་ལོང་གི་ནང་གི་གཟུགས་བརྙན་ཡོད་པ་མ་ཡིན་ཡང་གཟུགས་ཀྱི་དབང་གིས་མེ་ལོང་གི་ནང་དཱུང་གཟུགས་བརྙན་སྣང་བ་དེ་བཞིན་དུ་ད་ལྟར་གྱི་ནང་གི་སྐྱེ་མཆེད
་དྲུག་པོ་དེ་དག་ཀྱང་ཚེ་སྔ་མའི་ལས་ཀྱི་དབང་གིས་སྣང་བས་ན་གཟུགས་བརྙན་ལྟ་བུའོ། །ཡང་གཟུགས་ནས་ཆོས་ཀྱི་བར་དུ་ཕྱིའི་སྐྱེ་མཆེད་དྲུག་ནི་མིག་ཡོར་ལྟ་བུ་སྟེ། མིག་ཡོར་ཞེས་བྱ་བ་ནི་སྐབས་འདིར་གྲིབ་མ་ལ་བྱའོ། །ཇི་ལྟ་ཞེ་ན། གདུགས་དང་ལུས་ལ་སོགས
་པའི་དབང་གིས་གྲིབ་མ་བྱུང་བ་དེ་བཞིན་དུ་ཕྱིའི་སྐྱེ་མཆེད་ཀྱང་ནང་གི་སྐྱེ་མཆེད་ཀྱི་གྲིབ་མ་ཡིན་ཏེ། ཀུན་གཞི་རྣམ་པར་ཤེས་པས་ནི་མིག་ལ་སོགས་པས་ནང་གི་སྐྱེ་མཆེད་དྲུག་འབྱུང་ངོ། །དེ་ལས་ནི་ཕྱིའི་སྐྱེ་མཆེད་དྲུག་སྣང་ཞིང་འབྱུང་བས་ན་སྐྱེ་མཆེད་དྲུག་ནི་མིག
་ཡོར་ལྟ་བུའོ། །བཤད་བའི་ཆོས་ཐམས་ཅད་ནི་བྲག་ཅ་ལྟ་བུ་སྟེ། ཅིའི་ཕྱིར་ཞེ་ན། བྲག་ཅ་ཡང་སྒྲའི་རང་བཞིན་དུ་མེད་མོད་ཀྱི་རྣ་བའི་སྤྱོད་ཡུལ་དུ་འགྱུར་ཞིང་རྣ་བས་མཉན་དུ་ཡོད་པ་དང་འདྲ་བར་ཇི་སྙེད་དུ་དེ་བཞིན་གཤེགས་པས་ཆོས་ཐམས་ཅད་ཇི་ལྟར་བཤད
་པ་བཞིན་དུ་ཡོད་པ་མ་ཡིན་ཡང་རྣ་བའི་སྤྱོད་ཡུལ་དུ་འགྱུར་ཞིང་རྣ་བའི་མཉན་དུ་རུང་བའི་ཕྱིར་བྲག་ཅ་ལྟ་བུའོ། །ཏིང་ངེ་འཛིན་ལ་གནས་པའི་ཆོས་རྣམས་ནི་ཆུ་ཟླའི་གཟུགས་བརྙན་ལྟ་བུ་སྟེ། ཅིའི་ཕྱིར་ཞེ་ན། ཆུ་དང་བའི་ནང་དུ་ཟླ་བའི་གཟུགས་བརྙན་སྣང
་བ་དང་འདྲ་བར་ཏིང་ངེ་འཛིན་རྩེ་གཅིག་པ་ནི་ཆུ་དང་བ་ལྟ་བུ་སྟེ། དེ་ལས་མཛའ་དག་སྐྱེ་མཆེད་དང་ཟིལ་གྱི་གནོན་པའི་སྐྱེ་མཆེད་རྣམས་སྣང་བས་ཆུའི་ཟླ་བ་ལྟ་བུའོ། །བསམས་བཞིན་དུ་སྲིད་པར་འཛིན་པ་ནི་སྤྲུལ་པ་ལྟ་བུ་སྟེ། ཅིའི་ཕྱིར་ཞེ་ན། དཔེར་ན་སྤྲུལ་པ་
་གནས་གཅིག་ནས་གཅིག་ཏུ་ཡང་ཆགས་པ་དང་ཞེ་སྡང་མི་སྐྱེ་བ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེཾས་ཅན་གྱི་དོན་ཏུ་ཚེ་གཅིག་ནS་གཅིག་ཏུ་ལེན་ཅིང་འཛིན་ཀྱང་ཆགས་པ་དང་ཞེ་སྡང་མི་སྐྱེ་བས་ན་སྤྲུལ་པ་ལྟ་བུའོ། །ཤེས་བྱ་ཡོངས་སུ་ཚོལ་བའི
་ཚིགས་སུ་བཅད་པ་སྟེ་ཞེས་བྱ་བ་ལ། ཤེས་བྱའི་རྣམ་པ་གཉིས་ཏེ། འཇིག་རྟེན་གྱི་ཆོས་དང་འཇིག་རྟེན་ལས་འདས་པའི་ཆོས་ཏེ། ཆོས་གང་དག་ནི་འཇིག་རྟེན་གྱི་ཆོས། ཆོས་གང་དག་ནི་འཇིག་རྟེན་ལས་འདས་པའི་ཆོས་ཡིན་པ་བརྟགས་པ་ལ་ཚིགས་སུ་བཅད་པ
་གཉིས་ཀྱིས་བསྟན་ཏོ་ཞེས་བྱ་བའི་དོན་ཏོ། །ཡང་དག་མིན་རྟོག་ཅེས་བྱ་བ་ལ། ཡང་དག་པ་མ་ཡིན་ལ་ཀུན་ཏུ་རྟོག་པ་ནི་གང་ཆོས་ཀྱི་དབྱིངས་དང་རྣམ་པར་མི་རྟོག་པའི་ཡེ་ཤེས་འཐོབ་པ་དང་རྗེས་སུ་མཐུན་པ་མ་ཡིན་པའི་རྟོག་པ་སྟེ། འདོད་པའི་ཁམས་ནས
་སྲིད་པའི་རྩེ་མོ་མན་ཆད་ཀྱི་སེམས་ཅན་རྣམས་ཀྱི་གཟུང་བ་དང་འཛིན་པར་ཀུན་ཏུ་རྟོག་པ་ནི་ཡང་དག་པ་མ་ཡིན་པར་ཀུན་དུ་རྟོག་པ་ཞེས་བྱའོ། །ཡང་དག་མིན་ཡང་དག་མ་ཡིན་ཞེས་བྱ་བ་ལ། ཡང་དག་པ་ཡང་མ་ཡིན་ཡང་དག་པ་མ་ཡིན་པ
་ཡང་མ་ཡིན་པའི་རྟོག་པ་ནི་སོ་སོ་སྐྱེ་བོའི་དུས་ན་དམ་པའི་ཆོས་ཉན་པ་དང་སེམས་པ་ལ་སོགས་པ་ནས་བརྩམས་ཏེ་མོས་པ་སྤྱོད་པའི་ས་འཇིག་རྟེན་གྱི་ཆོས་མཆོག་མན་ཆད་ཀྱི་རྟོག་པ་ལ་བྱ་སྟེ། དེའི་ཚེ་ན་གཟུང་བ་དང་འཛིན་པའི་རྟོག་པ་ཡོད
་པས་ན་ཡང་དག་པ་མ་ཡིན་པ་ཞེས་བྱའོ། །ཆོས་ཀྱི་དབྱིངས་དང་འཇིག་རྟེན་ལས་འདས་པའི་ཡེ་ཤེས་རྟོགས་པར་བྱ་བ་དང་རྗེས་སུ་མཐུན་ཞིང་དེའི་རྒྱུ་ལྟ་བུར་གནས་པས་ན་ཡང་དག་པ་མ་ཡིན་པ་ཡང་མ་ཡིན་ཞེས་བྱའོ། །མི་རྟོག་ཅེས་བྱ་བ
་ལ་མི་རྟོག་པ་ནི་ཆོས་ཀྱི་དབྱིངས་དེ་བཞིན་ཉིད་དང། འཇིག་རྟེན་ལས་འདས་པའི་ཡེ་ཤེས་རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་བྱ་སྟེ། ཅིའི་ཕྱིར་ཞེ་ན། དེ་གཉིས་ལ་གཟུང་བ་དང་འཛིན་པ་ལ་སོགས་པའི་རྟོག་པ་མེད་པར་ན་མི་རྟོག་པ་ཞེས་བྱའོ
་རྟོག་མིན་མི་རྟོག་མ་ཡིན་པ་ཞེས་བྱ་བ་ལ། རྟོག་པ་ཡང་མ་ཡིན་མི་རྟོག་པ་ཡང་མ་ཡིན་པ་ནི་རྣམ་པར་མི་རྟོག་པའི་རྗེས་ལས་ཐོབ་པའི་དག་པའི་འཇིག་རྟེན་པའི་ཡེ་ཤེས་ལ་བྱ་སྟེ། ཡེ་ཤེས་དེ་ལ་གཟུང་བ་དང་འཛིན་པ་ལྟ་བུར་རྟོག་པ་མེད་པས
་ན་མི་རྟོག་པ་ཞེས་བྱ་སྟེ། ཅིའི་ཕྱིར་ཞེ་ན། རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་ནི་ཆོས་དབྱིངས་ལ་དམིགས་ཏེ། རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་ནི་དག་པའི་འཇིག་རྟེན་པའི་ཡེ་ཤེས་ཀྱིས་དམིགས་པས་ན་གཟུང་འཛིན་དུ་རྟོག་པ་མེད་དོ། །མི་རྟོག
་པ་ཡང་མ་ཡིན་པ་ནི་ཆོས་རྣམས་ཀྱི་རང་དང་སྤྱིའི་མཚན་ཉིད་ནི་ཆོས་ཐམས་ཅད་ལ་སྒྱུ་མ་དང་སྨིག་རྒྱུ་ལྟ་བུར་རྟོག་པ་ཡོད་པའི་ཕྱིར། ཐམས་ཅད་ཤེས་པར་བྱ་ཞེས་བརྗོད་ཅེས་བྱ་བ་ལ། བཞི་པོ་འདི་ཐམས་ཅད་ནི་ཤེས་པར་བྱ་བའི་ཡུལ་ཡིན་ཞེས
་བརྗོད་དེ། ཤེས་པར་བྱ་བ་ཡང་དེ་ཙམ་ལས་ལྟག་པ་མེད་པའི་ཕྱིར་རོ། །དེ་ལས་ཡང་དག་པ་མ་ཡིན་པར་ཤེས་པར་བྱའོ། །ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་ཡོངས་སུ་ཚོལ་བ་ལ་ཚིགས་སུ་བཅད་པ་གཉིས་ཏེ་ཞེས་བྱ་བ་ལ། ཉོན་མོངས་པ་དང
་ལས་དང་ཚེ་གསུམ་ནི་ཀུན་ནས་ཉོན་མོངས་པ་སྟེ། ཇི་ལྟར་ན་ཀུན་ནས་ཉོན་མོངས་པར་འགྱུར། ཀུན་ནས་ཉོན་མོངས་པའི་མཚན་ཉིད་གང་ཡིན་པ་བརྟག་པ་ནི་ཀུན་ནས་ཉོན་མོངས་པ་ཚོལ་བ་ཞེས་བྱའོ། །འཕགས་པའི་ལམ་དང་མྱ་ངན་ལས་འདས
་པ་ནི་རྣམ་པར་བྱང་པ་སྟེ། ཇི་ལྟར་ན་རྣམ་པར་བྱང་བའི་མཚན་ཉིད་གང་ཡིན་པ་བརྟག་པ་ནི་རྣམ་པར་བྱང་བ་ཡོངས་སུ་ཚོལ་བ་ཞེས་བྱ་སྟེ། དེ་གཉིས་བཙལ་བ་ལ་ཚིགས་སུ་བཅད་པ་གཉིས་ཀྱིས་སྟོན་ཏོ་ཞེས་བྱ་བའི་དོན་ཏོ། །རང་གི་ཁམས་ལས་གཉིས་སུ་སྣང
་ཞེས་བྱ་བ་ལ། ཁམས་ས་བོན་དང་རྒྱུ་ཞེས་བྱ་བ་ནི་དོན་གཅིག་སྟེ། ཀུན་གཞི་རྣམ་པར་ཤེས་པ་གཟུང་བ་དང་འཛིན་པའི་བག་ཆགས་དང་བཅས་པ་ལན་རང་གི་ཁམས་ཞེས་བྱའོ། །གཟུང་འཛིན་གྱི་བག་ཆགས་ལས་གཟུང་བར་ཡང་སྣང་འཛིན་པར
་ཡང་སྣང་བས་ན་གཉིས་སུ་སྣང་བའོ། །མ་རིག་ཉོན་མོངས་ལྷན་ཅིག་འཇུག་ཅེས་བྱ་བ་ལ། གཟུང་བ་དང་འཛིན་པར་སྣང་བར་ཡང་མ་ཟད་ཀྱི། གཟུང་བ་དང་འཛིན་པར་སྣང་བའི་དུས་ན་མ་རིག་པ་དང་ཉོན་མོངས་པ་དང་ལྷན་ཅིག་འབྱུང་ཞིང་སྣང
་ངོ་ཞེས་བྱ་བའི་དོན་ཏོ། །འཇུག་ཅེས་བྱ་བའི་དོན་ནི་དེ་ལྟར་སྣང་བ་ལས་འཁོར་བར་སྐྱེས་ཞེས་བྱ་བའི་ཐ་ཚིག་གོ་།དེ་ལ་མ་རིག་པ་ནི་མ་རིག་པ་ཉིད་དོ། །ཉོན་མོངས་པའི་སྒྲས་ན་འདོད་ཆགས་དང། ཁོང་ཁྲོ་བ་དང། ང་རྒྱལྡང། མ་རིག་པ་དང། ལྟ་བ་དང། ཐེ
་ཚོམ་སྟེ། ཉོན་མོངས་པ་དྲུག་ལ་བྱ་བའམ། འདོད་ཆགས་དང། ཁོང་ཁྲོ་དང། ང་རྒྱལ་དང། མ་རིག་པ་དང། འཇིག་ཚོགས་སུ་ལྟ་བ་དང། མཐར་འཛིན་པར་ལྟ་བ་དང། ལོག་པར་ལྟ་བ་དང། ལྟ་བ་བསྙེམས་པ་དང། ཚུལ་ཁྲིམས་དང། བརྟུལ་ཞུགས་བསྙེམས་པ
་དང། ཐེ་ཚོམ་སྟེ་ཉོན་མོངས་པ་བཅུ་ལ་བྱའོ། །འདིར་ཉོན་མོངས་པ་སྨོས་ཀྱི་ཉེ་བའི་ཉོན་མོངས་པའི་ངོས་སུམ་སྨོས་ཀྱང་ཉེ་བའི་ཉོན་མོངས་པ་ཁྲོ་བ་དང། ཁོན་དུ་འཛིན་པ་ལ་སོགས་པ་ཡང་སྨོས་པ་ལྟ་བུར་བསྟན་ཏོ། །ཉོན་མོངས་པ་དྲུག་དང། བཅུའི་ནང་དུ་མ་རིག
་པ་ཡང་འདུས་མོད་ཀྱི་མ་རིག་པ་བཀར་སྟེ་ལོགས་ཤིག་ཏུ་སྨོས་པ་ནི་ཉོན་མོངས་པ་ཐམས་ཅད་ལ་དབང་བྱེད་པར་བསྟན་པའི་ཕྱིར་ཏེ། རྨོངས་པ་མེད་པ་ལ་ནི་ཉོན་མོངས་པ་མི་སྐྱེ་རྨོངས་པ་ལས་ཉོན་མོངས་པ་འབྱུང་བའི་ཕྱིར་རོ། །རྣམ་པར་རྟོག་པ་རབ་ཏུ་འབྱུང
་ཞེས་བྱ་བ་ལ། གཟུགས་དང་སྒྲ་ལ་སོགས་པ་ལྟ་བུར་གཟུང་བ་དང་འཛིན་པར་རྟོག་པ་ན་མ་རིག་པ་དང། ཉོན་མོངས་པ་དང། ཉེ་བའི་ཉོན་མོངས་པ་དང་ལྷན་ཅིག་ཏུ་རྟོག་པ་འབྱུང་བ་ལ་རྣམ་པར་རྟོག་པ་རབ་ཏུ་འབྱུང་ཞེས་བྱའོ་སྟེ། རང་གི་ཁམས་ལས་གཉིS
་སུ་སྣང་བ་ཞེས་བྱ་བས་ནི་ཤེས་བྱའི་སྒྲིབ་བ་ལ་རྟོག་པ་བསྟན་ཏོ། །མ་རིག་ཉོན་མོངས་ལྷན་ཅིག་འཇུག་ཅེས་བྱ་བས་ནི་ཉོན་མོངས་པའི་སྒྲིབ་པ་ལ་རྟོག་པ་བསྟན་ཏོ། །རྫས་གཉིས་དག་ནི་རྣམ་པར་སྤངས་ཞེས་བྱ་བ་ལ། དེ་ལྟར་གཟུང་བ་དང་འཛིན་པར་སྣང་ཡང་རྫས
་གཉིས་རྣམ་པར་སྤངས་པ་ཡིན་ཏེ། གཟུང་བའི་རང་བཞིན་ཡང་མེད་འཛིན་པའི་རང་བཞིན་ཡང་མེད་དོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ཤེས་ན་ཀུན་ནས་ཉོན་མོངས་པའི་མཚན་ཉིད་ཡོངས་སུ་བཙལ་བ་ཡིན་ནོ། །དམིགས་པའི་ཁྱད་པར་ཐོབ་པའི་ཞེས་བྱ་བ་ལ། གང་གོང
་དུ་ཆོས་ཀྱི་དམིགས་པ་ཐོབ་པ་བཤད་པ་ཉིད་དམིགས་པའི་ཁྱད་པར་ཐོབ་པ་ཞེས་བྱ་སྟེ། དེ་ཡང་སོ་སོའི་སྐྱེ་བོའི་དུས་ནས་ཉན་པ་དང་སེམས་པ་བྱེད་པ་ནས་བརྩམས་ཏེ། མོས་པ་སྤྱོད་པའི་ས་ཆོས་མཆོག་མན་ཆད་ནས་ཆོས་ཐམས་ཅད་ནི་སེམས་ལས་གྱུར་པ
་ཡིན་ནོ་ཞེས་ཤེས་པ་ནི་དམིགས་པའི་ཁྱད་པར་ཐོབ་པ་ཞེས་བྱ་སྟེ། དམིགས་པའི་ཁྱད་པར་ཐོབ་པའི་གང་ཟག་གིས་ཞེས་བྱ་བའི་ཐ་ཚིག་གོ་།རང་གི་ཁམས་ནས་ཞེས་བྱ་བ་ནི་ས་དང་པོ་ཐོབ་པའི་ལས་བསྟན་ཏེ། རྣམ་པར་རྟོག་པའི་ཡེ་ཤེས་ཀྱི་རང་གི
་ཁམས་དང་རྒྱུའི་ཆོས་ཀྱི་དབྱིངས་དེ་བཞིན་ཉིད་དེ། ཆོས་ཀྱི་དབྱིངས་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་སྐྱེ་བའི་རྒྱུ་བྱེད་པའི་ཕྱིར་ཁམས་ཞེས་བྱའོ། །དེ་བས་ན་དབུས་དང་མཛའ་རྣམ་པར་འབྱེད་པ་དང་མངོན་པའི་ཆོས་བརྡུ་བ་ལས་ཀྱང། ཉན་ཐོས་དང་རང་སངས
་རྒྱས་དང་སངས་རྒྱས་ཀྱི་ཆོས་ཀྱི་རྒྱུ་ཐམས་ཅད་འབྱུང་བའི་རྒྱུ་བྱེད་པས་ན་ཁམས་ཞེས་བྱའོ་ཞེས་བཤད་དོ། །གནས་པའི་ནི་མིང་གི་ཕུང་པོ་བཞི་ལ་གནས་པ་སྟེ། གཟུང་བ་དང་འཛིན་པ་གཉིས་སྤངས་ནས། ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དུ་གཉིས་སུ་མེད་པར་གནས་པ་ནི
་མིང་ལ་གནས་པ་ཞེས་བྱའོ། །དོན་དུ་རྣམ་པར་མི་རྟོག་པའི་ཡེ་ཤེས་རྙེད་ནས་མིང་ལ་གནས་པར་བཞག་གོ་།རྣལ་འབྱོར་ཕྱིར་ཞེས་པ་ལ་རྣལ་འབྱོར་ནི་གོམས་པར་བྱེད་པ་ལ་བྱ་སྟེ། ས་དང་པོར་རྣམ་པར་མི་རྟོག་པའི་ཡེ་ཤེས་རྙེད་ནས་ས་གཉིས་ནས་ས
་བཅུ་མན་ཆད་བསྒོམ་པའི་ལམ་ན་རྣམ་པར་མི་རྟོག་པའི་ཡེ་ཤེས་དེ་ཉིད་ལ་བསྒོམ་པ་འམ་ཞི་གནས་དང་ལྷག་མཐོང་ཟུང་དུ་འབྲེལ་པ་ལ་བསྒོམ་པ་ནི་རྣལ་འབྱོར་བ་ཞེས་བྱའོ། །དེ་ཉིད་གཉིས་མེད་སྣང་འཇུག་པ་ཞེས་བྱ་བ་ལ། དེ་ནས་སངས་རྒྱས་ཀྱི་སའི
་དུས་ན་གནས་གཞན་དུ་གྱུར་ན་རྣམ་པར་རྟོག་པའི་སེམས་དེ་ཉིད་རྣམ་པར་རྟོག་པ་དང་བྲལ་ཏེ་རྣམ་པར་མི་རྟོག་པར་གྱུར་ནས་གཉིས་སུ་མེད་པ་མངོན་སུམ་དུ་བྱས་པ་ནི་གཉིས་མེད་སྣང་འཇུག་པ་ཞེས་བྱའོ། །དེས་ན་སེམས་རྣམ
་པར་གྲོལ་བ་དང་ཤེས་རབ་རྣམ་པར་གྲོལ་བ་འཐོབ་སྟེ། དེ་ཕན་ཆད་ནམས་ཀྱང་གཉིས་སུ་སྣང་བ་ལ་མི་འཇུག་གོ་།དཔེར་ན་ཅི་དང་འདྲ་ཞེ་ན། དཔེ་བསྟན་པའི་ཕྱིར། མངའ་དང་པགས་པ་བཞིན་དུའོ་ཞེས་བྱ་བ་སྨོས་ཏེ། དཔེར་ན་མདའ་མེས་བསྲེགས་ནས་དྲོང་ལ
་བབ་པར་བྱས་ཏེ། དྲང་པོར་བསྲང་བ་དེ་ནམས་ཀྱང་ཕྱིས་ཡོན་པོར་མི་འགྱུར་བ་དང། པགས་པ་ཁེངས་པ། ཆུ་དང་མར་ལ་སོགས་པས་བསྐུས་ནས་རྩིས་ཞེན་པར་བྱས་ཏེ། འཇམ་པོར་བྱས་ན་ཕྱིས་ཁེངས་ཤིང་རྩུབ་པོར་མི་འགྱུར་བ་དེ་བཞིན་དུ་ཞི་གནས་ནི
་ཆུ་དང་སྣུམ་ལྟ་བུ། སྔོན་འདོད་ཆགས་དང་ཞེ་སྡང་ལ་སོགས་པ་ལ་ཚུལ་བཞིན་མ་ཡིན་པར་རྟོག་པ་སེམས་རྩུབ་པོར་བྱས་པ་བསྒོམས་པའི་ལམ་ན་ཞི་གནས་ཆུ་དང་སྣུམ་ལྟ་བུ་བསྒོམས་པས་སེམས་མཉེན་པོར་བྱས་ཏེ། སངས་རྒྱས་ཀྱི་སར་སེམས་རྣཾ
་པར་གྲོལ་བ་ཐོབ་ན་སླར་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་བའི་རྟོག་པ་ལ་ཞུགས་ན་སེམས་ཁེངས་པ་དང་རྩུབ་པོ་རྣམས་སུ་རྣམས་ཀྱང་མི་འགྱུར་རོ། །སྔོན་ལས་དང་པོའི་ཚེ་ན་ཡོད་པ་དང་མེད་པ་དང་རྟག་པ་དང་མི་རྟག་པ་ལ་སོགས་པ་ལྟ་བ་ངན་པས་ལྟ་བ
་ཡོན་པོར་བྱས་པ་བསྒོམས་པའི་ལམ་གྱི་དུས་ན་ལྷག་མཐོང་བསྒོམ་པའི་མེས་ལྟ་བ་ངན་པ་བསལ་ཏེ། ལྟ་བ་དྲང་པོར་བྱས་ནས་སངས་རྒྱས་ཀྱི་སར་ཤེས་རབ་རྣམ་པར་གྲོལ་བ་ཐོབ་པ་ན། དེ་ཕན་ཆད་ནམས་ཀྱང་ལྟ་བ་ངན་པ་ལ་འཇུག་པར་མི་འགྱུར
་རོ་ཞེས་བྱ་བའི་དོན་ཏོ། །རྣམ་པར་བྱང་བའི་མཚན་ཉིད་ཀྱང་དེ་ལྟར་བཙལ་ལོ་ཞེས་བྱ་བའི་དོན་ཏོ། །རྣམ་པར་རིག་པ་ཙམ་ཡོངས་སུ་བཙལ་བས་ཚིགས་སུ་བཅད་པ་གཉིས་ཏེ་ཞེས་བྱ་བ་ལ། རྣམ་པར་རིག་པ་ཙམ་གྱི་སྒྲས་ནི་སེམས་ལས་བྱུང་བ་རྣམས
་བྱང?་གཟུང་སྟེ། ཙམ་གྱིས་སྒྲས་ནི་སེམས་དང་སེམས་ལས་བྱུང་བ་ཙམ་དུ་ཟད་ཀྱི། ཕྱིའི་གཟུགས་ལ་སོགས་པའི་གཟུགས་ཡོད་པ་མ་ཡིན་པར་འགོག་གོ་།སེམས་ཙམ་དུ་སྨྲ་བ་ཁ་ཅིག་ནི་རྣམ་པར་རིག་པ་ཙམ་ཞེས་བྱ་བས་སེམས་ཙམ་དུ་ཟད་ཀྱི། སེམས་ལས་མ་གཏོཌ
་པར་སེམས་ལས་བྱུང་བའི་ཆོས་དང་ཕྱིའི་ཡུལ་རྣམས་མེད་ཀྱང་མེད་པར་འདོད་དོ། །འདིའི་སྐབས་སུ་ནི་དེ་གཉི་ག་ལ་བྱ་བར་འདོད་དོ། །ཁམས་གསུམ་ཐམས་ཅད་ནི་སེམས་དང་སེམས་ལས་བྱུང་བ་ཙམ་དུ་ཟད་ཀྱི་ཕྱིའི་ཆོས་མེད་དོ་ཞེས་བརྟག་ཅིང་ཤེས་པར་བྱ
་བ་ལ་ཚིགས་སུ་བཅད་པ་གཉིས་ཀྱིས་བསྟན་ཏོ་ཞེས་བྱ་བའི་དོན་ཏོ། །སེམས་ནི་གཉིས་སུ་རབ་ཏུ་སྣང་བ་ཞེས་བྱ་བ་ལ། སེམས་ཀྱི་སྒྲས་ནི་ཀུན་གཞི་ལ་སོགས་པ་རྣམ་པར་ཤེས་པ་དང་སེམས་ལས་བྱུང་བ་རྣམ་པ་ལ་བྱ་སྟེ། སེམས་དང་སེམས་ལས་བྱུང་བ་ལས
་གཟུང་བ་དང་འཛིན་པ་གཉིས་སུ་སྣང་བར་ཟད་ཀྱི། སེམས་ལས?་ལོགས་ཤིག་མེད་དོ་ཞེས་བྱ་བའི་དོན་ཏོ། །ཡང་ན་སེམས་ཉིད་དུ་གཟུང་འཛིན་དུ་སྣང་བར་ཟད་ཀྱི། དེ་ལས་མ་གཏོགས་པའི་སེམས་ལས་བྱུང་བ་དང། གཟུང་འཛིན་མེད་དོ་ཞེས་བྱ་བའི་དོན་ཏོ། །དེ
་བཞིན་འདོད་ཆཌ་ལ་སོགས་པ་སྣང་བར་འདོད་ཅེས་བྱ་བ་ལ། ཇི་ལྟར་གཟུང་བ་དང་འཛིན་པ་སེམས་ལས་སྣང་བ་དེ་བཞིན་དུ་འདོད་ཆགས་ལ་སོགས་པ་ཉོན་མོངས་པའི་ཆོས་ཀྱང་སེམས་ཉིད་ལ་སྣང་བར་འདོད་དོ་ཞེས་བྱ་བའི་དོན་ཏོ། །དད་པ་ལ་སོགས་པར་སྣང
་བ་ཡང་ཞེས་བྱ་བ་ལ། དད་པ་ལ་སོགས་པ་དགེ་བའི་ཆོས་རྣམས་སེམས་ཉིད་ལ་སྣང་བར་འདོད་དོ་ཞེས་བྱ་བའི་དོན་ཏོ། །ཉོན་མོངས་དགེ་ཆོས་ཡོད་མ་ཡིན་ཞེས་བྱ་བ་ལ། སེམས་ཉིད་ལས་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་དང། དད་པ་ལ་སོགས་པ
་དགེ་བའི་ཆོས་ཀྱང་སེམས་ལ་སྣང་བར་ཟད་ཀྱི་སེམས་ལས་མ་གཏོགས་པ་ལོགས་ཤིག་ན་དམིགས་པའི་ཡུལ་ལྟ་བུར་ཡོད་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །སེམས་ལས་བྱུང་བ་རྣམས་དང་ལྡན་པའི་མཚན་ཉིད་དུ་ནི་སེམས་ལས་བྱུང་བ་རྣམས་མེད་པ་མ་ཡིན
་པར་འདོད་དོ། །རྣམ་པར་རིག་པ་ཙམ་དུ་སྨྲ་བ་གཉིས་པ་ལྟར་ན་ནི་སེམས་ཉིད་ལས་ཉོན་མོངས་པ་དང། དགེ་བ་ལ་སོགས་པ་སེམས་ལས་བྱུང་བ་ལྟ་བུར་སྣང་བ་སེམས་ལས་མ་གཏོགས་པར་སེམས་ལས་བྱུང་བ་ཡོད་པར
་མི་འདོད་དོ་ཞེས་བྱ་བའི་དོན་ཏོ། །སེམས་ཉིད་སྣ་ཚོགས་སྣང་བ་སྟེ་ཞེས་བྱ་བ་ལ། ཀུན་གཞི་ཉིད་རྣམ་པ་སྣ་ཚོགས་སུ་སྣང་སྟེ། འདོད་ཆགས་སུ་སྣང་བ་དང། གཏི་མུག་ཏུ་སྣང་བ་དང། ཞེ་སྡང་དུ་སྣང་བ་དང། མི་དགེ་བ་དང། ལུང་དུ་མ་བསྟན་པའི་ཆོས
་སུ་སྣང་ངོ་ཞེས་བྱ་བའི་དོན་ཏོ། །སྣ་ཚོགས་པའི་རྣམ་པར་འཇུག་ཅེས་བྱ་བ་ལ། སེམས་ཉིད་དུ་གཅིག་ཏུ་དད་པ་དང། བརྩོན་འགྲུས་དང། ཤེས་རབ་དང་ཏིང་ངེ་འཛིན་ལ་སོགས་པ་ཏིང་ངེ་འཛིན་ལྟ་བུར་སྣང་ངོ་ཞེས་བྱ་བའི་དོན་ཏོ། །སྣང་བ་དངོས་དང
་ཞེས་བྱ་བ་ལ། སེམས་ལས་འདོད་ཆགས་ལ་སོགས་པར་སྣང་བ་དང། དད་པ་ལ་སོགས་པར་སྣང་བ་ཡང་སྣང་བ་ཙམ་དུ་ཡོད་པས་ན་སྣང་བ་ཅམ་གྱི་དངོས་པོར་ནི་ཡོད་པ་ཞེས་བྱའོ། །དངོས་མེད་པ་ཞེས་བྱ་བ་ལ། སྣང་བ་ཙམ་དུ་ཡོད་ཀྱང་འདོད
་ཆགས་དང་དད་པ་ལ་སོགས་པའི་རང་བཞིན་ཉིད་ཡོད་པ་མ་ཡིན་པས་ན་དངོས་པོ་མེད་པ་ཞེས་བྱའོ། །དེའི་ཕྱིར། དེ་ལ་ཆོས་ཀྱི་མིན་ཞེས་བྱ་བ་ལ། དེ་ལྟར་འདོད་ཆགས་ལ་སོགས་པ་དང། དད་པ་ལ་སོགས་པ་སྣང་བ་ཙམ་དུ་ཡོད་ཀྱི།
་དངོས་པོ་མེད་པས་ན་གཞན་དབང་དེ་ལ་ཆོས་དེ་དག་གི་རང་བཞིན་ཡོད་པ་མ་ཡིན་པ་འམ། སྣང་བ་ཙམ་དེ་ལ་སྣང་ཡང་ཆོས་ཀྱི་རང་བཞིན་ཡོད་པ་མ་ཡིན་ནོ་ཞེས་པའི་ཐ་ཚིག་གོ་།མཚན་ཉིད་ཡོངས་སུ་ཚོལ་བ་ལ་ཚིགས་སུ་བཅད་པ་བརྒྱད
་དེ་ཞེས་བྱ་བ་ལ། འདུས་བྱས་དང་འདུས་མ་བྱས་ཀྱི་ཆོས་རྣམས་ཀྱི་མཚན་ཉིད་དང། ཟག་པ་དང་བཅས་པ་དང། ཟག་པ་མེད་པའི་ཆོས་རྣམས་ཀྱི་མཚན་ཉིད་གང་ཡིན་པ་དེ་བརྟག་པའི་ཕྱིར་ཚིགས་སུ་བཅད་པ་བརྒྱད་ཀྱིས་སྟོན་ཏོ། །ཆོས་དེ
་དག་གི་མཚན་ཉིད་ཀྱང་མདོར་ན་མཚོན་ཆ་དང་མཚན་ཉིད་དང་མཚོན་བྱེད་དང་གསུམ་མོ། །གཅིག་གིས་ནི་མདོར་བསྟན་ཏོ། །ལྷག་མས་ནི་བཤད་དོ། །ཞེས་བྱ་བ་ལ། ཚིགས་བཅད་བརྒྱད་ལས་ཚིགས་བཅད་དང་པོས་ནི་ཆོས་རྣམས་ཀྱི་མཚན་ཉིད་མདོར
་བསྟན་ཏོ། །ཚིགས་བཅད་ལྷག་མ་བདུན་གྱིས་ནི་མདོར་བསྟན་པའི་དོན་དེ་ཉིད་རྒྱས་པར་ཞིབ་ཏུ་འཆད་དོ། །ཞེས་བྱ་བའི་དོན་ཏོ། །མཚོན་བྱ་དང་ནི་མཚན་ཉིད་དང། །མཚོན་བྱེད་རབ་ཏུ་དབྱེ་བས་ནི། སེམས་ཅན་རྣམས་ལ་ཕན་གདགས་ཕྱིར། །སངས་རྒྱས་རྣམS
་ཀྱིས་རབ་ཏུ་བཤད་ཅེས་བྱ་བ་ལ། མཚོན་བྱ་རྣམ་པ་ལྔ?་སྟེ། གཟུགས་དང། སེམས་དང། སེམས་ལས་བྱུང་བ་དང། སེམས་དང་མི་ལྡན་པའི་འདུ་བྱེད་དང། འདུས་མ་བྱས་ཏེ་འདི་ནི་མཚན་ཉིད་གསུམ་གྱི་གཞི་ཡིན་ནོ། །མཚན་ཉིད་རྣམ་པ་གསུམ་སྟེ།
་ཀུན་བརྟགས་དང། གཞན་དབང་དང། ཡོངས་སུ་གྲུབ་པའི་མཚན་ཉིད་དོ། །མཚན་ཉིད་རྣམ་པ་ལྔ་སྟེ། གཞི་དང་འཇོག་པ་དང། སྣང་བ་དང་མེ་ལོང་དང་གནས་སོ། །དེ་གསུམ་ཕྱེ་སྟེ་བསྟན་ན་ནི་མཛའ་ཡས་ཏེ་མདོ་ཙམ་དུ་རྒ་རྣམ་པ་གསུམ་དུ་བཞག་གོ་།དེ
་ལ་མཚོན་བྱ་དང། མཚན་ཉིད་གཉིས་ནི་ཤེས་པར་བྱ་བའི་ཡུལ་ལྟ་བུའོ། །མཚོན་བྱེད་ནི་ཤེས་པར་བྱེད་པའི་ཡེ་ཤེས་ཏེ། དེ་བས་ན་འོག་ནས་ཀྱང་མཚོན་བྱ་དང་མཚན་ཉིད་གཉིས་མཚོན་པར་བྱེད་ཅིང་ཤེས་པར་བྱེད་བས་ན་མཚོན་བྱེད་ཅེས་བྱའོ་ཞེས
་བཤད་དོ། །མཚོན་བྱ་དང་མཚན་ཉིད་དང་མཚོན་བྱེད་གསུམ་ནི་ཅིའི་ཕྱིར་བཤད་ཅེ་ན། དེ་གསུམ་ཡང་སེམས་ཅན་ལ་ཕན་གདགས་པར་བྱ་བའི་ཕྱིར། སངས་རྒྱས་ཀྱིས་བཤད་དོ། །ཞེས་བྱ་བའི་ཐ་ཚིག་གོ་།མཚོན་བྱ་བསྟན་པའི་ཕྱིར། སེམས
་གང་ལྟ་བར་བཅས་པ་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སེམས་ཀྱི་སྒྲས་ནི་རྣམ་པར་ཤེས་པ་དང། གཟུགས་བསྟན་པ་ཡིན་ནོ། །ཅའི་ཕྱིར་ཞེ་ན། སེམས་འདི་རྣམ་པ་གཉིས་སུ་སྣང་སྟེ། གཟུང་བར་སྣང་བ་དང། འཛིན་པར་སྣང་བའོ། །དེ་ལ
་དབང་པོ་ལྔ་དང་ཡུལ་ལྔ་ལྟ་བུར་སྣང་བ་ནི་གཟུང་བར་སྣང་བ་སྟེ། དེས་ནི་གཟུགས་བསྟན་ཏོ། །འཛིན་པར་སྣང་བ་ནི་མིག་གི་རྣམ་པར་ཤེས་པ་ནས་ཡིད་ཀྱི་རྣམ་པར་ཤེས་པའི་བར་དུ་རྣམ་པར་ཤེས་པ་དྲུག་ཏུ་སྣང་སྟེ
་དེས་ནི་སེམས་བསྟན་ཏོ། །ལྟ་བར་བཅས་ཞེས་བྱ་བའི་ལྟ་བའི་སྒྲས་ནི་སེམས་ལས་བྱུང་བ་རྣམས་ལ་བྱ་སྟེ། སེམས་ལས་བྱུང་བ་རྣམས་ལ་ཅིའི་ཕྱིར་ལྟ་བ་ཞེས་བྱ་ཞེ་ན། སེམས་ལས་བྱུང་བ་ཐམས་ཅད་ནི་གསལ་ཞིང་རྒོད་པའི་རང་བཞིན་ཡིན་པས་ལྟ
་བ་ཞེས་བྱ་སྟེ། འདིས་ནི་སེམས་ལས་བྱུང་བའི་ཆོས་བསྟན་ཏོ། །དེའི་གནས་དང་ཞེས་བྱ་བ་ལ། དེའི་གནས་ཤེས་བྱ་བ་ལ་སེམས་དང་མི་ལྡན་པའི་འདུ་བྱེད་བསྟན་ཏེ། སེམས་དང་མི་ལྡན་པའི་འདུ་བྱེད་རྣམས་ཀྱང་སེམས་དང་གཟུགས་དང་སེམས
་ལས་བྱུང་བའི་གནས་སྐབས་ལས་འབྱུང་བས་ནི་དེའི་གནས་ཤེས་བྱའོ། །ཇི་ལྟ་ཞེ་ན། ནམ་གཟུགས་དང་སེམས་ལས་བྱུང་བ་གསུམ་འདུས་ནས་བསྒྲིབS་ཏེ། སེམS་དང་སེམS་ལས་བྱུང་བའི་འགོག་པའི?་གཟུགས་ལས་འགོག་པའི་སྙོམས་པར་འཇུག་པ་ཞེS
་བྱ་བ་དང། ཕུང་པོ་ལྔ་སྐྱེས་བ་ལ་སྐྱེ་བ་ཞེས་བྱ་བ་དང། གཟུགས་ཀྱི་ཕུང་པོ་སྐྲ་དཀར་ལ་སོགས་པའི་མཚན་ཉིད་དུ་གཞན་དུ་གྱུར་པ་ལ་རྒ་བ་ཞེས་བྱ་སྟེ། དེ་ལྟར་ན་དེ་གསུམ་གྱི་གནས་ལ་འདུ་བྱེད་སེམས་དང་མི་ལྡན་པ་གདགས་བར་ཟད་དོ། །མི་འགྱུར། ཞེས
་བྱ་བ་ལ། མི་འགྱུར་བ་ནི་འདུས་མ་བྱས་ནམ་མཁའ་དང་སོ་སོར་བརྟགས་པའི་འགག་པ་དང། མ་བརྟགས་པར་འགོག་པ་དང། དེ་བཞིན་ཉིད་ལ་བྱ་སྟེ། འདུས་མ་བྱས་ལ་ཅིའི་ཕྱིར་མི་འགྱུར་ཞེས་བྱ་ཞེ་ན། རྣམ་པར་རིག་པ་ཉིད་ལས་ནམ་མཁའ་ལ་སོགས
་པའི་འདུས་མ་བྱས་སུ་སྣང་ལ། སེམས་ལ་སྣང་བའི་ནམ་མཁའ་ལ་སོགས་པ་ལ་སྐྱེ་བ་དང་འཇིག་པའི་མཚན་ཉིད་དུ་འགྱུར་བ་མེད་པས་ན་འདུས་མ་བྱས་ལ་འགྱུར་བ་མེད་པ་ཞེས་བྱའོ། །དེ་ནི་མདོར་ན་མཚོན་བྱ་ཡིན། རབ་ཏུ་དབྱེ་བ་ཚད་མེད་དོ་ཞེས་བྱ་བ
་ལ། མདོ་ཙམ?་དུ་ན་གཟུགས་དང་སེམས་དང་སེམས་ལས་བྱུང་བའི་ཆོས་དང། སེམས་དང་མི་ལྡན་པའི་འདུ་བྱེད་དང། འདུས་མ་བྱས་ལྔ་ནི་མཚོན་བྱ་ཞེས་བྱ་སྟེ། ལྔ་པོ་དེའི་མཚན་ཉིད་རེ་རེ་ནས་ཕྱེ་ནས་ནི་དཔག་ཏུ་མེད་པས་ཚད་མེད་པ་ཞེས་བྱ་སྟེ། ལྔ་པོ་དེ་ནི་མཚན
་ཉིད་རྣམ་པ་གསུམ་གྱི་གཞི་དང། རྟེན་ཡིན་པས་ན་མཚོན་བྱ་ཞེས་བྱའོ། །མཚན་ཉིད་བསྟན་པའི་ཕྱིར། སྨྲ་དོན་ཇི་བཞིན་འདུ་བྱེད་ཀྱི་མཚན་མ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེས་མཚན་ཉིད་རྣམ་པ་གསུམ་སྟེ། ཀུན་བརྟགས་ཀྱི་མཚན་ཉིད་དང། གཞན་དབང
་གི་མཚན་ཉིད་དང། ཡོངས་སུ་གྲུབ་པའི་མཚན་ཉིད་དོ། །ཀུན་བརྟགས་ཀྱི་མཚན་ཉིད་ཀྱང་རྣམ་པ་གསུམ་མོ། །དེ་བུམ་པ་དང་སྣམ་བུ་ཞེས་བརྗོད་པ་ནི་སྨྲ་བའོ། །བུམ་པ་དང་སྣམ་བུ་ནི་དོན་ནོ། །ཇི་བཞིན་གྱི་འདུ་ཤེས་ནི་སེམས་ལས་བྱུང་བའི་ཆོས་ཏེ། འདི་ནི་བུམ་པ་ཉིད
་ཡིན་གྱི་འདི་ནི་སྣམ་བུ་མ་ཡིན་པ་དང། འདི་ནི་སྔོན་པོ་ཉིད་ཡིན་གྱི་སེར་པོ་མ་ཡིན་ཞེས་རྟོག་པའོ། །མཚན་མའི་འདུ་ཤེས་པའི་ཡུལ་དུ་གྱུར་པ་བུམ་པ་དང་སྣམ་བུ་དང། སེར་པོ་དང་སྔོན་པོ་ལ་སོགས་པ་སྟེ། ཡུལ་གང་ལ་བརྟེན་ནས་འདུ་ཤེས་འཇུག་པའོ།།
་དོན་དུ་ན་ཐ་བསྙད་ལ་མཁས་པའི་རྣམས་བུམ་པ་དང། སྣམ་བུ་ལ་སོགས་པ་ལ་འདི་ནི་བུམ་པ་འདི་ནི་སྣམ་བུ་ཞེས་རྟོག་པ་དང། རྟོག་པ་དེའི་ཡུལ་བུམ་པ་དང་སྣམ་བུ་ལ་སོགས་པ་ལ་ཀུན་བརྟགས་ཀྱི་མཚན་ཉིད་ཅེས་བྱ་བ
་སྟེ། འདི་ནི་ཀུན་བརྟགས་ཀྱི་མཚན་ཉིད་རྣམ་པ་གཅིག་གོ་།དེའི་བག་ཆགས་ཞེས་བྱ་བ་ལ། སྨྲ་དོན་ཇི་བཞིན་གྱི་འདུ་ཤེས་ཀྱི་མཚན་མ་ལ་དེ་ཞེས་རྟོགས་ཏེ། དེའི་བག་ཆགས་ཀུན་གཞི་ལ་བརླན་པ་ཡང་ནམ་ཞིག་ན་སྨྲ་དོན་ཇི་བཞིན་གྱི་འདུ་ཤེས་འབྱུང་བའི་རྒྱུ་བྱེད་པས
་ན་བག་ཆགས་ལ་ཡང་ཀུན་བརྟགས་ཀྱི་མཚན་ཉིད་ཅེས་བྱ་སྟེ། འདི་ནི་ཀུན་བརྟགས་ཀྱི་མཚན་ཉིད་རྣམ་པ་གཉིས་པའོ། །དེ་ལས་ཀྱང་ནི་དོན་སྣང་བ། ཀུན་ཏུ་བརྟགས་པའི་མཚན་ཉིད་དོ་ཞེས་བྱ་བ་ལ། བག་ཆགས་ལས་ནམ་ཐ་སྙད་ལ་མི་མཁས་པ་བྱིས་པ་རྣམས་ལ་སྐེ་པས
་སྡེང་སྡེང་ཕོ་ལྟོ་ཟླུམ་པོ་འདི་ལ་མིང་དུ་བུམ་པ་ཞེས་བྱའོ། །ཞེས་སྨྲ་བ་ཇི་བཞིན་པའི་དོན་གྱི་འདུ་ཤེས་མེད་པར་ཡང་སེམས་ལས་བུམ་པ་ལྟ་བུར་སྣང་ལ། བུམ་པ་ཉིད་ཡིན་པར་ནི་མི་ཤེས་ཀྱི་བུམ་པ་མཐོང་ན་ནི་འདི་ཅི་ཞིག
་ཡིན་ནོ་སྙམ་པར་རྟོག་བ་འབྱུང་ན་ཡང་ཀུན་བརྟགས་ཀྱི་མཚན་ཉིད་དོ། །འདི་ནི་ཀུན་བརྟགས་ཀྱི་མཚན་ཉིད་རྣམ་པ་གསུམ་པའོ། །དེ་ཚིགས་བཅད་དེའི་དོན་མདོར་བསྡུས་ན། གང་ཀུན་ཏུ་རྟོག་པ་དང། རྒྱུ་གང་ལས་ཀུན་དུ་རྟོག་པ་གཉིས་ཀ་ཀུན་བརྟགS
་ཀྱི་མཚན་ཡིན་པར་སྟོན་ཏོ། །གང་ཀུན་དུ་རྟོག་ཅེ་ན་ཐ་སྙད་ལ་མཁས་པས་འདི་བུམ་པ་ཡིན་ནོ་ཞེས་རྟོག་པ་དང། ཐ་སྙད་ལ་མི་མཁས་པས་བུམ་པ་མཐོང་བ་ན་འདི་ཅི་ཞིག་ཡིན་ཞེས་རྟོག་པའོ། །རྒྱུ་གང་ལས་ཀུན་དུ་རྟོག་པ་དེ་ནི་དེའི་བག་ཆགས་ལས་ཀུན
་ཏུ་རྟོག་པའོ། །སྨྲ་བ་ཇི་བཞིན་པའི་དོན་གྱི་འདུ་ཤེས་པའི་མཚན་མ་དང་ཞེས་བྱ་བ་ལ། སྨྲ་བ་ནི་བུམ་པ་དང་སྣམ་བུ་ཞེས་བརྗོད་པའོ། །ཇི་བཞིན་པའི་དོན་གྱི་འདུ་ཤེས་ནི་བུམ་པ་ཞེས་བྱ་བའི་མིང་གི་དོན་ནི་ལྟོ?་ཟླུམ་པོ་སྐྱེ་སྡེང་སྡེང་པོ་ཡིན་ཞེས་མིང་དང་དོན
་དུ་འབྲེལ་པར་ཤེས་ཤིང་རྟོག་སྟེ། དེའི་མཚན་མ་ནི་འདུ་ཤེས་དེའི་ཡུལ་བུམ་པ་དང་སྣམ་བུ་ལ་སོགས་པ་སྟེ། འདི་ནི་ཀུན་བརྟགས་ཀྱི་མཚན་ཉིད་རྣམ་པ་གཅིག་གོ། སྨྲ་བ་དེའི་བག་ཆགས་དང་ཞེས་བྱ་བ་ལ། སྨྲ་བའི་ས་བོན་ཀུན་གཞི་ལ་བསགས་ཏེ། ཡོད་པ
་དེ་ཡང་ནམ་ཞིག་ན་རྣམ་པར་རྟོག་པའི་རྒྱུ་ཡིན་པར་ན་ཀུན་བརྟགས་ཞེས་བྱ་སྟེ། འདི་ནི་ཀུན་བརྟགས་ཀྱི་མཚན་ཉིད་རྣམ་པ་གཉིས་སོ། །བག་ཆགས་དེ་ལས་དོན་གང་ཞེས་བྱ་བ་ལ། སྨྲ་བའི་བག་ཆགས་ཀུན་གཞི་ལ་བསགས་པ་དེ་ལས་ཐ་སྙད
་མི་མཁས་པ་རྣམས་ལ་བུམ་པ་དང་སྣམ་བུ་ལྟ་བུར་སྣང་བ་ཡང་ཀུན་བརྟགས་ཞེས་བྱའོ་ཞེས་བྱ་བའི་དོན་ཏོ། །གང་ཐ་སྙད་ལ་མི་མཁས་པའི་རྣམས་ལས་ཞེས་བྱ་བ་ལས། བུམ་པའི་སྒྲ་ནི་ལྟོ་ཟླུམ་པོ་ལ་བྱའོ་ཞེས་བུམ་པའི་མིང་དང་དོན་དུ་འབྲེལ་པ་མི་ཤིང?
་པའི་བྱིས་པ་ཤད་མ་བྱེད་རྣམས་ནི་ཐ་སྙད་ལ་མི་མཁས་པའོ་ཞེས་བྱའོ། །སྨྲ་བ་ཇི་བཞིན་པའི་དོན་གྱི་འདུ་ཤེས་མེད་པར་ཡང་སྣང་བར་འགྱུར་རོ། །ཞེས་བྱ་བ་ལ། ཐ་སྙད་ལ་མི་མཁས་པ་རྣམས་ལ་བུམ་པ་མཐོང་བ་ན་འདི་ནི་བུམ་པ་ཉིད་ཡིན་གྱི་གཞན་མ་ཡིན
་ནོ། །ཞེས་བརྗོད་པ་མེད་པར་ཡང་བུམ་པ་མཐོང་བ་ནའང་ཅི་ཞིག་ཡིན་ནོ་སྙམ་དུ་རྟོག་པས་ཡང་ཀུན་བརྟགས་ཀྱི་མཚན་ཉིད་དོ། །ཞེས་བྱ་བའི་དོན་ཏོ། །དེ་ལ་ཇི་ལྟར་བརྗོད་པའི་དོན་གྱི་འདུ་ཤེས་ནི་སེམས་ལས་བྱུང་བ་སྟེ། ཞེས་བྱ་བ་ལ། སྨྲ་བ་ཇི་བཞིན
་པའི་དོན་གྱི་འདུ་ཤེས་ཞེས་བྱ་བའི་དོན་འཆད་དེ། བུམ་པ་དང་སྣམ་བུ་ལ་སོགས་པར་བརྗོད་པའི་དོན་བུམ་པ་དང་སྣམ་བུའི་དངོས་པོ་མཐོང་ནས་འདི་ནི་བུམ་པ་ཡིན་གྱི་སྣམ་བུ་མ་ཡིན་ནོ། །ཞེས་རྟོག་པ་ནི་སེམས་ལས་བྱུང་བའི་ཆོས་ཡིན་ཏེ། དེ
་ལྟར་རྟོག་པ་ནི་སེམས་ལས་བྱུང་བའི་ཆོས་སྨྲ་བ་ཇི་བཞིན་པའི་དོན་གྱི་འདུ་ཤེས་ཞེས་བྱའོ། །དེའི་དམིགས་པ་གང་ཡིན་པ་དེའི་མཚན་མའོ་ཞེས་བྱ་བ་ལ། སེམས་ལས་བྱུང་བ་དེ་དག་གི་ཡུལ་བུམ་པ་དང། སྣམ་བུ་དང། སེར་པོ་དང། སྔོན་པོ་ལ་སོགས་པ
་ལ་དེའི་མཆན་མ་ཞེས་བྱའོ། །ཞེས་བྱ་བའི་དོན་ཏོ། །དེ་ལྟར་རྒྱུ་བག་ཆགས་ལས་གང་ཡོངས་སུ་བརྟགས་པ་དེ་གཉི་ག་ཀུན་དུ་བརྟགས་པའི་མཚན་ཉིད་དུ་དགོངས་སོ་ཞེས་བྱ་བ་ལ་རྒྱུ་བག་ཆགས་ལ་ཡང་ཀུན་བརྟགས་ཞེས་བྱ་སྟེ། ཀུན་བརྟགས་ཀྱི་ཆོས་སྣང
་བའི་རྒྱུ་བྱེད་པའི་ཕྱིར་རོ། །གང་ཐ་སྙད་ལ་མཁས་པ་རྣམས་ཀྱིས་བུམ་པའོ། །ཞེས་བརྟགས་པ་དང། ཐ་སྙད་ལ་མི་མཁས་པ་རྣམས་ཀྱིས་བུམ་པ་མཐོང་བ་འདི་ཅི་ཞིག་ཡིན་སྙམ་དུ་རྟོག་པ་ཡང་ཀུན་བརྟགས་ཞེས་བྱ་སྟེ། གཟུང་འཛིན་དུ་རྟོག་པ་ཡོད་པའི
་ཕྱིར་ཏེ། དེ་ལྟར་ན་རྒྱུ་བག་ཆགས་དང། ཡོངས་སུ་བརྟགས་པ་དང་གཉི་ག་ལ་ཀུན་བརྟགས་ཞེས་བྱའོ། །ཀུན་བརྟགས་ཀྱི་རྣམ་གྲངས་གཞན་ཡང་བསྟན་པ་ནི་མིང་བཞིན་དུ་ནི་དོན་རྣམས་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བུམ་པ་དང་སྣམ་བུ་ལ་སོགས
་པའི་མིང་ཇི་ལྟར་བརྗོད་པ་བཞིན་དུ་བུམ་པ་དང་སྣམ་བུ་ལ་སོགས་པའི་དོན་ཀྱང་དེ་བཞིན་དུ་ཡོད་དོ་ཞེས་རྟོག་པ་ནི་ཀུན་བརྟགས་ཀྱི་མཚན་ཉིད་དོ་ཞེས་བྱ་བའི་དོན་ཏོ། དོན་བཞིན་མིང་ནི་རབ་ཏུ་སྣང་ཞེས་བྱ་བ་ལ། བུམ་པ
་དང་སྣམ་བུ་ལ་སོགས་པའི་དོན་ཇི་ལྟར་བཞག་པ་བཞིན་དུ་བུམ་པ་དང་སྣམ་བུའི་མིང་ཡང་ཡོད་དོ་ཞེས་རྟོག་པ་ནི་དོན་བཞིན་མིང་ནི་རབ་ཏུ་སྣང་ཞེས་བྱ་སྟེ། འདི་ཡང་ཀུན་བརྟགས་ཀྱི་མཚན་ཉིད་དོ། །ཞེས་བྱ་བའི་དོན་ཏོ། །ཡང་དག་མ་ཡིན་རྟོག་པའི་
་རྒྱུ། །ཀུན་དུ་བརྟགས་པའི་མཚན་ཉིད་དོ་ཞེས་བྱ་བ་ལ། ནམ་མིག་གི་སྒོ་ནས་དོན་ཡོད་པར་རྟོག་པ་ན་ནི་མིང་ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པའི་རྒྱུ་ཡིན་ནོ། །ནམ་དོན་གྱི་སྒོ་ནས་མིང་ཡོད་པར་རྟོག་ན་ནི་དོན་ཡང་དག་པ་མ་ཡིན་པར་ཀུན་ཏུ་རྟོག
་པའི་རྒྱུ་ཡིན་ཏེ། དེ་ལྟར་མིང་ཡོད་པར་རྟོག་པ་དང། དོན་ཡོད་པར་རྟོག་པ་ནི་ཀུན་བརྟགས་པའི་མཚན་ཉིད་ཡིན་ནོ། །ཞེས་བྱ་བའི་དོན་ཏོ། །མིང་དང་དོན་ཇི་ལྟ་བཞིན་དུ་རྟོག་པ་ནི་མིང་དང་དོན་ཇི་ལྟ་བཞིན་པའོ་ཞེས་བྱ་བ་ལ་མིང་དོན་ཇི་ལྟ་བཞིན་པའི
་དོན་སྟོན་ཏེ། མིང་ཇི་བཞིན་པར་དོན་ཡང་དེ་ལྟར་ཡོད་པར་འཛིན་པ་ནི་མིང་ཇི་བཞིན་པ་དང། དོན་ཇི་འདྲ་བར་མིང་ཡང་དེ་ལྟར་ཡོད་པར་འཛིན་པ་ནི་དོན་ཇི་བཞིན་པ་ཞེས་བྱའོ། །དོན་དང་མིང་དུ་རབ་ཏུ་སྣང་བ་ནི་མིང་དོན་ཇི་བཞིན་པར་སྣང་བ་ཡིན་ཏེ་ཞེS
་བྱ་བ་ལ། བུམ་པ་ལ་སོགས་བའི་དོན་ཇི་ལྟར་ཡོད་པ་བཞིན་དུ་མིང་ཡང་དེ་ལྟར་ཡོད་པར་རྟོག་པ་དང། མིང་ཇི་ལྟར་ཡོད་པ་བཞིན་དུ་དོན་ཡང་དེ་ལྟར་ཡོད་དོ་ཞེས་རྟོག་པ་ནི་མིང་དོན་བཞིན་དུ་སྣང་བ་ཞེས་བྱའོ། །ཀུན་དུ་བརྟགས་པའི་མཚན་ཉིད་ནི
་འདི་ཙམ་ཞིག་ཡོངས་སུ་རྟོག་པ་སྟེ། དེ་ནི་དོན་ཏོ་ཞེས་བྱ་བ་ལ། ཀུན་བརྟགས་ཀྱི་ཆོས་ཀྱང་མདོར་ན་འདི་ཙམ་ཞིག་ཏུ་ཟད་དེ། ཡང་ན་ནི་མིང་ཡོད་པར་རྟོག་ཡང་ན་དོན་པར་རྟོག་པ་སྟེ། སོ་སོའི་སྐྱེ་བོ་རྣམས་རྟོག་ན་ཡང་དག་པ་གཉིས་ལ་རྟོག་པ་རྩམ་
་མུ་ཟད་ཀྱི་དེ་ལས་གཞན་དུ་བརྟག་ཏུ་མེད་དེས་ན་མིང་དང་དོན་གཉིས་ལ་ཀུན་བརྟགས་ཀྱི་མཚན་ཉིད་ཞེས་བྱའོ། །ཞེས་བྱ་བའི་དོན་ཏོ། །གཞན་གྱི་དབང་གི་མཚན་ཉིད་བསྟན་པའི་ཕྱིར། རྣམ་གསུམ་རྣམ་གསུམ་སྣང་བ་ནི། གཟུང་དང་འཛིན་པའི་མཚན་ཉིད་དེ།
་ཡང་དག་མ་ཡིན་ཀུན་རྟོག་ནི། །གཞན་གྱི་དབང་གི་མཚན་ཉིད་དོ། །ཞེས་བྱ་བ་སྨོས་ཏེ། རྣམ་པ་གསུམ་དུ་སྣང་བ་དང། ཡང་རྣམ་པ་གསུམ་དུ་སྣང་བ་ནི་རྣམ་གསུམ་སྣམ་གསུམ་སྣང་བ་ཞེས་བྱའོ། །དེ་ལ་རྣམ་གསུམ་དུ་སྣང་པ་ནི་གནས་སུ་སྣང་བ་དང། དོན་དུ་སྣང་བ་དང
་ལུས་སུ་སྣང་བའོ། །གནས་སུ་སྣང་བ་ནི་ཀུན་གཞི་རྣམ་པར་ཤེས་པ་སྣོད་ལྟ་བུར་སྣང་བ་སྟེ། ས་གཞི་ཆེན་པོར་སྣང་བའོ། །དོན་དུ་སྣང་བ་ནི་གཟུགས་ནས་ཆོས་ཀྱི་བར་དུ་ཡུལ་དྲུག་དུ་སྣང་བའོ། །ལུས་སུ་སྣང་བ་ནི་མིག་གི་དབང་པོ་ནས་ཡིད་ཀྱི་དབང་པོའི་བར་དུ
་དབང་པོ་དྲུག་ཏུ་སྣང་བ་སྟེ། དེ་བས་ན་ལང་ཀར་གཤེགས་པ་ལས་ཀྱང། ལུས་དང་ལོངས་སྤྱོད་གནས་འདྲ་བ། །སེམས་ཙམ་དུ་ནི་ངེས་བཤད་དོ། །ཞེས་གསུངས་སོ། །ཡང་རྣམ་པ་གསུམ་དུ་སྣང་བ་ནི་ཡིད་དུ་སྣང་བ་དང། འཛིན་པར་སྣང་བ་དང། རྣམ་པར་རྟོག་པར
་སྣང་བའོ། །དེ་ལ་ཡིད་ནི་ཉོན་མོངས་པའི་ཡིད་ལ་བྱ་སྟེ། གང་ཉོན་མོངས་པ་བཞི་དང་རྟག་ཏུ་ལྡན་པས་ཀུན་གཞི་ལ་དག་ཏུ་དམིགས་པར་བྱེད་པའོ། །འཛིན་པ་ནི་མིག་གི་རྣམ་པར་ཤེས་པ་ནས་ལུས་ཀྱི་རྣམ་པར་ཤེས་པའི་བར་དུ་རྣམ་པར་ཤེས་པ་ལྔའི་
་ཚིགས་ལ་བྱ་སྟེ། སོ་སོའི་ཡུལ་འཛིན་ཅིང་དམིགས་པར་བྱེད་པའི་ཕྱིར་འཛིན་པ་ཞེས་བྱའོ། །རྟོག་པ་ནི་ཡིད་ཀྱི་རྣམ་པར་ཤེས་པ་ལ་བྱ་སྟེ། འདི་ནི་སྔོན་པོ་ཡིན་གྱི་སེར་པོ་མ་ཡིན་ནོ། ཞེས་གཅོད་པར་བྱེད་པའི་ཕྱིར་རོ། །དེ་ལ་གནས་དང་དོན་དང་ལུས
་སྣང་བ་ནི་གཟུང་བའི་མཚན་ཉིད་དོ། །ཡིད་དང་འཛིན་པ་དང་རྟོག་པར་སྣང་བ་ནི་འཛིན་པའི་མཚན་ཉིད་དེ་དེ་ལྟར་གཟུང་བ་དང། འཛིན་པར་ཡང་དག་པ་མ་ཡིན་པ་ཀུན་དུ་རྟོག་པ་ནི་ཀུན་གཞི་རྣམ་པར་ཤེས་པ་ལ་འཁོར་བ་དང་བཅས་པ་ལ་གཞན་གྱི་དབང
་གི་མཚན་ཉིད་ཅེས་བྱའོ། །ཡོངས་སུ་གྲུབ་པའི་མཚན་ཉིད་བསྟན་པའི་ཕྱིར། དངོས་པོ་མེད་དང་དངོས་པོ་ཡོད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། ཆོས་ཀྱི་དབྱིངས་སྟོང་པ་ཉིད་དེ་བཞིན་ཉིད་ཀྱི་མཚན་ལ་ཡོངས་སུ་གྲུབ་པ
་ཞེས་བྱ་སྟེ། ཡོངས་སུ་གྲུབ་པ་དེ་ལ་གཟུང་བ་དང་འཛིན་པཱི་དངོS་པོ་ཡོད་པ་མ་ཡིན་པས་དངོས་པོ་མེད་པ་ཞེས་བྱའོ། །གཟུང་འཛིན་དང་བྲལ་བའི་སྟོང་པ་ཉིད་མེད་པ་མ་ཡིན་པས་དེ་དངོས་པོ་ཡོད་པ་ཞེས་བྱ་སྟེ། དེ་བས་ན་དབུས་དང་མཛའ་རྣམ་པར་འབྱེད་པ་ལས་ཀྱང་གཉིས
་པོ་དེ་ན་ཡོད་མ་ཡིན། སྟོང་པ་ཉིད་ནི་དེ་ན་ཡོད་ཅེས་བཤད་དོ། །དངོས་དང་དངོས་མེད་མཉམ་པ་ཉིད་ཅེས་བྱ་བ་ལ། སྟོང་པ་ཉིད་ཀྱི་དངོས་པོ་ཡོད་པ་ལ་གཟུང་འཛིན་གྱི་དངོས་པོ་མེད་པ་ཡང་དེ་ན་གནས་ལ། གཟུང་འཛིན་གྱི་དངོས་པོ་མེད་པ་ལ་སྟོང་པ་ཉིད
་ཡོད་པ་དེ་ན་གནས་པས་དངོས་པོ་དང། དངོས་པོ་མེད་པ་མཉམ་པ་ཞེས་བྱ་སྟེ། དབུས་དང་མཛའ་ལས་ཀྱང། སྟོང་པ་ཉིད་ནི་དེ་ན་ཡོད། དེ་ན་ཡང་ནི་དེ་ཡོད་དོ། །ཞེས་བཤད་དོ། །མདོ་སྡེ་རྒྱན་འདི་ཉིད་ཀྱི་སངས་རྒྱས་ཀྱི་ཐབས་ལ་འཇུག་པའི་སྐབས་ལས
་ཀྱང། གང་གཟུང་བ་དང་འཛིན་པ་གཉིས་མེད་པ་དེ་ཉིད་ཡོད་པའི་མཆོག་སྟེ། ཡོངས་སུ་གྲུབ་པའི་མཚན་ཉིད་དུ་ཡོད་པའི་ཕྱིར་རོ་ཞེས་བཤད་དོ། །མ་ཞི་བ་དང་ཞི་བ་དང་ཞེས་བྱ་བ་ལ། སྟོང་པ་ཉིད་གློ་བུར་གྱི་དྲི་མ་དང་འདྲེས་པས་ན་མ་ཞི་བའོ། །རང
་བཞིན་གྱིས་འོད་གསལ་ཞིང་དག་བའི་རང་བཞིན་ཡིན་བས་ན་ཞི་བའོ། །རྣམ་བར་མི་རྟོག་ཡོངས་སུ་གྲུབ་མཚན་ཞེས་བྱ་བ་ལ། ཡོངས་སུ་གྲུབ་པ་དེ་གཟུང་འཛིན་གྱི་སྤྲོས་པ་ཀུན་དང་བྲལ་བ་ཡིན་པས་རྟོག་གེ་བ་རྣམས་ཀྱི་ཡུལ་དུ་མ་གྱུར་པའི་ཕྱིར། །རྣམ
་པར་མི་རྟོག་པ་ཞེས་བྱ་སྟེ། ཡོངས་སུ་གྲུབ་པའི་མཚན་ཉིད་ནི་གོང་དུ་བཤད་པ་ལྟ་བུ་ཡིན་ནོ། ཞེས་བྱ་བའི་དོན་ཏོ། །མདོར་ན་ཡོངས་སུ་གྲུབ་པའི་མཚན་ཉིད་རྣམ་པ་གསུམ་དུ་བཤད་དེ། རང་གི་མཚན་ཉིད་དང། ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་མཚན
་ཉིད་དང། རྣམ་པར་མི་རྟོག་པའི་མཚན་ཉིད་དོ། །དེ་ལ་དངོས་པོ་མེད་དང་དངོས་པོ་ཡོད། དངོས་དང་དངོས་མེད་མཉམ་པ་ཉིད་ཅེས་བྱ་བས་རང་གིས་མཚན་ཉིད་བསྟན་ཏོ། །མ་ཞི་བ་དང་ཞི་བ་དང་ཞེས་བྱ་བས། ཀུན་ནས་ཉོན་མོངས་པ་དང། རྣམ་པར་བྱང་བའི་མཚན་ཉིད་བསྟན
་ཏེ། མ་ཞི་བས་ནི་ཀུན་ནས་ཉོན་མོངས་པའི་མཚན་ཉིད་བཤད་ཞི་བས་ནི་རྣམ་པར་བྱང་བའི་མཚན་ཉིད་བཤད་དོ། །རྣམ་པར་མི་རྟོག་ཅེས་བྱ་བས་རྣམ་པར་མི་རྟོག་པའི་མཚན་ཉིད་བསྟན་ཏོ། །ད་ནི་མཚོན་བྱེད་བཤད་པར་བྱ་སྟེ། དེ་ཡང་གཞི་དང་གཞག་པ་དང་མེ་ལོང་དང་སྣང
་བ་དང་གནས་སོ། །དེ་ལ་རྒྱུ་མཐུན་ཆོས་ལ་དམིགས་ན་ནི་ཞེས་བྱ་བ་ལ། གཞི་ནི་རྒྱུ་མཐུན་པའི་ཆོས་ལ་དམིགས་པ་སྟེ། དེ་ལ་སངས་རྒྱས་རྣམས་ཀྱིས་གང་ཟག་དང་ཆོས་ལ་བདག་མེད་པར་ཐུགས་སུ་ཆུད་ནས་བཤད་པའི་ཆོས་གསུང་རབ་ཡན་ལག་བཅུ་གཉིས་ནི་རྒྱུ
་མཐུན་བའི་ཆོས་སོ་ཞེས་བྱའོ། །སོ་སོའི་སྐྱེ་བོའི་དུས་ན་གསུང་རབ་ཡན་ལག་བཅུ་གཉིས་ལ་ཉན་པ་དང་སེམས་པ་དང་བསྒོམ་པར་བྱེད་པ་ནི་རྒྱུ་མཐུན་པའི་ཆོས་ལ་དམིགས་པའོ། །ཚུལ་བཞིན་ཡིད་ལ་བྱེད་པའོ་ཞེས་བྱ་བ་ལ། གཞག་པ་ནི་མོས་པ་སྤྱོད་པའི་ས
་གཞི་དང་རིགས་རྣམ་པ་གསུམ་པ་དང་རྣམ་པ་བཞིས་དྲོད་ཀྱི་ཚེ་ན་ནི་མིང་རྣམས་སྒྱུ་མ་ཡིན་པར་ཁོང་དུ་ཆུད། རྩེ་མོའི་ཚེ་ན་ནི་དོན་རྣམས་སྒྱུ་མ་ཡིན་པར་ཁོང་དུ་ཆུད་བཟོད་པའི་དུས་ན་ནི་གཟུང་བ་སྤངས་པ་འཇིག་རྟེན་གྱི་ཆོས་མཆོག་གི་དུས་ན་ནི་འཛིན་པ་སྤངས་པའི
་ཚུལ་བཞིན་ཡིད་ལ་བྱེད་པ་ལ་གཞག་པ་ཞེས་བྱ་སྟེ། དེས་འཇིག་རྟེན་ལས་འདས་པའི་ཆོས་རྟོགས་པའི་བག་ཆགས་སེམས་ལ་མཇོག་པར་བྱེད་པའི་ཕྱིར་རོ། །སེམས་ཀྱི་ཁམས་ལ་གནས་པ་དང་ཞེས་བྱ་ལ་མེ་ལོང་ནི་སེམས་ཀྱི་ཁམས་ལ་གནས་པ་སྟེ། ས་དང་པོའི
་དུས་ན་ཁམས་གསུམ་སེམས་ཙམ་དུ་རྟོག་པ་ལ་གནས་པ་ཉིད་སེམས་ཀྱི་ཁམས་ལ་གནས་པ་ཞེས་བྱའོ། །དེ་ཡང་གོང་དུ་མིང་ལ་གནས་པར་བཤད་པ་ཉིད་ལ་སེམས་ཀྱི་ཁམས་ལ་གནས་པ་ཞེས་བྱ་སྟེ། སེམས་ཀྱི་ཁམས་ནི་སྟོང་པ་ཉིད་དོ། །གཟུང་འཛིན་སྤངས་པའི
་མིང་ནི་ཕུང་པོ་བཞི་གཉིས་སུ་མེད་པའི་མཚན་ཉིད་ལ་གནས་པ་ན་སེམས་ཀྱི་ཁམས་ལ་གནས་པ་ཞེས་བྱའོ། །དེ་ལ་ཅིའི་ཕྱིར་མི་ལོང་ཞེས་བྱ་ཞེ་ན། མེ་ལོང་གི་ནང་དུ་གཟུགས་བརྙན་འབྱུང་བ་དང་འདྲ་བར་ཡེ་ཤེས་དེས་ཤེས་བྱ་ཐམས་ཅད་ཕྱིན
་ཅི་མ་ལོག་པར་ཁོང་དུ་ཆུད་པས་མེ་ལོང་ཞེས་བྱའོ། །ཡོད་མེད་དོན་དུ་མཐོང་བའོ་ཞེས་བྱ་བ་ལ། སྣང་བ་ནི་ས་གཉིས་ནས་ས་བཅུ་མན་ཆད་ཀྱི་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ལ་བྱ་སྟེ། ཡེ་ཤེས་གང་གིས་ཡོད་པའི་ཆོས་ལ་ཡང་ཡོད་པར་མཐོང། མེད
་པའི་ཆོས་ལ་ཡང་མེད་པར་མཐོང་བ་ལ་སྣང་བ་ཞེས་བྱའོ། །དེ་ལ་གཞན་དབང་ཡོངས་སུ་གྲུབ་པ་ནི་ཡོད་པར་མཐོང། ཀུན་བརྟགས་ནི་མེད་པར་མཐོང་ངོ། གནས་ནི་སངས་རྒྱས་ཀྱི་སར་གནས་གཞན་དུ་གྱུར་པར་འཐོབ་པ་སྟེ། གནས་གྱུར་པའི་མཚན་ཉིད་ཀྱང
་གོང་དུ་གནས་གཞན་དུ་གྱུར་པ་བཤད་པའི་སྐབས་སུ་ཡུལ་དང་དབང་པོ་ལ་སོགས་པ་གནས་གྱུར་ན་ཡོན་ཏན་འདི་ལྟ་བུ་དག་འཐོབ་པར་འགྱུར་རོ་ཞེས་བཤད་པ་ལྟ་བུར་བལྟའོ། །དེ་ལ་གཞི་དང་གཞག་པ་དང། མེ་ལོང་དང་སྣང་བ་ནི་རྒྱུའི་མཚན་ཉིད་དོ། །གནS
་ནི་འབྲས་བུའི་མཚན་ཉིད་དོ། །མདོར་ན་ཚིགས་དེ་དག་གིས་ལམ་རྣམ་པ་ལྔ་བསྟན་པ་ཡིན་ཏེ། ཚོགས་ཀྱི་ལམ་དང། སྦྱོར་བའི་ལམ་དང། མཐོང་བའི་ལམ་དང། བསྒོམ་པའི་ལམ་དང། མཐར་ཐུག་པའི་ལམ་མོ། །དེ་ལ་རྒྱུ་མཐུན་པའི་ཆོས་ལ་དམིགས་པS
་ནི་ཚོགས་ཀྱི་ལམ་བསྟན་ཏོ། །ཚུལ་བཞིན་ཡིད་ལ་བྱེད་པས་ནི་སྦྱོར་བའི་ལམ་བསྟན་ཏོ། །སེམས་ཀྱི་ཁམས་ལ་གནས་པས་ནི་མཐོང་བའི་ལམ་བསྟན་ཏོ། །ཡོད་མེད་དོན་དུ་མཐོང་བས་ནི་བསྒོམ་པའི་ལམ་བསྟན་ཏོ། །གནས་ཀྱིས་མཐར་ཐུག་པའི་ལམ་བསྟན་ཏོ། །མཚན
་ཉིད་རྣམ་པ་ལྔ་ནི་རྣལ་འབྱོར་གྱིས་སྟེ་ཞེས་བྱ་བ་ལ། ཞི་གནས་དང་ལྷག་མཐོང་ཟུང་དུ་འབྲེལ་པར་བསྒོམ་པ་ནི་རྣལ་འབྱོར་ཅེས་བྱ་སྟེ། ཆོས་རྣམ་པ་ལྔ་རྣལ་འབྱོར་བསྒོམ་པའི་རྟེན་དང་གཞིར་གྱུར་པས་ན་རྣལ་འབྱོར་གྱིས་ཞེས་བྱའོ། །དེའི་ཐུགས་སུ་ཆུད་པའི་བྱུ?་འབྲ་བའོ་ཞེས
་བྱ་བ་ལ། སངས་རྒྱས་ཀྱིས་གང་ཟག་དང་ཆོས་ལ་བདག་མེད་པར་ཐུགས་སུ་ཆུད་པ་ནི་རྒྱུའོ། །གསུང་རབ་ཡན་ལག་བཅུ་གཉིས་ནི་འབྲས་བུ་སྟེ། ཐུགས་སུ་ཆུད་པ་དང་གསུང་རབ་ཡན་ལག་བཅུ་གཉིས་བཤད་པ་དང་གཉིས་སུ་དོན་མི་མཐུན་པ་མེད་པས་ན་བཤད་པའི་ཆོས་ཐམས་ཅད
་ལ་རྒྱུ་མཐུན་པའི་ཆོས་ཞེས་བྱའོ། །སངས་རྒྱས་ཀྱི་སར་གནས་གཞན་དུ་གྱུར་པ་བཤད་པའི་དོན་སྤྱོད་པའི་ཕྱིར། དེ་བས་མཉམ་པ་ཉིད་དུ་གྱུར། འཕགས་རིགས་ཤིན་ཏུ་དྲི་མེད་པ། །མཚུངས་དང་ཁྱད་པར་འདྲི་བ་མེད། །ལྷག་པར་མ་ཡིན་མཚན་ཉིད་འདོད་ཅེས་སྨོས
་ཏེ། ཟག་པ་མེད་པའི་ཆོས་ཀྱི་དབྱིངས་རྣམ་པར་དག་པ་ལ་འཕགས་པའི་རིགས་ཞེས་བྱ་སྟེ། ཟག་པ་མེད་པའི་དབྱིངས་སུ་ཞུགས་པ་ན་སངས་རྒྱས་ཐམས་ཅད་དང་སྐུ་དང་གསུང་ཐུགས་མཉམ་པ་ཉིད་ཐོབ་པས་ན་མཉམ་ཉིད་དུ་གྱུར་པ་ཞེས་བྱའོ། །དེའི་ཚེ་ཉོན་མོངས་པ་དང
་ཤེས་བྱའི་སྒྲིབ་པ་སྤངས་པས་ན་དྲི་མ་མེད་པ་ཞེས་བྱའོ། །ཉན་ཐོས་དང་རང་སངས་རྒྱས་དང་སངས་རྒྱས་རྣམས་ཀྱི་རྣམ་པར་གྲོལ་བའི་སྐུ་ལ་མི་འདྲ་བ་ཐ་དད་པ་མེད་པས་ན་མཚུངས་པ་ཞེས་བྱའོ། །ཁྱད་པར་རྣམ་པ་ལྔས་ཉན་ཐོས་དག་པས་འཕགས་པས་ན་ཁྱད་པར
་དུ་གྱུར་པ་ཞེས་བྱ་སྟེ། ཁྱད་པར་རྣམ་པ་ལྔ་ནི་རྣམ་པར་དག་པའི་ཁྱད་པར་དང། ཡོངས་སུ་དག་བའི་ཁྱད་པར་དང། །ཆོས་ཀྱི་སྐུའི་ཁྱད་པར་དང། ལོང་སྤྱོད་ཀྱི་ཁྱད་པར་དང། ལས་ཀྱི་ཁྱད་པར་རོ། །ཀུན་ནས་ཉོན་མོངས་པ་སྤངས་པ་ན་ཆོས་ཀྱི་དབྱིངས་ལ་འགྲིབ་པ་མེད་པ་ས་ན་འབྲི་བ་མེད་པ་ཞེས
་བྱའོ། །རྣམ་པར་བྱང་བའི་ཕྱོགས་སྐྱེ་བ་ན་ཆོས་ཀྱི་དབྱིངས་ལ་སྐྱེ་མེད་པས་ན་ལྷག་པ་མ་ཡིན་པ་ཞེས་བྱ་སྟེ། ཟག་པ་མེད་པའི་དབྱིངས་ནི་དེ་ལྟ་བུའི་མཚན་ཉིད་ཡིན་པར་འདོད་ཞེས་བྱ་བའི་དོན་ཏོ། །ཡང་ན་མཉམ་པ་ཉིད་དུ་གྱུར་པ་ནི་དམིགས་པར་བྱ་བ་དང། དམིཌ
་པར་བྱེད་བ་གཉིས་མཉམ་པ་ཉིད་དུ་གྱུར་ཏེ། གཟུང་འཛིན་གྱི་ཆོས་ཐམས་ཅད་སྟོང་པར་རྟོགས་པའི་ཕྱིར་རོ། །བག་ཆགས་དང་བཅས་པའི་ཉོན་མོངས་པ་རྣམ་པར་སྦྱངས་པས་རྣམ་པར་དག་པའི་ཁྱད་པར་དང་ཞེས་བྱ་བ་ལ། རྣམ་པར་དག་པ་ཉན་ཐོས་པས་ཁྱད་ཞུཌ
་ཏེ། འཕགས་པ་ཉན་ཐོས་རྣམས་ནི་བག་ཆགས་ཕྲ་མོ་ཡང་མ་སྤངས་པས་གང་གི་ཕྱིར་དགྲ་བཅོམ་པ་ཐོབ་ཀྱང་སྦྱེའུ་མཚོངས་བྱེད་དང། སྔོན་སྨད་འཚེད་མ་བྱེད་པ་ལས་ཕྱིས་དགྲ་བཅོམ་པ་ཐོབ་པའི་དུས་ན་ཡང་ལྷུར་བཟེད་ཀྱིས་ངོས་ལ་ལྟར་བུ
་སྟེ། དེ་བཞིན་གཤེགས་པས་ནི་ཉོན་མོངས་པའི་བག་ཆགས་ཕྲ་མོའི་ཡང་ཕྲ་མོ་སྤངས་པས་ན་རྣམ་པར་དག་པ་ཁྱད་ཞུགས་པའོ། །སངས་རྒྱས་ཀྱི་ཞིང་ཡོངས་སུ་སྤངས་པས་ཡོངས་སུ་དག་པའི་ཁྱད་པར་རྣམས་དང་ཞེས་བྱ་བ་ལ། ཉན་ཐོས་རྣམས་ཀྱིས་ནི
་སངས་རྒྱས་ཀྱི་ཞིང་མ་སྦྱངས་བའི་ཕྱིར་ས་གཞི་ཤེལ་དང་བཻཌཱུརྱ་ལ་སོགས་པ་ལྟ་བུར་སྟོན་མི་ནུས་ཀྱི། དེ་བཞིན་གཤེགས་པ་རྣམས་ཀྱི་ཞིང་སངས་རྒྱས་ཀྱི་ཞིང་སྦྱངས་པས་ན་ཤེལ་དང་བཻ་ཌཱུརྱ་ལ་སོགས་པ་ལྟ་བུར་སྟོན་ནུས་པའི་ཕྱིར་ཡོངས་སུ་དག
་པ་ཁྱད་ཞུགས་སོ། །ཆོས་ཀྱི་སྐུའི་ཁྱད་པར་དང་ཞེས་བྱ་བ་ལ། ཉན་ཐོས་ཀྱིས་ཆོས་ལ་བདག་མེད་པ་མ་རྟོགས་པས་རྣམ་པར་གྲོལ་བའི་སྐུ་ཙམ་ཡོད་པར་ཟད་ཀྱི་ཆོས་ཀྱི་སྐུ་མེད་དོ། །དེ་བཞིན་གཤེགས་པ་རྣམས་ཀྱིས་ནི་ཆོས་ལ་བདག་མེད་པར་རྟོག
་པས་ན་ཆོས་ཀྱི་སྐུ་མདའ་སྟེ། དེ་བས་ན་ཆོས་ཀྱི་སྐུ་རྙེད་པར་ཁྱད་ཞུགས་སོ། །འཁོར་གྱི་དཀྱིལ་འཁོར་དུ་རྒྱུན་མི་འཆད་པར་ཆོས་ཀྱི་ལོངས་སྤྱོད་ལ་འཇུག་བར་བྱེད་པས་ལོངས་སྤྱོད་ཀྱི་ཁྱད་པར་དང་ཞེས་བྱ་བ་ལ། ཉན་ཐོས་རྣམས་ཀྱིས་ནི་རྫོགས
་ལོངས་སྤྱོད་པའི་སྐུས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་འཁོར་གྱི་དཀྱིལ་འཁོར་དུ་ཐེག་པ་ཆེན་པོའི་ཆོས་ཀྱི་ལོངས་སྤྱོད་རྒྱུན་མི་འཆད་པར་བྱེད་པར་མི་ནུས་ཀྱི། དེ་བཞིན་གཤེགས་པས་ནི་བྱང་ཆུབ་སེམས་དཔའ་ཨི་འཁོར་གྱི་དཀྱིལ་འཁོར་དུ་ཐེག
་པ་ཆེན་པོའི་ཆོས་ཀྱི་ལོངས་སྤྱོད་རྒྱུན་མི་འཆད་པར་བྱེད་པས་ན་ལོངས་སྤྱོད་ཀྱིས་ཁྱད་ཞུགས་སོ། །དགའ་ལྡན་གྱིས་གནས་ན་གནས་པ་ལ་སོགས་པ་སེམས་ཅན་གྱི་དོན་བྱ་བ་སྒྲུབ་པས་ན་ལས་ཀྱི་ཁྱད་པར་རྣམས་སོ་ཞེས་བྱ་བ་ལ་འཕགས་པ་ཉན་ཐོས
་དག་གིས་སྤྲུལ་པའི་སྐུས་དགའ་ལྡན་གྱི་ཕོ་བྲང་ན་གནས་པ་དང། ཤི་འཕོ་བསྟན་པ་དང། མངོན་པར་སངས་རྒྱས་པ་ལ་སོགས་པ་བསྟན་ཅིང་སེམས་ཅན་གྱི་དོན་སྒྲུབ་མི་ནུས་ཀྱི་དེ་བཞིན་གཤེགས་པ་རྣམས་ཀྱིས་ནི་དགའ་ལྡན་ན་བཞུགས་པ་དང། ལྷུམས
་སུ་གཤེགས་པ་དང་མངོན་པར་སངས་རྒྱས་པ་ལ་སོགས་པ་སྤྲུལ་པ་སྣ་ཚོགས་བསྟན་པས་ལས་ཀྱི་ཁྱད་པར་གྱིས་ཁྱད་ཞུགས་སོ། །དེས་ནི་མཚོན་བྱ་དང་མཚན་ཉིད་རྟོགས་པར་འགྱུར་རོ་ཞེས་བྱ་བ་ལ། རྣལ་འབྱོར་པའི་ཆོས་ལྔ་པོ་དེ་དག་ལ་མཚན་བྱེད་ཅེས་བྱ་སྟེ། ཅིའི
་ཕྱིར་མཚོན་བྱེད་ཅེས་བྱ་ཞེ་ན། ཤེས་རབ་ཀྱི་མཚན་ཉིད་ལྔ་པོ་དེས་མཚོན་བྱ་རྣམ་པ་ལྔ་དང། མཆན་ཉིད་རྣམ་པ་གསུམ་ཤེས་པར་བྱེད་པས་ན་མཚོན་བྱེད་ཅེས་བྱའོ། །རྣམ་པར་གྲོལ་བ་ཡོངས་སུ་ཚོལ་བ་ལ་ཚིགས་སུ་བཅད་པ་དྲུག་སྟེ་ཞེས་བྱ་བ་ལ
་འཕགས་པའི་ལམ་བསྒོམ་ནས་ཉོན་མོངས་པ་དང་སྡུག་བསྔལ་སྤངས་ཏེ་མྱ་ངན་ལས་འདས་པ་མངོན་སུམ་དུ་བྱས་པ་ནི་རྣམ་པར་གྲོལ་པ་ཞེས་བྱའོ། །ཐབས་གང་ཇི་ལྟར་བྱས་ན་མྱ་ངན་ལས་འདས་པ་འཐོབ་པར་འགྱུར་ཞེས་བརྟགས་པ་ནི་རྣམ་པར
་གྲོལ་བ་ཡོངས་སུ་ཚལ་བ་ཞེས་བྱ་སྟེ། རྣམ་པར་གྲོལ་བ་བཙལ་བ་ལ་ཚིགས་སུ་བཅད་བ་དྲུག་གིས་སྟོན་ཏོ་ཞེས་བྱ་བའི་དོན་ཏོ། །གནས་དོན་ལས་ནི་སྣང་བ་དག། ཤིན་ཏུ་གྱུར་པ་ཟག་མེད་པའི། །དབྱིངས་དང་ས་བོན་རབ་གྱུར་ཕྱིར། དེའང་ཀུན་ཏུ་འགྲོ
་བའི་གནས་ཞེས་བྱ་བ་ལ། ས་བོན་རབ་ཏུ་གྱུར་ཅེས་བྱ་བའི་ཚིགས་བཅད་རྐང་པ་གསུམ་གྱི་འཇུག་ནས་འབྱུང་བར་སྔར་སྨོས་པ་ཇི་བཤད་པར་བྱ་སྟེ། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པའི་བག་ཆགས་དང་བཅས་པ་དང། གཟུང་བ་དང་འཛིན་པའི
་བག་ཆགས་དང་བཅས་པའི་ཀུན་བཞི་ལ་ས་བོན་ཞེས་བྱ་སྟེ། ཀུན་གཞི་གཟུང་འཛིན་གྱི་དྲི་མ་དང་བྲལ་བས་གནས་གཞན་དུ་གྱུར་ན་ཆོས་རྣམ་པ་གསུམ་དུ་ཡང་གནས་གཞན་དུ་འགྱུར་ཏེ། གསུམ་པོ་གང་ཞེ་ན། གནས་སུ་སྣང་བ་དང། དོན་དུ་སྣང་བ་དང
་ལུས་སུ་སྣང་བའོ། །དེ་ལ་གནས་ནི་སྣོད་ཀྱི་འཇིག་རྟེན་ས་གཞི་ཆེན་པོ་སྟེ། དེ་གནས་གཞན་དུ་གྱུར་ན་དམ་གྲོག་གམ་གཡང་ས་ལ་སོགས་པ་ཐག་ཐག་ཏུ་མི་སྣང་གི་ཤེལ་དང་བཻཌཱུརྱ་ལ་སོགས་པའི་ས་གཞི་སྣང་བར
་འགྱུར་རོ། །དོན་ནི་གཟུགས་ནས་ཆོས་ཀྱི་བར་དུ་ཡུལ་དྲུག་ལ་བྱ་སྟེ། དེ་རྣམས་གཞན་དུ་གྱུར་ན་སངས་རྒྱས་ཀྱི་སའི་དུས་ཀྱི་ཚེ་དཔག་བསམ་གྱི་ཤིང་ལ་སོགས་པའི་ལོངས་སྤྱོད་སྣ་ཚོགས་སུ་སྣང་བར་འགྱུར་རོ། །ལུས་ནི་མིག་གི་དབང་པོ་ནས་ཡིད
་ཀྱི་དབང་པོའི་བར་དུ་དབང་པོ་དྲུག་ལ་བྱ་སྟེ། དབང་པོ་དྲུག་གནས་གཞན་དུ་གྱུར་ན་དབང་པོ་གཅིག་གིས་ཀྱང་དབང་པོ་ཐམས་ཅད་ཀྱི་དོན་བྱེད་ནུས་པ་དང། ཡོན་ཏན་བརྒྱ་རྩ་བཅུ་གཉིས་འཐོབ་པ་དང། སངས་རྒྱས་ཀྱི་སྐུ་ལྟ་བུར་སྣང་བར་འགྱུར་བ
་དང། དེ་ལྟར་ཆོས་རྣམ་པ་གསུམ་གནས་གཞན་དུ་གྱུར་པའི་ཟག་པ་མེད་པའི་དབྱིངས་ལ་རྣམ་པར་གྲོལ་བ་ཞེས་བྱ་སྟེ། རྣམ་པར་གྲོལ་བའི་གནས་དེར་ནི་འཕགས་པ་ཉན་ཐོས་ཀྱང་འཇུག་རང་སངས་རྒྱས་ཀྱང་འཇུག་།བྱང་ཆུབ་སེམས་དཔའ་རྣམS
་ཀྱང་འཇུག་པས་ན་དེ་འང?་ཀུན་དུ་འགྲོ་བའི་གནས་ཞེས་བྱ་སྟེ། རྣམ་པར་གྲོལ་པའི་གནས་སུ་ནི་ཐེག་པ་གསུམ་གྱི་གང་ཟག་ཐམས་ཅད་འཇུག་པའི་ཕྱིར་རོ། །རྣམ་པར་གྲོལ་བ་རྣམ་གྲངས་གཞན་ཡང་བསྟན་པའི་ཕྱིར། འཛིན་དང་ཤིན་ཏུ་འཛིན
་པ་དང། །རྣམ་པར་རྟོག་པ་བཟློག་པ་ནི། །དབང་ཡང་རྣམ་པ་གཞིར་འགྱུར་ཏེ། །མི་རྟོག་ཞི་དང་ཡེ་ཤེས་ལས། །ཞེས་སྨོས་སོ། །དེ་ལ་ཡིད་ནི་ཉོན་མོངས་པ་ཅན་གྱི་སེམས་ལས་བྱུང་བ་གཞི་དང་ལྡན་པ་རྟག་ཏུ་ཀུན་རྣམ་པར་ཤེས་པ་ལ་བདག་ཏུ་ལྟ་བ་ཉོན
་མོངས་པའི་ཡིད་ལ་བྱའོ། །ཤིན་དུ་འཛིན་པ་ནི་གཟུགས་རེག་བྱ་ལ་དམིགས་པར་བྱེད་པ་མིག་གི་རྣམ་པར་ཤེས་པ་ནས་ལུས་ཀྱི་རྣམ་པར་ཤེས་པའི་བར་དུ་རྣམ་པར་ཤེས་པའི་ཚོགས་ལྔ་ལ་བྱ་སྟེ། རྣམ་པར་རྟོག་པ་ནི་འདི་ནི་སྔོན་པོ་ཡིན་སེར་པོ་མ་ཡིན་ནོ
་ཞེས་དཔྱོད་པར་བྱེད་པ་ཡིད་ཀྱི་རྣམ་པར་ཤེས་པ་ལ་བྱ་སྟེ། རྣམ་པར་ཤེས་པ་དེ་བདུན་བཟློག་ནས་གནས་གཞན་དུ་གྱུར་ན་དབང་རྣམ་པ་བཞི་དང་ལྡན་ཞིང་དབང་རྣམ་པ་བཞི་འཐོབ་པར་འགྱུར་ཏེ། དབང་རྣམ་པ་བཞི་གང་ཞེ་ན། མི་རྟོག་པ་ལ་དབང་བ་དང། ཞིང
་ལ་དབང་བ་དང། ཡེ་ཤེས་ལ་དབང་བ་དང། ལས་ལ་དབང་པ་སྟེ་རིམ་བཞིན་དུ་སྦྱར་རོ། །དེ་ལ་ཡིད་གནས་གཞན་དུ་གྱུར་ན། མི་རྟོག་པ་ལ་དབང་བར་འགྱུར་ཏེ། ཅིའི་ཕྱིར་ཞེ་ན། ཉོན་མོངས་པའི་ཡིད་མ་དག་པའི་དུས་ན་ཡང་ཀུན་གཞི་ལ་དམིགས་ལ་དག་པ་ན
་ཡང་རྣམ་པར་མི་རྟོག་པའི་ཡེ་ཤེས་ཁོ་ན་ལ་དམིགས་པའི་ཕྱིར་རོ། །དེ་བས་ན་གོང་ནས་ཀྱང། ཡིད་ཀྱང་གཞན་དུ་གྱུར་ནས་ནི། །འབྱོར་པ་དམ་པ་ཐོབ་པར་འགྱུར། །འབྱེར་པའི་རྗེས་འཇུག་ཡེ་ཤེས་ནི། །རྣམ་པར་རྟོག་པ་དྲི་མེད་ཅེས་བཤད་དོ། །འཛིན་པ་གནས
་གཞན་དུ་གྱུར་ན་ཞིང་ལ་དབང་བ་འཐོབ་སྟེ། ཅི་དགར་སངས་རྒྱས་ཀྱི་ཞིང་ཤེལ་དང་བཻ་ཌཱུརྱ་ལ་སོགས་པའི་ཁ་དོག་ཏུ་སྟོན་པའི་ཕྱིར་རོ། །དེ་བས་ན་གོང་ནས་ཀྱང་དོན་བཅས་འཛིན་པ་གཞན་གྱུར་པས། འབྱོར་པ་དམ་པ་ཐོབ་པར་འགྱུར། །ཞིང་ཡང་འདོད་བཞིན་དག
་པ་དང། །ལོངས་སྤྱོད་ཤིན་དུ་སྟོན་པར་འགྱུར་ཞེས་བཤད་དོ། །རྣམ་པར་རྟོག་པ་གནས་གཞན་དུ་གྱུར་ན་ཡེ་ཤེས་དང་ལས་གཉིས་ལ་དབང་ཐོབ་པར་འགྱུར་ཏེ། སོ་སོ་ཡང་དག་པར་རིག་པ་བཞི་དང་ལྡན་པས་ཡེ་ཤེས་ལ་དབང་འཐོབ་བོ། །མངོན་པར་ཤེས་པ
་ལྔའི་ལས་ལ་ཐོག་པ་མེད་པར་འཇུག་པས་ལས་ལ་དབང་ཐོབ་བོ། །དེ་བས་ན་གོང་དུ་ཡང། རྣམ་རྟོག་གཞན་དུ་གྱུར་ན་ནི། །འབྱོར་པ་དམ་པ་ཐོབ་པར་འགྱུར། །ཡེ་ཤེས་དང་ནི་ལས་ཀུན་ཏུ་རྟག་ཏུ་ཐོག་པ་མེད་པའོ་ཞེས་བཤད་དོ། །དེ་ལྟར་རྣམ་པར་ཤེས་པ་བདུན
་ལས་རྣམ་པར་ཤེས་པ་གནས་གྱུར་ན། དབང་གང་འཐོབ་པར་འགྱུར་བ་བསྟན་ནས། ད་ནི་ས་གང་ལ་དབང་གང་དང་ལྡན་པ་བསྟན་པའི་ཕྱིར། མི་གཡོ་ལ་སོགས་པ་གསུམ་ལ། དབང་ནི་རྣམ་པ་བཞི་སྟེ་ཞེས་བྱ་པ་སྨོས་ཏེ། ས་བརྒྱད་པ་མི་གཡོ་བདུད?་།ས་དགུ་པ་ལེགས
་པའི་བློ་གྲོས་དང། ས་བཅུ་པ་ཆོས་ཀྱི་སྤྲིན་གསུམ་ལ་དབང་རྣམ་པ་བཞི་དང་ལྡན་པ་ཡིན་ཏེ། ཞེས་བྱ་བའི་དོན་ཏོ། །གཅིག་ལ་རྣམ་གཉིས་དེ་ལས་གཞན། །དབང་ནི་རེ་རེ་འདོད་པ་ཡེན་ཞེས་བྱ་བ་ལ། ས་མི་གཡོ་བ་ལ་ནི་མི་རྟོག་པ་ལ་དབང
་བ་དང། སངས་རྒྱས་ཀྱི་ཞིང་ལ་དབང་བ་སྟེ། དབང་གཉིས་དང་ལྡན་པར་འདོད་ལ། ས་ལེགས་པའི་བློ་གྲོས་དང། ཆོས་ཀྱི་སྤྲིན་གཉིས་ལ་ནི་དབང་རེ་རེ་དང་ལྡན་པར་འདོད་དེ། ལེགས་པའི་བློ་གྲོས་ལ་ནི་ཡེ་ཤེས་ལ་དབང་བར་འདོད། ཆོས་ཀྱི་སྤྲིན་ལ་ནི་ལས་ལ་དབང
་བར་འདོད་དོ། །ཇི་ལྟ་ཞེ་ན། ས་བརྒྱད་ཀྱི་དུས་ན་རྣམ་པར་མི་རྟོག་པ་ལྷུན་གྱིས་གྲུབ་པ་དང་ལྡན་པས་མི་རྟོག་པ་ལ་དབང་བ་དང། ཅི་དགར་སངས་རྒྱས་ཀྱི་ཞིང་ཤེལ་དང་བཻ་ཌཱུརྱ་ལ་སོགས་པའི་ཁ་དོག་ཏུ་སྟོན་བས་སངས་རྒྱས་ཀྱི་ཞིང་ལ་དབང་ངོ། །ས་དགུ་པ་ལེགས་པའི
་བློ་གྲོས་ལ་ནི་སོ་སོ་ཡང་དག་པ་རིག་པ་བཞིའི་ཁྱད་པར་འཐོབ་པའི་ཕྱིར་ཡེ་ཤེས་ལ་དབང་འཐོབ་སྟེ། སོ་སོ་ཡང་དག་པར་རིག་པ་བཞི་ནི། ཆོས་སོ་སོ་ཡང་དག་པར་རིག་པ་དང། དོན་སོ་སོ་ཡང་དག་པར་རིག་པ་དང། ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པ་དང
་སྤོབས་པ་སོ་སོ་ཡང་དག་པར་རིག་པའོ། །དེ་ལ་ཕུང་པོ་དང། ཁམས་དང་སྐྱེ་མཆེད་ལ་སོགས་པའི་ཆོས་རྣམས་ཀྱི་མིང་ཐམས་ཅད་ཕྱིན་ཅི་མ་ལོག་པར་ཤེས་པ་ནི་ཆོས་སོ་སོ་ཡང་དག་པར་རིག་པའོ། །ཆོས་རྣམས་ཀྱི་རང་དང་སྦྱིའི་མཚན་ཉིད་ཤེས་པ་ནི་དོན་སོ
་སོ་ཡང་དག་པར་རིག་པ་ཞེས་བྱའོ། །སེམས་ཅན་ཐམས་ཅད་ཀྱི་སྒྲ་དང་སྐད་ཤེས་པ་ནི་ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པ་ཞེས་བྱའོ། །ཆོས་གཅིག་གི་དོན་བཤད་པར་བརྩམས་ཏེ། སྟན་གཅིག་ལ་འདུག་ནས་འཁོར་བའི་མཛའ་ཨི་བར་དུ་མིང་དང་ཚིག
་སྣ་ཚོགས་ཀྱིས་བཤད་ཀྱང་ཤེས་བ་ལ་ཟད་པ་མེད་པ་ནི་སྤོབས་པ་སོ་སོ་ཡང་དག་པར་རིག་པ་ཞེས་བྱའོ། །ས་བཅུ་བ་ཆོས་ཀྱི་སྤྲིན་ལ་ནི་ལས་ལ་དབང་འཐོབ་སྟེ་འཕྲུལ་གྱི་མིག་དང་རྣ་བ་ལ་སོགས་པ་མངོན་པར་ཤེས་པའི་ལས་བྱེད་པ་ལ། བར་དུ་གཅོད་པ་མེད་ཅིང་ཐོག་པ
་མེད་པར་འཇུག་པའི་ཕྱིར་རོ། །རྣམ་པར་གྲོལ་བའི་རྣམ་གྲངས་གཞན་ཡང་བསྟན་པའི་ཕྱིར། འདི་ལ་བློ་ལྡན་སྲིད་སོང་བདག་མེད་རྣམ་གཉིས་རིག་ནས་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བདག་ཅེས་བྱ་བའི་སྒྲ་ཀུན་ཏུ་བརྟགས་པའི་གང་ཟག་ལ་ཡང་བྱ་བར་འདྲེན་ཏེ། བདག་དང
་སེམས་ཅན་དང་སྲོག་དང་གང་ཟག་ཅེས་འདོགས་པའི་ཕྱིར་རོ། །ཆོས་རྣམས་ཀྱི་རང་བཞིན་ཡང་བདག་གི་སྒྲར་འདོགས་ཏེ་མི་ནི་དྲོ་བའི་རང་བཞིན་ཞེས་བཤད་ན་དྲོ་བའི་བདག་ཉིད་ཅེས་བྱ་བའི་དོན་ཏོ། །འདི་ལ་ཞེས་བྱ་བ་ནི་འཁོར་བ་ན་དུ་ཡོད་པའི་ཕུང་པོ་དང་སྐྱེ་མཆེད་ཀྱི་དོན
་འདི་ལ་ཞེས་བྱ་བའི་དོན་ཏོ། །བློ་ལྡན་ནི་ཤེས་རབ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་ལ་བྱའོ། །སྲིད་སོང་ཞེས་བྱ་བ་ནི་ཁམས་གསུམ་དུ་གཏོགས་པ་འམ་ཁམས་གསུམ་ན་ཡོད་པ་ཞེས་བྱ་བའི་དོན་ཏོ། །བདག་མེད་པ་གཉིས་རིག་ཅེས་བྱ་བ་ནི་ཁམས་གསུམ་དུ་གཏོགS
་པའི་ཆོས་རྣམས་ལ་ཇི་ལྟར་ཀུན་བརྟགས་པའི་གང་ཟག་གི་རང་བཞིན་དུ། རང་བཞིན་དང་བདག་མེད་པའི་དེ་བཞིན་དུ་ཀུན་དུ་བརྟགས་པའི་ཆོས་ལ་ཡང་རང་བཞིན་དང་བདག་མེད་པར་ཁོང་དུ་ཆུད་ནས་ཞེས་བྱ་བའི་དོན་ཏོ། །འདིས་ནི་སྒྲོ་འདོགས་པའི་མཛའ་ལ་མ་ཞན
་བར་བསྟན་ཏོ། །དེ་དང་མཚུངས་པར་ཤེས་ནས་ཞེས་བྱ་བ་ལ། བདག་མིང་པ་གཉིས་སུ་རྟོགས་པ་ཡང་དེ་དང་མཚུངས་པར་རྟོགས་ཏེ། མཚུངས་པ་ཞེས་བྱ་བ་ནི་མཛའ་གཉིས་དང་བྲལ་བའི་ལམ་རྟོགས་ཞེས་བྱ་བའི་དོན་ཏོ། །དབུ་མའི་ལམ་རྟོགས་སོ་ཞེས་བྱ་བའི་དོན་ཏོ།།
་ཇི་ལྟར་ཞེ་ན་ཀུན་དུ་བརྟགས་པའི་གང་ཟག་མེད་པ་དང། ཀུན་ཏུ་བརྟགས་ཆོས་རྣམས་མེད་ཅིང་སྟོང་པ་ཞེས་བྱ་བར་ཟད་ཀྱི་རྣམ་པ་ཐམས་ཅད་དུ་མེད་པ་ནི་མ་ཡིན་པར་ཤེས་ཏེ། གཞན་ཡང་ཡོངས་སུ་གྲུབ་པ་ནི་མེད་པ་མ་ཡིན་པར་ཤེས་པ་སྟེ། འདིས་ནི་སྐུར་པའི
་མཛའ་ལྟུང་པ་དང་བྲལ་བར་བསྟན་ཏོ། །དེ་ལྟར་སྒྲོ་འདོགས་པའི་མཛའ་དང་བྲལ་ནས་དེ་ཉིད་རབ་འཇུག་ཅེས་བྱ་སྟེ། ཀུན་བརྟགས་ཀྱི་གང་ཟག་དང་ཀུན་བརྟགས་ཀྱི་ཆོས་མེད་པའི་སེམས་ཙམ་པོ་མཐོང་བ་ནི་དེ་ཉིད་ལ་རབ་ཏུ་འཇུག་པ་ཞེས་བྱ་སྟེ། འདི་ཡང་མོས་པ་སྤྱོད
་པའི་ས་བཞི་ལས་བཟོད་པའི་དུས་ན་རྟོགས་ཏེ། དེའི་ཚེ་ན་བཟོད་བ་རང་བཞིན་མེད་པར་ཁོང་དུ་ཆུད་པར་བྱེད་པའི་ཕྱིར་རོ། །དེ་ལྟར་བཟོད་པའི་དུས་ན་གཟུང་བ་མེད་པར་ཁོང་དུ་ཆུད་པས་དེ་ཁོ་ནའི་ཕྱོགས་གཅིག་ལ་ཞུགས་པའི་ཏིང་ངེ་འཛིན
་ཐོབ་པས་ན་དེ་ཉིད་ལ་རབ་ཏུ་འཇུག་པ་ཞེས་བཏགས་སོ། །འཛིན་པར་ཏེ་ཞེས་བྱ་བ་ལ་བཟོད་པའི་དུས་ན་གཟུགས་ལ་སོགས་པའི་ཕྱིའི་དངོས་པོ་ནི་མེད་ཀྱི་འཛིན་པའི་མཚན་ཉིད་སེམས་ཙམ་དུ་ཟད་དོ། །ཞེས་ཁོང་དུ་ཆུད་པས་ན་འཛིན་པ་ཙམ་སེམས་སོ། །དེ་ཕྱིར་དེ
་ལ་ཡིད་གནས་ཕྱིར་ཞེས་བྱ་བ་ལ་ནི་གོང་དུ་བཤད་པ་ལྟ་བུར་ན་བཟོད་པའི་དུས་ན་ཕྱིའི་ཡུལ་མི་དམིགས་ཀྱི་སེམས་ཙམ་ལ་གནས་པས་དེ་ལ་ཡིད་གནས་པ་ཞེས་བྱའོ། །དེ་ལ་དེ་མི་སྣང་ཞེས་བྱ་བ་ལ། བཟོད་པའི་དུས་ན་གཟུང་བའི་ཆོས་ཕྱིའི་ཡུལ་མེད
་པར་ཁོང་དུ་ཆུད་པ་དང། འཇིག་རྟེན་གྱི་ཆོས་མཆོག་གི་དུས་ན་བཟུང་བ་མེད་ན་དེ་ལ་འཛིན་པར་བྱེད་པའི་སེམས་ཀྱང་མེད་དོ་ཞེས་སེམས་ཙམ་དུ་འཛིན་པ་དང་ཡང་བྲལ་ཏེ། དེ་བས་ན་དེ་ལ་མི་སྣང་ཞེས་བྱའོ། །དེ་སྣང་མེད་པ་གྲོལ་པ་མཆོག་ཏུ་དམིགས་དང་བྲལ
་བའོ་ཞེས་བྱ་བ་ལ། དེ་ནས་ས་དང་པོའི་དུས་ན་གཟུང་བ་ཡང་མི་སྣང་འཛིན་པ་ཡང་མི་སྣང་སྟེ། གཟུང་འཛིན་མི་དམིགས་པའི་ཡེ་ཤེས་ལ་གནས་ད་ཉིད་གྲོལ་བ་ཞེས་བྱ་སྟེ། ཅིའི་ཕྱིར་ཞེ་ན། མཆོག་ཏུ་དམིགས་པ་གང་ཟག་ཏུ་དམིགས་པ་དང། ཆོས་སུ
་དམིགས་པ་གཉིས་དང་བྲལ་བའི་ཕྱིར་གྲོལ་བ་ཡིན་ནོ། །དེ་ཡང་མཚུངས་པར་ཞེས་པ་ནི་ཞེས་བྱ་བ་ལ། བདག་མེད་པ་གཉིས་སུ་རྟོག་པ་ཡང་ཐམས་ཅད་ནས་ཐམས་ཅད་དུ་མེད་པར་རྟོགས་པར་མ་ཟད་ཀྱི། མཛའ་གཉིས་དང་བྲལ་བའི་དབུ་མའི་ལམ་རྟོག
་པ་ནི་མཚུངས་པར་ཤེས་པར་ཞེས་བྱའོ། །འཛིན་བ་ན་འདི་ནི་འཛིན་པ་ཙམ་མོ་སྙམ་པའི་ཞེས་བྱ་ལ་ཙམ་གྱི་སྒྲས་ནི་གཟུགས་ལ་སོགས་པའི་དོན་ཡོད་པ་མ་ཡིན་བར་འགོག་སྟེ། སེམས་དང་སེམས་ལས་བྱུང་བ་ཅམ་དུ་ཟད་ཀྱི། དེ་ལས་གཞན་པའི་གཟུགས
་ལ་སོགས་པའི་ཡུལ་ཡོད་པ་མ་ཡིན་ནོ་ཞེས་རྟོགས་པ་ནི་འཛིན་པ་ཙམ་དུ་ཟད་ཀྱི། དེའང་བཟོད་པའི་དུས་ན་རྟོགས་སོ། །རྣམ་པར་གྲོལ་བའི་རྣམ་གྲངས་གཞན་ཡང་བསྟན་པའི་ཕྱིར། གཞི་དང་ཚོགས་དང་གཞན་ཡོད་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གཞི་ཡོད
་པ་དང། ཚོགས་ཡོད་པ་དང། གཞག་པ་ཡོད་པ་ཞེས་བྱ་བའི་དོན་ཏོ། །དེ་ལ་ཆེ་འདིར་དགེ་བའི་བཤེས་གཉེན་ལ་བརྟེན་ནས། དམ་པའི་ཆོས་ཉན་པ་དང། སེམས་པ་ལ་སོགས་པ་བྱེད་པ་ནི་བཞིའོ། །ཚེ་རབ་སྔ་མར་མོས་པ་སྤྱོད་པའི་སར་བསྐལ་པ་གྲངས་མེད
་གཅིག་ཏུ་བསོད་ནམས་ཀྱི་ཚོགས་བསགས་པ་ནི་ཚོགས་སོ། །མོས་པ་སྤྱོད་པའི་ས་དག་ཏུ་ཆོས་ཐམས་ཅད་མི་རྟག་པ་དང། སྡུག་བསྔལ་བ་དང། སྟོང་པ་དང། བདག་མེད་བར་ཚུལ་བཞིན་ཡིད་ལ་བྱས་པ་ནི་གཞག་པ་ཞེས་བྱ་སྟེ། དེ་གསུམ་དང་ལྡན་པ་ནི
་ཞེས་བྱ་བའི་དོན་ཏོ། །མིང་ཅན་ཅུ་ཡང་མཐོང་བར་འགྱུར་ཞེས་བྱ་བ་ལ། དེ་གསུམ་དང་ལྡན་ན་དྲོད་དང་རྩེ་མོའི་ཚེ་ན་ཆོས་ཐམས་ཅད་མིང་ཙམ་དུ་མཐོང་བར་འགྱུར་ཏེ། ཚིག་ཙམ་བརྗོད་པ་ཙམ་ཐ་སྙད་ཙམ་རྣམ་པར་རྟོག་པ་ཙམ་དུ་ཟད་པར་མཐོང་གིས་ཆོས་རྣམS
་ཀྱི་རང་བཞིན་ཡོད་པ་མ་ཡིན་པར་མཐོང་ངོ་ཞེས་བྱ་བའི་དོན་ཏོ། །མིང་ཙམ་དུ་མཐོང་བ་སྟེ་ཞེས་བྱ་བ་ལ། དེའི་འོག་ཏུ་བཟོད་པའི་དུས་ན་ཆོས་ཐམས་ཅད་སེམས་ཙམ་དུ་མཐོང་སྟེ། མིང་གི་ཕུང་པོ་བཞི་ཙམ་དུ་ཟད་ཀྱི་དེ་ལས་མ་གཏོགས་པའི་གཟུགས་ལ་སོགས
་པའི་ཆོས་གང་ཡང་མ་མཐོང་པས་ན་མིང་ཙམ་དུ་མཐོང་བ་ཞེས་བྱ་བ་སྟེ། གཟུང་བ་རྣམས་དེའི་ཚེ་སྤངས་པའི་ཕྱིར་རོ། །དེ་མཐོང་དེ་ཡང་མཐོང་མི་འགྱུར་ཞེས་བྱ་བ་ལ། དེ་ནས་འཇིག་རྟེན་གྱི་ཆོས་མཆོག་གི་དུས་ན་བཟོད་པའི་ཚེ་མིང་ཙམ་དུ་མཐོང་བ་དེ་ཡང་མ
་མཐོང་སྟེ། སེམས་ཙམ་དུ་ཡོད་པར་འཛིན་པ་ཡང་དེའི་ཚེ་སྤངས་པའི་ཕྱིར་ཏེ། གཟུང་བ་མེད་པ་ཡང་ཡོད་པར་མི་རིག་པར་ཁོང་དུ་ཆུད་པའི་ཕྱིར་རོ། །དེ་ལྟར་གཟུང་འཛིན་གཉིས་སྤངས་ནས་ས་དང་པོའི་ཚེ་གཟུང་བ་དང་འཛིན་པ་གཉིས་མི་དམིགས་པའི
་དམིགས་སུ་མེད་པའི་ཡེ་ཤེས་ལ་གནས་པ་ཉིད་རྣམ་པར་གྲོལ་བ་ཡིན་ཏེ། རྣམ་པར་གྲོལ་བའི་རྣམ་གྲངས་གཞན་ཡང་བསྟན་པའི་ཕྱིར། སེམས་འདི་གནས་ངན་ལེན་དང་བཅས། །བདག་ཏུ་ལྟ་བའི་ཞགས་པས་ཟིན། །འཇུག
་པར་འགྱུར་ཏེ་ལྡོག་པ་ནི། །དེ་ནི་ནང་དུ་གནས་པར་འདོད་ཅེས་བྱ་བ་སྨོས་ཏེ། སེམས་འདི་གནས་ངན་ལེན་དང་བཅས་པས་ན་འཇུག་པར་འགྱུར་ཏེ་ཞེས་བྱ་བ་དང་སྦྱར་རོ། །དེ་ལ་སེམས་ཀྱི་སྒྲས་ནི་ཀུན་གཞི་རྣམ་པར་ཤེས་པ་ལ་སོགས་པ་སེམས
་དང་སེམས་ལས་བྱུང་བའི་ཆོས་ལ་བྱའོ། །གནས་ངན་ལེན་དང་བཅས་ཞེས་བྱ་བ་ལ་གནས་ངན་ལེན་རྣཾ་པ་གཉིས་ཏེ། ལུས་ཀྱི་གནS་ངན་ལེན་དང། སེཾས་ཀྱི་གནS་ངན་ལེན་ཏོ། །དེ་ལ་ལུས་ཀྱི་གནས་ངན་ལེན་ནི་སྲོག་གཅོད་བ་དང། མ་བྱིན་པར་ལེན་པ་ལ་སོགས་པའོ། །སེམS
་ཀྱི་གནས་ངན་ལེན་ནི་ཆགས་སེམས་དང། གནོད་སེམས་དང། ཡོད་མེད་དུ་རྟོག་པ་ལ་སོགས་པའོ། །ཡང་ན་གནས་ངན་ལེན་རྣམ་པ་གཉིས་ཏེ། ཉོན་མོངས་པའི་སྒྲིབ་པའི་བག་ཆགས་དང། ཤེས་བྱའི་སྒྲིབ་པའི་བག་ཆགས་སོ། །བཅས་ཞེས་བྱ་བ
་ནི། བག་ཆགས་དེ་གཉིས་དང་ལྡན་ཞིང་འབྲལ་པས་ཞེས་བྱ་བའི་དོན་ཏོ། །བདག་ཏུ་ལྟ་བའི་ཞགས་པས་ཟིན་ཅེས་བྱ་བས་གནས་ངན་ལེན་གྱི་རྒྱུ་བསྟན་ཏེ། བདག་ཏུ་ལྟ་བ་ནི་གང་ཟག་ལ་བདག་ཏུ་ལྟ་བའོ། །ཆོS་ལ་བདག་དུ་ལྟ་བའོ། །ཅི་ཙཾ་ཅི་ཙཾ་གང་ཟག་ལ་བདག་ཡོད་པ
་དང། ཆོས་ལ་བདག་ཡོད་པར་ཕྱིན་ཅི་ལོག་ཏུ་བལྟས་པ་དེ་ཙམ་དུ་སེམས་ལ་ཉོན་མོངས་བའི་སྒྲིབ་བ་དང་ཤེས་བྱའི་སྒྲིབ་པའི་བག་ཆགས་ཀྱི་གནས་ངན་སོགས་པར་འགྱུར་རོ། །ཇི་སྲིད་དུ་གནས་ངན་ལེན་གཉིས་དང་མ་བྲལ་བ་དེ་སྲིད་དུ་འཁོར་བར
་འཇུག་པར་འགྱུར་ཏེ། རྒྱུན་དུ་འཁོར་བར་སྐྱེ་བར་འགྱུར་ཏེ་ཞེས་བྱ་བའི་དོན་ཏོ། །འཁོར་བ་ལས་ལོག་སྟེ་འཁོར་བར་མི་སྐྱེ་བ་ནི་རྣམ་བར་གྲོལ་བ་ཞེས་བྱའོ། །ཇི་ལྟར་འཁོར་བ་ལས་ལྡོག་པར་འགྱུར་ཞེ་ན། ད་ནི་ནམ་སེམས་ནང་དུ་གནས་པར
་གྱུར་པ་ན་འཁོར་བ་ལས་ལྡོག་པར་འདོད་དོ། །སེམས་ནང་དུ་གནས་པ་ཡང་གཟུང་བ་དང་འཛིན་པ་གཉིས་སུ་རྟོགས་པ་སྤངས་ནས་གཉིས་སུ་མེད་པའི་སེམས་ཙམ་ལ་སེམས་གནས་ཏེ་གཟུང་བ་ཡང་མི་དམིགས་འཛིན་པ་ཡང་མི་དམིགས་པར
་འགྱུར་བ་ན་རྣམ་པར་གྲོལ་བ་ཡིན་པར་འདོད་དེ། དེ་ནི་ས་དང་པོའི་དུས་ནའོ། །དངོས་པོ་མེད་པར་འདོད་ཡོངས་སུ་ཚོལ་བ་ལ་ཚིགས་སུ་བཅད་པ་གཉིས་སོ་ཞེས་བྱ་བ་ལ། མདོ་སྡེ་དག་གི་ནང་ནས་ཆོས་ཐམས་ཅད་ནི་དངོས་པོ་མེད་པ་དང། རང་བཞིན་གྱིས་མྱ་ངན་ལས
་འདས་པ་ཞེས་བཤད་དེ། ཇི་ལྟར་དངོས་པོ་མེད་པ་དང། རང་བཞིན་གྱིས་མྱ་ངན་ལས་འདས་པ་ཡིན་པར་བརྟགས་པ་ལ་ཡོངས་སུ་ཚོལ་བ་ཞེས་བྱའོ། །དེ་ལ་ཆོས་རྣམ་པ་གསུམ་ཏེ། ཀུན་བརྟགས་དང། གཞན་དབང་དང། ཡོངས་སུ་གྲུབ་པའོ། །གཞན་གྱི་དབང
་གི་ཆོས་ལ་ནི་སྐྱེ་བ་དང་འཇིག་པ་དང་གནས་པ་སྟེ། འདུ་བྱེད་ཀྱི་མཚན་ཉིད་གསུམ་ཡོད་པར་རང་བཞིན་མེད་པས་ན་དངོས་པོ་མེད་པ་ཞེས་བྱ་ཀུན་བརྟགས་ཀྱི་ཆོས་ནི་ཇི་ལྟར་གཟུང་བ་བཞིན་དུ་མེད་པས་ན་རང་བཞིན་མེད་པ་ཞེས་བྱ་བ་སྟེ། དེ་བརྟགས་པ་ལ་ཚིགས་སུ་བཅད་པ་གཉིས་ཀྱིས
་བསྟན་ཏོ་ཞེས་བྱ་བའི་དོན་ཏོ། །རང་དང་རང་གི་བདག་ཉིད་མེད། །བདག་གི་དངོས་ལ་མི་གནས་ཕྱིར་ཞེས་བྱ་བ་ལ། རང་ཞེས་བྱ་བའི་དོན་ནི་རང་ཉིད་དངོས་པོ་མེད་པའི་ཕྱིར་ངོ་བོ་ཉིད་མེད་བ་ཞེས་བྱ་སྟེ། ཅིའི་ཕྱིར་ཞེ་ན། གཞན་གྱི་དབང་གི་ཆོས་རྣམས་སྐྱེ་བའི་ཚེ་རྒྱུ་དང་རྐྱེན
་གཞན་གྱིས་བསྐྱེད་པར་ཟད་ཀྱི་རང་ཉིད་ཀྱིས་རང་ཉིད་བསྐྱེད་པར་མི་ནུས་པའི་ཕྱིར་ཏེ། འདིས་ནི་སྐྱེ་བ་རང་བཞིན་མེད་པར་བསྟན་ཏོ། །ཡང་ན་ཆོས་རྣམས་ནི་མ་འོངས་པའི་དུས་ན་མེད་པ་ལས་བྱུང་བ་ལ་སྐྱེ་བ་ཞེས་བྱ་བ་ལས་མུ་སྟེགས་པ་གངས་ཅན་རྣམས་ཀྱིས་གཙོ་བོ
་ཞེས་བྱ་བ་ཡོད་པ་ལས་ཆོས་རྣམས་སྐྱེ་ཞེའམ། ས་བོན་ལ་མྱུ་གུ་ཡོད་བཞིན་དུ་རྒྱུ་རྐྱེན་གྱིས་བསྐྱེད་དོ་ཞེས་རང་ཉིད་ཀྱིས་དངོས་པོ་ཡོད་པ་སྐྱེ་བ་མེད་པའི་ཕྱིར་ངོ་བོ་ཉིད་མེད་པ་ཞེས་བྱའོ། །རང་གི་བདག་ཉིད་དུ་དངོས་པོ་མེད་པའི་ཕྱིར་ངོ་བོ་ཉིད་མེད་པ་ཞེས་བྱ་སྟེ། ཅིའི་ཕྱིར་ཞེ་ན། དངོས
་པོ་རྣམས་འགགས་ཏེ་ཞེས་པ་རྣམས་སླར་ཡང་བཟླས་ནས་སྔོན་གྱི་རང་བཞིན་དུ་སྐྱེ་བ་མེད་པའི་ཕྱིར་ཏེ། འདིས་ནི་ཞིག་པ་རང་བཞིན་མེད་པ་བསྟན་ཏོ། །ཡང་ན་མུ་སྟེགས་པ་གྲངས་ཅན་པ་རྣམས་ཀྱིས་ཞིག་པ་རྣམས་ཀྱང་ཐམས་ཅད་ནས
་ཐམས་ཅད་མེད་པར་སོང་བ་མ་ཡིན་གྱི་མངོན་པར་གནས་སོ་ཞེས་སྨྲས་པ་ལྟར། གནས་པའི་རང་བཞིན་མེད་པས་ན་ངོ་བོ་ཉིད་མེད་པ་ཞེས་བྱའོ། །བདག་གི་དངོས་པོ་ལ་མི་གནས་པའི་ཕྱིར། ངོ་བོ་ཉིད་མེད་བ་ཞེས་བྱ་སྟེ། ཅིའི་ཕྱིར་ཞེ་ན། ད་ལྟར་གྱི་ཆོས་སྐྱེས་བ་རྣམS
་ཀྱང་སྐད་ཅིག་མ་ཡིན་པས་སྐད་ཅིག་མ་སྐྱེས་མ་ཐག་ཏུ་འགག་གོ་།སྐད་ཅིག་མ་གཉིས་དང་གསུམ་ལ་སོགས་པར་མི་གནས་པའི་ཕྱིར་ཏེ། འདིས་ནི་གནས་པ་རང་བཞིན་མེད་པར་བསྟན་ཏོ། །ཡང་ན་མུ་སྟགས་བ་གྲངས་ཅན་པ་རྣམས་ཀྱིས། ཆོས་རྣམས་སྐྱེས
་ནས་ཐག་གི?་ཟད་ཅིག་ཏུ་གནས་ཏེ། འགོག་གོ་ཞེས་བརྟགས་པ་ཞེས་ཡོད་པ་མ་ཡིན་པས་ན་རང་བཞིན་མེད་པ་ཞེས་བྱའོ། །འཛིན་པ་བཞིན་དུ་དེ་མེད་པས། ངོ་བོ་ཉིད་ནི་མེད་པར་འདོད་ཞེས་བྱ་བ་ལ། ཇི་ལྟར་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱིས་རྟག་པ་དང། བདེ་བ
་དང། བདག་དང། གཙང་བ་དང་བདག་ཞེ་འམ། གཞན་ཞེ་འམ། གཟུགས་ཞེ་འམ། སྒྲ་ཞེས་ཀུན་ཏུ་བརྟགས་ཏེ། གཟུང་བའི་ཆོས་ཀུན་བརྟགས་ཀྱི་མཚན་ཉིད་ལ་ཇི་ལྟར་རྟག་པ་ལ་སོགས་པ་ལྟ་བུ་གཟུང་བ་སྟེ། དེ་ལྟར་རང་བཞིན་ཡོད་པ་མ་ཡིན་པས་ན་ངོ་བོ་ཉིད
་མེད་བ་ཞེས་བྱའོ། །དེ་ལྟར་སྐྱེ་བ་རང་བཞིན་མེད་པ་དང། ཞིག་བ་རང་བཞིན་མེད་པ་དང། གནས་པ་རང་བཞིན་མེད་པ་དང་ཇི་ལྟར་གཟུང་བ་རང་བཞིན་མེད་པས་ན་ཆོས་ཐམས་ཅད་རང་བཞིན་མེད་པར་འདོད་དེ་ཅེས་བྱ་བའི་དོན་ཏོ། །རང་བཞིན་རྣམ་པ་གསུམ་པོ་དེ
་དག་ནི་འདུས་བྱས་ཀྱི་མཚན་ཉིད་རྣམ་པ་གསུམ་དང་ལྡན་པར་རིག་པར་བྱའོ་ཞེས་བྱ་བ་ལ། རང་ཉིད་སོ་སོ་མེད་པ་དང། རང་གི་བདག་ཉིད་དུ་དངོས་པོ་མེད་པ་དང། བདག་གི་དངོས་པོ་ལ་མི་གནས་པ་གསུམ་པོ་འདི་དག་ནི་འདུས་བྱས་ཀྱི་མཚན་ཉིད་རྣམ་པ
་གསུམ་དང་ལྡན་ཏེ། དེ་རང་ཉིད་དངོས་པོ་མེད་པས་སྐྱེ་བ་རང་བཞིན་མེད་པར་བསྟན་པས་རང་གི་བདག་ཉིད་དུ་དངོས་པོ་མེད་པས་ནི་འཇིག་པ་རང་བཞིན་མེད་པ་བསྟན། བདག་གི་དངོས་པོ་ལ་མི་གནས་པས་ནི་གནས་པ་རང་བཞིན་མེད་པར་བསྟན་ཏོ་ཞེས་བྱ་བའི་དོན་ཏོ། །འཛིན
་པ་བཞིན་དུ་དེ་མེད་པའི་ཕྱིར་ངོ་བོ་ཉིད་མེད་པ་སྟེ། དེ་མེད་པས་ནི་རང་བཞིན་མེད་པའོ་ཞེས་བྱ་བ་ལ། སོ་སོ་སྐྱེ་བོ་རྣམས་ཀྱིས་གཙང་བ་དང་རྟག་པ་ལ་སོགས་པར་བརྟག་པ་བཞིན་དུ་བདེ་བ་དང་གཙང་བའི་རང་བཞིན་མེད་པའི་ཕྱིར་ངོ་བོ་ཉིད་མེད་པ་ཞེས་བྱ་སྟེ། འདིའི
་སྐབས་སུ་ཡང་བདེ་བ་དང་གཙང་བར་ཀུན་ཏུ་བརྟག་པའི་ཀུན་བརྟགས་ཀྱི་མཚན་ཉིད་མེད་པ་ཉིད་རང་བཞིན་མེད་པ་ཞེས་བྱའོ། །དེ་ལྟར་དངོས་པོ་མེད་པའི་དོན་དུ་བསྟན་ནས། རང་བཞིན་གྱིས་མྱ་ངན་ལས་འདས་པའི་དོན་བསྟན་པའི་ཕྱིར། རང་བཞིན་མེད་པས་གྲུབ་པ་ནི
་གོད་ནས་གོང་དུ་བརྟེན་པ་ཡིས། །སྐྱེ་མེད་འགག་མེད་ཐོག་མ་ནས། །ཞི་དང་རང་བཞིན་མྱ་ངན་འདས། །ཆོས་རྣམས་ཞེས་བྱ་བ་སྨོས་ཏེ། ཚས?་རྣམས་ཀྱི་རང་བཞིན་མེད་པར་གྱུར་བསན་སྐྱེ་བ་མེད་པས་ན་རང་བཞིན་གྱིས་མྱ་ངན་ལས་འདས་པ་གྲུབ་སྟེ། དེའང་ཅི་ལྟར
་གྲུབ་ཅེ་ན་སྔ་མ་སྔ་མ་ལ་བརྟེན་ནས་ཕྱི་མ་ཕྱི་མ་འགྲུབ་པའོ། །འདི་ལ་རང་བཞིན་མེད་པ་ལ་བརྟེན་ནས་སྐྱེ་བ་མེད་པར་འགྲུབ་བོ། །སྐྱེ་བ་མེད་པ་ལ་བརྟེན་ནས་འགག་པ་མེད་པར་འགྲུབ་བོ། །དེ་གཉིས་ལ་བརྟེན་ནས་ཐོག་མ་ནས་ཞི་བ་འགྲུབ་བོ། །ཐོག་མ་ནས་ཞིབ
་ལ་འང་བརྟེན་ནས། རང་བཞིན་གྱིས་མྱ་ངནལས་འདས་པ་འགྲུབ་བོ། དེ་ལ་རང་གི་ངོ་བོ་ཉིད་མེད་པ་དང། རང་གི་བདག་ཉིད་དུ་དངོས་པོ་མེད་པ་དང་ངོ། བདག་གི་དངོས་པོ་ལ་མི་གནས་པ་དང། འཛིན་པ་བཞིན་དུ་མེད་པས་ན་རང་བཞིན་མེད་པ་སྟེ། དེ་ལྟར་རང་བཞིན
་པའི་ཆོས་ནི་ནམ་མཁའ་ལྟ་བུ་ཡིན་པའི་ཕྱིར་དེ་ལ་སྐྱེ་བ་མེད་དོ། །སྐྱེ་བ་མེད་པ་ལ་འཇིག་པ་མེད་པ་ན་འགག་པ་མེད་དོ། །གང་སྐྱེ་བ་དང་འགགས་པར་ཀུན་ཏུ་བརྟགས་པའི་ཆོས་དེ་ཉིད་ལ་ཐོག་མ་ནས་ཞི་བ་ཞེས་བྱའོ། །འདི་ལྟར་སྐྱེ་བ་དང་འཇིག་པས་དཀྲུགས་ཤིང་ལས
་སོག་ལེ་རྣོན་པོས་དྲས་པའི་འདུ་བྱེད་རྣམས་ལ་ནི་འཕགས་པ་རྣམས་སྐྱོ་བར་མཛད་ཀྱི་སྐྱེ་བ་དང་འགག་པ་སྤངས་པའི་བདུད་རྩིའི་དབྱིངས་ལ་ནི་འཕགས་པ་རྣམས་དགྱེས་པར་མཛད་པའི་ཕྱིར་རོ། །གང་ཐོག་མ་ནས་ཞི་བའི་ཆོས་དེ་ཉིད་ལ་རང་བཞིན
་གྱིས་མྱ་ངན་ལས་འདས་པ་ཞེས་ཀྱང་དེ་ལ་བྱ་སྟེ། དེ་ཉིད་ལ་ཡོངས་སུ་གྲུབ་པའི་མཚན་ཉིད་ཅེས་བྱ་བའི་དོན་ཏོ། །ཡོངས་སུ་གྲུབ་པའི་མཚན་ཉིད་དེ་རང་བཞིན་གྱིས་ཡེ་ནས་གནས་ཀྱི། ལམ་བསྒོམས་པས་བསྐྱེད་པ་མ་ཡིན་པས་ན་རང་བཞིན་གྱིས་མྱ་ངན་ལས་འདས
་པ་ཞེས་བྱའོ། །མི་སྐྱེ་བའི་ཆོས་ཀྱི་བཟོད་པ་ཡོངས་སུ་ཚོལ་བ་ལས་བརྩམས་ཏེ་ཚིགས་སུ་བཅད་བའོ་ཞེས་བྱ་བ་ལ། མདོ་སྡེ་དེ་དང་དེ་དག་གི་ནང་ནས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པའོ་ཞེས་གསུངས་པ་ལ། མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པའི་མཚན་ཉིད་ཇི
་ལྟ་བུ་ཡིན་པ་བརྟག་པར་བྱ་བའི་ཕྱིར་ཚིགས་སུ་བཅད་པ་རྩོམ་མོ་ཞེས་བྱ་བའི་དོན་ཏོ། །ཐོག་མ་དེ་ཉིད་གཞན་དང་མཚན། །རང་དང་གཞན་དུ་གྱུར་པ་དང། །ཀུན་ནས་ཉོན་མོངས་བྱེ་བྲག་རྣམས། །མི་སྐྱེ་ཆོས་ལ་བཟོད་པར་གསུངས་ཞེས་བྱ་བ་ལ། སྐྱེ་བ་མེད
་པའི་ཆོས་བརྒྱད་ལ། བཟོད་བ་ནི་མི་སྐྱེ་བའི་ཆོས་ལ་བཟོད་པ་ཞེས་བྱ་བར་གསུངས་ཏེ། བརྒྱད་པོ་གང་ཞེ་ན། ཐོག་མ་སྐྱེ་བ་མེད་པ་དང། དེ་ཉིད་སྐྱེ་བ་མེད་པ་དང། གཞན་སྐྱེ་བ་མེད་པ་དང། རང་གི་མཚན་ཉིད་སྐྱེ་བ་མེད་པ་དང། རང་སྐྱེ་བ་མེད་པ་དང། གཞན
་དུ་འགྱུར་བ་སྐྱེ་བ་མེད་པ་དང། ཀུན་ནས་ཉོན་མོངས་པ་སྐྱེ་བ་མེད་པ་དང། བྱེ་བྲག་ཏུ་སྐྱེ་བ་མེད་པའོ། །ཐོག་མ་ནི་འཁོར་བ་སྟེ་དེ་ལ་ཐོག་མ་སྐྱེ་བ་མེད་དོ། །ཞེས་བྱ་བ་ལ་ལེ?་ལ་ངག་འཁོར་བ་ལ་ཐོག་མ་ཡོད་པར་རྟོག་སྟེ་འཁོར་བ་ལ་ཐོག་མ་ཡོད་པར་བརྟཌ
་བའི་འཁོར་བ་ལ་ཐོག་མ་སྐྱེ་བ་མེད་པར་མཐོང་བ་ནི་མི་སྐྱེ་བའི་ཆོས་ལ་བཟོད་པ་ཞེས་བྱའོ། །དེའང་འདི་ལྟར་འཁོར་བ་ནི་མ་རིག་པ་ལ་སོགས་ཡན་ལག་བཅུ་གཉིས་གཅིག་གིས་གཅིག་བསྐྱེད་པས་ན་ཐོག་མ་མེད་དེ་དབང་ཕྱུག་དང་ཚངས་པ་ལ་སོགས་བ།
་གང་གིས་ཀྱང་འཁོར་བའི་ཐོག་མ་བསྐྱེད་པ་མེད་དོ། །ཞེས་བཟོད་ན་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ་ཞེས་བྱའོ། །དེ་ཉིད་དང་གཞན་ནི་སྔ་མ་དང་ཕྱི་མ་ལ་ཞེས་བྱ་བ་ལ་སྔར་སྐྱེས་པ་དེ་ནི་སླར་མི་སྐྱེ་ལ། ཕྱི་མ་གྲགས་པ་སྐྱེ་པ་རྣམས་ཀྱང་ཇི་ལྟར་གྲགས་པའི་ཆོས
་ལས་གཞན་མི་སྐྱེ་ཞེས་བྱ་བའི་དོན་ཏོ། །དེ་ཉིད་མི་སྐྱེ་བའི་དོན་རྒྱས་པར་བཤད་པའི་ཕྱིར། གང་སྔར་སྐྱེས་པའི་ཆོས་དེ་དག་སྐྱེ་བ་མེད་དོ། དེའི་དངོས་པོར་མི་སྐྱེ་བའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། འཁོར་བ་ནི་གང་སྔར་སྐྱེས་ནས་འགགས་ཟིན་པའི་ཆོས་དེ་དག་སླར
་ཡང་མི་སྐྱེ་སྟེ། ཅིའི་ཕྱིར་ཞེ་ན། འགག་པའི་ཆོས་ནི་མེད་པ་ཡིན་པས་མེད་པས་ཏེ། སླར་ཡོད་པའི་དངོས་པོར་མི་སྐྱེ་བའི་ཕྱིར་ཏེ། ཇི་ལྟར་བཟོད་པ་ཡང་མི་སྐྱེ་བའི་ཆོས་ལ་བཟོད་པ་ཞེས་བྱ་བའི་དོན་ཏོ། །གཞན་མི་སྐྱེ་བའི་དོན་རྒྱས་པར་བཤད་པའི་ཕྱིར
་གཞན་དག་ཀྱང་མ་ཡིན་ཏེ། སྔ་མ་མེད་པའི་རྣམ་པར་མི་སྐྱེ་བའི་ཕྱིར་རོ་ཞེས་སྨོས་ཏེ། འཁོར་བ་ན་ཕྱིས་སྐྱེ་བའི་ཆོས་རྣམས་ཀྱང་གཞན་ཀྱང་སྐྱེ་བ་མ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། ཇི་ལྟར་གྲགས་པའི་ཆོས་ཕུང་པོ་དང། ཁམས་དང་སྐྱེ་མཆེད་ལ་སོགས་པ་ཉིད
་སྐྱེ་བར་ཟད་ཀྱི། སྔོན་མེད་པའི་སེམས་ཅན་གསར་དུ་འབུང་བ་མེད་པའི་ཕྱིར་ཏེ། དེ་ལྟར་བཟོད་པ་ཡང་མི་སྐྱེ་བའི་ཆོས་ལ་བཟོད་པ་བྱ་བའི་དོན་ཏོ། །རང་གི་མཚན་ཉིད་ནི་ཀུན་ཏུ་བརྟགས་པའི་རང་བཞིན་གྱིས་ཏེ། དེ་ལ་ཡང་སྐྱེ་བ་མེད་པ་མེད་དོ། །ཞེས་བྱ་བ་ལ།
་རང་གི་མཚན་ཉིད་ནི་མི་སྐྱེ་བ་ནི་ཀུན་ཏུ་བརྟགས་པའི་རང་བཞིན་རྣམས་ལ་སྐྱེ་བ་མེད་པའི་ཕྱིར་ཏེ། ཅིའི་ཕྱིར་ཞེ་ན། གང་ཟག་དང་ཆོས་སུ་བརྟགས་པ་ཐམས་ཅད་ནི་རི་བོང་གི་རྭ་བཞིན་དུ་ཐམས་ཅད་ནས་ཐམས་ཅད་དུ་མེད་ན་དེ་ནམ་ཡང་སྐྱེ་བ་དང་འབྱུང་བ་མེད་བའི་ཕྱིར
་ཏེ། དེ་ལྟར་བཟོད་པ་ཡང་མེ་སྐྱེ་བའི་ཆོས་ལ་བཟོད་བ་ཞེས་བྱའོ། །ཞེས་བྱ་བའི་དོན་ཏོ། །རང་ཉིད་མི་སྐྱེ་བ་ནི་གཞན་གྱི་དབང་གིའོ། །ཞེས་བྱ་བ་ལ། རང་ཉིད་མི་སྐྱེ་བ་ནི་གཞན་གྱི་དབང་གི་མཚན་ཉིད་དེ། ཅིའི་ཕྱིར་ཞེ་ན། གཞན་གྱི་དབང་གི་ཆོས་རྣམས་ནི་རྒྱུ་དང་རྐྱེན
་གྱི་མཐུ་ལས་སྐྱེས་པའི་རང་ཉིད་སྐྱེ་བར་མི་རུང་བའི་ཕྱིར་ཏེ། དེ་ལྟར་བཟོད་བ་ཡང་མི་སྐྱེ་བའི་ཆོས་ལ་བཟོད་པ་ཞེས་བྱ་བའི་དོན་ཏོ། །གཞན་དུ་འགྱུར་བའི་ནི་ཡོངས་སུ་གྲུབ་བ་སྟེ། དེ་ནི་གཞན་དུ་འགྱུར་བ་མེད་དེ་ཞེས་བྱ་བ་ལ།
་གཞན་དུ་འགྱུར་བ་སྐྱེ་བ་མེད་པ་ནི་ཡོངས་སུ་གྲུབ་པའི་མཚོན་ཉིད་དེ། ཅིའི་ཕྱིར་ཞེ་ན། ཡོངས་སུ་གྲུབ་བ་ནི་ནམ་མཁའ་བཞིན་དུ་རྟག་ཅིང་རོ་གཅིག་པ་ཡིན་པས་དེ་ལ་ནམས་ཀྱང་གཞན་ནས་གཞན་དུ་འགྱུར་བ་མེད་པའི་ཕྱིར་ཏེ། དེ་ལྟར་བཟོད་པ
་ཡང་མ་སྐྱེ་བའི་ཆོས་ལ་བཟོད་པ་ཡིན་ནོ། །ཞེས་བྱ་བའི་དོན་ཏོ། །ཉོན་མོངས་པ་སྤངས་པའི་ཟབ་པའི་ཡེ་ཤེས་ཐོབ་པ་རྣམས་ལ་ཀུན་ནས་ཉོན་མོངས་པ་སྐྱེ་བར་མི་མཐོང་ངོ་ཞེས་བྱ་བ་ལ། ཀུན་ནས་ཉོན་མོངས་བ་སྐྱེ་བ་མེད་བ་ནི་འདི་ལྟར་འཕགས་པ
་དགྲ་བཅོམ་པ་ལ་སོགས་པ་མཐོང་བ་དང། བསྒོམས་པས་སྤང་བར་བྱ་བར་བྱ་བའི་ཉོན་མོངས་པ་སྤངས་ནས་ཟད་པའི་ཡེ་ཤེས་ཐོབ་པ་རྣམས་ཕྱིས་སེམས་ཀྱི་རྒྱུད་ལ་ཀུན་ནས་ཉོན་མོངས་པ་སྐྱེ་བར་མི་མཐོང་སྟེ། འཕགས་བ་དེ་དག་ཀུན་ནས་ཉོན་མོངS
་པ་སྐྱེ་བར་མི་མཐོང་བ་ཡང་མི་སྐྱེ་བའི་ཆོས་ལ་བཟོད་པའོ་ཞེས་བྱ་བའི་དོན་ཏོ། །བྱེ་བྲག་ནི་སངས་རྒྱས་ཀྱི་ཆོས་ཀྱི་སྐུ་རྣམས་ཏེ། བདག་ལ་བྱེ་བྲག་ཏུ་སྐྱེ་བ་མེད་དོ་།ཞེས་བྱ་བ་ལ། བྱེ་བྲག་ཏུ་སྐྱེ་བ་མེད་པ་ནི་སངས་རྒྱས་བཅོམ་ལྡན་འདས་?་ཀྱི་ཆོས?་ཀྱི་སྐུ་ཡིན་ཏེ། སངS
་རྒྱས་ཐམས་ཅད་ཀྱི་ཆོས་ཀྱི་སྐུ་ནི་རང་བཞིན་གཅིག་པ་ཡིན་ལ། སངས་རྒྱས་ཁ་ཅིག་ནི་ཆོས་ཀྱི་སྐུ་ཅི་འདྲ་བར་སྐྱེས་ཁ་ཅིག་ནི་ཅི་འདྲ་བར་སྐྱེ་བ་ལྟ་བུར་མི་མཐུན་པར་སྐྱེ་བ་མེད་པའི་ཕྱིར་ཏེ། དེ་ལྟར་བཟོད་པ་ཡང་མི་སྐྱེ་བའི་ཆོས་ལ་བཟོད་པ་ཞེས་བྱ་བའི
་དོན་ཏོ། །ཐེག་པ་གཅིག་ཡོངས་སུ་ཚོལ་བ་ལ་ཡང་ཚིགས་སུ་བཅད་པ་བདུན་ནོ་ཞེས་བྱ་བ་ལ། མདོ་སྡེ་ཁ་ཅིག་ལས་ནི་ཐེག་པ་གཅིག་ཏུ་བཤད་དེ་གསུམ་དུ་མེད་དོ་ཞེས་བཤད་མདོ་སྡེ་ཁ་ཅིག་ལས་ནི་གསུམ་མོ་ཞེས་བཤད་པ་ཅི་ལ་དགོངས་ཤེ་ན། གསུང་རབ?
