| Wylie | e-texts based on the ACIP/ALL Input |
ཆེན་པོ་བྲམ་ཟེ་རིན་ཆེན་རྡོ་རྗེའི་དབོན་པོ། པཎྜི་ཏ་མཁས་བ་ཆེན་པོ་ས་ཛིན་དང། ལོ་ཙཱ་བ་ཤཱཀྱའི་དགེ་སློང་བློ་ལྡན་ཤེས་རབ་ཀྱིས། གྲོང་ཁྱེར་དཔེ་མེད་དེ་ཉིད་དུ་བསྒྱུར་བའོ།། །།ཐེག་པ་ཆེན་པོ་མདོ་སྡེའི་རྒྱན་གྱི་བཤད་པ་བཞུགས་སོ།། །རྒྱ་གར་སྐད་དུ། ་སཱུ་ཏྲཱ་ལངཀཱར་བྷཱ་ཥྱན། བོད་སྐད་དུ། མདོ་སྡེའི་རྒྱན་གྱི་བཤད་པ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །དོན་ཤེས་དོན་སྟོན་རབ་ཏུ་བྱེད་བ་དག་དང་ཚིག་རྣམས་དྲི་མེད་པས། །སྡུག་བསྔལ་བསྒྲལ་ཕྱིར་སྡུག་བསྔལ ་འགྲོ་ལ་སྙིང་རྗེའི་ཕྱིར་ཏེ་དེའི་བདག་ཉིད། །ཐེག་མཆོག་བསྟན་བའི་རྣམ་པ་ཆོས་ཀྱི་དེ་ཡིས་འགྲོ་བའི་སེམས་ཅན་ལ། །འབྱོར་པའི་དོན་ཚུལ་བླ་མེད་གྱུར་བ་ལྔ་ཡི་བདག་ཉིད་སྟོན་པར་བྱེད། །དོན་ཤེས་དོན་སྟོན་རབ་ཏུ་བྱེད་པ་ཞེས་བྱ་བ་ལ་སོགS་བ་ནི་ཅི་ཞེས་བསྟན ་བ་ལས་བརྩམས་བ་ཡིན་ནོ། །སུ་ཞིག་རྒྱན་པར་བྱེད་ཅེ་ན། དོན་ཤེས་པའོ། །རྒྱན་ཅི་ཞིག་རྒྱན་པར་བྱེད་ཅེ་ན། དོན་སྟོན་རབ་ཏུ་བྱེད་པའོ། །ཅིས་ཤེ་ན། དག་དང་ཚིག་རྣམས་དྲི་མེད་པས་ཏེ། དག་དྲི་མ་མེད་པས་ཞེས་བྱ་བ་ནི། གྲོང་ཁྱེར་པ་ལ་སོགས་པས་སོ། ། ་ཚིག་དྲི་མ་མེད་པ་ཞེས་བྱ་བ་ནི། ཚིག་དང་ཡི་གེ་རིགས་བས་དང་འབྲེལ་པ་ཞེས་བྱ་བ་རྒྱས་པར་འབྱུང་བ་སྟེ། དག་དང་ཚིག་དང་ཡི་གེ་དག་པ་མེད་པར་ནི་དོན་བསྟན་པར་མི་ནུས་སོ། །གང་གི་ཕྱིར་ཞེ་ན། སྡུག་བསྔལ་བསྒྲལ་ཕྱིར་རོ། །གང་ལས་ཤེ་ན། ་སྡུག་བསྔལ་འགྲོ་ལ་སྙིང་རྗེའི་ཕྱིར་ཏེ། དེའི་བདག་ཉིད་སྡུག་བསྔལ་བའི་འགྲོ་བ་ལ་སྙིང་རྗེ་བ་གང་ཡིན་པའི་སྙིང་རྗེའི་དེའི་ཕྱིར་རོ། །དེའི་བདག་ཉིད་ཅེས་བྱ་བ་ནི་སྙིང་རྗེའི་བདག་ཉིད་དོ། ཅི་ཞིག་གི་བགྱོན་དུ་བྱེད་ཅེ་ན། ཐེག་པ་ཆོག་བསྟན་པའི་རྣམ་པ་ཆོས་ཀྱི ་སྟེ། ཆོས་ཀྱི་རྣམ་གྲངས་གང་ལ་ཐེག་མཆོག་བསྟན་པའི་རྣམ་པ་ཡོད་པའི་ཆོས་དེ་ཡིའོ། །གང་གི་ཆེད་དུ་བརྒྱན་པར་བྱེད་ཅེ་ན། དེ་ཡིས་འགྲོ་བའི་སེམས་ཅན་ལའོ། །ལ་ཞེས་བྱ་བ་འདི་ནི་ཆེད་ཡིན་ཏེ། །ཐེག་ཆེན་པོས་འགྲོ་བའི་སེམས་ཅན་གྱི་ཆེད་དུ་ཞེས་བྱ ་བའི་ཐ་ཚིག་གོ། རྒྱན་རྣམས་པ་དུ་ཞིག་གིས་བརྒྱན་པར་བྱེད་ཅེ་ན། རྣམ་པ་ལྔ་སྟེ། འབྱོར་པའི་དོན་ཚུལ་བླ་མེད་གྱུར་པ་རྣམ་པ་ལྔའི་བདག་ཉིད་སྟོན་པར་བྱེད་དོ། །འབྱོར་པ་ཞེས་བྱ་བ་ནི་རིགས་པའོ། །བླ་མེད་གྱུར་བ་ཞེས་བྱ་བ་ནི་ཐེག་པ་བླ་ན་མེད་པར་གཏོགས་པའོ། ་དེ?་ནི?་དོན་གྱི་ཚུལ་ལྔའི་བདག་ཉིད་དེ་ཚིགས་སུ་བཅད་པ་གཉིས་པས་སྟོན་པར་བྱེད་དེ། གསེར་ལས་གཇུངས་བྱས་འདྲ་ཞིང་པདྨ་རྒྱས་པ་བཞིན་བཀྲིས་པས་ཉེན་པ་གཡོས་དེ་གས་ཁ་ཟས་ཟ་བ་འདྲ། །འཕྲིན་ཡིག་ལེགས་པ་ཐོས་འདྲ་རིན་ཆེན་སྒྲོས་བྱེ་ལྟར། །ཆོས་དེ་འདིར་བཤད ་པ་ཡང་དགའ་བའི་མཆོག་བསྐྱེད་དོ། །ཚིགས་སུ་བཅད་པ་འདིས་ནི་དཔེ་ལྔས་ཆོས་དེ་དོན་རྣམ་པ་ལྔའི་དབང་དུ་བྱས་ནས་སྟོན་ཏེ། བསྒྲུབ་པར་བྱ་བ་དང། བྱེ་བྲག་ཏུ་ཤེས་པར་བྱ་བ་དང། བསམ་པར་བྱ་བ་དང། བསམ་གྱིས་མི་ཁྱབ་པ་དང། ཡོངས་སུ་གྲུབ་པ་རྟོགས་པའི་དོན ་སོ་སོ་རང་གིས་རིག་བར་བྱ་བ་བྱང་རྒུད་ཀྱི་ཕྱོགས་དང་མཐུན་པ་འདི?་བོ་ཉིད་དོ། །དེ་མདོ་སྡེའི་རྒྱན་འདིས་རྣམ་པར་བཀྲོལ་ན་གོ་རིམ་བཞིན་དུ། གསེར་ལས་བརྡུངས་བྱས་པ་ལ་སོགས་པ་ལྟ་བུ་ཡིན་ལ། དེ་མདོ་སྡེའི་རྒྱན་དངོས་རྣམ་པར་ཕྱེ་ན་དགའ་བའི་མཆོག་བསྐྱེད ་དོ། །གང་གིས་ཚེ་ཆོས་དེ་རང་བཞིན་ཀྱིས་ཡོན་ཏན་དང་ལྡན་པ་ཡིན་ན། ཇི་ལྟར་དེ་རྒྱན་པར་བྱེད་ཅེས་བྱ་བའི་ཀླན་ཀ་འདི་ཡོངས་སུ་སྤང་བར་བྱ་བའི་ཕྱིར། །ཚིགས་སུ་བཅད་པ་གསུམ་པ་སྟེ། གཟུགས་རྒྱན་རང་བཞིན་ཡོན་ཏན་ལྡན་པ་མེ་ལོང་ནང་སོང་ན། །མཐོང་བའི་དབང ་གིས་མི་རྣམས་རབ་ཏུ་དགའ་བའི་མཆོག་བསྐྱེད་པ། །དེ་བཞིན་ལེགས་གསུངས་རྟག་ཏུ་རང་བཞིན་ཡོན་ཏན་ལྡན་པ་ཡི། །ཆོས་ཀྱང་དོན་རྣམས་ཕྱེ་བས་མཁས་རྣམས་འདི་ན་དགའ་མཆོག་བསྐྱེད། །འདིས་ཅི་སྟོན་ཞེ་ན། དཔེར་ན་གཟུགས་རྒྱན་དང་རང་བཞིན་ཉིད ་ཀྱི་ཡོན་ཏན་དང་ལྡན་པ་མེ་ལོང་གི་ནང་དུ་སོང་ན་མ་ཐོབ་བཱི་དབང་གིS་རབ་ཏུ་དགའ་བཱི་མཆོག་བསྐྱེད་པ་དེ་བཞིན་དུ་ལེག་པར་གསུངས་པ་དག་གིས་རྟག་ཏུ་ཡོན་ཏན་དང་ལྡན་པའི་ཆོས་དེ་ཡང་དོན་རྣམ་པར་ཕྱེ་བ་བློ་དང་ལྡན་པ་རྣམས་ལ་དགའ་པ་ཁྱད་བར་ཅན་བསྐྱེད་དེ། དེ་བས་ན་དགའ་ ་པའི་བྱ་དང་ཐབ?་བསྐྱེད་པའི་ཕྱིར་བརྒྱན་པ་དང་འབྲ་བར་འགྱུར་རོ། །དེའི་འོག་ཏུ་ཚིགས་སུ་བཅད་པ་བསུམ་གྱིས་ཆོས་དེ་ལ་གུས་པ་བསྐྱེད་པའི་ཕྱིར་པ་ན་ཡོན་རྣམ་པ་གསུམ་སྟོན་ཏེ། ཇི་ལྟར་བསྣམས་ན་ར་བ་དགུ?་ལ། །མྱངས་ན་ཞིམ་པའི་སྨན་བཞིན་དུ། ཆོས་ཀྱང་དེ ་བཞིན་གཉིས་སུ་གནས། །དོན་དང་ཡི་གེར་ཤེས་བར་བྱ། །ཆོས་བཀའ་རྒྱ་ཆེན་ཟབ་མོ་འདི། །རྒྱལ་པོ་བཞིན་དུ་མཉེས་པར་བཀའ་ཨོ། །མཉེས་པར་བྱས་ན་དེ་བཞིན་དུ། །ལྟོན་མཆོག་གི་ནོར་སྦྱིན་བྱེད། །རིན་ཆེན་རིགས་ལྡན་རིན་ཐང་མེད། །ལྷ ་མི་ཤེས་པའི་མི་མི་མགུ་།དེ་བཞིན་མི་མཁས་ཆོས་འདི་ལ། །བཟློག་ན་དེ་བཞིན་མགུ་བར་འགྱུར། །ཕན་ཡོན་རྣམ་པ་གསུམ་ལ། སྨན་གྱི་དཔེས་ནི་སྒྲིབ་པ་སྤོང་བའི་རྒྱུ་ཉིད་དེ། །གཉིས་སུ་གནས་ཞེས་བྱ་བ་ནི། །ཡི་གེ་དང་དོན་དུ་རྣམ་པར་གནས་པའོ། །རྒྱལ་པོ་རི་དཔེས་ནི་དབང ་འབྱོར་པའི་རྒྱུ་གཉིད། མངོན་པར་ཤེས་པ་ལ་སོགས་པ་ཡོན་ཏན་ཁྱད་པར་ཅན་རྣམས་ཀྱི་དབང་ཕྱུག་སྦྱིན་པར་བྱེད་པའི་ཕྱིར་རོ། །རིན་པོ་ཆེ་རིགས་དང་ལྡན་པ་རིན་ཐང་མེད་པའི་དཔེས་ནི། འཕགས་པའི་ནོར་ལ་སྤྱོད་པའི་རྒྱུ་ཉིད་དེ། །དེ་ལྟར་ཤེས་བའི་མི་ནི་འཕགས་པའི ་སྐྱེ་བོ་ཡིན་པར་རིག་པར་བྱའོ། །དང་པོའི་སྐབས་རྫོགས་སོ།། །ཁ་ཅིག་ཐེག་པ་ཆེན་པོ་འདི་སངས་རྒྱས་ཀྱི་བཀའ་ཡང་མ་ཡིན་ན། །དེ་ལ་ཕན་ཡོན་འདི་ལྟ་ག་ལ་ཡོད་ཅེས་ལོག་པར་ཞུགས་པ་དེ་དག་ལ་འདི་སངས་རྒྱས་གྱི་བཀའ་ཉིད་དུ་སྒྲུབ་པའི་ཕྱིར། ་གཏན་ཚིགས་རྣམ་པར་དབྱེ་བ་ལས་བརྩམས་ཏེ་ཚིགས་སུ་བཅད་པ། སྔར་ལུང་མ་བསྟན་ལྷན་ཅིག་བྱུང། །སྤྱོད་ཡུལ་མ་ཡིན་གྲུབ་པ་དང། །ལོང་དང་མེད་ན་ཡོད་མེད་དང། །གཉེན་པོ་དང་ནི་སྒྲ་གཞན་ཕྱིར། །སྔར་ལུང་མ་བསྟན་ཞེས་བྱ་བ་ནི། གལ་ཏེ་འདི་དམ་པའི་ཆོས་ཀྱི ་བར་ཆད་བྱེད་པར་ཕྱིས་འགའ་ཞིག་གིས་ཕྱུང་བ་ཡིན་ན། ཅིའི་ཕྱིར་མ་འོངས་པའི་འཇིགས་བ་བཞིན་དུ་སྔ་ནས་ལུང་མ་བསྟན། ལྷན་ཅིག་བྱུང་ཞེས་བྱ་བ་ནི་ཐེག་པ་ཆེན་པོ་ཉན་ཐོས་ཀྱི་ཐེག་པ་དང་དུས་མཉམ་དུ་བྱུང་བར་དམིགས?་ཀྱི། ཕྱིས་ནི་མ་ཡིན་ན་ཇི་ལྟར་འདི་སངས ་རྒྱས་ཀྱི་བཀའ་མ་ཡིན་པ་སྙམ་དུ་ཤེས། སྤྱོད་ཡུལ་མ་ཡིན་ཞེས་བྱ་བ་ནི། དེ་ལྟར་ཟབ་ཅིང་རྒྱ་ཆེ་བའི་ཆོས་འདི་ནི་རྟོག་གི་པ་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་ཏེ། མུ་སྟེགས་ཅན་རྣམས་ཀྱི་བསྟན་བཅོས་ལ་དེ་ལྟ་བུ་མི་དམིགས་པའི་ཕྱིར་རོ། །བརྗོད་དུ་ཟིན་ཀྱང་དེ་ལམ་མོས་བའི ་ཕྱིར་འདི་གཞན་དག་གིས་བཤད་དོ་ཞེས་བྱ་བར་ཡང་མི་རུང་ངོ། །གྲུབ་པ་ཞེས་བྱ་བ་ནི་འོན་ཏེ་གཞན་ཞིག་གིས་མངོན་པར་རྫོགས་པར་སངས་རྒྱས་ནས་བཤད་དོ་ཞེ་ན་ནི། འདི་སངས་རྒྱས་ཀྱི་བཀའ་ཡིན་པར་ཉིད་དུ་གྲུབ་སྟེ། གང་ཞིག་མངོན་པར་རྫོགས་པར་སངས ་རྒྱས་ནས། དེ་སྐད་དུ་འཆད་པ་དེ་ཉིད་སངས་རྒྱས་ཡིན་ནོ། །ཡོད་དང་མེད་ན་ཡོད་མེད་དང་ཞེས་བྱ་བ་ནི་གལ་ཏེ་ཐེག་བ་ཆེན་པོ་ཅུང་ཟད་ཅིག་ཡོན་ན་ནི། དེ་ཡོད་དང་འདི་སངས་རྒྱས་ཀྱི་བཀའ་ཡིན་པར་གྲུབ་སྟེ། འདི་ལས་གཞན་པའི་ཐེག་པ་ཆེན་པོ་མེད་པའི་ཕྱིར་རོ། །འོན ་ཏེ་མེད་ན་ནི་དེ་མེད་དང་དེ་ཉན་ཐོས་ཀྱི་ཐེག་པ་ཡང་མེད་པས་ཉན་ཐོས་ཀྱི་ཐེག་པ་ནི་སངས་རྒྱས་ཀྱི་དཀའ་ཡིན་གྱི་ཐེག་པ་ཆེན་པོ་ནི་མ་ཡིན་ནོ་ཞེས་བྱ་བ་དེ་ཡང་མི་རུང་སྟེ། སངས་རྒྱས་ཀྱི་ཐེག་པ་མེད་པར་སངས་རྒྱས་རྣམས་མི་འབྱུང་བའི་ཕྱིར་རོ། །གཉེན་པོ་ཞེས་བྱ་བ་ནི ་ཐེག་པ་ཆེན་པོ་བསྒོམས་ན་རྣམ་པར་མི་རྟོག་པའི་ཡེ་ཤེས་ཐམས་ཅད་ཀྱི་གནས་སུ་གྱུར་བ་ཉིད་ཀྱིས་ཉོན་མོངས་པ་རྣམས་ཀྱི་གཉེན་པོར་འགྱུར་ཏེ། དེ་ལྟ་བས་ན་སངས་རྒྱས་ཀྱི་བཀའ་ཡིན་ནོ། །སྒྲ་གཞན་ཕྱིར་ཞེས་བྱ་བ་འདི་ནི་སྒྲ་ཇི་བཞིན་གྱི་དོན་མ་ཡིན་ནོ། །དེ་ལྟ་པས ་ན་སྒྲ་ཇི་བཞིན་གྱི་དོན་གྱི་རྗེས་སུ་འབྲངས་ནས་འདི་སངས་རྒྱས་ཀྱི་བཀའ་མ་ཡིན་བར་རིག་པར་ནི་མི་བྱའོ། །ལ་ལ་སྔར་ལུང་མ་བསྟན་ཞེས་བཤད་པ་གང་ཡིན་པ་བཅོམ་ལྡན་འདས་ཀྱིས་ཆེད་དུ་མ་དགོངས་ནས་མ་འོངས་པ་འདི་ལུང་མ་བསྟན་པར་ཟད་དོ་སྙམ་དུ་སེམས ་པ་ལ་བཏང་སྙོམས་སུ་བཞག་ཏུ་མི་རུང་བ་ཚིགས་སུ་བཅད་པ། སངས་རྒྱས་རྣམས་ནི་མངོན་སུམ་སྤྱན། །བསྟན་པ་དག་ཀྱང་བསྲུང་བར་མཛད། །དུས་ལའང་ཡེ་ཤེས་མ་བསྒྲིབས་པ། །དེ་ཕྱིར་བཏང་སྙོམས་མི་རུང་ངོ། །ཚིགས་སུ་བཅད་པ་འདིས་ཅི་ཞིག་སྔོན་ཞེ་ན། རྒྱ་གསུམ ་གྱིས་མ་འོངས་པ་ན་བསྟན་པ་ལ་གནོད་པ་ཆེན་པོ་ལ་བཏང་སྙོམས་སུ་བཞག་ཏུ་མི་རུང་བ་སྟོན་ཏེ། སངས་རྒྱས་རྣམས་ནི་མངོན་སུམ་པའི་སྤྱན་ཉིད་ཀྱིས་འབད་པ་མི་མངའ་བར་ཡེ་ཤེས་འཇུག་པའི་ཕྱིར་དང། བསྟན་པ་བསྲུང་བར་བྱ་བ་ལ་འབད་པ་དང་བཅས་པའི་ཕྱིར་དང། ་དུས་ཐམས་ཅད་ལ་ཡེ་ཤེས་ཐོགས་པ་མི་མངའ་བ་ཉིད་ཀྱིས་མ་འོངས་པ་མཁྱེན་བའི་མཐུས་སོ། །ལ་ལ་ཡོད་དང་མེད་ན་ཡོད་མེད་ཕྱིར་ཞེས་བཤད་པ་གང་ཡིན་པ་ཉན་ཐོས་ཀྱི་ཐག་པ་གང་ཡིན་འདི་ཉིད་ཐེག་པ་ཆེན་པོ་ཡིན་པས་འདི་ཁོ་ནས་བྱང་ཆུབ ་ཆེན་པོ་འཐོབ་པོ་སྙམ་དུ་སེམས་པས་དེའི་ཕྱིར་ཉན་ཐོས་ཀྱི་ཐེག་པ། ཐེག་པ་ཆེན་པོ་ཉིད་དུ་མི་རུང་བར་ཚིགས་སུ་བཅད་པ། མཚང་བ་དང་འགལ་བ་དང། ཐབས་མིན་དེ་ལྟར་མ་བསྟན་ཕྱིར། །ཉན་ཐོས་ཀྱི་ནི་ཐེག་པ་འདི། །ཐེག་ཆེན་ཆོས་ཞེས་བྱ་བ་མིན། །མཚད་བ་ཞེས་བྱ་བ ་ནི། གཞན་གྱི་དོན་དུ་བསྟན་པ་སྟེ། ཉན་ཐོས་ཀྱི་ཐེག་པ་ལས་ནི་ཉན་ཐོས་རྣམས་བདག་ཉིད་སྐྱོ་བ་དང། འདོད་ཆགས་དང་བྲལ་བ་དང། རྣམ་པར་གྲོལ་བ་ཙམ་གྱི་ཐབས་ཤིག་བསྟན་པའི་ཕྱིར་གཞན་གྱི་དོན་དུ་བསྟན་པ་ཅི་ཡང་མེད་ལ། རང་གི་དོན་ཁོ་ན་གཞན་དག ་ལ་བསྟན་པ་ནི་གཞན་གྱི་དོན་དུ་འགྱུར་བར་འོས་པ་མ་ཡིན་ནོ། །འགལ་བ་ཞེས་བྱ་བ་ནི་གཞན་རང་གི་དོན་ལ་སྦྱོར་བ་ནི་རང་གི་དོན་ཁོ་ན་ལ་རབ་ཏུ་སྦྱོར་བ་ཡིན་ལ། བདག་ཉིད་མྱ་ངན་ལས་འདའ་བའ་ཨི་དོན་རབ་ཏུ་སྦྱོར་བ་དེ་བླ་ན་མེད་པ་ཡང་དག་པར་རྫོཌ་པཱི་བྱང་ཆུབ་མངོན་བར་རྫོཌ། ་བར?་འཆད?་རྒྱ་བར་འགྱུར་རོ་ཞེS་བྱ་བ་འདི་ནི་འགལ་ཏེ། ཉན་ཐོས་ཀྱི་ཐེག་པ་ཁོ་ནས་ནི་བྱང་ཆུབ་ཀྱི་ཕྱིར་རིང་མོ་ཞིག་ཏུ་འབད་ཀྱང་སངས་རྒྱས་སུ་འགྱུར་བར་འོས་པ་མ་ཡིན་ནོ། །ཐབས་མིན་ཞེས་བྱ་བ་ནི་ཉན་ཐོས་ཀྱི་ཐེག་པ་ནི་སངས་རྒྱས་ཉིད་ཀྱི་ཐབས་མ་ཡིན་ནོ། །ཐབས་མ ་ཡིན་པ་རྣ་རིང་མོ་ཞིག་ཏུ་བཙལ་ཀྱང་འདོད་བའི་དོན་འཐོབ་པར་མི་འགྱུར་ཏེ། རྭ་ལ་སོགས་པ་ལས་འཇོ་བ་བཞིན་ནོ། །འོན་ཏེ་འདིར་བྱང་ཆུབ་སེམས་དཔས་ཇི་ལྟར་བསླབ་པར་བྱ་བ་གཞན་དུ་ཡང་བསྟན་ཏོ། །དེ་ལྟར་མ་བསྟན་ཕྱིར་ཏེ། ཉན་ཐོས་ཀྱི་ཐོག་པ་ཁོ་ན་ཐེག་པ ་ཆེན་པོ་ཡིན་པར་ནི་མི་འོས་ཏེ་།འདི་ལས་དེ་ལྟ་བུ་བསྟན་པ་མི་དམིགས་སོ། །ཉན་ཐོས་ཀྱི་ཐེག་བ་དང་ཐེག་པ་ཆེན་པོ་ཕན་ཚུན་འགལ་བ་ཁོ་ན་ཡིན་པས་ཕན་ཚུན་འགལ་འཚིགས་སུ་བཅད་པ། བསམ་པ་དང་ནི་བསྟནཔ་དང་།སྦྱོར་བ་དང་ནི་རྟོན་པ་དང། ། ་དུས་འགལ་ཕྱིར་ན་དམན་པ་གང། །དེ་ནི་དམན་བ་ཁོ་ན་ཡིན། །ཇི་ལྟར་འགལ་ཞེ་ན། དགལ་བ་རྣམ་པ་ལྔ་སྟེ། བསམ་པ་དང། བསྟན་པ་དང། སྦྱོར་བ་དང། །རྟོན་པ་དང། དུས་འགལ་བ་དག་གིས་སོ། །ཉན་ཐོས་ཀྱི་ཐེག་པ་ལས་ནི་བདག་མྱ་ངན་ལས ་འདས་པ་ཁོ་ནའི་ཕྱིར་བསམ་པ་དང། དེ་ཉིད་ཀྱི་ཕྱིར་བསྟན་པ་དང། དེ་ཉིད་ཀྱི་ཕྱིར་སྦྱོར་བ་དང། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱིས་བསྡུས་པའི་སྟོན་པ་ཡང་ཚུད་ལོ། དུས་ཀྱང་ཐུང་སྟེ། ཚེ་གསུམ་གྱིས་ཀྱང་དེའི་དོན་འཐོབ་བོ། །ཐེག་བ་ཆེན་པོ་ལས་ནི་ཐམས་ཅད་དེ ་ལས་བཟློག་པ་ཡིན་ཏེ། དེ་ལྟ་བས་ན་ཕན་ཚུན་འགལ་བའི་ཕྱིར་ཐེག་པ་དམན་པ་གང་ཡིན་པ་དེ་ནི་དམན་པ་ཁོ་ན་ཡིན་གྱིས། དེ་ཐེག་པ་ཆེན་པོ་ཡིན་བར་ནི་མི་འོས་སོ། །ལ་ལ་སངས་རྒྱས་ཀྱི་བཀའ་ཨི་མཚན་ཉིད་ནི་འདི་ཡིན་ཏེ། །གང་མདོ་སྡེ་ལ་ཡང་འཇུག། འདུས ་བ་ལ་ཡང་སྣང། ཆོས་ཉིན་དང་ཡང་མི་འགལ་བ་ཉིད་ཡིན་ན། ཐེག་བ་ཆེན་པོ་ནི་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པ་ཉིད་དུ་སྟོན་པའི་ཕྱིར་དེ་ལྟ་ཡང་མ་ཡིན་ཏེ། དེ་ལྟ་བས་ན་སངས་རྒྱས་ཀྱི་བཀའ་མ་ཡིན་ནོ་སྙམ་དུ་སེམས་ནི། དེའི་ཕྱིར་མཚན་ཉིད་དང་མི་འགལ་བར ་ཚིགས་སུ་བཅད་བ་རང་གི་མོད་ལའང་འཇུག་པ་དང། རང་གི་འདུལ་ལ་འང་སྣང་ཕྱིར་དང། ཟབ་པའི་ཕྱིར་དང་རྒྱ་ཆེའི་ཕྱིར། །ཆོས་ཉིད་དང་ནི་འགལ་བ་མེད། །ཚིགས་སུ་བཅད་པ་འདིས་ཅི་སྟོན་ཅེ་ན། འདི་ནི་རང་གི་ཐེག་པ་ཆེན་པོའི་མདོ་ལའང་འཇུག་པ་ཁོ་ནའོ།། ་རང་གི་ཉོན་མོངས་པ་ཐེག་པ་ཆེན་པོ་ལས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཉོན་མོངས་པ་འབྱུང་བ་གང་ཡིན་པ་འདུལ་བ་ལ་སྣང་སྟེ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཉོན་མོངས་པ་ནི་རྣམ་པར་རྟོག་པ་ཡིན་ནོ། །ཟབ་ཅིང་རྒྱ་ཆེ་བའི་མཚན་ཉིད་ཀྱི་ཕྱིར་ཆོས་ཉིད ་དང་ཡང་མི་འགལ་ཏེ། བྱང་ཆུབ་ཆེན་པོ་འཐོབ་པར་འགྱུར་བའི་ཆོས་ཉིད་ནི་?་ཁོ་ན་ཡིན་ནོ། །དེ་ལྟ་བསན་མཆན་ཉིད་དང་འགལ་བ་མེད་དོ། །སྤྱོད་ཡུལ་མ་ཡིན་ཞེས་བཤད་པས་དེའི་ཕྱིར་རྟོག་གེའི་སྤྱོད་ཡུལ་ཉིད་དུ་མི་རུང་བས་ཚིགས་སུ་བཅད་པ། རྟོག་གེ་རྟེན་ ་ཅིང་མ་ངེས་ལ། །མ་ཁྱབ་ཀུན་རྫོབ་སྐྱོ་བ་ཅན། །བྱིས་?་ནི་བརྟེན་པར་འདོད། །དེ་ཕྱིར་དེ་ནི་དེའི་ཡུལ་མིན། །རྟོག་གེ་དེ་ཁོ་ན་ཉིད་མ་མཐོང་བ་ལ་བརྟེན་པ་ནི་ལུང་ཅུང་ཟད་ལ་རྟེན་པ་ཡིན་ནོ། །དུས་གཞན་ན་གཞན་དུ་ཤེས་པའི ་ཕྱིར་མ་ངེས་པ་ཡང་ཡིན་ནོ། །ཤེས་བྱ་ཐམས་ཅད་ཡུལ་མ་ཡིན་བསམ་ཁྱབ་པ་ཡིན་ནོ། །ཀུན་རྫོབ་ཀྱི་བདེན་པའི་ཡུལ་ཅན་ཡིན་གྱི། །དོན་དམ་པའི་བདེན་པའི་ཡུལ་ཅན་ཡང་མ་ཡིན་ནོ། །སྤོབས་བ་ཡོངས་སུ་གཏུགས་པར་འགྱུར་བའི་ཕྱིར་སྐྱོ་བ་ཅན་ཡང ་ཡིན་ནོ། །ཐེག་པ་ཆེན་པོ་ནི་མདོ་སྡེ་འབུམ་ཕྲག་དུ་མ་བསྟན་པའི་ཕྱིར་བརྟེན་པའི་མེད་པ་ནས་སྐྱོ་བ་ཅན་མ་ཡིན་པའི་བར་དུ་ཡིན་ཏེ། དེའི་ཕྱིར་དེ་ནི་རྟོག་གེའི་སྤྱོད་ཡུལ་མ་ཡིན་ནོ། །ཐབས་མ་ཡིན་པའི་ཕྱིར་ཉན་ཐོས་ཀྱི་ཐེག་པས་ནི་ཡུན་རིང་མོ་ཞིག་ཏུ ་ཡང་སངས་རྒྱས་ཉིད་འཐོབ་བར་མི་ནུས་སོ་ཞེས་བཤད་བ། འོན་ཐེག་བ་ཆེན་པོ་ཇི་ལྟར་ཐབས་སུ་རུང་ཞེ་ན། ཐབས་ཉིད་དུ་རུང་བར་ཚིགས་སུ་བཅད་པ། རྒྱ་ཆེའི་ཕྱིར་དང་ཟབ་པའི་ཕྱིར། །ཡོངས་སུ་སྨིན་དང་རྣམ་མི་རྟོག་།དེ་ཕྱིར་འདི་ལས་གཉིས་བསྟན་ཏེ། །དེ་ནི ་བླ་ན་མེད་པའི་ཐབས། །ཚིགས་སུད་ཅད་པ་འདིས་ཅི་སྟོན་ཅེ་ན། མཐུ་རྒྱ་ཆེན་པོ་བསྟན་པས་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་དེ། མཐུ་ལ་མོས་པའི་སྒོ་ནས་འབད་པའི་ཕྱིར་རོ། །ཟབ་མོ་བསྟན་པས་རྣམ་པར་མི་རྟོག་སྟེ། དེའི་ཕྱིར་ཐེག་བ་ཆེན་པོ་འདི ་ལས་དེ་གཉིས་བསྟན་ཏོ། དེ་ནི་བླ་ན་མེད་པ་ཡེ་ཤེས་ཀྱི་ཐབས་ཡིན་ཏེ། དེ་གཉིས་ཀྱི་གོ་རིམ་གསབ་བཞིན་དུ་སེམས་ཅན་རྣམས་ཡོངས་སུ་སྨིན་བར་བྱེད་པའི་ཕྱིར་དང། བདག་ཉིད་ཀྱིས་སངས་རྒྱས་ཀྱི་ཆོས་ཡོངས་སུ་སྨིན་པར་བྱེད་པའི་ཕྱིར་རོ། །གང་དག ་འདིས་སྐྲག་པ་དེའི་ཕྱིར་གནས་མ་ཡིན་པ་ལ་སྐྲག་པའི་ཉེས་དམིགས་དང་རྒྱུད་ཀྱི་ཚིགས་སུ་བཅད་པ། འགྲོ་བ་དེ་གནས་མིན་ལ་སྐྲག་པ་གདུད་བྱེད་འབྱུང། བསོད་ནམས་མ་ཡིན་ཕུང་ཆན་བསགས་བྱས་ཡུན་རིང་དུ། རིགས་མེད་གྲོགས་ངན་སྔོན་དགེ་མ ་བསགས་བློ་མ་སྦྱངས། །ཆོས་འདིས་སྐྲག་འགྱུར་འདི་ནི་དོན་ཆེན་འདི་ལས་ལྷུང། །སྐྲག་པའི་གནས་མ་ཡིན་པ་ལ་སྐྲག་པ་ནི་དེའི་གནས་མ་ཡིན་པ་ལ་སྐྲག་པ་སྟེ། ངན་སོང་དག་ཏུ་གདུང་བར་བྱེད་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། བསོད་ནམས་མ་ཡིན་པའི་ཕུང ་བོ་བསགས་པ་བྱས་པའི་ཕྱིར་རོ། །དུས་ཇི་སྲིད་དུ་ཞེ་ན། ཡུན་རིང་པོར་སྟེ་།དེ་ལྟར་ན་ཉེས་དམིགས་གང་ཡིན་པ་དང། རྒྱུ་གང་གིས་ཡིན་པ་དང། དུས་ཇི་སྲིད་དུ་ཡིན་པ་དེ་བསྟན་ཏོ། །ཡང་ཅིའི་ཕྱིར་སྐྲག་ཅེ་ན། སྐྲག་བའི་རྒྱུ་རྣཾ་པ་བཞི་སྟོན་ཏེ། འདི་ལ་རིཌ་མེད་འམ? ་གྲོགS་ངན་བ་འམ། ཐེག་བ་ཆེན་པོའི་ཆོས་ཉིད་ལ་བློ་གྲོས་མ་སྦྱངས་པའམ། སྔོན་དགེ་བ་མ་བསགས་པའོ། །དོན་ཆེན་འདི་ལS་ལྟུང་ཞེས་བྱ་བ་ནི། བྱང་ཆུབ་ཆེན་པོའི་ཚོགས་ཀྱི་དོན་ལས་མ་ཐོབ་པའི་ཉམས་པ་སྟེ། འདི་ནི་ཉེས་དམིགས་གཞན་སྟོན་བ་ཡིན་ནོ། །སྐྲག ་པའི་རྒྱུ་བཤད་ནས་མི་སྐྲག་?་འགྱུར་བཤད་པར་བྱ་སྟེ། མི་སྐྲག་པའི་རྒྱུ་ཉིད་དུ་ཚིགས་སུ་བཅང་བ་དེ་ལས་གཞན་དང་གཞན་མེད་ཤིན་ཏུ་ཟབ་ཅིང་རྗེས་སོང་ཕྱིར། སྣ་ཚོགས་སྟོན་ཞིང་མང་པོའི་སྒོ་ནས་རྟག་ཏུ་སྟོན་དང་ལྡན། །ཇི་སྐད་བཤད་བཞིན་དོན་མིན་བཅོམ་ལྡན ་དགོངས་པ་ཤིན་ཏུ་ཟ་བ། །མཁས་པ་རྣམས་ཀྱིས་ཚུལ་བཞིན་བརྟཌ་ན་ཆོས་འདིར་སྐྲག་མི་འགྱུར། །དེ་ལས་གཞན་མེད་ཅེས་བྱ་བ་ནི། དེ་ལས་གཞན་པའི་ཐེག་པ་ཆེན་པོ་མེད་པའི་ཕྱིར་རོ། །འོན་ཏེ་ཉན་ཐོས་ཀྱི་ཐེག་པ་ཆེན་པོ་ཡིན་པར་གྱུར་ན་ནི། །གཞན་ཉན་ཐོས་དང ་རང་སངས་རྒྱས་མེད་པར་འགྱུར་ཏེ། ཐམས་ཅད་སངས་རྒྱས་ཁོ་ནར་འགྱུར་རོ། །ཤིན་ཏུ་ཟབ་ཅེས་བྱ་བ་ནི། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ལམ་མོ། །རྗེས་སོང་ཞེས་བྱ་བ་ནི་དུས་མཉམ་དུ་བྱུང་བའི་ཕྱིར་རོ། །སྣ་ཚོགས་སྟོན་ཅེས་བྱ་བ་ནི། འདི་ལས་ཚོགས ་ཀྱི་ལམ་སྣ་ཚོགས་སྟོན་གྱི། སྟོང་པ་ཉིད་འབའ་ཞིག་ནི་མ་ཡིན་ཏེ། དེ་ལྟ་བས་ན་འདི་ནི་དགོངས་པ་ཅན་ཡིན་པར་འགྱུར་རོ། །མང་པོའི་སྒོ་ནས་རྟག་ཏུ་སྟོན་དང་ལྡན་ཞེས་བྱ་བ་ནི་འདི་དག་མོད་དེ་དང་དེ་དག་ལས་རྣམ་གྲངས་མང་པོ་དག་གིས་ཡང་དང ་ཡང་དུ་སྟོང་པ་ཉིད་སྟོན་ཏེ། དེ་ལྟ་བས་ན་དགོས་པ་ཆེན་པོ་ཉིད་ཡོད་པར་འབྱུར?་རོ། །དེ་ལྟ་མ་མིན་ན་ལན་ཅིག་དགག་པ་ཙམ་མཛད་བར་འགྱུར་རོ། །ཇི་སྐད་བཤད་བཞིན་དོན་མིན་ཞེས་བྱ་བ་འདིའི་དོན་ནི་སྒྲ་ཇི་བཞིན་མ་ཡིན་ཏེ། དེའི ་ཕྱིར་ཡང་སྐྲག་པར་རིགས་པ་མ་ཡིན་ནོ། །བཅོམ་ལྡན་འདས་དགོངས་པ་ཤིན་ཏུ་ཟབ་ཅེས་བྱ་བ་ནི། །སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་དགོངས་བ་ནི་ཤིན་ཏུ་ཟབ་སྟེ་ཤེས་པར་བཀའ་ཨོ། དེ་ལྟ་བས་ན་བདག་ཅག་གིས་དེ་མ་ཤེས་པའི་ཕྱིར་སྐྲག་པར་བྱ་བ་མ་ཡིན་ཏེ། ་མཁས་པ་རྣམས་ཀྱིས་དེ་ལྟར་ཚུལ་བཞིན་བརྟགས་ན་སྐྲག་པར་མི་འགྱུར་རོ། །རིང་དུ་རྗེས་སུ་ཞུགས་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་ཉིད་ཡིན་པར་ཚིགས་སུ་བཅད་པ། འདི་ན་དང་པོར་ཐོས་ལ་བརྟེན་ནས་ཡིད་ལ་བྱེད་པ་འབྱུང། །ཚུལ་བཞིན་ཡིད་ལ་བྱེད་? ་ཡང་དག་དོན་ཡུལ་ཡེ་ཤེས་འབྱུང། །དེ་ལས་ཆོས་འཐོབ་དེ་ཡོད་དེ་ལས་བློ་གྲོས་རབ་ཏུ་སྐྱ། །གང་ཚེ་དེ་ནི་སོ་སོ་རང་རིག་མེད་ན་ཇི་ལྟར་ངེས། །དང་པོར་ཐོས་པ་ལ་བརྟེན་ནས་ཚུལ་བཞིན་ཡིད་ལ་བྱེད་བ་འབྱུང་ངོ། །ཚུལ་བཞིན་ཡིད་ལ་བྱ་བ་ནི། ཚུལ་བཞིན ་དུ་ཞེས་བྱ་བ་ནི་ཐ་ཚིག་སྟེ། ཚུལ་བཞིན་དུ་ཡིད་ལ་བྱེད་བ་ལས་འཇིག་རྟེན་ལས་འདས་པའི་ཡང་དག་པའི་དེ་ཁོ་ན་ཉིད་ཀྱི་དོན་གྱི་ཡུལ་ཅན་གྱི་ཡེ་ཤེས་འབྱུང་ངོ། །དེ་ལས་དེའི་འབྲས་བུ་ཆོས་འཐོབ་བོ། །ཐོབ་པ་དེ་ཡོད་ན་དེ་ལས་རྣམ་པར་གྲོལ་བའི ་ཡེ་ཤེས་རབ་ཏུ་སྐྱེའོ། །དེ་ལྟར་གང་གི་ཚེ་བློ་གྲོས་དེ་ནི་སོ་སོ་རང་གིS་རིག་པ་ཡིན་ན། དེ་མེད་ན་འདི་ཇི་ལྟར་ངེས་ཏེ། འདི་སངས་རྒྱས་ཀྱི་བཀའ་མ་ཡིན་ནོ་ཞེས་བྱ་བར་ཇི་ལྟར་ངེས་པར་འགྱུར། །སྐྲག་པའི་གཞིའི་གནས་མ་ཡིན་པ་ཉིད་དུ་ཚིགས་སུ་བཅད་པ། བདག་གིས་མི་ཤེས ་སངས་རྒྱས་ཟབ་མོ་མཁྱེན་མ་ཡིན། །ཟབ་མོ་ཅི་ཡི་ཕྱིར་ན་རྟོག་གེའི་ཡུལ་མ་ཡིན། །ཅིའི་ཕྱིར་ཟབ་མོའི་དོན་རིག་པ་དག་ཐར་འགྱུར་ཞེས། །བྱ་བ་དེ་ནི་སྐྲག་པའི་གནས་སུ་རིགས་མ་ཡིན། །རེ་ཞིག་གལ་ཏེ་བདག་གིས་འདི་མི་ཤེས་པས་སྐྲག ་པའི་གནས་ཡིན་ནོ་ཞེ་ན། དེ་ནི་རིགས་པ་མ་ཡིན་ནོ། །འོན་ཏེ་སངས་རྒྱས་ཀྱང་ཟབ་མོ་ཐུགས་སུ་ཆུང་བ་མ་ཡིན་ན། དེ་ཅིའི་ཕྱིར་རིག་སྟོན་པར་འགྱུར་ཞེས་སྐྲག་པའི་གནས་ཡིན་ནོ་ཞེས་ན། དེ་ཡང་རིགས་པ་མ་ཡིན་ནོ། །འོན་ཏེ་ཅིའི ་ཕྱིར་ཟབ་མོ་རྟོག་གའི་ཡུལ་མ་ཡིན་ཞེས་སྐྲག་པའི་གནས་མ་ཡིན་ནོ་ཞེ་ན། དེ་ཡང་རིགས་པ་མ་ཡིན་ནོ། །འོན་ཏེ་ཅིའི་ཕྱིར་ཟབ་མོའི་དོན་ནི་བདག་ཁོ་ན་ཐར་བ་ཡིན་གྱི། །རྟོག་གོ་བ་རྣམས་ནི་མ་ཡིན་ཞེས་སྐྲག་པའི་གནས་ཡིན་ནོ་ཞེ་ན། དེ་ཡང ་རིགས་བ་མ་ཡིན་ནོ། །མ་མོས་པ་ཉིད་ཀྱིས་གྲུབ་པར་ཚིགས་སུ་བཅད་པ། དམན་པར་མོས་ཤིང་ཁམས་ཀྱང་ཤིན་ཏུ་དམན། །གྲོགས་པོ་དམན་བ་དག་གིས་ཡོངས་བསྐོར་བ། །ཟབ་ཅིང་རྒྱ་ཆེ་ལེགས་བར་བཤད་པའི་ཆོས། །འདི་ལ་གལ་ཏེ་མོས་མེད་གྲུབ་པ ་ཡིན། །གང་ཞིག་དམན་པ་ལ་མོས་པ་ནི། དེས་ན་ཀུན་བཞི་རྣམ་པར་ཤེས་པ་ལ་བསྒོས་པའི་ཁམས་དམན་པ་ཁོ་ན་ཡང་དག་པར་འགྲུབ་སྟེ། གྲོགས་པོ་དམན་པ་ལ་མོས་པའི་ཁམས་ཙམ་དུ་མཚུངས་པ་དག་ཁོ་ནས་ཡོངས་སུ་བསྐོར་བ་གང་ཡིན་པ་དེ་གལ ་ཏེ་ཐེག་པ་ཆེན་པོའི་ཆོས་ཟབ་ཅིང་རྒྱ་ཆེ་བ་ལེགས་བར་བཤད་པ་འདི་ན་མོས་པ་མེད་ན། དེ་ཉིད་ཀྱི་ཐེག་པ་ཆེན་པོ་འདི་མཆོག་ཡིན་པར་གྲུབ་བོ། །མདོ་སྡེ་མ་ཐོས་པ་སྤང་དུ་མི་རུང་བར་ཚིགས་སུ་བཅད་པ། ཐོས་རྗེས་འབྲངས་ཏེ་བློ་ལན་ཐོབ་ནས་ནི། །གང་ཞིག ་ཐོས་ལ་རབ་ཏུ་བརྙས་བྱེད་བ། རྣམ་པ་སྣ་ཚོགས་དཔག་ཏུ་མེད་ལུས་ལ། །རྨོངས་པ་གང་གིས་ཕྱིར་ན་ངེས་པར་བྱེད། །དེ་ལ་མ་མོས་ལ་ནི་རག་ན། །མདོ་སྡེ་མ་ཐོས་བ་རྣམས་ཁྱད་པར་མེད་པར་སྤོང་བ་ནི་རིག་པ་མ་ཡིན་ཏེ། གང་ཞིག་ཐོས་པའི་རྗེས་སུ ་འབྲང་བ་ཁོ་ནས་བློ་དང་ལྡན་པ་ཐོབ་ནས་ཐོས་བ་ཉིད་ལ་བརྙས་པར་བྱེད་པའི་རྨོངས་བ་དེ་ཐོས་?་ན་ཚོགས་དཔག་ཏུ་མེད་བ་ལུས་བ་ཡང་བཞིན་དུ་གཏན་ཚིགས་གང་གི་ཕྱིར། འདི་སངས་རྒྱས་ཀྱི་བཀའ་?་མ་ཡིན་ནོ་ཞེས་ངེས་པར་བྱེད། དེ་ལ་ནི་ཐོས་བ ་ལས་སྟབས་གཞན?་མེད་དེ། དེ་ལྟ་བསན་མ་ཐོས་པར་སྤོང་བ་ནི་རིགས་པ་མ་ཡིན་ནོ། །གང་ཐོས་པ་དེ་ཡང་ཚུལ་བཞིན་ཡིད་བྱའི། ཚུལ་བཞིན་མ་ཡིན་པར་ནི་མ་ཡིན་ནོ། །ཞེས་ཚུལ་བཞིན་མ་ཡིན་པར་ཡིད་ལ་བྱེད་པའི་ཉེས་དམིགས ་ཀྱི་ཚིགས་སུ་བཅད་པ། དོན་སྒྲ་ཇི་བཞིན་ཡོངས་རྟོགས་ན། །བདག་ཉིད་སྟེམས་ཤིང་བློ་ཉམས་འགྱུར། །ལེགས་བར་གསུངས་པའང་སྤངས་པས་ན། །བརླག་འགྱུར་ཆོས་ལ་ཁོང་ཁྲོ་སྒྲིབ། །བདག་ཉིད་སྙམས་ཞེས་བྱ་བ་ནི། བདག་ཉིད་ཀྱི་ལྟ་བ་མཆོག་ཏུ ་འཛིན་གྱིས་མཁས་པ་ལས་དོན་མི་ཚོལ་བའོ། །བློ་ཉམས་འགྱུར་ཞེས་བྱ་བ་ནི། ཡང་དག་པ་ཇི་ལྟ་བ་བཞིན་ཤེས་པ་ལས་མ་ཐོབ་པར་ཡོངས་སུ་ཉམས་པའི་ཕྱིར་རོ། །ལེགས་པར་བཤད་པའི་ཆོས་སྤོངS་པ་ནི། དེའི་གཞི་ལས་གསོད་?་བས་མ་ཡིན་པ་འཕལ ་བའི་ཕྱིར་བརླག་པར་འགྱུར་རོ། །ཆོས་ལ་ཁོང་ཁྲོ་བའི་སྒྲིབ་པ་ནི་ཆོས་ཀྱིས་ཕོངས་པར་འགྱུར་བའི་ལས་ཏེ། འདི་ལ་ཉེས་དམིགས་ནི་དེ་ཡིན་ནོ། །སྒྲ་ཇི་བཞིན་མ་ཡིན་པའི་དོན་ཤེས་པར་ཡང་ཁོང་ཁྲོ་བར་རིག་པ་མ་ཡིན་པས་ཁོང་ཁྲོ་བར་མི་རུང་བར་ཚིགS ་སུ་བཅད་པ། ཡིད་ཀྱི་ཉེས་པ་རང་བཞིན་གདུག་པ་སྟེ། །མི་རིགས་པ་ཡི་གཟུགས་ལའང་མི་རིགས་ན། །ཐེ་ཚོམ་ཟ་བའི་ཆོས་ལ་སྨོས་ཅི་དགོས། །དེ་ཕྱིར་བཏང་བསྙོམས་བཞག་ལེགས་ཉེས་པ་མེད། །རང་བཞིན་གདུག་པ་ཞེས་བྱ་བ་ནི། རང་བཞིན ་གྱིས་ཁ་ན་མ་ཐོ་བ་དང་བཅས་པ་སྟེ། དེ་ལྟ་བས་ན་བཏང་སྙོམས་སུ་བཞག་པའོ། །ཅིའི་ཕྱིར་ཞེ་ན། དེ་ནི་ཉེས་པ་མེད་ཀྱི་ཁོང་ཁྲོ་བ་ནི་ཉེས་བ་དང་བཅས་པ་ཡིན་ནོ། །ཐེག་པ་ཆེན་པོ་མདོ་སྡེའི་རྒྱན་ལས། །ཐེག་པ་ཆེན་པོ་སྒྲུབ་པའི་སྐབས་རྫོགས་སོ།། ། ་སྐྱབས་སུ་འགྲོ་བའི་ཁྱད་པར་སྡུ་བར་ཚིགས་སུ་བཅད་པ། ཀུན་ཏུ་འགྲོ་དང་ཁས་ལེན་རྟོགས་དང་ཟིལ་གནོན་པར། །དབྱེ་བའི་རང་བཞིན་དོན་རྣམས་བཞི་ཡི་ཁྱད་པར་གྱིས། །ཐེག་པ་མཆོག་ཕྱིར་དཀོན་མཆོག་སྐྱབས་རབ་སོང་བ་གང། །དེ་ཉིད་སྐྱབས་སུ་སོང ་བ་རྣམས་ཀྱི་མཆོག་ཅེས་བྱ། །དེ་ཉིད་སྐྱབས་སུ་འགྲོ་བ་རྣམས་ཀྱི་མཆོག་ཅེས་བྱ་བ་ཅིའི་ཕྱིར་ཞེ་ན། རང་བཞིན་གྱི་དོན་གྱི་ཁྱད་པར་རྣམ་པ་བཞིའི་ཕྱིར་རོ། །དེ་ན?་རྣམ་པ་བཞི་ནི། །ཀུན་ཏུ་འགྲོ་བ་དང། ཁས་ལེན་པ་དང། རྟོགས་པ་དང། ཟིལ་གྱིས་གནོན་པར ་བྱེད་པའི་སྒོ་ནས་རིག་པར་བྱ་སྟེ། ཀུན་ཏུ་འགྲོ་བའི་དོན་དང། ཁས་ལེན་པའི་དོན་དང། རྟོག་པའི་དོན་དང། ཟིལ་གྱིས་གནོན་པའི་དོན་ཏེ། དེ་དག་ནི་འོག་ནས་སྟོན་ཏོ། །དེ་ལྟ་མོད་ཀྱི་མཆོག་ལ་སྐྱབས་སུ་འགྲོ་བ་བྱ་དཀའ་བ་མེད་པའི་ཕྱིར། ཁ་དོག་མི་སྤྲོ་བས་སྐྱབས་སུ ་འགྲོ་བར་སྤྲོ་བར་བྱ་བའི་ཕྱིར་ཚིགས་སུ་བཅད་པ། གང་ཕྱིར་དང་པོར་ངེས་པར་བྱ་བ་འདི་བཀའ་སྟེ། དེ་ནི་བཀལ་པ་སྟོང་ཕྲག་དུ་མར་སྒྲུབ་པར་བཀའ་། གང་ཕྱིར་གྲུབ་ན་སེམས་ཅན་ཕན་བྱེད་དོན་ཆེན་ཏེ། །དེ་ཕྱིར་ཐེག་ཆེན་འདི་ལ་སྐྱབས་དོན་མཆོག་ཡིན་ནོ། །འདིS ་ནི་སྐྱབས་སུ་འགྲོ་བར་དེས་པ་དེ་སྨོན་ལམ་དང་སྒྲུབ་པའི་ཁྱད་པར་དག་གིས་གྲགས་པའི་རྒྱུ་ཉིད་དུ་རྟོན་པར་བྱེད་དེ། འབྲས་བུ་ཐོབ་པའི་ཁྱད་པར་གྱིས་དོན་ཆེན་པོ་ཉིད་དོ། །སྔར་གླེངས་པ་ཀུན་ཏུ་འགྲོ་བའི་དོན་གྱི་ཚིགས་སུ་བཅད་པ། གང་ཞིག་སེམས་ཅན ་ཐམས་ཅད་བསྒྲལ་བར་ཞུགས་པ་དང། །ཐེག་པ་ཡེ་ཤེས་ཀུན་ཏུ་འགྲོ་ལ་མཁས་པར་ལྡན། །གང་ཞིག་མྱ་ངན་འདས་ལ་འཁོར་ཞི་རོ་གཅིག་པ། །དེ་འདྲའི་བློ་ལྡན་དེ་འདིར་ཀུན་འགྲོར་ཤེས་པར་བྱ། །འདིས་ནི་ཀུན་དུ་འགྲོ་བའི་དོན་རྣམ་པ་བཞི་སྟོན་ཏེ། སེམS ་ཅན་ཀུན་ཏུ་འགྲོ་བའི་དོན་ནི། སེམས་ཅན་ཐམས་ཅད་བསྒྲལ་བའི་ཕྱིར་ཞུགས་པས་སོ། །ཐེག་པ་ཀུན་ཏུ་འགྲོ་བའི་དོན་ནི་ཐེག་པ་གསུམ་ལ་མཁས་པ་དང་ལྡན་པའི་ཕྱིར་རོ། །ཡེ་ཤེས་ཀུན་དུ་འགྲོ་པའི་དོན་ནི་གང་ཟག་དང་ཆོས་ལ་བདག་མེད་པར་མཁS? ་བ་དང་ལྡན་པའི་ཕྱིར་རེ། །མྱ་ངན་ལས་འདས་པ་ཀུན་ཏུ་འགྲོ་བའི་དོན་ནི་འཁོར་བ་དང། ཞི་བ་རོ་གཅིག་པའི་ཕྱིར་ཏེ། དེ་དག་གིས་ཉེས་བ་དང་ཡོན་ཏན་ལ་རྣམ་པར་མི་རྟོག་པའི་ཕྱིར། །དེ་ལ་འཁོར་བ་དང་མྱ་ངན་ལས་འདས་པ་ལ་བྱེ་བྲག་མེད་དོ། །ཁས ་ལེན་པའི་དོན་དུ་ཚིགས་སུ་བཅད་པ། །གང་ཞིག་དགའ་བ་མང་པོས་བྱང་ཆུབ་མཆོག་དོན་གཉེར། །གང་ཞིག་སྐྱོ་བ་མེད་པར་བཀའ་བ་ཡང་དག་སྤྱོད། །གང་ཞིག་རྣམ་སངས་རྒྱས་ནས་སངས་རྒྱས་ཀུན་མཉམ་འགྱུར། །བློ་ལྡན ་དེ་ནི་ཁས་ལེན་མཆོག་ཏུ་ཤེས་པར་བྱ། །འདིར་ནི་ཁྱད་པར་རྣམ་པ་གསུམ་ཁས་ལེན་པ་ཉིད་ཀྱི་ཁྱད་པར་སྟོན་ཏེ། སྨོན་ལམ་གྱི་ཁྱད་པར་ནི་འདི་ལྟར་སངས་རྒྱས་གང་ཁོ་ན་ལས་སྐྱབས་སུ་འགྲོ་བ་དེ་ཁོ་ནའི་དངོས་པོ་དོན་དུ་གཉེར་བ་སྟེ། དེའི་ཡོན་ཏན་གྱིས ་ཁྱད་པར་ཤེས་པ་ཉིད་ཀྱི་རབ་ཏུ་དགའ་བ་མང་བའི་ཕྱིར་རོ། །སྒྲུབ་པའི་ཁྱད་པར་ནི། འདི་ལྟར་སྐྱེ་བ་མེད་པར་བཀའ་བ་སྤྱོད་པའོ། །ཐོབ་པའི་ཁྱད་པར་ནི་འདི་ལྟར་མངོན་པར་རྫོགས་པར་སངས་རྒྱས་ནས་སངས་རྒྱས་ཐམས་ཅད་དང་མཉམ་པ་ཉིད་དུ་འགྱུར ་བའོ། །ཡང་ཁས་ལེན་པའི་ཁྱད་པར་དེ་ཉིད་སངས་རྒྱས་ཀྱི་སྲས་ཀྱི་མཆོག་ཉིད་དུ་ལེགས་པར་སྐྱེས?་པར་ཚིགས་སུ་བཅད་པ་གཞན་གྱིས་སྟོན་ཏེ། སངས་རྒྱས་སྲས་ཀྱི་མཆོག་ཏུ་ལེགས་པར་གང་སྐྱེས་པ། །སེམས་དང་ཤེས་རབ་དང་ནི་ཚོགས ་ལྡན་སྙིང་རྗེ་འདི། །ས་བོན་མ་དང་མངལ་ནས་མ་མ་མཚུངས་པ་མེད། །བློ་ལྡན་དེ་ནི་ཁས་ལེན་མཆོག་ཏུ་ཤེས་པར་བྱ། །ལེགས་པར་སྐྱེས་པ་དེ་ཡང་བཙུན་པར་སྐྱེས་པའི་ཁྱད་པར་གྱིས་སྟོན་པར་བྱེད་དེ། ས་བོན་དད་མ་དང། མངལ་གྱི་གནས་དང ་མ་མ་མཚུངས་པ་མེད་པས་སོ། །སེམས་བསྐྱེད་པ་ནི་ས་བོན་ནོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་བྱང་ཆུབ་སེམས་དཔའ་ཨི་མའོ། །བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དང་ལྡན་པ་ནི་མངའ་གྱིས་གནས་ཏེ་རྟན་དུ་གྱུར་པའི་ཕྱིར་རོ། །སྙིང་རྗེ་ནི་མ? ་མ་སྟེ་དེས་བསྐྱེད་པའི་ཕྱིར་རོ། །ལེགས་པར་བསྐྱེས་པ་དེ་ཉིད་དུ་ལུས་ཀྱི་ཁྱད་པར་གྱི་ཁྱད་པར་དུ་བྱེད་ཅིང། ཡང་ཁས་ལེན་པ་དེ་ཉིད་ཀྱི་ཁྱད་པར་ཚིགས་སུ་བཅད་པ་གཞན་གྱིས་སྟོན་ཏེ། སྣ་ཚོགས་མཚན་རྣམས་ཀུན་གྱིས་དེའི་ལུས་བརྒྱན།། ་སེམས་ཅན་ཐམས་ཅད་སྨིན་པར་བྱེད་སྟོབས་ཐོབ། །སངས་རྒྱས་བདེ་ཆེན་མཛའ་ལS་ཞེ་བརྙེད། །སེམས་ཅན་ཀུན་བསྐྱབ་ཐབས་ཆེན་བཤམ་པ་ཤེས། །ལུས་ཀྱི་ཁྱད་པར་ནི་ཁྱད་པར་རྣམ་པ་བཞིས་སྟོན་ཏེ། གཟུགས་བཟང་པའི་ཁྱད་པར་ནི། མཚན་རྣམས་ཀྱིས ་བརྒྱན་པའི་ཕྱིར་རོ། །སྣ་ཚོགས་ཞེས་སྨོས་པ་ནི། ཁོར་ལོས་སྒྱུར་བ་ལ་སོགས་པའི་མཚན་ལས་ཁྱད་པར་དུ་བྱ་བའི་ཕྱིར་རོ། །སྟོབས་ཀྱི་ཁྱད་པར་ནི། སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བའི་སྟོབས་ཐོབ་པའི་ཕྱིར་རོ། །བདེ་བའི་ཁྱད་པར་ནི་སངས ་རྒྱས་ཀྱི་བདེ་བ་ཆེན་པོ་མཛའ་ཡས་བཞི་བརྙེད་པའི་ཕྱིར་རོ། །ཡེ་ཤེས་ཀྱི་ཁྱད་པར་ནི་སེམས་ཅན་ཐམས་ཅད་ཡོངས་སུ་བསྐྱབ་པར་བྱ་བའི་ཐབས་ཆེན་པོ་བཤམ་པ་ཤེས་པའི་ཕྱིར་རོ། །ཕུན་སུམ་ཚོགས་པ་རྣམ་པ་འདི་བཞིས་རྒྱལ་པོའི་སྲས་བཙུན་པར ་སྐྱེས་སོ་ཞེས་བྱ་བར་ཤེས་ཏེ། འདི་ལྟ་སྟེ། གཟུགས་ཕུན་སུམ་ཚོགས་པ་དང། སྟོབས་ཕུན་སུམ་ཚོགས་པ་དང། བདེ་བ་ཕུན་སུམ་ཚོགས་པ་དང། རང་གི་བཟོ་ཤེས་པ་ཕུན་སུམ་ཚོགས་པའོ། །ཡང་ལེགས་པར་སྐྱེས་པ་དེ་ཉིད་སངས་རྒྱས་ཀྱི་གདུང་མི་གཅོད ་པའི་སྒོ་ནས་ཚིགས་སུ་བཅད་པ་གཞན་གྱིས་སྟོན་ཏེ། སངས་རྒྱས་ཀུན་གྱིས་འོད་ཟེར་ཆེན་པོས་དབང་བསྐུར་བྱིན། །དེ་ནི་ཆོས་ལ་དབང་བ་ཀུན་དང་ཡང་དག་ལྡན། །སངས་རྒྱས་འཁོར་གྱི་དཀྱིལ་འཁོར་སྟོན་པའི་རྣམ་པ་ཤེས། །བསླབ་པ་བཅའ་བས་ཚར་བཅད ་ཕན་འདོགས་བྱེད་ལ་བརྩོན། །རྒྱུ་བཞིས་རྒྱལ་པོའི་སྲས་སུ་བཙུན་པར་སྐྱེས་པ་རང་གི་རིགས་མི་གཅོད་དེ། དབང་བསྐུར་བ་ཐོབ་པ་དང། དབང་ཐོགས་པ་མེད་པ་དང། བརྩོད་པ་བརྟག་པ་ལ་མཁས་པ་དང། ཚར་བཅད་པ་དང། ཕན་འདོགས་པར་བྱེད་པས་སོ། །དེ་དང ་ཆོས་མཐུན་པར་བྱང་ཆུབ་སེམས་དཔའ་ཡང་འོད་ཟེར་དག་གིས་དབང་བསྐུར་བ་འཐོབ་པ་དང། ཡེ་ཤེས་ཐོགས་པ་མེད་པཱི་ཕྱིར་ཆོས་ཐམས་ཅད་ལ་དབང་བ་དང་ལྡན་པ་དང། སངས་རྒྱས་ཀྱི་འཁོར་གྱི་དཀྱིལ་འཁོར་དུ་སྟོན་པའི་རྣམ་པར་ཤེས་པ་དང། བསླབ་པའི་གཞི་བཅའ་?་ ་བས་ཉེས་པ་དང་ལྡན་པ་དང་ཡོན་ཏན་དང་ལྡན་པ་རྣམས་ཚར་བཅད་པ་དང་ཕན་འདོགས་པར་བྱེད་བ་ཉིད་དོ། །ཡང་ཁས་ལེན་པའི་ཁྱད་པར་དེ་ཉིད་བློན་པོ་རྟེན་པོ་ལྟ་བུར་ཚིགས་སུ་བཅད་པ་གཞན་གྱིས་སྟོན་ཏེ། བློན་པོ་ཆེན་པོ་ལྟ་བུར་ཕ་རོལ ་ཕྱིན་ལ་འཇུག་པའི་ཕྱིར། །བྱང་ཆུབ་ཆེན་པོའི་ཕྱོགས་མཐུན་བདལ་ལ་བརྟག་ཏུ་སྤྱན་བྱེད་ཕྱིར། །གསང་བའི་གནས་ནི་རྣམ་གསུམ་རྟག་ཏུ་ཡང་དག་འཛིན་པའི་ཕྱིར། །སེམས་ཅན་མང་དོན་རྟག་ཏུ་རྒྱུན་མི་འཆད་པར་རབ་བྱེད་ཕྱིར། །འདི་ལ་རྒྱུ་བཞི ་བློན་པོ་ཆེན་པོར་བཞག་སྟེ། གཙུན་མོའི་ནང་དུ་འགྲོ་བའི་ཕྱིར་ནང་ན་སྤྱོད་པ་ཉིད་དང་།མཛོད་ཐམས་ཅད་ཀྱི་སྤྱན་པ་ཉིད་དང། གསང་གཏམ་ལ་ཡིད་བརྟན་པ་ཉིད་དང། བགོ་བཤའ་ལ་དབང་བ་ཉིད་ཀྱི་སོ། །དེ་དང་ཆོས་མཐུན་པར་བྱང་ཆུབ་སེམས ་དཔའ་ཡང་ཕ་རོལ་ཏུ་ཕྱིན་པ་རྣམས་ལ་འཇུག་པ་དང། མདོ་སྡེ་དེ་དང་དེ་དག་ལས་བྱང་ཆུབ་ཆེན་པོའི་ཕྱོགས་དང། མཐུན་པ་བདལ་བ་རྣམས་ལ་མི་བརྗོད་པའི་ཆོས་ཅན་ཡིན་པའི་ཕྱིར་རྟག་ཏུ་སྤྱན་བྱེད་པ་དང། རྟག་ཏུ་སྐུ་དང་གསུང་དང་ཐུགས་ཀྱི་གསང་བ ་རྣམ་པ་གསུམ་འཛིན་པ་དང། སེམས་ཅན་མཛའ་ཡས་པའི་དོན་བྱེད་པའི་ཕྱིར། རྟག་ཏུ་རྒྱུན་མི་འཆད་པར་སེམས་ཅན་མང་པོའི་དོན་བྱེད་པའོ། །རྟོགས་པའི་དོན་ནུ?་ཚིགས་སུ་བཅད་པ། བསོད་ནམས་ཕུང་ཆེན་སྲིད་གསུམ་བླ་མ་སྲིད་པའི་བདེ་བ་དང། །སྡུག ་བསྔལ་ཕུང་པོ་ཆེན་པོར་བཞི་བློ་མཆོག་བདེ་བ་དང། །ཆོས་མང་ཕུང་པོ་མཆོག་རབ་རྟག་པའི་སྐུ་སྟེ་དགེ་བའི་ཚོགས། །བག་ཆགས་བཟློག་ཅིང་སྲིད་དང་ཞི་ལས་རྣམ་པར་ཀྲོལ་བ་འཐོབ། །དེ་ལ་ཆོས་འདི་ལ་མོས་པའི་དུས་ཉིད་ན་བསོད་ནམས་ཀྱི་ཕུང་པོ་ཆེན ་པོ་འཐོབ་པོ། །སེམས་བསྐྱེད་པའི་དུས་ན་སྲིད་པ་གསུམ་གྱི་བླ་མ་ཉིད་དོ། །བསམས་བཞིན་དུ་སྐྱེ་བ་ཡོངས་སུ་འཛིན་པའི་དུས་ན་སྲིད་པའི་བདེ་བའོ། །མངོན་པར་རྟོགས་པའི་དུས་ན་སེམས་ཅན་ཐམས་ཅད་བདག་ཉིད་དུ་ཁས་བླངས་པས་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ ་རབ་ཏུ་ཞི་བ་སྟེ། འདས་རབ་ཏུ་ཞི་བར་བྱེད་པས་ན་རབ་ཏུ་ཞི་བའོ། །མི་སྐྱེ་བའི་ཆོས་ལ་བཟོད་པའི་དུས་ན་བློ་མཆོག་གི་བདེ་བའོ། །མངོན་པར་རྫོགས་པར་བྱང་ཆུབ་པའི་དུས་རྣ་ཆོས་མང་པོའི་ཕུང་པོ་ལ་སོགས་པ་སྟེ། དེ་ལ་སངས་རྒྱས་རྣམས་ཀྱི་ཆོས་ཀྱི་སྐུ་ནི་མདོའི་སྡེ་ལ ་སོགས་པའི་ཆོས་མཛའ་ཡས་པའི་འབྱུང་གནས་ཡིན་པའི་ཕྱིར་ཆོས་མང་ཕུང་པོའོ། །ཆོས་ཐམས་ཅད་ཀྱི་མཆོག་ཡིན་པའི་ཕྱིར་མཆོག་རབ་བོ། །ཟད་མི་ཤེས་པའི་ཕྱིར་རྟག་པའོ། །སྟོབས་དང་མི་འཇིགས་པ་ལ་སོགས་པ་དགེ་བའི་ཆོས་རྣམས ་བསགས་པའི་ཕྱིར་དགེ་བའི་ཚོགས་སོ། །དེ་ལྟ་བུའི་སྐུ་དེ་དང། བག་ཆགས་བཟློག་པ་དང། འཁོར་བ་དང་མྱ་ངན་ལS་འདས་པ་དག་ལ་མི་གནས་པའི་ཕྱིར་སྲིད་པ་ཡང་ཞི་བ་དག་ལས་རྣམ་པར་གྲོལ་བ་འཐོབ་སྟེ། རྣམ་པ་དེ་བརྒྱད་ནི་རྟོགས་པའི་དོན་ཏོ། །ཟིལ ་གྱིས་གནོན་པའི་དོན་དུ་ཚིགས་སུ་བཅད་པ། བློ་ལྡན་ཉན་ཐོས་ཚོགས་བཅས་དགེ་བརྒྱ་ཆེན་དོན་ཆེ་དང། །མཛའ་ཡས་རྟག་རྒྱུན་མི་འཆད་ཟད་མི་ཤེས་པས་ཟིལ་གྱིས་གནོན། །དགེ་བ་དེ་ཡང་འཇིག་རྟེན་འཇིག་རྟེན་མ་ཡིན་ཡོངས་སྨིན་བྱེད། །དབང་འབྱོར་རྙེད ་པ་དེ་ནི་ཕུང་པོ་ཞི་བས་ཟད་མི་ཤེས། །བྱང་ཆུབ་སེམས་དཔའ་རྒྱུ་བཞིས་ཉན་ཐོས་རྣམས་ཟིལ་གྱིས་གནོན་ཏེ། དགེ་བའི་རྩ་བ་རྒྱ་ཆེ་བ་ཉིད་དང། །དོན་ཆེ་བ་ཉིད་དང། ཚད་མེད་པ་ཉིད་དང། ཟད་མི་ཤེས་པ་ཉིད་ཀྱིས་སོ། །དགེ་བ་རྣམ་པ་བཞི་བཤད་པ་གང་ཡིན ་པ་དེ་ཡང་འཇིག་རྟེན་དང་འཇིག་རྟེན་མ་ཡིན་པ་དང། ཡོངས་སུ་སྨིན་པར་བྱེད་པ་དང། དབང་འབྱོར་པ་རྙེད་པ་སྟེ། འཇིག་རྟེན་ལས་འདས་པ་དང། ཡོངས་སུ་སྨིན་པར་བྱེད་པ་དང། དབང་འབྱོར་པའོ། །ཡོན་ཏན་དེ་བཞི་ནི་དགེ་བའི་དབང་དུ་བྱས་ཏེ་བསྟན ་པ་ཡིན་ནོ། །དབང་འབྱོར་པ་གང་ཡིན་པ་དེ་ནི་ཕུང་པོ་ཞི་བས་ཟད་མི་ཤེས་པར་རིག་པར་བྱ་སྟེ། ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པར་ཡང་མི་ཟད་པའི་ཕྱིར་རོ། །སྐྱབས་སུ་འགྲོ་བ་བརྗོད་པར་ཚིགས་སུ་བཅད་པ། འདི་ནི་དེ་དངོས་འདོད་པས་ཁས ་ལེན་དེ་ཡང་སྙིང་བརྩེ་ལས་རིག་བྱ། །དེ་ལས་རྣམ་པ་ཀུན་མཁྱེན་ཕན་དང་བདེ་བྱེད་བཀའ་ལ་སྐྱོ་བ་མེད། །ངེས་པར་འབྱུང་ལ་ཐེག་པ་ཀུན་གྱིས་རྟོན་པའི་ཡོན་ཏན་རྟག་ཏུ་ལྡན། །བརྡ་དང་ཆོས་ཉིད་ཐོབ་པ་བློ་ལྡན་རྣམས་ཀྱི་སྐྱབས ་འགྲོ་འདི་མཆོག་ཡིན། །འདིས་ནི་སྐྱབས་སུ་འགྲོ་བའི་ངོ་བོ་དང། རྒྱུ་དང། འབྲས་བུ་དང། ལས་དང་ལྡན་པ་དང། དབྱེ་བའི་དོན་རྣམས་བསྟན་ཏེ། སངས་རྒྱས་ཉིད་འདོད་པས་ཁས་ལེན་པ་ནི་སྐྱབས་སུ་འགྲོ་བའི་ངོ་བོ་ཉིད་ཡིན་ནོ། །དེ་ཡང་སྙིང ་རྗེ་ལས་རིགས་པར་བྱའོ་ཞེས་བྱ་བ་ནི་རྒྱུའོ། །དེ་ལས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཅེས་བྱ་བ་ནི་འབྲས་བུའོ། །སེམས་ཅན་རྣམས་ལ་ཕན་པ་དང་བདེ་བ་བྱེད་ཅིང་དགའ་བ་སྤྱད་པ་དག་ལ་མི་སྐྱོ་བ་ནི་ལས་སོ། །ངེས་པར་འབྱུང་བར་བྱ་བ་ལ ་ཐེག་པ་ཐམས་ཅད་ཀྱིས་རྟོན་པའི་ཡོན་ཏན་དང་ལྡན་པ་ནི་ལྡན་པའོ། །བདར་གཏགས་པ་དང་ཆོས་ཉིད་ཀྱིས་ཐོབ་པ་རགས་པ་དང་ཕྲ་བའི་ཁྱད་པར་གྱིས་རབ་ཏུ་དབྱེ་བའི་མཚན་ཉིད་ནི་དབྱེ་བའོ། །སྐྱབས་སུ་འགྲོ་བའི་ཁྱད་པར་གྱི་ཚིགས་སུ་བཅད་པ་།སྐྱབS ་སུ་འགྲོ་བ་འདིར་སོང་དོན་ཆེན་ཏེ། དེ་ནི་དཔག་མེད་ཡོན་ཏན་ཚོགས་འཕེལ་འགྱུར། །འགྲོ་བ་འདི་ལ་སྙིང་རྗེའི་བསམ་པས་ཁྱབ། །མཚུངས་མེད་འཕགས་ཆེན་ཆོས་ཀྱང་རྒྱལ་བར་བྱེད། །འདིར་སྐྱབས་སུ་འགྲོ་བ་དོན་ཆེ་བ་ཉིད་ནི་རང་དང་གཞན་གྱི ་དོན་སྒྲུབ་པ་དག་གིས་སྟོན་ཏེ། རང་གི་དོན་སྒྲུབ་པ་ནི་ཡོན་ཏན་རྣམ་པ་མང་པོ་དཔག་ཏུ་མེད་པ་འཕེལ་བས་སོ། །དཔག་ཏུ་མེད་པ་ཉིད་ནི་རྟོག་གེ་དང་གྲངས་དང་དུས་ཀྱིས་དཔག་ཏུ་མེད་པ་ཉིད་ལས་རིག་པར་བྱ་སྟེ། ཡོན་ཏན་འཕེལ་བ་དེ་ནི་རྟོག་གས་ཀྱང ་དཔག་ཏུ་མེད་ལ་གྲངས་ཀྱིས་ཀྱང་མ་ཡིན་ནོ། །གཏན་དུ་བ་ཡིན་པའི་ཕྱིར་དུས་ཀྱིས་ཀྱང་མ་ཡིན་ནོ། །གཞན་གྱི་དོན་སྒྲུབ་པ་ཡང་བསམ་པའི་སྒོ་ནས་ནི་སྙིང་རྗེ་ཁྱབ་པས་སོ། །སྦྱོར་བའི་སྒོ་ནས་ཐེག་པ་ཆེན་པོའི་ཆོས་རྒྱས་པར་བྱེད་པའི་ཕྱིར་ཏེ། ཐེག་པ ་ཆེན་པོ་ནི་འཕགས་པ་ཆེན་པོ་རྣམས་ཀྱི་ཆོས་ཡིན་ནོ། །སྐྱབས་སུ་འགྲོ་བའི་སྐབས་རྫོགས་སོ།། །།རིགས་རབ་ཏུ་དབྱེ་བ་བསྡུ་བར་ཚིགས་སུ་བཅད་པ། ཡོད་དང་མཆོག་དང་མཚན་ཉིད་དང། །རྟགས་དང་རབ་ཏུ་དབྱེ་བ་དང། །ཉེས་དམིགས ་དང་ནི་ཕན་ཡོན་དང། །དཔེ་རྣམ་གཉིས་ཏེ་རྣམ་པ་བཞི། །འདིས་ནི་རིགས་ཡོད་པ་ཉིད་དང། མཆོག་ཉིད་དང་མཚན་ཉིད་དང། རྟགS་དང། རབ་ཏུ་དབྱེ་བ་དང། ཉེས་དམིགས་དང། ཕན་ཡོན་དང། དཔེ་ཞེས་བྱ་བ་ཁྱབ་པར་དེ་དག་བསྡུས་ཏེ་། ་ཁྱད་པར་དེ་དག་ཀྱང་སོ་སོར་རྣམ་པ་བཞི་བཞིའོ། །ཡོད་པ་ཉིད་དུ་རྣམ་པར་དབྱེ་བར་ཚིགས་སུ་བཅད་པ། ཁམས་རྣམས་དང་ནི་མོས་པ་དང། །སྒྲུབ་པ་ཐ་དད་དབྱེ་བ་དང། །འབྲས་བུ་ཐ་དད་དམིགས་པཱི་ཕྱིར། །རིགས་ཡོད་ཉིད་དུ་ངེས་པར་བརྗོད། །སེམS ་ཅན་རྣམས་ནི་ཁམས་སྣ་ཚོགས་པ་ཡིན་པའི་ཕྱིར། ཁམས་ཀྱི་དབྱེ་བ་དཔག་ཏུ་མེད་དེ། ཇི་སྐད་དུ་བ་རུ་རའི་མདོ་ལས་བཤད་པ་ལྟ་བུའོ། །དེ་ལྟ་བས་ན་ཁམས་ཀྱི་དབྱེ་བ་དེ་ལྟ་བུ་ཡང་ཡིད་ཆེས་པར་བྱ་དགོས་པས་ཐེག་པ། གསུམ་གྱི་རིགས་ཐ་དད ་པ་ཡོད་དོ། །སེམས་ཅན་རྣམས་ཀྱི་མོས་པ་ཐ་དད་པ་ཡང་དམིགས་ཏེ། ཐོག་མ་ཁོ་ནར་ལ་ལ་ཐེག་པ་འགའ་ཞིག་ཁོ་ན་ལ་མོས་པར་འགྱུར་རོ། །དེ་ནི་རིགས་ཀྱི་དབྱེ་བ་མེད་པར་མི་འགྱུར་རོ། །རྐྱེན་གྱིས་དབང་གིས་མོས་པ་བསྐྱེད་དུ་ཟིན་ཀྱང་སྒྲུབ་པ་ཐ ་དད་པ་དམིགས་ཏེ། ཁ་ཅིག་ནི་ངེས་པར་སྒྲུབ་ལ། ཁ་ཅིག་ནི་མ་ཡིན་ནོ། །དེ་ཡང་རིགས་ཀྱི་དབྱེ་བ་མེད་པར་མི་འགྱུར་རོ། །འབྲས་བུ་ཐ་དད་པ་བྱང་ཆུབ་དམན་པ་དང། འབྲིང་དང་ཁྱད་པར་ཅན་རྣམས་ཀྱང་དམིགས་ཏེ། དེ་ཡང་འབྲས་བུ་ནི་ས་བོན་གྱི་ངོ་བོ ་དང་མཐུན་པའི་ཕྱིར། །རིགས་ཀྱི་དབྱེ་བ་མེད་པར་མི་འགྱུར་རོ། །མཆོག་ཉིད་དུ་རྣམ་པར་དབྱེ་བར་ཚིགས་སུ་བཅད་པ། དེ་དགེ་ཁྱད་པར་འཕགས་པ་དང། །ཐམས་ཅད་དང་ནི་དོན་ཆེན་དང། །མི་ཟད་པ་ཡི་རྒྱུ་མཚན་ཕྱིར། །རིགས་མཆོག་ཉིད་ཅེས ་བརྗོད་པ་ཡིན། །འདིར་རིགས་ནི་རྒྱུ་མཚན་བཞིས་མཆོག་ཉིད་དུ་སྟོན་ཏེ། རིགས་དེ་ནི་དགེ་བའི་རྩ་བ་རྣམས་ཁྱད་པར་དུ་འཕགས་པ་དང། ཐམས་ཅད་དང། དོན་ཆེན་པོ་དང། མི་ཟད་པ་ཉིད་ཀྱི་རྒྱུ་མཚན་ཡིན་ནོ།། ་ཉན་ཐོས་རྣམས་ཀྱི་དགེ་བའི་རྩ་བ་ནི་དེ་ལྟར་སྦྱངས་པ་མ་ཡིན་ནོ། །ཐམས་ཅད་ཡོད་པ་ཡང་མ་ཡིན་ཏེ། སྟོབས་དང་མི་འཇིགས་པ་ལ་སོགས་པ་མེད་པའི་ཕྱིར་རོ། །དོན་ཆེན་པོ་ཡང་མ་ཡིན་ཏེ། གཞན་གྱི་དོན་མེད་པའི་ཕྱིར་རོ། །མི་ཟད་པ་ཡང་མ ་ཡིན་ཏེ། ཕུང་པོའི་ལྷག་མ་མེད་པར་མྱ་ངན་ལས་འདའ་བར་མཐར་ཐུག་པའི་ཕྱིར་རོ། །མཚན་ཉིད་རྣམ་པར་དབྱེ་བར་ཚིགས་སུ་བཅད་པ། རང་བཞིན་དང་ནི་རྒྱས་བ་དང། །དེ་ནི་རྟེན་དང་རྟེན་པ་དང། །ཡོད་མིང་ཉིད་དང་ཡོན་ཏན་ནི། །སྒྲོལ་བའི་དོན ་དུ་ཤེས་པར་བྱ། །འདིས་ནི་རིགས་རྣམ་པ་བཞི་སྟོན་ཏེ། རང་བཞིན་དུ་གནས་པ་དང། ཡང་དག་པར་བསྒྲུབས་པ་དང། རྟེན་གྱིས་ངོ་བོ་ཉིད་དང། བརྟེན་པའི་ངོ་བོ་ཉིད་དེ་དག་ཉིད་དང་གོ་རིམ་བཞིན་ནོ། །དེ་ནི་རྒྱུ་འི་དངོས་པོར་ཡོད་དོ། །འབྲས་བུའི ་དངོས་པོར་མེད་དོ། །རིགས་ནི་ཡོན་ཏན་སྒྲོལ་བའི་དོན་དུ་ཡང་རིག་པར་བྱ་སྟེ། འདི་ལས་ཡོན་ཏན་སྒྲོལ་ཞིང་འབྱུང་བའི་ཕྱིར་རོ། །རྟགས་རྣམ་པར་དབྱེ་བར་ཚིགས་སུ་བཅད་པ། སྦྱོར་བའི་སྔོན་དུ་སྙིང་རྗེ་དང། །མོས་པ་དང་ནི་བཟོད་པ་དང། །དགེ ་པ་ཡང་དག་སྤྱོད་པ་ནི། །རིག་ཀྱིས་རྟགས་སུ་ཤེས་པར་བྱ། །བྱང་ཆུབ་སེམས་དཔའ་ཨི་རིགས་ཀྱི་རྟགས་ནི་རྣམ་པ་བཞི་སྟེ། སྦྱོར་བའི་སྔོན་རོལ་ཉིད་ནས་སེམས་ཅན་རྣམས་ལ་སྙིང་རྗེ་བ་དང། ཐེག་པ་ཆེན་པོའི་ཆོས་ལ་མོས་པ་དང། དཀའ་བ ་སྤྱད་པ་དག་ལ་ཇི་མི་སྙམ་པའི་དོན་གྱིས་བཟོད་པ་དང། ཕ་རོལ་ཏུ་ཕྱིན་པའི་རང་བཞིན་གྱི་དགེ་བ་ཡང་དག་པར་སྤྱོད་པའོ། །རབ་ཏུ་དབྱེ་བ་རྣམ་པར་དབྱེ་བར་ཚིགས་སུ་བཅད་པ། རིགས་ནི་ངེས་དང་མ་ངེས་པ། །རྐྱེན་རྣམས་ཀྱིས་ནི་མི་འཕྲོགས་དང། །འཕྲོཌ ་པ་ཉིད་དེ་མདོར་ན་རིགས། །དབྱེ་བ་འདི་ནི་རྣམ་པ་བཞི། །རིགས་ནི་མདོར་ན་རྣམ་པ་བཞི་སྟེ། ངེས་པ་དང་མ་ངེས་པ་དང་དེ་དག་ཉིད་གོ་རིམ་བཞིན་དུ་རྐྱེན་རྣམས་ཀྱིས་མི་འཕྲོགས་པ་དང་འཕྲོགས་པའོ། །ཉེས་དམིགས་རྣམ་པར་དབྱེ་བར་ཚིགས་སུ་བཅད་པ། ཉོན་མོང ་གོམས་དང་གྲོགས་ངན་དང། །ཕོངས་དང་གཞན་གྱི་དབང་ཉིད་དེ། །མདོར་ན་རིགས་ཀྱི་ཉེས་དམིགས་ནི། །རྣམ་པ་བཞི་རུ་ཤེས་པར་བྱ། །བྱང་ཆུབ་སེམས་དཔའ་ཨི་རིགས་ཀྱི་ཉེས་དམིགས་ནི། །གང་གིས་ན་རིགས་ལ་གནས་ཀྱང་ཡོན་ཏན་དག་མི་འཇུག་པ་ནི་མདོར ་ན་རྣམ་པ་བཞི་སྟེ། ཉོན་མོངས་པ་མང་བ་དང། མི་དགེ་བའི་གྲོགས་པོ་དང། ཡོ་བྱད་ཀྱིས་ཕོངས་པ་དང། གཞན་གྱི་དབང་དུ་གྱུར་པའོ། །ཕན་ཡོན་རྣམ་པར་དབྱེ་བར་ཚིགས་སུ་བཅད་པ། རིང་མོ་ཞིག་ན་ངན་སོང་དུ། །འགྲོ་ཞིང་མྱུར་དུ་ཐར་པ་དང། །དེ་ན་འང ་སྡུག་བསྔལ་ཆུང་ངུ་མྱོང། །སྐྱོ་བཅས་སེམས་ཅན་སྨིན་པར་བྱེད། །བྱང་ཆུབ་སེམས་དཔའ་ཨི་རིགས་ལ་ཕན་ཡོན་རྣམ་པ་བཞི་སྟེ། རིང་མོ་ཞིག་ན་ངན་སོང་དུ་འགྲོ་བ་དང། དེ་དག་ནས་མྱུར་དུ་ཐར་པ་དང། དེ་དག་ཏུ་སྐྱེས་ནས་ཡང་སྡུག་བསྔལ་ཆུང་ངུ་མྱོང་བ་དང། ་སེམས་སྐྱོ་ཞིང་དེར་སྐྱེས་པའི་སེམས་ཅན་རྣམས་སྙིང་རྗེས་ཡོངས་སུ་སྨིན་པར་བྱེད་པའོ། །གསར་གྱི་རིགས་ཆེན་པོ་དང་འདྲ་པར་ཚིགས?་སུ་བཅད་པ། གསེར་གྱི་རིགས་བཞིན་ཤེས་པར་བྱ། །དགེ་བ་དཔག་ཏུ་མེད་པའི་གནས། །ཡེ་ཤེས་དང་ནི་དྲི་མེད་ལྡན།། ་མཐུ་རྣམས་ཀྱི་ཡང་གནས་ཡིན་ནོ། །གསེར་གྱིས་རིགས་རིན་པོ་ཆེ་ནི་གསེར་རྣམ་པ་བཞིའི་གནས་སུ་འགྱུར་ཏེ། མང་པོ་དང་འོད་གསལ་བ་དང། དྲི་མ་མེད་པ་དང། ལས་སུ་རུང་བའོ། །དེ་དང་ཆོས་མཐུན་པར་བྱང་ཆུབ་སེམས་དཔའ་ཨི་རིགས་ཀྱང་དགེ་བའི་རྩ ་དཔག་ཏུ་མེད་པའི་གནས་དང་ཡེ་ཤེས་ཀྱི་གནS་དང། ཉོན་མོངས་པའི་དྲི་མ་མེད་བའི་གནས་དང། མངོན་བར་ཤེས་པ་ལ་སོགས་པའི་མཐུའི་གནས་ཡིན་ཏེ། དེ་ལྟ་བས་ན་གསེར་གྱིས་རིགས་ཆེན་པོ་ལྟ་བུར་རིགས་པར་བྱའོ། །རིན་པོ་ཆེའི་རིགས་ཆེན ་པོ་དང་འདྲ་བར་ཚིགས་སུ་བཅད་པ། །རིན་ཆེན་མཆོག་རིགས་བཞིན་ཤེས་བྱ། །བྱང་ཆུབ་ཆེན་པོའི་རྒྱུ་མཚན་ཕྱིར། །ཡེ་ཤེས་ཆེ་དང་ཏིང་འཛིན་འཕགས། །སེམས་ཅན་མང་པོའི་དོན་གནས་ཕྱིར། །རིན་པོ་ཆེའི་རིགས་ཆེན ་པོ་ནི་རིན་པོ་ཆེ་བཞིའི་གནས་སུ་འགྱུར་ཏེ། རིགས་དང་ལྡན་པ་དང། ཁ་དོག་ཕུན་ཚུམ་ཚོགས་པ་དང། དབྱིབས་ཕུན་སུམ་ཚོགས་པ་དང། ཚད་ཕུན་སུམ་ཚོགས་པའོ། །བྱང་ཆུབ་སེམས་དཔའ་ཨི་རིགས་ཀྱང་དེ་དང་འདྲ་བར་རིགས་པར་བྱ་སྟེ། བྱང་ཆུབ ་ཆེན་པོའི་རྒྱུ་མཚན་ཡིན་པའི་ཕྱིར་དང། ཡེ་ཤེས་ཆེན་པོའི་རྒྱུ་མཚན་ཡིན་པའི་ཕྱིར་དང། འཕགས་པའི་ཏིང་ངེ་འཛིན་གྱི་རྒྱུ་མཚན་ཡིན་པའི་ཕྱིར་ཏེ། ཏིང་ངེ་འཛིན་ནི་སེམས་ཡང་དག་པར་གནས་པའོ། །སེམས་ཅན་མང་པོ་ཡོངས་སུ་སྨིན་པར ་བྱེད་པའི་རྒྱུ་མཚན་ཡིན་པའི་ཕྱིར་ཏེ། སེམས་ཅན་མཛའ་ཡས་པ་ཡོངས་སུ་སྨིན་པར་བྱེད་པའོ། །རིགས་མེད་པ་ལ་གནས་པ་རྣམ་པར་དབྱེ་བར་ཚིགས་སུ་བཅད་པ། ལ་ལ་གཅིག་ཏུ་ཉེས་པར་སྤྱོད་ངེས་ཡོད། །ལ་ལ་དཀར་པོའི་ཆོས ་རྣམས་ཀུན་དུ་བཅོམ། །ལ་ལ་ཐར་པའི་ཆ་མཐུན་དགེ་བ་མེད། །དཀར་པོ་དམན་པ་ཡོད་པ་རྒྱུ་དང་བྲལ། །དོན་འདི་ལ་ནི་རིགས་མེད་པ་ལ་གནས་པ་ཡོངས་སུ་མྱ་ངན་ལས་མི་འདའ་བའ་ཨི་ཆོས་ཅན་ཡིན་པར་བཞེད་དོ། །དེ་ཡང ་མདོར་བསྡུ་ན་རྣམ་པ་གཉིས་ཏེ། དེའི་དུས་དང་གཏན་ཡོངས་སུ་མྱ་ངན་ལས་མི་འདའ་བའ་ཨི་ཆོས་ཅན་ནོ་དོན་དུས་སུ་ཡོངས་སུ་མྱ་ངན་ལས་མི་འདའ་བའ་ཨི་ཆོས་ཅན་ཡང་རྣམ་པ་བཞི་སྟེ། གཅིག་ཏུ་ཉེས་པར་སྤྱོད་པ་དང། དགེ་བའི་རྩ ་བ་ཀུན་དུ་ཆང་པ་དང། ཐར་པའི་ཆ་དང་མཐུན་པའི་དགེ་བའི་རྩ་བ་མེད་པ་དང། དགེ་བ་དང། དགེ་བའི་རྩ་བ་དམན་པ་ཡོད་པ་རྣམས་ཡོངས་སུ་མ་རྫོགས་པའོ། །གཏན་ཡོངས་སུ་མྱ་ངན་ལས་མི་འདའ་བའ་ཨི་ཆོས་ཅན་ནི་རྒྱུ་དང་བྲལ་བ་སྟེ། གང ་ལ་ཡོངས་སུ་མྱ་ངན་ལས་འདའ་བའ་ཨི་རིགས་ཉིད་མེད་པའོ། །རང་བཞིན་དང་རྒྱས་པའི་རིགས་རྣམ་པར་དབྱེ་བ་ཉིད་དུ་ཚིགས་སུ་བཅད་པ། ཟབ་ཅིང་རྒྱ་ཆེར་བཤད་པ་གཞན་ལ་ཕན་ཕྱིར་བསྟན་པའི་ཆོས་ཆེན་ལ། །མི་ཤེས་བཞིན་དུ་མོས་པ་ཤིན་ཏུ་རྒྱ་ཆེན་བྱུང ་ཞིང་སྒྲུབ་པ་བཟོད། །དེ་དག་ཐ་མར་རྣམ་གཉིས་མཆོག་ཕུན་སུམ་ཚོགས་འགྱུར་གང་ཡིན་དེ། །བྱང་ཆུབ་སེམས་དཔའ་རང་བཞིན་ཡོན་ཏན་ལྡན་དེ་རྒྱས་པའི་རིགས་ལས་ཤེས། །ཟབ་ཅིང་རྒྱ་ཆེ་བར་བཤད་པ་གཞན་ལ་ཕན་པར་བྱ་བའི་ཕྱིར་བསྟན་པ་ཐེག་པ ་ཆེན་པོའི་ཆོས་རྒྱ་ཆེན་པོ་ལ་ཟབ་ཅིང་རྒྱ་ཆེ་བའོ། །དོན་མི་ཤེས་བཞིན་དུ་མོས་པ་རྒྱ་ཆེན་པོ་འབྱུང་ཞིང་བསྒྲུབ་པ་ལས་ཡང་མི་སྐྱོ་ལ། ཐ་མར་ཡང་ཕུན་སུམ་ཚོགས་པ་རྣམ་པ་གཉིས་ཀྱི་མཆོག་བྱང་ཆུབ་ཆེན་པོ་ཕུན་སུཾ་ཚོགS་པ་འཐོབ་པར་འགྱུར་བ་གང་ཡིན་པ ་དེ་ནི་བྱང་ཆུབ་སེམས་དཔའ་ཨི་རིགས་རང་བཞིན་གྱིས་ཡོན་ཏན་དང་ལྡན་པ་དང་རྒྱས་པའི་ཆེ་བ་ཡིན་པར་རིགས་པར་བྱའོ། །རྣམ་པ་གཉིས་ཞེས་བྱ་བ་ནི། གཉིས་པ་འཇིག་རྟེན་པ་དང་ཉན་ཐོས་དག་གོ་།མཆོག་ཅེS་བྱ་བ་ནི་ཁྱད་པར་དུ་འཕགས་པའོ། །འབྲས ་བུའི་སྒོ་ནས་རིགས་ཁྱད་པར་བྱ་བར་ཚིགས་སུ་བཅད་པ། ཡོན་ཏན་ཤིན་ཏུ་རྒྱ་ཆེ་བྱང་ཆུབ་ཤིང་བསྐྱེད་ཕྱིར། །བདེ་དང་སྡུག་བསྔལ་ཆེན་པོ་ཞི་བ་ཐོབ་བྱའི་ཕྱིར། །བདག་དང་གཞན་ལ་ཕན་བདེ་བྱེད་པ་འབྲས་བུའི་ཕྱིར། །རིག་མཆོག་དེ་ནི་རྩ་བ་བཟང་པོ ་ལྟ་བུ་ཡིན། །འདིས་ནི་བྱང་ཆུབ་སེམས་དཔའ་ཨི་རིགས་བྱང་ཆུབ་ཀྱི་ཤིང་རབ?་དང་གཞན་ལ་ཕན་པ་དང་བདེ་བ་བྱེད་པའི་འབྲས་བུ་ཅན་རྩ་བ་བཟང་པོ་ཉིད་ཡིན་པར་བསྟན་ཏོ། །རིགས་ཀྱི་སྐབས་རྫོགས་སོ།། །།སེམས་བསྐྱེད་པའི་མཚན ་ཉིད་དུ་ཚིགས་སུ་བཅད་པ། སྤྲོ་བ་ཆེ་དང་རྩོན་པ་ཆེ། །དོན་ཆེ་བ་དང་འབྱུང་བ་ཆེ། །བྱང་ཆུབ་སེམས་དཔའ་ཨི་སེམས་པ་སྟེ། །དོན་གཉིས་ལྡན་པའི་སེམས་འབྱུང་བ། །སྤྲོ་བ་ཆེན་པོ་ནི་གོ་ཆའི་བརྩོན་འགྲུས་ཀྱིས་ཏེ་ཟབ་མོ་དང་ཡུན་རིང་པོར་བཀའ་ ་བ་སྤྱད་བསྒྲུབ་བ་ལ་ས་སྤྲོ་བའི་ཕྱིར་རོ། །བརྩོན་པ་ཆེན་པོ་ནི་གོ་ཆ་ཇི་ལྟ་བ་བཞིན་དུ་སྦྱོར་པའི་བརྩོན་འགྲུས་ཀྱིས་སོ། །དོན་ཆེན་པོ་ནི་བདག་དང་གཞན་ལ་ཕན་པའི་ཆེད་ཀྱི་ཕྱིར་རོ། །འབྱུང་བ་ཆེན་པོ་ནི་བྱང་ཆུབ་ཆེན་པོ་ཡང་དག་པར་འགྲུབ ་པའི་ཕྱིར་རོ། །འདིས་ཡོན་ཏན་རྣམ་པ་གསུམ་ཡོངས་སུ་བསྟན་ཏེ། སྐྱེས་བུ་བྱེད་པའི་ཡོན་ཏན་ནི་ཚིག་གཉིས་ཀྱིས་སོ། །དོན་བྱེད་པའི་ཡོན་ཏན་དང། འབྲས་བུ་འཛིན་པའི་ཡོན་ཏན་ནི་ཚིགས་གཉིས་ཀྱིས་སོ། །དོན་དང་ལྡན་པ་ནི་བྱང་ཆུབ་ཆེན ་པོ་དང་སེམས་ཅན་གྱི་དོན་བྱ་བ་ལ་དམིགས་པའི་ཕྱིར་རོ། །ཡོན་ཏན་གསུམ་དང་དོན་གཉིས་ལ་དམིགས་པ་དང་ལྡན་པའི་སེམས་པ་ནི་སེམས་བསྐྱེད་པ་ཞེས་བྱའོ། །སེམས་བསྐྱེད་པ་རབ་ཏུ་དབྱེ་བར་ཚིགས་སུ་བཅད་པ། སེམས་བསྐྱེད་དེ་ནི་ས ་རྣམས་ལ། །མོས་དང་ལྷག་བསམ་དག་པ་དང། །རྣམ་པར་སྨིན་པ་གཞན་དུ་འདོད། །དེ་བཞིན་སྒྲིབ་པ་སྤངས་པའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེམས་བསྐྱེད་པ་ནི་དམS?་པ་བཞི་སྟེ། མོས་པ་ས་སྤྱོད་པའི་ས་ལ་ནི་མོས་པ་ལས་བྱུང་བའོ། །ས ་བདུན་པ་ལ་ནི་ལྷག་པའི་བསམ་པ་རྣམ་པར་དག་པའོ། །ས་བརྒྱད་པ་ལ་སོགས་པ་ནི་རྣམ་པར་སྨིན་པའོ། །སངས་རྒྱས་ཀྱི་ས་ལ་ནི་སྒྲིབ་པ་མེད་པའོ། །སེམས་བསྐྱེད་པ་རྣམ་བར་གཉན་ལ་དབབ་པར་ཚིགས་སུ་བཅད་པ་བཞི་སྟེ། དེ་ཡི་རྩ་བ་སྙིང་རྗེར ་འདོད། །རྟག་ཏུ་སེམས་ཅན་ཕན་པར་སེམས། །ཆོས་ལ་མོས་དང་དེ་བཞིན་དེའི། །ཡེ་ཤེས་ཚོལ་བར་དམིགས་པའོ། །གོང་དུ་མདུན་པ་འགྲོ་བ་སྟེ། སྡོམ་པ་རྒྱ་ཆེན་དེ་ཡི་རྟེན། །ལམ་འགོག་པ་ནི་མི་མཐུན་ཕྱོགས། །སློང་ཞིང་དང་དུ་ལེན་པའོ། ། ་བསོད་ནམས་ཡེ་ཤེས་རང་བཞིན་གྱིས། །དགེ་བ་འཕེལ་བ་དེའི་ཕན་ཡོན། །ཕ་རོལ་ཕྱིན་ལ་རྟག་སྦྱོར་བ། །དེ་ནི་ངེས་པར་འབྱུང་བར་བརྗོད། །འདི་ཡི་མཐར་ཐུགས་ཡིན་ཏེ། །སོ་སོ་རང་གིས་དེར་སྦྱོར་བས། །བྱང་ཆུབ་སེམས་དཔའ་ཨི་སེམས་བསྐྱེད ་པ། །རྣམ་པར་ངེས་པར་ཤེས་པར་བྱ། །དེ་ལ་རྣམ་པར་གཏན་ལ་དབབ་པ་ནི་འདི་ཡིན་ཏེ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེམས་བསྐྱེད་པ་རྣམ་པ་བཞི་པོ་འདིའི་རྩ་བ་ནི་གང། བསམ་བ་ནི་གང། མོས་པ་ནི་གང། དམིགས་པ་ནི་གང། འགྲོ་བ་ནི་གང། རྟེན་པ ་ནི་གང། ཉེས་དམིགས་ནི་གང། ཕན་ཡོན་ནི་གང། ངེས་པར་འབྱུང་བ་ནི་གང། མཐར་ཐུག་པ་ནི་གང། ཞེ་ན། སྨྲས་བ། སྙིང་རྗེ་ཆེན་པོ་ནི་རྩ་བའོ། །རྟག་ཏུ་སེམས་ཅན་ལ་ཕན་པར་སེམས་པའོ། །ཐེག་པ་ཆེན་པོའི་ཆོས་ལ་མོས་པའོ། །དེའི་ཡེ་ཤེས ་ལ་ཚོལ་བར་དམིགས་པ་སྟེ། དེའི་ཡེ་ཤེས་ལ་ཚོལ་བའི་རྣམ་བར་དམིགས་པའི་ཕྱིར་རོ། །གོང་ནས་གོང་དུ་འདུན་པ་ནི་འགྲོ་བའོ། །བྱང་ཆུབ་སེམས་དཔའ་ཨི་ཚུལ་ཁྲིམས་ཀྱི་སྡོམ་པ་ནི་རྟེན་ནོ། །ལཾ་གཅོད་པ་ནི་ཉེས་དམིགས་ཏེ། ལམ་གཅོད་པ་དེ ་ཡང་གང་ཞེ་ན། མི་མཐུན་པའི་ཕྱོགས་ཐེག་པ་གཞན་གྱི་སེམས་སློང་ཞིང་དང་དུ་ལེན་པའོ། །བསོད་ནམས་དང་ཡེ་ཤེས་ཀྱི་རང་བཞིན་གྱི་དགེ་བཱི་རྩ་བ་འཕེལ་བ་ནི་ཕན་ཡོན་ནོ། །རྟག་ཏུ་ཕ་རོལ་ཏུ་ཕྱིན་པ་ལ་གོམས་པ་ནི་ངེས་པར་འབྱུང་བའོ། །ས ་ནི་མཐར་ཐུག་པ་ཡིན་ཏེ། སོ་སོ་རང་གི་ས་ལ་སྦྱོར་བས་གང་ཞིག་ས་གང་ལ་ཞུགས་པའི་ས་དེ་ནི་དེའི་མཐར་ཐུགས་བ་ཡིན་ནོ། །ཡང་དག་པར་བླངས་པ་བརྔའ་ལས་འབྱུང་བའི་སེམས་བསྐྱེད་པར་ཚིགས་སུ་བཅད་པ། གྲོགས་སྟོབས་རྒྱུ་སྟོབས ་རྩ་བའི་སྟོབས། །ཐོས་སྟོབས་དགེ་བ་གོམས་པ་ལས། །མི་བརྟན་པ་དང་བརྟན་འབྱུང་བ། །གཞན་གྱིས་བསྟན་པའི་སེམས་བསྐྱེད་བཤད། །གཞན་གྱིས་བསྟན་ཞིང་གཞན་གྱི་རྣམ་པར་རིག་བྱེད་ལས་སེམས་བསྐྱེད་པ་གང་ཡིན་པ་དེ་ནི་ཡང ་དག་པར་བླངས་པ་བརྡ་ལས་འབྱུང་བ་ཞེས་བྱའོ། །དེ་ཡང་གྲོགས་ཀྱི་སྟོབས་ལས་ཏོ། དགེ་བའི་བཤེས་གཉེན་གྱི་ངོར་སྐྱེ་བ་ཡང་ཡོད་དོ། །རྒྱུའི་སྟོབས་ལས་ཏེ། རིགས་ཀྱི་མཐུས་སྐྱེ་བ་ཡང་ཡོད་དོ། །དགེ་བཱི་རྩ་བའི་སྟོབས་ལས་ཏེ། དེའི་རིགས ་རྒྱས་བའི་སྒོ་ནས་སྐྱེ་བ་ཡང་ཡོང་ངོ། །ཐོས་པའི་སྟོབས་ལས་སྐྱེ་བ་ཡང་ཡོད་དེ། ཆོས་ཀྱི་རྣམ་གྲངས་དེ་དང་བཤད་པ་ན་མང་དུ་བྱང་ཆུབ་ཏུ་སེམས་བསྐྱེད་པའི་ཕྱིར་རོ། །དགེ་བ་གོམས་པ་ལས་ཏེ། ཚེ་འདི་ཉིད་ལ་རྟག ་ཏུ་ཉན་བ་དང། འཛིན་བ་དང་།འཆང་བ་ལ་སོགས་བ་ལས་སྐྱེ་བ་ཡང་ཡོད་དོ། །དེ་ཡང་གྲོགས་ཀྱི་སྟོབས་ལས་ནི་མི་བརྟན་པར་འབྱུང་བར་རིག་པར་བྱའོ། །རྒྱུ་ལ་སོགས་བའི་སྟོབས་ལས་ནི་བརྟན་པ་འབྱུང་ངོ། །དོན་དམ་པའི་སེམས་བསྐྱེད་བར ་ཚོགས་སུ་བཅད་པ་བདུན་ཏེ། རྫོགས་པའི་སངས་རྒྱས་རབ་བསྙེན་བྱས། །བསོད་ནམས་ཡེ་ཤེས་ཚོགས་རབ་བསགས། །ཆོས་ལ་མི་རྟོག་ཡེ་ཤེས་ནི། །སྐྱེས་ཕྱིར་དེ་ནི་དམ་བར་འདོད། །ཆོས་དང་སེམས་ཅན་རྣམས་དང་ནི། །དེ་ཡི ་བྱ་བ་སངས་རྒྱས་ཉིད། །མཆོག་ལ་སེམས་མཉམ་རྙེད་པའི་ཕྱིར། །དེ་ཡི་རབ་དགའ་ཁྱད་པར་འཕགས། །སྐྱེ་བ་རྒྱ་ཆེ་དེ་ལ་སྤྲོ། །བསམ་པ་ཡང་ནི་དག་བ་དང། །ལྷག་མ་དག་ལ་མཁས་པ་དང། །ངེས་པར་འབྱུང་བར་ཤེས་པར་བྱ། ། ་ཆོས་ལ་མོས་པ་ས་བོན་དང། །ཕ་རོལ་ཕྱིན་མཆོག་མ་ལས་སྐྱེས། །བསམ་གཏན་ལས་བྱུང་བདེ་བ་མངལ?། །སྙིང་རྗེ་བསྐྱེད་བའི་མ་མའོ། །སྨོན་ལམ་ཆེན་པོ་བཅུ་སྒྲུབ་ཕྱིར། །རྒྱ་ཆེ་བར་ནི་ཤེས་པར་བྱ། །བཀའ་བ་ཡུན་རིང་མི་སྐྱོ་ཕྱིར། ། ་སྤྲོ་བར་ཁོང་དུ་ཆུད་བར་བྱ། །བྱང་ཆུབ་ཉེ་བར་རྟོགས་པ་དང། །དེ་ཡི་ཐབས་ཤེས་རྙེད་པའི་ཕྱིར། །བསམ་པ་དག་བར་ཤེས་པར་བྱ། །ས་གཞན་ཚུལ་ལ་མཁས་པ་ཉིད། །ཇི་ལྟར་རྣམ་བཞག་ཡིད་བྱེད་པས། །དེ་རྟོག་ཉིད་དུ་ཤེས་ཕྱིར་དང ་དེ་ཉིད་ལ་ཡང་མི་རྟོག་ཕྱིར། །ངེས་པར་འབྱུང་བར་ཤེས་པར་བྱ། །ཚིགས་སུ་བཅད་པ་དང་པོས་ནི། །ལུང་དང་སྒྲུབ་པ་དང་རྟོགས་པའི་ཁྱད་པར་དག་གིས་སེམས་བསྐྱེད་པ་དོན་དམ་པ་ཡིད་ཉིད་དུ་སྟོན་པར་བྱེད་དོ། །དོན་དམ་པའི་སེམS་སྐྱེད་པ་དེ་ཡང་མ? ་རབ་ཏུ་དགའ་བ་ལ་ཡིན་བས་དེའི་རབ་ཏུ་དགའ་བ་ཁྱད་པར་འཕགས་བའི་རྒྱུ་སྟོན་ཏེ། དེ་ལ་ཆོས་རྣམས་ལ་སེམས་མཉམ་པ་ཉིད་ནི་ཆོས་ལ་བདག་མེད་པར་རྟོགས་པའི་ཕྱིར་རོ། །སེམས་ཅན་རྣམས་ལ་སེམས་མཉམ་པ་ཉིད་ནི་བདག་དང་གཞན་མཉམ་པ ་ཉིད་དུ་རྟོགས་པའི་ཕྱིར་རོ། །སེམས་ཅན་གྱི་བྱ་བ་དག་ལ་སེམས་མཉམ་པ་ཉིད་ནི་བདག་ཉིད་ཀྱི་སྡུག་བསྔལ་དང་འདྲ་བར་དེ་དག་གིས་སྡུག་བསྔལ་ཟད་པར་འདོད་པའི་ཕྱིར་རོ། །སངས་རྒྱས་ཉིད་ལ་སེམས་མཉམ་པ་ཉིད་ནི་དེའི་ཆོས་ཀྱི་དབྱིངས་དང ་བདག་དབྱེར་མེད་པར་རྟོགས་པའི་ཕྱིར་རོ། །དོན་དམ་པ་པའི་སེམས་བསྐྱེད་པས་དེ་ཉིད་ལ་དོན་རྣམ་པ་དྲུག་ཏུ་རིག་པར་བྱ་སྟེ། སྐྱེ་བ་དང། རྒྱ་ཆེ་བ་དང། སྤྲོ་བ་དང། བསམ་པ་དག་པ་དང། ལྷག་མ་ལ་མཁས་པ་དང། ངེས་པར་འབྱུང་བའོ། །དེ་ལ་སྐྱེ་བ་ནི་ས ་བོན་དང་མ་དང་མངལ་དང་མ་མའི་བྱེ་བྲག་ལས་རིག་པར་བྱའོ། །རྒྱ་ཆེན་པོ་ནི་སྨོན་ལམ་ཆེན་པོ་བཅུ་མངོན་པར་སྒྲུབ་པའི་ཕྱིར་རོ། །སྤྲོ་བ་ནི་དཀའ་བ་ཡུན་རིང་པོས་མི་སྐྱོ་བཱི་ཕྱིར་རོ། །བསམ་པ་དག་པ་ནི། བྱང་ཆུབ་དང་ཉེ་བར་ཤེས་པའི་ཕྱིར་དང། དེའི་ཐབས ་ཤེས་པའི་ཕྱིར་རོ། །ལྷག་མ་ལ་མཁས་པ་ནི། ས་གཞན་དག་ལ་མཁས་པའོ། །ངེས་པར་འབྱུང་བ་ནི། ས་ཇི་ལྟར་རྣམ་པར་བཞག་བ་བཞིན་ཡིད་ལ་བྱེད་བས་སོ། །ཇི་ལྟར་ཡིད་ལ་བྱེད་པས་ཞེ་ན། འདི་ནི་རྟོག་པ་ཙམ་མོ་ཞེས་ས་རྣམ་པར་བཞག་པ་དེ ་ཏོག་བ་ཉིད་དུ་ཤེས་བའི་ཕྱིར་དང། རྟོག་པ་ཉིད་དུ་ཤེས་པ་དེ་ཉིད་ལ་ཡང་རྣམ་པར་མི་རྟོག་པའི་ཕྱིར་རོ། །དཔེའི་ཆེ་བ་ཉིད་དུ་ཚིགས་སུ་བཅད་པ་དྲུག་སྟེ། བསྐྱེད་བ་ས་དང་མཚུངས་པ་སྟེ། །གཞན་ནི་བཟང་པོའི་གསེར་དང་འདྲ། །ཟླ་བ་ཡང་གྱིས་ཚེས ་བ་བཞིན། །གཞན་ནི་མེ་དང་འདྲར་ཤེས་བྱ། །གཞན་ནི་གཏེར་ཆེན་བཞིན་ཤེས་བྱ། །གཞན་ནི་རིན་ཆེན་འབྱུང་གནས་བཞིན། །རྒྱ་མཚེ?་འདྲ་བར་ཤེས་བྱར་གཞན། །རྡོ་རྗེ་དང་འདྲ་རི་རབ་འདྲ། །སྨན་གྱི་རྒྱལ་པོ་འདྲ་བ་སྟེ། གཞན་ནི་མཛའ་ཆེན ་འདྲར་ཤེས་བྱ། །ཡིད་བཞིན་ནོར་བུ་འདྲ་བ་དང། །གཞན་ནི་ཉི་མ་འབྲར་ཤེས་བྱ། །གཞན་ནི་དྲི་ཟའི་དབྱངས་སྙན་བཞིན། །གཞན་ནི་རྒྱལ་པོ་འདྲར་ཤེས་བྱ། །དེ་བཞིན་གཞན་ནི་མཛོད་ལྟ་བུ། །ལམ་པོ་ཆེ་དང་འདྲར? ་ཤེས་བྱ། །ཐེག་པ་འདྲ་བར་ཤེས་བྱ་སྟེ། །སེམས་བསྐྱེད་བཀོད་མ་འདྲ་བ་ཡིན། །ཀུན་དགའ་ཨི་སྒྲ་དང་འདྲ་བ་སྟེ། །ཀླུ་ཆེན་རྒྱུན་དང་འདྲ་བའོ། །རྒྱལ་སྲས་རྣམས་ཀྱི་སེམས་བསྐྱེད་པ། །སྤྲིན་དང་འདྲ་བར་བསྟན་པ་སྟེ། །དེ་ཕྱིར་དེ་ལྟར ་ཡོན་ཏན་ཕྱུག་།སེམས་ནི་དགའ་བས་ཡང་དག་བསྐྱེད། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེམས་བསྐྱེད་པ་དང་པོ་ནི་ས་དང་མཚུངས་ཏེ། སངས་རྒྱས་ཀྱི་ཆོས་ཐམས་ཅད་དང་དེའི་ཚོགས་འཕེལ་བའི་རྟེན་དུ་གྱུར་པའི་ཕྱིར་རོ། ། ་བསམ་བ་དང་ལྡན་བའི་སེམས་བསྐྱེད་པ་ནི་གསེར་བཟང་པོ་དང་འདྲ་སྟེ། ཕན་བ་དང་བདེ་བའི་བསམ་པ་གཞན་དུ་འགྱུར་བ་བསྟེན་པའི་ཕྱིར་རོ། །སྦྱོར་བ་དང་ལྡན་པ་ནི་ཟླ་བ་ཡར་གྱི་ངོའི་ཚེས་བ་བཞིན་ཏེ། དགེ་བའི་ཆོས་འཕེལ་བར། ་འགྱུར་བའི་ཕྱིར་རོ། །ལྷག་པའི་བསམ་པ་དང་ལྡན་བ་ནི་མེ་དང་འདྲ་སྟེ། ཤིང་གི་བྱེ་བྲག་དག་གེས་ནེ་བཞིན་དུ་གོང་ནས་གོང་དུ་ཁྱད་བར་དུ་འགྲོ་བའི་ཕྱིར་རོ། །ལྷག་པའི་བསམ་པ་ནི་ཁྱད་པར་རྟོགས་པའི་བསམ་པའོ། །སྦྱིན་པའི་ཕ་རོལ ་ཏུ་ཕྱིན་པ་དང་ལྡན་པ་ནི་གཏེར་ཆེན་པོ་བཞིན་ཏེ། ཟང་ཟིང་གི་ལོངས་སྤྱོད་ཀྱིས་སེམས་ཅན་དཔག་ཏུ་མེད་པ་ཚིམ་པར་བྱེད་པ་དང་མི་ཟད་པའི་ཕྱིར་རོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པ་ནི་རིན་པོ་ཆེའི་འབྱུང་གནས་ལྟ་བུ ་སྟེ། དེ་ལས་ཡོན་ཏན་རིན་པོ་ཆེ་ཐམས་ཅད་འབྱུང་བའི་ཕྱིར་རོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པ་ནི་རྒྱ་མཚོ?་དང་འབྲ་སྟེ། ཉམ་?་འབྱུང་བ་ཐམས་ཅད་ཀྱིས་མི་འཁྲུགས་པའི་ཕྱིར་རོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ ་དང་ལྡན་པ་ནི་རྡོ་རྗེ་ལྟ་བུ་སྟེ། མི་ཤིགས་པ་ཉིད་ཀྱིས་སྲ་བའི་ཕྱིར་རོ། །བསམ་གཏན་གྱིས་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པ་ནི་རིའི་རྒྱལ་པོ་དང་འདྲ་སྟེ། གཡེང་བས་མི་གཡོ་བའི་ཕྱིར་རོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པ་ནི་སྨན་གྱི ་རྒྱལ་པོ་ལྟ་བུ་སྟེ། །ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པའི་ནད་རབ་ཏུ་ཞི་བར་བྱེད་པའི་ཕྱིར་རོ། །ཚད་མེད་པ་དང་ལྡན་པ་ནི་མཇའ་བོ་ཆེན་པོ་དང་འདྲ་སྟེ། གནས་སྐབས་ཐམས་ཅད་དུ་སེམས་ཅན་ཐམས་ཅད་ཡལ་བར་མི་འདོར་བའི་ཕྱིར་རོ། །མངོན་པར ་ཤེས་པ་དང་ལྡན་པ་ནི་ཡིད་བཞིན་གྱི་ནོར་བུ་དང་འདྲ་སྟེ། ཇི་ལྟར་མོས་པ་བཞིན་དེའི་འབྲས་བུ་འབྱོར་པའི་ཕྱིར་རོ། །བསྡུ་བའི་དངོས་པོ་དང་ལྡན་བ་ནི་ཉི་མ་དང་འདྲ་སྟེ། གདུལ་བའི་ལེ་ཏོག་ཡོངས་སུ་སྨིན་པར་བྱེད་པའི་ཕྱིར་རོ། །སོ་སོ་ཡང་དག་པར ་རིག་པ་དང་ལྡན་པ་ནི། དྲི་ཟའི་དབྱངས་སྙན་པ་ལྟ་བུ་སྟེ། གདུལ་བྱ་འདུན་པར་བྱེད་པའི་ཆོས་སྟོན་པའི་ཕྱིར་རོ། །རྟོན་པ་དང་ལྡན་པ་ནི་རྒྱལ་པོ་ལྟ་བུ་སྟེ། ཆུད་མི་ཟ་བའི་རྒྱུ་ཡིན་པའི་ཕྱིར་རོ། །བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དང་ལྡན་པ་ནི་མཛོད ་ལྟ་བུ་སྟེ། །བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་མང་པོའི་མཛོད་ཀྱི་གནས་ཡིན་པའི་ཕྱིར་རོ། །བྱང་ཆུབ་ཀྱི་ཕྱོགས་དང་མཐུན་བ་དང་ལྡན་པ་ནི་ལམ་པོ་ཆེ་ལྟ་བུ་སྟེ། འཕགས་བའི་གང་ཟག་ཐམས་ཅད་གཤེགས་ཤིང་རྗེས་སུ་གཤེགས་པའི ་ཕྱིར་རོ། །ཞི་གནས་དང་ལྷག་མཐོང་དང་ལྡན་པ་ནི། །ཐེག་པ་ལྟ་བུ་སྟེ། བདེ་བླག?་ཏུ་ཁྱེར་བའི་ཕྱིར་རོ། །གཟུངས་དང་སྤོབས་པ་དང་ལྡན་པ་ནི་བཀོད་ན་ལྟ་བུ་སྟེ། ཆུ་འཛིན་ཞིང་མི་ཟད་པར་འབྱིན་པ་དང་ཆོས་མཐུན་པར་ཐོས་པའི་ཆོས་ཀྱི་ཚིག་དང ་དོན་འཛིན་ཞིང་མི་ཟད་པ་འབྱིན་པའི་ཕྱིར་རོ། །ཆོས་བཤད་པ་དང་ལྡན་པ་ནི། ཀུན་དགའ་བའི་སྤ?་དང་འདྲ་སྟེ། ཐར་པ་འདོད་པའི་གདུལ་བྱ་རྣམས་ལ་སྙན་པ་ཐོས་པར་བྱེད་པའི་ཕྱིར་རོ། །བགྲོད་པ་གཅིག་པའི་ལམ་དང་ལྡན་པ་ནི་རླུང་གི་རྒྱུན་དང ་འདྲ་སྟེ་།མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོང་པ་ན་རང་གིས་ངང་གི་འབྱུང་བའི་ཕྱིར་རོ། །བགྲོད་པ་གཅིག་པ་ཉིད་ནི། ས་དང་གཏོབས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱ་བ་བྱེད་པ་ཐ་མི་དད་པའི་ཕྱིར་རོ། །ཐབས་ལ་མཁས་པ ་དང་ལྡན་པ་ནི་སྤྲིན་ལྟ་བུ་སྟེ། ཇི་ལྟར་སྣོད་ཀྱི་འཇིག་རྟེན་གྱི་འབྱོར་པ་ཐམས་ཅད་སྤྲིན་ལས་འབྱུང་བ་ལྟར། དགའ་ལྡན་གྱིས་གནས་ན་བཞུགས་བ་ལ་སོགས་པ་སྟོན་པའི་སྒོ་ནས་སེམས་ཅན་ཐམས་ཅད་ཀྱི་དོན་བྱ་བ་རྣམས་དེ་ལ་རགས་ལས་བའི་ཕྱིར་རོ། ། ་དཔེ་ཉི་ཤུ་རྩ་གཉིས་དང་ལྡན་པའི་སེམས་བསྐྱེད་པ་འདི་ནི་འཕགས་པ་བློ་གྲོས་མི་ཟད་པས་བསྟན་པའི་མདོ་ལས། མི་ཟད་པ་ཉིད་འབྱུང་བ་དང་སྦྱར་བར་ཁོང་དུ་ཆུད་པར་བྱའོ། །སེམས་བསྐྱེད་པ་བསྨད?་པར་ཚིགས་སུ་བཅད་པ། ཆེར་འོས་སེམས་བསྐྱེད ་སྤངས་པའི་སྐྱེ་བོ་དག་།གཞན་དོན་སེམས་དང་དེ་ཡི་ཐབས་རྙེད་དང། །དགོངས་ཆེན་དོན་དང་དེ་ཉིད་མཆོག་མཐོང་བས། །བདེ་བ་དེ་སྤངས་ཞི་བར་འགྲོ་བར་འགྱུར། །སེམས་བསྐྱེད་པ་དེ་སྤངས་པའི་སེམས་ཅན་རྣམས་ཀྱིས་བདེ་བ་རྣམ་པ་བཞི་མི་འཐོབ ་སྟེ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་གཞན་གྱི་དོན་སེམས་པས་བདེ་བ་གང་ཡིན་པ་དང། གཞན་གྱི་དོན་གྱི་ཐབས་རྙེད་པས་བདེ་བ་གང་ཡིན་པ་དང། དགོངས་པ་ཆེན་པཱི་དོན་མཐོང་བ་སྟེ། ཐེག་པ་ཆེན་པོའི་མདོ་ཟབ་མོ་དགོངས་པ་ཅན་གྱིས་དོན ་རྟོགས་པས་བདེ་བ་གང་ཡིན་པ་དང། དེ་ཁོ་ན་ཉིད་མཆོག་གི་དོན་ཆོས་ལ་བདག་མེད་པ་མཐོང་བས་བདེ་བ་གང་ཡིན་པའོ། །ངན་འགྲོ་དང་ཡོངས་སུ་སྐྱོབས་འཇིགས་པ་མེད་པའི་ཕྱིར། །སེམས་བསྐྱེད་པ་བསྔགས་པར་ཚིགས་སུ་བཅད་པ། ་བློ་ལྡན་སེམས་མཆོག་སྐྱེས་མ་ཐག་ཏུ་ཡང། །མཛའ་ཡས་ཉེས་པ་བྱེད་ལས་སེམས་རབ་བསྡམས། །གཉིས་འཕེལ་བྱེད་པས་རྟག་ཏུ་དགེ་བ་དང། །བརྩེ་ལྡན་བདེ་དང་སྡུག་བསྔལ་དག་གིས་དགའ་། །བྱང་ཆུབ་སེམས་ཀྱི་མཆོག་དེ་སྐྱེས་མ ་ཐག་ཏུ་སེམས་ཅན་མཛའ་ཡས་པའི་རྟེན་ཅན་གྱི་ཉེས་པ་བྱེད་པ་ལས་སེམས་རབ་ཏུ་བསྡམས་པར་འགྱུར་ཏེ། དེའི་ཕྱིར་འདི་ངན་འགྲོས་འཇིགས་པར་མི་འགྱུར་རོ། །དེ་ནི་དགེ་བའི་ལས་དང་སྙིང་བརྩེ་བ་གཉིས་འཕེལ་བར་བྱེད་པས་རྟག་ཏུ་དགེ་བ་དང་ལྡན་པ་དང ་སྙིང་བརྩེ་བ་དང་ལྡན་པར་ཡང་འགྱུར་ཏེ། དེས་ན་དེ་དགེ་བ་དང་ལྡན་པའི་ཕྱིར། བདེ་བས་ཀྱང་དགའ་ལ་སྙིང་བརྩེ་བ་དང་ལྡན་པའི་ཕྱིར་གཞན་གྱི་དོན་བྱེད་པའི་རྒྱུ་མཚན་ཅན་གྱི་སྡུག་བསྔལ་གྱིས་ཀྱང་དགའ་ཨོ། །དེའི་ཕྱིར་འདི་བྱ་བ་མང་པོས་ཡོངས་སུ་སྐྱོབས ་ཀྱང་འཇིགས་པར་མི་འགྱུར་རོ། །མི་བྱེད་པའི་སྡོམ་པ་ཐོབ་པར་ཚིགས་སུ་བཅད་པ་གང་ཚེ་གཞན་གྱི་དོན་ཕྱིར་ལུས་དང་ནི། །སྲོག་ལ་མི་ལྟ་རབ་ངལ་ཁས་ལེན་པ་།དེ་ལྟ་བུ་རེ་གཞན་གྱི་གནོད་པ་ཡིས། །ཇི་ལྟར་ངན་པར་བྱེད་པའི་ལས་ལ་འཇུག་།དེའི ་བསྡུས་པའི་དོན་ནི། །གང་ཞིག་གཞན་གྱི་དོན་གྱི་ཕྱིར་ལུས་དང་སྲོག་ལ་ཡང་མི་ལྟ་བའི་ཕྱིར། གཞན་ཉིད་ཆེས་སྡུག་གི་བདག?་ཉིད་ནི་མ་ཡིན་པ་དེ་ཇི་ལྟར་གཞན་གྱིས་གནོད་པ་བྱས་པས་བདག་གིས་དོན་དུ་ཉེས་པར་བྱེད་པའི་ལས་ལ་འཇུག་པར ་འགྱུར། སེམས་མི་ལྡོག་པར་ཚིགས་སུ་བཅད་པ་གཉིས་ཏེ། དེ་ཡིས་ཆོས་ཀུན་སྒྱུ་མ་ལྟ་བུ་དང། །སྐྱེད་བ་སྐྱེད་མོས་ཚལ་འགྲོ་ལྟར་རྟོགས་ནས། །འབྱོར་བའི་དུས་ན་རྒྱུད་པའི་དུས་ན་འང་འདི། །ཉོན་མོངས་སྡུག་བསྔལ་དག་གིས་འཇིགས ་བ་མེད། །རང་གི་ཡོན་ཏན་སེམས་ཅན་ཕན་འདོགས་དགའ་། །བསམ་བཞིན་སྐྱེ་པ་རྫུ་འཕྲུལ་རྣམ་པར་འཕྲུལ། །རྒྱན་དང་སྟོན་མོས་མཆོག་རྩེ་དགའ་བ་།སྙིང་རྗེའི་བདག་ཉིད་མིན་པ་རྣམས་ལ་མེད། །བྱང་ཆུབ་སེམས་དཔའ་ཨི་དེས་ཆོས་ཐིང ་སྒྱུ་མ་ལྟ་བུར་མཐོང་བའི་ཕྱིར། འབྱོར་པའི་དུས་ན་ཉོན་མོངས་པ་རྣམས་ཀྱིས་མི་འཇིགས་ལ། སྐྱེ་བ་སྐྱེད་མོས་ཚལ་དུ་འགྲེ་བ་ལྟ་བུར་མཐོང་བའི་ཕྱིར། རྒུད་པའི་དུས་ན་སྡུག་བསྔལ་གྱིས་མི་ཨོའཇིགས་ན། དེའི་བྱང་ཆུབ་ཀྱི་སེམས་འཇིགས་པ་ ་གང་གིས་ལྡོག་པར་འགྱུར། །གཞན་ཡང་རང་གི་ཡོན་ཏན་གྱིས་རྒྱན་དང། གཞན་ལ་ཕན་འདོགས་པས་དགའ་བའི་སྟོན་མོ་དང། བསམས་བཞིན་དུ་སྐྱེ་བའི་སྐྱེད་མོས་ཚལ་གྱིས་དང། བརྫུ་འཕྲུལ་གྱིས་རྣམ་པར་འཕྲུལ ་བའི་རྩེད་མོས་དགའ་བའི་བྱང་ཆུབ་སེམས་དཔའ་དག་ཁོ་ན་ལ་ཡོད་ཀྱི། བྱང་ཆུབ་སེམས་དཔའ་མ་ཡིན་པ་རྣམས་ལ་ནི་མེད་ན་དེ་དག་གིS་སེཾས་ཇི་ལྟར་བཟློག་པར་འགྱུར། སྡུག་བསྔལ་གྱིས་འཇིགས་བ་དགག་བར་ཚིགས་སུ་བཅད་པ། ་གཞན་དོན་བརྩོན་ལྡན་སྙིང་རྗེའི་བདག་ཉིད་འདེ། །གང་ཚེ་མནར་མེད་པ་ལའང་དགར་འཛིན་པ། །དེ་འདྲ་བ་དག་སྲིད་ན་གཞན་རྟེན་ཅན། །སྡུག་བསྔལ་བྱུང་བ་རྣམས་ཀྱིས་ག་ལ་འཇིགས། །གཞན་ཡང་གཞན་གྱི་དོན་ལ་བརྩོན་པ་གང ་ཞིག་སྙིང་རྗེའི་བདག་ཉིད་ཅན་ཡིན་པའི་ཕྱིར། མནར་མེད་པ་ལ་ཡང་དགའ་བར་འཛིན་པ་དེ་ཇི་ལྟར་སྲིད་པ་ན་གཞན་གྱི་དོན་གྱི་རྒྱུ་མཚན་ཅན་གྱི་སྡུག་བསྔལ་འབྱུང་བ་དག་གིས་འཇིགས་པར་འགྱུར་ཏེ། གང་གིས་ཕྱིར་ནའང་སྡུག་བསྔལ ་གྱིས་འཇིགས་པའམ་སེམས་ལྡོག་པར་འགྱུར། །སེམས་ཅན་ཡལ་བར་འདོར་བར་དགག་པར་ཚིགས་སུ་བཅད་པ། སློབ་དཔོན་བརྩེ་ཆེན་རྟག་ཏུ་བརྟེན་པའི་བདག། ཕ་རོལ་སྡུག་བསྔལ་དག་གིས་སེམས་གདུང་བ། །གཞན་གྱི་བྱ་བར ་ཉེ་བར་གནས་པ་ལ། །གཞན་གྱི་བསྐུལ་བའི་དོན་ཏུ་ངོ་ལང་ཚ། །སློབ་དཔོན་སྙིང་རྗེ་རྟག་ཏུ་བསྟེན་པའི་བདག་ཉིད་ཅན་ཕ་རོལ་གྱི་སྡུག་བསྔལ་དག་གིས་སེམས་གདུང་བ་གང་ཡིན་པ་དེ་ལ་གལ་ཏེ་གཞན་གྱི་བྱ་བ་བྱེད་པ་ལ་དགེ་བའི་བཤེS ་གཉེན་བཞན་དག་གིས་བསྐུལ་བ་བྱ་དགོས་པ་ནི་ཏེ་པོར་ངོ་ཚའོ། །ལེ་ལོ་སྨད?་པར་ཚིགས་སུ་བཅད་པ། མགོ་ལ་སེམས་ཅན་ཁུར་ཆེན་ཁྱེར་བ་ཡི། །སེམས་ཅན་མཆོག་ནི་དལ་གྱིས་འགྲོ་མི་མཛེས། །བདག་གཞན་སྣ་ཚོགས་འཆིང་བS ་རབ་བཅིངས་པ། །བརྩོན་པ་བརྒྱ་འགྱུར་དུ་ནི་བྱ་བའི་རིགས། །བྱང་ཆུབ་སེམས་དཔའ་མགོ་ལ་སེམས་ཅན་གྱི་ཁུར་ཆེན་པོ་ཐོགས་ནས་ཕ་རོལ་གནོད་པ་དལ་བ་ནི་མཛེས་ཀྱི། །དེས་ཉན་ཐོས་ཀྱི་བརྩོན་འགྲུས་པས་བརྩོན་འགྲུས་བརྒྱ་འགྱུར་དུ་བྱ་བར་རིཌ ་ཏེ། འདི་ལྟར་དེ་ནི་བདག་དང་གཞན་གྱི་འཆིང་བ་རྣམ་པ་སྣ་ཚོགས་ཉོན་མོངས་པ་དང་ལས་དང་སྐྱེ་བའི་ངོ་བོ་དག་གིས་ཤིན་ཏུ་བཅིངས་པ་ཡིན་ནོ། །སེམས་བསྐྱེད་པའི་སྐབས་རྫོགས་སོ།། །།སྒྲུབ་པའི་མཚན་ཉིད་ཀྱི་ཚིགས་སུ ་བཅད་པ། གནས་རྩོམ་འབྲས་བུ་འབྱུང་བ་ཆེ་བདག་ཉིད། །རྒྱལ་སྲས་རྣམས་ཀྱི་སྒྲུབ་པ་ཡིན་པར་འདོད། །རྟག་ཏུ་ལེན་པ་ཆེ་དང་བཟོད་པ་ཆེ། །དོན་ཆེན་ཡང་དག་སྒྲུབ་པའི་བྱ་བ་བྱེད། །དེ་ལ་གནས་ཆེན་པོ་ནི་སེམས་བསྐྱེད་པ་ལ་གནས་པའི་ཕྱིར་རོ། ། ་རྩོམ་པ་ཆེན་པོ་ནི་རང་དང་གཞན་གྱི་དོན་རྩོམ་པའི་ཕྱིར་རོ། །འབྲས་བུ་འབྱུང་བ་ཆེན་པོ་ནི་འབྲས་བུ་བྱང་ཆུབ་ཆེན་པོ་འཐོབ་པ་ཡིན་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་གོ་རིམ་བཞིན་དུ་ལེན་པ་ཆེ་བ་སྟེ། སེམས་ཅན་ཐམས་ཅད་ཉེ་བར་ལེན་པའི་ཕྱིར་རོ། ། ་བཟོད་པ་ཆེ་བ་སྟེ། སྡུག་བསྔལ་ཐམས་ཅད་དང་དུ་ལེན་པའི་ཕྱིར་རོ། །དོན་ཆེན་ཡང་དག་སྒྲུབ་པའི་བྱ་བ་བྱེད་པ་སྟེ། །སེམས་ཅན་མང་པོའི་དོན་ཡང་དག་པར་སྒྲུབ་པའི་ཕྱིར་རོ། །རང་དང་གཞན་གྱི་དོན་ཁྱད་པར་མེད་པར་ཚིགས་སུ་བཅོད་པ། ་གཞན་དང་བདག་ཏུ་མཉམ་པའི་སེམས་ཉིད་དམ། བདག་པས་གཞན་ཆེས་སྡུག་པ་རྙེད་ནས་ནི། །ད་ལྟར་བདག་བས་གཞན་དོན་མཆོག་ཏུ་ཤེས། །རང་གི་དོན་གང་གཞན་གྱི་དོན་གང་ཡིན། །གཞན་དང་བདག་མཉམ་པའི་སེམས་ཉིད་བརྔ ་ལས་བྱུང་བའི་སེམས་བསྐྱེད་པ་རྙེད་པའི་ཚེ་མོས་པའི་སྒོ་ནས་སམ། དོན་དམ་པ་པའི་སེམས་བསྐྱེད་པ་རྙེད་པའི་ཚེ། ཤེས་པའི་སྒོ་ནས་རྙེད་ནས་སམ། ཡང་ན་བདག་པས་གཞན་ཆེས་ཤིན་ཏུ་སྡུག་བསྔལ་བརྙེད་ནས་རྒྱུ་དེ་ཉིད་ཀྱིས་བདག་པས ་གཞན་གྱིས་དོན་ལ་ཁྱད་པར་འཕགས་པར་འདུ་ཤེས་པའི་བྱང་ཆུབ་སེམས་དཔའ་ལ་རང་གི་དོན་ནི་གང་ཞིག་ཡིན་ལ་གཞན་གྱི་དོན་གང་ཞིག་ཡིན་ཏེ། དེ་ལ་གཉི་ག་ཁྱད་པར་མེད་དོ། །ཞེས་བྱ་བའི་ཐ་ཚིག་གོ་གཞན་གྱི་དོན་ཁྱད ་པར་དུ་བྱ་བར་ཚིགས་སུ་བཅད་པ། ཇི་ལྟར་སྙིང་རྗེའི་བདག་ཉིད་གཞན་གྱི་དོན་གྱིས་ཕྱིར། །བདག་ལ་སྡུག་བསྔལ་མི་བཟང་གདུང་བ་རབ་བྱེད་པ། །དེ་ལྟར་འཇིག་རྟེན་གདུང་བའི་ལས་ཀྱིས་གཞན་དགྲ་ལ། །ཤིན་ཏུ་བརྩེ་པ་མེད་པར་རབ་ཏུ་འཇུག ་མ་ཡིན། །ཇི་ལྟར་འདིའི་གཞན་གྱི་དོན་བདག་ཉིད་ཀྱི་དོན་ལས་ཁྱད་པར་དུ་འཕགS་པ་དེ་སྒྲུབ་པར་བྱེད་དེ། གཞན་གྱི་དོན་དུ་བདག་ཉིད་ལ་ཤིན་ཏུ་གདུང་བར་བྱེད་པའི་ཕྱིར་རོ། །གཞན་གྱི་དོན་སྒྲུབ་པར་རྣམ་པར་དབྱེ་བར་ཚིགས་སུ་བཅད་པ་གཉིས ་ཏེ། ཐ་ཆད་འབྲིང་དང་མཆོག་ཆོས་ཉིད་གནས་ལ། །ལེགས་པར་སྟོན་དང་མགུ་བྱེད་འཇུག་པ་དང། །དོན་ལ་རྣམ་ངེས་དགེ་ང་ཡོངས་སྨིན་བྱེད། །དེ་བཞིན་གདམས་ངག་གནས་དང་བློ་རྣམས་གྲོལ། །ཡོན་ཏན་ཁྱད་པར་ཅན་འགྲུབ་དེ་བཞིན་དུ ་རིགས་སུ་སྐྱེ་དང་ལུང་བསྟན་དབང་བསྐུར་དང། །དེ་བཞིན་གཤེགས་མཁྱེན་བླ་མེད་གོ་འཕང་སྟེ། །བཅུ་གསུམ་བདག་ཉིད་འདི་ནི་གཞན་གྱི་དོན། །སེམས་ཅན་གྱི་རིས་རྣམ་པ་གསུམ་པོ་རིགས་དམན་པ་དང་འབྲིང་དང་ཁྱད་པར་ཅན་ལ་གནས ་པ་ལ་བྱང་ཆུབ་སེམས་དཔའ་ཨི་གཞན་གྱི་དོན་རྣམ་པ་བཅུ་གསུམ་སྟེ། རྗེས་སུ་བསྟན་པ་དང། ཀུན་བརྗོད་པའི་ཆོ་འཕྲུལ་དག་གིས་ལེགས་པར་སྟོན་པ་དང། རྫུ་འཕྲུལ་གྱི་ཆོ་འཕྲུལ་གྱིས་མགུ་བར་བྱེད་པ་དང། བསྟན་པ་ཁས་ལེན་དུ ་གཞུག་པའི་ཕྱིར་འཇུག་པ་དང། ཞུགས་པ་རྣམས་ཐེ་ཚོམ་གཅོད་པའི་ཕྱིར་དོན་རྣམ་པར་ངེས་པར་བྱེད་པ་དང། དགེ་བའི་རྩ་བ་ཡོངས་སུ་སྨིན་པར་བྱེད་པ་དང། འདོམས་བ་དང། སེམས་གནས་བར་བྱེད་པ་དང། ཤེས་རབ་རྣམ་པར་གྲོ་བ ་པར་བྱེད་པ་དང། མངོན་པར་ཤེས་པ་ལ་སོགས་པ་ཡོན་ཏན་ཁྱད་པར་ཅན་རྣམས་ཡང་དག་པར་འགྲུབ་པར་བྱེད་པ་དང་།དེ་བཞིན་གཤེགས་པའི་རིགས་སུ་སྐྱེ་བ་དང། ས་བརྒྱད་པ་ལ་ལུང་བསྟན་པ་དང། ས་བཅུ་པ་ལ་དབང་བསྐུར་བ་དང། དེ་བཞིན་གཤེགས ་པའི་ཡེ་ཤེས་དང་ལྡན་པའོ། །རྣམ་པ་གསུམ་པོ་འདི་དག་ནི་ཅི་རིགས་པར་རིགས་ལ་གནས་པ་གསུམ་བྱང་ཆུབ་སེམས་དཔའ་ཨི་ཡིན་ནོ། །གཞན་གྱི་དོན་སྒྲུབ་བ་ཕུན་སུམ་ཚོཌ་པར་ཚིགས་སུ་བཅད་པ་སྐྱེ་བོ་དང་མཐུན་ཕྱིན་ཅི་མ་ལོག་འཆད། །མི་འགྱིང་བ ་དང་བདག་གིས་མེད་ལ་མཁས། །བཟོད་དུལ་ཤིན་ཏུ་རིང་སོང་མི་ཟད་པ། །རྒྱལ་སྲས་རྣམས་ཀྱི་སྒྲུབ་པ་མཆོག་ཡིན་ནོ། །འདིས་ནི་གཞན་གྱི་དོན་སྒྲུབ་པ་འདི་ཕུན་སུམ་ཚོགས་པ་ཡིན་པ་དེ་སྟོན་ཏོ། །འདི་ཇི་ལྟར་ཕུན་སུམ་ཚོགས་པ་ཡིན་ཞེ་ན། གལ་ཏེ་རིགS ་ལ་གནས་བའི་སྐྱེ་བོ་དང་མཐུན་ཞིང། བྱིན་ཅི་མ་ལོག་བར་འཆད་པར་འགྱུར་བ་དང། འབྱིང་བ་མེད་པར་མགུ་བར་འགྱུར་བ་དང། མི་མཐུན་པ་མི་བྱེད་པས་བདག་གི་བ་མེད་པར་འཇུག་པ་སྟེ། རྫུ་འཕྲུལ་གྱིས་མི་རློམ་ཞིང་སེམས་ཅན་ཞུགས་པ་རྣམས་ལ་བདག ་གི་བར་འཛིན་པ་མེད་པ་དང། དོན་རྣམ་པར་ངེས་པར་བྱ་བ་ལ་མཁས་པའི་སྒྲུབ་པ་ཡིན་ཏེ། དགེ་བ་ཡོངས་སུ་སྨིན་པར་བྱ་བ་ལ་བཟོད་པའི་སྒྲུབ་པ་ཡིན། །དུལ་བས་འདོམས་པ་ལ་སོགས་པའི་སྒྲུབ་པ་ཡིན་ཏེ། མདུལ་བས་ནི་གཞན་དག་ལ་གདམས་པ ་ལ་སོགས་བསྟན་པར་མི་ནུས་སོ། །རིགས་སུ་སྐྱེས་པ་ལ་སོགས་པ་ཤིན་ཏུ་རིང་དུ་སོང་བའི་སྒྲུབ་པ་ཡིན་ནོ། །རིང་དུ་མ་སོང་བའི་སྒྲུབ་པས་ནི། གཞན་དག་རིགས་སུ་སྐྱེས་པ་ལ་སོགས་པས་བྱ་བར་མི་ནུས་སོ། །བྱང་ཆུབ་སེམས་དཔའ་ཨི་སྒྲུབ་པ་འདི ་དག་ཐམས་ཅད་ཀྱང་ལས་བླངས་པའི་སེམས་ཅན་མི་ཟད་པའི་ཕྱིར་མི་ཟད་པ་ཡིན་ཏེ། དེའི་ཕྱིར་ཡང་ཕུན་སུམ་ཚོགས་པ་ཡིན་པར་རིག་བར་བྱའོ། །སྒྲུབ་པ་བྱང་དུ་བྱ་བར་ཚིགས་སུ་བཅད་བ་གཉིས་ཏེ། འདོད་ལྡན་སྐྱེ་བོ་འཇིགས་པ་ཆེ་ལ་འཇུག་།སྲིད་དག? ་ཕྱིན་ཅི་ལོག་བདེ་གཡོ་བ་ལ། །ཞི་དགའ་རང་གི་ལེན་པར་རབ་ཞི་ལ། །སྙིང་རྗེའི་བདག་ཉིད་ལེན་ཀུན་ཞི་ལ་བརྟག་།སྐྱེ་པོ་རྨོངས་པ་རང་གི་བདེ་དོན་བརྩོན། །རྟག་ཏུ་དེ་མ་ཐོབ་པར་སྡུག་བསྔལ་འགྱུར། །བརྟན་པ་རྟག་ཏུ་གཞན་དོན ་བརྩོན་པ་ནི། །གཉིས་གའི་དོན་བྱས་མྱ་ངན་འདའ་བར་འགྱུར། །དེ་ལ་འདོད་པ་རྣམས་འཇིགས་པ་ཆེན་པོ་ཉིད་ཡིན་པ་ནི་ལུས་དང་སེམས་ཀྱི་སྡུག་བསྔལ་ལ་མང་པོ་དང། ངན་འགྲོར་འགྲོ་བའི་རྒྱུ་ཡིན་པའི་ཕྱིར་རོ། །ཕྱིན་ཅི་ལོག་གི་བདེ་བ་གཡོ་བ་ནི ་གཟུགས་དང་གཟུགས་མེད་པའི་སྲིད་བའི་དགའ་བ་རྣམས་མི་རྟག་པ་ཉིད་ཀྱི་ཕྱིར་དང། །འདུ་བྱེད་ཀྱི་སྡུག་བསྔལ་གྱིས་དོན་དམ་པར་སྡུག་བསྔལ་བའི་ཕྱིར་རོ། །ལེན་པ་དག་ནི་ཉོན་མོངས་པ་རྣམས་སུ་རིག་པར་བྱ་སྟེ། སྡུག་བསྔལ་ལེན་པའི་ཕྱིར ་རོ། སྐྱེ་བོ་རྨོངས་པ་རྟག་ཏུ་རང་བདེ་བའི་དོན་དུ་ཞུགས་པ་ནི་བདེ་བ་མི་འཐོབ་ཀྱི། སྡུག་བསྔལ་ཁོ་ན་འཐོབ་པོ། །བྱང་ཆུབ་སེམས་དབང་གཞན་གྱིས་དོན་དུ་ཞུགས་པ་ནི། རང་གི་གཞན་གྱིས་དོན་བསྒྲུབས་ནས་མྱ་ངན་ལས་འདས་པའི་བདེ་བ ་འཐོབ་སྟེ། འདི་ནི་སྒྲུབ་པའི་ཁྱད་པར་གཞན་ཡིན་ནོ། །སྦྱོད་ཡུལ་ཡོངས་སུ་སྔ་བར་ཚིགས་སུ་བཅད་པ། རྒྱལ་སྲས་སྤྱོད་ཚེ་ཇི་ལྟ་ཇི་ལྟ་བུར། །དབང་པོའི་སྤྱོད་ཡུལ་སྣ་ཚོགས་འཇུག་འགྱུར་བ། །དེ་ལྟ་དེ་ལྟར་རིགས་ཤིང་མཐུན་ཚིགས་གིས། ། ་སེམས་ཅན་ཕན་ཕྱིར་དེ་མངོན་འདུ། བྱེད་དོ། །བྱང་ཆུབ་སེམས་དཔའ་སྤྱོད་ལམ་བྱེད་པའི་སྤྱོད་པ་ལ་འཇུག་པ་ན་རྣམ་པ་གང་དང་གང་གིས་མིག་ལ་སོགས་པའི་དབང་པོའི་སྤྱོད་ཡུལ་སྣ་ཚོགས་ལ་འཇུག་པའི་རྣམ་པ་དེ་དང་དེར་འབྲེལ་ཞིང ་འདྲ་བའི་ཚིག་གིས་སེམས་ཅན་རྣམས་ལ་ཕན་པར་བྱ་བའི་ཕྱིར། དེ་ཐམས་ཅད་ཇི་ལྟར་སྤྱོད་ཡུལ་ཡོངས་སུ་དག་པའི་མདོ་ལས་རྒྱས་པར་བསྟན་པ་བཞིན་མངོན་པར་འདུ་བྱེད་དོ། །སེམས་ཅན་རྣམས་ལ་མི་བཟོད་པ་དགག་བར་ཚིགས་སུ་བཅད་པ། ་རྟག་ཏུ་ཉེ་པས་རང་དབང་མེད་པར་བྱས་སེམས་ཀྱིས། །སྐྱེ་བོ་ལ་ནི་བློ་ལྡན་ཉེས་པར་མི་འཛིན་ཏེ། །མི་འདོད་བཞིན་དུ་ལོག་པར་སྒྲུབ་པར་འགྱུར་རོ་ཞེས་།སྐྱེ་བོ་དག་ལ་སྙིང་རྗེ་རྣམ་པར་འཕེལ་ཕྱིར་རོ། །རྟག་ཏུ་ཉོན་མོངས་པ་རྣམས་ཀྱིས་རང་དབང་མེད་པར? ་བྱས་པའི་སེམས་དང་ལྡན་པའི་སྐྱེ་བོ་ལ་བྱང་ཆུབ་སེམས་དཔའ་ཉེས་པར་མི་འཛིན་ཏོ། །དེ་ཅིའི་ཕྱིར་ཞེ་ན། འདི་དག་ནི་མི་འདོད་བཞིན་དུ་ལག་པར་སྒྲུབ་པ་དག་ཏུ་འགྱུར་རོ། ཞེས་བྱ་བར་རིག་ནས་སྙིང་རྗེའི་འཕེལ་བར་འགྱུར་བའི་ཕྱིར་རོ། །སྒྲུབ་པའི་ཆེ་བ་ཉིད་ཀྱི ་ཚིགས་སུ་བཅད་པ། སྒྲུབ་པ་འདི་ནི་སྲིད་དང་འགྲོ་བ་ཀུན། །ཟིལ་གྱིས་མནན་འགྲོ་ཞི་བ་མཆོག་དང་ལྡན། །ཡོན་ཏན་སྣ་ཚོགས་ཚོགས་ཀྱི་རྣམ་པར་འཕེལ། །བྱམས་པའི་སེམས་དཔས་རྟག་ཏུ་འགྲོ་བ་སྡུད། །ཆེ་བ་ཉིད་ནི་རྣམ་པ་བཞི་སྟེ། ཟིལ་གྱི་གནོན་བའི ་ཆེ་བ་ཉིད་ནི། སྲིད་པ་གསུམ་དང་འགྲོ་བ་ལྔ་པོ་ཐམས་ཅད་ཟིལ་གྱིས་མནན་ནས་འགྲོ་བའི་ཕྱིར་ཏེ། ཇི་སྐད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས། རབ་འབྱོར་གལ་ཏེ་གཟུགས་དངོས་པོར་གྱུར་ཀྱིས། །དངོས་པོ་མེད་པ་ཡིན་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན ་བ་འདིས་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ནས་ངེས་པ་འབྱུང་བར་མི་འགྱུར་ཞེས་བྱ་བ་ལ་སོགས་པ་རྒྱས་པར་གསུངས་པ་ལྟ་བུའོ། །མྱ་ངན་ལས་འདས་པའི་ཆེ་བ་ཉིད་ནི་མི་གནས་པའི་མྱ་ངན་ལས་འདས་པ་དང་ལྡན ་པའི་ཕྱིར་རོ། །ཡོན་ཏན་གྱི་ཆེ་བ་ཉིད་དང། སེམས་ཅན་ཡོངས་སུ་མི་གཏོང་པའི་ཆེ་བ་ཉིད་ནི་ཡོན་ཏན་གྱིས་འཕེལ་བ་དང། འགྲོ་བ་སྡུད་པའི་ཕྱིར་རོ། །སྒྲུབ་པའི་སྐབས་རྫོགས་སོ།། །།དོན་དམ་པའི་མཚན་ཉིད་དུ་ཚིགས་སུ་བཅིང ་པ། ཡོད་མིན་མེད་མིན་དེ་བཞིན་མིན་གཞན་མིན། །སྐྱེ་དང་འཇིག་མེད་འབྲི་བར་མི་འགྱུར་ཏེ། འཕེལ་བ་མེད་ཅིང་རྣམ་པར་དག་པའང་མེད། །རྣམ་པར་དག་འགྱུར་དེ་ནི་དོན་དམ་མཚན། །གཉིས་མེད་པའི་དོན་ནི་དོན་དམ་པ་སྟེ། །གཉིས ་མེད་པའི་དོན་དེ་ཡང་རྣམ་པ་ལྔས་ཡང་དག་པར་སྟོན་ཏོ། །ཀུན་བརྟགS་པ་དང་གཞན་གྱིས་དབང་གི་མཚན་ཉིད་ཀྱིས་ནི་ཡོད་བ་མ་ཡིན་ནོ། །ཡོངས་སུ་གྲུབ་པའི་མཚན་ཀྱིས་ནི་མེད་བ་མ་ཡིན་ནོ། །ཀུན་བརྟགས་པ་དང་གཞན་གྱིས་དབང ་དག་དང་ཡོངས་སུ་གྲུབ་པར་གཅིག་པ་ཉིད་མེད་པེས་དེ་བཞིན་མ་ཡིན་ནོ། །དེ་དག་ཁོ་ན་དང་གཞན་བ་ཉིད་མེད་པས་གཞན་མ་ཡིན་ནོ། །ཆོས་ཀྱི་དབྱིངས་འདུས་མ་བྱས་པའི་ཕྱིར་སྐྱེ་བ་ཡང་མེད། འཇིགས་པ་ཡང་མེད་དོ། །ཀུན་ནས་ཉོན་མོངས་པ་དང ་རྣམ་པར་བྱང་བ་དག་འགག་པ་དང་སྐྱེ་བ་དེ་བཞིན་གནས་པའི་ཕྱིར་འབྲི་བར་ཡང་མི་འགྱུར། འཕེལ་བར་ཡང་མི་འགྱུར་རོ། །རང་བཞིན་གྱིས་ཀུན་ནས་ཉོན་མོངས་པ་ཅན་མ་ཡིན་པའི་ཕྱིར། རྣམ་པར་དག་བར་འགྱུར་བ་མེད་དོ། །གློ་བུར་གྱི་ཉོན་མོངS? ་བ་དང་བྲལ་བའི་རྣམ་པར་མ་དག་པ་ཡང་མ་ཡིན་ཏེ། དེ་ལྟར་ན་གཉིས་མེད་པའི་མཚན་ཉིད་རྣམ་པ་ལྔ་པོ་དེ་ནི་དོན་དཾ་པའི་མཆན་ཉིད་ཡིན་པར་རིག་བར་བྱའོ། །བདག་ཏུ་ལྟ་བའི་ཕྱིན་ཅི་ལོག་དགག་པར་ཚིགས་སུ་བཅད་པ། བདག་ཏུ་ལྟ་བ་བདག་ཉིད ་བདག་མཚན་མིན། །ངན་པར་གནས་མིན་མཚན་ཉིད་མི་འདྲ་ཕྱིར། །གཉིས་ལས་གཞན་མེད་དེ་ནི་ནོར་པར་སྐྱེས། །དེ་ཕྱིར་ཐར་པ་ནོར་ཙམ་ཟད་པ་ཡིན། །རེ་ཞིག་བདག་ཏུ་ལྟ་བ་ཉིད་ནི་བདག་གི་མཚན་ཉིད་མ་ཡིན་ནོ། །ངན་པར་གནས་པ་ཉིད་ཀྱང ་མ་ཡིན་ཏེ། འདི་ལྟར་དེ་ནི་བདག་གི་མཚན་ཉིད་དུ་ཀུན་བརྟགས་པའི་བདག་དང་མཚན་ཉིད་མི་འདྲ་བའི་ཕྱིར་རོ། །དེ་ཡང་ཉེ་བར་ལེན་པའི་ཕུང་པོ་ལྔ་སྟེ། ཉོན་མོངས་པའི་གནས་ངན་ལེན་གྱིས་རབ་ཏུ་བསྐྱེད་པའི་ཕྱིར་རོ། །འདི་གཉིས་ལས ་གཞན་པའི་བདག་གི་མཚན་ཉིད་ཀྱང་མི་དམིགས་ཏེ། དེ་ལྟ་བས་ན་བདག་ནི་མེད་ཀྱི་བདག་ཏུ་ལྟ་བ་གང་ཡིན་བ་དེ?