| Wylie | e-texts based on the ACIP/ALL Input |
ཐེག་པ་ཆེན་པོ་གྱུར་བླ་མའི་བསྟན་བཅོས་བཞུགས། །རྒྱ་གར་སྐད་དུ། །མ་ཧཱ་ཡཱ་ནོདཏ་ར་ཏནྟྲ་ཤཱསྟྲ། །བོད་སྐད་དུ། །ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །སངས་རྒྱས ་ཆོས་ཚོགས་ཁམས་དང་བྱང་ཆུབ་དང། །ཡོན་མགོན་སངས་རྒྱས་ཕྲིན་ལས་ཐ་མ་སྟེ། །བསྟན་བཅོས་ཀུན་གྱི་ལུས་ནི་མདོར་བསྡུ་ན། །རྡོ་རྗེ་ཡི་ནི་གནས་བདུན་འདི་དག་གོ་།འདི་དག་རང་མཚན་ཉིད་ཀྱིས་རྗེས་འབྲེལ་བར། །གོ་རིམ་ཇི་བཞིན་གཟུངས་ཀྱི་རྒྱལ་པོའི ་མདོར། །གླེང་བཞི་ལས་ནི་གནས་གསུམ་རིག་བྱ་སྟེ། །བཞི་ནི་བློ་ལྡན་རྒྱལ་ཆོས་དབྱེ་བ་ལས། །སངས་རྒྱས་ལས་ཆོས་ཆོས་ལས་འཕགས་པའི་ཚོགས། །ཚོགས་ལས་སྙིང་པོ་ཡེ་ཤེས་ཁམས་འཐོབ་མཐར། །ཡེ་ཤེས་དེ་འཐོབ་བྱང་ཆུབ་མཆོག་སྟོབས་སོགས།། ་སེམས་ཅན་ཀུན་དོན་བྱེད་ཆོས་རྣམས་དང་ལྡན། །གང་ཞིག་ཐོག་མ་དབུས་མཛའ་མེད་ཞི་སངས་རྒྱས་ཉིད་རང་རྣམ་སངས་རྒྱས། །སངས་རྒྱས་ནས་ནི་མ་རྟོགས་རྟོགས་ཕྱིར་འཇིག་མེད་རྟག་པའི་ལམ་སྟོན་པ། །མཁྱེན་བརྩེའི་རལ་གྲི་རྡོ་རྗེ་མཆོག་བསྣམས་སྡུག་བསྔལ ་མྱུ་གུ་གཅོད་མཛད་ཅིག་།སྣ་ཚོགས་ལྟ་ཐབས་ཀྱིས་བསྐོར་ཐེ་ཚོམ་རྩིགས་པ་འཇིག་མཛད་དེ་ལ་འདུག་།འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ། །གཞན་གྱིས་རྟེན་གྱིས་རྟོག་མིན་ལ། །མཁྱེན་དང་བརྩེ་དང་ནུས་པར་ལྡན། །དོན་གཉིས་ལྡན་པའི་སངས ་རྒྱས་ཉིད། །ཐོག་མ་དབུས་མཛའ་མེད་པ་ཡི། །རང་བཞིན་ཡིན་ཕྱིར་འདུས་མ་བྱས། །ཞི་བ་ཆོས་ཀྱི་སྐུ་ཅན་ཕྱིར། །ལྷུན་གྱིས་གྲུབ་ཅེས་བྱ་བར་བརྗོད། །སོ་སོ་རང་གི་རྟོགས་བྱའི་ཕྱིར། །གཞན་གྱི་རྐྱེན་གྱིས་རྟོགས་མིན་པ། །དེ་ལྟར ་རྣམ་གསུམ་རྟོགས་ཕྱིར་མཁྱེན། །ལམ་སྟོན་ཕྱིར་ན་ཐུགས་བརྩེ་བ། །ནུས་པ་ཡེ་ཤེས་ཐུགས་རྗེ་ཡིས། །སྡུག་བསྔལ་ཉོན་མོངས་སྤོང་ཕྱིར་རོ། །དང་པོ་གསུམ་གྱིས་རང་དོན་ཏེ། །ཕྱི་མ་གསུམ་གྱིས་གཞན་དོན་ཡིན་ནོ། གང་ཞིག་མེད་མིན་ཡོད་མིན་ཡོད ་མེད་མ་ཡིན་ཡོད་མེད་པས་གཞན་དུ་འང། །བརྟག་པར་མི་ནུས་དེས་ཚིགས་དང་བྲལ་སོ་སོ་རང་གིས་རིག་བཞི་པ། །དྲི་མེད་ཡེ་ཤེས་འོད་ཟེར་སྣང་ལྡན་དམིགས་པ་ཀུན་ལ་འཆགས་པ་དང། །སྡང་དང་རབ་རིབ་རྣམ་པར་འཇོམས་མཛད་དམ་ཆོས་ཉི་མ་དེ་ལ ་འདུད། །བསམ་མེད་གཉིས་མེད་རྟོགས་མེད་པ། །དག་གསལ་གཉེན་པོའི་ཕྱོགས་ཉིད་ཀྱིས། །གང་ཞིག་གང་གིས་ཆགས་བྲལ་བ། །བདེན་གཉིས་མཚན་ཉིད་ཅན་དེ་ཆོས། །ཆགས་བྲལ་ཉིད་ནི་འགོག་པ་དང། །ལམ་གྱི་བདེན་པ་དག་གིས ་བསྡུས། །གོ་རིམ་ཇི་བཞིན་དེ་དག་ཀྱང། །ཡོན་ཏན་གསུམ་གསུམ་གྱིས་རིག་བྱ། །རྟག་མིན་ཕྱིར་དང་བརྗོད་མིན་ཕྱིར། །འཕགས་པས་མཁྱེན་ཕྱིར་བསམ་མེད་ཉིད། །ཞི་ཉིད་གཉིས་མེད་རྟོག་མེད་དེ། །དག་སོགས་གསུམ་ནི་ཉི་བཞིན་ནོ། །སེམས་དེ ་རང་བཞིན་འོད་གསལ་བས་ན་ཉོན་མོངས་ངོ་བོ་མེད་གཟིགས་པས། །གང་དག་འགྲོ་ཀུན་བདག་མེད་མཛའ་ཞི་ཡང་དག་རྟོགས་ནས་ཐམས་ཅད་ལ། །རྫོགས་པའི་སངས་རྒྱས་རྗེས་ཞུགས་གཟིགས་པ་སྒྲིབ་པ་མེད་པའི་བློ་མངའ་བ། །སེམས་ཅན་རྣམ་དག ་མཛའ་ཡས་ཡུལ་ཅན་ཡེ་ཤེས་གཟིགས་མངའ་དེ་ལ་འདུད། །ཇི་བཞིན་ཇི་སྙེད་ནང་གི་ནི། །ཡེ་ཤེས་གཟིགས་པ་དག་པའི་ཕྱིར། །བློ་ལྡན་ཕྱིར་མི་ལྡོག་པའི་ཚོགས། །བླ་མེད་ཡོན་ཏན་དང་ལྡན་ཉིད། །འགྲོ་བ་ཞི་པའི་ཆོས་ཉིད་དུ། །རྟོཌ་ཕྱིར་ཇི་ལྟ་ཉིད་དེ ་ཡང། །རང་བཞིན་གྱིས་ནི་ཡོངས་དག་ཕྱིར། །ཉོན་མོངས་གདོང་ནས་ཟད་ཕྱིར་རོ། །ཤེས་བྱ་མཐར་ཐུག་རྟོགས་པའི་བློས། །ཐམས་ཅད་མཁྱེན་པའི་ཆོས་ཉིད་ནི། །སེམས་ཅན་ཐམས་ཅད་ལ་ཡོད་པ། །མཐེང་ཕྱིར་ཇི་སྙེད་ཡོད་པ་ཉིད། །དེ་ལྟར་རྟོགས་པ་གང ་ཡིན་དེ། །སོ་སོ་རང་ཤེས་མཐོང་བ་ཉིད། །དྲི་མེད་དབྱིངས་ལ་ཆགས་མེད་དང། །ཐོགS་མེད་ཕྱིར་དེ་དག་པ་ཡིན། །ཡེ་ཤེས་གཟིགས་པ་དག་པས་ན། །སངས་རྒྱས་ཡེ་ཤེས་བླ་མེད་ཕྱིར། །འཕགས་པ་ཕྱིར་མི་ལྡོག་པ་ནི། །ལུས་ཅན་ཀུན་གྱི་སྐྱབས་ཡིན་ནོ།། ་སྟོན་པ་བསྟན་པ་སློབ་དཔོན་གྱི། །ཐེག་པ་གསུམ་དང་བྱེད་གསུམ་ལ། །མོས་པ་རྣམས་ཀྱིས་དབང་བྱས་ནས། །སྐྱབས་གསུམ་རྣམ་པར་བཞག་པ་ཡིན། །སྤང་ཕྱིར་སླུ་བའི་ཆོས་ཅན་ཕྱིར། །མེད་ཕྱིར་འཇིགས་དང་བཅས་པའི་ཕྱིར། །ཆོས་རྣམས་གཉིས་དང་འཕགས ་པའི་ཚོགས། །གཏན་གྱི་སྐྱབས་མཆོག་མ་ཡིན་ནོ། །དམ་པའི་དོན་དུ་འགྲོ་བ་ཡི། །སྐྱབས་ནི་སངས་རྒྱས་ཉག་ཅིག་ཡིན། །ཐུབ་པ་ཆོས་ཀྱི་སྐུ་ཅན་ཕྱིར། །ཚོགས་ཀྱང་དེ་ཡི་མཐར་ཐུག་ཕྱིར། །འབྱུང་བ་དཀོན་ཕྱིར་དྲི་མེད་ཕྱིར། །མཐུ་ལྡན་ཕྱིར་དང་འཇིག་རྟེན ་ཕྱིར་དང་མཆོག་ཉིད་ཕྱིར། །དམ་པའི་དོན་དུ་འགྲོ་བ་ཡི། །སྐྱབས་ནི་སངས་རྒྱས་ཉག་ཅིག་ཡིན། །ཐུབ་པ་ཆོས་ཀྱི་སྐུ་ཅན་ཕྱིར། །ཚོགས་ཀྱང་དེ་ཡི་མཐར་ཐུག་ཕྱིར། །འབྱུང་དཀོན་ཕྱིར་དྲི་མེད་ཕྱིར། །མཐུ་ལྡན་ཕྱིར་དང་འཇིག་རྟེན ་གྱི། །རྒྱུར་གྱུར་ཕྱིར་དང་མཆོག་ཉིད་ཕྱིར། །འགྱུར་བ་མེད་ཕྱིར་དཀོན་མཆོག་ཉིད། །དྲི་བཅས་དེ་བཞིན་ཉིད་དང་དྲི་མ་མེད། །དྲི་མེད་སངས་རྒྱས་ཡོན་ཏན་རྒྱལ་བའི་མཛོད། །གང་ལས་དཀོན་མཆོག་དགེ་བ་གསུམ་འབྱུང་བ། །དོན་དམ་གཟིགས་པ་རྣམས་ཀྱི ་ཡུལ་ཉིད་དོ། །དཀོན་མཆོག་གསུམ་པོ་འདི་ཡི་རིགས། །ཐམས་ཅད་གཟིགས་པ་རྣམས་ཀྱི་ཡུལ། །དེ་ཡང་རྣམ་བཞི་གོ་རིམ་བཞིན། །རྒྱུ་བཞི་ཡིས་ནི་བསམ་མི་ཁྱབ། །དག་དང་ཉོན་མོངས་དང་ལྡན་ཕྱིར། ཀུན་ནས་ཉོན་མོངས་མེད་དག་ཕྱིར། །རྣམ ་པར་དབྱེ་བ་མེད་ཆོས་ཕྱིར། །ལྷུན་གྲུབ་རྣམ་པར་མི་རྟོགས་ཕྱིར། །རྟོགས་བྱ་རྟོགས་པ་དེ་ཡི་ནི། །ཡན་ལག་རྟོགས་པར་བྱེད་ཕྱིར་ཏེ། །གོ་རིམ་ཇི་བཞིན་གནས་གཅིག་སྟེ། །དག་རྒྱུ་གསུམ་ནི་རྐྱེན་ཡིན་ནོ། །རྫོགས་སངས་སྐུ་ནི་འཕྲོ་ཕྱིར་དང། །དེ་བཞིན ་ཉིད་དབྱེར་མེད་ཕྱིར་དང། །རིགས་ཡོད་ཕྱིར་ན་ལུས་ཅན་ཀུན། །རྟག་ཏུ་སངས་རྒྱས་སྙིང་པོ་ཅན། །ངོ་བོ་རྒྱུ་འབྲས་ལས་ལྡན་འཇུག་པ་དང། །གནས་སྐབས་དེ་བཞིན་ཀུན་ཏུ་འགྲོ་བའི་དོན་ཏེ?། །རྟོག་ཏུ་མི་འགྱུར་ཡོན་ཏན་དབྱེར་མེད་ནི།། ་དོན་དམ་དབྱིངས་ཀྱི་དགོངས་དོན་ཡིན་ཤེས་བྱ། །རིན་ཆེན་ནམ་མཁའ་ཆུ་དག་བཞིན། །རྟག་ཏུ་རང་བཞིན་ཉོན་མོངས་མེད། །ཆོས་མོས་ལྷག་པའི་ཤེས་རབ་དང། །ཏིང་འཛིན་སྙིང་རྗེ་ལས་བྱུང་བ། །མཐུ་དང་གཞན་དུ་མི་འགྱུར་དང། །བརླན་པའི་ངོ ་བོ་རང་བཞིན་ཕྱིར། །འདི་དག་ནོར་བུ་རིན་ཆེན་མཁའ་། །ཆུ་ཡི་ཡོན་ཏན་ཆོས་མཐུན་ཉིད། །ཆོས་ལ་ཁོང་ཁྲོ་བདག་ལྟ་དང། །འཁོར་བའི་སྡུག་བསྔལ་གྱིས་འཇིགས་དང། །སེམས་ཅན་དོན་ལ་ལྟོས་མེད་ཉིད། །འདོད་ཆེན་མུ་སྟེགས་ཉན་ཐོས་དང།། ་རང་འབྱུང་རྣམས་ཀྱི་སྒྲིབ་རྣམ་བཞི། །དག་རྒྱུ་ལྷག་པར་སྨོས་པ་ལས། །སོགས་པའི་ཆོས་ནི་རྣམ་བཞི་ཉིད། །ཐེག་མཆོག་ལ་མོས་ས་བོན་ཤེས་རབ་ནི། །སངས་རྒྱས་ཆོས་བསྐྱེད་མ་དང་བསམ་གཏན་གྱི། །བདེ་བ་མངལ་གནས་སྙིང་རྗེའི་མ་མ་ཅན།། ་གང་ཡིན་དེ་དག་ཐུབ་པའི་རྗེས་སྐྱེས་སྲས། །གཙང་བདག་བདེ་དང་རྟག་ཉིད་ཀྱི། །ཡོན་ཏན་ཕ་རོལ་ཏུ་ཕྱིན་འབྲས། །སྡུག་བསྔལ་ཡིད་འབྱུང་ཞི་ཐོབ་པར། །འདུན་དང་སྨོན་པའི་ལས་ཅན་ནོ། །འདི་དག་འདྲས་ནི་མདོར་བསྡུ་ན། །ཆོས་ཀྱི་སྐུ་ལ ་ཕྱིན་ཅི་ལོག་།རྣམ་པ་བཞི་ལས་བཟློག་པ་ཡི། །གཉེན་པོས་རབ་ཏུ་ཕྱེ་བ་ཉིད། །དེ་ནི་རང་བཞིན་དག་ཕྱིར་དང། །བག་ཆགས་སྤངས་ཕྱིར་གཙང་བ་ཡིན། །བག་དང་བདག་མེད་སྤྲོས་པ་དག་།ཉེ་བར་ཞི་བས་དམ་པའི་བདག་།ཡིད་ཀྱི་རང ་བཞིན་ཕུང་པོ་དང། །དེ་རྒྱུ་ལོག་ཕྱིར་བདེ་བ་ཉིད། །འཁོར་བ་དང་ནི་མྱ་ངན་འདས། །མཉམ་པ་ཉིད་དུ་རྟོགས་ཕྱིར་རྟག་།བདག་སྲེད་མ་ལུས་ཤེས་རབ་ཀྱིས་བཅད་དེ། །སེམས་ཅན་སྲོང་ཕྱིར་བརྩེ་ལྡན་ཞི་ཐོབ་མིན། །དེ་ལྟར་བློ་བརྩེ་བྱང་ཆུབ་ཐབས ་བསྟེན་ནས། །འཕགས་པ་འཁོར་བའམ་མྱ་ངན་འདའ་མི་འགྱུར། །གལ་ཏེ་སངས་རྒྱས་ཁམས་མེད་ན། །སྡུག་ལ་སྐྱོ་བར་མི་འགྱུར་ཞིང། །མྱ་ངན་འདས་ལ་འདོད་པ་དང། །དོན་གཉེར་སྨོན་པ་འང་མེད་པར་འགྱུར། །སྲིད་དང་མྱ་ངན་འདས་པ་དེའི། །སྡུག ་བདེའི་སྐྱོན་ཡོན་མཐོང་བ་འདི། །རིགས་ཡོད་ལས་ཡིན་གང་ཕྱིར་དེ། །རིགས་མེད་དག་ལ་མེད་ཕྱིར་རོ། །རྒྱ་མཚོ་ཆེ་བཞིན་དཔག་མེད་པ། །ཡོན་ཏན་རིན་ཆེན་མི་ཟད་གནས། །དབྱེར་མེད་ཡོན་ཏན་དང་ལྡན་པའི། །ངོ་བོ་ཉིད་ཕྱིར་མར་མེ་བཞིན། །ཆོས ་སྐུ་རྒྱལ་བའི་ཡེ་ཤེས་དང། །ཐུགས་རྗེའི་ཁམས་ནི་བསྡུས་པའི་ཕྱིར། །སྣོད་དང་རིན་ཆེན་ཆུ་ཡིས་འདི། །རྒྱ་མཚོ་དང་ནི་མཚུངས་པར་བསྟན། །དྲི་མེད་གནས་ལ་མངོན་ཤེས་དང། །ཡེ་ཤེས་དྲི་མེད་དེ་ཉིད་དང། །རྣམ་དབྱེ་མེད་ཕྱིར་མར་མ་ཡི།། ་སྣང་དང་དྲོ་འདོག་ཆོས་མཚུངས་ཅན། །སོ་སོའི་སྐྱེ་འཕགས་རྫོགས་སངས་ཀྱི། །དེ་བཞིན་ཉིད་དབྱེའི་འཇུག་པ་ལས། །དེ་ཉིད་གཟིགས་པས་སེམས་ཅན་ལ། །རྒྱལ་བའི་སྙིང་པོ་འདི་བསྟན་ཏོ། །སོ་སོའི?