CLOSE WINDOW

N4306: 'phags pa dgongs pa zab mo nges par 'grel pa'i mdo rgya cher 'grel pa
Wyliee-texts based on the ACIP/ALL Input

text in 3 volumes

volume 1 (mdo 'grel (ti)) - volume 2 (mdo 'grel (thi)) - volume 3 (mdo 'grel (di)) -

འཕགས་པ་དགོངས་པ་ངེས་པར་འགྲེལ་པ་བམ་པོ་ཉི་ཤུ་དྲུག་པ། །གཞན་ཡང་དོན་དམ་ཡང་དག་འཕཌ ་སེམས་ཅན་གང་དག་དང་པོ་ཉིད་ནས་དགེ་བའི་རྩ་བ་མ་བསྐྱེད་པ། སྒྲིབ་པ་ཡོངས་སུ་མ་དག་པ་རྒྱུད་ཡོངས་སུ་མ་སྨིན་པ། ་མོས་པ་མང་དུ་མ་བསྒོམས་པ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྣམ་ས་གཉིས་མ་བསགས་པ་དག་ལ་ཞེས་བྱ་བ་འདི ་མན་ཆད་ནི་གསུམ་པ་གནས་སྐབས་ལས་བརྩམས་ནས་།ངོ་བོ་ཉིད་མེད་པ་རྣམས་པ་གསུམ་རྣམ་པར་གཞག་པའི་དགོངས ་པ་སྟོན་པར་མཛད་དོ། །འདི་ཡང་རྣམ་པ་གཉིས་ཏེ། གནས་སྐབས་ལྔ་ལས་བརྩམས་ནས་སྐྱེ་བ་ངོ་བོ་ཉིད་བསྟན་པ་དང། ་དེ་དག་དེ་ལྟར་ཞེས་བྱ་བ་མན་ཆད་ཀྱིས་སྦྱོར་བ་ལ་སོགས་པའི་གནས་སྐབས་ལས་བརྩམས་ནས་ངོ་བོ་ཉིད་མེད་པ་ཉིད་ཕྱི་མ་གཉིས་བསྟན ་པའོ། །ཡང་རྣལ་འབྱོར་གྱི་སྒོ་བརྗོད་ན་གནས་སྐབས་རྣམ་པ་ལྔ་ཡོད་དེ། བསྟན་བཅོས་རྣམ་པར་རིག་པ་ཙམ་དུ་གྲུབ་པ་ལས་ཇི་སྐད ་དུ། རྣམ་པར་རིག་པ་ཙམ་གྱིས་གནས་སྐབས་རྣམ་པ་ལྔ་ཇི་ལྟར་ཁོང་དུ་ཆུད་མེད་པ་ཉིད་མེད་པ་དང། དེ་དག་དེ་ལྟར་ཞེས་བྱ་བ་མན་ཆད ་ཀྱིས་སྦྱོར་བ་ལ་སོགས་པའི་གནས་སྐབས་ལས་བརྩམས་ནས་ངོ་བོ་ཉིད་ཕྱི་མ་གཉིས་བསྟན་པའོ། །ཡང་རྣལ་འབྱོར་གྱི་སྒོ་བརྗོད་ན་གནས་སྐབས་རྣམ་པ ་ལྔ་ཡོད་དེ། བསྟན་བཅོས་རྣམ་པར་རིག་པ་ཙམ་དུ་གྲུབ་པ་ལས་ཇི་སྐད་དུ། རྣམ་པར་རིག་པ་ཙམ་གྱིས་གནས་སྐབས་རྣམ་པ་ལྔ་ཇི་ལྟར་ཁོང་དུ ་ཆུད་ཅིང་འཇུག་ཅིང་འགྱུར་ཞེ་ན། དང་པོ་ཚོགས་ཀྱི་གནས་སྐབས་ནི་འདི་ལྟ་སྟེ། ཐེག་པ་ཆེན་པོ་བསྒོམ་པ་རྣམ་པར་གྲོལ་བའི་ཆ་དང་མཐུན་པ་གང ་ཡིན་པའོ་ཞེས་འབྱུང་སྟེ། དེ་ནི་དད་པ་བཅུ་ནས་ཡོངས་སུ་བསྔོ་བ་བཅུའི་བར་དག་གོ་།གཉིས་པ་སྦྱོར་བའི་གནས་སྐབས་ནི་འདི་ལྟ་སྟེ། ཐེག་པ་ཆེན ་པོ་བསྒོམ་པ་ངེས་པར་འབྱེད་པའི་ཆ་དང་མཐུན་པ་གང་ཡིན་པའོ་ཞེས་འབྱུང་སྟེ། དེ་ནི་ཡོངས་སུ་བསྔོ་བ་རྣམ་པ་བཅུ་ལས་བཅུ་པ་སེམས་ཡོངས་སུ ་སྦྱོང་བ་ཞེས་བྱའོ། །གསུམ་པ་རྟོག་པའི་གནས་སྐབས་ནི་འདི་ལྟ་སྟེ་།བྱང་ཆུབ་སེམས་དཔའ་རྣམས་ཀྱི་མཐོན་བའི་ལམ་ལ་གནས་པ་གང ་ཡིན་པའོ། །བཞི་པ་བསྒོམ་པའི་གནས་སྐབས་ནི་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསྒོམ་པའི་ལམ་གནས་པ་གང་ཡིན་པའོ། །ལྔ་པ་མཐར་ཕྱིན ་པའི་གནས་སྐབས་ནི་འདི་ལྟ་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་གནས་པ་གང་ཡིན་པའོ་ཞེས་བསྟན་པ་ལྟ་བུའོ། །འདིར་མདོ་འདི་དང་སྦྱར ་ན་རྣམ་པ་གཉིས་སུ་དབྱེ་སྟེ། དང་པོ་ནས་སྐབས་ལྔ་ལས་བརྩམས་ནས་སྐྱེ་བ་ངོ་བོ་ཉིད་རྣམ་པར་འབྱེད་པ་སྟེ། འདི་ནི་བསྟན་བཅོས་རྣམ་པར་རིག་པ་ཙམ་དུ་གྲུབ ་པ་ལས་བསྟན་པའི་ཚོགས་ཀྱི་ལམ་དང་པོ་དང། དད་པ་བཅུའི་མདུན་རོལ་དུ་རྣམ་པར་གྲོལ་པའི་ཕྱོགས་ཀྱི་དགེ་བའི་རྩ་བ་བསྐྱེད་པ་དག་ཡིན་ནོ། །གཉིས་པ་ནི ་སྦྱོར་བའི་ལམ་ལ་སོགས་པ་ལས་བརྩམས་ནས། ངོ་བོ་ཉིད་མེད་པ་ཕྱི་མ་གཉིས་རྣམ་པར་འབྱེད་པ་སྟེ། འདི་ནི་བསྟན་བཅོས་རྣམ་པར་རིག་པ་ཙམ་དུ་གྲུབ་པ་ལས་བསྟན་པའི་གནས་སྐབས་བར་མ་གསུམ་པོ ་དག་གོང?་མི་སློབ་བའི་གནས་སྐབས་ནི་མ་གཏོགས་ཏེ་མངོན་པར་འདུ་བྱེད་པ་མེད་པའི་ཕྱིར་རོ། །འདི་ནི་དང་པོ་སྟེ། འདི་ཡང་རྣམ་པ་གསུམ་དུ་བྱའོ། །བསྟན་པ་གསུངས་པའི་དགོངས་པ་བསྟན་པ་དང་།ངས ་དེ་དག་གི་ཕྱིར་ཞེས་བྱ་བ་མན་ཆད་ཀྱིས་མོས་པ་ཇི་ལྟ་བ་བཞིན་དུ་ཡང་དག་པར་གསུངས་པ་ཡིན་པར་བསྟན་པ་དང། དེ་དག་གིས་ཆོས་དེ་ཐོས་ནས་ཞེས་བྱ་བ་མན་ཆད་ཀྱིས་བསྟན་པ་གསུངས་པའི་ཕན་ཡོན་བསྟན ་པ་སྟེ། འདི་ནི་དང་པོའོ། །དགོངས་པ་དེ་ལ་ཡང་གནས་སྐབས་རྣམ་པ་ལྔ་ཡོད་དེ། དང་པོ་དགེ་བའི་རྩ་བ་བསྐྱེད་པའི་གནས་སྐབས་ནི་འདི་ལྟ་སྟེ། ངད་པ་བཅུའི་མདུན་རོལ་དུ་རྣམ་པར་གྲོལ་བའི་ཕྱོགས་ཀྱི་དག ་བའི་རྩ་བ་བསྐྱེད་པ་གང་ཡིན་པའོ། །རྣམ་པར་གྲོལ་བའི་ཕྱོགས་ཀྱི་དགེ་བའི་རྩ་བ་བསྐྱེད་པའི་ཆོས་ནི་དགེ་བསྙེན་གྱི་ཚུལ་ཁྲིམས་བསྟན་པའི་མདོ་ལས་གསུངས་པ་བཞིན་དུ་རིག་པར་བྱའོ། །གཉིས་པ་རྣམ་པར ་དག་པའི་གནས་སྐབས་ནི་འདི་ལྟ་སྟེ། དད་པ་བཅུ་པོ་རྣམས་ཏེ་འདི་ལྟར་ཅི་ནུས་ཅི་ལྕོགས་ཀྱིས་སྡིག་པའི་ལས་རྣམས་སྦྱོང་བའི་ཕྱིར་རོ། །དེའི་ཕྱིར་དགོངས་པ་ཟབ་མོ་རྣམ་པར་གྲོལ་བའི་མདོ་ལས། སྡིག ་པའི་ལས་ཡོངས་སུ་མ་དག་པ་རྣམས་སྡིག་པའི་ལས་རྣམས་ཡོངས་སུ་དག་པར་བྱེད་དོ་ཞེས་གསུངས་སོ། །རྟེན་ཅིང་འབྲེལ་པར་འབྱུང་བའི་མདོ་ལས་ཀྱང་ཆོས་འདི་བའི་སོ་སོའི་སྐྱེ་བོ་དང་ཐུན་མོངས་མ་ཡིན ་པའི་མ་རིག་པ་སྤངས་པའི་ཕྱིར་སྡིག་པའི་ལས་མི་བྱེད་དོ་ཞེས་གསུངས་སོ། །གསུམ་པ་རྒྱུད་ཡོངས་སུ་སྨིན་པར་བྱེད་པའི་གནས་སྐབས་ནི་འདི་ལྟ་སྟེ། ཤེས་པ་བཅུའི་གང་ཟག་མངོན་པར་ཡིད་ཆེས་པ་ལ་སོགས་པས་རྒྱུད ་ཡོངས་སུ་སྨིན་པར་བྱེད་པ་གང་ཡིན་པའོ། །དེའི་ཕྱིར་དགོངས་པ་ཟབ་མོ་རྣམ་པར་དགྲོལ་བའི་མདོ་ལས། དེ་ལ་བརྟེན་ནས་དགེ་བའི་རྩ་བ་ཡོངས་སུ་སྨིན་པར་བྱེད་པའི་ཕྱིར་ཞེས་གསུངས་སོ། །བཞི་པ་མོས་པ་མང་དུ་བསྒོམ ་པའི་གནས་སྐབས་ནི་འདི་ལྟ་སྟེ། དཔྱོད་པ་རྣམ་པ་བཅུ་ལ་གནས་པ་དག་ལ་ངེས་པའི་མོས་པ་མང་དུ་མངོན་དུ་གྱུར་པའི་ཕྱིར་རོ། །ལྔ་པ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསགས་པའི་གནས་སྐབས་ནི་ཡོངས་སུ་བསྔོ་བ ་རྣམ་པ་བཅུ་ལ་གནས་པ་དག་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྣམ་པ་གཉིས་ཕུན་སུམ་ཚོགས་པའི་ཕྱིར་རོ། །དེ་ནི་འདི་སྐད་དུ་དགེ་བའི་རྩ་བ་མ་བསྐྱེད་པ་གང་ཡིན་པ་དེ་དག་དགེ་བའི་རྩ་བ་བསྐྱེད་པ་ནས་ཚོགས་མ་རྫོཌ ་པ་གང་ཡིན་པ་དེ་དག་ཚོགས་ཡོངས་སུ་རྫོགས་པར་བྱ་བའི་བར་གྱི་ཕྱིར་དེ་དག་ལ་སྐྱེ་བ་ངོ་བོ་ཉིད་མེད་པ་བསྟན་པ་ཡིན་ནོ། །ཞེས་བསྟན་པར་འགྱུར་རོ། །བཤད་པའི་རྣམ་གྲངས་གཞན་དུ་ན་ཚོགས་ཀྱི་གནས་ཀྱི་དངོས་པོ་ལྔའི་བྱེ ་བྲག་རྣམ་པར་འབྱེད་པ་ཡིན་གྱི། གནས་སྐབས་རྣམ་པ་ལྔ་རྣམ་པར་བཞག་ནས་སེམས་བཞི་བཅུ་དང་སྦྱར་བ་ནི་མ་ཡིན་ནོ་ཞེས་སྟན་ཏེ། དངོས་པོ་ལྔའི་བྱེ་བྲག་ནི་གོང་དུ་བསྟན་པ་བཞིན་ནོ། །ངས་དེ་དག་གི་ཕྱིར་སྐྱེ་བ་ངོ་བོ་ཉིད་མེད་པ་ཉིད་ལས་བརྩམས་ནས་ཆོས་སྟོན་ཏོ ་ཞེས་བྱ་བ་ནི་གཉིས་པ་མོས་པ་ཇི་ལྟ་བ་བཞིན་དུ་ཡང་དག་པར་ཆོས་གསུངས་པ་ཡིན་པར་བསྟན་པའོ། །འདི་ལྟར་སེམས་ཅན་རྣམས་དང་པོ་ཉིད་ནས་ཆོས་རྣམས་ཀྱི་རྟན་ཅིང་འབྲེལ་པར་འབྱུང་བའི་རིགས་བའི་རིགས་པ་ཁོང་དུ་ཆུད་པས་ཡང་དག་པ་མ་ཡིན་པའི་སེམས་ཀྱི ་རྒྱུ་མེད་པ་དང། བདག་ཉིད་ཀྱི་སྐྱེ་བར་འཛིན་པས་དེའི་ཕྱིར་བཅོམ་ལྡན་འདས་ཀྱི་སྐྱེ་བ་ངོ་བོ་ཉིད་མེད་པ་ཉིད་མེད་པ་ཉིད་ལས་བརྩམས་ནས་ཆོས་ཐམས་ཅད་ནི་རྒྱུ་ལས་སྐྱེས་པ་ཡིན་གྱི། བདག་ཉིད་ལས་ནི་མ་ཡིན་ནོ་ཞེས་བསྟན་ཏོ་ཞེས་བྱ་བའི་ཐ་ཚིག་གོ་།དེ་དག་གི་ཆོས་དེ ་ཐོས་ནས་རྟེན་ཅིང་འབྲེལ་པར་འབྱུང་བའི་འདུ་བྱེད་ལ་ཅི་ནུས་ཀྱིས་མི་རྟག་པ་ཉིད་དུ་ཤེས་ཤིང་མི་བསྟན་པ་ཉིད་དང་ཡིད་བརྟན་དུ་མི་རུང་བ་ཉིད་དང། འགྱུར་བའི་ཆོས་ཅན་དུ་ཤེས་ནས་ཞེས་བྱ་བ་ལ་སོགས་པས་ནི་གསུམ་པ་བསྟན་པ་གསུངས་པའི་ཕན ་ཡོན་སྟོན་ཏོ། །འདི་ཡང་ཕན་ཡོན་རྣམ་པ་བཞི་ཡོད་པས་དེ་ཉིད་ལས་རྣམ་པ་བཞིར་དབྱེ་སྟེ། མི་རྟག་པ་ཉིད་ཁོང་དུ་ཆུད་པའི་ཕན་ཡོན་དང། སྡངས་ཤིང་ཤིན་ཏུ་སྐྱོ་བའི་ཕན་ཡོན་དང། སྡིག་པ་ལས་བཟློག་ནས་དགེ་བ་སྤྱོད་པའི་ཕན་ཡོན་དང། དངོས ་པོ་ལྔ་ཕུན་སུམ་ཚོགས་པའི་ཕན་ཡོན་ནོ། །འདི་ནི་དང་པོ་སྟེ། དེ་ལྟར་བཅོམ་ལྡན་འདས་ཀྱིས་མ་རིག་པའི་རྐྱེན་གྱིས་འདུ་བྱེད་ཅེས་བྱ་བ་ནས་རྒ་ཤིའི་བར་གང་ཡིན་པ་དེ་དག་ནི་དབང་ཕྱུག་ལ་སོགས་པ་ལས་བྱུང་བ་མ་ཡིན་པར་གསུང་པ་ཉིད་ཀྱིས ་སེམས་ཅན་རྣམས་ཅི་ནུས་ཅི་ལྕོགས་ཀྱི་ཆོས་རྣམས་མི་རྟག་ཅིང་མི་བརྟན་པ་ཉིད་ནི་མི་རྟག་པར་ཡིན་པར་ཤེས་པའི་ཕྱིར་རོ། །གཞན་ཡང་ཡིད་བརྟེན་དུ་མི་རུང་བ་ཉིད་ནི་མྱ་ངན་ལས་འདས་རྤ་ལྟར་སྐྱེ་བ་དང། འགག་པ་དང་བྲལ་བའི་ཕྱིར་བརྟན་པ་ཉིད་ ་དུ་གནས་པ་མ་ཡིན་པ་དང། གཞན་ཡང་འདུས་བྱས་རྣམས་ནི་སྔ་མ་འགགས་ནས་ཕྱི་མ་སྐྱེ་བས་རིམ་གྱིས་ཉམས་ཤིང་འཇིག་པར་འགྱུར་བས་འགྱུར་བའི་ཆོས་ཉིད་ཡིན་པར་ཤེས་པར་འགྱུར་བས་སོ། །འདུ་བྱེད་ཐམས་ཅད་ལ་ཡིད་དང་བར་བྱེད། ཤིན་ཏུ ་སྐྱོ་བར་བྱེད་དོ་ཞེས་བྱ་བ་ནི་གཉིས་པ་དངངས་ཤིང་ཤིན་ཏུ་སྐྱོ་བར་འགྱུར་བའི་ཕན་ཡོན་བསྟེན་པ་སྟེ། མདོ་འདི་ཉིད་ཀྱིས་བརྡ་ཕྲད་པར་ཟད་དོ། །ཡིད་དང་བར་བྱས་ཤིན་ཏུ་སྐྱོ་བར་བྱས་ནས་སྡིག་པ་རྣམས་ལས་ཟློག་སྟེ། སྡིག་པའི་ཆོས་གང་ཡིན་པ་མི་བྱེད་ཅིང་དགེ་བའི་ཆོས་རྣམས ་བརྩོན་འགྲུས་ཀྱིས་བསྟེན་པར་བྱེད་དོ་ཞེས་བྱ་བ་ནི་གསུམ་པ་སྡིག་པ་ལས་བཟློག་ནས་དགེ་བ་སྤྱོད་པའི་ཕན་ཡོན་བསྟན་པ་སྟེ། མདོ་འདི་ཉིད་ཀྱིས་བརྡ་ཕྲད་པར་ཟད་དོ། །དགེ་བ་ལ་བརྟེན་པའི་རྒྱུས་དགེ་བའི་རྩ་བ་མ་བསྐྱེད་པ་རྣམས་ནི་བསྐྱོད་དོ། །སྒྲིབ་པ་ཡོངས་སུ་མ་བྱང་བ་རྣམས ་ཀྱང་ཡོངས་སུ་སྦྱོང་ངོ། །རྒྱུད?་ཡོངས་སུ་མ་སྨིན་པ་ཡང་ཡོངས་སུ་སྨིན་པར་བྱེད་དེ། རྒྱུ་དང་རྐྱེན་དེས་ནོམས?་པ་མང་དུ་བསྒོམ་ཞིང་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྣམ་པ་གཉིས་ཀྱང་མང་དུ་བསགས་པར་འགྱུར་རོ་ཞེས་བྱ་བ་ནི་བཞི་པ་དངོས་པོ་ལྔ་ཕུན་སུམ་ཚོགས་པའི་ཕན་ཡོན་བསྟན ་པ་སྟེ་།དངོས་པོ་རྣམ་པར་བཤད་པ་ནི་སྔར་གོང་དུ་བསྟན་པ་བཞིན་དུ་རིག་པར་བྱའོ། །དེ་དག་དེ་ལྟར་དགེ་བའི་རྩ་བ་རྣམས་བསྐྱེད་པ་ནས་བསོད་ནམས་དེའི་ཡེ་ཤེས་ཀྱི་ཚོགས་རྣམ་པ་གཉིས་བསགས་པའི་བར་དུ་འགྱུར་མོད་ཀྱི། འོན་ཀྱང་སྐྱེ་བ་ངོ་བོ་ཉིད་མེད་པ་ཉིད་ལ ་མཚན་ཉིད་ངོ་བོ་ཉིད་དང། དོན་དམ་བ་ངོ་བོ་ཉིད་མེད་པ་ཉིད་རྣམ་བ་གཉིས་ཡང་དག་པ་ཇི་ལྟ་བ་བཞིན་དུ་མི་ཤེས་པས་ཞེས་བྱ་བ་འདི་མན་ཆད་ནི་གཉིས་པ་སྦྱོར་བ་ལ་སོགས་པའི་གནས་སྐབས་ལས་བརྩམ་ནས་ངོ་བོའི?་མེད་བ་ཉིད་ཕྱི་མར་སྟན་པ་སྟོན་པར་མཛད ་དོ། །འདི་ཡང་རྣམ་པ་གསུམ་དུ་དབྱེ་སྟེ། བསྟན་པ་གསུངས་པའི་དགོངས་པ་བསྟན་བ་དང། དེ་བཞིན་གཤེགས་པས་དེ་དག་ལ་ཞེས་བྱ་བ་མན་ཆད་ཀྱིས་མོས་པ་ཇི་ལྟ་བ་བཞིན་དུ་ཡང་དག་པར་བཤད་པ་བསྟན་པ་དང། དེ་དག་གིས་ཆོས་དེ་ཐོས་ནས་ཞེས་བྱ་བ་མན་ཆད ་ཀྱིས་བསྟན་པ་གསུངས་པ་ཕན་ཡོན་བསྟན་པ་སྟེ་འདི་ནི་དང་པོའོ། །དང་པོ་ཡང་རྣམ་པ་གཉིས་སུ་བྱ་སྟེ་།ངོ་བོ་ཉིད་མེད་པ་ཉིད་རྣམ་པ་གཉིས་མི་ཤེས་པར་བསྟན་པ་དང། ངོ་བོ་ཉིད་མེད་པ་མི་ཤེས་པའི་ཉེས་དམིགས་བསྟན་པ་སྟེ་འདི་ནི་དང་པོའོ། །འདི་ལྟར་སེམས་ཅན་རྣམས་ནི་རྐྱེན? ་ལས་བྱུང་བ་ཡིན་གྱིས། དབང་ཕྱུག་ལ་སོགས་པས་བསྐྱེད་པ་མ་ཡིན་པར་བསྟན་པ་ཐོས་པའི་དབང་གིས་མི་རྟག་པ་ལ་སོགས་པའི་དོན་ཁོང་དུ་ཆུད་ནས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྣམ་པ་གཉིས་ལ་སོགས་པ་སོགས་པར་བྱེད་ཀྱང་འདུས་བྱས་ཀྱི་འདུ་བྱེད་རྣམས་རྒྱུ ་མ་ལ་སོགས་པ་བཞིན་དུ་ཡང་དག་པར་ཡོད་པ་མ་ཡིན་པར་ཤེས་པས་ཆོས་རྣམས་ལ་ཡང་དག་པའི་ངོ་བོ་ཉིད་དུ་མངོན་པར་ཞེན་ནས་མཚན་ཉིད་ངོ་བོ་ཉིད་མེད་པ་ཉིད་ཁོང་དུ་མི་ཆུད་པ་འམ་ཡང་གོང་དུ་བསྟན་པ་ལྟ་བུའི་དོན་དམ་པ་ངོ་བོ་ཉིད་མེད་པ་ཉིད་རྣམ་པ་གཉིས ་ཁོང་དུ་མི་ཆུད་དོ་ཞེས་བྱ་བའི་ཐ་ཚིག་གོ་།འདུ་བྱེད་ཐམས་ཅད་ལས་ཡང་དག་པ་ཇི་ལྟ་བ་བཞིན་དུ་སྐྱོ་བར་མི་འགྱུར་རོ། །ཡང་དག་པར་འདོད་ཆགས་དང་བྲལ་བར་མི་འགྱུར། ཡང་དག་པར་རྣམ་པར་གྲོལ་བར་མི་འགྱུར་ཞིང། ཉོན་མོངས་པའི་ཀུན་ནམ་ཉོན་མོངས་པ་ལས་ཀྱང ་ཡོངས་སུ་གྲོལ་བར་མི་འགྱུར། ལས་ཀྱི་ཀུན་ནས་ཉོན་མོངས་པ་རྣམས་ལས་ཀྱང་ཡོངས་སུ་གྲོལ་བར་མི་འགྱུར། སྐྱེ་བའི་ཀུན་ནས་ཉོན་མོངས་པ་རྣམས་ལས་ཀྱང་ཡོངས་སུ་གྲོལ་བར་མི་འགྱུར་བས་ཞེས་བྱ་བ་ནི་གཉིས་པ་ངོ་བོ་ཉིད་མེད་པ་མི་ཤེས་པའི་ཉེས་དམིགས་བསྟན ་པའོ། །འདི་ལྟར་མཚན་ཉིད་ངོ་བོ་ཉིད་མེད་པ་ལ་སོགས་པ་མི་ཤེས་པའི་ཕྱིར། འདུ་བྱེད་ཐམས་ཅད་ལ་ཡང་དག་པར་སྐྱོ་པ་ལ་སོགས་པར་མི་འགྱུར་བའོ། །དེ་ལ་ཡང་དག་པ་ཇི་ལྟ་བ་བཞིན་དུ་སྐྱོ་བ་ཞེས་བྱ་བ་ནི་སྤྱོད་པའི་ལམ་མོ། །ཡང་དག་པར་འདོད་ཆགས་དང་བྲལ་བ ་ཞེས་བྱ་བ་ནི་བར་ཆད་མེད་པའི་ལམ་མོ། །ཡང་དག་པར་རྣམ་པར་གྲོལ་བ་ལ་སོགས་པ་ནི་རྣམ་པར་གྲོལ་བའི་ལམ་དང། ཁྱད་པར་གྱི་ལམ་མོ། །ཉོན་མོངས་པ་དང། ལས་དང། སྐྱེ་པའི་ཀུན་ནས་ཉོན་མོངས་པ་རྣམ་པ་གསུམ་ནི་བསྟན་བཅོས་ཐེག་པ་ཆེན་པོ་བསྡུས་པ་དང། རྣམ ་པར་རིག་པ་ཙམ་དུ་གྲུབ་པ་ལས་བསྟན་པ་བཞིན་དུ་རིག་པར་བྱའོ། །དེ་བཞིན་གཤེགས་པས་དེ་དག་ལ་ཡང་ཆོས་སྟོན་པར་མཛད་པ་འདི་ལྟ་སྟེ། མཚན་ཉིད་ངོ་བོ་ཉིད་མེད་པ་ཉིད་དང་དོན་དམ་པ་ངོ་བོ་ཉིད་མེད་པ་ཉིད་དེ་ཞེས་བྱ་བ་མན་ཆད་ནི་གཉིས་པ་མོས་པ ་ཇི་ལྟ་བ་བཞིན་དུ་ཡང་དག་པར་བཤད་པ་སྟོན་ཏོ། །འདི་ཡང་རྣམ་པ་གཉིས་ཏེ་བསྟན་པ་ཉིད་ཡང་དག་པར་བཤད་པ་བསྟན་པ་དང། བསྟན་པ་གསུངས་པའི་དགོངས་པ་བསྟན་པའོ། །འདི་ནི་དང་པོ་སྟེ། འདི་ལྟར་ཡོངས་སུ་བསྔོ་བ་བཅུ་ལ་གནས་པ་དག་སྦྱོར་བ་ལ་སོགས་པ་སྒོམ་པ་རྣམས ་བསྟན་པ་འདི་ཐོས་པར་འོས་པའི་ཕྱིར་གསུངས་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ་།འདི་ལྟར་དེ་དག་འདུ་བྱེད་ཐམས་ཅད་ལས་ཡང་དག་པར་སྐྱོ་བར་བྱ་བའི་ཕྱིར་དང། ཡང་དག་པར་འདོད་ཆགས་དང་བྲལ་བའི་ཕྱིར་དང། ཡང་དག་པར་རྣམ་པར་གྲོལ་བར་བྱ་བའི་ཕྱིར་དང། ཉོན་མོངས་པའི ་ཀུན་ནས་ཉོན་མོངས་པ་ཐམས་ཅད་ལས་བཟླ་བའི་ཕྱིར་དང། ལས་ཀྱི་ཀུན་ནས་ཉོན་མོངས་པ་ཐམས་ཅད་ལས་བཟླ་བའི་ཕྱིར་དང། སྐྱེ་བའི་ཀུན་ནས་ཉོན་མོངས་པ་ཐམས་ཅད་ལས་བཟླ་བའི་ཕྱིར་རོ་ཞེས་བྱ་བ་ནི་གཉིས་པ་བསྟན་པ་གསུངས་པའི་དགོངས་པ་བསྟན་པའོ། །འདི་ལྟར་སྦྱོར ་བ་ལ་སོགས་པ་ལ་གནས་པ་དག་དང་སྦྱོར་བ་ལ་སོགས་པའི་ལམ་མྱུར་དུ་འགྲུབ་པ་དང། ཀུན་ནས་ཉོན་མོངས་པ་རྣམ་པ་གསུམ་པོ་དག་ལས་བཟླ་བའི་ཆེད་དུ་དེའི་ཕྱིར་ཡང་ངོ་བོ་ཉིད་མེད་པ་ཉིད་རྣམ་པ་གཉིས་གསུངས་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་དག་གིས་ཆོས་དེ་ཐོས ་ནས་སྐྱེ་བ་ངོ་བོ་ཉིད་མེད་པ་ཉིད་ལས་མཚན་ཉིད་ངོ་བོ་ཉིད་མེད་པ་དང། དོན་དམ་པ་ངོ་བོ་ཉིད་མེད་པ་ཉིད་དུ་ཡང་དག་པར་མོས་པར་བྱེད། རབ་ཏུ་རྣམ་པར་འབྱེད་པར་སེམས་པར་བྱེད། །ཡང་དག་པ་ཇི་ལྟ་བ་བཞིན་དུ་རྟོག་པར་བྱེད་པས་ཞེས་བྱ་བ་ལ་སོགས་པས་ནི་གསུམ་བ་བསྟན ་པ་གསུངས་པའི་ཕན་ཡོན་སྟོན་ཏོ། །སྦྱོར་བའི་གནས་སྐབས་ལ་གནས་པས་འཐོབ་པའི་ཕན་ཡོན་བསྟན་པ་དང། གཞན་གྱི་དབང་ལ་ཞེས་བྱ་བ་མན་ཆད་ཀྱིས་ས་ལ་གནས་པའི་གནས་སྐབས་རྣམ་པ་གཉིས་ཀྱི་ཕན་ཡོན་བསྟན་པའོ། །འདི་ནི་དང་པོ་སྟེ། སྦྱོར་བ་ལ་གནས་པས་འཐོས ་པའི་ཕན་ཡོན་བསྟན་པའོ། །སྦྱོར་བ་ལ་གནས་པ་དེ་ཡང་སོ་སོ་ནས་བཤད་པ་མི་མཐུན་ཏེ། ཁ་ཅིག་ན་རེ་འདི་ནི་བསྐལ་བ་གྲངས་མེད་པ་གཉིས་པར་གཏོགས་པས་རབ་ཏུ་དགའ་པའི་ཉེ་བའི་སྦྱར་བ་ཡིན་པའི་ཕྱིར་ཇི་ལྟར་མི་ལྕོགས་པ་མེད་པའི་ཏིང་ངེ་འཛིན་བསམ་གཏན་དང་པོར་གཏོགས ་པ་ལྟ་བུའོ་ཞེའོ། །ཁ་ཅིག་ན་རེ་ཡོངས་སུ་བསྔོ་བ་བཅུ་ལ་གནས་པ་ཡིན་པས་བསྐལ་པ་གྲངས་མེད་པ་དང་པོར་གཏོགས་ཏེ། ད་དུང་ས་ལམ་ཞུགས་པའི་ཕྱིར་རོ་ཞེའོ། །དེ་ལྟར་རྣམ་པ་གཉིས་སུ་བཤད་པ་ཡོད་མོད་ཀྱི། །སློབ་དཔོན་ཆོས་སྐྱོང་ནི་བཤད་པ་སྔ་མ་ལྟར་འདོད་དེ། བསྟན་བཅོས ་རྣམ་པར་རིག་པ་ཙམ་དུ་གྲུབ་པ་ལས་ཇི་སྐད་དུ། མཐོང་བའི་ལམ་དངཉེ་བའི་ཕྱིར་སྦྱོར་བའི་མིང་རྣམ་པར་གཟག་པ་ཡིན་ཏེ་ཞེས་བཤད་པ་ལྟ་བུའོ། །གནས་སྐབས་འདིར་ངོ་བོ་ཉིད་མེད་པ་ཕྱི་མ་གཉིས་བཤད་པའི་བསྟན་པ་ཐོབ་པའི་ཕྱིར་ཡོངས་སུ་ཚོལ་བ་བཞི་དང། ཡང་དག་པ ་ཇི་ལྟ་བ་བཞིན་དུ་ཤེས་པ་བཞིའི་རྣལ་འབྱོར་སྒོམ་པས་དམིགས་པའི་རྣམ་པར་ཤེས་པ་ནི་མི་སྤོང་ལ། བཟུང་བ་ནི་སྟོང་པ་ཉིད་དུ་རྟོགས་ནས་རབ་ཏུ་སེལ་བར་བྱེད་པ་གང་ཡིན་པ་དེ་ནི་མཚན་ཉིད་ངོ་བོ་ཉིད་མེད་པ་ཉིད་ཡིན་ནོ། །ངོ་བོ་ཉིད་མེད་པ་དེས་རབ་ཏུ་ཕྱེ་བའི་དོན་དམ་པ་ཡིན་པ ་དེ་ནི་དོན་དམ་པ་ངོ་བོ་ཉིད་མེད་པ་ཉིད་ཅེས་བྱའོ། །རྒྱ་ཆེར་རྣམ་པར་འབྱེད་པ་ནི་བསྟན་བཅོས་རྣམ་པར་རིགས་པ་ཙམ་དུ་གྲུབ་པ་ལས་བསྟན་པ་བཞིན་དུ་རིག་པར་བྱ་སྟེ། དེའི་ཕྱིར་འདིར་ངོ་བོ་ཉིད་མེད་པ་རྣམ་པ་གཉིས་རབ་ཏུ་རྣམ་པར་འབྱེད་པར་བྱེད་།སེམས་པར་བྱེད་པ་ཞེས་གསུངས ་པ་ནི་ཡོངས་སུ་ཚོལ་བ་བཞི་པོ་ཉིད་ལ་བྱའོ། །ཡང་དག་པ་ཇི་ལྟ་བ་བཞིན་དུ་རྟོགས་པར་བྱེད་ཅེས་གསུངས་པ་ནི་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པ་བཞི་པོ་དག་ཉིད་དོ། །གཞན་ཡང་རབ་ཏུ་རྣམ་པར་འབྱེད་པ་དང། སེམས་པར་བྱེད་པ་ནི་ཡོངས་སུ་ཚོལ་བ་བཞིའི་གནས་སྐབས་སོ། ། ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རྟོགས་པར་བྱེད་པ་ནི་ས་དང་པོ་ཡན་ཆད་རབ་ཏུ་རྟོགས་པའི་གནས་སྐབས་སོ། །གཞན་གྱི་དབང་གི་ངོ་བོ་ཉིད་ལ་ཀུན་བརྟགས་པའི་ངོ་བོ་ཉིད་ཀྱི་མཚན་ཉིད་དུ་མངོན་པར་ཞེན་པར་མི་བྱེད་དེ་ཞེས་བྱ་བ་འདི་མན་ཆད་ནི་གཉིས་པས་ལ་གནས་པའི་གནས ་སྐབས་རྣམ་པ་གཉིས་ཀྱི་ཕན་ཡོན་ཞེས་བྱ་བ་སྟོན་ཏོ། །འདིཡང་ཕན་ཡོན་རྣམ་པ་དྲུག་ཡོད་པ་ཉིད་ཀྱིས་རྣམ་པ་དྲུག་དུ་དབྱེ་སྟེ། བརྟག་པའི་མཚན་ཉིད་རབ་ཏུ་སེལ་བ་དང་རྒྱུ་རྣམ་པ་གསུམ་མི་སྐྱེད་པ་དང། གཞན་གྱི་དབང་འགོག་པ་དང་།མ་འོངས་པའི་རྒྱུ་?་བ ་དང། ལམ་རྣམ་པ་གསུམ་རབ་ཏུ་འདྲེན་པ་དང། ཀུན་ནས་ཉོན་མོངས་པ་རྣམ་པ་གསུམ་དང་བྲལ་བའོ། །འདི་ནི་དང་པོ་སྟེ། འདི་ལྟར་ས་ལ་གནས་པ་རྣམ་པ་གཉིས་ཀྱིས་གོང་དུ་བསྟན་པའི་ངོ་བོ་ཉིད་མེད་པ་གཉིས་ཐོབ་པའི་ཕྱིར་ཀུན་བརྟགས་པའི་ངོ་བོ་ཉིད་ལ་མངོན་པར་ཞེན་པར ་མི་འགྱུར་བའོ། །འདི་ལྟར་ཐ་སྙད་ཀྱིས་ཡོངས་སུ་མ་བསྒོས་པའི་ཕྱིར་དང། ཐ་སྙད་ཤེས་པ་དང་མི་འབྲལ་བའི་ཕྱིར་དང། ཐ་སྙད་བགལ་ཉལ་གྱི་ཤེས་པ་དང་བྲལ་བའི་ཕྱིར་ཞེས་བྱ་བ་ནི་གཉིས་པ་རྒྱུ་རྣམ་པ་གསུམ་མི་སྐྱེད་པ་སྟེ། འདི་ལྟར་མངོན་པར་ཞེན་པ་མེད་པའི་ཕྱིར་རྒྱུ་རྣམ་པ ་གསུམ་མངོན་པར་མི་འགྲུབ་ལ། རྒྱུ་མངོན་པར་མ་གྲུབ་པའི་ཕྱིར་ཤེས་པ་རྣམ་པ་གསུམ་སྐྱེ་བར་འགྱུར་རོ། །དེ་ལ་ཤེས་པ་གསུམ་ནི་ཐ་སྙད་ཀྱི་ཡོངས་སུ་མ་བསྒོས་པའི་ཤེས་པ་དང། ཐ་སྙད་ཤེས་པ་དང་མི་འབྲལ་བའི་ཤེས་པ་དང། ཐ་སྙད་བག་ལ་ཉལ་པ་བྲལ་བའི་ཤེས་པའོ། །ཤེས ་པ་རྣམ་པ་གསུམ་པོ་དེ་དག་ལ་ཡང་བཤད་པ་རྣམ་པ་གཉིས་ཡོད་དེ། ཁ་ཅིག་ན་རེ་ཡུལ་མི་ཐོབ་པ་ནི་འདི་ལྟ་སྟེ། རྗེས་ལས་ཐོབ་པའི་ཤེས་པ་ཡུལ་རྣམ་པ་གསུམ་ལ་དམིགས་ནས་སྐྱེ་བས་ཤེས་པ་གསུམ་གྱི་མིང་རྣམ་པར་གཞག་པ་གང་ཡིན་པའོ་ཞེའོ། །གཅིག་ན་རེ་རྒྱུ་ལས་མི་ཐོབ ་པ་ནི་འདི་ལྟ་སྟེ། ངོ་བོ་ཉིད་མེད་པ་རྣམ་པ་གཉིས་ཀྱི་ཤེས་པ་རྒྱུ་རྣམ་པ་གསུམ་ལས་བྱུན་བའི་ཕྱིར་མིང་རྣམ་པ་གསུམ་དུ་རྣམ་པར་གཞག་པ་གང་ཡིན་པའོ་ཞེའོ། །གཞན་གྱི་དབང་གི་མཚན་ཉིད་འགོག་པར་བྱེད་ལ་ཞེས་པ་ནི་གསུམ་པ་གཞན་གྱི་དབང་གི་ངོ་བོ་ཉིད་འགོག་པ་སྟེ། འདི ་ལྟར་རྒྱུ་རྣམ་པ་གསུམ་མ་བསྐྱེད་པས་ནི་ཤེས་པ་གསུམ་མངོན་པར་འགྲུབ་པར་འགྱུར་ལ་ཤེས་པ་གསུམ་གྱི་དབང་གིས་ནི་གཞན་གྱི་དབང་འགོག་པར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ་།མཐོང་བའི་ཆོས་ལ་ཤེས་པའི་སྟོབས་ཀྱིས་ཡོངས་སུ་བཟུང་བས་མ་འོངས་པའི་རྒྱུ་ཡང་གཏན་དུ ་སྤོང་བར་བྱེད་ཅེས་བྱ་བ་ནི་བཞི་པ་མ་འོངས་པའི་རྒྱུ་སྤོང་བར་བསྟན་པ་དེ། འདི་ལྟར་ཤེས་པ་གསུམ་གྱིས་གཞན་གྱི་དབང་བཀག་པའི་ཕྱིར་ནི་མཐོང་བའི་ཆོས་ལ་སྦྱོར་བའི་ཤེས་པ་དང་ལྡན་པར་འགྱུར་ལ། སྦྱོར་བའི་ཤེས་པས་ཡོངས་སུ་གཟུང་བའི་ཕྱིར་ནི་རྩ་བའི་ཤེས་བས་མ་འོངས་ངའི་རྒྱུ ་གཏན་དུ་སྤོང་བར་འགྱུར་བའོ། །རྒྱུ་དང་རྐྱེན་དེས་འདུ་བྱེད་ཐམས་ཅད་ལས་ཡང་དག་པར་སྐྱོ་བ་དང། ཡང་དག་པར་འདོད་ཆགས་དང་བྲལ་བ་དང། ཡང་དག་པར་རྣམ་པར་གྲོལ་བར་འགྱུར་ཞེས་བྱ་བ་ནི་ལྔ་བ་ལམ་གསུམ་རབ་ཏུ་འདྲེན་པ་སྟོན་ཏེ། འདི་ལྟ་སྟེ། སྦྱོར་བ་དང། བར་ཆད་མེད་པ ་དང། རྣམ་པར་གྲོལ་བའི་ལམ་མོ། །ཉོན་མོངས་པ་དང་ལས་དང་སྐྱེ་བའི་ཀུན་ནས་ཉོན་མོངས་པ་རྣམ་པ་གསུམ་ལས་ཀྱང་ཡོངས་སུ་གྲོལ་བར་འགྱུར་རོ་ཞེས་བྱ་བ་ནི་དྲུག་པ་ཀུན་ནས་ཉོན་མོངས་པ་རྣམ་པ་གསུམ་དང་བྲལ་བར་འགྱུར་བ་སྟེ། མདོ་འདི་ཉིད་ཀྱིས་བརྡ་ཕྲད་པར་ཟད ་དོ། །གཞན་ཡང་དོན་དམ་ཡང་དག་འཕགས་པ་ཉན་ཐོས་ཀྱི་ཐེག་པའི་རིགས་ཅན་གྱི་སེམས་ཅན་དག་གིས་ཀྱང་ལམ་འདི་ཉིད་དང། སྒྲུབ་པའི་གནས་འདི་ཉིད་ཀྱི་ཕྱིར་བླ་ན་མེད་པའི་མྱ་ངན་ལས་འདས་པ་ཐོབ་པར་འགྱུར་ལ། རང་སངས་རྒྱས་ཀྱི་ཐེག་པའི་རིགས་ཅན་གྱི་སེམས་ཅན ་དང། དེ་བཞིན་གཤེགས་པའི་རིགས་ཅན་གྱི་སེམས་ཅན་རྣམས་ཀྱིས་ཀྱང་ལམ་འདི་ཉིད་དང། སྒྲུབ་པའི་གནས་འདི་ཉིད་ཀྱི་ཕྱིར་བླ་ན་མེད་པའི་བདེ་བ་མྱ་ངན་ལས་འདས་པ་ཐོབ་པར་འགྱུར་བས་ཞེས་བྱ་བ་འདི་མན་ཆད་ནི་བཞི་པ་ངོ་བོ་ཉིད་མེད་པ་རྣམ་པ་གསུམ་གྱི་རྣལ་འབྱོར ་ལས་བརྩམས་ནས་ཐེག་པ་གཅིག་པའི་དོན་རྣམ་པར་དབྱེ་བ་སྟོན་པར་མཛད་དོ། །འདི་ཡང་རྣམ་པ་གསུམ་དུ་དབྱེ་སྟེ་།འཕགས་པའི་ལམ་ལས་བརྩམས་ནས་ཐེག་པ་ཅིག་པའི་དོན་རྣམ་པར་འབྱེད་པ་དང། རིགས་ཀྱི་བུ་ཞེས་བྱ་བ་མན་ཆད་ཀྱིས་ཞིབ་ལ་སོགས་པའི་ཉན་ཐོས ་ངེས་པར་མངོན་པར་འཚང་མི་རྒྱ་བར་བསྟན་པ་དང། ཉན་ཐོས་བྱང་ཆུབ་ཏུ་ཡོངས་སུ་འགྱུར་བ་ཞེས་བྱ་བ་མན་ཆད་ཀྱིས་ཡོངས་སུ་འགྱུར་བའི་ཉན་ཐོས་ངེས་པར་མངོན་བར་འཚང་རྒྱ་བར་བསྟན་པའོ། །དེ་དག་ཀྱང་མདོར་བསྡུ་ན་འདི་སྐད་དུ་སྟོན་ཏེ། དང་པོས་ནི་རིགས་པ་རྣམ་པ ་གསུམ་ལས་བརྩམས་ནས་དེ་བཞིན་གཤེགས་པས་ཐབས་ཀྱི་ཐེག་པ་གཅིག་ཏུ་གསུངས་པ་ཡིན་ཏེ། ཡང་དག་པའི་དོན་དུན་ཐེག་པ་གསུམ་ཚང་བར་ཡོད་པས་སོ་སོ་ནས་ཀུན་ཀྱང་ལྷག་མ་མེད་པ་མཐར་ཕྱིན་པའི་མྱ་ངན་ལས་འདས་པ་ཐོབ་པར་འགྱུར ་ཞེས་སྟོན་ཏེ། འཕགས་པ་ཕྲེང་ལྡན་མའི་མདོ་ལས་ཀྱང་དོན་དེ་སྐད་དུ་སྟོན་པར་མཛད་དོ། །གཉིས་པས་ནི་རིགས་ངེས་པའི་ཐེག་པ་གཉིས་པོ་དག་མི་ཐེག་པ་པ་གཉིས་ཀྱི་ལྷག་མ་མེད་པའི་མྱ་ངན་ལས་འདས་པ་ཁོ་ན་ཐོབ་ཀྱི། ངེས་པར་ཕྱིས་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར ་དེའི་དོན་མེད་ཞེས་སྟོན་ཏེ། དེའི་ཕྱིར་བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་ཐེག་པ་པ་གཉིས་ཀྱིས་ཐོས་པའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པ་ལ་ནི་དེ་བཞིན་དུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ཁོ་ན་ཡོད་པ་ཉིད་དོ་ཞེས་བཤད་པ་ཡིན་ནོ། །གསུམ་པས་ནི་ངེས་པའི་རིགས་ཅན ་ཡོངས་སུ་འགྱུར་བའི་ཉན་ཐོས་ནི་ངེས་པར་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ་ཞེས་སྟོན་ཏེ་།དེའི་ཕྱིར་དམ་པའི་ཆོས་པདྨ་དཀར་པོའི་མདོའི་ནང་ནས་ཐབས་ཀྱི་ལེའུ་ལས། ཐེག་པ་གཉིས་ཀྱི་རིགས་ཅན་ཡང་ཡང་དག་པའི་དོན་དུ་ངེས་པར་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར ་བར་བསྟན་པ་ཡིན་ཏེ་བཤད་པ་འདི་དང་སྦྱར་ན། ཐབས་ཀྱི་སྒོ་ནས་གསུམ་དུ་བསྟན་པ་ཡིན་གྱི་ཡང་དག་པའི་དོན་དུ་ན་གཅིག་ཁོ་ནར་ཟད་དེ། དེའི་ཕྱིར་དམ་པའི་ཆོས་པདྨ་དཀར་པོའི་མདོ་ལས། ཕྱོགས་བཅུའི་སངས་རྒྱས་ཞིང་དག་ན། ཐེག་པ་གཅིག་གི་ཆོས་ཁོ་ན་གཉིས་དང་གསུམ་ཞེས་བྱ་བ་མེད ་སངས་རྒྱས་ཐབས་ཀྱིས་བསྟན་མི་རྟོགས་ཞེས་གསུངས་སོ། །འཕགས་པ་དམ་པའི་ཆོས་པདྨ་དཀར་པོ་དང། ཕྲེང་ལྡན་མའི་མདོ་འདི་སོ་སོ་ནས་ངོན་རེ་རེ་སྨོས་པ་ཡིན་ལ། མདོ་འདི་ནི་དོན་གཉིས་དང་ལྡན་པའི་ཕྱིར་འཕགས་པ་དགོངས་བ་ཟབ་མོ་ངེས་པར་འགྲེལ་བའི་མདོ་ནི་ངེས་པའི་དོན་སྟོན ་པའི་མཆོག་ཏུ་གྱུར་པ་ཡིན་ནོ། །དེ་ལ་དང་པོ་ཡང་རྣམ་པ་གསུམ་དུ་དབྱེ་སྟེ། ཐེག་པ་པ་གསུམ་པ་དག་སོ་སོ་ནས་རང་གི་ཐེག་པས་ལྷག་མ་མེད་པའི་མྱ་ངན་ལས་འདས་པ་ཐོབ་པར་བསྟན་པ་དང། འཕགས་པའི་ལམ་ལས་བརྩམས་ནས་ཐབས་ཀྱིས་གཅིག་ཏུ་གསུངས་པར་བསྟན་པ་དང། ཡང ་དག་པའི་དོན་དུ་ན?་ཐེག་པ་གསུམ་པོ་དག་ལ་བྱེ་བྲག་ཡོད་པར་བསྟན་པའོ། །འདི་ནི་དང་པོ་སྟེ། འདི་ལྟར་ཐེག་པ་གསུམ་གྱི་རིགས་ཅན་དག་སོ་སོ་ནས་ངོ་བོ་ཉིད་མེད་པ་ཤིན་ཏུ་ཡོངས་སུ་དག་པའི་ལམ་གྱིས་ལྷག་མ་མེད་པའི་མྱ་ངན་ལས་འདས་པས་གྱ་ནོམ་པ་ཐོབ་པར་འགྱུར་བས་སོ། །དེ་ཡང་འཕགས་པ? ་ལམ་གྱི་དོན་ཡིན་པའི་ཕྱིར་ལམ་ཞེས་བྱའོ། །འཕགས་པའི་ལམ་དེ་ཉིད་འཕགས་པ་རྣམས་ཀྱིས་བགྲོད་པར་བྱ་བ་ཡིན་པས་གྲུབ་པའི་གནས་ཞེས་བྱའོ་།ལམ་དང་གནས་དེ་དག་གི་དབང་གིས་ཉོན་མོངས་པ་རྣམས་དང། ཟག་པ་དང་བཅས་པའི་སྡུག་བསྔལ་གྱི་ལུས་དང་བྲལ་ནས་རྟག་པ་དང ་ཞི་བའི་བདེ་བ་ཐོབ་པར་འགྱུར་བས་དེའི་ཕྱིར་བདེ་བའི་མྱ་ངན་ལས་འདས་པ་ཞེས་བྱའོ། །ཉན་ཐོས་དང། རང་སངས་རྒྱས་དང། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱང་ཤིན་ཏུ་རྣམ་པར་དག་པའི་ལམ་འདི་གཅིག་ཐུན་མོང་དུ་གྱུར་པ་ཡིན་ལ། མཐར་ཕྱིན་པའི་རྣམ་པར་དག་པ་གཅིག་སྟེ། གཉིས ་པ་གང་ཡང་མེད་པས་ངས་དེ་ལས་དགོངས་ནས་ཐེག་པ་ནི་གཅིག་ཁོ་ནའོ་ཞེས་བསྟན་ཞེས་བྱ་བ་ནི་གཉིས་པ་ཐབས་ཀྱིས་གཅིག་ཏུ་གསུངས་པར་བསྟན་པའོ། །དེ་ལ་ཉན་ཐོས་ཞེས་བྱ་བ་ལ་འཕགས་པའི་བསྟན་པ་རྣམས་ནི་སྒ་གཙོ་བོར་གྱུར་པས་སློབ་དཔོན་དང་དགེ་བའི་བཤེས་གཉེན་ལས་བསྟན ་པའི་སྒྲ་ཐོས་བ་གཅིག་ནས་གཅིག་ཏུ་བརྒྱུད་ཅིང་བསྒོམ་པས་འཇིག་རྟེན་ལས་གཏན་དུ་འདས་པ་སྟེ། སྤྱོད་པ་ཆུང་ཞིང་འབྲས་བུ་མི་ཆེ་བའི་ཕྱིར་ཉན་ཐོས་ཞེས་བྱའོ། །རང་སངས་རྒྱས་ཞེས་བྱ་བ་ནི་རྟག་པར་རབ་ཏུ་དབེན་ཞིང་ཞི་བ་ལ་མོས་པ་དང་འདུ་འཇི་ལ་མི་དགའ་བ་སྦྱོར་བ་སྒྲུབ་པ་ཡོངས་སུ ་རྫོགས་པ་སློབ་དཔོན་དང་དགེ་བའི་བཤེས་གཉེན་གྱི་ལུང་མེད་པར་བདག་ཉིད་ཀྱིས་རྟོགས་ནས་འཇིག་རྟེན་ལས་གཏན་དུ་འདས་པ་སྟེ། སྤྱོད་པ་འབྲིང་དང་འབྲས་བུ་འབྲིང་ཡིན་པའི་ཕྱིར་རང་སངས་རྒྱས་ཞེས་བྱའོ། །ཡང་ན་རྟེན་ཅིང་འབྲེལ་བར་འབྱུང་བའི་རྟོག་པ་ལ་བལྟོས་ནས་འཕགས་པའི ་འབྲས་བུ་ཁོང་དུ་ཆུད་བའི་ཕྱིར་རྐྱེན་ལས་སངས་རྒྱས་པ་སྙིང་བརྩེ་བ་འམ། ཡང་ན་བྱང་ཆུབ་གཉེར་བ་ལ་ཡི་དམ་ཆུབ་ཆེན་པོ་རེ་ཞིང་ཡོངས་སུ་ཚོལ་བ་དང། སེམས་ཅན་ལ་སྙིང་བརྩེ་བ་འམ། ཡང་ན་བྱང་ཆུབ་གཉེར་བ་ལ་ཡི་དམ་བརྟན་ཅིང་དཔའ་བས་ཡུན་རིང་པོར་བསྒྲུབས་ནས་འཇིག་རྟེན་ལས ་བཏན་དུ་འདས་པ་སྟེ། སྤྱོད་བ་ཆེ་ཞིང་འབྲས་བུ་ཆེ་བའི་ཕྱིར་བྱང་ཆུབ་སེམས་དཔའ་ཞེས་བྱ་སྟེ། རྒྱ་ཆེར་ནི་བསྟན་བཅོས་རྣལ་འབྱོར་སྤྱོད་པའི་སའི་འགྲེལ་བ་ལས་བསྟན་པ་བཞིན་ནོ། །དེ་ནི་འདི་སྐད་དུ་འདི་ལྟར་ཐེག་པ་གསུམ་བོ་དེ་དག་ཤིན་ཏུ་རྣམ་པར་དག་བ་ངོ་བོ་ཉིད་མེད་པའི ་ལམ་འདིར་གཅིག་ཐུན་མོང་དུ་གྱུར་བས་ལམ་འདི་ཉིད་ལ་མཐར་ཕྱིན་པའི་རྣམ་པར་དག་པ་ཞེས་བྱ་སྟེ། ལམ་འདི་ཁོ་ནར་ཟད་དེ། གཉིས་པ་གང་ཡང་མེད་བའི་ཕྱིར་ལམ་གཅིག་ཏུ་གྱུར་བ་འདི་ཉིད་ལས་དགོངས་ནས་ཐེག་བ་གཅིག་ཁོ་ནའོ་ཞེས་གསུངས་པ་ཡིན་ནོ་ཞེས་བསྟན་བར་འགྱུར ་ཏེ། དེའི་ཕྱིར་དགོངས་ཟབ་མོ་རྣམ་པར་དགྲོལ་བའི་མདོ་ལས། རྣམ་བར་དག་པའི་ལམ་གཅིག་ཁོ་ནར་ཟེད་གཉིས་བ་གང་ཡང་མདོ་ཞེས་འབྱུང་གི་།མཐར་ཕྱིན་པའི་རྣམ་བར་དག་པ་ཞེས་བྱ་བ་གཞན་མི་འབྱུང་བས་དེའི་ཕྱིར་མཐར་ཕྱིན་པའི་རྣམ་བར་དག་པ་ནི་ཤིན་ཏུ་རྣམ་པར་དག་བའི ་ལམ་གཅིག་ལ་བྱ་བར་མངོན། །གཞན་ཡང་གཅིག་ཅེས་བྱ་བ་ནི་རྣམ་བ་གསུམ་སྟེ། དང་པོ་ནི་ལམ་གཅིག་པའི་ཕྱིར་གཅིག་ཅེས་བྱའོ། །གཉིས་པ་ནི་འབྲས་བུ་གཅིག་པའི་ཕྱིར་གཅིག་ཅེས་བྱའོ། །གསུམ་པ་ནི་དོན་གཅིག་པའི་ཕྱིར་གཅིག་ཅེས་བྱའོ། །མདོའི་ཚིག་འདི་ཡང་སྦྱར་ན་རྣམ ་པ་གཉིས་སུ་འགྱུར་ཏེ། ཤིན་ཏུ་རྣམ་པར་དག་པའི་ལམ་ཞེས་གསུངས་པ་ནི་ལམ་གཅིག་ཁོ་ན་ཉིད་དོ། །མཐར་ཕྱིན་པའི་རྣམ་པར་དག་བ་ཞེས་གསུངས་པ་ནི་འབྲས་བུ་གཅིག་པ་ཉིད་དེ་།གཅིག་པ་ཉིད་རྣམ་པ་གཉིས་པོ་དེ་ལས་གཞན་གཉིས་པ་གང་ཡང་མེད་པའི་ཕྱིར་དེ་ལས་དགོངས ་ནས་ཐེག་པ་གཅིག་ཁོ་ནའོ་ཞེས་གསུངས་བ་ཡིན་གྱི། འོག་ནས་བསྟན་བ་ལྟར་དོན་ཐ་དད་པ་མེད་པ་ལས་བརྩམས་བའི་ཕྱིར་ཐེག་པ་གཅིག་ཅེས་བསྟན་པ་ལྟ་བུ་ནི་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ་།ཐེག་པ་ཞེས་བྱ་བ་དེ་ཡང་སངས་རྒྱས་ཉག་གཅིག་ཁོ་ནའི་ཐེག་བ་སྟེ། དེའི་ཕྱིར་འཕགས་པ ་འཕྲེང་ལྡན་མའི་མདོ་ལས། ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱང་ཐེག་པ་ཆེན་པོ་ལ་འཇུག་པར་འགྱུར་ཏེ། ཐེག་པ་ཆེན་པོ་ཞེས་བྱ་བ་ནི་སངས་རྒྱས་ཀྱི་ཐེག་པའོ་ཞེས་གསུངས་སོ། །གཞན་ཡང་དམ་པའི་ཆོས་པདྨ་དཀར་པོའི་མདོ་ལས། ཕྱོགས་བཅུའི་སངས་རྒྱས་ཞིང་དག་ན། །ཐེག་བ་གཅིག ་གི་ཆོས་ཁོ་ན། །གཉིས་དང་གསུམ་ཞེས་བྱ་བ་མེད་ཅེས་གསུངས་སོ། །ཡང་ཆོས་ཀྱི་སྐུ་ལས་ཐེག་པ་གཅིག་ཏུ་བསྟན་ཏེ། དེའི་ཕྱིར་དམ་པའི་ཆོས་པདྨ་དཀར་པོའི་མདོའི་འགྲེལ་བ་ལས། འདི་ལྟར་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་དང་།ཉན་ཐོས་ཀྱི་ཆོས་ཀྱི་སྐུ་ཐ་དད་བ་མེད་པའི་ཕྱིར་ལུང་བསྟན་པ་? ་ནོ་ཞེས་འབྱུང་སྟེ། ཕྱིར་རྣམ་པར་དབྱེ་བར་བྱའོ། །འདི་རྣམ་པར་བཤད་པ་དྲུག་ལས་ཀླངས?་དང་བཅས་པའི་རྣམ་པར་བཤད་པའོ། །དེ་ལ་ངོ་བོ་ཉིད་རྣམ་པར་བཤད་པ་ཡང་ལོངས་སྤྱོད་རྫོགས་པའི་སྐུ་གང་ཡིན་པ་དེ་ནི་ཡེ་ཤེས་བཞིའི་སེམས་གྱི་རྣམ་པས་ཕུང་པོ་ལ་སོགས་པ་བསྡུས་པའི ་ངོ་བོ་ཉིད་དོ། །ཆོས་ཀྱི་སྐུ་གང་ཡིན་པ་དེ་ནི་དེ་བཞིན་ཉིད་ཀྱི་ངོ་བོ་ཉིད་དེ་ཐེག་པ་གཅིག་གི་སྒོ་ནི་བསྟན་པ་དང། དོན་དང་སྒྲུབ་པ་དང། འབྲས་བུ་རྣམས་ལ་ཐེག་པ་གཅིག་ཅེས་བསྟན་ཏོ། །ཐེག་པ་གཅིག་པའི་དོན་དེ་ཡང་འཕགས་པའི་གསུང་རབ་ཀྱང་རྣམ་པ་མང་ལ་ལོ་ཙཱ་བདག་གིས་བསྒྱུར་བ་ཡང ་གཅིག་ཁོ་ན་མ་ཡིན་ཏེ་།དགོངས་པ་དག་ཤིན་ཏུ་ཟབ་པས་དེའི་ཕྱིར་གསར་རྙིང་སོ་སོ་ནས་རྩོད་བའི་གཞིར་གྱུར་པ་ཡིན་ནོ། །དེ་ལ་དང་བོ་ནི་ཡང་དག་བདེན་པ་ལ་སོགས་བ་སློབ་དཔོན་ཁ་ཅིག་དམ་པའི་ཆོས་པདྨ་དཀར་བོ་ལ་སོགས་པའི་མདོ་དང་བསྟན་བཅོས་དག་ལ་བརྟེན་ནས་།ཐམས ་ཅད་ཀྱང་འདི་སྐད་དུ་།སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་རང་བཞིན་ཡོད་དོ་ཞེས་བསྟན་ཏེ་།དེའི་ཕྱིར་འཕགས་པ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་ལས་།སྲིད་པ་ཉི་ཤུ་ལྔ་པོ་དག་ལ་བདག་མཆིས་བ་ཞིག་ལ་བསམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ ་བདག་ཅེས་བྱ་བ་ནི་དེ་བཞིན་གཤེགས་བའི་སྙིང་པོའི་དོན་ཡིན་ཏེ། སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་རང་བཞིན་ཡོད་པས་དེ་ནི་བདག་ཅེས་བྱ་བའི་དོན་ཏོ་ཞེས་གསུངས་པ་དང། གཞན་ཡང་དེ་ཉིད་ལས། སེམས་ཅན་དང་སངས་རྒྱས་ཀྱི་རང་བཞིན་ནི་གཅིག་པ་ཡང་མ་ཡིན་ཐ ་དད་པ་ཡང་མ་ཡིན་བས་སངས་རྒྱས་རྣམས་དང་མཚུངས་པ་ནི་ཇི་ལྟར་ནམ་མཁའ་སེམས་ཅན་ཐུན་མོང་དུ་ཡོད་པ་བཞིན་ནོ་ཞེས་གསུངས་བ་དང། གཞན་ཡང་དེ་ཉིད་ལས། དེ་ལ་སེང་གེའི་བསྒྲགས་པ་ཞེས་བྱ་བ་ནི་ངེས་པར་སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་རང་བཞིན་ཡོད ་བར་བསྟན་བའོ་ཞེས་གསུངས་པ་དང་གཞན་ཡང་དེ་ཉིད་ལས་དཔེར་ན་གང་ཞིག་ལ་འོ་མ་དང་ཞོ་ཡོད་པས་ཁ་ཅིག་གིས་དེ་ལ་ཁྱོད་ལ་མར་ཡོད་དམ་ཞེས་དྲིས་པ་དང། སྨྲས་བ། བདག་ས་ཞོ་ཡོད་ཀྱི་ཡང་དག་པར་མར་ནི་མ་ཡིན་ནོ་ཞེས་ཟེར་རོ། །ཐབས་མཁས་པ ་གང་ཡིན་པ་དེ་ནི་ཕྱིས་ཐོབ་པ་ལས་བསམས་ནས་དེའི་ཕྱིར་མར་ཡོད་དོ་ཞེས་ཟེར། །སེམས་ཅན་རྣམས་ཀྱང་དེ་བཞིན་ཏེ་ཐམས་ཅད་ལ་སེམས་ཡོད་དོ། །ཇི་ཙམ་དུ་སེམས་ཡོད་པ་གང་ཡིན་པ་དེ་ནི་བླ་ན་མེད་བ་ཡང་དག་པར་རྫོགས་བའི་བྱང་ཆུབ་མངོན་བར་རྫོགས་པར་འཚང་རྒྱ་བར ་འགྱུར་བས་དོན་དེའི་ཕྱིར་ངས་སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་རང་བཞིན་ཡོད་དོ་ཞེས་གསུངས་པ་དང། གཞན་ཡང་དེ་ཉིད་ལས། སེམས་ཅན་ཐམས་ཅད་ནི་སངས་རྒྱས་ཀྱི་རང་བཞིན་ཡོད་པར་གསུངས་པ་དང་།ཐེག་པ་ཅིག་ཏུ་མཚུངས་པ་དང་རྣམ་པར་གྲོལ ་བ་གཅིག་ཏུ་མཚུངས་པ་དང། རྒྱུ་གཅིག་པ་དང། འབྲས་བུ་གཅིག་པ་དང། བདུད་རྩི་གཅིག་པ་ཐམས་ཅད་ཀྱིས་རྟག་བ་དང་།བདེ་བ་དང། ང་དང་ཡོངས་སུ་གཙང་བ་ཐོབ་བར་འགྱུར་བ་གང་ཡིན་བ་དེ་ནི་རོ་གཅིག་བ་ཉིད་ཅེས་བྱའོ་ཞེས་གསུངས་སོ། །གཞན་ཡང་དམ་པའི ་ཆོས་པདྨ་དཀར་བོའི་མདོ་ལས། ཕྱོགས་བཅུའི་སངས་རྒྱས་ཞིང་དག་ནི། །ཐེག་པ་གཅིག་གི་ཆོས་ཁོ་ན། །གཉིས་དང་གསུམ་ཞེས་བྱ་བ་མེད། །སངས་རྒྱས་ཐབས་ཀྱིས་བསྟན་མ་གཏོགས་ཞེས་གསུངས་བ་དང། གཞན་ཡང་དེ་ཉིད་ལས། དངོས་པོ་འདི་གཅིག་བདེན་པ ་སྟེ། །གཞན་གཉིས་པོ་དག་བདེན་པ་མིན་ཞེས་གསུངས་སོ། །གཞན་ཡང་ཕྲེང་ལྡན་མའི་མདོ་ལས། ཉན་ཐོས་དང་རང་སངས་རྒྱས་དག་ཀྱང་ཐེག་བ་ཆེན་པོ་ལ་འཇུག་པར་འགྱུར་རོ་ཞེས་གསུངས་སོ། །གཞན་ཡང་ལྷའི་བུས་སུ་ཅན་གྱིས་ཞུས་པའི་མདོ་ལས་། ་འཇམ་དཔལ་གྱིས་སྨྲས་པ། ཐམས་ཅད་ངེས་པར་སངས་རྒྱས་སུ་འགྱུར་བར་འགྱུར་བས། ཕྱོད་ཐེ་ཚོམ་ཟ་བར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཐམས་ཅད་ཀྱིས་དེ་བཞིན་གཤེགས་བའི་འཚང་རྒྱ་བ་ཐོབ་བར་བྱ་བའི་ཕྱིར་རོ་ཞེས་གསུངས་སོ། །རྒྱ་ཆེར་མི་འདི ་ཉིད་ལས་བཤད་པ་བཞིན་ནོ། །གཞན་ཡང་འཕགས་པ་ལང་ཀར?་གཤེགས་པའི་མདོ་ལས་།འདོད་ཆེན་པོ་རྣམ་པ་གཉིས་ཏེ་།དགེ་བའི་རྩ་བ་ཐམས་ཅད་སྲེག་པ་དང་།སེམས་ཅན་ཐམས་ཅད་ལ་སྙིང་བརྩེ་ཞིང་འཁོར་བའི་མཛའ་ཇི་སྲིད་པར་སྨོན་ལམ་བཏབ་པ་སྟེ། ་རྣམ་པ་གཉིས་ལས་ཕྱི་མ་གཅིག་ངེས་པར་མངོན་པར་རྫོགས་པར་འཚང་མི་རྒྱ་སྟེ། ཞིབ་དུ་དེ་ཉིད་ལས་བསྟན་པ་བཞིན་ནོ། །འཕགས་པ་ལང་ཀར་གཤེགས་པ་བམ་པོ་བཞིར་བྱས་པ་ལས་ཚིག་མི་མཐུན་ཡང་དོན་འདི་དང་མཐུན་པར་འབྱུང་བས་། མདོ་སྡེ ་འདི་དག་ལས་གསུངས་པ་དང་སྦྱར་ན་རིགས་མེད་པའི་སེམས་ཅན་ཡང་སངས་རྒྱས་སུ་འགྲུབ་བར་འགྱུར་རོ་ཞེའོ། །གཞན་ཡང་ཐེག་པ་ཆེན་པོ་བསྡུས་བའི་འགྲེལ་བ་མི་མཐུན་པ་རྣམ་པ་གཅིག་ལས་། ཡོངས་སུ་སྐྱོ་བའི་ཐེག་བ་ལྔས?་ལས་བྱེད་དོ་ཞེས་བྱ་བ་དང། ་གཞན་ཡང་དེ་ཉིད་ལས་དབང་པོ་དང་རིགས་མ་ངེས་པའི་ཉན་ཐོས་དེ་དག་ཀྱང་ཐེག་པ་ཆེན་པོ་སྒོམ་བར་རྣམ་པར་གཞག་པའི་ཕྱིར་རོ་ཞེས་འབྱུང་སྟེ་། དེ་ལ་དད་པ་ལ་སོགས་པའི་དབང་པོ་ཐོབ་པ་གང་ཡིན་པ་དེ་ཡང་དབང་པོ་ངེས་པ་ཞེས་མི་བྱ་སྟེ་། འཕགས ་པའི་འབྲས་བུ་མ་ཐོབ་པའི་ཕྱིར་རོ། །མི་ཤེས་པ་ཀུན་ཤེས་པ་ལ་སོགས་བའི་དབང་པོ་གསུམ་པོ་དག་ཐོབ་པ་གང་ཡིན་པ་དེ་ནི་ངེས་པའི་དབང་བོ་ཞེས་བྱ་སྟེ་།འདི་ལྟར་འཕགས་པའི་འབྲས་བུ་ཐོབ་པའི་ཕྱིར་རོ། །རྩེ་མོ་ལ་གནས་པ་གང་ཡིན་པ་དེ ་ཡང་དབང་པོ་ངེས་པ་ཞེས་མི་བྱ་སྟེ། འདི་ལྟར་ངན་འགྲོ་རྣམ་པ་བཞི་དང་ད་དུང་མ་བྲལ་བའི་ཕྱིར་རོ། །བཟོད་པ་ལ་གནས་པ་གང་ཡིན་པ་དེ་ནི་ངེས་པའི་རིགས་ཅན་ཞེས་བྱ་སྟེ། ངན་འགྲོ་རྣམ་པ་བཞི་དང་བྲལ་བའི་ཕྱིར་རོ། །ཉན་ཐོས་གང་དབང ་པོ་དང་རིགས་ངེས་པ་ཉིད་དུ་མ་གྱུར་པ་གང་ཡིན་པ་དེ་དག་ནི་དམན་པ་ལས་ཆེན་པོར་བསྒྱུར་དུ་རུང་ངོ། །དབང་བོ་དང་རིགས་ངེས་པ་ཐོབ་བ་གང་ཡིན་པ་དེ་དག་ནི་བསྒྱུར་དུ་མི་རུང་ངོ། །ཉན་ཐོས་འདི་ལྟ་བུ་དག་ལ་དམན་པ་ལས་ཆེན་པོར་ཡོངས་སུ་བསྒྱུར་བའི ་དོན་ཡོད་པ་མ་ཡིན་ནོ། ཅིའི་ཕྱིར་ཐེག་པ་གཅིག་ཏུ་གསུངས་།ཐེག་པ་ཆེན་པོའི་བསྟན་པ་དང་སྦྱར་ན་ཅི་ཙམ་དུ་བྱང་ཆུབ་སེམས་དཔའ་ཨི་ལམ་ལ་རྩེ་གཅིག་ཏུ་མི་སྒོམ་པ་གང་ཡིན་པ་དེ་དག་ནི་དབང་པོ་དང་རིགས་མ་ངེས ་པ་ཞེས་བྱའོ་ཞེས་བསྟན་པའི་ཕྱིར། ཉན་ཐོས་ཐམས་ཅད་ལ་དམན་བ་ལས་ཆེན་པོར་ཡོངས་སུ་བསྒྱུར་བའི་དོན་ཡོད་པས་ཐེག་པ་ཆུང་ངུ་བྱའི?་གང་ཟག་འདི་ལྟ་བུ་དག་ཀྱང་ཐེག་པ་ཆེན་པོ་སྒྲུབ་ཏུ་གཞུག་པར་མཛད་པ་ཡིན་ནོ་ཞེའོ། །གཞན་ཡང་ཤེས་རབ ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲེལ་པ་ལས་ལམ་ནི་རྣམ་པ་བཞི་ཡོད་དེ། ལྷ་དང་མིའི་ལམ་དང་ཐེག་པ་གསུམ་གྱི་ལམ་དང་བཞིའོ། །བྱང་ཆུབ་སེམས་དཔའ་ཨི་ཆོས་ནི་སེམས་ཅན་དྲངས་ནས་ཐེག་པ་ཆེན་པོའི་ལམ་ལ་རབ་ཏུ་དགོད་པ་ཡིན་ཡང་གང ་ཐེག་པ་ཆེན་པོའི་ལམ་ལ་འཇུག་པའི་འོས་སུ་མི་རུང་བ་དེ་དག་ནི་ཐེག་པ་འོག་མ་གཉིས་ལ་འཇོག་པར་བྱེད་དོ། །གང་མྱ་ངན་ལས་འདས་པར་འཇུག་བའི་འོས་སུ་མི་འགྱུར་བ་དེ་དག་ནི་ལྷ་དང་མེའི་བསོད་ནམས་དེར་བདེ་བ་ལ་བཀོད་ནས་མྱ་ངན་ལས ་འདས་པའི་རྒྱུ་སྒྲུབ་ཏུ་གཞུག་པར་བྱེད་དོ་ཞེས་འབྱུང་ངོ། །གཞན་ཡང་དམ་པའི་ཆོས་པདྨ་དཀར་པོའི་འགྲེལ་པ་ལས། ཉན་ཐོས་ནི་རྣམ་པ་བཞི་སྟེ། ངེས་པ་དང། མངོན་པའི་ང་རྒྱལ་ཅན་དང། བྱང་ཆུབ་ལས་ཕྱིར་ལྡོག་པ་དང་། ་སྤྲུལ་པའི་ཉན་ཐོས་སོ། །ཉན་ཐོས་རྣམ་པ་གཉིས་ནི་དེ་བཞིན་གཤེགས་པས་ལུང་བསྟན་པར་མཛད་དེ། འདི་ལྟ་སྟེ་སྤྲུལ་པའི་ཉན་ཐོས་དང་སྔར་ལོག་པ་ལས་ཡང་བྱང་ཆུབ་ཏུ་སེམས་བསྐྱེད་པའོ། །ངེས་པ་དང་མངོན་པའི་ང་རྒྱལ ་ཅན་གྱི་ཉན་ཐོས་རྣམ་པ་གཉིས་ནི་དབང་པོ་ཡོངས་སུ་མ་སྨིན་པའི་ཕྱིར་དེ་བཞིན་གཤེགས་པས་ལུང་སྟོན་པར་མི་མཛད་ཀྱི། བྱང་ཆུབ་སེམས་དཔའ་དག་གིས་ལུང་སྟོན་པར་བྱེད་པ་ནི་ཐབས་ཀྱིས་སེམས་བསྐྱེད་དུ་གཞུག་པའི་ཕྱིར་རོ་ཞེས ་འབྱུང་བས་བསྟན་པ་འདི་དང་སྦྱར་ན་གདོན་མི་ཟ་བར་རིགས་མེད་པའི་སེམས་ཅན་ཞེས་བྱ་བ་ཡང་མེད་ལ་རིགས་ངེས་པའི་ཉན་ཐོས་དང། །རང་སངས་རྒྱས་གཏན་དུ་སངས་རྒྱས་སུ་མི་འགྲུབ་བོ་ཞེས་བྱ་བ་ཡང་མེད་དོ། །དགོངས་ཨ་ཟབ་མོ་རྣམ ་པར་དགྲོལ་བའི་མདོ་དང། བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལ་སོགས་པ་ལས། ངེས་པར་སངས་རྒྱས་སུ་མི་འགྲུབ་པོ་ཞེས་གསུངས་པ་ནི་དབང་པོ་ཡོངས་སུ་མ་སྨིན་པའི་དུས་ཀྱི་ཆ་ལ་བལྟོས་ནས་བསྟན་བ་ཡིན་གྱི་། གདོན་མི་ཟ་བར་སངས ་རྒྱས་སུ་མི་འགྲུབ་པའི་ཕྱིར་ནི་མ་ཡིན་ཏེ། དེའི་ཕྱིར་བསྟན་བཅོས་རིན་པོ་ཆེའི་ངོ་བོ་ཉིད་བསྟན་པ་ལས་འདི་ལྟར་འདོད་ཆེན་པ་རྣམས་ཀྱང་མྱ་ངན་ལས་འདས་པའི་རིགས་མེད་དོ་ཞེས་བསྟན་པ་དེའི་དོན་ཇི་ལྟ་བུ་ཞེ་ན། ཐེག་བ་ཆེན་པོ་ལ་སྐུར་བ་བཏབ་པའི ་རྒྱུ་རབ་ཏུ་བསྟན་པའི་ཕྱིར་དང། དུས་ཚད་མེད་པ་རྣམས་ལ་བལྟོས་པའི་ཕྱིར་རོ། །དེ་སྐད་བསྟན་ཀྱང་དེ་དག་ལ་ཡང་དག་པར་ན་རྣམ་པར་དག་པའི་ངོ་བོ་ཉིད་ཡོད་པའི་ཕྱིར་དེ་དག་ལ་གཏན་དུ་རྣམ་པར་དག་པའི་ངོ་བོ་ཉིད་མེད་ཅེས་བྱ་བ་མི་རུང་ངོ་ཞེས་བསྟན ་བ་ཡིན་ནོ། །བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་ནི་། ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་རྩོལ་བའི་དངོས་པོ་ཐམས་ཅད་དང། མངོན་པར་འདུ་བྱེད་པའི་ལས་ཐམས་ཅད་དང་བྲལ་བ་ཡིན་ནོ་ཞེས་བསྟན་ལ་། གོང་དུ ་བཤད་པ་ལྟ་ན་ནི་ཉན་ཐོས་རྣམས་ཀྱང་ངེས་པར་སངས་རྒྱས་སུ་འགྲུབ་པར་བསྟན་ན་། རྣལ་འབྱོར་སྤྱོད་པའི་ས་ལས་བསྟན་བ་ཇི་ལྟར་ཁོང་དུ་ཆུད་ཅིང་རྣམ་པར་བཤད་པར་བྱ་ཞེ་ན། སྨྲས་པ་། དམ་པའི་ཆོས་པདྨ་དཀར་པོའི་མདོ་ལས་།ད?་མྱ ་ངན་ལས་འདས་པའི་འོག་ཏུ་སློབ་མ་ཁ་ཅིག་མདོ་སྡེ་འདི་མ་ཐོས་པས་བྱང་ཆུབ་སེམས་དཔའ་ཨི་སྤྱོད་བ་ཁོང་དུ་མི་ཆུད་དེ་།བདག་ཉིད་ཀྱིས་ཐོས་པའི་ཡོན་ཏན་གང་ཡིན་པ་དེ་ལ་མྱ་ངན་ལས་འདས་པའི་འདུ་ཤེས་བསྐྱེད་ནས་མྱ་ངན་ལས་འདའ་ཨོ། །ང་ནི ་འཇིག་རྟེན་གྱི་ཁམས་གཞན་ན་མངོན་པར་སངས་རྒྱས་ནས་མིང་ཡང་ཐ་དད་པར་གྱུར་ཏེ་། གང་ཟག་དེ་མྱ་ངན་ལས་འདས་པའི་འདུ་ཤེས་བསྐྱེད་ནས་མྱ་ངན་ལས་འདས་མེད?