| Wylie | e-texts based on the ACIP/ALL Input |
རྒྱ་གར་སྐད་དུ། མཧཱ་ཡཱ་ན་སཱུ་ཏྲཱ་ལཾ་ཀཱ་ར་ཀཱ་རི་ཀཱ། བོད་སྐད་དུ། ཐེག་པ་ཆེན་པོ་མདོ་སྡེའི་རྒྱན ་གྱི་ཚིག་ལེའུར་བྱས་པ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །དོན་ཤེས་དོན་སྟོན ་རབ་ཏུ་བྱེད་པ་ངག་དང་ཚིག་རྣམས་དྲི་མེད་པས། །སྡུག་བསྔལ་བསྒྲལ་ཕྱིར་སྡུག་བསྔལ་འགྲོ་ལ་སྙིང་རྗེའི་ཕྱིར་ཏེ་དེའི་བདག་ཉིད། ་ཐེག་མཆོག་བསྟན་པའི་རྣམ་པ་ཆོས་ཀྱི་དེ་ཡིས་འགྲོ་བའི་སེམས་ཅན་ལ། །འབྱོར་པའི་དོན་ཚུལ་བླ་མེད་གྱུར་པ་ལྔ་ཡི་བདག་ཉིད ་སྟོན་པར་བྱེད། །གསེར་ལས་བརྡུངས་བྱས་འདྲ་ཞིང་པདྨ་རྒྱས་པ་བཞིན། །བཀྲེས་པས་ཉེན་པ་གཡོས ་ལེགས་ཁ་ཟས་ཟ་བ་འདྲ། །འཕྲིན་ཡིག་ལེགས་པར་ཐོས་འདྲ་རིན་ཆེན་སྒྲོམ་ཕྱི་ལྟར། །ཆོས་དེ་འདིར་བཤད་པས་ཀྱང་དགའ་ ་བའི་མཆོག་བསྐྱེད་དོ། །གཟུགས་རྒྱན་རང་བཞིན་ཡོན་ཏན་ལྡན་པ་མེ་ལོང་ནང་སོང་བ། །མཐོང་བའི་དབང་གིས་མི་རྣམས་རབ་ཏུ ་དགའ་བཱི་མཆོག་བསྐྱེད་པ། །དེ་བཞིན་ལེགས་གསུངས་རྟག་ཏུ་རང་བཞིན་ཡོན་ཏན་ལྡན་པ་ཡི། །ཆོས་ཀྱང་དོན་རྣམས་ཕྱེ་བས ་མཁས་རྣམས་འདི་ན་དགའ་མཆོག་བསྐྱེད། །ཇི་ལྟར་མནམས་ན་རབ་དཀུ་ལ། །མྱངས་ན་ཞིམ་པའི་སྨན་བཞིན་དུ། །དེ་བཞིན་ཆོས་ཀྱང་གཉིས ་སུ་གནས། །དོན་དང་ཡི་གེར་ཤེས་པར་བྱ། །ཆོས་བཀའ་རྒྱ་ཆེན་ཟབ་མོ་འདི། །རྒྱལ་པོ་བཞིན་དུ་མཉེས་པར་དཀའ་། །མཉེས་པར་བྱས ་ན་དེ་བཞིན་དུ། །ཡོན་ཏན་མཆོག་གི་ནོར་སྦྱིན་བྱེད། །རིན་ཆེན་རིགས་ལྡན་རིན་ཐང་མེད། །ལྟ་མི་ཤེས་པའི་མི་མི་མགུ་།དེ་བཞིན་མི་མཁས ་ཆོས་འདི་ལ། །བཟློག་ན་དེ་བཞིན་མགུ་བར་འགྱུར། །སྔར་ལུང་མ་བསྟན་ལྷན་ཅིག་བྱུང། །སྤྱོད་ཡུལ་མ་ཡིན་གྲུབ་པ་དང། །ཡོད་དང་མེད་ན ་ཡོད་མེད་དང། །གཉེན་པོ་དང་ནི་སྒྲ་གཞན་ཕྱིར། །སངས་རྒྱས་རྣམས་ནི་མངོན་སུམ་སྤྱན། །བསྟན་པ་དག་ཀྱང་སྲུང་བར་མཛད། །དུས ་ལའང་ཡེ་ཤེས་མ་བསྒྲིབས་པ། །དེ་ཕྱིར་བཏང་སྙོམས་མི་རུང་ངོ། །མ་ཚང་བ་དང་འགལ་བ་དང། །ཐབས་མིན་དེ་ལྟར་མ་བསྟན་ཕྱིར། །ཉན་ཐོས་ཀྱི ་ནི་ཐེག་པ་འདི། །ཐེག་ཆེན་ཆོས་ཤེས་བྱ་བ་མིན། །བསམ་པ་དང་ནི་བསྟན་པ་དང། །སྦྱོར་བ་དང་ནི་རྟོན་པ་དང། །དུས་འགལ་ཕྱིར་ན་དམན་པ་གང། །དེ་ནི་དམན་པ ་ཁོ་ན་ཡིན། །རང་གི་ཉིད་ལ་འཇུག་པ་དང། །རང་གི་འདུལ་བའང་སྣང་ཕྱིར་དང། །ཟབ་པའི་ཕྱིར་དང་རྒྱ་ཆེའི་ཕྱིར། །ཆོས་ཉིད་དང་ནི་འགལ་བ་མེད། །རྟོག་གི་རྟེན ་ཅིང་མ་ངེས་ལ། །མ་ཁྱབ་ཀུན་རྫོབ་སྐྱོ་བ་ཅན། །བྱིས་པ་ལ་ནི་བརྟེན་པར་འདོད། །དེ་ཕྱིར་དེ་ནི་དེའི་ཡུལ་མིན། །རྒྱ་ཆེའི་ཕྱིར་དང་ཟབ་པའི་ཕྱིར། །ཡོངས་སུ་སྨིན ་དང་རྣམ་མི་རྟོག་།དེ་ཕྱིར་འདི་ལས་གཉིས་བསྟན་ཏེ། །དེ་ནི་བླ་ན་མེད་པའི་ཐབས། །འགྲོ་བ་དེའི་གནས་མིན་ལ་སྐྲག་པས་གདུང་བྱེད་འགྱུར། །བསོད་ནམས་མ་ཡིན ་ཕུང་བྱེད་བསགས་བྱས་ཡུན་རིང་དུ། །རིགས་ངན་གྲོགས་ངན་སྔོན་དགེ་མ་བསགས་བློ་མ་སྦྱངས། །ཆོས་འདིས་སྐྲག་འགྱུར་འདི་ནི་དོན་ཆེན་འདི་ལས་ལྟུང། །དེ་ལས་གཞན་དང་གཞན་མེད་ཤིན་ཏུ་ཟབ་ཅིང ་རྗེས་སོང་ཕྱིར། །སྣ་ཚོགས་སྟོན་ཅིང་མང་པོའི་སྒོ་ནས་རྟག་ཏུ་སྟོན་དང་ལྡན། །ཇི་སྐད་བཤད་བཞིན་དོན་མིན་བཅོམ་ལྡན་དགོངས་པ་ཤིན་ཏུ་ཟབ། །མཁས་པ་རྣམས་ཀྱིས་ཚུལ་བཞིན་བརྟགས་ན་ཆོས་འདིར ་སྐྲག་མི་འགྱུར། །འདི་ན་དང་པོར་ཐོས་ལ་བརྟེན་ནས་ཡིད་ལ་བྱེད་པ་འབྱུང། །ཚུལ་བཞིན་ཡིད་ལ་བྱེད་ལས་ཡང་དག་དོན་ཡུལ་ཡེ་ཤེས་འབྱུང། །དེ་ལས་ཆོས་ཐོབ་དེ་ཡོད་དེ་ལས་བློ་གྲོས ་རབ་ཏུ་སྐྱེ། །གང་ཚེ་དེ་ནི་སོ་སོ་རང་རིག་མེད་ན་ཇི་ལྟར་ངེས། །བདག་གིས་མི་ཤེས་སངས་རྒྱས་ཟབ་མོ་མཁྱེན་མ་ཡིན། །ཟབ་མོ་ཙ་ཡི་ཕྱིར་ན་རྟོག་གིའི་ཡུལ་མ་ཡིན། །ཅི་ཕྱིར་ཟབ་མོའི་དོན་རིག་པ་དག ་མཐར་འགྱུར་ཞེས། །བྱ་བ་དེ་ནི་སྐྲག་པའི་གནས་སུ་རིགས་མ་ཡིན། །དམན་པར་མོས་ཤིང་ཁམས་ཀྱང་ཤིན་ཏུ་དམན། །གྲོགས་པོ་དམན་པ་དག་གིས་ཡོངས་བསྐོར་བ། །ཟབ་ཅིང་རྒྱ་ཆེ་ལེགས ་པར་བཤད་པའི་ཆོས། །འདི་ལ་གལ་ཏེ་མོས་མེད་གྲུབ་པ་ཡིན། །ཐོས་རྗེས་འབྲངས་ཏེ་བློ་ལྡན་ཐོབ་ནས་ནི། །གང་ཞིག་ཐོས་ལ་རབ་ཏུ་བརྙས་བྱེད་པ། །རྣམ་པ་སྣ་ཚོགས་དཔག་ཏུ་མེད་ལུས་ལ། ། ་རྨོངས་པ་གང་གི་ཕྱིར་ན་ངེས་པར་བྱེད། །དོན་སྒྲ་ཇི་བཞིན་ཡོངས་རྟོག་ན། །བདག་ཉིད་བསྙེམས་ཤིང་བློ་ཉམས་འགྱུར། །ལེགས་པར་གསུངས་པའང་སྤངས་པས་ན། །བརླག་འགྱུར་ཆོས་ལ་ཁོང ་ཁྲོས་སྒྲིབ། །ཡིད་ཀྱི་ཉེས་པ་རང་བཞིན་གདུག་པ་སྟེ། །མ་རིགས་པའི་གཟུགས་ལའང་མ་རིགས་ན། །ཐེ་ཚོམ་ཟ་བའི་ཆོས་ལ་སྨོས་ཅི་དགོས། །དེ་ཕྱིར་བཏང་སྙོམས་བཞག་ལེགས་ཉེས་བ་མེད། །སྒྲུབ་པའི་སྐབས ་རྫོགས་སོ།། །།ཀུན་ཏུ་འགྲོ་དང་ཁས་ལེན་རྟོགས་དང་ཟིལ་གནོན་པར། །དབྱེ་བའི་རང་བཞིན་དོན་རྣམས་བཞི་ཡི་ཁྱད་པར་གྱིས། །ཐེག་པ་མཆོག་ཕྱིར་དཀོན་མཆོག་སྐྱབས་རབ་སོང་བ་གང། །དེ་ཉིད་སྐྱབས ་སུ་སོང་བ་རྣམས་ཀྱི་མཆོག་ཅེས་བྱ། །གང་ཕྱིར་དང་པོར་ངེས་པར་བྱ་བ་འདི་དཀའ་སྟེ། །དེ་ནི་བསྐལ་པ་སྟོང་ཕྲག་དུ་མར་སྒྲུབ་བར་དཀའ་། །གང་ཕྱིར་གྲུབ་ན་སེམས་ཅན་ཕན་བྱེད་དོན་ཆེན་ཏེ། །དེ་ཕྱིར་ཐེག་ཆེན་འདི་ལ་སྐྱབས ་དོན་མཆོག་ཡིན་ནོ། །གང་ཞིག་སེམས་ཅན་ཐམས་ཅད་བསྒྲལ་བར་ཞུགས་པ་དང། ཐེག་པ་ཡེ་ཤེས་ཀུན་ཏུ་འགྲོ་ལ་མཁས་པར་ལྡན། །གང་ཞིག་མྱ་ངན་འདས་ལ་འཁོར་ཞི་རོ་གཅིག་པ། །དེ་འདྲའི་བློ ་ལྡན་དེ་འདིར་ཀུན་འགྲོ་ཤེས་པར་བྱ། །གང་ཞིག་དགའ་བ་མང་པོས་བྱང་ཆུབ་མཆོག་དོན་གཉེར། །གང་ཞིག་སྐྱོ་བ་མེད་པར་དཀའ་བ་ཡང་དག་སྤྱོད། །གང་ཞིག་རྣམ་སངས་རྒྱས་ནས་སངས་རྒྱས་ཀུན་མཉམ་འགྱུར། །བློ་ལྡན་དེ་ནི་མཁས ་ཁས་ལེན་མཆོག་ཏུ་ཤེས་བར་བྱ། སངས་རྒྱས་སྲས་ཀྱི་མཆོག་ཏུ་ལེགས་པར་གང་སྐྱེས་པ། །སེམས་དང་ཤེས་རབ་དང་ནི་ཚོགས་ལྡན་སྙིང་རྗེ་འདིའི། །ས་བོན་མ་དང་མངལ་གནས་མ་མ་མཚུངས་པ་མེད། །བློ་ལྡན་དེ་ནི་ཁས་ལེན་མཆོག་ཏུ་ཤེས་པར་བྱ། །སྣ་ཚོགས་མཚན་རྣམས་ཀུན་གྱིས་དེ་ལུས ་རྒྱན། །སེམས་ཅན་ཐམས་ཅད་སྨིན་པར་བྱེད་སྟོབས་ཐོབ། །སངས་རྒྱས་བདེ་ཆེན་མཛའ་ཡས་ཞི་བརྙེད། །སེམས་ཅན་ཀུན་བསྐྱབ་ཐབས་ཆེན་བཤམས་པ་ཤེས། །སངས་རྒྱས་ཀུན་གྱིས་འོད་ཟེར་ཆེན་པོས་དབང་བསྐུར་བྱིན། །དེ་ནི་ཆོས་ལ་དབང་བ་ཀུན་དང་ཡང་དག་ལྡན། །སངས་རྒྱས ་འཁོར་གྱི་དཀྱིལ་འཁོར་སྟོན་པའི་རྣམ་པར་ཤེས། །བསླབ་པ་བཅའ་བས་ཚར་བཅད་ཕན་འདོགས་བྱེད་ལ་བརྩོན། །བློན་པོ་ཆེན་པོ་ལྟ་བུར་ཕ་རོལ་ཕྱིན་ལ་འཇུག་བའི་ཕྱིར། །བྱང་ཆུབ་ཆེན་པོ་ཕྱོགས་མཐུན་བདལ?་ལ་རྟག་ཏུ་སྤྱན་བྱེད་ཕྱིར། །གསང་བའི་གནས་ནི་རྣམ་གསུམ་ཡང ་དག་རྟག་ཏུ་འཛིན་པའི་ཕྱིར། །སེམས་ཅན་མང་དོན་རྟག་ཏུ་རྒྱུན་མི་འཆད་པར་རབ་བྱེད་ཕྱིར། །བསོད་ནམས་ཕུང་ཆེན་སྲིད་གསུམ་བླ་མ་སྲིད་བའི་བདེ་བ་དང། །སྡུག་བསྔལ་ཕུང་པོ་ཆེན་པོ་རབ་ཞི་བློ་མཆོག་བདེ་བ་དང། །ཆོས་མང་པོ་མཆོག་རབ་རྟག་པའི་སྐུ་སྟེ་དགེ་བའི་ཚོགས། །བག ་ཆགས་བཟློག་ཅིང་སྲིད་དང་ཞི་ལས་རྣམ་པར་གྲོལ་བ་འཐོབ། །བློ་ལྡན་ཉན་ཐོས་ཚོགས་བཅས་དགེ་བ་རྒྱ་ཆེན་དོན་ཆེ་དང། །མཛའ་ཡས་རྟག་རྒྱུན་མི་འཆད་ཟད་མི་ཤེས་པས་ཟིལ་གྱི་གནོན། །དགེ་བ་དེ་ཡང་འཇིག་རྟེན་འཇིག་རྟེན་མ་ཡིན་ཡོངས་སྨིན་བྱེད། དབང་འབྱོར་རྙེད་པ་དེ་ནི ་ཕུང་བོ་ཞི་བས?་དང?་མི་ཤེས། །འདི་ནི་དེ་དངོས་འདོད་པས་ཁས་ལེན་དེ་ཡང་སྙིང་བརྩེ་ལས་རིག་བྱ། །དེ་ལས་རྣམ་པ་ཀུན་མཁྱེན་ཕན་དང?་བདེ་བྱེད་བཀའ་ལ་སྐྱེ་བ་མེད། །ངེས་པར་འབྱུང་ལ་ཐེག་པ་ཀུན་གྱིས་བརྟེན་བའི་ཡོན་ཏན་རྟག་ཏུ་ལྡན། །བརྡ་དང་ཆོས་ཉིད་ཐོབ་པ་བློ་ལྡན་རྣམས་ཀྱི ་སྐྱབས་འགྲོ་འདི་མཆོག་ཡིན། །སྐྱབས་སུ་འགྲོ་བ་འདིར་སོང་དོན་ཆེན་ཏེ། །དེས་ནི་ཚད་མེད་ཡོན་ཏན་ཚོགས་འཕེལ་འགྱུར། །འགྲོ་བ་འདི་ལ་སྙིང་རྗེའི་བསམ་པས་ཁྱབ། །ཚུངས་མེད་འཕགས་ཆེན་ཀྱང་རྒྱས་བར་བྱེད། །སྐབས་སུ་འགྲོ་བའི་སྐབས་རྫོགས་སོ།། །། ་ཡོད་དང་མཆོག་དང་མཚན་ཉིད་དང། །རྟགས་དང་རིགས་རབ་དབྱེ་བ་དང། །ཉེས་དམིགས་དང་ནི་ཕན་ཡོན་དང། །དཔེ་རྣམ་གཉིས་ཏེ་རྣམ་པ་བཞི། །ཁམས་རྣམས་དང་ནི་མོས་པ་དང། །སྒྲུབ་པ་ཐ་དད་དབྱེ་བ་དང། །འབྲས་བུ་ཐ་དད་དམིགས་པའི་ཕྱིར། །རིགས་ཡོད ་ཉིད་དུ་ངེས་པར་བརྗོད། །དེ་དག་ཁྱད་པར་འཕགས་པ་དང། །ཐམས་ཅད་དང་ནི་དོན་ཆེན་དང། །མི་ཟད་པ་ཡི་རྒྱུ་མཚན་ཕྱིར། །རིགས་མཆོག་ཉིད་ཅེས་བརྗོད་པ་ཡིན། །རང་བཞིན་དང་ནི་རྒྱས་པ་དང། །དེ་ནི་རྟེན་དང་བརྟེན་པ་དང། །ཡོད་མེད་ཉིད་དང་ཡོན་ཏན་དང། །སྒྲོལ་བའི ་དོན་དུ་ཤེས་པར་བྱ། །སྦྱོར་བའི་སྔོན་དུ་སྙིང་རྗེ་དང། །མོས་བ་དང་ནི་བཟོད་པ་དང། །དགེ་བ་ཡང་དག་སྦྱོང་བ་ནི། །རིགས་ཀྱིས་རྟགས་སུ་ངེས་པར་བཤད། །རིགས་ནི་ངེས་དང་མ་ངེས་པ། །རྐྱེན་རྣམས་ཀྱིས་ནི་མི་འཕྲོགས་དང། །འཕྲོགས་པ་ཉིད་དེ་མདོར་ན་རིགས། །དབྱེ་བ་དེ་ནི ་རྣམ་པ་བཞི། ཉོན་མོངས་གོམས་དང་གྲོགས་ངན་དང། །ཕོངས་དང་གཞན་གྱི་དབང་ཉིད་དེ། །མདོར་ན་རིགས་ཀྱི་ཉེས་དམིགས་དག། རྣམ་པ་གཞིར་ནི་ཤེས་བར་བྱ། །རིང་མོ་ཞིག་ནས་ངན་སོང་དུ། །འགྲོ་ཞིང་མྱུར་དུ་ཐར་པ་དང། །དེ་ནའང་སྡུག་བསྔལ་ཆུང་དུ་མྱོང། །སྐྱེ་བཅས ་སེམས་ཅན་སྨིན་པར་བྱེད། །གསེར་གྱི་རིགས་བཞིན་ཤེས་པར་བྱ། །དགེ་བ་དཔག་ཏུ་མེད་པའི་གནས། །ཡེ་ཤེས་དང་ནི་དྲི་མེད་ལྡན། །མཐུ་རྣམས་ཀྱི་ཡང་གནས་ཡིན་ནོ། །རིན་ཆེན་མཆོག་རིགས་བཞིན་ཤེས་བྱ་?་བྱང་ཆུབ་ཆེན་པོའི་རྒྱུ་མཚན་ཕྱིར། །ཡེ་ཤེས་ཆེ་དང་ཏིང ་འཛིན་འཕགས། །སེམས་ཅན་མང་པོའི་དོན་གནས་ཕྱིར། །ལ་ལ་གཅིག་ཏུ་ཉེས་པར་སྤྱོད་ངེས་ཡོད། །ལ་ལ་དཀར་པོའི་ཆོས་རྣམས་ཀུན་ཏུ་བཅོམ། །ལ་ལ་ཐར་པའི་ཆ་མཐུན་དགེ་བ་མེད། །དཀར་པོ་དམན་པ་ཡོད་པ་རྒྱུ་དང་བྲལ། །ཟབ་ཅིང་རྒྱ་ཆེར་བཤད་པ་གཞན་ལ ་ཕན་ཕྱིར་བསྟན་པའི་ཆོས་ཆེན་ལ། །མི་ཤེས་བཞིན་དུ་མོས་པ་ཤིན་ཏུ་རྒྱ་ཆེན་འབྱུང་བཞིན་སྒྲུབ་ལ་བཟོད། །དེ་དག་ཐ་མར་རྣམ་པ་གཉིས་མཆོག་ཕུན་སུམ་ཚོགས་འགྱུར་གང་ཡིན་དེ། །བྱང་ཆུབ་སེམས་དཔའ་རང་བཞིན་ཡོན་ལྡན་དེ་རྒྱས་བའི་རིགས་ལས་ཤེས།། ་ཡོན་ཏན་ཤིན་ཏུ་རྒྱ་ཆེ་བྱང་ཆུབ་ཤིང་བསྐྱེད་ཕྱིར། །བདེ་དང་སྡུག་བསྔལ་ཆེན་པོ་ཞི་བ་ཐོབ་བྱའི་ཕྱིར། །བདག་དང་གཞན་ལ་ཕན་བདེ་བྱེད་པ་འབྲས་བུའི་ཕྱིར། །རིགས་མཆོག་དེ་ནི་རྩ་བ་བཟང་པོ་ལྟ་བུ་ཡིན། །རིགས་ཀྱི་སྐབས་རྫོགས་སོ།། །།སྤྲོ་བ་ཆེ་དང་རྩོམ་པ་ཆེ། །དོན་ཆེ་བ་དང ་འབྱུང་བ་ཆེ། །བྱང་ཆུབ་སེམས་དཔའ་ཨི་སེམས་པ་སྟེ། །དོན་གཉིས་ལྡན་པའི་སེམས་འབྱུང་བ། །སེམས་བསྐྱེད་དེ་ནི་ས་རྣམས་ལ། །མོས་དང་ལྷག་བསམ་དག་པ་དང། །རྣམ་པར་སྨིན་པ་གཞན་དུ་འདོད། །དེ་བཞིན་སྒྲིབ་པ་སྤངས་པའོ། །དེ་ཡི་རྩ་བ་སྙིང་རྗེར་འདོད། །རྟག་ཏུ་སེམས་ཅན་ཕན་པར ་སེམས། །ཆོས་ལ་མོས་དང་དེ་བཞིན་དེའི། །ཡེ་ཤེས་ཚོལ་བར་དམིགས་པའོ། །གོང་དུ་འདུན་པ་འགྲོ་བ་སྟེ། །སྡོམ་པ་རྒྱ་ཆེན་དེ་ཡི་རྟེན། །ལམ་འགོག་པ་ནི་མི་མཐུན་ཕྱོགས། །སློང་ཞིང་དང་དུ་ལེན་པའོ། །བསོད་ནམས་ཡེ་ཤེས་རང་བཞིན་གྱི། །དགེ་བ་འཕེལ་བ་དེ་ཕན་ཡོན། །ཕ་རོལ་ཕྱིན ་ལ་རྟག་སྦྱོར་བ། །དེ་ནི་ངེས་པར་འབྱུང་བར་བརྗོད། །འདི་ཡི་མཐར་ཐུག་པ་ཡིན་ཏེ། །སོ་སོ་རང་གི་དེ་སྦྱོར་བས། །བྱང་ཆུབ་སེམས་དཔའ་ཨི་སེམས་བསྐྱེད་པ། །རྣམ་པར་ངེས་པར་ཤེས་པར་བྱ། །གྲོགས་སྟོབས་རྒྱུ་སྟོབས་རྩ་བའི་སྟོབས། །ཐོས་སྟོབས་དགེ་བ་གོམས་པ་ལ། །མི་བརྟན ་པ་དང་བརྟན་འབྱུང་བ། །གཞན་གྱི་བསྟན་པའི་སེམས་བསྐྱེད་བཤད། །རྫོགས་པའི་སངས་རྒྱས་རབ་བསྙེན་བྱས། །བསོད་ནམས་ཡེ་ཤེས་ཚོགས་རབ་བསགས། །ཆོས་ལ་མི་རྟོག་ཡེ་ཤེས་ནི། །སྐྱེས་ཕྱིར་དེ་ནི་དམ་པར་འདོད། །ཆོས་དང་སེམས་ཅན་རྣམས་དང་ནི། །དེ་ཡི་བྱ་བ ་སངས་རྒྱས་ཉིད། །མཆོག་ལ་སེམས་མཉམ་རྙེད་པའི་ཕྱིར། །དེ་ཡི་རབ་དགའ་ཁྱད་པར་འཕགས། །སྐྱེ་བ་རྒྱ་ཆེ་དེ་ལ་སྤྲོ། །བསམ་པ་ཡང་ནི་དག་པ་དང། །ལྷག་མ་དག་ལ་མཁས་པ་དང། །ངེས་པར་འབྱུང་བ་ཤེས་པར་བྱ། །ཆོས་ལ་མོས་པ་ས་བོན་དང། །ཕ་རོལ་ཕྱིན་མཆོག་མ ་ལས་སྐྱེས་བསམ་གཏན་ལས་བྱུང་བདེ་བ་མངལ། །སྙིང་རྗེ་བསྐྱེད་པའི་མ་མའོ། །སྨོན་ལམ་ཆེན་པོ་བཅུ་སྒྲུབ་ཕྱིར། །རྒྱ་ཆེ་བར་ནི་ཤེས་བར་བྱ། །དཀའ་བ་ཡུན་རིང་མི་སྐྱོ་ཕྱིར། །སྤྲོ་བ་ཁོང་དུ་ཆུང་བར་བྱ། །བྱང་ཆུབ་ཉེ་བར་རྟོགས་པ་དང། །དེ་ཡི་ཐབས་ཤེས་རྙེད་པའི ་ཕྱིར། བསམ་བ་དག་པར་ཤེས་པར་བྱ། །ས་གཞན་ཚུལ་ལ་མཁས་པ་ཉིད། །ཇི་ལྟར་རྣམ་གཞག་ཡིད་བྱེད་པས། །དེ་རྟོག་ཉིད་དུ་ཤེས་ཕྱིར་དང། །དེ་ཉིད་ལ་ཡང་མི་རྟོག་ཕྱིར། །ངེས་པར་འགྱུར་བར་ཤེས་བར་བྱ། །བསྐྱེད་པ་ས་དང་མཚུངས་པ་སྟེ། །གཞན་ནི ་བཟང་པོའི་གསེར་དང་འདྲ། །ཟླ་བ་ཡར་གྱི་ཆོས་པ་བཞིན། །གཞན་ནི་མ་དང་འདྲ་ཤེས་བྱ། །གཞན་ནི་གཏེར་ཆེན་བཞིན་ཤེས་བྱ། །གཞན་ནི་རིན་ཆེན་འབྱུང་གནས་བཞིན། །རྒྱ་མཚོ་འདྲ་བར་ཤེས་བྱ་གཞན། །རྡོ་རྗེ་དང་འདྲ་རི་རབ་འདྲ། །སྨན་གྱི་རྒྱལ་པོ་འདྲ་པ་སྟེ།། ་གཞན་ནི་འཛའ་ཆེན་འདྲར་ཤེས་བྱ། །ཡིད་བཞིན་ནོར་བུ་འདྲ་བ་དང། །གཞན་ནི་ཉི་མ་འདྲར་ཤེས་བྱ། །གཞན་ནི་དྲི་ཟའི་དབྱངས་སྙན་བཞིན། །གཞན་ནི་རྒྱལ་པོ་འདྲ་ཤེས་བྱ། །དེ་བཞིན་གཞན་ནི་མཛོད་ལྟ་བུ། །ལམ་པོ་ཆེ་དང་འདྲར་ཤེས་བྱ། །ཐེག་པ་འདྲར་ཤེས ་གཞན་ནི་འཛའ་ཆེན་འདྲར་ཤེས་བྱ། །ཡིད་བཞིན་ནོར་བུ་འདྲ་བ་དང། །གཞན་ནི་ཉི་མ་འདྲར་ཤེས་བྱ། །གཞན་ནི་དྲི་ཟའི་དབྱངས་སྙན་བཞིན། །གཞན་ནི་རྒྱལ་པོ་འདྲ་ཤེས་བྱ། །དེ་བཞིན་གཞན་ནི་མཛོད་ལྟ་བུ། །ལམ་པོ་ཆེ་དང་འདྲར་ཤེས་བྱ། །ཐེག་པ་འདྲར་ཤེས ་བྱ་བ་སྟེ། །སེམས་བསྐྱེད་བཀོད་མ་འདྲ་བ་ཡིན། །ཀུན་དགའ་ཨི་སྒྲ་དང་འདྲ་བ་སྟེ། །ཀླུང་ཆེན་རྒྱུན་དང་འདྲ་བའོ། །རྒྱལ་སྲས་རྣམས་ཀྱིས་སེམས་བསྐྱེད་པ། །སྤྲིན་དང་འདྲ་བར་བསྟན་པ་སྟེ། །དེ་ཕྱིར་དེ་ལྟར་ཡོན་ཏན་ཕྱུག། སེམས་ནི་དགའ་བས་ཡང་དག་བསྐྱེད ་ཆེད་འོས་སེམས་བསྐྱེད་སྤངས་པའི་སྐྱེ་བོ་དག། གཞན་དོན་སེམས་དང་དེ་ཡི་ཐབས་རྙེད་དང། །དགོངས་ཆེན་དོན་དང་དེ་ཉྡ་མཆོག་མཐོང་བའི། །བདེ་བ་དེ་སྤངས་ཞི་བར་འགྲོ་བར་འགྱུར། །བློ་ལྡན་སེམས་མཆོག་བསྐྱེད་མ་ཐག་ཏུ་ཡང། །མཛའ་ཡས་ཉེས་པ་བྱེད ་ལས་སེམས་རབ་བསྡམས། །གཉིས་འཕེལ་བྱེད་པས་རྟག་ཏུ་དགེ་བ་དང། །བརྩེ་ལྡན་བདེ་དང་སྡུག་བསྔལ་དག་གིས་དགའ་། །གང་ཚེ་གཞན་གྱི་དོན་ཕྱིར་ལུས་དང་ནི། །སྲོག་ལ་མི་ལྟ་རབ་མངལ་ཁས་ལེན་པ། །དེ་ལྟ་བུ་དེ་གཞན་གྱི་གནོད་པ་ཡིས། །ཇི་ལྟར་ངན་པ་བྱེད ་པའི་ལས་ལ་འཇུག་།དེ་ཡིས་ཆོས་ཀུན་སྒྱུ་མ་ལྟ་བུ་དང། །སྐྱེ་བ་སྐྱེ་མོས་ཚལ་འགྲོ་ལྟར་རྟོགས་ནས། །འབྱོར་པའི་དུས་དང་རྒུད་པའི་དུས་ནའང་འདི། །ཉོན་མོངས་སྡུག་བསྔལ་དག་གིས་འཇིགས་པ་མེད། །རང་གིས་ཡོན་ཏན་སེམས་ཅན་ཕན་འདོགས་དགའ་།།? ་བཞིན་སྐྱེ་བ་རྫུ་འཕྲུལ་རྣམ་པར་འཕྲུལ། །རྒྱན་དང་སྟོན་མོ་མཆོགས?་རྩེ་དགའ་བ། །སྙིང་རྗེའི་བདག་ཉིད་མིན་པ་རྣམས་ལ་མེད། །གཞན་དོན་བརྩོན་ལྡན་སྙིང་རྗེའི་བདག་ཉིད་འདི། །གང་ཚེ་མནར་མེད་པ་ལའང་དགར་འཛིན་པ། །དེ་འདྲ་བ་དག་སྲིད་ན་གཞན་བརྟེན་ཅན། །སྡུག་བསྔལ་འབྱུང ་བ་རྣམས་ཀྱིས་ག་ལ་འཇིགས། །སློབ་དཔོན་བརྩེ་ཆེན་རྟག་ཏུ་བརྟེན་པའི་བདག། ཕ་རོལ་སྡུག་བསྔལ་དག་གིས་སེམས་གདུང་བ། །གཞན་གྱི་བྱ་བ་ཉེ་བར་གནས་པ་ལ། །གཞན་གྱིས་བསྐུལ་བ་ཤིན་ཏུ་ངོ་ཚ་ཡང། །མགོ་ལ་སེམས་ཅན་ཁུར་ཆེན་ཁྱེར་བ་ཡི། །སེམས་ཅན་མཆོག ་ནི་དལ་གྱིས་འགྲོ་མི་མཛེས། །བདག་གཞན་སྣ་ཚོགས་འཆིང་བས་རབ་བཅིངས་བ། །བརྩོན་འགྲུས་བརྒྱ་འགྱུར་དུ་ནི་བྱ་བའི་རིགས། །སེམས་བསྐྱེད་བའི་སྐབས་རྫོགས་སོ།། །།གནས་རྩོམ་འབྲས་བུ་འབྱུང་བ་ཆེ་བདག་ཉིད། །རྒྱལ་སྲས་རྣམས་ཀྱི་སྒྲུབ་པ་ཡིན་པར ་འདོད། །རྟག་ཏུ་ལེན་པ་ཆེ་དང་བཟོད་པ་ཆེ། །དོན་ཆེན་ཡང་དག་སྒྲུབ་པའི་བྱ་བ་བྱེད། །གཞན་དང་བདག་ཏུ་སྙམ་པའི་སེམས་ཉིད་དམ། །བདག་པས་གཞན་ཆོས་སྡུག་པ་སྙེད་ནས་ནི། །དེ་ལྟར་བདག་པས་གཞན་དོན་མཆོག་ཏུ་ཤེས། །རང་གི་དོན་གང་གཞན་གྱི་དོན་གང་ཡིན་དེ ་ལྟར་སྙིང་རྗེའི་བདག་ཉིད་གཞན་གྱི་དོན་གྱི་ཕྱིར། །བདག་གི་སྡུག་བསྔལ་སྣ་ཚོགས་གདུང་བར་རབ་བྱེད་པ། །དེ་ལྟར་འཇིག་རྟེན་གདུང་བའི་ལས་ཀྱི་གཞན་དགྲ་ལ། །ཤིན་ཏུ་བརྩེ་བ་མེད་པར་རབ་ཏུ་འཇུག་པ་མ་ཡིན། །ཐ་ཆད་འབྲིང་དང་མཆོག་ཆོས་ཉིད་གནས་ལ། །ལེགས་པར ་སྟོན་དང་མགྲུ་བྱེད་འཇུག་པ་དང། །དོན་ལ་རྣམ་ངེས་དགེ་བ་ཡོངས་སྨིན་བྱེད། །དེ་བཞིན་གདམས་ངག་གནས་དང་བློ་རྣམ་གྲོལ། །ཡོན་ཏན་ཁྱད་པར་ཅན་འགྲུབ་དེ་བཞིན་དུ། །རིགས་སུ་སྐྱེ་དང་ལུང་བསྟན་དབང་བསྐུར་དང། །དེ་བཞིན་གཤེགས་མཁྱེན་བླ་མེད་གོ་འཕང་སྟེ།། ་བཅུ་གསུམ་བདག་ཉིད་འདི་ནི?