་སྐྱེ་བོ་ཕྱིན་ཅི་ལོག་།བདེན་པ་མཐོང་བ་བཟློག ་པ་སྟེ། །དེ་བཞིན་གཤེགས་པ་ཇི་ལྟ་བཞིན། །ཕྱིན་ཅི་མ་ལོག་སྤྲོས་མེད་ཉིད། །མ་དག་མ་དག་དག་པ་དང། །ཤིན་ཏུ་རྣམ་དག་གོ་རིམ་བཞིན། །སེམས་ཅན་བྱང་ཆུབ་སེམས་དཔའ་དང། །དེ་བཞིན་གཤེགས་པ་ཞེས་བརྗོད་དོ། །ངོ་བོ་ཉིད ་ལ་སོགས་པའི་དོན། །འདི་དྲུག་གིས་ནི་བསྡུས་པ་ཡི། །ཁམས་ནི་གནས་སྐབས་གསུམ་དག་ཏུ། །མིང་གསུམ་གྱིས་ནི་བསྟན་པ་ཉིད། །ཇི་ལྟར་རྟོག་མེད་བདག་ཉིད་ཅན། །ནམ་མཁའ་ཀུན་ཏུ་རྗེས་སོང་ལྟར། །སེམས་ཀྱི་རང་བཞིན་དྲི་མེད ་དབྱིངས། །དེ་བཞིན་ཀུན་ཏུ་འགྲོ་བ་ཉིད། །དེ་སྤྱིའི་མཚན་ཉིད་ཉེས་པ་དང། །ཡོན་ཏན་མཐར་ཐུག་ཁྱབ་པ་སྟེ། །གཟུགས་ཀྱི་རྣམ་པ་དམན་པ་དང། །བར་མ་མཆོག་ལ་ནམ་མཁའ་བཞིན། །ཉེས་པ་གློ་བུར་དང་ལྡན་དང། །ཡོན་ཏན་རང་བཞིན་ཉིད ་ལྡན་ཕྱིར། །ཇི་ལྟར་སྔར་བཞིན་ཕྱིས་དེ་བཞིན། །འགྱུར་བ་མེད་པའི་ཆོས་ཉིད་དོ། །ཇི་ལྟར་ནམ་མཁའ་ཀུན་སོང་བ། །ཕྲ་ཞིང་ཉེ་བར་གོས་པ་མེད། །དེ་བཞིན་སེམས་ཅན་ཐམས་ཅད་ལ། །གནས་འདི་ཉེ་བར་གོས་པ་མེད། །དེ ་ལྟར་འཇིག་རྟེན་ཐམས་ཅད་དུ། །ནམ་མཁའ་ལས་ནི་སྐྱེ་ཞིང་འཇིག་།དེ་བཞིན་འདུས་མ་བྱས་དབྱིངས་ལ། །དབང་པོ་རྣམས་ནི་སྐྱེ་ཞིང་འཇིག་།ཇི་ལྟར་ནམ་མཁའ་མེ་རྣམས་ཀྱིས། །སྔོན་ཆད་ནམ་ཡང་ཚིགས་པ་མེད། །དེ་བཞིན་འདི་ནི་འཆི་བ་དང།། ་ན་དང་བརྒ་བའི་མེས་མ་འཆི་བ། །ས་ནི་ཆུ་ལ་ཆུ་རླུང་ལ། །རླུང་ནི་མཁའ་ལ་རབ་ཏུ་གནས། །མཁའ་ནི་རླུང་དང་ཆུ་དག་དང། །ས་ཡི་ཁམས་ལ་གནས་མ་ཡིན། །དེ་བཞིན་ཕུང་པོ་ཁམས་དབང་རྣམས། ལས་དང་ཉོན་མོངས་དག་ལ་གནས།། ་ལས་དང་ཉོན་མོངས་ཚུལ་བཞིན་མིན། །ཡིད་ལ་བྱེད་ལ་རྟོག་ཏུ་གནས། །ཚུལ་བཞིན་མ་ཡིན་ཡིད་བྱེད་ནི། །སེམས་ཀྱི་དག་པ་ལ་རབ་གནས། །སེམས་ཀྱི་རང་བཞིན་ཆོས་རྣམས་ནི། །ཐམས་ཅད་ལ་ཡང་གནས་པ་མེད། །ས་དང་འདྲ་བར་ཕུང ་པོ་དང། །སྐྱེ་མཆེད་ཁམས་རྣམས་ཤེས་བར་བྱ། །ཆུ་ཁམས་དང་འདྲ་ལུས་ཅན་གྱི། །ལས་དང་ཉོན་མོངས་ཤེས་བྱ་སྟེ། །ཚུལ་བཞིན་མ་ཡིན་ཡིད་བྱེད་ནི། །རླུང་གི་ཁམས་དང་འདྲ་བར་བལྟ། །རང་བཞིན་མཁའ་ཨི་ཁམས་བཞིན་དུ། །དེ་བཞིན ་ཅན་མིན་གནས་པ་མེད། །ཚུལ་བཞིན་མ་ཡིན་ཡིད་བྱེད་ནི། །སེམས་ཀྱི་རང་བཞིན་ལ་གནས་ཏེ། །ཚུལ་བཞིན་མ་ཡིན་ཡིད་བྱེད་ཀྱིས། །ལས་དང་ཉོན་མོངས་རབ་ཏུ་ཕྱེ། །ལས་དང་ཉོན་མོངS་ཆུ་ལས་ནི། །ཕུང་པོ་སྐྱེ་མཆེད་ཁམས་རྣམས་འབྱུང།། ་དེ་འཇིགས་པ་དང་ཆགས་པ་དང། །སྐྱེ་དང་འཇིག་པར་འགྱུར་བ་ཡིན། །སེམས་ཀྱི་རང་བཞིན་ནམ་མཁའ་ཡི། །ཁམས་ལྟས?་རྒྱུ་མེད་རྐྱེན་མེད་དེ། །ཚོགས་པ་མེད་ཅིང་སྐྱེ་བ་དང། །འཇིག་པ་གནས་པའང་ཡོང་མ་ཡིན། །སེམས་ཀྱི་རང་བཞིན་འོད ་གསལ་གང་ཡིན་པ། །དེ་ནི་ནམ་མཁའ་བཞིན་དུ་འགྱུར་མེད་དེ། །ཡང་དག་མིང་རྟོག་ལས་བྱུང་འདོད་ཆགས་སོགས། །གློ་བུར་དྲི་མས་དེ་ཉོན་མོངས་མི་འགྱུར། །ལས་དང་ཉོན་མོངས་ཆུ་ཚོགས་ཀྱིས། །འདི་ནི་མངོན་པར་འགྲུབ་མིན་ཏེ། །འཆི་དང་ན་དང་རྒལ ་མེད། །མི་བཟད་པས་ཀྱང་ཚིག་མི་འགྱུར། །དུས་མཛའ་དམྱལ་བ་ཐ་མལ་པའི། །མེ་གསུམ་མཆི་དང་ན་བ་དང། །རྒ་བའི་མེ་གསུམ་རིམ་བཞིན་དུ། །དེ་དང་འདྲ་བར་ཤེས་པར་བྱ། །སྐྱེ་མཆི་ན་དང་རྒ་བ་ལས་གྲོལ་བ། །འདི་ཡི་རང་བཞིན་ཇི་བཞིན་ཉིད་རྟོགས ་ཏེ། །སྐྱེ་སོགས་འཕོངས་དང་བྲལ་ཡང་དེ་ཡིས་རྒྱུས། །བློ་ལྡན་འགྲོ་ལ་སྙིང་རྗེ་བསྐྱེད་ཕྱིར་བསྟེན། །འཕགས་པ་འཆི་དང་ནི་བ་དང། །རྒྱ་བའི་སྡུག་བསྔལ་རྩ་ནས་སྤངས། །ལས་དང་ཉོན་མོངས་དབང་གིས་སྐྱེ། །དེ་ལ་དེ་མེད་ཕྱིར་ངོ་མོང?། །ཇི་བཞིན་ཡང་དག ་མཐོང་བའི་ཕྱིར། །སྐྱེ་སོགས་རྣམས་ལS་འདས་གྱུར་ཀྱང། །སྙིང་རྗེའི་བདག་ཉིད་སྐྱེ་བ་དང། །འཆི་དང་རྒ་དང་ན་བར་སྟོན། །རྒྱལ་སྲས་འགྱུར་མེད་ཆོས་ཉིད་འདི། །རྟོགས་ན་མ་རིགས་ལྡོངས་རྣམ་ཀྱི། །སྐྱེ་བ་ལ་སོགས་དག་ཏུ་ནི། །མཐོང་བ་གང ་ཡིན་ཏེ་སྨད་དོ། །འཕགས་པའི་སྤྱོད་ཡུལ་ཐོབ་པ་གང། །བྱིས་པའི་སྤྱོད་ཡུལ་དུ་སྟོན་ཏེ། །དེ་ཉིད་ཕྱིར་ན་འགྲོ་བ་ཡི། །གཉེན་གྱིས་ཐབས་དང་སྙིང་རྗེའི་མཆོག་།དེ་ནི་འཇིག་རྟེན་ཐམས་ཅད་ལས། །འདས་ཀྱང་འཇིག་རྟེན་ལས་མ་གཡོས། །འཇིག ་རྟེན་དོན་དུ་འཇིག་རྟེན་ན། །འཇིག་རྟེན་དྲི་མས་མ་གོས་སྤྱོད། །ཇི་ལྟར་པདྨ་ཆུ་ནང་དུ། །སྐྱེས་པ་ཆུ་ཡིས་གོས་པ་མེད། །དེ་བཞིན་འདི་ནི་འཇིག་རྟེན་དུ། །སྐྱེས་ཀྱང་འཇིག་རྟེན་ཆོས་མི་གོས། །བྱ་བ་སྒྲུབ་ལ་རྟག་ཏུ་བློ། །མི་བཞིན་དུ་ནི་འབར ་བ་དང། །ཞི་བའི་བསམ་གཏན་སྙོམས་འཇུག་ལ། །རྟག་ཏུ་སྙོམས་པར་འཇུགས་པ་ཡིན། །སྔོན་གྱི་འཕེན་པའི་དབང་དང་ནི། །རྣམ་རྟོག་ཐམས་ཅད་བྲལ་བའི་ཕྱིར། །དེ་ནི་ལུས་ཅན་སྨིན་པ་ཡི། །དོན་དུ་འབད་པ་བྱེད་མ་ཡིན། །བསྟན་དང་གཟུགས ་སྐུ་དག་དང་ནི། །སྤྱོད་དང་སྤྱོད་ལམ་གྱིས་ཀྱང་རུང། །གང་ཞིག་ཇི་ལྟར་གང་གིས་འདུལ། །དེས་དེ་དེ་ལྟར་ཉིད་དུ་ཤེས། །དེ་ལྟར་ནམ་མཁའ་ཨི་མཛའ་ཀླས་ཀྱིས། །འགྲོ་བ་རྟག་ཏུ་ལྷུན་གྲུབ་པར། །ཐོགས་མེད་བློ་ལྡན་དེ་ཡིན་ནི།། ་སེམས་ཅན་དོན་ནི་ཡང་དག་འཇུག་།བྱང་ཆུབ་སེམས་དཔའ་ཨི་ཚུལ་འདི་ནི། །རྗེས་ཐོབ་དེ་བཞིན་གཤེགས་རྣམས་དང། །སེམས་ཅན་ཡང་དག་སྒྲོལ་བ་ལ། །འཇིག་རྟེན་ན་ནི་མཉམ་པ་ཉིད། །དེ་ལྟ་མོས་ཀྱི་ས་རྡུལ་དང། །རྒྱ་མཚོ་བ་ལང་རྨིག་རྗེས ་ཀྱིས་།ཁྱད་པར་གང་ཡིན་སངས་རྒྱས་དང། །བྱང་ཆུབ་སེམས་དཔའ་ཨི་ཁྱད་དེ་ཉིད། །གཞན་འགྱུར་མིན་བདག་མི་ཟད་ཆོས་ལྡན་ཕྱིར། །འགྲོ་སྐྱབས་ཕྱི་མའི་མཛའ་མེད་མུར་ཐུགས་ཕྱིར། །དེ་ནི་རྟག་ཏུ་གཉིས་མེད་མི་རྟོག་ཕྱིར། །འཇིག་མེད་ཆོས ་ཀྱང་མ་བྱས་རང་བཞིན་ཕྱིར། །སྐྱེ་བ་མེད་ཅིང་འཆི་བ་མེད། །གནོད་མེད་རྒ་བ་མེད་པ་སྟེ། །དེ་ནི་རྟག་དང་བརྟན་ཕྱིར་དང། །ཞི་བའི་ཕྱིར་དང་གཡུང་དྲུང་ཕྱིར། །དེ་ནི་ཡིད་ཀྱི་རང་བཞིན་གྱིས། །ལུས་ཀྱི་སྐྱེ་མེད་རྟག་པའི་ཕྱིར། །བསམ་གྱིས་མི ་ཁྱབ་བསྒྱུར་པ་ཡི། །འཆི་འཕོ་བརྟན་ཕྱིར་དེ་མི་འཆི། །བག་ཆགས་ཕྲ་མོའི་ནད་རྣམས་ཀྱིས། །གནོད་མེད་ཞི་བ་ཉིད་ཀྱི་ཕྱིར། །ཟག་མེད་མངོན་པར་འདུས་བྱས་ཀྱིས། །གཡུང་དྲུང་ཕྱིར་ན་རྒ་བ་མེད། །དེ་ལ་ཚིག་གཉིས་དེ་བཞིན་གཉིས། །གཉིS ་དང་གཉིས་ཀྱིས་གོ་རིམ་བཞིན། །འདུས་མ་བྱས་པའི་དབྱིངས་ལ་ནི། །རྟག་པ་ལ་སོགས་དོན་ཤེས་བྱ། །མི་ཟད་ཡོན་ཏན་དང་ལྡན་ཕྱིར། །གཞན་འགྱུར་མིན་བདག་རྟག་པའི་དོན། །མཛའ་ཡི་མུ་དང་མཚུངས་པའི་ཕྱིར། །སྐྱབས་ཀྱི་བདག་ཉིད ་བརྟན་པའི་དོན། །རྣམ་པར་མི་རྟོག་རང་བཞིན་ཕྱིར། །གཉིས་མེད་ཆོས་ཉིད་ཞི་བའི་དོན། །མ་བཅོས་ཡོན་ཏན་ཉིད་ཕྱིར་ནི། །འཇིག་མེད་དོན་ནི་གཡུང་དྲུང་ཉིད། །གང་ཕྱིར་དེ་ནི་ཆོས་སྐུ་དེ་ནི་དེ་བཞིན་གཤེགས། །དེ་ནི་འཕགས་པའི ་བདེན་པ་དོན་དམ་མྱ་ངན་འདས། །དེ་ཕྱིར་ཉི་དང་ཟེར་བཞིན་ཡོན་ཏན་དབྱེར་མེད་པས། །སངས་རྒྱས་ཉིད་ལས་མ་གཏོགས་མྱ་ངན་འདས་པ་མེད། །མདོར་ན་ཟག་མེད་དབྱིངས་ལ་ནི། །དོན་གྱི་རབ་ཏུ་དབྱེ་བ་བཞིས་།ཆོས་ཀྱི་སྐུ་ལ་སོགས་པ་ཡི། །རྣམ ་གྲངས་བཞིར་ནི་རིག་པར་བྱ། །སངས་རྒྱས་ཆོས་དབྱེར་མེད་པ་དང། །དེ་རིགས་དེ་བཞིན་ཐོབ་པ་དང། །བརྫུན་མེད་སླུ་མེད་ཆོས་ཉིད་དང། །འདོད་ནས་རང་བཞིན་ཞི་ཉིད་དོ། །རྣམ་ཀུན་མངོན་པར་བྱང་ཆུབ་དང། །དྲི་མ་བག་ཚོགས་བཅས་སྤངས་པ།། ་སངས་རྒྱས་མྱ་ངན་འདས་པ་དག་།དམ་པའི་དོན་དུ་གཉིས་མེད་ཉིད། །རྣམ་པ་ཐམས་ཅད་གྲངས་མེད་པ། །བསམ་མེད་དྲི་མེད་ཡོན་ཏན་དང། །དབྱེར་མེད་མཚན་ཉིད་ཐར་པ་སྟེ། །ཐར་པ་གང་དེ་དེ་བཞིན་གཤེགས། །ཇི་ལྟར་རི་མོ་འདྲི་བྱེད་པ། ། ་གཞན་དང་གཞན་ལ་མཁས་པ་དག་།གང་ཞིག་ཡན་ལག་གང་ཤེས་པ། །དེ་བཞིན་ངེས་འཛིན་མེད་པར་འགྱུར། །དེ་ནས་འདི་ལ་ཁྱེད་ཀུན་གྱིས། །ང་ཡི་གཟུགས་ནི་གྱིས་ཤིག་ཅས། །མངའ་བདག་རྒྱལ་པོས་དེ་དག་ལ། །དཀའ་ཡིས་རས་ནི་བྱིན ་པ་ན། །དེས་ན་དེ་ནི་ཐོས་གྱུར་ཏེ། །རི་མོའི་ལས་ལ་རབ་སྦྱོར་རོ། །དེ་ལས་མངོན་པར་སྦྱོར་རྣམས་ལས། །གཅིག་ཅིག་ཡུལ་གཞན་སོང་གྱུར་ན། །དེ་ནི་ཡུལ་གཞན་སོང་བས་ན། །དེ་མ་ཚང་ཕྱིར་རི་མེད་དེ། །ཡན་ལག་ཐམས་ཅད་ཡོངས་རྫོགས་པར།། ་མི་འགྱུར་བཞིན་ཞེས་དཔེར་བྱས་སོ། །དེ་རྣམས་འདྲི་བྱེད་གང་ཡིན་པ། །སྦྱིན་དང་ཚུལ་ཁྲིམས་བཟོད་ལ་སོགས། །རྣམ་པ་ཀུན་གྱི་མཆོག་ལྡན་པ། །སྟོང་པ་ཉིད་ནི་གཟུགས་སུ་བརྗོད། །ཤེས་རབ་ཡེ་ཤེས་རྣམ་གྲོལ་རྣམས། །གསལ་དང་འཕྲོ་དང་དག ་ཕྱིར་དང། །ཐ་དད་མེད་ཕྱིར་འོད་དང་ཟེར། །ཉི་མའི་དཀྱིལ་འཁོར་རྣམས་དང་མཚུངས། །དེས་ན་སངས་རྒྱས་མ་ཐོབ་པར། །མྱ་ངན་འདས་པ་མི་འཐོབ་སྟེ། །འོད་དང་འོད་ཟེར་སྤངས་ནས་ནི། །ཉི་མ་ལྟ་བར་མི་ནུས་བཞིན། །དེ་ལྟར་རྒྱལ་བའི་སྙིང་པོ་ནི། །རྣམ ་བཞག་རྣམ་པ་བཅུ་ཞེས་བརྗོད། །ཉོན་མོངས་སྤུབས་ནང་གནས་པ་སྟེ། །དཔེ་དག་གིས་ནི་ཤེས་པར་བྱ། །སངས་རྒྱས་པད་ནང་སྦྲང་རྩི་སྦྲང་མ་ལ། །སྡུན་ལ་སྙིང་པོ་མི་གཙང་ནང་ན་གསེར། །ཕ་ལ་གཏེར་དང་མྱུག་སོགས ་འབྲས་ཕྱུང་དང། །གོས་ཧྲུལ་ནང་ན་རྒྱལ་བའི་སྐུ་དང་ནི། །བུད་མེད་ངན་པའི་ལྟོ་ན་མི་བདག་དང། །ས་ལ་རིན་ཆེན་གཟུགས་ཡོད་ཇི་ལྟ་བུར། །བློ་བུར་ཉོན་མོངས་དྲི་མས་བསྒྲིབས་པ་ཡི། །སེམས་ཅན་རྣམས་ལ་དེ་བཞིན་ཁམས་དེ་གནས། །དྲི་མ་པད ་མ་སོགས་ཆགས་སྤུན་པ་མི་གཙང་ས་འབྲས་གོས་ཧྲུལ་དང། །སྡུག་བསྔལ་འབར་བས་མངོན་པར་གདུངས་པའི་བུད་མེད་ས་ཡི་ཁམས་དང་མཚུངས། །སངས་རྒྱས་སྦྲང་རྩི་སྙིང་པོ་གསེར་དང་གཏེར་དང་མྱ་གྲོ་རིན་ཆེན་སྐུ། །གླིང་བདག་མཆོག་དང་རིན ་ཆེན་གཟུགས་དང་དྲི་མེད་ཁམས་མཆོག་མཚུངས་པ་ཉིད། །ཇི་ལྟར་མདོག་ངན་པད་མའི་ཁོང་གནས་པ། །མཚན་སྟོང་གིས་འབར་དེ་བཞིན་གཤེགས་པ་ནི། །དྲི་མེད་ལྷ་ཡི་མིག་ལྡན་མི་མཐོང་ནས། །ཆུ་སྐྱེད་འདབ་མའི་སྤུབས་ན་འབྱིན་བྱེད་པར ་དེ་བཞིན་བདེ་གཤེགས་མནར་མེད་གནས་རྣམས་ལ། །སངས་རྒྱས་སྤྱན་གྱིས་རང་ཆོས་ཉིད་གཟིགས་ཏེ། །སྒྲིབ་མེད་ཕྱི་མཛའ་ཨི་མུར་གནས་སྙིང་རྗེ་ཡི། །བདག་ཅན་སྒྲིབ་པ་ལས་ནི་སྒྲོལ་བར་བྱེད། །ཇི་ལྟར་མི་སྡུག་པདྨ་ཟུམ་ལ་བདེ་བར་གཤེགས་པ་ནི། ་དེ་ཡི་ཁོང་གནས་ལྷ་མིག་མཐོང་ནས་འདབ་མ་གཅོད་བྱེད་ལྟར། །ཆགས་སྡང་སོགས་དྲི་སྦྲུབས་བསྒྲིབས་རྫོགས་སངས་སྙིང་པོ་འགྲོ་གཟིགས་ཏེ། །ཐུགས་རྗེས་ཐུབ་པ་དེ་བཞིན་སྒྲིབ་པ་དེ་ནི་འཇོམས་པར་མཛད། ཇི་ལྟར་སྲོག་ཆགས་ཚོགས་བསྐོར ་སྦྲང་རྩི་ནི། །སྐྱེས་བུ་མཁས་པ་དེ་དོན་གཉེར་བ་ཡིས། །མཐོང་ནས་དེ་དང་ཐོབས་ཀྱི་སྲོག་ཆགས་ཚོགས། །ཀུན་ནས་འབྲལ་བར་རབ་ཏུ་འབྱེད་པ་བཞིན། །དྲང་སྲོང་ཆེན་པོའི་ཀུན་མཁྱེན་སྤྱན་གྱིས་ནི། །རིགས་ཁམས་སྦྲང་རྩི་དང་འདྲ་འདི ་གཟིགས་ནས། །དེ་ཡི་སྒྲིབ་པ་སྦྲང་མ་དང་འདྲ་བ། །གཏན་མཱ་རབ་ཏུ་སྤོང་བར་མཛད་པ་ཡིན། །ཇི་ལྟར་སྦྲང་རྩི་སྦྲོགས་རྔགས་བྱེ་བ་ཁྲག་ཁྲིག་སྟོང་བསྒྲིབས་སྦྲང་ཙི་དོན་གཉེར་མོས། །སྦྲང་མ་དེ་དག་གསལ་ཏེ་ཇི་ལྟར་འདོད་པ་བཞིན་དུ་སྦྲང་རྩིའི་བྱ་བྱེད་ཕོ། །དེ ་བཞིན་ལུས་ཅན་ལ་ཡོད་ཟག་པ་མེད་པའི་ཤེས་པ་སྦྲང་མའི་རྩི་དང་འདྲ། །ཉོན་མོངས་སྦྲང་མ་དང་འདྲ་དེ་འཇོམས་པ་ལ་མཁས་པའི་རྒྱལ་བ་སྐྱེས་བུ་བཞིན། །ཇི་ལྟར་སྤུན་ལྡན་འབྲུ་ཡི་སྙིང་པོ་ནི། །མི་རྣམས་ཀྱི་ནི་སྦྱར་བྱར་མི་འགྱུར་བ། །ཟས་སོགས་དོན་དུ ་གཉེར་པ་གང་ཡིན་པ། །དེ་དག་གིས་ནི་སྤུ་ནས་དེ་འཕྱིར་ལྟར། །དེ་བཞིན་སེམས་ཅན་ལ་ཡོད་ཉོན་མོངས་ཀྱི། །དྲི་མ་དང་འདྲེས་རྒྱལ་བ་འང་ཇི་སྲིད་དུ། །ཉོན་མོངས་དྲི་མ་འདྲེས་ལ་མ་གྲོལ་བ། །དེ་སྲིད་རྒྱལ་མཛད་སྲིད་གསུམ་དུ་མི་བྱེད། །ཇི་ལྟར་ས་ལུ ་བྲ་འོ་ནས་འབྲུའི་སྙིང་པོ་སྤུན་ལས་མ་བྱུང་གྲ་མ་ཅན། །ལེགས་པར་མ་སྒྲུབས་སྙིང་པོ་མི་རྣམས་ཀྱི་ནི་སྦྱང་བྱ་བཟའ་བ་ཞིམ་པོར་མི་འགྱུར་ལྟར། །དེ་བཞིན་སེམས་ཅན་ལ་ཡོད་ཆོས་ཀྱི་དབང་ཕྱུག་ཉོན་མོངས་སྤུན་ལས་མ་གྲོལ་ལུས། །ཉོན་མོངས ་བྲུ་བས་ཉེན་བའི་འགྲོ་ལ་ཆོས་ཀྱི་དགའ་བའི་རོ་སྟེར་འགྱུར་བ་མིན། །ཇི་ལྟར་རབ་ཏུ་རྒྱུ་ཚེ་མི་ཡི་གསེར། །ལྡན?