་ནི་ནོར་པ་སྐྱེས་པ་ཡིན་ནོ། །བདག་མེད་པ་ཉིད་ཀྱི་ཕྱིར། ཐར་པ་ཡང་ནོར་པ་ཙམ་ཟད་པ་ཡིན་པར་རིག་པར་བྱའི་གྲོལ་བ་ནི་འགའ་ཡང ་མེད་དོ། །ཕྱིན་ཅི་ལོག་སྨད་པར་ཚིགས་སུ་བཅད་པ་གཉིས་ཏེ། ཇི་ལྟར་འཁྲུལ་པ་ཙམ་བསྟེན་སྐྱེ་པོ་ཡིས། སྡུག་བསྔལ་རང་བཞིན་རྒྱུན་ཆགས་རྟོགས་མི་འགྱུར། །རིངས་མིན་རིག་ཉིད་སྡུག་བསྔལ་སྡུག་བསྔལ་མེད། །ཆོས་ཀྱི་རང་བཞིན་དེ་ཡི་རང་བཞིན་མིན?། ་བརྟེན་ནས་དངོས་རབ་སྐྱེ་བར་མངོན་འཇུག་བའི། །སྐྱེ་བོ་ཇི་ལྟར་གཞན་གྱིས་བྱས་ལ་བསྟེན། །གང་ཕྱིར་ཡོད་པ་མི་མཐོང་མེད་མཐོང་བས། །འདི་འདྲའི་མུན་ནག་རྣམ་པ་དེ་གང་ཞིག། ཇི་ལྟར་ན་འཇིག་རྟེན་འདི་བདག་ཏུ་ལྟ་བ་ནོར་བ་ཙམ་ལ་བསྟེན་ནས ་འདུ་བྱེད་རྣམས་ཀྱིས་སྡུག་བསྔལ་གྱིས་ངོ་བོ་ཉིད་རྟག་ཏུ་རྗེས་སུ་འབྲེལ་པ་མི་མཐོང་སྟེ། །སྡུག་བསྔལ་གྱིས་རང་བཞིན་དེ་ནི་ཡེ་ཤེས་ཀྱིས་རིག་བར་བྱ་མི་དགོས་ཏེ། སྡུག་བསྔལ་ཉམས་སུ་མྱོང་བས་རིག་པ་ཡིན་ནོ། །སྡུག་བསྔལ་མ་སྤངས་པས་སྡུག ་བསྔལ་བར་གྱུར་པ་ཡིན་ལ་སྡུག་བསྔལ་དང་ལྡན་པའི་བདག་མེད་པའི་ཕྱིར་སྡུག་བསྔལ་བར་གྱུར་པ་མེད་དོ། །གང་ཟག་ལ་བདག་མེད་པས་ཆོས་ཙམ་དུ་ཟད་པའི་ཕྱིར་ཆོས་ཀྱི་རང་བཞིན་ཡིན་ནོ། །ཆོས་ལ་བདག་མེད་པས་ཆོས་ཀྱི་རང་བཞིན་མ་ཡིན ་ནོ། །ཡང་གང་གིས་ཆེ་འཇིག་རྟེན་གྱིས་དེ་དང་དེ་ལ་བརྟེན་ནས་དངོས་པོ་དེ་དང་དེ་དག་འབྱུང་ངོ་ཞེས་བྱ་བར་དངོས་པོ་རྣམས་ཀྱི་རྟེན་ཅིང་འབྲེལ་པར་འབྱུང་བ་མངོན་སུམ་དུ་མཐོང་བ་ན་དེ་ཇི་ལྟར་མཐོང་བ་ལ་སོགས་པ་ནི་གཞན་གྱིས་བྱས་གྱིས། རྟེན་ཅིང ་འབྲེལ་བར་འབྱུང་བ་ནི་མ་ཡིན་དེ། །ཞེས་ལྟ་བ་འདི་ལ་བརྟེན། འཇིག་རྟེན་གྱིས་མུན་ནག་གང་རྟེན་ཅིང་འབྲེལ་བར་འབྱུང་པ་ཡོད་པ་ནི་མི་མཐོང་གི། མེད་པ་བདག་ཏུ་རྟོགས་པ་འདི་འདྲ་བ་དེ་གང་ཞིག་ཡིན་ཏེ། ཡོད་པ་ནི་མུན་པས་མི་མཐོང་བར་ནུས ་ཀྱི། མེད་པ་མཐོང་བར་ནི་མ་ཡིན་ནོ་།བདག་ནད་པར་ཞི་བ་རུང་བར་ཚིགས་སུ་བཅད་པ། འདི་ལ་དོན་དམ་ཚུལ་གྱིས་ཞི་བ་དང། །སྐྱེ་བ་དེ་གཉིས་ཁྱད་པར་ཅི་ཡང་མེད། །འོན་ཀྱང་དགེ་བའི་ལས་རྣམས་བྱེད་ལ་དག་།སྐྱེ་བ་ཟད་པས་ཞི་བ་འཐོབ་པར་བཤད ་དོན་དམ་པའི་ཚུལ་བདག་མེད་པར་མཉམ་པ་ཉིད་ཀྱིས་འཁོར་བ་དང་མྱ་ངན་ལས་འདས་པ་དག་ལ་ཐ་དད་དུ་བྱ་བ་ཅི་ཡང་མེད་དོ། །འོན་ཀྱང་གང་དག་ཐར་པའི་ལམ་སྒོམS་བ་དགེ་བའི་ལས་བྱེད་བ་དག་གི་སྐྱེ་བ་ཟད་པས་ཐར་བ་འཐོབ ་པར་འགྱུར་བ་ཉིད་དོ། །ཕྱིན་ཅི་ལོག་སྨད་པ་བྱས་ནས་དེའི་གཉེན་པོ་དོན་དམ་པའི་ཡེ་ཤེས་ལ་འཇུག་པར་ཚིགས་སུ་བཅད་པ་བཞི་སྟེ། བྱང་ཆུབ་སེམས་དཔའ་བསོད་ནམས་ཡེ་ཤེས་ཀྱི། །མཛའ་ཡས་ཕ་རོལ་ཚོགས་རྣམས་ལེགས་བསགས ་ནས། །ཆོས་ལ་སེམས་པ་ཤིན་ཏུ་རྣམ་ངེས་ཕྱིར། །དོན་གྱིས་རྣམ་པ་བརྗོད་པའི་རྒྱུ་ཅན་རྟོགས། །དེ་ཡིས་བརྗོད་པ་ཙམ་དུ་དོན་རིག་ནས། །དེར་སྣང་སེམས་ཙམ་ལ་ནི་ཡང་དག་གནས། །དེ་ནས་ཆོས་དབྱིངས་གཉིས་ཀྱི་མཚན་ཉིད་དང། །བྲལ ་བ་མངོན་སུམ་ཉིད་དུ་རྟོགས་པར་འགྱུར། །སེམས་ལས་གཞན་མེད་པར་ནི་བློས་རིགས་ནས། །དེ་ནས་སེམས་ཀྱང་མེད་པ་ཉིད་དུ་རྟོགས། །བློ་དང་ལྡན་པས་གཉིས་པོ་མེད་རིག་ནས། །དེ་མ་ལྡན་པའི་ཆོས་ཀྱི་དབྱིངས་ལ་གནས། །བློ་དང་ལྡན ་པའི་མི་རྟོགས་ཡེ་ཤེས་སྟོབས། །རྟག་ཏུ་ཀུན་ནས་མཉམ་པར་སོང་བ་ཡིས། །དེ་ལ་བརྟེན་པའི་ཉེས་ཚོཌ་ཚང་ཚིང་དག་།དུག་སྨན་ཆེན་པོས་དུག་བཞིན་སེལ་བར་བྱེད། །གཅིག་གིས་ནི་ཚོགས་ཆེན་པོ་བསགས་པ་དང། ཏིང་ངེ་འཛིན་ལ་བརྟེན ་ནས་བསགས་པའི་ཕྱིར་ཆོས་བསམ་པ་ཤིན་ཏུ་རྣམ་པར་ངེས་པ་ཉིད་དང། ཡིད་ཀྱི་བརྗོད་པ་ཡིན་པའི་ཕྱིར་ཆོས་དེ་དག་དོན་དུ་སྣང་བར་རྟོགས་པའི་ཕྱིར་དེ་ལ་འཇུག་པ་རབ་ཏུ་སྟོན་ཏོ། །དུས་རབ་ཏུ་དབྱེ་བ་གྲངས་མེད་པས་འདིའི་ཕ་རོལ ་ཡོངས་སུ་རྫོགས་པ་ན་མཛའ་ཡས་ཕ་རོལ་ཡིན་ནོ། །གཉིས་པས་ནི་དོན་རྣམས་ཡིད་ཀྱི་བརྗོད་པ་ཙམ་དུ་རིག་ནས་དེར་སྣང་བའི་སེམས་ཙམ་ལ་གནས་པ་སྟོན་ཏེ། འདི་ནི་བྱང་ཆུབ་སེམས་དཔའ་ཨི་ངེས་པར་འབྱེད་པའི་ཆ་དང་མཐུན་པའི་། ་གནས་སྐབས་ཡིན་ནོ། །དེ་ཕན་ཆད་ནི་ཆོས་ཀྱི་དབྱིངས་གཉིས་ཀྱི་མཚན་ཉིད་གཟུང་བ་དང། འཛིན་པའི་མཚན་ཉིད་དང་བྲལ་བ་མངོན་སུམ་ཉིད་དུ་རྟོགས་ཏེ། འདི་ནི་མཐོང་བའི་ལམ་གྱི་སྐབས་ཡིན་ནོ། །གསུམ་པས་ནི་ཇི་ལྟར་འདིས་ཆོས་ཀྱི་དབྱིངས ་མངོན་སུམ་ཉིད་དུ་རྟོགས་པ་སྟོན་ཏོ། །ཇི་ལྟར་འདིས་མངོན་སུམ་དུ་རྟོགས་ཤེ་ན། སེམས་ལས་གཞན་པའི་དམིགས་པ་གཟུང་བ་མེད་དོ་ཞེས་བྱ་བར་བློས་རྟོག་ནས་གཟུངས་པ་མེད་ན་འཛིན་པ་ཡང་མེད་པའི་ཕྱིར་སེམས་ཙམ་པོ་དེ་ཡང་མེད་པ་ཉིད་དུ་ཁོང ་དུ་ཆུད་དོ། །དེ་གཉིས་མེད་པ་ཉིད་དུ་རིག་ནས་དེ་དང་མི་ལྡན་པའི་ཆོས་ཀྱིས་དབྱིངས་གཟུང་བ་དང། འཛིན་པའི་མཚན་ཉིད་དག་དང་བྲལ་བ་ལ་གནས་ཏེ། དེ་ལྟར་ན་ཆོས་ཀྱི་དབྱིངས་མངོན་སུམ་ཉིད་དུ་རྟོགས་པ་ཡིན་ནོ། །བཞི་པོས་ནི་སྒོམ་པའི་ལམ་གྱིS ་གནས་སྐབས་ན་གནས་ཡོངས་སུ་གྱུར་པས་དོན་དམ་པའི་ཡེ་ཤེས་ལ་འཇུག་པ་སྟོན་ཏེ། རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་སྟོབས་ཀྱིས་དུས་ཀུན་དུ་མཉམ་པ་ཉིད་དུ་སོང་བས་དེ་ལ་བརྟེན་པའི་ཉེས་པའི་ཚོགས་རིང་དུ་རྗེས་སུ་ཞུགས་པ། གནས་ངན་ལེན་གྱི ་མཚན་ཉིད་དག་།དུག་སྨན་ཆེན?་པོས་དུག་བཞིན་དུ་སེལ་བའི་ཕྱིར་རོ། །དེ་གང་ལ་མཉམ་པ་ཉིད་དུ་སོང་ཞེ་ན། གཞན་གྱི་དབང་གི་ངོ་བོ་ཉིད་ལའོ། །དོན་དམ་པའི་ཡེ་ཤེས་ཀྱི་ཆེ་བ་ཉིད་ཀྱི་ཚིགས་སུ་བཅད་པ། ཐུབ་པས་གསུངས་པའི་དམ་ཆོས་ལེགས ་བཞག་བ། །རྩ་བའི་ཆོས་ཀྱི་དབྱིངས་ལ་བློ་གྲོས་གཞག། དྲན་རྒྱུ་རྟོག་བ་ཙམ་རིག་བསྟན་བ་དག། མྱུར་དུ་ཡོན་ཏན་རྒྱ་མཚོའི་ཕ་རོལ་འགྲོ། བྱང་ཆུབ་སེམས་དཔའ་དོན་དམ་པའི་ཡེ་ཤེས་ལ་ཞུགས་པ་དེ་སངས་རྒྱས་ཀྱིས་གསུངས་པའི་དོན་དམ་པའི ་ཆོས་ལེགས་པར་བཞག་པའི་རྩ་བའི་སེམས་བསྡུས་པའི་ཆོས་ལ་དམིགས་པའི་ཆོས་ཀྱི་དབྱིངས་ལ་བློ་གྲོས་བཞག་ནས་དྲན་པ་གང་དང་གང་སྐྱེ་བའི་དྲན་པ་འཇུག་པ་དེ་དག་ཐམས་ཅད་རྟོག་པ་ཙམ་དུ་ཁོང་དུ་ཆུད་དེ། དེ་ལྟར་ན་མྱུར་དུ་ཡོན་ཏན་རྒྱ ་མཚོའི་ཕ་རོལ་སངས་རྒྱས་ཉིད་དུ་འགྱུར་བས་འདི་ནི་དོན་དམ་བའི་ཡེ་ཤེས་ཀྱི་ཆེ་བ་ཉིད་ཡིན་ནོ། །ཁོ་ན་ཉིད་ཀྱི་སྐབས་རྫོགས་སོ།། །།མཐུ་ཡི་མཚན་ཉིད་རྣམ་པར་དབྱེ་བས་ཚིགས་སུ་བཅད་པ། སྐྱེ ་དང་དགེ་སེམས་དགེ་དང་མི་དགེ་བསྐྱེད། །དེ་ཡི་གནས་དང་འབྱུང་བ་མངོན་སུམ་གང། །ཤེས་པ་ཀུན་འགྲོ་རབ་ཏུ་དབྱེ་བཅས་ལ། །ཐོགས་མེད་བསྟན་པ་ཐོབ་པའི་མཐུ་ཡིན་ན། །གཞན་དག་གི་སྐྱེ་བཤེས་པ་ནི། །འཆི་འཕོ་དང་སྐྱེ་བ་མངོན་བར ་ཤེས་པ་ཡིན་ནོ། །དེ་དང་དེ་དག་ཏུ་སྐྱེས་པ་རྣམས་ཅི་སྨྲ་བའི་ཚིག་ཤེས་པ་ནི། །ལྷའི་རྣའི་མངོན་པར་ཤེས་པ་ཡིན་ནོ། །སེམས་ཤེས་པ་ནི་སེམས་ཀྱི་རྣམ་གྲངས་མངོན་པར་ཤེས་པ་ཡིན་ནོ། །སྔོན་དགེ་བ་དང་མི་དགེ་བ་བསྐྱེད་པ་ཤེ་པ་ནི། སྔོན་གྱིས ་གནས་ནས་མངོན་པར་ཤེས་པ་ཡིན་ནོ། །གང་ན་འདུལ་བ་དག་འཁོད་པ་དེའི་གནས་སུ་འགྲོ་བ་ཤེས་པ་ནི། རྫུ་འཕྲུལ་གྱིས་ཡུལ་མངོན་པར་ཤེས་པའོ། །ཇི་ལྟར་སེམས་ཅན་རྣམས་སྐྱེ་བ་ལས་འབྱུང་བར་འགྱུར་བའི་འབྱུང་བ་ཤེས་པ་ནི། ཟག ་བཟང་པ་མངོན་བར་ཤེས་པ་ཡིན་ཏེ། དེ་ལྟར་ན་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་དོན་དྲུག་པོ་དེ་དག་རབ་ཏུ་དབྱེ་བ་དང་བཅས་པ་ལ་ཤེས་པ་མངོན་སུམ་དུ་གྱུར་པ་ཐོགས་པ་མེད་པ་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མཐུ་མངོན ་པར་ཤེས་པས་བསྡུས་པ་ཡིན་ནོ། །མཐུའི་མཚན་ཉིད་རྣམ་པར་དབྱེ་བ་ལ་།རང་བཞིན་གྱིས་དོན་ནི་བཤད་ཟིན་ཏོ། །རྒྱུའི་དོན་ལས་བརྩམས་ཏེ་ཚིགས་སུ་བཅད་པ། བསམ་གཏན་བཞི་པ་ཤིན་ཏུ་དག་ཐོབ་ནས། །མི་རྟོག་ཡེ་ཤེས་ཡོངས་སུ་བཟུང ་བ་དང། །ཇི་ལྟར་རྣམ་གནས་ཡིད་ལ་བྱེད་པ་ལས། །མཐུ་འགྲུབ་པ་ཡི་དམ་པ་འཐོབ་པར་འགྱུར། །རྟེན་གང་དང། ཡེ་ཤེས་གང་དང། ཡིད་ལ་བྱེད་པ་གང་གིས་མཐུ་དེ་ཡང་དག་བར་འགྲུབ་པ་དེ་སྟོན་ཏོ། །འབྲས་བུའི་དོན་ལས་བརྩམས ་།།ཚིགས་སུ་བཅད་པ། གང་གིས་འཕྲགས་དང་ལྟ་དང་ཚངས་པ་ཡི། །གནས་པ་དཔེ་མེད་རྒྱ་ཆེས་རྟག་ཏུ་གནས། །ཕྱོགས་དེ་སོང་སངས་རྒྱས་སེམས་ཅན་དང་།ཡང་དག་མཆོག་ཕྱེད་རྣམ་པར་དག་པ་སྙེད། །མཐུ་དེའི་འབྲས་བུ་རྣམ་པ་གསུམ་སྟོན་ཏེ། ་བདག་ཉིད་ཥྱ?་པགས་པ་ལ་སོགས་པའི་བདེ་བར་གནས་བ་མཐོང་བ་མེད་པ་མཆོག་དང་འཇིག་རྟེན་གྱིས་ཁམས་གཞན་དག་ཏུ་སོང་སྟེ། སངས་རྒྱས་རྣམས་ལ་མཆོད་པ་དང། སེམས་ཅན་རྣམས་རྣམ་པར་སྦྱོང་བའོ། །ལས་རྣམ་པ་དྲག་གི་དོན་ལས ་བརྩམས་ནས་ཚིགས་སུ་བཅད་པ་བཞི་སྟེ། མཐོང་བའི་ལས་དང་སྟོན་པའི་ལས་ལས་བཙམས་ཏེ་ཚིགས་སུ་བཅད་པ། འཆགས་དང་འཇིགས་བཅས་སེམས་ཅན་བཅས་པ་ཡི། །འཇིག་རྟེན་ཁམས་ཀུན་སྒྱུ་མ་ལྟ་བུར་མཐོང། །དབང་ལྡན་ཇི་ལྟར ་འདོད་བཞིན་དེ་དག་དང། །རྣམ་བཅས་སྣ་ཚོགས་དག་ཀྱང་ཡང་དག་སྟོན། །བདག་ཉིད་ཀྱིས་ཀྱང་འཇིག་རྟེན་གྱིས་ཁམས་འཆགས་པ་དང་འཇིག་པ་དང་བཅས་ཤིང་སེམས་ཅན་དང་བཅས་པ་ཐམས་ཅད་སྒྱུ་མ་ལྟ་བུ་ཉིད་དུ་མཐོང་ལ། །དབང་བཅུ ་ཐོབ་པའི་ཕྱིར་དབང་དང་ལྡན་པ་གཞན་དག་ལ་ཡང་ཇི་ལྟར་འདོད་པ་བཞིན་དེ་དག་དང། གཞན་ཡང་གཡོ་བ་ལ་སོགས་པའི་རྣམ་པ་སྣ་ཚོགས་སྟོན་པའི་ཕྱིར་ཏེ། དེ་དག་ཀྱང་ཇི་སྐད་དུ། ས་བཅུ་པའི་ས་བརྒྱད་པ་ལས་བསྟན་པ་ལྟ་བུ་ཡིན་ནོ། །འོད ་ཟེར་གྱིས་ལས་ལས་བརྩམས་ཏེ་ཚིགས་སུ་བཅད་པ། འོད་ཟེར་བཏང་བས་ཤིན་ཏུ་སྡུག་བསྔལ་པའི། །ངན་སོང་བ་དག་མཐོ་རིས་འགྲོ་བར་བྱེད། །བདུད་གནས་གཞལ་མེད་ཁང་མཐོ་མཛེས་པ་དག། བདུད་བཅས་ཀུན་ཏུ་བསྐྱོད་ཅིང་སྐྲག་པར ་བྱེད། །འོད་ཟེར་གྱིས་ལས་རྣམ་པ་གཉིས་སྟོན་ཏེ། །ངན་སོང་དུ་སྐྱེས་པ་རྣམས་དང་བ་བསྐྱེད་ནས་མཐོ་རིས་སུ་སྐྱེ་བར་བྱེད་པ་དང། བདུད་ཀྱི་གནས་བདུད་དང་བཅས་པ་རྣམས་བསྐྱོད་པས་མི་དགའ་བྱེད་པའོ། །རྣམ་པར་རོལ་པའི་ལས་དང ་སྤྲུལ་པའི་ལས་ལས་བརྩམས་ཏེ་ཚིགས་སུ་བཅད་པ། དེ་ནི་མཆོག་ཚོགས་ནང་དུ་ཏིང་ངེ་འཛིན། །དཔག་མེད་རྣམ་པར་རོལ་པ་ཀུན་སྟོན་ཞིང། །ལས་དང་སྐྱེ་དང་མཆོག་གི་སྤྲུལ་པ་ཡིས། །སེམས་ཅན་རྣམས་ཀྱི་དོན་དུ་དུས ་ཀུན་གནས། །སངས་རྒྱས་ཀྱི་འཁོར་གྱི་དཀྱིལ་འཁོར་གྱི་ནང་དུ་ཏིང་ངེ་འཛིན་དཔག་ཏུ་མེད་པས་རྣམ་པར་རོལ་པ་ཀུན་དུ་སྟོན་པའི་ཕྱིར་དང། སྤྲུལ་པ་རྣཾ་པ་གསུཾ་གྱིས་རྟག་ཏུ་སེམས་ཅན་གྱི་དོན་བྱེད་པའི་ཕྱིར་ཏེ། སྤྲུལ་པ་རྣམ་པ་གསུམ་ན་བཟའ་ཨི ་ལས་ཀྱི་གནས་སྤྲུལ་པ་དང། འདུལ་བའི་དབང་གིས་ཇི་ལྟར་འདོད་པ་བཞིན་སྐྱེ་བ་སྤྲུལ་པ་དང། དགའ་ལྡན་གྱིས་གནས་ན་བཞུགས་པ་ལ་སོགས་པ་མཆོག་སྤྲུལ་པའོ། །ཞིང་ཡོངས་སུ་དག་པའི་ལས་ལས་བརྩམས་ཏེ་ཚིགས་སུ་བཅད ་པ། ཡེ་ཤེས་དག་ལ་དབང་ཕྱིར་ཞིང་རྣམས་ནི། །ཇི་ལྟར་འདོད་བཞིན་བསྟན་ཕྱིར་དག་པ་འཐོབ། །སངས་རྒྱས་མཚན་མི་གྲག་།བར་སངས་རྒྱས་མཚན། །ཡང་དག་བསྒྲགས་པས་དེ་དག་ཁམས་གཞན་འབྱེད། །ཡོངས་སུ་སྦྱོར་བརྣ་པ ་གཉིས་ཀྱིས་ཏེ། །སྣོད་ཡོངས་སུ་སྦྱོར་བས་ནི་ཡེ་ཤེས་ལ་དབང་པའི་ཕྱིར་ཇི་ལྟར་འདོད་པ་བཞིན། །སངས་རྒྱས་ཀྱི་ཞིང་ཤེལ་དང་བཻཌཱུརྱ་ལ་སོགས་པའི་རང་བཞིན་དུ་ཀུན་ཏུ་སྟོན་པའི་ཕྱིར་རོ། །སེམས་ཅན་ཡོངས་སུ་སྦྱོང་བས་ནི། ། ་སངས་རྒྱས་ཀྱི་མཚན་མེད་པའི་འཇིག་རྟེན་གྱི་ཁམས་དག་ཏུ་སྐྱེས་པའི་སེམས་ཅན་རྣམས་ལ་སངས་རྒྱས་ཀྱི་མཚན་ཡང་དག་པར་བསྒྲགས་པས་དད་པ་ལེན་དུ་བཅུ་གནས་དེ་དང་མི་བྲལ་བའི་འཇིག་རྟེན་གྱིས་ཁམས་དག་ཏུ་བསྐྱེད ་པའི་ཕྱིར་རོ། །ལྡན་པའི་དོན་ལས་བརྩམས་ཏེ་ཚིགས་སུ་བཅད་པ། འདབ་གཤོག་ཀུན་ཏུ་རྒྱས་པའི་བྱ་བཞིན་དུ། །སེམས་ཅན་སྨིན་པར་བྱེད་པར་ནུས་པ་ཉིད། །སངས་རྒྱས་ལ་ནི་ཤིན་ཏུ་བསྔགས་པ་འཐོབ། །སྐྱེ་དགུ་རྣམས་ལ་ཚིག ་བཟུང་འོས་པར་འགྱུར། །ལྡན་པ་རྣམ་པ་གསུམ་སྟོན་ཏེ། སེམས་ཅན་ཡོངས་སུ་སྨིན་པར་བྱེད་ནུས་པ་དང་ལྡན་པ་དང། བསྔགས་པ་དང་ལྡན་པ་དང། ཚིག་བཟུང་བར་འོས་པ་དང་ལྡན་པའོ། །འཇུག་པའི་དོན་ལས་བརྩམས་ཏེ་ཚིགས་སུ་བཅང་བ། མངོན ་པར་ཤེས་པ་དྲུག་དང་རིག་པ་གསུམ། །རྣམ་ཐར་བརྒྱད་དང་དེ་བཞིན་ཟིལ་གནོན་བརྒྱད། །ཟད་པར་སྐྱེ་མཆེད་བཅུ་དང་ཏིང་ངེ་འཛིན། །དཔག་ཏུ་མེད་པ་བསྟན་པ་ཐོབ་པའི་མཐུ། །བྱང་ཆུབ་སེམས་དཔའ་ཨི་མཐུ་ནི་རབ་ཏུ་དབྱེ་བ་དྲུག་གིས་འཇུག ་སྟེ། མངོན་པར་ཤེས་བ་དང། རིག་པ་དང། རྣམ་པར་ཐར་པ་དང། ཟིལ་གྱིས་གནོན་པའི་སྐྱེ་མཆེད་དང། ཟད་པར་གྱི་སྐྱེ་མཆེད་དང། ཏིང་ངེ་འཛིན་དཔག་ཏུ་མེད་པའི་རབ་ཏུ་དབྱེ་བདག་གིས་སོ། །དེ་ལྟར་རྣམ་བར་དབྱེ་བའི་མཚན་ཉིད་གྱི་དོན་དྲུག་གིS ་མཐུ་བཤད་ནས། དེའི་ཆེ་བའི་བདག་ཉིད་བརྗོད་པའི་ཕྱིར་ཚིགས་སུ་བཅད་པ། དེ་ནི་དབང་མཆོག་ཐོབ་པའི་བློ་དང་ལྡན། །འགྲོ་བ་དབང་མེད་རང་དབང་དཀོད་རྟག་ཏུ། །གཞན་ལ་ཕན་དགའ་གཅིག་ཏུ་མངོན་དགའ་སྟེ། །སེང་གེ་བཞིན་དུ་རབ། ་བརྟན་སྲིད་ན་སྤྱོད། །ཆེ་བའི་བདག་ཉིད་རྣམ་པ་གསུམ་སྟོན་ཏེ། །བདག་ཉིད་ཡེ་ཤེS་ཀྱི་མཆོག་ལ་དབང་ཐོབ་པས་འགྲོ་བ་ཉོན་མོངས་བས་རང་དབང་མེད་པ་རང་དབང་ཡོད་པ་ལ་འགོད་པའི་ཕྱིར་དབང་གི་ཆེ་བའི་བདག་ཉིད་དང། རྟག་ཏུ་གཞན་ལ ་ཕན་པར་བྱ་བ་ལ་གཅིག་ཏུ་མངོན་པར་དགའ་བའི་ཆེ་བའི་བདག་ཉིད་དང། སྲིད་པས་མི་འཇིགས་པའི་ཆེ་བའི་བདག་ཉིད་དོ། །མཐུའི་སྐབས་རྫོགས་སོ།། །།བྱང་ཆུབ་སེམས་དཔའ་ཡོངས་སུ་སྨིན་པར་བསྡུ་བར་ཚིགས་སུ་བཅད ་པ། དགའ་དང་དང་དང་རབ་ཞི་སྙིང་བརྩེ་དང། །བཟོད་དང་ཡིད་གཞུངས་མཐུ་ཅན་ཉིད་དང་ནི། །མི་འཕྲོགས་པ་དང་ཡན་ལག་ལྡན་པ་རབ། །དེ་ནི་རྒྱལ་སྲས་ཡོངས་སུ་སྨིན་པའི་མཚན། །དགའ་བ་ནི་ཐེག་པ་ཆེན་པོ་བཤད་པའི་ཆོས་ལའོ། ། ་དང་པ་ནི་དེ་སྟོན་པར་བྱེད་པ་ལའོ། །རབ་ཏུ་ཞི་བ་ནི་ཉོན་མོངས་པ་རྣམས་སོ། །སྙིང་བརྩེ་བ་ནི་སེམས་ཅན་རྣམས་ལའོ། །བཟོད་བ་ནི་བཀའ་བ་སྦྱོང་པ་ལའོ། །ཡིད་གཞུངས་པ་ནི་ལེན་པ་དང། འཛིན་པ་དང། ཁོང་དུ་ཆུད་པ་དག ་ལའོ། །མཐུ་ཅན་ཉིད་ནི་རྟོགས་པར་བྱ་བ་ལའོ། །མི་འཕྲོགས་པ་ནི་བདུད་དང་ཕས་ཀྱི་རྒོལ་བ་དག་གིས་སོ། །ཡན་ལག་ལྡན་པ་མི་སྤོང་བའི་ཡན་ལག་རྣམས་དང་ལྡན་པ་ཉིད་དོ། །རབ་ཅེས་བྱ་བ་ནི། དགའ་བ་ལ་སོགས་པ་ཆེན་པོ་ཉིད ་སྟོན་པར་བྱེད་དོ། །རྣམ་པ་དགུ་པོ་དེ་ནི་མདོར་ན་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བདག་ཡོངས་སུ་སྨིན་པར་ཡིན་པར་རིག་པར་བྱའོ། །དགའ་བ་ཡོངས་སུ་སྨིན་པ་ལས་བརྩམས་ཏེ་ཚིགས་སུ་བཅད་པ། གྲོགས་མཆོག་ལ་སོགས་གསུཾ ་དང་བརྩོན་རབ་དང། མཐར་ཕྱིན་དམ་པ་དང་ནི་ཆོས་མཆོག་སྡུད། །དམ་ཆོས་ཆེར་གཟུང་ཕྱིན་ནི་སྙིང་རྗེ་ཅན། །ཡང་དག་ཡོངས་སུ་སྨིན་པའི་མཚན་ཉིད་འདོད། །གྲོགས་པོ་མཆོག་ལ་སོགས་པ་གསུམ་ནི་སྐྱེས་བུ་དམ་པ་ལ་བརྟེན་པ ་དང། དམ་པའི་ཆོས་ཉན་པ་དང། ཚུལ་བཞིན་ཡིད་ལ་བྱེད་པའོ། །བརྩོན་པའི་རབ་ནི་བརྩོན་འགྲུས་ཆེན་པོ་རྩོམ་པའོ། །མཐར་ཕྱིན་པའི་དམ་པ་ནི། བསམ་གྱིས་མི་ཁྱབ་པའི་གནས་ཐམས་ཅད་ལ་ཐེ་ཚོམ་མེད་པའོ། །ཆོས་ཀྱི་མཆོག་བསྡུད་པ ་ནི་ཐེག་པ་ཆེན་པོའི་ཆོས་སྲུང་པ་སྟེ། དེ་ལ་ཞུགས་པ་རྣམས་ལ་ཆེ་བ་དག་ལས་བསྲུངས་པའི་ཕྱིར་རོ། །དེ་ནི་བྱང་ཆུབ་སེམས་དཔའ་ཨི་ཐེག་པ་ཆེན་པོའི་ཆོས་ཡོངས་སུ་གཟུང་བའི་དབང་དུ་བྱས་ནས། དགའ་བ་ཡོངས་སུ་སྨིན་པའི་མཚན ་ཉིད་ཡིན་པར་རིག་པར་བྱ་སྟེ། རྒྱུ་གང་གིས་ཡོངས་སུ་སྨིན་པར་འགྱུར་ཞེ་ན། གྲོགས་པོ་མཆོག་ལ་སོགས་པ་གསུམ་གྱིས་སོ། །དེའི་ཡོངས་སུ་སྨིན་པ་གང་ཞེ་ན། བརྩོན་པའི་རབ་དང་མཐར་ཕྱིན་པའི་དམ་པ་དང་ལྡན་པའོ། །ལྷ ་གང་ཡིན་ཞེ་ན། ཆོས་ཀྱི་མཆོག་སྡུད་པ་སྟེ། འདིས་ནི་དེ་དག་ཡོངས་སུ་བསྟན་ཏོ། །དད་པ་ཡོངས་སུ་སྨིན་པ་ལས་བརྩམས་ཏེ་ཚིགས་སུ་བཅད་པ། ཡོན་ཏན་ཤེས་དང་སེམས་ཀྱང་མི་ཕྱེད་དང། ཏིང་འཛིན་མྱུར་དུ་ཐོབ་དང་འབྲས་བུ་མྱོང། །སྟོན་ལ ་ཡིད་ཆེས་བྱ་ཕྱིར་རྒྱལ་སྲས་ཀྱི། །ཡང་དག་ཡོངས་སུ་སྨིན་པའི་མཚན་ཉིད་འདོད། །དེ་ཡོངས་སུ་སྨིན་པ་ཡང་རྒྱུ་དང་རང་བཞིན་དང་ལས་ཀྱིས་བསྟན་ཏོ། །ཡོན་ཏན་ཤེས་པ་ནི་འདི་ལྟར་བཅོམ་ལྡན་འདས་དེ་ནི་དེ་བཞིན་གཤེགས་བ་ཞེས་བྱ་བ ་ལ་སོགས་པ་རྒྱས་པར་འབྱུང་བ་ལྟ་བུ་སྟེ། རྒྱུའོ། ཤེས་ནས་དད་པ་ཐོབ་པའི་ཕྱིར་སེམས་མི་ཕྱེད་པ་ནི་རང་བཞིན་ནོ། །ཏིང་ངེ་འཛིན་མྱུར་དུ་ཐོབ་བ་དང། དེའི་འབྲས་བུ་མངོན་པར་ཤེས་པ་ལ་སོགས་པ་ཉམས་སུ་མྱོང་བ་ནི་ལས་སོ། །རབ་ཏུ ་ཞི་བ་ཡོངས་སུ་སྨིན་པ་ལས་བརྩམས་ཏེ་ཚིགས་སུ་བཅད་པ། ཤིན་ཏུ་སྡོམ་ཞིང་ཉོན་མོངས་རྟོགས་པ་སྤོང། །བར་ཆད་མེད་ཅིང་དགེ་ལ་མངོན་པར་དགའ་། །རྒྱལ་བའི་སྲས་ཀྱི་ཉོན་མོངས་བསལ་བའི་ཕྱིར། །ཡང་དག་ཡོངས་སུ་སྨིན་པའི་མཚན ་ཉིད་འདོད། །ཉོན་མོངས་སེལ་བ་ནི་བྱང་ཆུབ་སེམས་དཔའ་ཨི་རབ་ཏུ་ཞི་བ་སྟེ། དེ་ཡོངས་སུ་སྨིན་པ་ཡང་རྒྱུ་དང་རང་བཞིན་དང་ལས་ཀྱིས་བསྟན་ཏོ། །དྲན་པ་དང་ཤེས་བཞིན་དག་གིས་དབང་པོ་རྣམས་ཤིན་ཏུ་སྡོམ་པ་ནི་རྒྱུའོ། །ཉོན་མོངས་པ ་ཅན་གྱི་རྣམ་པར་རྟོག་པ་སྤོང་བ་ནི་རང་བཞིན་ནོ། །གཉེན་པོ་སྒོམ་པ་ལ་བར་ཆད་མེད་བ་དང་དགེ་བ་ལ་མངོན་པར་དགའ་བ་ནི་ལས་སོ། །སྙིང་བརྩེ་བ་ཡོངས་སུ་སྨིན་པའི་མཚན་ཉིད་ཀྱི་དབང་དུ་བྱས་ཏེ་ཚིགས་སུ་བཅད་པ། རང་བཞིན་སྙིང ་བརྩེ་གཞན་ཀྱི་སྡུག་བསྔལ་མཐོང། །དམན་པའི་སེམས་ཀྱང་ཡང་དག་རབ་ཏུ་སྤོང། །ཁྱད་པར་འགྲོ་དང་འགྲོ་བའི་མཆོག་གྱུར་ལུས། །གཞན་ལ་སྙིང་བརྩེ་ཡོངས་སུ་སྨིན་པའི་མཚན། །དེ་རང་བཞིན་ཏེ་རིགས་དང། གཞན་སྡུག ་བསྔལ་བར་མཐོང་བ་དང། ཐེག་པ་དམན་པ་ཡོངས་སུ་སྤོང་བས་ཡོངས་སུ་སྨིན་པར་འགྱུར་བ་ནི་རྒྱུའོ། །ཡོངས་སུ་སྨིན་པ་འཕེལ་བར་འགྱུར་བའི་ཕྱིར་ཁྱད་བར་དུ་འགྲོ་བ་ནི་རང་བཞིན་ནོ། །ཕྱིར་མི་ལྡོག་པའི་ས་ལ་འཇིག ་རྟེན་ཐམས་ཅད་པས་ལུས་མཆོག་ཏུ་གྱུར་བ་ནི་ལས་སོ། །བཟོད་པ་ཡོངས་སུ་སྨིན་པའི་མཚན་ལས་བརྩམས་ཏེ་ཚིགས་སུ་བཅད་པ། རང་བཞིན་བསྟན་པ་སོ་སོར་བརྟགས་བསྒོམས་པ། །གྲང་སོགས་ཤིན་ཏུ་སྡུག་བསྔལ་རྟག་མི་མཛད ་ཁྱད་པར་འགྲོ་དང་དགེ་ལ་མངོན་པར་དགའ་། །བཟོད་པ་ཡོངས་སུ་སྨིན་པའི་མཚན་ཉིད་འདོད་བསྟན་པ་དང་མི་མཇེད་པ་དང་བཟོད་པ་ཞེས་བྱ་བ་ནི་རྣམ་གྲངས་ཏེ། ཡོངས་སུ་སྨིན་པ་ལ་རིགས་དང་སོ་སོར་བརྟགས་ཏེ་བསྒོམ་པ་ནི་རྒྱུའོ།། ་གྲང་བ་ལ་སོགས་བའི་སྡུག་བསྔལ་མི་བཟོད་པ་རྣམས་ཛི་མི་མཛད་པ་ནི་རང་བཞིན་ནོ། །བཟོད་པ་ཁྱད་པར་དུ་འགྲོ་བ་དང། དགེ་བ་ལ་མངོན་བར་འདོད་པ་ནི་ལས་སོ། །ཡིད་གཞུངས་པ་ཡོངས་སུ་སྨིན་པ་ལS་བརྩམས་ཏེ་ཚིགས་སུ ་བཅད་པ་།རྣམ་སྨིན་དག་ཅིང་ཐོས་སོགས་དྲན་མི་མཇེད། །དེ་བཞིན་ལེགས་བཤད་ཉེས་པར་སྨྲས་པ་དག་།རང་ཤེས་བློ་ཆེན་སྐྱེ་བར་རུང་བ་ཉིད། །ཤིན་ཏུ་ཡིད་གཞུངས་ཡོངས་སུ་སྨིན་པའི་མཚན། །དེ་ལ་ཡིད་བཞུངས་པ་དང་མཐུན་པའི ་རྣམ་པར་སྨིན་པ་དག་ནི་རྒྱུའོ། །དྲན་པས་ཐོས་པ་དང་བསམ་པ་དང་བསྒོམས་པ་བྱས་ནས། །རིང་མོ་ཞིག་ལོན་པ་དང་སྨས་ནས་རིང་མོ་ཞིག་ལོན་པ་མི་བརྗེད་པ་དང་ལེགས་བར་བཤད་པ་དང། ཉེས་པར་སྨྲས ་པའི་དོན་རབ་ཏུ་ཤེས་པ་ནི་ཡིད་གཞུངས་པ་ཡོངས་སུ་སྨིན་པའི་རང་བཞིན་ནོ། །འཇིག་རྟེན་ལས་འདས་པའི་ཤེས་རབ་སྐྱ་བར་རུང་བ་ཉིད་ནི་ལས་སོ། །མཐུ་ཐོབ་པ་ཡོངས་སུ་སྨིན་པ་ལས་བརྩམས་ཏེ་ཚིགས་སུ་བཅད་པ། དགེ་བ་གཉིས་ཀྱིས ་ཁམས་གཉིས་རྟས་བ་དང། །རྟེན་ནི་འབྲས་བུ་སྐྱེ་བར་རུང་བའི་མཆོག་།ཡིད་ལ་བསམ་གྲུབ་འགྲོ་བའི་མཆོག་གྱུར་པ། །མཐུ་ཐོབ་ཡོངས་སུ་སྨིན་པའི་མཚན་ཉིད་དོ། །དེ་ལ་བསོད་ནམས་དང་ཡེ་ཤེས་གཉིས་ཀྱིས་བསོད་ནཾས་དང་ཡེ་ཤེས་དེ་གཉིས་ཀྱི་ས་བོན་རྟས་པ་ནི་ཡོངS ་སུ་སྨིན་པའི་རྒྱུའོ། །རྟེན་རྟོགས་པར་བྱ་བར་རུང་བ་ནི། དེ་ཡོངས་སུ་སྨིན་པའི་རང་བཞིན་ནོ། །ཡིད་ལ་བསམ་པ་ཕུན་སུམ་ཚོགས་པ་གྲུབ་པ་དང། འགྲོ་བའི་མཆོག་ཏུ་གྱུར་པ་ནི་ལས་སོ། །མི་འཕྲོགས་པ་ཡོངས་སུ་སྨིན་པ་ལས་བརྩམས་ཏེ་ཚིགས་སུ་བཅད ་པ། ཆོས་བཟང་རིགས་པས་རྣམ་དཔྱད་བསམ་པ་ཅན། །རྟག་ཏུ་བདུད་ཀྱིས་བར་ཆད་བྱེད་པ་མེད། །ཁྱད་པར་རྙེད་དང་གཞན་གྱི་ཕྱོགས་སུན་འབྱིན། །མི་འཕྲོགས་ཡོངས་སུ་སྨིན་བའི་མཚན་ཉིད་དོ། །དམ་པའི་ཆོས་ལ་རིགས་པས་རྣམ་པར་དཔྱད་པ། ་བྱས་བའི་བསམ་པ་ནི་དེ་ཡོངས་སུ་སྨིན་པའི་རྒྱུའོ། །ལམ་ལ་བདུད་ཀྱི་བར་ཆད་བྱ་བར་མི་ནུས་ཤིང། །བདུད་ཀྱི་བར་ཆད་མེད་པ་ནི་རང་བཞིན་ནོ། །ཁྱད་པར་རྟོགས་པ་དང་གཞན་གྱི་ཕྱོགས་སུན་འབྱིན་པ་ན་ལས་སོ། །སྤོང་བའི་ཡན་ལག་དང་ལྡན་པ ་ཡོངས་སུ་སྨིན་བ་ལS་བརྩམས་ཏེ་ཚིགས་སུ་བཅད་པ། དགེ་བ་བསགས་དང་རྟེན་ཀྱང་བརྩོན་པར་རུང། །དབེན་དང་དགེ་བ་མཆོག་ལ་མངོན་པར་དགའ་། །རྒྱལ་བའི་སྲས་ཀྱི་ཡན་ལག་ལྡན་པ་ཡི། །ཡང་དག་ཡོངས་སུ་སྨིན་པའི་མཚན་ཉིད་དོ། །དེ་ཡོངས་སུ ་སྨིན་པའི་རྒྱུ་ནི་དགེ་བའི་རྩ་བ་བསགས་པའོ། །རྟེན་བརྩོམ་འགྲུས་རྩོམ་པར་བཟོད་པ་ནི་རང་བཞིན་ནོ། །དབེན་པ་དང་དགེ་བའི་མཆོག་ལ་མངོན་བར་དགའ་བ་ནི་ལས་སོ། །བདག་ཡོངས་སུ་སྨིན་བ་རྣམ་པ་དགུའི་ཆེ་བའི་བདག་ཉིད་ལས་བརྩམས་ཏེ་ཚིགས་སུ་བཅད ་པ། དེ་ལྟར་དངོས་པོ་རྣམ་དགུ་སྨིན་པའི་བདག་།ཕ་རོལ་ཡོངས་སུ་སྨིན་བྱེད་རུང་དང་ལྡན། །ཆོས་ཀྱི་རང་བཞིན་རྒྱུན་འཕེལ་བདག་ཉིད་ཅན། །རྟག་ཏུ་འགྲོ་བའི་གཉེན་མཆོག་གྱུར་བ་ཡིན། །དེའི་ཚེ་བའི་བདག་ཉིད་ནི་རྣམ་པ་གཉིས་ཏེ། གཞན་ཡོངས་སུ་སྨིན་པར ་བྱ་བའི་སྟོན་པར་གྱུར་པ་དང། རྟག་ཏུ་ཆོས་ཀྱི་སྐུས་འཕེལ་བའོ། །དེ་ཉིད་ཀྱི་ཕྱིར་འགྲོ་བའི་གཉེན་གྱི་མཆོག་ཏུ་གྱུར་བ་ཡིན་ནོ། །སེམས་ཅན་ཡོངས་སུ་སྨིན་པ་རྣམ་པར་དབྱེ་བ་ལས་བརྩམས་ཏེ་ཚིགས་སུ་བཅད་པ་བཅུ་གཅིག་གོ་།ཇི ་ལྟར་རྨ་དང་ཟས་ལ་དེ་དག་གི། གཟེགས་དང་སྤྱད་དུ་རུང་བ་སྨིན་འདོད་ལྟར། །དེ་བཞིན་རྟེན་འདིར་ཕྱོགས་གཉིས་ཞི་བ་དང། །དེ་བཞིན་དཔྱད་པ་ཉིད་དུ་སྨིན་པ་བསྟན། །འདིས་ནི་ཡོངས་སུ་སྨིན་པའི་རང་བཞིན་སྟོན་ཏེ། ཇི་ལྟར་རྨའི་ཡོངས་སུ ་སྨིན་པ་བརྟོལ་རན་པ་ཡིན་པ་དང། ཁ་ཟས་ཀྱི་ཡོངས་སུ་སྨིན་པ་སྤྱད་དུ་རུང་བ་དེ་བཞིན་དུ་སེམས་ཅན་རྣམས་ཀྱི་རྟེན་རྨ་དང་ཁ་ཟས་ལྟ་བུ་ལ་གཟག་པ་ལྟ་བུ་མི་མཐུན་པའི་ཕྱོགས་ཞི་བ་དང་དཔྱད་པ་ལྟ་བུ་གཉེན་པོའི་ཕྱོགས་སྤྱད་དུ་རུང ་བ་ནི་རྟེན་ཡོངས་སུ་སྨིན་པ་སྟེ། ཕྱོགས་གཉིས་ནི་འདིར་མི་མཐུན་པའི་ཕྱོགས་དང་གཉེན་པོའི་ཕྱོགས་ཡིན་པར་རིག་པར་བྱའོ། །ཚིགས་སུ་བཅད་པ་གཉིས་པ། ལུས་ཅན་བྲལ་བར་སྨིན་བྱེད་དེ་བཞིན་དུ། །ཡོངས་སྨིན་རབ་སྨིན་མཐུན་པར ་སྨིན་བྱེད་གཞན། །ལེགས་པར་སྨིན་བྱེད་རྟོགས་པ་སྨིན་བྱེད་དང། །རྟག་མིན་གོང་དུ་སྨིན་བྱེད་བཤད་པར་འདོད། །འདིས་ནི་ཡོངས་སུ་སྨིན་པའི་རབ་ཏུ་དབྱེ་བ་སྟོན་ཏེ། ཉོན་མོངས་པ་དང་བྲལ་བར་སྨིན་པར་བྱེད་པ་ནི་བྲལ་བར་སྨིན་པར་བྱེད ་པའོ། །ཐམས་ཅད་དུ་ཐེག་པ་གསུམ་གྱིས་སྨིན་པར་བྱེད་པ་ནི་ཡོངས་སུ་སྨིན་པར་བྱེད་པའོ། །ཕྱི་རོལ་པའི་ཡོངས་སུ་སྨིན་པ་ལས་ཁྱད་པར་དུ་འཕགས་པའི་ཕྱིར་མཆོག་ཏུ་སྨིན་པར་བྱེད་པ་ནི་རབ་ཏུ་སྨིན་བར་བྱེད་པའོ། །གདུལ་བྱ་ཇི་ལྟ་བ ་བཞིན་དུ་ཆོས་སྟོན་པའི་ཕྱིར་འཚམ་པར་སྨིན་པར་བྱེད་པ་ནི་མཐུན་པར་སྨིན་པར་བྱེད་པའོ། །གྲུས་པར་སྨིན་པར་བྱེད་པ་ནི་ལེགས་པར་སྨིན་པར་བྱེད་པའོ། །རྟོགས་པས་སྨིན་པར་བྱེད་པ་ནི་རྟོགས་པ་སྨིན་པར་བྱེད་པའོ། །ཕྱིན་ཅི་མ་ལོག་པའི་? ་གྱི་རྟག་ཏུ་སྨིན་པར་བྱེད་པ་ནི་རྟག་ཏུ་སྨིན་པར་བྱེད་པའོ། །ཡོངས་སུ་ཉམས་པར་མི་འགྱུར་བའི་དོན་གྱིས་གོང་ནས་གོང་དུ་རིམ་གྱིས་སྨིན་པར་བྱེད་པ་ནི་གོང་ནས་གོང་དུ་སྨིན་པར་བྱེད་པ་སྟེ། དེ་ལྟར་ན་རྣམ་པ་བརྒྱད་པོ་འདི་ནི་གཞན་ཡོངས་སུ་སྨིན་བའི ་རབ་ཏུ་དབྱེ་པ་ཡིན་ནོ། །ཚིགས་སུ་བཅད་པ་གསུམ་པ་དང་བཞི་པ། ཇི་ལྟར་རྒྱལ་སྲས་ཕན་པའི་བསམ་བས་འདིར། །འགྲོ་ཀུན་རྣམ་པར་སྨིན་བྱེད་གནས་པ་ལྟར། །དེ་བཞིན་ཕ་དང་མ་དང་གཉེན་བཤེས་རྣམས། །བུ་དང་གཉེན་པ་རྣམས་ལ ་ལེགས་མི་གནས། །ཇི་ལྟར་བརྩེ་བདག་བདེ་དང་ཕན་སྦྱོར་ཕྱིར། །སེམས་ཅན་གཞན་ལ་བྱམས་འདོད་དེ་ལྟར་ནི། །སྐྱེ་བོ་བདག་ལ་བྱམས་པར་མི་འདོད་ན། །རབ་སྡུག་སྐྱེ་བ་གཞན་བསྟན་སྨོས་ཅི་དགོས། །འདི་གཉིས་ཀྱིས་ཅི་སྟོན་ཅེ་ན། བྱང ་ཆུབ་སེམས་དཔའ་བསམ་པ་ཇི་ལྟ་བུ་སེམས་ཅན་རྣམས་ཡོངས་སུ་སྨིན་བར་བྱེད་པའི་བསམ་པ་དེ་སྟོན་པར་བྱེད་དེ། ཕན་པ་དང་བདེ་བ་ལ་ཡང་དག་པར་སྦྱོར་པའི་ཕྱིར། ཕ་མ་དང་གཉེན་བཤེས་ཀྱི་བསམ་པ་ལས་ཁྱད་པར་དུ་འཕགས་པ་དང? ་འཇིག་རྟེན་བདག་ལ་བྱམས་པ་ལས་ཁྱད་བར་དུ་འཕགས་པའི་བསམ་པ་ཡིན་ནོ། །འཇིག་རྟེན་བདག་ལ་བྱམས་པ་ནི་བདག་ཉིད་ཕན་བ་མ་ཡིན་པ་དང། བདེ་བ་མ་ཡིན་པ་ལ་སྦྱོར་རོ། །ཚིགས་སུ་བཅད་པ་ལྷག་མ་རྣམས་ཀྱིས་ནི་སྦྱོར་བ་གང ་གིས་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་པད་ཕ་རོལ་ཏུ་ཕྱིན་པ་སྒྲུབ་པས་ཡང་དག་པར་སྟོན་ཏེ། སྦྱིན་པ་ཇི་ལྟ་བུས་སེམས་ཅན་རྣམས་ཇི་ལྟར་ཡོངས་སུ་སྨིན་བར་བྱེད་པ་དེ་ལས་བརྩམས་ཏེ་ཚིགས་སུ་བཅད་པ། བྱང་ཆུབ་སེམས་དཔའ་ཨི་ལུས་དང་ལོངས ་སྤྱོད་དག། གཞན་ལ་མི་སྦྱིན་པ་ནི་ཡོད་མེད་དེ། །ཕན་འདོགས་རྣམ་པ་གཉིས་ཀྱིས་གཞན་སྨིན་བྱེད། །མཉམ་བར་སྦྱིན་པའི་ཡོན་ཏན་ངོམས་མི་འགྱུར། །སྦྱིན་པ་རྣམ་པ་གསུམ་གྱིས་སེམས་ཅན་ཡོངས་སུ་སྨིན་པར་བྱེད་དེ། རང་གི་ལུས་དང ་ལོངས་སྤྱོད་ཐམས་ཅད་སྦྱིན་པ་དང། མི་མཉམ་པ་མེད་པར་སྦྱིན་པ་དང། དོམས་པ་མེད་པར་སྦྱིན་བས་སོ། །ཇི་ལྟར་ཡོངས་སུ་སྨིན་པར་བྱེད་ཅེ་ན། ཚེ་འདི་དང་ཚེ་ཕྱི་མ་ལ་ཕན་འདོགས་བས་ཏེ། ཕོངས་པ་མེད་པར་འདོད་བ་ཡོངས་སུ ་རྫོགས་པར་བྱེད་པའི་ཕྱིར་དང། དེས་བསྡུས་ནས་དགེ་བ་ལ་འགོད་པའི་ཕྱིར་རོ། །ཚུལ་ཁྲིམས་ཇི་ལྟ་བུས་སེམས་ཅན་རྣམས་ཇི་ལྟར་ཡོངས་སུ་སྨིན་པར་བྱེད་པ་དེ་ལས་བརྩམས་ནས་ཚིགས་སུ་བཅད་པ། བསྟན་པ་རང་བཞིན་ལྷག་པར་འཚེ་བ ་མེད། །བདག་དགའ་བག་ཡོད་འདི་ལ་གཞན་འགོད་ཅིང། །ཕན་རྣམ་གཉིས་འདོགས་རྣམ་པར་སྨིན་པ་དང། །རྒྱུ་མཐུན་ཡོན་ཏན་བརྒྱུད་པས་གཞན་སྨིན་བྱེད། །ཚུལ་ཁྲིམས་རྣམ་པ་ལ་སྟེ། བསྟན་པའི་ཚུལ་ཁྲིམས་དང། རང་བཞིན་གྱི ་ཚུལ་ཁྲིམས་དང། ལྷག་པར་འཚེ་བ་མེད་པའི་ཕྱིར་ཡོངས་སུ་རྫོགས་པའི་ཚུལ་ཁྲིམས་ཏེ། དགེ་བ་བཅུའི་ལས་ཀྱི་ལམ་ཡོངས་སུ་རྫོགས་པའི་ཕྱིར། འཚེ་བ་མེད་པ་ནི་ལྷག་པར་འཆབ་མེད་བ་སྟེ། ས་གཉིས་པ་ལས་ཇི་སྐད་འབྱུང་བ་བཞིན ་ནོ། །བདག་ཉིད་དེ་ལ་དགའ་བའི་ཕྱིར། རྟོགས་བའི་ཚུལ་ཁྲིམས་དང། བག་ཡོད་པའི་ཕྱིར་རྟག་ཏུ་འཁྲུལ་བ་མེད་པའི་ཚུལ་ཁྲིམས་ཀྱིས་སོ། །ཇི་ལྟར་ཡོངས་སུ་སྨིན་པར་བྱེད་ཅེ་ན། ཚུལ་ཁྲིམས་ལ་འགོད་པས་ཚེ་འདི་དང་ཚེ་ཕྱི་མ་ལ་ཕན ་པ་རྣམ་བ་གཉིས་བྱེད་བས་སོ། །གཞན་ལ་ཚེ་ཕྱི་མ་ལ་ཕན་འདོགས་པ་ནི་རྣམ་པར་སྨིན་པ་དང་རྒྱུ་མཐུན་བའི་ཡོན་ཏན་དག་བརྒྱུད་པས་བྱེད་དེ། དེའི་རྣམ་པར་སྨིན་པ་དང་རྒྱུ་མཐུན་པ་དག་ཕན་ཚུན་མཐུན་པས་རྒྱུན་མི་འཆད་བའི་ཕྱིར ་རོ། །བཟོད་བ་ཇི་ལྟ་བུས་སེམས་ཅན་རྣམས་ཇི་ལྟར་ཡོངས་སུ་སྨིན་བར་བྱེད་པ་དེ་ལས་བརྩམས་ནས་ཚིགས་སུ་བཅད་ག་གཞན་གནོད་བྱེད་ལ་ཕན་བྱེད་བློ་ལྡན་པ། །གནོད་བྱེད་དྲག་པོ་དག་ཀྱང་རབ་ཏུ་བཟོད། །ཐབས་རིགས་གནོད་? ་བཟོད་པ་དེ་དག་གིས། །གནོད་བྱེད་དགེར་ཡང་དག་ལེན་དུ་འཇུག་།གཞན་གནོད་པ་བྱེད་བ་ལ་ཕན་པ་བྱེད་པའི་བློ་དང་ལྡན་པའི་ཕྱིར་གནོད་པ་བྱེད་པ་དྲག་པོ་ལ་ཇི་མི་སྙམ་པའི་བཟོད་པས་ཡོངས་སུ་སྨིན་པར་བྱེད་དེ། ཕན་པ་བྱེད་པའི་བློ་ཉིད་ནི་བཟོད་པའི་ཕ ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་འགྱུར་བ་དང་མཐུན་པར་འཇུག་པ་ལས་རིག་པར་བྱའོ། །ཇི་ལྟར་ཡོངས་སུ་སྨིན་པར་བྱེད་ཅེ་ན། གནོད་པ་བྱེད་པ་ལ་མི་མཇེད་པའི་ཕྱིར་ཚེ་འདི་ལ་ཕན་འདོགས་པ་དང། ཐབས་ཤེས་པ་གནོད་པ་བྱིན་པ་ལ་མི ་མཇེད་པ་དེ་དག་གིས་གནོད་པ་བྱེད་པ་རྣམས་དད་པར་བྱས་ནས་དགེ་བ་ཡང་དག་པར་ལེན་དུ་འཇུག་པའི་ཕྱིར་ཚེ་ཕྱི་མ་ལ་ཕན་འདོགས་པས་སོ། །བརྩོན་འགྲུས་ཇི་ལྟ་བུས་སེམས་ཅན་ཇི་ལྟར་ཡོངས་སུ་སྨིན་པར་བྱེད་པ་དེ་ལས་བརྩམས་ཏེ ་ཚིགས་སུ་བཅད་པ། རྒྱལ་སྲས་བརྩོན་འགྲུས་མཆོག་ལ་བརྟེན་པ་སྟེ། །སེམས་ཅན་ཚོགས་རབ་སྨིན་པར་བྱེད་པ་ན། །ཕ་རོལ་སེམས་དགེ་གཅིག་གིས་ཕྱིར་ཡང་ནི། །བསྐལ་པ་བྱེ་བ་སྟོང་དཱུང་སྐྱོ་མི་འགྱུར། །བརྩོན་འགྲུས་ཆེན་པོ་ཡུན ་རིང་པོར་མི་སྐྱོ་བས་ཏེ། ཡུན་རིང་པོར་སྐྱོ་བ་ཉིད་ནི་གཞན་གྱི་སེམས་དགེ་བ་གཅིག་གི་ཕྱིར་ཡང་བསྐལ་པ་བྱེ་བ་སྟོང་བྲག་ཏུ་མི་སྐྱོ་བས་སེམས་ཅན་མཛའ་ཡས་བ་ཡོངས་སུ་སྨིན་པར་བྱེད་བའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་ཇི་ལྟར་ཡོངས་སུ་སྨིན་བར་བྱད ་ཅེ་ན། སེམས་དགེ་བ་ལ་ཡང་དག་པར་སྦོར་བས་ཚེ་འདི་དང་ཚེ་ཕྱི་མ་ལ་ཕན་འདོགས་པས་སོ། །ཞེས་བཤད་པར་འགྱུར་རོ། །བསམ་གཏན་ཇི་ལྟ་བུས་ཇི་ལྟར་ཡོངས་སུ་སྨིན་པར་བྱེད་པ་དེ་ལས་བརྩམས་ཏེ་ཚིགས་སུ་བཅད་པ། ཡིད་ཀྱི ་དབང་ནི་བླ་ན་མེད་ཐོབ་ནས། །གཞན་གྱིས་མཆོད་འདོད་ཐམས་ཅད་ངེས་བཅོམ་སྟེ། །མཆོག་གི་བསྟན་ལ་གཞན་དག་འདུན་བྱེད་ཅིང། །དེ་དག་དགེ?་བས་ཡང་དག་འཕེལ་བར་བྱེད། །བསམ་གཏན་གྱི་དབང་བླ་ན་མེད་པ་ཐོབ་པ་དང། ཟང་ཟིང ་མེད་པ་གཞན་གྱིས་མཆོད་པར་འདོད་པ་ཐམས་ཅད་དེས་པར་བཅོམ་པས་ཡོངས་སུ་སྨིན་པར་བྱེད་དེ། གཞན་སངས་རྒྱས་ཀྱི་བསྟན་པ་ལ་འདུན་པར་བྱེད་པ་དང། འདུན་པར་བྱས་པ་ལ་དགེ་བའི་ཆོས་སྤེལ་བའི་སྒོ ་ནས་ཡོངས་སུ་སྨིན་པར་བྱེད་དོ། །ཤེས་རབ་ཇི་ལྟ་བུས་ཇི་ལྟར་ཡོངས་སུ་སྨིན་པར་བྱེད་པ་དེ་ལས་བརྩམས་ཏེ་ཚིགས་སུ་བཅད་པ། དེ་ཉིད་དགོངས་དོན་ཚུལ་ལས་རབ་ངེས་ཏེ། །སེམས་ཅན་ཐེ་ཚོམ་ཤིན་ཏུ་སེལ་བར་བྱེད། །དེ་ཕྱིར་རྒྱལ་བའི་བསྟན་ལ་དེ ་གུས་པས། །རང་གཞན་དགེ་པའི་ཡོན་ཏན་རྣམ་འཕེལ་བྱེད། །བྱང་ཆུབ་སེམས་དཔའ་དེ་དེ་ཁོ་ནའི་དོན་གྱིས་ཚུལ་དང། དགོངས་པའི་དོན་གྱི་ཚུལ་ལ་ཤིན་ཏུ་རྣམ་པར་ངེས་པའི་ཤེས་རབ་གྱིས་ཡོངས་སུ་སྨིན་པར་བྱེད་དོ། །ཇི་ལྟར་ཡོངས་སུ ་སྨིན་པར་བྱེད་ཅེ་ན། སེམས་ཅན་རྣམས་ཀྱི་ཐེ་ཚོམ་རྣམ་པར་སེལ་བའི་ཕྱིར་རོ། །དེའི་ཕྱིར་དེ་དག་བསྟན་པ་ལ་གུས་པས་བདག་དང་གཞན་གྱི་ཡོན་ཏན་ཡང་དག་པར་འཕེལ་བར་བྱེད་པ་ཉིད་ཀྱིས་སོ། །འཇུག་བསྡུ་བའི་ཚིགས་སུ་བཅད་པ། ་དེ་ལྟར་བྱང་ཆུབ་སེམས་དཔའ་སྙིང་རྗེ་ཡི། །འགྲོ་ཀུན་བདེ་འགྲོའི་འགྲོ་བ་འམ་དགེ་གསུམ་ལ། ?་བ་ཆུང་ངུ་དང་མཆོག་དང་འདིར?་དག་གིས། །འཇིག་རྟེན་ཡོད་དང་མཉམ་པར་འཇུག་བས་འདུལ། །འདིས་ནི་སུས་འདུལ་བ་སྟེ། བྱང་ཆུབ་སེམས་དཔའ་དང། ་གང་གིས་འདུལ་བ་སྟེ་སྙིང་རྗེ་དང། གང་འདུས?་པ་སྟེ་འགྲོ་བ་མཛའ་དག་དང། གང་དུ་འདུལ་བ་སྟེ་བདེ་འགྲོར་འགྲོ་བའམ། ཐེག་པ་གསུམ་དང་ཡོངས་སུ་སྨིན་པར་བྱེད་པའི་རྣམ་པ་ཇི་ལྟ་བུ་དག་དང། དུས་ཇི་སྲིད་པ་དེ་དག་ཡོངས་སུ་བསྟན་བས་ཡོངས ་སུ་སྨིན་པའི་ཆེ་བའི་བདག་ཉིད་མདོར་བསྟན་ཏོ། །དེ་ལ་རྣམ་པ་ཆུང་ངུ་ནི་མོས་པས་སྤྱོད་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཨི་འོ། །མཆོག་ནི་བརྒྱད་པ་ལ་སོགས་པ་ལ་གནས་པའི་འོ། །འདྲིར་ནི་འདུན་པ་ལ་གནས་པའི་ཡིན་པར་རིག་པར་བྱའོ། ། ་འཇིག་རྟེན་ཡོད་པ་ཇི་སྲིད་བ་དེ་དང་མཉམ་པར་འཇུག་པས་ཏེ། གཏན་དུ་ཞེས་བྱ་བའི་ཐ་ཚིག་གོ་།ཡོངས་སུ་སྨིན་པའི་སྐབས་རྫོགས་སོ།། །།ཐམས་ཅད་མཁྱེན་པ་ཉིད་ལ་ཚིགས་སུ་བཅད་པ་གཉིས་ཏེ། གསུམ་པ་ནི་དེ་དག་ཉིད་ཀྱི་བཤད་པར་གྱུར ་པའོ། །དཀའ་སྤྱོད་དཔག་མེད་བརྒྱ་ཕྲག་དང། །དཔག་མེད་དགེ་བ་བསགས་པ་དང། །དཔག་ཏུ་མེད་པའི་དུས་དང་ནི། །དཔག་མེད་སྒྲིབ་པ་ཟད་བའི་ཕྱིར། །སྒྲིབ་པ་ཀུན་གྱི་དྲི་མེད་པ། །རྣམ་པ་ཐམས་ཅད་མཁྱེན་ཉིད་འཐོབ། །རིན་ཆེན་སྣོད?་ནི་ཕྱེ་བ་ལྟར། ། ་སངས་རྒྱས་ཉིད་ནི་ཡང་དག་བསྟན། །ངལ་བརྒྱས་རྨད་བྱུང་དཀའ་སྤྱད་དགེ་ཀུན་བསགས། །བསྐལ་མཆོག་དུས་རིང་འགྲོ་བའི་སྒྲིབ་ཀུན་ཟད། །སང་གཏོགས་སྒྲིབ་པ་?་བཅོམ་སངས་རྒྱས་ཏེ། །དེ་ནི་མཐུ་ཆེ་རིན་ཆེན་སྨོད་ཕྱེ་བཞིན། །ཡང་དག་བར་འགྲུབ ་བ་དང། ངོ་བོ་ཉིད་དང། དཔེའི་སྒོ་ནས་སངས་རྒྱས་ཉིད་བསྟན་ཏེ། དཀའ་བ་སྤྱོད་པ་བརྒྱ་ཕྲག་ཇི་སྙེད་དང། དགེ་བའི་ཚོགས་ཇི་སྙེད་དང། དུས་ཇི་སྲིད་དང་ཉོན་མོངས་བ་དང། ཤེས་བྱའི་སྒྲིབ་པ་ཇི་ཙམ་སྤངས་པས་ཡང་དག་པར་འགྲུབ་པ་འདི་ནི་ཡང་དག ་བར་འགྲུབ་བའོ། །སྒྲིབ་པ་ཐམས་ཅད་ཀྱི་དྲི་མ་མེད་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་འཐོབ་པ་ནི་ངོ་བོ་ཉིད་དོ། །རིན་པོ་ཆེའི་སྣོད་ཆེ་བ་ནི་དེའི་དཔེའོ། །སངས་རྒྱས་ཉིད་དེའི་གཉིས་སུ་མེད་པའི་མཚན་ཉིད་མཐུ་དང་བཅས་པ་ལ་ཚིགས་སུ་བཅད་པ་གཉིས་ཏེ། ་གསུམ་པ་ནི་དེ་དག་ཉིད་ཀྱི་བཤད་པར་གྱུར་པའོ། །ཆོས་རྣམས་ཐམས་ཅད་སངས་རྒྱས་ཉིད། །ཆོས་ནི་གང་ཡང་ཡོད་མ་ཡིན། །དེ་ནི་ཆོས་དཀར་རང་བཞིན་ཡང། །དེ་ཡིས་དེ་ནི་བརྗོད་མ་ཡིན། །རིན་ཆེན་ཆོས་ཀྱིས་རྒྱུ་མཚན་ཕྱིར། །དེ་ནི་རིན་ཆེན ་འབྱུང་གནས་བཞིན། །དགེ་བའི་ལོ་ཏོག་རྒྱུ་མཚན་ཕྱིར། །དེ་ནི་སྤྲིན་དང་འདྲ་བར་འདོད། །དེ་བཞིན་ཉིད་ཐ་དད་པའི་རང་བཞིན་མ་ཡིན་པའི་ཕྱིར་དང། སངས་རྒྱས་ཉིད་ཀྱང་དེ་རྣམ་པར་དག་པས་རབ་ཏུ་ཕྱེ་བའི་ཕྱིར་ཆོས་ཐམས་ཅད་ཀྱང་སངས་རྒྱས་ ་ཉིད་ཡིན་ལ་ཆོས་གང་ཡང་ཀུན་བརྟགས་པའི་ཆོས་ཀྱི་ངོ་བོ་ཉིད་དུ་ཡོད་པ་མ་ཡིན་ནོ། །ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་དགེ་བ་རྣམས་དེའི་ངོ་བོར་ཡོངས་སུ་གྱུར་བའི་ཕྱིར་སངས་རྒྱས་ཉིད་དེ་ནི་ཆོས་དཀར་པོའི་རང་བཞིན ་ཡང་ཡིན་ལ། ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པའི་ངོ་བོར་ཡོངས་སུ་མ་གྲུབ་པའི་ཕྱིར། དེ་དག་གིས་དེ་བསྟན་པར་བྱ་བ་ཡང་མ་ཡིན་ཏེ། འདི་ནི་གཉིས་སུ་མེད་པའི་མཚན་ཉིད་ཡིན་ནོ། །རིན་པོ་ཆེའི་འབྱུང་གནས་དང། ་སྤྲིན་ལྟ་བུ་ཉིད་ནི་མཐུ་ཡིན་ཏེ། བསྟན་པའི་ཆོས་རིན་པོ་ཆེ་རྣམས་དེ་ལས་རབ་ཏུ་འབྱུང་བའི་ཕྱིར་དང། གདུལ་བྱའི་རྒྱུད་ཀྱི་ཞིང་ལ་དགེ་བའི་ལོ་ཏོག་རྣམས་རབ་ཏུ་བསྐྲུན་པའི་ཕྱིར་རོ། །སངས་རྒྱས་ཉིད་ནི་ཆོས་ཀུན་ལྡན་པ་འམ་ཡང་ན ་ཆོས་ཀུན་བྲལ་བ་སྟེ། རིན་ཆེན་ཆོས་རབ་ཆེ་ཡངས་འབྱུང་ཕྱིར་རིན་ཆེན་ཆོས་ཀྱི་འབྱུང་གནས་བཞིན། །སྐྱེ་དགུ་རྣམས་ལ་ལེགས་བཤད་མི་ཟད་ཆོས་ཀྱི་ཆར་ཆེན་འབེབས་པས་ན། །འབྱུང་བོའི་ལོ་ཏོག་དཀར་པོ་ཤིན་ཏུ་ཆེ་འཕེལ་རྒྱུ ་ཕྱིར་སྤྲིན་དང་འདྲ། །ཚིགས་སུ་བཅད་པ་གསུམ་པ་འདིས་ནི་དོན་དེ་ཉིད་སྟོན་ཏོ། །ཆོས་རིན་པོ་ཆེ་རབ་ཏུ་ཆེ་ཞིང་ཡངས་པ་འབྱུང་བའི་རྒྱུ་མཚན་ཡིན་པའི་ཕྱིར་རིན་པོ་ཆེའི་འབྱུང་གནས་བཞིན་ནོ། །སྐྱེ་དགུ་རྣམས་ལ་ལེགས་པར ་བཤད་པ་མི་ཟད་པའི་ཆོས་ཀྱི་ཆར་ཆེན་པོ་འབེབས་པས་ནི་ཞེས་བྱ་བར་འདིས་ཚིགས་རྣམ་པར་སྦྱར་བར་རིག་པར་བྱའོ། །འབྱུང་པོ་རྣམས་ཀྱི་དཀར་པོའི་ལོ་ཏོག་ཤིན་ཏུ་ཆེན་པོ་འཕེལ་བའི་རྒྱ་ཡིན་པའི་ཕྱིར་སྤྲིན་དང་འདྲའོ། །སངས་རྒྱས་དེ ་ཉིད་སྐྱབས་བླ་ན་མེད་པ་ཡིན་པ་ལ་ཚིགས་སུ་བཅད་པ་ལྔའོ། །རྟག་ཏུ་ཉོན་མོངས་ཚོགས་ཀུན་དང། །ཉེས་པར་སྤྱོད་པ་ཐམས་ཅད་དང། །རྒ་དང་འཆི་བདག་ལས་ཀྱང། །སངས་རྒྱས་ཉིད་ནི་ཡོངས་སུ་སྐྱོབ། །འདིས་ནི་མདོར་ན་ཉོན་མོངས ་པ་དང་ལས་དང་སྐྱེ་བའི་ཀུན་ནས་ཉོན་མོངས་པ་ལས་ཡོངས་སུ་སྐྱོབ་པའི་དོན་གྱིས་སྐྱབས་ཉིད་ཡིན་པར་སྟོན་ཏོ། །འཚེ་བདག་ནི་ཐམས་ཅད་དང?། །ངན་སོང་དང?་ནི་ཐབས་མིན་དང། །འཇིག་ཚོགས་ཐེག་པ་དམན་དག་ལས། །དེ་ཕྱིར་སྐྱབས་ཀྱི ་དམ་པའོ། །གཉིས་པ་འདིས་ནི་འཚེ་བ་ལ་སོགས་པ་ལས་ཡོངས་སུ་སྐྱོབ་པའི་ཕྱིར་རྒྱ་ཆེར་བསྟན་ཏོ། དེ་ལ་འཚེ་བ་ཐམས་ཅད་ལས་ཡོངས་སུ་སྐྱབ་པ་ཉིད་ནི། སངས་རྒྱས་ཀྱི་མཐུས་ལོང་བ་རྣམས་ཀྱིས་ནི་མིག་ཐོབ་བོ། །འོན་བ་རྣམས་ཀྱིས་ནི ་རྣ་བ་ཐོབ་བོ། །སེམས་འཁྲུགས་པ་རྣམས་ཀྱིས་ནི་རང་གི་སེམས་ཐོབ་པོ། །ནང་འགོ་བ་རྣམ་ནི་ཞི་བར་གྱུར་ཏོ། །ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་གང་ཡིན་པའོ། །ངན་སོང་ལས་ཡོངས་སུ་སྐྱབ་པ་ཉིད་ནི་སངས་རྒྱས་ཀྱི་འོད་ཀྱི་དེར་སོང་པ་རྣམས ་ཐར་པར་བྱས་པའི་ཕྱིར་དང། དེར་ནི་འགྲོ་བ་ལ་འགོད་པའི་ཕྱིར་རོ། །ཐབས་མ་ཡིན་པ་ལས་ཡོངས་སུ་སྐྱོབ་པ་ཉིད་ནི་མུ་སྟེགས་ཅན་གྱི་ལྟ་བ་ལས་སློང་བའི་ཕྱིར་རོ། །འཇིག་ཚོགས་ལས་ཡོངས་སུ་སྐྱབ་པ་ཉིད་ནི་ཐེག་པ་གཉིས་ཀྱིས་ཡོངS ་སུ་མྱ་ངན་ལས་ཟློ་བའི་ཕྱིར་རོ། །ཐེག་པ་དམན་པ་ལས་ཡོངས་སུ་སྐྱོབ་པ་ཉིད་ནི་མ་དེས་པའི་རིགས་ཅན་རྣམས་ཐེག་པ་ཆེན་པོ་ལ་འགྲོད་པ་གཅིག་པར་བྱེད་པའི་ཕྱིར་རོ། །སངས་རྒྱས་ཉིད་དེ་སྐྱབས་ནི་དཔེ་མེད་མཆོག་ཏུ་འདོད། །སྣ་ཚོགས ་འཇིགས་གྱུར་འཇིག་ཚོགས་ཀུན་དང་ཐེག་པ་དང། །ངན་སོང་རྣམ་མང་བསྡུག་བསྔལ་ཐོབ་མིན་སོང་བ་རྣམས། །སྐྱེ་དང་འཆི་དང་ཉོན་མོངས་ངན་སོང་ཀུན་ལས་སྲུང། །གསུམ་པ་འདིས་ནི་གང་གིས་ན་སྐྱབས་དེ་ཉིད་དཔེ་མེད་ཅིང ་མཆོག་ཉིད་ཀྱིས་བླ་ན་མེད་པ་ཡིན་པ་དེ་དོན་དེ་ཉིད་ཀྱིས་སྟོན་ཏོ། །སངས་རྒྱས་ཆོས་ཀྱིས་ཤིན་ཏུ་རྫོགས་པའི་སྐུ་གང་ཡིན། །དམ་པའི་ཆོས་ལ་སེམས་ཅན་རབ་འདུལ་མཁྱེན་པ་གང། །འགྲོ་བ་ཀུན་ལ་ཐུགས་རྗེས་ཕ་རོལ་ཕྱིན་པ ་གང། སངས་རྒྱས་ཉིད་དེ་འདིར་ནི་སྐྱབས་ཀྱིས་མཆོག་ཏུ་འདོད། །བཞི་པ་འདིས་ནི་རྒྱུ་གང་དག་གིས་སྐྱབས་དེ་དེ་ལྟར་བླ་ན་མེད་པ་ཡིན་པ་དེ་སྟོན་ཏེ། རང་གི་དོན་གྱི་མཐར་ཐུག་པའི་དབང་དུ་བྱས་ནས་སངས་རྒྱས ་ཀྱི་ཆོས་སྟོབས་དང་མི་འཇིགས་པ་ལ་སོགས་པ་ཤིན་ཏུ་རྫོགས་པའི་ངོ་བོ་ཉིད་ཀྱི་ཕྱིར་རོ། །གཞན་གྱི་དོན་མཐར་ཐུག་པའི་དབང་དུ་བྱས་ནས་དམ་པའི་ཆོས་ལ་སེམས་ཅན་འདུལ་པའི་ཐབས་མཁྱེན་པའི་ཕྱིར་དང། ཐུགས་རྗེས་ཕ ་རོལ་ཏུ་ཕྱིན་པའི་ཕྱིར་རོ། །འཇིག་རྟེན་ཇི་སྲིད་སེམས་ཅན་གྱི། །གནོད་དང་ཕུན་སུམ་ཚོགས་པ་ཀུན། །བཟློག་ཅིང་འབྱོར་པར་བྱ་བའི་ཕྱིར། །སངས་རྒྱས་སྐྱབས་ཆེན་ཉིད་དུ་འདོད། །ཚིགས་སུ་བཅད་པ་ལྔ་པ་འདིས་ནི་དུས་ཇི་སྲིད་དུ་སེམS ་ཅན་ཇི་སྙེད་ཅིག་གི་གང་གི་དོན་དུ་སྐྱབས་ཡིན་པ་དེ་མདོར་སྟོན་ཏོ། །གང་གི་དོན་དུ་ཞེས་བྱ་བ་ནི། གནོད་པ་ཐམས་ཅད་བཟློག་པ་དང། ཕུན་སུམ་ཚོགས་པ་ཐམས་ཅད་འབྱོར་པར་བྱ་བའི་ཕྱིར་རོ། །གནས་ཡོངས་སུ་གྱུར་བ་ལ་ཚིགས་སུ ་བཅད་པ་དྲུག་སྟེ། །གང་ལ་ཉོན་མོངས་ཤེས་བྱའི་སྒྲིབ་པའི་ས་བོན་དུ་རིང་རྟག་ལྡན་པ། །སྤོང་བ་ཤིན་ཏུ་རྒྱ་ཆེ་རྣམ་པ་ཀུན་གྱིས་རབ་ཏུ་བཅོམ་གྱུར་ཞིང། །གནས་གྱུར་ཆོས་དཀར་ཡོན་ཏན་མཆོག་རབ་ལྡན་པ་ཐོབ་པ་སངས་རྒྱས་ཉིད། ། ་དེ་ནི་མི་རྟོག་པར་དག་ཤིན་ཏུ་ཡུལ་ཆེ་བ་ཡེ་ཤེས་ལམ་གྱིས་འཐོབ། །འདིས་ནི་མི་མཐུན་ཕྱོགས་ཀྱི་ས་བོན་དང་བྲལ་བ་དང། གཉེན་པོ་ཕུན་སུམ་ཚོགས་པ་དང་ལྡན་པས་གནས་ཡོངས་སུ་གྱུར་པ་དང། ལམ་རྣམ་པ་གཉིས་ཐོབ་པས ་ཇི་ལྟར་འཐོབ་པ་ཡང་བསྟན་ཏེ། འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཤིན་ཏུ་རྣམ་པར་དག་པའི་ལམ་འཐོབ་པ་དང། དེའི་རྗེས་ལ་ཐོབ་པ་ཤེས་བྱ་མཛའ་ཡས་པའི་ཡུལ་ཅན་གྱིས་ཡེ་ཤེས་ཀྱི་ལམ་འཐོབ་པས་སོ། །དུས་རིང་ཞེས ་བྱ་བ་ནི་ཐོག་མ་མེད་པའི་དུས་ནས་སོ། །སྤོང་པ་ཤིན་ཏུ་རྒྱ་ཆེ་བ་རྣམ་པ་ཀུན་གྱིས་ཞེས་བྱ་བ་ནི་སའི་རྣམ་པ་དག་གིས་སོ། །དེ་བཞིན་གཤེགས་པ་དེ་ནི་དེར་བཞུགས་ནས། རི་དབང་མཐོ་སྟེང་བཞུགས་བཞིན་འགྲོ་ལ་གཟིགས། །ཞི་བར་མདོག ་དགའ་ཨི་འགྲོ་ལ་འང་ཐུགས་རྗེ་ན། །སྲིད་ལ་མངོན་དགའ་ཨི་སྐྱེ་བོ་གཞན་ཅི་སྨོས། །གཉིས་པ་འདིས་ནི་གནས་ཡོངས་སུ་གྱུར་བ་དེ་གཞན་ལས་ཁྱད་པར་དུ་སྟོན་ཏེ། དེ་ལ་གནས་པ་ནི་རིའི་དབང་པོ་མཐོན་པོ་ལ་བཞུགས་པ་བཞིན་དུ ་འཇིག་རྟེན་ཆོས་ཤིན་ཏུ་དམན་པ་ལ་གཟིགས་སོ། །གཟིགས་ནས་ཀྱང་ཉན་ཐོས་དང་རང་སངས་རྒྱས་རྣམས་ལའང་ཐུགས་རྗེ་ན། དེ་དག་ལས་གཞན་པ་ལྟ་སྨོས་ཀྱང་ཅི་དགོས། །གནས་ལ་འཇུག་དང་རབ་འཇུག་མི་འཇུག་དང། ་ལྡོག་དང་ཀུན་འཇུག་གཉིས་དང་གཉིས་མིན་དང། མཉམ་དང་ཁྱད་འཕགས་ཀུན་འགྲོ་བདག་ཉིད་ནི། །དེ་བཞིན་གཤེགས་པ་རྣམས་ཀྱི་ཡོངས་གྱུར་འདོད། །གསུམ་པ་འདིས་ནི་དེའི་ཡོན་ཏན་གྱི་དབྱེ་བ་སྟོན་ཏེ། གནས་ལ་ཞེས་བྱ ་བ་ནི་གནས་ཡོངས་སུ་གྱུར་པ་གང་ཡིན་པ་དེ་ཡང་དག་པར་སྟོན་ཏོ། །དེ་བཞིན་གཤེགས་པ་རྣམས་ཀྱི་ཡོངས་སུ་གྱུར་པ་དེ་ནི་གཞན་གྱི་དོན་དུ་འཇུག་པའོ། །ཆོས་ཐམས་ཅད་ལས་ཁྱད་ཞུགས་པའི་ཕྱིར་མཆོག་ཏུ་འཇུག་པ་ནི་རབ་ཏུ ་འཇུག་པའོ། །ཀུན་ནས་ཉོན་མོངས་པའི་རྒྱུ་ལ་མི་འཇུག་པས་མི་འཇུག་པའོ། །ཀུན་ནས་ཉོན་མོངས་པ་ལས་ལྡོག་པས་ཟློག་པའོ། །གཏན་དུ་བ་ཡིན་པའི་ཕྱིར་ཀུན་ཏུ་འཇུག་པའོ། །མངོན་པར་རྫོགས་པར་བྱང་ཆུབ་པ་དང། ཡོངS ་སུ་མྱ་ངན་ལས་འདའ་བསྟོན་པར་འཇུག་པས་གཉིས་སུ་འཇུག་པའོ། །འཁོར་བ་དང་མྱ་ངན་ལས་འདས་པ་ལ་མི་གནས་པའི་ཕྱིར་འདུས་བྱས་དང་འདུས་མ་བྱས་ཉིད་གཉིས་སུ་མི་འཇུག་པ་ནི་གཉིས་མ་ཡིན་པར་འཇུག་པའོ།། ་ཉན་ཐོས་དང་རང་སངས་རྒྱས་དག་དང་རྣམ་པར་གྲོལ་བ་འདྲ་བ་ཉིད་ཀྱིས་མཉམ་དུ་འཇུག་བའོ། །སྟོབས་དང་མི་འཇིག་པ་ལ་སོགས་པ་སངས་རྒྱས་ཀྱི་ཆོས་རྣམས་ཀྱིས་མི་མཉམ་པའི་ཕྱིར་ཁྱད་པར་དུ་འཕགས ་པར་འཇུག་པའོ། །ཐེག་པ་ཐམས་ཅད་སྟོན་པར་འགྲོ་བའི་ཕྱིར་ཀུན་ཏུ་འགྲོ་བའི་འཇུག་པའོ། །ཇི་ལྟར་ནམ་མཁའ་རྟག་ཏུ་ཀུན་སོང་འདོད། །དེ་བཞིན་དེ་ཡང་རྟག་ཏུ་ཀུན་སོང་འདོད། །ཇི་ལྟར་ནམ་མཁའ་གཟུགས་གྱུར་ཀུན་ཏུ་སོང།། ་དེ་བཞིན་དེ་ཡང་སེམས་ཅན་ཚོགས་ཀུན་སོང། །བཞི་པ་འདིས་ནི་བསྟན་པ་དང་བཤད་པ་ཕྱེད་སྔ་མ་དང་བྱེད་ཕྱི་མ་དག་གིས་དེའི་རང་བཞིན་གྱིས་སངས་རྒྱས་ཀྱི་ཐམས་ཅད་དུ་སོང་བ་ཉིད་ནམ་མཁའ་དང་ཆོས་མཐུན་པར་སྟོན ་ཏོ། །སངས་རྒྱས་ཀྱི་སེམས་ཅན་གྱིས་ཚོགས་ཀུན་ཏུ་སོང་བ་ཉིད་ནི་སེམས་ཅན་ཐམས་ཅད་བདག་ཉིད་དུ་ཞལ་གྱིས་བཞེས་པ་ཡོངས་སུ་གྲུབ་པ་ལས་རིགས་པར་བྱའོ། །ཇི་ལྟར་ཆུ་ཡི་སྣོད་ཆག་ན། །ཟླ་བའི་གཟུགས་བརྙན་མི་སྣང་བ། དེ ་བཞིན་སེམས་ཅན་ངན་པ་ལ། །སངས་རྒྱས་གཟུགས་ཀྱང་མི་སྣང་ངོ། །ལྔ་པ་འདིས་ནི་ཐམས་ཅད་དུ་སོང་བ་ཡིན་ཡང་སྣོད་དུ་མ་གྱུར་པའི་སེམས་ཅན་རྣམས་ལ་སངས་རྒྱས་ཀྱི་སྐུ་མི་སྣང་བ་དཔེས་སྒྲུབ་པར་བྱེད་དོ། །ཇི་ལྟར་མེ་ནི་གཞན་དུ་འབར། ། ་གཞན་དུ་ཞི་བར་འགྱུར་བ་ལྟར། །དེ་བཞིན་སངས་རྒྱས་རྣམས་པ་ཡང། །སྣང་དང་མི་སྣང་ཤེས་པར་བྱ། །དྲུག་པ་འདིས་ནི་སངས་རྒྱས་ཀྱིས་གདུལ་བ་དག་ཡོད་ན། །སངས་རྒྱས་འབྱུང་བས་དེ་སྣང་བ། །བཏུལ་ནས་ཡོངས་སུ་མྱ་ངན་ལས་འདའ་ ་བས་དེ་མི་སྣང་བ་མེ་འབར་བ་དང་ཞི་བ་དང་ཆོས་མཐུན་པས་སྒྲུབ་པར་བྱེད་དོ། །སངས་རྒྱས་ཀྱི་མཛད་པ་ལྷུན་གྱིས་གྲུབ་པ་རྒྱུན་མི་འཆད་པའི་ཚིགས་སུ་བཅད་པ་བཞི་སྟེ། ཇི་ལྟར་རྔ་དག་མི་བརྡུངས་པར། །སྒྲ་ནི་ཀུན་ཏུ་འབྱུང་བ་ལྟར། །དེ་བཞིན ་རྒྱལ་བ་གཟོ་མེད་པར། །བཤད་པ་དག་ནི་ཀུན་ཏུ་འབྱུང། །ཇི་ལྟར་ནོར་བུ་འབད་མེད་པར། །རང་གི་འོད་ནི་སྟོན་པ་ལྟར། །སངས་རྒྱས་རྣམས་ཀྱང་གཟོ་མེད་པར། །དེ་བཞིན་མཛད་པ་ངེས་པར་སྟོན། །ཚིགས་སུ་བཅད་པ་འདི་གཉིས་ཀྱི་ནི་རྔ་མ་བརྡུངས་པའི ་སྒྲ་དང། ནོར་བུའི་འོད་དང་ཆོས་འཐུན་པར་སངས་རྒྱས་ཀྱི་མཛད་པ་ལྷུན་གྱིས་གྲུབ་པར་སྒྲུབ་པའོ། །ཇི་ལྟར་མཁའ་ལ་འཇིག་རྟེན་གྱི། །བྱ་བ་རྒྱུན་མི་འཆད་པར་སྣང། །དེ་བཞིན་ཟག་མེད་དབྱིངས་ན་ཡང། །རྒྱལ་བའི་མཛད་བརྒྱུན་མི་འཆད། །ཇི ་ལྟར་མཁའ་ལ་རྟག་ཏུ་ནི། །བྱ་བ་ཉམས་ཤིང་འབྱུང་བ་ལྟར། །དེ་བཞིན་ཟག་མེད་དབྱིངས་ན་ཡང། །སངས་རྒྱས་འཕྲིན་ལས་སྐྱེ་ཞིང་འབྲི། །འདི་གཉིས་ཀྱིས་ནི་སངས་རྒྱས་ཀྱི་མཛད་པ་རྒྱུན་མི་འཆད་པ་ཉིད་སྟོན་ཏེ། སངས་རྒྱས་ཀྱི་མཛད་པ་ནི་རྒྱུན ་མི་འཆད་པའི་ཕྱིར་ནམ་མཁའ་འཆད་བ་མེད་པ་ལ་འཇིག་རྟེན་གྱི་བྱ་བ་གཞན་དང་གཞན་འབྱུང་བ་དང་འཇིག་པ་དེ་དང་འདྲའོ། །ཟག་པ་མེད་པའི་དབྱིངས་ཟབ་པ་ལ་ཚིགས་སུ་བཅད་པ་བཅུ་དྲུག་གོ་།སྔ་མ་ཕྱི་མ་ཁྱད་མེད་ཀྱང། །སྒྲིབ་པ་ཀུན་གྱི་དྲི་མེད་པ། ་དེ་བཞིན་ཉིད་ནི་སངས་རྒྱས་འདོད། །དག་པ་མ་ཡིན་མ་དག་མིན། །སྔ་མ་དང་ཕྱི་མར་ཁྱད་མེད་པའི་ཕྱིར་དག་པ་ཡང་མ་ཡིན་ལ། ཕྱིས་སྒྲིབ་པ་ཐམས་ཅད་ཀྱི་དྲི་མ་མེད་པའི་ཕྱིར་མ་དག་པ་ཡང་མ་ཡིན་ཏེ། དྲི་མ་དང་བྲལ་བས་སོ། །སྟོན་པ་ཉིད་ནི་རྣམ ་དག་ན། །བདག་མེད་མཆོག་གི་བདག་ཐོབ་པས། །སངས་རྒྱས་དག་པའི་བདག་ཐོབ་ཕྱིར། །བདག་ཉིད་ཆེན་པོའི་བདག་ཏུ་གྱུར། །ཟག་པ་མེད་པའི་དབྱིངས་དེ་ལ་སངས་རྒྱས་རྣམས་ཀྱི་བདག་ཉིད་ཀྱི་མཆོག་སྟོན་ཏེ། དེ་ཅིའི་ཕྱིར་ཞེ་ན། བདག་མེད་པ་མཆོག ་གི་བདག་ཉིད་ཀྱི་ཕྱིར་རོ། །བདག་མེད་པ་མཆོག་ནི་དེ་བཞིན་ཉིད་རྣམ་པར་དག་པའོ། །དེ་ཡང་ངོ་བོ་ཉིད་ཀྱི་དོན་གྱིས་སངས་རྒྱས་རྣམས་ཀྱི་བདག་ཡིན་ནོ། །དེ་རྣམ་པར་དག་ན་སངས་རྒྱས་རྣམས་ཀྱིས་བདག་མེད་པ་མཆོག་གི་བདག་ཉིད་དག་པ་འཐོབ ་བོ། །དེ་བས་ན་སངས་རྒྱས་རྣམས་ཀྱིས་དག་པའི་བདག་ཐོབ་པའི་ཕྱིར་བདག་ཉིད་ཆེན་པོའི་བདག་ཏུ་གྱུར་བ་ཡིན་ཏེ། དགོངས་པ་འདིས་ནི་ཟག་པ་མེད་པའི་དབྱིངས་ལས་སངས་རྒྱས་རྣམས་ཀྱི་བདག་གི་མཆོག་རྣམ་པར ་འཇོག་གོ། དེ་ཕྱིར་སངས་རྒྱས་ཡོད་མིན་ཞིང། །མེད་བར་ཡང་ནི་མི་བརྗོད་དོ། །དེ་ལྟས་སངས་རྒྱས་དེ་སྐད་འདྲི། །ལུང་མ་བསྟན་པའི་ཚུལ་དུ་འདོད། །རྒྱུ་དེ་ཉིད་ཀྱི་ཕྱིར་སངས་རྒྱས་ནི་ཡོད་པ་ཞེས་ཀྱང་མི་བརྗོད་དོ། །དེ་བཞིན་ཉིད་ནི་གང་ཟག་དང ་ཆོས་མེད་པའི་མཚན་ཉིད་ཡིན་པའི་ཕྱིར་རོ། །སངས་རྒྱས་ཉིད་ནི་དེའི་བདག་ཉིད་ཡིན་པའི་ཕྱིར་མེད་པ་ཞེས་ཀྱང་མི་བརྗོད་དེ་ལ་དེ་བཞིན་གཤེགས་པ་ན་ངོས་ཕན་ཆད་ཡོད་དམ་མེད་ཅེས་བྱ་བ་ལ་སོགས་པ་ཡོད་པ་དང་མེད་པ་འདྲི་བ་ལ་ལུང ་མ་བསྟན་པའི་ཚུལ་དུ་འདོད་དོ། །ཇི་ལྟར་ལྕགས་ལ་ཚབ་དང། །མིག་ལ་རབ་རིབ་ཞི་བ་ལྟར། སངས་རྒྱས་སེམས་དང་ཡེ་ཤེས་ལ། །ཡོད་དང་མེད་བར་མི་བརྗོད་དོ། །ཇི་ལྟར་ལྕགས་ལ་ཚ་བ་ཞི་བ་དང། མིག་ལ་རབ་རིབ་ཞི་བ་ནི་གདུད་བ་དང ་རབ་རིབ་མེད་པའི་མཚན་ཉིད་ཡིན་པའི་ཕྱིར་ཡོད་པའང་མ་ཡིན་ལ། ཞི་བའི་མཚན་ཉིད་དུ་ཡོད་པའི་ཕྱིར་མེད་པའང་མ་ཡིན་པ་དེ་བཞིན་དུ། སངས་རྒྱས་རྣམས་ཀྱི་སེམས་དང་ཡེ་ཤེས་ལ་གདུངས་པ་དང་རབ་རིབ་ལྟ་བུ་འདོད་ཆགས་དང ་མ་རིག་པ་དག་ཞི་བ་ནི་ཡོད་པར་མི་བརྗོད་དེ། །སེམས་དང་ཤེས་རབ་རྣམ་པར་གྲོལ་བ་དག་ནི་དེས་རབ་ཏུ་ཕྱེ་བའི་ཕྱིར་རོ། །མེད་བ་ཡང་མ་ཡིན་ཏེ། རྣམ་པར་གྲོལ་བའི་མཚན་ཉིད་དེ་ལྟ་བུར་ཡོད་པའི་ཕྱིར་རོ། །ཟག་མེད་དབྱིངས་ན་སངS ་རྒྱས་རྣམས། །མཁའ་ལྟར་ལུས་ནི་མེད་ཕྱིར་དང། །སྔོན་གྱི་ལུས་རྗེས་འབྲང་བའི་ཕྱིར། །གཅིག་མིན་མང་པོ་ཉིད་མ་ཡིན། །ཟག་པ་མེད་པའི་དབྱིངས་ན་སངས་རྒྱས་རྣམས་སྔོན་གྱི་ལུས་ཀྱི་རྗེས་སུ་འབྲངས་བS་ནི་གཅིག་པ་ཉིད་ཀྱང་མ་ཡིན ་ནམ་མཁའ་ལྟར་ལུས་མེད་པས་ན་མང་པོ་ཉིད་ཀྱང་མ་ཡིན་ནོ། །སྟོབས་སོགས་སངས་རྒྱས་ཆོས་རྣམས་ལ། །བྱང་ཆུབ་རིན་ཆེན་འབྱུང་གནས་འདྲ། །འགྲོ་བའི་དགེ་བའི་ལོ་ཏོག་ལ། །སྤྲིན་ཆེན་དང་ཡང་འབྲ་བར་འདོད། །བསོད་ནམས་ཡེ་ཤེས ་བ་རྫོགས་ཕྱིར། །ཟླ་བ་ཉ་བ་ལྟ་བུར་འདོད། །ཡེ་ཤེས་སྣང་བ་བྱེད་པའི་ཕྱིར། །ཉི་མ་ཆེན་པོ་འདྲ་བར་འདོད། །རིན་པོ་ཆེའི་འབྱུང་གནས་དང། སྤྲིན་ལྟ་བུ་ཉིད་དང། ཟླ་བ་ཉ་བ་དང། ཉི་མ་ཆེན་པོ་ལྟ་བུའི་ཚིགས་སུ་བཅད་པ་འདི་གཉིས་ཀྱི་དོན་ནི་གོ ་བར་ཟད་དོ། །ཇི་ལྟར་ཉི་མའི་དཀྱིལ་འཁོར་གྱི། །འོད་ཟེར་དཔག་ཏུ་མེད་འདྲེས་ཤིང། །རྟག་ཏུ་བྱ་བ་གཅིག་ལ་འཇུག། འཇིག་རྟེན་ལ་ཡང་སྣང་བར་བྱེད། །དེ་བཞིན་བཟག་མེད་དབྱིངས་ན་ཡང། །སངས་རྒྱས་དཔག་ཏུ་མེད་འདྲེས་ཤིང?། ། ་མཛད་པ་གཅིག་ནི་མཚད་པ་ལ། །ཡེ་ཤེས་སྣང་བ་མཛད་བར་འདོད། །གཅིག་གིS་ནི་འོད་ཟེར་འདྲིས་པར་བྱ་བ་གཅིག་པ་ཉིད་ཀྱི་དཔེས་ཕྲིན་ལS་འདྲ་བ་ཉིད་དུ་སྟོན་ཏེ། འོད་ཟེར་རྣམས་ཀྱི་བྱ་བ་གཅིག་ཉིད་ནི་སྨིན་པ་དང། སྐེམས་པ་ལ་སོགས་པར་བྱ་བ ་མཐུན་པ་ཉིད་ལས་རིག་པར་བྱའོ། །གཉིས་པས་ནི་ཟག་པ་མེད་པའི་དབྱིངས་ན་སྤྲུལ་པ་ལ་སོགས་པའི་མཛད་པ་གཅིག་པ་ཉིད་སྟོན་ཏོ།།དཔེར་ན་ཉི་མའི་འོད་ཟེར་གཅིག། བྱུང་ན་འདི་ཟེར་ཀུན་བྱུང་བ། །དེ་བཞིན་སངས་རྒྱས་རྣམས་ཀྱི་ཡང། ། ་ཡེ་ཤེས་འབྱུང་བར་ཤེས་པར་བྱ། །དུས་གཅིག་ཏུ་འོད་ཟེར་ཐམས་ཅད་འབྱུང་བ་ལྟར་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་དུས་གཅིག་ཏུ་འཇུག་པར་སྟོན་ཏོ། །ཇི་ལྟར་ཉི་མའི་འོད་ཟེར་དག་།འཇུག་ལ་བདག་གིར་བྱ་བ་མེད། །དེ་བཞིན་སངས ་རྒྱས་ཡེ་ཤེས་ཀྱང། །འཇུག་ལ་བདག་གིར་མཛད་མི་མངའ་།ཉི་མའི་འོད་ཟེར་གཅིག་བཏང་བས?་སོ། །འགྲོ་འདི་སྣང་བར་བྱེད་པ་ལྟར། །དེ་བཞིན་ཤེས་བྱ་ཐམས་ཅད་ལ། །སངས་རྒྱས་ཡེ་ཤེས་ཅིག་ཆ་བསྣང། །བདག་གིར་བྱ་བ་མེད་པ་དང། ། ་ཤེས་བྱ་ཅིག་ཆར་སྣང་བར་བྱེད་པ་ལ། གོ་རིམ་བཞིན་དུ་ཚིགས་སུ་བཅད་པ་གཉིས་ཏེ། དོན་བརྡ་ཕྲང་པར་ཟད་དོ། །ཇི་ལྟར་ཉི་མའི་འོད་ཟེར་རྣམས། །སྤྲིན་ལ་སོགས་པས་བསྒྲིབས་པར་འདོད། །དེ་བཞིན་སངས་རྒྱས་ཡེ ་ཤེས་རྣམས། །སེམས་ཅན་གྱིས་ནི་ཉེས་བས་བསྒྲིབས། །ཇི་ལྟར་འོད་ཟེར་རྣམས་རབ་ཏུ་སྣང་བར་བྱ་བ་ལ་སྦྲིན་ལ་སོགས་པས་བསྒྲིབས་པ་དེ་བཞིན་དུ། སངས་རྒྱས་ཀྱི་ཡེ་ཤེས་ཀྱང་སེམས་ཅན་རྣམས་སྙིགས་མ་ལྔ་ཤས་ཆེ་བའི ་ཉེས་པས་སྣོད་དུ་མ་གྱུར་པ་ཉིད་ཀྱིས་བསྒྲིབས་སོ། །ཇི་ལྟར་མདུད་པའི་དབང་གིས་ན། །གོས་ལ་ཚོན་བཀྲ་མི་བཀྲ་བ། །དེ་བཞིན་འཕེན་པའི་དབང་གིས་ན། །གྲོལ་བའི་ཡེ་ཤེས་བཀྲ་མི་བཀྲ། ཇི་ལྟར་མདུད་བའི་ཁྱད་བར་གྱིས། །གོས་ལ་ཁ ་ཅིག་ཏུ་ནི་ཚོན་ཁྲ་བོ་ཉིད་དུ་འགྱུར་ལ། ཁ་ཅིག་ཏུ་ནི་ཁྲ་བོ་ཉིད་དུ་མི་འགྱུར་བ་དེ་བཞིན་དུ་སྔོན་གྱི་སྨོན་ལམ་གྱི་སྤྱོད་པའི་སྟོབས་བསྐྱེད་པའི་ཁྱད་པར་ལས་སངས་རྒྱས་རྣམས་ཀྱི་རྣམ་པར་གྲོལ་བའི་ཡེ་ཤེས་ནི་བཀྲ་བ་ཉིད་དུ་འགྱུར་ལ། །ཉན ་ཐོས་དང་རང་སངས་རྒྱས་རྣམས་ཀྱི་རྣམ་པར་གྲོལ་བའི་ཡེ་ཤེས་ནི་ཁྲ་བོ་ཉིད་དུ་མི་འགྱུར་རོ། །དྲི་མེད་དབྱིངས་ལ་སངས་རྒྱས་ཀྱི། །མཚན་ཉིད་དང་ནི་གནས་པ་དང། །ཕྲིན་ལས་ཟབ་བ་འདི་བཤད་པ། །མཁའ་ལ་ཚོན་གྱི་རི་མོ་འདྲི། །དྲི་མ ་མེད་པའི་དབྱིངས་ལ་སངས་རྒྱས་རྣམས་ཀྱི་ཟབ་བ་རྣམ་པ་འདི་གསུམ་བཤད་དེ། ཚིགས་སུ་བཅད་པ་བཞིས་ནི་མཚན་ཉིད་ཟབ་པའོ། །ལྔ་བས་ནི་གནས་པ་ཟབ་པ་སྟེ། གཅིག་པ་ཉིད་དང་ཐ་དད་པ་ཉིད་དུ་མི་གནས་པའི་ཕྱིར་རོ། །ལྷག་མ ་རྣམས་ཀྱིས་ནི་ཕྲིན་ལས་ཟབ་པའོ། །མཚན་ཉིད་ཟབ་པ་དེ་ཡང་རྣམ་པར་དག་པའི་མཚན་ཉིད་དང། བདག་མཆོག་གི་མཚན་ཉིད་དང། ལུང་མ་བསྟན་པའི་དངོས་པོའི་མཚན་ཉིད་དང། རྣམ་པར་གྲོལ་བའི་མཚན་ཉིད་ལས་བརྩམས་ཏེ་བཤད ་དོ། །ཕྲིན་ལས་ཟབ་པ་ནི་བྱང་ཆུབ་ཀྱི་ཕྱོགས་ལ་སོགས་པ་རིན་པོ་ཆེའི་གནས་ཉིད་ཀྱི་ཕྲིན་ལས་དང། སེམས་ཅན་ཡོངས་སུ་སྨིན་བར་མཛད་པའི་ཕྲིན་ལས་དང། མཐར་ཐུག་པར་གཤེགས་པའི་ཕྲིན་ལས་དང། ཆོས་སྟོན་པའི་ཕྲིན་ལས་དང་། ་སྤྲུལ་བ་ལ་སོགས་པ་མཛད་པའི་ཕྲིན་ལས་དང། ཡེ་ཤེས་ལ་འཇུག་པའི་ཕྲིན་ལས་དང། རྣམ་པར་མི་རྟོག་པའི་ཕྲིན་ལས་དང། ཡེ་ཤེས་རྣམ་པ་སྣ་ཚོགས་པའི་ཕྲིན་ལས་དང། ཡེ་ཤེས་མི་འཇུག་པའི་ཕྲིན་ལས་དང། རྣམ་པར་གྲོལ ་བར་འདྲ་བ་ལས་ཡེ་ཤེས་ཁྱད་པར་དུ་འཕགས་པའི་ཕྲིན་ལས་ལས་བརྩམས་ཏེ་བཤད་དོ། །ཟག་པ་མེད་པའི་དབྱིངས་དེ་སྤྲོས་པ་མེད་པའི་ཕྱིར་ནམ་མཁའ་དང་འདྲ་བ་ལ་ཟབ་མོའི་རབ་ཏུ་དབྱེ་བ་སྟོན་པ་དེ་ནི་དཔེར་ནམ་མཁའ་ལ་ཚོན་གྱིས་འདྲི་བ ་དང་འདྲ་བར་རིག་པར་བྱའོ། །དེ་བཞིན་ཉིད་ནི་ཐམས་ཅད་ལ། །ཁྱད་པར་མེད་ཀྱང་དག་གྱུར་བ། །དེ་བཞིན་གཤེགས་ཉིད་དེ་ཡི་ཕྱིར། །འགྲོ་ཀུན་དེ་ཡི་སྙིང་པོ་ཅན། །དེ་བཞིན་ཉིད་ནི་ཐམས་ཅད་ལ་ཁྱད་པར་མེད་ལ། །དེ་བཞིན་གཤེགས ་པ་ཡང་དེ་རྣམ་པར་དག་པའི་ངོ་བོ་ཉིད་ཡིན་ཏེ། དེའི་ཕྱིར་སེམས་ཅན་ཐམས་ཅད་ནི་དེ་བཞིན་གཤེགས་པའི་སྙིང་པོ་ཅན་ཞེས་བྱ་བ་འབྱོར་བ། རྣམ་པར་དབྱེ་བ་ལ་ཚིགས་སུ་བཅད་པ་བཅུ་གཅིག་གོ། ཉན་ཐོས་རྣམས་ཀྱི་འབྱོར་པས ་ནི། །འཇིག་རྟེན་པ་ཡི་ཟིལ་གྱིས་གནོན། །རང་སངས་རྒྱས་ཀྱི་ས་པ་ཡིས། །ཉན་ཐོས་ཀྱི་ཡང་ཟིལ་གྱིས་གནོན། །དེ་ཡིས་བྱང་ཆུབ་སེམས་དཔའ་ཡི། །འབྱོར་པའི་ཆར་ཡང་མི་ཕོང་དོ། །དེ་ཡི་དེ་བཞིན་གཤེགས་པ་ཡི། །འབྱོར་པའི ་ཆར་ཡང་མི་ཕོད?་དོ། །འདི་གཉིས་ཀྱིS་ནི་མཐུ་ཕུལ་དུ་བྱུང་བའི་ཁྱད་པར་གྱིས་སངས་རྒྱས་རྣམས་ཀྱི་འབྱོར་པ་ཉིད་སྟོན་ཏོ། །སངས་རྒྱས་རྣམས་ཀྱི་འབྱོར་པ་ནི། །གང་གི་གང་དུ་ཇི་ལྟར་དང། །ཇི་ཙམ་དུས་གང་འཇུག་པ་ནི། །བསམ་ཡས ་དཔག་ཏུ་མེད་པར་འདོད། །གསུམ་པ་འདིས་ནི་རྣམ་པའི་རབ་ཏུ་དབྱེ་པ་དང། ཟབ་བའི་ཁྱད་པར་དག་གིས་སྔོན་ཏོ། །ཇི་ལྟར་བསམ་གྱིས་མི་ཁྱབ་པ་ཡིན། ཇི་ལྟར་ཚད་མེད་པ་ཡིན་ཞེ་ན། སྨས་པ་དེ་གང་ཟག་གང་གི་དོན ་དང། འཇིག་རྟེན་གྱི་ཁམས་གང་དུ་དང། ཇི་ལྟར་ཏེ་ཅི་འདྲ?་བ་དག་གིས་དང། མང་ཉུང་ཇི་ཙམ་པ་དང། དུས་གང་དུ་འཇུག་པ་ཡིན་ནོ། །ཚིགས་སུ་བཅད་པ་ལྷག་མ་རྣམས་ཀྱིས་ནི་གཞན་དུ་གྱུར་བའི་ཁྱད་པར་གྱིས་འགྲོ་བའི་དབྱེ་བསྟོན་ཏོ།། ་དབང་པོ་ལྔ་རྣམས་གཞན་གྱུར་ན། །དོན་ཀུན་འཇུག་དང་ཐམས་ཅད་ཀྱི། །ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་འབྱུང། །འབྱོར་པ་དམ་པ་འཐོབ་པར་འགྱུར། །དབང་པོ་ལྔ་གཞན་དུ་གྱུར་ན། དབང་པོ་ལྔ་བོ་ཐམས་ཅད་དོན་ལྔ་པོ་ཐམས་ཅད་ལ ་འཇུག་བའི་འབྱོར་པ་དམ་པ་དང། དེ་ལ་ཡང་སོ་སོར་ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་འབྱུང་བ་ལ་འབྱོར་པ་དམ་པ་རྣམ་པ་གཉིས་འཐོབ་བོ། །ཡིད་ནི་གཞན་དུ་གྱུར་པ་ན། །འབྱོར་དང་མཐུན་སྤྱོད་མི་རྟོག་པའི། །ཡེ་ཤེས་ཤིན ་ཏུ་དྲི་མེད་ལ། །འབྱོར་པ་དམ་པ་འཐོབ་པར་འགྱུར། །ཡིད་གཞན་དུ་གྱུར་ན་འབྱོར་པ་དང་མཐུན་པར་སྤྱོད་པ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཤིན་ཏུ་རྣམ་པར་དག་པ་ལ་འབྱོར་པའི་མཆོག་རྙེད་པར་གྱུར་ཏེ། དེ་དང་ལྷན་ཅིག་འབྱོར་པའི་ཡེ་ཤེས ་ཐམས་ཅད་འཇུག་གོ་།དོན་བཅས་འཛིན་པ་གཞན་གྱུར་ན། །ཇི་ལྟར་འདོད་བཞིན་ལོངས་སྤྱོད་དག་།བསྟན་ཕྱིར་ཞིང་ནི་དག་པ་ལ། །འབྱོར་བ་དམ་པ་འཐོབ་པར་འགྱུར། །དོན་གཞན་དུ་གྱུར་བ་དང། འཛིན་པ་གཞན་དུ་གྱུར ་བ་ན་ཞིང་རྣམ་པར་དག་པ་ལ་འབྱོར་པའི་མཆོག་འཐོབ་པར་འགྱུར་ཏེ། དེས་ཇི་ལྟར་འདོད་པ་བཞིན་དུ་ལོངས་སྤྱོད་ཀུན་ཏུ་སྟོན་པར་བྱེད་དོ། །རྣམ་རྟོག་གཞན་དུ་གྱུར་ན་ནི། །དུས་རྣམས་རྟག་ཏུ་ཡེ་ཤེས་དང། །ལས་རྣམས་ཀུན་ལ ་ཐོགས་མེད་ལ། །འབྱོར་པ་དམ་པ་འཐོབ་པར་འགྱུར། །རྣམ་པར་རྟོགས་པ་གཞན་དུ་གྱུར་ན། ཡེ་ཤེས་དང་ཕྲིན་ལས་ཐམས་ཅད་ལ་དུས་ཐམས་ཅད་དུ་ཐོགས་པ་མེད་པ་ལ་འབྱོར་པའི་མཆོག་འཐོབ་པར་འགྱུར་རོ། །རྟེན་ནི་གཞན་དུ་གྱུར་པ་ན། ། ་སངས་རྒྱས་དྲི་མེད་གནས་ལ་ནི། །མི་གནས་མྱ་ངན་འདས་པ་ཡི། །འབྱོར་པ་དམ་པ་འཐོབ་པར་འགྱུར། །རྟེན་གཞན་དུ་གྱུར་ན་སངས་རྒྱས་རྣམས་ཀྱི་ཟག་པ་མེད་པའི་དབྱིངས་སུ་མི་གནས་པའི་མྱ་ངན་ལས་འདས་པ་ལ་འབྱོར་པ་དམ་པ་འཐོབ་པར ་འགྱུར་རོ། །འཁྲིག་པ་གཞན་དུ་གྱུར་ན་ནི། །སངས་རྒྱས་བདེ་བར་གནས་པ་དང། །མོ་མཐོང་ཉོན་མོངས་མེད་པ་ལ། །འབྱོར་པ་དམ་པ་འཐོབ་པར་འགྱུར། །འཁྲིག་པ་གཞན་དུ་གྱུར་ན་སངས་རྒྱས་ཀྱི་བདེ་བར་གནས་པ་དང། བུད་མེད ་མཐོང་ན་ཉོན་མོངས་བ་མེད་པ་དང་གཉིས་ལ་འབྱོར་པ་དཾ་པ་འཐོབ་བར་འགྱུར་རོ། །ནམ་མཁའ་འདུ་ཤེས་གཞན་གྱུར་ན། །བསམ་པའི་དོན་ནི་འབྱོར་པ་དང། འགྲོ་གཟུགས་རྣམ་པར་འབྱེད་པ་ལ། །འབྱོར་བ་དམ་པ་འཐོབ་པར་འགྱུར། །ནམ་མཁའ་ཨི ་འདུ་ཤེས་རྣམ་པར་གྱུར་ན་གཉིས་ཁོ་ན་ལ་སྟེ། གང་གིས་ནམ་མཁའ་ཨི་མཛད་དུ་འགྱུར་བ་བསམ་པའི་དོན་འབྱོར་བ་དང། ཇི་ལྟར་འདོད་བ་བཞིན་དུ་འགྲོ་བའི་ཕྱིར་དང། ནམ་མཁའ་བྱེད་པའི་ཕྱིར་འགྲོ་བ་དང། གཟུགས་རྣམ་པར་?་བྱེད་པ་ལ་འབྱོར ་པའི་མཆོག་འཐོབ་པར་འགྱུར་རོ། །དེ་ལྟར་སངས་རྒྱས་དྲི་མེད་པའི། །གནས་ན་གཞན་གྱུར་དཔག་མེད་བས། །བསམ་ཡས་བྱ་བ་སྒྲུབ་པ་ཡིས། འབྱོར་པ་དཔག་ཏུ་མེད་པར་འདོད། །དེ་ལྟར་སྒོ་འདིས་ན་སངས་རྒྱས་རྣམས་ཀྱི་ཟག་པ་མེད་པའི ་དབྱིངས་ནི་གཞན་དུ་གྱུར་པ་ཡང་དཔག་ཏུ་མེད་ལ། དེ་ལ་ཡང་ཕྲིན་ལས་བསམ་གྱིས་མི་ཁྱབ་པ་སྒྲུབ་པའི་འབྱོར་པ་དཔག་ཏུ་མེད་པར་རིག་པར་བྱའོ། །སངས་རྒྱས་དེ་ཉིད་ཀྱིས་སེམས་ཅན་ཡོངས་སུ་སྨིན་པར་མཛད་པའི་རྒྱུལ་ཚིགས་སུ་བཅད་པ ་བདུན་ནོ། །འདི་ན་འཇིག་རྟེན་ཕྱོགས་ཕྱོགས་རྒྱལ་བའི་ལེགས་བཤད་པས། །དགེ་བ་འཕེལ་པའི་འཇིག་རྟེན་རྣམ་དག་མཆོག་ཏུ་འགྲོ། །དགེ་བ་མ་བསགས་དགེ་བ་འཕེལ་བའི་མཆོག་ཏུ་འགྲོ། །དེ་ལྟར་མ་སྨིན་སྨིན་པ་རྟག་འགྲོ་འང་མ ་ལུས་མིན། །འདིས་ནི་ཡོངས་སུ་སྨིན་པར་མཛད་པ་ཅི་འདྲ་བའི་རྒྱུར་འགྱུར་དེ་སྟོན་ཏེ། །དགེ་བའི་རྩ་བ་བསགས་པ་རྣམས་ནི་རྣཾ་པར་གྲོལ་བ་མཆོག་ཏུའོ། །དགེ་བའི་རྩ་བ་མ་བསགས་པ་རྣམས་ནི་དགེ་བའི་རྩ་བ་བསགས་པར་རོ། །མ་སྲིན?་པ་ནི་དགེ ་བའི་རྩ་བ་འཕེལ་བའི་མཆོག་ཏུ་འགྲོ་བས་སྨིན་པར་འགྲོའོ། །སྨིན་པ་ནི་ཤིན་ཏུ་རྣམ་བར་དག་པའི་མཆོག་ཏུ་འགྲོའོ། །དེ་ལྟར་དུས་རྟག་འགྲོ་ཡང་འཇིག་རྟེན་མཛའ་ཡས་པའི་ཕྱིར་མ་ལུས་པར་ཡང་མི་འགྱུར་རོ། །དེ་ལྟར་འཇིག་རྟེན་ཕྱོགS ་ཕྱོགས་བསྟན་རྣམས་རྟག་པར་དུས་ཀུན་ཏུ། །བྱང་ཆུབ་ཆེན་པོ་འཐོབ་དཀའ་ཡོན་ཏན་མཆོག་ལྡན་རྨད་བྱུང་ཅན། །རྟག་བསྟན་སྐྱབས་མེད་རྣམས་ཀྱི་སྐྱབས་གང་ཡིན་པ་ཐོབ་པ་དེ། །ཡ་མཚན་ཆེ་ལ་ཚུལ་བཟང་སྤྱད་ཕྱིར་ཡ་མཚན་ཆེ་པ? ་འོད་མེད། །འདིས་ནི་བྱང་ཆུབ་སེམས་དཔའ་ཡོངས་སུ་སྨིན་པ་རྣམས་ཀྱི་ཡོངས་སུ་སྨིན་པ་ཡ་མཚན་ཆེ་བ་དང། །ཡ་མཚན་ཆེད་མེད་པའི་མཚན་ཉིད་བསྟན་ཏོ། །རྟག་པར་དུས་ཀུན་ཏུ་ཞེས་བྱ་བ་ནི། རྟག་ཏུ་དང་རྒྱུན་མི་འཆད་པར་རོ། །ཚུལ ་བཟང་སྤྱད་བ་ནི་དེ་དང་མཐུན་པའི་ལས་སྤྱད་བའོ། །དེ་ནི་ཅིག་ཅར་ལ་ལར་སྒོ་མང་བརྒྱ་ནས་ཆོས་ཀྱི་འཁོར་ལོ་དང། །ལ་ལར་སྐྱེ་བ་མི་སྣང་ལ་ལར་སྐྱེ་བོའི་སྤྱོད་པ་སྣ་ཚོགས་དང། །ལ་ལར་བྱང་ཆུབ་ཐམས་ཅད་ལ་ལར་དེ་ནི་མྱ་ངན་འདས་སྟོན ་ཀྱང། །དེ་ནི་གནས་དེ་ལས་ཀྱང་རྣམ་པར་གཡོ་མི་མངའ་ལ་ཐམས་ཅད་མཛད། །གསུམ་པ་འདིས་ནི་ཅིག་ཅར་སྒོ་མང་པོ་ནས་ཡོངས་སུ་སྨིན་པར་མཛད་པའི་ཐབས་ལ་སྦྱོར་བའི་རྒྱུ་སྟོན་ཏེ། ཇི་ལྟར་གང་ལ་གནས་ཏེ་སེམས་ཅན་རྣམས་འདུལ་བའོ།། ་སྐྱེ་བའི་སྤྱོད་པ་སྣ་ཚོགས་ནི་སྐྱེས་པའི་རབས་ཀྱི་ཁྱད་པར་གྱིས་སོ། །གནས་ལས་ཀྱང་མི་གཡོ་བ་ཞེས་བྱ་བ་ནི་ཟག་པ་མེད་པའི་དབྱིངས་ལས་སོ། །སངས་རྒྱས་རྣམས་ནི་འདི་སྙམ་ལུས་ཅན་འདི་ནི་བདག་གིས་སྨིན་བྱས་ཤེའམ། འདི་ནི་རབ་ཏུ་སྨིན ་བྱ་གཞན་ཡང་དེ་ལྟར་སྨིན་པར་བྱེད་སྙམ་དུ། །འདུ་མཛད་མི་མངའ་བར་ཡང་ཕྱོགས་ཕྱོགས་ཀུན་ཏུ་རྟག་པར་སྒོ་གསུམ་ནས། །དགེ་བའི་ཆོས་རྣམས་ཀྱིས་ནི་སྐྱེ་བོ་རབ་ཏུ་སྨིན་པར་འགྱུར་བ་ཉིད། །བཞི་པ་འདིས་ནི་དེ་ཡོངས་སུ་སྨིན་པར་སྤྱོད? ་བའི་རྒྱུ་མངོན་པར་འདུ་མཛད་པ་མི་མངའ་བར་སྟོན་ཏེ། །སྒོ་གསུམ་ནས་ཞེས་བྱ་བ་ནི་ཐེག་པ་གསུམ་གྱིས་སོ། །ཇི་ལྟར་ཉི་མ་འབད་མེད་ཕྱོགས་ཕྱོགས་ཀུན་ཏུ་འོད་ཟེར་དག། རབ་འབྱམས་གསལ་བ་མང་གོས་ལེ་ཏོག་རྣམ་སྨིན་བྱེད་པ་ལྟར། །དེ ་བཞིན་ཆོས་ལྡན་ཉེ་མངའ་རབ་ཞི་བྱེད་བ་ཆོས་ཀྱི་འོད། །རབ་འབྱམས་དག་གིས་ཕྱོགས་ཕྱོགས་ཀུན་ཏུ་སེམས་ཅན་རྣམ་སྨིན་མཛད། །ལྔ་པ་འདིས་ནི་མངོན་པར་འདུ་མཛད་པ་མི་མངའ་བར་ཡོངས་སུ་སྨིན་པར་མཛད་པའི་དཔེ་སྟོན་ཏོ། །ཇི ་ལྟར་མར་མེ་གཅིག་ལས་མར་མའི་ཚོགས་རབ་མེད། །དཔག་མེད་གྲངས་མེད་འབྱུང་ཡང་དེ་ལ་ཟང?་པ་མེད། །དེ་བཞིན་སྨིན་པ་གཅིག་ལས་སྨིན་པའི་ཚོགས་རབ་མང། །གྲངས་མེད་དཔག་མེད་འབྱུང་ཡང་དེ་ལ་ཟད་བ་མེད། །དྲུག་པ་འདིས ་ནི་གཅིག་ནས་གཅིག་ཏུ་ཡོངས་སུ་སྨིན་བར་མཛད་པ་བསྟན་ཏོ། །ཇི་ལྟར་རྒྱ་མཚོ་ཆེན་པོ་འདི་ན་ཆུ་ཡི་ངོས་པར་མི་འགྱུར་ཞིང། །ཆུ་ཆེན་མང་པོ་རབ་ཏུ་འབབ་པས་འཕེལ་བར་ཡང་ནི་མི་འགྱུར་བ། །དེ་བཞིན་སངས་རྒྱས་ཁམས་ཀྱང་དག ་པ་འཇུག་པ་རྟག་རྒྱུན་མི་འཆད་པས། ངོམས་པ་མི་མངའ་འཕེལ་བར་མི་འགྱུར་དེ་འདིར་རྨད་དུ་བྱུང་བའི་མཆོག། བདུན་པ་འདིས་ནི་ཡོངས་སུ་སྨིན་པ་རྣམས་ཀྱི་རྣམ་པར་གྲོལ་བའི་འཇུག་པ་ལ་རྒྱ་མཚོ་དཔེར་བརྗོད་པས་ཆོས་ཀྱི་དབྱིངས ་ལ་གོ་སྐབས་ཡོད་པའི་ཕྱིར་དོམས་པ་ཡང་མི་མངའ་ལ། །ལྷག་པ་མེད་པའི་ཕྱིར་འཕེལ་བ་ཡང་མི་མངའ་བར་སྟོན་ཏོ། །ཆོས་ཀྱི་དབྱིངས་རྣམ་པར་དག་པ་ལ་ཚིགས་སུ་བཅད་པ་བཞིའོ། །ཆོས་རྣམས་ཀུན་གྱི་དེ ་བཞིན་ཉིད། །སྒྲིབ་གཉིས་དག་བའི་མཚན་ཉིད་དེ། །དངོས་པོ་གཤིགས་བ་དེ་ལ་དམིགས། །དབང་ཟད་མི་ཤེས་མཚན་ཉིད་དོ། །ཚིགས་སུ་བཅད་བ་འདི་ནི་ངོ་བོ་ཉིད་ཀྱི་དོན་ལས་བརྩམས་པ་ཡིན་ཏེ། །ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད?་ཉོན ་མོངས་པ་དང། ཤེས་བྱའི་སྒྲིབ་པ་གཉིས་རྣམ་པར་དག་པའི་མཚན་ཉིད་དང། །དངོས་པོ་ངོ་ལ་དམིགས་བཤེས་པ་དག་ལ་དབང་ཟད་མི་ཤེས་བའི་མཚན་ཉིད་དོ། །དེ་བཞིན་ཉིད་ཤེས་ཐམས་ཅད་ནས། །སྒོམS་པ་ལས་ནི་ཡང་དག་འབྱུང ་སེམས་ཅན་ཀུན་ལ་རྣམ་ཀུན་ཏུ། །གཉིས་བསྐྱེད་མི་ཟད་འབྲས་བུ་ཅན། །གཉིས་པ་འདི་ནི་རྒྱུའི་དོན་དང་འབྲས་བུའི་དོན་ལས་བརྩམས་པ་ཡིན་ཏེ། ཐམས་ཅད་ནས་དེ་བཞིན་ཉིད་ཤེས་པ་བསྒོམས་པ་ནི་ཆོས་ཀྱི་དབྱིངས་རྣམ་པར་དག་པའི ་རྒྱུའི། །ཐམས་ཅད་ནས་ཞེས་བྱ་བ་ནི་ཆོས་ཀྱི་རྣམ་གྲངས་ཀྱི་སྒོ་ཐམས་ཅད་ནས་སོ། །སེམས་ཅན་ཐམས་ཅད་ལ་རྣམ་པ་ཐམས་ཅད་དུ་ཕན་པ་དང་བདེ་བ་གཉིས་སྐྱེད་བ་མི་ཟད་པ་ཉིད་ནི་འབྲས་བུའོ། །སྐུ་དང་གསུང་དང་ཐུགས་སྤྲུལ་པའི། །སྦྱོར ་བའི་ཐབས་ཀྱི་ལས་ཅན་ཏེ། །ཏིང་ངེ་འཛིན་དང་གཟུངས་སྐོ་དང། །དཔག་ཏུ་མེད་པ་གཉིས་དང་ལན། །གསུམ་པ་འདི་ནི་ཕྱིན་ལས་ཀྱི་དོན་ལས་བརྩམས་པ་ཡིན་ཏེ། སྐུ་ལ་སོགས་པ་རྣམས་གསུམ་སྤྲུལ་བ་ནི་ཕྲིན་ལས་སོ། །ཏིང་ངེ ་འཛིན་དང། གཟུངས་ཀྱི་སྒོ་དག་དང། བསོད་ནམས་དང་ཡེ་ཤེས་ཚོགས་དཔག་ཏུ་མེད་པ་གཉིས་དང་ལྡན་པ་ནི་ལྡན་པའི། །རང་བཞིན་ཆོས་རྫོགས་ལོངས་སྤྱོད་དང། །སྤྲུལ་པ་དག་གིས་ཐ་དད་འཇུག་།འདི་ནི་སངས་རྒྱས་རྣམ་དག་གི། ་ཆོས་དབྱིངས་རྣམ་པར་དག་པར་བཤད། །བཞི་པ་འདི་ནི་འཇུག་པའི་དོན་ལས་བརྩམས་པ་ཡིན་ཏེ། རང་བཞིན་དང། ལོངས་སྤྱོད་རྫོགས་བ་དང། སྤྲུལ་བའི་སྐུ་འཇུག་པས་ཐ་དད་དུ་འཇུག་པ་ཅན་ཡིན་ནོ། །སངས་རྒྱས་ཀྱི་སྐུ་རབ་ཏུ་དབྱེ་བ ་ལ་ཚིགས་སུ་བཅད་པ་བདུན་ནོ། །སངས་རྒྱས་རྣམས་ཀྱི་སྐུ་དབྱེ་བ། །རང་བཞིན་ལོངས་སྤྱོད་རྫོགས་པ་དང། །གཞན་ནི་སྤྲུལ་པའི་སྐུ་ཡིན་ཏེ། དང་པོ་གཉིས་པའི་རྟེན་ཡིན་ནོ། །སངས་རྒྱས་རྣམས་ཀྱི་སྐུ་ནི་རྣཾ་པ་གསུམ་སྟེ། རང་བཞིན་པ་ནི ་ཆོས་ཀྱི་སྐུ་གནས་ཡོངས་སུ་གྱུར་པའི་མཚན་ཉིད་དོ། །ལོངས་སྤྱོད་རྫོགས་པ་ནི་གང་གིས་འཁོར་གྱི་དཀྱིལ་འཁོར་དག་ཏུ་ཆོས་ལ་ལོངས་སྤྱོད་རྫོགས་བར་མཛད་པའོ། །སྤྲུལ་པ་ནི་གང་གིས་སེམས་ཅན་གྱི་དོན་མཛད་པའོ། ། ་ལོངས་སྤྱོད་རྫོགས་པ་ཁམས་ཀུན་ཏུ། །འཁོར་ཡོངས་སུ་སྡུད་དང་ཞིང་དང་མཚན། །སྐུ་དང་ཆོས་རྫོགས་ལོངས་སྤྱོད་དང། མཛད་བ་དག་གིས་ཐ་དད་དོ། །དེ་ལ་ལོངས་སྤྱོད་རྫོགས་བ་ནི། །འཇིག་རྟེན་གྱི་ཁམས་ཐམས་ཅད་ན་འཁོར ་གྱི་དཀྱིལ་འཁོར་དང། །སངས་རྒྱས་ཀྱི་ཞིང་དང། མཚན་དང། སྐུ་དང། ཆོས་ལ་ལོངས་སྤྱོད་རྫོགས་པ་དང། མཛད་པ་དག་གིས་ཐ་དད་པ་ཡིན་ནོ། །རང་བཞིན་སྐུ་ནི་མཉམ་པ་དང། ཕྲ་ཞིང་དེ་དང་འབྲེལ་པ་དང། །དགྱེས ་དགུར་ལོངས་སྤྱོད་བསྟན་པ་ལ། །ལོངས་སྤྱོད་རྫོགས་འབྱོར་རྒྱུར་འདོད་དོ། །སངས་རྒྱས་ཐམས་ཅད་ཀྱི་རང་བཞིན་གྱི་སྐུ་ནི་ཁྱད་པར་མེད་པ་ཉིད་ཀྱིས་མཉམ་པ་དང། ཤེས་པར་དཀའ་བ་ཉིད་ཀྱིས་ཕྲ་བ་དང། ལོངས་སྤྱོད་རྫོགS ་པའི་སྐུ་དེ་དང་འབྲེལ་བ་དང། ཇི་ལྟར་དགྱེས་པར་ལོངས་སྤྱོད་བསྟན་པར་བྱ་བ་ལ་ལོངས་སྤྱོད་རྫོགས་པ་བ་འབྱོར་པའི་རྒྱུ་ཡིན་ཧྣོ། །སངས་རྒྱས་སྤྲུལ་པ་དཔག་མེད་པ། །སྤྲུལ་པའི་སྐུར་ནི་འདོད་པ་སྟེ། །དོན་གཉིས་ཕུན་སུམ ་ཚོགས་པ་ནི། །རྣམ་པ་ཐམས་ཅད་གཉིས་ལ་གནས། །སངས་རྒྱས་རྣམས་ཀྱི་སྤྲུལ་པའི་སྐུ་ནི་སངས་རྒྱས་ཀྱི་སྤྲུལ་པའི་བྱེ་བྲག་དཔག་ཏུ་མེད་པའོ། །ལོངས་སྤྱོད་རྫོགས་པ་ནི་རང་གི་དོན་ཕུན་སུམ་ཚོགས་པའི་མཚན་ཉིད ་དོ། །སྤྲུལ་པ་ནི་གཞན་གྱི་དོན་ཕུན་སུམ་ཚོགས་པའི་མཚན་ཉིད་དོ། །དོན་གཉིས་ཕུན་སུམ་ཚོགས་པ་དེ་ཡང་རང་བཞིན་གྱིས་སྐུ་དང། ལོངས་སྤྱོད་རྫོགས་པའི་སྐུ་དང་གཉིས་ལ་གོ་རིམ་བཞིན་དུ་གནས་སོ། །བཟོ་དང་སྐྱེ་དང་བྱང ་ཆུབ་ཆེ། །མྱ་ངན་འདས་བ་རྟག་སྟོན་པས། །སངས་རྒྱས་སྤྲུལ་པའི་སྐུ་འདི་ནི། །རྣམ་པར་གྲོལ་བའི་ཐབས་ཆེན་ནོ། །སྤྲུལ་པའི་སྐུ་དེ་ནི་རྟག་ཏུ་འདུལ་བའི་དོན་དུ་པི་ཝང་ལེན་པ་ལ་སོགས་པ་གཟོ་དང་སྐྱེ་བ་དང། མངོན་པར ་རྫོགས་པར་བྱང་ཆུབ་པ་དང། མྱ་ངན་ལས་འདས་པ་སྟོན་པ་དག་གིས་རྣམ་པར་གྲོལ་བའི་ཐབས་ཆེན་པོ་ཡིན་པའི་ཕྱིར། གཞན་གྱི་དོན་ཕུན་སུམ་ཚོགས་པའི་མཚན་ཉིད་དུ་རིག་པར་བྱའོ། །སྐུ་གསུམ་དག་གིས་སངས་རྒྱས ་ཀྱི། །སྐུ་བསྡུས་པར་ནི་ཤེས་བྱ་སྟེ། །སྐུ་གསུམ་དག་གིས་རང་བཞིན་གྱིས། །དོན་འདི་རྟེན་དང་བཅས་པར་བསྟན། །སྐུ་གསུམ་དག་གིས་སངས་རྒྱས་རྣམས་ཀྱི་སྐུ་ཐམས་ཅད་བསྡུས་པར་རིག་པར་བྱ་བ་ལ། །སྐུ་གསུམ་པོ ་དེ་དག་གིས་ཀྱང་རང་དང་གཞན་གྱི་དོན་རྟེན་དང་བཅས་པར་བསྟན་ཏེ། གཉིས་པོ་ནི་རང་དང་གཞན་གྱི་དོན་གྱིས་རབ་ཏུ་ཕྱེ་བའི་ཕྱིར་དང། དེ་གཉིས་ཀྱང་དེ་ལ་བསྟེན་པའི་ཕྱིར་ཏེ། ཇི་སྐད་སྔར་བཤད་པ་བཞིན་ནོ། །དེ་དག་རྟེན ་དང་དགོངས་པ་དང། །ཕྲིན་ལས་ཀྱིས་ནི་མཉམ་པ་ཉིད། །རང་བཞིན་དང་ནི་རྒྱུན་མི་འཆད། །རྒྱུན་གྱིས་དེ་དག་རྟག་པ་ཉིད། སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུམ་པོ་དེ་དག་ནི་གོ་རིམ་བཞིན་དུ་རྣམ་པ་གསུམ་གྱིས་ཁྱད་པར ་མེད་དེ། རྟེན་གྱིས་ནི་ཆོས་ཀྱི་དབྱིངས་ཐ་མི་དད་པའི་ཕྱིར་རོ། །དགོངས་པས་ནི་སངས་རྒྱས་ཀྱི་དགོངས་པ་ཐ་དད་པ་མེད་པའི་ཕྱིར་རོ། །ཕྲིན་ལས་ཀྱིས་ནི་ཐུན་མོང་པའི་ཕྱིར་རོ། །སྐུ་གསུམ་པོ་དེ་དག་ལ་གོ་རིམ་བཞིན་དུ་གང་གིས་ན་དེ་བཞིན་གཤེགS ་བ་རྣམས་སྐུ་རྟག་པའོ། །ཞེས་བརྗོད་པ་རྟག་པ་ཉིད་རྣམ་པ་གསུམ་དུ་རིག་པར་བྱ་སྟེ། ངོ་བོ་ཉིད་ཀྱི་སྐུ་ནི་རང་བཞིན་གྱིས་རྟག་པའི་ཕྱིར་རང་བཞིན་གྱིས་རྟག་ཉིད་དོ། །ལོངས་སྤྱོད་རྫོགས་པའི་སྐུ་ནི་རྒྱུན་མི་འཆད་པས་ཏེ། ཆོས་ལ་ལོངས་སྤྱོད ་རྫོགས་པ་རྒྱུན་མི་འཆད་པའི་ཕྱིར་རོ། །སྤྲུལ་པའི་སྐུ་ནི་བརྒྱུན་གྱིས་ཏེ། མི་སྣང་བར་བྱས་ནས་ཡང་དང་ཡང་དུ་སྤྲུལ་པ་ཀུན་ཏུ་སྟོན་པའི་ཕྱིར་རོ། །སངས་རྒྱས་ཀྱི་ཡེ་ཤེས་རྣམ་པར་དབྱེ་བ་ལ་ཚིགས་སུ་བཅད་པ་བཅུ་སྟེ། མེ་ལོང་ཡེ་ཤེས་མི་གཡོ་སྟེ། ་ཡེ་ཤེས་གསུམ་ནི་དེ་ལ་བརྟེན། །མཉམ་པ་ཉིད་དང་སོ་སོར་རྟོག། བྱ་བ་སྒྲུབས་པ་ཁོ་ནའོ། །སངས་རྒྱས་རྣམས་ཀྱི་ཡེ་ཤེས་ནི་རྣམ་པ་བཞི་སྟེ། མེ་ལོང་ལྟ་བུའི་ཡེ་ཤེས་དང། མཉམ་པ་ཉིད་ཡེ་ཤེས་དང། སོ་སོར་རྟོག་པའི་ཡེ་ཤེས་དང། བྱ་བ་སྒྲུབ་པའི་ཡེ ་ཤེས་སོ། །མེ་ལོང་ལྟ་བུའི་ཡེ་ཤེས་ནི་མི་གཡོ་བའོ། །ཡེ་ཤེས་གསུམ་ནི་དེ་ལ་བརྟེན་པ་དང། གཡོ་བའོ། །མེ་ལོང་ཡེ་ཤེས་ང་ཡི་མེད། །ཡོངས་སུ་མ་ཆད་རྟག་ཏུ་ལྡན། །ཤེས་བྱ་ཀུན་ལ་མ་རྨོངས་ལ། །རྟག་ཏུ་དེ་ལ་མངོན་ཕྱོགས་མིན། །མེ་ལོང་ལྟ ་བུའི་ཡེ་ཤེས་ནི་རྟག་ཏུ་ང་ཡི་བ་མེད་པ་དང། ཡུལ་གྱི་སྒོ་ནས་ཡོངས་སུ་མ་ཆད་པ་དང། དུས་ཀྱི་སྒོ་ནས་རྟག་ཏུ་ལྡན་པ་དང། རྟག་ཏུ་སྒྲིབ་པ་དང་བྲལ་བའི་ཕྱིར་རོ། །ཤེས་བྱ་ཐམས་ཅད་ལ་མ་རྨོངས་པ་ཡང་ཡིན་ལ། རྣམ་པ་མེད་པའི་ཕྱིར་དེ་དག་མངོན་དུ ་ཕྱོགས་པ་ཡང་མ་ཡིན་ནོ། །ཡེ་ཤེས་ཀུན་གྱི་རྒྱུ་མཚན་ཕྱིར། །ཡེ་ཤེས་འབྱུང་གནS་ཆེན་པོ་འདྲ། །ལོང་སྤྱོད་རྫོགས་པའི་སངས་རྒྱས་ཉིད། །ཡེ་ཤེས་གཟུགས་བརྙན་འབྱུང་ཕྱིར་ཏེ། །མཉམ་པ་ཉིད་ཀྱིས་ཡེ་ཤེས་ལ་སོགས་པ་དེ་དག་གི་རྣམ་པ་ཐམས་ཅད ་ཀྱི་རྒྱུ་ཡིན་པའི་ཕྱིར་ཡེ་ཤེས་ཐམས་ཅད་ཀྱི་འབྱུང་གནས་ལྟ་བུའོ། །དེ་ནི་ལོངས་སྤྱོད་རྫོགས་བའི་སངས་རྒྱས་ཀྱང་ཡིན་ལ། །ཡེ་ཤེས་ཀྱི་གཟུགས་བརྙན་འབྱུང་བའི་ཕྱིར། །མེ་ལོང་ལྟ་བུའི་ཡེ་ཤེས་ཞེས་ཀྱང་བྱའོ། །སྒོམ་པ་དག་བས་སེམས ་ཅན་ལ། མཉམ་པ་ཉིད་ཀྱི་ཡེ་ཤེས་འདོད། །མི་གནས་ཞི་བར་ཞུགས་པ་ནི། །མཉམ་ཉིད་ཡེ་ཤེས་ཡིན་པར་འདོད། །བྱང་ཆུབ་སེམས་དཔའ་མངོན་བར་རྟོགས་པའི་དུས་ན་སེམས་ཅན་རྣམས་ལ་མཉམ་པ་ཉིད་ཀྱི་ཤེས་པ་ཐོབ་པ་གང་ཡིན་པ་དེ་སྒོམ་པ ་དག་པའི་སྒོ་ནས་བྱང་ཆུབ་ཐོབ་པའི་དུས་ནི་མི་གནས་པའི་མྱ་ངན་ལས་འདས་པར་ཞུགས་པ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་སུ་འདོད་དོ། །དུས་རྣམས་ཀུན་ཏུ་བྱམས་པ་དང། ཐུགས་རྗེ་ཆེན་པོ་དག་དང་ལྡན། །སེམས་ཅན་རྣམས་ལ་མོས་པ་བཞིན། །སངས ་རྒྱས་སྐུ་ནི་ངེས་པར་སྟོན། །དུས་ཐམས་ཅད་དུ་བྱམས་པ་ཆེན་པོ་དང། ཐུགས་རྗེ་ཆེན་པོ་དང་ལྡན་པ་དང། སེམས་ཅན་རྣམས་ལ་མོས་པ་ཇི་ལྟ་བ་བཞིན་དུ་སངས་རྒྱས་ཀྱི་སྐུ་ངེས་བར་སྟོན་པར་མཛད་པ་ཡིན་ཏེ། འདི་ལྟར་སེམས་ཅན་ཁ་ཅིག་གིས་ནི་དེ? ་བཞིན་གཤེགས་པ་ཁ་དོག་སྔོན་པོར། །ཁ་ཅིག་གིས་ནི་ཁ་དོག་སེར་པོར་མཐོང་ངོ། །ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པའོ། །སོ་སོར་རྟོགས་པའི་ཡེ་ཤེས་ནི། །ཤེས་བྱ་ཀུན་ལ་རྟག་མི་ཐོགས། །ཏིང་ངེ་འཛིན་དང་གཟུངས་རྣམས་ཀྱི། །གཏེར་དང ་འདྲ་བ་ཁོ་ན་ཡིན། །འཁོར་གྱི་དཀྱིལ་འཁོར་རྣམས་སུ་ནི། །འབྱོར་བ་ཐམས་ཅད་སྟོན་མཛད་པ། །ཐེ་ཚོམ་ཐམས་ཅད་གཅོད་པ་ཡི། །ཆོས་ཆེན་ཆར་ནི་རབ་ཏུ་འབེབས། །སོ་སོར་རྟོགས་པའི་ཡེ་ཤེས་ནི་ཚིགས་སུ་བཅད་པ་ཇི་ལྟ་བ་བཞིན་ནོ། །བྱ ་བ་སྒྲུབ་པའི་ཡེ་ཤེས་ནི། །ཁམས་རྣམས་ཀུན་ཏུ་སྣ་ཚོགས་ཤིང། །དཔག་མེད་བསམ་ཡས་སྤྲུལ་པ་ཡིས། །སེམས་ཅན་དོན་ནི་སྒྲུབ་པའོ། །བྱ་བ་སྒྲུབ་སྒྲུབ་པའི་ཡེ་ཤེས་ནི་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་སྤྲུལ་པ་རྣམ་པ་སྣ་ཚོགས་དཔག ་ཏུ་མེ་པ་བསམ་གྱིS་མི་ཁྱབ་པ་དག་གིས་སེམས་ཅན་ཐམས་ཅད་ཀྱི་དོན་མཛད་པའོ། །སངས་རྒྱས་སྤྲུལ་པ་དེ་རྟག་ཏུ། །མཛད་པ་སྒྲུབ་པའི་བྱེ་བྲག་དང། །གྲངས་དང་ཞིང་གིས་རྣམ་ཀུན་ཏུ། བསམ་མི་ཁྱབ་པར་ཤེས་པར་བྱ། །སངས་རྒྱས་ཀྱི་སྤྲུལ ་པ་དེ་ནི་རྟག་ཏུ་བྱ་བ་མཛད་པའི་བྱེ་བྲག་དང་གྲངས་དང་ཞིང་གི་སྒོ་ནས་རྣམ་པ་ཐམས་ཅད་དུ་བསམ་གྱིས་མི་ཁྱབ་པར་རིག་པར་བྱའོ། །འཛིན་པའི་ཕྱིར་དང་སེམས་མཉམ་ཕྱིར། །ཡང་དག་ཆོས་རབ་སྟོན་ཕྱིར་དང། །བྱ་བ་སྒྲུབ་བ་ཉིད་ཀྱི་ཕྱིར། །ཡེ་ཤེS ་བཞི་པོ་ཡང་དག་འབྱུང། །དེ་ལ་འཛིན་པའི་ཕྱིར་ནི་ཐོས་བའི་ཆོས་རྣམས་ལའོ། །སེམས་མཉམ་པའི་ཕྱིར་ནི་སེམས་ཅན་ཐམས་ཅད་ལ་བདག་དང་གཞན་མཉམ་པ་ཉིད་ཀྱིས་སོ། །ལྷག་མ་ནི་དོན་གོ་བར་ཟད་དོ། །སངས་རྒྱས་གཅིག་པ་ཉིད་དང། དུ་མ ་ཉིད་མ་ཡིན་པའི་ཚིགས་སུ་བཅད་པ། ཐ་དད་རིགས་དོན་ཡོད་ཕྱིར་དང། རྫོགས་དང་ཐོག་མ་མེད་པའི་ཕྱིར། །སངས་རྒྱས་གཅིག་མིན་དྲི་མེད་གནས། །ཐ་དད་མིན་ཕྱིར་མང་པོ་འང་མིན། །སངས་རྒྱས་ནི་གཅིག་ཁོ་ནའོ། །ཞེས་བྱ་བ་འདི་ནི་མི་འདོད་དོ། ་དེ་ཅིའི་ཕྱིར་ཞེ་ན། །རིགས་ཐ་དད་པའི་ཕྱིར་ཏེ། སེམས་ཅན་སངས་རྒྱས་ཀྱི་རིགས་ཅན་མཛའ་ཡས་པ་དེ་ལ་གཅིག་ཁོ་ན་ཞིག་མངོན་པར་རྫོགས་པར་སངས་རྒྱས་ཀྱི། གཞན་དག་ནི་མངོན་པར་རྫོགས་པར་འཚང་མི་རྒྱའོ། ཞེས་བྱ་བ་འདི་ཅིའི ་ཕྱིར་མངོན་པར་རྫོགས་བར་འཚང་མི་རྒྱ་བའི་ཕྱིར། བྱང་ཆུབ་སེམས་དཔའ་གཞན་གྱི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དོན་མེད་པར་འགྱུར་རོ། །དོན་མེད་པར་ནི་རིགས་མ་ཡིན་ཏེ། དེ་ལྟ་བས་ན་དོན་མེད་པ་མ་ཡིན་པའི་ཕྱིར་ཡང ་སངས་རྒྱས་གཅིག་ཁོ་ན་མ་ཡིན་ནོ། །སུ་ཡང་སངས་རྒྱས་ཉིད་ལ་མི་འདོད་པའི་ཕྱིར་སངས་རྒྱས་ཀྱིས་སེམས་ཅན་གྱི་དོན་མཛད་པ་ཡང་རྫོགས་པར་འགྱུར་ཏེ། དེ་ནི་རིགས་པ་མ་ཡིན་ནོ། །ཚོགས་མེད་པར་ཡང་སངས་རྒྱས་ཉིད་དུ ་ཀྱི?