་གཞན་གྱི་དོན། །སྐྱེ་བོ་དང་མཐུན་ཕྱིན་ཅི་མ་ལོག་འཆད། །མི་འགྱིང་བ་དང་བདག་གི་མེད་ལ་མཁས། །བཟོད་དུ་ལ་ཤིན་ཏུ་རིང་སོང་མི་བཟོད་པ། །རྒྱལ་སྲས་རྣམས་ཀྱི་སྒྲུབ་པ་མཆོག་ཡིན་ནོ། །འདོད་ལྡན་སྐྱེ་བ་འཇིགས་པ་ཆེ་ལ་འཇུག ་སྲིད་དགའ་ཕྱིར་ཅི་ལོག་བདེ་གཡོ་བ་ལ། །ཞི་དགའ་རང་གི་ལེན་པ་རབ་ཞིལ། །སྙིང་རྗེའི་བདག་ཉིད་ལེན་ཀུན་ཞི་ལ་རྟག། སྐྱེ་བོ་རྨོངས་བ་རང་གི་བདེ་དོན་བརྩོམ། རྟག་ཏུ་དེ་མ་ཐོག་པ་སྡུག་བསྔལ་འགྱུར། །བརྟེན་པ་རྟག་ཏུ་གཞན་དོན་བརྩོན་ལྡན་པ། །གཉིས ་གའི་དོན་བྱས་མྱ་ངན་འདའ་བར་འགྱུར། །རྒྱལ་སྲས་སྦྱོད་ཚེ་ཇི་ལྟ་ཇི་ལྟ་བུར། །དབང་པོའི་སྤྱོད་ཡུལ་སྣ་ཚོགས་འཇུག་པར་འགྱུར། །དེ་ལྟ་དེ་ལྟར་རིགས་པ་མཐུན་ཚིག་གིས། །སེམས་ཅན་དོན་ཕྱིར་དེ་མངོན་འདུ་བྱེད་དོ། །རྟག་ཏུ་ཉེས་པས་རང་དབང་མེད་པར་བྱས ་སེམས་ཀྱི། །སྐྱེ་བོ་ལ་ནི་བློ་ལྡན་ཉེས་པར་མི་འཛིན་ཏེ། །མི་འདོད་བཞིན་དུ་ལོག་པར་སྒྲུབ་པར་འགྱུར་རོ་ཞེས། །སྐྱེ་བོ་དག་ལ་སྙིང་རྗེ་རྣམ་པར་འཕེལ་ཕྱིར་རོ། །སྒྲུབ་པ་འདིས་ནི་སྲིད་དང་འགྲོ་བ་ཀུན། །ཟིལ་གྱིས་གནན་འགྲོ་ཞི་བ་མཆོག་དང་ལྡན། །ཡོན་ཏན་སྣ་ཚོགས ་དག་གིས་རྣམ་པར་འཕེལ། །བྱམས་པའི་བསམ་པས་རྟག་ཏུ་འགྲོ་བ་སྡུ། །སྒྲུབ་པའི་སྐབས་རྫོགས་སོ།། །།ཡོད་མིན་མེད་མིན་དེ་བཞིན་མིན་གཞན་མིན། །སྐྱེད་དང་འཇིག་མེད་འབྲི་བར་མི་འགྱུར་ཏེ། །འཕེལ་བ་མེད་ཅིང་རྣམ་པར་དག་པའང་མེད། །རྣམ ་པར་དག་འགྱུར་དེ་ནི་དོན་དམ་མཚན། །བདག་ཏུ་ལྟ་བ་བདག་ཉིད་བདག་མཚན་མིག་ངན་པར་གནས་མིན་མཚན་ཉིད་མི་འདྲ་ཕྱིར། །གཉིས་ལས་གཞན་མེད་དེ་ནི་ནོར་པ་སྐྱེས། །དེ་ཕྱིར་ཐར་པ་ནོར་ཙམ་ཟད་པ་ཡིན། །ཇི་ལྟར་འཁྲུལ་པ་ཙམ་བརྟེན་སྐྱེ་བོ་ཡིས། །སྡུག་བསྔལ ་རང་བཞིན་རྒྱུན་ཆགས་རྟོགས་མི་འགྱུར། །རིག་མིན་རིག་ཉིད་སྡུག་བསྔལ་སྡུག་བསྔལ་མེད། །ཆོས་ཀྱི་རང་བཞིན་དེ་ཡི་རང་བཞིན་མིན། །བརྟེན་ནས་དངོས་རབ་སྐྱེ་བར་མངོན་འཇུག་ན། །སྐྱེ་བ་ཇི་ལྟར་གཞན་གྱིས་བྱས་ལ་བརྟེན། །གང་ཕྱིར་ཡོད་པ་མི་མཐོང་མེད་པ ་མཐོང། །འདི་འདྲའི་མུན་ནག་རྣམ་པ་དེ་གང་ཞི་ལྟ་འདི་ལ་དོན་དམ་ཚུལ་གྱིས་ཞི་བ་དང། །སྐྱེ་བ་དེ་གཉིས་ཁྱད་པར་ཅི་ཡང་མེད། །འོན་ཀྱང་དགེ་བའི་ལས་རྣམས་བྱེད་པ་དག། སྐྱེ་བ་ཟད་པས་ཞིབ་ཐོབ་བར་བཤད། །བྱང་ཆུབ་སེམས་དཔས་བསོད་ནམས་ཡེ་ཤེས་ཀྱི། །མཛའ་ ་ཡས་ཕ་རོལ་ཚོགས་རྣམས་ལེགས་བསགས་ནས། །ཆོས་ལ་སེམས་པ་ཤིན་ཏུ་རྣམ་ངེས་ཕྱིར། །དོན་གྱི་རྣམ་པ་བརྗོད་པའི་རྒྱུ་ཅན་རྟོགས། །དེ་ཡིས་བརྗོད་བ་ཙམ་དུ་དོན་རིག་ནས། །དེར་སྣང་སེམས་ཙམ་ལ་ནི་ཡང་དག་གནས། །དེ་ནས་ཆོས་དབྱིངས་གཉིས་ཀྱི་མཚན་ཉིད་དང། ་བྲལ་བས་མངོན་སུམ་ཉིད་དུ་རྟོགས་པར་འགྱུར། །སེམས་ལས་གཞན་མེད་པར་ནི་བློས་རིག་ནས། །དེ་ནས་སེམས་ཀྱང་མེད་པ་ཉིད་དུ་རྟོགས། །བློ་དང་ལྡན་པས་གཉིས་པོ་མེད་རིག་ནས། །དེ་མི་ལྡན་པའི་ཆོས་ཀྱི་དབྱིངས་ལ་གནས། །བློ་དང་ལྡན་པ་མི་རྟོགས་ཡེ་ཤེས་སྟོབས།། ་རྟག་ཏུ་ཀུན་ནས་མཉམ་པར་སོང་བ་ཡིས། །དེ་ལ་བརྟེན་པའི་ཉེས་ཚོགས་ཚང་ཆིང་དག། དུག་སྨན་ཆེན་པོས་དུག་བཞིན་སེལ་བར་བྱེད། །ཐུབ་པས་གསུངས་པའི་དམ་ཆོས་ལེགས་བཞག་པ། །རྩ་བ་ཆོས་ཀྱི་དབྱིངས་ལ་བློ་གྲོས་བཞག། དྲན་རྒྱུ་རྟོགས་པ་ཙམ་རིགས་བརྟན་པ ་དག། མྱུར་དུ་ཡོན་ཏན་རྒྱ་མཚོའི་ཕ་རོལ་འགྲོ། དེ་ཁོ་ན་ཉིད་ཀྱི་སྐབས་རྫོགས་སོ།། །།སྐྱེ་དང་ངག་སེམས་དགེ་དང་མི་དགེ་བསྐྱེད། །དེ་ཡི་གནས་དང་ངེས་འབྱུང་མངོན་སུམ་གང། །ཤེས་པ་ཀུན་འགྲོ་རབ་ཏུ་དབྱེ་བཅས་ལ། །ཐོག་མེད་བརྟན་པ་ཐོབ་པའི་མཐུ་ཡིན་ནོ། །བསམ་གཏན ་བཞི་བ་ཤིན་ཏུ་དག་ཐོབ་ནས། །མི་རྟོག་ཡེ་ཤེས་ཡོངས་སུ་བཟུང་བ་དང། །ཇི་ལྟར་རྣམ་གནས་ཡིད་ལ་བྱེད་པ་ལས། །མཐུ་གྲུབ་པ་ཡི་དམ་པ་ཐོབ་པར་འགྱུར། །གང་གིས་འཕགས་དང་ལྷ་དང་ཚངས་པ་ཡིས། །གནས་པ་དཔེ་མེད་རྒྱ་ཆེས་རྟག་ཏུ་གནས། །ཕྱོགས་སུ་དེ་སོང་སངས་རྒྱས ་སེམས་ཅན་དག། །ཡང་དག་མཆོད་བྱེད་རྣམ་པར་དག་པ་བསྐྱེད། །ཆགས་དང་འཇིག་བཅས་སེམས་ཅན་བཅས་པ་ཡི། །འཇིག་རྟེན་ཁམས་རྣམས་སྒྱུ་མ་ལྟ་བུར་མཐོང། །དབང་ལྡན་ཇི་ལྟར་འདོད་བཞིན་དེ་དག་དང། །རྣམ་བཅས་སྣ་ཚོགས་དག་ཀྱང་ཡང་དག་སྟོན། །འོད་ཟེར་བཏང ་བས་ཤིན་ཏུ་སྡུག་བསྔལ་བའི། །ངན་སོང་བདག་མཐོ་རིས་འགྲོ་བར་བྱེད། །བདུད་གནས་གཞལ་མེད་ཁང་མཐོ་མཛེས་པ་དག། བདུད་བཅས་ཀུན་ཏུ་བསྐྱོད་ཅིང་སྒྲག?་བར་བྱེད། །དེ་ནི་མཆོག་ཚོགས་ནང་དུ་ཏིང་ངེ་འཛིན། །དཔག་མེད་རྣམ་པར་རོལ་པ་ཀུན་སྟོན་ཞིང། །ལས་དང་སྐྱེ་དང ་མཆོག་གི་སྤྲུལ་པ་ཡི། །སེམས་ཅན་རྣམས་ཀྱི་དོན་དུ་དུས་ཀུན་གནས། །ཡེ་ཤེས་དག་ལ་དབང་ཕྱིར་ཞིང་རྣམས་ནི། །ཇི་ལྟར་འདོད་བཞིན་བསྟན་ཕྱིར་ངག་པ་ཐོབ། །སངས་རྒྱས་མཚན་མི་གྲགས་བར་སངས་རྒྱས་མཚན། །ཡང་དག་བསྒྲགས་པས་དེ་དག་ཁམས ་གཞན་འགྱེད། །འདབ་གཤོག་ཀུན་ཏུ་རྒྱས་པའི་བྱ་བཞིན་དུ། །སེམས་ཅན་སྨིན་པར་བྱེད་པར་ནུས་པ་ཉིད། །སངས་རྒྱས་ལས་ནི་ཤིན་ཏུ་བསྔགས་པ་འཐོབ། །སྐྱེ་དགུ་རྣམས་ལ་ཚིག་བཟུང་འོས་པར་འགྱུར། །མངོན་པར་ཤེས་པ་དྲུག་དང་རིག་པ་གསུམ་རྣམ་ཐར་བརྒྱད ་དང་དེ་བཞིན་ཟིལ་གནོན་བརྒྱད། །ཟད་པར་སྐྱེ་མཆེད་བཅུ་དང་ཏིང་ངེ་འཛིན། །དཔག་ཏུ་མེད་པ་བརྟན་པ་ཐོབ་པའི་མཐུ། །དེ་ནི་དབང་མཆོག་ཐོབ་པའི་བློ་དང་ལྡན། །འགྲོ་བ་དབང་མེད་རང་དབང་བཀོད་རྟག་ཏུ། །གཞན་ལ་ཕན་བྱ་གཅིག་ཏུ་མངོན་དགའ་སྟེ། །སེང་གེ་བཞན་དུ་རབ་བརྟན ་སྲིད་ན་སྤྱོད། །མཐུའི་སྐབས་རྫོགས་སོ།། །།དགའ་དང་དང་དང་རབ་ཞི་སྙིང་རྗེ་དང། །བཟོད་དང་ཡིད་གཞུངས་མཐུ་ཅན་ཉིད་དང་ནི། །མི་འཕྲོགས་པ་དང་ཡན་ལག་ལྡན་པ་རག། དེ་ནི་རྒྱལ་སྲས་ཡོངས་སུ་སྨིན་པའི་མཚན། །གྲོགས་མཆོག་ལ་སོགས་གསུམ་དང་བརྩོན་རབ་དང ་མཐར་ཕྱིན་དམ་པ་དང་ནི་ཆོས་མཆོག་སྡུད། །དམ་ཆོས་ཆེར་བཟུང་ཕྱིར་ནི་སྙིང་རྗེ་ཅན། །ཡང་དག་ཡོངས་སུ་སྨིན་པའི་མཚན་ཉིད་འདོད། །ཡོན་ཏན་ཤེས་དང་སེམས་ཀྱང་མི་ཕྱེད་དང། །ཏིང་འཛིན་མྱུར་དུ་ཐོབ་དང་འབྲས་བུ་མྱོང། །སྟོན་ལ་ཡིད་ཆེས་བྱ་ཕྱིར་རྒྱལ་སྲས་ཀྱི། །ཡང་དག ་ཡོངས་སུ་སྨིན་པའི་མཚན་ཉིད་འདོད། །ཤིན་ཏུ་སྡོམ་ཞིང་ཉོན་མོངས་རྟོག་པ་སྤོང། །བར་ཆད་མེད་ཅིང་དགེ་ལ་མངོན་པར་དགའ་། །རྒྱལ་བའི་སྲས་ཀྱི་ཉོན་མོངས་བསལ་བའི་ཕྱིར། །ཡང་དག་ཡོངས་སུ་སྨིན་པའི་མཚན་ཉིད་འདོད། །རང་བཞིན་སྙིང་བརྩེ་གཞན་གྱི་སྡུག་བསྔལ ་མཐོང། །དམན་པའི་སེམས་ཀྱང་ཡང་དག་རབ་ཏུ་སྤོང། །ཁྱད་པར་འགྲོ་དང་འགྲོ་བའི་མཆོག་གྱུར་ལུས། །གཞན་ལ་སྙིང་བརྩེ་ཡོངས་སུ་སྨིན་པའི་མཚན། །རང་བཞིན་བརྟན་པ་སོ་སོར་བརྟགས་བསྒོམ་པ། །གྲང་སོགས་སྡུག་བསྔལ་ཤིན་ཏུ་རྟག་མི་འབྱེད། །ཁྱད་པར་འགྲོ་དང ་དག་ལ་མངོན་པར་དགའ་། བཟོད་པ་ཡོངས་སུ་སྨིན་པའི་མཚན་ཉིད་འདོད། །རྣམ་སྨིན་དག་ཅིང་ཐོས་སོགས་དྲན་མི་བརྗེད། །དེ་བཞིན་ལེགས་བཤད་ཉེས་པར་སྨྲས་པ་དག། ཤེས་རབ་བློ་ཆེན་སྐྱེ་བར་རུང་བ་ཉིད། །ཤིན་ཏུ་ཡིད་གཞུངས་ཡོངས་སུ་སྨིན་པའི་མཚན། །དགེ་བ་གཉིས་ཀྱི་ཁམས ་གཉིས་བརྟས་པ་དང། །རྟེན་ནི་འབྲས་བུ་སྐྱེ་བར་རུང་བའི་མཆོག། ཡིད་ལ་བསམ་འགྲུབ་འགྲོ་བའི་མཆོག་གྱུར་པ། །མཐུ་ཐོབ་ཡོངས་སུ་སྨིན་བའི་མཚན་ཉིད་དོ། །ཆོས་བཟང་རིགས་པས་རྣམ་དཔྱད་བསམ་པ་ཅན། །རྟག་ཏུ་བདུད་ཀྱིས་བར་ཆད་བྱེད་པ་མེད། །ཁྱད་པར་རྙེད་དང་གཞན ་གྱི་ཕྱོགས་སུ་ན་འབྱིན། །མི་འཕྲོགས་ཡོངས་སུ་སྨིན་པའི་མཚན་ཉིད་དོ། །དགེ་བ་བསགས་དང་རྟེན་ཀྱང་བརྩོན་པར་རུང། །དབེན་དང་དགེ་བ་མཆོག་ལ་མངོན་དགའ་བ། །རྒྱལ་བ་སྲས་ཀྱི་ཡན་ལག་ལྡན་པ་ཡི། །ཡང་དག་ཡོངས་སུ་སྨིན་པའི་མཚན་ཉིད་དོ། །དེ་ལྟར་དངོས་པོ་རྣམ ་དགུས་སྨིན་པའི་བདག། ཕ་རོལ་ཡོངས་སུ་སྨིན་བྱེད་རུང་དང་ལྡན། །ཆོས་ཀྱི་རང་བཞིན་རྒྱུན་འཕེལ་བདག་ཉིད་ཅན། །རྟག་ཏུ་འགྲོ་བའི་གཉེན་མཆོག་གྱུར་པ་ཡིན། །ཇི་ལྟར་རྨ་དང་ཟས་ལ་དེ་དག་གི་།གཟག?་དང་སྤྱད་དུ་རུང་བ་སྨིན་འདོད་ལྟར། །དེ་བཞིན་རྟེན་འདིར་ཕྱོགས་གཉིས་ཞིབ ་དང། །དེ་བཞིན་སྤྱོད་པ་ཉིད་དུ་སྨིན་པ་བསྟན། །ལུས་ཅན་བྲལ་བར་སྨིན་བྱེད་དེ་བཞིན་དུ། །ཡོངས་སྨིན་རབ་སྨིན་མཐུན་པར་སྨིན་ནབྱེད་གཞན། །ལེགས་པར་སྨིན་བྱེད་རྟོགས་པ་སྨིན་བྱེད་དང། །རྟག་མིན་གོང་དུ་སྨིན་བྱེད་བཤད་པར་འདོད། །ཇི་ལྟར་རྒྱལ་སྲས་ཕན་པའི་བསམ་པས ་འདིར། །འགྲོ་ཀུན་རྣམ་པར་སྨིན་བྱེད་གནས་པ་ལྟར། །དེ་བཞིན་ཕ་དང་མ་དང་གཉེན་བཤེས་རྣམས། །བུ་དང་གཉེན་པ་རྣམས་ལ་ལེགས་མི་གནས། །ཇི་ལྟར་བརྩེ་བདག་བདེ་དང་ཕན་སྦྱོར་ཕྱིར། །སེམས་ཅན་གཞན་ལ་བྱམས་འདོད་དེ་ལྟར་ནི། །སྐྱེ་བོ་བདག་ལ་བྱམས་པར ་མི་འདོད་ན། །རབ་སྡུག་སྐྱོ་བོ་གཞན་རྟེན་སྨོས་ཅི་དགོས། །བྱང་ཆུབ་སེམས་དཔའ་ཨི་ལུས་དང་ལོངས་སྤྱོད་དག། གཞན་ལ་མི་སྦྱིན་པ་ནི་ཡོད་མེད་དེ། །ཕན་འདོགས་རྣམ་པ་གཉིས་ཀྱིས་གཞན་སྨིན་བྱེད། །མཉམ་པར་སྦྱིན་པའི་ཡོན་ཏན་ངོམས་མི་འགྱུར་རོ། །རྟག་པ་རང་བཞིན་ ་ལྷག་པར་འཚེ་བ་མེད། །བདག་དགའ་བག་ཡོད་འདི་ལ་གཞན་འགོད་ཅིང། །ཕན་རྣམ་གཉིས་འདོགས་རྣམ་པར་སྨིན་པ་དང། །རྒྱུ་མཐུན་ཡོན་ཏན་རྒྱུད་པས་གཞན་སྨིན་བྱེད། །གཞན་གནོད་བྱེད་ལ་ཕན་བྱེད་བློ་ལྡན་པ། །གནོད་བྱེད་དྲག་པོ ་དག་ཀྱང་རབ་ཏུ་བཟོད། །ཐབས་རིགས་གནོད་བྱེད་བཟོད་པ་དེ་དག་གིས། །གནོད་བྱེད་དགེ་བ་ཡང་དག་ལེན་དུ་འཇུག་།རྒྱལ་སྲས་བརྩོན་འགྲུས་མཆོག་ལ་བརྟེན་པ་སྟེ། །སེམས་ཅན་ཚོགས་རབ་སྨིན་པར་བྱེད་པ་ན། །ཕ་རོལ་སེམས་དགེ་གཅིག་གི་ཕྱིར་ཡང ་ནི། །བསྐལ་པ་བྱེ་བ་སྟོང་དུ་འང་སྐྱོ་མི་འགྱུར། །ཡིད་ཀྱི་དབང་ནི་བླ་ན་མེད་ཐོབ་ནས། །གཞན་གྱི་མཆོད་པ་ཐམས་ཅད་ངེས་བཅོམ་སྟེ། །མཆོག་གི་བསྟན་ལ་གཞན་དག་འདུན་བྱེད་ཅིང། །དེ་དག་དགེ་བས་ཡང་དག་འཕེལ་བར་བྱེད། །དེ་ཉིད་དགོངས ་དོན་ཚུལ་ལ་རབ་ངེས་ཏེ། །སེམས་ཅན་ཐེ་ཚོམ་ཤིན་ཏུ་སེལ་བར་བྱེད། །དེ་ཕྱིར་རྒྱལ་བའི་བསྟན་ལ་དེ་གུས་པས། །རང་བཞིན་དགེ་བའི་ཡོན་ཏན་རྣམ་འཕེལ་བྱེད། །དེ་ལྟར་བྱང་ཆུབ་སེམས་དཔའ་ཨི་སྙིང་རྗེ་ཡིས། །འགྲོ་ཀུན་བདེ་འགྲོའི་འགྲོ་བའམ་དགེ་གསུམ ་ལ། །རྣམ་པ་ཆུང་དང་མཆོག་དང་འབྲིང་དག་གིས། །འཇིག་རྟེན་ཡོད་དང་མཉམ་པར་འཇུག་པས་འདུལ། །ཡོངས་སུ་སྨིན་པའི་སྐབས་རྫོགས་སོ།། །།དཀའ་སྤྱོད་དཔག་མེད་བརྒྱ་ཕྲག་དང། །དཔག་མེད་དགེ་བ་བསགས་པ་དང། །དཔག་ཏུ་མེད ་པའི་དུས་དཔག་མེད་སྒྲིབ་པ་ཟད་པའི་ཕྱིར། །སྒྲིབ་པ་ཀུན་གྱི་དྲི་མེད་པ། །རྣམ་པ་ཐམས་ཅད་མཁྱེན་ཉིད་ཐོབ། །རིན་ཆེན་སྣོད་ནི་བྱ་བ་ལྟར། །སངས་རྒྱས་ཉིད་ནི་ཡང་དག་བསྟན། །ངལ་རྒྱས་རྨད་བྱུང་དཀའ་སྤྱད་དགེ་ཀུན་བསགས། །བསྐལ་མཆོག་དུས་རིང་འགྲོ ་བའི་སྒྲིབ་ཀུན་ཟད། །སར་གཏོགས་སྒྲིབ་པ་ཕྲ་བཅོམ་སངས་རྒྱས་ཏེ། །དེ་ནི་མཐུ་ཆེ་རིན་ཆེན་སྣོད་ཕྱེ་བཞིན། །ཆོས་རྣམས་ཐམས་ཅད་སངས་རྒྱས་ཉིད། །ཆོས་ནི་གང་ཡང་ཡོད་མ་ཡིན། །དེ་ནི་ཆོས་དཀར་རང་བཞིན་ཡང། །དེ་ཡིས་དེ་ནི་བརྗོད་མ་ཡིན། ། ་རིན་ཆེན་ཆོས་ཀྱི་རྒྱུ་མཚན་ཕྱིར། །དེ་ནི་རིན་ཆེན་འབྱུང་གནས་བཞིན། །དགེ་བའི་ལོ་ཏོག་རྒྱུ་མཚན་ཕྱིར། །དེ་ནི་སྤྲིན་དང་འདྲ་བར་འདོད། །སངས་རྒྱས་ཉིད་ནི་ཆོས་ཀུན་ལྡན་པའམ་ཡང་ན་ཆོས་ཀུན་བྲལ་བ་སྟེ། །རིན་ཆེན་ཆོས་རབ་ཆེ་ཡངས་འབྱུང་ཕྱིར་རིན?་ཆེན?་ཆོས་ཀྱི་འབྱུང་ངས་བཞིན། །སྐྱེ ་དགུ་རྣམས་ལ་ལེགས་བཤད་མི་ཟད་ཆོས་ཀྱི་ཆར་ཆེན་འབེབས་པས་ན། །འབྱུང་པོའི་མེ་ཏོག་དཀར་པོ་ཤིན་ཏུ་ཆེ་འཕེལ་རྒྱུ་ཕྱིར་སྤྲིན་དང་འདྲ་།རྟག་ཏུ་ཉོན་མོངས་ཚོགས་ཀུན་དང། །ཉེས་པར་སྤྱོད་པ་ཐམས་ཅད་དང། །རྒ་དང་འཆི་བ་དག་ལས་ཀྱང། །སངས་རྒྱས་ཉིད་ནི་ཡོངས་སུ ་སྐྱོབ། །འཚེ་བདག་ནི་ཐམས་ཅད་དང། །ངན་སོང་དང་ནི་ཐབས་མིན་དང། །འཇིགས་ཚོགས་ཐེག་པ་དམན་པ་ལས། །དེ་ཕྱིར་སྐྱབས་ཀྱི་དམ་པའོ། །སངས་རྒྱས་ཉིད་དེ་སྐྱབས་ནི་དཔེ་མེད་མཆོག་ཏུ་འདོད། །སྣ་ཚོགས་འཇིགས་གྱུར་འཇིགས་ཚོགས་ཀུན་དང་ཐེག་པ་དང། །ངན་སོང ་རྣམ་མང་སྡུག་བསྔལ་ཐབས་མིན་སོང་བ་རྣམས། །སྐྱེ་དང་འཆི་བ་ཉོན་མོངས་ལས་རྣམས་ཀུན་ལས་སྲུང། །སངས་རྒྱས་ཆོས་ཀྱི་ཤིན་ཏུ་རྫོགས་པའི་སྐུ་གང་ཡིན། །དམ་པའི་ཆོས་ལ་སེམS་ཅན་རབ་གདུལ་མཁྱེན་པ་གང། །འགྲོ་བ་ཀུན་ལ་ཐུགས་བརྩེས་ཕ་རོལ་ཕྱིན་པ་གང།། ་སངས་རྒྱས་ཉིད་དེ་འདིར་ནི་སྐྱབས་ཀྱི་མཆོག་ཏུ་འདོད། །འཇིག་རྟེན་ཇི་སྲིད་སེམས་ཅན་གྱི། །གནོད་དང་ཕུན་སུམ་ཚོགས་པ་ཀུན། །བཟློག་ཅིང་འབྱོར་པར་བྱ་བའི་ཕྱིར། །སངས་རྒྱས་སྐྱབས་ཆེན་ཉིད་དུ་འདོད། །གང་ལ་ཉོན་མོངས་ཤེས་བྱའི་སྒྲིབ་པའི་ས་བོན་དུས་རིང་རྟག་ལྡན ་པ། །སྤོང་པ་ཤིན་ཏུ་རྒྱ་ཆེན་རྣམ་པ་ཀུན་གྱིས་རབ་ཏུ་བཅོམ་གྱུར་ཞིང། །གནས་གྱུར་ཆོས་དཀར་ཡོན་ཏན་མཆོག་རབ་ལྡན་པ་ཐོབ་པ་སངས་རྒྱས་ཉིད། །དེ་ནི་མི་རྟོག་རབ་དག་ཤིན་ཏུ་ཡུལ་ཆེན་ཡེ་ཤེས་ལམ་གྱིས་ཐོབ། །དེ་བཞིན་གཤེགས་པ་དེ་ནི་དེར་བཞུགས་ནས། རི་དབང ་མཐོ་སྟེང་བཞུགས་བཞིན་འགྲོ་ལ་གཟིགས། །ཞི་བར་མངོན་དགའ་ཨི་འགྲོལ་འང་ཐུགས་རྗེ་ན། །སྲིད་ལ་མངོན་དགའ་ཨི་སྐྱེ་བོ་གཞན་ཅི་སྨོས། །གནས་ལ་འཇུག་དང་རབ་འཇུག་མི་འཇུག་དང། །ལྡོག་དང་ཀུན་འཇུག་གཉིས་དང་མི་གཉིས་དང། །མཉམ་དང་ཁྱད་འཕགས ་ཀུན་འགྲོའི་བདག་ཉིད་ནི། །དེ་བཞིན་གཤེགས་པ་རྣམས་ཀྱི་ཡོངས་གྱུར་འདོད། །ཇི་ལྟར་ནམ་མཁའ་རྟག་ཏུ་ཀུན་སོང?་འདོད། །དེ་བཞིན་དེ་ཡང་རྟག་ཏུ་ཀུན་སོང་འདོད། །ཇི་ལྟར་ནམ་མཁའ་གཟུཌ་གྱུར་ཀུན་ཏུ་སོང། །དེ་བཞིན་དེ་ཡང་སེཾས་ཅན་ཚོགS་ཀུན་སོང། ཇི་ལྟར་ཆུ?་ཡི་སྣོད་ཆག ་ན། ཟླ་བའི་གཟུགས་བརྙན་མི་སྣང་བ། །དེ་བཞིན་སེམས་ཅན་ངན་པ་ལ། །སངས་རྒྱས་གཟུགས་ཀྱང་མི་སྣང་ངོ། །ཇི་ལྟར་མེ་ནི་གཞན་དུ་འབར། །གཞན་དུ་ཞི་བར་གྱུར་པ་ལྟར། །དེ་བཞིན་སངས་རྒྱས་རྣམས་ལ་ཡང། །སྣང་དང་མི་སྣང་ཤེས་པར་བྱ། །ཇི་ལྟར་རྔ་དག་མ་བརྡུངས་པར ་སྒྲ་ནི་ཀུན་ཏུ་འབྱུང་བ་ལྟར། །དེ་བཞིན་རྒྱལ་བ་བཟོད་མེད་པར། །བཤད་པ་དག་ནི་ཀུན་ཏུ་འབྱུང། །ཇི་ལྟར་ནོར་བུ་འབད་མེད་པར། །རང་གི་འོང་ནི་སྟོན་བ་ལྟར། །སངས་རྒྱས་རྣམས་ཀྱང་བཟོ་མེད་པར། །དེ་བཞིན་མཛད་པ་ངེས་པར་སྟོན། །ཇི་ལྟར་མཁའ་ལ་འཇིག་རྟེན་གྱི། །བྱ་བ ་རྒྱུན་མི་འཆད་པར་སྣང། །དེ་བཞིན་ཟག་མེད་དབྱིངས་ན་ཡང། །རྒྱལ་བའི་མཛད་པ་རྒྱུན་མི་འཆད། །ཇི་ལྟར་མཁའ་ལ་རྟག་ཏུ་ནི། །བྱ་བ་ཉམས་ཤིང་འབྱུང་བ་ལྟར། །དེ་བཞིན་ཟག་མེད་དབྱིངས་ན་ཡང། །སངས་རྒྱས་ཕྲིན་ལས་སྐྱེ་ཞིང་འབྲི། །སྔ་མ་ཕྱི་མར་ཁྱད་མེད་ཀྱང།། ་སྒྲིབ་བ་ཀུན་གྱི་དྲི་མེད་པ། །དེ་བཞིན་ཉིད་ནི་སངས་རྒྱས་འདོད། །དག་པ་མ་ཡིན་མ་དག་མིན། །སྟོང་པ་ཉིད་ནི་རྣམ་དག་ན། །བདག་མེད་མཆོག་གི་བདག་ཐོབ་པས། །སངས་རྒྱས་དག་པའི་བདག་ཐོབ་ཕྱིར། །བདག་ཉིད་ཆེན་པོའི་བདག་ཏུ་འགྱུར། །དེ་ཕྱིར་སངས་རྒྱས་ཡོད ་མིན་ཞིང། །མེད་པར་ཡང་ནི་མི་བརྗོད་དོ། །དེ་ལྟར་སངས་རྒྱས་དེ་སྐད་འདྲི། །ལུང་མ་བསྟན་པའི་ཚུལ་དུ་འདོད། །ཇི་ལྟར་ལྕཌ་ལ་ཚ་བ་དང། །མིག་ལ་རབ་རིག་ཞི་བ་ལྟར། །སངས་རྒྱས་སེམས་དང་ཡེ་ཤེས་ལ། །ཡོང་དང་མེད་པར་མི་བརྗོད་དོ། །ཟག་མེད་དབྱིངས་ན་སངས་རྒྱས ་རྣམས། །མཁའ་ལྟར་ལུས་ནི་མེད་བྱིར་དང། །སྔོན་གྱི་ལུས་རྫེས?་འབྲང་བའི་ཕྱིར། །གཅིག་མིན་མང་པོ་ཉིད་མ་ཡིན། །སྟོབས་སོ། །སངས་རྒྱས་ཆོས་རྣམས་ལ། །བྱང་ཆུབ་རིན་ཆེན་འབྱུང་གནས་འདྲ། །འགྲོ་བའི་དགེ་བའི་ལི་ཏོག་ལ། །སྤྲིན་ཆེན་དང་ཡང་འདྲ་བར་འདོད། བསོད ་ནམས་ཡེ་ཤེས་རབ་རྫོགས་བྱིར། ཟླ་བ་ཉ་བ་ལྟ་བུར་འདོད། །ཡེ་ཤེས་སྣང་བ་བྱེད་པའི་ཕྱིར། །ཉི་མ་ཆེན་པོ་འདྲ་བར་འདོད། །ཇི་ལྟར་ཉི་མའི་དཀྱིལ་འཁོར་གྱིས། །འོད་ཟེར་དཔག་ཏུ་མེད་འདྲེས་ཤིང། །རྟག་ཏུ་བྱ་བ་གཅིག་ལ་འཇུག་།འཇིག་རྟེན་ལ་ཡང་སྣང་བར་བྱེད། །དེ་བཞིན་ཟག་མེད་དབྱིངས་ན་ཡང། ། ་སངས་རྒྱས་དཔག་ཏུ་མེད་འདྲེས་ཤིག་།མཛད་པ་གཅིག་ནི་མཛད་པ་ལ། །ཡེ་ཤེས་སྣང་བ་མཛད་པར་འདོད། །དཔེར་ན་ཉི་མའི་འོད་ཟེར་གཅིག་།བྱུང་ན་འོད་ཟེར་ཀུན་འབྱུང་ལྟར། །དེ་བཞིན་སངས་རྒྱས་རྣམས་ཀྱི་ཡང། །ཡེ་ཤེས་འབྱུང་བར་ཤེས་པར་བྱ། །ཇི་ལྟར་ཉི་མའི་འོད་ཟེར་དག་།འཇུག་ལ་བདག ་གིར་བྱ་བ་མེད། །དེ་བཞིན་སངས་རྒྱས་ཡེ་ཤེས་ཀྱང། །འཇུག་ལ་བདག་གིར་མཛད་མི་མངའ་། །ཉི་མའི་འོད་ཟེར་གཅིག་བཏང་བS། །འགྲོ་བ་སྣང་བར་བྱེད་པ་ལྟར། །དེ་བཞིན་ཤེས་བྱ་ཐམས་ཅད་ལ། །སངས་རྒྱས་ཡེ་ཤེས་ཅིག་ཅར་སྣང། །ཇི་ལྟར་ཉི་མའི་འོད་ཟེར་རྣམས། །སྤྲིན་ལ་སོགས་པས ་བསྒྲིབས་པར་འདོད། །དེ་བཞིན་སངས་རྒྱས་ཡེ་ཤེས་རྣམས། །སེམས་ཅན་གྱིས་ནི་ཉེས་པས་བསྒྲིབས། །ཇི་ལྟར་འདུད་པའི་དབང་གིས་ན། །གོས་ལ་ཚོན་བཀྲ་མི་བཀྲ་བ། །དེ་བཞིན་འཕེན་པའི་དབང་གིས་ན། །གྲོལ་བའི་ཡེ་ཤེས་བཀྲ་མི་བཀྲ། །དྲི་མེད་དབྱིངས་ལ་སངས་རྒྱས་ཀྱི། ། ་མཚན་ཉིད་དང་ནི་གནས་པ་དང། །ཕྲིན་ལས་ཟབ་པ་འདི་བཤད་པ། །མཁའ་ལ་ཆོ་ན་གྱི་རི་མོ་འདྲི། །དེ་བཞིན་ཉིདན་ཨི་ཐམས་ཅད་ལ། །ཁྱད་པར་མེད་ཀྱང་དག་གྱུར་པ། །དེ་བཞིན་གཤེགས་ཉིད་དེ་ཡི་ཕྱིར། །འགྲོ་ཀུན་དེ་ཡི་སྙིང་པོ་ཅན། །ཉན་ཐོས་རྣམས་ཀྱི་འབྱོར་པས་ནི། །འཇིག་རྟེན་པ ་ཡི་ཟིལ་གྱིས་གནོན། །རང་སངས་རྒྱས་ཀྱི་ས་པ་ཡིས། །ཉན་ཐོས་ཀྱི་ཡང?་ཟིལ་གྱིས་གནོན། །དེ་ཡིས་བྱང་ཆུབ་སེམས་དཔའ་ཡི། །འབྱོར་པའི་ཆར་ཡང་མི་བོད་དོ། །དེ་ཡིས་དེ་བཞིན་གཤེགས་པ་ཡི། །འབྱོར་པའི་ཆར་ཡང་མི་ཕོད་དོ། །སངས་རྒྱས་རྣམས་ཀྱི་འབྱོར་པ་ནི། །གང་གི ་གང་དུ་ཇི་ལྟར་དང། །ཇི་ཙམ་དུས་གང་འཇུག་པ་ནི། །བསམ་ཡས་དཔག་ཏུ་མེད་པར་འདོད། །དབང་པོ་ལྔ་རྣམས་གཞན་གྱུར་ན། །དོན་ཀུན་འཇུག་དང་ཐམས་ཅད་ཀྱི། །ཡོན་ཏན་རྒྱ་ཕྲག་བཅུ་གཉིས་འབྱུང། །འབྱོར་པ་དམ་པ་ཐོབ་པར་འགྱུར། །ཡིད་ནི་གཞན་དུ་གྱུར་པ་ན། །འབྱོར་དང་མཐུན ་སྤྱོད་མི་རྟོག་པའི། །ཡེ་ཤེས་ཤིན་ཏུ་དྲི་མེད་ལ། །འབྱོར་པ་དམ་པ་ཐོབ་པར་འགྱུར། །དོན་བཅས་འཛིན་པ་གཞན་གྱུར་ན། །ཇི་ལྟར་འདོད་བཞིན་ལོངས་སྤྱོད་དག་།བསྟན་ཕྱིར་ཞིང་ནི་དག་པ་ལ། །འབྱོར་པ་དམ་པ་ཐོབ་པར་འགྱུར། །རྣམ་རྟོག་གཞན་དུ་གྱུར་ན་ནི། ། ་དུས་རྣམས་རྟག་ཏུ་ཡེ་ཤེས་དང། །ལས་རྣམས་ཀུན་ལ་ཐོགས་མེད་ལ། །འབྱོར་པ་དམ་པ་ཐོབ་པར་འགྱུར། །རྟེན་ནི་གཞན་དུ་གྱུར་པ་ན། །སངས་རྒྱས་དྲི་མེད་གནས་ལ་ནི། །མི་གནས་མྱ་ངན་འདས་པ་ཡིས། །འབྱོར་པ་དམ་པ་ཐོབ་པར་འགྱུར། །འཁྲིག་པ་གཞན་དུ ་གྱུར་ན་ནི། སངས་རྒྱས་བདེ་བར་གནས་པ་དང། །མོ་མཐོང་ཉོན་མོང་མེད་པ་ལ། །འབྱོར་པ་དམ་པ་ཐོབ་པར་འགྱུར། །ནམ་མཁའ་ཨི་འདུ་ཤེས་གཞན་གྱུར་ན། །བསཾས་པཱི་དོན་ནི་འབྱོར་པ་དང། འགྲོ་གཟུགས་རྣམ་པར་འབྱེད་པ་ལ། །འབྱོར་པ་དཾ་པ་ཐོབ་པར་འགྱུར། །དེ་ལྟར ་སངས་རྒྱས་དྲི་མེད་པའི། །གནས་ནི་གཞན་འགྱུར་དཔག་མེད་པས། །བསམ་ཡས་བྱ་བ་བསྒྲུབ་པ་ཡི། །འབྱོར་བ་དཔག་ཏུ་མེད་པར་འདོད། །འདི་ན་འཇིག་རྟེན་ཕྱོགས་ཕྱོགས་རྒྱལ་བའི་ལེགས་བཤད་པས། །དགེ་བ་འཕེལ་བའི་འཇིག་རྟེན་རྣམ་དག་མཆོག་ཏུ་འགྲོ། ་དགེ་བ་མ་བསགས་དགེ་བ་འཕེལ་བའི་མཆོག་ཏུ་འགྲོ། དེ་ལྟར་མ་སྨིན་སྨིན་པ་རྟག་འགྲོའང་མ་ལུས་མིན། །དེ་ལྟར་འཇིག་རྟེན་ཕྱོགས་ཕྱོཌ་བརྟན་རྣམས་རྟག་བར་དུས་ཀུན་ཏུ། །བྱང་ཆུབ་ཆེན་པོ་ཐེབ་དཀའ་ཡོན་ཏན་མཆོག་ལྡན་རྨད་བྱུང་ཅན། །རྟག་བརྟན་སྐྱབS ་མེད་རྣམས་ཀྱི་སྐྱབས་གང་ཡིན་པ་ཐོབ་པ་དེ། །ཡ་མཚན་ཆེ་ལ་ཚུལ་བཟང་སྤྱད་ཕྱིར་ཡམ་ཚན་ཆེ་བ་འང་མེད། །དེ་ནི་ཅིག་ཅར་ལ་ལར?