་ལྗིན?་རུལ་པའི་གནས་སུ་ལྷུང་གྱུར་ལ། །མི་འཇིགས་ཆོས་ཅན་དེ་ནི་དེ་དེ་བཞིན། །ལོ་བརྒྱ་མང་པོ་དག་ཏུ་གནས་པ་དེ། །ལྷ་མིག་རྣམ ་དག་དང་ལྡན་ལྷ་ཡི་དེར། །མཐོང་ནས་མི་ལ་འདི་ན་ཡོད་པའི་གསེར། །རིན་ཆེན་མཆོག་འདི་སྦྱངས་ཏེ་རིན་ཆེན་གྱིས། །སྒྲུབ་པར་བྱ་བ་གྱིས་ཞེས་སྨྲ་བ་ལྟར། །དེ་བཞིན་ཐུབ་པས་མི་གཙང་དང་འདྲ་ཡི། །ཉོན་མོངས་སུ་བྱང་སེམས་ཅན་ཡོན་ཏན་ནི།། ་གཟིགས་ནས་ཉོན་མོངས་འདམ་དེ་དག་བྱའི་ཕྱིར། །སྐྱེ་དགུ་རྣམས་ལ་དམ་ཆོས་ཆུ་ཆར་འབེབས། །ཇི་ལྟར་ལྗན་ལྗིན་རུལ་པའི་གནས་སུ་ལྷུང་བའི་གསེར་ནི་ལྷ་ཡིས་མཐོང་གྱུར་ནས། །ཀུན་ཏུ་དག་པར་བྱ་ཕྱིར་མཆོག་ཏུ་མཛེས་པས་མི ་ལ་ནན་གྱིས་སྟོན་པ་ལྟར། །དེ་བཞིན་རྒྱལ་བའི་ཉོན་མོངས་མི་གཙང་ཆེན་པོར་ལྷུང་གྱུར་རྫོགས་སངས་རིན་པོ་ཆེ། །སེམས་ཅན་རྣམས་ལ་གཟིགས་ནས་དེ་དག་བྱ་ཕྱིར་ལུས་ཅན་རྣམས་ལ་ཆོས་སྟོན་ཏོ། །ཇི་ལྟར་མི ་དབུལ་ཁྱིམ་ནང་ས་འོག་ནས། །མི་ཟད་པ་ཡི་གཏེར་ནི་ཡོད་གྱུར་ལ། །མི་དེས་དེ་མ་ཤེས་ཤིང་གཏེར་དེ་ཡང། །དེ་ལང་འདིར་ཡོད་ཅེས་མི་སྨྲི་ལྟར། །དེ་བཞིན་ཡིད་ཀྱི་ནང་ཆུད་རིན་ཆེན་གཏེར། །དྲི་མེད་བཞག་དང་བསལ་མེད་ཆོས་ཉིད། ་ཀྱང། །མ་རྟོགས་པས་ན་དབུལ་བའི་སྡུག་བསྔལ་ནི། །རྣམ་མང་རྒྱུན་ཏུ་སྐྱེ་དགུ་འདིས་མྱོང་ངོ། །ཇི་ལྟར་དབུལ་པོའི་ཁྱིམ་དང་དུ་ནི་རིན་ཆེན་གཏེར་ཆུང་གྱུར་པའི་མི་ལན་ནི། །རིན་ཆེན་གཏེར་བདག་ཡོད་ཅེས་བརྗོད་པར་མི་བྱེད་དེ་ནི་མི་ཡིས་ཤེས་མིན ་ལྟར། །དེ་བཞིན་ཆོས་གཏེར་ཡིད་ཀྱི་ཁྱིམ་གནས་སེམས་ཅན་དག་ནི་དབུལ་པོ་ལྟ་བུ་སྟེ། །དེ་དག་རྣམས་ཀྱིས་དེ་ཐོབ་བྱ་ཕྱིར་འཇིག་རྟེན་དུ་ནི་དྲང་སྣོད་ཡང་དག་བལྟམས། །ཇི་ལྟར་ཨ་མྲ་ལ་སོགས་ཤིང་འབྲས་ལ། །ཡོད་པའི་ས་བོན་མྱུ ་གུ་འཇིག་མེད་ཆོས། །མ་རྨོས་ཆུ་སོགས་ལྡན་ལས་ལྡོག་ཤིང་གི། །རྒྱལ་པོའི་དངོས་པོ་རིམ་གྱིས་འགྲུབ་པ་ལྟར། །སེམས་ཅན་རྣམས་ཀྱི་མ་རིགས་སོགས་འབྲས་ཀྱི། །བགས་སྤུབས་ནང་ཆུད་ཆོས་ཁམས་དགེ་བ་ཡང། །དེ་བཞིན་དགེ ་བ་དེ་དེ་ལ་བརྟེན་ནས། །རིམ་གྱིས་ཐུབ་པའི་རྒྱལ་པོའི་དངོས་པོར་འགྱུར། །ཆུ་དང་ཉི་མའི་འོད་དང་རླུང་དང་དུས་ནམ་མཁའ་ཨི་རྐྱེན་ནམས་ཀྱི། །ཏ་ལ་དང་ནི་ཨ་མྲའི་འབྲས་སྡུབས་གསེབ་ནས་ཤེད་སྐྱེ་ཇི་ལྟ་བར། །སེམས་ཅན་ཉོན་མོངས་འབྲས་ལགས ་ནང་ཆུད་རྫོགས་སངས་ས་བོན་མྱུ་གུ་ཡང། །དེ་བཞིན་དགེ་རྐྱེན་དེ་དང་དེ་ལས་ཆོས་འཐོན་འཕེལ་བར་འགྱུར་བ་ཡིན། །ཇི་ལྟར་རིན་ཆེན་ལས་བྱས་རྒྱལ་བའི་གཟུགས། །གོས་ཧྲུལ་དྲི་ངན་རྒྱས་ནི་བཏུམས་གྱུར་བ་།ལས་གནས་ལྷ་མིས ་མཐོང་ནས་གྲོལ་བྱའི་ཕྱིར། །ལམ་གནས་དོན་དེ་དེ་ལ་སྨྲ་བ་ལྟར། །དེ་བཞིན་ཐོབ་མེད་རྣམ་པ་སྣ་ཚོགས་ཀྱི། །ཉོན་མོངས་ཀྱིས་གཏུམས་བདེ་གཤེགས་དངོས་པོ་ཉིད། །དུད་འགྲོ་ལ་ཡང་གཟིགས་ནས་དེ་བཞིན་དེ། །ཐར་པར་བྱའི་དོན་དུ་ཐབས ་སྟོན་མཛད། །ཇི་ལྟར་རིན་ཆེན་རང་བཞིན་དེ་བཞིན་གཤེགས་སྐུ་དྲི་ངན་གོས་བཏུམས་པ། །ལམ་གནས་ལྷ་ཡིས་མིག་གིས་མཐོང་ནས་མཐར་ཕྱིན་མི་ལ་སྟོན་པ་ལྟར་དེ་བཞིན། །ཉོན་མོངས་གོས་ཧྲུལ་གྱིས་བཏུམས་འཁོར་བའི་ལམ་ན་གནས ་བའི་ཁམས། །དུད་འགྲོ་ལ་ཡང་གཟིགས་ནས་མཐར་པར་བྱ་ཕྱིར་རྒྱལ་བས་ཆོས་སྟོན་ཏོ། །དེ་ལྟར་མི་མོ་གཟུགས་ངན་མགོན་མེད་དགའ་། །མགོན་མེད་འདུག་གནས་སུ་ནི་འདུག་གྱུར་ལ། །མངལ་གྱིས་རྒྱལ་པོའི་དཔལ་ནི་འཛིན་བྱེད་པས། །རང ་ལྟོ་ན་ཡོད་མི་བདག་མི་ཤེས་ལྟར། །སྲིད་པར་སྐྱེ་བ་མགོན་མེད་ཁྱིམ་བཞིན་ཏེ། །མདག་སེམས་ཅན་མངལ་ལྡན་བུད་མེད་བཞིན། །དེ་ལ་གང་ཞིག་ཡོད་པས་མགོན་བཅས་པ། །དྲི་མེད་ཁམས་ནི་དེ་ཡི་མངའ་གནས་བཞིན། །ཇི་ལྟར་བུད ་མེད་ལུས་ལ་དྲི་བཅས་གོས་གོན་མི་སྡུག་གཟུགས་ལྡན་པ། །ས་བདག་མངལ་ན་གནས་ཀྱང་མགོན་མེད་ཁང་པར་སྡུག་བསྔལ་མཆོག་མྱོང་ལྟར། །དེ་བཞིན་བདག་དང་ནང་གནས་མགོན་ཡོད་གྱུར་ཀྱང་མགོན་མེད་བློ་ལྡན་པ། །འགྲོ་བ་ཉོན ་མོངས་དབང་གིས་ཡིད་མ་ཞི་བ་སྡུག་བསྔལ་བཞི་ལ་གནས། །ཇི་ལྟར་ནང་གི་གསེར་ཞུན་གཟུགས་རྒྱས་པ། །ཞི་བ་ཕྱི་རོལ་ས་ཡི་རང་བཞིན་ཅན་མཐོང་ནས། །དེ་ཤེས་པ་དག་ནང་གི་གསེར། །སྦྱངས་ཕྱིར་ཕྱི་རོལ་སྒྲིབ་བསལ་བྱེད་ལྟར ་རང་བཞིན་འོད་གསལ་དྲི་མ་རྣམས་ཀྱང་ནི། །གློ་བུར་བར་ནི་རྣམ་པར་གཟིགས་གྱུར་ན། །རིན་ཆེན་འབྱུང་གནས་ལྟ་བུའི་འགྲོ་བ་རྣམས། །སྒྲིབ་པ་དག་ལས་སྤྱོད་མཛད་བྱང་ཆུབ་མཆོག་།ཇི་ལྟར་དྲི་མེད་གསེར་འབར་ལས་བྱས་ས་ཡི་ནང་དུ ་ཆུད་གྱུར་གཟུགས་།ཞི་དེ་རང་བཞིན་མཁས་པས་རིག་ནས་ས་དག་སེལ་བར་བྱེད་པ་ལྟར། །དེ་བཞིན་ཀུན་མཁྱེན་དག་པའི་གསེར་འདྲ་ཞི་བའི་ཡིད་ནི་མཁྱེན་གྱུར་ནས། །ཆོས་འཆད་ཚུལ་གྱི་རྡེགས་སྤྱད་སྒྲུབ་པས ་སྒྲིབ་པ་དང་ནི་སེལ་བ་མཛད། །པདྨ་སྲོག་ཆགས་བུང་བ་དང། །སྤུན་པ་དང་ནི་མི་གཙངས། །འབྲས་ཤུན་གོས་ཧྲུལ་བུད་མེད་ཀྱི། །མངལ་དང་ས་ཡི་སྤུབས་ན་ཡང། །སངས་རྒྱས་སྦྲང་རྩི་སྙིང་པོ་བཞིན། །གསེར་བཞིན་གཏེར་བཞིན ་ལྗོན་པ་བཞིན། །རིན་ཆེན་སྐུ་དང་འཁོར་ལོ་ཡི། །སྒྱུ་བ་བཞིན་དང་གསེར་གཟུགས་བཞིན། །སེམས་ཅན་ཁམས་ཀྱི་ཉོན་མོངས་སྒྲུབས། །མ་འབྲེལ་ཐོག་མ་མེད་པ་ན། །སེམས་ཀྱི་རང་བཞིན་དྲི་མེད་ནི། །ཐོག་མ་མེད་པ ་ཡིན་པར་བརྗོད། །ཆགས་དང་སྡང་དང་རྨོངས་དང་དེའི། །ཀུན་དང་དྲག་དང་བག་ཆགས་དང། །མཐོང་སྒོམ་ལམ་སྤངས་མ་དག་དང། །དག་པའི་ས་ལ་བརྟེན་པ་ཡི། །དྲི་མ་རྣམ་དགུ་པདྨ་ཡི། །སྦུབས་སོགས་དཔེས? ་ནི་རབ་བསྟན་ཏེ། །ཉེ་བའི་ཉོན་མོངས་སྒྲུབས་ཀྱི་ནི། །དབྱེ་བས་བྱེ་བ་མཛའ་ལས་འདས། །ཆགས་སོགས་ཉོན་མོངས་དགུ་པོ་འདི། །འདོར་བསྡུས་ན་ནི་གོ་རིམ་བཞིན། །པདྨའི་སྦུབས་ལ་སོགས་པ་ཡི། །དཔེ་དགུ་དག ་གིས་ཡང་དག་བསྟན། །དྲི་འདི་དག་གིས་བྱིས་རྣམས་དང། །དགྲ་བཅོམ་སློབ་དང་བློ་ལྡན་རྣམས། །རིམ་བཞིན་བཞི་དང་གཅིག་དང་ནི། །གཉིས་དང་གཉིས་ཀྱི་མ་དག་ཉིད། །ཇི་ལྟར་པད་མ་འདམ་སྐྱེས་དེ། །མདུན་དུ་གྱུར་ན ་ཡིད་དགའ་དང། །ཕྱི་ནས་དགའ་བ་མེད་གྱུར་ན། །འདོད་ཆགས་དགའ་བ་དེ་བཞིན་ནོ། །ཇི་ལྟར་སྲོག་ཆགས་སྦྲང་མ་ནི། །ཤིན་ཏུ་འཁྲུགས་ཏེ་མདུན་སྡེག་ལྟར། །དེ་བཞིན་ཞེ་སྡང་སྐྱེ་བ་ན། །སྙིང་ལ་སྡུག་བསྔལ་སྐྱེད་པར ་བྱེད། །ཇི་ལྟར་འབྲས་སོགས་སྙིང་པོ་ནི། །ཕྱི་རོལ་སྦུན་པས་བསྒྲིབས་པ་ལྟར། །དེ་བཞིན་སྙིང་པོའི་དོན་མཐོང་བ། །མ་རིག་སྒོ་ངའི་སྒྲུབས་ཀྱི་བསྒྲིབས། །ཇི་ལྟར་མི་གཙང་མི་མཐུན་པ། །དེ་བཞིན་ཆགས་དང་བཅས་རྣམས་ཀྱི། །འདོད ་པ་བསྟེན་པའི་རྒྱུ་ཡིན་ཕྱིར། །ཀུན་ནས་སྡང་བ་མི་གཙང་འདྲ། །ཇི་ལྟར་ནོར་ནི་བསྒྲིབས་པས་ན། །མི་ཤེས་གཏེར་ནི་མི་འཐོང་ལྟར། །དེ་བཞིན་སྐྱེ་ལ་རང་བྱུང་ཉིད། །མ་རིག་བག་ཆགས་ས་ཡིས་བསྒྲིབས། །ཇི་ལྟར་མྱུ་སོགས་རིམ ་སྐྱེས་པས། །ས་བོན་ཤུན་པ་གཅོད་པ་ལྟར། །དེ་བཞིན་དེ་ཉིད་མཐོང་བ་ཡིས། །མཐོང་སྤངས་རྣམས་ནི་ལྡོག་པར་འགྱུར། །འཕགས་པའི་ལམ་དང་འབྲེལ་བ་ལས། །འཇིག་ཚོགས་སྙིང་པོ་བཅོམ་རྣམས་ཀྱིས། །སྒོམ་ལམ་ཡེ་ཤེས ་སྤངས་བྱ་རྣམས། །གོས་ཧྲུལ་དག་དང་མཚུངས་པར་བསྟན། །ས་བདུན་ལ་བསྟེན་དྲི་མ་ནི། །མངལ་སྤུབས་དྲི་མ་དག་དང་མཚུངས། །མངལ་སྤུབས་བྲལ་འདྲ་མི་རྟོགས་པའི། །ཡེ་ཤེས་རྣམ་པར་སྨིན་པ་བཞིན། །ས་གསུམ་རྗེས་འབྲེལ ་དྲི་མ་རྣམས། །ས་འདམ་གྱིས་བཞིན་ཤེས་བྱ་སྟེ། །བདག་ཉིད་ཆེན་པོ་རྡོ་རྗེ་ལྟའི། །ཏིང་ངེ་འཛིན་གྱི་གཞོམ་བྱ་ཡིན། །དེ་ལྟར་ཆགས་སོགས་དྲི་མ་དགུ། །པདྨ་ལ་སོགས་དག་དང་མཚུངས། །རང་བཞིན་གསུམ་གྱིས་བསྡུས་ཕྱིར་ཁམས ་སངས་རྒྱས་སོགས་དང་ཆོས་མཚུངས་སོ། །འདི་ཡི་རང་བཞིན་ཆོས་སྐུ་དང། །དེ་བཞིན་ཉིད་དང་རིགས་ཀྱང་སྟེ། །དེ་ནི་དཔེ་གསུམ་གཅིག་དང་ནི། །ལྔ་རྣམས་ཀྱིས་ནི་ཤེས་པར་བྱ། །ཆོས་སྐུ་རྣམ་གཉིས་ཤེས་བྱ་སྟེ། །ཆོས ་དབྱིངས་ཤིན་ཏུ་དྲི་མེད་དང། །དེ་ཡི་རྒྱུ་མཐུན་ཟབ་པ་དང། །སྣ་ཚོགས་ཚུལ་ནི་སྟོན་པའོ། །འཇིག་རྟེན་འདས་ཕྱིར་འཇིག་རྟེན་ན། །འདི་ལ་དཔེ་ནི་མི་དམིགས་པས། །དེ་བཞིན་གཤེགས་པ་ཉིད་དང་ཁམས། །འདྲ་བ་ཉིད་དུ་བསྟན་པ ་ཡིན། །ཕྲ་མོ་ཟབ་མོའི་ཚུལ་བསྟན་ནི། །སྦྲང་རྩི་རོ་གཅིག་པ་བཞིན་ཏེ། །རྣམ་པ་སྣ་ཚོགས་ཚུལ་བསྟན་ནི། །སྣ་ཚོགས་སྤུབས་སྙིང་བཞིན་ཤེས་བྱ། །རང་བཞིན་འགྱུར་བ་མེད་པ་དང། །དགེ་དང་རྣམ་པར་དག་པའི་ཕྱིར། །དེ ་བཞིན་ཉིད་ནི་འདི་གསེར་གྱི་ནི། །གཟུགས་དང་མཚུངས་པར་བརྗོད་པ་ཡིན། །གཏེར་དང་འབྲས་བུའི་ཤིང་བཞིན་དུ། །རིགས་དེ་རྣམ་གཉིས་ཤེས་བྱ་སྟེ། །ཐོག་མེད་རང་བཞིན་གནས་པ་དང། །ཡང་དག་བླངས་པ་མཆོག་ཉིད་དོ། །རིགས་འདི ་གཉིས་ལས་སངས་རྒྱས་ཀྱི། །སྐུ་གསུམ་ཐེབ་པར་འདོད་པ་ཡིན། །དང་པོས་སྐུ་ནི་དང་པོ་སྟེ། །གཉིས་པ་ཡོས་ནི་ཕྱི་མ་གཉིས། །ངོ་བོ་ཉིད་སྐུ་མཛད་པ་ནི། །རིན་ཆེན་སྐུ་འདྲང་ཤེས་བྱ་སྟེ། །རང་བཞིན་གྱིས་ནི་བྱས་མིན་དང། །ཡོན་ཏན ་རིན་ཆེན་གཏེར་ཡིན་ཕྱིར། །ཆོས་ཆེན་རྒྱལ་སྲིད་ཆེ་ལྡན་ཕྱིར། །རྫོགས་ལོངས་འཁོར་ལོས་སྒྱུར་བཞིན་ནོ། །གཟུགས་བརྙན་གྱིས་ནི་རང་བཞིན་ཕྱིར། །སྤྲུལ་པ་གསེར་གྱི་གཟུགས་ལྟ་བུ། །རང་བྱུང་རྣམས་ཀྱི་དོན་དམ་སྟེ། །དང་པ་ཉིད ་ཀྱིས་རྟོགས་བྱ་སྟེ། །ཉི་མའི་དཀྱིལ་འཁོར་འོད་འབར་བ། །མིག་མེད་པས་ནི་མཐོང་བ་མེད། །འདི་ལ་གསལ་བྱ་ཅི་ཡང་མེད། །གཞག་པར་བྱ་བ་ཅུང་ཟད་མེད། །ཡང་དག་ཉིད་ལ་ཡང་དག་ལྟ། །ཡང་དག་མཐོང་ན་རྣམ་པར་གྲོལ། །རྣམ ་དབྱེ་བཅས་པའི་མཚན་ཉིད་ཅན། །གློ་བུར་དག་གིས་ཁམས་སྟོང་གིས། །རྣམ་དབྱེ་མེད་པའི་མཚན་ཉིད་ཅན། །བླ་མེད་ཆོས་ཀྱི་སྟོང་མ་ཡིན། །སྤྲིན་དང་རྨི་ལམ་སྒྱུ་བཞིན་དེ་དང་དེར། །ཤེས་བྱ་ཐམས་ཅད་རྣམས་ཀུན་སྟོང་པ་ཞེས་།གསུངས་ནས ་ཡང་བའི་རྒྱལ་རྣམས་སེམས་ཅན་ལ། །སངས་རྒྱས་སྙིང་པོ་ཡོད་ཅེས་ཅིས་ཏེ་གསུངས། །སེམས་ཞུམ་སེམས་ཅན་དམན་ལ་བརྙས་པ་དང། །ཡང་དག་མིན་འཛིན་ཡང་དག་ཆོས་ལ་སྐུར། །བག་ཆགས་ལྷག་པའི་སྐྱོན་ལྔ་གང་དགའ་།། ་ཡོད་པ་དེ་དག་དེ་སྤོང་དོན་དུ་གསུངས། །ཡང་དག་མཛའ་ནི་འདུས་བྱས་གྱི། །རྣམ་པ་ཐམས་ཅད་དབེན་པ་སྟེ། །ཉོན་མོངས་ལས་དང་རྣམ་སྨིན་དོན། །སྤྲིན་ལ་སོགས་པ་བཞིན་དུ་བརྗོད། །ཉོན་མོངས་སྤྲིན་འདྲ་བྱ་བ་ཡིན། །ལས་ནི་རྨི་ལམ ་ལོངས་སྤྱོད་བཞིན། །ཉོན་མོངས་ལས་ཀྱི་རྣམ་པར་སྨིན། །ཕུང་པོ་སྒྱུ་མ་སྤྲུལ་པ་བཞིན། །སྡར་ནི་དེ་ལྟར་རྣམ་བཞག་ནས། །སླར་ཡང་བླ་མའི་རྒྱུད་འདིར་ནི། །ཉེས་པ་ལྔ་དག་སྤང་བའི་ཕྱིར། །ཁམས་ཡོད་ཉིད་ཅེས་བསྟན་པ་ཡིན། །འདི ་ལྟར་དེ་ནི་མཐོས་པས། །བདག་ལ་བརྙས་པའི་ཉེས་པ་ཡིས། །སེམས་ནི་ཞུམ་པ་འགའ་ཞིག་ལ། །བྱང་ཆུབ་སེམས་ནི་མི་སྐྱེ་འགྱུར། །གང་ལ་བྱང་ཆུབ་སེམས་སྐྱེས་པས། །བདག་ནི་མཆོག་ཅེས་རློམ་པ་ན། །བྱང་ཆུབ་སེམས་མ ་སྐྱེས་པ་ལ། །དམན་པའི་འདུ་ཤེས་རབ་ཏུ་འཇུག་།དེ་ལྟར་སེམས་པ་དེ་ལ་ནི། །ཡང་དག་ཤེས་པ་མི་སྐྱེ་བ། །དེས་ན་ཡང་དག་མི་འཛིན་ཞིང། །ཡང་དག་དོན་ནི་རིགས་མི་འགྱུར། །བཅོས་མ་གློ་བུར་བ་ཉིད་ཕྱིར། །སེམས་ཅན་སྐྱེན ་དེ་ཡང་དག་མིན། །ཡང་དག་ཉེས་དེ་བདག་མེད་པ། །ཡོན་ཏན་རང་བཞིན་དག་པ་ཡིན། །ཡང་དག་མིན་པའི་ཉེས་འཛིན་ཞིང། །ཡང་དག་ཡོན་ཏན་སྐུ་འདེབས་པས། །སྐྱོན་མེད་ཡོན་ཏན་ལྡན་པ་དང། །བདག་དང་སེམས ་ཅན་མཚུངས་བྱ་སྟེ། །སངས་རྒྱས་ཉིད་ནི་མྱུར་དུ་ཐོབ། །ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས། །དཀོན་མཆོག་གི་རིགས་རྣམ་པར་དབྱེ་བ་ལ། །དེ་བཞིན་གཤེགས་པའི་སྙིང་པོའི་སྐབས་ཏེ་དང་པོའོ།། །།དག་ཐོབ ་བྲལ་བ་རང་བཞིན་དོན། །དེ་བརྟེན་བཟབ་དང་རྒྱ་ཆེ་དང། །བདག་ཉིད་ཆེན་པོ་དེ་ཡང་ནི། །ཇི་སྲིན་དུས་དང་ཇི་ལྟ་ཉིད། །ངོ་བོ་རྒྱུ་དང་འབྲས་བུ་དང། །ལས་དང་ལྡན་དང་འཇུག་པ་དང། །དེ་རྟག་བསམ་མི་ཁྱབ་ཉིད་ཀྱིས། ་སངས་རྒྱས་ནི་རྣམ་པར་གནས། །རང་བཞིན་འོད་གསལ་ཞེས་བརྗོད་གང་ཡིན་ཉིད་དང་མཁའ་བཞིན་གློ་བུར་གྱིས། །ཉོན་མོངས་ཤེས་བྱའི་སྤྲིན་ཚོགས་སྡུག་པོའི་སྒྲིབ་པ་ཡིས་ནི་བསྒྲིབས་གྱུར་པའི། །དྲི་མེད་སངས་རྒྱས་ཡོན་ཏན་ཀུན ་ལྡན་རྟག་བརྟན་གཡུང་དྲུང་སངས་རྒྱས་ཉིད། །དེ་ནི་ཆོས་ལ་མི་རྟོག་རྣམ་འབྱེད་ཡེ་ཤེས་དག་ལ་བརྟན་ནས་ཐོབ། །སངས་རྒྱས་ཉིད་ནི་དབྱེར་མེད་པ། །དག་པའི་ཆོས་ཀྱིས་རབ་ཕྱེ་བ། །ཉི་མཁའ་བཞན་ཏེ་ཡེ་ཤེས་དང། །སྤངས་པ ་གཉིས་ཀྱི་མཚན་ཉིད་དོ། །འོད་གསལ་བྱས་མིན་དབྱེར་མེད་པར། །འཇུག་ཅན་གངྒཱའི་ཀླུང་གི་ནི། །རྡུལ་ལས་འདས་པའི་སངས་རྒྱས་ཀྱིས། །ཆོས་རྣམས་ཀུན་དང་ལྡན་པ་ཉིད། །རང་བཞིན་གྱིས་ནི་མ་གྲུབ་དང། །ཁྱབ་དང་བློ ་བུར་བ་ཉིད་ཀྱིས། །ཉོན་མོངས་ཤེས་བྱའི་སྒྲབ?་པ་དེར། །སྤྲིན་དང་འདྲ་བར་བརྗོད་པ་ཡིན། །སྒྲིབ་པ་གཉིས་དང་བྲལ་བ་ཡི། །རྒྱུ་ནི་ཡེ་ཤེས་གཉིས་ཡིན་ཏེ། །མི་རྟོགས་པ་དང་དེ་ཡིན་ནི། །རྗེས་ཐོབ་དེ་ནི་ཡེ་ཤེས་འདོད།། ་དྲི་མེད་ཆུ་ལྡན་རིམ་རྒྱས་པར་མས་ཁེབས་པའི་མཚོ་བཞིན་དང། །སྒྲ་གཅན་ཁ་ནས་ཐར་པའི་ཟླ་བ་ཉ་བ་ལྟ་བུ་དང། །སྤྲིན་ཚོགས་ཉོན་མོངས་དག་ལས་གྲོལ་བའི་ཉི་མ་ལྟ་བུང་ནི། །དྲི་མེད་ཡོན་ཏན་ལྡན་ཕྱིར་འོད་ཟེར་སྣང་ལྡན་དེ་ཉིད ་དོ། །ཐུབ་པ་ཁྱུ་མཆོག་སྦྲང་རྩི་སྙིང་པོ་དང། །རིན་ཆེན་གསེར་དང་གཏེར་དང་ལྗོན་ཤིང་བཞིན་།དྲི་མེད་རིན་ཆེན་བདེ་གཤེགས་སྐུ་དང་ནི། །ས་བདག་གསེར་གྱི་གཟུགས་འདྲ་རྒྱལ་བ་ཉིད། །ཆུ་ཚོ་སོགས་བཞིན་འདོད་ཆགས་སོགས།། །། ་གློ་བུར་ཉོན་མོངས་དག་པ་ནི། །མདོར་ན་མི་རྟོག་ཡེ་ཤེས་ཀྱི། །འབྲས་བུ་ཡིན་པར་རབ་ཏུ་བརྗོད། །རྣམ་པ་ཀུན་གྱི་མཆོག་ལྡན་པ། །སངས་རྒྱས་སྐུ་ནི་ངེས་ཐོབ་པ། །ཡེ་ཤེས་འབྲས་བུ་ཡིན་པར་བཤད། །འདོད་ཆགས་རྡུལ་ནི་སྤངས་ཕྱིར་དང ་གདུལ་བྱ་ཡིན་ནི་པདྨ་ལ། །བསམ་གཏན་ཆུ་ནི་འབབ་ཕྱིར་དང། །ཆུ་དག་རྫིང་དང་མཚུངས་པ་ཡིན། །ཞེ་སྡང་སྐྲ་གཅན་ལས་གྲོལ་བས། །སྙིང་རྗེ་བྱམས་ཆེན་འོད་ཟེར་གྱིས། །འགྲོ་བ་ཁྱབ་པའི་ཕྱིར་ན་དེ། །དྲི་མེད་ཟླ་བ་ལྟ?་བ་བཞིན་གཏི་མུག ་སྤྲིན་ལས་རྣམ་གྲོལ་བས། །འགྲོ་བར་ཡེ་ཤེས་འོད་གཟེར་གྱི། །མུན་པ་སེལ་ཕྱིར་སངས་རྒྱས་ཉིད། །དེ་ནི་དྲི་མེད་ཉི་མ་བཞིན། །མི་མཉན་མཉན་པཱི་ཆོས་ཕྱིར་དང། །དམ་ཆོས་རོ་ནི་སྦྱིན་མཛད་དང། །ཤུན་པ་དང་ནི་བྲལ་ཕྱིར་དེ། །བདེ་གཤེགས ་སྦྲང་རྩི་སྙིང་པོ་བཞིན། །གང་ཕྱིར་ཡོན་ཏན་རྫས་ཀྱི་ནི། །དབུལ་བ་སེལ་བར་བྱེད་ཕྱིར་དང། །རྣམ་གྲོལ་འབྲས་བུ་སྨིན་བྱེད་ཕྱིར། །གསེར་དང་གཏེར་དང་ལྗོན་ཤིང་བཞིན། །རིན་ཆེན་ཆོས་ཀྱི་སྐུ་ཕྱིར་དང། །རྐང་གཉིས་བདག་པོ་ཕྱོཌ ་ཕྱིར་དང། རིན་ཆེན་གཟུགས་ཀྱི་རྣམ་པའི་ཕྱིར། །དེ་ནི་རིན་ཆེན་རྒྱལ་གསེར་བཞིན། །ཟག་པ་མེད་ཁྱབ་འཇིག་མང་ཆོས་ཅན་ཏེ། །བརྟན་ཞི་བརྟག་པ་འཕོ་མེད་གནས་ཡིན་ནོ། །དེ་བཞིན་གཤེགས་པ་མཁའ་བཞིན་དམ་པ་ཡི།། ་དབང་པོ་དྲུག་དོན་ཉམས་མྱོང་བའི་རྒྱུ། །འབྱུང་མང་གཟུགས་དོན་ལྟ་དང་གཏམ་བཟང་ནི། །གཙང་མ་ཉན་དང་བདེ་གཤེགས་ཚུལ་ཁྲིམས་ཀྱི། །དྲི་གཙང་སྣམ་དང་འཕགས་ཆེན་དམ་ཆོས་རོ། །མྱོང་དང་ཏིང་འཛིན་རེག་བདེ་ཉིས་མྱོང་དང ་རང་གི་ངོ་བོ་ཉིད་ཀྱི་ཟ་བའི་ཚུལ། །རྟོགས་པའི་རྒྱུར་གྱུར་ཞིམ་མོར་བསམས་པས་ནི། །དོན་དམ་བདེ་མཛད་དེ་བཞིན་གཤེགས་པ་ནི། །ནམ་མཁའ་བཞིན་དུ་རྒྱུ་མཚན་རྣམས་དང་བྲལ། །མདོར་ན་ཡེ་ཤེས་གཉིས་པོ་ཡི། །ལས་སུ་འདི ་ནི་ཤེས་བྱ་སྟེ། །གྲོལ་བའི་སྐུ་ནི་རྫོགས་པ་དང། །ཆོས་ཀྱི་སྐུ་ནི་སྦྱོང་བའོ། །རྣམ་གྲོལ་ཆོས་ཀྱི་སྐུ་དག་ནི། །རྣམ་གཉིས་རྣམ་གཅིག་ཤེས་བྱ་སྟེ། །ཟག་པ་མེད་ཕྱིར་ཁྱབ་པའི་ཕྱིར། །འདུས་མ་བྱས་ཀྱི་གནས་ཉིད ་ཕྱིར། །ཉོན་མོངས་རྣམས་ནི་བག་ཆགས་དང། །བཅས་པ་འགགས?་ཕྱིར་ཟག་མེད་དེ། །ཆགས་མེད་ཐོགས་མ་མེད་པའི་ཕྱིར། །ཡེ་ཤེས་ཁྱབ་པ་ཉིད་དུ་འདོད། །གཏན་དུ་འཇིག་པ་མེད་པ་ཡི། །རང་བཞིན་ཡིན་ཕྱིར་འདུས་མ་བྱས།། ་འཇིག་མེད་ཉིད་ནི་བསྟན་པ་སྟེ། །བསྟན་སོགས་རྣམས་ཀྱིས་དེ་བཤད་དོ། །འཇིགས་པ་རྣམ་བཞིར་ཤེས་བྱ་སྟེ། །བསྟན་སོགས་དག་ལས་བཟློག་ཕྱིར་རོ། །མྱགས་དང་རྣམ་འགྱུར་ཆད་པ་དང། །བསམ་མི་ཁྱབ་སྒྱུར་འཕོ་བ་སྟེ། ། ་དེ་མེད་ཕྱིར་ན་བརྟན་ཞི་དང། །རྟག་དང་འཕོ་མེད་ཤེས་པར་བྱ། །དྲི་མེད་ཤེས་ཏེ་དཀར་པོ་ཡི། །ཆོས་ཀྱི་རྟེན་ཡིན་ཕྱིར་ན་གནས། །ཇི་ལྟར་རྒྱུ་མིན་ནམ་མཁའ་ནི། །གཟུགས་མཐོང་བ་དང་སྒྲ་དང་དྲི། །རོ་དང་རེག་དང་ཆོས་རྣམས་ནི། །ཐོས ་ལ་སོགས་པའི་རྒྱུ་ཡིན་ལྟར། །དེ་བཞིན་སྐུ་གཉིས་སྒྲིབ་མེད་པའི། །སྦྱོར་བས་བརྟན་པའི་དབང་དོན་ལ། །ཟག་པ་མེད་པའི་ཡོན་ཏན་དག་སྐྱེ་བ་ཡི་རྒྱུ་ཡིན་ནོ། །བསམ་མེད་རྟག་པ་བརྟན་ཞིག་ཡུད་དྲུང་ཉིད། །རབ་ཏུ་ཞི་ཁྱབ ་རྟོག་བྲལ་ནམ་མཁའ་བཞིན། །ཆགས་མེད་ཀུན་ཏུ་ཐེགས་མེད་རྩུབ་རེག་སྤངས། །བལྟ་བཟུང་མེད་དགེ་སངས་རྒྱས་དྲི་མ་མེད། །རྣམ་གྲོལ་ཆོས་ཀྱི་སྐུ་དག་གིས། །རང་དང་གཞན་གྱིས་དོན་བསྟན་ཏེ། །རང་བཞིན་དོན་རྟེན་དེ་ལ ་ནི། །བསམ་མི་ཁྱབ་སོགས་ཡོན་ཏན་ལྡན། །ཐམས་ཅད་མཁྱེན་པའི་ཡེ་ཤེས་ཡུལ། །སངས་རྒྱས་ཤེས་གསུམ་ཡུལ་མིན་ཕྱིར། །ཡེ་ཤེས་ལུས་ཅན་རྣམས་ཀྱིས་ནི། །བསམ་མི་ཁྱད་པར་རྟོགས་པར་བྱ། །ཕྲ་ཕྱིར་ཐོས་པཱི? ་ཡུལ་མིན་ཏེ། །དོན་དམ་ཡིན་ཕྱིར་བསམ་བྱའི་མིན། །ཆོས་ཉིད་ཟབ་ཕྱིར་འཇིག་རྟེན་པའི། །སྒོམ་པ་ལ་སོགས་ཡུལ་མ་ཡིན། །གང་ཕྱིར་གཟུགས་ལ་དམུས་ལང་བཞིན། །བྱིས་པས་དེ་སྔོན་མཐོང་མ་མྱོང། །བཅས་པའི་ཁྱིམ་གནས ་བུ་ཆུང་གིས། །ཉི་མའི་གཟུགས་བཞིན་འཕགས་པས་ཀྱང། །སྐྱེ་དང་བྲལ་ཕྱིར་རྟག་བ་སྟེ། །འགག་པ་མེད་ཕྱིར་བརྟན་པ་ཡིན། །གཉིས་མེད་ཕྱིར་རེ་ཞི་པ་སྟེ། །གཡུང་དྲུང་ཆོས་ཉིད་གནས་ཕྱིར་རོ། །ར་བཞི་འགོག་པའི་བདེན་པའི ་ཕྱིར། །ཐམས་ཅད་རྟོགས་ཕྱིར་ཁྱབ་པ་ཉིད། །གནས་པ་མེད་ཕྱིར་རྟོགས་མེད་ད། །ཉོན་མོངས་སྤངས་ཕྱིར་ཆགས་པ་མེད། །ཤེས་བྱའི་སྒྲིབ་ཀུན་དག་པའི་ཕྱིར། །ཐམས་ཅད་དུ་ནི་ཐོགས་པ་མེད། །གཉིས་མེད་ལས་སུ་རུང་བའི་ཕྱིར། །རྩུབ ་པའི་རེག་དང་བྲལ་བ་ཡིན། །དེ་གཟུགས་མེད་ཕྱིར་བལྟང་མེད་དེ། །མཚན་མ་མེད་ཕྱིར་གཟུང་དུ་མེད། །དགེ་བ་རང་བཞིན་དག་པའི་ཕྱིར། །དྲི་མེད་དྲི་མ་སྤངས་ཕྱིར་རོ། །ཐོག་མ་དབུས་མཛའ་མེད་ཅིང་རྣམ་དབྱེར་མེད། །གཉིས་མེད་གསུཾ ་བྲལ་དྲི་མེད་རྣམ་རྟོག་མེད། །ཆོས་དབྱིངས་རང་བཞིན་གང་ཡིན་དེ་རྟོགས་པ། །མཉམ་པར་བཞག་པའི་རྣལ་འབྱོར་པ་ཡིས་མཐོང། །གཞལ་མེད་གང་གའི་བྱེ་མ་ལས་འདས་པ། །བསམ་མེད་མཉམ་མང་ཡོན་ཏན་རྣམས་དང་ལྡན། ་དེ་བཞིན་གཤེགས་པའི་དྲི་མེད་དབྱིངས་དེ་ནི། །བག་ཆགས་བཅས་པའི་ཉེས་པ་རྣམས་སྤངས་པའོ། །སྣ་ཚོགས་དམ་ཆོས་འོད་ཟེར་མངའ་བའི་སྐུས། །འགྲོ་བའི་རྣམ་གྲོལ་དོན་གྲུབ་ལ་བརྩོན་པ། །མཛད་པ་ཡིད་བཞིན་ནོར་བུའི་རྒྱལ ་བཞིན་ཏེ། །སྣ་ཚོགས་དངོས་དང་དེ་ཡི་རང་བཞིན་མིན། །འཇིག་རྟེན་ཞི་བའི་ལམ་ལ་འཇུག་པ་དང། །རབ་ཏུ་སྨིན་དང་ལུང་བསྟོན་རྒྱུ་ནི་གཟུགས། །གང་ཡིན་དེ་ཡང་འདིར་ནི་རྟག་གནས་ཏེ། །ནམ་མཁའ་ཨི་ཁམས་སུ་གཟུགས་ཀྱི་ཁམས ་བཞིན་ནོ། །རང་འབྱུང་རྣམས་ཀྱི་ཐམས་ཅད་མཁྱེན། །སངས་རྒྱས་ཉིད་ཅེས་གང་བརྗོད་པ། །མཆོག་ཏུ་མྱ་ངན་འདས་བསམ་མེད། །དགྲ་བཅོམ་སོ་སོའི་བདག་གྱུར་པ། །དེ་དབྱེ་ཟབ་དང་རྒྱ་ཆེ་དང། །བདག་ཉིད་ཆེས? ་པོའི་ཡོན་ཏན་གྱི། །ཆོས་ཀྱི་རབ་ཕྱེ་རང་བཞིན་ལ། །སོགས་པའི་སྐུ་གསུམ་དག་གིས་འཇུག་།དེ་ལ་སངས་རྒྱས་རྣམས་ཀྱི་ནི། །ངོ་བོ་ཉིད་སྐུ་མཚན་ཉིད་ལྔ། །མདོར་ན་ཡོན་ཏན་ལྔ་དང་ནི། །ལྡན་པ་ཉིད་དུ་རིག་པར་བྱ། །འདུས་མ ་བྱས་ཤིང་རྣམ་དབྱེར་མེད། །མཛའ་གཉིས་དག་ནི་རྣམ་པར་སྤངས། །ཉོན་མོངས་ཤེས་བྱ་སྙོམས་འཇུག་གི་།སྒྲིབ་གསུམ་ལས་ནི་ངེས་གྲོལ་ཏེ། །དྲི་མེད་རྣམ་པར་རྟོག་མེད་དང། །རྣལ་འབྱོར་རྣམས་ཀྱི་ཡུལ་ཡིན་ཕྱིར། །ཆོས་དབྱིངས ་ངོ་བོ་ཉིད་ཀྱིས་ནི། །དག་པའི་ཕྱིར་ན་འོད་གསལ་བ། །གཞལ་མེད་གྲངས་མེད་བསམ་མེད་པ། །མཉམ་མེད་དག་བའི་མཐར་ཐུག་པ། །ཡོན་ཏན་རྣམས་དང་ཡང་དག་པར། །ངོ་བོ་ཉིད་ཀྱི་སྐུ་ལྡན་ཏེ། །རྒྱ་ཆེའི་ཕྱིར་དང་གྲངས་མེད་ཕྱིར། ་རྟོག་གེའི་ཡུལ་ནི་མིན་ཕྱིར་དང། །འབའ་ཞིག་བག་ཆགས་བཅས་སྤངས་ཕྱིར། །གཞལ་མེད་ལ་སོགས་གོ་རིམ་བཞིན། །སྣ་ཚོགས་ཆོས་ལ་རྫོགས་ལོངས་སྤྱོད། །རང་བཞིན་ཆོས་ནི་སྣང་ཕྱིར་དང། །ཐུགས་རྗེ་དག་པའི་རྒྱུ་འཐུན། ་པ་།འགྲོ་དོན་རྒྱུན་མི་འཆད་ཕྱིར་དང། །རྣམ་པར་རྟོག་མེད་ལྷུན་གྲུབ་པར། །འདོད་པ་ཇི་བཞིན་ཡོངས་བསྐོར་ཕྱིར། །ཡིད་བཞིན་ནོར་བུའི་རྫུ་འཕྲུལ་གྱིས། །རྫོགས་པའི་ལོངས་སྤྱོད་རྣམ་པར་གནས། །བརྗོད་སྟོན་མཛད་རྒྱུན་མི ་འཆད་དང། །མངོན་པར་འདུ་བྱེད་མེད་པ་དང། །དེ་ཡི་ངོ་བོར་མིན་སྔོན་པ། །འདིར་ནི་སྣ་ཚོགས་རྣམ་ལྔར་བཅོད?། །ཇི་ལྟར་ཚོན་ནི་སྣ་ཚོགས་གྱིས། །ནོར་བུ་དེ་དངོས་མིན་སྣང་ལྟར། །དེ་བཞིན་འགྲོ་སྐྱེན་སྣ་ཚོགས་པས། །ཁྱབ ་བདག་དེ་དངོས་མིན་པར་སྣང། །ཐུགས་རྗེ་ཆེན་པོས་འཇིག་རྟེན་མཁྱེན། །འཇིག་རྟེན་ཀུན་ལ་གཟིགས་ནས་ནི། །ཆོས་ཀྱི་སྐུ་ལས་མ་གཡོས་པར། །སྤྲུལ་པའི་རང་བཞིན་སྣ་ཚོགས་ཀྱིས། །སྐྱེ་བ་མངོན་པར་སྐྱེ་བ་དང། །དགའ་ལྡན་ནས་ནི་འཕོ ་བ་དང། །ལྷུམས་སུ་འཇུག་དང་བལྟམས་པ་དང། །གཟོ་ཡི་གནས་ལ་མཁས་པ་དང། །བཙུན་མོའི་འཁོར་དགྱེས་རོལ་པ་དང། །ངེས་འབྱུང་དཀཱ?་བ་སྤྱོད་བ་དང། །བྱང་ཆུབ་སྙིང་པོར་གཤེགས་པ་དང། །བདུད་སྡེ་འཇོམས་དང་རྫོགས་པར་ནི། ། ་བྱང་ཆུབ་ཆོས་ཀྱི་འཁོར་ལོ་དང། །མྱ་ངན་འདས་པར་གཤེགས་མཛད་རྣམས། །ཡོངས་སུ་མ་དག་ཞིང་རྣམས་སུ། །སྲིད་པ་ཇི་སྲིད་གནས་པར་སྟོན། །མི་རྟག་སྡུག་བསྔལ་བདག་མེད་དང། །ཞི་བའི་སྒྲ་ཡིས་ཐབས་མཁྱེན་པ། །སེམས་ཅན ་སྲིད་གསུམ་སྐྱོ་བསྐྱེད་ནས། །མྱ་ངན་འདས་ལ་རབ་འཇུག་མཛད། །ཞི་བའི་ལམ་ལ་རབ་ཞུགས་པ། །མྱ་ངན་འདས་ཐོབ་འདུ་ཤེས་ཅན། །དམ་ཆོས་པདྨ་དཀར་ལ་སོགས། །ཆོས་ཀྱི་དེ་ཉིད་བསྟན་པ་ཡིས། །དེ་དག་སྔར་འཛིན་ལས ་བཟློག་སྟེ། །ཐབས་དང་ཤེས་རབ་ཡོངས་བཟུང་བས། །ཐེག་པ་མཆོག་ལ་སྨིན་མཛད་དེ། །བྱང་ཆུབ་མཆོག་ཏུ་ལུང་སྟོན་ཏོ། །ཟབ་དང་མཐུ་ནི་ཕུན་ཚོགས་དང། །བྱིས་པའི་དོན་མཐུན་རབ་འདྲེན་ཕྱིར། །འདི་དག་གྲངས་བཞིན་ཟབ?་པ་དང།། ་རྒྱ་ཆེའི་བདག་ཉིད་ཤེས་པར་བྱ། །འདིར་ནི་དང་པོ་ཆོས་སྐུ་སྟེ། །ཕྱི་མ་དག་ནི་གཟུགས་ཀྱི་སྐུ། །ནམ་མཁའ་ལ་ནི་གཟུགས་གནས་བཞིན། །དང་པོ་ལ་ནི་ཐ་མ་གནས། །སྒྱུ་མཛའ་ཡས་དང་སེམས་ཅན་ཟད་མེད་དང། །བརྩེ་དང་འཕྲུལ་དང་མཁྱེན ་དང་ཕུན་ཚོགས་ལྡན། །ཆོས་ཀྱི་དབང་ཕྱུག་འཆི་བའི་བདུད་བཅོམ་དང། །ངོ་བོ་མེད་ཕྱིར་འཇིག་རྟེན་མགོན་བོ་བརྟག། ལུས་དང་སྲོག་དང་ལོངས་སྤྱོད་རྣམས། །བཏང་ནས་དམ་ཆོས་འཛིན?་ཕྱིར་དང། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །དང ་པོའི་དམ་བཅའ་མཐར་འབྱིན་ཕྱིར། །སངས་རྒྱས་ཉིད་ལ་གཙང་བ་དང། །དག་པའི་ཐུག་རྗེ་རབ་འཇུག་ཕྱིར། །རྫུ་འཕྲུལ་རྐང་པ་སྟོན་པ་ནི། །དེ་ཡིས་གནས་པར་སྤྱོད་པའི་ཕྱིར། །མཁྱེན་པས་འཁོར་དང་མྱ་ངན་འདས། ། ་གཉིས་སུ་འཛིན་ལས་གྲོལ་བའི་ཕྱིར། །རྟག་ཏུ་བསམ་ཡས་ཏིང་འཛིན་གྱིས། །བདེ་བ་ཕུན་སུམ་ཚོགས་ལྡན་ཕྱིར། །འཇིག་རྟེན་ན་ནི་སྤྱོད་པ་ན། །འཇིག་རྟེན་ཆོས་ཀྱིས་གོས་མེད་ཕྱིར། །འཆི་མེད་ཞི་བའི་གནས་ཐོབ་ལ། །འཆི་བདུད་རྒྱུར་བ ་མེད་པའི་ཕྱིར། །འདུས་མ་བྱས་པའི་རང་བཞིན་གྱིས། །ཐུབ་པ་གདོད་ནས་རབ་ཞིའི་ཕྱིར། །རྟག་པ་སྐྱབས་མེད་རྣམས་ཀྱིས་ནི། །སྐྱབས་ལ་སོགས་པར་འཐད་ཕྱིར་རོ། །དང་པོ་ཡིས་ནི་རྒྱུན་འདུན་གྱིས། །གཟུགས་ཀྱི་སྐུ་ནི་རྟག་ཉིད་དེ།། ་ཕྱེ་མ་གསུམ་གྱིས་སྟོན་པ་ནི། །ཆོས་ཀྱི་སྐུ་ཡིས་རྟག་པ་ཉིད། །དག་ཡུལ་མིན་ཕྱིར་དོན་དམ་གྱིས་བསྡུས་ཕྱིར། །རྟོགས་གནས་མིན་ཕྱིར་དཔེ་ལས་འདས་པའི་ཕྱིར། །བླ་ན་མེད་ཕྱིར་སྲིད་ཞིས་མ་བསྡུས་ཕྱིར། །རྒྱལ་ཡུལ་འཕགས་རྣམས ་ཀྱིས་ཀྱང་བསམ་མི་ཁྱབ། །བསམ་མེད་བརྗོད་དུ་མེད་ཕྱིར་དེ། །བརྗོད་མེད་དོན་དམ་ཡིན་ཕྱིར་རོ། །དོན་དམ་བརྟག་བྱ་མིན་ཕྱིར་ཏེ། །བརྟག་མིན་རྗེས་དཔག་བྱ་མིན་ཕྱིར། །དཔག་མེད་བླ་ན་མེད་པའི་ཕྱིར། །བླ་ན་མེད་པ་མ་བསྡུས ་ཕྱིར། །མ་བསྡུས་གནས་པ་མེད་ཕྱིར་དེ། །ཡོན་ཏན་སྐྱོན་རྟོག་མེད་ཕྱིར་རོ། །རྒྱུ་ལྔ་དེག་གིས་ཕྲ་བའི་ཕྱིར། །ཆོས་སྐུ་བསམ་མི་ཁྱབ་པ་སྟེ། །དྲུག་པས་དེ་ཡི་དངོས་མིན་ཕྱིར། །གཟུགས་སྐུ་བསམ་མི་ཁྱབ་པའོ། །བླ་མེད་ཡེ་ཤེས ་ཐུགས་རྗེ་ཆེ་སོགས་ཡོན་ཏན་གྱི། །ཡོན་ཏན་ཕ་རོལ་བྱོན་པའི་རྒྱལ་བ་བསམ་མི་ཁྱབ། །དེས་ན་རང་བྱུང་རྣམས་ཀྱི་ཐ་མའི་ཚུལ་འདི་ནི། །དྲང་སྲོང་ཆེན་པོ་དབང་ཐོབ་རྣམས་ཀྱིས་ཀྱང་རིག་མིན། །ཐེག་པ་ཆེན་པོའི་རྒྱུད་བླ་མའི་བསྟན ་བཅོས་དཀོན་མཆོག་གི་རིགས་རྣམ་པར་དབྱེ་བ་ལས། །བྱང་ཆུབ་ཀྱི་སྐབས་ཏེ་གཉིས་པའོ།། །།རང་དོན་གཞན་དོན་དོན་དབ་སྲུ་དང་ནི། །དེ་ལ་བརྟེན་པའི་ཀུན་རྫོབ་སྐུ་ཉིད་དེ། །བྲལ་དང་རྣམ་པར་སྨིན་བའི་འབྲས་བུ་ནི། །ཡོན་ཏན་དབྱེ་བ ་དྲུག་ཅུ་བཞི་འདི་དག་།བདག་ཉིད་ཀྱིས་ནི་སྦྱོར་བའི་གནས། །དམ་པའི་དོན་གྱི་སྐུ་ཡིན་ཏེ། །དྲང་སྲོང་རྣམས་ཀྱི་བརྡ་ཡི་སྐུ། །ཕ་རོལ་ཕུན་སུམ་ཚོགས་པའི་གནས། །དང་པོའི་སྐུ་ནི་སྟོབས་ལ་སོགས། །བྲལ་བའི་ཡོན་ཏན་རྣམས་དང་ལྡན། ་གཉིས་པ་སྐྱེས་བུ་ཆེན་པོའི་མཚན། །རྣམ་སྨིན་ཡོན་ཏན་དག་དང་ལྡན། །སྟོབས་ཉིད་མ་རིག་སྒྲིབ་ལ་རྡོ་རྗེ་བཞིན། །མི་འཇིགས་ཉིད་ནི་འཁོར་དུ་སེང་གེ་གཞིན། །དེ་བཞིན་གཤེགས་པའི་མ་འདྲེས་མཁའ་བཞིན་ཏེ། །ཐུབ་པའི་བསྟན ་པ་རྣམ་གཉིས་ཆུ་ཟླ་བཞིན། །གནས་དང་གནས་མིན་ལས་རྣམས་ཀྱི། །རྣམ་སྨིན་དང་ནི་དབང་པོ་དང། །ཁམས་རྣམས་དང་ནི་མོས་པ་དང། །ཀུན་འགྲོའི་ལམ་དང་བསམ་གཏན་སོགས། །ཉོན་མོངས་དྲི་མ་མེད་པ་དང། །གནས་ནི་རྗེས་སུ་དྲན་པ་དང། །ལྷ ་ཡི་མིག་དང་ཞི་བདག། མཁྱེན་པའི་སྟོབས་ནི་རྣམ་པ་བཅུ། །གནས་དང་གནས་མིན་རྣམ་སྨིན་ཁམས་དང་འགྲོ་བའི་མོས་པ་སྣ་ཚོགས་དང། ཉོན་མོངས་རྣམ་བྱང་དབང་པོའི་ཚིགས་དང་སྔོན་གནས་རྗེས་སུ་དྲན་པ་དང། །ལྷ་ཡི་མིག་དང། ་ཟག་པ་ཟད་ཚུལ་མི་ཤེས་གོ་ཆ་རྩིག་བརྟན་དང། །ཤིང་རྣམས་འབིགས་དང་བཞིག་དང་གཅོད་ཕྱིར་སྟོབས་གང་ཡིན་པ་རྡོ་རྗེ་བཞིན་ནི། །ཆོས་ཀུན་རྫོགས་པར་བྱང་ཆུབ་དང། །གེགས་ནི་འགོག་པར་བྱ་བ་དང། །ལམ་སྟོན་པ་དང་འགོག་སྟོན་ལ། །མི ་འཇིགས་པ་ནི་རྣམ་པ་བཞི། །བདག་གཞན་ཤེས་བྱའི་དངོས་པོ་རྣམས་ཀུན་ཤེས་དང་ཤེས་མཛད་ཕྱིར། །སྤང་དངོས་སྤོང་དང་སྤོང་མཛད་ཕྱིར་དང་བརྟེན་བྱ་བརྟེན་པའི་ཕྱིར། །ཐོབ་བྱ་བླ་མེད་ཤིན་ཏུ་དྲི་མེད་ཐོབ་དང་ཐོབ་མཛད་ཕྱིར། །རང་གཞན་དོན་བདེན་གསུང་ ་ཕྱིར་དྲང་སྲོང་གང་དཱུང་ཐོགས་པ་མེད། །རི་དྭགས་དབང་པོ་ཇི་ལྟར་ནགས་མཐར་རྟགས་འཇིགས་མེད། །རི་དྭགས་རྣམས་ལ་སྐྲག་པ་མེད་པར་རྒྱུ་བ་ལྟར། །དེ་བཞིན་ཚོགས་ན་ཐུབ་པའི་དབང་པོ་སིངྒེ་ཡང། །ལེགས ་གནས་ལྟོས་མེད་བརྟན་པའི་རྩལ་དང་ལྡན་པར་གནས། །འཁྲུལ་དང་ཅ་ཅོ་མི་མངའ་སྟེ། །སྟོན་ལ་དྲན་པ་ཉམས་མི་མངའ་། །མཉམ་པར་མ་བཞག་ཐུགས་མི་མངའ་། །འདུ་ཤེས་སྣ་ཚོགས་ཀྱང་མི་མངའ་། །མ་བརྟགས་བཏང་སྙོམས་མི་མངའ་ ་སྟེ། །འདུན་པ་བརྩོན་འགྲུས་དྲན་པ་དང། །ཤེས་རབ་རྣམ་གྲོལ་རྣམ་གྲོལ་གྱིས། །ཡེ་ཤེས་གཟིགས་པ་ཉམས་མི་མངའ་། །ལས་རྣམ་ཡེ་ཤེས་སྔོན་འགྲོ་དང། །དུས་ལ་ཡེ་ཤེས་གཟིགས་པ་མེད། །དེ་ལྟར་བཅོ་བརྒྱད་འདི་དེང་གཞན ་སྟོན་པའི་མད་འདྲེས་ཡོན་ཏན་ཡིན། །འཁྲུལ་དང་ཅ་ཅོ་བསྙིལ་དང་ཐུགས་གཡོ་ཐ་དད་ཀྱིས་ནི་འདུ་ཤེས་དང། །དང་གིས་བཏང་སྙོམས་དྲང་སྲོང་ལ་མེད་འདུན་པ་དང་ནི་བརྩོན་འགྲུས་དང། །དྲན་དང་རྣམ་དག་དྲི་མེད་ཤེས་རབ་རྟག་ཏུ་རྣམ་པར་གྲོལ་བ་དང། །ཤེས ་བྱའི་དོན་ཀུན་གཟིགས་པ་གྲོལ་བའི་ཡེ་ཤེས་ལས་ནི་ཉམས་མི་མངའ་། །གང་གིས་ལས་གསུམ་ཐམས་ཅད་ཡེ་ཤེས་སྔོན་འགྲོ་རྗེས་སུ་འཇུག་པ་དང། །དུས་གསུམ་རྟག་ཏུ་ཐོག་མེད་ངེས་པར་མཁྱེན་པ་རྒྱ་ཆེན་འཇུག་པ་སྟེ། །གང་རྟོགས་འགྲོ་བར་འཇིགས ་མེད་དམ་ཆོས་འཁོར་ལོང་ཆེན་པོ་རབ་བསྐོར་བ། །ཐུགས་རྗེ་ཆེན་པོ་དང་ལྡན་རྒྱལ་བ་ཉིད་ངེས་སངས་རྒྱས་རྣམས་ཀྱིས་བརྙེས། །ས་སོགས་ལ་ཡོད་ཆོས་གང་ཡིན་པའི་ཆོས་ཉིད་དེ་ནི་ནམ་མཁའ་ཨི་མིན། །ནམ་མཁའ་ཨི་མཚན་ཉིད་སྒྲིབ་མེད་ལ་སོགས་མཚན ་ཉིད་གང་དག་གཟུགས་ལ་མེད། །ས་ཆུ་མེ་རླུང་ནམ་མཁའ་མཚུངས་པ་འཇིག་རྟེན་དག་ནི་ཐུན་མོང་སྟེ། །མ་འདྲེས་ཉིད་ནི་རྡུལ་ཕྲན་ཙམ་ཡང་འཇིག་རྟེན་དག་ན་མཐུན་མོང་མིན། །ལེགས་གནས་འཁོར་ལོས་མཚན་པ་དང། །ཡང་ས་དང་ཞབས་ལོངས་མི་མངོན ་དང། སོར་མོ་རིང་དང་ཕྱག་ཞབས་སོ་ནི། །དྲ་བ་ཡིས་ནི་འབྲེལ་བ་དང། །བགས་འཇམ་གཞོན་ཤ་ཅན་ལེགས་ཉིད། །སྐུ་ནི་བདུན་དག་མཐོ་བ་དང། །བྱིན་པ་ཨེ་ཎེ་ཡ་འདྲ་གསུང། །གླང་པོ་བཞིན་དུ་སྦུབས་སུ་ནུས། །རོ་སྟོང་སེང་གེ་འདྲ་བ་དང། །ཐལ་གོང་བར ་མེད་རྒྱས་པ་དང། །དཔུང་མགོ། ལེགས་ཟླུམ་ཕྱག་འཇམ་ཞིང། །ཟླུམ་ཞིང་མཐོན་དམན་མེད་པ་དང། །ཕྱག་རིང་ཡོངས་སུ་དག་པའི་སྐུ། །འོད་ཀྱི་དཀྱིལ་འཁོར་དང་ལྡན་དང། །མགྲིན་པ་དྲི་མེད་དུད་དང་འདྲ། །འགྲམ་པ་རི་དགས་རྒྱལ་པོ་འང། །ཚེམས ་ནི་བཞི་བཅུ་མཉམ་པ་དང། །རབ་དག་ཚམས་ཐགས་བཟང་བ་དང། །རྣམ་དག་ཚེམས་མཉམ་ཉིད་དང་ནི། །མཆེ་བར་བ་མཆོག་དཀར་བ་ཉིད། །ལྗགས་རིང་མཛའ་མེད་བསམ་མེད་པ། །རོ་བྲོ་བ་ཡི་མཆོག་ཉིད་དང། །རང་བྱུང་ཀ་ལ་པིང་ཀ་ཡི། །སྒྲ་དང ་ཚངས་པའི་དབྱངས་ཉིད་དང་སྤྱན་བཟང་ཨུཏ་པལ་ཁྱུ་མཆོག་རྫ་འདྲ་དང། །ཞལ་མཛེས་དྲི་མེད་མཛོད་སྤུ་དཀར་ལྡན་པ། །གཙུག་གཏོར་དབུར་ལྡན་དག་ཅིང་སྲབ་པ་དང། །པགས་པ་གསེར་གྱི་མདོག་འདྲ་སེམས་ཅན་མཆོག། བ་སྤུ་ལེགས་ཕྲ ་འཇམ་ཞིང་རེ་རེ་ནས། །སྐུ་ཡི་གྱེན་དུ་གཡས་ཕྱོགས་འཁྱིལ་པོ་དང། །དབུ་སྐྲ་དྲི་མེད་རིན་ཆེན་མཐོན་མཐིང་བཞིན། །ནྱ་གྲོ་རྫོགས་པའི་ལྗོན་ཤིང་དཀྱིལ་འཁོར་འདྲ། །ཀུན་ཏུ་བཟང་པོ་དཔེ་མེད་དྲང་སྲོང་ཆེ། །སྲེད་མེད་བུ་ཡི་སྟོབས་མངའ་ ་མཁྲེགས་པའི་སྐུ། །བསམ་མི་ཁྱབ་འབར་སུམ་ཅུ་རྩ་གཉིས་པོ། །འདི་དག་སྟོན་པས་མི་དབང་མཚན་དུ་གསུངས། །ཇི་ལྟར་སྤྲིན་མེད་ནམ་མཁའ་ཨི་ཟླ་བའི་གཟུགས། །སྟོན་ཀའི་ཆུ་སྔོན་མཚོན་ནི་མཐོང་བ་ལྟར། །དེ་བཞིན་རྒྱལ་སྲས་ཚོགས་ཀྱིས ་ཁྱབ་བདག་གཟུགས། །རྫོགས་སངས་དཀྱིལ་འཁོར་ནང་དུ་མཐོང་བར་འགྱུར། །ཡོན་ཏན་དྲུག་ཅུ་རྩ་བཞི་པོ་།འདི་དག་སོ་སོར་རྒྱུར་བཅས་ཏེ་།གོ་རིམ་ཇི་བཞིན་རིན་ཆེན་གྱིས། །མདོ་ཡི་རྗེས་འབྲངས་ཤེས་པར་བྱ། །མི་ཕྱེད་པ་དང་ནི། ཞན ་དང། །མཚུངས་པ་མེད་དང་གཡོ་མེད་ཕྱིར། །རྡོ་རྗེ་སེང་གེ་མཁའ་དག་པ། །ཆུ་ཡི་ཟླ་བའི་ཡེ་ཤེས་བསྟན་ཏོ། །སྟོབས་སོགས་རྣམས་ལས་སྟོབས་དྲུག་དང། །གདམ?