| Wylie | e-texts based on the ACIP/ALL Input |
དགེ་སློང་བློ་ལྡན་ཤེས་རབ་ཀྱིས། །གྲོང་ཁྱེར་དཔེ་མེད་དེ་ཉིད་དུ་བསྒྱུར་བའོ།། །།*། །ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས་ཀྱི་རྣམ་པར་བཤད་པ་འཕགས་པ་ཐོགས་མེད་ཀྱིས་མཛད་པ་བཞུགས།། རྒྱ་གར་སྐད་དུ། མ་ཧཱ་ཡཱ་ན་ཨུཏྟ་ར་ཏནྟ?་ཤཱསྟེ་བྱ ་ཁྱ?། །བོད་སྐད་དུ། ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས་རྣམ་པར་བཤད་པ། སངས་རྒྱ་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །སངས་རྒྱས་ཆོས་ཚོགས་ཁམས་དང་བྱང་ཆུབ་དང། ཡོན་ཏན་སངས་རྒྱས་ཕྲིན་ལས་ཐ་མ་སྟེ། བསྟན ་བཅོས་ཀུན་གྱིས་ལུས་ནི་མདོར་བསྡུ་ན། རྡོ་རྗེ་ཡི་ནི་གནས་བདུན་འདི་དག་གོ། རྟོགས་པའི་དོན་རྡོ་རྗེ་ལྟ་བུའི་གནས་ཏེ། བཞི་ཡིན་པའི་ཕྱིར་རྡེའི་གནས་སོ། །དེ་ལ་ཐོས་པ་དང་བསམ་པ་ལས་བྱུང་བའི་ཤེས་པས་འཕིགས་པར་བཀའ་བའ་ཨི་ཕྱིར་ན་བརྗོད་དུ་མེད་པའི་རང ་ཞིན་སོ་སོ་རང་གིས་རིག་བར་བྱ་བའི་དོན་ནི་རྡོ་རྗེ་ལྟ་བུར་རིག་པར་བྱའོ། །དེ་ཐོབ་པ་དང་རྗེས་སུ་མཐུན་བའི་ལམ་སྟོན་པར་བྱེད་པས་དོན་དེ་བརྗོད་པའི་ཡི་གེ་གང་ཡིན་པ་དེ་དག་ནི་གནས་ཞེས་བརྗོད་དེ། །དེའི་རྟེན་དུ་གྱུར་པའི་ཕྱིར་རོ། །དེ་ལྟར་ཕིགས་པར་བཀའ་བའ་ཨི ་དོན་གྱིས་དང། རྟན་གྱི་དོན་གྱིས་དོན་དང་ཡི་གེ་དག་རྡོ་རྗེའི་གནས་ཉིད་དུ་རྟོགས་བར་བྱའོ། །དེ་ལ་དོན་ནི་གང། །ཡི་གེ་ནི་གང་ཞེ་ན། །རྟོགས་པའི་དོན་རྣམ་པ་བདུན་ནི་དོན་ཞེས་བརྗོད་དེ། །འདི་ལྟ་སྟེ། སངས་རྒྱས་ཀྱི་དོན་དང། ཆོས་ཀྱི་དོན་དང། དགེ་འདུན་གྱི་དོན ་དང། ཁམས་ཀྱི་དོན་དང། བྱང་ཆུབ་ཀྱི་དོན་དང། ཡོན་ཏན་གྱི་དོན་དང། ཕྲིན་ལས་ཀྱི་དོན་ཏེ། འདི་ནི་དོན་ཞེས་བྱའོ། །ཡི་གེ་གང་དག་གིས་རྟོགས་བའི་དོན་རྣམ་པ་བདུན་པོ་འདི་དག་སྟོན་པར་བྱེད། །གསལ་བར་བྱེད་པ་དེ་ནི་ཡི་གེ་ཞེས་བྱའོ། །རྡོ་རྗེའི་གནས་བསྟན ་པ་དེ་ཡང་རྒྱས་པར་ནི་མདོ་ཇི་ལྟ་བ་བཞིན་དུ་རྟོགས་བར་བྱ་སྟེ། ཀུན་དགའ་བོ་དེ་བཞིན་གཤེགས་པ་ནི་བསྟན་དུ་མེད་པ་སྟེ། དེ་ནི་མིག་གིས་བལྟ་བར་མི་ནུས་སོ། །ཀུན་དགའ་བོ་ཆོས་ནི་བརྗོད་དུ་མེད་པ་སྟེ། །དེ་ནི་རྣ་བས་མཉན་བར་མི་ནུས་སོ། །ཀུན་དགའ་བོ་དགེ་འདུན ་ནི་འདུས་མ་བྱས་པ་སྟེ། དེ་ནི་ལུས་དང་སེམས་ཀྱིས་བསྙེན་བཀུར་བྱ་བར་མི་ནུས་སོ་ཞེས་རྡོ་རྗེའི་གནས་གསུམ་པོ་འདི་ནི་ལྷག་པའི་བསམ་པ་བསྟན་པའི་ལེའུ་ཡི་རྗེས་སུ་འབྲངས་ཏེ་རིག་པར་བྱའོ། །ཤཱ་རིའི་བུ་དོན་འདི་ནི་དེ་བཞིན་གཤེགས་པའི་ཡུལ་ཏེ། །དེ་བཞིན ་གཤེགས་བའི་སྦྱོད་ཡུལ་ལོ། །ཤཱ་རིའི་བུ་དོན་འདི་ནི་རེ་ཞིག་ཉན་ཐོས་དང། །རང་སངས་རྒྱས་ཐམས་ཅད་ཀྱིས་ཀྱང་རང་གིས་ཤེས་རབ་ཀྱིས་ཡང་དག་པར་ཤེས་པའམ། བལྟ་བ་འམ། བརྟག་པར་མི་ནུས་མ་བྱིས་པ་སོ་སོའི་སྐྱེ་བོ་དག་གིས་ལྟ་ཅི་སྨོས་ཏེ། དེ་དེ ་བཞིན་གཤེགས་པ་ལ་དད་པས་རྟོགས་པ་ནི་མ་གཏོགས་སོ། །ཤཱ་རིའི་བུ་དོན་དམ་པ་ནི་དད་པས་རྟོགས་པར་བྱ་བ་ཡིན་ནོ། །ཤཱ་རིའི་བུ་དོན་དམ་པ་ཞེས་བྱ་བ་འདི་ནི་སེམས་ཅན་གྱི་ཁམས་ཀྱི་ཚིག་བླ་དག་སོ། །ཤཱ་རིའི་བུ་སེམས་ཅན་གྱི་ཁམས་ཞེས་བྱ་བ ་འདི་ནི། །དེ་བཞིན་གཤེགས་བའི་སྙིང་པོའི་ཚིག་བླ་དགོས། །ཤཱ་རི་བིུ?་དེ་བཞིན་གཤེགས་པའི་སྣིང་པོ་ཞེས་བྱ་བ་འདི་ནི་ཆོས་ཀྱི་སྐུའི་ཚིག་བླ་དགོས་སོ་ཞེས་རྡོ་རྗེའི་གནས་བཞི་པ་འདི་ནི་འགྲིབ་པ་མེད་པ་དང་འཕེལ་བ་མེད་པ་ཉིད་བསྟན་པའི་རྗེས་སུ་འབྲངས ་ཏེ་རྟོགས་བར་བྱའོ། །བཅོམ་ལྡན་འདས་བླ་ན་མེད་པ་ཡང་དག་པར་རྫོགས་བའི་བྱང་ཆུབ་ཅེས་བྱ་བ་འདི་ནི་མྱ་ངན་ལས་འདས་བའི་དབྱིངས་ཀྱི་ཚིགས་བླ་དགོས་སོ། །བཅོམ་ལྡན་འདས་མྱ་ངན་འདས་བའི་དབྱིངས་ཞེས་བགྱི་བ་འདི་ནི་དེ་བཞིན་གཤེགས ་པའི་སྐུའི་ཚིག་བླ་དག་སོ་ཞེས་རྡོ་རྗེའི་གནས་ལྔ་འདི་ནི། །འཕགས་པ་དཔལ་འཕྲེང་གི་མདོའི་རྗེས་སུ་འབྲངས་ཏེ་རྟོགས་པར་བྱའོ། །ཤཱ་རིའི་བུ་དེ་བཞིན་གཤེགས་པས་བསྟན་པའི་ཆོས་ཀྱི་སྐུ་གང་ཡིན་པ་དེ་ནི་འདི་ལྟ་སྟེ། གང་གའི་ཀླུང་གི ་བྱེ་མ་སྙེད་ལས་འདས་པའི་དེ་བཞིན་གཤེགས་པའི་ཆོས་དག་དང། །རྣམ་པར་དབྱེར་མེད་པའི་ཆོས་དང་ལྡན་པ་མ་བྲལ་བའི་ཡེ་ཤེས་ཀྱི་ཡོན་ཏན་ཅན་ཡིན་ནོ་ཞེས་རྡོ་རྗེའི་གནས་དྲུག་པ་འདི་ནི་འགྲིབ་པ་མེད་ཅིང་འཕེལ་བ་མེད་པ་ཉིད་བསྟན་པའི་རྗེས་སུ ་འབྲངས་ནས་རྟོགས་པར་བྱའོ། །འཇམ་དཔལ་དེ་བཞིན་གཤེགས་པ་ནི་རྟོགས་པར་མི་མཛད། རྣམ་པར་རྟོག་པར་མི་མཛད་མོད་ཀྱི། དེ་ལྟ་ན་ཡང་དེའི་འདི་ལྟ་བུའི་རང་བཞིན་གྱི་མཛད་པ་འདི་ནི་མ་རྟོག་རྣམ་པར་མི་རྟོག་བཞིན་དུ་ལྷུན་གྱིས་གྲུབ་པར་འཇུག ་གོ་ཞེས་རྡོ་རྗེའི་གནས་བདུན་པ་འདི་ནི་དེ་བཞིན་གཤེགས་པའི་ཡོན་ཏན་དང་ཡེ་ཤེས་བསམ་གྱིས་མི་ཁྱབ་པའི་ཡུལ་ལ་འཇུག་པ་བསྟན་པའི་རྗེས་སུ་འབྲངས་ནས་རྟོགས་པར་བྱའོ། །དེ་ལྟར་མདོར་བསྡུས་ནས་རྡོ་རྗེའི་གནས་བདུན་པོ་འདི་ནི་བསྟན་པའི་སྒོ ་བསྡུས་པའི་དོན་གྱིས་ན། །བསྟན་བཅོས་འདི་མཛའ་དག་གི་ལུས་སུ་རིག་པར་བྱའོ། །འདི་དག་རང་མཚན་ཉིད་ཀྱིས་རྗེས་འབྲེལ་བ། །གོ་རིམ་ཇི་བཞིན་གཟུངས་ཀྱི་རྒྱལ་བོའི་མདོར། །གླེང་གཞི་ལས་ནི་རྣམ་གསུམ་རིག་བྱ་སྟེ། །གཞི་ནི་བློ་ལྡན་རྒྱལ་ཆོས ་དབྱེ་བ་ལས། །རྡོ་རྗེའི་གནས་བདུན་པོ་འདི་དག་ལས་རང་གིས་མཚན་ཉིད་བསྟན་པ་དང། རྗེས་སུ་འབྲེལ་པ་ནི་གོ་རིམ་ཇི་ལྟ་བར་འཕགས་པ་གཟུངས་ཀྱི་དབང་ཕྱུག་རྒྱལ་བོའི་མདོར་གླེང་བཞིའི་ལེའུ་ལས་གནས་གསུམ་རིག་པར་བྱ་ལ། དེའི ་འོག་ཏུ་ལྷག་མ་གཞི་ནི་བྱང་ཆུབ་སེམས་དཔའ་དང་དེ་བཞིན་གཤེགས་པའི་ཆོས་ཀྱི་དབྱེ་བ་ལས་སོ། །དེ་ལས་ཇི་སྐད་དུ། བཅོམ་ལྡན་འདས་ཆོས་ཐམས་ཅད་མཉམ་པ་ཉིད་དུ། མངོན་པར་རྫོགས་པར་སངས་རྒྱས་པ། ཆོས་ཀྱི་འཁོར་ལོ་ལེགས ་པར་བསྐོར་བ་།སློབ་མའི་ཚོགས་དུལ་བ་མཛའ་ཡས་བ་མངའ་བ་ཞེས་གསུངས་ཏེ། རྩ་བའི་ཚིག་འདི་གསུམ་གྱིས་ནི་གོ་རིམ་ཇི་ལྟ་བ་བཞིན་དུ་དཀོན་མཆོག་གསུམ་ལ་རིམ་གྱིས་སྐྱེ་བ་འགྲུབ་པ་རྣམ་པར་བཞག་པར་རིག་པར་བྱ་ལ། ལྷག་མ་གནས་བཞི་ནི་དཀོན ་མཆོག་གསུམ་འབྱུང་བ་དང་རྗེས་སུ་མཐུན་པའི་རྒྱུ་འགྲུབ་པ་བསྟན་པར་རིག་པར་བྱའོ། །དེ་ལ་གང་གི་ཕྱིར་བྱང་ཆུབ་སེམས་དཔའ་ཨི་ས་བརྒྱད་པ་ལ་གནས་པ་ན་ཆོས་ཐམས་ཅད་ལ་དབང་ཐོབ་པར་འགྱུར་བ་དེའི་ཕྱིར་བྱང་ཆུབ་ཀྱིས་སྙིང་པོ་མཆོག་ཏུ་གཤེགས ་པ་དེ་ཆོས་ཐམས་ཅད་མཉམ་པ་ཉིད་དུ་མངོན་བར་རྫོགས་པར་སངས་རྒྱས་པ་ཞེས་བྱའོ། །གང་གི་ཕྱིར་བྱང་ཆུབ་སེམས་དཔའ་ཨི་ས་དགུ་བ་ལ་གནས་པ་ནི། བླ་ན་མེད་པའི་ཆོས་སྨྲ་བ་ཉིད་དང་ལྡན་པ། སེམས་ཅན་ཐམས་ཅད་ཀྱི་བསམ་པའི་ཚུལ་ལེགས ་པར་ཤེས་པ་དང། དབང་པོ་མཆོག་གི་ཕ་རོལ་ཏུ་ཕྱིན་པ་དང། སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པའི་བའི་བག་ཆགས་ཀྱི་མཚམས་སྦྱོར་བ་འཇོམས་པ་ལ་མཁས་པ་འགྱུར་བ། དེའི་ཕྱིར་མངོན་པར་རྫོགས་པར་སངས་རྒྱས་པ་དེ་ཆོས་ཀྱི་འཁོར་ལོ་ལེགས ་པད་བསྐོར་བ་ཞེས་བྱའོ། །གང་གི་ཕྱིར་ས་བཅུ་པ་ལ་དེ་བཞིན་གཤེགས་པའི་བླ་ན་མེད་པའི་ཆོས་ཀྱི་རྒྱལ་ཚབ་ཏུ་དབང་བསྐུར་བ་ཐོབ་མ་ཐག་ཏུ་སངས་རྒྱས་ཀྱི་མཛད་པ་ལྷུན་གྱིས་གྲུབ་ཅིང་རྒྱུན་མི་འཆད་པར་འགྱུར་བ་དེའི་ཕྱིར་ཆོས་ཀྱི་འཁོར་ལོ་ལེགས་པར་བསྐོར ་བ་དེ་སློབ་མའི་ཚོགས་ཤིན་ཏུ་དུལ་བ་མཛའ་ཡས་བ་མངའ་བ་ཞེས་བྱའོ། །སློབ་མའི་ཚོགས་ཤིན་ཏུ་དུལ་བ་མཛའ་ཡས་པ་མངའ་བ་དེ་ཡང་དེ་མ་ཐག་ཏུ་དགེ་སློང་གི་དགེ་འདུན་ཆེན་པོ་དང་ཐབས་ཅིག་སྟེ་ཞེས་བྱ་བ་ནས། བྱང་ཆུབ་སེམས་དཔའ་ཨི་ཚོགས་གཞན ་དུ་མེད་པ་དང་ཐབས་ཅིག་གོ་ཞེས་བྱ་བའི་བར་གྱིས་གཞུང་འདིས་སྟོན་ཏེ། དེ་ལྟ་བུའི་ཡོན་ཏན་དང་ལྡན་པ་དག་དང་ཞེས་བྱ་བ་ནི། གོ་རིམ་ཇི་ལྟ་བར་ཉན་ཐོས་ཀྱི་བྱང་ཆུབ་དང། སངས་རྒྱས་ཀྱི་བྱང་ཆུབ་ལ་ཤིན་ཏུ་དུལ་བའི་ཕྱིར་ན། དེ་ལྟ་བུའི་ཡོན་ཏན་དང ་ལྡན་པ་དག་དང་ངོ། །དེ་ནས་ཉན་ཐོས་དང་བྱང་ཆུབ་སེམས་དཔའ་ཨི་ཡོན་ཏན་བསྔགས་པ་བསྟན་པའི་རྗེས་ཐོགས་ལ། བསམ་གྱིས་མི་ཁྱབ་བའི་སངས་རྒྱས་ཀྱི་ཏིང་ངེ་འཛིན་ཁྱུ་མཆོག་ལ་བརྟེན་ནས་རིན་པོ་ཆེ་བཀོད་པའི་འཁོར་གྱི། ཁྱམS ་རྒྱ་ཆེན་པོ་གྲུབ་པ་དང། དེ་བཞིན་གཤེགས་པའི་འཁོར་འདུས་པ་དང། ལྷ་རྫས་ཀྱི་མཆོད་པ་སྣ་ཚོགས་བསྒྲུབས་པ་དང། སྟོང་པའི་སྦྱིན་གྱི་ཆར་བབ་པས་སངས་རྒྱས་དཀོན་མཆོག་གི་ཡོན་ཏན་རྣམ་པར་དབྱེ་བ་རྣམ་པར་བཞག་པར་རིག་པར་བྱའོ།། ་དེའི་རྗེས་ལ་ཆོས་ཀྱི་གདན་གྱི་བཀོད་པ་རྒྱ་ཆེན་པོ་དང་འོད་དང། ཆོས་ཀྱི་རྣམ་གྲངས་ཀྱི་མིང་དང། ཡོན་ཏན་བསྒྲགས་པས་ཆོས་དཀོན་མཆོག་གི་ཡོན་ཏན་རྣམ་པར་དབྱེ་བ་རྣམ་པར་བཞག་པར་རིག་པར་བྱའོ། །དེའི་རྗེས་ལ་ཕན་ཚུན་བྱང་ཆུབ་སེམས་དཔའ་ཨི ་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་གྱི་མཐུ་བསྟན་པ་དང། དེའི་ཡོན་ཏན་གྱི་བསྔགས་པ་སྣ་ཚོགས་བསྟན་པས་དགེ་འདུན་དཀོན་མཆོག་གི་ཡོན་ཏན་གྱི་རྣམ་པར་དབྱེ་བ་བསྟན་པར་རིག་པར་བྱའོ། །དེའི་རྗེའི་ལ་ཡང་སངས་རྒྱས་ཀྱི་འོད་ཟེར་གྱིས་དབང་བསྐུར་བས་བླ ་ན་མེད་པའི་ཆོས་ཀྱི་རྒྱལ་པོའི་སྲས་ཀྱི་ཐུ་བོ་ལ་མི་འཇིགས་པ་དང། སྦོབས་པ་མཆོག་ཉེ་བར་བསྒྲུབ་པ་ལ་བརྟེན་ནས་དེ་བཞིན་གཤེགས་པའི་ཡང་དག་པའི་ཡོན་ཏན་དོན་དམ་བའི་བསྟོད་པ་བསྟན་པ་དང། ཐེག་པ་ཆེན་པོའི་ཆོས་མཆོག་གི་གཏམ ་གྱི་དངོས་པོ་ཉེ་བར་བཀོད་པ་དང། དེ་རྟོགས་པར་བྱེད་བའི་འབྲས་བུ་ཆོས་ཀྱི་དབང་ཕྱུག་དམ་པ་ཐོབ་པར་བསྟན་པས་གོ་རིམ་ཇི་ལྟ་བར་དཀོན་མཆོག་གསུམ་པོ་དེ་རྣམས་ཉིད་ཀྱི་བླ་ན་མེད་པའི་ཡོན་ཏན་གྱི་རྣམ་པར་དབྱེ་བ་རྣཾ་པར་བཞག་པ་གླེང་བཞིའི་ལེའུའི ་མཛའ་ཉིད་དུ་ལྟ་བར་བྱའོ། །དེ་ནས་མདོའི་གླེང་བཞིའི་ལེའུ་རྗེས་ཐོགས་སུ་དེ་ཡོངས་སུ་དག་པའི་ཡོན་ཏན་གྱིས་ཡོངས་སུ་སྦྱོང་བ་རྣམ་པ་དྲུག་ཅུ་བསྟན་པས། སངས་རྒྱས་ཀྱི་ཁམས་གསལ་བར་མཛད་དེ་ཡོངས་སུ་དག་པར་བྱ་བའི་དོན་ཡོན་ཏན་དང་ལྡན་ན་དེ་ཡོངས་སུ་དག ་པའི་ཡོངས་སུ་སྦྱོང་བ་འཐད་པའི་ཕྱིར་རོ། །དོན་གྱི་དབང་འདི་ཉེ་བར་གཟུང་ནས་བྱང་ཆུབ་སེམས་དཔའ་ཨི་ས་བཅུ་བོ་དག་ལ་ཡང་ས་ལེ་སྦྲམ་གྱི་ཡོངས་སུ་སྦྱོང་བ་དཔེར་བརྗོད་པ་དང། མདོ་དེ་ཉིད་དུ་དེ་བཞིན་གཤེགས་པའི་ཕྲིན་ལས་བསྟན་བའི་རྗེས་ཐོགས་ཉིད་དུ་མ་དག་པའི་ནོར་བུ ་བཻ་ཌཱུརྱ་དཔེར་མཛད་དེ། རིགས་ཀྱི་བུ་དཔེར་ན་འདི་ལྟ་སྟེ། ནོར་བུ་མཁན་མཁས་པ་ནོར་བུ་སྦྱོང་བའི་ཚུལ་ལེགས་པར་ཤེས་པ་དེ་ནོར་བུ་རིན་པོ་ཆེའི་རིགས་ནས་ཡོངས་སུ་དག་པའི་ནོར་བུ་རིན་པོ་ཆེ་བླངས་ཏེ། ལན་ཚྭའི་ཆུ་རྣོན་པོ་སྤངས་ནས་སྐྲའི་རེ་བའི་ཡོངས་སུ ་སྦྱོང་བས་སྦྱོང་བར་བྱེད་དོ། །དེ་ཙམ་གྱིས་བརྩོན་པ་འདོར་བ་འང་མ་ཡིན་ཏེ། དེའི་འོག་ཏུ་ཟས་ཀྱི་ཁུ་བ་རྣོན་པོས་སྤངས་ནས་བལ་གྱི་ལ་བའི་ཡོངས་སུ་སྦྱོང་བས་སྦྱོང་བར་བྱེད་དོ། །དེ་ཙམ་གྱིས་བརྩོན་པ་འདོར་བ་འང་མ་ཡིན་ཏེ། དེའི་འོག་ཏུ་སྨན་ཆེན་པོའི་ཁུ་བས ་སྤངས་ནས་རས་སྲབ་མོའི་ཡོངས་སུ་སྦྱོང་བས་སྦྱོང་བར་བྱེད་དོ། །ཡོངས་སུ་བྱང་སྟེ་དྲི་མ་དང་བྲལ་བ་ནི་བཻ་ཌཱུརྱའི་རིགས་ཆེན་པོ་ཞེས་བརྗོད་དོ། །རིགས་ཀྱི་བུ་དེ་བཞིན་དུ་དེ་བཞིན་གཤེགས་པ་ཡང་ཡོངས་སུ་མ་དག་པའི་སེམས་ཅན་གྱི་ཁམས་མཁྱེན་ནས། མི་རྟག ་བ་དང། སྡུག་བསྔལ་བ་དང། བདག་མེད་པ་དང། མི་གཙང་བའི་ཡིད་འབྱུང་བའི་གཏམ་གྱིས་འཁོར་བ་ལ་དགའ་སེམས་ཅན་སྐྱོ་བ་སྐྱེད་པར་མཛད་དེ། །འཕགས་པའི་ཆོས་འདུལ་བ་ལ་འཛུད་པར་མཛད་དོ། །དེ་ཙམ་གྱིས་དེ་བཞིན་གཤེགས་པ ་བརྩོན་ག་འདོར་བ་ཡང་མ་ཡིན་ཏེ། དེའི་འོག་ཏུ་སྟོང་པ་ཉིད་དང། མཚན་མ་མེད་པ་དང། སྨོན་པ་མེད་པའི་གཏམ་གྱིས་དེ་བཞིན་གཤེགས་པའི་ཚུལ་རྟོགས་པར་མཛད་དོ། །དེ་ཙམ་གྱིས་དེ་བཞིན་གཤེགས་པ་བརྩོན་པ་འདོར་བ་ཡང་མ་ཡིན་ཏེ། དེའི་འོག་ཏུ ་ཕྱིར་མི་ལྡོག་པའི་ཆོས་ཀྱི་འཁོར་ལོའི་གཏམ་དང་འཁོར་གསུམ་ཡོངས་སུ་དག་བའི་གཏམ་གྱིས་རང་བཞིན་སྣ་ཚོགས་པའི་སེམས་ཅན་དེ་དག་དེ་བཞིན་གཤེགས་པའི་ཡུལ་ལ་འཇུག་པར་མཛད་དོ། །ཞུགས་པར་གྱུར་ཞིང་དེ་བཞིན་གཤེགས་པའི་ཆོས་ཉིད ་རྟོགས་པར་གྱུར་ན་ནི། བླ་ན་མེད་པའི་ཡོན་གནས་ཞེས་བརྗོད་དོ། །ཡོངས་སུ་དག་པའི་རིགས་དེ་བཞིན་གཤེགས་པའི་ཁམས་འདི་ཉིད་ལ་དགོངས་ནས། ཇི་ལྟར་རྔོ་ཡི་ཕྱི་མ་ལ་ས་ལེ་སྦྲམ་ནི་མཐོང་ཞིང། ཡོངས་སུ་སྦྱངས་བས་དེ་མཐོང་བཞིན ་འཇིག་རྟེན་ལ་ནི་དེ་བཞིན་གཤེགས་ཞེས་གསུངས་པའོ། །དེ་ལ་སངས་རྒྱས་ཀྱི་ཁམས་ཡོངས་སུ་དག་པའི་ཡོན་ཏན་ཡོངས་སུ་སྦྱོང་བ་རྣམས་པ་དྲུག་ཅུ་པོ་དེ་དག་གང་ཞེ་ན། འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་ཨི་རྒྱན་རྣམ་པ་བཞི་དང། བྱང་ཆུབ་སེམས ་དཔེའི་སྣང་བ་རྣམ་པ་བརྒྱད་དང། བྱང་ཆུབ་སེམས་དཔའ་ཨི་སྙིང་རྗེ་ཆེན་པོ་རྣམ་པ་བཅུ་དྲུག་དང། བྱང་ཆུབ་སེམས་དཔའ་ཨི་ལས་རྣམ་པ་སུམ་ཅུ་རྩ་གཉིས་སོ། །དེ་བསྟན་པའི་རྗེས་ཐོགས་སུ་བྱང་ཆུབ་ཆེན་པོའི་སྙིང་རྗེའི་རྣམ་པ་བཅུ་དྲུག་བསྟན་པས་སངས་རྒྱས་ཀྱི ་བྱང་ཆུབ་གསལ་བར་མཛད་དོ། །དེ་བསྟན་པའི་རྗེས་ཐོགས་སུ། སྟོབས་བཅུ་དང། མི་འཇིགས་པ་བཞི་དང། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་བསྟན་པས་སངས་རྒྱས་ཀྱི་ཡོན་ཏན་གསལ་བར་མཛད་དོ། །དེ་བསྟན་བའི་རྗེས་ཐོགས་ལ། །དེ་བཞིན ་གཤེགས་པའི་ཕྲིན་ལས་བླ་ན་མེད་པ་བསྟན་པས་སངས་རྒྱས་ཀྱི་ཕྲིན་ལས་རྣམ་པ་སུམ་ཅུ་རྩ་གཉིས་གསལ་བར་མཛད་དོ། །དེ་ལྟར་རྡོ་རྗེའི་གནས་བདུན་པོ་འདི་དག་རང་གི་མཚན་ཉིད་བསྟན་པའི་སྒོ་ནས་རྒྱས་པར་ནི་མདོ་ཇི་ལྟ་བ་བཞིན་དུ་རྟོགས་པར་བྱའོ། ་འདི་དག་གི་འབྲེལ་པ་གང་ཞེ་ན། སངས་རྒྱས་ལས་ཆོས་ཆོས་ལས་འཕགས་པའི་ཚོགས། ཚོགས་ལས་སྙིང་པོ་ཡེ་ཤེས་ཁམས་ཐོབ་འཐར། ཡེ་ཤེS་དེ་ཐོབ་བྱང་ཆུབ་མཆོག་ཐོབ་སོགས། སེམས་ཅན་ཀུན་དོན་བྱེད་ཆོས་རྣམ་པར་ལྡན།། བསྟན ་བཅོས་ཀྱི་འབྲེལ་པ་བཤད་ཟིན་ཏོ། །ང་ནི་ཚིགས་སུ་བཅད་པ་རྣམས་ཀྱི་དོན་བརྗོད་བར་བྱ་སྟེ། སེམས་ཅན་གང་དག་དེ་བཞིན་གཤེགས་པས་བརྟུལ་བ་དེ་དག་དེ་བཞིན་གཤེགས་པ་ལ་སྐྱབས་སུ་འགྲོའོ། །ཆོས་ཉིད་ཀྱི་རྒྱུ་མཐུན་པའི་དང་བས་ཆོས་དང་དགེ ་འདུན་ལ་ཡང་སྐྱབས་སུ་འགྲོའོ། །དེས་ན་དེ་དང་བོ་ཉིད་ཡིན་པས་ན་སངས་རྒྱས་དཀོན་མཆོག་གི་དབང་དུ་བྱས་ཏེ། ཚིགས་སུ་བཅད་པ། གང་ཞིག་ཐོག་མ་དབུས་མཛའ་མེད་ཅེས་སངས་རྒྱས་ཉིད་དང་རྣམ་སངས་རྒྱས། །སངས་རྒྱས་ནས་ནི་མ་རྟོགས་རྟོགས་ཕྱིར ་འཇིགས་མེད་རྟག་པའི་ལམ་སྟོན་པ། །མཁྱེན་བརྩེའི་རལ་གྲི་རྡོ་མཆོག་བསྣཾས་སྡུག་བསྔལ་མྱུ་གུ་གཅོད་མཛད་ཅིང། །སྣ་ཚོགས་ལྟ་ཐིབས་ཀྱིས་བསྐོར་ཐེ་ཚོམ་རྩིགས་པ་འཇིགས་ཛ་དེ་ད་ལ་འདུད། །འདིས་ཅི་བསྟན་ཅེ་ན། འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ། ། ་གཞན་གྱིས་རྐྱེན་གྱིས་རྟོགས་མིན་པ། །མཁྱེན་དང་རྩེ་དང་ནུས་པར་ལྡན། །དོན་གཉིས་ལྡན་པའི་སངས་རྒྱས་ཉིད། །འདིས་ནི་མདོར་བསྡུ་ན། །ཡོན་ཏན་བརྒྱད་དང་ལྡན་པའི་སངས་རྒྱས་ཉིད་བརྗོད་དོ། །ཡོན་ཏན་བརྒྱད་གང་ཞེ་ན། འདུས་མ་བྱས་པ་ཉིད་དང ་ལྷུན་གྱིས་གྲུབ་བ་དང། གཞན་གྱིས་རྐྱེན་གྱིས་མངོན་པར་རྟོགས་པ་མ་ཡིན་པ་དང། ཡེ་ཤེས་དང། ཐུགས་རྗེ་དང། ནུས་བ་དང། རང་གིས་དོན་ཕུན་སུམ་ཚོགས་པ་དང། གཞན་གྱིས་དོན་ཕུན་སུམ་ཚོགS་པའོ། །ཐོག་མ་དབུས་མཛའ་མེད་པ་ཡི། །རང ་བཞིན་ཡིན་ཕྱིར་འདུས་མ་བྱས། །ཞི་བ་ཆོས་ཀྱི་སྐུ་ཅན་ཕྱིར། །ལྷུན་གྱིས་གྲུབ་ཅེས་བྱ་བ་བརྗོད། །སོ་སོ་རང་གིས་རྟོགས་བྱའི་ཕྱིར། །གཞན་གྱི་རྐྱེན་གྱིས་རྟོགས་མིན་པ། །དེ་ལྟར་རྣཾ་གསུམ་རྟོགས་ཕྱིར་མཁྱེན། །ལམ་སྟོན་ཕྱིར་ན་ཐུགས་བརྩེ་བ། །ནུས་པ ་ཡེ་ཤེས་ཐུགས་རྗེ་ཡི། །སྡུག་བསྔལ་ཉོན་མོངས་སྤོང་ཕྱིར་རོ། །དང་པོ་གསུམ་གྱི་རང་དོམ་ཏེ། །ཕྱི་མ་གསུམ་གྱིས་གཞན་དོན་ཡིན། །འདུས་མ་བྱས་ནི་འདུས་བྱས་ལས་བཟློག་པར་ཤེས་པར་བྱའོ། །དེ་ལ་འདུས་བྱས་ནི་གང་ལ་སྐྱེ་བ་ཡང་རབ་ཏུ་ཤེས་ཤིང ་གནས་པ་དང་འཇིག་པ་ཡང་རབ་ཏུ་ཤེས་པ་ནི་འདུས་བྱས་ཞེས་བརྗོད་ལ། །དེ་མེད་པའི་ཕྱིར་སངས་རྒྱས་ནི་ཐོག་མ་དང། དབུས་དང་ཐ་མ་མེད་པ་འདུས་མ་བྱས་པ། ཆོས་གྱི་སྐུས་རབ་ཏུ་ཕྱེ་བར་བལྟ་བར་བྱའོ། །སྤྲོས་པ་དང་རྣམ་པར་རྟོག་པ་ཐམས་ཅད་ཉེ་བར ་ཞི་བའི་ཕྱིར་ལྷུན་གྱིས་གྲུབ་པའོ། །རང་བྱུང་གི་ཡེ་ཤེས་ཀྱིས་རྟོགས་པར་བྱ་བའི་ཕྱིར། །གཞན་གྱིས་རྐྱེན་གྱིས་རྟོགས་པར་བྱ་བ་མ་ཡིན་པའོ། །ོ་ཏ་ཡ་ནི་འདིར་མངོན་པར་རྟོགས་པ་ལ་འདོད་ཀྱི་སྐྱེ་བ་ནི་མ་ཡིན་ནོ། །དེ་ལྟར་དེར ་བཞིན་གཤེགས་པ་དེ་ཉིད་ཀྱི་ཕྱིར་འདུས་མ་བྱས་ཤིང་འཇུག་པ་མེད་པའི་མཚན་ཉིད་ལས་ཀྱང་ལྷུན་གྱིས་གྲུབ་པར་སངས་རྒྱས་ཀྱི་མཛད་པ་ཐམས་ཅད་འཁོར་བ་ཇི་སྲིད་ཀྱི་མཐར་ཐུག་པར་ཐོགས་པ་མེད་ཅིང་རྒྱུན་མི་འཆད་པར་རབ་ཏུ་འཇུག་གོ། ་དེ་ལྟར་ཤིན་ཏུ་རྨད་དུ་བྱུང་ཞིང་བསམ་དུ་མེད་པའི་ཡུལ་སངས་རྒྱས་ཉིད་དེ་གཞན་ལས་མཐོང་བར་རང་ཉིད་དེ་སློབ་དཔོན་མེད་པར་རང་བྱུང་གི་ཡེ་ཤེས་ཀྱིས་བརྗོད་དུ་མེད་པའི་རང་བཞིན་དུ་མངོན་པར་རྫོགས་པར་སངས་རྒྱས་ཏེ། དེ་རྗེས་སུ་རྟོགས ་པ་ལ་རྟོགས་པ་དང་མི་ལྡན་པ་དམུས་ཡོང་དུ་གྱུར་པ་གཞན་དག་ཀྱང་རྟོགས་པར་བྱ་བའི་ཕྱིར། དེ་རྗེས་སུ་རྟོགས་པའི་ལམ་སྟོན་པར་མཛད་པའི་ཕྱིར་བླ་ན་མེད་པའི་ཡེ་ཤེས་དང་ཐུགས་རྗེ་དང་ལྡན་པ་ཉིད་དུ་རིག་པར་བྱའོ། །འཇིགས་པ་མེད་པའི་ལམ ་ནི་འཇིག་རྟེན་ལས་འདས་པའི་ཕྱིར་ལ། འཇིག་རྟེན་ལས་འདས་པ་ཡང་ཕྱིར་མི་ལྡོག་པའི་ཕྱིར་རོ། །རལ་གྲི་དང་རྡོ་རྗེའི་དཔེས་ནི་གོ་རིམ་ཇི་ལྟ་བར་དེ་བཞིན་གཤེགས་པའི་ཡེ་ཤེས་དང་ཐུགས་རྗེ་འདི་ཉིད་གཞན་གྱི་སྡུག་བསྔལ་དང་ཉོན་མོངས ་པའི་རྩ་བ་འཇོམས་པར་ནུས་བར་བསྟན་ཏོ། །དེ་ལ་སྡུག་བསྔལ་གྱི་རྩ་བ་ནི་མདོར་ན་གང་ཅི་ཡང་རུང་སྲིད་པ་རྣམས་སུ་མིང་དང་གཟུགས་མངོན་པར་གྲུབ་པའོ། །ཉོན་མོངས་པའི་རྩ་བ་ནི་གང་ཅི་ཡང་རུང་བ་འཇིག་ཚོགས་ལ་མངོན་པར་ཞེན་པ་སྔོན་དུ ་འགྲོ་བ་ཅན་གྱིས་ལྟ་བ་དང་ཐེ་ཙོམ་མོ། །དེ་ལ་མིང་དང་གཟུགས་ཀྱི་བསྡུས་པའི་སྡུག་བསྔལ་ནི་མངོན་པར་གྲུབ་པའི་མཚན་ཉིད་ཀྱིས་ནི་མྱུ་གུ་ལྟ་བུར་ཤེས་པར་བྱ་ལ། དེ་གཅོད་པར་བྱེད་པའི་ཕྱིར། དེ་བཞིན་གཤེགས་པའི་ཡེ་ཤེས་དང། མཐུ་རྗེ ་གཉིས་ཀྱི་ནུས་པ་རལ་གྲིའི་དཔེས་བསྟན་ཏོ། །ལྟ་བ་དང་ཐེ་ཚོམ་གྱིས་བསྡུས་པ་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་ནི་འཇིག་རྟེན་པའི་རྟོགས་པས་ཤེས་པད་བཀའ་བ་དང། ཕིགས་པར་དཀའ་བའི་ཕྱིར་ན། ནགས་ཐིགས་པོས་བསྐོར་བའི་རྩིག་པ་དང་འདྲ་བ་དེ་འཇིག ་བར་བྱེད་པའི་ཕྱིར། དེ་བཞིན་གཤེགས་པའི་ཡེ་ཤེས་དང། མཐུ་རྗེ་དག་རྡོ་རྗེའི་དཔེ་དང་མཐུན་པར་རིག་པར་བྱའོ། །དེ་ལྟར་ན་ཇི་སྐད་བསྟན་པའི་དེ་བཞིན་གཤེགས་པའི་ཡོན་ཏན་དྲུག་པོ་འདི་རྣམས་གོ་རིམ་འདི་ཉིད་ཀྱིས་རྒྱས་པར་རྣམ་པར་དབྱེ་བ་བསྟན་པ་ནི། སངས ་རྒྱས་ཐམས་ཅད་ཀྱི་ཡུལ་ལ་འཇུག་པ་ཡེ་ཤེས་སྣང་བ་རྒྱན་གྱི་མདོའི་རྗེས་སུ་འབྲངས་ནས་རྟོགས་པར་བྱའོ། །དེ་ལས་ཇི་སྐད་དུ། འཇམ་དཔལ་སྐྱེ་བ་མེད་ཅིང་འགག་པ་མེད་པ་ཞེས་བྱ་བ་འདི་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་རྫོགས་པའི་སངས་རྒྱས ་ཀྱི་ཚིག་བླ་དགས་ཏེ། ཞེས་གསུངས་པ་སྟེ། འདིས་ནི་རེ་ཞིག་དེ་བཞིན་གཤེགས་པའི་འདུས་མ་བྱས་པའི་མཚན་ཉིད་དོ་ཞེས་བསྟན་ཏོ། །གང་ཡང་དེའི་རྗེས་ཐོགས་ཉིད་ལ་བཻ་ཌཱུརྱའི་ས་གཞི་དྲི་མ་མེད་པའི་བརྒྱ་བྱིན་གྱི་གཟུགས་བརྙན་གྱི་དཔེ་ཐོགས་མར་བྱས ་ཏེ། ཇི་སྲིད་དུ་དཔེ་དགུས་དོན་འདི་ཉིད་ཀྱི་དབང་དུ་བྱས་ནས་གསུངས་པ། འཇམ་དཔལ་དེ་བཞིན་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱང་གཡོ་བར་མི་མཛད་སེམས་པར་མི་མཛད། སྤྲོ་པར་མི་མཛད་རྟོག ་པར་མི་མཛད། རྣམ་པར་རྟོག་བར་མི་མཛད་ཅིང། རྟོག་པ་མེད་པ། རྣམ་པར་རྟོག་པ་མེད་པ། །སེམས་པ་མེད་པ། ཡིད་བྱེད་པ་མེད་པ། བསིལ་བར་གྱུར་པ། སྐྱེ་བ་མེད་པ་འགག་པ་མེད་པ། བལྟར་མེད་པ། མཉན་དུ་མེད་པ། བསྣམ་དུ་མེད་པ། མྱང ་དུ་མེད་པ། རེག་ཏུ་མེད་པ། མཚན་མ་མེད་པ། རྣམ་པར་རིག་པ་མེད་པ། རྣམ་པར་རིག་པར་བྱ་བ་མ་ཡིན་པ་ཞེས་གསུངས་ཏེ། དེ་ལ་སོགས་པ་ནི་ཉེ་བཞི་པའི་ཚིག་གི་རབ་ཏུ་དབྱེ་བ་བསྟན་པའོ། །འདིས་ནི་རང་གི་མཛད་པ་དག་ལས་རྣམ་པར་རྟོག་བ་དང། ་སྤྲོས་པ་ཐམས་ཅད་ཞི་བའི་ཕྱིར། དེ་བཞིན་གཤེགས་པ་ལྷུན་གྱི་གྲུབ་པ་ཉིད་བསྟན་ཏོ། །དེའི་འོག་ཏུ་གཞུང་ལྷག་མ་ལས་དཔེ་བསྟན་པས་ནི་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་མངོན་པར་རྫོགས་པར་བྱང་ཆུབ་པའི་སློབ་? ་གཞན་གྱི་རྐྱེན་གྱིས་མངོན་པར་རྟོགས་པ་མ་ཡིན་པ་ཉིད་བསྟན་ཏོ། །གང་ཡང་དེ་བཞིན་གཤེགས་པའི་བྱང་ཆུབ་རྣམ་པ་བཅུ་དྲུག་བསྟན་ནས། མཐར་འདིར། ན་དུ། འཇམ་དཔལ་དེ་ལ་ཆོས་ཐམས་ཅད་དེ་ལྟ་བུའི་རང་བཞིན་དུ་ཆོས་ཐམས་ཅད་མངོན ་པར་རྫོགས་པར་བྱང་ཆུབ་སྟེ། སེམས་ཅན་རྣམས་ལ་ཡང་མ་དག་པ། །དྲི་མ་དང་བྲལ་བ། སྐྱོན་དང་བཅས་པའི་ཆོས་ཀྱི་དབྱིངས་གཟིགས་ནས་སེམས་ཅན་རྣམས་ལ་རྣམ་པར་བརྩེ་བ་ཞེས་བྱ་བའི་དེ་བཞིན་གཤེགས་པའི་མཐུ་རྗེ་ཆེན་པོ་རབ་ཏུ་འཇུབ ་གོ་ཞེས་གསུངས་ཏེ། འདིས་ནི་དེ་བཞིན་གཤེགས་པའི་ཡེ་ཤེས་དང་ཐུགས་རྗེ་དང་ལྡན་པ་ཉིད་བརྗོད་དོ། །དེ་ལ་ཆོས་ཐམས་ཅད་དེ་ལྟ་བུའི་རང་བཞིན་དུ་ཞེས་བྱ་བ་ནི་གོ་རིམ་ཇི་ལྟ་པ་བཞིན་དུ་བསྟན་པ་དངོས་པོ་མེད་པའི་ངོ་བོ་ཉིད་དུའོ། །མངོན་པར་རྫོགས ་པར་བྱང་ཆུབ་སྟེ། ཞེས་བྱ་བ་ནི་ཡང་དག་པ་ཇི་ལྟ་བ་བཞིན་དུ་རྣམ་པར་རྟོག་པའི་སངས་རྒྱས་ཀྱི་ཡེ་ཤེས་ཀྱིས་མཁྱེན་སོ། །སེམས་ཅན་རྣམས་ལ་ཞེས་བྱ་བ་ནི་ངེས་པ་དང། མ་ངེས་པ་དང། ལོག་པ་ཉིད་དུ་ངེས་པའི་ཕུང་པོར་གནས་པ་རྣམས ་ལའོ། །ཆོས་ཀྱི་དབྱིངས་ཤེས་བྱ་བ་ནི། རང་གི་ཆོས་ཉིད་ཀྱི་རང་བཞིན་དང་ཁྱད་པར་མེད་པ་དེ་བཞིན་གཤེགས་པའི་སྙིང་པོའོ། །གཟིགས་ནས་ཞེས་བྱ་བ་ནི་རྣམ་པ་ཐམས་ཅད་སངས་རྒྱས་ཀྱི་སྤྱན་སྒྲིབ་པ་མེད་པ་གཟིགས་ནས་སུ། བྱིས་པས་སོ ་སོའི་སྐྱེ་བོ་རྣམས་ཀྱི་ནི་ཉོན་མོངས་པའི་སྒྲིབ་པས་མ་དག་པའོ། །ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱིས་ནི་ཤེས་བྱའི་སྒྲིབ་པས་དྲི་མ་དང་མ་བྲལ་བའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་ནི་དེ་གཉི་ག་གང་ཡང་རུང་བའི་ལྷག་མས ་སྐྱོན་དང་བཅས་པའོ། །རྣམ་པར་བརྩེ་བ་ནི་གདུལ་བྱའི་ཐབས་ཀྱི་སྒོ་སྣ་ཚོགས་པ་གྲུབ་པ་ལ་བཞུགས་པའི་ཕྱིར་རོ། །སེམས་ཅན་རྣམས་ལ་རབ་ཏུ་འཇུག་པ་ནི། མཉམ་པ་ཉིད་དུ་སེམས་ཅན་གྱི་རྒྱུ་མཚན་དུ་མངོན་པར་རྫོགས་པར་བྱང་ཆུབ་པས་ན་རང་གི་ཚེས ་ཉིད་རྟོགས་པ་ཐོབ་པར་དགོངས་པའི་ཕྱིར་རོ། །དེའི་འོག་ཏུ་བླ་ན་མེད་པཱི་ཡེ་ཤེས་དང་མཐུ་རྗེ་རབ་ཏུ་ཞུགས་པ་ལས་མཚུངས་པ་མེད་པའི་ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བ་ལ་འཇུག་པ་མངོན་པར་སྒྲུབ་པའི་སྦྱོར་བརྒྱུན་མི་འཆད་པ་གང་ཡིན་པ་འདི་ནི་དེ ་ཉིད་ཀྱིས་གཞན་གྱི་དོན་བྱེད་པར་ནུས་པར་རིག་པར་བྱའོ། །དེ་ལ་དེ་བཞིན་གཤེགས་པའི་ཡོན་ཏན་དྲུག་པོ་དེ་དག་ཉིད་ལས་གོ་རིམ་ཇི་ལྟ་བར་འདུས་མ་བྱས་པ་ལ་སོགས་པ་དང་པོ་གསུམ་དང་ལྡན་པ་ནི་རང་གི་དོན་ཕུན་སུམ་ཚོགས་པ་ཡིན་ལ། ཡེ ་ཤེས་ལ་སོགས་པ་ལྷག་མ་གསུམ་དང་ལྡན་པ་ནི་གཞན་གྱི་དོན་ཕུན་སུམ་ཚོགས་པའོ། །ཡང་ན་ཡེ་ཤེས་ཀྱིས་ནི་མཆོག་ཏུ་རྟག་པ་དང། ཉེ་བར་ཞི་བའི་གནས་རང་ཉིད་མངོན་པར་བྱང་ཆུབ་པ་ལ་གནས་པའི་ཡོན་ཏན་གྱིས་ན་རང་གི་དོན་ཕུན་སུམ་ཚོགས ་པ་བསྟན་པ་དང། ཐུགས་རྗེ་དང་ནུས་པ་དག་གིས་ནི་བླ་ན་མེད་པའི་ཆོས་ཀྱི་འཁོར་ལོ་ཆེན་པོ་རབ་ཏུ་འཇུག་པའི་ཡོན་ཏན་གྱིས་ནི་གཞན་གྱི་དོན་ཕུན་སུམ་ཚོགས་པ་བསྟན་ཏོ། །སངས་རྒྱས་དཀོན་མཆོག་དེ་ལས་ཆོས་དཀོན་མཆོག་བྱུང་པའི་ཕྱིར ་དེའི་རྗེས་ཐོགས་སུ་དེའི་དབང་དུ་བྱས་ནས་ཚིགས་སུ་བཅད་པ་གང་ཞིག་མེད་མིན་ཡོད་མིན་ཡོད་མེད་མ་ཡིན་ཡོད་མེད་ལས་གཞན་དཱུང། བརྟག་པར་མི་ནུས་དེས་ཚིག་དང་བྲལ་བ་སོ་སོ་རང་གི་རིག་ཞིབ། །དྲི་མེད་ཡེ་ཤེས་འོད་ཟེར་སྣང་ལྡན་དམིགས་པ ་ཀུན་ལ་ཆགས་པ་དང། །སྡང་དང་རབ་རིབ་རྣམ་པར་འཇོམས་མཛད་དམ་ཆོས་ཉི་མ་དེ་ལ་འདུད་།འདིས་ཅི་བསྟན་ཞེ་ན། བསམ་མེད་གཉིས་མེད་རྟག་མེད་པ། །དག་གསལ་གཉན་པོའི་ཕྱོགས་ཉིད་ཀྱིས། །གང་ཞིག་གང་གིས་ཆགས་བྲལ་བ། །བདེན ་གཉིས་མཚན་ཉིད་ཅན་དེ་ཆོས། །འདྲིས་ནི་མདོར་བསྡུ་ན་ཡོན་ཏན་བརྒྱད་ཀྱིས་བསྡུས་པའི་ཆོས་དཀོན་མཆོག་བརྗོད་དོ། །ཡོན་ཏན་བརྒྱད་གང་ཞེ་ན། བསམ་དུ་མེད་པ་ཉིད་དང། གཉིས་སུ་མེད་པ་ཉིད་དང། རྣམ་པར་རྟོག་པ་མེད་པ་ཉིད་དང། ་དག་པ་དང། མངོན་པར་གསལ་བར་བྱེད་པ་དང། གཉེན་པོའི་ཕྱོགས་ཉིད་དང། འདོད་ཆགས་དང་བྲལ་བ་དང། འདོད་ཆགས་དང་བྲལ་བའི་རྒྱུའོ། །ཆགས་བྲལ་ཉིད་ནི་འགོག་པ་དང། ལམ་གྱི་བདེན་པ་དག་གིས་བསྡུས། །གོ་རིམ་ཇི་བཞིན་དེ་རང? ་དང། ཡོན་ཏན་གསུམ་གསུམ་གྱིས་རིག་བྱ། །གོ་རིམ་ཇི་ལྟ་བ་བཞིན་དུ་ཡོན་ཏན་དྲུག་པོ་དེ་རྣམས་ཉིད་ལས་བསམ་དུ་མེད་པ་དང། གཉིས་སུ་མེད་པ་དང། རྣམ་པར་རྟོག་པ་མེད་པ་སྟེ། ཡོན་ཏན་དང་པོ་གསུམ་གྱིས་ནི་འགོག་པའི་བདེན་པ་བསྟན་པའི ་ཕྱིར། འདོད་ཆགས་དང་བྲལ་བར་བསྡུས་པར་རིག་པར་བྱ་ལ། དག་པ་དང། མངོན་པར་གསལ་བ་དང། གཉེན་པོའི་ཕྱོགས་ཉིད་དེ་ཡོན་ཏན་ལྷག་མ་གསུམ་གྱི་ལམ་གྱི་བདེན་པ་བསྟན་པའི་ཕྱིར་འདོད་ཆགས་དང་བྲལ་བའི་རྒྱུ་བསྡུས་པ་ཡིན་ནོ།། ་འདོད་ཆགས་དང་བྲལ་བ་གང་ཡིན་པ་འགོག་པའི་བདེན་པ་དང། གང་གིས་འདོད་ཆགས་དང་བྲལ་བ་ལམ་གྱི་བདེན་པ་དེ་གཉིས་ཀ་མངོན་པར་བསྡུས་སྟེ། རྣམ་པར་བྱང་བའི་བདེན་པ་གཉིས་ཀྱི་མཚན་ཉིད་ཀྱི་འདོད་ཆགས་དང་བྲལ་བའི་ཆོས ་ཡིན་ནོ་ཞེས་བསྟན་ཏོ། །བརྟན་མིན་ཕྱིར་དང་བརྗོད་མིན་ཕྱིར། འཕགས་ལམ་མཁྱེན་ཕྱིར་བསམ་མེད་ཉིད། །ཞི་ཉིད་གཉིས་མེད་རྟོགས་མེད་དེ། །དག་སོགས་གསུམ་ནི་ཉིན་བཞིན་ནོ། །མདོར?་བསྡུས་ན་འགོག་པའི་བདེན་པ་ནི་རྒྱུ་གསུམ ་གྱིས་བསམ་དུ་མེད་པ་ཉིད་དུ་རིག་བར་བྱའོ། །གསུམ་པོ་གང་དག་གི་ཤེ་ན། མེད་པ་དང། ཡོད་པ་དང། ཡོད་པ་དེ་དང། གཉིས་ག་མ་ཡིན་པ་སྟེ། རྣམ་པར་བཞི་ག་ལྟར་ཡང་རྟོག་གེའི་ཡུལ་མ་ཡིན་པའི་ཕྱིར་དང། སྒྲོ་དང། སྐད་དང། བརྗོད་པ་དང ་དག་གི་ཡུལ་དང། ངེས་ཚིག་དང། བརྡ་དང། ཐ་སྙད་དང། མངོན་པར་བརྗོད་པ་དག་གིས་བརྗོད་དུ་མེད་པའི་ཕྱིར་དང། འཕགས་པ་རྣམས་ཀྱི་སོ་སོ་རང་གིས་རིག་པར་བྱ་བ་ཡིན་པའི་ཕྱིར་རོ། །དེ་ལ་འགོག་པའི་བདེན་པ་ཇི་ལྟར་ན་གཉིས་སུ་མེད་པ་དང། རྣམ་པར ་རྟོག་པ་མེད་པ་ཉིད་དུ་རིག་པར་བྱ་ཞེ་ན། བཅོམ་ལྡན་འདས་ཀྱིས་ཇི་སྐད་དུ་གསུངས་པ་བཞིན་ཏེ། ཤཱ་རིའི་བུ་འགོག་པ་ཞེས་བྱ་བ་འདི་ནི་ཆོས་ཀྱི་སྐུ་སྟེ། གཉིས་སུ་མེད་པའི་ཆོས་ཅན་རྣམ་པར་མི་རྟོག་པའི་ཆོས་སོ་ཞེའོ། །དེ་ལ་གཉིས་ནི་ལས་དང་ཉོན་མོངས ་པ་ལ་བརྗོད་པ་རྣམ་པར་རྟོག་པ་ལས་དང་ཉོན་མོངས་པ་ཀུན་འབྱུང་བའི་རྒྱུ་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ལ་བརྗོད་དོ། །དེ་རང་བཞིན་གྱིས་འགགས་པར་སོ་སོར་རིག་པའི་ཕྱིར་རྣམ་པར་རྟོག་པ་རྣམ་པ་གཉིས་ཀ་ཀུན་དུ་སྤྱོད་པ་མེད་པའི་ཚུལ་གྱིས་སྡུག ་བསྔལ་གཏན་འབྱུང་བ་མེད་པ་གང་ཡིན་པ་འདི་ནི་སྡུག་བསྔལ་འགོག་པའི་བདེན་པ་ཞེས་བྱའོ། །ཆོས་འགའ་ཞིག་ཞིག་པའི་ཕྱིར་ནི་སྡུག་བསྔལ་འགོག་པའི་བདེན་པར་མ་བསྟན་ཏོ། །ཇི་སྐད་དུ། འཇམ་དཔལ་སྐྱེ་བ་མེད་ཅིང་འགག་པ་མ་ཡིན། སེམས ་དང་ཡིད་རྣམ་པར་ཤེས་པ་མི་འཇུག་གོ། གང་ལ་སེམས་དང་ཡིད་དང་རྣམ་པར་ཤེས་པ་མི་འཇུག་པ་དེ་ལ་ནི་ཀུན་དུ་རྟོག་བ་གདག་སི?