་སྒོ་མང་བརྒྱ་ནས་ཆོས་ཀྱི་འཁོར་ལོ་དང། །ལ་ལར་སྐྱེ་བ་མི་སྣང་ལ་ལར་སྐྱེ་བའི་སྤྱོད་པ་སྣ་ཚོགས་དང། །ལ་ལར་བྱང་ཆུབ་ཐམས་ཅད་ལ ་ལར་དེ་ནི་མྱ་ངན་འདའ་སྟོན་ཀྱང། །དེ་ནི་གནས་དེ་ལས་ཀྱང་རྣམ་པར་གཡོ་མི་མངའ་ལ་ཐམས་ཅད་མཛད། །སངས་རྒྱས་རྣམས་ནི་འདི་སྙམ་ལུས་ཅན་འདི་ནི་བདག་གིS་སྨིན་བྱ་ཞེས་འམ། །འདི་ནི་རབ་ཏུ་སྨི་བྱ་ན་གཞན་ཡང་ད་ལྟར་སྨིན་པར་བྱེད་སྙམ་དུ། །འདུ་མཛད་མི ་མངའ་བར་ཡང་ཕྱོགས་ཕྱོགས་ཀུན་ཏུ་རྟག་པར་སྒོ་གསུམ་ནས། །དགེ་བའི་ཆོས་རྣམས་ཀྱིས་ནི་སྐྱེ་བོ་རབ་ཏུ་སྨིན་པར་འགྱུར་བ་ཉིད་།ཇི་ལྟར་ཉི་མ་འབད་མེད་ཕྱོགས་ཕྱོག་ཀུན་ཏུ་འོད་ཟེར་དག་།རབ་འབྱམས་གསལ་བ་མང་པོས་ལོ་ཏོག་རྣམས་སྨིན་བྱེད་པ་ལྟར ་དེ་བཞིན་ཆོས་ལྡན་ཉི་མའང་རབ་ཞི་བྱེད་པ་ཆོས་ཀྱི་འོད། །རབ་འབྱམས་དག་གིས་ཕྱོགས་ཕྱོག་ཀུན་ཏུ་སེམས་ཅན་རྣམ་སྨིན་མཛད། །ཇི་ལྟར་མར་མེ་གཅིག་ལས་མར་མེའི་ཚོགས་རབ་མང། །དཔག་མེད་གྲངས་མེད་འབྱུང་ཡང་དེ་ལ་ཟད་པ་མེད། །དེ ་བཞིན་སྨིན་པ་གཅིག་ལས་སྨིན་པའི་ཚོགས་རབ་མང། །དཔག་མེད་གྲངས་མེད་འབྱུང་ཡང་དེ་ལ་ཟད་པ་མེད། །ཇི་ལྟར་རྒྱ་མཚོ་ཆེན་པོ་འདི་ན་ཆུ་ཡི་ངོམས་པར་མི་འགྱུར་ཞིང། །ཆུ་ཆེན་མང་པོ་རབ་ཏུ་འབབ་པས་འཕེལ་བར་ཡང་ནི་མི་འགྱུར་བ། །དེ ་བཞིན་སངས་རྒྱས་ཁམས་ཀྱང་དག་པ་འཇུག་པ་རྟག་རྒྱུན་མི་འཆད་པས། །ངོམས་པར་མི་འགྱུར་འཕེལ་བར་མི་འགྱུར་དེ་འདིར་སྨད་དུ་བྱུང་བའི་མཆོག་།ཆོས་རྣམས་ཀུན་གྱི་དེ་བཞིན་ཉིད། །སྒྲིབ་གཉིས་དག་པའི་མཚན་ཉིད་དེ། །དངོས་པོ་ཤེས་པ་དེ་ལ་དམིགས། ། ་དབང་ཟད་མི་ཤེས་མཚན་ཉིད་དོ། །དེ་བཞིན་ཉིད་ཤེས་ཐམས་ཅད་ནས། །བསྒོམས་པ་ལས་ནི་ཡང་དག་འབྱུང། །སེམས་ཅན་ཀུན་ལ་རྣམ་ཀུན་ཏུ། །གཉིས་བསྐྱེད་མི་ཟད་འབྲས་བུ་ཅན། །སྐུ་དང་གསུང་དང་ཐུགས་སྤྲུལ་པའི། །འབྱོར་པའི་ཐབས་ཀྱི་ལས་ཅན་ཏེ། །ཏིང ་ངེ་འཛིན་དང་གཟུངས་སྒོ་དང། །དཔག་ཏུ་མེད་པ་གཉིས་དང་ལྡན། །རང་བཞིན་ཆོས་རྫོགས་ལོངས་སྤྱོད་དང། །སྤྲུལ་པ་ངག་གི་ཐ་དད་འཇུག་།འདི་ནི་སངས་རྒྱས་རྣམ་དག་གི་།ཆོས་དབྱིང་རྣཾ་པར་དག་པར་བཤད། །སངས་རྒྱས་རྣམས་ཀྱི་སྐུ་དབྱེ་བ། །རང་བཞིན་ལོངས་སྤྱོད ་རྫོགས་པ་དང། །གཞན་ནི་སྤྲུལ་པའི་སྐུ་ཡིན་ཏེ། །དང་པོ་གཉིས་པོའི་རྟེན་ཡིན་ནོ། །ལོངས་སྤྱོད་རྫོགས་པ་ཁམས་ཀུན་ཏུ། །འཁོར་ཡོངས་སྡུད་དང་ཞིང་དང་མཚན། །སྐུ་དང་ཆོས་རྫོགས་ལོངས་སྤྱོད་དན། །མཛད་པ་དག་གིས་ཐ་དད་དོ། །རང་བཞིན་སྐུ་ནི་མཉམ ་ཕྲ་ཞིང་དེ་དང་འབྲེལ་བ་དང། །དགྱེས་དགུར་ལོངས་སྤྱོད་བསྟན་པ་ལ། །ལོངས་སྤྱོད་རྫོགས་འབྱོར་རྒྱུར་འདོད་དོ། །སངས་རྒྱས་སྤྲུལ་བ་དཔག་མེད་པ། །སྤྲུལ་པའི་སྐུར་ནི་འདོད་པ་སྟེ། །དོན་གཉིས་ཕུན་སུམ་ཚོགས་བ་དེ། །རྣམ་པ་ཐམས་ཅད་གཉིས་ལ་གནོད? ་བཟོ་དང་སྐྱེ་དང་བྱང་ཆུབ་ཆེ། །མྱ་ངན་འདས་པS་རྟག་སྟོན་པ། །སངས་རྒྱས་སྤྲུལ་པའི་སྐུ་འདི་ནི། །རྣམ་པར་གྲོལ་པའི་ཐབས་ཆེན་པོ། །སྐུ་གསུམ་ངག་གིས་སངས་རྒྱས་ཀྱི། །སྐུ་བསྡུས་པར་ནི་ཤེས་བྱ་སྟེ། །སྐུ་གསུམ་དག་གིས་རང་བཞིན་གྱིས། །དོན་འདི་རྟེན་དང་བཅས་པར་བསྟན། ། ་དེ་བག་རྟེན་དང་དགོངས་པ་དང། །ཕྲིན་ལས་ཀྱིས་ནི་མཉམ་བ་ཉིད། །རང་བཞིན་དང་ནི་རྒྱུན་མི་འཆད། །རྒྱུན་གྱིས་དེ་དག་རྟག་བ་ཉིད། །མེ་ལོང་ཡེ་ཤེས་མི་གཡོ་སྟེ། །ཡེ་ཤེས་གསུམ་ནི་དེ་ལ་རྟེན། །མཉམ་པ་ཉིད་དང་སོ་སོར་རྟོག་།བྱ་བ་སྒྲུབ་པ་ཁོ་ནའོ། །མེ་ལོང་ཡེ་ཤེས་ང ་ཡི་མེད། །ཡོངས་སུ་མ་ཆད་རྟག་ཏུ་ལྡན། །ཤེས་བྱ་ཀུན་ལམ་རྨོངས་ལ། །རྟག་ཏུ་དེ་ལ་མངོན་མཆོག་མིན། །ཡེ་ཤེS་ཀུན་གྱི་རྒྱུ་མཚན་ཕྱིར། །ཡེ་ཤེས་འབྱུང་གནས་ཆེན་པོ་འདྲ། །ལོངས་སྤྱོད་རྫོགས་པའི་སངས་རྒྱས་ཉིད། །ཡེ་ཤེས་གཟུགས་བརྙན་འབྱུང་ཕྱིར་ཏེ། །སྒོམ་པ་དག ་པས་སེམས་ཅན་ལ། །མཉམ་པ་ཉིད་ཀྱི་ཡེ་ཤེས་འདོད། །མི་གནས་ཞི་བར་ཞུགས་པ་ནི། །མཉམ་ཉིད་ཡེ་ཤེས་ཡིན་པར་འདོད། །དུས་རྣམས་རྟག་ཏུ་བྱམས་པ་དང། །ཐུགས་རྗེ་ཆེན་པོ་དག་དང་ལྡན། །སེམས་ཅན་རྣམས་ལ་མོས་པ་བཞིན། །སངས་རྒྱས་སྐུ་ནི་ངེས་པར་སྟོན། ་སོ་སོར་རྟོག་པའི་ཡེ་ཤེས་ནི་ཤེས་བྱ་ཀུན་ལ་རྟག་མི་ཐོགས། །ཏིང་ངེ་འཛིན་དང་གཟུགས་རྣམས་ཀྱི། །གཏེར་དང་འདྲ་བ་ཁོ་ན་ཡིན། །འཁོར་གྱི་དཀྱིལ་འཁོར་རྣམས་སུ་ནི། །འབྱོར་བ་ཐམས་ཅད་སྟོན་མཛད་པ། །ཐེ་ཚོམ་ཐམས་ཅད་གཅོད་པ་ཡི། །ཆོས་ཆེན་ཆར་ནི ་རབ་ཏུ་འབེབས། །བྱ་བ་སྒྲུབ་པའི་ཡེ་ཤེས་ནི། །ཁམས་རྣམས་ཀུན་ཏུ་སྣ་ཚོགས་ཤིང། །དཔག་མེད་བསམ་ཡས་སྤྲུལ་པ་ཡི། །སེམས་ཅན་ཀུན་གྱི་དོན་སྒྲུབ་པའོ། །སངས་རྒྱས་སྤྲུལ་པ་དེ་དག་ཏུ། །མཛད་པ་གྲུབ་པའི་བྱེ་བྲག་དང། །གྲངས་དང་ཞིང་གིས་རྣམ་ཀུན་ཏུ། །བསཾ ་གྱི་མི་ཁྱབ་ཤེས་པར་བྱ། །འཛིན་པའི་ཕྱིར་དང་སེམས་མཉམ་ཕྱིར། །ཡང་དག་ཆོས་རབ་སྟོན་ཕྱིར་དང། །བྱ་བ་སྒྲུབ་པ་ཉིད་ཀྱི་ཕྱིར། །ཡེ་ཤེས་བཞི་པོ་ཡང་དག་འབྱུང། །ཐ་དད་རིགས་དོན་མེད་ཕྱིར་དང། །རྫོགས་དང་ཐོག་མ་མེད་བའི་ཕྱིར། །སངས་རྒྱས་གཅིག་མིན་དྲི་མེད་གནས། ། ་ཐ་དད་མིན་ཕྱིར་མང་བོ་འང་མིན། །མེད་པ་གང་ཡིན་དེ་ཉིད་ནི། །ཡོད་པ་ཡིན་ནི་དམ་པར་འདོད། །རྣམ་པ་ཀུན་ཏུ་མི་དམིགས་པ། །དམིགས་པ་ཡིན་ནི་མཆོག་ཏུ་འདོད། །སྒོམ་པ་རྣམ་པར་མི་ལྟ་བའི། །སྒོམ་པ་དམ་པར་འདོད་པ་སྟེ། །ཐོབ་པར་ལྟ་བ་མེད་རྣམས་ཀྱི། །ཐོབ་པ་ཡང་ནི་དམ་པར ་འདོད། །བླ་མ་རིང་དང་མཚན་མ་དང། །བདག་གི་བརྩོན་འགྲུས་ལྷག་ལྟ་བའི། །བྱང་ཆུབ་སེམས་དཔའ་ང་རྒྱལ་ཅན། །བྱང་ཆུབ་ལས་ནི་རིང་ཞེས་འདོད། །ཇི་སྐད་བཤད་པ་འདི་དག་ཀུན། །རྟོག་པ་ཙམ་དུ་ལྟ་བ་ཡི། །བྱང་ཆུབ་སེམས་དཔའ་རྟོག་པ་མེད་པ་རྣམས། །བྱང་ཆུབ་ཐོབ་ཅེས་དེས་པར ་བརྗོད། །ཀླུང་དག་ས་ཡི་འོག་ཏུ་མ་སོང་བ། །གནས་རྣམས་ཐ་དད་ཆུ་ཡང་ཐ་དད་ལ། །ཆུ་ཡང་ཆུབ་ཞིང་བྱ་བ་ཐ་དད་བྱེད། །ཆུ་གནས་སྲོགས་ཆགས་ཕྲ་མོའི་ཉེར་སྤྱད་འགྱུར། །རྒྱ་མཆེར་སོང་བར་གྱུར་པ་ཐམས་ཅད་ཀྱང། །གནས་རྣམས་གཅིག་ཅིང་ཆུ་ཡང་ཆེ་ལ་གཅིག་།བྱ་བ་གཅིག་ཅིང ་ཆུ་ན་གནས་པ་ཡིས། །སྲོག་ཆགས་མང་པོ་རྟག་ཏུ་ཉེར་སྤྱང་ཆེ།། སངས་རྒྱས་ཉིད་དུ་མ་ཞུགS་བརྟན་པ་རྣམས། །རྟེན་ཀྱང་ཐ་དད་བློ་གྲོས་ཐ་དད་ཅིང། །རྟོགས་ཆུད་རང་གི་བྱ་བ་ཐ་དད་ལ། །སེམས་ཅན་ཉུང་དོན་རྟག་ཏུ་ཉེར་སྤྱད་འགྱུར། །སངས་རྒྱས་ཉིད་དུ་ཞུགས་ན་དེ་དག་ཀུན། །རྟེན་ཀྱང་གཅིག ་ཅིང་རྟོགས་པ་ཚེ་ལ་གཅིག་།མཛད་པ་གཅིག་ཏུ་འདྲེས་ཤིང་རྟག་པར་ཡང། །སེམས་ཅན་ཚོགས་ཆེའི་ཉེ་བར་སྤྱད་པ་ཆེ། །དེ་ལྟར་སངས་རྒྱས་ཉིད་ནི་དཀར་པོའི་ཆོས། །དཔེ་མེད་ལྡན་ཕྱིར་ཕན་བདེའི་རྒྱུ་ཡི་ཕྱིར། །བདེ་དགེ་དམ་པ་མི་ཟད་འབྱུང་གནས་ཕྱིར། །བློ་ལྡན་བྱང་ཆུབ་སེམS ་དགེ་བླང་བའི་རིགས། །བྱང་ཆུབ་ཀྱི་སྐབས་རྫོགས་སོ།། །།སྡོམ་ནི་དང་པོ་སྒྲུབ་དང་སྐྱབས་རིགས་དང། །དེ་བཞིན་དུ་ནི་སེམས་བསྐྱེད་དང། །རང་གཞན་དོན་དང་དེ་བ་ཉིད་དོན། །མཐུ་དང་ཡོངས་སྨིན་བྱང་ཆུབ་བོ། །སྐྱེས་དང་མ་སྐྱེས་འཛིན་དང་གཟུང་གྱུར་དང། །གྲོགS? ་བླངས་བདག་ཉིད་དང་ནི་ནོར་པ་དང། །མ་ནོར་གཞན་དང་མངོན་སུམ་དུ་ཡིན་གཞན། །སྒྲས་བྱུང་ཚོལ་བ་དང་ནི་ལྟ་བའོ། །འཕྲོགས་དང་འདྲེས་དང་མི་མཐུན་ཕྱོགས་མ་འདྲེས། །དམན་དང་རྒྱ་ཆེན་བསྒྲིབས་དང་མ་བསྒྲིབས་དང། །བརྩོན་དང་མི ་བརྩོན་བསགས་དང་མ་བསགས་པ། །བརྟན་ཞུགས་རིང་དུ་སོང་བའི་མོས་པ་འོ། །ཡིད་ལ་མི་བྱེད་མང་བ་དང། །ལེ་ལོ་རྣལ་འབྱོར་འཁྲུགས་པ་དང། །གྲོགས་ངན་དགེ་བ་ཞན་པ་དང། །ཚུལ་བཞིན་མ་ཡིན་ཡིད་ལ་བྱེད། །བག་མེད་པ་དང་ཐོས་པ་ཉུང། །ཐོས་དང་བསམ་པ ་ཉུང་དུས་མཆོག། ཞི་བ་ཙམ་གྱི་ང་རྒྱལ་དང། །དེ་བཞིན་མ་འདྲིས་ཡིན་པར་འདོད། །མི་སྐྱོ་བ་དང་དེ་བཞིན་སྐྱོ། །བསྒྲིབ་བ་དང་ནི་མི་བརྩོན་བ། །ཚོགས་མ་བསགས་བ་མོས་པ་ཡི། །བར་དུ་བཅོད་པར་ཤེས་པར་བྱ། །བསོད་ནམས་ཆེ་དང་འགྱོད་པ་མེད། །ཡིད་བདེ་བ་དང་བདེ་བ་ཆེ།། ་ཆུད་མི་ཟ་དང་བརྟན་པ་དང། །དེ་བཞིན་ཁྱད་པར་འགྲོ་བ་དང། །ཆོས་ཀྱི་མངོན་པར་རྟོགས་བ་དང། །བདག་དང་གཞན་དོན་ཐོབ་པའི་མཆོག་།མངོན་ཤེས་མྱུང་བ་དེ་དག་ནི། །མོས་པ་མི་ནི་ཕན་ཡོན་ཡིན། །འདོད་པ་ཅན་གྱི་དེ་ཁྱི་འདྲ། །ཏིང་ངེ་འཛིན་གྱི་རུ་སྤལ ་བཞིན། །རང་དོན་བྱེད་པའི་དེ་བྲན་འདྲ། །གཞན་དོན་བྱེད་པའི་རྒྱལ་པོ་བཞིན། །ཇི་ལྟར་ཁྱི་ནི་རྟག་ཏུ་ལྟོགས་ཤིང་སྡུག་བསྔལ་གྱིས་ཉེན་མཆོག་མི་ཤེས། །ཇི་ལྟར་རུ་སྦལ་དེ་ནི་ཆུ་ཡི་ནང་ན་ཀུན་ནས་བསྐུམས་ཤིང་འདུག་།ཇི་ལྟར་བྲན་ནི་རྟག་ཏུ་འཇིགས་ཤིང་སྐྲག ་པའི་ལུས་ཀྱི་རྣམ་པར་རྒྱུ། །ཇི་ལྟར་རྒྱལ་པོ་ཡང་ནི་བཀའ་ཡིས་ཡུལ་ལ་དབང་སྒྱུར་གནས་པ་ལྟར། །དེ་བཞིན་གཡེམ་དང་གནས་དང་རང་གཞན་ཕན་བྱ་དོན་བྱེད་པའི། །མོས་པ་སྣ་ཚོགས་དག་གིས་རྟག་ཏུ་ཁྱད་པར་ཤེས་པར་བྱ། །ཐེག་པ་ཆེན་པོ་དེ་ལ་དེ ་མཆོག་ཚུལ་བཞིན་རིག་ནས་ནི། །འདི་ན་བརྟན་བས་དེ་ལ་དེ་ཉིད་རྟག་པར་རབ་ཏུ་ཚལ། །གང་ཕྱིར་སེམས་ཅན་མིར་གྱུར་པ། །ཚངས་མེད་སྐད་ཅིག་རེ་རེ་ལ། །རྫོགས་པའི་བྱང་ཆུབ་ཐོབ་དེའི་ཕྱིར། ཞུམ་པ་དང་དུ་བླང་མི་བྱ། །གཞན་དག་ལ་ནི་ཟས་བྱིན་པའི། ། ་བསོད་ནམས་འཕེལ་བར་ཇི་ལྟ་བར། །བདག་ཉིད་ཟ་བའི་མ་ཡིན་པ། །དེ་བཞིན་གཞན་དོན་རྟེན་གྱི་ཆོས། །བསྟན་ལ་མདོ་ལས་གསུངས་པ་ཡི། །བསོད་ནམས་ཆེན་འབྱུང་ཐོད་བ་ལྟར། །རང་གི་དོན་གྱི་རྟེན་གྱི་ཆོས། །བསྟན་ལས་ཐོབ་པ་མ་ཡིན་ནོ། །དེ་ལྟར་འཕཌ ་པ་ཆེན་པོའི་ཆོས་ནི་ཡོངས་གྱུར་ལ། །བློ་དང་ལྡན་པས་རྟག་ཏུ་མོས་པ་ཆེ་བསྐྱེད་ནས། །བསོད་ནམས་རྒྱ་ཆེ་ན་རྒྱུན་མི་འཆང་དང་དེ་འཕེལ་དང། །ཡོན་ཏན་དཔག་ཏུ་མེད་པས་བདག་ཉིད་ཆེན་པོར་འགྱུར། །མོས་པའི་སྐབས་རྫོགས་སོ།། །།སྡེ་སྣོད ་དག་ནི་གསུམ་མམ་གཉིས་ཀྱང་རུང། །བསྡུས་པའི་ཕྱིར་ཏེ་རྒྱུ་ནི་དགུས་འདོད་དོ། །དེ་ནི་བག་ཆགས་རྟོགས་དང་ཞི་བ་དང། །རབ་ཏུ་རྟོགས་བས་རྣམ་པར་གྲོལ་བར་བྱེད། །མདོ་དང་ཆོས་མངོན་འདུལ་པ་དག་།མདོར་ན་དོན་ནི་རྣམ་བཞིར་འདོད། །བློ་དང་ལྡན་པས་དེ་ ་ཤེས་ནས། །རྣམ་པ་ཐམས་ཅད་མཁྱེན་པ་ཐོག་།གནས་རྣམས་དང་ནི་མཚན་ཉིད་དང། །ཆོས་དོན་སྨོས་ཕྱིར་མདོ་ཡིན་ནོ། །མངོན་དུའི་ཕྱིར་དང་ཡང་ཡང་དང། །ཟིལ་གནོན་རྟོགས་ཕྱིར་མངོན་པའི་ཆོས། །ལྟུང་དང་འབྱུང་དང་ལྡང་བ་དང། །དེས་པར་འབྱུང་དང་གང ་ཟག་དང། །བཅས་པ་དང་ནི་རབ་དབྱེ་དང། །རྣམ་པར་ངེས་ཕྱིར་འདུལ་བ་ཉིད། །དམིགས་པ་ཆོས་དང་ནང་དང་ནི། །ཕྱི་དང་གཉིས་ནི་ཡིན་པར་འདོད། །དོན་གཉིས་ཀྱིས་ནི་གཉིས་པོ་རྙེད། །གཉིས་པོ་དག་ནི་མི་དམིགས་པས། །ཡིད་ཀྱི་བརྗོད་པས་བཤད ་བཞིན་དོན། །རབ་དང་མངོན་དུ་སྣང་བ་ནི། །བརྗོད་ལས་ཡིན་པར་རབ་འཛིན་ཕྱིར། །སེམས་ནི་མིང་ལ་གནས་པའི་ཕྱིར། །ཐོས་ལ་སོགས་པའི་ཤེས་གསུམ་གྱིས། །ཆོས་ཀྱི་དམིགས་པ་རྙེད་པར་འགྱུར། །དམིགས་པ་རྣམ་པ་གསུམ་རྙེད་པ། །སྔར་བཤད ་དེ་ལ་ཡང་དག་བརྟེན། །རིགས་གསུམ་པ་དང་བྱ་བ་བྱེད། །མི་གནོད་རྟེན་བཅས་གཞན་ཡིན་ཏེ། །མོས་པ་འཇོག་པར་བྱེད་དང་གཞན། །འདུན་པ་དྲག་པོར་བྱེད་བ་དང། །དམན་དང་རྫོགས་རྟེན་རྣམ་པ་གཉིས། །བརྗོད་དང་བཅས་དང་བརྗོད་མེད་གཉིས། །ཤེས་པ་དང ་ནི་ཚུངས་ལྡན་པ། །རྣལ་འབྱོར་རྒྱུ་བདག་བཅས་པ་དང། །དེ་ནི་འདྲེས་ལ་དམིགས་པ་དང། །མ་འདྲེས་པ་ལ་དམིགས་པ་དེ། །རྣམ་པ་ལྔ་དང་རྣམ་བདུན་འདི། །ཉིད་ཡི་ཡོངས་སུ་ཤེས་པ་ལྔ། །རྣམ་པ་སྒོམ་དང་དན་པ་ནི། །བཞི་དང་སུམ ་ཅུ་རྩ་བདུན་ནོ། །དེ་ནི་ལམ་གཉིས་རང་བཞིན་ཏེ། །ཕན་ཡོན་གཉིས་དང་ནོད་པ་དང། །སྦྱོར་བ་པ་དང་དབང་སྒྱུར་དང། །ཆུང་དང་རྒྱ་ཆེའི་བདག་ཉིད་དེ། །རྣལ་འབྱོར་རྣམས་ཀྱི་ཡིད་བྱེད་དེ། །ཐམས་ཅད་བདག་ཉིད་ཡིན་པར་འདོད། །རྟག་ཏུ་གཉིས་བྲལ་འཁྲུལ་པའི་རྟེན ་གང་ཡིན་དང་གང་ཞིག་རྣམ་ཀུན་ཏུ། །བརྗོད་པར་ནུས་མ་ཡིན་ཞིང་སྤྲོས་པ་མེད་པའི་བདག་ཉིད་དེ་ཁོ་ན། །ཤེས་བྱ་སྤང་བྱ་རང་བཞིན་དྲི་མེད་འདོད་གང་རྣམ་པར་སྤངས་བྱ་སྟེ། དོན་ནི་མཁའ་གསེར་དང་ཆུ་ལྟར་ཉོན་མོངས་པ་ལས་རྣམ་དག་འདོད། །འགྲོ་བ་དག་ན་དེ་ལས་གཞན་ཡང ་ཅུང་ཟད་ཡོད་མིན་ལ། །འགྲོ་བ་མ་ལུས་བ་ཡང་དེ་ལ་ཀུན་ཏུ་སྨོངས་པའི་བློ། །ཡོད་པ་ཀུན་ནས་སྤངས་ཏེ་མེད་ལ་མངོན་ཞེན་གང་ཡིན་པ། །འཇིག་རྟེན་རྨོངས་བའི་རྣམ་ལ་ཆེ?་བས་ཆེན་འདི་ཀོ་ཇི་ལྟ་བུ། །ཇི་ལྟར་སྒྱུ་མ་དེ་བཞིན་དུ། །ཡང་དག་མ་ཡིན་ཀུན་རྟོག་བརྗོད། །སྒྱུ་མ ་བྱས་པ་ཇི་ལྟ་བར། །དེ་བཞིན་གཉིས་སུ་འཁྲུལ་པ་བརྗོད། །ཇི་ལྟར་དེ་ལ་དེ་མེད་པ། །དེ་བཞིན་དུ་ནི་དོན་དམ་འདོད། །ཇི་ལྟར་དེ་ནི་དམིགས་པ་ལྟར། །དེ་བཞིན་དུ་ནི་ཀུན་རྫོབ་འདོད། །དེ་མེད་ན་ནི་དེ་ཡི་རྒྱུ། །བསལ་བར་དམིགས་པ་ཇི་ལྟ་བར། །དེ་བཞིན་གནས་ནི ་གཞན་གྱུར་ན། །ཡང་དག་མ་ཡིན་རྟོག་པ་དམིགས། །ཇི་ལྟར་འཇིག་རྟེན་མ་འཁྲུལ་པ། །དེ་ཡི་རྒྱུ་ལ་འདོད་དགུར་སྦྱོང། །དེ་བཞིན་སྡོམ་བརྩོན་མ་འཁྲུལ་བ། །གནས་གཞན་གྱུར་པ་དགྱེས་དགུར་སྤྱོད། །དེ་ལྟ་བུ་ནི་དེ་ལ་ཡོད། །དེ་ཡི་དངོས་བོ་ཡོད་མ་ཡིན། །དེ་ལྟས ་སྒྱུ་མ་ལ་སོགས་པ། །ཡོད་དང་མེད་པ་ཉིད་དུ་བརྗོད། །དེ་ལ་ཡོད་པ་མེད་མ་ཡིན། །མེད་པ་ཡོད་པ་ཉི་མ་ཡིན། །སྒྱུར་མ་དག་ལ་སོགས་པ་ལ། །ཡོད་མེད་ཁྱད་བར་མེད་པའང་བརྗོད། །དེ་བཞིན་གཉིས་སྣང་དེ་ལ་ཡོད། །དེ་ཡི་དངོས་པོ་ཡོད་མ་ཡིན། ། ་དེ་ལྟར་གཟུགས་ལ་སོགས་པ་ལ། །ཡོད་དང་མེད་པ་ཉིད་དུ་བརྗོད། །དེ་ལ་ཡོད་བ་མེད་མ་ཡིན། །མེད་བ་ཡོད་བ་ཉིད་མ་ཡིན། །གཟུགས་ལ་སོགས་པ་དག་ལ་ནི། །ཡོད་མེད་ཁྱད་པར་མེད་པའང་བརྗོད། །སྒྲོ་འདོགས་པ་དང་སྐུར་པ་ཡི། །མཛའ་རྣམS ་དགག་པར་བྱ་ཕྱིར་དང། ཐེག་པ་དམན་བས་འགྲོ་བ་དག་།དགག་པར་བྱ་ཕྱིར་འདོད་པ་ཡིན། །འཁྲུལ་པའི་རྒྱུ་དང་འཁྲུལ་བ་ནི། །གཟུགས་ཅན་མིན་རྣམ་རིག་བར་འདོད། །མེད་ཕྱིར་ཅིག་ཤོས་ཀྱང་མེད་འགྱུར། །སྒྱུ་མའི་གླང་པོའི་གཟུགས ་འཛིན་པ། །འཁྲུལ་ཕྱིར་གཉིས་སུ་བརྗོད་བ་སྟེ། །དེ་ལ་ཇི་བཞིན་གཉིས་མེད་ཀྱང། །གཉིས་པོ་དག་ཏུ་ཉེ་བར་དམིགས། །ཀེང་རུས་ཀྱིས་ནི་གཟུགས་འཛིན་པ། །འཁྲུལ་ཕྱིར་གཉིས་སུ་བརྗོད་པ་སྟེ། །དེ་ལ་ཇི་བཞིན་གཉིས་མེད ་ཀྱང། །གཉིས་པོ་དག་ཏུ་ཉ་བར་དམིགས། །འཁྲུལ་པའི་མཚན་ཉིད་ཆོས་གང་ཡིན། །དེ་བཞིན་ཡོད་དང་དེ་བཞིན་མེད། །ཡོད་མེད་ཁྱད་པར་མེད་པའི་ཕྱིར། །ཡིད་དང་མེད་པ་སྒྱུ་མ་འདྲ། །གཉེན་པོའི་ཆོས་ནི་གང་ཡིན་པ། །དེ་བཞིན་མེད་དང་དེ ་བཞིན་ཡོད། །དེ་བཞིན་མེད?་ཕྱིར་མཚན་ཉིད་མེད། །སྒྱུ་མ་དང་ཡང་འདྲ་བར་བསྟན། །སྒྱུ་མའི་རྒྱལ་པོ་སྒྱུ་མ་ཡི། །རྒྱལ་པོ་གཞན་གྱིས་ཕམ་པ་ལྟར། །གང་དག་གིས་ནི་ཆོས་མཐོང་བའི། །རྒྱལ་སྲས་དེ་དག་ང་རྒྱལ་མེད། །སངས་རྒྱས ་རྣམ་སངས་རྒྱས་མཆོག་རྣམས་ཀྱིས་དེ་དང་དེ་ལས་འདུས་བྱས་དག་།གསུངས་པ་སྒྱུ་མ་རྨི་ལམ་སྨིག་རྒྱུ་གཟུགས་བརྙན་དེ་དང་འདྲ་མིག་ཡོང་དང། །བྲག་ཙ?་ལྟེ?་བུ་དང་ནི་ཆུ་ཟླའི་གཟུགས་འདྲ་སྤྲུལ་དང་འདྲར་ཤེས་བྱ། །དྲུག་དང་དྲུག་དང་གཉིS ་དང་དྲུག་ཚན་གཉིས་དང་གསུམ་པོ་རེ་རེར་འདོད། །ཡང་དག་མིན་རྟོག་ཡང་དག་མིན། །ཡང་དག་མ་ཡིན་མིན་མི་རྟོག་།རྟོག་མིན་མི་རྟོག་མ་ཡིན་བ། །ཤེས་བྱ་ཐམས་ཅད་ཡིན་བར་བརྗོད། །རང་གི་ཁམས་ལས་གཉིས་བོ་ཞིང། མ་རིག་ཉོན ་མོངས་ལྷན་ཅིག་ཏུ། འཇུག་པའི་རྣམ་རྟོག་རབ་འབྱུང་སྟེ། རྫས་གཉིས་རྣམ་པར་སྤངས་པ་ཡིན། །དམིགས་པའི་ཁྱད་པར་ཐོབ་པ་ཡི། །རང་གི་དབྱིངས་ལ་གནས་ལྡན་ཕྱིར། །དེ་ཉིད་གཉིས་སུ་སྣང་མེད་པ། །འཇུག་སྟེ་ལྔགས་དང་མདའ ་བཞིན་ནོ། །སེམས་ནི་གཉིས་སུ་སྣང་བ་སྟེ། དེ་བཞིན་ཆགས་སོགས་སྣང་བ་འམ། དད་ལ་སོགས་པ་སྣང་བར་འདོད། །ཉོན་མོངས་དགེ་ཆོས་ཡོད་མ་ཡིན། །སེམས་ནི་སྣ་ཚོགས་སྣང་བ་དང། །རྣམ་བ་སྣ་ཚོགས་ཅན་དུ་འཇུག་།དེ་ལ་སྣང་དེ་ཡོད ་དང་མེད། །དེ་ཕྱིར་ཆོས་ཀྱི་མ་ཡིན་ནོ། །སངས་རྒྱས་རྣམས་ཀྱིས་སེམས་ཅན་ལ། ཕན་གདགས་ཕྱིར་ནི་མཚན་བཞི་དང། །མཚན་ཉིད་དང་ནི་མཆོན་པ་དག་།རབ་ཏུ་དབྱེ་བས་ཡང་དག་བཤད། །སེམས་ནི་ལྟར་བཅས་གང་ཡིན་དང། ། ་དེ་ཡི་གནས་སྐབས་མི་འགྱུར་བ། །འདི་ནི་འདོར་ན་མཚན་གཞི་སྟེ། །རབ་ཏུ་དབྱེ་ན་ཚད་མེད་དོ། །ཇི་ལྟར་བརྗོད་དོན་འདུ་ཤེས་ཀྱི། །རྒྱུ་མཚན་དེ་ཡི་བག་ཆགས་དང། །དེ་ལས་ཀྱང་དོན་སྣང་བ་ནི། །ཀུན་བརྟགས་པ་ཡི་མཚན་ཉིད་འདོད། ། ་མིང་དང་དོན་ནི་ཇི་ལྟ་བར། །དོན་དང་མིང?་བུ་སྣང་བ་གང། །ཡང་དག་མིན་རྟོག་རྒྱུ་མཚན་ནི། །ཀུན་ཏུ་བརྟགས་པའི་མཚན་ཉིད་དོ། །རྣམ་གསུམ་རྣམ་གསུམ་སྣང་བ་ཅན། །བཟུང་དང་འཛིན་པའི་མཚན་ཉིད་དེ། །ཡང་དག་མ་ཡིན་ཀུན་རྟོགས ་ནི། གཞན་གྱི་དབང་གི་མཚན་ཉིད་དོ། །མེད་དང་ཡོད་ཉིད་གང་ཡིན་དང། །ཡོད་དང་མེད་པ་མཉམ་ཉིད་དང། །མ་ཞི་ནི?་དང་རྣམ་མི་རྟོག་།ཡོངས་སུ་གྲུབ་པའི་མཚན་ཉིད་དོ། །རྒྱུ་འཐུན་ཆོས་ལ་དམིགས་ནས་ནི། །ཚུལ་བཞིན་ཡིད་ལ ་བྱེད་པ་དང། །སེམས་ཀྱི་དབྱིངས་བ་ལ་གནས་པ་དང། །དོན་ཡོད་པ་དང་མེད་པར་མཐོང། །དེ་ནས་མཉམ་པ་ཉིད་དུ་འགྱུར། །འཕགས་རིགས་ཤིན་ཏུ་དྲི་མེད་པ། །མཉམ་དང་ཁྱད་འཕགས་འབྲི་མེད་ཅིང། །འཕེལ་བ་མཚན་ཉིད་མེད་པར ་འདོད། །ས་བོན་གཞན་དུ་གྱུར་བའི་ཕྱིར། །གནས་དོན་ལུས་སུ་སྣང་བ་དག་།གཞན་དུ་གྱུར་པ་ཟག་མེད་དབྱིངས། །དེ་ནི་རྟེན་ཀུན་འགྲོ་བ་ཅན། །ཡིད་དང་འཛིན་དང་རྣམ་པར་རྟོག་།གྱུར་ཕྱིར་རྣམ་པར་མི་རྟོགས་པ། །ཞི་དང་ཡེ་ཤེས་ལS ་དག་ལ། དབང་ནི་རྣམ་པ་བཞི་ཡིན་ནོ་།དད་པ་ནི་མི་གཡོ་ལ་སོགས་པའི། །ས་གསུམ་ལ་ནི་རྣམ་བཞི་སྟེ། །གཅིག་ལ་རྣམ་གཉིས་དེ་ལས་གཞན། །དབང་རེ་རེར་ནི་འདོད་པ་ཡིན། །བློ་དང་ལྡན་པས་སྲིད་གཏོགས་བདག་མེད་རྣམ་པ ་གཉིས་ཀའང་རིག་གྱུར་ལ། །དེ་ཡང་མཉམ་པར་ཤེས་ནས་དེ་ནི་འཛིན་པའི་སྒོ་ནས་དེ་ཉིད་འཇུག་།དེ་ནས་དེ་ལ་ཡིད་གནས་ཕྱིར་ན་དེ་ལ་དེ་ཡང་མི་སྣང་ངོ། །དེ་མི་སྣང་བར་གྲོལ་བ་ཡིན་ཏེ་མཆོག་ཏུ་དམིགས་དང་བྲལ་བའོ། །ཚོགས ་ཀྱི་བཞི་དང་བསྐྱེད་ཡོད་ན་།མིང་ཙམ་དུ་ནི་མཐོང་བར་འགྱུར། །མིང་ཙམ་མཐོང་སྟེ་དེར་མཐོང་ནས། །དེ་ཡང་ཕྱིས་ནི་མི་མཐོང་ངོ། །སེམས་ནི་གནས་ངན་ལེན་དང་བཅས། །བདག་ལྟའི་ཞགས་པས་ཟིན་པ་ནི། །རབ་ཏུ་འཇུག་པར ་གྱུར་ཏེ་དེ། །ནང་དུ་གནས་ཕྱིར་ལྡོག་པར་འདོད། །རང་དང་རང་གི་བདག་ཉིད་དུ། །མེད་ཕྱིར་རང་གི་ངོ་བོ་ལ། །མི་གནས་ཕྱིར་ངང་འཛིན་བཞིན་ཏེ། །མེད་ཕྱིར་ངོ་བོ་ཉིད་མི་འདོད། །སྔ་མ་ཕྱི་མའི་རྟན་ཡིན་པས། །ངོ་བོ་ཉིད་ནི་མེད ་པ་ཡིས། །སྐྱེ་མེད་འགག་མེད་གཟོད་ནས་ཞི། །རང་བཞིན་མྱ་ངན་འདས་པ་གྲུ་བ། །ཐོག་མ་དང་ནི་དེ་ཉིད་གཞན་ཉིད་དང། །རང་གི་མཚན་ཉིད་རང་དང་གཞན་དུ་གྱུར། །ཀུན་ནས་ཉོན་མོངས་པ་དང་ཁྱད་པར་ལ། །སྐྱེ་བ་མེད་པའི་ཆོས ་ལ་བཟོང་པར་བཤད། །ཆོས་དང་བདག་མེད་གྲོལ་བ་རྣམས། མཚུངས་ཕྱིར་རིགས་ནི་ཐ་དད་ཕྱིར། །བསཾ་གཉིས་ཐོབ་ཕྱིར་སྤྲུལ་པའི་ཕྱིར། མཐར་ཐུག་ཕྱིར་ནི་ཐེག་གཅིག་ཉིད། །ཁ་ཅིག་དག་ནི་དྲང་ཕྱིར་དང། །གཞན་དག་ཡང་དག ་གཟུང་བའི་ཕྱིར། །རྫོགས་པའི་སངས་རྒྱས་རྣམས་ཀྱིས་ནི། །མ་ངེས་རྣམས་ལ་ཐེག་གཅིག་བཤད། །ཉན་ཐོས་མ་ངེས་རྣམ་གཉིས་ཏེ། །ཐེག་དོན་མཐོང་དང་མ་ཐོང་བའོ། །དོན་མཐོང་འདོད་ཆགས་བྲལ་བ་དང། །འདོད་ཆཌ ་བྲལ་མིན་འདི་དམན་པའོ། །དེ་གཉིས་འཕགས་པའི་ལམ་ཐོབ་པ། །སྲིད་པ་དག་ཏུ་སྒྱུར་བའི་ཕྱིར། །བསམ་གྱིས་མི་ཁྱབ་སྒྱུར་བ་ཡིན། སྐྱེ་བ་དང་ཨི་ཡང་དག་ལྡན། །གཅིག་ནི་སྨོན་ལམ་དབང་གིས་ན། །སྐྱེ་བར་རབ་ཏུ་སྒྲུབ་པར་བྱེད། །ཅིག་ཤོས ་ཕྱིར་མི་འོང་བ་དང། །ལྡན་ཕྱིར་སྤྲུལ་པས་རབ་ཏུ་སྒྲུབ། །དེ་གཉིས་ཡང་དང་ཡང་དུ་ནི། །རང་སེམས་ཀུན་ཏུ་འབྱུང་ལྡན་པས། །མྱ་ངན་འདས་ལ་མངོན་དགའ་ཨི་ཕྱིར། །རྟོག་པ་བུལ་བ་ཡིན་པར་འདོད། །དོན་བྱས་མ་ཡིན་དེ་སངས་རྒྱས།། ་མེད་པར་སྐྱེས་ནས་སྤྲུལ་དོན་གཉེར། །བསམ་གཏན་དོན་བརྩོན་དེར་བརྟེན་ནས། །བྱང་ཆུབ་དམ་པ་ཐོབ་པར་འགྱུར། །རིགས་པའི་གནས་ལྔ་དག་ལ་བརྩོན་པར་མ་བྱས་པར། །འཕགས་མཆོག་ཅིས་ཀྱང་ཐམས་ཅད་མཁྱེན་ཉིད་མི་འགྱུར ་ཏེ། །དེ་ལྟ་བས་ན། གཞན་དག་ཚར་བཅད་རྗེས་བཟུང་དང། །བདག་ཉིད་ཀུན་ཤེས་བྱ་ཕྱིར་དེ་ལ་དེ་བརྩོན་བྱེད།།རྒྱུ་དམིཌ་ནས་ནི་དགའ་བ་དང། །རྟེན་ལ་དེ་རྗེས་དྲན་པ་དང། །འབྲས་བུ་ཐུན་མོང་འདོད་པ་དང། །ཇི་ལྟར་བྱང་ཆུབ་བཞིན་མོས ་པའོ། །མཐུ་ནི་རྣམ་པ་བཞི་དག་གིས། །དགའ་དང་ངེས་པར་མི་སྐྱོ་དང། །མི་མཐུན་ཕྱོགས་དང་གཉེན་པོ་ལ། །སྒྲུབ་པ་རྣམ་པ་བཞི་ཡིན་ནོ། །རབ་དང་ཡང་དག་ནོད་པ་དང། །གཞན་ལ་སྦྱིན་པར་འདུན་པ་དང། །གོ་ཆ་དང་ནི་སྨོན་ལམ་དང།། ་མངོན་པར་དགའ་དང་བྱ་བའི་ཡིད། །སྦྱིན་སོགས་རྣམ་པ་དྲུག་ལ་ནི། །མཐུ་ཐོབ་པ་དང་ཡོངས་སྨིན་དང། །མཆོད་པ་དང་ནི་རྟེན་པ་ལ། །ཡང་དག་སྤྲོ་བ་མཆོག་དང་བརྩེ། །མ་བྱས་ངན་པར་བྱས་པ་ལ། །ངོ་ཚ་འགྱོད་དང་ཡུལ་ལ་དབང? ་སྐྱོ་ལ་དགྲ་པོའི་འདུས་ཤེས་དང། །འགོད་དང་བརྗོད་པའི་བློ་གྲོས་སོ། །སྦྱིན་སོགས་རྫོགས་པའི་བྱང་ཆུབ་ཀྱི། །རྟེན་ཡིན་དབང་ཕྱུག་ལ་སོགས་མིན། །གཉིས་པོ་དག་ལ་སྐྱོན་དང་ནི། །ཡོན་ཏན་སོ་སོ་ཡང་དག་རིགས། །བསགས་པ་རྗེས་སུ་དྲན ་པ་ཡིས། །དགའ་དང་དོན་ཆེན་མཐོང་བ་དང། །རྣལ་འབྱོར་རྣམ་པར་མི་རྟོག་དང། །ཏིང་འཛིན་རྐྱེན་དང་ཕྲད་འདོད་པ། །ལོག་པར་འཛིན་པ་རྣམ་པ་བདུན། །སྤོང་བའི་མཐུ་ནི་མཐོང་བ་དང། །ངོ་མཚར་ངོ་མཚར་མེད་པ་ལ། །འདུ་ཤེས་རྣམ་པ་བཞི་ཉིད ་དོ། །སེམས་ཅན་རྣམས་ལ་སྙོམས་པ་དང། །བདག་ཉིད་ཆེན་པོ་མཐོང་བ་དང། །གཞན་གྱིས་ཡོན་ཏན་ལན་རེ་དང། །གསུམ་དུ་སྨོན་དང་རྒྱུན་དུའོ། །སངས་རྒྱས་བསྟན་པ་སྒྲུབ་པའི་ཕྱིར། །ཚུལ་རོལ་མི་གནས་སེམས་པ་དང། །དེས་དམན་དར ་བའི་སེམས་ཅན་ལ། །མི་དགའ་བ་དང་དགའ་བའོ། །སྒོམ་པ་བཅོས་དང་ཡང་དག་ལ། །མ་དད་པ་དང་དད་པ་དང། །དང་དུ་མི་ལེན་ཡིད་བྱེད་དང། །ལུང་བསྟན་ངེས་པར་དགའ་བའོ། །ཕྱི་མའི་ཚེ་ལ་མཐོང་བའི་ཕྱིར། །འཇུག་སེམས་མཉམ་པར་ལྟ ་བའི་ཕྱིར། །མཆོག་ཆོས་རྣམས་ལ་ཞུགས་པ་ཡིས། །བདག་ཉིད་མཆོག་ཏུངེས་འཛིན་ཕྱིར། །ཕ་རོལ་ཕྱིན་བཅུའི་རྒྱུས་བྱུང་བ། །དགེ་བ་ཡིད་ལ་བྱེད་འདི་དག་།རྟག་ཏུ་བྱང་ཆུབ་སེམས་དཔའ་ཡི། །ཁམས་ནི་རཚ་པར་བྱེད་པ་ཡིན། །རྒྱས་དང་ལྷག་པའི ་བསམ་དང་ཆེན་པོ་ནི། །བརྟན་པའི་ཡོངས་སུ་ཚོལ་བ་ཡིན་པར་འདོད། །དེ་དག་གིS་ནི་སྤང་དང་བཅས་པ་དང། །སྤང་བ་མེད་དང་དེ་བཞིན་དབང་འབྱོར་པའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚོལ་བ་ཨནི། །སྐུ་མེད་པ་དང་བཅས་དང་སྐུ་ཐོབ་དང། །སྐུ་ཡོངས་རྫོཌ ་དང། ང་རྒྱལ་མང་བ་དང། །ང་རྒྱལ་ཕྲ་བ་དང་ང་རྒྱལ་མེད་བར་འདོད། །བསྟན་བཅོས་གཟུགས་དང་གཟུགས་མིན་ལ། །མཚན་དངདེ་བཞིན་ནད་མེད་དང། །མངོན་ཤེས་རྣམས་ཀྱི་དབང་ཕྱུག་དང། །དེ་ཟད་མི་ཤེས་ཉིད་ཀྱི་རྒྱུ། །རྒྱལ་བའི་སྲས་རྣམས་ཀྱིས་ནི ་མེད་དང་ཡོད་པ་དང། །སྒྲོ་འདོག་སྐུར་པཱི་རྟོག་དང་གཅིག་ཉིད་དུ་མ་ཉིད། །རང་དང་ཁྱད་པར་རྟོག་དང་མིང་དོན་ཇི་བཞིན་དུ། །མངོན་པར་ཞེན་པའི་རྟོག་པ་ཡང་དག་སྤང་བར་བྱ། །དེ་ལྟར་བློ་གྲོས་དགེ་བ་བརྩོན་འགྲུས་དྲག་བརྟེན་ནས། །དེ་བཞིན ་ཉིད་བཅས་གཉིས་ཀྱི་ཆོས་ཉིད་ཡོངས་བཅལ?་བ། །དེ་ཕྱིར་རྟག་ཏུ་སྐྱེ་གུ་རྣམས་ཀྱི་སྟོན་པར་འགྱུར། །དེ་ནི་རྒྱ་མཚོ་བཞིན་དུ་ཡོན་ཏན་རྣམས་ཀྱི་གང། །ཆོས་ཡོངས་སུ་ཚོལ་བའི་སྐབས་རྫོགས་སོ།། །།བརྟན་པ་རྩམས་ནི་སྲོགས་དང་ལོངས་སྤྱོད་ཚིགས ་ཆེས་རྙེད་ཅིང་སྙིང་པོ་མེད་པ་དང། །རབ་དགའ་ཨི་ཡིད་ཀྱིས་སེམས་ཅན་སྡུག་བསྔལ་རྣམས་ལ་སྦྱིན་རྣམས་རྒྱ་ཆེན་རྟག་གཏོང་ན། །ཆོས་སྤངས་སྐྱེ་གུ་རྣམས་ལ་རྣམ་པ་ཀུན་ཏུ་ཕན་བྱེད་ཚགས་ཆེན་རྙེད་མིན་ཞིང། །ཤིན་ཏུ་བཏང་ཡང་ཟད་མེད་འཕེལ་འགྱུར་བ་ལྟ ་ལན་ཅིག་མ་ཡིན་སྨོས་ཅི་དགོས། །གང་ཕྱིར་རང་རིགས་ཆོས་བས་བཅོམ་ལྡན་འདས་ཀྱིས་མ་བསྟན་ཁུ་ཆུ་ལྟར། །ཐུགས་རྗེའི་བདག་ཉིད་སྤྲུལ་ཆེན་ལྟ་བུ་དག་གིས་རིགས་བཤད་ཆོས་རྣམས་ཀྱིས། །སྐྱེ་བོ་ཉིད་ཀྱིས་ཆོས་ལ་ཀུན་ནས་དྲངས་ཏེ་།ཉིད་ཞི་ཤལ? ་གྱི་སྒོ། །རྣམ་པར་དག་པ་རྒྱ་ཆེ་ཐུན་མོང་ཟད་མི་ཤེས་ལ་ཡང་དག་བཀོད། །དེ་ལྟ་རྣལ་འབྱོར་ཅན་གྱིས་སྒོམ་པ་གང་ཡིན་ཏེ་ནི་དོན་མེད་མིན། །དེ་ལྟ་བདེ་བར་གཤེགས་ཀྱི་བསྟན་པ་གང་ཡིན་དེ་ཡང་དོན་མེད་ཡིན། །གལ་ཏེ་ཐོས་པ་ཙམ་གྱིས་དོན་མཐོང་གྱུར ་ན་སྒོམ་པ་དོན་མེད་འགྱུར། །གལ་ཏེ་མ་ཐོས་པར་ཡང་སྒོམ་འཇུག་འགྱུར། སྟན་པ་དོན་མེད་འགྱུར། །སེམས་དཔའ་མཆོག་གི་སྟོན་པ་ནི། །ལུང་དང་རྟོགས་དང་དབང་འབྱོར་དང། །དེ་དང་གཟུགས་ནི་ཐམས་ཅད་དང། །ནམ་མཁའ་ལས་ཀྱང་འབྱུང་བ་ཡིན། །རྒྱ་ཆེ ་ཐེ་ཆོམ་སྤོང་བ་དང། གཟུང་འོས་དེ་ཉིད་གཉིས་སྟོན་ག་འདི་ནི་བྱང་ཆུབ་སེམས་དཔའ་ཡི། །སྟོན་པ་ཕུན་ཚོགས་ཡིན་ཤེས་བྱ། །སེམས་དཔའ་མཆོག་གི་སྟན་པ་ནི། །འཇམ་ཞིང་རྒྱགས་གྲལ་མི་སྐྱོ་དང། །གསལ་ཞིང་སྣ་ཚོགས་རིགས་བ་དང། །གོ་ཞིང་ཟང་ཟིང་མེད་ཀུན་འགྲོ ་རྒྱལ་སྲས་ཚིག་ནི་མི་ཞན་པ། །སྙན་ཞིང་ལེགས་བཤད་གྲགས་པ་དང། །ཅི་རིགས་པ་དང་ཟང་ཟིང་མེད། རན་ཞིང་དེ་བཞིན་ཡངས་པ་ཡིན། །བསྟན་དང་དེ་བཞིན་བཤད་པ་དང། །ཐེག་དང་མཐུན་དང་བདེ་བ་དང། །གྲགས་པ་དང་ནི་ཅི་རིགས་དང། །ངེས་པར་འབྱུང་དང་མཐུན ་པའི་ཕྱིར། །དེ་མདོར་སེམས་དཔའ་མཆོག་རྣམས་ཀྱི། །ཡི་གེ་ཕུན་ཚོགས་ཡིན་ཤེས་བྱ། །བདེ་གཤེགས་གསུང་ནི་འཐའ་ཡས་ཏེ། །ཡན་ལག་དྲུག་ཅུ་བསམ་མི་ཁྱབ། །དག་ཚིག་ཤིན་ཏུ་རིགས་པ་དང། །བསྟན་དང་རྣམ་འབྱེད་ཐེ་ཚོམ་བཅོད། །ལན་མང་བྱེད་དང ་ལྡན་པ་ནི། །མགོ་སྨོས་རྣམ་སྤྲོས་སོ། རྣམ་པ། །སངས་རྒྱས་རྣམས་ཀྱི་སྟོན་པ་ནི། །འཁོར་གསུམ་གྱིས་ནི་དག་པ་སྟེ། །འདི་ནི་ཉེས་པ་བརྒྱད་དག་དང། །བུལ་པ་ཉིད་དུ་ཤེས་པར་བྱ་།ལེ་ལོ་དང་ནི་མི་གོ་དང་།སྐབས་མི་འབྱེད་དང་མ་ངེས་དང། །ཐེ་ཚོམ་དག ་ནི་མི་གཅོད་དང། །དེ་དང་བྲལ་བ་བརྟན་མི་བྱེད། །སྐྱོ་བ་དང་ནི་སེར་སྣ་ཉིད། །འདི་དག་གཏམ་གྱི་ཉེས་པར་འདོད། །དེ་དག་མེད་ཕྱིར་སངས་རྒྱས་ཀྱི་བཤད་པ་བླ་ན་མེད་པར་འགྱུར། །དད་དང་དགའ་དང་བློ་རྣམས་ཀྱི། །རྒྱ་ཕྱིར་ཆོས་འདི་དགེ་བ་ཡིན། །དོན་རྣམས་གཉིས་ལྡན ་གཟུང་སྨྲ་དང། །ཡོན་ཏན་བཞི་ཅན་ཚངས་སྤྱོད་སྟོན། །གཞན་དང་ཐུན་མོང་མ་ཡིན་ལྡན་པ་དང། །ཁམས་གསུམ་ཉོན་མོངས་རྣམ་སྤོང་རྫོགས་བྱེད་དང། །ངོ་བོ་ཉིད་དག་དྲི་མ་དག་པ་སྟེ། །ཚངས་སྤྱོད་ཡོན་ཏན་བ་ནི་ལྡན་ཡིན་པར་འདོད། །གཞུག་པ་ལྡེམ་པོར་དགོངས་པ་དང ་མཚན་ཉིད་ལྡེམ་པོར་དགོངས་པ་དང། གཉེན་པོ་ལྡེམ་བོར་དགོངས་པ་དང། །བསྒྱུར་བ་ལྡེམ་པོར་དགོངས་པ་སྟེ། །ཉན་ཐོས་དང་ནི་ངོ་བོ་ཉིད། །དེ་བཞིན་ཉེས་པ་འདུས་པ་དང། །བརྗོད་པ་ཟབ་པ་ཉིད་ལ་ནི། །ལྡེམ་པོར་དགོངས་པ་འདི་རྣམ་བཞི། །མཉམ་ཉིད་དང་ནི་དོན ་གཞན་དང། །དེ་བཞིན་དུས་གཞན་དང། །གང་ཟག་གིས་ནི་བསམ་པ་ལ། །དགོངས་པ་རྣམ་པ་བཞིར་ཤེས་བྱ། །སངས་རྒྱས་ཆོས་ལ་སྙས་པ་དང། །ལེ་ལོ་བཅུང་ཟད་ཆོག་འཛིན་དང། །ང་རྒྱལ་འདོད་ཆགས་སྤྱོད་པ་དང། །འགྱོད་དང་མ་ངེས་ལྡན་པ་ནི།། ་སེམས་ཅན་རྣམས་ཀྱི་སྒྲིབ་པ་སྟེ། །དེ་ཡི་གཉེན་པོར་ཐེག་མཆོག་གསུངས། །ངེས་དེའི་བར་དུ་བཅོད་པ་ཡི། །ཉེས་པ་ཐམས་ཅད་སྤོང་བར་འགྱུར། །གང་ཞིག་ཚིག་གམ་དོན་སྒོ་ནས། །ཚིག་བཅད་གཉིས་འཛིན་རབ་སྦྱོར་བ། །སེམས ་ཅན་བློ་ལྡན་མཆོག་དེ་ཡིས། །ཡོན་ཏན་རྣམ་བཅུ་ཐོབ་འགྱུར་ཏེ། །ཁམས་ནི་ཟད་པར་རྟས་པ་དང། །འཆི་བའི་ཚེ་ན་རབ་དགའ་མཆོག་།ཇི་ལྟར་འདོད་པར་སྐྱེ་བ་དང། །ཀུན་ཏུ་ཚེ་རབས་དྲན་པ་དང། །སངས་རྒྱས་རྣམས་དང་ཕྲད་པ་དང། །དེ་ལས་ཐེག་མཆོག ་ཐོས་པ་དང། །མོས་པ་བློ་དང་བཅས་པ་དང། །སྒོ་གཉིས་བྱང་ཆུབ་མྱུར་ཐོབ་པའོ། །དེ་ལྟར་བློ་བཟང་སྐྱོ་བ་མེད་ལྡན་བརྩེ་བ་ཅན། །སྙན་པར་རབ་གྲགས་ཆོ་ག་བཟང་ཞེས་ལྡན་བ་ཡི། །བྱང་ཆུབ་སེམས་དཔའ་ལགས་པར་སྨྲ་བ་ཡིན་པ་སྟེ། །བཤད་པས་སྐྱེ་པོའི ་ན་ངན་ཉི་མ་བཞིན་དུ་ལྷ་མ། །བཤད་པའི་སྐབས་རྫོགས་སོ།། །།བློ་ལྡན་གཉིས་ལ་ལོག་ཉིད་དང། །ཡང་དག་ཉིད་རྣམ་སྤངས་གསུམ་གྱིས། །གང་ཟག་དང་ནི་ཆོས་དག་ལ། །བདག་མེད་རྣམ་གཉིས་ཀུན་ཤེས་ནས། །དོན་ཤེས་པས་ནི་ཆོས་རྣམས་ཀུན ་གཟིངས་དང་འདྲ་བ་ཉིད་དུ་རིག་།ཐོས་པས་ཆོག་པར་འཛིན་སྤོང་ལ། །ངེས་ན་ཆོས་ཤེས་ཞེས་པ་བརྗོད། །སོ་སོའི་སྐྱེ་བོའི་ཤེས་པ་ཡིས། །དེ་བཞིན་དུ་ནི་གཉིས་རྟོགས་ནས། །ཤེས་བ་དེ་ཡོངས་རྫོགས་བྱའི་ཕྱིར། །མཐུན་པའི་ཆོས་ནི་རབ་ཏུ་སྒྲུབ། །དེ་ནས་དེ་ནི་ས ་དང་པོར། །བྱང་ཆུབ་སེམས་དཔའ་དེ་བདག་ཉིད། །ཀུན་ནས་མཉམ་པར་འཇིག་རྟེན་ལས། །འདས་པའི་ཡེ་ཤེས་བླ་མེད་ཐོག། །མཐོང་བས་སྤང་བྱའི་ཉོན་མོངས་རྣམས། །ཐམས་ཅད་ཡང་དག་ཟད་བྱས་ནས། །ཤེས་བྱའི་སྒྲིབ་པ་སྤང་བྱའི་ཕྱིར། །སྒོམ་པ་ལ་ནི་རབ་ཏུ་སྦྱོར།། ་རྣམ་འཇོག་རྣམ་པར་མི་རྟོགས་པའི། །ཡེ་ཤེས་ལྷན་ཅིག་སྤྱོད་པ་ཡི། །དེ་བཞིན་ས་ནི་ལྷག་མ་ལ། །མཐུན་པ་ཡི་ནི་ཆོས་སྤྱོད་དོ། །བློ་ལྡན་གང་དུ་སྒྲུབ་པའི་ཡུལ། །ལེགས་པར་རྙེད་དང་གནས་བཟང་དང། ས་བཟང་བ་དང་གྲོགས་བཟང་དང། །རྣལ་འབྱོར་བདེ་བའི་ཡོན་ཏན ་ལྡན། །བྱང་ཆུབ་སེམས་དཔའ་ཐོས་མང་དང། །བདེན་མཐོང་སྨྲ་མཁས་བརྩེ་བཅན། །སྐྱོ་མེད་སྐྱེས་བུ་དམ་པ་ནི། །ཆེན་པོ་ཡིན་པར་ཤེས་པར་བྱ། །དམིགས་པ་བཟང་དང་སྟོན་པ་བཟང?། །ཐབས་བཟང་?་དང་ངེས་འབྱུང་དང། །སྦྱོར་བ་བཟང་པོའི་བདག་ཉིད་དང། །ཡང་དག་སྨོན་ལམ་ཡིན ་པར་བཤད་དོ། །དགའ་དང་དལ་བར་སྐྱེ་པ་དང། །ནད་མེད་པ་དང་ཏིང་ངེ་འཛིན། །རྣམ་པར་འབྱེད་པའི་བྱེད་རྒྱུ་ནི། །སྔོན་ཆད་བསོད་ནམས་བྱས་པ་ཉིད། །ཆོས་ཀྱི་དབྱིངས་ནི་མ་གཏོགས་པར། །གང་ཕྱིར་ཆོས་མེད་དེ་ཡི་ཕྱིར། །སངས་རྒྱས་རྣམས་ཀྱིས་དེ་དག་ལས། །ངེས་འབྱུང ་ཆགས་སོགས་ཡིན་པར་དགོངས། །ཆོས་ཀྱི་དབྱིངས་ནི་མ་གཏོགས་པར། །གང་ཕྱིར་ཆོས་མེད་ཡི་ཕྱིར། །ཀུན་ནས་ཉོན་མོངས་བསྟན་པ་ལ། །བློ་ལྡན་དགོངས་པ་དེ་ཡིན་འདོད། །གང་ཕྱིར་ཆགས་སོགས་དེ་ཉིད་ལ། །ཚུལ་བཞིན་འཇུག་པ་དེ་ཡི་ཕྱིར། །དེ་ལས་རྣམ་གྲོལ་འགྱུར་དེས་ན།། ་དེ་ཡི་དེ་དག་ལས་ངེས་འབྱུང། །སེམས་ཅན་ཆེད་དུ་དམྱལ་བའི་སྲིད་པས་གནས་པ་ཡི། །སྡུག་བསྔལ་མི་བཟང་ཅིས་ཀྱང་རྒྱལ་སྲས་ལ་གནོད་མིན། །ཇི་སྲིད་ཡོན་ཏན་སྐྱོན་གྱིས་ཐེག་པ་དམན་ཞུགས་པའི། །རྣམ་ཏོག་དགེ་བ་སྣ་ཚོགས་བློ་ལྡན་གནོད་བྱེད་ཡིན། །བློ་དང་ལྡན་པ ་དམྱལ་བར་གནས་པ་དུས་ཞུན་ཏུ། །བྱང་ཆུབ་དྲི་མེད་ཡངས་པའི་བར་དུ་གཅོད་བྱེད་མིན། །ཐེག་པ་གཞན་ལ་རབ་བསིལ་རྣམ་གཏོག་བདག་ཕན་པ། །རབ་ཏུ་བདེ་བར་གནས་ཀྱང་བར་དུ་བཅོད་པར་བྱེད། །ཆོས་མེད་པ་དང་དམིགས་པ་དང། །ཀུན་ནས་ཉོན་མོངས་མེད་རྣམ་དག་།སྒྱུ་མ་ལ ་སོགས་འདྲ་བ་དང། །དེ་བཞིན་ནམ་མཁའ་འདྲར་ཤེས་བྱ། །ཇི་ལྟར་ཚུལ་བཞིན་བྲིས་པའི་རི་མོ་ལ། །མཐོན་དམན་མེད་ཀྱང་སྣང་བ་དེ་བཞིན་དུ། །ཡང་དག་མ་ཡིན་རྟོག་ལ་རྣམ་ཀུན་ཏུ། །གཉིས་པོ་རྟག་ཏུ་མེད་ཀྱང་སྣང་བར་འགྱུར། །ཇི་ལྟར་ཆུ་རྙོགས་པ་ལས་དང་བ་ན། །དང་བ་ཉིད་དེ་དེ་ལས ་རྒྱལ?་མིན་ལས། །དེ་ནི་དེ་ལ་དྲི་མ་བྲལ་བར་ཟད། །དེ་བཞིན་རང་སེམས་དག་ལ་ཚུལ་དེ་ཉིད། །སེམས་ནི་རྟག་ཏུ་རང་བཞིན་འོད་གསལ་འདོད། །དེ་ནི་བློ་བུར་ཉེས་པས་མ་རུངས་བྱས། །ཆོས་ཉིད་སེམས་ལས་གཞན་པ་སེམས་གཞན་ནི། །འོད་གསལ་མ་ཡིན་རང་བཞིན་ལ་བརྗོད་དོ། །བྱང་ཆུབ་སེམས ་དཔའ་སེམས་ཅན་ལ། །བུ་གཅིག་པ་ལ་བྱ་བ་བཞིན། །རྐང་གི་ཁོང་ནས་བྱམས་པ་ཆེ། །དེ་ལྟས་རྟག་ཕན་བྱེད་པར་འདོད། །སེམས་ཅན་རྣམས་ལ་ཕན་བྱེད་ཕྱིར། །དེ་ལས་ཆགས་སྐྱེས་ལྟུང་མི་འགྱུར། །འདི་ཡི་ཞེ་སྡང་རྣམ་ཀུན་ཏུ། །སེམས་ཅན་ཀུན་དང་འགལ་བར་འགྱུར། །ཇི ་ལྟར་ཕུག་རོན་རང་གི་བུ་རྩ་མཆོག་བྱམས། །རང་གི་བུ་དེ་ཉེ་བར་འཁྱུད་ནས་འདུག་།དེ་འདྲ་བ་ལ་ཁོང་ཁྲོ་འགལ་བ་ལྟར། །བརྩེར་བཅས་ལུས་ཅན་བུ་ལའང་དེ་དང་འདྲ། །གང་ཕྱིར་བྱམས་པ་དེ་ཕྱིར་ཁོང་ཁྲོ་འགལ། །གང་ཕྱིར་ཞི་བ་དེ་ཕྱིར་གནོད་སེམས་འགལ། །གང་ཕྱིར་དོན ་བྱེད་དེ་ཕྱིར་སྒྱུ་སེམས་འགལ། །གང་ཕྱིར་སིམ་བྱེད་དེ་ཕྱིར་འཇིགས་བྱེད་འགལ། །སྨན་བཟང་པོ་ལ་ནད་པ་བཞིན། །འཁོར་བ་ལ་ནི་འཇུག་པར་བྱེད། །ནད་པ་ལ་ནི་སྨན་པ་བཞིན། །སེམས་ཅན་རྣམས་ལ་སྒྲུབ་པར་བྱེད། །བྲན་མ་གྲུབ་པ་ཇི་བཞིན་དུ། །བདག་ཉིད་ལ་ནི་སྒྲུབ ་པར་བྱེད། །ཟོང་ལ་ཚོང་པ་ཇི་བཞིན་དུ། །འདོད་པ་དག་ལ་སྒྲུབ་པར་བྱེད། །གོས་ལ་བརྩོ་བརླག་མཁན་བཞིན་དུ། །ལས་ལ་རབ་ཏུ་སྒྲུབ་བར་བྱེད། །བུ་གཞོན་པ་ལ་ཕ་བཞིན་དུ། །སེམས་ཅན་མི་འཚེ་སྒྲུབ་པར་བྱེད། །མེ་དོན་གཉེར་བ་བཙུབ་ཤིང་ལྟར། །རྟག་པར ་རབ་ཏུ་སྒྲུབ་པར་བྱེད། །ཡིད་བརྟན་བཞིན་དུ་ལྷག་པའི་སེམས། །མ་རྫོགས་པ་ལ་སྒྲུབ་པར་བྱེད། །སྒྱུ་མ་མཁན་ལྟར་ཤེས་བྱ་ལ། །ཤེས་རབ་ཀྱིས་ནི་སྒྲུབ་པར་བྱེད། །དེ་ནི་བྱང་ཆུབ་སེམས་དཔའ་ཡི། །ཇི་ལྟར་གང་དུ་སྒྲུབ་པར་འདོད། །དེ་ལྟར་རྟག་ཏུ་བརྩོན་འགྲུས་རྒྱ་ཆེན་ལྡན ་གཉིས་ཡོངས་སྨིན་པར་བྱ་ལ་རབ་བརྩོན་དེ། །རིམ་གྱིས་དྲི་མེད་མི་རྟོག་བློ་མཆོག་གིས། གྲུབ་པ་བླ་ན་མེད་པར་རབ་ཏུ་འགྲོ། སྒྲུབ་པའི་སྐབས་རྫོགས་སོ།། །།སྐལ་པ་གྲངས་མེད་ངེས་འབྱུང་ཞིང། །མོས་པ་རྣམ་པར་འཕེལ་བྱེད་པ། །ཇི་ལྟར་ཆུ་ཡིས ་རྒྱ་མཚོ་བཞིན། །དགེ་ཆོས་རྣམས་ཀྱིས་ཡང་དག་རྫོགས། །དེ་བཞིན་དུ་ནི་ཚོགས་བསགས་པའི། །རྒྱལ་སྲས་བཟོད་ནས་དག་པ་པོ། །ལེགས་པར་ཤེས་ཤིང་སེམས་དགེ་བ། །སྒོམ་པ་ལ་ནི་རབ་ཏུ་སྦྱོར། །དེ་ཚེ་ཆོས་ཀྱི་རྒྱུན་ལ་ནི། །སངས་རྒྱས་རྣམས་ལས་ཞི ་གནས་དང། །ཡེ་ཤེས་ཡངས་པ་ཐོབ་བྱའི་ཕྱིར། །གདམས་ངག་རྒྱ་ཆེན་སྙེད་པར་འགྱུར། །དེ་ནས་དང་པོར་སྡོམ་བརྩོན་དེ། །མདོ་ཡི་སྡེ་ལ་སོགས་པའི་ཆོས། །མི་གཉིས་དོན་ནི་རྣམ་འབྱེད་པ། །མདོ་སོགས་མིང་ལ་སེམས་འཇོག་གོ། དེ་ནས་དེ་ནི་རིམ་བཞིན་དུ། །ཚིག་རབ་དབྱེ་ལ ་སྤྱོད་བྱེད་ཅིང། །སོ་སོའི་ནང་ལ་ཚུལ་བཞིན་དུ། །དེ་ཡི་དོན་ཡང་རྣམ་པར་དཔྱོད། །དེ་ན་དེ་དག་ནི་ངེས་བཟུང་ནས། །ཆོས་ལ་ཀུན་སྡོམ་པར་བྱེད། །དེ་ཡི་དོན་ནི་ཐོབ་བྱའི་ཕྱིར། །དེ་ནས་དེ་ནི་སྨོན་པར་བྱེད། །ཡིད་ཀྱི་བརྗོད་པས་རྒྱུན་ཆགས་སུ། །གཙལ་བྱ་སོ་སོར་བརྟག་པར་བྱ། །ཡིད ་ལ་བྱེད་པ་བརྗོད་མེད་པ། །རོ་ཅིག་པས་ཀྱང་དཔྱད་པར་བྱ། །ཆོས་ཀྱི་མིང་ནི་བསྡོམས་པའང་འདི། །ཞི་གནས་ལམ་དུ་ཤེས་པར་བྱ། །ལྷག་མཐོང་ལམ་ནི་དེ་དོན་རྣམས། །རྣམ་པར་དཔྱོད་པར་ཤེས་པར་བྱ། །ཟུང་དུ་འབྲེལ་པའི་ལམ་ནི་དེ། །བསྡོམས་པ་ཡིན་པར་ཤེས་པར་བྱ། །ཞུམ་པའི ་སེམས་ནི་རབ་བཟུང་སྟེ། །རྒོད་པ་ཡང་ནི་ཞི་བར་བྱ། །དེ་ནས་དམིགས་པ་དེ་ལ་ནི། །མཉམ་པར་གྱུར་ན་བཏང་སྙོམས་བཞག། དེ་ལ་རྟག་ཏུ་བྱ་བ་དང། །གུས་པར་བྱས་ཏེ་སྦྱར་བར་བྱ། །དམིགས་པ་ལ་ནི་སེམས་གཏད་ནས། །དེ་རྒྱུན་རྣམ་པར་གཡེང་མི་བྱ། །རྣམ་གཡེང་མྱུར་དུ ་བརྟོགས་བྱས་ནས། །དེ་ལ་སླར་ནི་བླན་པར་བྱ། །བློ་ལྡན་གོང་ནས་གོང་དུ་ཡང། །སེམས་ནི་ནང་དུ་སྡུ་བར་བྱ། །དེ་ནས་ཡོན་ཏན་མཐོང་བའི་ཕྱིར། །ཏིང་ངེ་འཛིན་ལ་སེམས་འདུལ་ལོ། །རྣམ་གཡེང་ཉེས་པ་མཐོང་བའི་ཕྱིར། །དེ་ལ་མི་དགའ་ཞི་བར་བྱ། །རྣབ་སེམས་ཡིད་མི་བདེ་ལ་སོགས།། ་ལངས་པ་དེ་བཞིན་ཞི་བར་བྱ། །དེ་ནས་བསྡོམས་བརྩོན་ཅན་གྱིས་ནི། །སེམས་ལ་མངོན་པར་འདུ་བྱེད་བཅས། །རང་གིས་ངང་གིས་འབྱུང་བ་འཐོབ། །དེ་གོམས་པ་ལས་འདུ་མི་བྱེད། །དེ་ནས་དེ་ཡིས་ལུས་དང་སེམས། །ཤིན་ཏུ་སྦྱངས་པ་ཆེ་ཐོབ་ནས། །ཡིད་ལ་བྱེད་དང་བཅས་ཤེས་བྱ།། ་དེ་ཡིས་དེ་ནི་འཕེལ་བྱས་ནས། །འཕེལ་བ་རིང་དུ་འགྲོ་བ་ཡིས། །དངོས་གཞིའི་གནས་པ་དེས་ཐོབ་པོ། །མངོན་ཤེས་དོན་དུ་གཉེར་བས་དེ། །སྦྱངས་ན་ལས་སུ་རུང་བའི་མཆོག། བསམ་གཏན་ལས་ཐོབ་མངོན་པར་ཤེས། །མངོན་པར་སྒྲུབ་པའི་སྒོ་ནས་དེ། །སངས་རྒྱས་དཔག་ཏུ་མེད ་པ་ལ། །མཆད་པའི་ཕྱིར་དང་མཉམ་ན་པའི་ཕྱིར། །འཇིག་རྟེན་ཁམས་ནི་རྣམས་སུ་འགྲོ། །འདིས་ནི་སངས་རྒྱས་དཔག་མེད་ལ། །བསྐལ་དཔག་མེད་པ་བསྙེན་བཀུར་བྱས། །དེ་ལ་བསྙེན་བཀུར་བྱས་པའི་ཕྱིར། །སེམས་ནི་ལས་རུང་མཆོག་ཏུ་འགྱུར། །དེ་ནས་དེ་དག་སྔོན་རོལ་དུ།། ་ཕན་ཡོན?་ལྔ་ནི་འཐོབ་འགྱུར་ཏེ། །དེས་ན་རྣམ་པར་དག་པའི་སྣོད། །བླ་ན་མེད་པ་ཉིད་འགྱུར་འདི། །ལུས་ལ་གནས་ངན་ལེན་པ་ཀུན། །སྐད་ཅིག་རེ་རེ་ལ་ཟད་འགྱུར། །ལུས་དང་སེམས་ནི་ཀུན་དུ་ཡང། །ཤིན་ཏུ་སྦྱངས་པས་གངབར་འགྱུར། །ཆོས་རྣམས་སྣང་བ་ཐམས་ཅད་དུ། །ཡོངས ་སུ་ཆད་པ་མེད་རྟགས་འགྱུར། །ཡང་དག་པ་ཡི་རྒྱུ་མཚན་ནི། །མ་བརྟགས་པ་དག་རབ་ཏུ་མཐོང། །དེ་བཞིན་ཆོས་སྐུར་བརྗོད་དང། །རྣམ་པར་དག་པར་བྱ་བའི་ཕྱིར། །བློ་དང་ལྡན་པས་རྣམ་ཀུན་ཏུ། །རྟག་ཏུ་རྒྱུ་ཡོངས་འཛིན་པར་བྱེད། །དེ་ནས་དེ་འདྲར་གྱུར་པ་ཡི། །བྱང་ཆུབ་སེམས་དཔའ་ ་མཉམ་བཞག་པས། །ཡིད་ཀྱི་བརྗོད་པ་མ་གཏོགས་བར། །དོན་ཀུན་རབ་ཏུ་མི་མཐོང་པོ། །ཆོས་ཀྱི་སྣང་བ་འཕེལ་བྱའི་ཕྱིར། བརྩོན་འགྲུས་བཏན་པ་ཀུན་ཏུ་བརྩོམ། ཆོས་ཀྱི་སྣང་བ་འཕེལ་ནས་ནི། །སེམས་ཙམ་ལ་ནི་གནས་པར་འགྱུར། །དེ་ནས་དོན་ཀུན་སྣང་བ་ནི། །སེམས་སུ་རབ ་ཏུ་མཐོང་བར་འགྱུར། །དེ་ཚེ་དེ་ཡི་བཟུང་བ་ཡི། །རྣམ་པར་གཡེང་བ་དེ་སྤོངས་འགྱུར། །དེ་ནས་དེ་ལ་འཛིན་པ་ཡི། །རྣམ་པར་གཡེང་བ་འབའ་ཞིག་ལུས། དེ་ཚེ་བར་ཆད་མེད་པ་ཡི། །ཏིང་ངེ་འཛིན་ལ་མྱུར་དུ་རེག། འདི་ལྟར་དེ་ཡི་འཇུག་ཐོགས་སུ། །འཛིན་པའི་རྣཾ་པ་གཡེང་བ་སྤོང།། ་འདི་དག་གོ་རིམ་བཞིན་དུ་ནི། །གྲོ་བར་གྱུར་སོགས་ཡིན་ཞེས་བྱ། །དེ་ནས་དེ་ནི་འཇིག་རྟེན་ལས། །འདས་པའི་ཡེ་ཤེས་བླ་མེད་པ། །རྣམ་པར་མི་རྟོག་དྲི་མ་མེད། །འཛིན་པ་གཉིས་དང་བྲལ་བ་ཐོབ། །དེ་འདིའི་གནས་ཡོངས་གྱུར་པ་སྟེ། །ས་ནི་དང་པོ་ཡིན་པར་འདོད། །འདི་དེ་བསྐལ་པ་དཔའ་? ་མེད་ཀྱིས། །ཤིན་ཏུ་རྣམ་པར་དག་བར་འགྱུར། །ཆོས་ཀྱི་དབྱིངས་ནི་མཉམ་པ་ཉིད། །རབ་ཏུ་རྟོགས་ནས་དེ་ཡི་ཚེ། །རྟག་ཏུ་སེམས་ཅན་ཐམས་ཅད་ལ། །བདག་དང་མཚུངས་པའི་སེམས་ཐོབ་སྟེ། །སེམས་ཅན་རྣམས་ལ་བདག་མེད་དང། །སྡུག་བསྔལ་དང་ནི་དོན་བྱ་དང། །ལན་མི་རེ་ལ ་འདི་སེམས་སྙོམས། །རྒྱལ་སྲས་གཞན་དང་འདྲ་བ་ཡིན། །དེས་ནི་ཁམས་གསུམ་འདུས་བྱས་རྣམས། །ཡང་དག་མ་ཡིན་ཀུན་རྟོགས་པར། །ཡེ་ཤེས་ཤིན་ཏུ་རྣམ་དང་བས་གཉིས་སུ་མེད་པའི་དོན་གྱིས་མཐོང། །དེ་དག་མེད་པའི་ངོ་བོ་ནི། །མཐོང་བས་སྤང་བྱ་རྣམས་ལས་གྲོལ། །དེས་ན་དེ་ཚེ་མ་ཐོང་བའི ་ལམ། །ཐོབ་པ་ཞེས་ནི་ངེས་པར་བརྗོད། །ས་མེད་པའི་སྟོང་པ་ཉིད་ཤེས་ཤེད། །དེ་བཞིན་ཡོད་པའི་སྟོང་ཉིད་དང། །རང་བཞིན་ཡོད་པའི་སྟོང་ཉིད་དང། །རང་བཞིན་ཡོད་པ་ཉིད་ཤེས་བྱ། །སྟོང་པ་ཤེས་པ་ཞེས་བརྗོད་དོ། །མཚན་མེད་བཞི་ནི་རྣམ་རྟོག་རྣམས། །ཡང་དག་ཟད་པ་ཡིན་ཞེས་བྱ། །སྨོན ་པ་མེད་པར་གྱུར་པ་དེ། །ཡང་དག་མ་ཡིན་ཀུན་རྟོག་གོ། རྒྱལ་སྲས་བྱང་ཆུབ་ཕྱོགས་མཐུན་པ། །རྣམ་པ་སྣ་ཚོགས་ཐམས་ཅད་ནི། །རྟག་ཏུ་མཐོང་བའི་ལམ་དེ་དང། །ལྷན་ཅིག་ཏུ་ནི་ཐོབ་བར་འདོད། །གང་ཞིག་བློ་ཡིས་འགྲོ་བ་འདུས་བྱས་ཙམ། །བདག་མེད་སྡུག་བསྔལ་རྒྱས་བ་ཙམ ་ཤེས་ཏེ། །དོན་མེད་རང་བཞིན་བདག་ལྟ་རྣམ་སྤངས་ནས། །བདག་ཉིད་ཆེ་ལྟ་དོན་ཆེན་བརྟེན་པ་གང། །འདི་ནི་བདག་ལྟ་མེད་པར་བདག་ཏུ་ལྟ། །སྡུག་བསྔལ་མེད་པར་ཤིན་ཏུ་སྡུག་བསྔལ་འགྱུར། །རང་ལ་ཕན་བྱས་བདག་ལ་ཇི་ལྟ་བར། །དོན་ཀུན་བྱེད་ལ་ལན་ཀྱང་རེ་བ་མེད། །གང་ཞིག་གྲོལ ་བ་མཆོག་གིས་སེམས་གྲོལ་ལ། །འཆིང་བ་མི་བཟད་ཡུན་ཡང་རིང་པོར་བཅིངས་།སྡུག་བསྔལ་མཐར་ཐུག་པ་ནི་མ་མཐོང་ཡང། །རབ་ཏུ་སྦྱོར་བ་ཉིད་བྱེད་བྱེད་བ་ཉིད། །འདི་ནི་འཇིག་རྟེན་ཚེ་གཅིག་རང་སྡུག་བསྐུར་མི་ནུས། །འཇིག་རྟེན་གནས་པ་སྲིད་དུ་གཞན་སྡུག་བསྔལ། །བསྡོམ ་པ་སྨོས་ཅི་དགོས་ཏེ་བསམ་དུ་མེད། །བྱང་ཆུབ་སེམས་དཔའ་དེ་ལས་བཟློག་པ་ཡིན། །རྒྱལ་སྲས་སེམས་ཅན་རྣམས་ལ་དགའ་བ་དང། །བྱམས་པ་གང་ཡིན་སྦྱོར་དང་མི་སྐྱོ་གང། །དེ་ནི་སྲིད་བདག་ན་ངོ་མཚར་ཆེ། །སེམས་ཅན་བདག་དང་མཚུངས་ཕྱིར་དེ་ལྟ་འང་མིན། །དེ་ནས་འདི་ནི་ལྷག ་མ་ཡི། །ས་རྣམས་བསྒོམ་པའི་ལམ་འདི་ལ། །ཡེ་ཤེས་རྣམ་པ་གཉིས་པོ་དག་སྒོམ་ཕྱིར་རབ་ཏུ་སྦྱར་བར་བྱེད། །རྣམ་པར་མི་རྟོག་ཡེ་ཤེས་དེ། །སངས་རྒྱས་ཆོས་ནི་སྤྱོད་བར་བྱེད། །གཞན་ནི་ཇི་བཞིན་རྣམ་འཇིག་པ། །སེམས་ཅན་རྣམས་ནི་ཡོངས་སྨིན་བྱེད། །གྲངས་མེད་གཉིས་ནི་རྫོགས་ ་པ་ཡིས། །སྒོམ་པ་ཡི་ནི་མཐར་ཕྱིན་ཏེ། །སྒོམ་པ་ཐ་མ་ཐོབ་ནས་ནི། །བྱང་ཆུབ་སེམས་དཔའ་དབང་བསྐུར་བ། །རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན། །རྟོག་པས་མི་ཤིགས་ཐོབ་ནས་ནི། །གནས་གཞན་གྱུར་པ་མཐར་ཐུག་པ། །སྒྲིབ་བ་ཀུན་གྱི་དྲི་མེད་དང། །གང་ལ་གནས་ན ་སེམས་ཅན་ཀུན། །ཕན་ཕྱིར་རབ་ཏུ་སྒྲུབ་བྱེད་པ། །རྣམ་པ་ཐམས་ཅད་མཁྱེན་པ་ཡིས། །གོ་འཕང་བླ་ན་མེད་པ་འཐོབ། །དེ་ལྟར་མཐོད་དཀའ་ཨི་ཐུབ་པ་རྟག་མཐོང་བ། །ཐོས་པ་མཉམ་མེད་ལས་བྱུང་རབ་དང་བའི། །ཤུགས་ཀྱི་རྟག་པར་ཤིན་ཏུ་སེམས་ཆིམ་ལ། །ཇི་ལྟ་བུར་ན་དོན ་ཆེན་འགྱུར་མ་ཡིན། །ཆོས་ཀྱི་སྒོ་ལ་རྣམ་པར་གནས་པ་ལ། །དེ་བཞིན་གཤེགས་རྟག་མངོན་སུམ་འདོམས་མཛད་ཅིང། །ཅོ་ནས་འདྲེན་ཞིང་ཉེས་པའི་ཚད་ཆིང་ནས། །ཚན་གྱི་དྲངས་ཏེ་བྱང་ཆུབ་ལ་མགོད་དོ། །སངས་རྒྱས་རྣམས་ནི་རྟག་ཏུ་རང་དོན་ཡང་དག་སྦྱོར་ལ་ལེགས ་པར་བསྔགས་པ་དང། །ལོག་པར་སྦྱར་ལ་སྨོད་མཇད་གནས་དང་རྣམ་འབྱེད་ལྷུར་ལེན་མཆོག་གི་སེམས་ཅན་ལ། །གང་ཞིག་སྤངས་དང་བསྟེན་པས་བདེ་གཤེགས་བསྟན་པ་འདིའ་རྣལ་འབྱོར་ཡངས་འགྱུར་བ། །བར་ཆད་མཐུན་པའི་ཆོས་ནི་རྣམ་པ་ཐམས་ཅད ་རྒྱལ་རྣམས་ཚུལ་བཞིན་འདི་ན་སྟོན། །དེ་ནི་མཐོང་བ་རབ་དག་མི་རྟོག་ཡེ་ཤེས་ཀྱི། །འཇིག་རྟེན་ཐམས་ཅད་ཟིལ་མནན་མུན་པ་ཆེན་པོ་ཡང། །རྣམ་པ་ཀུན་ཏུ་བསལ་ནས་ཉི་མ་ཆེན་པོ་དག། ཤར་བ་བཞིན་དུ་འགྲོ་བ་རྣམས་ལ་ལྷ་མེའོ། །དེ་ལྟར་རྟག་ཏུ་དགེ་བ་བསགས ་པས་རབ་གང་ཞིང། །ཐུབ་པ་ལས་ནི་རྟག་ཏུ་གདམས་ངག་ཆེ་ཐོབ་པའི། །སེམས་དཔའ་མཆོག་ནི་སེམས་ཀྱི་ཏིང་འཛིན་རབ་ཡངས་པ། །ཐོབ་ནས་ཡོན་ཏན་རྒྱ་མཚོའི་ཕ་རོལ་འགྲོ་བར་འགྱུར། །གདམས་ངག་དང་རྗེས་སུ་བསྟན་པའི་སྐབས་རྫོགས་སོ།། །།སྡོམ་ནི ་མོས་པ་མང་བ་ཉིད་དང་ནི། །ཆོས་ཚོལ་བ་དང་བཤད་པ་དང། །དེ་བཞིན་སྒྲུབ་དང་ཡང་དག་པའི། །གདམས་དག་རྗེས་སུ་བསྟན་པ་ཡིན། །ཇི་ལྟར་ནགས་ཚལ་དང་ནི་ལུས་ཅན་རི་པོ་དང། །ཆུ་བོ་རྣམས་ཀྱི་རྟེན་ནི་ཀུན་ནས་ས་ཡིན་པ། །དེ་བཞིན་མཁས་པ་རྣམས་ཀྱི་ལས་རྣམས་གསུམ ་པོ་ཡང། །ཀུན་ནས་སྦྱིན་པ་ལ་སོགས་དགེ་བ་ཡིན་པར་བརྗོད། །ཤིན་ཏུ་དཀའ་བའི་ལས་ནི་ངོ་བོ་སྣ་ཚོགས་པ། །བསྐལ་པ་མང་པོས་ཚར་ཕྱིན་མངོན་བརྩོན་བདག་ཉིད་ཅན། །རྒྱལ་སྲས་རྣམས་ཀྱི?་ལུས་དང་ངག་སེམས་རང་བཞིན་གྱི། །ལས་རྣམས་དག་གིས་འདི་ན་ཡིད་འབྱུང་འགྱུར ་བ་མེད། །ཇི་ལྟར་བདག་ལ་ཕན་འདོད་དུག་དང་མཚོན་དང་ནི། །གནམ་ལྕགས་ལྕེ་དང་དགྲ་ལས་རང་གི་ལུས་བཟློག་པ། །དེ་བཞིན་རྒྱལ་སྲས་ཐེག་པ་དམན་པ་རྣམ་གཉིས་ལས། །ལས་རྣམས་གསུམ་གྱི་བདག་ཉིཛལོག་པར་བྱེད་པ་ཡིན། །རྟག་ཏུ་རྣམ་པར་མི་རྟོག་ལས ་ཅན་ལས་མིན་ཞིང། །ལས་ཀྱི་བྱ་བ་དང་རྣམ་གསུམ་ལ་མི་ལྟ་སྟེ། །དེས་ན་འདིས་ནི་དེ་ཐབས་ཡང་དག་གཟུང་བའི་ཕྱིར། །ལས་རྣམས་དག་པ་མཛའ་ཡས་དེ་ཡིས་ཕ་རོལ་འགྲོ། ཐབས་དང་ལྡན་པའི་ལས་ཀྱི་སྐབས་རྫོགས་སོ།། །།གྲངས་དང་དེ་ཡི་མཚན་ཉིད ་གོ་རིམས་དང། །ངེས་པའི་ཚིག་དང་གོམས་དང་ཡོན་ཏན་དང། །དེ་དག་རབ་དབྱེ་སྡུ་དང་མི་མཐུན་ཕྱོགས། །ཡོན་ཏན་ཕན་ཚུན་རྣམ་ངེས་ཡིན་ཞེས་བྱ། །ལོངས་སྤྱོད་དང་ལུས་ཕུན་སུམ་ཚོགས་པ་དང། །འཁོར་རྩོམ་ཕུན་སུམ་ཚོགས་པ་མངོན་མཐོ་དང། །རྟག་ཏུ་ཉོན ་མོངས་དབང་ཉིད་མི་འགྲོ་དང། །བྱ་བ་རྣམས་ལ་ཕྱིན་ཅི་མ་ལོག་པའོ། །སེམས་ཅན་དོན་ལ་རབ་བརྩོན་པ། །གཏོང་དང་མི་གནོད་བཟོད་པས་བྱེད། །གནས་དང་གྲོལ་བ་བཞིར་བཅས་པས། །རང་དོན་རྣམ་པ་ཐམས་ཅད་སྤྱོད། །མི་འཕོངས་པ་དང་རྣམ་པར་མི་འཚེ་དང། །རྣམ་འཚེ་བཟོད་དང་བྱ་བས ་མི་སྐྱོ་དང། དགའ་བྱེད་ལེགས་པར་བརྗོད་པར་དེ་ཡི་ཕྱིར། །གཞན་གྱི་དོན་ནི་རང་གི་དོན་ཡིན་ནོ། །ལོངས་སྤྱོད་མངོན་པར་མི་དགའ་དང། །རབ་གུས་གཉིས་ལ་མི་སྐྱོ་དང། །རྣལ་འབྱོར་རྣམ་པར་མི་རྟོག་པ། །ཐེག་ཆེན་མཛའ་དག་འདིར་ཟད་དོ། །ཡུལ་རྣམས་ལ་ནི་མ་ཆགས་ལམ།། ་དེ་ཐོབ་རྣམ་གཡེང་སྡོམས་པའི་གཞན། །སེམས་ཅན་མི་གཏོང་འཕེལ་བ་དང། །སྒྲིབ་པ་རྣམ་པར་སྦྱོད་བའི་གཞན། །བསླབ་གསུམ་དབང་དུ་མཛད་ནས་ནི། །རྒྱལ་བས་ཕ་རོལ་ཕྱིན་པ་དྲུག་ཡང་དག་བཤད་དེ་དང་པོ་གསུམ། །ཐ་མ་གཉིས་ཀྱིས་རྣམ་པ་གཉིས། གཅིག་ནི ་གསུམ་ཆར་ལ། །ཡང་གཏོགས། །སྦྱིན་པ་མི་མཐུན་ཕྱོགས་ཉམས་དང། །རྣམ་པར་མི་རྟོགས་ཡེ་ཤེས་ལྡན། །འདོད་པ་ཐམས་ཅད་ཡོངས་རྫོགས་བྱེད། །སེམས་ཅན་རྣམ་སྨོན་བྱེད་རྣམ་གསུམ། །ཚུལ་ཁྲིམས་མི་མཐུན་ཕྱོགས་ཉམས་དང། རྣམ་པར་མི་རྟོག་ཡེ་ཤེས ་ལྡན། །འདོད་པ་ཐམས་ཅད་ཡོངས་རྫོགས་བྱེད། །སེམས་ཅན་རྣམ་སྨིན་བྱེད་རྣམ་གསུམ། །བཟོད་པ་མི་མཐུན་ཕྱོགས་ཉམས་དང། །རྣམ་པར་མི་རྟོག་ཡེ་ཤེས་ལྡན། །འདོད་པ་ཐམས་ཅད་ཡོངས་རྫོགས་བྱེད། །སེམས་ཅན་རྣམ་སྨིན་བྱེད་རྣམ་གསུམ། །བརྩོན་འགྲུས་མི་མཐུན་ཕྱོགས ་ཉམས་དང། །རྣམ་པར་མི་རྟོག་ཡེ་ཤེས་ལྡན། །འདོད་པ་ཐམས་ཅད་ཡོངས་རྫོགས་བྱེད། །སེམས་ཅན་རྣམ་སྨིན་བྱེད་རྣམ་གསུམ། །བསམ་གཏན་མི་མཐུན་ཕྱོགས་ཉམས་དང། །རྣམ་པར་མི་རྟོག་ཡེ་ཤེས་ལྡན། །འདོད་པ་ཐམས་ཅད་ཡོངས་རྫོགས་བྱེད། །སེམས་ཅན་རྣམ་སྨིན ་བྱེད་རྣམ་གསུམ། །ཤེས་རབ་མི་མཐུན་ཕྱོགས་ཉམས་དང། །རྣམ་བར་མི་རྟོག་ཡེ་ཤེས་ལྡན། །འདོད་པ་ཐམས་ཅད་ཡོངས་རྫོགས་བྱེད། །སེམས་ཅན་རྣམ་སྨིན་བྱེད་རྣམ་གསུམ། །སྔ་མ་ལ་རྟེན་ཕྱི་མ་སྐྱེ། །དམན་དང་མཆོག་ཏུ་གནས་ཕྱིར་དང། །རགས་པ་དང་ནི་ཕྲ་བའི་ཕྱིར། །དེ་དག་རིམ་པར ་བསྟན་བ་ཡིན། །དབུལ་བ་འདོར་བར་བྱེད་པ་དང། །བསིལ་བ་འཐོང་དང་ཁྲོ་བཟོད་དང། །མཆོག་སྦྱོར་བ་དང་ཡིད་འཛིན་དང། །དོན་དམ་ཤེས་པའི་ཕྱིར་བཤད་དོ། །ཐམས་ཅད་སྒོམ་བ་དངོས་པོ་དང། །དེ་བཞིན་ཡིད་ལ་བྱེད་པ་དང། །བསེམ་པ་དང་ནི་ཐབས་དག་དང། །དབང་འབྱོར ་ཉིད་ལ་རྟེན་པ་བརྗོད། །དོན་རྣམས་བཏོད་པར་བྱེད་པ་དང། །རྩ་བ་སེམས་པ་ལ་བརྟེན་དང། །ལུས་དང་ལོངས་སྤྱོད་ཕུན་ཚོགས་དང། །གཉིས་རྗེས་འཛིན་དང་རྫོགས་བྱེད་དང། །དེ་ཡང་སེར་སྣ་མེད་ལྡན་དང། །ཆོས་དང་ཟང་ཟིང་མི་འཇིགས་གཏོང། །སྦྱིན་པ་དེ་འདོར་ཡོངས་ཤེས ་ནས། །མཁས་པ་ཡང་དག་སྒྲུབ་པར་བྱེད། །ཡན་ལག་དྲུག་ཞི་བསམ་པས་ཟིན། །བདེ་འགྲོ་གནས་བ་སྦྱིན་བྱེད་དང། །རྟེན་དང་ཞི་དང་འཇིགས་བ་མེད། །བསོད་ནམས་ཚོགས་དང་ལྡན་བ་དང། །?་བརྟགས་ཆོས་ཉིད་ཐོབ་པ་སྟེ། །སྡོམ་ལ་གནས་པ་རྣམས་ལ་ཡོད། །ཚུལ་ཁྲིམ ་དེ་འདྲར་ཡོངས་ཤེས་ནས། །མཁས་པ་ཡང་དག་སྒྲུབ་པར་བྱེད། །མི་མཇེད་ཇི་མི་སྙམ་པ་དང། །སྙིང་རྗེ་ཆོས་ལ་བརྟེན་པའི་ཕྱིར། །ཕན་ཡོན་ལྔར་ནི་ཡང་དག་བཤད། །དེ་ནི་ཉིད་ཀྱི་དོན་བྱེད་དེ། །དཀའ་ཐུབ་གཙོ་དང་ཀུན་ཏུ་ལྡན། །དེ་ལ་དེ་ནི་རྣམ་གསུམ་འདོད། །བཟོད་པ་དེ་འདྲར་ཡོངས་ཤེས་ནས། མི་བས་? ་དག་སྒྲུབ་པར་བྱེད། །དགེ་ལ་ཡང་དག་སྤྲོ་བ་དང། །དད་དང་འདུན་ལ་བརྟེན་པ་དང། །དྲན་སོགས་ཡོན་ཏན་འཕེལ་བྱེད་དང། །ཀུན་ནས་ཉོན་མོངས་གཉེན་པོ་དང། །མ་ཆགས་ལ་སོགས་ཡོན་ཏན་ལྡན། །དེ་དག་ལ་ནི་དེ་རྣམ་བདུན། །བརྩོན་འགྲུབ་དེ་འདྲར་ཡོངས་ཤེས་ནས། །མཁས་པ ་ཡང་དག་སྒྲུབ་པར་བྱེད། །སེམས་ནི་ནང་དུ་གནས་པ་དང། །དྲན་དང་བརྩོན་འགྲུས་ལ་བརྟེན་པ། །བདེ་བ་སྐྱེད་པར་བྱེད་པ་དང། །མངོན་ཤེས་གནས་ལ་དབང་བསྒྱུར་བ། །ཆོས་རྣམས་ཀྱི་ནི་གཙོ་བོ་སྟེ། །དེ་དག་ལ་ཡོད་དེ་རྣམ་གསུམ། །བསམ་གཏན་དེ་འདྲར་ཡོངས་ཤེས་ནས། །མཁས་པ་ཡང ་དག་སྒྲུབ་པར་བྱེད། །ཤེས་བྱ་ཡང་དག་རབ་རྣམ་འབྱེད། །ཏིང་ངེ་འཛིན་ལ་བརྟེན་པ་དང། །ཀུན་ནས་ཉོན་མོངས་ཤིན་ཏུ་གྲོལ། །ཤེས་རབ་འཚོ་བ་ལེགས་བཤད་དང། །ཆོས་རྣམས་ཀྱི་ནི་མཆོག་ཡིན་ཏེ། །དེ་དག་ལ་ཡོད་དེ་རྣམ་གསུམ། །ཤེས་རབ་དེ་འདྲར་ཡོངས་ཤེས་ནས། །མཁས་པ ་ཡང་དག་སྒྲུབ་པར་བྱེད། །དཀར་པོའི་ཆོས་ཀུན་རྣམ་པར་གཡེང་བ་དང། །མཉམ་པར་བཞག་དང་གཉིས་ཀར་ཤེས་པར་བྱ། །ཕ་རོལ་ཕྱིན་པ་གཉིས་དང་གཉིས། །གཉིས་ཀྱིས་ཡོངས་སུ་བསྡུས་པ་ཡིན། །བྱང་ཆུབ་སེམས་དཔའ་ཨི་སྦྱིན་པ་ནི། །མ་ཆགས་མི་ཆགས་ཆགས་བ་མེད། །ཆགས ་པ་ཉིད་ཀྱང་མ་ཡིན་ཏེ། །མ་ཆགས་མི་ཆགས་ཆགས་པ་མེད། །བྱང་ཆུབ་སེམས་དཔའ་ཨི་ཚུལ་ཁྲིམས་ནི། །མ་ཆགས་མི་ཆགས་མ་ཆགས་པ་མེད། །ཆགས་པ་ཉིད་ཀྱང་མ་ཡིན་ཏེ། །མ་ཆགས་མི་ཆགས་ཆགས་བ་མེད། །བྱང་ཆུབ་སེམས་དཔའ་ཨི་བཟོད་པ་ནི། །མ་ཆགས་མི་ཆགས་ཆགས ་པ་མེད། །ཆགས་པ་ཉིད་ཀྱང་མ་ཡིན་ཏེ། །མ་ཆགས་མི་ཆགས་ཆགས་པ་མེད། །བྱང་ཆུབ་སེམས་དཔའ་ཨི་བརྩོན་འགྲུས་ནི། །མ་ཆགས་མི་ཆགས་ཆགས་པ་མེད། །ཆགས་པ་ཉིད་ཀྱང་མ་ཡིན་ཏེ། །མ་ཆགས་མི་ཆགས་ཆགས་པ་མེད། །བྱང་ཆུབ་སེམས་དཔའ་ཨི་བསམ་གཏན་ནི།། ་མ་ཆགས་མི་ཆགས་ཆགས་པ་མེད། །ཆགས་པ་ཉིད་ཀྱང་མ་ཡིན་ཏེ། །མ་ཆགས་མི་ཆགས་ཆགས་པ་མེད། །བྱང་ཆུབ་སེམས་དཔའ་ཨི་ཤེས་རབ་ནི། །མ་ཆགས་མི་ཆགས་ཆགས་བ་མེད། ཆགས་པ་ཉིད་ཀྱང་མ་ཡིན་ཏེ། །མ་ཆགས་མི་ཆགས་ཆགས་པ་མེད། །སངས་རྒྱས་སྲས་རྣམས ་སློང་དང་བྲད་ན་རང་གི་སྲོག་ཀྱང་རྟག་ཏུ་བཏོང། །སྙིང་རྗེས་གཞན་ལ་ལན་ཀྱང་མི་རེ་འདོད་པའི་འབྲས་བུ་དོན་མི་གཉེར། །སྦྱིན་པ་དེ་ཉིད་ཀྱིས་ཀྱང་སྐྱེ་བོ་ཐམས་ཅད་བྱང་ཆུབ་གསུམ་ལ་བཀོད། །སྦྱིན་པ་ཡེ་ཤེས་ཀྱིས་ཡོངས་ཟིན་པས་འཇིག་རྟེན་དག་ན་མི་ཟད།། ་བཞག་།སངས་རྒྱས་སྲས་རྣམས་སྡོམ་དང་བརྩོན་པའི་རང་བཞིན་ཚུལ་ཁྲིམས་གསུམ་རྟགས་བླངས། །མཐོ་རིས་མངོན་པ་མི་འདོད་ཡང་དག་ཐོབ་ཀྱང་དེ་ལ་ཆགས་མི་སྐྱེད། །ཚུལ་ཁྲིམས་དེ་ཉིད་ཀྱིས་ཀྱང་སྐྱེ་བོ་ཐམས་ཅད་བྱང་ཆུབ་གསུམ་ལ་བཀོད། །ཚུལ་ཁྲིམས་ཡེ་ཤེས ་ཀྱིས་ཡོངས་ཟིན་པས་འཇིག་རྟེན་དག་ན་མི་ཟད་བཞག། སངས་རྒྱས་སྲས་རྣམས་ཤིན་ཏུ་བྱ་དཀའ་དེ་བཞིན་མི་ཡི་གནོད་ཀུན་བཟོད། །མཐོ་རིས་གཉེར་དང་མི་ནུས་བས་མིན་འཇིགས་པས་མ་མིན་པར་རྟས་མིན། །བཟོད་པ་བླ་ན་མེད་པས་སྐྱེ་བོ་ཐམས་ཅད་བྱང་ཆུབ ་གསུམ་ལ་བཀོད། །བཟོད་པ་ཡེ་ཤེས་ཀྱིས་ཡོངས་ཟིན་པས་འཇིག་རྟེན་དག་ན་མི་ཟད་བཞག། སངས་རྒྱས་སྲས་རྣམས་གོ་ཆ་སྦྱོར་བའི་བདག་ཉིད་བརྩོན་འགྲུས་དཔེ་མེད་བྱས། །རང་དང་གཞན་གྱི་ཉོན་མོངས་ཚོགས་གཞོམ་བྱང་ཆུབ་དམ་པ་འཐོབ་བར་བྱེད། །བརྩོན་འགྲུས ་དེ་ཉིད་ཀྱིས་ཀྱང་སྐྱེ་བོ་ཐམས་ཅད་བྱང་ཆུབ་གསུམ་ལ་བཀོད། །བརྩོན་འགྲུས་ཡེ་ཤེས་ཀྱིས་ཡོངས་ཟིན་པས་འཇིག་རྟེན་དག་ན་མི་བཟད་བཞག། སངས་རྒྱས་སྲས་རྣམས་ཏིང་འཛིན་མང་ལྡན་བསམ་གཏན་རྣམ་པ་ཐམས་ཅད་བསྒྲུབས། །བསམ་གཏན་བདེ་བ ་ཕུལ་གྱིས་གནས་ཤིང་སྙིང་རྗེས་སྐྱེ་བ་དམན་ལ་རྟོན། །བསམ་གཏན་དེ་ཉིད་ཀྱང་ནི་སྐྱེ་བོ་ཐམས་ཅད་བྱང་ཆུབ་གསུམ་ལ་བཀོད། །བསམ་གཏན་ཡེ་ཤེས་ཀྱིས་ཡོངས་ཟིན་པས་འཇིག་རྟེན་དག་ན་མི་བཟད་བཞག། སངས་རྒྱས་སྲས་རྣམས་དེ་ཉིད་ཤེས་བྱ་གང་ཡིན ་མཛའ་དག་རྣམ་ཀུན་ཤེས། །མྱ་ངན་འདས་ལའང་བློ་ཡིས་ཆགས་རབ་མ་ཏྲེ?་སྐྱེད་འཁོར་བར་སྨོས་ཅི་དགོས། །ཡེ་ཤེས་དེ་ཉིད་ཀྱིས་ཀྱང་སྐྱེ་བོ་ཐམས་ཅད་བྱང་ཆུབ་གསུམ་ལ་བཀོད། །ཡེ་ཤེས་སེམས་ཅན་ཡོངས་སུ་བཟུང་བས་འཇིག་རྟེན་དག་ན་མི་བཟང་བཞག། རྒྱ་ཆེ་བ་དང་ཟད ་ཟིད་མེད། །དོན་ཆེ་བ་དང་མི་ཟད་པ། །སྦྱིན་པ་ལ་སོགས་ཐམས་ཅད་ཀྱི། །ཡོན་ཏན་བཞིར་ནི་ཤེས་པར་བྱ། །སློང་བ་མཐོང་རྫོགས་དགའ་བ་དང། །མི་དགའ་བ་དང་སྨོན་པ་ཡང། །སྦྱིན་པ་དེ་ནི་བརྩེར་ལྡན་པས། །ལྷག་པར་ལྡན་པས་རྟག་ཟིལ་གནོན། །བརྩེ་བས་སེམས་ཅན་རྣམས ་ལ་ནི། །སྲོག་དང་ལོངས་སྤྱོད་ཆུང་མ་དག། རྟག་གཏོང་ཤིན་ཏུ་དགའ་བྱེད་པ། །དེ་སྤོང་ཇི་ལྟར་སྲུང་མི་འགྱུར། །འཕགས་པ་མི་ལྟ་སེམས་སྙོམས་ཤིང། །མི་འཇིགས་བརྩེ་ཕྱིར་ཀུན་སྟེར་བ། །གཞན་ལ་གནོད་པ་བྱེད་པ་ཡི། །ལོགས་པའི་ཚིག་ནི་ཇི་ལྟར་སྨྲ། །སྙོམས་པར་ཕན་པར ་འདོད་པ་བརྩེ་བ་ཅན། །གཞན་གྱི་སྡུག་བསྔལ་སྐྱེ་བས་ཤིན་ཏུ་འཇིགས། །སེམས་ཅན་འདུལ་བ་ལ་ནི་ལེགས་བརྩོན་པ། །ངག་གི་ཉེས་རྣམས་གསུམ་ལས་ཤིན་ཏུ་རིང། །ཐམས་ཅད་བཏོང་བ་སྙིང་རྗེ་ཅན། །རྟེན་འབྱུང་ཆོས་ལ་རབ་མཁས་པ། དེ་ནི་ཡིད་ཀྱི་ཉོན་མོངས་ཀུན། །ཇི་ལྟ་བུར ་ན་དང་དུ་ལེན། །བརྩེར་ལྡན་གང་ཚེ་གནོད་པར་བྱེད་པ་དང། །གཞན་ལ་ཕན་པའི་སྡུག་བསྔལ་ལ་བརྟགས་དུ། །ཕན་པའི་འདུ་ཤེས་དགའ་བརྙེད་འགྱུར་བ། །དེ་ཡིས་གང་ལ་ཅི་ཞིག་བཟོད་པར་བྱ། །གཞན་ལ་གཞན་གྱི་འདུ་ཤེས་བྲལ་བ་དང། །བདག་པས་ཆེས་ལྷག་གཞན་ལ་བརྟག ་བྱམས་དང། །བཀའ་བ་སྤྱོད་ཕྱིར་བརྩེ་བ་དང་བཅས་ལ། །བརྩོན་འགྲུས་བཀའ་བ་མིན་ལ་ཤིན་ཏུ་བཀའ་། །གསུམ་གྱི་བསམ་གཏན་བདེ་བ་ཆུང། །བདག་བདེ་ཞེན་བར་ཡོངས་སུ་འགྱུར། །ཟད་འགྱུར་རྨོངས་དང་བཅས་བར་འདོད། །བྱང་ཆུབ་སེམས་དཔའ་ཨི་བཟློག་པའོ། །ཇི་ལྟར ་མཚན་མོ་ལག་ནོམ་དང། །ཁེབས་སྤྲོན་དེ་བཞིན་ཤེས་པས་གསུམ། །སྙིང་རྗེ་ཅན་གྱི་ཤེས་པ་ནི། །ཉི་མའི་ཟེར་བཞིན་མཚུངས་པ་མེད། །སྦྱིན་པ་བརྟེན་དང་གཞི་དང་ནི། །རྒྱུ་མཚན་དང་ནི་ཡོངས་བསྔོ་དང། །རྒྱུ་དང་ཡེ་ཤེས་ཞིང་དག་དང། གནས་ཀྱི་སྒོ་ནས་མཆོག་ཏུ ་འདོད། །ཚུལ་ཁྲིམས་བརྟེན་དང་བཞི་དང་ནི། །རྒྱུ་མཚན་དང་ནི་ཡོངས་བསྔོ་དང། །རྒྱུ་དང་ཡེ་ཤེས་ཞིང་ངག་དང། །གནས་ཀྱི་སྒོ་ནས་མཆོག་ཏུ་འདོད། །བཟོད་པ་བརྟེན་དང་བཞིད་སྟེ། །རྒྱུ་མཚན་དང་ནི་ཡོངས་བསྔོ་དང། །རྒྱུ་དང་ཡེ་ཤེས་ཞིང་དགའ་བ ་གནས་ཀྱི་སྒོ་ནས་མཆོག་ཏུ་འདོད། །བརྩོན་འགྲུས་བརྟེན་དང་གཞི་དང་ནི། །རྒྱུ་མཚན་ངང་ནི་ཡོངས་སྔོ་དང། །རྒྱུ་དང་ཡེ་ཤེས་ཞིང་དག་དང། །གནས་ཀྱི་སྒོ་ནས་མཆོག་ཏུ་འདོད། བསམ་གཏན་རྟེན་དང་གཞི་དང་ནི། །རྒྱུ་མཚན་དང་ནི་ཡོངས་བསྔོ་དང། །རྒྱུ་དང ་ཡེ་ཤེས་ཞིང་དག་དང། །གནས་ཀྱི་སྒོ་ནས་མཆོག་ཏུ་འདོད། །ཤེས་རབ་རྟེན་དང་གཞི་དང་ནི། རྒྱུ་མཚོན་དང་ནི་ཡོངས་བསྔོ་དང། །རྒྱུ་དང་ཡེ་ཤེས་ཞིང་དག་དང། །གནས་ཀྱི་སྒོ་ནས་མཆོག་ཏུ་འདོད། །བྱང་ཆུབ་སེམས་དཔའ་ཨི་སྦྱིན་པ་ནི། །སེམས་ཅན་གཅིག ་བདེ་བསྐལ་མ་དུ། །གནོད་པ་བྱེད་ཀྱང་དགར་འགྱུར་ན། །དེ་ལས་བཟློག་པ་སྨྲོས་ཅི་དགོས། ལུས་ཅན་རྣམས་ནི་གང་ཕྱིར་ནོར་འདོད་པ། །བརྟན་རྣམས་དེ་ཉིད་ལུས་ཅན་རྣམས་ལ་གཏོང། །སྱེའོ?་རྣམས་ནི་ལུས་ཕྱིར་ནོར་འདོད་དེ། །དེ་ཉིད་བརྟན་རྣམས་རྒྱ་ཕྲག་རྣམས ་སུ་བཏོད། །གང་ཚེ་ལུས་ཉིད་བཏོད་ཡང་ཡིད་སྟག་མི་བསྔལ་བ་དེ་ཚེ་རྫས་ངན་ལྟ་ལ་སྨོས་ཀྱང་ཅི་ཞིག་དགོས། །དེ་འདིའི་འཇིག་རྟེན་འདས་པ་དེ་འདིས་དགའ་འགྱུར་བ། །གང་དེ་ནི་དེའི་ཡང་བླ་མ་ཡིན། །ཇི་ལྟར་བློ་ལྡན་འདི་ནི་ཀུན་བཏོང་བས། །དོན ་གཉེར་སྐྱེ་བོ་དགའ་བས་དགའ་བ་ལྟར། །དེ་ལྟར་སློངས་མོ་བདག་བླང་བྱ་བ། །འདོད་དགུ་ཐོབ་པ་དག་གིས་དགའ་མི་འགྱུར། །བློ་ལྡན་བདོག?་དགུ་བཏང་བས་ནོད་མེད་པ། །བདག་ཉིད་ནོར་ལྡན་སེམས་པ་ཇི་ལྟ་བར། །སླང་བ་ལོངས་སྤྱོད་ཀུན་རྫོགས་བདག་ཉིད་ནི། །དེ་ལྟར་ནོད་དང ་ལྡན་པར་མི་སྨེ་སོ། །ཇི་ལྟར་བློ་ལྡན་འདི་ནི་སྦྱིན་པ་བཟང་པོ་ཆུལ་བཞིན་དུ། དོན་གཉེར་ཚིམ་བྱས་དེ་ལ་ཕན་ཆེར་འདོགས་པར་སེམས་པ་ལྟར། །དེ་བཞིན་སླངས?་མ་བདག་ཤིན་ཏུ་ནོད་མང་ཐོབ་ནས་ནི། །སྦྱིན་པ་པོ་ལ་རྙད་པའི་རྒྱུ་ཡིས་དྲིན་དུ་མི་རྩིའོ། །ལམ་ཀའི?་འབྲས? ་མཆོག་ལྡན་པའི་ལོངས་སྤྱོད་ཤིང་ལས་ཇི་ལྟ་བར། །ལུས་ཅན་རྣམས་ཀྱིས་གང་གི་ནོར་རྫས་རྒྱ་ཆེན་བླངས་ནས་ནི། །བདག་ཉིད་དོགས་དང་བྲལ་བར་རང་ཉམས་སྤོང་པར་བྱེད་པ་ལ། །བཏང་དགའ་ལོངས་སྤྱོད་ཅན་དེ་བྱང་ཆུབ་སེམས་དཔའ་ལས་གཞན་མིན། །གཙོ་དང་དེ་རྒྱ ་ལས་ཀྱིས་དབྱེ་བ་དང། རྣམ་པའི་དབྱེ་བརྟེན་གྱིས་དབྱེ་བ་དང། །བར་ཆད་རྣམ་གཞིའི་གཉེན་པོའི་དབྱེ་བ་ཡིས། །བརྩོན་འགྲུས་ཡོངས་ཤེས་བྱ་ཞེས་རབ་ཏུ་བསྟན། །དགེ་བའི་ཚོགས་གྱི་ནང་ན་བརྩོན་འགྲུས་མཆོག། །འདི་ལྟར་དེ་ལ་བརྟེན་ནས་དེ་རྗེས་ཐོབ། །བརྩོན་འགྲུས་ཀྱིས་ནི་མོང ་ལ་བདེ་གནས་མཆོག། །དངོས་གྲུབ་འཇིག་རྟེན་འདས་དང་འཇིག་རྟེན་གཏོགས། །བརྩོན་འགྲུས་ཀྱིས་ནི་སྲིད་སྦྱོར་འདོད་པ་ཐོབ། །བརྩོན་འགྲུས་གྱིས་ནི་དག་པར་རབ་འགྱུར་ལྡན། །བརྩོན་འགྲུས་གྱིས་ནི་འཇིག་རྟེན་འདས་ནས་གྲོལ། །བརྩོན་འགྲུས་ཀྱིས་ནི་བྱང་ཆུབ་མཆོག་སངས ་རྒྱས། །གཞན་ཡང་མཉམ་དང་འཕེལ་བའི་བརྩོན་འགྲུས་དང། །ཐར་པའི་དབང་དང་མི་མཐུན་ཕྱོགས་སྤངས་གཞན། །དེ་ཉིད་རབ་ཞུགས་ཡོངས་སུ་སྒྱུར་བྱེད་དང། །བརྩོན་འགྲུས་དོན་ཆེན་དེས་ཚིག་གཞན་དུ་འདོད། །ཐོག་མར་ག་ཚིའི?་བརྩོན་འགྲུས་དེ་ནས་ནི། །འཚུལ་བཞིན ་རབ་ཞུགས་སྦྱོར་བའི་བརྩོན་འགྲུས་ཏེ། །མ་ཞུམ་མི་འཁྲུགས་ཆོག་མི་ཤེས་བརྩོན་འགྲུས། །རྣམ་པ་ཐམས་ཅད་སངས་རྒྱས་རྣམས་རབ་གསུང། །ཐེག་པ་གསུམ་བརྩོན་སྐྱེ་བོ་ལ་བརྟན་ནས། །བསམ་བློ་ཞན་དང་རྒྱ་རབ་ཆེ་ལྡན་ཕྱིར། །བརྩོན་འགྲུས་ཐ་མ་འབྲིང་དང ་མཆོག་གཞན་ཏེ། །དེ་ནི་དོན་ཆུང་བ་དང་དོན་ཆེན་འདོད། །བརྩོན་འགྲུས་ལྡན་པ་ལོངས་སྤྱོད་ཀྱིས་ཕམ་མེད། །བརྩོན་འགྲུས་ལྡན་པ་ཉོན་མོངས་ཀྱིས་ཕམ་མེད། །བརྩོན་འགྲུས་ལྡན་པ་སྐྱོ་བས་ཕམ་པ་མེད། །བརྩོན་འགྲུས་ལྡན་པ་ཐོབ་པས་བམ་པ་མེད། །ཕན་ཚུན ་བསྡུས་པ་ཕྱིར་རབ་དབྱེའི་ཕྱིར། །ཆོས་ཉིད་ཕྱིར་དང་རྒྱུ་མཚན་ཕྱིར། །ཕ་རོལ་ཕྱིན་དྲུག་རྣམ་ཀུན་ཏུ། །རྣམ་པར་ངེས་པར་ཤེས་པར་བྱ། །སྦྱིར་མཚུངས་དེ་སྟོན་ལེན་འཇུག་དང། །བདག་ཉིད་རྗེས་འཇུག་རྣམས་ཀྱིས། །སྙན་པར་སྨྲ་དང་དོན་སྤྱོད་དང། །དོན་མཐུན་ཉིད་དུ་ ་འདོད་པ་ཡིན། །ཕན་པར་བྱེད་པའི་ཐབས་དང་ནི། །འཛིན་པ་བྱེད་དང་འཇུག་བྱེད་དང། དེ་བཞིན་རྗེས་སུ་འཇུག་བྱེད་པ། བསྡུ་བའི་དངོས་པོ་བཞིར་ཤེས་བྱ། །དང་པོས་སྣོད་འགྱུར་དངོས་པོ་སྟེ། གཉིས་པ་ཡིས་ནི་མོས་པ་ཡིན། །གསུམ་པ་ཡིས་ན་སྡུག? ་པ་སྟེ། །བཞི་པས་རྣམ་པར་སྦྱོང་བའོ། །ཟང་ཟིང་དང་ནི་ཆོས་ཀྱིས་ཏེ། །དམིགས་པ་ཆོས་ལ་སོགས་པ་ཡིས། །བསྡུ་བ་གཉིས་ཀྱིས་སྒོ་ནས་ནི། །བསྡུ་བའི་དངོས་པོ་བཞིང་འདོད་དོ། །རྣམ་པའི་དབྱེ་པའི་སྒོ་ནས་ནི། བསྡུ?