་རུང་ལ། སངས་རྒྱས་གཞན་མེད་པར་ཡང་ཚོགས་མི་རུང་བའི་ཕྱིར་ཐོག་མའི་སངས་རྒྱས་འགའ་ཡང་མེད་པས་ཐོག་མ་མེད་པའི་ཕྱིར་ཡང་སངས་རྒྱས་གཅིག་ཏུ་རིགས་པ་མ་ཡིན་ནོ། །ཟག་པ་མེད་པའི་དབྱིངས ་ན་ཆོས་ཀྱི་སྐུ་ལ་ཐ་དད་པ་མེད་པའི་ཕྱིར། སངས་རྒྱས་རྣཾས་ཀྱི་སྐུ་མང་པོ་ཉིད་དུ་ཡང་མི་འདོད་དོ། །སངས་རྒྱས་ཉིད་ལ་འཇུག་པའི་ཐབས་ཀྱི་ཚིགས་སུ་བཅད་པ་བཞིའོ། །མེད་པ་གང་ཡིན་དེ་ཉིད་ནི། །ཡོད་པ་ཡི་ནི་དམ་པ་ཡིན། །རྣམ་པ་ཀུན་ཏུ ་མི་དམིགས་པ། །དམིགས་པ་ཡི་ནི་མཆོག་ཏུ་འདོད། །ཀུན་བརྟགས་པའི་ངོ་བོ་ཉིད་དུ་མེད་པ་གང་ཡིན་པ་དེ་ཉིད་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་དུ་ཡོད་པའི་དམ་པ་ཡིན་ལ། །ཀུན་བརྟགས་པའི་ངོ་བོ་ཉིད་རྣམ་པ་ཐམས་ཅད་དུ ་མི་དམིགས་པ་གང་ཡིན་པ་དེ་ཉིད་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་མི་དམིགས་པའི་མཆོག་ཡིན་ནོ། །སྒོམ་པ་རྣམ་པར་མི་ལྟ་བའི། །སྒོམ་པ་དམ་པར་འདོད་པ་སྟེ། །ཐོབ་པར་ལྟ་བ་མེད་རྣམས་ཀྱི། །ཐོབ་པ་ཡང་ནི་དམ་པར་འདོད། །སྒོམ ་པ་མི་དམིགས་པ་གང་ཡིན་པ་དེ་ཉིད་སྒོམ་པ་དམ་པ་ཡིན་ལ། ཐོབ་པ་མི་དམིགས་པ་གང་ཡིན་པ་དེ་ཉིད་ཐོབ་པ་དམ་པ་ཡིན་ནོ། །བླ་མ་རིང་དང་མཚན་མ་ཡང། །བདག་གི་བརྩོན་འགྲུས་བལྟ་བ་ཡི། །བྱང་ཆུབ་སེམས་དཔའ་ང་རྒྱལ ་ཅན། །བྱང་ཆུབ་ལས་ནི་རིང་ཞེས་བྱ། །གང་དག་སངས་རྒྱས་ཉིད་ལ་བླ་མ་ཡ་མཚན་གྱི་ཆོས་དང་ལྡན་པར་ལྟ་བ་དང། དེ་ཡང་དག་པར་འགྲུབ་པར་བྱ་བ་དུས་རིང་བར་ལྟ་བ་དང། མཚན་མ་སྟེ་སེམས་ཅན་གྱི་དམིགས་པར་ལྟ་བ་དང། བདག ་ནི་བརྩོན་འགྲུས་བརྩམས་པ་ཡིན་ཏེ། །སངས་རྒྱས་ཉིད་ཐོབ་བར་བྱའོ། །ཞེས་བདག་ཉིད་ཀྱི་བརྩོན་འགྲུས་སུ་ལྟ་བའི་བྱང་ཆུབ་སེམས་དཔའ་ང་རྒྱལ་ཅན་དེ་ལྟ་བུ་དེ་དག་ནི་དམིགས་པ་ཅན་ཡིན་པའི་ཕྱིར། བྱང་ཆུབ་ལས་རིང་བ་ཞེས་བྱའོ།། ་ཇི་སྐད་བཤད་པ་འདི་དག་ཀུན། །རྟོག་པ་ཙམ་དུ་ལྟ་བ་ཡི། །བྱང་ཆུབ་སེམས་དཔའ་རྟོག་མེད་རྣམས། །བྱང་ཆུབ་ཐོབ་ཅེས་ངེས་པར་བརྗོད། །འདི་དག་ཐམས་ཅད་ནི་རྟོག་པ་ཙམ་ཞེས་བྱ་བར་ལྟ་བ་རྣམས་ནི་རྟོག་པ་ཙམ་དེ་ལ་ཡང་མི་རྟོག་པའི་ཕྱིར ་བྱང་ཆུབ་སེམས་དཔའ་རྟོགས་པ་མེད་པ་རྣམས་ནི་མི་སྐྱེ་བའི་ཆོས་ལ་བཟོད་ཕ་ཐོབ་པའི་གནས་སྐབས་ན་དོན་དུ་བྱང་ཆུབ་འཐོབ་པ་དང་འདྲ་བར་ངེས་པར་བརྗོད་དོ། །སངས་རྒྱས་རྣམས་ཕན་ཚུན་མཛད་པ་གཅིག་པ་ཉིད་ལ་ཚིགས་སུ་བཅད་པ་བཞིའོ། ་ཀླུ་དག་ས་ཡི་འོག་ཏུ་མ་སོང་བ། །གནས་རྣམས་ཐ་དད་ཆུ་ཡང་ཐ་དད་པ། །ཆུ་ཡང་ཆུང་ཞིང་བྱ་བ་ཐ་དད་བྱེད། །ཆུ་གནས་སྤོག?་ཆགས་ཕྲ་མོའི་ཉིད་སྤྱད་འགྱུར། །རྒྱ་མཚོར་སོང་བར་གྱུར་ན་ཐམས་ཅད་ཀྱང། །གནས་རྣམས་གཅིག་ཅིང་ཆུ ་ཡང་ཆེ་ལ་གཅིག་།བྱ་བ་གཅིག་ཅིང་ཆུ་ལ་གནས་པ་ཡི། །སྲོག་ཆགས་མང་པོའི་རྟག་ཏུ་ཉེར་སྤྱོད་ཆེ། །སངས་རྒྱས་ཉིད་དུ་མ་ཞུགས་བསྟན་པ་རྣམས། །རྟེན་ཀྱང་ཐ་དད་བློ་གྲོས་ཐ་དད་ཅིང། །རྟོགས་ཆུང་རང་གི་བྱ་བ་ཐ་དད་ལ། །སེམས ་ཅན་ཉུང་དོན་རྟག་ཏུ་ཉེར་སྤྱད་འགྱུར། །སངས་རྒྱས་ཉིད་དུ་ཞུགས་ན་དེ་དག་ཀུན། །རྟེན་ཀྱང་གཅིག་ཅིང་རྟོགས་པ་ཆེ་ལ་གཅིག་།མཛད་པ་གཅིག་ཏུ་འདྲེས་ཤིང་རྟག་པར་ཡང། །སེམས་ཅན་ཚོགས་ཆེའི་ཉེ་བར་སྤྱད་པ་ཆེ། དེ་ལ ་ཀླུང་གི་གནས་ཐ་དད་པ་ནི་རང་གི་སྣོད་ཐ་དད་པ་ཉིད་དུ་བྱེད་པ་ཉིད་དུ་བྱེད་པའི་ཕྱིར་རོ། །ཕྲ་མོའི་ཉེ་བར་སྤྱད་པ་ཞེས་བྱ་བ་ནི་ཆུང་དུ་རྣམས་ཀྱི་ཉེ་བར་སྤྱད་པའོ། །ལྷག་མ་ནི་ངོན་གོ་བར་ཟད་དོ། །སངས་རྒྱས་ཉིད་ལ་སྤྲོ་བར་བྱ་བར ་ཚིགས་སུ་བཅད་པ། དེ་ལྟར་སངས་རྒྱས་ཉིད་ནི་དཀར་པའི་ཆོས། །ངོ་བོ་མེད་ལྡན་ཕྱིར་ཕན་བདེའི་རྒྱུ་ཡི་ཕྱིར། །བདེ་དགེ་དམ་པ་མི་ཟད་འབྱུང་གནས་ཕྱིར། །བློ་ལྡན་བྱང་ཆུབ་སེམས་དགེ་བླང་བའི་རིགས། །དེ་ལྟར་སངས་རྒྱས ་ཉིད་ནི་རང་གི་དོན་ཕུན་སུམ་ཚོགས་པས་དཀར་པོའི་ཆོས་དཔེ་མེད་པ་དང་ལྡན་པའི་ཕྱིར་དང། གཞན་གྱི་དོན་ཕུན་སུམ་ཚོགས་པས་ཕན་པ་དང། བདེ་བའི་རྒྱུ་ཡིན་པའི་ཕྱིར་དང། བདེ་བར་གནས་པའི་ཁྱད་པར་གྱིས ་བདེ་བ་ཁ་ན་མ་ཐོ་བ་མེད་པ་མཆོག་ཟད་པ་མི་ཤེས་པའི་འབྱུང་གནས་ཡིན་པའི་ཕྱིར་བློ་དང་ལྡན་པས་དེར་སྨོན་པ་ཡོངས་སུ་བཟུང་བའི་སྒོ་ནས་བྱང་ཆུབ་ཀྱི་སེམས་བླངས་པའི་རིགས་སོ། །བྱང་ཆུབ་ཀྱི་སྐབས་རྫོགས་སོ།། །། ་སྡོམ་ནི་དང་པོ་སྒྲུབ་སྐྱབས་རིགས། །དེ་བཞིན་དུ་ནི་སེམས་བསྐྱེད་དང། །རང་གཞན་དོན་དང་དེ་ཉིད་དོན། །མཐུ་དང་ཡོངས་སྨིན་བྱང་ཆུབ་གོ་།བྱང་ཆུབ་ཀྱི་སྐབས་འདི་དང་པོ་ནས་བཟུང་སྟེ། རིལ་གྱིས་བྱང་ཆུབ་ཀྱི་ལེའུ་ཡི་རྗེས་སུ་འབྲང ་བ་སྟེ་སྦྱར་བར་ཁོང་དུ་ཆུང་བར་བྱའོ། །མོས་པ་རྣམ་པར་དབྱེ་བ་ལ་ཚིགས་སུ་བཅད་པ་གཉིས་སོ། །སྐྱེས་དང་མ་སྐྱེས་འཛིན་དང་གཟུང་གྱུར་དང། །གྲོགས་བླངས་བདག་ཉིད་དང་ནི་ནོར་པ་དང། །མ་ནོར་གཞན་དང་མངོན་སུམ་མ་ཡིན ་གཞན། །སྒྲས་བྱུང་ཚོལ་བ་དང་ནི་ལྟ་བ་དང། །སྐྱེས་པ་ནི་འདས་པ་དང་ད་ལྟར་བྱུང་བའོ། །མ་སྐྱེས་པ་ནི་མ་འོངས་པའོ། །འཛིན་པ་ནི་ནང་གི་སྟེ། །གང་གིས་དམིགས་པ་ལ་མོས་པར་བྱེད་པའོ། །གཟུང་བར་གྱུར་པ་ནི་ཕྱི་རོལ་གྱི ་སྡེ་གང་ལ་དམིགས་པ་ཉིད་དུ་མོས་པའོ། །གྲོགས་པོ་ལས་བླངས་པ་ནི་རགས་པའོ། །བདག་ཉིད་ལས་འབྱུང་བ་ནི་ཕྲ་བའོ། །ནོར་པ་ནི་དམན་པ་སྟེ། ལོག་པར་མོས་པའི་ཕྱིར་རོ། །མ་ནོར་བ་ནི་གྱ་ནོམ་བའོ། །མངོན་སུམ་པ་ནི ་ཉེ་བ་སྟེ་རྐྱེན་ཉེ་བའི་ཕྱིར་རོ། །མངོན་སུམ་མ་ཡིན་པ་ནི་རིང་བ་སྟེ་བཟློག་པའོ། །སྒྲ་ལས་བྱུང་བ་ནི་ཐོས་པ་ལས་བྱུང་བའོ། །ཚོལ་བ་པ་ནི་བསམ་པ་ལས་བྱུང་བའོ། །ལྟ་བ་ནི་བསྒོམS་པ་ལས་བྱུང་བ་སྟེ་སོ་སོར་རྟོག་པའི་ཕྱིར་རོ། །འབྲོཌ? ་དང་འདྲེས་དང་མི་མཐུན་ཕྱོགས་མ་འདྲེས། །དམན་དང་རྒྱ་ཆེ་སྒྲིབས་དང་མ་བསྒྲིབས་དང། །བརྩོན་དང་མི་བརྩོན་བསགས་དང་མ་བསགས་པ། །བསྟན་ཞུགས་རིང་དུ་སོང་བའི་མོས་པའོ། །འཕྲོགས་པ་ནི་ཆུང་དུའོ། །འདྲེས་པ་ནི་འབྲིང་པོའོ། ། ་མི་མཐུན་པའི་ཕྱོགས་རྣམས་དང་མ་འདྲེས་པ་ནི་ཆེན་པའོ། །དམན་པ་ནི་ཐེག་པ་གཞན་ལའོ། །རྒྱ་ཆེན་པོ་ནི་ཐེག་པ་ཆེན་པོ་ལའོ། །བསྒྲིབS་པ་ནི་ཁྱད་པར་དུ་འགྲོ་བར་བྱ་བ་ལ་སྒྲིབ་པ་དང་བཅས་པའོ། །མ་བསྒྲིབ་པ་ནི་སྒྲིབ་པ་མེད་བའོ། །བརྩོན་པ་ནི ་རྟག་ཏུ་དང་གུས་པས་བྱས་ཏེ་སྦྱོར་བའི་ཕྱིར་རོ། །མི་བརྩོན་པ་ནི་དེ་དག་དང་བྲལ་བའོ། །བསགས་པ་ནི་རྟོགས་པར་རུང་བའོ། །མ་བསགས་པ་ནི་བཟློག་པའོ། །བསྟན་པར་ཞུགས་པ་ནི་ས་ལ་ཞུགས་པའོ། །རིང་དུ་སོང་བ་ནི་ས་ལྷག་མ་རྣམས་ལའོ ་མོས་པའི་བར་དུ་གཅོད་པ་ལ་ཚིགས་སུ་བཅད་པ་གསུམ་མོ། །ཡིད་ལ་མི་བྱེད་མང་བ་དང། །ལེ་ལོ་རྣལ་འབྱོར་འཁྲུགས་པ་དང། །གྲོགS་ངན་དགེ་བ་ཞན་པ་དང། །ཚུལ་བཞིན་མ་ཡིན་ཡིད་ལ་བྱེད། །སྐྱེས་པ་ལ་ནི་ཡིད་ལ་མི་བྱེད་པ་མང ་བ་འང?་དུ་གཅོད་དོ། །མ་སྐྱེས་པ་ལ་ནི་ལེ་ལོའོ། །གཟུང་བ་དང་འཛིན་པར་འགྱུར་བ་ལ་ནི་རྣལ་འབྱོར་འཁྲུགས་པ་སྟེ། །དེ་ཁོ་ན་བཞིན་དུ་མངོན་པར་ཞེན་པའི་ཕྱིར་རོ། །གྲོགS་པོ་ལས་བླངས་བ་ནི་གྲོགས་པོ་ངན་པ་སྟེ་ལོག་པར་འཛིན་དུ་འཇུག་བའི ་ཕྱིར་རོ། །བདག་ཉིད་མོས་པ་ལ་ནི་དགེ་བའི་རྩ་བ་ཉམ་ཆུད་བའོ། །མ་ནོར་བ་ལ་ཚུལ་བཞིན་པ་ཡིན་པ་ཡིད་ལ་བྱེད་པ་བར?་དུ་གཅོད་དེ། དེ་དང་འགལ་བའི་ཕྱིར་རོ། །བག་མེད་པ་དང་ཐོས་པ་ཉུང། །ཐོས་དང་བསམ་པ་ཉུང་དུས་མཆོག་།ཞི ་བཙམ་གྱི་ང་རྒྱལ་དང། །དེ་བཞིན་མ་འདྲིས་ཡིན་པར་འདོད། །མངོན་སུམ་པ་ལ་ནི་བག་མེད་པ་སྟེ། དེ་ནི་བག་ཡོད་པས་བྱས་པའི་ཕྱིར་རོ། །སྒྲ་ལས་བྱུང་བ་ནི་ཐོས་པ་ཉུང་བ་སྟེ། ངེས་པའི་དོན་གྱི་མདོ་སྡེ་མ་ཐོས་པའི་ཕྱིར་རོ། །ཚོལ་བ་པ་ལ ་ནི་ཐོས་པ་ཙམ་གྱི་ཆོག་པར་འཛིན་པ་དང། །བསམ་པ་ཉུང་དུས་ཚོག་བར་འཛིན་པའོ། །ལྟ་བ་པ་ལ་ནི་བསོམ་པ་ཙམ་གྱི་མཆོག་པར་འཛིན་པ་དང། ཞི་གནས་ཙམ་གྱིས་མངོན་པའི་ང་རྒྱལ་བྱེད་པའོ། །འཕྲོགས་བ་དང།། ་འདྲེས་པ་དག་ལ་ནི་མ་འདྲེས་པ་བར་དུ་གཅོད་དོ། །མི་སྐྱོ་བ་དང་དེ་བཞིན་སྐྱེ། །སྒྲིབ་བ་དང་ནི་མི་བརྩོན་པ། །ཚོགས་མ་བསགས་པ་མོས་པ་ཡི། །བར་དུ་གཅོད་པར་ཤེས་པར་བྱ། །དམན་པ་ལ་ནི་འཁོར་བ་ལས་མི་སྐྱོ་བའོ། །རྒྱ་ཆེན་པོ་ནི་སྐྱོ་བའོ།། ་མ་བསྒྲིབས་པ་ལ་ནི་སྒྲིབ་པའོ། །བརྩོན་པ་ལ་ནི་མི་བརྩོན་པའོ། །པ་སོགས་པ་ལ་ནི་མ་བསགས་བ་པར་དུ་གཅོད་དོ། །མོས་པའི་ཕན་ཡོན་ལ་ཚིགས་སུ་བཅད་པ་ལྔ་སྟེ། བསོད་ནམས་ཚེ་དང་འགྱོད་པ་མེད། །ཡིད་བདེ་བ་དང་བདེ་བ་ཆེ། །ཆུང་མི ་ཟ་དང་བསྟན་པ་དང། །དེ་བཞིན་ཁྱད་པར་འགྲོ་བ་དང། །ཆོས་ནི་མངོན་པར་རྟོགས་པ་དང། །བདག་དར་གཞན་དོན་ཁྱབ་པའི་མཆོག། མངོན་ཤེས་མྱུར་བདེ་དག་ནི། །མོས་པ་ཡིས་ནི་ཕན་ཡོན་ཡིན། །སྐྱེས་པ་ད་ལྟར་བྱུང་བའི་ནི་བསོང?་ནི་ས ་ཆེན་པོའོ། །འདས་པའི་ནི་འགྱོད་པ་མེད་པ་སྟེ། ཡིད་ལ་གཅགས་པ་མེད་པའི་ཕྱིར་རོ། །འཛིན་པ་དང་གཟུང་བར་གྱུར་པའི་ནི་ཡིད་བདེ་བ་ཆེན་པོ་སྟེ། ཏིང་ངེ་འཛིན་དང་ལྡན་པའི་ཕྱིར་རོ། །དགེ་བའི་གྲགས་པོས་བསྐྱེད་པའི་ནི་ཆུད་མ་ཟི། ་པའོ། །བདག་ཉིད་མོས་པའི་ནི་བསྟན་པའོ། །མནོར་པ་དང། མངོན་དུ་བ་དང། །ཐོས་པ་ལས་བྱུང་བ་ལ་སོགས་པ་ནས་འབྲིང་གི་བར་གྱི་ནི་ཁྱད་པར་དུ་འགྲོ་བའོ། །ཆེན་པོ་ནི་ཆོས་མངོན་པར་རྟོགས་པའོ། །ཐེག་པ་དམན་པའི་ནི། ་བདག་གི་དོན་ཐོབ་པའོ། །རྒྱ་ཆེན་པོའི་ནི་གཞན་གྱི་དོན་ཐོབ་པའི་མཆོག་གོ། མ་བསྒྲིབས་པ་དང། བརྩོན་པ་ལ་སོགས་པ་དཀར་པོའི་ཕྱོགས་རྣམས་ཀྱི་ཕན་ཡོན་ནི་མངོན་པར་ཤེས་པ་མྱུར་བ་ཉིད་དོ། །འདོད་པ་ཅན་གྱི་དེ་ཕྱི?་འདྲ། །ཏིང ་འཛིན་པའི་རུ་སྦལ་བཞིན། །རང་དོན་བྱེད་པའི་དེ་བྲན་འདྲ་།གཞན་དོན་བྱེད་པའི་རྒྱལ་པོ་བཞིན། །ཇི་ལྟར་ཁྱི་ནི་རྟབ་ཏུ་ལྟགས་ཤིང་སྡུག་བསྔལ་གྱི་ཉོན་ཚོག་མི་ཤེས། །ཇི་ལྟར་རུ་སྦལ་དེ་ནི་ཆུ་ཡིན་དན་ཀུན་ནས་བསྐུམས་ཤིང་འདུག་ཇི་ལྟར་དྲེན་ནི ་རྟག་ཏུ་འཇིགས་ཤིང་སྐྲག་པའི་ལུས་ཀྱི་རྣམ་པར་རྒྱུ། །ཇི་ལྟར་རྒྱལ་པོ་ཡང་ནི་བཀའ་ཡིས་ཡུལ་ལ་དབང་བསྒྱུར་གནས་པ་དང། །དེ་བཞིན་གཡོ་མ་དང་གནS་དང་རང་གཞན་ཕན་བྱེད་ན་བྱེད་པའོ། །མོས་པ་སྣ་ཚོགས་དག་གིས་རྟག་ཏུ་ཁྱད་པར་ཤེས་པར ་བྱ་?་ཐེག་པ་ཆེན་པོ་དེ་ལ་མཆོག་ཚུལ་བཞིན་རིག་ནས་ནི། །འདི་ན་བརྟན་པས་དེན?་དེ་ཉིད་རྟག་པར་རབ་ཏུ་ཚོལ། །ཡང་འདོད་པ་ཅན་རྣམས་ཀྱི་མོས་པ་ནི་ཁྱི?་དང་འདྲའོ། །འཇིག་རྟེན་པའི་ཏིང་ངེ་འཛིན་དང་ལྡན་པ་རྣམས་ཀྱི་ནི་རུ་སྦལ་བཞིན་ནོ། །རང་གི ་དོན་དང་ལྡན་པ་རྣམས་ཀྱི་ནི་བྲན་དང་འདྲའོ། །གཞན་གྱི་དོན་དང་ལྡན་པ་རྣམས་ཀྱི་ནི་རྒྱལ་པོ་བཞིན་ནོ། །དོན་དེ་ཉིད་གཞན་གྱིས་བསྟན་ནས་གཞན་གྱི་ཐེག་པ་ཆེན་པོ་ལ་མོས་པ་ཡང་དག་པར་ལེན་དུ་འཐུག་པ་ཡིན་ནོ། །མོས་པ་ལ་ཞུམ་པ་དགག་པར ་ཚིགས་སུ་བཅད་པ། གང་ཕྱིར་སེམས་ཅན་མིར་གྱུར་པ། ཚད་མེད་སྐད་ཅིག་རེ་རེ་ལ། །རྫོགས་པའི་བྱང་ཆུབ་ཐོབ་དེའི་ཕྱིར། །ཞུམ་པ་དང་དུ་བླང་མི་བྱ། །རྒྱུ་གསུམ་གྱིས་ཞུམ་པར་རིགས་པ་མ་ཡིན་ཏེ། འདི་ལྟར་མིར་གྱུར་པས་འཐོབ་པ་དང། དཔག་ཏུ་མེད ་པས་འཐོབ་པ་དང། རྟག་ཏུ་འཐོབ་པའོ། །མོས་པའི་བསོད་ནམས་ཀྱི་ཁྱད་པར་ལ་འཚིགས་སུ་བཅད་པ་གཉིས་ཏེ། གཞན་དག་ལ་ནི་ཟས་བྱིན་པའི། །བསོད་ནམས་འཕེལ་བ་ཇི་ལྟ་བར། །བདག་ཉིད་ཟ་བའི་མ་ཡིན་པ་།དེ་བཞིན་གཞན་དོན་རྟེན་གྱི ་ཆོས་པ་བསྟན་ལས་མོད་ལས་གསུངས་པ་ཡི། །བསོད་ནམས་ཆེར་འབྱུང་ཐོབ་པ་ལྟར། །རང་གི་དོན་གྱི་རྟེན་གྱི་ཆོས། །བསྟན་ལས་ཐོབ་པ་མ་ཡིན་ནོ། །ཇི་ལྟར་གཞན་གྱི་དོན་གྱི་དབང་དུ་བྱས་ནས། བཟས་ཕྱིན་པའི་བསོད་ནམས་སྐྱེ་བར་འགྱུར་བ་ལྟར? ་རང་གི་དོན་གྱི་དབང་དུ་བྱས་ནས་བདག་ཉིད་ཟ་བའི་མ་ཡིན་པ་དེ་བཞིན་དུ་གཞན་གྱི་དོན་གྱི་རྟེན་ཐེག་པ་ཆེན་པོའི་ཚེས་བསྟན་པ་ལ། ཐེག་པ་ཆེན་པོའི་མདོ་དེ་དང་དེ་དག་ལས་གསུངས་པའི་བསོད་ནམས་འབྱུང་བ་ཆེན་པོ་འཐོབ ་པ་ལྟར་རང་གི་དོན་གྱི་རྟེན་ཉན་ཐོས་ཀྱི་ཐེག་པའི་ཆོས་བསྟན་པ་ལས་ནི་མ་ཡིན་ནོ། །མོས་པའི་འབྲས་བུ་ཡོངས་སུ་བསྡུ་བར་ཚིགས་སུ་བཅང་པ། དེ་ལྟར་འཕགས་པ་ཆེན་པོའི་ཆོས་ནི་ཡོངས་གྱུར་ལ། །བློ་དང་ལྡན་པས་རྟག་ཏུ་མོས་པ་ཆེ ་བསྐྱེད་ན། །བསོད་ནམས་རྒྱ་ཆེན་རྒྱུན་མི་འཆད་དང་དེ་འཕེལ་དང། །ཡོན་ཏན་དཔག་ཏུ་མེད་པས་བདག་ཉིད་ཆེན་པོར་འགྱུར། །གང་ལ་དང་གང་ཞིག་དང་མོས་པ་ཇི་ལྟ་བུས་འབྲས་བུ་ཡོངས་སུ་འཛིན་པ་སྟེ། །ཐེག་པ་ཆེན་པའི་ཆོས་རྒྱ་ཆེན་པོ་ལ་བློ ་གྲོས་དང་ལྡན་པས་མོས་པ་ཡོངས་སུ་ཉམས་པར་མི་འགྱུར་བ་རྒྱ་ཆེན་པོས་འབྲས་བུ་རྣམ་པ་གསུམ་པོ་བསོད་ནམས་རྒྱ་ཆེན་པོ་འཕེལ་བ་དང། མོས་པ་དེ་ཉིད་འཕེལ་བ་དང། དེའི་རྒྱུ་ལས་བྱུང་བ་ཡོན་ཏན་མཚུངས་པ་མེད་པས་བདག་ཉིད་ཆེན་པོ ་སངས་རྒྱས་ཉིད་ཡོངས་སུ་འཛིན་ཏོ། །མོས་པའི་སྐབས་རྫོགས་སོ།། །།ཆོས་ཡོངས་སུ་ཚོལ་བའི་སྐབས་ལས། དམིགས་པ་ཡོངས་སུ་ཚོལ་བ་ལ་ཚིགས་སུ་བཅད་པ་བཞིའོ། །སྡེ་སྣོད་དག་ནི་གསུམ་སམ་གཉིས་ཀྱང་རུང།། ་བསྡུས་པའི་ཕྱིར་ཏེ་རྒྱུ་ནི་དགུས་འདོད་དོ། །དེ་ནི་བག་ཆགས་རྟོགས་དང་ཞི་བ་དང། །རབ་ཏུ་རྟོགས་པས་རྣམ་པར་གྲོལ་བར་བྱེད། །སྟེ་སྣོད་གསུམ་ནི། མདོ་སྡེ་དང། འདུལ་བ་དང། ཆོས་མངོན་པ་རྣམས་སོ། །གསུམ་བོ་དེ་དག་ཉིད་ཐེག་པ ་དམན་པ་དང། ཐེག་པ་མཆོག?་གི་བྱེ་བྲག་གིས་གཉིས་སུ་འགྱུར་ཏེ། །ཉན་ཐོས་ཀྱི་སྡེ་སྣོད་དང། །བྱང་ཆུབ་སེམས་དཔའ་ཨི་སྡེ་སྣོད་དོ། །གསུམ་པོ་འམ། གཉིས་པོ་དེ་ཡང་ཅིའི་ཕྱིར་སྡེ་སྣོད་ཅེས་བྱ་ཞེན། །སྨྲས་པ་བསྡུས་པའི་ཕྱིར ་ཏེ་ཤེས་བྱའི་དོན་ཐམས་ཅད་བསྡུས་པའི་ཕྱིར་རོ། །ཅིའི་ཕྱིར་གསུམ་ཡིན་ཞེ་ན། རྒྱ་དགུས་ཏེ། ཐེ་ཚོམ་གྱི་གཉེན་བོར་ནི་མདོ་སྡེ་སྟེ། གང་ཞིག་དོན་གང་ལ་ཐེ་ཚོམ་ཟ་བ་ངེས་པར་བྱ་བའི་ཆེད་དུ་བཤད་བའི་ཕྱིར་རོ། །མཛའ་གཉིས་ལ་སྦྱོར་བའི་གཉེན་པོར ་ནི་འདུལ་བ་སྟེ། ཁ་ན་མ་ཐོ་བ་དང་བཅས་པའི་ཡོངས་སུ་སྦྱད་པ་བཀག་པའི་སྒོ་ནས་འདོད་པའི་བསོད་ནམས་ལ་རྗེས་སུ་སྦྱོར་པའི་མཛའ་དང། ཁ་ན་མ་ཐོ་བ་མེད་པའི་ཡོངས་སུ་སྤྱད་བ་རྗེས་སུ་གནད་པའི་སྒོ་ནས་བདག་ཉིད་དུབ་པ་ལ་སྦྱོར་བའི་མཛའ་? ་རང་གི་ལྟ་པ་མཆོག་ཏུ་འཛིན་པའི་གཉེན་པོར་ནི་ཆོས་མངོན་པ་སྟེ། ཆོས་ཀྱི་མཚན་ཉིད་ཕྱིར་ཅི་མ་ལོག་པར་སྟོན་པའི་ཕྱིར་རོ། །ཡང་མདོ་སྡེས་ནི་བསླབ་པ་གསུམ་བཤད་དོ། །འདུལ་བས་ནི་ལྷག་པའོ་ཚུལ་ཁྲིམས་དང། ལྷག་པའི་སེམས་སྒྲུབ ་པ་ཡིན་ཏེ། ཚུལ་ཁྲིམས་དང་ལྡན་པ་ནི་འགྱོད་པ་མེད་པ་ལ་སོགས་པཱི་རིམ་གྱིས་ཏིང་ངེ་འཛིན་འཐོབ་པའི་ཕྱིར་རོ། །ཆོས་མངོན་པ་བས་ནི་ལྷག་པའི་ཤེས་རབ་བསྒྲུབས་པ་ཡིན་ཏེ། །དོན་ཕྱིན་ཅི་མ་ལོག་པར་རབ་ཏུ་འབྱེད་པའི་ཕྱིར་རོ། །ཡང་མདོ་སྡེས? ་ནི་ཆོས་དང་དོན་བཤད་དོ། །འདུལ་བས་ནི་ཆོས་དང་དོན་སྒྲུབ་པ་སྟེ། ཉོན་མོངས་པ་འདུལ་བ་ལ་རབ་ཏུ་བརྩོན་པས་དེ་གཉིས་རྟོགས་པའི་ཕྱིར་རོ། །ཆོས་མངོན་པས་ནི་ཆོས་དང་དོན་འབྲལ་བའི་གཏམ་རྣམ་པར་གཏན་ལ་དབབ་པ་ལ་མཁས་པ་སྟེ། ་རྒྱུ་དགུ་པོ་འདི་དག་སྡེ་སྣོད་གསུམ་དུ་འདོད་དོ། །དེ་ཡང་འཁོར་བ་ལས་རྣམ་པར་གྲོལ་བར་བྱ་བའི་ཐ་ཚིག་ཡིན་ཏེ། དེས་ཇི་ལྟར་རྣམ་པར་གྲོལ་པར་བྱེད་ཅེ་ན། དེས་ནི་བག་ཆགས་རྟོགས་རང་ཞི་བ་དང། །རབ་ཏུ་རྟོགས་དང་རྣམ་པར་གྲོལ་པར་བྱེད། །ཐོས ་པས་ནི་སེམས་ལ་བག་ཆགས་ཀྱི་སྒོ་ནས་སོ། །བསམ་པས་ནི་རྟོགས་པར་བྱེད་པའི་སྒོ་ནས་སོ། །བསྒོམས་པས་ནི་ཞི་གནས་གྱིས་ཞི་བར་བྱེད་པའི་སྒོ་དང། ལྷག་མཐོང་གིས་རབ་ཏུ་རྟོགས་པའི་སྒོ་ནས་སོ། །མདོ་དང་ཆོས་མངོན་འདུལ་བ་དག་།མདོར་ན ་དོན་ནི་རྣམ་བཞིར་འདོད། །བློ་དང་ལྡན་པས་དེ་ཤེས་ནས། །རྣམ་པ་ཐམས་ཅད་མཁྱེན་བ་འཐོབ། །མདོ་སྡེ་དང། ཆོས་མངོན་བ་དང། འདུལ་བ་དེ་དག་ནི་མདོར་བསྡུས་ན། སོ་སོ་རེ་རེ་ཞིང་དོན་རྣམ་པ་བཞི་བཞི་སྟེ། བྱང་ཆུབ་སེམས་? ་དེ་རྣམས་ཤེས་ནས་ཐམས་ཅད་མཁྱེན་པ་ཉིད་འཐོབ་པོ། །ཉན་ཐོས་ཀྱིས་ནི་ཚིགས་སུ་བཅད་པ་གཅིག་གི་དོན་ཤེས་པས་ཀྱང་ཟག་པ་ཟང་པ་འཐོབ་པོ། །གནས་རྣམས་དང་ནི་མཚན་ཉིད་དང། ཆོས་དོན་སྨོས་ཕྱིར་མོང?་ཡིན་ནོ། །མངོན ་དུའི་ཕྱིར་དང་ཡང་ཡང་དང། །ཟིལ་གནོན་རྟོགས་ཕྱིར་མངོན་པའི་ཆོས། །ཇི་ལྟར་ན་སོ་སོ་རེ་རེ་ཞིང་དོན་རྣམ་པ་བཞི་ཡིན་ཞེ་ན། གནས་དང་མཚན་ཉིད་དང་ཆོས་དང་དོན་སྨོས་པའི་ཕྱིར་མདོ་སྡེ་སྟེ། དེ་ལ་གནས་ན་ཡུལ་གང་དུ། །གང ་གིས་གང་གི་ཕྱིར་བཤད་པའོ། །མཚན་ཉིད་ནི་ཀུན་རྫོབ་ཀྱི་བདེན་པའི་མཚན་ཉིད་དང། དོན་དམ་པའི་མཚན་ཉིད་དོ། །ཆོས་ནི་ཕུང་པོ་དང། ཁམས་དང། སྐྱེ་མཆེད་དང་ཟས་དང་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་སོགས་པ་རྣམས? ་སོ། །དོན་ནི་དགོངས་པའོ། །མངོན་དུའི་ཕྱིར་དང། ཡང་དང་ཡང་གི་ཕྱིར་དང། ཟིལ་གྱིས་གནོན་པའི་ཕྱིར་དང། རྟོགས་པའི་ཕྱིར་ཆོས་མངོན་པ་ཡིན་པར་རིག་པར་བྱ་སྟེ། མྱ་ངན་ལས་འདས་ལ་མངོན་དུ་ཕྱོགས་པའི་ཆོས་ནི་ཆོས། ་མངོན་པ་སྟེ། བདེན་པ་དང། བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པ་དང། རྣམ་པར་ཐར་པའི་སྒོ་ལ་སོགས་པ་སྟོན་པའི་ཕྱིར་རོ། །ཡང་དང་ཡང་དུ་སྟོན་པའི་ཆོས་མངོན་པ་སྟེ། ཆོས་རེ་རེ་ལ་ཡང་གཟུགས་ཅན་དང། གཟུགས་ཅན་མ་ཡིན ་པ་དང། བསྟན་དུ་ཡོད་པ་ལ་སོགས་པའི་བྱེ་བྲག་གིས་མང་དུ་སྟོན་པའི་ཕྱིར་རོ། །ཟིལ་ཀྱིས་གནོན་པའི་ཆོས་ནི་ཆོས་མངོན་པ་སྟེ། བརྩད་པ་དང་བརྩད་པའི་བཞི་ལ་སོགས་པས་ཕས་ཀྱི་རྒོལ་བཟིལ་གྱིས་གནོན་པའི་ཕྱིར་རོ། །འདིས་ནི་མདོ ་སྡེའི་དོན་རྟོགས་པར་འགྱུར་བས་ན་ཆོས་མངོན་པའོ། །ལྟུང་དང་འབྱུང་དང་ལྡང་བ་དང། །ངེས་པར་འབྱུང་དང་གང་ཟག་དང། །བཅས་པར་དང་ནི་རབ་དབྱེ་དང། །རྣམ་པར་རེས་ཕྱིར་འདུལ་བ་ཉིད། །ལྟུང་བ་དང། འབྱུང་བ་དང། ལྡང་བ་དང། ངེས་པར་འབྱུང་བའི ་སྒོ་ནས་འདུལ་བ་ཡིན་པར་རིག་པར་བྱ་སྟེ། དེ་ལ་ལྟུང་པ་ནི་ལྟུང་བའི་རིས་ལྔའོ། །ལྟུང་བ་རྣམས་འབྱུང་བ་ནི་མི་ཤེས་པ་དང། པག་མེད་པ་དང། ཉོན་མོངས། པ་མང་བ་དང། མ་གུས་པ་ལས་སོ། །ལྡང་བ་ནི་བསམ་པས་ཡིན་བྱ?་ཆད་པའི་ལས་ཀྱིས་མི ་མ་ཡིན་ནོ། །ངེས་པར་འབྱུང་བ་ནི་རྣམ་བ་བདུན་ཏེ། བཤགས་པ་དང། བསླབ་པ་སྦྱིན་པ་ལ་སོགས་པ་ཆད་པའི་ཁས་ལེན་པ་དང། བསླབ་པ་བཅས་པ་ལ་རྣམ་གྲངས་ཀྱིས་གནང་པའི་ཕྱིར་གློད་པ་དང། དགེ་འདུན་ཚོགས་པས་བསླབ་པའི་གཞི ་བག་ཡངས་སུ་བྱས་པའི་ཕྱིར་བག་ཡོངས་སུ་བྱས་པ་དང། དགེ་སློང་དང་དགེ་སློང་མ་དག་ཕོ་མོས་ཀྱི་མཚན་གྱུར་པ་ན་ལྟུང་བ། ཐུན་མོང་མ་ཡིན་པ་ནི་རྟེན་ཡོངས་སུ་གྱུར་པ་དང། ཆོས་ཀྱི་སྡོམ་གྱི་རྣམ་པ་སོ་སོར་རྟོག་པའི་ཁྱད་པར་ཏེ། ཡང་དག ་པར་སོ་སོར་རྟོག་པ་དང་བདེན་པ་མཐོང་བས་ལྟུང་པ་ཕྲ་མོའི་ཡང་ཕྲ་མོ་མེད་པའི་ཆོས་ཉིད་ཐོབ་པའི་ཕྱིར་ཆོས་ཉིད་ཐོབ་པའོ། །ཡང་དོན་རྣམ་པ་བཞིས་འདུལ་བ་ཡིན་པར་བྱ་སྟེ། གང་ཟག་ལས་ནི་གང་ལ་བརྟེན་ནས་བསླབ་པ་འཆའ་བའ་ཨོ། །བཅས ་པ་ལས་ནི་ནམ་གང་ཟས་གི་ཉེས་པ་གསོལ་བ་ན། སྟོན་པས་དགེ་འདུན་བསྡུས་ཏེ་བརླབ་པ་འཆའ་བར་མཛད་པའོ། །རབ་ཏུ་དབྱེ་བ་ལས་ནི་གང་བསླབ་པའི་གཞི་བཅས་པ་ལས་མདོར་བསྟན་པ་སྟེ་རྣམ་པར་ངེས་པ་ལས་ནི་དེ་ལ་ལྟུང་བ་འམ་ལྷུར ་?་མེད་པ་ནི་ཇི་ལྟ་བུ་ཞེས་ངེས་པར་འཛིན་པའི་ཕྱིར་རོ། །དམིགས་པ་རྙེད་པ་ཡོངས་སུ་ཚོལ་བ་ལ་ཚིགས་སུ་བཅད་པ་གསུམ་མོ། །དམིགས་པ་ཆོས་དང་ནང་དང་ནི། །ཕྱི་དང་གཉིས་ནི་ཡིན་པར་འདོད། །དོན་གཉིས་ཀྱིས་ནི་གཉིས་པོ་རྙེད། །གཉིས་པོ་དག ་ནི་མི་དམིགས་པས། །དམིགས་པ་ཆོས་ནི་བཤད་པ་གང་ཡིན་པའོ། །ལུས་ལ་སོགས་པ་ནི་ནང་དང་ཕྱིར་རོ། །དེ་ལ་འཛིན་པར་གྱུར་པའི་ལུས་ལ་སོགས་པ་ནི་ནང་སྟེ་དམིགས་པ་ཆོས་སོ། །གཟུང་བར་བྱུང་བ་ནི་ཕྱིའོ། །དེ་དག་ཉིད་ཀྱི་དེ་བཞིན ་ཉིད་གཉིས་སོ། །དེ་ལ་ནང་དང་ཕྱིའི་དམིགས་པ་གཉིས་ནི་དོན་གཉིས་ཀྱིས་གོ་རིམ་བཞིན་དུ་རྙེད་དེ། །གལ་ཏེ་བཟུང་བའི་དོན་ལས་འཛིན་པའི་དོན་ཐ་མི་དད་པར་མཐོང་བ་འམ། འཛིན་པའི་དོན་ལས་གཟུང་བའི་དོན་ཐ་མི་དད་པར་མཐོང་ནའོ། །ཕྱི་ནང་གི་དམིགས་པ ་གཉིས་པོ་ཐམས་ཅད་ཀྱི་དེ་བཞིན་ཉིད་རྙེད་པ་དེ་གཉིས་ཉིད་མི་དམིགས་པ་ལས་རིགས་པར་བྱའོ། །ཡིད་ཀྱི་བརྗོད་པས་བཤད་བཞིན་དོན། །རབ་དང་དོན་དུ་སྣང་བ་ནི། །བརྗོད་ལས་ཡིན་པར་རབ་འཛིན་ཕྱིར། སེམས་ནི་མིང་ལ་གནས་པཱ་ཕྱིར། །ཐོས་ལ་སོགས་བཱ་ཤེས ་བསུམ་གྱི། །ཆོས་ཀྱི་དམིགས་པ་རྙེད་པར་འགྱུར། །དམིགས་པ་རྣམ་པ་གསུམ་རྙེད་པ། །སྔར་བཤད་དེ་ལ་ཡང་དག་བརྟེན། །ཆོས་པ་དམིགས་པ་རྙེད་པ་ནི། །ཐོས་པ་དང་བསམ་པ་དང། བསྒོམ་པ་ལས་བྱུང་བའི་ཤེས་པ་གསུམ་གྱིས་འགྱུར་རོ། །དེ ་ལ་མཉམ་བར་བཞག་པའི་སེམས་ཀྱིས་ཡིད་ཀྱི་བརྗོད་པ་དག་གིས་ཇི་སྐད་བཤད་པའི་དོན་ལ་རབ་ཏུ་འཛིན་པའི་ཕྱིར། །ཐོས་པ་ལས་བྱུང་བའི་ཤེས་པས་དེ་རྙེད་དེ། ཡིད་ཀྱི་བརྗོད་པ་དག་གིས་ཞེས་བྱ་བ་ནི་ཡང་དག་བར་རྟོག་པ་དག་གིས་སོ། ། ་རབ་ཏུ་དང་བ་ནི་མོས་པ་སྟེ་ངེས་པའོ། །རབ་ཏུ་འཛིན་པའི་ཕྱིར་ཞེས་བྱ་བ་ནི་རབ་ཏུ་རྣམ་པར་འབྱེད་པའི་ཕྱིར་རོ། །དོན་དུ་སྣང་བ་ནི་བརྗོད་པ་ལས་ཡིན་པར་རབ་ཏུ་འཛིན་པའི་ཕྱིར་བསམས་པ་ལS་བྱང་བའི་ཤེས་པས་དེ་རྙེད་དེ། །གལ་ཏེ་ཡིད ་ཀྱིས་བརྗོད་པ་ཁོ་ན་ལས་དོན་འདི་སྣང་གི། དམིགས་པ་གཉིས་རྙེད་པ་ལས་ཇི་སྐད་བཤད་པ་ལྟར་ཡིད་ཀྱི་བརྗོད་པ། ལས། གཞན་པ་ནི་མ་ཡིན་ནོ། །ཞེས་བྱ་བར་མཐོང་ནའོ། །སེམས་མིང་ལ་གནས་པའི་ཕྱིར་བསྒོམས་པ་ལས་བྱུང་བའི་ཤེS ་པས་དེ་སྙེད་པར་རིག་པར་བྱ་སྟེ། གཉིས་མི་དམིགས་པས་རྙེད་པ་ལས་ཇི་སྐད་བཤད་པ་ལྟར་གཉིས་མི་དམིགས་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་དམིགས་པ་རྣམ་པ་གསུམ་རྙེད་པ་སྔར་བཤད་པ་དེ་ནི་ཆོས་ཀྱི་དམིགས་པ་བརྙེད་པ་ལ་ཡང་དག་པར་བརྟེན་པ་ཡིན ་པར་རིག་པར་བྱའོ། །ཡིད་ལ་བྱེད་པ་ཡོངས་སུ་ཚོལ་བ་ཚིགས་སུ་བཅད་བ་ལྔ་སྟེ། རིགས་གསུམ་བ་དང་བྱ་བ་བྱེད། །མི་གནོད་རྟེན་བཅས་གཞན་ཡིན་ཏེ། །མོས་པ་འཇོག་པར་བྱེད་དང་གཞན། །འདུན་པ་དྲག་པོར་བྱེད་པ་དང། །དམན་དང་རྫོགས་རྟེན་རྣམ་པ་གཉིས ་བརྗོད་དང་བཅས་དང་བརྗོད་མེད་ཉིད། །ཤེས་པ་དང་ནི་མཚུངས་ལྡན་པ། །རྣལ་འབྱོར་གྱུར་ག་བཅས་བ་དང། །དེ་ནི་འདྲེས་ལ་དམིགས་པ་དང། །མ་འདྲེས་པ་ལ་དམིགས་པ་མེད། །རྣམ་པ་ལྔ་དང་རྣམ་བདུན་ཉིད། །འདི་ཡི་ཡོངས་སུ་ཤེས་པ་ལྔ། །རྣམ་པ་བསྒོམ ་དང་ལྡན་པ་ནི། བཞི་དང་སུམ་ཅུ་རྩ་བདུན་ནོ། །དེ་ནི་ལམ་གཉིས་རང་བཞིན་ཏེ། ཕན་ཡོན་གཉིས་དང་ནོད་པ་དང། །སྦྱོར་བ་པ་དང་དབང་བསྒྱུར་དང། །ཆུང་དང་རྒྱ་ཆེའི་བདག་ཉིད་དེ། །རྣལ་འབྱོར་རྣམས་ཀྱི་ཡིད་བྱེད་འདི། །ཐམས་ཅད་བདག། ་ཉིད་ཡིད་པར་འདོད། །རྣལ་འབྱོར་ཡིད་ལ་བྱེད་པ་ནི་རྣམ་པ་བཅོ་བརྒྱད་དེ། རིགས་ངེས་པ་དང། བྱ་བ་བྱེད་པ་དང། རྟེན་རྣམ་པར་དབྱེ་བ་དང། མོས་པ་འཇོག་པར་བྱེད་པ་དང། འདུན་པ་སྐྱེད་པར་བྱེད་པ་དང། ཏིང་ངེ་འཛིན་ལ་བརྟེན་པ་དང། ཤེས ་པ་དང་མཚུངས་པར་ལྡན་པ་དང། འདྲེས་པ་ལ་དམིགས་པ་དང། མ་འདྲེས་པ་ལ་དམིགས་པ་དང། ཡོངས་སུ་ཤེས་པ་ངེས་པ་དང། སྒོམ་པའི་རྣམ་པ་ལ་ཞུགས་པ་དང། ཞི་གནས་དང་ལྷག་མཐོང་གི་ལམ་གྱི་རང་བཞིན་དང། ཕན་ཡོན་ཡིད་ལ་བྱེད་པ ་དང། ནོད་པར་བྱེད་པ་དང། སྦྱོར་བའི་ཡིད་ལ་བྱེད་པ་དང། དབང་བསྒྱུར་བའི་ཡིད་ལ་བྱེད་པ་དང། ཆུང་དུ་ཡིད་ལ་བྱེད་པ་དང། རྒྱ་ཆེན་པོ་ཡིད་ལ་བྱེད་པའོ། །དེ་ལ་རིགས་དེས་པ་ནི་ཉན་ཐོས་ལ་སོགས་པའི་རེས་སུ་ངེས་པ་ཡིན་པའོ། །བྱ་བ་བྱེ་ ་པ་ནི་ཚོགས་བསགས་པའི་གང་ཡིན་པའོ། །རྟེན་རྣམ་པར་དབྱེ་བ་ནི་གནོད་བ་དང་བཅས་པ་ཁྱིམ་ན་གནས་པའི་རྟེན་ཅན་དང། གནོད་པ་མེད་པ་རབ་ཏུ་འབྱུང་བའི་རྟེན་ཅན་གང་ཡིན་པའོ། །མོས་པས་འཇོག་པར་བྱེད་པ་ནི་སངས་རྒྱས ་རྗེས་སུ་དྲན་པ་དང་ལྡན་པ་གང་ཡིན་པའོ། །འདུན་པ་སྐྱེད་པར་བྱེད་པ་ནི་དེ་ལ་ཡིད་ཆོས་པ་དང་ལྡན་པ་གང་ཡིན་པའོ། །ཏིང་ངེ་འཛིན་ལ་བརྟེན་པ་ནི་ཉེར་བསྡོགས་དང་དངོས་གཞིའི་ཏིང་ངེ་འཛིན་དང་ལྡན་པ་གང་ཡིན་པ་སྟེ། རྟག་པ་དང་བཅས ་དཔྱོད་པ་དང་བཅས་བ་སྟེ། རྟོག་པ་མེད་པ་ལ་བྱོར་པ་ཙམ་དང། རྟོག་པ་ཡང་མེད་དཔྱོད་པ་ཡང་མེད་པའོ། །ཤེས་པ་དང་མཆུངས་པར་ལྡན་པ་ནི་རྣལ་འབྱོར་གྱི་རྒྱུ་དང། རྣལ་འབྱོར་གི་ཤེས་པ་དང་བཅས་པ་གང་ཡིན་པ་སྟེ། དེ་ཡང་གོ་རིམ་བཞིན་དུ ་ཐོས་པ་དང་བསམ་པ་ལས་བྱུང། བ་དང། བསྒོམས་པ་ལས་བྱུང་པའོ། །འདྲེས་པ་ལ་དམིགས་བ་ནི་རྣམ་པ་ལྔ་སྟེ་མདོ་དང་སྡོམ་གྱི་ཚིགས་སུ་བཅད་པ་དང། ཉེ་བར་བསྟོད་པ་དང། ཇི་སྙེད་བཟུང་བ་དང། ཇི་སྙེད་བསྟན་པ་ལ་དམིགས། ་པའོ། །མ་འདྲེས་པ་ལ་དམིགས་པ་ནི་རྣམ་པ་བདུན་ཏེ། མིང་ལ་དམིགས་པ་དང། ཚིགས་ལ་དམིགས་པ་དང། ཡི་གེ་ལ་དམིགས་པ་དང། གང་ཟག་ལ་བདག་མེད་པ་ལ་དམིགས་པ་དང། ཆོས་ལ་བདག་མེད་པ་ལ་དམིགས་པ་དང།། ་གཟུགས་ཅན་གྱི་ཆོས་ལ་དམིགས་པ་དང། གཟུགས་ཅན་མ་ཡིན་པའི་ཆོས་ལ་དམིགས་པའོ། །དེ་ལ་གཟུགས་ཅན་གྱི་ཆོས་ལ་དམིགས་པ་ནི། ལུས་ལ་དམིགས་པ་གང་ཡིན་པའོ། །གཟུགས་ཅན་མ་ཡིན་པའི་ཆོས་ལ་དམིགས་པ ་ནི་ཚོར་བ་དང། སེམས་དང། ཆོས་ལ་དམིགས་པའོ། །ཡོངས་སུ་ཤེས་པ་ངེས་པ་ནི་ཡོངས་སུ་ཤེས་པར་བྱ་བའི་གཞི་དང། ཡོངས་སུ་ཤེས་པར་བྱ་བའི་དོན་དང། ཡོངས་སུ་ཤེས་པ་དང། ཡོངས་སུ་ཤེས་པའི་འབྲས་བུ་དང། དེ་རབ་ཏུ་རིག་པ ་རྣམས་ལ་སྟེ། དེ་ལ་ཡོངས་སུ་ཤེས་པར་བྱ་བའི་གཞི་ནི་སྡུག་བསྔལ་ལོ། །ཡོངས་སུ་ཤེས་པར་བྱ་བའི་དོན་དེ་ཉིད་ལ་མི་རྟག་པ་དང། སྡུག་བསྔལ་བ་དང། སྟོང་པ་དང་བདག་མེད་པའོ། །ཡོངས་སུ་ཤེS་པ་ནི་ལམ་མོ། །ཡོངས་སུ་ཤེས་པའི་འབྲས་བུ་ནི་རྣམ་པར ་གྲོལ་བའོ། །དེ་རབ་ཏུ་རག་པ་ནི་རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བྲའོ། །སྒོམ་པའི་རྣམ་པ་ལ་ཞུགས་པ་ནི། རྣམ་པ་བཞི་པ་སྒོམ་པ་དང། རྣམ་པ་སུཾ་ཅུ་རྩ་བདུན་བསྒོམ་པའོ། །དེ་ལ་རྣམ་པ་བཞི་བསྒོམ་པ་ནི་།གང་ཟག་ལ་བདག་མེད་པའི་རྣམ་པ ་བསྒོམ་པ་དང། ཆོས་ལ་བདག་མེད་པའི་རྣམ་པ་བསྒོམ་པ་དང། མཐོང་བའི་རྣམ་པ་བསྒོམ་པ་དང། ཤེས་པའི་རྣམ་པ་བསྒོམ་པའོ། །དེ་ལ་རྣམ་པ་སུམ་ཅུ་རྩ་བདུན་བསྒོམ་པ་ནི། མི་སྡུག་པའི་རྣམ་པ་བསྒོམ་པ་དང། སྡུག་བསྔལ་གྱི་རྣམ?་པ་བསྒོམ་པ ་དང་?་མི་རྟག་པའི་རྣམ་པ་བསྒོམ་པ་དང། བདག་མེད་པའི་རྣམ་པ་བསྒོམ་པའི་དྲན་པ་ཉེ་བར་བཞག་པ་དག་གིས་དུས་ནའོ། །འཐོབ་པའི་རྣམ་པ་བསྒོམ་པ་དང། བསྟེན་པའི་རྣམ་པ་བསྒོམ་པ་དང། བསལ་བའི་རྣམ་པ་བསྒོམ་པ་དང། གཉེན་པའི་རྣམ ་པ་བསྒོམ་པ་ནི་ཡང་དག་པར་སྤོང་བ་དག་གིས་དུས་ནའོ། །མཆོག་པར་འཛིན་པའི་གཉེན་པོ་ཡིད་ལ་བྱེད་པ་བསྒོམ་པ་ནི་གང་གིས་ཚེ་འདུན་པ་བསྐྱེད་པར་བྱེད་པ་ནང?། །རྣམ་པར་གཡེང་བ་དང། ཐེ་ཚོམ་གྱིས་གཉེན་པོ་ཡིད་ལ་བྱེད་པ་བསྒོམ་པ ་ནི་གང་གིས་ཚེ་འབང་པར་བྱེད། བརྩོན་འགྲུས་རྩོམ་པར་བྱེད་པ་ན་སྟེ། གོ་རིམ་བཞིན་ནོ། །རྒོད་པའི་གཉེན་པོ་ཏིང་ངེ་འཛིན་གྱི་རྣམ་པ་བསྒོམ་པ་ནི་གང་གིས་ཚེ་སེམས་རབ་ཏུ་འཛིན་པ་ནའོ། །ཞུམ་པའི་གཉེན་པོ་ཏིང་ངེ་འཛིན་གྱིས་རྣམ ་པ་བསྒོམ་པ་ནི་གང་གིས་ཚེ་ཡང་དག་པར་རབ་ཏུ་འཇོག་པ་ན་སྟེ། །འདི་དག་ནི་གོ་རིམ་བཞིན་དུ་རྫུ་འཕྲུལ་གྱི་རྐང་པ་བཞི་པོ་དག་གིས་དུས་ན་རིག་པར་བྱའོ། །སེམས་གནས་པ་འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པ་ལ་ཡིད་ཆེས ་པའི་རྣམ་པ་བསྒོམ་པ་དང། ཇི་ལྟར་ཡིད་ཆེས་པའི་རྣམ་པ་བསྒོམ་པ་དེ་བཞིན་དུ་འབད་པའི་རྣམ་པ་བསྒོམ་པ་དང། ཆོས་མི་བརྗོད་པའི་རྣམ་པ་སྒོམ་བ་དང། སེམས་གནས་པའི་རྣམས་སྒོཾ་པ་དང། རབ་ཏུ་རྣམ་པར་འབྱེད ་པའི་རྣམ་པ་བསྒོམ་བ་ནི་དབང་པོ་དག་གིས་དུས་ནའོ། །ཡིད་ལ་བྱེད་པ་ལྔ་པོ་དེ་དག་ཉིད་མི་མཐུན་པའི་ཕྱོགས་སྤངས་པ་ནི་སྟོབས་དག་གི་དུས་ནའོ། །རྫོགས་པའི་བྱང་ཆུབ་ཏུ་སྣང་བའི་རྣམ་པའི་བསྒོམ་པ་དང། དེ་ཉིད་ལ་རྣམ་པར་འབྱེད་པ་དང། སྤྲོས་པ ་དང་ཡིད་བདེ་བ་དང། ལས་སུ་རུང་བ་དང། སེམས་གནས་པ་དང། མཉམ་པ་ཉིད་ཀྱི་རྣམ་པ་བསྒོམ་པ་ནི་བྱང་ཆུབ་ཀྱི་ཡན་ལག་བདུན་དག་གིས་དུས་ནའོ། །ཐོབ་པར་ངེས་པའི་རྣམ་པ་བསྒོམ་པ་དང། ཡོངས་སུ་སྤྱོད་བའི་ཤེས་པའི་རྣམ་པ་བསྒོམ་པ ་དང། གཞན་ལ་གོ་བར་བྱེད་པའི་རྣམ་པ་བསྒོམ་པ་དང། འཕགས་པ་དགྱེས་པའི་ཚུལ་ཁྲིམས་ལ་ཞུགས་པའི་རྣམ་པ་བསྒོམ་པ་དང། ཡོ་བྱད་བསྙུངས་བའི་ཚུལ་ཀུན་ཏུ་སྤྱོད་བའི་རྣམ་པ་བསྒོམ་པ་དང། སྔོན་བསྒོམS་པས་ཐོབ་པའི་ལམ་གོམས ་པའི་རྣམ་པ་བསྒོམ་པ་དང། ཆོས་ལ་གནས་པའི་རྒྱུ་མཚན་མི་བརྗོད་པའི་རྣམ་པ་བསྒོམ་པ་དང། མཚན་མ་མེད་པ་ལ་སེམས་གནས་པས་གནས་ཡོངས་སུ་གྱུར་པའི་རྣམ་པ་བསྒོམ་པ་ནི། ལམ་གྱི་ཡན་ལག་གིས་དུས་ནའོ། །ཞི་གནས་དང་ལྷག ་མཐོང་བསྒོམ་བ་ལམ་གྱི་རང་བཞིན་དག་ལ་ནི་བཤད་པ་གང་ཡང་མེད་དོ། །ཕན་ཡོན་ཡིད་ལ་བྱེད་བ་ནི་རྣམ་པ་གཉིས་ཏེ། གནས་ངན་ལེན་སེལ་བ་དང། ལྟ་བའི་མཚན་མ་སེལ་བའོ། །ནོད་པར་བྱེད་པ་ནི་སངས་རྒྱས་དང་བྱང་ཆུབ་སེམས ་དཔའ་རྣམས་ལ་ཆོས་ཀྱི་རྒྱུན་གྱི་གདམ་ངག་གནོད་པར་བྱེད་པའང་ཡིན་པའོ། །སྦྱོར་བའི་ཡིད་ལ་བྱེད་བ་ནི་རྣམ་པ་ལྔ་སྟེ། ཏིང་ངེ་འཛིན་གྱི་སྤྱོད་ཡུལ་གྲངས་ཉེ་བར་རྟོག་པ་སྦྱོར་བ་པ་ནི་གང་གིས་མདོ་ལ་སོགས་པ་ལ་མིང་དང་ཚིག་དང། ཡི་གེའི ་གྲངས་ཉེ་བར་རྟོགས་པར་བྱེད་པའོ། །གནས་པ་ཉེ་བར་རྟོགས་པར་སྦྱོར་བ་པ་ནི་གང་གིས་གནས་རྣམ་པ་གཉིས་ཉེ་བར་རྟོག་པར་བྱེད་པ་སྟེ། ཚད་ཡོད་པར་གནས་པ་ནི་ཡི་གེ་རྣམས་སོ། །ཚད་མེད་པར་གནས་པ་ནི་མིང་དང་ཚིག་དག་གོ་།ཀུན་ཏུ་རྟོག་བ་ཉེ་བར་རྟོག་པ་སྦྱོར ་བ་པ་ནི། གང་གིས་གཉིས་ལ་བརྟེན་ནས་གཉིས་སུ་ཀུན་ཏུ་རྟོག་པ་ཉེ་བར་རྟོག་པར་བྱེད་པ་སྟེ། མིང་དུ་ཀུན་ཏུ་རྟོག་པ་ལ་བརྟེན་ནས་དོན་དུ་ཀུན་ཏུ་རྟོག་པ་དང། དོན་དུ་ཀུན་ཏུ་རྟོག་པ་ལ་བརྟེན་ནས། མིང་དུ་ཀུན་ཏུ་རྟོག་པའོ། །ཡི་གེ་ནི་ཀུན་བརྟག་པར་བྱ་བ་མ་ཡིན་ནོ། ། ་རིམS་པ་ཉེ་བར་རྟོག་པ་སྦྱོར་བ་པ་ནི་གང་གིས་མིང་འཛིན་པ་སྔོན་དུ་འགྲོ་བ་ཅན་གྱི་དོན་འཛིན་པ་འཇུག་པ་ཉེ་བར་རྟོག་པར་བྱེད་པའོ། །རྟོགས་པ་སྦྱོར་བ་པ་ནི་རྣམ་པ་བཅུ་གཅིག་ཏུ་རིག་པར་བྱ་སྟེ། གློ་བུར་བ་ཉིད་རྟོགས་པ་དང། སྣང་བའི་རྒྱུ་མཚན་རྟོགས་པ ་དང། དོན་མི་དམིགས་པ་རྟོགS་པ་དང། དམིགས་པ་མི་དམིགས་པ་རྟོགས་པ་དང། ཆོས་ཀྱི་དབྱིངས་རྟོགས་པ་དང། གང་ཟག་ལ་བདག་མེད་པ་རྟོགས་པ་དང། ཆོས་ལ་བདག་མེད་པ་རྟོགས་པ་དང། བསམ་པ་དམན་བ་རྟོགས་པ་དང། ཡངས་ཤིང་བདག ་ཉིད་ཆེན་བོའི་བསཾ་པ་རྟོཌ་པ་དང། ཇི་ལྟར་རྟོཌ་པའི་ཆོས་རྣཾ་པར་བཞག་པ་རྟོཌ་པ་དང། ཆོས་རྣཾ་པར་བཞག་པ་རྟོཌ་པའོ། །དབང་བསྒྱུར་པའི་ཡིད་ལ་བྱེད་པ་ནི་རྣམ་པ་གསུམ་སྟེ། ཉོན་མོངས་པའི་བསྒྲིབ་པ་ཤིན་ཏུ་རྣམ་པར་དག་པ་དང། ཤེས་བྱའི་སྒྲིབ་པ་ཤིན་ཏུ་རྣམ་པར་དག་པ ་དང། ཡོན་ཏན་མངོན་པར་སྒྲུབ་པ་ནི་ཤིན་ཏུ་རྣམ་པར་དག་པའོ། །ཆོས་ཀྱི་དེ་ཁོ་ན་ཉིད་ཀྱི་དོན་ཡོངས་སུ་ཚོལ་བ་ལ་ཚིགས་སུ་བཅད་པ་གཉིས་སོ། །རྟག་ཏུ་གཉིས་བྲལ་འཁྲུལ་པའི་རྟེན་གང་ཡིན་དང་གང་ཞིག་རྣམ་ཀུན་ཏུ། །བརྗོད་པར་ནུས་མ་ཡིན་ཞིང་སྤྲོས་པའི ་བདག་ཉིད་དེ་ཁོ་ན། །ཤེས་བྱ་སྤང་བྱ་རང་བཞིན་དྲི་མེད་འདོད་གང་རྣམ་པར་སྦྱང་བྱ་སྟེ། །དེ་ནི་ནམ་མཁའ་གསེར་དང་ཆུ་ལྟར་ཉོན་མོངས་པ་ལས་རྣམ་དག་འདོད། །དེ་ཁོ་ན་ཉིད་རྟག་ཏུ་གཉིས་དང་བྲལ་བ་ནི་ཀུན་བརྟཌ་པའི་ངོ་བོ་ཉིད་ཡིན་ཏེ། གཟུང་བ་དང་འཛིན་པའི ་མཚན་ཉིད་དུ་གཏན་མེད་པའི་ཕྱིར་རོ། །འཁྲུལ་པའི་རྟེན་ནི་གཞན་གྱི་དབང་སྟེ། དེས་དེར་ཀུན་ཏུ་རྟོག་པའི་ཕྱིར་རོ། །བརྗོད་དུ་མེད་ཅིང་སྤྲོས་པ་མེད་པའི་བདག་ཉིད་ནི་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་དོ། །དེ་ལ་དེ་ཁོ་ན་ཉིད་དང་པོ་ནི ་ཡོངས་སུ་ཤེས་པར་བྱ་བ་ཡིན་ནོ། །གཉིས་པ་ནི་སྤང་བར་བྱ་བ་ཡིན་ནོ། །གསུམ་པ་ནི་གློ་བུར་གྱི་དྲི་མ་ལས་རྣམ་པར་སྦྱང་པར་བྱ་བ་ཡིན་ཏེ། རང་བཞིན་གྱི་རྣམ་པར་དག་གོ་།རང་བཞིན་གྱི་རྣམ་པར་དག་པ་མ་ཡིན་པ་དེ་ནི་ནམ་མཁའ་དང་གསེར་དང་ཆུ ་ལྟ་བུར་ཉོན་མོངས་པ་ལས་རྣམ་པར་དག་པ་ཡིན་ཏེ། ནམ་མཁའ་ལ་སོགས་པ་ནི་རང་བཞིན་གྱིས་མ་དག་པ་ཡང་མ་ཡིན་ལ། །དེ་དག་གློ་བུར་གྱི་དྲི་མ་དང་བྲལ་བའི་སྒོ་ནས་རྣམ་པར་དག་པར་མི་འདོད་པ་ཡང་མ་ཡིན་ནོ། །འགྲོ་བ་དག་ན་དེ་ལས ་གཞན་ཡང་ཅུང་ཟད་ཡོད་མིན་ལ། འགྲོ་བ་མ་ལུས་པ་ལ་ཡང་དེ་ཀུན་ཏུ་རྨོངས་པའི་བློ། །ཡོད་པ་ཀུན་ནས་སྤངས་ཏེ་མེད་ལ་མངོན་ཞེན་གང་ཡིན་པ། །འཇིག་རྟེན་རྨོངས་པའི་རྣམ་བ་ཚབས་ཆེན་འདི་གོ་ཇི་ལྟ་བུ། །འཇིག་རྟེན་ན་ཆོས་ཀྱི་དབྱིངས་ཀྱི ་མཚན་ཉིད་དེ་ལྟ་བུ་ལས་གཞན་ནི་ཅུང་ཟད་ཀྱང་མེད་དེ། ཆོས་ཉིད་དང་ཆོས་ཐ་མི་དད་པའི་ཕྱིར་རོ། །ལྷག་མ་ནི་དོན་གོ་བར་ཟད་དོ། དེ་ཁོ་ན་ཉིད་ལ་སྒྱུ་མ་ལྟ་བུ་ཡོངས་སུ་ཚོལ་བའི་ཚིགས་སུ་བཅད་པ་བཅོ་ལྔའོ། །ཇི་ལྟར་སྒྱུ་མ་དེ་བཞིན་དུ། །ཡང་དག་མ་ཡིན ་ཀུན་རྟོག་བརྗོད། །སྒྱུ་མ་བྱས་པར་ཇི་ལྟ་བར། །དེ་བཞིན་གཉིས་སུ་འཁྲུལ་པ་བརྗོད། །འཁྲུལ་བའི་རྒྱུ་མཚན་ཤིང་དང་བོང་བ་ལ་སོགས་པ་སྒྱུ་མའི་སྔགས་ཀྱིས་བཏབ་པ་ཇི་ལྟ་བ་དེ་བཞིན་དུ་ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པ་གཞན་གྱི་དབང་གི ་ངོ་བོ་ཉིད་ཀྱི་རྣམ་པར་རིག་པར་བྱའོ། །ཇི་ལྟར་སྒྱུ་མ་དེ་ལ་སྒྱུ་མ་བྱས་པ་རྟ་དང་གླང་པོ་ཆེ། གསེར་ལ་སོགས་པའི་དེའི་ངོ་བོར་སྣང་བ་དེ་བཞིན་དུ་ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོགས་པ་དེ་ལ་གཉིས་སུ་འཁྲུལ་པ་གཟུང་བ་དང་འཛིན་པ་ཉིད་དུ་སྣང ་བ་ཀུན་བརྟགས་པའི་ངོ་བོ་ཉིད་ཀྱི་རྣམ་པར་རིག་པར་བྱའོ། །ཇི་ལྟར་དེ་ལ་དེ་མེད་པ། །དེ་བཞིན་དུ་ནི་དོན་དམ་འདོད། །ཇི་ལྟར་དེ་ནི་དམིགས་པ་ལྷར། །དེ་བཞིན་དུ་ནི་ཀུན་རྫོབ་ཉིད། །ཇི་ལྟར་དེ་ལ་དེ་མེད་དེ། །སྒྱུ་མ་བྱས་པ་དེ་ལ་གླང་པོ་ཆེ་ལ་སོགས་པ་མེད་པ་དེ་བཞིན ་དུ་གཞན་གྱི་དབང་དེ་ལ་ཀུན་བརྟག་གཉིས་ཀྱི་མཚན་ཉིད་མེད་པ་དོན་དམ་པར་འདོད་དོ། །ཇི་ལྟར་སྒྱུ་མ་བྱས་པ་དེ་གླང་པོ་ཆེ་ལ་སོགས་པའི་ངོ་བོར་དམིགས་པ་དེ་བཞིན་དུ་ཡང་དག་པ་མ་ཡིན་པ་ལས་ཀུན་བརྟག་པ་དེ་ཀུན་རྫོབ་ཀྱི་བདེན་པར་དམིགས་སོ། །དེ ་ན་ནི་དེ་ཡི་རྒྱུ། །གསལ་བར་དམིགས་པ་ཇི་ལྟ་བར། །དེ་བཞིན་གནས་ནི་གཞན་གྱུར་ལ། །ཡང་དག་མ་ཡིན་རྟོག་པ་དམིགས། །ཇི་ལྟར་སྒྱུ་མ་བྱས་པ་དེ་མེད་ན་དེའི་རྒྱུ་ཤིང་ལ་སོགས་པའི་དོན་ཡང་དག་པ་གསལ་བར་དམིགས་པ་དེ་བཞིན་དུ་གནས ་གཞན་དུ་གྱུར་ན། གཉིས་སུ་འཁྲུལ་པ་མེད་པའི་ཕྱིར་ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པའི་དོན་ཡང་དག་པར་དམིགས་སོ། །ཇི་ལྟར་འཇིག་རྟེན་མ་འཁྲུལ་བ། །དེ་ཡི་རྒྱུ་ལ་འདོད་དགུར་སྤྱོད། །དེ་བཞིན་སྡོམ་བརྩོན་མ་འཁྲུལ་བ། །གནས་གཞན ་གྱུར་ལ་དགྱེས་དགུར་སྤྱོད། །ཇི་ལྟར་འཇིག་རྟེན་མ་འཁྲུལ་བ་དེའི་རྒྱུ་ཤིང་ལ་སོགས་པ་ལ་འདོད་དགུར་རང་དབང་དུ་སྤྱོད་པ་དེ་བཞིན་དུ་འཕགས་པ་འཕྲུལ་པ་མི་མངའ་བ་ཡང་གནས་གཞན་དུ་གྱུར་པ་ལ་འདོད་དགུར་རང་དབང་དུ་སྤྱོད་དོ། །དེ་ལྟ་བུ་ནི་དེས ་ཡོད། དེ་ཡི་དངོས་པོ་ཡོད་མ་ཡིན། །དེ་ལྟས་སྒྱུ་མ་ལ་སོགས་པ། །ཡོད་དང་མེད་པ་ཉིད་དུ་བརྗོད། །ཚིགས་སུ་བཅོད་པ་འདིའི་དོན་གོ་བར་ཟད་དོ། །དེ་ལ་ཡོད་པར་མེད་པ་ཡིན། །མེད་པ་ཡོད་པ་ཉིད་མ་ཡིན། །སྒྱུ་མ་དག་ལ་སོགས་པ། །ཡོད་མེད ་ཁྱད་པར་མེད་པའང་བརྗོད། །དེ་ལ་ཡོད་པ་ནི་མེད་པ་ཡིན་ཏེ། དེ་ལྟ་བུར་ཡོད་པ་གང་ཡིན་པ་དེ་ནི་མེད་པ་མ་ཡིན་ནོ། །མེད་པ་ནི་ཡོད་པ་ཉིད་མ་ཡིན་ཏེ། གླང་པོ་ཆེ་ལ་སོགས་པར་མེད་པ་གང་ཡིན་པ་དེ་ནི་ཡོད་པ་མ་ཡིན་ནོ། །སྒྱུ་མ་ལ་སོགས་པ་ཡོད་པ ་དང་མེད་བ་དེ་དག་ཁྱད་པར་མེད་པ་ཡང་བརྗོད་དེ། དེ་ལ་དེ་ལྟར་ཡོད་པ་གང་ཡིན་པ་དེ་ཉིད་གླང་པོ་ཆེ་ལ་སོགས་བར་མེད་པ་ཡིན་ལ། གླང་པོ་ཆེ་ལ་སོགས་པ་མེད་པ་གང་ཡིན་པ་དེ་ཉིད་དེ་ལྟ་བུར་ཡོད་པ་མ་ཡིན་བས་སོ། །དེ་བཞིན ་གཉིས་སྣང་དེ་ལ་ཡོད། །དེ་ཡི་དངོS་པོ་ཡོད་མ་ཡིན་དེ་ལྟར་གཟུགས་ལ་སོགས་པ་ལ། །ཡོད་དང་མེད་བ་ཉིད་དུ་བརྗོད། །དེ་བཞིན་དུ་ཡང་དག་མ་ཡིན་པའི་ཀུན་ཏུ་རྟོག་པ་འདི་ལ་གཉིས་སུ་སྣང་བ་ནི་ཡོད་དོ། །གཉིས་ཀྱི་དངོས་པོ་ནི་མེད་དོ། །དེ་ལྟ་བS ་ནི་ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པའི་ངོ་བོ་ཉིད་གཟུགས་ལ་སོགས་པ་ལ་ཡོད་པ་དང་མེད་པ་ཉིད་བརྗོད་དོ། །དེ་ལ་ཡོད་པ་མེད་པ་ཡིན། །མེད་པ་ཡོད་པ་ཉིད་མ་ཡིན། །གཟུགས་ལ་སོགས་པ་དག་པ་ལ་ནི། ཡོད་མེད་ཁྱད་པར་ཆེ་བ་འང ་བརྗོད། །དེ་ལ་ཡོད་པ་ཉིད་ནི་མེད་པ་མ་ཡིན་ཏེ། །གཉིས་སུ་སྣང་བ་གང་ཡིན་པའོ། །མེད་པ་ཉིད་ནི་ཡོད་པ་མ་ཡིན་ཏེ། གཉིས་ཀྱི་དངོས་པོ་མེད་པ་ཉིད་གང་ཡིན་པའོ། །གཟུགས་ལ་སོགས་པ་ལ་ཡོད་པ་དང་མེད་པ་ཁྱད་པར་མེད་པ་ཡང ་བརྗོད་དེ། གཉིས་པོ་སྣང་བར་ཡོད་པ་གང་ཡིན་པ་དེ་ཉིད་གཉིས་ཀྱི་དངོས་པོར་མེད་པ་མ་ཡིན་པས་སོ། །སྒྲོ་འདོགས་པ་དང་སྐུར་པ་ཡི། །མཛའ་རྣམས་དགག་པར་བྱ་ཕྱིར་དང། །ཐེག་པ་དམན་པས་འགྲོ་བ་དག། དགག་པར་བྱ་ཕྱིར་འདོད་པ ་ཡིན། །ཅིའི་ཕྱིར་ཡོད་པ་དང་མེད་པ་དག་གཅིག་ཏུ་ཆད་པ་དང། ཁྱད་པར་མེད་པ་འདིར་ཡང་འདོད་ཅེ་ན། གོ་རིམ་བཞིན་དུ་སྒྲོ་འདོད་གས་དང། སྐུར་པ་འདེབས་པའི་མཛའ་དགག་པའི་ཕྱིར་དང། ཐེག་བ་དམན་པས་འགྲོ་བ་བདག་པའི་ཕྱིར་འདོད་པ ་ཡིན་ཏེ། མེད་པ་ལ་མེད་གཉིད་དུ་རིག་ནས་སྒྲོ་འདོགས་པར་མི་བྱེད་དོ། །ཡོད་པ་ལ་ཡོད་པ་ཉིད་དུ་རིག་ནས་སྐུར་པ་འདེབས་པར་མི་བྱེད་དོ། །དེ་གཉིས་ཁྱད་པར་མེད་པ་ཉིད་དུ་རིག་ནS་ཡོད་པS་ཡིད་འབྱུང་བར་མི་འགྱུར་ཏེ། དེ་ལྟ་བས་ན་ཐེག་པ ་དམན་པས་ངེས་པར་མི་འབྱུང་ངོ། །འཁྲུལ་པའི་རྒྱུ་དང་འཁྲུལ་པ་ནི། །གཟུགས་ཀྱི་རྣམ་པར་རིག་པ་དང། །གཟུགས་ཅན་མིན་ནམ་རིག་པར་འདོད། །མེད་ཕྱིར་ཅིག་ཤོས་ཀྱང་མེད་འགྱུར། །གཟུགས་སུ་འཁྲུལ་པའི་རྒྱུ་རྣམ་པར་རིག་པ་གང་ཡིན་པ་དེ་ནི་གཟུཌ ་ཀྱི་རྣམ་པར་རིག་པ་ཡིན་ལ། གཟུགས་སུ་འཁྲུལ་པ་གང་ཡིན་པ་དེ་ནི་གཟུགས་ཅན་མ་ཡིན་པའི་རྣམ་པར་རིག་པ་ཡིན་པར་འདོད་དོ། །གཟུགས་ཀྱི་རྣམ་པར་རིག་པ་མེད་པའི་ཕྱིར་གཅིག་ཤོས་གཟུགས་ཅན་མ་ཡིན་པའི་རྣམ་པར་རིག་པ་ཡང་མེད་དེ། རྒྱུ ་མེད་པའི་ཕྱིར་རོ། །སྒྱུ་མའི་གླང་པོའི་གཟུགས་འཛིན་པ། །འཁྲུལ་ཕྱིར་གཉིས་སུ་བརྗོད་པ་སྟེ། དེ་ལ་ཇི་བཞིན་གཉིས་མེད་ཀྱང། །གཉིས་པོ་དག་ཏུ་ཉེ་བར་དམིགས་།ཀེང་རུས་ཀྱིས་ནི་གཟུགས་འཛིན་པ། །འཁྲུལ་ཕྱིར་གཉིས་སུ་བརྗོད་པ་སྟེ། །དེ་ལ་ཇི ་བཞིན་གཉིས་མེད་ཀྱང། །གཉིས་པོ་དག་ཏུ་ཉེ་བར་དམིགས། །སྒྱུ་མའི་གླང་པོ་ཆེའི་གཟུགས་འཛིན་པའི་འཁྲུལ་པ་ལས་གཟུང་བ་དང། འཛིན་པ་གཉིས་སུ་བརྗོད་དེ། དེ་ལ་གཉིས་པོ་ཇི་ལྟ་བར་མེད་ཀྱང་གཉིས་སུ་རྣམ་པར་དམིགས་སོ། །ཀེང་རུས་ཀྱི་གཟུཌ ་བརྙན་ཡིད་ལ་བྱེད་པའི་དེར་འཛིན་པ་ཡང་འཁྲུལ་པ་ལས་གཉིས་སུ་བརྗོད་དེ་སྔ་མ་བཞིན་ནོ། །འཁྲུལ་པའི་མཚན་ཉིད་ཆོས་གང་ཡིན། །དེ་བཞིན་ཡོད་དང་དེ་བཞིན་མེད། །ཡོད་མེད་ཁྱད་པར་མེད་པའི་ཕྱིར། །ཡོད་དང་མེད་དང་སྒྱུ་མ་འདྲ། །འཁྲུལ་བཱི ་མཚན་ཉིད་ཀྱི་ཆོས་མི་མཐུན་པའི་ཕྱོགས་ཀྱི་ངོ་བོ་ཉིད་གང་དག་ཡིན་པ་དེ་དག་ནི་ཡོད་པ་དང་མེད་པ་དང་སྒྱུ་མ་ལྟ་བུ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པ་ཉིད་དུ་དེ་བཞིན་ཡོད་པའི་ཕྱིར་ཡོད་པ་ཡིན་ནོ། །གཟུང་བ་དང ་འཛིན་པ་ཉིད་དུ་དེ་བཞིན་མེད་པའི་ཕྱིར་མེད་པ་ཡིན་ནོ། །ཡོད་བ་དང་མེད་པའི་དེ་དག་ཁྱད་པར་མེད་པའི་ཕྱིར། ཡོད་པ་ཡང་མ་ཡིན་ལ་མེད་པ་ཡང་མ་ཡིན་ནོ། །སྒྱུ་མའི་མཚན་ཉིད་ཀྱང་དེ་དང་འདྲ་སྟེ། དེ་ལྟ་བས་ན་སྒྱུ་མ་ལྟ་བུ་ཡིན་ནོ། །གཉེན་པོའི ་ཆོས་ནི་གང་ཡིན་པ། །དེ་བཞིན་མེད་དང་དེ་བཞིན་ཡོད། །དེ་བཞིན་མེད་ཕྱིར་མཚན་ཉིད་མེད། །སྒྱུ་མ་དང་ཡང་འདྲ་བར་བསྟན། །གཉེན་པོའི་ཆོས་དྲན་པ་ཉེ་བར་བཞག་པ་ལ་སོགས་པ་སངས་རྒྱས་ཀྱི་བསྟན་པ་གང་དག་ཡིན་པ ་དེ་དག་ཀྱང་མཚན་ཉིད་མེད་པ་དང། སྒྱུ་མ་ལྟ་བུར་བསྟན་ཏོ། །ཅིའི་ཕྱིར་ཞེ་ན། ཇི་ལྟར་བྱིས་པ་རྣམས་ཀྱི་གཟུང་བ་དེ་བཞིན་མེད་པའི་ཕྱིར་དང། ཇི་ལྟར་བཤད་པ་དེ་ལྟར་ཡེད་པའི་ཕྱིར་དང། ཇི་ལྟར་བཅོམ་ལྡན་འདས་ཀྱིས་ལྷུམས?་སུ་འཇུག་པ་དང། ་བལྟམས་པ་དང། མངོན་པར་འབྱུང་བ་དང། མངོན་པར་རྫོགས་པར་བྱང་ཆུབ་པ་ལ་སོགས་པ་ཀུན་ཏུ་བསྟན་པ་དེ་བཞིན་མེད་པའི་ཕྱིར་ཏེ། དེ་ལྟར་ན་མཚན་ཉིད་མེད་པ་ཡིན་ནོ། །ཡོད་པ་མ་ཡིན་ཡང་ཡོད་པ་ལྟ་བུར་སྣང་སྟེ། དེ་ལྟ་བས་ན་སྒྱུ་མ་ལྟ ་བུ་ཡིན་ནོ། །དཔེའི་དོན་དུ་ཚིགས་སུ་བཅད་པ། སྒྱུ་མའི་རྒྱལ་པོ་སྒྱུ་མ་ཡིན། །རྒྱལ་པོ་གཞན་གྱིས་ཕམ་པ་ལྟར། །གང་དག་གིས་ནི་ཆོས་མཐོང་བའི། །རྒྱལ་སྲས་དེ་དག་ང་རྒྱལ་མེད། །གཉེན་པོའི་ཆོས་གང་དག་ཡིན་པ་དེ་དག་ནི་སྒྱུ་མའི་རྒྱལ་པོ ་ལྟ་བུ་སྟེ། ཀུན་ནས་ཉོན་མོངས་པ་སྤང་བར་བྱ་བའི་ཕྱིར། རྣམ་པར་བྱང་བ་ལ་དབང་བྱེད་པའི་ཕྱིར་རོ། །ཀུན་ནས་ཉོན་མོངས་པ་གང་དག་ཡིན་པ་དེ་དག་ཀྱང་དཔེའི་དོན་གྱིས་རྒྱལ་པོ་ལྟ་བུ་ཡིན་ནོ། །ཀུན་ནས་ཉོན་མོངས་པ་འགྲུབ་པ་ལ་དབང ་བྱེད་པའི་ཕྱིར་རོ། །དེའི་ཕྱིར་གཉེན་པོ་དེ་དག་གིས་ཀུན་ནས་ཉོན་མོངས་པ་ཕམ་པར་བྱེད་པ་ནི། རྒྱལ་པོས་རྒྱལ་པོ་འབེབས་པ་ལྟ་བུར་བལྟ་བར་བྱ་སྟེ། དེ་ཤེས་པས་ཕྱོགས་གཉིས་ཀ་ལ་བྱང་ཆུབ་སེམས་དཔའ་རྣམས་ང་རྒྱལ་མེད་པར་འགྱུར་རོ། ་སངས་རྒྱས་རྣམས་སངས་རྒྱས་མཆོག་རྣམས་ཀྱིས་དེ་དང་དེ་ལས་འདུས་བྱས་དང་།གསུངས་པ་སྒྱུ་མ་རྨི་ལམ་སྨིག་རྒྱུ་གཟུགས་བརྙན་དང་འདྲ་མིག་ཡར?་དང། བྲག་ཆ་ལྟ་བུ་དང་ནི་ཆུ་ཟླའི་གཟུགས་འདྲ་སྤྲུལ་དང་འདྲར་ཤེས་བྱ། །དྲུག་དང་གཉིS? ་དང་དྲུག་མཚན་ཉིད་དང་གསུམ་པོ་རེ་རེ་འདོད། །གང་དུ་བཅོམ་ལྡན་འདས་ཀྱིས་ཆོས་རྣམས་ནི་སྒྱུ་མ་ལྟ་བུའོ། །ཞེས་བྱ་བ་ནས་སྤྲུལ་པ་ལྟ་བུའོ། །ཞེས་བྱ་བའི་ཐར་གསུངས་པ་དེ་ལ་ཆོས་རྣམས་སྒྱུ་མ་ལྟ་བུ་ནི་ནང་གི་སྐྱེ་མཆེད་དྲུག་སྟེ། བདག་དང་སྲོག་ལ ་སོགས་པ་མེད་བཞིན་དུ་དེ་ལྟར་སྣང་བའི་ཕྱིར་ཏེ། །རྨི་ལམ་ལྟ་བུ་ནི་ཕྱིའི་མ་མཆེད་དྲུག་སྟེ། དེ་ཉེ་བར་སྤྱད་པའི་དངོས་པོར་མེད་པའི་ཕྱིར་རོ། །སྨིག་རྒྱུ་ལྟ་བུ་ནི་སེམས་དང་སེམས་ལས་བྱུང་བའི་ཆོས་གཉིས་ཏེ། འཁྲུལ་པར་བྱེད་པའི་ཕྱིར་རོ། །ཡང? ་གཟུགས་བརྙན་ལྟ་བུ་ནི་ནང་གི་སྐྱེ་མཆེད་དྲུག་ཁོ་ན་སྟེ་སྔོན་གྱི་ལས་ཀྱི་གཟུགས་བརྙན་ཡིན་པའི་ཕྱིར་རོ། །མིག་ཡོར་ལྟ་བུ་ནི་ནང་གི་སྐྱེ་མཆེད་རྣམས་ཀྱི་གྲིབ་མ་ལྟ་བུ་ཟིན་བའི་ཕྱིར། ཕྱིའི་སྐྱེ་མཆེད་དྲུག་ཁོ་ན་སྟེ། དེའི་དབང་གི་འབྱུང་བས། །དྲུག་ཚན་གཉིས ་འདོད་པ་ནི་དྲུག་ཚན་གཉིས་སུ་འདོད་པ་ཡིན་ནོ། །བྲག་རྩ་ལྟ་བུ་ནི་བཤད་པའི་ཆོས་རྣམས་སོ། །ཆུ་ཟླའི་གཟུགས་ལྟ་བུ་ནི་ཏིང་ངེ་འཛིན་ལ་བརྟེན་པའི་ཆོས་རྣམས་ཏེ། ཏིང་ངེ་འཛིན་ནི་དང་པ?་ཉིད་ཀྱི་ཆུ་ལྟ་བུ་ཡིན་པའི་ཕྱིར་རོ། །སྤྲུལ་པ་ལྟ་བུ་ནི་བསམས་བཞིན་དུ་སྲིད་པར་སྐྱེ་བ ་ཡོངས་སུ་ལེན་པ་ཡིན་ཏེ། བྱ་བ་ཐམས་ཅད་ལ་ཀུན་ནས་ཉོན་མོངས་བ་མེད་པར་སྦྱོར་བའི་ཕྱིར་རོ། །ཤེས་བྱ་ཡོངས་སུ་ཚོལ་བའི་ཚིགས་སུ་བཅད་པ། ཡང་དག་མིན་རྟོགས་ཡང་དག་མིན། །ཡང་དག་མ་ཡིན་མིན་མི་རྟོགS། རྟོག་མིན་མི་རྟོག་མ་ཡིན་པ། །ཤེས་བྱ་ཐཾས་ཅད ་ཡིན་པར་བརྗོད། །ཡང་དག་པ་མ་ཡིན་པའི་རྟོག་པ་ནི་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱི་རྗེས་སུ་མཐུན་པ་མ་ཡིན་བའི་རྣམ་པར་རྟོགས་པ་གང་ཡིན་པའོ། །ཡང་དག་པ་ཡང་མ་ཡིན་ལ། ཡང་དག་པ་མ་ཡིན་པ་ཡང་མ་ཡིན་པ་ནི་དེའི་རྗེས་སུ་མཐུན ་བ་ངེས་པར་འབྱེད་པའི་ཆ་དང་མཐུན་པའི་བར་གང་ཡིན་པའོ། །མི་རྟོག་པ་ནི་དེ་བཞིན་ཉིད་དང། འཇིག་རྟེན་ལས་འདས་པའི་ཡེ་ཤེས་སོ། །རྟོག་པ་ཡང་མ་ཡིན་མི་རྟོག་པ་ཡང་མ་ཡིན་པ་ནི་འཇིག་རྟེན་ལས་འདས་པའི་རྗེས་ལས་ཐོབ་པ་འཇིག་རྟེན་པའི་ཡེ ་ཤེས་ཏེ། ཤེས་བྱ་ཐམས་ཅད་ནི་དེ་ཙམ་དུ་ཟད་དོ། །ཀུན་ནས་ཉོན་མོངས་པ་དང། རྣམ་པར་བྱང་བ་ཡོངས་སུ་ཚོལ་བ་ལ་ཚིགས་སུ་བཅད་པ་གཉིས་ཏེ། རང་གི་ཁམས་ལ་གཉིས་སྣང་ཞིང། །མ་རིག་ཉོན་མོངས་ལྷན་ཅིག་ཏུ། །འཇུག་པའི ་རྣམ་རྟོག་རབ་བྱུང་སྟེ། རྫས་གཉིས་རྣམ་པར་སྤངས་པ་ཡིན། རང་གི་ཁམས་ལས་ཞེས་བྱ་བ་ནི་རང་གི་ས་བོན་ཀུན་གཞི་རྣམ་པར་ཤེས་པ་ལས་སོ། །གཉིས་སུ་སྣང་ཞེས་བྱ་བ་ནི་གཟུང་བ་དང་འཛིན་པར་སྣང་བའོ། །མ་རིག་པ་དང་ཉོན་མོངས་པ་དང་ལྷན་ཅིག ་འཇུག་པ་ཞེས་བྱ་བ་ནི་འདི་དག་ལམ་རིག་པ་དང་ཉོན་མོངས་པ་རྣམས་དང་ལྷན་ཅིག་འཇུག་པས་ན་འདི་དག་ནི་མ་རིག་པ་དང་ཉོན་མོངས་པ་དང་ལྷན་ཅིག་འཇུག་པ་ཡིན་ནོ། །རྫས་གཉིས་སྤངས་པ་ནི། གཟུང་བའི་རྫས་དང་འཛིན་པའི་རྫས་ཏེ། དེ ་ལྟར་ཀུན་ནས་ཉོན་མོངས་པ་ཡོངས་སུ་བཙལ་བར་བྱའོ། །དམིགས་པའི་ཁྱད་པར་ཐོབ་པ་ཡིས། །རང་གིས་དབྱིངས་ལ་གནས་ལྡན་ཕྱིར། །དེ་ཉིད་གཉིས་སུ་སྣང་མེད་པར། །འཇུག་སྟེ་པགས་དང་མངའ་བཞིན་ནོ། །དམིགས་པའི་ཁྱད་པར་ཐོབ་པ་ཞེས་བྱ ་བ་ནི?་ཆོས་ཀྱི་དམིགས་པ་རྙེད་པ་གང་ཡིན་པ་སྟེ། དེ་ནི་སྔར་བཤད་ཟིན་ཏོ། །རང་གི། །དབྱིངས་ལ་གནས་ལྡན་ཕྱིར་ཞེས་བྱ་བ་ལ། རང་གི་།དབྱིངས་ནི་རྣམ་པར་རྟོགས་པ་རྣམས་ཀྱི་དེ་བཞིན་ཉིད་དོ། །དེ་ལ་གནས་པ་ནི་མིང་ལ་སེམས་གནས་པའི ་ཕྱིར་རོ། །ལྡན་པའི་ཕྱིར་ཞེས་བྱ་བ་ནི་གོམས་པས་སྒོམས་པའི་ལམ་དང་ངོ། །གནས་ཡོངས་སུ་གྱུར་བའི་རྣམ་པར་རྟོག་པ་དེ་ཉིད་གཉིས་སུ་སྣང་བ་མེད་པར་འཇུག་སྟེ། པགས་པ་དང་མངའ་བཞིན་ནོ། །ཇི་ལྟར་པགས་པ་དེ་ཉིད་ཁེངས་པ་དང ་བྲལ་བས་གཉེན་པོར་འགྱུར་བ་དང། མངའ་དེ་ཉིད་མེས་པ་བསྲོས་པ་དང་དྲང་པོར་འགྱུར་བ་དེ་བཞིན་དུ་ཞི་གནS་དང་ལྷག་མཐོང་བསྒོམས་པ་ངག་གིས་སེམས་དང་ཤེས་རབ་རྣམ་པར་གྲོལ་བ་ཐོབ་ན་གནས་གཞན་དུ་གྱུར་པ་ལ་རྣམ་པར་རྟོག་པ་དེ་དག ་ཉིད་ཡང་གཉིས་སུ་སྣང་བ་མི་ཇུག་སྟེ། དེ་ལྟར་རྣམ་པར་བྱང་བ་ཡོངས་སུ་བཅོལ་བར་བྱའོ། །རྣམ་པར་རིག་པ་ཙམ་ཡོངས་སུ་ཚོལ་བ་ལ་ཚིགས་སུ་བཅད་པ་གཉིས་ཏེ། སེམས་ནི་གཉིས་སུ་སྣང་བ་སྟེ། །དེ་བཞིན་ཆཌ་སོཌ་སྣང་བ་འམ། །དང་ལ་སོགས་པར་སྣང་བར་འདོད། །ཉོན ་མོངས་དགེ་ཆོས་ཡོད་མ་ཡིན། །སེམས་ཙམ་པོ་འདི་གཟུང་བར་སྣང་བ་དང། འཛིན་པར་སྣང་བ་དང། གཉིས་སུ་སྣང་བར་འདོད་དོ། །དེ་བཞིན་དུ་དེ་ཉིད་འདོད་ཆགས་ལ་སོགས་པ་ཉོན་མོངས་པར་སྣང་བ་འམ། དད་པ་ལ་སོགས་པ་དགེ་བའི་ཆོས་སུ་སྣང་བར ་འདོད་ལ། དེ་དག་ཏུ་སྣང་བ་ལས་གཞན་པ་ཀུན་ནས་ཉོན་མོངས་པའི་ཆོས་འདོད་ཆགས་ལ་སོགས་པའི་མཚན་ཉིད་དམ། དགེ་བ་དད་པ་ལ་སོགས་པའི་མཚན་ཉིད་ནི་མེད་དེ། དཔེར་ན་གཉིས་སུ་སྣང་བ་ལས་གཞན་པ་གཉིས་ཀྱི་མཚན་ཉིད་མེད་པ་བཞིན་ནོ།། ་སེམས་ནི་སྣ་ཚོགས་སྣང་བ་དང། རྣམ་པ་སྣ་ཚོགས་ཅན་དུ་འཇུག་།དེ་ལ་སྣང་སྟེ་ཡོང་དང་མེད། །དེ་ཕྱིར་ཆོས་ཀྱི་མ་ཡིན་ནོ། །སེམས་འདི་ཉིད་རྣམ་གྲངས་ཀྱིས་འདོད་ཆགས་སུ་སྣང་བ་འམ། ཞེ་སྡང་དུ་སྣང་བའམ། དེ་ལས་གཞན་པའི་ཆོས་སུ་སྣང་བ་སྣ ་ཚོགས་སུ་སྣང་བ་དང། ཅིག་ཅར་དད་པ་དང་བརྩོན་འགྲུས་ལ་སོགས་པའི་རྣམ་པ་སྟེ། རྣམ་པ་སྣ་ཚོགས་ཅན་དུ་འཇུག་གོ་།ཉོན་མོངས་པ་ཅན་དང་དགེ་བའི་གནས་སྐབས་ཀྱི་སེམས་ལ་སྣང་བ་ཡོད་པའམ་མེད་པ་ནི་ཉོན་མོངས་པ་ཅན་དང་དགེ་བའི་ཆོས་རྣཾས ་ཀྱི་ནི་མ་ཡིན་ཏེ། དེར་སྣང་བ་ལས་མ་གཏོགས་པ་དེའི་མཚན་ཉིད་མེད་པའི་ཕྱིར་རོ། །མཚན་ཉིད་ཡོངས་སུ་ཚོལ་བ་ལ་ཚིགས་སུ་བཅད་པ་བརྒྱད་དེ། །གཅིག་གིས་བསྟན་ཏོ། །ལྷག་མ་རྣམས་ཀྱིས་ནི་བཤད་དོ། །སངས་རྒྱས་རྣམས་ཀྱིས་སེམས་ཅན་ལ ་ཕན་གདགས་ཕྱིར་ནི་མཚན་གཞི་དང། །མཚན་ཉིད་དང་ནི་མཚོན་པ་དང། །རབ་ཏུ་དབྱེ་བས་ཡང་དག་བཤད། །འདིས་ནི་བསྟན་ཏོ། །སེམས་ནི་ལྟ་བཅས་གང་ཡིན་དང། །དེ་ཡི་གནས་སྐབས་མི་འགྱུར་བ། །འདི་ནི་མདོར་ན་མཚན་བཞི་སྟེ། །རབ་ཏུ ་དབྱེ་བ་ཚད་མེད་དོ། །དེ་ལ་སེམས་ནི་རྣམ་པར་ཤེས་པ་དང་གཟུགས་སོ། །ལྟ་བ་ནི་སེམས་ལས་བྱུང་བའི་ཆོས་རྣམས་སོ། །དེའི་གནས་སྐབས་ནི་སེམས་དང་ལྡན་པས་ཡིན་པའི་ཆོས་རྣམས། །མི་འགྱུར་བ་ནི་ནམ་མཁའ་ལ་སོགས་པ ་འདུས་མ་བྱས་ཏེ། དེའི་རྣམ་པར་རིག་པ་རྟག་ཏུ་དེ་བཞིན་དུ་འཇུག་པའི་ཕྱིར་རོ། །དེ་ལྟར་ན་མཚན་བཞི་ནི་མདོར་བསྡུ་ན་རྣམ་པ་དེ་ལྔ་ཡིན་ནོ། །རབ་ཏུ་དབྱེ་ན་ཚད་མེད་དོ། །ཇི་ལྟར་བརྗོད་དོན་འདུ་ཤེས་ཀྱི། །རྒྱུ་མཚན་དེ་ཡི་བག་ཆགས་དང། །དེ་ལས་ཀྱང་དོན ་སྣང་བ་ནི། །ཀུན་བརྟགས་པའི་མཚན་ཉིད་དོ། །མཚན་ཉིད་ནི་མདོར་བསྡུ་ན་རྣམ་པ་གསུམ་སྟེ། ཀུན་བརྟགས་ལ་སོགས་པའི་མཚན་ཉིད་དོ། །དེ་ལ་ཀུན་བརྟགས་པའི་མཚན་ཉིད་ནི་རྣམ་པ་གསུམ་སྟེ། ཇི་ལྟར་བརྗོད་པའི་དོན་གྱི་འདུ་ཤེས་ཀྱི ་རྒྱུ་མཚན་དང། བརྗོད་པ་དེ་ཡི་བག་ཆགས་དང། བག་ཆགས་དེ་ལས་ཀྱང་ཐ་སྙད་ལ་མི་མཁས་པ་རྣམས་ལ་བརྗོད་པའི་དོན་གྱི་འདུ་ཤེས་མེད་པར་དོན་དུ་སྣང་བ་གང་ཡིན་པའོ། །དེ་ལ་བརྗོད་པ་ཇི་ལྟ་བ་བཞིན་དུ་དོན་དུ་འདུ་ཤེས་པ་སེམས་ལS ་བྱུང་བ་ནི་ཇི་ལྟར་བརྗོད་པའི་དོན་གྱི་འདུ་ཤེས་སོ། །དེའི་དམིགས་པ་གང་ཡིན་པ་དེ་ནི་རྒྱུ་མཚན་ཡིན་ནོ། །དེ་ལྟར་ན་ཀུན་བརྟགས་བར་བྱ་བ་གང་ཡིན་བ་དང། རྒྱུ་བག་ཆགས་གང་ལས་ཡིན་པ་དེ་གཉི་ག་འདིར་ཀུན་བརྟགས་བའི་མཚན་ཉིད ་དུ་བཞེད་ངོ། །མིང་དང་དོན་ནི་ཇི་ལྟ་བར། །དོན་དང་མིང་དུ་སྣང་བ་གང། །ཡང་དག་མིན་རྟོག་རྒྱུ་མཚན་ནི། །ཀུན་རྟགས་པ་ཡི་མཚན་ཉིད་དེ། །རྣམ་གྲངས་གཞན་ཡང་མིང་དང་དོན་ཇི་བཞིན་པར་ནི་མིང་དང་དོན་ཇི་ལྟ་བར་རོ། །དོན་དང་མིང་དུ་སྣང་བ ་ནི་དོན་དང་མིང་དུ་སྣང་བའོ། །གལ་ཏེ་མིང་ཇི་ལྟ་བར་དོན་ནམ། དོན་ཇི་ལྟ་བར་མིང་དུ་སྣང་ན་ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པའི་དམིགས་པ་འདི་ནི་ཀུན་བརྟགས་བའི་མཚན་ཉིད་ཡིན་ཏེ། ཀུན་བརྟགས་བར་བྱ་བ་ནི་འདི་ལྟ་སྟེ། མིང་དང? ་དོན་ཞེས་བྱ་བ་ནི་འདི་ཙམ་དུ་ཟང་པས་སོ། །རྣམ་གསུམ་རྣམ་གསུམ་སྣང་བ་ཅན། །འཛིན་དང་གཟུང་བའི་མཚན་ཉིད་དེ། །ཡང་དག་མ་ཡིན་ཀུན་རྟོག་ནི། །གཞན་གྱི་དབང་གི་མཚན་ཉིད་དོ། །འདི་ལ་རྣམ་པ་གསུམ་དང་རྣམ་པ་གསུམ་དུ་སྣང་བ་ཡོང་བ ་ན། རྣམ་པ་གསུམ་དང་རྣམ་པ་གསུམ་དུ་སྣང་བ་ཅན་ནོ། །དེ་ལ་རྣམ་པ་གསུམ་དུ་སྣང་བ་ནི་གནས་སུ་སྣང་བ་དང། དོན་དུ་སྣང་བ་དང་ལུས་སུ་སྣང་བའོ། །ཡང་རྣམ་པ་གསུམ་དུ་སྣང་བའི་ནི་ཡིད་དང། འཛིན་པ་དང་རྣམ་པར་རྟོག་པར་སྣང་བ་སྟེ། ཡིད་ནི ་རྟག་ཏུ་ཉོན་མོངས་པ་ཅན་གང་ཡིན་པའོ། །འཛིན་པ་ནི་རྣམ་པར་ཤེས་པ་ལྔའི་ཚོགས་སོ། །རྟོག་པ་ནི་ཡིད་ཀྱི་རྣམ་པར་ཤེས་པའོ། །དེ་ལ་རྣམ་པ་གསུམ་དུ་སྣང་བ་དང་པོ་ནི་གཟུང་བའི་མཚན་ཉིད་དོ། །གཉིས་པ་ནི་འཛིན་པའི་བདག་ཉིད་དོ། །དེ་ལྟར ་ན་ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པ་འདི་ནི་གཞན་གྱི་དབང་གི་མཚན་ཉིད་ཡིན་ནོ། །མེད་དང་ཡོད་ཉིད་གང་ཡིན་དང། །ཡོད་དང་མེད་པ་མཉམ་ཉིད་དང། །མ་ཞི་ཞི་དང་རྣམ་མི་རྟོག་།ཡོངས་སུ་གྲུབ་པའི་མཚན་ཉིད་དོ། །ཡོངས་སུ་གྲུབ ་བའི་མཚན་ཉིད་ནི། །དེ་བཞིན་ཉིད་ཡིན་ཏེ། དེ་ནི་ཀུན་བརྟགས་པའི་ཆོས་ཐམས་ཅད་ཀྱི་མེད་པ་ཉིད་ཡིན་ནོ། །དེའི་མེད་པ་ཉིད་དུ་ཡོད་པའི་ཕྱིར་ཡོད་པ་ཉིད་ཀྱང་ཡིན་ནོ། །ཡོད་པ་དང་མེད་པ་དེ་དག་ཐ་མི་དད་པའི་ཕྱིར་རོ། །ཡོད་པ་དང་མེད་པ་མཉཾ? ་པ་ཉིད་ཀྱང་ཡིན་ནོ། །ཉེ་བའི་ཉོན་མོངས་པའི་བློ་བུར་བ་དག་གི་མ་ཞེ་བ་ཉིད་ཀྱང་ཡིན་ནོ། །རང་བཞིན་གྱིས་རྣམ་པར་དག་པའི་ཕྱིར་ཞི་བ་ཉིད་ཀྱང་ཡིན་ནོ། །རྣམ་པར་མི་རྟོག་པ་ནི་སྤྲེས་པ་མེད་པས་རྣམ་པར་རྟོག་བཱི་སྤྱོད་ཡུལ་མ་ཡིན་པའི་ཕྱིར ་རོ། འདིས་ནི་དེ་བཞིན་ཉིད་ཀྱི་མཚན་ཉིད་རྣམ་པ་གསུམ་ཡོངས་སུ་བསྟན་ཏེ། རང་གི་མཚན་ཉིད་དང། ཀུན་ནས་ཉོན་མོངས་པ་དང། རྣམ་པར་བྱང་བའི་མཚན་ཉིད་དང། རྣམ་པར་མི་རྟོག་པའི་མཚན་ཉིད་དོ། །མཚན་ཉིད་རྣཾ་པ་གསུམ་བཤད་ཟིན་ཏོ། ་རྒྱུ་མཐུན་ཆོས་ལ་དམིགས་ནས་ནི། །ཚུལ་བཞིན་ཡིད་ལ་བྱེད་པ་དང། །སེམས་ཀྱི་དབྱིངས་ལ་གནས་པ་དང། །དོན་ཡོད་པ་དང་མེད་པར་མཐོང། །མཚོན་པ་ནི་རྣལ་འབྱོར་གྱི་ས་རྣམ་པ་ལྔ་སྟེ། གཞི་དང་བསྐྱེད་པ་དང། མེ ་ལོང་ལྟ་བུ་དང། སྣང་བ་དང་རྟེན་ཏོ། །དེ་ལ་གཞི་ནི་རྒྱུ་མཐུན་པའི་ཆོས་ཏེ། སངས་རྒྱས་ཀྱི་ཐུགས་སུ་ཆུད་ནས་བཤད་པ་གང་ཡིན་པ་དེ་ནི་ཐུགས་སུ་ཆུད་པ་དེའི་རྒྱུ་མཐུན་པ་ཡིན་ནོ། །བསྐྱེད་པ་པ་ནི་ཚུལ་བཞིན་ཡིད་ལ་བྱེད་པའོ། །མེ ་ལོང་ལྟ་བུ་ནི་སེམས་ཀྱི་དབྱིངས་ལ་གནས་བའི་ཏིང་ངེ་འཛིན་ཏེ། གོང་དུ་མིང་ལ་གནས་པར་བཤད་པ། གང་ཡིན་པ་དེ་ཉིད་དོ། །སྣང་བ་ནི་དོན་ཡོད་པ་དང། མེད་བ་ཉིད་དུ་མཐོང་བ་འཇིག་རྟེན་ལས་འདས་པའི་ཤེས་རབ་སྟེ། གང་གིས་ཡོད ་པ་ལ་ཡང་ཡོད་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་མཐོང་ལ། མེད་པ་ལ་ཡང་མེད་ཡང་དག་པ་ཇི་ལྟ་བ་བཞིན་དུ་མཐོང་བའོ། །རྟེན་ནི་གནས་གཞན་དུ་གྱུར་པའོ། །དེ་ནི་མཉམ་པ་ཉིད་དུ་འགྱུར། །འཕཌ་རིཌ་ཤིན་ཏུ་དྲི་མེད་པ། །མཉམ་དང་ཁྱད ་འཕགས་དྲི་མེད་ཅིང། །འཕེལ་མེད་པ་ཡི་མཚན་ཉིད་འདོད། །མཉམ་པ་ཉིད་དུ་འགྱུར་བ་ནི། །འཕགས་པའི་རིགས་ཟག་པ་མེད་པའི་དབྱིངས་ན་དེ་ལས་གཞན་པའི་འཕགས་པ་དག་དང་ངོ། །སངས་རྒྱས་རྣམས་ཀྱི་འཕགས་པའི་རིཌ་དྲི་མ ་མེད་པ་དེ་ལ་ཡང་རྣམ་པར་གྲོལ་བར་མཉམ་པ་ཉིད་ཀྱིས་ཉན་ཐོས་དང། རང་སངས་རྒྱས་དག་དང་མཉམ་པ་ཡིན་ནོ། །ཁྱད་པར་རྣམ་པ་ལྔས་ཁྱད་བར?་དུ་འཕགས་པ་ཡང་ཡིན་ཏེ། རྣམ་བར་དག་པའི་ཁྱད་པར་གྱི་ནི་ཉོན་མོངས་པ་བག་ཆགས་དང ་བཅེས་ཏེ་རྣམ་པར་དོག་པའི་ཕྱིར་རོ། །ཡོངས་སུ་དག་པའི་ཁྱད་པར་གྱིས་ནི་ཞིང་ཡོངས་སུ་དག་པའི་ཕྱིར་རོ། །སྐུའི་ཁྱད་པར་གྱིས་ནི་ཆོས་ཀྱི་སྐུའི་ཕྱིར་རོ། །ལོངས་སྤྱོད་རྫོགས་པའི་ཁྱད་པར་གྱིས་ནི་འཁོར་གྱིས་དཀྱིལ་འཁོར་དག་ཏུ་ཆོས་ཀྱི་ལོངS ་སྤྱོད་རྫོགས་པར་རྒྱུན་མི་འཆད་པར་འཇུག་པའི་ཕྱིར་རོ། །ཕྲིན་ལས་ཀྱི་ཁྱད་པར་གྱིས་ནི་དགའ་ལྡན་གྱི་གནས་ན་བཞུགས་བ་ལ་སོགས་པ་སྤྲུལ་བ་དག་གིས་སེམས་ཅན་གྱི་དོན་མཛད་པ་རྗེས་སུ་སྒྲུབ་པའི་ཕྱིར་རོ། །དེ་ལ་ནི་ཀུན་ནས་ཉོན་མོངས་པའི་ཕྱོགས ་འགག་པ་ན་འབྲི་བ་ཡང་མེད་ལ། རྣམ་པར་བྱང་བའི་ཕྱོགས་སྐྱེ་བ་ན་འཕེལ་བ་ཡང་མེད་དོ། །དེ་ལྟར་ན་རྣལ་འབྱོར་གྱི་ས་རྣམ་པ་ལྔ་པོ་འདི་ནི་མཚོན་བ་ཡིན་ཏེ། དེས་མཚན་གཞི་དང་མཚན་ཉིད་དེ་མཚོན་བར་བྱོད་དོ། །རྣམ་བར་གྲོལ་བ་ཡོངས་སུ་ཚོལ་བ་ལ ་ཚིགས་སུ་བཅད་པ་དྲུག་སྟེ། ས་བོན་གཞན་དུ་གྱུར་པའི་ཕྱིར། །གནས་དོན་ལུས་སུ་སྣང་བ་དག་།གཞན་དུ་གྱུར་པ་ཟག་མེད་དབྱིངS། །དེ་ནི་རྟེན་ཀུན་འགྲོ་བ་ཅན། །ས་བོན་གཞན་དུ་གྱུར་པའི་ཕྱིར་ཞེས་བྱ་བ་ནི་ཀུན་གཞི་རྣམ་པར་ཤེས་པ་གཞན་དུ་གྱུར་པའི་ཕྱིར་རོ།། ་གནས་དང་དོན་དང་ལུས་སུ་སྣང་པའི་རྣམ་པར་ཤེས་པ་རྣམས་གཞན་དུ་གྱུར་པ་ནི་ཟག་པ་མེད་བའི་དབྱིངས་ཏེ། རྣམ་པར་གྲོལ་བའོ། །དེ་ནི་ཀུན་ཏུ་འགྲོ་བ་ཅན་ཏེ་ཉན་ཐོས་དང་རང་སངས་རྒྱས་ལ་མངའ་བ་ཡིན་ནོ། །ཡིད་དང་འཛིན་དང་རྣམ་པར་རྟོག་།གྱུར ་ཕྱིར་རྣམ་པར་མི་རྟོག་དང། །ཞིང་དང་ཡེ་ཤེས་ལས་དག་ལ། །དབང་ནི་རྣམ་པ་བཞི་ཡིན་ནོ། །གྱུར་པའི་དོན་ནི་ཡིད་དང་འཛིན་པ་དང་རྣམ་པར་རྟོག་པ་བཟློག་པ་སྟེ། གོ་རིམ་བཞིན་དུ་རྣམ་པར་མི་རྟོག་པ་དང་ཞིང་དང་ཡེ་ཤེས་དང་ལས་དག་ལ་དབང ་རྣམ་པ་བཞི་ཡིན་ནོ། །དབང་དེ་མི་གཡོ་ལ་སོགས་པའི། །ས་གསུམ་ལ་དནི་རྣམ་བཞི་སྟེ། །གཅིག་ལ་རྣམ་གཉིས་དེ་ལས་གཞན། །དབང་རེ་རེ་ནི་འདོད་པཡིན། །དབང་དེ་ཡང་ས་མི་གཡོ་བ་ལ་སོགས་པ་གསུམ་ལ་རྣམ་པ་བཞི་རིག་པར་བྱ་སྟེ། ་ས་མི་གཡོ་བ་གཅིག་ལ་རྣམ་པ་གཉིས་ཏེ། མངོན་པར་འདུ་བྱེད་པ་མད་པར་རྣམ་པར་མི་རྟོག་བའི་ཕྱིར་རྣམ་པར་མི་རྟོག་པ་དང། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པའི་ཕྱིར་ཞིང་ལ་དབང་ངོ། །དེ་ལས་གཞན་པའི་ས་ལ་ནི་དབང་རེ་རེ་སྟེ། ལེཌ་པའི་ ་གློ་གྲོས་ལ་ནི་སོ་སོར་ཡང་དག་པར་རིག་པའི་ཁྱད་བར་ཐོབ་པའི་ཕྱིར་ཡེ་ཤེS་ལ་དབང་ངོ། །ཆོས་ཀྱི་སྤྲིན་ལ་ནི་མངོན་པར་ཤེས་པའི་ལས་རྣམས་ལ་ཐོགས་པ་མེད་པའི་ཕྱིར་ལས་ལ་དབང་ངོ། །བློ་དང་ལྡན་པས་སྲིད་གཏོགས ་བདག་མེད་རྣམ་པ་གཉིས་གའང་རིག་འགྱུར་ལ། དེ་ཡང་མཉམ་པར་ཤེས་ནས་དེ་ནི་འཛིན་པའི་སྒོ་ནས་དེ་ཉིད་འཇུག་།དེ་ནས་དེ་ལ་ཡིད་གནས་ཕྱིར་ན་དེ་ལ་དེ་ཡང་མི་སྣང་ངོ། །དེ་མི་སྣང་བ་གྲོལ་བ་ཡིན་ཏེ། མཆོག་ཏུ་དམིགས་དང་བྲལ་བའོ། །རྣམ་པར་གྲོལ ་བའི་རྣམ་གྲངས་གཞན་ཡང་བྱང་ཆུབ་སེམས་དཔས་སྲིད་པ་གསུམ་དུ་གཏོགས་པ་བདག་མེད་པ་རྣམ་པ་གཉིས་རིག་པར་གྱུར་ལ། བདག་མེད་པ་རྣམ་པ་གཉིས་པོ་དེ་ཡང་ཀུན་བརྟགས་པའི་གང་ཟག་མེད་པ་བཞིན་དུ། །ཀུན་བརྟགས་པའི་ཆོས་མེད ་པར་ཤེས་པའི་ཕྱིར། མཉམ་པར་ཤེས་ནས་ཏེ། རྣམ་པ་ཐམས་ཅད་དུ་མེད་པའི་ཕྱིར་ནི་མ་ཡིན་ནོ། །འདི་ནི་འཛིན་པ་ཙམ་མོ། །ཞེས་འཛིན་པའི་སྒོ་ནས་དེ་ཁོ་ན་ཉིད་རྣམ་པར་རིག་བ་ཙཾ?་ལ་འཇུག་གོ་།དེ་ནས་དེ་ཁོ་ན་ཉིད་རྣམ་པར་རིག་པ་ཙམ་དེ་ལ ་ཡིད་གནས་པའི་ཕྱིར་།དེ་ཁོ་ན་ཉིད་རྣམ་པར་རིག་པ་ཙམ་དེ་ཡང་མི་སྣང་ངོ། །དེ་མི་སྣང་བ་ནི་གྲོལ་བ་མཆོག་ཏུ་དམིགས་པ་དང་བྲལ་བ་གང་ཡིན་པ་སྟེ། གང་ཟག་དང་ཆོས་དག་མི་དམིགས་པའི་ཕྱིར་རོ། །ཚོགས་ཀྱིས་གཞི་དང་བསྐྱེད་ཡོད ་ན། །མིང་ཙམ་དུ་ནི་མཐོང་བར་འགྱུར། །མིང་ཙམ་མཐོང་སྟེ་དེར་མཐོང་ན། །དེ་ཡང་ཕྱིས་ནི་མི་མཐོང་ངོ། །རྣམ་གྲངས་གཞན་ཡང་ཚོགས་ཀྱིས་ཞེས་བྱ་བ་ནི་ཚོགས་བསགས་པའི་སྔོན་གྱི་ཚོགས་ཀྱི་སྟོབས་ཀྱིས་སོ། །གཞི་ཞེས་བྱ་བ་ནི་ཐོས་པའོ། ། ་བསྐྱེད་པ་ཡོད་ན་ཞེས་བྱ་བ་ནི། །ཚུལ་བཞིན་དུ་ཡིད་ལ་བྱེད་པའོ། །མིང་ཙཾ་མཐོང་བར་འགྱུར་རོ། །ཞེས་བྱ་བ་ནི་མངོན་བར་བརྗོད་པ་ཙམ་དུ་སྟེ་དོན་དང་བྲལ་བར་རོ། །མིང་ཙམ་དུ་མཐོང་སྟེ་ཞེས་བྱ་བ་ནི་རྣམ་པར་རིག་པ་ཙམ་དུ་སྟེ། མིང་ནི་གཟུཌ ་ཅན་མ་ཡིན་པའི་ཕུང་ཕོ་བཞི་ཡིན་པའི་ཕྱིར་རོ། །དེར་མཐོང་ན་དེ་ཡང་ཕྱིས་མི་མཐོང་པ་ཉིད་དེ། དོན་མེད་ན་དེའི་རྣམ་པར་རིག་པ་མི་མཐོང་བའི་ཕྱིར་རོ། །དེ་བས་ན་འདི་ནི་མི་དམིགས་པའི་རྣམ་པར་གྲོལ་བ་ཡིན་ནོ། །སེམས་ནི་གནས་ངན་ལེན་དང ་བཅས། །བདག་ལྟའི་ཞགས་པས་ཟིན་པར་ནི། །རབ་ཏུ་འཇུག་པར་འགྱུར་ཏེ་དེ། །ནང་དུ་གནས་ཕྱིར་འདོག་པར་འདོད། །རྣམ་གྲངས་གཞན་ཡང་སེམས་འདི་ནི་སྐྱེ་བ་རྣམས་སུ་གནས་ངན་ལེན་དང་བཅས་པར་རབ་ཏུ་འཇུག་གོ་།བདག་ཏུ་ལྟ་བའི་ཞཌ ་བས་ཟིན་པ་ཞེས་བྱ་བ་ནི་གནས་ངན་གྱི་རྒྱུ་སྟོན་ཏེ། བདག་ཏུ་ལྟ་བ་རྣམ་པ་གཉིས་ཀྱིས་ཟིན་པས་ན་དེའི་ཕྱིར་གནས་ངན་ལེན་དང་བཅས་པ་ཡིན་ནོ། །དེ་ནང་དུ་གནས་པའི་ཕྱིར་ལྡོག་གོ། ཞེས་བྱ་བ་ནི། སེམས་དེ་སེམས་ཁོ་ན་ལ་གནས་པའི་ཕྱིར་ཏེ། ་དམིགས་པ་མི་དམིགས་པའི་ཕྱིར་རོ། །ངོ་བོ་ཉིད་མེད་པ་ཡོངས་སུ་ཚོལ་བ་ལ་ཚིགས་སུ་བཅད་པ་གཉིས་ཏེ། རང་དང་རང་གི་བདག་ཉིད་དུ། །མེད་ཕྱིར་རང་གི་ངོ་བོ་ལ་།མི་གནས་ཕྱིར་དང་འཛིན་བཞིན་དེ། །མེད་ཕྱིར་ངོ་བོ་ཉིད་མེད་འདོད། །རང་མེད་པའི ་ཕྱིར་ངོ་བོ་ཉིད་མེད་པ་ནི་ཆོས་རྣམས་རྐྱེན་ལ་རག་ལས་པའི་ཕྱིར་རོ། །རང་གི་བདག་ཉིད་དུ་མེད་པའི་ཕྱིར་ངོ་བོ་ཉིད་མེད་པ་ནི་འགག་པ་རྣམས་ཡང་དེའི་བདག་ཉིད་དུ་མི་སྐྱེ་བའི་ཕྱིར་རོ། །རང་གི་ངོ་བོ་ལ་མི་གནས་པའི་ཕྱིར་ངོ་བོ་ཉིད་མེད་པ་ནི་སྐད་ཅིག་མ་ཡིན་པཱི ་ཕྱིར་རོ། །དེ་ལྟར་ན་ངོ་བོ་ཉིད་མེད་པ་རྣཾ་པ་གསུམ་པོ་འདི་ནི་འདུས་བྱས་ཀྱི་མཚན་ཉིད་གསུམ་དང་སྦྱར་བར་རིག་པར་བྱའོ། །འཛིན་པ་བཞིན་དེ་མེད་པའི་ཕྱིར་ངོ་བོ་ཉིད་མེད་པ་ལ་དེ་མེད་པའི་ཞེས་བྱ་བ་ནི་ངོ་བོ་ཉིད་མེད་པའི་ཕྱིར་ཏེ། ཇི་ལྟར་བྱིས་བ་རྣམས ་ངོ་བོ་ཉིད་རྟག་པ་དང། བདེ་བ་དང། གཙང་བ་དང། བདག་གམ། ཀུན་བརྟགས་པའི་མཚན་ཉིད་གཞན་དུ་འཛིན་བ་དེ་ལྟར་ངོ་བོ་ཉིད་འདི་མེད་པས་དེའི་ཕྱིར་ཡང་ཆོས་རྣམས་ངོ་བོ་ཉིད་མེད་པ་ཉིད་དུ་འདོད་དོ། །ཕྱི་མ་ཕྱི་མའི་རྟེན་ཡིན་པས་ངོ་བོ་ཉིད་ནི་མེད ་བ་ཡིས། །སྐྱེ་མེད་འགག་མེད་གཟོད་ནས་ཞི། །རང་བཞིན་མྱ་ངན་འདས་བ་གྲུབ། །ངོ་བོ་ཉིད་མེད་པས་ནི་སྐྱེ་བ་མེད་པ་ལ་སོགས་པ་གྲུབ་སྟེ། གང་ཞིག་ངོ་བོ་ཉིད་མེད་པ་དེ་ནི་མ་སྐྱེས་པའོ། །གང་མ་སྐྱེས་པ་དེ་ནི་མ་འགགས་པའོ། །མ ་འགགས་པ་དེ་ནི་གཟོད་མ་ནས་ཞི་བའོ། །གང་གཟོད་མ་ནས་ཞི་བ་དེ་ནི་རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པའོ། །དེ་ལྟར་ན་ངོ་བོ་ཉིད་མེད་པ་ལ་སོགས་པ་འདི་དག་ཕྱི་མ་ཕྱི་མའི་རྟེན་ཡིན་པས་ངོ་བོ་ཉིད་མེད་པས་སྐྱེ་བ་མེད་ལ་སོཌ ་པ་གྲུབ་པ་ཡིན་ནོ། །མི་སྐྱེ་བའི་ཆོས་ལ་བཟོད་པ་ཡོངས་སུ་ཚོལ་བ་ལ་ཚིགས་སུ་བཅད་པ་འཕགS་བ་སྟེ་ཐོག་མ་དང་ནི་དེ་ཉིད་གཞན་ཉིད་དང། །རང་གི་མཚན་ཉིད་རང་དང་གཞན་དུ་འགྱུར། །ཀུན་ནས་ཉོན་མོངས་པ་དང་ཁྱད་པར་ལ། །སྐྱེ་བ་མེད་པའི་ཆོS ་ལ་བཟོད་པར་བཤད། །ཆོས་བརྒྱད་ལ་སྐྱེ་བ་མེད་པར་བཟོད་པ་ནི་མི་སྐྱེ་བའི་ཆོས་ལ་བཟོད་པའོ། །དེ་ཐོག་མ་ནི་འཁོར་བ་ལ་སྟེ། དེ་ལ་ཐོག་མ་སྐྱེ་བ་མེད་དོ། །དེ་ཉིད་དང་གཞན་ཉིད་ནི་སྔ་མ་དང་ཕྱི་མ་རྣམས་ལ་སྟེ། འཁོར་བ་ན་ཆོས་གང ་དག་སྔར་སྐྱེས་པ་དེ་དག་ཉིད་སྐྱེ་བ་ནི་མེད་དེ། དེའི་ངོ་བོར་མི་སྐྱེ་བའི་ཕྱིར་རོ། །གཞན་དག་ཀྱང་མ་ཡིན་ཏེ། སྔོན་མེད་པའི་རྣམ་པར་མི་སྐྱེ་བའི་ཕྱིར་རོ། །རང་གི་མཚན་ཉིད་ནི། ཀུན་བརྟགས་པའི་ངོ་བོ་ཉིད་ལ་སྟེ། དེ་ལ་ནི་ནམ་ཡང་སྐྱེ་བ་མེད་དོ། ། ་རང་སྐྱེ་བ་མེད་པ་ནི་གཞན་གྱི་དབང་ལའོ། །གཞན་དུ་འགྱུར་བ་ནི་ཡོངས་སུ་གྲུབ་པ་ལ་སྟེ། དེ་ལ་ནི་གཞན་དུ་འགྱུར་བར་སྐྱེ་བ་མེད་དོ། །ཀུན་ནས་ཉོན་མོངས་པ་ནི་སྤངས་བ་ལ་སྟེ། ཟད་པ་ཤེས་པ་ཐོབ་བ་ལ་ཉོན་མོངས་པ་སྐྱེ་བར་མི་བལྟའོ། །ཁྱད་པར ་ནི་སངས་རྒྱས་ཀྱི་ཆོས་ཀྱི་སྐུ་རྣམས་ལ་སྟེ། དེ་དག་ལ་ནི་ཁྱད་པར་དུ་སྐྱེ་བ་མེད་དོ། །དེ་ལྟར་ན་ཆོས་དེ་དག་ལ་སྐྱེ་བ་མེད་པའི་ཆོS་ལ་བཟོད་པར་བཤད་དོ། །ཐེག་པ་གཅིག་པ་ཉིད་ཡོངས་སུ་ཚོལ་བ་ལ་ཚིགས་སུ་བཅད་པ་བདུན་ཏེ། ཆོས་དང་བདག ་མེད་གྲོལ་བ་རྣམས། །མཚུངས་ཕྱིར་རིགས་ནི་ཐ་དད་ཕྱིར། །བསམ་གཉིས་ཐོབ་ཕྱིར་སྤྲུལ་པའི་ཕྱིར། །མཐར་ཐུགས་ཕྱིར་ན་ཐེག་གཅིག་ཉིད། །ཉན་ཐོས་ལ་སོགས་པའི་ཆོས་ཀྱི་དབྱིངས་ཐ་མི་དད་པས་ན་ཆོས་ཀྱི་དབྱིངས་མཚུངས་པའི་ཕྱིར་ཐེག་པ ་གཅིག་པ་ཉིད་དེ་།བགྲོད་པར་བྱ་བས་ན། ཐེག་པ་ཡིན་བས་སོ། །ཉན་ཐོས་ལ་སོགས་པའི་བདག་མེད་པ་འདྲ་བས་བདག་མེད་པ་མཚུངS་པཱི་ཕྱིར་ཐེག་པ་གཅིག་པ་ཉིད་དེ། །འགྲོ་བ་པོས་ན་ཐེག་པ་ཡིན་པས། །རྣམ་པར་གྲོལ་བ་མཚུངས་པའི ་ཕྱིར་ཐེག་པ་གཅིག་པ་ཉིད་དེ། འགྲོ་བས་ན་ཐེག་པ་ཡིན་པས་སོ། །ཉན་ཐོས་ལ་སོགས་པའི་རིགས་སུ་མ་ངེས་པ་རྣམས་ཐེག་པ་ཆེན་པོས་ངེས་པར་འབྱུང་བས་རིགས་ཐ་དད་པའི་ཕྱིར་ཐེག་པ་གཅིག་པ་ཉིད་དེ། །འདིས་འགྲོ་བས་ན་ཐེག་པ ་ཡིན་པས་སོ། །བསམ་པ་གཉིས་ཐོབ་པའི་ཕྱིར་ཐེག་པ་གཅིག་པ་ཉིད་དེ། སངས་རྒྱས་རྣམས་ཀྱིས་སེམས་ཅན་ཐམས་ཅད་ལ་བདག་ཉིད་ཀྱི་དགོངས་པ་བརྙེས་པའི་ཕྱིར་དང། ཉན་ཐོས་དེའི་རིས་སུ་ངེས་པ་སྔོན་བྱང་ཆུབ་ཀྱི་ཚོགས་སྤྱད་པ་རྣམས ་སངས་རྒྱས་ཀྱི་མཐུས་དེ་བཞིན་གཤེགས་བས་རྗེས་སུ་བཟུང་བའི་ཁྱད་པར་ཕྱོགས་ཙམ་ཐོབ་པར་བྱ་བའི་ཕྱིར་རྒྱུད་ཐ་མི་དད་པར་མོས་པའི་སྒོ་ནས་བདག་ཉིད་ཀྱིས་སངས་རྒྱས་ཀྱི་དགོངས་པ་ཐོབ་པའི་ཕྱིར་རོ། །དེ་ལྟར་ན་བསམས་པ་གཅིག་པ་ཉིད ་ཐོབ་པས་སངས་རྒྱས་དང་ཉན་ཐོས་རྣམས་གཅིག་པའི་ཕྱིར་ཐེག་པ་གཅིག་བ་ཉིད་དོ། །སྤྲུལ་པའི་ཕྱིར་ཐེག་པ་གཅིག་པ་ཉིད་དོ། །ཇི་སྐད་དུ་ང་ནི་ལན་བརྒྱ་ཕྲག་དུ་མར་ཉན་ཐོས་ཀྱི་ཐེག་པས་ཡོངས་སུ་མྱ་ངན་ལས་འདས་སོ། །ཞེས་གསུངས ་པ་ལྟ་བུ་སྟེ། གདུལ་བ་རྣམས་ཀྱི་དོན་དུ་དེ་ལྟར་སྟོན་པའི་ཕྱིར་རོ། །མཐར་ཐུག་པའི་ཕྱིར་ཡང་ཐེག་པ་གཅིག་པ་ཉིད་དེ། གང་ཕན་ཆད་བགྲོད་པར་བྱ་བ་མེད་པ་དེ་ནི་ཐེག་པ་ཡིན་པས་སངས་རྒྱས་ཉིད་ཁོ་ན་ཐེག་པ་གཅིག་ཡིན་ནོ། །དེ་ལྟ་བས་ན ་མདོ་དེ་དང་དེ་ལས་ནི་དགོས་པ་དེ་དང་དེས་ཐེག་པ་གཅིག་བ་ཉིད་དུ་གསུངས་པར་རིག་པར་བྱའི། ཐེག་པ་གསུམ་མེད་པ་ནི་མ་ཡིན་ནོ། །ཡང་ཅིའི་ཕྱིར་སངས་རྒྱས་རྣམས་ཀྱིས་དགོངས་པ་དེ་དང་ངེས་ཐེག་བ་གཅིག་པ་ཉིད་དུ་བཤད་ཅེ ་ན། ཁ་ཅིག་དང་ནི་དྲང་ཕྱིར་དང། །གཞན་དག་ཡང་དག་བཟུང་བའི་ཕྱིར། །རྫོགས་པའི་སངས་རྒྱས་རྣམས་ཀྱིས་ནི། །མ་ངེས་རྣམས་ལ་ཐེག་གཅིག་བཤད། །ཁ་ཅིག་དྲང་བའི་ཕྱིར་ཞེས་བྱ་བ་ནི་ཉན་ཐོས་ཀྱི་རིགས་ཅན་མ་ངེས་པ་གང་དག་ཡིན་པའོ།། ་གཞན་དག་ཡང་དག་བར་བཟུང་བའི་ཕྱིར་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་ཨི་རིགས་ཅན་མ་ངེས་པ་གང་དག་ཡིན་བའོ། །ཉན་ཐོས་མ་ངེས་རྣམ་གཉིས་ཏེ། །ཐེག་དོན་མཐོང་དང་མ་མཐོང་བའོ། །དོན་མཐོང་འདོད་ཆགས་བྲལ་བ་དང། །འདོད་ཆགS ་བྲལ་མིན་འདི་དམན་པའོ། །ཉན་ཐོས་མ་ངེས་པ་ཡང་རྣམ་པ་གཉིས་སུ་རིག་པར་བྱ་སྟེ། ཐེག་པའི་དོན་མཐོང་བ་ནི་བདེན་པ་མཐོང་བ་ཐེག་པ་ཆེན་པོས་ངེས་པར་འབྱུང་བ་གང་ཡིན་པའོ། །ཐེག་བའི་དོན་མ་མཐོང་བ་ནི་བདེན་པ་མཐོང་བ་ཐེག་པ ་ཆེན་པོ་ངེས་པར་འབྱུང་བ་གང་ཡིན་པའོ། །དོན་མཐོང་བ་ཡང་འདོད་པ་དག་ལས་འདོད་ཆགས་དང་བྲལ་བ་དང། འདོད་ཆགས་དང་མ་བྲལ་བའོ། །དོན་མཐོང་བ་རྣམ་པ་གཉིས་སུ་བཤད་པ་གང་ཡིན་པ་འདི་ནི་དམན་པ་ཡིན་ཏེ། རྟོག་པ་བུལ་བ་ཡིན ་པར་རིག་པར་བྱའོ། །དེ་གཉིས་འཕགས་པའི་ལམ་ཐོབ་པ། །སྲིད་པ་དག་ཏུ་བསྒྱུར་བའི་ཕྱིར། །བསམ་གྱིས་མི་ཁྱབ་བསྒྱུར་བ་ཡི། །སྐྱེ་བ་དང་ནི་ཡང་དག་ལྡན། །དོན་མཐོང་བ་ནི་གཉིས་ནི་འཕགས་པའི་ལམ་ཐོབ་བ་སྲིད་བ་དག་? ་བསྒྱུར་བའི་ཕྱིར། །བསམ་གྱིས་མི་ཁྱབ་བསྒྱུར་བའི་སྐྱེ་བ་དང་ལྡན་པར་རིག་པར་བྱའོ། །འཕགས་པའི་ལམ་དེ་སྐྱེ་བར་བསྒྱུར་བ་ནི་བསམ་གྱིས་མི་ཁྱབ་སྟེ། དེ་ལྟ་བས་ན་བསམ་གྱིས་མི་ཁྱབ་པར་བསྒྱུར་བ་ཡིན་ནོ། །གཅིག་གི་སྨོན་ལམ་དབང?་གིS? ་ན། སྐྱེ་བ་རབ་ཏུ་སྒྲུབ་པར་བྱེད། །གཅིག་ཤོས་ཕྱིར་མི་འོང་བ་དང། །ལྡན་ཕྱིར་སྤྲུལ་པས་རབ་ཏུ་སྒྲུབ། །དེ་གཉིས་ལ་གཅིག་སྟེ་འདོད་ཆགས་དང་མ་བྲལ་བ་གང་ཡིན་པ་དེ་ནི་སྨོན་ལམ་གྱི་དབང་གིས་ཇི་ལྟར་འདོད་པ་བཞིན་དུ་སྐྱེ་བ་འཛིན་ཏོ། ། ་ཅིག་ཤོས་ནི་ཕྱིར་མི་འོང་བ་དང་ལྡན་པའི་སྟོབས་ཀྱིས་སྤྲུལ་པ་དག?་གིས་འཛིན་ཏོ། །དེ་གཉིས་ཡང་དང་ཡང་དུ་ནི། །རང་སེམས་ཀུན་ཏུ་འབྱུང་ལྡན་པས། །མྱ་ངན་འདས་ལ་མངོན་དགའ་ཨི་ཕྱིར། །རྟོགས་པ་བུལ་བ་ཡིན་པར་འདོད། །དེ་གཉིས་ཡང་རང ་གིས་ཉན་ཐོས་ཀྱི་སེམས་སྐྱོ་བ་དང་ལྡན་པ་ཡང་དང་ཡང་དུ་ཀུན་ཏུ་འབྱུང་བས་མྱ་ངན་ལས་འདས་པ་ལ་ལྷག་པར་དགའ་བའི་ཕྱིར་རྟོགས་པ་བུལ་བ་ཡིན་པར་འདོད། ཡུན་རིང་མོ་ཞིག་ན་མངོན་པར་རྫོགས་པར་འཚང་བརྒྱ་བའི་ཕྱིར་རོ། །དོན་བྱས་མ་ཡིན ་དེ་སངས་རྒྱས། །མེད་པར་སྐྱེད་ནས་སྤྲུལ་དོན་གཉེར། །བསམ་གཏན་དོན་བརྩོན་དེར་བརྟེན་ནས། །བྱང་ཆུབ་དམ་པ་འཐོབ་པར་འགྱུར། །བདེན་པ་མཐོང་བ་འདོད་ཆགས་དང་མ་བྲལ་བ་དོན་མ་བྱས་པ་སླབ་པ་གང་ཡིན་པ་དེ་ནི་སངས་རྒྱས་མེད་པའི་དུས་སུ ་སྐྱེས་ནས་སྤྲུལ་པ་དོན་དུ་གཉེར་བས་བསམ་གཏན་གྱིས་དོན་དུ་བརྩོན་པར་འགྱུར་ཞིང་སྤྲུལ་པ་དེ་ལ་ཡང་བརྟེན་ནས་རིམ་གྱིས་བྱང་ཆུབ་དམ་པ་འཐོབ་པར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་གནས་སྐབས་གསུམ་ལ་གནས་པ་དེ་ལ་དགོངས་ནས། ་དཔལ་ཕྲེང་གི་མདོ་ལས། མེའི་དཔེས་ཉན་ཐོས་སུ་གྱུར་ནས། རང་སངས་རྒྱས་སུ་འགྱུར་རོ། །ཕྱིས་ནི་སངས་རྒྱས་སུ་ཡང་འགྱུར་རོ། །ཞེས་གསུངས་ཏེ། གང་གི་ཚེ་སྔོན་བདེན་པ་མཐོང་བའི་གནས་སྐབས་དང། གང་གི་ཚེ་སངས་རྒྱས་མེད་པའི་དུས་སུ་བདག་ཉིད་ཀྱིS ་བསམ་གཏན་བསྐྱེད་ནས་སྐྱེ་བའི་ལུས་བོར་ཏེ། སྤྲུལ་པའི་ལུས་འཛིན་པ་དང། གང་གི་ཚེ་བྱང་ཆུབ་དམ་པ་འཐོབ་པའི་གནས་སྐབས་སོ། །རིགས་པའི་གནས་ཡོངས་སུ་ཚོལ་བ་ལ་ཚིགས་སུ་བཅད་པ། རིགས་བའི་གནས་ལྔ་དག་ལ་བརྩོན་པར་མ་བྱས ་བར། །འཕགས་མཆོག་ཅིས་ཀྱང་ཐཾས་ཅད་མཁྱེན་ཉིད་མི་འགྱུར་ཏེ། དེ་ལྟ་བས་ན་གཞན་དག་ཚར་བཅད་རྗེས་བཟུང་དང། །བདག་ཉིད་ཀུན་ཤེས་བྱ་ཕྱིར་དེ་ལ་དེ་བརྩོན་བྱེད། །རིགS་བའི་གནས་ནི་རྣམ་པ་ལྔ་སྟེ། ནང་རིག་པ་དང། གསོ་བ་རིག ་བ་དང། གཏན་ཚིགས་རིག་བ་དང། སྒྲ་རིག་པ་དང། གཟོའི་ལས་ཀྱི་གནས་རིགས་བའོ། །དེ་དག་གང་གི་ཕྱིར་བྱང་ཆུབ་སེམས་དཔས་བཙལ་བར་བྱ་བ་དེ་སྟོན་ཏེ། བྱེ་བྲག་མེད་པར་ནི་ཐམས་ཅད་མཁྱེན་བ་ཉིད་ཐོབ་བར་བྱ་བའི་ཕྱིར་རོ། །བྱེ་བྲག་ཏུ་ནི་གཏན ་ཚིགས་རིག་པ་དང། སྒྲ་རིག་བ་ནི་གཞན་དེ་དག་ལམ་མོས་པ་རྣམས་ཚར་བཅད་བའི་ཕྱིར་ཡོངས་སུ་ཚོལ་ལོ། །གསོ་བ་རིག་བ་དང། བཟོའི་ལས་ཀྱི་གནས་རིག་བ་ནི་གཞན་དེ་དག་ལས་མོས་པ་རྣམས་ལ་ཕན་གདགས་པའི་ཕྱིར་ཡོངས་སུ་ཚོལ་ལོ། །ནད་རིག ་བ་ནི་བདག་ཉིད་དུ་ཀུན་ཤེས་བར་བྱ་བའི་ཕྱིར་ཡོངས་སུ་ཚོལ་ལོ། །ཁཾས་རྟས་པ་ཡོངས་སུ་ཚོལ་བ་ལ་ཚིགས་སུ་བཅད་པ་བཅུ་གསུམ་སྟེ། ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་བར་བྱ་བའི་ཕྱིར། ཕ་རོལ་ཕྱིན་པ་དང་ལྡན་པའི་ཡིད་ལ་བྱེད་པ་གང་དག ་ཁམས་རྟས་བར་བྱེད་བ་དེ་དག་ཁོ་ན་ཚིགས་སུ་བཅད་པ་འདི་དག་གིས་བསྟན་ཏོ། །དེ་ལ་ཚིགས་སུ་བཅད་བ་དང་པོ་ནི་འདི་ཡིན་ཏེ། རྒྱུ་དམིགས་ནས་ནི་དགའ་བ་དང། རྟེན་ལ་དེ་རྗེས་དྲན་པ་དང། འབྲས་བུ་ཐུན་མོང་འདོད་བ་དང། །ཇི་ལྟར་བྱང་ཆུབ ་བཞིན་མོས་བའོ། །དེ་དག་ཀྱང་རྒྱུ་དམིགས་ནས་དགའ་བ་ཡིད་ལ་བྱེད་པ་ནས་བདག་ཉིད་མཆོག་ཏུ་ངེས་པར་འཛིན་བ་ཡིད་ལ་བྱེད་བའི་བར་དག་ཡིན་ནོ། །དེ་ལ་རྒྱུ་དམིགས་ནས་དགའ་བ་ཡིད་ལ་བྱེད་བ་ནི། རེ་ཞིག་དང་པོ་ཁོ་ནར་བྱང་ཆུབ་སེམS ་དཔའ་རིགས་ལ་གནས་བ་བདག་ཉིད་ལ་ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱི་རིགས་མཐོང་བ་དང། རྒྱུ་དམིགས་ནས་དགའ་བས་ཕ་རོལ་ཏུ་ཕྱིན་པའི་ཁམས་རྟས་བར་བྱེད་དོ། །རིགས་ལ་གནས་བ་བླ་ན་མེད་པ་ཡང་དག་པར་རྫོགས་བའི་བྱང་ཆུབ་ཏུ? ་སེམས་བསྐྱེད་བས་དེའི་འོག་ཏུ་རྟེན་ལ་དེ་རྗེས་སུ་དྲན་བ་ཡིད་ལ་བྱེད་པ་སྟེ། བྱང་ཆུབ་སེམས་དཔའ་དེ་དག་ཉིད་ལ་ཕ་རོལ་ཏུ་ཕྱིན་བ་རྣམས་ཀྱི་རྟེན་དུ་གྱུར་བ་བྱང་ཆུབ་གྱི་སེམས་ཡང་དག་བར་རྗེས་སུ་མཐོང་བ་དང་འདི་སྙམ་དུ་འདི་ལར?་བདག་ལ་བྱང་ཆུབ ་ཀྱི་སེམས་ཡོད་བས་ན་གདོན་མི་ཟ་བར་ཕ་རོལ་ཏུ་ཕྱིན་བ་འདི་དག་ཡོངས་སུ་རྫོགས་བར་འགྱུར་རོ་སྙམ་དུ་ཡིད་ལ་བྱེད་དོ། །སེམས་བསྐྱེད་པ་ནི་ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱིས་རང་དང་གཞན་གྱི་དོན་ལ་རབ་ཏུ་སྦྱོར་བ་འབྲས་བུ་མཐུན་མོང་འདོད་པ་ཡིད ་ལ་བྱེད་དོ། །ཕ་རོལ་ཏུ་ཕྱིན་པ་འདི་དག་གི་འབྲས་བུ་ནི་གཞན་དང་ཐུན་མོང་དུ་གྱུར་ཅིག་གཞན་དུ་མ་གྱུར་ཅིག་སྙམ་དུ་མངོན་པར་འདུ་བྱེད་པའི་ཕྱིར་རོ། །རང་དང་གཞན་གྱི་དོན་ལ་རབ་ཏུ་སྦྱོར་བ་ནི། ཀུན་ནས་ཉོན་མོངས་པ་མེད་པའི་ཐབས་དེ་ཁོ་ན ་ཉིད་ཀྱི་དོན་རྟོགས་བར་འགྱུར་བས་དེའི་འོག་ཏུ་ཇི་ལྟར་བྱང་ཆུབ་བ་བཞིན་དུ་མོས་པ་ཡིད་ལ་བྱེད་བ་སྟེ། ཇི་ལྟར་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཕ་རོལ་ཏུ་ཕྱིན་བ་མངོན་པར་རྫོགས་པར་སངས་རྒྱས་བ་དང། མངོན་བར་རྡོགས་པར་འཚང ་རྒྱ་བར་འགྱུར་བ་དང། མངོན་བར་རྫོགས་བར་སངས་རྒྱས་བ་དེ་བཞིན་དུ་བདག་ཀྱང་མོས་སོ་སྙམ་དུ་མངོན་པར་འདུ་བྱེད་བའི་ཕྱིར་རོ། །ཐམས་ཅད་དུ་ཡང་གོ་རིམ་ནི་དེ་ལྟ་བུར་རིག་བར་བྱའོ། །མཐུ་ནི་རྣམ་བ་བཞི་དག་གིས། །དགའ་དང་ངེས་བར ་མི་སྐྱོ་དང། །མི་མཐུན་ཕྱོགས་དང་གཉེན་བོ་ལ། །སྒྲུབ་བ་རྣམ་བ་བཞི་ཡིན་ནོ། །མཐུས་དགའ་བ་ཡིད་ལ་བྱེད་བ་ནི་མཐུ་རྣམ་བ་བཞི་ཡང་དག་བར་མཐོང་ནས་དགའ་བའི་ཕྱིར་རོ། །མཐུ་རྣམ་བ་བཞི་ནི། མི་མཐུན་བའི་ཕྱོགས་སྤོང་བ་དང། ཚོགས་ཡོངS ་སུ་སྨིན་བ་དང། རང་དང་གཞན་ལ་ཕན་བ་དང། ཚེ་ཕྱི་མ་ལ་རྣམ་བར་སྨིན་པ་དང། རྒྱུ་མཐུན་བའི་འབྲས་བུ་འབྱིན་པ་ཉིད་དོ། །སེམས་ཅན་དང་རང་གི་སངས་རྒྱས་ཀྱི་ཆོས་ཡོངས་སུ་སྨིན་བ་ལས་བརྩམས་ཏེ་ངེས་བར་སྐྱོ་བ་མེད་བ་ཡིད་ལ་བྱེད་བ་ནི་སེམS་ ་ཅན་ཐམས་ཅད་ཀྱི་ལོག་བར་སྒྲུབ་བ་དང། སྡུག་བསྔལ་འབབ་པ་ཐམས་ཅད་ཀྱི་ངེས་བར་སྐྱོ་བ་མེད་པར་མངོན་པར་འདུ་བྱེད་པའི་ཕྱིར་རོ། །བྱང་ཆུབ་དམ་བ་འཐོབ་པར་འགྱུར་བའི་ཕྱིར་མི་མཐུན་བའི་ཕྱོགས་དང་གཉེན་པོ་ལ་སྒྲུབ་བ ་རྣམ་བ་བཞི་ཡིད་ལ་བྱེད་པ་ནི་སྦྱིན་པ་ལ་སོགས་པའི་མི་མཐུན་པའི་ཕྱོགས་སེར་སྣ་ལ་སོགས་བ་སོ་སོར་འཆགས་བ་དང། གཉེན་པོ་སྦྱིན་པ་ལ་སོགས་པ་ལ་རྗེས་སུ་ཡི་རང་བ་དང། དེའི་ཆེད་ཀྱི་ཆོསཟ་བཤད་པའི་ཕྱིར་སངས་རྒྱས་ལ་གསོལ་བ་གདབ་བ་དང། ་དེ་དག་བྱང་ཆུབ་ཏུ་བསྔོ་བའོ། །རབ་དང་ཡང་དག་ནོད་པ་དང། །གཞན་ལ་སྦྱིན་བར་འདུན་པ་དང། གོ་ཆ་དང་ནི་སྨོན་ལམ་དང། །མངོན་བར་དགའ་དང་བྱ་བའི་ཡིད། །མོས་པའི་སྟོབས་བསྐྱེད་པ་ལས་བརྩམས་ནས། ཕ་རོལ་ཏུ་ཕྱིན་པའི་ཆེད་ཀྱི་ཆོས ་དང་དོན་ལ་རབ་ཏུ་དང་བ་ཡིད་ལ་བྱེད་བའོ། །ཆོས་ཡོངས་སུ་ཚོལ་བ་ལས་བརྩམས་ཏེ་ཡང་དག་པར་ནོད་བ་ཡིད་ལ་བྱེད་པ་ནི། །ཆོས་དེ་ཉིད་ལ་མི་སྨོད་པའི་ཚུལ་གྱིས་ཡོངས་སུ་འཛིན་པའི་ཕྱིར་རོ། །བཤད་པ་ལས་བརྩམས་ནས་སྦྱིན་པར་འདུན ་བ་ཡིད་ལ་བྱེད་བ་ནི་གཞན་དག་ལ་ཆོས་དང་དོན་རབ་ཏུ་བཤད་པའི་ཕྱིར་རོ། །སྒྲུབ་པ་ལས་བརྩམས་ཏེ་གོ་ཆ་ཡིད་ལ་བྱེད་པ་ནི། སྦྱིན་པ་ལ་སོགས་པ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་གོ་གྱོན་པའི་ཕྱིར་རོ། །སྨོན་ལམ་ཡིད་ལ་བྱེད་པ་ནི། དེ་ཡོངས ་སུ་རྫོགས་པའི་རྐྱེན་དང་ཕྲད་པར་བྱ་བའི་ཕྱིར་རོ། །མངོན་པར་དགའ་བ་ཡིད་ལ་བྱེད་བ་ནི། ཀྱེ་མ་བདག་ནི་སྦྱིན་པ་ལ་སོགས་བ་སྒྲུབ་པས་ཡང་དག་པར་སྒྲུབ་པར་བྱེད་དོ་སྙམ་དུ་མངོན་བར་དགའ་བའི་ཕྱིར་ཏེ། ཡིད་ལ་བྱེད་པ་གསུམ་པོ་འདི་དགེ ་ཁོ་ན་གདམས་ངག་རྗེས་སུ་སྟོན?