་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པར་འགྱུར་བ་ཀུན་ཏུ་རྟོག་པ་འགའ་ཡང་མེད་དོ། །ཚུལ་བཞིན་ཡིད་ལ་བྱེད་པ་ལ་རབ་ཏུ ་སྦྱོར་བ་དེ་ནི་མ་རིག་པ་ཀུན་ནས་སློང་བར་མི་བྱེད་དོ། །མ་རིག་པ་ཀུན་ནས་ལྡང་བ་མེད་པ་གང་ཡིན་པ་དེ་ནི་སྲིད་པའི་ཡན་ལག་བཅུ་གཉིས་ཀུན་ནས་ལྡང་བར་མི་བྱེད་དོ། །དེ་ནི་མི་སྐྱེ་བཞེས་བྱ་བ་ལ་སོགས་པ་རྒྱས་པར་གསུངས་པ་ཡིན་ནོ། །ཇི་སྐད་དུ། བཅོམ ་ལྡན་འདས་ཆོས་འཇིགས་པ་ནི་སྡུག་བསྔལ་འགོག་པ་མ་ལགས་སོ། །བཅོམ་ལྡན་འདས་སྡུག་བསྔལ་འགོག་པ་ཞེས་བགྱི་བ་ནི། ཐོག་མ་མེད་པའི་དུས་ཅན། མ་བྱས་པ། མ་སྐྱེས་པ། མ་བྱུང་བ། ཟད་པ་མེད་པ། ཟད་པ་དང་བྲལ་བ། རྟག་པ། བརྟན་པ། ཞི ་བ་མི་འཇིག་པ། རང་བཞིན་གྱིས་ཡོངས་སུ་དགག་ཉོན་མོངས་པའི་སྦུབས་ཐམས་ཅད་ལས་གྲོལ་བ། རྣམ་པར་དབྱེར་མེད་པ། བསམ་གྱིས་མི་ཁྱབ་པའི་སངས་རྒྱས་ཀྱི་ཆོས་གངྒའི་ཀླུང་གི་བྱེ་མ་ལས་འདས་པ་དང་ལྡན་པ་དེ་བཞིན་བ་བྱེ ་པའི་ཆོས་ཀྱི་སྐུར་བསྟན་པ་སྟེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་འདི་ཉིད་ཉོན་མོངས་པའི་སྦུབས་ལས་གྲོལ་བ་ནི་དེ་བཞིན་གཤེགས་པའི་སྙིང་པོ་ཞེས་བགྱིའོ་ཞེས་གསུངས་པ་བཞིན་ཏེ། ཐམས་ཅད་རྒྱས་པར་ནི་མདོ་ཇི་ལྟ ་བ་བཞིན་སྡུག་བསྔལ་འགོག་པའི་བདེན་པ་རྣམ་པར་བཞག་པ་རྟོགས་པར་བྱའོ། །སྡུག་བསྔལ་འགོག་པའི་མིང་ཅན་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་འདི་འཐོབ་པའི་རྒྱུ་རྣམ་པར་མི་རྟོག་པའི་ཡེ་ཤེས་མཐོང་བ་དང། སྒོམ་པའི་ལམ་ནི་ཆོས ་མཐུན་པ་རྣམ་པ་གསུམ་ཉིད་ཀྱིས་ཉི་མ་དང་འདྲ་བར་རིག་པར་བྱ་སྟེ། དཀྱིལ་འཁོར་རྣམ་པར་དག་པར་ཆོས་མཐུན་པས་ཉེ་བའི་ཉོན་མོངས་པའི་དྲི་མ་ཐམས་ཅད་དང་བྲལ་བའི་ཕྱིར་རོ། །གཟུགས་གསལ་བར་བྱེད་པར་ཆོས་མཐུན་པས་ནི་ཤེས་བྱ ་ཐམས་ཅད་རྣམ་པ་ཐམས་ཅད་སྣང་བར་བྱེད་པའི་ཕྱིར་རོ། །མུན་པའི་གཉེན་པོར་ཆོས་མཐུན་པས་ནི་དེ་ཁོ་ན་མཐོང་བའི་དགེགས་ཀྱི་རྣམ་པ་ཐམས་ཅད་ཀྱི་གཉེན་པོར་གྱུར་པའི་ཕྱིར་རོ། །གེགས་ཀྱང་ཡང་དག་པ་མ་ཡིན་པའི་དངོས་པོ་རྒྱུ་མཚན་གྱི ་ཡུལ་ཡིད་ལ་བྱེད་པ་སྔོན་དུ་འགྲོ་བ་ཅན་བག་ལ་ཉལ་དང་ཀུན་ནས་སྔར་བ་དང་ལྡན་པས། འདོད་ཆགས་དང། ཞེ་སྡང་དང། གཏི་མུག་སྐྱེའོ། །བག་ལ་ཉན་ལས་ནི་ཡང་དག་པ་མ་ཡིན་པ་དེའི་རང་བཞིན་མ་ཡིན་པའི་དངོས་པོ་བྱིས་པ་རྣམས་ལ ་འདོད་ཆགས་སྐྱེད་བས་ན་སྡུག་པའི་རྣམ་པར་རམ། ཞེ་སྡང་བསྐྱེད་པས་ཁོང་ཁྲོ་བའི་རྣམ་པར་རམ། གཏི་མུག་བསྐྱེད་པས་མ་རིག་པའི་རྣམ་པས་རྒྱུ་མཚན་དུ་འགྱུར་རོ། །འདོད་ཆགས་དང། ཞེ་སྡང་དང། གཏི་མུག་གི་རྒྱུ་མཚན་ཡང་དག་པ་མ་ཡིན་པ ་དེ་ཡང་དམིགས་པར་བྱེད་པས་ནི་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པས་སེམས་ཡོངས་སུ་ལེན་ཏོ། །སེམས་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་བར་གནས་པ་དེ་དག་ལ། འདོད་ཆགས་དང། ཞེ་སྡང་དང། གཏི་མུག་རྣམས་ལས་གང་ཡང་དུང་པའི་ཉོན་མོངས ་པ་ཀུན་ཏུ་སྤྱོད་པར་འགྱུར་རོ། །དེ་དག་བཞི་དེ་ལས་ལུས་དང་ངག་དང་ཡིད་ཀྱིས་འདོད་ཆགས་ལས་བསྐྱེ་བའི་ལས་ཀྱང་མངོན་པར་འདུ་བྱེད། ཞེ་སྡང་ལས་སྐྱེས་པ་དང། གཏི་མུག་ལས་སྐྱེས་པའི་ལས་ཀྱང་མངོན་པར་འདུ་བྱེད་དོ། །ལས་ལས་ཀྱང་སྤྱི ་བ་འབྲེལ་པ་ཁོ་ནར་འགྱུར་རོ། །དེ་ལྟར་ན་བྱིས་པ་བག་ལ་ཉལ་དང་ལྡན་པ་མཚན་མར་འཛིན་པ་ཅན་།དམིགས་པ་ལ་སྤྱོད་པ་དེ་དག་ལ་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ཀུན་འབྱུང་བ་ལས་ཉོན་མོངས་པ་ཀུན་འབྱུང་ངོ། །ཉོན་མོངས་པ་ཀུན་འབྱུང ་བ་ལས་ནི་ཀུན་འབྱུང་ངོ། །ལས་ཀུན་འབྱུང་བ་ལས་ནི་སྐྱེ་བ་ཀུན་འབྱུང་བར་འགྱུར་རོ། །བྱིས་པ་རྣམས་ཀྱི་ཉོན་མོངས་པ་དང་ལས་དང་སྐྱེ་བའི་ཀུན་ནས་ཉོན་མོངས་པའི་རྣམ་པ་འདི་ཐམས་ཅད་ཀྱང་ཁམས་གཅིག་ཡང་དག་པ་ཇི་ལྟ་བ་བཞིན་མ་ཤེས་པས ་རབ་ཏུ་འཇུག་གོ། དེ་ཡང་ཇི་ལྟ་བུར་ཡོངས་སུ་བཙལ་བ་ན་དེའི་རྒྱུ་མཚན་མ་དམིགས་པ་འགའ་ཡང་མི་མཐོང་བ་དེ་ལྟར་བལྟ་བར་བྱའོ། །གང་གི་ཚེ་རྒྱུ་མཚན་ནམ་དམིགས་པ་མི་མཐོང་བ་དེའི་ཚེ་ཡང་དག་པ་མཐོང་བ་ཡིན་ཏེ། དེ་ལྟར་ན་ཆོས་དེ་དག་དེ ་བཞིན་གཤེགས་པས་མཉམ་པ་ཉིད་ཀྱིས་མཉམ་པར་མངོན་པར་རྫོགས་པར་སངས་རྒྱས་སོ། །གང་ཞིག་དེ་ལྟར་མེད་པའི་རྒྱུ་མཚན་གྱི་དམིགས་པ་མ་མཐོང་བའི་ཕྱིར་དང། ཡོད་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་གྱུར་པ་དོན་དམ་པའི་བདེན་པ ་མཐོང་བའི་ཕྱིར་གཉིས་ཀ་བསལ་པ་མེད་པ་དང། བཞག་པ་མེད་པར་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་ཆོས་ཐམས་ཅད་མཉམ་པ་ཉིད་དུ་མངོན་པར་བྱང་ཆུབ་པ་དེ་ནི་གང་ཞིག་སྐྱེས་པ་ཅིག་ཤོས་གཏན་བྲལ་བ་དང་མེད་པར་རྟོག་པར་འགྱུར་བ་དེ་ཁོ་ན་ ་མཐོང་བའི་གེགས་ཀྱི་རྣམ་པ་འདི་མཛའ་དག་གི་གཉེན་པོར་རིག་པར་བྱའོ། །ཆོས་ཀྱི་སྐུ་འཐོབ་པའི་རྒྱུ་རྣམ་པར་རྟོག་པ་མེད་པའི་ཡེ་ཤེས་མཐོང་བ་དང་བསྒོམ་པའི་ལམ་དེ་ཡང་རྒྱས་པར་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྗེས་སུ་འབྲངས་ཏེ་མདོ་ཇི ་ལྟ་བ་བཞིན་རྟོགས་པར་བྱའོ། །ཐེག་པ་ཆེན་པོའི་ཆོས་དཀོན་མཆོག་དེ་ལས་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་ཨི་ཚོགས་རིན་པོ་ཆེ་འབྱུང་བས་དེའི་རྗེས་ཐོགས་སུ་དེའི་དབང་དུ་བྱས་ནས་ཚིགས་སུ་བཅད་པ། སེམས་དེ་རང་བཞིན་འོད་གསལ་པས་ན་ཉོན ་མོངས་ངོ་བོ་མེད་གཟིགས་པས། །གང་དག་འགྲོ་ཀུན་བདག་མེད་མཛའ་ཞིང་ཡང་དག་རྟོགས་ནས་ཐམས་ཅད་ལ། །རྫོགས་པའི་སངས་རྒྱས་རྗེས་ཞུགས་གཟིགས་པ་སྒྲིབ་པ་མེད་པའི་བློ་མངའ་བ། །སེམས་ཅན་རྣམ་དག་མཛའ་ཡས་ཡུལ་ཅན་ཡེ་ཤེས ་གཟིགས་མངའ་དེ་ལ་འདུད། །འདི་ཅི་བསྟན་ཞེ་ན། ཇི་བཞིན་ཇི་སྙེད་ནང་གིས་ནི། །ཡེ་ཤེས་གཟིགས་པ་དག་པའི་ཕྱིར། །བློ་ལྡན་ཕྱིར་མི་ལྡོག་པའི་ཚོགས། །བློ་མེད་ཡོན་ཏན་དང་ལྡན་ཉིད། །འདིས་ནི་མདོར་བསྡུས་ན་ཇི་ལྟ་པ་བཞིན་ཡོད་པ་དང ་ཇི་སྙེད་ཡོད་པ་སྟེ་རྒྱུ་གཉིས་ཀྱི་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱིས་གཟིགས་པ་རྣམ་པར་དག་པའི་ཕྱིར་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་ཨི་ཚོགས་དཀོན་མཆོག་བླ་ན་མེད་བའི་ཡོན་ཏན་དང་ལྡན་པ་ཉིད་བསྟན་ཏོ། །འགྲོ་བཞི་པའི་ཆོས་ཉིད་དུ ་རྟོགས་ཕྱིར་ཇི་ལྟ་ཉིད་དེ་ཡང། །རང་བཞིན་གྱིས་ནི་ཡོངས་དག་ཕྱིར། །ཉོན་མོང་གདོད་ནས་ཟད་ཕྱིར་རོ། །དེ་ལ་ཇི་ལྟ་བ་བཞིན་ཡོད་པ་ཉིད་ནི་ཆོས་དང་གང་ཟག་ཅེས་བྱ་བའི་འགྲོ་བ་ཐམས་ཅད་ཀྱི་བདག་མེད་པའི་མཛའ་ཇི་ལྟ་བ་བཞིན་རྟོགས་པ་ལས ་རིག་པར་བྱའོ། །གཏན་དུ་གཟོད་མ་ནས་ཞི་བའི་ངོ་བོ་ཉིད་ཀྱི་གང་ཟག་དང་ཆོས་འཇིག་པ་མེད་པའི་ཚུལ་དུ་རྟོགས་པ་དེ་ཡང་མདོར་བསྡུ་ན་རྒྱུ་གཉིས་ལས་སྐྱེ་སྟེ། སེམས་རང་བཞིན་གྱིས་འོད་གསལ་བར་མཐོང་བའི་ཕྱིར་དང། །དེའི་ཉེ་བའི་ཉོན་མོངས་པ ་གདོང་མ་ནས་ཟད་ཅིང་འགགས་པར་མཐོང་བའི་ཕྱིར་རོ། །དེ་ལ་སེམས་རང་བཞིན་གྱིས་འོད་གསལ་བ་གང་ཡིན་པ་དང། དེའི་ཉེ་བའི་ཉོན་མོངས་བ་ཞེས་བྱ་བ་གང་ཡིན་པ་འདི་གཉིས་ནི་དགེ་བ་དང་མི་དགེ་བའི་སེམས་དག་ལས་གཅིག་རྒྱུ་བས་སེམས་གཉིས་པ་མཚམས་སྦྱོར ་བ་མེད་པའི་ཚུལ་གྱིས་ཟག་མེད་པའི་དབྱིངས་ལ་མཆོག་ཏུ་རྟོགས་པར་བཀའ་བ་ཡིན་ནོ། །དེའི་ཕྱིར་ན་བཅོམ་ལྡན་འདས་དགེ་བའི་སེམས་ནི་སྐད་ཅིག་མ་སྟེ། ཉོན་མོངས་པ་དག་གིས་ཉོན་མོངས་པར་མི་འགྱུར་རོ། །མི་དགེ་བའི་སེམས་ནི་སྐད་ཅིག་མ་སྟེ། སེམས་ནི ་ཉོན་མོངས་པ་དག་གི་ཉོན་མོངས་པ་མ་ལགས་པ་ཉིད་དོ། །བཅོམ་ལྡན་འདས་ཉོན་མོངས་པ་ནི་སེམས་ལ་མི་རིགས་ལ་སེམས་ཉོན་མོངས་པ་ཡང་མ་ལགས་ན། བཅོམ་ལྡན་འདས་འདི་ལ་ཇི་ལྟར་རིགས་པའི་ཆོས་ཅན་མ་ལགས་པའི་སེམས་མུན་པས་ཉོན་མོངས ་པར་འགྱུར། བཅོམ་ལྡན་འདས་ཉེ་བའི་ཉོན་མོངས་པ་ནི་མཆིས་ལ། ཉེ་བར་ཉོན་མོངས་བར་འགྱུར་བའི་སེམས་མ་མཆིས་སོ། །བཅོམ་ལྡན་འདས་དེ་ལྟ་ལགས་མོད་ཀྱི་རང་བཞིན་གྱིས་ཡོངས་སུ་དག་པའི་སེམས་ཉེ་བར་ཉོན་མོངས་པའི་དོན་རྟོགས་པར་བཀའ་ཨོ་ཞེས ་གསུངས་ཏེ། ཇི་ལྟ་བ་བཞིན་དུ་ཡོད་པ་ནས་བརྩམས་ཏེ། རྟོགས་པར་བཀའ་བའ་ཨི་བར་རྒྱས་པར་བསྟན་པ་ནི་མདོ་ཇི་ལྟ་བ་བཞིན་དུ་རིག་པར་བྱའོ། །ཤེས་བྱ་མཐར་ཐུག་རྟོགས་པའི་བློས། །ཐམས་ཅད་མཁྱེན་པའི་ཆོས་ཉིད་ནི། །སེམས་ཅན་ཐམས་ཅད་ལ་ཡོད་པ། །མཐོང ་ཕྱིར་ཇི་སྙེད་ཡོད་བ་ཉིད། །དེ་ལ་ཇི་སྙེད་ཡོད་པ་ཉིད་ནི་ཤེ་བྱའི་དངོས་པོ་མཛའ་དག་མཐར་ཐུག་པར་རྟོགས་པ་ལ་འཇིག་རྟེན་ལས་འདས་པའི་ཤེས་རབ་ཀྱིས་སེམས་ཅན་ཐམས་ཅད་ལ་ཐ་ན་དུད་འགྲོའི་སྐྱེ་གནས་སུ་གྱུར་པ་རྣམས་ལ་ཡང་དེ་བཞིན་གཤེགས་པའི་སྙིང་པོ་ཡོད་པ་ཉིད ་མཐོང་བ་ལས་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་ཨི་མཐོང་བ་དེ་ཡང་བྱང་ཆུབ་སེམས་དཔའ་ཨི་ས་དང་བོ་ཉིད་ལས་སྐྱེ་སྟེ། ཆོས་ཀྱི་དབྱིངས་ཀུན་དུ་འགྲོ་བའི་དོན་དུ་རྟོགས་པའི་ཕྱིར། དེ་ལྟར་རྟོགས་པ་གང་ཡིན་ཏེ། །སོ་སོ་རང་ཤེས་པ་མཐོང་བ་ཉིད། དྲི ་མེད་དབྱིངས་ལ་ཆགས་མེད་དང། །ཐོགས་མེད་ཕྱིར་དེ་དག་བ་ཡིན། །དེ་ལྟར་ཇི་ལྟ་བ་བཞིན་དུ་ཡོད་པ་ཉིད་དང་ཇི་སྙེད་ཡོད་པ་ཉིད་ཀྱི་རྣམ་པར་འདིས་འཇིག་རྟེན་ལས་འདས་པའི་ལམ་རྟོགས་པ་གང་ཡིན་པ་དེ་ནི་འཕགས་པ་རྣམས་ཀྱི་གཞན་དང་ཐུན་མོངས་མ་ཡིན ་པའི་སོ་སོ་རང་གི་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱི་གཟིགས་པར་འདོད་དོ། །དེ་ཡང་མདོར་བསྡུ་ན་རྒྱུ་གཉིས་ཀྱིས་ན་ཅིག་ཤོས་ཉི་ཚེ་བའི་ཡེ་ཤེས་ཀྱིས་མཐོང་པ་ལས་བལྟོས་ནས་ཤིན་ཏུ་རྣམ་པར་དག་པ་ཞེས་བརྗོད་དོ། །གཉིས་པོ་གང་དག་གིས་ཤེ་ན། ་ཆགས་པ་མེད་པའི་ཕྱིར་དང། ཐོགས་པ་མེད་པའི་ཕྱིར་རོ། །དེ་ལ་ཇི་ལྟ་བ་བཞིན་བརྗོད་པ་ཉིད་ཀྱིས་སེམས་ཅན་གྱིས་ཁམས་རང་བཞིན་གྱིས་རྣམ་པར་དག་པའི་ཡུལ་ཅན་གྱིས་ཕྱིར་ནི་ཆགས་པ་མེད་པ་ཡིན་ལ། ཇི་སྙེད་པ་ཉིད་ཀྱིས་ཤེས་བྱའི་དངོས་པོ་མཛའ་ ་མེད་པའི་ཡུལ་ཅན་གྱི་ཕྱིར་ནི་ཐོགས་པ་མེད་པ་ཡིན་ནོ། །ཡེ་ཤེས་གཟིགས་པ་དག་པས་ན། །སངས་རྒྱས་ཡེ་ཤེས་བླ་མེད་ཕྱིར། །འཕགས་པ་ཕྱིར་མི་ལྡོག་པ་ནི། །ལུས་ཅན་ཀུན་གྱི་སྐྱབས་ཡིན་ནོ། །དེ་ལྟར་ཕྱིར་མི་ལྡོག་པའི་ས་ལ་གནས་པའི་བྱང ་ཆུབ་སེམས་དཔའ་རྣམས་ཀྱི་ཡེ་ཤེས་ཀྱི་གཟིགས་པ་དེ་ནི་བླ་ན་མེད་པ་དེ་བཞིན་གཤེགས་པའི་ཡེ་ཤེས་གཟིགས་པ་རྣམ་པར་དག་པ་དང་ཉེ་བར་གནས་པར་འགྱུར་བའི་ཕྱིར་རམ། །གང་དང་ལྡན་པས་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་ ་སེམས་ཅན་ཐམས་ཅད་ཀྱིས་སྐྱབས་སུ་གྱུར་པ་ཉིད་དུ་འགྱུར་བའི་ཕྱིར། །དེ་ལས་གཞན་པ་ཚུལ་ཁྲིམས་ལ་སོགས་པ་བྱང་ཆུབ་སེམས་དཔའ་ཨི་ཡོན་ཏན་རྣམས་ལས་བླ་ན་མེད་པ་ཉིད་དུ་རིག་པར་བྱའོ། བྱང་ཆུབ་སེམས་དཔའ་ཨི་དགེ་འདུན་གྱི་རྫས་ཐོགས་སུ ་ཉན་ཐོས་ཀྱི་དགེ་འདུན་དཀོན་མཆོག་ནི་མ་སྨོས་ཏེ། དེ་མཆོད་པར་འོས་པ་མ་ཡིན་པའི་ཕྱིར་རོ། །མཁས་པ་བྱང་ཆུབ་སེམས་དཔའ་དང། ཉན་ཐོས་ཀྱི་ཡོན་ཏན་གྱི་ཁྱད་པར་ཤེས་པ་ནི་ནམ་ཡང་བྱང་ཆུབ་ཆེན་པོའི་བསོད་ནམས་དང། ཡེ་ཤེས ་ཀྱི་ཚོགས་རྒྱ་ཆེན་པོ་རྫོགས་པར་བྱེད་པ། ཤེས་རབ་དང། སྙིང་རྗེའི་དཀྱིལ་འཁོར་ཅན་གཞལ་དུ་མེད་པའི་སེམས་ཅན་གྱི་ཁམས་སྣང་བར་ཉེ་བར་གནས་པ། བླ་ན་མེད་པའི་དེ་བཞིན་གཤེགས་པའི་ཟླ?་བ་?་འགྲོ་བ་དང་རྗེས་སུ་མཐུན་པའི་ལམ་དུ་ཞུགས་པ། བྱང་ཆུབ ་སེམས་དཔའ་ཟླ་བ་ཚེས་པ་དོར་ནས་ཉི་ཚེ་བའི་ཡེ་ཤེས་ཀྱི་མཐར་ཐུག་པ་སྐར་མའི་གཟུགས་ལྟར་རང་གི་རྒྱུད་དང་སྣང་བ་ཉེ་བར་གནས་པའི་རྒྱུད་སྣང་བ་ཉེ་བར་གནས་པའི་ཉན་ཐོས་ལ་ནམ་ཡང་ཕྱག་བྱེད་པ་ནི་མ་ཡིན་ཏེ། གཞན་ལ་ཕན་པའི་བྱེད་པའི་བསམ་པ་རྣམ ་བར་མ་དག་པའི་ཕྱིར་རོ་ཡང་དག་པར་བརྟེན་པའི་ཡོན་ཏན་ཉིད་ཀྱིས་སེམས་དང་པོ་བསྐྱེད་པའི་བྱང་ཆུབ་སེམས་དཔའ་ཡང་རྗེས་སུ་བརྩེ་བ་མེད་པ་གཞན་རྒྱས་པར་བྱེད་པ་དང་ལྡན་པའི་འཕགས་པའི་ཉན་ཐོས་ཟག་པ་མེད་པའི་ཚུལ་ཁྲིམས་ཀྱི་སྡོམ་པ་རྣམ་པར ་དག་པའི་མཐར་ཕྱིན་པར་གྱུར་པ་ཡང་ཟིལ་གྱིས་གནོན་ན། དེ་ལས་གཞན་པའི་ཡོན་ཏན་དབང་བཅུ་ལ་སོགས་པ་ལྟ་ཅི་སྨོས་ཏེ། གང་གི་ཕྱིར། གང་ཞིག་ཚུལ་ཁྲིམས་བདག་དོན་བྱེད་བས་རྣམ་རྒྱས་ཤིང། ཚུལ་ཁྲིམས་འཆལ་པའི་སེམས་ཅན་རྣམས་ལ ་བརྩེ་གྲལ་བ། །བདག་ཉིད་རྒྱལ་བྱེད་ཚུལ་ཁྲིམས་ནོར་གྱིས་རབ་དག་པ། འཕགས་བ་དེ་ནི་ཚུལ་ཁྲིམས་རྣམ་པར་དག་མི་བརྗོད། །གང་ཞིག་གཞན་ལས་མཆོག་ཏུ་སྙིང་རྗེ་བསྐྱེད་ནས་ནི། ཚུལ་ཁྲིམས་ཡང་དག་བླངས་པ་བྱས་ཏེ་མེ་རླུང་དང། །ཆུ་དང་ས་བཞིན་གཞན ་དག་ཉེ་བར་འཚོ་བྱེད་པ། །དེ་ནི་ཁྲིམས་ལྡན་གཞན་ནི་དེ་ཡི་གཟུགས་བརྙན་ཡིན་ཞེས་བཤད་དོ། །དེ་ལ་དོན་གང་གིས་གང་གི་དབང་དུ་བྱས་ནས། བཅོམ་ལྡན་འདས་ཀྱིས་སྐུ་?་ས་གསུམ་རྣམ་པར་གཞག་པ་མཛད་ཅེ་ན། སྟོན་པའི་བསྟན་པ་སློབ་དོན་གྱིས།། ་ཐེག་གསུམ་པ་དང་བྱེད་གསུམ་ལ། །མོས་པ་རྣམས་ཀྱིས་དབང་བྱས་ནས། །སྐྱབས་གསུམ་རྣམ་པར་བཞག་པ་ཡིན། །སྟོན་པའི་ཡོན་ཏན་བསྟན་པའི་དོན་དུ་སངས་རྒྱས་ཀྱི་དངོས་པོ་ཉིད་དོན་ཏུ་གཉེར་བར་ཞུགས་པ་བྱང་ཆུབ་སེམས་དཔའ་ཨི་ཐེག་པ་པའི་གང་ཟག ་དང། སངས་རྒྱས་ལ་མཆོག་ཏུ་བྱ་བ་བྱེད་པར་མོས་པ་རྣམས་ཀྱི་དབང་དུ་བྱས་ནས་སངས་རྒྱས་ནི་སྐྱབས་ཡིན་ཏེ། རྐང་གཉིས་རྣམས་ཀྱི་མཆོག་ཡིན་པའི་ཕྱིར་རོ་ཞེས་བསྟན་ཅིང་རྣམ་པར་བཞག་གོ་།སྟོན་པའི་ཡོན་ཏན་བསྟན་པའི་དོན་དུ ་རང་ཉིད་རྟེན་འབྲེལ་གྱིས་ཆོས་ཟབ་མོ་རྗེས་སུ་རྟོགས་པའི་ཕྱིར་ཞུགས་པ། རང་སངས་རྒྱས་ཀྱི་ཐེག་པ་པའི་གང་ཟག་དང། ཆོས་ལ་མཆོག་ཏུ་བྱ་བ་བྱེད་པར་མོས་པ་རྣམས་ཀྱི་དབང་དུ་བྱས་ནས་ཆོས་ནི་སྐྱབས་ཡིན་ཏེ། འདོད་ཆགས་དང་བྲལ་བ་རྣམས ་ཀྱི་མཆོག་ཡིན་པའི་ཕྱིར་རོ་ཞེས་བསྟན་ཅིང་རྣམ་པར་གཞག་གོ་།སྟོན་པའི་བསྟན་པ་ལ་ལེགས་པར་ཞུགས་པའི་སློབ་མའི་ཡོན་ཏན་བསྟན་པའི་དོན་དུ་གཞན་ལས་ཐོས་པའི་སྒྲའི་རྗེས་སུ་རྟོགས་པའི་ཕྱིར་ཞུགས་པའི་ཉན་ཐོས་ཀྱི་ཐོག་བ་པའི་གང་ཟག ་དང། དགེ་འདུན་ལ་མཆོག་ཏུ་བྱ་བ་བྱེད་པར་མོས་པ་རྣམས་ཀྱི་དབང་དུ་བྱས་ནས་དགེ་འདུན་ནི་སྐྱབས་ཡིན་ཏེ། ཚོགས་རྣམས་ཀྱི་མཆོག་ཡིན་པའི་ཕྱིར་རོ་ཞེས་བསྟན་ཅིང་རྣམ་པར་བཞག་གོ་།དེ་ལྟར་འདིས་ནི་མདོར་བསྡུ་ན་དོན་རྣམ་པ་གསུམ ་གྱིས་གང་ཟག་དྲུག་གི་དག་དུ་བྱས་ནས། བཅོམ་ལྡན་འདས་ཀྱིས་སྐྱབས་གསུམ་རབ་ཏུ་དབྱེ་བ་བསྟན་པ་རྣམ་པར་བཞག་པ་འདི་ནི་ཀུན་རྫོབ་ཀྱི་བརྟེན་ལ་གནས་པས་སེམས་ཅན་རྣམས་ཐེག་པ་ལ་རིམ་གྱིས་གཞུགས་པའི་དོན་དུ་ཡིན ་ནོ། །སྤངས་ཕྱིར་སླུ་པའི་ཆོས་ཅན་ཕྱིར། །མེད་ཕྱིར་འཇིགས་དང་བཅས་པའི་ཕྱིར། །ཆོས་རྣམས་གཉིས་དང་འཕགས་པའི་ཚོགས། །གཏན་གྱི་སྐྱབས་མཆོག་མ་ཡིན་ནོ། །ཆོས་ནི་རྣམ་པ་གཉིས་ཏེ། བསྟན་པའི་ཆོས་དང་རྟོགས་པའི་ཆོས་སོ།། ་དེ་ལ་བསྟན་པའི་ཆོས་ནི་མདོའི་སྡེ་ལ་སོགས་པ་བསྟན་པ་བརྗོད་པ་སྟེ། །མིང་དང་ཚིག་དང་ཡི་གེའི་ཚོགས་ཀྱིས་བསྡུས་པའོ། །དེ་ཡང་ལམ་ལ་མངོན་པར་རྟོགས་པའི་མཐར་ཐུག་པའི་ཕྱིར། གཟིངས་ལྟ་བུའོ་ཞེས་བཤད་དོ་།རྟོགས་པའི ་ཆོས་ནི་རྒྱུ་དང་འབྲས་བུའི་དབྱེ་བས་རྣམ་པ་གཉིས་ཏེ། འདི་ལྟ་སྟེ། ལམ་གྱི་བདེན་པ་དང། འགོག་པའི་བདེན་པ་སྟེ། གང་གི་དང་གང་རྟོགས་པ་ཞེས་བྱ་བས་སོ། །དེ་ལ་ལམ་ནི་འདུས་བྱས་ཀྱི་མཚན་ཉིད་དུ་རྟོགས་པ་ལ། འདུས་བྱས་ཀྱིས་མཚན་ཉིད་དུ ་རྟོགས་པ་གང་ཡིན་པ་འདི་ནི་བརྫུན་པ་སླུ་པའི་ཆོས་ཅན་གང་བརྫུན་བ་སླུ་བའི་ཆོས་ཅན་དེ་ནི་མི་བདེན་པ། གང་མི་བདེན་པ་དེ་ནི་མི་རྟག་པ་།གང་མི་རྟག་བ་དེ་ནི་སྐྱབས་མ་ཡིན་ནོ། །ལམ་དེས་རྟོགས་པའི་འགོག་པ་གང་ཡིན་པ་དེ་ཡང་ཉན་ཐོས་ཀྱི་ཚུལ ་གྱིས་མར་མེ་རྒྱུན་ཆད་པ་བཞིན་དུ་ཉོན་མོངས་པ་དང་སྡུག་བསྔལ་མེད་པ་ཙམ་གྱིས་རབ་ཏུ་ཕྱེ་ལ། མེད་པ་ནི་སྐྱབས་སམ་སྐྱབས་མ་ཡིན་པར་འགྱུར་བར་འོས་པ་མ་ཡིན་ནོ། །དགེ་འདུན་ཞེས་བྱ་བ་འདི་ནི་ཐེག་པ་གསུམ་དང་ལྡན་པའི་ཚོགས་ཀྱི་ཚིག་བླ་དགས ་སོ། །དེ་ཡང་རྟག་ཏུ་འཇིགས་པ་དང་བཅས་པ་དེ་བཞིན་གཤེགས་པ་ལ་སྐྱབས་སུ་སོང་བ། ངེས་པར་འབྱུང་བ་ཚོར་བ། སློབ་པ་བྱ་བ་དང་བཅས་པ་དང། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཞུགས་པ་མ་ཡིན་ནོ། །ཇི་ལྟར་འཇིགས་པ་དང ་བཅས་པ་ཡིན་ཞེ་ན། གང་གི་ཕྱིར་དགྲ་བཅོམ་པ་ཡང་སྲིད་པ་སྤངས་པ་རྣམས་ཀྱང་བག་ཆགས་མ་སྤངས་པའི་ཕྱིར་རྟག་ཏུ་རྒྱུན་མི་འཆད་པར་འདུ་བྱེད་ཐམས་ཅད་ལ་མི་བཟང་པར་འཇིགས་པའི་འདུ་ཤེས་ཉེ་བར་གནས་པར་འགྱུར་ཏེ། དཔེར་ནར་པ ་གྲི་གདེངས་པའི་གཤད་མའི་སྐྱེས་བུ་ལ་བྱ་བ་བཞིན་ཏེ། དེས་ན་དེ་དག་ཀྱང་གཏན་དུ་བདེ་བའི་ངེས་པར་འབྱུང་བ་ཐོབ་པ་མ་ཡིན་ནོ། །སྐྱབས་ནི་སྐྱབས་ཚོལ་བ་མ་ཡིན་ནོ། །ཇི་ལྟར་སེམས་ཅན་སྐྱབས་མེད་ཐ་འཇིགས་བདེ་དང་དེ་ལས་ངེས་པར་འབྱུང་བ་དེ ་བཞིན་དུ་དགྲ་བཅོམ་པ་ཡང་དག་འཇིགས་པ་དེ་ཡོད་དོ། །གང་གི་ཕྱིར་དེ་དག་འཇིགས་པས་འཇིགས་ཏེ། དེ་བཞིན་གཤེགས་པ་ཉིད་ལ་སྐྱབས་སུ་འགྲོ་བ་ཡིན་ནོ། །གང་ཞིག་དེ་ལྟར་འཇིགས་པ་དང་བཅས་པའི་ཕྱིར་སྐྱབས་སུ་འགྲོ་བ་དེ་ནི་གདོན་མི ་ཟ་བར་འཇིགས་པ་ལས་ངེས་པར་འབྱུང་བ་ཚོལ་ལ། ངེས་པར་འབྱུང་བ་ཚོལ་བའི་ཕྱིར་ནི། འཇིགས་པའི་གཞི་སྤངས་པའི་དབང་དུ་བྱས་ནས་སློབ་པའི་བྱ་བ་དང་བཅས་པར་འགྱུར་རོ། །སློབ་པའི་ཕྱིར་ནི་འཇིག་པ་མེད་པ་ཁྱུ་མཆོག་གིས་གནས ་ཐོབ་པར་བྱ་བའི་ཕྱིར་ཞུགས་པར་འགྱུར་བ་ཡིན་ཏེ། འདི་ལྟ་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུའོ། །དེའི་ཕྱིར་དེ་ཡང་དེའི་ཡན་ལག་གིས་སྐྱབས་ཡིན་པའི་ཕྱིར་གཏན་གྱི་སྐྱབས་མ་ཡིན་ནོ། །དེ་ལྟར་སྐྱབས་གཉིས་པོ་འདི་ནི་མཐར་ཐུག ་པའི་དུས་ན་སྐྱབས་མ་ཡིན་པར་བརྗོད་དོ། །དམ་པའི་དོན་དུ་འགྲོ་བ་ཡི། །སྐྱབས་ནི་སངས་རྒྱས་ཉག་གཅིག་ཡིན། །ཐུབ་པ་ཆོས་ཀྱི་སྐུ་ཅན་ཕྱིར། །ཆོགས་ཀྱང་དེ་ཡི་མཐར་ཐུག་ཕྱིར། །འདིས་ནི་སྔར་བཤད་པའི་ཚུལ་གྱིས་སྐྱེ་བ་མེད་པ་དང། ་འགག་པ་མེད་པས་རབ་ཏུ་ཕྱེ་བའི་ཐུབ་པ་རྣམ་པར་བྱང་བའི་བདེན་པ་གཉིས་ཀྱི་མཚན་ཉིད་འདོད་ཆགས་དང་བྲལ་བའི་ཆོས་ཀྱི་སྐུ་ཅན་ཡིན་པའི་ཕྱིར་དང་།ཐེག་པ་གསུམ་པོའི་ཚོགས་ཀྱང་ཆོས་ཀྱི་སྐུ་རྣམ་པར་དག་པ་མཐར་ཐུག་པ་ཐོབ་པས ་མཐར་ཕྱིན་པར་འགྱུར་བའི་ཕྱིར་ན། སྐྱོབ་པ་མེད་ཅིང་སྐྱབས་མེད་པའི་ཕྱིར་འཇིག་རྟེན་ན་ཕྱི་མ་རི་མཛའ་ཨི་མུ་དང་མཉམ་པ་མི་ཟད་པའི་སྐྱབས། རྟག་པའི་སྐྱབས། གཡུང་དྲུང་གི་སྐྱབས། དོན་དམ་པའི་སྐྱབས་ནི་གཅིག་ཉིད་ད། འདི་ལྟ་སྟེ། དེ ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སོ། །རྟག་པ་གཡུང་དྲུང་ཞི་བ་བརྟན་པའི་སྐྱབས་གཅིག་པུ་འདི་རྒྱས་པར། །འཕགས་པ་དཔལ་ཕྲེང་གི་མདོའི་རྗེས་སུ་འབྲངས་ནས་རྟོགས་པར་བྱའོ། །འབྱུང་བ་དཀོན ་ཕྱིར་དྲི་མེད་ཕྱིར། །མཐུ་ལྡན་ཕྱིར་དང་འཇིག་རྟེན་གྱིས། །རྒྱས་འགྱུར་ཕྱིར་དང་མཆོག་ཉིད་ཕྱིར། །འགྱུར་བ་མེད་ཕྱིར་དཀོན་མཆོག་ཉིད། །མདོར་བསྡུ་ན་ཆོས་མཐུན་པ་རྣམ་པ་དྲུག་གིས་ན་སངས་རྒྱས་དང་ཆོས་དང་དགེ་འདུན་ཞེས་བྱ་བའི་དཀོན ་མཆོག་གསུམ་པོ་འདི་རིན་པོ་ཆེ་དང་འདྲ་བར་བརྗོད་དེ། འདི་ལྟ་སྟེ་འབྱུང་བ་དཀོན་པར་ཆོས་མཐུན་པས་ནི་བསྐལ་པ་ཡོངས་སུ་འགྱུར་པ་མང་པོར་ཡང་དགེ་བའི་རྩ་བ་མ་བསྐྲུན་པ་རྣམས་དེ་དང་འཕྲད་པ་མི་འཐོབ་པའི་ཕྱིར་རོ། །དྲིས་མེད་པར་ཆོས་མཐུན་པས་ནི ་རྣམ་པ་ཐམས་ཅད་དུ་དྲི་མ་དང་བྲལ་བའི་ཕྱིར་རོ། །མཐུ་དང་ལྡན་པར་ཆོས་མཐུན་པས་ནི་མངོན་པར་ཤེས་བ་དྲུག་ལ་སོགས་པ་ཡོན་ཏན་གྱི་མཐུ་བསམ་གྱིས་མི་ཁྱབ་བ་དང་ལྡན་པའི་ཕྱིར་རོ། །འཇིག་རྟེན་གྱི་རྒྱན་དུ་ཆོས་མཐུན་པས་ནི་འགྲོ་བ་ཐམས ་ཅད་ཀྱི་བསམ་པ་དགེ་བའི་རྒྱུ་ཡིན་པའི་ཕྱིར་རོ། །རིན་པོ་ཆ་བརྙན་པ་ལས་ཆེས་མཆོག་ཉིད་དུ་ཆོས་མཐུན་པས་ནི་འཇིག་རྟེན་ལས་འདས་པའི་ཕྱིར་རོ། །སྟོང་པ་དང་དམད་པ་ལ་སོགས་པས་རྣམ་པར་མི་འགྱུར་བའི་ཆོས་མཐུན་པས་ནི་འདུས་མ་བྱས་ཀྱི་རང ་བཞིན་ཡིན་པའི་ཕྱིར་རོ། །དཀོན་མཆོག་གསུམ་བསྟན་པའི་རྗེས་ཐོགས་ལ་གང་ཡོད་ན་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་རྣམ་པར་དག་པ་སྐྱེ་བའི་གནས་ནི་དཀོན་མཆོག་གསུམ་སྐྱེ་བར་འགྱུར་བ་དེའི་དབང་དུ་བྱས་ཚིགས་སུ་བཅད་བ། དྲི་བཅས་དེ ་བཞིན་ཉིད་དང་དྲི་མ་མེད། །དྲི་མེད་སངས་རྒྱས་ཡོན་ཏན་རྒྱལ་བའི་མཛད། །གང་ལས་དཀོན་མཆོག་དགེ་བ་གསུམ་འབྱུང་བ། །དོན་དམ་གཟིགས་པ་རྣམས་ཀྱི་ཡུལ་ཉིད་དོ། །འདིས་ཅི་ཞིག་གསལ་བར་བྱས་ཤེ་ན། དཀོན་མཆོག་གསུམ་པོ་འདི་ཡི་རིགས ་ཐམས་ཅད་གཟིགས་པ་རྣམས་ཀྱི་ཡུལ། །དེ་ཡང་རྣམ་བཞི་གོ་རིམ་བཞིན། །རྒྱུ་བཞི་ཡིས་ནི་བསམ་མི་ཁྱབ། །དེ་ལ་དྲི་མ་དང་བཅས་པའི་དེ་བཞིན་ཉིད་ནི་ཉོན་མོངས་པའི་སྤུབས་ལས་མ་གྲོལ་བའི་ཁམས་ལ་དེ་བཞིན་གཤེགས་པའི་སྙིང་པོ་ཞེས་བརྗོད་པ ་གང་ཡིན་པའོ། །དྲི་མ་མེད་པའི་དེ་བཞིན་ཉིད་ནི་སངས་རྒྱས་ཀྱི་སར་གནས་ཡོངས་སུ་གྱུར་པའི་མཚན་ཉིད་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་ཞེས་བརྗོད་པ་གང་ཡིན་པའོ། །དྲི་མ་མེད་པའི་སངས་རྒྱས་ཀྱི་ཡོན་ཏན་ནི་གནས་འགྱུར་བའི་མཚན་ཉིད་དེ་ ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་དེ་ཉིད་ལ་ཡོད་པ་འཇིག་རྟེན་ལས་འདས་པ་སྟོབS་བཅུ་ལ་སོགས་པ་སངས་རྒྱས་ཀྱི་ཆོས་གང་དག་ཡིན་པའོ། །རྒྱལ་བའི་མཛད་པ་ནི་སྟོབས་བཅུ་ལ་སོགས་པ་སངས་རྒྱས་ཀྱི་ཆོས་དེ་ཉིད་ཀྱི་སོ་སོ་རང ་གི་བླ་ན་མེད་པའི་ཕྲིན་ལས་ཏེ། གང་ཞིག་མེད་པར་མ་གྱུར་ཞིང་ཆང་བ་མེད་ལ་རྒྱུན་ཆད་པས་བྱང་ཆུབ་སེམས་དཔའ་ལུང་བསྟན་པའི་གཏམ་རྒྱུན་མི་ཆད་པའོ། །གནས་བཞི་པོ་འདི་དག་ཀྱང་གོ་རིམ་ཇི་ལྟ་བ་བཞིན་དུ་རྒྱུ་བཞིས་བསམ་གྱིས་མི་ཁྱབ ་པ་ཉིད་ཀྱི་ཕྱིར་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ཡུལ་ཡིན་ནོ་ཞེས་བརྗོད་དོ། །བཞི་པོ་གང་དག་གིས་ཤེ་ན། དག་དང་ཉོན་མོངས་དང་ལྡན་ཕྱིར། །ཀུན་ནས་ཉོན་མོངས་མེད་ངག་ཕྱིར། །རྣམ་པར་དབྱེ་བ་མེད་ཆོས་ཕྱིར། །ལྷུན་གྲུབ་རྣམ་པར ་མི་རྟོག་ཕྱིར། །དེ་ལ་དྲི་མ་དང་བཅས་པའི་དེ་བཞིན་ཉིད་ནི་ཅིག་ཅར་དུས་ཅིག་ཏུ་རྣམ་པར་དག་པ་གང་ཡིན་ལ། །ཀུན་ནས་ཉོན་མོངས་པ་གང་ཡིན་བའི་ཕྱིར། །གནས་འདི་བསམ་གྱིས་མི་ཁྱབ་སྟེ། །ཟབ་མོའི་ཆོས་ཀྱི་ཚུལ་ལ་མོS་པ་རང་སངས་རྒྱས ་རྣམས་ཀྱིས་ཡང་སྤྱོད་ཡུལ་དུ་མ་གྱུར་པའི་ཡུལ་ཡིན་པའི་ཕྱིར་རོ། །གང་གི་ཕྱིར་ལྷ་མོ་ཆོས་འདི་གཉིས་ནི་རྟོགས་པར་བཀའ་བ་སྟེ། སེམས་རང་བཞིན་གྱིས་རྣམ་པར་དག་པ་རྟོག་བར་བཀའ་བ་དང། སེམས་དེ་ཉིད་ཀྱི་ཉེ་བར་ཉོན་མོངས་བརྟོཌ ་པར་བཀའ་བའ་ཨོ། །ལྷ་མོ་ཆོས་འདི་གཉིས་ཉན་བར་བྱེད་བ་ནི་ཁྱོད་དམ་ཡང་ན་ཆོས་ཆེན་པོ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་རྣམས་ཡིན་ནོ། །ལྷ་མོ་ལྷག་མ་ཉན་ཐོས་དང་རང་སངས་རྒྱས་ཀྱིས་ནི་ཆོས་འདི་གཉིས་དེ་བཞིན་གཤེགས་པ་ལ་དང ་པས་རྟོགས་བར་བྱ་བ་ཉིད་དོ་ཞེས་གསུངས་པ་ཡིན་ནོ། །དེ་ལ་དྲི་མ་མེད་པའི་དེ་བཞིན་ཉིད་ནི་སྔར?་འདྲི་མས་ཀུན་ནས་ཉོན་མོངས་བར་མ་གྱུར་པ་ཕྱིས་རྣམ་པར་དག་པར་གྱུར་བའི་ཕྱིར་གནས་འདི་བསམ་གྱིས་མི་ཁྱབ་བོ། །གང་གིས་ཕྱིར་སེམས་ནི་རང ་བཞིན་གྱིས་འོད་གསལ་བ་སྟེ། དེ་ནི་དེ་ཁོ་ན་བཞིན་ཤེས་སོ། །དེས་ན་སྐད་ཅིག་མ་གཅིག་དང་ལྡན་པའི་ཤེས་རབ་ཀྱིS་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་སོ་ཞེས་གསུངས་པ་ཡིན་ནོ། །དེ་ལ་དྲི་མ་མེད་པའི་སངས་རྒྱས ་ཀྱིས་ཡོན་ཏན་ནི་གཅིག་ཏུ་ཀུན་ནས་ཉོན་མོངས་པ་སོ་སོའི་སྐྱེ་བོའི་ས་ལ་ཡང་རྣམ་པར་དབྱེར་མེད་བའི་ཆོས་ཉིད་སྔ་ཕྱིར་ཁྱད་པར་མེད་ཡོད་པའི་ཕྱིར་གནས་འདི་བསམ་གྱིས་མི་ཁྱབ་སྟེ། གང་གི་ཕྱིར་གང་ལ་དེ་བཞིན་གཤེགས་བའི་ཡེ་ཤེས་མཛའ་དག་རྗེས་སུ ་མ་ཞུགས་བའི་སེམས་ཅན་དེ་ནི་སེམས་ཅན་གྱི་རིS་ན་འགའ་ཡང་མེད་དོ། །འོན་ཀྱང་འདུ་ཤེས་ཀྱི་འཛིན་པས་དེ་བཞིན་གཤེགས་པའི་ཡེ་ཤེས་མི་མངོན་ནོ། །འདུ་ཤེས་ཀྱི་འཛིན་པ་དང་བྲལ་བ་ལས་ནི། །ཐམས་ཅད་མཁྱེན་པའི་ཡེ་ཤེས་རང་བྱུང་གི་ཡེ་ཤེས ་ཐོགས་བ་མེད་པར་རབ་ཏུ་འབྱུང་ངོ། །ཀྱེ་རྒྱལ་བའི་སྲས་འདི་ལྟ་སྟེ་དཔེར་ན་སྟོང་གསུམ་གྱིས་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་ཚད་དང་མཉམ་པའི་དར་ཡུག་ཆེན་པོ་གཅིག་ཡོད་པར་འགྱུར་ལ། དར་ཡུག་ཆེན་པོ་དེ་ལ་ཡང་སྟོང་གསུམ་གྱི་སྟོང་ཆེན་པོའི ་འཇིག་རྟེན་གྱི་ཁམས་རྫོགས་པར་བྲིས་པར་གྱུར་ཏེ། འདི་ལྟ་སྟེ། འཁོར་ཡུག་ཆེན་པོའི་ཚད་དུ་ནི་ཁོར་ཡུག་ཆེན་པོ་བྲིས། ས་ཆེན་པོའི་ཆེད་པོ་སྟོང་གཉིས་པའི་འཇིག་རྟེན་གྱིས་ཁམས་ཀྱི་ཚད་དུ་ནི་སྟོང་གཉིས་པའི་འཇིག་རྟེན་གྱི་ཁམས ་སྟོང་གི་འཇིག་རྟེན་གྱི་ཁམས་ཀྱི་ཚད་དུ་ནི་སྟོང་གི་འཇིག་རྟེན་གྱི་ཁམས། གླིང་བཞི་པའི་འཇིག་རྟེན་གྱིས་ཁམས་ཀྱི་ཚད་དུ་ནི་གླིང་བཞི་བའི་འཇིག་རྟེན་གྱིས་ཁམS། རྒྱ་མཚོ་ཆེན་པོའི་ཚེད་དུ་ནི་རྒྱ་མཚོ་ཆེན་པོ་།ཛམ་བུའི་གླིང་གི་ཚད་དུ་ནི་ཛམ་བུའི་གླིང ་ཤར་གྱི་ལུས་འཕགས་ཀྱི་གླིང་གི་ཚད་དུ་ནི་ཤར་གྱི་ལུས་འཕགས་ཀྱི་གླིང། ནུབ་ཀྱི་བ་ལང་སྤྱོད་ཀྱི་གླིང་གི་ཚེད་དུ་ནི་ནུབ་ཀྱི་བ་ལང་སྤྱོད་ཀྱི་གླིང། བྱང་གི་སྒྲ་མི་སྙན་གྱི་གླིང་གི་ཚད་དུ་ནི་བྱང་གི་སྒྲ་མི་སྙན་གྱི་གླིང། རི་རབ་ཀྱི་ཚད་དུ་ནི་རི་རབ་ས་ལ་སྤྱོད་པའི ་ལྷའི་གཞལ་ཡས་ཁང་གི་ཚད་དུ་ནི་ས་ལ་སྤྱོད་བཱི་ལྷའི། །གཞལ་ཡས་ཁང། འདོད་པ་ན་སྤྱོད་པའི་ལྷའི་གཞལ་ཡས་ཁང་གི་ཚད་དུ་ནི་འདོད་པ་ན་སྤྱོད་བའི་ལྷའི་གཞལ་ཡས་ཁང། གཟུགས་ན་སྤྱོད་བའི་ལྷའི་གཞལ་ཡས་ཁང་གི་ཚད ་དུ་ནི་གཟུགས་ན་སྤྱོད་པའི་ལྷའི་གཞལ་ཡས་ཁང་བྲིས་སོ། །དར་ཡུག་ཆེན་པོ་དེ་ཡང་ཆུ་ཞེང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་ཚད་ཙམ་དུ་གྱུར་ལ། དར་ཡུག་ཆེན་པོ་དེ་ཡང་རྡུལ་ཕྲ་རབ་ཀྱི་རྡུལ་གཅིག་ཏུ་བཅུག་པར་གྱུར་ཏོ། །ཇི་ལྟར ་རྡུལ་ཕྲ་རབ་ཀྱི་རྡུལ་གཅིག་ཏུ་དར་ཡུག་ཆེན་པོ་དེ་བཅུག་པ་དེ་བཞིན་དུ་རྡུལ་ཕྲ་རབ་ཀྱི་རྡུལ་མ་ལུས་པ་རྣམས་སུ་དེའི་ཚད་ཀྱི་དར་ཡུག་ཆེན་པོ་དེ་ནང་དུ་གཅུག་པར་གྱུར་ཏོ། །དེ་ནས་མཁས་པ་འཛངས་པ་གསལ་བ་ཡིད་གཞུངས་པ་དེར་ཉེ་བར་ཞུགས་པའི ་སྤྱོད་བ་དང་ལྡན་པའི་སྐྱེས་བུ་འགའ་ཞིག་སྐྱེས་ཏེ། དེའི་མིག་ལྷའི་མིག་ཏུ་གྱུར་ཅིང་ཀུན་ཏུ་ཡོངས་སུ་དག་པར་འོད་གསལ་བར་གྱུར་བ་ཞིག་ལ་དེས་ལྷའི་མིག་གིས་རྣམ་བར་བལྟས་ཏེ། འདི་ལྟ་བུར་གྱུར་བའི་དར་ཡུག་ཆེན་པོས་འདི་རྡུལ་ཕྲ་རབ་ཀྱི་རྡུལ་ཆུང ་དུ་འདི་ཉིད་ལ་གནས་ཏེ། སེམས་ཅན་འགའ་ལ་ཡང་ཉེ་བར་མཁོ་བར་མ་གྱུར་ཏོ། །འདི་མཉམ་དུ་སེམས་ཏེ། ཀྱེ་མ་གང་བདག་གིས་བརྩོན་པ་ཆེན་པོའི་སྟོབས་དང་མཐུས་རྡུལ་ཕྲ་རབ་ཀྱི་རྡུལ་འདི་རྡོ་རྗེས་ཕྱེ་སྟེ། དར་ཡུག་ཆེན་པོས་འདི་འགྲོ་བ ་ཐམས་ཅད་ཀྱི་ཉེ་བར་འཚོ་བར་བྱའོ་སྙམ་པས། དེས་བརྩོན་པ་ཆེན་པོའི་སྟོབས་ཀྱི་མི་ཐུས་བསྐྱེད་དེ། རྡོ་རྗེ་ཕྲ་མོས་རྡུལ་ཕྲ་རབ་ཀྱི་རྡུལ་དེ་ཕྱེ་ནས་བསམ་པ་ཇི་ལྟ་བ་བཞིན་དུ་དར་ཡུག་ཆེན་པོ་དེ་འགྲོ་བ་མཛའ་དག་ལ་ཉེ་བར་མཁོ་བར་བྱེད་ཅིང། གཅིག་ལ ་ཇི་ལྟ་བ་བཞིན་དུ་རྡུལ་ཕྲ་རབ་ལུས་པ་མེད་པ་མཛའ་དག་ལས་དེ་ཁོ་ན་བཞིན་བྱེད་དོ། །ཀྱེ་རྒྱལ་བའི་སྲས་དེ་བཞིན་དུ་དེ་བཞིན་གཤེགས་པའི་ཡེ་ཤེས་ཚད་མེད་བའི་ཡེ་ཤེས་སེམས་ཅན་ཐམས་ཅད་ཉེ་བར་འཚོ་བའི་ཡེ་ཤེས་ཀྱང་སེམས་ཅན ་ཐམས་ཅད་ཀྱི་སེམས་ཀྱི་རྒྱུད་ལ་ཚད་བ་མེད་པར་རྗེས་སུ་ཞུགས་ཏེ། སེམS་ཅན་གྱི་སེམས་ཀྱི་རྒྱུད་དེ་དག་ཀྱང་དེ་བཞིན་གཤེགས་པའི་ཡེ་ཤེས་དང་འདྲ་བར་ཚད་མེད་དོ། །དེ་ལྟ་མོང་ཀྱི་འདུ་ཤེས་ཀྱི་འཛིན་པས་བཅིངས་པའི་བྱིས་པ་རྣམས་ཀྱིས་དེ་བཞིན ་གཤེགས་པའི་ཡེ་ཤེས་མི་ཤེS་རབ་ཏུ་ནི་ཤེས་ཤིང་ཉམས་སུ་མི་མྱོང། མངོན་དུ་མི་བྱེད་དོ། །དེས་ན་དེ་བཞིན་གཤེགས་པ་ཆགས་པ་མེད་བའི་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱིས་ཆོས་གྱི་དབྱིངས་སེམས་ཅན་གྱི་གནས་ཐམས་ཅད་ལ་རྣམ་པར ་གཟིགས་ནས། སློབ་དཔོན་གྱི་འདུ་ཤེས་གྱུར་ཏེ། ཀྱེ་མ་མ་ལ་སེམས་ཅན་འདི་དག་ནི་དེ་བཞིན་གཤེགས་པའི་ཡེ་ཤེས་ཡང་དག་བ་ཇི་ལྟ་བ་བཞིན་མི་ཤེས་པ་དང། དེ་བཞིན་གཤེགས་པའི་ཡེ་ཤེས་རྗེས་སུ་ཞུགས་པ་དག་སྟེ། གང་ཡང་ངས་སེམས ་ཅན་འདི་དག་ལ་འཕགས་པའི་ལམ་ཉེ་བར་བསྟན་པས་འདུ་ཤེས་ཀྱིས་བྱས་པའི་འཆིང་བ་ཐམས་ཅད་བསལ་བར་བྱས་ཏེ། ཇི་ལྟར་རང་ཉིད་འཕགས་པའི་ཡེ་ཤེས་ཀྱི་སྟོབས་བསྐྱེད་པས་ཡེ་ཤེས་ཀྱི་མདུད་པ་ཆེན་པོ་བསལ་ནས་དེ་བཞིན་གཤེགས་པའི་ཡེ ་ཤེས་སོ་སོར་མངོན་པར་ཤེས་ཤིང། དེ་བཞིན་གཤེགས་པ་དང་མཉམ་པ་ཉིད་རྗེས་སུ་ཐོབ་པ་དེ་བཞིན་དུ་དེ་དག་དེ་བཞིན་གཤེགས་བའི་ལམ་བསྟན་པས་འདུ་ཤེས་ཀྱིས་བྱས་པའི་འཆིང་བ་ཐམས་ཅད་བཟློག་པར་བྱེད་པོ། འདུ་ཤེས་ཀྱི་བྱས་པའི་འཆིང་ཐཾས་ཅད ་ལོག་བ་དག་ལ་ནི་དེ་བཞིན་གཤེགས་པའི་ཡེ་ཤེས་ཚད་མེད་པ་དེ་འགྲོ་བ་མཛའ་དག་གི་ཉེ་བར་འཚོ་བར་འགྱུར་རོ་ཞེས་གསུངས་སོ། །དེ་ལ་རྒྱལ་བའི་མཛད་བ་ནི་ཅིག་ཅར་ཐམས་ཅད་ལ་དུས་ཐམས་ཅད་དུ་ལྷུན་གྱིས་གྲུབ་ཅིང་རྣམ་པར་མི་རྟོགས་པར་བསམ ་བ་ཇི་ལྟ་བ་དང། གདུལ་བྱ་ཇི་ལྟ་བ་བཞིན་དུ་སེམས་ཅན་རྣམས་ལ་མ་ཚད་བ་མེད་ཅིང་རྗེས་སུ་མཐུན་པར་འཇུག་པའི་ཕྱིར་གནས་འདི་བསམ་གྱིས་མི་ཁྱབ་སྟེ། གང་གི་ཕྱིར་སེམས་ཅན་རྣམས་གཞུག་པའི་དོན་དུ་དེ་བཞིན་གཤེགས་བའི་ཡེ་ཤེས་ཚད ་མེད་པ་ཡིན་ཡང་མདོར་བསྡུས་པ་ཙམ་གྱི་སྒོ་ནས་ཚད་དང་ལྡན་པར་བསྟན་མོད་ཀྱི། རིགས་ཀྱི་བུ་འོན་ཀྱང་དེ་བཞིན་གཤེགས་པའི་ཡང་དག་བའི་དེ་བཞིན་གཤེགས་པའི་ཕྲིན་ལས་གང་ཡིན་པ་དེ་ནི་བསམ་གྱིས་མི་ཁྱབ་པ་ཚད་མེད་པ ་འཇིག་རྟེན་ཐམས་ཅད་ཀྱིས་ཤེས་པར་བྱ་བ་མ་ཡིན་པ། ཡི་གེ་བརྗོད་དུ་མེད་པ་གཞན་གྱིས་བསྒྲུབ་པར་བཀའ་བ། སངས་རྒྱས་ཐམས་ཅད་དང་མཉམ་པ་ཉིད་རྗེས་སུ་ཐོབ་པ་འབད་རྩོལ་དང་བྱ་བ་ཐམས་ཅད་ལས་འདས་པ། ནམ་མཁའ་དང་མཉམ་པ་ཉིད ་ཀྱིས་རྣམ་བར་རྟོག་པ་མེད་པ། ཆོས་ཀྱི་དབྱིངས་ཀྱི་བྱ་བ་ཉིད་ཀྱི་ཐ་དད་དུ་དབྱེར་མེད་པ་ཞེས་བྱ་བ་ནས། ནོར་བུ་བཻ་ཌཱུརྱ་རྣམ་པར་དག་པའི་དཔེར་མཛད་ནས། རྒྱས་པར་བསྟན་ཏེ། རིགས་ཀྱི་བུ་རྣམ་གྲངས་འདིས་འདི་ལྟར་རིག་བྱ་སྟེ། དེ་བཞིན་གཤེགས ་པའི་ཕྲིན་ལས་ནི་བསམ་གྱིས་མི་ཁྱབ་པ་མཉམ་པ་ཉིད་རྗེས་སུ་ཐོབ་པ་ཐམས་ཅད་དུ་ཁ་ན་མ་ཐོ་བ་མེད་པ་དུས་གསུམ་དང་རྗེས་སུ་འབྲེལ་བ། དཀོན་མཆོག་གསུམ་གྱི་གདུང་རྒྱུན་མི་འཆད་བར་བྱེད་པའོ། །བསམ་གྱིS་མི་ཁྱབ་པའི་དེ་བཞིན་གཤེགས ་བའི་ཕྲིན་ལས་གང་ལ། རབ་ཏུ་ཞུགས་པའི་དེ་བཞིན་གཤེགས་པའི་སྐུ་ནམ་མཁའ་ཨི་རང་བཞིན་ཡང་མི་འདོར་ལ། སངས་རྒྱས་ཀྱིས་ཞིང་ཐམས་ཅད་དུ་ཡང་ཀུན་ཏུ་བསྟན་ཏོ། །གསུང་བརྗོད་དུ་མེད་བའི་ཆོས་ཉིད་ཀྱང་མི་འདོར་ལ། སྒྲ་རྣམ་བར ་རིག་པ་ཇི་ལྟ་བ་བཞིན་དུ་སེམས་ཅན་རྣམས་ལ་ཆོས་ཀྱང་སྟོན་ཏོ། །སེམས་ཀྱི་དམིགས་པ་ཐམས་ཅད་དང་ཡང་བྲལ་ལ། སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་སྤྱོད་པ་དང་བསམ་པ་ཡང་རབ་ཏུ་ཤེས་སོ་ཞེས་གསུངས་སོ། །རྟོགས་བྱ་རྟོགས ་པ་དེ་ཡི་ནི། ཡན་ལག་རྟོགས་པར་བྱེད་ཕྱིར་ཏེ། །གོ་རིམ་ཇི་བཞིན་གནས་གཅིག་སྟེ། །དག་རྒྱུ་གསུམ་ནི་རྐྱེན་ཡིན་ནོ། །དོན་གྱི་གནས་བཞི་བོ་འདི་དག་ལས་ཀྱང་ཤེས་བྱ་ཐམས་ཅད་བསྡུས་པའི་ཕྱིར་དང་པོ་ནི་རྟོགས་པར་བྱ་བའི་གནས་སུ ་ལྟ་བར་བྱའོ། །དེའི་རྗེས་སུ་རྟོགས་པ་ནི་རྟོགས་པ་ཡིན་པའི་ཕྱིར་གཉིས་པ་བྱང་ཆུབ་ཀྱི་གནས་སོ། །བྱང་ཆུབ་ཀྱི་ཡན་ལག་ཏུ་གྱུར་བ་ནི་སངས་རྒྱས་ཀྱི་ཡོན་ཏན་ཡིན་པའི་ཕྱིར་གསུམ་བ་བྱང་ཆུབ་ཀྱི་ཡན་ལག་གིས་གནས་སོ། །བྱང་ཆུབ་ཀྱིས་ཡན་ལག་རྣམ་ཉིད་ཀྱིས ་གཞན་དག་རྟོགས་པར་བྱེད་པའི་ཕྱིར་བཞི་པ་རྟོགས་བར་བྱེད་པའི་གནས་སོ། །དེ་ལྟར་གནས་བཞི་པོ་འདི་དབང་དུ་བྱས་ཏེ་རྒྱུ་དང་རྐྱེན་གྱིས་དངོས་པོས་དཀོན་མཆོག་གསུམ་གྱིས་རིགས་རྣམ་པར་བཞག་བར་རིག་པར་བྱའོ། །དེ་ལ་གནས་བཞི་པོ་འདི་དག་ལས ་དང་པོ་ནི་འཇིག་རྟེན་ལས་འདས་པའི་ཆོས་ཀྱི་ས་བོན་ཡིན་པའི་ཕྱིར་སོ་སོ་རང་ཉིད་ཚུལ་བཞིན་ཡིད་ལ་བྱེད་པའི་གནས་ཀྱིས་དེ་རྣམ་པར་དག་པ་ལ་བརྟེན་ནས་དཀོན་མཆོག་གསུམ་གྱི་རྒྱུར་རྟོགས་པར་བྱེད་བར་བྱ་སྟེ། དེ་ལྟར་གནས་གཅིག་ནི་རྒྱུ་ཡིན ་ནོ། །ཇི་ལྟར་གསུམ་རྐྱེན་ཡིན་ཞེ་ན། དེ་བཞིན་གཤེགས་པ་བླ་ན་མེད་པ་ཡང་དག་བར་རྫོགས་པའི་བྱང་ཆུབ་མངོན་བར་རྫོགས་པར་སངས་རྒྱས་ནས་སྟོབས་བཅུ་ལ་སོགས་པ་སངས་རྒྱས་ཀྱི་ཆོས་རྣམས་ཀྱིས་དེ་བཞིན་གཤེགས་པའི་ཕྲིན་ལས་རྣམ་པ་སུཾ ་ཅུ་རྩ་གཉིས་མཛད་པ་ན། གཞན་གྱི་སྒྲ་ལ་བརྟེན་ནས་དེ་རྣམ་པར་དག་པ་ལ་བརྟེན་ནས་དཀོན་མཆོག་འབྱུང་བའི་རྐྱེན་དུ་རྟོགས་པར་བྱ་སྟེ། དེ་ལྟར་གསུམ་པོ་འདི་ནི་རྐྱེན་ཡིན་ནོ། །འདི་ཕན་ཆད་གཞུང་ལྷག་མས་གནས་གཞི་པོ་འདི་དག་ཉིད་ཀྱིས་མཐར ་གྱིས་རྣམ་པར་དབྱེ་བ་རྒྱས་པར་སྟོན་པ་རིག་བར་བྱའོ། །དེ་ལ་དྲི་མ་དང་བཅས་པའི་དེ་བཞིན་ཉིད་ཀྱི་དབང་དུ་མཛད་ནས་སེམས་ཅན་ཐམས་ཅད་ནི་དེ་བཞིན་གཤེགས་པའི་སྙིང་པོ་ཅན་ནོ་ཞེས་གསུངས་པ་གང་ཡིན་པ་དེ་དོན་གང་གིས་ཡིན་ཞེ་ན། རྫོགས ་སངས་སྐུ་ནི་འཕྲོ་ཕྱིར་དང། དེ་བཞིན་ཉིད་དབྱེར་མེད་ཕྱིར་དང། །རིགས་ཡོད་ཕྱིར་ན་ལུས་ཅན་ཀུན། །རྟག་ཏུ་སངས་རྒྱས་སྙིང་པོ་ཅན། །མདོར་བསྡུན་དོན་རྣམ་པ་གསུམ་གྱིས་སེམས་ཅན་ཐམས་ཅད་ནི་རྟག་ཏུ་དེ་བཞིན་གཤེགས་པའི་སྙིང་པོ་ཅན་ནོ་ཞེས ་བཅོམ་ལྡན་འདས་ཀྱི་གསུངས་ཏེ། སངས་རྒྱས་ཡེ་ཤེས་སེམས་ཅན་ཆོགས་ཞུགས་ཕྱིར། །རང་བཞིན་དྲི་མེད་དེ་ནི་གཉིས་མེད་དེ། །སངས་རྒྱས་རིགས་ལ་དེ་འབྲས་ཉེར་བརྟགས་ཕྱིར། །འགྲོ་ཀུན་སངས་རྒྱས་སྙིང་པོ་ཅན་དུ་གསུངས།། ་དོན་དེ་རྣམ་པ་ཐམས་ཅད་དོན་གང་གིས་གསུང་རབ་ཐམས་ཅད་དུ་ཁྱད་པར་མེད་པར་བསྟན་པར་འགྱུར་བ་དེའི་དབང་དུ་བྱས་ཏེ་བཤད་པར་བྱའོ། །འདི་ལྟ་སྟེ། སེམས་ཅན་ཐམས་ཅད་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུས་འཕྲོ་བའི་དོན་དང། དེ ་བཞིན་གཤེགས་པའི་དེ་བཞིན་ཉིད་རྣམ་པར་དབྱེར་མེད་པའི་དོན་དང། དེ་བཞིན་གཤེགས་པའི་རིགས་ཡོད་པའི་དོན་གྱིས་སོ། །དོན་གྱི་གནS་གསུཾ་པོ་འདི་དག་ཀྱང་དེ་བཞིན་གཤེགས་པའི་སྙིང་པོའི་རྗེས་སུ་འབྲངས་ཏེ། འོག་ནས་སྟོན་པར་འགྱུར་རོ། །སྔོ་མ་ནི། ་ངོ་བོ་རྒྱུ་འབྲས་ལས་ལྡན་འཇུག་པ་དང། གནས་སྐབས་དེ་བཞིན་ཀུན་ཏུ་འགྲོ་བའི་དོན། །རྟག་ཏུ་མི་འགྱུར་ཡོན་ཏན་དབྱེར་མེད་ནི། །དོན་དམ་དབྱིངས་ཀྱི་དགོངས་དོན་ཡིན་ཞེས་བྱ། །མདོར་བསྡུ་ན་དོན་རྣམ་པ་བཅུ་ལ་དགོངས་ནས། དེ་ཁོ་ནའི་ཡེ ་ཤེས་དམ་པའི་ཡུལ་དེ་བཞིན་གཤེགས་པའི་ཁམས་རྣམ་པར་བཞག་པར་རིག་པར་བྱའོ། །དོན་རྣམ་པ་བཅུ་གང་ཞེ་ན། འདི་ལྟ་སྟེ། ངོ་བོའི་དོན་དང་རྒྱུའི་དོན་དང། འབྲས་བུའི་དོན་དང། ལས་ཀྱི་དོན་དང། ལྡན་པའི་དོན་དང། འཇུག་པའི་དོན ་དང། གནས་སྐབས་ཀྱི་རབ་ཏུ་དབྱེ་བའི་དོན་དང། ཀུན་ཏུ་འགྲོ་བའི་དོན་དང། མི་འགྱུར་བའི་དོན་དང། དབྱེར་མེད་པའི་དོན་ཏོ། །དེ་ལ་ངོ་བོའི་དོན་དང་རྒྱུའི་དོན་ལས་བརྩམས་ནས་ཚིགས་སུ་བཅད་པ། རིན་ཆེན་ནམ་མཁའ་ཆུ་དག ་བཞིན། །རྟག་ཏུ་རང་བཞིན་ཉོན་མོངས་མེད། །ཆོས་མོས་ལྷག་པའི་ཤེས་རབ་དང། །ཏིང་འཛིན་སྙིང་རྗེ་ལས་བྱུང་བ། །དེ་ལ་ཚིགས་སུ་བཅད་པ་ཕྱེད་སྔ་མས་ཅི་བསྟན་ཞེ་ན། མཐུ་དང་གཞན་དུ་མི་འགྱུར་དང། །བརླན་པའི་ངོ་བོ་རང ་བཞིན་ཕྱིར། །འདི་དག་ནོར་བུ་རིན་ཆེན་མཁའ་། །ཆུ་ཡི་ཡོན་ཏན་ཆོས་མཐུན་ཉིད། །གསུམ་པོ་འདི་དག་ནི་འདིར་སྔར་བསྟན་ཟིན་པ་སྟེ། གསུམ་པོ་འདི་དག་ལ་གོ་རིམ་ཇི་ལྟ་བ་བཞིན་ཁོ་ནར་རང་གི་མཚན་ཉིད་དང་སྤྱིའི་མཚན་ཉིད་ལས་བརྩམས་ནས་དེ་བཞིན ་གཤེགས་པའི་ཁམས་ཡིད་བཞིན་གྱིས་ནོར་བུ་དང། ནམ་མཁའ་དང། ཆུ་རྣམ་པར་དག་པའི་ཡོན་ཏན་དང། ཆོས་མཐུན་པ་ཉིད་དུ་རིག་པར་བྱའོ། །དེ་ལ་རེ་ཞིག་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་ནི་བསམ་པའི་དོན་གྲུབ་པ་ལ་སོགས་པ་མཐུའི ་ངོ་བོ་ཉིད་རང་གི་མཚན་ཉིད་ལས་བརྩམས་ནས་ཡིད་བཞིན་གྱི་ནོར་བུ་དང། ཆོས་མཐུན་པ་ཉིད་དུ་ཐིག?