་དད་གཅིག་གིས་རིམ་པ་བཞིན། །ཤེས་བྱ་སྙོམས་པར་འཇུག་པ་དང།། ་བག་ཆགས་བཅས་པ་ཀུན་བསལ་བས། །གོ་ཆ་རྩིག་པ་ཤིང་བཞིན་དུ། །ཕུག་དང་གཞིག་དང་བཅད་ཕྱིར་རོ། །བརླང་དང་སྙིང་བརྟན་མི་བྱེད་བུས། །དྲང་སྲོང་སྤྲོ་པས་རྡོ་རྗེ་འདྲ། །གང་ཕྱད?་ག་རླིང་པ་སྙིང་པའི་ཕྱིར། །གང་ཕྱིར་སྙིང་པོ་བརྟན་པའི་ཕྱིར། །གང་ཕྱིར་བརྟན ་པ་མི་ཕྱེད་ཕྱིར། །མི་ཕྱེད་ཕྱིར་ན་རྡོ་རྗེ་བཞིན། །འཇིག་མེད་ཕྱིར་དང་ལྟོས་མེད་ཕྱིར། །བརྟན་ཕྱིར་རྩལ་ནི་ཕུན་ཚོགས་པ། །ཐུབ་པས་སེང་གེ་སེང་གེ་བཞིན། །འཁོར་གྱི་ཚོགས་སུ་འཇིགས་མི་མངའ་། །ཀུན་མངོན་མཁྱེན་པས་གང་ལས་ཀྱང། །འཇིགས་མེད་པར་ནི ་རྣམ་པར་གནས། །དག་པའི་སེམས་ཅན་དང་ཡང་བདག། མི་མཉམ་གཟིགས་ཕྱིར་ལྟོས་པ་མེད། །ཐུགས་ནི་ཆོས་རྣམས་ཐམས་ཅད་ལ། །རྩེ་གཅིག་ཕྱིར་ན་བརྟན་པ་ཉིད། །མཆོག་ཏུ་མ་རིག་བག་ཆགས་ཀྱི། །ས་ལས་བརྒལ་བྱིར་རྩལ་ལྡན་ནོ། །འཇིག་རྟེན་ཉན ་ཐོས་མཛའ་གཅིག་ཏུ། །སྤོང་དང་བློ་ལྡན་རང་བྱུང་རྣམས། །གོང་ནས་གོང་དུ་བློ་དག་ནི། །ཕྲ་ཕྱིར་དབེ་ནི་རྣམ་པ་ལྔ། །འཇིག་རྟེན་ཀུན་གྱི་ཉེར་འཚོའི་ཕྱིར། །ས་ཆུ་མེ་རླུང་རྣམས་དང་མཚུངས། །འཇིག་རྟེན་འཇིག་རྟེན་འདས་པ་ཡིས། །མཚན་ཉིད་ལས་འདས ་ནམ་མཁའ་བཞིན། །དེ་དག་ཡོན་ཏན་སུམ་ཅུ་ནི། །གཉིས་འདི་ཆོས་སྐུས་རབ་བྱེ་སྟེ། ནོར་བུ་རིན་ཆེན་འོད་མདོག་དང། །དབྱིབས་བཞིན་དབྱེ་བ་མེད་ཕྱིར་རོ། །མཐོང་ན་ཚིམ་བྱེད་ཡོན་ཏན་གང། །སུམ་ཅུ་རྩ་གཉིས་ཞེས་བྱ་བ་སྤྲུལ་པ་ཆོས་ལ་རྫོགས་པར་ནི།། ་ལོངས་སྤྱོད་རྫོགས་སྐུ་གཉིས་ལ་བརྟེན། །དག་ལས་ཉེ་དང་རིང་རྣམས་ལ། །འཇིག་རྟེན་རྒྱལ་བའི་དཀྱིལ་འཁོར་དུ། །ཆུ་དང། ནཾ་ཁར་ཟླ་གཟུགས་བཞིན། །དེ་མཐོང་བ་ནི་རྣམ་པ་གཉིས། །ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས། །དཀོན་མཆོག་གི་རིགས ་རྣམ་པར་དབྱེ་བ་ལས། །ཡོན་ཏན་གྱིས་སྐྱབས་ཏེ་གསུམ་པའོ།། །།གདུལ་བྱའི་ཁམས་དང་གདུལ་བའི་ཐབས་དང་ནི། །གདུལ་བྱའི་ཁམས་ཀྱིས་གདུལ་བའི་བྱ་བ་དང། །དེ་ཡི་ཡུལ་དང་དུས་སུ་གཤེགས་པ་ལ། །ཁྱབ་བདག་རྟག་ཏུ་ལྷུན་གྱིས ་གྲུབ་པར་འཇུག་ཡོན་ཏན་རིན་ཆེན་མཆོག་ཚོགས་དང་ལྡན་ཡེ་ཤེས་ཆུ་མཚོ་བ་བསོད་ནམས་ཡེ་ཤེས་ཉི་འོད་ཅན། །ཐེག་བ་མ་ལུས?་ངེས་པར་བསྒྲུབས་ཏེ་མཛའ་དང་དབུད་མེད་རྒྱ་ཆེན་ནམ་མཁའ་ལྟར་ཁྱབ་པ། །སངས་རྒྱས་ཉིད་ནི་ཡོན་ཏན་དྲི་མ་མེད་གཏེར ་སེམས་ཅན་ཀུན་ལ་ཁྱད་མེད་རྣམ་གཟིགས་ནས། །ཉོན་མོངས་ཤེས་བྱའི་སྤྲིན་གྱིས་དྲ་བ་སངས་རྒྱས་རྣམས་ཀྱི་ཐུགས་རྗེའི་རླུང་གིས་རྣམ་པར་གཏེར། །གང་གིས་གང་གིས་གདུལ་བ་ཡིས། །བྱ་གང་གང་དུ་གང་གི་ཚེ། །དེ་ཡི་རྣམ་རྟོག་སྐྱེ་མེད་ཕྱིར། ་ཐུབ་པ་རྟག་ཏུ་ལྷུན་གྱིས་གྲུབ། །གདུལ་བྱའི་ཁམས་ནི་གང་ཞིག་གིས། །གདུལ་བྱའི་ཐབས་མང་གང་གང་གིས། །གདུལ་བྱའི་བྱ་གང་གང་དུ་ནི། །གང་ཚེའི་ཡུལ་དང་དུས་དེ་དག། ངེས་འབྱིན་དེ་ཡི་སྟོན་པ་དང། །ངས་འབྲས་དེ་ཡི་ཡོངས་འཛིན་དང། །དེའི ་སྒྲིབ་དེ་གཅོད་རྐྱེན་ལ་ནི། །རྣམ་པར་རྟོག་པ་མེད་ཕྱིར་རོ། །ངེས་པར་འབྱིན་པས་བཅུ་སྟེ། །ཚོགས་གཉིས་དག་ནི་དེ་ཡི་རྒྱུ། །དེ་འབྲས་བྱང་ཆུབ་མཆོག་ཡིན་ཏེ། །བྱང་ཆུབ་སེམས་ཅན་ཡོངས་སུ་འཛིན། །དེའི་སྒྲིབ་མཛའ་ཡས་ཉོན་མོངས་དང། །ཉེ་བའི་ཉོན་མོངས ་བག་ཆགས་སོ། །དུས་ཀུན་དུ་ནི་དེ་འཇོམས་པའི། །རྐྱེན་ནི་ཐུགས་རྗེ་ཆེན་པོ་ཡིན། །གནས་དྲུག་པོ་ནི་འདི་དག་རྣཾས། གོ་ར་ཇི་བཞིན་བྱ་མཚོ་དང། །ཏིམ་དང་ནི་ནམ་མཁའ་གཏེར། །སྦྲིན་དང་ཆུང་བཞིན་ཤེས་པར་བྱ། །ཤེས་ཆུ་ཡོན་ཏན་རིན་ཆེན་དང། །ལྡན་ཕྱིར་ས་རྣམས་རྒྱ་མཚོ་བཞིན། ་སེམས་ཅན་ཐམས་ཅད་ཉེར་མཚོའི་ཕྱིར། །ཚོགས་གཉིས་དག་ནི་ཉི་མ་བཞིན། །རྒྱ་ཆེ་མཛའ་དང་དེ་བུས་མེད་ཕྱིར། །བྱང་ཆུབ་ནམ་མཁའ་ཨི་ཁམས་བཞིན་ནོ། །ཡང་དག་རྫོགས་སངས་ཆོས་ཉིད་ཕྱིར། །སེམས་ཅན་ཁམས་ནི་གཏེར་དང་འདྲ། །གློ་བུར་ཁྱབ ་དང་མ་གྲུབ་ཕྱིར། དེ་ཡི་ཉོན་མོངས་སྤྲིན་ཆོགས་བཞིན། །དེ་འཐོར་བ་ནི་ཉེར་གནས་ཕྱིར། །ཐུགས་རྗེ་མི་ཟད་རླུང་དང་འདྲ། །གཞན་གྱི་དབང་གིས་ངེས་འབྱུང་དང། །བདག་དང་སེམས་ཅན་མཚུངས་གཟིགས་དང། །མཛད་པ་ཡོངས་སུ ་མ་རྫོགས་ཕྱིར། །འཁོར་བ་སྲིང་དུ་མཛད་མི་འཆད། །བརྒྱ་བྱིན་ལྔ་སྤྲིན་ཚངས་པ་དང། །ཉི་མ་ནོར་བུ་རིན་ཆེན་བཞིན། །དེ་བཞིན་གཤེགས་པ་སྒྲ་སྙན་བཞིན། །ནམ་མཁའ་དང་ནི་ས་བཞིན་ནོ། །ཇི་ལྟར་བཻཌཱུར་ད་དག་པ་ཡི། །རང་བཞིན་ས་སྟེང་འདི་གྱུར་ཏེ། །དག ་ཕྱིར་ལྟ་ཡི་དབང་པོ་དེ། །ལྟ་ཡི་བུ་མོའི་ཚོགས་དང་བཅས། །རྣམ་པར་རྒྱལ་བའི་ཁང་བཟང་དང། །ལྷག་ནས་དེ་ལས་གཞན་དག་དང། །དེ་ཡི་གཞལ་ཡས་སྣ་ཚོགས་དང། །ལྷ་རྫས་རྣམས་མད་དེ་མཐོང་ངོ། །དེ་ནས་སྐྱེས་པ་བུད་མེད་ཚོགས། །ས་ཡི་སྟེང ་ན་གནས་པ་རྣམས། །སྣང་བ་དེ་ནི་མཐོང་གྱུར་ཏེ། །དེད་ཀྱང་རིང་པོར་མི་ཐོགས་པར། །ལྷ་དབང་འདི་འདྲར་གྱུར་ཅིག་ཅེས། །དེ་འདྲའི་སྣོན་ལམ་འདེ་པས་བྱེད་ཅིང། །དེ་ཐོབ་དོན་དུ་དགེ་བ་ནི། །ཡང་དག་བླངས་ཏེ་གནས་པར་གྱུར། །དེ་དག་དགེ་བའི་ལས་ངེས ་ནི། །འདི་སྣང་ཙམ་ཞེས་དེ་ལྟ་བུར། །ཤེས་པ་མེད་ཀྱང་ས་སྟེང་ནས། །འཕོས་ཏེ་ལྷར་ནི་སྐྱེ་བར་འགྱུར། །སྣང་བ་དེ་ནི་ཤིན་ཏུ་ཡང། རྟོགས་པ་མེད་ཅིང་གཡོ་བ་མེད། །དེ་ལྟ་མོད་ཀྱིས་སྟེང་ནས། །དོན་ཆེན་གྱིས་ནི་ཉེ་བར་གནས། །དེ་བཞིན་དང་སོགས ་དྲི་མེད་ཅན། །དང་སོགས་ཡོན་ཏན་བསྒོམས་པ་ཡི། །དང་སེམས་ལ་སྣང་རྫོགས་སངས་རྒྱས། །མཚན་དང་དཔེ་བྱད་དང་ལྡན་པ། །འཆགས་པ་དང་ནི་བཞེངས་པ་དང། །བཞུགས་པ་དང་ནི་གཟིམས་པ་དང། །སྤྱོད་ལམ་སྣ་ཚོགས་མཛད་པ་ཅན།། ་ཞི་བའི་ཆོས་ནི་གསུང་པ་དང། །མི་གསུང་མཉམ་པར་བཞག་གྱུར་པ། །ཆོ་འཕྲུལ་རྣམ་པ་སྣ་ཚོགས་དང། །མཛད་པ་གཟིམ་དངས་ཆེན་པོ་ཅན། །སེམས་ཅན་རྣམས་ཀྱིས་མཐོང་བར་འགྱུར། །དེ་མཐོང་ནས་ཀྱང་འདོད་ལྡན་པ། །སངས་རྒྱས་ཉིད ་ཕྱིར་རབ་སྦྱོར་ཏེ། །དེ་རྒྱུ་ཡང་དག་བླངས་ནས་ནི། །འདོད་པའི་གོ་འཕང་ཐོབ་པར་བྱེད། །སྣང་བ་དེ་ནི་ཤིན་ཏུ་ཡང། །རྟོག་མེད་གཡོ་བ་མེད་པ་ཉིད། །དེ་ལྟ་ན་ཡང་འཇིག་རྟེན་ན། །དོན་ཆེན་པོས་ནི་ཉེ་བར་གནས། །འདི་ནི་རང་སེམས་སྣང་བ་བཞིན། །སོ་སོའི་སྐྱེ་བོར་མི་ཤེས ་མོང་།དེ་ལྟ་ན་ཡང་གཟུགས་མཐོང་སྟེ། །དེ་དག་ལ་ནི་དོན་ཡོད་འགྱུར། །རིམ་གྱིས་དེ་མཐོང་ལ་བརྟེན་ནས། །ཐེག་པ་འདི་ལ་གནས་པ་རྣམས། །ནང་གི་དམ་པའི་ཆོས་སྐུ་ནི། །ཡེ་ཤེས་མིག་གིས་མཐོང་བར་འགྱུར། །ཇི་ལྟར་ས་ཀུན་ཉམས་པའི་གནས་གཞན་དང ་དྲ་ལ་དྲི་མེད་བཻཌཱུརྱ། །གསལ་མཛེས་ནོར་བུའི་ཡོན་ཏན་དྲི་བྲལ་དཔལ་ལྡན་སྟེང་ནི་མཉམ་གྱུར་ཏེ། །དག་ཕྱིར་དེར་ནི་ལྟ་བདག་སྣ་ཚོགས་ལྷ་དབང་ལྷ་ཡི་གཟུགས་ཤར་ཏེ། །རིམས་གྱིས་ས་ཡིས་ཡོན་ཏན་བྲལ་ཕྱིར་དེ་ནི་སླར་ཡང་མི་སྣང་འགྱུར། །དེ་དངོས་ཐོབ ་ཕྱིར་བསྙེན་གནས་བརྟུལ་བཞུགས་ངེས་པར་སྦྱིན་སོགས་ལ་ཕྱོགས་པ། །བུད་མེད་སྐྱེས་ཚོགས་སྨོན་པའི་སེམས་ཀྱིས་མེ་ཏོག་ལ་སོགས་འཐོར་དེ་ལྟར། དག་པའི་བཻ་ཌཱུརྱ་འདྲའི་སེམས་ལ་སྣང་བའི་ཐུབ་དབང་ཐོབ་བྱའི་ཕྱིར། །རབ་དགེ་སེམས་ལྡན་རྒྱལ་བའི ་སྲས་རྣམས་དེ་བཞིན་སེམས་རབ་སྐྱེད་པར་བྱེད། ཇི་ལྟར་བཻཌཱུརས་བཞི་གཙང་མ་ལ། །ལྟ་དབང་ལུས་ཀྱིས་གཟུགས་བརྙན་སྣང་བ་ལྟར། །དེ་བཞིན་འགྲོ་སེམས་བཞི་གཙང་པ་ལ། །ཐུབ་པའི་དབང་པོ་སྐུ་ཡི་གཟུགས་བརྙན་འཆར། །འགྲོ་བར་གཟུགས ་བརྙན་འཚང་ནུ་བརྙོག་མེད་དང། །རྙོག་པའི་རང་སེམས་རབ་འཇུག་དབང་གིས་འཇུག་།ཇི་ལྟར་འཇིག་རྟེན་དག་ན་གཟུགས་སྣང་ལྟར་དེ་བཞིན་ཡོད་དང་ཞིག་ཅེས་དེ་མི་ལྟ། །ཇི་ལྟར་ལྟ་སྣང་ལྟ་རྣམས་ཀྱིས། །སྔོན་གྱི་དཀར་པོའི་མཐུ་ཡིས་ནི། །འབང་དང་གནས ་དང་ཡིད་གཟུགས་དང། །རྣམ་པར་རྟོག་པ་མེད་བཞིན་དུ། །མི་རྟག་བསྡུག་བསྔལ་བདག་མེད་དང། །ཞི་བའི་སྒྲ་ཡིས་བག་མེད་པའི། །ལྷ་རྣམས་ཐམས་ཅད་ཡང་ནས་ཡང། །ཆོས་ཀྱི་སྔས་ནི་སྐུལ་བྱེད་ལྟར། །དེ་བཞིན་ཁྱབ་བདག་འབད་སོགས་དང། །བྲལ ་ཡང་འགྲོ་བ་མ་ལུས་པ། །སངས་རྒྱས་གསུང་གིས་ཁྱབ་མཛད་དེ། །སྐལ་ལྡན་རྣམས་ལ་ཆོས་སྟོན་ཏོ། །ཇི་ལྟར་ལྷ་ནང་ལྷ་རྣམས་ཀྱི། །རྔ་སྒྲ་རང་གིས་ལས་ལས་འབྱུང། །དེ་བཞིན་འཇིག་རྟེན་ཐུབ་པའི་ཆོས། །གསུང་བ་རང་གིས་ལས་ལས ་འབྱུང། །འབད་ནས་ལུས་དང་སེམས་བྲལ་བའི། །སྒྲ་དེ་ཇི་ལྟར་ཞི་སྒྲུབ་ལྟར། །དེ་བཞིན་འབད་སོགས་དང་བྲལ་བའི། །ཆོས་དེ་ཞི་བ་སྒྲུབ་པར་བྱེད། །ཇི་ལྟར་ལྷ་ཡི་གྲོང་ན་རྔ་སྒྲའི་རྒྱུས་བྱུང་མི་འཇིགས་སྦྱིན་པ་ནི། །ཉོན་མོངས་གཡུལ་དུ་འཇུག་ཚེ་ལྷ་མི་དབུང? ་རྒྱལ་རྩེད་མོ་སེལ་བ་བཞིན། །དེ་བཞིན་འཇིག་རྟེན་དག་ན་གསམ་གཏན་གཟུགས་མེད་ལ་སོགས་རྒྱུས་བྱུང་བ། །སེམས་ཅན་ཉོན་མོངས་སྡུག་བསྔལ་རབ་འཇོམས་ཞི་བ་བླ་མེད་ལམ་ཚུལ་བརྗོད། །གང་ཕྱིར་སྐྱེ་ཀུན་པ་ཉིད་དང། །ཕན་བདེ་ཆོ་འཕྲུལ་གསུམ ་ལྡན་པ། །དེ་ཕྱིར་ཐུབ་དབྱངས་ལྷ་རྫས་ཀྱིས། །སིལ་སྙན་རྣམས་ལས་ཁྱད་པར་འཕགས། །ལྷར་ནི་རྔ་ཡི་སྒྲ་ཆེན་པོ། །སར་གནས་རྣམས་ཀྱི་རྣར་མི་འགྲོ། སངས་རྒྱས་རྔ་སྒྲ་འཁོར་བ་ཡིས། །ས་འགྲོ་འཇིག་རྟེན་དག་ཏུ་འགྲོ་།ལྷར་ནི་ལྷ་ཡི་སིལ ་སྙན་བྱེ་བ་མང། །འདོད་མི་མངོན་པར་འཕེལ་བའི་དོན་དུ་སྒྲོགས། །མཐུ་རྗེའི་བདག་ཉིད་རྣམས་ཀྱི་དབྱངས་གཅིག་ཀྱང། །སྡུག་བསྔལ་མེར་གཞི་བའི་དོན་དུ་འཇུག། ལྷར་ནི་མཛེས་ཤིང་ཡིད་འོང་སིལ་སྙན་སྒྲ། །སེམས་ཀྱི་རྒོད་པ་འཕེལ་བར ་འགྱུར་བའི་རྒྱུ། །ཐུགས་རྗེའི་བདག་ཉིད་དེ་བཞིན་གཤེགས་པའི་གསུང། །ཏིང་འཛིན་སེམས་གཏོང་བསམ་པ་སྤྲུལ་བྱེད་ཉིད། །མདོར་ན་མ་ལུས་འཇིག་རྟེན་རྣམས་སུ་ཡང། །ལྷ་དང་ས་ཡི་བདེ་པའི་རྒྱུ་གང་ཡིན། །དེ་ནི་མ་ལུས་འཇིག་རྟོན་ཀྱང ་སྣང་ལ། །དབྱངས་ཉིད་ལ་ནི་རབ་ཏུ་བརྟེན་པར་བརྗོད། །ཇི་ལྟར་སྣང་བ་དང་བྲལ་བས། །ཕྲ་མའི་སྒྲ་ནི་མི་མྱོང་ཞིང། །ཐམས་ཅད་ལྷ་ཡི་རྣ་བར་ཡང། །རྣ?