་པ་དང་སྦྱར་བར་བྱའོ། །ཐབས་དང་ལྡན་བའི་ལས་ཡིད་ལ་བྱེད་པ་ནི་ཀུན་ཏུ་རྟོག་བ་དག་གིས་རྣམ་པ་ཐམས་ཅད་དུ་སྦྱིན་པ་ལ་སོགས་པ་ལ་སྦྱོར་བ་ཡིད་ལ་བྱེད་པའི་ཕྱིར་རོ། །སྦྱིན་སོགས་རྣམ་པ་དྲུག་ལ་ནི།། ་མཐུ་ཐོབ་བ་དང་ཡོངས་སྨིན་དང། །མཆོད་པ་དང་ནི་བསྟེན་བ་ལ། །ཡང་དག་སྤྲོ་བ་མཆོག་དང་བརྩེ། །སྤྲོ་བ་ཡིད་ལ་བྱེད་བཞིན་རྣམ་པ་བཞི་སྟེ། སྦྱིན་བ་ལ་སོགས་པ་རྣམ་བ་དྲུག་པོ་སྦྱིན་པ་ནས། ཤེས་རབ་ཀྱི་སྦྱིན་བའི་བར་དང། དེ་བཞིན་དུ་ཚུལ་ཁྲིམས་ལ ་སོགས་པ་རྣམ་པ་དྲུག་ལ་མཐུ་ཐོབ་པ་དང། ཕ་རོལ་ཏུ་ཕྱིན་པ་དག་ཁོ་ནས་བསྡུ་བའི་དངོས་པོའི་སྦྱོར་བས་སེམས་ཅན་ཡོངས་སུ་སྨིན་པ་དང། མཆོད་པ་སྟེ། སྦྱིན་པས་རྙེད་པ་དང། བཀུར་སྟིའི་མཆོད་བ་དད་ལྷག་མ་རྣམས་ཀྱིས་སྒྲུབ་པའི་མཆོད་བ་དང ་ཕ་རོལ་ཏུ་ཕྱིན་པ་ཕྱིན་ཅི་མ་ལོག་པར་འདོམས་པའི་དོན་དུ་དགེ་བའི་བཤེས་གཉེན་བསྟེན་པ་ལ་སྤྲོ་བ་ཡིད་ལ་བྱེད་པར་རིག་པར་བྱའོ། །བརྩེ་བ་ཡིད་ལ་བྱེད་པ་ནི་ཚད་མེད་བ་བཞིས་ཡིན་ཏེ། སྦྱིན་པ་ལ་སོགས་བསྒྲུབ་པས་བྱམས་པ་དང། སེར་སྣ ་ལ་སོགས་པ་དང་འགྲོགས་བས་སེམས་ཅན་རྣམས་ལ་སྙིང་རྗེ་བ་དང། སེམས་ཅན་སྦྱིན་པ་ལ་སོགས་པ་དང་ལྡན་པ་རྣམས་ལ་དགའ་བ་དང། དེ་དག་ལ་ཀུན་ནས་ཉོན་མོངས་པ་མེད་པར་མོས་པའི་སྒོ་ནས་བཏང་སྙོམས་སུ་བྱེད་པ་ཡིན་ནོ། །མ་བྱས་ངན ་བར་བྱས་བ་ལ། །ངོ་ཚ་འགྱོད་དང་ཡུལ་ལ་དགའ་། །སྐྱོ་ལ་དགྲ་བོའི་འདུ་ཤེས་དང། །འགོད་དང་བརྗོད་པའི་བློ་གྲོས་སོ། །ངོ་ཚ་ཤེས་པའི་ཆོས་ལས་བརྩམས་ཏེ། ངོ་ཚ་བ་ཡིད་ལ་ཕྱེད་པ་ནི་སྦྱིན་བ་ལ་སོགས་བ་མ་བྱས་པའམ། ཡོངས་སུ་མ་རྫོགས་བ་འམ? ་ལོག་པར་བྱས་བ་དག་ལ་ངོ་ཚ་བའོ། །ངོ་ཚ་ནས་ནི་འཇུག་པ་དང་ལྡོག་བར་བྱ་བའི་ཕྱིར་དང། ཡུན་མི་རིང་བར་འགྱོད་པར་བྱེད་དོ། །མ་གུ་བ་ལས་བརྩམས་ཏེ་སྦྱིན་པ་ལ་སོགས་བ་དམིགས་པ་ལ་དགའ་བ་ཡིད་ལ་བྱེད་བ་ནི་སེམས་རྣམ་པར་གཡེང་བ ་མེད་པར་ཀུན་ཏུ་འཛིན་བའི་ཕྱིར་རོ། །སྐྱོ་བ་མེད་བར་ཡིད་ལ་བྱེད་པ་ནི་སྦྱིན་པ་ལ་སོགས་པ་ལ་སྦྱོར་བས་སྐྱོབ་ལ་དགྲ་བོའི་འདུ་ཤེས་སུ་བྱེད་བའི་ཕྱིར་རོ། །འགོད་བར་འདུན་བ་ཡིད་ལ་བྱེད་བ་ནི། ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་བསྟན་བཅོས་ལ་འགོད་པར ་མངོན་པར་འདུ་བྱེད་པའི་ཕྱིར་རོ། །འཇིག་རྟེན་ཤེས་པ་ཉིད་ལས་བརྩམས་ཏེ་བརྗོད་པ་ཡིད་ལ་བྱེད་བ་ནི་བསྟན་བཅོས་དེ་ཉིད་འཇིག་རྟེན་ལ་སྣོད་ཇི་ལྟ་བ་བརྗོད་པར་མངོན་པར་འདུ་བྱེད་བའི་ཕྱིར་རོ། །སྦྱིན་སོགས་རྫོགས་བའི་བྱང་ཆུབ་ཀྱི།། ་རྟེན་ཡིན་དབང་ཕྱུག་ལ་སོགས་མིན། །གཉིས་པོ་དག་ལ་སྐྱོན་དང་ནི་ཡོན་ཏན་སོ་སོ་ཡང་དག་རིག། རྟེན་ཡིད་ལ་བྱེད་པ་ནི་བྱང་ཆུབ་འཐོབ་པའི་རྟེན་ནི་སྦྱིན་པ་ལ་སོགས་པ་ཡིན་གྱི། །དབང་ཕྱུག་ལ་སོགས་པ་མ་ཡིན་པའི་ཕྱིར་རོ། །སོ་སོ་ཡང་དག ་པར་རིག་པ་ཡིད་ལ་བྱེད་པ་ནི་སེར་སྣ་དང་སྦྱིན་པ་ལ་སོགས་པ་མི་མཐུན་པའི་ཕྱོགས་དང་གཉེན་པོ་དག་ལ་སྐྱོན་དང་ཡོན་ཏན་དུ་སོ་སོ་ཡང་དག་པར་རིག་པའི་ཕྱིར་རོ། །བསགས་པ་རྗེས་སུ་དྲན་པ་ཡིས། །དགའ་དང་དོན་ཆེན་མཐོང་པ་དང།། ་རྣལ་འབྱོར་རྣམ་པར་མི་རྟོག་དང། །དེ་འཛིན་རྐྱེན་དང་ཕྲད་འདོད་པ། །བསགས་པ་རྗེས་སུ་དྲན་པས་དགའ་བ་ཡིད་ལ་བྱེད་པ་ནི་སྦྱིན་པ་ལ་སོགས་པ་བསགས་ན་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསགས་པར་ཡང་དག་པར་མཐོང་བའི ་ཕྱིར་རོ། །དོན་ཆེན་པོ་མཐོང་བ་ཡིད་ལ་བྱེད་བ་ནི། སྦྱིན་པ་ལ་སོགས་པ་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ངོ་བོའི་དོན་གྱིས་བྱང་ཆུབ་ཆེན་པོ་འཐོབ་པའི་དོན་དུ་ཡང་དག་པར་མཐོང་བའི་ཕྱིར་རོ། །འདོད་པ་ཡིད་ལ་བྱེད་པ་ནི་དེ་ཡང་རྣམ་པ་བཞི་སྟེ། རྣལ ་འབྱོར་འདོད་པ་ཡིད་ལ་བྱེད་པ་ནི། ཞི་གནས་དང་ལྷག་མཐོང་གི་རྣལ་འབྱོར་སྒོམ་པར་འདོད་པའི་ཕྱིར་རོ། །རྣམ་པར་མི་རྟོག་པ་འདོད་བ་ཡིད་ལ་བྱེད་པ་ནི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱ་བའི་དོན་དུ་ཐབས་ལ་མཁས་པར་འདོད་པའི་ཕྱིར་རོ།། ་འཛིན་པ་འདོད་པ་ཡིད་ལ་བྱེད་པ་ནི། ཕ་རོལ་ཏུ་ཕྱིན་པའི་ཆེད་ཀྱི་ཆོས་དང་དོན་འཛིན་པར་འདོད་པའི་ཕྱིར་རོ། །རྐྱེན་དང་ཕྲད་པར་འདོད་པ་ཡིད་ལ་བྱེད་པ་ནི་ཡང་དག་པའི་སྨོན་ལམ་མངོན་པར་འདུ་བྱེད་པའི་ཕྱིར་རོ། །ལོག་པར་འཛིན་པ་རྣམ ་པ་བདུན། །སྤོང་པའི་མཐུན་ནི་ཐོབ་པ་དང། །ངོ་མཚར་ངོ་མཚར་མེད་པ་ལ། །འདུ་ཤེས་རྣམ་པ་བཞི་ཉིད་དོ། །ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱིས་ལོག་པར་འཛིན་བ་རྣམ་པ་བདུན་སྤོང་བའི་མཐུ་ཐོབ་པ་མིད་ལ་བྱེད་པ་ལ་ལོག་པར་འཛིན་པ་རྣམ་པ་བདུན་ནི་མེད་པ་ལ་ཡོད་པར་འཛིན ་པ་དང། ཉེས་པ་དང་ལྡན་པ་ལ་ཡོན་ཏན་དང་ལྡན་པ་ཉིད་དུ་འཛིན་པ་དང། །ཡོན་ཏན་དང་ལྡན་པ་ལ་ཡོན་ཏན་དང་ལྡན་པ་མ་ཡིན་པ་ཉིད་དུ་འཛིན་པ་དང། འདུ་བྱེད་ཐམས་ཅད་ལ་རྟག་པ་དང། བདེ་པར་ལོག་པར་འཛིན་པ་གཉིས་དང། ཆོས་ཐམས་ཅད་ལ ་བདག་ཏུ་ལོག་པར་འཛིན་པ་དང། མྱ་ངན་ལས་འདས་པ་ལ་མ་ཞི་བར་ལོག་པར་འཛིན་པ་སྟེ། དེ་དག་གི་གཉེན་པོར་སྟོང་པ་ཉིད་ལ་སོགས་པའི་ཏིང་ངེ་འཛིན་གསུམ་དང། ཆོས་ཀྱི་སྡོམ་བཞི་སྟོན་ཏོ། །ངོ་མཚར་ལ་འདུ་ཤེས་རྣམ་པ་བཞི་ཡིད་ལ་བྱེད་པ་ནི། ཕ་རོལ ་ཏུ་ཕྱིན་པ་རྣམས་ལ་རྒྱ་ཆེ་བའི་འདུ་ཤེས་དང། ཡུན་རིང་པའི་འདུ་ཤེས་དང། ལན་ལ་རེ་བ་མེད་པའི་འདུ་ཤེས་དང། རྣམ་པར་སྨིན་པ་འ?་མི་ལྟ་བའི་འདུ་ཤེས་སོ། །ངོ་མཚར་མེད་པ་ལ་ཡང་འདུ་ཤེས་རྣམ་པ་བཞི་ཡིད་ལ་བྱེད་དེ། ངོ་མཚར་མེད་པ་རྣམ་པ་བཞི་ནི། ཕ་རོལ་ཏུ ་ཕྱིན་པ་རྣམས་རྒྱ་ཆེ་བ་དང་ཡུན་རིང་བ་ཉིད་ཡིན་ན། འབྲས་བུ་སངས་རྒྱས་ཉིད་མངོན་པར་འགྲུབ་པ་དང། གཉིས་པོ་དེ་ཉིད་ཡོད་ན་རང་དང་གཞན་ལ་སེམས་མཉམ་པར་འཇོག་པ་དང། དེ་དག་བས་ཁྱད་པར་དུ་འཕགས་པ་བརྒྱ་བྱིན་ལ་སོགས་པ་ལས ་མཆོད་པ་ལ་སོགས་པ་རྙེད་དུ་ཟིན་ཀྱང་ལན་ལ་རེ་བ་མེད་པ་དང། འཇིག་རྟེན་ཐམས་ཅད་ལས་མངོན་པར་འཕགས་པའི་ལུས་དང་ལོངས་སྤྱོད་འཐོབ་ཏུ་ཟིན་ཀྱང་རྣམ་པར་སྨིན་པ་ལ་མི་ལྟ་བ་ཉིད་དོ། །སེམས་ཅན་རྣམས་ལ་སྙོམས་པ་དང། བདག་ཉིད ་ཆེན་པོ་མཐོང་བ་དང། །གཞན་གྱི་ཡོན་ཏན་ལན་རེ་བ་དང། །གསུམ་དུ་སྨོན་དང་རྒྱུན་དུའོ། །སྙོམས་བ་ཡིད་ལ་བྱེད་པ་ནི། སྦྱིན་པ་ལ་སོགས་པས་སེམས་ཅན་ཐམས་ཅད་ལ་མཉམ་པ་ཉིད་འཇུག་པར་མངོན་པར་འདུ་བྱེད་པའི་ཕྱིར་རོ། །བདག་ཉིད་ཆེན་པོ་མཐོང་པ ་ཡིད་ལ་བྱེད་པ་ནི་ཕ་རོལ་ཏུ་ཕྱིན་པ་རྣམས་སེམས་ཅན་ལ་ཕན་པ་ཉིད་དུ་ཡང་དག་པར་མཐོང་བའི་ཕྱིར་རོ། །ལན་རེ་བ་ཡིད་ལ་བྱེད་པ་ནི་གཞན་དག་ལ་སྦྱིན་པ་ལས?་པའི་ཡོན་ཏན་ལ་འཇུག་པས་སོ། །སྨོན་པ་ཡིད་ལ་བྱེད་པ་ནི། སེམས་ཅན་དག་ལ ་ཕ་རོལ་ཏུ་ཕྱིན་པ་རྣམས་གནས་གསུམ་དུ་སྨོན་པའི་ཕྱིར་ཏེ། བྱང་ཆུབ་སེམས་དཔའ་ཨི་སའི་མཐར་ཐུག་པ་དང། སངས་རྒྱས་ཀྱི་སའི་མཐར་ཐུག་པ་དང། སེམས་ཅན་གྱི་དོན་བྱེད་བ་སྨོན་པའི་ཕྱིར་རོ། །རྒྱུན་ཏུ་ཡིད་ལ་བྱེད་བ་ནི། །སྦྱིན་པ་ལ་སོགས་པས་དུས ་དོན་ཡོད་པར་མངོན་པར་འདུ་བྱེད་པའི་ཕྱིར་རོ། །སངས་རྒྱས་བསྟན་པ་བསྒྲུབ་པའི་ཕྱིར། །ཚུལ་རོལ་མི་གནས་སེམས་པ་དང། །དེར་དམན་དར་བའི་སེམས་ཅན་ལ། །མི་དགའ་བ་དང་རབ་དགའ་པའོ། །ཡང་དག་པའི་སྦྱོར་བ་ཡིད་ལ་བྱེད་པ་ནི། ཕྱིན་ཅི་མ ་ལོག་བར་སྒྲུབ་པའི་ཕྱིར་ཚུ་རོལ་ཏུ་མི་གནས་པའི་ཡིད་ལ་བྱེད་པའི་ཕྱིར་རོ། །མི་དགའ་བ་ཡིད་ལ་བྱེད་པ་ནི། སེམས་ཅན་སྦྱིན་པ་ལ་སོགས་པས་དམན་པ་རྣམས་ལའོ། །དགའ་བ་ཡིད་ལ་བྱེད་པ་ནི་སེམས་ཅན་སྦྱིན་པ་ལ་སོགས་པས་དར་བ་རྣམས ་ལའོ། །སྒོམ་པ་བཅོས་དང། ཡང་དག་ལ། །མ་དད་པ་དང་དད་པ་དང། །དང་དུ་མི་ལེན་ཡིད་བྱེད་དང། །ལུང་བསྟན་ངེས་པར་དགའ་བའོ། །མ་དད་པ་ཡིད་ལ་བྱེད་པ་ནི། ཕ་རོལ་ཏུ་ཕྱིན་པ་ལྟར་བཅོས་པ་སྒོམ་པ་ལའོ། །དང་པ་ཡིད་ལ་བྱེད་པ་ནི་ཡང ་དག་པ་ལའོ། །དང་དུ་མི་ལེན་པ་ཡིད་ལ་བྱེད་པ་ནི། སེར་སྣ་ལ་སོགས་པའི་མི་མཐུན་པའི་ཕྱོགས་སྦྱིན་པ་ལ་སོགས་པས་འདུལ་བར་མངོན་པར་འདུ་བྱེད་པའི་ཕྱིར་རོ། །དགའ་བ་ཡིད་ལ་བྱེད་པ་ནི་རྣམ་པ་གཉིས་ཏེ། ཕ་རོལ་ཏུ་ཕྱིན་པ་ཡོངས་སུ ་རྫོགས་པ་ལུང་བསྟན་པ་འཐོབ་པར་དགའ་བ་ཡིད་ལ་བྱེད་པ་དང། ཕ་རོལ་ཏུ་ཕྱིན་པ་ངེས་པའི་ས་ལ་གནས་པ་འཐོབ་པར་དགའ་བ་ཡིད་ལ་བྱེད་པའོ། །ཕྱི་མའི་ཚེ་ལ་མཐོང་བའི་ཕྱིར། །འཇུག་སེམས་མཉམ་པར་ལྟ་པའི་ཕྱིར། །མཆོག་ཆོས ་རྣམས་ལ་ཞུགས་པ་ཡིས། །བདག་ཉིད་མཆོག་ཏུ་ངེས་འཛིན་ཕྱིར། །ཚེ་ཕྱི་མ་ལ་མཐོང་བའི་ཕྱིར་འཇུག་པའི་ཡིད་ལ་བྱེད་པའི་ནི། །བྱང་ཆུབ་སེམས་དཔའ་ཡིན་ཕན་ཆད་འགྲོ་བ་གང་དུ་སོན་ཡང་སྦྱིན་པ་ལ་སོགས་པ་གདོན་མི་ཟ་བར་བྱ་དགོས་སོ ་སྙམ་དུ་མངོན་པར་འདུ་བྱེད་པའི་ཕྱིར་རོ། །མཉམ་པ་ཉིད་དུ་ལྟ་བ་ཡིད་ལ་བྱེད་བ་ནི་དེ་ལས་གཞན་པའི་བྱང་ཆུབ་སེམས་དཔའ་རྣམས་དང་ལྷན་ཅིག་ཕ་རོལ་ཏུ་ཕྱིན་བ་རྟག་ཏུ་བྱ་བར་མོས་པའི་ཕྱིར་རོ། །བདག་ཉིད་མཆོག་ཏུ་ངེས་པར་འཛིན་པ་ཡིད་ལ་བྱེད་པ་ནི ་ཕ་རོལ་ཏུ་ཕྱིན་པ་མཆོག་གི་ཆོས་ལ་ཞུགས་པས་བདག་ཉིད་གཙོ་བོའི་ངོ་བོར་ཡང་དག་པར་མཐོང་བའི་ཕྱིར་རོ། །ཕ་རོལ་ཕྱིན་བཅུའི་རྒྱུས་བྱུང་བ། །དགེ་བ་ཡིད་ལ་བྱེད་འདི་དག། རྟག་ཏུ་བྱང་ཆུབ་སེམས་དཔའ་ཡི། །ཁམས་ནི་རྟས་པར་བྱེད་པ་ཡིན་ཞེས་བྱ་བ་ནི ་མཇུག་སྡུད་པའི་ཚིགས་སུ་བཅད་པ་སྟེ་དོན་གོ་བར་ཟད་དོ། །ཆོས་ཡོངས་སུ་ཚོལ་བའི་རབ་ཏུ་དབྱེ་བ་ལ་ཚིགས་སུ་བཅད་པ་གཉིས་ཏེ། རྒྱས་དང་ལྷག་པའི་བསམ་དང་ཆེན་པོ་ནི། །བརྟན་པའི་ཡོངས་སུ་ཚོལ་བ་ཡིན་པར་འདོད། །དེ་དག་གིས་ནི་སྤང་དང་བཅས་པ་དང ་སྤང་བ་མེད་དང་དེ་བཞིན་དབང་འབྱོར་པའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚོལ་བ་ནི། །སྐུ་མེད་པ་དང་བཅས་དང་སྐུ་ཐོབ་དང། །སྐུ་ཡོངས་སུ་རྫོགས་དང་ང་རྒྱལ་མང་བ་དང། །ང་རྒྱལ་ཕྲ་དང་ང་རྒྱལ་མེད་པར་འདོད། །ཆོས་ཡོངས་སུ་ཚོལ་བ་ནི་རྣམ་པ་བཅུ ་གསུམ་སྟེ། རྒྱས་པར་ནི་ཐོས་པ་ལ་མོས་པ་རྒྱས་པས་སོ། །ལྷག་པའི་བསམ་པའི་ནི་ཆོས་ཀྱི་སྒོའི་རྒྱུན་གྱིས་སོ། །ཆེན་པོ་ནི་དབང་འབྱོར་བ་ཐོབ་པ་རྣིས?་ཀྱིའོ། སྤང་བ་དང་བཅས་བ་ནི་དང་པོའོ། །སྤང་བ་མེད་པར་ནི་གཉིས་པའོ། །དབང་འབྱོར་པ་ནི་གསུམ ་པའོ། །སྐུ་མེད་བ་ནི་ཐོས་པ་དང་བསམ་བ་ལས་བྱུང་བ་སྟེ། ཆོས་ཀྱི་སྐུ་དང་བྲལ་བའི་ཕྱིར་རོ། །སྐུ་དང་བཅས་པ་ནི་མོས་པས་སྤྱོད་པ་ན་བསྒོམ་པ་ལས་བྱུང་བའོ། །སྐུ་ཐོབ་པ་ནི་ས་བདུན་དག་ལའོ། །སྐུ་ཡོངས་སུ་རྫོགས་པ་ནི་ས་ལྷག་མ་རྣམས་ལའོ།། ་ང་རྒྱལ་མང་བ་ནི་མོས་པས་སྤྱོད་བའི་ས་ལའོ། །ང་རྒྱལ་ཕྲ་བ་ནི་ས་བདུན་པ་དག་ལའོ། །ང་རྒྱལ་མེད་པ་ནི་ས་ལྷག་མ་རྣམས་ལའོ། །རྒྱུ་ཉིད་ཀྱི་ཆོས་ཡོངས་སུ་བཙལ་བ་ལ་ཚིགས་སུ་བཅད་པ། བསྟན་ཆོས་གཟུགས་དང་གཟུགས་མི ་ལ། །མཚན་དང་དེ་བཞིན་ནད་མེད་དང། །མངོན་ཤེས་རྣམས་ཀྱིས་དབང་ཕྱུག་དང། །དེ་ཟད་མི་ཤེས་ཉིད་ཀྱི་རྒྱུ། །ཆོས་ནི་གཟུགས་ལ་ནི་མཚན་གྱི་རྒྱུའོ། །གཟུགས་མ་ཡིན་པ་ལ་ནི་ནད་མེད་པའི་རྒྱུ་སྟེ། ཉོན་མོངས་པའི་ནང་རབ་ཏུ་ཞི་བར་བྱེད་པའི ་ཕྱིར་རོ། །མངོན་པར་ཤེས་པ་རྣམས་ཀྱིས་དབང་ཕྱུག་གི་རྒྱུ་ཡང་ཡིན་ནོ། །དེ་དག་ཟད་མི་ཤེས་བ་ཉིད་ཀྱི་རྒྱུ་ཡང་ཡིན་ཏེ། ཕུང་པོ་ལྷག་མ་མ་ལུས་པའི་མྱ་ངན་ལས་འདས་པ་ན་ཡང་རྒྱུན་མི་འཆད་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་ཚངས་བས་ཞུས ་བའི་མདོ་ལས། ཆོས་བཞི་དང་ལྡན་པའི་བྱང་ཆུབ་སེམས་དཔའ་རྣམས་ཆོས་ཡོངས་སུ་ཚོལ་བར་འགྱུར་ཏེ། དཀོན་པའི་དོན་གྱིས་རིན་པོ་ཆེའི་འདུ་ཤེས་དང། ཉོན་མོངས་པའི་ནད་རབ་ཏུ་ཞི་བར་བྱེད་པའི་དོན་གྱིས་སྨན་གྱི་འདུ་ཤེས་དང། ཆུད་མི་ཟ་བཱི ་དོན་གྱིས་ནོར་གྱིས་འདུ་ཤེས་དང། སྡུག་བསྔལ་ཐམས་ཅད་རབ་ཏུ་ཞི་བའི་དོན་གྱིས་མྱ་ངན་ལས་འདའ་བའ་ཨི་འདུ་ཤེས་དང་ལྡན་བ་ཞེས་གསུངས་སོ། །མཚན་རྣམས་ནི་མཛེས་པར་བྱེད་པའི་ཕྱིར་རིན་པོ་ཆེ་ལྟ་བུ་སྟེ། དེ་བས་ན་དེའི་རྒྱུ་ཡིན་པའི ་ཕྱིར་ཆོས་ལ་རིན་པོ་ཆེར་འདུ་ཤེས་སོ། །ནད་མེད་པའི་རྒྱུ་ཡིན་པའི་ཕྱིར་སྨན་དུ་འདུ་ཤེས་སོ། །མངོན་པར་ཤེས་པ་རྣམས་ཀྱིས་དབང་ཕྱུག་གི་རྒྱུ་ཡིན་པའི་ཕྱིར་ནོར་དུ་འདུ་ཤེས་སོ། །དེ་དག་ཟད་མི་ཤེས་པ་ཉིད་ཀྱི་རྒྱུ་ཡིན་པཱི་ཕྱིར་མྱ་ངན་ལས་འདས་པར ་འདུ་ཤེས་ཏེ། ཟད་པས་འཇིགས་པ་མེད་པའི་དོན་གྱིས་སོ། །རྣམ་པར་རྟོག་པ་ཡོངས་སུ་ཚོལ་བའི་ཚིགས་སུ་བཅད་པ། རྒྱལ་བའི་སྲས་རྣམས་ཀྱིས་ནི་མེད་དང་ཡོད་པ་དང། སྒྲོ་འདོགས་སྐུར་པའི་རྟོགས་དང་གཅིག་ཉིད་དུ་མ་ཉིད། །རང་དང་ཁྱད་པར ་རྟོག་དང་མིང་དོན་ཇི་བཞིན་དུ། །མངོན་པར་ཞེན་པའི་རྟོག་པ་ཡང་དག་སྤང་བར་བྱ། །བྱང་ཆུབ་སེམས་དཔས་རྣམ་པར་རྟོག་པ་བཅུ་སྤང་བར་བྱ་སྟེ། མེད་བར་རྣམ་པར་རྟོག་པ་ནི་གང་གི་གཉེན་པོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས། འདི་ལ་བྱང་ཆུབ ་སེམས་དཔས་བྱང་ཆུབ་སེམས་དཔའ་ཉིད་དུ་ཡོད་པར་ཞེས་གསུངས་པ་ཡིན་ནོ། །ཡོད་པར་རྣམ་པར་རྟོག་པ་ནི་གང་གི་གཉེན་པོར་བྱང་ཆུབ་སེམས་དཔའ་ཡང་དག་པར་རྗེས་སུ་མི་མཐོང་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །སྒྲོ་འདོགས ་པའི་རྣམ་པར་རྟོག་པ་ནི་གང་གི་གཉེན་པོར་ཤཱ་རིའི་བུ་གཟུགས་ནི་གཟུགས་ཀྱི་ངོ་བོ་ཉིད་ཀྱིས་སྟོང་དོ། ཞེས་གསུངས་པ་ཡིན་ནོ། །སྐུར་པ་འདེབས་པའི་རྣམ་པར་རྟོག་པ་ནི་གང་གིས་གཉེན་པོར་སྟོང་པ་ཉིད་ཀྱིས་ནི་མ་ཡིན་ནོ། ཞེས་གསུངས་པ་ཡིན་ནོ། ་གཅིག་པ་ཉིད་དུ་རྣམ་པར་རྟོག་པ་ནི་གང་གཉེན་པོར་གཟུགས་ཀྱི་སྟོང་པ་ཉིད་གང་ཡིན་པ་དེ་ནི་གཟུགས་མ་ཡིན་ནོ། ཞེས་གསུངས་པ་ཡིན་ནོ། །ཐ་དད་པ་ཉིད་དུ་རྣམ་པར་རྟོག་པ་གང་གིས་གཉེན་པོར་སྟོང་པ་ཉིད་ལས་ཀྱང་གཟུགས་གཞན་མ་ཡིན ་ཏེ། གཟུགས་ཉིད་སྟོང་བ་ཉིད་སྟོང་པ་ཉིད་གཟུགས་སོ། ཞེས་གསུངས་པ་ཡིན་ནོ། །རང་གི་མཚན་ཉིད་ལ་རྣམ་པར་རྟོག་པ་ནི་གང་གི་གཉེན་པོར་གཟུགས་གང་ཡིན་པ་དེ་ནི་མིང་ཙམ་མེ། ཞེས་གསུངས་བ་ཡིན་ནོ། །ཁྱད་པར་ལ་རྣམ་པར་རྟོག་བ་ནི་གང ་གི་གཉེན་པོར་གཟུགས་ལ་ནི་སྐྱེ་བ་ཡང་མེད། འགག་པ་ཡང་མེད་ཀུན་ནས་ཉོན་མོངས་པ་ཡང་མེད། །རྣམ་པར་བྱད་པ་ཡང་མེད་དོ། ཞེས་གསུངས་པ་ཡིན་ནོ། །མིང་ཇི་ལྟ་བ་དེ་བཞིན་དུ་དོན་དུ་མངོན་པར་ཞེན་པའི་རྣམ་པར་རྟོག་པ་ནི་ནང་གི་གཉེན ་བོར་མིང་ནི་བཅོས་མ་སྟེ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན། །དོན་ཇི་ལྟ་བར་མིང་དུ་མངོན་པར་ཞེན་པའི་རྣམ་པར་རྟོག་པ་ནི་གང་གི་གཉེན་པོར་བྱང་ཆུབ་སེམས་དཔས་མིང་དེ་དག་ཡང་དག་པར་རྗེས་སུ་མི་མཐོང་ངོ། །ཡང་དག་པར་རྗེས་སུ་ ་མ་མཐང་ན་མངོན་པར་མི་ཞེན་ཏོ། ཞེས་བྱ་བ་གསུངས་པ་ཡིན་ཏེ། དོན་ཇི་ལྟ་བར་སྙམ་དུ་དགོངས་པ་ཡིན་ནོ། །དེ་ལྟར་བློ་གྲོས་དགེ་བ་བརྩོན་འགྲུས་དྲག་བསྟེན་ནས། །དེ་བཞིན་ཉིད་བཅས་གཉིས་ཀྱི་ཆོས་ཉིད་ཡོངས་བཙལ?་མ། ་དེ་ཕྱིར་རྟག་ཏུ་སྐྱེ་དགུ་རྣམས་ཀྱི་སྟོན་པར་འགྱུར། །དེ་ནི་བརྒྱ་མཚོ་བཞིན་དུ་ཡོན་ཏན་རྣམས་ཀྱིས་གང། །འཇུག་སྡུད་པའི་ཚིགས་སུ་བཅད་པ་འདིས་ཡོངས་སུ་ཚོལ་བའི་ཆེ་བའི་བདག་ཉིད་རྣམ་པ་གསུམ་སྟོན་ཏེ། ཐབས་ཀྱིས་ཆེ་བའི་བདག་ཉིད ་ནི་བརྩོན་འགྲུས་དྲག་པོ་ཉིད་ཀྱི་ཕྱིར་དང། ཀུན་རྫོབ་དང་དོན་དམ་པའི་ཆོས་ཉིད་ཡོངས་སུ་ཆོལ་བ་ཉིད་ཀྱི་ཕྱིར་རོ། །དེ་བཞིན་ཉིད་དང་བཅས་པ་ནི་བདེན་པ་ཞེས་བྱ་བའི་ཐ་ཚིག་གོ། གཞན་གྱི་དོན་གྱི་ཆེ་བའི་བདག་ཉིད་ནི་སྐྱེ་དགུ་རྣམས་ཀྱིས་སྟོན་པར ་འགྱུར་བའི་ཕྱིར་རོ། །རང་གི་དོན་གྱི་ཆེ་བའི་བདག་ཉིད་ནི་རྒྱ་མཚོ་བཞིན་དུ་ཡོན་ཏན་རྣམས་ཀྱིས་གང་བའི་ཕྱིར། ཆོས་ཡོངས་སུ་ཚོལ་བའི་སྐབས་རྫོགས་སོ།། །།ཆོས་སྟོན་པ་ལ་སེར་སྣ་དགག་པའི་ཚིགས་སུ་བཅད་པ། བརྟན་པ་རྣམས ་ནི་སྲོག་དང་ལོངས་སྤྱོད་ཚོགས་ཆེས་རྙེད་ཅིང་སྙིང་པོ་མེད་པ་དག། རབ་དགའ་ཨི་ཡིད་ཀྱིས་སེམས་ཅན་སྡུག་བསྔལ་རྣམས་ལ་སྦྱིན་རྣམས་རྒྱ་ཆེན་རྟག་གཏོང་ན། །ཆོས་ཡངས?་སྐྱེ་དགུ་རྣམ་བ་ཀུན་དུ་ཕན་བྱེད་ཚོགས་ཆེས་རྙེད་མིན་ཞིང། །ཤིན་ཏུ ་བཏང་ཡང་ཟད་མེད་འཕེལ་འགྱུར་བ་ལྟ་ལན་ཅིག་མ་ཡིན་སྨོས་ཅི་དགོས། །བྱང་ཆུབ་སེམས་དཔའ་རྣམས་ནི་སྙིང་རྗེས་སྲོག་དང་ལོངས་སྤྱོད་ཆོགས་ཆེན་པོས་རྙེད་ཅིང་ཟད་པར་འགྱུར་བས་སྙིང་པོ་མེད་པ་དག་ཀྱང་སེམས་ཅན་སྡུག་བསྔལ་བར ་འགྱུར་བ་རྣམས་ལ་སྦྱིན་པ་བརྒྱ་ཆེན་པོ་རྟག་ཏུ་བཏོང་ན། ཆོས་གང་ཞིག་ཚེགས་ཆེན་པོས་རྙེད་པར་མ་ཡིན་ཞིང། ཤིན་ཏུ་བཏང་ཡང་ཟད་པ་མེད་ལ། འཕེལ་བར་འགྱུར་བ་ལྟ་སྨོས་ཀྱང་ཅི་དགོས། །ཆོས་ལ་དོན་མེད་པ་དང་དོན་ཡོད་པ་ཉིད་ཀྱི་ཚིགས་སུ ་བཅད་པ་གཉིས་ཏེ། གང་ཕྱིར་སོ་སོ་རང་རིག་བྱ་ཕྱིར་བཅོམ་ལྡན་འདས་ཀྱིས་ཆས་མ་བསྟན། །ཐུགས་རྗེའི་བདག་ཉིད་སྦྲུལ་ཆེན་ལྟ་བུས་རིགས་བཤད་དབུགས་འདྲའི་ཆོས་རྣམས་ཀྱིས་།སྐྱེ་བོ་ཉིད་ཀྱི་ཆོས་ལ་ཀུན་ནས་དྲངས་ཏེ་ཉིད་ཞི་ཞལ་གྱི་སྒོ། རྣམ་པར་དག ་པ་རྒྱ་ཆེན་ཐུན་མོང་ཟད་མི་ཤེས་ལ་ཡང་དག་བཀོད། །དེ་ལ་སྤྲུལ་ཆེན་པོ་ལྟ་བུ་ནི་སངས་རྒྱས་རྣམས་སོ། །དེ་དག་ཉིད་ཀྱི་ཞེ་བ་ཞལ་གྱི་སྒོན་ཆོས་ཀྱི་སྐུ་སྟེ། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་བག་ཆགས་དང་བཅས་པ་རྣམ་པར་དག་པས་རྣམ་པར་དག་པ་རྒྱ་ཆ ་བ་དང། སངས་རྒྱས་ཐམས་ཅད་དང་ཐུན་མོང་བ་དང། གཏན་དུ་བའི་ཕྱིར་ཟད་མི་ཤེས་པ་ཡང་ཡིན་ནོ། །དེ་ལྟས་རྣལ་འབྱོར་ཅན་གྱི་སྒོམ་པ་གང་ཡིན་དོན་མེད་མིན། །དེ་ལྟས་བདེ་བར་གཤེགས་ཀྱི་བསྟན་པ་གང་ཡིན་དེ་ཡང་དོན་མེད་མིན། །གལ་ཏེ་ཐོས་པ ་ཙམ་གྱིས་དོན་མཐོང་འགྱུར་ན་སྒོམ་པ་དོན་མེད་འགྱུར། །གལ་ཏེ་མ་ཐོས་པར་ཡང་སྒོམ་འཇུག་འགྱུར་ན་བསྟན་པ་དོན་མེད་འགྱུར། །དེ་ལྟ་བས་ན་རྣལ་འབྱོར་ཅན་རྣམས་ཀྱི་བསྒོམས་པ་དོན་མེད་པར་མི་འགྱུར་ཏེ། དེའི་དབང་གིས་སཽ་རང་གིས་རིག་པར་བྱ་བའི་ཆོས་རྟོགས ་པའི་ཕྱིར་རོ། །བསྟན་པ་ཡང་དོན་མེད་པར་མི་འགྱུར་ཏེ། རིགས་པར་བཤད་པའི་ཆོས་རྣམས་ཀྱིས་ཉིད་ཀྱིས་ཆོས་ཉིད་ལ་སྐྱེ་བོ་ཀུན་ནས་འདྲེན་པའི་ཕྱིར་རོ། །བསྒོམས་པ་དང་བཤད་པ་ཇི་ལྟར་དོན་མེད་པར་མི་འགྱུར་པ་དེ་ནི་ཚིགས་སུ་བཅད་པ་ཕྱེད་ཀྱིས ་སྟོན་ཏོ། །ལྷག་མ་ནི་དོན་གོ་བར་ཟད་དོ། །སྟོན་བ་རྣམ་པར་དབྱེ་བའི་ཚིགས་སུ་བཅད་པ། སེམས་པ་མཆོག་གི་སྟོན་པ་ནི། །ལུང་དང་རྟོགས་དང་དབང་འབྱོར་ལས། །ཁ་དང་གཟུགས་ནི་ཐམས་ཅད་དང། །ནམ་མཁའ་ལས་ཀྱང་འབྱུང་བ་ཡིན། །དེ་ལ་དབང་འབྱོར ་པ་ལས་ནི་ས་ཆེན་པོ་ལ་ཞུགས་པ་རྣམས་ཀྱི་གང་ཡིན་པའོ། །གཟུགས་ཐམས་ཅད་ལས་ནི་ཤིང་དང་སིལ་སྙན་ལ་སོགས་པའི་བར་ལས་ཀྱང་འབྱུང་བ་ཡིན་ནོ། །ལྷག་མ་ནི་དོན་གོ་བར་ཟད་དོ། །སྟོན་པ་ཕུན་སུམ་ཚོགས་པ་ལ་ཚིགས་སུ་བཅད་པ་གཉིས་ཏེ ་རྒྱ་ཆེ་ཐེ་ཚོམ་སྤོང་བ་དང། །གཟུང་འོས་དེ་ཉིད་གཉིས་སྟོན་པ། །འདི་ནི་བྱང་ཆུབ་སེམས་དཔའ་ཡིས། །སྟོན་པ་ཕུན་ཚོགས་ཡིན་ཞེས་བྱ། །ཚིགས་སུ་བཅད་པ་འདི་ནི་འཕགས་པ་ཚངས་པས་ཞུས་པའི་མདོ་ལས། ཆོས་བཞི་པོ ་དམ་པའི་ཆོས་ཡོངས་སུ་འཛིན་པ་དང། བདག་ཉིད་ཀྱི་ཤེས་རབ་སྦྱངས་པ་དང། སྐྱེས་བུ་དམ་པའི་ལས་བྱེད་པ་དང། ཀུན་ནས་ཉོན་མོངས་པ་དང། རྣམ་པར་བྱང་བ་ཡང་དག་བར་སྟོན་པ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ ་རྣམས་ནི་ཆོས་ཀྱི་སྦྱིན་པ་ཆེན་པོ་རྣམ་པར་འབྱེད་དོ། །ཞེས་གང་གསུངས་པའི་དོན་བཞི་སྟོན་པ་ཡིན་ཏེ། གཅིག་གིས་ནི་མང་དུ་ཐོས་པའི་ཕྱིར་སྟོན་པ་རྒྱ་ཆེན་པོར་འགྱུར་རོ། །གཉིས་པས་ནི་ཤེས་རབ་ཆེ་བའི་ཕྱིར་ཐེ་ཚོམ་སྤོང་བ་སྟེ། གཞན་དག ་གི་ཐེ་ཚོམ་གཅོད་པའི་ཕྱིར་རོ། །གསུམ་པས་ནི་ཁ་ན་མ་ཐོ་བ་མེད་པའི་ལས་ཅན་ཡིན་པའི་ཕྱིར་གཟུང་བར་འོས་པའོ། །བཞི་པས་ནི་བདེན་པ་གཉིས་ཀྱིས་ཀུན་ནས་ཉོན་མོངས་པའི་མཚན་ཉིད་དང། རྣམ་པར་བྱང་བའི་མཚན་ཉིད་ཀྱི་དེ་ཁོ ་ན་ཉིད་རྣམ་པ་གཉིས་སྟོན་པར་འགྱུར་རོ། །སེམས་དཔའ་མཆོག་གི་སྟོན་པ་ནི། །འཇམ་ཞིང་རྒྱགས་བྲལ་མི་སྐྱོ་དང། །གསལ་ཞིང་སྣ་ཚོགས་རིགས་པ་དང། །འགོ་ཞིང་ཟང་ཟིང་མེད་ཀུན་འགྲོ། ཚིགས་སུ་བཅད་པ་གཉིས་པ་འདི་ལ་འཇམ ་པ་ནི་གཞན་གྱིས་བརྒལ?་བ་ལ་ཚིག་རྩུབ་མོ་མི་འབྱིན་པའི་ཕྱིར་རོ། །རྐྱགས?་པ་དང་བྲལ་བ་ནི་སྟོང་དམ་གྲུབ་ན་རྒྱགས་པར་མི་འགྱུར་བའི་ཕྱིར་རོ། །མི་སྐྱོ་བ་ནི་དུབ་བ་མེད་པའི་ཕྱིར་རོ། །གསལ་བ་ནི་ཟད་པར་སྟོན་པས་སློབ་དཔོན་གྱི་དཔེ་མ། །བྱུང ་མེད་པའི་ཕྱིར་རོ། །སྣ་ཚོགས་ནི་མི་བཟློས་པའི་ཕྱིར་རོ། །རིགས་པ་ནི་ཚང་མ་དང་མི་འགལ་བའི་ཕྱིར་རོ། །འགོ་བ་ནི་ཚིག་དང་ཡི་གེ་གྲགས་པའི་ཕྱིར་རོ། །ཟང་ཟིང་མེད་པ་ནི་དད་པའི་ལྷག་པར་བྱ་བ་དོན་དུ་མི་གཉེར་བའི་ཕྱིར་རོ། །ཀུན་ཏུ་འགྲོ? ་བ་ནི་ཐེག་པ་གསུམ་ཅར་ལ་འགྲོ་བའི་ཕྱིར་རོ། །ཚིག་ཕུན་སུམ་ཚོགས་པའི་ཚིགས་སུ་བཅད་པ། རྒྱལ་སྲས་ཚིགས་ནི་མི་ཞན་པ། །སྙན་ཞིང་ལེགས་བཤད་གྲགས་པ་དང། །ཅི་རིགས་བ་དང་ཟང་ཟིང་མེད། །རན་ཞིང་དེ་བཞིན་ཡངས་པ་ཡིན། །མི་ཞན ་པ་ནི་གྲོང་ཁྱེར་པ་སྟེ། །འཁོར་ལ་ཁྱབ་པའི་ཕྱིར་རོ། །སྙན་པ་ནི་སྙན་ཞིང་འཇེབས་པའོ། །ལེགས་པར་བཤད་པ་ནི་རྣམ་པར་གསལ་བ་སྟེ། ཡི་གེ་ལེགས་པར་ངེས་པར་བཤད་པའི་ཕྱིར་རོ། །གྲགས་པ་ནི་རྣམ་པར་རིག་པར་བྱེད་བ་སྟེ། གྲགས་པ་བརྗོད ་པའི་ཕྱིར་རོ། །ཅི་རིགས་པ་ནི་མཉན་པར་འོས་པ་སྟེ། གདུལ་བ་དང་མཐུན་པའི་ཕྱིར་རོ། །ཟང་ཟིང་མེད་པ་ནི་བརྟེན་པ་མེད་པ་སྟེ། རྙེད་པ་དང། བཀུར་སྟེ་དང། ཚིགས་སུ་བཅད་པ་ལ་མི་བརྟེན་པའི་ཕྱིར་རོ། །རན་པ་ནི་མི་མཐུན་པ་མེད་པ་སྟེ། རན་པ་ལ ་མི་སྐྱོ་བའི་ཕྱིར་རོ། །ཡངས་པ་ནི་གཏུགས་པ་མེད་པའོ། །ཡི་གེ་ཕུན་སུམ་ཚོགས་པ་ལ་ཚིགས་སུ་བཅད་པ་གཉིས་ཏེ། བསྟན་དང་དེ་བཞིན་བཤད་པ་དང། །ཐེག་དང་མཐུན་དང་བདེ་བ་དང། །གྲགས་པ་དང་ནི་ཅི་རིགས་དང། །ངེས་པར་འབྱུང་དང ་མཐུན་བའི་ཕྱིར། །བསྟན་བ་ནི་ཚིག་དང་ཡི་གེ་རིགས་པ་སྟེ། རིགས་པ་དང་མི་འགལ་བའི་ཕྱིར་རོ། །བཤད་པ་ནི་འབྲེལ་པ་སྟེ། བསྟན་པ་དང་མི་འགལ་བའི?་ཕྱིར་རོ། །ཐེག་པ་དང་མཐུན་བཞི་མཐུན་པ་སྟེ། ཐེག་པ་གསུམ་ཆར་དང་མི་འགལ་བའི ་ཕྱིར་རོ། །བདེ་བ་ནི་རུང་བ་སྟེ། སྒྲ་ཉམ་ང་བ་མེད་པའི་ཕྱིར་རོ། །གྲགས་པ་ནི་འབྱོར་པ་སྟེ། དོན་གྲགས་པ་ཉིད་ཀྱིས་འདོན་པའི་ཕྱིར་རོ། །ཅི་རིགས་པ་ནི་འཕྲོད་པ་སྟེ། གདུལ་བ་དང་མཐུན་པའི་ཕྱིར་རོ། །ངེས་བར་འབྱུང་བ་ནི་འཚམ་པ་སྟེ། མྱ་ངན ་ལས་འདས་པའི་ཆེད་ཀྱི་ཕྱིར་རོ། །མཐུན་པ་ནི་འགྲུས་སྐྱོང་གི་ཡན་ལག་གི་ཚོགས་ཏེ། སློབ་པའི་འཕགས་པའི་ལམ་དང་མཐུན་པའི་ཕྱིར་རོ། །དེ་མཐོར?་སེམས་དཔའ་མཆོག་རྣམས་ཀྱི། །ཡེ་གེ་ཕུན་ཚོགས་ཡིན་ཞེས་བྱ། །བདེ་གཤེགས་གསུང ་ནི་མཛའ་ཡས་ཏེ། །ཡན་ལག་དྲུག་ཅུ་བསམ་མི་ཁྱབ་།ཡན་ལག་དྲུག་ཅུ་བསམ་གྱིས་མི་ཁྱབ་པ་ནི། གསང་བ་པའི་བདག་པོས་བསྟན་པ་ལས། སངས་རྒྱས་ཀྱི་གསུང་རྣམ་པ་དྲུག་ཅུ་བསྟན་པ། ཞི་བའི་བློ་གྲོས་གཞན་ཡང་དེ ་བཞིན་གཤེགས་པའི་གསུང་ནི་རྣམ་པ་དྲུག་བཅུ་དང་ལྡན་པར་འབྱུང་སྟེ། མཉེན་པ་དང། འཇམ་པ་དང། ཡིད་དུ་འོང་བ་དང། ཡིད་དུ་འཐད་པ་དང། དག་པ་དང་ཞེས་བྱ་བ་ལ་སོགས་པ་རྒྱས་པར་འབྱུང་བ་གང་ཡིན་པའོ། །དེ་ལ་མཉེན་པ་ནི་སེམས་ཅན ་གྱི་ཁམས་ཀྱི་དགེ་བའི་རྩ་བ་སྟོན་པའི་ཕྱིར་རོ། །འཇམ་པ་ནི་མཐོང་པའི་ཆོས་ཁོ་ན་ལ་རེག་ན་བདེ་བའི་ཕྱིར་རོ། །ཡིད་དུ་འོང་བ་ནི་དོན་བཟང་བའི་ཕྱིར་རོ། །ཡིད་དུ་འཐའ?་བ་ནི་ཡི་གེ་བཟང་བའི་ཕྱིར་རོ། །དག་པ་ནི་འཇིག་རྟེན་ལས་འདས་པ་གང ་ན་མེད་པའི་རྗེས་ལ་ཐོབ་པའི་ཕྱིར་རོ། །དྲི་མ་མེད་པ་ནི་ཉོན་མོངས་པའི་བག་ལ་ཉལ་བ་དང། བག་ཆགས་ཐམས་ཅད་དང་བྲལ་བའི་ཕྱིར་རོ། །གསལ་བ་ནི་ཚིག་དང་ཡི་གེ་རབ་ཏུ་གྲགས་པའི་ཕྱིར་རོ། །སྙན་ཅིང་འཇེབས་པ་ནི་མུ་སྟེགས་ཅན ་བློ་གྲོས་ངན་པ་ཐམས་ཅད་ཀྱི་ལྟ་བ་འཇོམས་པའི་སྟོབས་ཀྱི་ཡོན་ཏན་དང་ལྡན་པའི་ཕྱིར་རོ། །མཉམ་པར་མ་འོས་པ་ནི་སྒྲུབ་པས་ངེས་པར་འབྱུང་བའི་ཕྱིར་རོ། །མི་ཚུགས་པ་ནི་ཕས་ཀྱི་རྒོལ་བ་ཐམས་ཅད་ཀྱིས་མི་རྫི་བའི་ཕྱིར་རོ།། ་སྙན་བ་ནི་དགའ་བར་བྱེད་པའི་ཕྱིར་རོ། །དུལ་བ་ནི་འདོད་ཆགས་ལ་སོགས་པའི་གཉེན་པོ་ཡིན་པའི་ཕྱིར་རོ། །མི་རྩུབ་པ་ནི་བསླབ་པ་བཅའ་བའི་ཐབས་བྱེད་པའི་ཕྱིར་རོ། །མི་བརླང་བ་ནི་དེ་ལས་འདས་ནས་ངེས་པར་འབྱུང་བའི་ཐབས་ཡང་དག་པར ་སྟོན་པའི་ཕྱིར་རོ། །རབ་ཏུ་དུལ་བ་ནི་ཐེག་པ་གསུམ་ཆར་གྱིས་འདུལ་བ་བསྟོན་པའི་ཕྱིར་རོ། །རྣམ་སྙན་པ་ནི་རྣམ་པར་གཡེང་པའི་གཉེན་པོ་ཡིན་པའི་ཕྱིར་རོ། །ལུས་སིམ་པར་བྱེད་པ་ནི་ཏིང་ངེ་འཛིན་བསྐྱེད་པའི་ཕྱིར་རོ། །སེམས་ཚིམ་པར ་བྱེད་བ་ནི་ལྷག་མཐོང་གིས་རབ་ཏུ་དགའ་བ་བསྐྱེད་པའི་ཕྱིར་རོ། །སྙིང་དགའ་བར་བྱེད་བ་ནི་ཐེ་ཚོམ་གཅོད་པར་བྱེད་པའི་ཕྱིར་རོ། །དགའ་བ་དང་བདེ་བ་?་བསྐྱེད་པ་ནི་ལག་པར་ངེས་བར་སེལ་བའི་ཕྱིར་རོ། །སོང་སུ་གདུང་བ་མེད་བ་ནི་སྒྲུབ་བ་ལ་འགྱོད ་པ་མེད་པའི་ཕྱིར་རོ། །ཀུན་ཏུ་ཤེས་པར་བྱ་བ་ནི་ཐོས་པ་ལས་བྱུང་བའི་ཤེས་པ་ཕུན་སུམ་ཚོགས་པའི་རྟེན་ཡིན་པའི་ཕྱིར་རོ། །རྣམ་པར་རིག་པར་བྱ་བ་ནི་བསམ་པ་ལས་བྱུང་བའི་ཤེས་པ་ཕུན་སུམ་ཚོགས་པའི་རྟེན་ཡིན་པའི་ཕྱིར་རོ། །རྣམ ་པར་གསལ་བ་ནི་སློབ་དཔོན་གྱི་དཔེ་མཁྱུད་མེད་པར་ཆོས་བསྟོན་པའི་ཕྱིར་རོ། །དགའ་བར་བྱེད་པ་ནི་རང་གི་དོན་རྗེས་སུ་ཐོབ་པ་རྣམས་དགའ་བར་བྱ་བ་ཡིན་པའི་ཕྱིར་རོ། །མངོན་བར་དགའ་བར་བྱེད་བ་ནི་རང་གི་དོན་རྗེས་སུ་མ་ཐོབ་པ་རྣམས་ཀྱིས ་དགའ་བར་བྱ་བ་ཡིན་པའི་ཕྱིར་རོ། །ཀུན་ཤེས་པར་བྱེད་པ་ནི་བསམ་གྱིས་མི་ཁྱབ་པའི་ཆོས་ཡང་དག་པར་སྟོན་བའི་ཕྱིར་རོ། །རྣམ་པར་རིག་པར་བྱེད་བ་ནི་བསམ་གྱིས་མི་ཁྱབ་པའི་ཆོས་ཡང་དག་པར་སྟོན་པའི་ཕྱིར་རོ། །རིགས་པ་ནི་ཚད་མ་དང་མི ་འགལ་བའི་ཕྱིར་རོ། །འབྲེལ་པ་ནི་གདུལ་བ་ལ་ཇི་ལྟར་རིགས་བར་སྟོན་པའི་ཕྱིར་རོ། །ཟློས་པའི་སྐྱོན་མེད་པ་ནི་དོན་མེད་པ་མ་ཡིན་པའི་ཕྱིར་རོ། །སེང་གེའི་སྒྲའི་ཤུགས་ནི་མུ་སྟེགས་ཅན་གྱི་ཚོགས་ཐམས་ཅད་སྐྲག་བར་བྱེད་པའི་ཕྱིར་རོ། །གླང་པོ་ཆེའི ་སྒྲ་སྐད་ནི་རྒྱ་ཆེ་བའི་ཕྱིར་རོ། །འབྲུག་གི་སྒྲ་དབྱངས་ནི་བརྗིད་པའི་ཕྱིར་རོ། །ཀླུའི་དབང་པོའི་སྒྲ་ནི་གཟུང་བར་འོས་པའི་ཕྱིར་རོ། །དྲི་ཟའི?་གླུ་དབྱངས་ནི་སྙན་པའི་ཕྱིར་རོ། །ཀ་ལ་བིད?་གའི་སྒྲ་དབྱངས་ནི་རྣོ་བ་དང་འཇིག་པའི་ཕྱིར་རོ། །ཚངས་བའི་སྒྲ ་དབྱངས་བསྒྲགས་བ་ནི་ཐག་རིང་བོ་གྲགས་པའི་ཕྱིར་རོ། །ཤང་ཤུང་ཏིའུ་སྒྲ་དབྱངས་སུ་གྲག་པ་ནི་གྲུབ་པ་ཐམས་ཅད་ཀྱི་སྔོན་དུ་འགྲོ་བའི་བཀྲ་ཤིས་ཡིན་པའི་ཕྱིར་རོ། །ལྷའི་དབང་པོའི་སྒྲ་དབྱངས་ལྟར་སྙན་པ་ནི་མི་འདའ་བར་བྱ་བ་ཡིན་པའི་ཕྱིར།། ་རྔའི་སྤྲ་ནི་བདུད་དང་ཕྱིར་རྒོལ་བ་ཐམས་ཅད་ལས་རྣམ་པར་རྒྱལ་བའི་སྔོན་དུ་འགྲོ་བ་ཡིན་པའི་ཕྱིར་རོ། །མ་ཁེངས་པ་ནི་བསྟོད་ཀྱང་ཀུན་ནས་ཉོན་མོངས་པ་མེད་པའི་ཕྱིར་རོ། །མི་དམའ་བ་ནི་སྨད་ཀྱང་ཀུན་ནས་ཉོན་མོངས་པ་མེད? ་པའི་ཕྱིར་རོ། །སྒྲ་ཐམས་ཅད་ཀྱི་རྗེས་སུ་ཞུགས་པ་ནི་ཐམས་ཅད་ལུང་བསྟན་པའི་མཚན་ཉིད་ལ་རྣམ་པ་ཐམས་ཅད་དུ་རྗེས་སུ་ཞུགས་བའི་ཕྱིར་རོ། །ཚིགས་ཟུར་ཆག་པ་མེད་པ་ནི་བསྙེལ་ཏེ་མི་གསུང་བའི་ཕྱིར་རོ། །མ་ཚང་བ་མེད་པ་ནི་གདུལ ་བའི་བྱ་བ་ལ་དུས་ཐམས་ཅད་དུ་ཉེ་པར་གནས་པའི་ཕྱིར་རོ། །མ་ཞུམ་པ་ནི་རྙེད་པ་དང་བཀུར་སྟི་ལ་མི་བསྟན་པའི་ཕྱིར་རོ། །མི་ཞན་པ་ནི་བསྙེངས་པ་དང་བྲལ་བའི་ཕྱིར་རོ། །རབ་ཏུ་དགའ་བ་ནི་མི་སྐྱོ་བའི་ཕྱིར་རོ། །ཁྱབ་པ་ནི་རིག་པའི་གནས་ཐམས་ཅད ་ལ་མཁས་པ་དང་ལྡན་པའི་ཕྱིར་རོ། །ཐ་བ་དང་བཅས་པའི་ཚད་ནི་སེམས་ཅན་རྣམས་ཀྱི་དེ་དག་གི་དོན་ཐམས་ཅད་སྒྲུབ་པར་བྱེད་པའི་ཕྱིར་རོ། །རྒྱུན་ཆགས་པ་ནི་རྒྱུན་མ་འཆད་པའི་ཕྱིར་རོ། །འབྲེལ་བ་ནི་རྣམ་པ་སྣ་ཚོགས་སུ་ཉེ་བར་གནས་པའི ་ཕྱིར་རོ། །སྒྲ་ཐམས་ཅད་རྫོགས་པར་བྱེད་པ་ནི། གསུང་གཅིག་ལས་སྒྲའི་རྣམ་པར་རིག་པ་རྣམ་པ་དུ་མ་ཉེ་བར་གནས་པའི་ཕྱིར་རོ། །དབང་པོ་ཐམས་ཅད་ཚིམ་པར་བྱེད་པ་ནི་གསུང་གཅིག་ལས་སྒྲའི་རྣམ་པར་རིག་པ་རྣམ་བ་དུ་མ་ཉེ་བར་གནས ་པའི་ཕྱིར་རོ། །དབང་པོ་ཐམས་ཅད་ཚིམ་པར་བྱེད་པ་ནི་གཅིག་ལས་དོན་དུ་མའི་རྣམ་པར་རིག་པ་ཉེ་བར་གནས་པའི་ཕྱིར་རོ། །མ་རྨད་པ་ནི་དམ་བཅས་པ་ཇི་ལྟ་བ་བཞིན་པའི་ཕྱིར་རོ། །མི་འགྱུར་བ་ནི་དུས་ལ་བབ་པ་རབ་ཏུ་སྦྱར་བའི་ཕྱིར་རོ།། ་མ་བཏབ་པ་ནི་རྟབ་རྟབ་པོར་མི་གསུང་བའི་ཕྱིར་རོ། །འཁོར་ཀུན་ཏུ་གྲག་པ་ནི་འཁོར་ཉེ་བ་དང་རིགས་པས་མཚུངས་པར་ཐོས་པའི་ཕྱིར་རོ། རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ་ནི་འཇིག་རྟེན་པའི་དེན?་ཐམས་ཅད་དཔེའི་ཆོས་སུ་སྒྱུར?་བའི ་ཕྱིར་རོ། །སྟོན་པའི་ཆེ་བའི་བདག་ཉིད་ཀྱི་ཚིགས་སུ་བཅད་པ་བཞི་སྟེ། དག་ཚིག་ཤིན་ཏུ་རིགས་པ་དང། །བསྟན་དང་རྣམ་འབྱེད་ཐེ་ཚོམ་བཅོད། །ལན་མང་བྱེད་དང་ལྡན་པ་ནི། །མགོ་སྨོས་རྣམ་སྤྲོས་གོ་རྣམས་ལ། །བརྗོད་པ་ནི་དག་གིས་སོ། །འདོགས་པ་ནི ་ཆིག་ཤིན་ཏུ་རིགས་པ་དག་གིས་སོ། །རབ་ཏུ་འཇོག་བ་དང། རྣམ་པར་འབྱེད་པ་དང། རྣམ་པར་འབྲེལ་བ་ནི་གོ་རིམ་བཞིན་དུ་བསྟན་པ་དང། རྣམ་པར་འབྱེད་པ་དང། ཐེ་ཚོམ་གཅོད་བ་རྣམས་ཀྱིས་སོ། །གསལ་བར་བྱེད་བ་ནི་བཤད་པ་ལ་ངེས་པའི ་སྟོབས་བསྐྱེད་པའི་ཕྱིར་ལམ་མང་དུ་བྱེད་པ་དང་ལྡན་པར་སྟོན་པ་ཡིན་ནོ། །སྟོན་པ་ནི་མགོ་སྨོས་པས་གོ་བ་རྣམས་ལའོ། །ཡང་དག་པར་རབ་ཏུ་སྟོན་པ་ནི་རྣམ་པར་སྤྲོས་ན་གོ་བ་རྣམས་ལའོ། །སངས་རྒྱས་རྣམས་ཀྱི་སྟོན་པ་འདི། །འཁོར་གསུམ ་གྱིས་ནི་དག་པ་སྟེ། །འདི་ནི་ཉེས་པ་བརྒྱད་དག་དང། །བྲལ་བ་ཉིད་དུ་ཤེས་པར་བྱ། །འཁོར་གསུམ་གྱིས་དག་པ་ཞེས་བྱ་བ་ནི་གང་གིས་སྟོན་པ་སྟེ། དག་དང་ཚིག་དག་དང་ཇི་ལྟར་སྟོན་པ་སྟེ། བསྟན་པ་ལ་སོགས་པའི་རྣམ་པ་དང། གང་དག་ལ ་སྟོན་པ་སྟེ། མགོ་སྨོས་པ་དང་རྣམ་པར་སྤྲོས་ན་གོ་བ་རྣམས་ཀྱིས་སོ། །ཡང་སྟོན་པ་འདི་ཉིད་གོ་རིམ་བཞིན་དུ་ཉེས་པ་བརྒྱད་དང་བྲལ་བར་རིག་པར་བྱ་སྟེ། ལེ་ལོ་དང་ནི་མི་འགོ་དང། །སྐབས་མི་འབྱེད་དང་མ་ངེས་དང། ཐེ་ཚོམ་དག་ནི་མི་གཅོད ་དང། །དེ་དང་བྲལ་བ་བརྟན་མི་བྱེད། །ཉེས་པ་བརྒྱད་པོ་དེ་དག་ཀྱང་ལེ་ལོ་དང། མི་འགོ་བ་དང། གོ་སྐབས་མི་འབྱེད་པ་དང། དོན་ངེས་པ་མ་ཡིན་པ་ཉིད་དང། ཐེ་ཚོམ་མི་གཅོད་པ་ཉིད་དང། དེ་དང་བྲལ་བ་བརྟན་པོར་མི་བྱེད་པ་སྟེ། ངེས་པར ་ཞེས་བྱ་བའི་ཚིག་གོ་།སྐྱོ་བ་དང་ནི་སིར་སྣ་ཉིད། །འདི་དག་གཏམ་གྱིས་ཉེས་པར་འདོད། །དེ་དག་མེད་ཕྱིར་སངས་རྒྱས་ཀྱི། །བཤད་པ་བླ་ན་མེད་པར་འགྱུར། །སྐྱེ་བ་དང་ནི་གང་གིས་ཡང་དང་ཡང་དུ་སྟོན་པར་མི་བྱེད་པའོ། །སེར་སྣ་ཉིད་ནི་ཟད་བར་ཡང་དག་ ་པར་རབ་ཏུ་སྟོན་པར་མི་བྱེད་པའི་ཕྱིར་རོ། །དོན་ཕུན་སུམ་ཚོགས་བའི་ཚིགས་སུ་བཅད་པ་གཉིས་ཏེ། དད་དང་དགའ་དང་བློ་རྣམས་ཀྱི། །རྒྱུ་ཕྱིར་ཆོས་འདི་དགེ་བ་ཡིན། །དོན་རྣམ་གཉིས་ལན་གཟུང་སྨད་དང། །ཡོན་ཏན་བཞི་ཅན་ཚངས་སྤྱོད ་སྟོན། །གཞན་དང་ཐུན་མོང་མ་ཡིན་ལྡན་པ་དང། །ཁམས་གསུམ་ཉོན་མོངས་རྣམ་སྤོང་རྫོགས་བྱེད་དང། །ངོ་བོ་ཉིད་དག་དྲི་མ་དག་པ་སྟེ། །ཚངས་སྤྱོད་ཡོན་ཏན་བཞི་ལྡན་ཡིན་བར་འདོད། །ཡོན་ཏན་བཞི་ཅན་གྱི་ཚངས་བར་སྤྱོད་པ་ཡང་དག་པར་རབ་ཏུ་སྟོན ་པའི་ཆོས་ནི་གོ་རིམ་བཞིན་དུ་ཐོས་བ་དང། བསམ་པ་དང་བསྒོམས་པ་དག་གིས་དད་པ་དང། དགའ་བ་དང། བློའི་རྒྱུ་ཡིན་པའི་ཕྱིར་ཐོག་མ་དང། བར་དང་ཐ་མར་དགེ་བ་ཡིན་ནོ། །དེ་ལ་དང་བ་ནི་མོས་བ་དང་ཡིད་ཆེས་པའོ། །དགའ་བ་ནི་རིགས་པས ་ངེས་པར་བརྟགས་པའི་སྒོ་ནས་ཐོབ་པ་ཉིད་དུ་ནུས་བར་རིགས་ནས་རབ་ཏུ་དགའ་བའོ། །བློ་ནི་སེམས་མཉམ་པར་བཞག་པའི་ཡང་དག་པར་ཇི་ལྟ་བ་བཞིན་དུ་ཤེས་པའོ། །དོན་རྣམ་པ་གཉིས་དང་ལྡན་པས་དེའི་ཕྱིར་དོན་བཟང་པོ་ཡིན་ཏེ། ཀུན་རྫོབ་དང ་དོན་དམ་པའི་བདེན་པ་དང་ལྡན་པའི་ཕྱིར་རོ། །གཟུང་སླབས་དེའི་ཕྱིར་ཚིག་འབྲུ་བཟང་པོ་ཡིན་ཏེ། ཚིག་དང་ཡི་གེ་གྲགས་པའི་ཕྱིར་རོ། །ཡོན་ཏན་གཞི་ཅན་གྱི་ཚངས་བར་སྤྱོད་པ་ལ་མ་འདྲེས་པ་ནི་གཞན་དག་དང་ཐུན་མོང་མ་ཡིན་བའི་ཕྱིར་རོ། ། ་ཡོངས་སུ་རྫོགས་པ་ནི་ཁམས་གསུམ་བའི་ཉོན་མོངས་པ་སྤོང་བ་ཡོངས་སུ་རྫོགས་པའི་ཕྱིར་རོ། །ཡོངས་སུ་དག་པ་ནི་ངོ་བོ་ཉིད་ཀྱིས་རྣམ་པར་དག་པའི་སྒོ་ནས་ཟག་བ་མེད་པའི་ཕྱིར་རོ། །ཡོངས་སུ་བྱང་བ་ནི་དྲི་རྣམ་བར་དག་བའི་སྒོ་ནས་ཟག་པ་ཟད་པ་རྣམ ་ཀྱི་རྒྱུད་རྣམ་པར་དག་པའི་ཕྱིར་རོ། །ལྡེམ་པོར་དགོངས་པ་རྣམ་པར་དབྱེ་བའི་ཚིགས་སུ་བཅད་པ་གཉིས་ཏེ། བཞུགས་པ་ལྡེམ་བོར་དགོངས་པ་དང། མཚན་ཉིད་ལྡེམ་བོར་དགོངས་པ་གཞན། །གཉེན་པོ་ལྡེམ་པོར་དགོངས་པ་དང། །བསྒྱུར་ལ་ལྡེམ་པོར ་དགོངས་པ་སྟེ། །ཉན་ཐོས་དང་ནི་ངོ་བོ་ཉིད། །དེ་བཞིན་ཉེས་པ་གདུལ་བ་དང། །བརྗོད་པ་ཟབ་པ་ཉིད་ལ་ནི། །ལྡེམ་བོར་དགོངས་པ་རྣམ་པ་བཞི། །སངས་རྒྱས་ཀྱི་བཤད་པ་ལ་ལྡེམ་པོར་དགོངས་པ་རྣམ་པ་བཞིར་རིག་པར་བྱ་སྟེ། གཞུང་པ་ལ་ལྡེམ ་པོར་དགོངས་བ་དང། མཚན་ཉིད་ལ་ལྡེམ་པོར་དགོངས་པ་དང། གཉེན་པོ་ལ་ལྡེམ་པོར་དགོངས་པ་དང། བསྒྱུར་བ་ལ་ལྡེམ་པོར་དགོངས་པའོ། །དེ་ལ་གཞུག་པ་ལ་ལྡེམ་པོར་དགོངས་པ་ནི་ཉན་ཐོས་རྣམས་ལ་བལྟ་བར་བྱ་སྟེ། བསྟན་པ་ལ་འཇུག་པར་བྱ ་བའི་དོན་དུ་མི་སྐྲག་པར་བྱ་བའི་ཕྱིར་གཟུགས་ལ་སོགས་པ་ཡོད་པ་ཉིད་དུ་བསྟན་པའི་ཕྱིར་རོ། །མཚན་ཉིད་ལ་ལྡེམ་པོར་དགོངས་པ་ནི་ཀུན་བརྟགས་པ་ལ་སོགས་པའི་ངོ་བོ་ཉིད་གསུམ་ལ་བལྟ་བར་བྱ་སྟེ། ཆོས་ཐམས་ཅད་ངོ་བོ་ཉིད་མེད་པ་དང། མ ་སྐྱེས་པ་ལ་སོགས་པར་བསྟན་པའི་ཕྱིར་རོ། །གཉེན་པོ་ལ་ལྡེམ་པོར་དགོངས་པ་ནི་ཉེས་པ་རྣམས་གདུལ་བར་བྱ་བ་ལ་བལྟ་བར་བྱ་སྟེ། ཇི་སྐད་དུ་སྒྲིབ་པ་བརྒྱད་ཀྱི་གཉེན་པོར་ཐེག་པ་མཆོག་ཕན་ཡོན་དང་བཅས་པ་བཤད་པའི་ཞར་ལ་ཚིགས་སུ་བཅད་པ ་གཉིས་འཆད་པར་འགྱུར་བ་ལྟ་བུའོ། །བསྒྱུར་བ་ལ་ལྡེམ་པོར་དགོངས་པ་ནི་བརྗོད་པ་ཟབ་མོ་ལ་བལྟ་བར་བྱ་སྟེ། ཇི་སྐད་དུ་སྙིང་པོ་མེད་ལ་སྙིང་པོར་ཤེས། །ཕྱིན་ཅི་ལོག་ལ་ལོགས་པར་གནས། །ཉོན་མོངས་པས་ནི་རབ་ཉོན་མོངས། །བྱང་ཆུབ་དམ་པ་འཐོབ ་པར་འགྱུར། ཞེས་གསུངས་པ་ལྟ་བུའོ། །དེ་ལ་དགོངས་པ་ནི་འདི་ཡིན་ཏེ། །སྙིང་པོ་མེད་ལ་སྙིང་པོར་ཤེས་ཞེས་བྱ་བ་ནི་གང་དག་གི་བློ་རྣམ་པར་གཡེང་བ་མེད་པ་ལ་སྙིང་པོར་འཛིན་པ་སྟེ། གཙོ་བོར་སེམས་པ་ཞེས་བྱ་བའི་ཐ་ཚིག་གོ། སྙིང་པོ་ནི་སེམས་ཀྱི་རྣམ ་པར་གཡེང་བའོ། །ཕྱིན་ཅི་ལོག་ལ་ལེགས་པར་གནས་ཞེས་བྱ་བ་ནི། རྟག་པ་དང། བདེ་བ་དང། གཙང་བ་དང། བདག་ཏུ་འཛིན་པ་ལས་བཟློག་སྟེ། ཕྱིན་ཅི་ལོག་མི་རྟག་པ་ལ་སོགས་པ་ལ་ཡོངས་སུ་མི་ཉམས་པའི་སྒོ་ནས་ལེགས་པར་གནས་པ་ཡིན ་ནོ། །ཉོན་མོངས་པས་ནི་རབ་ཉོན་མོངས། ཞེས་བྱ་བ་ནི། ཡུན་རིང་པོར་བཀའ་བ་སྦྱོད་པའི་ངལ་བས་ཤིན་ཏུ་ཉོན་མོངས་པ་ཡིན་ནོ། །དགོངས་བ་རྣམ་བར་དབྱེ་བའི་ཚིགས་སུ་བཅད་པ། མཉམ་པ་ཉིད་དང་དོན་གཞན་དང། །དེ་བཞིན་དུ་ནི་དུས ་གཞན་དང། །གང་ཟག་གིས་ནི་བསམ་བ་ལ། །དགོངས་པ་རྣམ་པ་བཞིར་ཤེས་བྱ། །དགོངས་པ་རྣམ་པ་བཞི་ལ་མཉམ་པ་ཉིད་ལ་དགོངས་པ་ནི། འདི་ལྟར་ང་ཉིད་དེའི་ཚེ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་གཟིགས་སུ་གྱུར་ཏོ། ཞེས་གསུངས ་པ་ལྟ་བུ་སྟེ། ཆོས་ཀྱི་སྐུ་ལ་ཁྱད་པར་མེད་པའི་ཕྱིར་རོ། །དོན་གཞན་ལ་དགོངས་པ་ནི་འདི་ལྟར་ཆོས་ཐམས་ཅད་ནི་ངོ་བོ་ཉིད་མེད་པ་མ་སྐྱེས་བའོ། ཞེས་བྱ་བ་ལ་སོགས་པ་གསུངས་པ་ལྟ་བུ་སྟེ། དོན་སྒྲ་ཇི་བཞིན་མ་ཡིན་པའི་ཕྱིར་རོ། །དུས་གཞན་ལ ་དགོངས་པ་ནི། འདི་ལྟར་གང་དག་བདེ་བ་ཅན་དུ་སྨོན་ལམ་འདེབས་པ་དེ་དག་དེར་སྐྱེ་བར་འགྱུར་རོ། ཞེས་གསུངས་པ་ལྟ་བུ་སྟེ། དུས་གཞན་ན་སྙམ་དུ་དགོངས་པ་ཡིན་ནོ། །གང་ཟག་གི་བསམ་པ་ལ་དགོངས་པ་ནི། འདི་ལྟར་དགེ་བའི་རྩ་བ་དེ་ཉིད ་ཁ་ཅིག་ལ་ནི་བསྔགས་ལ་ཆུང་དུས་ཆོག་ཤེས་པ་ཁ་ཅིག་ལ་ནི་སྨད་པ་ལྟ་བུའོ། །ཐེག་པ་ཆེན་པོའི་མདོ་ཤིན་ཏུ་རྒྱས་པ་བསྡུས་པ་ལས་ཚིགས་སུ་བཅད་པ་གཉིས་ངོ་ཕན་ཡོན་དང་བཅས་པ་བླངས་ཏེ་སྨྲས་པ། སངས་རྒྱས་ཆོས་ལ་བརྙས་པ་དང། ལེ ་ལོ་ཅུང་ཟད་ཆོས་འཛིན་དང། །ང་རྒྱལ་འདོད་ཆགས་སྤྱོད་པ་དང། །འགྱོད་དང་མ་ངེས་ལྡོག་པ་ནི། སེམས་ཅན་རྣམས་ཀྱི་སྒྲིབ་པ་སྟེ། དེ་ཡི་གཉེན་པོར་ཐེག་པ་ཆོག་གསུངས། །དེས་དེའི་བར་དུ་གཅོད་པ་ཡི། །ཉེས་པ་ཐམས་ཅད་སྤོང་བར་འགྱུར། །གང ་ཞིག་ཚིག་ག་མངོན་སྒོ་ནས། །ཚིག་བཅད་གཉིས་འཛིན་པར་སྦྱོར་བ། །སེམས་ཅན་བློ་ལྡན་མཆོག་དེ་ཡིས། །ཡོན་ཏན་རྣམ་བཅུ་ཐོབ་འགྱུར་ཏེ། །ཁམས་ནི་ཟད་པར་རྟས་པ་དང། འཆི་བའི་ཚེ་ན་རབ་དགའ་མཆོག། ཇི་ལྟར་འདོད་པར་སྐྱེ་བ་དང ་ཀུན་ཏུ་ཚེ་རབས་དྲན་པ་དང། །སངས་རྒྱས་རྣམས་དང་ཕྲད་པ་དང། །དེ་ལས་ཐེག་མཆོག་ཐོས་པ་དང། །མོས་པ་བློ་དང་བཅས་པ་དང། །སྒོ་གཉིས་བྱང་ཆུབ་མྱུར་འཐོབ་པའོ། །སངས་རྒྱས་ཆོས་ལ་བརྙས་པ་དང། ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ ་ལྔ་སྟེ། དེ་ལ་མ་ངེས་པ་ལྡོག་པ་ནི། བྱང་ཆུབ་སེམས་དཔའ་མ་ངེས་པ་རྣམས་ཐེག་པ་ཆེན་པོ་ལས་ལྡོག་པའོ། །ཐེག་པ་མཆོག་གསུངས་པ་ནི་ཐེག་པ་ཆེན་པོ་བསྟན་པ་ཡིན་ནོ། །སངས་རྒྱས་ལ་བརྙས་པའི་སྒྲིབ་པའི་གཉེན་པོར་གསུངས་པ་ནི་འདི ་ལྟ་རང་ཉིད་དེའི་དུས་ན་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་གཟིགས་སུ་གྱུར་ཏོ། ཞེས་གསུངས་པ་ལྟ་བུའོ། །ཆོས་ལ་བརྙས་པའི་སྒྲིབ་པའི་གཉེན་པོར་གསུངས་པ་ནི། གང་གླའི་ཀླུང་གི་བྱེ་མ་འདི་སྙེད་དང་མཉམ་པའི་སངས་རྒྱས་རྣམས ་ལ་བསྙེན་བཀུར་བྱས་ནས་བཟོད་ཐེག་པ་ཆེན་པོའི་རྟོགས་པ་སྐྱེའོ་ཞེས་བྱ་བ་ལྟ་བུའོ། །ལེ་ལོའི་སྒྲིབ་པའི་གཉེན་པོར་གསུངས་པ་ནི། གང་དག་བདེ་བ་ཅན་དུ་སྨོན་ལམ་འདེབས་པ་དེ་དག་དེར་སྐྱེ་བར་འགྱུར་རོ། ཞེས་བྱ་བ་དང། དེ་བཞིན་གཤེགས་པ ་ཟླ་འོད་དྲི་མེད་ཀྱི་མཚན་སྨོས་པ་ཙམ་གྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པ་ཡིན་ནོ། ཞེས་བྱ་བ་ལྟ་བུའོ། །ཅུང་ཟད་ཙམ་གྱིས་ཆོག་པར་འཛིན་པའི་སྒྲིབ་པའི་གཉེན་པོར་གསུངས་པ་ནི། གང་དུ་བཅོམ་ལྡན་འདས་ཀྱིས་ལ་ལར ་སྦྱིན་བ་ལ་སོགས་པ་སྨད་ལ་གཞན་དུ་ནི་བསྔགས་པ་ལྟ་བུའོ། །འདོད་ཆགས་སྤྱོད་པའི་སྒྲིབ་པའི་གཉེན་པོར་གསུང་བ་ནི། གང་དུ་བཅོམ་ལྡན་འདས་ཀྱིས་སངས་རྒྱས་ཀྱི་ཞིང་གི་འབྱོར་པ་བསྔགས་པ་ལྟ་བུའོ། །ང་རྒྱལ་སྤྱོད་པའི་སྒྲིབ་པའི་གཉེན་པོར ་གསུངས་པ་ནི། གང་དུ་བཅོམ་ལྡན་འདས་ཀྱིས་སངས་རྒྱས་ལ་ལའི་ཕུན་སུམ་ཚོགས་པ་ལྷག་པར་བསྔགས་པ་ལྟ་བུའོ། །འགྱོད་པའི་སྒྲིབ་པའི་གཉེན་པོར་གསུངས་པ་ནི། གང་དག་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་གནོད་པ་བྱེད་པ ་དེ་དག་ཐམས་ཅད་ནི་མཐོ་རིས་སུ་འགྲོ་བར་འགྱུར་རོ། ཞེས་བྱ་བ་ལྟ་བུའོ། །མ་ངེས་པ་ལྡོག་པའི་སྒྲིབ་པའི་གཉེན་པོར་གསུངས་པ་ནི། ཉན་ཐོས་ཆེན་བོ་རྣམས་སངས་རྒྱས་ཉིད་དུ་ལུང་བསྟན་པ་དང། ཐེག་པ་གཅིག་ཏུ་བཤད་པ་ལྟ ་བུའོ། །ཁམས་ཟད་པར་རྟས་པ་ནི། ཐེག་པ་ཆེན་པོའི་རྟེན་ཅན་གྱི་ཁམས་ཐམས་ཅད་རྟོགས་པ་གང་ཡིན་པ་སྟེ། དེའི་སྒྲིབ་པ་དང་བྲལ་བའི་སྒོ་ནས་ཐེག་པ་ཆེན་པོ་ཐམས་ཅད་ལ་མོས་པ་འཐོབ་པའི་ཕྱིར་རོ། །སྒོ་གཉིས་ནི་ཏིང་ངེ་འཛིན་གྱི་སྒོ་དང། ། ་གཟུངས་ཀྱི་སྒོའོ། །མཐོང་བའི་ཆོས་ལ་ནི་ཕན་ཡོན་རྣམ་པ་གཉིས་སོ། །ཚེ་ཕྱི་མ་ལ་ནི་རྣམ་པ་བརྒྱད་དེ་རིམ་གྱིས་གོང་ནས་གོང་དུ་ཁྱད་པར་འཐོབ་པའི་སྒོ་ནས་རིག་པར་བྱའོ། །སྟོན་པའི་ཕན་ཡོན་གྱིས་ཚིགས་སུ་བཅད་པ། དེ་ལྟར་བློ་བཟང་སྐྱོ ་བ་མེད་ལྡན་བརྩེ་བ་ཅན། །སྙན་པར་རབ་གྲགས་ཆོག་བཟང་ཤེས་ལྡན་པ་ཡི། །བྱང་ཆུབ་སེམས་དཔའ་ལེགས་པར་སྨྲ་བ་ཡིན་པ་སྟེ། །བཤད་པས་སྐྱེ་བོའི་ནང་ན་ཉི་མ་བཞིན་དུ་ལྷམ། །རྒྱུ་ལྔས་ལེགས་པར་སྨྲ་བ་ཉིད་དང་ཉི་མ་བཞིན་དུ་ལྷམ་པའི ་ཕན་ཡོན་ཡིན་ཏེ། འཇིག་རྟེན་འདུན་པར་བྱེད་པའི་སྒོ་ནས་ཡ་མཚན་དུ་གྱུར་པའི་ཕྱིར་རོ། །སྒྱུ་ལྔ་ནི་གང་གིས་ཕྱིན་ཅི་མ་ལོག་པ་དང། ཡང་དང་ཡང་དུ་དང། ཟང་ཟིང་མེད་པའི་སེམས་དང། ཚིག་བཟུང་བར་འོས་པ་དང། གདུལ་བ་དང་འཚམ ་པར་འཆད་པ་ཡིན་ནོ། །བཤད་པའི་སྐབས་རྫོགས་སོ།། །།སྒྲུབ་པ་རྣམ་པར་དབྱེ་བ་ལ་ཚིགས་སུ་བཅད་པ་དྲུག་སྟེ། བློ་ལྡན་གཉིས་ལ་ལོག་ཉིད་དང། །ཡང་དག་ཉིད་རྣམ་སྤངས་གསུམ་གྱིས། །གང་ཟག་དང་ནི་ཆོས་དག་ལ། ། ་བདག་མེད་རྣམ་གཉིས་ཀུན་ཤེས་ནས། །ཇི་སྐད་དུ་དོན་ཀུན་ཤེས་ཤིང་ཆོས་ཀུན་ཤེས་ནས་ཆོས་དང་མཐུན་པའི་ཆོས་ལ་ཞུགས་པ་ཡིན། མཐུན་པར་ཞུགས་པ་ཡིན། མཐུན་པའི་ཆོས་ལ་སྤྱོད་པ་ཡིན་ཞེས་འབྱུང་བ་དེ་སྟོན་པར ་བྱེད། དེ་ལ་གང་ཟག་དང་ཆོས་ལ་བདག་མེད་བ་ཤེས་པ་རྣམ་པ་གཉིས་ནི་གཟུང་བ་དང་འཛིན་པ་མེད་པའི་ཕྱིར་རོ། །གཉིས་ལ་ལོག་པ་ཉིད་དང་ཡང་དག་པ་ཉིད་སྤངས་པ་གསུམ་ནི་ཀུན་བརྟགས་པའི་ངོ་བོ་ཉིད་མེད་པ་ལ་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་དང་གཞན ་གྱིས་དབང་དང་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་དག་ཡོད་པ་ལ་སྨོན་པ་མེད་པ་དང། མཚན་མ་མེད་པ་དག་གོ། འཇིག་རྟེན་པའི་ཏིང་ངེ་འཛིན་གསུམ་པོ་འདི་ནི་འཇིག་རྟེན་ལས་འདས་པའི་ཡེ་ཤེས་འདྲེན་པཱི་ཕྱིར་ལོག་པར་ཉིད་ཀྱང་མ་ཡིན་ལ། འཇིག་རྟེན་ལས ་འདས་བ་མ་ཡིན་པའི་ཕྱིར་ཡང་དག་པ་ཉིད་ཀྱང་མ་ཡིན་ནོ། །དོན་ཤེས་པས་ནི་ཆོས་རྣམས་ཀུན། །གཟིངས་དང་འདྲ་བ་ཉིད་དུ་རིག། །ཐོས་པས་ཆོག་བར་འཛིན་སྤོང་བས་ངེས་ན་ཆོས་ཤེས་པ་ཞེས་བརྗོད། །དེ་ལྟར་དོན་ཤེས་པ་ནི་མདོ་ལ་སོགས་པའི་ཆོས་ཐམས ་ཅད་གཟིངས་ལྟ་བུ་ཉིད་དུ་ཤེས་ཤིང་ཐོས་བ་ཙམ་གྱིས་ཆོག་པར་འཛིན་པ་སྤོང་བར་བྱེད་དོ། དེས་ན་ཆོས་ཤེས་པ་ཡིན་ནོ། །སོ་སོའི་སྐྱེ་བོའི་ཤེས་པ་ཡིས། །དེ་བཞིན་དུ་ནི་གཉིས་རྟོགས་ནས། །ཤེས་པ་དེ་ཡོངས་རྫོགས་བྱའི་ཕྱིར། །མཐུན་པའི་ཆོས་ན ་རབ་ཏུ་སྒྲུབ། །སོ་སོའི་སྐྱེ་བོའི་དོན་དང་ཆོས་ཤེས་པ་གཉིས་པོ་དེས་དེ་བཞིན་དུ་ཇི་སྐད་བཤད་པའི་བདག་མེད་པ་གཉིས་རྟོགས་ནས། ཤེས་པ་དེ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་སྒྲུབ་པར་བྱེད་དེ། དེ་ལྟར་ན་མཐུན་པའི་ཆོས་ལ་འཇུག་པ་ཡིན་ནོ ་དེ་ནས་ངེས་ནི་ས་དང་པོར། །བྱང་ཆུབ་སེམས་དཔའ་དེའི་བདག་ཉིད། །ཀུན་དང་མཉམ་པར་འཇིག་རྟེན་ལས། །འདས་པའི་ཡེ་ཤེས་བླ་མེད་འཐོབ། །དེ་ནས་ངེས་འཇིག་རྟེན་ལས་འདས་པའི་ཡེ་ཤེས་བླ་ན་མེད་པ་འཐོབ་བོ་ཞེས་བྱ་བ་ནི་ཐེག་པ་ཆེས ་ཁྱད་པར་དུ་འཕགས་པ་གཞན་མེད་པའི་ཕྱིར་རོ། །ས་དང་པོ་རབ་ཏུ་དགའ་བ་ལ་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་མཉམ་པར་རོ། །དེའི་བདག་ཉིད་ཅེས་བྱ་བ་ནི་དེའི་ས་རྣམས་དང་པོ?། །དེ་ལྟར་ཆ་ཐུན་པར་ཞུགས་པ་ཡིན་ཏེ། དེའི་ས་པའི་བྱང་ཆུབ ་སེམས་དཔའ་དང་མཉམ་པ་ཉིད་ཀྱི་ཕྱིར་རོ། །མཐོང་བས་སྤང་བྱའི་ཉོན་མོངས་རྣམས། །ཐམས་ཅད་ཡང་དག་ཟད་བྱས་ནས། །ཤེས་བྱའི་སྒྲིབ་པ་སྤང་བྱའི་ཕྱིར། །སྒོམ་པ་ལ་ནི་རབ་ཏུ་སྦྱོར། །ཚིགས་སུ་བཅད་པ་འདིའི་དོན་གོ་བར ་ཟད་དོ། །རྣམ་འཇོག་རྣམ་པར་མི་རྟོག་པའི། །ཡེ་ཤེས་ལྷན་ཅིག་སྦྱོད་པ་ཡིས། །དེ་བཞིན་ས་ནི་ལྷག་མ་ལ། །མཐུན་པ་ཡི་ནི་ཆོས་སྤྱོད་དོ། །ལྷག་མས་ནི་མཐུན་པའི་ཆོས་སྤྱོད་པ་ཉིད་སྟོན་ཏེ། རྣམ་པར་འཇོག་བ་དང། རྣམ་པར་མི་རྟོག་པ་ཞེས་བྱ་བ་ནི་ས་རྣམ ་པར་འཇོག་པའི་ཡེ་ཤེས་དང། །རྣམ་པ་ནི་རྟོག་བའོ། །ལྷན་ཅིག་སྤྱོད་པ་ཡིས་ཞེས་བྱ་བ་ནི་རྗེས་སུ་འབྲེལ་བར་སྤྱོད་པ་སྟེ། ཕན་ཚུན་བར་ཆད་མེད་པས་སོ། །སྒྲུབ་པ་ལ་བག་ཡོད་པར་བྱ་བའི་ཚིགས་སུ་བཅད་པ་བཞི་སྟེ། བློ་ལྡན་གང་དུ་སྒྲུབ་པའི་ཡུལ། །ལགས ་པར་རྙེད་དང་གནས་བཟང་དང། །ས་བཟང་བ་དང་གྲོགས་བཟང་དང། །རྣལ་འབྱོར་བདེ་བའི་ཡོན་ཏན་ལྡན། །མཐུན་པའི་ཡུལ་དུ་གནས་པ་ལ་སོགས་པ་འཁོར་ལོ་བཞིས་བག་ཡོད་པར་བྱ་བ་སྟོན་ཏེ། དེ་ལ་ཚིགས་སུ་བཅད་པ་འདིས་ནི་མཐུན་པཱི ་ཡུལ་དུ་གནས་བ་སྟོན་ཏེ། །ལེགས་བར་རྙེད་བ་ནི་ཆོས་གོས་དང་བསོད་སྙོམས་ལ་སོགས་པའི་འཚོ་བའི་ཡོད་བྱད་རྣམས་ཚོགས་ཆུང་དུས་རྙེད་པའི་ཕྱིར་རོ། །གནས་བཟང་བ་ནི་རྐུན་པོ་ལ་སོགས་པ་སྐྱེ་བོ་ངན་པ་དག་མི་གནས་པའི་ཕྱིར་རོ། །ས ་བཟང་བ་ནི་ནད་མེད་པའི་ས་ཡིན་པའི་ཕྱིར་རོ། །གྲོགས་བཟང་པོ་ནི་གྲོགས་ཚུལ་ཁྲིམས་དང་ལྟ་བ་མཐུན་པའི་ཕྱིར་རོ། །རྣལ་འབྱོར་བདེ་བ་ནི་ཉིན་པར་འདུ་འཇི་ཉུང་ཞིང་ལྗན་ལྗིན་ཉུང་བའི་ཕྱིར་དང། མཚན་མོ་སྒྲ་ཆུང་བ་ལ་སོགས་པའི་ཕྱིར་རོ།། ་བྱང་ཆུབ་སེམས་དཔའ་ཐོས་མང་དང། །བདེན་མཐོང་སྨྲ་མཁས་བརྩེ་བ་ཅན་།སྐྱོ་མེད་སྐྱེ་བ་དམ་པ་ནི། །ཆེན་པོ་ཡིན་པར་ཤེས་པར་བྱ། །གཉིས་པ་འདིས་ནི་སྐྱེས་བུ་དམ་བ་ཉིད་སྟོན་ཏེ། ལུང་དང་རྟོགས་པ་དང། ཚིག་ཏུ་སྨྲ་བ་དང། ཟང་ཟིང་མེད ་པའི་སེམས་དང། སྙོམས་ལས་མེད་པ་ཉིད་ཀྱི་ཡོན་ཏན་ལྡན་པའི་ཕྱིར་རོ། །དམིགས་པ་བཟང་དང་སྟན་བ་བཟང། །ཐབས་བཟང་བ་དང་ངེས་འབྱུང་དང། །སྦྱོར་བ་བཟང་པོའི་བདག་ཉིད་ཀྱི། །ཡང་དག་སྨོན་ལམ་ཡིན་པར་བཤད། །གསུམ་པ་འདི་ནི་བདག་ཉིད་ནི་ཡང ་དག་པའི་སྨོན་ལམ་ཚུལ་བཞིན་ཡིད་ལ་བྱེད་པས་བསྡུས་པ་སྟོན་ཏེ། དམ་པའི་ཆོས་ལ་དམིགས་པ་དང། ཚོགས་བསགས་པ་དང། ཞི་གནས་ལ་སོགས་པའི་རྒྱུ་མཚན་དུས་སུ་སྒོམ་པ་དང། གོང་དུ་བྱ་བ་ཡོད་པ་?་ཅུང་ཟད་ཙམ་གྱིས་ཆོག་བར་མི་འཛིན་པ ་དང། རྟག་ཏུ་དང་གུས་པར་བྱས་ཏེ་སྦྱོར་བའི་ཕྱིར་རོ། །དགའ་དང་དལ་བར་སྐྱེ་བ་དང། །ནད་མེད་པ་དང་ཏིང་འཛིན་དང། །རྣམ་པར་འབྱེད་བར་བྱེད་རྒྱུ་ནི། །སྔོན་ཆང་བསོད་ནམས་བྱས་པ་ཉིད། །བཞི་པ་འདིས་ནི་རྒྱུ་རྣམ་པ་ལྡས་སྔོན་བསོད་ནམས་བྱས་པ་ཉིད ་སྟོན་ཏེ། དགའ་བའི་རྒྱུ་ཉིད་ནི་གང་གིས་ན་མི་མཐུན་པའི་ཡུལ་དུ་གནས་ན་ཡང་དགའ་བ་མ་ཡིན་ནོ། །ངལ་བར་སྐྱེ་བའི་རྒྱུ་ཉིད་ནི། །གང་གིས་ན་སྐྱེས་བུ་དམ་པ་ལ་བརྟེན་པ་འཐོབ་པ་ཡིན་ནོ། །ནད་མེད་པ་དང། ཏིང་ངེ་འཛིན་དང། ཤེས་རབ་ཀྱི་རྒྱུ་ཉིད ་ནི། གང་གིས་ན་བདག་ཉིད་ཀྱི་ཡང་དག་པའི་སྨོན་ལམ་འགྲུབ་པ་ཡིན་ན། །ཉོན་མོངས་པ་ཁོ་ནས་ཉོན་མོངས་པ་ལས་ངེས་པར་འབྱུང་པའི་ཚིགས་སུ་བཅད་པ་གསུམ་སྟེ། ཆོས་ཀྱི་དབྱིངས་ནི་མ་གཏོགས་པ། །གང་ཕྱིར་ཆོས་མེད་དེ་ཡི་ཕྱིར། །སངས་རྒྱས་རྣམས ་ཀྱིས་དེ་དག་ལས། །ངེས་འབྱུང་ཆགས་སོགས་ཡིན་པར་དགོངས། །བཅོམ་ལྡན་འདས་ཀྱིས་འདོད་ཆགས་ལས་མ་གཏོགས་བར་འདོད་ཆགས་ལས་ངེས་པར་འབྱུང་བར་ང་མི་སྨྲ་སྟེ། ཞེས་དང་དང། གཏི་མུག་དག་ཀྱང་དེ་དང་འདྲའོ། ཞེས་གང་གསུངས ་པ་དེའི་དགོངས་པ་སྟོན་ཏེ། གང་གིས་ཕྱིར་ཆོ་ལ་ཉིད་ལ་མ་གཏོགས་པའི་ཆོས་མེད་པས་ཆོས་ཀྱི་དབྱིངས་ལ་མ་གཏོགས་པའི་ཆོས་མེད་པ་དེའི་ཕྱིར་འདོད་ཆགས་ལ་སོགས་པའི་ཆོས་ཉིད་ཀྱང་འདོད་ཆགས་ལ་སོགས་པའི་མིང་འཐོབ་ལ། དེ་ཡང ་འདོད་ཆགས་ལ་སོགས་པ་ལས་ངེས་པར་འབྱུང་བ་ཡིན་བས་དེ་ལ་དགོངས་པ་ནི་དེ་ཡིན་པར་རིག་པར་བྱའོ། །ཆོས་ཀྱི་དབྱིངས་ནི་མ་གཏོགས་པར། །གང་ཕྱིར་ཆོས་མེད་དེ་ཡི་ཕྱིར། །ཀུན་ནས་ཉོན་མོངས་བསྟན་པ་ལ། །བློ་ལྡན་དགོངས་པ ་དེ་ཡིན་འདོད། །མི་རིག་པ་དང། བྱང་ཆུབ་ནི་གཅིག་གོ། ཞེས་ཀུན་ནས་ཉོན་མོངས་པ་བསྟན་པ་དེར་ཡང་དགོངས་པ་ནི་དེ་ཁོ་ན་ཡིན་ཏེ། མ་རིག་པ་དང་བྱང་ཆུབ་ཀྱི་ཆོས་ཉིད་ལ་དེ་དག་ཉེ་བར་བརྟགས་པའི་ཕྱིར་རོ། །གང་ཕྱིར་ཆགས་སོགས་དེ་ཉིད་ལ། ། ་ཚུལ་བཞིན་འཇུག་པ་དེ་ཡི་ཕྱིར། །དེ་ལས་རྣམ་གྲོལ་འགྱུར་དེས་ན། །དེ་ཡིས་དེ་དག་ལས་ངེས་འབྱུང། །འདོད་ཆགས་ལ་སོགས་པ་དེ་དག་ཁོ་ན་ལ་ཚུལ་བཞིན་དུ་འཇུག་ན་དེ་དག་ལས་རྣམ་པར་གྲོལ་བར་འགྱུར་རོ། །དེ་ལྟ་བས་ན་དེ་དག་ཡོངས་སུ་ཤེS ་པ་ཉིད་དེ་དག་གི་ངེས་པར་འབྱུང་བ་ཡིན་པས་འདི་ལ་དགོང་པ་ནི་དེ་ཡིན་ནོ། །ཉན་ཐོས་དང་རང་སངས་རྒྱས་ཀྱི་ཡིད་ལ་བྱེད་པ་ཡོངས་སུ་སྤངས་པའི་ཚིགས་སུ་བཅད་པ་གཉིས་ཏེ། སེམས་ཅན་ཆེད་དུ་དམྱལ་བའི་སྲིད་པར་གནས་པ་ཡིS། །སྡུག ་བསྔལ་མི་བཟང་ཅིས་ཀྱང་རྒྱལ་སྲས་གནོད་བྱེད་མིན། །ཞི་སྲིད་ཡོན་ཏན་སྐྱོན་གྱིས་ཐེག་པ་དམན་ཞུགས་པའི། །རྣམ་རྟོག་དགེ་བ་སྣ་ཚོགས་བློ་ལྡན་གནོད་བྱེད་ཡིན། །བློ་དང་ལྡན་པ་དམྱལ་བར་གནས་པ་དུས་ཀུན་ཏུ། །བྱང་ཆུབ་དྲི་མེད་ཡངས་པའི ་བར་དུ་གཅོད་བྱེད་མིན། །ཐེག་པ་གཞན་ལ་རབ་བསིལ་རྣམ་རྟོག་བདག་ཕན་པ། །རབ་ཏུ་བདེ་བར་གནས་ཀྱང་བར་དུ་གཅོད་པར་བྱེད། །ཚིགས་སུ་བཅད་པ་འདི་གཉིས་ལ་གཅིག་གི་སྒྲུབ་བར་བྱེད་པ་ནི་གཉིས་པ་ཡིན་ཏེ། གཉི་གའི་དོན་གོ་བར་ཟད་དོ། ། ་ངོ་བོ་ཉིད་མེད་པ་དང། རང་བཞིན་གྱིས་རྣམ་པར་དག་པ་ལ་སྐྲག་པ་དགག་པའི་ཚིགས་སུ་བཅད་པ་བཞི་སྟེ། ཆོས་མེད་པ་དང་དམིགས་པ་དང། །ཀུན་ནས་ཉོན་མོངས་མེད་རྣམ་དག་།སྒྱུ་མ་ལ་སོགས་འདྲ་བ་དང། །དེ་བཞིན་ནམ་མཁའ་འདྲར་ཤེས་བྱ། །ཇི་ལྟར ་ཚུལ་བཞིན་བྲིས་པའི་རི་མོ་ལ། །མཐོན་དམན་མེད་ཀྱང་སྣང་བ་དེ་བཞིན་དུ། །ཡང་དག་མ་ཡིན་རྟོག་ལ་རྣམ་ཀུན་ཏུ། །གཉིས་པོ་རྟག་ཏུ་མེད་ཀྱང་སྣང་བར་འགྱུར། །ཇི་ལྟར་ཆུ་བ་རྙོགས་པ་ལས་དངས་པ་དང། །དངོས་པོ་ཉིད་དེ་དེ་ལས་སྐྱེ་མིན་གྱིས། །དེ་ནི་དེ་ལ་དྲི་མ ་བྲལ་བར་ཟད། །དེ་བཞིན་རང་སེམས་དག་ལ་ཚུལ་དེ་ཉིད། །སེམས་ནི་རྟག་ཏུ་རང་བཞིན་འོད་གསལ་འདོད། །དེ་ནི་གློ་བུར་ཉེས་པས་མ་རུང་བྱས། །ཆོས་ཉིད་སེམས་ལས་གཞན་པ་སེམས་ལས་གཞན་ནི། །འོད་གསལ་མ་ཡིན་རང་བཞིན་པ་བརྗོད་དོ། །ཆོས ་མེད་པ་ལ་ཡང་ཡིན་པར་ཆོས་ཀྱང་དམིགས་སོ་ཞེས་བྱ་བ་ནི། བྱིས་པ་རྣམས་སྐྲག་པའི་གནས་ཡིན་ལ། ཆོས་ཀྱི་དབྱིངས་རང་བཞིན་གྱིས་ཀུན་ནས་ཉོན་མོངས་པ་ཡང་མེད་ལ། ཕྱིས་རྣམ་པར་དག་གོ་ཞེས་བྱ་བ་ཡང་སྐྲག་པའི་གནས་ཡིན་ཏེ། དེ་དག་གོ ་རིམ་བཞིན་དུ་སྒྱུ་མ་ལ་སོགས་བ་དང་འདྲ་བ་དང། ནམ་མཁའ་དང་འདྲ་བར་རབ་ཏུ་བསྒྲུབས་པས་དེས་མི་སྐྲག་པ་འགོག་བར་བྱེད་དོ། །དེ་བཞིན་དུ་རི་མེའི་མཐོན་དམན་དང་འདྲ་བ་དང། ཆུ་བརྙོགས་པ་ལས་དངས་པ་དང་འདྲ་པར་གོ་རིམ་བཞིན་ནོ། །ཚིགས་སུ ་བཅད་པ་བཞི་པས་ནི། སེམས་ཆུ་དང་འདྲ་བར་སྒྲུབ་སྟེ། ཇི་ལྟར་ཆུ་རང་བཞིན་གྱིས་དང་པ་ལS་གློ་བུར་གྱི་བརྙོགས་པས་བརྙོགས་པ་ཡིན་པ་དེ་བཞིན་དུ། སེམས་རང་བཞིན་གྱིས་འོད་གསལ་བར་འདོད་པ་ལས་གློ་བུར་གྱིས་ཉེས་བསམ་རུངས་པར་བྱའོ། ། ་ཆོས་ཉིད་ཀྱི་སེམས་ལས་མ་གཏོགས་པ་སེམས་གཞན་ཏེ། གཞན་གྱིས་དབང་གི་མཚན་ཉིད་ནི། །རང་བཞིན་གྱིས་འོད་གསལ་བ་ཉིད་དུ་མི་བརྗོད་དོ། །དེ་ལྟ་བས་ན་སེམས་ནི་འདིར་ཆོས་ཉིད་ཀྱི་སེམས་ཁོ་ན་ཡིན་པར་རིག་པར་བྱའོ། །འདོད་ཆགས་ལS་སྐྱེས ་པའི་ལྟུང་བ་དགག་པའི་ཚིགས་སུ་བཅད་པ་བཞི་སྟེ། བྱང་ཆུབ་སེམས་དཔའ་སེམས་ཅན་ལ། །བུ་གཅིག་པ་ལ་བྱ་བ་བཞིན། །རྐང་གི་ཁོང་ནས་བྱམས་པ་ཆེ། །དེ་ལྟས་རྟག་ཕན་བྱེད་པར་འདོད། །སེམས་ཅན་རྣམས་ལ་ཕན་བྱེད་ཕྱིར། །དེ་ལ་ཆགས་སྐྱེས་ལྟུང་མི ་འགྱུར། །འདི་ཡི་ཞེ་སྡང་རྣམ་ཀུན་ཏུ། །སེམས་ཅན་ཀུན་དང་འགལ་པར་འགྱུར། །ཇི་ལྟར་ཕུག་རོན་དང་རང་གི་བུ་མཆོག་བྱམས། །རང་གི་བུ་དེ་ཉེ་བར་འཁྱུད་ནས་འདུག། དེ་འདྲ་བ་ལ་ཁོང་ཁྲོ་འགལ་བ་ལྟར། །བརྩེར་བཅས་ལུས་ཅན་བུ་པ ་འང་དེ་དང་འདྲ། །གང་ཕྱིར་བྱམས་པ་དེ་ཕྱིར་ཁོང་ཁྲོ་འགལ། །གང་ཕྱིར་ཞི་བ་དེ་ཕྱིར་གནོད་སེམས་འགལ། །གང་ཕྱིར་དོན་བྱེད་དེ་ཕྱིར་སྒྱུ་སེམས་འགལ། །གང་ཕྱིར་སེམས་བྱེད་དེ་ཕྱིར་འཇིགས་མེད་འགལ། །བྱང་ཆུབ་སེམས་དཔའ་སེམས་ཅན་རྣཾས ་ལ་བྱམས་པ་གང་ཡིན་པ་དེ་ནི་འདོད་ཆགས་སུ་དགོངས་ཏེ། སེམས་ཅན་ལ་ཕན་པར་བྱེད་པའི་རྒྱུ་ཡིན་པའི་ཕྱིར། དེ་དག་ལ་དེས་བྱས་བའི་ལྟུང་བ་འགོག་པར་བྱེད་དོ། །ཕུག་རོན་དཔེར་བརྗོད་པ་ནི། དེ་འདོད་ཆགས་མང་བའི་ཕྱིར་བུ་ལ་བྱམས་པ་ཡང ་ཤིན་ཏུ་ཆ་བའི་ཕྱིར་རོ། །བྱང་ཆུབ་སེམས་དཔའ་བརྩེ་བ་དང་བཅས་པ་ནི། སེམས་ཅན་རྣམས་ལ་ཁོང་ཁྲོ་བ་དགལ་ལོ། །བྱང་ཆུབ་སེམས་དཔལ་རྣམས་ནི་གང་གི་ཕྱིར་བྱམས་པ་ལ་སོགས་པ་དང་ལྡན་པས་སེམས་ཅན་རྣམས་ལ་བྱམས་པ ་དང། གནོད་པ་ཞི་བ་དང། དོན་སྒྲུབ་བ་དང། དགའ་བ་བསྐྱེད་བས་སིམ་པར་བྱེད་པ་ཡིན་པ་དེའི་ཕྱིར་ཡང་ཁོང་ཁྲོ་བ་ཡང་འགལ། །དེ་སྔོན་དུ་འགྲོ་བ་ཅན་གྱིས་གནོད་པའི་སེམས་ལ་སོགས་ཡང་འགལ་ལོ། །སྒྲུབ་པ་རབ་ཏུ་དབྱེ་བའི ་ཚིགས་སུ་བཅད་པ་ལྔ་སྟེ། སྨན་བཟང་བོ་ལ་ནད་པ་བཞིན། འཁོར་བ་ལ་ནི་འཇུག་པར་བྱེད། །ནད་པ་ལ་ནི་སྨན་པ་བཞིན། །སེམས་ཅན་རྣམས་ལ་སྒྲུབ་པར་བྱེད། །ཕྲན་མ་གྲུབ་པ་ཇི་བཞིན་དུ། །བདག་ཉིད་ལ་ནི་སྒྲུབ་པར་བྱང། །ཟོང་ལ་ཚོང་པ་ཇི ་བཞིན་དུ། །འདོད་པ་དག་ལ་སྒྲུབ་པར་བྱེད། །གསལ་གཙོ་བླག་མཁན་བཞིན་དུ། །ལས་ལ་རབ་ཏུ་སྒྲུབ་པར་བྱེད། །བུ་གཞོན་བ་ལ་ཕ་བཞིན་དུ། སེམས་ཅན་མི་འཚེ་སྒྲུབ་པར་བྱེད། །མེ་དོན་གཉེར་པ་གཙུག་ཤིང་ལྟར། །རྟག་པར་རབ་ཏུ ་སྒྲུབ་པར་བྱེད། །ཡིད་བརྟན་བཞིན་དུ་ལྷག་པའི་སེམས། །མ་རྫོགས་པ་ལ་སྒྲུབ་པར་བྱེད། །སྒྱུ་མ་མཁན་ལྟར་ཤེས་བྱ་ལ། །ཤེས་རབ་ཀྱིས་ནི་སྒྲུབ་པར་བྱེད། །དེ་ནི་བྱང་ཆུབ་སེམས་དཔའ་ཡི། །ཇི་ལྟར་གང་དུ་སྒྲུབ་པར་འདོད། །ཇི་ལྟར་གང་དང་གང་དུ་སྒྲུབ་པ ་དེ་སྟོན་པར་བྱེད་དེ། །ཇི་ལྟར་ཞེས་བྱ་བ་ནི་སྨན་བཟང་པོ་ལ་སོགས་པ་ལ་ནད་པ་ལ་སོགས་པ་ལྟར་རོ། །གང་དུ་ཞེས་བྱ་བ་ནི་འཁོར་བ་ལ་སོགས་བར་ཏེ། སོ་སོར་བརྟགས་ནས་འཁོར་བ་བསྟོན་བའི་ཕྱིར་དང། སྙིང་རྗེས་སེམས་ཅན་ཉོན་མོངས་པའི་ནང ་ཀྱིས་ཐེག་པ་ཡོངས་སུ་མི་གཏོང་བའི་ཕྱིར་དང། རང་གི་སེམས་ལེགས་པར་འཚོས་པའི་ཕྱིར་དང། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པས་གོ་རིམ་བཞིན་དུ་ལོངས་སྤྱོད་འཕེལ་བར་བྱེད་པའི་ཕྱིར་དང། ལུས་ལ་སོགས་པའི་ལས་ཡོངས་སུ ་སྦྱོང་བའི་ཕྱིར་དང་སེམས་ཅན་གནོད་པར་བྱེད་པ་དག་གིས་མི་འཁྲུགས་བའི་ཕྱིར་དང། དགེ་བའི་ཆོས་སྒོམ་པ་ལ་བར་ཆད་མེད་པར་བརྩོན་པའི་ཕྱིར་དང། ཏིང་ངེ་འཛིན་གྱི་རོ་མྱང་བར་མི་བྱེད་པའི་ཕྱིར་དང། ཤེས་བྱ་ལ་ཕྱིན་ཅི་མ་ལོག་པའི་ཕྱིར་རོ ་རོ། །སྒྲུབ་པའི་འཁོར་གསུམ་ཡོངས་སུ་དག་པའི་ཚིགས་སུ་བཅད་པ། དེ་ལྟར་རྟག་ཏུ་བརྩོན་འགྲུས་རྒྱ་ཆེན་ལྡན། །གཉིས་ཡོངས་སྨིན་པར་བྱ་བ་ལ་རབ་བརྩོན་དེ། །རིམ་གྱིས་དྲི་མེད་མི་རྟོག་བློ་མཆོག་གིས། །སྒྲུབ་པ་བླ་ན་མེད་པར་རབ་ཏུ་འགྲོ། ཆོས ་ལ་བདག་མེད་པའི་ཡེ་ཤེས་རྣམ་པར་མི་རྟོག་བས་བསྒྲུབ་པ་པོ་དང། བསྒྲུབ་པར་བྱ་བ་དང། བསྒྲུབ་པ་ལ་མི་རྟོག་པའི་ཕྱིར་འཁོར་གསུམ་ཡོངས་སུ་དག་པར་རིག་པར་བྱའོ། །གཉིས་ཡོངས་སུ་སྨིན་བར་བྱ་བ་རབ་བརྩོན་དེ་ཞེས་བྱ་བ་ནི་སེམས་ཅན ་རྣམས་དང་བདག་ཉིད་ངོ་བསྒྲུབ་པའི་སྐབས་རྫོགས་སོ།། །།གདམས་ངག་རྗེས་སུ་བསྟན་པ་རྣམ་པར་དབྱེ་བའི་ཚིགས་སུ་བཅད་པ་ལྔ་བཅུ་རྩ་གཅིག་སྟེ། བསྐལ་པ་གྲངས་མེད་ངེས་འབྱུང་ཞིང། །མོས་པ་རྣམ་པར་འཕེལ་བྱེད ་པ། ཇི་ལྟར་ཆུ་ཡིས་རྒྱ་མཚོ་བཞིན། །དགེ་ཆོས་རྣམས་ཀྱིས་ཡང་དག་རྫོགས། །མོས་པ་རྣམ་པར་འཕེལ་བྱེད་པ། ཞེས་བྱ་བ་ནི་ཆེན་པོའི་གནས་སྐབས་སུ་ཕྱིན་པཱི་ཕྱིར་རོ། །ལྷག་མ་ནི་དོན་གོ་བར་ཟད་དོ། །དེ་བཞིན་དུ་ནི་ཚོགས་བསགས ་པའི། །རྒྱལ་སྲས་གཟོད་ནས་དག་པའོ། །ལེགས་པར་ཤེས་ཤིང་སེམས་དགེ་བ། །བསྒོམ་པ་ལ་ནི་རབ་ཏུ་སྦྱོར། །བཟོད་མ་དག་པ་ནི། བྱང་ཆུབ་སེམས་དཔའ་ཨི་སྡོམ་པ་ཡོངས་སུ་སྦྱངས་པའི་ཕྱིར་དང། དོན་ཕྱིན་ཅི་མ་ལོག་པར་འཛིན་པའི་སྒོ་ནས་ཐེག ་པ་ཆེན་པོ་ལ་ལྟ་བ་དྲང་བོར་བྱས་པའི་ཕྱིར་རོ། །ལེགས་པར་ཤེས་པ་ནི་ཐོས་པ་མང་བའི་ཕྱིར་རོ། །སེམས་དགེ་བ་ནི་སྒྲིབ་པ་དང་བྲལ་བའི་ཕྱིར་རོ། །དེ་ཚེ་ཆོས་ཀྱི་རྒྱུན་ལ་ནི། །སངས་རྒྱས་རྣམས་ལས་ཞི་གནས་དང། །ཡེ་ཤེས་ཡངས་པ་ཐོབ ་བྱའི་ཕྱིར། །གདམས་ངག་རྒྱ་ཆེན་རྙེད་པར་འགྱུར། །ཚིགས་སུ་བཅད་པ་འདིའི་དོན་གོ་བར་ཟད་དོ། །དེ་ནས་དང་པོ་སྡོམ་བརྩོན་དེ། །མདོ་ཡི་སྡེ་ལ་སོགས་པའི་ཆོས། །མི་གཉིས་དོན་ནི་རྣམ་འབྱེད་པ། །མདོ་སོགས་མིང་ལ་སེམས་འཇོག་གོ། ་དེ་ནས་དེ་ནི་རིམ་བཞིན་དུ། །ཚིག་རབ་དབྱེ་ལས་དཔྱོད་བྱེད་ཅིང། །སོ་སོའི་ནང་ན་ཚུལ་བཞིན་དུ། །དེ་ཡི་དོན་ཡང་རྣམ་པར་དཔྱོད། །དོན་དེ་དག་ནི་ངེས་བཟུང་ནས། །ཆོས་ལ་ཀུན་ནས་སྡོམ་པར་བྱེད། དེ་ཡི་དོན་ནི་ཤོག་བྱའི་ཕྱིར། །དེ་ནས་དེ་ནི ་སྨོན་པར་བྱེད། །དང་པོར་མདོའི་སྡེ་དང། དབྱངས་ཀྱིས་བརྙད་པའི་སྡེ་ལ་སོགས་པའི་ཆོས་ལ་མདོ་ལ་སོགས་པའི་མིངས་བཅུ་པ་ཞེས་བྱ་བ་ལ་སོགས་དེ་ལྟ་བུ་གང་ཡིན་བ་དེ་ལ་སེམས་འཇོག་པར་བྱེད་དོ། །ཚིགས་སུ་བཅད་པ་གསུམ་པ ་འདིས་ནི་སེམས་དྲུག་བསྟན་ཏེ། རྩེ་བའི་སེམས་ཡང། རྗེས་སུ་དཔྱོད་པའི་སེམས་དང། རྣམ་པར་དཔྱོད་པའི་སེམས་དང། ངེས་པར་འཛིན་པའི་སེམས་དང། སྡོམ་པའི་སེམས་དང། སྨོན་བའི་སེམས་སོ། །དེ་ལ་རྩ་བའི་སེམས་ནི། མདོ་སྡེ་ལ ་སོགས་པའི་ཆོས་རྣམས་ཀྱི་མིང་ལ་དམིགས་པ་གང་ཡིན་པའོ། །རྗེས་སུ་དཔྱོད་པའི་སེམས་ནི། གང་གིས་མདོའི་སྡེ་ལ་སོགས་པའི་མིང་གི་སྒོ་ནས་དམིགས་པ་རྣམས་ཀྱི་ཚིག་རབ་ཏུ་དབྱེ་བའི་རྗེས་སུ་འགྲོ་བའོ། །རྣམ་པར་དཔྱོད་པའི་སེམས་ནི། གང་གིས་དོན ་དང་ཡི་གེ་དཔྱོད་བར་བྱེད་པའོ། །དེ་ལ་དོན་ནི་རྣམ་པ་བཞིས་དཔྱོད་པར་བྱེད་དེ། །འགྲང་བ་དང། འཇལ་བ་དང། རྟོག་པ་དང། སོ་སོར་རྟོག་པས་སོ། །དེ་ལ་འགྲང་བ་ནི་གྲངས་འཛིན་པ་སྟེ། དཔེར་ན་གཟུགས་ནི་སྐྱེ་མཆེད་བཅུ་དང། གཅིག་གི་ཕྱོགས་སོ། །ཚོར ་བ་ནི་ཚོར་བ་དྲུག་པ་ཚོགས་སོ། ཞེས་བྱ་བ་དེ་ལྟ་བུ་ལ་སོགས་བའོ། །འཇལ་བ་ནི་གྲངས་དང་ལྡན་པའི་ཆོས་ཀྱི་མཚན་ཉིད་ལ་སྒྲོ་འདོགས་པ་དང། སྐུར་པ་འདེབས་པ་མེད་པར་འཚམ་པར་འཛིན་པའོ། །རྟོག་པ་ནི་ཚད་མས་རྟོག་པའོ། །སོ་སོ་རྟགས་པ་ནི ་བགྲངས་པ་དང། གཞལ་བ་དང། བརྟགས་པའི་དོན་ལ་བལྟ་པའོ། །ཡི་གེ་རྣམ་པ་གཉིས་ཀྱིས་སྤྱོད་པར་བྱེད་དེ། ཡི་གེ་ཚོགས་པ་རྣམ་དོན་དང་བཅས་ཉིད་དང། །སིལ་བུ་རྣམས་དོན་མེད་པ་ཉིད་ཀྱིས་སོ། །ངེས་པར་འཛིན་པའི་སེམས་ནི་གང་གིས་ཇི ་ལྟར་རྗེས་སུ་དཔྱད་བ་འམ། རྣམ་པར་དཔྱད་པ་དེའི་རྒྱུ་མཚན་ངེས་པར་འཛིན་པའོ། །སྡོམ་པའི་སེམས་ནི་ཇི་ལྟར་རྣམ་པར་དཔྱད་པའི་དོན་རྩ་བའི་སེམས་ལ་བསྡུས་ཏེ། ཀུན་ནས་སྡོམ་པའི་རྣམ་པར་འབྱུང་བའོ། །སྨོན་པའི་སེམས་ནི་ཏིང་ངེ་འཛིན་གྱི ་དོན་ཏམ། དེ་ཡོངས་སུ་རྫོགས་པར་བྱ་བའི་དོན་ཏམ། དགེ་སྦྱོང་གི་ཚུལ་གྱིས་འབྲས་བུའི་དོན་ཏམ། ས་ལ་འཇུག་པའི་དོན་ཏམ། ཁྱད་པར་དུ་འགྲོ་བའི་དོན་ཀྱང་རུང། གང་གི་དོན་དུ་རབ་ཏུ་བཙོན་པ་དེ་ལ་འདུན་པ་དང་ལྷན་ཅིག་འབྱུང་བའོ།། ་འདི་སེམས་ཁོ་ན་དམིགས་པར་སྣང་བ་འབྱུང་གི། སེམས་ལ་མ་གཏོགས་པའི་དམིགས་བ་ནི་མེད་དོ། །ཞེས་སེམས་ཙམ་དུ་ཤེས་ཀྱང་རུང། མ་ཤེས་ཀྱང་རུང་སྟེ། དམིགས་པ་ནི་སེམས་ཡིན་ཏེ། གཞན་མ་ཡིན་པས་སེམས་རྣམ་པ་དྲུག་པོ་དམིགས ་པར་རྣམ་པར་བཞག་གོ། ཡིད་ཀྱིས་བརྗོད་པ་རྒྱུན་ཆགས་སུ། །བཙལ་བྱ་སོ་སོར་བརྟག་བར་བྱ། །ཡིད་ལ་བྱེད་པ་བརྗོད་མེད་པ། །རོ་གཅིག་པ་ཀྱང་དཔྱད་པར་བྱ། །ཆོས་ཀྱི་མིང་ནི་བསྡོམས་ར་འང་འདི། །ཞི་གནས་ལམ་དུ་ཤེས ་པར་བྱ། །ལྷག་མཐོང་ལམ་ནི་དེ་དོན་རྣམས། །རྣམ་པར་དཔྱོད་པར་ཤེས་བར་བྱ། །ཟུང་དུ་འབྲེལ་པའི་ལམ་ནི་དེ། །སྡོམ་པ་ཡིན་པར་རྣམ་ཤེས་བྱ། །ཞུམ་པའི་སེམས་ནི་རབ་གཟུང་སྟེ། །རྒོད་པ་ཡང་ནི་ཞི་བར་བྱ། །དེ་ནས་དམིགས་པ་དེ་ལ་ནི། །མཉམ ་པར་གྱུར་ན་བཏང་སྙོམས་བཞག་།དེ་ལ་རྟག་ཏུ་བྱ་བ་དང། །གུས་པར་བྱས་ཏེ་སྦྱར་བར་བྱ། །ཚིགས་སུ་བཅད་པ་བཞི་པོ་འདིས་ནི་ཡིད་ལ་བྱེད་པ་བཅུ་གཅིག་བསྟན་ཏེ། །རྟོག་པ་དང་བཅས་ཤིང་དཔྱོད་པ་དང་བཅས་པ་དང། རྟོག་པ་མེད་པ་ལ་དཔྱོད་པ ་ཙམ་དང། རྟོག་པ་ཡང་མེད་དཔྱོད་པ་ཡང་མེད་པ་དང། ཞི་གནས་ཡིད་ལ་བྱེད་པ་དང། ལྷག་མཐོང་ཡིད་ལ་བྱེད་པ་དང། ཟུང་དུ་འབྲེལ་བ་ཡིད་ལ་བྱེད་པ་དང། རབ་ཏུ་འཛིན་པའི་རྒྱུ་མཚན་ཡིད་ལ་བྱེད་པ་དང། ཞི་གནས་ཀྱི་རྒྱུ་མཚན་ཡིད་ལ་བྱེད ་པ་དང། བཏང་སྙོམས་ཀྱི་རྒྱུ་མཚན་ཡིད་ལ་བྱེད་པ་དང། རྟག་ཏུ་སྦྱོར་བའི་ཡིད་ལ་བྱད་པ་དང། གུས་པར་ཡིད་ལ་བྱེད་བའོ། །དམིགས་པ་ལ་ནི་སེམས་གཏད་ནས། །དེ་རྒྱུན་རྣམ་པར་གཡེང་མི་བྱ། །རྣམ་གཡེང་མྱུར་དུ་རྟོགས་བྱས་ནས།། ་དེ་ལ་སླར་ནི་བསླན་པར་བྱ། །བློ་ལྡན་གོང་ནས་གོང་དུ་ཡང། །སེམས་ནི་ནང་དུ་བསྡུ་བར་བྱ། །དེ་ནས་ཡོན་ཏན་མཐོང་བའི་ཕྱིར། །ཏིང་ངེ་འཛིན་ལ་སེམས་གདུལ་ལོ། །རྣམ་གཡེང་ཉེས་པ་མཐོང་བའི་ཕྱིར། །དེ་ལ་མི་དགའ་ཞི་བར་བྱ། །བརྣབ་སེམས ་ཡིད་མི་བདེ་ལ་སོགས། །ལངས་པ་དེ་བཞིན་ཞི་བར་བྱ། །དེ་ནས་སྡོམ་བརྩོན་ཅན་གྱིས་ནི། །སེམས་ལ་མངོན་པར་འདུ་བྱེད་བཅས། །རང་གི་ངང་གིས་འབྱུང་བ་འཐོབ། །དེ་སྐོམ་པ་ལས་འདུ་མི་བྱེད། །ཚིགས་སུ་བཅད་པ་བཞི་པོ་འདིས་ནི་སེམS ་གནས་བ་རྣམ་པ་དགུས་གནས་པའི་ཐབས་བསྟན་ཏེ། རྣམ་པ་དགུ་ནི། སེམས་འཇུག་པར་བྱེད། ཀུན་ཏུ་འཇོག་པར་བྱེད། ངེས་པར་འཇོག་པར་བྱེད། །ཉེ་བར་འཇོག་པར་བྱེད། འདུལ་བར་བྱེད། ཞི་བར་བྱེད། ཉེ་བར་ཞི་བར་བྱེད། །རྒྱུད་གཅིག་ཏུ་བྱེད། མཉམ ་པར་འཇོག་པར་བྱེད། ཅེས་བྱ་བ་ཡིན་ནོ། །དེ་ནས་དེ་ཡིས་ལུས་དང་སེམས། །ཤིན་ཏུ་སྦྱངས་པ་ཆེ་ཐོབས་ནས། །ཡིད་ལ་བྱེད་དང་བཅས་ཤེས་བྱ། །དེ་ཡིS་དེ་ནི་འཕེལ་བྱས་ནས། །འཕེལ་བ་རིང་དུ་འགྲོ་བ་ཡིས། །དངོས་གཞིའི་གནས་པ་ངེས་འཐོབ་བོ། ། ་མངོན་ཤེས་དོན་དུ་གཉེར་བས་དེ། །སྦྱངས་ན་ལས་སུ་རུང་བའི་མཆོག་།བསམ་གཏན་ལས་འཐོབ་མངོན་པར་ཤེས། །མངོན་པར་སྒྲུབས་པའི་སྒོ་ནས་དེ། །སངས་རྒྱས་དཔག་ཏུ་མེད་པ་ལ། །མཆོད་པའི་ཕྱིར་དང་མཉན་པའི་ཕྱིར། །འཇིག་རྟེན་ཁམས་ནི་རྣམS ་སུ་འགྲོ། འདིས་ནི་སངས་རྒྱས་དཔག་མེད་ལ། །བསྐལ་དཔག་མེད་པར་བསྙེན་བཀུར་བྱས། །དེ་ལ་བསྙེན་བཀུར་བྱས་པའི་ཕྱིར། །སེམས་ནི་ལས་རུང་མཆོག་ཏུ་འགྱུར། །བསམ་གཏན་ལས་སུ་རུང་བ་མཆོག་ཏུ་འགྱུར་རོ། །ཞེས་བྱ་བར་སྦྱར་རོ། །བསྐལ་པ ་དཔག་ཏུ་མེད་པར་གྱུར་པ་ཞེས་བྱ་བ་ནི་གྲངས་མེད་དཔག་ཏུ་མེད་པར་གྱུར་པར་རོ། །ཚིགས་སུ་བཅད་པ་འདི་རྣམས་ཀྱི་ལྷག་མའི་དོན་གོ་བར་ཟད་དོ། །དེ་ནས་དེ་དག་སྔོན་རོལ་ཏུ། །ཕན་ཡོན་ལྔ་ནི་འཐོབ་འགྱུར་ཏེ། དེས་ན་རྣམ་པར་དག་པའི་སྣོད ་བླ་ན་མེད་པ་ཉིས་འགྱུར་འདིའི། །ལུས་ལས་གནས་ངན་ལེན་པ་ཀུན། །སྐད་ཅིག་རེ་རེ་ལ་ཟད་འགྱུར། །ལུས་དང་སེམས་ནི་ཀུན་ཏུ་ཡང། །ཤིན་ཏུ་སྦྱངས་པས་གང་བར་འགྱུར། །ཆོས་རྣམས་སྣང་བ་ཐམས་ཅད་དུ། །ཡོངས་སུ་ཆད་པ་མེད་རྟོགས ་འགྱུར། །ཡང་དག་པ་ཡི་རྒྱུ་མཚན་ནི། །མ་བརྟགས་པ་དག་རབ་ཏུ་མཐོང། །དེ་བཞིན་ཆོས་སྐུ་རབ་རྫོགས་དང། །རྣམ་པར་དག་པར་བྱ་བའི་ཕྱིར། །བློ་དང་ལྡན་པས་རྣམ་ཀུན་ཏུ། །རྟག་ཏུ་རྒྱུ་ཡོངས་འཛིན་པར་བྱེད། །དེ་ནས་དག་པའི་སྔོན་རོལ་ཏུ ་ཕན་ཡོན་ལྔ་འཐོབ་བར་འགྱུར་ཏེ། དག་པ་ཞེས་བྱ་བ་ནི་ལྷག་པའི་བསམ་པ་དག་པའི་སའོ། །དེ་དག་ཐོབ་པས་ནི་རྣམ་པར་དག་པའི་སྣོད་ཉིད་འཐོབ་སྟེ། བླ་ན་མེད་པ་ནི་ཐེག་པ་བླ་ན་མེད་པའི་ཕྱིར་རོ། །དེ་བཞིན་ཆོས་སྐུ་རབ་རྫོགS ་དང། རྣམ་པར་དག་པར་བྱ་བའི་ཕྱིར་ཞེས་བྱ་བ་ནི། བྱང་ཆུབ་སེམས་དཔའ་ས་བཅུ་པ་ལ་ནི་ཡོངས་སུ་རྫོགས་པའོ། །སངས་རྒྱས་ཀྱི་ས་ལ་ནི་རྣམ་པར་དག་པའོ། །ཕན་ཡོན་ལྔ་པོ་འདི་དག་ལས། །གསུམ་ནི་ཞི་གནས་ཀྱི་ཕྱོགས་དང་མཐུན་པ་ཡིན ་ལ། གཉིས་ནི་ལྷག་མཐོང་གི་ཕྱོགས་དང་མཐུན་པ་ཡིན་པར་རིག་པར་བྱ་སྟེ། འདིའི་བར་དུ་ནི་འཇིག་རྟེན་པའི་ཡང་དག་པར་འགྲུབ་པ་ཡིན་ནོ། །དེ་ནས་དེ་འདྲར་གྱུར་པ་ཡི། །བྱང་ཆུབ་སེམས་དཔའ་མཉམ་བཞག་པས། །ཡིད་ཀྱི་བརྗོད་པ་མ ་གཏོགས་བར། །དོན་ཀུན་རབ་ཏུ་མི་མཐོང་ངོ། །ཆོས་ཀྱི་སྣང་བ་འཕེལ་བྱའི་ཕྱིར། །བརྩོན་འགྲུས་བསྟན་པ་ཀུན་ཏུ་བརྩོམ། །ཆོས་ཀྱི་སྣང་བ་འཕེལ་ནས་ནི། །སེམས་ཙམ་བཞི་གནས་པར་འགྱུར། །དེ་ནས་དོན་ཀུན་སྣང་བ་ནི། །སེམས་སུ་རབ་ཏུ་སྣང་བར ་འགྱུར། །དེ་ཚེ་དེ་ཡི་གཟུང་བ་ཡི། །རྣམ་པར་གཡེང་བ་སྤང་ས་པར་འགྱུར། །དེ་ནས་དེ་ལ་འཛིན་པ་ཡི། །རྣམ་པར་གཡེང་བ་འབའ་ཞིག་ལུས། །དེ་ཚེ་བར་ཆད་མེད་བ་ཡི། །ཏིང་ངེ་འཛིན་ལ་མྱུར་དུ་རིག་།དེའི་འོག་ཏུ་ངེས་པར་འབྱེད་པའི་ཆ་དང་མཐུན་པ ་རྣམས་ཏེ། ནམ་ཞིག་བྱང་ཆུབ་སེམས་དཔའ་དེ་ལྟ་བུ་སེམས་མཉམ་པར་བཞག་པས་ཡིད་ཀྱི་བརྗོད་པ་ལ་མ་གཏོགས་པ་ཐམས་ཅད་མ་མཐོང་གི་།འདིའི་ཡིད་ཀྱི་བརྗོད་པ་ཁོ་ན་རང་གི་མཚན་ཉིད་དང། སྤྱིའི་མཚན་ཉིད་དུ་སྣང་བར་མཐོང་བ་ནི། །དེ་ནི ་འདིའི་དྲོ་བར་གྱུར་པའི་གནས་སྐབས་ཡིན་ཏེ། གང་གི་དབང་དུ་མཛད་ནས་ཆུ་བོ་ཚྭ?་སྒོ་ཅན་གྱི་མདོ་ལས། སྣང་བ་ཞེས་བྱ་བ་འདི་ནི་ཆོས་ལ་ངེས་བར་རྟོག་པའི་བཟོད་པའི་ཚིག་བླ་དགས་སོ། །ཞེས་གསུངས་པ་ནི་སྣང་བ་འདི་ཡིན་ནོ། །དེ་ཆོས་ཀྱི་སྣང ་བ་ཉིད་ཀྱི་སྤེལ་བའི་ཕྱིར་མི་གནས་པའི་བྱེད་པས་བརྩོན་འགྲུས་བརྟན་པོ་རྩོམ་པར་བྱེད་པ་དེ་མི་འདིའི་རྩེ་མོའི་གནས་སྐབས་ཡིན་ནོ། །ཆོས་ཀྱི་སྣང་བ་འཕེལ་ནས་སེམས་ལ་གནས་ཏེ། འདི་ནི་སེམས་ཁོ་ནར་ཟད་དོ། ཞེས་བྱ་བར་རྫོགས་པའི་ཕྱིར་རོ། །དེ་ནས་དོན་དུ ་སྣང་བ་ཐམས་ཅད་ནི་སེམས་ཁོ་ནར་ཟད་ཀྱི། དོན་སེམས་ལས་གཞན་པ་ནི་མ་ཡིན་ནོ། །ཞེས་བྱ་བར་མཐོང་སྟེ། དེའི་ཚེ་ན་འདིའི་གཟུང་བའི་རྣམ་པར་གཡེང་བ་སྤངས་ལ་འཛིན་པའི་རྣམ་པར་གཡེང་བ་འབའ་ཞིག་ལུས་སོ། །དེ་ནི་འདིའི་བཟོད་བའི་གནས་སྐབས ་ཡིན་ནོ། །དེའི་ཚེ་བར་ཆད་མེད་པའི་ཏིང་ངེ་འཛིན་ལ་ཡང་མྱུར་དུ་རེག་པར་འགྱུར་ཏེ། དེ་ནི་འདིའི་འཇིག་རྟེན་བའི་ཆོས་ཀྱི་མཆོག་གི་གནས་སྐབས་ཡིན་ནོ། །ཅིའི་ཕྱིར་དེ་འདིའི་བར་ཆད་མེད་པ་ཞེས་བྱ་ཞེ་ན། འདི་ལྟར་དེ་ཡི་མཇུག་ཐོགས་སུ། །འཛིན་པའི་རྣམ ་པར་གཡེང་བ་སྤོང། །འདི་དག་གོ་རིམ་བཞིན་དུ་ནི། །དྲོ་བར་གྱུར་བ་ཡིན་ཞེས་བྱ། །དེ་ལྟར་ན་འདི་དག་ནི་ངེས་པར་འབྱེད་བའི་ཆ་དང་མཐུན་པར་དྲོ་བར་གྱུར་བ་ལ་སོགས་པ་ཡིན་ནོ། །དེ་ནས་དེས་ནི་འཇིག་རྟེན་ལS། །འདས་བའི་ཡེ་ཤེས་བླ་མེད་པས། །རྣམ་པར ་མི་རྟོག་དྲི་མ་མེད། །འཛིན་པ་གཉིས་དང་བྲལ་བ་འཐོབ། །དེ་ཡན་ཆད་ནི་མཐོང་བའི་ལམ་གྱི་སྐབས་ཡིན་ཏེ། བླ་ན་མེད་པ་ནི་ཡེ་ཤེས་བླ་ན་མེད་པས་སོ། །རྣམ་པར་མི་རྟོག་པ་ནི། གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ་དང་བྲལ་བའི་ཕྱིར་རོ་།དྲི་མ་མེད ་པ་ནི་མཐོང་བས་སྤངས་བར་བྱ་བའི་ཉོན་མོངས་པ་སྤངས་པའི་ཕྱིར་ཏེ། འདིས་ནི་རྡུལ་དང་བྲལ་བ་དང། དྲི་མ་དང་བྲལ་བ་ཞེས་བཤད་བ་ཡིན་ནོ། །འཛིན་པ་གཉིས་དང་བྲལ་བ་ནི་གཟུང་བ་དང་འཛིན་པ་དང་བྲལ་བའི་ཕྱིར་རོ། །དེ་འདིའི་གནས་ཡོངས ་གྱུར་བ་སྟེ། །ས?་ནི་དང་པོ་ཡིན་པར་འདོད། །འདིའི་དེ་བསྐལ་བ་དཔག་མེད་ཀྱིས། །ཤིན་ཏུ་རྣམ་པར་དག་པར་འགྱུར། །ཚིགས་སུ་བཅད་པའི་དེའི་དོན་གོ་བར་ཟད་དོ། །ཆོས་ཀྱི་དབྱིངས་ནི་མཉམ་པ་ཉིད། །རབ་ཏུ་རྟོགས་ནས་དེ་ཡི་ཚེ། །རྟག་ཏུ་སེམས་ཅན ་ཐམས་ཅད་ལ། །བདག་དང་མཚུངས་པའི་སེམས་འཐོབ་སྟེ། །སེམས་ཅན་རྣམས་ལ་བདག་མེད་དང། །སྡུག་བསྔལ་དང་ནི་དོན་བྱ་དང། །ལན་མི་རེ་ལ་འདི་སེམས་སྙོམས། །རྒྱལ་སྲས་གཞན་དང་འདྲ་བ་ཡིན། །ཆོས་ལ ་བདག་མེད་པས་མཉམ་པ་ཉིད་རྟོགས་ནས་མཚུངས་པ་ཉིད་རྣམ་པ་ལྔས་རྟག་ཏུ་སེམས་ཅན་ཐམས་ཅད་ལ་བདག་དང་མཚུངས་པའི་སེམས་ཉིད་འཐོབ་སྟེ། བདག་མེད་པའི་མཚུངས་པ་ཉིད་དང། སྡུག་བསྔལ་མཚུངས་པ་ཉིད་ཀྱིས་ནི་རང ་བཞིན་གྱི་རྒྱུད་དག་ལ་བདག་མེད་པ་དང། སྡུག་བསྔལ་དག་ཁྱད་པར་མེད་བའི་ཕྱིར་རོ། །བྱ་བ་མཚུངས་པ་ཉིད་ཀྱིས་ནི་རང་དང་གཞན་གྱི་སྡུག་བསྔལ་སྤངས་པར་བྱ་དགོས་བར་མཚུངས་པའི་ཕྱིར་རོ། །ལན་མི་རེ་བ་མཚུངས་པ་ཉིད་ཀྱིས་ནི་བདག ་ཉིད་ལས་བཞིན་དུ་གཞན་ལས་ལན་མངོན་པར་མི་འདོད་པའི་ཕྱིར་རོ། །དེ་ལས་གཞན་པའི་བྱང་ཆུབ་སེམས་དཔའ་དང་མཚུངས་པ་ཉིད་ཀྱིས་ནི། ཇི་ལྟར་དེ་དག་གི་མངོན་པར་རྟོགས་པ་དེ་བཞིན་དུ་མངོན་པར་རྟོགས་པའི་ཕྱིར་རོ། །དེས་ནི་ཁམས ་གསུམ་འདུས་བྱས་རྣམས། །ཡང་དག་མ་ཡིན་ཀུན་རྟོག་པར། །ཡེ་ཤེས་ཤིན་ཏུ་རྣམ་དག་པ། །གཉིས་སུ་མེད་པའི་དོན་གྱིས་མཐོང། །དེས་ནི་ཁམས་གསུམ་པའི་འདུས་བྱས་རྣམས་ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པ་ཙམ་དུ་མཐོང ་སྟེ། ཡེ་ཤེས་ཤིན་ཏུ་རྣམ་པར་དག་པ་ནི་འཇིག་རྟེན་ལས་འདས་པའི་ཕྱིར་རོ། །གཉིས་སུ་མེད་པའི་དོན་གྱིས་ཞེས་བྱ་བ་ནི་གཟུང་བ་མེད་པ་དང། འཛིན་པ་མེད་པའི་དོན་གྱིས་སོ། །དེ་དག་མེད་པའི་ངོ་བོ་ནི། །མཐོང་བའི་སྤང་བྱ་རྣམས་ལས་གྲོལ ་དེ་ནས་དེ་ཚེ་མཐོང་བའི་ལམ། །ཐོབ་པ་ཞེས་ནི་ངེས་པར་བརྗོད། །གཟུང་བ་དང་འཛིན་པ་མེད་པ་དེའི་ངོ་བོ་ཆོས་ཀྱི་དབྱིངས་མཐོང་བས། སྤང་བར་བྱ་བའི་ཉོན་མོངས་པ་རྣམས་ལས་རྣམ་པར་གྲོལ་བར་མཐོང་ངོ། །མེད་པའི་སྟོང་པ་ཉིད་ཤེས་ཤིང།། ་དེ་བཞིན་ཡོད་པའི་སྟོང་ཉིད་དང། རང་བཞིན་སྟོང་པ་ཉིད་ཤེས་པས། །སྟོང་པ་ཤེས་པ་ཞེས་བརྗོད་དོ། །བྱང་ཆུབ་སེམས་དཔའ་དེ་ནི་སྟོང་པ་ཉིད་རྣམ་པ་གསུམ་ཤེས་པའི་ཕྱིར་སྟོང་པ་ཞེས་བྱའོ། །མེད་པའི་སྟོང་པ་ཉིད་ནི་ཀུན་བརྟགས་པའི་ངོ་བོ ་ཉིད་དེ། རང་གི་མཚན་ཉིད་ཀྱིས་མེད་པའི་ཕྱིར་རོ། །དེ་བཞིན་དུ་ཡོད་པའི་སྟོང་པ་ཉིད་ནི་གཞན་གྱིས་དབང་སྟེ། དེ་ནི་ཇི་ལྟར་བརྟགས་པ་དེ་ལྟར་མེད་ཀྱི། །རང་གི་མཚན་ཉིད་ཀྱིས་ནི་ཡོད་དོ། །རང་བཞིན་གྱིས་སྟོང་པ་ཉིད་ནི་ཡོངས་སུ ་གྲུབ་པའི་ངོ་བོ་ཉིད་དེ། །སྟོང་པ་ཉིད་ཀྱི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །མཚན་མེད་གཞི་ནི་རྣམ་རྟོགས་རྣམས། །ཡང་དག་ཟད་པ་ཡིན་ཞེས་བྱ། །སྨོན་པ་མེད་པར་གྱུར་པ་དེ། ཡང་དག་མ་ཡིན་ཀུན་རྟོག་གོ་།མཚན་མ་མེད་པའི་གཞི་ནི་རྣམ་པར ་རྟོག་པ་རྣམས་ཡང་དག་པར་ཟད་པ་ཡིན་ལ། སྨོན་པ་མེད་པའི་གཞི་དམིགས་པ་དེ་ནི་ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པ་དམིགས་པ་ཡིན་པར་ཤེས་པར་བྱའོ། །རྒྱལ་སྲས་བྱང་ཆུབ་ཕྱོགས་མཐུན་པ། །རྣམ་པ་སྣ་ཚོགས་ཐམས་ཅད ་ནི། རྟག་ཏུ་མཐོང་པའི་ལམ་དེ་དང། ལྷན་ཅིག་ཏུ་ནི་ཐོབ་པར་འདོད། །བྱང་ཆུབ་སེམས་དཔའ་ཨི་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་དྲན་པ་ཉེ་བར་བཞག་པ་ལ་སོགས་པ་སྣ་ཚོགས་ཐམས་ཅད་མཐོང་བའི་ལམ་དེ་དང་ལྷན་ཅིག ་འཐོབ་པར་རིག་པར་བྱའོ། །གང་ཞིག་བློ་ཡིས་འགྲོ་བ་འདུས་བྱས་ཙམ། །བདག་མེད་སྡུག་བསྔལ་རྒྱས་པ་ཙམ་ཤེས་ཏེ། དོན་མེད་རང་བཞིན་བདག་ལྟ་རྣམ་སྤངས་ནས། །བདག་ཉིད་ཆེ་ལྟ་དོན་ཆེན་རྙེད་པ་གང། །འདི་ན་བདག་ལྟ་མེད་པ ་བདག་ཏུ་ལྟ། སྡུག་བསྔལ་མེད་པར་ཤིན་ཏུ་སྡུག་བསྔལ་འགྱུར། །རང་ལ་ཕན་བྱས་བདག་ལ་ཇི་ལྟ་བར། །དོན་ཀུན་བྱེད་ལ་ལན་ཀྱང་རེ་བ་མང། །གང་ཞིག་གྲོལ་བ་མཆོག་གིས་སེམས་གྲོལ་ལ། །འཆིང་བ་མི་བཟད་ཡང་རིང་པོས་བཅིངས།། ་སྡུག་བསྔལ་མཐར་ཐུག་པ་ནི་མ་མཐོང་ཡང། །རབ་ཏུ་སྦྱོར་བ་ཉིད་དང་བྱེད་པ་ཉིད། །འདི་ན་འཇིག་རྟེན་ཚེ་གཅིག་རང་སྡུག་བཀུར་མི་ནུས། །འཇིག་རྟེན་གནས་པ་སྲིད་དུ་གཞན་སྡུག་བསྔལ། །བསྡོམས་པ་སྨོས་ཅི་དགོས་ཏེ་བསམ ་དུ་མེད། །བྱང་ཆུབ་སེམས་དཔའ་དེ་ལས་བཟློག་པ་ཡིན། །རྒྱལ་སྲས་སེམས་ཅན་རྣམས་ལ་དགའ་བ་དང། །བྱམས་པ་གང་ཡིན་སྦྱོར་དང་མི་སྐྱོ་གང། །དེ་ནི་སྲིད་བ་དག་ན་ངོ་མཚར་ཆེ། །སེམས་ཅན་བདག་དང་མཚུངས་ཕྱིར་དེ་ལྟའང་མིན།། ་ཚིགས་སུ་བཅད་པ་ལྔ་པོ་འདི་དག་གིས་ནི་བྱང་ཆུབ་སེམས་དཔའ་མཐོང་བའི་ལམ་ཐོབ་པའི་ཆེ་བའི་བདག་ཉིད་བརྗོད་དེ། །དོན་མེད་པའི་རང་བཞིན་གྱི་བདག་ཏུ་ལྟ་བ་ནི་འཇིག་ཚོགས་ལ་ལྟ་བ་ཉོན་མོངས་པ་ཅན་གང་ཡིན་པའོ། །བདག་ཉིད་ཆེན་པོའི་ལྟ་བ ་དོན་ཆེན་པོ་ནི་སེམས་ཅན་ཐམས་ཅད་ལ་བདག་དང་མཉམ་པའི་སེམས་རྙེད་པའི་ཕྱིར། བདག་ཏུ་ལྟ་བ་གང་ཡིན་པ་སྟེ། དེ་ནི་དོན་ཐམས་ཅད་བྱེད་པའི་རྒྱུ་ཡིན་པའི་ཕྱིར་དོན་ཆེན་པོ་ཡིན་ནོ། །དོན་མེད་བའི་རང་བཞིན་གྱི་བདག་ཏུ་ལྟ་བ་མེད་པར ་བདག་ཏུ་ལྟ་བ་ནི་དོན་ཆེན་པོ་གང་ཡིན་བའོ། །རང་གི་རྒྱུ་ལས་སྐྱེས་པའི་སྡུག་བསྔལ་མེད་པར་ཡང་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལས་སྐྱེས་པས་ཤིན་ཏུ་སྡུག་བསྔལ་བར་གྱུར་པའོ། །གྲོལ་བ་མཆོག་ནི་ཐེག་པ་བླ་ན་མེད་པས་སེམས་མ ་མཐོང་བའི་ལམ་གྱིས་སྤང་བར་བྱ་བ་རྣམས་ལས་གྲོལ་བ། སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལས་བྱུང་བའི་འཆིང་བ་མི་བཟད་པ་ཡུན་རིང་པས་ཀྱང་བཅིངས་པའོ། །སེམས་ཅན་གྱི་ཁམས་ནམ་མཁའ་བཞིན་དུ་མཛའ་ཡས་པའི་ཕྱིར། སྡུག ་བསྔལ་གྱི་མཐར་ཐུག་པ་མ་མཐོང་ཡང་སེམས་ཅན་རྣམས་ཀྱི་སྡུག་བསྔལ་མཐར་བྱ་བའི་ཕྱིར་རབ་ཏུ་ཡང་སྦྱོར་ལ། སེམས་ཅན་ཚད་མེད་པའི་དོན་བྱེད་པ་ཉིད་དོ། །བྱང་ཆུབ་སེམས་དཔའ་དེ་ལས་བཟློག་པ་ཡིན་ནོ། །དེ་ནི་འཇིག་རྟེན་གནས?་པ ་ཇི་སྲིད་བར་སེམས་ཅན་ཐམས་ཅད་གྱི་སྡུག་བསྔལ་བསྡོམས་པ་བཀུར་བར་ནུས་སོ། །བྱང་ཆུབ་སེམས་དཔའ་སེམས་ཅན་རྣམས་ལ་དགའ་བ་གང་ཡིན་པ་དང། ཕན་པ་དང་བདེ་བར་འདོད་པ་གང་ཡིན་པ་དང། དེའི་དོན་དུ་སྦྱོར་བ་གང་ཡིན་པ་དང། དེར་སྦྱོར་བ ་ལ་མི་སྐྱོ་བ་གང་ཡིན་པ་དེ་ཐམས་ཅད་ནི་འཇིག་རྟེན་ན་ཤིན་ཏུ་ངོ་མཚར་ཡང་ཆེ་ལ། །སེམས་ཅན་ཐམས་ཅད་བདག་དང་མཚུངས་པའི་ཕྱིར་ངོ་མཚར་ཡང་མི་ཆེའོ། །དེ་ནས་དེ་ནི་ལྷག་པ་ཡི། །ས་རྣམས་སྒོམ་པའི་ལམ་འདི་ལ། །ཡེ་ཤེས་རྣམ་པ་གཉིས ་བོ་དག། སྒོམ་ཕྱིར་རབ་ཏུ་སྦྱོར་བར་བྱེད། །རྣམ་པར་མི་རྟོག་ཡེ་ཤེས་དེ། །སངས་རྒྱས་ཆོས་ནི་སྦྱོང་བར་བྱེད། །གཞན་ནི་ཇི་བཞིན་རྣམ་འཇོག་པ། །སེམས་ཅན་རྣམས་ནི་ཡོངས་སྨིན་བྱེད། །གྲངས་མེད་གཉིས་ནི་རྫོགས་པ་ཡིས། །བསྒོམ་པ་ཡིན་ཚར་ཕྱིན ་ཏེ། །སྒོམ་པ་ཐམ་ཐོབ་ནས་ནི། །བྱང་ཆུབ་སེམས་དཔའ་དབང་བསྐུར་བ། །རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན། །རྟོག་པས་མི་ཤེགས་ཐོབ་ནས་ནི། །གནས་གཞན་གྱུར་པ་མཐར་ཐུག་པ། །སྒྲིབ་པ་ཀུན་གྱིས་དྲི་མེད་དང། །གང་ལ་གནས་ནས་སེམས་ཅན་ཀུན། །? ་ཕྱིར་རབ་ཏུ་སྒྲུབ་བྱེད་པ། །རྣམ་པ་ཐམས་ཅད་མཁྱེན་པ་ཡི། །གོ་འཕང་བླ་ན་མེད་པ་འཐོབ། །འདི་དག་གིས་ནི་སྒོམ་པའི་ལམ་བསྟེན་ཏེ། ཡེ་ཤེས་རྣམ་པ་གཉིས་ལ་རྣམ་པར་མི་རྟོག་པ་ནི་གང་གིས་ན་བདག་ཉིད་ཀྱི་སངས་རྒྱས་ཀྱི་ཆོས་རྣམ་པར་སྦྱོང་རབ་བྱེད ་བ་ཡིན་ནོ། །ཇི་ལྟ་བ་བཞིན་དུ་རྣམ་པར་འཇོག་པ་ནི། འཇིག་རྟེན་ལས་འདས་པའི་རྗེས་ལས་ཐོབ་པ་འཇིག་རྟེན་པ་སྟེ། གང་གིས་ན་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་ཡིན་ནོ། །གྲངས་མེད་པ་གཉིས་ཀྱི་སྒོམ་པའི་ཐ་མ་མཇུག་ཏུ་ཕྱིན་པ ་ཐོབ་ནས་དབང་བསྐུར་བའི་བྱང་ཆུབ་སེམས་དཔའ་ནི་རྣམ་པར་རྟོག་པཱི་བག་ལ་ཉལ་གྱིས་མི་ཤིགས་པའི་དོན་གྱིས་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་འཐོབ་བོ། །དེའི་འོག་ཏུ་གནས་གཞན་དུ་གྱུར་པའི་མཐར་ཕྱིན་པ་དང། གང་ལ་གནས་ནས་འཁོར ་བའི་སྲིད་པར་མངོན་པར་རྫོགས་པར་བྱང་ཆུབ་པ་དང། ཡོངས་སུ་མྱ་ངན་ལས་འདས་པ་ཡང་དག་པར་སྟོན་པ་ལ་སོགས་པས་སེམས་ཅན་རྣམས་ལ་ཕན་པ་རབ་ཏུ་སྒྲུབ་པར་བྱེད་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་གོ་འཕང་བླ་ན ་མེད་པ་ཉོན་མོངས་པ་དང། ཤེས་བྱའི་སྒྲིབ་པ་ཐམས་ཅད་ཀྱི་དྲི་མ་མེད་པ་འཐོབ་བོ། །དེ་ལྟར་མཐོང་དཀའ་ཨི་ཐུབ་པ་རྟག་མཐོང་བ། །ཐོས་པ་མཉམ་མེད་ལས་བྱུང་རབ་དང་བའི། །ཤུགས་ཀྱིས་རྟག་པར་ཤིན་ཏུ་སེམས་ཚིམ་པ། །ཇི་ལྟ་བུར་ནི་དོན ་ཆེན་འགྱུར་མ་ཡིན། །ཆོས་ཀྱི་སྒོ་ལ་རྣམ་པར་གནས་པ་ལ། །དེ་བཞིན་གཤེགས་རྟག་མངོན་སུམ་འགོམས་མཛད་ཅིང། །ཅོ་ནས་འདྲེན་བཞིན་ཉེས་པ་ཚང་ཚིང?