་ཀྱི། སངས་རྒྱས་ཀྱི་ཞིང་དེ་དག་ཏུ་སངས་རྒྱས ་ཀྱི་ཡེ་ཤེས་ཡོངས་སུ་ཚོལ་བར་བྱེད་དོ་ཞེས་གསུངས་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲེལ་པ་ལས་ཀྱང་འདི་དང་མཐུན་པར་སྟོན་ཏོ། །གཞན་ཡང་མྱ་ངན་ལས་འདས་བ་ཆེན་པོའི་མདམས། ཉན་ཐོས་དང་རང་སངས་རྒྱས་བསྐལ་བ་བརྒྱད ་ཁྲི་དང་དྲུག་ཁྲི་དང། བཞི་ཁྲི་དང་ཉི་ཁྲི་དང་ཁྲིའི་བར་དུ་གནས་པ་གང་ཡིན་པ་དེ་ནི་མྱ་ངན་ལས་འདས་པ་ཞེས་བྱའོ། །བླ་ན་མེད་པའི་ཆོས་ཀྱི་མངའ་བདག་འཕགས་པའི་རྒྱལ་པོའི་གནས་པ་གང་ཡིན་པ་དེ་ནི་མྱ་ངན་ལས་འདས་པ་ཆེན་པོ་ཞེས་བྱའོ་ཞེས་གསུངས ་པ་དང། གཞན་ཡང་འཕགས་པ་ལང་ཀར་གཤེགས་པའི་མདོ་ལས་། རྒྱ་མཚོ་ལ་ནི་ཤིང་འཕྱོ་བ་།རྟག་ཏུ་རླབས་ཀྱིས་གཡེང་བ་ལྟར། །ཉན་ཐོས་རྨོངས་པ་དེ་བཞིན་ཏེ། །མཆན་ཉིད་རླུང་གིས་རྣམ་པར་གཡེངས། །ཀུན་ལས་ལྡང་ལས་དེ ་ལོག་ཀྱང། ཉོན་མོངས་བག་ཆགས་གཞན་གྱིས་བཅིངས། །ཏིང་ངེ་འཛིན་གྱི་བདེ་བས་མྱོས། །ཟག་པ་ཅོད་པའི་དབྱིངས་ལ་གནས། །མཐར་ཕྱིན་ཚུལ་ནི་ངེས་མེད། །ཕྱིར་ཡང་དེ་ལས་མི་ལྡོག་སྟེ། །ཏིང་འཛིན་རྣམས་ཀྱི་ལུས་ཐོབ་སྟེ། །བསྐལ ་བ་ཚང་མེད་དེ་མི་སྲིད། །ཆང་གིས་མྱོས་པའི་སྐྱེས་བུ་དག་།མྱོས་བྱེད་ཟད་ནས་སངས་འགྱུར་ལྟར། །དེ་དག་ཆོས་རྟོགས་དེ་བཞིན་ཏེ། །བླ་མེད་སངས་རྒྱས་སྐུ་ཐོབ་འགྱུར་ཞེས་གསུངས་སོ། །གཞན་ཡང་དམ་པའི་ཆོས་པདྨ་དཀར་པོའི་མདོའི ་འགྲེལ་པ་ལས། ཡང་དག་པར་མངོན་པའི་ང་རྒྱལ་ཅན་གྱི་གང་ཟག་མེད་ཀྱང་འདི་ལྟར་འཇིག་རྟེན་པའི་ཏིང་ངེ་འཛིན་ཡོད་པ་དང། ཡང་དག་པར་མྱ་ངན་ལས་འདས་པའི་འདུ་ཤེས་བསྐྱེད་པས་དེ་དག་གི་གཉེན་པོར་སྤྲུལ་པའི་གྲོང་ཁྱེར་གྱི་དེ་དག? ་པ་ཡིན་པར་རིག་པར་བྱའོ་ཞེས་བྱ་བ་དང་། གཞན་ཡང་དེ་ཉིད་ལས་གང་ཟག་བཞི་པོ་ཡང་ཐབས་ཀྱིས་མྱ་ངན་ལས་འདས་པའི་གྲོང་ཁྱེར་དུ་གཟུང་པའི་ཕྱིར་རོ། །མྱ་ངན་ལས་འདས་པའི་གྲོང་ཁྱེར་ན་བསམ་གཏན་དང་ཏིང་ངེ་འཛིན་རྣམས་ཀྱི་གྲོང་ཁྱེར་ཏེ། གྲོང ་ཁྱེར་དེ་དག་ལས་བཟླས་ནས་མྱ་ངན་ལས་འདས་པ་ཆེན་པོའི་གྲོང་ཁྱེར་དུ་གཟུད་པའི་ཕྱིར་རོ་ཞེས་འབྱུང་བས། དེ་སྐད་བསྟན་པ་དེ་དག་དང་སྦྱར་ན་བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་ལྷག་མ་མེད་པའི་མྱ་ངན་ལས་འདས་པ་ཞེས་བསྟན་པ་དེ་ནི་འཕགས་པ་ཡང ་ཀར་གཤེགས་པ་ལས་། ཏིང་ངེ་འཛིན་གྱི་བདེ་བ་ཞེས་གསུངས་པ་ཉིད་དེ་། དངོས་པོ་དང་བྲལ་བའི་ཕྱིར་ལྷག་མ་མེད་པ་ཞེས་བྱའོ། ཡང་དག་པར་ན་ལྷག་མ་མེད་པ་ཉིད་མ་ཡིན་ཏེ། རྣམ་པར་འགྱུར་བ་དང་ལྡན་པའི་ཕྱིར་རོ། །དེའི་ཕྱིར་འཕགས ་པ་ཕྲེང་ལྡན་མའི་མདོ་ལས། དེ་ལྟ་བསན་དགྲ་བཅོམ་པ་དང། རང་སངས་རྒྱས་དེ་དག་སྐྱེ་བའི་ཆོས་ཅན་ལྷག་མ་དང་བཅས་བ་མ་ཟད་པའི་ཕྱིར་སྐྱེ་བ་དང་བཅས་པའོ། །ཚངས་པར་སྤྱོད་པ་ལྷག་མ་མ་བསྒྲུབས་པའི་ཕྱིར་དངོས་པོ་མ་འདྲེས་པ ་མ་ཡིན་པའོ། །མཐར་ཕྱིན་བ་མ་ཡིན་པའི་ཕྱིར་བྱ་བ་དང་བཅས་པའོ། །དེ་དག་ལས་མ་འདས་པའི་ཕྱིར་སྤང་བར་བྱས་པ་དང་བཅས་པའོ། །འདི་ལྟར་མ་སྤངས་པའི་ཕྱིར་མྱ་ངན་ལས་འདས་པ་དང་མི་རིང་བ་ཡིན་ནོ་ཞེས་གསུངས་པ་དང་།གཞན ་ཡང་དེ་ཉིད་ལས་མྱ་ངན་ལས་འདས་བ་དེས་པ་ཐོབ་པར་གྱུར་ཏོ་ཞེས་གསུངས་པ་ནི་སངས་རྒྱས་རྣམས་ཐབས་ཀྱི་གསུངས་པ་ཡིན་པས་དེ་བཞིན་གཤེགས་པ་ཉག་གཅིག་གིས་མྱ་ངན་ལས་འདས་པ་བརྙེས་པ་ཡིན་ནོ་ཞེས་གསུངས་པ་དང་སྦྱར་ན། བསྐལ ་བ་བརྒྱད་ཁྲི་ལ་སོགས་པའི་བར་དུ་ཏིང་ངེ་འཛིན་གྱི་བདེ་བ་ལ་གནས་པ་ནི་བཏགས་པའི་ལྷག་མ་མེད་པ་ཡིན་གྱི་ཡང་དག་བར་ལུས་དང་ཤེས་པ་གཉིས་འགགས་པའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པ་ནི་མེད་པར་ཤེས་པར་བྱ་སྟེ། དེའི་ཕྱིར་ ་ཐེག་པ་པ་གཉིས་ཀྱང་གདོན་མི་ཟ་བར་སངས་རྒྱས་སུ་འགྲུབ་པར་འགྱུར་བ་དེས་ན་། མདོ་སྡེ་རྣམས་ལས་ཡང་དེག?་པའི་དོན་དུ་ནི་ཐེག་པ་གཅིག་ཁོ་ནའོ་ཞེས་བསྟན་ལ་། བཏགས་པ་ཙམ་དུ་ནི་ཐེག་པ་པ་གཉིས་ཀྱང་བསྟན ་པ་ཡིན་ནོ་ཞེས་ཟེར་རོ།། །།བམ་པོ་ཉི་ཤུ་བདུན་པ། །དེ་ལ་གཉིས་པ་ནི་སློབ་དཔོན་ཧཡན?་ཅིང་གི་མདོ་སྡེ་དང་བསྟན་བཅོས་རྣམས་ལ་བརྟེན་ནས་། རིགས་རྣམ་པ་ལྔ་རྣམ་པར་བཞག་ནས་རིགས་མེད་པའི་སེམས ་ཅན་མྱ་ངན་ལས་འདའ་བའ་ཨི་རིགས་པ་དང། རིགས་ངེས་པའི་ཐེག་པ་པ་གཉིས་གདོན་མི་ཟ་བར་སངས་རྒྱས་མི་འགྲུབ་པོ་ཞེས་བསྟན་ཏེ་། དེའི་ཕྱིར་ལེགས་པའི་ཚུལ་ཁྲིམས་བསྟན་པའི་མདོ་ལས་། གང་ལ་བྱང་ཆུབ་སེམས་དཔའ་ཨི་ཚིགས ་མེད་པ་དེ་དག་ནན་ཏན་བརྩོན་འགྲུས་བསྐྱེད་པར་བྱེད་མོད་ཀྱི་། ནམས་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་མི་འགྱུར་རོ་ཞེས་གསུངས་པ་དང། གཞན་ཡང་བསྟན་བཅོས་ཡོངས་སུ་འཛིན་པ་ལས་རིགས་ཅན་མ ་ཡིན་པ་དེ་དག་ནི་རིགས་མེད་པའི་ཕྱིར་སེམས་བསྐྱེད་ནས་ནན་ཏན་བརྩོན་འགྲུས་སྤྱད་ཀྱང་ངེས་བར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་མི་འགྱུར་རོ་ཞེས་བསྟན་ཏེ་། བསྟན་བཅོས་རྣལ་འབྱོར་སྤྱོད ་པའི་ས་ལས་ཀྱང་འདི་སྐད་དུ་སྟོན་ཏོ། །གཞན་ཡང་མདོ་འདི་ཉིད་ལས་ཞི་བ་བགྲོད་པ་གཅིག་པའི་ཉན་ཐོས་ཀྱི་རིགས་ཅན་གྱི་གང་ཟག་གང་ཡིན་པ་ནི་སངས་རྒྱས་རྣམས་ཀྱིས་བརྩོན་པའི་སྦྱོར་བ་དང་ཐབས་རྣམ་པ་སྣ་ཚོགས་ཀྱིས་གདུལ་བར ་མཛད་ཀྱང་བྱང་ཆུབ་ཀྱི་སྙིང་པོ་ལ་བཞག་སྟེ། བླ་ན་མེད་པ་ཡང་དག་བར་རྫོགས་པའི་བྱང་ཆུབ་ཐོབ་པར་བྱ་བར་མི་ནུས་སོ་ཞེས་གསུངས་བ་དང། གཞན་ཡང་དགོངས་པ་ཟབ་མོ་རྣམ་བར་དགྲོལ་བའི་མདོ་ལས་དོན་མཆོག་མངོན་པར་གྲུབ ་པའི་ཉན་ཐོས་ཞི་བའི་རིགས་ཅན་གྱི་གང་ཟག་ནི་སངས་རྒྱས་ཐམས་ཅད་ཀྱིས་མཐུ་ཅི་མངའ་བ་གཏུགས་ཏེ་གདུལ་བར་མཛད་ཀྱང། དེ་བྱང་ཆུབ་ཀྱི་སྙིང་བོ་ལ་འདུག་སྟེ་།བླ་ན་མེད་པའི་བྱང་ཆུབ་འཐོབ་པར་མི་ནུས་པ་གང་ཡིན་པ་དེ་ནི་བས?་ཞི་བའི་ཉན་ཐོས་ཞེས ་བྱའོ་ཞེས་བསྟན་ཏོ་ཞེས་གསུངས་པ་དང། གཞན་ཡང་བྱང་ཆུབ་སེམས་དཔའ་ཨི་སྡེ་སྣོད་ཀྱི་མདོ་ལས་། ཡང་དག་པ་ལ་ངེས་པའི་སེམས་ཅན་ནི་ཡང་དག་པའི་ཆོས་ཀྱི་སྣོད་ཡིན་པས་དེ་བཞིན་གཤེགས་པས་ཆོས་བསྟན་ཀྱང་རུང་མ་བསྟན་ཀྱང་རུང་སྟེ་།ཐམས ་ཅད་རྣམ་པར་གྲོལ་བ་ཐོབ་བར་འགྱུར་རོ། །ལོག་པ་ལས་ངེས་པའི་སེམས་ཅན་ནི་ཆོས་ཡང་དག་པའི་སྣོད་མ་ཡིན་པས་དེ་བཞིན་གཤེགས་པས་དེ་ལ་ཆོས་བསྟན་ཀྱང་རུང་མ་བསྟན་ཀྱང་རུང་སྟེ་། རྣམས་ཀྱང་རྣམ་པར་གྲོལ་བ་ཐོབ་པའི་འོས་སུ་མི ་འགྱུར་བས་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་དུ་སེམས་ཅན་དེ་ཆོས་ཀྱི་སྣོད་མ་ཡིན་པར་མཁྱེན་ནས་སྤོང་བར་མཛད་དོ་ཞེས་གསུངས་པ་དང་། གཞན་ཡང་འཕགས་པ་སོར་མ་ཕྲེང་བའི་མདོ་ལས་། སེམས་ཅན་རྣམས་ཀྱི་ཚོགས ་རྣམ་བ་གསུམ་ལས་ཉན་ཐོས་ཀྱི་ཐེག་པ་དང། ཐེག་པ་ཆེན་པོའི་ཚོགས་གཉིས་ཁོ་ན་ནི་གསོར་རུང་བ་དང་གསོར་མི་རུང་བའོ། །དེ་ལ་ལོག་པ་ལ་ངེས་པ་ནི་འདི་ལྟ་སྟེ་། འདོད་ཆེན་པོ་དག་གོ་ཡང་དག་པ་ལ་ངེས་པ་ནི་འདི་ལྟ་སྟེ་། དེ་བཞིན ་གཤེགས་པ་དང་བྱང་ཆུབ་སེམས་དཔའ་དང་ཐེག་པ་གཉིས་སོ་ཞེས་གསུངས་པ་དང། གཞན་ཡང་ལེགས་པའི་ཚུལ་ཁྲིམས་བསྟན་པའི་མདོ་ལས། སེམས་ཅན་གདུལ་བར་བྱ་བ་ནི་རྣམ་པ་བཞི་ཡོད་དེ་། ཉན་ཐོས་ཀྱི་རིགས་ཅན་ཉན་ཐོས ་ཀྱི་ལམ་ཐོབ་བར་འགྱུར་བ་དང། རང་སངས་རྒྱས་ཀྱི་རིགས་ཅན་རང་སངས་རྒྱས་ཀྱི་ལམ་ཐོབ་པར་འགྱུར་བ་དང། སངས་རྒྱས་ཀྱི་རིགས་ཅན་སངས་རྒྱས་ཀྱི་ལམ་ཐོབ་པར་འགྱུར་བ་དང། ལྷ་དང་མིའི་རིགས་ཅན་ལྷ་དང་མིའི་བདེ་བ་ཐོབ་པར་འགྱུར ་བ་ནི་རྣམ་པ་བཞི་ཞེས་བྱའོ་ཞེས་གསུངས་པ་དང། གཞན་ཡང་ཕྲེང་ལྡན་མའི་མདོ་ལས། གཞན་ཡང་ཇི་ལྟར་པ་ཆེན་པོས་ཁུར་ལྕི་བ་རྣམ་པ་བཞི་ཁྱེར་བ་བཞི་སྟེ། བཞི་གང་ཞེ་ན་། རྒྱ་མཚོ་ཆེན་པོ་རྣམས ་དང། རི་རྣམས་དང་རྩཝ་དང་ཤིང་རྣམས་དང་སེམས་ཅན་རྣམས་སོ། དེ་བཞིན་དུ་ཆོས་ཡང་དག་པ་ཡོངས་སུ་འཛིན་པའི་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དག་ཀྱང་ས་ཆེན་པོ་ལྟར་ཁུར་ལྕི་བ་རྣམ་པ་བཞི་ཁྱེར་བས་ས་ཆེན་པོ་དཔེར་རྣམ་པར་བཞག ་པ་ཡིན་ཏེ། བཞི་གང་ཞེ་ན། དགེ་བའི་བཤེས་གཉེན་དང་བྲལ་བ་། ཐོས་བ་མེད་པ་ཆོས་མ་ཡིན་པ་སྤྱོད་བའི་སེམས་ཅན་དག་ལ་ལྷ་དང་མིའི་དགེ་བའི་རྩ་བ་སྒྲུབ་ཏུ་གཞུག་པ་དང་། ཉན་ཐོས་ཡོངས་སུ་གཉེར་བ་དག་ལ་ཉན་ཐོས་ཀྱི་ཐེག་པ ་སྟོན་པར་བྱེད་པ་དང་། རང་སངས་རྒྱས་ཡོངས་སུ་གཉེར་བ་དག་ལ་རང་སངས་རྒྱས་ཀྱི་ཐེག་པ་སྟོན་པར་བྱེད་པ་དང་། ཐེག་པ་ཆེན་པོ་ཡོངས་སུ་གཉེར་བ་དག་ལ་ཐེག་པ་ཆེན་པོ་སྟོན་པར་བྱེད་པའོ་ཞེས་གསུངས་བ་དང། གཞན་ཡང ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་ལས་སེམས་ཅན་གང་ཉན་ཐོས་ཀྱི་ཐེག་པའི་རིགས་སུ་ངེས་པ་དག་ནི་། ཆོས་འདི་ཐོས་ནས་མྱུར་དུ་རང་གི་ཟག་བ་མེད་པའི་ས་ཐོབ་པར་འགྱུར་རོ། །རང་སངས་རྒྱས་ཀྱི་ཐེག་པའི་རིགས་སུ་ངེས་པ ་དག་ནི། ཆོས་འདི་ཐོས་ནས་མྱུར་དུ་རང་གི་ཐེག་པ་ལ་གནས་པས་ངེས་པར་འབྱུང་བར་འགྱུར་རོ། །བླ་ན་མེད་པའི་ཐེག་པའི་རིགས་སུ་ངེས་པ་དང་ནི་ཆོས་འདི་ཐོས་ནས་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འཐོབ་པར་འགྱུར ་རོ། །སེམས་ཅན་གང་ཡང་དག་པ་ཉིད་དུ་སྐྱོན་མེད་པ་ལ་མ་ཞུགས་ཤིང་རིགས་རྣམ་པ་གསུམ་གང་དུ་ཡང་མ་ངེས་པ་དག་ཀྱང་ཆོས་འདི་ཐོས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་བྱེད་དོ་ཞེས་གསུངས་ཏེ་། ་འཕགས་པས་བཅུའི་མདོའི་འགྲེལ་པ་ལས་ཀྱང་ཕལ་ཆེར་འདི་དང་མཐུན་པར་བཤད་དོ། །གཞན་ཡང་བསྟན་བཅོས་བྱང་ཆུབ་སེམས་དཔའ་ཨི་ས་ཡོངས་སུ་འཛིན་པ་ལས་།གང་ཟག་ཡོངས་སུ་སྨིན་བར་བྱ་བ་ནི་མདོར་བསྡུ་ན་རྣམ་པ་བཞི་ཡོད་དེ། ཉན་ཐོས ་ཀྱི་རིགས་ཅན་དག་ཉན་ཐོས་ཀྱི་ཐེག་པ་ལས་ཡོངས་སུ་སྨིན་པར་བྱ་བ་དང་། རང་སངས་རྒྱས་ཀྱི་རིགས་ཅན་དག་རང་སངས་རྒྱས་ཀྱི་ཐེག་པས་ཡོངས་སུ་སྨིན་པར་བྱ་བ་དང་། སངས་རྒྱས་ཀྱི་རིགས་ཅན་དག་བླ་ན་མེད་པའི་ཐེག་པས་ཡོངས་སུ་སྨིན ་པར་བྱ་བ་དང། རིགས་མེད་པ་དག་བདེ་འགྲོས་ཡོངས་སུ་སྨིན་པར་བྱའོ་ཞེས་བསྟན་པ་དང། གཞན་ཡང་བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་ཡོངས་སུ་མྱ་ངན་ལས་འདའ་བའ་ཨི་ཆོས་ཅན་མ་ཡིན་པ་དག་བདག་གིས་ནི་བྱང་ཆུབ་རྣམ་པ་གསུམ ་གྱི་ས་བོན་མེད་པ་ཡིན་ནོ་ཞེས་བྱ་བ་དང། གཞན་ཡང་དེ་ཉིད་ལས་རིགས་མེད་པ་ལ་གནས་པའི་གང་ཟག་ནི་གཏན་དུ་མྱ་ངན་ལས་འདའ་བའ་ཨི་ཆོས་ཅན་མ་ཡིན་པ་ཞེས་བྱ་བ་ལ་སོགས་པ་བསྟན་པ་དང་།གཞན་ཡང་དེ་ཉིད་ལས་གང་དག་ལ་དེ་བཞིན་ཉིད་ལ ་དམིགས་པའི་རྐྱེན་རྟོགས་པར་བྱ་བ་ལ་གཏན་དུ་སྒྲིབ་པའི་ས་བོན་ཡོད་པ་དེ་དག་ནི་ཡོངས་སུ་མྱ་ངན་ལས་མི་འདའ་བའ་ཨི་རིགས་དང་ལྡན་པའི་གང་ཟག་ཏུ་རྣམ་པར་བཞག་ལ་། གང་ཟག་དེ་ལྟ་མ་ཡིན་པ་དེ་དག་ནི་ཡོངས་སུ་མྱ་ངན་ལས་འདའ་བའ་ཨི་རིགས་དང་ལྡན་བའི་གང་ཟག ་ཏུ་རྣམ་པར་བཞག་གོ་ཞེས་འབྱུང་ངོ། །གཞན་ཡང་བསྟན་བཅོས་མདོ་སྡེའི་རྒྱན་ལས་རིགས་མེད་པ་ནི་རྣམ་པ་གཉིས་ཏེ་། དུས་ཀྱི་མཛའ་ལ་བལྟོས་ཏེ་མྱ་ངན་ལས་མི་འདའ་བ་དང་གཏན་དུ་མྱ་ངན་ལས་མི་འདའ་པའོ། །དུས་ཀྱི་མཛའ་ལ་བལྟོས་ཏེ་མྱ་ངན་ལས་མི་འདའ་ ་བའི་ཆོས་ཅན་ཡང་རྣམ་པ་བཞི་སྟེ། གཅིག་ཏུ་སྡིག་པ་སྤྱོད་པ་དང། དགེ་བའི་ཆོས་ཐམས་ཅད་སྤངས་བ་དང། རྣམ་པར་གྲོལ་བའི་ཕྱོགས་ཀྱི་དགེ་བའི་རྩ་བ་མེད་པ་དང། དགེ་བའི་རྒྱུ་ཆུང་ཞིང་ཡོངས་སུ་མ་རྫོགས་པའོ། །གཏན་དུ་མྱ་ངན་ལས་མི་འདའ་བའ་ཨི་ཆོས་ཅན་ནི་འདི? ་ལྷར་རྒྱུ་མེད་པའི་ཕྱིར་མྱ་ངན་ལས་འདའ་བའ་ཨི་རིགས་མེད་པ་སྟེ་།འཁོར་བ་ཡོངས་སུ་གཉེར་ཞིང་མྱ་ངན་ལས་འདས་པ་མི་ཚོལ་བའི་གང་ཟག་གོ་ཞེས་བཤད་དོ། །གཞན་ཡང་བསྟན་བཅོས་ཐེག་པ་ཆེན་པོ་བསྡུས་པའི ་འགྲེལ་པ་མི་མཐུན་པ་རྣམ་པ་གཅིག་ལས། སྒྲིབ་དང་བཅས་ཤིང་རྒྱུ་མི་ལྡན། །སེམས་ཅན་ཁམས་རྣམས་ཐམས་ཅད་ནི། །ངེས་པ་གཉིས་ལ་གནས་པས་ན། །སངས་རྒྱས་རྣམས་ལ་མངའ་དབང་མེད། །ཅེས་འབྱུང་སྟེ་།སློབ་དཔོན་དབྱིག? ་གཉེན་གྱིས་མཛད་པའི་འགྲེལ་པ་ལས། སེམས་ཅན་མྱ་ངན་ལས་འདའ་བའ་ཨི་རིགས་མེད་པ་གང་ཡིན་པ་དེ་ནི་རྒྱུ་དང་མི་ལྡན་པ་ཞེས་བྱ་སྟེ། སངས་རྒྱས་རྣམས་འདིའི་གནས་སྐབས་སུ་མྱ་ངན་ལས་འདའ་བར་མཛད་པར་ཡང་མི་སྤྱོད་ལ། །རྫུ་འཕྲུལ ་གྱིས་མངའ་དབང་མཛད་པར་མི་སྤྱོད་དེ་།འདི་ལྟར་འཁོར་བ་ལ་མངོན་པར་ཞེན་ཅིང་མྱ་ངན་ལས་འདས་བ་ལས་མོས?་པས་སོ་ཞེས་བཤད་དོ། །སློབ་དཔོན་བྱན?