་བ་དམན་དང་འབྲིང་དང་མཆོག། ཕལ་ཆེར་དོན་མེད་དོན ་དང། །རྣམ་ཀུན་དོན་ཡོད་ཤེས་པར་བྱ། །འཁོར་སྤུང་པ་དང་ལྡན་པ་རྣམས། །ཚུལ་འདི་ལ་ནི་ཡང་དག་བརྟེན། །ཀུན་གྱི་དོན་ཀུན་སྒྲུབ་བྱེད་ཅིང། །ཐབས་བཟང་ཡིན་པར་རབ་ཏུ་སྔགས། །བསྡུད་དང་སྡུད་པར་འགྱུར་བ་དང། །གང་དག་ད་ལྟར་སྡུད་བྱེད་པ། །དེ་ཀུན་དེ་འདྲ་དེ་ལྟ ་བས། །འདི་ནི་སེམས་ཅན་སྨིན་བྱེད་ལམ། །དེ་ལྟར་རྟག་ཏུ་ལོང་སྤྱོད་མ་ཆགས་བློ། །ཞི་སྡོམ་བརྩོན་པའི་ཕ་རོལ་ཕྱིན་གནས་བདག། སྲིད་ཡུལ་མཚན་མ་རྣམ་པར་མི་རྟོག་པ། །དེ་ནི་སེམས་ཅན་ཚོགས་སྡུད་བྱེད་པ་ཡིན། །ཕ་རོལ་ཏུ་ཕྱིན་པའི་སྐབས་རྫོགས་སོ།། ་རབ་དང་སེམས་དང་ལྡན་པ་ཡིས། །ཚོགས་གཉིས་རྫོགས་པར་བྱ་བའི་ཕྱིར། །སངས་རྒྱས་རྣམས་ལ་གོས་སོགས་ཀྱིས། །མངོན་སུམ་མངོན་སུམ་མིན་པར་འཆད། །སངས་རྒྱས་འབྱུང་བ་དོན་ཡོད་པར། །སྨོན་ལམ་དང་ནི་ལྡན་པ་ཡིས། །གསུམ་པོ་དམིགས ་པར་མི་བྱེད་པ། །སངས་རྒྱས་མཆོད་པ་རྫོགས་པ་ཡིན། །སེམས་ཅན་དག་ནི་ཚད་མེད་པ། །ཡོངས་སུ་སྨིན་བར་བྱེད་པ་གཞན། །རྫས་དང་སེམས་ཀྱི་སྒྲོ་ནས་གཞན། །མོས་བ་དང་ནི་སྨོན་པ་དང། །བརྩེ་དང་ཡོངས་དག་དང་ནི། །ཡང་དག་སྦྱོད་པའི་སྒོ་དང་ནི།། ་གཞིད་ལ་གཏོང་དང་རྟོག་པ་དང། །གྲོལ་དང་དེ་བཞིན་ཉིད་ཀྱིས་གཞན། །རྒྱུ་མཚན་དང་ནི་ཡོངས་བསྔོ་དང། །རྟེན་དང་དང་པོ་དང་རྒྱུ་དང་ནི། །ཡེ་ཤེས་དང་ནི་ཞིང་དག་དང། །གནས་ཀྱི་མཆོད་པ་རབ་བསྟན་པ?་རྒྱུ་དང་འབྲས་བུ་ཉིད་དང་ནི། །བདག་ཉིད་དང ་ནི་བཞན་ངག་དང། རྙེད་དང་བཀུར་སྟི་ཉིད་དང་ནི། །སྒྲུབ་བའི་སྒོ་ནས་ང་རྣམ་གཉིས། །མཆོད་པ་ཅུང་དང་ཆེན་པོ་སྟེ། །ང་རྒྱལ་བཅས་དང་ང་རྒྱལ་མེད། །སྦྱོར་དང་འགྲོ་བ་ཉིད་དང་ནི། །སྨོན་པའི་སྒོ་ནས་དེར་འདོད་དོ། །རང་གི་སེམས་ཀྱིས་སངས་རྒྱས་རྣམ་མཆོད་པ།། ་ཆོས་ལ་མོས་དང་བསམ་དང་དབང་འབྱོར་དང། །རྣམ་པར་མི་རྟོག་ཐབས་ཡོངས་བཟུང་བ་དང། །ཀུན་ནས་དོན་གཅིག་ཉིད་ལ་འཇུག་པས་མཆོག། །རྟེན་པ་རྟེན་དང་གཞི་དང་ནི། །རྒྱུ་མཚན་དང་ནི་ཡོངས་བསྔོ་དང། །རྒྱུ་དང་ཡེ་ཤེས་ཞིང་དག་དང། །གནས་གྱི་སྒོ་ནས་རབ་ཏུ ་བསྟན། །བ་ཤེས་གཉེན་དུལ་བ་ཞི་ཞིང་ཉེར་བཞི་པ། །ཡོན་ཏན་ལྷག་པ་བརྩོན་བཅས་ལུང་གིས་ཕྱུག། དེ་ཉིད་རབ་ཏུ་རྟོགས་པ་སྨྲ་མཁས་ལྡན། །བརྩེ་བའི་བདག་ཉིད་སྐྱོ་བ་སྤངས?་ལ་བརྟེན། །བཀུར་སྟི་བརྙེད་པ་དག་དང་རིམ་གོ་དང། །སྒྲུབ་བའི་སྒོ་ནས་བཤེས་གཏན ་བརྟེན་པར་བྱ་?་བསྟེན་གཞི་དེ་བཞིན་བློ་ལྡན་ཆོས་ལ་ནི། །ཤེས་བསམ་དུས་སུ་འདུད་པས་བཤེས་གཉེན་བགྲོད། །དེ་ནི་བསྙེན་བཀུར་རྙེད་ལ་འདོད། པ་མེ་བ། བསྒྲུབ་བར་བྱ་ཕྱིར་?་ཡོངས་སུ་བསྔོ་བར་བྱེད། །བསྟེན་པ་ཇི་སྐད་བསྟན་པ་བསྒྲུབ་པ་དེས། །དེ་ཡི་སེམས་ནི་ཡང ་དག་མགུ་བར་བྱེད། །ཐེག་པ་གསུམ་ལ་མཁས་པ་བློ་རྟོགས་ནས། །རང་གི་ཐེག་པ་འགྲུབ་པར་བྱ་ཕྱིར་འབད། །སེམས་ཅན་ཚད་མེད་ཡོངས་སྨིན་བྱ་ཕྱིར་དང། །ཞིང་དག་པ་ཡང་སྦྱར་བར་བྱ་བའི་ཕྱིར། །དེ་ཆོས་བག་བསྐལ་ལ་སྦྱོད་ཡོན་ཏན་ལྡན། བཤེས ་གཉེན་རབ་ཏུ་སྟེན་བྱེད་ཟང་ཟིང་མིན། །བློ་དང་ལྡན་པ་རྒྱུ་དང་འབྲས་བུ་དང། །ཆོས་སྒོ་རྗེས་འགྲོ་ཕྱི་དང་ཐོས་མཉན་དང། །སེམས་ཀྱི་རྣམ་འབྱོར་ང་རྒྱལ་བཅས་པ་དང། །ང་རྒྱལ་མེད་ཡིད་ལྡན་བས་བཤེས་གཉེན་བསྟན། །བློ་ལྡན་འགྲོ་དང་སྦྱོར་བ་དང། །སྨོན་པའི་སྒོ་ནས་བཤེS ་གཉེན་སྟེན། །རང་གི་སེམས་ཀྱིས་བཤེས་གཉེན་མཆོག་སྟེན་པ། །ཆོས་ལ་མོས་དང་བསམ་དང་དབང་འབྱོར་དང། །རྣམ་པར་མི་རྟོག་ཐབས་ཡོངས་བཟུང་བ་དང། །ཀུན་དང་དོན་གཅིག་ཉིད་ལ་འཇུག་པས་མཆོག། བསྟན་པའི་ཚངས་པ་མི་མཐུན་སླངས། །རྣམ་པར་མི་རྟོག་ཡེ ་ཤེས་ལྡན། །དམིགས་པ་རྣམ་པ་གསུམ་ལ་འཇུག། །སེམས་ཅན་རྣམས་ནི་ཡོངས་སྨིན་བྱེད། །བརྟན་པ་རྣམས་ཀྱི་དེ་དག་བདེ་འདོད་དང། །སྡུག་བསྔལ་གྱིས་ཉམ་ཐག་དང་བདེ་བ་དང། །ཉོན་མོངས་ཅན་དང་དེ་དག་བསྟན་བཅོས་དང། །དེ་ཡི་དེ་བཞིན ་ཉིད་ལ་རབ་ཏུ་འཇུག་དེ་དོན་དེ་བཞིན་ཉིད་ཕྱིར་དང། །ཞིབ་ཐོབ་བྲང་?་ཕྱིར་དང། །ལས་གཉིས་བས?་ཉོན་མོངས་ཟད་པཱི་ཕྱིར། ཕྱིས་བ་དམིགས་པ་མེད་པ་ཡིན། །དེ་དག་གཡོ་དང་མི་གཡོ་དང། །ཆགས་པས་རོ་ཉམ་མིན་ཞེས་བྱ། །བྱང་ཆུབ་སེམས་དཔའ་མི་གྱོད། །ཆགས་དང་བྲལ་བས་རབ་ཏུ་གནས ་མཉམ་བཞག་ངོ་བོ་ཉིད་མིན་ཆུང། །འབྲིང་དང་དམན་པའི་ས་པ་དང། །བསམ་པ་དམན་དང་ང་རྒྱལ་བཅས། །གང་ཡིན་དེ་དམན་གཞན་ཉིད་ལྷག། ཚངས་པའི་གནས་པས་གནས་པ་ཡི། །བློ་ལྡན་རྟག་ཏུ་འདོད་པར་སྐྱེ། །དེས་ནི་ཚོགས་རྣམས་རྫོགས་བྱེད་ཅིང། །སེམས་ཅན ་དག་ཀྱང་རྣམ་སྨིན་བྱེད། །ཀུན་ཏུ་ཚངས་དང་མི་འབྲལ་ལ། །དེ་ཡི་མི་མཐུན་ཕྱོགས་དང་བྲལ། །བག་མེད་གྱུར་ཀྱང་དེ་ཡི་རྐྱེན། །མི་བཟང་བས་ཀྱང་མི་འགྱུར་རོ། །བྱང་ཆུབ་སེམས་དཔའ་གནོད་སེམས་དང། །རྣམ་འཚེ་མི་དགའ་གནོད་སེམས་དང། །འདོད་པའི་འདོད་ཆགས་དང ་ལྡན་པ། །ཉེས་དམིགས་རྣམ་པ་མང་ལ་དག། ཉོན་མོངས་ཀྱིས་ནི་བདག་འཇོམས་སེམས་ཅན་འཇམས་ཤིང་ཚུལ་ཁྲིམས་འཇོམས། །ཉམས་བཅས་རྙད?་བས་དམན་ཞིང་སྲུང་དང་དེ་བཞིན་སྟན་པས་སྨོད?། །བརྩོད་བཅས་མི་སྙན་དེའི་གཞན་དུ་མི་ཁོམ་རྣམས་སུ་སྐྱེ། །ཐོབ ་དང་མ་ཐོབ་ཉམས་པས་ཡིད་ལ་སྡུག་བསྔལ་ཆེན་པོ་འཐོབ། །ཉེས་པ་འདི་ཀུན་བྱམས་སོགས་ལ། །ལེགས་པར་གནས་ལམ་འབྱུང་སྟེ། །ཉོན་མོངས་ཅན་མིན་སེམས་ཅན་གྱིས་དོན་དུའི་འཁོར་བའང་ཡོངས་མི་བཏོང། །ཇི་ལྟར་རྒྱལ་པའི་སྲས་རྣམས ་སེམས་ཅན་ལ། །བྱམས་པ་ལ་སོགས་སེམས་པ་འདི་འབྱུང་པའི། །སེམས་ཅན་ཐམས་ཅད་ཡོན་ཏན་ལྡན་པ་ཡི། །བུ་གཅིག་པ་ལའང་དེ་ལྟ་མ་ཡིན་འོ། །རབ་འབར་དགྲ་ཡི་དབང་དུ་སང། །སྡུག་བསྔལ་གྱིས་ནོན་མུན་པས་བསྒྲིག་།འགྲོང་དཀྱིལ?་ལ་ཀུན་ཏུ་ཞུགས། ་འཆིང་བ་ཆེ་དང་ཡང་དག་ལྡན། །ཟས་ཆེན་དུག་དང་འདྲེས་ལ་ཞེན། །ལམ་ནི་རབ་ཏུ་སྟོར་གྱུར་པ། །ལམ་གོལ་རབ་ཞུགས་སྟོབས་ཆུང་བའི། །སེམས་ཅན་རྣམས་ལ་སྙིང་རྗེའོ། །འཚེ་སྲངས་བྱང་ཆུབ་མཆོག་གི་ས་བོན་དང། །བདེ་བ་བསྐྱེད་དང་གདུང་བྱེད་འདོད་པའི་རྒྱུ། །ངོ་བོ་ཉིད་སྤིན་ཆོས ་ལ་བརྟེན་པ་ཡི། །རྒྱལ་བའི་སྲས་ལ་བྱང་ཆུབ་ཐག་མི་རིང། །སྙིང་རྗེ་བློ་མཆོག་འཁོར་བར་གཏོགས་པ་ཡི། །སྡུག་བསྔལ་བདག་ཉིད་ཀུན་དང་བདག་མེད་པའང། །རྣམ་པ་ཤེས་ནས་སྐྱོ་བར་མི་འགྱུར་ཞིང། །ཉེས་བས་རབ་གནད་བར་ལྔ་མི་འགྱུར་རོ། །འཇིག་རྟེན་སྡུག་བསྔལ ་བདག་ཉིད་ལྟ་བ་ཡི། །བརྩེ་དང་ལྡན་པས་སྡུག་བསྔལ་དེ་དང་ནི། །དེ་ཡོངས་སྤངས་པའི་ཐབས་ཀྱང་ཇི་བཞིན་རིབ། །ཉམ་ང་བར་བྱེད་སྐྱོ་བར་ཡང་མི་འགྱུར། །སྙིང་རྗེའི་བདག་ཉིད་ཅན་གྱི་བརྩེ་བ་འདི། །རང་བཞིན་དང་ནི་སོ་སོར་རྟོགས་བ་དང། །དེ་སྔོན་གོམས་པར་བྱས་དང་ལྡན་པ ་དང། །མི་མཐུན་ཕྱོགས་ཉམས་རྣམ་དག་ཐོབ་པ་བཞི། །མཉམ་དན་རྟག་མེད་ལྷག་པའི་བསམ་པས་མིན། །སྒྲུབ་པའི་སྒོ་ནས་འདོད་ཆགས་བྲལ་བ་དང། །མི་དམིགས་བས་མིན་གང་བ་བརྩེ་མིན་ཏེ། །དེ་བཞིན་བརྫ་མེད་གང་དེ་བྱང་ཆུབ་མིན། །སྙིང་རྗེ་དང་ནི་བཟོད་དང་སེམས་པ ་དང། །སྨོན་ལམ་སྐྱེ་བ་སེམས་ཅན་ཡོངས་སྨིན་བྱེད། །དང་བོ་རྩ་བ་ཐ་མ་འབྲས་མཆོག་ལྡན། །འདི་ནི་སྙིང་རྗེའི་ལྗོན་ཤིང་ཆེན་པོ་ཡིན། །རྩ་བ་སྙིང་རྗེ་མེད་གྱུར་ན། །དཀའ་སྤྱོད་བཟོད་པ་ཉིད་མི་འགྱུར། །བློ་ལྡན་སྡུག་བསྔལ་མི་བཟོད་ན། །སེམས་ཅན་དོན་སེམས་ཉིད་མི་འགྱུར།། ་སེམས་པ་དང་ནི་བྲལ་བའི་བློ། །སྐྱེ་བ་དཀར་པོ་རྣམ་དག་ཏུ། །སྨོན་ལམ?་འདེབས་བར་མི་འགྱུར་རོ། །སྐྱེ་བ་བཟང་པོ་མ་ཐོབ་ན། །སེམས་ཅན་ཡོངས་སྨིན་བྱེད་མི་འགྱུར། །སྙིང་རྗེའི་མཆུ་བ་བྱམས་བ་སྟེ། །དེ་སྡུག་བསྔལ་ན་བདེ་བ་ཡིས། །ཡངས་རྒྱས་ཚུལ་བཞིན་ཡིད། བྱེད་བས། །ཡན ་ལག་རྒྱ་ཆེན་འཕེལ་བ་དང། །སྨོན་ལམ་རྒྱུན་ནི་མ་བཅད་པས། །ལོ་མ་འདོར་ལེན་རྐྱེན་རྣམས་གཉིས། ཐུབ་པ་དེ་ཕྱིར་མེ་ཏོག་དང། །འབྲས་བུ་དྲོན་ཡོར?་ཤེས་པར་བྱ། །སྙིང་རྗེ་ཆེན་པོ་ཡོན་ཏན་འབྱུང་གནས་ཀྱི། །སེམས་ཅན་རྣམས་ལ་སྙིང་རྗེས་སུ་མི་བྱེད། །འདི་ལྟར་འདི ་དག་ལ་ནི་སྡུག་བསྔལ་ཡང། །བརྩེས་བསྐྱེད་བདེ་བ་གཞལ་དུ་མེད་པ་འབྱུང། །སྙིང་རྗེ་ཟིན་པའི་བརྩེ་ལྡན་རྣམས། །ཞི་ལ་འང་ཡིད་ནི་མི་གནས་ན། །འཇིག་རྟེན་བདེ་དང་རང་སྲོག་ལ། །ཆགས་པར་འགྱུར་བ་སྨོས་ཅི་དགོས། །ཁ་ན་མ་ཐོ་མེད་པའི་བྱམས ་པ་གང། །དེ་ནི་ཡོད་མིན་འཇིག་རྟེན་པ་ཡང་ཡིན། །བློ་ལྡན་རྣམས་ཀྱི་རྩེ་བས་བྱམས་བ་ནི། །ཁ་ནམ་ཐོ་མེད་ཅིང་འཇིག་རྟེན་འདས། །སྡུག་བསྔལ་དཔའ་བརྒལ་ཆེ་དང་མི་ཤེས་པའི། །མུན་པ་ཆེལ་བརྟེན་པར་གྱུར་པ་ཡི། །འཇིག་རྟེན་འདྲེན་པའི་ཐབS་གང་ཡིན་པ་དེ། །ཇི་ལྟར་ཁ་ན ་མཐོ་མེད་མི་འགྱུར། །འཇིག་རྟེན་བྱང་ཆུབ་རང་སངས་རྒྱས་པ་ཡིས། །དགྲ་བཅོམ་རྣམས་ལ་བྱམས་པ་དེ་མེད་ན། །དེ་ལས་གཞན་ལ་སྨོས་ཀྱང་ཅི་དགོས་པ།། ཇི་ལྟར་འཇིག་རྟེན་འདས་པ་མ་ཡིན་འགྱུར། །བྱང་ཆུབ་སེམས་དཔའ་སྡུག་བསྔལ་མེད། །བརྟེབས་སྡུག་བསྔལ ་འགྱུར་བ་གང། །དེ་ལ་དང་པོར་ཀུན་ཏུ་སྦག། རེག་ནས་ཤིན་ཏུ་མངོན་བར་དགའ་། །བརྩེ་བས་བསྐྱེད་པའི་སྡུག་བསྔལ་འཇིག་རྟེན་གྱི། །བདེ་བ་ཐམས་ཅད་ཟིལ་གྱིས་གནོན་འགྱུར་ཞིང། །དོན་བྱས་རྣམས་ཀྱང་དེ་དང་མི་ལྡན་གང། །དེ་ལས་ངོ་མཚར་ཆེ་བ་ཅི་ཞིག་ཡོད། བསྟན་པའི ་བརྩེ་དང་ལྡན་པའི་སྦྱིན་པ་ཡིས། །སྦྱིན་པའི་བདེ་བ་བྱེད་པ་གང་ཡིན་པ། །དེ་ལ་ཁམས་གསུམ་ཉེ་བར་སྤྱད་རྣམས་ཀྱི། །བདེ་བདེ་ཡིས་ཆང་ཡང་མི་འཕོང་ངོ། །སེམས་ཅན་དོན་ཕྱིར་བརྩེ་བས་སྡུག་བསྔལ་གྱི། །རང་བཞིན་འཁོར་བ་གང་ཡིན་མི་བཏོང་ན། །སྙིང་རྗེ་ཅན་རྣམས ་གཞན་ལ་ཕན་པའི་ཕྱིར། །སྡུག་བསྔལ་ཅི་སྟེ་ཁས་ལེན་བྱེད་མི་འགྱུར། །བརྩེ་དང་ལྡན་པའི་སྙིང་རྗེའི་སྦྱིན་པ་དང། །ལོངས་སྤྱོད་དང་ནི་དེ་ལས་བྱམས་པ་དང། །རྗེས་སུ་བཟུང་བས་བསྐྱེད་དང་དེ་ཡི་མཐུས། །བྱས་པའི་བདེ་བའི་རྟག་ཏུ་འཕེལ་བར་འགྱུར། །སྙིང་རྗེ་རྒྱས་པར་བྱ་ཞིང ་འཕེལ་བར་བྱ། །སྦྱིན་ལ་ཡོངས་སྨིན་བྱ་ཞིང་བདེ་བར་བྱ། །ཀུན་ཏུ་དྲང་བར་བྱ་ཞི་བཀྲི་བྱ་ཞེས། །ཞེན་པ་རྣམས་ལ་རབ་ཏུ་སྨྲ་དང་འདྲ། །སྙིང་རྗེས་སྡུག་བསྔལ་ངག་གིས་སྡུག་བསྔལ་བ། །བདེ་མ་བསྐྱེད་པར་གང་གིས་བདེ་བར་འགྱུར། །དེ་ཕྱིར་བརྩེ་དང་ལྡན་པས་གཞན་བདེ་ག། ་བསྐྱེད་ནས་བདག་ཉིད་བདེ་བར་བྱེད་པ་ཡིན། །སྙིང་རྗེ་ཅན་ནི་རྟག་ཏུ་རང་སྤྱིན་ལ། །སྟོན་དང་འདྲ་སྟེ་རང་བདེ་མི་འདོད་པ། །ལོངས་སྤྱོད་རྣམས་ཀྱིས་གཞན་དག་བདེ་བར་གྱིས། །ཡང་ན་ཐ་དང་མིན་བདེ་བདག་ལང་མིན། །དེ་བདེ་ས་བདེ་བ་བདག་གིས་སྦྱིན་པ་ནི། །འབྲས་དང་བཅེས་ཏེ ་སེམས་ཅན་རྣམས་ལ་བྱིན། །གལ་ཏེ་ཁྱོད་ཀྱིས་བདག་ལ་བྱ་བ་ཡོད། །དེ་དག་ཉིད་ལ་ཤིན་ཏུ་འབྲས་བུས་བྱོས། །སྦྱིན་པ་པོ་ནི་ལོངས་སྤྱོད་མི་འདོད་ཀྱང། །ལོངས་སྤྱོད་ཤིན་ཏུ་མང་ལ་བཟང་དང་འཕྲད། །བདག་ནི་བདེ་བདེ་འདོད་མ་ཡིན་ཏེ། །འདི་ལྟར་བདག་ནི་སྦྱིན་ལ་བརྒྱུད་དང་ལྡན། ། ་བདག་ནི་རྟག་ཏུ་བརྩེ་བས་བདོག་པ་ཀུན། །ཡོངས་སུ་བཏོང་བ་གང་ཡིན་དེ་ལྟོས་ལ། །དེ་ནས་ཁྱོད་ཀྱིས་བདག་ན་དི་འབྲིས་ལ། །དོན་གཉེར་མེད་པ་ཉིད་དུ་ཤེས་པར་བྱ། །གལ་ཏེ་ཁྱོད་འབྲས་ཐོབ་པ་མི་བཏོད་ན། །སྦྱིན་ལ་མངོན་དགའ་ཡིན་པར་མི་འགྱུར་ཏེ། །འདི་ལྟར་སྐད་ཅིག་ཙམ་ཡང ་སྦྱིན་མེད་ན། །སྦྱིན་ལ་མངོན་པར་དགའ་བ་ཉིད་མ་ཡིན། །མ་བྱས་པ་ལ་འབྲས་བུ་མི་འབྱིན་ཏེ། །འདི་ལྟར་ལན་བལྟས་བདག་གི་ཆ་མ་ཡིན། །ཁྱོད་ཀྱི་ལན་ལ་ལྟ་དང་བྲལ་བས་ན། །འབྲས་བུ་ཤིན་ཏུ་གཞན་ལ་གཏོང་བ་ཡིན། །རྒྱལ་སྲས་རྣམས་ཀྱི་བརྩེ་བས་སྦྱིན་པ་ནི། ཁ་ན་མཐོ ་མེད་ཅིང་དག་བའི་བཞི། །བདེ་བར་འདྲོན་བར་བྱེད་པ་ཉིད་དང་ནི། །རྗེས་སུ་བསྲུང་བཅས་ཚོལ་མེད་དགོས་པ་མེད། །རྒྱལ་སྲས་རྣམས་ཀྱི་བརྩ་བས་སྦྱིན་བ་ནི། །མཛའ་དག་རྒྱ་ཆེན་གཙོ་དང་རྟག་པ་དང། །དགའ་དང་ཟང་ཟིང་མེད་དང་དག་པ་དང། །བྱང་ཆུབ་ལ་གཞོལ་དག་ལ་གཞོལ་བ་ཡིན ་ཇི་ལྟར་བདེ་བ་གསུམ་གྱིས་ཚམ་པའི་ཡིད། །བརྩེ་ལྡན་ཡོངས་སུ་བཏང་བས་དགའ་འགྱུར་བ། །ལོངས་སྤྱོད་ཅན་དག་ཉེ་བར་སྤྱད་པ་ཡིས། །དེ་ལྟར་དགའ་བར་འགྱུར་བ་མ་ཡིན་ནོ། །བཀྲེན་ལ་བརྩེ་དང་མ་རུངས་པ་ལ་བརྩེ། །ཀུན་འཁྲུལ་ལ་བརྩེ་བག་མེད་རྣམས་ལ་བརྩེ།། ་ཡུལ་གྱི་བཞན་དབང་ཅན་ལ་བརྩེ་བ་དང། །ཁོག་པར་མངོན་པར་ཞེན་ལ་སྙིང་རྗེའོ། །བདེ་དང་སྡུག་བསྔལ་དེ་རྒྱུ་ལས། །བྱང་ཆུབ་སེམས་དཔའ་ཨི་སྙིང་རྗེ་སྟེ། །རྒྱུ་དང་བཤེས་གཉེན་?་བཞིན་ལས། །བྱང་ཆུབ་སེམས་དཔའ་ཨི་སྙིང་རྗེའི། །བྱང་ཆུབ་སེམས་དཔའ་ཨི་སྙིང་རྗེ་ནི། །མཉམ ་པར་ཤེས་?་དེ་བསམ་ཕྱིར། སྒྲུབ་ཕྱིར་འདོད་ཆགས་བྲལ་ཕྱིར་དང། །མི་དམིགས་ཕྱིར་དང་དག་ཕྱིར་རོ། །རང་གི་སེམས་ཀྱིས་བྱམས་ལ་སོགས། །སྒོམ་པ་ཆོས་ལ་མོས་པ་དང། །བསམ་དང་དབང་འབྱོར་ཉིད་དང་ནི། །རྣམ་པར་མི་རྟོག་གཅིག ་ཕྱིར་མཆོག། དེ་ལྟར་བཅོམ་ལྡན་འདས་ལ་དང་བར་བ་སྐྱེས་ཤེས?། །རྫས་དང་བཀུར་སྟི་ཆེན་པོས་ཤིན་ཏུ་རྒྱུན་མཆོད་ལྡན། །ཡོན་ཏན་མང་ལྡན་ཕན་བདེ་བཤེས་ལ་རྟག་རྟེན་པ། །འགྲོ་ལ་རྗེས་སུ་བརྩེ་བ་གྲུབ་པ་ཀུན་ཐོབ་འགྱུར། །མཆོད་པ་དང་བརྟེན་པ་དང་ཚད ་མེད་པའི་སྐབས་རྫོགས་སོ།། །།ངོ་ཚ་མི་མཐུན་ཕྱོགས་སྤངས་དང། །རྣམ་པ་མི་རྟོག་ཡེ་ཤེས་ལྡན། །ཁ་ན་མ་ཐོ་མེད་དམན་ཡུལ། སེམས་ཅན་སྨིན་བྱེད་བསྟན་པའི་ཡིན། །ཕ་རོལ་ཕྱིན་པ་དྲུག་པ་ཡིས། །མི་མཐུན་ཕྱོགས་ནི་འཕེལ་བ་དང།། ་གཉེན་པོ་འགྲིབ་པས་བྱང་ཆུབ་སེམས། །མི་བཟང་ངོ་ཚ་སྐྱེ་བར་འགྱུར། །བརྟན་རྣམས་ཕ་རོལ་ཕྱིན་པ་དྲུབ། །བསྟེན་པ་ལ་ནི་ལེ་ལོ་དང། །ཉོན་མོངས་རྗེས་སུ་མཐུན་ཆོས་ལ། །སྦྱོར་བ་ལས་ཀྱང་ངོ་མཚར་འགྱུར། །མཉམ་གཞག་ངོ་བོ་ཉིད་མིན་ཆུང། །འབྲིད་དང ་དམན་པའི་ས་བ་དང། །བསམ་པ་དམན་དང་ངར?་བཅས་པའི། །ངོ་ཚད་མན་དེ་ལས་གཞན་ལྷག། བློ་ལྡན་ངོ་ཚ་མེད་པ་ནི། །ཚུལ་བཞིན་མིན་བས་ཉོན་མོངས་དག། དད་དུ་ལེན་ཞིང་ཁོང་ཁྲོ་དང། །ཡལ་བར་འདོར་དང་ང་རྒྱལ་གྱིས། །སེམས་ཅན་རྣམས་དང་ཚུལ ་ཁྲིམས་འཇོམས། །འགྱོད་པས་ཉམས་དང་བཅས་འགྱུར་ཞིང། །བཀུར་སྟི་དམན་པ་འཐོབ་འགྱུར་དེས། །དང་ལྡན་མི་མིན་ཚོགས་དང་ནི། །སྟོན་པས་ཀྱང་ནི་བཏང་སྙོམས་མཛད། །རྒྱལ་སྲས་ཆོས་དང་མཐུན་རྣམས་ཀྱིས་།རྣམ་པར་སྨོད་ཅིང་འཇིག་རྟེན་ལས། ་མཐུན་རྣམས་ཀྱིས་།རྣམ་པར་སྨོད་ཅིང་འཇིག་རྟེན་ལS།། ཁོམ་སྐྱེ། །དེ་ན་ཆོས་དཀར་ཐོབ་པ་དང། །མཐོབ་པ་ལས་རྣམས་ཉམས་འགྱུར། །དེ་ཕྱིར་སྡུག་བསྔལ་གནS་པ་དང། ཡིད་ཀྱང་རྣལ་དུ་མི་གནས་འགྱུར། །རྒྱལ་སྲས་ངོ་ཚ་ལྡན་རྣམས་ལ། །ཉེས་པའི ་དག་ཀུན་མི་འབྱུང། །མཁས་པ་རྟག་ཏུ་ལྟ་དག་དང། །མི་རྣམས་སུ་ནི་ཡང་དག་སྐྱེ། །བློ་ལྡན་ངོ་ཚས་མྱུར་དུ་ནི། །རྫོགས་པའི་བྱང་ཆུབ་ཚོགས་རྫོགས་བྱེད། །རྒྱལ་བའི་སྲས་ནི་སེམས་ཅན་རྣམས། །སྨིན་བྱེད་སྐྱོ་བར་མི་བསྒྱུར་ཉིད། །དེ་དག་མི་མཐུན་ཕྱོགས་དང་ནི། །གཉེན་པོ་འབྲལ་དང ་མི་འབྲལ་འགྱུར། །དེ་ལྟར་རྒྱལ་སྲས་ངོ་ཚ་ལྡན། །ཕན་ཡོན་དེ་དག་ཐོབ་པར་འགྱུར། །བྱིས་བ་ཤིན་ཏུ་གོས་བཟང་གྱོན་ཡང་ནི། །ཁྲེལ་དང་བྲལ་ཕྱིར་ཉེས་པའི་དྲི་མ་ཅན། །རྒྱལ་སྲས་ངོ་ཚ་ཤེས་པའི་གོས་ཅན་ནི། །དགའ་བ་མེད་ཀྱང་ཉེས་པའི་དྲི་མ་བྲལ། །རྒྱལ་བའི་སྲས་ནི ་ཁྲེལ་དང་ལྡན་གྱུར་བ། །ནམ་མཁའ་བཞིན་དུ་ཆོས་ཀྱིས་མི་གོས་འགྱུར། །རྒྱལ་སྲས་རྣམས་ཀྱི་ནང་དུ་འདུས་གྱུར་པ། །ངོ་ཚ་ཤེས་པས་བརྒྱན་པ་མཛེས་པ་ཡིན། །བྱང་ཆུབ་སེམས་དཔའ་རྣམས་ནི་ངོ་ཚ་བས། །གདུལ་བྱ་རྣམས་ལ་མ་བཞིན་བྱམས་པ་ཉིད། །ངོ་ཚ་བ་ནི་ཉེས་པ ་ཐམས་ཅད་ལས། །འཁོར་པ་ཀུན་ཏུ་བསྲུང་བར་བྱེད་པའང་ཡིན། །ཀུན་ལ་དང་དུ་ལེན་པ་དང། །ཀུན་ལ་དང་དུ་མི་ལེན་ཞིང། །ཀུན་ལ་མི་འཇུག་འཇུག་པ་ནི། །ཁྲེལ་ལྡན་ཁྲེལ་བས་བྱས་པའི་རྟགS། རང་གིས་སེམས་ཀྱིས་ཁྲེལ་སྒོ་པ། །ཆོས་ལ་མོས་དང་བསམ་པ་དང།། ་དབང་འབྱོར་བ་དང་མི་རྟོག་དང། །གཅིག་པ་ཉིད་ཀྱིས་གཙོ་བོ་ཡིན། །བྱང་ཆུབ་སེམས་དཔའ་ཨི་བསྟན་པ་ནི། །དེ་ལས་གཞན་པ་ཐམས་ཅད་ལས། །མཚན་ཉིད་དང་ནི་རབ་དབྱེ་དང། །མི་འགྱུར་བས་ནི་ཁྱད་པར་འཕགས། །བརྩོན་འགྲུས་ཏིང་འཛིན་ཤེས་རབ་ནི། །སྙིང་སྟོབས ་སྲན་ཐུབ་བརྟན་པར་འདོད། །གང་ཕྱིར་གསུམ་གྱིས་བྱང་ཆུབ་སེམས། །འཇིགས་པ་མེད་པར་རབ་ཏུ་འཇུག། ཞུམ་དང་གཡོ་དང་རྨོངས་པ་ཡིས། །བྱ་བ་རྣམས་ལ་འཇིགས་པ་སྐྱེ། །དེ་ཕྱིར་གཉུག་མ་གསུམ་ལ་ནི། །བསྟན་པའི་མིང་དུ་ཤེས་པར་བྱ། །རང་བཞིན་དང་ནི་སྨོན ་ལམ་དང། །ལྟ་བ་མེད་བ་ཉིད་དང་ནི། །སེམས་ཅན་ལོག་པར་སྒྲུབ་པ་དང། །ཟབ་ཅིང་རྒྱ་ཆེ་ཐོས་པ་དང། །གདུལ་བྱ་འདུལ་བར་དཀའ་བ་དང། །རྒྱལ་སྐུ་བསམ་གྱིས་མི་ཁྱབ་དང། །བཀའ་བ་དག་ནི་སྣ་ཚོགས་པ་དང། །འཁོར་བ་གཏོང་བ་མེད་པ་ཉིད། །དེ་ཉིད་ཉོན་མོངས་བ་མེད? ་མེད་པ་ལ། །བརྟན་པའི་བསྟན་བསྐྱེ་བ་ནི། །དེ་ལས་གཞན་དང་མི་མཚུངས་ཏེ། །བརྟན་རྣམས་ཀྱི་ནི་མཆོག་ཏུ་འདོད། །ཕྱེ་མ་འཁོ་དང་འདོད་ཆགས་དང། །རྒྱ་མཚོ་དག་གིས་རི་རབ་སྟར། །བརྟན་ལ་གྲོགས་ངན་སྡུག་བསྔལ་དང། །ཟབ་མོ་ཐོས་པས ་མི་གཡོས་སོ། །བྱང་ཆུབ་མི་སྐྱོ་མཉམ་མེད་པ། །བཞི་གསུམ་ཐོས་པས་མི་དོམས་དང། །བརྩོན་འགྲུས་ཚེ་དང་སྡུག་བསྔལ་ལ། །ཁྲེལ་དང་བསྟན་ལ་བསྟེན་པ་སྟེ། །བྱང་ཆུབ་ཆེ་ལ་འདུན་བ་དྲག་།བློ་ལྡན་རྣམ་ཀྱི་མི་སྐྱོ་བ། །ས་རྣམས་ལ་ནི་མ་རྫོགས་དང། །རྫོགས་དང་ཤིན་ཏུ ་རྫོགས་པར་འདོད། །བརྟན་པའི་བསྟན་བཅོས་ཤེས་པ་ཉིད། །བཞི་དང་ཆེད་དུ་བྱ་བ་དང། ལས་དང་མཚན་ཉིད་དག་དང་ནི། །མི་བཟང་ཉིད་དང་འབྲས་བུ་ནི། །ཡང་དག་འགྲུབ་པས་ཁྱད་པར་འཕགས། །ཏིང་ངེ་འཛིན་དང་བཟུངས་སྒོས་བསྡུས། །སེམས་ཅན་སྨིན་བར་བྱེད་པ་དང ་དམ་ཆོས་འཛིན་བར་བྱེད་པ་ཡིན། །བསྟན་རྣམས་འཇིག་རྟེན་ཤེས་པ་ཉིད། །ལུས་དང་ངག་ཡིད་དག་དང་ནི། །བདེན་པ་ཤེས་པས་མཉམ་པ་མེད། །དེ་ལས་གཞན་པ་དག་ལས་འཕགས། །བརྟན་རྣམས་རྟག་ཏུ་འཇུམ་པར་བྱེད། །གསོང་པོ་དག་ཏུ་སྨྲ་བ་ཡིན། །སེམས་ཅན ་སྣོད་དུ་བྱ་བའི་ཕྱིར། །དམ་ཆོས་བསྒྲུབ་པར་བྱ་བའི་ཕྱིར། །གང་ཕྱིར་བདེན་པ་གཉིས་ཀྱིས་ནི། །འཇིག་རྟེན་རྣམS་དག་འབྱུང་བར་འདོད། །གཉིས་ཀྱི་ནུབ་འགྱུར་དེ་ཡི་ཕྱིར། །དེ་ཤེས་འཇིག་རྟེན་ཤེས་ཞེས་བྱ། །དེ་དག་ཞི་བྱ་ཐོབ་བྱའི་ཕྱིར། །བློ་ལྡན་བདེན་པ་རྣམས་ལས་སྦྱོར ་གང་ཕྱིར་བློ་ལྡན་བདེན་ཤེས་བྱིར། །འཇིག་རྟེན་ཤེས་ཞེས་ངེས་པར་བརྗོད། །གཙུག་ལག་བསྟན་པའི་ཆོས་དང་ནི། །དེ་དོན་དགོངས་པ་ཅན་དང་ནི། །ངེས་དོན་ཚད་མར་ལྡན་པ་དང། །དེ་ཡི་བརྗོད་མེད་ཐོབ་པའོ། །སྤོང་དང་ཇི་སྐད་བཤད་པ་དང། །ལོག་པར་ཡང་དག་ཤེས ་བ་དང། །བརྗོད་དང་བཅས་པ་ཐོབ་པ་དག་།འདིར་ནི་དགག་པར་བསྟན་པ་ཡིན། །མོས་དང་རྣམ་པར་དཔྱོད་པ་དང། །གཞན་དང་ཇི་བཞིན་ཐོས་པ་དང། །བརྗོད་པ་མེད་པའི་ཡེ་ཤེས་ལས། །བསྟན་རྣམས་ཉམས་པར་མི་འགྱུར་རོ། །རྣམ་གྲངས་དང་ནི་མཚན་ཉིད་དང། ། ་ཚིག་དང་ཡེ་ཤེས་ཤེས་པའི་ཕྱིར། བྱང་ཆུབ་སེམས་དཔའ་ཨི་ཡང་དག་རིག། བཞི་པོ་མཚུངས་པ་མེད་པར་འདོད། །བསྟན་པ་ལ་ནི་རབ་བརྩོན་པའི། །གང་དང་གང་གིས་སྟོན་པ་ནི། །ཆོས་དང་དོན་ནི་གཉིས་པོ་དག། ཚིག་དང་ཤེས་པ་ཁ་ནས་སྟོན། །ཆོས་ནི་བསྟན་དང་བཤད་ཕྱིར ་དང། །རྣམ་པ་ཀུན་ཏུ་གཉིས་ཐོབ་ཕྱིར། །རྒོལ་བ་རྣམས་ཀྱི་ལན་འདེབས་ཕྱིར། །སོ་སོ་ཡང་དག་རིགས་པ་བཞི། །མཉམ་ཉིད་སོ་སོ་རང་རིག་གནས། །ཕྱིས་ནི་རབ་ཏུ་ཤེས་པ་ཡིན། །ཐེ་ཚོམ་ཐམས་ཅད་གཅོད་བྱེད་པ། །སོ་སོ་ཡང་དག་རིག་པ་བརྗོད། །བྱང་ཆུབ་སེམས་དཔའ་ ་རྣམས་ཀྱི་ཚོགས། །བསོད་ནམས་ཡེ་ཤེས་མཚུངས་པ་མེད། །གཅིག་གིས་འཁོར་པར་མངོན་མཐོ་བྱེད། །གཞན་གྱིས་ཉོན་མོངས་མེད་པར་འཁོར། །སྦྱིན་དང་ཚུལ་ཁྲིམས་བསོད་ནམས་ཀྱི། །ཚོགས་ཡིན་ཤེས་རབ་ཡེ་ཤེས་ཀྱི། །གསུམ་པོ་གཞན་ནི་གཉིས་ཀ་སྟེ། །ལྔ་ཆར་ཡང་ནི ་ཡེ་ཤེས་ཚོགས། །རྒྱུན་ཏུ་སྒོམ་པ་ཐོབ་ནས་ནི། །དགེ་ལ་ཡང་དུ་ཡང་དུ་སྒྲུབ། །བསྟན་པའི་ཚོགས་གང་ཡིན་པ་དེ། །དོན་ཀུན་སྒྲུབ་པར་བྱེད་པ་ཡིན། །འཇུག་དང་མཚན་མས་མེད་པ་དང། །ལྷུན་གྱིས་གྲུབ་པར་བྱ་བ་དང། །དབང་བསྐུར་མཐར་ཐུག་བྱ་བའི་ཕྱིར། །བསྟན་རྣམས་ཚོགས་ནི ་སྒྲུབ་པར་བྱེད། །བློ་ལྡན་དན་པ་ཉེ་བཞག་པ། །སྒོམ་པ་རྣམ་པ་བཅུ་བཞི་ཡིས། །མཚུངས་པ་མེད་པའི་ཕྱིར་ན་དེ། །དེ་ལས་གཞན་ལས་ཁྱད་པར་འཕགས། །རྟེན་དང་གཉེན་པོ་དག་དང་ནི། །དེ་བཞིན་དུ་ནི་འཇུག་པ་དང། །དམིགས་པ་དང་ནི་ཡིད་བྱེད་དང། །ཐོབ་པས་སྒོམས་པ་ཁྱད་པར ་འཕགས། །མཐུན་དང་རྗེས་སུ་འཇུག་པ་དང། །ཡོངས་སུ་ཤེས་དང་སྐྱེ་བ་དང། །ཆེན་པོ་དང་ནི་མཆོག་ཉིད་དང། །སྒོམ་དང་ཡང་དག་སྒྲུབ་བས་གཞན། །བསྟན་པ་རྣམས་ཀྱི་ཡང་དག་སྤོང། །ལུས་ཅན་རྣམས་དང་མཚུངས་པ་མེད། །དྲན་པ་ཉེ་བར་གཞག་པ་ཡི། །ཉེས་པ་རྣམས་ཀྱིས ་གཉེན་པོར་བསྒོམ། །འཁོར་བར་ཉེ་བར་སྤྱད་པ་དང། །སྒྲིབ་པ་དག་ནི་དོར་བ་དང། །ཡིད་ལ་བྱེད་པ་དོར་བ་དང། །ས་རྣམས་ལ་ནི་འཇུག་པ་དང། །མཚན་མ་མེད་བར་གནས་པ་དང། །ལུང་བསྟན་པ་ནི་ཐོབ་པ་དང། །སེམས་ཅན་རྣམས་ཡོངས་སུ་སྨིན་བྱ་དང། །དབང་ནི་བསྐུར་བར ་བྱ་བ་དང། །ཞིང་རྣམས་དག་པར་བྱ་ཕྱིར་དང། །མཐར་ཐུག་ཉིད་དུ་བྱ་བའི་ཕྱིར། །བྱང་ཆུབ་སེམས་དཔའ་བློ་ལྡན་རྣམས། །མི་མཐུན་ཕྱོགས་ཀྱི་གཉེན་པོར་སྒོམ། །འདུན་པ་ལ་ནི་བརྟེན་ནས་སུ། །རྣལ་འབྱོར་རྒྱུ་མཚན་བཅས་སྒོམ་པ། །ཡང་དག་སྤོང་བ་ཐམས་ཅད ་ལ། །གཉེན་པོ་ཞེས་ནི་ངེས་པར་བརྗོད། །བརྟན་པ་རྣམས་ཀྱི་རྫུ་འཕྲུལ་གྱི། །རྐང་པ་མཚན་ཉིད་མཆོག་ལྡན་བཞི། །བདག་ཉིད་དང་ནི་གཞན་དག་གི། དོན་ཀུན་སྒྲུབ་པའི་ཕྱིར་སྐྱེའོ། །རྟེན་དང་རབ་ཏུ་དབྱེ་བ་དང། །ཐབས་དང་མངོན་པར་སྒྲུབ་པ་ཡིས། །བློ་ལྡན་རྫུ་འཕྲུལ་རྐང་པ ་རྣམས། །རྣམ་པ་ཀུན་ཏུ་རྣམ་བཞག་འདོད། །བསམ་གཏན་ཕ་རོལ་ཕྱིན་བརྟེན་ནས། །རབ་ཏུ་དབྱེ་བ་དག་དང་ཐབས། །རྣམ་བཞིའི་མངོན་བར་སྒྲུབ་པ་ནི། །རྣམ་པ་དྲུག་དུ་བརྗོད་པ་ཡིན། །གཅིག་ནི་འབད་པར་བྱེད་པ་སྟེ། །གཉིས་པ་འཕན་འདོགས་བདག་ཉིད་ཡིན། །གསུམ་པ ་གཏོད་པར་བྱེད་པ་སྟེ། །བཞི་བ་གཉེན་པོ་པ་ཡིན་ནོ། །མཐོང་བ་དང་ན་གདམས་ངག་དང། །གནས་པ་རྣམ་པར་བརྩེ་བ་དང། །སྨོན་ལམ་དང་ནི་དབང་ངག་དང། །ཆོས་ཐོབ་བ་ནི་སྒྲུབ་པའི་ཕྱིར། །བྱང་ཆུབ་སྤྱོད་དང་ཐོས་མཆོག་དང། །ཞི་གནས་ལྷག་མཐོང་དང་སོགས་ཀྱི། ། ་གཞི་ཡིན་པར་ནི་ཤེས་བྱ་སྟེ། །དོན་གྲུབ་བྱེད་བའི་སྐབས་ཀྱིས་སོ། །དང་སོགས་ས་ལ་འཇུས་པ་སྟེ། །ཀུན་ནས་ཉོན་མོངས་ཅན་དུ་འདོད། །མི་མཐུན་ཕྱོགས་ཉམས་ཆུང་བས་ཡང། །དེ་དག་ཉིད་ལ་སྟོབས་ཤེས་བྱ། །སར་ཞུགས་པ་ལ་བྱང་ཆུབ་ཀྱི། །ཡན་ལག་རྣཾ་པར་གཞག ་པར་བརྗོད། །ཆོས་རྣམས་དང་ནི་སེམས་ཅན་ཀུན། །མཉམ་པ་ཉིད་དུ་རྟོགས་ཕྱིར་རོ། །ཤེས་བྱ་མ་རྒྱལ་རྒྱལ་བའི་ཕྱིར། །དྲན་པ་དག་ནི་ཀུན་ཏུ་སྤྱོད། །འདི་ཡི་རྣམ་འབྱོར་རྟོག་པ་ཡི། །མཚན་མ་ཐམས་ཅད་འཇོམས་པར་བྱེད། །འདི་ཡི་བརྩོན་འགྲུས་མ་ལུས་པ། །མྱུར་དུ་རྟོཌ ་པར་བྱ་བའི་ཕྱིར་རོ། །ཆོས་ཀྱི་སྣང་བ་འཕེལ་བ་ཡིས། །དགའ་བས་རྟག་ཏུ་རྒྱས་པར་འགྱུར། །སྒྲིབ་པ་ཀུན་ལས་ཐར་བའི་ཕྱིར། །ཤིན་ཏུ་སྦྱངས་པས་བདེ་བ་འཐོབ། །ཏིང་ངེ་འཛིན་ལས་བསམས་པའི་དོན། །འབྱོར་བ་ཉེ་བར་སྐྱེ་བར་འགྱུར། །གཏང་སྙོམས་ཀྱིས་ནི་ཐམས ་ཅད་དུ། །འདི་ནི་ཇི་ལྟར་འདོད་བཞིན་གནས། །རྗེས་ལས་ཐོབ་དང་མི་རྟོག་པའི། །གནས་པས་མཆོག་ནི་རྟག་ཏུ་གནས། །ཡོན་ཏན་དེ་ལྟའི་སེམས་དཔའ་ནི། །འཁོར་ལོ་སྒྱུར་བ་འདྲ་བར་འཇུག། རྟག་ཏུ་རིན་ཆེན་བདུན་ལྟ་བུའི། །བྱང་ཆུབ་ཡན་ལག་རྣམས་ཀྱིས་བསྐོར། །རང་བཞིན ་ཡན་ལག་གནས་ཡན་ལག་།གསུམ་པ་ངེས་འབྱུང་ཡན་ལག་སྟེ། །གཞི་པ་ཕན་ཡོན་ཡན་ལག་ཡིན། །རྣམ་གསུམ་ཉོན་མོངས་མེད་ཡན་ལག། དེ་ཡི་འོག་ཏུ་ཇི་ལྟ་བུར། །རྟོགས་པའི་རྗེས་སུ་འཇུག་པ་སྐྱེ། །རྣམ་གཞག་ཇི་བཞིན་རྟོགས་པ་དང། །རྣམ་པར་བཞག ་ལ་འཇུག་པ་དང། །ལས་གསུམ་རྣམ་པར་དག་པ་དང། །ཤེས་བྱ་ངག་དང་ལམ་དང་ནི། །ཡོན་ཏན་ཁྱད་པར་ཅན་གྱི་ནི། །སྒྲིབ་པའི་གཉེན་པོར་བསྒོམ་པའོ། །ཡང་དག་གནས་པ་ལ་བརྟེན་ནས། །སེམས་ལ་སེམས་ནི་འཇོག་ཕྱིར་དང། །ཆོས་རབ་རྣམ་པར་འབྱེད་པའི་ཕྱིར།། ་ཞི་གནས་དང་ནི་ལྷག་མཐོང་ཡིན། །དེ་ནི་ཀུན་འགྲོ་ཆ་གཅིག་དང། །ཆ་གཅིག་མ་ཡིན་རྒྱུར་འདོད་དོ། །རྟོགས་དང་ངེས་པར་འབྱུང་བ་དང། །མཚན་མེད་འདུ་མི་བྱེད་པ་དང། །ཡོངས་དག་རྣམ་པར་དག་པ་ལ། །བརྟེན་པའི་ཞི་གནས་ལྷག་མཐོང་གི་།།རྣལ་འབྱོར་དེས་ཀུན་འགྲོ་བ ་སྟེ། ཐམས་ཅད་སྒྲུབ་པར་བྱེད་པ་ཡིན། །སངས་རྒྱས་ཆོས་རྣམས་རྫོགས་བྱ་དང། །སེམས་ཅན་རྣམས་ཡོངས་སྨིན་བྱ་དང། །མྱུར་ཐོབ་བྱ་བ་འགྲུབ་པ་དང། །ལས་རྒྱུན་མི་གཅོད་ལ་མཁས་པ། །བྱང་ཆུབ་སེམས་དཔའ་ཨི་ས་ཀུན་ལ། །ཐབས་ནི་མཚུངས་པ་མེད་པ་སྟེ། །ཐབས་མཁས ་དེ་ལ་བརྟེན་ནས་ནི། །དེ་དག་དོན་ཀུན་སྒྲུབ་བར་བྱེད། །རྣམ་སྨིན་ཐོས་ལ་གོམS་པ་དང། །ཏིང་ངེ་འཛིན་གྱི་གཟུངས་དག་ནི། །ཆུད་དུ་དང་ནི་ཆེན་པོ་སྟེ། །ཆེན་པོ་དེ་ཡང་རྣམ་པ་གསུམ། །བློ་ལྡན་མ་ཞུགས་ཞུགས་པ་ཡང། །མ་དག་ས་པ་རྣམས་ཀྱི་ནི། །ཆུང་དུ་དང་ནི་འབྲིང་བོ ་སྟེ། །དག་པའི་ས་པའི་གཟུངས་ཆེན་ཡིན། །བྱང་ཆུབ་སེམས་དཔའ་ཡང་དང་ཡང། །དེ་ལ་ཡང་དག་བརྟེན་ནས་ནི། །རྟག་ཏུ་དམ་པའི་ཆོས་དག་ཀྱང། །རབ་ཏུ་སྟོན་ཞིང་འཛིན་པ་ཡིན། །བརྟན་པ་རྣམས་ཀྱི་སྨོན་ལམ་ནི། །སེམས་པ་འདུན་དང་བཅས་པ་སྟེ། །དེ་ནི་ཡེ་ཤེས ་ཀྱིས་བསྐུལ་བ། །ས་རྣམས་ཀུན་ལ་མཉམ་པ་མེད། །དེ་ནི་རྒྱུར་འགྱུར་ཤེས་བྱ་སྟེ། །སེམས་ཙམ་ལས་ནི་འགྱང་པའི་ཕྱིར། །སེམས་ལS་མོད་ལ་འབྲས་བུ་ཅན། །དེ་ནི་མ་འོངས་དོན་གྲུབ་བྱེད། །སྣ་ཚོགས་ཆེ་དང་བྱང་ཆུབ་པར། །ས་རྣམས་གོང་ནས་གོང་དུ་མི ་རྣམ་དག་བྱང་ཆུབ་སེམས་དཔའ་ཡི། །རང་གཞན་དོན་རབ་སྒྲུབ་བྱེད་ཡིན། །ཏིང་ངེ་འཛིན་གསུམ་གྱིས་སྤྱོད་ཡུལ་ནི། །བདག་མེད་རྣམ་པ་གཉིས་པོ་དང། །བདག་ཏུ་འཛིན་བའི་རྟེན་དང་ནི། །དེ་རྟག་ཉེར་ཞི་ཡིན་ཞེས་བྱ། །དེ་ནི་གཟུང་འཛིན་ངོ་བོའི་ཕྱིར། །ཏིང་འཛིན་གསུམ་དུ་ཤེས ་པར་བྱ། །རྣམ་པར་མི་རྟོག་རྒྱབ་ཀྱིས་ཕྱོགས། །རྟག་ཏུ་དགའ་དང་ལྡན་བའོ། །ཡོངས་སུ་ཤེས་དང་སྤང་བ་དང། །མངོན་སུམ་ཉིད་དུ་བྱ་བའི་ཕྱིར། །སྟོང་ཉིད་ལ་སོགས་ཏིང་འཛིན་རྣམས། །དོན་རྣམས་གསུམ་དུ་རབ་ཏུ་བསྒྲགས། །སེམས་ཅན་རྣམས་ལ་ཕན་བཞེད་པས། ། ་ཉིང་དེ་འཛིན་གྱི་རྒྱུ་ཉིད་དུ། །ཆོས་ཀྱི་སྡོམ་ནི་རྣམ་པ་བཞི། །བྱང་ཆུབ་སེམས་དཔའ་རྣམས་ལ་བཤད། །བསྟན་པ་རྣམས་ཀྱིས་གཞི་པོ་ནི། །མེད་པའི་དོན་དང་རྣམ་རྟོག་དོན། །ཀུན་ཏུ་རྟོག་དོན་ཁོ་ན་དང། །རྣམ་རྟོག་ཉེ་བར་ཞི་བའི་དོན། །མི་རུང་རྒྱུ་ལས་སྐྱེ་ཕྱིར་དང། ། ་འགལ་ཕྱིར་རང་ཉིད་མི་གནས་ཕྱིར། །མེད་ཕྱིར་མཚན་ཉིད་ངེས་ཕྱིར་དང། །རྗེས་སུ་འཇུག་ཕྱིར་འགག་པའི་ཕྱིར། །ཡོངས་སུ་འགྱུར་བ་དམིགས་ཕྱིར་དང། །དེའི་རྒྱུ་ཉིད་དང་འབྲས་བུའི་ཕྱིར། །ཟིན་བའི་ཕྱིར་དང་བདག་པའི་ཕྱིར། །དག་དང་སེམས་ཅན་རྫས་འཇུག་ཕྱིར། ་དང་པོར་རྗེ་བས་དེ་ཆེ་དང། །རྒྱས་དང་རྟེན་གྱིས་དངོས་པོ་དང། །འགྱུར་དང་ལོངས་སུ་སྨིན་པ་དབ། །དེ་བཞིན་དམན་དང་ཁྱད་པར་འཕགས། །འོད་གསལ་བ་དང་འོད་མི་གསལ། །ཡུལ་གཞན་འགྲོ་དང་ས་བོན་བཅས། །ས་བོན་མེད་པའི་ངོ་བོ་དང། །གཟུགས་བརྙན་དུ་ནི་སྐྱེ་བ ་དང། །སྐྱེ་བ་རྣམ་པ་བཅུ་བཞི་ལ། །རྒྱུ་དང་ཚད་ཀྱི་ཁྱད་པར་དང། །རྒྱས་པ་དོན་མེད་མི་རུང་དང། །རྟེན་ཉིད་དུ་ནི་མི་སྲིད་དང། །གནས་པ་ལ་ནི་མི་སྤིང་དང། །དང་པོ་མི་འཇིག་མཐར་མི་འགྱུར། །དེ་བཞིན་དམན་པར་ཁྱད་པར་འཕགས། །འོད་གསལ་བ་དང་འོད་མི་གསལ། །? ་མེད་གནས་པ་མི་རུང་དང། །ཐ་མ་ཉིད་ནི་མི་སྲིད་དང། །སེམས་གྱི་རྗེས་སུ་འཇུག་པའི་ཕྱིར། །འདུས་བྱས་ཐམས་ཅད་སྐད་ཅིག་མ། །འབྱུང་བ་རྣམས་དང་ངོན་རྣམ་དྲུག། །སྐད་ཅིག་ཉིད་དུ་བརྗོད་པ་ནི། །སྐམ་དང་འཕེལ་དང་རང་བཞིན་གྱིས། །གཡོ་དང་འཕེལ་དང་འགྲིབ་པའི་ཕྱིར།། ་འབྱུང་བ་དེ་དང་འབྲེལ་ཕྱིར་དང། །ཡོངས་སུ་འགྱུར་བ་བཞི་ཡིས་ཕྱིར། །ཁ་དོག་དྲི་དང་རོ་དང་རེག་།འདྲ་ཕྱིར་དེ་ནི་དེ་དང་འདྲ། །བུད་ཤིང་རག་ལས་འཇུག་པའི་ཕྱིར། །རྗེ་བས་ཇེ་ཆེར་དམིགས་པའི་ཕྱིར། །སེམས་རྗེས་འཇུག་ཕྱིར་དྲིས་པའི་ཕྱིར། །དེས་ནི་ཕྱི་ཡང་སྐད་ཅིག་མ། །གང ་ཟག་བཏགས་པར་ཡོད་ཉིད་དུ། །བརྗོད་བྱ་རྗེས་སུ་མ་ཡིན་ནོ། །མི་དམིགས་ཕྱིན་ཅི་ལོག་པ་དང། །ཀུན་ནས་ཉོན་མོངས་ཉོན་མོངས་སྒྱུ། །ཉེས་བ་གཉིས་ཕྱིར་དེ་ལས་འདི། །གཅིག་དང་གཞན་དུ་བརྗོད་བྱ་མིན། །ཕུང་པོ་དག་ཏུ་ཐལ་བ་དང། །དེ་རྫས་ཉིད་དུ་ཐལ་འགྱུར ་ཕྱིར། །གལ་ཏེ་རྫས་ཡོད་བརྗོད་མིན་པའི། །དགོངས་པ་ཡང་ནི་བརྗོད་དགོས་སོ། །གཅིག་དང་གཞན་དུ་བརྗོད་མིན་པ། །དགོད?་བ་མེད་པར་མི་རིགས་སོ། །མཚན་ཉིད་དང་ནི་འཇིག་རྟེན་ན། །མཐོང་ཕྱིར་བསྟན་བཅོས་སྒོ་ནས་ཀྱང། །བུད་ཤིང་མེ་བཞིན་གཉིས་སུ་ནི། །བརྗོད་མ་ནི ་མི་རུང་དམིགས་ཕྱིར་རོ། །གཉིས་ཡོད་རྣམ་ཤེས་སྐྱེ་བའི་ཕྱིར། །དེ་རྐྱེན་མ་ཡིན་དོན་མེད་ཕྱིར། །དེ་ཕྱིར་ལྟ་བ་ཁོ་ནས་ནི། །གྲོལ་བའི་བར་དུ་མི་འགྱུར་རོ། །བདག་པོ་ཉིད་ཅིག་ཡིན་ན་ནི། །མི་རྟག་མི་འདོད་འབྱུང་མི་བྱེད། །དེ་ལས་མཚན་ཉིད་སྒྲུབ་དགོས་ཏེ། །རྫོགས་པའི ་བྱང་ཆུབ་གསུམ་ལ་གནོད། །ཉེས་པ་གསུམ་ཕྱིར་ལྟ་སོགས་ལ། །དེ་ཡི་བྱེད་པར་རང་བྱུང་མིན། །བྱེད་པ་དེ་ཡི་སྐྱེན་ཅན་ཡང། །ལྟ་སོགས་བྱེད་པ་མེད་པ་ཡིན། །བྱེད་མ་ནི་ཕྱིར་མི་རྟག་ཕྱིར། །ཅིག་ཅར་རྟག་ཏུ་འཇུག་པའི་ཕྱིར། །ལྟ་ལ་སོགས་པའི་བྱེད ་བ་ནི། །རང་འབྱུང་ཉིད་དུ་མི་རུང་ངོ། །དེ་བཞིན་གནས་དང་ཞིག་པ་ནི། །སྔ་ན་མེད་དང་མི་རྟག་དང། །ཕྱོགས་གསུམ་པ་ཡང་མེད་པའི་ཕྱིར། །རྐྱེན་ཉིད་དུ་མི་རུང་ངོ། །འདི་ལྟར་ཆོས་རྣམས་ཐམས་ཅད་ནི། །བདག་མེད་དམ་པའི་དོན་དུ་ན། །སྟོང་ཉིད ་བདག་ཏུ་དམིགས་པ་ནི། །ཉེས་པར་བཤད་པ་ཁོ་ན་ཡིན། །ཀུན་ནས་ཉོན་མོངས་རྣམ་བྱང་བའི། གནས་སྐབས་གཅོད་པའི་བྱེ་བྲག་དང། །འཇུག་དང་རྒྱུན་གྱི་བྱེ་བྲག་ཀྱང། །གང་ཟག་གིས་ནི་ཉེ་བར་བསྟན། །བདག་ཏུ་ལྟ་བ་བསྐྱེད་མི་དགོས། ། ་གོམས་པ་ཐོག་མ་མེད་དུས་ཅན། །གང་ཟག་ཡོད་ན་ཐམས་ཅད་ནི། །འབད་མེད་ཐར་པའམ་ཐར་པ་མེད། །དེ་ལྟར་ཡོན་ཏན་དེ་དག་དང། །རྟག་ལྡན་བྱང་ཆུབ་སེམས་དཔའ་ནི། །བདག་ཉིད་དོན་ཡང་མི་འདོར་ཞིང། །གཞན་གྱི་དོན་ཡང་སྒྲུབ་པར་བྱེད། །བྱང་ཆུབ་ཀྱི་ཕྱོཌ ་དང་མཐུན་བའི་སྐབས་རྫོགས་སོ།། །།རང་གི་ལུས་དང་སྡོམ་པའི་ཕྱིར། །ཕུན་སུམ་ཚོགས་པ་ཡོངས་གཏོང་དང། །ཉམ་ཆུད་རྣམས་ལ་བཟོད་པ་ནི། །ལུས་དང་སྲོག་ལ་མི་ལྟ་བར། །བརྩོན་འགྲུས་རྩོམ་དང་བསམ་གཏན་གྱིས། །བདེ་ལ་རེ ་མྱང་མེད་ཉིད་དང། །ཤེས་རབ་ལ་ནི་མི་རྟོག་པ། །བློ་ལྡན་རྣམས་ཀྱི་ངོ་མཚར་འདོད། །དེ་བཞིན་གཤེགས་རིགས་སྐྱེ་བ་དང། །ལུང་བསྟན་པ་དང་དབང་བསྐུར་དང། །བྱང་ཆུབ་རབ་ཏུ་ཐོབ་པ་ཡང། །ངོ་མཚར་ཆེ་བ་ཡིན་པར་འདོད། །འདོད་ཆགས་བྲལ་དང་སྙིང་རྗེ་དང། །དེ ་བཞིན་སྒོམས་མཆོག་ཐོབ་པ་དང། །སེམས་མཉམ་ཕྱིར་ན་དེ་དག་ལ། །སྦྱོར་བ་ངོ་མཚར་ཆེ་མ་ཡིན། །ཇི་ལྟར་བློ་ལྡན་སེམས་ཅན་ལ། །རབ་ཏུ་བྱམས་པར་གྱུར་པ་ལྟར། །སེམས་ཅན་བདག་དང་ཆུད་མ་དང། །བུ་ཤེས་གཉེན་ལ་དེ་ལྟར་མིན། །དོན་གཉེར་བ་ལ་ཕྱོགས་མེད ་དང། །ཚུལ་ཁྲིམས་རྟག་ཏུ་མཉམས་དང། །ཀུན་ཏུ་བཟོད་ཅིང་ཐམས་ཅད་ཕྱིར། །བརྩོན་འགྲུས་ཆེན་པོ་བརྩོན་པ་དང། །རྟག་ཏུ་བསམ་གཏན་དགེ་བ་དང། ཤེས་རབ་རྣམ་པར་མི་རྟོག་ཉིད། །བྱང་ཆུབ་སེམས་དཔའ་དེ་དག་ལ། །དེ་ལྟར་སེམས་མཉམ་ཤེས་པར་བྱ། ་སྣོད་ཉིད་དུ་ནི་བྱེད་པ་དང། །ཚུལ་ཁྲིམས་དག་ལ་འོག་དབ?་དང། །གནོད་པ་ལ་ནི་བཟོད་པ་དང། །དོན་བྱེད་པར་ནི་འགྲོ་བ་དང། །བསྟན་པ་ལ་ནི་འཛུད་པ་དང། །ཐེ་ཚོམ་གཅོད་པར་བྱེད་པ་འདི། །བློ་ལྡན་རྣམས་ཀྱི་སེམས་ཅན་ལ། །ཕན་འདོགས་ཉིད་དུ་འདོད་པ་ཡིན། ། ་གང་དག་རྟག་ཏུ་སེམས་ཅན་རྣམས། །བསམ་པ་མཉམ་པས་འཛིན་བྱེད་ཅིང། །འཕགས་པའི་ས་ལ་བསྐྱེད་པ་དང། །དགེ་བ་འཕེལ་བར་བྱེད་པ་དང། །ཉེས་བྱས་ལམ་ནི་ཡོངས་སྲུང་དང། །ཐོབ་པ་བྱང་བར་བྱེད་པ་ནི། །ལས་ལྔ་དག་གིས་རྒྱས་སྤས་རྣམས། །སེམས་ཅན་མ་དང ་འདྲ་བ་ཡིན། །སེམས་ཅན་ཀུན་ལ་བརྟགས་པར་ནི། །དད་པ་སྐྱེ་བར་བྱེད་པ་དང། །ལྷག་པའི་ཁྲིམས་སོགས་བསླབ་པ་དང། །རྣམ་པར་གྲོལ་ལ་སྦྱོར་བའི་ཕྱིར། །སངས་རྒྱས་ལ་ནི་གསོལ་བ་དང། །དེ་དག་སྒྲིབ་པ་སྤོང་བའི་ཕྱིར། །ལས་ལྔ་དག་གིས་རྒྱལ་སྲས་རྣམས། །སེམས་ཅན ་ཕ་དང་འདྲ་བ་ཡིན། །གང་དག་བསྟན་པར་མི་འོངས་པའི། །སེམས་ཅན་རྣམས་ལ་གསང་བྱེད་ཅིང། །བསླབ་ལས་ཉམས་ལ་སྨོད་བ་དང། །ཕུན་སུམ་ཚོགས་ལ་བསྔགས་པ་ཉིད། །གདམས་ངག་སྦྱིན་པར་བྱེད་པ་དང། །བདུད་རྣམས་སྒྲོན་པར་བྱེད་པ་སྟེ། །ལས་ལྔ་དག ་གིས་རྒྱལ་སྲས་རྣམས། །སེམས་ཅན་རྩ་ལག་འདྲ་བ་ཡིན། །ཀུན་ནས་ཉོན་མོངས་རྣམ་བྱང་ལ། །གང་དག་རང་བློ་མ་འཁྲུལ་བ། །འཇིག་རྟེན་འཇིག་རྟེན་མིན་པ་ཡི། །ཕུན་ཚོགས་ཟད་པར་སྦྱིན་པར་བྱེད། །སྐྱོ་བ་མེད་པར་མི་ཕྱེད་ཅིང། །རྟག་ཏུ་ཕན་དང་བདེ་འདོད་པ། །ལས་ལྔ ་དང་གིས་རྒྱལ་སྲས་རྣམས། །སེམས་ཅན་གྲོགས་པོ་འདྲ་བ་ཡིན། །གོང་དག་སེམས་ཅན་སྨིན་བྱ་ལ། །རྟག་ཏུ་བརྩོན་པ་དང་ལྡན་ཞིང། །ཡང་དག་ངེས་པར་འབྱུང་བར་སྨྲ། །ལོག་པར་སྒྲུབ་པ་རྣམས་ལ་བཟོད། །ཕུན་སུམ་ཚོགས་པ་གཉིས་སྦྱིན་བྱེད། །དེ་ཡིས་ཐབས་ལ ་མཁས་པ་ནི། །ལས་ལྔ་དག་གིས་རྒྱལ་སྲས་རྣམས། །སེམས་ཅན་བྲན་དད་འདྲ་བ་ཡིན། །གང་དག་མི་སྐྱེ་ཆོས་ལ་ནི། །བཟོད་པ་ཐོབ་པར་འདོད་པ་དང། །ཐེག་པ་ཐམས་ཅད་སྟོན་པ་དང། །རྣལ་འབྱོར་འགྲུབ་བར་སྦྱོར་བ་དང། །བཞིན་མཛེས་ལན་དུ་ཕན་འདོགས་དང། །རྣམ་པར་སྨིན ་ལ་མི་ལྟ་བ། །ལས་ལྔ་དག་གིས་རྒྱལ་སྲས་རྣམས། །སེམས་ཅན་སློབ་དཔོན་འདྲ་བ་ཡིན། །སེམས་ཅན་དོན་ལ་ཤིན་ཏུ་བརྩོན། །ཚོགས་རྣམས་རྫོགས་པར་བྱེད་པ་དང། །ཚོགས་བསགས་མྱུར་དུ་གྲོལ་བར་བྱེད། །མི་མཐུན་ཕྱོགས་ནི་སྤོང་བྱེད་ཅིང། །འཇིག་རྟེན་འཇིག་རྟེན་མ་ཡིན ་པའི། །ཕུན་སུམ་ཚོགས་པ་ལ་སྦྱོར་བ། །ལས་ལྔ་དག་གིས་རྒྱལ་སྲས་རྣམས། །སེམས་ཅན་མཁན་པོ་འབྲ་བ་ཡིས། །ལོངས་སྤྱོད་རྣམས་ལམ་ཆགས་དང། །ཚུལ་ཁྲིམས་ཉམས་བ་མེད་པ་དང། །བྱས་བ་གཟོ་དང་ལྡན་པ་དང། །སྒྲུབ་པ་ལ་ཡང ་སྦྱོར་བའི་ཕྱིར། །ཕ་རོལ་ཕྱིན་པ་དྲུག་པོ་ལ། །དེ་ལྟར་འཇུག་པའི་ལུས་ཅན་དག་།བྱང་ཆུབ་སེམས་དཔའ་རྣམས་ལ་ནི། །དེ་བཞིན་ལན་དུ་ཕན་འདོགས་ཡིན། །རྟག་ཏུ་འཕེལ་དང་ཉམས་པ་དང། །སེམས་ཅན་རབ་ཏུ་སྨིན་པ་དང། །ས་ལ་ཁྱད་པར་འགྲོ་བ་དང། །བླ་ན་མེད་པཱི ་བྱང་ཆུབ་འདོད། །འཇིགས་སྤངས་ཡང་དག་བསྐྱེད་པ་དང། །ཐེ་ཚོམ་དག་ནི་བཅོད་པ་དང། །སྒྲུབ་པ་ཡིས་ནི་གདམས་ངག་ལ། །རྒྱལ་སྲས་རྟག་ཏུ་ཆུད་མི་ཟ། །རེ་བ་མེད་པའི་སྦྱིན་པ་དང། །ཡང་སྲིད་མི་འདོད་ཚུལ་ཁྲིམས་དང། །ཐམས་ཅད་ལ་ནི་བཟོད་པ་དང། །ཡོན་ཏན ་ཀུན་འབྱུང་བརྩོན་འགྲུས་དང། །དེ་བཞིན་བསམ་གཏན་གཟུགས་མེད་མིན། །ཤེས་རབ་ཐབས་དང་ལྡན་པ་ནི། །ཕ་རོལ་ཕྱིན་པ་དྲུག་པོ་ལ། །བསྟན་པ་རྣམས་ཀྱི་ཡང་དག་སྦྱོར། ལོངས་སྤྱོད་ཆགས་དང་ཉམས་བཅས་དང། །ང་རྒྱལ་ཉིད་དང་བསོད་ཉམས་དང། །རོ ་མྱང་བ་དང་རྣམ་རྟོག་ནི། །བརྟན་པ་རྣམས་ཀྱི་ཉམས་པའི་རྒྱུ་།དེ་དག་གཉེན་པོ་ལ་གནས་པའི། །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ནི། །དེ་ལS་བཟློག་ཕྱིར་ཁྱད་པར་གྱི། །སྐལ་ཅན་ཆོས་སུ་ཤེས་པར་བྱ། །སྤྲུལ་པ་དང་ནི་ཚུལ་འཆོས་དང། །བཞིན་གྱིས་མཛེས ་ནི་སྟོན་པ་དང། །དེ་བཞིན་འབྲལ་ལ་འཇུག་པ་དང། །ལུས་དང་ངག་ནི་ཞིབ་དང། །དེ་བཞིན་སྨྲ་མཁས་ཕུན་སུམ་ཚོགས། །དེ་དག་སྒྲུབ་དང་བྲལ་བ་ནི། །བྱང་ཆུབ་སེམས་དཔའ་རྣམ་དག་གི། ཡང་དག་མིན་བ་ཉིད་དུ་བཤད། །བཟློག་པ་རབ་ཏུ་སྦྱོར་རྣམས་ཀྱི།། ་དེ་དག་ཡང་དག་ཉིད་དུ་བཤད། །བློ་ལྡན་དེ་དག་ས་ཀུན་ཏུ། །སྦྱིན་ལ་སོགས་བ་ཉེར་སྒྲུབ་པས། །སེམས་ཅན་རྣམས་ཀྱི་མི་མཐུན་ཕྱོགས། །རྣམ་དྲུག་ཏུ་ནི་འདུལ་བར་བྱེད། །གང་ཟག་དུས་ཀྱི་བྱེ་བྲག་གིས། །བློ་ལྡན་ལུང་བསྟན་རྣམ་པ་གཉིས། །བྱང་ཆུབ་དང་ནི་ལུང ་སྟོན་པར། །གཞན་ཡང་ཆེན་པོར་བརྗོད་པ་ནི། །མི་སྐྱེ་བཟོད་པ་ཐོབ་པ་ཡིས། །ང་རྒྱལ་རྩོལ་བ་སྤངས་པ་དང། །སངས་རྒྱས་སྲས་རྣམས་ཐམས་ཅད་དང། །ངོ་བོ་གཅིག་ཏུ་གྱུར་པ་ལས། །ཡང་དེ་ཞིང་དང་མིང་དང་ནི། །དུས་དང་བསྐལ་པའི་མིང་དང་ནི། །འཁོར་དང་དམ་པའི་ཆོས་དག་ཀྱང། ་གནས་པའི་སྒོ་ནས་དེར་འདོད་དོ། །བློ་ལྡན་རྣམ་པ་ཐམས་ཅད་དུ་?་ཕུན་ཚོགས་ཀྱེ་དང་མི་སྐྱོ་དང། །རྟག་ཏུ་སྒོམ་བར་བྱེད་པ་དང། །ཏིང་འཛིན་ཉམས་པ་མེད་པ་དང། །བྱ་བ་འགྲུབ་དང་ལྷུན་འགྲུབ་པའི། །བཟོད་པ་ཐོབ་པར་ངེས་པར་འགྲུབ། །མཆོད་བསླབ་ཡང་དག་བླང་བ་དང། །སྙིང་རྗེ ་དགེ་པ་བསྒོམ་པ་དང། །དེ་བཞིན་དགོན་པར་བག་ཡོད་དང། །ཐོས་དོན་ངོམས་མི་ཤེས་པ་ཉིད། །ས་རྣམས་ཀུན་ལ་བསྟན་པ་ཡིས། །གདོན་མི་ཟ་བར་བྱ་བ་ཉིད། །འདོད་པའི་ཉེས་དམིགས་ཤེས་པ་དང། །འཁྲུལ་པ་དག་ལ་རྟོག་པ་དང། །སྡུག་བསྔལ་དང་དུ་ལེན་ཉིད་དང། །དགེ་བ་དང་ནི ་སྒོམ་བ་དང། །བདེ་ལ་རོ་མྱང་མེད་ཉིད་དང། །མཚན་མ་རྣམ་པར་མི་རྟོག་པ། །ས་རྣམས་ཀུན་ལ་?