་ལ་ལྔ་རྣམ་པ་གཉིས་ཏེ། བཀྲི་བའི་དོན་གྱི་མདོ་སྡེ་དང། དེས་པའི་དོན་གྱི་མདོ་སྡེའོ། །དེ་ལ་ཐེག་པ་གཅིག་གོ་ཞེས་བཤད་པ་ནི་སེམས་ཅན་གྱི་དོན་དུ་དགོངས་པའི་དབང་གིས་གསུངས་པས་ན་བཀྲི་བའི་དོན་ཞེས་བྱ་བ་ལ། ཐེག་པ་གསུམ་དུ་གསུངས་པ་ནི་ངེས
་པའི་དོན་ཡིན་ཏེ། ཐེག་པ་གསུམ་ཡོད་པ་ལས་ཐེག་པ་གཅིག་ཏུ་བཤད་པ། ཅི་ལས་དགོངས་དེ་བཤད་པའི་དགོངས་པ་བརྟག་པའི་ཕྱིར་ཚིགས་སུ་བཅད་པ་བདུན་རྩོམ་མོ་ཞེས་བྱ་བའི་དོན་ཏོ། །ཆོས་དང་བདག་མེད་གྲོལ་བ་མཚུངས། །ཐ་དད་རིགས་དང་བསམ་གཉིས
་ཐོབ། །སྤྲུལ་པ་དང་ནི་མཐར་ཐུག་ཕྱིར། །ཐེག་བ་གཅིག་པ་ཉིད་ཡིན་ནོ་ཞེས་བྱ་བ་ལ། ཐེག་པ་གཅིག་ཏུ་བཤད་པའོ་དགོངས་པ་ནི་ཆོས་མཚུངས་པ་དང། གོལ་བ་མཚུངས་པ་དང། རིགས་ཐ་དད་པ་ཐེག་པ་མཚུངས་པ་དང། བསམ་པ་གཉིས་ཐོབ་པ་དང། སྤྲུལ་པའི
་ཕྱིར་དང་མཐར་ཐུག་པའི་ཕྱིར། དོན་རྣམ་པ་བདུན་ལ་དགོངས་ནས་ཐེག་པ་གཅིག་ཉིད་ཡིན་ནོ། །ཞེས་གསུངས་སོ། །ཆོས་མཚུངས་པའི་ཕྱིར་ཐེག་པ་གཅིག་ཏེ། ཉན་ཐོས་ལ་སོགས་པའི་ཆོས་ཀྱི་དབྱིངས་དང་ཐ་མི་དད་པའི་ཕྱིར་ཞེས་བྱ་བ་ལ། ཆོས་མཚུངས་པའི་ཕྱིར
་ནི་ཐེག་པ་གཅིག་ཏུ་གསུངས་ཏེ། ཇི་ལྟ་ཞེ་ན། འདི་ལྟར་ཉན་ཐོས་ལ་སོགས་པའི་ཆོས་ཀྱི་དབྱིངས་དང། རང་སངས་རྒྱས་ལ་ཡོད་པའི་ཆོས་ཀྱི་དབྱིངས་དང། དེ་བཞིན་གཤེགས་པ་པའི་ཆོས་ཀྱི་དབྱིངས་སུ་ཐ་མི་དད་དེ་ནམ་མཁའ་བཞིན་ནོ། །ཇི་ལྟར་ནམ་མཁའ་ལ་ཐ་དད་པ
་རྣམ་པ་སྣ་ཚོགས་སུ་མེད་པ་ལྟར་ཉན་ཐོས་ལ་སོགས་པ་པའི་ཆོས་ཀྱི་དབྱིངས་ལ་ཡང་ཐ་དད་པ་མེད་དེ་རང་བཞིན་གཅིག་པས་ན་ཐེག་པ་གཅིག་པ་ཞེས་བྱའོ། །ཆོས་ཀྱི་དབྱིངས་དེ་ཅིའི་ཕྱིར་ཐེག་པ་ཞེས་བྱ་ཞེས། དེའི་ཕྱིར་བགྲོད་པ་ཉིད་ཐེག་པ་ཡིན་པའི་ཕྱིར་ཞེས་སྨོས
་ཏེ་།འདིར་ཆོས་ཀྱི་དབྱིངས་ལ་ཐེག་པ་ཆེན་པོ་ཞེས་གཞག་པ་ནི། བགྲོད་པར་བྱ་བ་ཤེས་པ་ནི་བྱ་བའི་ཡུལ་ཆོས་ཀྱི་དབྱིངས་འདི་ཐེག་པ་ཡིན་ཏེ། འདི་ལྟར་ཆོས་ཀྱི་དབྱིངས་ཉིད་ཐེག་བ་ཡིན་ཏེ། འདི་ལྟར་ཆོས་ཀྱི་དབྱིངས་ཁོང་དུ་ཆུད་ཅིང་རྟོགས་ན་ཉན་ཐོས་དང་རང་སངས
་རྒྱས་དང་དེ་བཞིན་གཤེགས་པའི་ཆོས་འབྱུང་བར་འགྱུར་བས་ན་ཆོས་ཀྱི་དབྱིངས་ལ་ཐེག་པར་གཞག་གོ་།བདག་མེད་པ་མཚུངས་པའི་ཕྱིར་ཐེག་པ་གཅིག་སྟེ། ཉན་ཐོས་ལ་སོགས་པ་དང་བདག་མེད་པར་མཚུངས་པའི་ཕྱིར་ཐེག
་པ་གཅིག་ཏེ། ཉན་ཐོས་ལ་སོགས་པ་དང་བདག་མེད་པར་མཚུངས་པའི་ཕྱིར་ཞེས་བྱ་བ་ལ། བདག་མེད་པར་མཚུངས་པ་ནི་ཐེག་པ་གཅིག་ཏུ་བཤད་དོ། །ཇི་ལྟར་ཞེ་ན། ཇི་ལྟར་ཉན་ཐོས་ལ་སོགས་བ་འགྲོ་བ་པོའི་གང་ཟག་ལ་བདག་མེད་པ་ལྟར་སངས
་རྒྱས་བཅོམ་ལྡན་འདས་གཤེགས་པ་པོ་ཡང་བདག་མེད་དེ། འགྲོ་བ་པའོ་གང་ཟག་བདག་མེད་པར་འདྲ་བས་ན་དེ་ལ་དགོངས་ནས་ཐེག་པ་གཅིག་གོ་།ཞེས་གསུངས་པའི་དོན་ཏོ། །གང་ཟག་ལ་ཅིའི་ཕྱིར་ཐེག་པ་ཞེས་བཏགས་ཞེ་ན། དེའི་ཕྱིར་བགྲོད་པར་བྱེད
་པ་དེ་ནི་ཐེག་པ་ཡིན་པའི་ཕྱིར་རོ། །ཞེས་སྨོས་ཏེ། འདིར་གང་ཟག་ལ་ཐེག་པར་བརྟགས་པའི་རྣམ་པར་གྲོལ་བའི་གནས་ཏེ། གང་ཟག་དེས་བྲོད་པར་བྱེད། དེ་ཕྱིན་པར་བྱེད་པས་ན་གང་ཟག་ལ་ཐེག་པ་ཞེས་བརྟགས་ཏེ། འགྲོ་བ་པོ་གང་ཟག་ཀུན་ལ་ཡང་བདག་མེད་པར་འདྲ
་བའི་ཕྱིར་ཐེག་པ་གཅིག་ཅེས་བཤད་དོ་ཞེས་བྱ་བའི་དོན་ཏོ། །རྣམ་པར་གྲལ་བ་མཚུངས་པའི་ཕྱིར་ཐེག་པ་གཅིག་ཏུ་གསུངས་ཏེ། ཅིའི་ཕྱིར་ཞེ་ན། ཉན་ཐོས་ཀྱི་རྣམ་པར་གྲོལ་བ་དང་རང་སངས་རྒྱས་ཀྱི་རྣམ་པར་གྲོལ་བ་དང། སངས་རྒྱས་ཀྱི་རྣམ་བར
་གྲོལ་བ་ཐ་དད་པ་མེད་པའི་ཕྱིར་ཏེ། མདོ་དག་ལས་ཀྱང། རྣམ་པར་གྲོལ་པ་དང། རྣམ་པར་གྲོལ་བ་དག་ལ་མི་འདྲ་བ་མེད་དོ། །ཞེས་བསུངས་སོ། །རྣམ་པར་གྲོལ་བ་ཅིའི་ཕྱིར་ཐེག་པ་ཞེས་བྱ་ཞེ་ན། །དེའི་ཕྱིར་བགྲོད་པ་གཅིག་པ་ཡིན་པའི་ཕྱིར་རོ་ཞེས་སྨོས་ཏེ།
་ཐེག་པའི་མཚན་ཉིད་ཀྱང་གང་གིས་བགྲོད་པར་བྱེད་པའི་རྒྱུ་ཡང་ཐེག་པ་ཞེས་བྱ། གང་དུ་བགྲོད་པར་བྱེད་པའི་གནས་ལ་ཡང་ཐེག་པ་ཞེས་བྱ་བ་ལས་རྣམ་པར་གྲོལ་བའི་གནས་བགྲོད་པར་བྱ་བའི་གནས་དང། ཐོབ་པར་བྱ་བའི་ཆོས་ཡིན་པས་ན?་དེ་ལ་ཐེག?
་པ་ཞེས་བྱའོ། རིགས་ཐ་དད་པ་ཐེག་པ་མཚུངས་པ་ནི་ཉན་ཐོས་ཀྱི་རིགས་མ་ངེས་པ་རྣམས་ཐེག་པ་ཆེན་པོས་འབྱུང་བའི་ཕྱིར་ཞེས་བྱ་བ་ལ། རིགས་ཐ་དད་པ་དག་ཐེག་པ་གཅིག་གི་སྒོ་ནས་སངས་རྒྱས་པར་འགྱུར་བས་ལམ་གཅིག་པས་ན་ཐེག་པ་གཅིག་ཏུ་བཤད
་དེ། ཇི་ལྟར་བྱང་ཆུབ་སེམས་དཔའ་ཨི་རིགས་ངེས་པ་དང། བྱང་ཆུབ་སེམས་དཔའ་ཨི་རིགས་མ་ངེས་པ་དག་ཐེག་པ་ཆེན་པོ་ལ་ཞུགས་ནས་འཚང་རྒྱ་བ་འཐོབ་པ་བཞིན་དུ། ཉན་ཐོས་ཀྱི་རིགས་མ་ངེས་པ་རྣམས་སྔོན་ཉན་ཐོས་ཀྱི་སྦྱང་པ་སྤྱོད་པ་ལས་སངས་རྒྱས
་དང་བྱང་ཆུབ་སེམས་དཔའ་ཨི་དགེ་བའི་བཤེས་གཉེན་དང་ཕྲད་ནས་ཉན་ཐོས་ཀྱི་སྤྱོད་པ་བཏང་ཏེ། ཐེག་པ་ཆེན་པོའི་ཆོས་སྤྱད་ནས་སངས་རྒྱས་པར་འགྱུར་ཏེ། ཐེག་པ་ཆེན་པོ་ཉིད་ཀྱི་ལམ་གྱིས་བྱུང་བས་ན་དེ་ལས་དགོངས་ཏེ། ཐེག་པ་གཅིག་ཏུ་གསུངས་སོ་ཞེས
་བྱ་བའི་དོན་ཏོ། །རིགས་ལ་ཅིའི་ཕྱིར་ཐེག་པ་ཞེས་བྱ་ཞེ་ན། དེའི་ཕྱིར། འདིས་བགྲོད་པ་ནི་ཐེག་པ་ཡིན་པའི་ཕྱིར་ཞེས་སྨོས་ཏེ། རིགས་འདིས་ནི་བྱང་ཆུབ་ཏུ་སེམས་བསྐྱེད་ཅིང་བྱང་ཆུབ་སེམས་དཔའ་ཨི་སྤྱོད་པ་ལ་སྤྱད་ནས་སངས་རྒྱས་པར་བྱེད་བས་ན་རིགས་པ
་ཐེག་བར་བཏགས། བསམ་པ་གཉིས་ཐོབ་པ་ཐེག་པ་གཅིག་པ་ནི་ཞེས་བྱ་བ་ལ། བསམ་པ་གཉིས་ཐོབ་པས་ན་ཐེག་པ་གཅིག་ཏུ་གསུངས་ཏེ། བསམ་པ་གཉིས་ཐོབ་པ་ནི་དེ་བཞིན་གཤེགས་པས་དགོངས་པས་བརྙེས་པ་དང། ཉན་ཐོས་གྱི་བསམ
་པ་རྙེད་པའོ། །སངས་རྒྱས་ཀྱི་སེམས་ཅན་ཐམས་ཅད་ལ་བདག་གི་ཉིད་དུ་བསམ་པ་ཐོབ་པ་དང་ཞེས་བྱ་བ་ལ་འདི་ལྟར་ས་དང་པོའི་དུས་ན་བྱང་ཆུབ་སེམས་དཔས་གང་ཟག་དང་ཆོས་ལ་བདག་མེད་པ་ཁོང་དུ་ཆུད་པས་བདག་དང་སེམས་ཅན་གཉིས་སུ་མཉཾ
་པ་ཉིད་ཀྱི་བསཾ་པ་རྙེད་དོ། །མཉམ་པ་ཉིད་ཀྱི་བསམ་པ་དེས་གཉིས་ནས་ས་བཅུའི་བར་དུ་བསྒོམས་པས་སངས་རྒྱས་ཀྱི་སའི་དུས་ན་རྣམ་པར་དག་སྟེ། བདག་གང་ཡིན་པ་སེམས་ཅན་གཞན་ཡང་དེ་ཡིན། སེམས་ཅན་གཞན་ཡིན་པ་བདག་ཡང་དེ་ཡིན་ནོ
་ཞེས་སེམས་ཅན་དང་བདག་ཏུ་རང་བཞིན་གཅིག་པའི་དགོངས་བ་བརྙེས་པས་ན་ཐེག་བ་གཅིག་ཏུ་བཤད་དོ་ཞེས་བྱ་བའི་དོན་ཏོ། །ཉན་ཐོས་དག་གིས་རིགས་སུ་ངེས་པ་རྣམས་སྔོན་བྱང་ཆུབ་སེམས་དཔའ་ཨི་ཚོགས་ལ་སྤྱད་པ་རྣཾས
་ཀྱང་སངས་རྒྱས་ཀྱི་བསམ་པར་འགྱུར་ཏེ་ཞེས་བྱ་བ་ལ། ཉན་ཐོས་དེའི་རིགས་སུ་ངེས་ཞེས་བྱ་བ་ནི། ཉན་ཐོས་ཀྱི་རིགས་ངེས་པའོ། །ཉན་ཐོས་ཀྱི་རིགས་སུ་ངེས་བའི་རྣམས་སྔོན་བྱང་ཆུབ་སེམས་དཔའ་ཨི་སྤྱད་པ་སྤྱོད་པ་ལས?་ཉན་ཐོས་ཀྱི་རིགས་ངེས་པ་ཡོད
་པས་ན་བྱང་ཆུབ་སེམས་དཔའ་ཨི་སྤྱོད་པ་བཏང་ནས་ཉན་ཐོས་ཐེག་པར་ཞུགས་ཏེ། ཉན་ཐོས་ཀྱི་མྱ་ངན་ལས་འདས་པའོ། །དེ་དག་དེ་བཞིན་གཤེགས་པ་སངས་རྒྱས་ཀྱི་དགོངས་པ་ལ་སྦྱར་བར་མཛད་དོ། དེ་ལྟར་མཛད་པས་ན་དེ་བཞིན་གཤེགS
་པ་རྣམས་ཀྱི་སྔོན་བདག་གིས་བྱང་ཆུབ་སེམས་དཔའ་ཨི་སྤྱད་པ་སྤྱོད་པས་སངས་རྒྱས་སོ་ཞེས་དགོངས་པ་བཞིན་དུ་ཉན་ཐོས་དེ་དག་ཀྱང་བདག་ཅིག་སྔོན་བྱང་ཆུབ་སེམས་དཔའ་ཨི་སྤྱད་པ་སྤྱོད་པས་འཚང་རྒྱ་བར་འགྱུར་རོ་ཞེས་སངས་རྒྱས་ཀྱི་བསམ་པ
་འཐོབ་པར་འགྱུར་ཏེ། དེ་ལ་དགོངས་ནས་ཀྱང་ཐེག་པ་གོ་ཅིག་ཏུ་གསུངས་སོ། །ཞེས་བྱ་བའི་དོན་ཏོ། །རྒྱུ་གང་གིས་སངས་རྒྱས་ཀྱི་བསམ་པ་ཐོབ་ཅེན་དེའི་ཕྱིར་སངས་རྒྱས་ཀྱི་མཐུས་ཞེས་བྱ་བ་སྨོས་ཏེ། སངས་རྒྱས་ཀྱི་བསམ་པ་ཐོབ་པ་ཡང་དེ་བཞིན་གཤེགས
་པའི་བྱིན་གྱི་བརླབས་ཀྱི་རྒྱུས་ཐོབ་བོ་ཞེས་བྱ་བའི་དོན་ཏོ། །བསམ་པ་ཇི་ཙམ་ཞིག་ཐོབ་ཅེ་ན། དེའི་ཕྱིར། །དེ་བཞིན་གཤེགས་པས་རྗེས་སུ་གཟུང་བའི་བྱེ་བྲག་གི་ཕྱོགས་ཐོབ་པའི་ཕྱིར་ཞེས་སྨོས་ཏེ། དེ་བཞིན་གཤེགས་པ་ལ་མངའ་བའི་དེ་བཞིན་གཤེཌ
་པ་དང་ལྡན་པའི་དགོངས་པའི་ཁྱད་པར་ལ་དེ་བཞིན་གཤེགས་པས་གཟུང་བའི་བྱེ་བྲག་ཅེས་བྱ་སྟེ། ཉན་ཐོས་དེ་དག་གིས་སངས་རྒྱས་ཀྱི་བསམ་པ་རྙེད་པ་ཡང་ཐོད་ཅིག་གཅིག་སྙེད་ཀྱི་གཏན་ཏུ་བསམ་པ་དེ?་དང་མི་ལྡན་པས་ན་ཕྱོགས་ཙམ་ཐོབ་པ་ཞེས་བྱའོ།།
་རྣམ་པ་ཇི་ལྟ་བུས་ཐོབ་པས་སངས་རྒྱས་ཀྱི་བསམ་པ་ཐོབ་པ་ནི་དེའི་ཕྱིར། རྒྱུད་ཐ་དད་པ་མ་ཡིན་པའི་ཕྱིར་རོ་ཞེས་སྨོས་ཏེ། ཉན་ཐོས་དང་བྱང་ཆུབ་སེམས་དཔའ་ཨི་སྤྱད་བ་སྤྱོད་པ་དང། སངས་རྒྱས་གཉིས་སུ་སྔོན་བྱང་ཆུབ་སེམས་དཔའ་ཨི་སྤྱད་པ་སྤྱོད་པས་འཆད
་རྒྱ་བར་འགྱུར་རོ་སྙམ་དུ་སེམས་པའི་སེམས་ཀྱི་རྒྱུད་ཐ་དད་པ་མ་ཡིན་པ་ཐོབ་པའི་ཕྱིར། སངས་རྒྱས་ཀྱི་བསམ་པའི་ཕྱོགས་ཙམ་ཞིག་ཐོབ་བོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་གཅིག་པའི་བསམ་པ་ཐོབ་པས་སངས་རྒྱས་དང་ཉན་ཐོས་རྣམས་གཅིག་པའི་ཕྱིར
་ཐེག་པ་གཅིག་གོ་ཞེས་བྱ་བ་ལ་གོང་དུ་བཤད་པ་ལྟར་ན། སངས་རྒྱས་རྣམས་ཀྱང་སེམས་ཅན་དང་བདག་ཏུ་མཉམ་པའི་བསམ་པ་ཐོབ་ཉན་ཐོས་རྣམས་ཀྱང། སངས་རྒྱས་ཀྱི་དགོངས་པ་དང་མཐུན་པའི་བསམ་པ་ཐོབ་པས། དེ་ལ་དགོངས་ནས་ཐེག་པ
་གཅིག་ཏུ་བཤད་དོ། །ཞེས་བྱ་བའི་དོན་ཏོ། །སྤྲུལ་པའི་ཕྱིར་ཐེག་པ་གཅིག་པ་འདི་ལྟ་སྟེ། ང་ནི་ལན་བརྒྱ་ཕྲག་དུ་མར་ཉན་ཐོས་ཀྱི་ཐེག་པར་ཡོངས་སུ་མྱ་ངན་ལས་འདས་སོ། ཞེས་གསུངས་བ་སྟེ། འདུལ་བ་རྣམས་ཀྱི་དོན་དུ། དེ་བཞིན་དུ་སྤྲུལ་བ་བསྟན་པའི
་ཕྱིར་རོ། །ཞེས་བྱ་བ་ལ། སྤྲུལ་པའི་ཕྱིར་ཡང་ཐེག་པ་གཅིག་ཏུ་བཤད་དེ། ཇི་ལྟ་ཞེ་ན་།ཇི་ལྟར་ཉན་ཐོས་རྣམས་རང་གི་ཐེག་པས་མྱ་ངན་ལས་འདས་པའི་དེ་བཞིན་དུ་དེ་བཞིན་གཤེགས་པའི་སྤྲུལ་པས་ཀྱང་ཉན་ཐོས་ཀྱི་ཐེག་པ་ལ་ཞུགས་ནས་ཡོངས་སུ་མྱ་ངན་ལས
་འདས་པར་བསྟན་ཏེ། ཉན་ཐོས་སྤྲུལ་པ་གཉིས་ཉན་ཐོས་ཀྱི་ཐེག་པས་མྱ་ངན་ལས་འདས་པར་ཐེག་པ་གཅིག་པས་ན་ཐེག་པ་གཅིག་ཏུ་བཤད་དོ་ཞེས་བྱ་བའི་དོན་ཏོ། །དེའི་ཕྱིར་མདོ་སྡེ་དེ་དང་དེ་དག་ལས་ཀྱང་ནི་ལན་བརྒྱ་སྟོང་དུ་མར་ཉན་ཐོས་ཀྱི་ཐེག་པར
་ཡོངས་མྱ་ངན་ལས་འདས་སོ་ཞེས་གསུངས་ཏེ། དེའང་དེ་བཞིན་གཤེགས་པ་ཉིད་ཉན་ཐོས་ཀྱི་ཐེག་པས་ཡོངས་སུ་མྱ་ངན་ལས་འདས་པ་ནི་མ་ཡིན་གྱི་དེ་བཞིན་གཤེགས་པའི་སྤྲུལ་པ་ཉན་ཐོས་ཀྱི་ཐེག་པར་མྱ་ངན་ལས་འདས་པར་བསྟན་ན། གདུལ་བར
་འགྱུར་བའི་སེམས་ཅན་རྣམས་གྱི་དོན་དུ་སྤྲུལ་བས་མྱ་ངན་ལས་འདས་པར་བསྟན་ཏོ། །མཐར་ཐུག་པའི་ཕྱིར་ཐེག་པ་གཅིག་པ་ནི་ཕན་ཆད་བགྲོད་བར་བྱ་བ་མེད་པར་ནི་ཐེག་པ་གཅིག་ཡིན་པའི་ཕྱིར། སངས་རྒྱས་ཉིད་ཐེག་པ་གཅིག
་གོ་ཞེས་བྱ་བ་ལ། མཐར་ཐུག་པའི་ཕྱིར་ཐེག་པ་གཅིག་ཏུ་བཤད་དེ་མཐར་ཐུག་པ་ཞེས་བྱ་བ་དང། མཆོག་ཏུ་གྱུར་པ་ཞེས་བྱ་བ་དང། ཕུལ་དུ་ཕྱིན་པ་ཞེས་བྱ་བ་དག་དོན་གཅིག་སྟེ། དཔེར་ན་འཇིག་རྟེན་ཡང་གང་དཔའ་བ་དང་འཛངས་པ་ཕུལ་དུ་ཕྱིན་བརྣམS?
་ལ་མི་འདི་གཅིག་པུར་ཟད་ཀྱི་མི་གཞན་མེད་དོ། །ཞེས་སྨྲ་བ་ལྟར། རྒྱུའི་ཆོས་ཐེག་པ་ཆེན་པོ་ཉིད་ཀྱང་ཐེག་པ་གཞན་ལ་ཁྱད་ཞུགས་ཏེ། ཕུལ་དུ་ཕྱིན་པ་དང་འབྲས་བུའི་ཆོས་སངས་རྒྱས་སུ་གྱུར་པ་ཉིད་སངས་རྒྱས་ཐོབ་བ་ཡང་ཕུལ་དུ་ཕྱིན་པ་ཡིན་ཏེ། སངས་རྒྱས
་ཕྱིན་ཆད་དེ?་ལས་ལྷག་པར་བགྲོད་ཅིང་ཐོབ་པར་བྱ་བའི་ཆོས་ཁྱད་པར་ཅན་གཞན་མེད་པ་ན་སངས་རྒྱས་ཉིད་ལ་ཐེག་པ་ཞེས་བཏགས་ཏེ། མཆོག་ཏུ་ཕྱིན་པ་ནི་དེ་གཅིག་བུར་ཟད་པའི་ཐེག་པ་ཆེན་པོ་གཅིག་ཏུ་བཤད་དོ། །ཞེས་བྱ་བའི་དོན་ཏོ། །དེ་ལྟར་མདོ་སྡེའི་དེ་དང་དེ་ལ
་དགོངས་པ་དེ་དང་དེ་དག་ཐེག་པ་གཅིག་ཏུ་རིག་པར་བྱ་སྟེ། ཐེག་པ་གསུམ་མེད་པ་ནི་མ་ཡིན་ནོ། །ཞེས་བྱ་བ་ལ། གོང་དུ་བཤད་པ་ལྟར་ན་ཐེག་པ་གསུམ་ཡོད་མོད་ཀྱི་ལང་ཀར་གཤེགས་པ་ལ་སོགས་པའི་མདོ་སྡེ་དེ་དང་དེ་དག་གི་ནང་ནས་ཐེག་པ་ནི
་གཅིག་ཏུ་ཟད་དེ། གསུམ་དུ་མེད་དོ། །ཞེས་བཤད་པ་ལས་ཡང་ཆོས་གཅིག་ལས་དགོངས་པ་དེ་དང་དེ་དག་ལ་དགོངས་ནས་ཐེག་པ་གཅིག་ཏུ་བཤད་པར་རིག་པར་བྱ་སྟེ། ངེས་པའི་དོན་དུ་ན་ཐེག་པ་གསུམ་མེད་པ་ནི་མ་ཡིན་ནོ། །ཞེས་བྱ་བའི་དོན་ཏོ། །ཅིའི
་ཕྱིར་དགོངས་པ་དང་དེས་ཐེག་པ་གཅིག་ཏུ་ངས་བཤད་ཅེ་ན་ཞེས་བྱ་བ་ལ། དེ་ལྟར་ཐེག་པ་གསུམ་ཡོད་ཀྱང་དགོངས་པ་རྣམ་པ་བདུན་པོ་དེ་དང་དེ་དག་ལ་དགོངས་ནས་ཐེག་པ་གཅིག་ཏུ་བཤད་པ་ལ་དོན་དང་དགོངས་པ་ཅི་ཡོད་ཅེས་བྱ་བའི་དོན་ཏོ། །ཁ་ཅིག
་དག་ནི་དྲང་བའི་ཕྱིར། །གཞན་དག་ཀྱང་ནི་གཟུང་བའི་ཕྱིར། །མ་ངེས་པ་ལ་སངས་རྒྱས་ཀྱིས། །ཐེག་པ་གཅིག་ཏུ་བསྟན་པ་ཡིན་ཞེས་བྱ་བ་ལ། མ་ངེས་པའི་རིགས་ཅན་རྣམས་ཀྱི་དོན་དུ་དགོངས་ནས་སངས་རྒྱས་ཀྱི་ཐེག་པ་གཅིག་གོ་།ཞེས་གསུངས་ཏེ། མ་ངེས་པའི
་རིགས་ཅན་ནི་ཉན་ཐོས་ཀྱི་རིགས་མ་ངེས་པ་དང། རང་སངས་རྒྱས་ཀྱི་རིགས་མ་ངེས་པ་དང། །བྱང་ཆུབ་སེམས་དཔའ་ཨི་རིགས་མ་ངེས་པའོ། །ཉན་ཐོས་དང་རང་སངས་རྒྱས་ཀྱི་རིགས་མ་ངེས་པ་དག་ཐེག་པ་ཆེན་པོའི་སྤྱོད་པ་ལ་བཙུད་ནས་སངས་རྒྱས་པར་བྱ་བའི་ཕྱིར་ཡང
་ཐེག་པ་གཅིག་ཏུ་བཤད་པ་དང། བྱང་ཆུབ་སེམས་དཔའ་ཨི་རིགས་མ་ངེས་པ་དག་འཁོར་བ་ན་ཕན་བཏགས་ཀྱང་གནོད་པར་བྱེད་པའི་སེམས་ཅན་དང། གནོད་པར་མ་བྱས་ཀྱང་གནོད་པར་བྱེད་པ་དང། དགོས་པ་མེད་པར་ཡང་གནོད་པ་བྱེད་པོ་དག་མཐོང་ནས་འཁོར་བས
་སྐྱོ་སྟེ། ཉན་ཐོས་ཀྱི་མྱ་ངན་ལས་འདས་བར་འཇུག་པ་འདོད་པའི་རྣམས་ཉན་ཐོས་ཀྱི་མྱ་ངན་ལས་འདས་པར་མི་བཏང་ཞིང་གཟུང་བར་བྱ་བའི་ཕྱིར་ཐེག་པ་གཅིག་ཏུ་བཤད་དོ། །ཞེས་བྱ་བའི་དོན་ཏོ། །ཐེག་པ་གཅིག་ཏུ་བཤད་པས་ཇི་ལྟར་དྲང་ཞིང་གཟུང་བར་འགྱུར་ཞེ
་ན། ཇི་ལྟར་ཐེག་པ་ནི་གཅིག་པར་ཟད་དོ། ཞེས་བཤད་པ་དང་དེ་འདི་སྙམ་དུ་སེམས་སྟེ། མཐར་བསྐོར་ན་ཡང་ཐེག་པ་ཆེན་པོ་ཉིད་ཀྱིས་མྱ་ངན་ལས་འདས་པར་འགྱུར་བས། དང་པོར་ཉན་ཐོས་ཀྱི་ཐེག་པར་སྤྱད། དེ་ནས་ཐེག་པ་ཆེན་པོ་ལ་སྤྱད་དེ། གཉིས་ལས་སྤྱད་པས
་ཅི་ཞིག་བྱས་དང་པོ་ཉིད་ནས་ཐེག་པ་ཆེན་པོ་ལ་འཇུག་པར་བྱའོ་སྙམ་དུ་སེམས་ཤིང་ཐེག་པ་ཆེན་པོ་ལ་དང་པ་ནས་སྤྱོད་པར་བྱེད་པས་ན་དེའི་ཕྱིར་ཐེག་པ་ཆེན་པོ་གཅིག་ཏུ་བཤད་དོ། །ཉན་ཐོས་ཀྱི་རིགས་མ་ངས་པ་ཞེས་སྨོས་པ་ལ། གལ་ཏེ་ཉན་ཐོS་ཀྱི་རིགས་མ་ངེས་པ་ཡིན
་ན་ཇི་ལྟར་ནས་ངེས་པར་འགྱུར་ཞེ་ན། ལམ་དུ་དེ་དག་ནི་ཉན་ཐོས་ཉིད་མ་ཡིན་གྱི་གཞན་དུན་མ་ངེས་པ་ཡིན་ཏེ་།སྔོན་ཉན་ཐོས་ཀྱི་སྤྱོད་པ་ལ་སྤྱོད་པས་ཉན་ཐོས་ཀྱི་རིགས་ཞེས་བྱ་བར་ཟད་དོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཨི་རིགས་མ་ངེས་པའི་ཚུལ་ཡང་དེ་དང་འདྲ་བར་བལྟ་བར་བྱའོ། །ཅིའི་ཕྱིར་ན།
་ཉན་ཐོས་ཀྱི་རིགས་མ་ངེས་པ་དེ་དག་དང་པོ་ནས་ཐེག་པ་ཆེན་པའི་སྤྱོད་པ་ལ་སྤྱོད་དུ་འཇུག་སྟེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བྱང་ཆུབ་སེམས་དཔའ་ཨི་སྤྱོད་པ་ལ་མ་བཞག་པར་བཏང་སྙོམས་སུ་བཀོད་ཅེ་ན། ལན་དུ་གནས་སྐབས
་ངེས་པ་ལ་ལྟོས་ནས་བཏང་སྙོམས་སུ་གཞག་སྟེ། དེ་དག་སྔར་ཉན་ཐོས་ཀྱི་སྤྱོད་པ་མ་སྤྱད་པར་ཐེག་པ་ཆེན་པོའི་སྤྱོད་པ་ལ་དགོད་དུ་མི་རུང་བས་ན་དེའི་ཕྱིར་བཏང་སྙོམས་སུ་བཀོད་པ་ལྟ་བུར་བལྟའོ། །གོང་དུ་ཉན་ཐོས་ཀྱི་རིགས་མ་ངེས་པ་རྣམས་དྲང་བའི་ཕྱིར་ཐེག་པ་གཅིག
་ཏུ་བཤད་དེ། །ཞེས་གླེངས་པ་ལས་ཉན་ཐོས་ཀྱི་རིགས་མ་ངེས་པ་ཐེག་པ་ཆེན་པོར་འཇུག་པ་ཕྱེ་ན་དུ་ཡོད་པ་བསྟན་པའི་ཕྱིར། ཉན་ཐོས་མ་ངེས་རྣམ་གཉིས་སྟེ། ཐེག་དོན་མཐོང་མ་མཐོང་བའོ། །ཞེས་སྨོས་ཏེ། ཉན་ཐོས་རིགས་མ་ངེས་པ་ཐེག་པ་ཆེན་པོའི་སྒོང
་ཞུགས་ནས་མངོན་པར་འཚང་རྒྱ་བར་འགྱུར་བ་རྣམ་པ་གཉིས་ཏེ་།ཐེག་བའི་དོན་མཐོང་བར་དུ?། ཐེག་བའི་དོན་མ་མཐོང་བའོ། །དེ་ལ་ཐེག་པ་ཞེས་བྱ་བ་ནི་བདེན་པ་བཞི་ལ་བྱ་སྟེ། བདེན་པ་བཞི་མཐོང་བ་ནི་ཐེག་པའི་དོན་མཐོང་བ་ཞེས་བྱའོ། །དེ་གང་ཞེ་ན། རྒྱུན་དུ་ཞུགས་པ་དང། ལན་གཅིག
་ཕྱིར་འོང་བ་དང། ཕྱིར་མི་འོང་བའི་གང་ཟག་གོ་།ཐེག་པའི་དོན་མ་མཐོང་བ་ནི་བདེན་པ་བཞི་མ་མཐོང་བ་སྟེ། སོ་སོའི་སྐྱེ་བོ་དང། མོས་པས་སྤྱོད་པའི་གང་ཟག་རྣམས་སོ། །ཉན་ཐོས་རིགས་མ་ངེས་པའི་ཐེག་པའི་དོན་མཐོང་བ་ལ་ཕྱིན་རྣམ་པ་དུ་ཡོད་པ་བསྟན
་པའི་ཕྱིར། དོན་མཐོང་འདོད་ཆགས་བྲལ་བ་དང། འདོད་ཆགས་མ་བྲལ་གཉིས་ཞན་ལ་ཞེས་བྱ་བ་སྨོས་ཏེ། ཐེག་བའི་དོན་མཐོང་བ་ལ་ཡང་རྣམ་པ་གཉིས་ཡོད་དེ། འདོད་པའི་འདོད་ཆགས་དང་བྲལ་བ་དང། འདོད་པའི་འདོད་ཆགས་དང་མ་བྲལ་བའོ། །དེ
་ལ་འདོད་པའི་འདོད་ཆགས་དང་བྲལ་བ་ནི། འདོད་པའི་ཁམས་ཀྱི་འདོད་ཆགས་དང་མཐོང་བ་དང་སྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་མ་ལུས་པར་སྤང་བ་སྟེ། འཕགས་པ་ཕྱིར་མི་འོང་བ་རྣམས་ཏེ། འདོད་པའི་འདོད་ཆགས་དང་མ་བྲལ་བ་ནི་འདོད་པའི་ཁམS
་ཀྱིས་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་བ་ནི་སྤངས་ཀྱི་བསྒོམ་པས་ནི་སྤང་པའི་ཉོན་མོངས་པ་རྣམས་ནི་མ་སྤངས་ཏེ། འཕགས་པ་རྒྱུན་ཏུ་ཞུགས་པ་དང། ལན་ཅིག་ཕྱིར་འོང་བ་རྣམས་སོ། །འདོད་ཆགས་དང་བྲལ་བར་མ་བྲལ་བ་གཉིས་ཀྱང་དབང་པོ་རྟུལ་པོ་དང། དུས་རིང་མོ་ཞིག་གིས་མྱ་ངན
་ལས་འདས་བ་ཐོབ་པར་འགྱུར་བས་ན་གཞན་བ་ཞེས་བྱའོ། །ཐེག་པ་ཆེན་པོས་ངེས་འབྱུང་ཡིན་ཞེས་བྱ་བ་ལ། ཉན་ཐོས་རིགས་མ་ངེས་པ་ཐེག་པའི་དོན་མཐོང་བ་དང། མ་མཐོང་བ་གཉིས་ཐག་པ་ཆེན་པོའི་སྤྱོད་པ་སྤྱད་ནས་མངོན་པར་འཚང་རྒྱ་བར་འགྱུར་བ་ནི་ཐེག?་པ
་ཆེན་པོ་འབྱུང་བ་ཞེས་བྱའོ། །ཉན་ཐོས་དོན་མཐོང་བ་ཐེག་པ་ཆེན་པོས་འབྱུང་བ་ཡང་ཁམས་གསུམ་དུ་སྐྱེས་ལ། སེམས་ཅན་དོན་བྱས་ནས་གདོང་ཐེག་པ་ཆེན་པོར་འབྱུང་བས་ན་ཇི་ལྟར་ཁམས་གསུམ་དུ་སྐྱེ་བ་བསྟན་པའི་ཕྱིར། དེ་གཉིས་འཕགས་པའི་ལམ་ཐོབ་ནས།
་སྲིད་པར་ཡོངས་སུ་བསྔོ་བའི་ཕྱིར། །བསམ་གྱིས་མི་ཁྱབ་འགྱུར་པ་ཡི། །སྐྱེ་བ་དང་ནི་ལྡན་པའོ་ཞེས་སྨོས་ཏེ། བདེན་པའི་དོན་མཐོང་བ་འདོད་ཆགས་དང་བྲལ་བ་དང་མ་བྲལ་བ་དེ་གཉིས་འཁོར་བར་སྐྱེ་བར་ཡང་སྔོན་འཕགས་པའི་ལམ་བསྒོམས་ཤིང་ཁོང་དུ་ཆུད་ཅིང་འཐོབ
་བ་སྟེ། འཁོར་བར་སྐྱེ་བའི་རྒྱུར་གྱུར་ཅིང་ཅེས་བསྔོས་ནས་འཁོར་བར་སྐྱེ་བའི་ཕྱིར་དེ་དག་འཁོར་བ་གཅིག་ནས་གཅིག་ཏུ་སྐྱེ་བ་ནི་བསམ་གྱིས་མི་ཁྱབ་པར་འགྱུར་བའི་སྐྱེ་བ་དང་ལྡན་པ་ཞེས་བྱའོ་སྨྲས་པ་འཕགས་པའི་ལམ་ནི་འཁོར་བ་ལ་ཞེ་སྡང་བ་སྟེ། འཁོར་བར་རྒྱབ
་ཀྱིས་ལྟ་བ་ཡིན་ན། འཕགས་པའི་ལམ་ཉིད་འཁོར་བར་སྐྱེས་ནས་འཁོར་བར་ཇི་ལྟར་འགྱུར་ཞེ་ན། དེ་ནི་བདེན་ཏེ་འཕགས་པའི་ལམ་འབའ་ཞིག་གིས་འཁོར་བར་སྐྱེ་བར་མི་འགྱུར་གྱི། འདོད་པའི་འདོད་ཆགས་དང་བྲལ་བའི་ཕྱིར་མི་འོང་བ
་རྣམས་ལ་ཡང་གཟུགས་དང་གཟུགས་མེད་པའི་ཁམས་ཀྱི་ཉོན་མོངས་པ་མ་སྤངས་པ་ལྷག་མ་ཡོད་པ་དང། འདོད་པའི་འདོད་ཆགས་དང་མ་བྲལ་བ། རྒྱུན་ཏུ་ཞུགས་པ་དང་ལན་ཅིག་ཕྱིར་འོང་བ་ལ་ཡང་འདོད་པའི་ཁམས་ཀྱི་བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས
་བ་མ་སྤངས་པ་དང། ཁམས་གཉིས་ཀྱི་ཉོན་མོངས་པ་མ་སྤངས་པ་ཡོད་པས། ཉོན་མོངས་པ་དེ་དག་འཕགས་པའི་ལམ་འཁོར་བར་སྐྱེས་བར་བསྔོས་པའི་མཐུས་ཕུལ་ནས་ཉོན་མོངས་པ་ཡིས་རྒྱ་བྱས་ཏེ། འཁོར་བ་སྐྱེ
་བར་འགྱུར་ཏེ། དེ་ཡང་འདི་ལྟར་བསྔོས་པ་བཞིན་སྐྱེས་ཏེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཉན་ཐོས་ཀྱི་རིགས་མ་ངེས་པ་འདོད་པའི་འདོད་ཆགས་དང། །བྲལ་བ་དང་མ་བྲལ་བའི་རྣམས་ལ། ཇི་ལྟར་ལྷག་མཐོང་གཅེར་བསྒོམ་ཤིང་མྱ
་ངན་ལས་འདས་པ་དང་རྗེས་སུ་མཐུན་པའི་ལམ་ནི་གཏོང་དུ་བཙུད་ལ། འཁོར་བ་ལས་མངོན་དུ་ལྟ་བའི་སྙིང་རྗེ་ཆེན་པོ་བསྒོམས་པའི་ལས་ལ་སྦྱོར་བར་མཛད་དོ། །དེ་ལ་ཆེན་པོའི་ལམ་བསྒོམས་པས་འཁོར་བ་ལ་ཞེ་སྡང་ཞིང་མྱ་ངན་ལས་འདས་བ་ལ་མངོན་དུ་བལྟས
་པས་ལྷག་མཐོང་གི་ལམ་འདུལ་བར་བྱེད་ལ། འཁོར་བ་ལ་མངོན་དུ་བལྟ་བར་བྱེད་དེ། ཡང་ནས་ཡང་དུ་འཁོར་དུ་ཡོངས་སུ་འཛིན་ན། སྲིད་པར་ཡོངས་སུ་བསྔོས་པས་ཞེས་བྱའོ། །དེ་ལྟར་སྙིང་རྗེ་ཆེན་པོའི་དབང་གིས་འཁོར་བར་སྐྱེ་བའི་ཕྱིར། དེ་དག་གི་སྐྱེ་བ་ནི་བསཾ?
་གྱིས་མི་ཁྱབ་པར་གཞག་གོ་།བསམ་གྱིས་མི་ཁྱབ་པ་སྐྱེ་བའི་ཕྱིར་དེའི་འཕགས་པའི་ལམ་འགྱུར་བས་ན་ཞེས་བྱ་བ་ལ། འཕགས་པ་དེ་དག་གི་སྐྱེ་བ་བསམ་གྱིས་མི་ཁྱབ་པར་བཤད་པ་ཡང་ལས་དང་ཉོན་མོངས་པའི་དབང་གིས་སྐྱེ་བ་ནི་མ་ཡིན་ནི་གྱིས་འཕགས
་པའི་ལམ་ཉིད་འཁོར་བར་སྐྱེ་བའི་རྒྱུར་གྱུར་པ་ན་དེ་དག་གི་སྐྱེ་བ་བསམ་གྱིས་མི་ཁྱབ་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་འདོད་པཱི་འདོད་ཆགས་དང་བྲལ་བ་དང་མ་བྲལ་བ་གཉིས་འཁོར་བར་སྐྱེ་བ་བསམ་གྱིས་མི་ཁྱབ་པའི་མཚན་ཉིད་ཡིན་པར་བཤད་ནས། ང
་ནི་འདོད་པའི་འདོད་ཆགས་དང་མ་བྲལ་བའི་སེམས་ཅན་གྱི་དོན་དུ་འཁོར་བར་ཇི་ལྟར་སྐྱེ་བ་བསྟན་བའི་ཕྱིར་གཉིག་ནི་སྨོན་ལམ་དབང་དག་གིས་སྐྱེ་བར་ཀྱང་ནི་རབ་ཏུ་འགྱུར་ཞེས་བྱ་བ་སྨོས་ཏེ། གཅིག་ཅེས་བྱ་བའི་སྤྲས་འདོད་པའི་འདོད་ཆགས་དང་མ་བྲལ
་བར་རྒྱུན་ཏུ་ཞུགས་པ་དང་ལན་ཅིག་ཕྱིར་འོང་བ་ལ་བྱ་སྟེ། དེ་དག་འཁོར་བར་ཇི་ལྟར་སྐྱེ་ཞེ་ན། སྨོན་ལམ་གྱི་དབང་གིས་སྐྱེ་སྟེ། དེ་ཡང་འདི་ལྟར་ཁམས་གསུམ་གྱི་སེམས་ཅན་སྡུག་བསྔལ་བ་མཐོང་ནས་གང་དང་གང་སེམས་ཅན་གྱི་དོན་བྱ་བར་འདོད་པར
་མཐོང་བ་དེ་བཞིན་དེ་དག་ཏུ་སྐྱེ་བར་གྱུར་ཅིག་ཅེས་སྨོན་ལམ་བཏབ་པ་དང། སྨོན་ལམ་གྱི་དབང་གིས་དེ་དང་དེ་དག་ཏུ་སྐྱེ་བར་འགྱུར་ཏེ། སྐྱེས་ནས་སེམས་ཅན་ལ་ཕན་པ་དང། བདེ་བར་བྱས་ཏེ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསགས་ནས་འཚང་རྒྱ
་བར་འགྱུར་རོ། །ཞེས་བྱ་བའི་དོན་ཏོ། །འདོད་པའི་འདོད་ཆགས་དང་བྲལ་བ་འཁོར་བར་ཇི་ལྟར་སྐྱེ་བ་བསྟན་པའི་ཕྱིར། ཅིག་ཤོས་ཕྱིར་མི་འོང་བ་ནི། རྣལ་འབྱོར་གྱི་ནི་སྤྲུལ་པས་སྒྲུབ་ཅེས་བྱ་བ་སྨོས་ཏེ། ཅིག་ཤོས་ཞེས་བྱ་བ་ནི་འདོད་པའི་འདོད་ཆགས་དང་བྲལ
་པ་ལ་བྱ་སྟེ། དེ་དག་ནི་རང་ཉིད་འཁོར་བར་མི་སྐྱེས་ཏིང་ངེ་འཛིན་བསྒོམས་ནས་ཏིང་ངེ་འཛིན་གྱི་སྤྲུལ་པས་སྤྲུལ་ཏེ། སྤྲུལ་པ་འཁོར་བ་སྐྱེས་ནས་སེམས་ཅན་གྱི་དོན་སྲུབ་ནས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསགས་ནས་མངོན་པར་འཚང་རྒྱ་བར་བྱེད་དོ་ཞེས
་བྱ་བའི་དོན་ཏེ། །འདོད་བཞིན་སྐྱེ་བ་འཛིན་ཏོ། །ཞེས་བྱ་བ་ལ། ལས་དང་ཉོན་མོངས་པས་སྐྱེ་བ་ནི་མ་ཡིན་གྱི་སྨོན་ལམ་གྱི་དབང་གིས་སྐྱེ་ཞེས་བྱ་བའི་དོན་ཏོ། །གོང་དུ་འདོད་པའི་འདོད་ཆགས་དང་བྲལ་བ་དང་མ་བྲལ་བ་གཉིས་ཞན་པོ་ཞེས་བཤད་བ་ལ། ཇི་ལྟར
་གཉིས་ཞན་པ་བསྟན་པའི་ཕྱིར། མྱ་ངན་ལས་འདས་པ་ལ་དགའ་བའི་ཕྱིར། དེ་གཉིས་སྨོངས་པ་ཞུགས་པར་དགོངས་ཞེས་བྱ་བ་སྨོས་ཏེ། དོན་མཐོང་བའི་གང་ཟག་དེ་གཉིས་ཀྱང། ཉན་ཐོས་ཀྱི་སྤྱོད་པ་འཁོར་བ་ལ་སྐྱོ་བ་དང། མྱ་ངན་ལས་འདས་པ་ལ་མངོན
་སུམ་དུ་ལྟ་བ་ལ་དགའ་བས་ན་ཤེས་རབ་ཏུ་རྟུལ་བ་དང་དུས་རིང་པོར་བླ་ན་མེད་པའི་བྱང་ཆུབ་འཚ་བ་རྒྱ་བར་རྨོངས་པར་ཞུགས་པ་ཡིན་ནོ། །ཞེས་བྱ་བའི་དོན་ཏོ། །ཇི་ལྟར་མྱ་ངན་ལས་འདས་པ་ལ་དགའ་ཞེ་ན། དེའི་ཕྱིར། ཕྱི་ཕྱིར་བདག་གི་སེམས་ལ་ནི། ཀུན་ཏུ་སྤྱོད
་པ་སྦྱོར་བས་སོ། །ཞེས་བྱ་བ་སྨོས་ཏེ། བདག་གི་སེམས་ནི་ཉོན་མོངས་པ་དང་ཉན་ཐོས་ཀྱི་སེམས་སོ་ཕྱི་ཕྱིར་ཞེས་བྱ་བ་ནི་ཡང་ནས་ཡང་དུ་ཞེས་བྱ་བའི་དོན་ཏོ། །དོན་མཐོང་བའི་ཉན་ཐོས་དེ་དག་ཡང་ནས་ཡང་དུ་ཉན་ཐོས་ཀྱི་སེམས
་ཉོན་མོངས་པ་དང་འཁོར་བས་སྐྱོ་བ་དང། མྱ་ངན་ལས་འདས་པ་ལ་མངོན་པར་དགའ་བ་ཡང་ནས་ཡང་དུ་འབྱུང་ཞིང་དེ་ལ་ཀུན་ཏུ་སྤྱོད་ཅིང་སྦྱོར་ལ་སེམས་ཅན་གྱི་དོན་མི་བྱེད་པས་མྱ་ངན་ལས་འདས་པ་ལ་མངོན་དུ་དགའ་བ་ཞེས་བྱ་སྟེ། དེ་ལྟར་གྱུར་དང
་དང་པོ་ཉན་ཐོས་ཀྱི་ཐེག་པ་ལ་ཡང་བཤད་དེ། དེ་ནས་བསྐལ་བ་གྲངས་མེད་པ་གསུམ་དུ་ཐེག་པ་ཆེན་པོར་ཞུགས་ནས་འཚང་རྒྱ་བས་ཡུན་རིང་པོར་འཚང་བའི་ཕྱིར་ཞན་པ་ཞེས་བྱའོ། །ཉན་ཐོས་རིགས་མ་ངེས་པ་རྣམ་པ་གཉིས་ལས་དོན་མཐོང་བ
་དང་མ་མཐོང་བ་རྣམ་པ་གཉིས་སུ་བཤད་དོ། །དོན་མཐོང་བ་ལ་རྣམ་པ་གཉིས་ཏེ། འདོད་པའི་འདོད་ཆགས་དང་བྲལ་བ་དང། མ་བྲལ་བ་རྣམ་པ་གཉིས་སུ་ཕྱེ་བས་ལས་དེ་གཉིས་འཁོར་བར་སྐྱེས་ཏེ། སེམས་ཅན་གྱི་དོན་བྱས་ནས་བསོད་ནམས་དང་ཡེ་ཤེས
་ཀྱི་ཚོགས་བསགས་ཏེ། ཇི་ལྟར་མངོན་པར་འཚང་རྒྱ་བར་འགྱུར་བ་ནི་བཤད་ཟིན་ཏོ། །ད་ནི་རིགས་མ་ངེས་པ་ཐེག་པ་ཆེན་པོའི་དོན་མ་མཐོང་པ་སྟེ་།དེ་ཇི་ལྟར་མངོན་པར་འཚང་རྒྱ་བར་བསྟན་པའི་ཕྱིར། གང་ཕྱིར་དོན་མ་བྱས་བ་དེ། །སངས་རྒྱས
་མེད་འབྱུང་བསམ་གཏན་དོན། །བརྩོན་ཞིང་སྤྲུལ་པ་སྤྲུལ་དོན་དུ། །དེ་ལ་བརྟེན་ནས་བྱང་ཆུབ་ཐོབ་ཅེས་བྱ་བ་སྨོས་སོ། །འདི་ལྟར་འདོད་པའི་ཆོས་ཁམས་ཀྱི་འདོད་ཆགས་དང་ཡང་མ་བྲལ། །བདེན་པ་ཡང་མ་མཐོང་བའི་ཉན་ཐོས་ཀྱི་རིགས་མ་ངེས་པ་དེ་དག
་ནི་དོན་མ་བྱས་པ་སྟེ། སོ་སོའི་སྐྱེ་བོ་འམ། མོས་པ་སྤྱོད་པའི་ས་ལ་གནས་པ་རྣམས་སོ། །དོན་མ་བྱས་པ་དེ་དག་འདོད་བའི་ཁམས་ནས་ཤི་འཕོས་ནས་འདོད་པའི་ཁམས་ཀྱི་ལྷ་ཚེ་རིངས་པོའི་ནང་དུ་སྐྱེའོ། །དེ་ལྟར་ལྷ་ཚེ་རིངས་པོའི་ནང་དུ་འདུག་འདུག་པ་ལས་ནམ
་འཇིག་རྟེན་ན་སྟོན་བ་སངས་རྒྱས་དང། དེའི་བསྟན་པ་ཆོས་རྣམས་ནུབ་སྟེ། མེད་པར་གྱུར་པ་དང། སླར་འདོད་པའི་ཁམས་སུ་སྐྱེ་བར་བྱེད་དོ། །འདོད་པའི་ཤེས་སུ་སྐྱེས་ནས། གཟུགས་ཀྱི་ཁམས་ཀྱི་བསམ་གཏན་ཐོབ་པར་བྱ་བའི་ཕྱིར་བརྩོན་ཞིང་འབད
་པར་བྱེད་དོ། །དེའང་ཅིའི་ཕྱིར་བསམ་གཏན་ལ་བརྩོན་ཞེ་ན། སྤྲུལ་པ་སྤྲུལ་པ་འདོད་བའི་དོན་དུ་བསམ་གཏན་ལ་བརྩོན་པར་བྱེད་དེ། དེས་སྤྲུལ་པ་སྤྲུལ་ནས། སྤྲུལ་པ་དེ་ལ་བརྟེན་ནས་དེ་སྤྲུལ་པས་ཁཾས་གསུམ་དུ་སེམས་ཅན་གྱི་དོན་བྱས་ནས་བསོད་ནམས་དང
་ཡེ་ཤེས་ཀྱི་ཚོགས་བསྐངས་ཏེ། མཇུག་ཏུ་མངོན་པར་འཚང་རྒྱ་བར་བྱེད་དོ། །ཞེས་བྱ་བའི་དོན་ཏོ། །འདིའི་ཞེས་བྱ་བ་ཉན་ཐོས་ཀྱི་རིགས་མ་ངེས་པ་ནི་བདེན་པའི་དོན་མ་མཐོང་བའི་གང་ཟག་འདི་ཞེས་བྱ་བའི་དོན་ཏོ། །སློབ་པར་གྱུར་ནས་ཞེས་བྱ་བ་ནི་སོ་སོའི་སྐྱེ་བོ་?།
་མོས་པ་སྤྱོད་པའི་ས་བ་ན་དེ་བཞིན་གཤེགས་པའི་ཉན་ཐོས་སུ་གྱུར་ནས་ཤི་འཕོས་ཏེ་འདོད་པའི་ཁམས་ཀྱི་ལྷ་ཚེ་རིངས་པོའི་ནང་དུ་སྐྱེས་སོ། །ཞེས་བྱ་བའི་དོན་ཏོ། །སངས་རྒྱས་མེད་པའི་དུས་ན་སྐྱེས་ཏེ་ཞེས་བྱ་བ་ནི་ལྷ་ཚེ་རིངས་བའི་ནང་ནས་ཀྱང་འདོད་པའི་ཁམS
་ན་དེ་བཞིན་གཤེགས་པ་མི་བཞུགས་པའི་ཚེ་སྐྱེས་ནས་ཞེས་བྱ་བའི་དོན་ཏོ། །བསམ་གཏན་གྱི་དོན་ལས་བརྩོན་ཞིང་སྤྲུལ་པ་འདོད་དེ། སྤྲུལ་པ་དེ་དག་ལ་བརྟེན་ནས་རིམ་གྱིས་བྱང་ཆུབ་མཆོག་ཐོབ་པོ། ཞེས་བྱ་བ་ལ། འདོད་པའི་ཁམས་སུ་སྐྱེས་ནས་ཀྱང
་གཟུགས་ཀྱི་ཁམས་ཀྱི་བསམ་གཏན་ཐོབ་པར་བྱ་བའི་ཕྱིར་བརྩོན་ཞིང་འབད་པར་བྱེད་དེ། བསམ་གཏན་ལ་ཡང་ཅིའི་ཕྱིར་བརྩོན་ཞིང་སྤྲུལ་པ་འདོད་པའི་ཕྱིར་རྩོན་པར་བྱེད་དེ། དེས་བསམ་གཏན་གྱི་སྤྲུལ་པས་སྤྲུལ་ནས། སྤྲུལ་པས་རྫུ་འཕྲུལ་སྣ་ཚོགས་ཀྱིས་འདོད
་པའི་ཁམས་བརྒྱད་པར་བྱེད་དོ། །དེའི་དོན་ནི་འདི་ལྟ་སྟེ། དོན་མ་བྱས་པའི་ཉན་ཐོས་རིགས་མ་ངེས་པ་རྣམས་ལྷ་ཚེ་རིང་པོའི་ནང་ནས་འདོད་པའི་ཁམས་སུ་སྐྱེས་བ་ན་ཡུལ་ལ་སེམས་མངོན་པར་མི་དགའ་བ་དང། གསུང་གོཾS?་པའི་སྟོབས་ཀྱིས་སློབ་དཔོན་མེད་བར་འཕཊ་པའི་ལམ་མངོན་སུམ
་དུ་བྱེད་དོ། །དེ་ནས་བསམ་གཏན་བསྒྲུབས་ནས་བསམ་གཏན་གྱི་སྤྲུལ་པ་སྐྱེ་སྟེ། སྤྲུལ་པས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྫོགས་པར་བྱེད་དེ། དེ་ནི་རང་སངས་རྒྱས་ཀྱི་དུས་སོ། །དེ་ནས་མཇུག་ཏུ་རིམ་གྱིས་བླ་ན་མེད་པའི་བྱང་ཆུབ་འཐོབ་སྟེ།
་དེ་ནི་སངས་རྒྱས་ཀྱི་དུས་སོ། །གནས་དེ་གསུམ་ལ་དགོངས་ནས་ཞེས་བྱ་བ་ནི་ཉན་ཐོས་ཀྱི་གནས་དང། རང་སངས་རྒྱས་ཀྱི་གནས་དང། སངས་རྒྱས་ཀྱི་གནས་གསུམ་ལ་དགོངས་པ་ཞེས་བྱ་བའི་དོན་ཏོ། །བཅོམ་ལྡན་འདས་ཀྱི་དང་ལ་གྱི་དྲང་བའི་མདོ་ལས་མེའི་དཔེས་ཞེས
་བྱ་བ་ལ་དེ་ལྟར?་གནས་དེ་གསུམ་ལ་དགོངས་ནས་བཅོམ་ལྡན་འདས་ཀྱིས་ཀྱང་དང་པོར་མི་ལྕི་བ་ལས་མཆེད་དོ། དེ་ནས་དེ་དང་ཉེ་བའི་རྩལ་མཆེད་དོ། །དེ་ནས་ཡུལ་འཁོར་ལམ་ཆེད་དོ། །ཞེས་གསུངས་བའི་དཔེས་ཉན་ཐོས་སུ་གྱུར་ནས་སངས་རྒྱས་སུ་འགྱུར་རོ
་རང་སངས་རྒྱས་སུ་གྱུར་ནས་སངས་རྒྱས་སུ་གྱུར་ཏོ། །ཞེས་གསུངས་ཏེ། དེའང་འདོད་པའི་འདོད་ཆགས་དང་མ་བྲལ་བདེན་པ་མ་མཐོང་བ་སྟེ། འདོད་པའི་ཁམས་ཀྱི་ལྷ་ཚེ་རིང་བོའི་ནང་དུ་སྐྱེས་ཀྱི་བར་དུ་ནི་ཉན་ཐོས་སུ་འགྱུར་བ་ཞེས་བྱའོ། །དེ་ནས་ལྷ་ཚེ་རིངས
་པོའི་ནས་ཤི་འཕོས་ཏེ་སངས་རྒྱས་མེད་པའི་དུས་སུ་བྱུང་བ་ལ་བསམ་གཏན་གྱིས་སྤྲུལ་པ་བསྒྲུབས་ཏེ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསགས་པ་ན་ནི་རང་སངས་རྒྱས་སུ་འགྱུར་བ་ཞེས་བྱའོ། །དེ་ནས་མཇུག་ཏུ་བྱང་ཆུབ་མཆོག་ཐོབ་པ་ནི་སངས་རྒྱས
་སུ་འགྱུར་བ་ཞེས་བྱའོ། །ཚེའི་དུས་བཏང་ནས་སྤྲུལ་པའི་ལུས་འཛིན་པ་ཞེས་བྱ་བ་ལ། དེས་བསམ་གཏན་གྱི་མཚན་ཉིད་རྫུ་འཕྲུལ་གྱི་རྐང་པ་བཞི་བསྒོམས་པ་ཡང་བདག་གི་ཚེ་འདི་སྲིད་ཅིག་ཅེས་ནི་བྱིན་གྱིས་མི་སློབ་ཀྱི་བདག་གི་བསམ་གཏན་འདིའི་མཐུས་སྤྲུལ
་པ་སྒྲུབ་པར་གྱུར་ཅིག་ཅེས་སྤྲུལ་པ་གྲུབ་པར་བྱེད་པས་ན་སྤྲུལ་པའི་ལུས་ཡོངས་སུ་འཛིན་པ་ཞེས་བྱའོ། །རིགས་པའི་གནས་ཡོངས་སུ་ཚོལ་བར་ཚིགས་སུ་བཅད་བ་ཞེས་བྱ་བ་ལ། ཡུལ་ཞེས་བྱ་བ་ནི་དོན་ཅིག་སྟེ། ཤེས་པར་བྱ་བའི་ཕུལ་གང་དང་གང་ཡིན་བ་བརྟཌ་པ
་ལ་ཚིགས་སུ་བཅད་པ་གཅིག་གིས་བསྟན་ཏོ། །ཞེས་བྱ་བའི་དོན་ཏོ། །རིགས་པའི་གནས་ཐམས་ཅད་ལ་མཁས་པར་མ་བྱས་ན་ཐམས་ཅད་མཁྱེན་པ་མི་འཐོབ་པས་ན་།དེའི་ཕྱིར་རིག་པའི་གནས་བཅལ་ལོ། །དེ་ཡང་རིག་པའི་གནས་ལ་གྲངས་སུ་ཡོད་པ་དང། དོན་གང
་གི་ཕྱིར་བཙལ་བ་སྟེ། རྣམ་པ་གཉིས་སོ། །དོན་གང་གང་གི་ཕྱིར་བཙལ་བ་ལ་ཡང་རྣམ་པ་གཉིས་ཏེ། བྱེ་བྲག་མེད་པའི་དོན་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པར་བྱ་བའི་ཕྱིར་བཙལ་བ་དང། བྱེ་བྲག་ཏུ་ན་གཞན་ཚར་གཅད་པ་དང། གཞན་རྗེས་སུ་གཟུང
་བ་དང། བདག་ཉིད་ཤེས་པར་བྱ་བའི་ཕྱིར་བཙལ་ལོ། །རིག་པའི་གནས་ལྔ་དག་ལ་བརྩོན་པར་མ་བྱས་ན། འཕགས་པའི་དམ་པ་ཐམས་ཅད་མཁྱེན་པ་ག་ལ་འཐོབ་ཅེས་བྱ་བ་ལ། རིག་པའི་གནས་ནི་ལྔ་སྟེ། ནང་རིག་པ་དང། རྒྱུ་རིག་པ་དང་སྒྲ་རིག་པ་དང
་གསོ་བ་རིག་པ་དང། བཟོའི་ལས་ཀྱི་གནས་རིག་པའོ། །དེ་ལ་དེ་བཞིན་གཤེགས་པའི་གསུང་རབ་ཡན་ལག་བཅུ་གཉིས་ལ་མཁས་པ་ནི་ནང་རིག་པ་ཞེས་བྱའོ། །མངོན་སུམ་དང་རྗེས་སུ་དཔག་པ་ཚད་མས་ནི་ཟིན་པའི་ཏར་ཀའི་གཞུང་ལ་མཁས་པ་ནི་རྒྱུ
་རིག་པ་ཞེས་བྱའོ། །སྒྲའི་གཙུག་ལག་བྱ་ཀར་ཎ་ལ་མཁས་པ་ནི་སྒྲ་རིག་པ་ཞེས་བྱའོ། །རླུང་དང་བད་ཀན་ལ་སོགས་པ་ནང་གསོ་བའི་གཙུག་ལག་ལ་མཁས་པ་ནི་གསོ་བ་རིག་པ་ཞེས་བྱའོ། །གླུ་དང་གར་དང་གཡོས་ལ་སོགས་པའི་གཙུག་ལག་ལ་མཁས་པ་ནི
་བཟོའི་ལས་ཀྱི་གནས་རིག་པ་ཞེས་བྱའོ། །རིག་པའི་གནས་ལྔ་དག་ལ་མཉན་པ་དང། བསམ་པ་ལ་སོགས་པའི་སྒོ་ནས་ཤེས་པ་དང་རྟོགས་པར་མ་བྱས་པར། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཐམས་ཅད་མཁྱེན་པའི་ཡེ་ཤེས་གང་ལ་ཐོབ་སྟེ། དེ་བས་ན་བྱེ་བྲག
་མང་བ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པར་བྱ་བའི་ཕྱིར་རིག་པའི་གནས་ལྔ་ལ་རྩོན་པར་བྱེད་དོ། །ཞེས་བྱ་བའི་དོན་ཏོ། །དེ་ལ་འཕགས་པའི་ཉན་ཐོས་དང་རང་སངས་རྒྱས་ཏེ། དེ་དག་ལས་མཆོག་ཏུ་གྱུར་པས་འཕགས་པའི་དམ་པའི་བྱང་ཆུབ་སེམས་དཔའ་ཨོ་
་ཇི་སྙེད་ཡོད་པ་དང། ཇི་ལྟ་ཡོད་པ་མ་ལུས་པ་དང་ཕྱིན་ཅི་མ་ལོག་པར་ཤེས་པ་ནི་ཐམས་ཅད་མཁྱེན་པ་ཞེས་བྱའོ། །དེ་ལྟར་གཞན་དག་ཚར་བཅད་པ་དང་རྗེས་སུ་གཟུང་བའི་ཕྱིར། བདག་ཉིད་ཤེས་བྱའི་ཕྱིར་དེ་དེ་ལ་རྩོན་བྱེད
་ཅེས་བྱ་བ་ལ། བྱེ་བྲག་ན་རྒྱ་རིག་པ་དང། སྒྲ་རིག་པ་ལ་བྱང་ཆུབ་སེམས་དཔའ་བརྩོན་པར་བྱེད་དོ། །ཅིའི་ཕྱིར་ཞེ་ན། མུ་སྟེགས་རྒྱུ་རིག་པའི་གཅུག་ལག་ཤེས་པར་རློམ་པ་དང། སྒྲ་རིག་པའི་གཙུག་ལག་ཤེས་པས་རློམ་པ་དེ་དག་ཚར་བཅད་པར་བྱ་བའི་ཕྱིར
་རྩོན་པར་བྱེད་དོ། །གསོ་བའི་རིག་པ་དང། བཟོའི་ལས་ཀྱི་གནས་རིག་པ་ལ་བྱང་ཆུབ་སེམས་དཔའ་བརྩོན་པར་བྱེད། ཅིའི་ཕྱིར་ཞེ་ན། ནད་ཀྱིས་བཏབ་པའི་ནད་ཞི་བར་འདོད་པ་རམས་དང། བཟོ་སློབ་པར་འདོད་ཅིང་ལོངས་སྤྱོད་པ་རྣམས་ལ་རྗེས་སུ་གཟུང
་ཞིང་ཕན་གདགས་པའི་ཕྱིར་རྩོན་པར་བྱེད་དོ། །ནད་རིག་པ་ལ་བྱང་ཆུབ་སེམས་དཔའ་བརྩོན་པར་བྱེད་དེ། ཅིའི་ཕྱིར་ཞེ་ན། བདག་ཉིད་འཕགས་པའི་ལམ་དེ་ཁོ་ན་ཉིད་ཀྱི་མཚན་ཉིད་གང་ཡིན་པ་ཕྱིན་ཅི་མ་ལོག་པར་ཤེས་པར་བྱ་བའི་ཕྱིར་བརྩོན་པར་བྱེད
་དེ། དེ་དག་ཅེས་བྱ་བ་ནི་རིག་པའི་གནས་ལྔ་པོ་དེ་དག་ཅེས་བྱ་བའི་དོན་ཏོ། །གང་གིས་ཕྱིར་ཞེས་བྱ་བ་ནི་འབྲས་བུ་གང་གི་ཕྱིར་རིག་པའི་གནས་ལྔ་ལ་རྩོན་པར་བྱེད་པ་དེ་བསྟན་ཏོ། །ཞེས་བྱ་བའི་དོན་ཏོ། །རྒྱུ་རིག་པ་དང་སྒྲ་རིག་པ་ཚོལ་བ་ནི་གཞན་དེ་ལ་མ་མོས་བདག
་ཚར?་ཅད་པའི་ཕྱིར། །ཞེས་བྱ་བ་ལ་བྱང་ཆུབ་སེམས་དཔའ་ཚོལ་བར་བྱེད་དེ། འདི་ལྟར་ལེགས་པར་སྨྲས་པ་དང། ཉེས་བར་སྨྲས་པ་རྣམས་ཀྱི་དོན་ཕྱིན་ཅི་མ་ལོག་པར་ཤེས་པར་བྱ་བ་དང། རྒྱུ་རིག་པའི་གཙུག་ལག་ཤེས་པས་རློམ་པའི་མུ་སེགས་པ
་དག་ཚར་གཅད་པ་དང། བསྟན་པ་འདི་ལ་མ་དང་བ་རྣམས་དད་པ་བསྐྱེད་པ་དང། དད་པ་བསྐྱེད་པ་རྣམས་དང་པ་ཕྱིར་ཞིང་འཕེལ་བར་བྱ་བའི་ཕྱིར་ཆོལ་བར་བྱེད་དོ། །སྒྲ་རིགས་བྱང་ཆུབ་སེམས་དཔའ་ཚོལ་བར་བྱེད་དེ་བདག་ཉིད་སམ་སྒྲ?་ཏའི་སྐད་ལ་མཁས
་བའི་སྒོ་ནས་བདག་ལ་མཁས་པ་གཞན་དག་ཡིད་ཆེས་པར་བྱ་བ་དང། སྒྲའི་གཙུག་ལག་ཤེས་པས་རློམ་པའི་མུ་སྟེགས་པ་དག་ཚར་གཅད་པར་བྱ་བ་དང། དོན་གཅིག་ལ་ངེས་པའི་ཚིག་མང་པོ་བསྟན་ཅིང་བཤད་པའི་ཆོས་ཐ་སྙད་ལ་མཁས་པར་བྱ་བའི་ཕྱིར་ཆོལ་བར
་བྱེད་དོ་ཞེས་བྱ་བའི་དོན་དོ། །གསོ་བ་རིག་པ་དང། བཟོའི་ལས་ཀྱི་གནས་རིག་པ་ནི་གཞན་དེ་འདོད་པ་དག་རྗེས་སུ་གཟུང་བའི་ཕྱིར་ཞེས་བྱ་བ་ལ། གསོ་བ་རིག་པ་བྱང་ཆུབ་སེམས་དཔའ་ཚོལ་བར་བྱེད་དོ། །ཅིའི་ཕྱིར་ཞེ་ན། ནད་དང་ནང་ཀྱི་གླེང་གཞི་དང་ནང་མེད་པ་དང་ནད་མེད་པཱི
་ཐབས་ཤེS་པར་བྱ་བ་དང། སེཾས་ཅན་གྱི་ནང་རྣམ་པ་སྣ་ཚོགས་ཞི་བར་བྱ་བའི་ཕྱིར་ཚོལ་བར་བྱེད་དོ། །བཟོའི་ལས་ཀྱི་གནས་རིག་པ་བྱང་ཆུབ་སེམས་དཔའ་ཚོལ་བར་བྱེད་དེ། དེ་ཅིའི་ཕྱིར་ཞེ་ན། ཚར་ཆུང་ངུ་དང་ཤ་ཐ་?་མེད་པར་ལོང་སྤྱོད་བསྒྲུབ་པར་བྱ་བ་དང། ལོང་སྤྱོད་དང་ལྡན་ཞིང་བཟེའི
་གནས་?་འཇིག་རྟེན་པ་རྣམས་ཀྱིས་བདག་ལ་བཀུར་བར་བྱ་བ་དང། ལོངས་སྤྱོད་ཀྱི་སྒོ་ནས་འཇིག་རྟེན་པ་རྣམས་ལ་ཕན་པར་བྱ་བའི་ཕྱིར་ཚོལ་པར་བྱེད་དོ། །ནང་རིག་པ་ནི་བདག་ཉིད་ཤེས་པར་བྱེད་དོ་ཞེས་བྱ་བ་ལ། རྐང་རིག་པ་བྱང་ཆུབ་སེམས་དཔའ་འཚོལ་བར
་བྱེད་དེ། ཅིའི་ཕྱིར་ཞེ་ན། བདག་ཉིད་ཀྱིས་འཕགས་པའི་ལམ་དང། དེ་ཁོ་ན་ཕྱིན་ཅི་མ་ལོག་པར་ཤེས་པས་ཉོན་མོངས་པ་སྤང་བར་བྱ་བ་དང། བྱས་པ་ཆུད་ཟོས་པ་དང། མ་བྱས་པ་འོང་པ་མེད་པ་ཕྱིན་ཅི་མ་ལོག་པར་ཤེས་པར་བྱ་བ་དང། གཞན་ལའང་མངོན་པར
་རྒྱ་ཆེར་བསྟན་པའི་ཕྱིར་ཚོལ་བར་བྱེད་དོ། །ཁམས་རྒྱས་པ་བཅལ་པ་ལ་ཆིགས་སུ་བཅད་པ་གསུམ་སྟེ་ཞེས་བྱ་བ་ལ། བླ་ན་མེད་པའི་རིགས་ལ་བྱང་ཆུབ་ཏུ་འཚང་རྒྱ་བའི་རིགས་དང། ས་བོན་ནམ་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་རིགས་དང། ས་བོན་ལ་ཁམས་ཞེS
་བྱ་སྟེ། ཁམས་དེ་དག་ཇི་ལྟར་རྒྱས་ཤིང་རྣམ་པར་འགྱུར་བ་བསྟན་པ་ལ་ཚིགས་སུ་བཅད་པ་བཅུ་གསུམ་གྱིས་བསྟན་ཏོ། ཞེས་བྱ་བའི་དོན་ཏོ། ཕ་རོལ་ཏུ་ཕྱིན་པ་རྣམས་ཡོངས་སུ་བསྐང་བའི་ཕྱིར། ཕ་རོལ་ཏུ་ཕྱིན་པ་རྣམས་དང་ལྡན་པའི་ཡིད་ལ་བྱེད་པ་གང་ཡིན
་པ་དེ་ཉིད་ཁམས་རྒྱས་པར་འགྱུར་རོ། །ཞེས་བྱ་བ་ལ། ཇི་ལྟར་ན་ཕ་རོལ་ཏུ་ཕྱིན་པའི་ཁམས་རྒྱས་པར་འགྱུར་ཞེས་ན། ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར། ཕ་རོལ་ཏུ་ཕྱིན་པ་དྲུག་དང་ལྡན་པ་ཡིད་ལ་བྱེད་པ་འོག
་ནས་འབྱུང་བ་རྣམས་ལྟར་ཡིད་ལ་བྱས་ན་ཡིད་ལ་བྱས་པ་དེ་ཉིད་ཀྱིས་ཕ་རོལ་ཏུ་ཕྱིན་པའི་ཁམས་དང། ས་བོན་རྒྱས་ཤིང་རྟས་པར་འགྱུར་རོ། །ཞེས་བྱ་བ་དེ་དོན་ཏོ། །དེ་ནི་ཚིགས་སུ་བཅད་པ་འདི་དག་གིས་བསྟན་པ་ཞེས་བྱ་བ་ལ། ཕ་རོལ་ཏུ་ཕྱིན་པའི་ཁམས་རྒྱས
་པར་འགྱུར་བ་ཡིད་ལ་བྱེད་པ་ཡང་ཚིགས་སུ་བཅད་པ་བཅུ་གསུམ་གྱིས་བསྟན་ཏོ། །ཞེས་བྱ་བའི་དོན་ཏོ། །རྒྱུ་དམིགས་ནས་ནི་དགའ་བ་དང། །གནས་ལ་དེའི་རྗེས་དྲན་དང། འབྲས་བུ་ཐུན་མོང་འདོད་པ་དང། ཇི་ལྟར་བྱང་ཆུབ་མོས་པ་ཞེས་བྱ་བ་ལ། རྒྱུ་དམིཌ
་ནས་དགའ་བ་ཡིད་ལ་བྱེད་པ་དང། གནས་ལ་དེའི་རྗེས་སུ་དྲན་པ་ཡིད་ལ་བྱེད་པ་དང། འབྲས་བུ་ཐུན་མོང་འདོད་པ་ཡིད་ལ་བྱེད་པ་དང། ཇི་ལྟར་བྱང་ཆུབ་ཏུ་མོས་པ་ཡིད་ལ་བྱེད་པ་སྟེ། དེ་ལྟར་ཡིད་ལ་བྱས་ན་ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱི་ཁམས་རྒྱས
་པར་འགྱུར་རོ། ཞེས་བྱ་བའི་དོན་ཏོ། །དེ་ཡང་རྒྱུ་རྟོགས་པས་དགའ་བ་ཡིད་ལ་བྱེད་པ་ནས། བདག་མཆོག་ཏུ་འཛིན་པ་ཡིད་ལ་བྱེད་པའི་བར་དུ་སྟེ། ཞེས་བྱ་བ་ལ། ཕ་རོལ་ཏུ་ཕྱིན་པའི་ཁམས་རྒྱས་པར་འགྱུར་པའི་ཡིད་ལ་བྱེད་པ་ཡང། རྒྱུ་རྟོགས་པས་དགའ་
་བའི་ཡིད་ལ་བྱེད་པ་ནས་བརྩམས་ཏེ། བདག་ཏུ་མཆོག་ཏུ་འཛིན་པའི་ཡིད་ལ་བྱེད་པ་འཇུག་ལ་ནས་འབྱུང་བའི་བར་དག་ལྟར་ཡིད་ལ་བྱས་ནས་ཕ་རོལ་ཏུ་ཕྱིན་པའི་ཁམས་རྒྱས་པར་འགྱུར་རོ། །ཞེས་བྱ་བའི་དོན་ཏོ། །རིགས་ལ་གནས་པའི
་བྱང་ཆུབ་སེམས་དཔའ་དང་པོར་བདག་ཉིད་ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱི་རིགས་སུ་མཐོང་ནས་རྒྱུ་རྟོགས་བའི་དགའ་བས་ཕ་རོལ་ཏུ་ཕྱིན་པའི་ཁམས་རྒྱས་པར་བྱེད་དོ་ཞེས་བྱ་བ་ལ། བླ་ན་མེད་པའི་བྱང་ཆུབ་ཏུ་འཚང་རྒྱ་བའི་རིགས་དང། ས་བོན་ནམ་ཕ་རོལ་ཏུ
་ཕྱིན་པའི་རིགས་དང། ས་བོན་དང་ལྡན་པའི་བྱང་ཆུབ་སེམས་དཔའ་དེས་དང་པོར་བདག་ཉིད་ཁ་མངོན་པར་འཚང་རྒྱ་བའི་སྐལ་བ་ཡོད་མ་མེད་པ་དང། ཕ་རོལ་ཏུ་ཕྱིན་པ་དྲུག་གི་རིགས་དང། ས་བོན་ཡོད་དམ་མེད་ཅེས་བརྟགས་ན་རིགས་དང་ས་བོན་ཡོད་པར་མཐོང་ངོ། །དེ
་ལྟར་རྒྱུ་ཡོད་པར་མཐོང་ནས། ཡང་ནས་ཡང་དུ་དགའ་པ་སྐྱེས་ཏེ། དེ་ནི་རྒྱུ་དམིགས་ནས་དགའ་བ་ཡིད་ལ་བྱེད་པ་ཞེས་བྱའོ། །དེ་ལྟར་རྒྱུ་ཡོད་པར་རྟོགས་ཤིང་རྒྱུ་ཡོད་པར་མཐོང་ནས་དགའ་བསྐྱེས་ནས་ཀྱང་ཕ་རོལ་ཏུ་ཕྱིན་པའི་ཁམས་རྒྱས་པར་བྱེད་དོ་།ཞེས་བྱ་བའི་དོན་ཏོ
་རིགས་ལ་གནས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པས་དེ་བས་ན་དེའི་འོག་ཏུ་གནས་པ་དེའི་རྗེས་སུ་དྲན་པ་ཡིད་ལ་བྱེད་པའོ། ཞེས་བྱ་བ་ལ། བླ་ན་མེད་པའོ་བྱང་ཆུབ་ཏུ་འཚང་རྒྱ་བའི་ས་བོན་དང་ཕ་རོལ་ཏུ་ཕྱིན་པ་དྲུག་གི་ས་བོན
་ཡོད་པར་མཐོང་བ་ནི་རིགས་ལ་གནས་པ་ཞེས་བྱའོ། །ས་བོན་དང་རིགས་ཡོད་པར་མཐོང་ནས་དེའི་འོག་ཏུ་བདག་དང་གཞན་གྱི་ཕྱིར་བྱང་ཆུབ་ཀྱི་སེམས་སྐྱེད་བར་བྱེད་དོ། །བྱང་ཆུབ་ཏུ་སེམས་བསྐྱེད་བ་ནི་གནས་ལ་རྗེས་སུ་དྲན་བས་ཡིད་ལ་བྱེད་པ་ཞེས་བྱ་སྟེ། རྗེས་སུ་དྲན་པཱི
་སྒྲ་ནི་དྲན་པ་དང་ཤེས་རབ་གཉིས་ལ་བྱའོ། །དེ་ལ་དན་པས་ནི་གོང་དུ་བཤད་མ་ཐག་པའི་རིགས་ཡོད་པ་མ་བརྗེད། ཤེས་རབ་ཀྱིས་ནི་བྱང་ཆུབ་ཏུ་སེམས་བསྐྱེད་པ་མཐོང་ངོ། །དེ་ཡང་ཐབས་ཇི་ལྟར་ཡིད་ལ་བྱེད་ཅེ་ན། དེའི་ཕྱིར། བྱང་ཆུབ་སེམས་དཔའ་དེ་བདག་ལ་ཕ
་རོལ་ཏུ་ཕྱིན་པ་རྣམས་ཀྱི་གནས་སུ་གྱུར་པ་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བྱང་ཆུབ་ཏུ་སེམས་བསྐྱེད་པ་བྱང་ཆུབ་སེམས་དཔའ་དེ་འདི་སེམ་དུ་སེམས་ཏེ་བྱང་ཆུབ་ཀྱི་སེམས་ཀྱི་གནས་ནི་རིགས་ཡིན་ལ། ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱི་གནས་དང་རྟེན་ནི་བྱང་ཆུབ་ཀྱི་སེམས
་ཡིན་པར་མཐོང་ནས་ཡང་འདི་སྙམ་དུ་ཡིད་ལ་བྱེད་པ་དེ་ཕ་རོལ་ཏུ་ཕྱིན་པའི་གནས་སུ་གྱུར་པ་བྱང་ཆུབ་ཀྱི་སེམས་བདག་གིས་བསྐྱེད་དེ་བདག་ལ་ཡོད་བས་ན་གདོན་མི་ཟ་བར་བདག་གིས་ཕ་རོལ་ཏུ་ཕྱིན་པ་འདི་དག་རྒྱས་ཤིང་རྟགས་པ་དང། རྫོགས་པར་འགྱུར་རོ་སྙམ་དུ་ཡིད
་ལ་བྱེད་དོ། །ཡིད་ལ་བྱེད་པ་ངེས་ཀྱང་ཁམས་རྒྱས་པར་འགྱུར་རོ། །ཞེས་བྱ་བའི་དོན་དུ་སེམས་བསྐྱེད་ནས་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་རྣམས་བདག་དང་ཕ་རོལ་གྱི་དོན་དུ་སྦྱོར་བས། འབྲས་བུ་མཚུངས་པར་འདོད་པ་ཡིད་ལ་བྱེད་པ་སྟེ་ཞེས་བྱ་བ་ལ།
་རགས?་ལ་གནས་བས་བྱང་ཆུབ་ཏུ་སེམས་བསྐྱེད་ནས་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་ཅིང་སྦྱོར་བར་བྱེད་དེ། དེའང་གང་གི་དོན་དུ་སྦྱོར་བར་བྱེད་ཅན་བདག་དང་ཕ་རོལ་ཀྱི་དོན་དུ་སྦྱོར་བར་བྱེད་དོ?། །ཇི་ལྟར་བདག་དང་ཕ་རོལ་གྱི་དོན་དུ་སྦྱོར་བ་འབྱེད་བ་ནི་འབྲས་བུ་མཚུངS
་བར་འདོད་པ་ཡིད་ལ་བྱེད་པ་ཞེས་བྱ་སྟེ། དེས་ཀྱང་ཕ་རོལ་ཏུ་ཕྱིན་པའི་ཁ་ནས་རྒྱས་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །འབྲས་བུ་མཚུངས་པར་འདོད་པ་ཇི་ལྟར་ཡིད་ལ་བྱེད་ཅེ་ན། དེའི་ཕྱིར། ཕ་རོལ་ཏུ་ཕྱིན་པ་འདི་དག་གཞན་དུ་ཐུན་མོང་དུ་གྱུར་ཅིག། གཞན
་དུ་མ་གྱུར་ཅིག་ཅེས་མངོན་པར་འདུ་བྱེད་དོ། །ཞེས་བྱ་བ་སྨོས་ཏེ། བདག་གི་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་འདི་དག་སྤྱད་པ་དང། ཕ་རོལ་ཏུ་ཕྱིན་པ་དྲུག་པོ་སྤྱད་པའི་འབྲས་བུ་ལོངས་སྤྱོད་ཆེན་པོ་ལ་སོགས་པ་ཡང་སེམས་ཅན་དང་བདག་ཐུན་མོང་དུ་སྤྱད་པར་གྱུར་ཅིག
་གཞན་དུ་བདག་འབའ་ཞིག་སྤྱད་པར་མ་གྱུར་ཅིག་ཅེས་སེམས་ལ་སེམས་ཤིང་མངོན་པར་འདུ་བྱེད་དེ། དེ་བས་ན་འབྲས་བུ་མཚུངས་པར་འདོད་པའི་ཡིད་ལ་བྱེད་པར་འདོད་པ་ཞེས་བྱའོ། །བདག་དང་གཞན་གྱི་དོན་ལ་རབ་བཞུགས་ནས། ཉོན་མོངས་པ་མེད
་བའི་ཐབས་དེ་ཁོ་ན་ཉིད་ཀྱི་དོན་རྟག་ཏུ་རྟོགས་པར་བྱ་བའི་ཕྱིར། དེའི་འོག་ཏུ་ཇི་ལྟར་བྱང་ཆུབ་ལ་མོས་པ་ཡིད་ལ་བྱེད་པ་སྟེ་ཞེས་བྱ་བ་ལ་བདག་དང་གཞན་གྱི་དོན་ཏུ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་ཞུགས་པས་ཀྱང་ཉོན་མོངས་པས་བཅིངས་ནས་བདག་དང་གཞན་གྱི་དོན
་སྦྱོར་མི་ནུས་པ་དེ་བས་ན་ཉོན་མོངས་པ་མེད་པར་འགྱུར་ཐབས་དེ་ཁོ་ནའི་དོན་རྟག་ཏུ་རྟོགས་པར་བྱ་དགོས་སོ། །ཇི་ལྟར་ན་དེ་ཁོ་ནའི་དོན་རྟག་ཏུ་རྟོགས་པར་བྱ་ཞེ་ན། ཇི་ལྟར་ཕ་རོལ་ཏུ་ཕྱིན་པ་སྤྱད་པའི་རྣམས་བླ་ན་མེད་པའི་བྱང་ཆུབ་ཏུ་བསྔོས་ཏེ། དེ་ཐོབ་པར་བྱ་བའི་ཕྱིར་མོས?
་པ་མིང་ལ་བྱས་ན་དེ་རྟོགས་པར་འགྱུར་རོ། །དེ་བས་ན་དེ་ནི་འོག་ཏུ་ཇི་ལྟར་བྱང་ཆུབ་ལ་མོས་པ་ཡིད་ལ་བྱེད་པ་ན་བཤད་དེ། ཡིད་ལ་བྱེད་པ་དེས་ཀྱང་ཕ་རོལ་ཏུ་ཕྱིན་པའི་ཁམས་རྒྱས་པར་བྱེད་དོ། །ཞེས་བྱ་བའི་དོན་ཏོ། །དེ་བཞིན་དུ་ཐམས་ཅད་རིམ་བཞིན་དུ་ཤེས་པར་བྱེད་དོ
་ཞེས་བྱ་བ་ལ། ཇི་ལྟར་གོང་དུ་རིགས་ལ་གནས་པས་བྱང་ཆུབ་ཏུ་སེམས་བསྐྱེད་པར་བྱའོ། །ཞེས་བཤད་དོ། །བྱང་ཆུབ་ཏུ་སེམས་བསྐྱེད་ནས་བདག་དང་གཞན་གྱི་དོན་དུ་ཕ་རོལ་ཏུ་ཕྱིན་པ་དྲུག་སྦྱོར་ཞིང་འབྲས་བུ་ཐུན་མོང་དུ་འདོད་བར་ཡིད་ལ་བྱའོ། །ཞེས་བཤེད
་དོ། །བདག་དང་གཞན་གྱི་དོན་ལ་ཞུགས་པས་ཀྱང་དེའི་འོག་ཏུ་ཀུན་ནས་ཉོན་མོངས་བ་མེད་པའི་ཐབས་དེ་ཁོ་ན་རྟོགས་པར་བྱ་བའི་ཕྱིར་བྱང་ཆུབ་ལ་མོས་པ་ཡིད་ལ་བྱའོ། །ཞེས་བཤེད་དེ། རིམ་པ་དེ་ལྟར་བཤད་བ་བཞིན་དུ་ཡིད་ལ་བྱེད་པ་འོག་ནས་འབྱུང་བ
་ཐམས་ཅད་ལ་ཡང་འདིའི་འོག་ཏུ་འདི་བཤད་པར་རིགས་ཞེས་སྔར་བཤད་པ་བཞིན་དུ་རིག་པར་སྦྱོར་བར་བྱའོ། །ཞེས་བྱ་བའི་དོན་ཏོ། །ཇི་ལྟར་བྱང་ཆུབ་ལ་མོས་པ་ཡིད་ལ་བྱེད་པ་དོན་རྒྱས་པར་བསྟན་པའི་ཕྱིར་ཇི་ལྟར་སངས་རྒྱས་བཅོམ་ལྡན་འདས་ཀྱིས
་ཕ་རོལ་ཏུ་ཕྱིན་པ་མངོན་བར་སངས་རྒྱས་བ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཇི་ལྟར་འདས་པའི་དེ་བཞིན་གཤེགས་པ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དྲུག་སྤྱད་ནས་བླ་ན་མེད་པའི་བྱང་ཆུབ་ཏུ་མངོན་པར་སངས་རྒྱས་པར་འགྱུར་བ་དང་ཞེས་བྱ་བའི་དོན་ཏོ།།
་མངོན་བར་སངས་རྒྱས་བར་འགྱུར་པ་དང་ཞེས་བྱ་བ་ན་ཇི་ལྟར་ད་ལྟར་གྱི་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཕ་རོལ་ཏུ་ཕྱིན་བ་དྲུག་སྤྱད་ནས་བླ་ན་མེད་པའི་བྱང་ཆུབ་ཏུ་མངོན་པར་སངས་རྒྱས་པ་དང་ཞེས་བྱ་བའི་དོན་ཏོ། །མངོན་པར་སངས་རྒྱས་པར་འབྱུང་བ་ཞེས་བྱ་བ
་ནི་ཇི་ལྟར་མ་འོངས་བའི་དེ་བཞིན་གཤེགས་བ་རྣམས་ཀྱིས་ཕ་རོལ་ཏུ་ཕྱིན་པ་དྲུག་སྤྱད་ནས་བླ་ན་མེད་པའི་བྱང་ཆུབ་ཏུ་མངོན་བར་འཚང་རྒྱ་བར་འགྱུར་རོ། ཞེས་བྱ་བའི་དོན་ཏོ། །དེ་ལྟར?་བདག་ཀྱང་མོས་སོ་ཞེས་མངོན་པར་འདུ་བྱེད་པའི་ཕྱིར། ཞེས་བྱ་བ་ལ། ཇི་ལྟར་དུས?
་གསུམ་གྱི་དེ་བཞིན་གཤེགས་པས་ཕ་རོལ་ཏུ་ཕྱིན་པ་དྲུག་སྦྱར་ན་མངོན་པར་སངས་རྒྱས་བ་དེ་བཞིན་དུ་བདག་གིས་ཀྱང་ཕ་རོལ་ཏུ་ཕྱིན་པ་དྲུག་སྤྱོད་བས་མངོན་པར་སངས་རྒྱས་བར་གྱུར་ཅིག་ཅེས་བསྔོ་ཞིང་སེམས་ལ་གདོན?་པར་འདུ
་བྱེད་དེ། དེ་ནི་ཇི་ལྟར་བྱང་ཆུབ་ལ་མོས་པ་ཡིད་ལ་བྱེད་བ་ཞེས་བྱའོ། །རྣམ་པ་བཞི་པའི་མཐུ་འདི་ཡིས། །བདག་དང་མི་སྐྱེ་ངེས་པ་དེས། །མི་མཐུན་དང་ནི་གཉེན་པོ་ལ། །བསྒྲུབ་པ་དག་ནི་རྣམས་ཞིའོ་ཞེས་བྱ་བ་ལ། གཞན་ཡང་མཐུའི་དགའ་བ་ཡིད་ལ་བྱེད་པ་དང
་བདག་དང་སེམས་ཅན་སྨིན་པར་བྱ་བ་ལ་ངེས་པར་མི་སྐྱོ་བ་ཡིད་ལ་བྱ་བ་མི་མཐུན་པ་དང་གཉེན་པོ་སྒྲུབ་པ་ཡིད་ལ་བྱེད་བ་རྣམ་པ་བཞི་སྟེ། ཡིད་ལ་བྱེད་བ་དེ་དུག་གིས་ཀྱང་ཕ་རོལ་ཏུ་ཕྱིན་པའི་ཁམས་རྒྱས་པར་བྱེད་དོ། །ཞེས་བྱ་བའི་དོན་ཏོ
་།གོང་དུ་བདག་དང་གཞན་གྱི་དོན་ལ་ཞུགས་པས་ཀུན་ནས་ཉོན་མོངས་པ་མེད་པར་བྱ་བའི་ཐབས་དེ་ཁོ་ན་ཉིད་ཀྱི་དོན་རྟོགས་པར་བྱ་བའི་ཕྱིར་བྱང་ཆུབ་དུ་མོས་པར་བྱའོ། །ཞེས་བཤད་དོ། །དེ་ལ་བྱང་ཆུབ་ཏུ་མོས་པའི་རྗེས་ལ་མཐུའི་དགའ་བ
་ཡིད་ལ་བྱེད་པའི་སྐབས་བཤད་ཅིང་འབྲེལ་པར་ན། དེ་ལྟར་ཀུན་ནས་ཉོན་མོངས་བ་མེད་ཀྱང་མཐུ་དང་མི་ལྡན་ན་ནི་བདག་དད་གཞན་གྱི་དོན་བསྒྲུབ་མི་ནུས་ཀྱི་མཐུ་དང་ལྡན་ན་གདོད་སྒྲུབ་ནུས་པས་ན་བྱང་ཆུབ་ལ་མོས་པའི་འོག་ཏུ་མཐུའི་དགའ་བ་ཡིད
་ལ་བྱེད་པ་བསྟན་བར་འབྲེལ་ཏོ། །དེ་ལ་ཕ་རོལ་ཏུ་ཕྱིན་པ་དྲུག་སྤྱོད་པའི་དུས་ན་བདག་ལ་མཐུ་རྣམ་པ་བཞི་ཡོད་པར་མཐོང་ནས་དགའ་བ་ནི་མཐུའི་དགའ་བ་ཡིད་ལ་བྱེད་པ་ཞེས་བྱ་སྟེ། མཐུའི་རྣམ་པ་བཞིན་འོག་ཏུ་འབྱུང་ངོ། །དེ་ལྟར་མཐུ
་དང་ལྡན་ན་བདག་སངས་རྒྱས་ཀྱི་ཆོས་ཡོངས་སུ་སྨིན་པར་བྱ་བ་དང། སེམས་ཅན་ཡོངས་སུ་སྨིན་པ་ལ་སྐྱོ་བ་མེད་དེ། དེ་བས་ན་དེའི་འོག་ཏུ་ངེས་པར་མི་སྐྱོ་བའི་ཡིད་ལ་བྱེད་པ་བཤད་དོ། །དེ་ལྟར་སྐྱེ་བ་མེད་ན་བྲན?་མེད་པའི་བྱང་ཆུབ་ཐོབ་པར་བྱ་བའི་ཕྱིར། ཕ་རོལ་ཏུ་ཕྱིན
་པའི་མི་མཐུན་བའི་ཕྱོགས་སེར་སྣ་ལ་སོགས་པ་སྤང་བ་དང། གཉེན་པོ་སྦྱིན་པ་ལ་སོགས་པ་སྒྲུབ་བ་ཡིད་ལ་བྱེད་པ་རྣམ་པ་བཞི་ཡིད་ལ་བྱེད་དོ། །དེ་བས་ན་ངེས་བར་མི་སྐྱེ་བ་ཡིད་ལ་བྱེད་བའི་རྗེས་ལ་མི་མཐུན་བ་དག་གཉེན་པོ་སྒྲུབ་པ་ཡིད་ལ་བྱེད་བཞི་བསྟན་ཏོ
་མཐུ་རྣམ་པ་བཞི་བསྟན་བས་དགའ་བས་ན། མཐུའི་དབང་བ་ཡིད་ལ་བྱེད་པ་དང་ཞེས་བྱ་བ་ལ་ཕ་རོལ་ཏུ་ཕྱིན་བ་དྲུག་པོའི་སྤྱོད་པའི་ཚེ། བདག་ཉིད་ལ་མཐུ་རྣམ་པ་གཞི་ཡོད་པར་མཐོང་ནས་དགའ་བའི་ནི་མཐུའི་དགའ་བ་ཡིད་ལ་བྱེད་བ་ཞེས་བྱའོ། །ཞེས་བྱ་བའི
་དོན་ཏོ། །མཐུ་རྣམ་པ་བཞི་ནི་མི་མཐུན་བའི་ཕྱོགས་སྤངས་པ་དང་ཞེས་བྱ་བ་ལ་ཕ་རོལ་ཏུ་ཕྱིན་པ་དྲུག་གི་མི་མཐུན་པའི་ཕྱོགས་ནི་སོར་སྣ་དང། ངན་པའི་ངང་ཚུལ་དང། ཁོང་ཁྲོ་བ་ལ་སོགས་པ་སྟེ། སྦྱིན་པས་ནི་སེར་སྣ་སེལ་བར་ནུས་པར་མཐོང།
་ཚུལ་ཁྲིམས་ཀྱིས་ནི་ངན་བའི་ངང་ཚུལ་གྱི་དྲི་མ་སེལ་བར་ནུས་པར་མཐོང། བཟོད་པས་ནི་ཁོང་ཁྲོ་བསལ་ནུས་བར་མཐོང། བརྩོན་འགྲུས་གྱིས་ནི་ལེ་ལོ་སེལ་ནུས་པར་མཐོང། བསམ་གཏན་གྱིས་ནི་སེམས་བ་ཡིད?་བ་སེལ་ནུས་བར་མཐོང། ཤེS
་རབ་ཀྱིས་ནི་རྟག་པ་དང་ཆད་བར་འཛིན་པ་ལ་སོགས་འཆལ་བའི་ཤེས་རབ་སེལ་ནུས་པར་མཐོང་སྟེ། འདི་ནི་མཐུ་རྣམ་པ་གཅིག་གོ་།ཆགས་སྨིན་པ་དང་ཞེས་བྱ་བ་ལ། ཕ་རོལ་ཏུ་ཕྱིན་བ་དྲུག་སྤྱོད་པ་ན་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསགS?