་ཙང་གིས་བསྒྱུར་བའི་ཐེག་པ་ཆེན་པོ་བསྡུས་པ་ལས་ནི། སེམས་ཅན་ཁམས་ལ་ཀུན་དུ ་ཡང། །སྒྲིབ་བཅས་རྒྱུ་དང་མི་ལྡན་ལ། །ངེས་པ་གཉིས་ནི་འཇུག་པས་ན། །སངས་རྒྱས་རྣམས་ལ་མངའ་དབང་མེད་ཅེས་འབྱུང་སྟེ། སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་འགྲེལ་བ་ལས། སེམས་ཅན་གྱི་ཁམས་ན་མྱ་ངན་ལས ་འདས་པའི་ཆོས་མེད་པ་གང་ཡིན་པ་དེ་ནི་རྒྱུ་མ་ཚང་བ་ཞེས་བྱའོ་ཞེས་འབྱུང་སྟེ། དེས་ནི་དེ་དག་ལ་མྱ་ངན་ལས་འདས་པའི་རྒྱུ་མེད་པར་བསྟན་ཏོ། །རིགས་མེད་པའི་ཕྱིར་། སངས་རྒྱས་རྣམས་དེ་དག་ལ་མངའ་དབང་མཛད་དུ་ཡང་མེད་དོ ་ཞེས་བྱ་བའི་ཐ་ཚིག་སྟེ་ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་མི་མཐུན་པའི་རྣམ་པ་གཅིག་ལས་ཀྱང་དེ་སྐད་དུ་སྟོན་ཏོ། །སློབ་དཔོན་ངོ་བོ་ཉིད་མེད་ཀྱི་འགྲེལ་བ་ལས་ནི། ཉོན་མོངས་པ་དང། ལས་དང་།རྣམ་པར་སྨིན་པའི་སྒྲིབ་པ ་དང་ལྡན་པའི་ཕྱིར་སྒྲིབ་པ་དང་ལྡན་པ་ཞེས་བྱའོ། །མྱ་ངན་ལས་འདའ་བའ་ཨི་རྒྱུ་དང་རིགས་མེད་པའི་ཕྱིར་རྒྱུ་མ་ཚང་བ་ཞེས་བྱའོ། །སངས་རྒྱས་རྣམས་ཀྱིས་གོང་དུ་བསྟན་པ་ལྟ་བུའི་སེམས་ཅན་དེ་དག་མྱ་ངན་ལས་འདའ་བར་མངའ་དབང་མཛད་པར་ཡང་མི ་སྤྱོད་དོ། །ཞེས་འབྱུང་སྟེ། རྒྱ་ཆེར་དེ་ཉིད་ལས་བསྟན་པ་བཞིན་ནོ། །གཞན་ཡང་སངས་རྒྱས་སའི་འབྲེལ་བ་ལས་རིགས་རྣམ་པ་ལྔ་ཡོད་པར་བསྟན་པའི་དོན་ནི་སྔ་མ་བཞིན་དུ་རེག་པར་བྱ་སྟེ། དེ་ཉིད་ལས་རིགས་ཅན་ལྔ་པ་ནི་ཡོན་ཏན་སྐྱེ ་བའི་རྒྱུ་མེད་པའི་ཕྱིར་ནམས་ཀྱང་མྱ་ངན་ལས་འདའ་བའ་ཨི་དུས་མེད་དོ་ཞེས་བཤད་དོ། །གཞན་ཡང་འཕགས་པ་ས་བཅུའི་འགྲེལ་པ་ལས་ལོག་པའི་ཕུང་པོ་ལྔ་ལ་དེས་པ་ནི་མྱ་ངན་ལས་འདའ་བར་མི་འགྱུར་བ་ཞེས་བྱའོ་ཞེས་འབྱུང་སྟེ། བསྟན་པ ་འདི་དག་དང་སྦྱར་ན་རིགས་མེད་པའི་སེམས་ཅན་ནི་མྱ་ངན་ལས་འདའ་བའ་ཨི་རྒྱུ་མེད་ལ་ཐེག་པ་འོག་མ་གཉིས་ནི་ངེས་པར་སངས་རྒྱས་སུ་མི་འགྲུབ་པོ་ཞེས་སྟོན་ཏོ། །གལ་ཏེ་དེ་ལྷན་ཅིའི་ཕྱིར་ཐེག་པ་གཅིག་ཏུ་གསུངས། སྔར་ཁུངས་སུ་བསྟན་པའི ་གསུང་རབ་དེ་དག་ཀྱང་ཇི་ལྟར་གོ་ཞིང་རྣམ་པར་བཤད་པར་བྱ་ཞེ་ན་།སྨྲས་པ་།འཕགས་པ་མྱ་ངན་ལས་འདས་བ་ཆེན་པོའི་མདོ་ལས་ཇི་སྐད་དུ། རིགས་ཀྱི་བུ་བདག་ཅེས་བྱ་བ་ནི་དེ་བཞིན་གཤེགས་པའི་སྙིང་པོའི་དོན་ཏོ། །གཞན་ཡང་སེམས ་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་རང་བཞིན་ཡོད་དེ་རྟག་པར་གནས་ཤིང་རྣམ་པར་འགྱུར་བ་མེད་པའོ་ཞེས་གསུངས་སོ། །གཞན་ཡང་བསྟན་བཅོས་རིན་པོ་ཆེའི་རང་བཞིན་བསྟན་པ་ལས་སེམས་ཅན་ཐམས་ཅད་ལ་དེ་བཞིན་གཤེགས ་པའི་སྙིང་པོ་ཡོད་པར་ཅིས་མདོན་ཞེ་ན་།སྨྲས་པ་།སངས་རྒྱས་ཐམས་ཅད་ཀྱི་མཉམ་བའི་ཆོས་ཉིད་ཀྱི་སྐུ་ལ་བསྟེན་ནས་སེམས་ཅན་ཐམས་ཅད་ལ་དེ་བཞིན་གཤེགས་པའི་སྙིང་པོ་ཡོད་པར་རིག་པར་བྱའོ། །ཞེས་འབྱུང་པས་སེམས ་ཅན་ཐམས་ཅད་ལ་དེ་བཞིན་གཤེགས་པའི་སྙིང་པོ་ཡོད་དོ། །གསུང་རབ་གོང་མ་དེ་དག་ལས་བསྟན་པ་དག་ནི་ཐམས་ཅད་ཀྱང་དེ་བཞིན་ཉིད་ཆོས་ཀྱི་སྐུ་སངས་རྒྱས་ཀྱི་རང་བཞིན་ཡིན་པས་ངེས་ན་རིགས་རྣམ་པ་ལྔ་པོ་ཀུན་ལ་ཡང ་སངས་རྒྱས་ཀྱི་རང་བཞིན་ཡོད་དོ། །གཞན་ཡང་འཕགས་པ་མྱ་ངན་ལས་འདས་པ་ཆེན་པོར་མདོ་ལས། དཔེར་ན་འགའ་ཞིག་ཅེས་བྱ་བ་ཐོབ་པར་འགྱུར་རོ་ཞེས་བྱ་བའི་བར་དུ་གསུངས་བ་ནི་ཐམས་ཅད་ཀྱང་སྤྱོད་པའི་ངོ་བོ་ཉིད་ཡིན་པས་ངེས་པར ་ཐོབ་པར་འགྱུར་བའི་ཕྱིར་ཏེ་།རིགས་མ་ངེས་པ་ལས་བརྩམས་ནས་ཕྱོགས་གཅིག་བསྟན་པ་ཡིན་ནོ། །གཞན་ཡང་དམ་པའི་ཆོས་པདྨ་དཀར་པོའི་མདོ་ལས། ཕྱོགས་བཅུའི་སངས་རྒྱས་ཞིང་དག་ན། །ཐེག་པ་གཅིག་གི་ཆོས་ཁོ་ན། །གཉིས་དང ་གསུམ་ཞེས་བྱ་བ་མེད། །སངས་རྒྱས་ཐབས་ཀྱི་བསྟན་མ་གཏོགས། །ཞེས་གསུངས་པ་ནི་མདོ་ཚིག་འདིར་བཤད་པ་ཡང་སོ་སོ་ནས་བཤད་པ་མི་མཐུན་པས་སློབ་དཔོན་ལང་ཤིབ་ལ་སོགས་པ་ན་རེ་གཉིས་མེད་ཅེས་བྱ་བ་ནི་ཉན་ཐོས་དང་རང ་སངས་རྒྱས་ཀྱི་མེད་པའོ། །གསུམ་མེད་ཅེས་བྱ་བ་ནི་ཉན་ཐོས་དང་རང་སངས་རྒྱས་དང། ཐེག་པ་ཆེན་པོ་བ་ལས་ཕ་རོལ་ཏུ་ཕྱིན་བ་དྲུག་ཕྱོགས་གཅིག་ཏུ་སྤྱོད་པའི་བྱང་ཆུབ་སེམས་དཔའ་མེད་པའོ་ཞེའོ། །གཞན་ཡང་ཁ་གཅིག་ན་རེ ་གཉིས་མེད་ཅེས་བྱ་བ་ནི་འདི་ལྟ་སྟེ། གཉིས་པ་རང་སངས་རྒྱས་ཀྱི་ཐེག་པ་མེད་པའོ། །གསུམ་མེད་ཅེས་བྱ་བ་ནི་འདི་ལྟ་སྟེ་།གསུམ་པ་ཉན་ཐོས་ཀྱི་ཐེག་པ་མེད་པའོ། །ཁ་ཅིག་ན་རེ་སྔ་མའི་བཤད་པ་འདི་གཉིས་ནི་རྒྱུའི་ཐེག་པ ་རྣམ་པར་བཞག་པ་ཡིན་གྱི་།སངས་རྒྱས་ཀྱི་ཐེག་པ་ལ་ནི་མཐར་ཕྱིན་པའི་འབྲས་བུའི་ངོ་བོ་ཉིད་དུ་མཐོང་བས་གཞིག་པའི་ཐུག་མ་ཐུབ་བོ་ཞེས་སོ། །འདིར་ནི་གཉིས་དང་གསུམ་ཞེས་བྱ་བ་དེས་སངས་རྒྱས་ཀྱི་སྐུ་ལས་བརྩམས་ནས་དོན་དེ་ཡང་དག ་བར་གཞིག་བ་ཡིན་ཏེ། དེ་ལ་གཉིས་མེད་ཅེས་བྱ་བ་ནི་དེ་བཞིན་གཤེགས་པ་ལོངས་སྤྱོད་རྫོགས་པའི་སངས་རྒྱས་ཀྱི་ཐེག་པ་ཁོ་ན་ཡོད་ཀྱི། ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་གཉིས་པོ་དེ་དག་མེད་པའོ། །ཕྲེང་ལྡན་མའི་མདོ་ལས། ཉན་ཐོས ་དང་རང་སངས་རྒྱས་ཀྱང་ཐེག་པ་ཆེན་པོར་འཇུག་པར་འགྱུར་རོ་ཞེས་གསུངས་བ་ནི་སངས་རྒྱས་ཀྱི་ཐེག་པ་ཉིད་དུའོ། །དམ་པའི་ཆོས་པདྨ་དཀར་པོའི་མདོ་ལས། །དངོས་པོ་འདི་གཅིག་བདེན་པ་སྟེ། །གཞན་གཉིས་པོ་དག་བདེན་པ་མིན་ཞེས་གསུངས་པ ་ནི། གསུམ་དུ་མེད་ཀྱི་།དེ་བཞིན་གཤེགས་པའི་སྐུ་ནི་ཐེག་པ་གཅིག་ཁོ་ནར་ཟད་པས། ཉན་ཐོས་དང་།རང་སངས་རྒྱས་དང། སངས་རྒྱས་ཀྱི་ཐེག་པ་ཞེས་བྱ་བ་གསུམ་བོ་དག་མོང་ཞེ་བསྟན་པའོ། །བསྟན་བཅོས་ཐེག་པ་ཆེན་པོ་བསྡུས་པ་ལས་ཀྱང། ་བྱང་ཆུབ་སེམས་དཔའ་ས་གཉིས་པ་ལ་མ་ཞུགས་པ་དག་ནི་འདུ་ཤེས་འདི་ལྟ་བུ་བསྐྱེད་འདི་ལྟ་སྟེ། འདི་ལྟར་ཐེག་པ་གསུམ་གྱི་གང་ཟག་སྤྱོད་པའི་བྱེ་བྲག་ཐ་དད་པས་ཐེག་པ་གཅིག་གི་ཚུལ་ལ་རྨོངས་པར་གྱུར་ཏོ་སྙམ་མོ་ཞེས་བཤད་དོ། །དམ་པའི་ཆོས ་པདྨ་དཀར་པོའི་མདོ་ལས་ཀྱང་།ཐེག་པ་གཉིས་ཀྱང་ཡོད་པ་མ་ཡིན་ན། རྣམ་པར་གསུམ་དུ་ཡོད་པ་ལྟ་སྨོས་ཅི་དགོས་ཞེས་བསངས་སོ། །མྱ་ངན་ལས་འདས་པ་ཆེན་པོའི་མོད་ལས་།དེ་བཞིན་གཤེགས་པ་དང་ཉན་ཐོས་དང་རང་སངས་རྒྱས་རྣམས། ་སངས་རྒྱས་ཀྱི་རང་བཞིན་དང་གཅིག་ཏུ་མཚུངས་སོ། །ཟག་པ་མེད་པ་ཡང་གཅིག་ཏུ་མཚུངས་སོ་ཞེས་གསུངས་པ་ཡང་སྔ་མ་ནི་གཉིས་སུ་འཛིན་པ་རྣམ་པར་བཤིག་ནས་།གཅིག་པ་ཉིད་ལ་ཕྱོགས་པ་དང་དམན་པ་རྣམ་བར་བཤིག་ནས་།རྒྱ་ཆེན ་པོ་ལ་འཇུག་བར་མཛད་དོ། །ཕྱི་མ་ནི་གསུམ་དུ་འཛིན་པ་རྣམ་པར་བཤིག་ནས་གཅིག་པ་ཉིད་ལ་ཕྱོགས་པ་དང། དངོས་པོ་བཀག་ནས་དོན་ལ་ཕྱོགས་པར་མཛད་དོ་ཞེས་ཟེར་ཏེ་།དེ་ལྟར་རྣམ་པ་གཉིས་སུ་བཤད་བ་ཡོད་ཀྱང་བསཧྡ་པ་ནི་གཉིས་ ་པ་བཟང་ངོ། །དེའི་ཕྱིར་དམ་པའི་ཆོས་པདྨ་དཀར་པོའི་མདོའི་འགྲེལ་པ་ལས། གཉིས་པ་ཐབས་ཀྱི་ལེའུ་ལས་ནི་གཉིས་སུ་འཛིན་པ་རྣམ་པར་བཤིག་ནས་གཅིག་པ་ཉིད་རབ་ཏུ་སྟོན་ཏོ་ཞེས་འབྱུང་བ་ཡིན་ནོ། །གཞན་ཡང་སངས་རྒྱས་ཕལ ་པོ་ཆེའི་མདོ་ལས། ཐེག་པ་གཉིས་ཀྱི་མདོ་ཡང་མེད་དོ་ཞེས་གསུངས་པ་དང། གཞན་ཡང་དམ་པའི་ཆོས་པདྨ་དཀར་པོའི་མདོ་ལས། འཇིག་རྟེན་ན་ཐེག་པ་པ་གཉིས་ཀྱིས་མྱ་ངན་ལས་འདའ་བ་ཐོབ་པར་འགྱུར་ཞེས་བྱ་བ་ནི་མེད་ཀྱི། སངས་རྒྱས་གྱི ་ཐེག་པ་གཅིག་ཁོ་ནས་མྱ་ངན་ལས་འདའ་པ་ཐོབ་པར་ཟད་དོ་ཞེས་བྱ་བ་དང། གཞན་ཡང་དེ་ཉིད་ལས། སངས་རྒྱས་ཐེག་གཅིག་ཁོ་ན་སྟེ། །བསྟི་བའི་གནས་ཕྱིར་གཉིས་སུ་བཤད་ཅེས་གསུངས་སོ། །ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་མི་མཐུན ་པ་རྣམ་པ་གཅིག་ལས། དད་པ་ལ་སོགས་བའི་དབང་པོ་དག་ནི་ངེས་པའི་དབང་པོ་ཞེས་མི་བྱའོ་ཞེས་འབྱུང་བ་ཡང། ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་གཞན་རྣམ་པ་གཉིས་ལས། ཚིག་དེ་ལྟ་བུ་མི་འབྱུང་བའི་ཕྱིར་དེ་ཡང་ཚད་མར་མི་རུང་ངོ། ། ་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲེལ་པ་ལས། མྱ་ངན་ལས་འདའ་བར་འཇུག་པའི་འོས་སུ་མི་རུང་པ་དེ་དག་ནི་ལྷ་དང་མིའི་བསོད་ནམས་དང་བདེ་བ་ལ་བཀོད་ནས་མྱ་ངན་ལས་འདས་པའི་རྒྱུ་དང་རྐྱེན་བསྒྲུབ་ཏུ་གཞུག་པར་མཛད་དོ་ཞེས་བསྟན་པ་ནི ་ལྷ་དང་མིའི་ཐེག་པ་ཡང་རྣམ་པ་གཉིས་ཏེ། དང་པོ་གཏན་དུ་མྱ་ངན་ལས་འདའ་བར་མི་འགྱུར་བ་གང་ཡིན་པ་དེ་དག་ནི་ལྷ་དང་མིའི་ཐེག་པས་ཡོངས་སུ་སྦྱིན་པར་མཛད་དོ། །གཉིས་པ་རེ་ཞིག་ཙམ་དུ་མྱ་ངན་ལས་འདའ་བའ་ཨི་རིགས་མེད་པ་གང་ཡིན་པ་དེ་དག ་ནི་ལྷ་དང་མིའི?་ཐེག་པས་ཡོངས་སུ་སྨིན་པར་མཛད་ནས། མྱ་ངན་ལས་འདའ་བའ་ཨི་རྒྱུ་བསྒྲུབ་ཏུ་གཞུག་པར་མཛད་དོ་ཞེས་ཟེར་ཏེ། དེ་ལྟར་རྣམ་པ་གཉིས་སུ་བཤད་པ་ཡོད་ཀྱང། འགྲེལ་པ་དེ་ལས་ནི་རེ་ཞིག་ཅི་མ་དུ་རིགས་མེད་པའི་ཕྱོགས་གཅིག་? ་བརྩམས་ནས་དེ་སྐད་བསྟན་པ་ཡིན་ནོ། །ཡང་ན་དེ་ལས་བྱང་ཆུབ་སེམས་དཔའ་ཨི་སྙིང་རྗེ་དང་སྨོན་ལམ་གྱི་ཐབས་ལྷག་མ་མེད་པའི་མྱ་ངན་ལས་འདས་པར་བཟླ་བར་འདོད་པ་རབ་ཏུ་བསྟན་པ་ཡིན་གྱི། ཐམས་ཅད་མྱ་ངན་ལས་འདའ་བར་འགྱུར་བར་བསྟན་པ་ནི་མ ་ཡིན་པའོ། །དམ་པའི་ཆོས་པདྨ་དཀར་པོའི་འགྲེལ་པ་ལས། གདོན་མི་ཟ་བར་མངོན་པའི་ང་རྒྱལ་ཅན་གྱི་ཉན་ཐོས་རྣམ་པ་གཉིས་ནི་དབང་པོ་ཡོངས་སུ་མ་སྨིན་པའི་ཕྱིར་དེ་བཞིན་གཤེགས་པས་ལུང་སྟོན་པར་མི་མཛད་ཀྱི། བྱང་ཆུབ་སེམས་དཔའ་དག་གིས་ལུང་སྟོན་པར ་བྱེད་པ་ནི་ཐབས་ཀྱིས་སེམས་བསྐྱེད་དུ་གཞུག་པའི་ཕྱིར་རོ་ཞེས་བསྟན་པ་ནི་བྱང་ཆུབ་སེམས་དཔའ་དག་གིས་སངས་རྒྱས་སུ་འགྲུབ་པར་ལུང་སྟོན་པ་སྟེ། དེ་དག་ཐེག་པ་ཆེན་པོ་ལ་སེམས་བསྐྱོད་དུ་གཞུག་པར་འདོད་པའི་ཕྱིར་ཏེ། དེ་ཡང་ཐབས་ཀྱིས་བསྟན་པ་ཡིན ་གྱི། ཡང་དག་པར་སངས་རྒྱས་སུ་འགྲུབ་པར་འགྱུར་བ་ནི་མ་ཡིན་པའོ། །འཕགས་པ་དམ་པའི་ཆོས་པདྨ་དཀར་པོའི་མདོ་ལས། མྱ་ངན་ལས་འདས་པའི་འདུ་ཤེས་བསྐྱེད་ནས་མྱ་ངན་ལས་འདའ་ཨོ། །འཇིག་རྟེན་གྱི་ཁམས་གཞན་ན་སངས་རྒྱས་ཀྱི་ཡེ་ཤེས ་ཚོལ་བར་བྱེད་དེ་ཞེས་གསུངས་པ་ནི། དམ་པའི་ཆོས་པདྨ་དཀར་པོའི་མདོའི་དཔེ་གཏན་ལ་ཕབ་པ་དང་སྦྱར་ན་།དེ་ལས་ཐམས་ཅད་ཀྱང་འདུས་མ་བྱས་ཀྱི་འདུ་ཤེས་ལ་གནས་པས་མྱ་ངན་ལས་འདས་སོ་སྙམ་ནས་འཇིག་རྟེན་གྱི་ཁམས་གཞན་དུ་འགྲོ་བར ་འགྱུར་ཞེས་གསུངས་སོ། །གཞན་ཡང་དེ་ཉིད་ལས་མྱ་ངན་ལས་འདའ་བའ་ཨི་ཚོ?། སངས་རྒྱས་དེའི་དྲུང་དུ་བཞུགས་ཏེ་ཚོས་ཀྱི་གདམས་ངག་བསྟན་པས་བྱང་ཆུབ་ཏུ་སེམས་བསྐྱེད་ནས་འཁོར་བ་དང་མྱ་ངན་ལས་འདས་པ་ལ་མི་གནས་ཤིང། ཐེག་པ་གསུམ་པོ་དག ་ཀྱང་སྟོང་པ་ཉིད་དུ་ཁོང་དུ་ཆུད་པར་འགྱུར་རོ་ཞེས་གསུངས་པ་དང་སྦྱར་ན། མྱ་ངན་ལས་འདའ་བའ་ཨི་ཚེ?་ཞེས་གསུངས་བ་ནི། ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་བལ་གནས་ནས། ལྷག་མ་མེད་པའི་མྱ་ངན་ལས་འདའ་བར་འཇུག་པའི་ཚེ། བྱང་ཆུབ ་ཏུ་སེམས་བསྐྱེད་པར་བྱེད་ཀྱི་ལྟག་མ་མེད་པར་ཞུགས་པའི་འོག་ཏུ་བྱང་ཆུབ་ཏུ་སེམས་བསྐྱེད་པ་ནི་མ་ཡིན་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དགྲེལ་པ་ལས་བསྟན་པ་ཡང་འདི་བཞིན་དུ་རིག་པར་བྱའོ། །གཞན་ཡང་མྱ་ངན་ལས་འདས་པ་ཆེན་པོའི་མདོ་ལས། ་བསྐལ་པ་བརྒྱད་ཁྲིལ་སོགས་པར་གནས་སོ་ཞེས་གསུངས་པ་ནི་སྡེ་སྣོད་གསུམ་པ་དག་གི་བཤད་པ་ལ་འབྱུང་གི་རྒྱུན་ཏུ་ཞུགས་པ་ལ་གནས་པ་ནི་ཐེག་པ་ཆེན་པོར་སེམས་བསྒྱུར་ཏེ་རྣམ་པར་འགྱུར་བའི་འཆི་འཕོ་ལ་གནས་ནས། བྱང་ཆུབ་སེམས་དཔའ་ཨི་སྦྱོང་བ་སྤྱད་དེ། ་དད་པ་བཅུའི་གནས་སུ་ཕྱིན་ནས་བསྐལ་པ་བརྒྱད་ཁྲི་དང། དྲུག་ཁྲི་ལ་སོགས་པའི་བར་དུ་གནས་པ་ནི་གནས་ཞེས་བྱའོ་ཞེའོ། །སློབ་དཔོན་ཡང་དག་བདེན་པས་རྣམ་པར་ཤེས་པའི་གནས་དགུ་བསྟན་པ་ལས་གཞི་ཆེན་པོའི་མདོ་ལས། རང་སངས་རྒྱས་མི་བསྐལ ་པ་ཁྲིས་ཕྱིན་པར་འགྱུར། ཞེས་གསུངས་ན། གང་དུ་ནི་ཕྱིན་པར་འགྱུར། གྲུབ་བའི་མཛའ་ནི་གང་ཞིག་ཡིན། །སྨྲས་པ། འདི་ནི་མཐར་ཕྱིན་པའི་གྲུབ་པའི་མཛའ་སྟེ། ཐེག་པ་པ་གསུམ་དུ་འཛིན་པ་གསལ་བར་དགོངས་པའོ། །ཡང་ན་སེམས་བསྒྱུར་ཏེ་ཐེག་པ་ཆེན་པོ ་བརླབས་ནས། དད་པ་བཅུའི་ཆོས་ཀྱི་དེ་བཞིན་ཉིད་ལ་འཇུག་པར་འགྱུར་རོ་ཞེས་བསྟན་པ་དང་སྦྱར་ན། སློབ་དཔོན་ཡང་དག་བདེན་པ་ཡང་དད་པ་བཅུ་ལ་ཕྱིན་པའི་གནས་སུ་འདོད་པར་རིག་པར་བྱའོ། །གལ་ཏེ་དེ་ལྟ་ན་ཇི་ལྟར་མྱ་ངན་ལས་འདས་པ་ཞེས་བཤད་ཅེ་ན། སྨྲས ་བ། བཅོམ་ལྡན་འདས་ཀྱི་ཐེག་པ་ཆན་པོར་སེམས་བསྒྱུར་བའི་ཉན་ཐོས་མེས་ལུས་བསྲེགས་ནས་མྱ་ངན་ལས་འདས་པ་སྟོན་པ་ལ་དགོངས་ནས་མྱ་ངན་ལས་འདས་པ་ཞེས་གསུངས་ཀྱི། ཡང་དག་པར་མྱ་ངན་ལས་འདས་པ་ནི་མ་ཡིན་ཏེ། ད་ནི་བསྟན་བཅོས་རྣལ ་འབྱོར་སྤྱོད་པའི་ས་ལས་ཇི་སྐད་དུ། དེ་ལྟར་དེ་ནི་ཚེའི་འདུ་བྱེད་བསྲིངས་ནས་དབང་པོའི་ལུས་བྱིན་གྱིས་རློབ་པར་བྱེད་ཅིང། སྤྲུལ་པའི་ལུས་ཀྱིས་ཆོས་མཐུན་པ་དག་ལ་ཕུང་པོའི་ལྷག་མ་མེད་པ་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདས་པ་སྟོན་པར ་བྱེད་དེ། དེས་ན་དེ་དག་འདི་སྙམ་དུ་བཅུན་པ་མིང་འདི་ཞེས་བྱ་བ་དེ་ནི་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱི་སུ་མྱ་ངན་ལས་འདས་སོ་སྙམ་དུ་སེམས་སོ། །དེས་ཕུང་པོའི་ལུས་བྱིན་གྱིས་བླང?་ནས་ཛམ་བུའི་གླིང་འདིར་གར་འདོད་པར་ཅི་གནས་ཀྱང་ལྷ་རྣམས་ཀྱིས་ཀྱང་མི ་མཐོང་སེམས་ཅན་གཞན་དག་གིས་ལྟ་སྨོས་ཀྱང་ཅི་དགོས་པ་དེ་ལྟ་བུར་དབེན་བར་གནས་པར་བྱེད་དོ་ཞེས་བསྟན་པ་ལྟ་བུ་སྟེ་དེ་ནི་འདི་སྐད་དུ་ཐེ་ཚོམ་རབ་ཏུ་གསལ་བའི་ཆེད་དུ་ཆོས་མཐུན་དག་གི་མདུན་དུ་ལྷག་མ་མེད་པའི་མྱ་ངན་ལས་འདས་པར་ཡོངས་སུ་སྟོན་པའི་ཕྱིར་མྱ་ངན་ལས ་འདས་པ་ཞེས་བྱའི། དེ་ཡང་དག་པའི་ལྷག་མ་མེད་པའི་མྱ་ངན་ལྡས་འདས་པ་ལ་གནས་པ་ནི་མ་ཡིན་ནོ་ཞེས་བསྟན་པར་འགྱུར་རོ། །ཡང་ན་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལྷག་མ་མེད་པའི་ཡོངས་སུ་མྱ་ངན་ལས་འདས་པ་ལྟ་བུར་སྤྲུལ་པ་ཡིན་ཏེ། ཁ་ཅིག་ཡོངས་སུ ་བསྡུ་བ་དང། གཞན་ཡོངས་སུ་བསྡུ་བ་དང། གཞན་རྣམས་ཡོངས་སུ་བཟུང་བ་དང། འབྲས་བུ་གཉིས་པོ་དེ་དག་མཐར་ཕྱིན་པ་མ་ཡིན་པར་རབ་ཏུ་བསྟེན་པའི་ཕྱིར་ཏེ། དཔའ་བར་འགྲོ་བའི་ཏིང་ངེ་འཛིན་གྱི་མདོ་ལས་ཇི་སྐད་དུ་།བྱང་ཆུབ་སེམས་དཔའ་ཤཱ་རའི་བུ་སངས་རྒྱས་ཀྱི་ཐེག་པ་ལྟར ་ཡོངས་སུ་མྱ་ངན་ལས་འདས་པ་གང་ཡིན་པ་དེ་ནི་གཏན་དུ་མྱ་ངན་ལས་འདས་པ་མ་ཡིན་ནོ་ཞེས་གསུངས་པ་ལྟ་བུ་སྟེ། རྒྱ་ཆེར་དེ་ཉིད་ལས་བསྟན་པ་བཞིན་ནོ། །འཕགས་པ་ལ་དཀར་གཤེགས་པ་ལས་ཏིང་ངེ་འཛིན་གྱི་སྒོའི་བདེ་པ་ཞེས་གསུངས་པ་ནི་འདི་ལྟ་སྟེ། རྒྱུན་ཏུ་ཞུགས ་བ་ལ་སོགས་པ་དག་ཐེག་པ་ཆེན་པོར་སེམས་བསྒྱུར་ནས་ལུས་ཡུན་རིང་དུ་གནས་པ་དང། མཛའ་ཨི་ཏིང་ངེ་འཛིན་ལ་བརྟེན་ནས་ཟག་པ་དང་བཅས་པའི་ལས་ཡོངས་སུ་གསོས?