་པར་བྱའོ། །དེ་བཞིན་ཉིད་ལ་ནི་གཞན་དུ་མ་ཡིན་པ་ཉིད་ཀྱི་རང་གི་ངོ་བོའི་རང་གི་མཚན་ཉིད་ལས་བརྩམས་ནས་ནམ་མཁའ་དང་ཆོས་མཐུན་བ་ཉིད་དུ ་རིག་པར་བྱའོ། །དེ་བཞིན་གཤེགས་པའི་རིགས་ལ་ནི་སེམས་ཅན་ལ་སྙིང་བརྩེ་བས་བརླན་པའི་རང་གི་ངོ་བོ་ཉིད་ཀྱི་རང་གི་མཚན་ཉིད་ལས་བརྩམས་ནས་ཆུ་དང་ཆོས་མཐུན་པ་ཉིད་དུ་རིག་པར་བྱའོ། །འདིར་ཐམས་ཅད་ཀྱང་རྟག་ཏུ་རང་བཞིན་གྱིས་ཤིན་ཏུ་ཉེ་བ ་ཉོན་མོངས་པ་མེད་པར་རང་བཞིན་གྱིས་ཡོངས་སུ་དག་པའི་སྤྱིའི་མཚན་ཉིད་ལས་བརྩམས་ནས་དེ་ཉིད་ཡིད་བཞིན་གྱིས་ནོར་བུ་དང། ནམ་མཁའ་དང་ཆུ་རྣམ་པར་དག་པའི་ཡོན་ཏན་དང། ཆོས་མཐུན་པར་རིག་པར་བྱའོ། །དེ་ལ་ཚིགས་སུ་བཅད་པ་ཕྱེད་འོག ་མས་ཅི་བསྟན་ཞེ་ན། ཆོས་ལ་ཁོང་ཁྲོ་བ་དག་ལྟ་དང། །འཁོར་བའི་སྡུག་བསྔལ་གྱིས་འཇིགས་དང། །སེམས་ཅན་དོན་ལ་ལྟོས་མེད་ཉིད། །འདོད་ཆེན་མུ་སྟེགས་ཉན་ཐོས་དང། །རང་བྱུང་རྣམས་ཀྱི་སྒྲིབ་རྣཾ་བཞི། །དག་རྒྱུ་ལྷག་པར ་མོས་པ་ལས། །སོགས་པའི་ཆོས་ནི་རྣམ་བཞི་ཉིད། །མདོར་བསྡུ་ན་སེམས་ཅན་གྱིས་ཚོགས་ན་སེམས་ཅན་གྱི་རྣམ་པ་འདི་གསུམ་ཡོད་དེ། །སྲིད་པ་འདོད་པ་དང། །སྲིད་པ་དང་བྲལ་བར་འདོད་པ་དང། །དེ་གཉིས་ཀ་མངོན་པར་མི་འདོད་པའོ། །དེ ་ལ་སྲིད་པ་འདོད་པ་ནི་རྣམ་པ་གཉིས་སུ་རིག་པར་བྱ་སྟེ། །ཐར་པའི་ལམ་དང་ཞེ་འགྲས་པ་ཡོངས་སུ་མྱ་ངན་ལས་མི་འདའ་བའ་ཨི་རིགས་ཅན་གྱིས་སེམས་ཅན་འཁོར་བ་ཉིད་འདོད་ཀྱི། མྱ་ངན་ལས་འདས་པ་ནི་མ་ཡིན་པ་གང་དག་ཡིན་པ་དང། ་དེར་ངེས་པར་ལྷུང་བ་ཆོས་འདི་ཉིད་དེ་དག་ལས་ཁ་ཅིག་ཐེག་པ་ཆེན་པོའི་ཆོས་ལ་སྡང?་བ་སྟེ། གང་གི་དབང་དུ་མཛད་ནས། བཅོམ་ལྡན་འདས་ཀྱིས་ང་ནི་དེ་དག་གི་སྟོན་པ་མ་ཡིན་ལ། དེ་དག་ཀྱང་ངའི་ཉན་ཐོས་མ་ཡིན་ནོ། །ཤཱ་རིའི་བུ་དེ་དག་ནི་མུན་པ ་བས་ཀྱང་ཆོས་མུན་པ། མུན་པ་ནས་མུན་པ་ཆེན་པོར་འགྲོ་བ་མུན་པ་ཆེན་པོ་དང་ལྡན་པའོ། །ཞེས་ང་སྨྲའོ་ཞེས་གསུངས་པའོ། །དེ་ལ་སྲིད་པ་དང་བྲལ་བར་འདོད་པ་ནི་རྣམ་པ་གཉིས་ཏེ། ཐབས་མ་ཡིན་པ་ལ་ཞུགས་པ་དང། ཐབས་ལ་ཞུགས ་པའོ། །དེ་ལ་ཐབས་མ་ཡིན་པ་ལ་ཞུགས་པ་ལ་ཡང་རྣམ་པ་གསུམ་སྟེ། འདི་ལས་ཕྱི་རོལ་ཏུ་གྱུར་པ་ཙ་ར་ཀ་དང། ཀུན་ཏུ་རྒྱུ་དང་གཅེར་པུ་ལ་སོགས་པའི་རྣམ་པ་དུ་མའི་མུ་སྟེགས་པ་མང་པོ་དང། དེ་དང་མཐུན་པར་སྤྱོད་པ་ཆོས་འདི་པ་ཉིད ་དད་པ་ཡོད་ཀྱང། དེས་པར་བཟུང་དཀའ་བའི་ལྟ་བ་འཛིན་པ་སྟེ། དེ་དག་ཀྱང་གང་ཞེ་ན། འདི་ལྟ་སྟེ། དོན་དམ་པ་ལ་མོས་པ་གང་ཟག་ཏུ་བལྟ་བ་སྟེ། གང་ལས་བཅོམ་ལྡན་འདས་ཀྱིས་སྟོང་པ་ཉིད་ལ་མོས་པ་མེད་པ་ནི་མུ་སྟེགས་པ་དང། ་ཁྱད་པར་མེད་པ་ཡིན་ནོ་ཞེས་གསུངས་བ་དང། མངོན་པའི་ང་རྒྱལ་ཅན་སྟོང་པ་ཉིད་དུ་ལྟ་བ་སྟེ། འདི་ལ་སྟོད་པ་ཉིད་དུ་ལྟ་བ་གང་དག་དེའི་རྣམ་བར་ཐར་པའི་སྒོ་ལ་ཡང་སྟོང་པ་ཉིད་དུ་ལྟ་བར་འགྱུར་བ་གང་གིས་དབང་དུ་མཛད་ནས་།འོད་སྲུངས ་གང་ཟག་དུ་ལྟ་བ་རི་རབ་ཙམ་ནི་བླའི་མངོན་པའི་ང་རྒྱལ་ཅན་སྟོང་པ་ཉིད་དུ་ལྟ་བ་ནི་དེ་ལྟ་མ་ཡིན་ནོ། །ཞེས་གསུངས་པ་ཡིན་ནོ། །དེ་ལ་ཐབས་ལ་ཞུགས་པ་ལ་ཡང་རྣམ་པ་གཉིས་ཏེ་།ཉན་ཐོས་ཀྱི་ཐེག་པ་དང་མཐུན་པ་ཡང་དག་པར་ངེས ་པ་ཉིད་དུ་ཞུགས་པ་དང། རང་སངས་རྒྱས་ཀྱི་ཐེག་པ་དང་མཐུན་པའོ། །དེ་གཉི་ག་མངོན་པར་མི་འདོད་པ་ནི། ཐེག་པ་ཆེན་པོ་ལ་ཡང་དག་པར་གནས་ས?་མཆོག་ཏུ་དབང་པོ་རྣོན་པོའི་སེམས་ཅན་ཏེ། གང་དག་འདོད་ཆེན་པོ་བཞིན་དུ་འཁོར ་བ་ཡང་མི་འདོད་ཅིང། །མུ་སྟེགས་པ་ལ་སོགས་པ་ལྟར་ཐབས་མ་ཡིན་པ་ལ་ཞུགས་པ་ཡང་མ་ཡིན་ལ་ཉན་ཐོས་དང་རང་སངས་རྒྱས་ལྟར་ཐབས་དང་ལྡན་པར་རྟོགས་པ་ཡང་མ་ཡིན་ཏེ། འོན་ཀྱང་འཁོར་བ་དང་མྱ་ངན་ལས་འདས་པ་མཉམ་པ ་ཉིད་ཐོབ་པའི་ལམ་དུ་ཞུགས་པ་སྟེ། དེ་དག་མི་གནས་པའི་མྱ་ངན་ལས་འདས་པ་ལ་བརྟེན་པའི་བསམ་པ་ཅན་ཉེ་བར་ཉོན་མོངས་པ་མེད་པའི་འཁོར་བ་ལ་བརྟེན་པའི་སྦྱོར་བ་ཅན། །སྙིང་རྗེ་དང་ལྷག་པའི་བསམ་པ་བརྟན་པར་རབ་ཏུ ་གནས་པ་རྩ་བ་ཡོངས་སུ་དག་པར་གྱུར་པ་ཡིན་ནོ། །དེ་ལ་སེམས་ཅན་གང་དག་སྲིད་པ་འདོད་པའི་འདོད་ཆེན་པ་དང། དེར་ངེས་པར་ལྷུང་བའི་ཆོས་འདི་པ་ཉིད་དེ། དེ་གཉིས་ནི་ལོག་པ་ཉིད་དུ་དེས་པའི་སེམས་ཅན་གྱི་ཕུང་པོ་ཞེས་བྱའོ། །གང ་དག་སྲིད་པ་དང་བྲལ་བར་འདོད་ཀྱང་ཐབས་མ་ཡིན་པ་ལ་ཞུགས་པ་དེ་དག་ནི་།མ་ངེས་པའི་སེམས་ཅན་གྱི་ཕུང་པོ་ཞེས་བྱའོ། །གང་དག་སྲིད་པ་དང་བྲལ་བར་འདོད་པ་ཐབས་ལ་ཞུགས་པ་དང། དེ་གཉིས་ཀ་མངོན་པར་མི་འདོད་པ་མཉམ ་པ་ཉིད་ཐོབ་པའི་ལམ་དུ་ཞུགས་པ་དེ་དག་ནི་ཡང་དག་པ་ཉིད་དུ་ངེས་པའི་སེམས་ཅན་གྱི་ཕུང་པོ་ཞེས་བྱའོ། །དེ་ལ་ཐེག་པ་ཆེན་པོ་ལ་ཡང་དག་པར་རབ་ཏུ་གནས་པའི་སེམས་ཅན་གྱི་སྒྲིབ་པ་མེད་པ་རྟོགས་པ་གཞན་སེམས་ཅན་རྣམ་པ ་བཞི་པོ་འདི་དག་སྟེ། །འདི་ལྟ་སྟེ། འདོད་ཆེན་པ་དང། མུ་སྟེགས་པ་དང། ཉན་ཐོས་དང་རང་སངས་རྒྱས་ཏེ། དེ་དག་ལ་ནི་དེ་བཞིན་གཤེགས་པའི་ཁམས་མི་རྟོགས་པ་དང། མངོན་སུམ་དུ་བྱེད་བར་མི་འགྱུར་བའི་སྒྲིབ་པ་འདི ་བཞི་ཡང་དག་པར་གནས་སོ། །བཞི་གང་ཞེ་ན། འདི་ལྟ་སྟེ། གང་གི་གཉེན་པོར་བྱང་ཆུབ་སེམས་དཔའ་རྣཾས་ཐེག་པ་ཆེན་པོའི?་ཆོས་ལ་མོས་པ་སྒོམ་པ་ཐེག་པ་ཆེན་པོའི་ཆོས་ལ་སྡད་བ་འདོད་པ་ཆེན་པོ་རྣམས་ཀྱི་སྒྲིབ་པ ་དང། གང་གི་གཉེན་པོར་བྱང་ཆུབ་སེམས་དཔའ་རྣམས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒོམ་པ་ཆོས་རྣམས་ལ་བདག་ཏུ་ལྟ་བ་གཞན་མུ་སྟེགས་ཅན་རྣམས་ཀྱི་སྒྲིབ་པ་དང་།གང་གི་གཉེན་པོར་བྱང་ཆུབ་སེམས་དཔའ་རྣམས་ནམ་མཁའ་མཛོད་ལ ་སོགས་པའི་ཏིང་ངེ་འཛིན་སྒོམ་པར་འཁོར་བ་ལ་སྡུག་བསྔལ་བར་འདུ་ཤེས་ཤིང་སྡུག་བསྔལ་གྱིས་འཇིགས་པ་ཉན་ཐོས་ཀྱི་ཐེག་པ་པ་རྣམས་ཀྱི་སྒྲིབ་པ་དང། གང་གི་གཉེན་པོར་བྱང་ཆུབ་སེམས་དཔའ་རྣམས་སྙིང་རྗེ་ཆེན་པོ་བསྒོམ་པ་སེཾས་ཅན་གྱི་དོན་ལ་རྒྱབ ་ཀྱི་ཕྱོགས་ཤིང་སེམས་ཅན་གྱི་དོན་ལ་མི་བལྟོས་པ་ཉིད་རང་སངས་རྒྱས་ཀྱི་ཐེག་པ་པ་རྣམས་ཀྱི་སྒྲིབ་པ་སྟེ། གང་གི་གཉེན་པོར་མོས་པ་ལ་སོགས་པའི་ཆོས་འདི་བཞི་བསྒོམས་ནས་བྱང་ཆུབ་སེམས་དཔའ་རྣམས་བླ་ན་མེད་པའི་དོན་ཆོས་ཀྱི ་སྐུ་རྣམ་པར་དག་པ་མཐར་ཕྱིན་པ་ཐོབ་པར་འགྱུར་བ་སེམས་ཅན་རྣམ་པ་འདི་བཞིའི་སྒྲིབ་པ་ནི་རྣམ་པ་བཞི་པོ་འདི་དག་ཡིན་ནོ། །རྣམ་པར་དག་པ་བཞི་འགྲུབ་པའི་རྒྱུ་བཞི་པོ་འདི་དག་དང་ལྡན་པ་ནི་དེ་བཞིན་གཤེགས་པའི་རིགས་སུ་ཆོས་ཀྱི་རྒྱལ ་པོའི་སྲས་སུ་འགྱུར་རོ། །ཇི་ལྟར་ཞེ་ན། ཐེག་མཆོག་ལ་མོས་ས་བོན་ཤེས་རབ་ནི། །སངས་རྒྱས་ཆོས་བསྐྱེད་མ་དང་བསམ་གཏན་གྱི། །བདེ་བའི་མངའ་གནས་སྙིང་རྗེའི་མ་མ་ཅན། །གང་ཡིན་དེ་དག་ཐུབ་པའི་རྗེས་སྐྱེས་སྲས། །དེ ་ལ་འབྲས་བུའི་དོན་དང་ལས་གྱི་དོན་ལས་བརྩམས་ཏེ་ཚིགས་སུ་བཅད་པ། གཙང་བདག་བདེ་དང་རྟག་ཉིད་ཀྱི། །ཡོན་ཏན་ཕ་རོལ་ཕྱིན་པ་འབྲས། །སྡུག་བསྔལ་ཡིད་འབྱུང་ཞི་ཐོབ་པར། །འདུན་དང་སྨོན་པའི་ལས་ཅན་ནོ། །དེ་ལ་ཚིགS ་སུ་བཅད་པ་ཕྱེད་དང་སྔ་མས་ཅི་བསྟན་ཞེ་ན། འདི་དག་འབྲས་ནི་མདོར་བསྡུ་ན། ཆོས་ཀྱི་སྐུ་ལ་ཕྱིན་ཅི་ལོག་།རྣམ་པ་བཞི་ལས་བཟློག་པ་ཡི། །གཉེན་པོ་རབ་ཏུ་ཕྱེ་བ་ཉིད། །མོས་པ་ལ་སོགས་པའི་དེ་བཞིན་གཤེགས་པའི་ཁམས་རྣམ་པར་དག་པའི་ ་རྒྱུར་བཤད་པའི་ཆོས་བཞི་པོ་གང་ཡིན་པ་དེ་དག་གིས་འབྲས་བུ་ནི་མདོར་བསྡུ་ན། གོ་རིམ་ཇི་ལྟ་བ་བཞིན་དུ་ཕྱིན་ཅི་ལོག་རྣམ་པ་བཞི་ལས་བཟློག་པའི་གཉེན་པོར་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་ལ་ཡོན་ཏན་གྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པ་བཞིར ་བལྟའོ། །དེ་ལ་གང་ཞིག་གཟུགས་ལ་སོགས་པའི་དངོས་པོ་མི་རྟག་པ་ལ་རྟག་གོ་སྙམ་པར་འདུ་ཤེས་པ་དང། སྡུག་བསྔལ་ལ་བདེའོ་སྙམ་པ་དང། བདག་མེད་པ་ལ་བདག་གོ་སྙམ་པ་དང། མི་གཙང་བ་ལ་གཙང་ངོ་སྙམ་པར་འདུ་ཤེས་པ ་འདི་ནི་ཕྱིན་ཅི་ལོག་རྣམ་པ་བཞི་ཞེས་བརྗོད་ལ། འདི་ལས་བཟློག་པ་ལ། ནི་ཕྱིན་ཅི་མ་ལོག་པ་བཞི་ཉིད་དུ་རིགས་པར་བྱའོ། །རྣམ་པ་བཞི་གང་ཞེ་ན། གཟུགས་ལ་སོགས་པའི་དངོས་པོ་དེ་ཉིད་ལ་མི་རྟོག་པའི་འདུ་ཤེས་དང་།སྡུག་བསྔལ ་བའི་འདུ་ཤེས་དང། བདག་མེད་པའི་འདུ་ཤེས་དང། མི་གཙང་བའི་འདུ་ཤེས་གང་ཡིན་པ་སྟེ། འདི་ནི་ཕྱིན་ཅི་ལོག་རྣམ་པར་བཞི་ལས་བཟློག་པའོ། །དེ་ཡང་རྟག་པ་ལ་སོགས་པའི་མཚན་ཉིད་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུའི ་དབང་དུ་བྱས་ཏེ། འདིར་ཕྱིན་ཅི་ལོག་ཏུ་འདོད་དོ། །གང་གི་གཉེན་པོར་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུའི་ཡོན་ཏན་གྱིས་ཕ་རོལ་ཏུ་ཕྱིན་པ་རྣམ་པ་བཞི་རྣམ་པར་བཞག་པ་སྟེ། རྟག་པའི་ཕ་རོལ་ཏུ་ཕྱིན་པ་དང། བདེ་བའི་ཕ་རོལ་ཏུ ་ཕྱིན་པ་དང། བདག་གི་ཕ་རོལ་ཏུ་ཕྱིན་པ་དང། །གཙང་བའི་ཕ་རོལ་ཏུ་ཕྱིན་པའོ། །གཞུང་འདི་ཡང་རྒྱ་ཆེར་ནི་མདོ་ཇི་ལྟ་བ་བཞིན་དུ་རྟོགས་པར་བྱ་སྟེ། བཅོམ་ལྡན་འདས་སེམས་ཅན་རྣམས་ནི་ཟིན་པའི་ཉེ་བར་ལེན་པའི་ཕུང་པོ་ལྔ ་པོ་རྣམས་ལ་ཕྱིན་ཅི་ལོག་ཏུ་གྱུར་པ་སྟེ། དེ་དག་ནི་མི་རྟག་པ་ལ་རྟག་པར་འདུ་ཤེས་པ། སྡུག་བསྔལ་བ་ལ་བདེ་བར་འདུ་ཤེས་པ། བདག་མེད་པ་ལ་བདག་ཏུ་འདུ་ཤེས་པ། །མི་གཙང་བ་གཙང་བར་འདུ་ཤེས་པ་ལ་གནས ་སོ། །བཅོམ་ལྡན་འདས་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱང་སྟོང་པ་ཉིད་ཀྱི་ཡེ་ཤེས་ཀྱིས་སྔར་མི་མཐོང་བ། །ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ཀྱི་ཡུལ་དེ་བཞིན་གཤེགས་བའི་ཆོས་ཀྱི་སྐུ་ལ་ཕྱིན་ཅི་ལོག་ཏུ་གྱུར་པའོ། ། ་བཅོམ་ལྡན་འདས་རྟག་པར་འདུ་ཤེས་པ། བདེ་བར་འདུ་ཤེས་པ། བདག་ཏུ་འདུ་ཤེས་པ། གཙང་བར་འདུ་ཤེས་པའི་སེམས་ཅན་དེ་དང་དེ་དག་ནི། བཅོམ་ལྡན་འདས་ཀྱི་ཐུགས་ལས་སྐྱེས་པའི་སྲས་ལགས་སོ། །བཅོམ་ལྡན ་འདས་སེམས་ཅན་དེ་དག་ནི་ཕྱིན་ཅི་ལོག་ཏུ་གྱུར་པ་མ་ལགས་སོ། །བཅོམ་ལྡན་འདས་སེམས་ཅན་དེ་དག་ནི་ཡང་དག་པར་མཐོང་བ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་ཉིད ་ནི་རྟག་པཱི་ཕ་རོལ་ཏུ་ཕྱིན་པ་བདེ་བའི་ཕ་རོལ་ཏུ་ཕྱིན་པ། བདག་གི་ཕ་རོལ་ཏུ་ཕྱིན་པ། གཙང་བའི་ཕ་རོལ་ཏུ་ཕྱིན་པའོ། །བཅོམ་ལྡན་འདས་སེམས་ཅན་གང་དག་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་དེ་ལྟར་མཐོང་བ་དེ་དག་ནི་ཡང་དག ་པར་མཐོང་བའོ། །ཡང་དག་པར་མཐོང་བ་གང་ལགས་པ་དེ་དག་ཐམས་ཅད་ནི་བཅོམ་ལྡན་འདས་ཀྱི་ཐུགས་ཀྱི་སྲས་ལགས་སོ་ཞེས་རྒྱས་པར་འབྱུང་ངོ། །དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུའི་ཡོན་ཏན་གྱི་ཕ་རོལ་ཏུ་ཕྱིན་པ་འདི་བཞིན ་རྒྱུའི་གོ་རིམ་གྱིས་གོ་རིམ་ལས་བཟློག་སྟེ་རིག་པར་བྱའོ། །དེ་ལ་ཐེག་པ་ཆེན་པོའི་ཆོས་ལ་སྣང་བ། འདོད་ཆེན་པོ་རྣམས་ཀྱི་མི་བཙང་བའི་འཁོར་བ་ལ་མངོན་བར་དགའ་བ་ལས་བཟློག་ནས། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཐེག་པ་ཆེན ་པོའི་ཆོས་ལ་མོས་པ་བསྒོམས་པ་ནི་འབྲས་བུ་གཙང་བའི་ཕ་རོལ་ཏུ་ཕྱིན་ཐོབ་པར་བལྟའོ། །ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་དག་ལ་བདག་ཏུ་ལྟ་བ་གཞན་མུ་སྟེགས་པ་དག་གི་ཡོད་པ་མ་ཡིན་པ་དག་ཏུ་འཛིན་པ་ལ་མངོན་པར་དགའ་བ་ལས་བཟློག ་ནས་ཤེས་རབ་ཀྱིས་ཕ་རོལ་ཏུ་ཕྱིན་པ་བསྒོམས་པ་ལས་ནི་འབྲས་བུ་བདག་དམ་པའི་ཕ་རོལ་ཏུ་ཕྱིན་པ་འཐོབ་པར་བལྟའོ། །འདི་ལྟར་མུ་སྟེགས་པ་གཞན་ཐམས་ཅད་ནི་གཟུགས་ལ་སོགས་པ་དེའི་རང་བཞིན་མ་ཡིན་པའི་དངོས་པོ་བདག་ཏུ་མཁས་ལེན ་ལ། དེ་དག་གི་ཇི་ལྟར་བཟུང་བའི་དངོས་པོ་དེ་ཡང་བདག་གི་མཚན་ཉིད་ཀྱི་སླུ་བ་དང་ལྡན་པའི་ཕྱིར་དུས་ཐམས་ཅད་དུ་བདག་མེད་དོ། །དེ་བཞིན་གཤེགས་པས་ནི་ཡང་དག་པ་ཇི་ལྟ་བ་བཞིན་གྱིས་ཡེ་ཤེས་ཀྱིས་ཆོས་ཐམས་ཅད་བདག་མེད་པ་དམ་པའི ་ཕ་རོལ་ཏུ་ཕྱིན་པ་བརྙེས་ལ། དེས་ཇི་ལྟར་གཟིགས་པའི་བདག་མེད་པ་ཡང་དག་ཡོད་པ་མ་ཡིན་པའི་མཚན་ཉིད་ཀྱིས་མི་སླུ་བ་དང་ལྡན་པའི་ཕྱིར་དུས་ཐམས་ཅད་དུ་བདག་ཏུ་འདོད་དོ། །བདག་མེད་པ་ཉིད་བདག་ཏུ་བྱས་པ་སྟེ། ཇི་སྐད་དུ། མི་གནS? ་པའི་ཚུལ་གྱིས་གནས་པ་ཞེས་གསུངས་པ་ལྟ་བུའོ། །འཁོར་བའི་སྡུག་བསྔལ་གྱིས་འཇིགས་པ་ཉན་ཐོས་ཀྱིས་ཐེག་སྤ་རྣམས་ཀྱི་འཁོར་བའི་སྡུག་བསྔལ་ཉེ་བར་ཞི་བ་ཙམ་མངོན་པར་འདོད་པ་ལས་བཟློག་ནས་ནམ་མཁའ་ཨི་མཛོད་ལ་སོགས་པའི ་ཏིང་ངེ་འཛིན་བསྒོམས་པ་ལས་ནི་འབྲས་བུ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བདེ་བ་དམ་པའི་ཕ་རོལ་ཏུ་ཕྱིན་པ་འཐོབ་པར་བལྟ་བར་བྱའོ། །སེམས་ཅན་གྱི་དོན་ལ་མི་བལྟོས་པར་སངས་རྒྱས་ཀྱི་ཐེག་པ་པ་རྣམས་ཀྱི་འདུ་འཛི་མེད་པར ་གནས་པ་ལ་མངོན་པར་དགའ་བ་ལས་བཟློག་པས། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྙིང་རྗེ་ཆེན་པོ་བསྒོམས་པ་ལས་ནི་རྟག་ཏུ་རྒྱུན་མི་འཆད་པར་འཁོར་བ་ཇི་སྲིད་ཀྱི་བར་དུ་སེམས་ཅན་གྱི་དོན་ཡོངས་སུ་སྦྱོང་བ་ཡོངས་སུ་དག་པའི་ཕྱིར་འབྲས ་བུ་རྟག་པའི་ཕ་རོལ་ཏུ་ཕྱིན་པ་འཐོབ་པར་བལྟ་བར་བྱའོ། །དེ་ལྟར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མོས་པ་དང། ཤེས་རབ་དང། ཏིང་ངེ་འཛིན་དང། སྙིང་རྗེ་ཆེན་པོ་བསྒོམས་པ་རྣམས་ཀྱི་འབྲས་བུ་ནི་གོ་རིམ་ཇི་ལྟ་བ་བཞིན་དུ་དེ་བཞིན ་གཤེགས་བའི་ཆོས་ཀྱི་སྐུ་ལ་གཙང་བ་དང། །བདག་དང་བདེ་བ་དང། རྟག་པའི་ཡོན་ཏན་གྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པ་བཞི་འགྲུབ་པོ། །དེ་བཞིན་གཤེགས་པ་ནི་འདི་དག་གིས་ཆོས་ཀྱི་དབྱིངས་ཀྱི་མཐར་ཐུག་པ་ནམ་མཁའ་ཨི་ཁམས་ཀྱི་མཛའ་སྒྲས? ་པ་ཕྱི་མའི་མཛའ་ཨི་མུར་ཐུགས་པ་ཞེས་བརྗོད་དོ། །འདི་ལྟར་ཐེག་པ་ཆེན་པོའི་ཆོས་དམ་པ་ལྷག་པར་མོས་པ་བསྒོམས་པས་ནི་དེ་བཞིན་གཤེགས་པ་ཤིན་ཏུ་གཙང་བའི་ཆོས་ཀྱི་མཐར་ཐུག་པར་བརྙེས་བའི་ཕྱིར་ཆོས་ཀྱི་།དབྱིངས་ཀྱི་མཐར་ཐུག་པ་ཉིད ་འགྲུབ་པོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་བསྒོམས་པས། སེམས་ཅན་དང་སྣོད་ཀྱི་འཇིག་རྟེན་ནམ་མཁའ་ལྟར་བདག་མེད་པའི་མཐར་ཐུག་པ་ཉིད་དུ་རྟོགས་པའི་ཕྱིར་དང། ནམ་མཁའ་མཛོད་ལ་སོགས་པའི་ཏིང་ངེ་འཛིན་བསྒོམས་པས་ཆོས ་ཀྱི་དབང་ཕྱུག་དམ་པ་ཐམས་ཅད་དུ་ཁྱབ་པ་ཀུན་ཏུ་སྟོན་པའི་ཕྱིར་ནམ་མཁའ་ཨི་ཁམས་ཀྱི་མཐས་ཀླས་པའོ། །སྙིང་རྗེ་ཆེན་པོ་བསྒོམས་པས་སེམས་ཅན་ཐམས་ཅད་ལ་དུས་མུ་མཛའ་མེད་པར་སྙིང་རྗེ་དང་ལྡན་པའི་ཕྱིར་ན་ཕྱི་མའི་མུར་ཐུག་པ་ཡིན་ནོ། ་ཟག་པ་མེད་དབྱིངས་ལ་གནས་པའི་དགྲ་བཅོམ་པ་དང། །རང་སངས་རྒྱས་རྣམས་དང། དབང་ཐོབ་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་ཡང་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུའི་ཡོན་ཏན་གྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པ་བཞི་ཐོབ་པའི་གེགས་སུ་འགྱུར་བ ་ནི་འདི་བཞི་སྟེ། འདི་ལྟ་སྟེ་།རྐྱེན་གྱི་མཚན་ཉིད་དང། རྒྱུའི་མཚན་ཉིད་དང། འབྱུང་བའི་མཚན་ཉིད་དང། འཇིགS་པའི་མཚན་ཉིད་དོ། །དེ་ལ་རྐྱེན་གྱིས་མཚན་ཉིད་ནི། །མ་རིག་པའི་བག་ཆགས་ཀྱིས་ཏེ། འདུ་བྱེད་རྣམས་ཀྱིS་མ་རིག ་པ་བཞིན་ནོ། །རྒྱུའི་མཚན་ཉིད་ནི་མ་རིག་པའི་བག་ཆགས་ཀྱི་སའི་རྐྱེན་ཅན་ཟག་པ་མེད་པའི་ལས་ཉིད་དེ། འདུ་བྱེད་བཞིན་ནོ། །འབྱུང་བའི་མཚན་ཉིད་ནི་མ་རིག་པའི་བག་ཆགས་ཀྱི་སའི་རྐྱེན་དང་ལྡན་པ་ཐག་པ་མེད་པའི་ལས་ཀྱིས་རྒྱུ་?་ཡིད ་ཀྱི་རང་བཞིན་གྱི་ལུས་རྣམ་པ་གསུམ་གྲུབ་པ་སྟེ། ཉེ་བར་ལེན་པའི་བཞིའི་རྐྱེན་དང་ལྡན་པ་ཟག་པ་དང་བཅས་པའི་ལS་ཀྱི་རྒྱུ་ཅན་གྱི་སྲིད་པ་གསུམ་མངོན་པར་གྲུབ་པ་བཞིན་ནོ། །འཇིགས་པའི་མཚན་ཉིད་ནི་ཡིད་ཀྱིས་རང་བཞིན་གྱི་ལུས་རྣམ་པ ་གསུམ་མངོན་པར་གྲུབ་པའི་རྐྱེན་ཅན་བསམ་ཀྱིས་མི་ཁྱབ་པར་ཡོངས་སུ་བསྒྱུར་བའི་འཆི་འགོ?་བ་སྟེ། སྐྱེ་བའི་རྐྱེན་ཅན་གྱི་རྒ་ཤི་བཞིན་ནོ་།དེ་ལ་དགྲ་བཅོམ་པ་དང། རང་སངས་རྒྱས་དང། དབང་ཐོབ་པའི་བྱང་ཆུབ་སེམས་དཔའ་རྣམས་ནི་ཉེ་བའི ་ཉོན་མོངས་པ་ཐམས་ཅད་ཀྱི་རྟེན་དུ་གྱུར་པ་མ་རིགས་པའི་བག་ཆགས་ཀྱི་མ་སྤངས་པས་ཉོན་མོངས་པའི་དྲི་མ་དྲིང་བའི་བག་ཆགས་ཐམས་ཅད་དང་ལྡན་བཱི་ཕྱིར་གསང་བཱི་ཕ་རོལ་ཏུ་ཕྱིན་པ་རབ་ཀྱི་མཐར་ཕྱིན་པ་མི་འཐོབ་པོ། །མ་རིག་བག་ཆགས་ཀྱི་ས་དེ ་ཉིད་ལ་བརྟེན་ནས་མཚན་མའི་སྤྲོས་པ་ཀུན་དུ་སྤྱོད་པ་ཕྲ་མོ་དང་ལྡན་པའི་ཕྱིར། །དེ་དག་གི་ཕ་རོལ་ཏུ་ཕྱིན་པ་ཤིན་ཏུ་འདུས་མ་བྱས་པ་མི་འཐོབ་བོ། །མ་རིག་པའི་བག་ཆགས་ཀྱིས་དེ་དང་མ་རིགས་པའི་བག་ཆགས་ཀྱིས་རྐྱེན་ཅན་གྱི་མཚན་མའི་སྤྲོས་པ ་སྤྱོད་པ་ཕྲ་མོས་ཀུན་ནས་བསླང་བ་ཟག་པ་མེད་པའི་ལས་ལ་བརྟེན་ནས་ཡིད་ཀྱི་རང་བཞིན་གྱི་ཕུང་པོ་ཀུན་འབྱུང་བའི་ཕྱིར་དེ་འགགས་པ་ཤིན་ཏུ་བདེ་བའི་ཕ་རོལ་ཏུ་ཕྱིན་པ་མི་འཐོབ་པོ། །ཇི་སྲིད་དུ་ཉོན་མོངས་པ་དང་ལས་དང་སྐྱེ་བའི་ཀུན ་ནས་ཉོན་མོངས་པ་མ་ལུས་པ་འགགས་པ་ལས་གྱུར་པ་དེ་བཞིན་གཤེགས་པའི་ཁམས་མངོན་དུ་མ་བྱས་པ་དེ་སྲིད་དུ་བསམ་གྱིས་མི་ཁྱབ་པ་ཡོངས་སུ་བསྒྱུར་བ་དང་ལྡན་པའི་འཆི་འཕོ་བ་དང་མི་འབྲལ་བའི་ཕྱིར། །གཞན་དུ་གྱུར་པ་མེད་པ ་རྟག་པའི་ཕ་རོལ་ཏུ་ཕྱིན་པ་མི་འཐོབ་བོ། །དེ་ལ་མ་རིག་པའི་བག་ཆགས་ཀྱིས་ནི་ཉོན་མོངས་པའི་ཀུན་ནས་ཉོན་མོངས་པ་བཞིན་ནོ། །ཟག་པ་མེད་པའི་ལས་མངོན་པར་འདུ་བྱེད་པ་ནི་ལས་ཀུན་ནས་ཉོན་མོངས ་པ་བཞིན་ནོ། །ཡིད་ཀྱི་རང་བཞིན་གྱི་ལུས་རྣམ་པ་གསུམ་མངོན་པར་གྲུབ་པ་དང། །བསམ་གྱིS་མི་ཁྱབ་པར་ཡོངས་སུ་བསྒྱུར་བ་དང་ལྡན་?་འཕྲོ་བ་ནི་སྐྱེ་བའི་ཀུན་ནས་ཉོན་མོང་པ་བཞིན་ནོ། །གཞུང་འདི་ཡང་རྒྱས་པར་ནི་མདོ་ཇི་ལྟ་བ་བཞིན ་རྟོགས་པར་བྱ་སྟེ། བཅོམ་ལྡན་འདས་དཔེར་ན། ལེན་པའི་རྐྱེན་གྱིས་ཟག་པ་དང་བཅས་པའི་ལས་ཀྱི་རྒྱུ་ལས་བྱུང་བ་སྲིད་པ་གསུམ་འབྱུང་བ་དེ་བཞིན་དུ་བཅོམ་ལྡན་འདས་མ་རིག་པའི་བག་ཆགས་ཀྱི་སའི་རྐྱེན་གྱིས་ཟག་པ་མེད་པའི་ལས ་ཀྱི་རྒྱུ་ལས་བྱུང་བའི་དགྲ་བཅོམ་པ་དང། རང་སངས་རྒྱས་དང། དབང་ཐོབ་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡིད་ཀྱི་རང་བཞིན་གྱི་ལུས་གསུམ་འགྱུར་སྟེ། བཅོམ་ལྡན་འདས་མ་རིགས་པའི་བག་ཆགས་ཀྱིS་གསུམ་པོ་འདི་དག་ཏུ་ཡིད ་ཀྱི་རང་བཞིན་གྱི་ལུས་ས་གསུམ་པོ་འདི་དག་འབྱུང་བ་དང་ཟག་པ་མེད་པའི་ལས་མངོན་པར་འགྲུབ་པའི་རྐྱེན་ལགས་སོ་ཞེས་རྒྱས་པར་འབྱུང་ངོ། །གང་གི་ཕྱིར་དགྲ་བཅོམ་བ་དབང?་དང། །རང་སངས་རྒྱས་དང། དབང་ཐོབ་པའི་བྱང ་ཆུབ་སེམས་དཔའ་ཨི་ཡིད་ཀྱི་རང་བཞིན་གྱི་ལུས་འདི་གསུམ་ལ་གཙང་བ་དང། བདག་དང། བདེ་བ་དང། རྟག་པའི་ཕ་རོལ་ཏུ་ཕྱིན་པ་མེད་པ་དེའི་ཕྱིར། དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་ཁོ་ན་རྟག ་པའི་ཕ་རོལ་ཏུ་ཕྱིན་པ་།བདེ་བའི་ཕ་རོལ་ཏུ་ཕྱིན་པ། བདག་གི་ཕ་རོལ་ཏུ་ཕྱིན་པ། གཙང་བའི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ། །དེ་ནི་རང་བཞིན་དག་ཕྱིར་དང། །བག་ཆགས་སྤངས་ཕྱིར་གཙང་མ ་ཡིན། །བདག་དང་བདག་མེད་སྤྲོས་པ་དག་།ཉེ་བར་ཞི་བ་དམ་པའི་བདག་།ཡིད་ཀྱི་རང་བཞིན་ཕུང་པོ་དང། །དེ་རྒྱུ་ལོག་ཕྱིར་བདེ་བ་ཉིད། །འཁོར་བ་དང་ནི་མྱ་ངན་འདས། །མཉམ་པ་ཉིད་དུ་རྟོག་པའི་ཕྱིར་རྟག་།མདོར་བསྡུ་ན་རྒྱུ་རྣམ་པ ་གཉིས་ཀྱིས་ན་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་གཙང་བའི་ཕ་རོལ་ཏུ་ཕྱིན་པར་རིག་པར་བྱ་སྟེ། །སྤྱིའི་མཚན་ཉིད་རང་བཞིན་གྱིས་ཡོངས་སུ་དག་པ་དང་།ཁྱད་པར་གྱི་མཚན་ཉིད་དྲི་མ་མེད་པའི་ཡོངས་སུ་དག་པས་སོ། །རྒྱུ་རྣམ་པ ་གཉིས་ཀྱིས་བདག་གིས་ཕ་རོལ་ཏུ་ཕྱིན་པར་རིག་པར་བྱ་སྟེ། མུ་སྟེགས་ཀྱི་མཛའ་དང་བྲལ་བས་བདག་གིས་སྤྲོས་པ་དང་བྲལ་བའི་ཕྱིར་དང། ཉན་ཐོས་ཀྱི་མཛའ་སྤངས་པས་བདག་མེད་པའི་སྤྲོས་པ་དང་བྲལ་བའི་ཕྱིར་རོ། །རྒྱུ་རྣམ་པ་གཉིS ་ཀྱི་བདེ་བའི་ཕ་རོལ་ཏུ་ཕྱིན་པར་རིག་པར་བྱ་སྟེ། སྡུག་བསྔལ་ཀུན་འབྱུང་བའི་རྣམ་པ་ཐམས་ཅད་སྤངས་པས་བག་ཆགས་ཀྱི་མཚམས་སྦྱོར་བ་བཅོམ་པའི་ཕྱིར་དང། སྡུག་བསྔལ་འགོགས་པའི་རྣམ་པ་ཐམས་ཅད་མངོན་དུ་བྱས་པས ་ཡིད་ཀྱི་རང་བཞིན་ལུས་འགགས་པ་མངོན་དུ་བྱས་པའི་ཕྱིར་རོ། །རྒྱུ་གཉིས་ཀྱིS་རྟག་པའི་ཕ་རོལ་ཏུ་ཕྱིན་པར་རིག་པར་བྱའོ། །འཁོར་བ་མི་རྟག་མི་འབྲིད་པས་ཆད་པའི་མཐར་མ་ལྷུང་བའི་ཕྱིར་དང། མྱ་ངན་ལས་འདས་པ་རྟག་པ་མི ་སྣོན་པས། རྟག་པའི་མཐར་མ་ལྷུང་བའི་ཕྱིར་རོ། །ཇི་སྐད་དུ། བཅོམ་ལྡན་འདས་གལ་ཏེ་འདུ་བྱེད་མི་རྟག་གོ་ཞེས་བགྱི་བར་ལྟ་ན་དེ་ནི་དེའི་ཆད་པར་ལྟ་བར་འགྱུར་ཏེ། དེ་ནི་དེའི་ཡང་དག་པ་མ་ལགས་པའི་ལྟ་བར་འགྱུར་རོ། །བཅོམ ་ལྡན་འདས་གལ་ཏེ་མྱ་ངན་ལས་འདས་པ་རྟག་པ་ཞེས་པ་གྱི་བར་ལྟ་།དེ་ནི་དེའི་རྟག་པའི་ལྟ་བར་འགྱུར་ཏེ། དེ་ནི་དེའི་ཡང་དག་པ་མ་ལགས་པའི་ལྟ་བར་འགྱུར་རོ་ཞེས་གསུངས་པ་བཞིན་ནོ། །ཆོས་ཀྱི་དབྱིངས་ཀྱི་ཚུལ་གྱི་སྒོ་འདིས ་ནི་དོན་དམ་པར་འཁོར་བ་ཉིད་མྱང་ན་ལས་འདས་པར་བརྗོད་པ་ཡིན་ཏེ། གཉིས་ཀ་ལྟར་རྣམ་པར་མི་རྟོག་པ་མི་གནས་པའི་མྱ་ངན་ལས?་འདས་པ་མངོན་དུ་བྱེད་པའི་ཕྱིར་རོ། །དེ་ལྟ་མོད་ཀྱི་རྒྱུ་གཉིས་ཀྱིས་ཁྱད་པར་མེད ་པར་སེམས་ཅན་ཐམས་ཅད་ལ་ཉེ་བ་དང་རིང་བ་དང་འབྲེལ་བས་མི་གནས་བའི་གནས་ཐོབ་པ་ཙམ་བསྟན་པ་ཡིན་ནོ། །རྒྱུ་གཉིས་པོ་གང་དག་གིས་ཤེ་ན། འདི་ལ་བྱང་ཆུབ་སེམས་དཔའ་ནི་ཁྱད་པར་མེད་པར་སེམས་ཅན་ཐམས་ཅད་ལ་ཉེ་བར་མ་ཡིན ་ཏེ། ཤེས་རབ་ཀྱི་སྲེད་པའི་བག་ལ་ཉལ་མཛའ་དག་སྤངས་པའི་ཕྱིར་རོ། །རིང་བ་ཡང་ཡོད་པ་མ་ཡིན་ཏེ། །སྙིང་རྗེ་ཆེན་པོས་དེ་དག་ཡོངས་སུ་མ་བཏང་བའི་ཕྱིར་རོ། །འདི་ནི་མི་གནས་པའི་རང་བཞིན་ཡང་དག་པར་རྫོགས་པའི་བྱང་ཆུབ་རྗེས་སུ ་འཐོབ་པའི་ཐབས་ཏེ། ཤེས་རབ་ཀྱིས་ནི་བྱང་ཆུབ་སེམས་དཔའ་ཨི་སྲེད་པའི་བག་ལ་ཉལ་མཛའ་དག་སྤངས་པས་ན་བདག་ལ་ཕན་པའི་ཕྱིར། མྱ་ངན་ལས་འདས་པ་ལ་བརྟེན་པཱི་བསཾ་པ་ཅན་ཡོངས་སུ་མྱ་ངན་ལས་འདས་མི་འདའ་བའ་ཨི་རིགས་ཅན་བཞིན་དུ ་འཁོར་བ་ལ་མི་གནས་ལ། སྙིང་རྗེ་ཆེན་པོས་སྡུག་བསྔལ་བའི་སེམས་ཅན་ཡོངས་སུ་མ་བཏང་པས་ནི?་གཞན་ལ་ཕན་པའི་ཕྱིར། འཁོར་བ་ལ་བརྟེན་པའི་སྦྱོར་བ་ཅན་ཞི་བ་བགྲེད་པ་གཅིག་པའི་རིགས་ཅན་བཞིན་དུ་མྱ་ངན་ལས་འདས་པ་ལ་མི ་གནས་སོ། །དེ་ལྟར་ན་ཆོས་གཉིས་པོ་འདི་ནི་བླ་ན་མེད་པའི་བྱང་ཆུབ་ཀྱི་རྩ་བའི་གནས་སུ་བསྟན་པ་ནི། བདག་སྲེད་མ་ལུས་ཤེས་རབ་ཀྱིS་བཅད་དོ། །སེམས་ཅན་སྲེད་ཕྱིར་བརྩ?་ལྡན་ཞིང་ཐོབ་མིན། དེ་ལྟར་བློ་རྩེ་བྱང་ཆུབ་ཐབས ་བརྟེན་ནས། འཕགས་པ་འཁོར་བ་འམ་མྱ་ངན་འདའ་མི་འགྱུར། །དེ་ལ་སྔར་གྱི་དབང་དུ་བྱས་པའི་ལས་ཀྱི་དོན་ལས་བརྩམས་པའི་ཚིགས་སུ་བཅད་པ་ཕྱེད་ཕྱི་མས་ཅི་སྟོན་ཞེ་ན། གལ་ཏེ་སངས་རྒྱས་ཁམས་མེད་ན། །སྡུག ་ལའང་སྐྱོ་བར་མི་འགྱུར་ཞིང། །མྱ་ངན་འདས་ལ་འདོད་པ་དང། །དོན་གཉེར་སྨོན་པའང་མེད་པར་འགྱུར། །ཇི་སྐད་དུ་བཅོམ་ལྡན་འདས་གལ་ཏེ་དེ་བཞིན་གཤེགས་པའི་སྙིང་པོ་མ་མཆིས་ན་ནི། །སྡུག་བསྔལ་ལ་ཡང་སྐྱོ་མི་འགྱུར་ན། ་མྱ་ངན་ལས་འདས་པ་ལ་འདོད་པ་དང། འདུན་པ་དང། དོན་དུ་གཉེར་བ་དང། སྨོན་པ་ཡང་མེད་པར་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །དེ་ལ་མདོར་བསྡུ་ན། སངས་རྒྱས་ཀྱི་ཁམས་རྣམ་པར་དག་པའི་རིགས་ནི་ལོག་པ་ཉིད ་དུ་ངེས་པའི་སེམས་ཅན་རྣམས་ལ་ཡང་ལས་རྣམ་པ་གཉིས་ཉེ་བར་གནས་པར་བྱེད་དེ། །འཁོར་བ་ལ་སྡུག་བསྔལ་བའི་ཉེས་པ་མཐོང་བརྟེན་ནས་སྐྱེ་བ་སྐྱེད་པར་བྱེད་པ་དང། མྱ་ངན་ལས་འདས་པ་ལ་བདེ་བའི་ཕན་ཡོན་མཐོང་བ་ལ་བརྟེན ་ནས་།འདུན་པ་དང། འདོད་པ་དང། དོན་དུ་གཉེར་བ་དང། སྨོན་པ་སྐྱེད་པར་བྱེད་པའོ། །དེ་ལ་འདུན་པ་ནི་མངོན་པར་འདོད་པའོ། །འདོད་པ་ནི་མངོན་བར་འདོད་པའི་དོན་ཐོབ་པ་ལ་ཕྱོགས་པའོ། །དོན་དུ་གཉེར་བ ་ནི་མངོན་པར་འདོད་པའི་དོན་ཐོབ་པའོ་ཐོབ?་ཚོལ་བའོ། །སྨོན་པ་ནི་གང་མངོན་པར་འདོད་པའི་དོན་ལ་སེམས་མངོན་པར་འདུས་བྱེད་པའོ། །སྲིད་དང་མྱ་ངན་འདས་ལ་དེའི། སྡུག་བདེ་སྐྱོན་ཡོན་མཐོང་བ་འདི། རིག་ས ་ཡོང་ལས་ཡིན་གང་ཕྱིར་དེ་།རིགས་མེད་དག་ལ་མེད་ཕྱིར་རོ། །དཀར་པོ་ཆ་དང་ལྡན་པའི་གང་ཟག་གིས་འཁོར་བ་ལ་སྡུག་བསྔལ་གྱི་ཉེས་པ་མཐོང་པ་དང། མྱ་ངན་ལས་འདས་པ་ལ་བདེ་བའི་ཕན་ཡོན་མཐོང་བ་གང ་ཡིན་པ་འདི་ཡང་རིགས་ཡོད་པ་ལས་གྱུར་པ་ཡིན་གྱི། རྒྱུ་མེད་རྐྱེན་མེད་པ་ནི་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། གལ་ཏེ་སྡིག་པ་མི་ཟད་པ་དང་ལྡན་པའི་ཚུལ་གྱིས་རྒྱུ་མེད་རྐྱེན་མེད་པར་དེར་གྱུར་ན་ནི། ལོག་སྲེད་ཅན་ཡོངས་སུ་མྱ་ངན ་ལས་མི་འདའ་རིགས་ཅན་རྣམས་ལ་ཡང་དེར་འགྱུར་ན། ཇི་སྲིད་དུ་བློ་བུར་གྱི་དྲི་མ་རྣམ་པར་དག་པའི་རིགས་སྐྱེས་བུ་དམ་པ་ལ་བརྟེན་པ་ལ་སོགས་པ་འཁོར་ལོ་བཞི་ཡང་དག་པར་འབྱོར་པའི་ཚུལ་གྱིས། ་གསུམ་ལས་གང་ཡང་རུང་བའི་ཆོས་ལ་མོས་པ། སྐྱེད་བར་བྱེད་པ་མ་ཡིན་བ་དེ་སྲིད་དུ་ནི་འགྱུར་བ་ཡང་མ་ཡིན་ནོ། །དེའི་འོག་ཏུ་ཐ་ན་ལོག་པ་ཉིད་དུ་ངེས་པའི་རྒྱུད་དུ་འགྱུར་བའི་སེམས་ཅན་རྣམས་ཀྱི་ལུས་ལ་ཡང་དེ་བཞིན་གཤེགས ་པའི་ཉི་མའི་དཀྱིལ་འཁོར་གྱི་ཡེ་ཤེས་ཀྱི་འོད་ཟེར་འཕོག་པས་དེ་དག་ལ་ཕན་འདོགས་འགྱུར་ཞིང། མ་འོངས་པའི་རྒྱུ་ཡང་དག་པར་བསྐྱེད་པས་ན། དགེ་བའི་ཆོས་རྣམས་ཀྱི་རྣམ་པར་འཕེལ་བར་ཡང་འགྱུར་རོ་ཞེས་གསུངས་སོ། ། ་འདི་སྐད་དུ། །ལོག་སྲེད་ཅན་གཏན་ཡོངས་སུ་མྱ་ངན་ལས་མི་འདའ་བའ་ཨི་ཆོས་ཅན་ཞེས་གསུངས་པ་གང་ཡིན་པ་དེ་ནི་ཐེག་བ་ཆེན་པོའི་ཆོས་ལ་སྡང་བ་ལོག་སྲེད་ཅན་ཉིད་ཀྱི་རྒྱུ་ཡིན་པའི་ཕྱིར་རོ། །ཐེག་པ་ཆེན་པོའི་ཆོས་ལ་སྡང ་བ་བཟློག་པའི་དོན་དུ། དུས་གཞན་ལ་དགོངས་ནས་གསུངས་པ་ཡིན་ནོ། །རང་བཞིན་གྱིས་རྣམ་པར་དག་པའི་རིགས་ཡོད་པའི་ཕྱིར། འགའ་ཡང་གཏན་རྣམ་པར་དག་པར་མི་འགྱུར་བ་ནི་འོས་པ་མ་ཡིན་ཏེ། གང་གི ་ཕྱིར་བཅོམ་ལྡན་འདས་ཀྱི་ཁྱད་པར་མེད་པར་སེམས་ཅན་ཐམས་ཅད་རྣམ་པར་དག་པར་རུང་བ་ཉིད་ཡོད་པ་ལ་དགོངས་ནས། ཐོག་མེད་གྱུར་ཀྱང་ཐ་མ་དང་ལྡན་པ། རང་བཞིན་གྱིས་དག་རྟག་པའི་ཆོས་ཅན་ནི། ཐོག ་མེད་སྦུབས?་ཀྱིས་ཕྱི་བསྒྲིབས་མི་མཐོང་སྟེ། ཇི་ལྟར་གསེར་གྱི་གཟུགས་ནི་བསྒྲིབས་པ་བཞིན། །ཞེས་གསུངས་སོ། །དེ་ལ་ལྡན་པའི་དོན་ལས་བརྩམས་ཏེ་ཚིགས་སུ་བཅད་པ། རྒྱ་མཚོ་ཆེ་ཞིང་དཔག་མེད་པ། །ཡོན ་ཏན་རིན་ཆེན་མི་བཟང་གནས། །དབྱེར་མེད་ཡོན་ཏན་དང་ལྡན་བའི་ངོ་བོ་ཉིད་ཕྱིར་མར་མེ་བཞིན། དེ་ལ་ཚིགས་སུ་བཅད་པ་ཕྱེད་སྔ་མས་ཅི་དོན་ཞེ་ན། ཆོས་སྐུ་རྒྱལ་བའི་ཡེ་ཤེས་དང། །ཐུགས་རྗེའི་ཁམས་ནི་བསྡུས་བའི ་ཕྱིར། །སྣོད་དང་རིན་ཆེན་ཆུ་ཡིས་འདི། །རྒྱ་མཚོ་དང་ནི་མཚུངས་པར་བསྟན། །གོ་རིམ་ཇི་ལྟ་བར་གནས་གསུམ་པོ་རྣམས་ཀྱི་རྒྱ་མཚོ་ཆེན་པོ་དང་ཆོས་མཐུན་པ་རྣམ་པ་གསུམ་གྱིས་ན། །དེ་བཞིན་གཤེགས་པའི་ཁམས་རྒྱུ་དང ་ལྡན་པའི་དབང་དུ་བྱས་ཏེ་ལྡན་པའི་དོན་དུ་རིགས་པར་བྱའོ། །གནས་གསུམ་པོ་གང་ཞེ་ན། འདི་ལྟ་སྟེ། ཆོས་ཀྱི་རྣམ་པར་དག་པའི་རྒྱུ་དང། སངས་རྒྱས་ཀྱི་ཡེ་ཤེས་ཐོབ་པའི་རྒྱུ་དང། དེ་བཞིན་གཤེགས་པའི་མཐུ་རྗེ་ཆེན ་པོ་འཇུག་པའི་རྒྱུའོ། །དེ་ལ་ཆོས་ཀྱི་སྐུ་རྣམ་པར་དག་པའི་རྒྱུ་ནི་ཐེག་པ་ཆེན་པོ་ལ་མོས་པ་བསྒོམ་པར་བལྟའོ། །སངས་རྒྱས་ཀྱི་ཡེ་ཤེས་ཐོབ་པའི་རྒྱུ་ནི། ཤེས་རབ་དང་ཏིན་ངེ་འཛིན་གྱི་སྒོ་སྒོམ་པའོ། །དེ་བཞིན་གཤེགས་པའི་ཐུགས ་རྗེ་ཆེན་པོའི་འཇུག་པའི་རྒྱུ་ནི་བྱང་ཆུབ་སེམས་དཔའ་ཨི་སྙིང་རྗེ་ཆེན་པོ་སྒོམ་པའོ། །དེ་ལ་ཐེག་པ་ཆེན་པོའི་ཆོས་ལ་མོས་པ་བསྒོམ་པ་ནི། སྣོད་དང་ཆོས་མཐུན་པ་སྟེ་།དཔག་ཏུ་མེད་པ་ཟད་མི་ཤེས་པའི་ཤེས་རབ་དང། ་ཏིང་ངེ་འཛིན་གྱི་རིན་པོ་ཆེ་དང་ཐུགས་རྗེའི་ཆུ་རྣམས་དེར་འདུ་བའི་ཕྱིར་རོ། །ཤེས་རབ་དང་ཏིང་ངེ་འཛིན་གྱི་སྒོ་སྒོམ་པ་ནི། རིན་པོ་ཆེ་དང་ཆོས་མཐུན་པ་སྟེ་།དེ་ནི་རྣམ་པར་རྟོག་པ་མེད་པའི་ཕྱིར་དང། མཐུ་བསམ་གྱི་མི་ཁྱབ་པའི་ཡོན་ཏན ་དང་ལྡན་པའི་ཕྱིར་རོ། །བྱང་ཆུབ་སེམས་དཔའ་ཨི་སྙིང་རྗེ་བསྒོམ་པ་ནི་ཆུ་དང་ཆོས་མཐུན་པ་སྟེ། དེ་ནི་འགྲོ་བ་ཐམས་ཅད་ལ་མཆོག་ཏུ་བརླན་བའི་རང་བཞིན་གྱི་རོ་གཅིག་པ་དང་ལྡན་པའི་ཕྱིར་རོ། །ཆོས་གསུམ་པོ་དེ་དག་ཀྱང་རྒྱུ ་གསུམ་པོ་འདིས་དེ་དང་འབྲེལ་པ་དང་ལྡན་པ་ནི་ལྡན་པ་ཞེས་བརྗོད་དོ། །དེ་ལ་ཚོགས་སུ་བཅད་པ་ཕྱེད་ཕྱེད་མས་ཅི་བསྟན་ཞེ་ན། དྲི་མེད་གནས་ལ་མངོན་ཤེས་དང། ཡེ་ཤེས་དྲི་མེད་དེ་གཉིས་དང། ། ་རྣམ་དབྱེ་མེད་ཕྱིར་མར་མེ་ཡི། །སྣ་དང་དྲོ་མདོག་ཆོས་མཚུངས་ཅན། །གོ་རིམ་ཇི་ལྟ་བར་གནས་གསུམ་པོ་རྣམས་ཀྱི་མར་མེ་དང་ཆོས་མཐུན་པ་རྣམ་པ་གསུམ་གྱིས་ནི་དེ་བཞིན་གཤེགས་པའི་ཁམས་ལ་འབྲས་བུ་དང་ལྡན་པའི་དབང་དུ ་བྱས་ཏེ། ལྡན་པའི་དོན་དུ་རིགས་པར་བྱའོ། །གནས་གསུམ་གང་ཞེ་ན། འདི་ལྟ་སྟེ། མངོན་པར་ཤེས་པ་དང་ཟག་པ་ཟད་པའི་ཡེ་ཤེས་དང། །ཟག་པ་ཟད་པའོ། །དེ་ལ་མངོན་པར་ཤེས་པ་ལྔ་ནི་སྣང་བ་དང་ཆོས་མཚུངས ་པ་སྟེ་།དེ་དག་ནི་དོན་ཉམས་སུ་མྱོང་བའི་མི་མཐུན་པའི་ཕྱོགས་ཀྱིས་མུན་པ་འཇོམས་པ་ཉིད་དུ་ཉེ་བར་གནས་པའི་མཚན་ཉིད་ཀྱི་ཕྱིར་རོ། །ཟག་པ་མེད་པའི་ཡེ་ཤེས་ནི། དྲོ་བ་དང་ཆོས་མཐུན་པ་སྟེ་།དེ་ལ་ལས་དང་ཉོན་མོངས ་པའི་བུད་ཤིང་མ་ལུས་པ་སེག་པ་ཉི་བར་གནས་པའི་མཚན་ཉིད་ཀྱི་ཕྱིར་རོ། །གནས་ཡོངས་སུ་འགྱུར་པའི་ཟག་པ་ཟད་པ་ནི་མདོག་དང་ཆོས་མཐུན་པ་སྟེ། དེ་ནི་ཤིན་ཏུ་དྲི་མ་མེད་པའི་རྣམ་པར་དག་པ་འོད་གསལ་བའི་མཚན་ཉིད་ཀྱི་ཕྱིར ་རོ། །དེ་ལ་དྲི་མ་མེད་པ་ནི་ཉོན་མོངས་པའི་སྒྲིབ་པ་སྤངས་པའི་ཕྱིར་རོ། །རྣམ་པར་དག་པ་ནི་ཤེས་བྱའི་སྒྲིབ་པ་སྤངས་པའི་ཕྱིར་རོ། །འོད་གསལ་བ་ནི་དེ་གཉི་ག་བློ་བུར་བ་ཉིད་ཀྱིས་རང་ཉིད་ཀྱིས་རང་བཞིན་མ་ཡིན་བའི་ཕྱིར་རོ། །དེ ་ལྟར་ཟག་པ་མེད་པའི་མངོན་པར་ཤེས་པ་དང། ཡེ་ཤེས་དང་སྤངས་པས་བསྡུས་པ་མི་སློབ་པའི་རྒྱུད་ཀྱི་ཆོས་བདུན་པོ་འདི་དག་ཟག་པ་མེད་པའི་དབྱིངས་ན་ཕན་ཚུན་རྣམ་པར་དབྱེ་བ་མེད་པ་ནི། །སོ་སོ་མ་ཡིན་པའི་ཆོས་ཀྱིས ་དབྱིངས་དང་མཉམ་པ་ཉིད་ཀྱིས་ལྡན་པ་ཞེས་བྱའོ། །ལྡན་བའི་དོན་ལ་བརྩམས་པའི་དཔེ་འདི་ནི་རྒྱས་པར་མདོ་ཇི་ལྟ་བ་བཞིན་རྟོགས་པར་བྱ་སྟེ། ཤཱ་རིའི་བུ་དཔེར་ན་མར་མེ་ནི་འདི་ལྟ་སྟེ། སྣང་བ་དང་དྲོ་བ་དང་མདོག་དག་གིས་སམ། ་ནོར་བུ་སྣང་བ་དང་མདོག་དང་དབྱིབས་དག་གིས་རྣམ་པར་དབྱེར་མེད་པའི་ཆོས་ཅན་དང་མ་བྲལ་བའི་ཡོན་ཏན་ཅན་ནོ། །ཤཱ་རིའི་བུ་དེ་བཞིན་གཤེགས་པས་བསྟན་པའི་ཆོས་ཀྱི་སྐུ་ནི་འདི་ལྟ་སྟེ། གང་གཱའི་ཀླུང་གི་བྱེ་མ་སྙེད་འདས་པ་དེ་བཞིན ་གཤེགས་པའི་ཆོས་རྣམས་ཀྱིས་རྣམ་པར་དབྱེ་བ་མེད་པའི་ཆོས་ཅན་འཇུག་པའི་དོན་ལས་བརྩམས་ཏེ། ཚིགས་སུ་བཅད་པ། སོ་སོའི་སྐྱེས་འཇུག་པའི་དོན་ལས་བརྩམས་ཏེ། ཚིགས་སུ་བཅད་པ། སོ་སོའི་སྐྱེས་འཕགས་རྫོགས ་སངས་ཀྱི། །དེ་བཞིན་ཉིད་དབྱེའི་འཇུག་པ་ལས། །དེ་ཉིད་འཇིགས་པས་སེམས་ཅན་ལ། །རྒྱལ་བའི་སྙིང་པོ་འདི་བསྟན་ནོ། །འདིས་ཅི་བསྟན་ཞེ་ན། སོ་སོའི་སྐྱེ་བོ་ཕྱིན་ཅི་ལོག་།བདེན་པ་མཐོང་བ་བཟློག་པ་སྟེ། དེ་བཞིན ་གཤེགས་པ་ཇི་ལྟ་བཞིན། །ཕྱིན་ཅི་མ་ལོག་སྤྲོས་མེད་ཉིད། །དེ་བཞིན་གཤེགས་པའི་ཁམས་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པར་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་སྒོ་ནས་གདམས་པ་ལས་བརྩམས་ཏེ། བྱང་ཆུབ ་སེམས་དཔའ་རྣམས་ལ་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་རྣམ་པར་དག་པ་སྤྱིའི་མཚན་ཉིད་བསྟན་པ་གང་ཡིན་པ་དེ་ལ་གང་ཟག་རྣམ་པ་གསུམ་པོ་དེ་ཁོ་ན་མ་མཐོང་བ་སོ་སོའི་སྐྱེ་བོ་དང། དེ་ཁོ་ན་མཐོང་བ་འཕགས་པ་དང། དེ་ཁོ་ན་མཐོང ་བ་རྣམ་པར་དག་པའི་མཐར་ཕྱིན་པ་དེ་བཞིན་གཤེགས་པ་རྣམས་ཀྱི་འཇུག་པ་རྣམ་པ་གསུམ་ཐ་དད་པར་རིག་པར་བྱ་སྟེ། །འདི་ལྟ་སྟེ། །ཕྱིན་ཅི་ལོག་པ་དང། ཕྱིན་ཅི་མ་ལོག་པ་དང། ཡང་དག་པར་ཕྱིན་ཅི་མ་ལོག་པ་སྤྲོས་པ་ ་མེད་པ་སྟེ། གོ་རིམ་བཞིན་ནོ། །དེ་ལ་ཕྱིན་ཅི་ལོག་ནི་བྱིས་པ་རྣམས་ཀྱིས་སྟེ། འདུ་ཤེས་དང་སེམས་དང་ལྟ་བ་ཕྱིན་ཅི་ལོག་པའི་ཕྱིར་རོ། །བཟློག་པས་ནི་ཕྱིན་ཅི་མ་ལོག་པ་ནི་འཕགས་པ་རྣམS ་ཀྱི་སྟེ། དེ་སྤངས་པའི་ཕྱིར་རོ། །ཡང་དག་པར་ཕྱིན་ཅི་མ་ལོག་པའི་སྠོས?་པ་མེད་པ་ནི། ཡང་དག་པར་རྫོཌ་བའི་སངས་རྒྱས་རྣམས་ཀྱི་སྟེ། བག་ཆགས་དང་བཅས་པའི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་བཅོམ་པའི་ཕྱིར་རོ། །འདི་ཕན ་ཆད་ནི་འཇུག་བའི་དོན་ཉིད་ལས་བརྩམས་ཏེ་།དེ་ལས་གཞན་པའི་དོན་རྣམ་པ་བཞིའི་དབྱེ་བ་སྟོན་པར་བྱའོ། །དེ་ལ་གང་ཟག་འདི་གསུམ་གྱི་གནས་སྐབས་ཀྱི་རབ་ཏུ་དབྱེ་བ་ལས་བརྩམས་ཏེ་ཚིགས་སུ་བཅད་པ། མ་དག་མ་དག ་དག་པ་དང། ཤིན་ཏུ་རྣམ་དག་གོ་རིམ་བཞིན་།སེམས་ཅན་བྱང་ཆུབ་སེམས་དཔའ་དང། །དེ་བཞིན་གཤེགས་པ་ཞེས་བརྗོད་དོ་འདིས་ཅི་སྟེན་ཞེ་ན། ངོ་བོ་ཉིད་ལ་སོགས་པའི་དོན། །འདི་དྲུག་གིས་ནི་བསྡུས་པ་ཡིས། །ཁམས ་ནི་གནས་སྐབས་གསུམ་དག་ཏུ། མིང་གསུམ་གྱིས་ནི་བསྟན་པ་ཉིད། །དེ་ལྟར་གང་ཅི་ཡང་རུང་སྟེ། །བཅོམ་ལྡན་འདས་ཀྱིས་ཆོ་སྐྱི་རྣམ་གྲངས་ཀྱི་སྒོ་དུ་མར་རྒྱས་པར་བསྟན་པའི་ཟག་པ་མེད་པའི་ཁམས་བསྟན་པ་ངོ་བོ་དང་། ་རྒྱུ་དང་འབྲས་བུ་དང། ལས་དང་ལྡན་པ་དང། འཇུག་པའི་དོན་དྲུག་པ་འདིས་བསྡུས་པ་དེ་ཐམས་ཅད་ནི་མདོར་བསྡུས་ཏེ། གནས་སྐབས་གསུམ་དུ་གོ་རིམ་བཞིན་དུ་མིང་གསུམ་བསྟན་བས་བསྟན་པར་རིག་པར་བྱ་སྟེ། མ ་དག་པའི་གནས་སྐབས་སུ་ནི་སེམས་ཅན་གྱི་ཁམས་ཞེས་བྱ་བ་དང། མ་དག་པ་དང། དག་པའི་གནས་སྐབས་སུ་ནི་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་དང། ཤིན་ཏུ་རྣམ་པར་དག་པའི་གནས་སྐབས་སུ་ནི་དེ་བཞིན་གཤེགས་པ ་ཞེས་བྱའོ། །ཇི་སྐད་དུ་བཅོམ་ལྡན་འདས་ཀྱིས། ཤཱི་རཱིའུ་ཆོས་ཀྱི་སྐུ་དེ་ཉིད་ཉོན་མོངས་བའི་སྤུབས་བྱེ་བ་མཛའ་ཡས་པས་བཏུབས?་པས། འཁོར་བའི་རྒྱུན་གྱིས་ཁྱེར་བ། ཐོག་མ་དང་ཐ་མ་མེད་པའི་འཁོར་བའི་འགོར་བར་འཆི་བ་དང། སྐྱེ་བ་དག་ཏུ ་འཁོར་བ་ནི་སེམས་ཅན་གྱིས་ཁམས་ཞེས་བརྗོད་དོ། །ཤཱ་རིའི་བུ་ཆོས་ཀྱི་སྐུ་དེ་ཉིད་འཁོར་བའི་རྒྱུན་གྱི་སྡུག་བསྔལ་ལས་སྐྱོ་བར་གྱུར་པ། འདོད་པའི་ཡུལ་ཐམས་ཅད་ལ་ཆགས་པ་དང་།བྲལ་བ་ཕ་རོལ་ཏུ་ཕྱིན་པ་བཅུའི་ཁོངས་སུ་གཏོགས་པ། ཆོས ་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་གི་བྱང་ཆུབ་ཀྱི་དོན་དུ་སྤྱད་པ་སྤྱོད་པ་ནི་བྱང་ཆུབ་སེམས་དཔའ་ཞེས་བརྗོད་དོ། །ཤཱ་རཱིའི་བུ་ཆོས་ཀྱི་སྐུ་དེ་ཉིད་ཉོན་མོངས་པའི་སྦུབས་ཐམས་ཅད་ལས་ཡོངས་སུ་གྲོལ་བ། སྡུག་བསྔལ་བ་ཐམས་ཅད་ལས་འདས་པ། ཉེ་བའི ་ཉོན་མོངས་པའི་དྲི་མ་མཛའ་དག་དང་བྲལ་བ་དག་པོ་རྣམ་པར་དག་པ་མཆོག་ཏུ་ཡོངས་སུ་དག་པའི་ཆོས་ཉིད་ལ་གནས་པ། སེམས་ཅན་ཐམས་ཅད་ཀྱིས་བལྟ་བར་བྱ་བའི་ས་ལ་ཞུགས་པ། ཤེས་བྱའི་ས་ཐཾས་ཅད་ལ་གཉིས་སུ་མེད་པའི་སྐྱེས་བུའི་མཐུ་ཐོབ་པ། སྒྲིབ་པ་མེད ་པའི་ཆོས་ཅན་ཆོས་ཐམས་ཅད་ཀྱི་དབང་ཕྱུག་གི་སྟོབས་ཐོགས་པ་མེད་པ་ཐོབ་བ་ནི། དེ་བཞིན་གཤེགS་པ་དགྲ་བཅོམ་པ་ཡང་དག་བར་རྫོགས་བའི་སངས་རྒྱས་ཞེས་བརྗོད་དོ། ཞེས་གསུངས་བ་བཞིན་ནོ། །དེ་བཞིན་གཤེགས་བའི་ཁམས་གནས་སྐབས་གསུམ་བོ་དེ་དག ་ཉིད་དུ་ཐཾས་ཅད་དུ་འགྲོ་བའི་དོན་ལས་བརྩམས་ཏེ་ཚིགས་སུ་བཅད་པ། ཇི་ལྟར་རྟོགས་མེད་བདག་ཉིད་ཅན། །ནམ་མཁའ་ཀུན་ཏུ་རྗེས་སུ་སོང་ལྟར། །སེམས་ཀྱི་རང་བཞིན་དྲི་མེད་དབྱིངས། །དེ་བཞིན་ཀུན་ཏུ་འགྲོ་བ་ཉིད། །འདིས་ཅི་བསྟན་ཞེ་ན། དེའི་སྤྱིའི་མཚན་ཉིད་ཉེས་པ་དང། །ཡོན་ཏན་མཐར ་ཐུག་ཁྱབ་པ་སྟེ། །གཟུགས་ཀྱི་རྣམ་པ་དམན་པ་དང། །བར་མ་མཆོག་ལ་ནམ་མཁའ་བཞིན། །སོ་སོའི་སྐྱེ་བོ་དང། འཕགས་པ་དང། ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་སེམས་གྱི་རང་བཞིན་རྣམ་པར་མི་རྟོག་པ་གང་ཡིན་བ་དེ་ནི་སྤྱིའི་མཚན་ཉིད་ཡིན་པཱི་ཕྱིར་ཉེ་བ་དང ་ཡོན་ཏན་དང། ཡོན་རྣཾ་པར་དག་པ་མཐར་ཐུག་པའི་གནས་སྐབས་གསུམ་གང་ཡང་རྗེས་སུ་སོང་བ་རྗེས་སུ་ཞུགས་པ་མཚུངས་པ། དུས་ཐམས་ཅད་དུ་ཁྱད་པར་མེད་པར་འགྱུར་བ་སྟེ། གོ་རིམ་ཇི་ལྟ་བ་བཞིན་ས་དང། ཟངས་དང་གསེར་གྱི་སྣོད་ཀྱི་ནམ ་མཁལ་བཞིན་ནོ། །དེ་ཉིད་ཀྱི་ཕྱིར་གནས་སྐབས་བསྟན་པའི་དེ་མ་ཐག་ཏུ། ཤཱ་རིའི་བུ་དེའི་ཕྱིར་ན་སེམས་ཅན་གྱིས་ཁམས་ཀྱང་གཞན་པ། ཆོས་ཀྱི་སྐུ་ཡང་གཞན་པ་ནི་མ་ཡིན་ཏེ། སེམས་ཅན་གྱི་ཁམས་ཉིད་ཆོས་ཀྱིས་སྐུ་ཆོས་ཀྱི་སྐུ་ཉིད་ཀྱང ་སེམས་ཅན་གྱི་ཁམས་ཏེ། འདི་ནི་དོན་གྱིས་གཉིས་སུ་མེད་དེ་ཡི་གེ་ཙམ་དང་ཐ་དད་པ་ཡིན་ནོ་ཞེས་གསུངས་པ་བཞིན་ནོ། །དེ་བཞིན་གཤེགས་པའི་ཁམས་གནས་སྐབས་གསུམ་པོ་འདི་ཐམས་ཅད་དུ་སོང་བ་ཡིན་ཡང་དེ་ཀུན་ནས་ཉོན་མོངས ་པ་དང་རྣམ་པར་བྱང་བ་དེ་དག་གིས་མི་འགྱུར་བའི་དོན་ལས་བརྩམས་ཏེ། ཚིགས་སུ་བཅད་པ་བཅུ་བཞིའོ། །འདི་ནི་དེ་དག་གིས་བསྡུས་པའི་དོན་དུ་རིག་པར་བྱའོ། །ཉེས་པ་གློ་བུར་དང་ལྡན་དང། ཡོན་ཏན་རང་བཞིན་ཉིད་ལྡན་ཕྱིར། ཇི་ལྟར་སྔར ་བཞིན་ཕྱིས་དེ་བཞིན། འགྱུར་བ་མེད་པའི་ཆོས་ཉིད་དོ། །ཚིགས་སུ་བཅད་པ་བཅུ་གཉིས་དང། གཅིག་གིས་ནི་གོ་རིམ་བཞིན་དུ་མ་དག་པའི་གནས་སྐབས་དང། མ་དག་པ་དང་དག་པའི་གནས་སྐབས་ན་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་བློང་བུར ་བ་དང་ལྡན་པའི་ཕྱིར་དང། ཚིགས་སུ་བཅད་བ་བཅུ?་བཞིབས་ནི་ཤིན་ཏུ་རྣམ་པར་དག་པའི་གནས་སྐབས་ན་རྣམ་པར་དབྱེ་བ་མེད་ཅིང་བྲལ་མི་སམ་ཤིས་བསམ་གྱིས་མི་ཁྱབ་པ། གང་གའི་ཀླུང་གིས་བྱེ་མ་སྙེད་ལས་འདས་པའི་སངས་རྒྱས་ཀྱི་ཆོས་དང ་རང་བཞིན་གྱིས་ལྡན་པའི་ཕྱིར་དེ་བཞིན་གཤེགས་པའི་ཁམས་ནམ་མཁའ་ཨི་རང་བཞིན་སྔ་མ་དང་ཕྱི་མར་གཏན་འགྱུར་པ་མེད་པར་བསྟན་ཏོ། །དེ་ལ་མ་དག་པའི་གནས་སྐབས་ན་འགྱུར་བ་མེད་པའི་མཚན་ཉིད་ལས་བརྩཾས་པའི་ཚིགས་སུ་བཅད་པ་བཅུ ་གཉིས་པོ་གང་དག་ཅེ་ན། ཇི་ལྟར་ནམ་མཁའ་ཀུན་སོང་བ། །ཕྲ་ཕྱིར་ཉེ་བར་གོས་པ་མེད། །དེ་བཞིན་སེམས་ཅན་ཐམས་ཅད་ལ། །གནས་འདི་ཉེ་བར་གོས་པ་མེད། །ཇི་ལྟར་འཇིག་རྟེན་ཐམས་ཅད་དུ། །ནམ་མཁའ་ལ་ནི་སྐྱེ་ཞིང་འཇིག་།དེ་བཞིན་འདུས་མ་བྱས་དབྱིངS ་ལ། །དབང་པོ་རྣམས་ནི་སྐྱེ་ཞིང་འཇིག་།ཇི་ལྟར་ནམ་མཁའ་མེད་རྣམས་ཀྱི། །སྔོན་ཆད་ནམ་ཡང་ཚིག་པ་མེད། །དེ་བཞིན་འདི་ནི་འཆི་བ་དང། །ན་དང་རྒ་བའི་མེས་མི་ཚིག་།ས་ནི་ཆུ་ལ་ཆུ་རླུང་ལ། །རླུང་ནི་མཁའ་ལ་རབ་ཏུ་གནས། །མཁའ་ནི་རླུང་དང་ཆུ་ངག་དང།། ་ས་ཡི་ཁམས་ལ་གནས་མ་ཡིན། །དེ་བཞིན་ཕུང་པོ་ཁམས་དབང་རྣམས། །ལས་དང་ཉོན་མོངས་དག་ལ་གནས། །ལས་དང་ཉོན་མོངས་ཚུལ་བཞིན་མིན། །ཡིད་ལ་བྱེད་པ་རྟག་ཏུ་གནས། །ཚུལ་བཞིན་མ་ཡིན་ཡིད་བྱེད་ནི། །སེམས་ཀྱི་དག་བ་ལ་རབ ་གནས། །སེམས་ཀྱི་རང་བཞིན་ཆོས་རྣམས་ནི། །ཐམས་ཅད་ལ་ཡང་གནས་པ་མེད། །ས་དང་འདྲ་བར་ཕུང་པོ་དང། །སྐྱེ་མཆེད་ཁམས་རྣམས་ཤེས་པར་བྱ། །ཆུ་ཁམས་དང་འདྲ་ལུས་ཅན་གྱི། །ལས་དང་ཉོན་མོངས་ཤེས་བྱ་སྟེ། །ཚུལ་བཞིན་མ་ཡིན་ཡིད ་བྱེད་ནི། །རླུང་གི་ཁམས་དང་འདྲ་བར་བལྟ། །རང་བཞིན་ནམ་མཁའ་ཨི་ཁམས་བཞིན་དུ། །དེ་བཞི་ཅན་མིན་གནས་པ་མེད། །ཚུལ་བཞིན་མ་ཡིན་ཡིད་བྱེད་ནི། །སེམས་ཀྱི་རང་བཞིན་ལ་རབ་གནས། །ཚུལ་བཞིན་མ་ཡིན་ཡིད་བྱེད་ཀྱིས། །ལས་དང་ཉོན ་མོངས་རབ་ཏུ་བྱེ། །ལས་དང་ཉོན་མོངས་ཆུ་ལས་ནི། །ཕུང་པོ་སྐྱེ་མཆེད་ཁམས་རྣམས་བྱུང། །དེ་འཇིག་པ་དང་འཆགས་པ་ལྟར་།སྐྱེ་དང་འཇིག་པར་འགྱུར་བ་ཡིན། །སེམས་ཀྱི་རང་བཞིན་ནམ་མཁའ་ཡི། །ཁམས་ལྟར་རྒྱུ་མེད་རྐྱེན་མེད་དེ། ། ་ཚོགས་པ་མེད་ཅིང་སྐྱེ་བ་དང། །འཇིག་དང་གནས་པ་ཡོད་མ་ཡིན། །སེམས་ཀྱི་རང་བཞིན་འོད་གསལ་གང་ཡིན་པ། །དེ་ནི་ནམ་མཁའ་བཞིན་དུ་འགྱུར་མེད་དེ། །ཡང་དག་མིན་རྟོགས་ལས་བྱུང་འདོད་ཆགས་སོགས་སོ། །གློ་བུར་དྲི་མས་དེ་ཉོན་མོངས་མི ་འགྱུར། །ཇི་ལྟར་ནམ་མཁའ་དཔེ་འདིས་མ་དག་པའི་གནས་སྐབས་ན་དེ་བཞིན་གཤེགས་པའི་སྙིང་པོ་རྣམ་པར་འགྱུར་བ་མེད་པའི་ཆོས་ཉིད་དུ་བསྟན་བ་བརྗོད་པ་ནི། ལས་དང་ཉོན་མོངས་ཆུ་ཚོགས་ཀྱིས། །འདི་ནི་མངོན་པར་འགྲུབ་མིན ་ཏེ། འཆི་དང་ན་དང་རྒ་བའི་མེ། །མི་བཟད་པས་ཀྱང་ཚིག་མི་འགྱུར། །ཇི་ལྟར་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་བའི་རླུང་གི་དཀྱིལ་འཁོར་ལས་བྱུང་བ། །ལས་དང་ཉོན་མོངས་པའི་ཚུལ་བརྟེན་ནས། ཕུང་པོ?་དང། ཁམས་དང། སྐྱེ་མཆེད་ཀྱི་འཇིག ་རྟེན་སྐྱེས་པས་སེམས་ཀྱིས་རང་བཞིན་གྱི་ནམ་མཁའ་འཆགས་བར་འགྱུར་བ་མ་ཡིན་པ་དེ་བཞིན་དུ་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་དང། ལས་དང་ཉོན་མོངས་པའི་རླུང་དང་ཆུའི་ཕུང་པོ་ལ་གནས་པ། ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཀྱིས། ་འཇིག་རྟེན་འཇིག་པར་བྱེད་པ། འཆི་བ་དང་ན་བ་དང་རྒ་བའི་མེའི་ཚོགས་སྐྱེས་པས་ཀྱང་དེ་མི་འཇིག་བར་རིག་པར་བྱའོ། །དེ་ལྟར་མ་དག་བའི་གནས་སྐབས་ན་སྣོད་ཀྱི་འཇིག་རྟེན་བཞིན་དུ་ཉོན་མོངས་བ་དང། ལས་དང་སྐྱེ་བའི་ཀུན་ནས་ཉོན་མོངས་པ ་མཛའ་དག་སྐྱེ་བ་དང་འཇིག་ཀྱང། འདུས་མ་བྱས་པ་དེ་བཞིན་གཤེགས་པའི་སྙིང་པོ་ནི་མཁའ་བཞིན་དུ་སྐྱེ་བ་མེད་ཅིང་འགག་བ་མེད་བ་ཤིན་ཏུ་མི་འགྱུར་བའི་ཆོས་ཉིད་དུ་བསྟན་པ་ཡིན་ནོ། །རང་བཞིན་གྱི་རྣམ་པར་དག་པའི་སྒོའི་ཆོས་རྣང་བའི ་སྒོ་ལས་བརྩམས་པ། ནམ་མཁའ་ཨི་དཔེ་འདི་རྒྱས་པར་ནི་མདོ་ཇི་ལྟ་བ་བཞིན་རྟོགས་པར་བྱ་སྟེ། དྲང་སྲོང་ཆེན་བོ་ཉོན་མོངས་པ་ནི་མུན་པར། རྣམ་པར་དག་བ་ནི་སྣང་བའོ། །ཉོན་མོངས་པ་ནི་སྟོབས་ཆུང་བ། ལྷག་མཐོང་ནི་སྟོབས་དང་ལྡན་པའོ ་ཉོན་མོངས་པ་ནི་བློ་བུར་བ། རང་བཞིན་གྱིས་རྣམ་པར་དག་པ་ནི་རྩ་བའོ། །ཉོན་མོངས་པ་ནི་ཀུན་ཏུ་བརྟགས་པ་རང་བཞིན་ནི་ཀུན་དུ་མ་བརྟག་པའོ། །དྲང་སྲོང་ཆེན་པོ་འདི་ལྟ་སྟེ། །ས། ཆེན་པོ་འདི་ནི་ཚུལ་རབ་ཏུ་གནས་པ། ཆུ་ནི་རླུང་ལ ་རབ་ཏུ་གནས་བརླུང་ནི་ནམ་མཁའ་ལ་རབ་ཏུ་གནས་པ་ཡིན་ལ། ནམ་མཁའ་ནི་གནས་པ་མེད་པའོ། དེ་བཞིན་དུ་ཁམས་བཞི་པོ་འདི་རྣམས་ལས། སའི་ཁམས་དང། ཆུའི་ཁམས་དང། རླུང་གི་ཁམས་པས་ནི་ནམ་མཁའ་ཨི་ཁམས་ཉིད་སྟོབས་དང་ལྡན་པ། ་བརྟན་པ། མི་གཡོ་བ། འགྲིབ་པ་མེད་པ། སྐྱེ་བ་མེད་པ་འགག་པ་མེད་བ་སྟེ་།རང་གི་དཔགས?་གནས་པའོ། །དེ་ལ་ཁམས་གསུམ་པོ་གང་ཡིན་པ་དེ་དག་ནི་སྐྱེ་བ་དང་འཇིག་པ་དང་ལྡན་པ། མི་གནས་པ་ཡུན་རིང་དུ་མི་གནས་པ་སྟེ། འདི་དག ་ལ་ནི་རྣམ་པར་འགྱུར་བ་མཐོང་གི། ནམ་མཁའ་ནི་རྣམ་པར་འགྱུར་བ་འགའ་ཡང་མེད་དོ། །དེ་བཞིན་དུ་ཕུང་པོ་དང། ཁམས་དང་སྐྱེ་མཆེད་དག་ནི་ལས་དང་ཉོན་མོངས?་པ་ལ་རབ་ཏུ་གནས་པའོ། །ལས་དང་ཉོན་མོངས་པ་ནི་ཚུལ་བཞིན་མ་པ་ཡིད་ལ་བྱེད་བ་ལ་རབ་ཏུ་གནS་པ། ཚུལ་བཞིན་མ་ཡིན ་པ་ཡིད་ལ་བྱེད་པ་ནི་རང་བཞིན་གྱིས་ཡོངས་སུ་དག་པ་ལ་གནས་པ་སྟེ། དེས་ན་སེམས་ཀྱིས་རང་བཞིན་ནི་འོད་གསལ་བ་སྟེ། གློ་བུར་གྱི་ཉོན་མོངས་པས་ཉོན་མ་མོངས་པའོ་ཞེས་བརྗོད་དོ། །དེ་ལ་ཚུལ་བཞིན་མ་ཡིན་པའི་ཡིད་ལ་བྱེད་པ་གང་ཡིན་པ་དང ་ལས་དང་ཉོན་མོངས་པ་གང་ཡིན་པ་དང། ཕུང་པོ་དང། ཁམས་དང། སྐྱེ་མཆེད་གང་ཡིན་པའི་ཆོས་འདི་མཛའ་དག་ནི་རྒྱུ་རྐྱེན་གྱིས་བསྡུས་པས་སྐྱེ་བ་རྒྱུ་རྐྱེན་དང་བྲལ་ན་འགག་བར་འགྱུར་གྱིས། རང་བཞིན་གང་ཡིན་པ་དེ་ནི་མེད་བ། རྐྱེན་མེད ་པ། ཚོགS་པ་མེད་པ། སྐྱེ་བ་མེད་པ་འགག་པ་མེད་པའོ། །དེ་ལ་ནམ་མཁའ་ཨི་ཁམས་ཇི་ལྟར་དེ་ལྟར་ནི་རང་བཞིན་ནོ། །རླུང་གི་ཁམས་ཇི་ལྟ་བ་དེ་ལྟར་ནི་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པའོ། །ཆུའི་ཁམས་ཇི་ལྟ་བ་དེ་ལྟར་ནི་ལས་དང་ཉོན་མོངས ་པའོ། །སའི་ཁམས་ཇི་ལྟ་བ་དེ་ལྟར་ནི་ཕུང་པོ་དང། སྐྱེ་མཆེད་དང། ཁམས་རྣམས་སོ། དེས་ན་ཆོས་ཐམས་ཅད་ནི་རྩ་བ་ཡོངས་སུ་ཆད་པ་སྟེ་།སྙིང་པོ་མེད་པའི་རྩ་བ་ཅན། མི་གནས་བའི་རྩ་བ་ཅན། དག་པའི་རྩ་བ་ཅན། རྩ་བ་མེད་བའི་རྩ་བ ་ཅན་ཞེས་བརྗོད་དོ་ཞེའོ། །མ་དག་པའི་གནས་སྐབས་ན། འགྱུར་བ་མེད་པའི་མཚན་ཉིད་ལ་བརྩམས་ཏེ། རང་བཞིན་ནམ་མཁའ་དང་ཆོས་ཚུངས་པ་དང། དེ་ལ་བརྟེན་པ་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་དང་ལས ་དང་ཉོན་མོངས་པ་རྣམས་རྒྱུའི་མཚན་ཉིད་ལས་བརྩམས་ནས། རླུང་གི་ཁམས་དང་ཆོས་མཚུངས་པ་དང། ཆུའི་ཁམས་དང་ཆོས་མཚུངས་པ་དང། དེ་ལས་བྱུང་བ་ཕུང་པོ་དང། ཁམས་དང། སྐྱེ་མཆེད་རྣམ་པར་སྨིན་པའི་མཚན་ཉིད ་ལས་བརྩམས་ཏེ། སའི་ཁམས་དང་ཆོས་མཚུངས་པ་ནི་བཤད་ཟིན་ཏོ། །དེ་འཇིག་པའི་རྒྱུའི་འཆི་བ་དང། ན་བ་དང། རྒ་བའི་མེ་འགོ་ནད་ཀྱི་མཚན་ཉིད་ལས་བརྩམས་ཏེ་མེའི་ཁམས་དང་ཆོས་མཚུངས་པ་ནི་མ་བཤད་པས་ན་དེ་བརྗོད་པ། དུས ་མཛའ་དམྱལ་བ་ཐ་མལ་པའི། །མེ་གསུམ་འཆི་དང་ན་བ་དང། རྒ་བའི་མེ་གསུམ་རིམ་བཞིན་དུ། དེ་དང་འདྲ་བར་ཤེས་པར་བྱ། འཆི་བ་དང་ན་བ་དང་རྒ་བ་རྣམས་ནི་གོ་རིམ་བཞིན་དུ་རྒྱུ་གསུམ་གྱིས་མེ་དང་འདྲ་བར་རིག་པར་བྱ་སྟེ། སྐྱེ་མཆེད་དྲུག ་བདག་གི་བ་མེད་པར་བྱེད་པ་དང། སྡུག་བསྔལ་སྣ་ཚོགས་མྱོང་བར་བྱེད་པ་དང། འདུ་བྱེད་ཡོངས་སུ་སྨིན་བར་བྱེད་པའི་ཕྱིར་རོ། །དེ་བཞིན་གཤེགས་པའི་ཁམས་མ་དག་པའི་གནས་སྐབས་ན་ཡང་འཆི་བ་དང། ན་བ་དང། རྒ་བའི་མེ་གསུམ ་པོ་འདི་དག་གིས་མི་འགྱུར་བ་ཉིད་ལས་བརྩམས་ཏེ། འདི་སྐད་ཅེས། བཅོམ་ལྡན་འདས་འཆི་བ་ཞེས་བགྱི་བ་དང། སྐྱེ་བ་ཞེས་བགྱི་བ་འདི་ནི་འཇིག་རྟེན་གྱི་ཐ་སྙད་དོ། །བཅོམ་ལྡན་འདས་འཆི་བ་ཞེས་བགྱི་བ་འདི་ནི་དབང་པོ་འགགས་པའོ། ། ་བཅོམ་ལྡན་འདས་སྐྱེ་བ་ཞེས་བགྱི་བ་འདི་ནི་དབང་པོ་གསར་པ་རྣམས་ཐོབ་པའོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་སྙིང་པོ་ནི་སྐྱེ་བའམ། རྒ་བའམ། འཆི་བ་འམ་འཆི་འཕོ་བ་འམ། སྐྱེ་བ་མ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན ་འདས་དེ་བཞིན་གཤེགས་པའི་སྙིང་པོ་ནི་འདུས་བྱས་ཀྱི་མཚན་ཉིད་ཀྱི་ཡུལ་ལས་འདས་པ་སྟེ། རྟག་པ་བརྟན་པ་ཞི་པ་གཡུང་དྲུད་དོ་ཞེས་གསུངས་སོ། །དེ་ལ་མ་དག་པ་དང་དག་པའི་གནས་སྐབས་ན། འགྱུར་བ་མེད་པ་ལས་བརྩམས་ཏེ་ཚིགས་སུ་བཅད ་པ། སྐྱེ་འཆི་ན་དང་རྒོ་བཱ?་ལས་གྲོལ་བ། །འདི་ཡི་རང་བཞིན་ཇི་བཞིན་ཉིད་རྟོགས་ཏེ། སྐྱེ་སོགས་ཕོངས་དང་བྲལ་ཡང་དེ་ཡིས་རྒྱུས། བློ་ལྡན་འགྲོ་ལ་སྙིང་རྗེ་སྐྱེ་ཕྱིར་བསྟེན། །འདིས་ཅི་བསྟན་ཞེ་ན། འཕགས་པས་འཆི་དང་ན་བ་དང། །རྒ་བའི་སྡུག ་བསྔལ་བརྩད་ནས་སྤངས?། །ལས་དང་ཉོན་མོངས་དབང་གི་སྐྱེ། །དེ་ལ་དེ་མེད་ཕྱིར་དེ་མེད། །མ་དག་པའི་གནས་སྐབས་ཀྱི་འཆི་བ་དང། །ན་བ་དང་རྒ་བའི་མེ་འདིའི་བུད་ཤིང་ལྟ་བུའི་ཉེ་བར་ལེན་པ་ནི་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་དང། ་ལས་དང་ཉོན་མོངས་སྔོན་དུ་འགྲོ་བ་ཅན་གྱི་སྐྱེ་བ་ཡིན་ཏེ། མ་དག་པ་དང་དག་པའི་གནས་སྐབས་ན། ཡིད་ཀྱི་རང་བཞིན་གྱིས་ལུས། །ཐོབ་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་གང་ཞིག་ཤིན་ཏུ་སྣང་བར་མེད་པར་གྱུར་པས་ཅིག་ཤོས ་གཏན་འབར་བ་མེད་པར་རྟོགས་བའོ། །ཇི་བཞིན་ཡང་དག་མཐོང་བའི་ཕྱིར། །སྐྱེ་སོགས་རྣམས་ལས་འདས་གྱུར་ཀྱང། །སྙིང་རྗེའི་བདག་ཉིད་སྐྱེ་བ་དང། །འཆི་དང་རྒ་དང་ན་བར་སྟོན། །བྱང་ཆུབ་སེམས་དཔའ་རྣམས་ནི་དགེ་བའི་རྩ་བའི་སྲིད ་པ་ཀུན་ཏུ་སྦྱོར་བ་ཅན་ཏེ། བསམས་བཞིན་དུ་སྐྱེ་བ་ལ་དབང་བ་ཉིད་ལ་བརྟེན་ནས་སྙིང་རྗེས་ཁམས་གསུམ་དུ་ཡང་དག་པར་སྦྱོར་རོ། །སྐྱེ་བ་ཡང་ཉེ་བར་སྟོན་ལ། རྒ་བ་དང་ན་བ་དང་འཆི་བ་ཡང་ཉེ་བར་སྟོན་ཏོ། །དེ་དག་སྐྱེ་བ་ལ་སོགས ་པའི་ཆོས་འདི་དག་ཀྱང་མེད་དེ། ཁམས་དེ་ཉིད་སྐྱེ་བ་མེད་པ་དང། འབྱུང་བ་མེད་པ་ཡང་དག་པ་ཇི་བལྟ་བ་བཞིན་མཐོང་བའི་ཕྱིར་རོ། །བྱང་ཆུབ་སེམས་དཔའ་ཨི་གནས་སྐབས་འདི་རྒྱས་པར་ནི་མདོ་ཇི་ལྟ་བ་བཞིན་ཤེས་པར་བྱ་སྟེ། ཇི་སྐད་ ་དུ། དེ་དག་གིས་འཁོར་བའི་རྒྱུ་དགེ་བའི་རྩ་བ་དང་མཚུངས་པར་ལྡན་པའི་ཉོན་མོངས་པ་གང་ཞེ་ན། འདི་ལྟ་སྟེ། བསོད་ནམས་ཀྱི་ཚོགས་ཡོངས་སུ་ཚོལ་བས་མི་ངོམས་བ་དང། བསམས་བཞིན་དུ་སྲིད་པར་སྐྱེ་བ་ཡོངས་སུ ་འཛིན་པ་དང། །སངས་རྒྱས་དང་ཕྲད་པ་དོན་དུ་གཉེར་བ་དང། སེམས་ཅན་ཡོངས་སུ་སྨིན་པཱི་མི་སྐྱོ་བ་དང། དམ་པའི་ཆོས་ཡོངས་སུ་འཛིན་པ་ལ་བརྩོན་པ་དང། སེམས་ཅན་གྱི་བྱ་བ་ཅི་ཡོད་པ་ལ་འགྲུས་པ་དང། ཆོས་ལ་ཆགས་པའི་བསམ་པ ་དང་མ་བྲལ་བ་དང། ཕ་རོལ་ཏུ་ཕྱིན་པའི་ཀུན་ཏུ་སྦྱོར་བ་རྣམས་མི་འདོད་བ་སྟེ། བློ་གྲོས་རྒྱ་མཚོ་གང་དག་གིས་བྱང་ཆུབ་སེམས་དཔའ་ཀུན་དུ་སྦྱོར་བར་བྱེད་ཀྱང་ཉོན་མོངས་པའི་སྐྱོན་གྱིས་མི་གོས་པ། དགེ་བའི་རྩ་བ་དང་མཚུངས་པར་ལྡན ་པའི་ཉོན་མོངས་པ་ནི་འདི་དག་གོ། ཡང་གསུངས་པ། བཅོམ་ལྡན་འདས་གང་གི་ཚེ་དགེ་བའི་རྩབ་ལགས་ན། དེའི་རྒྱུ་ཅིའི་སླད་དུ་ཉོན་མོངས་པ་ཞེས་བགྱི། བཀའ་སྩལ་པ། བློ་གྲོས་རྒྱ་མཚོ་འདི་ལྟ་སྟེ། དེ་ལྟ་བུའི་རང་བཞིན་གྱི་ཉོན ་མོངས་པ་འདི་དག་གིས་བྱང་ཆུབ་སེམས་དཔའ་ཁམས་གསུམ་པར་ཀུན་ཏུ་སྦྱོར་ལ། ཁམས་གསུམ་པ་ཡང་ཀུན་ནས་ཉོན་མོངས་པ་ལས་བྱུང་བ་ཡིན་ནོ། །དེ་ལ་བྱང་ཆུབ་སེམས་དཔའ་ནི་ཐབS་པ་མཁས་པ་དང། དགེ་བའི ་རྩ་བའི་སྟོབས་བསྐྱེད་པས་བསམས་བཞིན་དུ་ཁམས་གསུམ་དུ་ཀུན་ཏུ་སྦྱོར་ཏེ། དེས་ན་དགེ་བའི་ཙ་བ་དང་མཚུངས་པར་ལྡན་པའི་ཉོན་མོངས་པ་ཞེས་བྱའོ། །ཇི་སྲིད་ཁམས་གསུམ་པར་ཀུན་དུ་སྦྱོར་བ་ཡིན་གྱི་སེམས་ཉེ་བར་ཉོན་མོངས ་པས་ནི་མ་ཡིན་ནོ། །བློ་གྲོས་རྒྱ་མཚོ་དཔེར་ན། ཚོད་དཔོན་ནམ་ཁྱིམ་བདག་ལ་བུ་གཅིག་པ་འདོད་པ་སྡུག་པ་ཡིད་དུ་འོང་བ་མཐོང་ན། མི་སྡུག་པ་མེད་པ་ཞིག་ཡོད་ལ། ཁྱིའུ་དེ་ཡང་བྱིས་པར་གྱུར་པས་གར་བྱེད་པ་ནི་མི་གཙང་བའི་དོད་དུ་ལྟུང་བར ་གྱུར་ཏོ། །དེ་ནས་ཁྱེའུ་དེའི་མ་དང་གཉེན་གྱིས། ཁྱེའུ་དེ་མི་གཙང་བའི་དོད་དུ་ལྡུད་བ་འདི་མཐོང་ལ་མཐོང་ནས་ཀྱང་ཆོད་དེ་ཆེན་པོ་འདེབས་ཤིང་མྱ་ངན་བྱེད་ལ་སྨྲེ་སྔགས་འདོན་ཏེ། མི་གཙང་བའི་དོད་དེ་བཞུགས་ཏེ་ཁྱེའུ་དེ་འདོན་པར་མི་བྱེད་དོ། །དེ་ནས་ཁྱེའུ་དེའི། ་ཕ་ཕྱོགས་དེར་སོང་སྟེ། ངེས་བུ་གཅིག་པུ་དེ་མི་གཙང་བའི་དོད་དུ་ལྟུང་བ་མཐོད་དོ། །མཐོང་ནས་ཀྱང་རིངས་པར་བཏབས་པའི་ཚུལ་གྱིས་བུ་གཅིག་པོ་འདོན་པར་འདོད་པའི་སྲེད་པས་བྱས་ཏེ། སྐྱུག་བྲོ་བ་མེད་པར་མི་གཙང་བའི་གནས་དེར་བབས་ཏེ། བུ་གཅིག ་པོ་ཕྱུང་བར་གྱུར་ཏོ། །བློ་གྲོས་རྒྱ་མཚོ་དེ་ལྟར་ན་འདི་ནི་ཇི་སྲིད་དོན་འདི་ཤེས་པར་བྱ་བའི་ཕྱིར་དཔེར་བྱས་པའོ། །དོན་གང་ཡིན་པར་བལྟ་ཞེ་ན། བློ་གྲོས་རྒྱ་མཚོ་མི་གཙང་བའི་དོད་ཞེས་བྱ་བ་འདི་ནི། ཁམས་གསུམ་པའི་ཚིག་བླ་དགས་སོ། །བུ་གཅིག ་པ་ཞེས་བྱ་བ་འདི་ནི་སེམས་ཅན་གྱི་ཚིགས་བླ་དགས་པས་ཏེ། བྱང་ཆུབ་སེམས་དཔའ་ནི་སེམས་ཅན་ཐམས་ཅད་ལ་བུ་གཅིག་པའི་འདུ་ཤེས་ཀྱི་ཉེ་བར་གནས་པར་འགྱུར་རོ། །མ་དང་གཉེན་ཞེས་བྱ་བ་འདི་ནི་གང་དག་འཁོར་བར་ལྷུང་བའི་སེམས་ཅན་མཐོང ་ནས་མྱ་ངན་བྱེད་ཅིང་སྨྲེ་སྔགས་འདོན་གྱི་།འདོན་པར་ནུས་པ་ནི་མེད་པ། ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པའི་གང་ཟག་རྣམས་ཀྱི་ཚིག་བླ་དགས་སོ། །ཚོད་དཔོན་ནི་ཁྱིམ་བདག་ཆེན་པོ་ཞེས་བྱ་བ་འདི་ནི་གང་ཞིག་གཙང་བ་དྲི་མ་དང་བྲལ་བའི་སེམས ་དང་ལྡན་པ། འདུས་མ་བྱས་ཀྱི་ཆོས་མངོན་སུམ་དུ་རྟོགས་པ། སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་བསམས་བཞིན་དུ་ཁམས་གསུམ་པར་མཚམས་སྦྱོར་བར་བྱེད་པར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚིག་བླ་དགས་སོ། །བློ་གྲོས་རྒྱ་མཚོ ་མཆམས་སྦྱོར་བ་ཐམས་ཅད་ལས་ཤིན་ཏུ་གྲོལ་ཡང། སྲིད་པར་སྐྱེ་བ་ལེན་པ་གང་ཡིན་བ་འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྙིང་རྗེ་ཆེན་པོ་སྟེ། ཐབས་ལ་མཁས་པ་དང་ཤེས་རབ་ཀྱིས་ཡོངས་སུ་ཟིན་པས་ཀུན་ནས་ཉོན་མོངས་པ་དགྲི?་ཀྱང ་མི་གནོད་ལ། ཉོན་མོངས་པའི་འཆིང་པ་ཐམས་ཅད་དགྲོལ་པར་བྱ་བའི་ཕྱིར། །སེམས་ཅན་རྣམས་ལ་ཆོས་ཀྱང་སྟོན་པའོ་ཞེས་གསུངས་པ་བཞིན་ནོ། །དེ་ནས་མདེའི་དུམ་བུ་འདིས་ནི་གཞན་ལ་ཕན་པར་བྱ་བའི་དོན་དུ་དབང་དང ་ལྡན་པའི་བྱང་ཆུབ་སེམས་དཔའ་ཨི་དགེ་བའི་རྩ་བ་དང། སྙིང་རྗེ་གཉིས་ཀྱིས་བསམས་བཞིན་དུ་སྐྱེ་བ་ལ་སྦྱོར་བའི་ཕྱིར་དང། ཐབས་དང་ཤེས་རབ་གཉིས་ཀྱིས་སྟོབས་ཀྱིས་དེ་ཀུན་ནས་ཉོན་མོངས་བ་མེད་པའི་ཕྱིར་མ་དག་པ་དང། དག་པའི ་གནས་སྐབས་བསྟན་ཏོ། །དེ་ལ་ཇི་ལྟ་བའི་བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པའི་ཁམས་མ་སྐྱེས་པ་དང། མ་བྱུང་བ་ཡང་དག་པར་ཇི་ལྟ་བ་བཞིན་མཐོང་བ་ཐོབ་ནས། །བྱང་ཆུབ་སེམས་དཔའ་ཆོས་ཉིད་འདི་རྗེས་སུ་ཐོབ་པ་དེ་ལྟར་ནི་མདོ ་ཇི་ལྟ་བ་བཞིན་རྟོགས་པར་བྱ་སྟེ། ཇི་སྐད་དུ་བློ་གྲོས་རྒྱ་མཚོ་ཆོས་རྣམས་ཀྱི་སྙིང་པོ་མེད་པ་ཉིད་དང། བྱེད་པ་པོ་མེད་པ་ཉིད་དང། བདག་པོ་མེད་པ་ཉིད་དང། སེམས་ཅན་མེད་པ་ཉིད་དང། སྲོག་མེད་པ་ཉིད་དང། གང་ཟག་མེད་པ་ཉིད་དང ་བདག་པོ་མེད་པ་ཉིད་ལ་ལྟོས། །འདི་ལྟར་གང་ལ་ཇི་ལྟར་འདོད་པ་དེ་ལྟར་སེམས་པར་མི་བྱེད། རབ་ཏུ་རྟོགས་པར་མི་བྱེད་དོ། །བློ་གྲོས་རྒྱ་མཚོ་གཞན་དུ་མི་འགྱུར་བའི་ཆོས་འདི་ལ་མོས་པའི་བྱང་ཆུབ་སེམས་དཔའ་ནི་ཆོས་གང་ལ་ཡང ་ཁོད་ཁྲོ་བ་བསྐྱེད་པར་མི་བྱེད་དོ། །འདི་ལ་འགའ་ཡང་ཕན་འདོགས་པའམ་གནོད་པར་བྱེད་པ་མེད་དོ། །ཞེས་དེ་ལྟར་དེའི་ཡེ་ཤེས་ཀྱི་མཐོང་བ་རྣམ་པར་དག་བར་འགྱུར་རོ། །དེ་ལྟར་ཆོས་རྣམས་ཀྱི་ཆོས་ཉིད་ཡང་དག་པ་ཇི་ལྟ་བ་བཞིན་དུ ་རབ་ཏུ་ཤེས་པ་དང། འདི་ལྟར་སྙིང་རྗེ་ཆེན་པོའི་གོ་ཆ་མི་འདོད་ལ་ཡིན་ནོ། །བློ་གྲོས་གྱི་མཚོ་དཔེར་ན་ནོར་བུ་རིན་པོ་ཆེ་བཻཌཱུརྱ་རིན་ཐང་མེད་པ་ཤིན་ཏུ་སྦྱངས་པ་ཤིན་ཏུ་ཡོངས་སུ་དག་པ། ཤིན་ཏུ་དྲི་མ་མེད་པའང་མ་དུ་བཅུག་སྟེ། ལོ་སྟོང ་ཕྲག་དུ་མ་གནས་པར་གྱུར་ལ། དེ་ལོ་སྟོང་འདས་ནས་འདམ་དེ་ནས་ཕྱུང་སྟེ་སྦྱངས་ཤིང་བྱི་དོར་བྱས་ཏེ། ལེགས་པར་བཀྲུས། ལེགས་པར་སྦྱངས། ལེགས་པར་བྱི་དོར་བྱས་པ་དག་ཅི་དྲི་མེད་པ་ནོར་བུ་རིན་པོ་ཆེའི་ངོ་བོ་དེ་ཉིད་མི་འདོར?་དོ། །བློ་གྲོས ་རྒྱ་མཚོ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་ཅན་རྣམས་ཀྱི་སེམས་རང་བཞིན་གྱིས་འོད་གསལ་བར་རབ་ཏུ་ཤེས་ཏེ། འོན་ཀྱང་གློ་བུར་གྱི་ཉེ་བའི་ཉོན་མོངས་པས་ཉོན་མོངས་པར་མཐོང་ངོ། །དེ་ལ་བྱང་ཆུབ་སེམས་དཔའ་འདི་སྙམ་དུ་སེམS ་སྟེ། ཉོན་མོངས་པ་འདི་དག་ནི་སེམས་ཅན་རྣམས་ཀྱི་སེམས་ཀྱི་རང་བཞིན་འོད་གསལ་བར་ཞུགS་པ་མ་ཡིན་ནོ། །ཉོན་མོངས་པ་འདི་དག་ནི་གློ་བུར་བ་སྟེ། ཡང་དག་པ་མ་ཡིན་པའི་ཀུན་དུ་རྟོགས་པས་བསྐྱེད་པའོ། །བདག་གིས་སེམས ་ཅན་འདི་དག་གིས་ཉེ་བའི་ཉོན་མོངས་པ་ཞི་བར་བྱའི་ཕྱི་ཆོས་བསྟན་པར་ནུས་སོ་སྙམ་སྟེ། དེ་ལྟར་དེ་ལ་ཞུམ་པའི་སེམས་མི་སྐྱེའོ། །དེ་ནི་ལན་མང་དུ་སེམས་ཅན་རྣམས་ཀྱི་ཐད་དུ་རབ་ཏུ་འགྲོ་བའི་སེམས་སྐྱེའོ། །དེ་འདི་སྙམ་དུ་ཡང་སེམས་ཏེ། ་ཉོན་མོངས་པ་འདི་དག་ལ་སྟོབས་དང་མཐུ་འགའ་ཡོད་པ་མ་ཡིན་ཏེ། ཉོན་མོངས་པ་འདི་དག་ནི་སྟོབས་མེད་པ། སྟོབས་ཆུང་བ། འདི་དག་ལན་ཡང་དག་པའི་གནS་འགའ་ཡང་མེད་དོ། །ཉོན་མོངས་པའི་དེ་དག་ནི་ཡང་དག་པ་མ་ཡིན་པར་ཀུན་ཏུ ་རྟག་པ་སྟེ། དེ་ནི་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཚུལ་བཞིན་དུ་ཡིད་ལ་བྱེད་པས་བརྟགས་པ་ན་ཁྲོ་བར་མི་འགྱུར་རོ། །དེ་ནི་ཁོ་བོས་ཅི་ནས་ཀྱང་འབྲེལ་པར་མི་འགྱུར་བ་དེ་ལྟར་སོ་སོར? ་བརྟག་པར་བྱའོ། །ཉོན་མོངས་པ་རྣམས་ནི་མ་འབྲེལ་ལེགས་ཀྱི་འབྲེལ་པ་ནི་མ་ཡིན་ནོ། །གལ་ཏེ་བདག་ཉོན་མོངས་པ་རྣམས་དང་འབྲེལ་ན། དེ་ཇི་ལྟར་ཉོན་མོངས་པའི་འཆིང་བས་བཅིངས་པའི་སེམས་ཅན་རྣམས་ཉོན་མོངས་པའི་འཆིང་བ་སྤང་བར་བྱ་བའི་ཕྱིར་ཆོས་བསྟན་།འོན་ཀྱང་ཁོ་བོས་ཉོན་མོངས་པ་རྣམS ་དང་ཡང་མ་འབྲེལ་ལ། ཉོན་མོངས་པའི་འཆིང་པ་སྤང་བའི་ཕྱིར་སེམས་ཅན་རྣམས་ལ་ཡང་ཆོས་བསྟན་པར་བྱའོ། །འཁོར་བའི་འབྲེལ་པར་བྱེད་པ་དགེ་བའི་རྩ་བ་དང་མཚུངས་པར་ལྡན་པའི་ཉོན་མོངས་པ་གང་ཡིན་པ་དེ ་དག་དང་ནི་བདག་གིས་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་འབྲེལ་བར་བྱའོ་སྙམ་མོ་ཞེས་གསུངས་པ་ཡིན་ནོ། །འཁོར་བ་ནི་འདིད?་ཟག་པ་མེད་པའི་དབྱི་དང་ན་ཁམས་གསུམ་པའི་གཟུགས་བརྙན་ཡིད་ཀྱི་རང་བཞིན་གྱིས་ལུས་གསུམ ་ཡིན་པར་འདོད་དོ། །དེ་ནི་ཟག་པ་མེད་པའི་དགེ་པའི་རྩ་པའི་མངོན་པར་འདུས་བྱས་པའི་ཕྱིར་འཁོར་བ་ཡིན་ལ། ཟག་པ་དང་བཅས་པའི་ལས་དང་ཉན་མོངས་པས་མངོན་པར་འདུས་བྱས་པ་མ་ཡིན་དཔའ་ཨི་ཕྱིར་མྱ་ངན་ལས་འདས་པ་ཡང་དེ་ཉིད ་དོ། །གང་གི་དབང་དུ་བྱས་ནས། བཅོམ་ལྡན་འདས་དེའི་སླད་དུ་འདུས་བྱས་པ་དང་འདུས་མ་བྱས་པའི་འཁོར་བ་ཡང་མཆིས་ལ་།འདུས་བྱས་པ་དང་འདུས་མ་བྱས་པའི་མྱ་ངན་ལས་འདས་པར་ཡང་མཆིས་སོ་ཞེས་གསུངས་པ་ཡིན་ནོ། ་དེ་ལ་འདུས་བྱས་དང་འདུ་ས་མ་བྱས་འདྲེས་པའི་སེམས་དང་སེམས་ལས་བྱུང་བ་ཀུན་ཏུ་སྤྱོད་པ་དང་ལྡན་པའི་ཕྱིར་འདི་དག་པ་དང་མ་དག་པའི་གནས་སྐབས་ཞེས་བྱའོ། །དེ་ཡང་ཐོགས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམས་པ་དང། ་སྙིང་རྗེ་ཆེན་པོ་བསྒོམས་པས་ཟག་བཟད་པའི་མངོན་པར་ཤེས་པ་ལ་མངོན་དུ་ཕྱོགས་པ་དང། སེམས་ཅན་གྱིས་ཁམས་ཐམས་ཅད་ཡོངས་སུ་བསྐྱབ་པའི་དོན་དུ་དེ་མངོན་དུ་མི་བྱེད་པའི་ཕྱིར་བྱང་ཆུབ་སེམས་དཔའ་ཨི་ས་མངོན་དུ་གྱུར་པ་ལ་གཙོ ་པོར་རྣམ་པར་བཞག་པ་ཡིན་ནོ། །ཐག་པ་ཟད་པའི་ཤེས་པ་ལས་བརྩམས་ཏེ། མེའི་དཔེར་བརྗོད་པ་ནི་ཇི་སྐད་གསུངས་པ་བཞིན་ཏེ་།རིགས་ཀྱི་བུ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་འབད་པ་ཆེན་པོ་དང། བརྩོན་པ་ཆེན་པོ་དང། ལྷག ་པའི་བསམ་པ?་བརྟན་པར་བསྒྲུབས་པས་མངོན་པར་ཤེས་པ་ལྔ་བསྐྱེད་པར་བྱེད་དོ། །བསམ་གཏན་དང་མངོན་པར་ཤེས་པ་ལ་སེམས་ཡོངས་སུ་སྦྱང་པ་བྱས་པ་དེ་ལ་ཟག་བཟང་པ་མངོན་དུ་ཕྱོགས་པར་འགྱུར་རོ། །སེམས་ཅན་ཐམས་ཅད་ཡོངས་སུ་སྐྱོབ ་པའི་དོན་དུ་སྙིང་རྗེ་ཆེན་པོའི་སེམས་བསྐྱེད་པས་ཟག་པ་ཐད་པའི་ཡེ་ཤེས་ཡོངས་སུ་སྦྱར་བ་བྱས་ཏེ། སླར་ཡང་སེམས་ཡོངས་སུ་སྤྱད་བ་བྱས་པས་ས་དྲུག་པ་ལ་ཆགས་པ་མེད་པའི་ཤེས་རབ་སྐྱེས་པའི་ཕྱིར། ཟག་པ་ཟད་པ་ལ་མངོན་དུ་ཕྱོགས་པར་འགྱུར ་དོ། །དེ་ལྟར་བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའ་ཨི་ས་མངོན་དུ་གྱུར་པ་འདི་ལ་ཟག་པ་ཟད་པ་མངོན་དུ་བྱེད་པ་ལ་དབང་ཐོབ་པས་ནི་རྣམ་པར་དག་པའི་སྐབས་བསྟན་ཏོ། །དེ་ལྟ་བུའི་བདག་ཉིད་དུ་ཡང་དག་པར་ཞུགས་པ་དེ་གཞན་དག ་ཀྱང་ཡང་དག་པར་རྟོགས་པ་འདི་ཉིད་ལ་བཞག་པར་བྱའོ། །ཞེས་སྙིང་རྗེ་ཆེན་པོས་ལོག་པར་ཞུགས་པའི་སེམས་ཅན་ཡོངས་སུ་ཁྱབ?