་ཤིང་སྨིན་པར་མཐོང་སྟེ། ཇི་ལྟ་ཞེ་ན། སྦྱིན་བྱ་དང། ཚུལ་ཁྲིམས་དང་བཟོད་པ་དང་གསུམ་སྦྱོད་བས་ནི་བསོད་ནམས་ཀྱི་ཚོགས་ཚོགས་པར་མཐོང། བསམ་གཏན་དང་ཤེས་རབ་གཉིས་སྤྱོད་པས་ནི་ཡེ་ཤེས་ཀྱི་ཚོགས་སོགས་པར་མཐོང། བརྩོན་འགྲུས་སྤྱད
་པས་ནི་གཉིས་ཀའི་ཚོགས་བསགས་པ་མཐོང་བ་སྟེ། འདི་ནི་མཐུ་རྣམ་པ་གཉིས་སོ། །བདག་དང་ཕ་རོལ་ལ་ཕན་བཏགས་པ་དང་ཞེས་བྱ་བ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་དྲུག་སྤྱོད་པ་ནི། བདག་དང་གཞན་ལ་ཕན་འདོགས་བར་མཐོང་སྟེ། ཇི་ལྟ་ཞེ་ན།
་ན་མ་སྦྱིན་པ་བཏང་བར་དུས་ན། སྦྱིན་པ་བཏང་བའི་དགའ་བ་དང། སྦྱིན་པ་བཏང་བ་དང། བཏང་ནས་འགྱོད་པ་མེད་དེ། དུས་གསུམ་དུ་ཡང་དགའ་བས་ནི་བདག་ལ་ཕན་བཏགས་སོ། །བཟའ་བ་དང་བགོ་བ་ལ་སོགས་བའི
་ཟང་ཟིང་གིས་ཕན་བཏགས་ཏེ་ཕོངས་པ་མེད་པར་བྱས་པས་ནི་གཞན་ལ་ཕན་བཏགས་སོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་ངན་པའི་ངང་ཚུལ་གྱིས་མ་བྱིན་པར་ལེན་པ་དང། མི་ཚངས་པར་སྤྱོད་པ་ལ་སོགས་པའི་རྒྱུ་ལས་བྱུང་བའི་བརྡེག
་པ་དང་བཅིང་བ་ལ་སོགས་པ་མེད་བར་གྱུར་བས་བདག་ལ་ཕན་བཏགས་སོ། །གཞན་གྱི་སྲོག་དང་ནོར་དང་ཆུང་མ་ལ་གནོད་པ་མ་བྱས་པས་གཞན་ལ་ཕན་བཏགས་སོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་བཟོད་པ་ལ་གནས་ན་ཞེ་སྡང་གི་མེས
་སེམས་མ་དཀྲུགས་པས་ན་སེམས་བདེའོ། །སེམས་བདེན་སེམས་ཀྱི་རྗེས་སུ་ལུས་འབྲང་བའི་ཕྱིར་ལུས་ཀྱང་བདེ་བས་བདག་ལ་ཕན་བཏགས་སོ། །གནོད་པ་བྱེད་པ་ལ་ལན་མ་བྱས་པས་གཞན་ལ་ཕན་བཏགས། །བརྩོན་འགྲུས་ལ་མཉམ་པ་དང། བསཾ
་བ་ལ་སོགས་པའི་བརྩོན་འགྲུས་སྤྱད་པས་ཚེ་འདིར་དགེ་བ་རྒྱུན་དུ་འཕེལ་བའི་ཕྱིར་བདག་ལ་ཕན་བཏགས་སོ་སེམས་ཅན་རྣམས་ཀྱི་ལས་སུ་བྱ་བ་རྣམས་ཀྱི་གྲོགས་བྱས་པས་གཞན་ལ་ཕན་བཏགས་སོ། །བསམ་གཏན་ལ་ཡང་རྟོག་པ་དང་སྤྱོད་པའི་ཏིང་ངེ་འཛིན
་ལ་གནས་པས་ཉོན་མོངས་བ་ཞི་བར་བྱེད་པའི་ཕྱིར་བདག་ལ་ཕན་བཏགས་སོ། །བསམ་གཏན་གྱི་མཐུས་ལོ་ཉེས་དང་ནད་ལ་སོགས་པ་ཞི་བར་བྱེད་པས་གཞན་ལ་ཕན་བཏགས་སོ། །ཤེས་རབ་ཀྱིས་ཀྱང་ཤེས་བྱའི་ཆོས་ཐམས་ཅད་ཇི་ལྟ་བ་བཞིན་དུ་ཤེས་ཏེ
་སེམས་ཀྱི་རྒྱུད་ལ་མ་རིག་པའི་མུན་པ་བསལ་བས་ན་བདག་ལ་ངན་བཏགས་སོ། །ཤེས་རབ་ཀྱིས་ཆོས་ཕྱིན་ཅི་མ་ལོག་པར་བཤད་ཅིང་སེམས་ཅན་གྱི་དོན་ཐེ་ཚོམ་བསལ་ནས་གཞན་ལ་ཕན་བཏགས་ཏེ། འདི་ནི་མཐུན་མ་པ་གསུམ་པའོ། །མ་འོངས་པའི་རྣམ་པར་སྨིན
་པའི་འབྲས་བུ་དང་རྒྱུ་འདྲ་བའི་འབྲས་བུ་སྨིན་པའོ་ཞེས་བྱ་བ་ལ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱད་ན། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱྡ་བས་ན་མ་འོངས་པ་ན་ལོངས་སྤྱོད་ཆེན་པོར་འགྱུར། །ཚུལ་ཁྲིམས་ཀྱིས་ནི་ལྟ་དང་མེའི་ལུས་འཐོབ་བར་འགྱུར། བཟོད་པས་ནི་འཁོར་གཡོག
་ཕུན་སུམ་ཚོགས་པར་འགྱུར། བརྩོན་འགྲུས་ཀྱིས་ནི་ལས་ཀྱི་མཛའ་ཐམས་ཅད་འགྲུབ་བར་འགྱུར། །བསམ་གཏན་གྱིས་ནི་ནང་མེད་པར་འགྱུར། ཤེས་རབ་ཀྱིས་ནི་རིག་པའི་གནས་ཐམས་ཅད་ལ་མཁས་པར་འགྱུར་ཏེ། འདི་ནི་རྣམ་པར་སྨིན་པའི་འབྲས་བུའོ། །ཚེ་རབས
་གང་དང་གང་དུ་སྐྱེས་པར་སྨིན་པར་བྱེད་པ་ལ་དགའ་བས་ན་ཤེས་རབ་བསྒྲུབ་པ་ལ་དག་རབས་ནི་རྒྱུ་འདྲ་བའི་འབྲས་བུ་སྟེ། འདི་ནི་མཐུ་རྣམ་པ་བཤི་པའོ། །དེས་པར་མི་སྐྱོ་བ་ཡིད་ལ་བྱེད་པ་ནི། སེམས་ཅན་ཐམས་ཅད་དང། བདག་སངས་རྒྱས་ཀྱི་སྦྱིན་པ་ལས་བརྩཾS
་ནས་ཞེས་བྱ་བ་ལ། བསྡུ་བའི་དངོས་པོས་སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་དང། དགེ་བའི་བཤེས་གཉེན་ལ་བརྟེན་ནས་དམ་པའི་ཆོས་ཉན་པ་དང། བསམ་པ་ལ་སོགས་པའི་སྒོ་ནས་བདག་ཉིད་སངས་རྒྱས་ཀྱི་ཆོས་ཡོངས་སུ་སྨིན་པར་བྱས་པ་ལས་བརྩམས
་ཏེ། སེམས་ལ་སྐྱོབ་མེད་པ་ནི་ངེས་པར་མི་སྐྱོ་བ་ཡིད་ལ་བྱེད་པ་ཞེས་བྱའོ། །ཅིའི་ཕྱིར་ངེས་པར་མི་སྐྱོ་བ་ཡིད་ལ་བྱེད་ཅེ་ན། དེའི་ཕྱིར། སེམས་ཅན་གྱི་ལོག་པར་སྤྱོད་པ་ཐམས་ཅད་དང། སྡུག་བསྔལ་ཐམས་ཅད་བྱུང་ཡང་ངེས་པར་མི་སྐྱོ་བར་མངོན་པར་བྱེད་པའི་ཕྱིར
་རོ། །ཞེས་སྨོས་ཏེ། སེམས་ཅན་ཡོངས་སུ་སྨིན་པར་བྱེད་པས་ན། ཡང་སེམས་ཅན་ཕན་བཏགས་པ་དག་གནོད་པར་བྱེད་པ་དང། ཉེས་པ་མེད་པར་ཡང་ཉེས་པར་བྱེད་དེ། སེམས་ཅན་གྱི་ལོག་པར་སྤྱོད་པ་ཐམས་ཅད་ཀྱིས་སྐྱོ་བ་མེད་ཅིང་སེམས་ཅན་མི་གཏོང་བ་དང། བདག
་ཉིད་སངས་རྒྱས་ཀྱི་མོས་པ་ཡོངས་སུ་སྨན་པར་བྱ་པའི་ཕྱིར་དགེ་པའི་བཤེས་གཉེན་ལས་དམ་པའི་ཆོས་ཉན་པ་དང། སེམས་པ་ལ་སོགས་པ་བྱེད་པའི་ཚེན་ཕྱིའི་གནོད་པ་གྲང་བ་དང། ཚ་བ་ལ་སོགས་པ་བྱུང་པ་དང། ནང་གི་གནོད་པ་བཀྲེས་པ་དང། སྐོམ་པ་ལ
་སོགས་པ་བྱུང་ཡང་མཉན་པ་ལ་སོགས་པ་མ་བཏང་ངོ་སྙམ་དུ་སེམས་ལ་མངོན་པར་འདུ་བྱེད་པས་ན་ངེས་པར་ཐ་མི་སྐྱོ་པ་ཡིད་ལ་བྱེད་པ་ཞེས་བྱའོ། །བྱང་ཆུབ་མཆོག་ཐོབ་པར་བྱ་བའི་ཕྱིར་མི་མཐུན་པ་དང་གཉེན་པོ་བསྒྲུབ་པ་ཡིད་ལ་བྱེད་པ
་རྣམ་པ་བཞི་སྟེ། ཞེས་བྱ་བ་ལ་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་བྱ་བའི་ཕྱིར་སྦྱིན་པའི་མི་མཐུན་པའི་སེར་སྣ་ནས། ཤེས་རབ་ཀྱི་མི་མཐུན་པ་འཆལ་བའི་ཤེས་རབ་ཀྱི་བར་སྤང་བ་དང། གཉེན་པོ་སྦྱིན་པ་ནས་ཤེས་རབ་ཀྱི་བར་དག་བསྒྲུབ་པར་ཡིད་ལ་བྱ་བ་རྣཾ
་བ་བཞི་ཡོད་དོ། །ཞེས་བྱ་བའི་དོན་ཏོ། །སྦྱིན་པ་ལ་སོགས་པ་མི་མཐུན་པ་སེར་སྣ་ལ་སོགས་པ་བཤགས་པ་དང་ཞེས་བྱ་བ་ལ། སྦྱིན་པའི་མི་མཐུན་པའི་ཕྱོགས་སེར་སྣ་ནས་ཤེས་རབ་ཀྱི་མི་མཐུན་པའི་ཕྱོགས་འཆལ་པའི་ཤེས་རབ་ཀྱི་བར་དག་ནི་སྡིག
་པ་མི་དགེ་པའི་ཆོས་ཞེས་བྱ་སྟེ། དེ་དག་འབྱུང་ན་ཡང་སོ་སོར་བཤགས་པར་བྱའོ། །ཞེས་བྱ་བའི་དོན་ཏོ། །གཉེན་པོ་སྦྱིན་པ་ལ་སོགས་པ་ལ་རྗེས་སུ་ཡི་རང་ཞེས་བྱ་བ་ལ་སེར་སྣ་ལ་སོགས་པའི་གཉེན་པོ་ནི་སྦྱིན་པ་ནས་ཤེས་རབ་ཀྱི་བར་དུ་སྟེ། དེ་དག
་བདག་དང་གཞན་གྱི་དོན་སྤྱད་པ་མཐོང་ནས་དགའ་ཞིང་མོས་བ་སྐྱེས་པ་ནི་རྗེས་སུ་ཡི་རང་བར་བྱེད་པ་ཞེས་བྱའོ། །དེའི་ཆེད་ཀྱིས་ཆོས་བསྟན་པའི་ཕྱིར་སངས་རྒྱས་རྣམས་ལ་གསོལ་བ་གདབ་པ་དང་ཞེས་བྱ་བ་ལ། ཕ་རོལ་ཏུ་ཕྱིན་པ་དྲུག་གི་དབང་དུ་བྱས
་ནས་བཤད་པའི་ཆོས་ནི་དེའི་ཆེད་ཀྱི་ཆོས་ཞེས་བྱ་སྟེ། ཕ་རོལ་ཏུ་ཕྱིན་པ་བྲུག་གི་ཆོས་མཉན་ཅིང་བཤད་པའི་ཕྱིར། དེ་བཞིན་གཤེགས་པ་ཆོས་ཀྱི་འཁོར་ལོ་བསྐོར་བར་གསོལ་བ་འདེབས་པ་ནི་སངས་རྒྱས་རྣམས་ལ་གསོལ་བ་གདབ་བ་ཞེས་བྱའོ། ཞེS
་བྱ་བའི་དོན་ཏོ། །དེ་དག་ཀྱང་བྱང་ཆུབ་ཏུ་བསྔོ་བའི་ཞེས་བྱ་བ་ལ། སྡིག་པ་བཤགས་པ་དང། རྗེས་སུ་ཡི་རང་བར་བྱ་བ་འམ། གསོལ་པ་གདབ་པ་དག་གིས་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་གྱུར་ཅིག་ཅེས་བསྔོ་བ་ནི་དེ་དག་ཀྱང་བྱང་ཆུབ་ཏུ་བསྔོ་བ་ཞེས་བྱ་སྟེ
་ཚིག་དེ་རྣམས་ཀྱང་མདོ་སྡེ་དག་ལས་སྡིག་པ་ཐམས་ཅད་སླར་བཤགས་པ་དང། དགེ་བ་ཐམས་ཅད་ལ་རྗེས་སུ་ཡི་རང་བ་དང། སངས་རྒྱས་ཐམས་ཅད་ལ་གསོལ་བ་འདེབས་པ་དང། བདག་བླ་ན་མེད་པའི་བྱང་ཆུབ་ཏུ་སངས་རྒྱས་པར་ཤོག་ཅིག་ཅེས་གསུངས་པའི་ཚིག་དང་རིམ་བཞིན་དུ
་སྦྱར་རོ་?་དང་པོ?་ཡང་དག་བླང་བ་དང། སྦྱིན་སྲེག་དག་ནི་གཞན་དག་ལ། །གོ་ཆ་སྨོན་ལམ་དང་པ་ནི། མངོན་པར་དགའ་པ་ཡིད་ལ་བྱེད་པ་ཅེས་བྱ་བ་ལ། གཞན་ལ་དབང་པ་ཡིད་ལ་བྱེད་པ་དང། ཡང་དག་པར་བླང་བ་ཡིད་ལ་བྱེད་པ་དང། གཞན་དག་ལ་སྦྱིན་པ་སྲེད་པ་ཡིད་ལ་བྱེད
་པ་དང། གོ་ཆ་ཡིད་ལ་བྱེད་པ་དང། སྨོན་ལམ་ཡིད་ལ་བྱེད་པ་དང། མངོན་པར་དགའ་བ་ཡིད་ལ་བྱེད་པ་སྟེ། ཡིད་ལ་བྱེད་པ་དེ་དག་གིས་ཀྱང་ཕ་རོལ་ཏུ་ཕྱིན་པའི་ཁམས་རྒྱས་པར་བྱེད་དོ། །ཞེས་བྱ་པའི་དོན་ཏོ། །དད་པའི་མཐུ་ལས་བརྩམས་ནས་ཕ་རོལ་ཏུ་ཕྱིན་པའི
་ཆེད་ཀྱི་དོན་ལ་དང་བར་ཡིད་ལ་བྱེད་པའོ། ཞེས་བྱ་བ་ལ། ཕ་རོལ་ཏུ་ཕྱིན་པ་ལ་རྒྱུར་གྱུར་བ་ལ་ནི་ཆོས་ཞེས་བྱའོ། །ཕ་རོལ་ཏུ་ཕྱིན་པ་དྲུག་གིས་འབྲས་བུ་ལ་ནི་དོན་ཞེས་བྱའོ། །ཡང་ན་ཕ་རོལ་ཏུ་ཕྱིན་པ་དྲུག་འཆད་པ་ལ་ནི་ཆོས་ཞེས་བྱའོ། །དེས་མཚོན་པར
་བྱ་བའི་དངོས་པོ་ལ་ནི་དོན་ཅེས་བྱ་སྟེ་དང་བ་དང་དང་བས་རྒྱུ་བྱས་ནས་ཕ་རོལ་ཏུ་ཕྱིན་པ་འདི་དག་རྒྱུར་གྱུར་པ་སྤྱད་ན་ནི་དེའི་འབྲས་བུ་གདོན་མི་ཟ་བར་འཐོབ་བར་འགྱུར་རོ། །ཞེས་ཡིད་ཆེས་པ་ནི་དང་བའི་ཡིད་ལ་བྱེད་བ་ཞེས་བྱའོ། །ཆོས་ཚོལ་བ་ལས་བརྩམS
་ནས་ཡང་དག་པར་ལེན་པར་བྱེད་པ་སྟེ་ཞེས་བྱ་བ་ལ། ཆོས་ཚོལ་བའི་དབང་དུ་བྱས་ནས་དག་བའི་བཤེས་གཉེན་ལ་བརྟེན་ཏེ། ཕ་རོལ་ཏུ་ཕྱིན་པ་དོན་དང། ཆོས་ལ་སོགས་པ་ཉན་ཅིང་བསམ་པ་ནི་ཡང་དག་བར་ལེན་པ་ཡིད་ལ་བྱེད་པ་ཞེས་བྱ་བའི་དོན་ཏོ། །ཇི་ལྟར
་ཡང་དག་པར་ལེན་ཅེ་ན། དེའི་ཕྱིར་ཆོས་དེའི་དེ་དག་ཉིད་མི་སྤོང་བའི་ཚུལ་ཁྲིམས་གཟུང་བས་སོ། ཞེས་བྱ་བ་ལ། ཕ་རོལ་ཏུ་ཕྱིན་པའི་ཆོས་དེ་དག་ཉིད་ལ་སྐུར་བ་མི་འདེབས་ཤིང་ཉན་པ་དང། སེམས་པ་ལ་སོགས་པ་མི་འདོར་བ་ནི་མི་སྤོང་བའི་ཚུལ་གྱི་གཟུང་བ་ཞེས
་བྱ་སྟེ། དེ་དག་པར་ལེན་པ་ཡིད་ལ་བྱེད་པའོ། །བཤད་བ་ལས་བརྩམས་ཏེ་སྦྱིན་པ་ལ་སྲེད་པ་ཡིད་ལ་བྱེད་པ་སྟེ། གཞན་ལ་ཆོས་དང་དོན་རབ་ཏུ་བསྒྲགས་པའི་ཕྱིར་རོ། །ཞེས་བྱ་བ་ལ་བཤད་པའི་དོན་དུ་བྱས་ནས་སེམས་ཅན
་གཞན་ལ་ཕ་རོལ་ཏུ་ཕྱིན་པ་དྲུག་འཆང་བར་འདོད་པ་ནི་སྦྱིན་པ་ལ་སྲེད་བ་ཡིད་ལ་བྱེད་བ་ཞེས་བྱ་སྟེ། ཇི་ལྟར་འཆད་ཅེ་ན། སེམས་ཅན་གཞན་དག་ལ་ཕ་རོལ་ཏུ་ཕྱིན་པ་དྲུག་གི་ཆོས་དོན་ཕྱིན་ཅི་མ་ལོག་པར་སྒྲོགས་ཤིང་འཆད་པའི་ཕྱིར་རོ། །བསྒྲུབས་པ
་ལས་བརྩམས་ནས་གོ་ཆའི་ཡིད་ལ་བྱེད་པ་སྟེ། སྦྱིན་པ་ལ་སོགས་པ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་གོ་ཆ་བགོས་པའི་ཕྱིར་རོ། །ཞེས་བྱ་བ་ལ་ཕ་རོལ་ཏུ་ཕྱིན་པ་དྲུག་བསྒྲུབ་པའི་ཆེད་དུ་བྱས་ནས་དེ་དྲུག་བསྒྲུབ་པ་ནི་གོ་ཆ་ཡིད་ལ་བྱེད་པ་ཞེས་བྱ་བ་ཇི་ལྟར་སྒྲུབ་ཅེ་ན། ཕ་རོལ་ཏུ་ཕྱིན་པ་དྲུག
་རྫོགས་ཤིང་མཐར་ཕྱིན་པར་བྱ་བའི་ཕྱིར་སྦྱིན་པ་གཏོང་ཞིང་གོ་ཆ་གྱོན་པར་བྱེད་པའི་ཕྱིར་རོ། །སྨོན་ལམ་ཡིད་ལ་བྱེད་པ་ནི་དེ་རྫོགས་པའི་རྐྱེན་དང་ལྡན་པའི་ཕྱིར་རོ་ཞེས་བྱ་བ་ལ། ཕ་རོལ་ཏུ་ཕྱིན་པ་དྲུག་རྫོགས་བར་བྱ་བའི་ཕྱིར་ཚེ་རབས་གར་སྐྱེས་གར
་སྐྱེས་ཀྱང་ཕ་རོལ་ཏུ་ཕྱིན་པ་དྲུག་རྫོགས་བར་བྱེད་པའི་དགེ་བའི་བཤེས་གཉེན་དང། ཉེད་དུ་གཉེན་གཤེས་དང། ལུས་དང་ལོངས་སྤྱོད་ལ་སོགས་པའི་རྒྱུ་རྐྱེན་དང་ལྡན་པར་གྱུར་ཅིག་ཅེས་སྨོན་ལམ་འདེབས་པ་ནི་སྨོན་ལམ་ཡིད་ལ་བྱེད་པ་ཞེས་བྱ་སྟེ། མངོན་བར་དགའ་བའི་ཡིད
་ལ་བྱེད་པ་ནི་ཀྱེ་མ་སྦྱིན་པ་ལ་སོགས་པ་སྒྲུབ་པ་དང། ཡང་དག་པར་སྒྲུབ་པར་ཤོག་ཅིག་ཅེས་སྨོན་བར་དགའ་བའོ་ཞེས་བྱ་བ་ལ། ཕ་རོལ་ཏུ་ཕྱིན་པ་མ་སྒྲུབ་པར་ནི་མངོན་པར་འཚང་རྒྱ་བར་མི་འགྱུར་བས་ན་གར་སྐྱེས་གར་སྐྱེས་ཀྱང་ཕ་རོལ་ཏུ
་ཕྱིན་པ་དྲུག་སྒྲུབ་དགོས་པའི་ཕྱིར། ཨེ་མ་ཚེ་རབས་ད་དྡ་དེ་དག་ཏུ་ཕ་རོལ་ཏུ་ཕྱིན་པ་དྲུག་སྒྲུབ་ནུས་པའི་རང་བཞིན་དུ་གྱུར་ན་ལེགས་སོ་སྙམ་དུ་སེམས་བ་ནི་མངོན་པར་དགའ་བ་ཡིད་ལ་བྱེད་པ་ཞེས་བྱའོ། །དེ་ལྟར་ཡིད་ལ་བྱེད་པ་དེ་གསུམ་གདམས་པ་དང་རྗེས་སུ་བསྟན
་པ་ལ་སྦྱར་བར་བྱའོ། །ཞེས་བྱ་བ་ལ། བསྒྲུབས་པའི་རྗེས་ལ་གདམས་པ་དང། རྗེས་སུ་བསྟན་པར་བཤད་དེ། འོག་ནས་ཀྱང་དེ་བཞིན་རབ་ཏུ་བསྒྲུབས་པ་དང། ཡང་དག་གདམས་དང་བསྟན་པའོ། ཞེས་འབྱུང་བའི་ཕྱིར་རོ་དེ་ལ་གོ་ཆ་དང། སྨོན་ལམ་དང་མངོན་པར
་དགའ་བའི་ཡིད་ལ་བྱེད་པ་གསུམ་ནི་གདམས་པ་དང་བསྟན་པའི་སྐབས་སྦྱར་ཏེ་ཇི་ལྟ་ཞེ་ན། གདམས་པ་དང་བསྟན་པ་ཐོབ་པའི་ཕྱིར་གོ་ཆ་གྱོན་པར་བྱེད་དོ། །སྨོན་ལམ་འདེབས་སོ། མངོན་བར་དགའ་བར་བྱེད་དོ། །ེ་མ་འོ་འདི་ལྟར་བདག་ལ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་
་རྣམས་ཀྱིས་གདམས་པ་དང་བསྟན་པ་སྟོན་པར་གྱུར་ཅིག་ཅེས་སྨོན་ལམ་འདེབས་ཤིང་དེ་ལྟར་དགའ་བར་བྱེད་བའི་ཕྱིར་རོ། །ཐབས་དང་ལྡན་པའི་ལས་ཡིད་ལ་བྱེད་པ་ནི་རྟོག་པ་བདག་གིས་རྣམ་པ་ཐམས་ཅད་སྦྱིན་པ་ལ་སོགས་པ་ལ་སྦྱོར་ཞིང་ཡིད་ལ
་བྱེད་པས་སོ་ཞེས་བྱ་བ་ལ། གདམས་པ་དང་བསྟན་བའི་འོག་ཏུ་ཐབས་དང་ལྡན་པའི་ཡིད་ལ་བྱེད་པ་བཤད་དེ། དེ་ལ་ཐབས་དང་ལྡན་པའི་ཡིད་ལ་བྱེད་པ་ཞེས་བྱ་བ་ནི་བདག་ལག་ནS་སྦྱིན་པ་ལ་སོཌ་བ་ན་བྱས་སུ་ཟན་ཀྱང་ཕ་རོལ་ཏུ་ཕྱིན་པ་དྲུག་སྤྱོད་པ་དག་མཐོ་བ
་ན་ཡིད་ཀྱི་རྟོག་པས་རྗེས་སུ་ཡི་རང་བ་དང། མངོན་པར་དགའ་བ་དང། །རོ་མྱོང་བར་བྱེད་པའི་སྒོ་ནས་ཕ་རོལ་ཏུ་ཕྱིན་པ་རྣམས་རྫོགས་པར་བྱ་བ་ལ་སྦྱོར་ཞིང་ཡིད་ལ་རྟོག་པ་ནི་ཐབས་དང་ལྡན་པའི་ལས་ཡིད་ལ་བྱེད་པ་ཞེས་བྱའོ། །མཐུ་ཐོབ་པས
་ནི་སྤྲོ་བ་སྟེ། སྦྱིན་ལ་སོགས་པ་དྲུག་དྲུག་པོ། །ཡོངས་སུ་སྦྱིན་དང་མཆོད་པ་སྟེ། བསྟེན་པ་དང་ནི་སྙིང་བརྩེ་བའོ། ཞེས་བྱའོ། །ཐབས་དང་ལྡན་པའི་ལས་ཡིད་ལ་བྱེད་པའི་འོག་ཏུ་སྤྲོ་བ་ཡིད་ལ་བྱེད་བ་བཤད་པའི་སྐབས་ཡིན་པས་དེ་བཤད་དེ། སྤྲོ་བ་ཡིད་ལ་བྱེད་པ
་ཡང་རྣམ་པ་བཞི་ཡོད་དོ། དེ་ལ་སྦྱིན་པ་ལ་ཡང་སྦྱིན་པའི་སྦྱིན་པ་ནས་ཤེས་རབ་ཀྱི་སྦྱིན་པའི་བར་དུ་དྲུག་ཡོད་པ་དང། ཤེས་རབ་ལ་ཡང་ཤེས་རབ་ཀྱི་སྦྱིན་པ་ནས་ཤེས་རབ་ཀྱི་ཤེས་རབ་ཀྱི་བར་དུ་དྲུག་དྲུག་ཡོད་དོ། །ཕ་རོལ་ཏུ་ཕྱིན་པ་གཅིག་ཅིང་ཡང་ཕ
་རོལ་ཏུ་ཕྱིན་པ་དྲུག་དྲུག་ཡོད་པ་ན་སྦྱིན་པ་ལ་སོགས་པའི་དྲུག་དྲུག་དྲུག་པོ་ཞེས་བྱ་སྟེ། གཅིག་པ་དྲུག་ཡོད་པའི་མཐུ་ཐོབ་པ་ནི་སྤྲོ་བ་ཡིད་ལ་བྱེད་པ་དང་པོའོ། །ཕ་རོལ་ཏུ་ཕྱིན་པ་དྲུག་ཉིད་བསྡུ་བའི་དངོས་པོ་ལ་ཚུལ་དུ་བཞག
་ནས་སེམས་ཅན་ཡོངས་སུ་སྨིན་བར་བྱེད་པ་ནི་སྤྲོད་པ་ཡིད་ལ་བྱེད་པ་གཉིས་པའོ། །ཕ་རོལ་ཏུ་ཕྱིན་པ་དྲུག་ལས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་བས་ནི་བསྐྱེད་པ་དང་བཀུར་སྟིས་དེ་བཞིན་གཤེགས་པ་ལ་མཆོད་པ་བྱེད། ཕ་རོལ་ཏུ་ཕྱིན་པ་ལྷག་མ་ལྔས་ནི་བསྒྲུབS
་བས་དེ་བཞིན་གཤེགས་པ་ལ་མཆོད་པ་བྱེད་པ་འདི་ནི་སྤྲོ་བ་ཡིད་ལ་བྱེད་པ་གསུམ་པའོ། །ཕ་རོལ་ཏུ་ཕྱིན་པ་ཕྱིན་ཅི་མ་ལོག་པར་སྟོན་པའི་དགེ་བའི་བཤེས་གཉེན་བ་ཙལ་བའི་ཕྱིར་དགེ་བའི་བཤེས་གཉེན་ལ་བརྟེན་པ་ནི་སྤྲོ་བ་ཡིད་ལ་བྱེད་པ་བཞི་པའོ
་སྙིང་བརྩེ་བ་ཡིད་ལ་བྱེད་པ་རྣམ་པ་བཞི་སྟེ། བྱམས་པ་དང་སྙིང་རྗེ་དང་དགའ་བ་དང་བཏང་སྙོམས་ཏེ། དེ་དག་གི་མཚན་ཉིད་ཞིབ་ཏུ་ནི་འོག་ནས་བཤད་པར་བའོ། །སྦྱིན་བ་ལ་སོགས་པ་དྲུག་སྦྱིན་པའི་སྦྱིན་པ་ནས་ཤེས་རབ་ཀྱི་བར་དུ་མཐུ་རྙེད་པའོ་ཞེས་བྱ
་བ་ལ། སྦྱིན་པ་ལ་ཡང་དྲུག་སྟེ། སྦྱིན་བའི་སྦྱིན་བ་ནས་ཤེས་རབ་ཀྱི་སྦྱིན་པའི་བར་དུའོ། །དེ་ལྟར་དྲུག་ཡོད་པས་ན་སྡུག་པ་ཞེས་བྱ་སྟེ། དེ་ལྟ་བུའི་མཐུ་རྙེད་པ་ནི་སྤྲོ་བ་ཡིད་ལ་བྱེད་བ་དང་བའོ། །དེ་ལྟར་སྦྱིན་པ་ལ་ཇི་ལྟར་དྲུག་ཡོད་ཅེ་ན། འདི་ལྟར་དགེ་བའི་རང་བཞིན་གྱི
་ཕུང་པོ་ལྔ་ནི་སྦྱིན་པ་ཞེས་བྱའོ། །སྦྱིན་པའི་རང་བཞིན་གྱི་ཕུང་པོ་ལྔས་ནི་ཕྱི་དང་ནང་གི་དངོས་པོ་སྦྱིན་པར་བྱེད་པ་ནི་སྦྱིན་པའི་སྦྱིན་པ་ཞེས་བྱའོ། །ཡང་ན་ནོར་དང་འབྲུ་ལ་སོགས་པ་ལ་སྦྱིན་པ་ཞེས་བྱ་སྟེ། དེ་ནམ་གཞན་གཏོང་ཞིང་སྦྱིན་པའི་སྦྱིན་པ་ཞེས་བྱའོ
་སྦྱིན་པའི་ཚུལ་ཁྲིམས་ཇི་ལྟ་བུ་ཞེ་ན་ནམ་སེམས་ཅན་རྣམས་ཚུལ་ཁྲིམས་ལ་བཀོད་བ་འམ། གཞན་ལ་ཚུལ་ཁྲིམས་བཤད་པ་ནི་ཚུལ་ཁྲིམས་སྦྱིན་པ་ཞེས་བྱ་སྟེ། དེ་བཞིན་དུ་ཤེས་རབ་ཀྱི་སྦྱིན་པའི་བར་དུ་སྦྱར་རོ། །དེ་བཞིན་དུ་ཚུལ་ཁྲིམས་ལ་སོགས་པ་རྣམ་པ
་དྲུག་ལ་ཡང་སྦྱར་རོ། །ཞེས་བྱ་བ་ལ་ཕྱིན་པ་ལ་དྲུག་ཡོད་པ་དེ་བཞིན་དུ་ཚུལ་ཁྲིམས་ནས་ཤེས་རབ་ཀྱི་བར་དུ་རེ་རེ་ལ་ཡང་དྲུག་དྲུག་ཡོད་པར་སྦྱར་རོ་ཞེས་བྱ་བའི་དོན་ཏོ། །ཇི་ལྟ་ཞེ་ན། ཚུལ་ཁྲིམས་ཀྱི་སྦྱིན་པ་དང་ཞེས་བྱ་བ་ནས་ཚུལ་ཁྲིམས་ཀྱི་ཤེས་རབ་ཅེས་བྱ་བའི་བར་དུ
་སྦྱར་རོ། །དེ་ལ་གཞན་གྱི་ནོར་དང་སྲོག་དང་ཆུང་མ་ལ་གནོད་བ་མ་བྱས་ཏེ། མི་འཇིགས་པ་སྦྱིན་པ་ནི་ཚུལ་ཁྲིམས་ཀྱི་སྦྱིན་པའོ། །སྲོག་གཅོད་པ་དང་མ་བྱིན་བར་ལེན་པ་ལ་སོགས་པ་བསྡམས་ཏེ། ཚུལ་ཁྲིམས་བསྲུངས་པ་ནི་ཚུལ་ཁྲིམས་ཀྱི་ཚུལ་ཁྲིམས་ཞེས་བྱའོ།།
་ཚུལ་ཁྲིམས་ལ་གནས་པ་རྣམས་གཤེ་བ་ལས་སླར་མི་གཤེ་བ་དང། བརྡེག་པ་ལས་སླར་མི་བརྡེག་པ་ལ་སོགས་པ་བྱེད་པ་ནི་ཚུལ་ཁྲིམས་ཀི་བཟོད་པ་ཞེས་བྱའོ། །ཚུལ་ཁྲིམས་རྒྱུན་དུ་བསྲུངས་པ་ནི་ཚུལ་ཁྲིམས་ཀྱི་བརྩོན་འགྲུབ་ཞེས་བྱའོ། །རྟག་ཏུ་ཚུལ་ཁྲིམས
་ལ་སེམས་རྩེ་གཅིག་ཏུ་འཇོག་པ་ནི་ཚུལ་ཁྲིམས་བསམ་གཏན་ཞེས་བྱའོ། །ལྟུང་བ་དང་མི་ལྟུང་བའི་བྱེ་བྲག་བྱེད་བ་ནི་ཚུལ་ཁྲིམས་ཀྱི་ཤེས་རབ་ཅེས་བྱའོ། །བཟོད་པ་ལ་ཡང་བཟོད་པ་ལ་གནS་བ་རྣཾས་བརྡེག་བ་ལ་སླར་མི་བརྡེག་པ་ལ་སོཌ་བ་མི་འཇིཌ་པ་སྦྱིན་པར་བྱེད་པ་ནི་བཟོད
་པའི་སྦྱིན་པ་ཞེས་བྱའོ། །བཟོད་པ་ལ་གནས་བ་རྣམས་སྲོག་གཅོད་པ་ལ་སོགས་པའི་ལས་མི་བྱེད་པ་ནི་བཟོད་པའི་ཚུལ་ཁྲིམས་སོ། །གཞན་གྱིས་གནོད་པ་བྱས་ཀྱང་ཞེ་སྡང་མི་ལྡང་བ་ནི་བཟོད་པའི་བཟོད་པའོ། །རྟག་ཏུ་བཟོད་པའི་སེམས་འབའ་ཞིག་འབྱུང་བ་ནི་བཟོད
་པའི་བརྩོན་འགྲུས་སོ། །ཞེ་སྡང་གི་སེམས་མ་གཡེངས་པ་ནི་བཟོད་པའི་བསམ་གཏན་ནོ། །སེམས་ཅན་གཞན་ལ་གནོད་པ་བྱས་ན་མ་འོངས་པ་ན་སྡུག་བསྔལ་མྱོང་པར་མཐོང་བ་ནི་བཟོད་པའི་ཤེས་རབ་བོ། །བརྩོན་འགྲུབ་ལ་ཡང་སེམས་ཅན་གཞན་གྱི་གྲོགས་བྱས
་ཤིང་བསྟངས་པ་ནི་བརྩོན་འགྲུས་ཀྱི་སྦྱིན་པའོ། དགེ་བ་པ་བརྩོན་འགྲུས་བརྩོམ་པ་ནི་མི་དགེ་བ་ལ་མི་འཇུག་པནི་བརྩོན་འགྲུས་ཀྱི་ཚུལ་ཁྲིམས་སོ། །བརྩོན་འགྲུས་བཅོམ་པའི་དུས་ན་གྲང་བ་དང་ཚ་བ་ལ་སོགས་པའི་ཉམས་སུ་ལེན་པ་ནི་བརྩོན་འགྲུས་ཀྱི་བཟོད་པའོ།།
་དགེ་པ་ལ་སེམས་སྤྲོ་བ་ནི་བརྩོན་འགྲུས་ཀྱི་བརྩོན་འགྲུས་སོ། །ལེ་ལོས་སེམས་མ་གཡེངས་པ་ནི་བརྩོན་འགྲུས་ཀྱི་བསམ་གཏན་ཞེས་བྱའོ། །བརྩོན་འགྲུས་བརྩམས་པ་རྣམས་དགེ་ཐ་དད་མི་དགེ་བའི་མཚན་ཉིད་ཕྱེད་པར་ཤེས་པར
་གྱུར་ཏེ། དེ་ནི་བརྩོན་འགྲུས་ཀྱི་ཤེས་རབ་བོ། །བསམ་གཏན་ལ་ཡང་བསམ་གཏན་གྱི་མཐུ་ལོ་ཉེས་དང་ནད་ལ་སོགས་པ་མེད་པར་བྱ་སྟེ། གནོད་པ་བསལ་ནས་ཕན་བ་བྱིན་པ་ནི་བསམ་གཏན་གྱི་སྦྱིན་བའོ། །སེམས་རྩེ་གཅིག་པའི་ཚེ་སྲོག་གཅོད་པ་ལ་སོགས
་པ་ལ་མི་རྟོག་པ་ནི་བསམ་གཏན་གྱི་ཚུལ་ཁྲིམས་སོ། །བསམ་གཏན་པ་རྣམས་ནི་རྟག་ཏུ་སེམས་འཇམ་པ་སྟེ། ཞེ་སྡང་གི་འཁྲུག་པ་མི་འབྱུང་ན་ནི་བསམ་གཏན་གྱི་བཟོད་པའོ། །སེམས་རྩེ་གཅིག་པ་རྒྱུན་དུ་མི་གཏོང་བ་ནི་བསམ་གཏན་གྱི་བརྩོན་འགྲུས་སོ། །
་དམིགས་པར་བྱ་བ་ལ་སེམས་རྩེ་གཅིག་པ་ནི་བསམ་གཏན་གྱི་བསཾ་གཏན་ནོ། །བསྒོམ་པར་བྱ་བའི་ཆོས་སེམས་ལ་གསལ་བ་ནི་བསམ་གཏན་གྱི་ཤེས་རབ་པོ། །ཤེས་རབ་ལ་ཡང་གཞན་ཆོས་རྣམས་ཀྱི་ཕྱིན་ཅི་མ་ལོག་པར་བཤད་པ་ནི་ཤེས་རབ་ཀྱི་སྦྱིན་བའོ། །ཤེས
་རབ་ཅན་རྣམས་བླང་བ་དང་སྤང་བར་བྱ་བ་རྣམས་ངོ་ཤེས་པས་སྤང་བར་བྱ་བ་ལ་མི་འཇུག་པ་ནི་ཤེས་རབ་ཀྱི་ཚུལ་ཁྲིམས་སོ། །ཆོས་ཀྱི་མཚན་ཉིད་མ་ནོར་བ་ལ་སེམས་དགའ་བ་ནི་ཤེས་རབ་ཀྱི་བཟོད་པའོ། །མཉན་པ་དང་སེམས་པ་ལ་སོགས་པ་ལ་སྤྱོ་བ་ནི་ཤེS
་རབ་ཀྱི་བརྩོན་འགྲུས་སོ། །ཆོས་ཀྱི་མཚན་ཉིད་ཕྱིན་ཅི་མ་ལོག་པ་རྣམས་ལ་མ་ནོར་བ་ཡིན་ནོ་སྙམ་དུ་སེམས་གཡེངས་པ་མེད་པ་ནི་ཤེས་རབ་ཀྱི་བསམ་གཏན་ནོ། །ཆོས་རྣམས་ཀྱི་རང་རང?་སྤྱིའི་མཚན་ཉིད་ཕྱིན་ཅི་མ་ལོག་པར་ཤེས་བ་ནི་ཤེས་རབ་ཀྱི་ཤེས་རབ་བོ?། །ཕ་རོལ་ཏུ་ཕྱིན
་པ་རྣམས་སྡུ་བའི་དངོས་པོ་རྣམས་ཚུལ་གྱི་སེམས་ཅན་ཡོངས་སུ་སྨིན་པའོ་ཞེས་བྱ་བ་ལ། ཕ་རོལ་ཏུ་ཕྱིན་པ་དྲུག་སྦྱིན་པ་དང་ངག་སྙན་པ་དང། དོན་མཐུན་པ་དང་དོན་སྤྱོད་པ་པར་སྤྱོད་པའི་མཚན་ཉིད་དུ་གཞག་སྟེ། དེ་དག་གི་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་ནི་སྤྲོ་བ
་ཡིད་ལ་བྱེད་པ་གཉིས་པའོ། །ཕ་རོལ་ཏུ་ཕྱིན་པ་རྣམས་ཇི་ལྟར་བསྡུ་བའི་དངོས་པོའི་ཚུལ་དུ་གཞག་ཅེ་ན་ཕ་རོལ་ཏུ་ཕྱིན་པ་དྲུག་ལས་སྦྱིན་པ་ནི་སྦྱིན་པ་ཉིད་དོ། །ཕ་རོལ་ཏུ་ཕྱིན་པ་དྲུག་ནམ་གཞན་ལ་འཆད་པ་ནི་དག་སྙན་པའོ། །ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སེམས་ཅན
་གཞན་སྦྱོར་དུ་བཀོད་པ་ནི་དོན་སྤྱོད་པའོ། །ཕ་རོལ་ཏུ་ཕྱིན་པ་དྲུག་པོ་གང་ལ་སེམས་ཅན་བཀོད་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དེ་ཉིད་ལ་བདག་ཉིད་ཀྱང་སྤྱོད་པ་ནི་དོན་མཐུན་པར་སྤྱོད་པའོ། །མཆོད་པས་ནི་སྦྱིན་པས་ནི་རྙེད་པ་དང་བཀུར་སྟི་སྤྱོད་པའོ། །ལྷག་མ་རྣམས་ཀྱིས
་ནི་སྒྲུབ་པའི་མཆོད་པའོ། །ཞེས་བྱ་བ་ལ། དེ་བཞིན་གཤེགས་པ་ལ་མཆོད་པ་རྣམ་པ་གཉིས་ཏེ། ཟང་ཟིང་གི་མཆོད་པ་དང། སྒྲུབ་པས་མཆོད་པའོ། །ཟང་ཟིང་གི?་མཆོད་པ་ལ་ཡང་རྣམ་པ་གཉིས་ཏེ། རྙེད་པས་མཆོད་བ་དང། བཀུར་སྟིས་མཆོད་པའོ། །དེ་ལ་ཆོས་གོས
་དང། ལྷུང་བཟེད་འབུལ་བ་ནི་རྙེད་པས་མཆོད་པའོ། །ཕྱག་འཚལ་བ་དང་བསྐོར་བ་ལ་སོགས་པ་བྱེད་པ་ནི་བཀུར་སྟིས་མཆོད་པ་སྟེ། སྦྱིན་པས་ནི་རྙེད་པ་དང། བཀུར་སྟིས་མཆོད་པ་བྱེད་དོ། །ཚུལ་ཁྲིམས་ནས་ཤེས་རབ་ཀྱི་བར་དུ་ལྔ་བསྒྲུབ་བས་མཆོད་པ་སྟེ། འདི
་ནི་སྤྲོ་པ་ཡིད་ལ་བྱེད་པ་གསུམ་པའོ། །ཕྱིན་ཅི་མ་ལོག་པའི་ཕ་རོལ་ཏུ་ཕྱིན་པ་སྟོན་པ་བཙལ་བའི་ཕྱིར་དགེ་བཱི་བཤེS་གཉེན་ལ་བསྙེན་པ་སྟེ་ཞེས་བྱ་བ་ལ། ཕྱིན་ཅི་མ་ལོག་བ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཕྱིན་ཅི་མ་ལོག་པ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཕྱིན་ཅི
་མ་ལོག་པའོ། །དེ་ལ་ཁ་ཅིག་སྦྱིན་པ་ཡིན་ཡང་ཕྱིན་ཅི་ལོག་ཡོད་དེ། བཤན་པ་ལ་མཚོན་ཆ་སྦྱིན་པ་དང། སྨད་མཆོད་ལ་ནོར་སྦྱིན་པ་ལྟ་བུའོ། །ཁ་ཅིག་ཤེས་རབ་ཡིན་ཡང་ཕྱིན་ཅི་ལོག་ཡོད་དེ། མུ་སྟེགས་བ་བདག་དང་རྟག་པ་ལ་སོགས་པ་ལྟ་བུའོ། །དེ་ལྟར་ན
་སྦྱིན་པ་ཕྱིན་ཅི་མ་ལོག་པ་དང། ཤེས་རབ་ཕྱིན་ཅི་མ་ལོག་པར་སྟོན་པའི་དགེ་བའི་བཤེས་གཉེན་པ་བཙལ་པའི་ཕྱིར་དེ་སྟོན་པའི་དགེ་བའི་བཤེས་གཉེན་གྱི་དྲུང་དུ་འགྲོ་བ་དང། ཕྱག་འཚལ་བ་དང་བསྐོར་བ་ལ་སོགས་པའི་བསྙེན་བཀུར་བྱེད་པ་ནི་བསྟེན
་པ་ཞེས་བྱ་སྟེ། འདི་ནི་སྤྲོས་པ་ཡིད་ལ་བྱེད་པ་བཞི་པའོ། །སྙིང་བརྩེ་བ་ཡིད་ལ་བྱེད་པ་ནི་ཚད་མེད་པ་བཞི་སྟེ། ཞེས་བྱ་བ་ལ་ཚད་མེད་པ་བཞི་དང་ལྡན་པའི་སེམས་ལ་ནི་སྙིང་བརྩེ་བ་ཡིད་ལ་བྱེད་པ་ཞེས་བྱའོ་ཞེས་བྱ་བའི་དོན་ཏོ། །
་སྦྱིན་པ་ལ་སོགས་པས་སྟོབས་པས་བྱམས་པར་བྱེད་པ་དང་ཞེས་བྱ་བ་ལ། བྱམས་པ་ནི་སེམས་ཅན་རྣམས་བདེ་པ་དང་ལྡན་པར་གྱུར་ཅིག་ཅེས་སེམས་པ་དང། བྱང་ཆུབ་སེམས་དཔའ་རྣམས་ནི་བདེ་བར་གྱུར་ཅིག་ཅེས་སེམས་པར་མ་ཟད་ཀྱི་བདེ་བ
་ལ་ཡང་འཇོག་པར་མཛད་དོ། །དེ་ལ་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ནི་ལོངས་སྤྱོད་ལ་སོགས་པ་འགྲུབ་པར་བྱེད་པ་ཡིན་པས་སྦྱིན་པ་ལ་སོགས་པ་འགྲུབ་པར་བྱེད་པ་ཡིན་པ་སྦྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་དྲུག་བསྟབS
་ཏེ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་བཀོད་པ་ནི་སེམས་ཅན་ལ་བྱམས་པར་བྱེད་པ་ཡིན་ནོ། །ཞེས་བྱ་བའི་དོན་ཏོ། །སེར་སྣ་ལ་སོགས་པ་དང་ལྡན་པ་ལ་སྙིང་བརྩེ་བ་དང་ཞེས་བྱ་བ་ལ་སེམས་ཅན་རྣམས་སྡུག་བསྔལ་བ་དང་བྲལ་བར་གྱུར་ཅིག་ཅེས་སེམས་པ་ནི
་སྙིང་རྗེའོ། །སེར་སྣ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་དྲུག་གི་མི་མཐུན་པའི་ཕྱོགས་ནི་དབུལ་པོ་ལ་སོགས་པའི་སྡུག་བསྔལ་བར་འགྱུར་བའི་རྒྱུ་ཡིན་པས་སེར་སྣ་ལ་སོགས་པ་དང་ལྡན་པ་ལ་བྱང་ཆུབ་སེམས་དཔའ་སྙིང་རྗེ་བསྐྱེ་བའོ། །བྱང་ཆུབ
་སེམས་དཔའ་ནི་སྙིང་རྗེ་བ་ཙམ་དུ་ཡང་མ་ཟད་ཀྱི། སེར་སྣ་ལ་སོགས་པའི་ཆོས་འདོད་དུ་འཇུག་དེ་འདི་ནི་སྙིང་རྗེའོ། །སྦྱིན་པ་དང་ལྡན་པ་ལ་སོགས་པའི་སེམས་ཅན་རྣམས་ལ་དགའ་བར་བྱེད་པ་དང་ཞེས་བྱ་བ་ལ། སེམས་ཅན་བདེ་བ་མཐོང་ནས་སེམས
་ལ་མོས་པ་སྐྱེས་པ་ལ་ནི་དགའ་བ་ཞེས་བྱ་སྟེ། སེམས་ཅན་རྣམས་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་སྤྱོད་པ་མཐོང་ནས་དགའ་བར་གྱུར་བ་ནི་དགའ་བའོ། །དེ་ལ་ཉོན་མོངས་པ་མེད་པ་མོས་པ་ནི་བཏང་སྙོམས་སོ་ཞེས་བྱ་བ་ལ། བཏང་སྙོམས
་ཀྱི་རང་བཞིན་ནི་གང་ལ་ཡང་ཆགས་པ་དང་ཞེ་སྡང་མེད་པ་དང། སྦྱིན་པ་ལ་སོགས་པ་ལོངས་སྤྱོད་དང་ལྡན་ནམ། བདེ་བར་གྱུར་པའི་སེམས་ཅན་རྣམས་ལ་ཡང་འདོད་ཆགས་སྐྱེ་བར་མ་གྱུར་ཅིག་ཅེས་སྨོན་པ་དང། ལོངས་སྤྱོད་རྣམས་ཕྲོགས་ནས་སྡུག་བསྔལ
་བར་གྱུར་པའི་སེམས་ཅན་རྣམས་ལ་ཡང་ཞེ་སྡང་བར་མ་གྱུར་ཅིག་ཅེས་སེམས་པ་ནི་བཏང་སྙོམས་སོ་ཞེས་བྱ་བའི་དོན་ཏོ། །མ་བྱས་སྨད་དང་ངོ་ཚ་དང། །བགྱིད་དང་ཡུལ་ལ་དགའ་བ་དང། མི་སྐྱོ་བ་དང་འགོད་པ་དང། །བརྗོད?་པ་ལ་ནི་བློ་གྲོས་ཏེ། ཞེས་བྱ་བ
་ལ་གཞན་ཡང་ངོ་ཚ་བ་ཡིད་ལ་བྱེད་པ་དང། དགའ་བ་ཡིད་ལ་བྱེད་པ་དང། མི་སྐྱོ་བ་ཡིད་ལ་བྱེད་པ་དང། འགོད་པ་ཡིད་ལ་བྱེད་པ་དང། བརྗོད་པ་ཡིད་ལ་བྱེད་པ་སྟེ། ཡིད་ལ་བྱེད་པ་དེ་དག་གིས་ཀྱང་ཕ་རོལ་ཏུ་ཕྱིན་པའི་ཁམས་རྒྱས་པར་འགྱུར་རོ་ཞེས་བྱ་བའི
་དོན་ཏོ། །དེ་ལ་ཕ་རོལ་ཏུ་ཕྱིན་པ་ཡེ་མ་བྱས་པ་དང། རྫོགས་པར་མ་བྱས་པ་ནི་མ་བྱས་པར་ཞེས་བྱའོ། །ཕ་རོལ་ཏུ་ཕྱིན་པ་ལ་ཕྱིན་ཅི་ལོག་ཏུ་བྱས་པ་ལ་ནི་སྨད་པ་བྱས་པ་ཞེས་བྱས་ཏེ། དེ་ལྟར་ཡེ་མ་བྱས་པ་དང། རྫོགས་པར་མ་བྱས་པ་དང། སྨད་པར་བྱས
་ན་མཚར་བྱས་ཞེས་ངོ་ཚ་ཞིང་འགྱོད་པ་ནི་ངོ་ཚ་བ་ཡིད་ལ་བྱེད་པ་ཞེས་བྱའོ། །ཕ་རོལ་ཏུ་ཕྱིན་པ་དྲུག་ལ་རྒྱུན་དུ་སྤྱད་པར་བྱའོ་སྙམ་དུ་སེམས་སྤྲོ་བའི་ཕྱིར་དབང་དུ་བྱས་ནས་སྦྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་རྒྱུན་ཏུ་དམིགས་ཤིང་དེ་འབའ་
་ཞིག་ལ་སེམས་རྩེ་གཅིག་ཏུ་འཇོག་གི། སེམས་གཞན་དུ་མ་ཡེངས་པ་ནི་དགའ་བ་ཡིད་ལ་བྱེད་པ་ཞེས་བྱའོ། །སྦྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྦྱོར་བའི་ཚེ། སྤྱོད་པར་མི་འདོད་པའི་སེམས་སྐྱོ་བ་སྐྱེས་ན་སེམས་འདི་ནི་བླ་ན་མེད་པའི
་བྱང་ཆུབ་ཐོབ་པར་བྱ་བའི་བར་དུ་གཅོད་པ་ཡིན་པས་དག་ཡིན་ནོ་སྙམ་པའི་འདུ་ཤེས་སྐྱེ་བ་ནི་མི་སྐྱོ་བ་ཡིད་ལ་བྱེད་པ་ཞེས་བྱའོ། །སེམས་ཅན་གྱི་དོན་དུ་ཕ་རོལ་ཏུ་ཕྱིན་པ་དྲུག་དང་འབྲེལ་བའི་སྟོན་སྐྱོབ་བྱའོ། །སྙམ་དུ་སེམས་ཤིང་ཕ་རོལ་ཏུ་ཕྱིན་པ་དྲུག་གི་གཅུག
་ལག་དང་གཞུང་དུ་འདྲི་ཞིང་འཇོག་པ་ནི་འགོད་པ་ཡིད་ལ་བྱེད་པ་ཞེས་བྱ་སྟེ། དཔེར་ན་མདོ་སྡེའི་རྒྱན་འདི་ཉིད་ཀྱི་ནང་ནས་གྲངས་དང་མཚན་ཉིད་གོ་རིམ་དང་ཞེས་བྱ་བ་ལ་སོགས་པའི་ཚུལ་དུ་གཙུག་ལག་ཏུ་འགོད་པའོ། །སེམས་ཅན་སོ་སོའི
་སྣང་དང་སྦྱར་ནས་སེམས་ཅན་གང་ལ་ཕ་རོལ་ཏུ་ཕྱིན་པ་གང་བཤད་པར་འོས་པའི་སེམས་ཅན་དེ་ལ་ཕ་རོལ་ཏུ་ཕྱིན་པ་དེ་འཆད་པ་ནི་བརྗོད་པ་ཡིད་ལ་བྱེད་པ་ཞེས་བྱའོ། །ངོ་ཚ་བའི་ཆོས་ལ་བརྩམས་ནས་ཞེས་བྱ་བ་ནི་ངོ་ཚ་བས་རྒྱུ་བྱས་ནས་ཤེ་འམ། ངོ་ཚ
་བའི་དབང་དུ་བྱས་ནས་ཞེས་བྱ་བའི་དོན་ཏོ། །མ་བྱས་པ་འམ་ཞེས་བྱ་བ་ལ། ཕ་རོལ་ཏུ་ཕྱིན་པ་དྲུག་ཐམས་ཅད་དུ་ཅུང་ཟད་ཀྱང་མ་བྱས་པའོ། །ཡོངས་སུ་མ་རྫོགས་པའམ་ཞེས་བྱ་བ་ལ། སྦྱིན་པ་ནི་རྣམ་པ་གསུམ་སྟེ། ཟང་ཟིང་དང་མི་འཇིཌ་པ་ཆོས་སྦྱིན་པ
་གསུམ་ལས་གཉིས་ཙམ་བུད་མེད་ཀྱི་གསུམ་ཆར་ཚང་བར་མི་བྱེད་པ་འམ། ཟང་ཟིང་སྦྱིན་པ་ལས་ཀྱང་ཆུང་ཟད་ཙམ་གཏོང་གི་ཀུན་མི་གཏོང་བ་དང། མི་འཇིགས་པ་སྦྱིན་པ་ལ་ཡང་སྙིང་ནས་སྐྱབས་མི་བྱེད་ཀྱི་ཚིག་ཙམ་དུ་བྱེད་པ་དང། ཆོས་ཀྱི་སྦྱིན་པ་ལ
་ཡང་ཁ་ཅིག་འཆད་ཀྱི་ཁ་ཅིག་མི་འཚང་དེ། སློབ་དཔོན་བཅབས་པ་ནི་ཡོངས་སུ་མ་རྫོགས?་པ་ཞེས་བྱའོ། །ལོག་པར་སྤྱོད་པ་ཞེས་བྱ་བ་ལ། སྦྱིན་པའི་བསྔགས་པ་ཙམ་སྨྲ་བའི་དངོས་པོ་མི་གཏོང་པ་དང། བཤན་པ་ལ་མཚོན་སྦྱིན་པར་བྱེད་པ་དང། སྨད་མཚོང
་མ་ལ་ནོར་སྦྱིན་པ་དང། བརྐུས་ནས་སྦྱིན་པ་དང། གཡོ་དང་སྒྱུས་སྦྱིན་པ་ནི་ལོག་པར་སྦྱིན་པ་ཞེས་བྱའོ། །ངོ་ཚ་ནས་ཞེས་བྱ་བ་ལ། དེ་ལྟར་མ་བྱས་པ་དང། ཡོངས་སུ་རྫོགས་པར་མ་བྱས་པ་ལ་དང། སྨད་པར་བྱས་པར་མཐོང་ནས་སེམས་ལ་གནོད་པ་ནི་ངོ་ཚ་བ
་ཞེས་བྱའོ། །འཇུག་པ་དང་ཞེས་བྱ་བ་ལ་དེ་ལྟར་ངོ་ཚ་ནས་མ་བྱས་པ་དང། ཡོངས་སུ་མ་རྫོགས་པར་བྱས་པ་དེ་སྤངས་ཏེ། བྱེད་པ་དང་ཡོངས་སུ་རྫོགས་པར་བྱེད་པ་ལ་འཇུག་པར་བྱེད་དོ། །ཞེས་བྱ་བའི་དོན་ཏོ། །ལྡོག་པའི་ཕྱིས་ཞེས་བྱ་བ་ལ། སྨད་པ་དང་ལོག་པར
་བྱ་བ་ལས་ནི་ལྡོག་པར་བྱ་བའི་ཕྱིར་ཞེས་བྱ་བའི་དོན་ཏོ། །ཡུན་མི་རིང་བར་འགྱོད་པར་བྱེད་དོ། ཞེས་བྱ་བ་ལ། གལ་ཏེ་འགྱོད་པ་ཞིག་བསྐྱེད་ན་ཡང་རྒྱུན་ཏུ་འགྱོད་པ་བསྐྱེད་པར་མི་བྱ་སྟེ། ཞེས་བྱ་བའི་དོན་ཏོ། །འགྱོད་པ་དང་རྒྱུན་དུ་ལྡན་ན་དགེ་བ་ཉིད་ལ་འཇུག་པར
་མི་ནུས་པས་དེ་བས་ན་སྦྱིན་པ་ལ་སོགས་པ་མ་བྱས་པ་དང། སྨད་པ་བྱས་པ་ན་བདག་གིས་སེམས་ཅན་རྣམས་ལ་སྦྱིན་པ་ལ་སོགས་པ་མ་བྱས་པ་དང། སྨད་པ་བྱས་པ་ནི་མཚར་བྱས་སོ?་སྙམ་ཐང་ཅིག་གཅིག་འགྱོད་པ་བསྐྱེད་ནས་འགྱོད་པ་སྤོང་ངོ། །དེ་ལ་དེ
་བས་ན་འདི་ལྟར་འགྱུར་ཏེ། སྦྱིན་པ་ལ་སོགས་པ་ཡེ་མ་བྱས་པ་དང། རྫོགས་པར་མ་བྱས་ནས་འགྱོད་པར་གྱུར་ན་འགྱོད་པ་དེ་བཟློག་སྟེ། སྦྱིན་པ་ལ་སོགས་པ་བྱས་པ་དང། རྫོགས་པར་བྱ་བའི་ཕྱིར་གུས་པར་བྱ་བ་དང། རྒྱུན་ཏུ་སྒྲུབ་པ་ལ་འཇུག་པར་བྱའོ། །
་སྦྱིན་པ་ལ་སོཌ་པ་སྨོད་པ་དང། ལོག་པར་བྱས་པ་ལ་ཕྱིས་ལོག་པ་ལ་འཇུག་པར་མི་བྱའོ་ཞེས་ལྡོག་པར་བྱ་སྟེ། དེ་ལྟར་ན་ཡང་ཐེ་ཚོམ་ཡང་ལྡོག་པར་འགྱུར་རོ། །འཇིག་རྟེན་རིག་པར་བྱས་པ་ལས་བརྩམས་ནས་བརྗོད་པ་ཡིད་ལ་བྱེད་པ་སྟེ་ཞེས་བྱ་བ་ལ། སེམས་ཅན་སོ
་སོའི་སེམས་དང་སྤྱར་ནས་སེམས་ཅན་གང་ལ་ཕ་རོལ་ཏུ་ཕྱིན་པ་གང་བཤད་པའི་རིག་བའི་སེམས་ཅན་དེ་དག་ལ་ཕ་རོལ་ཏུ་ཕྱིན་པ་དེ་འཆད་པ་ནི་བརྗོད་པ་ཡིད་ལ་བྱེད་པ་ཞེས་བྱའོ། །དོན་དེ་ཉིད་བསྟན་པའི་ཕྱིར། སྟོན་སྐྱོབ་དེ་ཉིད་ཇི་ལྟར་སྣོད་དུ་གྱུར་པའི་ཕྱིར་འཇིག
་རྟེན་ལ་བརྗོད་པར་འདུ་བྱེད་པའོ། །ཞེས་བྱ་བ་སྨོས་ཏེ། ཕ་རོལ་ཏུ་ཕྱིན་པ་དྲུག་དང་ལྡན་པའི་གཙུག་ལག་བྱས་པ་དེ་དག་སོའི་སྣོ་དང་སྦྱར་ནས་སེཾས་ཅན་གང་ལ་ཕ་རོལ་ཏུ་ཕྱིན་པ་གང་བཤད་པར་འོས་ཤིང་སྣོད་དུ་གྱུར་པ་དེ་ལ་ཕ་རོལ་ཏུ་ཕྱིན་པ་འཆད་དེ། དཔེར་ན་སྦྱིན་བའི
་ཕ་རོལ་ཏུ་ཕྱིན་པ་འཆད་པའི་སྣོད་དུ་གྱུར་བ་ལ་སྦྱིན་བའི་ཕ་རོལ་ཏུ་ཕྱིན་པ་འཆད་པ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འཆད་པའོ། །སྦྱིན་པ་ལ་སོགས་བརྟེན་ནས་སུ། །བྱང་ཆུབ་འགྱུར་གྱིས་དབང་ཕྱུག་མིན་ཞེས་བྱ་བ་ལ། བརྟེན་པའི་ཕྱིར་ཡིད་ལ་བྱེད་པ་ནི་སྦྱིན་པ
་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་བརྟེན་ནས་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་འགྱུར་གྱི། དབང་ཕྱུག་དང་གཙོ་བོ་དང་ཚངས་པ་ལ་སོགས་པ་ལ་བརྟེན་ནས་ནི་བླ་ན་མེད་པའི་བྱང་ཆུབ་ཐོབ་པ་མ་ཡིན་པར་ཁོང་དུ་ཆུད་པ་ནི་བརྟེན་པ་ཡིད་ལ
་བྱེད་པ་ཞེས་བྱའོ། །སྐྱོན་དང་ཡོན་ཏན་དག་ལ་ཡང། གཉིས་པ་དེ་ནི་རྟོགས་པར་འགྱུར་ཞེས་བྱ་བ་ལ་རྟོགས་པ་ཡིད་ལ་བྱེད་པ་ནི་སེར་སྣ་ལ་སོགས་པ་ནི་མི་མཐུན་པའི་ཕྱོགས་ལ་ནི་སྐྱོན་དུ་རྟོགས་ཏེ། དབུལ་པོ་ལ་སོགས་པར་འགྱུར་བར་མཐོང། སྦྱིན་པ་ལ་སོཌ
་པ་གཉེན་པོའི་ཕྱོགས་ལ་ནི་ཡོན་ཏན་དུ་རྟོགས་ཏེ། ཕྱུག་པོ་ལ་སོགས་པར་འགྱུར་བར་མཐོང་བ་ནི་རྟོག་པ་ཡིད་ལ་བྱེད་པ་ཞེས་བྱའོ་།བསགས་པ་དགའ་བ་དྲན་པ་དང། །ཆེ་བའི་དོན་ནི་མཐོང་བ་དང། རྣལ་འབྱོར་འདོད་དང་མི་རྡོག་པ། །དེ་འཛིན་པ་དང་རྐྱེན་ཐོབ་པ
་ཞེས་བྱ་བ་ལ། ཞེས་ཡང་བསགས་པ་དྲེན་ནས་དགའ་བ་ཡིད་ལ་བྱེད་པ་དང། དོན་ཆེན་པོ་མཐོང་བ་ཡིད་ལ་བྱེད་པ་དང། འདོད་པ་ཡིད་ལ་བྱེད་པ་སྟེ། ཡིད་ལ་བྱེད་པ་དེ་དག་གིས་ཀྱང་ཕ་རོལ་ཏུ་ཕྱིན་པའི་ཁམས་རྒྱས་པར་བྱེད་དོ། །ཞེས་བྱའི་དོན་ཏོ། །འདོད་པ
་ཡིད་ལ་བྱེད་པ་ཡང་རྣམ་པ་བཞི་སྟེ། རྣལ་འབྱོར་འདོད་པ་ཡིད་ལ་བྱེད་པ་དང། མི་རྟོག་པ་འདོད་པ་ཡིད་ལ་བྱེད་པ་དང། དེ་འཛིན་པ་ཡིད་ལ་བྱེད་པ་དང། རྐྱེན་ཐོབ་པ་ཡིད་ལ་བྱེད་པའོ། །བསགས་པ་དྲན་པས་དགའ་བ་ཡིད་ལ་བྱེད་པ་ནི་སྦྱིན་པ་ལ་སོགས་པ
་བསགས་ན་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསགས་པར་མཐོང་བའི་ཕྱིར་རོ། །ཞེས་བྱ་བ་ལ། སྦྱིན་པ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དྲུག་བསགས་ནས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསགས་པ་མཐོང་བ་ནི་བསགས་པ་མཐོང་ནས་དགའ་བ
་ཡིད་ལ་བྱེད་པ་ཞེས་བྱའོ། །དེ་ལ་སྦྱིན་པ་དང་ཚུལ་ཁྲིམས་དང་བཟོད་པ་གསུམ་བསགས་པས་ནི་བསོད་ནམས་ཀྱི་ཚོགས་སུ་འགྱུར། བསམ་གཏན་དང་ཤེས་རབ་ནི་ཡེ་ཤེས་ཀྱི་ཚོགས་སུ་འགྱུར། བརྩོན་འགྲུས་ནི་གཉིས་ཀའི་ཚོགས་སུ་འགྱུར་རོ། །དོན་མཐོང་པ་ཡིད
་ལ་བྱེད་པ་ནི་སྦྱིན་པ་ལ་སོགས་པ་བྱང་ཆུབ་ཀྱི་ཕྱོགས་ཀྱི་དངོས་པོའི་དོན་གྱིས་བྱང་ཆུབ་ཆེན་པོ་ཐོབ་པར་མཐོང་བའི་ཕྱིར་རོ། ཞེས་བྱ་བ་ལ། རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་ནི་བྱང་ཆུབ་ཆེན་པོ་ཞེས་བྱའོ། །སྦྱིན་པ་ལ་སོགས་པ་སྤྱད་ན་བླ་ན་མེད་པའི་བྱང་ཆུབ་ཀྱི་རྒྱུའི
་ཆུལ?་གྱི་འཇུག་ཏུ་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་མཐོང?་བ་ནི་དོན་ཆེན་པོ་མཐོང་བ་ཡིད་ལ་བྱེད་པ་ཞེས་བྱའོ། །རྣལ་འབྱོར་འདོད་པ་ཡིད་ལ་བྱེད་པ་ནི་ལྷག་མཐོང་དང་ཞི་གནས་སྦྱོར་བ་བསྒོམ་པར་འདོད་པའི་ཕྱིར་རོ། །ཞེས་བྱ་བ་ལ། ཕ་རོལ་ཏུ་ཕྱིན་པ་དྲུག་རྫོགས
་པར་བྱ་བའི་ཕྱིར། ཞི་གནས་དང་ལྷག་མཐོང་ཟུང་དུ་འབྲེལ་པ་བསྒོམ་པར་འདོད་པ་ནི་རྣལ་འབྱོར་འདོད་པ་ཡིད་ལ་བྱེད་པ་ཞེས་བྱའོ། །མི་རྟོག་པར་འདོད་པ་ཡིད་ལ་བྱེད་པ་ནི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པའི་ཕྱིར་ཐབས་མཁས་པ་ལ་འདོད་པའི་ཕྱིར་ཞེS
་བྱ་བ་ལ། རྣམ་པར་མི་རྟོག་པའི་ཡེ་ཤེས་ནི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་པའི་ཐབས་ཡིན་ནོ། །དེ་བས་ན་ཕ་རོལ་ཏུ་ཕྱིན་པ་དྲུག་རྫོགས་པར་བྱ་བའི་ཕྱིར་རྣམ་པར་མི་རྟོག་པའི་ཡེ་ཤེས་དང་ལྡན་པར་བྱ་བ་ནི་མི་རྟོག་པར་འདོད་པ་ཡིད་ལ་བྱེད་པ
་ཞེས་བྱའོ། །ཡང་ན་དང་པོ་སྦྱོར་བའི་དུས་ན་འདི་སྙམ་དུ་སེམས་ཏེ། མི་རྟོག་རྣམ་པར་མི་རྟོག་པར་ཕ་རོལ་ཏུ་ཕྱིན་པ་ལ་འཇུག་པར་གྱུར་ཅིག་ཅེས་སྨོན་ལམ་བཏབ་སེམས་ལ་མངོན་པར་འདུས་བྱས་པ་ལས་མངོན་པར་སངས་རྒྱས་ཏེ། རྣམ་པར་མི་རྟོག
་པའི་ཡེ་ཤེས་ཐོབ་པ་ན་མི་རྟོག་རྣམ་པར་མི་རྟོག་པར་ཕ་རོལ་ཏུ་ཕྱིན་པ་རྣམས་ལ་འཇུག་པར་འགྱུར་ཏེ། དེ་ནི་མི་རྟོག་པར་འདོད་པ་ཡིད་ལ་བྱེད་པ་ཞེས་བྱའོ། །འཛིན་པ་ཡིད་ལ་བྱེད་པ་ནི་ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱི་ཆེད་ཀྱི་ཆོས་དང་དོན
་འཛིན་པའི་ཕྱིར་རོ། །ཞེས་བྱ་བ་ལ། ཕ་རོལ་ཏུ་ཕྱིན་པ་དྲུག་འཆད་པའི་ཆོས་དང། དོན་སེམས་ལ་མི་བརྗེད་པར་འཛིན་པ་ནི་འཛིན་པ་ཡིད་ལ་བྱེད་པ་ཞེས་བྱའོ། །དེ་ལ་ཕ་རོལ་ཏུ་ཕྱིན་པ་རྒྱུར་གྱུར་པ་ནི་ཆོས་ཤེས་བྱའོ། །འབྲས་བུར་གྱུར་པ་ལ་ནི་དོན་ཅེས་བྱའོ་
་རྐྱེན་ཐོབ་པ་ཡིད་ལ་བྱེད་པ་ནི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པ་དང། རྗེས་སུ་མཐུན་པའི་ཡང་དག་པའི་སྨོན་པར་འདུ་བྱེད་པའི་ཕྱིར་རོ། །ཞེས་བྱ་བ་ལ། ཚེ་རབས་གང་སྐྱེས་གར་སྐྱེས་ཀྱང་ཕ་རོལ་ཏུ་ཕྱིན་པ་དྲུག་རྫོགས་པར
་འགྱུར་བ་དང་མཐུན་པའི་དགེ་བའི་བཤེས་གཉེན་དང། ཉེ་དུ་གཉེན་བཤེས་དང། ལུས་དང་ལོངས་སྤྱོད་དང་ལྡན་པར་གྱུར་ཅིག་ཅེས་སྨོན་ལམ་འདེབས་པ་ནི་རྐྱེན་ཐོབ་པའི་ཡིད་ལ་བྱེད་པ་ཞེས་བྱའོ། །རྣམ་བདུན?་ཕྱིན་ཅི་ལོག་འཛིན་དང། སྤང་བའི་མཐུ
་ནི་ཤེས་པ་དང། །ངོ་མཚར་དང་ནི་ངོ་མཚར་མིན། །འདུ་ཤེས་དེ་བཞིན་རྣམ་བཞིའོ། །ཞེས་བྱ་བ་ལ། ཕ་རོལ་ཏུ་ཕྱིན་པ་དྲུག་རྣམས་བསྒོམས་ཚེ?་ཕྱིན་ཅི་ལོག་ཏུ་འཛིན་པ་རྣམ་པ་བདུན་སྤོང་བའི་མཐུ་མཐོང་བ་ཡིད་ལ་བྱེད་པ་དང། ངོ་མཚར་གྱི་འདུ་ཤེས
་ཡིད་ལ་བྱེད་པ་བཞི་དང། དེ་བཞིན་དུ་ངོ་མཚར་མ་ཡིན་པའི་འདུ་ཤེས་ཡིད་ལ་བྱེད་པས་ཀྱང་ཁམས་རྒྱས་པར་འགྱུར་རོ། །ཞེས་བྱ་བའི་དོན་ཏོ། །མེད་པ་ལ་ཡོད་པར་འཛིན་པ་དང་ཞེས་བྱ་བ་ལ་ཀུན་བརྟགས་ཀྱི་གང་ཟག་དང། ཀུན་བརྟགས་ཀྱི་ཆོས
་ནི་མེད་པ་ཡིན་ན་དེ་ལ་དངོས་པོ་ཡོད་པར་འཛིན་པ་ཞེས་བྱ་སྟེ། འདི་ནི་ཕྱིན་ཅི་ལོག་གཅིག་གོ་།ཉེས་པ་ཅན་ལ་ཡོན་ཏན་ཅན་དུ་འཛིན་པ་དང་ཞེས་བྱ་བ་ལ། འཁོར་བའི་ཆོས་ནི་ཉེས་པ་ཅན་ཡིན་ཏེ། མི་རྟག་པ་དང་སྡུག་བསྔལ་བ་དང། མི་གཙང
་བ་དང་བདག་མེད་པའི་ཕྱིར་རོ། །དེ་ལ་རྟག་པ་དང་བདེ་བ་དང་གཙང་བར་འཛིན་པ་ནི་ཡོན་ཏན་དུ་འཛིན་པ་སྟེ། འདི་ནི་ཕྱིན་ཅི་ལོག་གཉིས་སོ། །ཡོན་ཏན་ཅན་ལ་ཡོན་ཏན་ཅན་མ་ཡིན་པར་འཛིན་པ་དང་ཞེས་བྱ་བ་ལ། མྱ་ངན་ལས་འདས་པ་ནི་ཉོན
་མོངས་པ་དང། སྡུག་བསྔལ་ཐམས་ཅད་སྤངས་པས་ཞི་བ་དང། བདེ་བ་ཡིན་པའི་ཕྱིར་ཡོན་ཏན་ཅན་ཡིན་ན་དེ་ལ་བྱིས་པ་རྣམས་ཆད་པ་དང་གཡང་སར?་ལྟ་བ་ནི་ཡོན་ཏན་ཅན་མ་ཡིན་པ་ཞེས་བྱ་སྟེ། དེ་ནི་ཕྱིན་ཅི་ལོག་གསུམ་མོ། །འདུ་བྱེད་ཐམས་ཅད
་ལ་རྟག་པ་དང་བདེ་བར་འཛིན་པ་གཉིས་དང་ཞེས་བྱ་བ་ལ། ཐམས་ཅད་ཀྱི་སྒྲ་འདིར་ཕྱོགས་གཅིག་ཏུ་དྲངས་ཏེ་འདུས་མ་བྱས་བཀོལ་ནས་ཟག་པ་དང་བཅས་པའི་འདུ་བྱེད་ཐཾས་ཅད་དང། ཟག་པ་མེད་པའི་འདུས་བྱས་འཕཌ་པའི་ལམ་ལ་སོཌ་པ་ཐཾས་ཅད་ནི་འདི་སྐད་ཅིག་མ་འཇིག་པས་མི
་རྟག་པ་ཡིན་ན་དེ་ལ་བརྟན་པར་འདུ་ཤེས་པ་ནི་འདུ་བྱེད་ཐམས་ཅད་ལ་རྟག་པར་འཛིན་པ་ཞེས་བྱ་སྟེ། འདི་ནི་ཕྱིན་ཅི་ལོག་བཞིའོ། །ཟག་པ་དང་བཅས་པའི་འདུས་བྱས་ཐམས་ཅད་ནི་སྡུག་བསྔལ་བ་རྣམ་པ་གསུམ་དང་བརྒྱད་ཀྱིས་གཟིར་བས་སྡུག་བསྔལ
་བ་ཡིན་ན་དེ་གྱ་ནོམ་པར་འཛིན་པ་ནི་བདེ་བར་འཛིན་པ་ཞེས་བྱ་སྟེ། འདི་ནི་ཕྱིན་ཅི་ལོག་ལྔ་པའོ། །ཆོས་ཐམས་ཅད་ལ་བདག་ཏུ་འཛིན་པ་དང་ཞེས་བྱ་བ་ལ། ཐམས་ཅད་ཀྱི་སྒྲ་འདིའི་སྐབས་སུ་མ་ལུས་པའི་དོན་དྲངས་ཏེ། འདུས་བྱས་དང་འདུས་མ་བྱས་དང
་ཟག་པ་དང་ཅས་པ་དང་ཟག་པ་མེད་པའི་ཆོས་ཐམས་ཅད་ནི་གང་ཟག་དང་ཆོས་ཀྱི་བདག་ཉིད་དུ་བདག་མེད་པ་ཡིན་ནོ། །དེ་ལ་ངོ་བོ་ཡོད་པར་འཛིན་པ་ནི་ཆོས་ཐམས་ཅད་ལ་བདག་ཏུ་འཛིན་པ་ཞེས་བྱ་སྟེ། འདི་ནི་ཕྱིན་ཅི་ལོག་དྲུག་གོ་།མྱ་ངན་ལས་འདས་པ་ལ་མ་ཞི་བར་ལོག
་པར་འཛིན་པ་སྟེ་ཞེས་བྱ་བ་ལ། མྱ་ངན་ལས་འདས་པ་ན་འཁྲུག་པ་ཉོན་མོངས་པའི་འཁྲུག་པ་དང། སྡུག་བསྔལ་ཐམས་ཅད་སྤངས་པས་ཞི་བ་ཡིན་ན་དེ་ལ་མི་བདེ་བའི་ནས་སུ་འཛིན་པ་ཡིན་ན་ནི་མྱ་ངན་ལས་འདས་པ་མ་ཞི་བར་ལོག་པར་འཛིན་པ་ཞེས་བྱ་སྟེ།
་འདི་ནི་ལོག་པར་འཛིན་པ་བདུན་ནོ། །དེ་དག་གི་གཉེན་པོར་སྟོང་པ་ཉིད་ལ་སོགས་པའི་ཏིང་ངེ་འཛིན་གསུམ་དང། ཆོས་བསྡུ་བས་ཡང་དག་པར་འཛིན་པར་འགྱུར་རོ། །ཞེས་བྱ་བ་ལ། མེད་པ་ལ་ཡོད་པར་འཛིན་པ་དང། ཉེས་པ་ཅན་ལ་ཡོན་ཏན་དུ་འཛིན་པའི་ཡོན
་ཏན་ཅན་ལ་ཡོན་ཏན་ཅན་མ་ཡིན་པར་འཛིན་པའི་གཉེན་པོར་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་དང། སྨོན་པ་མེད་པའི་ཏིང་ངེ་འཛིན་དང། མཚན་མ་མེད་པའི་ཏིང་ངེ་འཛིན་གསུམ་བཤད་དོ། །འདུས་བྱས་ལ་རྟག་པ་དང། བདེ་བར་འཛིན་པ་དང། ཆོས་ཐམས་ཅད་ལ་བདག་ཏུ
་འཛིན་པ་དང། མྱ་ངན་ལས་འདས་པ་ལ་མ་ཞི་བར་ལོག་པའི་གཉེན་པོར་ཆོས་བསྡུ་བ་བཞི་པོ་བསྟན་ཏོ། །ཇི་ལྟ་ཞེ་ན། མེད་པ་ལ་ཡོད་པར་འཛིན་པའི་གཉེན་པོར་ནི་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་བཤད་དེ། སྟོང་པ་ཉིད་ཀྱི་ཏིང་ངེ
་འཛིན་ནི་སྟོང་པ་དང་བདག་མེད་པར་འཛིན་པའི་རྣམ་པ་ཡིན་པས་གང་ཟག་དང་ཆོས་ལ་བདག་ཏུ་འཛིན་པའི་གཉེན་པོར་འགྱུར་རོ། །ཉེས་པ་ཅན་ལ་ཡོན་ཏན་དུ་འཛིན་པའི་གཉེན་པོར་ནི་སྨོན་པ་མེད་པའི་ཏིང་ངེ་འཛིན་བཤད་དེ། སྨོན
་མེད་པའི་ཏིང་ངེ་འཛིན་ནི་ཀུན་འབྱུང་གི་རྣམ་པ་བཞི་དང། ལམ་གྱི་རྣམ་པ་བཞིའི་སྟེང་དུ་སྡུག་བསྔལ་གྱི་རྣམ་པ་མི་རྟག་པ་དང་སྡུག་བསྔལ་བ་གཉིས་ཀྱིས་བསྣན་ཏེ། རྣམ་པ་བཅུ་ཡིན་པས་རྣམ་པ་བཅུ་ལྟར་ཁོང་དུ་ཆུད་ན་ཉེས་པ་ཡོན་ཏན
་དུ་འཛིན་པ་མེད་པར་འགྱུར་རོ། །ཇི་ལྟ་ཞེ་ན། དང་པོ་མི་རྟག་པ་དང་སྡུག་བསྔལ་མཐོང་ནས་སྐྱོ་བར་འགྱུར་རོ། །དེ་ནས་དེའི་རྒྱུ་གང་ཡིན་ཞེས་བརྟགས་ན་ཀུན་འབྱུང་གི་རྣམ་པ་བཞི་ཡིན་པར་མཐོང་ངོ། །ཀུན་འབྱུང་དེའང་གང་གི་སྤང་ཞེས་བརྟགས་ན་ལཾ
་གྱི་རྣམ་པ་བཞིས་སྤོང་བར་མཐོང་སྟེ། ལམ་ཡང་དགོས་པའི་དོན་གྲུབ་ནས་སྤང་དགོས་པར་མཐོང་སྟེ། དེ་དག་ཐམས་ཅད་ལ་མི་སྨོན་པ་ནི་སྨོན་པ་མེད་པའི་ཏིང་ངེ་འཛིན་ཅེས་བྱའོ། །ཡོན་ཏན་ཅན་ལ་ཡོན་ཏན་ཅན་མ་ཡིན་པར་འཛིན་པའི་གཉེན་པོར
་མཚན་མའི་ཏིང་ངེ་འཛིན་བཤད་དེ། མཚན་མ་མེད་པའི་ཏིང་ངེ་འཛིན་ནི་འགོག་པའི་རྣཾ་པ་བཞི་ལྟ་བུའི་མཚན་ཉིད་ཡིན་པས་རྣམ་པ་བཞི་ལྟར་རྟོག་ནས་ཡོན་ཏན་ཅན་ལ་ཡོན་ཏན་ཅན་མ་ཡིན་པ་ལྡོག་གོ་།འདུ་བྱེད་ཐམས་ཅད་ལ་རྟག་པར་འཛིན
་པའི་གཉེན་པོར་ནི་འདུ་བྱེད་ཐམས་ཅད་ནི་མི་རྟག་ཅེས་བྱ་བའི་ཆོས་ཀྱི་མདོ་གསུངས་སོ། །བདེ་བར་འཛིན་པའི་གཉེན་པོར་ན་ཟག་པ་དང་བཅས་པ་ཐམས་ཅད་སྡུག་བསྔལ་བ་ཞེས་བྱ་བའི་མདོ་གསུངས་སོ། །ཆོས་ཐམས་ཅད་ལ་བདག་ཏུ་འཛིན་པའི་གཉེན་པོར་ནི
་ཆོས་ཐམས་ཅད་བདག་མེད་པ་ཞེས་བྱ་བའི་ཆོས་ཀྱི་མདོ་གསུངས་སོ། །མྱ་ངན་ལས་འདས་པ་མ་ཞི་བར་འཛིན་པའི་གཉེན་པོར་ནི་ཞིབ་མྱ་ངན་ལས་འདས་པ་ཞེས་བྱ་བའི་ཆོས་ཀྱི་མདོ་གསུངས་སོ། །ཕ་རོལ་ཏུ་ཕྱིན་པ་རྣམས་ལ་སྤངས་པའི་འདུ་ཤེས་དང་ཞེས་བྱ་བ་ལ། ངོ་མཚར་གྱི་འདུ
་ཤེས་བཞི་འཆད་དེ། ཕ་རོལ་ཏུ་ཕྱིན་པ་རྣམས་ལ་ཡངས་པའི་འདུ་ཤེས་འཇུག་པ་ཡང་པོ་མཆར་གྱི་འདུ་ཤེས་ཡིན་ནོ། །ཅི་ཞིག་ངོ་མཚར་ཆེ་ཞེ་ན། ཐང་ཅིག་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་ཕྱིའི་དངོས་པོ་དངོས་པོར་གཏོང་བར་མ་ཟད་ཀྱི་བདག་གི་ལུས་ཀྱང་ཡོངས
་སུ་གཏོང་བ་ནི་ངོ་མཚར་དུ་བྱའོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང། ཚུལ་ཁྲིམས་ཡང་དག་པར་བླངས་པའི་ཕྱིར་ཉེ་དུ་གཉེན་བཤེས་དང། ལོངས་སྤྱོད་ཡོངས་སུ་གཏོང་བ་ནི་ངོ་མཚར་དུ་བྱའོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་གདོལ་བུ་དང། རིགས་ངན
་པ་ལ་སོགས་པས་གནོད་པ་བྱས་ཀྱང་མི་ཁྲོ་ཞིང་ཉམས་སུ་ལེན་པ་ནི་ངོ་མཚར་དུ་བྱའོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་ལུས་དང་སྲོག་ལ་ཡང་མི་ལྟ་བར་བརྩོན་འགྲུས་རྩོམ་པ་ནི་ངོ་མཚར་དུ་བྱ་བའོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡང་བསམ་གཏན
་གྱི་རོལ་མ་ཆགས་པ་ངོ་མཚར?་དུ་བྱ་བའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་ཆོས་ཐམས་ཅད་སྟོང་པར་རྟོགས་པ་ནི་ངོ་མཚར་དུ་བྱ་བའོ། །ཡུན་རིང་པོའི་འདུ་ཤེས་དང་ཞེས་བྱ་བ་ལ་དེ་ལྟར་ཕ་རོལ་ཏུ་ཕྱིན་པ་རྒྱ་ཆེན་པོ་ལ་སྤྱད་ཀྱང་འབྲས་བུ་མྱུར་དུ་མི་འཐོབ་ཀྱི་བསྐལ
་པ་གྲངས་མེད་པ་གསུམ་གྱི་བར་དུ་འདུ་ཤེས་པ་ཡང་ངོ་མཚར་དུ་བྱ་བ་ཡིན་ནོ། །ལན་རེ་བ་མེད་པའི་འདུ་ཤེས་དང་ཞེས་བྱ་བ་ལ། བྱང་ཆུབ་སེམས་དཔའ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སེམས་ཅན་བཀོད་དེ། སེམས་ཅན་དེ་ལ་ཕན་བཏགས་ཀྱང་ཚེ་འདི་ལ་ཕན་བཏགས་པའི
་ལན་ལ་རེ་བ་མེད་པ་ཡང་ངོ་མཚར་དུ་བྱ་བ་ཡིན་ནོ། །ཞེས་བྱ་བའི་དོན་ཏོ། །རྣམ་པར་སྨིན་པ་ལ་རེ་བའི་འདུ་ཤེས་སོ་ཞེས་བྱ་བ་ལ། ལས་སུ་བྱ་བ་ཐམས་ཅད་ལ་ནི་འབྲས་བུའི་དོན་དུ་བྱེད་པ་ཡིན་ན། ཚེ་འདིར་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱད?་ཀྱི་ཚེ་ཕྱི་མར་ལོངས་སྤྱོད་ཆེན་པོ་ལ་སོགS
་པའི་རྣམ་པར་སྨིན་པའི་འབྲས་བུ་ལ་མི་རེ་བ་བཞིན་དུ་སྤྱོད་པ་ཡང་ངོ་མཚར་དུ་བྱ་བ་ཡིན་ནོ། །ཞེས་བྱ་བའི་དོན་ཏོ། །ཕ་རོལ་ཏུ་ཕྱིན་པ་སྤངས་པ་དང། ཡུན་རིང་པོར་གྱུར་ནས་སངས་རྒྱས་པའི་འབྲས་བུར་འབྱུང་བ་དང་ཞེས་བྱ་བ་ལ་ངོ་མཚར
་དུ་བྱ་བ་མ་ཡིན་པའི་འདུ་ཤེས་བཞི་འཆད་དེ། ས་བོན་དུ་འབྲས་བཏབ་ལ། འབྲས་བུ་ཡང་འབྲས་སྐྱེ་བ་ནི་ངོ་མཚར་མི་ཆེ་སྟེ། དེ་བཞིན་དུ་ཕ་རོལ་ཏུ་ཕྱིན་པ་རྒྱ་ཆེན་པོ་ལ་ཡང་སྤྱད་ཡུན་རིང་པོར་ཡང་སྤྱད་ནས་མཇུག་འབྲས་བུ་བླ་ན་མེད་པའི་བྱང་ཆུབ་ཐོབ་པ་ནི་ངོ་མཚར་དུ
་བྱ་བ་མ་ཡིན་ཏེ། རྒྱུ་ཚད་མེད་པ་ལ་སྤྱད་ནས་འབྲས་བུ་ཚད་མེད་པ་ཐོབ་པ་ནི་ངོ་མཚར་དུ་མི་ཆེའོ། །ཞེས་བྱ་བའི་དོན་ཏོ། །གཉིས་པོ་དེ་ཡོད་ན་བདག་དང་ཕ་རོལ་ལ་སེམས་མཉམ་པ་དང་ཞེས་བྱ་བ་ལ་སྤངས་པ་དང་ཡུན་རིང་པོ་དང་མི་ལྡན་པ་རྣམས་ལ་བདག་བཞིན་དུ་གཞན
་ལ་ཕན་འདོགས་པ་བར་བྱེད་པ་ནི་ངོ་མཚར་དུ་བྱ་བ་ཡིན་གྱི། སྤངས་པ་དང་ཡུན་རིང་པོའི་འདུ་ཤེས་དང་ལྡན་པ་རྣམས་བདག་དང་ཕ་རོལ་སེམས་མཉམ་ཏེ། བདག་བཞིན་སེམས་ཅན་ལ་ཕན་པར་བྱེད་པ་ནི་ངོ་མཚར་དུ་མི་ཆེའོ་ཞེས་བྱ་བའི་དོན་ཏོ། །དེ་དག་པ
་མཆོག་བརྒྱ་བྱིན་ལ་སོགས་པ་མཆོད་པ་ལ་སོགས་པ་རྙེད་དུ་ཟིན་ཀྱང་སླར་རེ་བ་ལ་ན་རེ་བ་མེད་པ་ཞེས་བྱ་བ་ལ། དེ་དག་གི་སྒྲས་ནི་ཕན་བཏགས་པའི་སེམས་ཅན་ཕལ་པ་ལ་སྙེགས་སོ། །འདི་ལྟར་བྱང་ཆུབ་སེམས་དཔའ་བརྒྱ་བྱིན་དང་ཚངས་པ་ལ་སོགས་པ་ལ་ཕན
་བཏགས་ནས་བརྒྱ་བྱིན་དང་ཆངས་པས་ལན་དུ་མཆོད་པ་ཕུལ་བའི་རྙེད་པ་དང་བཀུར་སྟི་ལ་ཡང་ལན་རེ་བ་མེད་དེ། མཆིལ་མའི་རྡོག་གུ་ཙམ་དུ་སེམས་ན་སེམས་ཅན་ཕལ་པས་ཕན་བཏགས་པའི་རྙེད་པ་དང་བཀུར་སྟི་ངན་པ་ལ་ལན་རེ་བ་མེད་པ་ལྟ་ཅི་ཞིག
་ངོ་མཚར་ཆེ་སྟེ་མེ་ཆེའོ་ཞེས་བྱ་བའི་དོན་ཏོ། །བདག་གི་དངོས་པོ་དང་ལོངས་སྤྱོད་འཇིག་རྟེན་ལས་འཕགས་པ་ཐོབ་པར་རྣམ་པར་སྨིན་པ་མི་འདོད་དོ་ཞེས་བྱ་བ་ལ། བྱང་ཆུབ་སེམས་དབས་ཕ་རོལ་ཏུ་ཕྱིན་པས་དྲུག་སྤྱད་ན་མ་འོངས་པ་ལས་བདག་གི་ལུས་སྐུ་གསུམ
་གྱི་མཚན་ཉིད་དང་ཐོབ་པ་དང་ལོངས་སྤྱོད་ཀྱང་འཇིག་རྟེན་ཀུན་ལས་འཕགས་ཏེ། །བྱང་ཞུགས་པ་ཐོབ་པས་ལྷའི་ལུས་ཙམ་དང། ལོངས་སྤྱོད་ཅན་གྱིས་རྣམ་པར་སྨིན་པ་ལ་མི་རེ་བ་ནི་ངོ་མཚར་མི་ཆེའོ?་ཞེས་བྱ་པའི་དོན་ཏོ། །སེམས་ཅན་དག་ནི་སྙོམས་པ་དང། ཆེན་པོའི་བདག
་ཉིད་དམིགས་པ་དང། གཞན་གྱི་ཡོན་ཏན་ལན་རེ་དང། །གསུམ་དུ་དེ་ཞིང་རྒྱུན་དུའོ། །ཞེས་བྱ་བ་ལ། གཞན་ཡང་སྙོམས་པའི་ཡིད་ལ་བྱེད་པ་དང། ཆེན་པོའི་བདག་ཉིད་དམིགས་པ་ཡིད་ལ་བྱེད་པ་དང། ལན་འདོད་པའི་ཡིད་བྱེད་པ་དང། རེ་བ་ཡིད་ལ་བྱེད་པ་དང
་རྒྱུན་དུ་ཡིད་ལ་བྱེད་པ་སྟེ། ཡིད་ལ་བྱེད་པ་དེ་དག་གིས་ཀྱང་ཁམས་རྒྱས་པར་འགྱུར་རོ། །ཞེས་བྱ་བའི་དོན་ཏོ། །སེམས་ཅན་ལ་ལ་ནི་ཕ་རོལ་ཏུ་ཕྱིན་པ་ལ་འཇོག་ལ་ལ་མི་འཇོག་པ་མ་ཡིན་གྱི་སེམས་ཅན་ཐམས་ཅད་ཕ་རོལ་ཏུ་ཕྱིན་པ་ལ་འཇོག་པ་ནི་སྙོམས
་པ་ཡིད་ལ་བྱེད་པ་ཞེས་བྱའོ། །ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྦྱད་ན་བདེ་བ་དང་ཕན་པ་འབའ་ཞིག་འགྱུར་གྱི་གནོད་པའི་དངོས་པོ་ནི་ཅུང་ཟད་མི་འགྱུར་རོ། ཞེས་བྱ་བ་མཐོང་བ་ནི་བདག་ཉིད་ཆེན་པོ་དམིགས་པ་ཡིད་ལ་བྱེད་པ་ཞེས་བྱའོ། །སེམས་ཅན་ཕ་རོལ་ཏུ་ཕྱིན་པ་སྤྱོད
་དུ་བཅུག་པ་ལས་ཕ་རོལ་ཏུ་ཕྱིན་པ་དྲུག་གི་ཡོན་ཏན་དང་ལྡན་པ་མཐོང་ན་སེམས་ཅན་འདི་དག་གིས་ནི་བདག་ལ་ཕན་བཏགས་སོ་སྙམ་དུ་སེམས་པ་ནི་ལན་འདོད་པ་ཡིད་ལ་བྱེད་པའོ། ཞེས་བྱའོ། །ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པའི་སེམས་ཅན་རྣམས་གནས་གསུམ
་ཐོབ་པར་ཤོག་ཅིག་ཅེས་རེ་བ་ནི་ཡིད་ལ་བྱེད་པ་ཞེས་བྱ་སྟེ། གནས་གསུམ་ནི་བྱང་ཆུབ་སེམས་དཔའ་ཨི་སའི་མཐར་ཐུག་པར་རེ་བ་དང། སངས་རྒྱས་ཀྱི་སའི་མཐར་ཐུག་པར་རེ་བ་དང། སེམས་ཅན་གྱི་དོན་རེ་བའོ། །དེ་ལ་བྱང་ཆུབ་སེམས་དཔའ་ཨི་སའི་མཐར་ཐུག
་པར་རེ་པ་ནི་སྦྱིན་པས་ས་དང་པོ་མཐར་ཐུག་པར་རེ་བ་ནས་ཡེ་ཤེས་ཀྱི་ས་བཅུའི་མཐར་ཐུག་པར་རེ་བའོ། །སངས་རྒྱས་ཀྱི་སའི་མཐར་ཐུག་པར་རེ་བ་ནི་ས་བཅུ་འདས་ནས་སངས་རྒྱས་ཀྱི་ས་ཐོབ་པར་ཤོག་ཅིག་ཅེས་རེ་པའོ། །སེམས་ཅན་དོན་རེ་བ་ནི་སངས་རྒྱས་ན་སེམས་ཅན
་ཐམས་ཅད་ལ་ཕན་པ་དང་བདེ་བ་བྱེད་པར་ཤོག་ཅིག་ཅེས་ཟེར་བའོ། །?་དགའ་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པར་དགའ་མི་སྤྱོད་པ་ལྟ་བུ་མ་ཡིན་གྱི་ཆུའི་རྒྱུན་བཞིན་དུ་རྒྱུན་མི་འཆད་པར་སྤྱོད་པ་ནི་རྒྱུན་དུ་ཡིད་ལ་བྱེད་པ་ཞེས་བྱའོ། །སངས་རྒྱས
་བསྟན་པ་བསྒྲུབ་ཚུན་ཆད། །མི་གནས་པ་ཡི་སེམས་དཔའ་སྟེ། །དེ་འགྲིབ་འཕེལ་བའི་སེམས་ཅན་ལ། །མི་དགའ་དང་ནི་དགའ་བའོ་ཞེས་བྱ་བ་ལ། གཞན་ཡང་ཡང་དག་པར་སྦྱོར་བ་ཡིད་ལ་བྱེད་པ་དང། མི་དགའ་བ་ཡིད་ལ་བྱེད་པ་དང། དགའ་བ་ཡིད་ལ
་བྱེད་པ་སྟེ་དེས་ཀྱང་ཁམས་རྒྱས་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེ་ལ་ཡང་དག་པའི་སྦྱོར་བ་ཡིད་ལ་བྱེད་པ་ནི་དང་པོ་བྱང་ཆུབ་ཏུ་སེམས་བསྐྱེད་ནས། མཉན་པ་དང་སེམས་པར་བྱེད་པ་མེས?་བརྩམས་ཏེ། མཐར་སངས་རྒྱས་པ་མ་ཐོབ་ཀྱི་བར་དུ་བར་མ་དོར
་བརྩོན་འགྲུས་མི་འདོར་པ་ནི་ཡང་དག་པར་སྦྱོར་བ་ཡིད་ལ་བྱེད་པ་ཞེས་བྱའོ། །སེམས་ཅན་རྣམས་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པ་ལས་ཕ་རོལ་ཏུ་ཕྱིན་པ་ཉམས་པར་མཐོང་ན། སེམས་ལ་མ་མོས་པ་ནི་མི་དགའ་བ་ཡིད་ལ་བྱེད་པ་ཞེས་བྱའོ། །སྦྱིན་པ་ལ་སོཌ
་པ་ཕ་རོལ་ཏུ་ཕྱིན་པ་སྤྱོད་པ་འཕེལ་ཞིང་རྒྱ་ཆེར་གྱུར་པ་མཐོང་ནས་སེམས་ལ་མོས་པ་ནི་དགའ་བ་ཡིད་ལ་བྱེད་པ་ཞེས་བྱའོ། །གཟུགས་བརྙན་དང་ནི་ཡང་དག་ལ། །བསྡོམ་པ་དང་ནི་མོས་པ་སྤྱོད། །དང་དུ་མི་ལེན་ཡིད་ལ་བྱེད། །ལུང་བསྟན་པ་དང་ངེས་པར་འདོད
་ཅེས་བྱ་བ་ལ་གཞན་ཡང་མི་མོས་པའི་ཡིད་ལ་བྱེད་པ་དང། མོས་པ་ཡིད་ལ་བྱེད་པ་དང། དང་དུ་མི་ལེན་པ་ཡིད་ལ་བྱེད་པ་དང། འདོད་པ་ཡིད་ལ་བྱེད་པS་ཕ་རོལ་ཏུ་ཕྱིན་པཱི་ཁཾS?་རྒྱས་པར་བྱེད་དོ། །ཞེས་བྱ་བའི་དོན་ཏོ། །དེ་ལ་ཕ་རོལ་ཏུ་ཕྱིན་པའི་གཟུགས་བརྙན་བསྒོམ་པ་ལ
་མ་དང་པ་ནི་མི་མོས་པ་ཡིད་ལ་བྱེད་པ་ཞེས་བྱ་སྟེ། ཕ་རོལ་ཏུ་ཕྱིན་པའི་གཟུགས་བརྙན་ནི་དཔེར་ན་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་མཚོན་ཆ་དང་དུག་ལ་སོགས་པ་སྦྱིན་པ་ཡིན་ཡང་ཕ་རོལ་ཏུ་ཕྱིན་པ་མ་ཡིན་པ་དང། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལའང། བདག་དང
་རྟག?་པ་ལ་སོགས་པ་ཡོད་པར་ལྟ་བ་ཤེས་རབ་ཡིན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན་པ་ལྟ་བུ་ནི་ཕ་རོལ་ཏུ་ཕྱིན་པའི་གཟུགས་བརྙན་ཞེས་བྱའོ། །ཡང་དག་པའི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ལ་དགའ་བ་ནི་མོས་པ་ཡིད་ལ་བྱེད་པ་ཞེས་བྱ་སྟེ། ཡང་དག་པའི་ཕ་རོལ་ཏུ་ཕྱིན་པ་ནི་སྦྱིན་པའི་ཕ
་རོལ་ཏུ་ཕྱིན་པ་ལ་ཡང་ཕྱི་དང་ནང་གི་དངོས་པོ་ཀུན་གཏོང་བ་དང། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་ཆོས་རྣམས་ཀྱི་རང་དང་སྤྱིའི་མཚན་ཉིད་ཕྱིན་ཅི་མ་ལོག་པར་ཤེས་པའོ། །དང་དུ་མི་ལེན་པ་ཡིད་ལ་བྱེད་པ་ནི་སྦྱིན་པ་ལ་སོགས་པའི་མི་མཐུན་པའི་ཕྱོགས་སེར
་སྣ་ལ་སོགས་པ་བྱུང་ན་སྦྱིན་པས་འདུལ་པར་བྱེད་པས་ན་འཆལ་པའི་ཤེས་རབ་བྱུང་ན་ཤེS་རབ་ཀྱི་འདུལ་བར་བྱེད་པའོ། །འདོད་པ་ཡིད་ལ་བྱེད་པ་རྣམ་པ་གཉིས་ཏེ། ལུང་བསྟན་པ་འདོད་པ་དང། ངེས་པའི་ས་ལ་གནས་པ་ཐོབ་པར་འདོད་པའོ། །ལུང་བསྟན་པ་འདོད་པ
་ནི་དེ་བཞིན་གཤེགས་པ་རྣམས་ཀྱིས་རིགས་ཀྱི་བུ་ཁྱོད་དུས་ཇི་སྲིད་ཅིག་ནས་ཕ་རོལ་ཏུ་ཕྱིན་པ་རྫོགས་ནས་བླ་ན་མེད་པའི་བྱང་ཆུབ། ཏུ་འཚང་རྒྱ་བར་འགྱུར་རོ། ཞེས་ལུང་བསྟན་པར་འདོད་པའོ། །ཡང་ན་ས་བརྒྱད་པའི་དུས་ན་དེ་བཞིན་གཤེགས་པ་རྣམས
་གྱིས་བླ་ན་མེད་པའི་བྱང་ཆུབ་ཏུ་ལུང་བསྟན་ཏོ། །བདག་གིས་ཕ་རོལ་ཏུ་ཕྱིན་པ་སྤྱད་པས་ས་བརྒྱུད་པ་ཇི་ལྟར་ཐོབ་པར་འགྱུར་ཞེས་འདོད་པ་ནི་ལུང་བསྟན་པར་འདོད་པ་ཞེས་བྱའོ། །ངེས་པའི་ས་ལ་འཐོབ་པ་རྣམ་པ་གཉིས་ཏེ། ལོངས་སྤྱོད་ངེས་པར་འདོད་པ་དང། སྐྱེ་བ
་ངེས་པར་འདོད་པའོ། །དེ་ལ་ལོངས་སྤྱོད་ངེས་པར་འདོད་པ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པས་ས་དང་པོ་ཐོབ་པ་ན། སྐད་ཅིག་མ་ཅིག་ལ་འཇིག་རྟེན་གྱི་ཁམས་བརྒྱ་གཡོ་བར་ནུས་པ་ནི་མཐུལ་འདོད་པ་དང། འཇིག་རྟེན་ལས་འདས་པའི་ལོངས་སྤྱོད་ཆེན་པོ་ཐོབ་པར་འདོད
་པ་ནས་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པས་ཀྱང་ས་བཅུ་ཐོབ་ནས་འཇིག་རྟེན་གྱི་ཁམས་གང་གཱའི་བྱེའི་ཀླུང་སྙེད་གཡོ་བར་བྱེད་ནུས་པཱི་མཐུ་དང་ལྡན་པར་འདོད་པ་ན་རིགས་པའི་གནས་ཐམས་ཅད་ལ་མཁས་པར་འདོད་པའོ། །སྐྱེ་བ་ངེས་པ་འདོད་པ་ནི་ས་བཅུ་ཐོབ་ནས་སྐྱེ་བ་གཅིག་
་གིས་ཐོགས་པའི་བྱང་ཆུབ་སེམས་དཔའ་ཐོབ་པར་འདོད་བའོ། །མ་ངེས?་དུས་ན་འཇུག་མཐོང་བ། །ཡིད་བྱེད་དང་ནི་མཉམ་རྟོག་པ། །མཆོག་གི་ཆོས་ལ་འཇུག་པ་ན། །བདག་ཉིད་མཆོག་ཏུ་འཛིན་པའོ། །ཞེས་བྱ་བ་ལ། གཞན་ཡང་མ་འོངས་པའི་དུས་ན
་མཐོང་བས་འཇུག་པ་ཡིད་ལ་བྱེད་པ་དང། མཉམ་པར་རྟོགས་པ་ཡིད་ལ་བྱེད་པ་དང། མཆོག་ཏུ་འཛིན་པ་ཡིད་ལ་བྱེད་པ་སྟེ། ཡིད་ལ་བྱེད་བ་དེ་དག་གིS?་ཀྱང་ཁཾS?་རྒྱས་པར་འགྱུར་རོ། ཞེS་བྱ་བའི་དོན་ཏོ། །དེ་ལ་བྱང་ཆུབ་སེཾས་དཔའ་འདི་?་དུ་སེཾས?་ཏེ་བྱང་ཆུབ་ཏུ་སེཾས་བསྐྱེད་ནS་བླ་ན་མེད་པཱི་བྱང་ཆུབ་འདོད་ན་ལྷ་དང་མི་ལ་སོཌ
་པཱི་རྒྱུད་བར་སྐྱེས་གང་སྐྱེས་ཀྱང་ཕ་རོལ་ཏུ་ཕྱིན་བ་དྲུག་སྤྱོད་དགོས་པར་མཐོང་ནས་འདི་སྙམ་དུ་ཡུན་བསྲིངས་ཏེ། ཇི་ཞིག་བྱས་ཚེ་འདི་ཁོ་ན་ནས་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱད་པར་བྱའོ་སྙམ་དུ་སེམས་པ་ནི་མ་འོངས་པའི་དུས་མཐོང་བས་འཇུག་པ་ཡིད་ལ་བྱེད་བ་ཞེས་བྱའོ། །བདག
་གིས་ཕ་རོལ་ཏུ་ཕྱིན་པ་རྣམས་ལ་གུས་པར་སྤྱད་པ་དང། རྒྱུན་དུ་སྤྱད་ན་བྱང་ཆུབ་སེམས་དཔའ་གཞན་དག་དང་ལུས་དང་ངག་དང་ཡིད་གསུམ་མཉམ་པ་མིན་ནོ། །བདག་གིས་ཀྱང་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱད་པ་དང། རྒྱུན་དུ་སྦྱང་བས་ན་བྱང་ཆུབ་སེམས་དཔའ་
་རྣམས་དང། ལུས་དང་ངག་དང་ཡིད་གསུམ་མཉམ་མོ་སྙམ་དུ་རྟོགས་པ་ནི་མཉམ་པར་རྟོགས་པ་ཡིད་ལ་བྱེད་པ་ཞེས་བྱའོ། །བདག་ནི་སྤྱོད་པའི་མཆོག་ཕ་རོལ་ཏུ་ཕྱིན་པའི་སྤྱོད་པས། འཇིག་རྟེན་ཀུན་ལས་འཕགས་པའི་ལུས། །ལུས་དང་ལོངས་སྤྱོད
་ཐོབ་པར་འདོད་པ་ནི་བདག་མཆོག་ཏུ་འཛིན་པ་ཡིན་ལ་བྱེད་པ་ཞེས་བྱའོ། །ཡིད་ལ་བྱེད་པ་གོང་དུ་བཤད་པ་རྣམས་ཀྱི་འཇུག་བསྡུ་བའི་ཕྱིར། དགེ་བ་ཡིད་བྱེད་དེ་དག་ནི། །རྒྱུ་ནི་ཕ་རོལ་ཕྱིན་པ་བཅུ། །མདོར་ན་བྱང་ཆུབ་སེམས་དཔའ་ཡི། །ཁམས་ནི་རྒྱས་པར་འགྱུར
་བའོ་ཞེས་བྱ་བ་སྨོས་སོ། །རྒྱུ་མཐོང་ནས་དགའ་བ་ཡིད་ལ་བྱེད་བ་ནས་བརྩམས་ཏེ། བདག་མཆོག་ཏུ་འཛིན་པ་ཡིད་ལ་བྱེད་བའི་བར?་ཏུ?་ཡིད་ལ་བྱེད་པ་འདི་དག་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྫོགས་པར་འགྱུར་བའི་ཡིད་ལ་བྱེད་པ་ཡིན་པས། དགེ་བ་ཡིད་ལ
་བྱེད་བ་ཞེས་བྱ་སྟེ། ཡིད་ལ་བྱེད་པ་དེ་དག་ཀྱང་ཕ་རོལ་ཏུ་ཕྱིན་པ་བཅུ་ལ་དམིགས་ཤིང་རྟེན་ནས་ཡིད་ལ་བྱེད་པས་ན། རྒྱ་ནི་ཕ་རོལ་ཏུ་ཕྱིན་པ་བཅུ་ཡིན་ནོ། །དེ་ལྟར་ཡིད་ལ་བྱེད་བ་དེ་དག་ཕ་རོལ་ཏུ་ཕྱིན་པའི་ས་བོན་དང་རིགས་རྒྱས་ཤིང་རྟས་པར་འགྱུར་བས་ན་ཁམས་རྒྱས
་པར་འགྱུར་བ་ཞེས་བྱའོ། །ཆོས་ཚོལ་བའི་བྱེ་བྲག་ལ་ཚིགས་སུ་བཅད་པ་གཉིས་ཏེ་ཞེས་བྱ་བ་ལ་ཆོས་ལ་རྣམ་པ་གཉིས་ཏེ། བཤད་པའི་ཆོས་དང་ཁོང་དུ་ཆུད་པའི་བྱ་བའི་ཆོས་སོ། །དེ་ལ་བཤད་པར་བྱ་བའི་ཆོས་ནི་ཇི་ལྟར་བཙལ། ཁོང་དུ་ཆུད་བར་བྱ་བའི་ཆོས
་ནི་ཇི་ལྟར་བཙལ། བརྟགས་པ་ལ་ཚིགས་སུ་བཅད་པ་གཉིས་ཀྱིས་བསྟན་ཏོ། ཞེས་བྱ་བའི་དོན་ཏོ། །རྒྱས་དང་ལྷག་པའི་བསམ་དང་ཆེ། །བསྟན་པ་རྣམས་ཀྱིས་བཙལ་བར་འདོད། །བར་ཆད་བཅས་དང་བར་ཆད་ཡིན། །དེ་བཞིན་འབྱོར་བ་དེ་དག་གིས། །ལུས་མེད་ལུས་བཅས
་ལུས་རྙེད་ལུས་རྫོགས་པ། །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཏེ། །ང་རྒྱལ་མང་དང་ང་རྒྱལ་ཕྲ། །ང་རྒྱལ་མེད་པ་རྣམས་སུ་དགོངས། ཞེས་བྱ་བ་ལ། བྱང་ཆུབ་སེམས་དཔའ་ཆོས་བཙལ་བ་ནི་རྣམ་པ་བཅུ་གསུམ་མོ། །དེ་ལ་ཆོས་ཀྱི་སྒྲས་ནི་བཤད་པར་བྱ་བའི་གསུང་རབ་ཡན
་ལག་བཅུ་གཉིས་དང། ཁོང་དུ་ཆུད་པར་བྱ་བའི་ཆོས་ཆོས་ཀྱི་སྐུ་ལ་བྱའོ། །དེ་ལ་སོ་སོའི་སྐྱེ་བོའི་དུས་ན་དམ་པའི་ཆོས་མཉན་པ་དང། སེམས་པ་ནས་བརྩམས་ཏེ། མོས་པ་སྤྱོད་པའི་ས་འཇིག་རྟེན་གྱི་ཆོས་མཆོག་མན་ཆད་ན་ཉན་པ་དང་སེམས་པ་ལ་སོགས་པ
་ནི་རྒྱས་པ་ཞེས་བྱའོ། །མོས་པ་སྤྱོད་པའི་ས་འཇིག་རྟེན་གྱི་ཆོས་མཆོག་གི་ཚེ་ཆོས་ཀྱི་སྒོའི་རྒྱུན་གྱི་ཏིང་ངེ་འཛིན་རྙེད་ནས་དང་པོའི་དུས་ནས་བརྩམས་ཏེ། ས་བདུན་མན་ཆད་ཀྱི་ཚེ་ན?་ནི་ལྷག་པའི་བསམ་པ་དང་ལྡན་པ་ཞེས་བྱའོ། །གང་ཟག་དང་ཆོས་ལ་བདག་མེད
་པར་ཁོང་དུ་ཆུད་པ་དང། བདག་དང་གཞན་དུ་མཉན་པ་ཉིད་ཀྱི་ཚེ་སེམས་རྙེད་པའི་ཕྱིར་རོ། །ས་བརྒྱད་ནས་ས་བཅུ་མན་ཆད་ཀྱི་ཆོས་རྟོགས་པ་ལ་ཆེ་བ་ཞེས་བྱ་སྟེ། ཅིའི་ཕྱིར་ཞེ། །རྣམ་པར་མི་རྟོག་པ་ལྷུན་གྱིས་གྲུབ་པའི་ཡེ་ཤེས་ཐོབ་པའི་ཕྱིར་ཆེ་བ་ཞེས་བྱའོ། །བྱང
་ཆུབ་སེམས་དཔའ་རྣམས་ཀྱིས་ཆོས་བཙལ་བའི་མཚན་ཉིད་ནི་དེ་ལྟ་བུ་ཡིན་པར་འདོད་དོ། །ཞེས་བྱ་བའི་དོན་ཏོ། །སོ་སོའི་སྐྱོ་བའི་དུས་ནས་བརྩམས་ཏེ། འཇིག་རྟེན་གྱི་ཆོས་མཆོག་མན་ཆད་ཀྱི་ཆེ་ཆོས་མཐོང་བ་ནི་བར་ཆད་དང་བཅས་པ་ཞེས་བྱ་སྟེ།
་བསམ་པ་མི་བརྟན་པ་དང། མི་དགེ་བའི་བཤེས་གཉེན་གྱིས་བསླུར་ཟུག་པ་དང། དགེ་བའི་བཤེས་གཉེན་གྱིས་གང་དྲངས་པ་དེར་འཇུག་པ་དང། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་མ་སྤངས་པའི་ཕྱིར་བར་ཆད་དང་བཅས་པ་ཞེས་བྱའོ། །ས་དང་པོ
་ནས་ས་བཅུ་མན་ཆད་ཀྱི་ཚེ་ཆོས་རྟོགས་པ་ལ་ནི་བར་ཆད་མེད་པ་ཞེས་བྱ་སྟེ། དེ་ཕན་ཆད་བསམ་གཏན་པ་དང་མི་དགེ་བའི་བཤེས་གཉེན་གྱིས་བསླུར་མི་ཆུག་པ་དང་དགེ་བའི་བཤེས་གཉེན་གྱི་གར་དྲངས་པར་མི་འཇུག་པ་དང། མཐོང་བས་སྤང་བར
་བྱ་བའི་ཉོན་མོངས་པ་རིལ་གྱིས་སྤངས་པ་དང། བསྒོམ་པས་སྤང་བར་བྱ་བ་ཤེས་ཀྱིས་སྤངས་པའི་ཕྱིར་རོ། །ས་བརྒྱད་ནས་ས་བཅུ་མན་ཆད་ཀྱི་ཚེ། ཆོས་རྟོགས་པ་ནི་འབྱོར་བ་ཞེས་བྱ་སྟེ། རྣམ་པར་མི་རྟོག་པ་དང། མངོན་པར་ཤེས་པ་ལྔ་དང། སངས
་རྒྱས་ཀྱི་ཞིང་ཡོངས་སུ་སྤྱད་བར་བྱ་བ་ལྷུན་གྱིས་འགྲུབ་པ་ཐོབ་པའི་ཕྱིར་རོ། །སོ་སོའི་སྐྱེ་བོའི་དུས་ན་ཉན་པ་དང། སེམས་པ་ལ་སོགས་པའི་དུས་ན་ནི་ལུས་མེད་པ་ཞེས་བྱ་སྟེ། ཆོས་ཀྱི་སྐུ་མངོན་སུམ་དུ་མ་བྱས་པའི་ཕྱིར་རོ། །མོས་པ་སྤྱོད་པའི་ས
་འཇིག་རྟེན་གྱི་ཆོས་མཆོག་གི་དུས་ན་ནི་ལུས་དང་བཅས་པ་ཞེས་བྱ་སྟེ། གཟུང་འཛིན་སྤངས་པའི་ཆོས་ཀྱི་སྐུ་ཤེས་ཀྱིས་རྙེད་པའི་ཕྱིར་རོ། །ས་དང་པོ་ནས་ས་བདུན་མན་ཆད་ཀྱི་ཆེན་ནི་ལུས་རྙེད་པ་ཞེས་བྱ་སྟེ། འཇིག་ཚོགས་སུ་ལྟ་བ་སྤངས་པ་དང། གཟུང
་བ་དང་འཛིན་པ་གཉིས་པའི་རྣམ་པར་མི་རྟོག་པའི་ཡེ་ཤེས་བརྩ་བ་འབད་པ་དང་བཅས་པའི་ཕྱིར་རོ། །ས་བརྒྱད་ནས་ས་བཅུ་མན་ཆད་ཀྱི་ཚེ་ན་ནི་ལུས་རྫོགས་པ་ཞེས་བྱ་སྟེ། རྣམ་པར་མི་རྟོག་པ་ལྷུན་གྱིས་གྲུབ་བའི་ཕྱིར་རོ། །སོ་སོའི་སྐྱེ་བོའི་དུས་ནས
་མོས་པ་སྤྱོད་པའི་འཇིག་རྟེན་གྱི་ཆོས་མཆོག་མན་ཆད་ཀྱི་ཚེ་ན་ནི་ང་རྒྱལ་མེད་བ་ཞེས་བྱ་སྟེ། དེ་དང་བདག་ཏུ་འཛིན་པ་ཡོད་ཅིང་གཟུང་བ་དང་འཛིན་པའི་དྲི་མ་མ་སྤངས་པའི་ཕྱིར་རོ། །ས་དང་པོ་ནས་ས་བདུན་མན་ཆད་ཀྱི་ནང་ན་ནི་ང་རྒྱལ་ཕྲ་པ་ཞེས་བྱ་སྟེ། རྣམ་བར
་མི་རྟོག་པའི་ཡེ་ཤེས་ལྷུན་གྱིས་གྲུབ་པ་མ་ཐོབ་ཅིང་བརྩལ་འབད་པ་དང་རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་གནས་པའི་ཕྱིར་རོ། །ས་བརྒྱད་ནས་ས་བཅུ་མན་ཆད་ཀྱི་ཚེ་ན་ནི་ང་རྒྱལ་མེད་པ་ཞེས་བྱ་སྟེ། རྣམ་པར་མི་རྟོག་པའི་ཡེ་ཤེས་ལྷུན་གྱིས་གྲུབ་པ་གནS
་པ་ལ་གནས་པའི་ཕྱིར་རོ། །ཆོས་ཀྱི་རྒྱའི་ངོ་བོར་བརྟགས་པའི་ཚིགས་སུ་བཅད་པའི་ཞེས་བྱ་བ་ལ། ཆོས་ནི་གཟུགས་ཅན་དང་གཟུགས་མེད་པ་དང། དབང་ཕྱུག་དང་མི་ཟད་པ་ལ་བྱ་སྟེ། ཆོས་དེ་དག་གི་རྒྱུ་འདི་དང་འདི་འདྲ་ཡིན་ནོ། །ཞེས་ཤེས་པར་བྱ་ཞིང་བརྟག་པ
་ལ་ཚིགས་སུ་བཅད་པ་གཅིག་གིས་བསྟན་ཏོ། །ཞེས་བྱ་བའི་དོན་ཏོ། །གཟུགས་དང་གཟུགས་མིན་མཚན་ཉིད་རྒྱུ། །ཆོས་ཏེ་དེ་བཞིན་ནད་མེད་པའི་ཞེས་བྱ་བ་ལ། གཟུགས་ཀྱི་ཕུང་པོ་ལ་མཚན་སུམ་ཅུ་རྩ་གཉིས་དང། དཔེ་བྱད་བཟང་པོ་བརྒྱ་དང་ཅུ་འགྲུབ
་པར་བྱེད་པའི་རྒྱུ་ཆོས་ཡིན་ཏེ། ཅིའི་ཕྱིར་ཞེ་ན། དམ་པའི་ཆོས་གསུང་རབ་ཡན་ལག་བཅུ་གཉིས་མཉན་པ་དང་བསྒོམས་པ་ལ་སོགས་པའི་སྒོ་ནས་མཚན་སུམ་ཅུ་རྩ་གཉིས་ལ་སོགས་པ་འགྲུབ་པར་འགྱུར་བའི་ཕྱིར་རོ། །གཟུགས་མེད་པའི་ཚོར་བའི་ཕུང
་པོ་དང། འདུ་ཤེས་ཀྱི་ཕུང་པོ་དང། འདུ་བྱེད་ཀྱི་ཕུང་པོ་དང། རྣམ་པར་ཤེས་པའི་ཕུང་པོ་ལ་འདོད་ཆགས་དང་ཞེ་སྡང་ལ་སོགས་པའི་ཉོན་མོངས་པ་ལ་ནང་མེད་པར་བྱེད་བའི་རྒྱུ་ཡང་ཆོས་ཡིན་ཏེ། ཅིའི་ཕྱིར་ཞེ་ན། གསུང་རབ་ཡན་ལག་བཅུ་གཉིས་ཀྱི་ཆོS?