་ཏེ། རྣམ་པར་འགྱུར་བའི་འཆི་འཕོ་ལེན་ཅིང་བསྐལ་བ་བརྒྱད་ཁྲི་དང་དྲུག་ཁྲི་ལ་སོགས་པར་གནས་ནས ་དད་?་བཅུའི་གནས་པ་ལ་གནས་པར་འགྱུར་བས་ཏིང་འཛིན་དེ་ཉིད་ལ་ཏིང་འཛིན་ཀྱི་བདེ་བ་ཞེས་གསུངས་ཀྱི་ལྷག་མ་མེད་པའི་མྱ་ངན་ལས་འདས་ཟིན་པ་ལ་ཏིང་ངེ་འཛིན་གྱི་བདེ་བ་ཞེས་གསུངས་པ་ནི་མ་ཡིན་པས། ལུང་དང་རིགས་པ་ངེས་ན་བསྐལ་པ་བརྒྱད་ཁྲི་ཞེས་བྱ་བ ་ནས་བསྐལ་པ་ཁྲི་ཞེས་བྱ་བའི་བར་དུ་ཞེས་གསུངས་པ་ཡིན་ནོ། །གནས་པ་ཞེས་བྱ་བ་ཡང་ལྷག་མ་མེད་པའི་མྱ་ངན་ལས་འདས་པར་ཞུགས་ནས་གདོད་རྩོལ་བ་ཡང་མ་ཡིན་ཏེ་དེའི་ཕྱིར་བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས། ཉན་ཐོས་བྱང་ཆུབ ་ཏུ་ཡོངས་སུ་འགྱུར་ག་ཅི་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་ལ་གནས་པའི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་བསྒྲུབ་པར་བྱེད་དམ། འོན་ཏེ་ཕུང་པོའི་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པའི་དབྱིངས་ལ་གནས་ཤིང་བྱེད ་ཅེ་ན། སྨྲས་པ། ཕུང་པོའི་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པའི་དབྱིངས་ལ་གནས་པ་ཁོ་ན་ལ་དངོས་པོ་འདི་ཡོད་དེ་དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་ལ་གནས་པ་ནི་རྩོལ་བའི་ལས་ཐམས་ཅད་དང་བྲལ་ཞིང་འབད་པ་ཐམS ་ཅད་རྒྱུན་ཆད་པ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་དང། གཞན་ཡང་དེ་ཉིད་ལས་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདས་པའི་གནས་གྱུར་པ་དེ་མཚན་ཉིད་ཇི་སྐད་དུ་བརྗོད་པར་བྱ་ཞེ་ན། སྨྲས་པ། སྤྲོས་པ་མེད་པའི་མཚན་ཉིད་དང། ་ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པའི་མཚན་ཉིད་དོ་ཞེས་བཤད་དོ། །གཞན་ཡང་འཕགས་པ་དགོངས་པ་ཟབ་མོའི་ངེས་པར་འགྲེལ་པ་འདི་ཉིད་དང། དགོངས་པ་ཟབ་མོ་རྣམ་པར་གྲོལ་བའི་མདོ་ལས་ཀྱང། ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ ་ཚོར་བ་ཐམས་ཅད་མ་ལུས་པར་རྒྱུན་ཆད་པར་གསུངས་པས་རྒྱ་ཆེར་ནི་མདོ་དེ་ལས་གསུངས་པ་བཞིན་ཏེ། དེའི་ཕྱིར་ཐེག་པ་གསུམ་པོ་དག་ནི་བྱེ་བྲག་མེད་པ་མ་ཡིན་ནོ། །དེ་ལ་བཏགས་པ་དང་ཡང་དག་པར་རྣམ་པར་འབྱེད་པ་ཡང་བསྟན་པ་རྣམས་ལས་སོ་སོ་ནས ་བཤད་པ་མི་མཐུན་པས། ལ་ལ་ལས་ནི་ཡང་དག་པར་ནི་ཐེག་པ་གཅིག་གོ་།བརྟགས་པ་ཙམ་དུ་ནི་ཐེག་པ་གསུམ་དུ་གསུངས་སོ་ཞེས་བསྟན་པ་ཡོད་དེ། དམ་པའི་ཆོས་པདྨ་དཀར་པོའི་མདོ་ལས་ཇི་སྐད་དུ། ཕྱོགས་བཅུའི་སངས་རྒྱས་ཞིང་དག་ན། །ཐེག་པ་གཅིག་གི ་ཆོས་ཁོ་ན། །གཉིས་དང་གསུམ་ཞེས་བྱ་བ་མེད། །སངས་རྒྱས་ཐབས་ཀྱི་བསྟན་མ་གཏོགས་ཞེས་གསུངས་པ་དང། གཞན་ཡང་དེ་ཉིད་ལས་དངོས་པོ་འདི་གཅིག་བདེན་པ་སྟེ། གཞན་གཉིས་པོ་དག་བདེན་པ་མིན་ཞེས་གསུངས་པ་དང། གཞན་ཡང་ཕྲེང་ལྡན་མའི་མདོ་ལས། ཉན་ཐོས་དང ་རང་སངས་རྒྱས་ཐམས་ཅད་ཐེག་པ་ཆེན་པོ་ལ་འཇུག་པར་འགྱུར། ཞེས་གསུངས་པ་དང། གཞན་ཡང་མྱ་ངན་ལས་འདས་པ་ཆེན་པོའི་མདོ་ལས་སེམས་ཅན་ཐམས་ཅད་ནི་ལམ་གཅིག་ཏུ་འཇུག་པར་འགྱུར་རོ། །ལམ་གཅིག་ནི་འདི་ལྟ་སྟེ། ཐེག་པ་ཆེན་པོའོ། །དེ་བཞིན་གཤེགས ་པ་དང་བྱང་ཆུབ་སེམས་དཔའ་རྣམས་སེམས་ཅན་གྱི་ཆེད་དུ་གསུམ་དུ་ཕྱེ་བ་ཡིན་ནོ་ཞེས་བྱ་བ་ལ་སོགས་པར་གསུངས་པ་ལྟ་བུའོ། །ཁ་ཅིག་ལས་ཡང་དག་པའི་དོན་དུ་ནི་ཐེག་པ་གསུམ་དུ་གསུངས་སོ། །བཏགས་པ་ཙམ་དུ་ནི་ཐེག་པ་གཅིག་ཏུ་གསུངས་སོ་ཞེས་སྟོན་པ་ཡང་ཡོད ་དེ། མདོ་འདི་ཉིད་ལས་ཉན་ཐོས་དང། རང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱང་ཤིན་ཏུ་རྣམ་པར་དག་པའི་ལམ་འདི་ཉིད་གཅིག་ཐུན་མོང་དུ་གྱུར་པ་ཡིན་ཞེས་བྱ་བ་ལ་སོགས་པ་གསུངས་པ་དང། གཞན་ཡང་དེ་ཉིད་ལས་བཅོམ་ལྡན་འདས་ཀྱིས་ཉན་ཐོས་ཀྱི་ཐེག་པ ་གང་ཡིན་པ་དང། ཐེག་པ་ཆེན་པོ་གང་ཡིན་པ་དེ་ནི་ཐེག་པ་གཅིག་གོ་ཞེས་བཀའ་སྩལ་པ་དེ་ལ་དགོངས་པ་གང་ལགས་ཞེས་བྱ་བ་ལ་སོགས་པ་གསུངས་པ་དང། གཞན་ཡང་བྱང་ཆུབ་གྱི་སེམས་ཀྱི་འབྱུང་གནས་བསྟན་པའི་མདོ་ལས། དེ་ནས་བཅོམ་ལྡན་འདས་ལ་བྲམ་ཟེ་འོད་སྲུངས་ཀྱིས ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་རྣམ་པར་གྲོལ་བ་དང་རྣམ་པར་གྲོལ་བར་དབྱེར་མཆིས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྣམ་པར་གྲོལ་བ་དང་རྣམ་པར་བོལ་བ་བྱེ་བྲག་དུ་གྱུར་བ་མེད་དོ། །ལམ་ཡང་ལམ་དུ་བྱེ་བྲག་དུ་གྱུར་པ་མེད་དོ། །ཐེག་པ་ཡང་ཐེག ་པར་བྱེ་བྲག་ཏུ་གྱུར་པ་མེད་དོ། །དཔེར་ན་རྒྱལ་པོའི་ལམ་པོ་ཆེར་ནི་གླང་པོའི་ཁྱོགས་དང་འགྲོ་བ་ཡང་ཡོད། །རྟའི་ཁྱོགས་དང་འགྲོ་བ་ཡང་ཡོད་བོང་བུའི་ཁྱོགས་དང་འགྲོ་བ་ཡང་ཡོད་དེ་དག་རིམ་གྱིས་ལམ་དེར་འགྲོ་།གྲོང་ཁྱེར་གཅིག་ཏུ་བགྲོད་པར་ནི་མཚུངས་སོ་ཞེས་གསུངས་པ ་ལྟ་བུ་སྟེ། བསྟན་པ་འདི་ལ་སོགས་པ་གཏེན་ཚིགས་སུ་རུང་བ་མང་དུ་ཡོད་དོ། །ཐེག་པ་གཅིག་ཏུ་བསྟན་པ་ཡང་དགོངས་པ་དག་མ་མཐུན་པས་དེའི་ཕྱིར་འཕགས་པའི་གསུང་རབ་རྣམས་ལས་ཐ་དད་པ་རྣམ་པ་སྣ་ཚོགས་སུ་གསུངས་པ་ཡིན་ཏེ། བསྟན་བཅོས་རྣམ་པར་བཤད་པ་དང ་སྦྱར་ན། དེ་ལས་འདི་ལྟར་རྒྱུ་རྣམ་པ་དྲུག་གིས་ཐེག་པ་གཅིག་ཏུ་གསུངས་པའི་དགོངས་པ་སྟོན་ཏོ། །དེའི་ཕྱིར་དེ་ལས་ཅའི?་ཕྱིར་དེ་བཞིན་གཤེགས་པས་ཐེག་པ་གཅིག་ཏུ་གསུངས། སྨྲས་པ། རྒྱུ་རྣམ་པ་དྲུག་གི་ཕྱིར་ཏེ། ཆོས་རྣམས་ཀྱི་མཚན་ཉིད་ཐ་དད་པ་མེད་པ་ལས་བརྩམས་པའི་ཕྱིར་དང། ་རྣམ་པར་མི་རྟོག་པའི་རྣམ་པ་ལས་བརྩམས་པའི་ཕྱིར་དང། སེམས་ཅན་བདག་མེད་པ་དང་ཆོས་བདག་མེད་པར་མཚུངས་པ་ཉིད་ཀྱི་ཕྱིར་དང། རྣམ་པར་གྲོལ་བ་མཚུངས?་པ་ཉིད་ཀྱི་ཕྱིར་དང། འདི་ལྟར་སྐྲབས?་པ་ཐ?་དད་བདག་ལ་དངོས་པོ་དང་ཡང་དག་པ་མ་ཡིན་པ་རྣམ་པར་རྟོག་པའི་ཉོན ་མོངས་པ་ཡོད་ཀྱང། གཉེན་པོ་དང་དམིགས་པར་བྱ་བའི་ཆོས་ཉིད་མི་མཐུན་པ་མེད་པ་ཉིད་ཀྱི་ཕྱིར་དང། ཤིན་ཏུ་ལེགས་པར་སྤྲུལ་ནས་གནས་པའི་ཕྱིར་དང། ཡོད་པ་མཐར་ཕྱིན་པའི་ཕྱིར་རོ་ཞེས་བཤད་དོ། །བསྟན་བཅོས་མདོ་སྡེའི་རྒྱན་དང། དན་རྣམ་པ་བཅུའི་ཕྱིར་ཐེག་པ་གཅིག་ཏུ་གསུངS ་པར་སྟོན་ཏེ། བསྟན་བཅོས་དེ་ལས་སྔར་ནི་དོན་རྣམ་པ་བརྒྱད་ཀྱི་མདོ་སྡེ་རྣམས་ལས་དེ་བཞིན་གཤེགས་པས་ཐེག་པ་གཅིག་ཏུ་གསུངས་པ་སྟོན་ཏོ། །དེའི་འོག་ཏུ་ནི་ཡོངས་སུ་འཛིན་པའི་དོན་རྣམ་པ་གཉིས་ཀྱིས་དེ་བཞིན་གཤེགས་པ་རྣམས་ཐེག་པ་གཅིག་ཏུ་གསུངས་པ་དགོངས་པ ་སྟོན་ཏེ། དེའི་ཕྱིར་བསྟན་བཅོས་དེ་ལས། འདི་ལྟར་མདོ་དེ་དང་དེ་དག་ལས་དགོངས་པ་འདི་བརྒྱད་ཀྱི་དེ་བཞིན་གཤེགས་པ་རྣམས་ཀྱིས་ཐེག་པ་གཅིག་ཏུ་གསུངས་ཀྱང་ཐེག་པ་གསུམ་པོ་དག་མེད་པ་ནི་མ་ཡིན་ནོ། །གལ་ཏེ་དེ་ལྟ་ན་དགོངས་པ་ཇི་ལྟ་བུ་ཞིག་གིས་ཐེག་པ་གཅིག་ཏུ་གསུངས ་ཤེ་ན། ཚིག་ལེའུར་བྱས་པ་ལས། ཉན་ཐོས་རྣམས་ནི་དྲང་བ་དང། །བྱང་ཆུབ་སེམས་དཔའ་གཟུང་བའི་ཕྱིར། །འདི་གཉིས་ལ་ནི་མ་ངེས་པ། །སངས་རྒྱས་རྣམས་ཀྱིས་ཐེག་གཅིག་གསུངས། ཞེས་འབྱུང་བ་སྟེ། རྒྱ་ཆེར་ནི་དེ་ཉིད་ལས་བཤད་པ་བཞིན་ནོ། །སློབ་དཔོན་ཐོགས་མེད ་ཀྱི་བསྟན་བཅོས་ཐེག་པ་ཆེན་པོ་བསྡུས་པ་མཛད་པ་ལས་ཀྱང། བསྟན་བཅོས་མདོ་སྡེའི་རྒྱན་གྱི་ཚིག་ལེའུར་བྱས་པ་ཁུངས་སུ་བཞག་ནས་དོན་རྣམ་པ་བཅུ་སྟོན་པས་སློབ་དཔོན་དབྱིག་གཉེན་དང། ངོ་བོ་ཉིད་མེད་ཀྱིས་སོ་སོ་ནས་འགྲེལ་པ་མཛད་དོན་རྣམ་པ་མཛད་དེ?་དེ་དོན་རྣམ་པ་བཅུ་བོ་དེ་དག་སྟོན? ་ཏོ། །དེའི་ཕྱིར་སློབ་དཔོན་ཐོགས་མེད་ཀྱིས་མཛད་པའི་བསྟན་བཅོས་ཐེག་པ་ཆེན་པོ་བསྡུས་པ་ལས། གལ་ཏེ་ཉན་ཐོས་དང་རང་སངས་རྒྱས་དང་ཐུན་མོང་མ་ཡིན་ཏེ་སངས་རྒྱས་རྣམས་ཀྱི་ཆོས་ཀྱི་སྐུ་ཡོན་ཏན་ཕུན་སུམ་ཚོགས་པ་འདི་ལྟ་བུ་དག་དང་ལྡན་པ་ཡིན་ན་དགོངས་པ་གང་གིས་ཐེག ་པ་གཅིག་ཏུ་བསྟན་ཅེ་ན། འདི་ལ་ཚིགས་སུ་བཅད་པ་གཉིས་ཡོད་དེ། །བཅིག་དག་ནི་དྲངས་ཕྱིར་དང། །གཞན་ཡང་ཀུན་ཏུ་གཟུང་པའི་ཕྱིར། །རྫོགས་པའི་སངས་རྒྱས་རྣམས་ཀྱིས་ནི། །མ་ངེས་རྣམས་ལ་ཐེག་གཅིག་བསྟན། །ཆོས་དང་བདག་མེད་གྲོལ་མཚུངས་ཕྱིར། །རིགས་ནི་ཐ་དད་གྱུར ་པའི་ཕྱིར། །བསམ་གཉིས་བརྙེས་ཕྱིར་སྤྲུལ་པའི་ཕྱིར། །མཐར་ཕྱིན་པས་ནི་ཐེག་གཅིག་བསྟན། །ཅེས་འབྱུང་སྟེ། །སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་འབྲེལ་པ་ལས། འདིར་ཚིགས་སུ་བཅད་པ་གཉིས་ཀྱིས། སངས་རྒྱས་རྣམས་ཐེག་པ་གཅིག་དུ་གསུངས་པའི་དགོངས་པ་རྣམ ་པར་འབྱེད་དེ། ཁ་གཅིག་དག་ནི་དྲང་བའི་ཕྱིར། །ཞེས་བྱ་བ་ནི་འདི་ལྟ་སྟེ། རིགས་མ་ངེས་པའི་ཉན་ཐོས་ལ་སོགས་པ་དྲངས་ནས་ཐེག་པ་ཆེན་པོ་ལ་གཞོག་པར་མཛད་པ་སྟེ། མ་ངེས་པའི་རིགས་ཅན་གྱི་ཉན་ཐོས་ལ་སོགས་པ་དེ་དག་ཇི་ལྟར་ཐེག་པ་ཆེན་པོའི་དབང་གི་ཡོངས་སུ་མྱ་ངན ་ལས་འདའ་བར་འགྱུར་སྙམ་དུ་དགོངས་པའོ། །གཞན་ཡང་ཀུན་ཏུ་གཟུང་པའི་ཕྱིར་ཞེས་བྱ་བ་ནི་འདི་ལྟ་སྟེ། མ་ངེས་པའི་རིགས་ཅན་གྱི་བྱང་ཆུབ་སེམས་དཔའ་རྣམས་ཐེག་པ་ཆེན་པོ་ལ་གནས་པར་མཛད་པ་སྟེ། ཇི་ལྟར་མ་ངེས་པའི་རིགས་ཅན་གྱི་བྱང་ཆུབ་སེམས་དཔའ་རྣམས ་ཐེག་པ་ཆེན་པོ་མི་སྤོང་ཞིང་ཉན་ཐོས་ཀྱི་ཐེག་པ་ཡོངས་སུ་མྱ་ངན་ལས་འདས་པར་མི་འགྱུར་སྙམ་དུ་དགོངས་ནས་དོན་དེའི་ཕྱིར་དེ་བཞིན་གཤེགས་པ་རྣམས་ཐེག་པ་གཅིག་ཏུ་གསུངས་པའི། །མ་ངེས་པ་ལ་སོགས་པའི་ཚིག་དང། དོན་གྱི་དབང་གིས་ཆོས་དང་བདག་མེད་པ་དང། ་རྣམ་པར་གྲོལ་བའི་བར་དུ་རྒྱ་ཆེར་གསུངས་པ་ཡིན་ནོ་ཞེས་འབྱུང་སྟེ། གོང་དུ་བསྟན་པའི་དོན་རྣམ་པ་གཉིས་ནི་བསྟན་བཅོས་ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ། ངོ་བོ་ཉིད་མེད་ཀྱིས་བྱས་པ་དང། མདོ་སྡེའི་རྒྱན་ལས་ཀྱང་འདི་སྐད་དུ་སྟོན་ཏོ། །ཐེག་པ་ཆེན་པོ་བསྡུས་པའི ་འགྲེལ་པ་མི་མཐུན་པ་རྣམ་པ་གཅིག་ལས་ཅུང་ཟད་མི་མཐུན་ཏེ། དེའི་ཕྱིར་འགྲེལ་པ་དེ་ཉིད་ལས། །མ་ངེས་རིགས་ཅན་ཉན་ཐོས་དང། །གཞན་ཡང་བྱང་ཆུབ་སེམས་དཔའ་རྣམས། །ཐེག་པ་ཆེན་པོར་འདྲ་བ་དང། །ངེས་པའི་རིགས་ལ་ཐེག་གཅིག་བསྟན་ཅེས་འབྱུང་སྟེ། འདི་ཉིད་ཀྱི་འགྲེལ་པ ་ལས། ཉན་ཐོས་ལ་སོགས་བ་གང་དག་ཐེག་པ་ཆེན་པོ་ལ་དབང་པོ་དང། རིགས་ངེས་པ་མ་གྱུར་པ་དེ་དག་ཇི་ལྟར་ཐེག་པ་ཆེན་པོ་ལ་བཀོད་ནས་ཐེག་པ་ཆེན་པོ་སྤོང་བར་མི་འགྱུར་སྙམ་དུ་དགོངས་ནས་དེ་བཞིན་གཤེགས་པ་རྣམས་ཐེག་པ་གཅིག་ཏུ་གསུངས་པས་དྲངས་ནས་ཐེག་པ་ཆེན ་པོ་ལ་གནས་པར་མཛད་པ་དང། བྱང་ཆུབ་སེམས་དཔའ་གང་དག་ཐེག་པ་ཆེན་པོར་དབང་པོ་དང། རིགས་ངེས་པ་མ་གྱུར་པ་དེ་དག་ཇི་ལྟར་ཐེག་པ་ཆེན་པོ་ལ་བཀོད་ནས་ཐེག་པ་ཆེན་པོ་སྤོང་བར?་མི་འགྱུར་སྙམ་དུ་དགོངས་ནས་དེ་བཞིན་གཤེགས་པ་རྣམས་ཐེག་པ་གཅིག་ཏུ་གསུངས་པས ་དྲངས་ནས་ཐེག་པ་ཆེན་པོ་ལ་གནས་པར་མཛད་པ་དང། བྱང་ཆུབ་སེམས་དཔའ་གང་དག་ཐེག་པ་ཆེན་པོར་རིགས་ངེས་པར་གྱུར་པ་དག་ཇི་ལྟར་ལྡོག་པར་མི་འགྱུར་བ་དང། ཐ་དད་པའི་བསམ་པ་འབྱུང་བར་མི་འགྱུར་སྙམ་དུ་དགོངས་བ་ནས་བྱང་ཆུབ་སེམས་དཔའ་དེའི་ཕྱིར་ཐེག་པ ་གཅིག་ཏུ་གསུངས་སོ་ཞེས་འབྱུང་སྟེ། བསྟན་བཅོས་ཚིག་ལེའུར་བྱས་པ་དང། འགྲེལ་པ་གཉི་ག་ལས་ཀྱང་དེ་བཞིན་གཤེགས་པ་རྣམས་གང་ཟག་གསུམ་གྱི་ཆེད་དུ་ཐེག་པ་གཅིག་ཏུ་གསུངས་པ་ཡིན་པར་སྟོན་ཏོ། །དེ་ཡང་སྔ་མ་གཉིས་ནི་མ་ངེས་པའོ། །ཕྱི་མ་གཅིག་ནི་ངེས་པར ་གྱུར་བ་སྟེ། བསྟན་བཅོས་རྣམས་ལས་ཚིག་འདི་མེད་པའི་ཕྱིར་ཚད་མར་གཟུང་དུ་མི་རུང་ངོ། །སློབ་དཔོན་དབྱིག་གཉན་གྱི་འགྲེལ་པ་ལས། གཞན་ཡང་དགོངས་པ་ཐ་དད་པའི་དབང་གིས་ཐེག་པ་གཅིག་ཁོ་ནར་གསུངས་པ་ཡིན་ཏེ། དགོངས་པ་ཐ་དད་པ་གང་ཞེ་ན། འདི་ལྟ་སྟེ་ཆོས་ལ ་སོགས་པ་གསུངས་པའི་ཕྱིར་རོ། །དེ་ལ་ཆོས་མཚུངས་པའི་ཕྱིར་ཞེས་བྱ་བ་ལ་ཆོས་ནི་འདི་ལྟ་སྟེ། དེ་བཞིན་ཉིད་དེ་ཉན་ཐོས་ལ་སོགས་པ་བགྲོད་པར་མཚུངས་པའི་ཕྱིར་ཐེག་པ་གཅིག་ཏུ་བསྟན་ཏོ། །བདག་མེད་པར་མཚུངས་པའི་ཕྱིར་ཞེས་བྱ་བ་ནི་འདི་ལྟ་སྟེ། ཉན་ཐོས་ལ་སོགས་པ་ལ་གང ་ཟག་གི་བདག་མེད་དེ། བདག་མེད་བའི་ཕྱིར་འདི་ན་ཉན་ཐོས་སོ། །འདི་ནི་བྱང་ཆུབ་སེམས་དཔའ་ཨོ་ཞེས་བྱ་བ་ཡང་རིགས་པ་མ་ཡིན་ཏེ། བདག་མེད་པ་དང་མཚུངས་པའི་ཕྱིར་ཐེག་པ་གཅིག་ཏུ་བསྟན་ཏོ། །རྣམ་པར་གྲོལ་བ་མཚུངས་པའི་ཕྱིར་ཞེས་བྱ་བ་ནི་འདི་ལྟ་སྟེ། ཉན་ཐོས་ལ་སོགས་པས ་ཉོན་མོངས་པའི་སྒྲིབ་པ་ལས་མཚུངས་པར་རྣམ་པར་གྲོལ་བའི་ཕྱིར་ཐེག་པ་གཅིག་ཏུ་གསུངས་ཏེ། བཅོམ་ལྡན་འདས་ཀྱིས་ཇི་སྐད་དུ། རྣམ་པར་གྲོལ་བ་དང། རྣམ་པར་གྲོལ་བ་ནི་ཐ་དད་དུ་དབྱེར་མེད་དོ་ཞེས་གསུངས་པ་ལྟ་བུའོ། །རིགས་ཐ་དད་བར་གྱུར་པའི་ཕྱིར་ཞེས་བྱ་བ་ནི་རིགས་བྱེ་བྲག ་ཏུ་གྱུར་པའི་ཕྱིར་མ་ངེས་པའི་རིགས་ཅན་གྱི་ཉན་ཐོས་ལ་སོགས་པ་ཡང་སངས་རྒྱས་སུ་འགྲུབ་བར་འགྱུར་བས་དགོངས་པ་དེའི་ཕྱིར་ཐེག་པ་གཅིག་ཏུ་སྟོན་ཏོ། །བསམ་པ་གཉིས་བརྙེས་པའི་ཕྱིར་ཞེས་བྱ་བ་ནི་བསམ་པ་གཉིས་བརྙེས་པའི་ཕྱིར་དེ། དང་པོ་ནི་དེའི་དབང་གིས་སེམས་ཅན་ཐམས ་ཅད་ཕ་རོལ་གང་ཡིན་པ་དེ་ནི་བདག་གོ་།བདག་གང་ཡིན་པ་དེ་ནི་ཕ་རོལ་ལོ་ཞེས་དེ་ལྟར་ཡོངས་སུ་གཟུང་བ་སྟེ། གང་གི་ཕྱིར་ངེས་མངོན་པར་རྫོགས་པར་སངས་རྒྱས་པའི་ཕྱིར་དེ་དག་ཀྱང་མངོན་པར་རྫོགས་པར་སངས་རྒྱས་པར་འགྱུར་རོ་ཞེས་དགོངས་པ་དེའི་ཕྱིར་ཐེག་པ་གཅིག་ཏུ་བསྟན་ཏོ། ། ་གཉིས་པ་ཆོས་ཉིད་མཉམ་པ་བསམ་པ་བརྙེས་པ་ནི་འདི་ལྟ་སྟེ། ཉན་ཐོས་རྣམས་དམ་པའི་ཆོས་པདྨ་དཀར་པོའི་མདོ་ལས། བཅོམ་ལྡན་འདས་ཀྱིས་ལུང་བསྟན་པས་ཆོས་ཉིད་མཉམ་པའི་བསམ་པ་ཐོབ་པར་འགྱུར་བ་སྟེ། ཆོས་ཀྱི་སྐུ་མ་ཐོབ་ཀྱང་མཉམ་པ་ཉིད་ཀྱི་བསམ་པ་ཐོབ་པ ་དེའི་དབང་གིས་འདི་སྙམ་དུ་སེམས་ཏེ། སངས་རྒྱས་ཀྱི་ཆོས་ཉིད་གང་ཡིན་པ་དེ་ཉིད་ནི་བདག་ཅག་གི་ཆོས་ཉིད་དོ་སྙམ་དུ་སེམས་སོ། །རྣམ་པ་གཞན་དུ་ན་འཁོར་དེ་ན་བྱང་ཆུབ་སེམས་དཔའ་དེ་དག་དང། མི་མཐུན་པ་ཡོད་པས་བཅོམ་ལྡན་འདས་ཀྱིས་ལུང་བསྟན་པ་ཡིན་ཏེ། དེས ་ན་ཆོས་ཉིད་མཉམ་པའི་བསམ་པ་བརྙེས་པའི་ཕྱིར་ཐེག་པ་གཅིག་ཏུ་གསུངས་སོ་ཞེས་བྱ་བའི་ཐ་ཚིག་གོ། སྤྲུལ་པའི་ཕྱིར་ཞེས་བྱ་བ་ནི་སངས་རྒྱས་ཉིད་ཉན་ཐོས་ཀྱི་ཐེག་པ་བ་ལ་སོགས་བར་སྤྲུལ་བ་སྟེ། བཅོམ་ལྡན་འདས་ཀྱིས་ཇི་སྐད་དུ་ངས་མངོན་པར་དྲན་ཏེ། ལན ་བརྒྱ་ཕྲག་གྲངས་མེད་པར་ཉན་ཐོས་ཀྱི་ཐེག་བའི་མྱ་ངན་ལས་འདས་པའི་ཡོངས་སུ་མྱ་ངན་ལས་འདས་སོ་ཞེས་གསུངས་བལྟ་བུ་སྟེ་དགོངས་པ་དེའི་ཕྱིར་ཐེག་པ་གཅིག་ཏུ་གསུངས་སོ། །འདི་ལྟར་ཉན་ཐོས་ཀྱི་ཐེག་པས་འདུལ་བའི་སེམས་ཅན་དག་དེ་ལྟ་བུ་མཐོང་བའི་དབང་གིས་མྱ་ངན་ལས་འདས ་པ་ཐོབ་བར་འགྱུར་པའི་ཕྱིར་སྤྲུལ་བ་འདི་བསྟན་པ་ཡིན་ནོ་ཞེས་བྱ་བའོ། །མཐར་ཕྱིན་ཕྱིར་ཞེས་བྱ་བ་ནི་ཐེག་པ་འདི་གཅིག་ཁོ་ན་མཐར་ཕྱིན་ཅིང་མཆོག་ཏུ་གྱུར་བ་སྟེ་གོང་ན་གཞན་ཐེག་པ་མཆོག་ཏུ་གྱུར་བ་མེད་པའི་ཕྱིར་རོ། །ཉན་ཐོས་ལ་སོགས་པའི་ཐེག་བ་ནི་ཁྱད་པར་ཅན་དང ་བཅས་བ་སྟེ་སངས་རྒྱས་ཀྱི་ཐེག་པའོ། །དགོངས་པ་ངེས་ན་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཐེག་པ་གཅིག་ཏུ་གསུངས་པ་ཡིན་ནོ་ཞེས་འབྱུང་ངོ། །སེམས་ཅན་གྱི་ཁམས་ཐམས་ཅད་ན་སེམས་ཅན་གྱི་རིགས་རྣམ་པ་སྣ་ཚོགས་དབང་པོ་རྟུལ་པོ་ཉིད་དང་དབང་པོ་འབྲིང་ཉིད་དང། ་དབང་པོ་རྣོན་པོ་ཉིད་ཀྱི་བྱེ་བྲག་ཀྱང་མེད་པ་ནི་མ་ཡིན་ནོ་ཞེས་བྱ་བ་ནི་གསུམ་པ་ཡང་དག་པའི་དོན་དུ་ཐེག་པ་གསུམ་པོ་དག་ལ་བྱེ་བྲག་ཡོད་པར་བསྟན་པའོ། །འདི་ཡང་རྣམ་པ་གཉིས་གྱིས་བསྟན་ཏེ། གཅིག་པ་ཉིད་མ་ཡིན་པར་མངོན་པར་བསྟན་པ་དང། དབང་པོའི་དབང་དུ་མཛད་ནས ་རྣམ་པ་གསུམ་དུ་དབྱེ་བའོ། །དེ་ལ་གཅིག་པ་ཉིད་མ་ཡིན་ཞེས་བྱ་བ་ནི་འདི་ལྟ་སྟེ། སེམས་ཅན་གྱི་ཁམས་ནི་རིགས་རྣམ་པ་ལྔའི་བ་བྲག་མེད་པ་ནི་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ་།དེ་ལ་རིགས་རྣམ་པ་ལྔ་ཞེས་བྱ་བ་ནི་འདི་ལྟ་སྟེ། ཐེག་པ་བ་གསུམ་དང། མ་ངེས་པ་དང། རིགས ་མེད་པའོ། །རིགས་མེད་པ་ཞེས་བྱ་བ་ནི་གང་གི་ལུས་ལ་ཐེག་པ་རྣམ་པ་གསུམ་གྱི་མྱ་ངན་ལས་འདའ་བའ་ཨི་རིགས་མེད་པ་གང་ཡིན་པའོ། །དེ་ལ་རིགས་ཡོད་པ་ཡང་རྣམ་པ་བཞིའོ། །དང་པོ་ཉན་ཐོས་ཀྱི་རིགས་ཅན་ནི་འདི་ལྟ་སྟེ། གང་གི་ལུས་ལ་ཉན་ཐོས་ཀྱི་མྱ་ངན་ལས ་འདས་པའི་རིགས་ཁོ་ན་ཡོད་པ་གང་ཡིན་པའོ། །གཉིས་པ་ནི་རང་སངས་རྒྱས་ཀྱི་རིགས་ཀྱི་རིགས་ཅན་དང། གསུམ་པ་བྱང་ཆུབ་སེམས་དཔའ་ཨི་རིགས་ཅན་རྣམ་པ་གཉིས་ནི་ཉན་ཐོས་ཀྱི་རིགས་ཅན་བཞིན་དུ་རིག་པར་བྱའོ། །བཞི་པ་མ་ངེས་པའི་རིགས་ཅན་ནི་འདི་ལྟ་སྟེ། གང་གི ་ལུས་ལ་ཐེག་པ་གསུམ་གྱི་མྱ་ངན་ལས་འདས་པའི་རིགས་དང་ལྡན་པས་སེམས་ཡོངས་སུ་བསྒྱུར་ནས་ངེས་པར་བླ་ན་མེད་པའི་བྱང་ཆུབ་ལ་གཞོལ་བར?་འགྱུར་བ་སྟེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐུགས་རྗེ་ཆེན་པོ་དང་ཐབས་ཀྱི་ཡོངས་སུ་བཟུང་བའི་ཕྱིར་རོ། །རིགS ་དེ་ཡང་རྣམ་པ་གཉིས་ཏེ། ངོ་བོ་ཉིད་ཀྱི་རིགས་དང། བསྟེན་པའི་རིགས་སོ། །རིགས་འདི་བཤད་པ་ཡང་རྒྱ་གར་ཡུལ་བའི་སློབ་དཔོན་རྣམས་སོ་སོ་ནས་བཤད་པ་མིན་ཐུན་པས་ཁ་ཅིག་ན་རེ་གཟེད་མ་ནས་ཡོད་པ་ཡིན་གྱི། གསར་དུ་ཐོབ་བ་ནི་མ་ཡིན་ནོ་ཞེས་སྟོན་ཏེ། སློབ་དཔོན་ཟླ་བ་སྒོང? ་ལྟ་བུའོ། །དེས་ཆོས་ཉིད་ཀྱི་ས་ཁོ་ན་ཁོ་ན་ཡོད་ཀྱི་གསར་དུ་ཐོབ་པ་མ་ཡིན་ནོ་ཞེས་སོ།། །།བམ་པོ་ཉི་ཤུ་བརྒྱད་པ། །རིགས་ཀྱི་བུ་ཞི་བ་ལ་གཅིག?་དུ་བཟོད་བའི་ཉན་ཐོས་ཀྱི་རིགས་ཅན་གྱི་གང་ཟག་ནི་སངས་རྒྱས་རྣམས་ཀྱི་བརྩོན་བ་དང། སྦྱོར་བའི་ཐབས་རྣམ་པ་སྣ་ཚོགས་ཀྱིས ་གདུལ་བར་མཛད་ཀྱང་བྱང་ཆུབ་ཀྱི་སྙིང་པོ་ལ་བཞག་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འཐོབ་པར་བྱར་མི་ནུས་སོ་ཞེས་བྱ་བ་འདི་མན་ཆད་ནི་གཉིས་པ་ཞི་བ་ལ་ཕྱོགས་པའི་ཉན་ཐོས་ངེས་པར་མངོན་པར་འཚང་མི་རྒྱ་བར་བསྟན་པའོ། །འདི་ཡང་རྣམ་པ་བཞིས་བསྟན་ཏེ། མདོར ་བསྟན་པ་དང། བརྟགས་པ་དང། རྣམ་པར་བཤད་པ་དང། མཇུག་བསྡུ་བའོ། །འདི་ནི་དང་པོ་སྟེ། འདི་ལྟར་ཞི་བ་ལ་ཕྱོགས་པ་དེ་དག་རིགས་ངེས་པ་ཡིན་པའི་ཕྱིར་སངས་རྒྱས་རྣམས་གྱིས་གདུལ་བར་མཛད་ཀྱང་མངོན་པར་རྫོགས་པར་འཚང་རྒྱ་བར་མི་འགྱུར་བའོ། །དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བ ་ནི་གཉིས་པ་བསྟན་བའོ། །འདི་ལྟར་དེ་དག་རང་བཞིན་གྱིས་དམན་པའི་རིགས་ཁོ་ན་དང་ལྡན་པའི་ཕྱིར་དང། བྱམས་པ་དང། སྙིང?་རྗེ་ཤིན་ཏུ་ཆུང་བའི་ཕྱིར་དང། སྡུག་བསྔལ་སྣ་ཚོགས་ཀྱི་ཤིན་ཏུ་འཇིགས་པའི་ཕྱིར་རོ་ཞེས་བྱ་བ་ལ་སོགས་བས་ནི་གསུམ་པ་རྣམ་པར་བཤད་པ་སྟོན་ཏོ། །འདི་ཡང་རྣམ ་པ་གསུམ་གྱིས་བསྟན་ཏེ། རྒྱུ་རྣམ་པ་གསུམ་སྤྱིར?་བསྟན་པ་དང། སྔ་མའི་རྒྱུ་གཉིས་སྨོན་ནས་སྐྱོན་རྣམ་པ་གཉིས་རབ་ཏུ་བསྟན་པ་དང། སྐྱོན་སྔ་མ་གཉིས་སྨོས་ནས་སངས་རྒྱས་སུ་མི་འགྲུབ་པར་བསྟན་པའོ། །འདི་ནི་དང་པོ་སྟེ། འདི་ལྟར་རིགས་ངེས་པའི་ཐེག་པ ་གཉིས་པོའི་རིགས་ཅན་དག་རང་བཞིན་གྱིས་དམན་པའི་རིགས་ཡིན་པའི་ཕྱིར་འདི་ནི་སྤྱིའི་རྒྱུའོ། །བྱམས་པ་དང། སྙིང་རྗེ་ཤིན་ཏུ་ཆུང་བའི་ཕྱིར་ཞེས་བྱ་བ་ནི་སངས་རྒྱས་སྒྲིབ་པའོ། །སྡུག་བསྔལ་སྣ་ཚོགས་ཀྱིས་ཤིན་དུ་འཇིགས་པའི་ཕྱིར་ཞེས་བྱ་བ་ནི་ཉན་ཐོས་ཀྱི་སྒྲིབ་པ་སྟེ་།དེའི ་ཕྱིར་བླ་ན་མེད་པའི་གནས་བསྟན་པའི་མདོ་ལས། སྒྲིབ་པ་ནི་རྣམ་པ་བཞི་ཡོད་དེ། ཐེག་པ་ཆེན་པོ་ལ་རྒྱབ་ཀྱིས་ཕྱོགས་པ་ནི་འདོད་ཆེན་པའི་སྒྲིབ་པའོ། །བདག་ཏུ་ལྟ་བ་ལ་མངོན་པར་ཞེན་པ་ནི་མུ་སྟེགས་ཅན་རྣམས་ཀྱི་སྒྲིབ་པའོ། །ཤིན་ཏུ་སྐྱོ་ཞིང་འཇིགས་པ་དང། ངལ་བ་ནི་ཉན་ཐོས་ཀྱི ་སྒྲིབ་པའོ། །གཞན་ལ་ཕན་འདོགས་པ་ལ་རྒྱབ་ཀྱི་སྒྲིབ་པའོ། །ཞེས་གསུངས་པས་།དེའི་ཕྱིར་ཕྱི་མ་གཉིས་ནི་ཐེག་པ་པ་གཉིས་ཀྱི་སྒྲིབ་པ་ཡིན་པར་མངོན་ནོ། །ཡང་དག་པའི་དོན་དུ་ན་ཐེག་པ་གཉིས་ཀྱང་སྒྲིབ་པ་གཉིས་གཉིས་དང་ལྡན་མོད་ཀྱི། བླ་ན་མེད་པའི་གནས་བསྟན་པའི ་མདོ་ལས་རེ་ཞིག་མཚན་ཉིད་ཀྱི་དབང་དུ་མཛད་ནས་སོ་སོའི་སྒྲིབ་པ་རེ་རེ་ཞིག་བསྟན་པ་ཡིན་ནོ། །དེ་བྱམས་པ་དང་སྙིང་རྗེ་ཤིན་ཏུ་ཆུང་བས་སེམས་ཅན་རྣམས་ཕན་འདོགས་པའི་བྱ་བ་ལ་ཤིན་ཏུ་མི་ཕྱོགས་པར་འགྱུར་རོ། །དེ་སྡུག་བསྔལ་སྣ་ཚོགས་ལ་ཤིན་ཏུ་འཇིགས་པས་དེའི་ཕྱིར ་འདུ་བྱེད་མངོན་པར་འདུ་བྱ་བ་རྣམས་ལ་ཤིན་ཏུ་མི་ཕྱོགས་པར་འགྱུར་ཏེ། ཞེས་བྱ་བ་ནི་གཉིས་པ་སྐྱོན་རྣམ་པ་གཉིས་བསྟན་པ་སྟེ། མདོ་འདི་ཉིད་བརྡ་ཕྲད?་པར་ཟོད། །ད་ནི་ནམས་ཀྱང་སེམས་ཅན་ལ་ཕན་འདོགས་པའི་བྱ་བ་ལ་ཤིན་ཏུ་མི་ཕྱོགས་པ་དང། འདུ་བྱེད་མངོན་པར་འདུ ་བྱ་བ་རྣམས་ལ་ཤིན་ཏུ་མི་ཕྱོགས་པ་དག་བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་འགྱུར་རོ་ཞེས་མི་སྟོན་པས། ཞེས་བྱ་བ་ནི་གསུམ་པ་སངས་རྒྱས་སུ་མི་འགྲུབ་པར་བསྟན་པ་སྟེ། འདི་ལྟར་སྐྱོན་རྣམ་པ་གཉིས་ཀྱི་ཕྱིར་ནམས་ཀྱང་བླ? ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ་ཞེས་མི་གསུངས་པའོ། །དེའི་ཕྱིར་དེ་དག་ཞིབ་ལ་གཅིག་ཏུ་བགྲོང་བའི་ཉན་ཐོས་ཞེས་བྱའོ། །བསྟན་ཏོ་ཞེས་བྱ་བ་ནི་བཞི་པ་མཇུག་བསྡུ་བ་སྟེ་བརྡ་ཕྲད་པར་ཟད་དོ། །ཉན་ཐོས་བྱང་ཆུབ་ཏུ་ཡོངས་སུ ་འགྱུར་བའི་གང་ཟག་ཡིན་པ་དེ་ནི་དུས?་རྣམ་གྲངས་ཀྱི་བྱང་ཆུབ་སེམས་དཔའ་ཡིན་པར་བསྟན་ཏེ་ཞེས་བྱ་བ་འདི་མན་ཆད་ནི་གསུམ་པ་ཡོངས་སུ་འགྱུར་བའི་ཉན་ཐོས་ངེས་པར་སངས་རྒྱས་སུ་འདུ་བ་པར་སྟོན་ཏོ་།འདི་ཡང་རྣམ་པ་བཞི་བསྟན་ཏེ། མདོར་བསྟན་པ་དང་།བརྟག ་པ་དང། རྣམ་པར་བཤད་པ་དང། མཇུག་བསྡུ་བའོ། །འདི་ནི་མདོར་བསྟན་པ་སྟེ། འདི་ལྟར་ཡོངས་སུ་འགྱུར་བའི་ཉེན་ཐོས་ཞེས་བྱ་བ་ནི། བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་བསྟན་པའི་རིགས་རྣམ་པ་ལྔ་ལས། མ་ངེས་པའི་རིགས་ཅན་ཉིད་དོ། །ཡང་ན་རིམ་གྱིས་འཇུག་པ ་དང་ཅིག་ཅར་འཇུག་པའི་བྱང་ཆུབ་སེམས་དཔའ་རྣམ་པ་གཉིས་ལས་རིམ་གྱིས་གོ་བ་གཟུང་བ་སྟེ། དེ་དག་ངེས་པར་སངས་རྒྱས་སུ་འགྲུབ་པར་འགྱུར་བའི་ཕྱིར། དམ་པའི་ཆོས་པདྨ་དཀར་པོའི་མདོ་ལས་ཀྱང། ཁྱེད་ལ་སོགས་པས་སྤྱོད་པ་འདི་དག་ཐམས་ཅད་བྱང་ཆུབ་སེམས ་དཔའ་ཨི་སྤྱོད་པ་ཡིན་ནོ་ཞེས་གསུངས་ཏེ། དེ་ཡང་འདིར་བསྟན་པའི་མ་ངེས་པ་ལ་དགོངས་ནས་གསུངས་པ་ཡིན་ནོ། །གཞན་ཡང་བསྟན་བཅོས་མདོ་ལྡེའི་རྒྱན་ལས། མ་ངེས་པའི་སྒྲིབ་པའི་གཉེན་པོར་ཐེག་པ་ཆེན་པོའི་མདོ་ལས། སངས་རྒྱས་རྣམས་ཀྱིས་ཉན་ཐོས་སངས་རྒྱས ་སུ་འགྱུར་རོ་ཞེས་ལུང་བསྟན་བ་དང། ཐེག་པ་གཅིག་ཁོ་ན་སྟེ། གཉིས་པ་གཞན་མེད་དོ་ཞེས་གསུངས་པ་ཡིན་ནོ་ཞེས་བཤད་དོ། །བསྟན་བཅོས་མངོན་པ་སྣ་ཚོགས་ཀུན་ལས་བཏུས་པ་ལས་ཀྱང་དེ་སྐད་དུ་སྟོན་ཏོ། །དེ་ཅིའི་ཕྱིར་ཞེ་ན། ཞེས་བྱ་བ་ནི་གཉིས་པ་བརྟག་པའོ། །དེ ་ཉོན་མོངས་པའི་སྒྲིབ་པ་ལས་རྣམ་པར་གྲོལ་ནས་གལ་ཏེ་སངས་རྒྱས་ལ་སོགས་པས་བསྐུལ་ན་ཤེས་བྱའི་སྒྲིབ་པ་ལས་དེའི་སེམས་རྣམ་པར་གྲེལ་བ་ཡང་ཐོབ་པར་འགྱུར་ཏེ་ཞེས་བྱ་བ་ནི་གསུམ་པ་རྣམ་པར་བཤད་པ་སྟེ། འདི་ལྟར་དེ་བཞིན་གཤེགས་པ་རྣམས་ཀྱིས་ཆོས ་བསྟན་པས་ཤེས་བྱའི་སྒྲིབ་པ་སྤང་ནས་རིམ་གྱིས་མི་གནས་པའི་མྱ་ངན་ལས་འདས་པ་ཐོབ་པར་འགྱུར་བས། རིགས་པ་དེས་ན་ངེས་པར་སངས་རྒྱས་སུ་འགྲུབ་པར་བྱའོ། །འདི་ལྟར་དེ་དང་པོར་བདག་གི་དོན་ལ་སྦྱོར་བའི་རྣམ་པས་ཉན་མངས་པའི་སྒྲིབ ་པ་ལས་རྣམ་པར་གྲོལ་བས་དེའི་ཕྱིར་དེ་བཞིན་གཤེགས་པས་ད་ཉན་ཐོས་ཀྱི་རིགས་སུ་དགོངས་པའོ་ཞེས་བྱ་བ་ནི་བཞི་པ་མཇུག་བསྡུ་བ་སྟེ། ཉན་ཐོས་དེ་ཡང་བསྟན་པ་རྣམས་ལས་སོ་སོ་ནས་བཤད་པ་མི་མཐུན་པས། ཁ་ཅིག་ལས་ནི་རྣམ་པ་གཉིས་སོ་ཞེས་གཤད་དེ། འདི་ལྟ་སྟེ། ་ཞི་བ་ལ་ཕྱོགས་པ་དང། ཡོངས་སུ་འགྱུར་བའི་ཉན་ཐོས་མདོ་འདི་ཉིད་དང། དགོངས་པ་ཟབ་མོ་རྣམ་པར་དགྲོལ་བའི་མདོ་ལས་གསུངས་པ་ལྟ་བུའོ། །ཁ་ཅིག་ལས་ནི་རྣམ་པ་གསུམ་མོ་ཞེས་བཤད་དེ། འདི་ལྟ་སྟེ། བྱང་ཆུབ་ལས་ཕྱིར་མི་ལྡོག་པ་དང། ཞི་བའི་ཉན་ཐོས་དང། མངོན་པའི ་ང་རྒྱལ་ཅན་ཏེ། འཕགས་པ་ལང་ཀར་གཤེགས་པའི་མདོ་ལས་མིང་ཁོང་ནས་བཀོད་ནས་རྣམ་པར་བཤད་པ་ལྟ་བུའོ། །གཞན་ཡང་རྣམ་པ་གསུམ་པོ་འདི་ལྟ་སྟེ། སྤྲུལ་པ་དང། སྨོན་ལམ་དང། ཆོས་ཉིད་ཀྱི་སྟེ། བསྟན་བཅོས་རྣལ་འབྱོར་སྦྱང་པའི་ས་ལས་བཤད་པ་ལྟ་བུའོ། །དེའི ་ཕྱིར་བསྟན་བཅོས་དེ་ཉིད་ལས། གཞན་ཡང་ཇི་ལྟར་ཉན་ཐོས་ཀྱི་ཐེག་པ་རྣམ་པར་གཞག་ཅེ་ན། སྨྲས་པ། རྒྱུ་རྣམ་པ་གསུམ་གྱིས་ཏེ། སྤྲུལ་པའི་ཕྱིར་དང། སྨོན་ལམ་གྱི་ཕྱིར་དང། ཆོས་ཉིད་ཀྱི་ཕྱིར་རོ། །དེ་ལ་སྤྲུལ་པའི་ཕྱིར་ཞེས་བྱ་བ་ནི་འདི་ལྟ་སྟེ། འདུལ་བའི་དབང་གིས་དེ་བཞིན་གཤེགS ་བས་དེ་དང་དེར་ཉན་ཐོས་སྤྲུལ་པར་མཛད་པ་གང་ཡིན་པའོ། །སྨོན་ལམ་གྱི་ཕྱིར་ཞེས་བྱ་བ་ནི་འདི་ལྟ་སྟེ། གང་ཟག་ཉན་ཐོས་ཀྱི་ཐེག་པར་སྨོན་ལམ་བཏབ་བདག་ཉན་ཐོས་ཞེས་བྱ་བར་རྣམ་པར་འཇོག་པར་མཛད་པ་གང་ཡིན་པའོ། །ཆོས་ཀྱི་ཕྱིར་ཞེས་བྱ་ནི་འདི་ལྟ་སྟེ། གང་ཟག་རང ་བཞིན་གྱིས་སྙིང་རྗེ་ཆུང་བ་དང། སྡུག་བསྔལ་རྣམས་ཀྱིས་འཇིགས་པའི་རྒྱུ་དེ་གཉིས་ཀྱིས་གཞན་གྱི་དོན་ཀྱང་མི་འདོད་པ། གཞན་དག་གི་དོན་དུ་འཁོར་བ་ཡང་མི་འདོད་པས་ཆོས་ཉིད་དེ་ལ་གནས་པའི་ཕྱིར། ཉན་ཐོས་སུ་འདོགས་པར་མཛད་པའོ། །གཞན་ཡང་ཆོས་ཉིད་མངོན ་བར་རྫོགས་པར་བྱང་ཆུབ་པའི་ཕྱིར་ཏེ། འདི་ལྟར་རྣམ་པར་གཞག་པའི་བདེན་པ་དག་ལ་སྐྲག་པའི་རྣམ་བས་ཤས་ཆེ་བ་འཇུག་པ་དེས་ན་ཡོངས་སུ་རྫོགས་པ་ཐོབ་པར་འགྱུར་རོ། །ཉན་ཐོས་ཀྱི་ཐེག་པ་ཇི་ལྟ་བ་དེ་བཞིན་དུ་རང་སངས་རྒྱས་ཀྱང་དེ་བཞིན་ཏེ། དེ་ནི་སངས་རྒྱས་རྣམས་འབྱུང་བ་མེད ་ཀྱང་མངོན་པར་རྫོགས་པར་བྱང་ཆུབ་པར་འགྱུར་བས་ཁྱད་པར་དུ་འཕགས་པ་ཡིན་ནོ། །བྱང་ཆུབ་སེམས་དཔའ་ནི་དེ་ལས་བཟློག་པའི་རྒྱུ་རྣམ་པ་གསུམ་ཁོ་ནས་བལྟ་བར་བྱའོ་ཞེས་བསྟན་ཏོ། །ཁ་ཅིག་ལས་ནི་རྣམ་པ་བཞི་པ་ངེས་པ་དང། མངོན་པའི་ང་རྒྱལ་ཅན་དང། བྱང་ཆུབ ་ལས་ཕྱིར་ལྡོག་པ་དང། སྦྲུལ་པའི་ཞེས་སྟོན་ཏེ། དམ་པའི་ཆོས་པདྨ་དཀར་པོའི་འགྲེལ་པ་ལས། མིང་བཀོད་ནས་རྣམ་པར་བཤད་པ་ལྟ་བུའོ། །ཡང་ཁ་ཅིག་རྣམ་པ་བཞི་པོ་སྟོན་པ་ནི་སྤྲུལ་བ་དང། མངོན་པའི་ང་རྒྱལ་ཅན་དང། བྱང་ཆུབ་ཡོངས་སུ་འགྱུར་བ་དང། ཞིབ་ལ་གཅིག་ཏུ་ཕྱོགS ་པའོ་ཞེས་སྟོན་ཏེ། བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་ཇི་སྐད་དུ། ཉན་ཐོས?