་པར་འདོད་ལ། ཞི་བའི་བདེ་བའི་རོ་མི་མྱང་པར་དེའི་ཐབས་ལ་བྱང་བར་བྱས་པའི་འཁོར་བ་ལ་མངོན་དུ་ཕྱོགས་པའི ་སེམས་ཅན་ལ་བལྟོས་ཏེ། མྱ་ངན་ལས་འདས་པ་ལ་མངོན་དུ་ཕྱོགས་པ། །བྱང་ཆུབ་ཀྱི་ཡན་ལག་ཡོངས་སུ་བ་རྫོགས་པར་བྱ་བའི་ཕྱིར། བསམ་གཏན་དག་གི་གནས་སླར་འདོད་པའི་ཁམས་སུ་བསམས་བཞིན་དུ་སྐྱེ་བ་ཡོངས་སུ ་འཛིན་པས། ཇི་སྲིད་མྱུར་དུ་སེམས་ཅན་གྱི་དོན་བྱ་བར་འདོད་པས། དུད་འགྲོའི་སྐྱེ་གནས་སུ་གཏོགས་པ་རྣམ་པ་དུ་མར་སྐྱེ་བའི་བྱེ་བྲག་གིས། སོ་སོའི་སྐྱེ་བོའི་ལུས་ཀུན་ཏུ་སྟོན་པ་ལ་དབང་འབྱོར་པས་ནི་མ་དག་པའི་གནས་སྐབས་བསྟན་པ་ཡིན ་ནོ། །ཚིགས་སུ་བཅད་པའི་དོན་གཞན་ནི། །རྒྱས་སྲས་འགྱུར་མེད་ཆོས་ཉིད་འདི། །རྟོགས་ནས་མ་རིགས་ལྡོངས་རྣམས་ཀྱི། །སྐྱེ་བ་ལ་སོགས་དག་ཏུ་ནི། །མཐོང་བ་གང་ཡིན་པ་སྨུར?་དོ། །འཕགས་པའི་སྤྱོད་ཡུལ་ཐོབ་པ་གང། །སྤྱོད་པའི ་སྤྱོད་ཡུལ་དུ་སྟོན་ཏེ། །དེ་ཉིད་ཕྱིར་ནི་འགྲོ་བ་ཡི། །གཉན་གྱི་ཐབས་དང་སྙིང་རྗེ་མཆོག་།དེ་ནི་འཇིག་རྟེན་ཐམས་ཅད་ལས། །འདས་ཀྱང་འཇིག་རྟེན་ལས་མ་གཡོས། །འཇིག་རྟེན་དོན་དུ་འཇིག་རྟེན་ན། །འཇིག་རྟེན་དྲི་མས་མ ་གོས་སྤྱོད། །ཇི་ལྟར་པདྨ་ཆུ་ནང་དུ། །སྐྱེས་པ་ཆུ་ཡི་གོས་པ་མེད། །དེ་བཞིན་འདི་ནི་འཇིག་རྟེན་དུ། །སྐྱེས་ཀྱང་འཇིག་རྟེན་ཆོས་མི་གོས། །བྱ་བསྒྲུབ་ལ་རྟག་ཏུ་བློ། །མེ་བཞིན་དུ་ནི་འབར་བ་དང། །ཞི་བའི་བསམ་གཏན་སྙོམས་འཇུག་ལ། །རྟག ་ཏུ་སྙོམས་པར་ཞུགས་པ་ཡིན། །སྔོན་གྱི་འཕེལ་བའི་དབང་དང་ནི། །རྣམ་རྟོག་ཐམས་ཅད་བྲལ་བའི་ཕྱིར། །དེ་ནི་ལུས་ཅན་སྨིན་པ་ཡི། །དོན་དུ་འབད་པ་བྱེད་པ་ཡིན། །བསྟན་དང་གཟུགས་སྐུ་དག་དང་ནི། །སྤྱོད་དང་སྤྱོད་ལམ་གྱིས་ཀྱང་རུང། ། ་གང་ཞིག་ཇི་ལྟར་གང་གྲིས་འདུལ། །དེས་དེ་དེ་ལྟ་ཉིད་དུ་ཤེས། །དེ་ལྟར་ནམ་མཁའ་ཨི་མཛའ་ཀླས་ཀྱི། །འགྲོ་བ་བརྟག་ཏུ་ལྷུན་གྲུབ་པར། །ཐོགས་མེད་བློ་ལྡན་དེ་ཡིན་ནི། སེམས་ཅན་དོན་ནི་ཡང་དག་འཇུག་།བྱང་ཆུབ་སེམས་དཔའ་ཨི་ཚུལ་འདི་ནི། །རྗེས ་ཐོབ་དེ་བཞིན་གཤེགས་རྣམས་དང། །སེམས་ཅན་ཡང་དག་སྒྲོལ་པ་ལ། །འཇིག་རྟེན་ན་ནི་མཉམ་པ་ཉིད། །དེ་ལྟ་མོང་ཀྱིས་རྡུལ་དང། །རྒྱ་མཚོ་བ་ལང་རྨིག་རྗེས་ཀྱི། །ཁྱད་པར་གང་ཡིན་སངས་རྒྱས་དང། །བྱང་ཆུབ་སེམས་དཔའ་ཨི་ཁྱད་དེ ་ཉིད། །ཚིགས་སུ་བཅད་པ་བཅུ་པོ་འདི་རྣམས་ལས་གོ་རིམ་བཞིན་དུ་ཚིགས་སུ་བཅད་པ་དགུས་ནི། བྱང་ཆུབ་སེམས་དཔའ་ཨི་ས་རབ་ཏུ་དགའ་བའི་འོག་ཏུ་མཆོག་ཏུ་ཀུན་ནས་ཉོན་མོངས་པ་ཉིད་དང། ཚིགས་སུ་བཅད་པ་བཅུ་བS་ནི་བྱང་ཆུབ་སེམས ་དཔའ་ཨི་ས་ཆོས་ཀྱི་སྤྲིན་གྱིས་སྟེང་དུ་རྣམ་པར་དག་པ་ཉིད་ལ་བལྟོས་ཏེ། མདོར་བསྡུ་ན། ས་བཅུ་བ་བྱང་ཆུབ་སེམས་དཔའ་རྣམ་པ་བཞི་པོ་རྣམས་དག་པ་དང་མདག་པ་ཉིད་དུ་བསྟན་ཏོ། །བྱང་ཆུབ་སེམས་དཔའ་བཞི་ནི་སེམས་དང་པོ་བསྐྱེད་པ ་དང། སྤྱོད་པ་ལ་ཞུགས་པ་དང། ཕྱིར་མི་ལྡོག་པ་དང། སྐྱེ་བ་གཅིག་གིས་ཐོགས་པའོ། །དེ་ལ་ཚིགས་སུ་བཅད་པ་དང་པོ་དང་གཉིས་པས་ནི་ས་དང་པོར་ཏུ་དགའ་པ་ལ་ཐོག་མ་མེད་པའི་དུས་ནས་སྔོན་མ་མཐོང་བ། འཇིག་རྟེན་ལས་འདས་པའི་ཆོས་ཉིད་མཐོང ་བའི་ཕྱིར་སེམས་དང་པོ་བསྐྱེད་པའི་བྱང་ཆུབ་སེམས་དཔའ་ཨི་ཡོན་ཏན་ཡོངས་སུ་དག་པའི་མཚན་ཉིད་བསྟན་ཏོ་།ཚིགས་སུ་བཅད་པ་གསུམ་པ་དང། བཞི་པས་ནི་དྲི་མ་མེད་པའི་ས་ནས་བཟུང་སྟེ། མི་གཡོ་བའི་བར་གྱིས་ས་ལ་ཉེ་བར་མགོས་པའི་སྤྱད་པ་སྤྱོད ་པའི་ཕྱིར། སྤྱོད་པ་ལ་ཞུགས་པའི་བྱང་ཆུབ་སེམས་དཔའ་ཨི་ཡོན་ཏན་ཡོངས་སུ་དག་པའི་མཚན་ཉིད་བསྟན་ཏོ། །ཚིགས་སུ་བཅད་པ་ལྔ་པས་ནི་ས་མི་གཡོ་བ་ལ་རྒྱུན་མི་འཆད་པར་བྱང་ཆུབ་ཆེན་པོ་འཐོབ་པའི་སྦྱོར་བའི་ཏིང་ངེ་འཛིན་ལ་ལེགས་པར་གནས་པའི་ཕྱིར། ་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་ཨི་ཡོན་ཏན་རྣམ་པར་དག་པའི་མཚན་ཉིད་བསྟན་ཏོ། །ཚིགས་སུ་བཅད་པ་དྲུག་པ་དང་བདུན་པ་དང་བརྒྱད་པས་ནི་བྱང་ཆུབ་སེམས་དཔའ་ཨི་ས་ཆོས་ཀྱི་སྤྲིན་ལ་རང་དང་གཞན་གྱིས་དོན་སྒྲུབ་པའི་ཐབས་མཛའ་དག ་མཐར་ཕྱིན་པ། སངས་རྒྱས་ཀྱི་ས་ལ་སྐྱེ་བ་ཐ་མ་གཅིག་གིས་ཐོགས་བ་བླ་ན་མེད་པ་མངོན་པར་རྫོགས་པར་བྱུང་བ་མཆོག་ཐོབ་པའི་ཕྱིར་སྐྱེ་བ་གཅིག་གིས་ཐོགས་པའི་བྱང་ཆུབ་སེམས་དཔའ་ཨི་ཡོན་ཏན་ཡོངས་སུ་དག་པའི་མཚན་ཉིད་བསྟན་ཏོ། །ཚིགས་སུ་བཅད ་པ་དགུ་པ་དང་བཅུ་པས་ནི་གཞན་གྱི་དོན་དང། རང་གི་དོན་ལས་བརྩམས་ཏེ་མཐར་ཕྱིན་པའི་བྱང་ཆུབ་སེམས་དཔའ་དང། དེ་བཞིན་གཤེགས་པའི་ཡོན་ཏན་ཁྱད་པར་མེད་པ་དང། ཁྱད་པར་དང་བཅས་པ་བསྟན་ཏོ། །དེ་ལ་ཤིན་ཏུ་རྣམ་པར་དག་པའི་གནས་སྐབS ་ན་རྣམ་པར་འགྱུར་བ་མེད་པ་ལས་བརྩམས་ཏེ། ཚིགས་སུ་བཅད་པ། པགཞན་འགྱུར་མིན་བདག་མི་བཟང་ཆོས་ལྡན་ཕྱིར། །འགྲོ་སྐྱབས་ཕྱི་མའི་མཛའ་མེད་མུང་ཐུག་ཕྱིར། དེ་ནི་རྟག་ཏུ་གཉིས་མེད་མི་རྟོག་ཕྱིར། འཇིག་མེད་ཆོས་ཀྱང་ན་བྱས་རང་བཞིན་ཕྱིར ་འདིས་ཅི་བསྟན་ཞེ་ན། སྐྱེ་བ་མེད་ཅིང་འཆི་བ་མེད། །གནོད་མེད་རྒ་བ་མེད་པ་སྟེ། །དེ་ནི་རྟག་དང་བརྟན་ཕྱིར། །གཞི་བའི་ཕྱིར་ངར་གཡུང་དྲུང་ཕྱིར། །དེ་ནི་ཡིད་ཀྱི་རང་བཞིན་གྱི། །ལུས་ཀྱིས་སྐྱེ་མེད་རྟག་པའི་ཕྱིར། །བསམ་གྱིས་མི་ཁྱབ་བ་གྱུར ་བ་ཡི། །འཆི་ཕོ་བརྟན་ཕྱིར་དེ་མི་འཆི། །བག་ཆགས་ཕྲ་མོའི་ནད་རྣམས་ཀྱིས། །གནོད་མེད་ཞི་བ་ཉིད་ཀྱི་ཕྱིར། །ཟག་མེད་མངོན་པར་འདུས་བྱས་ཀྱིས། །གཡུང་དྲུང་ཕྱིར་ན་རྒ་བ་མེད། །ཤིན་ཏུ་དྲི་མ་མེད་ཅིང་རྣམ་པར་དག་པ་འོད་གསལ་བ་རང་གི་རང ་བཞིན་སངས་རྒྱས་ཀྱིས་ས་ལ་རྣམ་བར་གནས་བདེ་བཞིན་གཤེགས་པའི་ཁམས་དེ་ནི་སྔོན་གྱི་མཛའ་ཉེ་བར་བཟུང་ནས་།ཡིད་ཀྱི་རང་བཞིན་གྱི་ལུས་ཀྱིས་སྐྱེ་བ་ཡང་མ་ཡིན་ཏེ། རྟག་པའི་ཕྱིར་རོ། །ཕྱི་མའི་མཛའ་ཉེ་བར་བཟུང་ནས། བསམ་གྱིས་མི་ཁྱབ་པར་ཡོངས ་སུ་བསྒྱུར་བའི་འཆི་འཕོ་བས་འཆི་བ་མ་ཡིན་ཏེ། །བརྟན་པའི་ཕྱིར་རོ། །སྔོན་དང་ཕྱི་མའི་མཛའ་ཉེ་བར་བཟུང་ནས། མ་རིགས་པའི་བག་ཆགས་ཀྱི་ས་ཡོངས་སུ་འཛིན་པས་གནོད་པ་ཡང་མ་ཡིན་ཏེ། ཞི་བའི་ཕྱིར་རོ། །དེ་ལྟར་དོན་མེད་པས་མ་ཕོག་པ་གང་ཡིན ་པ་དེ་ནི་གཡུང་དྲུང་ཉིད་ཀྱི་ཕྱིར་ཟག་པ་མེད་པའི་ལས་ཀྱི་འབྲས་བུ་ཡོངས་སུ་སྨིན་པར་རྒ་བ་ཡང་མ་ཡིན་ནོ། །དེ་ལ་ཚིགས་གཉིས་དེ་བཞིན་གཉིས། །གཉིས་དང་གཉིས་ཀྱིས་གོ་རིམ་བཞིན། །འདུས་མ་བྱས་ཀྱི་དབྱིངས་ལ་ནི། །རྟག་པ་ལ་སོགས་དོན ་ཤེས་བྱ། །དེ་ལ་འདུས་མ་བྱས་ཀྱི་དབྱིངས་ལ་རྟག་པ་དང། །བརྟན་པ་དང། ཞི་བ་དང། གཡུང་དྲུང་གི་ཚིག་འདི་རྣམས་ལ་གོ་རིམ་ཇི་ལྟ་བ་བཞིན་རིག་རེ་རེའི་དོན་བསྟན་པ་དང། བཤད་པའི་ཚིག་གཉིས་གཉིས་ཀྱིས་རྣམ་པར་དབྱེ་བ་ནི་མདོ་ཇི་ལྟ་བ་བཞིན་ཤེས་པར ་བྱའོ། །མི་ཟད་ཡོན་ཏན་དང་ལྡན་ཕྱིར་རོ། །གཞན་འགྱུར་མེད་བདག་རྟག་པའི་དོན། །མཛའ་ཡི་མེ་དང་མཚུངས་པའི་ཕྱིར། །སྐྱབས་ཀྱི་བདག་ཉིད་བརྟག་པའི་དོན། །རྣམ་པར་མི་རྟོག་རང་བཞིན་ཕྱིར། །གཉིས་མེད་ཆོས་ཉིད་ཞི་བའི་དོན། །མ་བཅོས་ཡོན ་ཏན་ཉིད་ཕྱིར་ནི། །འཇིག་མེད་དོན་ནི་གཡུང་དྲུང་ཉིད། །ཇི་སྐད་དུ། ཤཱ་རིའི་བུ་མི་ཟད་བའི་ཆོས་ཉིད་ཀྱིས་ན་གཞན་དུ་མི་འགྱུར་བའི་ཆོས་ཀྱི་སྐུ་འདི་ནི་རྟག་པའོ། །ཤཱ་རིའི་བུ་ཕྱི་མའི་མཛའ་ཨི་མུ་དང་མཚུངས་པ་ཉིད་ཀྱི་བརྟན་པའི་སྐྱབས་སུ་གྱུར་པའི་ཆོས་ཀྱི་སྐུ་འདི་ནི་བརྟན ་པའོ། །ཤཱ་རིའི་བུ་རྣམ་པར་མི་རྟོག་པ་ཉིད་ཀྱིས་གཉིས་སུ་མེད་པའི་ཆོས་ཀྱི་སྐུ་འདི་ནི་ཞི་བའོ། །ཤཱ་རིའི་བུ་མ་བཅོས་པའི་ཆོས་ཉིད་ཀྱིS་འཇིག་པ་མེད་པའི་ཆོས་ཀྱི་སྐུ་འདི་ནི་གཡུང་དྲུང་ངོ། །ཞེས་གསུངས་པ་ཡིན་ནོ། །ཤིན་ཏུ་རྣམ་པར་དག་པ་མཐར་ཕྱིན་པའི་དེ་བཞིན ་གཤེགས་པའི་སྙིང་པོའི་རྣམ་པར་དག་པའི་གནས་སྐབས་འདི་ཉིད་ལ་དབྱེ་བ་མེད་པའི་དོན་ལས་བརྩམས་ཏེ་ཚིགས་སུ་བཅད་པ། གང་ཕྱིར་དེ་ནི་ཆོས་སྐུ་དེ་ནི་དེ་བཞིན་གཤེགས། །དེ་ནི་འཕགས་པའི་བདེན་པ་དོན་དམ་མྱ་ངན་འདས། །དེ་ཕྱིར་ཉི་དང་ཟེར ་བཞིན་ཡོན་ཏན་དབྱེར་མེད་པས། །སངས་རྒྱས་ཉིད་ལས་མ་གཏོགས་མྱ་ངན་འདས་པ་མེད། །དེ་ལ་ཚིགས་སུ་བཅད་པ་ཕྱེད་སྡམS་ཅི་སྟོན་ཞེ་ན། མདོར་ན་ཟག་མེད་དབྱིངས་ལ་ནི། །དོན་གྱི་རབ་ཏུ་དབྱེ་བ་བཞིན། །ཆོས་ཀྱི་སྐུ་ལ་སོགས་པ་ཡི། །རྣམ་གྲངས ་བཞིར་ནི་རིག་པར་བྱ། །མདོར་བསྡུ་ན་ཟག་པ་མེད་པའི་དབྱིངས་དེ་བཞིན་གཤེགས་པའི་སྙིང་པོ་ལ་དོན་བཞིའི་དབང་དུ་བྱས་ནས་མིག་གིས་རྣམ་གྲངས་བཞིར་རིགས་པར་བྱའོ། །དོན་བཞི་གང་ཞེ་ན། སངས་རྒྱས་ཆོས་དབྱེར་མེད་པ་དང། དེ་རིགས ་དེ་བཞིན་ཐོབ་པ་དང། །བརྫུན་མེད་ཀླུ་མེད་ཆོས་ཉིད་དང། །གདོད་ནས་རང་བཞིན་ཞི་ཉིད་དོ། །སངས་རྒྱས་ཀྱི་ཆོས་རྣམ་པར་དབྱེ་བ་མེད་པའི་དོན་ནི་གང་གི་དབང་དུ་མཛད་ནས། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་སྙིང་པོ་ནི་རྣམ་པར་དབྱེ་བ་མེད ་པར་བྲལ་མི་ཤེས་པ། བསམ་གྱིས་མི་ཁྱབ་པའི་སངས་རྒྱས་ཀྱི་ཆོས་གང་གཱའི་ཀླུང་གི་བྱེ་མ་ལས་འདས་པས་མི་སྟོང་པའོ། །ཞེས་གསུངས་སོ། །དེའི་རིགས་རང་བཞིན་གྱིས་བསམ་གྱིས་མི་ཁྱབ་པའི་རྣམ་པ་ཐོབ་པའི་དོན་ནི་གང་གིས?་དབང་དུ་མཛོད ་ནས། རྒྱུད་ནས་འོངས་པའི་ཐོགས་མ་མེད་པའི་ཆོས་ཉིད་ཐོབ་པ་དེ་ནི་སྐྱེ་མཆེད་དྲུག་གི་ཁྱད་པར་དེ་འདྲ་བ་ཡིན་ནོ། །ཞེས་གསུངས་པ་ཡིན་ནོ། །བརྫུན་པ་མེད་པ་དང་སྐུ་བ་མེད་པའི་དོན་ནི་གང་གི་དབང་དུ་མཛད་ནས། དེ་ལ ་དོན་དམ་པའི་བདེན་པ་ནི་མི་སྐུ་བའི་ཆོས་ཅན་གྱི་མྱ་ངན་ལས་འདས་ནི་གང་ཡིན་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། རིགས་དེ་ནི་གཏམ་དུ་ཞི་བའི་ཆོས་ཉིད་ཀྱིས་ན་རྟག་པའོ། །ཞེས་གསུངས་པ་ཡིན་ནོ། །གཏམ་དུ་ཉེ་བར་ཞི་བའི་དོན་ནི་གང་གི་དབང་དུ་མཛོད ་ནས། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནི་གདོད་མནས་ཡོངས་སུ་མྱ་ངན་ལས་འདས་པ་ཉིད་དོ། །སྐྱེ་བ་མེད་པ་འགག་པ་མེད་པའོ། །ཞེས་གསུངས་སོ། །དོན་བཞི་པོ་འདི་དག་ལ་ནི་གོ་རིམ་ཇི་ལྟ་བ ་བཞིན་དུ་མིང་གི་རྣམ་གྲངས་འདི་བཞིར་འགྱུར་ཏེ། འདི་ལྟ་སྟེ། ཆོས་ཀྱི་སྐུ་དང། དེ་བཞིན་གཤེགས་པ་དང། དོན་དམ་པའི་བདེན་པ་དང། མྱ་ངན་ལས་འདས་པ་ཞེས་བྱ་བ་སྟེ། གང་གིས་ཕྱིར་འདི་སྐད་ཅེས། ཤཱ་རིའི་བུ་དེ་བཞིན་གཤེགས་པའི ་སྙིང་པོ་ཞེས་བྱ་བ་འདི་ནི་ཆོས་ཀྱི་སྐུའི་ཚིག་བླ་དགས་ཞེས་བྱ་བ་དང་།བཅོམ་ལྡན་འདས་དེ་བཞིན་གཤེགས་པ་བཞན་ལ། ཆོས་ཀྱི་སྐུ་གཞན་པ་ནི་མ་ལགས་ཀྱི། བཅོམ་ལྡན་འདས་ཆོས་ཀྱི་སྐུ་ཉིད་དེ་བཞིན་གཤེགས་པ་ལགས་སོ་ཞེས་བྱ་བ་དང། བཅོམ ་ལྡན་འདས་སྡུག་བསྔལ་འགོག་བ་ཞེས་བགྱི་བ་ཡོན་ཏན་འདི་ལྟ་བུ་དང་ལྡན་པའི་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུར་བསྟན་ཏོ་ཞེས་བྱ་བ་དང། བཅོམ་ལྡན་འདས་མྱ་ངན་ལས་འདས་པའི་དབྱིངས་ཞེས་བགྱི་བ་འདི་ནི་དེ་བཞིན་གཤེགས་པའི་ཆོས ་ཀྱི་སྐུའི་ཚིག་བླ་དགས་གསལ་ལགས་སོ?་ཞེས་གསུངས་པ་ཡིན་ནོ། །དེ་ལ་ཚིགས་སུ་བཅད་པ་ཕྱེད་ཕྱི་མས་ཅི་བསྟན་ཞེ་ན། རྣམ་ཀུན་མངོན་པར་བྱང་ཆུབ་དང། །དྲི་མ་བག་ཆགས་བཅས་སྤངས་པ། །སངས་རྒྱས་མྱ་ངན་འདས་པ་ནི། །དམ་པའི་དོན་དུ་གཉིས་མེད ་ཉིད། །གང་གི་ཕྱིར་ཟག་པ་མེད་པའི་དབྱིངས་ཀྱི་རྣམ་གྲངས་བཞི་པོ་འདི་དག་དེ་བཞིན་གཤེགས་པའི་ཁམས་ཀྱི་དོན་གཅིག་ལ་ཡང་དག་པར་འདུ་བ་དེའི་ཕྱིར། །འདི་དག་དོན་གཅིག་པས་གཉིས་སུ་མེད་པའི་ཆོས་ཀྱི་ཚུལ་གྱི་སྒོ་ནས་ཆོས་ཐམས་ཅད་རྣམ་པ ་ཐམས་ཅད་དུ་མངོན་པར་རྫོགས་པར་བྱང་ཆུབ་བའི་ཕྱིར་སངས་རྒྱས་ཉིད་ཅེས་བརྗོད་པ་གང་ཡིན་པ་དང། ལྷན་ཅིག་མངོན་པར་རྫོགས་པར་བྱང་ཆུབ་པས་བག་ཆགས་དང་བཅས་པའི་དྲི་མ་སྤངས་པའི་ཕྱིར་མྱ་ངན་ལས་འདས་པ་ཞེས་བརྗོད་པ་འདི་གཉིས་ཀ་ཡང ་ཟག་པ་མེད་པའི་དབྱིངས་ལ་དབྱེར་མེད་བཅད་དུ་མེད་དེ། གཉིས་སུ་མེད་དོ་ཞེས་བྱ་བར་ལྟ་བར་བྱའོ། །རྣམ་བ་ཐམས་ཅད་གྲངས་མེད་པ། །བསམ་མེད་དྲི་མེད་ཡོན་ཏན་དང། །དབྱེར་མེད་མཚན་ཉིད་ཐང་པ་སྟེ། །ཐར་པ་གང་དེ་དེ་བཞིན་གཤེགས། །ཞེས་བྱ་བ་འདི ་ནི་ཇི་སྐད་དུ། དགྲ་བཅོམ་པ་དང་རང་སངས་རྒྱས་ཀྱི་མྱ་ངན་ལS་འདS་པའི་དབང་དུ་མཛད་ནས། བཅོམ་ལྡན་འདས་མྱ་ངན་ལS་འདS་བ་ཞེས་བགྱི་བ་འདི་ནི། དེ་བཞིན་གཤེགས་པ་རྣམས་ཀྱི་ཐབས་ལགས་སོ་ཞེས་གསུངས་པ་ཡིན་ཏེ། འདིར་ནི་ལམ་རིང་པོས་དུབ་པ ་རྣམས་ལ་འབྲོག་དགོན་པའི་དབུས་སུ་གྲོང་ཁྱེར་སྦྲུལ་པ་བཞིན་དུ་འདི་ནི་ཆོས་ཀྱི་དབང་ཕྱུག་དམ་པ་ཡང་དག་བར་རྫོགས་པའི་སངས་རྒྱས་རྣམས་ཀྱི་མི་ལྡོག་པའི་ཐབས་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི་མྱ་ངན་ལས་འདས་པ་ཐོབ་པའི་ཕྱིར། ཐམས་ཅད་གཞལ་དུ་མེད་པ། བསམ་གྱིས་མི་ཁྱབ་བ། རྣམ་པར་དག་པའི་མཐར་ཕྱིན་པའི་ཡོན་ཏན་དང་ལྡན་པའོ་ཞེས་བྱ་བ་འདི་ནི་ཡོན་ཏན་རྣམS ་པ་བཞི་གྲུབ་པ་དང། དབྱེར་མེད་པའི་མཚན་ཉིད་མྱ་ངན་ལས་འདས་པ་ཐོབ་པས། །དེའི་བདག་ཉིད་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འགྱུར་བའི་ཕྱིར་ན་སངས་རྒྱས་མྱ་ངན་ལས་འདས་པ་དག་རྣམ་པར་དབྱེ་བ་མེད་པའི་ཡོན་ཏན་དང་ལྡན་པའི ་ཕྱིར་ན་སངས་རྒྱས་ཉིད་མེད་པར་འགའ་ཡང་མྱ་ངན་ལས་འདས་པ་ཐོབ་པ་མེད་དེ་ཞེས་བསྟན་པ་ཡིན་ནོ། །དེ་ལ་ཟག་པ་མེད་པའི་དབྱིངས་ལ་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་མངོན་པར་བསྒྲུབས་པས ་དེ་བཞིན་གཤེགས་པ་རྣམས་ཀྱི་ཡོན་ཏན་ཐམས་ཅད་པ་ཉིད་ནི་རི་མོ་མཁན་གྱི་དཔེས་རིགས་པར་བྱ་སྟེ། ཇི་ལྟར་རི་མོ་འདྲི་བྱེད་པ། །གཞན་དང་གཞན་ལ་མཁས་བདག་།གང་ཞིག་ཡན་ལག་གང་ཤེས་པ། །དེས་གཞན་དེས་ཉིན་མེད?་པོར་འགྱུར ་དེས་ན་འདི་ལ་ཁྱེད་ཀུན་གྱིས། །ང་ཡི་གཟུགས་ནི་གྱིས་ཤིག་ཅེས། །མངའ་བདག་རྒྱལ་པོས་དེ་དག་ལ། །བཀའ་ཡིS་རས་ནི་བྱིན་བ་དང། །དེ་ནS་དེ་ནི་ཐེས་གྱུར་ཏེ། །རི་མོའི་ལས་ལ་རབ་སྦྱོར་རོ། །དེ་ལ་མངོན་པར་སྤྱོད་རྣམས་ལས། །གཅིག་ཅིག ་ཡུལ་གཞན་སོང་གྱུར་ན། །དེ་ནི་ཡུལ་གཞན་སོང་བས་ན། །དེ་མཚང་ཕྱིར་རི་མོ་དེ། །ཡན་ལ་?་ཐམས་ཅད་ཡོངས་རྫོགས་པར། །མི་འབྱུང་བཞིན་ཤེས་དཔེར་བྱས་སོ། །དེ་རྣམས་འདྲི་བྱེད་གང་དག་ཡིན། །སྦྱིན་དང་ཚུལ་ཁྲིམས་བཟོད་ལ ་སོགས། །རྣམ་པ་ཀུན་གྱི་མཆོག་ལྡན་པ། །དེ་ལ་མངོན་པར་སྦྱིན་རྣམས་ཀྱིས། །སྟོང་པ་ཉིད་ནི་གཟུགས་སུ་བརྗོད། །དེ་ལ་སྦྱིན་པ་ལ་སོགས་པ་འདི་དག་ཉིད་ལས་རེ་རེ་ཡང་སངས་རྒྱས་ཀྱི་ཡུལ་ལ་མཛའ་ཡས་པར་རྣམ་པའི་རབ་ཏུ་དབྱེ་བ་ཐ ་དད་པའི་ཕྱིར་ཚད་མེད་པར་རིག་པར་བྱའོ། །གྲངས་དང་མཐུ་དག་གིས་ནི་བསམ་གྱིས་མི་ཁྱབ་པ་ཉིད་དོ། །སེར་སྣ་ལ་སོགས་པ་མི་མཐུན་པའི་ཕྱོགས་ཀྱི་བག་ཆགས་བསལ་བའི་ཕྱིར་ནི་རྣམ་པར་དག་པ་མཆོག་ཉིད་དེ། །དེ་ལ་རྣམ་པ་ཐམས ་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་གྱི་སྒྲོ་བསྒོམས་པས་མི་སྐྱེ་བའི་ཆོས་ཉིད་ཐོབ་པའི་ཕྱིར། །བྱང་ཆུབ་སེམས་དཔའ་ཨི་ས་མི་གཡོ་བ་ལ་རྣམ་པར་མི་རྟོག་པ་སྐྱོན་མེད་པ་རྒྱུན་མི་འཆད་པར་རང་གི་ངང་གིས་འཇུག་བའི ་ལམ་ཤེས་པ་ལ་བརྟེན་པས་ན་དག་པ་མེད་པའི་དབྱིངས་ལ་དེ་བཞིན་གཤེགས་པ་རྣམས་ཀྱི་ཡོན་ཏན་ཐམས་ཅད་པ་ཉིད་ཡང་དག་པར་འགྲུབ་པོ། །བྱང་ཆུབ་སེམས་དཔའ་ཨི་ས་ལེགས་པའི་བློ་གྲོས་ལ་ཏིང་ངེ་འཛིན་དང་གཟུངས་ཀྱི་སྒོ་བརྒྱ་སྟོང་གྲངས ་མེད་པ་དག་གིས་ཚད་མེད་པའི་སངས་རྒྱས་ཀྱི་ཆོས་ཡོངས་སུ་འཛིན་པའི་ཤེས་པ་ལ་བརྟེན་པས་ནི། །ཡོན་ཏན་ཚད་མེད་པ་ཉིད་ཡང་དག་པར་འགྲུབ་བོ། །བྱང་ཆུབ་སེམས་དཔའ་ཨི་སའི་ཆོས་ཀྱི་སྤྲིན་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང ་བའི་གནས་ལྐོག་ཏུ་མ་གྱུར་པའི་ཤེས་པ་ལ་བརྟེན་པས་ན། ཡོན་ཏན་བསམ་གྱིས་མི་ཁྱབ་པ་ཉིད་མངོན་པར་འགྲུབ་པོ། །དེའི་རྗེས་ཐོགས་སུ་སངས་རྒྱས་ཀྱིས་ཐོབ་པའི་ཕྱིར་བྲག་ཆགས་དང་བཅས་པའི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ ་མཛའ་དག་ལས་གྲོལ་བའི་ཤེས་པ་ལ་བརྟེན་པས་ན། རྣམ་པར་དག་པ་མཆོག་གི་ཡོན་ཏན་ཉིད་ཡང་དག་པར་འགྲུབ་པོ། །གང་གི་ཕྱིར་སའི་ཡེ་ཤེས་ཀྱི་བརྟེན་བཞི་པོ་འདི་དག་ལ་དགྲ་བཅོམ་པ་དང་རང་སངས་རྒྱས་རྣམས་མཐོང་བ་མེད ་།པ་དེའི་ཕྱིར་དེ་དག་ནི་ཡོན་ཏན་རྣམ་པ་བཞི་གྲུབ་པ་དང། དབྱེར་མེད་པའི་མཚན་ཉིད་མྱ་ངན་ལས་འདས་པའི་དབྱིངས་ལས་རིང་དུ་གྱུར་པ་ཡོན་ཏན་ཞེས་བྱ་བའོ། །ཤེས་རབ་ཡེ་ཤེས་རྣམ་གྲོལ་རྣམས། །གསལ་དང་འཕྲོ་དང ་དག་ཕྱིར་དང། །ཐ་དད་མེད་ཕྱིར་འོད་དང་ཟེར། །ཉི་མའི་དཀྱིལ་འཁོར་རྣམས་དང་མཚུངས། །ཤེས་རབ་གང་དང་ཡེ་ཤེས་གང་དང་རྣམ་པར་གྲེལ་བ་གང་གིས་ཡོན་ཏན་རྣམ་པ་བཞི་འགྲུབ་བ་དང། དབྱེ་བ་མེད་པའི་མཚན་ཉིད་ཀྱི་མྱ་ངན་ལས ་འདས་པའི་དབྱིངས་དེ་མཚོན་པར་བྱེད་པ་དེ་དག་ནི་གོ་རིམ་ཇི་ལྟ་བ་བཞིན་དུ་གསུམ་དང། རྣམ་པ་གཅིག་གིས་ཉི་མ་དང་ཆོས་མཐུན་པ་རྣམ་བ་བཞི་བསྟན་ཏེ། དེ་ལ་སངས་རྒྱས་ཀྱི་རྒྱུད་ལ་མངའ་པ་འཇིག་རྟེན་ལས་འདས་པ་རྣམ་པར་མི་རྟོག་པའི ་ཤེས་རབ་ནི་ཤེས་བྱའི་དེ་ཁོ་ན་ཉིད་དམ་པའི་མུན་སེལ་བ་ཉེ་བར་གནས་པའི་ཕྱིར་འོད་གསལ་བ་དང་ཆོས་མཚུངས་སོ། །དེའི་རྗེས་ལ་ཐོབ་པའི་ཡེ་ཤེས་ཤེས་བྱ་ཐམས་ཅད་ཀྱི་ཡེ་ཤེས་ནི་ཤེས་བྱའི་དངོས་པོ་མ་ལུས་པའི་རྣམ་པ་ཐམས་ཅད་པ ་ལ་འཇུག་པས་ན། འོད་ཟེར་ཀྱི་དྲ་བ་འཕྲོ་པ་དང་ཆོས་མཚུངས་སོ། །དེ་གཉིས་ཀའི་རྟེན་སེམས་ཀྱི་རང་བཞིན་རྣམ་པར་གྲོལ་བ་ནི་ཤིན་ཏུ་དྲི་མ་མེད་ཅིང་འོད་གསལ་བ་ཉིད་ཀྱི་ཉི་མའི་དཀྱིལ་འཁོར་རྣམ་པར་དག་པ་དང་ཆོས་མཚུངས་སོ། །གསུམ་གཡང་ཆོས ་ཀྱི་དབྱིངས་དང་དབྱེར་མེད་པའི་རང་བཞིན་ཉིད་ཀྱིས་གསུམ་པོ་དེ་རྣམ་པར་དབྱེ་བ་མེད་དབང?་ཆོས་མཚུངས་སོ། །དེས་ན་སངས་རྒྱས་མ་ཐོབ་པར་མྱ་ངན་འདས་པ་མི་འཐོབ་སྟེ། འོད་དང་འོད་ཟེར་སྤངས་ནས་ནི། །ཉི་མ་བལྟ་བར་མི་ནུས་བཞིན། །གང་གི་ཕྱིར་ཐོག ་མ་མེད་ནས་ཉེ་བར་གནས་པའི་རང་བཞིན་དག་པའི་ཆོས་དང་ལྡན་པའི་ཁམས་དེ་ལ་དེ་བཞིན་གཤེགས་པ་རྣམས་ཀྱི་ཡོན་ཏན་རྣམ་པར་དབྱེ་བ་མེད་པའི་ཆོས་ཉིད་ཡིན་པ་དེའི་ཕྱིར། །ཆགས་པ་མེད་པ་ཐོག་པ་མེད་པའི་ཡེ་ཤེས་ཀྱི་གཟིགས་པ ་མདའ་བའ་ཨི་དེ་བཞིན་གཤེགས་པ་མ་ཐོབ་པར་སྒྲིབ་པ་ཐམས་ཅད་ལས་སུ་རྣཾ་པར་གྲོལ་བའི་མཚན་ཉིད་མྱ་ངན་ལས་འདས་པའི་རྟོགས་པ་མངོན་དུ་བྱེད་པར་མི་འཐད་དོ། །འོད་དང་འོད་ཟེར་མ་མཐོད་བར་ཉི་མའི་དཀྱིལ་འཁོར་མི་མཐོང་བ་ཡིན་ནོ། །དེ་ཉིད ་ཀྱིས་ཕྱིར་བཅོམ་ལྡན་འདས་དམན་པ་དང། གྱ་ནོམ་པའི་ཆོས་ལ་ནི་མྱ་ངན་ལས་འདས་པ་རྟོགས་པ་མ་མཆིས་ལགས་སོ། །བཅོམ་ལྡན་འདས་མྱ་ངན་ལས་འདས་བརྟོགས་པ་ནི་ཤེས་རབ་མཚུངས་པའི་ཆོས་རྣམས་ཀྱི་ལགས་སོ། །བཅོམ་ལྡན་འདས་མྱ ་ངན་ལས་འདས་པ་ནི་ཡེ་ཤེས་མཚུངས་པ་དང། རྣཾ་པར་གྲོལ་བ་མཚུངས་པ་དང། རྣཾ་པར་གྲོལ་བའི་ཡེས་མཐར་བ་མཚུངས་པ་རྣཾ་ཀྱི་ལགས་སོ་བཅོམ་ལྡན་འདས་དེའི་སླད་དུ་མྱ་ངན་ལས་འདས་པའི་དབྱིངས་ནི་རོ་གཅིག་པ་རོ་མཚུངས་པ་ཞེས་བརྗོད་དོ། །འདི་ལྟ་?། ་རིག་པ་དང་རྣམ་པར་གྲོལ་བའི་རོས་སོ་ཞེས་གསུངས་སོ། །དེ་ལྟར་རྒྱལ་བའི་སྙིང་པོ་ཡི། །རྣམ་གཞག་རྣམ་པ་བཅུ་ཞེས་བརྗོད། །ཉོན་མོངས་སྦུབས?་ན་གནས་པ་དེ། །དཔེ་དག་གིས་ནི་ཤེས་པར་བྱ། །དེ་ལྟར་ཕྱི་མའི་མཛའ་ཨི་མ་དང་མཚུངས་པ་རྟག་པའི ་ཆོས་ཉིད་རིག་པར་བྱ་བ་ཉིད་རིག་པར་དབང་དུ་བྱས་ནས་དོན་རྣམ་པ་བཅུས། །དེ་བཞིན་གཤེགས་པའི་སྙིང་པོ་འདི་རྣམ་པར་བཞག་པ་བཤད་པ་ཡིན་ནོ། །ཐོག་མ་མེད་པའི་དུས་ནས་ཉེ་བར་གནས་པ་མ་འབྲེལ་པའི་རང་བཞིན་གྱི་ཉོན་མོངས་པའི་སྡུགས་ཉིད ་དང། ཐོག་མ་མེད་པའི་དུས་ནས་ཉེ་བར་གནས་པ་འབྲེལ་པའི་རང་བཞིན་དག་པའི་ཆོས་ཉིད་ཀྱི་དབང་དུ་བྱས་ནས། དཔེ་དགུས་དེ་བཞིན་གཤེགས་པའི་གཉེན་པོ་ཉོན་མོངས་པའི་སྦུགས་བྱེ?་བ་མཛའ་ཡས་པས་གཏུམས་པ་ནི། མདོ་ཇི་ལྟ་བ་བཞིན་རྟོགས ་པར་བྱའོ། །དཔེ་དགུ་གང་ཞེ་ན། སངས་རྒྱས་པ་དང་ན་སྦྲང་ཙི་སྤང?་མ་ལ། །སྤུན་ལ་སྙིང་པོ་མི་གཙང་ནད་ན་གསེར། །ས་ལ་གཏེར་དང་མྱུག་སོགས་འབྲས་ཕྱུང་དང། །གོས་ཧྲུལ་ནང་ན་རྒྱལ་བའི་སྐུ་དང་ནི། །བུད་མེད། ངན་པའི་ལྟོན་མི་བདག་དང། །ས ་ལ་རིན་ཆེན་གཟུགས་ཡོད་ཇི་ལྟ་བར། །གློ་བུར་ཉོན་མོངས་དྲི་མས་བསྐྲེབས་པ་ཡི། །སེམས་ཅན་རྣམས་ལ་དེ་བཞིན་ཁམས་འདི་གནས། །དྲི་མ་པདྨ་སྲོག་ཆགས་སྦུན་པ་མི་གཙངས་འབྲས་གོས་ཧྲུལ་དང། །སྡུག་བསྔལ་འབར་བས་མངོན་པར་གདུང ་པའི་བུད་མེད་ས་ཡི་ཁམས་དང་མཚུངས། །སངས་རྒྱས་སྤང་རྩི་སྙིང་པོ་གསེར་དག་ཏེར་དང་མྱོ?་གྲོ་རིན་ཆེན་སྐུ། །གླིང་བདག་མཆོག་དག་?་གཟུགས་དང་དྲི་མེད་ཁམས་མཆོག་མཚུངས་པ་ཉིད། །ཉོན་མོངས་པ་ནི་པདྨ་དན་པའི་སྦུབས་དང་འདྲ་ལ། ་དེ་བཞིན་གཤེགས་པའི་ཁམས་ནི་པད་མ་ལྟ་བུ་སྟེ། །ཇི་ལྟར་མདོག་ངན་པའི་ཁོང་གནས་པ། །མཚན་སྟོང་གིས་འབར་།དེ་བཞིན་གཤེགས་པ་ནི། །དྲི་མེད་ལྷ་ཡི་མིག་ལྡན་གྱིས་མཐོང་ནས། །ཆུ་སྐྱེས་འདབ་མའི་སྦུབས་ནས་འབྱིན་བྱེད་པ། །དེ ་བཞིན་བདེ་གཤེགས་མནར་མེད་རྣམས་ལ་ཡང། །སངས་རྒྱས་སྤྱན་གྱིས་རང་།ཆོས་ཉིད་གཟུགས་ཏེ། །སྒྲིབས་མེད་ཕྱི་མའི་མུར་གནས་ཐུགས་རྗེ་ཡི། །བདག་ཅག་སྒྲིབ་པ་ལས་ནི་གྲོལ་བར་བྱེད། །ཇི་ལྟར་མི་སྡུག་པདྨ ་བུམ་ལ་བདེ་བར་གཤེགས་པ་ནི། །དེ་ཡི་ཁོད་གནས་ལྟ་མིག་མཐོབ་ན་འདབ་མ་གཅོད་བྱེད་བལྟར། །ཆགས་སྡང་སོགས་དྲི་སྤུབས་བསྒྲུབས་རྫོགས་སངས་སྙིང་པོའི་འགྲོ་གཟིགས་ཏེ། །ཐུགས་རྗེས་ཐུབ་པ་དེ་བཞིན་སྒྲིབ་པ་དེ་ནི་འཇོམས་པར་མཛད། ་ཉོན་མོངས་པ་ནི་སྲོག་ཆགས་སྦྲང་མ་དང་འདྲ་ལ། །དེ་བཞིན་གཤེགས་པའི་སྙིང་པོ་ནི་སྦྲང་རྩི་ལྟ་བུ་སྟེ། ཇི་ལྟར་སྲོགས་ཆགས་ཚོགས་བསྐོར་སྦྲང་རྩི་ནི། །སྐྱེས་བུ་མཁས་པ་དེ་དོན་གཉེར་བ་ཡིས། །མཐོང་ནས་དེ་དང་ཐབས་ཀྱིས་སྲོག་ཆཌ ་སོགས། །ཀུན་ནས་བྲལ་བར་རབ་ཏུ་བྱེད་པ་བཞིན། །དྲང་སྲོང་ཆེན་པོས་ཀུན་མཁྱེན་སྤྱན་གྱིས་ནི། །རིགས་ཁམས་སྦྲང་རྩི་དང་འདྲ་འདི་གཟིགས་ནས་།དེ་ཡི་སྒྲིབ་པ་སྦྲང་མ་དང་འདྲ་བ། །གཏན་ནས་རབ་ཏུ་སྤོང་བ་མཛད་པ་ཡིན། །ཇི ་ལྟར་སྦྲང་རྩི་སྲོག་ཆགས་བྱེ་བ་ཁྲག་ཁྲིག་སྟོང་བསྒྲིབས་སྦྲང་རྩི་དོན་གཉེར་མིས། །སྦྲང་མ་དེ་དག་གསལ་ཏེ་ཇི་ལྟར་འདོད་པ་བཞིན་དུ་སྦྲང་རྩིའི་བྱ་བྱེད་པ། །དེ་བཞིན་ལུས་ཅན་ལ་ཡོད་ཟག་པ་མེད་པའི་ཤེས་པ་སྦྲང་མའི་རྩི་དང་འདྲ། ། ་ཉོན་མོངས་སྦྲང་མ་དང་འདྲ་དེ་འཇོམས་པ་ལ་མཁས་པ་རྒྱལ་བ་སྐྱེས་བུ་བཞིན། །ཉོན་མོངས་པ་ནི་ཕྱི་ཡི་སྡུན་པ་དང་འདྲ་ལ། །དེ་བཞིན་གཤེགས་པའི་ཁམས་ནི་ནང་གི་སྙིང་པོ་བཞིན་ཏེ། །ཇི་ལྟར་སྦུན་ལྡན་འབྲུ་ཡི་སྙིང་པོ་ནི། མི་རྣམས་ཀྱིས ་ནི་ཡོངས་སྤྱོད་མི་འགྱུར་བ། །ཟས་སོགས་དོན་དུ་གཉེར་བ་གང་ཡིན་པ། དེ་དག་གིས་ནི་སྤུན་གནས་དེ་འབྱིན་ལྟར། །དེ་འབྱིན་སེམས་ཅན་ལ་ཡོད་ཉོན་མོངས་ཀྱིས། །དྲི་མ་དང་འདྲེས་རྒྱལ་བ་འང་ཇི་སྲིད་དུ། །ཉོན་མོངས་དྲི་མ་འདྲེས ་ལས་མ་གྲོལ་བ། །དེ་བཞིན་རྒྱལ་མཛད་སྲིད་གསུམ་དུ་མི་བྱའོ?། །ཇི་ལྟར་སཱ་ལུ་བྲ་བོ་ནས་འབྲུའི་སྙིང་པོ་སྤུན་ལས་ཁྱད་གྲམ་ཅན། །ལེགས་པར་མ་སྒྲུབས་མི་རྣམས་ཀྱི་ནི་སྤྱད་བ་བཟའ་བཞིམ་བོར་མི་འགྱུར་ལྟར། །དེ་བཞིན་སེམས་ཅན་ལ་ཡོད་ཆོས་ཀྱི་དབང ་ཕྱུག་ཉོན་མོངས་སྤུན་ལས་མ་གྲོལ་ལུས། །ཉོན་མོངས་བྲུ་བས་གཉེན་བའི་འགྲོ་ལས་ཆོས་ཀྱི་དགའ་བའི་དོ་སྟེང་འགྱུར་?་མིན། །ཉོན་མོངས་པ་ནི་མི་གཙང་བའི་ལྗན་ལྗིན་གྱི་གནས་དང་འདྲ་ལ། །དེ་བཞིན་གཤེགས་པའི་ཁམས་ནི་གསེར་བཞིན་ཏེ ་ཇི་ལྟར་རབ་ཏུ་རྒྱུ་ཆ་?་ཡི་གསེར། །ལན་ན་ལྔ་ན་རུལ་བའི་གནས་སུ་ལྷུང་གྱུར་ལ། །མི་འཇིག་ཆོས་ཅན་དེ་ནི་དེར་དེ་བཞིན། །ལོ་བརྒྱ་མང་པོ་དག་ཏུ་གནས་པ་སྟེ། །ལྟ་མིག་རྣམ་པར་དག་ལྡན་ལྷ་ཡིས་དེར། །མཐོང་ནས་མི་ལ་འདི་ན་ཡོད་པའི ་གསེར། །རིན་ཆེན་མཆོག་འདི་སྦྱངས་ཏེ་རིན་ཆེན་གྱིས། །སྒྲུབ་པར་བྱ་བ་གྱིས་ཞེས་སྨྲ་བ་ལྟར། །དེ་བཞིན་ཐུབ་པས་མི་གཙང་དང་འདྲ་བའི། །ཉོན་མོངས་སུ་བྱིང་སེམས་ཅན་ཡོན་ཏན་ནི། །གཟིགས་ནས་ཉོན་མོངས་འདམ་དེ་དག་བྱའི་ཕྱིར ་སྐྱེ་དགུ་རྣམས་ལ་དམ་ཆོས་ཆུ་ཆར་འབེབས། །ཇི་ལྟར་ལྡན་ལྔ་ན་རུལ་བའི་ནང་དུ་ལྷུང་བའི་གསེར་ནི་ལྷ་ཡིས་མཐོང་གྱུར་ནས། །ཀུན་ཏུ་དག་པར་བྱ་ཕྱིར་མཆོག་ཏུ། །མཛེས་པ་མི་ལ་ནན་གྱི་སྟོན་པ་ལྟར། །དེ་བཞིན་རྒྱལ་བ་ཉོན ་མོངས་མི་གཙང་ཆེན་པོར་ལྷུང?་གྱུར་རྫོགས་སངས་དྲིན་པ་ཆེ། །སེམས་ཅན་རྣམས་ལ་གཟིགས་ནས་དེ་དག་བྱ་ཕྱིར་ལུས་ཅན་རྣམས་ལ་ཆོས་སྟོན་ཏོ། །ཉོན་མོངས་པ་ནི་སའི་མཐིལ་དང་འདྲ་ལ། །དེ་བཞིན་གཤེགས་པའི་ཁམས་ནི ་རིན་པོ་ཆེའི་གཏེར་བཞིན་ཏེ། ཇི་ལྟར་མི་དབུལ་ཁྱིམ་ནང་ས་འོག་ན། །མི་བཟད་པ་ཡིན་གཏེར་ནི་ཡོད་གྱུར་ཏེ། །མི་དེས་དེ་མ་ཤེས་ཤིང་གཏེར་དེ་ཡང། །དེ་ལ་ང་འདིར་ཡོད་ཅེས་མི་སྨ་ལྟར། །དེ་བཞིན་ཡིད་ཀྱི་ནང་ཆུང་རིན་ཆེན་གཏེར། །དྲི་མེད་བཞག ་དང་བསལ་མེད་ཆོས་ཉིད་ཀྱང། །མ་རྟོགས་པས་ན་དབུལ་བའི་སྡུག་བསྔལ་ནི། རྩམ་མང་རྒྱུན་ཏུ་སྐྱེ་དགུ་འདིས་མྱོང་ངོ། །ཇི་ལྟར་དབུལ་པོའི་ཁྱིམ་ནང་དུ་ནི་རིན་ཆེན་གཏེར་ཆུད་གྱུར་པ་མི་ལ་ནི། །ཆན་ཆེན་གཏེར་བདག ་ཡོད་ཅེས་བརྗོད་པར་མི་བྱེད་དེ་ནི་མི་ཡིས་ཤེས་མ་ནི་ལྟར། །དེ་བཞིན་ཆོས་གཏེར་ཡིད་ཀྱི་ཁྱིམ་གནས་སེམས་ཅན་དག་ནི་དབུལ་པོ་ལྟ་བུ་སྟེ་།དེ་དག་རྣམས་ཀྱིས་དེ་ཐོབ་བྱ་ཕྱིར་འཇིག་རྟེན་དུ་ནི་དྲང་སྲོང་ཡང་དག་བལྟམས། །ཉོན་མོངས་པ་ནི ་ཤུན་པའི་སྦུབས་དང་འདྲ་ལ་དེ་བཞིན་གཤེགས་པའི་ཁམས་ནི་ས་བོན་གྱི་མྱུ་གུ་ལྟ་བུ་སྟེ། ཇི་ལྟར་ཨ་མྲ་ལ་སོགས་ཤིང་འབྲས་ལ། །ཡོད་པའི་ས་བོན་མྱུ་གུ་འཇིག་མེད་ཆོས་ས་སྨོས་ཆུ་སོགས་ལྡན་ལས་ལྗོན་ཤིང་གིས། །རྒྱལ་པོའི་དངོས་པོར ་རིམས་གྱིས་འགྲུབ་པ་ལྟར། །སེམས་ཅན་རྣམས་ཀྱི་མ་རིག་སོགས་འབྲས་ཀྱི། །དཔག་སྦུབས་ནང་ཆུད་ཆོས་ཁམས་དགེ་བ་ཡང། །དེ་བཞིན་དགེ་བ་དེ་དེ་ལ་བརྟེན་ནས། །རིམས་གྱིས་ཐུབ་པའི་རྒྱལ་པོའི་དངོས་པོར་འགྱུར། །ཆུ་དང་ཉི་མའི ་འོད་དང་རླུང་དང་ས་དང་དུས་མཛའ་ཨི་རྐྱེན་རྣམས་ཀྱིས། །ཏ་ལ་དང་ནི་ཨ་མྲའི་འབྲས་སྦུགས་གསེབ་ནས་ཤིང་སྐྱེས་ཇི་ལྟ་བར། །སེམས་ཅན་ཉོན་མོངས་འབྲས་པགས་ནང་ཆུད་རྫོགས་སངས་ས་བོན་མྱུ་གུ་ཡང། །དེ་བཞིན་དགེ་རྐྱེན་དེ་དང ་དེ་ཡིས་ཆོས་འཐོན་འཕེལ་བར་འགྱུར་བ་ཡིན། །ཉོན་མོངས་པ་ནི་གོས་ཧྲུལ་དང་འདྲ་ལ། །དེ་བཞིན་གཤེགས་པའི་ཁམས་ནི་རིན་པོ་ཆེའི་སྐུ་ལྟ་བུ་སྟེ། །ཇི་ལྟར་རིན་ཆེན་ལས་བྱས་རྒྱལ་བའི་གཟུགས། །གོས་ཧྲུལ་དྲི་ངན་གྱིས་ནི་བཏམ? ་གྱུར་པ། །ལམ་གནས་ལྟ་ཡིས་མཐོང་ནས་གྲོལ་བྱའི་ཕྱིར། །ལམ་གནས་དོན་དེ་ཞེ་ལ་སྨྲ་བ་ལྟར། །དེ་བཞིན་ཐོགས་མེད་རྣམ་པ་སྣ་ཚོགས་ཀྱི། །ཉོན་མོངས་ཀྱིས་བཏུམས་བདེ་གཤེགས་དངོས་པོ་ཉིད། །དུར་འགྲོ་ལ་ཡང་གཟིགས ་ནས་དེ་བཞིན་ཏེ། །ཐར་པར་བྱ་བའི་དོན་དུ་ཐབས་སྟོན་མཛད། །ཇི་ལྟར་རིན་ཆེན་རང་བཞིན་དེ་གཞིན་གཤེགས་སྐུ་དྲི་ངན་གོས་གཏུམས་པ། །ལམ་གནས་ལྷ་ཡི་མིག་གི་མཐོང་ནས་མཐར་ཕྱིན་མི་ལ་སྟོན་པ་ལྟར། །དེ་བཞིན་ཉོན་མོངས་གོས་ཧྲུལ་གྱིས ་གཏུམས་འཁོར་བའི་ལམ་ན་གནས་པའི་ཁམས། །དུད་འགྲོལ་ལ་ཡང་གཟིགས་ནས་ཐར་པར་བྱ་ཕྱིར་རྒྱལ་བས་ཆོས་སྟོན་ཏོ། །ཉོན་མོངས་པ་ན་སེམས་ཅན་ཞུགས་པའི་མི་མོ་དང་འདྲ་ལ། །དེ་བཞིན་གཤེགས་པའི་ཁམས་ནི་མེར་མེར་པོའི་འབྱུང་བ་ཆེན་པོ ་ལ་གནས་པའི་འཁོར་ལོས་བསྒྱུར་བ་ལྟ་བུ་སྟེ། །ཇི་ལྟར་མི་མོ་གཟུགས་ངན་མགོན་མེད་འགའ་། །མགོན་མེད་འདུག་གནས་སུ་ནི་འདུག་གྱུར་ལ། །མངལ་གྱིས་རྒྱལ་པོའི་དཔལ་ནི་འཛིན་བྱེད་པ། །རང་ལྟོ་ན་ཡོད་མི་བདག་མི་ཤེས་ལྟར། །སྲིད་པར་སྐྱེ ་བ་མགོན་མེར་ཁྱིམ་བཞིན་ཏེ། །མདོག་སེམས་ཅན་མདལ་ལྡན་བུད་མེད་བཞིན། །དེ་ལ་གང་ཞིག་ཡོད་པས་མགོན་བཅས་པ། དྲི་མེད་ཁམས་ནི་དེ་ཡིས་མངལ་གནས་བཞིན། །ཇི་ལྟར་བུད་མེད་ལུས་ལ་དྲི་བཅས་གོས་གོན་མི་སྡུག་གཟུགས ་ལྡན་པ། །ས་བདག་མངལ་ན་གནས་ཀྱང་མགོན་མེད་ཁང་པར་སྡུག་བསྔལ་མཆོག་མྱོང་ལྟར། །དེ་བཞིན་བདག་རང་ནང་གནས་མགོན་ཡོད་གྱུར་ཀྱང་མགོན་མེད་བློ་ལྡན་པ། །འགྲོ་བ་ཉོན་མོངས་དབང་གིས་ཡིད་མ་ཞི་བ་སྡུག་བསྔལ་ཞི་ལ་གནས།། ་ཉོན་མོངས་པ་ནི་སའི་འདམ་གོས་པ་དང་འདྲ་ལ། །དེ་བཞིན་གཤེགས་པའི་ཁམས་ནི་གསེར་གྱི་གཟུགས་བཞིན་ཏེ།། །ཇི་ལྟར་ནང་གི་གསེར་ཞུན་གཟུགས་རྒྱས་པ། །ཞི་བའི་ཕྱིར་རོལ་ས་ཡི་རང ་བཞིན་ཅན། །མཐོང་ནས་དེ་ཤེས་པ་དག་ནད་གི་གསེར། །སྦྱང་ཕྱིར་ཕྱི་རོལ་སྒྲིབ་བསལ་བྱེད་ལྟར། །རང་བཞིན་འོད་གསལ་དྲི་མ་རྣམས་ཀྱང་ནི། །གློ་བུར་བར་ནི་རྣམ་པར་གཟིགས་གྱུར་ནས། །རིན་ཆེན་འགྱུད་གནས་ལྟ་བུའི་འགྲོ་བ་རྣམས། །སྒྲིབ་པ ་དག་ལས་སྲོང་མཛད་བྱང་ཆུབ་མཆོག། ཇི་ལྟར་དྲི་མེད་གསེར་འབར་ལས་བྱས་ས་ཡི་ནང་དུ་ཆུང་གྱུར་གཟུགས། །ཞི་རེ་རང་བཞིན་མཁས་པས་རིག་ནས་དག་སེལ་བར་བྱེད་པ་ལྟར། །དེ་བཞིན་ཀུན་མཁྱེན་དག་པའི་གསེར་འདྲ་ཞི་བའི་ཡིད ་ནི་མཁྱེན་གྱུར་ནས། །ཆོས་འཆད་ཚུལ་གྱི་བརྟེན་སྤྱད་བསྒྲུབས་པས་སྒྲིབ་པ་དག་ནི་སེལ་བར་མཛད། །དཔེ་རྣམས་ཀྱིས་བསྡུས་པའི་དོན་ནི། པདྨ་སྲོག་ཆགས་བུད་བ་དང། །སྡུག་པ་དང་ནི་མི་གཙང་ས། །འབྲས་བུན?