་མཉན་པ་དང། བསམས་པ་དང་བསྒོམས་པ་ལ་སོགས་པས་འདོད་ཆགས་ལ་སོགས་པ་མཐོང་པ་དང་བསྒོམས་པས་སྤང་བར་བྱ་བ་ཐམས་ཅད་ཞི་བར་བྱེད་པའི་ཕྱིར་རོ། །དབང་ཕྱུག་ནི་མངོན་ཤེས་རྣམས་བྱ་བ་ལ། དབང་ཕྱུག་ཆེན་པོ་ཐོབ་པར་བྱེད་པའི་རྒྱུ་ནི
་འཕྲུལ་གྱི་མིག་དང་རྣ་བ་ལ་སོགས་པ་མངོན་པར་ཤེས་པ་ལྔ་རྣམས་ཏེ། ཅིའི་ཕྱིར་ཞེ་ན། མངོན་པར་ཤེས་པ་དེ་དང་ལྡན་བསམ་པ་ཐམས་ཅད་འགྲུབ་པར་འགྱུར་བའི་ཕྱིར་རོ། །མི་ཟད་པ་དེ་བརྟན་རྣམས་ཀྱི་ཞེས་བྱ་བ་ལ། བརྟགས
་པ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་བྱ་སྟེ། དེ་དག་གི་གཟུགས་ལ་མཚན་སུམ་ཅུ་རྩ་གཉིས་དང་གཟུགས་མེད་པ་ལ་ནད་མེད་པ་དང། མངོན་བར་ཤེས་པ་ལ་སོགས་པ་སྡུག་བ་དང་མི་ཟད་བའི་རྒྱུ་ནི་མྱ་ངན་ལས་འདས་པ་སྟེ།
་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཕུང་པོ་ལྷག་མ་མ་ལུས་པའི་མྱ་ངན་ལས་འདས་པའི་དུས་ན་ཡང་ཆོས་དེ་རྣམས་དེ་ལ་ཟད་པར་འགྱུར་བ་མེད་པའི་ཕྱིར་རོ། །གཟུཌ་མེད་པ་ལ་ནད་མེད་པའི་རྒྱུ་སྟེ། ཉོན་མོངས་བའི་ནད་ཞི་བའི་ཕྱིར་རོ། །ཞེས
་བྱ་བ་ལ། ཚོར་བ་ལ་སོགས་པ་གཟུགས་མེད་པའི་ཆོས་ལ། འདོད་ཆགས་ལ་སོགས་པ་ནད་མེད་པའི་རྒྱུ་ཡན་ཆོས་ཡིན་ཏེ། ཅིའི་ཕྱིར་ཞེ་ན། གསུང་རབ་ཡན་ལག་བཅུ་གཉིས་ཀྱི་མཉན་བ་ལ་སོགས་པ་བྱས་པས། སེམས་ལ་ཡོད་པའི
་ཉོན་མོངས་པའི་ནང་ཞི་བར་འགྱུར་བའི་ཕྱིར་རོ། །ཞེས་བྱ་བའི་དོན་ཏོ། །མི་ཟད་བའི་རྒྱུ་ནི་ལྷག་མ་མ་ལུས་པའི་མྱ་ངན་ལས་འདས་པར་ཡོངས་སུ་མི་འཆད་པའི་ཕྱིར་རོ། །ཞེས་བྱ་བ་ལ། གཟུགས་ལ་མཚན་དང། གཟུགས་མེད་པ་ལ་ནད
་མེད་པ་དང། དབང་ཕྱུག་རྣམས་དང་མི་ཟད་བར་བྱེད་པའི་རྒྱུ་ནི་མྱ་ངན་ལས་འདས་པ་སྟེ། ཅིའི་ཕྱིར་ཞེ་ན། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཨི་ལྷག་མ་མ་ལུས་བའི་མྱ་ངན་ལས་འདས་བའི་དུས་ན་ཡང་ཆོས་དེ་དག་རྒྱུན་མི་འཆད་པར་འབྱུང
་བའི་ཕྱིར་རོ། །དེ་བས་ན་ཚངས་པས་དྲིས་པའི་མདོ་ལས། ཆོས་བཞི་དང་ལྡན་ན་བྱང་ཆུབ་སེམས་དཔའ་ཨི་ཆོས་ཚོལ་བར་འགྱུར་ཏེ་ཞེས་བྱ་བ་ལ། གཟུགས་ལ་མཚན་སུམ་ཅུ་རྩ་གཉིས་དང། གཟུགས་མེད་བའི་ཆོས་ལ་ནད་བའི་རྒྱུ་ནི་ཆོས་ཡིན་པ་དང། དབང་ཕྱུག་གི
་རྒྱུ་མངོན་པར་ཤེས་པ་ཡིན་པ་དང། མི་ཟད་པའི་རྒྱུ་མྱ་ངན་ལས་འདས་པ་ཡིན་པས་ན་ཚངས་པས་དྲིས་པའི་མདོ་ལས་ཀྱང། ཆོས་བཞི་དང་ལྡན་ན་བྱང་ཆུབ་སེམས་དཔའ་ཆོས་བཞི་ཚོལ་བར་འགྱུར་རོ། །ཞེས་བཤད་དོ། །ཆོས་བཞིན་ན་དཀོན་པའི་ཕྱིར་རིན་པོ་ཆེར
་འདུ་ཤེས་པ་ལ་སོགས་པའོ་གནས་འབྱུང་བས་སོ། །དཀོན་པའི་ཕྱིར་རིན་པོ་ཆེར་འདུ་ཤེས་པ་དང་ཞེས་བྱ་བ་ལ། དཔེར་ན་རིན་པོ་ཆེ་དུས་ཐམས་ཅད་དུ་མེད་ཅི་དཀོན་པ་ལྟར་དམ་པའི་ཆོས་འདི་འོང་བར་དགའ་ཐོས་ཀྱི། དུས་ཐམས་ཅད་མི་ཐོབ་པར་དཀོན་པ་དང། དེའི
་འབྲས་བུ་མཚན་སུམ་ཅུ་རྩ་གཉིས་ལ་སོགས་པ་ཡང་བར་དགའ་ཐོབ་ཀྱི་དུས་ཐམས་ཅད་དུ་མི་འཐོབ་བས་ན་དཀོན་བས་སྟེ། དེ་ལྟ་བུའི་འདུ་ཤེས་ཀྱིས་ཆོས་ཉན་པ་དང། དཀོན་པའི་ཕྱིར་རིན་པོ་ཆེར་འདུ་ཤེས་པ་ཞེས་བྱའོ། །ཉོན་མོངས་པའི་ནད་ཞི་བའི་ཕྱིར་སྨན
་དུ་འདུ་ཤེས་པ་དང་ཞེས་བྱ་བ་ལ། དཔེར་ན་སྨན་གྱིས་ནད་ཞི་བར་བྱེད་པ་དང། དམ་པའི་ཆོས་ཀྱིས་ཀྱང་འདོད་ཆགས་པའི་ནད་ཞི་བར་བྱེད་པས་ན་ཉོན་མོངས་པའི་ནད་ཞི་བར་བྱེད་པའོ། །སྙཾ་དུ་སེཾས་དཔའ་ནི་ཉོན་མོངས་པའི་ནང་ཞི་བའི་ཕྱིར་སྨན་དུ་འདུ་ཤེས་བས་ཞེས་བྱའོ། །མི
་འཇིགས་པའི་ཕྱིར་ནོར་དུ་འདུ་ཤེས་པ་དང་ཞེས་བྱ་བ་ལ། འཇིག་རྟེན་ན་ནོར་ཟང?་པས་འཇིགས་པ་དང་མི་བདེ་བར་འགྱུར་རོ། །དམ་པའི་ཆོས་ཀྱིས་ཀྱང་མངོན་པར་ཤེས་པ་ལ་སོགས་པའི་ནོར་དང་ལོངས་སྦྱོར་མི་ཟད་པའི་རྒྱུ་བྱེད་བས་ན། མི་འཇིགས་པའི་རྒྱུ་བྱེད་པའི་ཕྱིར
་རོ། །དམ་པའི་ཆོས་ལ་ནོར་དུ་འདུ་ཤེས་པ་ཞེས་བྱའོ། །སྡུག་བསྔལ་ཐམས་ཅད་རབ་ཏུ་ཞི་བའི་ཕྱིར་མྱ་ངན་ལས་འདས་པའོ། །ཞེས་གསུངས་སོ་ཞེས་བྱ་བ་ལ། དཔེར་ན་མྱ་ངན་ལས་འདས་པ་དང་ཉོན་མོངས་པ་ཀུན་སྤངས་བས་སྐྱེ་བ་དང་རྒ་བ་ལ་སོགས་པའི་སྡུག་བསྔལ
་ཐམས་ཅད་ཞི་བར་འགྱུར་བ་བཞིན་དུ་དཾ་པཱི་ཆོས་མཉན་པ་དང་བསམ་བ་ལ་སོགས་པ་བྱས་ན་ཡང་སྐྱེ་བ་དང་རྒ་བ་ལ་སོགས་པའི་སྡུག་བསྔལ་ཐམས་ཅད་ཞི་བར་འགྱུར་བས་ན། དམ་བའི་ཆོས་ལ་མྱ་ངན་ལས་འདས་པའི་སེམས་བསྐྱེད་དོ། །ཞེས་བྱ་བའི་དོན་ཏོ། །དགོང
་དུ་ཨཱ་ཙརྱ་སའི་རྩ་ལག་གིས། གཟུགས་ལ་མཚན་གྲུབ་པའི་ཆོས་རྒྱུ་ཡིན་པ་ལ་སོགས་པའི་རྣམ་པ་བཞི་བཤད་བ་དང། ཚངས་པས་དྲིས་པའི་མདོ་ལས་དཀོན་བའི་ཕྱིར་རིན་པོ་ཆེར་འདུ་ཤེས་པ་ལ་སོགས་པ་རྣམ་པ་བཞིར་བཤད
་དང། དོན་སེལ་ཏེ་དོན་གཅིག་ཏུ་བསྟན་བའི་ཕྱིར། མཛེས་པར་བྱེད་པའི་ཕྱིར་མཚན་ཉིད་ནི་རིན་པོ་ཆེ་དང་འདྲ་སྟེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དཔེར་ན་རིན་པོ་ཆེས་ལུས་མཛེས་པར་བྱེད་པ་དང་འདྲ་བར་མཚན་སུམ་ཅུ་རྩ་གཉིས་དང། དཔེ་བྱད་བཟང་པོ་བརྒྱད
་ཅུས་ཀྱང་མཛེས་པར་བྱེད་པས་ན་མཚན་ཉིད་རིན་པོ་ཆེ་དང་འདྲའོ། ཞེས་བྱ་བའི་དོན་ཏོ། །དེ་བས་ན་དེའི་རྒྱུའི་ཕྱིར་ཆོས་ལ་རིན་པོ་ཆེར་འདུ་ཤེས་པའོ། །ཞེས་བྱ་བ་ལ། དེ་ལྟར་མཚན་སུམ་ཅུ་རྩ་གཉིས་དང། དཔེ་བྱད་བཟང་པོ་བརྒྱད་ཅུ་ཐོབ་བར་བྱེད་པའི་རྒྱུ་ཡིན་པས
་ན་ཆོས་ལ་རིན་པོ་ཆེར་འདུ་ཤེས་བསྐྱེད་དོ། །ཞེས་བྱ་བའི་དོན་ཏོ། །ནང་མེད་པའི་རྒྱུའི་ཕྱིར་སྨན་དུ་འདུ་ཤེས་པའོ། །ཞེས་བྱ་བ་ལ། དཔེར་ན་སྨན་གྱིས་གཟུགས་ཅན་གྱི་ལུས་ལ་ནད་མེད་པའི་རྒྱུ་བྱེད་པ་ལྟར། ཆོས་ཀྱིས་ཀྱང་ཚོར་བ་ལ་སོགས་པ་གཟུགས་མེད་པའི
་ཆོས་ལ་འདོད་ཆགས་ལ་སོགས་པའི་ཉོན་མོངས་པའི་ནད་སེལ་བའི་རྒྱུ་བྱེད་པས་ན་ཆོས་ལ་སྨན་དུ་འདུ་ཤེས་བསྐྱེད་དོ། །ཞེས་བྱ་བ་ནི་དོན་ཏོ། །མངོན་པར་ཤེས་པ་བྱུག་པའི་ཕྱིར་ནོར་དུ་འདུ་ཤེས་པའོ། །ཞེས་བྱ་བ་ལ། དཔེར་ན་ནོར་གྱིས་ཕྱུག་པ་དང། སྐྱིད
་པར་བྱེད་པ་བཞིན་དམ་པའི་ཆོས་གྱིས་ཀྱང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་མངོན་པར་ཤེས་པའི་ནོར་གྱིས་ཕྱུག་པའི་རྒྱུ་བྱེད་པས་ན་དམ་པའི་ཆོས་ལ་ནོར་དུ་འདུ་ཤེས་བསྐྱེད་དོ། ཞེས་བྱ་བའི་དོན་ཏོ། །མི་ཟད་བའི་རྒྱུའི་ཕྱིར་མྱ་ངན་ལས་འདས་པར
་འདུ་ཤེས་པ་ནི་ཟད་པའི་འཇིགས་པ་མེད་པའི་ཕྱིར་རོ་ཞེས་བྱ་བ་ལ་དམ་བའི་ཆོས་འདིས་མངོན་པར་ཤེས་པ་དྲུག་རྣམས་མི་ཟད་བའི་རྒྱུ་བྱེད་བའི་ཕྱིར། མྱ་ངན་ལས་འདས་བའི་འདུ་ཤེས་བསྐྱེད་པར་བྱའོ། །ཞེས་བྱ་བའི་ཐ་ཚིག་གོ་།ཅིའི་ཕྱིར་ཞེ་ན། སངས་རྒྱས
་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་མྱ་ངན་ལས་འདས་པ་ལ་ཟད་པ་དང་མེད་པའི་འཇིགས་པར་འགྱུར་བ་མེད་པ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མངོན་པར་ཤེས་པ་དྲུག་དང། མེད་པར་འགྱུར་བའི་འཇིགས་པ་མེད་པའི་རྒྱུ་ཡང་དམ་པའི་ཆོས་གསུངས་རབ
་ཡན་ལག་བཅུ་གཉིས་ཀྱིས་བྱེད་བས་ན་དམ་པའི་ཆོས་ལ་མྱ་ངན་ལས་འདས་པའི་འདུ་ཤེས་བསྐྱེད་དོ་ཞེས་བྱ་བའི་དོན་ཏོ། །རྣམ་པར་རྟོག་པ་བཙལ་བ་ལ་ཚིགས་སུ་བཅད་པ་ཞེས་བྱ་བ་ལ། ཇི་ཙམ་དུ་བྱང་ཆུབ་སེམས་དཔའ་སེམས་ལ་རྣམ་པར་རྟོག་པ་བྱུང་བ་དེ་ཙམ་དུ་ཤེS
་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་རྟོག་བར་བྱ་བ་ལ་བར་དུ་གཅོད་པ་ཡིན་ཏེ། དེ་བས་ན་རྣམ་པར་རྟོག་པ་འདི་དག་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་རྟོགས་པར་བྱ་བ་ལ། བར་དུ་གཅོད་པ་ཡིན་ནོ་ཞེས་བརྟག་པར་བྱ་བ་དང། ཚིགས་སུ་བཅད་པ་གཅིག་གིས
་བསྟན་ཏོ། །ཞེས་བྱ་བའི་དོན་ཏོ། །མེད་དང་ཡོད་པ་སྒྲོ་འདོག་སྐུར་འདེགས་རྣམ་རྟོག་པ། གཅིག་དང་ཐ་དད་བདག་དང་ཁྱད་པར་རྟོག། ཇི་ལྟར་མིང་དང་དོན་ལ་མངོན་ཆགས་རྟོག་།རྒྱལ་བའི་སྲས་ཀྱིས་ཡོངས་སུ་སྤང་བར་བྱ། ཞེས་བྱ་བ་ལ། ཤེས་རབ་ཀྱི་ཕ་རོལ
་ཏུ་ཕྱིན་པའི་དོན་རྟོགས་བར་བྱ་བ་ལ་བར་དུ་གཅོད་པའི་རྣམ་པར་རྟོག་པ་ནི་བཅུ་སྟེ། བཅུ་གང་ཞེ་ན། མེད་པར་རྣམ་པར་རྟོག་པ་དང། ཡོད་པར་རྣམ་པར་རྟོག་པ་དང། སྒྲོ་འདོགས་པར་རྣམ་པར་རྟོག་པ་དང། སྐུར་པ་འདེབས་པར་རྣམ་པར་རྟོག་པ་དང། གཅིག
་བར་རྣཾ་པར་རྟོགས་པ་དུད?་ཐ་དད་པར་རྣམ་པར་རྟོག་པ་དང། བདག་ཏུ་རྣམ་པར་རྟོག་པ་དང། ཁྱད་པར་དུ་རྣམ་པར་རྟོག་པ་དང། ཇི་ལྟར་མིང་བཞིན་དུ་དོན་ལ་མངོན་པར་རྟོགས་ནས་རྣམ་པར་རྟོག་བ་དང་ཇི་ལྟར་དོན་བཞིན་དུ་མིང་ལ་མངོན་པར་ཆགས་ནས་རྣམ་པར་རྟོག་པ་སྟེ། རྣམ་པར
་རྟོག་པ་དེ་དང། བྱང་ཆུབ་སེམས་དཔས་སྤང་བར་བྱའོ། ཞེས་བྱ་བའི་དོན་ཏོ། །མེད་པ་ལ་རྣམ་པར་རྟོག་པའི་གཉེན་པོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལS་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཉིད་ཀྱི་ཡོད་པའོ། ཞེས་གསུངས་པའོ། ཞེས་བྱ་བ་ལ། ཀུན
་བརྟགས་ཀྱི་གང་ཟག་དང་བྲལ་བའི་སྟོང་པ་ཉིད་དང། ཡོངས་སུ་གྲུབ་པ་ནི་ཡོད་པ་ཡིན་ལ་དེའང་ཐམས་ཅད་དུ་མེད་དོ། ཞེས་བྱ་བ་རྣམ་པར་རྟོག་པའི་གཉེན་པོར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབུམ་ལས་བྱང་ཆུབ་སེམས
་དཔས་བོས་ནས། བྱང་ཆུབ་སེམས་དཔའ་ཉིད་ཀྱིས་ཡོད་པའོ། །ཞེས་བཀའ་སྩལ་ཏོ། །ཀུན་བརྟགས་ཀྱི་གང་ཟག་དང་བྲལ་བའི་སྟོང་པ་ཉིད་དང། ཡོངས་སུ་གྲུབ་པའི་མཚན་ཉིད་ནི་མེད་པ་མ་ཡིན་ནོ། །ཞེས་བྱ་བའི་དོན་ཏོ། །དངོས་པོ་ལ་རྣམ་པར་རྟོག་པའི
་གཉེན་པོར་བྱང་ཆུབ་སེམས་དཔའ་ནི་མི་དམིགས་པའོ། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། ཞེས་བྱ་བ་ལ། ཀུན་བརྟག་ཀྱི་གང་ཟག་དངོས་པོ་དང། རང་བཞིན་ཡོད་དོ། ཞེས་རྣམ་པར་རྟོག་པའི་གཉེན་པོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབུམ་ལས་ཀྱང
་བྱང་ཆུབ་སེམས་དཔའ་ནི་མི་དམིགས་པའོ། །ཞེས་བཀའ་སྩལ་ཏེ། ཀུན་བརྟགས་ཀྱི་གང་ཟག་གི་མཚན་ཉིད་དུ་ནི་བྱང་ཆུབ་སེམས་དཔའ་ཡོད་པ་མ་ཡིན་ནོ། །ཞེས་བྱ་བའི་དོན་ཏོ། །འདི་ཡན་ཆད་དུ་ཚིག་གཉིས་ཀྱིས་གང་ཟག་ཡོད་པར་རྣམ
་པར་རྟོག་པའི་གཉེན་པོར་གང་ཟག་ལ་བདག་མེད་པར་བསྟན་ཏོ། །སྒྲོ་འདོགས་པར་རྣམ་པར་རྟོག་པའི་གཉེན་པོར་ཤཱ་རིའི་བུ་གཟུགས་ནི་རང་བཞིན་གྱི་སྟོང་པའོ། །ཞེས་གསུངས་སོ་ཞེས་བྱ་བ་ལ། ཀུན་བརྟགས་ཀྱི་གཟུགས་དང་སྒྲ་ལ་སོགས
་པ་ཡོད་པར་རྣམ་པར་རྟོགས་པ་ནི་སྒྲོ་འདོགས་པའི་རྣམ་པར་རྟོག་པ་ཞེས་བྱ་བ་སྟེ། དེའི་གཉེན་པོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབུམ་ལས་གཟུགས་ནི་རང་བཞིན་གྱིས་སྟོང་པའོ། །ཞེས་བཀའ་སྩལ་ཏོ། །ཀུན་བརྟགས་ཀྱི་གཟུགས་དང་སྒྲ་ལ
་སོགས་པ་ཡོད་པ་མ་ཡིན་ནོ། ཞེས་བྱ་བའི་དོན་ཏོ། །སྐུར་བ་འདེབས་པ་རྣམ་པར་རྟོག་པ་དེའི་གཉེན་པོར་སྟོང་པ་ཡང་མ་ཡིན་ནོ། །ཞེས་གསུངས་སོ་ཞེས་བྱ་བ་ལ། ཀུན་བརྟགས་ཀྱི་ཆོས་དང་བྲལ་བའི་ཡོངས་སུ་གྲུབ་པ་ནི་ཡོད་མ་ཡིན་ནོ། །དེའང་ཐམས་ཅད
་ནས་ཐམས་ཅད་དུ་མེད་དོ། །ཞེས་རྟོག་པ་ནི་སྐུར་བ་འདེབས་པར་རྣམ་པར་རྟོག་པའོ་ཞེས་བྱ་སྟེ། དེའི་གཉེན་པོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབུམ་ལ་སོགས་པ་ལ་ཡང་མ་ཡིན་ནོ། །ཞེས་བཀའ་སྩལ་ཏོ། །དོན་དུ་ན་གཟུང་འཛིན་དང་བྲལ་བའི་སྟོང་པ་ཡོངས་སུ
་གྲུབ་པའི་མཚན་ཉིད་ནི་ཐམས་ཅད་ནས་ཐམས་ཅད་བུ་མེད་པ་མ་ཡིན་ནོ། །ཞེས་བྱ་བའི་དོན་ཏོ། །གཅིག་པ་རྣམ་པར་རྟོག་པའི་གཉེན་པོར་གཟུགས་ཀྱི་སྟོང་པ་གང་ཡིན་པ་དེ་གཟུགས་མ་ཡིན་ནོ། །ཞེས་གསུངས་སོ། །ཞེས་བྱ་བ་ལ། ཆོས་ཅན་གཟུགས་དང་ཆོས་ཉིད
་སྟོང་པ་ཉིད་དང། ཀུན་བརྟགས་ཀྱི་ཆོས་དང། ཡོངས་སུ་གྲུབ་པ་གཉིས་རང་བཞིན་གཅིག་གོ་།ཞེས་རྣམ་པར་རྟོག་པའི་གཉེན་པོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབུམ་ལས། གཟུགས་ཀྱི་སྟོང་པ་ཉིད་གང་ཡིན་པ་དེ་གཟུགས་མ་ཡིན། གཟུགས་གང་ཡིན་པ་དེ་སྟོང
་པ་ཉིད་མ་ཡིན་ནོ། །ཞེས་བཀའ་སྩལ་ཏོ། །དོན་དུ་ཀུན་བརྟགས་ཀྱི་གཟུགས་དང། ཡོངས་སུ་གྲུབ་བའི་རང་བཞིན་གཅིག་པ་མ་ཡིན་ནོ། །ཞེས་བྱ་བའི་དོན་ཏོ། །ཅིའི་ཕྱིར་ཞེ་ན། གཟུགས་ནི་འཁྲུལ་པའི་རང་བཞིན་ལ་ཡོངས་སུ་གྲུབ་པའི་ནི་མ་འཁྲུལ་པའི་རང
་བཞིན་ཡིན་པའི་ཕྱིར་རོ། །ཐ་དད་པའི་རྣམ་པར་རྟོག་པའི་གཉེན་པོར་སྟོང་པ་ཉིད་ལས་གཟུགས་གཞན་མ་ཡིན་ཏེ་།སྟོང་པ་ཉིད་གཟུགས་སོ། །ཞེས་གསུངས་སོ། །ཞེས་བྱ་བ་ལ། གཟུགས་ཀྱང་ལོགས་ཤིག་ན་ཡོད་སྟོང་པ་ཉིད་ལོགས་ཤིག་ན་ཡོད
་།ཅེས་གཟུགS་དང་སྟོང་བ་ཐ་དད་པ་རྣམ་པར་རྟོག་པའི་གཉེན་པོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབུམ་ལས་སྟོང་པ་ཉིད་ལས་གཟུགས་གཞན་མ་ཡིན། གཟུགས་ལས་སྟོང་པ་ཉིད་གཞན་མ་ཡིན་ཏེ། གང་གཟུགས་དེ་སྟོང་པ་སྟོང་པ་དེ
་གཟུགས་ཏེ་ཞེས་བཀའ་སྩལ་ཏེ། གཟུགས་ཏེ་ལས་མ་གཏོགས་པར་གཟུགས་ཀྱི་སྟོང་པ་ལོགས་ཤིག་ན་མེད་དོ། །ཞེས་བྱ་བའི་དོན་ཏོ། །བདག་གིས་མཚན་ཉིད་ལ་རྣམ་པར་རྟོག་པའི་གཉེན་པོར་གཟུགས་ནི་མིང་ཙམ་མོ། ཞེས་གསུངས་སོ། ཞེས་བྱ་བ་ལ། གཟུགས་ཀྱི
་མཚན་ཉིད་ཐོགས་པ་དང་བཅས་པ་དང། ཚོར་བའི་མཚན་ཉིད་མྱོང་བ་ཅན་དང། སའི་མཚན་ཉིད་སྲ་བ་ལ་སོགས་པ་དེ་བཞིན་དུ་ཡོད་དོ། །ཞེས་རྣམ་པར་རྟོག་པའི་གཉེན་བོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབུམ་ལས་གཟུགS
་ནི?་མིང་ཙམ་མོ་ཞེས་བཀའ་སྩལ་ཏེ། གཟུགས་ལ་སོགས་བསྲ་བ་དང། གཤེར་བའི་མཚན་ཉིད་ཐམས་ཅད་ཀྱང་མིང་ཙམ་བརྡ་ཙམ?་ཐ་སྙད་ཅམ་དུ་ཟད་ཀྱི་མཚན་ཉིད་ཡོད་པ་མ་ཡིན་ནོ། ཞེས་བྱ་བའི་དོན་ཏོ། །ཁྱད་པར་དུ་རྣམ་པར་རྟོག་པ་དེའི་གཉེན
་པོར་གཟུགས་ནི་སྐྱེ་བ་ཡང་མ་ཡིན་འགག་པ་ཡང་མ་ཡིན། ཉོན་མོངས་པ་ཡང་མ་ཡིན། རྣམ་བར་བྱང་བ་ཡང་མ་ཡིན་ནོ། ཞེས་གསུངས་སོ་ཞེས་བྱ་བ་ལ། གཟུགས་ལ་སྐྱེ་བ་ཡོད་དོ་ཞེས་བྱ་བ་ལ། འགག་པ་ཡོད་དོ་ཞེས་རྟོག་པ་དང། གཟུགས་ཉོན་མོངS
་པར་རྟོག་པ་དང། གཟུགས་རྣམ་པར་བྱང་བར་ཏོག་པ་ནི་ཁྱད་པར་རྣམ་པར་རྟོག་པ་ཞེས་བྱ་སྟེ། དེའི་གཉེན་པོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབུམ་ལས་གཟུགས་ནི་སྐྱེ་བ་ཡང་མ་ཡིན་འགག་པ་ཡང་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དོན
་དམ་པར་ནི་གཟུགས་ལ་སྐྱེ་བ་དང། འགག་པ་དང། ཀུན་ནས་ཉོན་མོངས་པ་དང། རྣམ་པར་བྱང་བར་འགྱུར་བ་མེད་དོ་ཞེས་བྱ་བའི་དོན་ཏོ། །མིང་ཇི་ལྟ་བ་བཞིན་དུ་དོན་ཡིན་ནོ་མངོན་པར་ཆགས་པས་རྣམ་པར་རྟོག་པ་དེའི་གཉེན་པོར་མིང་ནི་བརྫུན་པའོ་ཞེS
་བྱ་བ་ལ་སོགས་པ་གསུངས་སོ། ཞེས་བྱ་བ་ལ། བུམ་པ་དང། སྣམ་བུ་ལ་སོགས་པའི་མིང་ནི་རང་བཞིན་ཡོད་པ་ཡིན་ལ། མིང་རང་བཞིན་ཡོད་པ་བཞིན་དུ་དེས་མཚོན་བར་བྱ་བའི་བུམ་པ་དང། སྣམ་བུ་ལ་སོགས་པའི་དངོས་པོ་ཡང་དེ་བཞིན་དུ་ཡོད་དོ། །
་ཞེས་རྟོག་པ་ནི་མིང་ཇི་ལྟ་བ་བཞིན་དུ་དོན་ལ་མངོན་པར་ཆགས་ནས་རྣམ་པར་རྟོགས་པ་ཞེས་བྱ་སྟེ། དེའི་གཉེན་པོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབུམ་ལས་མིང་ནི་བརྫུན་པའོ་ཞེས་བཀའ་སྩལ་ཏེ། བུམ་པ་དང་སྣམ་བུ་ལ་སོགས་པའི་མིང་དུ་བཏགས་པ་རྣམS
་བསྡུན?་པ་སྒྱུ་མ་རང་བཞིན་ཡོད་པ་མ་ཡིན་ནོ། ཞེས་བྱ་བའི་དོན་ཏོ། །དོན་ཇི་ལྟར་མིང་ལ་ཆགས་པའི་གཉེན་པོར་མིང་དེ་དག་ཐམས་ཅད་ལ་བྱང་ཆུབ་སེམས་དཔའ་མི་དམིགས་ཏེ། མི་དམིགས་པས་ན་མངོན་པར་མི་ཆགས་སོ་ཞེས་བྱ་བ་ལ་བུམ་པ་དང་སྣམ་བུ་ལ་སོཌ
་པའི་དོན་གྱི་རང་བཞིན་ཡོད་པ་ཡིན་བཞིན་པ་བཞིན་དུ་དེའི་མིང་ལ་ཡང་རང་བཞིན་ཡོད་དོ། ཞེས་མངོན་པར་ཆགས་ཤིང་ཡོད་པར་རྟོག་པའི་གཉེན་པོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབུམ་ལས་མི་དེ་དག་ཐམས་ཅད་ལ་བྱང་ཆུབ་སེཾས་དཔའ་མི་དམིཌ་སོ། །མི་དམིགས
་པས་ན་མངོན་པར་མི་ཆགས་སོ་ཞེས་བཀའ་སྩལ་ཏོ། །དོན་དུ་ན་ཆོས་རྣམས་ཀྱི་རང་བཞིན་ལ་ཡོད་པར་བྱང་ཆུབ་སེམས་དཔའ་མཐོང་སྟེ། དེ་ལྟར་མིང་ལ་རང་བཞིན་ཡོད་པར་མ་མཐོང་བས་ན་དོན་ལ་ཡང་རང་བཞིན་ཡོད་པར་མི་ཆགས་མི་འདོད་དོ། ཞེས་བྱ་བའི་དོན
་ཏོ། །ད་ནི་ཆོས་བཅལ་བའི་འཇུག་སྡུད་པ། ཆོས་ཚོལ་བ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཡོན་ཏན་ཡང་བསྟན་པའི་ཕྱིར། མཇུག་སྡུད་པའི་ཚིགས་སུ་བཅད་པ་སྟོན་ཏོ། །ཚིགས་སུ་བཅད་པ་དེའི་སྡུས་པའི་དོན་ཡང་ཐབས་ཆེ་བའི་བདག་ཉིད་དང། དེ?
་གཞན་གྱི་དོན་ཆེ་བ་དང། བདག་གི་དོན་ཆེ་བའོ། །དགེ་བའི་བློ་གྲོས་བརྩོན་འགྲུས་མཆོག་ཐོབ་བློ་ཞེས་བྱ་བ་ལ། ཆོས་ཚོལ་བའི་ཡོན་ཏན་དང་ལྡན་པས་ན་ཆོས་ཚོལ་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་དགེ་བའི་བློ་གྲོས་ཞེས་བྱའོ། ཆོས་ཚོལ་བའི
་ཚེ་འབད་པ་དང་རྩོལ་བ་དང་ཞུམ་པ་དང། འཁྲུག་བ་མེད་པའི་བརྩོན་འགྲུས་ལ་གནས་པ་ན་བརྩོན་འགྲུས་ཐོབ་པ་ཞེས་བྱ་སྟེ། ནན་དང་མཐུས་བྱས་པའི་བརྩོན་འགྲུས་ཅན་ནི་མ་ཡིན་གྱི་ཐབས་དང་ལྡན་པའི་བརྩོན་འགྲུས་ཐོབ་ཅེས་བྱ་བའི་དོན་ཏོ། །བདེན་པ་གཉིས
་ལྡན་ཆོས་ཉིད་དམིགས་པས་ན་ཞེས་བྱ་བ་ལ། དེ་ལྟར་བརྩོན་འགྲུས་མཆོག་ཐོབ་པས་ན་བདེན་པ་གཉིས་དང་ལྡན་པ་ཞེས་བྱ་སྟེ། དོན་དམ་པའི་བདེན་པ་དང་ལྡན་པ་དང། ཀུན་རྫོབ་ཀྱི་བདེན་པ་དང་ལྡན་པའོ། །དེ་ལྟར་བདེན་པ་གཉིས་དང་ལྡན་པས་ན་ཆོས་ཉིད་དམིགས
་པ་ཞེས་བྱ་སྟེ། དོན་དམ་པའི་བདེན་པ་མཐོང་བ་དང། ཀུན་རྫོབ་ཀྱི་བདེན་པ་མཐོང་བའོ་ཞེས་བྱ་བའི་དོན་ཏོ། །བརྩོན་འགྲུས་མཆོག་ཐོབ་པ་དང། ཀུན་རྫོབ་དང་དོན་དམ་པའི་བདེན་པ་ལ་དམིགས་པ་ཐབས་ཆེ་བའི་བདག་ཉིད་བསྟན་ཏོ། །དེའི
་ཕྱིར་འགྲོ་བ་དག་གིས་སྐྱབས་འགྱུར་ཏེ་ཞེས་བྱ་བ་ལ། བརྩོན་འགྲུས་མཆོག་ཐོབ་པ་དང། བདེན་པ་གཉིས་ལ་དམིགས་པ་ཤེས་རབ་དང་ལྡན་བས་ན་དེའི་ཕྱིར་བྱང་ཆུབ་སེམས་དཔའ་དེ་སེམས་ཅན་ཐམས་ཅད་སྡུག་བསྔལ་ལས་སྒྲོལ་བའི་སྐྱབས་སུ་འགྱུར་ཏེ། འདིས
་ནི་གཞན་གྱི་དོན་ཆེ་བ་བསྟན་ཏོ། །ཡོན་ཏན་དག་ནི་རྒྱ་མཚོ་འདྲ་བར་རྫོགས་ཞེས་བྱ་བ་ལ། བྱང་ཆུབ་སེམས་དཔའ་དེའི་འགྲོ་བའི་སྐྱབས་སུ་འགྱུར་བར་ཡང་མ་ཟད་ཀྱི། དཔེར་ན་རྒྱ་མཚོ་ཆུས་རྫོགས་ཤིང་བྱ་བ་བཞིན་དུ་བྱང་ཆུབ་སེམས་དཔའ་དེའི་སེམས་ཀྱི་རྒྱུད?
་ལ་ཡང་སྟོབས་དང་མི་འཇིགས་པ་ལ་སོགས་པའི་ཡོན་ཏན་གྱི་ཆུས་རྒྱས་ཤིང་རྫོགས་པར་འགྱུར་ཏེ་ཞེས་བྱ་བའི་དོན་ཏོ། །འདིས་ནི་བདག་གི་དོན་ཆེན་བོ་སྟོན་ཏོ། །མདོ་སྡེའི་རྒྱན་བམ་པོ་གསུམ་བཤད་པ་རྫོགས་སོ།། །།ཆོས་བཙལ་བའི་རྗེས
་ལ་ཆོས་བསྟན་པའི་སྐབས་བཤད་པར་ཇི་ལྟར་འབྲེལ་ཅེ་ན། སྔར་གང་ལ་བསླབ་པ་དང། ཇི་ལྟར་བསླབ་པ་དང། གང་གིས་བསླབ་པ་ནི་བྱང་ཆུབ་སེམས་དཔའ་ཨི་བསླབ་པའོ། ཞེས་བཤད་པ་ལས། ཇི་ལྟར་བསླབ་པ་ཡང་ཆོS་ལ་མོས་པ་མང་པ་དང། ཆོས
་བཙལ་བ་དང། ཆོས་བསྟན་པའི་རྣམ་པས་བསླབ་པར་བྱའོ། ཞེས་གླེང་བ་ན་སྦྱོར་བའི་ས་བསླབ་པའི་རྣམ་པའི་ཁྱད་པར་ལ་བསླབ་པ་ཡིན་ནོ། །བསླབ་པཱི་རྣཾ་པའི་ཁྱད་པར་ཡང་བསམ་པའི་ཁྱད་པར་དང། སྦྱོར་བའི་ཁྱད་པར་དང། བདག་ལ་ཕན་བའི་ཁྱད་པར་དང། བཞན?
་ལ་ཕན་པའི་ཁྱད་པར་ལ་སོགས་པ་སྟེ། དེ་ལ་བསམ་པའི་ཁྱད་པར་མོས་པ་མང་བའི་སྐབས་སུ་བཤད་ཟིན་ཏོ། །སྦྱོར་བའི་ཁྱད་པར་དང། བདག་ལ་ཕན་པའི་ཁྱད་པར་ཡང་ཆོས་བཙལ་བའི་སྐབས་སུ་བཤད་ཟིན་ཏེ། ད་ནི་གཞན་ལ་ཕན་པའི་ཁྱད་པར་བཤད
་པའི་སྐབས་སུ་བབ་སྟེ། གཞན་ལ་ཕན་པར་བྱ་བ་ཡང་བདག་གི་ཇི་ལྟར་ཆོས་བཙལ་བ་གཞན་ལ་ཕྱིན་ཅི་མ་ལོག་པར་བཤད་པས་གཞན་ལ་ཕན་པར་གྱུར་ཏེ། དེ་བས་ན་ཆོས་བཙལ་བའི་སྐབས་ཀྱི་རྗེས་ལ། ཆོས་བསྟན་པཱི་སྐབS་བཤད་པར་འབྲེལ་ཏོ། །ཡང་ན་བྱང་ཆུབ
་སེམས་དཔའ་ཆོས་བཙལ་བ་བདག་གི་སེམས་ཀྱི་རྒྱུད་ལ་གསལ་བར་བྱ་བ་འབའ་ཞིག་ཏུ་མ་ཟད་ཀྱི། སེཾས་ཅན་གཞན་གྱི་སེཾས་ཀྱི་རྒྱུད་ལ་གསལ་བར་བྱ་བའི་ཕྱིར་ལ་ཚོལ་ཏེ། ཆོས་གསལ་བ་ནི་བདག་གི་སེམS་ཀྱི་རྒྱུད་གསལ་བར་བྱས་སོ། །ཆོས་བཤད་པས་ནི་གཞན་གྱི་སེམས་ཀྱི་རྒྱུད་གསལ་བར
་བྱེད་དེ། དེ་བས་ན་ཆོས་བཙལ་བའི་རྗེས་ལ་ཆོས་བསྟན་པའི་སྐབས་བཤད་པར་འབྲེལ་ཏོ། །ཆོས་བསྟན་པ་ལ་སེར་སྣ་སྤང་བའི་ཚིགས་སུ་བཅད་པ་ཞེས་བྱ་བ་ལ། བྱང་ཆུབ་སེམས་དཔའ་ཆོས་སྟོན་པ་ན་སེར་སྣ་འབྱུང་བའི་སྐབས་ཅུང་ཟད་ཀྱང་མེད་དོ། །ཞེས
་བསྟན་བའི་ཕྱིར་ཚིགས་སུ་བཅད་པ་རྩོམ་མོ་ཞེས་བྱ་བའི་དོན་ཏོ། །ལུས་དང་ལོངས་སྤྱོད་དམར་བས་རྙེད་ཅེས་བྱ་བ་ལ། གཟུགས་ལ་སོགས་པའི་ཕུང་པོ་ལྔ་ནི་ལུས་སོ། །འབྲུ་དང་གཏེར་ལ་སོགས་པ་ནི་ལོངས་སྤྱོད་དོ། །ལུས་ཀྱང་སྡུག་བསྔལ་བས་རྙེད་པས
་ན་དཀའ་བས་རྙེད་བ་ཞེས་བྱའོ། །ཇི་ལྟར་ན་ལུས་སྡུག་བསྔལ་བས་རྙེད་ཅེ་ན། འདི་ལྟར་དགེ་བའི་རྩ་བ་བསྒྲུབ་པར་དཀའ་བ་བརྒྱ་སྟོང་དུ་མས་བྱས་པས་ལུས་རྙེད་དེ། དེ་བས་ན་མདོ་ལས་ཀྱང་རྒྱ་མཚོའི་ནང་ན་གནས་པའི་རུ་སྦལ་ཞར་བ་ལོ་བརྒྱ་ཞིང་ལན
་ཅིག་ཁར་བྱུང་བས་གཉའ་ཤིང་མིག་གཅིག་པ། ཕྱོགས་བཞིའི་རླུང་གིས་ཕྱོགས་བཅུར་འདས་པཱི་དམིག་ཏུ་མགོ་ཆུད་པར་སླའི་མིའི་ལུས་ཐོབ་པ་ནི་ཤིན་ཏུ་དཀའ་ཨོ། ཞེས་གསུངས་པ་ལྟ་བུའོ། །ལོངས་སྤྱོད་ཇི་ལྟར་རྙེད་པར་དཀའ་ཞེ་ན། རིན་པོ་ཆེ་ལ
་སོགས་པའི་ནོར་གྱི་ཕྱིར་རྒྱ་མཚོ་ལ་སོགས་བར་འཇུག་པ་ན། གྲང་བའི་དུས་ན་ནི་གྲང་བས་ཉེན། ཚ་བའི་དུས་ན་ནི་ཚ་བས་ཉེན། བར་དགའ་ནི་བཀྲེས་པས་ཉེན། བར་འགའ་ནི་སྐོན་པས་ཉེན་པ་ལ་སོགས་པ་ལུས་དང་སྲོག་ལ་གནོད་པའི་སྡུག་བསྔལ་གྱིས
་བཙལ་དགོས་པ་ན་རྙེད་པར་དཀའ་བ་ཞེས་བྱའོ། །དེ་ལྟར་རྙེད་པར་དཀའ་བ་དེའང་བཏང་མ་ཐག་ཏུ་འཇིག་ཅིང་མེད་པར་འགྱུར་བས་ན་སྙིང་པོ་མེད་པ་ཞེས་བྱ་སྟེ། ལོངས་སྤྱོད་བཏང་ཏེ་ཟད་ན་ནི་འཕོངS?་པ་དང་འབྲེལ་བ་ལ་སོཌ་པ་དབུལ
་བའི་སྡུག་བསྔལ་མྱོང་བར་འགྱུར་ལ། ལུས་གཏང་ན་ནི་འཆི་བར་འགྱུར་བས་ན་སྙིང་པོ་མེད་པ་ཞེས་བྱའོ། །དེ་ལ་འཇིག་རྟེན་པ་རྣམས་ནི་ལུས་དང་ལོངས་སྤྱོད་གཏོང་བར་དཀའ་བས་ན་སེམས་ཅན་གཞན་ལ་སྦྱིན་པར་བྱ་བ་མི་རིགས་པ་རྙེད་པར་དཀའ་
་བ་དེའང་བཏང་ན་ཟད་པར་མི་འགྱུར་བ་ནི་བཏང་བའི་ཡང་རིགས་ན། བཏང་ན་ཡང་ཟད་བར་ཡང་འགྱུར་བས་བཏང་བར་མི་རིགས་སོ་སྙམ་དུ་སེམས་སོ། །དེ་ལས་བཟློག་ཏེ་བྱང་ཆུབ་སེམས་དཔའ་རྣམས་ནི་བསྟན་པས་དཀའ་བ་ཡིད་ཀྱིས་སུ། རྟག་ཏུ
་སྡུག་བསྔལ་སེམས་ཅན་རྣམས་ལ་སྦྱིན་པ་རྣམ་པ་མང་རྒྱ་ཆེ་སྦྱིན་བྱས་ན་ཞེས་བྱ་བ་སྨོས་ཏེ། བརྟན་པ་ནི་བྱང་ཆུབ་སེམས་དཔའ་ཨོ། །དཀའ་བའི་ཡིད་ནི་ལུས་དང་ལོངས་སྤྱོད་གཏོང་བ་ནི་མོས་པ་དང་རང་དང་བཅས་པའི་སེམས་ཀྱིས་གཏོང་བའོ། །རྟག་ཏུ་ནི་ལན
་ཅིག་གཏོང་བར་མ་ཟད་ཀྱི་འཁོར་བའི་མཛའ་ཨི་བར་དུ་དུས་ཐམས་ཅད་དུ་གཏོང་བའོ། །སྡུག་བསྔལ་བའི་སེམས་ཅན་ནི་བྲེལ་བ་དང། ཕོངས་བའི་སེམས་ཅན་རྣམས་སོ། །སྦྱིན་པ་རྣམ་པ་མང་པོ་ནི་ནོར་དང་འབྲུ་ལ་སོགས་པ་ཕྱིའི་དངོས་པོ་གཏོང་བའོ། །རྒྱ
་ཆེན་པོ་སྦྱིན་པ་ནི་མགོ་དང་རྐང་ལ་སོགས་པ་ནང་ནི་དངོས་པོ་གཏོང་བའོ། །རྣམ་པ་ཀུན་གྱིས་འགྲོ་ལ་ཕན་བྱེད་ཅེས་བྱ་བ་ལ། དོན་དམ་པ་དང་ཀུན་རྫོབ་གྱི་ཆོས་དང། ཆོས་རྣཾS་ཀྱི་རང་དང་སྤྱིའི་མཚན་ཉིད་ནི་ཉན་པའི་ཚེ་ན་ཡང་སེམS་ཅན་ལ་ཕན་པར་བྱེད་སེམS་པ?་ན་ལྔ་ཕན
་བར་བྱེད། བསྒོམ་པ་ན་ཡང་ཕན་པར་བྱེད་པས་ན་རྣམ་པ་ཀུན་གྱིས་འགྲོ་ལ་ཕན་བྱེད་ཅེས་བྱའོ། །རྒྱ་ཆེན་ཞེས་བྱ་བ་ནི་ས་དང་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ལ་ཐེག་པ་ཆེན་པོའི་ཆོས་སོ། རྙེད་དཀའ་བསམ་རྙེད་པ་ཞེས་བྱ་བས་ནི་ཡང་དཀའ་བ་མང?
་པོ་སྒྲུབ་མི་དགོས་ཏེ། ཆེགས་ཆུང་དུས་སྒྲུབ་པ། ཞེས་བྱ་བའི་དོན་ཏོ། །རབ་ཏུ་སྦྱིན་ཡང་མི་འབྲི་འཕེལ་འགྱུར་ཆོས་ལྟ་སྨོས་ཀྱང་ཅི་དགོས་ཏེ་ཞེས་བྱ་བ་ལ། ལུས་དང་ལོངས་སྤྱོད་རྙེད་པར་དཀའ་བ་ནི་སྦྱིན་ན་ཟད་པར་འགྱུར་གྱི། འཕེལ་བར་ནི་མི་འགྱུར་གྱི། དམ་པའི་ཆོS
་གཞན་ལ་བྱིན་ཏེ་བསྟན་ན། འབྲི་བར་ནི་མི་འགྱུར་གྱི་འཕེལ་བ་འབའ་ཞིག་ཏུ་འགྱུར་ཏེ། དཔེར་ན་མར་མེ་གཅིག་ལས་མར་མེ་མང་པོ་བུས་ན་དང་པོའི་མར་མེད་ལ་འབྲི་བར་མེད་ཅིང་མར་མེ་གཞན་མང་པོ་ཡང་འཕེལ་བར་འགྱུར་བ་བཞིན་དུ་ཆོས
་བཤད་ན་ཡང་སེམས་ཅན་གཞན་གྱིས་ཐོས་པ་དག་ཤེས་མང་དུ་འབྱུང་བར་འགྱུར་ལ་འཆད་པ་བོའི་ཤེས་པ་ལས་ཉམས་པ་མེད་བས་ན་མི་འབྲི་བའི་འཕེལ་བར་འགྱུར་བ་ཞེས་བྱའོ། །འདི་ལྟར་བྱང་ཆུབ་སེམས་དཔའ་རྣམས་ནི་ལུས་དང་ལོངས་སྤྱོད་རྙེད
་པར་དཀའ་ལ། བཏང་ན་ཡང་མེད་པར་འགྱུར་བ་དེ་རྒྱུན་མ་ཆད་པར་སེམས་ཅན་སྡུག་བསྔལ་བ་རྣམས་ལ་སྙིང་རྗེ་བའི་དབང་གིས་དགའ་བའི་ན་དུ་སྦྱིན་པར་བྱེད་ན་དམ་པའི་ཆོས་བཙལ་བར་སླ་ལ་བཏང་ཡང་འཕེལ་བར་འགྱུར་གྱི། འབྲི་བར་མི་འགྱུར
་བ་སེམས་ཅན་ལ་གཏོང་བ་ལྟ་ཅི་སྨོས་ཏེ། གཏོང་ཆེས་སོ་ཞེས་བྱ་བའི་དོན་ཏོ། །བརྒལ་བ་སྲོག་དང་ལོངས་སྤྱོད་པས། ཆོས་ཞེས་བཙལ་དགའ་སྟེ། འདི་ལྟར་ཚིགས་སུ་བཅད་པ་གཅིག་ཙམ་གྱི་ཕྱིར་ཡང་བྱང་ཆུབ་སེམས་དཔའ་ལུས་རྣམས་ཡོངས་སུ་གཏོང
་བས་སོ། །དེ་བས་ན་མདོ་དག་ལས། ལེགས་སྨྲས་ཚིགས་བཅད་གཅིག་ཙམ་ཕྱིར། །ཐུབ་པ་སྐུ་ཡི་རིན་གྱིས་བཅལ་ལོ། །ཞེས་བཤད་དོ། །ས་བཅུའི་མེད་ལས་ཀྱང། ཚིག་གཅིག་གི་དོན་དུ་མེ་མདག་གི་ཡོངས་སུ་གང་པའི་དོན་དུ་ཡང་བདག་ཉིད་འདོར་བར་སྤྲོའོ
་ཞེས་བཤད་དེ། དེ་ལྟར་ན་ཤིན་ཏུ་སྡུག་བསྔལ་བས་རྙེད་པ་ཇི་ལྟར་ན་དཀའ་བ་མེད་པས་རྙེད་པ་ཡིན་ནོ། ཞེས་བྱ་ཞེ་ན། དེའི་དོན་ལན་དུ་དོན་འདི་ནི་དེ་ལྟར་གཟུང་བ་མ་ཡིན་ཏེ་སངས་རྒྱས་འཇིག་རྟེན་དུ་བྱུང་བ་ནས་བརྩམས་ནས་བསྟན་པ་མ་ནུབ་ཀྱི་བར
་དུ་ཆོས་ནི་ཚོགས་ཆུང་དུས་རྙེད་པ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། སངས་རྒྱས་བཅོམ་ལྡན་འདས་རྣམས་ཡུལ?་དུས་ཀྱི་ཁྱད་པར་དག་ལ་བལྟས་འདུལ་བའི་སྐྱེ་བོ་དག་གི་ཐད་ནས་གཤེགས་ནས་མི་འདོད་བཞིན་དུ་ཡང་དམ་པའི་ཆོས
་འཆད་པར་ཡང་མཛད་པའི་ཕྱིར་རོ། །དེ་ལ་ཁ་ཅིག་འདི་སྙམ་དུ་བྱང་ཆུབ་སེམས་དཔའ་རྣམས་ཆོས་ལ་སེར་སྣ་མེད་དེ་ཆོས་འཆད་པ་མཛད་དུ་ཟིན་ཀྱང་ཆོས་རྣམས་ཀྱི་དོན་དམ་པར་ནི་ཚིགས་སྤྱོད་ཡུལ་མ་ཡིན་པས་དོན་དམ་པ་མ་བཤད་པའི་ཕྱིར་ཆོས
་བཤད་པའི་དོན་རྣམས་དོན་མེད་དོ་སྙམ་དུ་སེམས་པ་ལ་དེའི་ཕྱིར་ཆོས་ལ་དོན་ཡོད་པ་དང་དོན་མེད་པའི་ཚིགས་སུ་བཅད་པ་གཉིས་ཏེ་ཞེས་བྱ་བ་སྨོས་ཏེ། ཚིགས་སུ་བཅད་པའི་ཆོས་རྣམས་ལ་དོན་ཡོད་པར་ཡང་ཡིན། དོན་མེད་པར་ཡང་ཡིན་པར་ཡང་ཚིགས
་སུ་བཅད་པ་གཉིས་ཀྱིས་བསྟན་ཏོ། ཞེས་བྱ་བའི་དོན་ཏོ། །རང་རིག་ཆོས་རྣམས་བཅོམ་ལྡན་འདས་ཀྱིས་མ་གསུངས་ཏེ་ཞེས་བྱ་བ་ལ་ཆོས་ཀྱི་དབྱིངས་དང། རྣམ་པར་མི་རྟོག་པའི་ཡེ་ཤེས་དང་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ལ་སོགས་པ་ནི་དེ
་བཞིན་གཤེགས་པའི་ཡེ་ཤེས་ཀྱི་ཐུགས་སུ་ཆུད་དེ། ཡེ་ཤེས་ཀྱི་རང་གི་རིག་པར་ཟད་དོ། །རང་གི་རིག་པའི་ཆོས་ཏེ། ཚིག་དང་ཡི་གེ་བསྟན་དུ་ཡང་མེད་པས་གཞན་ལ་བསྟན་དུ་མི་རུང་བའི་ཕྱིར་ཏེ། བཅོམ་ལྡན་འདས་ཀྱིས་ཀྱང་མ་གསུངས་ཏེ་ཚིག་ཏུ་བཤད
་པའི་ཆོས་ཀྱི་ནང་ན་དོན་དམ་པ་ལ་སོགས་པ་ཆོས་ཀྱི་དོན་མེད་པས་ན་ཆོས་བཤད་པ་དོན་མེད་པ་ཞེས་བྱའོ། །གལ་ཏེ་ཚིག་གི་ནང་ན་ཆོས་ཀྱི་རང་བཞིན་ཡོད་ལ་ཆོས་ཀྱི་རང་བཞིན་ཚིག་ཏུ་བརྗོད་དུ་འདུན་ནི་མེ་ཞེས་བརྗོད་པ་ཙམ་གྱིས། ཁ་ཚིག་པའི་སྐྱོན་དུ་འགྱུར་རོ། །མདོ་ལས་ཀྱང་དོན
་དམ་པ་ནི་བརྗོད་དུ་རུང་བར་གང་ནས་ཀྱང་མ་གསུངས་ཏེ། འཕགས་པ་རྡོ་རྗེ་གཅོད་པ་ལས་ཀྱང་ངས་དེ་བཞིན་གཤེགས་པ་མར་མེ་མཛད་ཀྱི་ཐད་ནས་ཆོས་བླངས་པ་ཅུང་ཟད་ཀྱང་མེད་དོ། ཞེས་བཀའ་སྩལ་ཏོ། །འཕགས་པ་བློ་གྲོས་མི་ཟད་བ་ལས་ཀྱང་དོན་དམ
་པ་ནི་སེམས་ཀྱི་ཡུལ་ལས་ཀྱང་འདས་ནས་ཚིག་དང་ཡི་གེ་ལྟ་སྨོས་ཀྱང་ཅི་དགོས་ཞེས་གསུངས་སོ། །ཱ་ཙརྱ་མཱ་ཏྲི་ཙེ?་ཊས?་ཀྱང་དོན་དམ་པ་ནི་བློའི་ཡུལ་ཡང་མ་ཡིན་ན། བདག་གི་ཚིག་གི་བརྗོད་པས་ག་ལ་ཐོག་ཏུ་ཕེབས་ཞེས་བཅོམ་ལྡན་འདས་ལ་བསྟོང་པའི་ནང་ནས
་འབྱུང་ངོ། །དེ་ལྟར་དོན་དམ་ཚིག་གིས་བརྗོད་པར་མི་ནུས་པས་དོན་དམ་པ་རྟོག་པར་འགྱུར་བ་དང། རྗེས་སུ་མཐུན་པའི་གཏམ་མཛད་པའི་སྒོ་ནས་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སོ་སོ་རང་གིས་རིག་པ་ལས་སེམས་ཅན་འཇོག་པར་མཛད་དེ། དེ་བས་ན
་རིགས་པས་ཆོས་བསྟན་འགྲོ་ཐ?་དག་ནི་ཆོས་ལ་དྲངས་ཞེས་བྱ་བ་སྨོས་ཏེ། གཏན་ཚིགས་བསྒྲུབ་པ་ལ་སོགས་པའི་རིགས་པ་བཞི་དང་མི་འགལ་བའི་ཆོས་བསྟན་པས་སངས་རྒྱས་བཅོམ་ལྡན་འདས་ཀྱིས་རང་གི་ཆོས་ལ་འགྲོ་བ་རྣམས་དྲངས་ཤིང་བཀོད་དེ། དེ་བས་ན
་ཆོས་བསྟན་པ་དོན་མེད་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཡང་ན་དང་པོའི་རིགས་པའི་ཆོས་བསྟན། དེ་ནས་བསམ་པ་དེ་ནས་བསྒོམ་པའི་རིམ་པས་ཆོས་ཀྱི་སྐུ་དང། རྣམ་པར་མི་རྟོགས་པའི་ཡེ་ཤེས་ལ་འདྲ་བ་རྣམས་དྲངས་ཤིང་བཀོད་དེ། དེའི་ཕྱིར་ཡང་ཆོས་བསྟན
་པ་དོན་མེད་པ་མ་ཡིན་ནོ། ཞེས་བྱ་བའི་དོན་ཏོ། །དེ་ནི་གཏན་ཚིགས་དང་དཔེས་འགྲོ་བ་རྣམས་རང་གི་ཆོས་ཉིད་ལ་ཇི་ལྟར་བཀོད་པ་བསྟན་པའི་ཕྱིར་རྣམ་དག་ཡངས་ཤིང་ཐུན་མོང་མི་ཟད་རང་ཞི་ཁ་སྣོད་དུ། སྙིང་རྗེའི་བདག་ཉིད་སྦྲུལ་དང་འདྲ་ཁ་ཆུ་བཞིན་དུ་ཀུན་དྲང་སོ?་སོ
་ཞེས་བྱ་བ་སྨོས་ཏེ། དཔེར་ན་སྤྲུལ་ཆེན་པོ་ཨ་ཟ་གར?་ཞེས་བྱ་བ་རྒྱབ་ཏུ་ཞིང་རྨོ་ཞིང་ཆུ་བོ་ཡང་འབབ་ཞེས་བྱ་བ་དེ་རང་གི་ཁ?་ནས་ཁ་ཆུ་བྱུང་ནས་ཐག་རིང་དུ་གཙང་པོ་ཙམ་དུ་འབབ་པ་དང། རི་དགས་དང་བ་ལང་ལ་སོགས་པ་ཆུ་ཡིན་ནོ་སྙམ་ནས་དེར་འཐུངས་པ་དང། ཁ་ཆུ་གདུག
་པས་སེམས་ཅན་ཟིན་ཅིང་ཤི་བར་གྱུར་པ་དང་དྲངས་ནས་རང་གི་ཁར་འཛད་པ་བཞིན་དུ་ཐུགས་རྗེའི་བདག་ཉིད་སངས་རྒྱས་བཅོམ་ལྡན་འདས་ནི་སྤྲུལ་འདྲལ?། དེའི་ཞལ་ནས་བྱུང་བའི་གསུངS་རབ་ཡན་ལག་བཅུ་གཉིས་ནི་ཁ་ཆུ་འདྲ་སྟེ། ཁ་ཆུ་འདྲ་བའི་གསུང་རབ་ཡན
་ལག་བཅུ་གཉིས་ཀྱི་སེམས་ཅན་དྲངས་ནས་རང་གི་ཞི་བའི་ཁ་སྣོད་དུ་བཅུག་ཏེ་དོན་དུ་ཆོས་ཀྱི་སྐུ་དག་མྱ་ངན་ལས་འདས་པ་ལ་བཀོད་དོ་།ཞེས་བྱ་བའི་དོན་ཏོ། །ཆོས་ཀྱི་སྐུ་དེའང་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་དང་བྲལ་བ་ཡིན་པས་རྣམ
་དག་ཅེས་བྱའོ། །ཉན་ཐོས་ལ་སོགས་པ་དང་ཐུན་མོང་དུ་གྱུར་པ་སྟོབས་དང་མི་འཇིགས་པ་ལ་སོགས་པའི་ཡོན་ཏན་དང་ལྡན་པས་སྤངས་པ་ཞེས་བྱའོ། །ཡང་ཉན་ཐོས་དག་ཉོན་མོངས་པའི་སྒྲིབ་པ་སྤངས་པས་རྣམ་པར་དག་པ་ཡིན་ཡང་ཤེས་བྱའི་སྒྲིབ་པ་མ
་སྤངས་པས་སྤངས་པ་མ་ཡིན་ནོ། །དེ་བཞིན་གཤེགས་པ་རྣམས་ཀྱིས་ནི་ཉོན་མོངས་པའི་སྒྲིབ་པ་སྤངས་བས་རྣམ་པར་དག་པའོ། །ཤེས་བྱའི་སྒྲིབ་པ་སྤངས་ལས་སྤངས་པའོ། །ཆོས་ཀྱི་སྐུ་དེ་དེ་བཞིན་གཤེགས་པ་ཀུན་ལ་མངའ་བས་ན་ཐུན་མོང་ཞེས་བྱའོ། །ཆོས
་ཀྱི་སྐུ་དེ་རྟག་ཏེ། འཁོར་བའི་མཛའ་ཨི་བར་དུ་ཡང་མེད་པར་མི་འགྱུར་བས་ན་མི་ཟད་པ་ཞེས་བྱའོ། ད་ནི་ཇི་ལྟར་བསྒོམ་པ་རྣམས་དོན་མེད་པ་མ་ཡིན་པའི་བསྟན་པའི་ཕྱིར། གང་དག་རྣལ་འབྱོར་བསྒོམ་པ་དེ་ནི་དེ་བས་དོན་མེད་པ་མི་འགྱུར་ཞེས་བྱ་བ་སྨོས་ཏེ།
་འདི་ལྟར་དམ་པའི་ཆོས་མཉན་ནས་བསམས་ཏེ་ཞི་གནས་དང་ལྷག་མཐོང་གི་རྣལ་འབྱོར་བསྒོམས་ན་ཆོས་ཀྱི་སྐུ་མྱ་ངན་ལས་འདས་པ་འཐོབ་པར་འགྱུར་རོ། ཞེས་བསྟན་ཏེ། དེ་བས་རྣལ་འབྱོར་བསྒོམ་པ་རྣམས་ཀྱང་དོན་མེད་པར་མི་འགྱུར་རོ། ཞེས་བྱ་བའི་དོན
་ཏོ། །ཇི་ལྟར་ན་བཤད་པ་དོན་མེད་པར་མི་འགྱུར་བར་བསྟན་པའི་ཕྱིར་བདེ་བར་གཤེགས་པས་བསྟན་གང་དེ་བས་འདི་ནི་དོན་མེད་མི་འགྱུར་རོ། །ཞེས་བྱ་བ་སྨོས་ཏེ། འདི་ལྟར་རིགས་པས་ཆོས་བསྟན་པ་རང་གི་ཆོས་ཀྱི་སྐུ་ལ་དྲངས་པའི་ཕྱིར་བདེ་བར་གཤེགས
་བ་རྣམས་ཀྱིས་གསུང་རབ་ཡན་ལག་བཅུ་གཉིས་བཤད་པ་དོན་མེད་པ་མ་ཡིན་ནོ། ཞེས་བྱ་བའི་དོན་ཏོ། །ཇི་ལྟར་བསྒོམས་པ་དོན་མེད་པ་མ་ཡིན་པ་གཏན་ཚིགས་གཞན་གྱིས་བསྟན་པའི་ཕྱིར། ཇི་སྟེ་ཐོས་པ་ཙམ་གྱིས་དོན་མཐོང་འགྱུར་ན་སྒོམ་པར་བྱ་བ་དོན
་མེད་འགྱུར་ཞེས་བྱ་བ་སྨོས་ཏེ། གལ་ཏེ་ཆོས་ཐོས་པ་ཙམ་ཁོ་ནས་ཆོས་ཀྱི་སྐུ་ཐོབ་ཅིང་འབྲས་བུ་ཐོབ་པར་འགྱུར་ན་ནི་བསྒོམས་པ་དོན་མེད་པར་འགྱུར་ན་དེ་ལྟ་མ་ཡིན་གྱི་དེ་བཞིན་གཤེགས་པ་དང་བྱང་ཆུབ་སེམས་དཔའ་དང། དགེ་བའི་བཤེས་གཉེན་ལས་དམ་པའི་ཆོས
་མཉན་ནས་དེ་བཞིན་དུ་ཞི་གནས་དང་ལྷག་མཐོང་བསྒོམས་ན་གདོད་དོན་མཐོང་བར་འགྱུར་བས་ན་བསྒོམ་པ་ཡང་དོན་མེད་པར་འགྱུར་བ་ཡང་མ་ཡིན་ནོ། ཞེས་བྱ་བའི་དོན་ཏོ། །མཉན་པ་དོན་མེད་པ་མ་ཡིན་ཏེ་བརྣན?་ཏེ་བསྟན་པཱི་ཕྱིར་ཇི་སྟེ་ཐོས་པ་མེད་ཀྱང་བསྒོམ་པ་འཇུག
་འགྱུར་བཤད་པ་ཡང་ནི་དོན་མེད་འགྱུར་ཞེས་བྱ་བ་སྨོས་ཏེ། ཇི་སྟེ་ཆོས་ཐོས་པ་མེད་པར་ཡང་ཞི་གནས་དང་ལྷག་མཐོང་བསྒོམ་པ་ལ་འཇུག་པར་རུང་ན་ནི་ཆོས་བཤད་པ་རྣམས་ཀྱང་དོན་མེད་པར་འགྱུར་ན་དེ་ལྟ་མ་ཡིན་གྱི་དགེ་བའི་བཤེས་གཉེན་གྱིས་བཤད་པ
་ལུང?་ལ་བརྟེན་གདོང་བསྒོམ་བགོས་བའི་ཕྱིར་བཤད་པ་ཡང་དོན་མེད་པར་མི་འགྱུར་རོ། །ཞེས་བྱ་བའི་དོན་ཏོ། །རང་གིས་རིག་པའི་ཆོས་དེའི་དབང་གིས་ཐོབ་པའི་ཕྱིར་ཞེས་བྱ་བ་ནི་ཆོས་ཀྱི་སྐུ་དང་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱང་ཞི་གནས་དང་ལྷག་མཐོང་བསྒོམས་པཱི
་མཐུས་ཐོས་པས་ན་རྣལ་འབྱོར་བསྒོམས་པ་རྣམས་དོན་མེད་པ་མ་ཡིན་ནོ། ཞེས་བྱ་བའི་དོན་ཏོ། །རང་གི་ཆོས་ཉིད་ལ་འགྲོ་བསྡུད་པའི་ཕྱིར་ཞེས་བྱ་བ་ལ་སོགས་པ་ལ་རིགས་པའི་ཆོས་བཤད་པས་དེ་བཞིན་གཤེགས་པའི་བསྟན་པ་ལ་སེམས་ཅན་བཙུད་ཅིང་ཆོས་ཀྱི
་དོན་རྟོགས་པར་འགྱུར་གྱི་ཆོས་མ་བསྟན་པར་ནི་ཆོས་རྟོགས་པར་མི་འགྱུར་བ་ན་རིགས་པར་བཤད་པའི་ཆོས་ཀྱང་དོན་མེད་པར་མི་འགྱུར་རོ། ཞེས་བྱ་བའི་དོན་ཏོ། །བཤད་པར་རྣམ་པར་དབྱེ་པའི་ཚིགས་སུ་བཅད་པ་ཞེས་བྱ་བ་ལ་ཆོས་བཤད་པ་ལ་དོན་ཡོད་པ
་དང་མེད་བར་བསྟན་ནས་དེ་བཞིན་གཤེགས་པ་དང་བྱང་ཆུབ་སེམས་དཔའ་རྣམས་ཆོས་འཆད་པ་ལ་ཕྱེ་ན་རྣམ་པ་དུས་འཆད་པ་བསྟན་པའི་ཕྱིར་ཚིགས་སུ་བཅད་པ་རྩོམ་མོ་ཞེས་བྱ་པའི་དོན་ཏོ། མཆོག་གི་སེམས་ཅན་དག་གི་བཤད་པ་ནི། ལུང་དང་ཆུང་དང་རྣམ
་པར་འབྱོར་བ་ལས་ཞེས་བྱ་བ་ལ། མཆོག་གི་སེམས་ཅན་ནི་བྱང་ཆུབ་སེམས་དཔའ་ཨོ། །བྱང་ཆུབ་སེམས་དཔའ་དེ་དག་གི་ཆོས་འཆད་པ་ཕྱེ་ན་རྣམ་པ་གསུམ་ལྟར་འཆད་པ་དག་ལུང་གི་དབྱེ་བས་འཆད་པ་དང། ཆུད་པའི་དབྱེ
་བས་འཆད་པ་དང། རྣལ་འབྱོར་བའི་ཆེ་བས་འཆད་པའོ། །དེ་ལ་དེ་བཞིན་གཤེགས་པ་དང། བྱང་ཆུབ་སེམས་དཔའ་ཨི་དགེ་བའི་བཤེས་གཉེན་ལས་དམ་བའི་ཆོས་ཐོས་ནས། ཇི་ལྟར་ཐོས་པ་གཞན་ལ་འཆད་པ་ནི་ལུང་གི་དབྱེ་བ་འཆད་པ་ཞེས་བྱའོ། །
་ས་དང་པོ་ནས་བདུན་པ་མན་ཆད་ན་ཆོས་ཀྱི་དབྱིངས་རྟོགས་པའི་མཐུས་འཆད་པ་ནི་ཆུད་བའི་དབྱེ་བས་འཆད་པའོ། །ས་བརྒྱད་དང་ས་དགུ་དང་ས་བཅུའི་དུས་ན་རྣམ་པར་མི་རྟོག་པའི་ཡེ་ཤེས་དང། མངོན་པར་ཤེས་པ་ལྷུན་གྱིས་གྲུབ་པ་ཐོབ་ནས་ཆོས
་འཆད་པ་ནི་རྣམ་བར་འབྱོར་བ་དབྱེ་བས་ཆོས་འཆད་པའོ། ཞེས་བྱའོ། །རྣམ་པར་སྦྱོར་བས་ཆོས་འཆད་པ་ལ་རྣམ་པ་གསུམ་ཡོད་པར་བསྟན་པའི་ཕྱིར། ནམ་མཁའ་ལས་ཀྱང་སྒྲ་འབྱུང་ཞིང། ཁ་དང་ཐམས་ཅད་གཟུགས་ལས་སོ་ཞེས་བྱ་སྨོས་ཏེ། ས་བརྒྱད?
་པ་ལ་སོགས་པའི་བྱང་ཆུབ་སེམས་དཔས་བྱིན་གྱིས་བརླབས་ནས། ནམ་མཁའ་ལ་སོགས་བས་ཀྱང་འདུ་བྱེད་མི་རྟག་གོ་།ཞེས་བྱ་བ་ལ་སོགས་པའི་སྒྲ་འབྱུང་བ་ནི་ཆོས་འཆད་པ་རྣམ་པ་གཅིག་གོ་།ཁ་དང་བླུའི་དབྱངས་དག་ལས་ཆོས་འཆད་པའི་སྒྲ་འབྱུང་བ
་ནི་ཆོས་འཆད་པ་རྣམ་བ་གཉིས་སོ། །བྱིན་གྱིས་བརླབས་པ་ནས་ཤིང་དང་རྩིག་པ་དང་རོལ་མོའི་ཆ་བྱད་དག་ལས་ཀྱང་ཆོས་འཆད་པའི་སྒྲ་འབྱུང་བ་ནི་ཆོས་བརྒྱད་པ་རྣམ་པ་གསུམ་མོ། །བཤད་པ་ཕུན་སུམ་ཚོགས་པའི་ཚིགས
་སུ་བཅད་པ་གཉིས་ཏེ་ཞེས་བྱ་བ་ལ། ཆོས་འཆད་པའི་རབ་ཏུ་དབྱེ་བ་བསྟན་ནས། ད་ནི་ཆོས་འཆད་པའི་ཡོན་ཏན་འཆད་དེ། ཡོན་ཏན་བཞི་དང་ལྡན་བརྒྱད་དང་ལྡན་ན་བཤད་པ་ཕུན་སུམ་ཚོགས་པ་ཡིན་ནོ། །ཞེས་བསྟན་པའི་ཕྱིར་ཚིགས་སུ་བཅད་པ་གཉིས་པ་རྩོམ
་མོ་ཞེས་བྱ་བའི་ཐ་ཚིག་གོ་།གསལ་དང་ཞེས་བྱ་བ་ལ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དམ་དགེ་བའི་བཤེས་གཉེན་ལས་ཆོས་མང་དུ་ཐོས་ནས་གཞན་དག་ལས་ཆོས་དང་དོན་དུ་འབྲེལ་བ་སྟོན་པ་ནི་གསལ་བ་ཞེས་བྱ་སྟེ་འདི་ནི་ཡོན་ཏན་རྣམ་པ་གཅིག་གོ།
་ཡིད་གཉིས་སྤོང་བ་དང་ཞེས་བྱ་བ་ལ། ཆོས་ཐོས་པ་རྣམས་བསམས་ནས་ཤེས་རབ་ཆུང་ངུ་རྣམས་ཤེས་རབ་འབྲིང་དུ་བྱས། ཤེས་རབ་འབྲིང་ལས་ཤེས་རབ་ཆེན་པོར་བྱས་ཏེ། བདག་ཉིད་ཀྱང་ཆོས་རྣམས་ཀྱི་མཚན་ཉིད་ལ་ཐེ་ཚོམ་མེད་པར་གྱུར་ཅིང་གཞན
་ཡང་ཆོས་ཀྱི་མཚན་ཉིད་ལ་ཐེ་ཙོམ་ཟ་བ་གཅོད་པར་བྱེད་པ་ནི་གཉིས་སྤོང་བ་ཞེས་བྱ་སྟེ། འདི་ནི་ཡོན་ཏན་རྣམ་པ་གཉིས་པའོ། །འཇེབས་ཤིང་ཞེས་བྱ་བ་ལ། བདག་སྲོག་མི་གཅོད་པ་ལ་སོགས་པའི་ཡང་དག་པའི་ལས་ལ་གནས་པས་གཞན་ལ་ཆོས
་བཤད་ན་དེ་བཞིན་དུ་ཉན་དུ་བཏུབ་པ་ནི་འཇེབས་པ་ཞེས་བྱ་སྟེ་འདི་ནི་ཡོན་ཏན་རྣམ་པ་གསུམ་པའོ། །དེ་ཉིད་གཉིས་སྟོན་པ་ཞེས་བྱ་བ་ལ། དེ་ཉིད་གཉིས་ནི་ཀུན་ནས་ཉོན་མོངས་པའི་དེ་ཉིད་དང། རྣམ་པར་བྱང་བའི་དེ་ཉིད་དང། དེ་ཉིད་སྟོན་བས་ན?
་དེ་ཉིད་སྟོན་པ་ཞེས་བྱ་སྟེ། འདི་ནི་ཡོན་ཏན་རྣམ་པ་བཞི་པའོ། །འདི་ནི་བྱང་ཆུབ་སེམས་དཔའ་ཨི་བཤད་པ་ཕུན་སུམ་ཚོགས་པ་ཡིན་ནོ། ཞེས་བྱ་བ་ལ། ཡོན་ཏན་རྣམ་པ་བཞི་དང་ལྡན་པས་ཆོས་སྟོན་པ་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བཤད་པ
་ཕུན་སུམ་ཚོགས་པ་ཡིན་ནོ། ཞེས་བྱ་བའི་དོན་ཏོ། །དམ་པའི་ཆོས་ཡོངས་སུ་གཟུང་བ་དང་ཞེས་བྱ་བ་ལ། བྱང་ཆུབ་སེམས་དཔས་གསུང་རབ་འཇིག་རྟེན་ཡུན་རིང་དུ་གནས་པར་བྱ་བའི་ཕྱིར་དེ་བཞིན་གཤེགས་པ་དང་བྱང་ཆུབ་སེམས་དཔའ་ལས་དམ་པའི་ཆོས
་མཉན་ནས་ཇི་ལྟར་མཉན་པའི་ཆོས་གཞན་ལ་དོན་དང་ཚིག་ཏུ་འབྲེལ་པ་ཆད་པ་ནི་དམ་པའི་ཆོས་ཡོངས་སུ་གཟུང་བ་ཞེས་བྱའོ། །བདག་གི་ཤེས་རབ་རྣོན་པོ་བྱེད་པ་དང་ཞེས་བྱ་བ་ལ། ཆོས་ཐོས་པ་རྣམས་རིགས་པས་བསམས་པ་ལས་ཤེས་རབ་ཆུང་ངུ་ལས་ནི
་ཤེས་རབ་འབྲིང་དུ་བྱས་ཤེས་རབ་འབྲིང་ལས་ནི་ཤེས་རབ་ཆེན་པོར་བྱས་ནས་ཆོས་རྣམས་ཀྱི་རང་དང་སྤྱིའི་མཚན་ཉིད་ལ་ཡིད་གཉིས་ཟ་བ་མེད་པར་གྱུར་པ་ནི་བདག་གི་ཤེས་རབ་རྣོན་པོ་ཞེས་བྱའོ། །སྐྱེས་བུ་དམ་པའི
་ལས་བྱེད་པ་དང་ཞེས་བྱ་བ་ལ། བདག་ཉིད་ཡང་དག་པའི་ཚུལ་ཁྲིམས་དང། ཡང་དག་པའི་ནན་ཏན་ལ་གནས་ཤིང། ཚུལ་ཁྲིམས་ཉམས་པ་དང། ཁ་ན་མ་ཐོ་བ་མེད་པའི་ཆོས་མེད་པར་བྱས་ནས་དམ་པའི་ཆོས་འཆད་པ་ནི་སྐྱེས་བུ་དམ
་པའི་ལས་བྱེད་པ་ཞེས་བྱའོ། །ཉོན་མོངས་པ་དང་རྣམ་པར་བྱང་བས་སྟོན་པའོ། ཞེས་བྱ་བ་ལ། ཀུན་རྫོབ་ཀྱི་ཆོས་སྟོན་པ་ནི་ཉོན་མོངས་པས་སྟོན་པའོ། ཞེས་བྱའོ། །དོན་དམ་པའི་ཆོས་སྟོན་པ་ནི་རྣམ་པར་བྱང་བ་སྟོན་པ་ཞེས་བྱའོ། །ཡང་ན་སྡུག་བསྔལ
་དང་ཀུན་འབྱུང་གི་བདེན་པ་སྟོན་པ་ནི་ཉོན་མོངས་པ་སྟོན་ཞེS་བྱའོ། །འགོག་པ་དང་ལམ་གྱི་བདེན་པ་སྟོན་པ་ཞེས་བྱའོ། །ད་ནི་སྟོན་སྐྱོབ་ལས་བཤད་པ་ཕུན་སུམ་ཚོགS་པ་རྣམ་པ་བཞི་བཤད་པ་དང། ཚངས་པས་ཞུས་པའི་མདོ་ལས། ཆོས་ཀྱི་སྦྱིན
་པ་ཆེན་པོ་སྟོན་པ་རྣམ་པ་བཞི་འབྱུང་བ་དང་དོན་གཅིག་ཏུ་སྦྱར་པའི་ཕྱིར། དེ་ལ་དང་པོས་ནི་མང་དུ་ཐོས་པའི་ཕྱིར། གསལ་བར་སྟོན་པར་འགྱུར་རོ། ཞེས་བྱ་བ་ལ། དང་པོར་ནི་དམ་པའི་ཆོས་ཡོངས་སུ་གཟུང་བ་སྟེ། དམ་པའི་ཆོས་ཡོངས་སུ
་གཟུང་བ་ནི། མཁན་པོ་དང་སློབ་དཔོན་ལ་སོགས་པ་ལས་དམ་པའི་ཆོས་གསུང་རབ་ཡན་ལག་བཅུ་གཉིས་ཐོས་ཏེ། མང་དུ་ཐོས་པས་གསལ་བར་སྟོན་པར་འགྱུར་ཏེ། མང་དུ་ཐོས་པ་རྣམས་ལ་འཁྲུལ་པར་སྟོན་པ་དང། མི་གསལ་བར་སྟོན་པ
་མི་སྲིད་པར་སྟོན་པའི་ཕྱིར་རོ། །གཉིས་པས་ནི་ཤེས་རབ་ཆེ་བའི་ཕྱིར་ཐེ་ཚོམ་སྤོངས་སྟེ། གཞན་གྱི་ཐེ་ཚོམ་གཅོད་པའི་ཕྱིར་རོ་ཞེས་བྱ་བ་ལ། གཉིས་པས་ནི་བདག་གིས་ནི་ཤེས་རབ་རྣོན་པོར་བྱེད་པ་སྟེ། བདག་གི་ཤེས་རབ་རྣོན་པོར་བྱེད་པས་ནི་ཤེS
་རང་ཆེ་ཞིང་བདག་ཉིད་ཆོས་རྣམས་ཀྱི་རང་དང་སྤྱིའི་མཚན་ཉིད་ལ་ཐེ་ཚོམ་མེད་པས་གཞན་གྱི་ཐེ་ཚོམ་ཡང་གཅད་པར་བྱེད་དེ། ཤེས་རབ་རྣོན་པོ་ནི་བདག་ལ་ཡང་ཐེ་ཚོམ་མི་འབྱུང་ཞིང་གཞན་གྱི་ཐེ་ཙོམ་ཡང་སེལ་ནུས་པའི་ཕྱིར་རོ། །གསུམ་པས་ནི་ཁ
་ན་མ་ཐོ་བའི་ལས་མི་བྱེད་པའི་ཕྱིར་འཇེབས?་པའོ། ཞེས་བྱ་བ་ལ། གསུམ་པས་ནི་སྐྱེས་བུ་དམ་པའི་ལས་བྱེད་པ་སྟེ་སྐྱེས་བུ་དམ་པའི་ལས་བྱེད་པས་ནི་བདག་ཉིད་ཡང་དག་པའི་ཡོན་ཏན་ལ་གནས་ཤིང་ཚུལ་ཁྲིམས་ཉམས་པ་མེད་པས་བདག་གིས་ཇི
་སྐད་ཐོས་པ་རྣམས་གཞན་ལ་བཤད་ཅིང་བསྒོ་ན་ཡང་ཉན་དུ་བཏུབ་ཅིང་ཚིག་བཙུན་པས་ན་འཇེབས་པ་ཞེས་བྱའོ། །བཞི་པས་ནི་དེ་ཁོ་ན་ཉིད་གཉིས་སྟོན་ཏེ། ཉོན་མོངས་པའི་མཚན་ཉིད་ཀྱི་མཚན་ཉིད་དང་རྣམ་པར་བྱང་བའི་མཚན་ཉིད་དེ་བདེན་པ་གཉིས་ལ
་བདེན་པ་གཉིས་གཉིས་སོ་ཞེས་བྱ་བ་ལ། བཞི་པ་ནི་ཉོན་མོངས་པ་དང་རྣམ་པར་བྱང་བར་སྟོན་པ་སྟེ། ཉོན་མོངས་པ་དང་རྣམ་པར་བྱང་བས་ནི་དེ་ཁོ་ན་ཉིད་གཉིས་སྟོན་པ་སྟེ། ཉོན་མོངས་པའི་མཚན་ཉིད་ཀྱི་དེ་ཁོ་ན་ཉིད་དང། རྣམ་པར་བྱང་བའི་མཚན་ཉིད
་ཀྱི་དེ་ཁོ་ན་ཉིད་དོ། །དེ་ལ་ཀུན་རྫོབ་ཀྱི་བདེན་པ་ནི་ཉོན་མོངས་པའི་མཚན་ཉིད་ཀྱི་དེ་ཁོ་ན་ཉིད་དོ། །དོན་དམ་པའི་བདེན་པ་ནི་རྣམ་པར་བྱང་བའི་མཚན་ཉིད་ཀྱི་དེ་ཁོ་ན་ཉིད་དོ། །ཡང་བདེན་པ་བཞི་ལས་སྡུག་བསྔལ་དང། ཀུན་འབྱུང་གི་བདེན་པ་གཉིས་ནི་ཉོན་མོངS
་པའི་མཚན་ཉིད་ཀྱི་དེ་ཁོ་ན་ཞེས་བྱའོ། །འགོག་པ་དང་ལམ་གྱི་བདེན་པ་གཉིས་ནི་རྣམ་པར་བྱང་བའི་མཚན་ཉིད་ཀྱི་དེ་ཁོ་ན་ཞེས་བྱའོ། །གོང་དུ་བཤད་པ་ཕུན་སུམ་ཚོགས་པ་ཚིགས་སུ་བཅད་པ་གཉིས་ཀྱིས་བསྟན་ཏོ། །ཞེས་གླེངས་པ་ལས་བཤད་པ་ཕུན
་སུམ་ཚོགས་པ་ཚིགས་སུ་བཅད་པ་གཅིག་གིས་བསྟན་པ་ནི་བཤད་ཟིན་ཏོ། དེ་བཤད་པ་ཕུན་སུམ་ཚོགས་པ་ཚིགས་སུ་བཅད་པ་གཉིས་པ་སྟོན་པ་དེ་འཆད་དེ་དེའི་ཕྱིར། སེམས་དཔའ་མཆོག་གི་སྟོན་པ་ནི། འཇམ་ཞིང་རྒྱགས་བྲལ་མི་སྐྱོ་ཡི། །གསལ་ཞིང་སྣ་ཚོགས
་རིག་གོ་བྱེད། །ཟང་ཟིང་མེད་ཅིང་ཀུན་དུ་འགྲོ་ཞེས་བྱ་བ་སྨོས་ཏེ། གཞན་ཡང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བཤད་པ་ཡོན་ཏན་དགུ་དང་ལྡན་པས་ན་བཤད་པ་ཕུན་སུམ་ཚོགས་པ་སྟེ། ཡོན་ཏན་དགུ་གང་ཞེ་ན། འཇམ་པ་དང།
་རྒྱགས་པ་དང་བྲལ་བ་དང། མི་སྐྱོ་བ་དང། གསལ་བ་དང། སྣ་ཚོགས་དང། རིགས་པ་དང། གོ་བར་བྱེད་པ་དང། ཟང་ཟིང་མེད་པ་དང། ཀུན་དུ་འགྲོ་བ་དང། གཞན་གྱིས་བརྒལ་ཀྱང་ཚིག་རྩུབ་བོ་མི་འབྱིན་པས་ན་འཇམ་པའོ། །ཞེས་བྱ་བ་ལ། ཆོས་འཆད་པའི་དུས་ས་ཆ?
་ཆོས་ཀྱི་དོན་ལ་བརྩོན་པའི་དུས་ན་གཞན་དག་གིས་ནོར་པ་དང་འཁྲུལ་པ་དང་མ་རུང་ངོ། ཞེས་ཚིག་རྩུབ་པོ་དང་མི་སྙན་པ་སྨྲས་ཀྱང་སྔར་ལན་ཚིག་རྩུབ་པོ་དང་བླང་པོས་ལན་མི་ལྡོན་པས་ན་འཇམ་པ་ཞེས་བྱའོ། །གྲུབ་པ་དང་བསྟོད་པའི་ཚེ་རྒྱགས་པ་ལ་མི་གནས
་བྱས་ན། རྒྱགས་པ་དང་བྲལ་བའོ། ཞེས་བྱ་བ་ལ། ཆོས་ཀྱི་དོན་དཀའ་བདག་ཁོང་དུ་ཆུད་ཅིང་ཇི་ལྟར་ཁོང་དུ་ཆུད་པ་གཞན་ལ་སྟོན་ཅིང་བསྒྲུབ་པ་ན། བདག་གི་ཕྱོགས་གྲུབ་པར་གྱུར་ཀྱང། བྱང་ཆུབ་སེམས་དཔའ་འདི་སྙམ་དུ་བདག་གིས་ཁོང་དུ་ཆུད་པར་དཀའ་བའི
་དོན་དག་བསྒྲུབས་སུ་སྙམ་དུ་མི་བྱེད་སེམས་ཀྱིས་རྒྱགས་པ་དང་ང་རྒྱལ་མི་བྱེད་པ་དང། གང་གི་ཚེ་གཞན་དག་ལ་ཆོས་ཟབ་མོ་བཤད་ནས་གཞན་དགའ་བར་འགྱུར་ཏེ་ཁྱོད་ནི་མཁས་པའོ་ཤིན་ཏུ་གསལ་ཞིང་ལེགས་པར་སྨྲ་བའོ། །ཞེས་བསྟོད་པ་དང། སེམS་
་ཁེངས་ཤིང་ང་རྒྱལ་མི་སྐྱེ་བས་ན་རྒྱགས་པ་དང་བྲལ་པ་ཞེས་བྱའོ། །ངལ་བ་མེད་པའི་ཕྱིར་མི་སྐྱེ་བའོ། ཞེས་བྱ་བ་ལ། ངལ་བ་ལ་ནི་སེམས་ཞུམ་ཞིང་ཡིད་ཆད་པ་དང། ཆོས་འཆད་པའི་ཚེ་ལུས་ན་ཞིང་མི་བདེ་བ་སྟེ། བྱང་ཆུབ་སེམས་དཔའ་ཆོས་འཆད་པ་ན་དེ་ལྟ་བུ་མེད
་པས་ན་མི་སྐྱེ་བ་ཞེས་བྱའོ། །སློབ་དཔོན་གྱིས་འཆབ་པ་མེད་བར་ཤིན་ཏུ་སྟོན་པའི་ཕྱིར་གསལ་བའོ། །ཞེས་བྱ་བ་ལ། ཁ་ཅིག་འཆད། ཁ་ཅིག་མི་འཆད་པ་དང། ཕྱེད་ཙམ་འཆད་ཀྱི་རྫོགས་པར་མི་འཆད་པ་དང། ཚིག་ཙམ་འཆད་ཀྱི་དོན་མི་འཆད་པ་ནི་སློབ་དཔོན་ལ་འཆབ
་པའོ་ཞེས་བྱའོ། །བྱང་ཆུབ་སེམས་དཔའ་ཨི་ཆོས་ཀུན་འཆད་པ་དང། ཚིག་འབའ་ཞིག་འཆད་པར་མ་ཟད་ཀྱི་དོན་ཀྱང་འཆད་དེ་སློབ་དཔོན་འཆབ་པ་མེད་པར་སྟོན་པས་ན་གསལ་བ་ཞེས་བྱའོ། །ཡང་དང་ཡང་དུ་ཟློས་པ་མེད་པའི་ཕྱིར་ན་སྣ་ཚོགས་སོ། ཞེས་བྱ་བ་ལ། ཆོས་འཆད
་པའི་དུས་ན་ཡང་སྔར་འདས་བའི་ཚིག་སླར་མི་ཟློས་པ་དང། ཆོས་འགལ་ཞིག་གཞན་ལ་བསྟན་པ་བརྩམས་ཏེ། ཚིག་གཅིག་སྨྲས་ནས་ཚིག་དེས་གཞན་དག་གིས་ཆོས་ཀྱི་དོན་གོ་བར་མ་གྱུར་ན། ཚིག་དེ་ཉིད་སླར་མི་ཟློས་ཀྱི་ཚིག་གི་རྣམ་གྲངས་གཞན་དང། གཞན་དག་གིས
་སྟོན་པར་བྱེད་པས་ན་སྣ་ཚོགས་ཞེས་བྱའོ། །ཚད་མ་དང་མི་འགལ་བའི་ཕྱིར་རིགས་?་ཞེས་བྱ་བ་ལ། ཆོས་འཆད་པའི་ཚེ་མངོན་སུམ་དང་རྗེས་སུ་དཔག་པ་དང་ལུང་གི་ཚད་མ་དང་མི་འགལ་བར་འཆད་བས་ན་རིགས་པ་ཞེས་བྱའོ། །ཚིག་དང་ཡི་གེ་གྲགས་བའི་ཕྱིར་རོ།
་བར་བྱེད་པའོ། ཞེས་བྱ་བ་ལ། འཇིག་རྟེན་དུ་མ་གྲགས་པའི་ཚིག་དང་ཡི་གེ་དག་སྨྲས་པ་ནི་འཇིག་རྟེན་པས་གོ་བར་མི་འགྱུར་ན་ཆོས་འཆད་པའི་ཚེ་འང་འཇིག་རྟེན་དུ་གྲགས་པའི་ཚིག་དང་ཡི་གེ་དག་སྨྲས་པ་ནི་འཇིག་རྟེན་པས་གོ་བར་འགྱུར་ན་ཆོས་འཆད་པའི་ཚེ།
་?་འཇིག་རྟེན་གྲགས་པའི་ཚིག་དང་ཡི་གེ་སྟོན་པས་ན་གོ་བར་བྱེད་པའོ། ཞེས་བྱའོ། །དང་པོའི་མཆོད་པ་མི་ནུས་པའི་འདོད་པའི་ཟང་ཟིང་མེད་པའོ། །ཞེས་བྱ་བ་ལ། བྱང་ཆུབ་སེམས་དཔའ་ཆོས་འཆད་པ་མ་འདི་སྙམ་དུ་བདག་གི་ཆོས་འཆད་པ་དང། འཇིག་རྟེན
་པ་རྣམས་བདག་ལ་དང་བ་དང་དད་པ་སྐྱེས་ནས་རྙེད་པ་དང་བཀུར་སྟིས་མཆོད་བར་འགྱུར་རོ། སྙམ་དུ་བསམས་ནས་ཆོས་འཆད་པ་མ་ཡིན་གྱི། རྙེད་པ་དང་བཀུར་སྟི་ལ་རེ་བ་མེད་པ་བྱས་ནས་སྙིང་རྗེའི་སེམས་ཀྱི་ཆོས་འཆད་པར་བྱེད་པ་ནི་ཟང་ཟིང་མེད་པ་ཞེས་བྱའོ། །ཐེག་པ
་གསུམ་དུ་འགྲོ་བའི་ཕྱིར་ཐམས་ཅད་དུ་འགྲོ་བའོ། ཞེས་བྱ་བ་ལ། ཉན་ཐོས་དང་རང་སངས་རྒྱས་དང། ཐེག་པ་ཆེན་པོ་གསུམ་ཆར་ལ་ཞུགས་ནས་ཐེག་པ་གསུམ་ཆར་འཆད་པར་བྱེད་པས་ན་ཐམས་ཅད་དུ་འགྲོ་བ་ཞེས་བྱའོ། །ཚིག་ཕུན་སུམ་ཚོགས་པའི་ཚིགས་སུ་བཅད་པ
་ཞེས་བྱ་བ་ལ་བཤད་པ་ཕུན་སུམ་ཚོགས་པ་བསྟན་ནས། ད་ནི་ཚིག་ཕུན་སུམ་ཚོགས་པ་བསྟན་ཏེ། དེ་ལ་ཚིག་ཅེས་བྱ་བ་ནི་འདུས་བྱས་མི་རྟག་ཅེས་སམ། ཆོས་ཐམས་ཅད་བདག་མེད་ཅེས་སྟོན་པ་ན་ཚིག་ཅེས་བྱ་སྟེ། བྱང་ཆུབ་སེམས
་དཔས་ཚིག་ཀྱང་ཡན་ལག་བརྒྱད་དང་ལྡན་པས་ན་ཕུན་སུམ་ཚོགས་པ་ཡིན་ནོ། ཞེས་བསྟན་པའི་ཕྱིར་ཚིགས་སུ་བཅད་བ་རྩོམ་མོ་ཞེས་བྱ་བའི་དོན་ཏོ། །ཡན་ལག་བརྒྱད་པ་གང་ཞེ་ན། དེའི་ཕྱིར། རྒྱལ་སྲས་ཆིག་གི་གྲགས་པ་སྟེ། མི་དམའའཇམ་པར་མཛེས
་གསུང་བ། །ཇི་ལྟར་རིགS་དང་ཟང་ཟིང་མེད། །དེ་བཞིན་རན་ཅིང་ཡངས་བའོ་ཞེས་བྱ་བ་སྨོས་ཏེ། དེ་ལ་རྒྱལ་བ་ནི་སངས་རྒྱས་བཅོམ་ལྡན་འདས་སོ། །དེའི་སྲས་ནི་ཆོས་ཀྱི་དབྱིངས་ལས་སྐྱེས་པའི་བྱང་ཆུབ་སེམས་དཔའ་དག་སྟེ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚིག?
་དང་ནི་ཡན་ལག་བརྒྱད་དང་ལྡན་པ་ཡིན་ནོ། ཞེས་བྱ་བའི་དོན་ཏོ། །ཡན་ལག་བརྒྱད་ནི་མི་དམའ་བ་དང། འཇམ་པ་དང་མཛེས་པར་གསུང་བ་དང། གྲགས་པ་དང་ཇི་ལྟར་རིགས་པ་དང། ཟང་ཟིང་མེད་པ་དེ་བཞིན་དུ་དྲན་པ་དང་ཡངས་པའོ། །དེ་འང་མདོ
་སྡེ་ལས་ཚིག་གི་ཡོན་ཏན་བརྒྱད་བཤད་པ་དང་རིམ་བཞིན་དུ་སྦྱར་བར་བྱ་སྟེ། རིམ་བཞིན་དུ་ཇི་ལྟར་སྦྱར་པ་ནི་འབྲེལ་བའི་ནང་ནས་སྦྱར་བ་བཞིན་དུ་རིག་བར་བྱའོ། །མདོ་སྡེ་ལས་བྱུང་བ་ནི་ཁྱབ་པ་དང་བཟང་བ་དང། གསལ་བ་དང་ཤེས་པར་བྱེད་པ་དང་རྣཾས་པར
་འོང་བ་དང་མི་རྟེན་པ་དང། མཐུན་པ་དང་མི་ཟད་པའོ། །འཁོར་རྣམས་ལ་ཡོངས་སུ་ཁྱབ་པའི་ཕྱིར་མི་དམའ་བའ་ཨོ། ཞེས་བྱ་བ་ལ་ཁྱབ་པ་དང། མི་དམའ་བ་དོན་གཅིག་པར་སྟོན་ཏེ། ཇི་ལྟར་ན་མི་དམའ་བ་ཞེས་བྱ་ཞེ་ན། བྱང་ཆུབ་སེམས་དཔའ་ཨི་ཚིག་དེ་འཁོར་གཅིག
་གིས་ཐོས་ཀྱིས། འཁོར་ཁ་ཅིག་གིས་མི་ཐོས་པ་མ་ཡིན་གྱི། འཁོར་ཇི་སྙེད་ཅིག་ཚོགས་པ་ཐམས་ཅད་ཀྱིས་ཏེ། འཁོར་ཀུན་ལ་ཁྱབ་པས་ནི་མི་དམའ་ཞེས་བྱའོ། །འཇམ་པ་ནི་བཟང་པོའོ་ཞེས་བྱ་བ་ལ། འཇམ་པ་དང་བཟང་པོའི་དོན་གཅིག་ཏུ་སྟོན་ཏེ། ཚིག་གང་རྣཾ་པར
་འོང་བ་དང་ཡིད་དུ་འོང་བའི་ཚིག་དེ་ནི་བཟང་པོ་ཞེས་བྱའོ། །བྱང་ཆུབ་སེམས་དཔའ་ཆོས་འཆད་པ་ཚིག་རྣར་འོང་བ་དང་ཡིད་དུ་འོང་བ་དང་འབྱུང་བས་བཟང་བ་སྟེ། དེ་ལྟར་བཟང་བ་ན་འཇམ་པ་ཞེས་བྱའོ། །གསལ་ཞིང་ངེས་བའི་ཡི་གེའི་ཕྱིར། མཛེས་པར་གསུངས་པའོ།
་ཞེས་བྱ་བ་ལ། གསལ་བ་དང་མཛེས་པར་གསུངས་པ་གཉིས་དོན་གཅིག་པར་འཆད་དེ། གང་གི་ཕྱིར་ཚིག་གསལ་བས་ན་དེའི་ཕྱིར་མཛེས་པར་གསུངས་པ་ཞེས་བྱའོ། །ཇི་ལྟར་གསལ་ཞེ་ན། འདི་ལྟར་ཐོག་པ་དང་བཅས་པའི་ཕྱིར
་གཟུགས་མྱོང་བར་བྱེད་བའི་ཕྱིར་ཚོར་བ་ཞེས་བའི་ཡི་གེ་སྟོན་པའི་ཕྱིར་གསལ་བ་སྟེ། དེའི་ཕྱིར་ན་མཛེས་པར་གསུངས་པའོ། །གྲགས་པ་བརྗོད་པའི་ཕྱིར་གྲགས་པ་ཡིན་པས་ཤེས་པར་བྱེད་པའོ། ཞེས་བྱ་བ་ལ་གྲགས་པ་དང་ཤེས་པར་བྱེད་པ་གཉིས་དོན།
་གཅིག་ཏུ་སྟོན་ཏེ། འཇིག་རྟེན་དུ་གྲགས་པའི་ཚིག་དང་ཡི་གེ་སྟོན་པས་ན་ཤེས་པར་བྱེད་པ་ཞེས་བྱ་སྟེ། ཅིའི་ཕྱིར་ཞེ་ན། འཇིག་རྟེན་དུ་མ་གྲགས་པའི་ཚིག་དག་སྨྲས་པ་ནི་འཇིག་རྟེན་པ་དོན་ཤེས་པར་མི་བྱེད་ཀྱིས་འཇིག་རྟེན་དུ་གྲགས་པའི་ཚིག་དང་ཡི
་གེར་སྨྲས་པས་འཇིག་རྟེན་པ་རྣམས་ཀྱི་དོན་ཤེས་པར་བྱེད་དེ། དེ་བསན་གྲགས་པས་ནི་ཤེས་པར་བྱེད་པར་འགྱུར་རོ། །ཇི་ལྟར་རིགས་པ་ནི་འདུལ་བ་དང་མཐུན་པའི་ཕྱིར་རྣར་འོང་པའོ། ཞེས་བྱ་བ་ལ། ཇི་ལྟར་རིགས་པ་དང་རྣར་འོང་བ་དོན་གཅིག་པར་སྟོན་ཏོ།།
་འདུལ་བའི་སེཾས་ཅན་འདི་ལ་ཆོས་འདི་བསྟན་པའི་རིགས་ཞེས་འདུལ་བའི་སེམས་ཅན་གང་ལ་ཆོས་གང་བསྟན་པའི་རིགས་པའི་ཆོས་དེ་སྟོན་པ་ནི་ཇི་ལྟར་རིགས་པ་ཞེས་བྱའོ། །དེ་ལ་འདུལ་བ་དང་མཐུན་པར་འདོད་ཆགས་ཅན་ལ་མི་གཙང་བ་དང། ཞེ་སྡང་ཅན་ལ་བྱམས་པ
་དང། གཏི་མུག་ཅན་ལ་རྟེན་ཅིང་འབྲེལ་ཏེ་འབྱུང་བ་བསྟན་པ་དང། འདུལ་བ་སོ་སོའི་སེམས་དང་འཐུན་པས་ན་ཚིག་དེ་ནི་དེ་དག་གི་རྣར་འོང་སྟེ། རྣར་འོང་བའི་ཚིག་ལ་ཇི་ལྟར་རིགས་པ་ཞེས་བྱའོ། །ཟང་ཟིང་མེད་པ་དང་རྙེད་པ་དང་བཀུར་སྟི་དང། བསྟོད་པ་ལ་མི་བརྟེན་པའོ་ཞེS
་བྱ་བ་ལ། ཟང་ཟིང་མེད་པ་དང་མི་བརྟེན་པ་དོན་གཅིག་པ་སྟོན་ཏེ། ཆོས་གོས་དང་ལྷུང་བཟེད་ལ་སོགས་པ་ནི་རྙེད་པ་ཞེས་བྱ་སྟེ་ཕྱག་འཚལ་བ་དང། སྐོར་བ་ལ་སོགས་པ་ལ་ནི་བཀུར་སྟི་ཞེས་བྱའོ། །ཚིག་གི་སྙན་པར་བརྗོད་པ་ལ་ནི
་བསྟོད་པ་ཞེས་བྱ་སྟེ། དེ་དག་ལ་མི་བརྟེན་ཅིང་མ་ཆགས་པས་ན་ཟང་ཟིང་མེད་པ་ཡིན་ནོ། །ངན་པ་ནི་མཐུན་པ་སྟེ། རན་པ་ལ་ནི་མི་སྐྱོ་བའི་ཕྱིར་རོ། །ཞེས་བྱ་བ་ལ། རན་པ་དང་མཐུན་པ་གཉིས་དོན་གཅིག་པར་སྟོན་ཏེ། ཚིག་ཅལ་ཅོལ་མང་དུ་སྨྲས་ན་ནི
་འཇིག་རྟེན་པ་དང་མི་མཐུང་པར་འགྱུར་རོ། །མི་མཐུན་པར་གྱུར་ན་སྐྱོ་བསྐྱེའོ། །དེ་བས་ན་རན་པ་ལ་མི་སྐྱོ་པའི་ཕྱིར་རོ། ཞེས་སྨོས་ཏེ། ཡི་གེ་ཉུང་དུའི་བཤད་པ་ལ་ནི་འཇིག་རྟེན་པ་ངག་དགའ་བར་བྱེད་པས་ན་སྐྱོ་བ་མི་སྐྱེ་སྟེ། འཇིག་རྟེན་པ་དང་མཐུན་པའི
་ཉུང་དུ་སྨྲས་པ་ལ་ངན་པ་ཞེས་བྱའོ། །ཡངས་པ་ནི་མི་ཟད་པའོ། ཞེས་བྱ་བ་ལ། ཡངས་པ་དང་མི་ཟད་པ་དོན་གཅིག་པར་སྟོན་ཏེ། བསྐལ་པ་འམ་བསྐལ་པའི་མཛའ་ཨི་སྟན་ཅིག་ལ་འདུག་ནས་ཆོས་བཤད་ན་ཡང་བྱང་ཆུབ་སེམས་དཔའ་ཨི་ཚིག་ལ
་ཟད་པ་མེད་དེ་དེ་ལྟར་མི་ཟད་པས་ན་ཡངས་པ་ཞེས་བྱའོ། །ཡི་གེ་ཕུན་སུམ་ཚོགས་པའི་ཚིགས་སུ་བཅད་པ་གཉིས་ཏེ་ཞེས་བྱ་བ་ལ། ཚིགས་ཕུན་སུམ་ཚོགས་པ་བཤད་ནས། ཡི་གེ་ཕུན་སུམ་ཚོགས་པ་བཤད་དེ། ཡི་གེ་ནི་ཨ་དང་ཀ་ལ་སོགས།
་པའོ། །བྱང་ཆུབ་སེམས་དཔའ་ཨི་ཡི་གེ་ཐམས་ཅད་ཀྱང་ཡན་ལག་བརྒྱད་དང་ལྡན་པ་ཤ་སྟག་འབྱུང་བས་ན་ཡི་གེ་ཕུན་སུམ་ཚོགས་པ་ཞེས་བྱ་སྟེ། དེ་ཚིགས་སུ་བཅད་པ་གཉིས་ཀྱིས་བསྟན་ཏོ། ཞེས་བྱ་བའི་དོན་ཏོ། །ཡན་ལག་བརྒྱད་པོ་གང་ཞེ་ན། དེའི
་ཕྱིར། བསྟན་དང་བཤད་པས་དེ་བཞིན་དུ། །ཐེག་དང་མཐུན་ཞིང་བཤད་པ་ལས། །གྲགས་དང་ཇི་ལྟར་རིགས་པ་ལས། །འབྱུང་དང་རྗེས་སུ་མཐུན་པའོ། ཞེས་བྱ་བ་སྨོས་ཏེ། ཡན་ལག་བརྒྱད་ནི་བསྟན་པ་དང་བཤད་པ་དང། དེ་བཞིན་དུ་ཐེག་པ་དང་མཐུན་པ་དང
་འཇམ་པ་དང་གྲགས་པ་དང། ཇི་ལྟར་རིགས་པ་དང། འབྱུང་བ་དང་རྗེས་སུ་མཐུན་པའོ། །དེ་ལ་ཆོས་སྟོན་པ་ན་དང་པོར་བཅཱུམ། ལྔ་འམ་གསུམ་ཞེས་མདོར་བསྡུས་ཏེ་སྟོན་པ་གྲ?་བསྟན་པ་ཞེS་བྱའོ། །དེ་ནས་མདོར་བསྡུས་ཏེ་བསྟན་པ་དེ་ཉིད་ཀྱི་ཕྱིར་ཞིབ་ཏུ་རྒྱས་པར་བཤད་པ་ལ་བཤད་པ་ཞེS
་བྱའོ་ཉན་ཐོས་ཀྱི་ཐེག་པས་འདུལ་བ་རྣམས་ལ་ཉན་ཐོས་ཀྱི་ཐེག་པ་འཆད་པ་དང། རང་སངས་རྒྱས་ཀྱི་ཐེག་པས་འདུལ་བ་རྣམས་ལ་རང་སངས་རྒྱས་ཀྱི་ཐེག་པ་འཆད་བ་དང། ཐེག་པ་ཆེན་པོས་འདུལ་བ་རྣམས་ལ་ཐེག་པ་ཆེན་པོ་འཆད་པ་ནི་ཐེག་པ་དང་མཐུན་པ་ཞེS
་བྱའོ། །ཡི་གེ་རྣམས་མི་སྙན་པ་རྣ་བ་ལ་གནོད་ཅིང། སེམས་ལ་གནོད་པ་མ་ཡིན་གྱི་རྣར་འོང་ཞིང་སེམས་ལ་ཕན་པ་འཆད་པ་ནི་འཇམ་པ་ཞེས་བྱའོ། །འཇིག་རྟེན་དུ་གྲགས་པའི་ཡི་གེ་སྟོན་པ་ནི་གྲགས་པ་ཞེས་བྱའོ། །འདུལ་བ་གང་ལ་ཆོས་གང་བསྟན་པའི
་རིགས་པ་འདུལ་བ་དེ་ལ། ཆོས་དེ་སྟོན་པ་ནི་ཇི་ལྟར་རིགས་པ་ཞེས་བྱའོ། །ཁཾས་གསུཾ་ལས་འབྱུང་བར་འགྱུར་བའི་རྒྱུ་འཕགས་པའི་ལཾ་སྟོན་པ་ནི་འབྱུང་བ་ཞེས་བྱའོ། །འཕགས་པའི་ལཾ་གྱི་ཡན་ལག་བརྒྱད་དང་མཐུན་པཱི་ཚོ་སྟོན་པའི་མཐུན་པ་ཞེS་བྱའོ། །ཡི་གེའི་ཡན་ལག་བརྒྱད་པོ་དེ་དག་ཀྱང་མདོ་སྡེ་ལS་ཡི
་གེའི་ཡོན་ཏན་བརྒྱད་བཤད་པ་དང་རིམ་བཞིན་དུ་སྦྱར་ཏེ། བརྒྱད་པོ་གང་ཞེ་ན། རིགས་པའི་ཚིག་དང་ཡི་གེ་དང་ལྡན་པ་དང་རྗེས་སུ་འབྲང་བ་དང། རྗེས་སུ་མཐུན་པ་དང། ཁས་ལེན་པ་དང་མཐུན་པ་དང། རྗེས་སུ་མཐུན་པ་དང། མཁས་པར་སྦྱོར་བའི་ཚིག་རྫོགས་པ་སྟེ། དེ་དག
་རིམ་བཞིན་དུ་སྦྱར་བ་ནི་འགྲེལ་པ་ལས་ཇི་ལྟར་སྦྱར་བ་བཞིན་དུ་རིགས་པར་བྱའོ། །ཚད་མ་དང་མི་འགལ་བ་རིགས་པའི་ཚིག་དང་ཡི་གེས་སྟོན་པས་སོ་ཞེས་བྱ་བ་ལ། བསྟན་པ་ཞེས་བྱ་བ་དང། རིགས་པ་ནི་ཚིག་དང་ཡི་གེ་ཞེས་བྱ་བར་དོན་གཅིག
་བར་སྡུད་དེ་།དེ་ལ་བྱང་ཆུབ་སེམས་དཔའ་དང་པོ་ཆོས་རྣམས་མདོར་བསྡུས་ནས། བཅུ་ཞེ་འམ་ལྔ་ཞེ་འམ་།གསུམ་ཞེས་སྟོན་པ་ན་མངོན་སུམ་ལ་སོགས་པའི་ཚད་མ་གསུམ་དང། མི་འགལ་བར་རིགས་པའི་ཚིག་དང། ཡི་གེས་མདོར
་བསྡུས་ནས་སྟོན་པར་བྱེད་པས་ན་དེ་ལ་བསྟན་པ་ཞེས་བྱའོ། །བསྟན་པ་དང་མི་འགལ་བར་བཤད་པས་ན་ལྡན་པའོ། ཞེས་བྱ་བ་ལ། བཤད་པ་དང་ལྡན་པ་གཉིས་དོན་གཅིག་ཏུ་སྡུད་དེ། དང་པོར་མདོར་བསྡུས་ཏེ་བཤད་ནས། མདོར་བསྡུས་ཏེ
་བསྟན་པ་དེ་ཕྱིས་རྒྱས་པར་འཆད་པ་ན་ཡང་སྔར་མདོར་སྡུས་ཏེ་བསྟན་པ་དེ་དང། ཕྱིས་རྒྱས་པར་འཆད་པ་དོན་མི་འགལ་བར་འཆད་པས་ན་ལྡན་ཞེས་བྱ་བ་སྟེ། སྔར་མདོར་བསྡུས་ཏེ་བསྟན་པ་དང། ཕྱིས་རྒྱས་པར་འཆད་པ་གཉིས་སུ་དོན་མཐུན་པར་འཆད་ཅེས
་བྱ་བའི་དོན་ཏོ། །དེ་འོང་དཔེར་ན་སྔར་ཕུང་པོ་ལྔ་ཞེས་མདོར་བསྡུས་ཏེ་བསྟན་པ་ལ། ཕྱིས་ཞིབ་ཏུ་འཆད་པའི་ཆོ་ཕུང་པོ་དྲུག་ཏུ་མི་འཆད་ཀྱི་ལྔ་ཉིད་དུ་འཆད་པ་ལྟ་བུའོ། །ཐེག་པའི་རྗེས་སུ་འབྲང་བའི་ཕྱིར། རྗེས་སུ་འབྲངས་ཏེ། ཐེག་པ་གསུམ་དང་མི་འགལ་བས
་སོ་ཞེས་བྱ་བ་ལ། ཐེག་པའི་རྗེས་སུ་འབྲངས་པ་དང། རྗེས་སུ་འབྲངས་པ་གཉིས་དོན་གཅིག་ཏུ་སྡུད་དེ། ཐེག་པ་གསུམ་གྱིས་འདུལ་བའི་སེམས་ཅན་རྣམས་ལ་སོ་སོ་དང་མཐུན་པར་ཐེག་པ་གསུམ་འཆད་པ་ན་རྗེས་སུ་འབྲངས་པ་ཞེས་བྱའོ། །དོན་དེ་ཉིད་བསྟན་པའི་ཕྱིར་ནི་ཐེག་པ་གསུམ
་དང་མི་འགལ་བའི་ཚིག་སྨོས་ཏེ། ཉན་ཐོས་ཀྱི་ཐེག་པས་འདུལ་པའི་སེམས་ཅན་ལ་དེ་དང་མི་འགལ་བར་ཉན་ཐོས་ཀྱི་ཐེག་པ་ཉིད་སྟོན་གྱི། ཐེག་པ་ཆེན་པོ་མི་སྟོན་པ་དང་རང་སངས་རྒྱས་ཀྱིས་འདུལ་བའི་སེམས་ཅན་ལ། རང་སངས་རྒྱས་སྐྱི་ཐེག་པ་ཉིད་སྟོན་གྱི
་ཐེག་པ་ཆེན་པོ་མི་སྟོན་པ་དང། ཐེག་པ་ཆེན་པོས་འདུལ་བའི་སེམས་ཅན་རྣམས་ལ་དེ་དང་མི་འགལ་བར་ཐེག་པ་ཆེན་པོ་ཉིད་སྟོན་གྱི། ཉན་ཐོས་ཀྱི་ཐེག་པ་མི་སྟོན་པས་ན་ཐེག་པའི་རྗེས་སུ་འབྲང་བ་ཞེས་བྱའོ། །མི་དཀའ་བའི་ཕྱིར་རྗེས་སུ་མཐུན་པ་སྟེ?་འཇམ་པའོ
་ཞེས་བྱ་བ་ལ། རྗེས་སུ་མཐུན་པ་དང། འཇམ་པ་གཉིས་དོན་གཅིག་ཏུ་སྡུད་དེ། དེ་ལ་འཆད་པའི་དུས་ན་ཡི་གེ་རྣ་བ་ལ་གཟན་ཅིང་སེམས་ལ་གནོད་པ་གཟུང་དཀའ་ཞིང་ཁྲོག་ཁྲོག་པོ་མི་སྟོན་པའི་ཕྱིར་རྗེས་སུ་མཐུན་པ་ཞེས་བྱའོ། །དེ་ལྟར་རྣ་བ་དང་སེཾས་ལ་མི་གནོད་པའི་ཡི
་གེ་གཟུང་སླ་བ་སྟོན་པས་འཇམ་པ་ཞེས་བྱའོ། །གྲགས་པའི་ཕྱིར་ཁས་ལེན་པ་ནི་དོན་གྲགས་པས་ཁས་བླངས་པའི་ཕྱིར་རོ། ཞེས་བྱ་བ་ལ། གྲགས་པ་དང་ཁས་ལེན་པ་དོན་གཅིག་ཏུ་སྡུད་དེ། འཇིག་རྟེན་དུ་གྲགས་པའི་ཚིག་དང། ཡི་གེ་སྨྲ་བར་བྱེད་པས་ན་ཁས་ལེན་པ་ཞེས་བྱའོ།།
་ཅིའི་ཕྱིར་ཏེ། འཇིག་རྟེན་དུ་མ་གྲགས་པའི་ཚིག་དང། ཡི་གེ་དག་སྨྲས་ན་ནི་འཇིག་རྟེན་པས་དོན་རྟོགས་པར་མི་ནུས་ཤིང་དེ་དེ་བཞིན་དུ་ཡིན་ནོ། ཞེས་ཁས་ལེན་དུ་མི་བཏུབ་ཀྱི། འཇིག་རྟེན་དུ་གྲགས་པའི་ཚིག་དང། ཡི་གེ་སྨྲས་ན་འཇིག་རྟེན་པ་དག་གིས་མྱུར་དུ་ཚིག་དང་དོན
་ཁོང་དུ་ཆུད་ཅིང་དེ་དེ་བཞིན་དུ་བདེན་ནོ་ཞེས་ཁS་ལེན་པར་བྱེད་པS་ན་གྲགས་པས་ནི་ཁས་ལེན་པར་འགྱུར་རོ། །ཇི་ལྟར་རིགས་པའི་ཕྱིར་མཐུན་པ་སྟེ། འདུལ་བ་ལ་འོས་པའོ་ཞེས་བྱ་བ་ལ། ཇི་ལྟར་རིགས་པ་དང་མཐུན་པ་གཉིས་དོན་གཅིག་ཏུ་སྡུད་དེ། འདུལ་བའི་སྣོད་གང་ལ་ཆོས་བཤད
་པ་རིགས་པ་ཅི་རིགས་སུ་ཆོ་སྟོན་པར་བྱེད་པ་ནི་མཐུན་པ་ཞེས་བྱའོ། །དེ་ལ་འདོད་ཆགས་ཅན་ལ་མི་གཙང་བ་བསྟན་པར་འོས། ཞེ་སྡང?་ཅན་ལ་བྱམས་པ་བསྟན་པར་འོས། གཏི་མུག་ཅན་ལ་རྟེན་ཅིང་འབྲེལ་བར་འབྱུང་བ་བསྟན་པར་འོས། ང་རྒྱལ་ཅན་ལ་ཕུང་པོའི་རབ་ཏུ་དབྱེ་བ
་བསྟན་པར་འོས། རྣམ་པར་རྟོག་པ་ཅན་ལ་དབུགས་ཕྱི་ནང་རྒྱུ་བ་བསྟན་པར་འོས་ཏེ། ཅི་རིགས་སུ་སྟོན་པ་ནི་མཐུན་པ་ཞེས་བྱའོ། །འབྱུང་བའི་ཕྱིར་རྗེས་སུ་མཐུན་པ་སྟེ། མྱ་ངན་ལས་འདས་པའི་ཆེད་ཀྱི་ཕྱིར་རོ། ཞེས་བྱ་བ་ལ། འབྱུང་བ་དང་རྗེས་སུ་མཐུན་པ་དོན་གཅིག་ཏུ་སྡུད
་དེ། ཁམས་གསུམ་ལས་འབྱུང་བར་བྱེད་པ་ནི་འཕགས་པའི་ལམ་སྟོན་པས་ན་རྗེས་སུ་མཐུན་པ་ཞེས་བྱ་སྟེ། ལམ་དེ་གང་དང་རྗེས་སུ་མཐུན་ཞེ་ན། མྱ་ངན་ལས་འདས་པ་དང་རྗེས་སུ་མཐུན་ནོ། །ཇི་ལྟར་མྱ་ངན་ལས་འདས་པ་དང་རྗེས་སུ་མཐུན་ཞེ་ན། ཁམས་གསུམ
་ལས་འབྱུང་བར་བྱ་བའི་ལམ་དེ། དེ་མྱ་ངན་ལས་འདས་པ་ཐོབ་པར་བྱ་བའི་ཆེད་དུ་བཤད་པར་བྱ་བས་ན་མྱ་ངན་ལས་འདས་པ་དང་རྗེས་སུ་མཐུན་ནོ། །རྗེས་སུ་མཐུན་པ་དང། མཁས་པ་སྦྱོར་བའི་ཚོགས་རྫོགས་པ་ཏེ། སློབ་པའི་འཕགས་པའི་ལམ་ཡན་ལག་བརྒྱད་དང
་ལྡན་པ་མཐུན་བའི་ཕྱིར་རོ། ཞེས་བྱ་བ་ལ། རྗེས་སུ་མཐུན་པ་དང། མཁས་བ་སྦྱོར་བའི་ཚོགས་རྫོགས་པ་གཉིས་དོན་གཅིག་ཏུ་སྡུད་དེ། དེ་ལ་མཁས་པ་སྦྱོར་བ་ནི་རྒྱུན་ཏུ་ཞུགས་པས་དགྲ་བཅོམ་པ་ལ་འཇུག་པའི་བར་དུ་སློབ་པའི་གང
་ཟག་བདུན་ལ་བྱ་སྟེ། དེ་དག་གིས་མཐོང་བ་དང། བསྒོམ་པའི་ལམ་ལ་ཚོགས་རྫོགས་པ་ཞེས་བྱའོ། །ཚོགས་རྫོགས་པ་དེ་ལ་རྗེས་སུ་མཐུན་པ་ཞེས་བྱ་སྟེ། ལམ་དེ་དག་གང་དང་རྗེས་སུ་མཐུན་ཞེ་ན། མཐོང་བ་དང་བསྒོམ་པའི་ལམ་དེ་དག་ནི་སློབ་པའི་གང་ཟག་བདུན
་གྱི་འཕགས་པའི་ལམ་ཡན་ལག་བརྒྱད་དང་རྗེས་སུ་མཐུན་ཏེ། དེ་བས་ན་མཁས་པར་སྦྱོར་བའི་ཆོགས་རྫོགས་པ་ན་རྗེས་སུ་མཐུན་པ་ཞེས་བྱའོ། །དེ་ལྟར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡི་གེ་ཕུན་སུམ་ཚོགས་པ་བཤད་ནས། མཇུག་བསྡུ་བའི་ཕྱིར། མདོར་ན
་སེམས་ཅན་མཆོག་རྣམས་ཀྱི། །དེ་ལྟར་ཡི་གེ་ཕུན་སུམ་ཚོགས་ཞེས་སྨོས་ཏེ། དེ་ལྟར་ཞེས་བྱ་བ་ནི་གོང་དུ་བཤད་པའི་ལྟར་ནའོ། །སེམས་ཅན་མཆོག་ནི་བྱང་ཆུབ་སེམས་དཔའ་ལ་བྱའོ། །གོང་དུ་བཤད་པ་ལྟར་ད་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡི་གེ་ནི
་ཡན་ལག་བརྒྱད་དང་ལྡན་པས་ན་ཡི་གེ་ཕུན་སུམ་ཚོགས་པ་ཡིན་ནོ། ཞེས་བྱ་བའི་དོན་ཏོ། །དེ་ལྟར་བྱང་ཆུབ་སེམས་དཔའ་ཡི་གེ་དང་ཚིག་ཕུན་སུམ་ཚོགས་པའི་ཡི་གེ་དང། ཚིག་གྲངས་ནི་དུ་ཞིག་ཡོད་སྤྱེར?་ནི་ཅི་འདྲ་སྙམ་པ་ལ། དེའི་ཕྱིར། བདེ་གཤེཌ
་དབྱངས་ནི་མཛའ་ཡས་ཏེ། །ཡན་ལག་དྲུག་ཅུ་བསམ་མི་ཁྱབ་ཅེས་བྱ་བ་སྨོས་ཏེ། དེ་བཞིན་གཤེགས་པ་རྣམས་ཀྱི་དབྱངས་ནི་མཛའ་ཡས་སོ། །ད་ལྟར་མཛའ་ཡས་མོད་ཀྱི་མདོར་བསྡུན་དུ་ཞིག་ཡོད་ཅེ་ན། དེ་ནི་དྲུག་ཅུ་ཡོད་དེ། ཇི་ལྟར་མཛའ་ཡས་ཞེ་ན། ཡན
་ལག་དྲུག་ཅུ་པོ་རེ་རེ་ཞིང་ཡང་གསུང་དབྱངས་བསམ་གྱིས་མི་ཁྱབ་པ་འབྱུང་བས་ན་མཛའ་ཡས་སོ། །ཡན་ལག་དྲུག་ཅུ་པོ་དང་མདོ་གང་ལས་འབྱུང་ཞེ་ན། དེའི་ཕྱིར། གང་གསང་བའི་བདག་པོས་བསྟན་བ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གསང་བའི་བདག་པོ་ནི
་འཕགས་པ་ལག་ན་རྡོ་རྗེའོ། །ངེས་བསྟན་པ་ནི་དེས་བཤད་པའི་མདོ་སྡེ་གསང་བ་གསུམ་བསྟན་པའི་མདོའོ། །དེ་ལ་སྣུམ་པ་ནི་སེམས་ཅན་ཁམས་དགེ་བའི་རྩ་བར་རྟོག་པའི་ཕྱིར་རོ། །ཞེས་བྱ་བ་ལ། དཔེར་ན་ཆུ་རབ་ཏུ་སྣུམ་པས་ཤིང་དང་རྩཝ་དང། སྨན་དང་ནགས་ཚལ
་སྟུག་པོ་ལ་སོགས་པ་བརླན་པར་བྱས་ནས། སྔོན་མ་སྐྱེས་པ་རྣམས་ནི་སྐྱེ་བར་བྱེད། སྐྱེས་པ་རྣམས་ནི་ཕྱིར་ཞིང་འཕེལ་བ་དང་རྒྱས་པར་བྱེད་པ་དེ་བཞིན་དུ་དེ་བཞིན་གཤེགས་པའི་གསུང་གིས་ཀྱང་སེམས་ཅན་གྱི་སེམས་ཀྱི་ཁམས་ལ་སྔོན་དགེ་བའི་རྩ་བ་མ་སྐྱེས་པའི
་རྣམས་ནི་སྐྱེ་བར་བྱེད། སྐྱེས་པ་རྣམས་ནི་ཕྱིར་ཞིང་འཕེལ་བ་དང་རྒྱས་པར་བྱེད་པ་ན་ཕྱིར་སྣུམ་པ་ཞེས་བྱའོ། །འཇམ་པ་ནི་ཚེ་འདི་ཉིད་ལ་བདེ་བར་རེག་པའི་ཕྱིར་རོ། ཞེས་བྱ་བ་ལ། དཔེར་ན་ལྷའི་གོས་ཀ་ཙ་ལི་དང། དར་དང་སྲིན་བལ་ལ་སོགས་པ་ལ་འཇམ་པས་ལུས་ཀྱིས
་རེག་ན་ལུས་ཀྱི་དབང་པོ་བདེ་བར་བྱེད་པ་བཞིན་དུ་དེ་བཞིན་གཤེགས་པའི་གསུང་ཡང་འཇམ་ཞིང་མཉེན་པས་ན་ཐོས་པའི་དུས་ནའང། ཚེ་འདི་ལ་ཡིད་ཀྱི་དབང་པོ་བདེ་བར་བྱེད་པས་ན་འཇམ་པ་ཞེས་བྱའོ། །དོན་བཟང་པོའི་ཕྱིར་ཡིད་དུ་འོང་བའོ། །ཞེས་བྱ་བ་ལ། དེ
་བཞིན་གཤེགས་པའི་གསུང་ནི་སེམས་ཅན་དང་བདག་ཡོད་པར་མི་རྟོག་གི་བདེན་པ་གཉིས་དང་རྟེན་ཅིང་འབྲེལ་པར་འབྱུང་བ་དང་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ལ་སོགས་པའི་དོན་འཆད་དེ། དོན་བཟང་བས་ན་ཡིད་དུ་འོང་བ་ཞེས་བྱའོ། །ཡིད་སྨོས་པ་ནི་གང་གི
་ཕྱིར་དོན་ནི་ཡིད་ཀྱི་རྣམ་པར་ཤེས་པས་ཤེས་པར་ནུས་ཀྱི་རྣ་བའི་རྣམ་པར་ཤེས་པ་ནི་དོན་གཅོད་པར་མི་ནུས་པས་ཡིད་སྨོས་སོ། །ཡི་གེ་བཟང་པོའི་ཕྱིར་ཡིད་དགའ་བའོ་ཞེས་བྱ་བ་ལ། དེ་བཞིན་གཤེགས་པའི་གསུང་ནི་བ་ལང་རྫི་དང། ཕྱུགས་རྫི་ལ་སོགས
་པའི་ཚིགས་དང། ཡི་གེ་ལྟ་བུ་ཅལ་ཅོལ་མི་གསུང་གི་ལྷ་དང་འཕགས་པའི་ཚིག་དང། ཡི་གེ་གསུངས་ཏེ། ཡི་གེ་བཟང་པའི་ཕྱིར་ཡིད་དགའ་བ་ཞེས་བྱའོ། །འཇིག་རྟེན་ལས་འདས་པ་བླ་ན་མེད་པ་ཕྱི་ནས་ཐོབ་པའི་ཕྱིར་རྣམ་པར་དག་པའོ་ཞེས་བྱ་བ་ལ
་ཉན་ཐོས་དང་རང་སངས་རྒྱས་ལ་སོགས་པ་འཇིག་རྟེན་ལས་འདས་པ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། ཉོན་མོངས་པའི་སྒྲིབ་པ་སྤངས་པའི་ཕྱིར་རོ། །དེ་དག་འཇིག་རྟེན་ལས་འདས་པ་ཡིན་ཡང། བླ་ན་མེད་པ་མ་ཡིན་ཏེ། ཤེས་བྱའི་སྒྲིབ་བ
་སྤངས་པའི་རྣམ་བར་མི་རྟག་པའི་ཡེ་ཤེས་མཐོབ་པའི་ཕྱིར་རོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ནི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་ཐམས་ཅད་སྤངས་པའི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཐོབ་སྟེ། ཉན་ཐོས་ལས་གོང་དུ་གྱུར་པས་ན་བླ་ན
་མེད་པ་ཞེས་བྱའོ། །རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་རྗེས་ལ་དག་བ་འཇིག་རྟེན་པའི་ཡེ་ཤེས་འབྱུང་སྟེ། དག་པ་འཇིག་རྟེན་པའི་ཡེ་ཤེས་དེ་ལ་གསུང་དེ་འབྱུང་བས་ན་རྣམ་པར་དག་པ་ཞེས་བྱའོ། །ཉོན་མོངས་པའི་བག་ཆགས་བག་ལ་ཉལ
་དང་བྲལ་བའི་ཕྱིར་དྲི?་མ་དང་བྲལ་བའོ། །ཞེས་བྱ་བ་ལ། འདོད་ཆགས་ལ་སོགས་པ་ཉོན་མོངས་པ་དྲུག་གི་ས་བོན་ལ་ནི་ཉོན་མོངས་པའི་བག་ཆགས་ཞེས་བྱའོ། །ཉེ་བའི་ཉོན་མོངས་པའི་ས་བོན་ལ་ནི་བག་ལ་ཉལ་ཞེས་བྱ་སྟེ། དྲི་མ་དེ་དག་སྤངས་ནས
་གསུངས་པའི་ཕྱིར་དྲི་མ་དང་བྲལ་བ་ཞེས་བྱའོ། །གྲགས་པའི་ཚིག་དང་ཡི་གེའི་ཕྱིར། རབ་ཏུ་གསལ་བའོ། ཞེས་བྱ་བ་ལ། འཇིག་རྟེན་དུ་མ་གྲགས་པའི་ཚིག་དང་ཡི་གེ་མི་གསུང་གི། འཇིག་རྟེན་དུ་གྲགས་པའི་ཚིག་དང་ཡི་གེ་གསུང་བའི་ཕྱིར
་རབ་ཏུ་གསལ་པ་ཞེས་བྱའོ། །མུ་སྟེགས་ཅན་ཐམས་ཅད་ཀྱི་ལྟ་བ་ངན་པའི་བླ་འཇོམས?་པའི་སྟོབས་ཀྱི་ཡོན་ཏན་དང་ལྡན་པའི་ཕྱིར་སྟོབས་དང་ལྡན་པའོ། ཞེས་བྱ་བ་ལ། གསུང་དེ་ནི་མུ་སྟེགས་པ་བདག་དང་སེམས་ཅན་ལ་སོགས་པ་ཡོད་པར་ལྟ
་བའི་ལྟ་བ་ངན་པའི་བློ་ཅན་རྣམས་འཇོམས་ཤིང་མེད་པར་བྱེད་པའི་སྟོབས་ཀྱི་ཡོན་ཏན་དང་ལྡན་བས་ན་སྟོབས་དང་ལྡན་པ་ཞེས་བྱའོ། སྒྲུབས་ན་འབྱུང་བའི་ཉན་ཐོས་འདོད་པའོ། ཞེས་བྱ་བ་ལ། དེ་བཞིན་གཤེགས་པའི་གསུང་མཉན་ནས་བསྒྲུབས་ན་ཁམས་གསུམ
་ལས་འབྱུང་བར་འགྱུར་ཏེ། དེ་བས་ན་ཉན་ཐོས་འདོད་པའི་ཞེས་བྱ་བའི་ཉན་པར་འོས་པ་ཞེས་བྱ་བའི་དོན་ཏོ། །ཕ་རོལ་གྱི་རྒོལ་བ་ཐམས་ཅད་ཀྱིས་མི་ཚོམས་པའི་ཕྱིར་མི་ཚུགས་པའོ། །ཞེས་བྱ་བ་ལ། དེ་བཞིན་གཤེགས་པ་ཆོས་འཆད་པ་ནི་མུ
་སྟེགས་པ་ལ་སོགས་པ་ཕ་རོལ་རྒོལ་བ་རྣམས་ཀྱིས་དེ་བཞིན་གཤེགས་པའི་གསུང་ལ་ཟིལ་གྱིས་མི་ནོན་ཅིང་སུན་མི་ཕྱིན་པས་ན་མི་ཚུགས་པ་ཞེས་བྱའོ། །འདོད་ཆགས་ལ་སོགས་པ་གཉེན་པོའི་ཕྱིར་འདུལ་པའོ། ཞེས་བྱ་བ་ལ། གསུང་དེ
་འདོད་ཆགས་ཀྱི་གཉེན་པོར་འགྱུར་བས་ན། ཞེ་སྡང་ལ་སོགས་པ་ཉོན་མོངས་པ་ཀུན་གྱི་གཉེན་པོར་འགྱུར་པས་ན་ཉོན་མོངས་པ་འདུལ་པའི་ཕྱིར་འདུལ་བ་ཞེས་བྱའོ། །བསླབ་པ་བཅས་པའི་བདེ་པའི་ཐབས་ཀྱི་ཕྱིར་མི་རྩུབ་པའོ་ཞེས་བྱ་བ་ལ། མུ་སྟེགS
་པ་རྣམས་ཀྱི་བསླབ་པ་བཅས་པ་ནི་མེ་ལྔས་སྐོར་བ་དང། སྐྲ་འཐོག་པ་དང། རི་ཀ་ནས་མཆོད་བ་དང། ཐལ་བར་འདྲེ་བ་ལ་སོགས་པ་ཆེ་འདི་དང་ཚེ་རབས་གཞན་དུ་གནོད་པ་བསླབ་པ་འཆའ་བྱས་ན་རྩུབ་པོ་ཡིན་ནོ། །ཞེས་དེ་བཞིན་གཤེགས་པའི་འདུལ་བཅས
་པ་ནི་ཚེ་འདིར་ཡང་མི་གྲང་མི་བཀྲེས་པའི་བཟའ་བ་དང་བགོ་པ་སྤྱོད་དུ་གནང་ལ་ཚེ་རབས་གཞན་དུ་འང་དོན་ཁོང་དུ་ཆུད་པར་འགྱུར་བའི་ཐབས་སླ་བ་ཡིན་པས་ན་མི་རྩུབ་པ་ཞེས་བྱའོ། །ཡང་ན་དང་པོའི་ཚིག་གིས་བསླབ་པ་འཆའ་པས་ན་དགེ་སློང་དག་འདི་ནི
་ཁྱད་ལ་ཕན་པ་དང་བདེ་བར་འགྱུར་བ་ཡིན་ནོ། ཞེས་གསུངས་པས་ན་མི་རྩུབ་པའོ། །དེ་ལས་འདས་ནས་ཡང་དག་པར་འབྱུང་བས་ཐབས་སྟོན་པའི་ཕྱིར་མི་བརླང་བའོ། ཞེས་བྱ་བ་ལ། གལ་ཏེ་བསླབ་པ་ལས་འདས་ན་ཡང་དེ་ལས་འདས་ཕན་ཆད་སྒོ
་གཞན་ལས་འཇུག་ཅིང་འབྱུང་བར་བྱ་བའི་ཐབས་ཡེ་མེད་པ་མ་ཡིན་གྱི། བསླབ་ཚིག་ལས་འདས་ཏེ་བསླབ་པ་ཉམས་ན་ཡང་བཤགས་པ་དང་ཕྱིས་མི་བྱ་བར་བསྡམ་པ་དང། བསོད་ནམS་ཀྱི་རྗེས་སུ་ཡི་རང་བ་ལ་སོགས་པ་རྣམས་གྲངས་ཀྱི་སྒོ་གཞན་ལ
་འཇུག་ཅིང་ཁམས་གསུམ་ལས་འབྱུང་བར་བྱ་བའི་ཐབས་སྟོན་པས་ན་མི་བརླབ་བ་ཞེས་བྱའོ། །ཐེག་པ་གསུམ་སྟོན་པའི་ཕྱིར་ཤིན་ཏུ་འདུལ་བའོ། ཞེས་བྱ་བ་ལ། ཉན་ཐོས་ཀྱི་ཐེག་པས་འདུལ་བ་རྣམས་ལ། ཉན་ཐོས་ཀྱི་ཐེག་པ་སྟོན། རང
་སངས་རྒྱས་ཀྱི་ཐེག་པས་འདུལ་བ་རྣམས་ལ་རང་སངས་རྒྱས་ཀྱི་ཐེག་པ་སྟོན་ཐེག་པ་ཆེན་པོས་འདུལ་བ་རྣམས་ལ་ཐེག་པ་ཆེན་པོ་སྟོན་པས་ན་ཤིན་ཏུ་འདུལ་བ་ཞེས་བྱའོ། །གཡེང་བའི་གཉེན་པོའི་ཕྱིར་རྣར་སྙན་པའོ། ཞེས་བྱ་བ་ལ། དེ་བཞིན་གཤེགས་པའི
་གསུང་ནི་ཤིན་ཏུ་འཇམ་ཞིང་སྙེན་པ་ཡིན་པས་ཉེན་པའི་སེམས་གཡེང་བ་མེད་པ་དང། རྣ་བླགས་ཏེ་ཉན་པར་བྱེད་པས་ན་རྣམ་པར་སྙན་བ་ཞེས་བྱའོ། །ཏིང་ངེ་འཛིན་བསྐྱེད་པའི་ཕྱིར་ལུས་སིམ་པར་བྱེད་པའོ། ཞེས་བྱ་བ་ལ། དེ་བཞིན་གཤེགས་པའི་གསུང་དེ་ཐོS
་ན་སེམས་མཉམ་པར་འཇོག་པ་འབྱུང་ངོ། །སེམས་མཉམ་པར་བཞག་པ་ལས་ཞི་གནས་ཀྱི་མཚན་ཉིད་ཀྱི་ཏིང་ངེ་འཛིན་སྐྱེའོ། །ཏིང་ངེ་འཛིན་སྐྱེས་ན་ལུས་ལ་བདེ་བ་སྐྱེ་བར་བྱེད་དོ། །དེ་བས་ན་ལུས་སིམ་པར་བྱེད་པ་ཞེས་བྱའོ། །ལྷག་མཐོང་གི་དགའ་བ་བསྐྱེད་པའི་ཕྱིར
་སེམས་དགའ་བར་བྱེད་པའོ། ཞེས་བྱ་བ་ལ། གསུང་དེས་ཤེས་རབ་ཀྱི་མཚན་ཉིད་ཆོས་རྣམས་ཀྱི་རང་དང་སྤྱིའི་མཚན་ཉིད་ལ་མཁས་ཤིང་མི་ཤེས་པའི་མུན་པ་དང་བྲལ་བའི་ལྷག་མཐོང་གི་དགའ་བ་སྐྱེད་པར་བྱེད་པའི་ཕྱིར་སེམས་དགའ་བར་བྱེད་པ་ཞེས་བྱའོ། །ཐེ་ཚོམ
་གཅོད་པར་བྱེད་པའི་ཕྱིར་སེམས་དགའ་བར་བྱེད་པའོ། ཞེས་བྱ་བ་ལ། ཇི་ཙམ་དུ་ཐེ་ཚོམ་གྱི་ཟུག་དུ་ཟུག་པ་དེ་ཙམ་དུ་ཡིད་མི་བདེ་བ་ཡིན་པ་ལས་དེ་བཞིན་གཤེགས་པའི་གསུང་གིས་ནི་དེ་བཞིན་དུ་ཐེ་ཚོམ་གྱི་ཟུག་དུ་འབྱིན་པར་བྱེད་པས་ན་སྙིང་དགའ་བར་བྱེད་པ
་ཞེས་བྱའོ། །ལོག་པར་འཛིན་པ་སྤོང་བའི་ཕྱིར་དགའ་བ་དང་བདེ་བསྐྱེད་པའོ། ཞེས་བྱ་བ་ལ་ལོག་པར་འཛིན་པ་རྣམ་པ་གཉིས་ཏེ། མི་ཤེས་པ་དང་ལོག་པར་ཤེས་པའོ། །དེ་ལ་མི་ཤེས་པ་ནི་ཆོས་རྣམས་ཀྱི་རང་དང་སྤྱིའི་མཚན་ཉིད་ཐམས་ཅད་ནས་ཐམས་ཅད་དུ། བཛྲ?་དུ་མ
་ཆུད་པ་སྟེ། དེ་དག་གི་མི་ཤེS་པ་སྤོང་ཞིང་ཤེS་པ་ལ་འཇོག་པར་མཛད་པS་ན་དགའ་བ་བསྐྱེད་བ་ཞེས་བྱའོ། །ལོག་པར་ཤེས་པས་ན་བདག་དང་རྟག་པ་དང་བདེ་བ་ལ་སོགས་པ་ཡོད་པར་ཤེས་པ་སྟེ། དེ་དག་གི་ལོག་པའི་ཤེས་པ་སྤོང་ཞིང་ཡང་དག་པའི་ཤེས་པ་ལ་འགོད་པས་ན་བདེ
་བསྐྱེད་པ་ཞེས་བྱའོ། །སྒྲུབ་པ་འགྱོད་པ་མེད་པའི་ཕྱིར་མི་འགྱོད་པའོ། ཞེས་བྱ་བ་ལ། དེ་བཞིན་གཤེགས་པའི་གསུང་ཐོས་ནས་མཉན་པ་དང་བསམས་པ་ལ་སོགས་པའི་སྒོ་ནས་བསྒྲུབས་ན། མཐར་འབྲས་བུ་འཐོབ་ཅིང་དེ་ཁོ་ན་མངོན་སུམ་དུ་རྟོགས་པར་གྱུར་པས་བདག
་གི་གསུང་དེ་མཉན་པ་ནི་དོན་མེད་པར་བྱས་སོ་སྙམ་པའི་མི་དགའ་བ་དང་འགྱོད་པ་མེད་པའི་ཕྱིར་མི་འགྱོད་པ་ཞེས་བྱའོ། །ཐོས་པའི་ཡེ་ཤེས་ཕུན་སུམ་ཚོགས་པའི་གནས་ཀྱི་ཕྱིར་ཀུན་ཤེས་པར་བྱའོ། ཞེས་བྱ་བ་ལ། དེ་བཞིན་གཤེགས་པའི་གསུང་དེ་མཉན་ཅིང་ཐོས་ན
་ཐོས་པའི་ཤེས་རབ་ཕུན་སུམ་ཚོགས་པ་སྐྱེ་བར་འགྱུར་ཏེ། ཐོས་པའི་ཤེས་རབ་ཕུན་སུམ་ཚོགས་པ་སྐྱེ་བའི་རྒྱུ་དང་གནས་སུ་གྱུར་པའི་ཕྱིར་ཀུན་ཤེས་པར་བྱ་བ་ཞེས་བྱའོ། །བསམ་པའི་ཡེ་ཤེས་ཕུན་སུམ་ཚོགས་པའི་གནས་ཀྱི་ཕྱིར་རྣམ་པར་ཤེས་པའོ། ཞེས་བྱ་བ་ལ
་ཇི་ལྟར་མཉན་པའི་ཆོས་དེ་རིག་པའི་སྒོ་ནས་བསེམས་པས་ན་བསམ་པའི་ཤེས་རབ་ཕུན་སུམ་ཚོགས་པ་སྐྱེ་སྟེ། བསམ་བའི་ཤེས་རབ་ཕུན་སུམ་ཚོགས་པ་སྐྱེ་བའི་རྒྱུ་དང་གནས་སུ་གྱུར་བའི་ཕྱིར་རྣམ་པར་ཤེས་པར་བྱ་བ་ཡིན་ནོ། །སློབ་དཔོན་གྱིས་འཆབ་པ་མེད་པའི
་ཆོས་སྟོན་པའི་ཕྱིར་རོ། །རྣམ་པར་གསལ་བའོ། ཞེས་བྱ་བ་ལ། དེ་བཞིན་གཤེགས་པ་ནི་ཆོས་ཁ་ཅིག་འཆད་ལ་ཅིག་མི་འཆད་ཅེས་བྱ་བ་མ་ཡིན་གྱི། ཆོས་ཐམས་ཅད་འཆད་པ་དང། ཚིག་འཆད་དོན?་མི་འཆད་པར་མ་ཡིན་གྱི། ཚིག་དང་དོན་དུ་བཅས་ཏེ་འཆད་པས་སློབ
་དཔོན་འཆབ་པ་མེད་པར་སྟོན་པའི་ཕྱིར་རྣམ་པར་གསལ་བ་ཞེས་བྱའོ། །བདག་གི་དོན་རྗེས་སུ་ཐོབ་པ་དག་དགའ་བར་བྱེད་པའི་ཕྱིར་དགའ་བའོ་ཞེས་བྱ་བ་ལ། འཕགས་པ་རྒྱུན་དུ་ཞུགས་པ་ནས། དགྲ་བཅོམ་པ་མན་ཆད་གང་ཟག་བརྒྱད་དང་ས་བཅུ་པའི་བྱང་ཆུབ་སེམས
་དཔའ་དང་དེ་བཞིན་གཤེགས་པ་དག་ནི་བདག་གི་དོན་རྗེས་སུ་ཐོབ་པ་ཞེས་བྱ་སྟེ། ཅིའི་ཕྱིར་ཞེ་ན། རྒྱུན་དུ་ཞུགས་པ་ལ་སོགས་པའི་གང་ཟག་བརྒྱད་ཀྱིས་ཀྱང་ཉོན་མོངས་པར་ཉོན་མོངས་པ་དང། ལས་ཀྱི་ཉོན་མོངས་པ་དང། ཚོའ?་ཉོན་མོངS
་པ་སྤངས་པའི་མཚན་ཉིད་མྱ་ངན་ལས་འདས་པ་མངོན་སུམ་དུ་བྱས་ན་ནི་བདག་གི་དོན་རྗེས་སུ་འཐོབ་པ་ཞེས་བྱའོ། །ས་བཅུའི?་བྱང་ཆུབ་སེམས་དཔའ་དང། དེ་བཞིན་གཤེགས་པས་ཀྱང་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྫོགས་ནས་བདག་དང་གཞན
་ཀྱི་དོན་ཕུན་སུམ་ཚོགས་པ་སྙེད་པས་ན་བདག་གི་དོན་རྗེས་སུ་ཐོབ་པ་ཞེས་བྱ་སྟེ། བདག་དེ་བཞིན་གཤེགས་པའི་གསུང་གི་སྒོ་ནས་འབྲས་བུ་ཐོབ་པར་མཐོང་སྟེ་དགའ་བ་སྐྱེད་པར་བྱེད་པས་ན་དགའ་བ་ཞེས་བྱའོ། །བདག་གི་དོན་མ་ཐོབ་པ་རྣམས་སྲེད་པའི་ཕྱིར
་མངོན་པར་འདོད་པའོ། ཞེས་བྱ་བ་ལ། བདག་གི་དོན་མཐོང་པས་ནི་སོ་སོའི་སྐྱེ་བོ་ཡན་ཆད་མོས་པ་སྤྱོད་པའི་ས་ཡན་ཆད་འཇིག་རྟེན་གྱི་ཆོས་མཆོག་མ་ཐོབ་པ་མན་ཆད་པ་ནི་བདག་གི་དོན་མ་ཐོབ་པ་ཞེས་བྱ་སྟེ། དེ་དག་ཀྱང་བདག་གི་དོན་རྗེས་སུ་ཐོབ་པར་བྱ་བའི
་ཕྱིར། དེ་བཞིན་གཤེགས་པའི་གསུང་ལ་འཇུག་བར་འདོད་པ་སྐྱེ་བར་བྱེད་པས་ན་མངོན་པར་འདོད་པ་ཞེས་བྱའོ། །བསཾ་དུ་མེད་པའི་ཆོས་ཡང་དག་པར་སྟོན་པའི་ཕྱིར་ཀུན་ཤེས་པར་བྱེད་པའོ། ཞེས་བྱ་བ་ལ། སོ་སོ་རང་གིས་རིག་པར་བྱ་བ་ཆོས་ཀྱི་དབྱིངས་དང་རྣམ་པར་མི་རྟོག་པའི་ཡེ་ཤེས་དང
་བྱང་ཆུབ་ཀྱི་ཕྱོགས་རྣམས་ནི་བསམ་དུ་མེད་པའི་ཆོས་ཞེས་བྱ་སྟེ། ཆོས་དེ་དག་ཡང་དག་པར་སྟོན་པར་བྱེད་པ་ན་ཀུན་ཤེས་པར་བྱེད་པ་ཞེས་བྱའོ། །ཡང་ན་ཆོས་གང་བསམས་ན་ཁྲག་ཏུ་སྒྱུག་ཅིང་སྨྱོ་བར་འགྱུར་བའི་ཆོས་དེ་དག་གི་ནི་བསམ་དུ་མེད
་པའི་ཆོས་ཤེས་བྱ་སྟེ། དེ་ཡང་གང་ཞེ་ན། ཕྱིའི་དངོས་པོ་རྣམ་པ་སྣ་ཚོགས་འགྲུབ་པར་བྱེད་པའི་ལས་བསམ་གྱིས་མི་ཁྱབ་པ་དང། རྣལ་འབྱོར་པའི་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་བསམ་གྱིས་མི་ཁྱབ་པ་དང། དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ
་བསམ་གྱིས་མི་ཁྱབ་པ་དང། སྨན་དང་སྔགས་ཀྱི་མཐུ་བསམ་གྱིས་མི་ཁྱབ་པ་སྟེ། ཆོས་དེ་དག་ཡང་དག་པར་བསྟན་པས་ཉན་པ་པོ་རྣམས་གནས་དེ་དག་སྤོང་བར་བྱེད་པས་ན། ཀུན་ཤེས་པར་བྱེད་པ་ཞེས་བྱའོ། །བསམས་པའི་ཆོས་ཡང་དག་པར་སྟོན་པའི་ཕྱིར
་རྣམ་པར་ཤེས་པར་བྱེད་པའོ། ཞེས་བྱ་བ་ལ། ཕུང་པོ་དང་ཁམས་དང་སྐྱེ་མཆེད་དང། ས་དང་ཕ་རོལ་ཏུ་ཕྱིན་པ་བསམས་པའི་ཆོས་ཞེས་བྱ་སྟེ། ཆོས་དེ་དག་ཕྱིན་ཅི་མ་ལོག་པར་བསྟན་པའི་ཕྱིར་རྣམ་པར་ཤེས་པར་བྱེད་པ་ཞེས་བྱའོ། །ཚད་མ་དང་མི་འགལ
་བའི་ཕྱིར་རིགས་པའོ། ཞེས་བྱ་བ་ལ། གསུང་དེ་མངོན་སུམ་དང་རྗེས་སུ་དཔག་པ་དང། ལུང་གི་ཚད་མ་གསུམ་དང་ཡང་མི་འགལ་བར་གསུངས་པས་ན་རིགས་པ་ཞེས་བྱའོ། །འདུལ་བ་ལ་ཇི་ལྟར་རིགས་པར་སྟོན་པའི་ཕྱིར་མཐུན་པའོ། །ཞེས་བྱ་བ་ལ། ཉན་ཐོས?
