| Wylie | e-texts based on the ACIP/ALL Input |
གྱིས་ལོ་ཙྪ་བ་བནདེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །། *། །ཆོས་དང་ཆོས་ཉིད་རྣམ་པར་འབྱེད་པའི་གཞུང་བཞུགས་སོ། རྒྱ་གར་སྐད་དུ། དྷ་རྨ་དྷརྨ་ཏཱ་བི་བྷཾ་ག་ཏ། །བོད་སྐད་དུ་།ཆོས་དང་ཆོས་ཉིད་རྣམ ་པར་འབྱེད་པ། འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །གང་ཕྱིར་ཤེས་ནས་འགག་ཞིག་སྤང་བྱ་ཞིང། །གཞན་དག་འགའ་ཞིག་མངོན་སུམ་བྱ་བའི་ཕྱིར། །དེས་ན་དེ་དག་མཚན་ཉིད་ལས་རྣམ་དབྱེ། །བྱེད་པར་འདོད་ནས་བསྟན་པ? ་འདི་མཛད་དོ། །འདི་དག་ཐམས་ཅད་ནི་གཉིས་ཀྱིས་བསྡུས་ཏེ། །ཆོས་དང་ཆོས་ཉིད་ཀྱིས་སོ། །ཆོས་ཀྱིས་ཉེ་བར་མཚོན་པ་ནི་འཁོར་བའོ། །ཆོས་ཉིད་ཀྱིས་ཉེ་བར་མཚོན་པ་ནི་ཐེག་པ་གསུམ་གྱི་མྱ་ངན་ལས་འདས་པའོ། །གཉིས་དང་བརྗོད་པ་ཇི་ལྟར་སྣང་བ་ཡང་དག་མ་ཡིན་པའི ་ཀུན་ཏུ་རྟོགས་པ་ནི་ཆོས་ཀྱི་མཚན་ཉིད་དེ། །མེད་པ་སྣང་བ་ནི་ཡང་དག་པ་མ་ཡིན་པའོ། ཀུན་ཏུ་རྟོག་པ་ནི་ཐམས་ཅད་དུ་དོན་མེད་པར་རྟོག་པ་ཙམ་མོ། །གཟུང་བ་དང། །འཛིན་པ་དང། །བརྗོད་པ་དང་བརྗོད་པ་དང་བརྗོད་པར་བྱ་བའི་ཁྱད་པར་མེད་པའི་དེ་བཞིན་ཉིད་ནི་ཆོས་ཉིད་ཀྱི་མཚན ་ཉིད་དོ། །མེད་པ་སྣང་བའི་ཕྱིར་འཁྲུལ་པ་ནི་ཀུན་ནས་ཉོན་མོངས་པའི་རྒྱུ་སྟེ། །སྒྱུ་མའི་གླང་པོ་ཆེ་ལ་སོགས་པ་མཐོང་བ་བཞིན་ཏེ། །ཡོད་པ་མི་མཐོང་བས་ཀྱང་ངོ། །མེད་པ་དང་སྣང་བ་དང་ལས་གང་ཡང་རུང་བ་ཞིག་མེད་ན་འཁྲུལ་པ་དང་མ་འཁྲུལ་བ་དང། །ཀུན་ནས་ཉོན་མོངས ་བ་དང་རྣམ་པར་བྱང་བ་རྗེས་སུ་འཇུག་པར་མི་འགྱུར་རོ། །གཉིས་པོ་དག་གཅིག་པ་དང་ཐ་དད་པ་མ་ཡིན་ཏེ། །ཡོད་པ་དང་མེད་པའི་ཁྱད་པར་དང་ཁྱད་པར་མེད་པའི་ཕྱིར་རོ། །རྣམ་པ་དྲུག་གིས་ཆོས་རྟོགས་པ་གོང་ན་མེད་པ་ཡིན་ཏེ། །མཚན་ཉིད་དང། །གྲུབ་པ་དང། ་གཅིག་པ་དང། ཐ་དད་པ་མ་ཡིན་པ་དང། །ཀུན་ཏུ་གནས་པ་དང། །ཐུན་མོང་དང་ཐུན་མོང་མ་ཡིན་པ་དང། །གཟུང་བ་དང་འཛིན་པར་སྣང་བ་དངོས་པོ་མེད་པར་འཇུག་པའོ། །མཚན་ཉིད་དང། གྲུབ་པ་དང། །གཅིག་པ་དང། ཐ་དད་བ་མ་ཡིན་པ་རྣམས་ནི་ཇི ་ལྟར་མདོར་བསྟན་པ་བཞིན་ནོ། །གང་གང་དུ་འཁོར་བར་བྱེད་པ་དེ་ནི་ཀུན་ཏུ་གནས་པ་སྟེ། །སེམས་ཅན་དང་སྣོད་ཀྱི་འཇིག་རྟེན་ནོ། །སྣོད་ཀྱི་འཇིག་རྟེན་ནི་ཐུན་མོང་བ་བཞིན་ཉིད་དུ་རྣམ་པར་རིགས་པའོ། །སེམས་ཅན་གྱི་འཇིག་རྟེན་ནི་ཐུན་མོང་དང་ཐུན་མོང་མ ་ཡིན་པའོ། །སྐྱེ་བ་དང་ཐ་སྙད་དང། །རྗེས་སུ་བཟུང་བ་དང། །ཚར་བཅད་པ་དང། །ཡོན་ཏན་དང། སྐྱོན་ཕན་ཚུན་བྱེད་པའི་ཕྱིར་ཕན་ཚུན་བདག་པོ་ཉིད་ཀྱིས་ནི་ཐུན་མོང་པའོ། །གནས་དང་རྣམ་པར་རིག་པ་དང། ལས་དང་བདེ་བ་དང། སྡུག་བསྔལ་བ་དང། །འཆི་འོས ་དང། སྐྱེ་བ་དང། བཅིངས་བ་དང། གྲོལ་བནི་ཐུན་མོང་མ་ཡིན་པ་ཉིད་ཀྱིས་མཐུན་མོང་མ་ཡིན་བའོ།།ཐུན་མོང་དུ་ཕྱི་རོལ་དུ་གཟུང་པར་སྣང་བ་ཉིད་ནི་འཛིན་པའི་ཞེས་པ་ཉིད་ཡིན་གྱི། ཤེས་པ་ལས་ལོ་གཤིག་ན་དོན་མེད་དེ། ་ཐུན་མོང་ཉིད་ཀྱི་ཕྱིར་རོ། །ཐུན་མོང་མ་ཡིན་བའི་གཟུང་བའི་རྣམ་པར་ཤེས་པའི་དོན་གཞན་གྱིས་སེམས་ལ་སོགས་པ་ནི་མཉམ་པར་བཞག་པ་དང། མཉམ་པར་མ་བཞག་པའི་འཛིན་པའི་རྣམ་པར་རིག་པའི་ཡང་ཕན་ཚུན་ཡུལ་མ་ཡིན་ཏེ། མཉམ ་པར་མ་བཞག་པ་ལ་ནི་རང་གི་རྣམ་པར་རྟོག་བ་རབ་ཏུ་སྣང་བའི་ཕྱིར་རོ། །མཉམ་པར་བཞག་པ་ཡང་ཏིང་ངེ་འཛིན་གྱིས་སྤྱོད་ཡུལ་ལ་དེའི་གཟུགས་བརྙན་རབ་ཏུ་སྣང་བའི་ཕྱིར། གཟུང་བར་སྣང་བ་མེད་ན་འཛིན་པར་སྣང་བ་མེད་པར་ཡང་རབ་ཏུ་གྲུབ་བོ།། ་དེས་ན་བཟུང་བ་དང། འཛིན་པར་སྣང་བ་མེད་པར་རྟོགས་པ་རབ་ཏུ་གྲུབ་བོ། །ཐོག་མ་མེད་པའི་ཀུན་ནས་བློང་བ་རབ་ཏུ་གྲུབ་པའི་ཕྱིར། གཉིས་མ་གྲུབ་བར་རབ་ཏུ་གྲུབ་པའི་ཕྱིར་རོ། །རྣམ་པ་དྲུག་གིས་ཆོས་ཉིད་རྟོགས་པ་གོང་ན་མེད་པ་ཡིན་ཏེ། །མཚན་ཉིད་དང། ་ཀུན་ཏུ་གནས་པ་དང། ངེས་པར་འབྱེད་པ་དང། རེག་པ་དང། རྗེས་སུ་དྲན་པ་དང། དེའི་བདག་ཉིད་དུ་ཉེ་བར་འགྲོ་བར་དེ་རབ་ཏུ་རྟོག་པའོ། །མཚན་ཉིད་ནི་མདོར་བསྟན་པ་བཞིན་ནོ། །ཀུན་ཏུ་གནས་པའི་ཆོས་ཐམས་ཅད་དང། །མདོ་སྡེ་གསུང་རབ་ཡན་ལག་བཅུ ་གཉིས་ཐམས་ཅད་ཀྱི་ཚིག་གིས་ཚོགས་སོ། །ངེས་པར་འབྱེད་པ་ནི་ཐེག་པ་ཆེན་པོའི་མདོ་སྡེ་ལ་བརྟེན་ནས་ཚུལ་བཞིན་ཡིད་ལ་བྱེད་པས་བསྡུས་པའི་སྦྱོར་བའི་ལམ་ཐམས་ཅད་དོ། རེག་པ་ནི་ཡང་དག་པའི་ལྟ་བ་ཐོབ་པའི་ཕྱིར། །མཐོང་བའི་ལམ་གྱིས་དེ ་བཞིན་ཉིད་རབ་ཏུ་རྟོགས་ཤིང་ཉམས་སུ་མྱོང་བ་སྟེ། མངོན་སུམ་ཉིད་དུ་སྦྱོར་བས་སོ། །རྗེས་སུ་དྲན་པ་ནི་ཇི་ལྟར་རེག་པ་ནི་བྱང་ཆུབ་ཀྱི་ཕྱོགས་ཀྱི་བསྡུས་པ་དེའི་དྲི་མ་སེལ་བའི་སྒོམ་པའི་ལམ་ཐམས་ཅད་?་དེའི་དག་ཉིད་དུ་ཉེ་བར་ལོག་པ་ནི་དེ་བཞིན་ཉིད་དྲི་མ་མེད་པ ་གྱུར་བ་ལས་རྣམ་པ་ཐམས་ཅད་དུ་དེ་བཞིན་ཉིད་ཙམ་སྣང་བ་སྟེ། །དེ་ནི་གནས་ཡོངས་སུ་གྱུར་བའི་ཡོངས་སུ་གྲུབ་པའོ། །རྣམ་པ་བཅུ་རྣམས་ཀྱིས་གནས་ཡོངས་གྱུར་པ་རྟོགས་པ་ནི་གོང་ན་མེད་པ་སྟེ། ངོ་བོ་དང་དངོས་པོ་དང། གང་ཟག་དང། ཁྱད་པར་དང། དགོས་པ་དང ་གནས་དང། ཡིད་ལ་བྱེད་པ་དང། སྦྱོར་བ་དང། ཉེས་དམིགས་དང། ཕན་ཡོན་ལ་རབ་ཏུ་རྟོགས་པའོ། །ངོ་བོ་རྟོགས་པ་ནི་དེ་བཞིན་ཉིད་དྲི་མ་མེད་པ་ལ་བློ་བུར་གྱི་ཉོན་མོངས་པ་དང་དེ་བཞིན་ཉིད་མི་སྣང་བ་དང་སྣང་བའོ། །དངོས་པོ་རྟོགས་པ་ནི་ཐུན་མོང་གིས་སྣོད ་ཀྱི་རྣམ་པར་རིག་པ་དེ་བཞིན་ཉིད་དུ་གྱུར་པ་དང། མདོ་སྡེའི་ཆོས་ཀྱི་དབྱིངས་དེ་བཞིན་ཉིད་དུ་གྱུར་བ་དང། ཐུན་མོང་མ་ཡིན་པའི་སེམས་ཅན་གྱི་ཁམས་ཀྱི་རྣམ་པར་རིག་པ་དེ་བཞིན་ཉིད་དུ་གྱུར་པའོ། །གང་ཟག་རྟོགས་པ་ནི་དང་པོ་གཉིས་དེ་བཞིན་ཉིད་དུ་གྱུར་བ་ནི ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཉིད་ཀྱིའོ། །ཕྱི་མ་ནི་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་ཡང་ངོ། །ཁྱད་པར་རྟོགས་པ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པའི་ཁྱད་པར་དང། །ཆོས་ཀྱི་སྐུ་དང་ལོང ་སྤྱོད་རྫོགས་པའི?་ཁྱད་པར་དང། །སྤྲུལུ་པའི་སྐུ་ཐོབ་པའི་ཁྱད་པར་ཀྱང་ཡིན་ཏེ། མཐོང་བ་དང། སྟོན་པ་དང། འདོད་པ་བརྙེས་པའི་ཁྱད་པར་གྱི་ཕྱིར་རོ། །དགོས་པ་རྟོགས་པ་ནི་སྔོན་གྱིས་སྨོན་ལམ་ཁྱད་པར་དང། །ཐེག་པ་ཆེན་པོ་སྟོན་པ་ལ་དམིགས་པཱི ་ཁྱད་པར་གྱི་དང། །ས་བཅུ་ལ་རབ་ཏུ་སྦྱོར་བའི་ཁྱད་པར་གྱི་ཕྱིར་རོ། །གནས་རྟོགས་པ་ནི། །རྣམ་པ་དྲུག་གིས་རྣམ་པར་མི་རྟོག་པའི་ཕྱིར་རོ། །རྣམ་པ་དྲུག་གིས་རྟོགས་པ་ཉིད་ནི་དམིགས་པ་ལས། མཚན་མ་ཡོངས་སུ་སྤངས་ལས་ཡང། ཡང་དག་པར་སྦྱོར ་བ་ཝ?་དང། མཚན་ཉིད་ཀྱི་ཕྱིར་དང། ཕན་ཡོན་གྱི་ཕྱིར་དང། ཡོངས་སུ་ཤེས་པའི་ཕྱིར་རོ། །རྣམ་པ་པ་ཞེས་དམིགས་པ་རྟོགས་པ་སྟེ་།ཐེག་པ་ཆེན་པོ་སྟོན་པ་དང། དེ་ལ་མོས་པ་དང། ངེས་པ་དང། ཚོགས་ཡོངས་སུ་རྫོགས་པ་རྣམས་ཀྱིས་སོ། ། ་རྣམ་པ་བཞིས་མཚན་མ་སྤོང་བ་རྟོགས་པ་སྟེ། མི་མཐུན་པའི་ཕྱོགས་དང། གཉན་བོའི་ཕྱོགས་དང། དེ་བཞིན་ཉིད་དང། རྟོགས་བའི་ཆོས་ཀྱི་མཚན་མ་ཡོངས་སུ་སྤོང་བ་ལས་ཏེ་།རགས་པ་དང། འབྲིང་པོ་དང། ཕ ་བ་དང། རིང་དུ་རྗེས་སུ་འགྲོ་བའི་མཚན་མ་ཡོངས་སུ་སྤོང་བ་རྣམས་གྲངས་ཇི་ལྟ་བ་བཞིན་དུ་འདིས་ཡང་དག་པར་བསྟན་པ་ཡིན་ནོ། །ཡང་དག་པར་སྦྱོར་བ་རྟོགས་པ་ལ་ཡང་རྣམ་པ་བཞི་སྟེ། །དམིགས་བའི་སྦྱོར་བ་ལས་དང། མི་དམིགས་བའི་སྤྱོད་བ་ལས ་དང། དམིགས་པ་མི་དམིགས་བ་ཉིད་དུ་སྦྱོར་བ་ལས་དང། མི་དམིགས་པ་དམིགས་པ་དམིགས་པར་སྦྱོར་བ་ལས་སོ། །མཚན་ཉིད་རྟོགས་པ་ལ་ཡང་རྣམ་པ་གསུམ་སྟེ། ཆོས་ཉིད་ལ་རབ་ཏུ་གནས་པའི་ཕྱིར་ནི་གཉིས་སུ་མེད་པ་བརྗོད་པ་དང་བྲལ་བའི་ཆོས་ཉིད་ལ་རབ ་ཏུ་གནས་བའི་ཕྱིར་རོ། །སླད་བ་མེད་བའི་ཕྱིར་ནི་གཉིས་དང། ཇི་ལྟར་བརྗོད་པ་དང། དབང་པོ་དང། ཡུལ་དང། རྣམ་བར་རིགས་དང། སྣོད་ཀྱི་འཇིག་རྟེན་རྣམས་སུ་སྣང་བ་མེད་བའི་ཕྱིར་རོ། །དེ་རྣམས་ཀྱིས་ནི་གཟུགས་མེད་བ། བསྟན་དུ་མེད་པ། ་གནས་མེད་པ། སྣང་བ་མེད་པ། རྣམ་པར་རིག་པ་མེད་པ། རྟེན་མེད་བ་ནི་རྣམ་པར་མི་རྟོག་བའི་ཡེ་ཤེས་སོ་ཞེས་ཇི་ལྟར་མདོ་ལས་གསུངས་པའི་མཚན་ཉིད་དེ་གསལ་བར་བསྟན་པ་ཡིན་ནོ། །སྣང་བའི་ཕྱིར་ནི་ནམ་མཁའ་ཨི་དཀྱིལ་ལྟར་ཆོས་ཐམས་ཅད་མཐོང ་བའི་ཕྱིར་དང་།སྒྱུ་མ་ལ་སོགས་པ་ལྟར་འདུ་བྱེད་ཐམས་ཅད་མཐོང་བའི་ཕྱིར་རོ། །ཕན་ཡོན་རྟོགས་པ་ནི་རྣམ་པ་བཞི་སྟེ། ཆོས་ཀྱི་སྐུ་རྫོགས་པ་རབ་ཏུ་ཐོབ་བཱི་ཕྱིར་དང། གོང་ན་མེད་བའི་བདེ་བའི་གནས་པ་རབ་ཏུ་ཐོབ་པའི་ཕྱིར་དང། མཐོང་བའི་ཕྱིར་དང་།མཐོང ་བའི་འབྱོར་བ་རབ་ཏུ་ཐོབ་པའི་ཕྱིར་དང། སྟོན་པའི་འབྱོར་པ་རབ་ཏུ་ཐོབ་པའི་ཕྱིར་རོ། །ཡོངས་སུ་ཤེས་པ་ལས་རྟོགས་པ་ཡང་རྣམ་པ་བཞི་སྟེ། གཉེན་པོ་ཡོངས་སུ་ཤེས་པཱི་ཕྱིར་དང་། ཁྱད་པར་ཡོང་སུ་ཤེས ་བའི་ཕྱིར་དང།.་ལས་ཡོངས་སུ་ཤེས་བའི་ཕྱིར་རོ། །དེ་ལ་གཉེན་པོ་ཡོངས་སུ་ཤེས་པ་ནི་རྣམ་པར་མི་རྟོགས་པའི་ཡེ་ཤེས་ཏེ་།ཆོས་དང་གང་ཟག་དང། གྱུར་བ་དང། ཐ་དད་པ་དང། སྐུར་བ་ལྔ་ནི་བདེན་པའི་ངོ་བོ་ལས་ཞེན་བའི་གཉེན་པོའོ། །མཚན་ཉིད་ཡོངས་སུ ་ཤེས་པ་ནི། ཡིད་ལ་བྱེད་བ་མེད་པ་དང། ཡང་དག་འདས་པ་དང། ཉེ་བར་ཞི་བ་དང། ངོ་བོའི་དོན་དང། བཀྲ་བར་འཛིན་པ་ལྔ་སྤངས་པ་ནི་རང་གི་མཚན་ཉིད་དོ། །ཁྱད་པར་ཡོངས་སུ་ཤེས་པ་ནི་རྟོག་བ་མེད་བ་དང། ཕྱོགས་གཅིག་པ་མ་ཡིན་པ་ཉིད ་དང། །གནས་པ་མེད་པ་ཉིད་དང། གཏན་དུ་བ་ཉིད་དང། གོང་ན་མེད་པ་རྣམ་པ་ལྔའི་ཁྱད་པར་གྱི་ཕྱིར་རོ། །ལས་ཡོངས་སུ་ཤེས་པ་ནི། རྣམ་པར་རྟོགས་པར་མིང་དུ་བྱེད་པ་དང། བླ་ན་མེད་བའི་བདེ་བ་སྦྱིན་པ་དང། ཉོན་མོངས་པ་དང། ཤེས ་བྱའི་སྒྲིབ་པ་དང་བྲལ་བར་སྦྱོར་བ་དང། དེའི་རྗེས་ལས་ཐོབ་པའི་ཡེ་ཤེས་?