་ཡི། །རྟག་ཏུ་བྱ་བ་དག་ཡིན་ནོ། །ཆོས་སྦྱིན་ཚུལ་ཁྲིམས་དག་པ་དང། །མི་སྐྱེ་བཟོད་པ་ཐོབ་པ་དང། །ཐེག་ཆེན་བརྩོན་འགྲུས་རྩོམ་པ་དང། །མཛའ་ལ་སྙིང་རྗེ་ལྡན་གནས་དང། །ཤེS ་རབ་བློ་དང་ལྡན་རྣམས་ཀྱིས། །ཕ་རོལ་ཕྱིན་པའི་གཙོ་བོར་འདོད། །མདོ་སོགས་རྣམ་པའི་བྱེ་བྲག་གིས། །རིག་པའི་གནས་ནི་རྣམ་གཞག་པ། །ས་རྣམས་ཀུན་ལ་བརྟན་པ་ཡི། །ཆོས་རྣམས་གཞག་པ་ཡིན་ཞེས་བྱ། །དེ་བཞིན་ཉིད་ནི་རྣམ་བདུན་ལ། །བརྟེན་པས་བདེན་བས ་རྣམ་པར་གཞག། །རིགས་པ་ཐེག་པ་རྣམ་གཞག་པ། །རྣམ་པ་བཞི་དང་རྣམ་གསུམ་ཉིད། །ཚུལ་བཞིན་ཡིད་ལ་བྱེད་པ་དང། །ཡང་དག་ལྟ་བ་འབྲས་ལྡན་དང། །ཚད་མས་རྣམ་འབྱེད་བསམ་མི་ཁྱབ། །རིགས་པ་བཞིར་ནི་ཤེས་པར་བྱ། །བསམ་པ་དང་ནི་བཤད་ཉིས་དང་སྦྱོར ་བ་དང་ནི་ཚོགས་དག་དང། །གྲུབ་པ་རབ་ཏུ་དབྱེ་བ་ཡིས། །ཐེག་པ་རྣམ་པ་གསུམ་དུ་འདོད། །མིང་དང་དངོས་དག་ཕན་ཚུན་དུ། །བློ་བུར་བ་ནི་ཉིད་དུ་བཙལ། །འདོག་པ་རྣཾ་པ་གཉིས་པོ་འདིར། །དེ་ཙམ་དུ་ནི་ཚོལ་བའོ། །ཐམས་ཅད་དམིགས་སུ་མེད་པའི་ཕྱིར། །ཡང་དག་ཡེ་ཤེས ་རྣམ་པ་བཞི། །ས་རྣམས་ཀུན་ལ་བརྟན་པ་ཡི། །དོན་ཀུན་འགྲུབ་པར་བྱེད་པར་འགྱུར། འཆིང་བ་ཡིན་ནི་རྟེན་དག་དང། །ལོངས་སྤྱོད་ས་བོན་རྒྱུ་མཚན་འདིར། །སེམས་དང་སེམས་ལས་བྱུང་བ་རྣམས། །རྟེན་བཅས་ས་བོན་བཅས་ཏེ་བཅིངས། །མདུན་བཞག ་མཚན་མ་གང་ཡིན་དང། །བདེ?་ཉིད་འདུག་བ་གང་ཡིན་པ། །ཐམས་ཅད་རྣམ་འཇིག་བློ་ལྡན་གྱིས། །བྱང་ཆུབ་མཆོག་ནི་ཐོབ་པར་འགྱུར། །དེ་བཞིན་ཉིད་དམིགས་ཡེ་ཤེས་དང། །གཉིས་སུ་འཛིན་པ་རྣམ་སྤངས་དང། །གནས་ངན་ལེན་ལུས་མངོན་གསུམ་པ། །བློ་ལྡན ་དེ་ཟད་བྱེད་བར་འདོད། །དེ་བཞིན་འདི་དམིགས་ཡེ་ཤེས་ནི། །རྣམ་པ་ཐ་དད་མེད་བསྒོམས་ཤིང། །ཡོད་དང་མེད་དོན་མངོན་སུམ་པ། །རྣམ་རྟོག་དབང་འབྱོར་ཉིད་ཅེས་བྱ། །བྱིས་པ་ཡང་དག་ཉིད་བསྒྲིབS་ནས། །ཡང་དག་མ་ཡིན་ཀུན་ཏུ་སྣང། །བྱང་ཆུབ་སེམས་དཔའ་ཨི་དེ་གསལ ་ནས། །ཡང་དག་ཉིད་ནི་ཀུན་ཏུ་སྣང། །དོན་མེད་པ་དང་དོན་ཡོད་དག་།མི་སྣང་སྣང་བ་ཡིན་ཞེས་བྱ། །དེ་ནི་གནས་གཞན་གྱུར་པ་སྟེ། །འདོད་དགུང་སྤྱོད་ཕྱིར་ཐར་པ་ཡིན། །དོན་མེད་རྣམ་པ་ཐམས་ཅད་དུ། །གཞན་དང་གཞན་རིགས་མཐུན་སྣང་བ། །དང?་ཆད་བྱེད་ཡིན ་ད་ལྟ་བས། །ཡོངས་ཤེས་བྱས་ནས་དེ་སྤོང་ངོ། །ཡོངས་སྨིན་རྣམ་པར་སྤྱད་བྱ་དང། །ཐོབ་བྱ་སྨིན་པར་རུང་བྱ་དང། །ཡང་དག་བཤད་པའི་དངོས་པོ་ནི། །བློ་ལྡན་རྣམས་ཀྱི་དཔག་ཏུ་མེད། །བྱང་ཆུབ་སེམས་ནི་སྐྱེ་བ་དང། །མི་སྐྱེ་བ་ཡི་བཟོད་པ་ཉིད། །དྲི་མེད་མིག་ནི་དམན་པ ་དང། །ཟག་པ་ཟད་པ་ཉིད་དང་ནི། །དམ་ཆོས་ཡུན་རིངས་གནས་པ་དང། །བྱེ་བྲག་ཤེས་གཅོད་ལོངས་སྤྱོད་ཉིད། །དེ་ལ་ཞུགས་པ་བློ་ལྡན་གྱི། །བཤད་པའི་འབྲས་བུ་ཡིན་ཞེས་བྱ། །དམིགས་པ་ཆེ་བ་ཉིད་དང་ནི། །དེ་བཞིན་སྒྲུབ་པ་གཉིས?་དག་དང། །ཡེ་ཤེས་བརྩོན ་འབྲུས་རྩོམ་པ་དང། །ཐབས་ལ་མཁས་པར་གྱུར་པ་དང། །ཡང་དག་གྲུབ་བ་ཆེན་པོ་དང། །སངས་རྒྱས་འཕྲིན་ལས་ཆེན་པོ་སྟེ། །ཆེན་པོ་འདི་དང་ལྡན་པའི་ཕྱིར། །ཐེག་ཆེན་ཞེས་ནི་ངེས་པར་བརྗོད། །རིགས་དད་ཚེས་ལ་མོས་པ་དང། དེ་བཞིན་སེམས་ནི ་བསྐྱེད་པ་དང། །སྦྱིན་ལ་སོགས་བ་སྒྲུབ་པ་དང། །སྐྱོན་མེད་པ་ལ་འཇུག་ཉིད་དང། །སེམས་ཅན་ཡོངས་སུ་སྨིན་བྱེད་དང། །ཞིང་ནི་རྣམ་པར་སྤྱོད་བ་དང། །མི་གནས་མྱ་ངན་འདས་པ་དང། །བྱང་ཆུབ་མཆོག་དང་སྟོན་པའོ། །གཅིག་ནི་མོས་པ་དང་ལྡན་པ། ལྷག་པའི་བསམ་པ་དག ་པ་གཞན། །མཚན་མ་དང་ནི་མཚན་མེད་དང། །མངོན་པར་འདུ་བྱེད་མེད་སྤྱོད་པ། །ལྔ་པོ་འདི་དག་ས་ཀུན་ལ། །བྱང་ཆུབ་སེམས་དཔའ་ཡིན་ཞེས་བྱ། །འདོད་ལ་མ་ཆགས་ལས་གསུམ་རྣམ་པར་དག་།ཁྲོ་བཟིལ་གནོན་ཡོན་ཏན་མཆོག་ལྷུར་ལེན། །ཆོས་ལས་མི་གཡོ་དེ་ཉིད་ཟབ ་མོ་མཐོང། །བྱང་ཆུབ་དགའ་ལྡན་བྱང་ཆུབ་སེམས་དཔའ་ཡིན། །ཕན་འདོགས་འདོད་དང་གནོད་པ་མེད་ལྟ་དང། །གཞན་གྱི་གནོད་པ་དང་དུ་ལེན་པ་དང། །བརྟན་པ་བག་ཡོད་མང་དུ་ཐོས་པ་དང། །གཞན་གྱི་དོན་བརྩོན་བྱང་ཆུབ་སེམས་དཔའ་ཡིན། །རང་གི་ཡོངས་སུ་བཟུང་བའི་ཉེས ་དམིགས་ཤེས། །ལོངས་སྤྱོད་མ་ཆགས་ཞེ་ལ་ཁོན་མི་འཛིན། །རྣལ་འབྱོར་རྒྱུ་མཚན་ལ་མཁས་ལྟ་ངན་མེད། །ནང་དུ་རབ་གནས་བྱང་ཆུབ་སེམས་དཔའ་ཡིན། །བརྩེ་དང་ལྡན་པ་དོ་ཅི་ཡོན་ཏན་གནས། །སྡུག་བསྔལ་དང་ལེན་རང་གི་བདེ་མ་ཆགས། །དྲན་གཙོ་ཤིན་ཏུ་མཉམ་པར་བཞག ་པའི་བདག། ཐེག་པ་མི་འཁྲུགས་བྱང་ཆུབ་སེམས་དཔའ་ཡིན། །སྡུག་བསྔལ་སེལ་བ་སྡུག་བསྔལ་མི་བྱེད་ཉིད། །སྡུག་བསྔལ་བཟོད་བ་སྡུག་བསྔལ་འཇིགས་པ་མེད། །སྡུག་བསྔལ་རྣམ་གྲོལ་སྡུག་བསྔལ་མི་རྟོག་པ། །སྡུག་བསྔལ་མཁས་ལེན་བྱང་ཆུབ་སེམས་དཔའ་ཡིན ་ཆོS་ལ་མི་དགའ་རང་བཞིན་ཆོས་ལ་དགའ་། །ཆོས་པ་སྨོད་ཅིང་ཆོས་ལ་མངོན་པར་བརྩོན། །ཆོས་ལ་བད་པ་ཆོས་ལ་མུན་པ་མེད། །ཆོས་གཙོར་བྱེད་པ་བྱང་ཆུབ་སེམས་དཔའ་ཡིན། །ལོངས་སྤྱོད་བག་ཡོད་ངེས་ལ་བག་ཡོད་དང། །བསྲུང་ལ་བག་ཡོད་དགེ་ལ་བག་ཡོད་དང ་བདེ་ལ་བག་ཡོད་ཆོས་ལ་བག་ཡོད་དེ། །ཐེག་པ་བག་ཡོད་བྱང་ཆུབ་སེམས་དཔའ་ཡིན། །མ་གུས་ངོ་ཚ་ཉེས་ཆུང་ངོ་ཚ་དང། །མི་བཟོད་ངོ་ཚ་ཡོངས་ཉམས་ངོ་ཚ་དང། །རྣམ་འཕྲོ་དོ་ཚ་ལྟ་ཆུང་དོ་ཚད་ད། །ཐེག་གཞན་ངོ་ཚ་བྱང་ཆུབ་སེམས་དཔའ་ཡིན། །འདི་དང་ལ ་རོལ་དང་ནི་བཏང་སྙོམས་དང། །འདུ་བྱེད་ལྡན་དང་དབང་འབྱོར་ཉིད་ཐོབ་དང། །མཚུངས་པར་སྟོན་དང་འབྲས་བུ་ཆེན་པོ་ཡིས། །བྱང་ཆུབ་སེམས་དཔའ་ཕན་འདོགས་བྱེད་ལ་འཇུག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེ་?་ལྡན་ཉིད་དང་གསལ ་བའི་མཆོག། རྒྱལ་སྲས་རྒྱལ་བའི་བཞི་དང་ནི། །རྒྱལ་བྱེད་རྒྱལ་བའི་མྱུ་གུ་དང། །རྩལ་ལྡན་དང་ནི་འཕགས་མཆོག་དང། །དེད་དཔོན་དང་ནི་གྲགས་མཆོག་དང། །སྙིང་རྗེ་ཅན་དང་བསོད་ནམས་ཆེ། །དབང་ཕྱུག་དེ་བཞིན་ཆོས་དང་ལྡན། །དེ་ཉིད་བཟང་རྟོགས་དོན་ཆེན་ལེགས ་རྟོགས་དང། །དོན་ཀུན་རྟོགས་དང་རྟག་ཏུ་རྟོགས་པ་དང། །ཐབས་རྣམས་རྟོགས་པར་གྱུར་པའི་ཁྱད་པར་རྒྱུས། །དེས་ན་བྱང་ཆུབ་སེམས་དཔའ་ཞེས་བྱའོ། །བདག་རྗེས་རྟོགས་དང་ལྟ་བ་ཕྲ་རྟོགས་དང། །རྣམ་རིག་སྣ་ཚོགས་རྣཾ་པར་རྟོགས་དང་ཀུན། །ཡང་དག་མིན་རྟོག་ཡིན ་པར་རྟོགས་པའི་རྒྱུ། །དེས་ན་བྱང་ཆུབ་སེམས་དཔའ་ཞེས་བྱའོ། །མ་རྟོགས་རྟོགས་དང་རྗེས་སུ་རྟོགས་པ་རྟོགས། །དངོས་མེད་རྟོགས་དང་རབ་ཏུ་སྐྱེ་བ་རྟོགས། །མ་རྟོགས་རྟོགས་པ་སོ་སོར་རྟོགས་པའི་རྒྱུ། །དེས་ན་བྱང་ཆུབ་སེམས་དཔའ་ཞེས་བྱའོ། །དོན་མེད་རྟོགས་དང ་དོན་དམ་རྟོགས་པ་དང། །དོན་ཀུན་རྟོགས་དང་མཛའ་དག་དོན་རྟོགས་དང། །རྟོགས་བྱ་རྟོགས་བཞི་རྟོགས་བ་རྟོགས་པའི་རྒྱུ། །དེས་ན་བྱང་ཆུབ་སེམས་དཔའ་ཞེས་བྱའོ། །གྲུབ་པར་གྱུར་པ་རྟོགས་དང་གནས་རྟོགས་དང། །ལྷུམS་རྗེས་རྟོགས་དང་རིམ་པ་རྟོགས་པ་དང། །རབ་ཏུ ་རྟོགས་དད་ཐེ་ཚོམ་གསལ་རྟོགས་རྒྱུ། །དེས་ན་བྱང་ཆུབ་སེམས་དཔའ་ཞེས་བྱའོ། །བློ་དང་ལྡན་པ་བློ་ཐོབ་མ་ཐོབ་དང། །རབ་ཏུ་གནས་རྟོགས་རྗེས་སུ་རྟོགས་པ་དང། །སོ་སོར་འཆད་བློ་བརྗོད་མེད་པ་བཅོམ་དང། །ད་ཅན་བློ་གྲོས་མ་སྨིན་ཡང་དག་སྦྲིན?། །ཡོན་ཏན་གྱི ་སྐབས་རྫོགས་སོ།། །།བརྩེ་དང་སྙན་པར་སྨྲ་བ་དང། །བསྟན་པ་ཉིད་དང་ལག་བརྒྱད་ཉིད། །དགོངས་པ་ཟབ་མོ་ངེས་འགྲེལ་བ། །འདི་དག་བློ་ལྡན་རྣམས་ཀྱིས་བརྟགས། །ལོངས་བཟུང་མོས་པ་ཐོབ་པ་དང། །མི་སྐྱོ་གཉིས་གྱིས་བསྡུས་པའི་ཕྱིར།། །མ་པ་དད་ནི་སྦྱར ་བ་ལས། །བརྟགས་སྔར་རྣམ་པར་ཤེས་པ་བྱ། །བྱང་ཆུབ་སེམས་དཔའ་རྟག་ཏུ་ནི། །ཁྱིམ་པ་འཁོར་ལོས་སྒྱུར་རྣམས་སུ། །གྱུར་ནས་སྐྱེ་བ་ཐམས་ཅད་དུ། །སེམས་ཅན་རྣམས་ཀྱིས་དོན་བྱེད་དོ། །ས་རྣམས་ཀུན་ལ་བློ་ལྡན་གྱིས། །རབ་བྱུང་ལེན་པས་ཐོབ་པ་དང། །ཆོས་ཉིད་ཀྱིས་ནི་ཐོབ་པས་བཞར? ་རབ་ཏུ་བྱུང་བསྟོན་བྱེད་ཡིན། །རབ་ཏུ་བྱུང་བའི་ཕྱོགས་དག་ནི། །ཡོན་ཏན་ཚད་མེད་རྣམས་དང་ལྡན། །དེ་ལྟས་སྡོམ་བརྩོན་ཁྱིམ་ཡིས། །བྱང་ཆུབ་སེམས་དཔའ་ལས་ཁྱད་འཕགས། །ས་རྣམས་ཀུན་ལ་བརྟེན་པ་ཡིས། །ཕ་རོལ་སྡུག་པའི་འབྲས་བུ་དང། །འདི་ལ་དགེ་ལ་?་འདོད ་དང། །མྱ་ངན་འདས་པ་འདོད་པ་དང། །མ་དག་རྣམ་དག་རབ་དག་པ། །སེམས་ཅན་རྣམས་ལ་བསམ་པར་འདོད། །ས་རྣམས་ཀུན་ལ་བློ་ལྡན་པའི། །སྨོན་ལམ་དང་ནི་སེམས་མཉམ་དང། །བདག་པོར་གྱུར་པ་དག་དང་ནི། །འཁོར་སྡུད་པ་ཡིས་ཡོངས་སུ་འཛིན། །བློ་ལྡན་རྣམས་ཀྱིས་ལS་དང ་ནི། །གཞན་ཡང་སྨོན་ལམ་དག་དང་ནི། །ཏིང་ངེ་འཛིན་དང་དབང་འབྱོར་པའི། །དབང་གིས་སྐྱེ་བར་འདོད་པ་ཡིན། །མཚན་ཉིད་གང་ཟག་བསླབ་པ་དང། །ཕུང་པོ་གྲུབ་པ་རྟགས་དང་ནི། །དེས་པའི་ཚིག་དང་ཐོས་པ་ཡིས། །གནས་པ་དང་ནི་ས་ཉིད་དོ། །སྟོང་པ་ཉིད་ནི་མཆོག་རྟོགས་ནས།། ་ལས་རྣམས་ཆུ་?་མི་ཟ་བར་གནས། །བསམ་གཏན་རབ་དེས་གནས་ནས་ནི། །དེ་ཡི་འོག་ཏུ་འདོད་པར་སྐྱེ། །དེ་ནས་བྱང་ཆུབ་ཕྱོགས་མཐུན་རྣམས། །འཁོར་བ་རྣམས་སུ་ཡོངས་སུ་སྔོ། །སེམས་ཀུན་ཉོན་མོངས་མེད་པར་ནི། །སེམས་ཅན་རྣམས་ཡོངས་སྨིན་པར་བྱེད། །ཆེད་དུ་བསགས ་ཏེ་སྐྱ་བས་ན། །ཀུན་ནས་ཉོན་མོངས་རྗེས་སུ་སྲུང། །འགྲོད་པ་གཅིག་པའི་ལམ་དང་འབྲེལ། །མཚན་མེད་གཅིག་ཏུ་ངེས་པའི་ལམ། །མཚན་མ་མེད་པར་ལྷུན་གྱིS་གྲུབ། །ཞིང་ཡང་རྣམ་པར་སྤྱོད་པ་སྟེ། །དེའི་འོག་ཏུ་སེམས་ཅན་ནི། །སྨིན་པར་བྱེད་པ་དག་པར་འགྱུར། །ཏིང་ངེ་འཛིན་དང ་གཟུངས་རྣམས་དང། །བྱང་ཆུབ་རྣམ་པར་དག་པ་ཉིད། །རྣམ་པར་བཞག་པ་འདི་དག་གིས། །ས་ཡི་མཚན་ཉིད་ཤེས་པར་བྱ། །བྱང་ཆུབ་སེམས་དཔའ་ལྷ་བ་རྣམ་པར་དག་།ཚུལ་ཁྲིམས་ཤིན་ཏུ་རྣམ་དག་མཉམ་པར་བཞག། ཆོས་ལང་སྤངས་རྒྱུད་དང་ཀུན་ཉོན་མོངས། །རྣམ་པར་དག་པ ་ཐ་དད་ང་རྒྱལ་མེད། །སྐད་ཅིག་གཅིག་བོ་ཐོབ་པ་བཏང་སྙོམས་པ། །ཞིང་རྣམས་སྤྱོད་བ་སེམས་ཅན་སྨིན་བྱེད་པར། །མཁས་པ་མཐུ་ཆེན་ལུས་ཡོངས་རྫོགས་པ་དང། །དེས་པར་སྟོན་ལ་མཁས་པ་དབང་བཀུར་ཡིན། །ཆོས་ཉིད་རབ་ཏུ་རྟོགས་ནས་འདོག?་།ལྷག ་པའི་ཚུལ་ཁྲིམས་ལྟག་སེམས་དང། །ལྷག་པའི་ཤེས་རབ་ལ་རྗེས་སློབ། །ཤེས་རབ་སྤྱོད་ཡུལ་གཉིས་ཡིན་ཏེ། །ཆོས་ཀྱི་དེ་ཉིད་དང་དེ་ནི། །མི་ཤེས་ཤེས་སོགས་འཇུག་བ་ཉིད། །ཤེས་རབ་སྤྱོད་ཡུལ་དེ་ལྟ་བས། །དེས་གཉིས་ལ་རྣམ་པར་གནས། །བསླབ་པ་རྣམས་དང་སྒོམ་པ་ཡི།། ་འབྲས་བུ་གཞན་ནི་རྣམ་བ་བཞི། །མཚན་མེད་འདུ་བྱེད་དང་བཅས་པར། །གནས་ལ་འབྲས་བུ་དང་པོ་ཡིན། །དེ་ཉིད་མངོན་དུ་བྱེད་མེད་དང། །ཞིང་ནི་རྣམ་པར་དག་པ་དག། འབྲས་བུ་གཉིས་པར་འདོད་པ་ཡིན། །སེམས་ཅན་སྨིན་པར་འགྲུབ་ཉིད་དང། །ཏིང་ངེ་འཛིན་དང་གཟུངས ་རྣམས་ནི། །འགྲུབ་པའི་འབྲས་བུ་དམ་པ་ཡིན། །འབྲས་བུ་རྣམ་པ་འདི་བཞི་ནི། །ས་གཞི་པོ་ལ་ཡང་དག་བརྟེན། །ཆོས་ཉིད་རབ་ཏུ་རྟོགས་ནས་འདིར། །ཚུལ་ཁྲིམས་ཀྱིས་ནི་ཕུང་པོ་སྦྱོད། །དེ་ཡི་འོག་ཏུ་ཏིང་འཛིན་དང། །ཤེས་རབ་ཕུང་པོ་རྣམ་པར་སྤྱོད། །དེ་ལས་གཞན་བདག་ལ་ནི།། ་སྒྲིབ་རྣམ་བཞི་དང་ཐོགས་པ་ཡིས། །སྒྲིབ་པ་ལས་ཀྱང་རྣམ་གྲོལ་དང། །གྲོལ་བའི་ཡེ་ཤེས་རྣམ་པར་སྤྱོད། །ས་རྣམས་ཐམས་ཅད་མ་གྲུབ་དང། །གྲུབ་བདག་ཏུ་ཤེས་པར་བྱ། །གྲུབ་བདག་ཀྱང་མ་གྲུབ་དང། །གྲུབ་པ་དག་ཏུ་ཡང་འདོད་དོ། །གྲུབ་པ་ཇི་ལྟར་རྣམ་བཞག་བཞིན།། ་ཡིད་ལ་བྱེད་པས་དེ་རྟོགས་པར། །ཤེས་པའི་ཕྱིར་དང་དེ་ཉིད་དང། །རྣམ་མི་རྟོག་ཕྱིར་རྣམ་ཤེས་བྱ་སོ་སོ་རང་རིག་བྱ་ཕྱིར་དང། །སངས་རྒྱས་རྣམས་ཀྱི་ཡུལ་གྱི་ཕྱིར། །ས་རྣམས་ཀུན་ལ་སྒོམ་བ་དང། །གྲུབ་པ་ཡང་ནི་བསམ་མི་ཁྱབ། །སྣང་དང་བཅས་དང་མོས་པ་དང། །མཐུན ་པ་དང་མི་དམན་ཞིང། །གཞན་དིར?་མི་འཇོག་བདག་ཉིད་དང། །ཐམས་ཅད་རབ་ཏུ་རྟོགས་པ་དང། །ཀུན་ལ་སོམས་ནི་མཉམ་པ་དང། །བཀྲི་དང་རྗེས་སུ་ཆགས་མེད་དང། །ཐབས་ཤེS་འཁོར་དུ་སྐྱེ་བ་ནི། །ཀུན་ལ་བརྟགས་སུ་འདོད་པ་ཡིན། །འདུན་པ་མེད་པ་མ་ཡིན་ཆགས་དང ་འཁུ་བའི་སྙིང་མེད་ཁྲོ་མིན་ལེ་ལོ་མེད། །བྱམས་དང་སྙིང་རྗེ་མིན་པའི་བསམ་མེད་བློ་གྲོས་ངན་རྟོག་རྣམ་རྟོག་འཕྲོགས་པ་མེད། །བློ་གྲོས་རྣམ་པར་གཡེངས་མིང་བདེ་བས་མི་འཕྲོགས་སྡུག་བསྔལ་དག་གིས་གནོད་པ་མེད། །དགེ་བའི་བཤེས་གཉེན་ཉེ་བར་བརྟེན་ཞིང་ཐོས་པ་ལྟུར་ལེན་སྟོན་པ། ་མཆོད་ལ་བརྩོན། །ཐབས་མཆོག་ཤེས་པ་གང་ཞིག་བསོད་ནམས་ཡང་དག་བསྡུད་བ་ཤིན་ཏུ་རྒྱ་ཆེན་ཀུན། །གཞན་དང་མཐུན་མོང་བཅད་ནས་ཉོན་ཅི་གར་ཞིན་དུ་རྫོགས་པའི་བྱང་ཆུབ་ཡོངས་བསྔོ་ཞིང། །བཟང་པོའི་གནས་སུ་སྐྱེས་པ་རྟག་ཏུ་དགེ་བྱེད་མངོན་ཤེས་ཡོན་ཏན་རྣམS ་ཀྱིས་རྩེན། །སངས་རྒྱས་སྲས་དེ་ཀུན་གྱི་བླ་ན་འདུག་པ་ཡོན་ཏན་གཏེར་དུ་ཤེས་པར་བྱ། །ས་རྣམས་ཀུན་ལ་རྣམ་ཀུན་ཏུ། །བློ་ལྡན་རྣམས་ཀྱི་ཕན་ཡོན་ནི། །ཞི་གནས་ལྟག་མཐོང་གཉིས་ཀ་ལ། །ལྔ་པོའི་བདག་ཉིད་དག་ཏུ་འདོད། །བྱང་ཆུབ་ལ་ནི་ཉེ་བ་དང། །སེམས་ཅན་དོན་སྒྲུབ་མཐོང་པ ་ལ། །རབ་ཏུ་དགའ་བ་སྐྱེ་འགྱུར་ཏེ། །དེ་ཕྱིར་རབ་དགའ་ཞེས་བརྗོད་དོ། །འཆལ་ཚུལ་རྩོལ་བའི་དྲི་བྲལ་ཕྱིར། །དྲི་མ་མེད་པའི་ས་ཞེས་བྱ། །ཆོས་ཀྱི་རྣམས་ཆེན་པོ་ནི། བྱེད་པའི་ཕྱིར་ན་འོད་བྱེད་པའོ། །འདི་ལྟར་བྱང་ཆུབ་ཕྱོགས་མཐུན་ཆོས། །རབ་ཏུ་སྲེག་ཁྱེད་འོད་ལྟ་བུ། །དེ་དག་ལྡན་ཕྱིར་ས ་དེ་ནི། །གཉིས་པོ་སྲོག་པས་འོད་འཕྲོ་ཅན། །སེམས་ཅན་རྣམས་ཡོངས་སྨིན་བྱེད་ཅིང། །རང་གི་སེམས་ཀྱང་སུང་བའི་ཕྱིར། །བློ་ལྡན་རྣམས་ཀྱིས་སྤངས?་དཀའ་བ། དེ་ཕྱིར་སྤྱད་དཀའ་ཞེས་བྱའོ། །ཤེས་རབ་ཕ་རོལ་ཏུ་ཕྱིན་བསྟེན་ནས། །འཁོར་བ་དང་ནི་མྱ་ངན་འདས། །གཉིས་འདིར་མངོན ་དུ་གྱུར་པའི་ཕྱིར། །མངོན་དུ་གྱུར་པའི་ས་ཞེས་བཤད། །བགྲོད་གཅིག་ལམ་དང་འབྲེལ་པའི་ཕྱིར། །རིང་དུ་སོད་པའི་སར་འདོད། །འདུ་ཤེས་གཉིས་ཀྱིས་ནི་གཡོའི་ཕྱིར། །མི་གཡོ་བ་ཞེS་དེས་པར་བརྗོད། །སོ་སོ་ཡང་དག་རིག་བློ་བཟང། །ས་དེ་ལེགས་པའི་བློ་གྲོས་ཡིན། །སྤྲིན ་བཞིན་གཉིས་ཀྱིས་ནམ་མཁའ་ཨི་ཆོས། །ཁྱབ་པའི་ཕྱིར་ན་ཆོས་ཀྱི་སྤྲིན། །དགེ་བ་བསྒྲུབ་པ་སྣ་ཚོགས་ལ། །དགའ་བས་བཏགས་པར་ཐམས་ཅད་དུ།། གནས་ཕྱིར་བྱང་ཆུབ་སེམས་དཔའ་ཡི། །ས་རྣམས་གནས་པ་ཡིན་པར་འདོད། །འབྱུང་པོ་དཔག་མེད་འཇིགས་མེད་ཕྱིར། །དཔག་ ་ཏུ་མེད་པ་དེ་དག་ལ། །ཕྱི་ཕྱིར་གོང་དུ་འགྲོ་ལྡན་ཕྱིར། །དེ་དག་ཉིད་ནི་སར་འདོད་དོ། །ས་ཐོབ་བ་ནི་མོས་པ་དང། །སྤྱོད་པ་དག་ལ་འཇུག་པ་དང། །རྟོགས་པའི་ཕྱིར་ནས?་རྣམས་ནི། །གྲུབ་པའི་སྒོ་ནས་རྣམ་པ་བཞིས?་ལུས་ཅན་ཐེག་པ་ཆེན་པོ་དང། །ཐེག་པ ་དམན་ལམས་བ་རྣམས། །གཉིས་ཀ་བདུན་པར་བྱ་བ་དང། །གདལ་བའི་ཕྱིར་ནི་བརྟན་རྣམས་ཀྱི། །སྤྱོད་པ་བཞི་པོ་མདོ་བཞིན་དུ། །རྗེས་སུ་འབྲང་ནས་བཤད་པ་ཡིན། །སྤྱོད་པའི་སྐབས་རྫོགས་སོ།། །།སེམས་ཅན་རྣམས་ལ་བརྩེ་བ་ཅན། །ཕྲད་དང་བྲལ་བའི ་དགོངས་བ་ཅན། །མི་འབྲལ་བ་ཡི་དགོངས་བ་ཅན། །ཕན་བདེ་དགོངས་ཁྱོད་ལ་ཕྱག་འཚལ། །ཐུབ་པ་སྒྲིབ་ཀུན་ངེས་པར་གྲོལ། །འཇིག་རྟེན་ཐམས་ཅད་ཟིལ་གྱིས་གནོན། །ཁྱོད་ཀྱི་མཁྱེན་པས་ཤེས་བྱ་ཁྱབ། །ཐུགས་གྲལ་ཁྱོད་ལ་ཕྱག་འཚལ་ལོ། །སེམས་ཅན་དག་ནི་ཐམས་ཅད ་ཀྱི། །ཉོན་མོངས་མ་ལུས་ཐམས་ཅད་གདུལ། །ཉོན་མོངས་འཇོམས་མཛད་ཉོན་མོངས་ལ། །བརྩེར་བཅས་ཁྱོད་ལ་ཕྱག་འཚལ་ལོ། །ལྷུན་གྱིས་གྲུབ་ཅིང་ཆགས་མི་མངའ་། །ཐོགས་པ་མི་མངའ་རྟག་པར་ནི། །མཉམ་པར་བཞག་ཅིང་འདྲི་ཀུན་གྱི། །ལན་འདོན་ཁྱོད་ལ་ཕྱག་འཚལ ་ལོ། །རྟེན་དང་བརྟེན་པ་བཤད་བྱ་དང། །གསུང་དང་མཁྱེན་པ་འཆག་བྱེད་ལ། །བློ་གྲོས་རྟག་ཐོགས་མི་མངའ་བ། །ལེགས་སྟོན་ཁྱོད་ལ་ཕྱག་འཚལ་ལོ། །གཤེགས་ནས་སྤྱོད་པ་མཁྱེན་མཛད་དེ། །དེ་དག་སྐད་ཅིག་སེམས་ཅན་གྱི། །འོང་དང་འགྲོ་དང་ངེས་འབྱུང་ལ། །ལེཌ ་འདོམས་ཁྱོད་ལ་ཕྱག་འཚལ་ལ། །ལུས་ཅན་ཀུན་གྱིས་ཁྱོད་མཐོང་ན། །སྐྱེས་བུ་དམ་པ་ལེགས་པར་འཚལ། །མཐོང་བ་ཙམ་གྱིས་རབ་དང་བར། །མཛད་བ་ཁྱོད་ལ་ཕྱོགས་འཚལ་ལོ། །ལེན་དང་གནས་དང་བཏོང་བ་དང། །སྤྲུལ་དང་ཡོངས་སུ་སྒྱུར་བ་དང། །ཏིང་ངེ་འཛིན་དང ་ཡེ་ཤེས་ལ། །མངའ་བརྙེད་ཁྱོད་ལ་ཕྱག་འཚལ་ལོ། །ཐབས་དང་སྐྱབས་དང་དག་པ་དང། །ཐེག་ཆེན་ངེས་པར་འབྱུང་བ་ལ། །སེམས་ཅན་རྣམས་ལ་རབ་སླུ་བའི། །བདུད་བཅོམ་ཁྱོད་ལ་ཕྱག་འཚལ་ལོ། །རང་བཞིན་དོན་དུ་ཡེ་ཤེས་དང། །སླངས་དང་ངེས་འབྱུང་འགེཌ? ་བྱེད་པ། །སྟོན་དང་མུ་སྟེགས་གཞན་དག་གིས། །མི་རྫི་ཁྱོད་ལ་ཕྱག་འཚལ་ལོ། །བསྲུང་མེད་བསྙེལ་བ་མི་མངའ་བ། །འཁོར་གྱི་ནང་ན་བག་བརྐྱང་གསུང། །ཀུན་ནས་ཉོན་མོངས་གཉིས་སྤངས་པའི། །འཁོར་སྡུད་ཁྱོད་ལ་ཕྱག་འཚལ་ལོ། །ཀུན་ནས་མཁྱེན་ཁྱོད་རྒྱུ་བ་དང། །གནས་པ་ཀུན་ལ ་བརྟག་པར་ནི། །ཀུན་མཁྱེན་མིན་སྤྱོད་མི་མངའ་སྟེ། །ཡང་དག་དོན་ལྡན་ཁྱོད་ཕྱག་འཚལ། །སེམས་ཅན་ཀུན་གྱི་བྱ་བ་ལ། །ཁྱོད་ནི་དུས་ལས་མི་འདའ་བས། །མཛད་པ་རྟག་ཏུ་དོན་མངའ་བ། །མི་བསྙེལ་ཁྱོད་ལ་ཕྱག་འཚལ་ལོ། །འཇིག་རྟེན་ཀུན་ལ་ཉིན་མཚན་དུ། །ལན་དྲུག་དུ་ནི་སོ་སོར ་གཟིགས། །ཐུགས་རྗེ་ཆེན་པོ་དག་དང་ལྡན། །ཕན་དགོངས་ཁྱོད་ལ་ཕྱག་འཚལ་ལོ། །སྤྱོད་པ་དང་ནི་རྟོགས་པ་དང། །ཡེ་ཤེས་དང་ནི་འཕྲིན་ལས་ཀྱིས། །ཉན་ཐོས་རང་སངས་རྒྱས་ཀུན་གྱིས། །བླ་མ་ཁྱོད་ལ་ཕྱག་འཚལ་ལོ། །སྐུ་གསུམ་དག་གིས་བྱང་ཆུབ་ཆེ། །རྣམ་པ་ཀུན ་བསྙེས?་ཐམས་ཅད་དུ། །སེམས་ཅན་ཀུན་གྱིས་ཐེ་ཚོམ་དག། གཅོད་པ་ཁྱོད་ལ་ཕྱག་འཚལ་ལོ། །འཛིན་པ་མེད་ཅིང་ཉམ་པ་མེད། །རྙོག་པ་མེད་ཅིང་མི་གནས་པ། །མི་གཡོ་ཆོས་རྣམས་ཐམས་ཅད་ལ། །སྤྲོས་མེད་ཁྱོད་ལ་ཕྱག་འཚལ་ལོ། །དམ་པའི་དོན་གྲུབ་པ་སྟེ། །ས་ཀུན་ལS ་ནི་ངེས་པར་འབྱུང། །སེམས་ཅན་ཀུན་གྱི་མཆོག་ཏུ་འགྱུར། །སེམས་ཅན་ཐམས་ཅད་རྣམ་གྲོལ་མཛད། །ཡོན་ཏན་མི་ཟད་མཉམ་མེད་ལྡན། །འཇིག་རྟེན་དག་དང་དཀྱིལ་འཁོར་ནའང། །སྣང་ལ་ལྟ་དང་མི་རྣམས་ཀྱིས། །རྣམ་པ་ཀུན་ཏུ་མི་འཐད་དོ། །དེ་ལྟ་ན་ཡང་དེ་ཡི་མཐུས།། ་གདུལ་བྱའི་སྐལ་པ་ཇི་བཞིན་དུ། །སྲིད་པ་ཇི་སྲིད་གནས་ཀྱི་བར། །དེ་ཡི་མཛད་བ་རྒྱུན་མི་འཆད། །ཐེག་ཆེན་གསུང་རབ་གསལ་བར་བྱེད་པའི་རྒྱུན། །རྒྱལ་སྲས་རྣམས་ཀྱི་འཇུག་དོགས་ཆུ་གཏེར་ཆེ། །ཟབ་ཅིང་རྒྱ་ཆགས་ལ་བྱེད་ཉི་མའི་འོད། །སྐལ་ལྡན་བློ་ཡི་པདམོ ་རྒྱས་བྱེད་ཡིན། །ཐེག་པ་ཆེན་པོ་མདོ་སྡེའི་རྒྱན་ཅེས་བྱ་བ་ལས་མཐར་ཐུག་གི་ལེའུ་སྟེ་ཉི་ཤུ་རྩ་གཅིག་པའོ།། །།སྡོམ་ན་ཐབས་ལྡན་ཕ་རོལ་ཕྱིན་པ་དང། །ཚད་མེད?་བྱང་ཆུབ་ཕྱོགས་མཐུན་དང། །ཡོན་ཏན་སྤྱད་དང་མཐར་ཐུག་པ། ས་དང་འབྲས ་བུ་ཉིད་ཡིན་ནོ། །ཐེག་པ་ཆེན་པོའི་མདོ་སྡེའི་རྒྱན་གྱི་ཚིག་ལེའུར་བྱས་པ། །རྗེ་བཙུན་བྱམས་པ་མགོན་པོས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཤཱཀྱ་སིད་ཧ་དང། བོད་ཀྱི་ལོཙྪ་བ་དཔལ་བརྩེགས་སོགས ་ཀྱིས་བསྒྱུར་ཅིང་ཞུས་སྟེ་གཏན་ལ་ཕབ་པའོ།། །། མངྒ་ལཾ། ། *། །དབུས་དང་མཛའ་རྣམ་པར་འབྱེད་པའི་གཞུང་བཞུགས་སོ། །རྒྱ་གར་སྐད་དུ། མ་དྷཡན་ཏ་བིབྷཾ་ག། བོད་སྐད་དུ། དབུས་དང་མཛའ་རྣམ་པར་འབྱེད་པ། འཇམ་དཔལ་གཞན་ནུར ་