་གོས་ཧྲུལ་བུད་མེད་གྱི། །མངལ་དང ་ས་ཡིས་སྦུབས་ན་ཡང། །སངས་རྒྱས་སྦྲང་རྩི་སྙིང་པོ་བཞིན། །གསེར་བཞིན་གཏེར་བཞིན་ལྗོན་པ་བཞིན། །རིན་ཆེན་སྐུ་དང་འཁོར་ལོ་ཡིས། །བསྒྱུར་བ་བཞིན་དང་གསེར་གཟུགས་བཞིན། །སེམས་ཅན་ཁམས་ཀྱི་ཉོན་མོངས་སྦུབས། །མ་འབྲེལ ་ཐོག་མ་མེད་པ་ན། །སེམས་ཀྱིས་རང་བཞིན་དྲི་མེད་ནི། །ཐོག་མ་མེད་པ་ཡིན་པར་བརྗོད། །ཆགས་སོགས་ཉོན་མོངས་དགུ་པོ་འདི། །མདོར་བསྡུས་ནས་ནི་གོ་རིམ་བཞིན། །པདྨའི་སྦུབས་ལ་སོགས་པ་ཡིས། །དཔེ་དགུ་དག་གིས་ཡང་དག་བསྟན། ། ་གང་གྱི་ན་དེ་བཞིན་གཤེགས་པའི་སྙིང་པོ་ཉོན་མོངས་པའི་སྤུངས་བྱེ་བ་མཛའ་ཡས་པས་གཡོགས་པ་ཞེས་བརྗོད་ལ། །རྒྱས་པར་ནི་འདི་དག་ཉིད་བརྒྱད་ཁྲི་བཞི་སྟོང་གིས་རྣམ་པར་རབ་ཏུ་དབྱེ་བས་དེ་བཞིན་གཤེགས་པའི་ཡེ་ཤེས་མཐལ་ཡས་པར ་འགྱུར་རོ། །དྲི་འདི་དག་གིས་བྱིས་རྣམས་དང། །དགྲ་བཅོམ་སློབ་དང་བློ་ལྡན་རྣམས། །རིམ་བཞིན་བཞི་དང་གཅིག་དང་ནི། །གཉིས་དང་གཉིས་ཀྱི་མ་དག་ཉིད། །བཅོམ་ལྡན་འདས་ཀྱིས་སེམས་ཅན་ཐམས་ཅད་ནི་དེ་བཞིན་གཤེགས་པའི་སྙིང་པོ་ཅན་ནོ ་ཞེས་བཀའ་སྩལ་བ་གང་ཡིན་པ་དེ་ལ་སེམས་ཅན་ཐམས་ཅད་ནི་མདོར་བསྡུན་རྣམ་པ་བཞིར་བརྗོད་དེ། །འདི་སྟ་སྟེ། སོ་སོའི་སྐྱེ་བོ་དང་དགྲ་བཅོམ་པ་དང། སློབ་པ་དང། བྱང་ཆུབ་སེམས་དཔའ་འོ། །དེ་ལ་འདི་དག་ཟག་པ་མེད་བའི་དབྱིངས་སུ་གོ་རིམ་ཇི་ལྟ་བར ་ཉོན་མོངས་པ་བཞི་དང། །གཅིག་དང་གཉིས་དང། གཉིས་ཀྱིས་མ་དག་པ་བསྟན་ཏོ། །སྤང་ཇི་ལྟར་འདོད་ཆགས་ལ་སོགས་པ་ཉོན་མོངས་པ་དགུ་བོ་འདི་དག་པདྨའི་སྦུབས་ལ་སོགས་པ་དང་འདྲ་བར་རིག་པར་བྱ་ལ། །དེ་བཞིན་གཤེགས་པའི་ཁམས་སངS ་རྒྱས་ཀྱི་གཟུགས་ལ་སོགས་པ་དང་ཆོས་འཐུན་པར་ཡང་ཇི་ལྟར་རིག་པར་བྱ་ཞེ་ན། ཇི་ལྟར་པདྨ་འདམ་སྐྱེས་དེ། །མདུན་དུ་གྱུར་ན་ཡིད་དགའ་དང། །ཕྱི་ནས་དགའ་བ་མེད་འགྱུར་བ། །འདོད་ཆགས་དགའ་བ་དེ་བཞིན་ནོ། །ཇི་ལྟར་སྲོག་ཆགས ་སྦྲང་མ་ནི། །ཤིན་ཏུ་འཁྲུགས་ཏེ་མདུད་རྟོག་ལྟར། །དེ་བཞིན་ཞེ་སྡང་སྐྱེ་བ་ན། །སྙིང་ལ་སྡུག་བསྔལ་སྐྱེས་པར་བྱེད། །ཇི་ལྟར་འབྲས་སོགས་སྙིང་པོ་ནི། །ཕྱི་རོལ་སྤུན་བས་བསྒྲིབས་པ་ལྟར། །དེ་བཞིན་སྙིང་པའོ་དོན་མཐོང་བ། །མ་རིག་སྒོ་དའི ་སྦུབས་ཀྱི་བསྒྲིབས། །ཇི་ལྟར་མི་གཙང་མི་མཐུན་པ། །དེ་བཞིན་ཆགས་དང་བཅས་རྣམས་ཀྱིས། །འདོད་པ་བསྟན་པའི་རྒྱུ་ཡིན་ཕྱིར། །ཀུན་ནས་ལྡང་བ་མི་གཙང་འདྲ། །ཇི་ལྟར་ནི་བསྒྲིབས་པས་ན། །མི་ཤེས་གཏེར་མི་ཐོབ་པ་ལྟར། །དེ་བཞིན ་སྐྱེ་ལ་རང་བྱུང་ཉིད། །མ་རིགས་བག་ཆགས་ས་ཡི་བསྒྲིབས། །ཇི་ལྟར་མྱུག་སོགས་རིམ་སྐྱེས་པས། །ས་བོན་ཤུན་པ་གཅོད་པ་ལྟར། །དེ་བཞིན་དེ་ཉིད་མཐོང་བ་ཡིས། །མཐོང་སྤངས་རྣམས་ནི་ལྡོག་པར་འགྱུར། །འཕགས་པའི་ལན་དང་འབྲེལ་པ ་ལས། །འཇིག་ཚོགS་སྙིང་པོ་བཅོམ་རྣམས་ཀྱི་། །སྒོམ་ལམ་ཡེ་ཤེས་སྤང་བྱ་རྣམས། །གོས་ཧྲུལ། ངག་དང་མཚུངས་པར་བསྟན། །ས་བདུན་ལ་བརྟེན་དྲི་མ་ནི། །མང་ལ་སྦུབས་དྲི་མ་དག་དང་མཚུངས། །མངལ་སྦུབས་བྲལ་འདྲ་མི་རྟོག ་ལ་འདི?། ཡེ་ཤེས་རྣམ་པར་སྨིན་པ་བཞིན། །ས་གསུམ་རྗེས་འབྲེལ་དྲི་མ་རྣམས། །ས་འོད་མ་གོས་བཞིན་ཤེས་བྱ་སྟེ། །བདག་ཉིད་ཆེན་པོ་རྡོ་རྗེ་ལྷའི། །ཏིང་ངེ་འཛིན་གིས་གཞོན་བྱ་ཡིན། །དེ་ལྟར་ཆགས་སོགས་དྲི་མ་དགུ། །པད? ་མ་ལ་སོགས་དག་དང་མཚུངས། །རང་བཞིན་གསུམ་གྱིས་བསྡུས་ཕྱིར་ཁམས། །སངས་རྒྱས་སོགས་དང་ཆོས་མཚུངས་སོ། །སེམས་ཀྱི་རྣམ་པར་བྱང་བའི་ཁམས་དེ་བཞིན་གཤེགས་པའི་སྙིང་པོ་རང་བཞིན་རྣམས་གསུམ་གྱི ་དབང་དུ་བྱས་ཏེ། །སངས་རྒྱས་ཀྱིས་གཟུགས་ལ་སོགས་པ་རྣམ་པ་དགུ་དང་ཆོས་མཐུན་པར་རྟོགས་པར་བྱའོ། །རང་བཞིན་རྣམ་པ་གསུམ་གང་ཞེ་ན། འདི་ཡི་རང་བཞིན་ཆོས་སྐུ་དང། །དེ་བཞིན་ཉིད་དང་རིགས་ཀྱང་སྟེ། །དེ་ནི་དཔེ་གསུམ་གཅིག་དང་ནི། ་ལྔ་རྣམས་ཀྱིས་ནི་ཤེས་པར་བྱ། །སངས་རྒྱས་ཀྱི་གཟུགས་དང་སྦྲང་རྩི་དང་འབྲུའི་སྙིང་པོའི་དཔེ་གསུམ་གྱིས་ནི་ཁམས་དེ་ཆོས་ཀྱི་སྐུའི་རང་བཞིན་དུ་ཤེས་པར་བྱའོ། །གསེར་གྱི་དཔེ་གཅིག་གིས་ནི་དེ་བཞིན་ཉིད་ཀྱི་རང་བཞིན་ལྟ་བུའོ། །གཏེར་དང ་ཤིང་དང་རིན་ཆེན་ནི་སྐུ་དང་འཁོར་ལོས་སྒྱུར་བ་དང། །གསེར་གྱིས་དཔེ་ལྡས་ནི་སངས་རྒྱས་ཀྱིས་སྐུ་གསུམ་བསྐྱེད་བའི་རིགས་ཀྱི་རང་བཞིན་དུའོ། །དེ་ལ་ཆོས་ཀྱི་སྐུ་གང་ཞེ་ན། །ཆོས་སྐུ་རྣམ་གཉིས་ཤེས་བྱ་སྟེ། །ཆོས་དབྱིངས་ཤིན་ཏུ་དི་མེད ་དང། །དེ་ཡི་རྒྱུ་མཐུན་ཟབ་པ་དང། །སྣ་ཚོགས་ཚུལ་ནི་སྟོན་པའོ། །སངས་རྒྱས་ཀྱི་ཆོས་སྐྱ་ནི་རྣམ་པ་གཉིས་སུ་རྟོགས་པར་བྱའོ། །ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ནི། རྣམ་པར་མི་རྟོག་པའི་སྤྱོད་ཡུལ་གྱི་ཡུལ་ལོ། །དེ་ཡང་དེ་བཞིན ་གཤེགས་པ་རྣམས་ཀྱི་སོ་སོ་རང་གི་རིགས་པར་བྱ་བའི་ཆོས་ཀྱི་དབང་དུ་བྱས་ཏེ། རྟོགས་པར་བྱའོ། །དེ་ཐོབ་པའི་རྒྱུ་ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ཀྱི་རྒྱུ་མཐུན་པ་ནི་གདུལ་བྱ་ཇི་ལྟ་བར་སེམས་ཅན་གཞན་ལ་རྣམ་པར་རིག་པར ་འབྱུང་དོ་དེ་ཡང་?་བསྟན་པའི་ཆོས་ཀྱི་དབང་དུ་བྱས་པར་རིག་པར་བྱའོ། །བསྟན་པ་ཡང་རྣམ་པ་གཉིས་ཏེ། པྲ་བ་དང་རྒྱ་ཆེན་པོའི་ཆོས་རྣམ་པར་འཇོག་པའི་ཚུལ་གྱིས་དབྱེ་བ་ལས། །འདི་ལྟ་སྟེ། དོན་དམ་པའི་བདེན་པའི་དབང་དུ་བྱས ་ནས་བྱང་ཆུབ་སེམས་དཔའ་ཨི་སྡེ་སྣོད་ཟབ་མོའི་ཆོས་ཀྱི་ཚུལ་སྟོན་པ་དང། ཀུན་རྫོབ་ཀྱི་བདེན་པའི་དབང་དུ་བྱས་ཏེ། མདོ་དང་དབྱངས་ཀྱིས་བསྙད་པ་དང། ལུང་བསྟན་པ་དང། ཚིགས་སུ་བཅད་པ་དང། ཆེད་དུ་བརྗོད་པ་དང། གླད་བཞི་ལ་སོགས ་པ་རྣམ་པ་དུ་མར་སྣ་ཚོགས་བའི་ཆོས་རྣམ་པར་འཇོག་པའི་ཚུལ་བསྟན་པའོ། །འཇིག་རྟེན་འདས་ཕྱིར་འཇིག་རྟེན་ན། །འདི་ལ་དཔེ་ནི་མི་དམིགས་པས། །དེ་བཞིན་གཤེགས་པ་ཉིད་དང་ཁམས།། འདྲ་བ་ཉིད་དུ་བསྟན་པ་ཡིན། །ཕྲ་མོ་ཟབ་པའི ་ཚུལ་བསྟན་པ་ནི། །སྦྲང་རྩི་འདོ་གཅིག་པ་བཞིན་ཏེ། །རྣམ་པ་སྣ་ཚོགས་ཚུལ་བསྟན་ནི། །སྣ་ཚོགས་སྦུབས་སྙིང་བཞིན་ཤེས་བྱ། །དེ་ལྟར་སངས་རྒྱས་ཀྱི་གཟུགས་དང་སྦྲང་རྩི་དང་སྙིང་བོའི་དཔེ་འདི་གསུམ་གྱིས་ནི། །དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་ལུས་པ་མེད་པའི་སེམས་ཅན་གྱི་ཁམས་ཁྱབ་པའི་དོན་གྱི་དབང་དུ་བྱས་ནས། །སེམས་ཅན་འདི་དག་ནི་དེ་བཞིན་གཤེགས་པའི་སྙིང་པོ་ཅན་ནོ་ཞེས་བསྟན་ཏོ། །གང་ཞིག་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་ལས་ཕྱི་རོལ་ཏུ་གྱུར་པའི ་སེམས་ཅན་དེ་ནི་འགའ་ཡང་སེམས་ཅན་གྱི་ཁམས་ན་མེད་དེ། །ནམ་མཁའ་ཨི་ཁམས་ཀྱི་གཟུགས་བཞིན་ནོ། །ཇི་སྐད་དུ། ཇི་ལྟར་ནམ་མཁའ་རྟག་ཏུ་ཀུན་སོང་འདོད། །དེ་བཞིན་དེ་ཡང་རྟག་ཏུ་ཀུན་སོང་འདོད། །ཇི་ལྟར་ནམ་མཁའ་ལ་ཐུགས་རྣམས ་ཀུན་ཏུ་སོང། །དེ་བཞིན་འདི་ཡང་སེམས་ཅན་ཚོགས་ཀུན་སོང། །ཞེས་གསུངས་སོ། །རང་བཞིན་འགྱུར་བ་མེད་པ་དང། །དགེ་དང་རྣམ་པར་དག་པའི་ཕྱིར། །དེ་བཞིན་ཉིད་འདི་གསེར་གྱིས་ནི། །གཟུགས་དང་མཚུངས་པར་བརྗོད་པ་ཡིན། །སེམS ་གང་ཡིན་པ་དེ་ནི་ཉོན་མོངས་པ་དང་སྡུག་བསྔལ་མཛའ་ཡས་པ་དང་རྗེས་སུ་འབྲེལ་ཀྱང་རང་བཞིན་བྱིས་འོད་གསལ་བ་ཉིད་ཀྱིས་རྣམ་པར་འགྱུར་བ་ལ་མི་སྟོན་པ་དེའི་ཕྱིར། གསེར་བཟང་པོ་བཞིན་དུ་གཞན་དུ་མི་འགྱུར་བའི་དོན་གྱིས་དེ་བཞིན་ཉིད་ ་ཅེས་བརྗོད་དོ། །དེ་ཡང་ལོག་པ་ཉིད་དུ་ངེས་པའི་རྒྱུ་ཅན་གྱིས་སེམས་ཅན་ཐམས་ཅད་ལ་ཡང་རང་བཞིན་ཁྱད་པར་མེད་དུ་ཟིན་ཀྱང། གློ་བུར་གྱི་ཉོན་མོངས་པས་ཐའ་དག་རྣམ་པར་དག་པ་ལས་གྱུར་པ། །དེ་བཞིན་གཤེགས་པ ་ཞེས་བྱ་བའི་གྲང་སུ་འགྲོ་སྟེ། དེས་ན་འདིར་གསེར་གྱི་དཔེ་གཅིག་གིས་དེ་བཞིན་ཉིད་ལ་དབྱེར་མེད་པའི་དོན་གྱི་དབང་དུ་བྱས་ནས་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་སེམས་ཅན་དེ་དག་གིས་སྙིང་པོ་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །སེམས ་ཀྱི་རང་བཞིན་རྣམ་པར་དག་པ་གཉིས་སུ་མེད་པའི་ཆོས་ཉིད་ཉེ་བར་བཟུང་ནས། བཅོམ་ལྡན་འདས་ཀྱིས་ཇི་སྐད་དུ་བཀའ་སྩལ་པ་ནི། འཇམ་དཔལ་དེ་ལ་དེ་བཞིན་གཤེགས་ནི་བདག་གི་ཉེ་བར་ལེན་པའི་གཞི་རྩ་ཡོངས་སུ་མཁྱེན་པས་བསྲུང་བ ་མཛད་དེ། །བདག་རྣམ་པར་དག་པས་སེམས་ཅན་ཐམས་ཅད་རྣམ་པར་དག་པར་རྟོགས་སོ། །བདག་རྣམ་པར་དག་པ་གང་ཡིན་པ་དང། སེམས་ཅན་ཐམས་ཅད་རྣམ་པར་དག་པ་གང་ཡིན་པ་དེ་ནི་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་དོ་ཞེས་གསུངས་སོ། ་དེ་སྐད་དུ། །མདོང་བསྡུ་ན། དེ་བཞིན་གཤེཌ་བཱི་སྙིང་པོའི་མདོར་དཔེར་བརྗོད་པ་བསྟན་པ་འདིས་ནི་སེམས་ཀྱི་ཁམས་མ་ལུས་པའི་ཐོགས་པ་མེད་པའི་སེམས་ཅན་ཀུན་ནས་ཉོན་མོངས་པའི་གློ་བུར་པ་ཉིད་དང། ཐོག་མ་མེད་པའི་སེམས་རྣམ་པར ་བྱང་བའི་ཆོས་ལྷན་ཅིག་སྐྱེས་པ་རྣམ་པར་དབྱེ་བ་མེད་པ་ཉིད་དུ་བསྟན་ཏོ། །དེS་ན་སེམས་ཀུན་ནས་ཉོན་མོངས་པའི་ཕྱིར་སེམS་ཅན་རྣམས་ཀུན་ནས་ཉོན་མོངས་ལ། སེམས་རྣམ་པར་བྱང་བའི་ཕྱིར་ནི་རྣམ་པར་དག་པ་ཡིན་ནོ་ཞེས་གསུངས་སོ།། ་དེ་ལ་གང་གིས་དབང་དུ་བྱས་ནས་བླ?་དེའི་སྦུབས་ལ་སོགས་པའི་དཔེ་དགུ་བསྟན་པ། སེམས་ཀྱི་ཀུན་ནས་ཉོན་མོངས་པ་གང་ཞེ་ན། ཆགས་དང་སྔད་དང་རྨོངས་དང་དེ་ཡིས་ཀུན་ལྡང་དྲག་དང་བག་ཆགས་དང། མཐོང་བསྒོམ་ལམ ་སྤང་མ་དག་དག་པའི་ས་བརྟེན་པའི། །དྲི་མ་རྣམ་དགུ་པདྨའི་སྦུབས་སོགས་པའི་དཔེས་ནི་རབ་བསྟན་ཏེ། །ཉེ་བའི་ཉོན་མོངས་སྦུགས་ཀྱི་དབྱེ་བས་བྱེ་བ་མཛའ་ལས་འདས། །མདོར་སྡུ་ན་ཉོན་མོངས་པ་དགུ་པོ་འདི་དག་དེ་བཞིན་གཤེགས་པའི་ཁམས་རང ་བཞིན་གྱིས་རྣམ་པར་དག་པ་ལ་ཡང་སངས་རྒྱས་ཀྱི་གཟུགས་ལ་སོགས་པ་ལ་པདྨའི་སྦུབས་ལ་སོགས་པ་ལྟར་གློ་བུར་བ་ཉིད་དུ་ཡོད་དོ། །དགུ་གང་ཞེ་ན། འདི་ལྟ་སྟེ། འདོད་ཆགས་བག་ལ་ཉལ་གྱིས་མཚན་ཉིད་ཀྱི་ཉོན་མོངས་པ་དང། ཞེ་སྡང་བག ་ལ་ཉལ་གྱི་མཚན་ཉིད་ཀྱི་ཉོན་མོངས་པ་དང། གཏི་མུག་བག་ལ་ཉལ་གྱི་མཚན་ཉིད་ཀྱི་ཉོན་མོངས་པ་དང། འདོད་ཆགས་དང། ཞེ་སྡང་དང། གཏི་མུག་དྲག་པས་ཀུན་ནས་ལྡང་བའི་མཚན་ཉིད་དང། མ་རིག་པའི་བག་ཆཌ་ཀྱི་གས་སྡུས་པ་དང། ་མཐོང་བས་སྦད་བར་བྱ་བ་དང། སྒོམ་པས་སྤང་བར་བྱ་བ་དང། མ་དག་པའི་ས་ལ་བརྟེན་པ་དང། །དག་པའི་ས་བརྟེན་པའོ། །དེ་ལ་འཇིག་རྟེན་པའི་འདོད་ཆགས་དང་དྲལ་བའི་རྒྱུད་ལ་ཡོད་པའི་ཉོན་མོངས་པ་མི་གཡོ་བའི་བར་འདུ་བྱེད་པ་སོགས་པའི་རྒྱུ་གཟུགས ་དང་གཟུགས་མེད་པའི་ཁམས་སྒྲུབ་པར་བྱེད་པ་དང། འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱིས་གཞོན་པར་བྱ་བ་གང་ཡིན་པ་དེ་དག་ནི་འདོད་ཆགས་དང། ཞེ་སྡང་དང། གཏི་མུག་འགལ་ཉལ་གྱི་མཚན་ཉིད་ཅེས་བྱའོ། །འདོད་ཆགས་ལ ་ཚོགས་པ་ལ་སྤྱོད་པའི་སེམས་ཅན་གྱིས་རྒྱུད་ལ་ཡོད་པ་བསོད་ནམས་དང། བསོད་ནམས་མ་ཡིན་པའི་འདུ་བྱེད་ལ་སོགས་པའི་རྒྱུ་འདོད་པའི་ཁམས་འབའ་ཞིག་སྒྲུབ་པར་བྱེད་པ། མི་སྡུག་པ་སྒོམ་པའི་ཤེས་པས་གཞོམ་པར་བྱ་བ་གང་ཡིན་པ ་དེ་དག་ནི་འདོད་ཆགས་དང། ཞེ་སྡང་དང་གཏི་མུག་དྲག་པོས་ཀུན་ནས་ལྡང་བའི་མཚན་ཉིད་ཅེས་བྱའོ། །དགྲ་བཅོམ་པའི་རྒྱུད་ལ་ཡོད་པ་ཟག་པ་མེད་པའི་ལམ་འཇུག་པའི་རྒྱུད་དྲི་མ་མེད་པའི་ཡིད་ཀྱི་རང་བཞིན་གྱི་ལུས་སྒྲུབ་པར་བྱེད་པ། དེ་བཞིན ་གཤེགས་པའི་བྱང་ཆུབ་ཀྱི་ཡེ་ཤེས་ཀྱི་གཞོམ་པར་བྱ་བ་གང་ཡིན་པ་དེ་དག་ནི་མ་རིག་པའི་བག་ཆགS་གྱིས་བསྡུས་པ་ཞེས་བྱའོ། །སློབ་པ་ནི་རྣམ་པ་གཉིས་ཏེ། སོ་སོའི་སྐྱེ་བོ་དང། འཕགས་པའོ། །དེ་ལ་སོ་སོའི་སྐྱེ་བོ ་སློབ་པའི་རྒྱུད་ལ་ཡོད་པ་ས་དང་པོ་འཇིག་རྟེན་ལས་འདས་པའི་ཆོས་མཐོང་བའི་ཤེས་པས། གཞོམ་པར་བྱ་བ་གང་ཡིན་པ་དེ་དག་ནི་མཐོང་བས་སྤང་བར་བྱ་བ་ཞེས་བྱའོ། །འཐགས་པའི་གང་ཟག་སློབ་པའི་རྒྱུད་ལ་ཡོད་པ་ཇི་ལྟར་མཐོང་བའི་འཇིག་རྟེན་ལས ་འདས་པའི་ཆོས་སྒོམ་པའི་ཤེས་པས་གཞོམ་པར་བྱ་བ་གང་ཡིན་པ་དེ་དག་ནི་སྒོམ་པས་སྤང་བར་བྱ་བ་ཞེས་བྱའོ། །མཐར་ཐུག་པར་མ་གྱུར་བའི་བྱང་ཆུབ་སེམས་དཔའ་ཨི་རྒྱུད་ལས་ཡོད་པ་ཡེ་ཤེས་ཀྱིས་རྣམ་པ་བདུན་ལས་ཀྱི་མི་མཐུན་པའི་ཕྱོགས་ས་བརྒྱད ་པ་ལ་སོགས་པས་གསུམ་སྒོམ་པའི་ཤེས་པས་གཞོམ་པར་བྱ་བ་གང་ཡིན་པ་དེ་དག་ནི་མ་རིག་པའི་ས་ལ་བརྟེན་པ་ཞེས་བྱའོ། །མཐར་ཐུགས་པའི་བྱང་ཆུབ་སེམས་དཔའ་ཨི་རྒྱུད་ལ་ཡོད་པ་བརྒྱད་པ་ལ་སོགས་པ་ས་གསུམ་པ་བསྒོམས་པའི་ཤེས་པའི་མི ་མཐུན་པའི་ཕྱོགས་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་ཡེ་ཤེས་ཀྱིས་གཞོམ་པར་བྱ་བ་གང་ཡིན་པ་དེ་དག་ནི་དག་བའི་ས་ལ་བརྟེན་པ་ཞེས་བྱའོ། །ཐམས་ཅད་ལ་ནི་ཁྱད་མེད་ཀྱང། །དེ་བཞིན་ཉིད་དག་ལས་གྱུར་པ། །དེ་བཞིན་གཤེགས་ཉིད་དེ་ཡི་ཕྱིར། །འགྲོ་ཀུན ་དེ་ཡི་སྙིང་པོ་ཅན་ཞེས་གསུངས་སོ། །གཏེར་དང་འབྲས་བུའི་ཤིང་བཞིན་ཏུ། །རིགས་དེ་རྣམ་གཉིས་ཤེས་བྱ་སྟེ། །ཐོག་མེད་རང་བཞིན་གནས་པ་དང། ཡང་དག་བླངས་པ་མཆོག་ཉིད་དོ། །རིགས་ཉིད་ལས་ནི་སངས་རྒྱས་ཀྱི། །སྐུ་གསུམ་ཐོབ་པར་འདོད ་པ་ཡིན། །དང་བོས་སྐུ་ནི་དང་པོ་སྟེ། །གཉིས་པ་ཡིས་ནི་ཕྱི་མ་གཉིས། །ངོ་བོ་ཉིད་སྐུ་མཛེས་པ་ནི། །རིན་ཆེན་སྐུ་འདྲེར་ཤེས་བྱ་སྟེ། རང་བཞིན་གྱིས་ནི་བྱས་མིན་དང། །ཡོན་ཏན་རིན་ཆེན་གཏེར་ཡིན་ཕྱིར། །ཆོས་ཆེན་རྒྱལ་སྲིད་ཆེ་ལྡན་ཕྱིར། །རྫོགས་ལོངས ་འཁོར་ལོས་སྒྱུར་བཞིན་ནོ། །གཟུགས་བརྙན་གྱི་ནི་རང་བཞིན་ཕྱིར། །སྤྲུལ་པ་གསེར་གྱི་གཟུགས་ལྟ་བུ། །དེ་ཕྱིར་དེ་ལྟར་གཏེར་དང་ལྡན་ཤིང་དང། །རིན་པོ་ཚོའི་སྐུ་དང། འཁོར་ལོས་བསྒྱུར་བ་དང། །གསེར་གྱི་གཟུགས་ཏེ། དཔེ་ལྷག་མ་ལྔ་པོ་འདི་དག་གིས་ནི་སངས་རྒྱས ་ཀྱི་སྐུ་རྣམ་པ་གསུམ་བསྐྱེད་པའི་རིགས་ཡོད་པའི་དབང་དུ་བྱས་ཏེ། དེ་བཞིན་གཤེགས་པའི་ཁམས་སེམས་ཅན་འདི་དག་ཐམས་ཅད་ཀྱི་སྙིང་པོར་བསྟན་པ་ཡིན་ནོ། །དེ་བཞིན་གཤེགས་པ་ཉིད་ནི་སངས་རྒྱས་ཀྱི་?་རྣཾ་ལ་གསུམ་གྱིས་རྦ་ཏུ་ཕྱེ་བ་ཡིན་ཏེ། དེས་ན་དེ ་བཞིན་གཤེགས་པའི་ཁམས་ཐོབ་བའི་རྒྱུ་ཡིན་པས་ཁམས་ཀྱི་དོན་ནི་འདྲིར་རྒྱུའི་དོན་ཏོ། །གང་གི་ཕྱིར་དེ་ལ་ཡང་སེམས་ཅན་དང་སེམས་ཅན་ལ་དེ་བཞིན་གཤེགས་པའི་ཁམས་འགྲུབ་པའི་སྙིང་པོར་གྱུར་བ་ཡོད་མོད་ཀྱི། །སེམས་ཅན་དེ་དག་གིས་?་བ་མ་ཡིན་ནོ་ཞེས ་གསུངས་སོ། །དེ་སྐད་དུ་ཐོག་མ་མེད་དུས་ཅན་གྱི་ཁམས། ཆོས་རྣམས་ཀུན་གྱི་གནས་ཡིན་ཏེ། །དེ་ཡོད་པས་ན་འགྲོ་ཀུན་དང། །མྱ་ངན་འདས་པ་འང་ཐོབ་པ་ཡིན་ཞེS་གསུངས་སོ་།དེ་ལ་ཇི་ལྟར་ན་ཐོག་མ་མེད་པའི་དུས་ཅན་ཡིན་ཞེ་ན། །དེ་བཞིན་གཤེགས་པའི ་སྙིང་པོ་ཉིད་ཀྱི་དབང་དུ་མཛད་ནས། སྔོན་གྱི་མཛའ་མི་དམིགས་སོ། །བསྟན་ཞིང་རབ་ཏུ་བཞག་པ་གང་ཡིན་པའོ། ཁམས་ཞེས་བྱ་བ་ནི་ཇི་སྐད་དུ། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་སྙིང་གང་ལགས་པ་འདི་ནི་འཇིག་རྟེན་ལས་འདས་པའི་ཆོས ་ཀྱི་སྙིང་པོ་དང་བཞིན་ཀྱིས་ཡོངས་སུ་དག་པའི་ཆོས་ཀྱི་སྙིང་པོའོ། །ཞེས་གསུངས་སོ། །ཆོས་རྣམས་ཀུན་གྱི་གནས་ཡིན་ཏེ་ཞེས་བྱ་བ་ནི། ཇི་སྐད་དུ། བཅོམ་ལྡན་འདས་དེའི་སླད་དུ་དེ་བཞིན་གཤེགས་པའི་སྙིང་པོ་ནི་འབྲེལ་པ། རྣམ་པར་དབྱེ་བ་མེད་པ་ཁྲལ་མི་ཤེས་པ། ་འདུས་མ་བྱས་བའི་ཆོས་རྣམས་ཀྱི་གནས་གཞི་དང་རྟེན་ལགས་ལ། །བཅོམ་ལྡན་འདས་དེ་བཞིན་གཤེགས་བའི་སྙིང་པོ་ནི་མ་འདྲེལ་བ། རྣམ་པར་དབྱེ་བ་དང་བཅས་པའི་ཆོས། བྲལ་ཤེས་པ། འདུས་བྱས་ཀྱི་ཆོས་རྣམས་ཀྱི་ཡང་བཞི་དང། གནས་དང། རྟེན ་ལགས་སོ་ཞེས་གསུངས་པའོ། །དེ་ཡོད་ན་ནི་འགྲོ་ཀུན་དང། ཞེས་བྱ་བ་ནི་ཇི་སྐད་དུ། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་སྙིང་པོ་མི་མཆིས་ན་དེ་ལ་འཁོར་བ་ཞེས་ཚིག་གིས་བཏགས་པ་ལགས་སོ་ཞེས་གསུངས་སོ། །མྱ་ངན ་འདས་པ་འང་ཐོབ་པར་འགྱུར། །ཞེས་བྱ་བ་ནི་ཇི་སྐད་དུ། བཅོམ་ལྡན་འདས་གལ་ཏེ་དེ་བཞིན་གཤེགས་པའི་སྙིང་པོ་མ་མཆིས་ན་སྡུག་བསྔལ་ལ་ཡང་ཡིད་འབྱུང་བར་མི་འགྱུར་ཞེས་མྱ་ངན་ལས་འདས་པ་ལ་ཡང་འདོད་པ་དང། དོན་དུ་གཉེར་བ ་དང། སྨོན་པར་ཡང་མི་འགྱུར་རོ་ཞེས་བརྒྱས་པར་གསུངས་སོ། །ཆོས་ཀྱི་སྐུ་ལྟར་རྒྱ་ཆེ་བ་དེ་བཞིན་གཤེགས་པ་དང་དབྱེར་མེད་པའི་མཚན་ཉིད་ངེས་པའི་རིགས་ཀྱི་རང་བཞིན་དེ་བཞིན་གཤེགས་པའི་སྙིང་པོ་དེ་ཡང་ཐམས་ཅད་ཀྱི་ཚེ་ཐམས་ཅད ་ལ་ཁྱད་པར་མེད་པའི་ཚུལ་དུ་ཡོད་དོ། །ཞེས་བྱ་བའི་བར་ནི། ཆོས་ཉིད་ཚད་མར་བྱས་ནS་བལྟ་བར་བྱ་སྟེ། ཇི་སྐད་དུ། རིགས་ཀྱི་བུ་འདི་ནི་ཆོས་རྣམས་ཀྱི་ཆོས་ཉིད་དོ། །དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་མ་བྱུང་ཡང་རུང་སྟེ། སེམས་ཅན ་འདི་དག་ནི་རྟག་ཏུ་དེ་བཞིན་གཤེགས་པའི་སྙིང་པོ་ཅན་ནོ་ཞེས་གསུངས་པ་ཡིན་ནོ། །ཆོས་ཉིད་གང་ཡིན་པ་དེ་ཉིད་ནི་འདིར་གང་གིས་དེ་ལྟ་བུ་ཁོ་ནར་འགྱུར་གྱི་གཞན་དུ་མི་འགྱུར་རོ་ཞེས་བྱ་བའི་རིགས་པ་དང་སྦྱོར་བ་དང་ཐབས་ཡིན་ཏེ། ཐམས་ཅད ་དུ་སེམས་ངེས་པར་རྟོགས་པ་དང། སེམས་ཡང་དག་པར་ཤེས་པ་ལ་ནི། ཆོས་ཉིད་རྟོག་པ་དང། ཆོས་ཉིད་ཀྱི་རིག་པ་ཡིན་ནོ། །དེ་ནི་བསམ་པར་མི་བྱ། རྣམ་པར་བརྟག་པར་མི་བྱའོ། །ལྷག་པར་མོས་པར་བྱ་བ་འབའ་ཞིག་ཏུ་ཟད་དོ། །རང་བྱུང ་རྣམས་ཀྱིས་དོན་དམ་སྟེ། དང་པ་ཉིད་ཀྱིས་རྟོགས་བྱ་ཡིན། །ཉི་མའི་དཀྱིལ་འཁོར་འོད་འབར་བ། །མིག་མེད་པས་ནི་མཐོང་བ་མེད། །མདོར་སྡུ་ན། གང་ཟག་བཞི་པོ་འདི་ནི་དེ་བཞིན་གཤེགས་པའི་སྙིང་པོ་མཐོང་བ་ལ་མིག་དང་མི་ལྡན་པར་རྣམ་པར ་བཞག་སྟེ། བཞི་གང་ཞེ་ན། འདི་ལྟ་སྟེ། སོ་སོའི་སྐྱེ་བོ་དང། ཉན་ཐོས་དང། རང་སངས་རྒྱས་དང། ཐེག་པ་ལ་གསར་དུ་ཞུགས་པའི་བྱང་ཆུབ་སེམས་དཔའ་སྟེ། ཇི་སྐད་དུ། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་སྙིང་པོ་འདི་ནི་འཇིག་རྟེན་ཚོགས་ལ་ལྟ་བར ་ལྟུང་བ་རྣམས་དང། ཕྱིན་ཅི་ལོག་ལ་མངོན་པར་དགའ་བ་རྣམས་དང། སྟོང་པ་ཉིད་ལ་སེམས་རྣམ་པར་གཡེངས་པ་རྣམས་ཀྱི་སྤྱོད་ཡུལ་མ་ལགས་སོ་ཞེས་གསུངས་པ་བཞིན་ནོ། །དེ་ལ་འཇིག་ཚོགས་ལ་ལྟ་བར་ལྟུང་བ་ནི་བྱིས་པ་སོ་སོའི་སྐྱེ་བོ་ལ་བརྗོད་དེ། འདི ་ལྟར་དེ་དག་ནི་གཏན་དུ་ཕུང་པོ་ལ་སོགས་པའི་ཆོས་ཟག་པ་དང་བཅས་པ་རྣམས་ལ་བདག་དང་བདག་གི་བ་ཉིད་དུ་ཁས་བླངས་ནས་ངར་འཛིན་པ་དང། ང་ཡིར་འཛིན་པ་ལ་མངོན་པར་ཞེན་པས་ན་འཇིགས་ཚོགས་འགགས་པ་ཟག་པ་མེད་པའི་དབྱིངས་ལ། ་ལྷག་པར་མོས་པར་མི་ནུས་པ་དག་སྟེ། དེ་དག་གིས་ཐམས་ཅད་མཁྱེན་པའི་ཡུལ་དེ་བཞིན་གཤེགས་པའི་སྙིང་པོ་རྟོགས་པར་ལྟག་ལ་འགྱུར་ཏེ་འདི་ནི་གནས་མེད་དོ། །དེ་ལ་ཕྱིན་ཅི་ལོག་ལ་མངོན་པར་དགའ་བ་ནི། ཉན་ཐོས་དང་རང་སངས་རྒྱས ་དག་ལ་བརྗོད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟ་སྟེ་།དེ་དག་ཀྱང་དེ་བཞིན་གཤེགས་པའི་སྙིང་པོ་རྟག་པ་ཉིད་དུ་བསྒོམ་པར་བྱ་བ་ལས། སླར་དེ་དེ་རྟག་པའི་འདུ་ཤེས་སུ་བསྒོམ་པ་ལས་བཟློག་ནས་མི་རྟག་བར་འདུ་ཤེས་སུ་བསྒོམ་པ་ལ་མངོན་པར་དགའ་ ་བ་ཉིད་དང། དེ་བཞིན་གཤེགས་པའི་སྙིང་པོ་བདེ་བར་སྒོམ་པར་བྱ་བ་ལས། སླར་དེ་བདེ་བའི་འདུ་ཤེས་སུ་བསྒོམ་པ་ལས་བཟློག་ནས། སྡུག་བསྔལ་བའི་འདུ་ཤེས་སུ་བསྒོམ་པ་ལས་མངོན་པར་དགའ་བ་ཉིད་དང། དེ་བཞིན་གཤེགས་པའི་སྙིང་པོ་བདག་ཏུ ་བསྒོམ་པར་བྱ་བ་ལས། སླར་དེ་ལ་བདག་གི་འདུ་ཤེས་སུ་བསྒོམ་པ་ལས་བཟློག་ནས། བདག་མེད་པའི་འདུ་ཤེས་བསྒོམ་པ་ལ་དགའ་བ་ཉིད་དང། དེ་བཞིན་གཤེགས་པའི་སྙིང་པོ་གཙང་བར་བསྒོམ་པར་བྱ་བ་ལས། སླར་དེ་ལ་གཙང་བའི་འདུ་ཤེས ་སུ་བསྒོམ་པ་ལས་བཟློག་ནས། སི་གཙང་བའི་འདུ་ཤེས་བསྒོམ་པ་ལས་མངོན་པར་དགའ་བ་ཉིད་ཀྱི་ཕྱིར། དེ་བཞིན་རྣམ་གྲངས་འདིས་ནི་ཆོས་ཀྱི་སྐུ་ཐོབ་པ་དང་འགལ་བའི་ལམ་ལ་མངོན་པར་དགའ་བའི་ཕྱིར་མཆོག་ཏུ་རྟག ་པ་དང། བདེ་བ་དང། བདག་དང། སྡུག་པའི་མཚན་ཉིད་ཀྱི་ཁམས་དེ་ནི་ཉན་ཐོས་དང། རང་སངས་རྒྱས་ཐམས་ཅད་ཀྱི་ཡང་སྤྱོད་ཡུལ་མ་ཡིན་ནོ་ཞེས་བཤད་པ་ཡིན་ནོ། །དེ་ལྟར་ཕྱིན་ཅི་ལོག་ལ་མངོན་པར་དགའ་བའི་ཕྱིར་མི་རྟག་པ་དང། སྡུག་བསྔལ ་པ་དང། བདག་མེད་པ་དང། མི་སྡུག་བའི་འདུ་ཤེས་ཅན་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་པ་དེ་ལྟར་རྒྱས་པར་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོར། བཅོམ་ལྡན་འདས་ཀྱིས་རྫིང་གི་ཆུའི་ནོར་བུའི་དཔེ་རབ་ཏུ་བསྒྲུབས་ཏེ། འདི་ལྟ་སྟེ། ་དགེ་སློང་དག་དཔེར་ན་སོ་གའི་དུས་ལ་བབ་པ་ན། སྐྱེ་བོ་དག་ཁྲུས་རས་བཅིངས་ཏེ། རང་རང་གི་རྒྱན་དང་ཉེ་བར་སྤྱོད་པ་དག་གིས་ཆུ་ལ་རྩེའོ། །དེ་ནས་དེར་གཅིག་གིས་རིགས་དང་ལྡན་པའི་ནོར་བུ་བཻ་ཌཱུརྱ་ཆུའི་ནང་དུ་བཞག་པ་དང། དེ་ནས་བཻ་ཌ?་རུ་དེའི་དོན ་དུ་དེ་དག་ཐམས་ཅད་རྒྱན་བཞག་ནས་བཞུགས་པར་གྱུར་ཏོ། །དེ་ནས་དོན་ཡོད་པའི་གསེག་མ་འམ་གྱོ་མོ་དེ་དག་ལ་ནོར་བུའོ་སྙམ་ནས་བཟུང་སྟེ། བདག་གིས་ནོར་བུ་རྙེད་དོ་སྙམ་ནས་ཕྱུང་ངོ། །ཕུང་ནས་རྫིང་བུའི་འགྲམ་དུ་བལྟས་པན་འདི་ནི་ནོར་བུ་མ ་ཡིན་ནོ་སྙམ་པའི་འདུ་ཤེས་རབ་ཏུ་འཇུག་གོ་།རྫིང་གི་ཆུ་དེ་ཡང་ནོར་བུའི་མཐུས་ནོར་བུའི་འོད་དང་འདྲ་བར་སྣང་ངོ། །དེ་དག་དེ་ལྟར་སྣང་བའི་ཆུ་དེ་ཡང་ཨེ་མའོ་ནོར་བུའོ་སྙམ་དུ་ཡོན་ཏན་གྱིས་འདུ་ཤེས་རབ་ཏུ་ཞུགས། །དེ་ནས་དེ་ལ་ཐབས་མཁས་ཤིང་ཡིད ་གཞུངས་པ་གཅིག་གིས་ནོར་བུ་དེ་དེ་ཁོན་བཞིན་དུ་རྙེད་པར་གྱུར་ཏོ། །དགེ་སློང་དག་དེ་བཞིན་དུ་ནོར་བུ་ལྟར་ཆོS་ཀྱི་དོན་དེ་ཁོ་ན་མི་ཤེས་པ་ཁེ?་ཀྱིས་ཐམས་ཅད་མི་རྟག་པ་དང། ཐམས་ཅད་སྡུག་བསྔལ་བ་དང། ཐམས་ཅད་བདག་མེད་པ་དང། ཐམས་ཅད ་མི་སྡུག་པའོ་ཞེས་བསྒོམS་ཤིང། བསྒོམ་པ་ལན་མང་དུ་བྱས་ཤིང་མང་དུ་བྱས་བ་ཉེ་བར་བཞག་པ་དེ་ཐམས་ཅད་ནི་དོན་མེད་དོ། །དགེ་སློང་དག་དེའི་ཕྱིར་རྫིང་བུ་དེ་དག་གི་གསོག་མ་དང། གྱོ་མོ་རྣམ་པར་གནས་པ་ལྟར་མི་འགྱུར་བར་ཁྱེད་ཅག་ཐབས་ལ་མཁས ་པར་གྱིས་ཤིག། དགེ་སློང་དག་ཁྱེད་ཀྱིས་གང་དང་གང་ཐམས་ཅད་མི་རྟག་པ་ཉིད་དང། ཐམས་ཅད་སྡུག་བསྔལ་བ་དང། ཐམས་ཅད་བདག་མེད་པ་དང། ཐམས་ཅད་མི་གཙང་བའོ། ཞེས་འཛིན་པ་ཐམས་ཅད་ཀྱིས་སྒོཾ་ཞིང་བསྒོམས་པ་མང་དུ་བྱས་ཤིང ་མང་དུ་བྱས་པ་དེ་དང་དེ་ཉིད་ལ་རྟག་པ་དང། བདེ་བ་དང། བདག་ཉིད་ཡོད་པ་ཡིན་ནོ་ཞེས་རྒྱས་པར་ཆོས་ཀྱི་དེ་ཁོ་ན་ཉིད་དམ་པར་རྣམ་པར་བཞག་པ་ལས་བརྩམས་ཏེ་ཕྱིན་ཅི་ལོག་ཏུ་གྱུར་པ་བསྟན་པ་ནི་མདོ་ཇི་ལྟ་བ་བཞིན་དུ་རྟོགས་པར་བྱའོ།། ་དེ་ལ་སྟོང་པ་ཉིད་ལས་སེམས་རྣམ་པར་གཡེངས་པ་ནི་ཐེག་པ་ལ་གསར་དུ་ཞུགས་པའི་བྱང་ཆུབ་སེམས་དཔའ་སྟོང་པ་ཉིད་ཀྱི་ཚུལ་དུ་དེ་བཞིན་གཤེགས་པའི་སྙིང་པོ་ལས་ཉམས་པ་དག་ལ་བརྗོད་དོ། །གང་དག་ཡོད་པའི་ཆོས་ཉིད་དུས་ཕྱིས་རྒྱུན་འཆད ་ཅིང་ཞིག་པ་ཡོངས་སུ་མྱ་ངན་ལས་འདས་པའོ་ཞེས་དངོས་པོ་གཞིག་པའི་ཕྱིར་སྟོང་པ་ཉིད་ཀྱི་རྣམ་པར་ཐར་པའི་སྒོ་འདོད་པ་འམ། ཡང་གང་དག་གང་ཞིག་རྟོག་པར་བྱ་བ་དང། སྒོམ་པར་བྱ་བ་སྟོང་པ་ཉིད་ཅེས་བྱ་བ་གཟུགས་ལ་སོགས་པ་ལས་ཐ་དང ་པའི་དངོས་པོ་ཡོད་པ་ཡིན་ནོ་ཞེས་སྟོང་པ་ཉིད་ལ་དམིགས་པས་སྟོང་པ་ཉིད་ལ་བརྟེན་པའོ། །དེ་ལ་སྟོང་པ་ཉིད་ཀྱིས་ཚུལ་དུ་བརྗོད་པ་དེ་བཞིན་གཤེགས་པའི་སྙིང་པོ་གང་ཞེ་ན། འདི་ལ་བསལ་བྱ་ཅི་ཡང་མེད། བསྣན་པར་བྱ་བ་ཅུང་ཟད་མེད། །ཡང་དག་ཉིད ་ལ་ཡང་དག་ལྟ། །ཡང་དག་མཐོང་ན་རྣམ་པར་གྲོལ། །རྣམ་དབྱེར་བཅས་པའི་མཚན་ཉིད་ཅན། །གློ་བུར་དག་གིས་ཁམས་སྟོང་གིས། །རྣམ་དབྱེར་མེད་པའི་མཚན་ཉིད་ཅན། །བླ་མེད་ཆོས་ཀྱིས་སྟོང་མ་ཡིན། །འདིས་ཅི་བསྟན་ཞེ་ན། གང་གི་ཕྱིར་རང ་བཞིན་ཡོངས་སུ་དག་པ་དེ་བཞིན་གཤེགས་པའི་ཁམས་འདི་ལས་བསལ་བར་བྱ་བ་ཀུན་ནས་ཉོན་མོངས་པའི་རྒྱུ་མཚན་ནི་དགའ་ཡང་མེད་ལ། གློ་བུར་བའི་དྲི་མ་དང། བྲལ་བ་ནི་འདིའི་རང་བཞིན་ཡིན་པའི་ཕྱིར་རོ། །འཕིལ?་རྣམ་པར ་བྱང་བའི་རྒྱུ་མཚན་ཅན་བཞག་པར་བྱ་བ་ཡང་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ཏེ། རྣམ་པར་དབྱེ་བ་མེད་པའི་ཆོས་དག་པའི་ཆོས་ཉིད་ནི་རང་བཞིན་ཡིན་པའི་ཕྱིར་རོ། །དེས་ན་དེ་བཞིན་གཤེགས་པའི་སྙིང་པོ་ནི། རྣམ་པར་དབྱེ་བ་ཡོད་པ། བྲལ་ཤེས་པ། ཉོན་མོངས ་པའི་སྦུབ་ས་ཐམས་ཅད་ཀྱིས་ནི་སྟོང་པ་ཡིན་ལ། རྣམ་པར་དབྱེ་བ་མེད་པ། བྲལ་མི་ཤེས་པ། བསམ་གྱིས་མི་ཁྱབ་པའི་སངས་རྒྱས་ཀྱི་ཆོས་གང་གཱའི་ཀླུང་གི་བྱེ་མ་ལས་འདས་པ་ནི་མི་སྟོང་ངོ་ཞེས་གསུངས་སོ། །དེ་ལྟར་ན་གང་ཞིག་གང་ན་མེད་པ་དེ་ནི་ངེས་སྟོང་ངོ ་ཞེས་ཡང་དག་པར་རྗེས་སུ་མཐོང་ལ། གང་ཞིག་ལྷག་པར་གྱུར་བ་དེ་ནི་དེ་ལ་རྟག་པར་ཡོད་དོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་སོ། །ཚིགས་སུ་བཅིང་པ་འདི་གཉིས་ཀྱིས་ནི་སྒྲོ་འདོགས་པ་དང་སྐུར་བ་འདེབས་པའི་མཛའ་དང་བྲལ་བའི་ཕྱིར། ཕྱིན་ཅི་མ་ལོག ་པ་སྟོང་པ་ཉིད་ཀྱི་མཚན་ཉིད་བསྟན་ཏོ། །དེ་ལ་གང་ཞིག་སྟོང་པ་ཉིད་ཀྱི་ཚུལ་འདི་ལས་སེམས་ཀྱི་ཕྱི་རོལ་ཏུ་རྣམ་པར་གཡེང་ཞིང་རྣམ་པར་འགྲོ་ལ་མཉམ་པར་མི་འཇོག་ཅིང་རྩེ་གཅིག་ཏུ་མི་འགྱུར་བ་དེས་ན་དེ་དག་སྟོང་པ་ཉིད་ལས་སེམས་རྣམ་པར་གཡེངS ་བཞས་བརྗོད་དོ། །དེ་ལ་དོན་དམ་པ་སྟོང་པ་ཉིད་ཀྱི་ཡེ་ཤེས་མེད་པར་དི་རྣཾ་པར་རྟོག་པ་མིང་པའི་དབྱིངས་རྡོཌ་ཤིང་མངོན་པར་འདུ་བྱ་བར་མི་ནུས་སོ། །འདི་ལ་དགོངས་ནས་གསུངས་པ་ནི། །དེ་བཞིན་གཤེགས་པའི་སྙིང་པོའི་ཡེ་ཤེས་ཉིད་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་སྟོང་པ་ཉིད ་ཀྱི་ཡེ་ཤེས་ཡིན་ལ། དེ་བཞིན་གཤེགས་པའི་སྙིང་པོ་ཡང་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱི་སྔར་མ་མཐོང་མ་རྟོགས་བའོ། ཞེས་རྒྱས་པར་གསུངས་སོ། །དེ་བཞིན་གཤེགས་པའི་སྙིང་པོར་ཇི་ལྟར་ཆོས་ཀྱིས་སྐུ་ཡིན་པ་དེ་ལྟར་ནི། འཇིག་ཚོཌ ་ལ་ལྟ་བར་ལྷུང་བ་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་པར་བརྗོད་དོ། །ཆོས་ཀྱི་དབྱིངས་ནི་ལྟ་བའི་གཉེན་པོ་ཡིན་པའི་ཕྱིར་རོ། །ཇི་ལྟར་ཆོས་ཀྱི་སྐུ་འཇིག་རྟེན་ལས་འདས་པའི་སྙིང་པོ་ཡིན་པ་དེ་ལྟར་ནི་ཕྱིན་ཅི་ལོག་ལ་མངོན་པར་དགའ་བ་རྣམས་ཀྱི་སྤྱོད་ཡུལ་མ་ཡིན ་ནོ་ཞེས་བརྗོད་དོ། །འཇིག་རྟེན་ལས་འདས་པའི་ཆོས་ཀྱི་སྐུ་ནི་མི་རྟཌ་པ་ལ་སོགས་པ་འཇིག་རྟེན་པའི་ཆོས་ཀྱི་གཉེན་པོར་བསྟན་པའི་ཕྱིར་རོ། །ཇི་ལྟར་ཆོས་ཀྱི་སྐུ་ཡོངས་སུ་དག་པའི་ཆོས་ཀྱི་སྙིང་པོ་ཡིན་པ་དེ་ལྟར་ནི་སྟོང་པ་ཉིད་ལ་སེམས་རྣམ་པར་གཡེངས་པ་རྣམས ་ཀྱིས་སྤྱོད་ཡུལ་མ་ཡིན་ནོ་ཞེས་བརྗོད་དོ། །དེ་རྣམ་པར་དག་པའི་ཡོན་ཏན་གྱི་ཆོས་རྣཾ་པར་དབྱེ་བ་མེད་པ་འཇིག་རྟེན་ལས་འདས་པའི་ཆོས་ཀྱི་སྐུས་རབ་ཏུ་ཕྱེ་བ་རྣམས་ནི་གློ་བུར་གྱིས་དྲི་མས་སྟོང་པའི་རང་བཞིན་ཡིན་པའི་ཕྱིར་རོ། །དེ་ལ་ཚུལ་གཅིག་པོ་ཆོས་ཀྱི་དབྱིངས་དང ་ཐ་མི་དང་པའི་ཡེ་ཤེས་ཀྱི་སྒོ་རྟོགས་ནས། འཇིག་རྟེན་ལས་འདས་པའི་ཆོས་ཀྱི་སྐུ་རང་བཞིན་གྱིས་ཡོངས་སུ་དག་པ་ལ་ལྟ་བ་གང་ཡིན་པ་འདི་ནི་འདིར་གང་གི་ས་ས་བཅུ་ལ་གནས་པའི་བྱང་ཆུབ་སེམས་དཔས་དེ་བཞིན་གཤེགས་པའི་སྙིང་པོ་བཅུང་ཟད་མཐོང ་ངོ་ཞེས་གསུངས་པས་ཡང་དག་པ་ཇི་ལྟ་བ་བཞིན་གྱི་ཡེ་ཤེས་ཀྱིས་ཀུན་མཐོང་བར་འདོད་དོ། །དེ་སྐད་དུ། སྤྲིན་མཐོངས་ནམ་མཁའ་ལ་ཉི་བཞིན་འདིར་ཁྱོད་ཕྱོགས་གཅིག་བློ་གྲོས་ཅན། །བློ་མིག་དག་པའི་འཕགས་རྣམས་ཀྱིས་ཀྱང་ཐམས་ཅད་མཐོང་མ་ལཌ། ་བཅོམ་ལྡན་འདས་ཁྱོད་ཆོས་སྐུ་གང་དག་བློ་གྲོས་མཛའ་ཡས་པ། །ཤེས་བྱ་མཛའ་མེད་མཁའ་དབྱིངས་ཁྱབ་པ་དེ་དག་གིས་ཀུན་མཐོང་ཞེས་གསུངས་སོ། །སྨྲས་པ་གལ་ཏེ་དེ་ལྟར་ཆགས་པ་མེད་པའི་མཐར་ཕྱིན་པའི་ས་ལ་གནས་པ་འཕགས་པའི ་མཆོག་རྣམས་ཀྱི་ཡང་ཡུལ་མ་ཡིན་ན། །ཁམས་འདི་ལྟ་བར་བཀའ་བ་དེས་ན་བྱིས་པ་སོ་སོའི་སྐྱེ་བོ་ལས་བཙམས་ཏེ། བསྟན་པ་འདིས་ནི་ཅི་ཞིག་བྱ་ཞེ་ན། །བསྟན་པའི་དགོང་པ་སྡུད་པའི་ཚིགས་སུ་བཅད་པ་གཉིས་ཏེ། གཅིག་གིས་ནི་དྲིས་ལ། གཉིས་ནི ་ལན་བསྟན་པའོ། །སྤྲན་པར་རྨི་ལམ་སྒྱུ་མ་བཞིན་དེ་དང་དེར། །ཤེས་བྱ་ཐམས་ཅད་རྣམ་ཀུན་སྟོང་པ་ཞེས། །གསུངས་ནས་ཡང་འདིར་རྒྱལ་རྣམས་སེམས་ཅན་ལ། །སངས་རྒྱས་སྙིང་པོ་ཡོད་ཅེས་ཅི་སྟེ་གསུངས། །སེམས་ཞུམ་སེམS ་ཅན་དམན་ལ་བརྙས་པ་དང། །ཡང་དག་མི་འཛིན་ཡང་དག་ཆོས་ལ་སྐུར། །བདག་ཆགས་ལྷག་པའི་སྐྱོན་ལྔ་གང་དག་ལ། །ཡོད་པ་དེ་དག་དེ་སྤོང་དོན་དུ་གསུངས། །ཚིགས་སུ་བཅད་པ་འདི་ཡི་དོན་ནི་མདོར་བསྡུས་ཏེ་ཚིགས་སུ་བཅད་པ་བཅུས་རིག་པར་བྱ་སྟེ་།ཡང ་དག་མཛའ་ནི་འདུས་བྱས་ཀྱི། །རྣམ་པ་ཐམས་ཅད་དབེན་པ་སྟེ། ཉོན་མོངས་ལས་དང་རྣམ་སྨིན་དོན། །སྤིན་ལ་སོགས་པ་བཞིན་དུ་བརྗོད། །ཉོན་མོངས་སྤྲིན་འདྲ་བྱ་བ་ཡིས། །ལས་ནི་རྨི་ལམ་ལོངས་སྤྱོད་བཞིན། །ཉོན་མོངས་ལས་ཀྱི་རྣམ་པར་སྨིན། །ཕུང ་པོ་སྒྱུ་མ་སྤྲུལ་པ་བཞིན། །སྔར་ནི་དེ་ལྟར་རྣམ་བཞག་ནས། །སྔར་ཡང་བླ་མའི་རྒྱུད་འདིར་ནི། །ཉེས་པ་ལྔ་དག་སྤངས་པའི་ཕྱིར། །ཁམས་ཡོད་ཉིད་ཅེས་བསྟན་པ་ཡིན། །འདི་ལྟར་དེ་ནི་མ་ཐོས་བས། །བདག་ལ་བརྙས་པའི་ཉེས་པ་ཡིས། །སེམས་ནི་ཞུམ ་པ་འགའ་ཞིག་ལ། །བྱང་ཆུབ་སེམས་ནི་སྐྱེ་མི་འགྱུར། །གང་ལ་བྱང་ཆུབ་སེམས་བསྐྱེད་པས། །བདག་ནི་མཆོག་ཅེས་རློམ་པ་ན། །བྱང་ཆུབ་སེམས་མ་སྐྱེས་པས། །དམན་པའི་འདུ་ཤེས་རབ་ཏུ་འཇུག་།དེ་ལྟར་སེམS་པ་དེ་ལ་ནི། །ཡང་དག་ཤེས་པ་མི ་སྐྱེ་བ། །དེས་ན་ཡང་དག་མི་འཛིན་ཞིང། །ཡང་དག་དོན་ནི་རིག་མི་འགྱུར། །བཅོས་མ་གློ་བུར་བ་ཉིད་ཕྱིར། །སེམས་ཅན་སྐྱོན་དེ་ཡང་དག་མིན། །ཡང་དག་ཉེས་དེ་དག་མེད་པ། །ཡོན་ཏན་རང་བཞིན་དག་པ་ཡིན། །ཡང་དག་མིན་པའི་ཉེས་འཛིན ་ཞིང། །ཡང་དག་ཡོན་ཏན་སྐུར་འདེབས་པ། །བློ་ལྡན་བདག་དང་སེམས་ཅན་ནི། །མཚུངས་མཐོང་བྱམས་པ་ཐོབ་མི་འགྱུར། །འདི་ལྟར་དེ་ནི་ཐོས་པ་ལས། །སྤྲོ་དང་སྟོན་པ་བཞིན་གུས་དང། །ཤེས་རབ་ཡེ་ཤེས་བྱམས་ཆེན་གྱི། །ཆོས་ལྔ་སྐྱེས་ཕྱིར་དེ་? ་ནི། ཁ་ན་མ་ཐོ་མེད་མཚུངས་ལྟ། །སྐྱོན་མེད་ཡོན་ཏན་ལྡན་པ་དང། །བདག་དང་སེམས་ཅན་མཚུངས་བྱས་ཏེ། །སངས་རྒྱས་ཉིད་ནི་མྱུར་དུ་ཐོབ། །ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས་དཀོན་མཆོག་གི་རིགས་རྣམ་པར་དབྱེ་བ་ལས། དེ་བཞིན་གཤེགས? ་པའི་སྙིང་པོའི་སྐབས་ཏེ་ཚིགས་སུ་བཅད་པ་དང་པོའི་དོན་གྱི་བསྡུས་པའི་བཤད་པ་རྫོགས་སོ།། །།དྲི་མ་དང་བཅས་པའི་དེ་བཞིན་འདི་བཤད་ཟིན་ཏོ། །ད་ནི་དྲི་མ་མེད་པའི་དེ་བཞིན་ཉིད་བརྗོད་པར་བྱའོ། །དེ་ལ་དྲི་མ་མེད་པའི་དེ་བཞིན ་ཉིད་གང་ཞེ་ན། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཟག་པ་མེད་པའི་དབྱིངས་ལ་དྲི་མའི་རྣམ་པ་ཐམས་ཅད་དང་བྲལ་བའི་ཕྱིར་གནས་ཡོངས་སུ་གྱུར་པའི་རྣམ་པར་གཞག་པ་གང་ཡིན་པའོ། །དེ་ཡང་མདོར་སྡུ་ན་དོན་རྣཾ་པར་བརྒྱད་ཀྱི་དབང་དུ་བྱས་ཏེ ་རེག་པར་བྱའོ། །དོན་བརྒྱད་གང་ཞེ་ན། དག་ཐོབ་བྲལ་བ་རང་བཞིན་དོན། །དེ་བརྟེན་ཟབ་དང་རྒྱ་ཆེ་དང། །བདག་ཉིད་ཆེན་པོ་དེ་ཡང་ནི། །ཇི་སྲིད་དུས་དང་ཇི་ལྟ་ཉིད། །ཚིགས་སུ་བཅད་པ་འདི་ནི་གོ་རིམ་ཇི་ལྟ་བ་བཞིན་དུ་དོན་བརྒྱད་པོ་འདི ་དག་བསྟན་ཏེ། །འདི་ལྟ་སྟེ། ངོ་བོའི་དོན་དང། རྒྱུའི་དོན་དང། འབྲས་བུའི་དོན་དང། ལམ་གྱི་དོན་དང། ལྡན་པའི་དོན་དང། འཇུག་པའི་དོན་དང། རྟག་པའི་དོན་དང། བསམ་གྱིས་མི་ཁྱབ་པའི་དོན་ནོ། །དེ་ལ་ཁམས་གང་ཞིག་ཉོན་མོངས ་པའི་སྦུབས་བསམ་གྲོལ་བ། དེ་བཞིན་གཤེགས་པའི་སྙིང་པོ་ཞེས་བརྗོད་པ་དེ་རྣམ་པར་དག་པ་ནི་གནས་ཡོངས་སུ་གྱུར་པའི་ངོ་བོ་ཉིད་དུ་རིག་པར་བྱ་སྟེ། གང་གི་ཕྱིར་བཅོམ་ལྡན་འདས་གང་ཞིག་ཉོན་མོངས་པའི་སྦུབས་བྱེ་བ་རྙེད་མཛའ་ཡས་དག ་གིས་གཡོགས་པ་དེ་བཞིན་གཤེགས་པའི་སྙིང་པོ་ལ་དོགས་པ་མ་མཆིས་པ་དེ་དག་ནི་ཉོན་མོངས་པ་མཛའ་དག་གིས་སྦུབས་ལས་གྲོལ་བ། །དེ་བཞིན་གཤེགས་པའི་ཆོས་ཀྱིས་སྐུ་ལ་ཡང་དོགས་པ་མ་མཆིས་པ་ལག་སོ་ཞེས ་གསུངས་པ་ཡིན་ནོ། །ཡེ་ཤེས་ནི་རྣམ་པ་གཉིས་ཏེ། འཇིག་རྟེན་ལས་འདས་པའི་རྣམ་པར་རྟོགས་པ་མེད་པ་དང། རྗེས་ལས་ཐོབ་པའི་འཇིག་རྟེན་པའོ། །འཇིག་རྟེན་ལས་འདས་པའི་ཡེ་ཤེས་གནས་ཡོངས་སུ་གྱུར་པའི་རྒྱུ་ནི་ཐོབ་བའི? ་སྒྲས་བསྟན་ཏེ། འདིས་ཐོབ་པས་ན་ཐོབ་པའོ། །དེའི་འབྲས་བུ་ནི་རྣམ་པ་གཉིས་ཏེ། ཉོན་མོངས་པའི་སྒྲིབ་པ་དང་བྲལ་བ་དང། ཤེས་བྱའི་སྒྲིབ་པ་དང་བྲལ་བའི་བྲལ་བ་རྣཾས་གཉིས་སོ། །གོ་རིམ་བཞིན་དུ་རང་དང་གཞན་གྱི་དོན་སྒྲུབ་པ་ནི་ལས་སོ། །དེའི ་རྟེན་དང་ལྡན་པ་ནི་ལྡན་པའོ། །ཟབ་པ་དང་བདག་ཉིད་ཆེན་པོས་རབ་ཏུ་ཕྱེ་བ་སངས་རྒྱས་ཀྱི་སྐུ་གསུམ་པོ་དག་གིས་འགྲོ་བ་ཇི་སྲིད་པར་བསམ་གྱིས་མི་ཁྱབ་པའི་རྣམ་པས་འཇུག་པ་ནི་འཇུག་པའོ། །སྡོམ་ནི་ངོ་བོ་རྒྱུ་དང་འབྲས་བུ་དང། །ལས་དང་ལྡན་དང ་འཇུག་པ་དང། །དེ་རྟག་བསམ་གྱིས་མི་ཁྱབ་ཀྱིས། །སངས་རྒྱས་ས་ནི་རྣམ་བར་གནས། །དེ་ལ་སངས་རྒྱས་ཉིད་དང་དེ་ཐོབ་པའི་ཐབས་སུ་གྱུར་པ་ངོ་བོའི་དོན་དང་རྒྱུའི་དོན་ལས་བརྩམས་ཏེ་ཚིགས་སུ་བཅད་པ། རང་བཞིན་འོད་གསལ་ཞེས་བརྗོད་པ་གང་ཡིན་ཉིད ་དང་མཁའ་བཞིན་གློ་བུར་གྱི། །ཉོན་མོངས་ཤེས་བྱའི་སྤྲིན་ཚོགས་སྟུག་པོའི་སྒྲིབ་པ་ཡིས་ནི་བསྒྲིབས་གྱུར་བ། །དྲི་མེད་སངས་རྒྱས་ཡོན་ཏན་ཀུན་ལྡན་རྟག་བརྟན་གཡུང་དྲུང་སངས་རྒྱས་ཉིད། །དེ་ནི་ཆོས་ལ་མི་རྟོག་རྣམ་འབྱེད་ཡེ་ཤེས་དག་ལ་བརྟེན་ནས ་འཐོབ། །ཚིགས་སུ་བཅད་པ་འདིའི་དོན་ནི་མདོད་བསྡུས་ན་ཚིགས་སུ་བཅད་པ་བཞིས་རིག་པར་བྱ་སྟེ། སངས་རྒྱས་ཉིད་ནི་དབྱེར་མེད་པ། །དག་པའི་ཆོས་ཀྱིས་རབ་ཕྱེ་བ། །ཉི་མཁའ་བཞིན་དུ་ཡེ་ཤེས་དང། །སྤངས་པ་ཉིད་ཀྱིས་མཚན་ཉིད་དེ། །འོད་གསལ ་བྱས་མིན་དབྱེར་མེད་པར། །འཇུག་ཅན་གང་གླའི་ཀླུང་གི་ནི། །རྡུལ་ལས་འདས་པའི་སངས་རྒྱས་ཀྱིས། །ཆོས་རྣམས་ཀུན་དང་ལྡན་པ་ཉིད། །རང་བཞིན་གྱིས་ནི་མ་གྲུབ་དང། །ཁྱབ་དང་བློ་བུར་བ་ཉིད་ཀྱིས། །ཉོན་མོངས་ཤེས་བྱའི་སྒྲིབ་པ་དེ། །སྤྲིན ་དང་འདྲ་བར་བརྗོད་པ་ཡིན། །སྒྲིབ་པ་གཉིས་དང་བྲལ་བ་ཡིས། །རྒྱུ་ནི་ཡེ་ཤེས་གཉིས་ཡིན་ཏེ། །མི་རྟོག་པ་དང་དེ་ཡིས་ནི། །རྗེས་ཐོབ་དེ་ནི་ཡེ་ཤེས་འདོད། །རྣམ་པར་དག་པ་ནི་གནས་ཡོངས་སུ་གྱུར་པའི་ངོ་བོ་ཉིད་ཡིན་ནོ། །ཞེས་བརྗོད་པ་གང་ཡིན་པ་དེ་ལ་རྣམ ་པར་དག་བ་ནི་མདོར་བསྡུ་ན་རྣམ་པ་གཉིས་ཏེ། རང་བཞིན་གྱིས་རྣམ་པར་དག་པ་དང། དྲི་མ་མེད་པའི་རྣམ་པར་དག་པའོ། །དེ་ལ་རང་བཞིན་གྱིས་རྣམ་པར་དག་པ་ནི། གང་ཞིག་རྣམ་པར་གྲོལ་བ་དང་བྲལ་བ་ནི་མ་ཡིན་པ་སྟེ། སེམས་ཅན་གྱིས་རང་བཞིན་འོད་གསལ་བ་གློ་བུར་ཀྱིས་དྲི་མ་དང་མ་བྲལ་བའི་ཕྱིར་རོ། །དྲི་མ་མེད་པའི་རྣམ་པར་དག་པ་ནི། །རྡུལ་ལ་སོགས་པ་ལ་ཆུ་ལ་སོགས་པ་བཞིན་དུ་རྣམ་པར་གྲོལ་བ་དང་བྲལ་བ་སྟེ་།སེམས་ཀྱི་རང་བཞིན་འོད་གསལ་བ་ལ་གློ་བུར་གྱི་ཇི་མ་མཛའ་དག་དང་བྲལ་བའི ་ཕྱིར་རོ། །དེ་ལ་དྲི་མ་མེད་པའི་རྣམ་པར་དང། པའི་འབྲས་བུའི་དོན་ལས་བཙམས་ཏེ་ཚིགས་སུ་བཅད་པ། དྲི་མེད་ཆུ་ལྡན་རིམ་རྒྱས་པདྨས་ཁེ་བས་པའི་མཚོ་བཞིན་དང། །སྒྲ་གཅན་ཁ་ནས་ཐར་བའི་ཟླ་བ་ཉ་བལྟ་བུ་དང། །སྤྲིན་ཚོགས་ཉོན་མོངས་དག་ལས་གྲོལ་པཱི ་ཉི་མ་ལྟ་བུར་ནི། །དྲི་མེད་ཡོན་ཏན་ལྡན་ཕྱིར་འོད་ཟེར་?