་ཤེས་བྱའི་རྣམ་པ་ཐམས་ཅད་ལ་འཇུག་པ་དང། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དང། སེམས་ཅན་ཡོངས་སུ་སྨིན་པ་དང། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་སྟོང་པར ་བྱེད་བའི་རྣམ་པ་ལྔ་ནི་ལས་ཀྱི་ཁྱད་བར་རོ། །ཡིད་ལ་བྱེད་པ་རྟོགས་པ་ནི། ཇི་སྐད་དུ། བྱང་ཆུབ་སེམས་དཔའ་རྣམ་པར་མི་རྟོགས་པའི་ཡེ་ཤེས་དེ་རྟོགས་བར་འདོད་པ་དེ་འདི་ལྟར་ཡིད་ལ་བྱེད་བ། དེ་བཞིན་ཉིད་མི་ཤེས་པ་ཐོག་མ་མེད་པའི་དུས་ཅན ་ལས་ཏེ། ཡང་དག་བ་མ་ཡིན་པའི་ཀུན་ཏུ་རྟོགས་པས་ས་བོན་ཐམས་ཅད་པ་སྟེ། མི་བདེན་པ་གཉིས་སུ་སྣང་བའི་རྒྱུ་དང། དེ་ལ་བརྟེན་པ་ཐ་དད་པ་ཡང་ཡིན་ཏེ་དེ་ལ་རྒྱ་དང་འབྲས་བུར་བཅས་པ་སྣང་དུ་ཟིན་ཀྱང་མི་བདེན་པ་ཡིན་ནོ། །དེ་ལྟར་སྣང ་པས་ཀྱང་དེའི་ཆོས་ཉིད་ནི་སྣང་བ་མེད་ལ། །དེ་སྣང་བ་མེད་ལས་ཀྱང་ཆོས་ཉིད་སྣང་བ་ཡིན་ནོ་ཞེས་ཚུལ་བཞིན་ཡིད་ལ་བྱེད་པ་དང། བྱང་ཆུབ་སེམས་དཔའ་པར་མི་རྟོག་པའི་ཡེ་ཤེས་རྟོགས་པ་ཡིན་ནོ། །དེ་ལྟར་ཉེ་བར་དམིགས་པ་ལས་རྣམ་པར་རི་རིག ་པ་ཙམ་ལས་ཉེ་བར་དམིགས་པ་རྟོགས་པར་བྱེད་དོ། །རྣམ་པར་རིག་པ་ཙམ་ལ་ཉེ་བར་དམིགས་པ་ལས་དོན་ཐམས་ཅད་དམིགས་པ་མེད་པ་བྱེད་དོ། །དོན་ཐམས་ཅད་དང་མེད་པ་དང་རྣམ་པ་རིགས་པ་ཙམ་?་? ་དམིགས་པར་རྟོགས་པར་བྱེད་དོ། །དེ་མི་དམིགས་པ་ལས་གཉི་ག་ཁྱད་པར་དམིགས་པ་རྟོགས་པར་བྱེད་པ་ཡིན་ནོ། །དེར་གང་ཡང་གཉིས་དམིགས་པ་མེད་པ་དོན་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཏེ། ཡུལ་མེད་ཅིང་དམིགས་པ་མེད་པ་ཡིན་ཏེ། མཚན་མ ་ཐམས་ཅད་མི་དམིགས་པས་ཉེ་བར་མཚོན་པ་ཉིད་ཀྱི་ཕྱིར་རོ། །སྦྱོར་བ་རྟོགས་པ་ནི་རྣམ་པ་བཞི་སྟེ། །མོས་པས་སྤྱོད་པའི་ས་ལ་མོས་པས་སྦྱོར་བའི་ཕྱི་དང། །དེ་ཉིད་ངེས་པར་འབྱེད་པའི་གནས་སྐབས་སོ། །དེ་ཉིད་ས་དང་པོ་ལ་སོ་སོར་འཇིག་པར ་སྦྱོར་བའི་ཕྱིར་དང། དེ་ཉིད་ནི་རེག་པའི་གནས་སྐབས་སོ། །རྣམ་པར་མ་དགེ་བའི་ས་དྲུག་ལ་སྒོམ་པ་ལ་རབ་ཏུ་སྦྱོར་བའི་ཕྱིར་དང། །ཡོངས་སུ་དག་པ་གསུམ་པོ་ལ་ཡང་ངོ། །དེ་ཉིད་ནི་རྗེས་སུ་དྲན་པའི་གནས་སྐབས་སོ། །སངས་རྒྱས་ཀྱི་ས་ལ་མཐར་ཕྱིན ་པ་ལ་སྦྱོར་བ་ཕྱིར་ཏེ། ལྷུན་གྱིས་གྲུབ་པས་སངས་རྒྱས་ཀྱི་མཛད་པ་གྱུར་མི་འཆད་པའི་ཕྱིར་རོ། །དེ་ཉིད་ནི་དེའི་བདག་ཉིད་ནི་རྗེས་སུ་དྲན་པའི་གནས་སྐབས་སོ། །ཉེས་དམིགས་རྟོགས་པ་ནི། །གནས་སྐབས་སུ་གྱུར་བ་མེད་པོར། །ཉེས་དམིགས་རྣམ་པ་ཚོའི ་སྟེ། ཉོན་མོངས་པ་མི་འཇུག་པའི་རྟེན་མེད་པའི་ཉེས་དམིགས་དང། །ལམ་འཇུག་པའི་རྟེན་མེད་པའི་ཉེ་དམིགས་དང། གང་ཟག་མྱ་ངན་ལས་འདས་པར་ཐ་སྙད་བཞག་པ་ནི་རྟེན་མེད་པའི་ཉེས་དམིགས་པ་དང། བྱང་ཆུབ་རྣམ་པ་གསུམ་གྱི་ཁྱད་པར ་གྱི་ཐ་སྙད་བཞག་པའི་རྟེན་མེད་པའི་ཉེས་དམིགས་སོ། །དེ་དག་ལས་བཟློག་པ་ལ་བརྟེན་ན་གནས་ཡོངས་སུ་གྱུར་བ་ཡོད་པ་ལ། ཡན་ཡོན་ནམ་པ་བཞི་ཉིད་དུ་རིག་པར་བྱའོ། །དེ་རྟག་ཉི་ནི་གནས་གྱུར་པ་ཇི་ལྟ་བ་རྟོགས་པ་རྣམ་པ་བཅུ་རིག་པར་བྱའོ། །མེད ་པའི་ཆོས་སྣང་བ་ནི། །དཔེར་ནི་སྒྱུ་མ་དང་རྨི་ལམ་ལ་སོགས་པ་བཞིན་ནོ། །གནས་གྱུར་པའི་དཔེ་ནི། ནམ་མཁའ་དང་གསེར་དང་ཆུ་ལ་སོགས་པ་བཞིན་ནོ།། །།ཆོས་དང་འོད་ཉིད་རྣམ་པ་འབྱེད་པ་འཕགས་པ་བྱམས་པས་མཛད་པ་རྫོགས་སོ། །། ་རྒྱ་གར་གྱི་མཁས་པོ་པཎྜི་ཏ་ཤཱནྟི་བྷ་དྲ་དང། ཞུ་ཆེན་གྱི་ལོ་ཙྪ་བ་དགེ་སློང་ཚུལ་ཁྲིམས་རྒྱལ་བསྒྱུར་གྱི་ཤུས་ཏེ་གནས་ལ་ཕབ་པ་ལས། སླད་ཀྱི་ཁ་ཆེའི་མཁན་པོ་པཎྜི་ཏ་བ་ར་ཧེ་ཏ་དང། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་དགའ་རྡོར་གྱིས་ཐུགས་དམ་ས་ཐོ་ལི་ཤི་གཙུག་ལག་ཁང་དུ ་བཅོས་ཤིང་གཏན་ལ་ཕབ་པ།། །། `་།ཆོས་དང་ཆོས་ཉིད་ནང་འབྱེད་ཚིག་བཅད་པ་བཞུགས། །རྒྱ་གར་སྐད་དུ། དྷརྨ་དྷརྨ་ཏཱ་བི་བྷི་ག་སཱ་རི་ཀཱ། བོད་སྐད་དུ། ཆོས་དང་ཆོས་ཉིད་རྣམ་པར་འབྱེད་པའི་ཚིག་ལེའུར་བྱས་པ། མགོན་པོ་བྱམས ་