་ནས། །ཚན་གྱིས་དྲངས་ཏེ་བྱང་ཆུབ་ལ་འགོད་དོ། །སངས་རྒྱས་རྣམས་ནི་རྟག་ཏུ་རང་དོན་ཡང ་དག་སྦྱོར་ལ་ལེགས་པར་བསྔགས་པ་དང། །ལོག་བར་སྦྱོར་ལ་སྨོད་མཛད་གནས་དང་རྣམ་འབྱེད་ལྷུར་ལེན་མཆོག་གི་སེམས་ཅན་ལ། །གང་ཞིག་སྤངས་དང་བསྟེན་པས་བདེ་གཤེགས་བསྟན་པ་འདི་ལ་རྣལ་འབྱོར་ཡོངས་འགྱུར་བ། །བར་ཆད ་མཐུན་པའི་ཆོས་ནི་རྣམ་པ་ཐམས་ཅད་རྒྱལ་རྣམས་ཚུལ་བཞིན་འདི་ན་སྟོན། །ཚིགས་སུ་བཅད་པ་གསུམ་པོ་འདི་དག་གིས་ནི་གདམས་ངག་གི་ཆེ་བ་ཉིད་སྟོན་ཏེ། གང་གི་ཆོས་ཀྱི་སྒོའི་རྒྱུན་ལ་གདམས་ངག་འཐོབ་པ་དེས་ནི་རྟག་ཏུ་སངས་རྒྱས ་མཐོང་བར་འགྱུར་རོ། །དེས་ན་གང་གིས་ན་ཤིན་ཏུ་དང་བའི་ཤུགས་ཀྱིས་སེམས་ཚིམ་པར་བྱས་པ་འདི་སངས་རྒྱས་རྣམས་རྟག་ཏུ་མཐོང་བ་དེ་དོན་ཆེན་པོར་འགྱུར་བ་མཚུངས་པ་མེད་པའི་ཆོས་ཐོས་སོ། །ལྷག་མ་ནི་དོན་གོ་བར་ཟད་དོ། །རྗེས་སུ་བསྟན ་པ་རྣམ་པ་བཞི་ནི་ཚིགས་སུ་བཅད་པ་གཅིག་གིས་སྟོན་ཏེ། ལྷག་པའི་ཚུལ་ཁྲིམས་ཀྱི་དབང་དུ་མཛད་ནས། བྱང་ཆུབ་སེམས་དཔའ་རང་གིས་དོན་ལས་ཡང་དག་པར་སྦྱོར་བ་ལ་བསྔགས་པ་མཛད་པ་དང། ལོགས་པར་སྦྱོར་བ་ལ་སྨོད་པ་མཛད ་པ་དང། ལྟག་པའི་སེམས་དང། ལྷག་པའི་ཤེས་རབ་ཀྱི་དབང་དུ་མཛད་ནས་གནས་པ་དང། རྣམ་པར་འབྱེད་བ་ལྷུར་ལེན་པ་ལ་དེ་དག་གི་བར་དུ་གཅོད་པ་དང། དེ་དག་དང་མཐུན་བའི་ཆོས་རྣམ་པ་ཐམས་ཅད་སྟོན་པའོ། །གང་ཞིག་སྤངས་པ་དང་བསྟན་པས་ཞེས ་བྱ་བ་ནི་བར་དུ་གཅོད་བ་དང་མཐུན་པ་སྟེ་གོ་རིམ་བཞིན་ནོ། །རྣལ་འབྱོར་ཞེས་བྱ་བ་ནི་ཞི་གནས་དང། ལྷག་མཐོང་སྒོམ་པའོ། །དེ་ནི་མཐོང་བ་རབ་དག་མི་རྟོག་བྱང་ཆུབ་ཀྱིས། །འཇིག་རྟེན་ཐམས་ཅད་ཟིལ་མནན་མུན་པ་ཆེན་པོ་ཡང། །རྣམ་པ་ཀུན་ཏུ་བསལ་ནས ་ཉི་མ་ཆེན་པོ་དག། ཤར་བ་བཞིན་དུ་འགྲོ་བ་རྣམས་ལ་ལམ་མེའོ། །དེ་ལྟར་རྟག་ཏུ་དགེ་བ་བསགས་པས་རབ་གང་ཞིང། །ཐུབ་བ་ལས་ནི་རྟག་ཏུ་གདམས་དག་ཆེ་ཐོབ་པའི། །སེམས་དཔའ་མཆོག་ནི་སེམས་ཀྱི་ཏིང་ངེ་འཛིན་རབ་ཡངས་པ། །ཐོབ་ནས་ཡོན་ཏན ་རྒྱ་མཚོའི་ཕ་རོལ་འགྲོ་བར་འགྱུར། །ཚིགས་སུ་བཅད་པ་འདི་དག་གི་དོན་གོ་བར་ཟད་དོ། །གདམས་དག་རྗེས་སུ་བསྟན་པའི་སྐབས་རྫོགས་སོ།། །།སྡོམ་ནི། མོས་པ་མེད་བ་ཉིད་དང་ནི། །ཆོས་ཚེལ་དང་བཤད་པ་དང། དེ་བཞིན་སྒྲུབ་དང་ཡང་དག་པའི།། ་གདམས་ངག་རྗེས་སུ་བསྟན་པ་ཡིན། །མཇུག་སྡུད་པའི་ཚིགས་སུ་བཅད་པ་སྟེ། དོན་གོ་བར་ཟད་དོ། །ཐབས་དང་ལྡན་བའི་ལས་རྣམ་པར་དབྱེ་བའི་ཚིགས་སུ་བཅད་པ་བཞི་སྟེ། ཇི་ལྟར་ནགས་ཚལ་དང་ནི་ལུས་ཅན་རི་བོ་དང། །ཆུ་བོ་རྣམས་ཀྱི་རྟེན་ནི་ཀུན ་ནས་ས་ཡིན་པ། །དེ་བཞིན་མཁས་པ་རྣམས་ཀྱི་ལས་རྣམས་གསུམ་པོ་ཡང། །ཀུན་ནས་སྦྱིན་པ་ལ་སོགས་དགེ་བའི་ཡིན་པར་བརྗོད། །ཚིགས་སུ་བཅད་པ་འདིས་ནི་ཀུན་ནས་སློང་བའི་ཐབས་བསྟན་ཏེ། སྦྱིན་པ་ལ་སོགས་བའི་དགེ་བ་ཕ་རོལ་ཏུ་ཕྱིན་པ ་དང། བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པ་ལ་སོགས་པ་རྣམ་པ་ཐམས་ཅད་ནི་ལས་གསུམ་གྱིས་ཀུན་ནས་བསླང་བའི་ཕྱིར་རོ། །མཁས་པར?་རྣམས་ཀྱི་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱིའོ། །ནགས་ཚལ་ལ་སོགས་པ་སྨོས་པ་ནི་ཉེ་བར་སྤྱད ་པར་བྱ་བ་དང། ཉེ་བར་སྤྱོད་པ་པོ་དང། བསྟན་པ་དང། མི་བསྟན་པའི་དངོས་པོ་ངེས་པར་བསྟན་པའི་ཕྱིར་རོ། །ཤིན་ཏུ་དཀའ་བའི་ངོ་བོ་སྣ་ཚོགས་པ། །བསྐལ་པ་མང་ངོས་ཚར་ཕྱིན་མངོན་བརྩོན་བདག་ཉིད་ཅན། །རྒྱལ་སྲས་རྣཾ ་ནི་ལུས་དང་ངག་སེམས་རང་བཞིན་གྱིས། །ལས་རྣམས་དག་གིས་འདི་ན་ཡིད་འབྱུང་འགྱུར་བ་མེད། །ཇི་ལྟར་བདག་ལ་ཕན་འདོད་དུག་དང་མཚོན་དང་ནི། །གནམ་ལྕགས་ལྕེ་དང་དགྲ་ལས་རང་གི་ལུས་ཟློག་པ། །དེ་བཞིན་རྒྱལ་སྲས་ཐེག་པ ་དམན་པ་རྣམ་གཉིས་ལས། །ལས་རྣམས་གསུམ་གྱིས་བདག་ཉིད་ཟློག་པར་བྱེད་པ་ཡིན། །ཚིགས་སུ་བཅད་པ་འདི་གཉིས་ཀྱིས་ནི་ལྡང་བའི་ཐབས་སྟོན་ཏེ། ཐེག་པ་ཆེན་པོ་ལ་སྐྱོ་བ་དང། ཐེག་པ་གཞན་དུ་ལྟུང་བ་ལས་སློང་བའི་ཕྱིར་གོ ་རིམ་བཞིན་ནོ། །ཡིད་འབྱུང་བ་ནི་སྐྱོ་བ་ཞེས་བྱ་བའི་ཐ་ཚིག་གོ་།ཐེག་པ་དམན་པ་དང་ལྡན་པའི་ལས་ནི་ཐེག་པ་དམན་པར་སེམས་ཡོངས་སུ་བསྔོ་བའི་ཕྱིར་དང། ཐེག་པ་ཆེན་པོ་ལ་དགེ་བའི་རྩ་བ་གཙང?་པའི་ཕྱིར་དང། དགེ་བ་མ་སྐྱེས་མི ་བསྐྱེད་ཅིང་དགེ་བའི་ལོ་ཏོག་སྐྱེས་པ་འཇོམས་པའི་ཕྱིར་དང། སངས་རྒྱས་ཉིད་ཕུན་སུམ་ཚོགས་པ་ཐོབ་བའི་གེགས་སུ་གྱུར་བའི་ཕྱིར་དུག་ལ་སོགས་པ་དང་ཆོས་མཐུན་པ་ཡིན་ནོ། །རྟག་ཏུ་རྣམ་པར་མི་རྟོག་ལས་ཅན་ལས་མིན་ཞིང ་ལས་ཀྱི་བྱ་བ་དང་རྣམ་གསུམ་ལ་མི་ལྟ་སྟེ། དེས་ན་འདིས་ནི་དེ་ཐབས་ཡང་དག་བཟུང་བའི་ཕྱིར། །ལས་རྣམས་དག་པ་མཛའ་ཡས་དེ་ཡི་ཕ་རོལ་འགྲོ། ཚིགས་སུ་བཅད་པ་བཞི་པ་འདིས་ནི་འཁོར་གསུམ་ཡོངས་སུ་དག་པའི་སྒོ་ནས་ལུས?་རྣཾ ་པར་གང?་པའི་ཐབས་སྟོན་ཏེ། བྱེད་པ་པོ་དང། ལས་དང་བྱ་བ་རྣམS་ནི་དམིགས་པའི་ཕྱིར་རོ། །མཛའ་ཡས་པ་ཞས་བྱ་བ་ནི་མི་ཟད་པའི་ཕྱིར་རོ། །ཐབས་དང་ལྡན་བའི་ལས་ཀྱི་མཛད་པ་རྫོགས་སོ།། །།ཕ་རོལ་ཏུ་ཕྱིན་པ་རབ་ཏུ་དབྱེ་བའི་བསྡུ ་བཱི་སྡོམ་མི་གྲངས་དང་དེ་ཡི་མཚན་ཉིད་གོ་རིམ་དང། །ངེས་པའི་ཚིག་དང་གོམས་བྱ་ཡོན་ཏན་དང། །དེ་དག་རབ་དབྱེ་བསྡུ་དང་མི་མཐུན་ཕྱོགས། །ཡོན་ཏན་ཕན་ཚུན་རྣམ་ངེས་ཡིན་ཞེས་བྱ། །གྲངས་རྣམ་པར་དབྱེ་བའི་ཚིགས་སུ་བཅད་པ་དྲུག་སྟེ། ་རེ་ཞིག་ལོངས་སྤྱོད་དང་ལུས་ཕུན་སུམ་ཚོགས་པ་དང། འཁོར་བརྩོམ་ཕུན་སུམ་ཚོགས་པ་མངོན་མཐོ་དང། །རྟག་ཏུ་ཉོན་མོངས་དབང་ཉིད་མི་འགྲོ་དང། །བྱ་བ་རྣམས་ལ་ཕྱིན་ཅི་མ་ལོག་པའོ། །ཞེས་བྱ་བ་ནི་དང་པོའོ། །དེ་ལ་ཕ་རོལ་ཏུ་ཕྱིན་པ་བཞིས་ནི ་མངོན་པར་མཐོ་བ་རྣམ་པ་བཞི་སྟེ། སྦྱིན་པས་ནི་ལོངས་སྤྱོད་ཕུན་སུཾ་ཚོཌ་པའོ། །ཚུལ་ཁྲིམས་ཀྱིས་ནི་ལུས་ཕུན་སུམ་ཚོགས་པའོ། །བཟོད་པS་ནི་འཁོར་ཕུན་སུཾ་ཚོཌ་པ་སྟེ། འདི་ལྟར་དེ་བསྙེན་པས་ཚེ་ཕྱི་མ་ལ་སྐྱེ་བོ་མང་པོ་དགའ་བར་འགྱུར་རོ། །བརྩོན་འགྲུས་ཀྱིས་ནི་བརྩོམ་པ་ཕུན་སུམ་ཚོཌ ་པ་སྟེ། ལས་ཀྱི་མཛའ་ཐམས་ཅད་འགྲུབ་པའི་ཕྱིར་རོ། །ལྔ་པ་པ་ནི་ཉོན་མོངས་པའི་དབང་དུ་མི་འགྲོ་བ་ཉིད་དོ། བསམ་གཏན་གྱིས་ནི་ཉོན་མོངས་པ་རྣམ་པར་གནོན་པའི་ཕྱིར་རོ། །དྲུག་པས་ནི་བྱ་བ་རྣམས་ལ་ཕྱིན་ཅི་མ་ལོག་པ་སྟེ། བྱ་བ་ཐམས་ཅད ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པའི་ཕྱིར་རོ། །དེ་ལྟར་ན་མངོན་པར་མཐོ་བ་དང། དེ་ལ་ཡང་ཀུན་ནས་ཉོན་མོངས་པ་མེད་པ་དང། བྱ་བ་ལ་ཕྱིན་ཅི་མ་ལོག་པ་དང། རྩོམ་པའི་དབང་དུ་བྱས་ནས་ཕ་རོལ་ཏུ་ཕྱིན་པ་དྲུག་རྣམ་པར་བཞག ་གོ?། སེམས་ཅན?་དོན་ལ་རབ་བརྩོན་པ། །གཏོང་དང་མི་གནོད་བཟོད་པས་བྱེད། །གནས་དང་གྲོལ་བ་བཞིར་བཅས་པས། །རང་དོན་རྣམ་པ་ཐམས་ཅད་སྤྱོད། །ཅེས་བྱ་བ་ནི་གཉིས་པ་སྟེ། བྱང་ཆུབ་སེམས་དཔའ་སེམས་ཅན་གྱིས་དོན་རྣམས་ལ་ཡང་དག ་པར་རབ?་ཏུ་བརྩོན?་པ་ཕ་རོལ་ཏུ་ཕྱིན་པ་གསུམ་པོ་སྦྱིན་པ་དང། ཚུལ་ཁྲིམས་དང་བཟོད་པ་དག་གིས་གོ་རིམ་བཞིན་དུ་གཏོང་བ་དང་མི་གནོད་པ་དང་གནོད་པ་བྱེད་པ་བཟོད་པས་སེམས་ཅན་གྱི་དོན་བྱེད་དོ། །གསུམ་གྱིས་ནི་སེམས་གནས་པ་དང ་རྣམ་པར་གྲོལ་བ་བཞི་དང་བཅས་པས་རང་གི་དོན་རྣམ་པ་ཐམས་ཅད་བཅས། བརྩོན་འགྲུས་ལ་བརྟེན་ནས། གོ་རིམ་བཞིན་དུ་བསམ་གཏན་དང། ཤེས་རབ་དག་གིས་སེམས་མཉཾ་པར་མ་བཞག་པ་མཉམ་པར་བཞག་པར ་འཇོག་པའི་ཕྱིར་དང། མཉམ་པར་བཞག་བ་རྣམ་པར་གྲོལ་བའི་ཕྱིར་རོ། །དེ་ལྟར་ན་གཞན་གྱིས་དོན་དང། རང་གི་དོན་ལས་བརྩམས་ཏེ་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། མི་ཕོངས་པ་དང་རྣམ་པར་མི་འཆོད་དང། རྣམ་འཚེ?་བཟོད་དང་བྱ་བས་མི་སྐྱེ ་དང། །དགའ་བྱེད་ལེགས་པར་བརྗོད་པ་དེ་ཡི་ཕྱིར། །གཞན་གྱི་དོན་ནི་རང་གི་དོན་ཡིན་ནོ། །ཞེས་བྱ་བ་ནི་གསུམ་པ་ཡིན་ཏེ། བྱང་ཆུབ་སེམས་དཔའ་ཨི་གཞན་གྱི་དོན་མཛའ་དག་ནི་སྦྱིན་པ་ལ་སོགས་པས་གོ་རིམ་བཞིན་དུ་གཞན་དག་ལ ་ཡོ་བྱད་ཀྱིས་མི་ཕོངས་པ་དང། རྣམ་པར་མི་འཚེ་བ་དང། རྣམ་པར་འཚེ་བ་བཟོད་པ་དང། གྲོགས་བྱས་ལ་སྐྱོ་བ་མེད་པ་དང། རྫུ་འཕྲུལ་ལ་སོགས་པའི་མ་ཐུས་འགའ་བར་བྱེད་པ་དང། ཐེ་ཚོམ་གཅོད་པའི་སྒོ་ནས་ལེགས་པར་བརྗོད་པ་དག ་གིས་འགྱུར་རོ། །དེའི་ཕྱིར་ན་གནས་ཀྱི་དོན་ནི་བྱང་ཆུབ་སེམས་དཔའ་རང་གི་དོན་དུ་འགྱུར་ཏེ། གཞན་གྱི་དོན་ནི་རང་གི་དོན་ཡིན་པའི་ཕྱིར་དང། བྱང་ཆུབ་ཆེན་པོ་འཐོབ་པའི་ཕྱིར་རོ། །དེ་ལྟར་ན་རང་དང་གཞན་གྱི་དོན་མཛའ་དག་གི་སྐབས ་ཀྱི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་།ལོངས་སྤྱོད་མངོན་པར་མི་དགའ་དང། །རབ་གུས་གཉིས་ལ་མི་སྐྱོ་དང། །རྣལ་འབྱོར་རྣམ་པར་མི་རྟོག་པ། །ཐེག་ཆེན་མཛའ་དག་འདིར་ཟད་དོ། །ཞེས་བྱ་བ་ནི་བཞི་པ་སྟེ། སྦྱིན་པས་ནི་བྱང་ཆུབ་སེམས་དཔའ་ ་ལོངས་སྤྱོད་རྣམས་ལ་མི་ལྟ་བའི་ཕྱིར་མངོན་པར་མི་དགའ་ཨོ། །ཚུལ་ཁྲིམས་ཡང་དག་པར་བླངས་བས་ནི་བྱང་ཆུབ་སེམས་དཔའ་བསླབ་པ་དག་ལ་ཤིན་ཏུ་གུས་པ་ཉིད་དོ། །བཟོད་པ་དང། བརྩོན་འགྲུས་ཀྱིས་ནི་གོ་རིམ་བཞིན་དུ་སེམས་ཅན ་དང་སེམས་ཅན་མ་ཡིན་པས་བྱས་པའི་སྡུག་བསྔལ་དང། དགེ་བ་རབ་ཏུ་སྦྱོར་བ་དང་གཉིས་ལ་སྐྱོ་བ་མེད་དོ། །བསམ་གཏན་དང་ཤེས་རབ་དག་གིས་ནི་ཞི་གནས་དང་ལྷག་མཐོང་མི་བསྡུས་པའི་རྣལ་འབྱོར་རྣམ་པར་མི་རྟོག་པ་སྟེ། ཐེག་པ་ཆེན་པོ་མཛའ་དག ་འདི་ཙམ་དུ་ཟད་དོ། །དེའི་ཕྱིར་ཐེག་པ་ཆེན་པོ་ཀུན་བསྡུས་པའི་དབང་དུ་བྱས་ནས་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། ཡུལ་རྣམས་ལ་ནི་མ་ཆགས་ལམ། །དེ་ཐོབ་རྣམ་གཡེར?་སྡོམ་པའི་ལམ། །སེམས་ཅན་མི་བཏང་འཕེལ་བ་དང། །སྒྲིབ་པ་རྣམ་པར་སྦྱོང་པའི་གཞན? ་ཞེས་བྱ་བ་ན་ལྔ་པའོ། །དེ་ལ་སྦྱིན་པ་ནི་ཡུལ་རྣམས་ནི་ཆགས་པའི་ལམ་ཡིན་ཏེ། གཏོང་བ་ལ་གོམས་པས་དེ་ལ་ཆགས་པ་དང་བྲལ་བའི་ཕྱིར་རོ། །ཚུལ་ཁྲིམས་ནི་དེ་ཐོབ་པའི་རྣམ་པར་གཡེང་བ་དག་ཡང་དག་པར་སྡོམ་པ་རྣམས་ཀྱི་ལམ་ཡི ་ཏ། དགེ་སློང་གི་སྡོམ་པ་ལ་གནས་པ་ལ་ཡུལ་ཐོབ་པར་བྱ་བའི་ཕྱིར། ལས་ཀྱི་མཛའ་ཨི་རྣམ་པར་གཡེང་བ་ཐམས་ཅད་མི་འབྱུང་བའི་ཕྱིར་རོ། །བཟོད་པ་ནི་སེམས་ཅན་མི་གཏོང་བའི་ལམ་སྟེ། གནོད་པ་བྱེད་པ་ཐམས་ཅད་ཀྱི་སྡུག་བསྔལ་གྱིས་ཡིད་མི་འབྱུང་བའི ་ཕྱིར་རོ། །བརྩོན་འགྲུས་ནི་དགེ་བ་འཕེལ་བའི་ལམ་སྟེ། བརྩོན་འགྲུས་བརྩམས་པ་ལ་དེ་འཕེལ་བར་འགྱུར་བའི་ཕྱིར་རོ། །བསམ་གཏན་དང་ཤེས་རབ་ནི། སྒྲིབ་པ་རྣམ་པར་སྦྱོང་བ་དག་གི་ལམ་ཡིན་ཏེ། དེ་གཉིས་ཀྱིས་ཉོན་མོངས་པ་དང་ཤེས་བྱའི ་སྒྲིབ་པ་རྣམ་པར་སྦྱོར་བའི་ཕྱིར་རོ། །ལམ་ཞེས་བྱ་བ་ནི་ཐབས་ཏེ། དེ་ལྟར་ན་ལམ་གྱི་རྣམ་པ་ཐམས་ཅད་ཀྱི་དབང་དུ་བྱས་ནས་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། བསླབ་གསུམ་དབང་དུ་མཛད་ནས་ནི། །རྒྱལ་བས་ཕ་རོལ་ཕྱིན་པ་དྲུག། ཡང་དག་བཤད་དེ་དང་པོ ་གསུམ། །ཐ་མ་གཉིས་ཀྱིས་རྣམ་པ་གཉིས། །གཅིག་ནི་གསུམ་ཆར་ལ་ཡང་གཏོགས། །ཞེས་བྱ་བ་ནི་དྲུག་པའོ། །དེ་ལ་ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་ནི་ཕ་རོལ་ཏུ་ཕྱིན་པ་དང་པོ་གསུམ་སྟེ། ཚོགས་དང་བཅས་པ་དང་འཁོར་དང་བཅས་པ་གཟུང ་བའི་ཕྱིར་རོ། །སྦྱིན་པས་ལོངས་སྤྱོད་ལ་མི་ལྟ་ན་ཚུལ་ཁྲིམས་ཡང་དག་པར་ལེན་ཏོ། །ཡང་དག་པར་བླངས་པ་ནི་བཟོད་པས་བཤེ་བ་ལ་སླར་མི་གཤེ་བ་ལ་སོགས་པས་སྲུང་ངོ། །རྣམ་པ་གཉིས་ཞེས་བྱ་བ་ནི། ལག་པའི་སེཾས ་དང། ལྷག་པའི་ཤེས་རབ་ཀྱི་བསླབ་པའོ། །དེ་ནི་ཐ་མ་གཉིས་ཀྱིས་བསྡུས་ཏེ། བསམ་གཏན་དང། ཤེས་རབ་དང་གོ་རིམ་བཞིན་ནོ། །གཅིག་པུ་གཙོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་བསླབ་པ་གསུམ་ཆར་དུ་ཡང་གཏོགས་ཏེ། བརྩོན ་འགྲུས་ནི་ཐམས་ཅད་ཀྱི་གྲོགས་སུ་གྱུར་པཱི་ཕྱིར་རོ། །མཚན་ཉིད་རྣམ་པར་དབྱེ་བའི་ཚིགས་སུ་བཅད་པ་དྲུག་སྟེ། སྦྱིན་པ་མི་མཐུན་ཕྱོགས་ཉམས་དང། རྣམ་པར་མི་རྟོག་ཡེ་ཤེས་ལྡན། །འདོད་པ་ཐམས་ཅད་ཡོངས་རྫོགས་བྱེད། །སེམས་ཅན་རྣམ་སྨིན་བྱེད ་རྣམ་གསུམ། །བྱང་ཆུབ་སེཾས་རྣམས་ཀྱི་སྦྱིན་པའི་མཚན་ཉིད་ནི་རྣམ་པ་བཞི་སྟེ། སེར་སྣ་སྤངས་པའི་ཕྱིར་མི་མཐུན་པའི་ཕྱོགས་ཉམས་པ་དང། ཆོས་བདག་མེད་བ་རྟོགས་པ་དང་ལྡན་པའི་ཕྱིར། རྣམ་པར་མི་རྟོག་པའི་ཡེ་ཤེས་དང་ལྡན་པ་དང། ་གང་ཅི་འདོད་བ་དེ་ལ་དེ་སྦྱིན་པའི་ཕྱིར། འདོད་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པ་དང། སྦྱིན་པས་བསྡུས་ནས་ཐེག་པ་གསུམ་ལ་སྐལ་པ་ཇི་ལྟ་བ་བཞིན་དུ་སྦྱོང་བའི་ཕྱིར་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་རྣམ་པ་གསུམ་མོ།། ་ཚུལ་ཁྲིམས་མི་མཐུན་ཕྱོགས་ཉམས་དང། །རྣམ་པར་མི་རྟོག་ཡེ་ཤེས་ལྡན། །འདོད་པ་ཐམས་ཅད་ཡོངས་རྫོགས་བྱེད། །སེམས་ཅན་རྣམ་སྨིན་བྱེད་རྣམ་གསུམ། །བཟོད་པ་མི་མཐུན་ཕྱོགས་ཉམས་དང། རྣམ་པར་མི་རྟོག་ཡེ་ཤེས་ལྡན།། ་འདོད་པ་ཐམས་ཅད་ཡོངས་རྫོགས་བྱེད། །སེམས་ཅན་རྣམ་སྨིན་བྱེད་རྣམ་གསུམ། །བརྩོན་འགྲུས་མི་མཐུན་ཕྱོགས་ཉམས་དང། །རྣམ་པར་མི་རྟོག་ཡེ་ཤེས་ལྡན། །འདོད་པ་ཐམས་ཅད་ཡོངས་རྫོགས་བྱེད། །སེམས་ཅན་རྣམ་སྨིན་བྱེད་རྣམ་གསུཾ ་བསམ་གཏན་མི་མཐུན་ཕྱོགས་ཉམས་དང། །རྣམ་པར་མི་རྟོག་ཡེ་ཤེས་ལྡན། །འདོད་པ་ཐམས་ཅད་ཡོངས་རྫོགས་བྱེད། །སེམས་ཅན་རྣམ་སྨིན་བྱེད་རྣམ་གསུམ། །ཤེས་རབ་མི་མཐུན་ཕྱོགས་ཉམས་དང། །རྣམ་པར་མི་རྟོགས་ཡེ་ཤེས་ལྡན། །འདོད་པ་ཐཾས་ཅད ་ཡོངས་རྫོགས་བྱེད། །སེམས་ཅན་རྣམ་སྨིན་བྱེད་རྣམ་གསུམ། །སྦྱིན་པའི་མཚན་ཉིད་རྣམ་པ་བཞི་ཇི་ལྟ་བར་ཚུལ་ཁྲིམས་ལ་སོགས་པ་འདི་དག་གིས་ཡང་དེ་དང་འདྲ་བར་རིག་པར་བྱའོ། །འདི་དག་གི་མི་མཐུན་པའི་ཕྱོགས་ནི་འཆལ་བའི་ཚུལ་ཁྲིམས་དང། ་ཁྲོ་བ་དང། ལོ་ལོ་དང། རྣམ་པར་གཡེང་བ་དང། འཆལ་པའི་ཤེས་རབ་སྟེ། གོ་རིམ་བཞིན་ནོ། །འདོད་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པ་ཉིད་ནི་ཚུལ་ཁྲིམས་ལ་སོགས་པས་གཞན་དག་ལ་ལུས་དང། ངག་ཐམས་ཅད་ཡང་དག་དང་སྡོམ་པ་དང ་གནོད་པར་བྱེད་པ་ལ་བཟོད་པ་དང། གྲོགས་དང། ཡིད་ལ་འཐད་པ་དང། ཐེ་ཚོམ་གཅོད་པས་འདོད་པ་ཡོངས་སུ་རྫོགས་པར་བྱེད་པའི་ཕྱིར་རོ། །སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་ཉིད་ནི། །ཚུལ་ཁྲིམས་ལ་སོགས་པས་མགུ་བར་བྱས་ཏེ། ཐེག་པ་གསུམ་ལ་ཡོངས ་སུ་སྨིན་པར་བྱེད་པའི་ཕྱིར་རོ། །གོ་རིམ་རྣམ་པར་དབྱེ་བའི་ཚིགས་སུ་བཅད་པ། སྔ་མ་ལ་བརྟེན་ཕྱི་མ་སྐྱེ། །དམན་དང་མཆོག་ཏུ་གནས་ཕྱིར་དང། །རིགས་པ་དང་ནི་ཕྲད་པའི་ཕྱིར། །དེ་དག་རིམ་པར་བསྟན་པ་ཡིན། །རྒྱུ་གསུམ་གྱིས་སྦྱིན་པ་ལ་སོགས་པ་དེ ་དག་རིམ་པར་བསྟན་ཏོ། །སྔ་མ་ལ་བརྟེན་ནས་ཕྱི་མ་སྐྱེ་བའི་ཕྱིར་ནི་ལོངས་སྤྱོད་ལ་མི་ལྟ་བའི་ཚུལ་ཁྲིམས་ཡང་དག་པར་ལེན་ཏོ། །ཚུལ་ཁྲིམས་དང་ལྡན་ན་བཟོད་པར་འགྱུར་རོ། །བཟོད་པ་དང་ལྡན་ན་བརྩོན་འགྲུས་རྩོམ་མོ། །བརྩོན་འགྲུས་བརྩམས་ན་ཏིང ་ངེ་འཛིན་བསྐྱེད་པར་བྱེད་དོ། །སེཾས་མཉམ་པར་བཞག་ན་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །སྔ་མ་དམན་ལ་ཕྱི་མ་མཆོག་ཏུ་གནས་པའི་ཕྱིར་ནི་སྦྱིན་པ་ནི་དམན་ལ། ཚུལ་ཁྲིམས་ནི་མཆོག་ཡིན་པ་ནས། དེ་བཞིན་དུ་བསམ་གཏན་ནི་དམན་ལ ་ཤེས་རབ་ནི་མཆོག་ཡིན་པའི་བར་དུ་ཡིན་ནོ། །སྔ་མ་ནི་རགས་ལ་ཕྱི་མ་ནི་ཕྲ་བའི་ཕྱིར་ནི་སྦྱིན་པ་ནི་འཇུག་བསླ་བའི་ཕྱིར་དང། བྱ་སླ་བའི་ཕྱིར་རགས་ལ། ཚུལ་ཁྲིམས་ནི་དེ་བས་ཆེས་འཇུག་དཀའ་བའི་ཕྱིར་དང། །ཆོས་བྱ་དཀའ་བའི ་ཕྱིར་ཕྲ་བ་ནས། དེ་བཞིན་དུ་བསམ་གཏན་ནི་རགས་ལ། ཤེས་རབ་ནི་ཕྲ་བའི་བར་དུ་ཡིན་ནོ། །དེས་པའི་ཚིག་རྣམ་པར་དབྱེ་བའི་ཚིགས་སུ་བཅད་པ། དབུལ་བ་འདོར་བར་བྱེད་པ་དང། བསིལ་བ་འཐོབ་དང་ཁྲོ་བཟོད་དང། །མཆོག་སྦྱོར་བ་དང ་ཡིད་འཛིན་དང། །དོན་དམ་ཤེས་པའི་ཕྱིར་བཤད་དོ། །དབུལ་བར་འདོར་བར་བྱེད་པས་ན་སྦྱིན་པའོ། །བསིལ་བ་ཐོབ་པར་བྱེད་པས་ན་ཚུལ་ཁྲིམས་ཏེ། དེ་དང་ལྡན་པ་ལ་ཡུལ་གྱི་མཚན་མའི་ཉོན་མོངས་པའི་ཡོངས་སུ་གདུང་བ་མེད་པའི་ཕྱིར ་རོ། །ཁྲོ་བ་བཟོད་པ་ཞེས་བྱ་བ་ནི་བཟོད་པ་སྟེ། དེས་ཁྲོ་བ་བཟོད་པའི་ཕྱིར་རོ། །མཆོག་དང་སྦྱོར་བར་བྱེད་བས་ན་བརྩོན་འགྲུས་ཏེ། དགེ་བའི་ཆོས་ལ་སྦྱོར་བའི་ཕྱིར་རོ། །ཡིད་ནང་དུ་འཛིན་པར་བྱེད་པས་ན་བསམ་གཏན་ནོ། །འདིས་ནི་དོན་དམ་པ་ཤེས ་པས་ན་ཤེས་རབ་བོ། །སྒོམ་པ་རྣམ་པར་དབྱེ་བའི་ཚིགས་སུ་བཅད་པ། ཐམས་ཅད་སྒོམ་པོ་དངོས་པོ་དང། །དེ་བཞིན་ཡིད་ལ་བྱེད་པ་དང། །བསམ་པ་དང་ནི་ཐབས་དག་དང། །དབང་འབྱོར་ཉིད་ལ་བརྟེན་པར་བརྗོད། །ཕ་རོལ་ཏུ་ཕྱིན་པ་སྒོམ ་པ་ནི་དངོས་པོ་ལ་བརྟེན་པ་ནས་དབང་འབྱོར་པ་ཉིད་ལ་བརྟེན་པའི་བར་རྣམ་པ་ལྔ་ཡིན་ནོ། །དེ་ལ་དངོས་པོ་ལ་བརྟན་པ་ཡང་རྣམ་པ་བཞི་སྟེ། རྒྱུ་ལ་བརྟེན་པ་ནི་རིགས་ཀྱིས་སྟོབས་ཀྱིས་ཕ་རོལ་ཏུ་ཕྱིན་པ་རྣམས་ལ་སྒྲུབ་པ་གོམས་པ་གང ་ཡིན་པའོ། །རྣམ་པར་སྨིན་པ་ལ་བརྟེན་པ་ནི་ལུས་ཕུན་སུམ་ཚོགས་པའི་སྟོབས་ཀྱིས་གང་ཡིན་པའོ། །སྨོན་ལམ་ལ་བརྟེན་པ་ནི་སྔོན་གྱིས་སྨོན་ལམ་གྱི་སྟོབས་ཀྱིས་གང་ཡིན་པའོ། །སོ་སོར་རྟོག་པའི་སྟོབས་ལ་བརྟེན་པ་ནི། ། ་ཤེས་རབ་ཀྱི་སྟོབས་ཀྱིས་ཕ་རོལ་ཏུ་ཕྱིན་པ་རྣམས་ལ་སྒྲུབ་བ་གོམས་པ་གང་ཡིན་པའོ། །ཕ་རོལ་ཏུ་ཕྱིན་པ་སྒོམ་པ་ཡིད་ལ་བྱེད་པ་ལ་བརྟེན་པ་ཡང་རྣམ་པ་བཞི་སྟེ། མོས་པ་ཡིད་ལ་བྱེད་པ་ནི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་མདོ་སྡེ་ཐམས་ཅད་ལ་མོས་པ ་ཡིན་ནོ། །རོ་མྱང་བ་ཡིད་ལ་བྱེད་པ་ནི། ཕ་རོལ་ཏུ་ཕྱིན་པ་ཐོབ་པ་དག་ལ་ཡོན་ཏན་དུ་ལྟ་བའི་ཚུལ་གྱིས་རོ་མྱང་བར་བྱེད་པ་ཡིན་ནོ། །རྗེས་སུ་ཡི་རང་བ་ཡིད་ལ་བྱེད་པ་ནི། འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་སེམས་ཅན་ཐམས་ཅད་ཀྱི་སྦྱིན་པ་ལ་སོགས ་པ་ལ་རྗེས་སུ་ཡི་རང་བ་ཡིན་ནོ། །མངོན་པར་དགའ་བ་ཡིད་ལ་བྱེད་པ་ནི། བདག་ཉིད་དང་སེམས་ཅན་ཐམས་ཅད་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཁྱད་པར་མ་འོངས་པ་ལ་མངོན་པར་དགའ་བ་ཡིན་ནོ། །ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་བསམ་པ་ལ་བསྟེན་པ་ནི་རྣམ་པ ་དྲུག་སྟེ། ངོམ་མི་ཤེས་པའི་བསམ་པ་དང། རྒྱ་ཆེན་པོའི་བསམ་པ་དང། དགའ་བའི་བསམ་པ་དང། ཕན་པའི་བསམ་པ་དང། མ་གོས་པའི་བསམ་པ་དང། དགེ་བའི་བསམ་པའོ། །དེ་ལ་བྱང་ཆུབ་སེམས་དཔའ་ཨི་སྦྱིན་པ་ལ་ངོམས་མི་ཤེས་པའི ་བསམ་པ་ནི་བྱང་ཆུབ་སེམས་དཔའ་སེམས་ཅན་གཅིག་ལ་ཡང་སྐད་ཅིག་མ་གཅིག་ལ་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་རིན་པོ་ཆེ་སྣ་བདུན་གྱིས་བཀང་བ་དང། ལུས་གང་གཱའི་ཀླུང་གི་བྱེ་མ་སྙེད་སྦྱིན་པར་བྱེད་ཅིང། དེ་བཞིན་དུ་བསྐལ? ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་སྐད་ཅིག་མ་རེ་རེ་ལ་སྦྱིན་པར་བྱེད་ལ། སེམས་ཅན་གཅིག་ལ་ཇི་ལྟ་བ་དེ་བཞིན་དུ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྨིན་པར་བྱ་བའི་སེམས་ཅན་གྱི་ཁམས་ཇི་སྙེད་པ་དེ་དག་ལ་རྣམ་གྲངས ་འདིས་སྦྱིན་པར་བྱེད་ཀྱང་བྱང་ཆུབ་སེམས་དཔའ་སྦྱིན་པའི་བསམ་པ་ལ་དོམས་པ་མེད་པ་ཉིད་གང་ཡིན་པ་སྟེ། བསམ་པ་དེ་ལྟ་བུ་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའ་ཨི་སྦྱིན་པ་ལ་དོམས་མི་ཤེས་པའི་བསམ་པ་ཡིན་ནོ། །བྱང་ཆུབ་སེམས་དཔའ་ ་སྦྱིན་པ་བརྒྱུད་པ་དེ་ལྟ་བུ་ཡང་སྐད་ཅིག་ཙམ་ཡང་ཉམས་པར་མི་བྱེད་ཅིང་བྱང་ཆུབ་གྱི་སྙིང་པོ་ལ་འདུག་གི་བར་དུ་རྒྱུན་གཅོད་པར་མི་བྱེད་དེ། བསམ་པ་དེ་ལྟ་བུ་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའ་ཨི་སྦྱིན་པ་ལ་རྒྱ་ཆེན ་པོའི་བསམ་པ་ཡིན་ནོ། །སེམས་ཅན་དེ་དག་དེ་ལྟར་སྦྱིན་པས་རྗེས་སུ་འཛིན་པ་ནི། བྱང་ཆུབ་སེམས་དཔའ་ཆེས་དགའ་བར་འགྱུར་གྱི། སྦྱིན་པ་དེས་རྗེས་སུ་བཟུང་བའི་སེམས་ཅན་དེ་དག་ནི་དེ་ལྟ་མ་ཡིན་ཏེ། བསམ་པ་དེ་ལྟ་བུ་གང་ཡིན་པ་དེ་ནི ་བྱང་ཆུབ་སེམས་དཔའ་ཨི་སྦྱིན་པ་ལ་དགའ་བའི་བསམ་པ་ཡིན་ནོ། །བྱང་ཆུབ་སེམས་དཔའ་སེམས་ཅན་གང་དག་ལ་དེ་ལྟར་སྦྱིན་པས་ཕན་འདོགས་པའི་སེམས་ཅན་དེ་དག་དགའ་ཉིད་ལ་ཆེས་ཕན་འདོགས་པ་ཡིན་པར་ཡང་དག་པར་རྗེས་སུ ་ལྟ་བ་ལྟར་བདག་ཉིད་ནི་མ་ཡིན་ཏེ། དེ་དག་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཉེ་བར་སྟོན་པའི་ཕྱིར་རོ། །བསམ་པ་དེ་ལྟ་བུ་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའ་ཨི་སྦྱིན་པ་ལ་ཕན་པའི་བསམ་པ་ཡིན་ནོ། །བྱང་ཆུབ་སེམས་དཔའ་ ་སེམས་ཅན་རྣམས་ལས་དེ་ལྟར་སྦྱིན་པ་ལས་བྱུང་པཱི་བསོད་ནམས་རྒྱ་ཆེན་པོ་མངོན་པར་འདུས་བྱས་ཀྱང་ལན་དང་རྣམ་པར་སྨིན་པར་དོན་དུ་གཉེར་བ་ཡང་མ་ཡིན་ཏེ། བསམ་པ་དེ་ལྟ་བུ་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའ་ཨི་སྦྱིན་པའི་ཕ ་རོལ་ཏུ་ཕྱིན་པ་བསྒོམ་པ་ལ་མ་གོས་པའི་བསམ་པ་ཡིན་ནོ། །བྱང་ཆུབ་སེམས་དཔའ་སྦྱིན་པའི་ཕུང་པོ་དེ་ལྟར་རྒྱ་ཆེ་བའི་རྣམ་པར་སྨིན་པ་གང་ཡིན་པ་དེ་ཡང་སེམས་ཅན་རྣམས་ཁོ་ན་ལ་འདར་གྱི། བདག་ཉིད་ལ་ནི་མ་ཡིན་ཞིང། སེམས་ཅན ་ཐམས་ཅད་དང་ཐུན་མོང་དུ་བྱས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་ཡོངས་སུ་བསྔོ་བར་བྱེད་དེ། བསམ་པ་དེ་ལྟ་བུ་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའ་ཨི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ལ་དགེ་བའི་བསཾ ་པ་ཡིན་ནོ། །དེ་ལ་བྱང་ཆུབ་སེམས་དཔའ་ཨི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའི་བར་ལ་ངོམས་མི་ཤེས་པའི་བསམ་པ་ནི་བྱང་ཆུབ་སེམས་དཔའ་ལུས་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་ཚེའི་ཚད་བསྐལ ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་རྟག་པར་ཡོ་བྱད་ཐམས་ཅད་ཀྱིས་ཕོངས་བཞིན་དུ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་མེ་མར་མུར་གྱིས་རབ་ཏུ་གང་བར་སྤྱོད་ལམ་རྣམ་པ་བཞི་བྱེད་ཅིང། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྐད ་ཅིག་མ་གཅིག་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྐད་ཅིག་མ་གཅིག་གི་བར་སྒོམ་པར་བྱེད་ཅིང། རྣམ་གྲངས་ངེས་གང་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བའི་ཚུལ་ཁྲིམས ་ཀྱི་ཕུང་པོ་ཇི་སྙེད་པ་ནས་ཤེས་རབ་ཀྱི་ཕུང་པོ་ཇི་སྙེད་པའི་བར་གྱི་ཚུལ་ཁྲིམས་ཀྱི་ཕུང་པོ་ནས་ཤེས་རབ་ཀྱི་ཕུང་པོའི་བར་དེ་སྒོམ་པར་བྱེད་ཀྱང་བྱང་ཆུབ་སེམས་དཔའ་ཨི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའི་བསམ་པ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ ་བསྒོམ་པའི་བསམ་པའི་བར་ལ་ངོམས་པར་མེད་པ་ཉིད་གང་ཡིན་པ་སྟེ། བསམ་བ་དེ་ལྟ་བུ་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའ་ཨི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ལ་ངོམས་མི་ཤེས་པའི་བསམ་པ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན ་པ་སྒོམ་པ་ལ་ངོམས་མི་ཤེས་པའི་བསམ་པའི་བར་ཡིན་ནོ། །འདི་ལྟར་བྱང་ཆུབ་སེམས་དཔའ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་བརྒྱུད་པ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་བརྒྱུད་པའི་བར་དེ་མི་གཏོང་ཞིང་བྱང་ཆུབ་ཀྱི་སྙིང ་པོ་ལ་འདུག་གི་བར་དུ་རྒྱུན་གཅོད་པར་མི་བྱེད་དེ། བསམ་པ་དེ་ལྟ་བ་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའ་ཨི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པཱི་བར་ལ་རྒྱ་ཆེན་པོའི་བསམ་པ་ཡིན་ནོ། ཚུལ ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའི་བར་དེས་སེམས་ཅན་རྣམས་རྗེས་སུ་འཛིན་པ་ན། བྱང་ཆུབ་སེམས་དཔའ་ཆེས་དགའ་བར་འགྱུར་གྱི། རྗེས་སུ་བཟུང་བའི་སེམས་ཅན་དེ ་དག་ནི་དེ་ལྟར་མ་ཡིན་ཏེ། བསམ་པ་དེ་ལྟ་བུ་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའ་ཨི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའི་བར་དག་ལ་དགའ་བའི་བསམ་པ་ཡིན་ནོ། །བྱང་ཆུབ་སེམS ་དཔའ་སེམས་ཅན་གང་དག་ལ་དེ་ལྟར་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོཾ་པཱི་བར་གྱི་ཕན་འདོགས་པའི་སེམས་ཅན་དེ་དག་བདག་ཉིད་ལ་ཆེས་ཕན་འདོགས་པ་ཡིན་པར་ཡང་དག་པར་རྗེས་སུ ་ལྟ་བལྟར་བདག་ཉིད་ལ་ནི་མ་ཡིན་ཏེ། དེ་དག་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཉེ་བར་རྟོན་པའི་ཕྱིར་རོ། །བསམ་པ་དེ་ལྟ་བུ་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའ་ཨི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ནས་ཤེS ་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་གྱི་ཕན་པའི་བསམ་པ་ཡིན་ནོ། །བྱང་ཆུབ་སེམས་དཔའ་དེ་ལྟར་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་བྱུང་བ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་བྱུང་བའི་བར་གྱི་བསོད་ནམས་རྒྱ་ཆེན་པོ་མངོན་པར ་འདུས་བྱས་ཀྱང་ལན་དང་རྣམ་པར་སྨིན་པ་དོན་དུ་གཉེར་བ་ཡང་མ་ཡིན་ཏེ། བསམ་པ་དེ་ལྟ་བུ་གང་ཡིན་པ་དེ་ནི། བྱང་ཆུབ་སེམས་དཔའ་ཨི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའི་བར ་ལམ་གོས་པའི་བསམ་པ་ཡིན་ནོ། །བྱང་ཆུབ་སེམས་དཔའ་དེ་ལྟར་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ལས་བྱུང་པ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ལས་བྱུང་བའི་བར་གྱི་བསོད་ནམས་ཀྱི་ཕུང་པོ་དེ་ལྟ་བུའི་རྣམ་པར ་སྨིན་པ་གང་ཡིན་པ་དེ་ཡང་སེམས་ཅན་རྣམས་ཁོ་ན་ལ་འདར་གྱི། བདག་ཉིད་ལ་ནི་མ་ཡིན་ཞིང། །སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་ཡོངས་སུ་བསྔོ་བར་བྱེད་དེ། །བསམ་པ་དེ་ལྟ་བུ་གང ་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའ་ཨི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པཱི་བར་ལ་དགེ་བའི་བསམ་པ་ཡིན་ནོ། །ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ཐབས་ལ་བརྟེན་པ་ནི་རྣམ་པ་གསུམ་སྟེ། རྣམ་པར་མི ་རྟོག་པའི་ཡེ་ཤེས་ཀྱིས་འཁོར་གསུམ་ཡོངས་སུ་དག་པར་སོ་སོར་རྟོག་པའི་ཕྱིར་ཏེ། འདི་ལྟར་ཐབས་དེ་ནི་ཡིད་ལ་བྱེད་པ་ཐམས་ཅད་མངོན་པར་འགྲུབ་པར་བྱེད་པ་ཡིན་ནོ། །ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་དབང་འབྱོར་པ་ཉིད་ལ་བརྟེན་པ ་ནི་རྣམ་པ་གསུམ་སྟེ། སྐུ་ལ་དབང་འབྱོར་པ་ཉིད་དང། སྤྱོད་པ་ལ་དབང་འབྱོར་པ་ཉིད་དང། སྟོན་པ་ལ་དབང་འབྱོར་པ་ཉིད་དོ། །དེ་ལ་སྐུ་ལ་དབང་འབྱོར་པ་ཉིད་ནི་དེ་བཞིན་གཤེགས་པའི་སྐུ་གཉིས་པོ་ངོ་བོ་ཉིད་ཀྱི་སྐུ་དང། ལོངས་སྤྱོད་རྫོགས་པཱི ་སྐུ་ཡིན་པར་བལྟ་བར་བྱའོ། །དེ་ལ་སྤྱོད་པ་ལ་དབང་འབྱོར་པ་ཉིད་ནི། སྤྲུལ་པའི་སྐུ་ཡིན་པར་བལྟ་བར་བྱ་སྟེ། དེས་ནི་སེམས་ཅན་ཐམས་ཅད་ལ་ཆོས་དང་མཐུན་པའི་སྤྱོད་པ་རྣམས་ཐམས་ཅད་སྟོན་པར་བྱེད་དོ། །སྟོན་པ་ལ་དབང་འབྱོར་པ་ཉིད་ནི། ཕ ་རོལ་ཏུ་ཕྱིན་པ་དྲུག་པོ་རྣམ་པ་ཐམས་ཅད་སྟོན་པ་ལ་ཐོབ་པ་མེད་པ་ཡིན་ནོ། །རབ་ཏུ་དབྱེ་བ་བསྡུ་བའི་ཚིགས་སུ་བཅད་པ་བཅུ་གཉིས་སྟེ། སྦྱིན་པ་ལ་སོགས་པ་སོ་སོར་དོན་དྲུག་ཏུ་རབ་ཏུ་དབྱེ་བའི་ཕྱིར་རོ། །དོན་དྲུག་ནི་ངོ་བོ་ཉིད་དང་རྒྱུ་དང་འབྲས་བུ་དང། ལS ་དང་ལྡན་པ་དང་འཇུག་པའི་དོན་རྣམས་སོ། །དེ་ལ་སྦྱིན་པའི་རབ་ཏུ་དབྱེ་བ?་ལ་ཚིགས་སུ་བཅད་པ་གཉིས་ཏེ། དོན་རྣམས་གཏོང་བར་བྱེད་པ་དང། །རྩ་བ་སེམས་པ་ལ་བརྟེན་དང། །ལུས་དང་ལོངས་སྤྱོད་ཕུན་ཚོགས་དང། །གཉིས་རྗེས་འཛིན་དང ་རྫོགས་བྱེད་དང། །དེ་ཡང་སེར་སྣ་མེད་ལྡན་དང། །ཆོས་དང་ཟང་ཟིང་མི་འཇིགས་གཏོང། །སྦྱིན་པ་དེ་འདྲར་ཡོངS་ཤེS་ནS། །མཁས་པ་ཡང་དག་སྒྲུབ་པར་བྱེད། སྦྱིན་པའི་ངོ་བོ་ཉིད་ནི་ལེན་པ་པོ་རྣམས་ལ་དོན་གཏོང་བའོ། །རྒྱུ་ནི་མ ་ཆགས་ལ་སོགས་པ་དང་ལྷན་ཅིག་སྐྱེས་པའི་སེམས་དཔའ་ཨོ། །འབྲས་བུ་ནི། ལུས་ཕུན་སུམ་ཚོགས་པ་ཚེ་ལ་སོགས་པས་བསྡུས་པ་དང། ལོངས་སྤྱོད་ཕུན་སུམ་ཚོགས་པ་སྟེ། གནས་ལྔའི་མདོ་ལས་འབྱུང་བ་བཞིན་ནོ། །ལས་ནི་རང་དང ་གཞན་རྗེས་སུ་འཛིན་པ་དང། བྱང་ཆུབ་ཆེན་པོའི་ཚོགས་ཡོངས་སུ་རྫོགས་པར་བྱེད་པའོ། །ལྡན་པ་ནི། སེར་སྣ་མེད་པ་སྟེ། སེར་སྣ་མེད་པ་དག་ལ་ཡོད་དོ། །འཇུག་པ་ནི་ཆོས་དང་ཟང་ཟིང་དང་མི་འཇིག་པ་སྦྱིན་པའི་རབ་ཏུ་དབྱེ་བས་སོ། །ཚུལ ་ཁྲིམས་ཀྱི་རབ་ཏུ་དབྱེ་བ་ལ་ཚིགས་སུ་བཅད་པ་གཉིས་ཏེ། ཡན་ལག་དྲུག་ཞི་བསམ་པས་ཟིན། །བདེ་འགྲོ་གནས་བ་སྦྱིན་བྱེད་དང། །རྟེན་དང་ཞི་དང་འཇིག་པ་མེད། །བསོད་ནམས་ཚོགས་དང་ལྡན་པ་དང། །བརྡར་བརྟགས་ཆོས་ཉིད་ཐོབ་པ་སྟེ།། ་སྡོམ་ལ་གནས་པ་རྣམས་ལ་ཡོད། །ཚུལ་ཁྲིམས་དེ་འདྲར་ཡོངས་ཤེས་ནས། །མཁས་པ་ཡང་དག་སྒྲུབ་པར་བྱེད། །ཡན་ལག་དྲུག་ཅེས་བྱ་བ་ནི་ངོ་བོ་ཉིད་དོ། །ཡན་ལག་དྲུག་ནི་ཚུལ་ཁྲིམས་དང་ལྡན་པར་གནས་པ་ནས་བསླབ་པའི་བཞི ་རྣམས་ལ་ཡང་དག་པར་སླངས་ཏེ། སློབ་པ་ཞེས་བྱ་བའི་བར་ཡིན་ནོ། །ཞི་བའི་བསམ་པས་ཟིན་པ་ཞེས་བྱ་བ་ནི་རྒྱུ་སྟེ། མྱ་ངན་ལས་འདས་པའི་བསམ་པས་ཡང་དག་པར་ལེན་པའི་ཕྱིར་རོ། །བདེ་འགྲོ་གནས་པ་སྦྱིན་བྱེད་དང། ཞེས་བྱ་བ་ནི་འབྲས ་བུ་དང། ཚུལ་ཁྲིམས་ཀྱིS་བདེ་འགྲོར་འགྲོ་བའི་ཕྱིར་དང། འགྱོད་པ་མེད་པ་ལ་སོགས་པའི་རིམས་གྱིས་སེམས་གནས་པ་ཐོབ་པའི་ཕྱིར་རོ། །རྟེན་དང་ཞི་དང་འཇིགས་པ་མེད། །ཅེས་བྱ་བ་ནི་ལས་ཏེ། ཚུལ་ཁྲིམས་ནི་ཡོན་ཏན་ཐམས་ཅད་ཀྱི་རྟེན་ཡིན་ནོ།། ་ཉོན་མོངས་པའི་ཡོངས་སུ་གདུང་བཞི་བས་ཞི་བའོ། །སྲོག་གཅོད་པ་ལ་སོགས་པའི་རྐྱེན་ཅན་གྱི་རྟེན་འཇིགས་པ་དང། ཁ་ན་མ་ཐོ་བ་དང། ཁོ་ན་རྣམས་མི་འབྱུང་བའི་ཕྱིར་འཇིགས་པ་མེད་པའོ། །བསོད་ནམས་ཚོགས་དང་ལྡན་པ་དང་ཞེས་བྱ་བ་ནི་ལྡན་པ་སྟེ། ་དུས་ཐམས་ཅད་དུ་ལུས་དང་ངག་དང་ཡིད་ཀྱིས་ལས་ཡང་དག་པར་ཀུན་ཏུ་སྤྱོད་པའི་ཕྱིར་རོ། །བརྡར་བཏགས་ཆོས་ཉིད་ཐོབ་པ་སྟེ། །སྡོམ་ལ་གནས་པ་རྣམས་ལ་ཡོད། །ཅེས་བྱ་བ་ནི་འཇུག་པ་སྟེ། དེ་ལ་བརྡར་བཏགས་པས་ཐོབ་པ་ནི་སོ་སོར་ཐར་པའི ་སྡོམ་པས་བསྡུས་པའོ། །ཆོས་ཉིད་ཀྱིས་ཐོབ་པ་ནི་བསམ་གཏན་དང། ཟག་པ་མེད་པའི་སྡོམ་པས་བསྡུས་པའོ། །དེ་ནི་འདིའི་རབ་ཏུ་དབྱེ་བས་འཇུག་པ་སྟེ། རབ་ཏུ་དབྱེ་བ་རྣམ་པ་གསུམ་གྱིས་འཇུག་པའི་ཕྱིར་རོ། །སྡོམ་ལ་གནས་པ་རྣམས་ལ ་ཡོད། ཅེས་བྱ་བ་ནི་རྟེན་གྱིས་འཇུག་པའོ། །བཟོད་པ་རབ་ཏུ་དབྱེ་བ་ལ་ཚིགས་སུ་བཅད་པ་གཉིས་ཏེ། མི་འཇེད་ཇི་མི་སྙམ་ཤེས་དང། །སྙིང་རྗེས་ཆོས་ལ་བརྟེན་པའི་ཕྱིར། ཕན་ཡོན་ལྔར་ནི་ཡང་དག་བཤད། །དེ་ནི་གཉིས་ཀྱི་དོན་བྱེད་དེ། །དཀའ་ ་ཐུབ་གཙོ་དང་ཀུན་ཏུ་ལྡན། །དེ་ལ་དེ་ནི་རྣམ་གསུམ་འདོད། །བཟོད་པ་དེ་འདྲར་ཡོངས་ཤེས་ནས། །མཁས་པ་ཡང་དག་སྒྲུབ་པར་བྱེད། །མི་མཇེད་ཐི་མི་སྙམ་ཤེས་དང། །ཞེས་བྱ་བ་ནི་བཟོད་པ་རྣམ་པ་གསུམ་གྱི་ངོ་བོ་ཉིད་ཡིན་ནོ། །གནོད་པ ་བྱེད་པ་ལ་མི་མཇེད་པའི་བཟོད་པ་ནི་མི་མཇེད་པཱི་བཟོད་པ་སྟེ། མི་ཐིང་བཱི་ཕྱིར་རོ། །སྡུག་བསྔལ་ལ་ཇི་མི་སྙཾ་པའི་བཟོད་པ་དང། ཆོས་ལ་ངེས་པར་རྟོག་པའི་བཟོད་པ་ཡང་གོ་རིམ་བཞིན་ནོ། །སྙིང་རྗེས་ཆོས་ལ་བརྟེན་པའི་ཕྱིར། །ཞེས་བྱ་བ་ནི་རྒྱུ་སྟེ། ཆོས་ལ་བརྟེན ་པ་ནི་ཚུལ་ལས་ཁྲིམས་ཡང་དག་པར་ལེན་པ་དང། ཐོས་པ་ཆུབ་པའོ། །ཕན་ཡོན་ལྔར་ནི་ཡང་དག་བཤད་ཅེས་བྱ་བ་ནི་འབྲས་བུ་སྟེ། ཇི་སྐད་དུ། མདོ་ལས་བཟོད་པ་ལ་ཕན་ཡོན་ལྔ་སྟེ། ཁོ་ན་མི་མང་བ་ཡིན། དབྱེན་མི་མང་བ་ཡིན། བདེ་བ་དང་ཡིད ་བདེ་བ་མང་བ་ཡིན། འགྱོད་བ་མེད་པར་འཆི་བའི་དུས་བྱེད་པ་ཡིན། ལུས་ཞིག་ནས་ཀྱང་བདེ་འགྲོ་མཐོ་རིས་གྱི་འཇིག་རྟེན་དག་ཏུ་སྐྱེ་བར་འགྱུར་རོ་ཞེས་གསུངས་པ་ལྟ་བུའོ། །དེ་ནི་གཉིས་ཀྱི་དོན་བྱེད་དེ་ཞེས་བྱ་བ་ནི། མི་མཇེད་པ ་དང། ཇི་མི་སྙམ་པ་དང། ཤེས་པ་ཞེས་བྱ་བའི་དབང་དུ་བྱས་པའོ། །འདི་ནི་ལས་ཡིན་ཏེ། ཇི་སྐད་དུ། གང་ཞིག་ཕ་རོལ་འཁྲུཌ་ཤེS་ནས། བདག་ཉིད་དེ་ལ་ཉེར་ཞི་བ། །དེ་ནི་བདག་དང་ཕ་རོལ་དང། །གཉིས་པོ་དག་གི་དོན་བྱེད་དོ། །ཞེས་བཤད ་པ་ལྟ་བུའོ། །དཀའ་ཐུབ་གཅོ་དང་ཀུན་ཏུ་ལྡན། །ཞེས་བྱ་བ་ནི་ལྡན་པ་སྟེ། ཇི་སྐད་དུ། བཟོད་པ་ནི་བཀའ་ཐུབ་ཀྱི་མཆོག་གོ་ཞེས་བཤད་པ་ལྟ་བུའོ། །དེ་ལ་དེ་ནི་ཞེས་བྱ་བ་ནི་རྟེན་གྱིས་འཇུག་པའོ། །རྣམ་གསུམ་འདོད་ཅེས་བྱ་བ་ནི། རབ་ཏུ་དབྱེ་བྲ? ་འཇུག་པ་སྟེ། བཟོད་པ་རྣམ་པ་གསུམ་གྱི་རབ་ཏུ་དབྱེ་བས་ཇི་སྐད་དུ་སྔར་བཤད་པ་ལྟ་བུའོ། །བརྩོན་འགྲུས་ཀྱི་རབ་ཏུ་དབྱེ་བ་ལ་ཚིགས་སུ་བཅད་པ་གཉིས་ཏེ། དགེ་ལ་ཡང་དག་སྤྲོ་བ་དང། །དད་དང་འདུན་ལ་བརྟེན་པ་དང། །དྲན་སོགས་ཡོན ་ཏན་འཕེལ་བྱེད་དང། །ཀུན་ནས་ཉོན་མོངས་གཉེན་པོ་དང། །མ་ཆགས་ལ་སོགས་ཡོན་ཏན་ལྡན། །དེ་དག་ལ་ནི་དེ་རྣམ་བདུན། །བརྩོན་འགྲུས་དེ་འདྲར་ཡོངས་ཤེས་ནས། །མཁS་པ་ཡང་དག་སྒྲུབ་པར་བྱེད། །དགེ་ལ་ཡང་དག་པར་སྤྲོ་བ་དང། ཞེས ་བྱ་བ་ནི་ངོ་བོ་ཉིད་དེ། དགེ་ལ་ཞེས་བྱ་བ་ནི་དེ་ལས་གཞན་པའི་བྱ་བ་ལ་སྤྲོ་བ་བསལ་བའི་ཕྱིར་རོ། །ཡང་དག་སྤྲོ་བ་ཞེས་བྱ་བ་ནི། གཞན་མུ་སྟེགས་ཅན་གྱི་ཐར་པའི་དོན་དུ་སྤྲོ་བ་བསལ་པའི་ཕྱིར་རོ། །དད་དང་འདུན་ལ་བརྟེན་པ་དང་ཞེས་བྱ ་བ་ནི་རྒྱུ་སྟེ། དད་པ་དང་དོན་དུ་གཉེར་བ་ནི་བརྩོན་འགྲུས་རྩོམ་པར་བྱད་དོ། །དྲན་སོགས་ཡོན་ཏན་འཕེལ་བྱེད་དང་ཞེས་བྱ་བ་ནི་འབྲས་བུ་སྟེ། བརྩོན་འགྲུས་བརྩམS་པ་ལ་དྲན་པ་ཡང་ཏིང་ངེ་འཛིན་ལ་སོགས་པའི་ཡོན་ཏན་འབྱུང་བའི ་ཕྱིར་རོ། །ཀུན་ནས་ཉོན་མོངས་གཉེན་པོ་དང། །ཞེས་བྱ་བ་ནི་ལས་ཏེ། ཇི་སྐད་དུ། བརྩོན་འགྲུས་བརྩམས་པ་ནི་སྡིག་པ་མི་དགེ་བའི་ཆོས་རྣམས་དང་མ་འདྲེས་པར་བདེ་བར་གནས་སོ་ཞེས་གསུངས་པ་ལྟ་བུའོ། །མ་ཆགས་ལ་སོགས་ཡོན་ཏན་ལྡན། །ཞེས ་བྱ་བ་ནི་ལྡན་པའོ། །དེ་དག་ལ་ཞེས་བྱ་བ་ནི་བརྩོན་འགྲུས་བརྩམས་པ་དག?་ལ་སྟེ། དེ་ནི་རྟེན་གྱིས་འཇུག་པའོ། །དེ་རྣམ་བདུན་ཞེས་བྱ་བ་ནི་རབ་ཏུ་དབྱེ་བས་འཇུག་པ་སྟེ། དེ་ཡང་ལྷག་པའི་ཚུལ་ཁྲིམས་ལ་སོགས་པའི་བསླབ་པ་གསུམ་ལ་ལུས ་དང་སེམས་ཀྱི་བརྩོན་འགྲུས་རྟག་ཏུ་བྱེད་པ་དང། གུས་པར་བྱེད་པ་གང་ཡིན་པའོ། །བསམ་གཏན་གྱི་དབྱེ་བ་ལ་ཚིགས་སུ་བཅད་པ་གཉིས་ཏེ། སེམས་ནི་ནང་དུ་གནས་པ་དང། དྲན་དང་བརྩོན་འགྲུས་ལ་བརྟེན་པ། །བདེ་བ་སྐྱེད་པར་བྱེད་པ་དང། ། ་མངོན་ཤེས་གནས་ལ་དབང་བསྒྱུར་བ། །ཆོས་རྣམས་ཀྱི་ནི་གཙོ་བོ་སྟེ། དེ་དག་ལ་ཡོད་དེ་རྣམ་གསུམ། །བསམ་གཏན་དེ་འདྲར་ཡོངས་ཤེས་ནས། །མཁས་པ་ཡང་དག་སྒྲུབ་པར་བྱེད། །སེམས་ནི་ནང་དུ་གནས་པ་དང། །ཞེས་བྱ་བ་ནི་ངོ་བོ་ཉིད་དོ།། ་དྲན་དང་བརྩོན་འགྲུས་ལ་བརྟེན་པ་ཞེས་བྱ་བ་ནི་རྒྱུ་སྟེ། དམིགས་པ་མ་བརྗེད་ན་བརྩོན་འགྲུས་ལ་བརྟེན་ནས་བསམ་གཏན་མངོན་པར་སྒྲུབ་པའི་ཕྱིར་རོ། །བདེ་བ་སྐྱེད་པར་བྱེད་པ་དང། ཞེས་བྱ་བ་ནི་འབྲས་བུ་སྟེ། བསམ་གཏན་གྱི་འབྲས་བུ་ནི ་གནོད་པ་མེད་པར་སྐྱེ་བ་ཡིན་པའི་ཕྱིར་རོ། །མངོན་ཤེས་གནས་ལ་དབང་བསྒྱུར་བ་ཞེས་བྱ་བ་ནི་ལས་ཏེ། བསམ་གཏན་གྱིས་མངོན་པར་ཤེས་པ་ལ་དབང་བསྒྱུར་བའི་ཕྱིར་དང། འཕགས་པ་དང་ལྷ་དང། ཚངས་པའི་གནས་ལ་དབང་བསྒྱུར་བའི ་ཕྱིར་རོ། །ཆོས་རྣམས་ཀྱི་ནི་གཙོ་བོ་སྟེ། ཞེས་བྱ་བ་ནི་གཙོ་བོ?་དང་ལྡན་པ་ཡིན་ཏེ། ཇི་སྐད་དུ། ཆོས་ཐམས་ཅད་ཀྱི་གཙོ་བོ་ནི་ཏིང་ངེ་འཛིན་ཏོ་ཞེས་གསུངས་པ་ལྟ་བུའོ། །དེ་དག་ལ་ཡོད་ཅེས་བྱ་བ་ནི་བསམ་གཏན་པ་དག་ལ་སྟེ། འདི་ནི་རྟན་གྱིས་འཇུག་ ་པའོ། །དེ་རྣམས་གསུམ་ཞེས་བྱ་བ་ནི་རྟོག་པ་དང་བཅས་ཤིང། དཔྱོད་པ་དང་བཅས་པ་དང། རྟོག་པ་མེད་པ་ལ་དཔྱོད་པ་ཙམ་དང། རྟོག་པ་ཡང་མེད་དཔྱོད་པ་ཡང་མེད་པའོ། །ཡང་དགའ་པ་དང་ལྡན་པ་དང། སིམ་པ་དང་ལྡན་པ ་དང། བཏང་སྙོམས་དང་ལྡན་པ་སྟེ། འདི་ནི་རབ་ཏུ་དབྱེ་བས་འཇུག་པའོ། །ཤེས་རབ་ཀྱི་དབྱེ་བ་ལ་ཚིགས་སུ་བཅད་པ་གཉིས་ཏེ། ཤེས་བྱ་ཡང་དག་རབ་རྣམ་འབྱེད། །ཏིང་ངེ་འཛིན་ལ་རྟེན་པ་དང། །ཀུན་ནས་ཉོན་མོངས་ཤིན་ཏུ་གྲོལ། །ཤེས་རབ ་འཚོ་བ་ལེགས་བཤད་དང། །ཆོས་རྣམས་ཀྱི་ནི་མཆོག་ཡིན་ཏེ། །དེ་དག་ལ་ཡོད་དེ་རྣམ་གསུམ། །ཤེས་རབ་དེ་འདྲར་ཡོངས་ཤེས་ནས། །མཁས་པ་ཡང་དག་སྒྲུབ་པར་བྱེད། །ཤེས་བྱ་ཡང་དག་རབ་རྣམ་འབྱེད། །ཅེས་བྱ་བ་ནི་ངོ་བོ་ཉིད་དེ། ཤེས ་བྱ་ཞེས་བྱ་བ་ནི་འཇིག་རྟེན་པའི་བྱ་བ་ཡང་དག་པར་རབ་ཏུ་རྣམ་པར་འབྱེད་པ་གསལ་བའི་ཕྱིར་རོ། །ཡང་དག་པ་ཞེས་བྱ་བ་ནི་ལོག་པ་མ་ཡིན་པའོ། །ཏིང་ངེ་འཛིན་ལ་བརྟན་པ་དང། ཞེས་བྱ་བ་ནི་རྒྱུ་སྟེ། འདི་ལྟར་སེམས་མཉམ་པར་བཞག ་པས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ཀུན་ནས་ཉོན་མོངས་ཤིན་ཏུ་གྲོལ་ཞེས་བྱ་བ་ནི་འབྲས་བུ་སྟེ། འཇིག་རྟེན་པ་དང། འཇིག་རྟེན་ལས་འདས་པ་དམན་པ་དང། འཇིག་རྟེན་ལས་འདས་པ་ཆེན་པོའི་རབ་ཏུ་རྣམ་པར་འབྱེད ་པ་དེས་ནི་ཀུན་ནས་ཉོན་མོངས་པ་ལས་ཤིན་ཏུ་རྣམ་པར་གྲོལ་བར་འགྱུར་རོ། །ཤེས་རབ་འཚོ་བ་ལ་ལེགས་བཤད་དང། ཞེས་བྱ་བ་ཤེས་རབ་ཀྱིས་འཚོ་བ་དང། ལེགས་པར་བཤད་པ་ནི་འདའ་ཨི?་ལས་ཡིན་ཏེ། དེས་ནི་ཤས?་རབ་ཀྱི་འཚོ་བ་རྣཾས ་ཀྱི་ནང་ན་བླ?་ན་མེད་པར་འཚོ་བ་དང། ཆོས་ཡང་དག་པར་ཆད་བར་ཡང་བྱེད་དོ། །ཆོས་རྣམས་ཀྱི་ནི་མཆོག་ཡིན་ཏེ། ཞེས་བྱ་བ་ནི་མཆོག་ཉིད་དང་ལྡན་པ་སྟེ། ཇི་སྐད་དུ། ཤེས་རབ་ནི་ཆོས་ཐམས་ཅད་ཀྱི་མཆོག་གོ་ཞེས་གསུངས་པ་ལྟ་བུའོ།། ་དེ་དག་ལ་ཡོད་དེ་རྣམ་གསུམ་ཞེས་བྱ་བ་ནི་འཇུག་པ་སྟེ། ཤེས་རབ་ཅན་དག་ལ་ཡོད་པའི་ཕྱིར་རོ། །རབ་ཏུ་དབྱེ་བ་རྣཾ་པ་གསུཾ་གྱིས་འཇུག་པ་ནི་འཇིག་རྟེན་པ་དང། འཇིག་རྟེན་ལས་འདས་པ་དམན་པ་དང། འཇིག་རྟེན་ལས་འདས་པ་ཆེན་པོའོ། །སྦྱིན་པ་ལ་སོཌ ་པ་སོ་སོའི་དོན་དྲུག་ཏུ་རབ་ཏུ་ཕྱེ་བས་རབ་ཏུ་དབྱེ་བ་བཤད་ཟིན་ཏོ།། །།བསྡུ་བ་རྣམ་པར་དབྱེ་བའི་ཚིགས་སུ་བཅད་པ། དཀར་པོའི་ཆོས་ཀུན་རྣམ་པར་གཡེངས་པ་དང། །མཉམ་པར་བཞག་དང་གཉིས་ཀར་ཤེས་པར་བྱ། །ཕ་རོལ་ཕྱིན་པ ་གཉིས་དང་ནི། །གཉིས་དང་གཉིས་ཀྱིས་ཡོངས་སུ་བསྡུས། །དཀར་པོའི་ཆོས་ཀུན་ནི་སྦྱིན་པ་ལ་སོགས་པའོ། །དེ་ལ་རྣམ་པར་གཡེངS་བ་ནི་ཕ་རོལ་ཏུ་ཕྱིན་པ་དང་པོ་གཉིས་ཀྱིས་བསྡུས་ཏེ། སྦྱིན་པ་དང་ཡང་དག་བར་བླངས་པའི་ཚུལ་ཁྲིམས ་དག་ནི་མཉམ་པར་བཞག་པ་མ་ཡིན་པའི་ཕྱིར་རོ། །མཉམ་པར་བཞག་པའི་ཕྱི་མིའི་གཉིས་ཀྱིས་ཏེ། བསམ་གཏན་དང། ཡང་དག་པ་ཇི་ལྟ་བ་བཞིན་གྱི་ཤེས་རབ་དག་ནི་མཉམ་པར་བཞག་པ་ཡིན་པའི་ཕྱིར་རོ། །གཉིས་ཀ་སྟེ ་མཉམ་པར་བཞག་པ་དང། མཉམ་པར་མ་བཞག་པ་ནི་ཕ་རོལ་ཏུ་ཕྱིན་པ་གཉིས་ཀྱིས་བསྡུས་ཏེ། བཟོད་པ་དང། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དག་ནི་མཉམ་པར་བཞག་པ་དང། མཉམ་པར་མ་བཞག་པ་ཡིན་པའི་ཕྱིར་རོ། །མི་མཐུན་པའི་ཕྱོཌ ་རྣམ་པར་དབྱེ་བའི་ཚིགས་སུ་བཅད་པ་དྲུག་སྟེ། བྱང་ཆུབ་སེམས་དཔའ་ཨི་སྦྱིན་པ་ནི། །མ་ཆགས་མི་ཆགས་ཆགས་པ་མེད། །ཆགས་པ་ཉིད་ཀྱང་མ་ཡིན་ཏེ། །མ་ཆགས་མི་ཆགས་ཆགས་པ་མེད། །ཆགས་པ་རྣམ་པ་བདུན་ནི། སྦྱིན་པའི་མི་མཐུན་པའི ་ཕྱོགས་ཡིན་ཏེ། ལོངས་སྤྱོད་ལ་ཆགས་པ་དང། བཤོལ་བ་ལ་ཆགས་པ་དང། དེ་ཙམ་གྱིས་ཚོགས་པར་འཛིན་པ་ལ་ཆགས་པ་དང། ལན་ལ་རེ་བ་ལ་ཆགས་པ་དང། རྣམ་པར་སྨིན་པ་ལ་ཆགས་པ་དང། དེའི་མི་མཐུན་པའི་ཕྱོགས་ལ་ཚགས་པའི་བག་ལ ་ཉལ་ཡང་དག་པར་མ་ཉམས་པའི་ཕྱིར་མི་མཐུན་པའི་ཕྱོགས་ལ་ཆགས་པ་དང། རྣམ་པར་གཡེང་བ་ལ་ཆགས་པའོ། །རྣམ་པར་གཡེང་བ་དེ་ཡང་རྣམ་པ་གཉིས་ཏེ། ཡིད་ལ་བྱེད་པའི་རྣམ་པར་གཡེང་བ་ནི་ཐེག་པ་དམན་པ་ལ ་དམན་པའི་ཕྱིར་རོ། །རྣམ་པར་རྟོག་པའི་རྣམ་པར་གཡེང་བ་སྦྱིན་པ་པོ་དང། ལེན་པ་པོ་དང། སྦྱིན་པར་རྣམ་པར་རྟོགས་པའི་ཕྱིར་རོ། །དེ་བས་ན་ཆགས་པ་རྣམ་པ་བདུན་ལས་གྲོལ་བའི་ཕྱིར་སྦྱིན་པཱི་མ་ཆགས་པ་ཉིད་ལན་བདུན་བཤད་དོ། །བྱང་ཆུབ ་སེམས་དཔའ་ཨི་ཚུལ་ཁྲིམས་ནི། །མ་ཆགས་མི་ཆགས་ཆགས་པ་མེད། །ཆགས་པ་ཉིད་ཀྱང་མ་ཡིན་ཏེ། མ་ཆགས་མི་ཆགས་ཆགས་པ་མེད། །བྱང་ཆུབ་སེམས་དཔའ་ཨི་བཟོད་པ་ནི། །མ་ཆགས་མི་ཆགས་ཆགས་པ་མེད། །ཆགས་པ་ཉིད་ཀྱང་མ ་ཡིན་ཏེ། མ་ཆགས་མི་ཆགས་ཆགས་བ་མེད། །བྱང་ཆུབ་སེམས་དཔའ་ཨི་བརྩོན་འགྲུས་ནི། །མ་ཆགས་མི་ཆགས་ཆགས་པ་མེད། །ཆགས་པ་ཉིད་ཀྱང་མ་ཡིན་ཏེ། མ་ཆགས་མི་ཆགས་ཆགས་པ་མེད། །བྱང་ཆུབ་སེམས་དཔའ་ཨི་བསམ་གཏན་ནི ་མ་ཆགས་མི་ཆགས་ཆགས་པ་མེད། །ཆགས་པ་ཉིད་ཀྱང་མ་ཡིན་ཏེ། མ་ཆགས་མི་ཆགས་ཆགས་པ་མེད། །བྱང་ཆུབ་སེམས་དཔའ་ཨི་ཤེས་རབ་ནི། །མ་ཆགས་མི་ཆགས་ཆགས་པ་མེད། །ཆགས་པ་ཉིད་ཀྱང་མ་ཡིན་ཏེ། མ་ཆགས ་མི་ཆགས་ཆགས་པ་མེད། །ཇི་ལྟར་སྦྱིན་པ་ལ་མ་ཆགས་པ་བཤད་པ་ལྟར་ཚུལ་ཁྲིམས་ནས་ཤེས་རབ་ཀྱི་བར་ལ་ཡང་དེ་དང་འདྲ་བར་རིག་པར་བྱའོ། །ཁྱད་པར་ནི་འདི་ཡོད་དེ། ལོངས་སྤྱོད་ལ་ཆགས་པའི་སྦྱིན་པར་འཆལ་པའི་ཚུལ་ཁྲིམས ་ལ་སོགས་པ་ལ་ཆགས་པར་བརྗོད་པར་བྱའོ། །མི་མཐུན་པའི་ཕྱོགས་ལ་ཆགས་པ་ནི་དེའི་མི་མཐུན་པའི་ཕྱོགས་ཀྱི་བག་ལ་ཉལ་ཡང་དག་པར་མ་བཅོམ་པའི་ཕྱིར་རོ། །རྣམ་པར་ཏོགས་པའི་རྣམ་པར་གཡེང་བ་ནི་ཅི་རིག་པར་འཁོར་གསུམ ་དུ་རྣམ་པར་མི་རྟོག་པའི་ཕྱིར་རོ། །ཡོན་ཏན་རྣམ་པར་དབྱེ་བའི་ཚིགས་སུ་བཅད་པ་ཉི་ཤུ་རྩ་གསུམ་སྟེ། སངས་རྒྱས་སྲས་རྣམས་སློང་དང་ཕྲད་ན་རང་གི་སྲོགས་ཀྱང་རྟག་ཏུ་བཏོང། །སྙིང་རྗེས་གཞན་ལས་ལན་ཀྱང་མི་རོ?་འདོད་པའི་འབྲས་བུ་དོན་མི་གཉེར། ་སྦྱིན་པ་དེ་ཉིད་ཀྱིས་ཀྱང་སྐྱེ་བོ་ཐམས་ཅད་བྱང་ཆུབ་གསུམ་ལ་བཀོད། །སྦྱིན་པ་ཡེ་ཤེས་ཀྱིས་ཡོངས་ཟིན་པས་འཇིག་རྟེན་དག་ལ་མི་ཟད་བཞག་།ཅེས་བྱ་བ་ནི་ཚིག་གི་དོན་ནི་གོ་བར་སླའོ། །རྒྱལ་བའི་སྲས་རྣམས་སྡོམ་དང་བརྩོམ་པའི་རང་བཞིན་ཚུལ་ཁྲིཾས ་གསུམ་རྟག་བླངས། །མཐོ་རིས་མངོན་པར་མི་འདོད་ཡང་དག་ཐོབ་ཀྱང་དེ་ལ་ཆགས་མི་སྐྱེད། །ཚུལ་ཁྲིམས་དེ་ཉིད་ཀྱིས་ཀྱང་སྐྱེ་བོ་ཐམས་ཅད་བྱང་ཆུབ་གསུམ་ལ་བཀོད། །ཚུལ་ཁྲིམས་ཡེ་ཤེས་ཀྱིས་ཡོངས་ཟིན་པས་འཇིག་རྟེན་དག་ན་མི་ཟད་བཞག་། ་ཅེས་བྱ་བ་ལ་ཚུལ་ཁྲིམས་རྣམ་པ་གསུམ་ནི་སྡོམ་པའི་ཚུལ་ཁྲིམས་དང། དགེ་བ་ཆོས་སྡུད་པའི་ཚུལ་ཁྲིམས་དང། སེམས་ཅན་དོན་བྱེད་པའི་ཚུལ་ཁྲིམས་ཏེ། འདི་རྣམས་ལས་གཅིག་ནི་སྡོམ་པའི་རང་བཞིན་ཡིན་ནོ། །གཉིས་ནི་བརྩོན་པའི་རང ་བཞིན་ནོ། །སངས་རྒྱས་སྲས་རྣམས་ཤིན་ཏུ་བྱ་དཀའ་དེ་བཞིན་མི་ཡི་གནོད་ཀུན་བཟོད། །མཐོ་རིས་གཉེར་དང་མི་ནུས་པས་མིན་འཇིགས་པས་མ་ཡིན་ཕན་ལྟས་མིན། །བཟོད་པ་བླ་ན་མེད་པས་སྐྱེ་བོ་ཐམས་ཅད་བྱང་ཆུབ་གསུམ་ལ་བཀོད། །བཟོད ་པ་ཡེ་ཤེས་ཀྱིས་ཡོངས་ཟིན་པས་འཇིག་རྟེན་དག་ན་མི་ཟད་བཞག། ཅེས་བྱ་བ་ནི་སྡུག་བསྔལ་ལ་ཇི་མི་སྙམ་པའི་བཟོད་པ་དང། གནོད་པ་བྱེད་པ་ལ་མི་མཛད་པའི་བཟོད་པ་དང་གོ་རིམ་བཞིན་ནོ། །རྒྱལ་བའི་སྲས་རྣམས་གོ་ཆ་སྦྱོར་བའི་བདག་ཉིད་བརྩོན ་འགྲུས་དཔེ་མེད་བྱས། །རང་དང་གཞན་གྱི་ཉོན་མོངས་ཚོགས་གཞོམ་བྱང་ཆུབ་དམ་པ་འཐོབ་པར་བྱེད། །བརྩོན་འགྲུས་དེ་ཉིད་ཀྱིས་ཀྱང་སྐྱེ་བོ་ཐམས་ཅད་བྱང་ཆུབ་གསུམ་ལ་བཀོད། །བརྩོན་འགྲུས་ཡེ་ཤེས་ཀྱིས་ཡོངས་ཟིན་པས་འཇིག་རྟེན་དག ་ན་མི་ཟད་བཞག་།ཅེས་བྱ་བ་ནི་གོ་ཆའི་བརྩོན་འགྲུས་དང་སྦྱོར་བའི་བརྩོན་འགྲུས་ཡིན་ནོ། །རྒྱལ་བའི་སྲས་རྣམས་ཏིང་ངེ་འཛིན་མང་ལྡན་བསམ་གཏན་རྣམ་པ་ཐམས་ཅད་བསྒྲུབས། །བསམ་གཏན་བདེ་བ་ཕུལ་གྱིས་གནས ་ཤིང་སྙིང་རྗེས་སྐྱེ་བ་དམན་ལ་བརྟེན། །བསམ་གཏན་དེ་ཉིད་ཀྱིS་ཀྱང་སྐྱེ་བོ་ཐམས་ཅད་བྱང་ཆུབ་གསུམ་ལ་བཀོད། །བསམ་གཏན་ཡེ་ཤེས་ཀྱིས་ཡོངས་ཟིན་པས་འཇིག་རྟེན་དག་ན་མི་ཟད་བཞག་།ཅེས་བྱ་བ་ལ། ཏིང་ངེ་འཛིན་མང་པོ་དང་ལྡན་པ་ཞེS ་བྱ་བ་ནི། །བྱང་ཆུབ་སེམས་དཔའ་ཨི་ཏིང་ངེ་འཛིན་མཛའ་ཡས་པས་བསྡུས་པའོ། །རྒྱལ་བའི་སྲས་རྣམས་དེ་ཉིད་ཤེས་བྱ་གང་ཡིན་མཛའ་དག་རྣམ་ཀུན་ཤེས། །མྱ་ངན་འདས་ལའང་བློ་ཡིས་ཆགས་རབ་མ་བསྐྱེད་འཁོར་བར་སྨོས་ཅི་དགོས། །ཡེ་ཤེས ་དེ་ཉིད་ཀྱིས་ཀྱང་སྐྱེ་བོ་ཐམས་ཅད་བྱང་ཆུབ་གསུམ་ལ་བཀོད། །ཡེ་ཤེས་སེམས་ཅན་ཡོངས་སུ་བཟུང་བས་འཇིག་རྟེན་དག་ན་མི་ཟད་བ་ནག་།ཅེས་བྱ་བ་ལ་དེ་ཉིད་ཅེས་བྱ་བ་ནི་དོན་དམ་པས་བསྡུས་པའི་སྤྱིའི་མཚན་ཉིད་གང་ཟག་དང། ཆོས ་ལ་བདག་མེད་པའོ། །ཤེས་བྱ་གང་ཡིན་པ་མཛའ་དག་རྣམ་པ་ཀུན་ཏུ་ཞེས་བྱ་བ་ནི་རང་གི་བརྡ་ལ་སོགས་པའི་མཚན་ཉིད་ཀྱི་དབྱེ་བ་མཛའ་ཡས་པས་ཐ་དད་པའི་ཤེས་བྱ་གཞན་གང་ཡིན་པ་དེ་ཡིན་ནོ། །སྦྱིན་པ་ལ་སོགས་པ་རྣམས་ནི་རྣམ་པར་མི ་རྟོག་པའི་ཡེ་ཤེས་ཀྱིས་ཡོངས་སུ་ཟིན་པས་མི་ཟད་པ་ཉིད་དེ། །ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པ་ན་ཡང་དེ་མི་ཟད་པའི་ཕྱིར་རོ། །ཡེ་ཤེས་ནི་སེམས་ཅན་ཡོངས་སུ་བཟུང་བས་མི་ཟད་པ་ཉིད་དེ། སྙིང་རྗེས་སེམས་ཅན་རྣམས ་ཡོངས་སུ་མི་གཏོང་བའི་ཕྱིར་རོ། །ཚིགས་སུ་བཅད་པ་དྲུག་པོ་འདི་རྣམས་ཀྱིས་བསྡུས་པའི་དོན་ནི་ཚིགས་སུ་བཅང་པ་བདུན་པ། རྒྱ་ཆེ་བ་དང་ཟང་ཟིང་མེད། །དོན་ཆེ་བ་དང་མི་ཟད་པ། །སྦྱིན་ལ་སོགས་པ་ཐམས་ཅད་ཀྱིས། །ཡོན་ཏན་བཞིར་ནི ་ཤེས་པར་བྱ། །ཞེས་བྱ་བས་བསྟན་ཏེ་དེ་ལ་རྩ་བ་དང་བོས་ནི་སྦྱིན་བ་ལ་སོགས་པའི་རྒྱ་ཆེ་བ་ཉིད་ཡོངས་སུ་བསྟན་ཏོ། །གཉིས་པས་ནི་ཟང་ཟིང་མེད་པ་ཉིད་དོ། །གསུམ་པས་ནི་དོན་ཆེན་བ་ཉིད་དེ། སེམས་ཅན་གྱིས་དོན་ཆེན་པོ་སྒྲུབ་པའི་ཕྱིར་རོ། །བཞི ་པས་ནི་མི་ཟད་པ་ཉིད་དེ། དེ་ལྟར་ན་ཚིགས་སུ་བཅད་པ་དེ་དག་གིས་དེ་རྣམས་ཀྱི་ཡོན་ཏན་བཞིར་རིག་པར་བྱའོ། །སློང་བ་མཐོང་རྫོགས་དགའ་བ་དང། །མི་དགའ་བ་དང་སྨོན་པ་ཡང། །སྦྱིན་པ་པོ་ནི་བརྩེར་ལྡན་པས། །ལྷག་པར་ལྡན་པས་རྟག་ཟིལ ་གནོན?་ནོ། །སློབ་པ་པའི་སྐྱེ་བོ་ལ་སྦྱིན་པ་པོ་མཐོང་བ་དང། དེ་ལས་ཅི་འདོད་པ་ཐོབ་པས་ཡིད་ལ་རེ་བ་ཡོངས་སུ་རྫོགས་པས་དགའ་བ་གང་ཡིན་པ་དང། མ་མཐོང་བ་དང། ཡོངས་སུ་མ་རྫོགས་པས་མི་དགའ་བ་དང། དེ་མཐོང་བ་དང། ཡིད་ལ་རེ་ལོ?་ཡོངས་སུ ་རྫོགས་པར་སྨོན་པ་སྐྱོ་བ་གང་ཡ་ཨིན་པ་དེ་ནི་བྱང་ཆུབ་སེམས་དཔའ་ལ་དུས་ཐམས་ཅད་དུ་སློང་བ་མེ་མཐོང་བ་དང། དེའི་ཡིད་ལ་རེ་བོ་ཡོངས་སུ་རྫོགས་པ་དང། མ་མཐོང་བ་དང། ཡོངས་སུ་མ་རྫོགས་པས་ལྷག་པར་སྐྱེ་སྟེ། དེའི་ཕྱིར་སྦྱིན་པ་པོ་བརྩེ ་བ་དང་ལྡན་པས་ལྷག་པར་ལྡན་པའི་སྒོ་ནས་དེ་དག་ཐམས་ཅད་ཟིལ་གྱིས་གནོན་ཏོ། །བརྩེ་བས་སེམས་ཅན་རྣམས་ལ་ནི། །སྲོག་དང་ལོངས་སྤྱོད་ཆུང་མ་དག་།རྟག་གཏོང་ཤིན་ཏུ་དགའ་བྱེད་པ། །དེ་སྤོང་ཇི་ལྟར་སྲུང་མི་འགྱུར། །དེ་དག་སྤོང་བ ་ནི་དེ་སྤོང་བ་སྟེ། གཞན་གྱི་སྲོག་དང་ལོངས་སྤྱོད་དང་ཆུང་མ་དག་གོ། འདིས་ནི་ལུས་ཀྱི་ཉེས་པར་སྤྱོད་པ་རྣམ་པ་གསུམ་ལས་ལྡོག་པའི་ཚུལ་ཁྲིམས་ཀྱི་ཡོན་ཏན་སྟོན་ཏོ། འཕགས་བ་མི་ལྟ་སེམས་སྙོམས་ཤིང། །མི་འཇིགས་བརྩེ་ཕྱིར་ཀུན་སྟེར་བ། །གཞན ་ལ་གནོད་པར་བྱེད་བ་ཡི། །ལོག་པའི་ཚིག་ནི་ཇི་ལྟར་སྨྲ། །འདིས་ནི་བརྫུན་དུ་སྨྲ་བ་ལས་ལོག་པའི་ཡོན་ཏན་སྟོན་ཏེ། བརྫུན་དུ་སྨྲ་བ་ནི་བདག་ཉིད་ཀྱི་ཕྱིར་ཏེ། ལུས་དང་སྲོག་ལ་ལྟ་བས་སམ། སྐྱེ་བོ་གཞན་གྱིས་ཕྱིར་ཏེ། སྐྱེ་བོ་མཛའ་བ་ལ་བྱམས་པས་སཾ?། ་འཇིགས་པས་ཏེ། རྒྱལ་པོ་ལ་སོགས་པས་སྐྲག་པས་སམ། ཟང་ཟིང་ཅུང་ཟད་ཙམ་གྱི་ཕྱིར་ཏེ། རྙེད་པའི་དོན་དུ་སྨྲ་བར་འགྱུར་གྲང་ན། བྱང་ཆུབ་སེམས་དཔའ་ནི་རང་གི་ལུས་དང་སྲོག་ལ་མི་ལྟ་བ་དང། བདག་ཉིད་དང་སྙོམས ་པའི་སེམས་ཀྱིས་སེམས་ཅན་ཐམས་ཅད་ལ་སེམས་སྙོམས་པ་དང། འཇིགས་པ་ལྔ་ལས་ཡང་དག་པར་འདས་པའི་ཕྱི་མི་འཇིགས་པ་དང། བདོག་པ་ཐམས་ཅད་ཡོངས་སུ་གཏོང་བའི་ཕྱིར། སློང་པ་པོ་རྣམས་ལ་ཐམས་ཅད་སྟེར་བ་ཡིན ་ན་དེ་རྒྱུ་གང་གིས་བརྫུན་དུ་སྨྲ་བར་འགྱུར། སྙོམས་པར་ཕན་པར་འདོད་པ་བརྩེ་བ་ཅན་།གཞན་གྱི་སྡུག་བསྔལ་སྐྱེ་བས་ཤིན་ཏུ་འཇིགས། །སེམས་ཅན་གདུལ་བ་ལ་ནི་ལེགས་བརྩོན་པ། །ངག་གི་ཉེས་རྣམས་གསུམ་ལས་ཤིན་ཏུ་རིང། ་བྱང་ཆུབ་སེམས་དཔའ་ནི་སེམས་ཅན་ཐམས་ཅད་ལ་སྙོམས་པར་ཕན་པར་འདོད་པ་ཡིན་ན། དེ་ཇི་ལྟར་གཞན་དག་ལ་ཤེS་པ་དབྱེ་བའི་ཕྱིར་ཕྲ་མ་བྱེད་པར་འགྱུར། །གཞན་གྱི་སྡུག་བསྔལ་བསལ་བའི་བསམ་པ་ཅན་ཡིན་པའི་ཕྱིར་བརྩེ ་བ་ཅན་གཞན་གྱི་སྡུག་བསྔལ་སྐྱེ་བས་ཤིན་ཏུ་འཇིགས་པ་ཡང་ཡིན་ན། དེ་ཇི་ལྟར་གཞན་དག་ལ་སྡུག་བསྔལ་བསྐྱེད་པའི་ཕྱིར། །ཚིག་རྩུབ་པོ་སྨྲ་བར་འགྱུར། །སེམས་ཅན་རྣམས་བ། དུལ་བ་ལ་རབ་ཏུ་བརྩོན་པ་ཡང་ཡིན་ན། དེ་ཇི་ལྟར ་ཚིག་ཀྱལ་པ་སྨྲ་བར་འགྱུར་ཏེ། དེ་ལྟ་བས་ན་འདི་ནི་ངག་གི་ཉེས་པ་རྣམ་པ་གསུམ་པོ་ཕྲ་མ་དང། ཚིག་རྩུབ་པ་དང། ཚིག་ཀྱལ་པ་ལས་ཤིན་ཏུ་རིང་བ་ཡིན་ནོ། །ཐམས་ཅད་གཏོང་པ་སྙིང་རྗེ་ཅན། །བརྟེན་འབྱུང་ཆོས་ལ་རབ་མཁS? ་པ། དེ་ནི་ཡིད་ཀྱི་ཉོན་མོངས་ཀུན། །ཇི་ལྟ་བུར་ན་དང་དུ་ལན། །བརྣབ་སེམས་དང། གནོད་སེམས་དང། ལོག་པར་ལྟ་བ་སྟེ། གོ་རིམ་བཞིན་ནོ། །འདི་ནི་འཆལ་པའི་ཚུལ་ཁྲིམས་ཀྱི་གཉེན་པོའི་ཆོས་ཀྱི་ཁྱད་པར་དང་ལྡན ་པའི་ཕྱིར། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚུལ་ཁྲིམས་རྣམ་པར་དག་པའི་ཡོན་ཏན་ཡིན་པར་རིག་པར་བྱའོ། །བརྩེ་ལྡན་གང་ཆེ་གནོད་པ་བྱེད་པ་དང། །གཞན་ལ་ཕན་པའི་སྡུག་བསྔལ་ལ་རྟག་ཏུ། །ཕན་པའི་འདུ་ཤེས་དགའ་བརྙེད་གྱུར ་པ། དེ་ཡིས་གང་ལ་ཅི་ཞིག་བཟོད་པར་བྱ། །གནོད་པ་བྱེད་པ་ལ་བཟོད་པ་བྱ་དགོས་པ་ཡིན་ན། །བྱང་ཆུབ་སེམས་དཔའ་ནི་དེ་ལ་ཕན་པའི་འདུ་ཤེས་འཐོབ་སྟེ། བཟོད་པའི་ཚོགས་ཀྱི་རྒྱུ་མཚན་ཡིན་པའི་ཕྱིར་རོ། །སྡུག་བསྔལ་ལ་ཡང་དུ་ཆོད?་པ ་བྱ་དགོས་པ་ཡིན་ན། །བྱང་ཆུབ་སེམས་དཔའ་ནི་གཞན་ལ་ཕན་པའི་རྒྱུར་གྱུར་པའི་སྡུག་བསྔལ་དེ་ལ་ཡང་རྟག་ཏུ་དགའ་བ་འཐོབ་པ་ན་གང་ལ་གནོད་པ་བྱེད་པའི་འདུ་ཤེས་ཀྱང་མི་འབྱུང་།སྡུག་བསྔལ་གྱི་འདུ་ཤེས་ཀྱང་མི་འབྱུང་བ་ངས?་གང་ལ ་ཅི་ཞིག་བཟོད་པར་བྱ། །གཞན་ལ་གཞན་གྱི་འདུ་ཤེས་བྲལ་བ་དང། །བདག་པས་ཆེས་ལྷག་གཞན་ལ་རྟག་བྱམས་དང། །བཀའ་བ་སྤྱོད་ཕྱིར་བརྩེ་བ་དང་བཅས་ལ། །བརྩོན་འགྲུས་དཀའ་བ་མིན་ལ་ཤིན་ཏུ་དཀའ་། །བརྩེ་བ་དང་བཅས་པ་ནི། བྱང ་ཆུབ་སེམས་དཔའ་སྟེ། བརྩེ་བ་དང་བཅས་པང་ལ་གཞན་གྱི་དོན་དུ་བཀའ་བ་སྤྱོད་པའི་བརྩོན་འགྲུས་གང་ཡིན་པ་དེ་དཀའ་བ་ཡང་མ་ཡིན་ལ། ཤིན་ཏུ་དཀའ་བ་ཡང་ཡིན་ནོ། །ཇི་ལྟར་དཀའ་བ་མ་ཡིན་ཞེ་ན། གཞན་ལ་གཞན་གྱི་འདུ་ཤེས ་དང་བྲལ་བའི་ཕྱིར་དང། རྟག་ཏུ་བདག་པས་ཆེས་ལྷག་པར་གཞན་དག་ལ་བྱམས་པའི་ཕྱིར་རོ། །ཇི་ལྟར་ཤིན་ཏུ་དཀའ་བ་ཡིན་ཞེ་ན། དེ་ལྟར་གཞན་གྱི་འདུ་ཤེས་དང་བྲལ་བ་དང། བདག་པས་ཆེས་ལྷག་པར་བྱམས་པའི་བརྩོན་འགྲུས་གང ་ཡིན་པ་དེའོ། །གསུམ་གྱིས་བསམ་གཏན་བདེ་བ་ཆུང། །བདག་བདེ་ཞེན་པ་ཡོངས་ཉམས་འགྱུར། །ཟད་འགྱུར་རྨོངས་དང་བཅས་པར་འདོད། །བྱང་ཆུབ་སེམས་དཔའ་ཨི་བཟློག་པའོ། །འཇིག་རྟེན་པ་རྣམས་ཀྱི་བསམ་གཏན་ནི་བདེ་བ་ཆུང་བའོ་ ་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་ནི་བདག་ཉིད་བདེ་བའོ། །འཇིག་རྟེན་པ་རྣམས་གྱི་ནི་འཇིག་ཚོགས་ལ་ཞེན་པའོ། །ཉན་ཐོས་དང། རང་སངས་རྒྱས་རྣམས་ཀྱི་ནི་མྱ་ངན་ལས་འདས་པ་ལ་ཞེན་པའོ། །འཇིག་རྟེན་པ་རྣམས་ཀྱི ་ནི་ཡོངས་སུ་ཉམས་པར་འགྱུར་བའོ། །ཉན་ཐོས་དང། རང་སངས་རྒྱས་རྣམས་ཀྱི་ནི་ཟད་པར་འགྱུར་བ་སྟེ། ཕུང་པོའི་ལྟག་མ་མེད་པའི་མྱ་ངན་ལས་འདས་པར་དེ་ཟད་པར་འགྱུར་བའི་ཕྱིར་རོ། །ཐམས་ཅད་ཀྱི་ཡང་ཅི་རིཌ?་པར་ཉོན་མོངས་པ་ཅན་དང། ་ཉོན་མོངས་པ་ཅན་མ་ཡིན་པའི་རྨོངས་པས་རྨོངས་པ་དང་བཅས་པའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསམ་གཏན་ནི་བདེ་བ་མང་བ་དང། བདག་དང་གཞན་བདེ་བ་དང། མ་ཞེན་པ་དང། ཡོངས་སུ་མ་ཉམས་པ་དང། མི་ཟད་པ ་དང། རྨོངས་པ་མེད་པ་ཡིན་ནོ། །ཇི་ལྟར་མཚན་མོ་ལག་ནོམ་དང། །ཁེབས་སྒྲོན་དེ་བཞིན་ཤེས་པ་གསུམ། །སྙིང་རྗེ་ཅན་གྱི་ཤེས་པ་ནི། །ཉི་མའི་ཟེར་བཞིན་མཚུངས་པ་མེད། །ཇི་ལྟར་མུན་ཁུང་ན་ལག་ནོམ་དག་གི་ཤེས་པ་ཡུལ ་ཆུང་བར་མངོན་སུམ་མ་ཡིན་པ་དང། མི་བསལ་བ་ལྟར་སོ་སོའི་སྐྱེ་བོ་རྣམས་ཀྱི་ཡང་དེ་དང་འདྲའོ། །ཇི་ལྟར་ཕུག་ཏུ་སྒྲོན་མས་ཤེས་པ་ཉི་ཚེ་བའི་མངོན་སུམ་དང། ཤིན་ཏུ་དྲི་མ་མེད་པ་མ་ཡིན་པ་ལྟར་ཉན་ཐོས་དང། རང་སངས་རྒྱས ་ཀྱི་ཡང་དེ་དང་འདྲའོ། །ཇི་ལྟར་ཉི་མའི་འོད་ཟེར་དག་གིས་ཤེས་པ་ཀུན་ནས་མངོན་སུམ་དང། །ཤིན་ཏུ་དྲི་མ་མེད་པ་ལྟར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡང་དེ་དང་འདྲ་སྟེ། དེ་ཉིད་ཀྱི་ཕྱིར་དེ་ནི་མཚུངས་པ་མེད་པ་ཡིན་ནོ། །སྦྱིན་པ་རྟེན་དང ་གཞི་དང་ནི། །རྒྱུ་མཚན་དང་ནི་ཡོངས་བསྔོ་དང། །རྒྱུ་དང་ཡེ་ཤེས་ཞིང་དག་དང། །གནས་ཀྱི་སྒོ་ནས་མཆོག་ཏུ་འདོད། །དེ་ལ་རྟེན་ནི་བྱང་ཆུབ་སེམས་དཔའ་ཨོ། །གཞི་མཆོག་ནི་ཟང་ཟིང་སྦྱིན་པའི་ནི་ནང་གི་དངོས་པོའོ། །མི་འཇིགས ་བ་སྦྱིན་པའི་ནི་ངན་སོང་དང་འཁོར་བས་འཇིགས་བ་དག་ལ་དེ་དག་གིས་མི་འཇིགས་པའོ། །ཆོས་སྦྱིན་པའི་ནི་ཐེག་པ་ཆེན་པོའོ། །རྒྱུ་མཚན་ནི་སྙིང་རྗེའོ། །ཡོངས་སུ་བསྔོ་བ་ནི་གང་གིས་འབྲས་བུ་བྱང་ཆུབ་ཆེན་པོ་དོན་དུ་གཉེར་བའོ། །རྒྱུ་ནི་སྔོན ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་གོམས་པའི་བག་ཆགས་སོ། །ཡེ་ཤེས་ནི་གང་གིས་འཁོར་གསུམ་ཡོངས་དག་པའི་སྦྱིན་པ་བྱིན་པ་སྟེ་།སྦྱིན་བ་པོ་དང་སྦྱིན་པར་བྱ་བ་དང། ལེན་པ་པོ་རྣམས་སུ་རྣམ་པར་མི་རྟོག་པའི་ཕྱིར་རོ། །ཞིང་ནི ་རྣམ་པ་ལྔ་སྟེ། སློང་བ་དང། སྡུག་བསྔལ་དང། རྟེན་མེད་པ་དང། ཉེས་པར་སྤྱད་པ་སྤྱོད་པ་དང། ཡོན་ཏན་དང་ལྡན་པའོ། །བཞིན་ཕྱི་མི་ཕྱི་མ་ཞིང་དམ་པ་ཡིན་ནོ། །དེ་དག་མེད་ན་ལྔ་བའོ། །གང་ལ་གནས་ནས་སྦྱིན་པའི་གནས་ནི་རྣམ་པ་གསུམ ་སྟེ། མོས་པ་དང། ཡིད་ལ་བྱེད་པ་དང། ཏིང་ངེ་འཛིན་ཏོ། །མོས་པ་ནི། ཇི་སྐད་དུ། སྒོམ་པ་རྣམ་པར་དབྱེ་བ་ལས་མོས་པ་ཡིད་ལ་བྱེད་པ་བཤད་པ་ལྟ་བུའོ། །ཡིད་ལ་བྱེད་པ་ནི་ཇི་སྐད་དུ། དེ་ཉིད་ལས་རོ་མྱང་བ་དང། རྗེས་སུ་ཡི་རང་པ་དང། མངོན་པར་དགའ་ ་བ་ཡིད་ལ་བྱེད་པ་བཤད་པ་ལྟ་བུའོ། །ཏིང་ངེ་འཛིན་ནི་ནམ་མཁའ་མཛོད་ལ་སོགས་པ་སྟེ། ཇི་སྐད་དུ་དེ་ཉིད་ལས། །དབང་འབྱོར་པ་བཤད་པ་ལྟ་བུའོ། །དེ་ལྟར་ན་རྟེན་ལ་སོགས་པ་མཆོག་གིས་སྦྱིན་པ་མཆོག་ཡིན་ནོ། །འདིར་ནི་གང་ཞེས་བསྟན་པ ་ཡིན་པར་རིག་པར་བྱ་སྟེ། གང་གིས་དང། གང་དང། གང་གིས་དང། གང་གི་ཕྱིར་དང། གང་ལས་དང། གང་གིས་ཡོངས་སུ་ཟིན་པར་དང། གང་ལས་དང་རྣམ་པ་ཇི་སྙེད་སྦྱིན་པ་དེ་ནི་སྦྱིན་པ་ཡིན་ནོ། །ཚུལ་ཁྲིམས་རྟེན་དང་བཞི་དང་ནི། །རྒྱུ་མཚན ་དང་ནི་ཡོངས་བསྔོ་དང། །རྒྱུ་དང་ཡེ་ཤེས་ཞིང་དག་དང། གནས་ཀྱི་སྒོ་ནས་མཆོག་ཏུ་འདོད། །བཟོད་པ་རྟེན་དང་བཞི་དང་ནི། །རྒྱུ་མཚན་དང་ནི་ཡོངས་བསྔོ་དང། །རྒྱུ་དང་ཡེ་ཤེས་ཞིང་དག་དང། །གནས་ཀྱི་སྒོ་ནས་མཆོག་ཏུ་འདོད། །བརྩོན ་འགྲུས་རྟེན་དང་བཞི་དང་ནི། །རྒྱུ་མཚན་དང་ནི་ཡོངས་བསྔོ་དང། །རྒྱུ་དང་ཡེ་ཤེས་ཞིང་དག་དང། །གནས་ཀྱི་སྒོ་ནས་མཆོག་ཏུ་འདོད། །བསམ་གཏན་རྟེན་དང་གཞི་དང་ནི། །རྒྱུ་མཚན་དང་ནི་ཡོངས་བསྔོ་དང། །རྒྱ?་དང ་ཡེ་ཤེས་ཞིང་དག་དང་གནས་ཀྱི་སྒོ་ནས་མཆོག་ཏུ་འདོད། །ཤེས་རབ་རྟེན་དང་གཞི་དང་ནི། །རྒྱུ་མཚན་དང་ནི་ཡོངས་བསྔོ་དང། རྒྱུ་དང་ཡེ་ཤེས་ཞིང་དག་དང། གནས་ཀྱི་སྒོ་ནས་མཆོག་ཏུ་འདོད། །ཚུལ་ཁྲིམས་ཀྱི་གཞི་མཆོག་ནི་།བྱང? ་ཆུབ་སེམས་དཔའ་ཨི་སྡོམ་པའོ། །བཟོད་པའི་ནི་ངན་པ་སྟབས་ཆུང་དུས་གསོད་པ་དག་གོ། བརྩོན་འགྲུས་ཀྱི་ནི་ཕ་རོལ་ཏུ་ཕྱིན་པ་སྒོམ་པ་དང། དེའི་མི་མཐུན་པའི་ཕྱོགས་སྤང་བའོ། །བསམ་གཏན་གྱི་ན་བྱང་ཆུབ་སེམས་དཔའ་ཨི་ཏིང་ངེ ་རྣམས་སོ། །ཤེས་རབ་ཀྱི་ནི་དེ་བཞིན་ཉིད་དེ། །ཚུལ?་ཁྲིམས་ལ་སོགས་པ་ཐམས་ཅད་ཀྱི་ཞིང་ནི་ཐེག་པ་ཆེན་པོའོ། །ལྷག་མ་ནི་སྔ་མ་བཞིན་དུ་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་ཨི་སྦྱིན་པ་ནི། །སེམས་ཅན་གཅིག་བདེ་བསྐལ ་མང་དུ། །གནོད་པ་བྱེད་ཀྱང་དགའ་འགྱུར་ན། །དེ་ལས་བཟློག་པ་སྨོས་ཅི་དགོས། །གལ་ཏེ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྦྱིན་པ་ནི་སེམས་ཅན་གཅིག་ཁོ་ན་བདེ་བར་འགྱུར་ལ། བདག་ལ་ནི་བསྐལ་པ་མང་པོར་གནོད་པ་བྱེད་དུ ་ཟིན་ཀྱང། འོན་ཀྱང་སྙིང་རྗེའི་ཁྱད་པར་གྱིས་དེ་དག་དེ་ལ་དགའ་བར་འགྱུར་ན། སེམས་ཅན་ཡང་དུ་མ་ཞིག་ལ་བདེ་བར་འགྱུར་ལ། བདག་ཉིད་ལ་ཡང་བསྐལ་པ་མང་པོར་ངན?་པ་བྱེད་པ་གང་ཡིན་པ་ལྟ་སྨོས་ཀྱང་ཅི་དགོས། །ལུས་ཅན ་རྣམས་ནི་གང་ཕྱིར་ནོར་འདོད་པ། བརྟན་རྣམས་དེ་ཉིད་ལུས་ཅན་རྣམས་ལ་བཏོང། །སྐྱེ་བོ་རྣམས་ནི་ལུས་ཕྱིར་ནོར་འདོད་དེ། །དེ་ཉིད་བསྟན་རྣམས་བརྒྱ་ཕྲག་རྣམས་སུ་གཏོང། །དེ་ལ་ཕྱེད་སྔ་མ་ཕྱེད་ཕྱི་མས་བཤད་དོ། །གང་ཚེ་ལུས་ཉིད ་གཏོང་བ་ཡང་ཡིད་སྡུག་མི་བསྔལ་བ། །དེ་ཚེ་རྫས་ངན་ལྟ་ལ་སྨོས་ཀྱང་ཅི་ཞིག་དགོས། །དེ་འདིའི་འཇིག་རྟེན་འདས་པ་དེ་དེས་དགའ་འགྱུར་བ། །གང་ཡིན་དེ་ནི་དེ་ཡི་ཡང་ནི་བླ་མ་ཡིན། །འདི་ལ་གང་གི་ཚེ་ལུས་ཉིད་གཏོང་བ་ན། །ཡིད་སྡུག་བསྔལ་བར་མི ་འགྱུར་བ་དེ་ནི་འདིའི་འཇིག་རྟེན་ལས་འདས་པ་ཡིན་ནོ་ཞེས་བསྟན་ཏོ། །དེ་སྡུག་བསྔལ་དེས་བདེ་བར་འགྱུར་བ་གང་ཡིན་པ་དེ་ནི་དེ་ཡི་ཡང་བླ་མ་ཡིན་པས་འཇིག་རྟེན་ལས་འདས་པ་དེ་བས་ཀྱང་བླ་མ་ཡིན་ནོ། །ཇི་ལྟར་བློ་ལྡན་འདི་ན་ཀུན་གཏོང་བའི།? ་དོན་གཉེར་སྐྱེ་བོ་དགའ་བས་དགའ་བ་ལྟར། །དེ་ལྟར་སློང་མོ་པ་དག་བླང་བྱ་བ། །འདོད་དགུ་ཐོབ་པ་དག་གིས་དགའ་མི་འགྱུར། །ཀུན་གཏོང་བ་ཞེས་བྱ་བ་རང་གི་སྲོག་མན་ཆད་གཏོང་བས་སོ། །འདོད་དགུ་ཐོབ་པ་དག་གིས་ཞེས་བྱ་བ་ནི་ཅི་འདོད་པ ་ཐོབ་པ་དག་གིས་སོ། །བློ་ཅན་བདོག་དགུ་བཏང་བས་ནོར་མེད་པ། །བདག་ཉིད་ནོར་ལྡན་སེམས་པ་ཇི་ལྟ་བར། །སློང་བ་ལོང་སྤྱོད་ཀུན་རྫོགས་བདག་ཉིད་ནི། །དེ་ལྟར་ནོ་དང་ལྡན་པར་མི་སེམས་སོ། །ཇི་ལྟར་བློ་ལྡན་འདི་ན་སྦྱིན་པ་བཟང་པོས་ཚུལ་བཞིན་དུ།། ་དོན་གཉེར་ཚིམ་བྱས་དེ་ལ་ཕན་ཆེན་འདོགས?་པར་སེམས་པ་ལྟར། །དེ་བཞིན་སློང་མོ་པ་དག་ཤིན་ཏུ་ནོར་མང་ཐོབ་ནས་ནི། །སྦྱིན་པ་པོ་ལ་རྙེད་པའི་རྒྱུ་ཡིས་དྲིན་དུ་མི་རྩིའོ། །ཚིགས་སུ་བཅད་པ་གཉིས་ཀྱི་དོན་ནི་གོ་བར་ཟད་དོ། །ལམ་གའི ་འབྲས་མཆོག་ལྡན་པའི་ཤིང་ལས་ལོངས་སྤྱོད་ཇི་ལྟ་བར། །ལུས་ཅན་རྣམས་ཀྱིས་གང་གིས་ནོར་རྫས་རྒྱ་ཆེར་བླངས་ནས་ནི། །བདག་ཉིད་དོགས་དང་བྲལ་བར་རང་ཉམ་སྤྱོད་པར་བྱེད་པ་ལ། །བཏང་དགའ་པ་ལོངས་སྤྱོད་ཅན་དེ་བྱང་ཆུབ་སེཾས་དཔའ་ ་ལས་གཞན་མིན། །འདི་ལ་བཏང་བ་ལ་དགའ་བའི་ལོངས་སྤྱོད་ཡོད་པས་ན་བཏང་དགའ་ལོངས་སྤྱོད་ཅན་ཏེ། དེ་ནི་བྱང་ཆུབ་སེམས་དཔའ་ལས་གཞན་མ་ཡིན་པར་རིག་པར་བྱའོ། །ལྷག་མ་ནི་དོན་གོ་བར་ཟད་དོ། །གཅོ་དང་དེའི་རྒྱུ་ལས་གྱི ་དབྱེ་བ་དང། རྣམ་པའི་དབྱེ་བ་རྟེན་གྱི་དབྱེ་བ་དང། །བར་ཆད་རྣམ་བཞི་གཉེན་པོའི་དབྱེ་བ་ཡིས། །བརྩོན་འགྲུས་ཡོངས་ཤེS་བྱ་ཞེས་རབ་ཏུ་བསྟན། རབ་ཏུ་དབྱེ་བ་རྣམ་པ་དྲུག་པོ་གཙོ་བོའི་དབྱེ་བ་དང། །དེའི་རྒྱུ་འདི་བྱེ་བ་དང། ལས་ཀྱི་དབྱེ ་བ་དང། རྣམ་པའི་དབྱེ་བ་དང། རྟེན་གྱི་དབྱེ་བ་དང། བར་ཆད་རྣམ་པ་བཞིའི་གཉེན་པོའི་དབྱེ་བས་བརྩོན་འགྲུས་ཡོངས་སུ་ཤེས་པར་བྱ་སྟེ། བསྟན་པ་འདི་ནི་ཚིགས་སུ་བཅད་པ་ཕྱི་མ་རྣམས་ཀྱིས་བཤད་དོ། །དགེ་བའི་ཚོགས་ཀྱི་ནང་ན་བརྩོན་འགྲུས ་མཆོག། འདི་ལྟར་དེ་ལྟ་བརྟེན་ནས་དེ་རྗེས་འཐོབ། །བརྩོན་འགྲུས་ཀྱིས་ནི་མོད་ལ་བདེ་གནས་མཆོག་།དངོས་གྲུབ་འཇིག་རྟེན་འདས་དང་འཇིག་རྟེན་གཏོགས། །དགེ་བའི་ཚོགས་ཀྱི་ནང་ན་བརྩོན་འགྲུས་མཆོག་ཅེས་བྱ་བ་ནི་བརྩོན་འགྲུས ་དགེ་བའི་ཆོས་ཐམས་ཅད་ཀྱི་གཙོ་བོ་ཡིན་པར་བསྟན་ཏོ། །འདི་ལྟར་དེ་ལ་བརྟེན་ནས་དེ་རྗེས་འཐོབ། །ཅེས་བྱ་བ་ནི་གཙོ་བོའི་རྒྱུ་བསྟན་སྟེ། འདི་ལྟར་བརྩོན་འགྲུས་ལ་བརྟེན་ནས་དགེ་བའི་ཆོས་ཐམས་ཅད་འཐོབ་པོ། །བརྩོན་འགྲུས་ཀྱིས་ནི་མི ་ལ་བདེ་བར་གནས་མཆོག་།དངོས་གྲུབ་འཇིག་རྟེན་འདས་དང་འཇིག་རྟེན་གཏོགས། །ཞེས་བྱ་བ་ནི་ལས་བསྟན་པ་སྟེ། བརྩོན་འགྲུས་ཀྱིས་ནི་མཐོང་བའི་ཆོས་ལ་བདེ་བར་གནས་པའི་མཆོག་དང། འཇིག་རྟེན་ལས་འདས་པ་དང། འཇིག ་རྟེན་པ་ཐམས་ཅད་འགྲུབ་པར་བྱེད་དོ། །བརྩོན་འགྲུས་ཀྱིས་ནི་སྲིད་གཅོད་འདོད་པ་འཐོབ། །བརྩོན་འགྲུས་ཀྱིས་ནི་དག་པར་བ་འགྱུར་ལྡན། །བརྩོན་འགྲུས་ཀྱིས་ནི་འཇིག་ཚོགས་འདས་ནས་གྲོལ། །བརྩོན་འགྲུས་ཀྱིས་ནི་བྱང་ཆུབ ་མཆོག་སངས་རྒྱས། །འཇིག་རྟེན་པ་དང། འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཀྱི་བྱེ་བྲག་གིས་སྒོ་ནས་རྣམ་གྲངས་གཞན་གྱིས་བརྩོན་འགྲུས་ཀྱིས་ལ་ཁོ་ན་བསྟན་ཏེ། དེ་ལ་རབ་ཏུ་འགྱུར་བ་ནི་འཇིག་རྟེན་པའི་དངོས ་གྲུབ་གཏན་དུ་བ་མ་ཡིན་པའི་ཕྱིར་རོ། །གཞན་ཡང་ཉམས་དང་འཕེལ་བའི་བརྩོན་འགྲུས་དང། ཐར་པའི་དབང་དང་མི་མཐུན་པའི་ཕྱོགས་སྤངས་གཞན། །དེ་ཉིད་རབ་ཞུགས་ཡོངས་སུ་སྒྱུར་བྱེད་དང། །བརྩོན་འགྲུས་དོན་ཆེན་དེས་ཚིགས་གཞན་དུ་འདོད། །ཐོག ་མར་གོ་ཆའི་བརྩོན་འགྲུས་དེ་ནས་ནི། །ཚུལ་བཞིན་རབ་ཞུགས་སྟོང་བའི་བརྩོན་འགྲུས་ཏེ། མ་ཞུམ་མི་འཁྲུགས་མཆོག་མི་ཤེས་བརྩོན་འགྲུས། །རྣམ་པ་ཐམས་ཅད་སངས་རྒྱས་རྣམས་རབ་གསུངས། །འདི་ནི་རྣམ་པའི་དབྱེ་བ་སྟེ། དེ་ལ་ཉམས? ་དང། འཕེལ་བའི་བརྩོན་འགྲུས་ནི་ཡང་དག་པར་སྤོང་བ་རྣམས་ལ་སྟེ། གཉིས་ལ་མི་དགེ་པའི་ཆས?་ཉམས་པར་བྱེད་པ་དང། གཉིས་ལ་དགེ་བའི་ཆོས་འཕེལ་བར་བྱེད་པ་ཡིན་ནོ། །ཐར་པའི་དབང་གི་བརྩོན་འགྲུས་ནི་དབང་པོ་རྣམས་ལ་སྟེ། ་འདི་ལྟར་ཐར་པ་ལ་དབང་བྱེད་པའི་དོན་གྱིས་དབང་པོ་རྣམས་ཡིན་པས་སོ། །མི་མཐུན་པའི་ཕྱོགས་སྤངས་པ་ནི། །སྟོབས་རྣམས་ལ་སྟེ། འདི་ལྟར་མི་མཐུན་པའི་ཕོགས་ཀྱིས་མི་རྫི་བའི་དོན་གྱིས་སྟོབས་རྣམས་ཡིན་པས་སོ། །དེ་ཁོ་ན་ཉིད་ལ་རབ་ཏུ ་ཞུགས་པ་ནི། །བྱང་ཆུབ་ཀྱི་ཡན་ལག་རྣམས་ལ་སྟེ། མཐོང་བའི་ལམ་ལ་དེ་རྣམ་པར་བཞག་པའི་ཕྱིར་རོ། །དེ་ཡོངས་སུ་སྦྱར་བར་བྱེད་པ་ནི། །ལམ་གྱི་ཡན་ལག་རྣམས་ལ་སྟེ། འདི་ནི་སྒོམ་པའི་ལམ་ལ་གནས་ཡོངས་སུ་འགྱུར་བའི་རྒྱུ་ཡིན་པཱི ་ཕྱིར་རོ། །དོན་ཆེན་པོའི་བརྩོན་འགྲུས་ནི། །ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ཉིད་དེ། རང་དང་གཞན་གྱིས་དོན་མངོན་པར་སྒྲུབ་པའི་ཕྱིར་རོ། །གོ་ཆའི་བརྩོན་འགྲུས་ནི་སྦྱོར་བའི་ཕྱིར་གོ་བགོས་པ་ཡིན་ནོ། །སྦྱོར་བའི་བརྩོན་འགྲུས་ནི། །དེ་བཞིན་དུ ་སྦྱོར་བའི་ཕྱིར་རོ། །མ་ཞུམ་པའི་བརྩོན་འགྲུས་ནི། །རྟོག་པར་བྱ་བ་རྒྱ་ཆེན་པོ་ལ་ཡང་ཞུམ་པ་མེད་པས་ཕྱིར་རོ། མི་འཁྲུགས་པའི་བརྩོན་འགྲུས་ནི། གྲང་བ་དང་ཆེ་བ་ལ་སོགས་པའི་སྡུག་བསྔལ་གྱིས་མི་འཁྲུགས་པའི་ཕྱིར་རོ། །ཆོག་མི་ཤེས་པའི་བརྩོན ་འགྲུས་ནི། །རྟོགས་པ་ཅུང་ཟད་ཙམ་གྱིS་མཆོག་པར་མི་འཛིན་པའི་ཕྱིར་རོ། །གོ་ཆའི་བརྩོན་འགྲུས་ལ་སོགས་པ་འདི་དག་ཉིད། །མདོ་ལས་མཐུ་དང་ལྡན་པ་དང། བརྩོན་འགྲུས་དང་ལྡན་པ་དང། སྤྲོ་བ་ཅན་དང། ཕ་རོལ་གནོན་པ་བསྟན ་པ་དང། དགེ་བའི་ཆོས་རྣམས་ལ་བརྩོན་པ་མ་གཏང་བ་ཞེས་འབྱུང་བ་དང་གོ་རིམ་བཞིན་ནོ། །ཐེག་པ་གསུམ་བརྩོན་སྐྱེ་བོ་ལ་བརྟེན་ནས། །བསམ་བློ་ཅན་དང་རྒྱ་རབ་ཆེ་ལྡན་ཕྱིར། །བརྩོན་འགྲུས་ཐ་མ་འབྲིང་དང་མཆོག་གཞན་ཏེ། དེ་ནི་དོན་ཆུང་པ ་དང་དོན་ཆེན་འདོད། །འདིས་ནི་རྟེན་གྱིས་བྱེ་བྲག་གིས་བརྩོན་འགྲུས་ཀྱི་དབྱེ་བ་བསྟན་ཏེ། ཐེག་པ་གསུམ་ལ་རབ་ཏུ་བརྩོན་པའི་སྐྱེ་བོ་གང་ཡིན་པ་དེ་ལ་བརྟེན་ནས་གོ་རིམ་བཞིན་དུ་བརྩོན་འགྲུས་ཐ་མ་དང། འབྲིང་དང་མཆོག་ཏུ་རིག་པར་བྱའོ ་ཅིའི་ཕྱིར་ཞེ་ན། བསམ་པ་དང་བློ་ཞན་པ་དང། རྒྱ་རབ་ཏུ་ཆེན་པོ་དང་ལྡན་པའི་ཕྱིར་རོ། །བསམ་པ་དང་བློ་ཞན་པ་ནི་ཐེག་པ་གཉིས་ལ་རབ་ཏུ་བརྩོན་པ་རྣམས་ཀྱི་སྟེ། བདག་འབའ་ཞིག་གི་ཡུས་སུ་བྱེད་པའི་ཕྱིར་རོ། །རྒྱ་རབ་ཏུ་ཆེན་པོ་ན་ཐེག་པ ་ཆེན་པོ་ནི་རབ་ཏུ་བརྩོན་པ་རྣམས་ཀྱི་སྟེ། རང་དང་གཞན་གྱི་དོན་གྱི་སྐབས་ཡིན་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་བརྩོན་འགྲུས་དེ་ནི་གོ་རིམ་བཞིན་དུ་དོན་ཆུང་བ་དང། དོན་ཆེན་པོར་འདོད་པ་རང་གི་དོན་གྱི་ཡུས་སུ་བྱེད་པའི་ཕྱིར་དང། རང་དང་གཞན ་གྱི་དོན་གྱི་སྐབས་ཡིན་པའི་ཕྱིར་རོ། །བརྩོན་འགྲུས་ལྡན་པ་ལོངས་སྤྱོད་ཀྱིས་ཕམ་མེད། །བརྩོན་འགྲུས་ལྡན་པ་ཉོན་མོངས་ཀྱིས་ཕ་མ་མེད། །བརྩོན་འགྲུས་ལྡན་པ་སྐྱོ་བས་ཕམ་པ་མེད། བརྩོན་འགྲུས་ལྡན་པ་ཐོབ་པས་ཕམ་པ་མེད། །ཅེས ་བྱ་བ་འདི་ནི་བར་དུ་གཅོད་པ་རྣམ་པ་བཞིའི་གཉེན་པོའི་དབྱེ་བ་སྟེ། གང་གིས་སྦྱིན་པ་ལ་སོགས་པ་ལ་འཇུག་པར་མི་འགྱུར་བ་སྦྱིན་པ་ལ་སོགས་པའི་བར་དུ་གཅོད་པ་ནི་རྣམ་པ་བཞི་སྟེ། ལོངས་སྤྱོད་ལ་ཆགས་པ་ནི་དེ་ཀུན་ཏུ་འཛིན ་པའི་ཕྱིར་རོ། །ཉོན་མོངས་པ་ནི་དེ་ཡོངས་སུ་བཅོད་པ་ལ་ལྷག་པར་ཞེན་པའི་ཕྱིར་རོ། །སྐྱོ་བ་ནི་སྦྱིན་པ་ལ་སོགས་པ་ལ་སྦྱོར་བར་བརྩོན་པ་ལ་ཡོངས་སུ་སྐྱོ་བའི་ཕྱིར་རོ། །ཐོབ་པ་ནི་སྦྱིན་པ་ལ་སོགས་པ་ཅུང་ཟད་ཙམ་གྱིས་མཆོག་པར་འཛིན་པའི་ཕྱིར ་རོ། །དེ་དག་གི་གཉེན་པོའི་བྱེ་བྲག་གི་བརྩོན་འགྲུས་རྣམ་པ་འདི་བཞི་བཤད་དོ། །ཕན་ཚུན་རྣམ་པར་ངེས་པ་རྣམ་པར་དབྱེ་བའི་ཚིགས་སུ་བཅད་པ། །ཕན་ཚུན་བསྡུས་ཕྱིར་རབ་དབྱེའི་ཕྱིར། །ཆོས་ཉིད་ཕྱིར་དང་རྒྱུ་མཚན་ཕྱིར། །ཕ་རོལ་ཕྱིན ་དྲུག་རྣཾ་ཀུན་ཏུ། རྣམ་པར་ངེས་པར་ཤེས་པར་བྱ། །ཕན་ཚུན་བསྡུས་པའི་ཕྱིར་རྣམ་པར་ངེས་པ་ནི་མ་འཇིགས་པའི་སྦྱིན་པས་ནི་ཚུལ་ཁྲིམས་དང་བཟོད་པ་བསྡུས་ཏེ། འདི་ལྟར་དེ་གཉིས་ཀྱིས་མི་འཇིགས་པ་སྦྱིན་པར་བྱེད་དོ། །ཆོས་ཀྱི་སྦྱིན་པS ་ནི་བསམ་གཏན་དང་ཤེS་རབ་དག་སྟེ། འདི་ལྟར་དེ་གཉིས་ཀྱི་ཆོས་སྦྱིན་པར་བྱེད་དོ། །གཉིགས་ནི་བརྩོན་འགྲུས་ཏེ། འདི་ལྟར་དེས་གཉིས་ག་སྦྱིན་པར་བྱེད་དོ། །དགེ་བའི་ཆོས་སྡུད་པའི་ཚུལ་ཁྲིམས་ཀྱིས་ནི་སྦྱིན་པ་ལ་སོགས་པ་བསྡུས་ཏེ། དེ ་བཞིན་དུ་བཟོད་པ་ལ་སོགས་པས་ཐམས་ཅད་བསྡུས་པ་ཡང་ཅི་རིགས་པར་སྦྱར་བར་བྱའོ། །རབ་ཏུ་དབྱེ་བས་རྣམ་པར་དེས་པ་ནི། །གཞན་གྱི་རྒྱུད་ལ་ཚུལ་ཁྲིམས་ལ་སོགས་པ་འཇིག་པའི་ཕྱིར་སྦྱིན་པ་ནི་རྣམ་པ་དྲུག་སྟེ། སྦྱིན་པའི ་སྦྱིན་པ་དང། ཚུལ་ཁྲིམས་ཀྱི་སྦྱིན་པ་ནས་ཤེས་རབ་ཀྱི་སྦྱིན་པའི་བར་རོ། །ཆོས་ཉིད་ཀྱིས་རྣམ་པར་ངེས་པ་ནི་སྦྱིན་པ་ལ་སོགས་པའི་དོན་གང་དག་ལ་མདོ་ལ་སོགས་པ་སྣང་བ་གང་དྲག་ཡིན་པ་དང། མདོ་ལ་སོགས་པའི་ཆོས་གང་དག་ལ ་སྦྱིན་པ་ལ་སོགས་པ་སྣང་པ་གོང་དག་ཡིན་པ་དེ་དག་ནི་ཕན་ཚུན་བསྡུས་པ་ཡིན་པར་རིགས་པར་བྱའོ། །རྒྱུ་མཚན་གྱི་ཕྱིར་རྣམ་པར་དེས་པ་ནི་སྦྱིན་པ་ནི་ཚུལ་ཁྲིམས་ལ་སོགས་པའི་རྒྱུ་མཚན་ཡིན་ཏེ་ལོངS་སྤྱོད་ལ་མི་ལྟ་ན་ཚུལ་ཁྲིམས་ལ་སོགས ་པ་ལ་འཇུག་པའི་ཕྱིར་རོ། །ཚུལ་ཁྲིམས་ཀྱང་སྦྱིན་པ་ལ་སོགས་པའི་རྒྱུ་མཚན་ཡིན་ཏེ། དགེ་སློང་གི་སྡོམ་པ་ཡང་དག་པར་བླངས་ན་ཡོངས་སུ་འཛིན་པ་ཐམས་ཅད་གཏོང་བའི་ཕྱིར་དང། ཚུལ་ཁྲིམས་ལ་གནས ་ན་བཟོད་པ་ལ་སོགས་པ་དང་ལྡན་པའི་ཕྱིར་རོ། །དགེ་བའི་ཆོས་སྡུད་པའི་ཚུལ་ཁྲིམས་ཡང་དག་པར་བླངས་པ་ནི། སྦྱིན་པ་ལ་སོགས་པ་ཐམས་ཅད་ཀྱི་རྒྱུ་མཚེན?་ཡིན་ཏེ། དེ་བཞིན་དུ་བཟོད་པ་ལ་སོགས་པ་ཕན་ཚུན་གྱི་རྒྱུ་མཚན་ཀྱི་དངོS ་པོ་ཡིན་པ་ཡང་ཅི་རིགས་བར་སྦྱར་བར་བྱའོ། །བསྡུ་བའི་དངོས་པོ་རྣམ་པར་དབྱེ་བའི་ཚིགས་སུ་བཅད་པ་བདུན་ཏེ། བསྡུ་བའི་དངོས་པོ་བཞི་ནི། སྦྱིན་པ་དང། སྙན་པར་སྨྲ་བ་ཉིད་དང། དོན་སྤྱོད་པ་ཉིད་དང། དོན་མཐུན་པ་ཉིད་དང། དེ་ལ། སྦྱིན ་མཚུངས་དེ་སྟོན་ལེན་འཇུག་དང། བདག་ཉིད་རྗེས་སུ་འཇུག་རྣམས་ཀྱིས། །སྙན་པར་སྨྲ་དང་དོན་སྤྱོད་དང། །དོན་མཐུན་ཉིད་དུ་འདོད་པ་ཡིན། །སྦྱིན་པ་ནི་མཚུངས་པར་འདོད། །ཕ་རོལ་ཏུ་ཕྱིན་པ་དག་གི་སྐབས་ནས་ཇི་སྐད་དུ་བཤད ་པ་ལྟ་བུ་ཡིན་ནོ། །སྙན་པར་སྨྲ་བ་ནི་དེ་སྟོན་པ་ཡིན་ནོ། །དོན་སྤྱོད་པ་ནི་དེ་ཡང་དག་པར་ལེན་དུ་འཇུག་པའོ། །དེ་ཞེས་བྱ་བའི་སྒྲས་ནི་ཕ་རོལ་ཏུ་ཕྱིན་པ་རྣམས་བཟུང་སྟེ། ཕ་རོལ་ཏུ་ཕྱིན་པ་སྟོན་པ་དང། ཕ་རོལ་ཏུ་ཕྱིན་པ་ཡང་དག་པར ་ལེན་དུ་འཇུག་པ་ཞེས་བྱ་བའི་ཐ་ཚིག་གོ་།དོན་མཐུན་པ་ཉིད་ནི་གང་ལ་གཞན་ཡང་དག་པར་ལམ་དུ་འཇུག་པ་དེ་ལ་བདག་ཉིད་རྗེས་སུ་འཇུག་པའོ། །ཡང་ཅིའི་ཕྱིར་བསྡུ་བའི་དངོས་པོ་བཞིར་འདོད་ཅེ་ན། འདི་ནི་གཞན ་དག་ལ། ཕན་པར་བྱེད་པའི་ཐབས་དང་ནི། །འཛིན་པར་བྱེད་དང་འཇུག་བྱེད་དང། །དེ་བཞིན་རྗེས་སུ་འཇུག་བྱེད་པ། །བསྡུ་བའི་དངོས་པོ་བཞིན་ཤེས་བྱ། །སྦྱིན་པ་ནི་ཕན་པར་བྱེད་པའི་ཐབས་ཏེ། །ཟང་ཟིང་གི་སྦྱིན་པས་ལུས་ལ ་ཕན་པ་སྐྱེད་བའི་ཕྱིར་རོ། །སྙན་པར་སྨྲ་པ་ནི་འཛིན་པར་བྱེད་པ་སྟེ། །བྱེ་བྲག་ཏུ་མི་ཤེས་པ་དང། ཐེ་ཚོམ་ཟ་བར་དོན་འཛིན་དུ་འཇུག་པའི་ཕྱིར་རོ། །དོན་སྤྱོད་པ་ནི་འཇུག་པར་བྱེད་པ་སྟེ། དགེ་བ་ལ་འཇུག་པར་བྱེད་པའི་ཕྱིར་རོ། །དོན་མཐུན་པ་ནི། རྗེས་སུ ་འཇུག་པར་བྱེད་པ་སྟེ། ཡང་དག་པར་ལེན་དུ་འཇུག་པར་བྱེད་པ་པོ་ནི་ཇི་སྐད་སྨྲས་པ་དེ་བཞིན་བྱེད་པ་ཡིན་ནོ་ཞེས་བྱ་བར་རིག་ནས་དེས་དགེ་བ་གང་ལ་གཞན་དག་གཅུག་བ་དེ་ལ་རྗེས་སུ་འཇུག་པ་ཡིན་ནོ། །དང་པོས་སྣོད?་འགྱུར་དངོS་པོ་སྟེ། །གཉིས་པ ་ཡིས་ནི་མོས་པ་ཡིན། །གསུམ་པ་ཡིས་ནི་སྒྲུབ་པ་སྟེ། །བཞི་པས་རྣམ་པར་སྦྱོང་བའོ། །ཟང་ཟིང་གི་སྦྱིན་པས་ནི་སྣོང་དུ་རུང་བར་འགྱུར་ཏེ། ཆོས་ཉན་དུ་བཏུབ་པར་བྱེད་པའི་ཕྱིར་རོ། །སྙན་པར་སྨྲ་བS་ནི་ཆོས་དེ་ལ་མོས་པར་བྱེད་དོ། །དེའི་དོན་བྱེ ་བྲག་ཏུ་ཤེས་པར་བྱེད་པ་དང། ཐེ་ཚོམ་གཅོད་པའི་ཕྱིར་རོ། །དོན་སྤྱོད་པས་ནི་ཆོས་བཞིན་དུ་སྒྲུབ་པར་བྱེད་དོ། །དོན་མཐུན་པས་ཡུན་རིང་པོར་སྒྲུབ་པའི་ཕྱིར་སྒྲུབ་པ་དེ་རྣམ་པར་སྦྱོང་བར་བྱེད་དེ། འདི་ནི་བསྡུ་བའི་དངོས་པོ་རྣམས་ཀྱི་ལས་ཡིན་ནོ། ་ཟང་ཟིང་དང་ནི་ཆོས་ཀྱིས་ཏེ། དམིགས་པའི་ཆོས་ལ་སོགས་པ་ཡིས། །སྡུ་བ་གཉིས་ཀྱི་སྒོ་ནས་ནི། །བསྡུ་བའི་དངོས་པོ་བཞིར་འདོད་དོ། །གང་ཡང་བཅོམ་ལྡན་འདས་ཀྱིས་ཟང་ཟིང་གིས་བསྡུ་བ་དང། ཆོས་ཀྱིས་བསྡུ་བ་དང། བསྡུ་བ་གཞན་གཉིS ་གསུངས་པ་དེ་དག་གིས་བསྡུ་བའི་དངོས་པོ་འདི་དག་ཁོ་ན་བསྡུས་ཏེ། དང་པོ་ནི་ཟང་ཟིང་གི་བསྡུ་བས་སོ། །ལྷག་མ་རྣམས་ནི་ཆོས་ཀྱི་བསྡུ་བས་སོ། །དེ་དག་ཀྱང་ཆོས་རྣམ་པ་གསུམ་པོ་དམིགས་པའི་ཆོས་དང། སྒྲུབ་པའི་ཆོས་དང་རྣམ་པར་སྦྱོང་བའི ་ཆོS་དང་གོ་རིམ་བཞིན་ནོ། །རྣམ་པའི་དེ་བྱེ་བའི་སྒོ་ནས་ནི། །བསྡུ་བ་དམན་དང་འབྲིང་དང་མཆོག་།ཕལ་ཆེར་དོན་མེད་དོན་ཡོད་དང། །རྣམ་ཀུན་དོན་ཡོད་ཤེས་པར་བྱ། །འདི་ནི་བསྡུ་བའི་རྣམ་པའི་རབ་ཏུ་དབྱེ་བའོ། །དེ་ལ་བྱང་ཆུབ་སེམས་དཔའ་རྣམS ་ཀྱི་བསྡུ་བ་དམན་པ་དང། འབྲིང་དང། མཆོག་ནི་ཐེག་པ་གསུམ་ལ་རབ་ཏུ་ཞུགས་བ་དག་ལ་རིག་པར་བྱ་སྟེ། གོ་རིམ་བཞིན་ནོ། །ཕལ་ཆེར་དོན་མེད་པ་ནི་མོས་པས་སྤྱོད་པའི་ས་ལའོ། །ཕལ་ཆེར་དོན་ཡོད་པ་ནི་ས་ལ་ཞུཌ ་པ་རྣམས་ཀྱིའོ། །རྣམ་པ་ཐམས་ཅད་དུ་དོན་ཡོད་པ་ནི་ས་བརྒྱད་པ་ལ་སོགས་པ་ལ་སྟེ། སེམས་ཅན་གྱི་དོན་གདོན་མི་ཟ་བར་འགྲུབ་པའི་ཕྱིར་རོ། །འཁོར་སྡུད་པ་དང་ལྡན་པ་རྣམས། །ཚུལ་འདི་ལ་ན་ཡང་དག་བརྟེན། །ཀུན་ཀྱིས་དོན་ཀུན ་འགྲུབ་བྱེད་ཅིང། །ཐབས་བཟང་ཡིན་པར་རབ་ཏུ་བསྔགས། །སུ་དག་འཁོར་སྡུད་པ་ལ་ཞུགས་པ་དེ་དག་ཐམས་ཅད་ཀྱིས་ནི་འདི་ལྟ་སྟེ། བསྡུ་བའི་དངོས་པོ་བཞིའི་ཐབས་ཁོ་ན་ལ་ཡང་དག་པར་བརྟེན་ཏེ། འདི་ལྟར་འདི་ནི་ཐད?་ཀུན་འགྲུབ ་པར་བྱེད་པ་དང། ཐབས་བཟང་བ་ཡིན་པར་སངས་རྒྱས་རྣམས་ཀྱིས་རབ་ཏུ་བསྔགས་སོ། །བསྡུས་དང་སྡུད་པར་འགྱུར་བ་དང། གང་དག་ད་ལྟར་སྡུད་བྱེད་པ། །དེ་ཀུན་དེ་འདྲ་དེ་ལྟ་བས། །འདི་ནི་སེམས་ཅན་སྨིན་བྱེད་ལམ། །འདིས་ནི་སེམS ་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བ་ལ་བསྡུ་བའི་དངོས་པོ་བཞིན་དུས་གསུམ་དུ་ཡང་བགྲོད་པ་གཅིག་པའི་ལམ་ཉིད་ཡིན་པར་སྟོན་ཏེ། ལམ་གཞན་མེད་པའི་ཕྱིར་རོ། །དེ་ལྟར་རྟག་ཏུ་ལོངས་སྤྱོད་མཆགས་བློ། །བསྡོམ་བརྩོན་པའི་ཕ ་རོལ་ཕྱིན་གནས་བདག་།སྲིད་ཡུལ་མཚན་མ་རྣམ་པར་མི་རྟོག་པ། །དེ་ནི་སེམས་ཅན་ཚིགས་སྡུད་བྱེད་པ་ཡིན། །འདིས་ནི་ཇི་སྐད་དུ་བཤད་པའི་ཕ་རོལ་ཏུ་ཕྱིན་བ་དྲུག་ལ་གནས་པའི་བྱང་ཆུབ་སེཾས་དཔའ་ཨི་བསྡུ་བའི་དངོས་པོའི་སྦྱོར་བ་སྟོན་ཏེ། ཕ ་རོལ་ཏུ་ཕྱིན་པ་དག་དང། བསྡུ་བའི་དངོས་པོ་དག་གིས་གོ་རིམ་བཞིན་དུ་རང་དང་གཞན་གྱི་དོན་སྒྲུབ་པའི་ཕྱིར་རོ། །ཕ་རོལ་ཏུ་ཕྱིན་པའི་སྐབས་རྫོགས་སོ།། །།སངས་རྒྱས་ལ་མཆོད་པའི་རྣམ་དབྱེ་བའི་ཚིག་སུ་བཅད་པ ་རྣམ་པ་བདུན་ཏེ། རབ་དང་སེམས་དང་ལྡན་པ་ཡིས། །ཚོགས་གཉིས་རྫོགས་པར་བྱ་བའི?་ཕྱིར། །སངས་རྒྱས་རྣམས་ལ་གོས་སོགས་ཀྱིས། །མངོན་སུམ་མངོན་སུམ་མིན་པར་མཆོད། །སངས་རྒྱས་འབྱུང་བ་དོན་ཡོད་པར། །སྨོན་ལམ་དང་ནི་ལྡན་པ ་ཡི། །གསུམ་པོ་དམིགས་པར་མི་བྱེད་པ། །སངས་རྒྱས་མཆོད་པ་རྫོགས་པ་ཡིན། །སེམས་ཅན་དག་ནི་ཚང་མེད་པ་ཡོངས་སུ་སྨིན་པར་བྱེད་པ་གཞན། །རྫས་དང་སེམས་ཀྱི་སྒོ་ནས་གཞན། །མོས་པ་དང་ནི་སྨོན་པ་དང། །བརྩེ་དང་བཟོད་པ་དག ་དང་ནི། །ཡང་དག་སྤྱོད་པའི་སྒོ་དང་ནི། །གཞི་ལ་གཏོད་དང་རྟོགས་པ་དང། གྲོལ་དང་དེ་བཞིན་ཉིད་ཀྱིས་གཞན། །དེ་ལྟར་ན་ཚིགས་སུ་བཅད་པ་འདི་བཞིས་ནི། །རྒྱུ་མཚན་དང་ནི་ཡོངས་བསྔོ་དང། རྟེན་དང་དངོས་དང་རྒྱུ་དང་ནི། །ཡེ་ཤེས་དང་ནི་ཞིང ་དག་དང། གནས་ཀྱི་མཆོད་པ་རབ་བསྟན་པར། །རིག་པར་བྱ་སྟེ། དེ་ལ་རྒྱུ་མཚན་ནི་རབ་ཏུ་དང་བ་དང་ལྡན་པའི་སེམས་སོ། །ཡོངས་སུ་བསྔོ་བ་ནི། བསོད་ནམས་དང་ཡེ་ཤེས་ཀྱིས་ཚོགས་ཡོངས་སུ་རྫོགས་པར་བྱེད་པའོ། །རྟེན་ནི་མངོན་སུམ་དང ་ལྐོག་ཏུ་གྱུར་བའི་སངས་རྒྱས་རྣམས་སོ། །དངོས་པོ་ནི་གོས་ལ་སོགས་པའོ། །རྒྱུ་ནི་དག་ལ་སངས་རྒྱས་འབྱུང་བ་དོན་ཡོད་པར་གྱུར་ཅིག་ཅེས་སྔོན་སྨོན་པའོ། །ཡེ་ཤེས་ནི་མཆོད་པར་བྱེད་པ་དང། མཆོད་པར་བྱ་བ་དང། མཆོད་པ་མི་དམིགས ་པའི་ཕྱིར་རྣམ་པར་མི་རྟོག་པའོ། །ཞིང་ནི་སེམས་ཅན་ཚད་མེད་པ་རྣམས་ཏེ། ང?