་ལྡན་དེ་ཉིད་དོ། །ཐུབ་པའི་ཁྱུ་མཆོག་སྦྲང་རྩི་སྙིང་པོ་དང། །རིན་ཆེན་གསེར་དང་གཏེར་དང་ལྗོན་པ་བཞིན། །དྲི་མེད་ཡོན་ཏན་བདེ་གཤེགས་སྐུ་དང་ནི། །ས་བདག་གསེར་གྱི་གདུགས་འདྲ་རྒྱལ་བ ་ཉིད། །ཚིགས་སུ་བཅད་པ་གཉིས་པོ་འདི་ཡི་དོན་ནི་མདོར་བསྡུ་ན། །ཚིགས་སུ་བཅད་པ་བརྒྱད་ཀྱིས་རིག་བར་བྱ་སྟེ། །ཆུ་མཚོ་སོགས་བཞིན་འདོད་ཆགS་སོགས། །གློ་བུར་ཉོན་མོངས་དག་པ་ནི། །མདོར་ན་མི་རྟོག་ཡེ་ཤེས་ཀྱིས། །འབྲས་བུ་ཡིན་པར་རབ་ཏུ་བརྗོད། །རྣམ ་པར་ཀུན་གྱི་མཆོག་ལྡན་བ། །སངས་རྒྱས་སྐུ་ནི་ངེས་ཐོབ་བ། །དེ་ནི་རྗེས་ལ་ཐོབ་པ་ཡི། །ཡེ་ཤེས་འབྲས་བུ་ཡིན་པར་བསྟན། །འདོད་ཆགས་རྡུལ་ནི་སྤང་ཕྱིར་དང། །འདུལ་བར་བྱ་བའི་པདྨ་ལ། །བསམ་གཏན་ཆུ་ནི་འབབ་ཕྱིར་དེ། །ཆུ་དང་རྫིང་དང་མཚུངས ་བ་ཡིན། །ཞེ་སྡང་སྒྲ་གཅན་ལས་གྲོལ་བས། །སྙིང་རྗེ་བྱམས་ཆེན་འོད་ཟེར་གྱིས། །འགྲོ་བ་ཁྱབ་པའི་ཕྱིར་ན་དེ། །དྲི་མེད་ཟླ་བ་ཉ་བ་བཞིན། །གཏི་མུག་སྤྲིན་ལས་རྣམ་གྲོལ་བས། །འགྲོ་བ་ཡེ་ཤེས་འོད་ཟེར་གྱིས། །མུན་པ་ཐེལ ་ཕྱིར་སངས་རྒྱས་ཉིད། །དེ་ནི་དྲི་མེད་ཉི་མ་བཞིན། །མི་མཉམ་མཉམ་པའི་ཆོས་ཉིད་ཕྱིར། །དམ་ཆོས་རོ་ནི་སྦྱིན་མཛད་དང། །ཤུན་པ་དང་ནི་བྲལ་ཕྱིར་དེ། །བདེ་གཤེགས་སྦྲང་རྩིའི་སྙིང་པོ་བཞིན། །དག་ཕྱིར་ཡོན་ཏན་རྫས་ཀྱིས་ནི། །དབུལ་བར་སེལ ་བར་བྱེད་ཕྱིར་དང། །རྣམ་གྲོལ་འབྲས་བུ་སྨིན་བྱེད་ཕྱིར། །གསེར་དང་གཏེར་དང་ལྗོན་པ་བཞིན། །རིན་ཆེན་ཆོས་ཀྱི་སྐུ་ཕྱིར་དང། །རྐང་གཉིས་བདག་པོ་མཆོག་ཕྱིར་དང། །རིན་ཆེན་གཟུགས་ཀྱི་རྣམ་པའི་ཕྱིར། །དེ་ནི་རིན་ཆེན་རྒྱལ་གསེར་བཞི། །གནS ་ཡོངས་སུ་གྱུར་པ་འཇིག་རྟེན་ལས་འདས་པ་རྣམ་པར་མི་རྟོག་པ་དང། །དེའི་རྗེས་ལ་ཐོབ་པ་ཡེ་ཤེས་ཀྱི་རྒྱུ་ཅན་བྲལ། བའི་འབྲས་བུའི་མིང་ཅན་གནས་ཡོངས་སུ་གྱུར་པའི་རྒྱུ་ཡིན་ལ། དེའི་ལས་ནི་རང་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་ཡིན་པར་བརྗོད་དོ། ། ་དེ་ལ་རང་དང་བཞན་གྱིས་དོན་ཕུན་སུམ་ཚོགས་པ་གང་ཞེ་ན། གང་ཞིག་བག་ཆགས་དང་བཅས་པའི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་ལས་ཐར་པའི་ཕྱིར་དང། སྒྲིབ་པ་མེད་པའི་ཆོས་ཀྱི་སྐུ་ཐོབ་པ་འདི་ནི་རང་གི་དོན་ཕུན་སུམ་ཚོགས་བར་བརྗོད་ལ། གང ་ཞིག་དེའི་སྟེང་དུ་འཇིག་རྟེན་ཇི་སྲིད་དར་ལྷུན་གྱིས་གྲུབ་པ་སྐུ་གཉིས་ཀྱིས་ཀུན་ཏུ་སྟོན་པ་དང། བསྟན་པ་ལ་དབང་འབྱོར་བ་གཉིས་ཀྱིས་འཇུག་པ་འདི་ནི་གཞན་ཀྱི་དོན་ཕུན་སུམ་ཚོགས་པར་བརྗོད་དོ། །རང་དང་གཞན་ཀི་དོན་ཕུན་སུམ་ཚོགས་པ་དེ་ལ་ལས་ ་ཀྱི་དོན་ལས་བཙམས་ཏེ་ཚིགས་སུ་བཅད་པ་གསུམ་སྟེ། ཟག་པ་མེད་ཁྱབ་འཇིག་རྟེན་ཆོས་ཅན་ཏེ། །བརྟན་ཞི་རྟག་པ་འགྲོ་བ་མེད་པའི་གནས། །དེ་བཞིན་གཤེགས་པ་མཁའ་བཞིན་དམ་པ་ཡིS?་།དབང་པོ་དྲུག་དོན་ཉམས་སུ་མེད་པའི་རྒྱུ། །དབང་འབྱོར་གཇུཌ? ་དོན་ལྟ་དང་གཏམ་བཟང་ནི། །གཙང་བ་ཉན་དང་བདེ་གཤེགས་ཚུལ་ཁྲིམས་ཀྱི། །དྲི་གཙང་སྣོམ་དང་འཕགས་ཆེན་དམ་ཆོས་རོ། །མྱང་དང་ཏིང་འཛིན་རེག་བདེ་ཉམས་མྱོང་དང། །རང་གི་ངོ་བོ་ཉིད་ཀྱི་ཟབ་པའི་ཚུལ། །རྟོགས་པའི་རྒྱུར་གྱུར་ཞིབ་མོར་བསམ་པ་ནི། ། ་དོན་དམ་བདེ་མཛད་དེ་བཞིན་གཤེགས་པ་ནི། །ནམ་མཁའ་བཞིན་དུ་རྒྱུ་མཚན་རྣམས་དང་བྲལ། །ཚིགས་སུ་བཅད་པ་གསུམ་པོ་འདིའི་དོན་ནི་མདོར་བསྡུ་ན། །ཚིགས་སུ་བཅད་པ་བརྒྱད་ཀྱིས་རིག་པར་བྱ་སྟེ། །མདོར་ན་ཡེ་ཤེས་གཉིས་པོ་ཡི། །ལས་སུ་འདི་ནི་ཤེས་བྱ ་སྟེ། །གྲོལ་བའི་སྐུ་ནི་རྫོགས་བ་དང། །ཆོས་ཀྱི་སྐུ་ནི་སྦྱོར་བའོ། །རྣམ་གྲོལ་ཆོས་ཀྱི་སྐུ་དག་ནི། །རྣམ་གཉིས་རྣམ་གཅིག་ཤེས་བྱ་སྟེ། །ཟག་པ་མེད་ཕྱིར་ཁྱབ་པའི་ཕྱིར། །འདུས་མ་བྱས་པའི་གནས་གཉིས་ཕྱིར། །ཉོན་མོངས་རྣམས་ནི་བག་ཆགས་དང། ་བཅས་པ་འགག་ཕྱིར་ཟག་མེད་དེ། །ཆགས་མེད་ཐོགས་པ་མེད་པའི་ཕྱིར། །ཡེ་ཤེས་ཁྱད་པ་ཉིད་དུ་འདོད། །གཏན་དུ་འཇིག་པ་མེད་པ་ཡི། །རང་བཞིན་ཡིན་ཕྱིར་འདུས་མ་བྱས། །འཇིག་མེད་ཉིད་ནི་བརྟན་པ་སྟེ། །བསྟན་སོགས་རྣམས་ཀྱིས་འདི ་བཤད་དོ། །འཇིག་པ་རྣམ་བཞིར་ཤེས་བྱ་སྟེ། །བརྟན་སོགས་དག་ལ་བཟློག་ཕྱིར་རོ། །མྱགས་དང་རྣམ་འགྱུར་འཆད་པ་དང། བསམ་མི་ཁྱབ་འགྱུར་འཕོ་བ་སྟེ། དེ་མེད་ཕྱིར་ནི་བསྟན་ཞི་དང། །རྟག་དང་འཕོ་མེད་ཤེས་པར་བྱ། །དྲི་མེད་ཤེས་དེ་དཀའ་བོ་ཡི ་ཆོས་ཀྱི་བརྟེན་ཡིན་ཕྱིར་ན་གནས། །ཇི་ལྟར་རྒྱུན་མིན་ནམ་མཁའ་ནི། །གཟུགས་མཐོང་བ་ན་སྒྲ་དང་དྲི། །རོ་དང་རེག་དང་ཆོས་རྣམས་ནི། །ཐོས་ལ་སོགས་པའི་རྒྱུ་ཡིན་ལྟར། །དེ་བཞིན་སྐུ་གཉིས་སྒྲིབ་མེད་པའི། །སྦྱོར་བས་བསྟན་པའི་དབང་དོན་ལ། ། ་ཟག་མེད་པ་ཡིས་ཡོན་ཏན་དག་།སྐྱེ་བ་ཡིས་ནི་རྒྱུ་ཡིན་ནོ། །ཇི་སྐད་དུ། སངས་རྒྱས་ནམ་མཁའ་ཨི་མཚན་ཉིད་དོ་ཞེས་བཤད་པ་དེ་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་མ་འདྲེས་པའི་དོན་དམ་པའི་མཚན་ཉིད་ལ་དགོངས་ནས་གསུངས་པ་ཡིན་ཏེ། གང་གི་ཕྱིར ་གལ་ཏེ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་དེ་བཞིན་གཤེགས་པ་ལྟ་བར་གྱུར་ན་ནི། །དེས་ན་འཁོར་ལོས་བསྒྱུར་བའི་རྒྱལ་པོ་ཡང་དེ་བཞིན་གཤེགས་པར་འགྱུར་རོ་ཞེས་གསུངས་སོ། །དེ་ལ་དོན་དམ་པའི་མཚན་ཉིད་ཀྱི་ལྡན་པའི་དོན ་ལས་བཙམས་ཏེ་ཚིགས་སུ་བཅད་པ་།བསམ་མེད་རྟག་བརྟན་ཞི་བ་གཡུང་དྲུང་ཉིད། །རབ་ཏུ་ཞི་ཁྱབ་རྟོག་བྲལ་ནམ་མཁའ་བཞིན། །ཆགས་མེད་ཀུན་ཏུ་ཐོགས་མེད་རྩུབས་རེག་སྤངས། །བལྟ་བཟུང་མེད་དགེ་སངས་རྒྱས་དྲི་མ་མེད། །ཚིགས་སུ་བཅད་པ་འདིའི་དོན་ནི ་མདོར་བསྡུན་ཚིགས་སུ་བཅད་པ་བརྒྱད་ཀྱིས་རིག་པར་བྱ་སྟེ། རྣམ་གྲོལ་ཆོས་ཀྱི་སྐུ་དག་གིས། །རང་དང་གཞན་གྱིས་དོན་བསྟན་ཏེ། །རང་གཞན་དོན་རྟེན་དེ་ལྟ་ནི། །བསམ་མི་ཁྱབ་སོགས་ཡོན་ཏན་ལྡན། །ཐམས་ཅད་མཁྱེན་པ་ཡེ་ཤེས་ཡུལ། །སངས་རྒྱས ་ཤེས་གསུམ་ཡུལ་མིན་ཕྱིར། །ཡེ་ཤེས་ལུས་ཅན་རྣམས་ཀྱིས་ནི། །བསམ་མི་ཁྱབ་པར་རྟོགས་པར་བྱ། །ཕྲ་ཕྱིར་ཐོS་པཱི་ཡུལ་མིན་ཏེ། །དོན་དམ་ཡིན་ཕྱིར་བསམ་པའི་མིན། །ཆོས་ཉིད་ཟབ་ཅིང་འཇིག་རྟེན་པའི། །སྒོམ་པ་ལ་སོགས་ཡུལ་མ་ཡིན།། ་གང་ཕྱིར་གཟུགས་ལ་དམུས་ལོང་བཞིན། །བྱིས་པས་དེ་སྔོན་མཐོང་མ་མྱོང། །བཙས་པའི་ཁྱིམ་ནས་བུ་ཆུང་ཡིས། །ཉི་མའི་གཟུགས་བཞིན་འཕགས་པས་ཀྱང། །སྐྱེ་དང་བྲལ་ཞིང་རྟག་པ་སྟེ། །འགག་པ་མེད་ཕྱིར་བརྟན་བ་ཡིན། །གཉིས་མེད ་ཕྱིར་དེ་ཞི་བ་སྟེ། །གཡུང་དྲུང་ཆོས་ཉིད་གནས་ཕྱིར་རོ། །རང་ཞི་འགོག་པའི་བདེན་པའི་ཕྱིར། །ཐམས་ཅད་རྟོགས་ཕྱིར་ཁྱབ་པ་ཉིད། །གནས་པ་མེད་ཕྱིར་རྟོག་མེད་དེ། །ཉོན་མོངས་སྤངས་ཕྱིར་ཆགས་པ་མེད། །ཤེས་བྱའི་སྒྲིབ་ཀུན་དག་བྱའི་ཕྱིར།། ་ཐམས་ཅད་དུ་ནི་ཐོགས་པ་མེད། །གཉིས་མེད་ལས་སུ་རུང་བའི་ཕྱིར། །བརྩུབ་པའི་རེག་དང་བྲལ་བ་ཡིན། །དེ་གཟུགས་མེད་ཅིང་བལྟར་མེད་དེ། །མཚན་མ་མེད་ཕྱིར་གཟུང་དུ་མེད། །དགེ་བའི་རང་བཞིན་དག་པའི་ཕྱིར། །དྲི་མེད་དྲི་མ་སྤངས་ཕྱིར་རོ།། ་དེ་བཞིན་གཤེགས་པ་ཉིད་ནི་ནམ་མཁའ་ལྟར་འདུས་མ་བྱས་པའི་ཡོན་ཏན་དང། རྣམ་པར་དབྱེ་བ་མེད་པར་འཇུག་པ་ཡང་སྲིད་ཀྱི་བར་དུ་བསམ་གྱིས་མི་ཁྱབ་པ་ཐབས་ཆེན་པོ་དང་སྙིང་རྗེ་དང་ཤེས་རབ་ཀྱི་ཡོངས་སུ་སྤྱོད་པའི་ཁྱད་པར་གྱིས་འགྲོ་བ་ལ་ཕན་པ ་དང་བློ་སྒྲུབ་པའི་རྒྱུར་ངོ་བོ་ཉིད་དང། རྫོགས་པར་ལོངས་སྤྱོད་པ་དང། སྦྲུལ་པ་སྟེ། དྲི་མ་མེད་གསུམ་གྱིས་བར་ཆད་མེད་ཅིང་རྒྱུན་མི་འཆད་པར་ལྷུན་གྱིས་གྲུབ་པས་འཇུག་པས་ལྟ་བ་བྱ་སྟེ། མ་འདྲེས་བའི་ཆོས་དང་ལྡན་པའི་ཕྱིར་རོ། །དེ་ལ་འཇུག ་པའི་དོན?་ལས་བཙམས་ནས། །སངས་རྒྱས་ཀྱིས་སྐུ་རྣམ་པར་དབྱེ་བའི་ཚིགས་སུ་བཅད་པ་འདི་བཞི་སྟེ། ཐོག་མ་དབུས་མཛའ་མེད་ཅིང་རྣམ་དབྱེ་མེད། །གཉིས་མེད་གསུམ་བྲལ་དྲི་མེད་རྣམ་རྟོག་མེད། །ཆོས་དབྱིངས་རང་བཞིན་གང་ཡིན་དེ་རྟོགས་པ། ། ་མཉེ་པར་བཞག་པའི་རྣལ་འབྱོར་པ་ཡིས་མཐོང། །གཞལ་མེད་གང་གྲི་འབྱེད་ལS་?་བS། །བསམ་མེད་མཉེ་མེད་ཡོན་ཏན་རྣམས་དང་ལྡན། །དེ་བཞིན་གཤེགས་པའི་དྲི་མེད་དབྱིངས་དེ་ནི། །བག་ཆགས་བཅས་བའི་ཉེས་པ་རྣམ་སྤངས་པ། །སྣ་ཚོཌ ་དམ་ཆོས་འོད་ཟེར་མངའ་བའི་སྐུས། །འགྲོ་བའི་རྣམ་གྲོལ་དོན་གྲུབ་ལ་བརྩོན་པ། །མཛད་པ་ཡིད་བཞིན་ནོར་བུའི་རྒྱལ་བཞིན་ཏེ། སྣ་ཚིགས་དངོས་དང་དེ་ཡི་རང་བཞིན་མིན། །འཇིག་རྟེན་ཞི་བའི་ལམ་ལ་འཇུག་པ་དང། རབ་ཏུ་སྨིན་དང་ལུང་སྟོན་རྒྱུ་ཡི ་གཟུགས། །གང་ཡིན་དེ་ཡང་འདིར་ནི་རྟག་གནས་ཏེ། །ནམ་མཁའ་ཨི་ཁམས་སུ་གཟུགས་ཀྱི་ཁམས་བཞིན་ནོ། །ཚིགས་སུ་བཅད་པ་བཞི་པོ་འདིའི་དོན་ནི། །ཚིགས་སུ་བཅད་པ་ཉི་ཤུས་རིགས་པར་བྱ་སྟེ། རང་འབྱུང་རྣམས་ཀྱི་ཐམས་ཅད་མཁྱེན། ། ་སངས་རྒྱས་རྣམས་ཀྱི་གང་བརྗོད་པ། །མཆོག་ཏུ་མྱ་ངན་འདས་བསམ་མེད། །དགྲ་བཅོམ་སོ་སོའི་བདག་འགྱུར་བ། །དེ་དབྱེ་ཟབ་དང་རྒྱ་ཆེ་དང། བདག་ཉིད་ཆེན་པོའི་ཡོན་ཏན་གྱི། །ཆོས་ཀྱི་རབ་བྱེ་རང་བཞིན་ལ། །སོགས་པའི་སྐུ་གསུམ ་དག་གིས་འཇུག་དེ་ལ་སངས་རྒྱས་རྣམས་ཀྱི་ནི། །ངོ་བོ་ཉིད་སྐུ་མཚན་ཉིད་ལྔ། །མདོར་ན་ཡོན་ཏན་ལྔ་དང་ནི། །ལྡན་པ་ཉིད་ད་རིག་པར་བྱ། །འདུས་མ་བྱས་ཤིང་རྣམ་དབྱེར་མེད། །མཛའ་གཉིས་དག་ནི་རྣམ་པར་སྤངS། །ཉོན་མོངས་ཤེས་བྱའི་སྙོམས ་འཇུག་གི། སྒྲིབ་གསུམ་ལས་ནི་ངེས་གྲོལ་ཏེ། །དྲི་མེད་རྣམ་པར་རྟོག་མེ་དང། །རྣལ་འབྱོར་རྣམས་ཀྱི་ཡུལ་ཡིན་ཕྱིར། །ཆོས་དབྱིངས་ངོ་བོ་ཉིད་ཀྱིས་ནི། །དག་པའི་ཕྱིར་ནི་འོད་གསལ་བ། །གཞལ་མེད་གྲངས་མེད་བསམ་མེད་པ། །མཉམ་མེད་དག་པའི ་མཛའ་ཐུག་པ། །ཡོན་ཏན་རྣམས་དང་ཡང་དག་པར། །ངོ་བོ་ཉིད་ཀྱི་སྐུ་ལྡན་ཏེ། །རྒྱ་ཆེའི་ཕྱིར་དང་གྲངས་མེད་ཕྱིར། །རྟོག་གེའི་ཡུལ་ནི་མིན་ཕྱིར་དང། །འབའ་ཞིག་བག་ཆགས་བཅས་སྤངས་ཕྱིར། །གཞལ་མེད་ལ་སོགས་གོ་རིམ་བཞིན། །སྣ་ཚོགས ་ཆོས་ལ་རྫོགས་ལོངས་སྤྱོད། །རང་བཞིན་ཆོས་ནི་སྣང་ཕྱིར་དང། །ཐུགས་རྗེ་དག་པའི་རྒྱུ་མཐུན་པ། །འགྲོ་དོན་རྒྱུན་མི་འཚང་ཕྱིར་དང། །རྣམ་པར་རྟོག་མེད་ལྷུན་གྲུབ་པར། །འདོད་པ་ཇི་བཞིན་ཡོངས་བསྐོར་ཕྱིར། །ཡིད་བཞིན་ནོར་བུའི་རྒྱུ་འཕྲུལ་གྱིS། ་རྫོགས་པར་ལོངས་སྤྱོད་རྣམ་པར་གནས། །བརྗོད་སྟོན་མཛད་རྒྱུན་མི་འཆད་དང། །མངོན་པར་འདུ་བྱེད་མེད་པ་དང། །དེ་ཡི་ངོ་བོ་མི་སྟོན་ལ། །འདིར་ནི་སྣ་ཚོགས་རྣམ་ལྔ་བརྗོད། །ཇི་ལྟར་ཚོན་ནི་སྣ་ཚོགས་ཀྱིས། །ནོར་བུ་དེ་དངོས་མི་སྣང་ལྟར ་དེ་བཞིན་འགྲོ་རྐྱེན་སྣ་ཚོགས་པས། །ཁྱབ་བདག་དེ་དངོས་མིན་པ་སྣང། །ཐུགས་རྗེ་ཆེན་པོས་འཇིག་རྟེན་མཁྱེན། །འཇིག་རྟེན་ཀུན་ལ་གཟིགས་ནས་མི། །ཆོས་ཀྱི་སྐུ་ལས་མ་གཡོས་པར། །སྤྲུལ་པཱི་རང་བཞིན་སྣ་ཚོགས་ཀྱིས། །སྐྱེ་བ་མངོན་པར ་སྐྱེ་བ་དང། །དགའ་ལྡན་ནས་ནི་འཕོ་བ་དང། །ལྷུམས་སུ་འཇུག་དང་བལྟམས་པ་དང། །གཟོ་ཡི་གནས་ལ་མཁས་པ་དང། །གཙུན་མོའི་འཁོར་དགྱིས་རོལ་པ་དང། །ངེས་འབྱུང་དཀའ་བ་སྤྱོད་པ་དང། །བྱང་ཆུབ་སྙིང་པོར་གཤེགས་པ་དང། །བདུད་སྡེ ་འཇོམས་དང་རྫོགས་བར་ནི། །བྱང་ཆུབ་ཆོས་ཀྱིས་འཁོར་རོ་དང། །མྱ་ངན་འདས་པར་གཤེགས་མཛད་རྣམས། །ཡོངས་སུ་མ་དག་ཞིང་རྣམས་སུ། །སྲིད་པ་ཇི་སྲིད་གནས་པར་སྟོན། །མི་རྟག་སྡུག་བསྔལ་བདག་མེད་དང། །ཞི་བའི་སྒྲ་ཡིས་ཐབས་མཁྱེན་པ། །སེམས ་ཅན་སྲིད་གསུམ་སྐྱོ་བསྐྱེད་ནས། །མྱ་ངན་འདས་ལ་རབ་འཇུག་མཛད། །ཞི་བའི་ལམ་ལ་རབ་ཞུགས་པ། །མྱ་ངན་འདས་ཐོབ་འདུ་ཤེས་ཅན། །དམ་ཆོས་པདྨ་དཀར་ལ་སོགས། །ཆོས་ཀྱི་དེ་ཉིད་བསྟན་པ་ཡིས། །དེ་དག་དང་འཛིན་ལས་བཟློག་སྟེ། །ཐབས ་དང་ཤེས་རབ་ཡོངས་བཟུང་བས། །ཐེག་པ་མཆོག་ལ་སྨིན་མཛད་དེ། །བྱང་ཆུབ་མཆོག་ཏུ་ལུང་སྟོན་ཏོ། །ཟབ་དང་མཐུན་ནི་སྣ་ཚོགས་དང། །བྱིས་པ་དོན་མཐུན་རབ་འདྲེན་ཕྱིར། །འདི་དག་གྲངས་བཞིན་ཟབ་པ་དང། །རྒྱ་ཆེའི་བདག་ཉིད་ཆེད་ཤེས་བྱ།། ་འདི་ནི་དང་པོའི་ཆོས་སྐུ་སྟེ། །ཕྱི་མ་དག་ནི་གཟུགས་ཀྱི་སྐུ། །ནམ་མཁའ་ལ་ནི་གཟུགས་གནས་བཞིན། །དང་པོ་ལ་ནི་ཐ་མ་གནས། །སྐུ་གསུམ་པོ་ནི་འདི་དག་ཉིད་ཀྱིས་འགྲོ་བ་ལ་ཕན་པ་དང་བདེ་བ་སྒྲུབ་པ་འཇུག་པ་བརྟག་པའི་དོན་ལས་བཙམས་ནས་ཚིགS ་སུ་བཅད་པ། རྒྱུ་མཛའ་ཡས་དང་སེམས་ཅན་ཟད་མེད་དང། །བཅོ་དང་འཕྲུལ་དང་མཁྱེན་དང་ཕུན་ཚོགས་ལྡན། །ཆོས་ཀྱི་དབང་ཕྱུག་འཆི་བའི་བདུད་བཅོམ་དང། །ངོ་བོ་མེད་ཕྱིར་འཇིག་རྟེན་མགོན་པོ་རྟག་འདིའི་བསྡུས་པའི་དོན་ཚིགས་སུ་བཅད་པ་དྲུག་གིས་རིག་པར ་བྱ་སྟེ། ལུས་དང་སྲོག་དང། ལོང་སྤྱོད་རྣམས། །བཏང་ནས་དམ་ཚེས་འཛིན་ཕྱིར་དང། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །དང་པོའི་དམ་བཅས་མཐར་འབྱིན་ཕྱིར། །སངས་རྒྱས་ཉིད་ལ་གཙང་བ་དང། །དག་པའི་ཐུགས་རྗེས་རབ་འཇུག་ཕྱིར། །རྫུ ་འཕྲུལ་རྐང་སྟོན་པ་ནི། དེ་ཡིས་གནས་པར་སྤྱོད་པའི་ཕྱིར། །མཁྱེན་པས་འཁོར་དང་མྱ་ངན་འདའ་། །གཉིས་སུ་འཛིན་པས་གྲོལ་བའི་ཕྱིར། །རྟག་ཏུ་བསམ་ཡས་ཏིང་འཛིན་གྱི། །བདེ་བ་ཕུན་སུམ་ཚོགས་ལྡན་ཕྱིར། །འཇིག་རྟེན་ན་ནི་སྤྱོད་པ་དང། འཇིག ་རྟེན་ཆོས་ཀྱིས་གོས་མེད་ཕྱིར། །འཆི་མེད་ཞི་བའི་གནས་ཐོབ་པ། །འཆི་བདུད་རྒྱུ་བ་མེད་པའི་ཕྱིར། །འདུས་མ་བྱས་པའི་རང་བཞིན་གྱི། །ཐུབ་པ་གདོད་ནས་རབ་ཞིའི་ཕྱིར། །རྟག་པ་སྐྱབས་མེད་རྣམས་ཀྱི་ནི། །སྐྱབས་ལ་སོགས་པ ་འཐད་ཕྱིར་རོ། །དང་པོ་ཡི་ནི་རྒྱུ་བདུན་གྱིས། །གཟུགས་ཀྱི་སྐུ་ཡིས་རྟག་ཉིད་དེ། །ཕྱི་མ་གསུམ་གྱིས་སྟོང་པ་ན། །ཆོས་ཀྱིས་སྐུ་ཡིས་རྟག་པ་ཉིད། །དེ་བཞིན་གཤེགས་པ་རྣམས་ཀྱི་གནས་ཡོངས་སུ་གྱུར་པས་རབ་ཏུ་ཕྱེ་བ་ཐོབ་པའི་ཚུལ་དེ་ཡང་བསམ་གྱིས་མི ་ཁྱབ་པའི་ཚུལ་གྱིས་རྟོགས་པར་བྱ་བ་ཡིན་པས་བསམ་གྱིS་མི་ཁྱབ་པའི་དོན་ལས་བཙམས་ཏེ་ཚིགས་སུ་བཅད་པ། །དག་ཡུལ་མིན་ཕྱིར་དོན་དམ་གྱིས་བསྡུས་ཕྱིར། །རྟོགས་གནས་མིན་ཕྱིར་དཔེ་ལS་འདས་པཱི་ཕྱིར། །བླ་ན་མེད་ཕྱིར་སྲིད་ཞིས་པ་བསྡུས་ཕྱིར། །རྒྱལ ་ཡུལ་འཕཌ་རྣཾས་གྱིས་ཀྱང་བསམ་མི་ཁྱབ། །འདིའི་བསྡུས་པའི་དོན་ནི་ཚིགས་སུ་བཅད་པ་བཞི་རིག་ལར་བྱ་སྟེ་།བསམ་མེད་བརྗོད་དུ་མེད་ཕྱིར་ཏེ། །བརྗོད་མེད་དོན་དམ་ཡིན་ཕྱིར་རོ། །དམ་དམ་བརྟག་བྱམ་ནི་ཕྱིར་ཏེ། །བརྟག་མིན་རྗེས་དཔག་བྱ་མིན་ཕྱིར། ་དཔག་མིན་བླ་ན་མེད་པའི་ཕྱིར། །བླ་ན་མེད་པ་མ་བསྡུས་ཕྱིར། །མ་བསྡུས་གནས་པ་མེད་ཕྱིར་ཏེ། །ཡོན་ཏན་སྐྱོན་རྟོག་མེད་ཕྱིར་རོ། །རྒྱུ་ལྔ་དག་གིས་ཕྲ་བའི་ཕྱིར། །ཆོས་སྐུ་བསམ་མི་ཁྱབ་པ་སྟེ། །དྲུག་པས་དེ་ཡིས་དངོས་མིན་ཕྱིར། །གཟུགས ་སྐུ་བསམ་མི་ཁྱབ་པའོ། །བླ་མེད་ཡེ་ཤེས་ཐུགས་རྗེས་ཆོས་སོགས་ཡོན་ཏན་གྱིས། །ཡོན་ཏན་ཕ་རོལ་བྱོན་བའི་རྒྱལ་བ་བསམ་མི་ཁྱབ། །དེས་ན་རང་བྱུང་རྣམས་ཀྱིས་ཐ་མའི་ཚུལ་འདི་ནི་།དྲང་སྲོང་ཆེན་པོ་དབང་ཐོབ་རྣམས་ཀྱིས་ཀྱང་རིག་མིན ་ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས། །དཀོན་མཆོག་གི་རིགS་རྣམ་པར་དབྱེ་བ་ལས། བྱང་ཆུབ་ཀྱི་སྐབས་ཞེས་བྱ་བ་སྟེ་ལེའུ་གཉིས་པའོ།། །།དྲི་མ་མེད་པའི་དེ་བཞིན་ཉིད་བཤད་ཟིན་ཏོ། །ད་ནི་གང་དག་དེ་ལ་བརྟེན་པ ་ནོར་བུའི་འོད་དང་མདོག་དང་དབྱིབས་བཞིན་དུ་དབྱེར་མེད་པའི་རང་བཞིན་ཉིད་ཀྱིས་ཤིན་ཏུ་དྲི་མ་མེད་པའི་ཡོན་ཏན་དེ་དག་བཤད་པར་བྱ་སྟེ། །དེས་ན་དེའི་རྗེས་ཐོགས་སུ་སངས་རྒྱས་ཀྱི་ཡོན་ཏན་རྣམ་པར་དབྱེ་བ་ལས་བརྩམས་ཏེ་ཚིགས་སུ་བཅད་པ། རང་དོན ་གཞན་དོན་དོན་དམ་སྐུ་དང་ནི། །དེ་ལ་བརྟེན་པའི་ཀུན་རྫོབ་སྐུ་ཉིད་དེ། །བྲལ་དང་རྣམ་པར་སྨིན་པས་འབྲས་བུ་ནི། །ཡོན་ཏན་དབྱེ་བ་དྲུག་ཏུ་བཞི་འདི་དག། འདི་ཅེS་བསྟན་ཞེ་ན། བདག་ཉིད་ཀྱིས་ནི་འབྱོར་པའི་གནས། །དམ་པའི་དོན་གྱི་སྐུ་ཡིན་ཏེ། །དྲང་སྲོང་རྣམS ་ཀྱིས་བརྡའ་ཡི་སྐུ། །ཕ་རོལ་ཕུན་སུམ་ཚོགས་པའི་གནས། །དང་པོའི་སྐུ་ནི་སྟོབས་ལ་སོགས། །བྲལ་བའི་ཡོན་ཏན་རྣམས་དང་ལྡན། །གཉིས་པ་སྐྱེས་བུ་ཆེན་པཱོ་མཚན། རྣཾ་སྨིན་ཡོན་ཏན་དག་དང་ལྡན། །འོད་མན་ཆད་ཀྱི་གཞུང་ནི་སྟོབས་ལ་སོགས་པ་གང ་ཡིན་པ་དང། ཇི་ལྟར་རྟོགས་པར་བྱས་པ་དེ་ལྟར་དེའི་དབང་དུ་བྱས་པའོ། །སྡོམ་ནི་སྟོབས་ཉིད་མ་རིག་སྒྲིབས་ལ་རྡོ་རྗེ་བཞིན། །མི་འཇིགས་པ་ནི་འཁོར་དུ་སེང་གེ་བཞིན། །དེ་བཞིན་གཤེགས་པའི་མ་འདྲེས་མཁའ་བཞིན་ཏེ། །ཐུབ་པའི་སྟོན་པ་རྣམས ་གཉིས་ཆུ་ཟླ་བཞིན། །སྟོབས་རྣམས་དང་ལྡན་ཞེས་བྱ་བ་ནི། །གནས་དང་གནས་མིན་ལས་རྣམས་ཀྱིས། །རྣམ་སྨིན་དང་ནི་དབང་པོ་དང། །ཁམས་རྣམས་དང་ནི་མོས་པ་དང། །ཀུན་འགྲོའི་ལམ་དང་བསམ་གཏན་སོགས། །ཉོན་མོངས་དྲི་མ་མེད་པ་དང ་གནས་ནི་རྗེས་སུ་དྲན་པ་དང། །ལྷ་ཡི་མིག་དང་ལྡན་པ་དག། མཁྱེན་པའི་སྟོབས་ནི་རྣཾ་པ་བཅུ། །རྡོ་རྗེ་བཞིན་ཞེས་བྱ་བ་ནི། །གནས་དང་གནས་མིན་རྣམ་སྨིན་ཁམས་དང་འགྲོ་བ་མོས་པ་སྣ་ཚོགས་དང། །ཉོན་མོངས་རྣམ་བྱང་དབང་པོ་མཆོག་དང་སྔོན ་གནས་རྗེས་སུ་དྲན་པ་དང། །ལྷ་ཡི་མིག་དང་ཟག་པ་ཟད་ཚུལ་མི་ཤེས་གོ་ཆ་རྩིག་བསྟན་དང། ཤིང་རྣམས་འབིགས་དང། གཞིག་དང་གཅོད་ཕྱིར་སྟོབས་གང་ཡིན་པ་རྡོ་རྗེ་བཞིན། །མི་འཇིགས་པ་བཞིན་བསྙས་པ་ཞེས་བྱ་བ་ནི། །ཆོས་ཀུན་རྫོགས་པར ་བྱང་ཆུབ་དང། །གེགས་ནི་འགོག་པར་བྱ་བ་དང། །ལམ་སྟོན་པ་དང། འགོག་སྟོན་ལ། །མི་འཇིགས་པ་ནི་རྣམ་པ་བཞི། །བདག་བཞན་ཤེས་བྱའི་དངོས་པོ་རྣཾ་ཀུན་ཤེས་དང་ཤེས་མཛད་ཕྱིར། །སྤངས་དངོས་སྤངས་དང་སྤོང་མཛད་ཕྱིར་དང ་བསྟེན་བྱ་བསྟན་པའི་ཕྱིར། །ཐོབ་བྱ་བླ་མེད་ཤིན་ཏུ་དྲི་མེད་ཐོབ་དང་ཐོབ་མཛད་ཕྱིར། །རང་བཞན་དོན་བདེན་གསུངས་ཕྱིར་དྲང་སྲོང་གཙུག་ལག་གང་དཱུང་ཐོགས་པ་མེད། །སེང་གེ་བཞིན་ཞེས་བྱ་བ་ནི་།རི་དགས་དབང་པོ་ཇི་ལྟར་ནགས་མཐར་?་འཇིགས ་མེད། །རི་དགས་རྣམས་ལ་སྐྲག?་པ་མེད་པར་རྒྱུ་བ་ལྟར། །དེ་བཞིན་ཚོགས་ན་ཐུབ་པའི་དབང་པོ་སེང་གེ་ཡང། །ལེགས་གནས་ལྟོས་མེད་བསྟན་པའི་རྩལ་དང་ལྡན་པར་གནས། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དང་ལྡན་པ་ཞེས་བྱ་བ་ནི། འཁྲུལ ་དང་ཅ?་ཅོ་མི་མངའ་སྟེ། །སྟོན་ལ་དྲན་པ་ཉམས་མི་མངའ་། །མཉམ་པར་མ་བཞག་ཐུགས་མི་མངའ་། །འདུ་ཤེས་སྣ་ཚོགས་ཀྱང་མི་མངའ་། །མ་རྟགས་བཏང་སྙོམས་མི་མངའ་སྟེ། །འདུན་པ་བརྩོན་འགྲུས་ཐོང་དང། ཤེས་རབ་རྣམ་གྲོལ་རྣམ་གྲོལ་གྱི་། ་ཡེ་ཤེས་གཟིགས་པ་ཉམས་མི་མངའ་། །ལས་རྣམས་ཡེ་ཤེས་སྔོན་འགྲོ་དང། །དུས་ལ་ཡེ་ཤེས་སྒྲིབ་པ་མེད། །དེ་ལྟར་བཅོ་བརྒྱད་འདི་དང་གཞན། །སྟོན་པའི་མ་འདྲེས་ཡོན་ཏན་ཡིན། །འཁྲུལ་དང་ཅ་ཅོ་བསྙེལ་དང་ཐུགས་གཡོ་ཐ་དད་ཀྱི་ནི་འདུ་ཤེས་དང ་དང་གིས་བཏང་སྙོམས་དྲང་སྲོང་ལ་མེད་འདྲན་པ་དང་ནི་བརྩོན་འགྲུས་དང། །དྲན་དང་རྣམ་དག་དྲི་མེད་ཤེས་རབ་རྟག་ཏུ་རྣམ་པར་གྲོལ་བ་དང། ཤེས་བྱའི་དོན་ཀུན་གཟིགས་པ་གྲོལ་བའི་ཡེ་ཤེས་ལས་ནི་ཉམས་མི་མངའ་། །གང་གིས་ལས་གསུམ ་ཐམས་ཅད་ཡེ་ཤེས་སྔོན་འཕྲོ?་རྗེས་སུ་འཇུག་པ་དང། །དུས་གསུམ་དག་ཏུ་ཐོགས་པ་མེད་པ་མཁྱེན་པ་རྒྱ་ཆེ་འཇུག་པ་སྟེ་།གང་རྟོགས་འགྲོ་བར་འཇིགས་མེད་དམ་ཆོས་འཁོར་ལོ་ཆེན་པོ་རབ་བསྐོར་བ། །ཐུགས་རྗེ་ཆེན་པོ་དང་ལྡན་རྒྱལ་བ་ཉིད་དེ་སངས་རྒྱས ་རྣམས་ཀྱིས་བརྙེས། །ནམ་མཁའ་བཞིན་དུ་ཞེས་བྱ་བ་ནི། །ས་སོགས་ལ་ཡོད་ཆོས་ཉིད་གང་ཡིན་ཆོས་ཉིད་དེ་ནི་ནམ་མཁའ་ཨི་མིན། །ནམ་མཁའ་ཨི་མཚན་འདི་སྒྲིབ་མེད་ལ་སོགས་མཚན་ཉིད་གང་དེ་གཟུགས་ལ་མེད། །ས་ཆུ་མེ་རླུང་ནམ་མཁའ་མཚུངས་པ་འཇིག་རྟེན་དག ་ན་ཐུན་མོང་སྟེ། །མ་འདྲེས་ཉིད་ནི་རྡུལ་ཕྲན་ཙམ་ཡང་འཇིག་རྟེན་དག་ན་ཐུན་མོང་མིན། །སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་ལྡན་པའི་གཟུགས་མངའ་བ་ཞེས་བྱ་བ་ནི། །ལེགས་གནས་འཁོར་ལོས་མཚན་པ་དང། །ཡངས་དང་ཞབས་ལོད་མི་མངོན ་དང། །སོར་མོ་རིང་དང་ཕྱག་ཞབས་ནི། །དྲ་བ་ཡིས་ནི་འབྲེལ་བ་དང། །པགས་འཇམ་མ་གཞོན་ཤ་ཅན་ལེགས་ཉིད། །སྐུ་ནི་བདུན་དག་མཐོ་བ་དང། །བྱིན་པ་ཨེ་ཎེ་ཡ་འདྲ་གསང། །གླང་པོ་བཞིན་དུ་སྦུབས་སུ་ནུབ། །རོ་སྟོད་སེང་གེའི་འདྲ་བ་དང། །ཐལ་གོད ་བར་མེད་རྒྱས་བ་དང། །དཔུང་མགོ་ལེགས་ཟླུཾ་ཕྱག་འཇཾ་རིང། །ཟླུམ་ཞིང་མཐོན་དམན་མེད་པ་དང། །ཕྱག་རིང་ཡོངས་སུ་དག་པཱི་སྐུ་།འོད་ཀྱི་དཀྱིལ་འཁོར་དག་དང་ལྡན། །མགྲིན་པ་དྲི་མེད་དུད་འདྲ་དང། །འབྲམ་པོ་རི་དགས་རྒྱལ་པོ་འདྲ། །ཚེམས་ནི་བཞི་བཅུ་མཉམ་པ ་དང། །རབ་དང་ས་ཚེམས་ཐགས་བཟང་བ་དང། །མཉམ་དག་ཆེམས་མཉམ་ཉིད་དང་ནི། །མཆེ་བ་རབ་མཆོག་དཀར་པོ་ཉིད། །ལྷགས་རིང་མཛའ་མེད་བསམ་མེད་པ། །རོ་བྲོ་བ་ཡི་མཆོག་ཉིད་དང། །རང་བྱུང་ཀ་ལ་བིར་ཀ་ཡི། །སྒྲ་དང་ཚངས་པའི ་དབྱངས་ཉིད་དང། སྤྱན་བཟང་ཨུཏཔ་ལ་མཁྱུ་མཆོག་རྫི་འདྲ་དང། །ཞལ་མཛེས་དྲི་མིང་མཛོད་སྤུ་དཀར་བར་ལྡན། །གཙུག་གཏོར་དབུ་ལྡན་དག་ཅིང་སྲབ་པ་དང། །པགས་པ་གསེར་གྱིས་མདོག་འདྲ་སེམས་ཅན་མཆོག། བ་སྦུ་ལེགས་ཕྲ་འཇཾ ་ཞིང་རེ་རེ་ནས། །སྐུ་ཡི་དགྱན་དུ་གཡས་ཕྱོགས་འཁྱིལ་བ་དང། །དབུ་སྐྲ་དྲི་མེད་རིན་ཆེན་མཐོན་མཐིང་བཞིན། །ནྱ་གྲོ་རྫོགས་པའི་ལྗོན་ཤིང་དཀྱིལ་འཁོར་འདྲ། །ཀུན་ཏུ་བཟང་པོར་པེ་མེད་དྲང་སྲོང་ཆེ?། །སྲེད་མེད་བུ་ཡི་སྟོབས་ལྔ་མཁྲེགས་བཱི་སྐུ། །བསཾ ་མི་ཁྱབ་བར་སུམ་ཅུ་རྩ་གཉིས་པོ། །འདི་དག་སྟོན་པས་མི་དབང་མཚན་དུ་གསུངས། །ཆུ་ཟླ་བཞིན་དུ་ཞེས་བྱ་བ་ནི། །ཇི་ལྟར་སྤྲིན?་མེད་ནམ་མཁའ་ཨི་ཟླ་བའི་གཟུགས། །སྟོན་ཀའི་ཆུ་སྔོན་མཚོར་ནི་མཐོང་བ་ལྟར། །དེ་བཞིན་རྒྱལ་སྲས་ཚོགས་ཀྱི ་ཁྱབ་བདག་གཟུཌ། །རྫོག་སངས་རྒྱས་དཀྱིལ་འཁོར་ནང་དུ་མཐོང་བར་འགྱུར། །དེ་ལྟར་དེ་བཞིན་གཤེགས་པའི་སྟོབས་བཅུ་དང། །མི་འཇིགས་པ་བཞི་དང། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དང། སྐྱེས་བུ་ཆེན་པོའི་མཚན་སུམ་བཅུ་རྩ་གཉིས་པོ ་དེ་དག་རྣམ་པ་གཅིག་ཏུ་མངོན་པར་བསྡུས་ཏེ་དྲུག་ཅུ་རྩ་གཞིར་འགྱུར་རོ། །ཡོན་ཏན་དྲུག་ཅུ་རྩ་བཞི་པོ་།འདི་དག་སོ་སོ་རྒྱུར་བཅས་ཏེ། །གོ་རིམ་ཇི་བཞིན་རིན་ཆེན་གྱི། །མདོ་ཡིས་རྗེས་འབྲངས་ཤེས་པར་བྱ། །ཇི་སྐད་བསྟན་པ་ཉིད་ཀྱི་དེ་བཞིན་གཤེགས ་པའི་ཡོན་ཏན་དྲུག་ཅུ་རྩ་བཞི་པོ་འདི་དག་གིས་རྣམ་པར་དབྱེ་བ་གོ་རིམ་འདི་ཉིད་ཀྱིས་བསྟན་པ་ནི། བུ་མོ་རིན་པོ་ཆེའི་མདོའི་རྗེས་སུ་འབྲངས་ཏེ་ཤེས་པར་བྱའོ། །གནས་འདི་དག་ལ་གོ་རིམ་བཞིན་དུ་རྡོ་རྗེ་དང། །སེང་གེ་དང། ནམ་མཁའ་དང། ཆུ་ཟླའི་དཔེ ་བརྗོད་པ་གང་ཡིན་པ་དེའི་བསྡུས་པའི་དོན་ནི་ཚིགས་སུ་བཅད་པ་བཅུས་རིགས་པར་བྱ་སྟེ། །མི་ཕྱེད་པ་དང་མི་ཞན་དང། །མཚུངས་པ་མེད་དང་གཡོ་མེད་ཕྱིར། །རྡོ་རྗེ་སེང་གེ་མཁའ་དག་དང། །ཆུ་ཡི་ཟླ་བའི་དཔེས་བསྟན་ཏོ། །སྟོབས་སོགས་རྣམས་ལས ་སྟོབས་དྲུག་དང། །གསུམ་དང་གཅིག་གིས་རིམ་པ་བཞིན། ཤེས་བྱ་སྙོམས་པར་འཇུག་བ་དང། །བགས་ཆགས་བཅས་པ་ཀུན་གསལ་བས། གོ་ཆ་གརྩིག?་པ་ཤིང་བཞིན་དུ། །ཕུག་དང་བཤིག་དང་བཅད་ཕྱིར་རོ། །གླིང་དང་སྙིང་བརྟན་མི་ཕྱེད ་པས། །དྲང་སྲོང་སྟོབས་ནི་རྡོ་རྗེ་འདྲ། །གང་ཕྱིར་བརླིང་བ་སྙིང་པོའི་ཕྱིར། །གང་ཕྱིར་སྙིང་པོ་བརྟན་པའི་ཕྱིར། །གང་ཕྱིར་བརྟན་པ་མི་ཕྱེད་ཕྱིར། །མི་བྱེད་ཕྱིར་ན་རྡོ་རྗེ་བཞིན། །འཇིགས་མེད་ཕྱིར་དང་ལྟོས་མེད་ཕྱིར། །བརྟན་ཕྱིར་རྩལ་ནི་ཕུན་ཚོགས ་བས། །ཐུབ་པ་སེང་གེ་སེང་གེ་བཞིན། །འཁོར་གྱི་ཚོགས་སུ་འཇིགས་མི་མངའ་། །ཀུན་མངོན་མཁྱེན་པས་གང་ལས་ཀྱང། །འཇིགས་མེད་པར་ནི་རྣམ་པར་གནས་།དག་པའི་སེམས་ཅན་དང་ཡང་དག་བདག་།མི་མཉམ་གཟིགས་ཕྱིར་ལྟོས་པ་མེད། །ཐུགས ་ནི་ཆོས་རྣམས་ཐམས་ཅད་ལ། རྩེ་གཅིག་ཕྱིར་ན་བརྟན་པ་ཉིད། །མཆོག་ཏུ་མ་རིག་བག་ཆགས་ཀྱི། །ས་ལས་རྒལ་ཕྱིར་རྩལ་ལྡན་ནོ། །འཇིག་རྟེན་ཉན་ཐོས་མཛའ་གཅིག་པུ། །སྤྱོད་དང་བློ་ལྡན་རང་བྱུང་རྣམས། །གོང་ནས་གོང་དུ་བློ་དག་ནི། །ཕྲ་ཕྱིར ་དཔེ་ནི་རྣམ་པ་ལྔ། །འཇིག་རྟེན་ཀུན་གྱི་ཉེར་མཚོའི་ཕྱིར། །ས་ཆུ་མེ་རླུང་རྣམས་དང་མཚུངས། །འཇིག་རྟེན་འཇིག་རྟེན་འདས་པ་ཡི། །མཚན་ཉིད་ལས་འདས་ནམ་མཁའ་བཞིན། །དེ་དག་ཡོན་ཏན་གསུམ་ཅུ་ནི། །གཉིས་འདི་ཆོས་སྐུས་རབ་ཕྱེ་སྟེ། །ནོར་བུ་རིན ་ཆེན་འོང་མདོག་དང། །དབྱིབས་བཞིན་དབྱེ་བ་མེད་ཕྱིར་རོ། །མཐོང་ན་ཚིམ?་བྱེད་ཡོན་ཏན་གང། །སུམ་ཅུ་རྩ་གཉིས་ཞེས་བྱ་བ། །སྤྲུལ་པ་ཆོས་ལ་རྫོགས་བར་ནི། །ལོངས་སྤྱོད་རྫོགས་སྐུ་གཉིས་ལ་བརྟེན། །ངག་ལས་རིང་དང་ཉི་རྣམས་ལ། །འཇིག་རྟེན ་རྒྱལ་བའི་དཀྱིལ་འཁོར་དུ། །ཆུ་དང་ནམ་མཁའ་ཟླ་གཟུགས་བཞིན། །དེ་མཐོང་བ་ནི་རྣམ་པ་གཉིས། །ཐེག་པ་ཆེན་པོའི་རྒྱུད་བླ་མའི་བསྟན་བཅོས། དཀོན་མཆོག་གི་རིགས་རྣམ་པར་དབྱེ་བ་ལས། །ཡོན་ཏན་གྱི་སྐབས་ཏེ་ལེའུ་གསུམ་པའོ། ། ་དྲི་མ་མེད་པའི་སངས་རྒྱས་ཀྱི་ཡོན་ཏན་བཤད་ཟིན་ཏོ། །ང་ནི་དེའི་ལས་རྒྱལ་བའི་མཛད་པ་བརྗོད་པར་བྱའོ། །དེ་ཡང་མདོར་བསྡུས་ན་ལྷུན་གྱིས་གྲུབ་པ་དང། རྒྱུན་མི་འཆད་པ་རྣམ་པ་གཉིས་ཀྱི་འཇུག་སྟེ། དེས་ན་དེའི་རྗེས་སངས་རྒྱས་ཀྱིས་མཛད་པ། ་ལྷུན་གྱིས་གྲུབ་ཅིང་རྒྱུན་མི་འཆད་པ་ཉིད་ལས་བརྩམས་ཏེ་ཚིགས་སུ་བཅད་པ། །གདུལ་བྱའི་ཁམས་དང་འདུལ་བྱེད་ཐབས་དང་ནི། །གདུལ་བྱའི་ཁམས་ཀྱིས་གདུལ་བྱའི་བྱ་བ་དང། །དེ་ཡི་ཡུལ་དང་དུས་སུ་གཤེགས་པ་དང། །ཁྱབ་བདག་རྟག་ཏུ་ལྷུན་གྱིས ་གྲུབ་པར་འཇུག་།ཡོན་ཏན་རིན་ཆེན་མཆོག་ཚོགས་དང་ལྡན། །ཡེ་ཤེས་ཆུ་མཚོ་བསོད་ནམས་ཡེ་ཤེས་ཉི་འོད་ཅན། །ཐེག་པ་མ་ལུས་ངེས་པར་བསྒྲུབས་ཏེ་མཛའ་?་དང་དབུས་མེད་རྒྱ་ཆེན་ནམ་མཁའ་ལྟར་ཁྱབ་པ། །སངས་རྒྱས་ཉིད་ནི ་ཡོན་ཏན་དྲི་མ་མེད་སྟེང་སེམས་ཅན་ཀུན་ལ་ཁྱབ་མེད་ནམས་གཟིགས་ནས། །ཉོན་མོངས་ཤེས་བྱའི་སྤྲིན་གྱིས་དྲ་བ་སངས་རྒྱས་རྣམས་ཀྱི་ཐུགས་རྗེའི་རླུང་གིས་རྣམ་པར་འཐོར། །འདི་གཉིས་ཀྱིས་བསྡུས་པའི་དོན་ནི། །གོ་རིམ་བཞིན་དུ་ཚིགས་སུ་བཅད ་བ་གཉིས་དང་བརྒྱད་ཀྱིས་རིགས་པར་བྱ་སྟེ། །གང་གི་གང་གིས་འདུལ་བ་ཡི། །བྱ་གང་གང་དུ་གང་གི་ཚེ། །དེ་ནི་རྣམ་རྟོག་སྐྱེ་མེད་ཕྱིར། །ཐུབ་པ་རྟག་ཏུ་ལྷུན་གྱིས་གྲུག་།གདུལ་བྱའི་ཁམས་ནི་གང་ཞིག་གི་།གདུལ་བྱའི་ཐབས་མང་གང་དག་གི་། ་གདུལ་བྱའི་བྱ་གང་གང་དུ་ནི། །གང་ཚེ་ཡུལ་དང?་དུས་དེ་དག་།ངེས་འབྱིན་དེ་ཡི་རྟོན་པ་དང། །དེའི་འབྲས་དེ་ཡི་ཡོངས་འཛིན་དང། །དེ་སྒྲིབ་དེ་གཅོད་རྐྱེན་ལ་ནི། །རྣམ་པར་རྟོག་པ་མེད་ཕྱིར་རོ། །ངེས་པར་འབྱིན་པ་ས་བཅུ་སྟེ། །ཚོགས་གཉིས་དག ་ནི་དེ་ཡི་རྒྱུ། །དེ་འབྲས་བྱང་ཆུབ་མཆོག་ཡིན་ཏེ། །བྱང་ཆུབ་སེམས་ཅན་ཡོངས་སུ་འཛིན། །དེ་སྒྲིབ་མཛའ་ཡས་ཉོན་མོངས་དང། །ཉེ་བའི་ཉོན་མོངས་བག་ཆགས་སོ། །དུས་ཀུན་ཏུ་ནི་དེ་འཇོམས་པའི། །རྐྱེན་ནི་ཐུགས་རྗེ་ཆེན་པོ་ཡིན། །ཁམས་དྲུག་འདི ་རྣམས་གོ་རིམ་བཞིན་།རྒྱ་མཚོ་ཉི་མ་ནམ་མཁའ་གཏེར། །སྤྲིན་དང་རླུང་བཞིན་ཤེས་པར་བྱ། །ཤེས་ཆུ་ཡོན་ཏན་རིན་ཆེན་དང། །ལྡན་ཕྱིར་ས་རྣམས་རྒྱ་མཚོ་བཞིན། །སེམས་ཅན་ཐམས་ཅད་ཉེར་འཚོའི་ཕྱིར། །ཚོགས་གཉིས་དག་ནི་ཉི་མ་བཞིན ་རྒྱ་ཆེ་མཛའ་དང་དཔུས་མེད་ཕྱིར། །བྱང་ཆུབ་ནམ་མཁའ་ཨི་ཁམས་བཞིན་ནོ། །ཡང་དག་རྫོགས་སངས་ཆོས་ཉིད་ཕྱིར། །སེམས་ཅན་ཁམས་ནི་གཏེར་དང་འདྲ། །གློ་བུར་ཁྱབ་དང་མ་གྲུབ་ཕྱིར། །དེ་ཡི་ཉོན་མོངས་སྤྲིན་ཚོགས་བཞིན། །དེ་གཏོར་བ་ཡི ་ཉེར་གནས་ཕྱིར། །ཐུགས་རྗེ་མི་བཟང་རླུང་དང་འདྲ། །གཞན་གྱི་དབང་གིས་ངེས་འབྱུང་དང། །བདག་དང་སེམས་ཅན་མཚུངས་གཟིགས་དང། །མཛད་པ་ཡོངས་སུ་མ་རྫོགས་ཕྱིར། །འཁོར་བ་ཇི་སྲིད་དུ་རྒྱུན་མི་འཆད། །སྐྱེ་བ་དང་འགག་བ་མེད་པས་རབ་ཏུ་ཕྱེ་བ་ཞེས ་བརྗོད་པའི་སངས་རྒྱས་ཉིད་གང་ཡིན་པ་དེ། །འདིར་ནི་ཇི་ལྟར་ན་འདུས་མི་བྱས་པས་འཇུག་པ་མེད་པའི་མཚན་ཉིད་སངས་རྒྱས་ཉིད་ལས་ལྷུན་གྱིས་གྲུབ་ཅིང་རྒྱུན་མི་འཆད་བར་འཇིག་རྟེན་ཇི་སྲིད?