་ཀྱི་ཐེག་པ་རྣམས་ལ། ཐེག་པ་ཆེན་པོ་མི་སྟོན། ཐེག་པ་ཆེན་པོ་རྣམས་ལ་ཉན་ཐོས་ཀྱི་ཐེག་པ་མི་སྟོན་ཏེ། སྣོད་དང་ཆོས་སུ་མི་འཚམ་པ་མི་བསྟན་གྱི་སེམས་ཅན་གང་ལ་ཆོས་གང་བསྟན་པའི་རིགས་པའི་སེམས་ཅན་དེ་ལ་ཆོས་དེ་སྟོན་ཏེ། སྣོད་དང་ཆོས་སུ
་འཚམ་བར་སྟོན་པས་ན་མཐུན་པ་ཞེས་བྱའོ། །དགོས་པ་དང་བཅས་པའི་ཕྱིར་ཟློས་པའི་ཉེས་པ་སྤངས་པའོ། ཞེས་བྱ་བ་ལ། མ་རིག་པ་དང་མུན་པ་དང་མུན་ནག་དང། གཏི་མུག་ཅེས་བྱ་བ་ལ་སོགས་པ་རྣམ་གྲངས་ཀྱི་ཚིག་སྨོས་པ་རྣམས་བ་སྤྲོས?་པའི་ཉེས་པར
་མི་འགྱུར་ཏེ། ཅིའི་ཕྱིར་ཞེ་ན། དགོས་པ་དང་བཅས་དོན་དང་བཅས་པའི་ཕྱིར་རོ། །ཅིང་གོས་ཤེ་ན། ཆོས་འཆད་པའི་འཁོར་དུ་འགྲོ?་བ་མང་པོ་ཚོགས་པ་ལ། ལ་ལ་ལ་ནི་ཚིག་གི་རྣམ་གྲངས་གང་གིས་གོ་།ལ་ལ་ལ་གང་གིས་གོ་བ་དེ་ཀུན་ཀྱིས་གོ་བའི་ཕྱིར་དང།
་གཞན་དག་སོ་སོ་ཡང་དག་པར་རིག་པའི་ས་བོན་བསྐྱེད་པར་བྱ་བའི་ཕྱིར་ཏེ། རྣམ་གྲངས་ཀྱི་ཚིགས་བཅད་དགོས་པའི་ནི་རྒྱས་པར་བཤད་པར་རིགས་པའི་བསྟན་བཅོས་ལས་འབྱུང་བ་བཞིན་དུ་བལྟ་བར་བྱའོ། །མུ་སྟེགས་ཐམས་ཅད་སྦྲག?་པར་བྱེད་པའི་
་ཕྱིར་སེང་གེའི་སྒྲའི་ཤུགས་ལྟ་བུའོ། ཞེས་བྱ་བ་ལ། དཔེར་ན་སེང་གེའི་སྒྲའི་དབྱངས་ཀྱི་ཤུཌ་ཀྱིས་རི་དགS་ཕྲ་མོ་རྣཾས་སྐྲག་པར་བྱེད་པ་དེ་བཞིན་དུ། དེ་བཞིན་གཤེགས་པའི་སྟོབས་དང་བདག་མེད་པར་གསུངས་པའི་གསུང
་དབྱངས་ཀྱི་སྒྲ་བསྒྲགས་པས་མུ་སྟེགས་རི་དགས་རྣམས་དང་འདྲ་བ་རྣམས་སྐྲག་པར་བྱེད་པས་ན་སེང་གེའི་སྒྲའི་ཤུགས་ལྟ་བུ་ཞེས་བྱའོ། །ཡངས་པའི་ཕྱིར་གླང་པོ་ཆེའི་སྒྲ་དབྱངས་ལྟ་བུའོ། ཞེས་བྱ་བ་ལ། གླང་པོ་ཆེ་ནི་མིའི་ཡུལ་ན་གནས་པའི་གླང་པོ་ཆེ
་ལ་མི་བྱའི། ལྷའི་གླང་པོ་ཆེ་ཨེའི་བ་ར་ན་ལ་སོགས་པ་ལ་བྱའོ། །གླང་པོ་ཆེའི་སྒྲ་དབྱངས་ནི་སུབ་སུབ་པོ་དང་མཇེར་མཛེར་པོ་མ་ཡིན་པས་ཡངས་པར་འགྱུར་རོ། །དེ་བཞིན་དུ་དེ་བཞིན་གཤེགས་པའི་གསུང་དབྱངས་ཀྱང། མཛེར་མཛེར་པོ་དང་སུབ་སུབ
་པོ་མེད་པས་ན་ཡངས་པ་ཞེས་བྱའོ། །ཐོབ?་པའི་ཕྱིར་སྤྲིན་གྱི་སྒྲ་དབྱངས་ལྟ་བུའོ། ཞེས་བྱ་བ་ལ། སྤྲིན་ནི་འབྲུག་ལ་བྱ་སྟེ། དཔེར་ན་འབྲུག་གི་སྒྲ་དྲུང་ནས་ཉན་ན་ཡང་ལྷག་པར་དྲག་ཏུ་ཐོས་པ་མེད་ཐག་རིང་པོ་ནས་མཉན་ན་ཡང་ལྷག་པར་སྒྲ་ཆུང་བར་གྲགS
་པ་མེད་དེ། ཉེ་རིང་ཀུན་འདྲ་བར་སྙོམས་པ་ཁོ་ནར་ཐོས་པས་ཟབ་པ་ཡིན་པ་དེ་བཞིན་དུ་དེ་བཞིན་གཤེགས་པའི་གསུང་ཡང་ཉེ་རིང་དུ་ཀུན་ལ་དྲག་དལ་མེད་པར་གྲགས་པས་ན་སྤྲིན་གྱི་སྒྲ་དབྱངས་ལྟ་བུ་ཞེས་བྱའོ། །འཇེབས་པའི་ཕྱིར་ཀླུའི་དབང་པོའི
་དབྱངས་ལྟ་བུའོ། ཞེས་བྱ་བ་ལ། དཔེར་ན་ཀླུའི་གནས་ན་ཀླུའི་དབང་པོ་ཚིག་འཇེབས་ཤིང་ཚིག་བཙུན་པ་ཀླུ་ཀུན་ཉན་དུ་བཏུབ་པ་དེ་བཞིན་གཤེགས་པའི་བཀའ་ཡང་འཇེབས་ཤིང་བཙུན་ལ། ལྷ་དང་ལྷ་མ་ཡིན་ལ་སོགས་པ་ཐམས་ཅད་ཀྱིས
་བཀའ་ཉན་པར་བྱེད་པས་ན་ཀླུའི་དབང་པོའི་དབྱངས་ལྟ་བུའོ། ཞེས་བྱའོ། །སྙན་པའི་ཕྱིར་མི་འམ་ཅིའི་དབྱངས་ལྟ་བུའོ། ཞེས་བྱ་བ་ལ། དཔེར་ན་སེམས་ཅན་གྱི་སྒྲ་སྐད་ཀྱ་ནང་ན་མི་འམ་ཅིའི་སྐད་ལས་མཆོག་མེད་དེ་སྙན་ཅན་འཇམ?་པ་དེ་བཞིན་དུ་དེ་བཞིན
་གཤེགས་པའི་གསུང་ཡང་སྙན་ཅིང་འཇམ་པས་ན་མི་འམ་ཅིའི་དབྱངས་ལྟ་བུའོ། ཞེས་བྱའོ། །ཕྱིར་ཞིང་མི་གཅོད་པའི་ཕྱིར་ཀ་ལ་བིང་ཀའི་སྒྲ་ལྟ་བུའོ། ཞེས་བྱ་བ་ལ། དཔེར་ན་ཀ?་ལ་བིང་ཀའི་སྒྲ་ཕྱིར་ཞིང་གཞན་ནས་གཞན་དུ་གྱུར་ལ་རྗེས?་ཀྱང་མི་གཅོད
་དེ། དཔེར་ན་འཕན་རིངས་རླུང་གིས་བཏབ་པ་ན་འཆད་པ་ཡང་མེད་ཅིང་གཞན་ནས་གཞན་དུ་ལྡོག་པར་བྱེད་དོ། །དེ་བཞིན་གཤེགས་པའི་ཆོས་འཆབ་པ་ན་ཡང་གསུང་དབྱངས་ཀྱི་རྒྱུན་མི་གཅོད་ལ། དབྱངས་སྙན་པ་ཡང་སྔ་མ་དང་མི་འདྲ་བ་ཕྱི་མ་སྙན
་པ་གཞན་དང་གཞན་དག་འབྱུང་བས་ན་ཀལ་བིང་ཀའི་སྒྲ་ལྟ་བུའོ། །ཁ་ཅིག་ལས་ཕྱིར་ཞིང་གཅོད་ཅེས་འབྱུང་སྟེ། དེའི་དོན་ཀྱང་དཔེར་ན་བྱ་ཀ་ལ་བིང་ཀའི་སྒྲ་ཕྱུང་བ་ན་སེམས་ཅན་གྱི་སེམས་སུ་ཞུགས་ནས་སྒྲ་དེའི་རྒྱུན་གཅོད་བར་བྱེད་དོ། །སྒྲའི་རྒྱུན་ཚད་ནི?
་ཡང་དེ་སྙེད་པས་ན་ཡང་ཉན་པར་འདོད་པའི་སེམས་སྐྱོ་བར་བྱེད་པ་དེ་བཞིན་དུ་སངས་རྒྱས་བཅོམ་ལྡན་འདས་ཀྱི་གསུང་ཡང་ཉན་པ་པོའི་སེམས་རྒྱུད་ལ་འཇུག་པར་བྱེད་ཅིང་གསུང་རྒྱུན་བཅད་ན་ཡར་ཉན་པར་འདོད་པའི་བསམ་པ་སྐྱ་བས་ན་ཀ་ལ
་བིང་ཀའི་སྒྲ་ལྟ་བུའོ། །རིང་དུ་སོང་བའི་ཕྱིར་ཚངས་པའི་སྒྲ་དབྱངས་ལྟ་བུའོ། ཞེས་བྱ་བ་ལ། དཔེར་ན་ཚངས་པའི་དབྱངས་ནི་གཉེན་པས་ན་རིང་དུ་སོང་བ་སྟེ། རིང་དུ་ཆང་དུམ་དུམ་ཆད་པ་མ་ཡིན་པ་དེ་བཞིན་དུ་དེ་བཞིན་གཤེགས་པའི་གསུང་ཡང་རིང
་དུ་འདྲེན་ཏེ། རྡུབ་རྡུབ་པ་མ་ཡིན་པས་ན་ཚངས་པའི་སྒྲ་དབྱངས་ལྟ་བུའོ་ཞེས་བྱའོ། །འགྲུབ་པ་ཐམས་ཅད་ཀྱི་སྔོན་དུ་འགྲོ་ཞིང་བཀྲ་ཤིས་པའི་ཕྱིར་འཛི་བ་འཛི་བ་ཀའི་སྒྲ་འབྱིན་པ་ལྟ་བུའོ། །ཞེས་བྱ་བ་ལ། དཔེར་ན་སེམས་ཅན་དག་དོན་གཉེར་དུ་འགྲོ
་བ་ལ། བྱ་འཛི་བ་འཛི་བཀའ་ཨི་སྐད་ཐོས་ན་དོན་ཐམས་ཅད་ཀྱི་དོན་མི་ཟ་བར་འགྲུབ་པའི་ཕྱིར་རོ། །དེའི་སྐད་ནི་དོན་གྲུབ་པའི་བཀྲ་ཤིས་ཀྱི་སྔོན་དུ་འགྲོ་བ་ལྟར་དེ་བཞིན་གཤེགས་པའི་གསུང་དེ་ཡང་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དོན
་ཐམས་ཅད་འགྲུབ་པའི་བཀྲ་ཤིས་པའི་སྔ་ལྟས་ཡིན་པས་ན། འཛི་བ་འཛི་བ་ཀའི་སྒྲ་འབྱིན་པ་ལྟ་བུའོ། ཞེས་བྱ་སྟེ། དེ་བཞིན་གཤེགས་པའི་གསུང་སྔར་ཐོས་པ་ལས་ཕྱིས་འཇིག་རྟེན་དང་འཇིག་རྟེན་ལས་འདས
་པའི་དོན་ཐམས་ཅད་འགྲུབ་པར་འགྱུར་བའི་ཕྱིར་རོ། །མི་འདའ་བར་བྱ་བའི་ཕྱིར་ལྷའི་དབང་པོའི་དབྱངས་ལྟ་བུའོ། ཞེས་བྱ་བ་ལ། དཔེར་ན་བརྒྱ་བྱིན་ལྷའི་དབང་པོའི་དབྱངས་དང། ཚིག་ལྷ་གཞན་གྱིས་ཅུང་ཟད་ཀྱང་འདའ་བར་བྱ་ཞིང
་བཀག་པར་བྱ་བར་མི་ནུས་པ་དེ་བཞིན་དུ་དེ་བཞིན་གཤེགས་པའི་བཀའ་ཡང་ལྷ་དང་ཀླུ་དང་གནོད་སྦྱིན་ལ་སོགས་པས་འདའ་བར་བྱ་ཞིང་བཀའ་བཅག་པར་མི་ནུས་པས་ན་ལྷའི་དབང་པོའི་དབྱངས་སྙན་པ་ལྟ་བུ་ཞེས་བྱ་སྟེ། དཔེར་ན་ཚེ
་དང་ལྡན་པ་དགའ་བོ་ལྟ་བུ་རབ་ཏུ་འབྱུང་བར་མ་དད་ཀྱང་རབ་ཏུ་མི་འབྱུང་ངམ་ཞེས་བཀའ་སྩལ་པ་ལས། བཀའ་ལས་འདའ་བར་བྱ་མ་ནུས་ནས་རབ་ཏུ་འབྱུང་བར་འཚལ་ལོ། ཞེས་ཁས་བླངས་པ་ལྟ་བུའོ། །བདུད་ཐམས་ཅད་ཀྱི་ཕྱིར་རྒོལ་བ
་ལས་ཀྱང་རྒལ་ཞིང་སྔོན་དུ་འགྲོ་བའི་ཕྱིར་རྡའི་དབྱངས་ལྟ་བུའོ། ཞེས་བྱ་བ་ལ། དཔེར་ན་གཡུལ་ངོར་འཐབ་མོ་བཀྱེ་བ་ལས་གཞན་དག་ཕམ་ནས་རྒྱལ་བར་འགྱུར་ན་རྒྱལ་བའི་མཚན་མར། དང་པོར་རྔའི་སྒྲ་འབྱིན་པ་ལྟ་བུར་དེ་བཞིན
་གཤེགས་པས་ཀྱང་བདུད་དང་མུ་སྟེགས་ལ་སོགས་པ་ལས་རྒྱལ་བར་བྱས་ནས་དང་པོ་ཉིད་དུ་ཆོས་ཀྱི་འཁོར་ལོ་བསྐོར་བའི་སྒྲ་ཕྱུང་བས་ན་རྔའི་སྒྲ་དབྱངས་སྙན་ལྟ་བུ་ཞེས་བྱའོ། །བསྟོད་ཀྱང་ཉོན་མོངས་པ་མེད་པའི་ཕྱིར་མི་བགྱི་པའོ། ཞེས་བྱ
་བ་ལ། དེ་བཞིན་གཤེགས་པ་ཆོས་སྟོན་པར་མཛད་པ་ན་གཞན་དག་གིས་བདེ་བར་གཤེགས་པ་ཆོས་བསྟན་པ་ནི་དགེ་བར་གསུངས་པའོ། །ལགས་པར་བཤད་པའོ། ཞེས་བསྟོད་དུ་ཟིན་ཀྱང་མ་ཐོས་སོ་སྙམ་དུ་དགོས་པའི་ང་རྒྱལ་གྱིས་ཉོན
་མོངས་པ་མེད་པས་ན་མི་བགྱིད་པ་ཞེས་བྱའོ། །སྨད་ཀྱང་ཉོན་མོངས་པ་མེད་པའི་ཕྱིར་མ་ཞུམ་པའོ། །ཞེས་བྱ་བ་ལ། ཁྱོད་ཀྱིས་ཆོས་བསྟན་པ་དེ་ནི་ཉེས་སོ་ཞེས་གཞན་དག་གིས་སྨད་ཀྱང་དམས་སོ?་སྙམ་པའི་ཉོན་མོངས་པ་མེད་པར་མ་ཞུམ་པ་ཞེས་བྱའོ། །བརྡ་སྤྲད་པ
་ཐམས་ཅད་ཀྱི་མཚན་ཉིད་ལ་རྣམ་པ་ཐམས་ཅད་དུ་ཞུགས་པའི་ཕྱིར་རོ། །སྒྲ་ཐམས་ཅད་ལ་རབ་ཏུ་ཞུགས་པའོ། །ཞེས་བྱ་བ་ལ། བརྡ་སྤྲད་པ་ནི་ལུང་བསྟན་པ་སྟེ། ཉན་ཐོས་དང་བྱང་ཆུབ་སེམས་དཔའ་དང་རྒྱལ་པོ་ཆེན་པོ་དག་མ་འོངས་པ་ན་འདི་ལྟར་འབྱུང་བར་འགྱུར
་རོ། ཞེས་ལུང་སྟོན་པར་ན་བརྡ་སྤྲད་པ་ཞེས་བྱའོ། །དུས་གསུམ་དུ་ཉན་ཐོས་ལ་སོགས་པ་ཇི་ལྟར་འབྱུང་བ་ཐམས་ཅད་ལུང་སྟོན་པ་ན་བརྡ་སྤྲད་པ་ཐམས་ཅད་ཀྱི་མཚན་ཉིད་ལ་རྣམ་པ་ཐཾས་ཅད་དུ་རབ་ཏུ་ཞུགས་པ་ཞེས་བྱ་སྟེ། དེ་ལྟར་དུས་གསུམ་གྱི་དངོས་པོ་ཐམས་ཅད་ལུང་སྟོན
་པས་སྒྲ་ཐམས་ཅད་རབ་ཏུ་ཞུགས་པ་ཞེས་བྱའོ། །ཡང་ན་རིགས་པའི་གནས་ལྔ་ལ་སྒྲ་རིག་པའི་རིག་པ་ཐམས་ཅད་ལ་མཁས་པ་ནི་བརྡ་སྤྲད་ཐམས་ཅད་ཀྱི་མཚན་ཉིད་ལ་རྣམ་པ་ཐམས་ཅད་དུ་ཞུགས་པ་ཞེས་བྱ་སྟེ། དེ་བས་ན་སྒྲ་ཐམས་ཅད་རབ་ཏུ་ཞུགས་པ་ཞེས་བྱའོ། བརྗོད
་དེ་མི་སྨྲ་བ་མེད་པའི་ཕྱིར། ཟུར་ཆག་པ་མེད་པའོ་ཞེས་བྱ་བ་ལ། དེ་བཞིན་གཤེགས་པ་ནི་དུས་ཐམས་ཅད་དུ་དགོངས་པ་རྩེ་གཅིག་ཏུ་འཇོག་པ་ཡིན་པས། ཆོས་འདི་འདྲ་བ་ཞིག་བརྗེད་པས་བཤད་དུ་མེད་དོ་ཞེས་བསྙེལ་བ་མེད་པས་ན་ཟུར་ཆག་པ་མེད་པ་ཞེས་བྱའོ།།
་ཡང?་ན་ཆོས་འདི་འདྲ་བ་ཞིག་བཤད་པར་བྱའོ་ཞེས་དགོངས་པ་ལ་བཤད་པའི་དུས་ན་བསྙེལ་ནས་མ་བཤད་པ་མི་མངའ་བས་ན་ཟུར་ཆག་པ་མེད་པ་ཞེས་བྱའོ། །འདུལ་བའི་བྱ་བ་ལ་དུས་ཐཾས་ཅད་དུ་གནས་པའི་ཕྱིར་ཚངS་པའོ་ཞེS་བྱ་བ་ལ་འདུལ་བཱི་བྱ་བ་ནི་སེཾས་ཅན་དགེ་བཱི་རྩ་བ་མ་བསྐྱེད་པ་ནམ
་བསྐྱེད་པ་དང་བསྐྱེད་པ་རྣམས་འཕེལ་ཞིང་བལྟས་པར་བྱ་བ་དང། འཕེལ་ཞིང་བལྟས་པ་རྣམས་རྣམ་པར་གྲོལ་བར་བྱ་བ་ནི་འདུལ་བའི་བྱ་བ་ཞེས་བྱ་སྟེ། འདུལ་བའི་བྱ་བ་རྣམས་ལ་སྐད་ཅིག་ཀྱང་མི་ཡོལ་བར་དེ་དག་གི་དོན་ཇི་ལྟར་བྱ་ཞེས་དུས་ཐམས་ཅད་དགོངས་པ་ཉེ
་བར་གཞག་པས་ན་ཆང་བ་ཞེས་བྱའོ། །རྙེད་པ་དང་བསྐུར་སྟི་ལ་མི་བརྟེན་པའི་ཕྱིར་མ་ཆགས་པའོ་ཞེས་བྱ་བ་ལ། རྙེད་པ་ནི་ཆོས་གོས་ལ་སོགས་པའོ། །བཀུར་སྟི་ནི་བསྟོད་པ་དང་ཕྱག་བྱ་བ་ལ་སོགས་པ་སྟེ། དེ་དག་ལ་མ་ཆགས་མ་ཞེན
་པས་ན་མ་ཆགས་པ་ཞེས་བྱའོ། །འཇིགས་པ་མེད་པའི་ཕྱིར་མ་ཞུམ་པའོ་ཞེས་བྱ་བའོ། །ཆོས་འཆད་པའི་དུས་ན་མུ་སྟེགས་པས་བརྒལ་ནི་མི་ཐུབ་པའོ་སྙམ་པའི་འཇིགས་པ་མི་མངའ་བས་ན་མི་ཞུམ་པ་ཞེས་བྱའོ་།མི་སྐྱོ་བའི་ཕྱིར་དགའ་བའོ་ཞེས་བྱ་བ་ལ
་ཆོས་འཆད་པ་མཛད་ཀྱང་ཐུགས་སྐྱོ་བ་དང་སྐུ་ལ་མི་བདེ་བ་མི་མངའ་བས་ན་དགའ་བ་ཞེས་བྱའོ། །རིག་པའི་གནས་ཐམས་ཅད་ལ་མཁས་པར་ཞུགས་པའི་ཕྱིར་རྒྱས་པའོ་ཞེས་བྱ་བ་ལ། རིག་པའི་གནས་ལྔ་ཐམས་ཅད་ལ་མཁས་པ་དང་ལྡན་པའི་སེམས
་ཅན་རྣམས་ལ་ཆོས་འཆད་པ་མཛད་པར་རྒྱས་པ་ཞེས་བྱའོ། །སེམས་ཅན་ལ་དོན་དེ་ཐམས་ཅད་བསྒྲུབ་པའི་ཕྱིར་ཐ་བ་དང་བཅས་པའོ་ཞེས་བྱ་བ་ལ། སེམས་ཅན་གང་དགེ་བའི་རྩ་བ་བསྐྱེད་པ་དེ་དག་ཐམས་ཅད་ནི་ཐ་བ་མེད་པ་ཞེས་བྱ་སྟེ། བཅས་པའི་སྒྲས
་ནི་ཐ་བ་མེད་ཡང་བསྡུའོ། །སེམས་ཅན་ཐ་བ་དང་བཅས་པ་རྣམས་ལ་ནི་དགེ་བའི་རྩ་བ་བསྐྱེད་པའི་དོན་སྒྲུབ་བར་བྱེད་དོ། །དགེ་བའི་རྩ་བ་བསྐྱེད་པ་རྣམས་ལ་ནི་དགེ་བའི་རྩ་བ་བརྟགས་པ་དང། འཕེལ་བར་བྱེད་དེ་དེ་བས་ནས་བ་དང་བཅས་པ་ཞེས་བྱའོ། །རྒྱུན་མ
་མཆད་པའི་ཕྱིར་ཞུགས་པའོ་ཞེས་བྱ་བ་ལ། དེ་བཞིན་གཤེགས་པ་ཆོས་འཆད་པ་ན་བར་འགའ་ནི་སེམས་ཅན་ལ་ཆོས་བཤད་པར་བྱའོ། །བར་འགའ་ནི་མི་བཤད་དོ་སྙམ་དུ་དགོངས་པ་མེད་པར་རྒྱུན་དུ་འཆད་པར་མཛད་པས་ན་ཞུགས་པ་ཞེས་བྱའོ
་ཡང་ན་ཆོས་འཆད་པའི་ཚེ་ལན་ཅིག་བཤད་ནས་རྒྱུན་བཅད་དེ་ཐག་གི་ཙམ་གཞེས་ནས་ཡང་འཆད་པ་མཛད་པ་མེད་ཀྱི་ཚིག་དང་གསུང་གི་རྒྱུན་མ་འཆད་བར་མཛད་པས་ཞུགས་པ་ཞེས་བྱའོ། །རྣམ་པ་སྣ་ཚོགས་ལ་ཉེ་བར་སྦྱོར་བའི་ཕྱིར་རོལ་པའོ་ཞེS
་བྱ་བ་ལ་དེ་བཞིན་གཤེགས་པ་ཆོས་འཆད་པ་ནི་ཚིག་དང་ཡི་གེ་དང་མིང་གཅིག་གི་སྒོ་ནས་འཆད་པར་མཛད་པ་མ་ཡིན་གྱི། ཚིག་དང་མིང་དང་ཡི་གེ་སྣ་ཚོགས་མང་པོའི་སྒོ་ནས་འཆད་པར་མཛད་པས་ན་རོལ་པ་ཞེས་བྱའོ། །གསུང་གཅིག་ལ་སྒྲ་མང་པོའི
་རིག་པ་ཉེ་བར་གནས་པའི་ཕྱིར་དབྱངས་ཐམས་ཅད་རྫོགས་པའོ། ཞེས་བྱ་བ་ལ། དེ་བཞིན་གཤེཌ་པས་གསུང་གཅིག་ཕྱུང་སྟེ་གསུང་གི་རང་བཞིན་གཅིག་ཁོ་ནར་ཟད་མོད་ཀྱི་གཅིག་པོ་དེ་ལས་ལྷ་དང་ཀླུ་དང་གནོད་སྦྱིན་དང། མི་དང་བྱོལ་སོང་དང། ཡི
་དགས་ལ་སོགས་པ་སོ་སོའི་སྒྲ་དང་སྐད་གང་ཡིན་པ་དེ་དང་མཐུན་མཐུན་དུ་སོ་སོར་ཐོས་པས་ན། དབྱངས་ཐམས་ཅད་རྫོགས་པ་ཞེས་བྱའོ། །གཅིག་གི་དོན་མང་པོ་ཆུང་པ་ཉེ་བར་གནས་པའི་ཕྱིར། དབང་པོ་ཐམས་ཅད་མགུ་བའོ་ཞེས་བྱ་བ་ལ། དེ་བཞིན
་གཤེགས་པས་མི་རྟགས་པ་ལ་སོགས་པའི་ཆོས་ཀྱི་དོན་གཅིག་བསྟན་ན་སེམས་ཅན་རྣམས་ཀྱིས་ནི་སོ་སོའི་སེམས་ཆོས་ཀྱི་དོན་གང་དང་གང་ལ་དད་པ་དེ་བཞིན་དུ་ཁོང་དུ་ཆུད་པར་འགྱུར་བས་ན་སེམས་ཅན་རྣམས་ཀྱི་དད་པ་ལ་སོགས་པའི་དབང་པོ་ཚིམ?
་པར་བྱེད་པའི་ཕྱིར་དབང་པོ་ཐམས་ཅད་མགུ་བ་ཞེས་བྱའོ། །ཇི་ལྟར་དམ་བཅས་པའི་ཕྱིར་མི་སྨད་པའོ་ཞེས་བྱ་བ་ལ། དེ་བཞིན་གཤེགས་པ་ནི་དང་པོ་ཇི་ལྟར་དམ་བཅས་པས་ལས་གཞན་དུ་འགྱུར་བ་མི་མཛད་པས་ན་དམ་པ་ལས་ཉམས་སོ་ཞེས་གཞན
་གྱིས་སྨད་དུ་མེད་གས་ན་མི་སྨད་པ་ཞེས་བྱའོ། །ཡང་ན་བཅོམ་ལྡན་འདས་ཀྱིས་དེའི་ཆོས་མཉན་ཏེ་བསྒྲུབས་ན་དེ་བཞིན་དུ་འབྲས་བུ་འགྲུབ་པར་འགྱུར་རོ་དམ་བཅས་པ་ལ་སེམས་ཅན་རྣམས་ཀྱིས་ཀྱང་བཅོཾ་ལྡན་འདས་ཀྱི་བཀའ་མཉེན་ཏེ་བསྒྲུབས་ན་དམ་བཅས
་པ་བཞིན་དུ་འབྲས་བུ་འགྲུབ་པས་ན་མི་སྨད་པ་ཞེས་བྱའོ། །ཐོབ་པའི་དུས་ལ་བབ་པ་དང་ལྡན་པའི་ཕྱིར་མི་གཡོ་བ་ཞེས་བྱ་བ་ལ་གནས་གང་དུ་དུས་གང་གི་ཚེ། སེམས་ཅན་གང་ཡོངས་སུ་སྨིན་པར་བྱ་བའི་དུས་ལས་བབ་ན་རྒྱ་མཚོའི་རླབས་བཞིན་དུ
་སྐད་ཅིག་ཀྱང་མི་ཡོལ་བར་སྨིན་པར་མཛད་པས་ན་མི་གཡོ་བར་ཞེས་བྱ་སྟེ། དེ་བས་ན་མདོ་གཞན་ནས་ལས་ཀྱང་དྲིས་ཀྱང་ཁ་ཅིག་མ་བཤད་པ་ལ་མ་དྲིས་ཀྱང་ཁ་ཅིག་ཆེད་དུ་གསུངས་ཞེས་བཤད་པ་ལྟ་བུའོ། །མི་རིགས
་པར་སྟོན་པའི་ཕྱིར་བརྟན་པའོ་ཞེས་བྱ་བ་ལ། དེ་བཞིན་གཤེགས་པ་ཆོས་འཆད་པ་ནི་རིངས་པ་དང་བརྟབས་པོར་འཆད་པ་མི་མངའ་བས་ན་བརྟན་པ་ཞེས་བྱའོ། །རིང་བ་དང་ཉེ་བའི་འཁོར་ཐམས་ཅད་ཀྱིས་མཚུངས་པས་ཐོས་པའི་ཕྱིར་འཁོར་བ
་ཐམས་ཅད་ལ་གསུངས་པའོ་ཞེས་བྱ་བ་ལ། དེ་བཞིན་གཤེགས་པའི་ཆོས་འཆད་པའི་གསུང་ཕྱུང་བ་ན་འཁོར་ཉེ་བ་འབའ་ཞིག་གིས་ཐོས་ཀྱི་འཁོར་ཐག་རིང་པོ་ན་གནས་པས་མི་ཐོས་པ་མ་ཡིན་གྱི་དེ་ཇི་ལྟར་དྲུང་ན་གནས་པ་རྣམས་ཀྱིས་ཐོས་པ་དེ
་བཞིན་དུ་འཇིག་རྟེན་གྱི་ཁམས་དུ་མའི་ཕ་རོལ་ཏུ་གནས་པ་ཐམས་ཅད་ཀྱིས་ཀྱང་འདི་དང་འདྲ་བར་ཐོས་པས་ན་འཁོར་ཐམས་ཅད་ལ་གསུང་བ་ཞེས་བྱའོ། །འཇིག་རྟེན་གྱི་དོན་ཐམས་ཅད་དཔེའི་སྒོ་ནས་བསྔོས་པའི་ཕྱིར་རྣམ་པ་ཐམས་ཅད་དང
་ལྡན་པའོ་ཞེས་བྱ་བ་ལ། དམ་པའི་ཆོས་འཆད་པའི་དུས་ན་ཡང་ཆོས་ཀྱི་དོན་ཁོང་དུ་ཆུད་པར་བྱ་བའི་ཕྱིར་འཇིག་རྟེན་གྱི་ཆོས་རྒྱ་མཚོ་དང་རི་རབ་དང་ཉི་མ་དང་ཟླ་བ་ལ་སོགས་པ་དཔེར་བཞག་ནས་དེ་དང་སྦྱོར་ཞིང་འཆད་པའི་ཕྱིར་རྣམ་པ་ཐམS
་ཅད་དང་ལྡན་པ་ཞེས་བྱའོ། །བཤད་པའི་བདག་ཉིད་ཆེ་བ་ལ་ཚིགས་སུ་བཅད་པ་བཞི་སྟེ་ཞེས་བྱ་བ་ལ། དེ་བཞིན་གཤེགས་པ་ཆོས་འཆད་པ་ནི་འབྲས་བུ་ཆེ་ཡོན་ཏན་ཆེ་བར་ཚིགས་སུ་བཅད་པ་བཞིས་བསྟན་ཏོ་ཞེས་བྱ་བའི་དོན་ཏོ། །ཚིག་དང་རྩ
་བ་རབ་ལྡན་བསྟན་པ་དང། རྣམ་པ་དབྱེ་ཐེ་ཚོམ་བཅད་པས་སོ། །རྣམ་མང་པོའི་རྗེས་འགྲོ་བ། །བརྗོད་པ་སྤྲོས་པས་ཤེས་པ་ལའོ་ཞེས་བྱ་བ་ལ། དེ་བཞིན་གཤེགས་པ་རྣམས་ནི་རྣམ་པ་བརྒྱད་ལྟར་ཆོས་འཆད་དེ། ཚིག་གིས་འཆད་པ
་དང། རྩ་བ་དང་རབ་ཏུ་ལྡན་པས་འཆད་པ་དང། བསྟན་པས་འཆད་པ་དང། རྣམ་པར་དབྱེ་བས་འཆད་པ་དང། ཐེ་ཚོམ་གཅོད་པ་དང། རྣམ་པ་མང་པོའི་རྗེས་སུ་འགྲོ་བ་དང། བརྗོད་པས་ཤེས་པ་ལ་འཆད་པ་དང། སྤྲོས་པས་ཤེས་པ་ལ་འཆད་པ
་སྟེ། དེ་ཡང་མདོ་སྡེ་དག་ལས་འཆད་པར་བྱེད་དོ། །བཅས་པར་བྱེད་པའོ། །རྣམ་པར་འཇོག་གོ་།རྣམ་པར་འབྱེད་དོ། རྣམ་པར་འགྲེལ་ཏོ། །གསལ་བར་བྱེད་དོ་བཤད་དོ། །རབ་ཏུ་བསྒྲགས་སོ་ཞེས་འབྱུང་བ་དང་རིམ་བཞིན་དུ་སྦྱར་ཏེ། དེ་ནི་འབྲེལ་བ་ལས་ཇི་ལྟར་སྦྱར་བ
་བཞིན་དུ་རིག་པར་བྱའོ། །ཚིག་ནི་བརྗོད་པའོ་ཞེས་བྱ་བ་ལ། དད་པའི་རྗེས་སུ་འབྲང་བའི་གང་ཟག་ལ་རིགས་པ་དང་མ་སྦྱར་བ་ཚིག་དང་ཡི་གེས་འདུས་བྱས་ཐམས་ཅད་མི་རྟག་གོ་ཞེས་བྱ་བ་ལ། འཆད་པ་ནི་བརྗོད་པ་ཞེས་བྱའོ། །རྩ་བ་རབ་ཏུ་ལྡན་པ་ནི་བཅས
་པ་བྱེད་པའོ་ཞེས་བྱ་བ་ལ། རབ་ཏུ་ལྡན་པའི་སྒྲ་ནི་རིག་པ་ལ་བྱ་སྟེ། ཆོས་ཀྱི་རྗེས་སུ་འབྲང་བའི་གང་ཟག་རྣམས་ལ་མངོན་སུམ་དང་རྗེས་སུ་དཔག་པ་ལ་སོགས་པའི་རིགས་དང་ལྡན་པའི་རྩ་བ་སྟོན་ཅིང་འཆད་པར་བྱེད་པ་ནི་བཅས་པ་བྱེད་པ་ཞེས་བྱའོ། །རབ་ཏུ
་འཇོག་པ་དང་རྣམ་པར་དབྱེ་བ་དང། འགྲོལ་བ་ནི་བསྟན་པ་དང། རྣམ་པར་དབྱེ་བ་དང། ཐེ་ཚོམ་བཅད་པ་དང་རིམ་བཞིན་ནོ་ཞེས་བྱ་བ་ལ། དང་པོ་ཉིད་དུ་མདོ་ཙམ་དུ་དགོང་ཅིང་མདོར་བསྡུས་ནས་བསྟན་པ་ལ་ནི་རབ་ཏུ་འཇོག་བ་ཞེས་བྱའོ། །དེ་ནས་ཞིབ
་ཏུ་ཕྱེ་སྟེ་རྒྱས་པར་བཤད་པ་ལ་ནི་རྣམ་པར་དབྱེ་བ་ཞེས་བྱའོ། །ཆོས་གང་དང་གང་ལ་ཐེ་ཚོམ་དུ་གྱུར་བ་རྣམས་ཀྱི་ཐེ་ཙོམ་བཅད་ཅིང་གསལ་བ་ལ་ནི་རྣམ་པར་གྲོལ་བ་ཞེས་བྱའོ། །གསལ་བར་བྱད་པ་སྟེ་ཞེས་བྱ་བ་ལ། དེ་བཞིན་གཤེགས་པ་ཆོས་འཆད་པ་ན
་དོན་དང་ཚིག་གསལ་བར་འཆད་བར་མཛད་ཅེས་བྱ་བའི་དོན་ཏོ། །ཇི་ལྟར་གསལ་བར་མཛད་ཅེ་ན། དེའི་ཕྱིར་གསལ་པར་བྱེད་ཅེ་ན། དེས་པའི་མཐུའི་དོན་གྱི་ཕྱིར་རྣམ་པ་མང་པ་དང་ལྡན་པས་སྟོན་པའོ་ཞེས་བྱ་བ་སྨོས་ཏེ། ངེས་པའི་མཐུ་ཞེས་བྱ་བ་ནི་ཕྱིན་
་ཅི་མ་ལོག་པ་ལ་བྱ་སྟེ། ཆོས་རྣམས་ཀྱི་དོན་ཕྱིན་ཅི་མ་ལོག་པར་རྟོགས་པར་བྱ་བའི་ཕྱིར་ཆོས་འཆད་པ་ན་རྣམ་གྲངས་དུ་མར་སྤྲོས་ཏེ། ཡང་ནས་ཡང་དུ་བསྣན་ཅིང་སྟོན་པ་ནི་གསལ་བར་བྱེད་པ་ཞེས་བྱའོ། །བཤད་པ་ནི་བརྗོད་པ
་ཤེས་བ་ལའོ་ཞེས་བྱ་བ་ལ། བརྗོད་བ་ཤེས་པ་ནི་གླེངས་པ་ཤེས་བའི་གང་ཟག་ལ་བྱ་སྟེ། གླེངས་བ་ཤེས་པའི་གང་ཟག་རྣམས་ལ་ཆོས་ཀྱི་དོན་མདོར་བསྡུས་ནས་སྟོན་པར་བྱེད་པ་ནི་བཤད་པ་ཞེས་བྱའོ། །རབ་ཏུ་བསྒྲགས་པ་ནི་སྤྲོས་པ་ཤེས་པ
་ལའོ་ཞེས་བྱ་བ་ལ། རྣམ་གྲངས་དུ་མར་རྒྱས་པར་བཤད་ན་ཁོང་དུ་ཆུད་པར་འགྱུར་བའི་གང་ཟག་རྣམས་ལ་ནི་སྤྲོས་པས་ཤེས་པ་ཞེས་བྱ་སྟེ། དེ་དག་ལ་ཞིབ་ཏུ་སྤྲོས་ཏེ་བཤད་པ་ནི་རབ་ཏུ་བསྒྲགས་པ་ཞེས་བྱའོ། །སངས་རྒྱས་རྣམས་ཀྱིས་བཤད་པ་འདི། །གང་ཕྱིར
་འཁོར་གསུམ་དག་པས་སོ། ཞེས་བྱ་བ་ལ། གོང་དུ་བཤད་པའི་བཤད་པ་བརྒྱད་པོ་འདི་དག་ནི་སངས་རྒྱས་རྣམས་ཀྱི་བཤད་པ་ཞེས་བྱ་སྟེ། བཤད་པ་དེ་དག་ཀྱང་རྣམ་པར་དག་པར་འདོད་དོ། །ཇི་ལྟར་རྣམ་པར་དག་ཅེ་ན། འཁོར་གསུམ་ཡོངས་སུ་དག་པས་ན་རྣམ
་པར་དག་པའོ། །འཁོར་གསུམ་ནི་གང་གིས་སྟོན་པ་དང། ཇི་ལྟར་སྟོན་པ་དང། གང་ལ་སྟོན་པའོ། །ཉེས་པ་དང་བྲལ་བ་ནི་རྣམ་པ་བརྒྱད་ཉིད་དུ་ཤེས་པར་བྱ་ཞེས་བྱ་བ་ལ། འཁོར་གསུམ་ཡོངས་སུ་དག་བ་ལ་ཡང་ཉེས་པ་དང་བྲལ་ཞིང་སྤངས་པས་ན་འཁོར་གསུམ
་ཡོངས་སུ་དག་པར་ཤེས་པར་བྱའོ། །ཉེས་པ་ཡང་རྣམ་པ་བརྒྱད་ཡོད་པར་རིག་པར་བྱའོ། །གང་གི་སྟོན་ཅེ་ན། ཚིག་དང་རྩ་བ་དང་ཞེས་བྱ་བ་ལ་དེ་བཞིན་གཤེགས་པ་གང་གིས་ཆོས་སྟོན་པར་མཛད་ཅེ་ན། ཚིག་དང་རྩ་བས་ཆོས་སྟོན་པར་མཛད་དེ། དེ་ཡང
་རྣམ་བར་དག་བ་ཡིན་པར་རིག་པར་བྱའོ་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་ཞེ་ན། བསྟན་པ་ལ་སོགས་བའི་རྣམ་བ་དང་ཞེས་བྱ་བ་ལ། ཇི་ལྟར་སྟོན་ཅེ་ན། བསྟན་པ་དང་རྣམ་པར་དབྱེ་པ་དང། ཐེ་ཙོམ་བཅོད་པ་དང་རྣམ་པ་མང་པོའི་རྗེས་སུ་འགྲོ་བ་སྟེ། དེའང་རྣམ་པར
་དག་གོ་ཞེས་བྱ་བའི་དོན་ཏོ། །གང་ལ་ཞེ་ན། བརྗོད་པ་དང། རྣམ་པར་སྤྲོས་པས་ཤེས་པ་ལའོ་ཞེས་བྱ་བ་ལ། གང་དག་ལ་སྟོན་ཅམ་མདོ་ཙམ་དུ་གླེངས་བས་ཤེས་པའི་གང་ཟག་དང། ཞིབ་ཏུ་སྤྲོས་པས་ཤེས་པའི་གང་ཟག་གཉིས་ལ་བཤད་དོ་ཞེས་བྱ་བའི་དོན་ཏོ། །དེ
་ཡང་རྣམ་པར་དག་གོ་ཞེས་བྱ་བའི་ཐ་ཚིག་གོ། བཤད་པ་དེ་ཉིད་ཀྱང་ཞེས་བྱ་བ་ལ་གང་གིས་བཤད་པ་ཇི་ལྟར་བཤད་པ་དང་གང་ལ་བཤད་པ་གསུམ་ཡང་ཉེས་པ་བརྒྱད་སྤངས་པས་ན་འཁོར་གསུམ་ཡོངས་སུ་དག་གོ་ཞེས་བྱ་བའི་དོན་ཏོ། །ལེ་ལོ་དང་ནི་ཞེས་བྱ་བ་ལ། ཉལ
་བ་དང་འཕྲེས་པ་ལ་སོགས་པ་ལ་དགའ་བས་ཆོས་འཆད་པར་མི་སྤྲོ་པ་ནི་ལེ་ལོའོ། །དེ་ནི་ཉེས་པ་གཅིག་སྟེ། དེ་བཞིན་གཤེགས་པ་ལ་མི་མངའ་འོ་ཞེས་བྱ་བའི་དོན་ཏོ། །མི་རྟོག་བའོ?་ཞེས་བྱ་བ་ལ། ཆོས་རྣམས་ཀྱི་རང་དང་སྦྱིའི་མཚན་ཉིད་ཁོང་དུ་མཆུད་པ་ནི་མི
་རྟོགས་པ་ཞེས་བྱའོ། །དེ་ནི་ཉེས་པ་གཉིས་པ་སྟེ། དེ་བཞིན་གཤེགས་པ་ལ་མི་མངའ་ཨོ་ཞེས་བྱ་བའི་དོན་ཏོ། །སྐབས་མི་འབྱེད་ཅེས་བྱ་བ་ལ། ལེ་ལོ་དང་མི་རྟོཌ་བ་མེད་ཀྱང་སློབ་མ་ལ་ཆོS་འཆད་མི་བཏུབ་ཅིང་གཞན་ལ་ཆོS་འཆད་བར་མི་བྱ་བ་མི་ཆེལ་བ་ནི་སྐབS་མི་བྱེད་པ་ཞེS་བྱའོ། །འདི་ནི་ཉེས་པ
་གསུམ་པ་སྟེ། དེ་དེ་བཞིན་གཤེགས་པ་ལ་མི་མངའ་ཨོ་ཞེས་བྱ་བའི་དོན་ཏོ། །དེས་དོན་མིན་ཞེས་བྱ་བ་ལ། བཀྲི་བའི་དོན་གྱི་མདོ་སྡེ་ནི་འཆད་ཀྱི། ངེས་པའི་དོན་གྱི་མདོ་སྡེ་མི་འཆད་པ་ནི་ཉེས་པ་བཞི་བ་སྟེ། དེ་དེ་བཞིན་གཤེགས་པ་ལ་མི་མངའ་ཨོ་ཞེས་བྱ་བའི་དོན་ཏོ། །ཐེ
་ཚོམ་དག་ནི་མི་གཅོད་ཅིང་ཞེས་བྱ་བ་ལ། ཆོས་འཆད་པ་ན་ཆོས་ཆོས་རྣམས་ཀྱི་མཚན་ཉིད་ལས་འཁོར་རྣམས་ཐེ་ཚོམ་དུ་གྱུར་ཚོམ་མི་གཅོད་པ་ནི་ཉེས་པ་ལྔ་པ་སྟེ། དེ་དེ་བཞིན་གཤེགས་པ་ལ་མི་མངའ་ཨོ་ཞེས་བྱ་བའི་དོན་ཏོ། །དེ་བྲལ་ན་ཡང་བརྟན་མི
་བྱེད་ཅེས་བྱ་བ་ལ། ཐེ་ཚོམ་དང་བྲལ་བར་བྱས་ཀྱང་སློམ་མ་རྣམས་ཆོས་ཀྱི་མཚན་ཉིད་ཕྱིན་ཅི་མ་ལོག་པ་ལ་རྟོགས་པ། རྒྱ་ཆེན་པོ་ལ་འཇོག་པར་མི་བྱེད་པ་ཞེས་བྱ་སྟེ། དེ་ནི་ཉེས་པ་དྲུག་སྟེ། དེ་དེ་བཞིན་གཤེགས་པ་ལ་མི་མངའ་ཨོ་ཞེས་བྱ་བའི་དོན་ཏོ། །ངེས་བར་མི་བྱེད
་པའི་དོན་ཏོ་ཞེས་བྱ་བ་ལ། ཆོས་ཀྱི་མཚན་ཉིད་ཕྱིན་ཅི་མ་ལོག་པར་རྟོག་པ་ལྔ་འཇོག་པར་མི་བྱེད་པ་ནི་ངེས་པར་མི་བྱེད་པ་ཞེས་བྱ་སྟེ། དེ་ཉིད་ལ་བརྟེན་པར་མི་བྱེད་པ་ཞེས་བྱའོ། །སྐྱོ་དང་སེར་སྣ་ངེས་བ་སྟེ། །དེ་དག་གཏམ་ལ་ཉེས་པ་དགོངས།
་ཞེས་བྱ་བ་ལ། བར་འགའ་འཆད། བར་འགལ་མི་འཆད་པ་ནི་སྐྱོ་བ་ཞེས་བྱའོ། །དེ་ནི་ཉེས་པ་བདུན་པ་སྟེ། དེ་བཞིན་གཤེགས་པ་ནི་ཆོས་རྒྱུན་དུ་འཆད་པར་མཛད་པས་ན་ཉེས་པ་དེ་དེ་བཞིན་གཤེགས་བ་ལ་མི་མངའ་ཨོ། །ཁ་ཅིག་ལ་འཆད་ཁ་ཅིག་ལ་མི་འཆད་བ་ནི་སེར
་སྣ་ཞེས་བྱའོ། །དེ་ནི་ཉེས་པ་བརྒྱད་པ་སྟེ། དེ་བཞིན་གཤེགས་པ་ནི་ཆོས་ལ་འཆད་ལ། སེམས་ཅན་ཀུན་ལ་མི་འཆད་པ་དེ་བཞིན་གཤེགས་པ་ལ་མི་མངའ་ཨོ་ཞེས་བྱ་བའི་དོན་ཏོ། །བརྒྱད་པོ་དེ་དག་ནི་ཆོས་འཆད་པའི་གཏམ་གྱི་སྐབས་སུ་སྐྱོན་དང་བར་དུ་གཅོད
་པ་དང། ཉེས་པ་ཡིན་པར་འདོད་དོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་མེད་ན་སངས་རྒྱས་ཀྱི་བཤད་པ་བླ་ན་མེད་པར་འགྱུར་ཞེས་བྱ་བ་ལ། གོང་དུ་བཤད་པའི་ཉེས་པ་བརྒྱད
་མེད་པར་ཆོས་བཤད་ན། སངས་རྒྱས་ཀྱིས་བཤད་པ་ཐམས་ཅད་བླ་ན་མེད་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དོན་ཕུན་སུམ་ཚོགས་པའི་ཚིགས་སུ་བཅད་པ་གཉིས་ཏེ་ཞེས་བྱ་བ་ཡང་བྱང་ཆུབ་སེམས་དཔའ་དང་སངས་རྒྱས་ཀྱི་བཤད་པ་རྣམས་ལ། ཆིག་ཕུན་སུམ
་ཚོགས་པ་དང། ཡི་གེ་ཕུན་སུམ་ཚོགས་པར་མ་ཟད་ཀྱི་དོན་ཡང་ཕུན་སུམ་ཚོགས་སོ་ཞེས་བསྟན་པའི་ཕྱིར། ཚིགས་སུ་བཅད་པ་གཉིས་རྩོམ་མོ་ཞེས་བྱ་བའི་དོན་ཏོ། །དང་ངང་དགའ་དང་བློ་རྒྱུ་བས། །དེ་ནི་དགེ་བའི་ཆོས་ཡིན་ནོ་ཞེས་བྱ་བ་ལ། ཆོས་རྣམ་པ་གཉིས་ཏེ
་བཤད་པར་བྱ་བའི་ཆོས་དང། ཁོང་དུ་ཆུད་པར་བྱ་བའི་ཆོས་སོ། །དེ་དག་མདོ་ལས་ཀྱང་ཆོས་དེ་གཉིས་ཀྱི་དབང་དུ་བྱས་ནས། ཐོག་མར་ཡང་དགེ། བར་དུ་ཡང་དགེ། ཐ་མར་ཡེད་དགེ་དོན་བཟང་ཡི་གེ་བཟང། གཅིག་ཏུ་ཡོངས་སུ་རྫོགས་པ། རྣམ་པར་ནག་པ། ཡོངས་སུ་དག་པ།
་ཚངས་པར་སྤྱོད་པ་ཡང་དག་པར་སྟོན་ཏོ་ཞེས་འབྱུང་བ་དེ་དག་གི་དོན་བཤད་པ་དེ། དེ་ལ་མཉན་པའི་དུས་ན་དད་པ་བསྐྱེད་བའི་རྒྱུ་བྱེད་པས་ན་ཐོག་མར་ཡང་དགེ་བ་ཞེས་བྱའོ། །བསམ་པའི་དུས་ན་དགའ་བ་སྐྱེ་བའི་རྒྱུ་བྱེད་པས་ན་བར་དུ་དགེ་བ་ཞེས་བྱའོ། །བསྒོམ་པའི་དུས་ན
་བློ་དང་ཤེས་རབ་སྐྱེ་བའི་རྒྱུ་བྱེད་པས་ན་ཐ་མར་དགེ་བ་ཞེས་བྱ་སྟེ། དེ་ལྟར་དུས་གསུམ་དུ་ཡང་དགེ་བས་ན་ཆོས་འདི་ནི་དགེ་བའི་ཆོས་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དོན་གཉིས་དང་ནི་རབ་བཟུང་བ་ཞེས་བྱ་བ་ལ། ཀུན་རྫོབ་ཀྱི་དོན་དང་དོན་དམ་པ་གཉིས་སྟོན་པས་ན་བཟང
་བོ་ཞེས་བྱའོ། །རབ་བཟུང་བ་ནི་བཟུང་བླ་བ་ལ་བྱ་སྟེ། ཚིག་དང་ཡི་གེ་རྣམས་ཀྱང་གཟུང་སླབ་དང་འཇིག་རྟེན་དུ་གྲགས་པའི་ཚིག་དང། ཡི་གེ་སྟོན་པས་ན་ཡི་གེ་བཟང་པོ་ཞེས་བྱ་སྟེ། འདིས་ནི་བཤད་པའི་ཆོས་ཀྱི་ཡོན་ཏན་བསྟན་ཏོ། །ཚངས་སྤྱོད་ཡོན་ཏན་བ་ཞི་སྨྲའོ་ཞེས
་བྱ་བ་ལ། ཚངས་པ་ནི་མྱ་ངན་ལས་འདས་པ་ལ་བྱ་སྟེ། མདོ་དག་ལས་ཀྱང་ཚངས་པར་གྱུར་བསིལ་བར་གྱུར། མྱ་ངན་ལས་འདས་པར་གྱུར་ཅེས་གསུངས་པའི་ཕྱིར་རོ། མྱ་ངན་ལས་འདས་པ་ཐོབ་པར་བྱེད་པའི་འཕགས་པའི་ལ་མལ་ཚངས་པར་སྤྱོད་པ་ཞེས་བྱའོ།།
་འཕིགས?་པའི་ལམ་དེ་ཡང་ཡོན་ཏན་རྣམ་པ་བཞི་དང་ལྡན་པ་སྟེ། ཆོས་འདི་ཚངས་པར་སྤྱོད་པའི་ཡོན་ཏན་བཞི་སྟོན་པར་བྱེད་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གཞན་ཡང་མི་མཚུངས་གཅིག་པུ་སྟེ་ཞེས་བྱ་བ་ལ། གཞན་དང་མི་མཚུངས་བྱ་བའི་དོན་ནི་གཞན
་དང་ཐུན་མོང་དུ་མ་གྱུར་ཅིག་ཅེས་བྱ་བའི་དོན་ཏེ། འཕགས་པའི་ལམ་དེའང་ཆོས་འདི་འབའ་ཞིག་ལ་ཡོད་ཀྱི། འདི་ལས་ཕྱི་རོལ་ཏུ་གྱུར་པ་མུ་སྟེགས་པ་རྣམས་ལ་མེད་པས་ན། གཅིག་བུ་ཞེས་བྱའོ། །ཁམས་གསུམ་ཉོན་མོངས་སྤོང་བས་རྫོགས་ཞེས་བྱ་བ་ལ
་འཇིག་རྟེན་པའི་ལམ་གྱིས་ཉོན་མོངས་པ་སྤོང་ཡང་སྲིད་པའི་རྩེ་མོའི་ཉོན་མོངས་པ་སྤོང་བར་མི་ནུས་པས་ན་རྫོགས་པ་ཞེས་མི་བྱའོ། །འཕགས་པའི་ལམ་འདིས་ནི་སྲིད་པའི་རྩེ་མོ་མན་ཆད་ཁམས་གསུམ་གྱི་ཉོན་མོངས་པ་ཐམས་ཅད་མ་ལུས་པར་སྤོང་བར
་བྱེད་པས་ན་ཡོངས་སུ་རྫོགས་པ་ཞེས་བྱའོ། །རང་བཞིན་རྣམ་དག་ཅེས་བྱ་བ་ལ། འཕགས་པའི་ལམ་དེ་རང་བཞིན་གྱིས་རྣམ་པར་དག་སྟེ། ཤེལ་དང་ནམ་མཁའ་རང་བཞིན་གྱིས་རྣམ་པར་དག་ཅིང་ཟག་པ་མེད་པའི་རང་བཞིན
་ཡིན་པས་ན་རྣམ་པར་དག་པ་ཞེས་བྱའོ། །དྲི་མ་དག་ཅེས་བྱ་བ་ལ། འཕགས་པའི་ལམ་དེས་སེམས་ཀྱི་རྒྱུད་ལ་གློ་བུར་གྱི་དྲི་མ་ཡོད་པ་བསལ་ནས་སེམས་དྲི་མ་མེད་པར་བྱེད་ཅིང་ཟག་པ་ཅན་གྱི་སེམས་ཀྱི་རྒྱུད་ལ་ནི་མི་སྐྱེའི་ཟག་པ་མེད་པའི་སེམས
་ཀྱི་རྒྱུད་ལ་སྐྱེ་བས་ན་ཡོངས་སུ་དག་པ་ཞེས་བྱའོ། །ཚངས་སྤྱོད་ཡོན་ཏན་རྣམ་བཞི་འདོད་ཅེས་བྱ་བ་ལ། འཕགས་པའི་ལམ་དེ་ནི་ཡོན་ཏན་རྣམ་པ་བཞི་དང་ལྡན་པར་འདོད་དེ། ཡོན་ཏན་རྣམ་པ་བཞི་ནི་གཅིག་པུ་དང། ཡོངས་སུ་རྫོགས་པ་དང། རྣམ་པར
་དག་པ་དང། ཡོངས་སུ་དག་པའོ། །དེ་ལ་དད་པ་ནི་མོས་པ་ཡིད་ཆེས་པའོ་ཞེས་བྱ་བ་ལ། ལས་དང་བདེན་པ་ལ་སོགས་པ་ལ་མོས་ཤིང་ཡིད་ཆེས་པ་ལ་ནི་དད་བ་ཞེས་བྱ་སྟེ། ཉན་པའི་ཚེ་དད་པ་བསྐྱེད་པའི་རྒྱུ་བྱེད་པས་ན་ཐོག་མར་དགེ་བ་ཡིན་ནོ་ཞེས་བྱ
་བའི་དོན་ཏོ། །མགུ་བ་ནི་དགའ་བ་སྟེ་ཐོས་པར་ནུས་ཤིང་རིག་པའོ་ཞེས་བྱ་བ་ལ་ཆོས་ཀྱི་དོན་མཐོང་ནས་སེམས་པ་ལ་མགུ་བ་སྐྱེས་པ་ལ་ནི་དགའ་བ་ཞེས་བྱ་སྟེ། འདི་ལྟར་སེམས་པའི་ཤེས་རབ་ཀྱིས་ནི་བླ་ན་མེད་པའི་འབྲས་བུ་འཐོབ་ཅིང་ཆོས་ཀྱི་དོན
་མཐོང་བར་ནུས་ཏེ། སེམས་པའི་དུས་ན་ཆོས་ཀྱི་དོན་མཐོང་ནས་དགའ་བ་སྐྱེ་བའི་རྒྱུ་བྱེད་པས་ན་བར་དུ་དགེ་བ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །བློ་ནི་མཉམ་པར་གཞག་བའི་སེམས་ཀྱིས་ཇི་ལྟ་བུ་ཤེས་པའོ་ཞེས་བྱ་བ་ལ། བསྒོམ་པའི་དུས་ན་བློ་དང་ཤེས
་རབ་སྐྱེ་བའི་རྒྱུ་བྱེད་པས་ན་ཐ་མར་དགེ་བ་ཞེས་བྱ་སྟེ། ཅིའི་ཕྱིར་ཞེ་ན། སེམས་རྩེ་གཅིག་ཏུ་མཉམ་པར་བཞག་པ་ལས་ཡང་དག་པར་ཇི་ལྟ་བ་བཞིན་དུ་བདེན་པ་བཞི་ཤེས་པའི་ཤེས་པ་སྐྱེ་པའི་ཕྱིར་རོ། །དགོངས་པ་དབྱེ་བའི་ཚིགས་སུ་བཅད་པ
་གཉིས་ཏེ་ཞེས་བྱ་བ་ལ། དེ་བཞིན་གཤེགས་པའི་དགོངས་པ་དང་ལྡེམ་པོ་དག་ལ་ཕྱེ་ན་དུ་ཡོད་བསྟན་པའི་ཕྱིར་ཚིགས་སུ་བཅད་པ་གཉིས་རྩོམ་མོ་ཞེས་བྱ་བའི་དོན་ཏོ། །མི་སྐྲག་པར་བསྟན་པས་འཇུག་པར་བྱ་བའི་ཕྱིར་གཟུགས་ལ་སོགས
་ཡོད་པར་བཤད་བའི་ཕྱིར་རོ་ཞེས་བྱ་བ་ལ། གལ་ཏེ་གང་ཟག་ཀྱང་མེད་གཟུཌ་ལ་སོཌ་པའི་ཆོS་ཀྱང་མེད་དོ་ཞེS་བཤད་ན་ནི་འཕཌ་བ་ཉན་ཐོས་དག་སྐྲག་པར་འགྱུར་རོ། །སྐྲག་པར་གྱུར་ན་དེ་བཞིན་གཤེགས་པའི་བསྟན་པ་ལ་མི་འཇུག་སྟེ། དེ་བས་ན་ཉན་ཐོས་དག་མ་སྐྲག
་ཅིང་བསྟན་པ་ལ་བཟུང་པ་དང། ཆོས་ཡོད་པར་བཤད་པའི་སྒོ་ནས་གང་ཟག་ལ་བདག་མེད་པར་རྟོགས་པར་བྱ་བའི་ཕྱིར་གཟུགས་ལ་སོགས་པའི་ཆོས་ཡོད་དོ་ཞེས་བཤད་པར་ནི་རྗེས་སུ་འཇུག་པའི་དགོངས་པ་ཞེས་བྱའོ། །ཀུན་བརྟགས་ལ་སོགས་པའི་རང
་བཞིན་གསུམ་ལ་རིག་པར་བྱ་སྟེ། ངོ་བོ་ཉིད་མེད་པ་དང་མ་སྐྱེས་པ་ལ་སོགས་པར་ཆོས་ཐམས་ཅད་བསྟན་པའི་ཕྱིར་རོ་ཞེས་བྱ་བ་ལ་ཀུན་བརྟགས་ཀྱི་རང་བཞིན་དང་གཞན་དབང་གི་རང་བཞིན་དང། ཡོངས་སུ་གྲུབ་བའི་རང་བཞིན་གསུམ་ལ་དགོངས་ནས།
་མཚན་ཉིད་ལ་བཤད་དེ། དེ་ལ་ཀུན་བརྟགས་ཀྱི་རང་བཞིན་ལ་དགོངས་ནས་ངོ་བོ་ཉིད་མེད་དོ་ཞེས་གསུངས་ཏེ། ཀུན་བརྟགས་ཀྱི་ཆོས་རྣམས་ནི་རི་བོང་གི་རྭ་ལ་སོགས་པ་བཞིན་དུ་ཐམས་ཅད་ནས་ཐམས་ཅད་དུ་མེད་པའི་རང་བཞིན་ཡིན་པའི་ཕྱིར་རོ།།
་གཞན་དབང་གི་རང་བཞིན་ལ་དགོངས་ནས་མ་སྐྱེས་པ་དང་མ་འགགས་པ་ཞེས་གསུངས་ཏེ། སེམས་དང་སེམས་ལས་བྱུང་བའི་ཆོས་གཞན་དབང་རྣཾས་ནི་རྒྱུ་དང་རྐྱེན་གཞན་གྱི་མཐུ་ལS་སྐྱེ་ཞིང་འགག་པར་ཟད་ཀྱི། རང་ཉིད་ཀྱི་སྐྱེ་ཞིང་རང་ཉིད་ཀྱིས་འགག་བ་མེད་བS་ན་མི་སྐྱེ་མི་འགག་པ་ཞེས
་གསུངས་སོ། །ཡོངས་སུ་གྲུབ་པའི་རང་བཞིན་ནི་ནམ་མཁའ་ལྟ་བུ་ཡིན་པས་ཡོངས་སུ་གྲུབ་བའི་རང་བཞིན་ལ་དགོངས་ནས་ཆོས་ཐམས་ཅད་ནི་རང་བཞིན་གྱིས་མྱ་ངན་ལས་འདས་པ་ཞེས་གསུངས་སོ། །ཡང་ན་གང་དུ་མེད་པ་དང་སྟོང་བ་ཞེས་བཤད་པ་དེ་དག་ནི་ཀུན་བརྟགས་ཀྱི
་རང་བཞིན་ལ་དགོངས་པའོ། །གང་དུ་སྒྱུ་མ་དང། སྨིག་རྒྱུ་དང། གཟུགས་བརྙན་ལྟ་བུའོ་ཞེས་བཤད་བ་དེ་དག་ཀུན་ནི་གཞན་དབང་གི་རང་བཞིན་ལ་དགོངས་བ་སྟེ། སྒྱུ་མ་ལ་སོགས་པ་བཞིན་དུ་འཁྲུལ་པ་སྐྱེ་བའི་རྒྱུ་བྱེད་བའི་ཕྱིར་རོ། །གང་དུས་དང་ཕ
་རོལ་ཏུ་ཕྱིན་པ་དང། བྱང་ཆུབ་ཀྱི་ཕྱོགས་དང། སྟོབས་དང་མི་འཇིགས་པ་ལ་སོགས་པ་བཤད་པ་དེ་དག་ནི་ཡོངས་སུ་གྲུབ་བའི་རང་བཞིན་ལ་དགོངས་པའོ། །གཉེན་པོ་ལ་དགོངས་བ་ནི་ཉེས་བ་འདུལ་བའི་ཕྱིར་རིག་པར་བྱ་སྟེ་ཞེས་བྱ་བ་ལ། མི་གཙང་བ་བསྒོམ་པ་བཤད
་པ་ནི་འདོད་ཆགས་ཀྱི་ཉེས་པ་གདུལ་བའི་ཕྱིར་གསུངས་པ་དང། བྱམས་བ་བསྒོམས་པ་བཤད་པ་ནི་ཞེ་སྡང་གི་ཉེས་པ་འདུལ་བར་བྱ་བ་ལ་དགོངས་ཏེ་གསུངས་པ་དང། རྟེན་ཅིང་འབྲལ་ཏེ་འབྱུང་བ་གསུངས་པ་ནི་གཏི་མུག་གི་ཉེས་པ་འདུལ་བར་བྱ་བ་ལ་དགོངས་ནས
་གསུངས་པ་སྟེ། འདི་དག་ཉེས་པ་འདུལ་བ་ལ་དགོངས་ཞེས་བྱའོ། །དེ་ཉིད་ཀྱི་དོན་བསྟན་པའི་ཕྱིར་ཇི་ལྟར་སྒྲིབ་པ་རྣམ་པ་བརྒྱད་ཀྱི་གཉེན་པོར་མཆོག་གི་ཐེག་པ་རྣམས་གསུངས་པ་ནི་འོག་ནས་འཆད་དེ། བསྔགས་པ་དང་བཅས་པའི་ཚིགས་བཅད་རྣམ་པ་གཉིས
་འཆད་པའོ་ཞེས་བྱ་བ་ལ། དཔེར་ན་སྒྲིབ་པ་རྣམ་པ་བརྒྱད་ཀྱི་གཉེན་པོར་ཐེག་པ་ཆེན་པོ་བཤད་པ་ལྟ་བུའི་གཉེན་པོ་ལ་དགོངས་པ་ཞེས་བྱ་སྟེ། སྒྲིབ་པ་རྣམ་པ་བརྒྱད་ཀྱི་གཉེན་པོར་ཐེག་པ་ཆེན་པོ་གསུངས་པ་ནི་ཕྱིས་འོག་ནས་འཆད་དེ། དེ་ཡང་ཐེག་པ། ཆེན་པོ་ཤིན
་ཏུ་རྒྱས་པ་ཞེས་བྱ་བའི་མདོ་ལས་བསྡད?་པ་དང་?་བའི་ཚིགས་སུ་པདྨ་ལ?་ཉི?་ཤིག་འབྱུང་བའོ། །བསྔོ་བ་ལ་དགོངས་པ་ནི་ཟབ་མོར་བརྗོད་པ་ལས་རིག་བར་བྱ་སྟེ་ཞེས་བྱ་བ་ལ་ཚིག་ཟབ་སྟེ། ཚིག་ཀྱང་གཞན་དུ་འབྱུང་དོན་ཀྱང་གཞན་དུ་སྟོན་པ་ལ་ནི་བསྔོ་བ་ལ་དགོངས་བ་ཞེས
་བྱའོ། །དེ་ཉིད་བསྟན་བའི་ཕྱིར། ཇི་ལྟར་སྙིང་པོ་མེད་ལ་སྙིང་པོར་རྟོག། ཕྱི་ཅི་ལོག?་ལ་རབ་ཏུ་གནས། །ཉོན་མོངས་པས་ནི་རབ་ཉོན་མོངས། །བྱང་ཆུབ་དམ་པ་ཐོབ་པར་འགྱུར་ཞེས་སྤྲོས?་ཏེ། ཚིག་དེའི་ཐད་ཀར་ནི་ཕུང་པོ་ལྔ་དང། འདོད་པ་ལྔའི་ཡོན་ཏན་ནི་སྙིང་པོ་ཞེས
་བྱ་སྟེ། དེ་ལ་དམ་པ་དང་གཙོ་བོར་འཛིན་པ་ནི་སྙིང་པོ་མེད་ལ། སྙིང་པོར་རྟོག་བ་ཞེས་བྱའོ། །རྟག་པ་དང་བདེ་བ་དང། གཙང་མ་དང་བདག་ཏུ་འཛིན་པ་ནི་ཕྱིན་ཅི་ལོག་ལ་རབ་ཏུ་གནས་པ་ཞེས་བྱའོ། །འདོད་ཆགས་དང་ཞེས་ངར?་སོགས་པ་ནི་ཉོན་མོངས་བ་ཞེས་བྱ་སྟེ། ཉོན་མོངས་པ་དེ
་དག་ལ་རྟག་ཏུ་སྤྱོད་པས་སེམས་དྲི་མ་ཅན་དུ་བྱས་པ་ནི་ཉོན་མོངས་པས་ནི་ཉོན་མོངས་པ་ཞེས་བྱ་སྟེ། དེ་ལྟར་བྱས་ན་བྱང་ཆུབ་དམ་པ་ཐོབ་པར་འགྱུར་ཏེ། བླ་ན་མེད་པའི་བྱང་ཆུབ་དམ་པ་ཐོབ་པར་འགྱུར་རོ་ཞེས་བྱེ་བའི་དོན་ཏོ། །དེ་ལ་འདི་ལྟར་དགོངས་པའོ་ཞེས་བྱ་བ་ནི་ཚིགS
་བཅད་དེ་དེ་སྐད་འབྱུང་མོད་ཀྱི་དེ་ནི་དོན་གཞན་དུ་དགོངས་ཤིང་འཆད་བ་སྟེ། དེའང་ཅི་དགོངས་ཤེ་ན། དེ་ནི་འདི་ལྟར་དགོངས་སོ་ཞེས་བྱ་བའི་དོན་ཏོ། །སྙིང་པོ་མེད་པ་ལ་སྙིང་པོར་རྟོག་བ་ནི་གང་གིས་མི་གཡེང་བ་ལ་གཙོ་བོའི་བློ་དང་མཆོག་གི་བློ་ཞེས་བྱ་བ་ལ། སྙི་པོ་མེད་པ་ལ་རྒྱ
་གར་སྐད་དུ་ཨ་ས་ར་ཞེས་འབྱུང་སྟེ། ས་ར་ནི་སེམས་ཡུལ་ལ་འཇུག་ཅིང། ཕྱིར་གཡེངས་པ་ལ་བྱའོ། ། ས་ར་ནི་སེམས་མི་གཡེངས་ཤིང་རྩེ་གཅིག་ཏུ་གནས་པ་ལ་བྱ་སྟེ། གང་ཟག་གང་གིS་མོས་པ་སྤྱོད་པའི་ཏང་ངེ་འཛིན་དྲོང་དང་སྤྱི་བོ་དང་བཟོད་པ་དང། འཇིག་རྟེན་ཆོས
་མཆོག་ལ་འདི་དག་དང་ནི་ས་དང་པོར་ཐོབ་པར་བྱེད་པའི་རྒྱུ་ཡིན་པས་མཆོག་དང་དམ་པ་དང། གཙོ་བོ་ཡིན་ནོ་སྙམ་དུ་བློ་འཇོག་པ་ནི་སྙིང་པོ་མེད་ལ། སྙིང་པོར་རྟོག་པ་ཞེས་བྱ་སྟེ། འདིས་ནི་མོས་པར་སྤྱོད་པའི་ས་བཞི་བསྟན་ཏོ། །གཡེང་བ་ནི་འབྱུང་བའི་སེམས་སོ་སོར
་ཞེས་བྱ་བ་ལ། སེམས་གཟུགས་ལ་སོགས་པའི་ཡུལ་ལ་ཕྱིར་འབྱུང་ཞིང་ཞུགས་པར་འགྱུར་པ་ལ་གཡེང་བ་ཞེས་བྱ་བའོ་ཞེས་བྱ་བའི་དོན་ཏོ། །ཕྱིན་ཅི་ལོག་ལ་རབ་ཏུ་གནས་བ་ནི་རྟག་པ་དང་བདེ་བ་དང། གཙང་བ་དང་བདག་ཏུ་འཛིན་པ་ལས་ཕྱིན་ཅི་ལོག་པ་སྟེ། མི་རྟག
་པ་ལ་སོགས་པ་ཕྱིན་ཅི་ལོག་པ་ལ་རབ་ཏུ་གནས་པ་སྟེ། མི་ཉམས་པའི་ཕྱིར་རོ་ཞེས་བྱ་བ་ལ། རྟག་པ་ལས་ཕྱིན་ཅི་ལོག་པ་ནི་མི་རྟག་པའོ། །བདེ་བ་ལས་ཕྱིན་ཅི་ལོག་པ་ནི་སྡུག་བསྔལ་བའོ། །གཙང་བ་ལས་ཕྱིན་ཅི་ལོག་པ་ནི་མི་གཅང་བའོ། །དག་ཏུ་འཛིན་པ་ལ་ཕྱིན་ཅི
་ལོག་པ་ནི་བདག་མེད་པ་སྟེ། རྟག་པ་ལ་སོགས་པ་ལས་ཕྱིན་ཅི་ལོག་ཏུ་གྱུར་པ། མི་རྟག་པ་ལ་སོགས་པའི་དོན་རྟོགས་པ་ནི་ཕྱིན་ཅི་ལོག་ལ་རབ་ཏུ་གནས་བ་ཞེས་བྱ་སྟེ། དེ་ལྟར་ཡངས་དང་པོ་མཐོང་བའི་ལམ་ན་རྟོགས་པས་འདི་ནི
་མཐོང་བའི་ལམ་བསྟན་ཏོ། །རབ་ཏུ་གནས་པ་ཞེས་བྱ་བ་ནི་དེ་ལྟར་མི་རྟག་པ་དང། སྡུག་པ་ལ་སོགས་པ་མཐོང་ནས་སླར་རྟག་པ་ལ་སོགས་པ་ལ་བློ་ལྡོག་ཅིང་ཉམས་པ་མེད་པས་ན་རབ་ཏུ་གནས་པ་ཞེས་བྱ་སྟེ། ས་དང་པོར་མི་རྟག་པ་ལ་སོགས་པ་མཐོང་ནས་དེ་ལས
་ཉམས་པའི་སེམས་མི་འབྱུང་བའི་ཕྱིར་རོ། །ཉོན་མོངས་པས་རབ་ཏུ་ཉོན་མོངས་པ་ནི་ཡུན་རིང་བོར་དཀའ་བ་སྤྱོད་པ་དང། བརྩོན་འགྲུས་དང་འབད་པས་ཉོན་མོངས་པའོ་ཞེས་བྱ་བ་ལ། ས་གཉིས་ནས་ས་བཅུ་མན་ཆད་བསྒོམ་པའི་ལམ་ན་མཐོང་བ་དང། བསྒོམS
་ངས་སྤང་བར་བྱ་བའི་ཉོན་མོངས་པ་རྣམས་སྤང་བར་བྱ་བའི་ཕྱིར་འབད་པ་དང་བརྩལ་བ་དང། དཀའ་བ་སྤྱོད་པ་དུ་མས་བདག་ཉིད་ཤ་ཐང་བར་བྱས་པ་ནི་ཉོན་མོངས་པའི་ཉོན་མོངས་པ་ཞེས་བྱ་སྟེ། འདིས་ནི་བསྒོམ་པའི་ལམ་བསྟན་ཏོ། །དེ་ལྟར་མོས་པར་སྤྱོད་བའི
་ཏིང་ངེ་འཛིན་ལ་མཆོག་དང་དམ་བའི་བློ་ཡང་བསྐྱེད། མཐོང་བའི་ལམ་དུ་རྟག་པ་ལ་སོགས་པ་ལས་ཕྱིན་ཅི་ལོག་ཏུ་གྱུར་པའི་ཆོས་མི་རྟག་པ་ལ་སོགས་པའི་དོན་ཡང་རྟོགས། བསྒོམ་པའི་ལམ་དུ་དཀའ་བ་སྤྱོད་པ་དུ་མས་ཉོན་ཡང་མོངས་ན་སངས་རྒྱས
་ཀྱི་སར་བླ་ན་མེད་པས་བྱང་ཆུབ་ཐོབ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ལྡེམ་པོར་དག་རྣམ་པར་དབྱེ་བའི་ཚིགས་སུ་བཅད་པ་ཞེས་བྱ་བ་ལ། དེ་བཞིན་གཤེགས་པ་སེམས་ཅན་ལ་ཆོས་འཆེད་པ་ན་ཕྱེ་ན་ལྡེམ་པ་ངག་ཏུ་ཆོས་འཆད་པ་བསྟན་པའི་ཕྱིར
་ཚིགས་སུ་བཅད་པ་རྩོམ་མོ་ཞེས་བྱ་བའི་དོན་ཏོ། །ཆོས་ཀྱི་སྐུ་ལ་ཁྱད་པར་མེད་པའི་ཕྱིར་རོ་ཞེས་བྱ་བ་ལ། མཉམ་པ་ཉིད་ཀྱི་ལྡེམ་པོ་དག་ནི་སངས་རྒྱས་ཤཱཀྱ་ཐུབ་པས་འཁོར་གྱི་ནང་དུ་ད་ཉིད་དེའི་ཚེ་ལྷག་མཐོང་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འགྱུར
་རོ་ཞེ་འམ། ང་ཉིད་དེ་ཡིན་ནོ་ཞེས་བཀའ་སྩལ་ཏོ། །དེ་འང་སངས་རྒྱས་ཤཱཀྱ་ཐུབ་པ་ཉིད་མ་ཡིན་གྱི་དེ་བཞིན་གཤེགས་པ་རྣམས་ཀྱི་ཆོས་ཀྱི་སྐུ་ནི་ཅུང་ཟད་ཁྱད་པར་དང་བྱེ་བྲག་མེད་དོ། །ཆོས་ཀྱི་སྐུ་འདྲ་བ་ལ་དགོངས་ནས་དེ་ཉིད་དེ་ཡིན་ནོ་ཞེས་བཀའ་སྩལ་ཏོ།།
་དོན་གཞན་གྱི་ལྡེམ་པོའི་དག་ནི་གང་ཆོས་ཐམས་ཅད་ལ་ངོ་བོ་ཉིད་མེད་པ་མ་སྐྱེས་པའོ་ཞེས་གསུངས་པ་ལ་སོགས་པ་སྟེ། ཇི་སྒྲ་ཇི་བཞིན་མ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ལ། དོན་གཞན་གྱི་ལྡེམ་པོ་དག་ནི་མདོ་དག་ལས་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པ་དང
་མ་སྐྱེས་པ་དང། མ་འགགས་པ་དང། རང་བཞིན་གྱིས་མྱ་ངན་ལས་འདས་པའོ་ཞེས་གསུངས་པ་ཡང་ཐམས་ཅད་ན་ཐམས་ཅད་དུ་མེད་པའི་དོན་དུ་བལྟ་བ་མ་ཡིན་གྱི། ཀུན་བརྟགས་ཀྱི་རང་བཞིན་ལ་དགོངས་ནས་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པར་བཤད་།
་གཞན་དབང་ལ་དགོངས་ནས་ནི་མ་སྐྱེས་པ་དང་མ་འགགས་པ་ཞེས་བཤད། ཡོངས་སུ་གྲུབ་པ་ལ་དགོངས་ནས་ནི་ཆོས་ཐམས་ཅད་རང་བཞིན་གྱིས་མྱ་ངན་ལས་འདས་པའོ་ཞེས་བཤད་དོ། །དུས་གཞན་གྱི་ལྡེམ་པོ་དག་ནི་ཞེས་བྱ་བ་ལ། སེམས་ཅན་གང་དག
་ལེ་ལོ་ཅན་དགེ་བ་ཆུང་ཟད་ཀྱང་མེད་དུ་མི་བཏུབ་པ་དེ་དག་དགེ་བའི་རྩ་བ་ཆུང་ཟད་བསྐྱེད་པའི་ཕྱིར། དུས་གཞན་ལ་དགོངས་ནས་སེམས་ཅན་གང་གིས་དེ་བཞིན་གཤེགས་པ་སྣང་བ་མཛའ་ཡས་ཀྱི་སངས་རྒྱས་ཀྱི་ཞིང་བདེ་བ་ཅན་དུ་སྐྱེ་བར་སྨོན་ལམ་བཏབ
་པར་དེ་དེར་སྐྱེ་བར་འགྱུར་རོ་ཞེས་གསུངས་པ། སྨོན་ལམ་བཏབ་མ་ཐག་ཏུ་ཚེ་འདི་ཉིད་ལ་དེར་སྐྱེས་བར་འགྱུར་བ་འམ། ཚེ་རྗེས་མ་ཐག་ཏུ་སྐྱེ་བ་འགྱུར་བ་མ་ཡིན་གྱི། དེ་ལྟར་སྨོན་ལམ་བཏབ་པ་དང། དེའི་རྒྱུས་ནམ་ཞིག་ན་སྐྱེ་བར་འགྱུར་བ་ལ་དགོངས་ནས་དེ་སྐད་དུ
་བཀའ་སྩལ་པའོ། །གང་ཟག་གི་བསམ་པ་ལྡེམ་པོ་དག་ནི་གང་དགེ་བའི་རྩ་བ་དེ་ཉིད་ཁ་ཅིག་ལ་བསྟོད། ཉུང་དུས་མགུ་བ་ཁ་ཅིག་ལ་ནི་སྨོད་པའོ་ཞེས་བྱ་བ་ལ་དེ་བཞིན་གཤེགས་པ་ཆོས་སྟོན་པ་ནི་སེམས་ཅན་གྱི་སྣོད་དུ་སྦྱར་ཞིང་སྟོན་པ་སྟེ། དེ་ལ་གང་ཟག
་ཁ་ཅིག་དགེ་བའི་རྩ་བ་བརླབས་པོ་ཆེ་ལ་དད་པ་ཞིག་ན། དེ་ལ་སྦྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱི་ཡོན་ཏན་བསྡགས་པ་ཆེར་བསྟོད་དེ་བཤད་དོ། །གང་ཟག་ལ་ལ་སྤྱོད་པ་ཞན་པ་ཞིག་སྟེ། དགེ་བའི་རྩ་བ་ཆུང་ངུ
་ཙམ་གྱིས་ཆོག་པར་འཛིན་པ་ལ་ནི་སྦྱིན་པ་ལ་སོགས་པའི་ཡོན་ཏན་སྨད་ནས་བསྟན་པ་སྟེ། དེ་ལྟར་དགེ་བའི་རྩ་བ་ལ་ཆེར་དད་པ་ལ་ནི་བསྟོད་ཏེ་བསྟན་པར་འགྱུར། དགེ་བའི་རྩ་བ་ཆུང་དུ་ལ་མོས་པ་རྣམས་ལ་ནི་ཆུང་དུ་བསྔགས་ཤིང་བསྟན་པ་སྟེ
་འདི་ནི་གང་ཟག་གི་སེམས་ལ་དགོངས་པའི་ལྡེམ་པོའི་དག་གོ་།རྒྱས་པར་བསྡུས་པ་ཐེག་པ་ཆེན་པོའི་མདོ་སྡེ་ལས་ཤེས་ཞེས་བྱ་བ་ལ་སོགས་པ་ལ། གོང་དུ་གཉེན་པོའི་ལྡེམ་པོའི་དག་གི་སྐབས་སུ་ཉེས་པའི་གཉེན་པོར་གང་བཤད་པ་ནི་གཉེན་པོའི་ལྡེམ་པོ
་དག་གོ་ཞེས་བཤད་པ་ལས་སྒྲིབ་པ་བརྒྱད་ཀྱི་གཉེན་པོར་ཐེག་པ་ཆེན་པོ་བཤད་པ་ཡང་གཉེན་པོའི་ལྡེམ་པོ་དག་ཡིན་པའོ་ཞེས་གླེངས་པ་ལ་སྒྲིབ་པ་བརྒྱད་ཀྱི་གཉེན་པོར་ཐེག་པ་ཆེན་པོ་བཤད་པ་གང་ཞེ་ན། རྒྱས་པར་བསྡུས་པ་ཞེས་བྱ་བའི
་ཐེག་པ་ཆེན་པོའི་མདོ་སྡེ་ལ་བསྔགས་པ་དང་བཅས་པའི་ཚིགས་སུ་བཅད་པ་གཉིས་ཤིག་གླེངས་པ་སྟེ། དེ་ལ་ཚིགས་སུ་བཅད་པ་གཉིས་ཀྱིས་ནི་སྒྲིབ་པ་བརྒྱད་བསྟན་ཏོ། །ཚིགས་སུ་བཅད་པ་གསུམ་གྱིས་ནི་དེའི་བསྡགས་པ་བསྟན་པ
་ཡིན་ཏེ། སྦྱིར་ནི་ཚིགས་སུ་བཅད་པ་ལྔ་ཞིག་འབྱུང་ངོ། །སངས་རྒྱས་ཆོས་ལ་སྨོད་པ་དང། ལེ་ལོ་ཉུང་དུས་དགའ་བ་དང། །ང་རྒྱལ་འདོད་ཆགས་སྤྱོད་པ་དང། །འགྱོད་དང་མ་ངེས་འབྱེད་པའོ་ཞེས་བྱ་བ་ལ། སྒྲིབ་པ་བརྒྱད་ནི་སངས་རྒྱས་ལ་སྨོད
་པ་དང། ཆོས་ལ་སྨོད་པ་དང། ལེ་ལོ་དང་ཉུང་དུས་དགའ་བ་དང། ང་རྒྱལ་ལ་སྤྱོད་པ་དང། འདོད་ཆགས་ལ་སྤྱོད་པ་དང། འགྱོད་བ་དང། མ་ངེས་པོ་འབྱེད་པའོ། །སེམས་ཅན་རྣམས་ཀྱི་སྒྲིབ་པ་དེའི་གཉེན་པོར་མཆོག་གི་ཐེག་པ་གསུངས་ཞེS
་བྱ་བ་ལ། བརྒྱད་པོ་དེ་དག་ནི་སེཾས་ཅན་གྱི་སྒྲིབ་བ་ཡིན་ཏེ། སྒྲིབ་བ་དེའི་གཉེན་པོར་བཅོམ་ལྡན་འདས་ཀྱིས་ཐེག་པ་ཆེན་པོ་གསུངས་སོ་ཞེས་བྱ་བའི་དོན་ཏོ། །གང་གིས་བར་དུ་གཅོད་པ་ཡི། །ཉེས་པ་ཐམས་ཅད་སྤང་བའི་ཕྱིར་ཞེས་བྱ་བ་ལ། གང་ཟག་གང་གིས་མཐོ་རིས
་དང་ཐར་པ་ཐོབ་པར་བྱ་བ་ལ། བར་དུ་གཅོད་པའི་ཉེས་པ་སྤང་བར་བྱ་བའི་ཕྱིར་ཐེག་པ་མཆོག་བཤད་དོ་ཞེས་བྱ་བར་སྦྱར་རོ། །ཚིགས་བཅད་གཉིས་བསྔགས་བ་དང། བཅས་པར་བསྟན་ཏོ་ཞེས་གླེངས་པ་ལས་ཚིགས་བཅད་ཀྱི་བསྔགས་པ་ཚིགས་བཅད
་གསུམ་གྱིས་བསྟན་ཏོ། །དེའི་ཕྱིར། གང་གིས་ཚིགས་བཅད་གཉིས་པ་འདི། དོན་དང་ཚིགས་དང་འཛིན་ཞུགས་ན་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེའི་དོན་ནི་གང་ཟག་གང་གིས་སངས་རྒྱས་ཆོས་ལ་སྨོས་པ་དང་ཞེས་བྱ་བ་ལ་སོགས་པའི་དོན་རྟོགས་པར་བྱ་བ
་ལ་ཞུག་ས་པ་དང། ཚིག་དང་དོན་བླངས་ཤིང་མི་བརྗེད་པར་བྱ་བ་ལ་ཞུགས་ན་ཞེས་བྱ་བའི་དོན་ཏོ། །སེམས་ཅན་མཆོག་གི་བློ་ལྡན་ཞིང། །བསྔགས་པ་རྣམ་པ་བཅུ་འཐོབ་པ་སྟེ་ཞེས་བྱ་བ་ལ། དེ་ལྟར་དོན་དང་ཚིག་འཛིན་པ་ལ་ཞུགས་ན་བསྔགས་པ་རྣམས་པ་བཅད
་འཐོབ་པ་སྟེ་བསྔགས་པ་རྣམ་པ་བཅུ་ནི་སེམས་ཀྱི་མཆོག་འགྱུར་ཞིང་བློ་དང་ལྡན་པར་འགྱུར་ཏེ། འདི་ནི་བསྔགས་པ་རྣམ་པ་གཅིག་གོ་།བློ་དང་ལྡན་པ་ཞེས་བྱ་བ་ནི་དགོངས་པ་དང། ལྡེམ་པོ་དག་ལ་མཁས་པའི་ཤེས་རབ་དང་ལྡན་པར་འགྱུར་རོ། །ཞེས
་བྱ་བའི་དོན་ཏོ། །ཁམས་རྣམས་རབ་ཏུ་རྒྱས་པ་དང་ཞེས་བྱ་བ་ལ། ཁམས་འདིའི་སྐབས་སུ་རིགས་དང་ས་བོན་ལ་བྱ་སྟེ། ཐེག་པ་ཆེན་པོའི་རིགས་སྨིན་ཅིང་རྟས་པར་འགྱུར་ཏེ་འདི་ནི་རྗེས་སུ་བསྔགས་པ་གཉིས་པའོ། །འཆི་བའི་ཚེ་ནི་དགའ་མཆོག་སྐྱེ་ཞེས་བྱ་བ་ལ།
་འཆི་བའི་ཆེ་ཡང་ལུས་སྡུག་བསྔལ་བ་དང། སེམས་འཁྲུགས་བཞིན་པའི་འཆི་བར་མི་འགྱུར་གྱི་ལུས་བདེ་བ་དང་སེམས་དགའ་བཞིན་དུ་འཆི་བར་འགྱུར་ཏེ། འདི་ནི་རྗེས་སུ་བསྔགས་པ་གསུམ་པའོ། །ཇི་ལྟར་འདོད་པའི་ཚེ་དང་ནི་ཞེས་བྱ་བ་ལ། ཚེ་རབས་གཞན
་དུ་ཡང་ལྟ་དང་མི་ལ་སོགས་པའོ་གནས་གང་དང་གང་དུ་ཡང་སྐྱེ་བར་འདོད་པ་དེ་དང་དེར་སྐྱེས་བར་འགྱུར་ཏེ། དེ་ནི་རྗེས་སུ་བསྔགས་པ་རྣམ་པ་བཞི་པའོ། སྐྱེ་བ་ཐམས་ཅད་དོན་པ་དང་ཞེས་བྱ་བ་ལ། ཚེ་རབས་དེ་དང་དེ་དག་ཏུ་སྐྱེས
་ནས་ཀྱང་ཚེ་རབས་སྔ་མ་ལ་ཅི་དང་ཅི་བྱས་ཀྱང་ཐམས་ཅད་དང་དྲན་པར་བྱས་ཏེ། འདི་ནི་རྗེས་སུ་བསྔགས་པ་ལྔ་པའོ། །སངས་རྒྱས་དང་ནི་ལྷན་ཅིག་ཅིར་ཞེས་བྱ་བ་ལ། དེར་ཡང་མ་ཟད་ཀྱི་ཚེ་རབས་དེ་དང་དེ་དག་ཏུ་མི་དགེ་བའི་བཤེས་གཉེན་དང་ཕྲད
་པར་ནི་མི་འགྱུར་གྱི། རྟག་ཏུ་ཡང་སངས་རྒྱས་དང་འགྲོགས་ཤིང་ཕྲད་པར་འགྱུར་ཏེ། འདི་ནི་རྗེས་སུ་བསྔགས་པ་དྲུག་པའོ། །ཐེག་པ་མཆོག་དག་དེ་ལས་ཉན་ཞེས་བྱ་བ་ལ་སངས་རྒྱས་དང་ཕྲད་ནས་ཀྱང་ཐེག་པ་ཆེན་པོའི་ཆོས་དག་དེ་བཞིན་གཤེགས
་པ་ལ་ཉན་པར་བྱེད་དེ། དེ་ནི་རྗེས་སུ་བསྔགས་པ་བདུན་པའོ། བློ་དང་ལྡན་བསམས་པ་དང་ཞེས་བྱ་བ་ལ། ད་ལྟར་སྒྲིབ་པ་དང་བྲལ་ཏེ། བློ་དང་ལྡན་པར་གྱུར་ནས། ཐེག་པ་ཆེན་པོའི་ཆོས་ལ་དགའ་བ་དང། དད་པ་དང་མོས་པ་མང་བར་འགྱུར་ཏེ། འདི་ནི་རྗེས་སུ
་བསྔགས་པ་བརྒྱད་བའོ། །སླ་གཉིས་མྱུར་དུ་བྱང་ཆུབ་འཐོབ་ཅེས་བྱ་བ་ལ། གཞན་ཡང་ཏིང་ངེ་འཛིན་གྱི་སྒོ་དང?་གཟུངས་བྱང་ཆུབ་འཐོབ་ཅེས་བྱ་བ་ལ། གཞན་ཡང་ཏིང་ངེ་འཛིན་གྱི་སྒོ་དུད?་གཟུངས་གྱི་སྒོ་གཉིས་འཐོབ་པར་འགྱུར་ཏེ། འདི་ནི་རྗེས་སུ་བསྔགས་པ་དགུ་པའོ། །དེ་ནས་བསྐལ་པ་གྲངས་མེད་པ་གསུམ་དུ་ནི་མི་ཐོགས་ཀྱི་བླ་ན
་མེད་བའི་བྱང་ཆུབ་ཏུ་འཚང་རྒྱ་བར་འགྱུར་ཏེ། འདི་ནི་རྗེས་སུ་བསྔགས་པ་བཅུ་བའོ། །དེ་ལ་མ་ངེས་པ་དབྱེ་བ་ནི་བྱང་ཆུབ་སེམས་དཔའ་མ་དེས་པ་རྣམས་ཐེག་པ་ཆེན་པོ་ལས་འབྱེད་པའོ་ཞེས་བྱ་བ་ལ། སྒྲིབ་པ་བརྒྱད་ལས། གང་བཀའ་བདེ་བཤད་དོ། །མ་ངེས
་པར་དབྱེ་བ་ཞེས་བྱ་བ་ནི། བྱང་ཆུབ་སེམས་དཔའ་ཨི་རིགས་མ་ངེས་པ་དག་སྔོན་བྱང་ཆུབ་སེམས་དཔའ་ཨི་སྤྱད་པ་སྐྱོད་པ་ལས་ཕྱིས་ཉན་ཐོས་ལ་སོགས་པར?་བཤེས་གཉེན་དང་བྲད་ནས་བླ་ན་མེད་པའི་བྱང་ཆུབ་ནི་བསྐལ་པ་གྲངས་མེད་པ་གསུམ་དུ་བསྒྲུ་བ་དགོས
་པས། དུས་རིང་གི་ཚེ་གསུམ་ཙམ་གྱིས་སྒྲུབ་པ། ཉན་ཐོས་ཀྱི་འབྲས་བུ་བླང་ངོ་སྣམ་ནས་བྱང་ཆུབ་སེམས་དཔའ་ཨི་སྤྱོད་པ་བསྟན་ཏེ། ཉན་ཐོས་ཀྱི་སྤྱོད་པ་ལ་ཞུགས་པ་ནི་མ་ངེས་པ་ཞེས་བྱ་སྟེ། མ་ངེས་པ་ཞི་རིགས་ཅན་དག་ཐོག་པ་ཆེན་པོའི་སྤྱོད་པ་དང་དབྱེ་བར་འགྱུར
་ཞེས་བྱ་བའི་དོན་ཏོ། །ཐེག་པའི་མཆོག་བཤད་པ་ནི་ཐེག་པ་ཆེན་པོ་བསྟན་པའོ་ཞེས་བྱ་བ་ལ། དེ་ལྟར་སྒྲིབ་པ་རྣམ་པ་བརྒྱད་ཀྱི་གཉེན་པོར་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་བཤད་པ་ནི། །མ་ཡིན་གྱི་ཐེག་པ་ཆེན་པོ
་བཤད་པས་ན་ཐེག་པ་མཆོག་བཤད་པ་ཞེས་བྱའོ། །སངས་རྒྱས་ལ་སྨོད་པའི་སྒྲིབ་པའི་གཉེན་པོ་རང་ཉིད་དེའི་ཚད་པ་དུས་ན་ལྷག་མཐོང་ཡང་དག་པར་རྫོགས་འཻ་སངས་རྒྱས་སོ་ཞེས་བྱ་བ་གསུངས་སོ་ཞེས་བྱ་བ་ལ། སེམས་ཅན་ཁ་ཅིག་འདི་སྙམ་དུ་སྔོན་གྱི་དེ་བཞིན་གཤེགས་པ་ལྷག
་མཐོང་ལ་སོགས་པའི་བསྐལ་པ་བཟང་པོ་དང་དུས་བཟང་པོའི་ཚེ་བྱུང་བ་དང་སངས་རྒྱས་ཞིང་ཤེལ་གྱི་ཁ་དོག་ལ་སོགས་པ་རྣམ་པར་དག་པ་སེམས་ཅན་ལ་རྟོག་པ་མེད་པ་དེ་བཞིན་གཤེཌ་པཱི་སྐུ་ཚེ་ལྔ་རིང་ལ་སྐུ་ལུས་ཀྱི་ཚད་ཀྱང་ཆེ་བ་ཡིན་ན། དེ་བཞིན་གཤེགས་པ་སངས
་རྒྱས་ཤཱཀྱ་ཐུབ་པ་འདི་ནི་སྐུ་སྐལ་ཆུད་བ་སྟེ། སྣོད་ཀྱི་འཇིག་རྟེན་དང་སེམས་ཅན་གྱི་འཇིག་རྟེན་ཡང་མ་དག་པའོ། །ཇི་ལྟར་ཞེ་ན་།སྣོད་ཀྱི། འཇིག་རྟེན་ཡང་རྡོ་དང་ཚར་མ་དག་དང་ངེས་གྲོག་ལ་སོགས་པས་གང་བ། སེམས་ཅན་ཡང་མ་དག་པ་སྟེ། སྙིགས?་མ
་ལྔའི་རང་བཞིན་ནོ། །དེ་བཞིན་གཤེགས་པ་ཡང་སྐུ་ཚེ་ཐུང་ཞིང་སྐུ་ཚར་ཆུང་བ་ཡིན་ནོ། ཞེས་སྤད་ཅིང་བརྙས་པར་བྱེད་དེ། དེ་ལྟར་བསྙས་པ་དེ་ནི་བསོད་ནམས་ཡེ་ཤེས་ཀྱི་ཞིང་སེམས་ཅན་ཐམས་ཅད་ཀྱི་མཆོག་གནས་ལ་བརྙས་པ་ནི་ངན་སོང་དུ་ལྟ་བའི
་རྒྱུར་འགྱུར་ཞིང་ཐར་པ་དང་མཐོ་རིས་ཐོབ་པ་ལ་བར་དུ་གཅོད་པས་ན་སྒྲིབ་པ་ཡིན་ནོ། །སྒྲིབ་པ་དེའི་གཉེན་པོར་དེ་ཉིད་དེའི་ཆེད་དེའི?་དུས་ན་ལྷག་མཐོང་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འགྱུར་ཏོ་ཞེས་བྱ་བ་གསུངས་ཏེ། དེ་སྐད་དུ་བཀའ་སྩལ་བ་དང་སྔོན
་གྱི་དེ་བཞིན་གཤེགས་པ་སྐུ་སྐལ་ཆེན་པོར་གྱུར་པ་ཡང་སངས་རྒྱས་ཤཱཀྱ་ཐུབ་པ་ཡིན་ན་སྙམ་བས་དེ་བཞིན་གཤེགས་པ་ལ་དགའ་བ་དང་མགུ་པའི་སེམས་སྐྱེ་བར་འགྱུར་གྱི་བརྙས་པའི་སེས་ལྡོག་བར་འགུར་རོ། །ཆོས་ལ་སྨོད
་པ་སྒྲིབ་པར་འགྱུར་བའི་གཉེན་པོར་གངྒཱའི་ཀླུད་གི་བྱེ་མ་སྙེད་ཀྱི་སངས་རྒྱས་ལ་བསྙེན་བཀུར་བྱས་ན་གཟོང་ཐེག་པ་ཆེན་པོའི་དོན་ཁོང་དུ་ཆུད་པར་འགྱུར་རོ་ཞེས་གསུངས་སོ་ཞེས་བྱ་བ་ལ་སེམས་ཅན་ཁ་ཅིག་འདི་སྙམ་དུ་སངས་རྒྱས་ཀྱི་ཆོས་འདི་དག་ནི་མ
་རབས་གདོལ་པ་དང། གདོལ་བུ་དང་བུད་མེད་དང་བྱིས་པ་དང་ཕྱུགས་རྫི་ལ་སོགས་པས་ཀྱང་སྤྱད་དུ་རུང་གི་ཞིང་ཀུན་གྱིས་ཀྱང་བརྡ་སྤྲང་བར་ནུས་པས་རུང་བ་མ་ཡིན་ཞིང་སླ་བ་ཡིན་ནོ་སྙམ་ནས་ཆོས་ལ་སྣོད་པར་བྱེད་དེ། དེ་ཡང་ཉོན་མོངས་པ་ཐམས་ཅད་ཀྱི
་སྨན་དུ་གྱུར་པ། བླ་ན་མེད་པའི་བྱང་ཆུབ་ལམ་སྟོན་པར་བྱེད་པ་ལ་སྨད་ན་ངན་སོང་དུ་ལྟང་བའི་རྒྱུར་འགྱུར་ཞིང་ཐར་པ་དང་མཐོ་རིས་ཐོབ་པ་ལ་བར་དུ་གཅོད་པས་ན་སྒྲིབ་པ་ཞེས་བྱའོ། །དེའི་གཉན་པོར་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སངས་རྒྱས་ལ་བསྙན
་བཀུར་བྱས་ན་གཟོད་ཐེག་པ་ཆེན་པོ་བླ་ན་མེད་པའི་དོན་ཆུད་པར་འགྱུར་རོ་ཞེས་གསུངས་ཏེ། གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སངས་རྒྱས་ལ་བསྙེན་བཀུར་མ་བྱས་ན་ནི་རྒྱལ་རིགས་ལ་སོགས་པས་ཀྱང་ཐེག་པ་ཆེན་པོའི་དོན་རྟོགས་པར་མི་འགྱུར་གྱི་གངྒཱའི་ཀླུང་གི
་བྱེ་མ་སྙད་ཀྱི་དེ་བཞིན་གཤེགས་པ་ལ་བསྙེན་བཀུར་བྱས་ན་གཟེང་ཐེག་པ་ཆེན་པོའི་དོན་རྟོགས་པར་བཤད་དོ། དེ་ལྟར་བཤད་པ་དང་ཆོས་འདི་དཀའ་བ་མང་པོས་རྟོགས་པར་འགྱུར་བས་བརྙས་པའི་གནས་མ་ཡིན་ནོ་སྙམ་ནས་བརྙས་པའི་སེམས་ལྡོག
་ཅིང་དགའ་བའི་སེམས་སྐྱེ་བར་འགྱུར་རོ། །ལེ་ལོའི་སྒྲིབ་པའི་གཉེན་པོར་ནི་གང་བདེ་བ་ཅན་དུ་སྨོན་ལམ་བཏབ་ན་དེ་ཉིད་དུ་འདེབས་དེ་བཞིན་གཤེགས་པའི་མཚན་ཙམ་ཡང་མི་བརྗོད་དོ། དེ་པའི་མཚན་གཟུང་བ་ཙམ་གྱིས་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི
་བྱང་ཆུབ་ཏུ་འགྱུར་རོ་ཞེས་གསུངས་པའོ་ཞེས་བྱ་བ་ལ། སེམས་ཅན་ལེ་ལོ་ཅན་ལ་ལ་དག་གླེགས་བམ་ཀླག་པ་དང་བསྒོམ་པ་ལ་སོགས་པའི་དགེ་བ་ལྟག་ལ་བྱེད་ཀྱི། སྨོན་ལམ་ཙམ་ཡང་མི་འདེབས་དེ་བཞིན་གཤེགས་པའི་མཚན་ཙམ་ཡང་མི་བརྗོད་དོ། དེ་ཡང
་དགེ་བའི་རྩི་བ་ཆེན་པོ་སྐྱེ?་བར་བྱ་བ་དང། ཐར་པ་དང་མཐོ་རིས་ཐོབ་པར་བྱ་བ་དང། བར་དུ་གཅོད་པས་ན་སྒྲིབ་པའོ། །དེའི་གཉེན་པོར་གང་གིས་སངས་རྒྱས་སྣང་བ་མཛའ་ཡས་ཀྱི་འཇིག་རྟེན་ཀྱི་ཁམས་བདེ་བ་ཅན་དུ་སྐྱེ་བར་སྨོན་ལམ་བཏབ་པ་སྟེ། དེ་སྐྱེ་བར་འགྱུར
་ཞེས་གསུངས་པ་དང། གཞན་ཡང་གང་གིས་དྲི་མ་མེད་པའི་ཟླ་བ་དེ་བཞིན་གཤེགས་པའི་མཚན་བཟུང་བ་ཙམ་གྱིས་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་འགྱུར་རོ་ཞེས་གསུངས་པ་དང། གཞན་ཡང་གང་གིས་གཟུངས་འདིར་གླགས
་ན་མཚམས་མེད་པ་ལ་སོགས་པའི་ལས་བྱེད་པ་དག་པར་འགྱུར་རོ་ཞེས་གསུངས་ཏེ། དེ་སྐད་དུ་བཤད་པ་དང་ལེ་ལོ་ཅན་དག་སྨོན་ལམ་འདེབས་པར་བྱེད་པ་དང། དེ་བཞིན་གཤེགས་པའི་མཚན་འཛིན་པ་དང། གཟུངས་དག་ཀློག་པོར་བྱེད་དེ། དེའི་སྒོ་ནས
་དགེ་བའི་རྩ་བ་སྩོགས་པའོ། །དགེ་བའི་རྩ་བ་ལ་གནས་ན་ནམ་ཞིག་ན་འཚང་རྒྱ་བར་འགྱུར་བ་དང། གཞན་ཡང་འདི་སྙམ་དུ་སྨོན་ལམ་བཏབ་ཅིང་མཚན་གཟུང་བ་ཙམ་གྱིས་ཀྱང། སངས་རྒྱས་ཀྱི་ཞིང་དུ་སྐྱེ་ཞིང་འཚང་རྒྱན་ཉན་པ་དང་བསམ་པ་ལ་སོགས་པའི
་སྒོ་ནས་དགེ་བ་རྒྱ་ཆེན་པོ་སྤྱད་ན་ལྟ་གདོན་མི་ཟ་བར་འཚང་རྒྱ་ཞེས་ཉན་པ་དང་སེམས་པ་ལ་སོགས་པ་ལ་ཡང་འཇུག་པར་བྱེད་དེ། དེ་བས་ན་ལ་ལོའི་གཉེན་པོར་འགྱུར་རོ། །ཉུང་དུས་མགུ་བའི་སྒྲིབ་པའི་གཉེན་པོར་གང་ཁ་ཅིག་ཏུ་བཅོམ་ལྡན་འདས་ཀྱིས་སྦྱིན
་པ་ལ་སོགས་པས་སྨད་ཁ་ཅིག་བསྔགས་པའོ་ཞེས་བྱ་བ་ལ་།སེམས་ཅན་ལ་ལ་དག་དགེ་པའི་རྩ་བ་ཆུད་ཟད་ཙམ་གྱིས་ཆོག་པར་འཛིན་ཏེ། སྦྱིན་པ་ཙམ་གྱིས་ཆོག་བར་འཛིན་ཅིང་ཚུལ་ཁྲིམས་དང་མཉན་པ་དང་བསམ་པ་ལ་སོགས་པ་དགྲེ?་བ་ཆེན
་པོ་ལ་མི་འཇུག་སྟེ། དེ་དག་དགེ་བའི་རྩ་བརྒྱ་ཆེན་པོ་ལ་གཟུང་བར་བྱ་བའི་ཕྱིར། སྐབས་ཁ་ཅིག་ཏུ་ནི་བཅོམ་ལྡན་འདས་ཀྱི་སྦྱིན་པ་ལས་ནི་ལོངས་སྤྱོད་ཙམ་ཡང་མི་ནུས་ཏེ། བླ་ན་མེད་པའི་བྱང་ཆུབ་མི་འཐོབ་པོ་ཞེས་སྨད་དོ། །
་སྐབས་ཁ་ཅིག་ཏུ་ནི་གང་ཟག་སེར་སྣ་ཅན་རྣམས་གཏོང་བ་ལ་ཆུང་ཟད་ཀྱང་མི་འཇུག་བ་རྣམས་ཀྱི་སེར་སྣ་དང་དབྲལ་བའི་ཕྱིར་སྦྱིན་པ་ནི་ལོངས་སྤྱོད་ཕུན་སུམ་ཚོགས་པ་མཐོང་བའི་སྦྱོར་བ་འཐོབ་པར་བྱེད་པ་ཡིན་ནོ་ཞེས་བསྔགས་སོ། །འདོད
་ཆགས་སྤྱོད་པའི་སྒྲིབ་པའི་གཉེན་པོར་བཅོམ་ལྡན་འདས་ཀྱིས་སངས་རྒྱས་ཀྱི་ཕུན་སུམ་ཚོགS་པ་ལྷག་པར་བསགས་པ་གསུངས་སོ་ཞེས་བྱ་བ་ལ། འཇིག་རྟེན་གྱི་འདོད་པ་ལྔའི་ལོངས་སྤྱོད་ལ་ཆགས་ཤིང་གཏོང་མི་ཕོད་པ་ནི་འདོད་ཆགས་ལ་སྤྱོད་པ་ཞེས་བྱ།
་ཁམས་གསུམ་གྱི་ལོངས་སྤྱོད་དང། འབྱོར་བ་ལ་མཆོག་དང་དམ་པར་འཛིན་པ་ཉིད་འཇིག་རྟེན་འདས་པའི་འབྱོར་པ་དང། ལོངས་སྤྱོད་འཐོབ་བར་བྱ་བ་ལ། བར་དུ་གཅོད་པས་ན་སྒྲིབ་པའོ། །དེའི་གཉེན་པོར་སངས་རྒྱས་ཀྱི་ཞིང་གི
་ཡོན་ཏན་ཕུན་སུམ་ཚོགས་པ་ལྷག་པར་བཤད་དེ། འདི་ལྟར་སངས་རྒྱས་ཀྱི་ཞིང་ནི་ས་གཞི་ཡང་རིན་པོ་ཆེ་ལ་བྱས་པ། ལྷའི་ན་བཟའ་ཀ་ཙ་ལིན་དྷ་ལ་སོགས་པ། རག་ན་འཇམ་པ་དང་ལྡན་པ་དག་ཡོད་དེ། དཔག་བསམ
་ཤིང་གི་ཕྲེང་བས་བརྒྱན་པ་བདུད་རྩའི་རྫིང་རྣམ་པ་སྣ་ཚོགས་དང་ལྡན་པ་ཁ་ཟས་རོ་བརྒྱ་དང་ལྡན་པ་དག་ཟ་སྟེ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཀུན་གྱིས་བསྐལ་པའི་མཐར་ཟོས་ན་ཡང་ཟད་པར་མི་འགྱུར་རོ་ཞེས་གསུངS
་ཏེ། དེ་ལྟ་བུ་དག་ཐོས་ནས་འཇིག་རྟེན་གྱི་ལོངས་སྤྱོད་ལ་ངན་སྐྱུག་ཙམ་དུ་འཛིན་པར་འགྱུར་ཏེ། དེ་བས་ན་འདོད་ཆགས་ཀྱི་གཉེན་བོར་འགྱུར་རོ། །ང་རྒྱལ་སྤྱོད་པའི་སྒྲིབ་པའི་གཉེན་བོར་བཅོམ་ལྡན་འདས་ཀྱིས་གང་སངས་རྒྱས་གཞན་དག་གི་ཕུན་སུམ་ཚོགས་པ
་?་པར་བསྔགས་པ་གསུངས་པའོ་ཞེས་བྱ་བ་ལ། སེམས་ཅན་ལ་ལ་དག་ལོངས་སྤྱོད་དང་ཚེ་དང་མདོག་ལ་སོགས་པས་རྒྱུགས་པ་སྟེ། དོན་དུ་ཉེ་བར་ལེན་པའི་ཕུང་པོ་ལྔ་ལ་དམ་པ་དང་མཆོག་ཏུ་འཛིན་ཏོ། །དེའང་དཔེར་ན་ལྷ་དང་ཀླུ་དང་གནོད་སྦྱིན་ལ་སོགS
་པ་གཟུགས་དང་མཐུ་ཆེན་པོ་དང། ཕྱུག་པ་ལ་སོགས་པས་སྙོམས་ཤིང་བདག་ནི་གཟུགས་བཟང་པོའོ། །བསྟན་སྡུག་པའོ། །མཐུ་ཆེ་བའོ་སྙམ་ནས་ཀྱང་བདག་ལས་ལྷག་པ་གཞན་མེད་དོ་སྙམ་དུ་སེམས་སོ། །དེ་སྙམ་དུ་སེམས་པ་དེ་དེའང་དེ་བཞིན་གཤེགས་བའི
་སྐུ་དང། ཡེ་ཤེས་ཕུན་སུམ་ཚོགས་པ་འཐོག་བར་བྱ་བ་ལ་བར་དུ་གཅོད་བས་སྒྲིབ་པ་ཞེས་བྱའོ། །དེའི་གཉེན་པོར་ནི་དེ་བཞིན་གཤེགས་བས་སངས་རྒྱས་གཞན་དག་གི་ཡོན་ཏན་ལྷག་བར་བསྔགས་ཏེ། དེ་བཞིན་གཤེགས་པའི་སྐུ་ནི་ཟླ་བའི་དཀྱིལ་འཁོར་དང་འདྲ
་བ་མཚན་སུམ་ཅུ་རྩ་གཉིས་དང་དཔེ་བྱེད?་བཟང་པོ་བརྒྱད་ཅུས་བརྒྱན་པ་ལོངས་སྤྱོད་ཀྱང་ཕུན་སུམ་ཚོགས་པ་དང་ལྡན་པའི་སྐུའི་མཐུ་ཡང་ཕྱག་གི་ཚིགས་གཅིག་ལ་སྦོས་ཀྱི་གླང་པོ་དུ་མའི་མཐུ་དང་ལྡན་པའོ་ཞེས་བསྔགས་ཏེ། དེ་ལྟར་བསྔགས་པ་ཐོབ་པ་དང། བདག
་ཅི?་བ་སོ་སོའི་མཐུ་དང་གཟུགས་ལ་སོགས་པ་ཆེན་པོ་ཙམ་མ་ཡིན་པར་མཐོང་ནས་ང་རྒྱལ་མེད་པར་འགྱུར་རོ། །འགྱོད་པས་སྒྲིབ་པའི་གཉེན་པོར་གང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ལ་གནོད་པ་བྱེད་ན་དེ་ཐམས་ཅད་མཐོ་རིས་སུ་འགྲོའོ་ཞེས་གསུངས་པའོ་ཞེས་བྱ་བ
་ལ། ལ་ལ་ཞིག་གིས་མི་ཤེས་པའི་དབང་གིས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ལ་གནོད་པ་བྱས་པ་དང། ཕྱིས་དེ་ལྟར་བྱས་པ་དེ་སྡིག་པ་དྲན་ནས་དེ་ལྟར་བདག་གི་སྡིག་པ་བྱས་པ་ནི་མི་རིགས་པ་དག་བྱས་ཏེ། བདག་ངན་སོང་དུ་འགྲོ་བར་འགྱུར་རོ་སྙམ་ནས་འགྱོད་པ་སྐྱེའོ
་དེ་ལྟར་འགྱོད་བ་དང་མྱ་ངན་གྱི་སེམས་དཀྲུགས་པས་ན་དགེ་པ་ལ་ཡང་མི་འཇུག་ཅིང། འགྱོད་པའི་གཉེན་བོ་ལ་ཡང་བསྟེན་པར་མི་བྱས་པས་ན་དེ་ནི་སྒྲིབ་པའོ། །དེའི་གཉེན་བོ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ལ་གནོད་པ་བྱས་ན་ཡང་མཐོ་རིས་སུ་འགྲོ་ཞེས
་གསུངས་ཏེ། དེ་སྐད་ཐོས་བ་དང་འགྱོད་པ་དང་བྲལ་ཞིང་འགྱོད་བ་གཏོང་བར་བྱེད་དོ། །ཇི་ལྟར་ཞེ་ན་འདི་ལྟར་དེ་དག་ལ་གནོད་བ་བྱས་ན་ཐོ་རིས་སུ་སྐྱེ་ན་ཆུང་ཟད་དེ་དག་ལ་ཕན་བ་བྱས་ནས་ལྟ་ཅི་སྨོས་ཞེས། ཆུང་ཟད་དེ་དག་ལ་ཕན་པ་ཡང་བྱས
་ན་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ལ་དད་པ་སྐྱེ་ཞིང་དགེ་བ་ལ་ཡང་འཇུག་པར་འགྱུར་བའི་ཕྱིར་རོ། །མངེས་བ་དབྱེ་བའི་སྒྲིབ་བའི་གཉེན་པོར་ཉན་ཐོས་ཆེན་བོ་རྣམས་སངས་རྒྱས་སུ་ལུང་བསྟན་པར་བཤད་བ་དང། ཐེག་པ་གཅིག་ཏུ་བཤད་པའོ་ཞེS
་བྱ་བ་ལ། གང་བྱང་ཆུབ་སེམས་དཔའ་ཨི་རིགས་མ་ངེས་པ་དག་སྔོན་བྱང་ཆུབ་སེམས་དཔའ་ཨི་སྤྱད་པ་སྦྱོད་པ་ལས་ཕྱིས་ཉན་ཐོས་ལ་སོགས་བའི་བཤེས་གཉེན་གྱིས་ཉན་ཐོས་ཀྱི་ཐེག་པ་ལ་སྦྱོད་དུ་བཅུག་ནས་བྱང་ཆུབ་སེམས་དཔའ་ཨི་སྤྱོད་བ་བཏང་བ་ནི་མ་ངེས
་པའི་དབྱེ་བ་ཞེས་བྱའོ། །ཐེག་པ་ཆེན་པོའི་སྤྱོད་པ་བཏང་བ་ཉིད་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་བྱ་བ་ལ་བར་དུ་གཅོད་པས་ན་སྒྲིབ་པའོ། །དེའི་གཉེན་པོར་ཉན་ཐོས་ཆེན་པོ་རྣམས་སངས་རྒྱས་སུ་ལུང་བསྟན་པ་དང། ཐེག་པ་གཅིག་ཏུ་ཟད་པར་བཤད་དོ། །དེ་ལ
་བཅོམ་ལྡན་འདས་ཀྱིས་དམ་པའི་ཆོས་པུཎྜ་རཱི་ཀ་ལས་ཐེག་པ་ནི་གཅིག་ཏུ་ཟད་ཀྱི་གསུམ་དུ་མེད་དོ་ཞེས་བཤད་བ་དང། ཉན་ཐོས་ལ་སོགས་པ་འཚང་རྒྱ་བ་མ་ཡིན་ཡང་འཕགས་པ་ཀ་ཏྱ?་ཡ?་ནི་ཐེག་པ་ཆེན་པོ་ལ་འཚང་རྒྱ་བར་འགྱུར་བར་ལུང་བསྟན་ཏེ། དེ་ལྟར
་བཤད་བས་མ་ངེས་པའི་རིགས་ཅན་རྣམས་འདི་སྙམ་དུ་སེམས་ཏེ། དེ་ལྟར་ཐེག་བ་གཅིག་ཏུ་ཟད་ལ་ཉན་ཐོས་ཆེན་པོ་རྣམས་ཀྱང་འཚང་རྒྱ་མཉན་ཐོས་ཀྱི་ཐེག་པ་ལ་ཞུགས་བས་ཅི་ཞིག་བྱས་དང་པོ་ནས་ཐེག་པ་ཆེན་པོར་ཞུགས་པར་བྱའོ་ཞེས་ཐེག་པ་ཆེན་བོ
་ལ་འཇུག་བར་འགྱུར་རོ། །ཁམས་ཐམས་ཅད་རྒྱས་པར་འགྱུར་བ་ནི་ཐེག་པ་ཆེན་པོའི་གནས་སུ་ཁམས་རྒྱས་པའོ་ཞེས་བྱ་བ་ལ། ཐེག་བ་ཆེན་པོའི་རིགས་ལ་ཁམས་ཞེས་བྱ་སྟེ། ཐེག་པ་ཆེན་པོའི་ཆོས་ཐམས་ཅད་ལ་མོས་བ་དང་དང་བར་འགྱུར་བའི་རིགས་?