་ཡོངས་སུ་སྨིན་པར་བྱ་བའི་ཕྱིར། དེ་དག་གིས་དེ་ལ་རབ་ཏུ་སྦྱར་བས་དེ་དག་ལ་དེ་བཏབ་བྱའི་ཕྱིར་རོ། །གནས་ནི་རྫས་དང་སེམས་ཏེ། དེ་ལ་རྫས་ལ་བརྟེན་ནས་མཆོད ་པ་ནི་གོས་ལ་སོགས་པའོ། །སེམས་ལ་བརྟེན་ནས་མཆོད་པ་ནི་རོ་མྱང་བ་དང། རྗེས་སུ་ཡིད་རང་བ་དང། མངོན་པར་དགའ་བའི་ཡིད་ལ་བྱེད་པ་ངག་དང། མོས་པ་ལ་སོགས་པ་ཇི་སྐད་དུ་བཤད་པ་འདི་ལྟ་སྟེ། ཐེག་པ་ཆེན་པོ་ལ་མོས་པ ་བྱང་ཆུབ་ཏུ་སེམས་བསྐྱེད་པ་སྟེ། འདིར་ཚིགས་སུ་བཅད་པ་སྦྱང་བའི་དོར་སྨོན་ལམ་ཉིད་སྨོན་པར་བཤད་པ་དང། སེམས་ཅན་ལ་བརྩེ་བ་དང། དཀའ་བ་སྤྱོད་པའི་སྡུག་བསྔལ་བཟོད་པ་དང། ཕ་རོལ་ཏུ་ཕྱིན་པ་ཡང་དག་པར་སྤྱོད་པ་དང ་ཆོS་ལ་ཚུལ་བཞིན་ཡིད་ལ་བྱེད་པའི་སྒོ་ནས་སྟེ། དེ་ནི་ཕྱིན་ཅི་མ་ལོག་པའི་ཕྱིར་བཞི་ལ་བཏོད་པ་ཡིན་ནོ། །ཡང་དག་པའི་ལྟ་བའི་སྒོ་ནས་ནི་མཐོང་བའི་ལ་ནམ་ལ་སྟེ། དེ་ནི་ཡང་དག་པ་ཇི་ལྟ་བ་བཞིན་དུ་རྟོག་པའི་ཕྱིར་བཞི་རྟོགས་པ་ཡིན་ནོ། །རྣམ་པར ་གྲོལ་བའི་སྒོ་ནས་ནི་ཉོན་མོངས་པ་ལས་རྣམ་པར་གྲོལ་བའི་ཕྱིར་ཉན་ཐོས་རྣམས་ཀྱི་ཡིན་ནོ། །དེ་བཞིན་ཉིད་ཀྱི་སྒོ་ནས་བྱང་ཆུབ་ཆེན་པོ་འཐོབ་སྟེ། འདི་ནི་མཆོད་པའི་རྣམ་པའི་དབྱེ་བ་ཡིན་ནོ། །རྒྱུ་དང་འབྲས་བུ་ཉིད་དང་ནི། །བདག་ཉིད་དང ་ནི་གཞན་དག་དང། །རྙེད་དང་བཀུར་སྟི་ཉིད་དང་ནི། །སྒྲུབ་པའི་སྒོ་ནས་དེ་རྣམ་གཉིས། །མཆོད་པ་ཆུང་དང་ཆེན་པོ་དེ། །ང་རྒྱལ་བཅས་དང་ང་རྒྱལ་མེད། །སྦྱོར་དང་འགྲོ་བ་ཉིད་དང་ནི། །སྨོན་པའི་སྒོ་ནས་ངར་འདོད་དོ། །ཞེས་བྱ་བ་འདི་ནི་དུས ་ལ་སོགས་པའི་དབྱེ་བས་རྣམ་པའི་དབྱེ་བ་གཞན་ཡིན་ཏེ། དེ་ལ་རྒྱུ་ནི་འདས་པའོ། །འབྲས་བུ་ནི་ད་ལྟར་བྱུང་བའོ། །རྒྱུ་ནི་ད་ལྟར་བྱུང་བའོ། །འབྲས་བུ་ནི་མ་འོངས་པའོ། །དེ་ལྟར་ན་རྒྱུ་དང་འབྲས་བུའི་སྒོ་ནས་འདེས་པ་དང། མ་འོངས་པ ་དང། ད་ལྟར་བྱུང་བའི་རིགས་པར་བྱའོ། །བདག་ཉིད་ཅེས་བྱ་བ་ནི་ནང་གིའོ། །གཞན་དག་ཅེས་བྱ་བ་ནི་ཕྱིའི་འོ?། །རྙེད་པ་དང་བཀུར་སྟི་ནི་རགས་པའོ། །སྒྲུབ་པ་ནི་ཕྲ་བའོ། །ཆུང་ངུ་ནི་དམན་པའོ། །ཆེན་པོ་ནི་གྱ་ནོམ་པའོ། །ཡང་ང་རྒྱལ་དང་བཅS ་པ་ནི་དམན་པའོ། །ང་རྒྱལ་མེད་པ་ནི་གྱ་ནོམ་པ་སྟེ་།འཁོར་གསུམ་དུ་རྣམ་པར་མི་རྟོག་པའི་ཕྱིར་རོ། །དུས་གཞན་ན་སྦྱར་བར་བྱེ་བ་ནི་རིང་བའོ། །དེའི་དུས་ནི་སྦྱར་བར་བྱང?་ནི་ཉེ་བའོ། །འགྲོ་བ་རྣམ་པར་ཆད་པའི་ནི་རིང་བའོ། །དེ་མ་ཐག་པའི་ནི་ཉེ་བར? ་ཡང་མཆོད་པ་གང་ཞིག་ཆེ་ཕྱི་མ་ལ་སྦྱར་བར་སྨོན་ལམ་འདེབས་པ་དེ་ནི་རིང་བའོ། །གང་ཞིག་བྱ་བར་སྨོན་ལཾ་བཏབ་པ་དེ་ནི་ཉེ་བའོ། །ཡང་སངས་རྒྱས་ལ་མཆོད་པའི་མཆོག་གང་ཡིན་པར་རིག་པར་བྱ་ཞེ་ན། རང་གི་སེམས་ཀྱིས་སངས་རྒྱས་རྣམས་མཆོད་པ། ། ་ཆོས་ལ་མོས་དང་བསམ་དང་དབང་འབྱོར་དང། །རྣམ་པར་མི་རྟོག་ཐབས་ཡོངས་བཟུང་བ་དང། །ཀུན་དང་དོན་གཅིག་ཉིད་ལ་འཇུག་པས་མཆོག་།ཅེས་བྱ་བ་སྨོས་ཏེ། རྣམ་པ་ལྔས་རང་གིས་སེམས་ཀྱིས་སངས་རྒྱས་རྣམས་མཆོད་པ་མཆོག་ཏུ་རིག ་པར་བྱའོ། །འདི་ལྟ་སྟེ་མཆོད་པ་དང་ལྡན་པའི་ཐེག་པ་ཆེན་པོའི་ཆོས་ལ་མོས་པ་དང། བསམ་པ་སྟེ། བསམ་པ་དགུ་པོ་རོ་མྱང་བ་དང། རྗེས་སུ་ཡི་རང་བ་དང། མངོན་པར་དགའ་བའི་བསམ་པ་དག་དང། ངོམ?་མི་ཤེས་པ་དང། རྒྱ་ཆེན་པོ་དང། དགའ་བ་དང ་ཕན་པ་དང། མ་གོས་པ་དང། དགེ་བའི་བསམ་པ་གང་དག་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ལས་བསྟན་པ་རྣམས་དང། དབང་འབྱོར་པ་ཉིད་དོ། །ནམ་མཁའ་མཛད་ལ་སོགས་པའི་ཏིང་ངེ་འཛིན་དང། རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་ཐབས་ཡོངས་སུ་བཟུང ་བ་དང། བྱང་ཆུབ་སེམས་དཔའ་ཆེན་པོ་ཐམས་ཅད་དང། དོན་གཅིག་པ་ཉིད་ལ་འཇུག་པའི་སྒོ་ནས་ཏེ། དོན་ཐམས་ཅད་ནི་འདྲེས་པ་ཉེ་བར་འདྲེས་པ་ཡིན་པའི་ཕྱིར་རོ། །དགེ་བའི་བཤེས་གཉེན་ལ་བརྟེན་པ་རྣམ་པར་དབྱེ་བའི་ཚིགས་སུ་བཅད་པ་བདུན་ཏེ ་དེ་ལ་ཚིགས་སུ་བཅད་པ་ཕྱེད་དང་ལྔས་ནི། །བསྟེན་པ་བརྟེན་དང་བཞི་དང་ནི། །རྒྱུ་མཚན་དང་ནི་ཡོངས་བསྔོ་དང། །རྒྱུ་དང་ཡེ་ཤེས་ཞིང་དག་དང། །གནས་ཀྱི་སྒོ་ནས་རབ་ཏུ་བསྟན། །གཤེས་གཉེན་དུལ་བཞི་ཞིང་ཉེར་ཞི་བ། །ཡོན་ཏན་ལྷག་པ་བརྩོན ་བཅས་ལུང་གིས་ཕྱུག་།དེ་ཉིད་རབ་ཏུ་རྟོགས་པ་སྨྲ་མཁས་ལྡན། །བརྩེ་བའི་བདག་ཉིད་སྐྱོ་བ་སྤངས་ལ་བརྟེན། །བསྟེན་པའི་རྟེན་ནི་ཡོན་ཏན་དེ་ལྟ་བུ་དང་ལྡན་པའི་བཤེས་གཉེན་ཡིན་ཏེ། དུལ་བ་ནི་ཚུལ་ཁྲིམས་དང་ལྡན་པའི་ཕྱིར་དབང་པོ་དུལ་བས་སོ། ་ཞི་བ་ནི་ཏིང་ངེ་འཛིན་དང་ལྡན་པའི་ཕྱིར་སེམས་ནང་དུ་ཞི་བར་གནས་པས་སོ། །ཉེ་བར་ཞི་བ་ནི་ཤེས་རབ་དང་ལྡན་པའི་ཕྱིར་ཉོན་མོངས་པ་ཉེ་བར་གནས་པ་ཉེ་པར་ཞི་བས་སོ། །ཡོན་ཏན་ལྷག་མ་ནི་མཉམ་པའམ་ཆུང་བ་མ་ཡིན ་པའོ། །བརྩོན་པ་དང་བཅས་པ་ནི། གཞན་གྱི་དོན་ལ་གཡལ་བ་མ་ཡིན་པའོ། །ལུང་གིས་ཕྱུག་པ་ནི་ཐོས་པ་ཉུང་དུ་མ་ཡིན་པའོ། །དེ་ཁོ་ན་ཉིད་རབ་ཏུ་རྟོག་པ་ནི་དེ་ཁོ་ན་ཉིད་ཁོང་དུ་ཆུད་པའི་ཕྱིར་རོ། །སྨྲ་མཁས་པ་དང་ལྡན་པ་ནི་སྨྲ་མཁས་པ ་དང་ལྡན་པའོ། །བརྩེ་བའི་བདག་ཉིད་ནི་ཟང་ཟིང་གི་སེམས་མེད་པའི་ཕྱིར་རོ། །སྐྱོ་བ་སྤངས་པ་ནི་རྟག་ཏུ་ཆོས་སྟོན་པའི་ཕྱིར་རོ། །བཀུར་སྟི་རྙེད་པ་དག་དང་རིམ་གྲོ་དང། །སྒྲུབ་པའི་སྒོ་ནས་བཤེས་གཉེན་བསྟེན་པར་བྱ། །ཞེས་བྱ་བ་ནི། རྟེན་བཞིའི ་དེ་བཞིན་བློ་ལྡན་ཆོས་ལ་ནི། །ཤེས་བསམ་དུས་སུ་འདུད་པས་བཤེས་གཉེན་བགྲོང། །ཅེས་བྱ་བ་ནི་རྒྱུ་མཚན་རྣམས་གསུམ་སྟེ། ཀུན་ཤེས་པར་འདོད་པ་ཉིད་དང། དུས་ཤེས་པ་ཉིད་དང། ང་རྒྱལ་མེད་པ་ཉིད་དོ། །དེ་ནི་བསྙེན་བཀུར་རྙེད་ལ་འདོད ་པ་མེད། །བསྒྲུབ་པར་བྱ་ཕྱིར་དུ?་ཡོངས་བསྔོ་བར་བྱེད། །ཅེས་བྱ་བ་ནི་ཡོངས་སུ་བསྔོ་བ་སྟེ། སྒྲུབ་པའི་དོན་དུ་རྟེན་གྱི་རྙེད་པ་དང་བཀུར་སྟིའི་དོན་དུ་ནི་མ་ཡིན་ནོ། །བསྟན་པ་ཇི་སྐད་བསྟན་པ་སྒྲུབ་པ་དེས། །དེ་ཡི་སེམས་ནི་ཡང་དག་མགུ་བར་བྱེད། །ཅེས ་བྱ་བ་ནི་བསྟེན་པའི་རྒྱུ་ནི་ཇི་སྐད་བསྟན་པ་བཞིན་དུ་སྒྲུབ་པ་ཡིན་ཏེ། དེས་དེའི་སེམས་མགུ་བར་འགྱུར་བའི་ཕྱིར་རོ། །ཐེག་པ་གསུམ་ལ་མཁས་པ་བློས་རྟོགས་ནས། རང་གི་ཐེག་པ་འགྲུབ་པར་བྱ་ཕྱིར་འབང། །ཅེས་བྱ་བ་ལ་ཡེ་ཤེས་ནི་ཐེག་པ ་གསུམ་ལ་མཁS་པ་ཡིན་ནོ། །སེམས་ཅན་ཚད་མེད་ཡོངས་སུ་སྨིན་པར?་ཕྱིར་དང། ཞིང་དག་པ་ཡང་སྦྱང་བར་བྱ་བའི་ཕྱིར། །ཞེས་བྱ་བ་ནི་དེ་བསྟེན་པའི་ཞིང་རྣམ་པ་གཉིས་ཏེ། སེམས་ཅན་ཚད་མེད་པ་དང་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་སྟེ། གང་དུ ་གནས་ནས་ཆོས་ཐོས་པ་དེ་དག་འཇོག་པའི་ཕྱིར་རོ། །དེ་ཆོས་བགོ་སྐལ་ལ་སྤྱོད་ཡོན་ཏན་ལྡན། །བཤེས་གཉེན་རབ་ཏུ་བསྟེན་བྱ་ཟང་ཟིང་མིན། །ཞེས་བྱ་བ་ནི་བརྟེན་པའི་གནས་ཡིན་ཏེ། །ཆོས་ཀྱི་བགོ་སྐལ་ལ་སྤྱོད་པ་ལ་བརྟེན་ནས་དགེ་བའི་བཤེས་གཉེན ་ལ་བརྟེན་པར་བྱའི། །ཟང་ཟིང་གི་བགོ་སྐལ་ལ་སྤྱོད་པ་ལ་ནི་མ་ཡིན་ནོ། །འདི་མན་ཆད་ཚིགས་སུ་བཅད་པ་ཕྱེད་དང་གཉིས་ཀྱིས་ནི་བསྟེན་པའི་རྣམ་པའི་དབྱེ་བ་རིག་པར་བྱ་སྟེ། བློ་དང་ལྡན་པ་རྒྱུ་དང་འབྲས་བུ་དང། ཆོས་སྒོ་རྗེས་འགྲོ་ཕྱིར་དང་ཐོས་མཉམ ་དང། སེམས་ཀྱིས་རྣལ་འབྱོར་ང་རྒྱལ་བཅས་པ་དང། ང་རྒྱལ་མེད་ཡིད་ལྡན་པས་བཤེས་གཉེན་བསྟེན། །དེ་ལ་བློ་དང་ལྡན་པ་རྒྱུ་དང་འབྲས་བུ་དང། ཞེས་བྱ་བ་ནི་འདས་པ་ལ་སོགས་པར་དབྱེ་བ་སྟེ་སྔ་མ་བཞིན་ནོ། །ཆོས་སྒོ་རྗེས་འགྲོ་ཕྱི་དང་ཞེས ་བྱ་བ་ནི། ནང་དང་ཕྱིའི་བྱེ་བྲག་གིས་ནི་ཆོས་ཀྱི་སྒོའི་རྗེས་སུ་འགྲོ་བ་ནི་ཆོས་ཀྱི་སྒོའི་རྒྱུན་ནོ། །ཕྱི་ནི་ཕྱི་རོལ་ལོ། །ཐོས་པ་མཉན་པ་དང། སེམས་ཀྱི་རྣལ་འབྱོར་ཞེས་བྱ་བ་ནི་རགས་པ་དང་ཕྲ་བའི་དབྱེ་བ་སྟེ། མཉན་པ་ནི་རགས་པའོ། །བསམ་པ་དང ་བསྒོམ་པ་ནི་ཕྲ་བ་སྟེ། དེ་ཉིད་སེམས་ཀྱི་རྣལ་འབྱོར་ཡིན་ནོ། །ང་རྒྱལ་དང་བཅས་པ་དང། ང་རྒྱལ་མེད་པའི་ཡིད་དང་ལྡན་པས་ཤེ་བྱ་བ་ནི་དམན་པ་དང། གྱ་ནོམ་པའི་དབྱེ་བའོ། །བློ་ལྡན་འགྲོ་དང་སྦྱོར་བ་དང། སྨོན་པའི་སྒོ་ནས་དགེ་བཤེས་བསྟེན ་ཞེས་བྱ་བ་ནི་རིང་བ་དང། ཉེ་བའི་དབྱེ་བ་སྟེ། སྔ་མ་བཞིན་དུ་སྦྱར་བར་བྱའོ། །བསྟེན་པའི་མཆོག་གང་ཞེ་ན། ཚིགས་སུ་བཅད་པ་བདུན་ཏེ། རང་གི་སེམས་ཀྱི་བཤེས་གཉེན་མཆོག་བསྟེན་པ། །ཆོས་ལ་མོས་དང་བསམ་དང་དབང་འབྱོར་དང ་རྣམ་པར་མི་རྟོག་ཐབས་ཡོངས་བཟུང་བ་དང། །ཀུན་དང་དོན་ཅིག་ཉིད་ལ་འཇུག་པས་མཆོག་།ཅེས་བྱ་བ་སྟེ་སྔ་མ་བཞིན་ནོ། །ཚད་མེད་པ་རྣམ་པར་དབྱེ་བའི་ཚིགས་སུ་བཅད་པ་བཅུ་གཉིས་ཏེ། བསྟན་པའི་ཚངས་པའི་མི་མཐུན་སྤངས། །རྣམ ་པར་མི་རྟོག་ཡེ་ཤེས་ལྡན། །དམིགས་པ་རྣམ་པ་གསུམ་ལ་འཇུག། སེམས་ཅན་རྣམས་ནི་ཡོངས་སྨིན་བྱེད། །ཚངས་པའི་གནས་པ་ནི་ཚད་མེད་པ་བཞི་སྟེ། བྱམས་པ་དང། སྙིང་རྗེ་དང། དགའ་བ་དང། བཏང་སྙོམས་སོ། །བྱང་ཆུབ་སེཾས་དཔའ་? ་དེ་དག་ཀྱང་མཚན་ཉིད་བཞིར་རིག་པར་བྱ་སྟེ། མི་མཐུན་བའི་ཕྱོགས་སྤངས་པ་དང། གཉེན་པོའི་ཁྱད་པར་དང་ལྡན་པ་དང། དམིགས་པ་རྣམ་པ་གསུམ་ལ་འཇུག་བའི་ཕྱིར་འཇུག་པའི་ཁྱད་པར་ཏེ། འདི་ལྟར་དེ་དག་ནི་སེམས་ཅན་ལ་དམིཌ ་པ་དང། ཆོས་ལ་དམིགས་པ་དང། དམིགས་པ་མེད་པའོ། །ལས་ཀྱི་ཁྱད་པར་ནི། སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའི་ཕྱིར་རོ།། །།སེམས་ཅན་དང། ཆོས་ལ་དམིགས་པ་དག་ཀྱང་སེཾས་ཅན ་གྱི་རིས་སམ། ཆོས་གང་ལ་འཇུག། དམིགས་པ་མེད་པ་དག་ཀྱང་དམིགས་པ་གང་ལ་འཇུག་ཅེ་ན། བརྟན་པ་རྣམས་ཀྱི་དེ་དག་བདེ་འདོད་དང། སྡུག་བསྔལ་གྱི་ཉམས་ཐག་དང་བདེ་བ་དང། ཉོན་མོངས་ཅན་དང་དེ་དག་བསྟན་ཆོས་དང། །དེ་ཡི ་དེ་བཞིན་ཉིད་ལ་རབ་ཏུ་འཇུག། སེམས་ཅན་ལ་དམིགས་པ་ནི་བདེ་བར་འདོད་པ་ནས་སེམས་ཅན་གྱི་ཚོགས་ཉོན་མོངས་པ་ཅན་གྱི་བར་ལ་འཇུག་སྟེ། འདི་ལྟར་བྱམས་པ་ནི་སེམས་ཅན་རྣམས་ལ་བདེ་བ་དང་ལྡན་པའི་རྣམ་པ་ཡིན་ནོ། །སྙིང ་རྗེ་ནི་སྡུག་བསྔལ་དང་བྲལ་བའི་རྣམ་པ་ཡིན་ནོ། །དགའ་བ་ནི་བདེ་བ་དང་མི་འབྲལ་བའི་རྣམ་པ་ཡིན་ནོ། །བཏང་སྙོམས་ནི་ཚོར་བ་དེ་དག་ལ་སེམས་ཅན་རྣམས་ཀྱི་ཀུན་ནས་ཉོན་མོངས་པ་མེད་པར་སྒྲུབ་པའི་རྣམ་པ་ཡིན་ནོ། །ཆོས་ལ་དམིཌ ་པ་ནི། དེ་དག་བསྟན་པའི་ཆོས་ལ་སྟེ། གང་ལ་གནས་པ་དེ་དག་བསྟན་པཱི་ཆོས་ལ་འཇུག་གོ། དམིགས་པ་མེད་པ་ནི་དེ་བཞིན་ན་ཨིད་ལ་འཇུག་པ་སྟེ། དེ་དག་རྣམ་པར་མི་རྟོག་པའི་ཕྱིར་དམིགས་པ་དང་འདྲ་བྱས་ན། དམིགས་པ་མེད་པའོ་གཞན ་ཡང། དེ་དོན་དེ་བཞིན་ཉིད་ཕྱིར་དང། ཞིབ་ཐོབ་བས་དག་ཕྱིར་དང། །ལས་གཉིས་ཉོན་མོངས་ཟད་པའི་ཕྱིར། །བྱམས་པ་དམིགས་པ་མེད་པ་ཡིན། །རྒྱུ་འདི་བཞིས་བྱམས་པ་དམིགས་པ་མེད་པ་ཡིན་པར་རིག?་པར་བྱ་སྟེ། དེ་བཞིན་ཉིད་ལ་དམིགས་པ་དང། མི་སྐྱེ་བའི ་ཆོས་ལ་བཟོད་པ་ཐོབ་པའི་སྒོ་ནས་ཁམས་རྒྱས་པས་དེ་རྣམ་པར་དག་པ་དང། ལས་གཉིས་ཏེ། ལུས་དང་དག་གི་ལས་བྱམས་པའི་རྒྱུ་མཐུན་པས་བསྡུས་པ་གང་ཡིན་པ་དང། ཉོན་མོངས་པ་ཟད་པ་སྟེ། འདི་ལྟར་ཉོན་མོངས་པ་ནི་དམིགས་པར་བཤད ་ཏེ། ཡིད་ཀྱི་རང་བཞིན་གྱི་འདུད་པ་རྣམས་སྤངས་པའི་ཕྱིར་དམིགས་པར་འཆད་དོ་ཞེས་འབྱུང་བའི་ཕྱིར་རོ། །དེ་དག་གཡོ་དང་མི་གཡོ་དང། །ཆགས་པས་རོ་མྱངས་མིན་ཤེས་བྱ། །ཚངས་པའི་གནས་པ་དེ་དག་ཀྱང། །རྣམ་པ་བཞིར་རིག་པར་བྱ་སྟེ། དེ་ལ ་གཡོ་བ་ནི་ཉམས་པའི་སྐལ་བ་ཅན་ཏེ། ཡོངས་སུ་ཉམས་པར་འགྱུར་བའི་ཕྱིར་རོ། །མི་གཡོ་བ་ནི་གནས་པ་དང་ཁྱད་པར་དུ་འགྱུར་བའི་སྐལ་པ་ཅན་ཏེ། ཡོངས་སུ་ཉམས་པར་མི་འགྱུར་པའི་ཕྱིར་རོ། །ཆགས་པས་ཞེས་བྱ་བ་ནི་བདེ་བS་གཡེན་སྤྱོས ་པ་སྟེ། སེམས་རྒྱ་ཆུང་བས་སོ། །རོ་མྱངས་པ་ནི་ཉོན་མོངས་པ་ཅན་ནོ། །རོ་མྱངས་པ་མ་ཡིན་པ་ནི་ཉོན་མོངས་པ་ཅན་མ་ཡིན་པ་ཏེ། འདི་ནི་ཚངས་པའི་གནས་པ་རྣམས་ཀྱི་ཉམས་པའི་སྐལ་པ་ཅན་ལ་སོགས་པའི་རྣམ་པའི་དབྱེ་བ་ཡིན་ནོ། །དེ་དག ་ལས། བྱང་ཆུབ་སེམས་དཔའ་ཨི་མིག་ཡོ་བ། །ཆགས་དང་བྲལ་བ་རབ་ཏུ་གནས། །གཡོ་བ་ལ་ཡང་མ་ཡིན་ལ་རོ་མྱངས་པ་དག་ལ་ཡང་མ་ཡིན་ནོ། །མཉམ་བཞག་ངོ་བོ་ཉིད་མིན་ཆུང། །འབྲིང་དང་དམན་པའི་ས་པ་དང། བསམ་པ་དམན་དང ་ང་རྒྱལ་བཅས། །གང་ཡིན་དེ་དམན་གཞན་ཉིད་ལྷག། འདི་ནི་ཆུང་དུ་དང། །ཆེན་པོའི་དབྱེ་བའོ། །དེ་ལ་ཆུང་དུ་ནི་རྣམ་པ་དྲུག་སྟེ། མཉམ་པར་མ་བཞག་པའི་ངོ་བོ་ཉིད་ཐམས་ཅད་དང། མཉམ་པར་བཞག་པ་ཡང་ཆུང་དུ་དང། །འབྲིང་གང ་དག་ཡིན་པ་ཡང་།གོང་མ་གོང་མའི་བྱང་ཆུབ་སེམས་དཔའ་ཨི་ས་ལ་ལྟོས་ནས་དམན་པའི་ས་པ་གང་དག་ཡིན་པ་དང། ཉན་ཐོས་རྣམས་ཀྱི་བསམ་པ་དམན་པ་དང། ང་རྒྱལ་རང་བཅས་པ་མི་སྐྱེ་བའི་ཆོས་ལ་བཟོད་པ་དང ་བྲལ་བ་གང་དག་ཡིན་པ་དེ་དག་ནི་དམན་པ་སྟེ་ཆུང་དུ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། གཞན་ཉིད་ནི་ལྷག་པའོ་ཞེས་བྱ་བ་ནི་ཇི་སྐད་བཤད་པ་ལས་བཟློག་པ་ནི་ཆེན་པོ་ཡིན་པར་རིག་པར་བྱའོ། །ཚངས་པའི་གནས་པས་གནས་པ ་ཡིན། བློ་ལྡན་རྟག་ཏུ་འདོད་པར་སྐྱེ་།དེས་ནི་ཚོགས་རྣམས་རྫོགས་བྱེད་ཅིང། །སེམས་ཅན་དག་ཀྱང་རྣམ་སྨིན་བྱེད། །ཀུན་ཏུ་ཚངས་དང་མི་འབྲལ་ལ། །དེ་ཡི་མི་མཐུན་ཕྱོགས་དང་བྲལ། །བག་མེད་འགྱུར་ཀྱང་དེ་ཡི་རྐྱེན། །མི་བཟང་བས ་ཀྱང་མི་འགྱུར་རོ། །རྒྱུ་དང་འབྲས་བུ་དང། རྟགས་ཀྱི་དབྱེ་བ་སྟེ། དེ་ལ་ཚངས་པའི་གནས་པ་དག་གིས་གནས་པ་ཞེས་བྱ་བ་ནི་རྒྱུའོ། །འདོད་པའི་སེམས་ཅན་རྣམས་ཀྱི་ནང་ན་སྐྱེའོ་ཞེས་བྱ་བ་ནི་རྣམ་པར་སྨིན་པའི་འབྲས་བུའོ། །ཚོགས ་རྣམས་རྫོགས་པར་བྱེད་དོ་ཞེས་བྱ་བ་ནི་བདག་པོའི་འབྲས་བུའོ། །སེམས་ཅན་དག་ཡོངས་སུ་སྨིན་པར་བྱེད་དོ་ཞེས་བྱ་བ་ནི་སྐྱེས་བུ་བྱེད་པའི་འབྲས་བུའོ། །ཐམས་ཅད་དུ་ཚངས་པའི་གནས་པ་དགེ་དང་མི་འབྲལ་བར་འགྱུར་རོ་ཞེས་བྱ་བ ་ནི་རྒྱུ་མཐུན་པའི་འབྲས་བུའོ། །དེའི་མི་མཐུན་པའི་ཕྱོགས་དང་བྲལ་བ་ཞེས་བྱ་བ་ནི་བྲལ་བའི་འབྲས་བུའོ། །བག་མེད་པར་གྱུར་ཀྱང་ཞེས་བྱ་བ་ནི་མི་མཐུན་པའི་ཕྱོགས་མངོན་དུ་གྱུར་ཀྱང་ངོ། །རྐྱེན་མི་ཐད་པས་ཀྱང་མི་འགྱུར་ཞེས ་བྱ་བ་ནི་རྟགས་སོ། །ཚིགས་སུ་བཅད་པ་གཞན་བཞིས་ནི་སྐྱོན་དང་ཡོན་ཏན་དག་དབྱེ་བ་སྟེ། བྱང་ཆུབ་སེམས་དཔའ་གནོད་སེམས་དང། །རྣམ་འཚེ་མི་དགའ་གནོད་སེམས་དང། འདོད་པའི་འདོད་ཆགས་དང་ལྡན་པ་།ཉེས་དམིགས ་རྣམ་པ་མང་ལ་རེག། ཅེས་བྱ་བ་ནི་སྐྱོན་ཏེ། ཚངས་པའི་གནས་པ་མེད་ན་དེའི་མི་མཐུན་པའི་ཕྱོགས་དང་ལྡན་པའི་ཕྱིར་རོ། །དེ་ལ་གནོད་སེམས་ལ་སོགས་པའི་ནི་གོ་རིམ་བཞིན་དུ། བྱམས་པ་ལ་སོགས་པའི་མི་མཐུན་པའི་ཕྱོགས་ཡིན་ཏེ། གནོད ་སེམས་དང་འདོད་པའི་འདོད་ཆགས་དག་ནི་བཏང་སྙོམས་ཀྱི་ཡིན་ནོ། །ཇི་ལྟར་ཉེས་དམིགས་རྣམ་པ་མང་པོ་ལ་རེག་ཅེ་ན། བཤད་པ། ཉོན་མོངས་རྣམས་ཀྱིས་བདག་འཇོམས་སེམས་ཅན་འཇོམས་ཤིང་ཚུལ་ཁྲིམས་འཇོམས། །ཉམས་བཅས་རྙེད་པས་དམན ་ཞིང་སྲུང་དང་དེ་བཞིན་སྟོན་པས་སྨོད། །བརྩོད་བཅས་མི་སྙན་དེ་ནི་གཞན་དུ་མི་ཁོམ་རྣམས་སུ་སྐྱེ། ཐོབ་དང་མ་ཐོབ་ཉམས་པས་ཡིད་ལ་སྡུག་བསྔལ་ཆེན་པོ་འཐོབ། །དེ་ལ་ཚིགས་དང་པོ་གསུམ་གྱིས་ནི་བདག་ཉིད་ལ་ཡང་གནོད་པར་བྱེད་ལ། གཞན ་ལ་ཡང་གནོད་པར་བྱེད། གཉིས་ག་ལ་ཡང་གནོད་པར་བྱེད་པས་ན་དེ་ནི་ཉེས་དམིགས་ཡིན་པར་སྟོན་ཏེ། ཉམས་པ་དང་བཅས་པ་ལ་སོགས་པ་ཚིག་དྲུག་གིས་ནི་མཐོང་བའི་ཆོས་ཀྱི་ཁ་ན་མ་ཐོ་བ་འཕེལ་ལོ་ཞེས་བྱ་བར་སྟོན་ཏོ། །ཇི་ལྟར་འཕེལ་ཞེ ་ན། འདི་ལ་བདག་ཉིད་དང། གཞན་དག་དང། ལྷ་དང་སྟོན་པ་ཡང་སྨོད་ལ། ཚངས་པ་མཚུངས་པར་སྤྱོད་པ་མཁས་པ་གཞན་དག་ཀྱང་ཆོས་ཉིད་ཀྱིས་རྣམ་པར་སྨོད་དོ། །ཕྱོགས་དང་ཕྱོགས་མཚམས་སུ་ཡང་འདིའི་སྒྲ་དང་ཚིགས་སུ་བཅད་པ་མི ་སྙན་པ་དག་འབྱུང་སྟེ། དེ་ལྟ་བས་ན་འདི་ནི་ཉམས་པ་དང་བཅས་པ་ནས་མི་སྙན་པ་ཞེས་བྱ་བའི་བར་འདིས་གོ་རིམ་བཞིན་དུ་སྟོན་ཏོ། ཚིགས་ལྷག་མ་གསུམ་གྱིས་ནི་གོ་རིམ་བཞིན་དུ་ཚེ་ཕྱི་མ་དང། མཐོང་བའི་ཆོས་དང། ཚེ་ཕྱི་མའི་ཁ་ན་མ ་ཐོ་བ་འཕེལ་ཏེ། དེ་ལས་སྐྱེས་པའི་སེམས་ཀྱི་སྡུག་བསྔལ་དང་།ཡིད་མི་བདེ་བ་སོ་སོར་མྱོང་བར་འགྱུར་བས་འདི་ནི་ཉེས་དམིགས་ཡིན་པར་སྟོན་ཏོ། །ཉེས་པ་འདི་ཀུན་བྱམས་སོགས་ལ། །ལེགས་པར་གནས་ལ་མི་འབྱུང་སྟེ། ཉོན་མོངས་ཅན་མིན ་སེམས་ཅན་གྱི། །དོན་དུ་འཁོར་བ་ཡོངས་མི་གཏོང། །ཞེས་བྱ་བ་ནི་ཚངས་བའི་གནས་པ་དང་ལྡན་པའི་ཡོན་ཏན་རྣམ་པ་གཉིས་སྟོན་ཏེ། ཇི་སྐད་བཤད་པའི་སྐྱོན་མེད་པ་དང། ཀུན་ནས་ཉོན་མོངས་པ་མེད་ཀྱང་སེམས་ཅན་གྱི་ཕྱིར ་འཁོར་བ་ཡོངས་སུ་མི་གཏོང་པའོ། །ཇི་ལྟར་རྒྱལ་བའི་སྲས་རྣམས་སེམས་ཅན་ལ། །བྱམས་པ་ལ་སོགས་སེམས་པ་འདི་འབྱུང་བ?། །སེམས་ཅན་ཐམས་ཅད་ཡོན་ཏན་ལྡན་པ་ཡི། །བུ་གཅིག་པ་ལའང་དེ་ལྟ་མ་ཡིན་ནོ། །ཞེས་བྱ་བ་འདིས་ནི་བྱང ་ཆུབ་སེམས་དཔའ་ཨི་བྱམས་པ་ལ་སོགས་པ་ཆེ་བ་ཉིད་དུ་སྟོན་ཏོ། །སྙིང་རྗེའི་རྣམ་པར་དབྱེ་བ་ལ། དེའི་དམིགས་པའི་རབ་ཏུ་དབྱེ་བ་ལས་བརྩམས་ནས་ཚིགས་སུ་བཅད་པ་གཉིས་ཏེ། རབ་འབར་དགྲ་ཡི་དབང་དུ་སོང། །སྡུག་བསྔལ་གྱིས་ནོན་མུན ་པས་བསྒྲིབས། །བགྲོང་དཀའ་ཨི་ལམ་ལ་ཀུན་ཏུ་ཞུགས། །འཆིང་བ་ཆེ་དང་ཡང་དག་ལྡན། །ཟས་ཆེན་དུག་དང་འདྲེས་ལ་ཞེན། །ལམ་ནི་རབ་ཏུ་སྟོར་གྱུར་པ། །ལམ་གོལ་རབ་ཞུགས་སྟོབས་ཆུང་བའི། །སེམས་ཅན་རྣམས་ལ་སྙིང་རྗེའོ། །དེ་ལ་རབ ་ཏུ་འབར་བཞི་འདོད་པའི་འདོད་ཆགས་ཀྱིས་འདོད་པའི་བདེ་བ་ལ་ཆགས་པ་རྣམས་སོ། །དགྲའི་དབང་དུ་སོང་བ་ནི་དགེ་བ་ལ་ཞུགས་པ་ལ་བདུད་ཀྱི་བར་ཆད་བྱས་པ་རྣམས་སོ། །སྡུག་བསྔལ་གྱིས་ནོན་པ་ནི་སེམས་ཅན་དམྱལ་བ་ལ་སོགས་པར ་སྡུག་བསྔལ་གྱིས་ཟིལ་གྱིས་ནོན་པ་རྣམས་སོ། །མུན་པས་བསྒྲིབས་པ་ནི། ཤེན་པ་ལ་སོགས་པ་གཅིག་ཏུ་ཉེས་པར་སྤྱོད་བ་རྣམས་ཏེ། ལས་ཀྱི་རྣམ་པར་སྨིན་པ་ལ་ཀུན་ཏུ་རྨོངས་པའི་ཕྱིར་རོ། །བགྲོད་དཀའ་བའི་ལམ་ལ་ཀུན་ཏུ་ཞུགས་པ་ནི ་ཡོངས་སུ་མྱ་ངན་ལས་མི་འདའ་བའ་ཨི་ཆོས་ཅན་རྣམས་ཏེ། འཁོར་བའི?་ལམ་གཏན་རྒྱུན་མི་གཅོད་པའི་ཕྱིར་རོ། །འཆིང་བ་ཆེན་པོ་དང་ཡང་དག་པར་ལྡན་པ་ནི། གཞན་མུ་སྟེགས་ཅན་ཐར་པ་ལ་སོགས་ཀུན་ཏུ་ཞུགས་པ་རྣམས་ཏེ། ལྟ་བ་ངན་པ་སྣ ་ཚོགས་ཀྱི་འཆིང་བ་དམ་པོས་བཅིངས་པའི་ཕྱིར་རོ། །ཟས་ཆེན་པོ་དུག་དང་འདྲེས་པ་ལ་ཞེན་པ་ནི། སྙོམས་པར་འཇུག་པའི་བདེན་པ་ལ་ཞེན་པ་རྣམས་ཏེ། དེ་དག་གི་སྙོམས་པར་འཇུག་པའི་བདེ་བ་ཉོན་མོངས་པ་ཅན་ནི། །དཔེར་ན་ཁ་ཟས་ཞིམ་བོ ་དུག་དང་འདྲེས་པ་དང་འདྲ་སྟེ། དེ་ལས་རབ་ཏུ་ཉམས་པར་འགྱུར་བའི་ཕྱིར་རོ། །ལམ་རབ་ཏུ་སྟོར་པ་ནི་མངོན་པའི་ང་རྒྱལ་ཅན་རྣཾས་ཏེ། ཐར་པའི་ལམ་ནོར་པའི་ཕྱིར་རོ། །ལམ་གོལ་བ་ལ་རབ་ཏུ་ཞུགས་པ་ནི། །མ་ངེས་པ་ཐེག་པ་དམན་པ་ལ་རབ་ཏུ ་ཞུགས་པ་རྣམས་སོ། །སྟོབས་ཆུང་བ་ནི་བྱང་ཆུབ་སེམས་དཔའ་ཚོགས་ཡོངས་སུ་མ་རྫོགས་པ་རྣམས་ཏེ། དེ་ལྟར་ན་སེམས་ཅན་རྣམ་པ་བཅུ་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་ཨི་སྙིང་རྗེའི་དམིགས་པ་ཡིན་ནོ། །སྙིང་རྗེའི་འབྲས་བུ་ལྔ་བསྟན་པའི་ཚིཌ ་སུ་བཅད་པ། འཚེ་སྤངས་བྱང་ཆུབ་མཆོག་གི་ས་བོན་དང། བདེ་བ་བསྐྱེད་དང་གདུང་བྱེད་འདོད་པའི་རྒྱུ། །ངོ་བོ་ཉིད་སྦྱིན་ཆོས་ལ་བརྟན་པ་ཡི། །རྒྱལ་བའི་སྲས་ལ་བྱང་ཆུབ་ཐག་མི་རིང། །དེ་ལ་ཆེ་བ་སྤངས་པ་ཉིད་ཀྱིས་ནི་དེའི་མི་མཐུན་པའི ་ཕྱོགས་རྣམ་པར་འཚེ་བ་སྤངས་པའི་ཕྱིར་བྲལ་བའི་འབྲས་བུ་བསྟན་ཏེ། བྱང་ཆུབ་མཆོག་གི་ས་བོན་ཉིད་ཀྱིས་བདག་པོའི་འབྲས་བུའོ། །གོ་རིམ་བཞིན་དུ་གཞན་དང་བདག་ཉིད་ལ་བདེ་བ་བསྐྱེད་བ་དང། གདུང་བར་བྱེད་པར་ཉིད་ཀྱིས་ནི་སྐྱེས ་བུ་བྱེད་པའི་འབྲས་བུའོ། །འདོད་པའི་རྒྱུ་ཉིད་ཀྱིས་ནི་རྣམ་པར་སྨིན་པའི་འབྲས་བུའོ། །ངོ་བོ་ཉིད་སྦྱིན་པ་ཉིད་ཀྱིས་ནི་རྒྱུ་མཐུན་པའི་འབྲས་བུ་སྟེ། མ་འོངས་པ་ན་འབྲས་བུ་སྙིང་རྗེ་ཁྱད་པར་དུ་འཕགས་པ་སྦྱིན་པའི་ཕྱིར་རོ། །དེ་ལྟར་ན་རྣམ་པ་ལྔ་པོའི ་སྙིང་རྗེ་ལ་བརྟེན་ནས་སངས་རྒྱས་ཉིད་ཐག་མི་རིང་བར་རིག་པར་བྱའོ། །འཁོར་བ་དང་མྱ་ངན་ལས་འདས་པ་ལ་མིག་ནས་པ་ཉིད་ཀྱི་ཚིགས་སུ་བཅད་པ། སྙིང་རྗེ་བློ་མཆོག་འཁོར་བར་གཏོགས་པ་ཡི། །སྡུག་བསྔལ་བདག་ཉིད་ཀུན་དང་བདག་མེད་པའང།། ་རྣམ་པར་ཤེས་ནས་སྐྱོ་བར་མི་འགྱུར་ཞིང། །ཉེས་པར་རབ་ཏུ་གནོད་བར་ཡང་མི་འགྱུར་རོ། །བྱང་ཆུབ་སེམས་དཔའ་འཁོར་བར་གཏོགས་པ་ཐམས་ཅད་ཡང་དག་པ་ཇི་ལྟ་བ་བཞིན་ཡོངས་སུ་ཤེས་ནས་སྙིང་རྗེ་དང་ལྡན་པའི་ཕྱིར ་སྐྱོ་བར་ཡང་མི་འགྱུར་ལ། །བློ་མཆོག་དང་ལྡན་པའི་ཕྱིར་ཉེས་པ་དག་གིས་གནོད་པར་ཡང་མི་འགྱུར་རོ། །དེ་ལྟར་ན་མྱ་ངན་ལས་འདས་པ་ལ་ཡང་མི་གནས་ལ། །འཁོར་བ་ལ་ཡང་གནས་པར་མ་འགྱུར་ཏེ། གོ་རིམ་བཞིན་ནོ། །འཁོར་བ་ཡོངས་སུ ་ཤེས་པའི་ཚིགས་སུ་བཅད་པ། །འཇིག་རྟེན་སྡུག་བསྔལ་བདག་ཉིད་ལྟ་བ་ཡི། །བརྩེ་དང་ལྡན་པས་སྡུག་བསྔལ་དེ་དང་ནི། །དེ་ཡོངས་སྤངས་པའི་ཐབས་ཀྱང་ཇི་བཞིན་རིག་།ཉམས་ད?་བར་བྱེད་སྐྱོ་བར་ཡང་མི་འགྱུར། །དེ་ཡང་ཇི་བཞིན་དུ་རིག་གོ་།ཞེས ་བྱ་བ་ནི་སྡུག་བསྔལ་ཡང་དག་པ་ཇི་ལྟ་བ་བཞིན་དུ་སྟེ། གང་གིས་ན་སྡུག་བསྔལ་དེ་འགག་པར་འགྱུར་བ་སྡུག་བསྔལ་ཡོངས་སུ་སྤངས་པའི་ཐབས་ཀྱང་རིག་གོ། ཉམས་ད་བར་བྱེད་ཅེས་བྱ་བ་ནི་སྙིང་རྗེ་བར་བྱེད་པའོ། །འདིས་ནི་བྱང་ཆུབ་སེཾས ་དཔའ་འཁོར་བའི་སྡུག་བསྔལ་དང་དེ་ཡོངས་སུ་སྤངས་པའི་ཐབས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་ཀྱང་སྙིང་རྗེའི་ཁྱད་པར་གྱིས་སྐྱོ་བར་མི་འགྱུར་རོ། །ཞེས་བྱ་བར་རབ་ཏུ་སྟོན་ཏོ། །སྙིང་རྗེའི་རབ་ཏུ་དབྱེ་བའི་ཚིགས་སུ་བཅད་པ་གཉིས་ཏེ། ་སྙིང་རྗེའི་བདག་ཉིད་ཅན་གྱི་བརྩེ་བ་འདི། །རང་བཞིན་དང་ནི་སོ་སོར་བརྟགས་པ་དང། དེ་སྔོན་གོམས་བར་བྱས་དང་ལྡན་པ་དང། །མི་མཐུན་ཕྱོཌ་ཉཾས་རྣམ་དག་ཐོབ་པ་བཞི། །འདི་ནི་གོ་རིམ་བཞིན་དུ་རིགས་ཀྱི་ཁྱད་པར་དང། ཡོན་ཏན ་དང། སྐྱོན་ཡོངས་སུ་བརྟགས་པ་དང། ཚེ་རབས་གཞན་ན་ཡོངས་སུ་གོམས་པ་དང། འདོད་ཆགས་དང་བྲལ་བ་ཐོབ་པའི་སྒོ་ནས་རིག་པར་བྱ་སྟེ་།དེའི་མི་མཐུན་པའི་ཕྱོགས་རྣམ་པར་འཚེ་བ་སྤངས་ན་རྣམ་པར་དག་པ་འཐོབ་པས་དེ? ་ལྟར་ན་འདོད་ཆགས་དང་བྲལ་བ་ཐོབ་པའི་སྒོ་ནས་ཡིན་ནོ། །མཉམ་དང་རྟག་མིན་ལྷག་པའི་བསམ་པས་མིན། །སྒྲུབ་པའི་སྒོ་དང་འདོད་ཆགས་དང་བྲལ་བ་དང། །མི་དམིགས་པས་མིན་གང་དེ་བརྩེ་མིན་ཏེ། དེ་བཞིན་བརྩེ་མེད་གང་དེ་བྱང་ཆུབ་མིན། །དེ་ལ་མཉམ ་བ་ནི་སེམས་ཅན་བདེ་བ་ལ་སོགས་པ་ལ་སྟེ། གང་ཅུང་ཟད་ཅི་ཚོར་བ་དེ་ནི་འདིར་སྡུག་བསྔལ་བའོ་ཞེས་བྱ་བར་རིག་པས་སོ། །རྟག་བ་ནི་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པ་ན་ཡང་དེ་མི་ཟད་པའི་ཕྱིར་རོ། །ལྷག་པའི་བསམ་པས་ནི་ས ་ལ་ཞུགས་པ་རྣམས་ཀྱི་སྟེ། བདག་དང་གཞན་མཉན་པ་ཉིད་ཀྱི་བསམ་པ་ཐོབ་པའི་ཕྱིར་རོ། །སྒྲུབ་པའི་སྒོ་ནས་ནི་སྡུག་བསྔལ་ལས་ཡོངས་སུ་སྐྱོ་བར་བྱེད་པས་སོ། །འདོད་ཆགས་བྲལ་བས་ནི་དེའི་མི་མཐུན་པའི་ཕྱིར?་རྣམ་པར་འཚེ་བ་སྤངས་པའི ་ཕྱིར་རོ། །མི་དམིགས་པས་ནི་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པའི་ཕྱིར་རོ། །སྙིང་རྗེ་ཤིང་དང་འདྲ་བའི་ཆིགས་སུ་བཅད་པ་ལ་སྟེ། སྙིང་རྗེ་དང་ནི་བཟོད་དང་སེམས་པ་དང། །སྨོན་ལམ་སྐྱེ་བ་སེམས་ཅན་ཡོངས་སྨིན་བྱེད། །དང་པོ་རྩ་བ་ཐ་མ་འབྲས ་མཆོག་དང། འདི་ནི་སྙིང་རྗེའི་ལྗོན་ཤིང་ཆེན་པོ་ཡིན། །ཞེས་བྱ་བ་འོད་ནི་རྩ་བ་དང། སྙིང་པོ་དང། ཡལ་ག་དང། ལོ་མ་དང། མེ་ཏོག་དང། །འབྲས་བུའི་གནས་སྐབས་པའི་སྙིང་རྗེའི་ཤིང་ཡིན་པར་རིག་པར་བྱ་སྟེ། དེའི་རྩ་བ་ནི་སྙིང་རྗེའོ། །སྡོང་པོ་ནི ་བཟོད་པའོ། །ཡལ་ག་ནི་སེམས་ཅན་གྱི་དོན་ལ་སེམས་པའོ། །ལོ་མ་ནི་སྐྱེ་བ་བཟང་པོ་དག་ཏུ་སྨོན་པའོ། །མེ་ཏོག་ནི་སྐྱེ་བ་བཟད་པོའོ། །འབྲས་བུ་ནི་སེམས་ཅན་ཡོངས་སུ་སྨིན་པ་བྱེད་པའོ། །རྩ་བ་སྙིང་རྗེ་མེད་གྱུར་ན། །དཀའ་སྤྱོད་བཟོད་པ་ཉིད་མི་འགྱུར ་བློ་ལྡན་སྡུག་བསྔལ་མི་བཟོད་ན། །སེམས་ཅན་དོན་སེམས་ཉིད་མི་འགྱུར། །སེམས་པ་དང་ནི་བྲོལ་བའི་བློ། །སྐྱེ་བ་དཀར་པོ་རྣམ་དག་ཏུ། སྨོན་ལས་འདེབས་པར་མི་འགྱུར་རོ། །སྐྱེ་བ་བཟང་པོ་མ་ཐོབ་ན། །སེམས་ཅན་ཡོངས་སྨིན་བྱེད་མི་བ་བྱུང། །ཚིཌ་ ་བཅད་བ་འདི་གཉིས་ཀྱིས་ནི་སྔ་མ་ལས་ཕྱི་མ་སྐྱེ་བ་དང། ཆོས་མཐུན་པཱི་ཕྱིར་སྙིང་རྗེ་ལ་སོགས་པ་ལ་རྩ་བ་ལ་སོགས་པའི་དངོས་བོར་སྒྲུབ་བར་བྱེད་དོ། །སྙིང་རྗེའི་ཆུབ་བྱམས་པ་སྟེ། །དེ་སྡུག་བསྔལ་ན་བདེ་བ་ཡིས། །སངས་རྒྱས་ཚུལ་བཞིན ་ཡིད་བྱེད་པས། །ཡལ་ག་རྒྱ་ཆེན་འཕེལ་བ་དང། །སྨོན་ལམ་རྒྱུན་མི་མ་བཅད་པས། །ལོ་མ་འདོར་ལེན་རྐྱེན་རྣམས་གཉིས། །གྲུབ་པ་དེ་ཕྱིར་མེ་ཏོག་དང་འབྲས་བུ་དོན་ཡོད་ཤེས་པར་བྱ། །ཚིགས་སུ་བཅད་པ་འདི་གཉིས་ཀྱིས་ནི་སྙིང་རྗེའི་ཤིང ་གི་རྩ་བ་དང་ཆུ་བ་ལ་སོགས་པ་དང་ཆོས་མཐུན་པར་སྟོན་པར་བྱེད་དེ། །སྙིང་རྗེ་ནི་རྩ་བ་ཡིན་པར་བཤད་དོ། །དེའི་ཆུ་བ་ནི་བྱམས་པ་སྟེ། ངེས་དེ་རྒྱས་པར་བྱེད་པའི་ཕྱིར་རོ། །བྱམས་པའི་སེམས་དང་ལྡན་པ་ནི། །གཞན་སྡུག་བསྔལ་བས ་སྡུག་བསྔལ་བར་འགྱུར་ཏེ། ངེས་ན་བྱང་ཆུབ་སེམས་དཔའ་སེམས་ཅན་གྱིས་དོན་ལ་ཞུགས་པ་ལ་སྙིང་རྗེའི་སྒོ་ནས་སྡུག་བསྔལ་སྐྱེ་བ་གང་ཡིན་པ་དེ་ལས་བདེ་བ་སྐྱེས་པས་སྤངས་པ་རྒྱས་པར་འགྱུར་ཏེ། བཟོད་པ་རྒྱས་པར་འགྱུར ་ཞེས་བྱ་བའི་ཐ་ཚིག་གོ་།དེ་ནི་སྡོང་ཕོར་བཤད་དེ། སྡོང་པོ་ནི་སྤངས་པ་ཡིན་ནོ། །ཐེག་པ་ཆེན་པོ་ལ་ཚུལ་བཞིན་ཡིད་ལ་བྱེད་པ་རྣམ་པ་མང་པོས་ཡལ་ག་འཕེལ་བར་འགྱུར་ཏེ། སེམས་བ་ནི་ཡལ་ག་ཞེས་བཤད་དོ། །སྔ་མ་དང་ཕྱི་མ་འགག་པ་དང ་སྐྱེ་བའི་རིམ་གྱིས་སྨོན་ལམ་གྱིས་རྒྱུན་མ་བཅད་པས་སྨོན་ལམ་རྣམས་ལོ་མ་འདོར་བ་དང། ལེན་པ་དང་ཆོས་མཐུན་པར་རིག་བར་བྱའོ། །ནང་གི་རྐྱེན་གྲུབ་པ་སྟེ། རང་གི་རྒྱུད་ཡོངས་སུ་སྨིན་པ་ལས་མེ་ཏོག་ལྟ་བུའི་སྐྱེ་བ་དོན་ཡོད་པར་རིག ་པར་བྱའོ། །ཕྱིའི་རྐྱེན་ཡོངས་སུ་གྲུབ་པ་སྟེ། གཞན་གྱི་རྒྱུད་ཡོངས་སྨིན་པ་ལས་འབྲས་བུ་ལྟ་བུ་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་དོན་ཡོད་པར་རིག་པར་བྱའོ། །སྙིང་རྗེའི་ཕན་ཡོན་གྱི་ཚིགས་སུ་བཅད་པ། །སྙིང་རྗེ་ཆེན་པོ་ཡོན་ཏན་འབྱུང་? ་གྱིས་སེམས་ཅན་རྣམས་ལ་སྙིང་རྗེ་སུ་མི་བྱེད། །འདི་ལྟར་འདི་དག་ལ་ནི་སྡུག་བསྔལ་ཡང། །བརྩེས་བསྐྱེད་བདེ་བ་གཞལ་དུ་མེད་པ་འབྱུང། །འདིར་སྙིང་རྗེ་ཆེན་པོའི་ཡོན་ཏན་ནི་ཕྱེད་འོག་མས་བསྟན་ཏེ། ལྷག་མ་མངོན་གོ་བར་ཟད་དེ། །སྙིང་རྗེའི་ཆགས་པ་མེད ་པའི་ཚིགས་སུ་བཅད་པ། སྙིང་རྗེས་ཟིན་པའི་བརྩིར་ལྡན་རྣམས། །ཞི་ལའང་ཡིད་ནི་མི་གནས་ན། །འཇིག་རྟེན་བདེ་དང་རང་སྲོག་ལ། །ཆགས་བར་འགྱུར་བ་སྨོས་ཅི་དགོས། །འཇིག་རྟེན་ཐམས་ཅད་ནི་འཇིག་རྟེན་གྱི་བདེ་བ་དང། །རང་གི་སྲོགས་ལ་ཆགS ་སོ། །དེ་ལ་ཡང་ཆགས་བ་མེད་པ་ཉན་ཐོས་དང། རང་སངས་རྒྱས་རྣམས་ནི་སྡུག་བསྔལ་ཐམས་ཅད་ཉེ་བར་ཞི་བ་མྱ་ངན་ལས་འདས་པ་ལ་གནས་སོ། །བྱང་ཆུབ་སེམས་དཔའ་རྣམས་ནི་སྙིང་རྗེས་ཟིན་པའི་ཕྱིར་མྱ་ངན་ལས་འདས་པ་ལ་ཡང་ཡིད་མི ་གནས་ན། དེ་དག་ལ་ཆཌ་པར་འགྱུར་བ་ལྟ་སྨོས་ཀྱང་ཅི་དགོས། །སྙིང་རྗེས་བྱམས་པ་ཁྱེད་པར་དུ་འཕགས་པའི་ཚིགས་སུ་བཅད་པ་གསུམ་སྟེ། ཁ་ན་མ་ཐོ་མེད་པའི་བྱམས་པ་གང། །དེ་ནི་ཡོད་མིན་འཇིག་རྟེན་པ་ཡང་མིན། །བློ་ལྡན་རྣམས་ཀྱི་བརྩེ་བས ་བྱམས་པ་ནི། །ཁ་ན་མ་ཐོ་མེད་ཅིང་འཇིག་རྟེན་འདས། །ཕ་མ་ལ་སོགས་པའི་བྱམས་པ་ནི་སྲེད་པའི་རང་བཞིན་དང། ཁ་ན་མ་ཐོ་བ་དང་བཅས་པའོ། །འཇིག་རྟེན་པའི་སྙིང་རྗེས་གནས་པ་རྣམས་ཀྱི་ཁ་ན་མ་ཐོ་བ་མེད་ཀྱང། །འཇིག་རྟེན་པ་ཡིན་ནོ། །བྱང ་ཆུབ་སེམས་དཔའ་རྣམས་ཀྱི་བྱམས་པ་ནི་སྟོང་རྗེའི་རང་བཞིན་དང། ཁ་ན་མ་ཐོ་བ་མེད་པ་དང། འཇིག་རྟེན་ལས་འདས་པ་ཡིན་ནོ། །ཇི་ལྟར་ཁ་ན་མ་ཐོ་བ་མེད་པ་ཡིན་ཞེ་ན། སྡུག་བསྔལ་དབའ་རྒལ་ཆེ་དང་མེ་ཤེས་པའི། །མུན་བ་ཆེ་ལ་རྟེན་པར་གྱུར་པ་ཡི། ། ་འཇིག་རྟེན་འདྲེན་པའི་ཐབས་གང་ཡིན་པ་དེ། །ཇི་ལྟར་ཁ་ན་མ་ཐོ་མེད་མི་འགྱུར། །སྡུག་བསྔལ་གྱི་དབའ་རྒལ་ཆེན་བོ་དང། མི་ཤེས་པའི་མུན་པ་ཆེན་པོ་ལ་ཞེས་བྱ་བར་སྦྱར་ཏེ། ལྷག་མ་ནི་དོན་གོ་བར་ཟད་དོ། །ཇི་ལྟར་ན་འཇིག་རྟེན་ལས་འདས་པ ་ཡིན་ཞེ་ན། འཇིག་རྟེན་བྱང་ཆུབ་རང་སངས་རྒྱས་པ་ཡི་།དགྲ་བཅོམ་རྣམས་ལ་བྱམས་པ་དེ་མེད་ན། །དེ་ལས་གཞན་ལ་སྨོས་ཀྱང་ཅི་དགོས་པ། །ཇི་ལྟར་འཇིག་རྟེན་འདས་པ་མ་ཡིན་འགྱུར། །བྱང་ཆུབ་སོ་སོར་སངས་རྒྱས ་པ་ནི། །བྱང་ཆུབ་རང་སངས་རྒྱས་པ་རྣམས་སོ། །ལྷག་མ་ནི་དོན་གོ་བར་ཟད་དོ། །སྐྲག་པ་ལ་མངོན་པར་དགའ་བའི་རྒྱུ་མཚན་གྱིས་ཚིགས་སུ་བཅད་པ་བྱང་ཆུབ་སེམས་དཔའ་སྡུག་བསྔལ་མེད། །བརྩེ་བས་སྡུག་བསྔལ་འགྱུར་བ་གང། །དེ་ལ་དང་བོར ་ཀུན་ཏུ་སྐྲག། །རེག་ནས་ཤིན་ཏུ་མངོན་པར་དགའ་། །སྡུག་བསྔལ་མེད་ཅེས་བྱ་བ་ནི། །སེམས་ཅན་རྣམས་ལ་སྡུག་བསྔལ་མེད་པར་བྱ་བའི་ཕྱིར་རོ། །བྱང་ཆུབ་སེམས་དཔའ་རྣམས་ལ་སྙིང་རྗེས་སྡུག་བསྔལ་སྐྱེ་བ་གང་ཡིན་པ་དེ་ལ་དང ་པོར་ནི་ཀུན་ཏུ་སྐྲག་པར་འགྱུར་ཏེ། མོས་པས་སྤྱོད་པའི་ས་ལ་བདག་དང་གཞན་མཉམ་པ་ཉིད་ཀྱིས་སྡུག་བསྔལ་ལ་ཡང་དག་པ་ཇི་ལྟ་བ་བཞིན་མ་རེག་པའི་ཕྱིར་རོ། །ལྷག་པའི་བསམ་པ་རྣམ་པར་དག་པའི་ས་ལ་རེག་ནས་ནི་ཤིན་ཏུ་མངོན ་པར་དགའ་ཨོ། །སྙིང་རྗེའི་སྡུག་བསྔལ་གྱིས་བདེ་བཟིལ་གྱིས་གནོན་པའི་ཚིགས་སུ་བཅད་པ། བརྩེ་བས་བསྐྱེད་པའི་སྡུག་བསྔལ་འཇིག་རྟེན་གྱི། །བདེ་བ་ཐམས་ཅད་ཟིལ་གྱིས་གནོན་འགྱུར་ཞིང། །དོན་བྱས་རྣམས་ཀྱང་དེ་དང་མི་ལྡན་གང ་དེ་ལས་ངོ་མཚར་ཆེ་བ་ཅི་ཞིག་ཡོད། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྙིང་རྗེས་བསྐྱེད་པའི་སྡུག་བསྔལ་ཉིད་འདི་ལྟར་འཇིག་རྟེན་པའི་བདེ་བ་གང་ཡིན་པ་ཐམས་ཅད་ཟིལ་གྱིས་གནོན་བདེ་ལྟ་བུའི་བདེ་བར་འགྱུར་ཞིང། དགྲ་བཅོམ་པ་དོན་བྱས ་པ་རྣམས་བྱང?་བདེ་བ་དེ་དད་མི་ལྡན་ན་གཞན་དག་ལྟ་སྨོས་ཀྱང་ཅི་དགོས་པ་གང་ཡིན་པ་དེ་ལས་ངོ་མཚར་ཆེ་བ་ནི་མེད་དོ། །སྙིང་རྗེས་བྱས་པའི་སྦྱིན་པའི་ཕན་ཡོན་གྱི་ཚིགས་སུ་བཅད་པ། བསྟན་པའི་བརྩེ་དང་ལྡན་པའི་སྦྱིན་བ་ཡིས།། ་སྦྱིན་པའི་བདེ་བ་བྱེད་བ་གང་ཡིན་པ། །དེ་ལ་ཁམས་གསུམ་ཉེ་བར་སྤྱད་རྣམས་ཀྱི། །བདེ་བ་དེ་ཡིས་ཆར་ཡང་མི་ཕོག་དོ། །བདེ་བ་དེ་ལ་འཇིག་རྟེན་གསུམ་གྱི་བདེ་པཱི་ཉེ་བར་སྤྱད་བ་རྣམས་ཀྱིས་བདེ་བ་བྱས་པ་གང་ཡིན་པ་ངེས་ཀྱང་ཆར་ཡང་མི་ཕོད་དོ་ཞེས་བྱ་བ ་འདི་ནི་ཕྱེད་འོག་མའི་དོན་ཡིན་ཏེ། ལྷག་མ་ནི་དོན་གོ་བར་ཟད་དོ། །བརྩེ་བས་སྡུག་བསྔལ་ཁས་ལེན་པའི་ཚིགས་སུ་བཅད་པ། །སེམས་ཅན་དོན་ཕྱིར་བརྩེ་བས་སྡུག་བསྔལ་གྱི། །རང་བཞིན་འཁོར་བ་གང་ཡིན་མི་གཏོང་ན། །སྙིང་རྗེ་ཅན་རྣམས་གཞན་ལ ་ཕན་པའི་ཕྱིར། །སྡུག་བསྔལ་ཅིས་ཏེ་ཁས་ལེན་བྱེད་མི་འགྱུར། །སྡུག་བསྔལ་ཐམས་ཅད་ནི་འཁོར་བའི་སྡུག་བསྔལ་གྱི་ཁོང་དུ་གཏོགས་ཏེ། དེས་ཁས་བླངས་པས་སྡུག་བསྔལ་ཐམས་ཅད་ཁས་བླངས་པར་འགྱུར་རོ། །གསུམ་དང་དེ་དག་གི་འབྲས ་བུ་འཕེལ་བའི་ཚིགས་སུ་བཅད་པ། བརྩེ་དང་ལྡན་པའི་སྙིང་རྗེ་སྦྱིན་བ་དང། །ལོངས་སྤྱོད་དང་ནི་དེ་ལས་བྱས་པ་དང། །རྗེས་སུ་བཟུང་བས་བསྐྱེད་དང་དེ་ཡི་མཐུས། །བྱས་པའི་བདེ་བརྟག་ཏུ་འཕེལ་བར་འགྱུར། །བྱང་ཆུབ་སེམས་དཔའ་རྣམS་ལ་འཚེ་རབས། ་ཐམས་ཅད་དུ་གསུམ་འཕེལ་བར་འགྱུར་ཏེ། སྙིང་རྗེ་ལ་གོམས་པས་སྙིང་རྗེ་དང། སྙིང་རྗེའི་དབང་གིས་སྦྱིན་བ་དང། སྦྱིན་པའི་དབང་གིས་ལོངས་སྤྱོད་དག་གོ། གསུམ་པོ་དེ་དག་ལས་ཀྱང་འབྲས་བུ་བདེ་བ་རྣམ་པ་གསུམ་འབྱུང་སྟེ། སྙིང་རྗེ་ལས་བྱམས་བS ་བསྐྱེད་པ་དང། སྦྱིན་པ་ལས་སེམས་ཅན་རྗེས་སུ་འཛིན་པས་བསྐྱེད་པ་དང། ལོངས་སྤྱོད་དག་ལས་དེ་རྗེས་སུ་འཛིན་པར་བྱེད་པའི་མཐུས་བྱས་པའོ། །སྦྱིན་པ་ལ་སྤྲོ་བར་བྱ་བའི་ཚིགས་སུ་བཅད་པ། སྙིང་རྗེས་རྒྱས་བར་བྱ་ཞིང་འཕེལ་བར་བྱ། །སྦྱིན་པས་ཡོངས ་སྨིན་བྱ་ཞིང་བདེ་བར་བྱ། །ཀུན་ཏུ་དྲང་བར་བྱ་ཞིང་བཀྲི་བྱ་ཞེས། །ཞན་པ་རྣམས་ལ་རབ་ཏུ་སྨྲ་དང་འདྲ། །སྦྱིན་པ་ལ་ཞན་པ་རྣམས་ལ་ཞེས་བྱ་བར་སྦྱར་ཏེ། སྙིང་རྗེ་ནི་ཡོན་ཏན་དྲུག་པོ་ངོ་བོ་ཉིད་རྒྱས་པ་དང། ལོངས་སྤྱོད་དག་གིས་དེ་སྦེལ་བ་དང། སྦྱིན་པས ་སེམས་ཅན་སྨིན་པར་བྱ་བ་དང། སྦྱིན་པ་བོའི་བདེ་བ་སྐྱེད་བ་དང། བྱང་ཆུབ་ཆེན་པོའི་ཚོགས་ཀུན་ཏུ་འདྲེན་པ་དང། བྱང་ཆུབ་ཆེན་པོ་དང། ཉེ་བར་ཁྲིད་པས་བྱང་ཆུབ་སེམས་དཔའ་སྦྱིན་པ་ལ་ཞན་པ་རྣམས་ལ་སྤྲོ་བ་བསྐྱེད་པ་དང་འདྲའོ། །གཞན ་བདེ་བས་བདེ་བ་ཉམས་སུ་མྱོང་བའི་ཚིགས་སུ་བཅད་པ། །སྙིང་རྗེས་སྡུག་བསྔལ་དག་གིས་སྡུག་བསྔལ་བ། །བདེ་བ་སྐྱེད་པར་གང་གིས་བདེ་བར་འགྱུར། །དེ་ཕྱིར་བརྩེ་དང་ལྡན་པས་གཞན་བདེ་བ། །བསྐྱེད་ནས་བདག་ཉིད་བདེ་བར?་བྱེད་པ་ཡིན། །བྱང་ཆུབ ་སེམས་དཔའ་སྙིང་རྗེས་གཞན་གྱི་སྡུག་བསྔལ་དག་གིས་སྡུག་བསྔལ་བ་དེ་ཇི་ལྟར་སེམས་ཅན་རྣམས་ལ་བདེ་བ་མ་བསྐྱེད་པར་བདེ་བར་འགྱུར། །དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་ནི་གཞན་དག་ལ་བདེ་བ་བསྐྱེད་ནས་བདག་ཉིད་བདེ་བར་བྱེད ་པ་ཁོ་ནའོ་ཞེས་བྱ་བར་རིག་པར་བྱའོ། །བརྩ་བས་སྦྱིན་བ་ལ་རྗེས་སུ་སྟོན་བའི་ཚིགས་སུ་བཅད་པ་དྲུག་སྟེ། སྙིང་རྗེ་ཅན་ནི་རྟག་ཏུ་རང་སྦྱིན་ལ། །སྟོན་དང་འདྲ་སྟེ་རང་བདེ་མི་འདོད་པ། །ལོངས་སྤྱོད་རྣམས་ཀྱི་ས་གཞན་དག་བདེ་བར་གྱིས། །ཡང་ན་ཐ ་དད་མིན་བདེ་བདག་ལ་འང་མིན། །སྙིང་རྗེ་ཅན་བདེ་བ་ནི་གཞན་གྱི་བདེ་བ་མེད་ན་མེད་དེ། དེ་ལྟ་བས་ན་བདེ་བ་ཐ་དད་པ་མ་ཡིན་པའི་ཕྱིར་རོ། །བྱང་ཆུབ་སེམས་དཔའ་ནི་དེ་མེད་པར་བདག་ཉིད་སྦྱིན་པའི་འབྲས་བུ་བདེ་བ་མི་འདོད་དོ། །དེ་བདེས་བདེ ་བ་བདག་གིས་སྦྱིན་པ་ནི། །འབྲས་དང་བཅས་ཏེ་སེམས་ཅན་རྣམས་ལ་བྱིན། །གལ་ཏེ་ཁྱོད་ཀྱིས་བདག་ལ་བྱ་བ་ཡོད། །དེ་དག་ཉིད་ལ་ཤིན་ཏུ་འབྲས་བུར་བྱོས། །གང་ཕྱིར་དེ་དག་བདེ་བ་ཉིད་བདག་གི་བདེ་བ་ཡིན་པས་སྦྱིན་པ་བྱིན་བར ་བྱེད་བ་དག་གིས་སྦྱིན་པ་དང། སྦྱིན་པའི་འབྲས་བུ་དེ་སེམས་ཅན་རྣམས་ལ་སྦྱིན་བ་དེའི་ཕྱིར་འབྲས་བུར་བྱ་བ་ཇི་སྙེད་ཡོད་པ་ཐམས་ཅད་དེ་དག་པོ་ན་ལ་འབྲས་བུ་གྱིས་ཤིག་ཅེས་བྱང་ཆུབ་སེམས་དཔའ་སྙིང་རྗེས་སྦྱིན་པ་ལ་རྗེས་སུ་སྟོན་ཏོ། ། ་སྦྱིན་པ་བོ་ནི་ལོངས་སྤྱོད་མི་འདོད་ཀྱང། །ལོངས་སྤྱོད་ཤིན་ཏུ་མངལ་བཟང་དང་ཕྲད། །བདག་ནི་བདེ་བ་དེ་འདོད་མ་ཡིན་ཏེ། །འདི་ལྟར་བདག་ནི་སྦྱིན་བ་རྒྱུད་དང་ལྡན། །སྦྱིན་པ་པོ་ལོངས་སྤྱོད་ལ་རྒྱབ་ཀྱིས་ཕྱོགས་པ་ལ་ལོངས་སྤྱོད་ཤིན་ཏུ་མང་པོ་དང། ཤིན་ཏུ ་བཟང་པོ་དག་ཉེ་བར་གནས་ཏེ། སེམས་རྒྱ་ཆེ་བའི་ཕྱིར་དེ་ནི་ཆོས་ཉིད་ཡིན་ནོ། །བདག་ནི་ལོངས་སྤྱོད་དག་དེ་ལྟར་ཉེ་གནས་པའི་བདེ་བ་གང་ཡིན་པ་དེ་ནི་མི་འདོད་དེ། །འདི་ལྟར་བདག་ནི་དེ་རྒྱུན་ཆགས་པར་འདོད་པའི་ཕྱིར་སྦྱིན་པ་ལ་བརྒྱུད་པ་དང་ལྡན་བ ་ཡིན་གྱིས་བདེ་བ་ལ་ནི་མ་ཡིན་ནོ། །བདག་ནི་རྟག་ཏུ་བརྩེ་བས་བདོག་བ་ཀུན། །ཡོངས་སུ་གཏོང་བ་གང་ཡིན་དེ་ལྟོས་ལ། །དེས་ན་ཁྱོད་ཀྱིས་བདག་ནི་དེའི་འབྲས་ལ། །དོན་གཉེར་མེད་པ་ཉིད་དུ་ཤེས་པར་བྱ། །བདག་ནི་རྟག་ཏུ་སྙིང་རྗེས་སྦྱིན་པའི ་འབྲས་བུ་ཐམས་ཅད་ཡོངས་སུ་གཏོང་བ་དེ་ཉིད་ཀྱི་ཕྱིར་ཁྱོད་ཀྱི་བདག་ལ་སྦྱིན་པའི་འབྲས་བུ་དོན་དུ་གཉེར་བ་ཉིད་དུ་རིག་པར་བྱའོ། །ཞེས་བྱང་ཆུབ་སེམས་དཔའ་སྦྱིན་པ་ལ་རྗེས་སུ་སྟོན་པར་བྱེད་དོ། །གལ་ཏེ་ཁྱོད་འབྲས་ཐོབ་པ་མི ་གཏོང་ན། །སྦྱིན་ལ་མངོན་དགའ་ཡིན་པར་མི་འགྱུར་ཏེ། །འདི་ལྟར་སྐད་ཅིག་མོ?་ཡང་སྦྱིན་མེད་ན། །སྦྱིན་ལ་མངོན་པར་དགའ་བ་ཉིད་མ་ཡིན། །ཞེས་བྱ་བའི་ཚིགས་སུ་བཅད་པ་ནི་དོན་གོ་བར་ཟད་དོ། །མ་བྱས་བ་ལ་འབྲས་བུ་མི་འབྱིན?་ཏེ། འདི་ལྟར་ལན ་བལྟས་བདག་གི་ཆ་མ་ཡིན། །ཁྱོད་ནི་གང་ཞིག་ཁྱོད་བྱེད་པ་དེ་ལ་འབྲས་བུ་འབྱིན་ཏེ། །དེ་ལྟ་བས་ན་ལན་ལ་ལྟ་བས་བདག་གི་ཆམ་ཡིན་གྱི། །འདི་ལྟར་བདག་ནི། ཁྱོད་ཀྱི་ལན་ལ་ལྟ་དང་བྲལ་བས་ན། །འབྲས་བུ་ཤིན་ཏུ་གཞན་ལ་གཏོང་བ་ཡིན།། ་འདི་ནི་དོན་གོ་བར་ཟད་དོ། །བརྩེ་བས་སྦྱིན་བའི་ཚིགས་སུ་བཅད་པ་གཉིས་ཏེ། རྒྱལ་སྲས་རྣམས་གྱི་བརྩེ་བས་སྦྱིན་པ་ནི། །ཁ་ན་མ་ཐོ་མེད་ཅིང་དག་བའི་གཞི། །བདེ་བ་འདྲེན་པར་བྱེད་བ་ཉིད་དང་ནི། །རྗེས་སུ་བསྲུང་བཅས་ཚོལ་མེད་གོན? ་པ་མེད། །དེ་ལ་ཁ་ན་མ་ཐོ་བ་མེད་པ་ནི་གཞན་ལ་མི་གནོད་པར་སྦྱིན་པའི་ཕྱིར་རོ། །གཞི་དག་བ་ནི་དུག་དང་མཚོན་དང་ཆང་ལ་སོགས་པ་སྤོང་མ་པའི་སྒོ་ནས་དངོས་པོ་རུང་བ་སྦྱིན་པའི་ཕྱིར་རོ། །བདེ་བ་སྐྱེད་པ་ནི། །སྦྱིན་བས་ཀུན་ཏུ ་བསྡུས་ནས་དགེ་བ་ལ་སྦྱོར་བའི་ཕྱིར་རོ། །རྗེས་སུ་བསྲུང་བ་དང་བཅས་པ་ནི་འཁོར་གྱི་སྐྱེ་བ་ལ་མི་གནོད་པར་གཞན་ལ་སྦྱིན་པའི་ཕྱིར་རོ། །ཚོལ་བ་མེད་པ་ནི་མ་བསླངས་ཀྱང་དོན་གཉེར་བ་ཉིད་དམ། ཕོངས་པར་ཁོང་དུ་ཆུར?་ནས་བདག་ཉིད་ཀྱིས ་སྦྱིན་པའི་ཕྱིར་དང། ཡོན་གནས་མི་འདམ་པའི་ཕྱིར་རོ། །གོས་བ་མེད་པ་ནི། ལན་དང་རྣམ་པར་སྨིན་པ་ལ་དགའ་བ་མེད་པའི་ཕྱིར་རོ། །རྣམ་པ་གཞན་ཡང། རྒྱལ་སྲས་ཀྱི་བརྩེ་བས་སྦྱིན་པ་ནི། །མཛའ་དག་རྒྱ་ཆེ་གཙོ་དང་རྟག་བ་དང། །དགའ་དང་ཟད ་ཟིང་མེད་དང་དག་པ་དང། །བྱང་ཆུབ་ལ་གཞོལ་དགེ་ལ་གཞོལ་བ་ཡིན། །དེ་ལ་མཛའ་དག་ནི་ནང་བ་ཕྱིའི་དངོས་པོ་སྦྱིན་པའི་ཕྱིར་རོ། །རྒྱ་ཆེན་པོ་ནི་དངོས་པོ་མང་པོ་སྦྱིན་པའི་ཕྱིར་རོ། །གཙོ་བོ་ནི་དངོས་པོ་གྱ་ནོམ་པ་སྦྱིན་པའི་ཕྱིར་རོ། །རྟག་པ་ནི་ཡང་དང ་ཡང་དུ་སྦྱིན་པའི་ཕྱིར་རོ། །དགའ་བ་ནི་སོ་སོར་བརྟགས་བ་མེད་པར་རབ་ཏུ་དགའ་བས་སྦྱིན་པའི་ཕྱིར་རོ། །ཟང་ཟིང་མེད་པ་ནི་གོས་པ་མེད་པ་ཇི་ལྟ་བ་བཞིན་ནོ། །དག་པ་ནི་གཞི་དག་པ་ཇི་ལྟ་བ་བཞིན་ནོ། །བྱང་ཆུབ་ལ་གཞོལ་བ་ནི་བྱང་ཆུབ་ཆེན ་པོར་ཡོངས་སུ་བསྔོས་པའི་ཕྱིར་རོ། །དགེ་བ་ལ་གཞོལ་བ་ནི་བདེ་བ་སྐྱེད་པ་ཇི་ལྟ་བ་བཞིན་ནོ། །ཉེ་བར་སྤྱད་པའི་ཁྱད་པར་གྱི་ཚིགས་སུ་བཅད་པ། ཇི་ལྟར་བདེ་བ་གསུམ་གྱིས་ཚིམ་པའི་ཡིད། །བརྩེ་ལྡན་ཡོངས་སུ་གཏོང་བས་དགའ་འགྱུར་བས། །ལོངS ་སྤྱོད་ཅན་དག་ཉེ་བར་སྤྱད་པ་ཡིས། །དེ་ལྟར་དགའ་བར་འགྱུར་བ་མ་ཡིན་ནོ། །དེ་ལ་བདེ་བ་གསུམ་ནི་སྦྱིན་པས་དགའ་བ་དང། གཞན་རྗེས་སུ་འཛིན་པས་དགའ་བ་དང། བྱང་ཆུབ་ཀྱི་ཚོགས་རྫོགས་པས་དགའ་བའོ། །ལྷག་མིན་དོན་གོ་བར ་ཟད་དོ། །ཕ་རོལ་ཏུ་ཕྱིན་པ་མངོན་པར་སྒྲུབ་པའི་སྙིང་རྗེའི་ཚིགས་སུ་བཅད་པ། བཀྲེན་ལ་བརྩེ་དང་མ་རུངས་པ་ལ་བརྩེ། །ཀུན་འཁྲུགས་ལ་བརྩེ་བག་ཆེན་རྣམས་ལ་བརྩེ། །ཡུལ་གྱི་གཞན་དབང་ཅན་ལ་སྣ་ཡིང་རྗེ་དང། །ལོག་པར་མངོན་པར་ཞེན་པ་སྙིང་རྗེ་བའོ། ། ་དེ་ལ་བཀྲེན་པ་ནི་སེར་སྣ་ཅན་རྣམས་སོ། །མི་རུངས་པ་ནི་ཚུལ་ཁྲིམས་འཆལ་པ་གཞན་ལ་གནོད་པ་རྣམས་སོ། །ཀུན་ཏུ་འཁྲུགས་པ་ནི་ཁྲོ་བ་ཅན་རྣམས་སོ། །བག་མེད་པ་ནི་ལེ་ལོ་ཅན་རྣམས་སོ། །ཡུལ་གྱི་གཞན་དབང་ཅན་ནི་འདོད་པ་དག་ལ་སེམས་རྣམ་པར་གཡེང? ་པ་རྣམས་སོ། །ལོག་པར་མངོན་པར་ཞེན་པ་ནི། །ཤེས་རབ་འཆལ་བ་མུ་སྟེགས་ཅན་ལ་སོགས་པའོ། །ཕ་རོལ་ཏུ་ཕྱིན་པའི་མི་མཐུན་པའི་ཕྱོགས་ལ་གནས་པ་འདི་དག་ལ། སྙིང་རྗེ་བ་གང་ཡིན་པ་དེ་ནི་བཀྲེན་པ་ལ་སོགས་པ་ལ་སྙིང་རྗེ་བ་ཡིན་ཏེ། དེ་ཡང ་དེའི་མི་མཐུན་པའི་ཕྱོགS་རྣཾ་པར་སུན་འབྱིན་པའི་ཕྱིར་ཕ་རོལ་ཏུ་ཕྱིན་པ་མངོན་པར་སྒྲུབ་པར་བྱེད་པར་འགྱུར་རོ། །དེ་ལྟར་ན་ཕ་རོལ་ཏུ་ཕྱིན་པ་མངོན་པར་སྒྲུབ་པའི་སྙིང་རྗེ་ཞེས་བྱའོ། །སྙིང་རྗེའི་རྐྱེན་བསྟན་པའི་ཚིགས་སུ་བཅད་པ། བདེ་དང་སྡུག་བསྔལ་དེ་རྒྱུ་ལS ་བྱང་ཆུབ་སེམས་དཔའ་ཨི་སྙིང་རྗེ་སྟེ། །རྒྱུ་དང་བཤེས་གཉེན་རང་བཞིན་ལས། །བྱང་ཆུབ་སེམས་དཔའ་ཨི་སྙིང་རྗེའོ། །དེ་ལ་ཕྱེད་གོང་མས་ནི་སྙིང་རྗེའི་དམིགས་པའི་རྐྱེན་སྟོན་ཏེ། ཚོར་བ་རྣམ་པ་གསུམ་ལ་དམིགS་ནS་སྡུག་བསྔལ་ཉིད་གསུམ་གྱིས་སྙིང ་རྗེ་བར་བྱེད་པའི་ཕྱིར་རོ། །བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པའི་ཚོར་བ་ནི་བདེ་བ་དང་སྡུག་བསྔལ་དག་གི་རྒྱུ་ཡིན་ཏེ། ཡང་དེ་དག་འདྲེན་པའི་ཕྱིར་རོ། །ཕྱེད་འོག་མས་ནི་གོ་རིམ་བཞིན་དུ་རྒྱུ་དང་བཤེས་གཉེན་དང་རང་བཞིན་དག་གིས་སྙིང ་རྗེའི་རྒྱུ་དང། བདག་པོ་དང་མཚུངས་བ་དེ་མ་ཐག་པའི་རྐྱེན་རྣམས་སྟོན་ཏོ། །སྙིང་རྗེ་ཆེན་པོ་ཉིད་ཀྱི་ཚིགས་སུ་བཅད་པ། །བྱང་ཆུབ་སེམས་དཔའ་ཨི་སྙིང་རྗེ་ནི། །མཉམ་པར་ཤེས་བྱ་དེ་བསམ་ཕྱིར། །སྒྲུབ་ཕྱིར་འདོད་ཆགས་བྲལ་ཕྱིར་དང། །མི་དམིགS་ ་ཕྱིར་དང་དག་ཕྱིར་རོ། །དེ་ལ་མཉམ་པ་ནི་ཚོར་བ་རྣམ་པ་གསུམ་ཆར་གྱི་གནས་སྐབས་སུ་གང་ཅི་ཚོར་བ་དེ་ཉིད་འདིར?་སྡུག་བསྔལ་བའོ་ཞེས་བྱ་བར་རིག་པའི་ཕྱིར་རོ། །དེ་ཡང་བསམ་པའི་ཕྱིར་ནི་སེམས་ཀྱིས་སྙིང་རྗེ་བའི་ཕྱིར་རོ། །སྒྲུབ་པའི་ཕྱིར ་ནི་དེ་ཡོངས་སུ་སྐྱོང་བའི་ཕྱིར་རོ། །འདོད་ཆགས་དང་བྲལ་བའི་ཕྱིར་ནི་དེའི་མི་མཐུན་པའི་ཕྱོགས་རྣམ་པར་འཆེ་བ་སྤངས་པའི་ཕྱིར་རོ། །མི་དམིགས་པའི་ཕྱིར་ནི་བདག་དང་གཞན་དང་སྙིང་རྗེར་མི་དམིགས་པའི་ཕྱིར་རོ། །རྣམ་པར་དག་པའི་ཕྱིར་རོ། །ས་བརྒྱད ་པ་ལ་མི་སྐྱོ་བའི་ཆོས་ལ་བཟོད་པ་ཐོབ་པའི་ཕྱིར་རོ། །རང་གི་སེམས་ཀྱིས་བྱམས་ལ་སོགས། །བསྒོམ་པ་ཆོས་ལ་མོས་པ་དང། བསམ་དང་དབང་འབྱོར་ཉིད་དང་ནི། །རྣམ་པར་མི་རྟོགས་གཅིག་ཕྱིར་མཆོག་།ཅེས་བྱ་བའི་དོན་ནི་གོང་དུ་བཤད་པའི ་རྗེས་སུ་འབྲངས་ཏེ་ཁོང་དུ་ཆུད་པར་བྱའོ། །དེ་ལྟར་བཅོམ་ལྡན་འདས་ལ་དང་བ་རབ་སྐྱེས་ཤིང། །རྫས་དང་བཀུར་སྟི་ཆེན་པོས་ཤིན་ཏུ་རྒྱུན་མཆོད་ལྡན། །ཡོན་ཏན་མང་ལྡན་ཕན་བྱེད་བཤེས་ལ་རྟག་བསྟེ་ལ། འགྲོ་ལ་རྗེས་སུ་བརྩེ་བ་གྲུབ་པ ་ཀུན་ཐོབ་འགྱུར། །འདིས་ནི་ཇི་སྐད་བཤད་པའི་མཆོད་པ་དང་བསྟེན་པ་དང་ཚད་མེད་པ་རྣམས་ཀྱི་གོ་རིམ་དང་ཡོན་ཏན་མདོར་བསྡུས་ནས་སྟོན་ཏེ། རྫས་དང་བཀུར་སྟི་ཆེན་པོས་ཤིན་ཏུ་རྟག་ཏུ་མཆོད་པ་ནི་རྫས་དང་བཀུར་སྟི་ཆེན་པོས་ཤིན་ཏུ་རྒྱུན་ཏུ་? ་པ་དང་ལྡན་པ་སྟེ། བཀུར་སྟི་ནི་ཡང་དག་པའི་སྒྲུབ་པ་ཡིན་པར་རིག་པར་བྱའོ། །དེ་ལྟར་ན་རྙེད་པ་དང་བཀུར་སྟི་དང་སྒྲུབ་པའི་མཆོད་པ་དང་ལྡན་པ་ཡིན་ནོ། །ཡོན་ཏན་མང་པོ་དང་ལྡན་པ་ནི་དེ་ལས་གཞན་བདག་དང་ངོ། །ཕན་པར་བྱེད་པ་ནི་རྗེས་སུ་བརྩེ་བར ་བྱེད་པ་ཉིད་ཀྱིས་རིག་པར་བྱའོ། །གྲུབ་པ་ཀུན་ཐོབ་པར་འགྱུར་རོ་ཞེས་བྱ་བ་ནི་རང་དང་གཞན་གྱི་གྲུབ་པ་འཐོབ་པར་འགྱུར་བའོ། །མཆོད་པ་དང་བསྟེན་པ་དང་ཚད་མེད་པའི་སྐབས་རྫོགས་སོ།། །།ངོ་ཚ་བ་རྣམ་པར་དབྱེ་བའི་ཚིགས་སུ་བཅད་པ ་བཅུ་དྲུག་སྟེ། ངོ་ཚ་མི་མཐུན་ཕྱོགས་སྤངས་དང། །རྣམ་པར་མི་རྟོག་ཡེ་ཤེས་ལྡན། །ཁ་ན་མ་ཐོ་མེད་དམན་ཡུལ། སེམས་ཅན་སྨིན་བྱེད་བསྟན་པའི་ཡིན། །འདིས་ནི་ངོ་བོ་ཉིད་དང། གྲོགས་དང། དམིགས་པ་དང། ལས་ཕུན་སུམ་ཚོགས་པས་བྱང་ཆུབ་སེམས་དཔའ་ཨི་ངོ ་ཚ་བའི་མཚན་ཉིད་རྣམ་པ་བཞི་སྟོན་ཏོ། །ཡུལ་ཁ་ན་མ་ཐོ་བ་མེད་ཅིང་དམན་པ་ནི་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་སྟེ། དེ་ནི་ཁ་ན་མ་ཐོ་བ་མེད་པ་ཡང་ཡིན་ལ་ཐེག་པ་ཆེན་པོ་བས་དམན་བ་ཡང་ཡིན་པས་ངེས་ཀྱང་བྱང་ཆུབ་སེམས་དཔའ་ངོ་ཚའོ། །ཇི ་ལྟར་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་ཅེ་ན། ངོ་ཚ་བ་དེ་ཉིད་ལ་གཞན་དག་རབ་ཏུ་འགོད་པའི་ཕྱིར་རོ། །ཕ་རོལ་ཏུ་ཕྱིན་པ་དྲུག་པོ་ཡི། །མི་མཐུན་ཕྱོགས་ནི་འཕེལ་བ་དང། །གཉེན་པོ་འགྲིབ་བས་བྱང་ཆུབ་སེམས། །མི་བཟང་ངོ་ཚ་སྐྱེ་བར་འགྱུར། །འདི ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་འཕེལ་བར་དང་འགྲིབ་པས་ངོ་ཚ་བ་ཡིན་ཏེ། ཕ་རོལ་ཏུ་ཕྱིན་པའི་མི་མཐུན་པའི་ཕྱོགས་འཕེལ་བ་དང། དེའི་གཉེན་པོ་ཡོངས་སུ་འགྲིབ་པའི་ཤིན་ཏུ་ངོ་ཚ་བ་སྐྱེ་བའི་ཕྱིར་རོ། །བརྟན་རྣམས་ཕ་རོལ་ཕྱིན་པ་དྲུག་།བརྟེན་པ ་ལ་ནི་ལེ་ལོ་དང། །ཉོན་མོངས་རྗེས་སུ་མཐུན་ཆོས་ལ། །སྦྱོར་བ་ལས་ཀྱང་ངོ་ཚར་འགྱུར། །འདི་ནི་མི་སྦྱོར་བ་དང་སྦྱོར་བས་ངོ་ཚ་བ་ཡིན་ཏེ། ཕ་རོལ་ཏུ་ཕྱིན་པ་སྒོན་བ་ལ་མི་སྦྱོར་བ་དང། ཉོན་མོངས་པ་དང་མཐུན་པའི་ཆོས་དབང་བོའི་སྒོམ་བསྡམས་བ་ལ་སོཌ ་པ་ལ་སྦྱོར་བས་ངོ་ཚ་བ་སྐྱེ་བའི་ཕྱིར་རོ། །མཉམ་གཞག་ངོ་བོ་ཉིད་མིན་ཆུང། འབྲིང་དང་དམན་བའི་ས་པ་དང། །བསམ་པ་དམན་དང་ངར་བཅས་པའི། །ངོ་ཚ་དམན་དེ་ལས་གཞན་ལྷག་།འདི་ནི་ངོ་ཚ་བ་ཆུང་ངུ་དང་ཆེན་པོ་སྟེ། ཚིགས་སུ་བཅད་པ་འདིའི ་དོན་ནི། སྔར་བཤད་པའི་རྗེས་སུ་འབྲངས་ནས་ཁོང་དུ་ཆུད་པར་བྱའོ། །འདི་མན་ཆད་ཚིགས་སུ་བཅད་པ་བཞི་དང་གསུམ་གྱིས་གོམ་བཞིན་དུ་ངོ་ཚ་བའི་མི་མཐུན་བའི་ཕྱོགས་དང། ངོ་ཚ་བའི་སྐྱོན་དང། ཡོན་ཏན་གྱི་དབྱེ་བ་སྟོན་ཏོ། བློ་ལྡན་ངོ་ཚ་མེད་པ་ནི། །ཚུལ་བཞིན ་མིན་པས་ཉོན་མོངས་དག་དང་དུ་ལེན་ཅིང་ཁོང་ཁྲོ་དང། ཡལ་བར་འདོར་དང་ང་རྒྱལ་གྱིས། །སེམས་ཅན་རྣམས་དང་ཚུལ་ཁྲིམས་འཇོམས། །ཞེས་བྱ་བ་འདིས་ནི་བདག་ཉིད་ལ་ཡང་གནོད་པར་བྱེད་ལ། གཞན་ལ་ཡང་གནོད་པར་བྱེད། །གཉི ་ག་ལ་ཡང་གནོད་པར་བྱེད་ཅེས་བསྟན་ཏོ། །ཚུལ་བཞིན་མ་ཡིན་པས་ཞེས་བྱ་བ་ནི། ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པས་སོ། །ཡལ་བར་འདོར་བས་ཇི་ལྟར་སེམས་ཅན་རྣམས་འཇོམས་ཤེ་ན། །སེམས་ཅན་གྱི་དོན་ལ་བག་མེད་པའི་ཕྱིར་རོ། །འགྱོད ་པས་ཉམས་དང་བཅས་འགྱུར་ཞིང། །བཀུར་སྟིས་དམན་པ་འཐོབ་འགྱུར་ངེས། །ད་དེ་ལྡན་མི་མིན་ཚོགས་དང་ནི། །སྟོན་པས་ཀྱང་ནི་བཏང་སྙོམས་མཛོད། །རྒྱལ་སྲས་ཆོས་དང་མཐུན་རྣམས་ཀྱིས། །རྣམ་པར་སྨིན་ཞིང་འཇིག་རྟེན་ལས། །མཐོང་བའི ་ཆོས་ལ་མི་སྙན་འཐོབ། །གཞན་དུ་ཕྱིར་ཞིང་མི་ཁོམ་སྐྱེ། །ཞེས་བྱ་བ་འདིས་མི་མཐོང་བའི་ཆོས་ཀྱི་ཁ་ན་མ་ཐོ་བ་འཕེལ་ལོ་ཞེས་སྟོན་ཏེ། གོ་རིམ་བཞིན་དུ་བདག་ཉིད་དང། །གཞན་དང་ལྷ་དང་སྟོན་པ་དག་སྨོད་པའི་ཕྱིར་དང། ཚངས་པ་མཚུངས ་པར་སྤྱོད་པ་མཁས་པ་དག་ཆོས་ཉིད་ཀྱིས་རྣམ་པར་སྨིན་པའི་ཕྱིར་དང། ཕྱོགས་དང་ཕྱོགས་མཚམས་སུ་ཡང་སྡིག་པ་ཅན་གྱི་མི་སྙན་པ་འབྱུང་བའི་ཕྱིར་རོ། །གཞན་དུ་ཕྱིར་ཞིང་མི་ཁོམ་སྐྱེ། །ཞེས་བྱ་བ་འདིས་ནི་ཚེ་ཕྱི་མའི་ཁ་ན་མ་ཐོ་བ་འཕེལ་ལོ?་ཞེས ་བསྟན་ཏེ། མི་ཁོམ་པ་རྣམས་སུ་སྐྱེ་བའི་ཕྱིར། །དེས་ན་ཆོས་དཀར་ཐོབ་པ་དང། མ་ཐོབ་པ་ལས་རྣམས་ཉམས་འགྱུར། །ཞེས་བྱ་བ་འདིས་ནི་མཐོང་བའི་ཆོས་དང་ཚེ་ཕྱི་མའི་ཁ་ན་མ་ཐོ་བ་འཕེལ་ལོ་ཞེས་བསྟན་ཏོ། །དགེ་བའི་ཆོས་ཐོབ་པ་ལས ་ཡོངས་སུ་ཉམས་པ་དང། མ་ཐོབ་པ་ལས་ཡོངས་སུ་ཉམས་པ་དང། གོ་རིམ་བཞིན་ནོ། །དེ་ཕྱིར་སྡུག་བསྔལ་གནས་པ་དང། །ཡིད་ཀྱང་རྣལ་དུ་མི་གནས་འགྱུར། །ཞེས་བྱ་བ་འདིས་ནི་དེ་ལས་སྐྱེས་པའི་སེམས་ཀྱི་སྡུག་བསྔལ་དང། ཡིད་མི་བདེ་བ ་སོ་སོར་མྱོང་བར་འགྱུར་རོ། །ཞེས་བསྟན་ཏོ། །རྒྱལ་སྲས་ངོ་ཚ་ལྡན་རྣམས་ལ། །ཉེས་བ་འདི་དག་ཀུན་མི་འབྱུང། །ཞེས་བྱ་བ་འདི་ནས་བཟུང་སྟེ་ངོ་ཚ་བའི་ཡོན་ཏན་ཡིན་པར་རིག་པར་བྱ་སྟེ། འདི་ལྟར་ཉེས་པ་འདི་དག་ཀྱང་མི་འབྱུང་བས་སོ། །མཁས་པ ་རྟག་ཏུ་ལྷ་དག་དང། མི་རྣམས་སུ་ནི་ཡང་དག་སྐྱེ། །ཞེས་བྱ་བ་འདི་ནི་དེའི་རྣམ་པར་སྨིན་པའི་འབྲས་བུ་ཡིན་ནོ། །བློ་ལྡན་ངོ་ཚས?་མྱུར་དུ་ནི། །རྫོགས་པའི་བྱང་ཆུབ་ཚོགས་རྫོགས་བྱེད། །ཅེས་བྱ་བ་དེ་ནི་བདག་པོའི་འབྲས་བུའོ། །རྒྱལ་བའི་སྲས་ནི་སེཾས་ཅན ་རྣམས། །སྨིན་བྱེད་སྐྱོ་བར་མི་འགྱུར་ཉིད། །ཅེས་བྱ་བ་འདི་ནི་སྐྱེས་བུ་བྱེད་པའི་འབྲས་བུ་ཡིན་ནོ། །དེ་རྟག་མི་མཐུན་ཕྱོགས་དང་ནི། །གཉེན་པོ་དང་བྲལ་བའི་བྲལ་འགྱུར། །ཞེས་བྱ་བ་འདིས་ནི་བྲལ་བ་དང་རྒྱུ་མཐུན་པའི་འབྲས་བུ་དག་བསྟན་ཏེ་འདི་ལྟ ་སྟེ། མི་མཐུན་པའི་ཕྱོགས་དང་བྲལ་བ་ཉིད་དང་གཉེན་པོ་དང་མ་བྲལ་བ་ཉིད་དོ། །དེ་ལྟར་རྒྱལ་སྲས་ངོ་ཚ་ལྡན། །ཕན་ཡོན་དེ་དག་འཐོབ་པར་འགྱུར། །ཞེས་བྱ་བས་ནི་ཇི་སྐད་བཤད་པའི་ཉེས་པ་མེད་པ་དང་ཡོན་ཏན་དང་ལྡན་པ་འཐོབ་པོ་ཞེས་བསྟན་ཏོ། །བྱིས་པ ་ཤིན་ཏུ་གོས་བཟང་གྱོན་ཡང་ནི། །ཁྲེལ་དང་བྲལ་ཕྱིར་ཉེས་པས་དྲི་མ་ཅན། །རྒྱལ་སྲས་ངོ་ཚ་ཤེས་པའི་གོས་ཅན་ནི། །དགའ་བ་མེད་ཀྱང་ཉེས་པའི་དྲི་མ་བྲལ། །འདིས་ནི་ངོ་ཚ་མེད་པ་ནི་དེ་ལ་གཞན་པའི་གོས་གྱོན་ཡང་ཉེས་བས་དྲི་མ་ཅན་ཡིན་པའི ་ཕྱིར་ལ། ངོ་ཚ་དང་ལྡན་པ་ནི་གཅེར་བུར་འདུག་ཀྱང་དྲི་མ་མེད་པའི་ཕྱིར། །ངོ་ཚ་ནི་གོས་ཁྱད་པར་དུ་འཕགས་པ་ཡིན་ནོ་ཞེས་སྟོན་ཏོ། །རྒྱལ་པའི་སྲས་ནི་ཁྲེལ་དང་ལྡན་གྱུར་པ། །ནམ་མཁའ་བཞིན་དུ་ཆོས་ཀྱིས་མི་གོས་འགྱུར། །ཆོས་ཀྱི་ཞེས་བྱ་བ་ནི་འཇིག་རྟེན ་པའི་ཆོས་རྣམས་ཀྱིས་སོ། །རྒྱལ་སྲས་རྣམས་ཀྱི་ནང་དུ་འདུས་གྱུར་པ། །ངོ་ཚ་ཤེས་པས་བརྒྱན་པ་མཛེས་པ་ཡིན། །ཚིགས་སུ་བཅད་པ་འདིས་ནི་ངོ་ཚ་བ་ནམ་མཁའ་དང་རྒྱན་དང་འདྲ་བ་ཉིད་དུ་སྟོན་ཏོ། །བྱང་ཆུབ་སེམས་དཔའ་རྣམས་ནི་ངོ་ཚ་བས། །གདུལ་བ་རྣམས་ལ་མ ་བཞིན་བྱམས་པ་ཉིད། སྐྱབ་པར་བྱ་བའི་སེམས་ཅན་མལ་བར་བོར་ན་ངོ་ཚ་བའི་ཕྱིར་རོ། །ངོ་ཚ་བ་ནི་ཉེས་པ་ཐམས་ཅད་ལས། །འཁོར་བ་ཀུན་ཏུ་བསྲུང་བར་བྱེད་པའང་ཡིན། །གླང་པོ་ཆེ་དང་རྟའི་ཚོགས་ལ་སོགས་པ་དང་འདྲ་བའི་ཕྱིར ་རོ། །གོས་ལ་སོགས་པའི་དཔེ་འདི་རྣམས་གྱིས་ངོ་ཚ་བS་གནས་པ་ན་ཉོན་མོངས་པའི་གཉེན་པོ་ཉིད་དང། །རྒྱུ་བ་ན་འཇིག་རྟེན་གྱིས་ཆོས་ཀྱི་གཉེན་པོ་ཉིད་དང། ཆོས་མཐུན་པ་དང། གནས་པ་དང་མཐུན་པ་ཉིད་དང། སེམས་ཅན་ཡོངས་སུ་སྨིན་བར་བྱེད ་པ་དང་མཐུན་པ་ཉིད་དང། ཉོན་མོངས་པ་ཅན་མ་ཡིན་པར་འཁོར་བ་དང་ཐུན་པ་ཉིད་སྟོན་ཏོ། །ཀུན་ལ་དང་དུ་མི་ལེན་པ་དང། །ཀུན་ལ་དང་དུ་མི་ལེན་ཞིང། །ཀུན་ལ་མི་འཇུག་འཇུག་པ་ནི། །ཁྲེལ་ལྡན་ཁྲེལ་བས་བྱས་པའི་རྟགས། །འདིས་ནི་ངོ་ཚ་བ ་དང་ལྡན་པའི་རྟག་ངོ་ཚ་བས་བྱས་པ་རྣམ་པ་བཞི་སྟོན་ཏེ། འདི་ལྟ་སྟེ། ཉེས་པ་ཐམས་ཅད་ལ་དང་དུ་མི་ལེན་ཞིང་མི་འཇུག་པ་དང། ཡོན་ཏན་ཐམས་ཅད་ལ་དང་དུ་ལེན་ཞིང་འཇུག་པའོ། །རང་གི་སེཾས་ཀྱིས་ཁྲེལ་སྒོམ་པ། །ཆོས་ལ་མོས་དང ་བསམ་པ་དང། །དབང་འབྱོར་བ་དང་མེ་རྟོག་དང། །གཅིག་པ་ཉིད་ཀྱིས་གཙོ་བོ་ཡིན། །ཞེས་བྱ་བ་འདིའི་བཤད་པ་ནི་སྔ་མ་བཞིན་ནོ། །བརྟན་པ་རྣམ་པར་དབྱེ་བའི་ཚིགས་སུ་བཅད་པ་བདུན་ཏེ། བྱང་ཆུབ་སེམས་དཔའ་ཨི་བསྟན་པ་ནི། ་དེ་ལས་གཞན་པ་ཐམས་ཅད་ལས། །མཚན་ཉིད་དང་ནི་རབ་དབྱེ་དང། །མི་འགྱུར་བས་ནི་ཁྱད་པར་འཕགས། །བརྩོན་འགྲུས་ཏིང་འཛིན་ཤེས་རབ་ནི། །སྙིང་སྟོབས་སྲན་ཐུབ་བསྟན་པར་འདོད། །གང་ཕྱིར་གསུམ་གྱིས་བྱང་ཆུབ་སེམས། །འཇིགS ་པ་མེད་པར་རབ་ཏུ་འཇུག་།འདིས་ནི་བསྟན་པའི་མཚན་ཉིད་རྣམས་གྲངས་དང་བཅས་སྒྲུབ་པ་དང་བཅས་པར་བཤད་དེ། །བརྩོན་འགྲུས་ལ་སོགས་པ་ནི་མཚན་ཉིད་དོ། །སྙིང་སྟོབས་ལ་སོགས་པ་རྣམས་གྲངས་སོ། །ལྷག་མ་ནི་སྒྲུབ་པའོ། །ཇི་ལྟར ་གསུམ་པོ་འདིས་འཇིགS་པ། མེད་པར་རབ་ཏུ་འཇུག་ཅེ་ན། ཞུམ་དང་གཡོ་དང་རྨོངས་པ་མོས། །བྱ་བ་རྣམས་ལ་འཇིག་པ་སྟེ། དེ་ཕྱིར་གཉུག་མ་གསུམ་ལ་ནི། །བརྟན་པའི་མིང་དུ་ཤེས་པར་བྱ། །བྱ་བ་ཐམས་ཅད་ལ་འཇིགས་པ་ནི་ཡང་ན་ནི་ཞུམ་བའི་སེམས་ཀྱིས ་སྐྱེ་སྟེ། དེ་ལ་མི་སྤྲོ་བའི་ཕྱིར། །ཡང་ན་ནི་གཡོ་བའི་སེམས་ཀྱིས་ཏེ། སེམས་རྣལ་དུ་མི་གནས་པའི་ཕྱིར་རོ། །ཡང་ན་ནི་རྨོངས་པས་ཏེ། དེའི་ཐབས་མི་ཤེས་པའི་ཕྱིར་རོ། །དེ་དག་གིས་གཉེན་པོ་ནི་གོ་རིམ་བཞིན་དུ་བརྩོན་འགྲུས་ལ་སོགས་པ་སྟེ། དེ ་ལྟ་བས་ན་བརྩོན་འགྲུས་ལ་སོགས་པ་གཉུག་མ་གསུམ་ལ་བརྟན་པ་ཞེས་བྱ་བ་རིག་པར་བྱའོ། །གཉུག་མ་ཞེས་བྱ་བ་ནི་སོ་སོར་བརྟག་པ་མེད་པར་བྱེད་པའོ། །རང་བཞིན་དང་ནི་སྨོན་ལཾ་དང། །ལྟ་བ་མེད་པ་ཉིད་དང་ནི། །སེཾས་ཅན་ལོག་བར་སྒྲུབ་པ་དག་ཟབ་ཅིང་རྒྱ་ཆེ་ཐོས་པ ་དང། གདུལ་བྱ་གདུལ་བར་དཀའ་བ་དང། །རྒྱལ་སྐུ་བསམ་གྱིས་མི་ཁྱབ་དང། །དཀའ་བ་དག་ནི་སྣ་ཚོགས་དང། །འཁོར་བ་གཏོང་བ་མེད་ཉིད་དང། །དེ་ཉིད་ཉོན་མོངས་མེད་པ་ལ། །བརྟན་པའི་བསྟན་པ་སྐྱེ་བ་ནི། །དེ་ལས་གཞན་དང་མི་མཚུངས་ཏེ། །བརྟན ་ལྡན་རྣམས་གྱི་མཆོག་ཏུ་འདོད། །ཚིགས་སུ་བཅད་པ་གསུམ་པོ་འདིས་ནི་བརྟན་པའི་རབ་ཏུ་དབྱེ་བ་སྟོན་ཏོ། །གོ་རིམ་བཞིན་དུ་རིགས་དང། སེམས་བསྐྱེད་པ་དང། རང་གི་དོན་དང། གཞན་གྱི་དོན་དང། དེ་ཁོ་ན་ཉིད་ཀྱི་དོན་དང། མཐུ་དང། སེམས་ཅན ་ཡོངས་སུ་སྨིན་པར་བྱེད་པ་དང། བྱང་ཆུབ་མཆོག་གི་སྒོ་ནས་སོ། །དེ་ལ་མི་ལྟ་བ་ཉིད་ནི་རང་གི་དོན་ལ་ཞུགས་པ་ལུས་དང་སྲོག་ལ་མི་ལྟ་བ་ཉིད་ལས་རིག་པར་བྱའོ། །ཡང་དགའ་བ་སྤྱོད་པ་དང། བསམས་བཞིན་དུ་སྲིད་པར་སྐྱེ་བ་དང། དེ་ན་ཀུན་ནS ་ཉོན་མོངས་པ་མེད་པའི་སྒོ་ནས་ཀྱང་རབ་ཏུ་དབྱེ་བ་ཡིན་ནོ། །ཕྱེ་མ་ལེབ་དང་འདབ་ཆགས་དང། །རྒྱ་མཚོ་དགིS?་རི?་རབ་ལྟར། །བརྟན་པ་གྲོཌ་ངན་སྡུག་བསྔལ་དང། །ཟབ་མོ་ཐོས་བས་མི་གཡོས་སོ། །འདིས་ནི་བྱང་ཆུབ་སེམས་དཔའ་ཨི་བརྟན་པའི་མི་འགྱུར་བ ་ཉིད་སྟོན་ཏེ། དཔེ་གསུམ་གྱིས་མི་གཡོས་པ་དང་གོ་རིམ་བཞིན་དུ་རིག་པར་བྱའོ། །མི་སྐྱེ་བའི་རྣམ་པར་དབྱེ་བའི་ཚིགས་སུ་བཅད་པ་གཉིས་ཏེ། བྱང་ཆུབ་མི་སྐྱོ་མཉམ་མེད་པ། །གཞི་གསུམ་ཐོས་པས་མི་ངོམས་དང། །བརྩོན་འགྲུས་ཆེ་དང ་སྡུག་བསྔལ་ལ་།ཁྲལ་དང་བརྟན་ལ་བརྟེན་པ་སྟེ། །བྱང་ཆུབ་ཆེ་ལ་འདུན་པ་དྲག་།བློ་ལྡན་རྣམས་ཀྱི་མི་སྐྱོ་བ། །ས་རྣམས་ལ་ནི་མ་རྫོགས་དང། །རྫོགས་དང་ཤིན་ཏུ་རྫོགས་པར་འདོད། །འདི་གཉིས་ཀྱིས་ནི་གཞི་དང། རྟེན་དང། ངོ་བོ་ཉིད་དང། ་རབ་ཏུ་དབྱེ་བའི་སྒོ་ནས་མི་སྐྱོ་བ་བསྟན་ཏེ། གཞི་གསུམ་ནི་ཐོས་པས་མི་ངོམས་པ་དང། ཡུན་རིང་པོར་བརྩོན་འགྲུས་རྩོམ་པ་དང། འཁོར་བའི་སྡུག་བསྔལ་ལའོ། །ཁྲེལ་ཡོད་པ་དང་བརྟན་པ་ལ་བརྟེན་ནས་དེ་དག་གིས་སྐྱོ་བ་སྐྱེས་ནS་ངོ་ཚ་ཞིང་མི ་སྐྱོ་བར་ཡང་བྱེད་དོ། །བྱང་ཆུབ་ཆེན་པོ་ལ་འདུན་པ་དྲག་པོ་ཞེས་བྱ་བ་ནི་ངོ་བོ་ཉིད་དེ། འདུན་པ་ལོག་ན་སྐྱོ་བར་འགྱུར་བས་སོ། །མ་རྫོགས་པ་ནི་མོS་བS་སྤྱོད་པའི་ས་ལའོ། །རྫོགས་པ་ནི་ས་བདུན་པོ་དག་ལའོ། །ཤིན་ཏུ་རྫོགས་བ་དེ་ཡན་ཆད ་ཀྱི་ས་ལ་སྟེ། འདི་ནི་རབ་ཏུ་དབྱེ་བ་ཡིན་ནོ། །བསྟན་བཅོས་ཤེས་པ་ཉིད་ཀྱི་ཚིགས་སུ་བཅས་པ་གཉིས་ཏེ། བསྟན་པའི་བསྟན་བཅོས་ཤེས་པ་ཉིད། །གཞི་དང་ཆེད་དུ་བྱ་བ་དང། ལས་དང་མཚན་ཉིད་དག་དང་ནི། །མི་ཟད་ཉིད་དང་འབྲས་བུ་ནི།། ་ཡང་དག་འགྲུབ་པས་ཁྱད་པར་འཕགས། །ཏིང་ངེ་འཛིན་དང་གཟུངས་སྒོས་བསྡུས། །སེམས་ཅན་སྨིན་པར་བྱེད་པ་དང། །དམ་ཆོས་འཛིན་པར་བྱེད་པའང་ཡིན། །དེ་ལ་བསྟན་བཅོས་ཤེས་པ་ཉིད་ཀྱི་ནི་རིག་པའི་གནས་ལྔ་སྟེ་ནང་གི་རིག་པ་དང ་གཏན་ཚིགས་རིག་པ་དང། སྒྲ་རིག་པ་དང། གསོ་བ་རིག་པ་དང། བཟོའི་ལས་ཀྱི་གནས་རིག་པའོ། །ཆེད་དུ་བྱ་བ་ནི། རང་དང་གཞན་གྱི་དོན་བྱ་བའོ། །ལས་ནི་གཞི་དང་པོ་ལ་བདག་ཉིད་སྒྲུབ་ཅིང་གཞན་དག་ལ་ཡང་དེ་ཡང་དག་པར་སྟོན ་པ་དང། །གཉིས་པ་ལ་དེའི་སྐྱོན་ཡོངས་སུ་ཤེས་ཤིང་ཕ་རོལ་རྒོལ་བ་ཚར་བཅད་པ་དང། གསུམ་པ་ལ་བདག་ཉིད་ངེས་པའི་ཚིག་བཟང་པོ་བརྗོད་ཅིང་གཞན་ཡིད་ཆེས་པར་བྱེད་པ་དང། བཞི་པ་ལ་གཞན་དག་གི་ནད་རབ་ཏུ་ཞི་བར་བྱེད་པ་དང། ལྔ ་པ་ལ་གཞན་དག་ལ་དེ་འགྲོ?་བཤད?་བྱེད་པའོ། །བསྟནབཅོས་ཤེས་པ་ཉིད་ཀྱི་མཚན་ཉིད་ནི་གཞི་ལྔ་པོ་འདི་དག་ཉིད་ཐོས་ཤིང་འཛིན་པ་དང། ཚིག་གིས་བྱང་བ་དང། ཡིད་ཀྱིས་རྟགས་པ་དང། མཐོང་པས་ལེགས་པར་རྟོགས་པ་དག་ཡིན་ཏེ། ཐོས ་ནས་གོ་རིམ་བཞིན་དུ་དེ་འཛིན་པ་དང། ཁ་ཏོན་བྱེད་པ་དང། ཅི་རིགས་པར་དེ་དག་གི་སྐྱོན་དང་ཡོན་ཏན་ཁོང་དུ་ཆུད་པའི་སྒོ་ནས་རབ་ཏུ་དང་པའི་ཡིད་ཀྱིས་དོན་སེམས་པ་དང། ལེགས་པར་བཤད་པ་དང་ཉེས་པར་བཤད་པ་དམིགས་ཕྱེད་པའི་ཕྱིར་རོ། ། ་མི་ཟད་པ་ཉིད་ནི་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པ་ན་ཡང་མི་ཟད་པའི་ཕྱིར་རོ། །འབྲས་བུ་ཡང་དག་པར་འགྲུབ་པ་ནི་ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་མཁྱེན་པ་ཉིད་དོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསྟན་བཅོས་ཤེས་པ་ཉིད ་དེ་ཡང་ཏིང་ངེ་འཛིན་གྱི་སྒོ་ངག་དང། གཟུངས་ཀྱི་སྒོ་དག་གིས་བསྡུས་པ་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་ཡང་ཡིན་ཏེ། ཏིང་ངེ་འཛིན་གྱི་སྒོ་དག་ནས་དེའི་བྱ་བ་སྒྲུབ་བའི་ཕྱིར་རོ། །དམ་པའི་ཆོས་འཛིན་པར་བྱེད་པ་ཡང་ཡིན་ཏེ། གཟུངས་དག་གིས ་དེ་འཛིན་པའི་ཕྱིར་རོ། །འཇིག་རྟེན་ཤེས་པ་ཉིད་ཀྱི་ཚིགས་སུ་བཅད་པ་བཞི་སྟེ། བརྟན་རྣམས་འཇིག་རྟེན་ཤེས་པ་ཉིད། །ལུས་དང་ངག་དང་ཡིད་དང་ནི། །བདེན་པ་ཤེས་པས་མཉམ་པ་མེད། །དེ་ལ་གཞན་པ་དག་ལས་འཕགས། །ཇི་ལྟར་ལུས་ཀྱིས ་ཤེ་ནང?་བཤད་པ། བརྟན་རྣམས་རྟག་ཏུ་འཛུམ་པར་བྱེད། །ཇི་ལྟར་ངག་གིས་ཤེ་ན། བཤད་པ། གསོང་པོ་དག་ཏུ་སྨྲ་བ་ཡིན། །དེ་ཡན་ཅིའི་ཕྱིར་ཞེ་ན། བཤད་པ། སེམས་ཅན་སྣོད་དུ་བྱ་བའི་ཕྱིར། །དོན་གང་གི་ཆེད་དུ་སེམས་ཅན་སྣོད་དུ་བྱ་སེམS་ ་བཤད་པ། དམ་ཆོས་བསྒྲུབ་པར་བྱ་བའི་ཕྱིར། །ཇི་ལྟར་བདེན་པ་ཤེས་པས་ཞེ་ན། །བཤད་པ། གང་ཕྱིར་བདེན་པ་གཉིས་ལས་ནི། །འཇིག་རྟེན་རྣམ་དག་འབྱུང་བར་འདོད། །གཉིས་ཀྱིས་ནུབ་འགྱུར་དེ་ཡིས་ཕྱིར། །དེ་ཤེས་འཇིག་རྟེན་ཤེས་ཞེS ་བྱ། །བདེན་པ་གཉིས་ཀྱིས་ནི་འཇིག་རྟེན་འཁོར་བར་ཡང་དང་ཡང་དུ་འབྱུང་སྟེ། གང་དང་གང་གིས་འབྱུང་བའི་ཕྱིར་རོ། །འཕགས་པ་དང་ལམ་གྱི་བདེན་པ་གཉིས་ཀྱིས་ནི་ནུབ་པར་འགྱུར་ཏེ། །གང་ཡིན་པ་དང། གང་གིས་ནུབ་པར་འགྱུར་བའི་ཕྱིར།། ་དེ་ལྟ་བས་ན་དེ་ཤེས་པ་ནི་འཇིག་རྟེན་ཤེས་པ་ཞེས་བྱ་སྟེ། འཇིག་རྟེན་འབྱུང་བ་དང་ནུབ་པར་འགྱུར་བ་ཤེས་པ་རབ་དང་ལྡན་པའི་ཕྱིར་རོ། །དེ་དག་ཞི་བྱ་ཐོབ་བྱའི་ཕྱིར། །བློ་ལྡན་བདེན་པ་རྣམས་ལ་སྦྱོར། །གང་གིས་བློ་ལྡན་བདེན་ཤེས་ཕྱིར། །འཇིག ་རྟེན་ཤེས་ཞེས་ངེས་པར་བརྗོད། །འདིས་ནི་འཇིག་རྟེན་ཤེས་པ་ཉིད་ཀྱིས་ལས་བསྟན་ཏེ། དེ་ལ་ཞི་བར་བྱ་བ་ནི་སྡུག་བསྔལ་དང་ཀུན་འབྱུང་གི་བདེན་པ་དག་གོ་།ཐོབ་པར་བྱ་བ་ནི་འགོག་པ་དང་ལམ་གྱི་བདེན་པ་དག་གོ་།སྟོན་པ་རྣམ་པར་དབྱེ་བའི ་ཚིགས་སུ་བཅད་པ་རྣམ་པ་གསུམ་སྟེ། གཅིག་ལག་བསྟན་པའི་ཆོས་དང་ནི། །དེ་སྟོན་དགོངས་པ་ཅན་དང་ནི། །ངེས་དོན་ཆད་མ་ལྡན་པ་དང། །དེ་ཡི་བརྗོད་མེད་ཐོབ་པའོ། །འདི་ནི་སྟོན་པ་རྣམས་ཀྱི་མཚན་ཉིད་དེ། །དེས་ཚད་མ་དང་ལྡན་པའི ་དོན་ནི་སྟོན་པ་འཚད་མར་མཛད་པས་ངེས་བར་བྱས་ཤིང་རྣམ་པར་ཕྱེ་བ་གང་ཡིན་པའོ། །བརྗོད་པ་མེད་པ་ཐོབ་པ་ནི་རྟོགས་པའི་ཡེ་ཤེས་འཇིག་རྟེན་ལས་འདས་པ་ན་དེ་ནི་བརྗོད་དུ་མེད་པའི་ཕྱིར་རོ། །ལྷག་མ་ནི་དོན་གོ་བར་ཟད་དོ། །སྤོངས་དང ་ཇི་སྐད་བཤད་པ་དང། ལོག་པར་ཡང་དག་ཤེས་པ་དང། །བརྗོད་དང་བཅས་པ་འཐོབ་པ་དག་།འདིར་ནི་དགག་པར་བསྟན་པ་ཡིན། །སྟོན་པ་དང་པོ་ལ་ནི་གཙུག་ལག་གི་ཆོས་སྲོང་བའི་གང་ཟག་དགག་པར་བསྟན་ཏོ། །གཉིས་པ་ལ་ནི་ཚིག་འབྲུ་སྒྲ ་ཇི་བཞིན་གྱི་དོན་ཏེ་དགོངས་མ་ཅན་གྱི་དོན་ནི་མ་ཡིན་ནོ། །གསུམ་པ་ལ་ནི་ལོག་པར་བསམས་པའི་དོན་ཕྱིན་ཅི་ལོག་ཏུ་དྲངས་པའོ། །བཞི་པ་ལ་ནི་བརྗོད་པ་དང་བཅས་པའི་ཤེས་པ་སོ་སོ་རང་གིས་རིག་པར་བྱ་བ་མ་ཡིན་པའོ། །མོས་དང་རྣམ་པར་དཔྱོད ་པ་དང། གཞན་ལས་ཇི་བཞིན་ཐོས་པ་དང། །བརྗོད་པ་མེད་པའི་ཡེ་ཤེས་ལས། །བརྟན་རྣམས་ཉམས་པར་མི་འགྱུར་རོ། །འདི་ནི་སྟོན་པའི་ཕན་ཡོན་ཡིན་ཏེ། །སྟོན་པ་དང་པོས་ནི་གཙུག་ལག་གིས་ཆོས་ལ་མོས་པ་ལས་ཉམས་པར་མི་འགྱུར ་རོ། །གཉིས་པས་ནི་བདག་ཉིད་ཀྱིས་དགོངས་པ་ཅན་གྱིས་དོན་དབྱེད་པ་ལས་སོ། །གསུམ་པས་ནི་གཞན་ལས་དེའི་དོན་གྱི་ཚུལ་ཕྱིན་ཅི་མ་ལོག་པར་ཐོས་པ་ལས་སོ། །བཞི་པས་ནི་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ལས་སོ། །སོ་སོ་ཡང་དག་པར ་རིག་པ་རྣམ་པར་དབྱེ་བའི་ཚིགས་སུ་བཅད་པ་བཞི་སྟེ། །རྣམ་གྲངས་དང་ནི་མཚན་ཉིད་དང། །ཚིགས་དང་ཡེ་ཤེས་ཤེས་པའི་ཕྱིར། །བྱང་ཆུབ་སེམས་དཔའ་ཨི་ཡང་དག་རིག་།བཞི་པོ་མཚུངས་པ་མེད་པར་འདོད། །དང་པོ་ནི་རྣམས་གྲངས་ཤེས་པ ་སྟེ། དོན་རེ་རེའི་མིང་གི་རྣམ་གྲངས་ཇི་སྙེད་པ་ཤེས་པ་ཡིན་ནོ། །གཉིས་པ་ནི་མཚན་ཉིད་ཤེས་པ་སྟེ། དོན་གང་ཡིན་པ་དེའི་མིང་ཤེས་པ་ཡིན་ནོ། །གསུམ་པ་ནི་ཚིག་ཤེས་པ་སྟེ། ཡུལ་མི་སོ་སོའི་སྐད་གང་དག་ཡིན་པ་ཤེས་པའོ། །བཞི་པ་ནི ་ཡེ་ཤེས་ཤེས་པ་སྟེ། བདག་ཉིད་ཀྱི་སྤོབས་པ་གང་ཡིན་པ་སྟེ། འདི་ནི་ཡང་དག་པར་རིག་པ་རྣམས་ཀྱི་མཚན་ཉིད་ཡིན་ནོ། །བསྟན་པ་ལ་ནི་རབ་བརྩོན་པའི། །གང་དང་གང་གིས་སྟོན་པ་ནི། །ཆོས་དང་དོན་ནི་གཉིས་པོ་དག་།ཚིག་དང་ཤེས་པ་ཁྲོ ་ནས་སྟོན། །ཆོས་ནི་བསྟན་དང་བཤད་ཕྱིར་དང། །རྣམ་པ་ཀུན་ཏུ་གཉིས་ཐོབ་ཕྱིར། །རྒོལ་བ་རྣམས་ཀྱི་ལན་འདེབས་ཕྱིར། །སོ་སོ་ཡང་དག་རིག་པ་བཞི། །ཞེས་བྱ་བ་ནི་བཞི་ཉིད་ཀྱི་རྒྱུ་ཡིན་ནོ། །བསྟན་པ་ལ་རབ་ཏུ་བརྩོན་པའི་གང་ཞིག་གང་གིས་སྟོན ་པ་དེ་ལ་ཡེ་ཤེས་དགོས་སོ། །གང་ཞིག་སྟོན་ཞེ་ན། ཆོས་དང་དོན་ཏོ། །གང་གིས་སྟོན་ཞེ་ན། ཚིག་དང་ཤེས་པས་སོ། །དེ་ལ་ཆོས་དང་དོན་དག་སྟོན་པ་ནི་ཆོས་བསྟན་པ་དང་བཤད་པའི་ཕྱིར་རོ། །ཚིག་གིས་སྟོན་པ་ནི་གཉིས་པོ་དེ་ཉིད་ནཾ ་པ་ཐམས་ཅད་དུ་ཐོབ་པར་བྱེད་པའི་ཕྱིར་རོ། །ཤེས་པས་སྟོན་པ་ནི་རྒོལ་བ་རྣམས་ལན་འདེབས་པའི་ཕྱིར་རོ། །དེ་བས་རྟ?་གང་ཞིག་གང་གིས་སྟོན་པ་དེ་ཤེས་པའི་ཕྱིར། སོ་སོ་ཡང་དག་པར་རིག་པ་བཞིར་རྣམ་པར་བཞག་གོ་།མཉམ་ཉིད་སོ་སོ་རང ་རིག་ནས། །ཕྱིས་ནི་རབ་ཏུ་ཤེས་པ་ཡིན། །ཐེ་ཚོམ་ཐམས་ཅད་གཅོད་བྱེད་པ། །སོ་སོ་ཡང་དག་རིག་པར་བརྗོད། །འདིས་ནི་སོ་སོ་ཡང་དག་པར་རིག་པ་རྣམས་ཀྱི་ངེས་པའི་ཚིག་དང་ལས་བསྟན་ཏེ། འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱི ་ཆོས་ཐམས་ཅད་མཉམ་པ་ཉིད་དེ་བཞིན་ཉིད་སོ་སོ་རང་གིས་རིག་ནས། །དུས་ཕྱིས་དེའི་རྗེས་ལ་ཐོབ་པའི་ཤེས་པས་རྣམ་གྲངས་ལ་སོགས་པ་རབ་ཏུ་ཤེས་པ་ནི་སོ་སོ་ཡང་དག་པར་རིག་པ་ཞེས་བྱ་བའི་ངེས་པའི་ཚིག་ཡིན་ནོ། །གཞན་དག་གི་ཐེ ་ཚོམ་ཐམས་ཅད་གཅོད་པར་བྱེད་པ་ཞེས་བྱ་བ་ནི་ལས་མ་ཡིན་ནོ། །ཚོགས་རྣམ་པར་དབྱེ་བའི་ཚིགས་སུ་བཅད་པ་རྣམ་པ་བཞི་སྟེ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚོགས། །བསོད་ནམས་ཡེ་ཤེས་མཚུངས་པ་མེད། །གཅིག་གིས་འཁོར་པར ་མངོན་མཐོ་བྱེད། །གཞན་གྱིས་ཉོན་མོངས་མེད་པར་འཁོར། །འདིས་ནི་ཚོགས་གང་ཡིན་པ་དང་གང་གི་དོན་དུ་ཡིན་པ་དེ་བསྟན་ཏོ། །ཆོགས་ནི་རྣམ་པ་གཉིས་ཏེ། བསོད་ནམས་ཀྱི་ཚོགས་དང། ཡེ་ཤེས་ཀྱི་ཚོགས་སོ། །དེ་ལ་བསོད་ནཾས་ཀྱི་ཚོཌ ་ཀྱིས་ནི་འཁོར་བ་ནི་མངོན་པར་མཐོ་བར་འགྱུར་རོ། །ཡེ་ཤེས་ཀྱི་ཚོགས་ཀྱིས་ནི་ཀུན་ནས་ཉོན་མོངས་པ་མེད་པར་འཁོར་བར་འགྱུར་རོ། །སྦྱིན་དང་ཚུལ་ཁྲིམས་བསོད་ནམས་ཀྱི། །ཚོགས་ཡིན་ཤེས་རབ་ཡེ་ཤེས་ཀྱི། །གསུམ་པོ་གཞན་ནི ་གཉིས་ཀ་སྟེ། །ལྔ་ཆར་ཡང་ནི་ཡེ་ཤེས་ཚོགས། །འདིས་ནི་ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱིས་ཚོགས་གཉིས་པོ་བསྡུས་པར་སྟོན་ཏེ། བཟོད་པ་དང་བརྩོན་འགྲུས་དང་བསམ་གཏན་གྱི་སྟོབས་ཀྱིས་ནི་གཉིས་ག་བྱེད་དོ། །དེ་ལྟ་བས་ན་གསུམ་པོ་ནི་ཚོགས་གཉི་ག་ཡིན ་ནོ། །ཡང་ཕ་རོལ་ཏུ་ཕྱིན་པ་ལྔ་པོ་ཐམས་ཅད་ཤེས་རབ་ཏུ་ཡོངས་སུ་བསྔོས་པའི་སྒོ་ནས་ཡེ་ཤེས་ཀྱི་ཚོགས་ཡིན་པར་རིག་པར་བྱའོ། །རྒྱུན་དུ་སྒོམ་པ་ཐོབ་ནས་ནི། །དགེ་ལ་ཡང་དང་ཡང་དུ་སྒྲུབ། །བསྟན་པའི་ཚོགས་གང་ཡིན་པ་དེ། །དོན་ཀུན་སྒྲུབ་བར ་བྱེད་པ་ཡིན། །འདི་ནི་ཚོགས་ངེས་པའི་ཚིགས་དང་ལས་ཡིན་ཏེ། སམ་ཞེས་བྱ་བ་ནི་རྒྱུན་དུའོ། །བྷ་ཞེས་བྱ་བ་ནི་སྒོམ་པ་ཐོས་ནས་སོ། །ར?་ཞེས་བྱ་བ་ནི་ཡང་དང་ཡང་དུ་སྒྲུབ་བའོ། །དེ་ན་ཐམས་ཅད་སྒྲུབ་པར་བྱེད་པ་ཞེས་བྱ་བ་ནི་ལས་ཏེ། རང་དང ་གཞན་གྱི་དོན་དག་སྒྲུབ་པའི་ཕྱིར་རོ། །འཇུག་དང་མཚན་མ་མེད་པ་དང། །ལྷུན་གྱིས་གྲུབ་པར་བྱ་བ་དང། །དབང་བསྐུར་མཐར་ཐུག་བྱ་བའི་ཕྱིར། །བརྟན་རྣམས་ཚོགས་ནི་སྒྲུབ་པར་བྱེད། །འདི་ནི་ཚོགས་ཀྱི་རབ་ཏུ་དབྱེ་བ་སྟེ། །དེ་ལ་མོས ་པས་སྤྱོད་པའི་སའི་ཚོགས་ནི་ས་ལ་འཇུག་པའི་ཕྱིར་ཡིན་ནོ། །ས་དྲུག་པོ་དག་གིས་ནི་མཚན་མ་མེད་པས་བདུན་པས་བསྡུས་པའི་ཕྱིར་ཡིན་ཏེ། དེ་ན་མཚན་མ་ཀུན་ཏུ་མི་སྤྱོད་པའི་ཕྱིར་རོ། །ས་བརྒྱད་པའི་ནི་ལྷུན་གྱིས་སྒྲུབ་པ་སྟེ། དེ་ལས་གཞན་པའི ་ས་གཉིས་བསྡུས་པའི་ཕྱིར་ཡིན་ནོ། །དེ་གཉིས་ཀྱིས་ཚོགས་ནི་དབང་བསྐུར་བའི་སྟེ། ས་བཅུ་པས་བསྡུས་པའི་ཕྱིར་ཡིན་ནོ། །དེའི་ཚོགས་ནི་མཐར་ཐུག་པ་སྟེ། སངས་རྒྱས་ཀྱིས་ས་བསྡུས་པའི་ཕྱིར་ཡིན་ནོ། །དྲན་པ་ཉེ་བར་བཞག་པ་རྣམ་པར ་དབྱེ་པའི་ཚིགས་སུ་བཅད་པ་རྣམ་པ་གསུམ་སྟེ། བློ་ལྡན་དྲན་པ་ཉེར་བཞག་པ། །བསྒོམ་པ་རྣམ་པ་བཅུ་བཞི་ཡིS། །མཚུངས་པ་མེད་པའི་ཕྱིར་ན་དེ། །དེ་ལས་གཞན་ལས་ཁྱད་པར་འཕགས། །བཅུ་བཞི་པོ་གང་དག་གིས་ཤེ་ན། རྟེན་དང་གཉེན་པོ་དག་དང ་ནི། དེ་བཞིན་དུ་ནི་འཇུག་པ་དང། །དམིགས་པ་དང་ནི་ཡིད་བྱེད་དང། །ཐོས་པས་སྒོམ་པ་ཁྱད་པར་འཕགས། །མཐུན་དང་རྗེས་སུ་འཇུག་པ་དང། །ཡོངས་སུ་ཤེས་དང་སྐྱེ་བ་དང། །ཆེན་པོ་དང་ནི་མཚོ་གཉིད་དང། །བསྒོམS་དང་ཡང་དག་འགྲུབ ་པས་གཞན། །ཞེས་བྱ་བ་རྣམ་པ་བཅུ་བཞི་པོ་འདི་དག་གིས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དྲན་པ་ཉེ་བར་བཞག་པ་སྒོམ་པ་ཁྱད་པར་དུ་འཕགས་ཏེ། རྟེན་གྱིས་ཇི་ལྟ་བུ་ཞེ་ན། ཐེག་པ་ཆེན་པོ་ཐོས་པ་དང་བསམས་པ་དང་བསྒོམས་པ་ལས་བྱུང་བའི ་ཤེས་རབ་ལ་བརྟེན་ནས་སོ། །གཉེན་པོས་ཇི་ལྟ་བུ་ཞེ་ན། ལུས་ལ་སོགས་པའི་ཆོས་ལ་བདག་མེད་པར་འཇུག་པའི་སྒོ་ནས་ཕྱིན་ཅི་མ་ལོག་བཞིའི་གཉེན་པོ་མི་གཙང་བ་དང། སྡུག་བསྔལ་བ་དང། མི་རྟག་པ་དང། བདག་མེད་པའི་འདུ་ཤེས་རྣམས་ཀྱིས ་ཡང་གཉེན་པོ་ཡིན་པའི་ཕྱིར་རོ། །འཇུག་པས་ཇི་ལྟ་བུ་ཞེ་ན། དྲན་པ་ཉེ་བར་བཞག་པ་བཞིས་གོ་རིམ་བཞིན་དུ་བདག་ཉིད་ཀྱང་སྡུག་བསྔལ་དང། ཀུན་འབྱུང་བ་དང། འགོག་པ་དང། ལམ་གྱི་བདེན་པ་ལ་འཇུག་ཅིང་གཞན་དག་ཀྱང་འཛུད་པའི ་ཕྱིར་ཏེ། དབུས་དང་མཛའ་རྣམ་པར་འབྱེད་པ་ལས་ཇི་སྐད་བཤད་པ་ལྟ་བུ་ཡིན་ནོ། །དམིགས་པས་ཇི་ལྟ་བུ་ཞེ་ན། སེམས་ཅན་ཐམས་ཅད་ཀྱི་ལུས་ལ་སོགས་པ་ལ་དམིས་པའི་ཕྱིར་རོ། །ཡིད་ལ་བྱེད་པས་ཇི་ལྟ་བུ་ཞེ་ན། ལུས་ལ་སོགས་པར་མི ་དམིགས་པའི་ཕྱིར་རོ། །ཐོབ་པས་ཇི་ལྟ་བུ་ཞེ་ན། ལུས་ལ་སོགས་པ་དང་བྲལ་བར་བྱ་བའི་ཕྱིར་ཡང་མ་ཡིན། །མི་འབྲལ་བར་བྱ་བའི་ཕྱིར་ཡང་མ་ཡིན་ནོ། །མཐུན་པས་ཇི་ལྟ་བུ་ཞེ་ན། ཕ་རོལ་ཏུ་ཕྱིན་པ་དང་མཐུན་པས་དེའི་མི་མཐུན་པའི་ཕྱོགས ་གྱི་གཉེན་པོ་ཡིན་པའི་ཕྱིར་རོ། །རྗེས་སུ་འཇུག་པས་ཇི་ལྟ་བུ་ཞེ་ན། འཇིག་རྟེན་པ་དང། ཉན་ཐོས་དང། རང་སངས་རྒྱས་རྣམས་ཀྱི་ཡང་རྗེས་སུ་འཇུག་པས་དེ་དག་ལ་དེ་བསྟན་པའི་ཕྱིར་དེ་དང་ལྡན་པའི་དྲན་པ་ཉེ་བར་གཞག་པ་བསྒོམ་བཱི ་ཕྱིར་རོ། །ཡོངས་སུ་ཤེས་པས་ཇི་ལྟ་བུ་ཞེ་ན། ལུས་ནི་སྒྱུ་མ་ལྟ་བུ་ཉིད་དུ་ཡོངས་སུ་ཤེས་པ་སྟེ། དེ་ཁོ་ན་བཞིན་དུ་ཡང་དག་པ་མ་ཡིན་པའི་ངོ་བོ་སྣང་བའི་ཕྱིར་རོ། །ཚོར་བ་ནི་སྨི་ལམ་ལྟ་བུ་ཉིད་དུ་ཡོངས་སུ་ཤེས་པས་ཏེ། དེ་ཁོ་ན་བཞིན་དུ་ལོག་པར་ཉམS ་སུ་མྱོང་བའི་ཕྱིར་རོ། །སེམས་ནི་ནམ་མཁའ་བཞིན་དུ་རང་བཞིན་གྱིས་འོད་གསལ་བར་ཡོངས་སུ་ཤེས་པས་སོ། །ཆོས་རྣམས་ན་ནམ་མཁའ་གློ་བུར་གྱི་རྡུལ་དང་དུ་བ་དང་སྤྲིན་དང་ཁུག་སྣས་ཁེབས་པ་བཞིན་དུ་གློ་བུར་བ་ཉིད་དུ་ཡོངས་སུ་ཤེས་པས་སོ། ། ་སྐྱེ་བས་ཇི་ལྟ་བུ་ཞེ་ན། བསམས་བཞིན་དུ་སྲིད་པར་སྐྱེ་བ་ན་འཁོར་ལོས་སྒྱུར་བ་ལ་སོགས་པར་གྱུར་བའི་ལུས་དང་ཚོར་བ་ལ་སོགས་པ་ཁྱད་པར་དུ་འཕགས་པ་ཕུན་སུམ་ཚོགས་ཤིང་དེ་ལ་ཀུན་ནས་ཉོན་མོངས་པ་མེད་པས་སོ། །ཆེན་པོས་ཇི་ལྟ་བུ་ཞེ་ན། ་རང་བཞིན་གྱིས་དབང་པོ་རྣོ་བ་ཉིད་ཀྱིས་དྲན་པ་ཉེ་བར་བཞག་པ་སྒོམ་པ་ཆུང་ངུ་ཡང་དེ་ལས་གཞན་པ་དག་བས་ཆེ་བའི་ཕྱིར་རོ། །མཆོག་ཉིད་གྱིས་ཇི་ལྟ་བུ་ཞེ་ན། སྒོམ་པ་ཡོངས་སུ་གྲུབ་པ་རྣམས་འདྲེས་པ་ཉེ་བར་འདྲེས་པ་ལྷུན་གྱིས་གྲུབ་པར་སྒོམ་པའི ་ཕྱིར་རོ། །བསྒོམས་པས་ཇི་ལྟ་བུ་ཞེ་ན། ཤིན་ཏུ་བསྒོམས་པས་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པ་ན་ཡང་དེ་མི་ཟད་པའི་ཕྱིར་རོ། །ཡང་དག་པར་འགྲུབ་པས་ཇི་ལྟ་བུ་ཞེ་ན། ས་བཅུ་དང་སངས་རྒྱས་ཉིད་དུ་ཡང་དག་པར་འགྲུབ་པའི་ཕྱིར་རོ།། ་ཡང་དག་པར་སྤོང་བ་རྣམ་པར་དབྱེ་བའི་ཚིགས་སུ་བཅད་པ་ལྔ་སྟེ། བརྟན་པ་རྣམས་ཀྱི་ཡང་དག་སྤོང། །ལུས་ཅན་ཀུན་དང་མཚུངས་པ་མེད། །དྲན་པ་ཉེ་བར་གཞག་པ་ཡི། །ཉེས་པ་རྣམས་ཀྱི་གཉེན་པོར་སྒོམ། །དྲན་པ་ཉེ་བར་བཞག་བ་སྒོམ་པ་ཇི་སྐད ་བཤད་པ་དེ་དག་གི་མི་མཐུན་པའི་ཕྱོགས་ཉེས་པ་རྣམས་ཀྱི་གཉེན་པོར་ཡང་དག་པར་སྤོང་བ་སྒོམ་མོ་ཞེས་བྱ་བ་ནི་ཡང་དག་པར་སྤོང་བའི་སྤྱིའི་མཚན་ཉིད་ཡིན་ནོ། །རབ་ཏུ་དབྱེ་བ་ནི། འཁོར་བ་ཉེ་བར་སྤྱད་པ་དང། སྒྲིབ་པ་དག་ནི་དོར་བ་དང། ཡིད་ལ་བྱེད་པ ་དོར་བ་དང། །ས་རྣམས་ལ་ནི་འཇུག་པ་དར། མཚན་མ་མེད་པར་གནས་པ་དང། ལུང་བསྟན་པ་ན་ཐོབ་པ་དང། །སེམས་ཅན་རྣམས་ཡོངས་སྨིན་བྱ་དང། །དབང་ནི་བསྐུར་བར་བྱ་བ་དང། ཞིང་རྣམས་དག་པར་བྱ་ཕྱིར་དང། །མཐར་ཐུག་ཉིད ་དུ་བྱ་བའི་ཕྱིར། །བྱང་ཆུབ་སེམས་དཔའ་བློ་ལྡན་རྣམས། །མི་མཐུན་ཕྱོགས་ཀྱི་གཉེན་པོར་སྒོམ། །འདི་ནི་ཡང་དག་པར་སྤོང་བསྒོམ་པའི་རབ་ཏུ་དབྱེ་བ་སྟེ། འཁོར་བར་ཕུན་སུམ་ཚོགས་པ་རྣམས་ལ་ཀུན་ནས་ཉོན་མོངས་པ་མེད་པར་ཡོངས་སུ་ལོངS ་སྤྱོད་པ་དང། སྒྲིབ་པ་ལྔ་དོར་བ་དང། ཉན་ཐོས་དང་རང་སངས་རྒྱས་ཀྱི་ཡིད་ལ་བྱེད་བ་དོར་བ་དང། ས་ལ་འཇུག་པ་དང། ས་བདུན་པ་ལ་མཚན་མ་མེད་པར་གནས་པ་དང། ས་བརྒྱད་པ་ལ་ལུང་བསྟན་པ་ཐོབ་པ་དང། དགུ་པ་ལ་སེཾས་ཅན ་རྣམས་ཡོངས་སུ་སྨིན་པར་བྱ་བ་དང། བཅུ་པ་ལ་དབང་བསྐུར་བ་དང། གསུམ་ཆར་ལ་ཞིང་རྣམ་པར་དག་པར་བྱ་བའི་ཕྱིར་དང། སངས་རྒྱས་ཀྱིས་ས་ལ་མཐར་ཐུག་བར་བྱ་བའི་ཕྱིར། མི་མཐུན་པའི་ཕྱོགས་གང་དག་ཡིན་བ་དེ་དག་གི་གཉེན་པོར ་ཡང་དག་པར་སྤོང་བ་སྒོམ་པར་རིག་པར་བྱ་སྟེ། འདི་ནི་དེའི་རབ་ཏུ་དབྱེ་བ་ཡིན་ནོ། །འདུན་པ་ལ་ནི་བརྟེན་ནས་སུ། །རྣལ་འབྱོར་རྒྱུ་མཚན་བཅས་སྒོམ་པ། །ཡང་དག་སྤོང་བ་ཐམས་ཅད་ལ། །གཉེན་པོ་ཞེས་ནི་ངེས་པར་བརྗོད། །འདོན? ་འདུན་པ་བསྐྱེད་དོ། །འབད་དོ། །བརྩོན་འགྲུས་བརྩོམ་མོ་སེམས་རབ་ཏུ་འཛིན་ཏོ། །ཡང་དག་པར་རབ་ཏུ་འཇོག་གོ་ཞེས་བྱ་བའི་ཚིག་འདི་རྣམས་ཀྱི་དོན་བསྟན་ཏེ། འདུན་པ་ལ་བརྟེན་ནས་ཞི་གནས་དང་ལྷག་མཐོང་ཞེས་བྱ་བའི་རྣལ ་འབྱོར་སྒོམ་ཞིང་འབད་དོ། །སྒོམ་པ་དེ་ཡང་ཞི་གནས་དང། རབ་ཏུ་འཛིན་པ་དང། བཏང་སྙོམས་ཀྱི་རྒྱུ་མཚན་དག་དང་ལྷན་ཅིག་སྒོམ་སྟེ། དེ་ལྟ་བས་ན་རྒྱུ་མཚན་དང་བཅས་པ་ཡིན་ནོ། །ཡང་ཇི་ལྟར་སྒོམ་ཞེ་ན། འདི་ལྟ་ན་ཞི་གནས་དང་རབ་ཏུ་འཛིན ་པའི་ཉེ་བའི་ཉོན་མོངས་པ་ཞུམ་པ་དང་རྒོད་པ་དག་གི་གཉེན་པོར་བརྩོན་འགྲུས་རྩོམ་མོ། །བརྩོན་འགྲུས་ཇི་ལྟར་རྩོམ་ཞེ་ན། སེམས་རབ་ཏུ་འཛིན་ཏོ། །ཡང་དག་པར་རབ་ཏུ་འཇོག་གོ་།དེ་ལ་རབ་ཏུ་འཛིན་པ་ནི་ཤེས་རབ་ཀྱིས་སོ། །ཡང་དག་པར་རབ་ཏུ ་འཇོག་པ་ནི་ཞི་གནས་ཀྱིས་སོ། །མཉམ་པ་ཐོབ་ནས་ནི་བཏང་སྙོམས་སུ་འཇོག་སྟེ། རྣལ་འབྱོར་སྒོམ་པ་འདི་ནི་ཡང་དག་པར་སྤོང་བའི་རབ་ཏུ་དབྱེ་བ་ཇི་སྐད་བཤད་པ་ཐམས་ཅད་ལ་གཉེན་པོ་ཞེས་བྱའོ། །རྫུ་འཕྲུལ་གྱི་རྐང་པ་རྣམ་པར་དབྱེ་བའི་ཚིགS ་སུ་བཅད་པ་རྣམ་པ་ལྔ་སྟེ། བརྟེན་པ་རྣམས་ཀྱི་རྫུ་འཕྲུལ་གྱི། །རྐང་པ་མཚན་ཉིད་མཆོག་ལྡན་བཞི། །བདག་ཉིད་དང་ནི་གཞན་དག་གི་།དོན་ཀུན་འགྲུབ་པའི་ཕྱིར་སྐྱེའོ། །འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དོན་ཐམས་ཅད་འགྲུབ་པར་རིག ་པར་བྱ་སྟེ། ལྷག་མ་ནི་དོན་གོ་བར་ཟད་དོ། །རྟེན་དང་རབ་ཏུ་དབྱེ་བ་དང། ཐབས་དང་མངོན་པར་སྒྲུབ་པ་ཡི། །བློ་ལྡན་རྫུ་འཕྲུལ་རྐང་པ་རྣམས། །རྣམ་བ་ཀུན་ཏུ་རྣམ་བཞག་འདོད། །བསྟན་པ་འདིའི་བཤད་པ་ནི་ལྷག་མ་ཡིན་ཏེ། བསམ་གཏན་ཕ ་རོལ་ཕྱིན་བརྟེན་ནས། །རབ་ཏུ་དབྱེ་བདག་དང་ཐབས། །རྣམ་བཞི་མངོན་པར་སྒྲུབ་པ་ནི། །རྣམ་པ་དྲུག་ཏུ་བརྗོད་པ་ཡིན། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན་ནས་འདུན་པ་དང་བརྩོན་འགྲུས་དང། སེམས་དང་དཔྱོད་པའི་ཏིང་ངེ་འཛིན་གྱི ་དབྱེ་བས་རབ་ཏུ་དབྱེ་བ་རྣམ་པ་བཞིའོ། །ཐབས་ཀྱང་རྣམ་པ་བཞི་ཁོ་ནའོ། །མངོན་པར་སྒྲུབ་པ་ནི་རྣམ་པ་དྲུག་གོ་།ཐབས་རྣམ་པ་བཞི་གང་ཞེ་ན། གཅིག་ནི་འབད་པར་བྱེད་པ་སྟེ། གཉིས་པ་ཕན་འདོགས་བདག་ཉིད་ཡིན། །གསུམ་པ་གཏོད་པར ་བྱེད་པ་སྟེ། །བཞི་པ་གཉེན་པོ་པ་ཡིན་ནོ། །སྤོང་བའི་འདུ་བྱེད་བརྒྱད་ལས་འདུན་པ་དང་རྩོལ་བ་དང་དད་པ་ནི་འབད་པར་བྱེད་པའི་ཐབས་ཏེ། དད་ཅིང་དོན་དུ་གཉེར་ན་འབད་པའི་ཕྱིར་རོ། །ཤིན་ཏུ་སྤྱངས་པ་ནི་ཕན་འདོགས་པར་བྱེད་པའོ། །དྲན་པ་དང་ ་ཤེས་བཞིན་ཉེ་བར་གཏོང་པར་བྱེད་པ་སྟེ། །གཅིག་གི་སེམས་དམིགས་པ་ལས་མི་འཕྲོ་བར་བྱེད་པའི་ཕྱིར་དང། གཉིས་པས་འཕྲོ་བ་རབ་ཏུ་ཤེས་པཱི་ཕྱིར་རོ། །སེམས་པ་དང་བརྟང?་སྙོམས་ནི་གཉེན་པོའི་ཐབས་ཡིན་ཏེ ་ཉེ་བའི་ཉོན་མོངས་པ་ཞུམ་པ་དང་རྒེད་པ་དག་དང། ཉོན་མོངས་པ་རྣམས་ཀྱི་གཉེན་པོ་ཡིན་པའི་ཕྱིར་རོ། །མངོན་པར་སྒྲུབ་པ་རྣམ་པ་དྲུག་གང་ཞེ་ན། མཐོང་བ་དང་གདམས་ངག་དང། །གནས་པས་རྣམ་པར་བརྩེ་བ་དང། །སྨོན་ལམ་དང་ནི་དབང་དག ་དང། །ཆོས་ཐོབ་པ་ནི་སྒྲུབ་བའི་ཕྱིར། །དེ་ལ་མཐོང་བ་ནི་སྤྱན་རྣམ་པ་ལྔ་པོ་ཤའི་སྤྱན་དང། ལྷའི་སྤྱན་དང། ཤེས་རབ་ཀྱི་སྤྱན་དང་ཆོས་ཀྱི་སྤྱན་དང། སངས་རྒྱས་ཀྱི་སྤྱན་ནོ། །གདམས་དག་ནི་མངོན་པར་ཤེས་པ་གྲུབ་སྟེ། དེ་དག་གིས་གོ་རིམ་བཞིན་དུ ་ཉེ་བར་སོང་ནས་སྐད་དང་སེམས་དང་འོང་བ་དང་འགྲོ་བ་རིག་པར་བྱས་ནས་ངེས་པར་འབྱུང་བར་བྱ་བའི་ཕྱིར་འདོམས་པའི་ཕྱིར་རོ། །གནས་པས་རྣམ་པར་བརྩེ་བ་ནི། །འདི་ལྟར་བྱང་ཆུབ་སེམས་དཔའ་རྣམས་ཏིང་ངེ་འཛིན་གྱིས་སྤྲུལ་པ་ལ་སོགས ་པ་རྣམ་པ་དུ་མས་རྣམ་པར་བརྩེ་བ་ཡིན་ནོ། །སྨོན་ལམ་ནི་སྨོན་ལམ་ཤེས་པ་གང་གིས་བྱང་ཆུབ་སེམས་དཔའ་སྨོན་ལམ་གྱི་སྟོབས་ཅན་རྣམས་སྨོན་ལམ་ཁྱད་པར་ཅན་གྱིས་རྣམ་པར་རྩེ་བའོ། །དེ་དག་གི་ལུས་དང་འོད་དང་དབྱངས་ནི་དགྲད་བར ་སླ་བ་མ་ཡིན་ཏེ། རྒྱས་པར་ས་བཅུ་པའི་མདོ་ལས་ཇི་སྐད་འབྱུང་བ་ལྟ་བུ་ཡིན་ནོ། །དབང་ཡང་དེ་ཉིད་ལས། དབང་བཅུ་ཇི་སྐད་བསྟན་པ་ལྟ་བུ་ཡིན་ནོ། །ཆོས་ཐོབ་པ་ནི་སྟོབས་དང་མི་འཇིགས་པ་དང་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཐོབ ་པ་སྟེ། དེ་ལྟར་ན་འདི་ནི་མཐོང་བ་ལ་སོགས་པ་མངོན་པར་སྒྲུབ་པ་རྣམ་པ་དྲུག་ཡིན་ནོ། །དབང་པོ་རྣམ་པར་དབྱེ་བའི་ཚིགས་སུ་བཅད་པ། བྱང་ཆུབ་སྤྱོད་དང་ཐོས་མཆོག་དང། །ཞིག་ནས་ལྷག་མཐོང་དད་སོགས་ཀྱིས། །གཞི་ཡིན་པར་ནི་ཤེས་བྱ་སྟེ། ་དོན་གྲུབ་བྱེད་པའི་སྐབས་ཀྱིས་སོ། །དད་པའི་དབང་བོའི་གཞི་ནི་བྱང་ཆུབ་སྟེ་དམིགས་པ་ཞེས་བྱ་བའི་དོན་ཏོ། །བརྩོན་འགྲུས་ཀྱི་དབང་པོའི་ནི་བྱང་ཆུབ་སེམས་དཔའ་ཨི་སྤྱོད་པའོ་།དྲན་པའི་དབང་པོའི་ནི་ཐེག་པ་ཆེན་པོས་བསྡུས་བའི་ཐོས་པའོ། །ཏིང ་ངེ་འཛིན་གྱི་དབང་པོའི་ཞི་གནས་སོ། །ཤེས་རབ་ཀྱི་དབང་པོའི་གཞིན་ལྷག་མཐོང་ངོ། །དེ་དག་གི་དོན་གྱི་སྐབས་ཁོ་ནས་དད་པ་ལ་སོགས་པ་འདི་དག་དབང་བྱེད་པའི་དོན་ཀྱིས་དབང་པོ་རྣམས་ཤེས་བྱའོ། །སྟོབས་རྣམ་པར་དབྱེ་བའི་ཚིགས་སུ་བཅད་པ། ། ་དད་སོགས་ས་ལ་འཇུག་པ་སྟེ། ཀུན་ནས་ཉོན་མོངས་ཅན་དུ་འདོད། །མི་མཐུན་ཕྱོགས་ཉམས་ཆུང་བས་ཡང། །དེ་དག་ཉིད་ལ་སྟོབས་ཞེས་བྱ། །ཚིགས་སུ་བཅད་པ་འདིའི་དོན་གོ་བར་ཟད་དོ། །བྱང་ཆུབ་ཀྱི་ཡན་ལག་རྣམ་པར་དབྱེ་བའི་ཚིགས་སྐུ ་བཅད་པ་རྣམ་པ་བདུན་ཏེ། སར་ཞུགས་བ་ལ་བྱང་ཆུབ་ཀྱི། །ཡན་ལག་རྣམ་པར་བཞག་བར་བརྗོད། །ཆོས་རྣམས་དང་ནི་སེམས་ཅན་ཀུན། །མཉམ་པ་ཉིད་དུ་རྟོགས་ཕྱིར་རོ། །འདིས་ནི་གནས་སྐབས་གང་དུ་གང་ཞིག་རྟོགས་པས་བྱང་ཆུབ་ཀྱི ་ཡན་ལག་རྣམས་རྣམ་པར་བཞག་པ་དེ་བསྟན་ཏེ། ས་ལ་ཞུཌ་པཱི་གནས་སྐབ་ན་གོ་རིམ་བཞིན་དུ་ཆོས་ལ་བདག་མེད་པ་དང། བདག་དང་གཞན་མཉམ་པ་ཉིད་ཀྱིས་ཆོས་ཐམས་ཅད་དང་སེམས་ཅན་ཐམས་ཅད་མཉམ་པ་ཉིད་དུ་རྟོགས་པའི ་ཕྱིར་རོ། །འདི་མན་ཆད་ནི་བྱང་ཆུབ་ཀྱི་ཡན་ལག་རྣམས་འཁོར་ལོ་ལ་སོགས་པ་རིན་པོ་ཆེ་སྣ་བདུན་དང་ཆོས་མཐུན་པར་སྟོན་ཏེ། ཤེས་བྱ་མ་རྒྱལ་རྒྱལ་བྱའི་ཕྱིར་རོ། །དྲན་བདག་ནི་?