་དུ། །རྣམ་པར་མི་རྟོག་པ་མེད་བར་སངས་རྒྱས་ཀྱི་མཛད་བརྒྱུན ་ཏུ་འཇུག་ཅེས་སངས་རྒྱས་ཀྱི་ཆེ་བའི་བདག་ཉིད་ཆོས་ཉིད་ལས་བརྩམས་ཏེ། ཐེ་ཚོམ་དང་སོམ་ཉི་སྐྱེས་པ་རྣམས་སངས་རྒྱས་ཀྱི་ཡུལ་བསམ་གྱིས་མི་ཁྱབ་བ་ལ་མོས་པ་བསྐྱེད་པའི་ཕྱིར། དཔེའི་ཆེ་བའི་བདག་ཉིད་ཆེན་པོ་ལས་ཚིགས་སུ་བཅད་བ་།བརྒྱ་བྱིན་རྔ་སྤྲིན་ཚངས ་པ་དང། །ཉི་མ་ནོར་བུ་རིན་ཆེན་བཞིན། །དེ་བཞིན་གཤེགས་པ་སྒྲ་བརྙན་བཞིན། ནམ་མཁའ་དང་ནི་ས་བཞིན་ནོ། །མདོའི་གནས་ལྟ་བུའི་ཚིགས་སུ་བཅད་པ་འདི་ཡི་རྣམ་པར་དབྱེ་བ་རྒྱས་པར་བསྟན་པ་ནི། །གོ་རིམ་ཇི་ལྟ་བ་བཞིན་དུ་གཞུང་ལྷ་གམས་རིག་པར་བྱའོ། ། ་བརྒྱ་བྱིན་དུ་སྣང་བ་བཞིན་ཞེས་བྱ་བ་ནི། །ཇི་ལྟར་བཻཌཱུརྱ་དག་པ་ཡི། །རང་བཞིན་ས་སྟེང་འདིར་འགྱུར་ཏེ། །གང་ཕྱིར་ལྟ་ཡི་དབང་པོ་དེར། །ལྷ་ཡི་བུ་མོའི་ཚོགས་དང་བཅས། ། རྣམ་པར་རྒྱལ་བའི་ཁང་བཟང་དང། །ལྷག་ནས་དེ་ལས་གཞན་དག་དང། །དེ་ཡི་གཞལ་ཡས ་སྣ་ཚོགས་དང། །ལྷ་རྫས་རྣམ་མང་དེ་མཐོང་ངོ། །དེ་ནས་སྐྱེས་བ་བུད་མེད་ཚོགས། །ས་ཡི་སྟེང་ན་གནས་བ་རྣམས། །སྣང་བ་དེ་ནི་མཐོང་གྱུར་ཏེ། །དེད་ཀྱང་རིང་པོ་མི་ཐོགས་པར། །ལྷ་དབང་འདི་འདྲར་གྱུར་ཅིག་ཅེས། །འདི་འདྲའི་སྨོན་ལམ་འདེབས་བྱེད་ཅིང། །དེ་ཐོབ ་དེ་ནི་དུ་དགེ་བ་ནི། །ཡང་དག་བླངས་ཏེ་གནས་པར་འགྱུར། །དེ་དག་དགེ་བའི་ལས་ངེས་ན། །འདི་སྣང་ཙམ་ཞེས་དེ་ལྟ་བུར། །ཤེས་པ་མེད་ཀྱང་ས་སྟེང་ནས། །འཕོས་ཏེ་ལྷར་ནི་སྐྱེ་བར་འགྱུར། སྣང་བ་དེ་ནི་ཤིན་ཏུ་ཡང། །རྟོག་པ་མེད་ཅིང་གཡོ་བ་མེད། །དེ་ལྟ་མོད ་ཀྱིས་སྟེང་ན། །དོན་ཆེན་གྱིས་ནི་ཉེ་བར་གནས། དེ་བཞིན་དང་སོགས་དྲི་མེད་ཅན། །དང་སོགས་ཡོན་ཏན་སྒོམ་པ་ཡི། །རང་སེམས་ལ་སྣང་རྫོགས་སངས་རྒྱས། །མཚན་དང་དཔེ་བྱད་དང་ལྡན་པ། །འཆག་པ་དང་ནི་བཞེངས་པ་དང། །བཞུགས་བ་དང་ནི ་གཟིམས་བ་དང། །སྤྱོད་ལམ་སྣ་ཚོགས་མཛས་པ་ཅན། །ཞི་བའི་ཆོས་ནི་གསུངས་པ་དང། །མི་གསུངས་མཉམ་པར་བཞག་གྱུར་པ། །ཆོ་འཕྲུལ་རྣམ་བ་སྣ་ཚོགས་དག་།མཛད་པ་གཟིམ་དང་ས་ཆེན་པོ་ཅན། །སེམས་ཅན་རྣམས་ཀྱིS་མཐོང་བར་འགྱུར། །དེ་མཐོང ་ནས་ཀྱང་འདོད་ལྡན་པ། །སངས་རྒྱས་ཉིད་ཕྱིར་རབ་སྦྱོར་ཏེ། །དེ་རྒྱུ་ཡང་དག་བླངས་ནས་ནི། །འདོད་པའི་གོ་འཕང་ཐོབ་པར་བྱེད། །སྣང་བ་དེ་ནི་ཤིན་ཏུ་ཡང། །རྟོག་མེད་གཡོ་བ་མེད་པ་ཉིད། །དེ་ལྟ་ན་ཡང་འཇིག་རྟེན་ན། །དོན་ཆེན་པོས་ནི་ཉེ་བར་གནས། །འདི་ནི་རང ་སེམས་སྣང་བ་ཞེས། །སོ་སོ་སྐྱེ་བོས་མི་ཤེས་མེད། །དེ་ལྟ་ན་ཡང་གཟུགས་མཐོང་སྟེ། །དེ་དག་ལ་ནི་དོན་ཡོད་འགྱུར། །རིམས་ཀྱིས་དེ་མཐོང་ལ་བརྟེན་ནས། །ཐེག་པ་འདི་ལ་གནས་པ་རྣམས། །ནང་གི་དམ་བའི་ཆོས་སྐུ་ནི། །ཡེ་ཤེས་མིག་གིས་མཐོང ་པར་འགྱུར། །ཇི་ལྟར་ས་ཀུན་ཉམ་པའི་གནས་གཞན་དང་བྲལ་མེད་བཻཌཱུརྱ། །གསལ་མཛེས་ནོར་བུའི་ཡོན་ཏན་དྲི་བྲལ་དཔལ་ལྡན་སྟེང་ནི་མཉམ་གྱུར་ཏེ། །དག་ཕྱིར་དེ་ནི་ལྟ་བདག་སྣ་ཚོགས་ལྷ་དབང་ལྷ་ཡི་གཟུགས་ཤར་ཏེ། །རིམ་གྱིས་ས་ཡི་ཡོན་ཏན་བྲལ་ཕྱིར་དེ་ནི ་སླར་ཡང་མི་སྣང་འགྱུར། །དེ་དངོས་ཐོབ་ཕྱིར་བསྙེན་གནས་བརྟུལ་ཞུགས་ངེས་པར་སྦྱིན་སོགས་ལ་ཕྱོགས་པ། །བུད་མེད་སྐྱེས་ཆོགས?་སྨོན་བའི་སེམས་ཀྱིས་མེ་ཏོག་ལ་སོགས་མཐོར་བལྟར། །དག་པའི་བཻ་ཌཱུརྱ་འདྲའི་སེམས་ལ་སྣང་བའི་ཐུག་དབང་ཐོབ་བྱའི་ཕྱིར། ་རབ་དང་སེམས་ལྡན་རྒྱལ་བའི་སྲས་རྣམས་དེ་བཞིན་གཤེགས་?་སྐྱེད་བར་བྱེད། །ཇི་ལྟར་བཻ་ཌཱུ་ཌཱུར་ས་བཞི་གཙང་མ་ལ། །ལྷ་དབང་ལུས་ཀྱི་བགྲགས?་བརྙན་སྣང་བ་ལྟར། །དེ་བཞིན་འགྲོ་སེམས་ས་གཞི་གཙང་མ་ལ། །ཐུབ་པའི་དབང་པོའི་སྐུ?་ཡི་གཟུགS? ་བརྙན་འཆར། །འགྲོ་བར་གཟུགས་བརྙན་འཆར་ནུབ་རྙོག་མེད་དང། །རྙོག་པའི་རང་སེམས་རབ་འཇུག་དབང་གིས་འཇུག། །ཇི་ལྟད་འཇིག་རྟེན་དག་ན་གཟུགས་སྣང་ལྟར། །དེ་བཞིན་ཡོད་དང་ཞིག་ཅེས་དྲེ?་མི་ལྟ་།ལྷའི་ཇ?་བཞིན་ཞས་བྱ་བ་ནི། །ཇི་ལྟར་ལྷ་ནང་ལྷ་རྣམས་ཀྱི། ་སྔོན་གྱིས་དཀར་པོའི་མཐུ་ཡིས་ནི། །འབད་དང་གནས་དང་ཡིད་གཟུགས་དང། །རྣམ་པར་རྟོག་པ་མེད་བཞིན་དུ། །མི་རྟག་སྡུག་བསྔལ་བདག་མེད་དང། །ཞི་བའི་སྒྲ་ཡིས་བག་མེད་པའི་ལྷ་རྣམས་ཐམས་ཅད་ཡང་ནས་ཡང། །ཆོས་ཀྱི་རྔས་ནི་སྐུ་ལ་བྱེད་ལྟར། །དེ་བཞིན་བྱ་བ ་བདག་འབང་སོགས་དང། །བྲལ་དང་འགྲོ་བ་མ་ལུས་པ། །སངས་རྒྱས་གསུང་གིས་ཁྱབ་མཛད་དེ། །སྐལ་ལྡན་རྣམས་ལ་ཆོས་སྟོན་ཏོ་།ཇི་ལྟར་ལྷ་ནི་ལྷ་རྣམས་ཀྱི། །རྔ་སྒྲ་ལྷ་ཡི་ལས་ལས་བྱུང། །དེ་བཞིན་འཇིག་རྟེན་ཐུབ་པའི་ཆོས། །གསུང་བ་རང་གིས་ལས་ལS ་འབྱུང། །འབད་གནས་ལུས་དང་སེམས་བྲལ་བའི། །སྒྲ་དེ་ཇི་ལྟར་ཞི་བསྒྲུབ་ལྟར། །དེ་བཞིན་བཞི་དང་བྲལ་བ་ཡི་།ཆོས་འདི་ཞི་བ་བསྒྲུབ་པར་བྱེད། །ཇི་ལྟར་ལྷ་ཡི་གྲོང་ན་རྔ་སྒྲའི་རྒྱུན་འབྱུང་མ་འཇིགས་སྦྱིན་པ་ནི། །ཉོན་མོང་གཡུལ་དུ་འཇུག་ཚེ་ལྷ་མིན ་གཡུལ་རྒྱལ་རྩེད་མོ་སེལ་བ་བཞིན། །དེ་བཞིན་འཇིག་རྟེན་དག་ན་བསམ་གཏན་གཟུགས་མེད་ལ་སོཌ་རྒྱུས་བྱུང་བ། །སེམས་ཅན་ཉོན་མོངས་སྡུག་བསྔལ་རབ་འཇོམས་ཞི་བ་བླ་མེད་ལམ་ཚུལ་བརྗོད་ལ་ཅིའི་ཕྱིར་འདིར་ཆོས་ཀྱི་ཇི?་ཉིད་ཀྱི་དབང་དུ་བྱས་ཀྱི། །ལྷའི ་སྲིལ་སྙན་གྱི་རྣམ་པ་དེ་ལས་གཞན་པ་དག་ཀྱང་མ་ཡིན་ཏེ། །དེ་དག་ལྷ་རྣམས་ཀྱི་སྔོན་བྱས་པའི་ལས་ཀྱི་དབང་གིས་མོད་ཁོ་ནར་ལྷའི་རྣ་བར་ཡིད་འཕྲོག་པའི་སྒྲའི་རྗེས་སུ་འབྱུང་བར་འགྱུར་རོ་ཞེ་ན། དེ་བཞིན་གཤེགས་པ་དབྱངས་དང་དེ་དག་ཆོས་མི ་མཐུན་པའི་ཡོན་ཏན་རྣམ་པ་བཞི་འོ། །དེ་དག་ཀྱང་གང་ཞེ་ན། འདི་ལྟ་སྟེ་།ཉི་ཚེ་བ་ཉིད་དང། ཕན་པ་མ་ཡིན་པ་ཉིད་དང། བདེན་པ་མ་ཡིན་པ་ཉིད་དང། །ངེས་པར་འབྱིན་པར་བྱེད་པ་མ་ཡིན་པ་ཉིད་དོ། །ཆོས་ཀྱི་རྔ་ནི་བག་མེད་པའི་ལྷ་ཚོགས་མཛའ་དག ་བསྐུལ་བ་ཉིད་དང། དེའི་དུས་ལ་མི་འདའ་བས་ན་ཉི་ཚེ་བ་མ་ཡིན་པ་ཉིད་དུ་བསྟན་ཏོ། །ལྷ་མ་ཡིན་ལ་སོགས་པ་ཕ་རོལ་གྱི་ཚོགས་ཉེ་བར་འཚེ་བའི་འཇིགས་པ་ལས་ཡོངས་སུ་སྐྱོབ་པ་ཉིད་དང། བག་ཡོད་པའི་གནས་པ་རབ་ཏུ་སྦྱོང ་བས་ན་ཕན་པ་ཉིད་དང། དམ་པ་མ་ཡིན་པའི་འདོད་པའི་དགའ་བདེ་རྣམ་པར་འབྱེད་པ་ཉིད་དག་ཆོས་ཀྱི་ཀུན་དགའ་ཨི་དགའ་བདེ་ཉེ་བར་བསྒྲུབ་པས་ན་བདེ་བ་ཉིད་དོ། །མི་རྟག་པ་དང་སྡུག་བསྔལ་བ་དང། སྟོང་པ་དང་བདག་མེད་པའི་སྒྲ་སྒྲོགས་པ་ཉིད་དང། ཉེ་བར ་འཚོ་བའི་འཕོངས་པ་ཐམས་ཅད་ཉེ་བར་ཞི་བར་བྱེད་པས་ན་ངེས་པར་འབྱིན་པར་བྱེད་པ་ཉིད་དུ་བསྟན་ཏོ། །མདོར་བསྡུ་ན་རྣམ་པ་བཞི་པོ་འདི་དག་གིས་ཆོས་ཀྱི་རྔ་དང་ཆོས་མཐུན་པས་ན། སངས་རྒྱས་ཀྱི་དབྱངས་ཀྱི་དཀྱིལ་འཁོར་ཁྱད་པར་དུ་འཕགས་སོ། །དེས་ན་སངས ་རྒྱས་ཀྱིས་དབྱངས་ཀྱི་དཀྱིལ་འཁོར་ལས་བརྩམས་ཏེ་ཚིགས་སུ་བཅད་པ། གང་ཕྱིར་སྐྱེ་ཀུ་ནང་ཉིད་དང། །ཕན་བདེ་ཆོ་འཕྲུལ་གསུམ་ལྡན་པ། །དེ་ཕྱིར་ཐུབ་དབྱངས་ལྷ་རྫས་ཀྱིས། །སིལ་སྙན་རྣམས་ལས་ཁྱད་པར་འཕགས། །རྣམ་པ་བཞི་པོ་འདི་དག་གིས ་ངེས་པར་བསྟན་པ་ནི། །མདོར་བསྡུན་ཚིགས་སུ་བཅད་པ་བཞིས་གྲངས་ཇི་ལྟ་བ་བཞིན་དུ་རིག་པར་བྱ་སྟེ། ལྷར་ནི་རྔ་ཡི་སྒྲ་ཆེན་པོ། །སར་གནས་རྣམས་ཀྱི་རྣར་མི་འགྲོ། །སངས་རྒྱས་རྔ་སྒྲ་འཁོར་བ་ཡི་།ས་འོག་འཇིག་རྟེན་དག་ཏུ་འགྲོ་།ལྟང?་ནི ་ལྷ་ཡི་སིལ་སྙན་བྱེ་བ་མང། །འདོད་མེ་མངོན་པར་འཕེལ་བའི་དོན་དུ་སྒྲོགས། །ཐུགས་རྗེའི་བདག་ཉིད་རྣམས་ཀྱིས་དབྱངས་གཅིག་ཀྱང། །སྡུག་བསྔལ་མེ་རབ་ཞི་བའི་དོན་དུ་འཇུག་།ལྷར་ནི་མཛེས་ཤིང་ཡིད་འོང་སིལ་སྙན་སྒྲ། །སེམས་ཀྱི་རྒོད་པ་འཕེལ ་བར་གྱུར་བའི་རྒྱུ། །ཐུགས་རྗེའི་བདག་ཉིད་དེ་བཞིན་གཤེགས་པའི་གསུངས། །ཏིང་འཛིན་སེམས་གཏོང་བསམ་པ་སྤྲུལ་བྱེད་ཉིད། །མདོར་ན་མ་ལུས་འཇིག་རྟེན་ཁཾས་སུ་ཡང། །ལྷ་དང་ས་གནས་བདེ་བའི་རྒྱུ་གང་ཡིན། །དེ་ནི་མ་ལུས་འཇིག་རྟེན་བྱ་བ ་སྣང་བ། །དབྱངས་ཉིད་ལ་ནི་རབ་ཏུ་བརྟེན་པར་བརྗོད། །ལུས་ཀྱི་ཆོ་འཕྲུལ་གྱིས་ཕྱོགས་བཅུའི་འཇིག་རྟེན་གྱིས་ཁམས་མ་ལུས་པར་ཁྱབ་པས་ནི་རྫུ་འཕྲུལ་གྱི་ཆོ་འཕྲུལ་ཞེས་བསྟན་ཏོ། །སེམས་ཀྱི་རྣམ་གྲངས་མཁྱེན་པས་དེ་རྟོགས་པ་སེམས་ཅན་གྱི ་སེམས་ཀྱི་སྤྱོད་པ་ཟབ་མོ་ནི་སྣང་པ་ནི་ཀུན་བརྗོད་པའི་ཆོ་འཕྲུལ་ལོ། །ངག་གི་དབྱངས་བརྗོད་པས་ངེས་པར་འབྱིན་པའི་ལས་ལས་བརྩམས་ཏེ། འདོམས་པ་དང་རྗེས་སུ་བསྟན་པ་ནི། རྗེས་སུ་བསྟན་པའི་ཆོ་འཕྲུལ་ལོ། །དེ་ལྟར་ཐོགས་པ་མེད་པར་འགྲོ་བའི ་སངས་རྒྱས་ཀྱི་དབྱིངས་ཀྱི་དཀྱིལ་འཁོར་ནམ་མཁའ་ཨི་ཁམས་ལྟར་ཡོངས་སུ་ཆད་པ་མེད་པར་འཇུག་ཀྱང་ཐམས་ཅད་ཀྱིས་དམིགས་པར་མ་གཏོགས་པ་གང་ཡིན་པ་དང་སངས་རྒྱས་ཀྱི་དབྱིངས་ཀྱི་དཀྱིལ་འཁོར་གྱི་ཉེས་པ་ནི་མ་ཡིན་ནོ། །ཞེས ་བསྟན་པའི་དོན་དུ་དེ་མ་གཏོགས་པ་རྣམས་ཀྱི་བདག་ཉིད་ཀྱི་ཉེས་པ་ལས་བརྩམས་ཏེ། ཚིགས་སུ་བཅད་པ་འདི། ཇི་ལྟར་རྣ་བ་དང་བྲལ་བས། །ཕྲ་མོའི་སྒྲ་ནི་མི་མྱོང་བཞིན། །ཐམས་ཅད་ལྷ་ཡི་རྣ་བར་ཡང། །རྣ་ལམ་དུ་ནི་མི་འགྲོ་བཞིན། །དེ་བཞིན་ཆོས ་ཕྲ་མཆོག་ཏུ་ནི། །ཞིབ་མོའི་ཡེ་ཤེས་སྤྱོད་ཡུལ་ཡང། །ཉོན་མོང་མེད་ཡིད་འགའ་ཞིག་གི་།རྣ་བའི་ལམ་དུ་འགྱུར་བ་ཡིན། །སྤྲིན་བཞིན་ཞེས་བྱ་བ་ནི་ཇི་ལྟར་དབྱང་ཀྱི་དུས་ན་སྤྲིན། །ལོ་ཏོག་ཕུན་སུམ་ཚོགས་པའི་རྒྱུ། །ཆུ་ཡི་ཕུང་པོ་འབང་མེད་པར། །ས་ལ་རྒྱུན ་དུ་འབེབས་པ་ལྟར། །དེ་བཞིན་ཐུགས་རྗེའི་སྤྲིན་ལས་ནི། །རྒྱལ་བའི་དམ་ཆོས་ཆུ་ཡི་ཆར། །འགྲོ་བའི་དགེ་བའི་ལོ་ཏོག་རྒྱུ། །རྣམ་པར་རྟོག་པ་མེད་པར་འདེབས། །ཇི་ལྟར་འཇིག་རྟེན་དགེ་བའི་ལམ་འཇུག་ན། །རླུང་སྐྱས་ཆུ་ཆར་སྤྲིན་གྱིS་འབེབས་པ་ལྟང། །དེ ་བཞིན་བརྩ་རླུང་འགྲོ་དགེ་མངོན་འཕེལ་ཕྱིར། །སངས་རྒྱས་སྤྲིན་ལས་དམ་ཆོས་ཆར་འབེབས། །སྲིད་ལ་མཁྱེན་དང་བརྩེ་ཆེན་འགྱུར་བ་དང། །མི་འགྱུར་མ་གོས་ནམ་མཁའ་ཨི་དཀྱིལ་གནས་པ། །ཏིང་འཛིན་གཟུངས་ཆུ་དྲི་མེད་སྙིང་པོ་ཅན། །ཐུབ་དབང་སྤྲིན་ནི་དགེ ་པའི་ལོ་རྟོག་རྒྱུ། །སྣེད་རྣམས་སྣ་ཚོགས་ཉིད་ལས་ནི། །ཇི་ལྟར་བསིལ་ཞིང་མངར་དང་འཇམ་པ་དང། །ཡང་པའི་ཆུ་ནི་སྤྲིན་དེ་ལས་མཐོན་པ། །ས་ལ་བ་ཚྭ་ལ་སོགས་གནས་འབྲེལ་བས། །ཤིན་ཏུ་མང་པོའི་དོར?་ནི་?་རེ་བ་བཞིན། ་དེ་བཞིན་གཤེགས་པའི་ཡན་ལག་བརྒྱད་བཅུའི་ཆང། །རབ་ཡངས་བརྩེ་སྤྲིན་སྙིང་པོ་ལས་མཐོན་པ། །འགྲོ་བའི་རྒྱུད་ཀྱི་གནས་ཀྱི་དབྱེ་བ་ལས། །རྣམ་པ་མང་པོའི་རོ་དང་ལྡན་པར་འགྱུར། །ལྟོས་པ་མེད་པར་འཇུག་པ་ལས་མི། ཐེག་པ་མཆག?་པ་དང ་བ་དང། །པད་མ་དང་ནི་སྡང་བ་ཡི། །ཕུང་པོ་གསུམ་ནི་མ་དག་དང། །རྨ་བྱ་དང་ནི་ཡེ་དགས་འདྲ། །དབྱིང་མཐར་སྤྲིན་མེད་པ་ནི་མི་དང་མཁའ་མི་རྒྱུ་ཡི་བྱ་དག་དང། །དབྱར་ཆེས་འཆར་འབབ་པས་ན་ཡི་དགས་དག་ནི་སྡུག་བལྟར། །སྙིང་རྗེའི་སྤྱིར་ཚོགས?་དག་གིས ་ཆོས་ཆུ་བྱུང་དང་མ་བྱུང་བ་ལས་ཀྱང། ཆོS་?་མེད་པ་དང་ཆོས་ལ་སྡང་པའི་འཇིག་རྟེན་ན་ནིར?་པེ་དེ་ཉིད། །ཐེག་པ་རགས་འབེབས་རྔོ་མཚན་དང་ནི་རྡོ་རྗེའི་མེ་ནི་འབེབས་པས་ནི། །སྲོག་ཆགས་ཕྲ་དང་རི་སུལ་སེང་བ་དག་ལ་ཇི་ལྟར་སྤྲིན་ལྟས་མེད། །ཕྲ་དང་རྒྱ་ཆེན ་ཐིག་ཐབས་ཚུལ་གྱིས་མཁྱེན་པ་དང་ནི་བརྩེ་བའི་སྤྲིན། །ཉོན་མོངས་དག་འགྱུར་བདག་ལྟའི་བག་ཆགས་དག་ལས་རྣམ་ཀུན་ལྟོས་མེད། །སྡུག་བསྔལ་གྱི་མེ་རབ་ཏུ་?་བ་ལས་ནི། །འཁོར་བའི་སྐྱེ་མཆི་ཐོག་མཛའ་མེད་དེར་འགྲོ་བཱི?་ལ་ནི་རྣིར?་པ་ལྔ། །མི་ ་གཙང་བ་ལ་དྲི་ཞིམ་མེད་བཞིན་འགྲོ་ལྔ་ངག་ལ་བདེ་བ་མེད། །དེ་ཡི་སྡུག་བསྔལ་རྟག་ཏུ་མེ་མཚོན་ཁ་བརྒྱ་ཚྭལ་སོགས་རེག་སྐྱེས་བཞིན། །ཐུགས་རྗེའི་སྤྲིན་ལས་ངམ་ཆོས་ཆང་ཆེན་དེ་རབ་ཞེ་བྱེད་རབ་ཏུ་འབེབས། །ལྷ་ལ་འཆི་འཕོ་མི་ལ་ཡོངས་ཚོལ་སྡུག ་བསྔལ་ཞེས་བྱ་རྟོག་པའི་ཕྱིར། །ཤེས་རབ་ལྡན་པ་ལྷ་མིའི་དབང་ཕྱུག་ལའང་མངོན་པར་འདོད་མེད་དེ། །ཤེས་རབ་དང་ནི་དེ་བཞིན་གཤེགས་པའི་གསུང་རབ་དད་པའི་རྗེས་འབྲངས་ནས། །འདི་ནི་སྡུག་བསྔལ་འདི་ནི་འགོག་ཆེས?་ཤེས་པས་མཐོང་ཕྱིར་དང ་ནང་ནི་ཤེས་བྱན་ཀྱི་རྒྱུད་ནི་སྤང་བྱ་ལ། །བདེང་གནས་ཐོབ་བྱ་སྨན་ནི་སྟེན་པར་བྱ་བ་ལྟར། །སྡུག་བསྔལ་རྒྱུ་དང་དེ་འགོག་པ་དང་དེ་བཞིན་ལམ། །ཤེས་བྱ་སྤང་བྱ་རིག་པར་བྱ་ཞིང་བསྟེན་པར་བྱ། །ཚངས་པ་ཆེན་པོ་བཞིན་ཞེས་བྱ་བ་ན། །བལྟ་བ་ཚངས?་པ་ཚངས་པ་ཡི། །གནས ་ནས་འཕོ་བ་མེད་བཞིན་དུ། །ལྷ་ཡི་གནས་ནི་ཐམས་ཅད་དུ། །སྣད་བ་འབང་མེད་སྣང་བ་སྟོན་པ་ལྟར། །དེ་བཞིན་ཐུབ་པའི་ཆོས་སྐུ་ལས། །བསྐྱོངས?་མང་པར་ཁམས་ཀུན་ཏུ། །བསྐལ་ལྡན་རྣམས་ལ་འབད་མེད་པར། །སྤྲུལ་པ་དག་གིས་སྟོན་བར་མཛད། །ཇི་ལྟར་ཚངས ་རྟག་གཞལ་ཡས་ཁང་ནས་མི་གཡོ་འདོད་ཁམས་ཞུགས་པ་དེར། །ལྷ་རྣམས་ཀྱིས་མཐོང་དེས་མཐོང་དེ་ཡང་ཡུལ་ལ་དགའ་བ་སྤོང་བྱེད་ལྟར། །དེ་བཞིན་བདེ་གཤེཌ་ཆེས་ཀྱི་སྐུ་ལས་མི་སྐྱོང་འཇིག་རྟེན་ཀུན་བདེ?། །བསྐལ་ལྡན་གྱིས་མཐོང་དེ་ནི་མཐོང་དེ་རྟག་?་དྲི་མ་ཀུན ་སིལ་བྱེད། །སྔོན་གྱི་རང་ཉིད་སྨོན་ལམ་དང། །ལྷ་རྣམས་ཀྱི་ནི་དགེ་བའི་མཐུས། །ཇི་ལྟར་ཚངས་པ་འབང་མེད་སྣང། །རང་བྱུང་སྤྲུལ་སྐུ་དེ་བཞིན་ནོ། །མི་སྣང་བ་ལས་ནི། འཕོ་དང་ལྷུམས་འཇུག་བལྟམས་དང་ཡབ་ཀྱི་ཁབ་གཤེགས་དང། །དགྱེས་རོལ་པ་དང་དབྱན་པར ་སྤྱོད་དང་བདུད་བཅོམ་དང། །བྱང་ཆུབ་ཆེ་བརྙེས་ཞི་བའི་གྲོང་ཁྱེར་ལི?་སྟོན་དག་།བསྟན་ནས་ཐབ་པ་སྐལ་མེད་མིག་གི་ལམ་མི་འགྱུར། །ཉི་མ་བཞིན་ཞེས་བྱ་བ་ནི། །ཇི་ལྟར་ཉི་མས་གདུངས་བས་དུས་གཅིག་ཚེ་ཉིད་ལ། །པད་སོགས་རྒྱས་དང་ཀུ་མུ་ཏ་ནི་རབ་ཟུམ་པ། །ཆུ ་སྐྱེས་འབྱེད་དང་གྲུབ?་པའི་ཡོན་ཏན་སྐྱོན་དག་ལ། །ཉི་མ་རྟོག་མེད་འདིར་ནི་འཕགས་པའི་ཉི་དེ་བཞིན། །སེམས་ཅན་གྱིས་ཁམས་ནི་རྣམ་པ་གཉིས་ཏེ། །གདུལ་བྱ་དང་གདུལ་བྱ་མ་ཡིན་པའོ། །དེ་ལ་གདུལ་བྱ་ནི་དེའི་དབང་དུ་བྱས་ཏེ། །པདྨ་རྟ་བུ་དང་ཆུ་དང་བའི་སྣོད ་ལྟ་བུའོ། །ཇི་ལྟར་ཉི་མ་རྟོག་མེད་པ། །རང་འོད་ཅིག་ཅར་སྤྲོས་པ་ཡིས། །པདྨ་རྒྱས་པར་བྱེད་པ་དང། །གཞན་དག་སྦྱིན་པར་བྱེད་པ་ལྟར། །དེ་བཞིན་དེ་བཞིན་གཤེགས་པ་ཡིས། །ཉི་མ་དམ་ཆོས་འོད་ཟེར་དག་།གདུལ་བྱའི་སྐྱེ་བོ་པདྨ་ལ། །རྣམ་པར་རྟོག་པ་མེད་པར་འཇུག ་ཆོས་དང་གཟུགས་ཀྱི་སྐུ་དག་གིས། །བྱང་ཆུབ་སྙིང་པོའི་མཁར་ཤར་བ། །ཀུན་མཁྱེན་ཉི་མ་འགྲོ་བར་ནི། །ཡེ་ཤེས་འོད་ཟེར་སྤྲོ་བར་མཛད། །གང་ཕྱིར་གདུལ་བྱ་དག་པ་ཡི། །ཆུ་ཡི་སྣོད་ནི་ཐམས་ཅད་ལ། །བདེ་གཤེགས་ཉི་མའི་གཟུགས་བརྙན ་ནི། །དཔག་ཏུ་མེད་པ་ཅིག་ཅར་འཆར། །དེ་ལྟར་སངས་རྒྱས་རྣམ་པར་རྟོག་པ་མེད་པ་ཡིན་ཡང། །སེམས་ཅན་གྱིས་ཚོགས?་རྣམ་པ་གསུམ་ལ་སྟོན་པ་དང། འདོམས་པ་འཇུག་པའི་ཚུལ་གྱི་དབང་དུ་བྱས་ཏེ་ཉི་མ་དང་འདྲ་བ་ཉིད་ནི། རྟག་ཏུ་ཐམས་ཅད་ལ་ཁྱབ་པ། ། ་ཆོས་དབྱིངས་ནམ་མཁའ་ཨི་དཀྱིལ་དུ་ནི། །སངས་རྒྱས་ཉི་མ་གདུལ་བྱ་ཡི། །རི་ལ་ཇི་ལྟར་འོས་པར་འབབ། །ཇི་ལྟར་རྒྱ་ཆེ་འོད་ཟེར་སྣང་ལྡན་ཉི་མ་བཞིན། །འཇིག་རྟེན་ཀུན་ཏུ་སྣང་བར་བྱས་ནས་རིམ་གྱིས་ནི། །མཆོག་དང་བར་མ་དམན་པའི་རི་ལ་འབད་དེ་བཞིན། །རྒྱལ ་བའི་ཉི་མ་སེམས་ཅན་ཚོགས་ལ་རིམ་གྱིས་འབབ། །འོད་ཀྱི་དཀྱིལ་འཁོར་ཁྱད་པར་དུ་གྱུར་པ་ནི། ཞིང་ཀུན་ནམ་མཁའ་ཨི་དཀྱིལ་འཕྲོ་ཉི་མ་ལ་མེད་ལ། །མི་ཤེས་མུན་བཀབ་ཤེས་བྱའི་དོན་སྟོན་པ་ཡང་མིན། །ཐུགས་རྗེའི་བད་ཉིད་སྣ་ཚོགས་མདོག་བཀྱེའི ་འང?་ཚོགས་ཀྱིས། །གསལ་བ་དག་ནི་འགྲོ་ལ་ཤེས་བྱའི་དོན་སྟོན་མཛད། །སངས་རྒྱས་གྲོང་དུ་གཤེགས་ཚོ་མིག་དང་མི་ལྡན་པ་ཡི་སྐྱེ་བོ་རྣམས། །མཐོང་ཞིང་དོན་མེད་ཚོགས་བྲལ་དོན་དེ་མཐོང་བ་ལས་ན་མྱང་བ་དང། །གཏི་མུག་གིས་ལྡོངས་སྲིད་པའི ་མཚོར་ལྷུང་ལྟ་བའི་མུན་པས་སྒྲིབས་པ་རྣམས། །སངས་རྒྱས་ཉི་མའི་འོད་ཀྱིས་བློ་སྣང་མ་མཐོང་བ་ཡི་གནས་མཐོང་འགྱུར། །ཡིད་བཞིན་ནོར་བུ་བཞིན་ཞེས་བྱ་བ་ནི། །ཇི་ལྟར་ཡིད་བཞིན་ནོར་བུ་ནི། །རྟོག་པ་མེད་ཀྱང་ཅིག་ཅང་དུ། །སྤྱོད་ཡུལ་གནས ་པ་རྣམས་ཀྱི་ནི། །བསམ་ཀུན་སོ་སོར་རྫོགས་བྱེད་ལྟར། །དེ་བཞིན་སངས་རྒྱས་ཡིད་བཞིན་ལ། །བརྟེན་ནས་བསམ་པ་ཐ་དད་རྣམས། །སྣ་ཚོགས་ཆོས་ནི་ཐོས་འགྱུར་ཡང། །དེ་ནི་དེ་ལས་རྣམ་མི་རྟོག་།ཇི་ལྟར་ཡིད་བཞིན་ནོར་བུ་རིན་ཆེན་འདོད་པའི་ནོར་? ་།མེད་པར་གཞན་པ་དག་ལ་རབ་སྟེར་ལྟར། །དེ་བཞིན་ཐུབ་བ་འབད་མེད་ཇི་ལྟར་འོས་པར་ནི། །གཞན་གྱི་དོན་དུ་སྲིད་པ་ཇི་སྲིད་རྟག་ཏུ་བཞུགས། །དེ་བཞིན་གཤེགས་པ་འབྱུང་བ་རྙེད་པར་བཀའ་བ་ཞེས་བྱ་བ་ནི། །གང་ཕྱིར་རྒྱ་མཚོ་ས་འོག་གནས་ཏེ་ལ་འདོད་པས། །ཇི་ལྟར ་ནོར་བུ་བཟང་པོ་འགྲོ་འདིར་བརྙེད་དཀའ་། །དེ་བཞིན་འགྲོ་བ་ཤིན་ཏུ་བསྐལ་ངན་སྣ་ཚོགས་ཉོན་མོངས་ཟིན། །ཡིད་འདིར་བདེ་གཤེགས་མཐོང་བ་རྙེད་བཀའ་ཤེས་པར་བྱ། །སྒྲ་བརྙན་གྱི་སྒྲ་བཞིན་ཞེས་བྱ་བ་ནི། ཇི་ལྟར་སྒྲ་བརྙན་གྱི་ནི་སྒྲ། །གཞན་གྱི་རྣམ་རིག ་བྱུང་བྱེད་པ། །རྣམ་རྟོག་མེད་ཅིང་གཟོ་མེད་ལ། །ཕྱི་དང་ནང་ལ་མི་གནS་ལྟར། དེ་བཞིན་དེ་བཞིན་གཤེགས་པའི་གསུང། །གཞན་གྱི་རྣམ་རིག་ལས་བྱུང་བ། །རྣམ་པར་རྟོག་མེད་བསམ་མེད་པ། །ཕྱི་དང་ནང་ན་གནས་མ་ཡིན། །ནམ་མཁའ་བཞིན་ཞེས་བྱ་བ་ནི། །ཅུང་ཟད་མེད? ་ཅིང་སྣང་བ་མེད། །དམིགS་པ་མེད་ཅིང་རྟེན་མེད་ལ། །མིག་གི་ལམ་ལས་རབ་འདས་པ། །གཟུགས་མེད་བསྟན་དུ་མེད་པ་ཡི། །ནམ་མཁའ་ལ་ཇི་ལྟར་མཐོ་དང་མདའ། །མཐོ་ཡང་དེ་ནི་དེ་ལྟར་མིན། །དེ་བཞིན་སངས་རྒྱས་ཐམས་ཅད་ལ། །མཐོ་ཡང་དེ་ནི་དེ་ལྟ་མིན། །ས་བཞིན ་ཞེས་བྱ་བ་ནི། ཇི་ལྟར་ས་ལས་བསྐྱེད་པ་བཞིན། །རྟོག་མེད་ས་ལས་སྐྱེ་བ་ནི། །འཕེལ་དང་བསྟན་དང་ཡང་འགྱུར་ལྟར། །དེ་བཞིན་རྫོགས་པའི་སངས་རྒྱས་ས། །རྣམ་རྟོག་མེད་པ་ལ་བརྟེན་ནས། །འགྲོ་བའི་དགེ་བའི་རྩ་བ་ནི། །མ་ལུས་པར་ནི་འཕེལ་བར་འགྱུར། །དཔེ ་རྣམས་ཀྱིས་བསྡུས་པའི་དོན་ནི། འབད་རྩོལ་མེད་པར་བྱ་བ་འགའ་། །བྱེད་པ་མཐོང་མེད་དེ་བས་ན། །གདུལ་བྱའི་ཐེ་ཚོམ་བཅད་པའི་ཕྱིར། །དཔེ་རྣམས་དགུ་ནི་བསྟན་པ་ཡིན། །གང་དུ་དཔེ་དགུ་པོ་འདི་དག་།རྒྱས་པར་རབ་ཏུ་བསྟན་གྱུར་པ། །མདོ་སྡེ་ཡིན་ནི་མེད ་ཉིད་ཀྱིས། །དེ་ཡི་དགོངས་པ་བསྟན་པ་ཉིད། །ཐོས་པ་ལས་བྱུང་ཤེས་པ་ཡི། །སྣང་བ་རྒྱ་ཆེན་འདིས་བརྒྱན་པའི། །བློ་ལྡན་མྱུར་དུ་སངས་རྒྱས་ཀྱི། །སྤྱོད་ཡུལ་ཀུན་ལ་འཇུག་པར་འགྱུར། །དེ་དོན་བཻཌཱུརྱ་ར་བརྒྱ་བྱིན་གྱི། །གཟུགས་བརྙན་ལ་སོགས ་དཔེ་དག་ནི། །རྣམ་པ་དགུ་བརྗོད་དེ་ལ་ནི། །དེ་ཡིས་བསྡུས?་དོན་ངེས་པར་གཟུང། །སྟོན་དང་གསུང་དང་ཁྱབ་པ་དང། །སྤྲུལ་དང་ཡེ་ཤེས་སྤྲོ་བ་དང། །ཐུགས་གསུངS་སྐུ་ལི་གསང་བ་དང། །ཐུགས་རྗེའི་བདག་ནི་ཐོབ་བ་ཉིད། ། ་འབང་རྩོལ་རྒྱུན་ཀུན་རབ་ཞིག་།རྣམ་པར་རྟོག་པ་མེད་པའི་ཐུགས། །དྲི་མེད་བཻ་ཌཱུརྱ་ར་བརྒྱ་བྱིན་གྱི། །གཟུགས་བརྙན་ཤར་བ་ལ་སོགས་བཞིན། །འབད་རྩོལ་ཞི་བ་དམ་བཅའ་སྟེ། །རྟོགས་མེད་ཐུགས་ནི་གཏན་ཚིགས་སོ། །རང་བཞིན ་དོན་ནི་གྲུབ་དོན་དུ། །དཔེ་ནི་བརྒྱ་བྱིན་གཟུགས་སོགས་ཡིན། །འདིར་ནི་སྐབས་དོན་འདི་ཡིན་ཏེ། །སྟོན་པ་ལ་སོགས་རྣམ་དགུ་ནི། །སྟོན་པ་སྐྱེ་འཆི་དང་བྲལ་བ། །འབད་པ་མེད་པར་རབ་ཏུ་འཇུག་།དོན་འདི་ཉིད་ཀྱི་དབང་དུ་བྱས་ཏེ། །དཔེ་བསྡུ? ་བའི་ཚིགས་སུ་བདུད?་པ་བཞི་སྟེ། །གང་ཞིག་བརྒྱ་བྱིན་རྔ་དང་སྤྲིན་བཞིན་དང། །ཚངས་གཉིས་རིན་ཆེན་ཡིད་བཞིན་ནོར་རྒྱལ་བཞིན། སྒྲ་བརྙན་ནམ་མཁའ་ས་བཞིན་སྲིད་པའི་བར། །འབད་མེད་གཞན་དོན་བྱེད་དེ་རྣལ་འབྱོར་རིག་།སྟོན་པ་རིན་ཆེན ་ལྷ་དབང་གཟུགས་བརྙན་བཞིན། །ལེགས་པར་འདོམས་མཛད་ལྷ་ཡི་རྔ་དང་འདྲ། །ཁྱབ་བདག་མཁྱེན་དང་བརྩེ་ཆེན་སྤྲིན་ཆོགས་ནི། །མཛའ་ཡས་འགྲོ་བ་སྲིང?་བརྩེའི་བར་དུ་ཁྱག་།ཚངས་བཞིན་ཟག་མེད་གནས་ལས་མ་བསྐྱོད་པར། ། ་སྤྲུལ་པ་རྣམ་པ་དུ་མ་རབ་ཏུ་སྟོན། །ཉི་བཞིན་ཡེ་ཤེས་སྣང་བ་རབ་?་གང། །རྣམ་དག་རིན?་ཆེན་ཡིད་བཞིན་ནོར་འདྲའི་ཐུགས། །རྒྱལ་བ་རྣམས་ཀྱི་གསུང་དེ་བྲག་ཅ་བཞིན་དུ་ཡི་གེ་མང། །སྐུ་ནི་ནམ་མཁའ་བཞིན་དུ་ཁྱབ་དང་གཟུགས་མེད་རྟག་པ ་ཉིད། ས་བཞིན་འགྲོ་བ་དཀར?་པོའི་ཆོས་ཀྱི་སྨན་རྣམས་མ་ལུས་པའི། །རྣམ་པ་ཀུན་ཏུ་བཞིར་གྱུར་པ་ནི་སངས་རྒྱས་ཡིན་ནོ། །ཡང་ཇི་ལྟར་ན་དཔེ་བརྗོད་པ་འདིས། །སངས་རྒྱས་བཅོམ་ལྡན་འདས་རྣམས་རྟག་ཏུ་སྐྱེ་བ་མེད་ཅིང་འགག ་?་བ་ཡིན། སྐྱེ་བ?་འགག་པར?་མཐོང་བ་དང། །འདི་དག་གིས་སངས་རྒྱས་ཀྱི་ཕྲིན་ལས་འགྲོ་བ་ཐམས་ཅད་དུ་ལྷུན་གྱིས་གྲུབ་པ་རྒྱུན་མི་འཆད་པར་བསྟན་བ་ཡིན་ཞེ་ན། དགེ་བ་བཻ་ཌཱུརྱ་འདྲ་ཡི། །སེམས་ལ་སངས་རྒྱས་མཐོང་བའི་རྒྱས། །དེ་དག་པ་ནི་མི ་བཟློགས་པའི། །དད་པའི་དབང་པོ་རྟས་པ་ཡིན། །དགེ་བ་སྐྱེ་དང་འཐིག་པས་ན། །སངས་རྒྱས་གཟུགས་ནི་སྐྱེ་དང་འཇིག་།རྒྱ་བྱིན་བཞིན་དུ་ཐུབ་པ་ནི། །ཆོས་ཀྱི་སྐུ་ལ་སྐྱེ་འཇིག་མེད། །དེ་བཞིན་དུ་ནི་འབད་མེད་པར། །སྐྱེ་མེད་འགག་མེད་ཆོས་སྐུ་ལས། །སྲིད ་བ་ཇི་སྲིད་གནས་པར་དུ། །སྟོན་པ་ལ་སོགས་མཛད་པ་འཇུག་།དེས་འདི་རྣམས་ཀྱིས་བསྡུས་པ་ཡི། །དོན་ནི་འདི་ཡིན་རིམ་པ་བཞི། །སྔ་མ་ཕྱི་མས་ཆོས་བསྟན་པས། །སྤངས་པའི་སྒོ་ནས་བརྗོད་པ་ཡིན། །སངས་རྒྱས་གཟུགས་བརྙན་ལྟ་བུར་ནི། །དབྱངས་དང ་མི་ལྡན་དེ་འདྲ་མིན། །ལྷ་ཡི་རྔ་བཞིན་ཐམས་ཅད་དུ། །དོན་བྱེད་མིན་པ་དེ་འདྲ་མིན། །སྤྲིན་ཆེན་དང་མཆུངས་དོན་མེད་པའི། །ས་བོན་སྤོང་མིན་དེ་འདྲའང་མིན། །ཚངས་ཆེན་བཞིན་དེ་གཏན་དུ་ནི། །སྨིན་པར་བྱེད་མིན་དེ་འདྲའང་མིན། །ཉི་མའི་གཟུགས་བཞིན ་གཏན་དུ་ནི། །མུན་པ་འཇོམས་མིན་དེ་འདྲ་འང་མིན། །ཡིད་བཞིན་ནོར་འདྲ་འབྱུང་བ་ནི། །རྙེད་པར་མི་དཀའ་དེ་འདྲའང་མིན། ། །སྒྲ་སྙན་བཞིན་དེ་རྐྱེན་ལས་ནི། །འབྱུང་བས་དེ་དང་འདྲ་བ་མིན། །ནམ་མཁའ་དང། འདྲ་དགེ་བ་ཡི། །གཞི་མིན་དེ་དང་འདྲ་བ་འང་མིན། །འཇིག ་རྟེན་འཇིག་རྟེན་ལས་འདས་པ། །འགྲོ་བའི་ཕུན་ཚོགས་མ་ལུས་པ། །དེ་གནས་པ་ཡི་རྟེན་ཡིན་ཕྱིར། །ས་ཡི་དཀྱིལ་འཁོར་དག་དང་འདྲ། །སངས་རྒྱས་བྱང་ཆུབ་ལ་བརྟེན་ནས། །འཇིག་རྟེན་འདས་པའི་ལམ་བྱུང་ཕྱིར། །དགེ་བའི་ལས་ལམ་བསམ་གཏན་དང། །ཚད ་མེད་པ་དང་གཟུགས་མེད་འབྱུང། །ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས། དཀོན་མཆོག་གི་རིག་རྣམ་པར་དབྱེ་བ་ལས། །དེ་བཞིན་གཤེགས་པའི་ཕྲིན་ལས་མཛད་བའི་སྐབས་ཏེ་ལེའུ་བཞི་པའོ།། །ཚིགས་སུ་བཅད་པའི་དོན་གྱི་བསྡུས་པའི ་བཤད་པ་རྫོགས་སྟོ།། །།འདི་མན་ཆད་ནི་ཇི་སྐད་བསྒྲགས་པའི་གནས་བཞི་པོ་འདི་དག་ཉིད་ལྷག་པར་མོས་པ་རྣམས་ཀྱི་ལྷག་པར་མོས་བའི་ཕན་ཡོན་གྱི་ཚིགས་སུ་བཅད་བ་དྲུག་གོ་།སངས་རྒྱས་ཁམས་དང་སངས་རྒྱས་བྱང་ཆུབ ་དང། སངས་རྒྱས་ཆོས་དང་སངས་རྒྱས་ཕྲིན་ལས་ཏེ། །ངག་པའི་སེམས་ཀྱིས་ཀྱང་ནི་བསམ་བྱ་མིན། །འདི་ནི་འདྲེན་པ་རྣམས་ཀྱི་སྤྱོད་ཡུལ་ཡིན། །བློ་ལྡན་རྒྱལ་བའི་ཡུལ་འདི་ལ་མོS་པ། །སངས་རྒྱས་ཡོན་ཏན་ཆོག་ཀྱི་སྣོད་གྱུར་ཏེ། །བསམ་མེད་ཡོན་ཏན་ཆོགས? ་ལ་མངོན་དགའ་བས། །སེམས་ཅན་ཀུན་གྱི་བསོད་ནམས་ཟིལ་གྱིས་གནོན། །གང་ཞིག་བྱང་ཆུབ་དོན་དུ་གཉེར་བས་གསེར་ཞིང་ནོར་བུ་སྦྲས་པ་ནི། །སངས་རྒྱས་ཞིང་བརྡུལ་མཉམ་པ་ཉིན་རེ་ཆོས་རྒྱལ་ཉིད་ལ་རྟག་འབུལ་བ། །གཞན་གང་འདི་ལ་ཚིག་ཙམ་ཐོས ་ཞིང་ཐོས་ནས་ཀྱང་ནི་མོས་ན་འདི། །སྦྱིན་པ་ལས་བྱང་དགེ་བ་དེ་ལS་བསོད་ནམས་ཆེས་མང་ཐོབ་པར་འགྱུར། །བློ?་ལྡན་གང་ཞིག་བླ་མེད་བྱང་ཆུབ་འདོད་པས་བསྐལ་པ་དུ་མར་ཡང། །ལུས་ངག་ཡིད་ཀྱི་འབད་པ་མེད་པར་ཚུལ་ཁྲིམས་དྲི་མེད་སྲུང་བྱེད་ལ། །གཞན་དག ་འདི་ལས་ཚིག་ཙམ་ཐོས་ཤིང་ཐོས་ནས་ཀྱང་ནི་མོས་ན་འདི། །ཚུལ་ཁྲིམས་ལས་བྱུང་དགེ་བ་དེ་ལས་བསོད་ནམས་ཆེས་མང་ཐོང་པར་འགྱུར། །གང་ཞིག་འདི་ནི་སྲིད་པ་གསུམ་གྱི་ཉོན་མོངས་མེ་འཇོམས་བསམ་གཏན་ནི། །ལྷ་དང་ཚངས་གནས་མཐང་སོད ་རྫོགས་པའི་བྱང་ཆུབ་འཕོ་མེད་ཐབས་སུ་བསྒོམས་ལ། །གཞན་གང་འདི་ལས་ཚིག་ཙམ་ཐོས་ཤིང་ཐོས་ནས་ཀྱང་ནི་མོས་ན་འདི། །བསམ་གཏན་ལས་བྱུང་དགེ་བ་དེ་ལས་བསོད་ནམས་ཆེས་མང་ཐོབ་པར་འགྱུར། །གང་ཞིག་སྦྱིན་པས་ལོངས་སྤྱོད་དག་ནི་སྒྲུབ ་བྱེད་ཅིང། །ཁྲིམས་ཀྱིས་མཐོ་རིས་བསྒོམ་པས་ཉོན་མོངས་སྤོང་བྱེད་ལ། །ཤེས་རབ་ཉོན་མོངས་ཤེས་བྱ་ཀུན་སྤོང་དེ་ཡི་ཕྱིར། །འདི་མཆོག་ཉིད་དེ་དེ་ཡི་རྒྱུ་ནི་འདི་ཐོས་ཡིན། །ཚིགས་སུ་བཅད་བ་འདི་རྣམས་ཀྱི་དོན་ནི་ཚིགས་སུ་བཅད་པ་དགུས་བཤད་པར་རིག་པར་བྱ་སྟེ ་ལ་ནས་དང་དེ་ཡིས་གྱུར་པ་དང། །ཡི་ཡོན་ཏན་དོན་གྲུབ་སྟེ། །རྒྱལ་བ་ཡིན་ནི་མཁྱེན་པའི་ཡུལ། །རྣམ་བཞི་ཇི་སྐད་བརྗོད་འདི་ལ། །བློ་ལྡན་ཡོད་དང་ནུས?་ཉིད་དང། །ཡོན་ཏན་ལྡན་པར་མོས་པས་ནི། །མྱུར་དུ་དེ་བཞིན་གཤེགས་པ་ཡིས། །གོ་འཕང་འཐོབ་པའི་སྐལ་ལྡན་? ་བསམ་མི་ཁྱབ་པའི་ཡུལ་འདི་ནི། །ཡོན་ཏན་བདག་འདྲས་ཐོས་ནུས་དང། །ཐོབ་པ་འདི་འདྲའི་ཡོན་ཏན་དང། །ལྡན་ཞེས་དད་པས་མོས་པའི་བྱིར། །འདུན་བརྩོན་དྲན་དང་བསམ་གཏན་དང། །ཤེས་རབ་ལ་སོགས་ཡོན་ཏན་སྣོད། །བྱང་ཆུབ་སེམས་ནི་དེ་དག་པ། །རྟག ་ཏུ་ཉེ་བར་གནས་པར་འགྱུར། །དེ་ནི་རྟག་ཏུ་ཉེར་གནས་བས། །རྒྱལ་བའི་སྲས་པོ་ཕྱིར་མི་ལྡོག་བསོད་ནམས་ཕ་རོལ་ཕྱིན་རྡོགས་དང། །ཡོངས་སུ་དག་པ་ཉིད་དུ་འགྱུར། །བསོད་ནམས་ཕ་རོལ་ཕྱིན་པ་ལྔ། །དེ་ལ་རྣམ་གསུམ་རྟོག་མེད་པས། །དེ་རྫོགས་ཡོངས་སུ་དག་པ་ན།། ་དེའི་?་མི་མཐུན་ཕྱོགས་སྤངས་ཕྱིར། །སྦྱིན་བྱུང་བསོད་ནམས་སྦྱིན་པ་དེ། །ཚུལ་ཁྲིམས་ལས་བྱུང་ཚུལ་ཁྲིམས་ཡིན། །བཟོད་དང་བསམ་གཏན་གཉིས་དག་ནི། །སྒོམ་བྱུང་བརྩོན་འགྲུས་ཀུན་ཏུ་འགྲོ། འཁོང་གསུམ་རྣམ་པར་རྟོག་པ་གང། །དེ་ནི་ཤེས་བྱའི་སྒྲིབ་པར་འདོད། ། ་སེམས་སྣ་ལ་སོགས་རྣམ་རྟོག་གང། །དེ་ནི་ཉན་མོངས་སྤྲིབ་པར་འདོད། །ཤེས་རབ་ལས་གཞན་འདི་དག་ནི། །སྤོང་རྒྱུ་གཞན་མེད་དེ་ཡི་ཕྱིར། །ཤེས་རབ་མཆོག་ཡིན་དེ་བཞིན་ནི། །ཐོས་པ་དེ་ཕྱིར་ཐོས་པ་མཆོག་།དེ་ལྟར་ཡིད་ཆེས་ལུང་དང་རིགS་བལ། །བརྟེན་ནས ་བདག་ཉིད་འབའ་ཞིག་དག་ཕྱིར་དང། །གང་དག་མོས་དགེ་ཕུན་སུཾ་ཚོགS་ལྡན་བློ། །དེ་དག་རྗེས་སུ་བཟུང་ཕྱིར་འདི་བཤད་དོ། །ཇི་ལྟར་བཤད་པ་འདི་ལས་བརྩམས་ཏེ་ཆིགས་སུ་བཅད་པ། །ཇི་ལྟར་སྒྲོན་གློག་ནོར་བུ་ཉི་ཟླ་ལ། །བརྟེན་ནས་མིག་དང་ལྡན་བལྟ་བ་བཞིན། །དེ་བཞིན ་དོན་ཆེན་ཆོས་སྤོབས་འོང་མཇད?་པ། །གུད?་ལ་བརྟེན་ནས་འདི་ནི་རབ་ཏུ་བཤད། །གང་བཤད་བ་དེ་ལས་བརྩམས་ཏེ་ཚིགས་སུ་བཅད་པ། །གང་ཞིག་དོན་ལྡན་ཆོས་དང་ཉེར་འབྲལ་ཞིང། །ཁམས་གསུམ་ཀུན་ནས་ཉོན་མོངས་སྤོང་བྱེད་གསུང། །ཞི་བའི་ཕན་ཡོན་སྟོན་པར ་མཛད་པ་གང། །དེ་ནི་དྲང་སྲོང་གསུང་ཡིན་བཟློག་པ་གཞན། །གང་གིས་བཤད་པ་དེ་ལས་བརྩམས་ཏེ་ཚིགས་སུ་བཅད་པ་།གང་ཞིག་རྒྱལ་བ་སྟོན་པ་འབའ་ཞིག་གིས། །དབང་བྱས་རྣམ་གཡེང་མེད་ཅད་ཀྱིས་བཤད་པ། །ཐར་པ་ཐོབ་པའི་? ་དང་རྗེས་མཐུན་པ། །དེ་ཡང་དྲང་སྲོང་བཀའ་བཞིན་སྤྱི་བོས་བླང། །བདག་སྲུང་བའི་ཐབས་ལས་བརྩམས་ཏེ་ཚིགས་སུ་བཅད་པ། གང་ཕྱིར་རྒྱལ་ལས་ཆེས་།ཁས་དགའ་ཡང་འཇིག་རྟེན་འདི་ན་ཡོད་མིན་ཏེ། །མ་ལུས་དེ་ཉིད་མཆོག་ནི་ཚུལ་བཞིན་ཀུན་མཁྱེན་གྱིས་མཁྱེན ་གཞན་མིན་པ། །དེ་ཕྱིར་དྲང་སྲོང་རང་ཉིད་ཀྱིས་བཞག་མདོ་སྡེ་གང་ཡིན་དེ་མི་བཀྲུག་།ཐུབ་ཚུལ་གཞིག་ཕྱིར་དེ་ཡང་དམ་ཆོས་ལ་ནི་གནོད་པ་བྱེད་པར་འགྱུར། །ཉོན་མོངས་དབང་བྱས་རྣམས་ཀྱིས་འཕགས་ལ་སྐུར་པ་དང། །ངེས་གསུངས་ཆོས་ལ་བརྙས་གང་དེ་ཀུན་ཞེས ་ལྟས་བྱས། །དེས་?་ཞེན་ལྟའི་དྲི་ཅན་དེ་ལ་བློ་མི་སྦྱར། །གོས་གཙང་ཚོན་གྱིས་རྣམ་བསྒྱུར་སྣུམ་གྱིས་གོས་པ་མིན། །ཉམས་པའི་རྒྱུ་ལས་བརྩམས་ཏེ་ཚིགས་སུ་བཅད་པ། བློ་དམན་ཕྱིར་དང་དཀར་པོ་མོས་བྲལ་ལོག་པའི་ང་རྒྱལ་བསྟེན་ཕྱིར་དང། །དེ་ཆོས ་ཕོངས་པS་བསྒྲིབས་པའི་བདག་ཕྱིར་དྲང་དོན་དེ་ཉིད་འཛིན་པའི་ཕྱིར། །རྙེད་ལ་བརྐམ་ཕྱིར་ལྟ་བའི་དབང་ཕྱིར་ཆོས་སུན་འབྱིན་པ་བརྟེན་ཕྱིར་དང། །ཆོས་འཛིན་བསྲིང་ཕྱིར་མོས་པ་དམན་རྣམས་དགྲ་བཅོམ་རྣམས་ཀྱི་ཆོས་སྤོང་བྱེད། །ཉམས་པའི་འབྲས་བུ་ལས ་བརྩམས་ཏེ་ཚིགས་སུ་བཅད་པ། ཇི་ལྟར་ཟབ་མོའི་ཆོས་ཉམས་དེ་མཁས་པ་རྣམས་ཀྱིས་མེ་དང་ནི། །མི་བཟང་མི་སྦྲུལ་གདུག་གཤེད་མ་དང་ནི་ཐོག་ལའང་ཤིན་ཏུ་འཇིགS་མི་བྱ། །མེ་སྦྲུལ་དགྲ་དང་རྡོ་རྗེ་མས་ནི་སྲོག་དང་བྲལ་བ་ཙམ་བྱེད་དེ། །དེ་ལས་ནན?་ར ་མེད་རྣམས་ཀྱི་འགྲོ་བ་ཤིན་ཏུ་འཇིགས་པར་འགྲོ་མི་འགྱུར། །གང་ཞིག་ཡང་ཡང་སྡིག?་གྲོགས་བསྟེན་པས་སངས་རྒྱས་ངན་སེམས་ལྡན་གྱུར་དང། །ཕ་མ་དགྲ་བཅོམ་གསོད་པ་བྱ་བ་མིན་བྱེད་མཆོག་ཚོགས་འབྱེད་པའི་མི། །དེ་ཡང་ཆོས་ཉིད་ངེས་པར ་བསམས་ན་མྱུར་དུ་དེ་ལས་ཐར་འགྱུར་གྱི། །གང་ཞིག་ཡིད་ནི་ཆོས་ལ་སྡང་བ་དེ་ལ་ཐར་པ་ག་ལ་ཡོད། །དཀོན་མཆོག་རྣམ་པར་བྱང་ཁམས་དྲི་མེད་བྱང་ཆུབ་ཡོན་ཏན་ཕྲིན་ལས་ཏེ། །དོན་གནས་རྣམ་བདུན་ཚུལ་བཞིན་བཤད་ལས་བདག་གིས་དགེ་བ་གང་ཐོབ་པ།། ་དེས་ནི་འགྲོ་འདི་མཛའ་ཡས་འོད་མངའ་དྲང་སྲོང་ཚེ་དཔག་མེད་མཐོང་ཞིང། །མཐོང་ནས་ཀྱང་ནི་ཆོས་མིག་དྲི་མེད་སྐྱེས་ཏེ་བྱང་ཆུབ་མཆོག་ཐོབ་ཤོག། །ཚིགས་སུ་བཅད་པ་བཅུ་པོ་འདི་དག་གིས་བསྡུས་པའི་དོན་ཡང་ཚིགས་སུ་བཅད་པ་གསུམ་གྱིས་རིག་པར་བྱ་སྟེ། །གང་ལས ་རྒྱུ་མཚན་གང་ཕྱིར་ནི། །ཇི་ལྟ་བུར་ནི་གང་བརྗོད་དང། །རྒྱུ་མཐུན་པ་ནི་གང་ཡིན་དེ། །ཚིགས་སུ་བཅད་པ་བཞིས་བསྟན་ཏོ། །གཉིས་ཀྱི་བདག་ཉིད་དག་པ་ཡིས། །ཐབས་དང་གཅིག་གིས་ཉམས་པའི་རྒྱུ། །དེ་ནས་ཚིགས་སུ་བཅད་པ་ནི། །གཉིས་ཀྱིས་འབྲས་བུ་བསྟན་པ ་ཡིན། །འཁོར་གྱི་དཀྱིལ་འཁོར་བཟོད་པ་དང། །བྱང་ཆུབ་ཐོབ་པ་ཆོས་བརྗོད་པའི། །མདོར་ན་འབྲས་བུ་རྣམ་གཉིས་ནི། །ཐ་མ་ཡིས་ནི་བསྟན་པ་ཡིན། །ཐེག་པ་མན་པོ་རྒྱུད་བླ་མའི་བསྟན་བཅོས། དཀོན་མཆོག་གི་རིགས་རྣམ་པར་དབྱེ་བ་ལས། །ཕན་ཡོན་གྱི་ལེའུ་སྟེ ་ལྔ་པའོ།། །།ཚིགས་སུ་བཅད་པའི་དོན་བྱེས་བསྡུས་པའི་བཤད་པ་རྫོགས་སོ།། །།ཐེག་མཆོག་དམ་ཆོས་རིན་ཆེན་བཤད་འདི་ལས། །བསམ་ཡས་བསོད་ནམས་བདག་གིས་གང་ཐོབ་པ། །དེས་ནི་འགྲོ་ཀུན་ཐེག་མཆོག་དམ་པའི་ཆོས། །རིན་ཆེན ་དྲི་མ་མེད་པའི་སྣོད་གྱུར་ཅིག་།འཕགས་པ་མགོན་བོ་བྱམས་པས་མཛད་པ། ཐེག་པ་ཆེན་པོ་རྒྱུད་བླ་མའི་?་བསྟན་བཅོས་ཀྱི་རྣམ་པར་བཤད་པ། སློབ་དཔོན་ཐོགས་མེད་ཀྱི་མཛད་པ་རྫོགས་སོ།། །།དཔལ་གྲོང་ཁྱེར་ཆེན་པོ་དཔེ་མེད་ཀྱི་མཁས་པ ་ཆེན་པོ་བྲམ་ཟེ་རིན་ཆེན་རྡོ་རྗེའི་དབོན་པོ། པཎྜི་ཏ་མཁས་བ་ཆེན་པོ་ས་ཛིན་དང། ལོ་ཙཱ་བ་ཤཱཀྱའི་དགེ་སློང་བློ་ལྡན་ཤེས་རབ་ཀྱིས། གྲོང་ཁྱེར་དཔེ་མེད་དེ་ཉིད་དུ་བསྒྱུར་བའོ།། །།ཐེག་པ་ཆེན་པོ་མདོ་སྡེའི་རྒྱན་གྱི་བཤད་པ་བཞུགས་སོ།། །རྒྱ་གར་སྐད་དུ། ་