་ཤིང་སྨིན་བར་འགྱུར་བ་ལ་ཁམས་རྒྱས་བ་ཞེས་བྱའོ། །སྒྲིབ་བ་ད་དང་བྲལ་བས་ཐེག་པ་ཆེན་པོ་ཐམས་ཅད་ལ་མོས་པའང་འཐོབ་བོ་ཞེས་སྒྲིབ་པ་བརྒྱད་དང་བྲལ་ན་ཐེག་བ་ཆེན་པོའི་ཆོས་ཐམས་ཅད་ལ་དགའ་བ་དང་རངས་པ་དང་མོས་པ་སྐྱེ་བའི་སེམས་འཐོབ་བར་འགྱུར་རོ
་ཞེས་བྱ་བའི་དོན་ཏོ། །སྒོ་གཉིས་ནི་ཏིང་ངེ་འཛིན་གྱི་སྒོ་དང་གཟུངས་ཀྱི་སྒོའོ། ཞེས་བྱ་བ་ལ། ཏིང་ངེ་འཛིན་གྱི་སྒོ་ནས་ནམ་མཁའ་མཛོད་ཀྱི་ཏིང་ངེ་འཛིན་དང། དཔའ་བར་འགྲོ་བ་ལ་སོགས་པའི་ཏིང་ངེ་འཛིན་ཏོ། །གཟུངས་ཀྱི་སྒོ་ནི་མི་ཟད་པའི་ཟམ་ཏོག་གི་གཟུངས་ལ་སོགས
་པའོ། །ཚེ་འདི་ཉིད་ལ་བསྔགས་བ་རྣམ་པ་གཉིས་སོ་ཞེས་བྱ་བ་ལ། ཚེ་འདི་ལ་བསྔགས་པ་རྣམ་པ་གཉིས་འཐོབ་སྟེ། ཁམས་རྒྱས་བ་དང་འཆི་བའི་ཚེ་དགའ་བ་མཆོག་དང་ལྡན་བར་འགྱུར་རོ། །ཕྱི་མ་ལ་རྣམ་པ་བརྒྱད་དེ་རིམ་གྱིས་ཁྱད་པར་གྱི་བྱེ་བྲག་འཐོབ་པར
་རིག་པར་བྱའོ་ཞེས་བྱ་བ་ལ། །ཚེ་རབས་ཕྱི་མ་ལ་རྗེས་སུ་བསྔགས་པ་བརྒྱད་འཐོབ་སྟེ། དེ་ལ་དུས་གཅིག་ཏུ་ཅིག་ཅར་མི་འཐོབ་ཀྱི་རིམ་གྱིས་ཡོན་ཏན་ཁྱད་པར་ཅན་རྣམས་འཐོབ་བོ་ཞེས་བྱ་བའི་དོན་ཏོ། །ཡང་ཇི་ལྟར་ན་དང་པོ་ལ་ཚེ་འདིར་ཁམས་རྒྱས་པར་འགྱུར
་རོ། །དེ་ནས་འཆི་བའི་ཚེ་ན་དགའ་བ་དང་ལྡན་པར་འགྱུར་རོ། །དེ་ནས་གར་སྐྱེ་བར་འདོད་བ་དེར་སྐྱེ་བར་འགྱུར་རོ། །དེ་ནས་སྐྱེ་བ་དྲན་པར་འགྱུར་རོ། །དེ་ནས་སངས་རྒྱས་དང་ཕྲད་པར་འགྱུར་རོ། །དེ་ནས་དེ་ལ་ཆོས་ཉན་བར་འགྱུར་རོ། །དེ་ནས་དེ་ལ་ཆོས་ཉན་བས་བློ་དང་ལྡན་པའི
་སྒོ་ནས་མོས་བ་དང་ལྡན་པར་འགྱུར་རོ། །དེ་ནས་སྒེ་གཉིས་ཐོབ་བར་མཇུག་ཏུ་མངོན་པར་འཚང་རྒྱ་བར་འགྱུར་རོ། །ཡང་ན་རྗེས་སུ་བསྔགས་པ་དེ་དག་རིམ་གྱིས་ཐོབ་པར་ངེས་པ་མེད་ཀྱི་ཚོལ་བར་འཐོབ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །བཤད་བ་བསྔགས་པཱི
་ཚིགས་སུ་བཅད་བ་སྟེ་ཞེས་བྱ་བ་ལ། འདི་ཡན་ཆད་དུ་ཆོས་བཙལ་བ་དང། ཆོས་བཤད་པ་དང། ཆོས་བཤད་པ་ལ་ཡི་གེ་ཕུན་སུམ་ཚོགས་པ་དང། ཚིག་ཕུན་སུམ་ཚོགས་བ་དང། དགོངས་བ་དང་ལྡེམ་པོ་ངག་ལ་སོགས་པ་བཤད་ནས་ད་ནི་དེ་དག་གི་མཇུག་བསྡུས་ཏེ་ཆོས
་བཤད་པའི་བསྔགས་པ་དང། ཡོན་ཏན་སྟོན་ཏོ་ཞེས་བྱ་བའི་དོན་ཏོ། །རབ་ཏུ་བློ་གྲོས་མི་སྐྱེ་སྙིང་རྗེ་ཅན། །གྲགས་པར་བསྒྲགས་དང་ཆོག་ཤེས་རབ་ལྡན། །བྱང་ཆུབ་སེམས་དཔའ་མཛེས་པར་སྨྲ་བ་ཡིན་ཞེས་བྱ་བ་ལ་།ཆོས་རྣམས་ཀྱི་མཚན་ཉིད
་ཕྱིན་ཅི་མ་ལོག་པར་འཆད་པར་ནུས་པའི་ཤེས་རབ་དང་ལྡན་པས་ན་རབ་ཏུ་བློ་གྲོས་དང་ལྡན་པ་ཞེས་བྱའོ། །བར་འགའ་འཆད་པར་འགའ་མི་འཆད་པ་མེད་ཀྱི་བྱང་ཆུབ་རྒྱུན་དུ་འཆད་པས་ན་མི་སྐྱོབ་ཞེས་བྱའོ། །ཁེ་དང་བཀུར་སྟི་འདོད་པའི་ཕྱིར་འཆད་པ་མ་ཡིན་པས་ན
་སྙིང་རྗེ་ཅན་ཞེས་བྱའོ། །ཕ་རོལ་ཏུ་ཕྱིན་པ་དྲུག་དང་ལྡན་ཞིང་མཁས་པར་གྲགས་པས་ཚིག་འཇེབས་ཤིང་བཙུན་བས་ན་ལེགས་པར་བསྒྲགས་པ་ཞེས་བྱའོ། །སེམས་ཅན་གང་ལ་ཆོས་གང་བསྟན་པར་རིགས་པའི་སེམས་ཅན་དེ་ལ་ཆོས་སྟོན་པས། ཆོས་གང
་རབ་ཏུ་ཤེS་པ་དང་ལྡན་པ་ཞེས་བྱ་སྟེ། དེ་ལྟར་རྣམ་པ་ལྔ་ལྟར་ཆོས་འཆད་པས་མཛེས་པར་གསུངས་པ་ཞེས་བྱ་སྟེ། མ་ནོར་བར་བཟང་པོ་བསྒྲུབས་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དཔེ་ཅི་དང་འདྲ་ཞེ་ན། དེའི་ཕྱིར་འཇིག་རྟེན་དག་ན་བརྗོད་པ་ལྷན་པ་ཉི་མ་བཞིན་ཞེས
་བྱ་བ་སྨོས་ཏེ། དཔེར་ན་ཉི་མ་འཇིག་རྟེན་དག་ལ་ལྷན་པ་དང་དྲོ་བ་དང་སྣང་བར་བྱེད་པ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཨི་ཆོས་བསྟན་པ་ཉི་མས་ཀྱང་འཇིག་རྟེན་ལ་ཕན་པ་དང། སྣང་བར་བྱེད་དོ་ཞེས་བྱ་བའི་དོན་ཏོ། །རྒྱུ་ལྔས་མཛེས་པར་སྨྲ་བ་ཉི་མ་ལྟ་བུ་ལྷན
་པའི་བསྔགས་པ་ནི་ཞེ་བྱ་བ་ལ། རྒྱུ་རྣམ་པ་ལྔ་ལྟ་བུར་ཆོས་སྟོན་པས་ན་བྱང་ཆུབ་སེམས་དཔའ་ཆོས་སྨྲ་བ་ནི་མཛེས་པར་སྨྲ་བ་ཡིན་པས་ཉི་མ་དང་འདྲ་བར་བསྔགས་ཏེ། དཔེར་ན་ཉི་མ་ཤར་ན་འཇིག་རྟེན་རྣམས་ལ་ལྷན་པ་དང། དྲོ་བ་དང་སྣང་བར་བྱེད་བ་དེ་བཞིན་དུ
་བྱང་ཆུབ་སེམས་དཔའ་ཆོས་བསྟན་པའི་ཉི་མས་ཀྱང་འཇིག་རྟེན་ལ་ཕན་པ་དང་བདེ་བ་སྣང་བར་བྱེད་པས་ན་འཇིག་རྟེན་པ་དག་བྱང་ཆུབ་སེམས་དཔའ་ལ་གུས་པ་མང་དུ་བྱེད་དོ་ཞེས་བྱ་བའི་དོན་ཏོ། །ཕྱིན་ཅི་མ་ལོག་བར་སྨྲ་བ་དང་ཞེས་བྱ་བ་ལ། བྱང་ཆུབ་སེམས་དཔའ་
་དེ་བློ་གྲོས་རབ་དང་ལྡན་པས་ན་འཁྲུལ་པ་དང་ཕྱིན་ཅི་ལོག་ཏུ་འཆད་པར་མི་འགྱུར་ཏེ། ཆོས་རྣམས་ཀྱི་རང་དང་སྤྱིའི་མཚན་ཉིད་ཕྱིན་ཅི་མ་ལོག་པར་འཆད་པར་བྱེད་པས་ན་བློ་གྲོས་རབ་དང་ལྡན་པ་ཞེས་བྱའོ། །རྒྱུན་དུ་དང་ཞེས་བྱ་བ་ལ། བྱང་ཆུབ་སེམས་དཔའ་ཆོས་འཆང
་པ་ཡང་བར་འགའ་འཆད་པར་འགའ་མི་འཆད་བ་མ་ཡིན་གྱི་རྒྱུན་དུ་འཆད་པར་བྱེད་དེ་བས་ན་མི་སྐྱོ་བ་ཞེས་བྱའོ། །ཟང་ཟིང་མེད་པའི་སེམས་དང་ཞེས་བྱ་བ་ལ། ཆོས་འཆད་པ་ཡང་སེམས་ཅན་གྱི་སྡུག་བསྔལ་བསལ་བའི་ཕྱིར་ཆོས་འཆད་ཀྱི། །ཁ?་དང་བཀུར་སྟི་ལ
་སོགས་པའི་ཟང་ཟིང་ལ་སོགས་པས་འཆད་པ་མ་ཡིན་པས་སྙིང་རྗེ་ཅན་ཞེས་བྱའོ། །འཇེབས་པའི་ཚིག་དང་ཞེས་བྱ་བ་ལ། བྱང་ཆུབ་སེམས་དཔའ་དེ་ཡོན་ཏན་ཕུན་སུམ་ཚོགས་པ་དང་ལྡན་པར་ཕྱོགས་བཅུ་ཀུན་ཏུ་གྲགས་ཏེ། དེའི་ཚིག་ཀུན་གྱིས་མཉན་ཅིང་ཚིག་འཇེབས
་པར་འགྱུར་བ་ན་གྲགས་པ་ཞེས་བྱའོ། །འདུལ་བ་དང་མཐུན་བའོ་ཞེས་བྱ་བ་ལ་འདུལ་བའི་སེམས་ཅན་གང་ལ་ཆོས་གང་བཤད་པར་རིགས་པའི་སེམས་ཅན་དེ་ལ་ཆོས་དེ་འཆད་དཔེར་ན་འདོད་ཆགས་ཅན་ལ་མི་གཙང་བ་ལ་སོགས་པ་འཆད་པས་ན་ཆོག་རབ
་དང་ལྡན་པ་ཞེས་བྱའོ། །ཆོས་བཤད་པའི་སྐབས་བཤད་པ་རྫོགས་སོ།། །།བཤད་པའི་སྐབས་ཀྱི་རྗེས་ལ། བསྒྲུབ་པའི་སྐབས་བཤད་པར་ཅིང་འབྲེལ་ཅེ་ན། བདག་གིས་ཇི་ལྟར་བཙལ་བའི་ཆོས་གཞན་ལ་བཤད་ན་ནི་གཞན་ལ་ཕན་བ་བསྒྲུབས
་པ་ཡིན་ལ། ཇི་ལྟར་བཙལ་བའི་ཆོས་དེ་ཉིད་ཀྱི་དོན་བདག་གིས་བསྒྲུབས་ན་ནི་བདག་ལ་ཕན་པ་བསྒྲུབ་པ་ཡིན་ཏེ། དེ་བས་ན་ཐོས་པ་མང་པོ་དང་ལྡན་པ་རྣམས་ཀྱིས་མཉན་པ་ཉིད་ཀྱི་ཆོས་གཞན་ལ་བཤད་པར་བྱའོ། །བདག་ལ་ཕན་པར་བྱ་བའི་ཕྱིར་བདག་ཉིད་ཀྱིས་ཀྱང་བསྒྲུབ
་བར་བྱ་དགོས་ཏེ། དེ་བས་ན་བཤད་པའི་སྐབས་ཀྱི་རྗེས་ལ་སྒྲུབ་པའི་སྐབས་བཤད་པར་འབྲེལ་ཏོ། །ཡང་མིག་ཡོད་པས་མར་མེ་ལག་ན་ཐོག་པ་ནི་བདག་དང་གཞན་གཉིགས་ཀྱང་ལམ་མཐོང་བར་འགྱུར་ལ་ལོང་བ་མར་མེ་ཐོག་པ་ནི་གཞན་གྱིས་ལམ་མཐོང་བར
་ཟད་ཀྱི་བདག་གིས་མཐོང་བ་ལ་མི་ཕན་ནོ། །དེ་དང་འདྲ་བར་ཇི་ལྟར་བཙལ་བའི་ཆོས་གཞན་ལ་བསྟན་ཏེ། བདག་གིས་མ་བསྒྲུབ་ན་ནི་གཞན་ལ་ཕན་པར་ཟད་ཀྱི། བདག་ལ་ཕན་པ་མེད་དོ། །དེ་བས་ན་ཇི་ལྟར་བཙལ་བའི་ཆོས་གཞན
་ལ་ཕན་པར་བྱ་བའི་ཆོས་བཤད་པར་བྱའོ། །བདག་ལ་ཕན་པར་བྱ་བའི་ཕྱིར་ནི་བསྒྲུབ་པར་བྱ་སྟེ། དེ་བས་ན་བཤད་པའི་སྐབས་ཀྱི་རྗེས་ལ་སྒྲུབ་པའི་སྐབས་བཤད་བར་འབྲེལ་ཏོ། །སྒྲུབ་པ་རྣམ་པར་དབྱེ་བའི་ཚིགས་སུ་བཅད་བ་དྲུག་གོ་ཞེས
་བྱ་བ་མདོ་སྡེ་ལས་སྒྲུབ་བ་རྣམ་པར་དབྱེ་བ་བཤད་པ་ནི་ཇི་ལྟར་དོན་ཤེས་པ་དང། ཆོས་ལ་ཆོས་ཀྱི་རྗེས་སུ་སྒྲུབ་པར་འགྱུར་པ་དང། མཚུངས་པར་སྒྲུབ་པ་ཆོས་ལ་རྗེས་སུ་སྤྱོད་པ་ཞེས་འབྱུང་བ་སྟེ། ཚིག་ལྔ་བོ་དེ་དག་གི་དོན་ཚིགས་སུ་བཅད་བ་དྲུག
་གིས་བསྟན་ཏོ། །དེ་ལ་ཡང་དོན་ཤེས་པ་དང། ཆོས་ཤེས་པ་གཉིས་ནི་ཚིགས་སུ་བཅད་པ་དང་བོ་དང་གཉིས་པས་བསྟན་ཏོ། །ཆོས་ལ་ཆོས་ཀྱི་རྗེས་སུ་སྒྲུབ་བར་འགྱུར་བ་དང། མཚུངས་པར་འགྱུར་བ་གཉིས་ནི་ཚིགས་སུ་བཅད་པ་གསུམ་བ་དང་བཞི
་བར་བསྟན་ཏོ། །ཆོས་ལ་རྗེས་སུ་སྤྱོད་པ་ཚིགས་སུ་བཅད་པ་ལྔ་བ་དང་དྲུག་པས་བསྟན་ཏོ། །གང་ཟག་ཆོས་ལ་བློ་ལྡན་གྱིས། །བདག་མེད་གཉིས་སུ་ཤེས་པ་དང་ཞེས་བྱ་བ་ལ། བློ་དང་ལྡན་པ་ནི་ཤེས་རབ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་ལ་བྱ་སྟེ།
་བྱང་ཆུབ་སེམས་དཔའ་དེས་གང་ཟག་ལ་ཡང་བདག་མེད་པ་གཉིས་སུ་ཤེས་ཆོས་ལ་ཡང་བདག་མེད་བ་གཉིས་སུ་ཤེས་སོ་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་ཞེ་ན། གང་ཟག་དང་སྲོག་དང་བདག་ཏུ་བརྟག་པའི་ཀུན་བརྟགས་ཀྱི་གང་ཟག་ཀྱང་གཟུང་བའི་ངོ་བོར
་མེད་བ་དང། འཛིན་པའི་ངོ་བོར་མེད་པས་བདག་མེད་བར་ཤེས། ཀུན་བརྟགས་ཀྱི་ཆོས་གཟུགས་དང་སྒྲ་ལ་སོགས་པ་ལ་ཡང་གཟུང་བའི་ངོ་བོ་མེད་པ་དང། འཛིན་པའི་ངོ་བོར་མེད་པས་བདག་མེད་པར་ཤེས་སོ། །གཉིས་ལ་ལོག་དང་མ་ལོག་པ། །རྣམ
་བར་སྤངས་པ་གསུམ་པོས་སོ། ཞེས་བྱ་བ་ལ། གཉིས་ནི་མེད་པའི་དོན་དང་ཡོད་པའི་དོན་ནོ། །ལོག་པའི་རང་བཞིན་ཡང་སྤངས་མ་ལོག་པའི་རང་བཞིན་ཡང་སྤངས་པའི་སྟོང་པ་ཉིད་དང་སྨོན་པ་མེད་པ་དང། མཚན་མ་མེད་པའི་ཏིང་ངེ་འཛིན་གསུམ་གྱིས་མེད་པའི་དོན་དང། ཡོད་པའི
་དོན་གཉིས་ཤེས་སོ་ཞེས་བྱ་བའི་དོན་ཏོ། །དེ་ལ་གཉིས་ནི་གཟུང་བ་དང། འཛིན་བ་མེད་བས་ཆོས་དང་གང་ཟག་ལ་བདག་མེད་བར་ཤེས་སོ་ཞེས་བྱ་བ་ལ། གཉིས་ནི་གཟུང་བ་དང་འཛིན་བ་གཉིས་ལ་བྱ་སྟེ། གཟུགས་དང་སྒྲ་ལ་སོགས་བའི་ཀུན་བརྟགས་ཀྱི་ཆོས་
་ཀྱང་གཟུང་བ་དང་འཛིན་པའི་རང་འཛིན་མེད་པས་བདག་དང་གང་ཟག་ལ་སོགས་པའི་ཀུན་ཏུ་བརྟགས་བའི་བདག་ཀྱང་གཟུང་བ་དང་འཛིན་པའི་ངོ་བོ་མེད་པས་བདག་མེད་པར་ཤེས་སོ་ཞེས་བྱ་བའི་དོན་ཏོ། །ལོག་པ་དང་ཡང་དག་བར་སྤངས་བ་གསུམ
་གྱིས་ནི་གཉིས་ཏེ་ཞེས་བྱ་བ་ལ། ལོག་བ་དང་ཡང་དག་པར་སྤངས་བའི་རང་བཞིན་སྟོང་བ་ཉིད་དང། མཚན་མ་མེད་པ་ལ་སོགས་བའི་ཏིང་ངེ་འཛིན་གསུམ་གྱིས་ནི་མེད་པ་དང། ཡོད་པའི་དོན་ཤེས་སོ་ཞེས་བྱ་བའི་དོན་ཏོ། །ཀུན་བརྟགས་རང་བཞིན
་གཉིས་མེད་པ་ལ་སྟོང་བའི་ཏིང་ངེ་འཛིན་གྱིས་སོ་ཞེས་བྱ་བ་ལ་ཀུན་བརྟགས་ཀྱི་ཆོས་དང་གང་ཟག་གི་རང་བཞིན་མེད་དེ། ཅིའི་ཕྱིར་ཞེ་ན། མིང་དང་མཚན་མ་དང་ཐ་སྙད་དང། བརྡར་ཀུན་དུ་བརྟགས་པ་ཐམས་ཅད་ནི་རི་བོང་གི་རྭ་བཞིན་དུ་ཡོད་པ་མ་ཡིན་པའི
་ཕྱིར་རོ། །ཀུན་བརྟགས་རང་བཞིན་མེད་བ་ནི་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་གྱིས་ཤེས་སོ། །ཅིའི་ཕྱིར་ཞེ་ན། སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ནི་ཀུན་བརྟགས་ཀྱི་ཆོས་དང་གང་ཟག་ལ་བདག་མེད་པ་དང། སྟོང་པར་བསྒོམ་པའི་རྣམ་པ་ཡིན་བའི་ཕྱིར་རོ། །གཞན་གྱི་དབང
་དང་ཡོངས་སུ་གྲུབ་བ་གཉིས་ཀྱི་རང་བཞིན་ཡོད་པ་ལ་སྨོན་པ་མེད་བ་དང། མཚན་མ་མེད་པས་སོ་ཞེས་བྱ་བ་ལ། གཞན་གྱི་དབང་དང་ཡོངས་སུ་གྲུབ་པ་གཉིས་ཡོད་པ་དེ་གཉིས་ནི་སློན་པ་མེད་བ་དང། མཚན་མ་མེད་པའི་ཏིང་ངེ་འཛིན་གཉིས་ཀྱིས་རིམ་བཞིན་དུ་ཤེས་
་སོ། །ཇི་ལྟར་ཞེ་ན། གཞན་གྱི་དབང་དེ་ནི་ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོགས་བའི་སྡུག་བསྔལ་རྣམ་པ་སྣ་ཚོགས་དང་ལྡན་པ་འདོད་ཆགས་ལ་སོགས་པའི་ཉོན་མོངས་བ་སྐྱོན་ཅན་དུ་བྱས་པ་ཡིན་པས་ན་རང་བཞིན་ཡོད་དུ་ཟིན་ཀྱང་སྨོན
་བ་བྱ་བའི་གནས་མ་ཡིན་ཞེས་སྨོན་པ་མེད་པའི་ཏིང་ངེ་འཛིན་གྱིས་རྟོགས་སོ། །ཡོངས་སུ་གྲུབ་པ་ནི་རང་བཞིན་ཡོད་ལ་སྨྲ་བ་དང་བསམ་བ་དང་སྤྲོ་བའི་མཚན་ཉིད་ཀྱི་རྟོགས་པ་དང་བྲལ་བས་འདི་འདྲའོ་ཞེས་མཚན་མ་བརྟག་ཏུ་རུང་བ་མ་ཡིན་པར་མཚན་མ
་མེད་པའི་ཏིང་ངེ་འཛིན་གྱིས་ཤེས་སོ། །ཏིང་ངེ་འཛིན་དེ་གསུམ་འཇིག་རྟེན་གྱིས་ཏེ་ཞེས་བྱ་བ་ལ་སྟོང་པ་ཉིད་ལ་སོགས་བའི་ཏིང་ངེ་འཛིན་གསུམ་གྱི་མོས་བ་སྤྱོད་བའི་ས་བཞིའི་ཚེ་ན། བསྒོམ་པས་འཇིག་རྟེན་པ་ཞེས་བྱ་སྟེ། འཇིག་རྟེན་དང་འཇིག་རྟེན་ལས
་འདས་པའི་ལམ་ལ་བལྟོས་ནས་ནི་ལོག་པ་དང་མ་ལོག་པར་གཞག་གོ་།དེ་ལ་མོས་པ་སྤྱོད་པའི་སར་མ་ཞུགས་པ་འཇིག་རྟེན་པ་ལས་བལྟོས་ནས་ནི་མ་ལོག་པ་ཞེས་བྱའོ། །འཇིག་རྟེན་ལས་འདས་པའི་ལམ་ལས་བལྟོས་ནས་ནི་ལོག་པ་ཞེས་བྱའོ། །
་འཇིག་རྟེན་ལས་འདས་པའི་ཡེ་ཤེས་བསྐྱེད་པས་ན་ཕྱིན་ཅི་མ་ལོག་པའོ་ཞེས་བྱ་བ་ལ། ལོག་པ་སྤངས་པ་ཞེས་འཆད་དེ། མོས་པ་སྤྱོད་པའི་ས་ན་དེ་ཏིང་ངེ་འཛིན་དེ་གསུམ་བསྒོམས་ཏེ། དེ་གསུམ་ལ་བསྒོམས་པའི་རྒྱུས་ས་དང་པོ་ཐོབ་ཅིང་འཇིག་རྟེན
་ལས་འདས་པའི་ཡེ་ཤེས་ཁོང་དུ་ཆུད་དེ། རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་རྒྱུ་བྱེད་བས་ན་ཕྱིན་ཅི་མ་ལོག་པ་ཞེས་བྱའོ། །འཇིག་རྟེན་ལས་འདས་པ་མ་ཡིན་པའི་ཕྱིར་ཡང་དག་པ་ཡང་མ་ཡིན་ནོ་ཞེས་བྱ་བ་ལ། མ་ལོག་པ་སྤངས་པ་འཆད་དེ། ཏིང
་ངེ་འཛིན་དེ་གསུམ་ཡང་འཇིག་རྟེན་ལས་འདས་བའི་ཡེ་ཤེས་ཉིད་དུ་མ་གྱུར་ཅིང། རྣམ་བར་མི་རྟོག་པའི་རང་བཞིན་མ་ཡིན་པས་ན་ཡང་དག་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དོན་ཤེས་པས་ན་ཆོས་ཀུན་ལ། གཟིངས་དང་འདྲ་བར་རྟོགས་པའོ་ཞེས་བྱ་བ་ལ།
་གོང་དུ་བཤད་པ་ལྟར་ཉན་པའི་ཤེས་རབ་ཀྱིས་གང་ཟག་དང་ཆོས་ལ་བདག་མེད་པ་གཉིས་རྟོགས་པ་ནི་དོན་ཤེས་པ་ཞེས་བྱའོ། །དོན་ཤེས་པ་དེ་ནི་འཕགས་པ་རྡོ་རྗེ་གཅོད་པ་ལས་གསུངས་པ་བཞིན་དུ་ཆོས་ཐམས་ཅད་གཟིངས་དང་འདྲ་བར་རྟོགས་ཏེ། དཔེར་ན་ཆུ་བོ་ལས
་བསྒྲལ་བར་བྱ་བའི་ཕྱིར། གཟིངས་བཅའ་ཞིང་གྲུ་ལ་སོགས་པའི་གཟིངས་ལ་བརྟེན་ཏེ་ཆུ་བོ་བརྒལ་ནས་གཟིངས་དོར་བ་བཞིན་དུ་ཆོས་ཀྱི་དོན་རྟོགས་བར་བྱ་བ་དང། ཉོན་མོངས་པ་སྤང་བར་བྱ་བའི་ཕྱིར་དམ་པའི་ཆོས་མཉན་ཅིང། བསམ་པ་ལ་སོགས་པ་བྱ་བ་ཡིན
་ལ་དོན་རྟོགས་ནས་ནི་དེ་དག་ཀྱང་འདོར་བར་བྱ་བ་ཡིན་བར་ཁོང་དུ་ཆུད་བས་ན་གཟིངས་དང་འདྲ་བར་རྟོགས་པ་ཞེས་བྱ་བར་རྟོགས་ཏེ། དེ་ཡན་ཆད་དུ་དོན་ཤེས་པ་བསྟན་ཏོ། །ཐོས་པས་དགའ་བ་སྤང་བའི་ཕྱིར་ཆོས་ཤེས་བས་ནི་ངེས་བརྗོད་དོ་ཞེས་བྱ་བ་ལ། དེ་ལྟར
་ཐོས་པ་ཙམ་གྱིས་ཀྱང་ཆོག་བར་མི་བྱའི་ཇི་ལྟར་ཐོབ་པའི་ཆོས་དེ་དག་མ་ནོར་བར་རིག་བར་བསམ་དགོས་ཏེ། དེ་བས་ན་ཐོས་པས་འཛིན་པ་སྤངས་ནས་བསམ་བའི་ཤེས་རབ་ལ་གུས་པ་བསྐྱེད་ཅིང་སེམས་པ་ལ་འཇུག་པར་བྱེད་པ་ནི་ཆོས་ཤེས་པ་ཞེས
་བྱའོ་ཞེས་བྱ་བའི་དོན་ཏོ། །སོ་སོར་འགྲོ་བའི་ཤེས་པ་ཡིས། །དེ་བཞིན་གཉིས་པོ་རབ་རྟོགས་ན། །དེ་ཡི་ཤེས་པ་རྫོགས་བྱའི་ཕྱིར། །ཆོས་ཀྱི་རྗེས་སུ་སྒྲུབ་པའོ་ཞེས་བྱ་བ་ལ་སོ་སོར་འགྲོ་བ་ནི་སོ་སོའི་སྐྱེ་བོ་ལ་བྱ་སྟེ། སོ་སོའི་སྐྱེ་བོ་ཕལ་བའི་དུས་ན་མཉན་པའི
་ཤེས་རབ་ཀྱིས་དོན་ཤེས་པ་དང། བསམ་པའི་དུས་ན་ཆོས་ཤེས་པ་གཉིས་ལ་བརྟེན་ནས། གང་ཟག་དང་ཆོས་ལ་བདག་མེད་པ་གཉིས་རྟོགས་བའི་ཡེ་ཤེས་དེ་ཉིད་རྫོགས་ཤིང་དག་པ་དང། འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱི་མཚན་ཉིད་དུ་འགྱུར་བར
་བྱ་བའི་ཕྱིར། མོས་པ་སྤྱོད་པའི་ས་དྲོད་ལ་སོགས་པ་ལ་བསྒོམ་པ་འཇུག་པ་ནི་ཆོས་ལ་ཆོས་ཀྱི་རྗེས་སུ་བསྒྲུབ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེ་ནས་ཡེ་ཤེས་འཐོབ་པ་ནི། །བླ་མེད་འཇིག་རྟེན་འདས་པ་སྟེ། དང་པོ་ཡི་སྟེ་མཉམ་པ་ནི། །བྱང་ཆུབ་སེམས
་དཔའ་ཀུན་དང་པོ?་ཞེས་བྱ་བ་ལ། དེ་ནས་ཞེས་བྱ་བ་ནི་མོས་པ་སྤྱོད་པའི་སར་བསྒོམ་པ་ལ་ཞུགས་བའི་འོག་ཏུ་ཞེས་བྱ་བའི་དོན་ཏོ། །དེའི་འོག་ཏུ་ཡེ་ཤེས་ཐོབ་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ཡེ་ཤེས་ཅི་འདྲ་བ་ཞིག་ཡོད་ཅེ་ན། འཇིག་རྟེན
་ལས་འདས་བ་བླ་ན་མེད་པའི་ཡེ་ཤེས་འཐོབ་སྟེ། རྣམ་པར་མི་རྟོག་པའི་ཡེ་ཤེས་འཐོབ་བོ་ཞེས་བྱ་བའི་དོན་ཏོ། །ཡེ་ཤེས་དེ་འཇིག་རྟེན་པ་རྣམས་ལ་མེད་པས་ན་འཇིག་རྟེན་ལས་འདས་པ་ཞེས་བྱའོ། །ཡེ་ཤེས་དེ་ལས་ཁྱད་ཞུགས་པ་གཞན་ཉན་ཐོས
་དང་སངས་རྒྱས་ལ་སོགས་པ་སུ་ལ་ཡང་མེད་པས་ན་བླ་ན་མེད་པ་ཞེས་བྱའོ། །དེའང་གང་གི་ཚེ་འཐོབ་ཅེ་ནས་དང་པོ་ལ་འཐོབ་སྟེ། ས་རབ་ཏུ་དགའ་བའི་དུས་ན་འཐོབ་བོ་ཞེས་བྱ་བའི་དོན་ཏོ། །དེའི་ཚེ་ས་དང་པོར་ཞུགས་བའི་བྱང་ཆུབ་སེམས་དཔའ་ཀུན་དང
་མཉམ་པ་ཉིད་དུ་འགྱུར་རོ། །དེ་བས་ན་བསྒྲུབས་མཚུངས་བར་བསྒྲུབ་པ་ཞེས་བྱ་སྟེ། ས་དང་པོར་ཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་དང་སྐུ་དང་གསུང་དང་ཐུགས་མཉམ་ཞིང་མཚུངས་པ་ཐོབ་བའི་ཕྱིར་རོ། །མཐོང་བས་སྤང་བའི་ཉོན་མོངས་དག་།ཐམས
་ཅད་ཟད་པར་བྱས་ནས་སུ། །ཤེས་བྱའི་སྒྲིབ་པ་སྤང་བའི་ཕྱིར། །བསྒོམ་པ་ལ་ནི་འཇུག་པར་བྱ་ཞེས་བྱ་བ་ལ། དེར་ས་དང་པོར་རྣམ་པར་མི་རྟོག་པའི་ཡེ་ཤེས་ཐོབ་ནས་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་ཐམས་ཅད་མ་ལུས་པར་སྤངས་ཏེ། ཟད་པར
་བྱས་ནས་དེའི་འོག་ཏུ་ཤེས་བྱའི་སྒྲིབ་པ་སྤང་བར་བྱ་བའི་ཕྱིར། ས་གཉིས་ནས་ས་བཅུའི་བར་དུ་བསྒོམས་པ་འཇུག་པར་བྱེད་དོ་ཞེས་བྱ་བའི་དོན་ཏོ། །དེ་ལ་བསྒོམ་པའི་ལམ་ནི་ཡེ་ཤེས་གང་ལ་བསྒོམ་པ་དང། ཡེ་ཤེས་གང་གིས་ཤེས་བྱའི་སྒྲིབ་པ་སྤོང་བར
་འགྱུར་བའི་ཡེ་ཤེས་བསྟན་པའི་ཕྱིར། རྣམ་པར་རྟོག་དང་རྣམ་མི་རྟོག། ཡེ་ཤེས་ཀྱིས་ཏེ་ལྷན་ཅིག་སྤྱོད། །དེ་བཞིན་ཆོས་ཀྱི་རྗེས་སུ་སྦྱོད། །ལྷག་མ་དག་གིས་ལའོ་ཞེས་བྱ་བ་སྨོས་ཏེ། དེ་ལ་རྣམ་པར་འཇོག་པའི་ཡེ་ཤེས་ནི་དག་པ་འཇིག་རྟེན་པའི་ཡེ
་ཤེས་ཏེ། ཡེ་ཤེས་གང་གིས་སོ་སོའི་སྤང་བར་བྱ་བའི་ཆོས་ནི་འདི་ཡིན། བསྒྲུབ་པར་བྱ་བའི་ཆོས་ནི་འདི་ཡིན། སོ་སོའི་མཚན་ཉིད་ནི་འདི་ཡིན་ནོ་ཞེས་རྣམ་པར་འཇོག་པར་བྱེད་དོ། །རྣམ་པར་མི་རྟོག་པའི་ཡེ་ཤེས་ནི་གང་གིས་ས་ཐམས་ཅད་ནམ་མཁའ་ལྟར་ཁོང
་དུ་ཆུང་བས་སོ་སོའི་དྲི་མ་སྦྱར་ཞིང། མ་ཐོབ་པ་རྣམས་ཀྱང་ཐོབ་པར་བྱེད་པའོ། །ཡེ་ཤེས་དེ་གཉིས་ཀྱང་ལྷན་ཅིག་སྤྱོད་དེ། རྣམ་བར་མི་རྟོག་པའི་ཡེ་ཤེས་ལ་དག་པ་འཇིག་རྟེན་པའི་ཡེ་ཤེས་འབྱུང་བ་དང་དག་པ་འཇིག་རྟེན་པའི་ཡེ་ཤེས་ཀྱི་རྗེས་ལ་རྣམ
་པར་མི་རྟོག་པའི་ཡེ་ཤེས་འབྱུང་སྟེ། དེ་ལྟར་ཕན་ཚུན་རིམ་གྱིས་འབྱུང་བསན་ལྷན་ཅིག་སྤྱོད་པ་ཞེས་བྱའོ། །དེ་ལྟར་ནས་ས་གཉིས་ནས་ས་བཅུའི་བར་དུ་ཡེ་ཤེས་དེ་གཉིས་ཀྱིས་ཤེས་བྱའི་སྒྲིབ་པ་སྤོང་བར་བྱེད་པ་ནི་ཆོས་ཀྱི་རྗེས་སུ་སྤྱོད་པ་ཞེས་བྱའོ། །ལྷན་ཅིག
་སྤྱོད་པ་ནི་རྗེས་སུ་འབྲེལ་བར་སྤྱོད་པ་ནི། ཕན་ཚུན་དུ་རྒྱུན་དུའོ་ཞེས་བྱ་བ་ལ། ཡེ་ཤེས་གཅིག་གི་རྗེས་ལ་ཅིག་འབྱུང་ཞིང་རྗེས་སུ་འབྲེལ་བར་འབྱུང་བ་ལ། ལྷན་ཅིག་སྤྱོད་པ་ཞེས་བྱ་སྟེ། དེ་ཡང་ཡེ་ཤེས་དེ་གཉིས་ཕན་ཚུན་དུ་རྒྱུན་དུ་འབྱུང་སྟེ། རྣམ་པར་མི་རྟོག
་པའི་ཡེ་ཤེས་ཀྱི་རྗེས་ལ་དག་པ་འཇིག་རྟེན་པའི་ཡེ་ཤེས་འབྱུང། དེའི་རྗེས་ལ་ཡང་རྣམ་པར་མི་རྟོག་པའི་ཡེ་ཤེས་འབྱུང་བ་ལྟ་བུར་རྒྱུན་མི་གཅོད་པའོ། །བསྒྲུབ་པ་ལ་བག་ཡོད་པའི་ཚིགས་སུ་བཅད་པ་བཞི་སྟེ་ཞེས་བྱ་བ་ལ། བྱང་ཆུབ་སེམས་དཔའ་
་རྣལ་འབྱོར་བསྒོམ་པ་ཡང་བག་ཡོད་བར་བྱས་པ་དང། བསྒྲུབ་བ་མཐར་ཕྱིན་པར་འགྱུར་གྱི། བག་མེད་པའི་གནས་སྐྱེ་བོ་མི་སྲུན་པ་དང། འཚོ་བའི་ཡོ་བྱད་དཀོན་པ་དང། སྟག་གཟིགས་ལ་སོགས་པའི་སེམས་ཅན་གདུག་པ་ཡོད་པའི་གནས་སུ
་བསྒྲུབས་ན་སྲོག་ལ་འབབ་པར་འགྱུར་གྱི། སྒྲུབ་པ་མཐར་ཕྱིན་པར་མི་འགྱུར་ཏེ། དེ་བས་ན་ཇི་ནས་བག་ཡོད་པའི་གནས་སུ་བསྒྲུབས་ན་ལེགས་པས་བག་ཡོད་པའི་ཆོས་རྣམ་པ་བཞི་བཤད་དོ། །དེ་ཡང་གང་ཞེ་ན། མཐུན་པའི་ཡུལ་ན་གནས་པ་དང། སྐྱེས
་བུ་དམ་པ་བསྟེན་པ་དང། ཡང་དག་པའི་སྨོན་ལམ་དང། སྔོན་བསོད་ནམས་བྱས་བའོ། །ལེགས་བར་རྙེད་དང་ལེགས་པར་གནས། །ས་རབ་དང་ནི་གྲོགས་པོ་རབ། །འབྱེར་རབ་ཡོན་ཏན་ཅན་གྱི་ཡུལ། །གང་ན་བློ་ལྡན་སྤྱོད་པའོ་ཞེས་བྱ་བའི་ཚིགས་བཅད
་འདིས་མཐུན་པའི་ཡུལ་དང་གནས་བསྟན་ཏོ། །དེ་ལ་བསོད་སྙོམས་དང་ཆོས་གོས་ལ་སོགས་རྙེད་སླ་བའི་ཡུལ་ལ་ནི་ལེགས་པར་རྙེད་བ་ཞེས་བྱའོ། །སྐྱེ་བོ་མི་སྲུན་པ་དང་གཅན་ཟན་ལ་སོགས་པ་གདུག་པ་མེད་པའི་གནས་ལ་ནི
་ལེགས་པར་གནས་པ་ཞེས་བྱའོ། །ཤུ་བ་དང་མཛེ་ལ་སོགས་པ་མེད་པའི་ས་ལ་ནི་ས་རབ་ཞེས་བྱའོ། །ཚུལ་ཁྲིམས་དང། ལྟ་བས་མཚུངས་པའི་གྲོགས་པོ་ལ་ནི་གྲོགས་པོ་རབ་ཞེས་བྱའོ། །ཉིན་པར་སྐྱེ་བོའི་འགྲུལ་ཉུང་བ་དང། མཚན་མོ་ཅ་ཅོ
་ཉུང་བ་ནི་འབྱོར་བ་རབ་ཅེས་བྱའོ། །ཡོན་ཏན་དེ་ལྔ་དང་ལྡན་པའི་ཡུལ་ནི་ཡོན་ཏན་གྱི་ཡུལ་ཞེས་བྱ་སྟེ། རྗེས་སུ་མཐུན་པའི་ཡུལ་དང་གནས་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གནས་དེ་ལྟ་བུར་རྣལ་འབྱོར་བ་བྱང་ཆུབ་སེམས་དཔའ་གནས་ཤིང་བསྒོཾ
་པར་བྱའོ་ཞེས་བྱ་བའི་དོན་ཏོ། །འཁོར་ལོ་རྣམ་པ་བཞིས་བག་བྱེད་པ་བསྟན་ཏེ། ཞེས་བྱ་བ་ལ། དཔེར་ན་ཤིང་རྟའི་འཁོར་ལོ་བཞི་ཚང་བར་ཡོད་ན་བག་བྱེད་དེ། གང་དུ་བགྲོད་བར་བྱ་བའི་གནས་སུ་བདེ་བར་ཕྱིན་པར་འགྱུར་བ་དེ་བཞིན་དུ་འདིར
་ཡང་རྫས་མཐུན་པའི་ཡུལ་ལ་གནས་པ་ལ་སོགས་པའི་ཆོས་བཞི་དང་ལྡན་ན་བག་ཡོད་པ་ཞེས་བྱ་སྟེ། རྣལ་འབྱོར་པས་གང་དུ་བགྲོད་བར་བྱ་བའི་གནས་སུ་བདེ་བར་ཕྱིན་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ལེགས་པར་ཐོབ
་པ་ནི་ཆོས་གོས་དང་བསོད་སྙོམས་ལ་སོགས་པའོ་ཞེས་བྱ་བ་ལ་སོགས་པ་ལ། རྣལ་འབྱོར་བ་གང་ན་གནས་པའི་གནས་དེ་ན་འབད་རྩོལ་ཆེན་པོ་བྱ་མི་དགོས་པར་ཆོས་གོས་དང་ལྷུང་བཟེད་དང་བསོད་སྙོམས་དང
་ན་བའི་རྐྱེན་གྱི་སྨན་ལ་སོགས་པ་རྙེད་པར་འགྱུར་ཞིང་གཞན་དག་ཀྱང་ཆེད་དུ་འབུལ་བར་བྱེད་པའི་གནས་ནི་ལེགས་པར་ཐོབ་པ་ཞེས་བྱའོ། །མ་རུངས་པ་ཞེས་བྱ་བ་ནི་སྐྱེ་བོ་མི་སྲུན་པ་དང། མི་རྒོད་པ་ལ་སོགས་བ་ལ་བྱའོ། །མི་བསྲུན་པ་ཞེས་བྱ་བ་ནི་གཅན་ཟན
་དང་སྤྲུལ་གདུག་པ་དང། སྦྲང་བུ་གདུག་པ་ལ་སོགས་པ་ལ་བྱའོ། །ས་རབ་ནི་ནད་མེད་པའི་ཕྱིར་རོ་ཞེས་བྱ་བ་ལ། གནས་གང་ན་ཤུ་བ་དང། མཛེ་དང་འབྲུམ་བུ་ལ་སོགས་པའི་ནད་འགོ་བ་མེད་པའི་ས་དེ་ལས་ས་རབ་ཅེས་བྱའོ་ཞེས་བྱ་བའི་དོན་ཏོ། གྲོགས་རབ
་ལྡན་ནི་ཚུལ་ཁྲིམས་དང་ལྡན་པ་འཐུན་པའི་གྲོགས་པོའི་ཕྱིར་རོ་ཞེས་བྱ་བ་ལ། ཚུལ་ཁྲིམས་མི་མཐུན་པ་ནི་སར་བ་སྟི་པ་དང་མཧཱ་སང་ཀྲིཏ་ལྟ་བུ་སྟེ། དེ་ལྟ་བུ་དག་དང་འགྲོགས་ན་དགེ་འདུན་གྱི་བྱ་བ་དག་མི་འགྲུབ་ཀྱི། ཚུལ་ཁྲིམས་མཐུན་པ་དང་འགྲོཌ
་ན་བྱ་བ་འགྲུབ་པར་འགྱུར་རོ། །ལྷ་བ་མི་མཐུན་པ་ནི་ཉན་ཐོས་དང་མུ་སྟེགས་པའི་ལྟ་བ་ལ་ཕྱོགས་པ་ལྟ་བུ་སྟེ། དེ་ལྟ་བུ་དག་དང་འགྲོགས་ན་རྩོད་པར་འགྱུར་གྱི་བདེ་བར་གནས་པར་མི་འགྱུར་རོ། །ཉེན་པར་འདུ་བ་ཉུང་བ་དང་ཞེས་བྱ་བ
་ལ། ཉིན་པར་ཡང་སྐྱེས་པ་དང་བུད་མེད་དང་བྱིས་པ་ལ་སོགས་པ་སྐྱེ་བོ་འགྲུལ་ཟག་ཉུང་བའོ། །ཟང་ཟིང་ཉུང་བ་དང་ཞེས་བྱ་བ་ལ། གང་ན་གནས་པའི་གནས་དེ་ན་ཕྱག་དར་ལ་སོགས་པའི་ལྕག་ལྕིག་མེད་པའི་འཇིག་རྟེན་པའི་ཡོ་བྱད་བར་བུར་མེད་པའོ།།
་མཚན་མོ་སྒྲ་ཆུང་བའི་ཕྱིར་རོ་ཞེས་བྱ་བ་ལ། མཚན་མོར་རྣལ་འབྱོར་བསྒོམ་པར་བྱེད་པ་ན་ཡང། མི་དང་ཕྱུགས་ལ་སོགས་པའི་སྒྲ་མི་གྲགས་པ་སྟེ། མདོ་ལས་ཀྱང་སྒྲ་ནི་བསམ་གཏན་གྱི་ཆོར་མ་ཡིན་ནོ་ཞེས་གསུངས་སོ། །དེ་བས་ན་སྦྲང་བུ་ལ་སོགས་པའི
་སྒྲ་ཡང་མི་གྲག་པའི་གནས་སུ་གནས་པར་མི་བྱ་ན་སྒྲ་ཆེན་པོ་གྲག་པའི་གནས་སུ་གནས་པར་བྱ་བ་ལྟ་ཅི་སྨོས་ཏེ། དེ་བསན་སྒྲ་མེད་པའི་གནས་སུ་གནས་པར་བྱའོ་ཞེས་བྱ་བའི་དོན་ཏོ། །རབ་ཏུ་ཐོས་ཤིང་བདེན་པ་མཐོང། །སྨྲ་དང་ལྡན་ཞིང་སྙིང་རྗེ་ཅན།
་མི་སྐྱོ་བྱང་ཆུབ་སེམས་དཔའ་སྟེ། །སྐྱེས་བུ་ཆེན་པོར་ཤེས་པར་བྱ་ཞེས་བྱ་བའི་ཚིགས་བཅད་གཉིས་པོ་འདིས། གང་ལ་བརྟེན་བར་བྱ་བའི་སྐྱེས་བུ་དམ་པའི་མཚན་ཉིད་སྟོན་ཏེ། ལུང་གི་ཆོས་སྟེ་སྣོད་གསུམ་མ་ལུས་བར་ཐོབ
་པ་ནི་མང་དུ་ཐོས་པ་ཞེས་བྱའོ། །རྟོགས་པའི་ཆོས་བདེན་པ་བཞི་ཁོང་དུ་ཆུད་པས་ན་བདེན་པ་མཐོང་བ་ཞེས་བྱའོ། །ཆོས་སྟོན་པའི་དུས་ན་མི་ངལ་མི་མྱུར་བར་ཚིག་འདེབས་ཤིང་བཟང་པོ་སྟོན་པས་ན་སྨྲ་བ་དང་ལྡན་པས་ཞེས་བྱའོ། །སེམས་ཅན་གྱི་སྡུག
་བསྔལ་བསལ་བར་བྱ་བའི་ཕྱིར་ཆོས་སྟོན་གྱི། ཁེ་དང་བཀུར་སྟི་ལ་ཆགས་པ་མེད་པས་ན་སྙིང་རྗེ་ཅན་ཞེས་བྱའོ། །བར་འགའ་འཆད་པར་འགའ་མི་འཆད་པ་མ་ཡིན་གྱི་རྒྱུན་དུ་འཆད་པས་ན་མི་སྐྱོ་བ་ཞེས་བྱ་སྟེ། དེ་ལྟ་བུ་ནི་བྱང་ཆུབ་སེམས་དཔའ་
་ཡིན་པ་སྐྱེས་བུ་དམ་པ་ཡིན་པར་ཤེས་བར་བྱའོ་ཞེས་བྱ་བའི་དོན་ཏོ། །ད་ནི་ཚིགས་བཅད་གསུམ་པས་བདག་གི་ཡང་དག་པའི་སྨོན་ལམ་ཚུལ་བཞིན་ཡིད་ལ་བྱེད་པས་ཟིན་པ་བསྟན་བའི་ཕྱིར། རབ་ཏུ་དམིགས་དང་རབ་བརྟེན་པ། ཐབས་རབ་དེ
་དག་བསྟན་པ་ནི། །རབ་ཏུ་འཇུག་དང་རབ་འབྱོར་བ། །བདག་གིས་ཡང་དག་སྨོན་ལམ་མོ་ཞེས་བྱ་བ་སྨོས་ཏེ། ཡང་དག་པའི་སྨོན་ལམ་ཞེས་བྱ་བ་དང། བདག་ཡོངས་སུ་སྦྱངས་པ་ཞེས་བྱ་བ་དང། བག་ཆགས་ལས་སུ?་སྐུ་རུང་སྟེ་ཅི་བསམས་པ་བཞིན་དུ་འགྲུབ
་ཅེས་བྱ་བ་དག་དོན་གཅིག་གོ་།དེ་ལ་དམ་བའི་ཆོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབུམ་ལ་སོགས་པའི་ཐེག་པ་ཆེན་པོའི་སྡེ་སྣོད་གསུམ་ལ་དམིགས་པ་ཞེས་བྱའོ། །ཚེ་རབས་སྔ་མར་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསགས་པ་ལ
་བརྟེན་པས་ན་རབ་ཏུ་བརྟེན་པ་ཞེས་བྱའོ། །ཏིང་ངེ་འཛིན་བསྒོམ་པའི་ཚེ་དུས་དུས་སུ་ཞི་གནས་ཀྱི་མཚན་མ་དང། ལྷག་མཐོང་གི་མཚན་མ་དང། བཏང་སྙོམས་ཀྱི་མཚན་མ་བསྒོམ་པས་ན་ཐབས་རབ་ཅེས་བྱ་སྟེ། དེ་གསུམ་བསྟན་པ་ནི་བདག་གི་ཡང
་དག་པའི་སྨོན་ལམ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གཞན་ཡང་དག་པའི་རྩ་བ་ཅུང་ཟད་ཙམ་གྱིས་ཆོག་པར་མི་འཛིན་ཏེ་མཉན་པར་བྱས་ནས་སེམས་པར་འདོད་པ་དང། བསམS་ནས་བསྒོམ་པར་འདོད་པ་ནས་ས་གོང་མ་གོང་མ་དང་ཡོན་ཏན་གོང་མ་གོང་མ་རྣམS
་སྒྲུབ་པ་ལ?་བྱེད་པ་ནི་རབ་ཏུ་འཇུག་པ་ཞེས་བྱའོ། །ཞི་གནས་དང་ལྷག་མཐོང་བསྒོམ་པ་ལ་རྒྱུན་དུ་བསྒོམ་པ་དང་གུས་བར་སྒོམ་པ་ནི་རབ་ཏུ་སྦྱོར་བ་ཞེས་བྱ་སྟེ། གོང་དུ་བཤད་པ་དེ་དེ་དག་དང་ལྡན་པ་ནི་བདག་གིས་ཡང་དག་པའི་སྨོན་ལམ་ཡིན་ཏེ། བདག་སྤྱོད་པ
་བྱས་པ་དང། བདག་གིས་བསམས་པ་བཞིན་དུ་སྒྲུབ་སྟེ། བདག་ལས་སུ་རུང་བ་བྱས་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཞི་གནས་ལ་སོགས་པའི་མཚན་མ་དུས་སུ་བསྒོམ་པ་དང་ཞེས་བྱ་བ་ལ། ནམ་གཟུགས་དང་སྒྲ་ལ་སོགས་པ་ཕྱིའི་ཡུལ་ལ་སེམས་གཡེངS?
་པར་གྱུར་ན་ཞི་གནས་ཀྱི་མཚན་མ་བསྒོམས་ཏེ་འཁོར་བའི་སྐྱེ་རྒན་འཆི་ལ་སོགས་པའི་སྐྱོན་བསམས་ནས་སེཾས་གཡེངS་པ་ལས་བློན་པོ་ནི་ཞི་གནས་ཀྱི་མཚན་མ་སྒོམ་པ་ཞེས་བྱའོ། །ནམ་སེམས་རྨུགས་པ་དང། ཞུམ་པར་གྱུར་པ་ན་ལྷག་མཐོང་གི་བསམ་པ
་བསྒོམ་སྟེ། དེ་བཞིན་གཤེགས་པའི་ཡོན་ཏན་དང། ཏིང་ངེ་འཛིན་གྱི་འབྲས་བུ་དང། ཆོས་རྣམས་ཀྱི་རང་དང་སྤྱིའི་མཚན་ཉིད་བསམ་པས་སེམས་གཟེངས་བསྟོད་པ་ནི་ལྷག་མཐོང་གི་མཚན་མ་བསྒོམ་པ་ཞེས་བྱའོ། །ནམ་ཞུམ་རྒོད་སྤངས་ནས་སེམས
་མཉམ་པ་ཉིད་དུ་གྱུར་བའི་ཚེ་ན་ནི་བཏང་སྙོམས་ཀྱི་མཚན་མ་བསྒོམས་ཏེ། སེམས་མི་བསྐྱོད་བར་གཞག་པ་ཉིད་བཏང་སྙོམས་ཀྱི་མཚན་མ་བསྒོམ་པའོ། །བྱ་བ་གཞན་ཡོད་ན་ཆུང་དུས་མི་མགུ་བར་ཞེས་བྱ་བ་ལ། བསྒྲུབ་པར་བྱ་བའི་དགེ་བའི་རྩ་བ་དང། ཐོབ
་བར་བྱ་བ་གཞན་དག་ཡོད་ན་དག་བ་ཆུང་དུ་ཙམ་གྱིས་ཆོག་བར་མི་འཛིན་ཅེས་བྱ་བའི་དོན་ཏོ། །ལུས་པར་རྒྱུན་དུ་འཇུག་པའི་ཕྱིར་རོ་ཞེས་བྱ་བ་ལ། རབ་ཏུ་སྦྱར་བ་འཆད་དེ་ཞི་གནས་དང་ལྷག་མཐོང་བ་བསྒྲིབས་ཏེ། བསྒོམ་པ་ནི་གུས་པར་འཇུག་པ་ཞེས་བྱའོ
་བར་འགའ་བསྒོམ་པར་འགའ་མི་བསྒོམ་པ་མ་ཡིན་གྱི་དུས་ཐམས་ཅད་དུ་བསྒོམ་པ་ནི་རྒྱུན་དུ་འཇུག་པའོ་ཞེས་བྱའོ། །དགའ་དང་ལྡན་པར་སྐྱེས་པ་ནི་ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་བཞི་པས་ཚེ་རབས་སྔ་མ་ལ
་བསོད་ནམས་བྱས་པའི་རྒྱུས་ཆོས་རྣམ་པ་ལྔའི་རྒྱུར་གྱུར་བར་སྟོན་ཏེ། གང་གི་ཕྱིར་ཚེ་རབས་སྔ་མར་དགེ་བ་བྱས་པའི་རྒྱུས་ན་ཚེ་འདིར་མཐུན་པའི་ཡུལ་དང་གནས་ན་འདུག་ཅིང་གནས་པར་དགའ་བར་སྐྱེའོ། །གང་གི་ཕྱིར་ཚེ་རབས་སྔ་མར
་དགེ་བ་བྱས་པ་དེའི་རྒྱུས་ཚེ་འདིར་མི་ཁོམ་པ་བརྒྱད་སྤངས་ནས་དལ་བར་སྐྱེས་ཏེ། དལ་བར་སྐྱེས་པ་ན་སྐྱེས་བུ་དམ་པ་ལ་བརྟེན་པ་འཐོབ་བོ། །ནད་མེད་པའི་རྒྱུ་དག་དང། །ཏིང་འཛིན་རྣམ་པར་བྱེད་པ་ཡང། །སྡུན་དུ་བསོད་ནམས་བྱས་པའོ་ཞེས
་བྱ་བ་ལ། གང་གི་ཕྱིར་ཚེ་རབས་སྔ་མ་ལ་བསོད་ནམས་བྱས་པ་དེའི་རྒྱུས་ན་ཚེ་འདིར་ནད་མེད་པ་དང་ཏིང་ངེ་འཛིན་དང། རབ་ཏུ་འབྱེད་པ་སྟེ། ཤེས་རབ་གསུམ་འཕེལ་བར་འགྱུར་ཏེ་དེ་གསུམ་འཕེལ་བས་ཚེ་འདིར་ཅི་བསམས་ཤིང་སྨོན་ལམ
་བཏབ་པ་དེ་བཞིན་དུ་འགྲུབ་པ་སྟེ། དེ་བས་ན་དེ་དག་འགྲུབ་པ་ཡང་ཚེ་རབས་སྔ་མ་ལ་བསོད་ནམས་བྱས་པའི་རྒྱུ་ལས་གྲུབ་པོ་ཞེས་བྱ་བའི་དོན་ཏོ། །བཞི་པ་འདིས་ནི་བསོད་ནམས་བྱས་པ་རྣམ་པ་ལྔའི་རྒྱུར་སྟོན་ཏེ་ཞེས་བྱ་བ་ལ། ཚིགས་བཅད
་བཞི་པ་འདིས་ནི་ཚེ་རབས་སྔ་མར་བསོད་ནམས་བྱས་པར་ཚེ་འདིར་ཆོས་རྣམ་པ་ལྔ་འཐོབ་པའི་རྒྱུར་འགྱུར་པ་སྟོན་ཏེ། ཆོས་རྣམ་པ་ལྔ་ནི་དགའ་བ་དང། དལ་བར་སྐྱེ་པ་དང། ནད་མེད་པ་དང་ཏིང་ངེ་འཛིན་དང་ཤེས་རབ་པོ། །གང་གི་ཕྱིར་དགེ་བའི་རྒྱུས?
་མཐུན་པའི་ཡུལ་དང། གནས་ལ་མངོན་པར་དགའ་བའོ་ཞེས་བྱ་བ་ལ། ཚེ་རབས་སྔ་མར་བསོད་ནམས་བྱས་པའི་རྒྱུས་ན་ཚེ་འདིར་གོང་དུ་བཤད་པ་ལྟ་བུའི་མཐུན་པའི་གནས་དང་ཡུལ་ན་གནས་པར་མངོན་པར་དགའ་སྟེ། མཐུན་པའི་ཡུལ་ན་གནས
་པར་མངོན་པར་དགའ་བ་ཡང་ཚེ་རབས་སྔ་མ་ལ་བསོད་ནམས་བྱས་པའི་རྒྱུ་ལས་གྱུར་ཏོ་ཞེས་བྱ་བའི་དོན་ཏོ། །གང་གི་རྒྱུས་དལ་བའི་རྒྱུས་ན་སྐྱེས་བུ་དམ་པ་ལ་བརྟེན་པ་འཐོབ་པོ་ཞེས་བྱ་བ་ལ་གང་གི་ཕྱིར་ཚེ་རབས་སྔ་མ་བསོད་ནམས་བྱས་པ
་དེའི་རྒྱུས་ན་ཚེ་འདིར་མཛའ་ཁོབ་ཏུ་སྐྱེ་བ་དང། འོ་ན་ལྐུཌ་ལ་སོགས་པར་འགྱུར་བའི་མི་ཁོམ་པ་བརྒྱད་སྤངས་ནས་ངལ་པོ་སྐྱེད་དེ་ངལ་བ་རྙེད་པ་ན་སྐྱེས་བུ་དམ་པ་རྣམས་དང་བརྟེན་པ་འཐོབ་པོ། །དེ་ལྟར་སྐྱེས་བུ་དམ་པ་དང་བསྟེན་པ་འཐོབ་པ་ཡང
་ཚེ་རབས་སྔ་མ་བསོད་ནམས་བྱས་པའི་རྒྱུ་ལས་གྱུར་ཏོ་ཞེས་བྱ་བའི་དོན་ཏོ། །གང་གི་ཕྱིར་ནང་མེད་པ་དང་ཏིང་ངེ་འཛིན་དང་ཤེས་རབ་ཀྱི་རྒྱུས་ན་བདག་གི་ཡང་དག་པའི་སྨོན་ལམ་འགྲུབ་པོ་ཞེས་བྱ་བ་ལ། སྔོན་བསོད་ནམས་བསགས་པ་པའི
་རྒྱུས་ན་ཚེ་འདིར་ནང་ཉུང་བ་དང་ཏིང་ངེ་འཛིན་དང་ཤེས་རབ་ལ་ཕེལ་པར་འགྱུར་ཏེ། དེ་གསུམ་འཕེལ་བས་ན་བྱང་ཆུབ་སེམས་དཔའ་ཨི་ཡང་དག་པའི་སྨོན་ལམ་ཇི་ལྟར་བཏབ་པ་བཞིན་དུ་འགྲུབ་པར་འགྱུར་རོ། །དེ་ལྟར་སྨོན་ལམ་འགྲུབ་པར་འགྱུར་བ
་ཡང་ཚེ་རབས་སྔ་མ་ལ་བསོད་ནམས་བསགས་པའི་རྒྱུ་ལས་གྱུར་ཏེ་ཞེས་བྱ་བའི་དོན་ཏོ། །ཉོན་མོངས་པ་ཉིད་ཀྱིས་ཉོན་མོངས་པ་ལས་ཇི་ལྟར་བྱུང་བའི་ཚིགས་སུ་བཅད་པ་གསུམ་སྟེ་ཞེས་བྱ་བ་ལ། འདོད་ཆགས་ལ་སོགས་བའི་ཉོན་མོངས་པ་ཉིད་ལ
་བརྟེན་ནས་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་ལས་ཐར་བར་འགྱུར་བའི་ཐབས་གཞན་ན་མེད་པར་ཚིགས་སུ་བཅད་པ་གསུམ་གྱིས་བསྟན་ཏོ། །ཆོས་ཀྱི་དབྱིངས་ནི་མ་གཏོགས་པར། །གང་ཕྱིར་ཆོས་ནི་མེད་པ་སྟེ་ཞེས་བྱ་བ་ལ། ཤེས་རབ
་ཀྱི་ཕ་རོལ་ཏུ་ཕྱིན་པ་འབུམ་ལས་འདོད་ཆགས་ཀྱིས་འདོད་ཆགས་འབྱིན་པ་གཞན་པར་ང་མི་སྨྲ་སྟེ་ཞེས་གསུངས་པ་དེ་ཅི་ལས་དགོངས་ནས་དེ་སྐད་གསུངས་ཤེ་ན། འདི་ལྟར་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་ཐམས་ཅད་ལས་ཐར
་བར་བྱེད་པའི་ཐབས་ནི་ཆོས་ཀྱི་དབྱིངས་ཡིན་པ་ལ་ཆོས་ཀྱི་དབྱིངས་ཀྱི་ནང་དུ་མ་ཁྱབ་ཆོས་ཀྱི་དབྱིངས་ཀྱི་ནང་དུ་མ་འདུས་པའི་ཆོས་ནི་གང་གི་ཕྱིར་རྡུལ་ཙམ་ཡང་ཡོད་པ་མ་ཡིན་ཏེ། ཆོས་ཐམས་ཅད་ལ་ཆོས་ཀྱི་དབྱིངས་ཀྱིས་ཁྱབ
་བོ?་ཞེས་བྱ་བའི་དོན་ཏོ། །དེ་བས་འདོད་ཆགས་ལ་སོགས་པའི། །དེ་དག་འབྱུང་བར་སངས་རྒྱས་དགོངས་ཞེས་བྱ་བ་ལ། དེ་ལྟར་ཆོས་ཀྱི་དབྱིངས་ཀྱིས་ཆོས་ཐམས་ཅད་ལ་ཁྱབ་པས་ན་འདོད་ཆགས་ལ་སོགས་པ་ལ་ཡང་ཆོས་ཀྱི་དབྱིངS
་ཀྱིས་ཁྱབ་སྟེ། འདོད་ཆགས་ལ་ཡང་ཆོས་ཀྱི་དབྱིངས་ཡོད་དོ། །འདི་ལྟར་འདོད་ཆགས་ལ་ཡོད་པའི་ཆོས་ཀྱི་དབྱིངས་དེ་ལ་མ་སྐྱེ་མ་བྱུང་བའི་མཚན་ཉིད་དུ་ཚུལ་བཞིན་དུ་ཡིད་ལ་བྱས་ན་འདོད་ཆགས་ལ་སོགས་པ་ལས་ཐར་བར་འགྱུར
་ཏེ། དེ་བས་ན་དེ་ལ་དགོངས་ནས་འདོད་ཆགས་ཀྱིས་འདོད་ཆགས་འབྱིན་པ་གཞན་པར་ང་མི་སྨྲའོ་ཞེས་བཀའ་སྩལ་ཏོ། །གང་བཅོམ་ལྡན་འདས་ཀྱིས་གསུངས་ཞེས་བྱ་བ་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབུམ་ལ་སོགས་པའོ། །འདོད་ཆགS
་ཀྱིས་འདོད་ཆགས་འབྱིན་པར་གཞན་བར་ང་མི་སྨྲ་སྟེ་ཞེས་བྱ་བ་ལ། འདོད་ཆགས་ཉིད་ཀྱིས་འདོད་ཆགས་ལས་འབྱིན་པར་བྱེད་ཀྱི་འདོད་ཆགས་ལས་མ་གཏོགས་པར་འདོད་ཆགས་ལས་ཐར་བར་བྱེད་པའི་ཐབས་ལོགས་ཤིག་ཏུ་གུད་ན་ཡོད་པར
་ང་མི་འཆད་དོ་ཞེས་བྱ་བར་དོན་ཏོ། །དེ་བཞིན་དུ་གཏི་མུག་ལ་སོགས་པ་ལ་ཞེས་བྱ་བ་ལ། འདོད་ཆགས་དང་འདྲ་བར་གཏི་མུག་ལ་སོགས་པ་ཡང་གཏི་མུག་གིས་གཏི་མུག་འབྱིན་པ་ཡང་གཞན་པར་དང་མི་སྨྲའོ་ཞེས་བྱ་བའི་འདོད་ཆགས་ལ་གསུངས་པ?
་བཞིན་དུ་སྦྱར་རོ། །དེ་ལ་དགོངས་པར་བསྟན་ཅེ་ན་ཞེས་བྱ་བ་ནི་དེ་སྐད་དུ་བཀའ་སྩལ་པ་དེ། ཇི་ལ་དགོངས་ཏེ་དེ་སྐད་གསུངས་ཤེ་ན་ཞེས་བྱ་བའི་དོན་ཏོ། །གང་གི་ཕྱིར་ཆོས་ཀྱི་དབྱིངས་མ་གཏོགས་པར་ཆོས་མེད་པ་ནི་ཆོས་ཉིད་ལས་གུད་ན་ཆེས་མེད
་པའི་ཕྱིར་རོ་ཞེས་བྱ་བ་ལ། བཅོམ་ལྡན་འདས་འདོད་ཆགས་འབྱིན་ཏོ་ཞེས་གསུངས་པ་དེ་ཡང་དོན་དུ་ན་ཆོས་ཀྱི་དབྱིངས་ལ་དགོངས་ནས་གསུངས་པ་ཡིན་ནོ་ཇི་ལྟར་ཞེ་ན་འདི་ལྟར་ཆོས་ཀྱི་དབྱིངས་སྟོང་པའི་མཚན་ཉིད་མ་སྐྱེས་མ་བྱུང་བའི་རང་བཞིན་ལས་མ
་གཏོགས་པ་དེས་མ་ཁྱབ་པའི་ཆོས་གང་ཡང་མེད་དེ་ཅིའི་ཕྱིར་ཞེ་ན། ཆོས་ཉིད་ཆོས་ཀྱི་དབྱིངས་ལས་ཆོས་ཤེས་བྱ་བའི་འདོད་ཆགས་ལ་སོགས་པ་གུད་དུ་མེད་དེ། འདི་ལྟར་འདོད་ཆགས་ཉིད་ལའང་ཆོས་ཀྱི་དབྱིངས་ཀྱིས་ཁྱབ་ཅིང་ཆོས་ཀྱི་དབྱིངས
་ཀྱི་རང་བཞིན་ཡོད་པའི་ཕྱིར་རོ། །དེ་བས་ན་འདོད་ཆགས་ལ་སོགས་པའི་ཆོས་ཉིད་ལ་འདོད་ཆགས་ཀྱི་མིང་འཐོབ་སྟེ་ཞེས་བྱ་བ་ལ། དེ་ལྟར་འདོད་ཆགས་ལ་ཡང་ཆོས་ཀྱི་དབྱིངས་ཡོད་པས་འདོད་ཆགས་ཡོད་པའི་ཆོས་ཀྱི་དབྱིངས་ལ་འདོད་ཆགས་ཀྱི་མི་བཏཌ
་སོ་ཞེས་བྱ་བའི་དོན་ཏོ། །འབྱུང་བ་དེ་ནི་འདོད་ཆགས་ལ་སོཌ་པ་སྟེ་ཞེས་བྱ་བ་ལ་འདོད་ཆགས་ལ་སོགས་པ་ལ་ཡོད་པའི་ཆོས་ཀྱི་དབྱིངས་ལ་མ་སྐྱེས་མ་བྱུང་བའི་ཆོས་ཉིད་དུ་བསྒོམས་ན་འདོད་ཆགས་ལ་སོགས་པ་ལས་འབྱུང་བར་འགྱུར་རོ། །དེ་ལ་དགོངས་ནས
་འདོད་ཆགས་ཀྱིས་འདོད་ཆགས་འབྱིན་པ་གཞན་པར་མི་སྨྲའོ་ཞེས་བཀའ་སྩལ་ཏོ། །གཞན་ཡང་ཤེས་རབ་ཀྱི་ཕ་རོལ་ཕྱིན་པ་འབུམ་ལས་མ་རིག་པ་དང་བྱང་ཆུབ་གཅིག་སྟེ། གང་མ་རིག་པ་དེ་བྱང་ཆུབ། བྱང་ཆུབ་དེ་མ་རིག་པ་སྟེ། དེ་གཉིས་སུ་མེད་ཅིང་གཉིས་སུ
་བྱར་མེད་པ་ཞེས་གསུངས་པ་དེ་ཇི་ལ་དགོངས་ཏེ། དེ་སྐད་གསུངས་པའི་ཕྱིར། ཆོས་ཀྱི་དབྱིངས་ནི་མ་གཏོགས་པ། །གང་ཕྱིར་ཆོས་ནི་མེད་པ་སྟེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མ་རིག་པ་དང་ཉོན་མོངས་པ་ལ་སོགས་པའི་ཆོས་གང་ཡང་རུང་ཆོས་ཀྱི་དབྱིངས
་སྟོང་བས་མ་བྱབ?་པའི་ཆོས་ནི་རྡུལ་ཙམ་ཡང་མེད་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་བས་ཉོན་མོངས་བཤད་པ་ལས། །བློ་ཅན་གྱིས་ནི་དགོངས་སོ་ཞེས་བྱ་བ་ལ། དེ་ལྟར་ཆོས་ཀྱི་དབྱིངས་ཀྱིས་ཀུན་དུ་ཁྱབ་པས་ན་གོང་དུ་ཉོན་མོངས་པ་བཤད་པའི་སྐབས་སུ་འདོད་ཆགS
་ཀྱིས་འདོད་ཆགས་འབྱིན་ཏོ་ཞེས་སྤྱོད་ན་ཡང་འདོད་ཆགས་དང་ཆོས་ཀྱི་དབྱིངས་གཅིག་པར་བཤད་པ་དང་འདྲ་བར་བློ་ཅན་ཏེ། བཅོམ་ལྡན་འདས་ཀྱིས་མ་རིག་པ་དང་བྱང་ཆུབ་གཅིག་པར་བཤད་པ་ཡང་བྱང་ཆུབ་ནི?་ཆོས་ཀྱི་དབྱིངས
་ཀྱི་རང་བཞིན་ཡིན་ལ། མ་རིག་པ་ལ་ཡང་ཆོས་ཀྱིས་དབྱིངས་ཀྱིས་ཁྱབ་སྟེ། བྱང་ཆུབ་ཀྱི་ཆོS་ཀྱིS་དབྱིངས་ཀྱི་རང་བཞིན་དང་མ་རིག་པ་ལ་ཡོད་པའི་ཆོས་ཀྱི་དབྱིངས་གཉིས་སུ་རང་བཞིན་གཅིག་པ་ལ་དགོངས་ནས་མ་རིག་པ་དང་བྱང་ཆུབ
་གཅིག་གོ་ཞེས་བཀའ་སྩལ་ཏེ་དགོངས་པ་ནི་དེའོ། །དེ་ལ་ཉོན་མོངས་པ་བསྟན་པ་ནི་དེ་ཉིད་ཡིན་པར་དགོངས་པ་སྟེ་ཞེས་བྱ་བ་ལ། གོང་དུ་འདོད་ཆགས་ཀྱིས་འདོད་ཆགས་འབྱིན་པར་བྱེད་དོ། །ཞེས་འདོད་ཆགས་དང་ཆོས་ཀྱི་དབྱིངས
་ཀྱི་རང་བཞིན་གཅིག་པར་བསྟན་པ་དེ་བཞིན་དུ། འདིར་ཡང་མ་རིག་པའི་ཆོས་ཉིད་དང་བྱང་ཆུབ་ཀྱི་ཆོས་ཉིད་རང་བཞིན་གཅིག་པར་དགོངས་སོ་ཞེས་བྱ་བའི་དོན་ཏོ། །མ་རིག་པ་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་ཆོས་ཉིད་ལ་རྟགས་པའི་ཕྱིར་རོ་ཞེས་བྱ་ལ། མ་རིག
་པ་དང་འདུ་བྱེད་གཅིག་པར་བཤད་པ་ཡང་མ་རིག་པ་འགགས་ན་གང་ཞིག་ན་མ་རིག་པའི་མཚན་ཉིད་བྱང་ཆུབ་ཏུ་འགྱུར་བ་དང། མ་རིག་པ་ལ་ཡང་སྟོང་པའི་ཆོས་ཉིད་ཡོད། བྱང་ཆུབ་ལ་ཡང་སྟོང་པའི་ཆོས་ཉིད་ཡོད་དེ། སྟོང་པའི་ཆོས་ཉིད་ལ་མི་འདྲ་བ
་མེད་པས་ན་ཆོས་ཉིད་འདྲ་བ་ལ་དགོངས་ནས་མ་རིག་པ་དང་བྱང་ཆུབ་གཅིག་གོ་ཞེས་དགོངས་སོ། །འདོད་ཆགས་ཀྱིས་འདོད་ཆགས་འབྱུང་བར་བཤད་པའི་དགོངས་པ་བསྟན་པའི་ཕྱིར། གང་ཕྱིར་འདོད་ཆགས་ལ་སོགས་མང། །ཚུལ་བཞིན་གྲུབ་པར་གྱུར
་ན་ནི། །དེ་དག་དེ་ལས་གྲོལ་བར་འགྱུར། །དེ་ཕྱིར་དེ་ལས་འབྱུང་བ་ཡིན་ཞེས་བྱ་བ་སྨོས་ཏེ། ཀུན་རྫོབ་ཏུ་ན་འདོད་ཆཌ་ལ་སོཌ་པའི་ཀུན་ནས་ཉོན་མོངས་པའི་ཆོས་རྣམས་ནི་མི་དགེ་བ་སྡུག་བསྔལ་མང་པོ་དང་ལྡན་པ། རིམས་དང་བཅས་པ། འཁྲུག་པ་དང
་བཅས་པ་སྟེ། འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་སེམས་ལས་བྱུང་ན་སྐྱེ་བ་ལ་སོགས?་པའི་སྡུག་བསྔལ་རྣམ་པ་སྣ་ཚོགས་སྐྱེ་བར་འགྱུར་ཞིང། འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་འདི་དག་ནི་དགེ་བའི་ཆོས་ཀྱི་མི་མཐུན་ཕྱོགས་ཡིན་པས་སྤང་བར
་བྱ་བ་ཡིན་ནོ་ཞེས་དེ་ལྟར་ཚུལ་བཞིན་ཡིད་པ་བྱས་པ་ལས་ཚུལ་བཞིན་ཡིད་ལ་བྱེད་བ་གྲུབ་པར་འགྱུར་ཏེ་འདོད་ཆགས་ལ་སོགས་པའི་རང་བཞིན་སྐྱོན་ཅན་དུ་རྟོགས་ན་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་དེ་དག་ལས་གྲོལ་པར་འགྱུར་ཏེ། དེ་བས་ན་འདོད
་ཆགས་ཀྱིས་འདོད་ཆགས་འབྱུང་བ་ཡིན་པས་དེ་ལས་དགོངས་ནས་འདོད་ཆགS་ཀྱིས་འདོད་ཆགས་འབྱིན་པ་གཞན་པར་ཡང་ང་མི་སྨྲ་སྟེ། ཡང་ན་གང་གི་ཕྱིར་འདོད་ཆགས་ལ་སོགས་པའི་ཉོན་མོངས་པའི་ཆོས་རྣམས་སྟེང་པ་དང་མ་སྐྱེས་པ་དང་མ་བྱུང་བའི
་མཚན་ཉིད་དུ་དོན་དཾ་བའི་ཚུལ་དུ་ཚུལ་བཞིན་དུ་ཡིད་ལ་བྱ་སྟེ། བསྒོམ་པ་ལས་གྲུབ་པར་གྱུར་ན་འདོད་ཆགས་པའི་ཉོན་མོངས་པ་ལས་གྲོལ་བར་འགྱུར་ཏེ། དེ་བས་ན་དེ་ལས་དགོངས་ནས་འདོད་ཆགས་ཀྱིས་འདོད་ཆགས་འབྱིན་ཏོ་ཞེས་བཀའ་སྩལ་ཏོ། །ཉན་ཐོས
་དང་རང་སངས་རྒྱས་ཀྱི་ཡིད་ལ་བྱེད་པ་སྤོང་བར་ཚིགས་སུ་བཅད་པ་གཉིས་ཏེ་ཞེས་བྱ་བ་ལ། བྱང་ཆུབ་སེམས་དཔའ་ཨི་ཡིད་ལ་བྱེད་པ་ནི་མྱ་ངན་ལས་འདས་པ་ལ་རྒྱབ་ཀྱིས་ལྟ་ཞིང་འཁོར་བ་ལ་མངོན་དུ་ཕྱོགས་པར་བྱེད་པ་ཡིན་ནོ། །ཉན་ཐོས་ཀྱི་ཡིད
་ལ་བྱེད་པ་ནི་མྱ་ངན་ལས་འདས་པ་ལས་མངོན་དུ་ཕྱོགས་ཤིང། འཁོར་བ་ལ་རྒྱབ་ཏུ་ལྟ་བ་ཡིན་ཏེ། དེ་བས་ན་བྱང་ཆུབ་སེམས་དཔའ་ཉན་ཐོས་ཀྱི་ཡིད་ལ་བྱེད་པ་མྱ་ངན་ལས་འདས་པ་ལ་མངོན་དུ་ཕྱོགས་ཤིང་འཁོར་བ་ལ་རྒྱབ་ཀྱིས་ཕྱོགས་པ་སྤང
་བའི་ཕྱིར་ཚིགས་སུ་བཅད་པ་གཉིས་ཀྱིས་བསྟན་ཏོ་ཞེས་བྱ་བའི་དོན་ཏོ། །ཇི་སྟེ་འཇིག་རྟེན་ཕྱིར་ནི་དམྱལ་བའི་གནས་འཇུག་ཀྱང། སྡུག་བསྔལ་དྲག་པོར་རྒྱལ་བའི་སྲས་ལ་གནོད་མི་འགྱུར། ཞེས་བྱ་བ་ལ། གལ་ཏེ་བྱང་ཆུབ་སེམས་དཔའ་སེམས
་ཅན་གྱི་དོན་དང་ལྡན་པའི་ཆེད་དུ་སེམས་ཅན་དམྱལ་བའི་གནས་སུ་འཇུག་ཅིང་དམྱལ་བར་གནས་ཀྱང་དམྱལ་བའི་སྡུག་བསྔལ་བར་མ་དང་ཐ་མས་གནོད་པར་མི་འགྱུར་བ་ལྟ་སྨོས་ཀྱང་ཅི་དགོས་ཀྱི་དམྱལ་བའི་སྡུག་བསྔལ་ཤིན
་ཏུ་དྲག་པོས་ཀྱང་དེའི་ལུས་དང་སེམས་ལ་གནོད་མི་འགྱུར་ཞིང་བླ་མེད་པའི་བར་དུ་གཅོད་པར་མི་འགྱུར་རོ། །ཞེས་བྱ་བའི་དོན་ཏོ། །ཞི་བའི་ཡོན་ཏན་སྲིད་སྐྱོན་གྱིས་ཐོག་མར་བསམས་པའི། །དགེ་བ་རྟོག་པ་སྣ་ཚོགས་བློ་ལྡན་རྣམས་ལ་གནོད་ཅེས་བྱ་བ་ལ། ཐེག
་དམན་འཕངས་ཞེས་བྱ་བ་དང་པོར་བཤད་དེ། ཐེག་དམན་འཕངས་པ་ནི་ཉན་ཐོས་ཀྱི་ཡིད་ལ་བྱེད་པ་དང། རང་སངས་རྒྱས་ཀྱི་ཡིད་ལ་བྱེད་པ་ལ་བྱ་སྟེ། དེ་ཡང་མྱ་ངན་ལས་འདས་པ་ཞི་བ་ལ། བདེ་བ་དང་གྱ་ནོམ་པར་ཡོན་ཏན་དུ་ལྟ་བ་དང། སྲིད་པ་སྟེ
་འཁོར་བ་ལ་སྡུག་བསྔལ་བའོ་ཞེས་རྟོག་པཱི་ཡིད་ལ་བྱེད་བ་གཉིས་ནི་བློ་ལྡན་བྱང་ཆུབ་སེམས་དཔའ་ཕ་རོལ་ཏུ་ཕྱིན་པ་དང། ས་ལ་སོགས་པ་ལ་བྱ་བར་རྟོག་པ་ལ་གནོད་ཅིང། བླ་ན་མེད་པའི་བྱང་ཆུབ་ཐོབ་པར་བྱ་བ་ལ་བར་དུ་གཅོད་པ་ཡིན་པས་ཡིད
་ལ་བྱེད་པ་དེ་ནི་སྤང་བར་བྱ་བ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེའི་དོན་ཚིགས་སུ་བཅད་པ་གཉིས་པས་བསྟན་པའི་ཕྱིར། བློ་ལྡན་དག་ནི་དྲི་མེད་རྣམ་དག་སངས་རྒྱས་བྱང་ཆུབ་ལ། །དམྱལ་བར་གནས་པ་ཐམས་ཅད་དུས་སུ་བགེགས་མི་བྱེད་ཅེས་བྱ་བ་ལ
་སོགས་པ་སྨོས་ཏེ། བློ་ལྡན་དག་གི་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཞེས་བྱ་བའི་དོན་ཏོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཐོབ་པར་བྱ་བའི་བྱང་ཆུབ་དེ་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་ཐམས་ཅད་སྤངས་པས་དྲི་མ་མེད་པ་ཞེས
་བྱའོ། །ཤེས་བྱ་བ་ཐམས་ཅད་ལ་ཆགས་པ་དང་ཐོགས་པ་མེད་པའི་ཤེས་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་རྣམ་པར་རྒྱས་པ་ཞེས་བྱ་སྟེ། དྲི་མ་མེད་པ་ཞེས་བྱ་བས་ནི་སྤོངས་པ་ཕུན་སུམ་ཚོགས་པ་བསྟན། རྣམ་རྒྱས་ཞེས་བྱ་བས་ནི་ཡེ་ཤེས་ཕུན
་སུམ་ཚོགས་པ་བསྟན་ཏོ། །དེ་ལྟ་བུའི་བྱང་ཆུབ་ཐོབ་པར་བྱ་བ་ལ། སེམས་ཅན་དམྱལ་བ་ན་དུས་ཐམས་ཅད་དུ་གནས་པའི་སྡུག་བསྔལ་གྱིས་ཀྱང་མངོན་པར་འཚང་རྒྱ་བར་བྱ་བ་ལ་བར་ཆད་དུ་མི་འགྱུར་གྱི་བགེགས་སུ་མི་འགྱུར་རོ་ཞེས་བྱ་བའི་ཏོ། །ཐེག་པ་གཞན
་ལ་རྟོག་པའི་བདག་ཕན་མཆོག་གསིལ?་བ། །བདེ་བའི་མཆོག་ལ་གནས་པ་ལ་ཡང་བགེགས་སུ་འགྱུར་ཞེས་བྱ་བ་ལ། བྱང་ཆུབ་སེམས་དཔའ་རྣམས་བྱང་ཆུབ་ཐོབ་པར་བྱ་བ་ལ། བགེགས་སུ་འགྱུར་བ་འདི་ཡིན་ཏེ། གང་ཉན་ཐོས་དང་རང་སངས་རྒྱས
་ཀྱི་ཡིད་ལ་བྱེད་པ་བདག་ལ་ཕན་པ་དང་བདེ་བར་བྱེད་པ་དང། བདག་ཉིད་བསིལ་བ་སྟེ། བདག་འབབ་ཞིག་མྱ་ངན་ལས་འདས་པར་བྱ་བ་ལ་རྟོག་པ་དེ་ནི་བགེགས་སུ་འགྱུར་ཏེ། གང་གི་བགེགས་སུ་འགྱུར་ཞེ་ན། བདེ་བའི་མཆོག་ལ་གནས་པ་སྟེ། མི་གནས
་པའི་མྱ་ངན་ལས་འདས་པའི་བདེ་བ་འཐོབ་བར་བྱ་བ་ལ་བགེགས་སུ་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ངོ་བོ་མེད་པ་དང་རང་བཞིན་གྱིས་རྣམ་པར་དག་པ་ལ་སྐྲག་པ་སྤང?་བའི་ཚིགས་སུ་བཅད་པ་བཞི་སྟེ་ཞེས་བྱ་བ་ལ། ཆོས་རྣམས་ངོ་བོ་མེད་པ་ཅེས་བཤད་ལ
་སྣང་ཞིང་དམིགས་སུ་རུང་ངོ་ཞེས་བཤད་པ་ཡང། བྱིས་པ་རྣམས་སྐྲག་པར་འགྱུར་བའི་གནས་ཡིན་ལ། ཆོས་ཀྱི་དབྱིངས་རང་བཞིན་གྱིས་རྣམ་པར་དག་གོ་ཞེས་བཤད་ལ། དྲི་མ་ཡང་དག་གོ་ཞེས་བཤད་པ་ཡང་བྱིས་པ་རྣམས་སྐྲག་པའི་གནས་ཏེ
་སྐྲག་པ་དེ་ཡང་བའི་ཕྱིར་ཚིགས་སུ་བཅད་པ་བཞི་རྩོམ་མོ་ཞེས་བྱ་བའི་དོན་ཏོ། །ཡང་ན་བྱིས་པ་རྣམས་སྐྲག་པའི་གནས་ནི་གསུམ་སྟེ། ཆོས་ཐམས་ཅད་ནས་ཐམས་ཅད་དུ་མེད་དོ་ཞེས་བཤད་ན་ཡང་སྐྲག་པའི་གནས་སོ། །ཆོས་ཐམས་ཅད་ཡོད
་དེ་དམིགས་སུ་རུང་ངོ་ཞེས་སྨྲ་ཡང་སྐྲག་པའི་གནས་སོ། །ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་མོད་ཀྱི་ཕྱིས་ཀྱང་དག་བར་བྱ་དགོས་སོ་ཞེས་བཤད་པ་ཡང་སྐྲག་པའི་གནས་ཏེ། སྐྲག་པ་དེ་སྤང་བའི་ཕྱིར་ཚིགས་སུ་བཅད་པ་བཞི་རྩོམ་མོ་ཞེས
་བྱ་བའི་དོན་ཏོ། །ཆོས་ཀྱི་དངོས་མེད་དམིགས་པ་དང། ཉོན་མོངས་མི་རྟག་རྣམ་དག་ལ་ཞེས་བྱ་བ་ལ། ཆོས་རྣམས་ཀྱི་དངོས་པོ་མེད་ཅིང་སྟོང་ངོ་ཞེས་བྱ་བ་ལ་སྣང་ཞིང་དམིགས་སུ་རུང་ངོ་ཞེས་བཤད་པ་ནི་ད་སྐྲག་པའི
་གནས་ཏེ། བྱིས་པ་དག་འདི་སྙམ་དུ་རི་བོང་གི་རྭ་དངོས་པོ་མེད་ཀྱང། དམིགས་སུ་མི་རུང་བ་བཞིན་དུ་ཆོས་རྣམས་ཀྱང་དངོས་པོ་མེད་ན་ནི་དམིགས་སུ་མི་རུང་ལ། དེ་བས་ན་དངོས་པོ་མེད་པ་དམིགས་སུ་རུང་ངོ་ཞེས་བཤད་པ་འདི་འགལ་བར་འགྱུར
་རོ་ཞེས་གསུངས་པའི་ཕྱིར་རོ། །ཆོས་ཀྱི་དབྱིངས་རང་བཞིན་གྱིས་རྣམ་པར་དག་ལ་ཕྱིས་ཀྱང་ཉོན་མོངས་པ་རྣམ་པར་དག་པར་བྱ་དགོས་སོ་ཞེས་བཤད་པ་འདི་ཡང་སྐྲག་བའི་གནས་ཏེ། ཅིའི་ཕྱིར་ཞེ་ན། བྱིས་པ་རྣམས་འདི་སྙམ་དུ་གལ་ཏེ་ཆོས
་རྣམས་རང་བཞིན་གྱིས་རྣམ་པར་དག་པ་ཡིན་ན། ཉོན་མོངས་པ་བསལ་ཅི་དགོས་སྙམ་དུ་སེམས་པའི་ཕྱིར་རོ། །སྒྱུ་མ་འདྲ་བར་ཤེས་བྱ་སྟེ། །དེ་བཞིན་ནམ་མཁའ་བཞིན་དུའོ་ཞེས་བྱ་བ་ལ། ཆོས་དངོས་པོ་མེད་ཀྱང་དམིགས་སུ་རུང་བ་ནི་སྒྱུ
་མ་དང་འདྲ་བར་ཤེས་པར་བྱ་སྟེ། དཔེར་ན་སྒྱུ་མ་དམིགས་སུ་མེད་ཀྱང་རྟ་དང་གླང་པོ་ལྟ་བུར་དམིགས་སུ་རུང་བ་དེ་བཞིན་དུ་ཆོས་འདི་དག་དངོས་པོ་མེད་ཀྱང། གཟུགས་དང་སྒྲ་ལ་སོགས་པ་ལྟ་བུར་དམིགས་སུ་རུང་ངོ་ཞེས་བྱ་བའི་དོན་ཏོ། །ཕྱིར་རྣམ་པར
་དག་པར་འགྱུར་བ་ནི་ནམ་མཁའ་བཞིན་ཏེ། དཔེར་ན་ནམ་མཁའ་རང་བཞིན་གྱིས་དག་པ་ལ་བློ་བུར་གྱི་སྤྲིན་གྱིས་རྙོགས་ནས་དྲི་མ་ཅན་དུ་བྱས་པ་དེ་སྤྲིན་དང་བྲལ་ན་དག་པར་འགྱུར་བ་དེ་བཞིན་དུ། ཆོས་ཀྱི་དབྱིངས་ཀྱང་རང་བཞིན་གྱིས་དག་པ་ཡིན་པ་ལས་འདོད
་ཆགས་ལ་སོགས་པ་གློ་བུར་གྱི་ཉོན་མོངས་པས་དྲི་མ་ཅན་དུ་བྱས་པ་དེ་སྦྱང་དགོས་པས་ན་རང་བཞིན་གྱིས་རྣཾ་པར་དག་བ་ལ་ཕྱིས་དག་པར་འགྱུར་བ་འགལ་བ་མེད་དོ། །ཆོས་ཀྱི་དངོས་པོ་མེད་ཀྱང་དམིགས་སུ་རུང་བའི་རི་མོའི་དཔེས་བསྟན་པའི་ཕྱིར། ཇི་ལྟར་རི་མོ
་ཆོག་བཞིན་བྲིས་པ། །མཐོན་དམན་མེད་དེ་འོན་ཀྱང་སྣང་བར་འགྱུར། །དེ་བཞིན་ཡང་དག་མ་ཡིན་ཀུན་རྟོག་ཀྱང། །མདོར་ན་གཉིས་པོ་མེད་དེ་སྣང་བར་འགྱུར་ཞེས་བྱ་བ་སྨོས་ཏེ། དཔེར་ན་རས་ལ་རི་མོ་མཁན་གྱིས་ས་ཚོན་རྣམ་པ་སྣ་ཚོགས་ཀྱི་གཟུགས་རྣམ
་པ་མང་པོ་ཆོ་ག་བཞིན་དུ་བྲིས་པ་ལ། ལག་པས་བྱུགས་ན་མཐོན་དམན་དང། འབར་འབུར་མེད་ཀྱང་མིག་གིས་བལྟས་ན། མགོ་དང་རྐང་ལག་ལ་སོགས་པ་མཐོན་དམན་དང་འབར་འབུར་དུ་སྣང་བ་དེ་དང་འདྲ་བ་ཡང་དག་པ་མ་ཡིན་པ་ཀུན་རྟོགས་ཀྱང
་སྟེ། གཞན་གྱི་དབང་གི་མཚན་ཉིད་ལ་གཟུང་བ་དང་འཛིན་པ་གཉིས་མེད་ཀྱང་གཟུང་བ་དང་འཛིན་པ་ལྟ་བུར་སྣང་དེ་བས་ན་མེད་ཀྱང་སྣང་བ་ནི་རི་བོང་གི་དཔེ་དང་འདྲའོ། །ད་ནི་ཚིགས་སུ་བཅད་པ་གསུམ་པ་དང་བཞི་པས་སེམས་ཆུའི་རང་བཞིན་དང་འདྲ་བར
་འགྱུར་བའི་ཕྱིར་རོ། །ཇི་ལྟར་རྙོག་པའི་ཆུ་ནི་དང་ནས་ཀྱང། །དེ་ལས་དེ་ནི་དང་བར་མི་འགྱུར་རོ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཇི་ལྟར་ཆུ་རང་བཞིན་གྱིས་དང་བ་དེ། གློ་བུར་གྱི་སྦྲིན་དང་སྦལ་ལྕོང་གིས་རྙོག་པ་ཅན་དུ་བྱས་པ་ལས། ཕྱིས་རྙོག་པ་དང་བྲལ་ཏེ་དང
་བར་གྱུར་པ་ན་ཡང་རང་བཞིན་གྱིས་དང་བདེ་ཀུན་ནས་འཕྲལ་བར་སྐྱེས་ནས་དང་བར་འགྱུར་བ་མ་ཡིན་གྱི་ཡེ་ནས་གནས་པ་ལས་གློ་བུར་རྙོག་མ་དང་བྲལ་བར་གྱུར་པ་དང། སྔ་ན་ཡོད་པའི་དང་བར་སྣང་བར་གྱུར་པ་ཙམ་དུ་ཟད་དོ་ཞེས་བྱ་བའི་དོན་ཏོ། །དེ་ལ
་དྲི་མ་བསལ་བ་གཅིག་པུ་སྟེ། །དེ་བཞིན་གང་ཕྱིར་གང་གིས་སེམས་དག་བའོ་ཞེས་བྱ་བ་ལ། ཆུ་རང་བཞིན་གྱིས་དག་པ་གློ་བུར་གྱི་དྲི་མ་བསལ་བར་བྱ་བ་ཙམ་དུ་ཟད་དེ། གློ་བུར་གྱི་དྲི་མ་དང་བྲལ་ན་དག་པར་གྱུར་པ་དེ་བཞིན་དུ་འདིར་ཡང་རང་བཞིན
་གྱིས་རྣམ་པར་དག་པ་གློ་བུར་གྱི་དྲི་མ་དང་བྲལ་ན་ཕྱིས་དག་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །སེམས་ནི་རང་བཞིན་དག་པར་དགོངས། །རྟག་ཏུ་གློ་བུར་ཉེས་པས་རྙོགས་ཞེས་བྱ་བ་ལ། སེམས་འདི་རང་བཞིན་གྱིས་རྣམ་པར་དག་པའི་འོད་གསལ་བའི
་མཚན་ཉིད་དུ་དགོངས་ཏེ། ཤེལ་བཞིན་དུ་དག་པ་ཡིན་པར་འདོད་དེ། དེ་ལྟར་སེམས་རང་བཞིན་གྱིས་རྣམ་པར་དག་པ་ཡིན་ན་རང་བཞིན་གྱིས་རྣམ་པར་དག་པ་ཅིའི་ཕྱིར་མི་སྣང་མཐོང་ཞེ་ན། དཔེར་ན་ཤེལ་རང་བཞིན
་གྱིས་རྣམ་པར་དག་པ་འཇིམ་པའི་གོང་བུས་གཡོགས་ན་དག་པའི་རང་བཞིན་མི་སྣང་བ་དང་ཆུ་རང་བཞིན་དང་བ་ཡིན་ཡང་རྙོགས་པས་རྙོགས་ན་རང་བཞིན་གྱིས་དད་བ་མི་སྣང་བ་ཡིན་ནོ། །སེམས་རང་བཞིན་གྱིས་དག་པ་དེ་སེམས་གང་ལ་བྱ་ཞེ་ན། དེའི
་ཕྱིར། སེམས་ཀྱི་ཆོས་དེ་ཉིད་ལས་གཞན་དག་ནི། །རང་བཞིན་རྣམ་པར་དག་པའི་སེམས་མི་བཤད་ཅེས་བྱ་བ་སྨོས་ཏེ། དེ་ལ་སེམས་ཀྱི་ཆོས་ཉིད་གཉིས་སུ་མེད་པ་ཡོངས་སུ་གྲུབ་པའི་མཚན་ཉིད་དེ་ཉིད་ལ་རང་བཞིན་གྱིས་རྣམ་པར་དག་པར
་བཤད་ཀྱི་ཡོངས་སུ་གྲུབ་པའི་མཚན་ཉིད་ལ་མ་གཏོགས་པ་གཞན་གྱི་དབང་གི་སེམས་ལ་ནི་རྣམ་པར་དག་པའི་སེམས་སུ་མི་བཤད་དོ་ཞེས་བྱ་བའི་དོན་ཏོ། །ཅིའི་ཕྱིར་ཞེ་ན། གཞན་གྱི་དབང་གི་སེམས་ནི་ཟག་པ་དང་བཅས་པ་འདོད་ཆགས་དང
་དད་པ་ལ་སོགས་པས་རྟག་ཏུ་རྙོག་ཅིང། སྐད་ཅིག་མ་རེ་རེ་ལ་ལྷན་ཅིག་སྐྱེ། ལྷན་ཅིག་འགག་སྟེ་དྲི་མ་ཅན་དུ་གནས་པས་རང་བཞིན་གྱིས་འོད་གསལ་བའི་སེམས་སུ་མི་རིག་ཀྱིས། ཡོངས་སུ་གྲུབ་པའི་མཚན་ཉིད་སེམས་ཀྱི་ཆོས་ཉིད་ནི་ཟག་པ་ཅན
་འཁོར་བའི་རྣམས་དང་ལྷན་ཅིག་སྐྱེ་ཤིང་འགག་པས་དྲི་མ་ཅན་དུ་བྱེད་པ་མ་ཡིན་པའི་ཕྱིར་རང་བཞིན་གྱིས་འོད་གསལ་བ་ཞེས་བྱའོ། །ཆོས་མེད་པ་དང་ཞེས་བྱ་བ་ལ། ཆོས་རྣམས་ཀུན་རྫོབ་ཏུ་ཡོད་པར་ཟད་ཀྱི་དོན་དམ་པར་ནི་ཐམས་ཅད་ནས་ཐམས
་ཅད་དུ་མདོ་ཞེས་ལྟ་བ་དང། ཆད་པར་གྱུར་པས་སྐུར་པ་བཏབ་པའི་ཕྱིར་སྐྲག་པར་འགྱུར་བའི་གནས་སོ་ཞེས་བྱ་བའི་དོན་ཏོ། །ཆོས་དམིགས་པ་ཞེས་བྱ་བ་ལ། དོན་དམ་པར་ན་སྒྱུ་མ་དང་རྨི་ལམ་ལ་སོགས་འཕྲལ་དུ་སྣང་བའི་ཆོས་འདི་དག
་ཐམས་ཅད་ཡོད་དེ་བཤད་པ་ཡང་སྐྲག་པའི་གནས་ཏེ། ཅིའི་ཕྱིར་ཞེ་ན། གལ་ཏེ་དངོས་པོ་བཞིན་དུ་རྨི་ལམ་ལ་སོགས་པ་ཡང་ཡོད་ན་ནི་རྨི་ལམ་གྱི་དངོས་པོས་ཀྱང་བྱ་བ་བྱེད་ནུས་པའི་རིགས་སོ་སྙམ་དུ་སེམས་པའི་ཕྱིར་རོ། །དེ་སྒྱུ་མ་དང་འདྲ
་བ་དང་ཞེས་བྱ་བ་ལ། མེད་ཀྱང་དམིགས་པ་ནི་སྒྱུ་མ་དང་འདྲ་བར་ཁོང་དུ་ཆུད་ན་སྐྲག་པ་ལས་ལྡོག་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ནམ་མཁའ་དང་འདྲ་བ་ཞེས་བྱ་བ་ལ་རང་བཞིན་གྱིས་རྣམ་པར་དག་ཀྱང་གློ་བུར་གྱི་དྲི་མ་དག་པར་འགྱུར་བ།?་ནམ་མཁའ་
་དང་འདྲ་བར་ཁོང་དུ་ཆུད་ན་སྐྲག་པ་ལས་ལྡོག་གོ་ཞེས་བྱ་བའི་དོན་ཏོ། །དེ་བཞིན་དུ་རི་མོ་ལ་མཐོན་དམན་དང་འདྲ་བ་དང་ཞེས་བྱ་བ་ལ། མེད་ཀྱང་དམིགས་པ་ནི་རི་མོའི་མཐོན་དམན་དང་འདྲའོ་ཞེས་བྱ་བའི་དོན་ཏོ། །ཆུ་རྙོག་པ་དང་འདྲ་བ་ཞེས་བྱ་བ་ལ།
་རང་བཞིན་གྱིས་རྣམ་པར་དག་ཀྱང་གློ་བུར་གྱི་དྲི་མ་དག་པར་འགྱུར་བ་ནི་ཆུ་རང་བཞིན་གྱིས་དང་ཡང་འཕྲལ་གྱི་དྲི་མ་ཅན་དུ་བྱས་པ་དང་འདྲའོ་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་ཆུ་རང་བཞིན་གྱིས་དང་བ་ལ་གློ་བུར་གྱི་རྙོག་པས་རྙོགས་པ་བཞིན་དུ་ཞེས་བྱ
་བ་ལ། དཔེར་ན་ཆུ་ནི་རྙོག་པའི་རང་བཞིན་མ་ཡིན་གྱིས། རང་བཞིན་གྱིས་དང་བ་དང་གསལ་བའི་མཚན་ཉིད་ཡིན་ན། གློ་བུར་གྱི་སྦལ་ལྕོང་ལ་སོགས་པས་གློངས་དང། རྙོག་པ་ཅན་དུ་འགྱུར་བ་དང་འདྲ་བར་སེམས་རང་བཞིན་གྱིས་དྲི་མ་ཅན་གྱི
་མཚན་ཉིན་མ་ཡིན་ཏེ། རྣམ་པར་དག་པའི་རང་བཞིན་ཡིན་མོད་ཀྱི་གློ་བུར་གྱི་ཉོན་མོངས་པ་ལ་སོགས་པའི་དྲི་མ་ཅན་དུ་བྱས་སོ་ཞེས་བྱ་བའི་དོན་ཏོ། །དེ་བས་ན་འདིར་སེམས་ཀྱི་དེ་བཞིན་ཉིད་ལ་སེམས་ཡིན་པར་རིག་པར་བྱའོ་ཞེས་བྱ་བ
་ལ། སེམས་རང་བཞིན་གྱིས་རྣམ་པར་དག་ཅེས་བཤད་པ་ཡང་སེམས་ཀུན་ལ་མི་བྱའི་སེམས་ཀྱི་དེ་བཞིན་ཉིད་ཡོངས་སུ་གྲུབ་པའི་མཚན་ཉིད་ལ་སེམས་རང་བཞིན་གྱིས་རྣམ་པར་དག་པ་ཞེས་བྱ་སྟེ། དེ་བས་ན་སེམས་ཀྱི་སྒྲ་ནི་སེམས་ཀྱི་དེ་བཞིན་ཉིད་ལ
་བྱ་བར། རིག་པར་བྱའོ། །འདོད་ཆགས་ལས་ཉེས་པ་སྐྱེ་བ་དགག་པ་ཚིགས་སུ་བཅད་པ་བཞི་སྟེ་ཞེས་བྱ་བ་ལ། བྱང་ཆུབ་སེམས་དཔའ་སེམས་ཅན་དོན་བྱེད་པ་ན་ཞེ་སྡང་གི་སྒོ་ནས་བྱས་པའི་རྣམས་ནི་ཉེས་པ་དང་ལྟུང་བར་འགྱུར་གྱི་འདོད་ཆཌ
་ཀྱི་སྒོ་ནས་བྱས་པ་རྣམས་ནི་ཉེས་པ་དང་ལྟུང་བར་མི་འགྱུར་བར་བསྟན་པའི་ཕྱིར་ཚིགས་སུ་བཅད་པ་རྩོམ་མོ་ཞེས་བྱ་བའི་དོན་ཏོ། །བྱང་ཆུབ་སེམས་དཔའ་སེམས་ཅན་ལ། །རྐང་གི་ཁོང་ནས་བྱམས་པ་ཆེན་པོ་བྱ་བ་ལ། བྱང་ཆུབ་སེམས་དཔའ་སེམས
་ཅན་གྱི་དོན་བྱེད་པ་ན། སེམས་ཅན་ལ་བྱམས་པ་དང་སྡུག་པའི་སེམས་འབྱུང་བ་ན་རུས་པའི་ནད་ན་རྐང་གི་སྙིང་པོ་ལ་བབ་ཅིང་ཕོག་པ་ཙམ་དུ་བྱམས་ཤིང་སྡུག་པར་བྱེད་དོ་ཞེས་བྱ་བའི་དོན་ཏོ། །གང་ཕྱིར་རྟག་ཏུ་ཕན་བྱེད་པ། །ཇི་ལྟར་བུ་གཅིག་པ་ལ
་བྱ་བ་བཞིན་ཞེས་བྱ་བ་ལ་དེ་ལྟར་བྱམས་པ་དེ་ཡང་དཔེར་ན་ཕ་མ་གཉིས་ལ་བུ་གཅིག་ཡོད་པ་དེ་ལ་ཕ་མ་གཉིས་བྱམས་ཤིང་སྡུད་པ་ལྷག་པར་སྐྱེ་བ་དང་འདྲ་བར་བྱང་ཆུབ་སེམས་དཔའ་སེམས་ཅན་ལ་བྱམས་ཤིང་སྡུག་པ་ལྷག་པར་བྱེད་པ་རྐང་གི་ཁོང
་དུ་སོང་བ་ཙམ་དུ་བྱམས་པ་བྱེད་དེ་ཞེས་བྱ་བའི་དོན་ཏོ། །སེམས་ཅན་ལ་ནི་ཕན་བྱེད་ན། །ཆགས་བཅས་ཉེས་པར་མི་འགྱུར་ཞེས་བྱ་བ་ལ། འདིའི་སྐབས་སུ་འདོད་ཆགས་ཞེས་བྱ་བ་ནི་སེམས་བརྩེ་བར་འཛིན་པའི་བྱམས་པའི་སེམས་ལ་འདོད
་ཆགས་བྱ་བར་དགོངས་ཏེ། དེ་ལྟ་བུའི་བྱམས་པའི་སེམས་ལས་ནི་སེམས་ཅན་ལ་ཕན་པ་དང་བདེ་བ་ཤ་སྟག་འབྱུང་བས་བྱམས་པའི་སེམས་ལས་སེམས་ཅན་གྱི་དོན་བྱས་པའི་སྒོ་ནས་ཉེས་པ་བྱུང་བ་ཡང་ཉེས་པར་མི་འགྱུར་ཏེ་ལྟུང?་བར་མི་གཞག་གོ་ཞེས
་བྱ་བའི་དོན་ཏོ། །དེ་ལྟར་ཐར་ཅིག་ཏུ་བྱུང་བའི་ཕྱོགས་ལ་འདོད་ཆགས་ལས་སྐྱེས་པའི་ཉེས་པའི་ལྟུང་བར་མི་འགྱུར་བར་གཞག་གོ་།ཁྱིམ་ན་གནས་པའི་བྱང་ཆུབ་སེམས་དཔའ་ལ་ཡང་བུ་དང་རྐུང་མ་ལ་སོགས་པ་ལ་བྱམས་པའི་མཚན་ཉིད་ཀྱི་འདོད
་ཆགས་ཀྱང་ཉེས་པར་མི་འགྱུར་ཏེ་ཅིའི་ཕྱིར་ཞེ་ན། འདོད་ཆགས་ཀྱིས་སེམས་ཅན་མི་གཏོང་ཞིང་སྡུད་པར་བྱེད་པ་ཞེ་སྡང་ནི་སེམས་ཅན་གཏོང་པའི་མཚན་ཉིད་ཡིན་པའི་ཕྱིར་རོ། །འོ་ན་བྱང་ཆུབ་སེམས་དཔའ་ཉེས་པ་དང་ལྟུང་པར་འགྱུར་བ
་གང་ཞེ་ན། དེའི་ཕྱིར། མདོར་ན་སེམས་ཅན་ཐམས་ཅད་ལ། །དེ་ཡི་ཞེ་ལྡང་མི་མཐུན་ནོ་ཞེས་བྱ་བ་སྨོས་ཏེ། བྱང་ཆུབ་སེམས་དཔའ་ནི་སེམས་ཅན་ཐམས་ཅད་ལ་བུ་གཅིག་པ་བཞིན་གཟུང་དགོས་པ་ཡིན་པ་ལས་གལ་ཏེ་སེམས་ཅན་ལ་ཞེ
་སྡང་གི་སེམས་ཅུང་ཟད་ཅིག་བྱུང་བར་གྱུར་ན་བྱམས་པའི་སེམས་དང་མི་མཐུན་ཏེ། བྱང་ཆུབ་སེམས་དཔའ་ལ་ཉེས་པ་དང་ལྟུང་བར་འགྱུར་ཞེས་བྱ་བའི་དོན་ཏོ། །གཞན་ཡང་བྱང་ཆུབ་སེམས་དཔའ་བྱམས་པ་ནི་ཕུག་རོན་གྱི་དཔེ་དང་སྦྱར་ཏེ
་བསྟན་པའི་ཕྱིར། ཇི་ལྟར་ཕུག་རོན་བདག་གི་བུ་ལ་བྱམས། བདག་གི་བུ་དེ་སྦས་ནས་འདུག་པ་ན། །དེ་ལྟ་བུ་ལ་ཞེ་སྡང་འགལ་བ་སྟེ། །རང་བཞིན་སྙིང་རྗེ་ཅན་གྱི་ལུས་ཅན་ལ་ཞེས་བྱ་བ་སྨོས་ཏེ། བྱང་ཆུབ་སེམས་དཔའ་སེམས་ཅན་ལ་བྱམས
་པ་དང་བུ་དང་འདྲ་བར་འཛིན་པ་ནི་དཔེ་ཕུག་རོན་དང་འདྲ་སྟེ་དཔེ་ཕུག་རོན་བྱ་གཞན་པས་ལྷག་པར་འདོད་ཆགས་ཆེ་བས་བུ་ལ་བྱམས་ཏེ། ནམ་སྒོང་བྱུང་བའི་དུས་ནས་བརྩམས་ནས་སྒྲོ་གཤོག་མ་རྫོགས་ཀྱི་བར་དུ་བྲང་དང་ལུས་དང་གཤོག?