་ཏུ་སྤྱོད། །ཤེས་བྱ་མ་རྒྱལ་བ་རྒྱལ་བའི་བྱ་བའི་ཕྱིར་ཏེ། དཔེར་ན ་འཁོར་ལོས་སྒྱུར་བའི་འཁོར་ལོ་རིན་པོ་ཆེ་ཡུལ་མ་ཕེབས་པ་འབེབས་པ་ལྟ་བུའོ། །འདི་ཡི་རྣམ་འབྱེད་རྟོག་པ་ཡི། །མཚན་མ་ཐམས་ཅད་འཇོམས་པར་བྱེད། །དཔེར་ན་གླང་བོ་རིན་པོ་ཆེ་ཕྱིར་རྒོལ་བ་འཇོམས་པར་བྱེད་བ་ལྟ་བུའོ། །འདི་ཡི་བརྩོན ་འགྲུས་མ་ལུས་པ། །མྱུར་དུ་རྟོགས་པར་བྱ་ཕྱིར་འཇུག་།མངོན་པར་ཤེས་པ་མྱུར་བ་ཉིད་སྒྲུབ་པའི་ཕྱིར་ཏེ། དཔེར་ན་རྟ་རིན་པོ་ཆེ་མྱུར་དུ་ས་ཆེན་པོ་རྒྱ་མཚོའི་མཛའ་ཀླས་པར་འགྲོ་བ་ལྟ་བུའོ། །ཆོས་ཀྱི་སྣང་བ་རྣམ་པར་འཕེལ་བའི།། ་དགའ་བས་རྟག་ཏུ་རྒྱས་པར་འགྱུར། །བྱང་ཆུབ་སེམས་དཔའ་ཨི་བརྩོན་འགྲུས་བརྩམས་པའི་ཆོས་ཀྱི་སྣང་བ་རྣམ་པར་འཕེལ་བར་འགྱུར་རོ། །དེས་ན་རྟག་ཏུ་ལུས་ཐམས་ཅད་དགའ་བར་ཆིམ་པར་བྱེད་དོ། །དེ་དཔེར་ན་ནོར་བུ་རིན་པོ་ཆེའི་སྣང་བའི ་ཁྱད་པར་གྱིས་འཁོར་ལོས་སྒྱུར་བའི་རྒྱལ་བོ་དགའ་བར་བྱེད་པ་ལྟ་བུའོ། །སྒྲིབ་པ་ཀུན་ལས་ཐར་པའི་ཕྱིར། །ཤིན་ཏུ་སྦྱངས་པས་བདེ་བ་འཐོབ། །གནས་ངན་ལེན་ཐམས་ཅད་ཡང་དག་བར་བཅོམ་པའི་ཕྱིར་ཏེ། དཔེར་ན་བུད་མེད་རིན་པོ་ཆེས ་འཁོར་ལོས་བསྒྱུར་བའི་རྒྱལ་པོ་དགའ་བ་ཉམས་སུ་མྱོང་བལྟ་བུའོ། །ཏིང་ངེ་འཛིན་ལས་བསམས་བའི་དོན། །འབྱོར་བ་ཉེ་བར་སྐྱེ་བར་འགྱུར། །དཔེར་ན་འཁོར་ལོས་སྒྱུར་བའི་འབྱོར་བ་ཁྱིམ་བདག་རིན་པོ་ཆེ་ལས་གྲུབ་པ་ལྟ་བུའོ། །བཏང་སྙོམས ་ཀྱིས་ནི་ཐམས་ཅད་དུ། །འདི་ནི་ཇི་ལྟར་འདོད་བཞིན་གནས། །རྗེས་ལ་ཐོབ་དང་མི་རྟོག་པའི། །གནས་པས་མཆོག་ནི་རྟག་ཏུ་གནས། །བཏང་སྙོམས་ཞེས་བྱ་བ་ནི་རྣམ་པར་མི་རྟོག་བའི་ཡེ་ཤེས་ཏེ། དེས་བྱང་ཆུབ་སེམས་དཔའ་ཐམས ་ཅད་དུ་ཇི་ལྟར་འདོད་པ་བཞིན་དུ་གནས་ཏེ། དེའི་རྗེས་ལ་ཐོབ་པའི་གནས་བས་གཞན་འབུལ་ཞིང་གཞན་འདོར་བའི་ཕྱིར་དང། རྣམ་པར་མི་རྟོག་པའི་གནས་པས་དེ་ལ་རྩོམ་པ་མེད་པར་གནས་པར་བྱེད་པའི་ཕྱིར་ཏེ། དཔེར་ན་འཁོར ་ལོས་སྒྱུར་བའི་བློན་པོ་རིན་པོ་ཆེ་དཔུང་གི་ཚོགས་ཡན་ལག་བཞི་པ་དབུལ་བར་བྱ་བ་ཡང་འབུལ་ལ། །དོར་བར་བྱ་བ་ཡང་འདོར་ཞིང་གོང་དུ་དཔུང་གི་ཚོགས་ཡན་ལག་བཞི་པ་མ་དུབ་པར་ཕྱིན་པ་དེང་སོང་ནས་ཀྱང་གནས་པར ་བྱེད་དོ། །ཡོན་ཏན་དེ་ལྟའི་སེམས་དཔའ་ནི། །འཁོར་ལོས་སྒྱུར་བ་འདྲ་བར་འཇུག། ཡོན་ཏན་དེ་ལྟ་བུ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་ནི་འཁོར་ལོས་སྒྱུར་བ་དང་འདྲ་བར་འཇུག་གོ། རྟག་ཏུ་རིན་ཆེན་བདུན་ལྟ་བུའི། །བྱང་ཆུབ་ཡན་ལག་རྣམས ་ཀྱིས་བསྐོར། །ཞེས་བྱ་བ་ནི་བྱང་ཆུབ་ཀྱི་ཡན་ལག་རྣམས་རིན་པོ་ཆེ་དང་འདྲ་བ་ཉིད་དུ་མཇུག་སྡུད་པར་བྱེད་པ་ཡིན་ནོ། །རང་བཞིན་ཡན་ལག་གནས་ཡན་ལག། གསུམ་པ་དེས་འབྱུང་ཡན་ལག་སྟེ། །བཞི་པ་ཕན་ཡོན་ཡན་ལག་ཡིན། །རྣཾ་གསུམ ་ཉོན་མོངས་མེད་ཡན་ལག། འདིས་ནི་བྱང་ཆུབ་ཀྱི་ཡན་ལག་གང་ཡིན་པ་དང། ཇི་ལྟར་ཡན་ལག་ཡིན་པ་དེ་སྟོན་ཏོ། །དེ་ལ་དྲན་པ་ནི་གནས་ཀྱི་ཡན་ལག་སྟེ། ཐམས་ཅད་དེ་ལ་བརྟེན་ནས་འབྱུང་བའི་ཕྱིར་རོ། །ཆོས་རབ་ཏུ་རྣམ་པར་འབྱེད་བ་ནི? ་རང་བཞིན་གྱི་ཡན་ལག་སྟེ། བྱང་ཆུབ་ནི་དེའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །བརྩོན་འགྲུས་ནི་ངེས་པར་འབྱུང་བའི་ཡན་ལག་སྟེ། དེས་མཐར་ཐུག་པ་མ་ཐོབ་ཀྱི་བར་དུ་རྒྱུན་མི་བཅོད་པའི་ཕྱིར་རོ། །དགའ་བ་ནི་ཕན་ཡོན་གྱི་ཡན་ལག་སྟེ། སེམས ་དགའ་བར་བྱེད་བའི་ཕྱིར་རོ། །ཤིན་ཏུ་སྦྱངས་པ་དང་ཏིང་ངེ་འཛིན་དང་བཏང་སྙོམས་ནི་ཀུན་ནས་ཉོན་མོངས་པ་མེད་པའི་ཡན་ལག་སྟེ། གང་གིས་གང་ལ་བརྟེན་ནས་ཉོན་མོངས་པ་མེད་པ་གང་ཡིན་པ་ཞེས་བྱ་བ་རྣམ་པ་གསུམ་ནི་ཀུན་ནས་ཉོན ་མོངས་པ་མེད་པའི་ཡན་ལག་ཡིན་པ་རིག་བར་བྱའོ། །ལམ་གྱི་ཡན་ལག་རྣམ་པར་དབྱེ་བའི་ཚིགས་སུ་བཅད་པ་གཉིས་ཏེ། དེ་ཡི་འོག་ཏུ་ཇི་ལྟ་བར། །རྟོགས་པའི་རྗེས་སུ་འཇུག་པ་སྐྱེ། རྣམ་བཞག་ཇི་བཞིན་རྟོགས་པ་དང། །རྣམ་པར་བཞག་ལ ་འཇུག་པ་དང། །ལས་གསུམ་རྣམ་པར་དག་པ་དང། །ཤེས་བྱ་དག་དང་ལམ་དང་ནི། །ཡོན་ཏན་ཁྱད་བར་ཅན་གྱི་ནི། །སྒྲིབ་པའི་གཉེན་པོ་སྒོམ་པའོ། །བྱང་ཆུབ་ཀྱི་ཡན་ལག་གི་འོག་ཏུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རྟོགས་པའི་རྗེས་སུ་འཇུག་པ ་ནི་ཡང་དག་པའི་ལྟ་བའོ། །རྟོགས་བ་དེ་ཉིད་ཀྱི་རྣམ་པར་བཞག་པ་ཡོངས་སུ་དཔྱོད་པ་ནི་ཡང་དག་བའི་རྟོག་བའོ། །དེ་རྣམ་པར་བཞག་པ་མདོ་སྡེ་ལ་སོགས་པ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་འཇུག་པ་ཡང་དེ་ཉིད་ཡིན་ཏེ། དེས་དེའི་དོན ་རྟོགས་པའི་ཕྱིར་རོ། །ལས་གསུམ་རྣམ་པར་དག་པ་ནི། །ཡང་དག་པའི་དག་དང་ལས་ཀྱི་མཛའ་དང་འཚོ་བ་སྟེ། དག་དང་ལུས་དང་གཉིས་ཀའི་ལས་བསྡུས་པའི་ཕྱིར་རོ། །ཡང་དག་པའི་རྩོལ་བ་ལ་སོགས་པ་ནི་གོ་རིམ་བཞིན་དུ་ཤེས་བྱའི་སྒྲིབ་པ་དང ་ལམ་གྱི་སྒྲིབ་པ་དང། ཡོན་ཏན་ཁྱད་པར་ཅན་གྱི་སྒྲིབ་པའི་གཉེན་པོ་སྒོམ་པ་སྟེ། ཡང་དག་བའི་རྩོལ་བས་ནི་ཡུན་རིང་པོ་མི་སྐྱོ་བར་ཤེས་བྱ་སྒྲིབ་པའི་གཉེན་པོ་སྒོམ་བར་བྱེད་དོ། །ཡང་དག་པའི་དྲན་པས་ནི་ཞི་གནས་དང་རབ་ཏུ་འཛིན་པ་དང། ་བཏང་སྙོམས་ཀྱི་རྒྱུ་མཚན་དག་ལ་ཞུམ་པ་དང་རྒོད་པ་མེད་པའི་ཕྱིར། །ལམ་མངོན་སུམ་དུ་བྱ་བའི་ཆེད་དུ་སྒྲིབ་པའི་གཉེན་པོ་སྒོམ་པར་བྱེད་དོ། །ཡང་དག་པའི་ཏིང་ངེ་འཛིན་གྱིས་ནི་ཡོན་ཏན་ཁྱད་པར་ཅན་མངོན་པར་སྒྲུབ་པའི་སྒྲིབ་བའི་གཉེན ་པོ་སྒོམ་པར་བྱེད་དོ། །དེ་ལྟར་ན་ལམ་གྱི་ཡན་ལག་རྣམ་པ་བརྒྱད་དུ་རྣམ་པར་གཞག་གོ་།ཞི་གནས་དང་ལྷག་མཐོང་རྣམ་པར་དབྱེ་བའི་ཚིགས་སུ་བཅད་པ་གསུམ་སྟེ། ཡང་དག་གནས་པ་ལ་བརྟེན་ནས། །སེམས་ལ་སེམས་ནི་འཇོག་ཕྱིར་དང། །ཆོས ་རབ་རྣམ་པར་འབྱེད་པའི་ཕྱིར། །ཞི་གནས་དང་ནི་ལྷག་མཐོང་ཡིན། །ཡང་དག་པའི་ཏིང་ངེ་འཛིན་ལ་བརྟེན་ནས་སེམས་ལ་སེམས་འཇོག་པའི་ཕྱིར་དང། ཆོས་རྣམས་རབ་ཏུ་རྣམ་པར་འབྱེད་པའི་ཕྱིར། གོ་རིམ་བཞིན་དུ་ཞི་གནས་དང་ལྷག་མཐོང་ཡིན་པར་རིག་པར ་བྱའི་ཏིང་ངེ་འཛིན་མེད་པར་ནི་མ་ཡིན་ཏེ། འདི་ནི་ཞི་གནས་དང་ལྷག་མཐོང་གི་མཚན་ཉིད་ཡིན་ནོ། །དེ་ནི་ཀུན་འགྲོ་ཆ་གཅིག་དང་།ཆ་གཅིག་མ་ཡིན་རྒྱུར་འདོད་དོ། །ཞི་གནས་དང་ལྷག་མཐོང་དེ་ནི་ཡོན་ཏན་གང་དང་གང་འདོད་པ་དེ་དང་དེ་སྒོམ ་བའི་ཕྱིར་ཀུན་ཏུ་འགྲོ་བ་ཡིན་ཏེ། ཇི་སྐད་དུ་མདོ་ལས། དགེ་སློང་ཀྱེ་མ་བདག་གིས་འདོད་བ་དག་ལས་དབེན་པར་འདོད་ན་ཞེས་བྱ་བ་ནས། རྒྱས་པར་དགེ་སློང་ངེས་ཆོས་གཉིས་པོ་འདི་ཁོ་ནས་བསྒོམ་བར་བྱའོ། །འདི་ལྟ་སྟེ། ཞི་གནས་དང་ལྷག་མཐོང་བ་ཞེས་བྱ་བ ་ལ་སོགས་པའི་བར་དུ་གསུངས་པ་ལྟ་བུ་ཡིན་ནོ། །ཞི་གནས་དང་ལྷག་མཐོང་ཆ་གཅིག་པ་ནི་གང་གི་ཚེ་ཞི་གནས་ལྷག་མཐོང་སྒོམ་པར་བྱེད་པའོ། །གཉིས་ཀའི་ཆ་ནི་གང་ཚེ་ཅིག་ཅར་གཉི་ག་སྒོམ་པར་བྱེད་པའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་ནི ་གནས་དང་ལྷག་མཐོང་དེ་ནི་མོས་པས་སྤྱོད་པའི་ས་ལ་རྒྱུ་ཡིན་པར་འདོད་དོ། །རྟོགས་དང་ངེས་པར་འབྱུང་བ་དང། །མཚན་མེད་འདུ་མི་བྱེད་པ་དང། །ཡོངས་དག་རྣམ་པར་དག་པ་ལ། །བརྟན་པའི་ཞི་གནས་ལྷག་མཐོང་གི། རྣལ་འབྱོར་དེ་ས་ཀུན་འགྲོ ་སྟེ། ཐམས་ཅད་སྒྲུབ་པར་བྱེད་པ་ཡིན། །ཞེས་བྱ་བ་ནི་རྒྱུར་འདོད་དོ་ཞེས་བྱ་བ་ལ་སོགས་པས་ནི་ཞི་གནས་དང་ལྷག་མཐོང་གི་བར་དུ་དབྱེ་བ་དང་ལས་བསྟན་པ་ཡིན་ཏེ། རྣལ་འབྱོར་ནི་ཐབས་ཡིན་པར་རིག་བར་བྱའོ། །དེ་ལ་རྟོགས་པ་ནི་ས་དང་པོ་ལ ་འཇུག་བའོ། །ངེས་པར་འབྱུང་བ་ནི་ས་དྲུག་པའི་བར་ཏེ། །དེ་དག་གི་མཚན་མ་དང་བཅས་པའི་སྦྱོར་བ་ལས་ངེས་པར་འབྱུང་བའི་ཕྱིར་རོ། །མཚན་མ་མེད་པ་ནི་ས་བདུན་པའོ། །འདུ་མི་བྱེད་པ་ནི་ས་གཞན་གསུམ་སྟེ། མངོན་པར་འདུ་བྱེད་པ་མེད་པར་འབྱུང ་པའི་ཕྱིར་རོ། །འདུ་བྱེ་བ་ནི་འདུ་བྱེད་པ་སྟེ། དེ་འདི་ལ་མེད་པས་འདུ་བྱེད་མེད་པའི། །ས་གསུམ་པོ་དེ་ཉིད་ལ་བརྟེན་ནས་སངས་རྒྱས་ཞིང་ཡོངས་ཡོངས་སུ་སྦྱང་བར་བྱ་ལ། སངས་རྒྱས་ཉིད་ཀྱང་ཐོབ་པར་བྱ་སྟེ། འདི་ནི་གོ་རིམ་བཞིན་དུ་ཡོངས་སུ་དག་པ ་དང། རྣམ་པར་དག་པ་ཡིན་ནོ། །ཐབས་ལ་མཁས་པ་རྣམ་པར་དབྱེ་བའི་ཚིགས་སུ་བཅད་པ་གཉིས་ཏེ། སངས་རྒྱས་ཆོས་རྣམས་རྫོགས་བྱ་དང། །སེམས་ཅན་རྣམས་ཡོངས་སྨིན་བྱ་དང། །མྱུར་ཐོབ་བྱ་བ་འགྲུབ་པ་དང། །ལམ་རྒྱུན་མི་གཅོད་ལམ་མཁS ་པ། བྱང་ཆུབ་སེམས་དཔའ་ས་ཀུན་ལ། །ཐབས་ནི་མཚུངས་པ་མེད་པ་སྟེ། །ཐབས་མཁས་དེ་ལ་བརྟེན་ནས་ནི། །དེ་དག་དོན་ཀུན་སྒྲུབ་པར་བྱེད། །འདིས་ནི་ཐབས་ལམ་མཁས་བའི་རབ་ཏུ་དབྱེ་བ་དང་ལས་བསྟན་ཏེ། དེ་ལ་སངས་རྒྱས་ཀྱི ་ཆོས་ཡོངས་སུ་རྫོགས་བར་བྱེད་པའི་ཐབས་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་སོ། །སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་ནི་བསྡུ་བའི་དངོས་པོ་བཞིའོ། །མྱུར་དུ་མངོན་པར་རྫོགས་བར་བྱང་ཆུབ་པའི་ནི་སྡིག་པ་ཐམས་ཅད་ནི་སོ་སོར་གཤགས ་ཞེས་བྱ་བ་ནས་བདག་གི་ཡེ་ཤེས་རྫོགས་པར་བྱང་ཆུབ་པར་གྱུར་ཅིག་ཅེས་བྱ་བའི་བར་ཏེ། སོ་སོར་བཤགས་པ་དང། རྗེས་སུ་ཡི་རང་བ་དང། གསོལ་བ་དང། ཡོངས་སུ་བསྔོ་བ་ཡིན་ནོ། །བྱ་བ་འགྲུབ་པའི་ནི་ཏིང་ངེ་འཛིན་དང་གཟུངས་ཀྱི་སྒོ་རྣམས ་ཏེ། དེ་དག་གིས་སེམས་ཅན་གྱི་དོན་གྱི་བྱ་བ་སྒྲུབ་པའི་ཕྱིར་རོ། །ལམ་རྒྱུན་མི་གཅོད་པའི་ནི་མི་གནས་པའི་མྱ་ངན་ལས་འདས་པ་ཡིན་ནོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་ས་ཐམས་ཅད་ལ་ཐབས་རྣམ་པ་ལྔ་པོ་འདི་ལ་མཁས་པ་ནི ་དེ་ལས་གཞན་པ་དག་དང་མཚུངས་པ་མེད་པ་ཡིན་ཏེ། །འདི་ནི་རབ་ཏུ་དབྱེ་བ་ཡིན་ནོ། །རང་དང་གཞན་གྱི་དོན་ཐམས་ཅད་སྒྲུབ་པ་ནི་ལས་སོ། །གཟུངས་རྣམ་པར་དབྱེ་བའི་ཚིགས་སུ་བཅད་པ་གསུམ་པ་སྟེ། རྣམ་སྨིན་ཐོས་ལ་གོམས་པ་དང། ་ཏིང་ངེ་འཛིན་གྱིས་གཟུངས་དག་ནི། །ཆུང་དུ་དང་ནི་ཆེན་པོ་སྟེ། ཆེན་པོ་དེ་ཡང་རྣམ་པ་གསུམ། །བློ་ལྡན་མ་ཞུགས་ཞུགས་པ་ཡང། །མ་དག་ས་པ་རྣམས་ཀྱི་ནི། །ཆུང་དུ་དང་ནི་འབྲིང་པོ་སྟེ། །དག་པའི་ས་བའི་གཟུངས་ཆེན་ཡིན། །བྱང་ཆུབ་སེམས་དང ་ཡང་དང་ཡང། །དེ་ལ་ཡང་དག་རྟེན་ནས་ནི། །རྟག་ཏུ་དམ་པའི་ཆོས་དག་ཀྱང། །རབ་ཏུ་སྟོན་ཅིང་འཛིན་པར་བྱེད། །འདིར་ཡང་གཟུངས་ཀྱི་རབ་ཏུ་དབྱེ་བ་དང། ལས་བསྟན་ཏེ། དེ་ལ་གཟུངས་ནི་སྔོན་གྱི་ལས་ཀྱི་རྣམ་པར་སྨིན་པ་དང?་མཐོང ་བའི་ཆོས་ལ་མང་དུ་ཐོས་པས་ལེན་པ་དང་འཛིན་པར་ནུས་པའི་ཁྱད་པར་གྱི་སྒོ་ནས་ཐོས་པ་ལ་གོམས་པ་དང། ཏིང་ངེ་འཛིན་ལ་བརྟེན་པས་རྣམ་པ་གསུམ་མོ། །དེ་ཡང་རྣམ་པར་སྨིན་པ་དང་ཐོས་པ་ལ་གོམས་པ་དག་གིས་ནི་ཆུང་དུ་ཡིན་པར ་རིག་པར་བྱའོ། །ཏིང་ངེ་འཛིན་གྱིས་ནི་ཆེན་པོ་ཡིན་ནོ། །ཆེན་པོ་དེ་ཡང་རྣཾ་པ་གསུཾ་སྟེ་།ས་ལ་?་ཞུཌ་པ་རྣཾས་ཀྱི་ནི་ཆུང་དུའོ། །ས་ལ་མ་ཞུཌ་པ་མ་དག་པ་རྣམS་ཀྱི་ནི་འབྲིང་སྟེ་ས་བདུན་པོ་དག་གིའོ། །ཡོངས་སུ་དག་པཱི་ས་པའི་ནི་ཆེན་པོ་སྟེ་ས་ལྷག་མ་རྣམས་གྱིའོ། །འདི་ནི་གཟུངས་ཀྱི ་རབ་ཏུ་དབྱེ་བ་སྟེ། ལས་ཀྱི་དམ་པའི་ཆོས་རབ་ཏུ་སྟོན་པ་དང། འཛིན་པ་ཡིན་ནོ། །སྨོན་ལམ་རྣམ་པར་དབྱེ་བའི་ཚིགས་སུ་བཅད་པ་གསུམ་སྟེ། བསྟན་པ་རྣམས་ཀྱི་སྨོན་ལམ་ནི། །སེམས་པ་འདུན་དང་བཅས་པ་སྟེ། །དེ་ནི་ཡེ་ཤེས་ཀྱིས་བསྐུལ ་བ། །ས་རྣམས་ཀུན་ལ་ཉམས་པ་མེད། །དེ་ནི་རྒྱུར་གྱུར་ཞེས་བྱ་སྟེ། །སེམས་ཙམ་ལས་ནི་འགྲུབ་པའི་ཕྱིར། །སེམས་ལས་མོད་ལ་འབྲས་བུ་ཅན། །ད་ནི་མ་འོངས་དོན་འགྲུབ་བྱེད། །སྣ་ཚོགས་ཆེ་དང་བྱང་ཆུབ་བར། །ས་རྣམས་གོང་ནས་གང ་དུ་ནི། རྣམ་དག་བྱང་ཆུབ་སེམས་དཔའ་ཡི། །རང་གཞན་དོན་རབ་སྒྲུབ་བྱེད་ཡིན། །འདིར་སྨོན་ལམ་ནི་ངོ་བོ་ཉིད་དང་།གཞི་དང་།ས་དང། རབ་ཏུ་དབྱེ་བ་དང། ལས་ཀྱིས་བསྟན་ཏེ། ངོ་བོ་ཉིད་ནི་སེམས་པ་མདུན་པ་དང་མཚུངས་པར་ལྡན་པ་ཡིན་ནོ།། ་བཞིན་ནི་ཡེ་ཤེས་སོ། །ས་ཐམས་ཅད་ཅེས་བྱ་བ་ནི་སའོ། །སྨོན་ལཾ་དེ་ནི་སེམས་ཁོན་ལས་མདོ?་ལ་འབྲས་བུར་འགྱུར་བའི་ཕྱིར་དང། མ་འོངས་པ་ན་འདོད་པའི་དོན་འགྲུབ་པའི་ཕྱིར་རྒྱུར་གྱུར་བ་ཡིན་ནོ། །སེམས་ལམ་མེད་ལ་འབྲས་བུར་འགྱུར་བ་ཡང ་སེམས་ཙམ་ལས་ཇི་ལྟར་འདོད་པའི་དོན་འགྲུབ་པའི་སྒོ་ནས་རིག་པར་བྱ་སྟེ། སྨོན་ལམ་གང་གིས་བྱང་ཆུབ་སེམས་དཔའ་སྨོན་ལམ་གྱི་སྟོབས་ཅན་རྣམ་པར་བརྩེ་བ་དེའི་ལུས་བགྲང་བར་སླབ་མ་ཡིན་ནོ་ཞེས་བྱ་བ་རྒྱས་པར་འབྱུང་བ་ལྟ ་བུའོ། །སྣ་ཚོགས་པ་ནི་མོས་པས་སྤྱོད་པའི་ས་ལ་འདི་ལྟ་འདི་ལྟར་གྱུར་ཅིག་ཅེས་བྱ་བ་ཡིན་ནོ། །ཆེན་པོ་ནི་ས་ལ་ཞུགས་པའི་སྨོན་ལམ་ཆེན་པོ་བཅུའོ། །རྣམ་པར་དག་པ་ནི་བྱང་ཆུབ་ཀྱི་བར་དུ་ས་གོང་ནས་གོང་དུ་རྣཾས་དག་པའི ་ཁྱད་པར་གྱི་ཕྱིར་ཏེ། འདི་ནི་རབ་ཏུ་དབྱེ་བ་ཡིན་ནོ། །རང་དང་གཞན་གྱི་དོན་དུ་རབ་ཏུ་སྒྲུབ་པར་བྱེད་པ་ནི་ལས་སོ། །ཏིང་ངེ་འཛིན་གསུམ་རྣམ་པར་དབྱེ་བའི་ཚིགས་སུ་བཅད་པ་གསུམ་སྟེ། ཏིང་འཛིན་གསུམ་གྱི་སྤྱོད་ཡུལ་ནི། །བདག་མེད་རྣམ་པ ་གཉིས་པོ་དང། །བདག་ཏུ་འཛིན་པའི་རྟེན་དང་ནི། །དེ་རྟོག་ཉེར་ཞི་ཡིན་ཞེས་བྱ། །ཏིང་ངེ་འཛིན་རྣམ་པ་གསུམ་གྱི་སྤྱོད་ཡུལ་རྣམ་པ་གསུམ་དུ་ཤེས་པར་བྱ་སྟེ། སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་གྱི་ནི་གང་ཟག་དང་ཆོས་ལ་བདག་མེད་པའོ། །སྨོན ་པ་མེད་བའི་ཏིང་ངེ་འཛིན་གྱི་ནི་དེ་གཉི་ག་ལ་བདག་ཏུ་འཛིན་པའི་བརྟེན་པའི་རྟེན་ཉེ་བར་ལེན་པའི་ཕུང་པོ་ལྔའོ། །མཚན་མ་མེད་པའི་ཏིང་ངེ་འཛིན་གྱི་ནི་རྟེན་དེ་གཏན་དུ་ཉེ་བར་ཞི་བ་ཡིན་ནོ། །ཏིང་འཛིན་དེ་ནི་གཟུང་འཛིན་ངོ་བོའི་ཕྱིར། །རྣམ་པ ་གསུམ་དུ་ཤེས་པར་བྱ། །གཟུང་བ་སྤྱོད་ཡུལ་རྣམ་པ་གསུམ་ལ་འཛིན་པའི་ཏིང་ངེ་འཛིན་གང་དག་ཡིན་པ་དེ་དག་ནི་སྟོང་པ་ཉིད་ལ་སོགས་པའི་ཏིང་ངེ་འཛིན་ཡིན་པས་གཟུང་བ་འཛིན་པའི་ངོ་བོས?་ཏིང་ངེ་འཛིན་གསུམ་དུ་ཤེས་པར་བྱའོ། །དེ ་དག་ཀྱང་གོ་རིམ་བཞིན་དུ་།རྣམ་པར་མི་རྟོག་རྒྱབ་ཀྱིས་ཕྱོགས། །རྟག་ཏུ་དགའ་དང་ལྡན་པའོ། །སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ནི་རྣམ་པར་མི་རྟོག་པ་སྟེ། གང་ཟག་དང་ཆོས་དག་ལ་བདག་ཏུ་རྣམ་པར་མི་རྟོག་པའི་ཕྱིར་རོ། །སྨོན་པ་མེད་པའི ་ནི་བདག་ཏུ་འཛིན་པའི་རྟེན་དེ་ལ་རྒྱབ་ཀྱིས་ཕྱོགས་པ་ཡིན་ནོ། །མཚན་མ་མེད་པ་ནི་དེའི་རྟེན་ཉེ་བར་ཞི་བ་དེ་ལ་དུས་ཐམས་ཅད་དུ་དགའ་བ་དང་མཚུངས་པར་ལྡན་པ་ཡིན་ནོ། །ཡོངས་སུ་ཤེས་དང་སྤང་བ་དང། །མངོན་སུམ་དུ་ནི་བྱ་བའི་ཕྱིར ་སྟོང་ཉིད་ལ་སོགས་ཏིང་འཛིན་རྣམས། །དོན་རྣམ་གསུམ་དུ་ཡོངས་སུ་སྒྲགས། །སྟོང་པ་ཉིད་ནི་གང་ཟག་དང་ཆོས་ལ་བདག་མེད་པ་དག་ཡོངས་སུ་ཤེས་པར་བྱ་བའི་ཕྱིར་ཡིན་ནོ། །སྨོན་པ་མེད་པ་ནི་དེ་དག་ལ་བདག་ཏུ་འཛིན་བའི་སྟེན་སྤངས་བའི་ཕྱིར་ཡིན་ནོ། ་མཚན་མ་མེད་བའི་ཏིང་ངེ་འཛིན་དེ་ནི་ཉེ་བར་ཞི་བ་མངོན་སུམ་དུ་བྱ་བའི་ཕྱིར་ཡིན་ནོ། །ཆོས་ཀྱི་སྡོམ་པར་དབྱེ་བའི་ཚིགས་སུ་བཅད་པ་གཉིས་ཏེ། སེམས་ཅན་རྣམས་ལ་ཕན་བཞེད་པས། །ཏིང་ངེ་འཛིན་གྱི་རྒྱུ་ཉིད་དུ། །ཆོས་ཀྱི་སྡོམ་ནི་རྣམ་པ་བཞི། །བྱང་ཆུབ ་སེམས་དཔའ་རྣམས་ལ་བཤད། །དེ་ལ་འདུས་བྱས་ཐམས་ཅད་ནི་མི་རྟག་བའོ། །འདུ་བྱེད་ཐམས་ཅད་ནི་སྡུག་བསྔལ་བའོ་ཞེས་བྱ་བ་ནི་སྨོན་པ་མེད་པའི་ཏིང་ངེ་འཛིན་གྱི་རྒྱུའི་དངོས་པོར་བསྟན་ཏོ། །ཆོས་ཐམས་ཅད་ནི་བདག་མེད་པའོ་ཞེས་བྱ ་བ་ནི་སྟོང་པ་ཉིད་ཀྱིའོ། །མྱ་ངན་ལས་འདས་པ་ནི་ཞི་བའོ་ཞེས་བྱ་བ་ནི་མཚན་མ་མེད་པའི་ཏིང་ངེ་འཛིན་གྱིའོ། །ཡང་མི་རྟག་པའི་དོན་ནས་ཞི་བའི་དོན་གྱི་བར་དུ་ཅི་ཞིག་ཡིན་ཞེ་ན། བཤད་པ། བརྟན་པ་རྣམས་ཀྱི་བཞི་པོ་དེ། །མེད་པའི་དོན ་དང་རྣམ་རྟོག་དོན། །ཀུན་ཏུ་རྟོག་དོན་ཁོ་ན་དང། །རྣམ་རྟོག་ཉེ་བར་ཞི་བའི་དོན། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་མི་རྟག་པའི་དོན་ནི་མེད་པའི་དོན་ཏེ། རྟག་ཏུ་མེད་པ་ཡང་ཡིན་པ་དེ་ནི་མི་རྟག་པ་ཡིན་པས་དེ་དག་གི་ཀུན་བརྟགS ་པའི་མཚན་ཉིད་གང་ཡིན་པའོ། །སྡུག་བསྔལ་བའི་དོན་ནི་ཡང་དག་པ་མ་ཡིན་པའི་རྣམ་པར་རྟོག་པའི་དོན་ཏེ། གཞན་གྱི་དབང་གི་མཚན་ཉིད་གང་ཡིན་པའོ། །བདག་མེད་པའི་དོན་ནི་ཀུན་ཏུ་རྟོག་པ་ཙམ་གྱི་དོན་ཏེ། ཁོ་ན་ཞེS ་བྱ་བའི་སྒྲས་ངེས་པར་གཟུང་བའི་ཕྱིར་ཀུན་བརྟགས་པའི་བདག་མེད་ཀྱི་ཀུན་ཏུ་རྟོག་པ་ཙམ་ཞིག་ནི་ཡོད་པས་ཀུན་བརྟགས་པའི་མཚན་ཉིད་ཀྱི་མེད་པའི་དོན་ནི་བདག་མེད་པའི་དོན་ཏོ་ཞེས་བཤད་པ་ཡིན་ནོ། །ཞི་བའི་དོན་ནི་རྣཾ ་པར་རྟོག་པ་ཉེ་བར་ཞི་བའི་དོན་ཏེ། ཡོངས་སུ་གྲུབ་པའི་མཚན་ཉིད་མྱ་ངན་འདས་པ་ཡིན་ནོ། །གཞན་གྱི་དབང་གི་མཚན་ཉིད་སྐད་ཅིག་ལ་འཇིག་པའི་དོན་ཡང་མི་རྟག་པའི་དོན་དུ་རིག་པར་བྱ་སྟེ། དེ་ལྟ་བས་ན་དེ་རབ་ཏུ་སྒྲུབ་པའི ་ཕྱིར་སྐད་ཅིག་མ་ཉིད་རྣམ་པར་དབྱེ་བའི་ཚིགས་སུ་བཅད་པ་བཅུའོ། །མི་རུང་རྒྱུ་ལས་སྐྱེ་ཕྱིར་དང། །འགལ་ཕྱིར་རང་ཉིད་མི་གནས་ཕྱིར། །མེད་ཕྱིར་མཚན་ཉིད་ངེས་ཕྱིར་དང། །རྗེས་སུ་འཇུག་ཕྱིར་འགག་པའི་ཕྱིར། །ཡོངས་སུ་འགྱུར་པ་དམིགས ་ཕྱིར་དང། །དེའི་རྒྱུ་ཉིད་དང་འབྲས་བུའི་ཕྱིར། །ཟིན་པའི་ཕྱིར་དང་བདག་པོའི་ཕྱིར། །དག་དང་སེམས་ཅན་རྗེས་འཇུག་ཕྱིར། །དེ་ལ་འོག་ནས་འདུས་བྱས་ཐམས་ཅད་སྐད་ཅིག་མ་ཞེས་འབྱུང་བ་འདི་ནི་དམ་བཅའ་བ་ཡིན་པར་རིག་པར ་བྱའོ། །དེ་ཡང་ཇི་ལྟར་འཇུག་ཅེ་ན། སྐད་ཅིག་མ་ཉིད་མེད་པར་འདུ་བྱེད་རྣམས་འཇུག་བ་མི་རུང་བའི་ཕྱིར་ཏེ། །རྒྱུན་གྱིས་འཇུག་པ་ནི་འཇུག་པ་ཡིན་ན་དེ་ཡང་སྐད་ཅིག་རེ་རེ་ལ་སྐྱེ་བ་དང་འགག་པ་མེད་པར་མི་རུང་ངོ། །འོན་ཏེ་དུས་གཞན ་གྱི་བར་དུ་གནས་ནས་སྔ་མ་དང་ཕྱི་མ་འགག་པ་དང། སྐྱེ་བའི་སྒོ་ནས་རྒྱུན་གྱིས་འཇུག་པར་འདོད་ན། དེའི་མི་མཇུག་ཐོགས་སུ་འཇུག་པར་མི་འགྱུར་ཏེ། རྒྱུན་མེད་པའི་ཕྱིར་རོ། །སྐྱེས་པ་ནི་རྒྱུན་མེད་པར་དུས་གཞན་གྱི་བར་དུ་ཡོད་པར་ཡང ་རུང་ས་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། རྒྱུ་ལས་སྐྱེ་བའི་ཕྱིར་ཏེ། འདུས་བྱས་ཐམས་ཅད་ནི་རྒྱུ་ལས་སྐྱེ་ཞིང་ཡོད་དོ་ཞེས་བྱ་བའི་ཐ་ཚིག་གོ། དེ་གལ་ཏེ་བྱུང་ནས་དུས་ཕྱིས་ཡོད་ན་དེ་ལ་གདོན་མི་ཟ་བར་རྒྱུ་དགོས་ཏེ། རྒྱུ་མེད་ན་དང་པོ་ཁོ་ན་ནས་མེད་པཱི ་ཕྱིར་རོ། །དེ་ནི་རྒྱུད་ཁོ་ནས་ཡོད་པར་འགྱུར་བར་ཡང་རིགས་པ་མ་ཡིན་ནོ། །དེ་རྒྱུད་སྦྱང་ཟིན་པའི་ཕྱིར་རོ། །རྒྱུ་གཞན་ཡང་མི་དམིགས་ཏེ། དེ་ལྟ་བས་ན་གདོན་མི་ཟ་བར་སྐད་ཅིག་རེ་རེ་ལ་སྔ་མའི་རྒྱུ་ཅན་གཞན་ཞིག་ཡོད་དོ་ཞེས་བྱ་བར ་རིག་པར་བྱའོ། །དེ་ལྟར་ན་སྐྱེས་པ་རྒྱུན་མེད་པར་དུས་གཞན་གྱི་བར་དུ་ཡོད་པར་མི་རུང་ངོ། །ཇི་སྟེ་འདི་ལྟར་གང་གི་དོན་དུ་རྒྱུ་དགོས་པར་འགྱུར་བ་སྐྱེས་ཟིན་པ་ཡང་སྐྱེ་བ་ནི་མ་ཡིན་གྱི། །སྐྱེས་པ་ཕྱིས་དུས་གཞན་ན་འགག་བར་འགྱུར་ཏེ། སྐྱེས་བ་ཙམ་ཁོ ་ནས་ནི་མ་ཡིན་ནོ་ཞེས་བྱ་བར་འདོད་དེ་བྱིས་ཅི་ཞིག་གིས་འགག་བར་འགྱུར། །གལ་ཏེ་སྐྱེ་བའི་རྒྱུ་ཁོ་ནས་སོ་ཞེ་ན། །དེ་ནི་རིགས་པ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན་།སྐྱེ་བ་དང་འགག་པ་དག་འགལ་བའི་ཕྱིར་རོ། །འགལ་བདག་གི་རྒྱུ་འདྲ་བར་ནི་མི་རིགས་ཏེ། ་དཔེར་ན་གྲིབ་མ་དང་ཉི་མ་དག་བགྲང་བ་དང་དྲོ་བ་དག་གི་ལྟ་བུའོ། །དུས་གཞན་ན་འགག་པ་ཉིད་ཀྱི་འགལ་བའི་ཕྱིར་རོ། །གང་དང་འགལ་ཞེ་ན། བཅོམ་ལྡན་འདས་ཀྱིS་དགེ་སློང་དག་འདུ་བྱེད་དེ་དག་ཐམས་ཅད་ནི་སྒྱུ་མ་ལྟ་བུ་སྐྱེ་ཞིང་འཇིག་པ། དུས ་རེ་ཞིག་པ། ཡུན་ཐུང་དུར་གནས་པའོ་ཞེས་གསུངས་པ་གང་ཡིན་པའི་ལུང་དང་ཡང་འགལ་ལོ། །རྣལ་འབྱོར་པ་རྣམས་ཀྱི་ཡིད་ལ་བྱེད་པ་དང་ཡང་འགལ་ཏེ། དེ་དག་ནི་འདུ་བྱེད་རྣམས་ལ་སྐྱེ་བ་དང་འཇིག་པ་དག་ཏུ་ཡིད་ལ་བྱེད་པ་སྐད་ཅིག་རེ ་རེ་ལ་འདི་རྣམས་འགག་པར་མཐོང་ངོ། །དེ་ལྟ་མ་ཡིན་ན་འཆི་བའི་དུས་ལ་སོགས་པ་ན་འགག་པར་མཐོང་བ་གཞན་དག་ཇི་ལྟ་བར་དེ་དག་ཀྱང་ཡིད་འབྱུང་བ་དང། འདོད་ཆགས་དང་བྲལ་བ་དང་།རྣམ་པར་གྲོལ་བ་དག་ཏུ་མི་འགྱུར་རོ། །ཡང ་གལ་ཏེ་འདུ་བྱེད་སྐྱེས་པ་དུས་གཞན་གྱི་བར་དུ་གནས་པར་འགྱུར་ན། བདག་ཉིད་དམ་གནས་པའི་རྒྱུ་འགའ་ཞིག་གིས་གནས་པར་འགྱུར་གྲང་ན། རེ་ཞིག་བདག་ཉིད་གནས་པར་ནི་རིགས་པ་མ་ཡིན་ན། །ཅིའི་ཕྱིར་ཞེ་ན། ཕྱིས་བདག་ཉིད ་མི་གནས་པའི་ཕྱིས་ཏེ། གང་གིས་ན་འདིས་གནས་པར་མི་ནུས། །དེ་མེད་པའི་ཕྱིར་གནས་པའི་རྒྱུས་ཀྱང་རིགས་པ་མ་ཡིན་ཏེ། དེ་ནི་ཅུང་ཟད་ཀྱང་མི་དམིགས་སོ། །འོན་ཏེ་གནས་པའི་རྒྱུ་མེད་དུ་ཟིན་ཀྱང་འཇིག་པའི་རྒྱུ་མེད་པས་གནས་ལ་འཇིག ་པའི་རྒྱུ་དང་ཕྲད་ནས་ནི་ཕྱིས་མེས་སྔོན་པོ་ཉིད་དུ་འཇིག་གོ་སྙམ་དུ་སེམས་ན། དེ་མེད་པའི་ཕྱིར་དེ་ནི་རིགས་པ་མ་ཡིན་ཏེ། འཇིག་པའི་རྒྱུ་ནི་ཕྱིས་ཀྱང་ཅུང་ཟད་ཀྱང་མེད་དོ། །མེས་སྔོན་པོ་ཉིད་འཇིག་གོ་ཞེས་བྱ་བ་ཡང་རབ་ཏུ་མ་གྲུབ་བོ། །དེའི ་མཐུན་ནི་མི་འདྲ་བར་སྐྱེ་བ་ལ་རབ་ཏུ་འགྲུབ་སྟེ། འདི་ལྟར་དེ་དང་འབྲེལ་པ་ལས་སྔོན་པོ་ཉིད་ཀྱི་རྒྱུན་མི་འདྲ་བར་འཛིན་གྱི་རྣམ་པ་ཐམས་ཅད་དུ་མི་འཇུག་པ་ཉིད་ནི་མི་ཡིན་ནོ། །ཆུ་བསྐོལ་བ་རྣམས་ཀྱང་མེ་དང་འབྲེལ་བ་ལས་ཉུང་བ་དང་ཆོས་ཉུང་བ་སྐྱེ་བའི ་སྒོ་ནས་མཐར་ཤིན་ཏུ་དམན་པས་ནམ་ཡང་མི་སྐྱེ་བར་འཛིན་གྱི། མེ་དང་ཕྲད་པ་ལས་དེ་ཅིག་ཅར་ཁོ་ནར་མེད་པ་ནི་མ་ཡིན་ནོ། །མཚན་ཉིད་ངེས་པའི་ཕྱིར་སྐྱེས་པ་ནི་འགའ་ཡང་གནས་པར་རུང་བ་ཉིད་མ་ཡིན་ནོ། །བཅོམ་ལྡན་འདས་ཀྱི་འདུས་བྱས་མི་རྟག་པ ་ཉིད་དུ་གསུངས་པ་གང་ཡིན་པ་དེ་ནི་འདུས་བྱས་ཀྱི་མཚན་ཉིད་ངེས་པ་ཡིན་ན། །དེ་གལ་ཏེ་སྐྱེས་པ་ཙམ་གྱིས་འཇིག་པར་མི་འགྱུར་ན་ནི་འདིའི་དུས་ཅུང་ཟད་ཅིག་མི་རྟག་པ་ཉིད་དུ་མི་འགྱུར་བS་མི་རྟག་ཉིད་ཀྱི་མཚན་ཉིད་མ་?་ཐལ་བར་འགྱུར་རོ། །འོན་ཏེ་སྐད་ཅིག་རེ་རེ་ལ ་སྔོན་མེད་པ་སྐྱེན་དེ་ཉིད་འདི་ཡིན་ནོ་ཞེས་བྱ་བར་ངོ་ཤེས་པར་ཡང་མི་འགྱུར་རོ་སྙམ་དུ་སེམས་ན། འདྲ་བར་རྗེས་སུ་འཇུག་པའི་ཕྱིར་དེར་ནི་འགྱུར་བ་ཁོ་ན་སྟེ། སྒྱུ་མ་མཁན་གྱི་སྒང་སྒོང་དང་འདྲའོ། །འདྲ་བའི་ཕྱིར་དེའི་བླ་འབྱུང་གི་དེ་ཡོད་པའི་ཕྱིར་ནི་མ་ཡིན ་ནོ་ཞེས་བྱ་བ་ཅི་མངོན་ཞེ་ན། འགག་པའི་ཕྱིར་ཏེ། དེ་ཁོ་ན་བཞིན་དུ་གནས་པ་ནི་སྐད་ཅིག་མ་དང་པོ་ཁྱད་བར་མེད་པའི་ཕྱིར་མཐར་ཡང་འཇིག་པར་མི་འགྱུར་རོ། །དེ་ལྟབS་ན་དེ་ཉིད་འདི་ཡིན་ནོ་ཞེས་བྱ་བར་ནི་ངེས་པར་མི་གཟུང་ངོ། །མཐར་ཡོངས་སུ ་འགྱུར་བ་དམིགས་པའི་ཡང་ཕྱིར་ཏེ། ཡོངས་སུ་འགྱུར་བ་ཞེས་བྱ་བ་ནི་གཞན་ཉིད་དུ་འགྱུར་བའོ། །དེ་གལ་ཏེ་ཕྱི་དང་ནང་གི་དངོས་པོ་རྣམས་ལ་དང་པོ་ཁོ་ནས་ནས་བརྩམས་བར་མ་གྱུར་ན་ནི་འཇུག་ཏུ་ཡོངས་སུ་འགྱུར་བ་དམིགས་པར་མི ་འགྱུར་རོ། །དེ་ལྟ་བས་ན་ཞོའི་གནས་སྐབས་ན་འོ་མ་ལྟ་བུར་རིམ་གྱིས་འཕེལ་ན་མཐར་མངོན་པར་འགྱུར་བ་གང་ཡིན་བ་གཞན་དུ་འགྱུར་བ་ཉིད་ནི་དང་པོ་ཁོ་ན་ནས་བརྩམས་པ་ཡིན་ལ། །ཇི་སྲིད་དུ་གཞན་ཉིད་དུ་འགྱུར་བ་དེ་ཕྲ་བའི་ཕྱིར། །ཡོངས་སུ་མི་ཆོས་པ ་དེ་སྲིད་དུ་ནི་འདྲ་བ་རྗེས་སུ་འཇུག་པས་དེ་ཉིད་འདི་ཡིན་ནོ་ཞེས་བྱ་བར་ཤེས་སོ་ཞེས་བྱ་བར་གྲུབ་པོ། །དེ་ལྟ་བས་ན་སྐད་ཅིག་རེ་རེ་ལ་གཞན་ཉིད་དུ་འགྱུར་བའི་ཕྱིར་སྐད་ཅིག་མ་ཉིད་དུ་རབ་ཏུ་གྲུབ་པོ། །ཡང་གང་གིས་རབ་ཏུ་གྲུབ་ཅེ་ན་།དེའི་རྒྱུ་ཉིད་དང་འབྲས་བུའི ་ཕྱིར་ཞེས་བྱ་བས་ཏེ། སྐད་ཅིག་མའི་རྒྱུ་ཡིན་པའི་ཕྱིར་དང། སྐད་ཅིག་མའི་འབྲས་བུ་ཡིན་པའི་ཕྱིར་ཞེས་བྱ་བའི་ཐ་ཚིག་སྟེ། སེམས་ནི་སྐད་ཅིག་མར་རབ་ཏུ་སྒྲུབ་པོ། །དེའི་རྒྱུན་མིག་ལ་སོགས་པ་འདུ་བྱེད་གཞན་དག་ཡིན་ནོ། །དེ་ལྟ་བས་ན་དེ་དག་ཀྱང་སྐད་ཅིག་མ་ཡིན ་ནོ་ཞེས་བྱ་བར་གྲུབ་པོ། །སྐད་ཅིག་མ་ཡིན་པ་ལས་སྐད་ཅིག་མ་འབྱུང་བར་ནི་འོས་པ་མ་ཡིན་ཏེ། དཔེར་ན་མི་རྟག་པ་ལས་རྟག་པ་ལྟ་བུའོ། །ཡང་འདུ་བྱེད་ཐམས་ཅད་ཀྱང་སེམས་ཀྱི་འབྲས་བུ་ཡིན་ནོ། །འདི་ཅི་མངོན་ཞེ་ན། ཟིན་པའི་ཕྱིར་དང། ་བདག་པའི་ཕྱིར་?་དག་པ་དད་སེམས་ཅན་གྱི་རྗེས་སུ་འཇུག་པའི་ཕྱིར་ཏེ། མིག་ལ་སོགས་པའི་འདུ་བྱེད་རྣམས་ནི་ངེས་རྗེས་སུ་ཟིན་པར་འཇུག་པའི་སྒོ་ནས་རྟེན་དང་བཅས་པར་ཟིན་པ་སྟེ། དེ་ལྟ་བས་ན་སེམས་ཀྱི་འབྲས་བུ་ཡིན་ནོ། །སེམས་ནི་འདུ་བྱེད ་རྣམས་ཀྱི་བདག་པོ་ཡང་ཡིན་ཏེ། ཇི་སྐད་དུ། བཅོམ་ལྡན་འདས་ཀྱིས་འཇིག་རྟེན་འདི་ནི་སེམས་ཀྱིས་ཁྲིད་ཅིང་སེམས་ཀྱི་འདོན་ཏེ་སེམས་བྱུང་ཞིང་བྱུང་བའི་དབང་དུ་འགྱུར་རོ། །ཞེས་གསུངས་པ་དང། དེ་བཞིན་དུ་རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང ་གཟུགས་ཞེས་ཀྱང་གསུངས་པ་ལྟ་བུ་སྟེ་།དེ་དེ་ལྟ་བས་ན་འདུ་བྱེད་རྣམས་ན་སེམས་ཀྱི་འབྲས་བུ་ཡིན་ནོ། །སེམས་དག་པའི་རྗེས་སུ་འཇུག་པའི་ཡང་ཕྱིར་ཏེ། འདུ་བྱེད་རྣམས་ནི་རྣལ་འབྱོར་པ་རྣམས་ཀྱི་སེམས་དག་པའི་རྗེས་སུ་འཇུག་གོ། ཇི་སྐད ་དུ། །དགེ་སློང་བསམ་གཏན་པ་རྫུ་འཕྲུལ་དང་ལྡན་པ་སེམས་ལ་དབང་ཐོབ་པས་ནི་གལ་ཏེ་ཤིང་གི་ཕུང་པོ་འདི་ལ་གསེང་དུ་མོས་ན་དེ་ལ་དེ་དེ་ཁོ་ན་ཉིད་བཞིན་དུ་འགྱུར་རོ་ཞེས་གསུངས་པ་ལྟ་བུ་སྟེ། དེའི་ཕྱིར་འདུ་བྱེད་རྣམས་སེཾས ་ཀྱི་འབྲས་བུ་ཡིན་ནོ། །སེམས་ཅན་གྱི་རྗེས་སུ་འཇུག་པའི་ཡང་ཕྱིར་ཏེ། འདི་ལྟར་སེམས་ཅན་སྡིག་པ་བྱེད་པ་རྣམས་ལ་ཕྱིའི་དངོས་པོ་རྣམས་ངན་པར་འགྱུར་ལ། བསོད་ནམས་བྱེད་པ་རྣམས་ལ་གྱ་ནོམ་པར་འགྱུར་རོ། །དེ་བས་ནང་དག་གི་སེམས ་ཀྱི་རྗེས་སུ་འཇུག་པའི་ཕྱིར་འདུ་བྱེད་རྣམས་སེམས་ཀྱིས་འབྲས་བུ་ཉིད་དུ་གྲུབ་པོ། །དེའི་ཕྱིར་སྐད་ཅིག་མ་ཉིད་ཡིན་ཏེ། དེའི་རྗེས་སུ་བྱེད་པའི་ཕྱིར་སྐད་ཅིག་མའི་འབྲས་བུ་སྐད་ཅིག་མ་མ་ཡིན་པ་ཡིན་པར་ནི་མི་རུང་ངོ། །དེ་ལྟར་ནར་ཞིག་ཚིགས ་སུ་བཅད་པ་གཉིས་ཀྱིས་ཁྱད་པར་མེད་པར་འདུ་བྱེད་རྣམས་སྐད་ཅིག་མ་ཉིད་དུ་སྒྲུབས་པ་ཡིན་ནོ། །ཡང་ནང་གི་རྣམས་སྒྲུབ་པའི་ཕྱིར་ཚིགས་སུ་བཅད་པ་ལྔར་རིག་པར་བྱ་སྟེ། དང་པོ་ཇེ་བས་ཇེ་ཆེ་དང། །རྒྱས་དང་རྟེན་གྱི་དངོས་པོ་དང། ། ་འགྱུར་དང་ཡོངས་སུ་སྨིན་པ་དང། །དེ་བཞིན་དམན་དང་ཁྱད་པར་འཕགས། །འོད་གསལ་བ་དང་འོད་མི་གསལ། །ཡུལ་གཞན་འགྲོ་དང་ས་བོན་བཅས། །ས་བོན་མེད་པའི་ངོ་བོ་དང། །གཟུགས་བརྙན་དུ་ནི་སྐྱེ་བ་སྟེ། སྐྱེ་བ་རྣམ་པ་བཅུ ་བཞི་ལ། རྒྱུ་དང་ཚད་ཀྱི་ཁྱད་པར་དང། །རྒྱས་བ་དོན་མེད་མི་རུང་དང། །རྟེན་ཉིད་དུ་ནི་མི་སྲིད་དང། །གནས་པ་ལ་ནི་མི་སྲིད་དང། དང་པོ་མི་འཇིག་མཐར་མི་འགྱུར། །དེ་བཞིན་དམན་དང་ཁྱད་པར་འཕགས། །འོད་གསལ་བ་དང་འོད་མི་གསལ།། ་འགྲོ་མེད་གནས་བ་མི་རུང་དང། །ཐ་མ་ཉིད་ནི་མི་སྲིད་ཕྱིར། །སེམས་ཀྱི་རྗེས་སུ་འཇུག་པའི་ཕྱིར། །འདུས་བྱས་ཐམས་ཅད་སྐད་ཅིག་མ། །དང་པོ་ཇེ་བས་ཇེ་ཆེ་དང། །ཞེས་བྱ་བ་ནས། འདུས་བྱས་ཐམས་ཅད་སྐད་ཅིག་མ་ཞེས་བྱ་བའི་བར་འདི ་དག་གིས་སྐད་ཅིག་མ་ཉིད་ཇི་ལྟར་འགྲུབ་ཅེ་ན་།ནང་གི་འདུ་བྱེད་རྣམས་ཀྱི་སྐྱེ་བ་ནི་རྣམ་པ་བཅུ་བཞི་སྟེ། དང་པོར་སྐྱེ་བ་ནི་དང་པོ་ཉིད་དུ་བདག་གི་ངོ་བོ་མངོན་པར་གྲུབ་པ་གང་ཡིན་པའོ། །ཇེ་བས་ཇེ་ཆེར་སྐྱེ་བ་ནི་སྐྱེ་བའི་སྐད་ཅིག་མ་དང་པོ་ཕྱིན་ཆད་གང་ཡིན ་པའོ། །རྒྱས་པས་ནི་ཟས་དང་ཉལ་བ་དང་ཚངས་པར་སྤྱོད་པ་དང་སྙོམས་པར་འཇུག་པའི་རྒྱས་པས་གང་ཡིན་པའོ། །རྟེན་གྱི་དངོས་པོས་ནི་རྟེན་མིག་ལ་སོགས་པས་མིག་གི་རྣམ་པར་ཤེས་པ་ལ་སོགས་པ་གང་ཡིན་པའོ། །འགྱུར་བར་ནི ་འདོད་ཆགས་ལ་སོགས་པས་ཁ་དོག་ལ་སོགས་པ་རྣམ་པར་འགྱུར་བའི་སྒོ་ནས་གང་ཡིན་པའོ། །ཡོངས་སུ་སྨིན་པར་ནི་མངལ་ན་གནས་པ་དང། བྱིས་པ་དང། གཞོན་ནུ་ལང་ཚོ་དང་དར་ལ་བབ་པ་དང། རྒན་མོའི་གནས་དག་ན་གང་ཡིན་པའོ། ། ་དམན་པ་ཉིད་དང་ཁྱད་པར་དུ་འཕགས་པ་ཉིད་དུ་ནི་ངན་འགྲོ་དང་བདེ་འགྲོ་བ?་སྐྱེ་བ་རྣམས་ཀྱི་གང་ཡིན་པ་སྟེ། གོ་རིམ་བཞིན་ནོ། །འོད་གསལ་བ་ཉིད་དུ་ནི་འདོད་པ་སྤྲུལ་པ་དང། འདོད་པ་གཞན་གྱིས་སྤྲུལ་པ་དང། གཟུགས་དང་གཟུགས་མེད ་པ་དག་ཏུ་སྐྱེ་བ་རྣམས་ཀྱི་གང་ཡིན་པ་སྟེ། སེམས་ཙམ་ལ་རང་གི་ལས་པའི་ཕྱིར་རོ། །འོད་མི་གསལ་བ་ཉིད་དུ་ནི་དེ་ལས་གཞན་དུ་སྐྱེ་བ་རྣམས་ཀྱི་གང་ཡིན་པའོ། །ཡུལ་གཞན་དུ་འགྲོ་བར་ནི་ཡུལ་གཞན་དུ་སྐྱེས་པ་འགགས་ནས་ཡུལ་གཞན་དུ ་སྐྱེ་བ་གང་ཡིན་པའོ། །ས་བོན་དང་བཅས་པ་ཉིད་དུ་ནི་དགྲ་བཅོམ་པའི་ཕུང་པོ་ཐ་མ་གང་དག་ཡིན་པ་དེ་དག་མ་གཏོགས་པའོ། །ས་པབོན་མེད་པ་ཉིད་དུ་ནི་ཐ་མ་དེ་དག་གང་ཡིན་པའོ། །གཟུགས་བརྙན་ཉིད་དུ་ནི་རྣམ་པར་ཐར་པའི་བསམ་གཏན ་པ་རྣམས་ཀྱི་ཏིང་ངེ་འཛིན་གྱི་དབང་གིས་གཟུགས་བརྙན་ཞེས་བྱ་བའི་འདུ་བྱེད་རྣམས་སྐྱེ་བ་གང་ཡིན་པའོ། །སྐྱེ་བ་རྣམ་པ་བཅུ་བཞི་པོ་འདིར?་དག་ལ་ནང་གི་འདུ་བྱེད་རྣམས་རྒྱུ་དང་ཚད་ཀྱི་ཁྱད་པར་དང། ཞེས་བྱ་བ་ལ་སོགས་པའི་རྒྱུས་སྐད ་ཅིག་མ་ཉིད་དུ་རིག་བར་བྱ་སྟེ། རེ་ཞིག་དང་པོར་སྐྱེ་བ་ལ་ནི་རྒྱུ་ཉིད་ཀྱི་ཁྱད་པར་གྱི་ཕྱིར་རོ། །གལ་ཏེ་དེ་རྒྱུ་ཉིད་ཀྱིས་ཁྱད་པར་དུ་མ་གྱུར་ན། དེས་ན་རྒྱུ་ཁྱད་པར་མེད་པའི་ཕྱིར། འདུ་བྱེད་ཀྱི་འཇུག་པ་ཕྱི་མའི་ཁྱད་པར་ཕྱི་མ་ཕྱི་མ་དམིགས ་པར་འགྱུར་རོ། །ཁྱད་པར་ཡོད་ན་ནི་དེའི་ཕྱི་མ་ཕྱི་མ་དག་ལས་དེ་གཞན་ཡིན་པའི་ཕྱིར་རི་སྐད་ཅིག་མ་ཉིད་དུ་གྲུབ་པོ། །ཇེ་ལས་ཇེ་ཆེར?་སྐྱེ་བ་ལ་ནི་ཚད་ཀྱི་ཕྱིར་རོ། །ཚད་ནི་བོད?་ཞེས་བྱ་བའི་ཐ་ཚིག་སྟེ། སྐད་ཅིག་རེ་རེ་ལ་གཞན་དུ་འགྱུར་བ་མེད་པར་ཚད་ཁྱད་པར ་ཡོད་པར་མི་འགྱུར་རོ། །རྒྱས་པར་སྐྱེ་བ་ལ་ནི་སྐྱེ་བ་དོན་མེད་པའི་ཕྱིར་ཏེ། རྒྱས་པ་ནི་ཉེ་བར་སྟོན་པའོ། །སྐད་ཅིག་མ་ཉིད་མེད་ན་དེ་དོན་མེད་པར་འགྱུར་ཏེ། དེ་ཁོ་ན་བཞིན་དུ་གནས་པའི་ཕྱིར་རོ། །རྒྱས་བདེ་ཉིད་མི་རུང་བའི་ཡང་ཕྱིར་ཏེ། སྐད་ཅིག་རེ་རེ་ལ ་ཆེས་རྒྱས་བར་མི་རུང་ངོ། །རྟེན་གྱིས་དངོས་པོ་སྐྱེ་བ་ལ་ནི་རྟེན་ཉིད་དུ་མི་སྲིད་པའི་ཕྱིར་ཏེ། རྟེན་གནས་བཞིན་དུ་དེ་ལ་བརྟེན་པ་མི་གནས་པ་ནི་རུང་བ་མ་ཡིན་ཏེ། །ཐེག་པ་གནས་བཞིན་དུ་དེ་ལ་ཞོན་པ་མི་གནས་པ་བཞིན་ནོ། །དེ་ལྟ་མ་ཡིན་ན་རྟེན ་ཉིད་དུ་མི་སྲིད་པར་འགྱུར་རོ། །འགྱུར་བ་སྐྱེ་བ་དང་ཡོངས་སུ་སྨིན་པར་སྐྱེ་བ་ལ་ནི། གནས་པ་ལ་ནི་མི་སྲིད་དང། །དང་པོ་མི་འཇིག་མཐར་མི་འགྱུར། །དེ་བཞིན་དུ་གནས་པ་ཉིད་ལ་ནི་འདོད་ཆགས་ལ་སོགས་པས་འགྱུར་བ་ཡང་མི་སྲིད་ལ། གནས་སྐབས ་གཞན་དག་ཏུ་ཡོངས་སུ་སྨིན་པ་ཡང་མི་སྲིད་དེ། དང་པོ་ནས་མི་འཇིག་པ་ཡིན་ན་ཐ་མར་ཡང་འགྱུར་བ་མེད་པའི་ཕྱིར་རོ། །འགྱུར་བ་དང་ཡོངས་སུ་སྨིན་པར་སྐྱེ་བ་ལ་ཇི་ལྟ་བ་དེ་བཞིན་དུ་དམན་པ་དང། ཁྱད་པར་དོན་དུ་སྐྱེ་བ་ལ་ཡང་སྐད་ཅིག་མ ་ཉིད་དུ་རིག་པར་བྱ་སྟེ། དེ་ཁོ་ན་གནས་པའི་འདུ་བྱེད་དག་ལ་ནི་གང་གིས་ནི་ངན་འགྲོ་འམ་བདེ་འགྲོར་སྐྱེ་བར་འགྱུར་བ་ལས་ཀྱི་བག་ཆགས་འཇུག་པ་རྙེད་པར་?་འགྱུར་གྱི་རིམ་གྱིས་རྒྱུད་ཡོངས་སུ་འགྱུར་པའི་ཁྱད་པར་ལས་ནི་འཇུག་པ་རྙེད ་པར་རུང་ངོ། །འོད་གསལ་བ་དང་འོད་མི་གསལ་བར་སྐྱེ་བ་ལ་ཡང་དེ་ཁོ་ན་བཞིན་དུ་སྐད་ཅིག་མ་ཉིད་དུ་མི་རུང་སྟེ། རེ་ཞིག་འོད་གསལ་བ་ལ་ནི་དེ་བཞིན་དུ་གནས་པ་ལ་སེམས་ལ་རགས་ལུས་ཏེ་འཇུག་པ་མི་སྲིད་པའི་ཕྱིར་རོ། །འོད་མི་གསལ་བ་ལ་ཡང་དང ་པོ་ནས་འཇིག་པ་མེད་ན་ཐ་མར་འགྱུར་བ་མི་རུང་བའི་ཕྱིར་རོ། །ཡུལ་གཞན་དུ་འགྲོ་བར་སྐྱེ་བ་ནི་འགྲོ་བ་མེད་པའི་ཕྱིར་རོ། །འདུ་བྱེད་རྣམས་ལ་འགྲོ་ཞེས་བྱ་བ་ཡུལ་གཞན་དུ་འཕོ་བའི་མཚན་ཉིད་ཀྱི་བྱ་བ་དགའ་ཡང་མི་རུང་སྟེ། དེ་ནི་སྐྱེས་པའམ་མ ་སྐྱེས་པ་ཞིག་འདུ་བྱེད་ཡུལ་གཞན་དུ་འགྲོ་བར་བྱེད་གྲང་།གལ་ཏེ་སྐྱེས་པས་སོ་ཞེ་ན། དེས་ན་འགྲོ་བའི་དུས་ན་གང་དུ་ཡང་མ་སོང་བས་གནས་པ་ཁོ་ན་ལ་འགྲོ་བ་འཐད་པ་མ་ཡིན་ནོ། །འོན་ཏེ་མ་སྐྱེས་པས་སོ་ཞེ་ན། དེས་ན་འགྲོ་བ་མེད་ན་སོར ་བ་ཞེས་བྱ་བར་མི་རུང་ངོ། །བྱ་བ་དེ་ཡང་གལ་ཏེ་ཡུལ་དེ་ཉིད་ན་གནས་པའི་འདུ་བྱེད་ལ་བྱ་བ་བྱེད་དོ་ཞེ་ན། །རུང་བ་མ་ཡིན་ཏེ། གནས་པ་ནི་ཡུལ་གཞན་དུ་མ་ཕྱིན་པའི་ཕྱིར་རོ། །འོན་ཏེ་ཡུལ་གཞན་ན་གནས་པ་ལའོ་ཞེ་ན་ཡང་རུང་བ་མ་ཡིན ་ཏེ། བྱ་བ་མེད་ན་ཡུལ་གཞན་དུ་མ་ཕྱིན་པའི་ཕྱིར་རོ། །བྱ་བ་ནི་ཡུལ་དེ་འམ་གཞན་ན་གནས་པའི་འདུ་བྱེད་ལས་གཞན་དུ་ཡང་མི་དམིགས་པའི་ཕྱིར་རོ། །དེ་ལྟ་བས་ན་འདུ་བྱེད་རྣམས་ཡུལ་གཞན་དག་ཏུ་རྒྱུན་གྱིས་སྐྱེ་བ་ལས་གཞན་པའི ་འགྲོ་བ་ནི་མེད་དོ། །དེ་མེད་པའི་ཕྱིར་སྐད་ཅིག་མ་ཉིད་དུ་གྲུབ་པོ། །ཡུལ་གཞན་དུ་བར་ཆད་མེད་པར་སྐྱེ་པའི་མཚན་ཉིད་ཀྱི་འགྲོ་བ་ནི་རྒྱུན་དུ་མས་རིག་པར་བྱ་སྟེ། སེམས་ཀྱི་དབང་གིས་ཀྱང་ཡོད་དོ། །དཔེར་ན་འཆགས་པ་ལ་སོགས་པའི་གནས ་སྐབས་ཀྱི་ལྟ་བུའོ། །སྔོན་གྱིས་ལས་ཀྱི་འཕེན་པས་ཀྱང་ཡོད་དེ། །དཔེར་ན་སྲིད་བ་བར་མོའི་ལྟ་བུའོ། །འཕངས་པའི་དབང་གིས་ཀྱང་ཡོད་དེ། དཔེར་ན་མངའ་འཕངས་པའི་ལྟ་བུའོ། །འབྲེལ་པའི་དབང་གིས་ཡོད་དེ། དཔེར་ན་གཞོན་པ་དང་ཆུ་བརྒལ་བར ་ཞུགས་པ་རྣམས་ཀྱི་ལྟ་བུའོ། །དེང་པའི་དབང་གིས་ཀྱང་ཡོད་དེ། དཔེར་ན་རྩཝ་རླུང་གིས་བརྡས་བ་རྣམས་ཀྱི་ལྟ་བུའོ། །ངོ་བོ་ཉིད་ཀྱི་དབང་གིས་ཀྱང་ཡོད་དེ། །དཔེར་ན་རླུང་ནི་ཐད་དཀར་འགྲོ། མེ་ནི་གྱེན་དུ་འབར། ཆུ་ནི་གཞོལ་བའི ་འབབ་པ་ལྟ་བུའོ། །མཐུས་ཀྱང་ཡོད་དེ། དཔེར་ན་ཁ་ཅིག་ནི་གསང་སྔགས་དང་སྨན་གྱི་མཐུས་ལྕགས་དག་ནི་ཁབ་ལོང་གི་མཐུས། རྫུ་འཕྲུལ་དང་ལྡན་པ་རྣམས་ནི་རྫུ་འཕྲུལ་གྱི་མཐུས་འགྲོ་བ་ལྟ་བུའོ། །ས་བོན་དང་བཅས་པ་དང་ས ་བོན་མེད་པའི་ངོ་བོར་སྐྱེ་བ་ལ་ནི་གནས་པ་མི་རུང་དང། ཐ་མ་ཉིད་ནི་མི་སྲིད་ཕྱིར་སྐད་ཅིག་མ་ཉིད་དུ་རིག་པར་བྱ་སྟེ། ས་བོན་དང་བཅས་པ་དང་ས་བོན་མེད་པའི་ངོ་བོར་སྐྱེ་བ་ལ་གནས་པ་མི་རུང་བའི་ཕྱིར་སྐད་ཅིག་རེ་རེ་ལ་རྒྱུའི་ངོ་བོ་མེད་པར ་དེ་བཞིན་དུ་གནས་པ་ནི་དུས་གཞན་ནས་ས་བོན་གྱི་ངོ་བོ་འམ། སྐད་ཅིག་མཐ་མ་ལ་ས་བོན་མེད་པ་ཉིད་དུ་རུང་པ་མ་ཡིན་ནོ། །སྔར་ས་བོན་དང་བཅས་པ་ཉིད་ཡིན་ལ། །སྐད་ཅིག་མ་ཐ་མ་ལ་ས་བོན་མེད་པ་ཉིད་དུ་ཁས་བླངས་པ་མི་ནུས་ཏེ། ་དེ་མེད་ན་ཐ་མ་ཉིད་དུ་མི་སྲིད་བའི་ཕྱིར་རོ། །དེ་ལྟ་ན་ནི་ཐ་མ་ཉིད་ཀྱང་མི་སྲིད་དོ། །གཟུགས་བརྙན་དུ་སྐྱེ་བ་ལ་ནི་སེམས་ཀྱི་རྗེས་སུ་འཇུག་པའི་ཕྱིར་སྐད་ཅིག་མ་ཉིད་དུ་རིག་པར་བྱ་སྟེ། སྐད་ཅིག་རེ་རེ་ལ་སེམས་ཀྱི་དབང་གིས་དེ་བཞིན་དུ་སྐྱེ་བའི ་ཕྱིར་རོ། །དེ་ལྟར་ན་རེ་ཞིག་ནང་གི་འདུ་བྱེད་ཐམས་ཅད་སྐད་ཅིག་མར་བསྒྲུབས་པ་ཡིན་ནོ། །དེ་ནི་ཚིགས་སུ་བཅད་པ་གསུམ་གྱིས་ཕྱིའི་སྐད་ཅིག་མ་ཉིད་དུ་སྒྲུབ་སྟེ། འབྱུང་བ་རྣམས་དང་དོན་རྣམ་དྲུག་།སྐད་ཅིག་ཉིད་དུ་བརྗོད་པ་ནི། །སྐམ་དང ་འཕེལ་དང་རང་བཞིན་གྱིས། །གཡོ་དང་འཕེལ་དང་འགྲིབ་པའི་ཕྱིར། །འབྱུང་བ་དེ་དང་འབྲེལ་ཕྱིར་དང། །ཡོངས་སུ་འགྱུར་བ་བཞི་ཡི་ཕྱིར། །ཁ་དོག་དང་དེ་རོ་དང་རེག། འདྲ་ཕྱིར་དེ་ནི་དེ་དང་འདྲ། །བུད་ཤིང་རག་ལས་འཇུག་པའི་ཕྱིར། རྗེ?? ་བས་དེ་ཆེར་དམིགས་པའི་ཕྱིར། །སེམས་རྗེས་འཇུག་ཕྱིར་དྲི་བའི་ཕྱིར། །དེས་ན་ཕྱིས་ཡང་སྐད་ཅིག་མ། །ཕྱིའི་དེ་གང་ཞེ་ན། འབྱུང་བ་ཆེན་པོ་བཞི་པོ་དག་དང། དོན་རྣཾ་པ་དྲུག་བོ་ཁ་དོག་དང་དྲི་དང་རོ་དང་རེག་བྱ་དང་སྒྲ་དང་ཆོས་ཀྱི་སྐྱེ་མཆེད་བའི་གཟུགས ་ཏེ། དེ་བས་ན་འབྱུང་བ་རྣམས་དང། དོན་རྣམ་པ་དྲུག་ནི་སྐད་ཅིག་མ་ཉིད་དུ་བརྗོད་དོ། །ཇི་ལྟར་ཤེས་ཞེ་ན། རེ་ཞིག་ཆུ་དག་སྐམ་པ་དང་འཕེལ་བའི་ཕྱིར་ཏེ། ཆུ་མིག་དང་མཚོ་དང་འཚེའུ་ལ་སོགས་པ་ཆུ་དག་རིམ་གྱིས་འཕལ་བ་དང། སྐམ་པ་དམིགས་སོ། ་དེ་གཉི་ག་ཡང་སྐད་ཅིག་རེ་རེ་ལ་ཡོངས་སུ་འགྱུར་བ་མེད་པར་མི་འགྱུར་ཏེ། ཕྱིས་ཀྱང་ཁྱད་པར་གྱི་རྒྱུ་མེད་པའི་ཕྱིར་རོ། །རླུང་ནི་རང་བཞིན་གྱིས་གཡོ་བའི་ཕྱིར་དང། འཕེལ་བ་དང་འགྲིབ་པའི་ཕྱིར་རོ། །གནས་པ་ནི་གཡོ་བ་ཉིད་དུ་མི་འགྱུར་ཏེ། འགྲོ་བ་མེད ་པའི་ཕྱིར་རོ་ཞེས་བྱ་བ་ནི་རབ་ཏུ་བསྒྲུབས་ཟིན་ཏོ། །འཕེལ་བ་དང་འགྲིབ་པ་དག་ཀྱང་མེད་དེ། །དེ་ཁོ་ན་བཞིན་དུ་གནས་པའི་ཕྱིར་རོ། །ས་ནི་དེ་དང་འབྲེལ་བའི་ཕྱིར་དང། ཡོངས་སུ་འགྱུར་བ་བཞིའི་ཕྱིར་རོ། །དེ་ཞེས་བྱ་བའི་སྒྲས་ནི་ཆུ་ཡང་གཟུང་ལ་རླུང་ཡང ་གཟུང་སྟེ། ས་ནི་འཆགས་པའི་དུས་ན་རླུང་དང་བཅས་པའི་ཆུ་དག་ལས་འབྱུང་ངོ། །དེ་ལྟ་བས་ན་དེའི་འབྲས་བུ་ཡིན་པའི་ཕྱིར། །དེ་ཡང་སྐད་ཅིག་མར་རིག་པར་བྱའོ། །ས་ལ་ཡོངས་སུ་འགྱུར་བ་རྣམ་པ་བཞི་ཡང་དམིགས་ཏེ། ལས་ཀྱིས་བྱས་པ་ནི་སེམས ་ཅན་རྣམས་ཀྱི་ཁྱད་པར་གྱིས་སོ། །གནོད་པས་བྱས་པ་ན་བསྣུན་པ་ལ་སོགས་པས་སོ། །འབྱུང་པས་བྱས་བ་ནི་མི་ལ་སོགས་པས་སོ། །དུས་ཀྱིས་བྱས་པ་ནི་དུས་གཞན་གྱི་བར་དུ་ཡོངས་སུ་གནས་པས་སོ། །དེ་ཡང་སྐད་ཅིག་རེ་རེ་ལ་གཞན་སྐྱེ་བ་མེད་པར་ནི་མི་རུང ་སྟེ། འཇིག་པའི་རྒྱུ་མེད་པའི་ཕྱིར་རོ། །ཁ་དོག་དང་དྲི་དང་རོ་དང་རེག་བྱ་རྣམས་ནི་ས་ལ་སོགས་པ་དང་རྒྱུ་དང་འདྲ་བའི་ཕྱིར། །དེ་ཁོ་ན་བཞིན་དུ་སྐད་ཅིག་མ་ཉིད་དུ་རིག་པར་བྱའོ། མེ་ནི་བུད་ཤིང་ལ་རག་ལས་ཏེ། འབྱུང་བའི་ཕྱིར་སྐད་ཅིག་མ་ཉིད་ཡིན་ཏེ། མེ ་བྱུང་ན་མེ་དང་ལྷན་ཅིག་བྱུང་པའི་བུད་ཤིང་དེ་ཁོ་ན་བཞིན་དུ་གནས་པ་མེད་དོ། །འཛུག་ཏུ་བུད་ཤིང་མེད་པ་ཡང་གནས་པར་འགྱུར་དུ་འོང་བས་བུད་ཤིང་ཆིག་པའི་མེ་ཡང་གནས་པར་ནུས་པར་རུང་བ་མ་ཡིན་ནོ། །ཚིགས་སུ་བཅད་པ་སྦྱོར་བའི ་ངོར་ཁ་དོག་ལ་སོགས་པ་ནི་སྔར་བརྗོད་ལ་མེ་ནི་ཕྱིས་བརྗོད་དོ། །སྒྲ་ཡང་དྲིལ་བུ་ལ་སོགས་པའི་དུས་གཞན་གྱི་བར་དུ་དམིགས་པ་གང་ཡིན་པ་དེ་ཡང་ཇེ་བས་ཇེ་ཆེ་བར་དམིགས་པའི་ཕྱིར། །སྐད་ཅིག་མ་ཉིད་དུ་རིག་པར་བྱ་སྟེ། སྐད་ཅིག་རེ་རེ་ལ ་སྐད་ཅིག་མ་ཉིད་མེད་པར་ནི་ཇེ་བས་ཇེ་ཆེ་བར་དམིགས་པར་མི་འགྱུར་རོ། །ཆོས་ཀྱི་སྐྱེ་མཆེད་པའི་གཟུགས་ཀྱང་སེམས་ཀྱི་རྗེས་སུ་འཇུག་པའི་ཕྱིར་སྐད་ཅིག་མ་ཉིད་དུ་གྲུབ་པ་ཁོ་ན་སྟེ། ཇི་སྐད་དུ་སྔར་བཤད་པ་ལྟ་བུའོ། །དེ་ལྟ་བས་ན་ཕྱི་ཡང ་སྐད་ཅིག་མ་ཉིད་དུ་གྲུབ་པ་ཡིན་ནོ། །ཡང་དྲི་བས་ཀྱང་འདུ་བྱེད་ཐམས་ཅད་སྐད་ཅིག་མ་ཉིད་དུ་གྲུབ་པོ། །ཇི་ལྟར་བྱས་པས་ཞེ་ན། རེ་ཞིག་སྐད་ཅིག་མ་མ་ཡིན་པར་སྨྲ་བ་ལ་ཅིའི་ཕྱིར་ཁྱོད་འདུ་བྱེད་རྣམས་བརྟག་པ་ཉིད་དུ་འདོད་ལ། སྐད་ཅིག་མ ་ཉིད་དུ་མི་འདོད་ཅེས་བྱ་བ་འདི་དྲི་བར་བྱའོ། །གལ་ཏེ་དེ་འདི་སྐད་དུ་སྐད་ཅིག་རེ་རེ་ལ་མི་རྟག་བ་ཉིད་མི་འཛིན་པའི་ཕྱིར་རོ་ཞེས་ཟེར་རོ། །དེ་ལ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། མར་མེ་ལ་སོགས་སྐད་ཅིག་མར་རབ་ཏུ་གྲུབ་པའི་དངོས་པོ་དག་ལ་ཡང་མི ་གཡོ་བའི་གནས་སྐབས་ན་དེ་མི་འཛིན་པའི་ཕྱིར་སྐད་ཅིག་མ་ཉིད་མ་ཡིན་པར་ཅིའི་ཕྱིར་མི་འདོད། །གལ་ཏེ་དེ་འདི་སྐད་དུ་སྔ་མ་བཞིན་དུ་བྱིས་མི་འཛིན་བཱི་ཕྱིར་རོ་ཞེS་ཟེར་ན། དེ་ལ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། འདུ་བྱེད་རྣམས་ལ་ཅིའི་ཕྱིར་དེ་ལྟར་མི ་འདོད། གལ་ཏེ་འདི་སྐད་དུ་མར་མེ་ལ་སོགས་བ་ནི་དེ་ལས་གཞན་པའི་འདུ་བྱེད་རྣམས་དང་མི་འདྲ་བའི་ཕྱིར་རོ་ཞེས་ཟེར་ན། །དེ་ལ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། མི་འདྲ་བ་ནི་རྣམ་པ་གཉིས་ཏེ། ངོ་བོ་ཉིད་མི་འདྲ་བ་དང། འཇུག་པ་མི་འདྲ་པའོ། །དེ་ལ་གལ ་ཏེ་རེ་ཞིག་ངོ་བོ་ཉིད་མི་འདྲ་བ་ཡིན་པར་འདོད་ན་དེ་ཉིད་ཀྱི་ཕྱིར་དཔེ་ཉིད་དུ་རུང་ངོ། །དེའི་ངོ་བོ་ཉིད་ཁོ་ན་ནི་དེའི་དཔེར་མི་འགྱུར་ཏེ། དཔེར་ན་མར་མེའི་མར་མེ་དང། བ་ལང་གི་བ་ལང་ལྟ་བུའོ། །འོན་ཏེ་འཇུག་པ་མི་འདྲ་བ་ཡིན་ནོ་ཞེ་ན། དེ་ཉིད་ཀྱི་ཕྱིར་དཔེ་ཉིད་དུ་རུང་སྟེ། མར་མེ ་ལ་སོགས་པ་ནི་སྐད་ཅིག་མ་ཉིད་ཀྱི་རྗེས་སུ་འཇུག་པར་རབ་ཏུ་གྲུབ་པའི་ཕྱིར་རོ། །ཡང་དེ་ལ་ཁྱོད་ཅིག་བཞོན་པ་འདུག་ལ་བཞོན་པ་ལ་ཞོན་པ་འགྲོ་བར་འདོད་དམ་ཞེས་བྱ་བ་འདི་དྲི་བར་བྱའོ། །གལ་ཏེ་མ་ཡིན་ནོ་ཞེས་ཟེར་ན། དེ་ལ་འདི་སྐད་ཅེས་བརྗོད་པར ་བྱ་སྟེ། མིག་ལ་སོགས་པ་གནས་ལ་དེ་དག་ལ་བརྟེན་པའི་རྣམ་པར་ཤེས་པ་རྒྱུན་གྱིས་འགྲོ་ཞེས་བྱ་བར་ནི་མི་རུང་ངོ། །གལ་ཏེ་འདི་སྐད་དུ་སྙིང་པོ་ལས་རྟེན་བའི་མར་མེ་རྒྱུན་གྱིས་འགྲོ་ལ་སྙིང་པོ་ནི་གནས་པར་མཐོང་བ་མ་ཡིན་ཞེས་ཟེར་ན། དེ་ལ་འདི ་སྐད་ཅེས་བརྗོད་པར་བྱ་སྟེ། མ་མཐོང་སྟེ། དེའི་རྒྱུན་གྱི་དང་པོ་སྐད་ཅིག་རེ་རེ་ལ་འགྱུར་བ་སྐྱེ་བའི་ཕྱིར་རོ། །གལ་ཏེ་འདི་སྐད་དུ་འདུ་བྱེད་རྣམས་སྐད་ཅིག་མ་ཉིད་ཡིན་ན་ཅིའི་ཕྱིར་མར་མེ་བཞིན་དུ་སྐད་ཅིག་མ་ཉིད་དུ་མ་གྲུབ་ཅེས་ཟེར་ན། དེ་ལ་འདི་སྐད་ཅེས་བརྗོད ་པར་བྱ་སྟེ། ཕྱིན་ཅི་མ་ལོག་གི་གཞི་ཡིན་པའི་ཕྱིར་ཏེ། རྒྱུན་འདྲ་བ་འཇུག་པས་འདི་དག་གི་སྐད་ཅིག་མ་ཉིད་མི་ཤེས་ཏེ། འདི་ལྟར་གཞན་དང་གཞན་ཉིད་ཡིན་མོད་ཀྱི། དེ་ཉིད་འདི་ཡིན་ནོ་སྙམ་པའི་ཕྱིན་ཅི་ལོག་སྐྱེའོ། །དེ་ལྟ་མ་ཡིན་ན་མི་རྟག་པ་ལ ་རྟག་པར་ཕྱིན་ཅི་ལོག་པར་ཡང་མི་འགྱུར་རོ། །དེ་མེད་ན་ཀུན་ནས་ཉོན་མོངས་པ་ཡང་མི་འགྱུར་ན་རྣམ་པར་བྱང་བ་ལྟ་མོས་ཀྱང་ཅིང་གོས། །དེ་ལྟར་ན་བརྒལ་ཞིང་བརྟག་པའི་སྒོ་ནས་ཀྱང་འདུ་བྱེད་ཐམས་ཅད་ཀྱང་སྐད་ཅིག་མ་ཉིད་དུ་རབ་ཏུ་གྲུབ་པོ། ་གང་ཟག་ལ་བདག་མེད་པ་རབ་ཏུ་སྒྲུབ་པའི་ཕྱིར་བདག་མེད་པའི་རྣམ་པར་དབྱེ་བའི་ཚིགས་སུ་བཅད་པ་བཅུ་གཉིས་ཏེ། །གང་ཟག་བཏགS་པར་ཡོད་ཉིད་དུ། །བྲོད་བྱ་རྫས་སུ་མ་ཡིན་ནོ། །མི་དམིགས་ཕྱིན་ཅི་ལོག་པ་དང། །ཀུན་ནས་ཉོན་མོངས་ཉོན་མོངS ་རྒྱུ། ཉེས་པ་གཉིས་ཕྱིར་དེ་ལས་འདི། །གཅིག་དང་གཞན་དུ་བརྗོད་བྱ་མིན། །ཕུང་པོ་བདག་ཏུ་ཐལ་བ་དང། །དེ་རྫས་ཉིད་དུ་ཐལ་འགྱུར་ཕྱིར། །གལ་ཏེ་རྫས་ཡོད་བརྗོད་མིན་པའི། །དགོS་པ་ཡང་ནི་བརྗོད་དགོས་སོ། །གཅིག་དང་གཞན ་དུ་བརྗོད་མིན་པ། །དགོས་པ་མེད་པར་མི་རིགས་སོ། །མཚན་ཉིད་དང་ནི་འཇིག་རྟེན་ན། །མཐོང་ཕྱིར་བསྟན་བཅོས་སྒོ་ནས་ཀྱང། །བུད་ཤིང་མི་བཞིན་གཉིས་སུ་ནི། །བརྗོད་མིན་མི་རུང་དམིགས་ཕྱིར་རོ། །གཉིས་ཡོད་རྣམ་ཤེས་སྐྱེ་བའི་ཕྱིར། །དེ་རྐྱེན ་མ་ཡིན་དོན་མེད་ཕྱིར། །དེ་ཕྱིར་ལྟ་བ་པོ་ནས་ནི། །གྲོལ་པོའི་བར་དུ་མི་འགྱུར་རོ། །བདག་པོ་ཉིད་གཅིག་ཡིན་ན་ནི། །མི་རྟག་མི་འདོད་འབྱུང་མི་བྱེད། །དེ་ལས་མཚན་ཉིད་སྒྲུབ་དགོས་ཏེ། །རྫོགས་པའི་བྱང་ཆུབ་གསུམ་ལ་གནོད། །ཉེས་པ་གསུམ ་ཕྱིར་ལྟ་སོགས་ལ། །དེ་ཡི་བྱེད་པ་རང་བྱུང་མིན། །བྱེད་པ་དེ་ཡི་རྐྱེན་ཅན་ཡང། །ལྟ་སོགས་བྱེད་པ་མེད་པ་ཡིན། །བྱེད་པོ་མིན་ཕྱིར་མི་རྟག་ཕྱིར། །ཅིག་ཅར་རྟག་ཏུ་འཇུག་པའི་ཕྱིར། །ལྟ་ལ་སོགས་པ་བྱེད་པ་ནི། །རང་འབྱུང་ཉིད་དུ་མི་རུང་ངོ། །དེ ་བཞིན་གནས་དང་ཞིག་པ་ནི། །སྔ་ན་མེད་དང་མི་རྟག་དང། །ཕྱོགས་གསུམ་པ་ཡང་མེད་པའི་ཕྱིར། །རྐྱེན་ཉིད་དུ་ནི་མི་རུང་ངོ། །འདི་ལྟར་ཆོས་རྣམས་ཐམས་ཅད་ནི། །བདག་མེད་དམ་པའི་དོན་དུ་ན། །སྟོང་ཉིད་བདག་ཏུ་དམིགས་པ་ནི། །ཉེས་པར ་བཤད་པ་ཁོ་ན་ཡིན། །ཀུན་ནས་ཉོན་མོངས་རྣམ་བྱང་བའི། །གནས་སྐབས་གཅོད་པའི་བྱེ་བྲག་དང། །འཇུག་དང་རྒྱུན་གྱི་བྱེ་བྲག་ཀྱང། །གང་ཟག་གིས་ནི་ཉེ་བར་བསྟན། །བདག་ཏུ་ལྟ་བ་བསྐྱེད་མི་དགོས། །གོམ་པ་ཐོག་མ་མེད་དུས་ཅན། ་གང་ཟག་ཡོད་ན་ཐམས་ཅད་ནི། །འབད་མེད་ཐར་པ་འམ་ཐར་པ་མེད། །ཅི་གང་ཟག་ཡོད་པ་ཞེས་བརྗོད་པར་བྱ་བ་འམ། མེད་པ་ཞེས་བརྗོད་པར་བྱ་ཞེ་ན། བཤད་པ། གང་ཟག་བཏགས་བར་ཡོད་ཉིད་དུ། །བརྗོད་བྱ་རྫས་སུ་མ་ཡིན་ནོ། །འདི ་ལྟར་བཏགས་པར་ནི་ཡོད་དོ་ཞེས་བརྗོད་པར་བྱ་ལ་རྫས་སུ་ནི་མེད་དོ་ཞེས་བརྗོད་པར་བྱ་སྟེ། དེ་ལྟར་མགོ་གཅིག་ཏུ་མ་ཡིན་པའི་སྨྲ་བ་ཡོངས་སུ་བཟུང་ན་མེད་པ་ཉིད་ཀྱིས་ཉེ་པའི་གོ་སྐབས་སུ་ཡང་མི་འགྱུར་ལ། ཡོད་པ་ཉིད་ཀྱི་ཡང་མ་ཡིན་ནོ།། ་ཡང་དེ་རྫས་སུ་མེད་དོ་ཞེས་བྱ་བ་ཇི་ལྟར་རིག་པར་བྱ་ཞེ་ན། མི་དམིགས་པའི་ཕྱིར་ཏེ། དེ་ནི་གཟུགས་ལ་སོགས་པ་བཞིན་དུ་རྫས་མི་དམིགས་སོ། །དམིགས་པ་ཞེས་བྱ་བ་ནི་བློས་རྟོགས་པ་མ་ཡིན་ན། གང་ཟག་ནི་གང་ཟག་ཏུ་སྨྲ་པ་རྣམས་ཀྱིས་བློས་མི ་རྟོགས་པ་ཡང་མ་ཡིན་ལ་།བཅོམ་ལྡན་འདས་ཀྱིས་ཀྱང་མཐོང་བའི་ཆོས་ཁོ་ན་ལ་བདག་དམིགས་ཤིང་འདོགས་པར་བྱེད་དོ། །ཞེས་གསུངས་ན། ཇི་ལྟར་དམིགས་པ་ཡིན་ཞེ་ན། དེ་དེ་ལྟར་མི་དམིགས་པ་ནི་རྫས་སུ་དམིགས་པ་མ་ཡིན་ནོ། །ཅིའི ་ཕྱིར་ཞེ་ན། ཕྱིན་ཅི་ལོག་པའི་ཕྱིར་རེ། འདི་ལྟར་བཅོམ་ལྡན་འདས་ཀིས་བདག་མེད་པ་ལ་བདག་གོ་སྙམ་དུ་ཕྱིན་ཅི་ལོག་གོ་ཞེས་གསུངས་སོ། །དེ་ལྟ་བས་ན་དེ་ལྟར་གང་ཟག་ཏུ་འཛིན་པ་གང་ཡིན་པ་དེ་ནི་ཕྱིན་ཅི་ལོག་ཡིན་ནོ། །འདི་ཇི་ལྟར་རྟོགས ་ཤེ་ན། ཀུན་ནས་ཉོན་མོངས་པའི་ཕྱིར་ཏེ། འདི་ལྟ་སྟེ། ང་དང་ངའི་ཞེས་བྱ་བ་ནི་འཇིག་ཚོགས་ལ་ལྟ་བའི་ཉོན་མོངས་པའི་མཚན་ཉིད་ཀྱི་ཀུན་ནས་ཉོན་མོངས་པ་ཡིན་ཏེ་།ཕྱིན་ཅི་མ་ལོག་པ་ནི་ཀུན་ནས་ཉོན་མོངས་པར་འགྱུར་བར་འོས་པ་མ ་ཡིན་ནོ། །དེ་ཀུན་ནས་ཉོན་མོངས་པ་ཡིན་ནོ་ཞེས་བྱ་བར་ཡང་ཇི་ལྟར་རིག་པར་བྱ་ཞེ་ན། ཉོན་མོངས་པའི་རྒྱུ་ཡིན་པའི་ཕྱིར་ཏེ། །འདི་ལྟར་འདོད་ཆགས་ལ་སོགས་པ་ཉོན་མོངས་པ་རྣམས་ནི་དེའི་རྒྱུ་ཅན་དུ་སྐྱེ་བའོ། །ཡང་གཟུགས་ལ་སོཌ ་ཞེས་བྱ་བའི་གཞི་གང་ལ་གང་ཟག་ལ་ཅེས་འདོགས་པ་གང་ཡིན་པ་དེ་དང་ཅི་གང་ཟག་གཅིག་པ་ཉིད་དུ་བརྗོད་པར་བྱ་འམ། འོན་ཏེ་གཞན་པ་ཉིད་དུ་བརྗོད་པར་བྱ་ཞེ་ན། བཤད་པ། དེ་ལས་འདི་གཅིག་དང་གཞན་དུ་བརྗོད་བྱ་མིན། །ཅིའི་ཕྱིར་ཞེ་ན། ་ཉེས་པ་གཉིས་ཀྱི་ཕྱིར་རོ། །ཉེས་པ་གཉིས་པོ་གང་གིས་ཕྱིར་ཞེ་ན། ཕུང་པོ་དག་ཏུ་ཐལ་བ་དང། །དེ་རྫས་ཉིད་དུ་ཐལ་འགྱུར་ཕྱིར། །གཅིག་པ་ཉིད་ཡིན་ན་ནི་ཕུང་པོ་རྣམས་ཀྱང་བདག་ཉིད་དེ་དུ་ཐལ་བར་འགྱུར་ལ། གང་ཟག་ཀྱང་རྫས་ཉིད ་དུ་ཐལ་བར་འགྱུར་རོ། །གཞན་ཉིད་ཡིན་ན་ནི་གང་ཟག་རྫས་སུ་ཡོད་པ་ཉིད་དུ་ཐལ་བར་འགྱུར་རོ། །དེ་ལྟར་ན་གང་ཟག་བཏགས་པར་ཡོད་པའི་ཕྱིར། །བརྗོད་པར་བྱ་བ་མ་ཡིན་པ་ཉིད་དུ་རིགས་ཏེ། དེ་ཉིད་ཀྱི་ལུང་དུ་མ་བསྟན་པའི་དངོས་པོར་ཡང་གྲུབ་བོ།། ་གང་དག་སྟོན་པའི་བསྟན་པ་ལས་འདས་ཏེ། གང་ཟག་རྫས་སུ་ཡོད་པ་ཉིད་དུ་འདོད་པས་དེ་དག་ལ་འདི་སྐད་ཅེས་བརྗོད་པར་བྱའོ། །གལ་ཏེ་རྫས་ཡོད་བརྗོད་མིན་པའི། །དགོས་པ་ཡང་ནི་བརྗོད་དགོས་སོ། །ཅིའི་ཕྱིར་ཞེ་ན། གཅིག་དང་གཞན་དུ་བརྗོད་མིན ་པ། དགོས་པ་མེད་པར་མི་རིགས་སོ། །འོན་ཏེ་དཔེ་ཙམ་གྱིས་གང་ཟག་བརྗོད་པར་བྱ་བ་མ་ཡིན་པ་ཉིད་དུ་འདོད་དེ་།དཔེར་ན་བུད་ཤིང་ལས་མེ་གཞན་དང་གཞན་ཉིད་མ་ཡིན་པར་བརྗོད་བར་བྱ་བ་མ་ཡིན་བལྟ་བུའོ་ཞེན་?་དེ་དག་ལ་འདི་སྐད་ཅེས་བརྗོད་པར ་བྱ་སྟེ། མཚད་ཉིད་དང་ནི་འཇིག་རྟེན་ན། །མཐོང་ཕྱིར་བསྟན་བཅོས་སྒོ་ནས་ཀྱང། །བུད་ཤིང་མེ་བཞིན་གཉིས་སུ་ནི། །བརྗོད་མིན་མི་རུང། གཅིག་པ་ཉིད་དང་གཞན་པ་ཉིད་དུ་སྟེ། མེ་ཞེས་བྱ་བ་ནི་མེའི་ཁམས་སོ། །བུད་ཤིང་ནི་འབྱུང་བ་ལྷག་མ ་རྣམས་ཏེ། དེ་དག་གི་མཚན་ཉིད་ཐ་དད་བས་བུད་ཤིང་ལS་མེ་གཞན་པ་ཁོ་ན་ཡིན་ནོ། །འཇིག་རྟེན་ན་ཡང་མེ་མེད་པར་ཡང། ཤིང་ལ་སོགས་པ་བུད་ཤིང་མཐོང་ལ། བུད་ཤིང་མེད་པར་ཡང་མེ་མཐོང་བས་གཞན་པ་ཉིད་གྲུབ་བོ། །བསྟན ་བཅོས་ལས་ཀྱང་བཅོམ་ལྡན་འདས་ཀྱིས་གང་གིས་ཡང་མེད་དབུད་ཤིང་དག་བརྗོད་དུ་མེད་པར་མ་གསུངས་པ་འདི་ནི་རིགས་པ་མ་ཡིན་ནོ། །བུད་ཤིང་མེད་པར་མེ་ཡོད་དེ་ཞེས་བྱ་བ་འདིའི་ལྟར་ཤེས་ཞེ་ན། དམིགས་པའི་ཕྱིར་ཏེ། འདི་ལྟར་མེ་རླུང ་གིས་ཁྱེར་བ་ན་འབར་བཞིན་དུ་རྒྱངས་བཅད་པར་ཡང་འགྲོའོ། །འོན་ཏེ་ཡང་དེ་ན་ནི་རླུང་བུད་ཤིང་ཡིན་ནོ་ཞེ་ན། དེ་ཉིད་ཀྱི་ཕྱིར་མེ་དང་བུད་ཤིང་དག་ཐ་དད་པ་ཉིད་དུ་གྲུབ་པོ། །གང་ལས་ཞེ་ན། གཉིས་སུ་ནི་དམིགས་པའི་ཕྱིར་ཞེས་སྐབས་སུ་བབ་པའོ། །གཉིས་ནི ་དེར་མེ་དང་བུད་ཤིང་ཉིད་དུ་དམིགས་པ་ཡིན་ནོ། །མཐོང་བ་པོ་ནས་རྣམ་པར་ཤེས་པ་པོའི་བར་དང། བྱེད་པ་པོ་དང། ཟ་བ་པ་དང། ཤེས་པ་པོ་དང། གྲོལ་བ་པོ་གང་ཡིན་པའི་གང་ཟག་དེ་ནི་ཡོད་པ་ཁོ་ནའི་ཞེ་ན། དེ་ནི་མཐོང་བ་པོར་ཡང་མི་རུང་ལ་གྲོལ་བ་པོའི ་བར་དུ་ཡང་མི་རུང་སྟེ། དེ་ནི་ལྟ་བ་ཞེས་བྱ་བ་ལ་སོགས་པའི་མིང་ཅན་རྣམ་པར་ཤེས་པ་རྣམས་ལ་རྐྱེན་གྱིས་ངོ་བོ་འམ། བདག་པོ་ཉིད་ཀྱིས་བྱེད་པ་པོ་ཞིག་ཏུ་འགྱུར་གྲང་ན། དེ་ལ་རེ་ཞིག་གཉིས་ཡོད་རྣམ་ཤེས་སྐྱེ་བའི་ཕྱིར། །དེ་རྐྱེན་མ་ཡིན་ཅིའི་ཕྱིར་ཞེ་ན། ་དོན་མེད་པའི་ཕྱིར་ཏེ། དེ་ལ་དེའི་མཐུན་ཅུང་ཟད་ཀྱང་མ་མཐོང་ངོ། །བདག་པོ་ཉིད་གཅིག་ཡིན་ན་ནི། །མི་རྟག་མི་འདོད་འབྱུང་མི་བྱེད། །དེ་རྣམ་པར་ཤེས་པ་འབྱུང་བ་ལ་བདག་པོ་ཉིད་གཅིག་ཡིན་ན་ནི། རྣམ་པར་ཤེས་པ་འདོད་པ་མི་རྟག་པ་ཡང་འབྱུང ་བར་མི་བྱེད་ལ། མི་འདོད་པ་ཡང་འབྱུང་བར་མི་བྱེད་པ་ཁོ་ནའོ། །དེ་ལྟ་བས་ན་གཉི་ག་ལྟར་ཡང་མི་སྲིད་པའི་ཕྱིར་།དེ་ནི་མཐོང་བ་པོ་ནས་གྲོལ་བ་པོའི་བར་ཡིན་པར་མི་རུང་ངོ། །གཞན་ཡང་གལ་ཏེ་གང་ཟག་རྫས་སུ་ཡོད་ན་དྲེའི་ལས་མཚན་ཉིད་སྒྲུབ ་དགོས་ཏེ། གང་ཞིག་རྫས་སུ་ཡོད་པ་དེའི་ནི་ལས་དང་མཚན་ཉིད་ཀྱང་དམིགས་ཏེ། དཔེར་ན་མིག་ལ་སོགས་པའི་ལྟ་བ་ལ་སོགས་པ་དང། གཟུགས་དང་བ་ལ་སོགས་པ་ལྟ་བུ་ཡིན་ན། གང་ཟག་གི་ནི་དེ་ལྟ་ཡང་མ་ཡིན་ཏེ། དེ་ལྟ་བས་ན་དེ་ནི་རྫས་སུ ་མེད་དོ་དེ་རྫས་སུ་འདོད་ན། སངས་རྒྱས་བཅོམ་ལྡན་འདས་ཀྱི་རྫོགས་པར་བྱང་ཆུབ་པ་རྣམ་པ་གསུམ་པོ་ཟབ་མོ་མངོན་པར་རྫོགས་པར་བྱང་ཆུབ་པ་དང་ཐུན་མོངས་མ་ཡིན་པ་མངོན་པར་རྫོགས་པར་བྱང་ཆུབ་བ་དང། འཇིག་རྟེན་ལས་འདས་པ་མངོན ་པར་རྫོགས་པར་བྱང་ཆུབ་པ་ལ་ཡང་གནོད་པར་འགྱུར་རོ། །གང་ཟག་མངོན་པར་རྟོག་པས་ནི་ཟབ་མི?་ཡང་ཅུང་ཟད་ཀྱང་མངོན་པར་རྫོགས་པར་བྱང་ཆུབ་པར་ཡང་མི་འགྱུར་ལ། །གཞན་མུ་སྟེགས་ཅན་དང་ཐུན་མོངས་མ་ཡིན་པ་ཡང ་མ་ཡིན། འཇིག་རྟེན་ནམ་འདྲེས་པ་ཡང་མ་ཡིན་ཏེ། འདི་ལྟར་འཛིན་པ་དེ་ནི་འཛིན་ཏེ་ཐམས་ཅད་ཀྱི་གོ་བ། མུ་སྟེགས་ཅན་མངོན་པར་ཞེན་པ། ཡུན་རིང་པོ་ནས་འཁོར་བ་ནི་འདྲིས་པ་ཡང་ཡིན་ནོ། །གཞན་ཡང་གང་ཟག་མཐོང་བ་པོ་ནས་རྣམ་པར་ཤེས ་པ་པོའི་བར་ཞིག་ཡིན་ན་དེ་ལྟ་བ་ལ་སོགས་པ་ལ་བྱེད་པ་དང་བཅས་པ་འམ། བྱེད་པ་མེད་པ་ཞིག་ཏུ་འགྱུར་གྲང་ན། བྱེད་པ་དང་བཅས་པའི་བྱེད་བ་དེ་ཡང་རང་བྱུང་?་གློ་བུར་བ་འམ། དེའི་རྐྱེན་ཅན་ཞིག་ཏུ་འགྱུར་གྲང་ན། ཉེས་པ་གསུམ་ཕྱིར ་ལྟ་སོགས་པ་ལ། །དེ་ཡི་བྱེད་པ་རང་བྱུང་མིན། །ཉེས་པ་གསུམ་པོ་འཆང་བ་དེ་ཉིད་ཀྱི་ཕྱིར་བྱེད་པ་དེའི་རྐྱེན་ཅན་ཡང་མིན་ཞེས་བྱ་བར་སྦྱར་རོ། །བྱེད་པ་མེད་པ་ཡིན་ན་ནི། ལྟ་སོགས་བྱེད་པ་མེད་པ་ཡིན་ཞེས་བྱ་བ་འགྲུབ་པར་འགྱུར་ཏེ། གང ་ཟག་ལྟ་བ་ལ་སོགས་པ་ལ་བྱེད་པ་མེད་ན་ཇི་ལྟར་དེ་ལྟ་བ་པོ་ནས་རྣམ་པར་ཤེས་པ་པོའི་བར་ཡིན། །ཉེས་པ་གསུམ་གྱི་ཕྱིར་ཞེས་བཤད་པ་ཉེས་པ་གསུམ་པོ་གང་གིས་ཕྱིར་ཞེ་ན། བྱེད་པོ་མིན་ཕྱིར་མི་རྟག་ཕྱིར། །ཅིག་ཅར་རྟག་ཏུ་འཇུག་པའི ་པའི་ཕྱིར། ལྷ?་ལ་སོགས་པ་བྱེད་པ་ནི། །རང་བྱུང་ཉིད་དུ་མི་རུང་ངོ། །གལ་ཏེ་ལྟ་བ་ལ་སོགས་པ་ལ་གང་ལས་མཐོང་བ་ལ་སོགས་པར་འགྱུར་བའི་བྱེད་པ་གློ་བུར་བ་ཞིག་ཡིན་ན། འོ་ན་ནི་གང་ཟག་དེ་དག་གི་བྱེད་པ་པོ་མ་ཡིན་པས་ཇི ་ལྟར་དེ་མཐོང་བ་པོ་ནས་རྣམ་པར་ཤེས་པ་པོའི་བང་ཡིན། །ཡང་གློ་བུར་བ་ཉིད་ཡིན་ན་ནི། ལྟོས་བ་མེད་པའི་ཕྱིར་ནམ་ཡང་བྱེད་པ་མེད་པར་མི་འགྱུར་བས་མི་རྟག་པར་མི་འགྱུར་རོ། །བྱེད་པ་རྟག་པ་ཡིན་ན་ཡང་མཐོང་བ་ལ་སོགས་པ ་ཅིག་ཅར་དང་རྟག་ཏུ་འབྱུང་པར་འགྱུར་བའི་ཉེས་པར་འགྱུར་རོ། །དེ་ལྟ་བས་ན་ལྟ་བ་ལ་སོགས་པ་ལ་བྱེད་པར་དེ་བྱུང་བ་ཉིད་དུ་མི་རུང་ངོ། །དེ་བཞིན་གནས་དང་ཞིག་པ་ནི། །སྔ་ན་མེད་དང་མི་རྟག་དང། །ཕྱོགས་གསུམ་ཡང་མེད་པའི་ཕྱིར། །རྐྱེན་ཉིད་དུ ་ནི་མི་རུང་ངོ། །འོན་ཏེ་བྱེད་པ་གང་ཟག་གི་རྐྱེན་ཅན་ཡིན་ནོ་ཞེ་ན། གནས་པ་དེ་ནི་རྐྱེན་ཉིད་དུ་རུང་བ་མ་ཡིན་ཏེ། སྔོན་མེད་པའི་ཕྱིར་རོ། །དེ་དེའི་རྐྱེན་ཉིད་ཡིན་ན་ནི་གང་ཟག་ནི་ནམ་ཡང་མེད་པ་མ་ཡིན་པས་ཅིའི་ཕྱིར། སྔོན་རོལ་གང་གིས་ཆེ་མི་སྐྱེས ་པན?་བྱེད་པར་མེད་པར་འགྱུར། །ཞིག་པ་ཡང་རྐྱེན་ཉིད་དུ་མི་རུང་སྟེ། གང་ཟག་མི་རྟག་པ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །ཕྱོགས་གསུམ་པ་བཞེས་པ་ཡང་ཡིན་ལ། ཞིག་པ་ཡང་ཡིན་ནོ་ཞེས་བྱ་བ་འགའ་ཡང་མེད་པས་བྱེད་པ་དེའི་རྐྱེན ་ཅན་ཉིད་དུ་རུང་བ་མ་ཡིན་ཏེ། དེ་ལྟར་ན་རེ་ཞིག་རིམས་པ་ལས་རྟེན། །ནས་གང་ཟག་རྫས་སུ་མི་དམིགས་པ་ཡིན་ནོ། །འདི་ལྟར་ཆོས་རྣམས་ཐམས་ཅད་ནི་།བདག་མེད་དམ་པའི་དོན་དུ་ན། །སྟོང་ཉིད་བདག་ཏུ་དམིགས་པ་ནི། །ཉེས་པར ་བཤད་པ་ཁོ་ན་ཡིན། །བཅོམ་ལྡན་འདས་ཀྱིས་ཆོས་ཀྱིས་མདོ་དག་ལས་ནི། ཆོས་ཐམས་ཅད་ནི་བདག་མེད་པའོ། ཞེས་བཤད་དོ། །དོན་དམ་པ་སྟོང་པ་ཉིད་ལས་ནི། ལས་ཀྱང་ཡོད། ལས་ཀྱི་རྣམ་པར་སྨིན་པ་ཡང་ཡོད་ཀྱིས་ཆོས་སུ་བརྡར་བརྟགས་པ ་མ་གཏོགས་པ་གང་ཞིག་ཕུང་པོ་འདི་དག་འདོར་ཞིང་ཕུང་པོ་གཞན་ཉིད་མཚམས་སྦྱོར་བར་བྱེད་པའི་བྱེད་པ་པོ་ནི་མི་དམིགས་སོ་ཞེས་བཤད་དོ། །ལྔ་པ་ལས་ནི་བདག་ཏུ་དམིགས་པར་ལ་ཉེས་དམིགས་ལྔ་སྟེ། བདག་ཏུ་ལྟ་བ་དང། ་སྲོག་ཏུ་ལྟ་བར་འགྱུར། མུ་སྟེགས་ཅན་རྣམས་དང་ཁྱད་པར་མེད་པར་འགྱུར། ལམ་གོལ་བར་ཞུགས་པར་འགྱུར། སྟོང་པ་ཉིད་ལ་ཡང་འདིའི་སེམས་འཇུག་པར་མི་འགྱུར། དད་པར་མི་འགྱུར། ཡང་དག་པར་གནས་པར་མི ་འགྱུར། མོས་པར་མི་འགྱུར། འདིའི་འཕགས་པའི་ཆོས་རྣམས་ཀྱང་རྣམ་པར་བྱང་བར་མི་འགྱུར་རོ་ཞེས་བཤད་དེ། དེ་ལྟར་མ་ལུང་གི་སྒོ་ནས་ཀྱང་རུབ་བ་མ་ཡིན་ནོ། །བཅོམ་ལྡན་འདས་ཀྱི་ཀུན་ཤེས་པ་དང་ལྡན་པ་དང། ཁུང ་ཁྱེར་བ་དང་དད་པས་རྗེས་སུ་འབྲང་བ་ལ་སོགས་པའི་གང་ཟག་རྣམ་པར་བཞག་པའི་སྒོ་ནས་གང་ཟག་ཀྱང་དེ་དང་དེ་ལས་བཤད་དེ། རྫས་སུ་མེད་པ་ཉིད་གཅིག་ཡིན་ན་ནི། ཅིའི་ཕྱིར་བཤད་ཅེ་ན། ཀུན་ནས་ཉོན་མོངས་རྣམ་བྱང་བའི། །གནས་སྐབS ་གཅོད་པའི་བྱེ་བྲེག་དང། །འཇུག་དང་རྒྱུན་གྱི་བྱེ་བྲག་ཀྱང། གང་ཟག་ཡིས་ནི་ཉེ་བར་བསྟན། །ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་གནས་སྐབས་དང། གཅོད་པཱི་བྱེ་བྲག་དག་དང། དེ་དག་གི་འཇུག་པའི་བྱེ་བྲག་དང། རྒྱུན་གྱི་བྱེ་བྲག ་ནི་གང་ཟག་གདགས་པ་མེད་པར་བཤད་པར་མི་ནུས་སོ། །དེ་ལ་ཡོངས་སུ་ཤེས་པའི་མདོ་ལས་ནི། ཡོངས་སུ་ཤེས་བར་བྱ་བའི་ཆོས་རྣམས་ནི་ཀུན་ནས་ཉོན་མོངས་པའོ། །ཡོངས་སུ་ཤེས་པ་ནི་རྣམ་པར་བྱང་བའོ་ཞེས་བཤད་པའོ། །ཁུར་ཁྱེར ་ཁྱའི་མདོ་ལས་ནི། ཁུར་དང་ཁུར་ཁྱེར་བ་ནི་ཀུན་ནས་ཉོན་མོངས་པའོ། །ཁུར་འདོད་པ་ནི། རྣམ་པར་བྱང་བའོ་ཞེས་བཤད་པ་དེ་དག་གི་འཇུག་པའི་བྱེ་བྲག་དང། རྒྱུན་གྱི་བྱེ་བྲག་ཀྱང་ཀུན་ཤེས་པ་དང་ལྡན་པ་དང། ཁུར་ཕྱེད་བའི་གང་ཟག་གངས? ་པ་མེད་པར་བཤད་པར་མི་ནུས་ལ། བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་ཀྱི་གནས་སྐབས་སྦྱོར་བ་དང་མཐོང་བ་དང། སྒོམ་པ་དང་མཐར་ཐུག་པའི་ལམ་གྱི་བྱེ་བྲག་གི་རྣམ་པ་འདུ་མ་ཞིག་ཡོད་བ་དེ་དག་གི་འཇུག་བའི་བྱེ་བྲག་དང ་རྒྱུན་གྱི་བྱེ་བྲག་ཀྱང་དང་པས་རྗེས་སུ་འབྲང་བ་ལ་སོགས་པའི་གང་ཟག་གང་འདུ?་པ་མེད་པར་བཤད་པར་མི་ནུས་ཏེ། གང་ཟག་རྫས་སུ་མེད་པ་ཉིད་ཅིག་ཡིན་ན་ནི་ཅིའི་ཕྱིར་བཤད་ཅེས་བྱ་བ་འདི་ལ་ཚུལ་ནི་འདི་ལྟ་བུ་ཡིན་པར་རིག་པར་བྱའོ། །དེ་ལྟར་མ ་ཡིན་ན། གང་ཟག་བཤད་པ་དགོས་པ་མེད་པར་འགྱུར་ཏེ། རེ་ཞིག་འདི་བདག་ཏུ་ལྟ་བ་བསྐྱེད་པའི་ཕྱིར། དགོས་པ་ནི་མ་ཡིན་ཏེ། འདི་ལྟར་བདག་ཏུ་ལྟ་བ་བསྐྱེད་མི་དགོས། །གནའ་ནས་སྐྱེས་ཟིན་པའི་ཕྱིར་རོ། །དེ་གོམས་པར་བྱ་བའི་ཕྱིར་ཡང་མ་ཡིན་ཏེ། འདི་ལྟར ་གོམས་པ་ཐོག་མ་མེད་དུས་ཅན། །གལ་ཏེ་ཡང་བདག་ཏུ་ལྟ་བས་ཐར་པས་འདི་བཤད་དོ་ཞེ་ན། དེ་ལྟ་ཡིན་ན་ནི། ཐམས་ཅད་འབད་པ་མེད་པར་ཐད་པར་འགྱུར་ཏེ། འདི་ལྟར་བདག་ཏུ་ལྟ་བ་ནི། བདེན་པ་མ་མཐོང་བ་ཐམས་ཅད་ལ་ཡོད་དོ། །ཡང་ན་ནི་ཐར་པ་མེད ་པ་ཁོ་ནར་འགྱུར་ཏེ། ཇི་ལྟར་སྡུག་བསྔལ་ལ་སྡུག་བསྔལ་དུ་མ་བཟུང་བ་ལས་ཕྱིས་འཛིན་པ་ལྟ་བུར། སྔར་བདག་ལ་བདག་མེད་པར་གཟུང་བ་ལས། བདེན་པ་མངོན་པར་རྟོགས་པའི་དུས་ན་བདག་ཏུ་འཛིན་པ་ནི་འགའ་ཡང་མེད་ཀྱི། སྔོན་གྱི་ལྟ་བ་ཕྱིས་ཀྱང་དེ ་དང་འདྲ་བར་ཐར་པར་མི་འགྱུར་རོ། །ཡང་བདག་ཅིག་ཡོད་ན་ནི་གདོན་མི་ཟ་བར་ངར་འཛིན་པ་དགའ་ཡིར་འཛིན་པ་དག་གིS་བསད་སྲེད་པ་དང། དེའི་རྒྱུ་ཅན་གྱི་ཉོན་མོངས་དག་གདོན་མིག་བར་འབྱུང་བར་འགྱུར་བས་དེའི་ཕྱིར་ཡང་ཐར་བར་མི་འགྱུར་རོ། །ཡང་ན་ནི་གང་ཟག ་ཡོད་པར་ཁས་བླངས་པར་མི་བྱ་སྟེ། དེ་ཡོད་ན་ནི་གདོན་མི་ཟ་བར་ཉེས་པ་འདི་དག་ཏུ་ཐལ་བར་འགྱུར་རོ། །དེ་ལྟར་ཡོན་ཏན་དེ་དག་དང། །རྟག་ལྡན་བྱང་ཆུབ་སེམས་དཔའ་ནི། །བདག་ཉིད་དོན་ཡང་མི་འདོར་ཞིག། །གཞན་གྱི་དོན་ཡང་སྒྲུབ་པར ་བྱེད། །ངོ་ཚ་ཤེས་པ་དང་བརྟན་པ་ལ་སོགས་པའི་ཡོན་ཏན་རྣམས་ཀྱི་ལས་མདོར་བརྟན་པ་ཡིན་ནོ།། །།བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་སྐབས་རྫོགས་སོ།། །།ངོ་ཚར་ཆེ་བ་རྣམ ་པར་དབྱེ་བའི་ཚིགས་སུ་བཅད་པ་གསུམ་སྟེ། རང་གི་ལུས་དང་སྡོམ་པའི་ཕྱིར། །ཕུན་སུམ་ཚོགས་པ་ཡོངས་གཏོད་དང། །ཉམ་ཆུང་རྣམས་ལ་བཟོད་པ་དང། །ལུས་དང་སྲོག་ལ་མི་ལྟ་བར། །བརྩོན་འགྲུས་རྩོམ་པ་དང་བསམ་གཏན་གྱིས། །བདེ ་ལ་རོ་མྱང་མང་ཉིད་དང། ཤེས་རབ་ལ་ནི་མི་རྟོག་པ། །བློ་ལྡན་རྣམས་ཀྱི་ངོ་ཆར་འདོད། །དེ་བཞིན་གཤེགས་རིགས་སྐྱེ་བ་དང། །ལུང་བསྟན་པ་དང་དབང་བསྐུར་དང། །བྱང་ཆུབ་རབ་ཏུ་ཐོབ་པ་ཡང། །ངོ་མཚར་ཆེ་བ་ཡིན་པར ་འདོད། དེ་ལ་ཚིགས་སུ་བཅད་པ་གཉིས་ཀྱིས་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ལས་བརྩམས་ཏེ་།སྒྲུབ་པའི་ངོ་མཚར་ཚེ་བ་བཤད་དོ། །སྦྱིན་པ་ལ་ནི་རང་གི་ལུས་བཏོང་བ་ངོ་མཚར་ཆེ་ལ། །ཚུལ་ཁྲིམས་སྡོམ་པའི་ཆེད་དུ་ནི་ཕུན་སུམ་ཚོགས་པ་རྒྱ་ཆེན ་པོ་གཏོང་བ་ངོ་མཚར་ཆེ་བའོ། །ལྷག་མ་ནི་དོན་གོ་བར་ཟད་དོ། །ཚིགས་སུ་བཅད་པ་གསུམ་པས་ནི། བྱང་ཆུབ་སེམས་དཔའ་ཨི་འབྲས་བུ་བཞི་ལས་བརྩམས་ཏེ་འབྲས་བུའི་ངོ་མཚར་ཆེ་བ་བཤད་དེ། ས་དང་པོ་དང་བརྒྱད་པ་དང་བཅུ་པ་ལ་སློབ་པའི ་འབྲས་བུ་གསུམ་དང། སངས་རྒྱས་ཀྱིས་ལ་མི་སློབ་པའི་འབྲས་བུ་བཞི་པ་མཆོག་ཡིན་ནོ། །ངོ་མཚར་མི་ཆེ་བ་རྣམ་པར་དབྱེ་བའི་ཚིགས་སུ་བཅད་པ། འདོད་ཆགས་བྲལ་དང་སྙིང་རྗེ་དང། །དེ་བཞིན་སྒོམ་མཆོག་ཐོབ་པ་དང། སེམས་མཉམ་ཕྱིར་ན་དེ་དག ་ལ་སྦྱོར་བ་ངོ་མཚར་ཆེ་མ་ཡིན། །དེ་དག་ལ་ཞེས་བྱ་བ་ནི་ཕ་རོལ་ཏུ་ཕྱིན་པ་རྣམས་ལ་སྟེ། འདོད་ཆགས་དང་བྲལ་བ་ལ་བརྟེན་ནས་སྦྱིན་པ་ལ་སྦྱོར་བ་ངོ་མཚར་མི་ཆེའོ། །སྙིང་རྗེ་ལ་བརྟེན་ནས། ཚུལ་ཁྲིམས་དང་བཟོད་པ་དང། སྒོམ་པ་མཆོག་ལ་བརྟེན་ནས་ས ་བརྒྱད་པ་ལ་མངོན་པར་འདུ་བྱེད་པ་མེད་ཅིང་རྣམ་པར་མི་རྟོག་པའི་བརྩོན་འགྲུས་ལ་སོགས་པ་ལ་སྦྱོར་བ་ངོ་མཚར་མི་ཆེའོ། །བདག་དང་གཞན་མཉམ་པའི་སེམས་ཉིད་ལ་བརྟེན་ནས་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ལ་སྦྱོར་བ་ངོ་མཚར་མི་ཆེ་བ་ཉིད ་དེ་བདག་ཉིད་ཀྱི་དོན་བཞིན་དུ་གཞན་གྱི་དོན་ལ་སྐྱོ་བ་མེད་པའི་ཕྱིར་རོ། །སེམས་མཉམ་པ་ཉིད་ཀྱི་ཚིགས་སུ་བཅད་པ་གསུམ་སྟེ། ཇི་ལྟར་བློ་ལྡན་སེམས་ཅན་ལ། །རབ་ཏུ་བྱམས་པར་གྱུར་པ་ལྟར། །སེམས་ཅན་བདག་དང་ཆུང་མ་དང། །བུ་བཤེས ་གཉེན་ལ་དེ་ལྟ་མིན། །དོན་གཉེར་བ་ལ་ཕྱོགས་མེད་དང། །ཚུལ་ཁྲིམས་རྟག་ཏུ་མ་ཉམས་དང། །ཀུན་ཏུ་བཟོད་ཅིང་ཐམས་ཅད་ཕྱིར། །བརྩོན་འགྲུས་ཆེན་པོ་རྩོམ་པ་དང། །རྟག་ཏུ་བསམ་གཏན་དགེ་བ་དང། །ཤེས་རབ་རྣམ་པར་མི་རྟོག་ཉིད། །བྱང་ཆུབ ་སེམས་དཔའ་དེ་དག་ལ། །དེ་ལྟར་སེམས་མཉམ་ཤེས་པར་བྱ། །ཚིགས་སུ་བཅད་པ་གཅིག་གིས་ནི་སེམས་ཅན་རྣམས་ལ་མཉམ་པ་བསྟན་ཏོ། །གཉིས་ཀྱིས་ནི་ཕ་རོལ་ཏུ་ཕྱིན་པ་རྣམས་ལའོ། །སེམས་ཅན་རྣམས་ནི་བདག་ཉིད་ལ་སོགས་པ་ལ་བྱམS ་པ་མཉམ་པ་ཉིད་དང་ལྡན་པ་ཡང་མ་ཡིན་ལ་གཏན་དུ་བ་ཡང་མ་ཡིན་ཏེ། འདི་ལྟར་དེས་འགའ་བདག་ཉིད་ཀྱང་བསོད་པར་བྱེད་དོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་ནི། །སེམས་ཅན་ཐམས་ཅད་ལ་མཉམ་པ་ཉིད་དང། གཏན་དུ་བ་ཡིན་ནོ། །ཕ ་རོལ་ཏུ་ཕྱིན་པ་རྣམས་ལ་སྦྱིན་པ་ལ་སེམས་མཉམ་པ་ཉིད་ནི་དོན་དུ་གཉེར་བ་ལ་ཕྱོགས་མེད་པའི་ཕྱིར་རོ། །ཚུལ་ཁྲིམས་ལ་ནི་རྟག་ཏུ་ཕྲ་རབ་ཙམ་ཡང་མི་ཉམས་པའི་ཕྱིར་རོ། །ཀུན་ཏུ་བཟོད་ཅིང་ཞེས་བྱ་བ་ནི་ཡུལ་དང་དུས་དང་སེམས་ཅན་རྣམས་ལ ་བྱེ་བྲག་མེད་པར་རོ། །ཐམས་ཅད་ཀྱི་ཕྱིར་བརྩོན་འགྲུས་རྩོམ་པ་ནི་རང་དང་གཞན་གྱི་དོན་དང་དགེ་བ་ཐམས་ཅད་ཀྱི་དོན་དུ་མཉམ་པར་སྤྱོད་བའི་ཕྱིར་རོ། །ལྷག་མ་ནི་དོན་གོ་བར་ཟད་དོ། །ཕན་འདོགས་པ་ཉིད་རྣམ་པར་དབྱེ་བའི་ཚིགས་སུ་བཅད་པ་བཅུ་དྲུག ་སྟེ། སྣོད་ཡིད་དུ་ནི་བྱེད་པ་དང། །ཚུལ་ཁྲིམས་དག་ལ་འགོད་པ་དང། །གནོད་པ་ལ་ནི་གཟོད་པ་དང། །དོན་བྱེད་པར་ནི་འགྲོ་བ་དང། །བསྟན་པ་འདི་ལ་འཛུད་བ་དང། །ཐེ་ཚོམ་གཅོད་པར་བྱེད་པ་འདི། །བློ་ལྡན་རྣམས་ཀྱི་སེམས་ཅན་ལ། །ཕན ་འདོགས་ཉིད་དུ་འདོད་པ་ཡིན། །ཚིགས་སུ་བཅད་པ་འདི་གན་ཡིས་ཀྱིས་ཕ་རོལ་ཏུ་ཕྱིན་པ་དྲུག་གིས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཕན་འདོགས་པ་ཉིད་ཇི་ལྟ་བུ་ཡིན་པ་དེ་ཡོངས་སུ་བསྟན་ཏེ། སྦྱིན་པས་ན་སེམས་སྦྱིན་པས་ན་སེམས་ཅན་རྣམས་དགེ་བ་བྱ་བ་ལ ་སྣོད་ཉིད་དུ་བྱེད་དོ། །བསམ་གཏན་གྱིས་ནི་འཛུད་པར་བྱེད་དེ། མཐུའི་ཁྱད་པར་དང་ལྡན་པའི་ཕྱིར་རོ། །ལྟག་མ་ནི་དོན་གོ་བར་ཟད་དོ། །ཚིགས་སུ་བཅད་པ་ལྷག་མ་རྣམས་ཀྱིས་ཕན་འདོགས་པ་ཉིད། མ་ལ་སོགས།?་བ་དང་ཆོས ་མཐུན་པར་བསྟན་ཏེ། གང་དག་རྟག་ཏུ་སེམས་ཅན་རྣམས། བསམ་པ་ཉམས་པས་འཛིན་བྱེད་ཅིང། །འཕགས་པའི་ས་ལ་བསྐྱེད་པ་དང། དགེ་བ་འཕེལ་བར་བྱེད་པ་དང། །ཉེས་བྱས་ལས་ནི་ཡོངས་བསྲུང་དང། །ཐོས་པ་བྱད་བར་བྱེད། ་ནི། ལས་ལྔ་དག་གིས་རྒྱལ་སྲས་རྣམས། །སེམས་ཅན་མ་དང་འདྲ་བ་ཡིན། །སེམས་ཅན་གྱི་མ་དང་འདྲ་བ་ནི་སེམས་ཅན་རྣམས་ཀྱི་མ་ལྟ་བུའོ། །མ་ནི་བུ་རྣམས་ལ་ཕན་པ་རྣམ་པ་ལྔ་བྱེད་དེ། ཁོང?་ན་འཛིན་པར་བྱེད། སྐྱེད་པར་བྱེད། སྣུན་པར ་བྱེད། གསོ་བར་བྱེད། ཀུན་ཏུ་སྐྱེད་པར་བྱེད། དམ་གྲོག་ལས་ཀྱང་སྲུང་བར་བྱེད། སྨྲ་བ་ལ་ཡང་སློབ་པར་བྱེད་དོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལས་ལྔ་པོ་འདི་དག་ཀྱང་དེ་དང་ཆོས་མཐུན་པར་རིག་པར་བྱ་སྟེ། འཕགས་པའི་ས་ནི་འཕགས་པཱི་ཆོས་ཡིན་པར ་རིག་པར་བྱ་སྟེ། སེམས་ཅན་ཀུན་ལ་རྟག་པར་ནི། །དད་བ་སྐྱེད་པར་བྱེད་པ་དང། །ལྷག་པའི་ཁྲིམས་སོགས་སློབ་པ་དང། །རྣམ་པར་གྲོལ་ལ་སྦྱོར་བའི་ཕྱིར། །སངས་རྒྱས་ལ་ནི་གསོལ་བ་དང། །དེ་དག་སྒྲིབ་པ་སྤོད་བའི་ཕྱིར། །ལས་ལྔ་དག་ནི་? ་རྒྱལ་སྲས་རྣམས། །སེམས་ཅན་ཕ་དང་འགྲབ་ཡིན། །ཕ་ནི་བུ་རྣམས་ལ་ཕན་པ་རྣམ་པ་ལྔ་བྱེད་དེ། དེ་དག་གི་ས་བོན་འདེབས་པར་བྱེད། བ་ཐོ?་སླབ་པར་བྱེད། ཐབ་རིར་བབ་པའི་ཆུང་མ་ལེན་པར་བྱེད་གཤེས་གཉེན་དམ་པ་དག་ལ་འདོམས་པར་བྱེད། ཇི་ལྟར ་ཕའི་བུ་ལོན་དེས་གཞལ་དགོས་བ་མེད་བ་ལྟར་ཆགས་ཉེན་མེད་པར་བྱེད་དོ། །བྱང་ཆུབ་སེམས་དཔའ་ཨི་ལས་ལྔ་པོ་འདི་དག་ཀྱང། །དེ་དང་ཆོས་མཐུན་པར་རིག་པར་བྱ་སྟེ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་འཕགས་པའི་ལུས་འཐོབ་པའི་ས་བོན?་ནི ་དད་པ་ཡིན་ནོ། །བཟོ་ནི་སློང་པ་ཡིན་ནོ། །ཆུང་མ་ནི་རྣམ་པར་གྲོལ་བ་སྟེ། རྣམ་པར་གྲོལ་བཱི་དགའ་བ་དང་བདེ་བ་ཡང་དག་པར་མྱོང་བའི་ཕྱིར་རོ། །དགེ་བའི་བཤེས་གཉེན་དག་ནི་སངས་རྒྱས་རྣམ་སོ། །ཆགས་ཉེན་ལྟ་བུ་ནི་སྒྲིབ?་པའོ། །གང་དག་བསྟན་པར་མི་འོས་?་པ། སེམས་ཅན ་རྣམས་ལ་གསང་བྱེད་ཅིང། །བསླབ་ལས་ཉམས་ལ?་སྨོད་པ་དང། །ཕུན་སུམ་ཚོགས་པ་བསྔགས་པ་ཉིད། །གདམས་དག་སྦྱིན་པར་བྱེད་པ་དང། །བདུད་རྣམས་སྤྲོན་པར་བྱེད་པ་སྟེ། །ལས་ལྔ་དག་གིས་རྒྱལ་སྲས་རྣམས། །སེམས་ཅན་རྩ་ལག་འདྲ་བ་ཡིན། །བྱ? ་ལག་དག་ནི་རྩ་ལག་རྣམས་ལ་ཕན་པ་རྣམ་པ་ལྔ་བྱེད་དེ། གསང་པར་བྱ་བ་གསོང་བར་བྱེད། །སྦྱོད་པ་དན་པ་ལ་སྨོད་པར་བྱེད། །སྤྱོད་པ་བཟང་པོ་ལ་བསྔགས་པར་བྱེད། །བྱ་བ་རྣམས་ལ་གྲོགས་ཀྱི་ངོ་པོར་འགྲོ་བར་བྱེད། ཉམ་ད་བའི་གནས་དག་ལས ་ཟློག་པར་བྱེད་དེ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལས་ལྔ་པོ་འདི་དག་ཀྱང་དེ་དང་ཆོས་མཐུན་པར་རིག་པར་བྱ་སྟེ། འོས་པ་མ་ཡིན་པ་དག་ལ་ཟབ་མོ་བཤད་པར་གསད་པའི་ཕྱིར་དང། བསླབ་པ་ཉམས་པ་དང། ཕུན་སུམ་ཚོགས་པ་དག་ལ ་གོ་རིམ་བཞིན་དུ་སྨོད་པ་དང་བསྔགས་པའི་ཕྱིར་དང། རྟོགས་པར་བྱ་བའི་ཆེད་དུ་འདོམས་པའི་ཕྱིར་དང། བདུད་ཀྱི་ལས་སྦྲོན་པའི་ཕྱིར་རོ། །ཀུན་ནས་ཉོན་མོངས་རྣམ་བྱང་ལ། །གང་དག་རང་བློ་མ་འཁྲུལ་བ། །འཇིག་རྟེན་འཇིག་རྟེན་མིན་པ་ཡི། ། ་ཕུན་ཚོགས་ཟད་པར་སྦྱིན་པར་བྱེད། །སྐྱོ་བ་མེད་པས་མི་ཕྱེད་ཅིང། །རྟག་ཏུ་ཕན་དང་བདེ་འདོད་པ། །ལས་ལྔ་དག་གིས་རྒྱལ་སྲས་རྣམས། །སེམས་ཅན་གྲོགས་པོ་འདྲ་པ་ཡིན། །གྲོགས་པོའི་ཕན་པ་དད་བདེ་བ་དང་བྱིན་ཅི། །ལོག་པ་དང། བདེ་བ་དང་? ་པ་ཉེ?་བར་སྒྲུབ་པ་དང་།མི་ཕྱེད་པའི་འགྱུར་བ་དང། རྟག་ཏུ་ཕན་པ་དང་བདེ་བ་འདོད་པ་གང་ཡིན་པ་དེ་ནི་གྲོགས་པོ་ཡིན་ཏེ། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་རྣམས་ཀྱང་ལས་ལྔས་སེམས་ཅན་རྣམས་ལ་བན་འདོགས་པར་རིགས་པར་བྱའོ།། ་འཇིག་རྟེན་པའི་ཕུན་སུམ་ཚོགས་པ་ནི་བདེ་བ་སྟེ། དེས་བདེ་བ་ཉམས་སུ་མྱོང་པའི་ཕྱིར་རོ། །འཇིག་རྟེན་ལས་འདས་པ་ནི་ཕན་པ་སྟེ། ཀུན་ནས་ཉོན་མོངས་པའི་ནད་ཀྱི་གཉེན་པོའི་ཕྱིར་རོ། །གང་དག་སེམས་ཅན་མིན་བྱ་ལ། །རྟག་ཏུ་བརྩོན་པ་དང་ལྡན ་ཞིང། ཡང་དག་ངེས་བར་འབྱུང་བ་སྨྲ། །ལོག་པར་སྒྲུབ་པ་རྣམས་ལ་བཟོད། །ཕུན་སུམ་ཚོགས་པ་གཉིས་སྦྱིན་བྱེད། །དེ་ཡི་ཐབས་ལ་མཁས་པ་ནི། །ལས་ལྔ་དག་གིས་རྒྱལ་སྲས་རྣམས། །སེམས་ཅན་བྲན་དང་འདྲ་བ་ཡིན། །བྲན་ནི་ཇོ་བོ་ལ་ལས ་ལྔས་ཡང་དག་པར་འཇུག་སྟེ། ལྡང་བ་ཕུན་སུམ་ཚོགས་པ་ཡིན། བྱི་བ་རྣམས་ལ་མི་སླུ་བ་ཡིན། སྤྱོ་བ་དང་བརྡེག་བ་ལ་སོགས་པ་གཟོད་པ་ཡིན། །དགོས་པ་ཐམས་ཅད་བྱེད་པའི་ཕྱིར་བཟོ་བ་ཡིན། །མཁས་ཤིང་ཐབས་ཤེས་པ་ཡིན་ནོ།། ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལས་ལྔ་པོ་འདི་དག་ཀྱང་དེ་དང་ཆོས་མཐུན་པར་རིག་པར་བྱ་སྟེ། །ཕུན་སུམ་ཚོགས་པ་གཉིས་ནི་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པ་ཡིན་པར་རིག་པར་བྱའོ། །གང་དག་མི་སྐྱེའི་ཆོས ་ལ་ནི། །བཟོད་པ་ཐོབ་པར་འདོད་པ་དང། །ཐེག་པ་ཐམས་ཅད་སྟོན་པ་དང། །རྣལ་འབྱོར་གྲུབ་པར་སྦྱོར་བ་དང། །བཞིན་མཛེས་ལན་དུ་ཕན་འདོགས་དང། །རྣམ་པར་སྨིན་ལ་མི་ལྟ་བ། །ལས་ལྔ་དག་གིས་རྒྱལ་སྲས་རྣམས། །སེམས་ཅན་སློབ ་དཔོན་འདྲ་བ་ཡིན། །སློབ་དཔོན་ནི་སློབ་མ་རྣམས་ལ་ལས་རྣམ་པ་ལྔས་ཕན་འདོགས་པར་འགྱུར་ཏེ། བདག་ཉིད་ལེགས་པར་བསླབS?་པ་ཡིན། །ཐམས་ཅད་སློབ་པ་ཡིན། །བཞིན་མཛེས་ཤིང་དེས་པའི་རང་བཞིན་ཅན་ཡིན་ཏེ། ་སེམས་ལ་ཟང་ཟིང་མེད་པ་ཡིན་ནོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལས་ལྔ་པོ་འདི་དག་ཀྱང་དེ་དང་ཆོས་མཐུན་པར་རིག་པར་བྱའོ། །སེམས་ཅན་དོན་ལ་ཤིན་ཏུ་བརྩོན། །ཚོགས་རྣམས་རྫོགས་པར་བྱེད་པ་དང་།ཚོགས་བསགས་མྱུར་དུ་གྲོལ ་བར་བྱེད། །མི་མཐུན་ཕྱོགས་ནི་སྦོང་བྱེད་ཅིང། །འཇིག་རྟེན་འཇིག་རྟེན་མ་ཡིན་པའི། །ཕུན་སུཾ་སྣ་ཚོགས་ལ་སྦྱོར་བ། །ལས་ལྔ་དག་གིས་རྒྱལ་སྲས་རྣམས། །སེམས་ཅན་མཁན་པོ་འདྲ་བ་ཡིན། །མཁན་པོ་ནི་ལྷན་ཅིག་གནས་པ་རྣཾས་ལ་ལS་རྣཾ་པ་ལྔས་ཕན་འདོགS ་པ་ཡིན་ཏེ། རབ་ཏུ་འབྱིན་པར་བྱེད་བསྙེན་བར་རྫོགས་པར་བྱེད། །ཉེས་པ་ཡོངས་སུ་སྤང་པ་ལ་རྗེས་སུ་སྟོན་པར་བྱེད། ཟང་ཟིང་དང། ཆོས་ཀྱི་ཡོངས་སུ་སྡུད་པར་བྱེད་དོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལས་ལྔ་བོ་འདི་དག་ཀྱང་དེ་དང་ཆོས་མཐུན་བར་རིག ་པར་བྱའོ། །ལན་དུ་ཕན་འདོགས་པ་རྣམ་བར་དབྱེ་བའི་ཚིགས་སུ་བཅད་བ་གཉིས་ཏེ། ལོངས་སྤྱོད་རྣམས་ལ་མཆགས་པ་དང། །ཚུལ་ཁྲིམ་ཉམས་པ་མེད་པ་དང། །བྱས་པ་གཟོ་དང་ལྡན་པ་དང། །སྒྲུབ་པ་ལ་ཡང་སྦྱོར་བའི་ཕྱིར། །ཕ་རོལ་ཕྱིན་པ་དྲུག་པོ ་ལ་དེ་ལྟར་འཇུག་པའི་ལུས་ཅན་དག་།བྱང་ཆུབ་སེམས་དཔའ་རྣམས་ལ་ནི། །དེ་བཞིན་ལན་དུ་ཕན་འདོགས་ཡིན། །དེ་བཞིན་ཞེས་བྱ་བ་ནི་ཇི་ལྟར་བྱང་ཆུབ་སེམས་དཔའ་རྣམས་དེ་དག་ལ་ཕན་འདོགས་པ་བཞིན་དུའོ། །དེ་ལ་ལོངས་སྤྱོད་རྣམས ་ལམ་ཆགས་པས་ནི་སྦྱིན་པ་ལ་འཇུག་གོ། ཚུལ་ཁྲིམས་ཉམས་པ་མེད་བས་ནི་ཚུལ་ཁྲིམས་ལའོ། །ཕན་འདོགས་པའི་བྱང་ཆུབ་སེམས་དཔའ་ལ་དྲིན་ཆགས་བའི་སྒོ་ནས་བྱས་པ་གཟོ་པ་དང་ལྡན་པས་ནི་བཟོད་པ་ལ་སྟེ། དེ་དག་ནི་བཟོད་པ་ལ། ་དགའ་བས་སོ། །སྒྲུབ་བའི་སྦྱོར་བས་ནི། བརྩོན་འགྲུས་དད་བསམ་གཏན་དད། ཤེས་རབ་དག་ལ་སྟེ། གང་གིས་དད་གང་དུ་སྒྲུབ་པའི་ཕྱིར་རོ། །སྨོན་པ་རྣམ་པར་དབྱེ་བའི་ཚིགས་སུ་བཅད་པ། རྟག་ཏུ་འཕེལ་དང་ཉམས་པ་དང། །སེམས་ཅན་རབ་ཏུ་སྨིན་པ་དང།། ་ས་ལ་ཁྱད་པར་འགྲོ་བ་དང། །བླ་ན་མེད་པའི་བྱང་ཆུབ་འདོད། །བྱང་ཆུབ་སེམས་དཔའ་རྣམས་ནི་རྟག་ཏུ་ཕ་རོལ་ཏུ་ཕྱིན་པ་འཕེལ་བ་དང། དེའི་མི་མཐུན་པའི་ཕྱོགས་ཉམས་པ་དང། སེམས་ཅན་ཡོངས་སུ་སྨིན་པ་དང། ས་ལ་ཁྱད་པར་དུ་འགྲོ་བ་དང། བླ་ན ་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་སྟེ་གནས་ལྔ་འདོད་དོ། །སྦྱོར་བ་ཆུད་མི་ཟ་པ་ཉིད་རྣམ་པར་དབྱེ་བའི་ཚིགས་སུ་བཅད་པ། འཇིགས་སྤངས་ཡང་དག་བསྐྱེད་བ་དང། །ཐེ་ཚོམ་དག་ནི་གཅོད་པ་དང། །སྒྲུབ་པ་ཡི་ནི་གདམས་དག་ལ། ་རྒྱལ་སྲས་རྟག་ཏུ་ཆུད་མི་ཟ། །བྱང་ཆུབ་སེམS་དཔའ་རྣཾས་ཀྱི་སྦྱོར་བ་ནི། སེམས་ཅན་གྱི་དོན་རྣམ་པ་བཞི་པོ་ཆོས་ཟབ་ཅིང་རྒྱ་ཆེ་བ་ལ་སྐྲག་པ་སྤང་པ་དང། བྱང་ཆུབ་ཀྱི་སེམས་ཡང་དག་པར་བསྐྱེད་པ་དང། བྱང་ཆུབ་ཀྱི་སེམས་བསྐྱེད་པ་རྣམས་ཀྱི་ཐེ ་ཚོམ་གཅོད་པ་དང། ཕ་རོལ་ཏུ་ཕྱིན་པ་སྒྲུབ་པའི་གདམས་དགའ་ཆུད་མི་ཟ་བ་ཡིན་པར་རིག་པར་བྱའོ། །ཡང་དག་པར་སྦྱོར་བ་ཉིད་རྣམ་པར་དབྱེ་བ་ནི་ཚིགས་སུ་བཅད་པ་གཉིས་ཏེ། རེ་བ་མེད་པའི་སྦྱིན་པ་དང། ཡང་སྲིད་མི་འདོད་ཚུལ་ཁྲིམས ་དང། །ཐམས་ཅད་ལ་ནི་བཟོད་པ་དང། །ཡོན་ཏན་ཀུན་འབྱུང་བརྩོན་འགྲུས་དང། །དེ་བཞིན་བས་གཏན་གཟུཌ་མེད་མིན། །ཤེས་རབ་ཐབས་དང་ལྡན་པ་ནི། །ཕ་རོལ་ཕྱིན་པ་དྲུག་པོ་ལ། །བརྟན་པ་རྣམས་ཀྱི་ཡང་དག་སྦྱོར། །ཇི་ལྟར་དུ་དཀོན་མཆོག ་བརྩེགས་བ་ལས། རྣམ་པར་སྨིན་པ་ལ་རེ་བ་མེད་པའི་བྱིན་བ་དང། ཞེས་བྱ་བ་ལ་སོགས་པ་རྒྱས་པར་འབྱུང་བ་ལྟ་བུའོ། །ཡོངས་སུ་ཉམས་པ་དང་ཁྱད་པར་དུ་འགྱུར་བའི་སྐལ་བཙན་གྱི་ཆོས་རྣམ་པར་དབྱེ་བའི་ཚིགས་སུ་བཅད་པ་གཉིས་ཏེ། ལོངས་སྤྱོད ་ཆགས་དང་ཉམས་བཅས་དང། །ང་རྒྱལ་ཉིད་དང་བལ་བའི་སེམས་དང། །རོ་མྱང་བ་དང་ནམ?