་ལམ་དུ་ནི་མི་འགྲོ་ཞིང། །དེ་བཞིན་ཆོས་ཕྲ་མཆོག་ཏུ་ནི། །ཞིབ་མོའི་ཡེ་ཤེས་སྤྱོ་ཡུལ་ཡོང། ། ་ཉོན་མོངས་མེད་ཡིད་འགའ་ཞིག་གི། རྣ་ལམ་དུ་ནི་འགྱུར་བ་ཡིན། །ཇི་ལྟར་དབྱར་གྱི་དུས་ན་སྤྲིན། །ལོ་ཏོག་ཕུན་སུམ་ཚོགས་པའི་རྒྱུ། །ཆུ་ཡི་ཕུང་པོ་འབད་མེད་པར། །ས་ལ་རྒྱན་དུ་འབེབས་པ་ལྟར། །དེ་བཞི་ག?་ཐུགས་རྗེའི་སྤྲིན་ལས་ནི། །རྒྱལ་བའི་ད ་ཆོས་ཆུ་ཡིས་ཆར། །འགྲོ་བའི་དགེ་བའི་ལོ་ཏོག་རྒྱུ། །རྣམ་པར་རྟོག་པ་མེད་པར་འབེབས། །ཇི་ལྟར་འཇིག་རྟེན་དགེ་བའི་ལམ་འཇུག་ན། །རླུང་སྐྱེས་ཆུ་ཆང་སྤྲིན་གྱིས་འབེབས་པ་ལྟར། །དེ་བཞིན་བརྩ་རླུང་འགྲོ་དགེ་མངོན་འཕེལ་ཕྱིར། །སངས་རྒྱས་སྤྲིན ་ལས་དམ་ཆོས་ཆར་འབེབས་པ། །སྲིད་ལ་མཁྱེན་དང་བརྩེ་ཆེན་འབྱུང་བ་དང། །མི་འགྱུར་མ་གོས་ནམ་མཁའ་ཨི་དཀྱིལ་གནས་པ། །ཏིང་འཛིན་གཟུང་ཆུ་དྲི་མེད་སྙིང་པོ་ཅན། །ཐུབ་དབང་སྤྲིན་ནི་དགེ་བའི་ལོ་ཏོག་རྒྱུ། །ཇི་ལྟར་བསིལ་དང་ཞིམ་དང་འཇམ་པ ་དང། །ཡང་བའི་ཆུ་ནི་སྦྱིན་དེ་ལས་འཐོན་པ། །ས་ལ་བ་ཚ་ལ་སོགས་གནས་འབྲེལ་བས། །ཤིན་ཏུ་མང་པོའི་རོར་ནི་འགྱུར་བ་བཞིན། །དེ་བཞིན་འཕགས་པའི་ཡན་ལག་བརྒྱད་ཆུའི་ཆར། །རབ་ཡངས་བརྩེ་སྤྲིན་སྙིང་པོ་ལས་མཐོན་པ། །འགྲོ་བའི ་རྒྱུད་ཀྱི་གནས་ཀྱི་དབྱེ་བ་ལས། །རྣམ་པ་མང་པོའི་རོ་དང་ལྡན་པར་འགྱུར། །ཐེག་པ་མཆོག་ལ་དང་བ་དང། །བར་མ་དང་ནི་སྡང་བ་ཡིས། །ཕུང་པོ་གསུམ་ནི་མི་དག་དང། །རྨ་བྱ་དང་སྡུག་པ་ལྟར། །སྙིང་རྗེ་སྤྲིན་ཚོགས་དག་གིས་ཆོས་ཆུ་བྱུང་རྒྱུ་བཱི ་བྱ་དག་དང། །དབྱར་ཚེས་ལ་ཆར་འབབ་པ་ན་ཡི་དགས་དག་ནི་སྡུག་པ་ལྟར། །སྙིང་རྗེ་སྤྲིན་ཚོགས་དག་གིས་ཆོས་ཆུ་བྱུར་དང་མ་བྱུང་བ་ལས་ཀྱང། །ཆོས་འདོད་པ་དང་ཆོས་ལ་སྣང་བའི་འཇིག་རྟེན་གཞན་ནི་དཔེ་དེ་ཉིད། །ཐིགས་པ་རགས་འབབས་རྡོ་ཚན ་དང་ནི་རྔོའི་མི་ནི་འབེབས་པ་ན། །སྲོག་ཆགས་ཕྲ་དང་རི་སུལ་སོང་བདག་ན་ཇི་ལྟར་སྤྲིན་ལྟོས་མེད། །ཕྲ་དང་རྒྱ་ཆེན་རིགས་ཐབས་ཚུལ་གྱིས་མཁྱེན་པ་དང་ནི་བརྩེ་བའི་སྤྲིན། །ཉོན་མོངས་དག་འགྱུར་བདག་ལྟའི་བགོ་ལ་ཉལ་དག་?་ཀུན་ལྟོས་པ་མེད། །འཁོར་ ་བསྐྱེ་འཆི་ཐོག་མཛའ་མེད་དེར་འགྲོ་བའི་ལམ་ནི་རྣམ་པ་ལྔ། །མི་གཙང་བ་ལ་དྲི་ཞིམ་མེད་བཞིན་མེད་བཞིན་འགྲོ་ལྔ་དག་ན་བདེ་བ་མེད། །དེ་ཡི་སྡུག་བསྔལ་རྟག་ཏུ་མཚོན་རྒྱ་ཚྭ་ལ་སོགས་རེག་སྐྱེས་བཞིན། །མཐུ་རྗེའི་སྦྲིན་ལས་དམ་ཆོས་ཆར་ཆེན ་ད་རབ?་ཞི་བྱེད་རབ་ཏུ་འབེབས། །ལྷ་ལ་འཆི་འཕོ་མི་ལ་ཡོངས་ཚོལ་སྡུག་སྔལ་ཞེས་བྱར་རྟོགས་པའི་ཕྱིར། །ཤེས་རབ་ལྡན་པ་ལྷ་མིའི་དབང་ཕྱུག་མཆོག་ལའང་མངོན་པར་འདོད་མེད་དོ། །ཤེས་རབ་དང་ནི་དེ་བཞིན་གཤེགས་པའི་གསུང་རབ ་དང་པའི་རྗེས་འབྲངས་ནས། །འདེ་ནི་སྡུག་བསྔལ་འདི་རྒྱུ་འདི་རྒྱུ་འདི་ནི་འགོག་ཅེས་ཤེས་པས་མཐོང་ཕྱིར་རོ། །ནད་ནི་ཤེས་བྱ་ནང་ཀྱི་རྒྱུ་ནི་སྤང་བྱ་ལ། །བདེ་གནས་ཐོབ་བྱ་སྨན་ནི་བསྟེན་པར་བྱ་བ་ལྟར། །སྡུག་བསྔལ་རྒྱུ་དང་དེ་འགོག་བ་དང་དེ་བཞིན་ལམ།། ་ཤེས་བྱ་རེག་པར་བྱ་ཞིང་བརྟེན་པར་བྱ། །ཇི་ལྟར་ཚངས་བ་ཚངས་པ་ཡི། །གནས་ནས་འཕོ་བ་མེད་བཞིན་དུ། །ལྷ་ཡི་གནས་ནི་ཐམས་ཅད་དུ། །སྣང་བ་འབད་མེད་སྟོན་པ་ལྟར། །དེ་བཞིན་ཐུབ་པ་ཆོས་སྐུ་ལས། །བསྐྱོད་པ་མེད་པར་ཁམས ་ཀུན་དུ། །བསྐལ་ལྡན་རྣམས་ལ་འབང་མེད་པར། །སྤྲུལ་པ་དག་ནི་སྟོན་པར་མཛད། །ཇི་ལྟར་ཚངས་རྟག་གཞལ་ཡས་ཁང་ལས་མི་གཡོས་དང་ཁམས་ཞུགས་པ་དེ། །ལྷ་རྣམས་ཀྱིས་མཐོང་དེ་མཐོང་དེ་ནི་ཡུལ་ལ་དགའ་བ་སྤོང་བྱེད་ལྟར། ་དེ་བཞིན་གཤེགས་པ་ཆོས་ཀྱི་སྐུ་ལས་མི་སྐྱོང་འཇིག་རྟེན་ཀུན་དུ་དེ། །སྐལ་ལྡན་གྱིས་མཐོང་དེ་མཐོང་དེ་ཡང་རྟག་ཏུ་དྲི་མ་ཀུན་སེལ་བྱེད། །སྔོན་ཀྱི་རང་ཉིད་སྨོན་ལམ་དང། །ལྷ་རྣམས་ཀྱི་ནི་དགེ་བའི་མཐུས། །ཇི་ལྟར་ཚངས་པ་འབང་མེད་སྣང།། ་རང་བྱང་སྐུ་བ་སྐུ་དེ་བཞིན་ནོ། །འཕོ་དང་ལྷུམས་འཇུག་བལྟམས་དང་ཡབ་ཀྱི་ཁབ་གཤེགས་དང། །དགྱེས་རོལ་དང་དབེན་པར་སྤྱོད་དང་འདུང་བཅོམ་དང། །བྱང་ཆུབ་ཆེ་བསྙེས་ཞི་བའི་གྲོང་ཁྱེར་ལམ་སྟོན་དག་།བསྟན་གནས་ཐུབ་པ་སྐལ་མེད་མིག་གི་ལམ ་མི་འགྱུར། །ཇི་ལྟར་ཉི་མས་གདུགས་པས་དུས་གཅིག་ཆེ་ཉིད་ལ། །པང་སོགས་རྒྱས་དང་ཀུ་མུ་ད་ནི་རབ་ཟུམ་པ། །ཆུ་སྐྱེས་བྱེ་དང་ཟུམ་པའི་ཡོན་ཏན་སྐྱོན་དག་ལ། །ཉི་མ་རྟོག་མེད་འདི་ནི་འཕགས་པའི་ཉིད་དེ་བཞིན། །ཇི་ལྟར་ཉི་མ་རྟོག་མེད་པར་དང་འོད་ཅིག་ཅར་སྤྲོས ་པ་ཡིས། །པདྨ་རྒྱས་པར་བྱེད་པ་དང། །གཞན་དག་སྨིན་པར་བྱེད་པ་ལྟར། །དེ་བཞིན་དེ་བཞིན་གཤེགས་པ་ཡི། །ཉི་མ་དམ་ཆོས་འོད་ཟེར་དག་།གདུལ་བྱའི་སྐྱེ་བོ་པདྨ་ལ། །རྣམ་པར་རྟོག་པར་མེད་པར་འཇུག། ཆོས་དང་གཟུགས་ཀྱི་སྐུ་དག་ནི། །བྱང་ཆུབ་སྙིང་པོའི ་མཁར་ཤར་བ་།ཀུན་མཁྱེན་ཉི་མ་འགྲོ་བར་ནི། །ཡེ་ཤེས་འོད་ཟེར་སྤྲོ་བར་མཛད། །གང་ཕྱིར་གདུལ་བྱ་དག་པ་ཡི། །ཆུ་ཡི་སྣོད་ནི་ཐམས་ཅད་ལ། །བདེ་གཤེགས་ཉི་མའི་གཟུགས་བརྙན་ནི། །དཔག་ཏུ་མེད་པ་ཅིག་ཅར་འཆར། །རྟག་ཏུ་ཐམས་ཅད་ལ ་ཁྱབ་པ། །ཆོས་དབྱིངས་ནམ་མཁའ་ཨི་དཀྱིལ་དུ་ནི། །སངས་རྒྱས་ཉི་མ་གདུལ་བྱ་ཡི། །རི་ལ་ཇི་ལྟར་འོས་པར་འབབས། །ཇི་ལྟར་རྒྱ་ཆེན་འོད་ཟེར་སྟོང་ལྡན་ཉི་ཤར་འདི། །འཇིག་རྟེན་ཀུན་ཏུ་སྣང་བར་བྱས་ནས་རིམས་གྱིས་ནི། །མཆོག་དང་མ་དམན ་པའི་རིལ་འབབ་དེ་བཞིན། །རྒྱལ་བའི་ཉི་མ་སེམས་ཅན་ཚོགས་ལ་རིམ་ཀྱིས་འབབ། །ཞིང་ཀུན་ནམ་མཁའ་ཨི་མཐིལ་སྤྲོ་ཉི་མ་ལ་མེད་ལ། །མི་ཤེས་མན་བཀབ་ཤེས་བྱའི་དོན་སྟོན་པ་ཡང་མིན། །མཐུ་རྗེའི་བདག་ཉིད་སྣ་ཚོགས་མདོག་བཀྱེ་འོད་ཚོཌ ་ཀྱིས། །གསལ་བ་དག་ནི་འགྲོ་ལ་ཤེས་བྱའི་དོན་སྟོན་མཛད། །སངས་རྒྱས་གྲོང་དུ་གཤེགས་ཆ་མིག་དང་མི་ལྡན་པ་ཡི་སྐྱེ་བོ་རྣམས། །མཐོང་ཞིང་དོན་མེད་ཚོགས་བྲལ་དོན་དེ་མཐོང་བ་ལས་ནི་མྱོང་བ་དང། །གཏི་མུག་གིས་ལྡོངས་སྲིད་པའི ་ཚོར་ལྷུང་ལྟ་བའི་མུན་པས་བསྒྲིབས་པ་རྣམས། །སངས་རྒྱས་ཉི་མའི་འོད་ཀྱིས་བློ་སྣང་མ་མཐོང་བ་ཡི་གནས་མཐོང་འགྱུར། །ཇི་ལྟར་མིང་བཞིན་ནོར་བུ་ནི། །རྟོག་པ་མེད་ཀྱང་ཅིག་ཅར་དུ། །སྤྱོད་ཡུལ་གནས་པ་རྣམས་ཀྱི་ནི། །བསམ་ཀུན་སོ་སོར ་རྫོགས་བྱེད་ལྟར། །དེ་བཞིན་སངས་རྒྱས་འཇིག་བརྟེན་ལ། །བརྟེན་ནས་བསམ་པ་ཐ་དང་རྣམས། །སྣ་ཚོགས་ཆོས་ནི་ཐོས་འགྱུར་ཡང། །ད་ནི་དེ་ལ་རྣམ་མི་རྟོག། ཇི་ལྟར་ནོར་བུ་རིན་ཆེན་རྟོག་མེད་འདོད་པའི་ནོར། །འབད་པ་མེད ་པར་གཞན་པ་དག་ལ་རབ་སྟེར་ལྟར། །དེ་བཞིན་ཐུབ་པ་བད་མེད་ཇི་ལྟར་འོས་པར་ནི། །གཞན་གྱི་དོན་དུ་སྲིད་པ་ཇི་སྲིད་རྟག་ཏུ་བཞུགས། །གང་ཕྱིར་རྒྱ་མཚོ་ས་འོག་གནས་དེ་ལ་འདོད་པས། །ཇི་ལྟར་ནོར་བུ་བཟང་བོ་འགྲོ་འདིར་རབ་རྙེད་དཀའ་། །དེ ་བཞིན་འགྲོ་བ་ཤིན་ཏུ་སྐལ་ངན་ཉོན་མོངས་ཟིན། །ཡིད་འདིར་བདེ་གཤེགས་མཐོང་བ་རྙེད་དཀར་ཤེས་པར་བྱ། །ཇི་ལྟར་སྒྲ་བརྙན་གྱི་ནི་སྒྲ། །གཞན་གྱི་རྣམ་རིག་ལས་བྱུང་བ། །རྣམ་རྟོག་མེད་ཅིང་བཟོ་མེད་པ། །ཕྱི་དང་ནང་ན་མི་གནས་ལྟར། ། ་དེ་བཞིན་དེ་བཞིན་གཤེགས་བའི་གསུང། །གཞན་གྱི་རྣམ་རིག་ལས་བྱུང་བ། །རྣམ་པར་རྟོག་མེད་བཟོ་མེད་ཅིང། །ཕྱི་དང་ནང་ན་གནས་མ་ཡིན། །ཅུང་ཟད་མེད་ཅིང་སྣང་བ་མེད། །དམིགས་པ་མེད་ཅིང་རྟེན་མེད་པ། །མིག་གི་ལམ་ལ་རབ་འདས ་གཟུགས་མེད་བསྟན་དུ་མེད་པ་ཡི། །མཁའ་ལ་ཇི་ལྟར་མཐོ་དང་དམའ། །མཐོང་ཡང་དེ་ནི་དེ་ལྟ་མིན། །དེ་བཞིན་ཐམས་ཅད་སངས་རྒྱས་ལ། །མཐོང་ཡང་དེ་ནི་དེ་ལྟར་མིན། །ཇི་ལྟར་ས་ལས་སྐྱེ་བ་ཀུན། །རྟོག་མེ་སལ་བརྟེན་ནས་ནི། །འཕེལ་དང ་བརྟན་དང་ཡངས་འབྱུར་ལྟར། །དེ་བཞིན་རྫོགས་པའི་སངས་རྒྱས་ས། །རྣམ་རྟོག་མེད་པ་ལ་བརྟེན་ནས། །འགྲོ་བའི་དགེ་བའི་རྩ་བ་ནི། །མ་ལུས་པ་ནི་འཕེལ་བར་འགྱུར། །འབད་རྩོལ་མེད་པར་བྱ་བ་འགའ་། །བྱེད་པ་མཐོང་མེད་དེ་བས ་ན། །གདུལ་བྱའི་ཐེ་ཚོམ་བཅད་པའི་ཕྱིར། །དཔེ་རྣམས་དགུ་ནི་བརྟན་པ་ཡིན། །གང་དུ་དཔེ་དགུ་པོ་འདི་དག། །རྒྱས་པར་རབ་ཏུ་བསྟན་གྱུར་པ། །མདོ་སྡེ་ཡི་ནི་མིང་ཉིད་ཀྱིས། །དེ་ཡིས་དགོས་པ་བསྟན་པ་ཉིད། །ཐོས་པ ་ལས་བྱུང་ཤེས་པ་ཡི། །སྣང་བརྒྱ་ཆེན་འདིས་བརྒྱན་བའི། །བློ་ལྡན་མྱུར་དུ་སངས་རྒྱས་ཀྱིས། །སྤྱོད་ཡུལ་ཀུན་ལ་འཇུག་པར་འགྱུར། །དོ་དོན་བཻ་ཌཱུར་བརྒྱ་བྱིན་གྱིས། །གཟུགས་བརྙན་ལ་སོགས་དཔེ་དག་ནི། །རྣམ་པ་དགུ་བརྗོད་དེ་ལ་ནི། །དེ་ཡི་བསྡུས ་དོན་ངེས་པར་བཟུང། །སྟོན་དང་གསུང་དང་ཁྱབ་པ་དང། །སྤྲུལ་པ་ཡེ་ཤེས་སྤྲོ་བ་དང། །ཐུགས་གསུང་སྐུ་ཡི་གསང་བ་དམ་ཐུགས་རྗེའི་བདག་ཉིད་ཐོབ་པ་ཉིད། །འབད་རྩོལ་རྒྱུན་ཀུན་རབ་ཞི་བ། །རྣམ་པར་རྟོག་པ་མེད་པའི་ཐུགས། །དྲི་མེད་བཻ་ཌཱུར་བརྒྱ་བྱིན ་གྱི། །གཟུགས་བརྙན་ཤར་བ་ལ་སོགས་བཞིན། །འབད་རྩོལ་ཞི་བ་དམ་བཅའ་སྟེ། །རྟོག་མེད་ཐུགས་ནི་གཏན་ཚིགས་སོ། །རང་གཞན་དོན་ནི་གྲུབ་དོན་དུ། །དཔེ་ནི་བརྒྱ་བྱིན་གཟུགས་སོགས་ཡིན། །འདིར་ནི་སྐབS་དོན་འདི་ཡིན་ཏེ། །སྟེན་པ་ལ་སོགS་རྣཾས་དགུ་ནི། །སྟོན་པ་སྐྱེ་འཆི་དང་བྲལ ་བ། །འབད་པ་མེད་པར་འཇུག་པའོ། །གང་ཞིག་བརྒྱ་བྱིན་རྔ་དང་སྤྲིན། བཞིན་དང། །ཚངས་ཉིད་རིན་ཆེན་ཡིད་བཞིན་ནོར་རྒྱལ་བཞིན། །སྒྲ་བརྙན་ནམ་མཁའ་ས་བཞིན་སྲིད་བའི་བར། འབད་མེད་གཞན་དོན་བྱེད་དེ་རྣལ་འབྱོར་རིག། རིན་ཆེན་ལྷ་དབང་སྣང ་བཞིན་སྟོན་པ་སྟེ། །ལེགས་པར་འདོམས་མཛད་ལྷ་ཡི་རྔ་དང་འདྲ། །ཁྱབ་བདག་མཁྱེན་དང་བརྩེ་ཆེན་སྤྲིན་ཚོགས་ནི། །མཛའ་ཡས་འགྲོ་བ་སྲིད་རྩེའི་བར་དུ་ཁྱབ། །ཚངས་བཞིན་ཟག་མེད་གནས་ལ་མ་སྐྱོད་པར། །སྤྲུལ་པ་རྣམ་པ་དུ་མ་རབ་ཏུ་སྟེན། །ཉི་བཞིན ་ཡེ་ཤེས་སྣང་བར་བ་སྤྲོ་གང། །རྣམ་དག་རིན་ཆེན་ཡིད་བཞིན་ནོར་འདྲའི་ཐུགས། །རྒྱལ་བ་རྣམས་ཀྱི་གསུང་དེ་བྲག་ཅ་བཞིན་དུ་ཡི་གེ་མེད། །སྐུ་ནི་ནམ་མཁའ་ལྟ་བུར་ཁྱབ་དང་གཟུགས་མེད་རྟོག་པ་ཉིད། །ས་བཞིན་འགྲོ་བའི་དཀར་པོའི་ཆོས་ཀྱི་སྨན་རྣམས ་མ་ལུས་པའི། །རྣམ་པ་ཀུན་ཏུ་བཞིན་གྱུར་བ་ནི་སངས་རྒྱས་ས་ཡིན་ནོ། །དག་པ་བཻ་ཌཱུརྱ་འདྲ་ཡི། །སེམS་ལ་སངས་རྒྱས་མཐོང་བའི་རྒྱུ། །དེ་དག་པ་ནི་ཟློགས་བའི། །དད་པའི་དབང་པོ་བརྟས་པ་ཉིད། །དགེ་བ་སྐྱེ་དང་འཇིག་པས་ན། །སངས་རྒྱས་གཟུགས་ནི ་སྐྱེ་དང་འཇིག། བརྒྱ་བྱིན་བཞིན་དུ་ཐུབ་པ་ནི། །ཆོས་ཀྱི་སྐུ་ཡི་སྐྱེ་འཇིག་མེད། །དེ་བཞིན་དུ་ནི་འབད་མེད་པར། །སྐྱེ་མེད་འགག་མེད་ཆོས་སྐུ་ལས། །སྲིད་པ་ཇི་སྲིད་གནས་པར་དུ། །སྟོན་པ་ལ་སོགས་མཛད་པ་འཇུག། དཔེ་འདི་རྣམས་ཀྱི ་བསྡུས་པ་ཡི། །དོན་ནི་འདི་ཡིན་རིམ་པ་ཡང། །སྔ་མ་ཕྱི་མས་ཆོས་མི་མཐུན། །སྤངས་པའི་སྒོ་ནས་བརྗོད་པ་ཡིན། །སངས་རྒྱས་གཟུགས་བརྙན་ལྟ་བུ་སྟེ། །དབྱངས་དང་མི་ལྡན་དེ་འདྲ་མིན། །ལྷ་ཡི་རྔ་བཞིན་ཐམས་ཅད་དུ། །དོན་བྱེད་མིན་པ་དེ་འདྲ་མིན།། ་སྤྲིན་ཆེན་དང་མཚུངས་དོན་མེད་པའི། །ས་བོན་སྤོང་མིན་དེ་འདྲ་མིན། །ཚངས་ཆེན་བཞིན་ཏེ་གཏན་དུ་ནི། །སྨིན་པར་བྱེད་མིན་དེ་འདྲ་མིན། །ཉི་མའི་གཟུགས་བཞིན་གཏན་དུ་ནི། །མུན་པ་འཇོམས་མིན་དེ་འདྲ་མིན། །ཡིད་བཞིན་ནོར་འདྲ་འབྱུང་བ་ནི། །རྙེད་པ ་མི་བཀའ་དེ་འདྲ་མིན། །སྒྲ་བརྙན་བཞིན་ཏེ་རྐྱེན་ལས་ནི། །བྱང་བདེ་དང་འདྲ་བའང་མིན། །ནམ་མཁའ་དང་འདྲ་དགེ་བ་ཡི། །བཞི་མིན་དེ་དང་འདྲ་བའང་མིན། །འཇིག་རྟེན་འཇིག་རྟེན་ལས་འདས་པ། །འགྲོ་བའི་ཕུན་ཚོགས་མ་ལུས་པ། །དེ་གནས་པ་ཡིས་རྟེན ་ཡིན་ཕྱིར། །ས་ཡི་དཀྱིལ་འཁོར་དག་དང་འདྲ། །སངས་རྒྱས་བྱང་ཆུབ་ལ་བརྟེན་ནས། །འཇིག་རྟེན་འདས་པའི་ལམ་འབྱུང་ཕྱིར། །དགེ་བའི་ལས་ལམ་བསམ་གཏན་དང། །ཚད་མེད་བ་དང་གཟུགས་མེད་འབྱུང། །ཐེག་པ་ཆེན་པོའི་རྒྱུད་བླ་མའི་བསྟན་བཅོམ ་དཀོན་མཆོག་གིས་རིགས་རྣམ་པར་དབྱེ་བ་ལས། །དེ་བཞིན་གཤེགས་བའི་ཕྲིན་ལས་མཛད་བའི་སྐབས་ཏེ་བཞི་པའོ།། །།སངས་རྒྱས་ཁམས་དང་སངས་རྒྱས་བྱང་ཆུབ་དང། །སངས་རྒྱས་ཆོས་དང་སངས་རྒྱས་ཕྲིན་ལས་ཏེ། ། ་དག་པའི་སེམས་ཅན་གྱིས་ཀྱང་བསམ་བྱ་མིན། །འདི་ནི་འདྲེན་པ་རྣམས་ཀྱི་སྤྱོད་ཡུལ་ཡིན། །བློ་ལྡན་རྒྱལ་བཱི་ཡུལ་འདི་ལ་མོས་པ། །སངས་རྒྱས་ཡོན་ཏན་ཚོགས་ཀྱི་སྣོར་འགྱུར་ཏེ། །བསམ་མེད་ཡོན་ཏན་ཚོགས་ལ་མངོན་དགའ་བས། །སེམས་ཅན ་ཀུན་གྱི་བསོད་ནམས་ཟིལ་གྱིས་གནོན། །གང་ཞིག་བྱང་ཆུབ་དོན་དུ་གཉེར་བས་གསེར་གཞོད་ནོར་བུས་སྤྲས་པ་ནི། །སངས་རྒྱས་ཞིང་རྡུལ་མཉམ་པ་ཉིད་རེ་ཆོས་རྒྱལ་རྣམས་ལ་རྟག་འབུལ་ལ། །གཞན་གང་འདི་ལས་ཚིག་ཙམ་ཐོས་ཤིང་ཐོས་ནས་ཀྱང་ཞི་མོས་ན་འདི། ། ་སྦྱིན་པ་ལས་བྱུང་དགེ་བ་དེ་ལས་བསོད་ནམས་ཆེས་མང་ཐོབ་པར་འགྱུར། །བློ་ལྡན་གང་ཞིག་བླ་མེད་བྱང་ཆུབ་འདོད་པས་བསྐལ་བ་དུ་མེར་ཡང། །ལུས་ངག་ཡིད་ཀྱིས་འབད་པ་མེད་པར་ཚུལ་ཁྲིམས་དྲི་མེད་སྲུང་བྱེད་ལ། །གཞན་དག་འདི་ལས་ཚིག་ཙམ་ཐོས་ཤིང ་ཐོས་ནས་ཀྱང་ནི་མོས་ན་འདི། །ཚུལ་ཁྲིམས་ལས་བྱུང་དགེ་བ་དེ་ལས་བསོད་ནམས་ཆེས་མང་འཐོབ་པར་འགྱུར། །གང་ཞིག་འདི་ན་སྲིད་བ་གསུམ་གྱི་ཉོན་མོངས་མེད་འཇིལ་བསམ་གཏན་ནི། །ལྷ་དང་ཚངས་གནས་མཐར་སོན་རྫོགས་བའི་བྱང་ཆུབ་འཕོ་མེད ་ཐབས་བསྒོམས་ལ། །གཞན་དག་འདི་ལས་ཚིག་ཙམ་ཐོས་ཤིང་ཐོས་ནས་ཀྱང་ནི་མོས་ན་འདི། །བསམ་གཏན་ལས་བྱུང་དགེ་བ་དེ་ལས་བསོད་ནམས་ཆེས་མང་ཐོབ་པར་འགྱུར། །གང་ཕྱིར་སྦྱིན་པས་ལོངས་སྤྱོད་དག་ནི་སྒྲུབ་བྱེད་ཅིང། ། ་ཁྲིམས་ཀྱི་མཐོ་རིས་བསྒོམས་པས་ཉོན་མོངས་སྤོང་བྱེད་ལ། །ཤེས་རབ་ཉོན་མོངས་ཤེས་བྱ་ཀུན་སྤོང་དེ་ཡི་ཕྱིར། །འདི་མཆོག་ཉིད་དེ་དེ་ཡི་རྒྱུ་ནི་འདི་ཐོས་ཡིན། །གནས་དེར་དེ་ཡི་བྱེད་པ་དང། །དེ་ཡི་ཡོན་ཏན་དོན་སྒྲུབ་སྟེ། །རྒྱལ་བ་ཡི་ནི་མཁྱེན་པའི ་ཡུལ། །རྣམ་བཞི་ཇི་སྐད་བརྗོད་འདི་ལ། །བློ་ལྡན་ཡོད་དང་ནུས་ཉིད་དང། །ཡོན་ཏན་ལྡན་པར་མོས་པ་ནི། །མྱུར་དུ་དེ་བཞིན་གཤེགས་པ་ཡི། །གོ་འཕང་འཐོབ་པའི་བསྐལ་ལྡན་འགྱུར། །བསམ་མི་ཁྱབ་པའི་ཡུལ་འདི་ནི། །ཡོད་དང་བདག་འདྲས་ཐོབ་ནུས་དང། །ཐོབ ་པ་འདི་འདྲའི་ཡོན་ཏན་དང། །ལྡན་ཞེས་དང་བས་མོས་པཱི་ཕྱིར། །འདུན་བརྩོན་དྲན་དང་བསམ་གཏན་དང། །ཤེས་རབ་ལ་སོགས་ཡོན་ཏན་སྣོད། །བྱང་ཆུབ་སེམས་ནི་དེ་དག་ལ། །རྟག་ཏུ་ཉེ་བར་གནས་པར་འགྱུར། །དེ་ནི་རྟག་ཏུ་ཉེར་གནས་བས། །རྒྱལ་བའི་སྲས ་པོ་ཕྱིར་མི་ལྡོག་།བསོད་ནམས་ཕ་རོལ་ཕྱིན་རྫོགས་དང། །ཡོངས་སུ་དག་པ་ཉིད་དུ་འགྱུར། །བསོད་ནམས་ཕ་རོལ་ཕྱིན་པ་ལྔ། །དེ་ལ་རྣམ་གསུམ་རྟོག་མེད་པས། །དེ་རྫོགས་ཡོངས་སུ་དག་པ་ནི། །དེ་ཡི་མི་མཐུན་ཕྱོགས་སྤངས ་ཕྱིར། །སྦྱིན་བྱུང་བསོད་ནམས་སྦྱིན་པ་སྟེ། །ཚུལ་ཁྲིམས་ལས་བྱུང་ཚུལ་ཁྲིམས་ཡིན། །བཟོད་དང་བསམ་གཏན་གཉིས་དག་ནི། །སྒོམ་བྱུང་བརྩོན་འགྲུས་ཀུན་ཏུ་འགྲོ། འཁོར་གསུམ་རྣམ་པར་རྟོག་པ་གང། །དེ་ནི་ཤེས་བྱའི་སྒྲིབ་པར་འདོད། ། ་སེར་སྣ་ལ་སོགས་རྣམ་རྟོག་གང། །དེ་ནི་ཉོན་མོངས་སྒྲིབ་པར་འདོད། །ཤེས་རབ་ལས་གཞན་འདི་དག་ནི། །སྤོང་རྒྱུ་གཞན་མེད་དེ་ཡི་ཕྱིར། །ཤེས་རབ་མཆོག་ཡིན་དེ་བཞིན་ནི། །ཐོས་པ་དེ་ཕྱིར་ཆོས་པ་མཆོག། དེ་ལྟར་ཡིད་ཆེས་ལུང་དང་རིགས ་པ་ལ། །བརྟེན་ནས་བདག་ཉིད་འབའ་ཞིག་དག་ཕྱིར་དང། །གང་དག་མོས་དགེ་ཕུན་སུམ་ཚོགས་ལྡན་བློ། །དེ་དག་རྗེས་སུ་བཟུང་ཕྱིར་འདི་བཤད་དོ། །ཇི་ལྟར་སྒྲོན་གློག་ནོར་བུ་ཉི་ཟླ་ལ། །སྟོན་ནས་མིག་དང་ལྡན་པས་ལྷ་བ་བཞིན། །དེ་བཞིན་དོན་ཆེན ་ཆོས་སྤོབས་འོད་མཛད་པ། །ཐུབ་ལ་བརྟེན་ནས་འདི་ནི་རབ་ཏུ་བཤད། །གང་ཞིག་དོན་ལྡན་ཆོས་དང་ཉེར་འབྲེལ་ཞིང། །ཁམས་སུམ་ཀུན་ནས་ཉོན་མོངས་སྤོང་བྱེད་གསུང། །ཞི་བའི་ཕན་ཡོན་སྟོན་པར་མཛད་པ་གང། །དེ་ནི་དྲང་སྲོང་གསུང་ཡིན ་བཟློག་པ་གཞན། །གང་ཞིག་རྒྱལ་བ་སྟོན་པ་འབའ་ཞིག་གི། དབང་བྱས་རྣམ་གཡེང་མེད་ཡིད་ཅན་གྱིས་བཤད། །ཐར་པ་ཐོབ་པའི་ལམ་དང་རྗེས་འཐུན་པ། །དེ་ཡང་དྲང་སྲོང་བཀའ་བཞིན་སྤྱི་བོས་བླང། །གང་ཕྱིར་རྒྱལ་ལས་ཆོས་མཁས་འགའ་ ་ཡང་འཇིག་རྟེན་དེ་འདི་ན་ཡོད་མིན་ཏེ། །མ་ལུས་དེ་ཉིད་མཆོག་གི་ཚུལ་བཞིན་ཀུན་མཁྱེན་གྱིས་མཁྱེན་གཞན་མིན་པ། །དེ་ཕྱིར་དྲང་སྲོང་རང་ཉིད་གྱིས་གཞན་མདོ་སྡེ་གང་ཡིན་དེ་མི་དཀྲུག། ཐུབ་ཚུལ་གཞིག་ཕྱིར་དེ་ཡང་དམ་ཆོས་ལ་ནི་གནོད་པ ་བྱེད་པར་འགྱུར། །ཉོན་མོངས་རྨོངས་བདག། རྣམས་ཀྱིས་འཕགས་ལ་སྐུར་བ་དང། །དེ་གསུངS་ཆོས་ལ་བརྙས་གང་དེ་ཀུན་ཞེན་ལྟས་བྱས། །དེས་ན་ཞེན་ལྟའི་དྲི་ཅན་དེ་ལ་བློ་མི་སྦྱར། །གོས་གཙང་ཆན་གྱིས་རྣམ་སྒྱུར་བསྣུམ་གྱིས་གོས་པ་མིན། །བློ་དམན་ཕྱིར་དང་དཀར ་མོས་བྲལ་ཕྱིར་ལོག་པའི་ང་རྒྱལ་ལ་བརྟེན་ཕྱིར། །དམ་ཆོས་ཕོངས་པས་བསྒྲིབས་པའི་བདག་ཕྱིར་དྲང་དོན་དེ་ཉིད་དེས་འཛིན་ཕྱིར། །རྙེད་ལ་བརྐམ་ཕྱིར་ལྟ་བའི་དབང་ཕྱིར་ཆོས་སུན་འབྱིན་པ་བསྟན་པའི་ཕྱིར། །ཆོས་འཛིན་བསྲིངས་ཕྱིར་མོས་པ་དམན་ཕྱིར་དགྲ་བཅོམ ་རྣམས་ཀྱིས་ཆོས་སྤོང་བྱེད། །ཇི་ལྟར་ཟབ་མོའི་ཆོས་ཉམས་དེ་བཞིན་མཁས་པ་རྣམས་ཀྱིས་མེ་དང་ནི། །མི་བཟད་སྤྲུལ་གདུག་བཤད་མེ་དང་ནི་ཐོག་ལ་ཤིན་ཏུ་འཇིགས་མི་བྱ། །མི་སྤྲུལ་དགྲ་དང་རྡོ་རྗེའི་མེས་ནི་སྲོག་དང་བྲལ་བཙམ་བྱེད་དེ། །དེ་ལས་མནར་མེད་རྣམས ་ཀྱི་འགྲོ་བ་ཤིན་ཏུ་འཛིན་པ་རྣམས་སུ་འགྲོ་མི་འགྱུར། །གང་ཞིག་ཡང་ཡང་སྡིག་གྲོགས་བསྟེན་པས་སངས་རྒྱས་ངན་སེམས་ལྡན་གྱུར་དང། །ཕ་མ་དགྲ་བཅོམ་གསོད་པ་བྱ་བ་མིན་བྱེད་མཆོག་ཚོགས་འབྱེད་པའི་མི། །.དེ་ཡང་ཆོས་ཉིད་དེས་པར་བསམས་ན ་མྱུར་དུ་དེ་ལས་ཐར་འགྱུར་གྱིས། །གང་ཞིག་ཡིད་ནི་ཆོས་ལ་སྡང་བ་དེ་ལ་ཐར་བ་ག་ལ་ཡོད། །དཀོན་མཆོག་རྣམ་པར་བྱང་ཁམས་དྲི་མེད་བྱང་ཆུབ་ཡོན་ཏན་ཕྲིན་ལས་ཏེ། །དོན་གནས་རྣམ་བདུན་ཚུལ་བཞིན་བཤད་ལས་བདག་གིས་དགེ་བ་གང་ཐོབ་པ། །དེS ་ནི་འགྲོ་འདི་མཛའ་ཡས་འོད་ལྔ་དྲང་སྲོང་ཚེ་དཔག་མེད་མཐོང་ཞིང། །མཐོང་ནས་ཀྱང་ནི་ཆོས་མིག་དྲི་མེད་སྐྱེས་ཏེ་བྱང་ཆུབ་མཆོག་ཐོབ་ཤོག་།གང་ལ་རྒྱུ་མཚན་གང་ཕྱིར་ནི། །ཇི་ལྟར་བུར་ནི་གང་བཤད་དང། །རྒྱུ་མཐུན་པ་ནི་གང་ཡིན་དེ། །ཚིགས་སུ ་བཅད་པ་བཞིས་བསྟན་ཏོ། །གཉིས་ཀྱིས་བདག་ཉིད་དག་པ་ཡི། །ཐབས་དང་གཅིག་གིས་ཉམས་པའོ་རྒྱུད། །དེ་ནས་ཚིགས་སུ་བཅད་པ་ནི། །གཉིས་ཀྱིS་འབྲས་བུ་བསྟན་པ་ཡིན། །འཁོར་གྱི་དཀྱིལ་འཁོར་བཟོད་པ་དང། །བྱང་ཆུབ་ཐོབ་པ་ཆོས ་བརྗོད་པའི། །མདོར་ན་འབྲས་བུ་རྣམ་གཉིས་ཏེ། །ཐ་མ་ཡིས་ནི་བསྟན་པ་ཡིན། །ཐེག་པ་ཆེན་པོ་རྒྱུར་བླ་མའི་བསྟན་བཅོས། དཀོན་མཆོག་གསུམ་གྱིས་རིགས་རྣམ་པར་དབྱེ་བ་ལས། །ཕན་ཡོན་གྱིས་སྐབས་ཏེ་ལྔ་པའོ།། །། ་ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས། །མགོན་པོ་བྱམས་པས་མཛད་པ་རྫོགས་སོ།། །།དཔལ་གྲོང་ཁྱེར་དཔེ་མེད་ཀྱིས་མཁས་པ་ཆེན་པོ། བྲམ་ཟེར་རིན་ཆེན་རྡོ་རྗེའི་དཔོན་བོ་པཎྜི་ཏ་མཁས་པ་ཆེན་པོ་སཛཛ་ན་དང་།ལོ་ཙཱ་བ་ཤཱཀྱའི ་དགེ་སློང་བློ་ལྡན་ཤེས་རབ་ཀྱིས། །གྲོང་ཁྱེར་དཔེ་མེད་དེ་ཉིད་དུ་བསྒྱུར་བའོ།། །།*། །ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས་ཀྱི་རྣམ་པར་བཤད་པ་འཕགས་པ་ཐོགས་མེད་ཀྱིས་མཛད་པ་བཞུགས།། རྒྱ་གར་སྐད་དུ། མ་ཧཱ་ཡཱ་ན་ཨུཏྟ་ར་ཏནྟ?་ཤཱསྟེ་བྱ ་