་པས་གཡོགས་ནས་འདུག་སྟེ། དེ་ལྟ་བུའི་སེམས་ཡོད་པ་དེ་ལྟ་བུ་ལ་ཞེ་སྡང་བ་འམ་མི་དྲན་པའི་སེམས་ཅུང་ཟད་བྱུང་ན་ཡང། དེ་ནི་མི་མཐུན་ཞིང་འགལ་པ་ཡིན་ནོ་ཞེས་དེ་དང་འདྲ་བར་བྱང་ཆུབ་སེམས་དཔའ་རང་བཞིན་གྱིས་སྙིང
་རྗེ་དང་ལྡན་པ། བྱམས་པའི་བདག་ཉིད་ཅན་སེམས་ཅན་ཐམས་ཅད་ལ་བུ་གཅིག་པ་དང་འདྲ་བར་དགོངས་པ་དེ། གལ་ཏེ་སེམས་ཅན་ཞེ་སྡང་བའི་སེམས་ཅུང་ཟད་ཅིག་བྱུང་ན་དེ་ནི་བྱམས་པའི་སེམས་པ་དང་འགལ་ལོ་ཞེས་བྱ་བའི
་དོན་ཏོ། གང་ཕྱིར་བྱམས་པ་དེ་ཕྱིར་ཁོང་ཁྲོ་འགལ་ཞེས་བྱ་བ་ལ་ཞེ་སྡང་གི་སེམས་བྱུང་ན་ཇི་ལྟར་འགལ་བ་སྟོན་ཏེ། གང་ཕྱིར་བྱང་ཆུབ་སེམས་དཔའ་ནི་རང་བཞན་གྱིས་སེམས་ཅན་ལ་བྱམས་པའི་བདག་ཉིད
་དུ་གནས་པ་ཡིན་ན་སེམས་ཅན་ལ་ཁོང་ཁྲོ་བའི་སེམས་བྱུང་ན་འགའ་ཞིག་མི་མཐུན་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གང་ཕྱིར་ཞི་བས་དེ་ཕྱིར་སྡུག་བསྔལ་འགལ་ཞེས་བྱ་བ་ལ། གང་གི་ཕྱིར་བྱང་ཆུབ་སེམས་དཔའ་ནི་སེམས
་ཅན་གྱི་འདོད་ཆགས་དང་ཞེ་སྡང་ལ་སོགས་པའི་ཉོན་མོངས་པ་བྱུང་ན་ཐམས་ཅད་ཞི་བར་བྱེད་པ་ཡིན་ན། བྱང་ཆུབ་སེམས་དཔའ་དེ་ཉིད་སྡུག་བསྔལ་ཐམས་ཅད་སྐྱེད་པར་བྱེད་པའི་རྒྱུ་འདོད་ཆགས་དང་ཞེ་སྡང་ལ་སོགས་པ་ལ་སེམས
་ཅན་འཇོག་ན་དེའི་འགལ་བ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གང་ཕྱིར་དོན་བྱེད་དེ་ཕྱིར་རྒྱུ་སེམས་འགལ་ཞེས་བྱ་བ་ལ། བྱང་ཆུབ་སེམས་དཔའ་ནི་སེམས་ཅན་ཀྱི་དོན་དུ་བདག་ལུས་དང་ལོངས་སྤྱོད་ཀྱང་ཡོངས་སུ་བཏང་ནས་སེམས་ཅན་ལ་ཕན་པར
་བྱེད་བ་ཡིན་ན་སེམས་ཅན་སླུ་བར་བྱེད་པའི་རྒྱུའི་སེམས་ཀྱིས་བདག་གི་དོན་དུ་སེམས་ཅན་གྱི་ལོངས་སྤྱོད་དགེ?་ལེན་པར་བྱེད་ན་འགལ་ལོ་ཞེས་བྱ་བའི་དོན་ཏོ། །གང་ཕྱིར་བདེ་བྱེད་དེ་ཕྱིར་འཇིགས་བྱེད་འགལ་ཞེས་བྱ་བ་ལ། བྱང་ཆུབ་སེམས
་དཔའ་ནི་སེམས་ཅན་ཐམས་ཅད་ཀྱི་འཇིགས་པ་བསལ་ནས་བདེ་བ་ལ་འཇོག་པར་བྱེད་པ་ཡིན་ཏེ། སེམས་ཅན་ལ་དགྲ་དང་མེ་ལ་སོགས་པའི་འཇིག་པ་འབྱུང་བ་ཐམས་ཅད་ལས་སྐྱོབ་པར་བྱེད་པ་ཡིན་ཏེ། བྱང་ཆུབ་སེམས་དཔའ་ཨི་ལུས་མཐོང་ངམ
་སྒྲ་ཐོས་ན་ཡང་སེམས་ཅན་གྱི་འཇིགས་པ་སེལ་བར་བྱེད་པ་ཡིན་ན། དེ་ལྟ་བུའི་སེམས་ཅན་དེ་ཉིད་བདག་བརྩོག?་ལ་སོགས་པ་བྱེད་པའི་སྒོ་ནས་འཇིགས་ཤིང་དང་བར་བྱེད་ན་ནི་དེ་ནི་འགལ་བར་བྱེད་དོ་ཞེས་བྱ་བའི་དོན་ཏོ། །གང་སེམས་ཅན་ལ་བྱང་ཆུབ
་སེམས་དཔའ་བྱམས་པ་ནི་འདིར་འདོད་ཆགས་སུ་དགོངས་པ་སྟེ་ཞེས་བྱ་བ་ལ། གང་སེམས་ཅན་ཐམས་ཅད་ལ་བྱང་ཆུབ་སེམས་དཔའ་སྡུག་པ་དང་ཕངས་པར་སེམས་པའི་བྱམས་པ་ལ་སེམས་ཅན་གྱི་དོན་བྱེད་པའི་སྐབས་འདིར་ཆགས་པ་ཡིན
་པར་དགོངས་པའོ་ཞེས་བྱ་བའི་དོན་ཏོ། །དེ་དག་གི་དེ་ལས་སྐྱེས་པའི་ཉེས་པ་ནི་དགག་པ་སྟེ་ཞེས་བྱ་བ་ལ། བྱང་ཆུབ་སེམས་དཔའ་ཨི་བྱམས་པ་ལས་སྐྱེས་པའི་སེམས་ཅན་ལ་སྡུག་པར་སེམས་པའི་འདོད་ཆགས་དེ་ནི་ལྟུང་བ་དང་ཉེས་པར་མི་འགྱུར
་པར་གཞག་སྟེ་ཞེས་བྱ་བའི་དོན་ཏོ། །ཅིའི་ཕྱིར་ཉེས་པར་མི་འགྱུར་ཞེ་ན། བྱམས་པ་ལས་བྱུང་བའི་འདོད་ཆགས་ལས་སེམས་ཅན་ལ་ཕན་པ་དང་བདེ་བར་འགྱུར་བའི་གྱུར་འགྱུར་བའི་ཕྱིར་ཉེས་པ་མི་གཞག་གོ་།བྱང་ཆུབ་སེམས་དཔའ་སེམས
་ཅན་ལ་བྱམས་པ་དང། སྡུག་བསྔལ་ཞི་བ་དང། དོན་སྦྱིན་པ་དང། བདེ་བ་སྐྱེད་པའི་ཕྱིར་བདེ་བར་འགྱུར་བ་དང་ཞེས་བྱ་བ་ལ། གང་གི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་ཅན་ལ་བྱམས་པར་བྱེད་པ་ཡིན་པས་ཁོང་ཁྲོ་བའི་སེམས་ཅན་འགལ་བ་དང།
་སེམས་ཅན་གྱི་སྡུག་བསྔལ་ཞི་བར་བྱེད་པ་ཡིན་པས་སྡུག་བསྔལ་གྱི་རྒྱུ་ཉོན་མོངས་པ་ལ་འཇོག་པར་བྱེད་པ་ལ་འགལ་བ་དང། དོན་བྱེད་པ་ཡིན་པས་རྒྱུ་སེམས་འབྱུང་བ་འགལ་པ་དང། བདེ་བསྐྱེད་པ་ཡིན་པས་བྱང་ཆུབ་སེམས་དཔའ་ཨི་གཟུགས་མཐོང་བ་དང།
་སྒྲ་ཐོས་པས་ཀྱང་བདེ་བར་འགྱུར་བ་ཡིན་ན། འཇིགས་པ་སྐྱེ་བ་འགལ་ལོ། །དེའི་རྒྱུས་སྡུག་བསྔལ་གྱི་སེམས་ལ་སོགས་པ་དང་འགལ་ལོ་ཞེས་བྱ་བ་ལ། ཁོང་ཁྲོ་བ་དང་ཉོན་མོངས་པ་ལ་འཇོག་པ་དང། རྒྱུ་སེམས་ལ་སོགས་པའི་རྒྱུ་སེམས་ཅན་རྣམས་ལ
་སྡུག་བསྔལ་སྐྱེ་བར་འགྱུར་པས་ན། ཁོང་ཁྲོ་བ་ལ་སོགས་སེམས་འགལ་བ་ཞེས་བྱའོ། །སྒྲུབ་པ་དབྱེ་པའི་ཚིགས་སུ་བཅད་པ་ལྔ་སྟེ་ཞེས་བྱ་བ་ལ། སྒྲུབ་པ་བཤད་པའི་སྐབས་སུ་ཡིན་པས་ན། བྱང་ཆུབ་སེམས་དཔའ་ཨི་སྒྲུབ་པའི་ཕྱིར་ན་གྲངས་ཀྱིས་དུ་ཡོད་པ
་དང། རྣམ་པ་དུ་ཡོད་པ་ཚིགས་སུ་བཅད་པ་ལྔ་བསྟན་ཏོ་ཞེས་བྱ་བའི་དོན་ཏོ། །འཁོར་བ་རབ་ཏུ་འཇུག་པ་ནི། །ཇི་ལྟར་ནད་པ་སྨན་ལ་བཞིན་ཞེས་བྱ་བ་ལ། །དཔེར་ན་ནད་ལ་ཕན་བར་བྱ་བའི་ཕྱིར་སྨན་ལ་འཇུག་སྟེ། སྨན་ཁ་བ་དང་དཀུ་བ
་དང?་ཚ་བ་ལ་སོགས་པ་ཡིན་པར་སེམས་ཀྱང་ནད་ལ་ཕན་བར་བྱ་བའི་ཕྱིར་འཐུང་ངོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་ཅན་གྱི་དོན་དུ་ཤེས་བཞིན་དུ་འཁོར་བར་འཇུག་པ་ན་ནོད་པ་འཁོར་བའི་ཉེས་པ་སྡུག་བསྔལ་བ་དང་མི་བཟད་པ་ལ་སོགས་པ
་མི་བདེ་བར་ཤེས་མོད་ཀྱི་མཐང་འཚང་རྒྱ་བར?་བྱ་བའི་ཕྱིར་འཁོར་བར་འཇུག་བར་བྱེད་དོ་ཞེས་བྱ་བའི་དོན་ཏོ། །སེམས་ཅན་ལ་ནི་རབ་འཇུག་པ། །ཇི་ལྟར་སྨོན་པས་ནད་པ་ལའོ་ཞེས་བྱ་བ་ལ། དཔེར་ན་སྨན་པ་སྙིང་རྗེ་ཅན་དགེ་བ་ནད་པའི་ནད་དེ་ལ་ཕན
་པའི་ཕྱིར་ནད་པ་ལ་འཇུག་སྟེ། ནད་ཀྱི་གཞི་དང་སྦྱར་ནས་སྨན་གཏོང་བར་བྱེད་པ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་ཅན་འདོད་ཆགས་ལ་སོགས་པའི་ཉོན་མོངས་པའི་ནད་ཀྱིས་ནད་པར་གྱུར་པ་རྣམས་ལ་ཉོན་མོངས་པའི་ནད་ཞི་བར་བྱ་བའི་ཕྱིར
་སོ་སོའི་སྣོད་དང་སྦྱར་ནས་དམ་པའི་ཆོས་ཀྱི་སྨན་གཏོང་ཞིང་སྟོན་པར་བྱེད་དེ། བདག་ལ་རབ་ཏུ་འཇུག་པ་ནི། །ཇི་ལྟར་མ་སྨིན་བྲལ་བའོ། ཞེས་བྱ་བ་ལ། དཔེར་ན་བྲན་མི་སྲུན་པ་ལ་སྨིན་ཅིང་མ་དུལ་བལ་འདུལ་ཅིང་ལེགས་པར་ཀྱོན?་པའི་ཕྱིར་རྗེ་བོ་འཇུག་སྟེ། བརྡག་པ་དང
་བཙོག་བ་ལ་སོགས་ནན་ཐུར་གྱིས་ཚར་གཅོད་པར་བྱེད་དོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་བདག་གིས་སེམས་ཉོན་པའི་དབང་དུ་གྱུར་ནས་མ་དུ་ལ་ཞིང་རྨུ་རྒོད་དུ་གྱུར་ནས་སེམས་དེ་གདུལ་ཞིང་ཞི་བར་བྱ་བའི་ཕྱིར། ཚུལ་བཞིན་ཡིད་ལ་བྱེད་པའི
་ཚར་གཅོད་ཅིང་འདུལ་བར་བྱེད་དེ། དེ་ལ་འཕགས་པ་དཀོན་མཆོག་བརྩེཌ་པ་ལས། རྟ་འདུལ་སྤྱོད་གི་དཔེས་གསུངས་པ་ལྟ་བུའོ། །འདོད་པ་རབ་ཏུ་འཇུག་པ་ནི། །ཇི་ལྟར་ཚེད་པ་ནོར་ལའོ་ཞེས་བྱ་བ་ལ། འདི་མན་ཆད་ཕ་རོལ་ཏུ་ཕྱིན་པ་དྲུག་སྒྲུབ
་པ་སྟོན་ཏེ། དཔེར་ན་ཚོད་པ་བུ་ཚ་གསོ་བའི་ཕྱིར་ཟོང་ཆུང་དུ་ཞིག་གིས་ནོར་མང་པོ་རྙེད་པར་ལ་སྦོགས་བྱེད་པ་དེ་བཞིན་དུ། བྱང་ཆུབ་སེམས་སེམས་ཀྱང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་ཟོང་གིས་འདོད་པ་ལྔའི་ཡོན་ཏན་དང་ལོངས་སྤྱོད་ཕུན་སུམ་ཚོགས་པ་བསྒྲུབས
་ནས་སེམས་ཅན་ལ་ཡོངས་སུ་གཏོང་བར་བྱེད་དོ། །འདིས་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་བསྟན་ཏོ། །ལས་ལ་རབ་ཏུ་འཇུག་པ་ནི། ཇི་ལྟར་ཚོན་གྱིས་གོས་ལའོ་ཞེས་བྱ་བ་ལ། དཔེར་ན་ཚན་གྱིས་བཙོས་པའི་གོས་ཚོན་གྱིས་ཞེན་པར་བྱ་བའི་ཕྱིར། གཟུང་བ་དང
་བཀྲུ་བའི་ལས་ཀྱིས་གོས་ཀྱི་དྲི་མ་བྱང་པར་བྱེད་པ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ལ་ཡང་ལུས་དང་དག་དང་ཡིད་ཀྱི་ལས་གསུམ་བྱང་ཞིང་དག་པར་བྱ་བའི་ཕྱིར། སྲོག་མི་གཅོད་པ་དང། མ་བྱིན་པར་མི་ལེན་པ་ལ་སོགས་པའི་ལས་ལ་འཇུག་པར་བྱེད
་ད་འདིས་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་ཏོ། །སེམས་ཅན་མི་འཚེར་བ་འཇུག་པའི། །ཇི་ལྟར་པས་ནི་བུ་བཞིན་ལའོ་ཞེས་བྱ་བ་ལ། ཇི་ལྟར་ཕ་དེ་བུ་གཞོན་ནི་ཤེད་མ་བྱེ་པ་ཡོད་པས། བཟེག་བ་དང་བྲང་བ་ལ་སོགས་པའི་སྒོ་ནས་གནོད་པ་བྱས་ཀྱང་ཞེ
་སྡང་མི་སྐྱེ་བའི་སྙིང་རྗེའི་སེམས་སྐྱེ་བ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་ཅན་གྱི་དོན་བྱེད་པ་ན་སེམས་ཅན་ཉོན་མོངས་པའི་དབང་དུ་གྱུར་ནས་ཤེད་མ་བྱེ་བ་རྣམས་ཀྱིས་གནོད་པ་སྣ་ཚོགས་བྱས་ཀྱང་བྱང་ཆུབ་སེམས་དཔའ་ལ་གནོད་པ་དང་ཞེ་སྡང
་གི་སེམས་མི་སྐྱེའི་སྙིང་རྗེ་བའི་སེམས་སྐྱེ་སྟེ། འདི་ནི་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་བསྟན་ཏོ། །རྒྱུན་བཅས་རབ་ཏུ་འཇུག་པ་ནི། །མི་འདོད་བཙུབས་གཏན་བཙུབས་ཤིང་ལའོ་ཞེས་བྱ་བ་ལ། དཔེར་ན་མི་འདོད་པའི་མི་མེའི་དོན་དུ་བརྩུབས་གཏན་ལ
་བརྩུབས་ཤིང་མ་ལ་ཕྱིན་གྱི་བར་དུ་ངལ་བ་མེད་པར་བཙུབ་པར་བྱེད་དོ། །དེ་དང་འདྲ་བར་བྱང་ཆུབ་སེམས་དཔའ་དགེ་པ་ལ་བསྒོམ་པ་མཐར་ཕྱིན་པར་བྱ་བའི་ཕྱིར། དལ་ཟ?་མེད་པར་དགེ་པ་ལ་རྒྱུན་དུ་འཇུག་པའི་ཕྱིར། འདིས་བརྩོན་འགྲུས་ཀྱི་ཕ་རོལ་ཏུ
་ཕྱིན་པ་བསྟན་ཏོ། །ལྷག་པའི་སེམས་ལ་རབ་འཇུག་པ་།ཡིད་གཅུགས་རྫོགས་པར་འགྱུར་བའོ་ཞེས་བྱ་བ་ལ། དེ་ལ་དཀོར་དང་བར་མཛོད་ལ་སོགས་པའི་དབང་དང་སྦྱན་དུ་བཅུག་ཀྱང། རྣམ་པ་གང་གིས་ཀྱང་སྲེད་པ་མི་སྐྱེ་ཞིང
་བདག་གིར་མི་བྱེད་པ་དེ་ནི་ཡིད་བཅུགས་པ་ལ་རྫོགས་བ་ཞེས་བྱའོ། །དེ་ལ་ཡིད་བཅུཌ་རྫོགS་པ་དེ་རྒྱལ་པོའི་བང་མཛོད་དང་དཀོར་ལ་དབང་ཡོད་ཀྱང་ཅུང་ཟད་ཙམ་ཡང་སྲེད་པ་དང་ཆགས་པ་མི་སྐྱེ་བ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་བསམ་གཏན་གྱིས
་རོལ་ཏུ་ཕྱིན་པ་ལ་དབང་ཡོད་དོ། བསམ་གཏན་ཐོབ་ཀྱང་བསམ་གཏན་གྱི་རོའི་བདེ་བ་ལ་ཅུང་ཟད་ཙམ་ཡང་ཆགས་བ་མི་སྐྱེད་དོ་ཞེས་བྱ་བའི་དོན་ཏོ། །ཡང་ན་ཡིད་བཅུགས་པའི་མི་དེ་ལ་ཕྱི་ནང་གི་གཏམ་ཀུན་ཡང་མ་ལུས་པར་སྨྲ་ཞིང་ཇི་ལྟར་གྱུར་ཀྱང་ཡིད
་བཅུགས་པའི་མི་དེ་བར་མ་དོར་མི་གཏོང་བ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་བསམ་གཏན་གྱི་སྤྱོད་པ་ན་ཞུགས་བ་ནམ་བསམ་གཏན་གྱིས་མཐར་མ་ཕྱིན་ཅིང་འབྲས་བུ་མ་ཐོབ་ཀྱི་བར་དུ་བར་མདོར་མི་གཏོང་ཞིང་འཇིག་པར་མི་བྱེད་དེ། འདིས་བསཾ
་གཏན་གྱི་ཕ་རོལ་ཏུ་ཕྱིན་བ་བསྟན་ཏོ། །ཤེས་རབ་ལ་ནི་རབ་འཇུག་པ། །སྒྱུ་མ་བྱེད་བཞིན་ཤེས་བར་བྱའོ་ཞེས་བྱ་བ་ལ། དཔེར་ན་སྒྱུ་མ་མཁན་སྒྱུ་མའི་ཆོ་ག་དང་ཐབS་ཤེS་པ་ངེས་གདོང་སྒྱུ་མ་བྱེད་པའི་སྒྱུར་?་རྟ་དང་སླང་པོ་བྱས་ནS་ཀྱང་འདི་ནི་སྒྱུ་མ་ཡིན་གི་རྟ་དང་གླང་པོ་ཡང་དག་བ་མ་ཡིན
་སྙཾ་དུ་སེམས་པ་དེ་བཞིན་དུ། བྱང་ཆུབ་སེམས་དཔས་ཀྱང་ཕ་རོལ་ཏུ་ཕྱིན་པ་བསྒྲུབས་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒྲུབས་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་ཕྱིན་ཅི་མ་ལོག་བང?་ཤེས་པར་བྱེད་དེ། འདིས
་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་ཏོ། །གང་ལ་ཇི་ལྟར་སྒྲུབ་པོ། །དེ་ནི་བྱང་ཆུབ་སེམས་དཔར་དགོངས་ཞེས་བྱ་བ་ལ། གོང་དུ་བསྟན་པའི་དོན་བསྡུས་ནས་བསྟན་ཏེ་གོང་མ་རྣམས་ཀྱིས་དོན་མདོར་བསྡུས་ན་རྣམ་པ་གཉིས་ཤིག་སྟོན་ཏེ། གང་ལ་སྒྲུབ་ཅིང
་འཇུག་པ་དང། ཇི་ལྟར་སྒྲུབ་ཅིང་འཇུག་པ་སྟེ། དེ་ལྟར་སྒྲུབ་བ་ནི་བྱང་ཆུབ་སེམས་དཔའ་ཡིན་པར་དགོངས་སོ་ཞེས་བྱ་བའི་དོན་ཏོ། །དེ་ལ་གང་ལ་འཇུག་ཅེ་ན། ནད་པ་སྨན་པ་འཇུག་པ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་ཅན་གྱི་དོན་ལ་འཁོར
་བར་འཇུག་གོ་།ཇི་ལྟར་འཇུག་ཅེ་ན། སེམས་ཅན་ལ་ནི་རབ་འཇུག་པ། ཞེས་བྱ་བ་ནས་བརྩམས་ཏེ། སྒྱུ་མ་བྱེད་བཞིན་ཤེས་པར་བྱ་བ་ཡན་ཆད་ཀྱི་ཚུལ་ལྟར་འཇུག་གོ་ཞེས་བྱ་བ་ཡན་ཆད་ཀྱི་དོན་ཏོ། །ཇི་ལྟར་ཞེས་བྱ་བ་ནི་ནང་བ་ལ་སོགས་པ་ལ་འཇུག
་པའོ་ཞེས་བྱ་བ་ལ། ཇི་ལྟར་འཇུག་པར་བྱ་ཞེ་ན། ནད་པ་ནད་ལ་ཕན་པར་བྱ་བའི་ཕྱིར་སྨན་དཀུ་ཡང་འཐུང་བར་བྱེད་པ་དང། སྨན་པ་ནད་པ་ལ་སྨན་གཏོང་བར་བྱེད་པ་དང། ལུས་ལ་སོགས་པའི་ལུས་ལས་ཡོངས་སུ་སྦྱང་བར་བྱེད་པའི་ཚུལ་དུ་འཇུག་པར
་བྱའོ་ཞེས་བྱ་བའི་དོན་ཏོ། །གང་ལ་ཞེས་བྱ་བ་ནི་འཁོར་བ་ལས་སོ་སོར་བརྟགས་ནས་འཁོར་བ་ལ་གནས་པས་སོ་ཞེས་བྱ་བ་ལ། གང་ལ་འཇུག་ཅེ་ན། སེམས་ཅན་གྱི་དོན་དུ་ཁམས་གསུམ་དུ་འཇུག་པར་བྱེད་དེ། དེ་ཡང་འཁོར་བའི་ཉེས་པ་དང་སྐྱོན་ཇི་ལྟ་བུ
་ཡིན་པ་སོ་སོར་བརྟགས་ཏེ་ཤེས་པར་བྱ་བ་ནས་འཁོར་བའི་སྐྱོན་གྱིས་མ་གོས་པར་བྱ་སྟེ་འཇུག་གོ་།ཡང་ན་གོང་དུ་གང་ལ་བསླབ་བར་བྱ་བ་དང། ཇི་ལྟར་བསླབ་པར་བྱ་བ་དང། གང་གིས་བསླབ་པར་བྱ་བ་རྣམ་པ་གསུམ་གླེངས་པ་ལས་འཁོར་བར
་འཇུག་པས་ནི་གང་ལ་བསྟན་པར་བྱ་བ་བསྟན། སྨན་པ་ལ་སོགས་པ་སྨན་ཆད་ཀྱིས་ཇི་ལྟར་བསླབ་པར་བྱ་བ་བསྟན་ཏོ། །སྙིང་རྗེ་བས་སེམས་ཅན་ནད་པ་ལ་སོགས་པ་མི་གཏོང་བའི་ཕྱིར་རོ་ཞེས་བྱ་བ་ལ། སྨན་པའི་དཔེས་ནི་སྙིང་རྗེ་དང་ལྡན་པས
་ཉོན་མོངས་པའི་ནད་ཀྱིས་བཏབ་པའི་སེམས་ཅན་རྣམས་མི་གཏོང་བར་བསྟན་ཏོ། །རང་གི་རབ་ཏུ་ལེགས་བར་བཅོས་པ་དང་ཞེས་བྱ་བ་ལ། མ་སྨིན་པའི་བྲན་གྱི་དཔེས་ནི་བདག་གི་སེམས་མ་དུལ་བ་དང། མ་ཞི་བ་ལེགས་པར་འཆོས་པར་བྱེད
་པ་བསྟན་ཏོ། །སྦྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་ཇི་ལྟར་གོ་རིམ་བཞིན་དུ། ལོངས་སྤྱོད་འཕེལ་པའི་ཕྱིར་རོ་ཞེས་བྱ་བ་ལ། འདི་མན་ཆད་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་བསྒྲུབས་པ་རིམ་བཞིན་དུ་སྟོང་སྟེ།
་ཚོང་བའི་དབེས་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་སྒྲུབ་པ་བསྟན་ཏེ། སྦྱིན་པས་ལོངས་སྤྱོད་བསྒྲུབས་ནས་ལོངས་སྤྱོད་སེམས་ཅན་ལ་གཏོང་བར་བྱེད་པའི་ཕྱིར་རོ། །ལུས་ལ་སོགས་པའི་ལས་སྦྱངས་བའི་ཕྱིར་རོ་ཞེས་བྱ་བ་ལ། མཚོན
་མཁན་གྱི་དཔེས་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་ཏོ། །ཅིའི་ཕྱིར་ཞེ་ན། ལུས་དང་ངག་དང་ཡིད་གསུམ་གྱིས་ལས་ཡོངས་སུ་དག་པར་གྱུར་པའི་ཕྱིར་རོ། །སེམས་ཀྱི་གནོད་པ་བཟོད་པའི་ཕྱིར་རོ་ཞེས་བྱ་བ་ལ། པ་དང་བུའི
་དཔེས་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་བསྟན་ཏེ། སེམས་ཅན་གྱིས་གནོད་པ་བྱས་ཀྱང་བཟོད་དེ་སླར་གནོད་པ་མི་བྱེད་པའི་ཕྱིར་རོ། །དགེ་བ་བསྒོམ་པ་ལ་རྒྱུན་དུ་བརྩོན་པར་བྱའོ་ཞེས་བྱ་བ་ལ། བཙུབ་ཤིང་གི་དཔེས་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ
་ཕྱིན་པ་བསྟན་ཏོ། །དགེ་བ་བསྒོམ་པ་ལ་རྒྱུན་མི་འཆད་བར་བརྩོན་འགྲུས་རྩོམ་པའི་ཕྱིར་རོ། །ཏིང་ངེ་འཛིན་ལ་མི་ཆགས་པའི་ཕྱིར་རོ། །ཞེས་བྱ་བ་ལ། ཡིད་བཅུགས་པའི་དཔེས་ནི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་བསྟན་ཏེ། བསམ་གཏན
་གྱིས་དབང་ཐོབ་ཀྱང་བསམ་གཏན་གྱི་བདེ?་བ་ལ་མ་ཆགས་པའི་ཕྱིར་རོ། །ཤེས་བྱ་ལ་ཕྱིན་ཅི་མ་ལོག་པའི་ཕྱིར་རོ་ཞེས་བྱ་བ་ལ། སྒྱུ་མའི་དཔེས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་ཏེ། ཤེས་བྱ་ཐམས་ཅད་སྒྱུ་མ་ལྟ་བུར་ཕྱིན་ཅི་མ་ལོག་པར
་ཤེས་པའི་ཕྱིར་རོ། །འཁོར་གསུམ་ཡོངས་སུ་དག་པའི་ཚིགས་སུ་བཅད་བ་ཞེས་བྱ་བ་ལ། སྒྲུབ་པ་རྣམས་ཀྱང་འཁོར་གསུམ་ཡོངས་སུ་དག་པའི་ཚུལ་དུ་བསྒྲུབ་དགོས་ཏེ། དེ་བས་ན་འཁོར་གསུམ་ཡོངས་སུ་དག་པར་བསྟན་པའི་ཕྱིར་ཚིགས་བཅད་གཅིག།
་བརྩམས་སོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་བརྩོན་འགྲུས་རྟག་པར་རྒྱ་ཆེན་ལྡན་ཞེས་བྱ་བ་ལ། དེ་ལྟར་ཞེས་བྱ་བ་ནི་གོང་དུ་བཤད་པ་ལྟར་རོ། །བརྩོན་འགྲུས་རྣམ་པ་གཉིས་ཏེ། རྟག་པའི་བརྩོན་འགྲུས་དང། རྒྱ་ཆེ?་པའི་བརྩོན་འགྲུས་སོ། །དེ་ལ་རྟག་པའི་བརྩོན་འགྲུས
་ནི་གང་དགེ་བ་རྒྱུན་དུ་བྱེད་པའོ། །རྒྱ་ཆེ་བའི་བརྩོན་འགྲུས་ནི་གང་ཐེག་པ་ཆེན་པོ་དང་ལྡན་པ་དང་ཕ་རོལ་ཏུ་ཕྱིན་པ་བསྒྲུབས་པའི་བརྩོན་འགྲུས་སོ། །གཉིས་པོ་ཡངས་སྨིན་སྦྱར་ལ་འགྲུབ་ཅེས་བྱ་བ་ལ། དེ་ལྟར་རྟག་པའི་བརྩན་འགྲུས་དང། རྒྱ་ཆེ་བའི་བརྩོན་འགྲུས་གཉིས
་ཀྱིས་གཉིS་པོ་ཡོངས་སུ་སྨིན་བ་དང། སྦྱད་པར་བྱ་བ་ལ་འགྲུབ་སྟེ། གཉིས་པོ་ནི་བསོད་ནམས་ཀྱི་ཚོགས་སམ། ཡེ་ཤེས་ཚོགས་སམ་བདག་གི་དོན་ཏམ་གཞན་གྱི་དོན་ཏེ། བསོད་ནམས་ཀྱི་ཚོགས་ཀྱིས་ནི་བདག་གི་དོན་ཡོངས་སུ་སྨིན་པར་བྱེད་པ། ཡེ་ཤེས་ཀྱི་ཚོགས་ཀྱིས་ནི་བདག
་དང་གཞན་ཡོངས་སུ་སྦྱར་བར་བྱེད་དོ། །མི་རྟོག་དྲི་མེད་བློ་མཆོག་གིས་འགྲུབ་པ་དང་མཆོག་ནི་རིམ་གྱིས་དེས་ཐོབ་འགྱུར་ཞེས་བྱ་བ་ལ། ཆོས་དང་གང་ཟག་ལ་བདག་མེད་པར་ཁོང་དུ་ཆུད་པའི་ཡེ་ཤེས་ལ་མི་རྟོག་པའི་ཡེ་ཤེས་ཞེས་བྱ་བ་སྟེ། ཇི་ལྟ་མི་རྟོག་ཅེ་ན། སྒྲུབ
་པར་བྱེད་པའི་བྱང་ཆུབ་སེམས་དཔའ་དང། བསྒྲུབ་པར་བྱ་བའི་སེམས་ཅན་དང་སྒྲུབ་པའི་ཆོས་གསུམ་ཡོད་པར་མི་རྟོག་པའི་ཕྱིར་རོ། །ཡེ་ཤེས་དེ་ལ་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པའི་དྲི་མ་མེད་པས་ན་དྲི་མ་མེད་པ་ཞེས་བྱའོ། །དེའི་ཕྱིར་འཁོར་གསུམ་ཡོངས་སུ
་དགེ?་བར་རིག་པར་བྱ་སྟེ། དེ་ལྟེར་འཁོར་གསུཾ་ཡོངས་སུ་དག་པའི་རྣཾ་པར་མི་རྟོག་པའི་ཡེ་ཤེས་།བློ་མཆོག་ཅེས་བྱ་སྟེ། ཡེ་ཤེས་དེས་སྒྲུབ་པར་བྱེད་བ་དང། བསྒྲུབ་པར་བྱ་བ་དང་སྒྲུབ་པ་གསུམ་ལ་མི་རྟོག་པའི་ཚུལ་དུ་བསྒྲུབས་ནས་ས་བཅུ་རིམས་ཀྱིས་མནན་ནས་སངས་རྒྱས་ཀྱི་སར
་བྱང་ཆུབ་སེམས་དཔའ་དེས་སྒྲུབ་པ་མཆོག་ཐོབ་པར་འགྱུར་ཏེ། བླ་ན་མེད་པའི་བྱང་ཆུབ་ཏུ་འཚང་རྒྱ་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །སྒྲུབ་པའི་སྐབས་བཤད་པ་རྫོགས་སོ།། །།གདམས་ཤིང་བསྟན་པར་བྱ་བའི་ཚིགས་སུ་བཅད་པ་ལྔ་བཅུ་རྩ་གཅིག་སྟེ་ཞེS
་བྱ་བ་ལ། སྒྲུབ་པའི་སྐབས་ཀྱི་འོག་ཏུ་གདམས་ཤིང་བརྟན་པར་བྱ་བའི་སྐབས་བཤད་པར་འབྲེལ་བ་ཅི་ཡོད་ཅེ་ན། འདིར་བསླབ་པའི་རྣམ་པ་བཤད་པའི་སྐབས་ཡིན་ཏེ། བསླབ་པའི་རྣམ་པའི་ཁྱད་པར་དང་བསམ་པའི་ཁྱད་པར་དང།
་བདག་ལ་ཕན་པའི་ཁྱད་པར་དང། གཞན་ལ་ཕན་པའི་ཁྱད་པར་དང། མཐར་ཕྱིན་པ་ལ་སོགས་པའི་ཁྱད་པར་ལ་ཆོས་ལ་མོས་པ་མང་བའི་སྐབས་སུ་བསམ་པའི་ཁྱད་པར་བསྟན། ཆོས་ཚོལ་བའི་སྐབས་སུ་སྦྱོར་བའི་ཁྱད་པར་བསྟན། བསྒྲུབས་པའི་སྐབས་སུ་བདག་ལ
་ཕན་པའི་ཁྱད་པར་བསྟན། ཆོས་འཆད་པའི་སྐབས་སུ་གཞན་ལ་ཕན་པའི་ཁྱད་པར་བསྟན་ནས་ད་ནི་མཐར་ཐུག་པའི་ཁྱད་པར་སྟོན་ཏེ། དེའང་སྒྲུབ་པ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་མཐོང་བ་དང་བསྒོམ་པའི་ལམ་གཉིས
་རྣམ་པར་དག་ཅིང་མཐར་ཐུག་པར་བྱ་བའི་ཕྱིར་བདག་ཉིད་ཀྱིས་ཀྱང་གདམས་པ་དང་བསྟན་པར་བཙལ་བར་བྱ་ལ། གཞན་ཡང་གདམས་པ་དང་བསྟན་པ་ལ་གཞག་དོགས་ཏེ། དེ་བས་ན་སྒྲུབ་པའི་སྐབས་ཀྱི་འོག་ཏུ་གདམས་པ་དང་བསྟན་པའི་སྐབས
་བཤད་པར་འབྲེལ་ཏོ། །བསྐལ་པ་གྲངས་མེད་འབྱུང་བ་ནི་ཅེས་བྱ་བ་ལ། བསྐལ་པ་གྲངས་མེད་པ་གསུམ་ལས་མོས་པ་སྤྱོད་པའི་སར་བསྐལ་པ་གྲངས་མེད་པ་གཅིག་ཏུ་བྱང་ཆུབ་སེཾས་དཔའ་སྤྱོད་པའི་སྤྱད་པས་ས་དང་པོར་འབྱུང་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ་།
་ཇི་ལྟར་བྱང་ཆུབ་སེམས་དཔའ་ཨི་སྤྱོད་པ་ལ་སྤྱད་ཅེ་ན། དེའི་ཕྱིར། ཆོས་སྤྱོད་རྣམ་པར་འཕེལ་བྱེད་ཅིང། དགེ་བའི་ཆོས་ནི་རབ་རྫོགས་པ། །ཇི་ལྟར་རྒྱ་མཚོའི་ཆུ་བཞིན་ནོ་ཞེས་བྱ་བ་སྨོས་ཏེ། མོས་བ་དང་དད་པ་ཞེས་བྱ་བ་དོན་གཅིག་སྟེ། མོས་པར་སྤྱོད་པའི་སར
་མོས་པ་དང། དད་པ་ཤས་ཇེ་ཆེར་བྱས་ནས་འཇིག་རྟེན་གྱི་ཆོས་མཆོག་ཏུ་དད་པ་ཤས་ཆེར་བྱས་པ་ལ་མོས་སྤྱོད་རྣམ་པར་འཕེལ་བ་ཞེས་བྱའོ། །ཡང་ན་མོས་པ་སྤྱོད་པའི་ས་གོང་མ་གོང་མ་ཐོབ་བར་བྱས་པ་ནི་མོས་སྤྱོད་འཕེལ་བར་བྱེད་བ་ཞེས་བྱ་སྟེ།
་མོས་པ་སྤྱོད་པའི་ས་དྲོད་ཀྱི་དུས་ན་ནི་མིང་སྒྱུ་མ་ལྟ་བུར་རྟོགས་རྩེ་མོའི་དུས་ན་ནི་དོན་སྒྱུ་མ་ལྟ་བུར་རྟོགས། བཟོད་པའི་དུས་ན་ནི་གཟུང་བ་མི་དམིགས་པར་རྟོགས། འཇིག་རྟེན་གྱི་ཆོས་མཆོག་གི་དུས་ན་ནི་འཛིན་པ་ཡང་མི་དམིགས་པར་རྟོགས་པའོ། །དེ་ལྟར་མོས་པ
་འཕེལ་བར་འགྱུར་བས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྫོགས་པར་འགྱུར་ཏེ། དེ་འང་དཔེར་ན་རྒྱ་མཚོ་ཆུས་གང་བཞིན་རྒྱས་པ་དང་འདྲ་བར་དེའི་སེམས་ལ་ཡང་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཇི་ཙམ་གྱིས་ས་དང་པོ་ཁོང་དུ་ཆུད་པར་འགྱུར
་བའི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྫོགས་ཤིང་རྒྱས་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །སྡུན་ནས་དག་པའི་རྒྱལ་བའི་སྲས་ཞེས་བྱ་བ་ལ། དེ་ལྟར་བསྐལ་པ་གྲངས་མེད་པར་ཞུགས་པ་དང། མོས་པ་འཕེལ་བ་དང། ཆོས་རྫོགས་པ་ནི་སྡུན་དག་པའི
་རྒྱལ་བའི་སྲས་ཞེས་བྱ་སྟེ། མོས་པ་སྤྱོད་པའི་སར་བྱང་ཆུབ་སེམས་དཔའ་ཨི་ཚུལ་ཁྲིམས་རྣམ་པ་གསུམ་ཆར་དག་ཅེས་བྱ་བའི་དོན་ཏོ། །ཚུལ་ཁྲིམས་རྣམ་པ་གསུམ་ནི་སྡོམ་པའི་ཚུལ་ཁྲིམས་དང། དགེ་བའི་ཚུལ་ཁྲིམས་དང། སེམས་ཅན་གྱི་དོན་བྱེད་པའི
་ཚུལ་ཁྲིམས་སོ། །དེ་ལྟར་ཚོགས་ནི་བསགས་པ་ཞེས་བྱ་བ་ལ། གོང་དུ་བཤད་པ་ལྟར་ན་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསགས་པས་ཐེག་པ་ཆེན་པོའི་ཆོས་ཕྱིན་ཅི་མ་ལོག་པར་རྟོགས་ཤིང་སེམས་ལ་འཛིན་བས་ན་ཐེག་པ་ཆེན་པོ་ལྟ་བ་དང་དྲང་བ་སྟེ། ཉན
་ཐོས་ལ་སོགས་པའི་ལྟ་བར་མ་ལྟུང་བ་ནི་ཚོགས་བསགས་བ་ཞེས་བྱའོ། །རབ་ཤེས་ཞེས་བྱ་བ་ལ། མོས་པ་སྤྱོད་པའི་སར་ཐེག་པ་ཆེན་པོའི་ཆོས་མང་དུ་ཐོས་པ་ལ་རབ་ཏུ་ཤེས་པ་ཞེས་བྱའོ། །སེམས་ནི་དགེ་པ་དང་ཞེས་བྱ་བ་ལ་མོས་པ་སྤྱོད་པའི་སའི
་དུ་ས་ནས་དང་པོ་ཐོབ་པར་བྱ་བ་ལ་བར་དུ་གཅོད་པའི་སྒྲིབ་པ་སྤངས་པས་ན། སེམས་དགེ་བ་ཞེས་བྱའོ། །དེ་ལྟར་བསྒོམ་པ་རྣམ་པར་དག་པར་བྱས་པ་དང། ལྟ་བ་དྲང་པོར་བྱས་པ་དང། མང་དུ་ཐོས་པ་དང་སྒྲིབ་པ་སྤངས་པ་ལ་སོགས་བའི་འོག?་
་ཏུ་འོག་ནས་འབྱུང་བའི་ཚུལ་དུ་སྒོམ་པར་བྱེད་པས་ན། སྒོམ་པ་ལ་ནི་བརྩོན་པའོ་ཞེས་བྱ་བ་སྟེ། འོག་ནས་འབྱུང་བའི་ཚུལ་ནི་དེ་ནས་མདོ་ལ་སོགས་པའི་ཆོས་ཞེས་བྱ་བ་ལ་སོགས་པའོ། །ཆོས་ཀྱི་རྒྱུན་ལ་སངས་རྒྱས་ལས
་ཞི་གནས་རྣམ་པར་རྒྱས་པ་དང། ཡེ་ཤེས་རྒྱས་པར་འགྱུར་བའི་ཕྱིར། དེ་ཚེ་ལུང་བསྟན་ཐོབ་པར་འགྱུར་ཞེས་བྱ་བ་ལ། གོང་དུ་བཤད་པ་ལྟར་མོས་པ་སྤྱོད་པའི་སར་མོས་པ་དང་དད་པ་འཕེལ་བ་དང། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསཌ?
་པ་དང། སྡོམ་པ་རྣམ་པར་དག་པ་དང། ཐེག་པ་ཆེན་པོ་ལ་ལྟ་བ་དྲང་བ་དང། ཐོས་བ་མང་བ་དང། སྒྲིབ་པ་སྤངས་པ་སྟེ། ལུས་དང་སེམས་ལས་སུ་རུང་བར་བྱས་པའི་བྱང་ཆུབ་སེམས་དཔའ་ཆོས་ཀྱི་རྒྱུན་གྱི་ཏིང་ངེ་འཛིན་ལ་གནས་ནས་སངས་རྒྱས
་རྣམས་ལས་ས་དང་པོ་ཐོབ་པར་བྱ་བའི་དོན་དུ་བསྟན་པ་དང་གདམས་པའི་ལུང་ཐོབ་པར་འགྱུར་ཏེ། ལུང་དེ་ཡང་ཞི་གནས་རྣམ་པར་རྒྱས་པར་བྱ་བ་དང་ལྷག་མཐོང་རྣམ་པར་རྒྱས་པར་བྱ་བའི་ཕྱིར་ལུང་ནོད་པར་བྱེད་དེ། ཡེ་ཤེས་ཀྱི་སྒྲས་ནི་ལྷག
་མཐོང་ལ་བྱའོ། །ས་དང་པོ་ཐོབ་པར་འགྱུར་བའི་ལམ་འཇིག་རྟེན་གྱི་ཆོས་མཆོག་གི་ཏིང་ངེ་འཛིན་ལ་ཆོས་ཀྱི་རྒྱུན་གྱི་ཏིང་ངེ་འཛིན་ཅེས་བྱའོ། །དེ་ནས་མདོ་ལ་སོགས་པའི་ཆོས་ཞེས་བྱ་བ་ལ། དེ་ནས་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་ལས་བསྟན
་པ་དང། གདམས་པ་ལས་ཐོབ་ནས་དེའི་འོག་ཏུ་ཞེས་བྱ་བའི་དོན་ཏོ། །མདོ་ལ་སོགས་པའི་ཆོས་ཞེས་བྱ་བ་ལ། རྩོགས་པའི་སྒྲས་ནི་མདོའི་སྡེ་དང་ལུང་དུ་བསྟན་པ་ལ་སོགས་པ་གསུངས་པ་ཡན་ལག་བཅུ་གཉིས་ལ་བྱའོ། །གསུང་རབ་དེ་དག་ཀྱང
་ཇི་འདྲ་བ་ཞིག་ཅེ་ན། དེའི་ཕྱིར། མི་གཉིས་དོན་དག་གསལ་བྱེད་ལ་ཞེས་བྱ་བ་སྨོས་ཏེ། མདོ་ལ་སོགས་པའི་ཆོས་དེ་དག་ཀྱང་གཟུང་བ་དང་འཛིན་པ་གཉིས་དང་བྲལ་བ་དང། ཡོད་པ་དང་མེད་པ་གཉིས་དང་བྲལ་བའི་དོན་ཕྱིན་ཅི་མ་ལོག
་པར་འཆད་པས་ན་གསལ་བར་བྱེད་པ་ཞེས་བྱའོ། །ཐོབ་མང་དཀའ་ཐུབ་ཅན་གྱིས་ནི། །མདོ་མིང་ལ་སོགས་སེམས་གཞག་སྟེ་ཞེས་བྱ་བ་ལ། དཀའ་ཐུབ་ཅན་ནི་བྱང་ཆུབ་སེམས་དཔའ་རྣལ་འབྱོར་པ་ལ་བྱའོ། །རྣལ་འབྱོར་པ་ངེས་དང་པོ་ཉིད་དུ་མདོ
་སྡེ་ལ་སོགས་པ་གསུང་རབ་ཡན་ལག་བཅུ་གཉིས་ཀྱི་མིང་ལ་སེམས་འཇོག་པར་བྱེད་དོ། །ཇི་ལྟ་ཞེ་ན་མདོ་སྡེ་འདིའི་མིང་ས་བཅུ་པ་ཞེས་བྱ། འདི་ནི་ལང་ཀར་གཤེགས་པ་ཞེས་བྱ། ཞེས་མདོ་སྡེ་རྣམས་ཀྱི་མིང་ཤེས་པར་བྱེད་དོ་ཞེས་བྱ་བའི་དོན་ཏོ།
་དེ་ནས་ཚིག་ཏུ་སྤྲོས་པ་ལ། །རིམ་གྱིས་རྣམ་པར་བརྟགས་ན་སུ་ཞེས་བྱ་བ་ལ། དེ་ལྟར་མིང་ལ་སེམས་གཞག་ནས་དེའི་འོག་ཏུ་མདོ་སྡེ་དག་གི་ཚིག་ལ་སེམས་འཇོག་སྟེ། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ནS་ཞེས་བྱ་བ་ནས་རྫོགས་ཀྱི་བར
་དུ་མདོ་སྡེ་གཅིག?་ནང་ནས་ཚིག་ཇི་ནས་ཇི་འབྱུང་བ་དང། ཚིག་ཇི་སྙེད་ཅིག་འབྱུང་བ་དང། ཀུན་ཤེས་པར་བྱེད་དོ་ཞེས་བྱ་བའི་དོན་ཏོ། །དེ་ཡང་རིམ་གྱིས་ཤེས་པར་བྱེད་དེ། དང་པོར་མིང་བརྟགས་ནས་ཤེས་པར་བྱེད། དེ་བས་ཚིག་རྣམས་བརྟགས་ནས་ཚིག
་ཤེས་པར་བྱེད་དོ། །དེས་ནི་རང་རིག་ཚུལ་བཞིན་གྱིས། །དེ་ཡི་དོན་ལ་རྣམ་པར་བརྟགས་ཞེས་བྱ་བ་ལ། གང་གིས་རིག་པ་ཞེས་བྱ་བ་ནི་སེམས་ཀྱི་ནང་དུ་ཚུལ་བཞིན་རྟོག་པ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ཚིག་ཤེས་པའི་འོག་ཏུ་རྣལ་འབྱོར་པས་མདོ་སྡེ
་རེའི་ཚིག་སོ་སོའི་ཚིག་རེ་རེ་ལ་དོན་ཅི་ཡོད་པ་ལ་བརྟགས་ཤིང་དཔྱད་ནས། ཚིག་རེ་རེའི་དོན་ཡང་ཕྱིན་ཅི་མ་ལོག་པར་ཤེས་པར་བྱེད་དོ། ཞེས་བྱ་བའི་དོན་ཏོ། །དེའི་དོན་དག་བཟུང་དུ་ཞེས་བྱ་བ་ལ་དེ་ལྟར་ཚིག་རེ་རེ་དོན་རྟོགས་པར་བྱས་ནས་དེའི་འོག་ཏུ་མདོ
་སྡེའི་ཚིག་གི་དོན་ནི་འདི་ཁོ་ན་ཡིན་གྱི་གཞན་མ་ཡིན་ནོ་ཞེས་གཏན་ལ་འབེབས་ཤིང་ཤེས་བར་བྱེད་དོ་ཞེས་བྱ་བའི་དོན་ཏོ། །ཆོས་རྣམས་ཡང་དག་བསྡུ་བར་བྱ་ཞེས་བྱ་བ་ལ། དེ་ནས་དེའི་འོག་ཏུ་མདོ་སྡེ་དེ་དག་གི་དོན་གཅིག་ཏུ་བསྡུས་ནས་ཆོས་ལ་སྡུད
་པར་བྱེད་དེ། ཇི་ལྟ་ཞེ་ན། གསུང་རབ་ཡན་ལག་བཅུ་གཉིས་དག་གི་དོན་བསྡུས་ན་ཡང་མདོ་སྡེའི་ནང་ན་འདུས་པའམ། མདོ་སྡེ་གཅིག་ལ་མདོ་སྡེ་འདི་ཡི་གེ་འགོ་ནས་མཇུག་ཏུ་དོན་མདོར་བསྡུས་ནས་འདི་སྐད་འབྱུང་བར་ཟད
་པའམ། མདོ་སྡེ་ཐམས་ཅད་ཀྱི་དོན་བསྡུས་ན་སྟོང་པ་ཉིད་སྔོན་པར་ཟད་ཅེས་སྡུད?་པ་ནི་ཆོས་ལ་ཡང་དག་པར་བསྡུ་བ་ཞེས་བྱའོ། །དེས་ནི་དེའི་དོན་རྟོགས་བྱའི་ཕྱིར། །དེ་ནས་ཡང་དགར་བར་བྱ་ཞེས་བྱ་བ་ལ། དེས་ཤེས་བྱ་བ་ནི་རྣལ་འབྱོར་པའི
་སེམས་པ་དེས་སོ། །དོན་རྟོགས་པར་བྱ་བའི་ཕྱིར་ཞེས་བྱ་བ་ནི་མདོ་སྡེ་ལ་སོཌ་བདེ་དག་གི་དོན་རྟོཌ?་པར་བྱ་བའི་ཕྱིར་ཆོས་ལ་བསྡུས་པའི་འོག་ཏུ་བདག་ཉིད་ཀྱིས་བས་གཏན་ཐོབ་པར་བྱ་བའི་ཕྱིར་ཞུཌ་སམ། དགེ་སྦྱོང་གི་འབྲས་བུ་ཐོབ་པར་བྱ་བའི་ཕྱིར་ཞུཌ་སམ། ས་དང་ཕ་རོལ་ཏུ
་ཕྱིན་པ་རྟོགས་བར་བྱ་བའི་ཕྱིར་ཞུགས་ཀྱང་རུང་སྟེ། འབྲས་བུ་གང་གི་ཕྱིར་ཞུགས་པའི་འབྲས་བུ་དེ་ཇི་ལྟར་ཐོབ་པར་བྱ་ཞེས་རབ་དང་བཅས་པའི་སེམས་བསྐྱེད་པར་བྱ་སྟེ། དེ་བས་ན་དོན་ཡང་དག་རེ་བར་བྱ་ཞེས་སྨོས་སོ། །ཚིགས་སུ་བཅད་པ
་དེ་གསུམ་གྱིས་ནི་སེམས་དྲུག་བསྟན་ཏེ་ཞེས་བྱ་བ་ལ་ཚིགས་སུ་བཅད་པ་གསུམ་གྱིས་ནི་དེ་ནས་མདོ་ལ་སོགས་པའི་ཆོས་ཞེས་བྱ་བ་ལ་སོགས་པ་ནི་ཚིགས་བཅད་གཅིག་གོ་།དེ་ནས་ཚིག་ཏུ་སྤྲོས་པ་ལ་ཞེས་བྱ་བ་ལ་སོགས་པ་ནི་ཚིགས་བཅད
་གཉིས་པའོ། །དེའི་དོན་དག་བཟུང་ནས་སུ་ཞེས་བྱ་བ་ལ་སོགས་པ་ནི་ཚིག་བཅད་གསུམ་པ་སྟེ། ཚིགས་བཅད་དེ་གསུམ་གྱིས་ནི་རྣལ་འབྱོར་པའི་སེམས་དྲུག་བསྟན་ཏོ་ཞེས་བྱ་བའི་དོན་ཏོ། །རྩ་བའི་སེམས་ནི་མདོ་སྡེའི་ཆོས་རྣམས་ཀྱི་མིང་ལ་དམིགS
་བ་གདམས་པ་ཐོབ་ནས་ས་ན?་ཞེས་བྱ་བ་ལ། རྩ་བའི་སེམས་ཞེས་བྱ་བ་ནི་ཇི་ལྟ་བུ་སློབ་དཔོན་ནི་མཁན་པོ་འམ། དེ་བཞིན་གཤེགས་པ་ལ་སོགས་པ་ལས་ས་ཐོབ་པའི་གདམས་པ་དང། བསྟན་པ་ཐོབ་ནས་དེ་ནས་དང་པོ་ཉིད་དུ་མདོ་སྡེ་ལ་སོགས་པའི་མིང་ལ
་སེམས་དམིགས་པར་བྱེད་པ་ལ་ནི་རྩ་པའི་སྙེམས?་ཞེས་བྱའོ། །བདག་ཉིད་ཀྱིས་འདི་ལྟར་མི་རྟག་པ་དང་སྡུག་བསྔལ་བ་དང་ཞེས་བྱ་བ་ལ་སོགས་པ་ལ། ཡང་ན་མཁན་པོ་དང་སློབ་དཔོན་ནམ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ལས་གདམས་པ་དང། བསྟན
་པ་མ་ཐོབ་པར་ཡང། །བདག་ཉིད་ཀྱི་བློས་དང་པོ་ཉིད་དུ་ཆོས་རྣམས་ལ་རྟོག་པའི་ཚེ་མི་རྟག་པ་དང་སྡུག་བསྔལ་བ་དང་སྟོང་པ་དང་བདག་མེད་པའི་ཚུལ་དུ་ཚུལ་བཞིན་ཡིད་ལ་བྱེད་པ་ལ་རྩ་བའི་སེམས་ཞེས་བྱའོ། །རྗེས་སུ་དཔྱོད་པའི་སེམས་ནི་གང་གིས་མདོ
་སྡེ་ལ་སོགས་པའི་མིང་ལ་དམིགས་ནས་ཚིག་རབ་ཏུ་དབྱེ་བའི་ཕྱིར་རྗེས་སུ་འགྲོ་བའི་ཞེས་བྱ་བ་ལ། རྗེས་སུ་དཔྱོད་པའི་སེམས་ཇི་ལྟ་བུ་ཞེ་ན། བྱང་ཆུབ་སེམས་དཔའ་གང་གིས་དང་པོ་ཉིད་དུ་མདོ་སྡེའི་མིང་ནི་འདི་སྐད་ཅེས་བྱ་ཞེས་མདོ་སྡེའི་མིང་ལ་དམིགS
་ནས་དེའི་འོག་ཏུ་མདོ་སྡེ་དེ་དག་སོ་སོའི་ལ་ཚིག་དམིགས་པར་བྱེད་དེ། མདོ་སྡེའི་ཚིག་གི་ནང་ནས་ཚིག་ཇི་སྐད་འབྱུང་བ་དང། ཚིག་གྲངས་ཀྱིས་དུ་ཞིག་འབྱུང་བར་ཤེས་པར་བྱེད་པ་ལ་རྗེས་སུ་འགྲོ་བའི་སེམས་ཞེས་བྱའོ། །རྣམ་པར་རྟོག་བའི་སེམས
་ནི་གང་གིས་དོན་དང་ཡི་གེ་ལ་རྣམ་པར་རྟོག་པ་སྟེ་ཞེས་བྱ་བ་ལ། རྣམ་པར་རྟོག་པའི་སེམས་ཇི་ལྟ་བུ་ཞེ་ན། དེ་ཡང་རྣམ་པ་གཉིས་ཏེ། དོན་ལ་རྣམ་པར་རྟོག་པ་དང། ཡི་གེ་ལ་རྣམ་པར་རྟོག་པའོ། །དེ་ལ་བགྲནྔ་བ་ལ་སོགས་པའི་དོན་རྣམ་པ་བཞི
་ལྟ་བུའི་ཚུལ་དུ་རྟོག་པ་ནི་དོན་ལ་རྣམ་པར་རྟོག་པ་ཞེས་བྱའོ། །དེའི་བགྲང་བ་ནི་གྲངས་འཛིན་པ་སྟེ། འདི་ལྟར་གཟུགས་ནི་སྐྱེ་མཆེད་བཅུ་དང་ཕྱོགས་གཅིག་གོ་ཞེས་བྱེ་བ་ལ། བགྲང་བ་ལ་རྣམ་པར་རྟོག་པ་ལྔ་ཞེའམ། བཅུ་གཅིག་ཅེའམ། དྲུག་ཅེས་གྲངS
་སེམས་ལ་འཛིན་པ་སྟེ། དེ་ཡང་འདི་ལྟར་གཟུགས་ནི་དབང་པོ་ལྔ་དང་ཡུལ་ལྔ་དང་བཅུ། ཆོས་ཀྱི་ཁམས་ཀྱི་ཕྱོགས་གཅིག་སྟེ། རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་དང་བཅུ་གཅིག་ཁོ་ནར་ཟད་ཀྱི་མི་མང་མི་ཉུང་དོ་ཞེས་གྲངས་འཛིན་པ་ནི་སྲིད་པ་ལ
་རྟོག་པ་ཞེས་བྱའོ། །ཚོར་བ་ནི་ཚོར་བ་དྲུག་གི་ཚོགས་སོ་ཞེས་བྱ་བ་ལ་སོགས་བ་ཞེས་བྱ་བ་ལ། ཚོར་བ་ལ་ཡང་མིག་གིས་ཀུན་དུ་རིག་སྟེ་ཚོར་བ་ནས་ཡིད་ཀྱིས་ཀུན་དུ་རེག་སྟེ་ཚོར་བའི་བར་དུ་ཚོར་བའི་ཚོགས་དྲུག
་པོ་ཁོ་ནར་ཟད་ཀྱི་མི་མང་མི་ཉུང་ངོ་ཞེས་རྟོག་པ་ཡང་བགྲང་བ་ལ་རྟོག་པ་ཞེས་བྱའོ། །གཞལ་བ་ནི་བགྲངས་པའི་ཆོས་ལ་སྐུར་པ་མི་འདེབས་ཤིང་སྒྲོ་མི་འདོགས་པར་མཚུངས་པར་རྟོག་ཤིང་འཛིན་པའོ་ཞེས་བྱ་བ་ལ། གཞལ་བ་ལ་རྟོག
་བ་ནི་གོང་དུ་གཟུགས་བཅུ་གཅིག་ཏུ་བགྲངས་པ་དང། ཚོར་བའི་ཚོགས་དྲུག་ཏུ་བགྲངས་པ་དང། གཟུགས་ནི་བཅུར་ཟད་ཀྱི། ཚོར་བ་ལ་ཡང་ལྔར་ཟད་ཅེས་སྐུར་བ་ཡང་མི་འདེབས། གཟུགས་ལ་བཅུ་གཉིས་ཡོད་ཅིང་ཚོར་བ་ལ་ཡང་བདུན
་ཡོད་ཅེས་སྒྲོ་ཡང་མི་འདོགས་པར་བསྐྱེད་པ་སྐུར་པ་ཡང་མེད་པའི་ཚུལ་དུ་གྲངས་ཅི་ཙམ་དུ་གཞག་པ་ཁོ་ན་ལ་ཡང་མཚུངས་པར་རྟོག་པ་ནི་གཞལ་བ་ལཾ་རྟོག་པ་ཞེས་བྱའོ། །དཔྱོད་པ་ལ་ནི་ཚད་མས་རྟོག་པའོ་ཞེས་བྱ་བ་ལ། མངོན་སུམ
་དང་རྗེས་སུ་དཔག་པ་དང་ལུང་གི་ཚད་མ་དང་གསུམ་གྱིས་ཆོས་དེ་དག་ཡིན་དུ་འང་མི་རུང་ཞེས་རྟོག་ཅིང། ཅིའི་ཕྱིར་ན་གཟུགས་ལ་བཅུ་གཅིག་ཞག་ལ་བཅུ་གཉིས་ལ་སོགས་པར་མང་དུ་ཡེ་མ་བཞག། བཅུ་ལ་སོགས་པར་ཉུང་དུ་མ་བཞག་ཅེས
་རྟོག་པ་ནི་དཔྱོད་པ་དང་རྟོག་པ་ཞེས་བྱའོ། །བརྟག་པ་ནི་བགྲངས་པ་དང་གཞལ་བ་དང་དཔྱད་པའི་དོན་ལ་བལྟ་བའོ་ཞེས་བྱ་བ་ལ། བགྲང་བས་བཅུ་གཉིས་ལ་སོགས་པའི་བགྲང་བས་བགྲངས་པ་དང། གཞལ་བས་བསྐྱེད་སྐུར་མ་བྱས་པ་དང། དཔྱད་པས
་རེག་པར་གཏན་ལ་ཕབ་པའི་ཆོས་དེ་དག་གི་རང་དང་སྤྱིའི་མཚན་ཉིད་ཀྱི་དོན་ལྟ་བ་ནི་རྟོག་པ་ཞེས་བྱའོ། །ཡི་གེ་ལ་རྣམ་པ་གཉིས་སུ་བརྟག་སྟེ་ཞེས་བྱ་བ་ལ། ཡི་གེ་ལ་རྣམ་པ་གཉིས་སུ་བརྟག་སྟེ། དོན་ཡོད་པར་བརྟག་པ་དང། དོན་མེད་པར་བརྟག་པའོ
་ཡི་གེ་མང་པོ་ལ་དོན་དང་བཅས་པ་དང། གཅིག་པ་དོན་མེད་པའོ་ཞེས་བྱ་བ་ལ། འདུས་བྱས་མི་རྟག་ཅེས་བྱ་བ་ལ་སོགས་པ་ཡི་གེ་མང་པོ་ལ་ནི་དོན་ཡོད་པར་བརྟག་པ་བྱ་སྟེ། ཇི་ལྟར་དོན་ཡོད་ཅེ་ན། མི་རྟག་པ་ལ་སོགས་པའི་དོན་སྟོན་པའི་ཕྱིར་རོ།།
་ཨ་དང་ཀ་ལ་སོགས་པའི་ཡི་གེ་གཅིག་པ་ནི་དོན་མེད་པར་བརྟག་སྟེ། ཡི་གེ་གཅིག་གི་དོན་གང་ཡང་མི་སྟན་པའི་ཕྱིར་རོ། །འཛིན་པའི་སེམས་ནི་གང་གིས་ཇི་ལྟར་རྗེས་སུ་བརྟག་པ་འམ་ཞེས་བྱ་བ་ལ། འཛིན་པའི་སེམས་ཇི་ལྟ་བུ་ཞེ་ན། བྱང་ཆུབ་སེམS
་དཔའ་ཨི་ཤེས་རབ་གང་གིས་རྗེས་སུ་དཔྱོད་པའི་སེམས་ཀྱི་སྐབས་སུ་མདོ་སྡེ་རྣམས་ཚིག་རེ་རེ་ལ་ཇི་སྐད་འབྱུང་བའི་ཚིག་རྣམས་ཀྱི་མཚན་མ་འཛིན་ཏེ། ཇི་ལྟར་མཚན་མ་འཛིན་ཅེ་ན། མདོ་སྡེ་འདིའི་ཚིག་ནི་འདི་ཁོ་ན་ཡིན་གྱི་གཞན་མ་ཡིན་ནོ་ཞེས་གཏན
་ལ་འབེབས་པ་ནི་འཛིན་པའི་སེམས་ཞེས་བྱའོ། །རྣམ་པར་བརྟགས་པའི་མཚན་མ་འཛིན་པའི་ཞེས་བྱ་བ་ལ། ཡང་རྣམ་པར་བརྟག་པའི་སེམས་ཀྱི་སྐབས་སུ་དོན་ལ་རྣམ་པར་རྟོག་པ་ལ། གྲངས་ལ་སོགས་པ་ལ་རྟོག་པ་ལ་སོགས་པ་བཞིར་བཤད
་པ་དང། ཡི་གེ་ལ་རྣམ་པར་རྟོག་པ་རྣམ་པ་གཉིས་སུ་བཤད་པ་ལ། དེ་དག་གི་མཚན་མ་འཛིན་ཏེ་ཇི་ལྟར་འཛིན་ཅེ་ན། འདི་དག་ནི་འདི་ཁོ་ན་ལྟ་བུ་ཡིན་གྱི། གཞན་དུ་མ་ཡིན་ནོ་ཞེས་གཏན་ལ་འབེབས་པ་ནི་འཛིན་པའི་སེམས་ཞེས་བྱའོ། །བསྡུ་བའི་སེམS
་ནི་གང་གིས་ཇི་ལྟར་རྣམ་པར་བརྟགས་པའི་དོན་རྩ་བའི་སེམས་སུ་བསྡུས་ནས་བསྡུ་བའི་ཚུལ་དུ་འཇུག་པའི་ཞེས་བྱ་བ་ལ། བསྡུ་པའི་སེམས་ཇི་ལྟ་བུ་ཞེ་ན། བྱང་ཆུབ་སེམས་དཔའ་ཨི་ཤེས་རབ་གང་གིས་གོང་དུ་རྣམ་པར་བརྟགས་པའི་ཆོས་དོན་ལ་རྣམ
་པར་བརྟགས་ལ་ཡང། བགྲང་བ་དང་གཞལ་བ་ལ་སོགས་པ་རྣམ་པ་བཞིན་བརྟོགས་པ་དང། ཡི་གེ་ལ་ཡང་དོན་ཡོད་པ་དང་མེད་པ་རྣམ་པ་གཉིས་སུ་བརྟགས་པ་དེ་དག་ལ་བསྡུ་པའི་ཚུལ་དུ་འཇུག་སྟེ། ཇི་ལྟ་ཞེ་ན། ཇི་སྙེད་དུ་མདོ་སྡེ་ཡན་ལག་བཅུ
་གཉིས་བཤད་པ་དེ་དག་ཀྱང། མདོ་སྡེའི་ནང་དུ་འདུས་པར་ཟད་དོ་ཞེས་རྩ་བའི་སེམས་བསྡུད་པའམ། མདོ་སྡེ་འདིའི་ནང་ནས་ཚིག་དང་ཡི་གེ་མང་པོ་འབྱུང་བ་ཐམས་ཅད་ཀྱང་ནན་བསྡུས་ན། འདི་ཙམ་ཞིག་སྟོན་པར་ཟད་དོ
་ཞེས་བྱ་བའི་སེམས་སྡུད་པ་ལ། བསྡུ་པའི་སེམས་ཞེས་བྱའོ། །རེ་བའི་སེམས་ནི་ཏིང་ངེ་འཛིན་གྱི་ཕྱིར་རམ་ཞེས་བྱ་བ་ལ། རེ་བའི་སེམས་ཇི་ལྟ་བུ་ཞེ་ན། བདག་ཉིད་ཀྱིས་ཏིང་ངེ་འཛིན་ཐོབ་པར་བྱ་བའི་ཕྱིར་ཞུགས་ཀྱང་རུང། དེ་མ་ཡིན་པ་གཞན་འབྲས་བུ
་གང་གི་ཕྱིར་ཞུགས་ཀྱང་རུང་སྟེ། དེ་དག་ཐོབ་པར་བྱ་བའི་ཕྱིར་འཇུག་པར་བྱའོ་སྙམ་དུ་སེམས་བཞིན་དུ་བསྒོམ་པ་འམ། འབྲས་བུ་དེ་དག་གིས་ཇི་ལྟར་ཐོབ་པར་བྱའོ་སྙམ་དུ་སེམས་བཞིན་དུ་བསྒོམ་པ་ནི་རེ་བ་ཡིད་ལ་བྱེད་པ་ཞེས་བྱའོ། །དེ་ཡོངས་སུ
་རྫོགས་པའི་ཕྱིར་རམ་ཞེས་བྱ་བ་ནི་ཏིང་ངེ་འཛིན་རྣམས་ཡོངས་སུ་རྫོགས་ཤིང་མཐར་ཕྱིན་པར་བྱ་བའི་ཕྱིར་ཞུགས་ཀྱང་རུང་ཞེས་བྱ་བའི་དོན་ཏོ། །དགེ་སྐྱོང་གི་འབྲས་བུ་ཐོབ་བར་བྱ་བའི་ཕྱིར་ཞེས་བྱ་བ་ནི་རྒྱུན་དུ་ཞུགས་པ་ལ་སོགས་པ་དགེ་སྦྱོད
་གི་འབྲས་བུ་ཐོབ་པར་བྱ་བའི་ཕྱིར་ཞུགས་ཀྱང་རུང་ཞེས་བྱ་བའི་དོན་ཏོ། །ས་ལ་འཇུག་པའི་ཕྱིར་རམ་ཞེས་བྱ་བ་ནི་བདག་ཉིད་ཀྱིས་ས་བཅུ་རིམ་གྱིས་ཐོབ་པར་བྱ་བའི་ཕྱིར་ཞུགས་ཀྱང་རུང་ཞེས་བྱ་བའི་དོན་ཏོ། །ཁྱད་པར་ཐོབ་པའི་ཕྱིར་རམ་ཞེས
་བྱ་བ་ལ། ཡང་ན་བདག་གིས་མངོན་པར་ཤེས་པ་ལྔ་ལ་སོགས་པའི་ཡོན་ཏན་གྱི་ཁྱད་པར་ཐོབ་པར་བྱ་བའི་ཕྱིར་ཞུགས་ཀྱང་རུང་ཞེས་བྱ་བའི་དོན་ཏོ། །གང་གི་ཕྱིར་འཇུག་པ་ན་ཞེས་བྱ་བའི་དོན་ནི་གཞན་ཡང་དེ་ལ་མ་གཏོགས་པའི་ཡོན
་ཏན་སྟོབས་དང་མི་འཇིགས་པ་ལ་སོགས་པའི་ཡོན་ཏན་གང་གི་ཕྱིར་ཞུགས་ཀྱང་རུང། དེ་དག་ཐོབ་པར་བྱའོ་སྙམ་དུ་སེམས་ཤིང་བསྒོམ་པ་ནི་རེ་བའི་སེམས་ཞེས་བྱའོ། །སེམས་ཉིད་དམིགས་པར་སྣང་བར་བྱ་སྟེ། སེམས་ལས་གཞན་དམིགས
་པ་མེད་དེ་ཞེས་བྱ་བ་ལ། གོང་དུ་སེམས་དྲུག་བཤད་པའི་སྐབས་སུ་སེམས་དྲུག་གི་དམིགས་པའི་ཡུལ་བཤད་པ་དེ་དག་ཀྱང། སེམས་ཉིད་དམིགས་པའི་ཡུལ་རྣམ་པ་དྲུག་སྣང་བལྟ་བུར་ཟད་ཀྱི། སེམས་ལས་མ་གཏོགས་པར་སེམས་ཀྱི་དམིགས
་པར་བྱ་བའི་ཡུལ་སེམས་ལས་ལོགས་ཤིག་ན་གཞན་མེད་དོ་ཞེས་བྱ་བའི་དོན་ཏོ། །སེམས་ཙམ་དུ་ཤེས་ཀྱང་རུང་མི་ཤེས་ཀྱང་རུང་ཞེས་བྱ་བ་ལ་སོགས་པ་ལ། སེམས་རྣམ་པ་དྲུག་པོ་དེ་དག་གི་ཡུལ་རྣམས་སེམས་ཙམ་དུ་ཟད་པའི་བསམ་པའི་ཤེS
་རབ་ཀྱི་ཁོང་དུ་ཆུད་དེ། སེམས་ཅན་དུ་ཤེS་ཀྱང་སེམས་དྲུག་པོ་ལ་བསྒོམ་པ་ན། དྲུག་པོ་དེ་དག་སེམས་ཙམ་དུ་མི་ཤེས་ཀྱང་རུང་ཞེ་འམ། བསམ་པའི་ཤེས་རབ་ཀྱིས་སེམས་ཙམ་དུ་ཤེས་པ་མེད་ཀྱི། ཐོབ་པའི་ཤེས་རབ་ཀྱིས་འདི་ལྟར་སེམས
་ཙམ་དུ་ཟད་ཀྱི་སེམས་ལས་ལོགས་ཤིག་ན་ཡུལ་གཞན་མེད་དོ་ཞེས་ཀྱང་རུང་སྟེ། དོན་དུ་ན་སེམས་ཉིད་སེམས་རྣམ་པ་དྲུག་གི་དམིགས་པ་ལྟ་བུར་སྣང་བར་ཟད་དེ། །སེམས་ལས་གཞན་མ་ཡིན་པས་སེམས་དྲུག་པོ་ཡང་སེམས་ཙམ་པར་རྣམ
་པར་བཞག་གོ་།དེ་ལྟར་རྣལ་འབྱོར་པ་སེམས་དྲུག་ལ་བསྒོམ་པ་བསྒོམ་པ་དེས། ཡིད་ལ་བྱེད་པ་བཅུ་གཅིག་བསྒོམ་ཞིང་ཡིད་ལ་བྱ་སྟེ། དེ་བས་ན་ཚོལ་དང་སོ་སོའི་རྟོགས་པ་དང། ཡིད་ཀྱི་རྟོག་པ་རྒྱུན་དུ་བྱ་ཞེས་བྱ་བ་ལ་སོགས་སྨོས་སོ། །དེ་ལ་ཡིད་ལ
་བྱེད་པ་བཅུ་གཅིག་ནི་རྟོག་པ་དང་བཅས་དཔྱོད་པ་དང་བཅས་པ་ལ་སོགས་པ་སྟེ། ཡིད་ལ་བྱེད་པ་གཅུ་གཅིག་ཀྱང་ཚིགས་སུ་བཅད་པ་བཞིས་བསྟན་བསྟན་ཏོ། །དེ་ལ་ཚོལ་བ་ཡིད་ཀྱི་རྟོག་པས་རྒྱུན་དུ་བྱ་བ་དང་སོ་སོར་རྟོག་པས་ཡིད་ཀྱིས་རྟོག
་པ་རྒྱུན་དུ་བྱའོ་ཞེས་ཚིག་དེ་ལྟར་བྱའོ། །དེ་ལ་ཚོལ་བ་ཡིད་ཀྱིས་རྟོག་པ་ཞེས་བྱ་བ་ལ། རྟོག་པ་དང་བཅས་དཔྱོད་པ་དང་བཅས་པའི་ཡིད་ལ་བྱེད་པ་བསྟན་ཏེ། དེའང་མི་ལྕོགས་པ་མེད་པ་དང། བསམ་གཏན་དང་པོའི། །དེ་ལ་ཚོལ་བ་ལ་རྟོག་པར་ཅི་མངོན་
་ཞེ་ན། གཙུག་ལག་ལས་རྟོག་པའི་མཚན་ཉིད་བཤད་པའི་སྐབས་སུ་རྟོག་པ་གང་ཞེ་ན། ཚོལ་བ་ཡིད་ཀྱིས་འཇོག་པའོ་ཞེས་བསྟན་པས་ན་ཚོལ་བ་ལ་རྟོག་པ་ཞེས་བྱ་བར་མངོན་ནོ། །སོ་སོར་རྟོག་པ་ཡིད་ཀྱིས་རྟོག
་པ་ཞེས་བྱ་བས་མི་རྟོག་ཅིང་དཔྱོད་པ་ཙམ་གྱིས་ལ་བྱེད་པ་བསྟན་ཏེ། དེ་ཡང་བར་གྱི་བསམ་གཏན་དང། བསམ་གཏན་གཉིས་པ་ལ་བྱའོ། །སོ་སོར་རྟོག་པ་ལ་དཔྱོད་པ་ཞེས་བྱ་བར་ཅི་མངོན་ཞེ་ན། གཙུག་ལག་ལས་དཔྱོད་པའི་མཚན་ཉིད་བཤད་པའི་སྐབས་སུ
་དཔྱོད་པ་གང་ཞེ་ན། སོ་སོར་རྟོག་པ་ཡིད་ཀྱིས་འཇོག་པའོ་ཞེས་བཤད་པའི་ཕྱིར་དཔྱོད་པ་ལ་སོ་སོར་རྟོག་པ་བྱ་བར་མངོན་ནོ། །རྣམ་པར་མི་རྟོག་རོ་གཅིག་པའི། །ཡིད་ལ་བྱེད་པ་རྟག་པར་བྱའོ་ཞེས་བྱ་བ་ལ། རྣམ་པར་མི་རྟོག་རོ་གཅིག་པ
་ཞེས་བྱ་བས་མི་རྟོག་མི་དཔྱོད་པའི་ཡིད་ལ་བྱེད་པ་བསྟན་ཏེ། དེའང་བསམ་གཏན་གསུམ་དང་བཞི་པ་སྟེ། དེའི་ཚེ་རྟོག་དཔྱོད་དང་བྲལ་བའི་མཚན་ཉིད་དུ་ནང་གཅིག་པར་བསྒོམ་པའི་ཕྱིར་ཏེ། རྟོག་དཔྱོད་དང་བྲལ་བ་རྣམ་པར་མི་རྟོག་པའི
་?་རོ་གཅིག་པ་དེ་ལ་རྟག་ཏུ་ཡིད་ལ་བྱེད་པའོ་ཞེས་བྱ་བའི་ཐ་ཚིག་གོ་།ཞི་གནས་ལམ་དུ་ཤེས་བྱ་སྟེ། །དེས་ནི་ཆོས་དང་མིང་བསྡུས་པ་ཞེས་བྱ་བ་ལ་མིང་གང་ཆོས་རྣམས་ཀྱི་དོན་དང་ཚིག་བསྡུས་པ་ལ་མིང་བསྡུས་ཤེས་བྱ་སྟེ། དཔེར་ན་ཤེས
་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བའི་མིང་གིས། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་དང་ཚིག་མང་པོ་བསྡུས་པའོ། །དང་གི་སྒྲས་ནི་རྗེས་སུ་འགྲོ་བའི་སེམས་ཀྱིས་མདོ་སྡེའི་ཚིགས་སོ་སོར
་ཤེས་པར་བྱ་བའི་ཚིག་ལ་ལ?་སྙེགས་ཏེ། དོན་དུ་མདོ་སྡེའི་མིང་དང་ཚིག་ལ་དམིགས་པར་བྱེད་པ་ནི་ཞི་གནས་ཀྱི་ལམ་དུ་ཤེས་པར་བྱ་སྟེ། འདིས་ནི་ཞི་གནས་ཡིད་ལ་བྱེད་པ་བསྟན་ཏོ། །དེའི་དོན་དག་རྣམ་བརྟགས་ཕྱིར། །ལྷག་མཐོང་དུ་ནི་ཤེས
་པར་བྱ་ཞེས་བྱ་བ་ལ། དེའི་དོན་ཞེས་བྱ་བ་ནི་མདོ་སྡེ་རྣམས་ཀྱི་མིང་དང་ཚིག་རྣམས་ཀྱི་དོན་ཏེ། དེ་ཡང་བགྲད་བ་དང་གཞལ་བ་དང་དཔྱད་པ་དང་རྟོག་པ་སྟེ། ཆོས་དེ་དག་གི་རང་དང་སྤྱིའི་མཚན་ཉིད་ལ་རྟོག་ཅིང། ཕྱིན་ཅི་མ་ལོག་པར་ཤེས་པར་བྱེད
་བ་ནི་ལྷག་མཐོང་གི་ལཾ?་དུ་ཤེS་པར་བྱ་སྟེ། འདིS་ནི་ལྷག་མཐོང་ཡིད་ལ་བྱེད་པ་སྟོན་ནོ། །དེ་དག་བསྡུས་པའི་ལམ་དེ་ནི། ཟུང་དུ་འབྲེལ་བར་ཤེས་པར་བྱ་ཞེས་བྱ་བ་ལ་ནི་ཞི་གནས་དང་ལྷག་མཐོང་གི་ཟུང་དུ་མ་འབྲེལ་བའི་དུས་ན་ནི་སོ་སོར་དམིགས་ཏེ། ཞི་གནས་ཀྱིས་ནི་མིང་དང་ཚིག་ལ
་དམིགས། ལྷག་མཐོང་གིས་ནི་དོན་ལ་དམིགས་པར་བྱེད་དོ། །ནམ་ཞི་གནS་དོད་ལྷག་མཐོང་ཟུང་དུ་འབྲེལ་བ་ན་ནི་མིང་དང་དོན་ལ་སོ་སོར་མི་དམིགས་ཀྱི། དེ་གཉིས་གཅིག་ཏུ་བསྡུས་ནས་ཞི་གནས་ལྷག་མཐོང་མགོ་མཉམ་དུ་འབྲེལ་ཏེ། དམིགས་པར
་བྱེད་པའི་ལམ་དེ་ནི་ཞི་གནས་དང་ལྷག་མཐོང་ཟུང་དུ་འབྲེལ་བའི་ལམ་དུ་ཤེས་པར་བྱ་སྟེ། འདིས་ནི་ཟུང་དུ་འབྲེལ་བ་ཡིད་ལ་བྱེད་པ་བསྟན་ཏོ། །ཞུམ་པའི་སེམས་ནི་རབ་ཏུ་གཟུང་ཞེས་བྱ་བ་ལ་ནམ་རྣལ་འབྱོར་པ་ཏིང་ངེ་འཛིན་བསྒོམ་པའི་དུས་ན
་སེམས་ཉིད་ཀྱིས་མི་གསལ་ཏེ་ཞུམ་པར་གྱུར་ན། ལྷག་མཐོང་མཚན་མ་ཡིད་ལ་བྱེད་པས་སེམས་གཟུང་ཞིང་གཟེངས་བསྟོད་པར་བྱ་སྟེ། ཇི་ལྟར་གཟེངས་བསྟོད་ཅེ་ན། ལྷག་མཐོང་གིས་དེ་བཞིན་གཤེགས་པ་དང། ཏིང་ངེ་འཛིན་གྱིས་ཡོན་ཏན་དང།
་ཆོས་རྣམས་ཀྱི་རང་དང་སྤྱིའི་མཚན་ཉིད་ཡིད་ལ་བྱ་བས་སེམས་གཟེངས་བསྟོད་པར་བྱ་སྟེ། འདིས་ནི་འཛིན་པའི་མཚན་མ་ཡིད་ལ་བྱེད་པ་བསྟན་ཏེ། རྒོད་པ་ཡང་ནི་ཞི་བར་བྱ་ཞེས་བྱ་བ་ལ། སྔོན་མཐོང་བ་དང་ཐོས་པ་ལ་སོགས་པ་དྲན་ནས་ཕྱིའི་ཡུལ་ལ
་སེམས་འབྲས་པར་གྱུར་ན་ཞི་གནས་ཀྱི་མཚན་མ་ཡིད་ལ་བྱེད་པས་རྒོད་པ་ཞི་བར་བྱ་སྟེ། ཇི་ལྟར་ཡིད་ལ་བྱ་ཞེས་ན། འཁོར་བའི་སྐྱོན་སྐྱེ་བ་དང། རྒ་བ་ལ་སོགས་པ་བསམས་ནས་སེམས་གཡེང་བ་སྤང་བར་བྱ་སྟེ། འདིས་ནི་ཞི་གནས་ཀྱི་མཚན་མ
་ཡིད་ལ་བྱེད་ལ་བསྟན་ཏོ། །གང་དུ་དམིགས་པ་དེ་ལ་ཡང། །མཉམ་པ་ཐོབ་ན་བཏང་སྙོམས་ཏེ་ཞེས་བྱ་བ་ལ། རྣལ་འབྱོར་པས་དེ་ལྟར་ཞུམ་པའི་སེམས་ལྷག་མཐོང་གིས་སྤངས། རྒོད་པའི་སེམས་ནི་ཞི་གནས་ཀྱིས་སྤངས་ཏེ།
་དམིགས་པར་བྱ་བའི་ཡུལ་ལ་ཞུམ་རྒོད་མེད་པར་གྱུར་ནས་སེམས་མཉམ་པ་ཉིད་དུ་གྱུར་ན། མི་བསྐྱོད་པར་བཏང་སྙོམས་སུ་བཞག་སྟེ། ཞི་གནས་ཀྱི་མཚན་མ་ཡང་ཡིད་ལ་མི་བྱ། ལྷག་མཐོང་གི་མཚན་མ་ཡང་ཡིད་ལ་མི་བྱ་སྟེ། གལ་ཏེ་འགའ་ཞིག
་ཡིད་ལ་བྱས་པ་ན། མཉམ་པ་ཉིད་ཀྱི་སེམས་ལས་ཉམས་པར་འགྱུར་ཏེ། འདིས་ནི་བཏང་སྙོམས་ཀྱི་མཚན་མ་ཡིད་ལ་བྱེད་པ་བསྟན་ཏོ། །རྟག་ཏུ་དང་ནི་གུས་བྱས་པ། །ཐམས་ཅད་དང་ཡང་སྦྱར་བར་བྱ་ཞེས་བྱ་བ་ལ་རྣལ་འབྱོར་པ་དེས་བར་འགའ་ཡིད་ལ་བྱེད།
་བར་འགའ་ཡིད་ལ་མི་བྱེད་པ་མ་ཡིན་གྱི་དུས་ཐམས་ཅད་དུ་ཡིད་ལ་བྱེད་པ་ནི་རྟག་ཏུ་ཞེས་བྱ་སྟེ། འདིས་ནི་རྟག་པ་ཡིད་ལ་བྱེད་པ་བསྟན་ཏོ། །ལེ་ལོ་དང་སྙོམས་ལས་ཡིད་ལ་བྱེད་པར་ནན་ཏན་དང་བསྒྲིམས་ཏེ་ཡིད་ལ་བྱེད་པ་ནི་གུས་པ་ཞེས་བྱ་སྟེ
་འདིས་ནི་གུས་པ་ཡིད་ལ་བྱེད་པ་བསྟན་ཏོ། །དེ་ལྟར་རྟག་ཏུ་ཡིད་ལ་བྱེད་པ་དང། གུས་པར་ཡིད་ལ་བྱེད་པ་གཉིས་ནི་གོང་དུ་བཤད་པའི་ཡིད་ལ་བྱེད་པ་ཐམས་ཅད་ལ་ཡང་སྦྱར་ཏེ། གོང་དུ་བཤད་པའི་ཡིད་ལ་བྱེད་པའི་དུས་ན་ཡང་རྟག་པར་ཡིད་ལ།
་བྱེད་བ་དང་གུས་པར་ཡིད་ལ་བྱེད་པའི་ཚུལ་གྱིས་ཡིད་ལ་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་ནི་ཡིད་ལ་བྱེད་པ་རྣམ་པ་བཅུ་གཅིག་ཡིད་ལ་བྱེད་པའི་རྣལ་འབྱོར་པ་མོས་པ་སྤྱོད་པའི་ས་ལ་འཇུག་པར་བྱ་བའི་ཕྱིར་སེམས་གནས་པ་དགུ་ཡིད་ལ་བྱ་སྟེ། སེམས
་གནས་པ་དགུའི་དོན་ནི་ཚིགས་སུ་བཅད་པ་བཞིས་བསྟན་ཏོ། །དམིགས་པ་ལ་ནི་སེམས་བཞག་ན་ཞེས་བྱ་བ་ལ། དང་པོ་རྣལ་འབྱོར་བས་ཏིང་ངེ་འཛིན་གྱི་དམིགས་པར་བྱ་བའི་ཡུལ་ལ་སེམས་རྩེ་གཅིག་ཏུ་གཞག་སྟེ། ཇི་ལྟར་གཞག་ཅེ་ན། ཏིང་ངེ་འཛིན་གྱིས་དམིགས
་པར་བྱ་བའི་ཡུལ་དང། སེམས་གཉིས་སུ་སྤྲེལ་བར་བྱ་སྟེ། དང་པོར་ཡུལ་དང་སེམས་གཉིས་སུ་སྦྲེལ་བར་བྱེད་པ་ལ་ནི་སེམས་གནས་པ་ཞེས་བྱའོ། །དེ་ནི་རྒྱུན་དུ་མི་གཡེང་ཕྱིར་ཞེས་བྱ་བ་ལ་དེ་ལྟར་དམིགས་པའི་ཡུལ་ལ་སེམས་རྩེ་གཅིག་ཏུ་བཞག་བའི་འོག་ཏུ་ཕྱིའི
་ཡུལ་ལ་སེམས་གཡེངས་པ་བསྟན་ནས་མི་གཡེང་བར་བྱ་བའི་ཕྱིར། ཡང་ནས་ཡང་དུ་རྒྱུན་དུ་སེམས་རྩེ་གཅིག་པར་བཞག་པ་སྟེ། དེས་ནི་ཡང་དག་པར་གནས་པ་བསྟན་ཏོ། །རྣམ་པར་གཡེང་?་ཤེས་ནས་ཀྱང། །མྱུར་བ་དེ་ནི་སླར་བླན?་ནོ་ཞེས་བྱ་བ་ལ། དེ་ལྟར
་རྣལ་འབྱོར་པའི་ཏིང་ངེ་འཛིན་ལ་སེམས་རྩེ་གཅིག་ཏུ་འཇོག་པ་ན་སེམས་བྱིའི་ཡུལ་ལཾ་གཡེང་བར་གྱུར་ན་བདག་གི་སེམས་འདི་ནི་ཡུལ་ལ་གཡེངས་པར་གྱུར་ཏོ་ཞེས་ཤེས་པར་བྱས་ནས། དེ་མ་ཐག་ཏུ་གཡེངས་པའི་སེམས་སྤངས་ནས་སླར་བླ་ན་ཏེ། རྩེ་གཅིག་པ
་ལ་འཇོག་པར་བྱེད་དེ་དེ་ནི་ཀུན་ཏུ་གནས་པ་ཞེས་བྱའོ། །ཡང་ནས་ཡང་དུ་བློ་ལྡན་གྱིས། །སེམས་ནི་ནང་དུ་བླན་པར་བྱ་ཞེས་བྱ་བ་ལ། དེ་ལྟར་སེམས་གཡེངས་པ་ལས་སླར་བླན་པའི་བྱང་ཆུབ་སེམས་དཔའ་བློ་ལྡན་དེས། སེམས་ཕྱིའི་ཡུལ་ལ་མི་བཏང་ཞིང་ཡང་ནS
་ཡང་དུ་སེམས་ནང་དུ་བློན་པར་བྱེད་དེ། ཏིང་ངེ་འཛིན་རྩེ་གཅིག་པ་ལ་སེམས་ཡང་ནས་ཡང་དུ་སེམས་བློན་པར་བྱེད། །གཏོད་?་བྱེད་འཇོག་པར་བྱེད་དེ་ནི་ཉེ་བར་གནས་པ་ཞེས་བྱའོ། །ཏིང་འཛིན་ཡོན་ཏན་མཐོང་བས་ན་དེ་བས་སེམས་ནི་དགའ་བར
་འགྱུར་ཞེས་བྱ་བ་ལ་གང་གི་ཚེ་རྣལ་འབྱོར་པའི་ཏིང་ངེ་འཛིན་ལ་རྩེ་གཅིག་ཏུ་འཇོག་པ་ལ་དེའི་ཚེ་ཡུལ་ལ་སེམས་འཕྲོས་པར་གྱུར་ན། ཡུལ་ལ་སེམས་དགའ་བར་འགྱུར་གྱི། ཏིང་ངེ་འཛིན་ལ་སེམས་མི་དགའ་བར་འགྱུར་ཏེ། དེའི་དུས་ན་དེས་ཏིང་ངེ་འཛིན་གྱི
་ཡོན་ཏན་ལ་བརྟག་པར་བྱའོ། །དེས་ཏིང་ངེ་འཛིན་གྱི་ཡོན་ཏན་ལ་བརྟགས་ན་ཏིང་ངེ་འཛིན་གྱི་ཡོན་ཏན་མཐོང་བར་འགྱུར་རོ། །ཏིང་ངེ་འཛིན་གྱི་ཡོན་ཏན་མཐོང་ན་སེམས་མི་དགའ་བ་ཞི་ཞིང་དུལ་བར་གྱུར་ནས་དགའ་བ་སྐྱེ་བར་འགྱུར་ཏེ། དེས་ནི་དུལ་བར་བྱེད་པ་བསྟན་ཏོ
་རྣམ་པར་གཡེངས་ལ་སྐྱོན་མཐོང་བས། །མི་དགའ་བ་ནི་ཞི་བར་འགྱུར་ཞེས་བྱ་བ་ལ། ནམ་རྣལ་འབྱོར་བ་སེམས་གཡེངས་སམ་ཞུམ་པ་དང། རྨུགས་པར་གྱུར་ན་འདི་ལྟར་བདག་གིས་སེམས་གཡེངས་པས་རྩེ་གཅིག་པ་ལ
་ཉམས་ཤིང་སེམས་ཞུམ་པ་དང་རྨུགས་པར་གྱུར་ན། བསམ་གཏན་དང་པོ་མངོན་པར་ཤེས་པ་ལ་སོགས་པའི་འབྲས་བུ་མི་འཐོབ་སྟེ། དེ་བས་ན་གཡེང་བའི་སེམས་བྱུང་ན་གཡེངས་པའི་སེམས་ལ་མི་དགའ་བར་བལྟ་ཞིང་སྐྱོན་དུ་མཐོང་སྟེ། གཡེངས་པའི་སེམS
་དང་མི་དགའ་བ་སྤང་བའི་ཕྱིར་གཉེན་པོ་ལ་བརྟེན་པར་བྱེད་དེ། དེས་གཉེན་པོ་ལ་བརྟེན་པས་མི་དགའ་བའི་སེམས་སྤོང་བར་བྱེད་དོ། །དེ་ལྟར་མི་དགའ་པའི་སེམས་སྤོང་བར་བྱེད་པ་དེ་ལ་ནི་ཞི་བར་བྱེད་པ་ཞེས་བྱའོ། །ཆགས་པ་དང་ནི་དཀྲུག་པའི་སེམས། །
་སྐྱེས་བ་དེ་ཚེ་ཞི་བར་བྱེད་ཞེས་བྱ་བ་ལ། གལ་ཏེ་རྣལ་འབྱོར་པ་འདོད་པ་ལ་སོགས་པ་ལོངས་སྤྱོད་ཀྱི་ཡུལ་ལ་སེམས་ཆགས་པ་ཞིག་སྐྱེས་སམ། འཁྲུགས་པ་སྟེ་ཞེ་སྡང་ཞིག་སྐྱེས་ན་བྱམས་པ་བསྒོམ་པ་འམ། མི་དགའ་བ་བསྒོམ་པས་སྤོང་བར་བྱེད་དོ། །དེས་ནི
་རྣམ་པར་ཞི་བར་བྱེད་པ་བསྟོན་ཏོ། །དེ་བས་མངོན་པར་འདུ་བྱེད་བཅས། །སེམས་ནི་རྒྱུན་དུ་འཇུག་པ་དང་ཞེས་བྱ་བ་ལ། གོང་དུ་བཤད་པ་ལྟར་རྣལ་འབྱོར་པས་ཏིང་ངེ་འཛིན་གྱི་སྐྱོན་རྣམས་སྤངས་ན་དེའི་འོག་ཏུ་བརྩམས་པ་དང་བཅས། སེམས་ཆགས་པ
་ཞིག་སྐྱེས་སམ། འཁྲུགས་པ་སྟེ་ཞེ་སྡང་གིས་སྐྱེས་ན། འབད?་པ་དང་བཅས་པའི་མཚན་ཉིད་དུ་ཏིང་ངེ་འཛིན་རྩེ་གཅིག་པ་ལ། སེམས་རྒྱུན་དུ་འཇུག་ཅིང་གནས་པར་འགྱུར་ཏེ། དེས་ནི་གཅིག་ཏུ་བྱེད་པ་བསྟན་ཏེ། དགའ་ཐུབ་ཅན་གྱིས་དེ་བསྒོམ་བས། །འདུ་མི
་བྱེད་པར་ཐོབ་འགྱུར་ཏེ་ཞེས་བྱ་བ་ལ། དཀའ་ཐུབ་ཅན་ནི་རྣལ་འབྱོར་པ་ལ་བྱ་སྟེ། རྣལ་འབྱོར་པས་བརྩལ་འབད་པ་དང་བཅས། འབད་པ་དང་བཅས་པའི་ཏིང་ངེ་འཛིན་ལ་གོམས་པར་བྱས་པས། དེའི་འོག་ཏུ་བརྩལ་བ་དང་འབད་མི་དགོས་བར་མངོན?་པར
་འདུ་མི་བྱེད་ཅིང། ལྷུན་ཀྱིས་གྲུབ་བར་གནས་བའི་ཏིང་ངེ་འཛིན་འཐོབ་པར་འགྱུར་ཏེ། དེ་ནི་མཉམ་པར་འཇོག་པ་ཞེས་བྱའོ། །དེ་ནས་དེ་ནི་ལུས་སེམས་ཀྱི། །ཤིན་ཏུ་སྦྱངས་པ་ཆུང་ངུ་འཐོབ་ཞེས་བྱ་བ་ལ། དེ་ནས་ཞེས་བྱ་བ་ནི་སེམས་གནས་པ་དགུ་འཐོབ་པའི་འོག་ཏུ
་ཞེས་བྱ་བའི་དོན་ཏོ། །དེས་ཞེས་བྱ་བ་ནི་རྣལ་འབྱོར་བའི་བྱང་ཆུབ་སེམས་དཔའ་དེའང་དེ་ཞེས་བྱ་བའི་དོན་ཏོ། །ལུས་སེམས་ཀྱིས་ཤིན་ཏུ་སྦྱངས་པ་ཆུང་ངུ་འཐོབ་ཞེས་བྱ་བ་ནི་ལུས་ལས་སུ་རུང་བ་དང། སེམས་ལས་སུ་རུང་བ་ནི་སེམས་གསལ་ཞིང་ཏིང་ངེ་འཛིན་ལ་མྱུར་དུ་འཇུག
་པའོ། །ཡིད་ལ་བྱེད་པ་ཤེས་པར་བྱ་ཞེས་བྱ་བ་ནི་ལུས་དང་སེམས་ལས་སུ་རུང་བ་ཤས་ཆུང་ངུ་འཐོབ་པ་དེའི་དུས་རྣལ་འབྱོར་པས་ཡིད་ལ་བྱེད་པ་འཐོབ་བོ་ཞེས་ཤེས་པར་བྱ་བའི་དོན་ཏོ། །དེ་ནི་ཡང་དང་ཡང་དུ་འཕེལ། །རིང་དུ་སོང་ཞིང་འཕེལ་བ་ན་ཞེས་བྱ་བ་ལ། དེ་ལྟར་རྣལ
་འབྱོར་བས་ཡིད་ལས་བྱེད་པ་ཐོབ་པོ་ཞེས་ཤེས་པའི་འོག་ཏུ་ཡིད་ལ་བྱེད་པ་དེ་དང་ལུས་དང་སེམས་ལས་སུ་རུང་བ་གོང་ནས་གོང་དུ་ཕྱི་ཕྱིར་ཞིང་འཕེལ་བར་བྱ་བའི་ཕྱིར། དེ་ཉིད་ལ་གོམས་པར་བྱས་པས་ལུས་དང་སེམས་ལས་སུ་རུང་བ་ཤས་ཆེན་པོ་འཐོབ་པར་འགྱུར་ཏེ།
་ཤས་ཆེན་པོ་ཐོབ་པ་ལ་རིང་དུ་སོང་བ་ཞེས་བྱའོ། །དེ་ནི་ངོ་བོའི་གནས་འཐོབ་པོ་ཞེས་བྱ་བ་ལ། ལུས་དང་སེམས་ལས་སུ་རུང་བ་ལ་ཤས་ཆེན་པོ་འཐོབ་པའི་འོག་ཏུ་གཟུགས་ཀྱི་ཁམས་ཀྱི་རྩ་བའི་བསམ་གཏན་བཞི་ཐོབ་པར་འགྱུར་ཏེ། དེ་བས་ན་ངོ་བོའི་གནས་ཐོབ་པ་ཞེས་བྱའོ། །
་མངོན་ཤེས་ཕྱིར་ནི་དེ་སྦྱངས་ན། །ལས་སུ་རུང་བའི་མཆོག་ཐོབ་པའོ་ཞེས་བྱ་བ་ལ། དེ་ནས་རྩ་བའི་བསམ་གཏན་ཐོབ་བའི་རྣལ་འབྱོར་པ། མངོན་པར་ཤེས་པའི་འབྲས་བུ་ཐོབ་པར་བྱ་བའི་ཕྱིར། རྩ་བའི་བསམ་གཏན་བཞི་སྦྱངས་ཏེ། ཇི་ལྟར་སྦྱངས་ཤེ་ན། སྲིད་པའི་ཤས་ཆེ
་བ་དང། ལྟ་བའི་ཤས་ཆེ་བ་དང། ཐེ་ཚོམ་གྱི་ཤས་ཆེ་བ་མེད་བར་བྱ་སྟེ། སྦྱངས་ན་ལས་སུ་རུང་བའི་མཆོག་འཐོབ་སྟེ། བསམ་གཏན་ལས་སུ་རུང་བའི་མཆོག་ཐོབ་བ་དང། མངོན་པར་ཤེས་པ་ལས་སུ་རུང་བའི་མཆོག་ཐོབ་པ་ཞེས་བྱ་བའི་དོན་ཏེ། །དེ་ལ་བསམ་གཏན་ལས་སུ་རུང
་བའི་མཆོག་ཐོབ་པ་ནི་གཟུགས་ཀྱི་ཁམས་སུ་བསམ་གཏན་བཞི་ལ་ལུགས་བཞིན་དུ་འཇུག་པ། ལུགས་ལས་བཟློག་སྟེ། འཇུག་པ་དང། ཐོང་རྒལ་དུ་འཇུག་པའོ། །མངོན་པར་ཤེས་པ་ལས་སུ་རུང་བའི་མཆོག་ཐོབ་པ་ནི། འཕྲུལ་གྱི་མིག?
་ལ་སོགས་པའི་མངོན་པར་ཤེས་པའི་ལས་བྱ་བ་ཐོགས་པ་མེད་པར་འཇུག་པའོ། །བསམ་གཏན་མངོན་ཤེས་རྫོགས་པས་ན། སངས་རྒྱས་རྣམས་ལས་མཉན་པ་དང། །དཔག་ཏུ་མེད་པར་མཆོད་བའི་ཕྱིར། །འཇིག་རྟེན་ཁམས་སུ་དེ་འགྲོའོ་ཞེས་བྱ་བ་ལ
་དེ་ལྟར་བསམ་གཏན་ཐོབ་སྟེ། བསམ་གཏན་རྫོགས་པ་དང། མངོན་པར་ཤེS་པ་རྫོགས་མཆོག་ཐོབ་སྟེ། མངོན་པར་ཤེས་པ་རྫོགས་པའི་བྱང་ཆུབ་སེམས་དཔའ་རྫུ་འཕྲུལ་ཅན་ཏེ། རྫུ་འཕྲུལ་གྱིས་འཇིག་རྟེན་གྱི་ཁམས་སུ་འགྲོའོ་ཞེས་བྱ་བར་སྦྱར་ཏེ་ཅིའི་ཕྱིར
་དེར་འགྲོ་ཞེ་ན། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་བཞུགས་པའི་དེ་བཞིན་གཤེགས་པ་ལས་དམ་བའི་ཆོས་མཉན་པའི་སྒོ་ནས། ཡེ་ཤེས་ཀྱི་ཚོགས་རྫོགས་པར་བྱ་བ་དང། དེ་བཞིན་གཤེགས་པ་དེ་དག་ལ་བསོད་སྙོམས་དང་ཆོས་གོས་ལ་སོཌ
་པ་ཟང་ཟིང་གིས་མཆོད་པར་བྱས་པའི་སྒོ་ནས་བསོད་ནམས་ཀྱི་ཚོགས་བསགས་བར་བྱ་བའི་ཕྱིར་འཇིག་རྟེན་གྱི་ཁམས་ཀུན་ཏུ་འགྲོའོ་ཞེས་བྱ་བའི་དོན་ཏོ། །སངས་རྒྱས་དཔག་ཏུ་མེད་པ་ལ། བསྐལ་པ་གྲངས་མེད་དེ་སྙེད་ན། །ལས་སུ་རུང་བའི་མཆོག་ཐོབ?་ན། །
་དེ་ལ་བསྙེན་པའི་སེམས་ཀྱིས་སོ་ཞེས་བྱ་བ་ལ་།དེ་ལ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་དེ་དག་ལ་ཞེས་བྱ་བའི་དོན་ཏོ། །བསྙེན་པའི་སེམས་ཀྱིས་ཞེས་བྱ་བ་ནི། སངས་རྒྱས་ལ་བཀུར་སྟི་དང་མཆོད་པ་བྱའོ་སྙམ་དུ་བསམས་པའི་སེམས་ཀྱིས་ཞེས་བྱ་བའི
་དོན་ཏོ། །འདི་ལྟ་བུའི་སེམས་ཀྱིས་ཕྱོགས་བཅུའི་སངས་རྒྱས་དཔག་ཏུ་མེད་པ་ལ་བསྐལ་པ་གྲངས་མེད་པ་གཅིག་ཏུ་དམ་པའི་ཆོས་མཉན་པ་དང། ལྷུང་གཟེད་དང་ཆོས་གོས་ལ་སོགས་པ་འབུལ་བའི་སྒོ་ནས། བསྙེན་བཀུར་བྱས་ན་ལས་སུ་རུང་བའི
་མཆོག་ཐོབ་པར་འགྱུར་ཏེ། དེའང་གང་ཞེ་ན། ཕྱོགས་བཅུ་ཐམས་ཅད་དུ་རྫུ་འཕྲུལ་གྱིས་དེ་བཞིན་གཤེགས་པ་ལ་མཆོད་པ་བྱ་བ་ལ་ཐོགས་པ་མེད་པར་ནུས་པའི་མངོན་པར་ཤེས་པ་བསྐྱེད་ནུས་པའི་བསམ་གཏན་ལས་སུ་རུང་བའི་མཆོག་ཐོབ
་པོ་ཞེས་བྱ་བའི་དོན་ཏོ། །བསྐལ་པ་གྲངས་མེད་པ་ཞེས་བྱ་བ་ནི། བགྲང་བ་དཔག་ཏུ་མེད་པའོ་ཞེས་བྱ་བ་ལ། འདིའི་སྐབས་སུ་བསྐལ་པ་གྲངས་མེད་པ་འབྱུང་བ་ཞེས་འབྱུང་བ་གྲངས་མེད་པ་གསུམ་ལ་ནི་མི་བྱའི། བགྲང་བ་ལས་འདས་པའི་བསྐལ
་པ་གྲངས་མེད་པ་གཅིག་ལ་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་ནས་དེ་དག་སྔོན་རོལ་ཏུ། །ཡོན་ཏན་ལྔ་ནི་ཐོབ་འགྱུར་ཏེ་ཞེས་བྱ་བ་ལ། ལུས་དང་སེམས་ལས་སུ་རུང་བ་ཐོབ་པ་དང། བསམ་གཏན་མངོན་པར་ཤེས་པ་རྫོགས?་པ་དང། དེ་བཞིན་གཤེཌ
་པ་ལ་མཆོད་པ་དཔག་ཏུ་མེད་པའི་འོག་ཏུ་དེ་ལྟ་བུ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་དེས་བསམ་པ་རྣམ་པར་དག་པ་དེ། ས་དང་པོ་མཐོབ་པའི་སྔ་རོལ་དུ། ས་དང་པོ་ཐོབ་པར་འགྱུར་བའི་མཚན་མ་ཡོན་ཏན་ལྔ་ཐོབ་པར་འགྱུར་རོ་ཞེས་བྱ
་བྱ་བའི་དོན་ཏོ། །རྣམ་པར་དག་པའི་སྣོད་འགྱུར་ཞིང། །དེ་ནས་བླ་ན་མེད་པར་འགྱུར་ཞེས་བྱ་བ་ལ། །ཡོན་ཏན་རྣམ་པ་ལྔ་ཐོབ་ནས་ཀྱང་རྣམ་པར་དག་པ་སྟེ། ས་རབ་ཏུ་དགའ་བ་དང་ཆོས་ཀྱི་སྐུ་རྫོགས་པ་དང། དག་པར་འགྱུར་བའི་སྣོད་དང།
་གཞི་བླ་ན་མེད་པར་འགྱུར་ཏེ། བླ་ན་མེད་པ་ཞེས་སྨོས་པས་ནི། །ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པའི་སྒོ་ནས་ཞུགས་པ་ནི་མ་ཡིན་གྱིས་དང་པོ་ཐོབ་པར་བྱ་བའི་ཕྱིར། ཐེག་པ་ཆེན་པོའི་སྒོ་ནས་ཞུགས་པས་ན་སྣོད་བླ་ན་མེད་པ་ཞེས་བྱའོ། །གང་ཕྱིར་ལུས་ཀྱི
་གནས་ངན་ལེན། སྐད་ཅིག་རེ་རེར་ཀུན་སྤྱོད་དང་ཞེས་བྱ་བ་ལ། ཡོན་ཏན་རྣམ་པ་ལྔ་སྟོན་ཏེ། ལུས་ཀྱི་གནས་ངན་ལེན་གྱི་སྒྲས་ནི་ལུས་ལས་སུ་མི་རུང་བ་དང། སེམས་ལས་སུ་མི་རུང་བ་གཉིས་ལ་བྱ་སྟེ། ལུས་ལས་སུ་མི་རུང་བ་ནི་ལུས་ལྕི་བ་དང་མི་བདེ་བའོ།།
་སེམས་ལས་སུ་མི་རུང་བ་ནི་སེམས་མི་བདེ་ཞིང་དགེ་བ་ལ་མ་འཇོག་པའོ། །དཔེར་ན་ཁྲུས་མཁན་གྱིས་ཁྲུས་རྩི་དང་ཆོས་གོས་དང་རས་ལ་སོགས་པའི་དྲི་བ་སྐད་ཅིག་མ་རེ་རེ་ལ་འདག་ཅིང་སྦྱོང་བར་བྱེད་པ་དེ་བཞིན་དུ་དེ
་དག་ཀྱང་ཞི་གནས་ཆུ་དང་འདྲ་བས་ལུས་ལ་སུ་མི་རུང་བ་སྐད་ཅིག་མ་རེ་རེ་ལ་འདག་ཅིང་སྦྱོང་བར་བྱེད་དོ། །འདི་ནི་ཡོན་ཏན་རྣམ་པ་གཅིག་གོ་།ལུས་དང་སེམས་ཀྱི་ཀུན་ཏུ་ཡང། །ཤིན་ཏུ་སྦྱངས་པས་གང་བར་འགྱུར་ཞེས་བྱ་བ་ལ། ཤིན་ཏུ་སྦྱངས
་པའི་སྒྲས་ནི་ལས་སུ་རུང་བ་ལ་བྱ་སྟེ། དོན་དུ་ན་ལས་སུ་རུང་བར་བྱ་ཞིང་ལུས་ཀྱི་བདེ་བས་ཀྱང་ལུས་ཀུན་ཏུ་ཁྱབ་ཅིང་དང་བར་འགྱུར་བ་དང། སེམས་ལས་སུ་རུང་ཞིང་སེམས་བདེ་བས་ཀྱང་སེམས་ཀུན་ཏུ་སྦྱངས་བར་འགྱུར་ཞེས་བྱ་བའི་དོན་ཏོ། །ལུས
་ཤིན་ཏུ་སྦྱངས་བ་དང། སེམས་ཤིན་ཏུ་སྦྱོང་པ་གཉིས་སོ་སོར་ཕྱེ་སྟེ། ཡོན་ཏན་གསུམ་དུ་བཞག་གོ་།དེ་ལ་ལུས་ཀྱི་གནས་ངན་ལེན་སྦྱང་བ་དང། ལུས་ལས་སུ་རུང་བ་དང། སེམས་ལས་སུ་རུང་བ་གསུམ་ནི་ཞི་གནས་ཀྱི་ཕྱོགས་སོ། །ཐམས་ཅད་ཆོས་དག་ཤེས་པ་ནི། །ཡོངས་སུ
་མ་ཆེད་སྣང་བར་རོ་ཞེས་བྱ་བ་ལ། ཆོས་ཀྱི་སྒྲས་ནི་མདོ་སྡེ་ལ་སོགས་བ་གསུང་རབ་ཡན་ལག་བཅུ་གཉིས་ལ་བྱའོ། །དེས་ཁ་ཅིག་ཤེས། ཁ་ཅིག་མི་ཤེས་པ་དང། བར་འགའ་ཤེས་པར་འགའ་མི་ཤེས་པ་ནི་མ་ཡིན་གྱི་དུས་ཐམས་ཅད་ཐམས་ཅད
་ཤེས་ཕ་ནི་ཡོངས་སུ་མ་ཆད་པ་སྣང་བ་ཞེས་བྱ་སྟེ། དེ་ལྟར་ལུས་དང་སེཾས་ལས་སུ་རུང་བར་གྱུར་པ་དང། གསུང་རབ་ཡན་ལག་བཅུ་གཉིས་ནི་ཆོས་ཐམས་ཅད་ལ་ཡོངས་སུ་མ་ཆད་པའི་ཚུལ་དུ་ཤེས་པའི་སྣང་བ་འབྱུང་སྟེ། འདི་ནི་ཡོན་ཏན་རྣམ་པ
་བཞི་པའོ། །རྣམ་པར་དག་པའི་མཚན་མ་ཡང། །མ་བརྟགས་པར་ནི་རབ་ཏུ་མཐོང་ཞེས་བྱ་བ་ལ། རྣམ་པར་དག་པའི་སྒྲས་ནི་ས་དང་པོ་ལ་བྱ་སྟེ། ས་དང་པོ་འཐོབ་པར་འགྱུར་བའི་མཚན་མ་དང་རྟགས་དག་ཀྱང་མ་བརྟགས་མ་བསམས་པར་རྨི་ལམ་དུ
་ལུས་ལས་སྲིན?་བུ་འཛགས་པ་དང། མི་གཙང་བས་ལུས་བསྐུས་པ་ལས་ཁྲུས་བྱེད་པ་ལ་སོགས་པ་ལུས་ཀྱི་སྐྱོན་དང་བལ་བ་དག་རྨི་ལམ་དུ་མཐོང་བར་འགྱུར་ཏེ། འདི་ནི་ཡོན་ཏན་ལྔ་པའོ། །དེ་ལྟར་ཆོས་ཐམས་ཅད་ལ་ཡོངས་སུ་མ་ཆད་པའི་སྣང་བ་ཐོབ
་པ་དང། རྣམ་པར་དག་པའི་མཚན་མ་མ་བརྟགས་པར་མཐོང་བ་གཉིས་ནི་ལྷག་མཐོང་གི་ཕྱོགས་སོ། །རྟག་ཏུ་བློ་ལྡན་བྱེད་པ་ནི། །རབ་ཏུ་རྫོགས་དང་རྣམ་དག་པའི། །མདོར་ན་ཆོས་ཀྱི་སྐུ་ཡི་སྟེ། རྒྱུ་ནི་དེ་བཞིན་ཡོངས་སུ་འཛིན་ཞེས་བྱ་བ་ལ། དེའི་འོག་ཏུ
་བྱང་ཆུབ་སེམས་དཔའ་ཨི་བློ་དང་ལྡན་པས་རྣམ་པ་ཡོངས་སུ་འཛིན་པར་བྱེད་དེ། གང་ཞེ་ན་ཆོས་ཀྱི་སྐུ་ཡོངས་སུ་རྫོགས་པའི་སྐུ་རྒྱུ་དང། རྣམ་པར་དག་པའི་རྒྱུ་སྟེ། རྒྱུ་ནི་དེ་བཞིན་གཤེགས་པ་གྲངས་མེད་པ་ལས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས
་བསགས་པ་འམ། ཞི་གནས་དང་ལྷག་མཐོང་གི་ཕྱོགས་ལ་གནས་པ་སྟེ། དེ་བས་ན་རྣམ་པར་དག་པའི་སྣོད་བླ་ན་མེད་པའི་འགྱུར་བ་ཞེས་བྱའོ། །འདི་ནི་ཞི་གནས་དང་ལྷག་མཐོང་གཉི་གའི་ཕྱོགས་སོ། །ས་བཅུའི་དུས་ན་ནི་ཆོས་ཀྱི་སྐུ་ཡོངས་སུ་རྫོགས་པ་ཞེས
་བྱ་སྟེ། བྱང་ཆུབ་སེམས་དཔའ་ཨི་ཆོས་ཀྱི་སྐུ་ནི་ས་བཅུར་རྫོགས་པའི་ཕྱིར་རོ། །སངས་རྒྱས་ཀྱི་སའི་དུས་ན་ནི་ཆོས་ཀྱི་སྐུ་རྣམ་པར་དག་པ་ཞེས་བྱ་སྟེ། ངར་ལ་ཙམ་གྱིས་ཆོད་པའི་སྒྲིབ་པ་ཡང་སྤངས་པའི་ཆོས་ཀྱི་སྐུ་ཐོབ་པའི་ཕྱིར་རོ། །དེའི་བར་དུ་ནི་འཇིག་རྟེན་གྱི
་?་ཆོས་དང་ཡོན་ཏན་ཐོབ་པོ་ཞེས་བྱ་བ་ལ། གདམས་པ་བསྟན་པའི་མགོ་ནས་བརྩམས་ཏེ། ཡོན་ཏན་ལྔ་ཐོབ་པ་ཡན་ཆད་ཀྱི་བར་དུ་ནི་མོས་པར་སྤྱོད་པའི་ས་ལ་ཞུགས་པའི་སོ་སོའི་སྐྱེ་བོ་ཆོས་དང་ཡོན་ཏན་ཇི་ལྟར་བསྟན་པ་ཐོབ་པའོ་ཞེས་བྱ་བའི་དོན་ཏོ།།
་དེ་ནས་དྲེ་འདྲར་གྱུར་པ་ཡི། །བྱང་ཆུབ་སེམས་དཔའ་མཉམ་གཞག་པས་ཞེས་བྱ་བ་ལ་སོགས་པ་ལ། དེ་འདི་མན་ཆད་ནི་ངེས་པར་འབྱེད་པའི་ཕྱོགས་བཞི་ལ་འཛུག་པ་སྟོན་ཏེ། དེ་ནས་ཞེས་བྱ་བ་ནི་དེའི་འོག་ཏུ་ཞེས་བྱ་བའི་དོན་ཏོ། །དེ་འདྲ་བར་གྱུར་པ་ཞེས
་བྱ་བ་ནི་བསམ་གཏན་དང་མངོན་པར་ཤེས་པ་ལ་སོགས་པ་སྦྱང་བ་བྱས་པ་དང། ཡོན་ཏན་ལ་ཐོབ་པ་དང་བླ་ན་མེད་པའི་སྣོད་དུ་གྱུར་བ་ལ་སོགས་བའི་ཡོན་ཏན་དང་ལྡན་པར་གྱུར་པའི་བྱང་ཆུབ་སེམས་དཔའ་ཨི
་ཏིང་ངེ་འཛིན་ལ་སེམས་རྩེ་གཅིག་ཏུ་བཞག་བ་དེ་འདི་སྙམ་དུ་ཡིད་ལ་རྟོག་གོ་ཞེས་བྱ་བར་སྦྱར་རོ། །ཡིད་ཀྱི་རྣམ་རྟོག་མ་གཏོགས་པར། །ཐམས་ཅད་དོན་ནི་མི་མཐོང་ངོ་ཞེས་བྱ་བ་ལ། དེ་འདི་སྙམ་དུ་བརྟགས་ཏེ། གཟུགས་ལ་སོགས
་པའི་དངོས་པོ་འདི་དག་ཐམས་ཅད་ནི་ཡིད་ཀྱི་རྣམ་པར་རྟོག་པ་ཁོ་ན་ལས་སྣང་བར་ཟད་ཀྱི་ཡིད་ཀྱི་རྣམ་པར་རྟོག་པ་ལས་མ་གཏོགས་པར་སེམས་ལས་ལོགས་ཤིག་ན་ཡོད་པར་མ་མཐོང་ཞིང་དོན་མེད་དོ་ཞེས་ཁོང་དུ་ཆུ་དེ་འདི་ནི་ཆོས་ལ་སྣང་བ་ཐོབ
་པ་ཞེས་བྱ་སྟེ། འདི་ནི་དྲོད་ཀྱི་དུས་སོ། །ཆོས་ཀྱི་སྣང་བ་འཕེལ་བའི་ཕྱིར། །བསྟན་པའི་བརྩོན་འགྲུས་རྩོམ་པ་སྟེ་ཞེས་བྱ་བ་ལ། དེ་ལྟར་དྲོད་ཀྱི་དུས་ན་ཆོས་ཀྱི་སྣང་བ་ཐོབ་བའི་དེ་ཉིད་ཇེ་ཆེ་ཇེ་ཆེར་འཕེལ་ཞིང་རྒྱས་པར་བྱ་བའི་ཕྱིར། བསྟན་པ་བྱང་ཆུབ
་སེམས་དཔས་བརྩོན་འགྲུས་རྒྱུན་དུ་རྩོམ་ཞེས་བརྩོན་འགྲུས་ཇེ་ཆེ་ཇེ་ཆེར་རྩོམ་པར་བྱེད་དེ་འདི་ནི་སྣང་བ་འཕེལ་བ་ཞེས་བྱ་སྟེ། སྤྱི་བོའི་དུས་སོ། །ཆོས་ཀྱི་སྣང་བ་འཕེལ་ན་ནི། སེམས་ཙམ་ལ་ནི་གནས་པར་འགྱུར་ཞེས་བྱ་བ་ལ། དེ་ལྟར་བརྩོན
་འགྲུས་བརྩམས་ནས་ཆོས་ཀྱི་སྣང་བ་ཤས་ཆེར་འཕེལ་བར་གྱུར་ན། དེའི་ཡུལ་དུ་ཕྱིའི་ཡུལ་ལ་སོགས་པར་སྣང་བ་ཀུན་དང་བྲལ་བའི་སེམས་ཙམ་ལ་གནས་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་སེམས་ཙམ་ལ་གནས་བར་འགྱུར་ཞེ་ན།
་དེའི་ཕྱིར། ཐམས་ཅད་དོན་དག་སྣང་བ་ནི། སེམས་ལ་རབ་ཏུ་སྣང་བ་སྟེ། ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ལྟར་ཕྱིའི་ཡུལ་དངོས་པོར་སྣང་ཞིང་དམིགས་པ་འདི་དག་ཐམས་ཅད་སེམས་ཉིད་དེ་ལྟར་སྣང་བར་ཟད་དོ་ཞེས་ཁོང་དུ་ཆུད་ནས་ཕྱིའི་དངོས་པོ་གང
་ཡང་མི་སྣང་བ་ལ་གནས་ཏེ། དེ་བས་ན་སེམས་ཙམ་ལ་གནས་པ་ཞེས་བྱའོ། །འདི་དག་གཟུང་བའི་གཡེང་བ་ནི། །དེ་ཡི་དུས་ན་སྤོང་བར་འགྱུར། །དེ་ནས་ལྷག་མ་མ་ལུས་པའི། །འཛིན་པ་གཡེང་པ་ག་ཙིག?་ཏུའོ་ཞེས་བྱ་བ་ལ། འདི་དག་གི་སྒྲས་ནི་ཕྱིའི
་ཡུལ་དངོས་པོར་སྣང་བ་ལ་བྱ་སྟེ། ཕྱིའི་དངོས་པོར་སྣང་བ་རྣམས་ལ་ཡོད་པར་འཛིན་ཅིང་ཕྱིའི་དངོས་པོ་སེམས་ལ་སྣང་བ་ནི་གཟུང་པའི་གཡེང་བ་ཞེས་བྱ་སྟེ། གང་གི་ཚེ་དེ་ལ་གནས་ནས་ཡུལ་ལྟ་བུར་སེམས་ལ་སྣང་བ་ཐམས་ཅད་སྤངས་ཏེ། མི་སྣང
་བར་གྱུར་པ་དེའི་དུས་ན་གཟུང་བའི་གཡེང་བ་ནི་སྤངས་ནས་གཟུང་བའི་གཡེང་བ་སྤངས་པའི་འོག་ཏུ་ཕྱི་ན་ཅི་ཞིག་ལུས་ཤེ་ན། འཛིན་པའི་གཡེང་བ་ཕྱིན་ལུས་ཏེ། སེམས་ལ་ཡོད་པར་འཛིན་པའི་གཡེང་བ་མ་སྤངས་ཞེས་བྱ་བའི་དོན་ཏེ།
་དེས་ནི་དེ་ཁོ་ནའི་ཕྱོགས་གཅིག་པའི་ཏིང་ངེ་འཛིན་བསྟན་ཏོ། །ཆོས་ཀྱི་སྣང་བ་འཕེལ་ན་ནི་ཞེས་བྱ་བ་ནས་བརྩམས་ཏེ། འཛིན་པའི་གཡེང་བ་གཅིག་པུའོ། །ཞེས་བྱ་བ་ཡན་ཆད་ཀྱིས་བཟོད་པའི་དུས་བསྟན་ཏོ། །དེ་ཚེ་དེ་མ་ཐག་པ་ཡི། །ཏིང་འཛིན
་མྱུར་དུ་ཐོབ་པར་འགྱུར་ཞེས་པ་གལ། གཟུང་བའི་གཡེང་པ་སྤངས་ན་འཛིན་པའི་གཡེང་བ་མ་སྤངས་པའི་རྣལ་འབྱོར་བ་དེ། དེའི་འོག་ཏུ་གཟུང་བ་མེད་ན་དེ་ལ་འཛིན་པའི་སེམས་ཀྱང་ག་ལ་ཡོད་ཅེས་འཛིན་པའི་གཡེང་བ་མྱུར་དུ་སྤོང་བར
་བྱེད་དེ། དེ་སྤངས་པའི་དེ་མི་ཐག་པའི་ཏིང་ངེ་འཛིན་མྱུར་དུ་ཐོབ་པར་བྱེད་དེ། འདི་ནི་འཇིག་རྟེན་གྱི་ཆོས་མཆོག་གི་དུས་སོ། །དེའི་འོག་ཏུ་ངེས་པར་འབྱེད་པའི་ཕྱོགས་ཞེས་བྱ་བ་ལ། བསམ་གཏན་དང་མངོན་པར་ཤེས་པ་ལས་སུ་རུང་བ་ཐོབ་པ་དང།
་ཡོན་ཏན་ལྔ་ཐོབ་བའི་འོག་ཏུ་ངེས་པར་འབྱེད་པའི་ཕྱོགས་བཞི་ལ་འཇུག་གོ་ཞེས་བྱ་བའི་དོན་ཏོ། །གང་གི་ཚེ་དེ་ལྟ་བུར་གྱུར་པའི་ཞེས་བྱ་བ་ལ། གང་གི་དུས་ན་བསམ་གཏན་པས་རྣལ་འབྱོར་པ་བསམ་གཏན་དང་མངོན་པར་ཤེས་པ་ལ་སོགས་པ་སྦྱང
་བ་བྱས་པ་དང། ཡོན་ཏན་ལྔ་ཐོབ་པར་བྱ་སྟེ། ཡོན་ཏན་དེ་ལྟ་བུ་དང་ལྡན་པར་གྱུར་པ་དེའི་ཚེ་འོག་ནས་འབྱུང་བ་ལྟ་བུའི་དོན་རྟོགས་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །བདག་དང་སྤྱིའི་མཚན་ཉིད་གཉིས་ཡིད་ཀྱི་རྟོག་པ
་ཙམ་དུ་མཐོང་བ་དེ་ནི་དྲོད་ལ་བབ་སྟེ་ཞེས་བྱ་བ་ལ། ཆོས་རྣམས་ཀྱི་རང་གི་མཚན་ཉིད་ནི་གཟུགས་ཀྱི་རང་གི་མཚན་ཉིད་ཐོགས་པ་དང་བཅས་པ་དང། ཚོར་བའི་རང་གི་མཚན་ཉིད་མྱོང་བའི་བདག་ཉིད་དང་ཞེས་བྱ་བ་ནས། གང་ཟག་པ་དང་བཅས་པ
་དང། ཟག་པ་མེད་པ་དང། འདུས་བྱས་དང། འདུས་མ་བྱས་དང། བལྟར་སྣང་བ་དང། བལྟར་མི་སྣང་བ་དང། ཐོགས་པ་དང་བཅས་པ་དང། ཐོགས་པ་མེད་པ་ཞེས་བྱ་བ་ལ་སོགས་པའོ། །སྤྱིའི་མཚན་ཉིད་ནི་མི་རྟག་པ་དང། སྡུག་བསྔལ་བ་དང།
་སྟོང་པ་དང། བདག་མེད་པ་སྟེ། དེ་དག་ཐམས་ཅད་ཡིད་ཀྱི་རྟོག་པ་ཙམ་དུ་ཟད་ཀྱི། ཡིད་ཀྱི་རྟོག་པ་ལས་ལོགས་ཤིག་ན་ཡོད་པ་མ་ཡིན་པར་མཐོང་བ་དེའི་དུས་ན་དྲོད་ཀྱི་གནས་ཐོབ་པ་ཞེས་བྱ་སྟེ། དྲོད་ཅེས་ཀྱང་བྱ་ཆོས་ལ་སྣང་བ་ཐོབ་པ་ཞེས
་ཀྱང་བྱ། ཆོས་ལ་རྟོག་པ་བཟོད་ཅེས་ཀྱང་བྱའོ་ཞེས་བྱ་བའི་དོན་ཏོ། །དྲོད་དང་ཆོས་ལ་སྣང་བ་ཐོབ་པ་དེ་ལ་ཆོས་ལ་རྟོག་པ་བཟོད་པ་ཞེས་བྱ་བར་ཙ་མངོན་ཞེ་ན། དེའི་ཕྱིར། སྣང་བའི་དབང་དུ་བྱས་ནས་ཆུ་ལན་ཚྭ་ཅན་གྱི་སྣང་བའོ་ཞེས་གསུང་པ་དེ
་ནི་ཆོས་ལ་རྟོག་པ་བཟོད་པའི་ཚིག་བླ་དགོས་ཞེས་སྨོས་ཏེ། ཆོས་ལ་སྣང་བ་ཐོབ་པ་དེ་ལ་ཆོས་ལ་རྟོག་པའི་བཟོད་པ་ཐོབ་པ་ཞེས་བྱ་བར་མངོན་པ་ནི་གང་ཚྭའི་འབབ་ཆུ་བཤད་པ་ཞེས་བྱ་བའི་མདོ་ལས། ཆུ་བོ་ལན་ཚྭ་ཅན་གྱི་དབེས་བསྟན་ནས་ཆོས
་ལ་སྣང་བ་ཐོབ་པ་དེ་ནི་ཆོས་ལ་རྟོག་པའི་བཟོད་པ་ཐོབ་པའི་ཚིག་བླ་དགས་སོ་ཞེས་གསུངས་སོ། །དེ་ལ་བ་ཚྭའི་ཆུ་བོ་ནི་ཁམས་གསུམ་དུ་རྒྱུན་དུ་འཁོར་བ་ལ་བྱའོ། །བ་ཚྭའི་ཆུ་བོའི་ཐ་མ་བ་ཚྭའི་སྐྱ་བོ་ལ་ཉི་མའི་ཟེར་བབ་ན་དཀར་བ་དང་སྐྱ་བར
་སྣང་བ་དེ་བཞིན་དུ། གང་གི་ཚེ་ཆོས་ཐམས་ཅད་སེམས་ལས་སྣང་བར་ཟད་ཀྱི། སེམས་ལས་ལོགས་ཤིག་ན་ཡོད་པ་མ་ཡིན་ནོ་ཞེས་ཁོང་དུ་ཆུད་པ་དེའི་ཚེ་ཉི་མ་དང་ཟླ་བའི་འོད་ལྟ་བུར་སྣང་བ་ཞེས་ནི་མི་བྱའོ། །ཆོས་ལ་སྣང་བ་ཐོབ་པ་ཞེས་བྱ་བའི
་དོན་ཏོ། །དེ་ཆོས་ཀྱི་སྣང་བ་དེ་ཉིད་འཕེལ་བའི་ཕྱིར་ཏེ་ཞེས་བྱ་བ་ལ། བྱང་ཆུབ་སེམས་དཔའ་དེ་ཉིད་ཀྱི་རྟོག་པ་ལས་མ་གཏོགས་པར་དོན་གྱི་དངོས་པོ་གཞན་མེད་དེ་ཞེས་ཆོས་ཀྱི་སྣང་བ་ཐོབ་པ་དེ་ཉིད་ཤས་ཆེར་སྤེལ་ཞིང་སྣང་བ་ཆེར་བསྐྱེད
་པར་བྱ་བའི་ཕྱིར། ཆུང་ཟད་ཀྱང་མི་གནས་མི་འདུག་པར་བརྩོན་འགྲུས་རྩོམ་པར་བྱེད་དོ། །དེ་ནི་རྩེ་མོའི་དུས་སུ་ཞེས་བྱའོ། །ཆོས་ཀྱི་སྣང་བ་འཕེལ་ནས་འདི་དག་ཀུན་སེམས་ཙམ་མོ་ཞེས་རྟོགས་པའི་ཕྱིར་ཞེས་བྱ་བ་ལ། དེ་ལྟར་སེམས་ཙམ་དུ
་རྟོགས་པའི་ཆོས་ཀྱི་སྣང་བ་ཐོབ་ནས་སྣང་བ་དེ་ཉིད་ཤས་ཆེར་འཕེལ་བའི་ཕྱིར་བརྩོན་འགྲུས་བརྩམས་པ་ལས་སེམས་ཙམ་དུ་རྟོགས་བའི་སྣང་བ་ཤས་ཆེར་སྤེལ་བའི་ཕྱིར་བརྩོན་འགྲུས་བརྩམས་པ་ལས་སེམས་ཅམ་དུ་རྟོགས་པའི་སྣང་བ་ཤས
་ཆེར་འཕེལ་བའི་འོག་ཏུ་ཕྱིའི་གཟུང་བར་སྣང་བའི་གཟུང་བ་ཐམས་ཅད་དང་བྲལ་ནས་སེམས་ཙམ་དུ་རྟོགས་ཤིང་སེམས་ལ་གནས་པར་འགྱུར་ཏེ། གང་གི་ཚེ་གཟུང་བའི་གཡེང་བ་སྤངས་ནས་འཛིན་པའི་གཡེང་བ་ཙམ་ལ་གནས་པ་ཐོབ་པའི་ཚེ་བཟེད?