་རྟོགས་ནི། བརྟན་པ་རྣམས་ཀྱི་ཉམས་པའི་རྒྱུ། །དེ་དག་གཉེན་པོ་ལ་གནས་པའི། །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ནི། །དེ་ལས་བཟློག་ཕྱིར་ཁྱད་པར་གྱི་བསྐུལ ་ཅན་ཆོས་སུ་ཤེས་པར་བྱ། །ཕ་རོལ་ཏུ་ཕྱིན་པ་དྲུག་གི་མི་མཐུན་པའི་ཕྱོགས་ནི་ཉམས་བའི་སྐལ་བ་ཅན་ཡིན་ལ། དེ་དག་གི་གཉེན་པོ་ནི། །ཁྱད་པར་དུ་འགྱུར་བའི་སྐལ་བ་ཅན་ཡིན་པར་རིག་པར་བྱའོ། །བཅོས་མ་དང་ཡང་དག་པའི་སྟོན་རྣམ་བར་དབྱེ? ་བའི་ཚིགས་སུ་བཅས་པ་གཉིས་ཏེ། གཅིག་ནི་རྩ་བ་དྲུག་པ་ཡིན་ནོ། །སྤྲུལ་པ་དང་ནི་ཚུལ་ཆོས་དང། །བཞིན་མཛེས་པ་ནི་སྟོན་པ་དང། །དེ་བཞིན་འཕྲལ་ལ་འཇུག་པ་དང། །ལུས་དང་ངག་ནི་ཞི་བ་དང། །དེ་བཞིན་སྨྲ་མཁས་ཕུན་སུམ་ཚོཌ། །དེ་དག་སྒྲུབ ་དང་བྲལ་བ་ནི། །བྱང་ཆུབ་སེམས་དཔའ་རྣམས་དག་གི། ཡང་དག་མིན་པ་ཉིད་དུ་བཤད། །བཟློག་པར་རབ་ཏུ་སྦྱོར་རྣམས་ཀྱི། །དེ་དག་ཡང་དག་ཉིད་དུ་བཤད། །བྱང་ཆུབ་སེམས་དཔའ་ཨི་ཡོན་ཏན་སྤྲུལ་པ་ལ་སོགས་པ་དྲུག་ནི་ཕ་རོལ་ཏུ་ཕྱིན་པ ་དྲུག་གི་བཅོས་མ་ཡིན་པར་རིག་པར་བྱའོ། །ལྷག་མ་ནི་དོན་གོ་བར་ཟད་དོ། །འདུལ་བ་རྣམ་པར་དབྱེ་བའི་ཚིགས་སུ་བཅད་པ། །བློ་ལྡན་དེ་དག་ས་ཀུན་ཏུ། །སྦྱིན་ལ་སོགས་པ་ཉེར་བསྒྲུབས་པས། །སེམས་ཅན་རྣམས་ཀྱི་མི་མཐུན་ཕྱོགས། །རྣམ་པ་དྲུག་ནི་འདུས ་བར་བྱེད། །ཕ་རོལ་ཏུ་ཕྱིན་པ་དྲུག་གི་མི་མཐུན་པའི་ཕྱོགས་ནི་རྣམ་པ་དྲུག་སྟེ། སེར་སྣ་དང། འཆལ་པའི་ཚུལ་ཁྲིམས་དང། ཁྲོ་བ་དང། ལེ་ལོ་དང། རྣམ་པར་གཡེད་བ་དང། འཆལ་པའི་ཤེས་རབ་དག་དང། གོ་རིམས་བཞིན་ནོ། །ལྷག་མ་ནི་དོན་གོ་བར ་ཟད་དོ། །ལུང་བསྟན་པ་རྣམ་པར་དབྱེ་བའི་ཚིགས་སུ་བཅད་པ་གསུམ་སྟེ། གང་ཟག་དུས་ཀྱི་བྱེ་བྲག་གིས། །བློ་ལྡན་ལུང་བསྟན་རྣམ་པ་གཉིས། །བྱང་ཆུབ་དང་ནི་ལུང་སྟོན་པ། །གཞན་ཡང་ཆེན་པོར་བརྗོད་པ་ནི། །མི་སྐྱེ་བཟོད་པ་ཐོབ་པ་ཡིས། །ང་རྒྱལ་རྩོལ ་བ་སྤངས་པ་དང། །སངས་རྒྱས་རྒྱལ་སྲས་ཐམས་ཅད་དང། །ངོ་བོ་གཅིག་ཏུ་གྱུར་པ་ལས། །ཡང་དེ་ཞིང་དང་མིང་དང་ནི། །དུས་དང་བསྐལ་པའི་མིང་དང་ནི། །འཁོར་དང་དམ་བའི་ཆོས་དག་ཀྱང། །གནས་པའི་བསྒོ་ནས་དེར་འདོད་དོ། །དེ་ལ་གང ་ཟག་གི་བྱེ་བྲག་གིས་ལུང་སྟོན་པ་ནི། གང་ཟག་རིགས་ལ་གནས་བ་སེམས་བསྐྱེད་པ་མངོན་སུམ་དང། མངོན་སུམ་མ་ཡིན་པར་གནས་བ་ལ་ལུང་སྟོན་པའི་ཕྱིར་རོ། །དུས་ཀྱི་བྱེ་བྲག་གིས་ནི་དུས་དཔག་ཏུ་ཡོད་པ་དང། དཔག་ཏུ་མེད་པར་ལུང ་སྟོན་པའི་ཕྱིར་རོ། །གཞན་ཡང་བྱང་ཆུབ་ཏུ་འམ། འདི་དུས་ཆེ་གེ་མོ་ཞིག་ན་དེ་བཞིན་གཤེགས་པ་མཚན་འདི་ཞེས་བྱ་བས་ལུང་སྟོན་པར་འགྱུར་རོ། །གཞན་ཡང་ས་བརྐྱང་པ་ལ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པས་བདག་ནི ་སངས་རྒྱས་སུ་འགྱུར་རོ་སྙམ་པའི་ང་རྒྱལ་སྤངས་པ་དང། མཚན་མའི་རྩོལ་བ་ཐམས་ཅད་སྤངས་པ་དང། དེ་དག་དང་བདག་གི་རྒྱུད་དང་པར་མ་མཐོང་བའི་སྒོ་ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་ལྷན་ཅིག་ངོ་བོ་གཅིག ་པར་གྱུར་པ་ལས་ལུང་བསྟན་པ་གཞན་གང་ཡིན་པ་དེ་ནི་ཆེན་པོ་ཡིན་ནོ། །ཡང་ཞིང་ལ་སོགས་པས་ལུང་སྟོན་པ་ནི་དུས་འདི་ཙམ་ཞིག་ན་བསྐལ་པ་འདི་ཞེས་བྱ་བ་ལ་སངས་རྒྱས་ཀྱི་ཞིང་འདི་ལྟ་བུ་ཞིག་ཏུ་སངས་རྒྱས་མཚན་འདི་ཞེས་བྱ་བར་འགྱུར ་ཏེ། འདིའི་འཁོར་ནི་འདི་ལྟ་བུར་འགྱུར་རོ། །འདིའི་དམ་པའི་ཆོས་ནི་དུས་འདི་སྲིད་ཅིག་ཏུ་གནས་པར་འགྱུར་རོ་ཞེས་བྱར་རོ། །ངེས་པར་འགྱུར་བའི་རྣམ་པར་དབྱེ་བའི་ཚིགས་སུ་བཅད་བ་རྩ་བ་དྲུག་པ་སྟེ། བློ་ལྡན་རྣམ་པ་ཐམས་ཅད་དུ། །ཕུན་ཚོགས ་སྐྱེ་དང་མི་སྐྱོ་དང། །རྟག་ཏུ་སྒོམ་བར་བྱེད་པ་དང། །ཏིང་ངེ་འཛིན་ཉམས་པ་མེད་བ་དང། བྱ་བ་འགྲུབ་དང་ལྷུན་གྲུབ་པའི། །བཟོད་པ་ཐོབ་ལ་ངེས་པར་འགྱུར། །ཕ་རོལ་ཏུ་ཕྱིན་པ་དྲུག་གི་དབང་དུ་བྱས་ནས་ངེས་པར་འགྱུར་བ་རྣམ་པ་འདི་དྲུག་བསྟན་ཏེ། ཕུན ་སུམ་ཚོགས་པ་ལ་ངེས་པར་འགྱུར་བ་ནི། རྟག་ཏུ་ལོངས་སྤྱོད་ཕུན་སུམ་ཚོགས་པ་རྒྱ་ཆེན་པོ་འཐོབ་པའི་ཕྱིར་རོ། །སྐྱེ་བ་ལ་ངེས་པར་འགྱུར་བ་ནི་རྟག་ཏུ་ཇི་ལྟར་འདོད་པ་བཞིན་སྐྱེ་བ་ཡོངས་སུ་འཛིན་པའི་ཕྱིར་རོ། །མི་སྐྱོ་བ་ལ་ངེས་པར་འགྱུར་བ་ནི། ་རྟག་ཏུ་འཁོར་བའི་སྡུག་བསྔལ་རྣམས་ཀྱིས་མི་སྐྱོ་བའི་ཕྱིར་རོ། །རྟག་ཏུ་སྒོམ་པ་ལ་ངེས་པར་འགྱུར་བ་ནི། །རྟག་ཏུ་སྒོམ་པ་རྒྱུན་མི་གཅོད་པའི་ཕྱིར་རོ། །ཏིང་ངེ་འཛིན་ཉམས་པ་མེད་པ་དང། བྱ་བ་འགྲུབ་པ་ལ་ངེས་པར་འགྱུར་བ་ནི་རྟག་ཏུ་ཏིང་ངེ ་འཛིན་ཡོངས་སུ་མི་ཉམས་པའི་ཕྱིར་དང། སེམས་ཅན་གྱི་བྱ་བ་སྒྲུབ་པའི་ཕྱིར་རོ། །ལྷུན་གྱིས་གྲུབ་པར་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་ངེས་པར་འགྱུར་བ་ནི། རྟག་ཏུ་ལྷུན་གྱིས་གྲུབ་པར་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་གནས་པའི་ཕྱིར་རོ། །གདོན་མི་ཟ ་བར་བྱེ་དགོས་པ་རྣམ་པར་དབྱེ་བའི་ཚིགས་སུ་བཅད་པ་རྩ་བ་དྲུག་སྟེ། མཆོད་བསླབ་ཡང་དག་བླང་བ་དང། །སྙིང་རྗེ་དགེ་བ་སྒོམ་པ་དང། །དེ་བཞིན་དགོན་པར་བག་ཡོད་དང། །ཐོས་དོན་ངོམས་མི་ཤེས་པ་ཉིད། །ས་རྣམས་ཀུན་ལ་བརྟན་པ་ཡི། །གདོན་མི་ཟ་བར ་བྱ་བ་ཉིད། །གདོན་མི་ཟ་བར་བྱ་དགོས་པ་འདི་དྲུག་ནི། ཕ་རོལ་ཏུ་ཕྱིན་པ་དྲུག་གིས་དབང་དུ་བྱས་པ་སྟེ། ཚིགས་སུ་བཅད་པ་དོན་ནི་གོ་བར་ཟད་དོ། །རྟག་ཏུ་བྱ་བ་རྣམ་པར་དབྱེ་བའི་ཚིགས་སུ་བཅད་པ་གཉིས་ཏེ། འདོད་པའི་ཉེས་དམིགས་ཤེས་བ་དང། ། ་འཁྲུལ་པ་དག་ལ་རྟོག་པ་དང། །སྡུག་བསྔལ་དང་དུ་ལེན་ཉིད་དང། །དགེ་བ་དག་ནི་སྒོམ་པ་དང། །བདེ་བ་རོ་མྱང་མེད་ཉིད་དང། །མཚན་མ་རྣམ་པར་མི་རྟོག་པ། །ས་རྣམས་ཀུན་ལ་བསྟན་པ་ཡི། །རྟག་ཏུ་བྱ་བ་དག་ཡིན་ནོ། །ཕ་རོལ་ཏུ་ཕྱིན་པ་དྲུག ་ཡོངས་སུ་སྒྲུབ་པའི་ཕྱིར་རྟག་ཏུ་བྱ་བ་དྲུག་སྟེ། ཚིགས་སུ་བཅད་པ་དག་གི་དོན་ནི་གོ་བར་ཟད་དོ། །གཙོ་བོའི་དངོས་པོ་རྣམ་པར་དབྱེ་བའི་ཚིགས་སུ་བཅད་པ་རྩ་བ་དྲུག་བ་སྟེ། ཆོས་སྦྱིན་ཚུལ་ཁྲིམས་དག་པ་དང། །མི་སྐྱེ་བཟོད་པ་ཐོབ་ཉིད་དང། ཐེག་ཆེན་བརྩོག? ་འགྲུས་རྩོམ་བ་དང། །མཛའ་ལ་སྙིང་རྗེ་ལྡན་གནས་དང། །ཤེས་རབ་བློ་དང་ལྡན་རྣཾས་ཀྱི། །ཕ་རོལ་བྱིན་པ་གཙོ་བོར་འདོད། །རྣམ་པ་འདི་དྲུག་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་གི་གཙོ་བོ་ཡིན་ཏེ་འདི་ལ་ཚུལ་ཁྲིམས་རྣམ་པར་དག་པ་ནི་འཕགས་པ ་དགྱེས་པའི་ཚུལ་ཁྲིམས་སོ། །མཛའ་ལ་སྙིང་རྗེ་དང་ལྡན་པར་གནས་པ་ནི་བསམ་གཏན་བཞི་པ་སྙིང་རྗེ་ཚད་མེད་བ་དང་ལྡན་པ་སྟེ། ལྷག་མ་ནི་དོན་གོ་བར་ཟད་དོ། །གདགས་བ་རྣམ་བར་བཞག་རྣམ་པར་དབྱེད་བའི་ཚིགས་སུ་བཅོད་པ་བཞི་སྟེ། མདོ་ ་སོགས་རྣམ་པའི་བྱེ་བྲག་གིས། །རིག་པའི་གནས་ནི་རྣམ་གཞག་པ། །ས་རྣམས་ཀུན་ལ་རྟག་པ་ཡི། །ཆོས་རྣམས་བཞག་པ་ཡིན་ཤེས་བྱ། །དེ་བཞིན་ཉིད་ནི་རྣམ་བདུན་ལ། །བརྟེན་ནས་བདེན་པ་རྣམ་པར་བཞག་།རིགས་པ་གྲེལ ་པ་རྣམ་བཞག་པ། །རྣམ་པ་བཞི་དང་རྣམ་གསུམ་ཉིད། །ཚུལ་བཞིན་ཡིད་ལ་བྱེད་པ་དང། །ཡང་དག་ལྟ་བ་འབྲས་ལྡན་དང། །ཚད་མས་རྣམ་འབྱེད་བསམ་མི་ཁྱབ། །རིགས་པ་བཞིན་ནི་ཤེས་པར་བྱ། །བསམ་བ་དང་ནི་བཤད་ཉིད་དང། །སྦྱོར་བ་དང་ནི ་ཚོགས་དག་དང། །འགྲུབ་པའི་རབ་ཏུ་དབྱེ་བ་ཡིས། །ཐེག་པ་རྣམ་པ་གསུམ་དུ་འདོད། །ཆོས་དང། བདེན་བ་དང། རིགས་པ་དང། ཐེག་པ་གདགས་པ་རྣམ་པར་བཞག་པའི་དབྱེ་བས་གདགས་པ་རྣམ་པར་བཞག་པ་རྣམ་པ་བཞིའོ། །དེ་ལ་མདོའི་སྡེ ་དང་དབྱངས་ཀྱིས་བསྙང་པའི་སྡེ་ལ་སོགས་པའི་རྣམ་པའི་བྱེ་བྲག་གིས་རིག་པའི་གནས་ལྔ་རྣམ་པར་བཞག་པ་ནི། ཆོས་རྣམ་པར་བཞག་པ་ཡིན་བར་རིག་པར་བྱའོ། །དེ་ལས་གཞན་པའི་རིག་པའི་གནས་རྣམས་ནི་དེའི་ཁོངས་སུ་འདུས་པ་ཁོ་ན ་སྟེ། ཐེག་པ་ཆེན་པོ་ལས་བྱང་ཆུབ་སེམས་དཔའ་རྣམས་ལ་བཤད་དོ། །དེ་བཞིན་ཉིད་རྣམ་པ་བདུན་བོ་འཇུག་པའི་དེ་བཞིན་ཉིད་དང། མཚན་ཉིད་ཀྱི་དེ་བཞིན་ཉིད་དང། རྣམ་པར་རིག་བའི་དེ་བཞིན་ཉིད་དང། གནས་བའི་དེ་བཞིན་ཉིད་དང། ་།ལོག་པར་སྒྲུབ་པའི་དེ་བཞིན་ཉིད་དང། རྣམ་བར་དག་པའི་དེ་བཞིན་དང། ཡང་དག་པའི་དེ་བཞིན་ཉིད་ལ་བརྟེན་ནས་བདེན་པ་རྣམ་བར་བཞག་པ་ཡིན་ནོ། །རིགས་པ་གདགས་པ་རྣམ་པར་བཞག་པ་ནི་རྣམ་པ་བཞི ་སྟེ་།ལྟོས་བའི་རིགས་བ་དང། བྱ་བ་བྱེད་པའི་རིགས་པ་དང། འཐད་པ་སྒྲུབ་བའི་རིགས་པ་དང། ཆོས་ཉིད་ཀྱི་རིགས་པའོ། །ཐེག་པ་གདགས་པ་རྣམ་པར་བཞག་བ་ནི། །རྣཾ་པ་གསུཾ་སྟེ། ཉན་ཐོས་ཀྱི་ཐེག་པ་དང། རང་སངས་རྒྱས་ཀྱི་ཐེག་པ་དང། ཐེག ་པ་ཆེན་པོའོ། །དེ་ལ་ལྟོས་པའི་རིགས་པ་ནི། ཐེག་པ་གསུམ་ཆར་ལ་ཚུལ་བཞིན་ཡིད་ལ་བྱེད་བ་སྟེ། དེ་ལ་ལྟོས་ནས་རྐྱེན་དེས་འཇིག་རྟེན་ལས་འདས་པའི་ཡང་དག་པཱི་ལྟ་བ་སྐྱེ་བའི་ཕྱིར་རོ། །བྱ་བ་པའི་རིགས་པ་ནི། །ཡང་དག་པའི་ལྟ་བ་འབྲས་བུང་ང་བཅས་པའོ ་འཐད་པ་སྒྲུབ་བའི་རིགས་པ་ནི། མངོན་སུམ་ལ་སོགས་པའི་ཚང་མས་ཡོངས་སུ་རྟོག་པའོ། །ཆོས་ཉིད་ཀྱི་རིགས་པ་ནི་བསམ་གྱིས་མི་ཁྱབ་པའི་གནས་ཏེ། །ཆོས་ཉིད་ནི་གྲུབ་པ་ཡིན་པས་གདོད་ཅིའི་ཕྱིར་ཚུལ་བཞིན་ཡིད་ལ་བྱེད་པ་ལས་ཡང ་དག་པའི་ལྟ་བར་འགྱུར་ཞེ་འམ། དེ་ལས་འབྲས་བུ་ཉོན་མོངས་པ་སྤོང་བར་འགྱུར་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་བསམ་བར་བྱ་བ་ནི་མ་ཡིན་ནོ། །ཐེག་པ་གསུམ་རྣམ་པར་བཞག་པ་ནི་བསམ་པ་དང། བཅད་པ་དང། སྦྱོར་བ་དང། ཚོགས་དང། ཡང ་དག་པར་འགྲུབ་པ་དང། རྣམ་པ་ལྔའི་སྒོ་ནས་རིག་པར་བྱ་སྟེ། བསམ་པ་དང། བཤད་པ་དང། སྦྱོར་བ་དང། ཚོགས་དང། ཡང་དག་འགྲུབ་པ་དམན་བ་རྣམས་ནི་ཉན་ཐོས་ཀྱི་ཐེག་བའོ། །འབྲིང་རྣམས་ནི་རང་སངས་རྒྱས་ཀྱི་ཐེག་པའོ། །མཆོག་རྣམས་ནི ་ཐེག་བ་ཆེན་པོ་སྟེ། བསམ་པ་ཇི་ལྟ་བ་དང། འདོད་པ་ཇི་ལྟ་བར་ཆོས་བཤད་པ་ཡིན་ནོ། །ཆོས་བཤད་པ་ཇི་ལྟ་བར་དེ་ལ་སྦྱོར་རོ། །སྦྱོར་བ་ཇི་ལྟ་བར་ཚོགས་རྫོགས་སོ། །ཚོགས་ཇི་ལྟ་བར་བྱང་ཆུབ་ཡང་དག་པར་འགྲུབ་པོ། །ཡོངས་སུ་ཚོལ་བའི་རྣམ་བར ་དབྱེ་བའི་ཚིགས་སུ་བཅད་པ། མིང་དང་དངོས་དག་ཕན་ཚུན་དུ། །བློ་བུར་བ་ནི་ཡིད་དུ་བཙལ། །འདོགས་བ་རྣམ་པ་གཉིས་པོ་འདིར། །དེ་ཙམ་ཉིད་དུ་ཚོལ་བའོ། །ཆོས་རྣམས་ལ་ཡོངས་སུ་ཚོལ་བ་ནི་རྣམ་པ་བཞི་སྟེ་།མིང་ཡོངས་སུ་ཚོལ་བ་དང། དངོས་པོ ་ཡོངས་སུ་ཚོལ་བ་དང། ངོ་བོ་ཉིད་གདགས་པ་ཡོངས་སུ་ཚོལ་བ་དང། ཁྱད་པར་གདགས་པ་ཡོངས་སུ་ཚོལ་བའོ། །དེ་ལ་དངོས་པོ་ལ་མིང་གློ་བུར་བ་ཉིད་དུ་ཡོངས་སུ་ཚོལ་བ་ནི་མིང་ཡོངས་སུ་ཚོལ་བ་ཡིན་པར་རིག་པར་བྱའོ། །མིང་ལ་དངོས་བོ་གློ་བུར་བ ་ཉིད་དུ་ཡོངས་སུ་ཚོལ་བ་ནི་དངོས་པོ་ཡོངས་སུ་ཚོལ་བ་ཡིན་པར་རིག་པར་བྱའོ། །དེ་གཉིས་འབྲེལ་བ་ལ་ངོ་བོ་ཉིད་དང་ཁྱད་པར་འདོགས་པ་དག་གང་གིས་ཙམ་དུ་ཡོངས་སུ་ཚོལ་བ་ནི། ངོ་བོ་ཉིད་དང་ཁྱད་བར་འདོགས་པ་ཡོངས་སུ་ཚོལ? ་བ་ཡིན་བར་རིག་བར་བྱའོ། །ཡང་དག་པ་ཇི་ལྟ་བ་བཞིན་ཡོངས་སུ་ཤེས་པ་རྣམ་པར་དབྱེ་བའི་ཚིགས་སུ་བཅད་པ་བརྒྱད་དེ། ཐམས་ཅད་དམིགས་སུ་མེད་བའི་ཕྱིར། །ཡང་དག་ཡེ་ཤེས་རྣམ་པ་བཞི། །ས་རྣམས་ཀུན་ལ་བསྟན་པ་ཡི། །དོན་ཀུན ་གྲུབ་པར་བྱེད་པར་འགྱུར། །ཆོས་རྣམས་ཡང་དག་པ་ཇི་ལྟ་བ་བཞིན་ཤེས་པ་ནི་རྣམ་པ་བཞི་སྟེ། མིང་ཡོངས་སུ་ཚོལ་བ་དང་ལྡན་པ་སྟེ། དངོས་པོ་ཡོངས་སུ་ཚོལ་བ་དང་ལྡན་པ་དང་ངོ་བོ་ཉིད་དང་ཁྱད་བར་འདོགས་པ་ཡོངས་སུ་ཚོལ་བ་དང་ལྡན ་བའོ། །དེ་ཡང་མིང་ལ་སོགས་པ་འདི་དག་ཐམས་ཅད་མི་དམིགས་པ་ལS་རིག་བར་བྱ་སྟེ། ཕྱེད་འོག་མས་ནི་ཡང་དག་པ་ཇི་ལྟ་བ་བཞིན་ཡོངས་སུ་ཤེས་པ་ནི་ཆེ་བའི་བདག་ཉིད་ལས་ཀྱི་སྟོན་ཏོ། །འཆིང་བ་ཡི་ནི་རྟེན་དག་དང། །ལོངས་སྤྱོད ་ས་བོན་རྒྱུ་མཚན་འདིར། །སེམས་དང་སེམས་ལས་བྱུང་བ་རྣམས། །རྟེན་བཅས་ས་བོན་བཅས་ཏེ་བཅིངས། །དེ་ལ་རྟེན་གྱི་རྒྱུ་མཚན་ནི་སྣོད་གྱི་འཇིག་རྟེན་ནོ། །ལོངས་སྤྱོད་ཀྱི་རྒྱུ་མཚན་ནི་གཟུགས་ལ་སོགས་པ་ཡུལ་ལྔའོ། །ས་བོན ་གྱི་རྒྱུ་མཚན་ནི། དེ་དག་གི་ས་བོན་ཀུན་གཞི་རྣམ་པར་ཤེས་པ་གང་ཡིན་པ་སྟེ། རྒྱུ་མཚན་རྣམ་བ་གསུམ་པོ་འདིར་སེམས་དང་སེམས་ལས་བྱུང་བ་རྟེན་དང་བཅས་པ་རྣམས་དང། དེ་དག་གི་ས་བོན་ཀུན་བཞི་རྣམ་བར་ཤེས་བ་གང ་ཡིན་བ་ཡང་བཅིངས་སོ། །རྟེན་ནི་མིག་ལ་སོགས་པ་ཡིན་པར་རིག་པར་བྱའོ། །མདུན་བཞག་མཚན་མ་གང་ཡིན་དང། །བདག་ཉིད་འཇུག་པ་གང་ཡིན་པ། །ཐམས་ཅད་རྣམ་འཇིག་བློ་ལྡན་གྱིས། །བྱང་ཆུབ་མཆོག་ནི་ཐོབ་པར་འགྱུར ་དེ་ལྟར་མི་རྟོག་བ་རིམ་བདེ་ལྟ་བུས་ཞེས་བརྗོད་བར་བྱ་སྟེ། དེ་ལ་མདུན་དུ་བཞག་པའི་མཚན་མ་ནི། །ཐོས་པ་དང་བསམས་པ་དང་བསྒོམས་པའི་སྦྱོར་བས་དམིགས་བར་བྱས་པའི་ཀུན་བརྟགས་བ་གང་ཡིན་པའོ། །བདག་ཉིད་འདུག་པ་ནི་རང་བཞིན་གྱིས ་དམིགས་བར་འགྱུར་གྱི། །འབད་པས་ཀུན་བརྟགས་པ་མ་ཡིན་པ་གང་ཡིན་པའོ། །དེ་རྣམ་པར་འཇིག་པ་ནི་འབྲལ་བ་སྟེ། དམིགས་པ་མེད་པའི་ངོ་བོའོ། །དེའི་ཐབས་ནི་མཚན་མའི་གཉེན་པོ་རྣམ་པར་མི་རྟོགས་པའོ། །དེ་གཉི་ག་ཡང་རིམ་གྱིས ་འབྱུང་སྟེ། སྔར་ནི་བཞག་པ་ལའོ། །ཕྱིས་ནི་བདག་ཉིད་འདུག་པའོ། །དེ་ལ་ཕྱིན་ཅི་ལོག་བཞི་དང་ལྡན་པའི་གང་ཟག་གི་མཚན་མ་རྣམ་བར་འཇིག་པའི་རྣལ་འབྱོར་པས་ནི་ཉན་ཐོས་ཀྱི་བྱང་ཆུབ་འམ། རང་སངས་རྒྱས་ཀྱི་བྱང་ཆུབ་འཐོབ་པོ། །ཆོས་ཐདཾ ་ཀྱི་མཚན་མ་རྣམ་པར་འཇིག་བས་ནི་བྱང་ཆུབ་ཆེན་པོ་འཐོབ་སྟེ། འདིས་ནི་ཡང་དག་པ་ཇི་ལྟ་བ་བཞིན་ཡོངས་སུ་ཤེས་པས་འཆིང་བ་ཇི་ལྟར་ཡོངས་སུ་ཤེས་ན་ཐར་པར་འགྱུར་བ་དེ་བསྟན་ཏོ། །དེ་བཞིན་ཉིད་དམིགས་ཤེས་བ་དང། །གཉིས་སུ་འཛིན ་པ་རྣམ་སྤངས་དང། །གནས་ངན་ལེན་ལུས་མངོན་སུམ་པ། །བློ་ལྡན་དེ་ཟད་བྱེད་པར་འདོད། །འདིས་ནི་ངོ་བོ་ཉིད་གསུམ་ཇི་ལྟར་ཡོངས་སུ་ཤེས་པས་གཞན་གྱི་དབང་གི་ངོ་བོ་ཉིད་ཟད་པར་འགྱུར་བ་དེ་ཡོངས་སུ་བསྟན་ཏེ། དེ་བཞིན་ཉིད་ལ་དམིགས་པ ་ཉིད་ཀྱིས་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ཡོངས་སུ་ཤེས་བ་དང། གཉིས་སུ་འཛིན་པ་རྣམ་པར་སྤངས་པ་ཉིད་ཀྱིས་ཀུན་བརྟགས་པ་དང། གནས་ངན་ལེན་གྱི་ལུས་མངོན་སུམ་པ་ཉིད་ཀྱིས་གཞན་གྱི་དབང་ཡོངས་སུ་ཤེས་པས་གནས་ངན་ལེན ་གྱི་ལུས་ཀུན་བཞི་རྣམ་པར་ཤེས་པ་གཞན་གྱི་དབང་དེ་ཉིད་ཟས་བར་འགྱུར་རོ། །དེ་ཟད་པར་བྱེད་བ་ནི་དེ་ཟད་བའི་ཆེད་དུའོ། །དེ་བཞིན་ཉིད་དམིགས་ཡེ་ཤེས་ནི། །རྣམ་པ་ཐ་དང་མེད་བསྒོམས་ཤིང། །ཡོད་དང་མེད་དོན་མངོན་སུམ་པ། །རྣཾ ་རྟོག་དབང་འབྱོར་ཉིད་ཅེས་བྱ། །རྣམ་པ་ཐ་དང་པ་མེད་པ་བསྒོམས་པ་ནི་མཚན་མ་དང་དེ་བཞིན་ཉིད་དག་ཐ་མི་དད་པ་ཉིད་དུ་མཐོང་བའི་ཕྱིར་རོ། །འདིས་ནི་ཉན་ཐེས་ཀྱི་མཚན་མ་མེད་པ་ལས་བྱང་ཆུབ་སེམས་དཔའ་ཨི་མཚན་མ ་མེད་བ་ཁྱད་དུ་ཞུགས་པར་ཡོངས་སུ་བསྟན་ཏེ། །དེ་དག་ནི་མཚན་མ་དང་མཚན་མ་མེད་པ་དག་ཐ་དད་པ་ཉིད་དུ་མཐོང་བས་མཚན་མ་ཐམས་ཅད་ཡིད་ལ་མི་བྱེད་པ་དང། མཚན་མ་མེད་པའི་དབྱིངས་ཡིད་ལ་བྱེད་པའི་སྒོ་ནས་མཚན་མ་མེད་པ་ལ ་སྙོམས་པར་འཇུག་གོ། བྱང་ཆུབ་སེམས་དཔའ་རྣམས་ནི་དེ་བཞིན་ཉིད་ལ་མ་གཏོགས་པའི་མཚན་མ་མ་མཐོང་བས་མཚན་མ་མེད་པར་མཐོང་སྟེ། དེའི་ཕྱིར་དེ་དག་གི་ཡེ་ཤེས་དེ་ནི་རྣམ་པ་ཐ་དད་པ་མེད་པར་བསྒོམས་པ་ཡིན་ནོ། །ཡོད་པའི་དོན་དེ ་བཞིན་ཉིད་དང་མེད་པཱ་དོན་མངོན་སུམ་པ་སྟེ། རྣམ་པར་རྟོག་པ་ཇི་ལྟ་བ་བཞིན་དོན་ཐམས་ཅད་གྲུབ་བའི་སྒོ་ནས་རྣམ་པར་རྟོག་པ་ལ་དབང་འབྱེར་པ་ཉིད་ཐོབ་པའི་ཕྱིར། རྣམ་པར་རྟོག་པ་ལ་དབང་འབྱོར་པ་ཉིད་ཅེས་བྱའོ། །བྱིས་པ་ཡང་དག ་ཉིད་བསྒྲིབས་ནས། །ཡང་དག་མ་ཡིན་ཀུན་ཏུ་སྣང། །བྱང་ཆུབ་སེམས་དཔའ་དེ་གསལ་ནས། །ཡང་དག་ཉིད་ནི་ཀུན་ཏུ་སྣང། །འདིས་ནི་ཇི་ལྟར་བྱིས་པ་རྣམས་ལ་རང་གི་ངང་གིས་ཡང་དག་པ་མ་ཡིན་པ་མཚན་མ་ཁོ་ན་སྣང་གི་།ཡང་དག ་པ་ཇི་བཞིན་ཉིད་ནི་མ་ཡིན་པ་དང། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་རྣམས་ལ་རང་གི་ངང་གིས་ཡང་དག་པ་ཁོ་ན་སྣང་གི། ཡང་དག་པ་མ་ཡིན་པ་ནི་མ་ཡིན་ནོ་ཞེས་བྱ་བར་ཉེ་བར་བསྟན་ཏོ། །དོན་མེད་པ་དང་དོན་ཡོད་དག་།མི ་སྣང་སྣང་བ་ཉིད་ཤེས་བྱ། །དེ་ནི་གནས་གཞན་གྱུར་བ་སྟེ། འདོད་དགུར་སྦྱོད་ཕྱིར་ཐར་བ་ཡིན། །དོན་མེད་པ་མཚན་མ་མི་སྣང་བ་ཉིད་དང། དོན་ཡོད་པ་དེ་བཞིན་ཉིད་སྣང་བ་ཉིད་ནི་གནས་གཞན་དུ་གྱུར་པ་ཡིན་པར་རིག་པར་བྱ་སྟེ་།དེས་དེ ་དག་མི་སྣང་བ་ཉིད་དང་སྣང་བ་ཡིན་ནོ། །དེ་ཉིད་ཐར་པ་ཡིན་པར་ཡང་རིག་པར་བྱའོ། །ཅིའི་ཕྱིར་ཞེ་ན། འདོད་དགུར་སྤྱོད་པའི་ཕྱིར་ཏེ། དེའི་ཚེ་རང་དབང་དུ་འགྱུར་ཞིང་རང་བཞིན་གྱིས་མཚན་མ་ཀུན་ཏུ་མི་སྤྱོད་པའི་ཕྱིར་རང་གི་སེམས་ལ་དབང་བསྒྱུར་བར་འབྱུང?་ངོ? ་དོན་ཆེན་རྣམ་པ་ཐམས་ཅད་དུ། །གཞན་དང་གཞན་རིགས་མཐུན་སྣང་བ། །བར་ཆད་བྱེད་ཡིན་དེ་ལྟ་བས། །ཡོངས་ཤེས་བྱས་ནས་དེ་སྤང་ངོ། །འདི་ནི་ཞིང་ཡོངས་སུ་སྦྱོང་བའི་ཐབས་ཡང་དག་པ་ཇི་ལྟ་བ་བཞིན་ཡོངས་སུ་ཤེས་པ་? ་ཡིན་ནོ། །དོན་ཆེན་བོ་ནི་སྣོད་ཀྱི་འཇིག་རྟེན་ཏེ། གཞན་དང་གཞན་འབྱུང་བ་ན་དེ་ཉིད་འདི་ཡིན་ནོ་ཞེས་?་བར་རིགས་མཐུན་པར་སྣང་ངོ། །དེ་ནི་དེ་ལྟར་སྣང་བས་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ་བ་ལ་བར་ཆད་བྱེད་པར་འགྱུར་ཏེ། དེ་ལྟ་བས་ཞ་བར་ཆད ་བྱེད་བར་ཡོངས་སུ་ཤེས་པར་བྱས་ནས། དེ་ལྟར་སྣང་བ་དེ་སྤང་བར་བྱའོ། །དཔག་ཏུ་མེད་པ་རྣམ་པར་དབྱེ་བའི་ཚིགས་སུ་བཅད་པ། ཡོངས་སྨིན་རྣཾ་པར་སྦྱད་བྱ་དང། །ཐོབ་བྱ་སྨིན་པར་རུང་བྱ་དང། །ཡངདག་བཤད་པའི་དངོས་པོ་ནི། །བློ་ལྡན་རྣམས་ཀྱི་དཔག་ཏུ་མེད ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དཔག་ཏུ་མེད་པའི་དངོས་པོ་ནི་རྣམ་པ་ལྔ་སྟེ། ཡོངས་སུ་སྨིན་པར་བྱ་བའི་དངོས་པོ་ནི་སེམས་ཅན་གྱི་ཁམས་ཁྱད་པར་མེད་པར་རོ། །རྣམ་པར་སྦྱང་བར་བྱ་བ་ནི་སྣོད་ཀྱི་འཇིག་རྟེན་གྱིས་བསྡུས་པའི་འཇིག་རྟེན་གྱི་ཁམས་སོ།། ་ཐོབ་པར་བྱ་བ་ནི་ཆོས་ཀྱི་དབྱིངས་སོ། །ཡོངས་སུ་སྨིན་པར་རུང་བར་བྱ་བ་ནི་གདུལ་བའི་ཁམས་སོ། །ཡང་དག་པར་བཤད་པའི་དངོས་པོ་ནི་འདུལ་བའི་ཐབས་ཀྱི་ཁམས་སོ། །བཤད་བའི་འབྲས་བུ་རྣམ་པར་དབྱེ་བའི་ཚིགས་སུ་བཅད་པ་གཉིས་ཏེ། བྱང་ཆུབ ་སེམས་ནི་སྐྱེ་བ་དང། །མི་སྐྱེ་བ་ཡི་བཟོད་པ་ཉིད། །དྲི་མེད?་མིག་ནི་དམན་པ་དང། །ཟག་པ་ཟད་པ་ཉིད་དང་ནི། །དམ་ཆོས་ཡུན་རིང་གནས་པ་དང། །བྱེ་བྲག་ཤེས་གཅོད་ལོངས་སྤྱོད་ཉིད། །དེ་ལ་ཞུགས་པ་བློ་ལྡན་གྱིས། །བཤད་པའི་འབྲས་བུ་ཡིན་ཞེས ་བ། བཤད་བ་ལ་ཞུགས་པའི་བྱང་ཆུབ་སེམས་དཔའ་ཨི་ཉན་པེ་རྣམས་ལ་བཤད་པའི་འབྲས་བུ་ནི་རྣམ་པ་བརྒྱད་དུ་རིགས་པར་བྱ་སྟེ། ཁ་ཅིག་ནི་བྱང་ཆུབ་ཏུ་སེམས་བུ་སྐྱེད་དོ། །ཁ་ཅིག་ནི་མི་སྐྱེ་བའི་ཆོས་ལ་བཟོད་པ་འཐོབ་པོ། །ཁ ་ཅིག་ནི་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་ཐེག་པ་དམན་པས་སྡུད་པ་བསྐྱེད་དོ། །ཁ་ཅིག་ནི་ཟག་པ་ཟད་པ་འཐོབ་པོ། །རྒྱུད་དེ་འཛིན་པས་དམ་པའི་ཆོས་ཀྱང་ཡུན་རིང་དུ་གནས་པར་འགྱུར་རེ། །དོན་བྱ་བྲག་ཏུ་མི་ཤེS ་པ་རྣམས་ཀྱང་བྱེ་བྲག་ཏུ་ཤེས་པར་འགྱུར་རོ། །ཐེ་ཚོམ་ཟ་བ་རྣམས་ཀྱི་ཐེ་ཚོམ་ཡང་གཅོད་པར་འགྱུར་རོ། །ངེས་པ་རྣམས་ཀྱང་དམ་པའི་ཆོས་ཀྱི་དགའ་བའི་རོ་ཁ་ན་མཐོ་བ་མེད་པ་རྒྱ་ཆེན་པོ་ལ་ལོངས་སྤྱོད་པར་འགྱུར་རོ། །ཐེག་པ་ཆེན་པོ་ཉིད ་རྣཾ་པར་དབྱེ་བའི་ཚིགས་སུ་བཅད་པ་གཉིས་ཏེ། དམིགས་པ་ཆེ་བ་ཉིད་དང་ནི། །དེ་བཞིན་སྒྲུབ་པ་གཉིས་དག་དང། །ཡེ་ཤེས་བརྩོན་འགྲུས་རྩོམ་པ་དང། །ཐབས་ལ་མཁས་པར་གྱུར་པ་དང། །ཡང་དག་འགྲུབ་པ་ཆེན་པོ་དང། །སངས་རྒྱས་འཕྲིན ་ལས་ཆེན་པོ་དང། །ཆེན་པོ་འདི་དང་ལྡན་པའི་ཕྱིར། །ཐེག་ཆེན་ཞེས་ནི་ངེས་པར་བརྗོད། །ཆེན་པོ་ཉིད་རྣམ་པ་བདུན་དང་ལྡན་པའི་ཕྱིར་ཐེག་པ་ཆེན་པོ་ཞེས་ངེས་པར་བརྗོད་དེ། །དམིགས་པ་ཆེན་པོ་ཉིད་ནི་མདོའི་སྡེ་ལ་སོགས་པའི་ཆོས་རྒྱ་ཆེན་པོ ་དཔག་ཏུ་མེད་པ་དང་ལྡན་པའི་ཕྱིར་རོ། །སྒྲུབ་པ་ཆེན་པོ་ཉིད་ནི། རང་གི་དོན་དང་གཞན་གྱི་དོན་གཉིས་སྒྲུབ་པའི་ཕྱིར་རོ། །ཡེ་ཤེས་ཆེན་པོ་ཉིད་འདི་ནི་རྟོགས་པའི་དུས་ན་གང་ཟག་ལ་བདག་མེད་པ་དང་ཆོས་ལ་བདག་མེད་པ་གཉིས་ཤེས་པའི་ཕྱིར ་རོ། །བརྩོན་འགྲུས་རྩོམ་པ་ཆེན་པ་ཉིད་ནི། བསྐལ་པ་གྲངས་མེད་པ་གསུམ་དུ་རྟག་ཏུ་དང་གུས་པར་བྱས་ཏེ་སྦྱོར་བའི་ཕྱིར་རོ། །ཐབས་ལ་མཁས་པ་ཆེན་པོ་ཉིད་ནི་འཁོར་བ་ཡོངས་སུ་མི་གཏོང་ཞིང་ཀུན་ནས་ཉོན་མོངས་པ་མེད་པའི་ཕྱིར་རོ། །ཡང ་དག་པར་འགྲུབ་པ་ཆེན་པོ་ཉིད་ནི། སྟོབས་དང་མི་འཇིགས་བ་དང་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ཡང་དག་པར་འགྲུབ་པའི་ཕྱིར་རོ། །སངས་རྒྱས་ཀྱི་འཕྲིན་ལས་ཆེན་པོ་ཉིད་ནི། །ཡང་དང་ཡང་དུ་མངོན་པར་རྫོགས?་པར་བྱུང་ཆུབ་པ་དང། མྱ་ངན་ལས ་འདས་པ་ཆེན་པོ་ཀུན་ཏུ་སྟོན་པའི་ཕྱིར་རོ། །ཐེག་པ་ཆེན་པོ་བསྡུས་པ་རྣམ་པར་དབྱེ་བའི་ཚིགས་སུ་བཅད་པ་གཉིས་ཏེ། རིགས་ནང་ཆོས་ལ་མོས་པོ་དང། །དེ་བཞིན་སེམས་ན་བསྐྱེད་པ་དང། །སྦྱིན་ལ་སོགས་པ་སྒྲུབ་པ་དང། །སྐྱོན་མེད་པ་ལ་འཇུག་? ་དང།?་སེམས་ཅན་རྣམས་ཡོངས་སྨིན་བྱེད་དང། །ཞིང་ནི་རྣམ་པར་སྤྱོད་བ་དང། །མི་གནས་མྱ་ངན་འདས་པ་དང། །བྱང་ཆུབ་མཆོག་དང་སྟོན་པའོ། །དངོས་པོ་རྣམ་པ་བཅུ་པོ་འདིས་ཐེག་པ་ཆེན་པོ་མཛའ་དག་བསྡུས་ཏེ། དེ་ལ་སེམས་ཅན་རྣམས་ཡོངས ་སུ་སྨྲིན་བར་བྱེད་པ་ནི་ས་ལ་ཞུགས་པའི་ས་བདུན་པའི་བར་ལ་རིག་པར་བྱའོ། །ཞིང་ཡོངས་སུ་སྦྱོར་བ་དང། མི་གནས་པའི་མྱ་ངན་ལས་འདས་པ་ནི་ཕྱིར་མི་ལྡོག་པར?་ཡིན་རྣམ་པ་གསུམ་ལའོ། །བྱང་ཆུབ་མཚོག་ནི་སངས་རྒྱས་ཀྱི་ས་ལ་སྟེ། མངོན ་པར་རྫོགས་པར་བྱང་ཆུབ་པ་དང། མྱ་ངན་ལས་འདས་པ་ཆེན་པོ་སྟོན་པ་ཡང་དེ་ཉིད་ལ་རིག་པར་བྱའོ། །ལྷག་མ་ནི་དོན་གོ་བར་ཟད་དོ། །བྱང་ཆུབ་དཔའ་རྣམ་བར་དབྱེ་བའི་འཚིག་སུ་བཅད་པ་བཅུ་སྟེ། གཅིག་ནི་མོས་པ་དད་ལྡན་པ། །ལྷག་པའི་བསམ་པ ་དག་བ་གཞན། །མཚན་མ་དང་མཚན་མེད་དང། །མངོན་བར་འདུ་བྱེད་མེད་སྦྱོད་པ། །ལྔ་པོ་འདི་དག་ཀུན་ལ་བྱང་ཆུབ་སེམས་དཔའ་ཡིན་ཞེས་བྱ། །དེ་ལ་མཚན་མ་སྦྱོད་བ་ནི་ས་གཉིས་པ་ནས་བཟུང་སྟེ་དྲུག་པའི་བར་དུའོ། །མཚན་མ་མེད་པར་སྤྱོད་པ་ནི ་བདུན་པ་ལའོ། །མངོན་པར་འདུ་བྱེད་པ་མེད་བར་སྦྱེད་པ་ནི་དེ་ཡན་ཆད་དོ། །ལྷག་མ་ནི་དོན་གོ་བར་ཟད་དོ། །འདོད་ལ་མ་ཆགས་ལས་གསུམ་རྣམ་པར་དག། ཀྲཧོ་བཟིལ་གནོན་ཡོན་ཏན་མཆོག་ལྷུར་ལན། །ཆོས་ལས་མི་གཡོ་དེ་ཉིད་ཟབ་མོ་མཐོང། ། ་བྱང་ཆུབ་དགའ་ལྡན་བྱང་ཆུབ་སེམས་དཔའ་ཡིན། །འདིས་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་སྒྲུབ་པ་དང་བྱང་ཆུབ་ཆེན་པོར་སྨོན་པའི་སྒོ་ནས་བྱང་ཆུབ་སེམས་དཔའ་ཨི་མཆོག་ཉིད་ཡོངས་སུ་བསྟན་ཏོ། །ཕན་འདོགས་འདོད་དང་གནོད་པ ་མེད་ལྟ་དང། །གཞན་ཀྱི་གནོད་པ་དང་དུ་ལེན་པ་དང། །བསྟན་པ་བག་ཡོད་མང་དུ་ཐོས་པ་དང། །གཞན་གྱི་དོན་བརྩོན་བྱང་ཆུབ་སེམས་དཔའ་ཡིན། །དེ་ལ་བརྟེན་པ་ནི་བརྩོན་འགྲུས་བརྩམས་སྡུག་བསྔལ་དག་གིས་སྦ་མི་འགོད་བའི་ཕྱིར་རོ། །བག ་ཡོད་བ་ནི་བསམ་གཏན་གྱི་བདེ་བ་དག་ལ་མ་ཆགས་པའོ། །ལྷག་མི་ནི་དོན་གོ་པར་ཟད་དོ། །རང་གི་ཡོངས་སུ་བཟུང་བའོ། ས་དམིགས་ཞེས། །ལོངས་སྤྱོད་མ་ཆགས་ཞེ་ལ་འཁོན་མི་འཛིན། །རྣལ་འབྱོར་རྒྱུ་མཚན་ལ་མཁས་ལྟ་ངན་མེད་།ནང་དུ ་རབ་གནས་བྱང་ཆུབ་སེམས་དཔའ་ཡིན། །དེ་ལ་ལོངས་སྤྱོད་དག་ལ་མ་ཆགས་པ་ནི་གང་ཞིག་དེ་དག་སྤངས་ནས་རབ་ཏུ་འབྱུང་བ་ཡིན་ནོ། །རྒྱུ་མཚན་ལ་མཁས་བ་ནི་ཞི་གནས་ལ་སོགས་པའི་རྒྱུ་མཚན་གསུམ་ལ་མཁས་པའི་ཕྱིར་རོ། །ནང ་ལ་རབ་ཏུ་གནས་པ་ནི་ཐེག་པ་ཆེན་པོ་ལས་མི་གཡོ་བའི་ཕྱིར་ཏེ། ཐེག་པ་ཆེན་པོ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ནད་ཡིན་ནོ། །ལྷག་མ་ནི་དོན་གོ་བར་ཟད་དོ། །བརྩེ་དང་ལྡན་པ་ངོ་ཚ་ཡོན་ཏན་གནས། །སྡུག་བསྔལ་དང་ལེན་རང་གི་བདེར ་མ་ཆགས། །དྲན་གཙོ་ཤིན་ཏུ་མཉམ་པར་བཞག་པའི་བདག་།ཐེག་པ་མི་འཁྲུགས་བྱང་ཆུབ་སེམས་དཔའ་ཡིན། དེ་ལ་བྲན་པ་གཙོ་བོ་ནི། །བསམ་གཏན་དང་ལྡན་པ་དྲན་པའི་སྟོབས་ཀྱིས་སེམས་མཉམ་པར་འཇོག་པའི་ཕྱིར་རོ། །ཤིན་ཏུ ་མཉམ་པར་བཞག་པའི་བདག་ཉིད་ནི། །རྣམ་པར་མི་རྟོག་པ་ཡི་ཡེ་ཤེས་སོ། །ལྷག་མ་ནི་དོན་གོ་བར་ཟད་དོ། །སྡུག་བསྔལ་སེལ་བ་སྡུག་བསྔལ་མི་བྱེད། །སྡུག་བསྔལ་བཟོད་པ་སྡུག་བསྔལ་འཇིགས་པ་མེད་།སྡུག་བསྔལ་རྣམ་གྲོལ་སྡུག ་བསྔལ་མི་རྟོག་པ་?སྡུག་བསྔལ་ཁས་ལེན་བྱང་ཆུབ་སེམས་དཔའ་ཡིན། །དེ་ལ་སྡུག་བསྔལ་ལས་རྣམ་པར་གྲོལ་བ་ནི། བསམ་གཏན་དང་ལྡན་པ་འདོད་པའི་ཁམས་ལས་འདོད་ཆགས་དང་བྲལ་བས་སྡུག་བསྔལ་གྱི་སྡུག་བསྔལ་ཉིད་ལས་གྲོལ་བའི་ཕྱིར། ་སྡུག་བསྔལ་ཁས་ལེན་པ་འཁོར་བ་ཁས་ལེན་པའི་ཕྱིར་རོ། །ལྷག་མ་ནི་དོན་གོ་བར་ཟད་དོ། །ཆོས་ལ་མི་དགའ་རང་བཞིན་ཆོས་ལ་དགའ་། །ཆོས་ལ་སྨོད་ཅིང་ཆོས་ལ་མངོན་པར་བརྩོན། །ཆོས་ལ་དབང་པ་ཆོས་ལ་མུན་པ་མེད། །ཆོས་གཙོར་བྱེད་པ་བྱང ་ཆུབ་སེམས་དཔའ་ཡིན། །དེ་ལ་ཆོས་ལ་སྨོད་པ་ནི། །མི་བཟོད་པ་ལ་སྨོད་པའི་ཕྱིར་རོ། །ཆོས་ལ་དབང་བ་ནི་སྙོམས་པར་འཇུག་པ་ལའོ། །ཆོས་གཙོར་བྱེད་པ་ནི་བྱང་ཆུབ་ཆེན་པོ་ལྷུར་ལེན་པའོ། །ཚིག་སྦྱར་བ་ལ་བདེ་པས་ཆོས་ཉིད་འདིར་ཆོས་སུ་བཤད་དོ ་ལྷག་མ་ནི་དོན་གོ་བར་ཟད་དོ། །ལོངས་སྤྱོད་བག་ཡོད་ངེས་ལ་བག་ཡོད་དང། །བསྲུང་ལ་བག་ཡོད་དགེ་ལ་བག་ཡོད་དང། །བདེ་ལ་བག་ཡོད་ཆོས་ལ་བག་ཡོད་དང། །ཐེག་པ་བག་ཡོད་བྱང་ཆུབ་སེམས་དཔའ་ཡིན། །དེ་ལ་བསྲུང་བ་ལ་བག་ཡོད ་བ་ནི་བཟོད་པ་དང་ལྡན་པ་རང་དང་གཞན་གྱི་སེམས་རྗེས་སུ་བསྲུང་བའི་ཕྱིར་རོ། །ཆོས་ལ་བག་ཡོད་པ་ནི། ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པའི་ཕྱིར་རོ། །ལྷག་མ་ནི་དོན་གོ་བར་ཟད་དོ། །མ་གུས་ངོ་ཚ་ཉེས་ཆུང་ངོ་ཚ་དང། །མི་བཟོད་ངོ ་ཚ་ཡོངས་ཉམས་ངོ་ཚ་དང། །རྣམ་འཕྲོ་ངོ་ཚ་ལྟ་ཆུང་ངོ་ཚ་དང། །ཐེག་ཆེན་ངོ་ཚ་བྱང་ཆུབ་སེམས་དཔའ་ཡིན། །དེ་ལ་མ་གུས་པས་ངོ་ཚ་བ་ནི། གང་ཞིག་སློང་བ་ལ་ཁྱད་དུ་གསོད་པས་སོ། །ཉེས་པ་ཆུང་དུས་ངོ་ཚ་བ་ནི། ཁ་ན་མ་ཐོ་བ་ཕྲ་རབ ་ཙམ་དག་ལ་ཡང་འཇིགས་པས་ལྟ་བས་སོ། །ལྟ་བ་ཆུང་དུས་ངོ་ཚ་བ་ནི། ཆོས་ལ་བདག་མེད་པར་རྟོགས་པས་སོ། །ལྷག་མ་ནི་དོན་གོ་བར་ཟད་དོ། །ཚིགས་སུ་བཅད་པ་འདི་དག་ཐམས་ཅད་ཀྱིས་ནི་རྣམ་གྲངས་གཞན་གྱིས་ཕ་རོལ་ཏུ་ཕྱིན་པ ་དྲུག་སྒྲུབ་པ་དང། བྱང་ཆུབ་ཆེན་པོར་སྨོན་པའི་སྒོ་ནས་བྱང་ཆུབ་སེམས་དཔའ་ཨི་མཚན་ཉིད་རིག་པར་བྱའོ། །འདི་དང་ཕ་རོལ་དང་ནི་བཏང་སྙོམས་དང་འདུ་བྱེད་ལྡན་དང་དབང་འབྱོར་ཉིད་ཐོབ་དང། །མཚུངས་པར་སྟོན་དང་འབྲས་བུ་ཆེན ་ཡིས། །བྱང་ཆུབ་སེམས་དཔའ་ཕན་འདོགས་བྱེད་ལ་འདུག་།སྦྱིན་པས་ནི་འདི་ཁོ་ན་ལ་སེམས་ཅན་རྣམས་ལ་ཕན་པ་ལ་འཇུག་གོ། ཚུལ་ཁྲིམས་ཀྱིས་ནི་སྐྱེ་བ་ཁྱད་པར་ཅན་ཐོབ་ནས་གཞན་དུའོ། །འདུ་བྱེད་དང་ལྡན་པ་ཞེས་བྱ་བ་ནི་བརྩོན་འགྲུས ་དང་ལྡན་པའོ། །འབྲས་བུ་ཆེན་པོ་ཡིས་ཞེས་བྱ་བ་ནི་སངས་རྒྱས་ཉིད་ཀྱིས་སོ། །ལྷག་མ་ནི་དོན་གོ་བར་ཟད་དོ། །འདིས་ནི་བྱང་ཆུབ་སེམས་དཔའ་ཨི་ཕ་རོལ་ཏུ་ཕྱིན་པ་དྲུག་དང། བྱང་ཆུབ་ཆེན་པོར་སྨོན་པས་ཇི་ལྟར་སེམས་ཅན་རྣམས་ལ་ཕན་འདོགས ་པར་འགྱུར་བ་དེ་ཡོངས་སུ་བསྟན་ཏོ། །བྱང་ཆུབ་སེམས་དཔའ་ཨི་མཚན་སྤྱིར་རྣམ་པར་དབྱེ་བའི་ཚིགས་སུ་བཅད་པ་བརྒྱད་དེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེ། །བློ་ལྡན་ཉིད་དང་གསལ་བའི་མཆོག། རྒྱལ་སྲས་རྒྱལ་པའི་གཞི་དང་ནི། །རྒྱལ ་བྱེད་རྒྱལ་བའི་མྱུ་གུ་དང། །རྩལ་ལྡན་དང་ནི་འཕགས་མཆོག་དང། །དེད་དཔོན་དང་ནི་གྲགས་མཆོག་དང། །སྙིང་རྗེ་ཅན་དང་བསོད་ནམས་ཆེ། །དབང་ཕྱུག་དེ་བཞིན་ཆོས་དང་ལྡན། །བཅུ་དྲུག་པོ་འདི་དག་ནི་སྦྱིར་བྱང་ཆུབ་སེམས་དཔའ་རྣམS ་ཀྱི་མཚན་དོན་དང་མཐུན་པ་ཡིན་ནོ། །དེ་ཉིད་བཟང་རྟོགས་དོན་ཆེན་ལེགས་རྟོགས་དང། །དོན་ཀུན་རྟོགས་དང་རྟག་ཏུ་རྟོགས་པ་དང། །ཐབས་རྣམས་རྟོགས་པར་འགྱུར་བའི་ཁྱད་པར་རྒྱུ། །དེས་ན་བྱང་ཆུབ་སེམས་དཔའ་ཞེས་བྱའོ། །རྟོགས ་པའི་ཁྱད་པར་རྣམ་པ་ལྔས་བྱང་ཆུབ་སེམས་དཔའ་ཞེས་བྱ་སྟེ། གང་ཟག་དང་ཆོས་ལ་བདག་མེད་པ་རྟོགས་པ་དང། རང་དང་གཞན་གྱི་དོན་རྟོགས་པ་དང། དོན་ཐམས་ཅད་རྣཾ་པ་ཐམས?་ཅད་དུ་རྟོགས་པ་དང། ཡོངས་སུ་མྱ་ངན་ལས་འདས ་པ་ཀུན་ཏུ་སྟོན་པ་ན་ཡང་མི་ཟད་པར་རྟོགས་པ་དང། གདུལ་བ་ཇི་ལྟ་བ་བཞིན་དུ་འདུལ་བའི་ཐབས་རྟོགས་པས་སོ། །བདག་རྗེས་རྟོགས་དང་ལྟ་བ་ཕྲ་རྟོགས་དང། །རྣམ་རིག་སྣ་ཚོགས་རྣཾས་རྟོག?་དང་ཀུན། །ཡང་དག་མིན་རྟོགས་ཡིན་པར་རྟོགས་པའི་རྒྱུ། །དེས ་ན་བྱང་ཆུབ་སེམས་དཔའ་ཞེས་བྱའོ། །འདིར་ཡང་སེམས་ཅན་ཡིད་དང་རྣམ་པར་ཤེས་པ་རྟོགས་པ་དང། དེ་རྣམས་ཀྱང་གང་དག་པ་མ་ཡིན་པའི་ཀུན་ཏུ་རྟོགས་པ་ཉིད་དུ་རྟོགས་པའི་སྒོ་ནས། རྟོགས་པའི་ཁྱད་པར་རྣམ་པས་བཞི་སྟོན་ཏེ། དེ་ལ་སེམས་ནི ་ཀུན་བཞི་རྣམ་པར་ཤེས་པའོ། །ཡིད་ནི་དེ་ལ་དམིགས་པ་བདག་ཏུ་ལྟ་བ་ལ་སོགས་པ་དང་མཚུངས་པར་ལྡན་པའོ། །རྣམ་པར་ཤེས་པ་ནི་རྣམ་པར་ཤེས་པའི་ཚོགས་དྲུག་གོ་།མ་རྟོགས་རྟོགS་དང་རྗེས་སུ་རྟོགས་པ་རྟོགས། །དངོས་མེད་རྟོགས་དང་རབ་ཏུ ་སྐྱེ་བ་རྟོགས། །མ་རྟོགས་རྟོགས་དང་སོ་སོར་རྟོགས་པའི་རྒྱུ། །དེས་ན་བྱང་ཆུབ་སེམས་དཔའ་ཞེས་བྱའོ། །འདིར་ནི་མ་རིག་པ་རྟོགས་པ་དང། རིག་པ་རྟོགས་པ་།ཀུན་བརྟགས་པ་ལ་སོགས་པཱི་ངོ་བོ་ཉིད་གསུམ་རྟོགས་པའི་སྒོ་ནས་རྟོགས་པའི་ཁྱད ་པར་རྣཾ་པ་ལྔ་སྟོན་ཏེ། དེ་ལ་མ་རྟོགས་པ་ཉིད་དུ་རྟོགས་པ་སོ་སོར་རྟོགས་པས་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་རིགས་པར་བྱའོ། །དོན་མེད་རྟོགས་དང་དོན་དམ་རྟོགས་པ་དང། །དོན་ཀུན་རྟོགས་དང་མཛའ་དག་དོན་རྟོགས་དང། །རྟོགས་བྱ་རྟོགས་གཞི་རྟོགས་པ ་རྟོགས་པའི་རྒྱུ། །དེས་ན་བྱང་ཆུབ་སེམས་དཔའ་ཞེས་བྱའོ། །འདིས་ནི་ཁྱད་པར་རྣམ་པ་ལྔ་སྟོན་ཏོ། །གཞན་གྱི་དབང་གི་མཚན་ཉིད་རྟོགས་པ་དང། ཡོངས་སུ་གྲུབ་པའི་མཚན་ཉིད་རྟོགས་པ་དང། ཀུན་བརྟགས་པའི་མཚན་ཉིད་རྟོགས་པ་དང། ཤེས ་བྱ་ཐམས་ཅད་རྣམ་པ་ཐམས་ཅད་དུ་རྟོགས་པ་དང། རྟོགས་པར་བྱ་བ་དང། རྟོགས་པ་པོ་དང་།རྟོགས་པ་འཁོར་གསུམ་ཡོངས་སུ་དག་པར་རྟོགས་པའི་ཕྱིར་རོ། །གྲུབ་པར་གྱུར་པ་རྟོགས་དང་གནས་རྟོགས་དང། ལྷུམས་རྗེས་རྟོགས་དད་རིམ་པ ་རྟོགས་པ་དང། །རབ་ཏུ་རྟོགS་དང་ཐེ་ཚོམ་གསལ་རྟོགས་རྒྱུ། །དེས་ན་བྱང་ཆུབ་སེམས་དཔའ་ཞེས་བྱའོ། །དེ་ལ་གྲུབ་པར་གྱུར་བ་རྟོགས་པ་ནི་སངས་རྒྱས་ཉིད་དོ། །གནས་རྟོགས་པ་ནི་གང་གིས་ནི་དགའ་ལྡན་གྱིས་གནས་ན་བཞུགས་པའི ་ལྷུམས་རྗེས་སུ་རྟོགས་པ་ནི་གང་གིས་བུ་མི་བྱ་ལྷུམས་སུ་འཇུག་པའོ། །རིམ་པ་སྟོན་པ་རྟོགས་པ་ནི་གང་གིས་ན་ལྷུམས་ནས་བལྟམས་ཞིང་འདོད་པ་ལ་ཡོངས་སུ་ལོངས་སྤྱོད་པ་དང། རབ་ཏུ་འབྱུང་བ་དང། དཀའ་བ་སྤྱོད་པ་དང། མངོན་པར ་རྫོགས་པར་བྱང་ཆུབ་པ་སྟོན་པ་ཡིན་ནོ། །རབ་ཏུ་རྟོགས་པ་དང་ཐེ་ཚོམ་བསལ་བ་རྟོགས་པ་ནི། །གང་གིས་ན་སེམས་ཅན་རྣམས་ཀྱི་ཐེ་ཚོམ་ཐམས་ཅད་བཅད་པའི་ཕྱིར་ཆོས་ཀྱི་འཁོར་ལོ་བསྐོར་བ་ཡིན་ནོ། །བློ་དང་ལྡན་པ་བློ་ཐོབ་མ ་ཐོབས་དང། །རབ་གནས་རྟོགས་དང་རྗེས་སུ་རྟོགས་པ་དང། སོ་སོར་ཆང་བློ་བརྗོད་མེད་པ་བཅོམ་ལྡན། །ད་ཅན་བློ་གྲོས་མ་སྨིན་ཡང་དག་སྨིན། །འདིར་ནི་འདས་པ་ལ་སོགས་པའི་རྟོགས་པ་རྣམ་པ་བཅུ་གཅིག་གིས་བྱང་ཆུབ་སེམས་དཔའ་ ་ཡོངས་སུ་བསྟན་ཏེ། དེ་ལ་བློ་ཐོབས་པ་དང་བློ་མ་ཐོབ་པ་དང་རབ་ཏུ་གནས་པ་ནི་རྟོགས་པ་འདས་པ་དང་མ་འོངS་པ་དང་ད་ལྟར་བྱུང་བ་དག་དང་གོ་རིམ་བཞིན་ནོ། །རྟོགས་པ་ནི། རང་གིས་རྟོགས་པའི་ཕྱིར་རོ། །རྗེས་སུ་རྟོགས་པ་ནི། གཞན་ལས ་རྟོགས་པའི་ཕྱིར་ཏེ། །འདིས་ནི་ནང་དང་ཕྱིའི་རྟོགས་པ་སྟོན་ཏོ། །སོ་སོར་འཆད་པར་བྱེད་པ་དང་བརྗོད་པ་མེད་པའི་བློ་ཞེས་བྱ་བ་ནི་རིགས་པ་དང་ཕྲ་བའོ། །ང་རྒྱལ་ཅན་དང་ད་བཅོམ་པ་ཞེས་བྱ་བ་ནི་དམན་པ་དང་གྱ་ནོམ་པའོ། །བློ་གྲོས་མ་སྨིན ་པ་དང་ཡང་དག་པར་སྨིན་པ་ཞེས་བྱ་བ་ནི་རྟོགས་པར་དྲི་བ་དང་ཉེ་བ་སྟོན་པ་ཡིན་ནོ། །ཡོན་ཏན་གྱི་སྐབས་རྫོགས་སོ།། །།རྟགས་རྣམ་པར་དབྱེ་པའི་ཚིགས་སུ་བཅད་པ་གཉིས་ཏེ། བརྩེ་དང་སྙན་པར་སྨྲ་བ་དང། །བསྟན་པ་ཉིད་དང་ལག ་བརྐྱང་ཉིད། །དགོངས་པ་ཟག་མོ་ངེས་འགྲེལ་བ། །འདི་དག་བློ་ལྡན་རྣམས་ཀྱི་རྟགས། །ཡོངས་སུ་བཟུང་མོས་པ་ཐོབ་པ་དང། །མི་སྐྱོ་གཉིས་ཀྱིས་བསྡུ་བའི་ཕྱིར་རོ། བསམ་པ་དང་ནི་སྦྱོར་བ་ལས། །རྟགས་དིར་རྣམ་པར་ཤེས་པར་བྱ། །དེ་ལ་ཚིགས་སུ་བཅད་པ ་དང་པོས་ནི་བྱང་ཆུབ་སེམས་དཔའ་ཨི་རྟགས་ལྔ་སྟོན་ཏོ། །གཉིས་པས་ནི་དེ་དག་གི་ལས་དང་མདོར་བསྡུ་བའོ། །ད་ལ་བརྩེ་བ་ནི་།བྱང་ཆུབ་ཀྱི་སེམས་ཀྱིས་སེམས་ཅན་ཡོངས་སུ་བཟུང་བའི་ཕྱིར་རོ། །སྙན་པར་སྦྲ་བ་ནི། སེམས་ཅན་རྣམས་ཀྱིས་སངས ་རྒྱས་ཀྱི་བསྟན་པ་ལ་མོས་པ་ཐོབ་པར་བྱ་བའི་ཕྱིར་རོ། །བསྟན་པ་ཉིད་ནི་བྱ་དཀའ་བ་སྤྱོད་པ་ལ་སོགས་པས་མི་སྐྱོ་བར་བྱ་བའི་ཕྱིར་རོ། །ལག་བརྐྱང་བ་ཉིད་དང་དགོངས་བ་ངེས་པར་འགྲེལ་པ་ནི་གཉིས་ཀྱིས་བསྡུ་བའི་ཕྱིར་ཏེ། ཟང་ཟིང་དང་ཆོས་ཀྱིས ་གོ་རིམ་བཞིན་ནོ། །རྟགས་ལྔ་པོ་འདི་ལས་བརྩེ་བ་ནི་བསམ་པའི་སྒོ་ནས་རིགས་པར་བྱའོ། །ལྷག་མ་ནི་སྦྱོར་བའི་སྒོ་ནས་སོ། །ཁྱིམ་པ་དང་རབ་ཏུ་བྱུང་བ་རྣམ་པར་དབྱེ་བའི་ཚིགས་སུ་བཅད་པ་གསུམ་སྟེ། བྱང་ཆུབ་སེམས་དཔའ་རྟག་ཏུ་ནི། །ཁྱིམ ་པ་འཁོར་ལོས་སྒྱུར་རྣམས་སུ། །གྱུར་ནས་སྐྱེ་བ་ཐམས་ཅད་དུ། །སེམས་ཅན་རྣམས་ཀྱི་དོན་བྱེད་དོ། །ས་རྣམས་ཀུན་ལ་བློ་ལྡན་གྱི། །རབ་བྱུང་ལན་པས་ཐོབ་པ་དང། །ཆོས་ཉིད་ཀྱིས་ན་ཐོབ་པ་གཞན། །རབ་ཏུ་བྱུང་བ་སྟོན་བྱེད་ཡིན། །རབ་ཏུ་བྱུང་བའི ་ཕྱོགས་དག་ནི། །ཡོན་ཏན་ཚད་མེད་རྣམས་དང་ལྡན། །དེ་ལྟས་སྡོམ་བརྩོན་མ་ཁྱིམ་པ་ཡི། །བྱང་ཆུབ་སེམས་དཔའ་ལས་ཁྱད་འཕགས། ཚིགས་སུ་བཅད་པ་གཅིག་གིས་ནི་བྱང་ཆུབ་སེམས་དཔའ་ཨི་ཁྱིམ་པའི་ཕྱོགས་ཇི་ལྟ་བུ་ཞིག་ལ་གནས་ཏེ། སེམས ་ཅན་གྱི་དོན་བྱེད་བ་དེ་ཡོངས་སུ་བསྟན་ཏོ། །གཉིས་པས་ནི་རབ་ཏུ་བྱུང་པའི་ཕྱོགས་ཇི་ལྟ་བུ་ཞིག་ལེའོ?། །དེ་ལ་རབ་ཏུ་བྱུང་བ་ནི་རྣམ?་པ་གསུམ་དུ་རིག་པར་བྱ་སྟེ། ཡང་དག་པར་ལེན་པས་ཐོབ་པ་དང། ཆོས་ཉིད་ཀྱིས་ཐོབ་པ་དང། སྤྲུལ་པ་རྣམས་ཀྱིས ་སྟོན་པར་བྱེད་པའོ། །གསུམ་པས་ནི་རབ་ཏུ་བྱུང་བའི་ཕྱོགས་ཁྱིམ་པའི་ཕྱོགས་ལས་ཁྱད་པར་དུ་འཕགས་པར་ཡོངས་སུ་བསྟན་ཏོ། །ལྷག་པའི་བསམ་པ་རྣམ་པར་དབྱེ་བའི་ཚིགས་སུ་བཅད་པ་རྩ་བ་དྲུག་པ་སྟེ། ས་རྣམས་ཀུན་ལ ་བརྟན་པ་ཡི། །ཕ་རོལ་སྡུག་བའི་འདྲས་བུ་དང། །འདི་ལ་དགེ་བ་འཇུག་འདོད་དང། །མྱ་ངན་འདས་པར་འདོད་པ་དང། །མ་དག་རྣམ་དགར་བདག་པ། །སེམས་ཅན་རྣམས་ལ་གསལ་བར་འདོད་པ་འདིས་ནི་མདོར་ན་ལྷག་པའི་བསམ་བ་རྣམ་པ་ལྔ ་ཡོངས་སུ་བསྟན་ཏེ། བདེ་བའི་ལྷག་པའི་བསམ་པ་ནི་ཕ་རོལ་ཏུ་སྡུག་པའི་འབྲས་བུ་འདོད་པའོ། །ཕན་པའི་ལྷག་པའི་བསམ་པ་ནི། འདི་གཉིས་ལ་དགེ་བ་ལ་འཇུག་པར་འདོད་པའོ། །མྱ་ངན་ལས་འདས་པར་འདོད་པ་ནི་དེ་གཉི་གའི་ལྷག་པའི ་བསམ་པ་ཁོ་ན་ཡིན་པས་གཞན་མ་ཡིན་པར་རིག་པར་བྱའོ། །ལྷག་པའི་བསཾ་པ་མ་དག་པ་ལ་སོགས་པ་གསུམ་ནི་མ་ཞུགས་པ་རྣམས་དང། ས་ལ་ཞུགས་པ་རྣམས་དང། ཕྱིར་མི་ལྡོགས་པའི་ས་ཐོབ་པ་རྣམས་སྟེ་གོ་རིམ་བཞིན་ནོ། །ཡོངས་སུ་འཛིན་པ ་རྣམ་པར་དབྱེ་བའི་ཚིགས་སུ་བཅད་པ། ས་རྣམས་ཀུན་ལ་བློ་ལྡན་པའི། །སྨོན་ལམ་དང་ནི་སེམས་མཉམ་དང། །བདག་པོར་གྱུར་པ་དག་དང་ནི། །འཁོར་སྡུད་པ་ཡིས་ཡོངས་སུ་འཛིན། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེམས་ཅན་རྣམས་ཡོངས་སུ་འཛིན ་པ་ནི་རྣམ་པ་བཞི་སྟེ། སྨོན་ལམ་གྱིས་ཡོངས་སུ་འཛིན་པ་ནི། །བྱང་ཆུབ་ཀྱི་སེམས་ཀྱི་སེམས་ཅན་ཐམས་ཅད་ཡོངས་སུ་འཛིན་པའི་ཕྱིར་རོ། །སེམས་མཉམ་པ་ཉིད་ཀྱིས་ཡོངས་སུ་འཛིན་པ་ནི་མངོན་པར་རྟོགས་པའི་དུས་ན་བདག་དང་གཞན་མཉམ་པ་ཉིད ་ཐོབ་པའི་ཕྱིར་རོ། །བདག་པོས་ཡོངས་སུ་འཛིན་པ་ནི། །རྗེ་བོར་གྱུར་པ་འདི་གང་དག་གི་རྗེ་བོ་ཡིན་པའོ། །འཁོར་སྡུད?་པས་ཡོངས་སུ་འཛིན་པ་ནི། །སྨོལ་མའི་ཛོགས?་ཉེ་བར་ལེན་པའི་ཕྱིར་རོ། །སྐྱེ་བ་རྣམ་པར་དབྱེ་བའི་ཚིགས་སུ་བཅད་པ། །བློ་ལྡན་རྣཾས ་གྱི་ལས་དང་ནི། །གཞན་ཡང་སྨོན་ལམ་དག་དང་ནི། །ཏིང་ངེ་འཛིན་དང་དབང་འབྱོར་པའི། །དབང་གིས་སྐྱེ་བར་འདོད་པ་ཡིན། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྐྱེ་བ་ནི་རྣམ་པ་བཞི་སྟེ། ལས་ཀྱི་དབང་གིས་ནི་མོས་པའི་སྤྱོད་པའི་ས་ལ་གནས་པ་རྣམས་ལས་ཀྱི ་དབང་གིས་འདོད་པའི་གནས་སུ་སྐྱེ་བ་གང་ཡིན་པའོ། །སྨོན་ལམ་གྱི་དབང་གིས་ནི་ས་ལ་ཞུགས་པ་རྣམས་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་རོ། །དུད་འགྲོ་ལ་སོགས་པའི་གནས་དམན་པར་ཡང་སྐྱེ་བ་གང་ཡིན་པོའོ། །ཏིང་ངེ་འཛིན་གྱིས་དབང་གིS་ནི་བསཾ ་གཏན་རྣམས་བཟློག་ནས་འདོད་པའི་ཁམས་སུ་སྐྱེ་བ་གང་ཡིན་པའོ། །དབང་འབྱོར་བའི་དབང་གིས་ནི། །སྦྲུལ་པ་དག་གིས་དགའ་ལྡན་གྱི་གནས་ལ་སོགས་པར་སྐྱེ་བར་ཀུན་ཏུ་སྟོན་པ་གང་ཡིན་པའོ། །གནས་པ་དང་ས་རྣམ་པར་དབྱེ་བའི་སྡོམ་གྱི་ཚིགས་སུ ་བཅད་པ། མཚན་ཉིད་གང་ཟག་བསླབ་པ་དང། །ཕུང་པོ་གྲུབ་པ་རྟགས་དང་ནི། །ངེས་པའི་ཚིག་དང་ཐོབ་པ་ཡིས། །གནས་པ་དང་ནི་ས་ཉིད་དོ། །མཚན་ཉིད་རྣམ་པར་དབྱེ་བ་ལས་བརྩམས་ནས་ཚིགས་སུ་བཅད་པ་ལྔ་སྟེ། སྟོང་པ་ཉིད་ནི་མཆོག་རྟོགས་ནས། །ལས ་རྣམས་ཆུད་མི་ཟ་བར་གནས། །བསམ་གཏན་རབ་བ་དེས་གནས་ནས་ནི། །དེ་ཡི་འོག་ཏུ་འདོད་བར་སྐྱེ། །དེ་ནས་བྱང་ཆུབ་ཕྱོགས་མཐུན་རྣམས། །འཁོར་བ་དག་ཏུ་ཡོངས་སུ་བསྔོ། །སེམས་ཀུན་ཉོན་མོངས་མེད་པར་ནི། །སེམས་ཅན་རྣམས་ཡོངས་སྨིན་པར ་བྱེད། །ཆེད་དུ་བསམ་ཏེ་སྐྱེ་བས་ན། །ཀུན་ནས་ཉོན་མོངས་རྗེས་སུ་བསྲུང། །བགྲོད་པ་གཅིག་པའི་ལམ་དང་འབྲེལ། །མཚན་མེད་གཅིག་ཏུ་ངེས་པའི་ལམ། །མཚན་མ་མེད་པ་ལྷུན་གྱིས་གྲུབ། །ཞིང་ཡང་རྣམ་པར་སྤྱོད་པ་སྟེ། །དེ་ཡི་འོག་ཏུ་སེམས་ཅན་ནི། །སྨིན ་པར་བྱེད་པ་འགྲུབ་པར་འགྱུར། །ཏིང་ངེ་འཛིན་དང་གཟུངས་རྣམས་དང། །བྱང་ཆུབ་རྣམ་པར་དག་པ་ཉིད། །རྣམ་པར་བཞག་པ་འདི་དག་གིས། །ས་ཡི་མཚན་ཉིད་ཤེས་པར་བྱ། །གནས་པ་བཅུ་གཅིག་ནི་ས་བཅུ་གཅིག་གོ། དེ་དག་གིས་མཚན་ཉིད་ལས་དང་པོའི ་མཚན་ཉིད་སྟོང་པ་ཉིད་མཆོག་མངོན་པར་རྟོགས་པ་སྟེ། གང་ཟག་དང་ཆོས་བདག་མེད་པ་མངོན་པར་རྟོགས་པའི་ཕྱིར་རོ། །གཉིས་པའི་ནི་ལས་རྣམས་ཆུང་མི་ཟ་བ་ལ་རྣམ་པར་གནས་པ་སྟེ། དགེ་བ་དང་མི་དགེ་བའི་ལས་ཀྱི་ལམ ་དང་དེའི་འབྲས་བུ་རྣམ་པ་སྣ་ཚོགས་ཤེས་པའི་ཕྱིར་རོ། །གསུམ་པའི་ནི་བྱང་ཆུབ་སེམས་དཔའ་བསམ་གཏན་བདེ་བ་ཕུལ་དུ་བྱུང་བ་དག་གིས་གནས་ནས་དེ་དག་ལས་ཡོངས་སུ་མ་ཉཾས་བཞིན་དུ་འདོད་པའི་ཁཾས་སུ་སྐྱེ་བ་ཡིན་ནོ། །བཞི་པའི་ནི་བྱང་ཆུབ ་ཀྱི་ཕྱོགས་དང་མཐུན་པས་མང་དུ་གནས་ཀྱང་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པ་རྣམས་འཁོར་བར་ཡོངས་སུ་བསྔོ་བ་ཡིན་ནོ། །ལྔ་པའི་ནི་འཕགས་པའི་བདེན་པ་བཞིས་མང་དུ་གནས་པས་བདག་ཉིད་ཀྱི་སེམས་ལ་ཀུན་ནས་ཉོན་མོངས་པ་མེད་པར ་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་པ་ཡིན་ཏེ། བསྟན་བཅོས་དང་གཟོ་སྣ་ཚོགས་བྱེད་པའི་ཕྱིར་རོ། །དྲུག་པའི་ན?་རྟེན་ཅིང་འབྲེལ་པར་འབྱུང་བས་མང་དུ་གནས་པས་བསམས་བཞིན་དུ་སྲིད་པར་སྐྱེ་བ་ན་དེར་ཀུན་ནས་ཉོན་མོངས་པ་རྗེས་སུ་བསྲུང ་པ་ཡིན་ནོ། །བདུན་པའི་ནི་འདྲེས་པ་ཉ་བར་འདྲེས་པ་ཉིད་ཀྱིས་བགྲོད་བ་གཅིག་པའི་ལམ་ལ་གནས་པ་བརྒྱད་པ་དང་འབྲེལ་པ་མཚན་མ་མེད་པར་གཅིག་ཏུ་ངེས་པའི་ལམ་ཡིན་ནོ། །བརྒྱད་པའི་ནི་མངོན་པར་འདུ་བྱེད་པ་མེད་པའི་མཚན་མ་མོང་པ ་ལ་གནས་པའི་ཕྱིར། །མཚན་མ་མེད་པ་ཡང་ལྷུན་གྱིས་གྲུབ་པ་དང་སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱོད་བ་ཡིན་ནོ། །དགུ་པའི་ནི་སོ་སོར་ཡང་དག་པར་རིག་པ་ལ་དབང་བ་ཉིད་ཀྱིས་སེམས་ཅན་ཡོངས་སུ་སྨིན་པ་འགྲུབ་པར་འགྱུར་བ་ཡིན་ཏེ། ་རྣམ་པ་ཐམས་ཅད་དུ་སེམས་ཅན་ཡོངས་སུ་སྨིན་པར་ནུས་པའི་ཕྱིར་རོ། །བཅུ་པའི་ནི་ཏིང་ངེ་འཛིན་གྱི་སྒོ་དང། གཟུངས་ཀྱི་སྒོ་རྣམས་རྣམ་པར་དག་པ་ཉིད་ཡིན་ནོ། །བཅུ་གཅིག་པ་སངས་རྒྱས་ཀྱི་སའི་མཚན་ཉིད་ནི། བྱང་ཆུབ་རྣམ་པར་དག་པ་ཉིད་ཡིན ་ཏེ། ཤེས་བྱའི་སྒྲིབ་པ་རྣམ་པ་ཐམས་ཅད་སྤངས་པའི་ཕྱིར་རོ། །ས་རྣམས་ཁོ་ན་ལ་གང་ཟག་རྣམ་པར་དབྱེ་བ་ལས་བརྩམས་ནས་ཚིགས་སུ་བཅད་པ་གཉིས་ཏེ། བྱང་ཆུབ་སེམས་དཔའ་?་པ་རྣམ་དག་པ། །ཚུལ་ཁྲིམས་ཤིན་ཏུ་རྣམ་དག་མཉམ་པར་བཞག ་ཆོས་ལ་ང་སྤངས་རྒྱུད་དང་ཀུན་ཉོན་མོངས?། །རྣམ་པར་དག་པ་ཐ་དད་ང་རྒྱལ་མེད། །སྐད་ཅིག་གཅིག་བློ་ཐོབ་པ་བཏང་སྙོངས་པ། །ཞིང་རྣམ་སྦྱོང་བ་སེམས་ཅན་སྨིན་བྱེད་པར། །མཁས་པ་མཐུ་ཆེན་ལུས་ཡོངས་སུ་རྫོགས་པ་དང། །ངེས་པར་སྟོན་ལ་མཁS ་པ་དབང་བསྐུར་ཡིན། །ས་བཅུ་པོ་དེ་དག་ལ་བྱང་ཆུབ་སེམས་དཔའ་བཅུ་རྣམ་པར་བཞག་སྟེ། ས་དང་པོ་ལ་ནི། གང་ཟག་དང་ཆོས་སུ་ལྟ་བའི་གཉེན་པོའི་ཡེ་ཤེས་ཐོབ་པའི་ཕྱིར། །ལྟ་བ་རྣམ་པར་དག་པ་ཡིན་ནོ། །གཉིས་པ་ལ་ནི་ལྟུང་པའི་འཁྲུལ་པ་ཕྲ་མོ ་ཀུན་ཏུ་སྤྱོད་པ་ཡང་མེད་པའི་ཕྱིར་ཚུལ་ཁྲིམས་ཤིན་ཏུ་རྣམ་པར་དག་པ་ཡིན་ནོ། །གསུམ་པ་ལ་ནི་མི་ཉམས་པའི་བསམ་གཏན་དང། ཏིང་ངེ་འཛིན་ཐོབ་པའི་ཕྱིར་མཉམ་པར་བཞག་པ་ཡིན་ནོ། །བཞི་པ་ལ་ནི་མདོའི་སྡེ་ལ་སོགས་པའི་ཆོས་ལ་ཐ་དད ་པ་ཉིད་ཀྱི་ང་རྒྱལ་སྤངས་པའི་ཕྱིར། ཆོས་ལ་ང་རྒྱལ་སྤངས་པ་ཡིན་ནོ། །ལྔ་པ་ལ་ནི་སེམས་དང་བསམ་པ་རྣམ་པར་དག་པ་མཉམ་པ་ཉིད་བཅུས་རྒྱུད་ཐམས་ཅད་མཉམ་པ་ཉིད་དུ་འཇུག་པའི་ཕྱིར་རྒྱུད་ཐ་དད་པར་ང་རྒྱལ་མེད་པ་ཡིན་ནོ། །དྲུག་པ་ལ་ནི། རྟེན ་ཅིང་འབྲེལ་བར་འབྱུང་བའི་དེ་བཞིན་ཉིད་ཀྱིས་མང་དུ་གནས་པས་ན་ནག་པོ་དང་དཀར་པོའི་ཕྱོགས་དག་གིས་དེ་བཞིན་ཉིད་ལ་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བར་མི་ལྟ་པའི་ཕྱིར། ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་ཐ་དད ་པར་ང་རྒྱལ་མེད་པ་ཡིན་ཏེ། རང་བཞིན་གྱིས་རྣམ་པར་དག་པའི་ཕྱིར་རོ། །བདུན་པ་ལ་ནི་མཚན་མ་མེད་པར་གནས་པའི་མཐུས། སྐད་ཅིག་རེ་རེ་ལ་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པ་སུམ་ཅུ་རྩ་བདུན་བསྒོམ་པའི་ཕྱིར། སྐད་ཅིག་གཅིག་དང་ལྡན ་བའི་བློ་ཐོབ་པ་ཡིན་ནོ། །བརྒྱད་པ་ལ་ནི་ལྷུན་གྱིས་གྲུབ་པར་མཚན་མ་མེད་པ་ལ་གནས་པའི་ཕྱིར། བྱང་ཆུབ་སེམས་དཔའ་ཕྱིར་མི་ལྡོག་པའི་ས་ལ་ཞུགས་པ་རྣམས་དང་འདྲེས་པ་ཉེ་བར་འདྲེས་པའི་ཕྱིར་བཏང་སྙོམས་པ་དང། སངས ་རྒྱས་ཀྱི་ཞིང་རྣམ་པར་སྦྱོང་པར་བྱེད་པ་ཡིན་ནོ། །དགུ་པ་ལ་ནི་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་ལ་མཁས་པ་སྟེ་སྔ་མ་བཞིན་ནོ། །བྱང་ཆུབ་སེམས་དཔའ་ཨི་ས་བཅུ་པ་ལ་ནི། །མངོན་པར་ཤེས་པ་ཆེན་པོ་ཐོབ་པའི་ཕྱིར། མཐུ་ཆེན་པོར་ཡང་རྣཾ་པར ་བཞག་གོ། ཏིང་ངེ་འཛིན་དང་གཟུངས་གྱི་སྒོ་ཚད་མེད་པས་ཁྱབ་པའི་ཕྱིར། ལུས་ཡོངས་སུ་རྫོགས་པར་ཡང་རྣམ་པར་བཞག་གོ། དགའ་ལྡན་གྱི་གནས་ན་གནས་པ་ལ་སོགས་པའི་སྦྲུལ་པ་ངེས་པར་སྟོན་པའི་ཕྱིར་ལུས་ངེས་པར་སྟོན་པ་ལ ་མཁས་པར་ཡང་རྣམ་པར་བཞག་གོ། དེ་ན་སངས་རྒྱས་ཐམS་ཅད་ལས་དབང་བསྐུར་བ་ཐོབ་པའི་ཕྱིར། སངས་རྒྱས་ཉིད་དུ་དབང་བསྐུར་བ་ཡིན་པར་ཡང་རྣམ་པར་བཞག་གོ། བསླབ་པ་རྣམ་པར་བཞག་པ་ལས་བརྩམས་ནས་ཚིགས་སུ་བཅད་པ ་ལྔ་སྟེ། ཆོས་ཉིད་རབ་ཏུ་རྟོགས་ནས་འདིར། །ལྷག་པའི་ཚུལ་ཁྲིམས་ལྷག་སེམས་དང། །ལྷག་པའི་ཤེས་རབ་ལ་རྗེས་སློབ། །ཤེས་རབ་སྤྱོད་ཡུལ་གཉིས་ཡིན་ཏེ། །ཆོས་ཀྱི་དེ་ཉིད་དང་དེ་ནི། །མི་ཤེས་ཤེས་སོགས་འཇུག་པ་ཉིད། ། ་ཤེས་རབ་སྤྱོད་ཡུལ་དེ་ལྟ་བས། །དེས་གཉིས་ལ་རྣམ་པར་གནས། །བསླབ་པ་རྣམས་དང་བསྒོམས་པ་ཡི། །འབྲས་བུ་གཞན་ནི་རྣམ་པ་བཞི། །མཚན་མེད་འདུ་བྱེད་དང་བཅས་པར། །གནས་པ་འབྲས་བུ་དང་པོ་ཡིན། །དེ་ཉིད་མངོན་འདུ་བྱེད་མེད ་དང། །ཞིང་ནི་རྣམ་པར་དག་པ་དག། འབྲས་བུ་གཉིས་པར་འདོད་པ་ཡིན། །སེམས་ཅན་སྨིན་པར་འགྲུབ་ཉིད་དང། །ཏིང་ངེ་འཛིན་དང་གཟུངས་རྣམས་ནི། །འགྲུབ་པ་འབྲས་བུ་དམ་པ་ཡིན། །འབྲས་བུ་རྣམ་པ་འདི་བཞི་ནི། །ས་བཞི་པོ་ལ་ཡང ་དག་བརྟེན། །ས་དང་པོ་ལ་ཆོས་ཉིད་དེ་བཞིན་ཉིད་རྟོགས་ནས་གཉིས་པ་ལ་ལྷག་པའི་ཚུལ་ཁྲིམས་ལ་སློབ་གོ་།གསུམ་པ་ལ་ལྷག་པའི་སེམས་ལའོ། །བཞི་པ་དང་ལྔ་པ་དང་དྲུག་པ་དག་ལ་ནི་ལྷག་པའི་ཤེས་རབ་ལ་སྟེ། ས་བཞི་པ་ལ་ནི་བྱང་ཆུབ་ཀྱི ་ཕྱོགས་དང་མཐུན་པས་བསྡུས་པའི་ཤེས་རབ་བོ། །དེ་ཡངས་གཉི་ག་ལ་ནི་སྤྱོད་ཡུལ་གཉིས་པ་ཅན་ཏེ། གཉིས་ནི་ཆོས་ཀྱི་དེ་ཁོ་ན་ཉིད་སྡུག་བསྔལ་ལ་སོགས་པའི་བདེན་པ་དང། དེ་མི་ཤེS་བ་དང་ཤེས་པ་ལ་སོགས་པའི་འཇུག་པ་རྟེན་ཅིང་འབྲེལ་པར ་འབྱུང་བ་ལུགས་དང་མཐུན་པ་དང་ལུགས་པར་མི་མཐུན་པའོ། །དེ་མི་ཤེས་པ་ལ་སོགས་པའི་འཇུག་པ་ནི་མ་རིགས་པ་ལ་སོགས་པའོ། །དེ་ཤེས་པ་ལ་སོགས་པའི་འཇུག་པ་ནི་རིགས་པ་ལ་སོགས་པ་སྟེ། །དེ་ལྟ་བས་ནས་གཉི་ག་ལ་ཡང་ལྷག་བའི་ཤེས་རབ་རྣམ ་བར་བཞག་གོ་།དེ་ཡན་ཆད་བསླབ་པའི་འབྲས་བུ་རྣམ་པ་བཞི་ནི་གོ་རིམ་བཞིན་དུ་ས་བཞི་ལ་བརྟེན་པར་རིག་པར་བྱ་སྟེ། དེ་ལ་འབྲས་བུ་དང་པོ་ནི་མཚན་མ་མེད་པར་གནས་པ་འདུ་བྱེད་པ་དང་བཅས་པའོ། །འབྲས་བུ་གཉིས་པ་ནི་མཚན་མ་མེད་པར་གནས ་པ་དེ་ཉིད་མངོན་པར་འདུ་བྱེད་པ་མེད་པ་དང། ཞིང་ཡོངས་སུ་དག་པ་ཡིན་པར་རིག་བར་བྱའོ། །ལྷག་མ་ནི་དོན་གོ་བར་ཟད་དོ། །ཕུང་པོ་རྣམ་པར་བཞག་པ་ལས་བརྩམས་ནས། ཚིགས་སུ་བཅད་པ་གཉིས་ཏེ། ཆོས་ཉིད་རབ་ཏུ་རྟོགས་ནས་འདིར། །ཚུལ་ཁྲིམས ་ཀྱི་ནི་ཕུང་པོ་སྦྱོང། །དེ་ཡི་འོག་ཏུ་ཏིང་འཛིན་དང། །ཤེས་རབ་ཕུང་བོ་རྣམ་པར་སྦྱོང་།དེ་ལས་གཞན་པ་དག་ལ་ནི། །སྒྲིབ་རྣམ་བཞི་དང་ཐོགས་པ་ཡི། །སྒྲིབ་པ་ལས་ཀྱང་རྣམ་གྲོལ་དང། །གྲོལ་བའི་ཡེ་ཤེས་རྣམ་པར་སྦྱོང། །དེ་ལས་གཞན་པ་དག ་ལ་ཞེས་བྱ་བ་ནི་ས་བདུན་པ་ནས་སངས་རྒྱས་ཀྱི་སའི་བར་དུ་སྟེ། རྣམ་པར་གྲོལ་བ་དང་རྣམ་པར་གྲོལ་བའི་ཡེ་ཤེས་གཉི་ག་རྣམ་པར་སྦྱོང་ངོ། །རྣམ་པར་གྲོལ་བ་དེ་ཡང་འབྲས་བུ་རྣམ་པ་བཞིའི་སྒྲིབ་པ་ལས་རིག་པར་བྱའོ། །སངས་རྒྱས་ཀྱི་ས་ལ་ནི། །ཐོཌ ་བའི་སྒྲིབ་པ་ལས་ཏེ། སངས་རྒྱས་རྣམས་ནི་གང་གིས་ན་གཞན་དག་ཞེས་བྱ་བ་ལ་ཤེས་པ་ཐོགས་པར་འགྱུར་བ་དེ་ལས་རྣམ་པར་གྲོལ་བས་ཐམས་ཅད་ལ་ཡེ་ཤེས་ཐོགས་པ་མི་མངའ་ཨོ། །ལྷག་མ་ནི་དོན་གོ་བར་ཟད་དོ། །གྲུབ་བ་རྣམ ་པར་བཞག་པ་ལས་བརྩམས་ནས་ཚིགས་སུ་བཅད་པ་གསུཾ་སྟེ། ས་རྣཾས་ཐཾས་ཅད་མ་གྲུབ་དང། །གྲུབ་པ་དག་ཏུ་ཤེS་པར་བྱ། །གྲུབ་བ་དག་ཀྱང་མ་གྲུབ་དང། གྲུབ་པར་དག་ཏུ་མ་འདོད་དོ། །གྲུབ་པ་ཇི་ལྟར་རྣམ་བཞག་བཞིན། །ཡིད་ལ་བྱེད་པས་དེ་རྟོག་པར། །ཤེས་པའི་ཕྱིར ་དང་དེ་ཉིད་ལ། །རྣམ་མི་རྟོགས་ཕྱིར་རྣམ་ཤེས་བྱ། །སོ་སོ་རང་རིག་བྱ་ཕྱིར་དང། །སངས་རྒྱས་རྣམས་ཀྱི་ཡུལ་གྱི་ཕྱིར། །སོ་རྣམས་ཀུན་ལ་བསྒོམ་པ་དང། གྲུབ་པ་ཡང་ནི་བསམ་མི་ཁྱབ། །དེ་ལ་མོས་པས་སྤྱོད་པའི་ས་ལ་ནི་མ་གྲུབ་པའོ། །ལྷག་མ་རྣམS ་ནི་གྲུབ་པ་སྟེ། དེ་ལྟར་ན་དེ་དག་ནི་ས་ཐམས་ཅད་ཡིན་ནོ། །གྲུབ་བ་དག་ལ་ཡང་བདུན་ནི་མ་གྲུབ་པ་ཡིན་ནོ། །ལྷན་མ་དག་ནི་གྲུབ་པ་སྟེ། མངོན་པར་འདུ་བྱ་བ་མེད་པར་འཇུག་པའི་ཕྱིར་རོ། །གང་ཡང་གོང་དུ་ས་རབ་ཏུ་དགའ་བ་གྲུབ་པར་བཤད་བ ་དེ་ལ་གྲུབ་པ་ནི་ས་ཇི་ལྟར་རྣམ་པར་བཞག་པ་བཞིན་ཡིད་ལ་བྱེད་པས་ས་རྣམ་པར་བཞག་པ་དེ་རྟོག་བ་ཙམ་དུ་ཤེས་པའི་ཕྱིར་དང། དེ་ཡང་རྣམ་པར་མི་རྟག་པའི་ཕྱིར་རིག་པར་བྱ་སྟེ། གང་གི་ཚེ་ས་རྣམ་པར་བཞག་པ་དེ་རྟོགས་པ་ཙམ་དུ་ཤེས་ཤིང ་རྟོག་པ་ཙམ་དེ་ལ་ཡང་རྣམ་པར་མི་བྱེད་ན། །དེ་ལྟར་ན་བཟུང་བ་དང་འཛིན་པའི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཐོབ་བཱི་ཕྱིར་ས་ཡོངས་སུ་གྲུབ་པ་ཞེས་བཤད་པ་ཡིན་ནོ། །གཞན་ཡང་ས་ཐམས་ཅད་ལས་རྣམས་བསྒོམ་པ་དང། གྲུབ་བ་གཉི་ག་བསམ་གྱིས ་མི་ཁྱབ་སྟེ། འདི་ལྟར་དེ་དག་གི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སོ་སོ་རང་གིས་རིག་པར་བྱ་བ་དང། སངས་རྒྱས་རྣམས་ཡུལ་ཡིན་གྱི་གཞན་དག་གི་ནི་མ་ཡིན་ནོ། །ས་ལ་ཞུགས་པའི་རྟོགས་རྣམ་པར་དབྱེ་བ་ལས་བརྩམས་ནས་ཚིགས་སུ ་བཅད་པ་གཉིས་ཏེ། སྣང་དང་བཅས་དང་མོས་པ་དང། །མ་ཞུམ་པ་དང་མི་དམན་ཉིད། །གཞན་དྲིང་མི་དམན་ཉིད། །གཞན་དྲིང་མི་འཇོག་བདག་ཉིད་དང། །ཐམས་ཅད་རབ་ཏུ་རྟོགས་བ་དང། །ཀུན་ལས་སེམས་ནི་མཉམ་པ་དང། །བཀྲི་དང་རྗེས་སུ་ཆགས་མེད་དང། ཐབས་ཤེས་འཁོར ་དུ་སྐྱེ་བ་ནི། །ཀུན་ལ་རྟགས་སུ་འདོད་པ་ཡིན། །རྣམ་པ་བཅུ་པོ་འདི་ནི་ས་ཐམས་ཅད་ལ་བྱང་ཆུབ་སེམས་དཔའ་ལ་ཞུགས་པའི་རྟགས་ཡིན་པར་རིག་པར་བྱ་སྟེ། །ས་གང་ལ་ཞུགས་པ་དེ་ལ་སྣང་བ་དང། གང་ལམ་ཞུགས་བ་དེ་ལ་མོས་པ་ཞེས་བྱ་བ་འདི་ནི ་རྟགས་གཅིག་གོ། མ་ཞུམ་པ་ཉིད་ནི་ཆོས་ཟབ་ཅིང་རྒྱ་ཆེ་བ་དམ་པ་དག་ལའོ། །མི་དམན་པ་ཉིད་ནི་དཀའ་བ་སྤྱོད་པ་རྣམས་ལའོ། །གཞན་གྱི་དྲིང་མི་འཇོག་པ་ཉིད་ནི་རང་གི་ས་ལའོ། །ས་ཐམས་ཅད་རབ་ཏུ་རྟོགས་པ་ནི་དེ་དག་མངོན་པར་སྒྲུབ་བ་ལ་མཁས་པའི ་ཕྱིར་རོ། །ཀུན་སེམས་མཉམ་པ་ཉིད་ནི་སེམས་ཅན་ཐམས་ཅད་ལ་བདག་དང་སེམས་མཉམ་པ་ཉིད་དོ། །དཀྲིར་མི་བཏུབ་པ་ཉིད་ནི་སྙན་པ་དང་མི་སྙན་པའི་སྒྲ་དག་གིས་སོ། །རྗེས་སུ་ཆགས་པ་མེད་པ་ནི། །འཁོར་ལོས་སྒྱུར་བ་ཉིད་ལ་སོགས་པའི་ཕུན་སུམ ་ཚོགས་པ་དག་ལའོ། །ཐབས་ལ་མཁས་པ་ནི། མི་དམིགས་པར་སངས་རྒྱས་ཉིད་ཀྱི་ཐབས་ཤེས་པའི་ཕྱིར་རོ། །སྐྱེ་བ་ནི་དུས་རྟག་ཏུ་སངས་རྒྱས་ཀྱིས་དཀྱིལ་འཁོར་རྣམས་སུ་སྐྱེ་བ་སྟེ། འདི་དག་ནི་ས་རྣམས་ལ་བྱང་ཆུབ་སེམས་དཔའ་ཨི་རྟགས་གཞན ་ཡིན་ནོ། །ཕ་རོལ་ཏུ་ཕྱིན་པ་ཐོབ་པའི་རྟགས་རྣམ་པར་དབྱེ་བའི་ཚིགས་སུ་བཅད་པ་གཉིས་ཏེ། འདུན་པ་མེད་པ་མ་ཡིན་ཆགS་དང་འཁུ་བའི་སྙིང་མེད་ཁྲོ་མིན་ལེ་ལོ་མེད། །བྱམས་དང་སྙིང་རྗེ་མིན་པའི་བློ་གྲོས་ངན་རྟོགས་རྣམ་རྟོགས་འཕྲོགས་པ་མེད ་བློ་གྲོས་རྣམ་པར་གཡེངས་མིན་བདེ་བས་མི་འཕྲོགས་སྡུག་བསྔལ་དག་གིས་གནོད་པ་མེད། །དགེ་བའི་བཤེས་ལ་ཉེ་བར་བརྟེན་ཅིང་ཐོས་པ་ལྷུར་ལེན་སྟོན་པ་མཆོད་ལ་བརྩོན། །ཐབས་མཆོག་ཤེས་པ་གང་ཞིག་བསོད་ནམས་ཡང་དག་བསྡུས་པ་ཤིན ་ཏུ་རྒྱ་ཆེན་ཀུན། །གཞན་དང་ཐུན་མོང་བྱས་ནས་ཉིན་གཅིག་བཞིན་དུ་རྫོགས་པའི་བྱང་ཆུབ་ཡོངས་བསྔོ་ཞིང། །བཟང་པོའི་གནས་སུ་སྐྱེས་པ་རྟག་ཏུ་དགེ་བྱེད་མངོན་ཤེས་ཡོན་ཏན་རྣམས་ཀྱིས་རྩེན། །སངས་རྒྱས་སྲས་དེ་ཀུན་གྱི་བླ་ན ་འདུག་པ་ཡོན་ཏན་གཏེར་དུ་ཤེས་པར་བྱ། །བྱང་ཆུབ་སེམས་དཔས་ཕ་རོལ་ཏུ་ཕྱིན་པ་བཅུ་ཐོབ་པའི་རྟགས་རྣམ་པ་བཅུ་དྲུག་སྟོན་སྟེ། རྟགས་རྣམ་པ་བཅུ་དྲུག་ནི་རྟག་ཏུ་ཕ་རོལ་ཏུ་ཕྱིན་པ་རྣམས་ལ་སྒྲུབ་པའི་འདུན་པ་དང་མ་བྲལ་བ་ཉིད་དང ་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་རེ་རེའི་མི་མཐུན་པའི་ཕྱོགས་དང་བྲལ་བ་ཉིད་དང། ཐབས་ལ་མཁས་པའི་ཕ་རོལ་ཏུ་ཕྱིན་པའི་རྟག་ཐེག་པ་གཞན་ཡིད་ལ་བྱེད་པས་སེམས་རྣམ་པར་མ་གཡེངས་པ་ཉིད་དང། ཕུན་སུམ་ཚོགས་པའི་བདེ་པ་དག་ལ ་མ་ཆགས་པ་ཉིད་དང། རྒུད་པ་དང་བཀའ་བ་སྤྱོད་པའི་སྡུག་བསྔལ་དག་གིས་སྦྱོར་བ་ལས་མི་ལྡོག་པ་ཉིད་དང། དགེ་བའི་བཤེས་གཉེན་ལ་བརྟེན་ཅིང་ཐོས་པ་ལྷུར་ལེན་པ་ཉིད་དང། སྟོན་པ་མཆོད་པ་གཙོར་བྱེད་པ་ཉིད་དང། ཡིད་དག་པར ་ཡོངས་སུ་བསྔོ་བ་དང། སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཨི་གནས་སུ་སྐྱེ་བའི་ཕྱིར་གནས་བཟང་པོར་སྐྱེ་བ་དང་།སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པའི་དེའི་མི་མཐུན་པའི་ཕྱོགས་གྱི་ཆོས་དང་མ་འདྲེས་པའི་ཕྱིར་རྟག ་ཏུ་དགེ་བྱེད་པ་ཉིད་དང། ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པའི་མངོན་པར་ཤེས་པའི་ཡོན་ཏན་གྱིས་རྣམ་པར་བརྩེ་བའོ། །དེ་ལ་བྱམས་པ་ནི། གནོད་སེམས་ཀྱི་གཉེན་པོ་སྟེ། བདེ་བ་ཉེ་བར་སྒྲུབ་པའི་རྣམ་པ་ཅན་གྱི་བསམ་པ་ཡིན་ནོ། །སྙིང་རྗེ་ནི ་རྣམ་བར་འཚོ་བའི་གཉེན་པོ་སྟེ། བསྡུག་བསྔལ་དང་ཕྲལ་བའི་བསམ་པ་ཡིན་ནོ། །རྟོག་པ་ནི་ངོ་བོ་ཉིད་དུ་རྟོག་པའོ། །རྣམ་པར་རྟོག་པ་ནི་ཁྱད་པར་དུ་རྟོག་པ་རིག་མ་?་ཐཡའོ?། །དེ་ཉིད་ཀྱི་ཕན་ཡོན་རྣམ་པར་དབྱེ་བའི་ཚིགས་སུ་བཅད་པ་ལ? ་རྣམས་ཀུན་ལ་རྣམ་ཀུན་ཏུ། །བློ་ལྡན་རྣམས་ཀྱི་ཕན་ཡོན་ནི། །ཞི་གནས་ལྷག་མཐོང་གཉི་ག་ལ། །ལྔ་པོའི་བདག་ཉིད་དག་ཏུ་འདོད། །ས་ཐམས་ཅད་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཐོབ་པ་དེ་ཉིད་ཀྱི་ཕན་ཡོན་ཀྱི་རྣམ་པ་ཐཾས་ཅད ་ནི་རྣམ་པ་ལྔར་རིག་པར་བྱ་སྟེ། སྐད་ཅིག་རེ་རེ་ལ་གནས་ངན་ལེན་གྱི་རྟེན་ཐམས་ཅད་ཟད་པར་འགྱུར། །སྣ་ཚོགས་ཀྱི་འདུ་ཤེས་དང་བྲལ་བའི་ཆོས་ཀྱི་དགའ་བ་ལ་ཡང་དགའ་བ་འཐོབ་པར་འགྱུར། །ཐམས་ཅད་དུ་རྣམ་པ་ཡོངས་སུ་མཆད་པའི ་ཆོས་ཀྱི་སྣང་བ་ཚད་མེད་པ་ཡང་ཡང་དག་པར་ཤེས་པར་འགྱུར། །འདིའི་རྣམ་པར་དག་པའི་སྐལ་པ་དང་མཐུན་པའི་རྒྱུ་མཚན་རྣམ་པར་བརྟགས་པ་ཡིན་པ་དག་ཀྱང་ཀུན་ཏུ་སྤྱོད་པར་འགྱུར། །ཆོས་སྐྱི་སྐུ་ཡོངས་སུ་རྫོགས་པ་འགྲུབ་པར ་བྱ་བའི་ཕྱིར། གོང་ནS་ཆེS་གོང་དུ་རྒྱུ་ཕུན་སུུམ་ཚོགས་པ་ཡང་ཡོངས་སུ་འཛིན་པར་བྱེད་དོ། །དེ་ལ་དང་པོ་དང་གཉིས་པ་ནི་ཞི་གནས་ཀྱི་ཕྱོགས་དང་མཐུན་པ་དག་ཡིན་པར་རིག་པར་བྱའོ། །གསུམ་པ་དང་བཞི་པ་ནི། ལྷག་མཐོང་གི་ཕྱོགS ་དང་མཐུན་བ་དག་ཡིན་ནོ། །ལྷག་མིན་གཉི་གའི་ཕྱོགས་དང་མཐུན་པ་ཡིན་ནོ། །སའི་ངེས་པའི་ཚིགས་རྣམ་པར་དབྱེ་བའི་ཚིགས་སུ་བཅད་པ་དགུ་སྟེ། བྱང་ཆུབ་ལ་ནི་ཉེ་བ་དང། །སེམས་ཅན་དོན་སྒྲུབ་མཐོང་བ་ལ། །རབ་ཏུ་དགའ་བ་སྐྱེ ་འགྱུར་ཏེ། དེ་ཕྱིར་རབ་དགའ་ཞེས་བརྗོད་དོ། །འདི་ལ་ནི་བཤད་དུ་ཅུང་ཟད་ཀྱང་མེད་དོ། །འཆལ་ཚུལ་བརྩོམ་པའི་དྲི་བྲལ་ཕྱིར། །དྲི་མ་མེད་པའི་ས་ཞེས་བྱ། །འཆལ་པའི་ཚུལ་ཁྲིམས་ཀྱི་དྲི་མ་དང་ཐེག་པ་གཞན་ཡིད་ལ་བྱད་པའི ་དྲི་མ་ལས་འདས་པའི་ཕྱིར། །དྲི་མ་མེད་པའི་ས་ཞེས་བྱ་སྟེ། དེ་ལྟ་བས་ན་བདག་གིས་བསྒྲུབ་ཏུ་མཚུངས་པ་ལ་རྣམ་པ་ཐམས་ཅད་ཡོངས་སུ་སྤྱད་བ་མངོན་པར་སྒྲུབ་པ་ཁོ་ན་ལ་བརྩོམ་པར་བྱའོ་ཞེས་འབྱུང་པའི་ཕྱིར་རོ། །ཆོས་ཀྱི་སྣང ་བ་ཆེན་པོ་ནི། །བྱེད་བའི་ཕྱིར་ན་འོད་བྱེད་པའོ། །འདི་ལྟར་དེ་ལྟར་དེ་ལ་ཏིང་ངེ་འཛིན་གྱི་སྟོབས་ཀྱི་ཆོས་ཚད་མེད་པ་ཡོངས་སུ་ཚོལ་ཞིང་འཛིན་པའི་ཕྱིར་གཞན་དག་ལ་ཆོས་ཀྱི་སྣང་བ་ཆེན་པོ་བྱེད་དོ། །འདི་ལྟར་བྱང་ཆུབ་ཕྱོགས་མཐུན་ཆོས ་རབ་ཏུ་སྲེག་བྱེད་འོད་ལྟ་བུ། །དེ་དང་ལྡན་ཕྱིར་ས་དེ་ནི། །གཉིས་པོ་སྲེག་པས་འོད་འཕྲོ་ཅན། །བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་བདག་ཉིད་ཀྱིས་ཤེས་རབ་དེ་ནི་དེ་ལ་ཕལ་ཆེར་གཉིས་པོ་སྲེག་པར་ཉེ་བར་གནས་ཏེ། གཉིས་ནི་འདིར ་ཉོན་མོངས་པའི་སྒྲིབ་པ་དང། ཤེས་བྱའི་སྒྲིབ་པ་ཡིན་པར་རིག་པར་བྱའོ། །སེམས་ཅན་རྣམས་ཡོངས་སྨིན་བྱེད་ཅིང། །རང་གི་སེམས་ཀྱང་བསྲུང་བའི་ཕྱིར། །བློ་ལྡན་རྣམS་ཀྱི་སྦྱང་དཀའ་བ། །དེ་ཕྱིར་སྦྱང་དཀའ་ཞེས་བྱའོ། །དེ་ལ ་ནི་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་མངོན་པར་བརྩོན་ཡང། །སེམས་ཅན་གྱི་ལོག་པར་སྒྲུབ་པས་ཀུན་ནས་ཉོན་མོངས་པར་མི་འགྱུར་ཏེ། དེ་གཉི་ག་ཡང་བྱ་དཀའ་བའི་ཕྱིར་སྦྱང་བཀའ་བ་ཡིན་ནོ། །ཤེས་རབ་ཕ་རོལ་ཕྱིན་བརྟེན་ནS ་འཁོར་བ་དང་ནི་མྱ་ངན་འདས། །གཉིས་འདིར་མངོན་དུ་གྱུར་པའི་ཕྱིར། །མངོན་དུ་གྱུར་པའི་ས་ཞེས་བཤད། །དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན་ནས་མྱ་ངན་ལས་འདས་པ་དང་འཁོར་བ་དག་ལ་མི་གནས་པའི་ཕྱིར། འཁོར ་པ་དང་མྱ་ངན་ལས་འདས་པ་དག་ལ་མངོན་དུ་གྱུར་པ་ཡིན་ནོ། །བགྲོད་ཅིག་ལམ་དང་འབྲེལ་པའི་ཕྱིར། །རིང་དུ་སོང་བའི་སར་འདོད་དོ། །བགྲོད་པ་གཅིག་པའི་མ་ནི་སྔར་བསྟན་པ་ཡིན་ནོ། །དེ་དང་འབྲེལ་པའི་ཕྱིར་རིང་དུ་སོང་བ ་ཡིན་ཏེ། སྦྱོར་བའི་མཐར་ཕྱིན་པར་སོང་བའི་ཕྱིར་རོ། །འདུ་ཤེས་གཉིས་ཀྱིས་མི་གཡོའི་ཕྱིར། །མི་གཡོ་བ་ཞེས་ངེས་པར་བརྗོད། །མཚན་མ་ལ་བརྩོལ་བའི་འདུ་ཤེས་དང། མཚན་མ་མེད་པ་ལ་རྩོལ་བའི་འདུ་ཤེས་དང། འདུ་ཤེས ་གཉིས་ཀྱིས་མི་གཡོ་བའི་ཕྱིར་རོ། །སོ་སོ་ཡང་དག་པར་རིགས་བློ་བཟང། །ས་དེ་ལེགས་པའི་བློ་གྲོས་ཡིན། །སོ་སོ་ཡང་དག་པར་རིག་པའི་བློ་གྲོས་བཟང་བའི་ཕྱིར། །ཞེས་བྱ་བ་ནི་གཙོ་བོ་ཡིན་པའི་ཕྱིར་རོ། །སྦྲིན་བཞིན་གཉིས་ཀྱིས་ནམ་མཁའ་ ་ཆོས། །ཁྱབ་པའི་ཕྱིར་ན་ཆོས་ཀྱི་སྤྲིན། །གཉིས་ཀྱིས་ཁྱབ?་པའི་ཕྱིར་ཞེས་བྱ་བ་ནི་སྤྲིན་བཞིན་དུ་ཏིང་ངེ་འཛིན་དང་གཟུངS་ཀྱི་སྒོས་ཐོབ་པའི་ཆོས་རྟེན་ལ་ཡོད་པ་ནམ་མཁའ་ལྟ་བུ་ལ་ཁྱབ་པཱི་ཕྱིར་ཆོས་ཀྱི་སྤྲིན་ཞེས་བྱའོ། །དགེ་བསྒྲུབ་པ་སྣ་ཚོགས ་ལ། །དགའ་བས་རྟག་པར་ཐམས་ཅད་དུ། །གནས་ཕྱིར་བྱང་ཆུབ་སེམས་དཔའ་ཡི། །ས་རྣམས་གནས་པ་ཡིན་པར་འདོད། །དགེ་བ་སྒྲུབ་པ་རྣཾ་པ་སྣ་ཚོགས་ཀྱི་ཕྱིར་དགའ་བས་རྟག་པར་ཐམས་ཅད་དུ་གནས་པའི་ཕྱིར། །བྱང་ཆུབ་སེམས ་དཔའ་རྣམས་ཀྱི་ས་དག་ནི་གནས་པ་ཞེས་བྱའོ། །འབྱུང་པོ་དཔག་མེད་འཇིགས་མེད་ཕྱིར། །དཔག་ཏུ་མེད་པ་དེ་དག་ལ། །ཕྱིར་ཕྱིར་གོང་དུ་འགྲོ་ལྡན་ཕྱིར། །དེ་དག་ཉིད་ནི་སང་འདོད་དོ། །འབྱུང་པོ་དཔག་ཏུ་མེད་པ་འཇིགས་པ་མེད་པར ་བྱ་བའི་ཕྱིར། །མེད་པ་དེ་དག་ལ་ཕྱིར་ཕྱིར་ཞིང་གོང་དུ་འགྲོ་བ་དང་ལྡན་པའི་ཕྱིར་གནས་པ་དེ་ཉིད་ལ་ཡང་ས་རྣམས་ཞེས་བྱ་སྟེ། འབྱུང་པོ་དེ་དཔག་ཏུ་མེད་པ་འཇིགས་པ་མེད་པར་བྱ་བའི་ཕྱིར་ཞེས་བྱ་བ་ནི་འབྱུང་པོ་དཔག་ཏུ་མེད་པ་རྣམS ་ཀྱི་འཇིགས་པ་སྤང་བའི་ཕྱིར་རོ། །དཔག་ཏུ་མེད་པ་དེ་དག་ལ་ཞེས་བྱ་བ་ནི་རེ་རེ་ལ་ཡང་ཚང་མེད་པའི་ཕྱིར་རོ། །གོང་དུ་འགྲོ་བ་དང་ལྡན་པའི་ཕྱིར་ཞེས་བྱ་བ་ནི་ས་གོང་མར་འགྲོ་བ་དང་ལྡན་པའི་ཕྱིར་རོ། །ཐོབ་པ་རྣམ་པར་དབྱེ་བའི ་ཚིགས་སུ་བཅད་པ། །ས་ཐོབ་པ་ནི་མོས་པ་དང། །སྤྱོད་པ་དག་ལ་འཇུག་པ་དང། །རྟོགས་པའི་ཕྱིར་དང་ས་རྣམས་ནི། །འགྲུབ་པའི་སྒོ་ནས་རྣམ་པ་བཞི། །ས་རྣམས་ཐོབ་པ་ནི་རྣམ་པ་བཞི་སྟེ། མོས་པས་ཐོབ་པ་ནི་མོས་པས་སྤྱོད་པའི་ས་ལ ་ཇི་སྐད་བཤད་བ་མོས་པས་སོ། །སྤྱོད་པས་ཐོབ་བ་ནི། དེ་ཉིད་ལ་ཆོས་སྤྱོད་བ་བཅུ་ལ་འཇུག་བས་སོ། །རྟོགས་པས་ཐོབ་པ་ནི། །ས་ལ་འཇུག་པའི་ཚེ་དོན་དམ་པ་རབ་ཏུ་རྟོགས་པས་སོ། །འགྲུབ་པས་ཐོབ་པ་ནི་ཕྱིར་མི ་ལྡོག་པའི་ས་ལ་འཇུག་པའི་ཚེའོ། །སྤྱོད་པ་རྣམ་པར་དབྱེ་བའི་ཚིགས་སུ་བཅད་པ་རྩ་བ་དྲུག་པ་སྟེ། ལུས་ཅན་ཐེག་པ་ཆེན་པོ་དང། །ཐེག་པ་དམན་ལ་མོས་པ་རྣམས། །གཉི་ག་འདུན་པར་བྱ་བ་དང། །གདུལ་བའི་ཕྱིར་ནི་བསྟན ་རྣམས་ཀྱི། །སྤྱོད་པ་བཞི་པོ་མདོ་བཞིན་དུ། །རྗེས་སུ་འབྲངས་ནས་བཤད་པ་ཡིན། །དེ་ལ་ཕ་རོལ་ཏུ་ཕྱིན་པའི་སྤྱོད་བ་ནི་ཐེག་པ་ཆེན་པོ་ལ་མོས་པ་རྣམས་ཀྱི་ཕྱིར་བཤད་དོ། །བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་སྤྱོད་པ་ནི། །ཉན་ཐོS ་དང་རང་སངས་རྒྱས་ཀྱི་ཐེག་པ་ལ་མོས་པ་རྣམས་ཀྱི་ཕྱིར་རོ། །མངོན་པར་ཤེས་པའི་སྤྱོད་པ་ནི། །ཐེག་པ་ཆེན་པོ་དང་དམན་པ་ལ་མོས་པ་གཉི་ག་མཐུས་འདུན་པར་བྱ་བའི་ཕྱིར་རོ། །སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་སྤྱོད་པ ་ནི། གཉིས་བོ་ཉིད་ཀྱི་ཡོངས་སུ་སྨིན་བར་བྱ་བའི་ཕྱིར་ཏེ། ཡོངས་སུ་སྨིན་པ་ནི། འདིར་འདུལ་བ་ཡིན་ནོ། །སངས་རྒྱས་ཀྱི་ཡོན་ཏན་རྣམ་པར་དབྱེ་བའི་ཚིགས་སུ་བཅད་པ་མང་སྟེ། རེ་ཞིག་ཚད་མེད་པ་རྣམ་པར་དབྱེ་བ་ལས་སངས་རྒྱས་ལ་བསྟོད ་བ་མས་བརྩམས་ཏེ། ཚིགས་སུ་བཅང་བ་གཅིག་གོ་སེམས་ཅན་རྣམས་ལ་བརྩེ་བ་ཅན། །ཕྲད་དང་བྲལ་བའི་དགོངས་པ་ཅན། །མ་བྲལ་བ་ཡི་དགོངས་པ་ཅན། །ཕན་བདེ་དགོངས་ཁྱོད་ལ་ཕྱག་འཚལ། །འདིར་སེམས་ཅན་རྣམས་ལ ་བརྩེ་བ་ཉིད་ནི་ཕན་པ་དང་བདེ་བའི་དགོངས་པ་ཉིད་ཀྱིས་བསྟན་ཏོ། །བདེ་བའི་དགོངས་པ་ཉིད་ཀྱང་བྱམས་པས་བདེ་བ་དང་ཕྲད་པར་དགོངས་པ་ཉིད་དང། སྙིང་རྗེས་སྡུག་བསྔལ་དང་བྲལ་བའི་དགོངས་པ་ཉིད་དང། །དགའ་བས་བདེ་བ་དང་མི ་འབྲལ་བའི་དགོངས་པ་ཉིད་ཀྱིས་བསྟན་ཏེ། །ཕན་པའི་དགོངས་པ་ཉིད་ནི་བཏང་སྙོམས་ཀྱིས་བསྟན་ཏོ། །དེ་ཡང་ཀུན་ནས་ཉོན་མོངས་པ་མེད་པ་ཉིད་ཀྱི་དགོངས་པའི་མཚན་ཉིད་དུ་རིགས་པར་བྱའོ། །རྣམ་པར་ཐར་བ་ཟིལ་གྱིས་གནོན་པའི་སྐྱེ་མཆེད་དང། ་ཟད་པར་གྱི་སྐྱེ་མཆེད་རྣམ་པར་དབྱེ་བའི་ཚིགས་སུ་བཅད་པ། ཐུབ་པ་སྒྲིབ་ཀུན་ངེས་པར་གྲོལ?། །འཇིག་རྟེན་ཐམས་ཅད་ཟིལ་གྱིས་གནོན། །ཁྱོད་ཀྱི་མཁྱེན་པས་ཤེས་བྱ་ཁྱབ། །ཐུགས་གྲོལ་ཁྱོད་ལ་ཕྱག་འཚལ་ལོ། །འདིར་བཅོམ་ལྡན་འདས་ཀྱི་རྣམ་པར ་ཐར་པའི་ཁྱད་པར་ནི། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་?་ལས་ངེས་པར་གྲོལ་བ་ཉིད་ཀྱིས་བསྟོན་ཏོ། །ཟིལ་གྱིས་གནོན་པའི་སྐྱེ་མཆེད་ཀྱི་ཁྱད་པར་ནི། འཇིག་རྟེན་ཐམས་ཅད་ཟིལ་གྱིས་གནོན་པ་ཉིད་དང། ཉིད་ཀྱི་ཐུགས་ལ་མངལ་སྒྱུར་བས ་ཇི་ལྟར་བཞེད་པ་བཞིན་དམིགས་པ་དང་སྤྲུལ་པ་དང། ཡོངས་སུ་སྒྱུར་བ་བྱིན་གྱིས་བརླབ་པ་ཉིད་ཀྱིས་སོ། །ཟད་པར་གྱི་སྐྱེ་མཆེད་ཀྱི་ཁྱད་པར་ནི། །ཤེས་བྱ་ཐམས་ཅད་ལ་ཡེ་ཤེས་ཀྱིས་ཁྱབ་པས་སྟོན་ཏེ། དེ་ཉིད་ཀྱི་ཕྱིར་རྣམ་པར་ཐར་པ་ལ་སོགས ་པའི་ཡོན་ཏན་གྱི་མི་མཐུན་པའི་ཕྱོགས་ལས་གྲོལ་བས་ན་ཐུགས་གྲོལ་བ་ཡིན་ནོ། །ཉོན་མོངས་པ་མེད་པ་རྣམ་པར་དབྱེ་བའི་ཚིགས་སུ་བཅད་བ། སེམས་ཅན་དག་ནི་ཐམས་ཅད་ཀྱི། །ཉོན་མོངས་མ་ལུས་ཐམས་ཅད་འདུལ། །ཉོན་མོངས་འཇོམས ་མཛད་ཉོན་མོངས་ལ། །ཐུགས་རྗེས་བཅས་མཁྱོད་ལ་ཕྱག་འཚལ། །འདིར་བཅོམ་ལྡན་འདས་ཀྱི་ཉོན་མོངས་པ་མེད་པའི་ཁྱད་པར་སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པ་འདུལ་བ་དང། ཉོན་མོངས་བ་སྐྱེ་བ་རྣམས་ལ་ཡང་དེ་དག་གི་ཉོན ་མོངས་པའི་གཉེན་པོ་མཛད་པ་དང། སྐྱེ་བོ་ཉོན་མོངས་བ་ཅན་ལ་རྗེས་སུ་བརྩེ་པས་ཡང་དག་པར་བསྟན་ཏེ། ཉོན་མོངས་པ་མེད་པར་གནས་པ་གཞན་དག་ནི། །སེམས་ཅན་རྣམས་ཀྱི་དེ་དག་ལ་དམིགས་པའི་ན་ཡོན་མོངས་པ་འགའ་ཁོ་ན་ཞིག་? ་བའི་རྐྱེན་ཙམ་ཡོངས་སུ་སྤོང་གི། ཉོན་མོངས་པ་སྐྱེས་པ་རྒྱུད་ལས་སེལ་བར་ནི་མི་བྱེད་དོ། །སྨོན་ནས་ཤེས་པ་རྣམ་པར་དབྱེ་བའི་ཚིགས་སུ་བཅད་པ། ལྷུན་གྱིས་གྲུབ་ཅིང་ཆགས་མི་མངའ་། །ཐོགས་པ་མི་མངའ་རྟག་པར་ནི། །མཉམ་པར ་བཞག་ཅིང་དྲི་ཀུན་གྱི། །ལན་ལྡོག་ཁྱོད་ལ་ཕྱག་འཚལ་ལོ། །འདིར་བཅོམ་ལྡན་འདས་ཀྱི་སྨོན་ནས་མཁྱེན་པའི་ཁྱད་པར་ནི་རྣམ་པ་ལྔས་ཡང་དག་པར་བསྟན་ཏེ། ལྷུན་གྱིས་གྲུབ་པར་མངོན་དུ་འགྱུར་བ་ཉིད་དང། ཆགས་པ་མི་མངའ་བར ་མངོན་དུ་འགྱུར་བ་ཉིད་དང། །ཤེས་བྱ་ཐམས་ཅད་ལ་ཐོགས་པ་མི་མངའ་བ་ཉིད་དང། རྟག་ཏུ་མཉམ་པར་བཞག་པ་ཉིད་དང། སེམས་ཅན་རྣམས་ཀྱི་ཐེ་ཚོམ་ཐམས་ཅད་གཅོད་པ་ཉིད་ཀྱིས་བསྟོན་ཏེ། སྨོན་ནས་ཤེས་པ་ཐོབ་པ་གཞན་དག ་ནི་སྨོན་པ་ལྷུན་གྱིས་གྲུབ་པས་སྨོན་ནས་ཤེས་པ་མངོན་དུ་བྱེད་པ་མ་ཡིན་ནོ། །ཆགས་པ་མེད་པ་ཡང་མ་ཡིན་ཏེ། སྙོམས་པར་འཇུག་པ་ལ་བལྟོས་པའི་ཕྱིར་རོ། །ཐོགས་པ་མེད་པ་ཡང་མ་ཡིན་ཏེ། ཉི་ཚེ་ཤེས་པའི་ཕྱིར་རོ། །རྟག་ཏུ་མཉམ ་པར་བཞག་པ་ཡང་མ་ཡིན་ལ། ཐེ་ཚོམ་ཐམས་ཅད་གཅོད་པ་མ་ཡིན་ནོ། །སོ་སོ་ཡང་དག་པར་རིག་པ་རྣམ་པར་དབྱེ་བའི་ཚིགས་སུ་བཅད་པ། རྟེན་དང་བརྟེན་པ་བཤད་བྱ་དང། །གསུམ་དང་མཁྱེན་པ་འཆད་བྱེད་ལ། །བློ་གྲོས་རྟག ་ཐོགས་མི་མངའ་བ། །ལེགས་སྟོན་ཁྱོད་ལ་ཕྱག་འཚལ་ལོ། །འདིར་ནི་མདོར་ན་གང་དང་གང་གིས་བཤད་པར་བྱ་བ་དེ་ལ་བློ་གྲོས་རྟག་ཏུ་ཐོགས་པ་མི་མངའ་བ་ཉིད་གྱིས། །བཅོམ་ལྡན་འདས་ཀྱིས་སོ་སོ་ཡང་དག་པར་རིག་པ་བཞི་བསྟན་ཏེ། དེ ་ལ་རྟེན་ཆོས་དང། དེ་ལ་རྟེན་པ་དོན་དང་གཉིས་ནི་བཤད་པར་བྱ་བའོ། གསུང་དང་མཁྱེན་པ་དང་གཉིས་ཀྱིས་ནི་འཆད་པར་བྱེད་དོ། །ལེགས་པར་སྟོན་ཉིད་ཀྱིས་ནི། །འདི་དག་གིས་ལས་ཡང་དག་པར་བསྟན་ཏོ། །མངོན་པར་ཤེས་པ ་རྣམ་པར་དབྱེ་བའི་ཚིགས་སུ་བཅད་པ། གཤེགས་ནས་སྤྱོད་པ་མཁྱེན་མཛད་དེ། །དེ་དག་སྐད་ཅིག་སེམས་ཅན་གྱི། །འོད་དང་འགྲོ་དང་ངེས་འབྱུང་ལ། །ལེགས་འདོམས་ཁྱོད་ལ་ཕྱག་འཚལ་ལོ། །འདིར་མངོན ་པར་ཤེས་པ་དྲུག་གིས་བཅོམ་ལྡན་འདས་ཀྱི་ཡང་དག་པར་འདམས་པ་ཉིད་བསྟན་ཏེ། །རྫུ་འཕྲུལ་གྱི་མངོན་པར་ཤེས་པས་གདུལ་བའི་དྲུང་དུ་གཤེགས་ནས་སེམས་ཀྱི་རྣམས་གྲངས་མངོན་པར་ཤེས་པས་སེམས ་ཀྱི་སྤྱོད་པ་མཁྱེན་པར་མཛད་དེ། །ལྷའི་རྣ་པའི་མངོན་པར་ཤེས་པས་དེ་དག་གི་སྐད་ཀྱིས། །མངོན་པར་ཤེས་པ་ལྷག་མ་གསུམ་གྱིས། །གོ་རིམ་བཞིན་དུ་ཇི་ལྟར་སྔོན་གྱིས་མཛའ་ནས་འདིར་འོང་བ་དང། ཇི་ལྟར ་ཕྱི་མའི་མཐར་འགྲོ་བ་དང། ཇི་ལྟར་འཁོར་བ་ལས་ངེས་པར་འབྱུང་བ་མཁྱེན་པས་དེ་བཞིན་དུ་གདམས་དག་སྩོལ་བར་མཛད་དོ། །མཚན་དང་དཔེ་བྱང་བཟང་པོ་རྣམ་པར་དབྱེ་བའི་ཚིགས་སུ་བཅད་པ། ་ལུས་ཅན་ཀུན་གྱིས་ཁྱོད་མཐོང་ན། །སྐྱེས་བུ་དམ་པ་ལགས་པར་འཚལ། །མཐོང་བ་ཙམ་གྱིས་རབ་དང་བར། །མཛད་པ་ཁྱོད་ལ་ཕྱག་འཚལ་ལོ། །འདིར་བཅོམ་ལྡན་འདས་ལྔ་སྐྱེས་བུ་ཆེན་པོ་ཉིད་དུ ་ཡིད་ཆེས་པས་མཆན་དང་དཔེ་བྱད་བཟང་པོ་རྣམས་ཀྱི་ལས་མཐོང་བ་ཙམ་གྱིས་གཞན་དག་རབ་ཏུ་དང་བ་བསྐྱེད་པར་མཛད་པ་ཉིད་ཡང་དག་པར་བསྟན་ཏོ། །ཡོངས་སུ་དག་པ་རྣམ་པར་དབྱེ་བའི་ཚིགས་སུ་བཅད་བ་།ལེན ་དང་གནས་དང་གཏོང་བ་དང། །སྤྲུལ་དང་ཡོངས་སུ་སྒྱུར་བ་དང། །ཏིང་ངེ་འཛིན་དང་ཡེ་ཤེས་ལ། །མངའ་རྙེས་ཁྱོད་ལ་ཕྱག་འཚལ་ལོ། །འདིར་དབང་རྣམ་པ་བཞིས་བཅོམ་ལྡན་འདས་ཀྱིས་ཡོངས་སུ་དག་པ་བཞི་པོ་རྣམ་པ ་ཐམས་ཅད་དུ་ཡོངས་སུ་བསྟན་ཏེ། རྟེན་ཡོངས་སུ་དག་པ་ནི། ལུས་ལེན་པ་དང། གནས་པ་དང། གཏོང་བ་ལ་མངའ་བས་སོ། །དམིགས་པ་ཡོངས་སུ་དག་པ་ནི་སྤྲུལ?་པ་དང། ཡོངས་སུ་སྒྱུར་བ ་མངའ་བས་སོ། །ཐུགས་ཡོངས་སུ་དག་པ་ནི། རྣམ་པ་ཐམས་ཅད་དུ་ཏིང་ངེ་འཛིན་ལ་མངའ་བས་སོ། །ཤེས་རབ་ཡོངས་སུ་དག་པ་ནི། རྣམ་པ་ཐམས་ཅད་དུ་ཡེ་ཤེས་ལ་མངའ་བས་སོ། །སྟོབས་རྣཾ་པར་དབྱེ་བའི་ཚིགས་སུ་བཅད་པ། ་ཐབས་དང་སྐྱབས་དང་དག་པ་དང། །ཐེག་ཆེན་ངེས་པར་འབྱུང་བ་ལ། །སེམས་ཅན་རྣམས་ལ་རབ་སླུ་བའི། །བདུད་འཇོམས་ཁྱོད་ལ་ཕྱག་འཚལ་ལོ། །འདིར་དོན་བཞི་ལ་སེམས་ཅན་རྣམས་ལ་རབ་ཏུ་སླུ་བར་བྱེད ་པའི་བདུད་གང་ཡིན་པ་དེ་འཇོམས་པར་མཛད་པ་ཉིད་ཀྱིས། །བཅོམ་ལྡན་འདས་ཀྱི་སྟོབས་རྣམས་ཀྱི་ལས་ཡང་དག་པར་བསྟན་ཏེ། འདི་ལྟ་སྟེ། བདེ་འགྲོ་དང། ངན་འགྲོར་འགྲོ་བའི་ཐབས་ལ་རབ་ཏུ་བསླུ་བ་དང། ལྷ་ལ ་སོགས་པའི་སྐྱབས་མ་ཡིན་པ་ལ་སྐྱབས་སུ་རབ་ཏུ་སླུ་བ་དང། ཟས་པ་དང་བཅད་པའི་འདག་པ་ཙམ་གྱིས་དག་པར་རབ་ཏུ་སླུ་བ་དང། ཐེག་པ་ཆེན་པོས་ངེས་པར་འབྱུང་བ་ལ་རབ་ཏུ་སླུ་བར་བྱེད་པའོ། །གནས་བར་གནས་མ་ཡིན་པ ་མཁྱེན་པའི་སྟོབས་ཀྱིས། བཅོམ་ལྡན་འདས་དོན་དང་པོ་ལ་བདུད་འཇོམས་པར་མཛད་པ་ཡིན་པར་རིག་པར་བྱའོ། །ལས་བདག་གིར་བྱ་བ་མཁྱེན་པའི་སྟོབས་ཀྱིས་ནི་གཉིས་པ་ལའོ། །བསམ་གཏན་དང་རྣམ་པར་ཐར་པ་དང ་ཏིང་ངེ་འཛིན་དང། སྙོམས་པར་འཇུག་པ་མཁྱེན་པའི་སྟོབས་ཀྱིས་ནི་གསུམ་པ་ལའོ། །དབང་པོ་མཆོག་དང་མཆོག་མ་ཡིན་པ་ཉིད་ལ་སོགས་པ་མཁྱེན་པའི་སྟོབས་ཀྱིས་ནི་བཞི་པ་ལ་སྟེ། དབང་པོ་དམན་པ ་ལ་སོགས་པ་སྤངས་ནས་མཆོག་དག་ལ་སྦྱོར་བའི་ཕྱིར་རོ། །མི་འཇིགས་པ་རྣམ་པར་དབྱེ་བའི་ཚིགས་སུ་བཅད་པ། རང་བཞན་དོན་དུ་ཡེ་ཤེས་དང། །སྤངས་དང་ངེས་འབྱུང་བགེགས་བྱེད་པར། །སྟོན་མཛད་མུ་སྟེགS ་གཞན་དག་གིས། །མི་རྫི་ཁྱོད་ལ་ཕྱག་འཚལ་འཚལ་ལོ། །འདིར་རང་གིས་དོན་དུ་ཡེ་ཤེས་དང་སྤངས་བ་སྟོན་པར་མཛད་པ་ཉིད་དང། གཞན་གྱིས་དོན་དུ་ངེས་པར་འབྱུང་བ་དང། བགེགས་སྟོན་པར་མཛད་པ་ཉིད ་ཀྱིས། གཞན་མུ་སྟེགས་ཅན་རྣམས་ཀྱིས་མི་རྫི་བའི་ཕྱིར། །གོ་རིམ་བཞིན་དུ་བཅོམ་ལྡན་འདས་ཀྱི་མི་འཇིགས་བ་རྣམས་བཞི་བསྙེད་དོ། །བསྲུང་བ་མེད་པ་དང། དྲན་པ་ཉེ་བར་བཞག་པ་རྣམ་བར་དབྱེ་བའི་ཚིགས ་སུ་བཅད་པ། བསྲུང་མེད་བསྙེལ་བ་མི་མངའ་བས། །འཁོར་གྱི་ནང་ན་བག་བརྐྱང་གསུང། །ཀུན་ནས་ཉོན་མོངས་གཉིས་སྤངས་པ། །འཁོར་སྡུད་ཁྱོད་ལ་ཕྱག་འཚལ་ལོ། །འདིས་ནི་བཅོམ་ལྡན་འདས་ཀྱི་བསྲུང་བ ་མེད་པ་གསུམ་པ་དང་།དྲན་པ་ཉེ་བར་བཞག་པ་གསུམ་པ་དང། དེ་དག་གི་ལམ་འཁོར་སྡུད་པ་ཉིད་ཡོངས་སུ་བསྟན་ཏེ། དེ་དག་གིས་ནི་གོ་རིམ་བཞིན་དུ་འཁོར་གྱི་ནང་དུ་སྲུང་བ་མེད་པའི་ཕྱིར། །བག་བརྐྱང་སྟེ ་གསུང་བ་ཡང་མིན་ལ། བསྙེལ་བ་མི་མངའ་བ་ཉིད་ཀྱིས་རྟག་ཏུ་དགོངས་པ་ཉེ་བར་གནས་པས་རྗེས་སུ་ཆགས་པ་དང། ཁོང་ཁྲོ་བ་མེད་པའི་ཕྱིར་ཀུན་ནས་ཉོན་མོངས་པ་གཉིས་སྤངས་པ་ཡང་ཡིན་ནོ། །བག་ཆགས་ཡང ་དག་བར་བཅོམ་པར་རྣམ་པར་དབྱེ་བའི་ཚིགས་སུ་བཅད་པ་།ཀུན་མཁྱེན་ཁྱོད་ལ་རྒྱུ་བ་དང། །གནས་པ་ཀུན་ལ་རྟག་པར་ནི། །ཀུན་མཁྱེན་མིན་སྤྱོད་མི་མངའ་སྟེ། །ཡང་དག་དོན་ལྡན་ཁྱོད་ཕྱག་འཚལ། །འདིས་ ་ནི་རྒྱུ་བ་དང་གནས་པ་ཐམས་ཅད་ལ་རྟག་ཏུ་ཐམས་ཅད་མཁྱེན་བ་མ་ཡིན་པའི་སྤྱད་བ་མི་མངའ་བའི་ཕྱིར། །བཅོམ་ལྡན་འདས་ཀྱི་བག་ཆགས་ཐམས་ཅད་ཡང་དག་པར་བཅོམ་པ་ཡོངས་སུ་བསྟན་ཏེ། ཐམས ་ཅད་མཁྱེན་པ་མ་ཡིན་པ་ནི། ཉོན་མོངས་པ་ཟད་ཀྱང། །བག་ཆགས་ཡང་དག་པར་མ་བཅོམ་པའི་ཕྱིར། རེས་འགའ་གླང་པོ་ཆེ་འཁྲུལ་པ་དང། ཤིང་རྟ་འཁྲུལ་པ་དང། ལྷན་ཅིག་ཐུག་པ་ལ་སོགས ་པ་ཐམས་ཅད་མཁྱེན་པ་མ་ཡིན་པའི་སྤྱོད་པ་བྱེད་དེ། ཇི་སྐད་དུ། བཞག་པའི་བུའི་མདོ་ལས་གསུངས་བ་ལྟ་བུའོ། །ཡང་དག་པའི་དོན་དུ་ཐམས་ཅད་མཁྱེན་པ་ཉིད་ཡིན་པའི་ཕྱིར། ་བཅོམ་ལྡན་འདས་ལ་ནི་དེ་མི་མངའ་འོ། །བསྙེལ་བ་མི་མངའ་བ་ཉིད་རྣམ་པར་དབྱེ་བའི་ཚིགས་སུ་བཅད་པ། སེམས་ཅན་ཀུན་གྱི་བྱ་བ་ལ་།ཁྱོད་ནི་དུས་ལས་མི་འདའ་བས། །མཛད་པ་རྟག་ཏུ ་དོན་མངའ་བ། །མི་བསྙེལ་ཁྱོད་ལ་ཕྱག་འཚལ་ལོ། །འདིས་ནི་སེམས་ཅན་གང་གི་དོན་གང་ཡིན་པ། གང་གིས་དུས་སུ་བྱ་བ་དེའི་དུས་ལས་མི་འདའ་བའ་ཨི་ཕྱིར། བཅོམ་ལྡན་འདས་ཀྱི་མཛད་པ་རྟག་ཏུ་འབྲས་བུ ་ཡོད་པ་ཡིན་ནོ་ཞེས་བསྙེལ་བ་མི་མངའ་བའི་ཆོས་ཉིད་ངོ་བོ་ཉིད་དང། ལས་ཀྱི་སྒོ་ནས་ཡང་དག་པར་བསྟན་ཏོ། །ཐུགས་རྗེ་ཆེན་པོ་རྣམ་པར་དབྱེ་བའི་ཚིགས་སུ་བཅད་པ། འཇིག་རྟེན་ཀུན་ལ་ཉིན་མཚན ་དུ། །ལན་དྲུག་ཏུ་ནི?་སོ་སོར་གཟིགས། །ཐུགས་རྗེ་ཆེན་པོ་དང་ལྡན་པས། །ཕན་དོག?་ངས?་ཁྱོད་ལ་ཕྱག་འཚལ་ལོ། །འདིར་བཅོམ་ལྡན་འདས་ཀྱི་ཐུགས་རྗེ་ཆེན་པོ་ལས་དང་ངོ་བོ་ཉིད་ཀྱིས་ཡོངས་སུ ་བསྟན་ཏེ། བཅོམ་ལྡན་འདས་ནི་ཐུགས་རྗེ་ཆེན་པོས་ཉིན་མཚན་ལན་དྲུག་ཏུ། །སུ་ནི་ཉམས་།སུ་ནི་འཕེལ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པར་འཇིག་རྟེན་ལས་སོ་སོར་གཟིགས་སོ། །དེ་དང་ལྡན་པའི་ཕྱིར་བཅོམ ་ལྡན་འདས་སེམས་ཅན་ཐམས་ཅད་ལ་རྟག་ཏུ་ཕན་པར་དགོངས་པ་ཡིན་ནོ། །མ་འདྲེས་པའི་ཡོན་ཏན་རྣམ་པར་དབྱེ་བའི་ཚིགས་སུ་བཅད་པ། སྤྱོད་བ་དང་ནི་རྟོགས་པ་དང། །ཡེ་ཤེས་དང་མི་ཕྲིན ་ལས་ཀྱིས། །ཉན་ཐོས་རང་སངས་རྒྱས་ཀུན་གྱིས། །བླ་མ་ཁྱོད་ལ་ཕྱག་འཚལ་ལོ། །འདིར་སངས་རྒྱས་ཀྱི་ཆོས་མ་འདྲེས་པ། སྤྱོད་པས་བསྡུས་པ་དྲུག་དང། རྟོགས་པས་བསྡུས་པ་དྲུག་དང། ཡེ ་ཤེས་ཀྱི་བསྡུས་པ་གསུམ་དང། ཕྲིན་ལས་ཀྱིས་བསྡུས་པ་གསུམ་གྱིས་དེ་ལས་གཞན་པའི་སེམས་ཅན་མཆོག་།ཉན་ཐོས་དང་རང་སངས་རྒྱས་རྣམས་པས་ཀྱང་མཆོག་ཏུ་གྱུར་པ་ཉིད་ཀྱིས། ། ་བཅོམ་ལྡན་འདས་སེམས་ཅན་ཐམས་ཅད་ཀྱི་མཆོག་ཉིད་དུ་ཡོངས་སུ་བསྟན་ཏེ་།དེ་ལ་དེ་བཞིན་གཤེགས་པ་ལ་འཁྲུལ་པ་མི་མངའ་། ཅ་ཅོ་མི་མངའ་། བསྙེལ་བ་མི་མངའ་། ། ་ཐུགས་མཉམ་པར་མ་བཞག་པ་མི་མངའ་།ཐ་དད་པའི་འདུ་ཤེས་མི་མངའ་། སོ་སོར་མ་བརྟགས་པའི་བཏང་སྙོམས་མི་མངའ་ཞེས་བྱ་བ་ནི་།སངས་རྒྱས་ཀྱི་ཆོས་མ་འདྲེས་གང ་དག་སངས་རྒྱས་ཁོ་ན་ལ་མངའ་ཨི། གཞན་དག་ལ་སྤྱོད་པས་བསྡུས་པ་དྲུག་ཡིན་ནོ། །འདུན་པ་ཉམས་པ་མི་མངའ་། བརྩོན་འགྲུས་དང། དྲན་པ་དང། ཏིང་ངེ་འཛིན་དང། ཤེས ་རབ་དང། རྣམ་པར་གྲོལ་བ་ཉམས་པ་མི་མངའ་ཞེས་བྱ་བ་ནི་རྟོགས་པས་བསྡུས་པ་དྲུག་ཡིན་ནོ། །གང་འདས་པའི་དུས་ལ་དེ་བཞིན་གཤེགས་པའི་ཡེ་ཤེས་མ་ཆགས་མ་ཐོགས ་པ་དང་།མ་འོངས་བ་དང། ད་ལྟར་བྱུང་བའི་དུས་ལ་དེ་བཞིན་གཤེགས་བའི་ཡེ་ཤེས་མ་ཆགས་མ་ཐོགས་པ་ཞེས་བྱ་བ་ནི་ཡེ་ཤེས་ཀྱིས་བསྡུས་པ་གསུམ་ཡིན་ནོ། །དེ་བཞིན་གཤེགས་བའི་སྐུའི་ཕྲིན་ལས ་ཐམས་ཅད་དང། གསུང་གི་ཕྲིན་ལས་ཐཾས་ཅད་དང། ཐུཌ་ཀྱི་ཕྲིན་ལS་ཐཾས་ཅད་ཡེ་ཤེས་སྔོན་དུ་འགྲོ་ཞིང་ཡེ་ཤེས་ཀྱི་རྗེས་སུ་འབྲངས་བ་ཞེས་བྱ་བ་ནི། ཕྲིན་ལས་ཀྱིས་བསྡུས་པ་གསུམ་ཡིན་ནོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད ་རྣམ་པར་དབྱེ་བའི་ཚིགས་སུ་བཅད་པ། སྐུ་གསུམ་དག་གིས་བྱང་ཆུབ་ཆེ། །རྣམ་པ་ཀུན་བརྙེས་ཐམས་ཅད་དུ། །སེམས་ཅན་ཀུན་ཀྱི་ཐེ་ཚོམ་དག་།གཅོད་པ་ཁྱོད་ལ་ཕྱག་འཚལ་ལོ། །འདིས་ནི་སྐུ་གསུམ ་གྱིས་རྣམ་པ་ཐམས་ཅད་བྱང་ཆུབ་བ་བརྙེས་པའི་ཕྱིར་དང། ཤེས་བྱ་ཐམས་ཅད་རྣམ་པ་ཐམས་ཅད་དུ་མཁྱེན་པའི་ཕྱིར། བཅོམ་ལྡན་འདས་ཀྱི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་བསྟན་ཏེ་། ་སྐུ་གསུམ་ནི་ངོ་བོ་ཉིད་དང། ལོངས་སྤྱོད་རྫོགས་པ་པ་དང། སྦྲུལ་པ་པའོ། །ཤེས་བྱ་ཐམས་ཅད་ཀྱི་རྣམ་པ་ཐམས་ཅད་ཅི་ཁྱེན་པ་ཉིད་ནི་།འདིར་ལྷ་དང་མི་ལ་སོགས་པའི་སེམས་ཅན་ཐམས་ཅད་ཀྱི་ཐེ་ཚོམ་ཐམས་ཅད ་གཅོད་པའི་ཕྲིན་ལས་གྱིས་བསྟན་ཏོ། །ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་བའི་རྣམ་པར་དབྱེ་བའི་ཚིགས་སུ་བཅད་པ། འཛིན་པ་མེད་ཅིང་ཉེས་པ་མེད། །རྙོག་པ་མེད་ཅིང་མི་གནས་པ། །མི་གཡོ་ཆོས་རྣམས་ཐམས་ཅད་ལ།། ་སྤྲོ་མེད་ཁྱོད་ལ་ཕྱག་འཚལ་ལོ། །འདིས་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་གི་མི་མཐུན་པའི་ཕྱོགས་མཛའ་དག་ལས་ངེས་པར་གྲོལ་བས། བཅོམ་ལྡན་འདས་ཀྱིས་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པ་བརྗོད་དོ། །དེ་ལ་འཛིན་པ་ཉིད ་ནི། ལོངས་སྤྱོད་ལ་ཀུན་ཏུ་འཛིན་པ་མེད་པའི་ཕྱིར་རིག་པར་བྱའོ། །ཉེས་པ་མེད་པ་ཉིད་ལུས་ལ་སོགས་པའི་ལས་དྲི་མ་མེད་པའི་ཕྱིར་རོ། །རྙོག་མ་མེད་པ་ནི། །འཇིག་རྟེན་གྱི་ཆོS་དང། སྡུག་བསྔལ་དག་གིས་སེམས་རྙོག་པ་ཅན ་དུ་མི་བྱེད་པའི་ཕྱིར་རོ། །མི་གནས་པ་ཉིད་ནི་རྟོགས་པ་ཆུང་ངུ་དང་།ངན་ངོན་ཙམ་ལ་མི་གནས་པའི་ཕྱིར་རོ། །མི་གཡོ་བའི་ཉིད་ནི་།རྣམ་པར་མི་གཡེང་བའི་ཕྱིར་རོ། །སྤྲོད་བ་མེད་པ་ཉིད་ནི། རྣམ་པར་རྟོག་པའི་སྤྲོས་པ་ཐམས་ཅད་ཀུན་ཏུ་མི ་སྤྱོད་པའི་ཕྱིར་རོ། །སངས་རྒྱས་ཀྱི་མཚན་ཉིད་རྣམ་པར་དབྱེ་བའི་ཚིགས་སུ་བཅད་པ་གཉིས་ཏེ། དམ་པའི་དོན་ནི་གྲུབ་པ་སྟེ། །ས་ཀུན་ལས་ནི་ངེས་པར་བྱུང། །སེམས་ཅན་ཀུན་གྱི་མཆོག་ཏུ་གྱུར། །སེམས་ཅན་ཐམས་ཅད་རྣམ་གྲོལ་མཇད། །ཡོན་ཏན ་མི་ཟད་མཉམ་མེད་ལྡན། །འཇིག་རྟེན་གང་དང་དཀྱིལ་འཁོར་ནའང། །སྣང་བ་ལྷ་དང་མི་རྣམས་ཀྱིས། །རྣཾ་པ་ཀུན་ཏུ་མི་མཐོང་ངོ། །འདིར་ངོ་བོ་ཉིད་དང། རྒྱུ་དང། འབྲས་བུ་དང། ལས་དང་ལྡན་པ་དང། འཇུག་པའི་དོན་དྲུག་གིས་སངས་རྒྱས་ཀྱི ་མཚན་ཉིད་ཡོངས་སུ་བསྟན་ཏེ། དེ་ལ་དོན་དམ་པ་གྲུབ་བ་ནི། དེ་བཞིན་ཉིད་རྣམ་པར་དག་པ་སྟེ། དེ་ནི་སངས་རྒྱས་ཀྱི་ངོ་བོ་ཉིད་ཀྱི་སྐུའོ། །བྱང་ཆུབ་སེམས་དཔའ་ཨི་ས་ཐམས་ཅད་ལས་ངེས་པར་བྱུང་བ་ཉིད་ནི་རྒྱུའོ། །སེམས་ཅན་ཐཾས་ཅད་ཀྱི་མཆོག་ཏུ ་གྱུར་བ་ཉིད་ནི་འབྲས་བུའོ། །སེཾས་ཅན་ཐམས་ཅད་རྣམ་པར་གྲོལ་བར་མཛད་པ་ཉིད་ནི་ལས་སོ། །ཡོན་ཏན་མི་ཟད་པ་དང། མཉམ་པ་མེད་པ་དང་ལྡན་པ་ཉིད་ནི་ལྡན་པའོ། །འཇིག་རྟེན་གྱི་ཁམས་སྣ་ཚོགས་སུ་སྣང་བ་ཉིད་མི་སྤྲུལ་པའི་སྐུས་སོ། །འཁོར་གྱིས ་དཀྱིལ་འཁོར་རྣམས་ནའང་།སྣང་བ་ཉིད་ནི། ལོངས་སྤྱོད་རྫོགས་བའི་སྐུས་སོ། །རྣམ་པ་ཐཾས་ཅད་དུ་མི་སྣང་བ་ཉིད་ནི་ཆོས་ཀྱི་སྐུས་ཏེ། འཇུག་པའི་རབ་ཏུ་དབྱེ་བ་རྣམ་པ་གསུམ་ཡིན་ནོ།། །། ་ཐེག་པ་ཆེན་པོའི་མདོ་སྡེའི་རྒྱན་བྱང་ཆུབ་སེམས་དཔའ་ཆེན་པོ་རྟོགས་པ་རྣམ་པར་བྱང་བས་བཤད་པ་ལས། སྤྱོད་པ་དང་མཐར་ཐུག་པའི་སྐབས་ཞེས་བྱ་བ་སྟེ། ལེའུ་ཉི་ཤུ་རྩ་གཅིག་པའོ།། །། ་ཐེག་པ་ཆེན་པོའི་མདོ་སྡེའི་རྒྱན་གྱི་བཤད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཤཱཀྱ་སིང་ཧ་དང་།ཞུ་ཆེན་གྱི་ལོ་ཙཱ་བ་བནདེ་དཔལ་བརྩེགས་ལ་སོགས་པས་བསྒྱུར་ཅིང་ཞུས་ཏེ ་གཏན་ལ་ཕབ་པ།། །།ཐེག་ཆེན་མདོ་སྡེ་ཀུན་གྱི་རྒྱན། །བཤད་པ་འདི་ཡི་གཞུང་ཚད་ནི། །ཤོ་ལོ་ཀ་ཨུམ་སྟོང་དག་དང་རྩ། དྲུག་བརྒྱ་ལྔ་བཅུ་ཡིན ་པར་བསྒྲགས།། །།བཀྲ་ཤིས། ། ། །མང་གཱ་ལམ། །། ་