་པ་ཐོག་བའི་དུས་ཞེས་བྱའོ། །དེའི་ཚེ་མྱུར་དུ་དེ་མ་ཐག་པའི་ཏིང་ངེ་འཛིན་ལ་རེག་པར་འགྱུར་ཏེ་ཞེས་བྱ་བ་ལ་སོགས་པ་ལ་དེ་ལྟར་སེམས་ཙམ་ལ་གནས་ཏེ་གཟུང་བའི་གཡེང་བ་སྤངས་ནས་འཛིན་པའི་གཡེང་བ་ཙམ་ལ་གནས་པ་དེ་ཡང་འདི་སྙམ
་དུ་རྟོགས་ཏེ། དེ་ལྟར་གཟུང་བ་མེད་ན་འཛིན་པ་ཡང་ཡོད་པར་མི་རིགས་སོ་ཞེས་འཛིན་པའི་གཡེང་བ་ལ་མངོན་པར་ཆགས་པ་ཡང་དེ་མ་ཐག་ཏུ་སྤངས་ནས། དེ་མ་ཐག་པའི་ཏིང་ངེ་འཛིན་ལ་རིག་པར་བྱེད་དེ། དེ་འཇིག་རྟེན་ཆོས་མཆོག་གི་དུས་སོ། །ཅིའི་ཕྱིར
་ཞེ་ན། དེ་མ་ཐག་པ་ཞེས་བརྗོད་ཅེ་ན། གང་ཕྱིར་འཛིན་བའི་གཡེང་བ་ནི། །དེ་མ་ཐག་ཏུ་སྤོང་བས་སོ། །ཞེས་བྱ་བ་ལ། ཅིའི་ཕྱིར་འཇིག་རྟེན་གྱི་ཆོས་མཆོག་ལ་དེ་མ་ཐག་པའི་ཏིང་ངེ་འཛིན་ཞེས་བྱ་ཞེ་ན། གང་གི་ཕྱིར་རྣལ་འབྱོར
་བས་གཟུང་བའི་གཡེང་བ་སྤངས་པ་དང། དེ་མ་ཐག་ཏུ་འཛིན་བའི་གཡེང་བ་ཡང་སྤོང་བར་བྱེད་ཅིང་དེ་མ་ཐག་ཏུ་ས་དང་པོར་འཇུག་པར་བྱེད་པས་ནི་དེའི་ཕྱིར་དེ་མ་ཐག་པའི་ཏིང་ངེ་འཛིན་ཅེས་བྱའོ་ཞེས་བྱ་བའི་དོན་ཏོ། །དྲོད་ལ་སོགས་པ་ཞེས་བྱ་བ་ལ། གང་ཕྱིར
་དེ་དག་རིམ་བཞིན་ནོ་ཞེས་བྱ་བ་ལ། དྲོད་ལ་སོགས་པ་ངེས་པར་འབྱེད་པའི་ཕྱོགས་བཞིའི་རིམ་པ་ཡང་འདི་ལྟར་ཤེས་པར་བྱ་སྟེ། དང་པོ་དྲོད་དོ། །དེ་ནS་སྤྱི་བོའོ། །དེ་ནས་བཟོད་པའོ། །དེ་ནས་འཇིག་རྟེན་ཆོས་མཆོ་སྟེ། རིམ་པ་དེ་ལྟར་ཤེས་པར་བྱའོ་ཞེས་བྱ་བའི་དོན་ཏོ། །
་འདི་མན་ཆད་མཐོང་བའི་ལམ་སྟོན་ཏོ། །དེའི་ཕྱིར། འཛིན་པ་གཉིས་ལས་རྣམ་གྲོལ་བའི། །འཇིག་རྟེན་འདས་པ་བླ་ན་མེད། །དྲི་མ་བྲལ་བ་རྣམ་མི་རྟོག་།ཡེ་ཤེས་དེ་ནས་དེ་ཐོབ་པོ་ཞེས་སྨོས་ཏེ། དེ་ནས་ཞེས་བྱ་བ་ནི་མོས་པ་སྤྱོད་བའི་ས་འཇིག་རྟེན་གྱི་ཆོས
་མཆོག་གི་འོག་ཏུ་བྱང་ཆུབ་སེམས་དཔའ་དེས་ཡེ་ཤེས་ཐོབ་བོ་ཞེས་བྱ་བར་སྦྱར་ཏེ། ཡེ་ཤེས་དེ་ཡང་ཅི་འདྲ་བ་ཞིག་ཅེ་ན། འཛིན་པ་གཉིས་ལས་རྣམ་པར་གྲོལ་བ། འཇིག་རྟེན་ལས་འདས་པ་བླ་ན་མེད་པ། དྲི་མ་དང་པ་རྣམ་པར་མི་རྟོག་བའི་ཡེ་ཤེས
་ཐོབ་བོ་ཞེས་བྱ་བའི་དོན་ཏོ། དེའི་གཟུང་བ་དང་འཛིན་པ་གཉིས་སྤངས་པས་ན་འཛིན་པ་གཉིས་ལས་རྣམ་པར་གྲོལ་བའོ། །ཡེ་ཤེས་དེ་འཇིག་རྟེན་པ་རྣམས་ལ་མེད་ཅིང་འཇིག་རྟེན་པའི་སྤྱོད་ཡུལ་དུ་མ་གྱུར་བས་ན་འཇིག་རྟེན་ལས་འདས་པ་ཞེས་བྱའོ།
་ཡེ་ཤེས་དེ་ལས་ཁྱད་ཞུགས་པའི་ཡེ་ཤེས་དེ་ལས་གཞན་མེད་དེ་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཡེ་ཤེས་ལས་འཕགས་པས་ན་བླ་ན་མེད་པ་ཞེས་བྱའོ། །མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་དང་བྲལ་བས་ན་དྲི་མ་དང་བྲལ་བ་ཞེས་བྱའོ། །གཟུང
་བར་རྟོག་པ་དང་འཛིན་པར་རྟོག་པ་དང་བྲལ་བས་ན་རྣམ་པར་མི་རྟོག་པ་ཞེས་བྱའོ། །དེ་བས་ན་དྲི་མ་མེད་པS་དྲི་མ་དང་བྲལ་བ་ཞེS་གསུངས་སོ་ཞེས་བྱ་བ་ལ། དེ་ལྟར་མཐོང་བའི་ལམ་གྱི་ཡེ་ཤེས་ཀྱི་དབང་དུ་བྱས་ནས་མདོ་ལས་ཀྱང། རྡུལ་མེད་ཅིང་རྡུལ་དང་བྲལ་བ་ཆོས
་ལ་ཆོས་ཀྱི་མིག་རྣམ་པར་དག་པའོ་ཞེས་གསུངས་ཏེ། གཟུང་བ་དང་འཛིན་པའི་རྡུལ་སྤངས་པས་ན་རྡུལ་མེད་པའོ། །མཐོང་པས་སྤང་བར་བྱ་བའི་ཉོན་མོངས་པའི་དྲི་མ་སྤངས་པས་ན་རྡུལ་དང་བྲལ་བ་ཞེས་བྱའོ། །ཡང་ན་བཟོད་པའི་དུས་ན་རྡུལ་མེད་པ་ཞེས
་བྱ་སྟེ། བཟོད་པས་ཉོན་མོངས་པ་ཐམས་ཅད་སྤོང་བར་བྱེད་པའི་ཕྱིར་རོ། །ཡེ་ཤེས་ཀྱི་དུས་ན་ནི་དྲི་མ་མེད་པ་ཞེས་བྱ་སྟེ། རྣམ་པར་གྲོལ་བའི་རང་བཞིན་དུ་སྐྱེས་པའི་ཕྱིར་རོ། །དེ་ནི་དེའི་གནས་འཕོས་ལ། །ས་དང་པོ་ཡིན་པར་འདོད་ཅེས་བྱ་བ་ལ། ས་དང
་པོ་ཐོབ་ནས་མཐོང་བའི་ལམ་སྐྱེས་པས་ན། བྱང་ཆུབ་སེམས་དཔའ་དེས་གཟུང་བ་དང་འཛིན་པ་སྤངས་ཤིང་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་སྤངས་པ་དེ་ནི་བྱང་ཆུབ་སེམས་དཔའ་དེའི་ཀུན་གཞི་གནས་ལོངས?་པ་ཞེས་བྱ་སྟེ། ཀུན་གཞི་གནས
་འཕོས་པ་ཉིད་ལས་ས་དང་པོ་ཞེས་བྱ་བ་ཡང་དེ་ཉིད་ལ་བྱ་བར་འདོད་དོ། །ཀུན་གཞི་གནས་འཕོས་པ་དེ་དུས་ཇི་སྲིད་གཅིག་གིས་འཐོབ་ཅེ་ན། དེའི་ཕྱིར། དེ་ནི་བསྐལ་པ་དཔག་མེད་པས། །ཤིན་ཏུ་རྣམ་པར་དག་པར་འགྱུར་ཞེས་སྨོས་ཏེ། དེ་ནི་ཞེས་བྱ
་བ་ནི་ཀུན་གཞི་གནས་འཕོས་པ། ས་དང་པོའི་མཚན་ཉིད་དེ་ནི་བསྐལ་པ་གྲངས་མེད་པ་གསུམ་ལས་བསྐལ་པ་གྲངས་མེད་པ་གཅིག་གི་བར་དུ་བྱང་ཆུབ་སེམས་དཔའ་ཨི་སྤྱོད་པ་ལ་སྤྱད་སྤྱད་པས་ཤིན་ཏུ་རྣམ་པར་དག་པའི་མཚན་ཉིད་ས་དང་པོ་རབ་ཏུ
་དགའ་བ་འཐོབ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ཆོས་ཀྱི་དབྱིངས་ལ་མཉམ་པ་ཉིད། །དེ་ཚེ་རབ་ཏུ་རྟོགས་ནས་ཀྱང་ཞེས་བྱ་བ་ལ། གཞན་ཡང་ས་དང་པོ་ཐོབ་པའི་བྱང་ཆུབ་སེམས་དཔའ་དེས། སོ་སོའི་སྐྱེ་བོའི་དེ་བཞིན་ཉིད་ཆོས་ཀྱི་དབྱིངས་དང་
་འཕགས་པ་རྣམས་ཀྱི་དེ་བཞིན་ཉིད་ཆོས་ཀྱི་དབྱིངས་སུ་ཐ་དད་པ་མེད་ཅིང་རོ་གཅིག་པའི་དེ་བཞིན་ཉིད་དེའི་ཚེ་རྟོགས་སོ་ཞེས་བྱ་བའི་དོན་ཏོ། །ཆོས་ཀྱི་དབྱིངས་མཉམ་པ་ཉིད་རྟོགས་པས་མཉམ་པ་ཉིད་རྣམ་པ་ལྔ་ཡང
་རྟོགས་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེ་ཚེ་སེམས་ཅན་ཐམས་ཅད་ལ། །བདག་དང་མཚུངས་བའི་སེམས་ཐོབ་བོ་ཞེས་བྱ་བ་ལ། ས་དང་པོའི་ཚེ་མཉམ་པ་ཉིད་རྣམ་པ་ལྔ་ཐོབ་པས་ན། སེམས་ཅན་ཐམས་ཅད་དང་བདག་ཏུ་མཚུངས་བའི
་སེམས་ཀྱང་ཐོབ་སྟེ། བདག་གང་ཡིན་པ་སེཾས་ཅན་ཡང་དེ་ཡིན་སེམས་ཅན་གང་ཡིན་པ་བདག་ཀྱང་དེ་ཡིན་ནོ་ཞེས་རྟོག་པའི་སེམས་ཐོབ་པ། །མཉམ་པ་རྣམ་པ་ལྔ་གང་ཞེ་ན། དེའི་ཕྱིར། བདག་ཆེད་དང་ནི་སྡུག་བསྔལ་དོན། །བྱ་བ་དང་ནི་རེ་བ་མེད། །སེམས
་ཅན་ལ་སྟེ་དེ་ལྟར་རྒྱལ་བའི་སྲས། །གཞན་དག་དང་ནི་སེམས་མཉམ་པའོ་ཞེས་སྨོས་ཏེ། མཉམ་པ་རྣམ་པ་ལྔ་ནི། བདག་མེད་པ་མཉམ་པ་དང། སྡུག་བསྔལ་མཉམ་པ་དང། དོན་བྱ་བ་མཉམ་པ་དང། སེམས་ཅན་ལ་ལན་རེ་བ་མེད་པ
་མཉམ་པ་དང། རྒྱལ་བའི་སྲས་གཞན་དང་སེམས་མཉམ་པའོ། །བདག་མེད་པའི་ཆོས་མཚུངS་པ་རྟོཌ་པ་ནས་བདག་དང་སེཾས་ཅན་མཉཾ་བའི་སེམས་རྟག་ཏུ་ཐོབ་པ་ནི་མཉམ་པ་རྣམ་པ་ལྔ་སྟེ་ཞེས་བྱ་བ་ལ། བདག་མེད་པ་ཞེས་བྱ་བ་ནི་གང་ཟག་དང་ཆོས་ཀྱི་རང
་བཞིན་མེད་པ་ཆོས་ཀྱི་དབྱིངས་ལ་བྱ་སྟེ། ཆོས་ཐམས་ཅད་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཡིན་པས་ཆོས་མཚུངས་བར་རྟོགས་ཏེ། ས་དང་པོར་ཆོས་ཀྱི་དབྱིངས་རྟོགས་ནས། མཉམ་པ་རྣམ་པ་ལྔ་ཐོབ་པ་རྟོགས་པར་འགྱུར་རོ། །མཉམ་པ་རྣམ་པ་ལྔ་ཐོབ་པ་རྟོགས་པ་དང། དེའི་ཚེ
་བདག་དང་སེམས་ཅན་དུ་སེམས་མཉམ་པ་ཡང་ཐོབ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །བདག་དང་ཕ་རོལ་ལ་བདག་མེད་པ་དང། བདག་དང་གཞན་གྱི་རྒྱུད་ལ་བདག་མེད་པ་ཞེས་བྱ་བ་ལ། ཇི་ལྟར་བདག་གི་ཉེ་བར་ལེན་པའི་ཕུང་པོ་ལ་བདག
་མེད་པ་ལྟར་སེམས་ཅན་གྱི་ཉེ་བར་ལེན་པའི་ཕུང་པོ་ལ་ཡང་བདག་མེད་དེ། བདག་མེད་པར་ཁྱད་པར་མེད་པས་ན་བདག་མེད་བའི་མཚན་ཉིད་དུ་འདྲའོ་ཞེས་རྟོག་པ་ནི་བདག་མེད་པ་མཉམ་པ་ཉིད་རྟོགས་པ་ཞེས་བྱའོ། །སྡུག་བསྔལ་ལ་ཁྱད
་པར་མེད་པ་རྟོག་པའི་ཕྱིར་སྡུག་བསྔལ་ལ་མཉམ་པ་ཉིད་དང་ཞེས་བྱས་ལ། ཇི་ལྟར་བདག་གི་ཉེ་བར་ལེན་པའི་ཕུང་པོ་ལྔ་སྡུག་བསྔལ་གྱི་རང་བཞིན་ཡིན་པ་ལྟར་སེམས་ཅན་གཞན་གྱི་ཉེ་བར་ལེན་པའི་ཕུང་པོ་ལྔ་ཡང་སྡུག་བསྔལ་གྱི་རང
་བཞིན་ཡིན་ཏེ། སྡུག་བསྔལ་གྱི་རང་བཞིན་དུ་ཁྱད་བར་མེད་དོ་ཞེས་རྟོགས་པས་ན་སྡུག་བསྔལ་མཉམ་པ་ཉིད་རྟོགས་པ་ཞེས་བྱ་སྟེ། བདག་མེད་པ་མཉམ་པ་ཉིད་རྟོགས་པ་དང། སྡུག་བསྔལ་མཉམ་པ་ཉིད་རྟོགས་པ་གཉིས་ཀྱིས་ནི་སྡུག
་བསྔལ་གྱི་བདེན་པ་རྟོགས་པ་བསྟན་ཏོ། །དེ་ལ་སྡུག་བསྔལ་གྱི་བདེན་པ་ནི་མི་རྟག་པ་དང། སྡུག་བསྔལ་བ་དང། སྟོང་བ་དང། བདག་མེད་བའི་རྣམ་པ་སྟེ། རྣམ་པ་བཞི་ལྟར་རྟོགས་ན་སྡུག་བསྔལ་གྱི་བདེན་པ་རྟོགས་པ་ཡིན་ན་རྣམ་པ
་གཉིས་ལྟར་རྟོགས་པས་ཇི་ལྟར་སྡུག་བསྔལ་གྱི་བདེན་པ་རྟོགས་པར་འགྱུར་ཞེ་ན། འདི་ལྟར་གང་མི་རྟག་པ་དེ་སྡུག་བསྔལ་ཡིན་པས་སྡུག་བསྔལ་བའི་ནང་དུ་མི་རྟག་པའི་རྣམ་པ་བསྡུས་པ་ཡིན་པར་བལྟའོ། །གང་བདག་མེད་བ་དེ
་སྟོང་པ་ཡིན་པས་བདག་མེད་བའི་རྣམ་པའི་ནང་དུ་སྟོང་བའི་རྣམ་པ་ཡང་བསྡུས་པར་བལྟ་སྟེ། དེ་ལྟར་ན་བདེན་པའི་རྣམ་པ་བཞི་ཆར་རྟོགས་པར་ཞར་གྱིས་བསྟན་ཏོ། །བདག་དང་ཕ་རོལ་གྱི་སྡུག་བསྔལ་མཉམ་བར་འདོད་པ་མཚུངས
་བའི་ཕྱིར་བྱེད་པ་མཉམ་པ་དང་ཞེས་བྱ་བ་ལ། ཇི་ལྟར་བདག་གི་སྡུག་བསྔལ་གྱི་ཕུང་པོ་དང། སྡུག་བསྔལ་སྐྱེད་བའི་རྒྱུ་ཀུན་འབྱུང་གི་བདེན་པ་སྤོང་བར་བྱེད་པར་འདོད་ཅིང། བྱེད་པ་དེ་བཞིན་དུ་སེམས་ཅན་གྱི་སྡུག་བསྔལ་གྱི་ཕུང་པོ་དང། དེ་སྐྱེད
་པར་བྱེད་པའི་རྒྱུ་ཀུན་འབྱུང་གི་བདེན་པ་ཡང་སྤོང་བར་བྱེད་པའི་འདོད་དོ། །དེ་བས་ན་བྱེད་པ་མཉམ་པ་ཞེས་བྱ་སྟེ། འདིས་ནི་ཀུན་འབྱུང་གི་བདེན་པ་སྤོང་བར་བྱེད་པ་བསྟན་ཏོ། །བདག་ལ་ཇི་ལྟར་བཞིན
་དུ། གཞན་ལ་ལན་མི་རེ་བའི་ཕྱིར་ལན་རེ་བ་མེད་པ་མཉམ་པ་དང་ཞེས་བྱ་བ་ལ། ཇི་ལྟར་བྱང་ཆུབ་སེམས་དཔའ་བདག་ཉིད་ཀྱིས་བདག་ཉིད་ཀྱི་ལམ་གྱི་བདེན་པ་དང། འགོག་པའི་བདེན་པ་ལ་བཀོད་དེ། ཕན་པ་དེ་པས་ཕན་བཏགས་ཀྱང་བདག་ལ་ཕན་བཏཌ
་པའི་ལན་རེ་བ་མེད་པ་བཞིན་དུ་སེམས་ཅན་གཞན་ལམ་གྱི་བདེན་པ་དང་འགོག་པའི་བདེན་པ་ལ་བཀོད་དེ། ཕན་པ་དམ་པས་ཕན་བཏགས་ཀྱང་ཕན་བཏགས་སོ་སྙམ་དུ་མི་དགོངས་ཤིང་ཕན་བཏགས་པའི་ལན་ལ་མི་རེ་སྟེ། དེ་བས
་ན་ལེན་རེ་བ་མེད་པ་མཉམ་པ་ཞེས་བྱའོ། །འདིས་ནི་ལམ་གྱི་བདེན་པ་བསྒོམ་པ་དང་འགོག་པའི་བདེན་པ་མངོན་དུ་བྱེད་པ་བསྟན་ཏོ། །ཇི་ལྟར་དེ་དག་གིས་མངོན་པར་རྟོགས་པ་དེ་བཞིན་དུ་མངོན་པར་རྟོགས་པས་གཞན་དང་མཉམ
་པའོ་ཞེས་བྱ་བ་ལ། ཇི་ལྟར་ས་དང་པོར་ཞུགས་པའི་བྱང་ཆུབ་སེམས་དཔའ་དེ་དག་གིས་ཆོས་ཀྱི་དབྱིངས་རྟོགས་ཤིང་བདག་དང་གཞན་དུ་མཉམ་པ་ཉིད་ཀྱི་སེམས་རྟོགས་པ་དེ་བཞིན་དུས་དང་པོར་ཞུགས་པ་བྱང་ཆུབ་སེམས
་དཔའ་དེས་ཀྱང། ཆོས་ཀྱི་དབྱིངས་རྟོགས་ཤིང་བདག་དང་གཞན་དུ་མཉམ་པ་ཉིད་ཀྱི་སེམས་རྟོགས་ཏེ། ས་དང་པོར་ཞུགས་པའི་བྱང་ཆུབ་སེམས་དཔའ་གཞན་དང་རྟོགས་པ་འདྲ་བས་ན་བྱང་ཆུབ་སེམས་དཔའ་གཞན་དང་མཉམ་བཞེ
་བྱའོ། །དེས་ནི་ཁམས་གསུམ་འདུས་བྱས་རྣམས། །ཡང་དག་མ་ཡིན་ཀུན་རྟོག་པར་ཞེས་བྱ་བ་ལ། དེས་ཤེས་བྱ་བ་ནི་ས་དང་པོ་ཐོབ་ཅིང་མཉམ་པ་ཉིད་རྣམ་པ་ལྔ་ཐོབ་པའི་བྱང་ཆུབ་སེམས་དཔའ་དེ་ཞེས་བྱ་བའི་དོན་ཏོ། །ཁམས་གསུམ་གྱི
་འདུས་བྱས་ཞེས་བྱ་བ་ནི་འདོད་བའི་ཁམས་ཀྱི་ཕུང་པོ་ལྔ་དང་གཟུགས་ཀྱི་ཁམས་ཀྱི་ཕུང་པོ་ལྔ་དང། གཟུགས་མེད་པའི་ཁམས་ཀྱི་ཕུང་པོ་བཞི་ལ་སོགས་པ་ཁམས་གསུམ་པའི་ཆོས་ཐམས་ཅད་ཡང་དག་པ་མ་ཡིན་པ་ཀུན་ཏུ་རྟོག་པ་ཙམ་དུ་མཐོང
་སྟེ། སེམས་ལས་བྱུང་བ་ཟད་བ་ཙམ་དུ་མཐོང་གི་།སེམས་དང་སེམས་ལས་བྱུང་བ་ལས་མ་གཏོགས་པའི་ཆོས་གང་ཡང་ཡོད་པ་མ་ཡིན་པར་མཐོང་སྟེ། དེ་བས་ནས་བཅུའི་མདོ་ལས་ཀྱང། ཀྱེ་རྒྱལ་བའི་སྲས་དག་ཁམས་གསུམ་འདི་དག་ནི་སེམས
་ཙམ་མོ་ཞེས་གསུངས་སོ། །སེམས་ཙམ་དུ་ཡེ་ཤེས་གང་གིས་མཐོང་ཞེ་ན་དེའི་ཕྱིར། ཡེ་ཤེས་རབ་ཏུ་རྣམ་དག་པ། མི་གཉིས་དོན་གྱིས་མཐོང་བར་འགྱུར་ཞེས་སྨོས་ཏེ། འདུས་བྱས་སེམས་ཙམ་དུ་ཡང་རྣམ་པར་མི་རྟོག་པའི་ཡེ་ཤེས་ཤིན་ཏུ་རྣམ
་པར་དག་པ་མི་གཉིས་བས་མཐོང་ངོ། །དེ་ལ་ཡེ་ཤེས་དེ་འཇིག་རྟེན་ལས་འདས་པ་རྣམ་བར་མི་རྟོག་པ་ཡིན་པས་ན། ཤིན་ཏུ་རྣམ་པར་དག་པ་ཞེས་བྱའོ། །ཡེ་ཤེས་དེས་གཟུང་བ་དང་འཛིན་པ་མེད་པའི་དོན་མཐོང་ཞིང་གཟུང་འཛིན་གཉིས
་ཡེ་ཤེས་དེ་ལ་མེད་པས་ན་མི་གཉིས་བའི་དོན་ཞེས་བྱའོ། །དོན་དུ་ན་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་ནི་ཁམས་གསུམ་གྱི་ཆོས་ཐམས་ཅད་ནམ་མཁའ་ངོས་བཞིན་དུ་མཐོང་ངོ། །དག་པ་འཇིག་རྟེན་བའི་ཡེ་ཤེས་ཀྱིས་ནི་ཁམས་གསུམ་པའི
་འདུས་བྱས་ཐམས་ཅད་སེམས་དང་སེམས་ལས་བྱུང་བ་ཙམ་དུ་ཟེད་པར་མཐོང་ངོ། །དེ་མེད་བའི་ཡོད་པ་དེ་མཐོང་བའི་སྤང་བས་རྣམ་པར་དག་པ་ཞེས་བྱ་བ་ལ། དེ་མེད་པ་ནི་གཟུང་བ་དང་འཛིན་པ་གཉིས་མེད་པའོ། །ཡོད་པ་ནི་གཟུང་འཛིན་སྤངས
་པའི་སྟོང་པ་ཉིད་ཕྱེ་ནས་ཡོད་པ་སྟེ། ས་དང་པོ་མཐོང་བའི་ལམ་སྐྱེས་པཱི་དུས་ན་གཟུང་བ་དང་འཛིན་པ་གཉིས་དང་བྲལ་བའི་སྟོང་བ་ཡོངས་སུ་གྲུབ་པའི་མཚན་ཉིད་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་ཐམས་ཅད་སྤངས་ཏེ། རྣམ་པར་དག་པ་ཡིན
་པར་དེའི་ཚེ་ན་མཐོང་ངོ་ཞེས་བྱ་བའི་དོན་ཏོ། །དེས་ནི་མཐོང་བའི་ལམ་ཐོབ་ཅེས། །གང་ཕྱིར་དེ་ཚེ་བརྗོད་པའོ་ཞེས་བྱ་བ་ལ། གང་གི་ཚེག་ཟུང་འཛིན་དང་བྲལ་བའི་སྟོང་པ་ཉིད་མཐོང་བས་སྤང་བར་བྱ་བའི་ཉོན་མོངས
་པ་སྤངས་པར་མཐོང་བ་དེའི་ཚེ། མཐོང་བའི་ལམ་ཐོབ་པ་ཞེས་བྱ་བའི་དོན་ཏོ། །གཞན་ཡང་ས་དང་པོ་ཐོབ་པའི་ཚེ་སྟོང་པ་ཤེས་པ་ཞེས་བརྗོད་དོ། །ཅིའི་ཕྱིར་ཞེས། སྟོང་པ་རྣམ་གསུམ་ཤེས་པའི་ཕྱིར་ཏེ། དེ་བསྟན་པའི་ཕྱིར་སྨྲས་པ། དངོས་པོ་མེད་པའི་སྟོང་པ
་ཤེས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ལ་དག་ལ་འཇིག་རྟེན་པའི་ཡེ་ཤེས་ཀྱིས་ཀུན་བརྟགས་ཀྱི་མཚན་ཉིད་འདི་དག་ནི་ཇི་ལྟར་བྱིས་པ་རྣམས་ཀྱིས་སའི་མཚན་ཉིད་སྲ་བ་ལ་སོགས་པར་བརྟགས་པ་དེ་ལྟར་མེད་ཅིང་སྟོང་བར་ཤེས
་ཏེ། དེ་བས་ན་དངོས་པོ་མེད་པའི་སྟོང་བ་ཤེས་པ་ཞེས་བྱའོ། །དེ་ལྟར་མེད་པའི་སྟོང་པ་དང་ཞེས་བྱ་བ་ལ་ཤེས་ཞེས་བྱ་བར་སྦྱར་ཏེ་གཞན་གྱི་དབང་གི་མཚན་ཉིད་ནི་ཇི་ལྟར་སོ་སོའི་སྐྱེ་བོ་བྱིས་པ་རྣམས་ཀྱིས་གཟུང་བའི་མཚན་ཉིད་ལྟར་བརྟག
་པ་དེ་ལྟར་ནི་མེད་ཀྱི། གཞན་གྱི་དབང་གི་མཚན་ཉིད་ནི་ཡང་ངོ་ཞེས་བཤད་དོ། དེ་བས་ན་དེ་ལྟར་མེད་པའི་སྟོང་པ་ཞེས་ཞེས་བྱའོ། རང་བཞིན་ན་སྟོང་པ་ཤེས་ནས་ནི་ཞེས་བྱ་བ་ལ། ཡོངས་སུ་གྲུབ་པའི་མཚན་ཉིད་ནི་ཐོག་མ་ནས་ཀྱང་ནམ་མཁའ་ངོས་བཞིན་དུ
་གཟུང་པ་དང་འཛིན་པའི་རང་བཞིན་གྱིས་སྟོང་པ་ཡིན་ཏེ། ཡོངས་སུ་གྲུབ་པའི་རང་བཞིན་ཐོག་མ་ནས་སྟོང་པར་ཤེས་པ་ནི་རང་བཞིན་སྟོང་པར་ཤེས་པ་ཞེས་བྱའོ། །སྟོང་པ་ཤེས་ལ་བརྗོད་པའོ་ཞེས་བྱ་བ་ལ། གོང་དུ་བཤད་པ་ལྟར་ས་དང
་པོའི་ཚེ་སྟོང་པ་རྣམ་པ་གསུམ་ཤེས་པས་ན་སྟོང་པ་ཤེས་པ་ཞེས་བརྗོད་དོ་ཞེས་བྱ་བའི་དོན་ཏོ། །རང་གི་མཚན་ཉིད་ཀྱིས་མེད་པའི་ཕྱིར་ཞེས་བྱ་བ་ལ་སོགས་པ་ལ། ཇི་ལྟར་རི་བོང་གི་ར་དང་མོ་བཤམ་གྱི་བུ་ལ་སོགས་པ་ལ་རང་གི་མཚན་ཉིད
་མེད་པ་དེ་ལྟར་གྱིས་པ་དེ་ཁོ་ན་མ་མཐོང་བ་ཕྱིན་ཅི་ལོག་གི་བློ་ཅན་རྣམས་ཀྱིས་སའི་མཚན་ཉིད་སྲབ?་ལ་སོགས་པར་ཀུན་བརྟགས་པ་དང། གཟུང་བ་དང་འཛིན་པ་ལྟ་བུར་བརྟགས་པ་དེ་དག་མཚན་ཉིད་མེད་པའི་ཕྱིར། །ཀུན་བརྟགས་ཀྱི་རང་བཞིན
་སྟོང་པར་ཤེས་པ་ནི་ངོ་བོ་མེད་པའི་ངོ་བོ་སྟོང་པར་ཤེས་པའོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་མེད་པའི་སྟོང་པ་ནི་གཞན་གྱི་དབང་གིས་སྟོང་པ་སྟེ་ཞེས་བྱ་བ་ལ་སོགས་པ་ལ། དེ་ལྟར་མེད་པའི་སྟོང་པ་ནི་གཞན་གྱི་དབང་གི་སྟོང་པ་ལ་བྱ་སྟེ། དཔེར
་ན་སྒྱུ་མེའི་རྟ་དང་གླང་པོ་ལ་སོགས་པ་རྟ་དང་གླང་པོའི་རང་བཞིན་དུ་མེད་པས་སྟོང་ཡང། རྡོ་བ་དང་ཤེད་གི་ངོ་བོར་ཡོད་པ་བཞིན་དུ་གཞན་གྱི་དབང་གི་རང་བཞིན་ལ་ཇི་ལྟར་བྱིས་བ་སོ་སོའི་སྐྱེ་བ་རྣམས་ཀྱིས་གཐུང?་བ་དང་འཛིན་པའི་མཚན
་ཉིད་དུ་བརྟོགས་པ་ལྟར་མེད་ཀྱི་གཞན་དབང་རང་གི་མཚན་ཉིད་དུ་ཡོད་པ་སྟེ། དེ་ལྟར་ཤེས་པ་ནི་དེ་ལྟར་སྟོང་པ་མེད་པའི་ཤེས་པ་ཞེས་བྱའོ། །སྟོང་པའི་རང་བཞིན་གྱི་ཕྱིར་ཡོངས་སུ་རྫོགས་པའི་ངོ་བོ་ཉིད་ནི
་རང་བཞིན་གྱིས་སྟོང་པའོ་ཞེས་བྱ་བ་ལ། ཡོངས་སུ་གྲུབ་པའི་མཚན་ཉིད་ནི་ཐོག་མ་ནས་ཀྱང་གཟུང་འཛིན་གྱི་དྲི་མ་དང་བྲལ་ཞིང་རང་བཞིན་གྱིས་སྟོང་པ་ཡིན་ཏེ། དེ་ལ་སྟོང་པ་ཉིད་ཀྱི་རང་བཞིན་ནི་དེ་བཞིན་ཉིད་ཀྱི་མཚན་ཉིད་དེ། དེ་ཡང་ཀུན
་དུ་བརྟོགས་པའི་རང་བཞིན་དང་བྲལ་བའི་ངོ་བོ་ཡིན་པས་གཉིས་དང་བྲལ་བའི་རང་བཞིན་སྟོང་པ་ཉིད་དེ་ནི། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སོ་སོ་རང་གི་རིག་པར་བྱ་བ་བསྟན་དུ་མེད་པ་བསམ་གྱིས་མི་ཁྱབ་པ། རྟོག་གེ
་བའི་སྤྱོད་ཡུལ་ལས་འདས་པའི་རང་བཞིན་ཏེ། དེ་ལྟར་ཁོང་དུ་ཆུད་པ་ནི་རང་བཞིན་གྱིས་སྟོང་པར་ཤེས་པ་ཞེས་བྱའོ། །དེ་བས་ན་ཐེག་པ་ཆེན་པོ་བསྡུས་བའི་བསྟན་བཅོས་ལས་ཀྱང། ཆོས་ཀྱི་སྐུ་ནི་བསམ་གྱིས་མི་ཁྱབ་བའི་མཚན་ཉིད
་དེ་ཡང་རང་བཞིན་ཉིད་ཀྱི་མཚན་ཉིད་དོ། །དེ་བཞིན་ཉིད་དེ་ནི་སོ་སོ་རང་གིས་རིག་པ་དང། འཇིག་རྟེན་ན་དཔེ་མེད་པ་དང། རྟོག་གེའི་སྤྱོད་ཡུལ་ལས་འདས་པ་ན་བསམ་གྱིས་མི་ཁྱབ་པར་རིག་པར
་བྱའོ་ཞེས་བཤད་དོ། །གཞན་ཡང་འཕགས་པ་དཀོན་མཆོག་སྤྲིན་ལ་སོགས་པའི་མདོ་སྡེ་ལས་དོན་དམ་པ་བསྟན་པའི་དབང་དུ་མཛད་ནས་བཤད་པའི་ཚུལ་བཞིན་དུ་ཡོངས་སུ་གྲུབ་པའི་མཚན་ཉིད་དེ་ལྟར་ཁོང་དུ་ཆུད་པར་བྱའོ།།
་རྣམ་པར་རྟོག་པ་ཟད་པ་ཡི། །དངོས་པོ་མཚན་མ་མེད་པས་ཤེས་ཞེས་བྱ་བ་ལ། གཞན་ཡང་ས་དང་པོའི་ཚེ། འདི་ལྟར་ཁོང་དུ་ཆུད་དོ་ཞེས་བྱ་བའི་དོན་ཏོ། །དེ་ལ་རྣམ་པར་རྟོག་པ་ནི་ཡོད་པ་དང། གཟུགས་དང་སྒྲ་ལ་སོགས་པར་རྣམ་པར
་རྟོག་པ་ནས་མྱ་ངན་ལས་འདས་པའི་བར་དུ་རྣམ་པར་རྟོག་པ་སྟེ། རྣམ་པར་རྟོག་པ་དེ་ཐམས་ཅད་ཟད་པའི་རྣམ་པར་རྟོག་པ་ཀུན་དང་བྲལ་བའི་དེ་བཞིན་ཉིད་འགག་བའི་བདེན་པ་ལ་བྱ། དངོས་པོའི་སྒྲས་ན་དམིགས་པར་བྱ་བའི
་ཡུལ་ལ་བྱ་སྟེ། དེ་བཞིན་ཉིད་འགོག་བའི་བདེན་པ་ནི་མཚན་མ་མེད་པའི་ཏིང་ངེ་འཛིན་གྱིས་དམིགས་ཤིང་དེ་ཤེས་པར་བྱེད་དོ་ཞེས་བྱ་བའི་དོན་ཏོ། །དེའང་མཚན་མ་མེད་པའི་ཏིང་ངེ་འཛིན་གྱིས་ནི་སྟོང་པ་ཉིད་འགོག་པའི་བདེན
་པ་སྟེ་གཟུགས་ལ་སོགས་པའི་མཚན་མ་ཐམས་ཅད་དང་བྲལ་བར་ཤེས་སོ། །དེ་བས་ན་མངོན་པའི་ཆོས་བསྡུས་པའི་བསྟན་བཅོས་ལས་ཀྱང། འགོག་པའི་བདེན་པའི་མཚན་ཉིད་ཇི་ལྟར་ཤེས་པར་བྱ་ཞེ་ན། དེ་ནི་གང་དུ་འགག
་བ་དང་གང་གིS་འགགས་པ་དང། ཇི་ལྟ་འགཌ་པ་ཤེS་པར་བྱ་སྟེ། གང་དུ་འགགས་ཤེ་ན་དེ་བཞིན་དུ་འགགས་སོ། །གང་གིས་འགགས་ཤེས་ན་ལམ་གྱི་བདེན་པས་འགགས་སོ། །གང་འགགས་ཤེ་ན་རྣམ་པར་རྟོག་པ་ལ་སོགས་པའི་ཉོན་མོངས་པ་འགགས་སོ
་ཞེས་བཤད་དོ། །ཡང་དག་མ་ཡིན་ཀུན་རྟོག་ལ། །དེ་ནི་སྨོན་པ་མེད་པས་སོ་ཞེས་བྱ་བ་ལ། ཡང་དག་མ་ཡིན་ཀུན་རྟོག་ནི། གཞན་གྱི་དབང་གི་མཚན་ཉིད་ད། དེ་ལ་ནི་སྨོན་པ་མེད་པའི་ཏིང་ངེ་འཛིན་གྱིས་དམིགས་ཤིང་ཤེས་སོ་བྱ་བར་སྦྱར་རོ།།
་ཇི་ལྟར་དམིགས་ཤེ་ན། གཞན་གྱི་དབང་གི་མཚན་ཉིད་ནི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པའི་ས་བོན་གྱི་རྟེན་དུ་གྱུར་པ། སྐྱེ་བ་དང་རྒ་བ་ལ་སོགས་པ་སྡུག་བསྔལ་སྣ་ཚོགས་ཀྱི་རྒྱུ་ཡིན་པར་སྨོན་པར་བྱ་བའི་གནས་མ་ཡིན་ནོ་ཞེས
་དེ་ལྟར་དམིགས་སོ། །རྒྱལ་བའི་སྲས་ཀྱི་སྣ་ཚོགས་པའོ། །བྱང་ཆུབ་ཕྱོགས་ནི་ཐམས་ཅད་དག་།མཐོང་བའི་ལམ་དང་ལྷན་ཅིག་ཏུ། རྟག་ཏུ་ཐོབ་པར་དགོངས་པའོ་ཞེས་བྱ་བ་ལ། གང་གི་ཆོས་དང་པོ་ཐོབ་ནས་བཟོད་པ་བརྒྱད་དང་ཡེ་ཤེས་བརྒྱད
་དེ། མཐོང་བའི་ལམ་གྱི་མཚན་ཉིད་སྐད་ཅིག་མ་བཅུ་དྲུག་སྐྱེས་པ་ནི་དེ་ལྟར་ལྷན་ཅིག་དུས་གཅིག་ཏུ་དྲན་པ་ཉེ་བར་གཞག་པ་ལ་སོགས་པ་བྱང་ཆུབ་ཀྱི་ཕྱོགས་སུམ་ཅུ་རྩ་བདུན་གྱི་ཆོས་རྣམ་བ་སྣ་ཚོགས་ཀྱང་དུས་གཅིག་ཏུ་མཐོང་བར་དགོངས
་ཏེ། དུས་གཅིག་ཏུ་ཐོབ་པར་ཤེས་པར་བྱའོ་ཞེས་བྱ་བའི་དོན་ཏོ། །ད་འདི་མན་ཆད་ཚིགས་སུ་བཅད་པ་ལྔས་ས་དང་པོ་མཐོང་བའི་ལམ་སྐྱེས་པའི་བྱང་ཆུབ་སེམས་དཔའ་ཨི་རྣམས་ཀྱི་བདག་ཉིད་ཆེན་པོ་དང། ངོ་མཚར་ཆེན་པོ་སྟོན་ཏེ་དེ་བས་ན།
་བདག་མེད་སྡུག་བསྔལ་སྐྱེ་བ་ཙམ་དུ་ཡང། །འགྲོ་བ་འདུས་བྱས་ཙམ་དུ་བློས་ཆུད་ནས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འགྲོ་བའི་སྒྲས་ནི་ཁམས་གསུམ་གྱི་ཆོས་ཐམས་ཅད་ལ་བྱའོ། །འདུས་བྱས་ཙམ་དུ་བློས་ཆུད་ཅེས་བྱ་བས་ནི་སེམས་དང་སེམས་ལS
་བྱུང་བ་ཙམ་དུ་ཟད་ཀྱི། བདག་ཅེས་བྱ་བ་མེད་པར་ཤེས་རབ་ཀྱིས་རྟོགས་ན་ཞེས་བྱ་བའི་དོན་ཏོ། །དེ་ལྟར་རྟོགས་པ་ན་ཁམས་གསུམ་གྱི་ཆོས་ཐམས་ཅད་གང་ཟག་གིS་དངོས་པོར་ཡང་བདག་མེད་ཆོས་ཀྱི་དངོས་པོར་ཡང་བདག་མེད་ཀྱི
་མ་རིག་པའི་རྐྱེན་གྱིས་འདུ་བྱེད་ཅེས་བྱ་བ་ནས། སྐྱེ་བའི་རྐྱེན་གྱིས་གཤི་དང་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འབའ་ཞིག་འབྱུང་བར་འགྱུར་བར་ཁོང་དུ་ཆུད་དོ་ཞེས་བྱ་བའི་དོན་ཏོ། །དོན་མེད་རང
་བཞིན་ལྟ་བ་ཡོངས་སྤངས་ནས། །ལྟ་ཆེན་དོན་པོ་ཆལ་རྟེན་པར་བྱེད་ཅེས་བྱ་བ་ལ། དེ་ལྟར་ཁོང་དུ་ཆུད་བ་ན་བྱང་ཆུབ་སེམས་དཔའ་དེ་དོན་མེད་བའི་རང་བཞིན་གྱི་ལྟ་བ་སྤངས་པ་ཞེས་གང?་བྱ། ལྟ་བ་ཆེན་པོ་ལ་གནས་དང
་ཞེས་ཀྱང་བྱའོ། །དེ་ལ་སེམས་ཅན་རྣམས་མ་རུངས་པ་དང། བསླབ་བར་བྱེད་བའི་ལྟ་བ་ལ་དོན་མེད་པ་ཞེས་བྱའོ། །རང་བཞིན་གྱི་སྒྲས་གཟུང་བ་དང་འཛིན་པ་ལ་བྱ་སྟེ། ལྟ་བའི་གཟུང་འཛིན་གྱི་རྒྱུ་འཇིག་ཚོགས་ཀྱི་ལྟ་བ་ལ
་བྱའོ། །ས་དང་པོ་ཐོབ་པའི་བྱང་ཆུབ་སེམས་དཔའ་འཇིག་ཆོགས་སུ་ལྟ་བ་གཟུང་བ་དང་འཛིན་པའི་རྒྱུར་གྱུར་པ་འགྲོ་བ་རྣམས་མ་རུངས་བར་བྱེད་པའི་ལྟ་བ་ངན་པ་སྤངས་པས་ན་དོན་མེད་པའི་རང་བཞིན་གྱི་ལྟ་བ་སྤངས་པ་ཞེ
་བྱའོ། །ས་དང་པོ་ཐོབ་པའི་དུས་ན་བདག་དང་གཞན་དུ་མཉམ་པ་ཉིད་དུ་ཤེས་པའི་ལྟ་བ་ཐོབ་པས་ན་ལྟ་བ་ཆེན་པོ་ཞེས་བྱ་སྟེ། དེ་ལྟར་མཐོང་བ་ཉིད་ཀྱིས་མཛའ་ཡས་བའི་སེམས་ཅན་གྱི་དོན་བྱེད་པས་ན་ལྟ་བ་ཆེན་པོ་ཞེས་བྱ
་སྟེ། དེའི་ཚེ་ན་དེ་ལྟ་བུའི་ལྟ་བ་ལ་གནས་པས་ན། ལྟ་བ་ཆེན་པོ་ལ་གནས་པ་ཡིན་ཏེ། དེ་ཡང་འཇིག་རྟེན་ན་ངོ་མཚར་དུ་བྱ་བ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །བདག་ལྟ་མེད་ཀྱང་གང་དེ་བདག་ཏུ་ལྟ་ཞེས་བྱ་བ་ལ། ས་དང
་པོ་ཐོབ་པའི་དུས་ན་བདག་ཏུ་ལྟ་བ་ཞེས་ཀྱང་བྱ་བདག་ཏུ་ལྟ་བ་མེད་པ་ཞེས་ཀྱང་བྱའོ། །ཅིའི་ཕྱིར་བདག་ཏུ་ལྟ་བ་མེད་པ་ཞེས་ཀྱང་བྱ་ཞེ་ན། ས་དང་པོ་ཐོབ་པའི་དུས་ན་འཇིག་ཚོགས་སུ་ལྟ་བ་སྤངས་པའི་ཕྱིར་བདག་ཏུ་ལྟ་བ་མེད
་པ་ཞེས་ཀྱང་བྱའོ། །ཅིའི་ཕྱིར་བདག་ཏུ་ལྟ་བ་ཞེས་བྱ་ཞེ་ན། བདག་གང་ཡིན་པ་དེ་ཉིད་སེམས་ཅན་ཡང་དེ་ཡིན་ནོ་ཞེས་བདག་དང་སེམས་ཅན་དུ་མཉམ་པ་ཉིད་དུ་མཐོང་བས་ན་བདག་ཏུ་ལྟ་བ་ཞེས་བྱའོ། །སྡུག་བསྔལ་མེད་ཀྱང་རབ་ཏུ
་སྡུག་བསྔལ་ཞེས་བྱ་བ་ལ། ས་དང་པོ་ཐོབ་པའི་བྱང་ཆུབ་སེམས་དཔའ་དེ་སྡུག་བསྔལ་མེད་བ་ཞེས་ཀྱང་བྱ། རབ་ཏུ་སྡུག་བསྔལ་བ་ཞེས་བྱའོ། །ཅིའི་ཕྱིར་སྡུག་བསྔལ་བ་མེད་པ་ཞེས་བྱ་ཞེ་ན། བདག་གི་རྒྱུད་ལ་ཡོད་པའི་སྡུག་བསྔལ
་གསུམ་དང་བརྒྱད་ལ་སོགས་པ་སྤངས་པས་ན་སྡུག་བསྔལ་མེད་པ་ཞེས་བྱ་སྟེ། དེའི་ཕྱིར། ས་བཅུའི་ས་དང་པོའི་མདོ་ལས་ཀྱང་ས་དང་པོ་ལ་ཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་ནི་འཇིགས་པ་ལྔ་ལས་འདས་པའོ། །དེ་ལྟ་མདོ
་དོ། །འཇིགས་པ་ལྔ་ནི། འཚོ་བ་མེད་པའི་འཇིགས་པ་དང། ཚིགས་བཅད་མེད་པའི་འཇིགས་པ་དང། འཁོར་གྱི་འཇིགས་པ་དང། ངན་སོང་དུ་སྐྱེ་བའི་འཇིགས་པ་དང། འཆི་བའི་འཇིགས་པ་སྟེ་དེ་ལྔ་ལས་འདས་པའོ། །དེ་ལྟ་མོད
་གྱི་བྱང་ཆུབ་སེམས་དཔའ་སེམས་ཅན་མཛའ་ཡས་པའི་སྡུག་བསྔལ་སྤང་དགོས་ཏེ། སེམས་ཅན་གྱི་སྡུག་བསྔལ་མ་སྤངས་ཀྱི་བར་དུ་སྙིང་རྗེའི་དབང་གིས་སེམས་ཅན་སྡུག་བསྔལ་བར་གྱུར་བས་ན་རབ་ཏུ་སྡུག་བསྔལ་བ་ཞེས་བྱའོ
་ཇི་ལྟར་བདག་ལ་བདག་གིས་ཕན་བྱེད་བཞིན། །ཐམས་ཅད་དོན་བྱས་ལན་ནི་རེ་བ་མེད་ཅེས་བྱ་བ་ལ། ས་དང་པོ་ཐོབ་པའི་བྱང་ཆུབ་སེམས་དཔའ་པ་ཕན་པར་བྱེད་པ་ཞེས་ཀྱང་བྱ། ཕན་པར་མི་བྱེད་པ་ཞེས་ཀྱང་བྱའོ། །ཇི་ལྟར་ཕན
་བར་བྱེད་བ་ཞེས་བྱ་ཞེ་ན། སེཾས་ཅན་ཐཾས་ཅད་ལ་ཕན་པ་དང་བདེ་བའི་དོན་སྒྲུབ་པར་བྱེད་པས་ན་ཕན་པར་བྱེད་པ་ཞེས་བྱའོ། །འོན་ཀྱང་ཕན་པར་མི་བྱེད་པ་ཞེས་ཀྱང་བྱ་སྟེ། ཇི་ལྟར་ཞེ་ན། ཇི་ལྟར་བདག་ལ་ཕན་བཏགས་ཏེ། ལན་རི་བ་མེད
་པ་ལྟར་སེམས་ཅན་ཐམས་ཅད་ལ་ཕན་བཏགས་ན་ཡང་བདག་གིས་སེམས་ཅན་ཐམས་ཅད་ལ་ཕན་བཏགས་ཏེ། ལེགས་པར་བྱས་སོ་ཞེས་མི་དགོངས་ཤིང་ཕན་བཏགས་པའི་ལན
་ལ་རེ་བ་མེད་བར་ན་ཕན་པར་མི་བྱེད་པ་ཞེས་ཀྱང་བྱའོ། །དེ་བས་ན་འཕགས་པ་རྡོ་རྗེ་གཅོད་པའི་མདོ་ལས་ཀྱང། སེམས་ཅན་ཐམས་ཅད་ཕུང་པོའི་ལྷག་མ་མ་ལུས་པ་ལས་ཀྱང་མྱ་ངན་ལས་འདས་པར་ཡོངས་སུ་མྱ་ངན་ལས
་འདས་ཀྱང་སེམས་ཅན་གང་ཡོངས་སུ་མྱ་ངན་ལས་འདས་པ་མེད་དོ་ཞེས་སེམས་བསྐྱེད་པར་བྱའོ་ཞེས་གསུངས་པ་ལྟ་བུའོ། །མཆོག་གི་གྲོལ་བས་གང་གི་སེམས་གྲོལ་ཡང། །ཡུན་རིང་དམ་བོའི་བཅིང་བས་བཅིངས
་པའོ། །ཞེས་བྱ་བ་ལ། བྱང་ཆུབ་སེམས་དཔའ་དེ་མཆོག་གྲོལ་བས་ཞེས་ཀྱང་བྱ། ཡུན་རིང་པོའི་བཅིང་བས་བཅིངས་པ་ཞེས་ཀྱང་བྱའོ། །ཇི་ལྟར་ན་མཆོག་གི་གྲོལ་བས་གྲོལ་བ་ཞེས་བྱ་ཞེ་ན། བདག་གི་རྒྱུད་ལ་ཡོད་པའི་མཐོང་བས
་སྤང་བར་བྱ་བ་ནི་ཉོན་མོངས་པས་སྤངས་པས་ན་མཆོག་གི་གྲོལ་བས་གྲོལ་བ་ཞེས་བྱའོ། །ཇི་ལྟར་ཡུན་རིང་པོའི་བཅིང་བས་བཅིངས་བ་ཞེས་བྱ་ཞེ་ན། བྱང་ཆུབ་སེམས་དཔའ་དེས་སེམས་ཅན་མཛའ་ཡས་པའི་སེམས
་ཀྱི་རྒྱུད་ལ་ཡོད་པའི་ཉོན་མོངས་བའི་བཅིངས་པ་བཅད་དགོས་ཏེ། སེམས་ཅན་གྱི་ཉོན་མོངས་པའི་བཅིངས་པ་མ་བཅད་ཀྱི་བར་དུ་བྱང་ཆུབ་སེམས་དཔའ་མངོན་པར་འཚད་མི་རྒྱ་ཞིང་འཁོར་བའི་མཛའ་ཡང་འཁོར་བ་ན་གནས་པར
་བྱེད་པས་ན་བཅིངས་པ་དམ་བོས་བཅིངས་བ་ཞེས་ཀྱང་བྱའོ། །སྡུག་བསྔལ་མཛའ་ནི་མོ་མཐོང་ཡང། །དེ་བཞིན་རབ་འཇུག་དེ་བཞིན་བྱེད་བའོ་ཞེས་བྱ་བ་ལ། ས་དང་པོ་ཐོབ་པའི་བྱང་ཆུབ་སེམས་དཔའ་དེ་སྡུག་བསྔལ་གྱི་མཐར་བྱེད་པ་ཞེས་ཀྱང
་བྱ་མཐར་མི་བྱེད་པ་ཞེས་ཀྱང་བྱའོ། །ཇི་ལྟར་ན་སྡུག་བསྔལ་གྱི་མཐར་བྱེད་པ་ཞེས་བྱ་ཞེ་ན། བདག་གི་རྒྱུད་ལ་ཡོད་པའི་སྡུག་བསྔལ་ཐམས་ཅད་ཟད་པར་བྱེད་པས་ན་སྡུག་བསྔལ་གྱི་མཐར་བྱེད་པ་ཞེས་བྱའོ། །ཇི་ལྟར་ན་སྡུག་བསྔལ་གྱི་མཐར་ནི
་བྱེད་པ་ཞེས་བྱ་ཞེ་ན། ནམ་མཁའ་མཛའ་ཐུག་པ་མེད་པ་བཞིན་དུ་སེམས་ཅན་ཡང་མཛའ་ཐུག་པ་མེད་དོ། །སེམས་ཅན་མཛའ་ཐུག་པ་མེད་པ་བཞིན་དུ་སྡུག་བསྔལ་ཡང་མཛའ་ཐུག་པ་མ་མཐོང་སྟེ། ཇི་ལྟར་བྱས་ཀྱང་སྡུག་བསྔལ་གྱི་མཐར་ཟད་པར
་མི་འགྱུར་བར་མཐོང་བས་ན་མཐར་མི་བྱེད་པ་ཞེས་བྱའོ། །དེ་ལྟར་སྡུག་བསྔལ་གྱི་མཛའ་མེད་མོད་ཀྱི་བྱང་ཆུབ་སེམས་དཔའ་སེམས་ཅན་ཡལ་བར་འདིར་ཞིང་སེམས་ཅན་གྱི་སྡུག་བསྔལ་མི་སེལ་བ་མ་ཡིན་གྱི། སེམས་ཅན་གྱི་སྡུག་བསྔལ་བསལ
་བར་བྱ་བའི་ཕྱིར་དེ་བཞིན་དུ་འཁོར་བར་ཡང་འཇུག་ཅིང་སྡུག་བསྔལ་བསལ་བར་བྱ་བའི་དོན་དུ་སེམས་ཅན་ཡང་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་ཆོས་ལ་འཇོག་བདག་ཉིད་ཀྱང་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་ཆོས་བྱེད་དོ། །ཚེ་གཅིག་རང
་གི་སྡུག་བསྔལ་བཟོད་མཐུ་མེད། །འཇིག་རྟེན་ཡོད་ཀྱི་བར་དུ་གཞན་སྡུག་བསྔལ་།བསྡུས་ལ་བསམ་པ་སྨོས་ཅི་དགོས་ཞེས་བྱ་བ་ལ། རང་གི་སྡུག་བསྔལ་ཞེས་བྱ་བ་དང། བསྡུས་པ་ཞེས་བྱ་བར་སྦྱར་ཏེ་འཇིག་རྟེན་པ་རྣམས་ནི་རང་གི་ལུས་སྡུག
་རང་གི་སྡུག་བསྔལ་ཉིད་ལ་ཉཾས་སུ་ལེན་ཅིང་བཟོད་པའི་མཐུ་མེད་ན་སེམས་ཅན་གཞན་གྱི་སྡུག་བསྔལ་བསྡུས་པ་དཔག་ཏུ་མེད་པ་ཉམས་སུ་ལེན་ཅིང་བཟོད་པ་ལྟ་ག་ལ་ནུས་སོ་ཞེས་བྱ་བའི་དོན་ཏོ། །འཇིག་རྟེན་པ་རྣམས་ནི་རང་གི་དོན་དུ་ཆོ་གཅིག་གི་རང་གི་ལུས་སྡུག
་བསྔལ་ཙམ་ཡང་ཉམས་སུ་ལེན་པའི་བཟོད་པའི་མཐུ་མེད་ན་སེམས་ཅན་གྱི་དོན་དུ་འཁོར་བ་ཐོག་མ་མེད་པ་ནས་ཐ་མ་མེད་པའི་བར་དུ་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་ཉམས་སུ་བླང་ཞིང་བཟོད་པ་བྱ་བ་ལྟ་ག་ལ་སེམས་ཏེ་མི་སེམས་སོ་ཞེས་བྱ
་བའི་དོན་ཏོ། །བྱང་ཆུབ་སེམས་དཔའ་དེ་ལས་བཟློག་བའོ་ཞེས་བྱ་བ་ལ། བྱང་ཆུབ་སེམས་དཔའ་ནི་འཇིག་རྟེན་པ་ལས་བཟློག་པ་སྟེ། བདག་གི་དོན་དུ་བདག་གི་སྡུག་བསྔལ་ཉམས་སུ་མི་ལེན་གྱི་སེམས་ཅན་གྱི་དོན་དུ
་སེམས་ཅན་གྱི་སྡུག་བསྔལ་དཔག་ཏུ་མེད་པ་ཉམས་སུ་ལེན་ཅིང་བཟོད་པའི་མཐུ་ཡོད་པ་དང། འཁོར་བའི་མཛའ་ཨི་བར་དུ་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་ཉམས་སུ་ལེན་པར་སེམས་སོ་ཞེས་བྱ་བའི་དོན་ཏོ། །གང་མཛའ་གང་ཕན་འདོད་བའི
་སྦྱོང་བ་དང། །རྒྱལ་བའི་སྲས་ཀྱིས་སེམས་ཅན་མི་སྐྱོ་བ། །དེ་དག་འཇིག་རྟེན་དག་ན་ངོ་མཚར་ཆེ་ཞེས་བྱ་བ་ལ། དཔེར་ན་པ་བེའུ་ལས་བྱམས་བསལ་ཆུ་ལ་ཕན་པ་དང་བདེ་བ་སྦྱོར་བ་སྐྱོ་བ་མེད་པ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་སེམས
་ཅན་ཐཾས་ཅད་ལ་མཛའ་བ་དང། དགའ་བ་དང་བྱམས་པའི་སེམས་དང། ཕན་པ་དང་བདེ་བ་ལ་སྦྱོར་ཞིང་ཞུགས་པས་ན་སེམས་ཅན་རྣམས་ཀྱིས་གནོད་པ་བྱས་ཀྱང་སེམས་ཅན་གྱིས་མི་སྐྱོ་ཞིང་སེམས་ཅན་མི་གཏོང་སྟེ། དེ་བས་ན་དོན་མེད་པའི་ལྟ་བ
་གནས་པ་ནས་བརྩམས་ཏེ། མི་སྐྱོ་བའི་བར་འདི་དག་ནི་འཇིག་རྟེན་ན་བྱང་ཆུབ་སེམས་དཔའ་ཨི་མཛད་པ་ལ་ངོ་མཚར་དུ་བྱ་བ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །སེམས་ཅན་བདག་མཚུངས་ཐོབ་པས་དེ་ལ་ནི་ཞེས་བྱ་བ་ལ། འདིས་ནི་ངོ་མཚར
་མི་ཆེ་བ་བསྟན་ཏེ། གང་ལ་བདག་དང་གཞན་དུ་མཉམ་པ་ཉིད་ཀྱི་སེམས་མ་ཐོབ་པ་དེ་དག་ལ་གོང་དུ་བཤད་པ་ལྟ་བུ་དག་བྱུང་ན་ངོ་མཚར་དུ་བྱ་བ་ཡིན་གྱི། དཔེར་ན་བདག་ལ་ཕན་འདོགས་ཤིང་བདེ་བར་སྦྱོར་བར་བྱེད་པ་ལ་ངོ་མཚར
་དུ་མི་ཆེ་བ་དེ་བཞིན་དུ་འདིར་ཡང་བྱང་ཆུབ་སེམས་དཔས་བདག་དང་སེམས་ཅན་དུ་མཉམ་པ་ཉིད་ཀྱི་སེམས་ཐོབ་སྟེ་སེམས་ཅན་ཐམས་ཅད་བདག་ཉིད་ཡིན་པར་ཁོར་དུ་ཆུད་པ་དེ་སེམས་ཅན་ཐམས་ཅད་ལ་ཕན?་པ་དང་བདེ་བ་བྱེད་ཅིན་རབ་ལྟ་ཅི
་ཞིག་ངོ་མཚར་དུ་ཆེ་སྟེ་ངོ་མཚར་དུ་མི་ཆེའོ་ཞེས་བྱ་བའི་དོན་ཏོ། །བྱང་ཆུབ་སེམས་དཔའ་ཆེ་བའི་བདག་ཉིད་ཆེ་བ་བརྗོད་དོ་ཞེས་བྱ་བ་ལ། ས་དང་པོ་ཐོབ་བའི་བྱང་ཆུབ་སེམས་པའི་ཡོན་ཏན་དང་ཕྲིན་ལས་མཛད་པ་ལ་ངོ་མཚར་དུ་ཆེན་པོར་བྱ་བའི་ཆོས་བསྟན
་ཏོ་ཞེས་བྱ་བའི་དོན་ཏོ། གང་ཉོན་མོངས་པའི་བདག་ཏུ་ལྟ་བ་ནི་ཞེས་བྱ་བ་ལ་སོགས་པ་ལ། འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་ཐམས་ཅད་འབྱུང་བར་བྱེད་པའི་རྒྱུ་འཇིག་ཚོགས་ཀྱི་ལྟ་བ་ལ་དོན་མེད་པའི་རང་བཞིན་གྱི་ལྟ་བ་ཞེས་བྱ་སྟེ། ཅིའི་ཕྱིར་དོན
་དམ་པ་ཞེས་བྱ་ཞེ་ན། འཇིག་ཚོགས་སུ་ལྟ་བ་དང་ཁམས་གསུམ་དང་ངན་སོང་དུ་སྐྱེ་བའི་རྒྱུ་བྱེད་ལ་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་བྱ་བ་ལ་བར་དུ་གཅོད་པས་ན་དོན་མེད་པ་ཞེས་བྱའོ། །ལྟ་བ་ཆེན་པོའི་དོན་ཆེན་པོ་ནི་ཞེས་བྱ་བ་ལ་སོགས་པ་ལ་ལྟ་བ
་ཆེན་པོ་ཇེ་བཤད་དེ། བདག་གང་ཡིན་པ་སེམས་ཅན་ཐམས་ཅད་ཀྱང་དེ་ཡིན་སེམས་ཅན་ཐམས་ཅད་གང་ཡིན་པ་བདག་ཀྱང་དེ་ཡིན་ཞེས་སེམས་ཅན་དང་བདག་ཏུ་དབྱེར་མེད་ཅིང་མཉམ་པ་ཉིད་དུ་ལྟ་བ་ནི་ལྟར་ཆེན་པོ་དོན་ཆེན་?་གནས་པ་ཞེས་བྱའོ།།
་ཇི་ལྟར་ལྟ་བ་ལ་ནི་ཅིའི་ཕྱིར་དོན་ཆེན་པོ་ཞེས་བྱ་ཞེ་ན། དེའི་ཕྱིར། སེམས་ཅན་ཐམས་ཅད་ཀྱི་དོན་བྱ་བའི་རྒྱུའི་ཕྱིར་དོན་ཆེན་པོའོ་ཞེས་བྱ་བ་སྨོས་ཏེ། ཉན་ཐོས་དང་རང་སངས་རྒྱས་ཀྱི་ལྟ་བ་ནི་སེམས་ཅན་ཐམས་ཅད་ཀྱི་དོན་བྱེད་པའི་རྒྱུ་མི་བྱེད
་པས་ན་དོན་ཆེན་པོ་མ་ཡིན་གྱི། བྱང་ཆུབ་སེམས་དཔའ་བདག་དང་གཞན་དུ་མཉམ་པ་ཉིད་དུ་ལྟ་བ་ནི་སེམས་ཅན་ཐམས་ཅད་ལ་ཕན་པ་དང། བདེ་བ་བྱེད་པའི་རྒྱུ་བྱེད་བས་ན་དོན་ཆེན་པོ་ཞེས་བྱའོ། །བདག་ཏུ་ལྟ་བ་མེད་པ་ནི་དོན་མེད་པའི་རང་བཞིན་
་གྱིའོ་ཞེས་བྱ་བ་ལ། དོན་མེད་པར་འགྱུར་བའི་རྒྱུ་འཇིག་ཚོགས་སུ་ལྟ་བ་སྤངས་པས་ན་བདག་ཏུ་ལྟ་བ་མེད་པ་ཞེས་བྱ་བའི་དོན་ཏོ། །བདག་ཏུ་ལྟ་བ་ནི་དོན་ཆེན་པོའོ་ཞེས་བྱ་བ་ལ། བདག་དང་སེམས་ཅན་དུ་མཉམ་པར་ལྟ་སྟེ། སེམས་ཉིད་བདག་ཡིན
་ནོ་ཞེས་དོན་ཆེན་པོའི་ལྟ་བ་ལ་གནས་པས་ན་བདག་ཏུ་ལྟ་བ་ཞེས་བྱའོ། །སྡུག་བསྔལ་མེད་པ་ནི་བདག་གི་རྒྱུད་ལས་སྐྱེས་པའོ་ཞེས་བྱ་བ་ལ། ས་དང་པོ་ལ་ཞུགས་བའི་བྱང་ཆུབ་སེམས་དཔའ་དེ་སྡུག་བསྔལ་མེད་པ་ཞེས་ཀྱང་བྱ་སྟེ། ཅིའི
་ཕྱིར་ཞེ་ན། བདག་གི་རྒྱུད་ལ་ཡོད་པའི་སྡུག་བསྔལ་གསུམ་དང་བརྒྱད་ལ་སོགས་སྤངས་པའི་ཕྱིར་རོ། །སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལས་སྐྱེས་པ་ནི་རབ་ཏུ་སྡུག་བསྔལ་བའོ་ཞེས་བྱ་བ་ལ། བྱང་ཆུབ་སེམས་དཔའ་དེ་རབ་ཏུ་སྡུག་བསྔལ་ཞེS་ཀྱང་བྱ་སྟེ། ཇི
་ལྟ་ཞེ་ན། བྱང་ཆུབ་སེམས་དཔའ་ནི་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་བསལ་དགོས་ལ་སེམས་ཅན་ཐམས་ཅད་སྡུག་བསྔལ་བར་མཐོང་ན་སྙིང་རྗེའི་དབང་གིས་བྱང་ཆུབ་སེམས་དཔའ་ཉིད་སེམས་གསུང་ཞིང་སྡུག་བསྔལ་བར་འགྱུར་བས་ན།
་རབ་ཏུ་སྡུག་བསྔལ་བ་ཞེས་ཀྱང་བྱའོ། །སེམས་གྲོལ་བ་ནི་མཐོང་བའི་ལམ་གྱིས་ཞེས་བྱ་བ་ལ་སོགས་པ་ལ། བྱང་ཆུབ་སེམས་དཔའ་དེ་སེམས་གྲོལ་བ་ཞེས་ཀྱང་བྱ་སྟེ། ཇི་ལྟར་ཞེ་ན། བདག་གི་རྒྱུད་ལ་ཡོད་པའི་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ
་བཅིངས་པ་རྣམས་མཐོང་བའི་ལམ་གྱིས་སྤངས་པས་ན་གྲོལ་བ་མཆོག་གིས་གྲོལ་བ་ཞེས་བྱའོ། །གྲོལ་བ་མཆོག་གིས་ནི་བླ་ན་མེད་པའི་ཐེག་པས་སོ་ཞེས་བྱ་བ་ལ། གྲོལ་བ་དེ་ཡང་ཐེག་པ་ཆུང་དུའི་མཐོང་བའི་ལམ་གང་ཟག་ལ་བདག་མེད་པས
་གྲོལ་བ་ནི་མ་ཡིན་གྱི། ཐེག་པ་ཆེན་པོའི་ལམ་མཐོང་བའི་ལམ་གང་ཟག་དང་ཆོས་ལ་བདག་མེད་པར་རྟོགས་པས་གྲོལ་བས་ན་གྲོལ་བའི་མཆོག་ཅེས་བྱའོ། །ཡུན་རིང་པོ་དམ་དུ་བཅིངས་པས་ཞེས་བྱ་བ་ལ་སོགས་པ་ལ། བྱང་ཆུབ་སེམས་དཔའ་
་དེ་ཡུན་རིང་པོར་འཆིང་བ་དམ་པོས་བཅིངས་པ་ཞེས་ཀྱང་བྱ་སྟེ། ཅིའི་ཕྱིར་ཞེ་ན། སེམས་ཅན་རྣམས་ནི་འདོད་ཚགས་ལ་སོགས་པའི་ཉོན་མོངས་པ་དང། འདོད་པའི་ཡོན་ཏན་ལ་ཆགས་པས་བཅིངས་པས་བཅིངས་ཏེ། སེམས་ཅན་རྣམས
་བཅིངས་པ་དེ་ལས་མ་གྲོལ་བར་མཐར་གྱི་བར་དུ་བྱང་ཆུབ་སེམས་དཔའ་བདག་ཉིད་གྲོལ་བ་དང་ཐར་བར་མི་བྱེད་དེ་རྟག་ཏུ་ཁམས་གསུམ་དུ་གནས་བས་ན། ཡུན་རིང་པོས་དམ་དུ་བཅིངས་པས་བཅིངས་ཞེས་བྱའོ། །དེ་ལ་གྲོལ་བའི་མཆོག་གིས
་གྲོལ་ཞེས་བྱ་བས་ནི། འཁོར་བ་ན་མི་གནས་པ་བསྟན། ཡུན་རིང་པོར་དམ་དུ་བཅིངས་པས་ཞེས་བྱ་བ་ནི། མྱ་ངན་ལས་འདས་པ་མི་གནས་པ་བསྟན་ཏེ། དོན་དུ་མི་གནས་པའི་མྱ་ངན་ལས་འདས་པ་བསྟན་པ་ཡིན་ནོ། །ནམ་མཁའ་དང་འདྲ་བར་སེམས
་ཅན་གྱི་ཁམས་ཞེས་བྱ་བ་ལ་སོགས་པ་ལ། བྱང་ཆུབ་སེམས་དཔའ་དེ་སྡུག་བསྔལ་གྱི་མཐར་མི་བྱེད་པ་ཞེས་བཀྱང་བྱ་སྟེ། ཇི་ལྟར་ཞེ་ན། ཇི་ལྟར་ནམ་མཁའ་ཨི་ཁམས་མཛའ་མེད་པ་དེ་བཞིན་དུ་སེམས་ཅན་གྱི་ཁམས་ཀྱང་མཛའ་མེད་དོ། །སེམས་ཅན་གྱི་ཁམS
་མཛའ་མེད་པ་དེ་བཞིན་དུ་སྡུག་བསྔལ་ཡང་མཛའ་མེད་པར་མཐོང་སྟེ། ནམས་ཡང་སེམས་ཅན་གྱི་སྡུག་བསྔལ་མཐར་བྱེད་པར་མི་འགྱུར་བས་ན་སྡུག་བསྔལ་གྱི་མཐར་མི་བྱེད་པ་ཞེས་ཀྱང་བྱའོ། །འཇུག་པ་ནི་སེམས་ཅན་གྱི་ཞེས་བྱ་བ་ལ
་སོགས་པ་ལ། དེ་ལྟར་སྡུག་བསྔལ་གྱི་མཐར་མི་མཐོང་ཡང་སེམས་ཅན་རྣམས་ཀྱིས་སྡུག་བསྔལ་མཐར་མི་འབྱིན་པ་ཡིན་ནམ་ཞེ་ན་མ་ཡིན་ཏེ། སེམས་ཅན་རྣམས་ཀྱི་སྡུག་བསྔལ་མཐར་དབྱུང་བར་བྱ་བའི་ཕྱིར་འཁོར་བར
་ཡང་འཇུག་གོ་ཞེས་བྱ་བའི་དོན་ཏོ། །དེ་བཞིན་བྱེད་པ་ནི་སེམས་ཅན་རྣམས་ཀྱི་མཛའ་མེད་པའོ་ཞེས་བྱ་བ་ལ། སེམས་ཅན་ནི་ནམ་མཁའ་བཞིན་དུ་མཛའ་མེད་དེ་། སེམས་ཅན་མཛའ་མེད་བ་བཞིན
་དུ་སེམས་ཅན་གྱི་སྡུག་བསྔལ་མཐར་དབྱུང་བར་བྱ་བའི་ཕྱིར་། བྱང་ཆུབ་སེམས་དཔའ་སེམས་ཅན་གྱི་དོན་ལ་ཡང་མཛའ་མེད་པར་སྦྱོར་ཞིང་བྱེད་དོ་ཞེས་བྱ་བའི་དོན་ཏོ། །བྱང་ཆུབ་སེམས་དཔའ་དེ་ལས་བཟློག་པ
་ནི་ཞེས་བྱ་བ་ལ་སོགས་པ་ལ། འཇིག་རྟེན་པ་རྣམས་ནི་ཚེ་གཅིག་ཙམ་གྱི་སྡུག?་བསྔལ་དང། རང་གི་སྡུག་བསྔལ་ཡང་ཉམས་སུ་ལེན་ཅིང་བཟོད་པའི་མཐུ་མེད་ན་འཁོར་བའི་མཛའ་ཨི་པར་གྱི་སྡུག་བསྔལ་དང། སེམས་ཅན་དཔག་ཏུ་མེད་བའི
་སྡུག་བསྔལ་ཉམས་སུ་ལེན་པག?་ལ་ནུས་ཏེ་མི་ལུས་སུ། །བྱང་ཆུབ་སེམས་དཔའ་ནི་དེ་ལས་བཟློག་ཏེ་ཇི་ལྟར་བཟློག་ཅེ་ན། སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་གྱི་ཕུང་པོ་ཉམས་སུ་ལེན་ཅིང་བཟོད་པ་དང། འཁོར་བ་ཇི་སྲིད་ཡོད་ཀྱི་བར་དུ་སེམས་ཅན་གྱི་དོན་ལས་བྱུང
་བའི་སྡུག་བསྔལ་ཉམས་སུ་ལེན་ཅིང་བཟོད་དོ་ཞེས་བྱ་བའི་དོན་ཏོ། །གང་སེམས་ཅན་བྱང་ཆུབ་སེམས་དཔའ་དགའ་བ་དང་ཞེས་བྱ་བ་ལ་སོགས་པ་ལ། དཔེར་ན་བ་བེའུ་བྱམས་པ་དང། ཕན་པར་སྦྱོར་བ་ལ་སྐྱོ་བ་མེད་པ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམS
་ཅན་ལ་དགའ་བ་དང། ཕན་པར་འདོད་བ་དང། དེའི་དོན་ལ་སྦྱོར་བའི་ཚུལ་གྱིས་རྣམ་པ་གསུམ་ལྟ་བུར་སེམས་ཅན་གྱི་དོན་ལ་ཞུགས་པ་ན་སེམས་ཅན་གྱིས་གནོད་པ་བྱས་ན་ཡང་མི་སྐྱོ་སྟེ། གོང་དུ་བཤད་པའི་བྱང་ཆུབ་སེམས་དཔའ་ཨི་ཕྲིན་ལས་འདི་དག་ནི
་འཇིག་རྟེན་ན་ངོ་མཚར་མཆོག་ཏུ་བྱ་བ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ལ་སེམས་ཅན་དང་བྲལ་བའི་མི་འདོད་པའི་བྱམས་པའི་སེམས་ལ་དགའ་བ་ཞེས་བྱའོ། །སེམས་ཅན་གྱི་མི་བདེ་བ་སེལ་བར་བྱེད་པ་ནི་ཕན་པར་འདོད་པ་ཞེས་བྱའོ། །སེམས་ཅན་སྦྱིན་བ་ལ་སོགS
་པའི་ཕ་རོལ་ཏུ་ཕྱིན་པ་སྤྱོད་དུ་བཅུག་བ་ནི་དོན་ལ་སྦྱར་བ་ཞེས་བྱའོ། །ངོ་མཚར་ཆེ་བ་མ་ཡིན་པ་ནི་སེམས་ཅན་དང་བདག་ཏུ་མཚུངས་པའི་ཕྱིར་རོ་ཞེས་བྱ་བ་ལ། དེ་ལྟ་མོད་ཀྱི་འོན་ཀྱང་ངོ་མཚར་ཆེ་བར་ཡང་བཞག་སྟེ། ཇི་ལྟར་ཞེ་ན། དཔེར་ན་བདག་ལ
་པ་དག་ཕན་པར་བྱེད་པ་དང། བདག་གི་དོན་བདག་བྱད་པ་ངོ་མཚར་མི་ཆེ་བ་བཞིན་དུ་ས་དང་པོ་ཐོབ་པའི་བྱང་ཆུབ་སེམས་དཔས་ཀྱང་བདག་དང་སེམས་ཅན་དུ་མཉམ་བའི་སེམས་ཐོབ་སྟེ་སེམས་ཅན་ཐམས་ཅད་བདག་ཉིད་ཡིན་པར་ཁོང་དུ་ཆུད་པ་དེས
་སེམས་ཅན་ལ་ཕན་འདོགས་པ་ཅི་ཞིག་ངོ་མཚར་ཆེ་སྟེ་བདག་ལ་བདག་ཕན་འདོགས་པ་ངོ་མཚར་མི་ཆེ་བ་དང་འདྲའོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་མཐོང་བའི་ལམ་བཤད་ནས། །ད་ནི་བསྒོམ་པའི་ལམ་བཤད་དེ། །དེ་ཕྱིར་དེ་ནས་ལྷག་མའི་ས་ལ་སྟེ། དེས་ནི་བསྒོམ
་པའི་ལམ་དག་ལ། །ཡེ་ཤེས་རྣམ་པ་འདི་གཉིས་ཀྱིས། །བསྒོམ་པའི་ཕྱིར་ན་རབ་འཇུག་གོ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ནས་ཤེས་བྱའི་ས་དང་པོ་ཐོབ?་པའི་ལམ་མ་ཐོབ་ནས་དེའི་འོག་ཏུ་ཞེས་བྱ་བའི་དོན་ཏོ། །ལྷག་མའི་ས་ནི་ས་གཉིས་ཡན་ཆད་ས་བཅུ་མན་ཆད་ལ་བྱ་སྟེ། ས་དེ་དགུ་བསྒོམ
་བསྒོམ་པའི་ལམ་ཞེས་བྱའོ། །སྒོཾ་པའི་ལས་དེ་དག་ན། །བྱང་ཆུབ་སེམས་དཔའ་དེས་སྒོམ་བS་སྤང་བར་བྱ་བའི་ཉོན་མོངས་པའི་སྒྲིབ་པ་དང། ཤེས་བྱའི་སྒྲིབ་པ་སྤང་བར་བྱ་བའི་ཕྱིར། བསྒོམ་པ་ལ་རབ་འཇུག་སྟེ། དེའི་ཚེ་ཅི་ལ་སྒོམ་ཞེན། །དེ་ནས་འབྱུང་བའི་ཡེ་ཤེས་གཉིས་ལ་བསྒོམ
་མོ། །ཡེ་ཤེས་གཉིས་པོ་གང་ཞེན་།དེའི་ཕྱིར། ཡེ་ཤེས་དེ་ནི་རྣམ་མི་རྟོག། སངས་རྒྱས་ཆོས་ནི་སྦྱོང་བའོ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཡེ་ཤེས་གཅིག་པ་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཏེ་ཡེ་ཤེས་དེས་ཐམས་ཅད་ནམ་མཁའ་ཨི་རང་བཞིན་དུ་ཁོང
་དུ་ཆུད་བས་བདག་གི་རྒྱུད་ལ་སྟོབས་དང་མི་འཇིགས་པ་ལ་སོགས་པའི་སངས་རྒྱས་ཀྱི་ཆོས་རྣམས་སྦྱོད་པར་བྱེད་པས་བདག་ཡོངས་སུ་སྨིན་པར་བྱེད་པའོ། །གཞན་ནི་ཇི་ལྟར་རྣམ་གཞག་བས། སེམས་ཅན་རྣམ་པར་སྨིན་བྱེད་པ། །ཞེས་བྱ་བ་ལ་གཞན
་ནི་ཞེས་བྱ་བ་ལ་ཡེ་ཤེས་གཉིས་པ་ནི་ཞེས་བྱ་བའི་དོན་ཏོ། །ཡེ་ཤེས་གཉིས་པ་ནི་ཇི་ལྟར་རྣམ་པར་རྟོག་པའི་ཡེ་ཤེས་ཏེ། ཡེ་ཤེས་དེས་ས་བཅུ་སོ་སོའི་མཚན་ཉིད་དང་ཡོན་ཏན་ལ་སོགས་པ་སོ་སོར་མ་འདྲེས་པ་ཁོ་ནར་སོ་སོར་འཇོག་བྱེ་བྲག་འབྱེད་པའོ
་དེའང་གང་ཞེ་ན། འཇིག་རྟེན་ལས་འདས་པ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་རྗེས་ལས་ཐོབ་པ་དག་པ་འཇིག་རྟེན་བའི་ཡེ་ཤེས་ཏེ། དེས་ནི་སེམས་ཅན་ལ་ཆོས་བསྟན་པ་དང། མངོན་པར་འཚང་རྒྱ་བ་ལ་སོགས་པ་བསྟན་པའི་སྒོ་ནས། སེམS
་ཅན་རྣམ་པར་སྨིན་པར་བྱེད་དོ། །ག?་སྒོམ་པ་ཡིན་ནི་མཐར་ཐུག་པ། །གྲངས་མེད་གཉིས་ཀྱིས་རྫོགས་པར་འགྱུར་ཞེས་བྱ་བ་ལ། ས་བཅུའི་དུས་ན་བསྒོམ་པའི་མཐར་ཐུག་པ་ཞེས་བྱ་སྟེ། དེ་ཡང་བསྐལ་པ་གྲངས་མེད་པ
་གཉིས་གྱིས་བསྒོམ་པ་མཐར་ཐུག་ཅིང་རྫོགས་པར་འགྱུར་རོ། །དེ་ལས་གཉིས་ནས་ས་བདུན་གྱི་བར་དུ་ནི་མངོན་པར་འདུ་བྱེད་པ་དང་བཅས་པས་བསྒོམ་པ་ཞེས་བྱ་སྟེ། དེའི་བར་དུ་བསྐལ་བ་གྲངས་མེད་པ་གཅིག་ཐོགས་སོ། །ས་བརྒྱད
་ནས་ས་བཅུའི་བར་དུ་།མངོན་པར་འདུ་བྱེད་པ་མེད་བར་བསྒོམ་པ་ཞེས་བྱ་སྟེ། དེའི་བར་དུ་ཡང་བསྐལ་པ་གྲངས་མེད་པ་གཅིག་ཐོགས་སོ། །ཕྱིའི་བསྒོམ་པ་ཐོས་ནས་སུ། །བྱང་ཆུབ་སེམས་དཔའ་དབང་བསྐུར་རོ་ཞེས་བྱ་བ་ལ། ཕྱི
་མའི་བསྒོམ་པ་ནི་ས་བརྒྱད་ནས་ས་བཅུའི་བར་དུ་བསྐལ་བ་གྲངས་མེད་པ་གཅིག་ཏུ་མངོན་པར་འདུ་བྱེད་པ་མེད་པ་ལ་བསྒོམ་པ་ཐོབ་ནས་ས་བཅུར་ཕྱིན་པ་དང། བྱང་ཆུབ་སེམས་དཔའ་དེ་ཕྱོགས་བཅུའི་དེ་བཞིན་གཤེགས་པ་རྣམས
་ཀྱི་འོད་ཟེར་གྱིས་ཆོS་ཀྱི་རྒྱལ་པཱ་རྒྱལ་ཚབ་ཏུ་དབང་བསྐུར་བ་ཐོབ་བོ་ཞེས་བྱ་བའི་དོན་ཏོ། །རྡོ་རྗེ་འདྲ་པའི་མཉམ་གཞག་པ་ཞེས་བྱ་བ་ལ། ས་བཅུར་དབང་བསྐུར་འཐོབ་པ་དེའི་ཚེ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཀྱང་ཐོབ་སྟེ། དེའང་གང་ལ་བྱ་ཞེ་ན། ཉོན་མོངས
་པ་ཕྲ་མོའི་ཡང་ཕྲ་མའི་གཉེན་པོར་གྱུར་པ་ཡེ་ཤེས་ཆེན་པོའི་ཡང་ཆེན་པོ་ལ། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཅེས་བྱའོ། །ཡེ་ཤེས་དེ་ལ་ཅིའི་ཕྱིར་རྡོ་རྗེ་ལྟ་བུ་ཞེས་བྱ་ཞེ་ན་།དེའི་ཕྱིར་རྣམ་པར་རྟོག་པ་མི་བྱེད་ཐོབ་ཅེས་སྨོས་ཏེ། ཡེ་ཤེས
་དེ་ལ་གང་ཟག་དང་ཆོས་སུ་རྣམ་པར་རྟོག་པ་མི་ཕྱེད་ཅིང་མི་ཤིགས་ལ། ཡེ་ཤེས་དེས་ནི་གང་ཟག་དང་ཆོས་སུ་རྣམ་པར་རྟོག་པའི་བག་ལ་ཉལ་ཕྲ་མོ་ཡང་ཤིགས་པར་བྱེད་པས་ན་དེའི་ཕྱིར་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཅེས་བྱའོ། །ད་ནི་སངས
་རྒྱས་ཀྱི་ས་བཤད་དེ་དེ་བས་ན་མཐར་ཐུག་པ་ན་གནས་འཕོས་ཤིང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་བག་ལ་ཉལ་ཕྲ་མོ་སྤངས་པ་དང། དེའི་འོག་ཏུ་སངས་རྒྱས་ཀྱི་སར་ཀུན་གཞི་རྣམ་པར་ཤེས་པ་སྒྲིབ་པ
་གཉིས་དང་བྲལ་བ་གནས་འཕོས་པ་མཐར་ཐུག་པ་ཐོབ་པོར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ས་དང་པོ་ལ་ཡང་གནས་འཕོས་པ་ཡོད་མོད་ཀྱི་གནས་འཕོས་པ་མཐར་ཐུག་པ་ཞེས་མི་བྱ་སྟེ། ཅིའི་ཕྱིར་ཞེ་ན། མཐོང་བས་སྤང་བར་བྱ་བའི་ཉོན
་མོངས་པ་དང་བྲལ་བ་ཙམ་གྱིས་གནས་འཕོས་པ་ཐོབ་པའི་ཕྱིར་རོ། །སངས་རྒྱས་ཀྱི་སའི་དུས་ན་ནི་སྒྲིབ་པ་གཉིས་ཀྱི་བག་ལ་ཉལ་ཕྲ་མོ་ཡང་སྤངས་པའི་མཚན་ཉིད་ཀྱི་གནས་འཕོས་པ་ཐོབ་པས་ན་གནས་འཕོས་པ་མཐར་ཐུག་པ་ཞེས
་བྱའོ། །གནས་འཕོས་པ་མཐར་ཐུག་པ་དེའང་ཅི་འདྲ་པ་ཞིག་ཅེ་ན་དེའི་ཕྱིར། སྒྲིབ་པ་ཀུན་གྱི་དྲི་མེད་པ་ཞེས་བྱ་བ་སྨོས་ཏེ། གནས་འཕོས་པ་དེ་ཡང་ཉོན་མོངས་པའི་སྒྲིབ་པ་དང་ཤེས་བྱའི་སྒྲིབ་པའི་དྲི་མ་ཀུན་དང་བྲལ་བས་ན་སྒྲིབ་པ
་ཀུན་གྱི་དྲི་མ་མེད་པ་ཞེས་བྱ་སྟེ། འདིས་ནི་སྤངས་པ་ཕུན་སུམ་ཚོགས་པ་བསྟན་ཏོ། །རྣམ་པ་ཀུན་གྱི་ཡེ་ཤེས་ཉིད་བླ་ན་མེད་པའི་གནས་ཐོབ་ནས་ཞེས་བྱ་བ་ལ། གཞན་ཡང་སངས་རྒྱས་ཀྱི་སའི་དུས་ན་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ
་ཤེས་བླ་ན་མེད་པའི་ཡེ་ཤེས་ཀྱི་གོ་འཕང་ཡང་འཐོབ་སྟེ། ངེས་ཡེ་ཤེས་ཕུན་སུམ་ཚོགས་པ་བསྟན་ནས་བདག་གི་དོན་ཕུན་སུམ་ཚོགས་པ་བསྟན་ཏོ། །གང་ལ་གནས་ནS་སེམས་ཅན་ཀུན། །བདེ་ཕྱིར་རབ་ཏུ་འཇུག
་པར་འགྱུར་ཞེས་བྱ་བ་ལ། གང་ལ་གནས་ནས་ཞེས་བྱ་བ་ནི་རྣམ་པར་མི་རྟག་པའི་ཡེ་ཤེས་ལ་གནས་ནས་ཞེས་བྱ་པའི་དོན་ཏོ། །དེ་ལ་གནས་ནས་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བར་བྱ་བའི་ཕྱིར། དག་པ་འཇིག་རྟེན་པའི
་ཡེ་ཤེས་ཀྱིས་མངོན་པར་བྱང་ཆུབ་པ་དང། བདུད་འདུལ་བ་དང། ཆོས་ཀྱི་འཁོར་ལོ་བསྐོར་བ་དང། མྱ་ངན་ལས་འདས་པ་བསྟན་པ་ལ་སོགས་པ་ལ་འཇུག་པར་བྱེད་དེ། འདིས་ནི་གཞན་གྱི་དོན་ཕུན་སུམ་ཚོགས
་པ་བསྟན་ཏོ། །ད་ཚིགས་སུ་བཅད་པ་གསུམ་ཞིག་གིས་བསྟན་པ་དང་གདམས་པའི་ཆེ་བའི་བདག་ཉིད་ཆེན་པོ་བསྟན་ཏེ། དེ་བས་ན་དེ་ལྟར་ཐུབ་པའི་ལྟ་བ་དཀོན་པ་ལ་ལྟ་བ། །གང་ཕྱིར་དོན་ཆེན་པོར་ནི་ཅིར་མི་འགྱུར། །མི་མཚུངས་མཉམ་ལས
་སྐྱེས་པའི་ངང་མཚུངས་ཀྱིས། །རྟག་པར་ཤིན་ཏུ་དགའ་བར་བྱས་པའི་སེམས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ལྟར་ཞེས་བྱ་བ་ནི་གོང་དུ་བཤད་པ་ལྟར་རོ། །མི་མཚུངས་མཉམ་ལས་སྐྱེས་པའི་དང་མཚུངས་ཀྱིས་ཞེས་བྱ་བ་གོང་དུ
་ཕྱུང་སྟེ། མོས་པ་སྤྱོད་པའི་ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པའི་ཐད་ནས་མི་མཚུངས་པའི་ཆོས་ཐེག་པ་ཆེན་པོའི་ཆོས་མཉན་པ་ལས་བྱུང་ཞིང་སྐྱེས་པའི་དད་པ་དང་མོས་པའི་ཤུགས་ཆེན་པོ་མཚུངས
་པ་མེད་པས་སེམས་ཀྱི་རྒྱུད་ལ་བསྒོམས་པས་ན་དེ་བཞིན་གཤེགས་པ་དང། དེའི་གསུང་རབ་ལ་དགའ་བ་དང་མགུ་བས་སེམས་ཀྱི་རྒྱུད་རྟས་པར་བྱ་བ་དེ་རྟག་ཏུ་དེ་བཞིན་གཤེགས་པའི་གསུང་རབ་མཉན་པ་ལས་ལྟ་བ་དྲང་བ་དང།
་རྟགས་དེ་བཞིན་གཤེགས་བའི་ཞལ་ལྟ་བར་སྦྱར་རོ། །དེ་བཞིན་གཤེགས་པའི་གསུངས་རབ་མཉན་པ་དང། ཞལ་ལྟ་བ་ཡང་སླ་བ་མ་ཡིན་པས་ན་དཀོན་པ་ཞེས་བྱ་སྟེ། དེ་འདྲ་བའི་གསུང་རབ་མཉན་པ་དང། ཞལ་ལྟ་བའི་བྱང་ཆུབ
་སེམས་དཔའ་དེ་ཅིའི་ཕྱིར་དོན་ཆེན་པོར་མི་འགྱུར་ཏེ། གདོན་མི་ཟ་བར་བྱང་ཆུབ་ཆེན་པོ་ཐོབ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ཆོས་ཀྱི་སྒོ་ལ་རྣམ་གནས་དེ་བཞིན་གཤེགས་པ་ཡིས། །རྟག་པར་མངོན་སུམ་དུ་ནི?་གདམས་ཤིང་གནས་པར
་བྱ་ཞེས་བྱ་བ་ལ། མོས་པ་སྤྱོད་པའི་ས་འཇིག་རྟེན་གྱི་ཆོས་མཆོག་གི་ཏིང་ངེ་འཛིན་ལ་གནས་པ་ནི་ཆོས་ཀྱི་སྒོ་ལ་གནས་པ་ཞེས་བྱ་སྟེ། ཆོས་ཀྱི་སྒོ་ལ་གནས་པའི་བྱང་ཆུབ་སེམས་དཔའ་དེ་ནི་རྟག་ཏུ་དེ་བཞིན་གཤེགས་པའི་མངོན
་སུམ་སྦྱངས་ན་གནས་པའི་དེ་བཞིན་གཤེགས་པས་ཀྱང་དེ་ལ་བསྟན་པ་དང་གདམས་ངག་སྟན་པ་མཛད་དོ་ཞེས་བྱ་བའི་དོན་ཏོ། །སྐྲ?་ལས་གཟུང་བ་བཞིན་དུ་ཉེས་པ་སྟུག་པོ་ལས། །དེ་ནི་རབ་ཏུ་དྲངས་ནས་བྱང་ཆུབ་མཆོག་ལ་བཞག
་ཅེས་བྱ?་བ་ལ། དེ་བཞིན་གཤེགས་པས་བསྟན་པ་དང། གདམས་ངག་སྟོན་པར་མཛད་པར་ཡང་མ་ཟད་ཀྱི་གཞན་ཡང་འདི་དག་ཀྱང་མཛད་དེ། དཔེར་ན་མི་འདམ་ནམ་ཆུར་ལྷུང་ཞིང་བྱིང་བ་ལ་སྙིང་རྗེ་ཅན་འགའ་ཞིག་གིS
་སྒྲ་ལས་གཟུང་ཞིང་དྲངས་ནས་སྐམ་པར་ཕྱིན་པ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་དེ་ལ་དེ་བཞིན་གཤེགས་པ་རྣམས་ཀྱིས་ཆོས་བསྟན་པའི་ལག་པ་བཏང་ནས་འདོད་ཆགས་དང་ཞེ་སྡང་ལ་སོགས་པ་འཁོར་བའི་ཉོན་མོངས་པའི་ཉེས
་པའི་འདམ་སྟུག་པོ་ལས་དྲངས་ཏེ། བྱང་ཆུབ་མཆོག་གི་སྐམ་པར་འཇོག་པར་མཛད་དེ། དོན་དུས་དྲང་པོར་སྦྱིན་པར་མཛད་ཅེ་འམ། བླ་ན་མེད་པའི་བྱང་ཆུབ་ཏུ་འཇོག་པར་མཛད་དོ་ཞེས་བྱ་བའི་དོན་ཏོ། །ད་བསྟན་པ་དང་གདམས་པའི་དོན
་རྒྱས་པར་བཤད་པ་བསྡུས་ནས་སྟོན་ཏེ། རྟག་པར་བདག་གི་དོན་དུ་རབ་ཞུགས་ལ། །སངས་རྒྱས་བདག་གིས་བསྔགས་པར་མཛད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། དེའང་བསླབ་བ་གསུམ་གྱི་དབང་དུ་བྱས་ནས་བསྟན་པ་དང་གདམས་བ་མདོར་བསྡུས
་ནས་སྟོན་ཏོ། །དེ་ལ་བྱང་ཆུབ་སེམས་དཔའ་སྡོམ་པའི་ཚུལ་ཁྲིམས་དང། སེམས་ཅན་གྱི་དོན་བྱེད་པའི་ཚུལ་ཁྲིམས་དང། དགེ་བ་སྡུད་པའི་ཚུལ་ཁྲིམས་དང་གསུམ་ནི་ལྷག་པའི་ཚུལ་ཁྲིམས་ཞེས་བྱའོ། །བྱང་ཆུབ་སེམས་དཔའ་ལྷག་པའི་ཚུལ་ཁྲིམས
་ལ་ཞུགས་ནས་ཚུལ་ཁྲིམས་མ་ཞིག་མ་རལ་བར་གྱུར་པ་དེ་ནི་རྟག་པར་བདག་གི་དོན་ལ་ཞུགས་པ་ཞེས་བྱ་སྟེ། དེ་དག་ལ་ནི་དེ་བཞིན་གཤེགས་པས་ལེགས་སོ་ཞེས་བཟོད་ཅིང་གཟེངས་བསྟོད་པར་མཛད་དོ་ཞེས་བྱ་བའི་དོན
་ཏོ། །ལོག་པར་ཞུགས་ལ་སྨད་པ་ཡང་མཛད་ཅེས་བྱ་བར་སྦྱར་ཏེ། ཚུལ་ཁྲིམས་ཞིག་རལ་དུ་གྱུར་པ་ནི་ལོག་པར་ཞུགས་པ་ཞེས་བྱ་སྟེ། དེ་དག་ལ་དེ་བཞིན་གཤེགས་པས་མ་ལེགས་སོ་ཞེས་སྨད་ཅིང་ཚར་གཅོད་པར་མཛད་ཅེས་བྱ་བའི་དོན་ཏོ། །རབ་ཏུ
་གནས་དང་རབ་འབྱེད་པ་ཞེས་བྱ་བ་ལ། རབ་ཏུ་གནས་པ་ཞེས་བྱ་བས་ནི་ལྷག་པའི་སེམས་ཀྱི་བསླབ་པ་བསྟན་ཏེ། རབ་ཏུ་གནས་ཞེས་བྱ་བ་དང། ལྷག་པ་སེམས་ཀྱི་བསླབ་བ་ཞེས་བྱ་བ་དང། ཏིང་ངེ་འཛིན་ཅེས་བྱ་བ་དང། ཞི་གནས་ཞེས་བྱ་བ་དག་ནི་དོན་གཅིག
་སྟེ། འདི་ནི་རྣམ་གྲངས་ཟད་དོ། །རབ་ཏུ་འབྱེད་ཅེས་བྱ་བས་ལྷག་པའི་ཤེས་རབ་ཀྱི་བསླབ་པ་བསྟན་ཏེ། རབ་ཏུ་འབྱེད་ཅེས་བྱ་བ་དང། ལྷག་པའི་ཤེས་རབ་ཀྱི་བསླབ་པ་ཞེས་བྱ་བ་དང། ལྷག་མཐོང་ཞེས་བྱ་བ་དང། དོན་གཅིག་སྟེ། མིང་གི་རྣམ་གྲངས་སུ་ཟད་དོ། །བར་ཆད
་མཐུན་ཞེས་བྱ་བ་ལ། ལྷག་པའི་སེམས་ཀྱིས་བསླབ་པ་དང། ལྷག་པའི་ཤེས་རབ་ཀྱི་བགེགས་སུ་འགྱུར་བའི་ཆོས་ལ་བར་ཆད་ཅེས་བྱ་སྟེ། ལྷག་པའི་སེམས་ཀྱི་བགེགས་སུ་འགྱུར་པའི་ཆོས་ནི་འདུ་འཛི་མང་པོའི་ནང་ན་གནས་པ་དང་འཇིག་རྟེན་གྱི་བྱ་བ་མང་པོ་ལ་དགའ་
་བ་ལ་སོགས་པའོ། །ལྷག་པའི་ཤེས་རབ་ཀྱི་བར་དུ་གཅོད་པ་ནི་དམ་པའི་ཆོས་མི་ཉན་མི་སེམས་པ་དང། ལྷག་པའི་ཤེས་རབ་ཀྱི་བགེགས་སུ་གྱུར་པའི་ཆོས་མུ་སྟེགས་ལ་སོགས་པའི་གཙུག་ལག་ཉན་པའོ། །མཐུན་པ་ནི་ལྷག་པའི་སེམས་དང་ཤེས་རབ་སྐྱེ་བའི
་རྒྱུ་ལ་བྱ་སྟེ། དེ་ལ་ལྷག་པའི་སེམས་ཀྱི་རྒྱུ་ནི་འདུ་འཛི་མང་པོ་སྤངས་པ་དང། འཇིག་རྟེན་གྱི་བྱ་བ་མང་པོ་ལ་མི་འཇུག་པའོ། །ལྷག་པའི་ཤེས་རབ་ཀྱི་རྒྱུ་ནི་དམ་པའི་ཆོས་ཉན་པ་དང། སེམས་པ་ལ་སོགས་པ་བྱེད་པའོ། །སེམས་ཅན་མཆོག་ལ་ཆོག་བཞིན། །རྣམ
་པ་ཐམས་ཅད་རྒྱལ་བས་སྟོན་ཅེས་བྱ་བ་ལ། སེམས་ཅན་མཆོག་ནི་མོས་པས་སྤྱོད་བའི་ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་ལ་བྱའོ། །བྱང་ཆུབ་སེམས་དཔའ་དེ་ལ་རྒྱལ་བ་སྟེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་གོ་ཆ་བཞིན་ནོ། །ཚུལ་བཞིན་དུ་ལྷག་བའི
་སེམས་དང་ལྷག་པའི་ཤེས་རབ་དང་?། དེ་གཉིས་ཀྱི་བར་དུ་གཅོད་པ་དང། དེ་གཉིས་དང་རྗེས་སུ་མཐུན་པ་རྣམས་ཕྱིན་ཅི་མ་ལོག་པར་འཆད་དེ་ཇི་ལྟར་ཞེ་ན། ལྷག་པའི་སེམས་དད་ཤེས་རབ་ཀྱི་མཚན་ཉིད་ནི་འདི་ལྟ་བུ་ཡིན། དེ་དག་གི་བགེགས
་དང་བར་དུ་གཅོད་བ་ནི་འདི་དག་ཡིན། དེ་དང་རྗེས་སུ་མཐུན་པའི་ཆོས་ནི་འདི་དག་ཡིན་ནོ་ཞེས་ཕྱིན་ཅི་མ་ལོག་པར་སྟོན་ཅིང་འཆད་པར་མཛད་དོ། །གང་སྤངས་ཀུན་དུ་བསྙེན་ན་ནི། །བདེ་གཤེགས་བསྟན་ལ་རྒྱས་བའི་རྣལ་འབྱོར་འགྱུར་ཞེས་བྱ་བ་ལ། དེ་ལྟར
་ཆོས་བསྟན་པ་ཐོབ་ནས་ཞི་གནས་དང་ལྷག་མཐོང་དང་མི་མཐུན་པའི་ཆོས་ནི་སྤངས། དེ་དང་མཐུན་པའི་ཆོས་ལ་བསྙེན་ན་བྱང་ཆུབ་སེམས་དཔའ་དེ་རྒྱས་པའི་རྣལ་འབྱོར་ཏེ། ཐེག་པ་ཆེན་པོའི་ཞི་གནས་དང་ལྷག་མཐོང་བསྒོམ་པའི་ཏིང་ངེ་འཛིན་ཐོབ་པར་འགྱུར་རོ
་ཞེས་བྱ་བའི་དོན་ཏོ། །དེ་གདམས་པ་ཐོབ་པའི་ཆོས་ཀྱི་སྒོའི་རྒྱུན་ལ་གནས་པའོ་ཞེས་བྱ་བ་ལ། མོས་པ་སྤྱོད་པའི་ས་འཇིག་རྟེན་གྱི་ཆོས་མཆོག་གི་ཚེ་ན་ཆོས་སྒོའི་རྒྱུན་ལ་གནས་པ་ཞེས་བྱ་སྟེ། དེའི་ཚེ་ད་བཞིན་གཤེགས་བའི་ཐད་ནས་བསྟན་པ་དང་གདམས་པ
་ཐོབ་བོ་ཞེས་བྱ་བའི་དོན་ཏོ། །རྟག་པར་སངས་རྒྱས་མཐོང་བ་དང་ཞེས་བྱ་བ་ལ་སོགས་པ་ལ་ཆོས་ཀྱི་རྒྱུན་ལ་གནས་པ་བྱང་ཆུབ་སེམས་དཔའ་དུས་ཐམས་ཅད་དུ་བྱང་ཆུབ་སེམས་དཔའ་ཨི་ཞལ་མཐོང་བ་དང། ཞལ་མཐོང་ནས་མི་མཉམ་པའི་ཆོས་དེ་ཐེག
་པ་ཆེན་པོའི་ཆོས་ཐོས་པར་འགྱུར་བ་དང། ཐེག་པ་ཆེན་པོ་ཆོས་ཐོས་ནས་ཆོས་ཐོས་པ་ལས་དང་པ་སྐྱེས་ཏེ། དང་པའི་ཤུགས་ལས་བྱུང་བའི་དགའ་བས་སེམས་ཚིམ་བར་བྱས་པས་དེ་བྱང་ཆུབ་ཀྱི་དོན་ཆེན་པོ་ཅིའི་ཕྱིར་ཐོབ་པར་མི་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །བསྟན་
་པ་རྣམ་པ་བཞི་ནི་ཚིགས་སུ་བཅད་པ་གཅིག་གིས་བསྟན་ཏེ་ཞེས་བྱ་བ་ལ། ཚིགས་སུ་བཅད་པ་གཅིག་གིས་བསླབ་པ་གསུམ་གྱི་དབང་དུ་བྱས་ནས་བསྟན་པའི་བསྟན་པ་རྣམ་པ་བཞི་སྟོན་ཏོ་ཞེས་བྱ་བའི་དོན་ཏོ། །བསྟན་པ་བཞི་ནི
་ལྟག་བའི་ཚུལ་ཁྲིམས་ཀྱི་དབང་དུ་བྱས་ཤེས་བྱ་བ་ནས། བསྟོང་པར་བྱེད་པ་དང་ཞེས་བྱ་བའི་བར་དུ་བསྟན་པ་གཅིག་གོ། ལོག་པར་ཞེས་བྱ་བ་ནས་སྨད་པར་བྱེད་པ་དང་ཞེས་བྱ་བའི་བར་དུ་བསྟན་པ་གཉིས་སོ། །ལྷག་པའི་སེམས་དང་ཞེས་བྱ་བ་ནས།
་རྣམ་པར་འབྱེད་པ་དང་ཞེས་བྱ་བའི་བར་དུ་བསྟན་པ་གསུམ་སྟེ། རབ་ཏུ་གནས་པ་ནི་ལྷག་པའི་སེམས་སོ། །རྣམ་པར་འབྱེད་པ་ནི་ལྷག་པའི་ཤེས་རབ་བོ། །དེའི་བར་ཆད་བྱེད་པ་དང་ཞེས་བྱ་བ་ནས་ཐམས་ཅད་དུ་སྟོན་ཏོ་ཞེས་བྱ་བའི་བར་དུ་སྟོན་པ་བཞི
་པའོ། །གང་ལ་སྤངས་བ་དང་བསྙེན་པས་ཞེས་བྱ་བ་ལ། བར་ཆད་བྱེད་པའི་ཆོས་ནི་སྤངས་རྗེས་སུ་མཐུན་པའི་ཆོས་ནི་བསྙེན་ཅེས་རིམ་བཞིན་དུ་སྦྱར་རོ། །རྣལ་འབྱོར་ནི་ཞི་གནས་དང་ལྷག་མཐོང་བསྒོམ་པའོ་ཞེས་བྱ་བ་ལ། ཞི་གནས་དང་ལྷག་མཐོང་གི
་ལམ་བསྒོམ་པ་ལ་རྣལ་འབྱོར་ཅེས་བྱ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་མོས་པས་སྤྱོད་བའི་སའི་བདག་ཉིད་ཆེན་པོ་བསྟན་ནས། ས་དང་པོའི་བདག་ཉིད་ཆེན་པོ་བསྟན་པའི་ཕྱིར། རབ་ཏུ་རྣམ་པར་མི་རྟོག་ལྟ་བ་ཡི། །དེས་ནི་མདོར་ན་འཇིག་རྟེན་ཟིལ་མནན
་ཅིང། །མུན་པ་ཆེན་པོ་བསལ་ནས་སྣང་བ་ནི། །འགྲོ་ལ་ཉི་མ་ཆེན་པོ་བཞིན་དུ་འཆར། ཞེས་བྱ་བ་སྨོས་ཏེ། མོས་པས་སྤྱོད་པའི་?་ལས་འདས་ནས། ས་དང་པོ་ཐོབ་པའི་བྱང་ཆུབ་སེམས་དཔའ་དེ་ཉན་ཐོས་དང་རང་སངས་རྒྱས་དང། འཇིག་རྟེན
་བ་རྣམས་ཟིལ་གྱིས་མནན་ནས་གནས་པ་ཞེས་བྱ་བའི་དོན་ཏོ། །གང་གིས་ཟིལ་གྱིས་མནན་ཅེ་ན། རབ་ཏུ་རྣམ་པར་མི་རྟོག་པའི་ལྟ་བས་ཟིལ་གྱིས་གནོན་ཏེ། རྣམ་པར་མི་རྟོག་པའི་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱིས་ཟིལ་གྱི་གནོན་ཏོ་ཞེས་བྱ་བའི་དོན
་ཏོ། །དེ་ལ་ཉི་མ་ཆེན་པོ་བྱ་བ་ཡོད་མི་སྲིད་མོད་ཀྱི། འོན་ཀྱང་ཐང་ཅིག་བཏང་ནས་བརྗེད་དེ། གང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་སྣང་བར་བྱེད་བའི་ཉི་མ་ཆེན་པོ་ཞེས་བྱའོ། །དཔེར་ན་ཉི་མ་ཆེན་པོ་རི་མཐོང་པོའི་ཁ་ནས་ཤར་ན
་མུན་པ་ཆེན་པོ་ཐམས་ཅད་བསལ་ཏེ། ཟིལ་གྱིས་མནན་ནས་སྐྱེ་བོ་རྣམས་ལ་སྣང་བར་བྱེད་པ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་མོས་པས་སྤྱོད་པའི་ས་འཇིག་རྟེན་ཆོས་མཆོག་གི་རི་ཁོ་ནས་འདིས་ཏེ། ས་དང་བོར་རྣམ་བར་མི་རྟོག་པ་མེ་ལོང་ལྟ
་བུའི་ཡེ་ཤེས་ཀྱི་ཉི་མ་ཤར་ནས་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་ཆེན་པོ་བསལ་ནས་དག་པ་འཇིག་རྟེན་པའི་ཡེ་ཤེས་ཀྱིས་ཆོས་བསྟན་བའི་སྒོ་ནས་འཇིག་རྟེན་ཀུན་ལ་ཆོས་འཆད་པའི་སྣང་བ་ཆེན་པོས་ཁྱབ་པར་བྱེད་དོ་ཞེས་བྱ་བའི
་དོན་ཏོ། །ད་ནི་མོས་པས་སྤྱོད་པའི་སེ་ལ་གནས་པ་དང། ས་དང་པོ་ལ་གནས་པ་དང། ས་གཉིས་པ་ལ་སོགས་པ་བསྒོམ་པའི་ས་ལ་གནས་པའི་འབྲས་བུས་ཚིགས་སུ་བཅད་པ་གཅིག་གིས་བསྟན་ཏེ། དེ་བས་ན་དེ་ལྟར་རྟག་ཏུ་དགེ་བ་དག་ནི་འཕེལ
་རྫོགས་ཤིང། །རབ་ཏུ་རྒྱས་བའི་ཏིང་ངེ་འཛིན་གྱི་སེམས་ཐོབ་ཅིང། །ཐུབ་པ་ལ་ནི་རྟག་ཏུ་གདམས་པ་ཆེ་ཐོབ་ན། །སེམས་བ་མཆོག་གིས་ཡོན་ཏན་རྒྱ་མཚོའི་ཕ་རོལ་འགོ་ཞེས་བྱ་བ་སྨོས་ཏེ། ས་དང་པོ་མོས་པའི་སར་བསྐལ་བ་གྲངས་མེད་པ་གཅིག་གི་བར
་དུ་བསོད་ནམས་ཀྱི་ཚོགས་རྟག་ཏུ་བསགས་བ་དང། དེ་ནས་ས་གཉིས་ནས་ས་བདུན་གྱི་བར་དུ་བསོད་ནམས་ཀྱི་ཚོགས་རྟག་ཏུ་བསགས་པ་དང། ས་བརྒྱད་ནས་ས་བཅུའི་བར་དུ་བསྐལ་པ་གྲངས་མེད་པ་གཅིག་ཏུ་བསོད་ནམས་ཀྱི་ཚོགས་རྟག་ཏུ་བསགས་པS
་བསོད་ནམས་ཀྱི་ཚོགས་རྫོགས་པར་བྱས་བས་ན་དག་བདག་འཕེལ་ཞིང་རྫོགས་པར་བྱས་ཏེ། འདིས་ནི་བསོད་ནམས་ཀྱི་ཚོགས་རྫོགས་པར་བསྟན་ཏོ། །རབ་ཏུ་རྒྱས་བའི་ཏིང་ངེ་འཛིན་ཐོབ་བ་ཞེས་བྱ་བ་ནི་ཐེག་པ་ཆེན་པོའི་ཞི་གནས་དང་ལྷག་མཐོང་གི་ཏིང་ངེ་འཛིན
་ཀྱང་ཐོབ་ཅེས་བྱ་བའི་དོན་ཏོ། །དེར་ཡང་མ་ཟད་ཀྱིས་དེ་དག་ལ་གནས་པའི་ཚེ་ཐེག་པ་ཆེན་པོ་གཏམས་པ་དང་གདམས་པ་མང་ཐོབ་སྟེ། དེས་ནི་ཡེ་ཤེས་ཀྱི་ཚོགས་རྫོགས་པར་བསྟན་ཏོ། །དེ་ལྟར་བསོད
་ནམས་དང་ཡེ་ཤེས་ཀྱི་ཚོགས་རྫོགས་པའི་སེམས་པའི་མཆོག་བྱང་ཆུབ་སེམས་དཔའ་ངེས་སངས་རྒྱས་ཀྱི་སར་ཡོན་ཏན་རྒྱ་མཚོའི་ཕ་རོལ་ཏུ་འགྲོ་སྟེ། དོན་དུ་ན་སྟོབས་དང་མི་འཇིགས་པ་ལ་སོགས་པའི་ཡོན་ཏན་དང་ལྡན་པ
་འཚང་རྒྱ་བ་ཐོབ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །བསྡུ་བ་སྟེ་ཞེས་བྱ་བ་ལ། གང་ལ་བསླབ་པ་དང། ཇི་ལྟར་བསླབ་པ་དང། གང་གིས་བསླབ་པ་གསུམ་ལས། ཇི་ལྟར་བསླབ་པའི་དོན་བསྡུས་ན་འདི
་རྣམས་སྟོན་ཏོ་ཞེས་བྱ་བའི་དོན་ཏོ། །མོས་པ་དང་ནི་མང་པོ་དང། །ཆོས་ཚོལ་བ་དང་བཤད་པ་དང། །དེ་བཞིན་དུ་ནི་སྒྲུབ་པ་དང། །ཡང་དག་གདམས་ཤིང་རྗེས་སུ་བསྟན་ཞེས་བྱ་བ་ལ།
་ཇི་ལྟར་བསླབ་པར་བྱ་བའི་སྐབས་ལས་འདི་ཡན་ཆད་དུ་མོས་པ་མང་པ་དང། ཆོས་ཚོལ་བ་དང། ཆོས་བཤད་པ་དང། དེ་བཞིན་དུ་སྒྲུབ་པ་དང། ཡང་དག་པར་གཏམས་ཤིང་རྗེས་སུ
་བསྟན་པ་སྟེ། དེ་རྣམས་བསྟན་ཏོ་ཞེས་བྱ་བའི་དོན་ཏོ། །གདམས་ཤིང་རྗེས་སུ་བསྟན་པའི་སྐབས་བཤད་པ་རྫོགས་སོ།།
་