་རྣམ་པ་བཞི་གང་ཞེ་ན། སྤྲུལ་བའི་ཉན་ཐོས་དང། མངོན་པའི་ང་རྒྱལ་ཅན་ཉན་ཐོས་དང། བྱང་ཆུབ་དུ་ཡོངས་སུ་འགྱུར་བའི་ཉན་ཐོས་དང། ཞི་བ་བགྲོད་པ་གཅིག་པའི་ཉན་ཐོས་སོ། །དེ་ལ་སྤྲུལ་པའི ་ཉན་ཐོས་ནི་བྱང་ཆུབ་སེམས་དཔའ་སེམས་ཅན་གདུལ་བའི་ཕྱིར། སྤྲུལ་པ་གང་ཡིན་པའོ། །དེ་ལ་མངོན་པའི་ང་རྒྱལ་ཅན་གྱི་ཉན་ཐོས་ནི་གང་ཟག་ལ་བདག་མེད་ཙམ་གྱི་ཤེས་པ་དང། ཆོས་བདག་མེད་པ་ལ་ལོག་པར་མངོན་པར་ཞེན་པའི་ཤེས་པས་དག་པར་རྟོག་པ ་གང་ཡིན་པའོ། །དེ་ལ་བྱང་ཆུབ་ཏུ་ཡོངས་སུ་འགྱུར་བའི་ཉན་ཐོས་ནི་དང་པོ་ཉིད་ནས་སྙིང་རྗེ་ཤིན་ཏུ་ཆུང་བའི་རིགས་ཅན་དུ་གྱུར་བ་ལས་དེ་བཞིན་གཤེགས་པ་དང་ཉེ་བར་གནས་པའི་ཕྱིར་སངས་རྒྱས་ཀྱི་ཆོས་རྒྱ་ཆེན་པོ་དག་ལ་ཡོན་ཏན་དུ་འདུ་ཤེས་པ་ཡོངས་སུ་བསྒོམས ་པའི་རྒྱུ་ཅན་དུ་གྱུར་པས། དེ་མཐར་ཐུག་པར་གྱུར་ཅིང། ཟག་པ་མེད་པའི་དབྱིངས་ལ་གནས་ཀྱང། སངས་རྒྱས་རྣམས་ཀྱིས་ཡང་དག་པར་བསྐུལ་བར་མཛད། འཇུག་པར་མཛད་ཅིང་ཐབས་ཉེ་བར་སྟོན་པར་མཛད་དེ། དེ་རྒྱུ་ངེས་ན་བྱང་ཆུབ་ཆེན་པོ་ལ་མངོན་པར་གཞོལ་བར ་བྱེད་བ་གང་ཡིན་པའོ། །དེ་ལྟར་བྱང་ཆུབ་ཆེན་པོ་ལ་མངོན་པར་གཞོལ་བར་བྱེད་མོད་ཀྱི། ཞི་བ་ལ་མངོན་པར་དགའ་བ་ཉིད་ཀྱི་ཕྱིར་དེ་སྦྱོར་བ་དེ་ལ་རྟོགས་པ་ཤིན་ཏུ་བུལ་བར་འགྱུར་ཏེ། སངས་རྒྱས་ཀྱི་རིགས་ཅན་དང་པོ་སེམས་སྐྱེད་པ་ནི་དེ་ལྟ་བུར་མི་འགྱུར་རོ། །དེ་ལ་? ་བགྲོད་པ་གཅིག་པའི་ཉན་ཐོས་ནི་དང་པོ་ཉིད་ནས་སྙིང་རྗེ་ཤིན་ཏུ་ཆུང་བའི་རིགས་ཅན་ཡིན་པའི་ཕྱིར་དང། གཅིག་ཏུ་སེམས་ཅན་གྱི་དོན་ལ་མི་ཕྱོགས་པའི་ཕྱིར་དང། སྡུག་བསྔལ་གྱི་འཇིགས་པའི་ཕྱིར་མྱ་ངན་ལས་འདས་པ་ལ་གནས་པའི་བསམ་པ་ཅན་ཁོ་ནར་འགྱུར་ཞིང། བྱང་ཆུབ ་ཆེན་པོ་མངོན་པར་བསྒྲུབ་པའི་སྐལ་བ་མེད་པ་གང་ཡིན་པའོ་ཞེས་བསྟན་པ་ལྟ་བུའོ། །ཡང་ཁ་ཅིག་རྣམ་པ་བཞིའོ་ཞེས་བསྟན་པ་ནི་འདི་ལྟ་སྟེ། སྤྲུལ་པའི་ཉན་ཐོས་དང། མངོན་པའི་ང་རྒྱལ་ཅན་གྱི་ཉན་ཐོས་དང། བྱང་ཆུབ་ཏུ་སྨོན་ལམ་བཏབ་པའི་ཉན་ཐོས་དང། འགོག་པའི་ཏིང་ངེ ་འཛིན་གྱི་ཉན་ཐོས་སོ་ཞེས་སྟོན་ཏེ་།འཕགས་པ་དཀོན་མཆོག་བརྩེགས་པའི་འགྲེལ་པ་ལས་ཇི་སྐད་དུ་བསྟན་པ་ལྟ་བུའོ། །དེ་ལས་འབྱུང་བ་ཡང་བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས། ཉན་ཐོས་རྣམ་པར་ཞི་བསྟན་པ་ཉིད་ཡིན་ཏེ། མིང་ཐ་དད་ཀྱང་དོན་གཅིག་པའི་ཕྱིར་འདིར་མ་བསྟན་ཏོ། ་ཅིའི་ཕྱིར་བསྟན་པ་རྣམས་ལས་གྲངས་མང་ཉུང་མི་མཐུན་པར་གྱུར་ཅེ་ན། ཡང་དག་པའི་དན་དུ་ན་རྣམ་པ་བཞི་ཁོ་ན་ཏེ། རྣལ་འབྱོར་སྤྱོད་པའི་ས་ལ་སོགས་པ་ལས་བསྟན་པ་ཁོ་ན་བཞིན་ནོ། །དེ་ལ་བྱེ་བྲག་ཡོད་པ་ཡང་རྣལ་འབྱོར་སྤྱོད་པའི་ས་ལ་སོགས་པ་ལས་བཞི་ཞེས་བསྟན་པ་ནི་ཉན ་ཐོས་ཐམས་ཅད་བསྡུས་པ་ཡིན་ནོ། །དམ་པའི་ཆོས་པདྨ་དཀར་པོའི་འགྲེལ་པ་ལས། བྱང་ཆུབ་ལས་ཕྱིར་ལྡོག་པ་ཞེས་འབྱུང་བ་ནི་དང་པོ་ཉིད་ནས་ལྡོག་པར་མ་གྱུར་པ་མ་བསྡུས་པས་དེའི་ཕྱིར་འདིར་འཕགས་པ་དཀོན་མཆོག་བརྩེགས་པ་དང། རྣལ་འབྱོར་སྤྱོད་པའི་ས་ལས་བསྟན་པ་ནི ་མཆོག་ཏུ་བཟུང་ངོ། །ཡང་ན་དམ་པའི་ཆོས་པདྨ་དཀར་པོའི་མདོའི་འགྲེལ་པ་ལས། བྱང་ཆུབ་ལས་ཕྱིར་བསློག་པ་ཞེས་བསྟན་པ་ནི་བྱེ་བྲག་སྨོས་ནས་སྤྱི་རབ་ཏུ་བསྟན་པ་ཡིན་ཏེ། ཡོངས་སུ་འགྱུར་པའི་ཕྱོགས་གཅིག་པ་ཡིན་པའི་ཕྱིར་ཇི་ལྟར་སེམས་པས་འདུ་བྱེད་ཀྱི་ཕུང་པོ་བསྡུས་པ་ལྟ་བུའོ?།། ་འཕགས་པ་ལ་ཀར་གཤེགས་པ་ལས་གསུམ་ཞེས་གསུངས་ཤིང། སྤྲུལ་པ་བསྐོལ་པ་ནི་ཡང་དག་པའི་ཉན་ཐོས་མ་ཡིན་པའི་ཕྱིར་མདོར་བསྡུས་ནས་བསྟན་པ་ཡིན་ནོ། །རྣལ་འབྱོར་སྤྱོད་པའི་ས་ལས་སྤྲུལ་པ་ཞེས་འབྱུང་བ་ནི་བསྟན་བཅོས་རྣམས་ལས་སྤྲུལ་པའི་ཉན་ཐོས་ཞེས་བསྟན་པ ་ཉིད་དོ། །ཆོས་ཉིད་ཀྱི་འབྱུང་བ་ནི་ངེས་པའི་ཉན་ཐོས་ཞེས་བསྟན་པ་ཉིད་དོ། །སྨོན་ལམ་བཏབ་པ་ཞེས་འབྱུང་བ་ནི་ཡོངས་སུ་འགྱུར་པའི་ཉན་ཐོས་བསྟན་པ་ཉིད་དེ། སྡང་ཉན་ཐོས་ཀྱི་ཐེག་པར་སྨོན་ལམ་བཏབ་པའི་འོག་ཏུ་ཕྱིས་སྨོན་ལམ་ཆེན་པོ་བཏབ་པ་ནི་སྨོན་ལམ་བཏབ་པ་ཞེས་ཀྱང ་བྱར་ཡོངས་སུ་འགྱུར་བ་ཞེས་ཀྱང་བྱའོ། །གང་གིས་བྱང་ཆུབ་ཆེན་པོ་ལ་གཞོལ་བའི་སེམས་བསྐྱེད་པ་དེ་ནི་བྱང་ཆུབ་སེམས་དཔའ་ཨི་སྨོན་ལམ་གྱིས་བསྡུས་པས་ཉན་ཐོས་ཞེས་མི་བྱའོ། །མངོན་པའི་ང་རྒྱལ་ཅན་གང་ཡིན་པ་ད་ནི་སྨོན་ལམ་གྱིས་བསྡུས་པ་འམ། །ཡང་ན་སྨོན་ལམ་དང། ་ཆོས་ཉིད་གཉིས་ཀྱི་བསྡུས་པའི་ཕྱིར་དེ་ལས་མ་བསྟན་ཏོ། །མདོ་འདི་ཉིད་ལས་སྤྲུལ་པ་དང་མངོན་པའི་ང་རྒྱལ་ཅན་མ་བསྟན་པ་ཡང་གོང་མ་བཞིན་དུ་རིག་པར་བྱའོ། །གཞན་ཡང་དོན་དམ་ཡང་དག་འཕགས་འདི་ལྟར་ངས་ལེགས་པར་གསུངས་པ། ལེགས་པར་བཅོས་པའི་ཆོས་འདུལ་བ ་ཤིན་ཏུ་རྣམ་པར་དག་པའི་བསམ་པས་བཤད་པ། ལེགས་པར་བསྟན་པའི་ཆོས་ལ་ནི་སེམས་ཅན་རྣམས་ཀྱི་མོས་པ་རྣམ་པ་སྣ་ཚོགས་ཀྱི་རིམ་པ་ཡང་སྣང་སྟེ་ཞེས་བྱ་བ་འདི་མན་ཆད་ནི་སྔ་པ་ངོ་བོ་ཉིད་མེད་པར་སྟོན་པའི་བསྟན་པ་ལས་བརྩམས་ནས། མོས་པ་མི་མཐུན་པར་གྱུར་པ ་རྣམ་པར་འབྱེད་དོ། །འདི་ཡང་རྣམ་པ་གསུམ་གྱིས་བསྟན་ཏོ། བསྟན་པ་ལ་བརྟེན་ནས་མོས་པ་ཐ་དད་པར་གྱུར་པ་མདོར་བསྟན་པ་དང། རིགས་ཀྱི་བུ་ཞེས་བྱ་བ་མན་ཆད་ཀྱིས་བསྟན་པ་ལ་བརྟེན་ནས་མོས་པ་ཐ་དད་པར་གྱུར་པ་རྒྱ་ཆེར་རྣམ་པར་འབྱེད་པ་དང། རིགས་ཀྱི་བུ་ཞེས་བྱ་བ་མན ་ཆད་ཀྱིས་བསྟན་པ་ལ་བརྟེན་ནས་མོས་པ་ཐ་དད་པར་འགྱུར་བ་བཤད་པ་སྤྱིའི་མཇུག་བསྡུ་བ་བསྟན་པ་སྟེ་འདི་ནི་དང་པོའོ། །མདོའི་ཚིག་འདི་ལ་ཡང་བཤད་པ་རྣམ་པ་གསུམ་ཡོད་དེ། ཁ་ཅིག་ན་རེ་ལེགས་པར་གསུངས་པ་ཞེས་བྱ་བ་ནི་སྡེ་སྣོད་རྣམ་པ་གསུམ་ལས་མདོ་སྡེའི་སྡེ་སྣོང?་ངོ། །ལེགས ་པར་བཅས་པའི་ཆོས་ཞེས་བྱ་བ་ནི་ཆོས་མངོན་པའི་སྡེ་སྣོད་དོ། །འདུལ་བ་ཞེས་བྱ་བ་ནི་འདུལ་བའི་སྡེ་སྣོད་ཉིད་དོ་ཞེའོ། །ཁ་ཅིག་ན་རེ་ལེགས་བར་གསུངས་པ་ཞེས་བྱ་བ་ནི་རྣམ་པ་གསུམ་ལས་མདོ་སྡེའི་སྡེ་སྣོད་དང། ཆོས་མངོན་པའི་སྡེ་སྣོད་དོ། །ལེགས་པར་བཅས ་པའི་ཆོས་འདུལ་པ་ཞེས་བྱ་བ་ནི་འདུལ་བའི་སྡོ་སྣོད་ཞེའོ། །ཁ་ཅིག་ན་རེ་ལེགས་པར་གསུངས་པ་ལེགས་པར་བཅས་པ་ཞེས་བྱ་བ་ནི་སྡེ་སྣོད་གསུམ་སྤྱིར་སྨོས་པ་ཡིན་ཏེ། དེ་བཞིན་གཤེགས་པས་ཆོས་ལེགས་པར་གསུངས་ཤིང་ལེགས་པར་བཅས་པའི་ཕྱིར་རོ། །འདུལ་བ་ཞེས་བྱ་བ་ནི་སྡེ ་སྣོད་གསུམ་ཆགས་ལ་ཡང་སྡིག་པ་འདུལ་བའི་ནུས་པ་ཡོད་པས་འདུལ་བ་ཞེས་བྱའོ། འགོག་པ་ཞེས་ཀྱང་བྱ་སྟེ། སྡེ་སྣོད་གསུམ་ཅར་ལ་ཡང་སྡིག་པ་འགོག་པའི་དོན་ཡོད་པའི་ཕྱིར་རོ། །སློབ་དཔོན་ངོ་བོ་ཉིད་མེད་ཀྱིས་བྱས་པ་ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་ལས་ཀྱང། ཡང་ན་དགེ ་བ་ཐམས་ཅད་ཀྱི་སྡིག་པ་རྣམས་འགོག་པར་ནུས་པས་ན་འདུལ་བ་ཞེས་བྱའོ་ཞེས་བཤད་དོ། །ལེགས་པར་གསུངས་པས་ལེགས་པར་བཅས་པ་ཞེས་བྱ་བ་ནི་བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་རིགས་པས་བསྡུས་པའི་ཕྱིར་དང། ཡོན་ཏན་ཁྱད་པར་ཅན་ཡོངས་སུ་འཛིན་པའི་ཕྱིར་རབ?། ་ཚིག་དང་དོན་ཟུར་ཕྱིན་པ་སྟེ། ཚིག་འབྲུ་ཡོངས་སུ་རྫོགས་པའི་ཕྱིར་ལེགས་པར་གསུངས་པ་ཞེས་བྱའོ། །བསླབ་པའི་གནས་ཐམས་ཅད་འཆའ་བར་མཛད་པའི་ཕྱིར་ལེགས་པར་བཅས་པ་ཞེས་བཤད་དོ། །ཆོས་འདུལ་བ་ཞེས་བྱ་བ་ནི་བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ལས། འཕགས ་པའི་ལམ་ཡན་ལག་བརྒྱད་ཀྱིས་ཡང་དག་པའི་རིག་པ་ཁོང་དུ་ཆུད་པའི་ཕྱིར་ཆོས་ཞེས་བྱའོ། །ཉོན་མོངས་པ་ཐམས་ཅད་འགོག་པའི་ཕྱིར་འདུལ་བ་ཤེས་བྱའོ། །ཤིན་ཏུ་རྣམ་པར་དག་པའི་བསམ་པས་བཤད་པ་ཞེས་བྱ་པས་ན་ཆོས་སྟོན་པར་ནུས་པའི་བསམ་པ་བསྟན་ཏེ། ཆོས་སྟོན ་པའི་བསམ་པ་དེ་ཡང་སོ་སོ་ནས་བཤད་པ་མི་མཐུན་པས་སློབ་དཔོན་ཀླུ་སྒྲུབ་ཀྱིས་བཤད་པ་དང་སྦྱར་ན་ཆོས་སྟོན་པ་ནི་རྣམ་པ་གཉིས་ཡོད་དེ། དང་པོ་འཁོར་བ་དང་བཅས་པའི་གང་ཟག་གིས་ཆོས་སྟོན་པར་བྱེད་པ་གང་ཡིན་པ་དེ་ནི་ངེས་པར་རྟོག་པ་དང་སྤྱད་པ་ལ་གནས་ནས་སོ། །གཉིས ་པ་ཆོས་ཀྱི་སྐུའི་བྱང་ཆུབ་སེམས་དཔའ་ཆོས་སྟོན་པ་གང་ཡིན་པ་དེ་ནི་རྟོག་པ་དང་དཔྱོད་པ་ལ་མི་གནས་པར་སྟོན་ཏོ་ཞེས་བསྟན་ཏེ། དེའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲེལ་པ་ལས། གཞན་ཡང་དེའི་ཚེ་བྱང་ཆུབ་སེམས་དཔའ་རྟག་པར་བསམ་གཏན་དང་ཏིང་ངེ་འཛིན་ལ་ཞུགས ་ལ་ཞུགས་ནས་བསྡུས་ཏེ། མི་གཡོ་བས་རྟོག་པ་དང་དཔྱོད་པ་མི་འབྱུང་ཡང། ཕྱོགས་བཅུའི་སེམས་ཅན་ཐམས་ཅད་ལ་སྒྲ་སྐད་ཚད་མེད་པས་ཆོས་སྟོན་ཅིང་ཡོངས་སུ་གྲོལ་བར་བྱེད་པ་གང་ཡིན་པ་དེ་ནི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ། །མདོ་དག་ལས་སྔར་རྟོག་པ་དང་དཔྱོད ་པས་བསམས་ནས་དེའི་འོག་ཏུ་གདོད་ཆོས་འཆད་པར་བྱེད་དོ་ཞེས་གསུངས་པ་དང་སྦྱར་ན་བསམ་གཏན་དང་ཏིང་ངེ་འཛིན་ལ་ཞུགས་པའི་ཚེ། དག་གི་རྟོག་པ་དང་དཔྱོད་པ་མེད་པས་ཆོས་སྟོན་པར་འགྱུར་བའི་མི་རིགས་ན། ཅིའི་ཕྱིར་ཁྱོད་བསམ་གཏན་དང་ཏིང་ངེ་འཛིན་ལ་གནས་པ་རྟོག་པ་དང ་བཅས་པ་མི་འབྱུང་བར་ཡང་སེམས་ཅན་ལ་ཆོས་སྟོན་པར་བྱེད་ཅེས་བསྟན། སྨྲས་པ། གང་འཁོར་བ་དང་བཅས་པའི་གང་ཟག་དེ་དག་ནི་ཏིང་ངེ་འཛིན་ལ་ཞུགས་པའི་ཚེ། སྔར་ངག་གི་རྟོག་པ་ལ་གནས་ནས། དེའི་འོག་ཏུ་ཆོས་སྟོན་པར་བྱེད་ཀྱང་ཆོས་ཀྱི་སྐུའི་བྱང་ཆུབ་སེམས་དཔའ་ནི་སྐྱེ ་ཤིའི་ལུས་དང་བྲལ་ཏེ། ཆོས་ཐམས་ཅད་རྟག་ཏུ་གནས་ཤིང་ཏིང་ངེ་འཛིན་གྱི་མཚན?་ཉིད་ལྟ་བུར་ཁོང་དུ་ཆུད་པས་རྣམ་པར་གཡེང་བའི་ཆོས་ཀྱང་མི་གསལ་ལ་ཆོས་ཀྱི་སྐུའི་བྱང་ཆུབ་སེམས་དཔའ་སྤྲུལ་པ་ཚད་མེད་པས་སེམས་ཅན་ལ་ཆོས་ཀྱང་སྟོན་ཡང་སེམས་ལ་རྣམ་པར་རྟོག་པ་མེད་དོ། ་ཇི་ལྟར་ལྷ་མ་ཡིན་གྱི་པི་ཝང་རྟག་པར་རང་ཉིད་ལས་སྒྲ་བྱུང་ཞིང། གཞན་གྱིས་རིག་པ་མེད་པར་ཡིད་བཞིན་དུ་གྱུར་པ་ཡང་རྣམ་པར་གཡེང་པ་མེད་པའི་སེམས་དང། ཡོངས་སུ་འཛིན་པ་མེད་པའི་སེམས་དང། བསོད་ནམས་ཀྱི་རྣམ་པར་སྨིན་པ་ལས་སྐྱེས་པའི་ཕྱིར་ཡིད་བཞིན་དུ་སྒྲ ་འབྱུང་བ་ལྟར་ཆོས་ཀྱི་སྐུའི་བྱང་ཆུབ་སེམས་དཔའ་ཡང་དེ་བཞིན་དུ་རྣམ་པར་རྟོག་པ་མེད་པ་དང། རྣམ་པར་གཡེང་བ་མེད་པའི་སེམས་ལ་ཆོས་བཤད་པའི་མཚན་ཉིད་མེད་པར་ཡང་བསོད་ནམས་དང། བསམ་གཏན་དང། ཏིང་ངེ་འཛིན་དང། ཡེ་ཤེས་ཚད་མེད་པས་རྒྱུ་དང་རྐྱེན་བྱས ་པའི་ཕྱིར་ཆོས་ཀྱི་སྐུའི་བྱང་ཆུབ་སེམས་དཔའ་དེ་ལ་ཆོས་ཀྱི་སྒྲ་སྐད་རྣམ་པ་སྣ་ཚོགས་མོས་པ་ཇི་ལྟ་བ་བཞིན་དུ་འབྱུང་རོ་ཞེས་བཤད་དེ། རྒྱ་ཆེར་དེ་ཉིད་ལས་བསྟན་པ་བཞིན་ནོ། །རྟོག་པ་དང་དཔྱོད་བ་མི་མངའ་བར་ཆོས་སྟོན་པའི་ནང་ན་དེ་བཞིན་གཤེགས་པ ་མཆོག་ཏུ་གྱུར་པའི་ཕྱིར། ཤིན་ཏུ་རྣམ་པར་དག་པའི་བསམ་པས་བཤད་པ་ཞེས་གསུངས་སོ་ཞེའོ། །སློབ་དཔོན་ཉེ་བའི་འོད་ཀྱིས་བཤད་པ་དང་སྦྱར་བ་ནི་ས་བརྒྱད་པ་ཡན་ཆད་ལ་རྟོག་པ་དང་དཔྱོད་པ་མེད་པར་ཡང་ཆོས་བསྟན་ཏོ་ཞེས་བཤད་དེ། དེ་ལ་རྟོག་པ་དང་དཔྱོད་བ་ནི་ཟག་པ ་དང་བཅས་པ་ཁོ་ནའོ་ཞེས་བཤད་པའི་ཕྱིར་རྟོག་དཔྱོད་གཉིས་མེད་དེ་།ཆོས་བསྟན་པའི་ནང་ན་དེ་བཞིན་གཤེགས་པ་མཆོག་ཏུ་གྱུར་པའི་ཕྱིར་ཤིན་ཏུ་རྣམ་པར་དག་པའི་བསམ་པས་བཤད་པ་ཞེས་གསུངས་སོ་ཞེའོ། །སློབ་དཔོན་ཆོས་སྐྱོང་གིས་བཤད་པའི་གཞུང་དང་སྦྱར་ན ་ནི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་མན་ཆད་ཀྱི་བྱང་ཆུབ་སེམས་དཔའ་རྣམས་འདུལ་བའི་ཆེད་དུ་ཆོས་སྟོན་པ་ནི་ངེས་པར་རྟོག་པ་དང་དཔྱོད་པ་ལ་ལྟོས་དགོས་ཏེ། འདི་ལྟར་སྨན་དང་ནད་ཡོངས་སུ་ཤེས་པར་གྱུར་པའི་ཕྱིར་རིགས་པ་ངེས་ནས་བརྒྱད་པ་ཡན་ཆད་ཟག་པ་མེད་པའི་རྟོག་པ་དང་དཔྱོད ་པས་ཀྱང་ཆོས་སྟོན་པར་མི་ནུས་སོ། །སངས་རྒྱས་ཀྱིས་ནི་ཡོན་ཏན་མཐར་ཐུག་པའི་ཕྱིར་རྩོལ་བ་ཡང་མི་མངའ་བས་རྟོག་དཔྱོད་ལ་མི་ལྟོས་པར་ཆོས་སྟན་པར་དཔྱོད་ཞེས་སྟོན་ཏེ། དེའི་ཕྱིར་བསྟན་བཅོས་རྣམ་པར་རིག་པ་ཙམ་དུ་གྲུབ་པ་ལས། ཡོན་ཏན་གྱི་མཐར་བྱིན་པ་དག་ནི་སྨན་དང ་ནད?་ཡོངས་སུ་མི་ཤེས་པའི་ཕྱིར་རྗེས་ལ་ཐོབ་པའི་ཡེ་ཤེས་ཀྱིས་གཞན་དག་ལ་ཆོས་སྟོན་པས་ངེས་པར་རྟོག་པ་དང་དཔྱོད་པ་ལ་བལྟོས་སོ། །སངས་རྒྱས་ཀྱི་ས་ལ་ནི་རྩོལ་བ་མི་མངའ་བར་སྟོན་ཏོ་ཞེས་བཤད་པས་དེའི་ཕྱིར་ཤིན་ཏུ་རྣམ་པར་དག་པའི་བསམ་པས་བཤད་པ་ཞེས་གསུངས་སོ་ཞེའོ།། ་གལ་ཏེ་ས་བཅུའི་བྱང་ཆུབ་སེམས་དཔའ་དག་རྟོག་པ་དང་དཔྱོད་པ་ལ་རྟེན་ནས་ཆོས་སྟོན་པ་ཡིན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲེལ་པ་ལས་བསྟན་པ་དེ་ཇི་ལྟར་ཤེས་ཤིང་རྣམ་པར་བྱ་ཞེ་ན་།སྨྲས་པ། བསྟན་བཅོས་མཛད་པ་རྣམས་ཀྱི་དགོངས་པ་ཐ་དད་པས་བརྔ་ཕྲོད་ཅིང ་རྣམ་པར་བཤད་པར་མི་རུང་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲེལ་པ་ལས་ཇི་སྐད་དུ་།རྟོག་པ་དང་དཔྱོད་པ་གཉིས་ཀ་འབྱུང་ངོ་ཞེས་བཤད་པ་དང། འཕགས་པ་བྱམས་པ་ལ་སོགས་པས་གཅིག?་མི་འབྱུང་ངོ་ཞེས་བསྟན་པ་འདི་ལྟ་བུ་ལ་སོགས་པའི་ཐ་དད་པ་ནི་གཅིག་ཁོ་ན་མ་ཡིན་པའི ་བརྡ་སྤྲོད་ཅིང་བཤད་དུ་མི་རུང་ངོ། །སློབ་དཔོན་ཆོས་སྐྱོང་གིས་བཤད་པའི་གཞུང་དང་སྦྱར་ན་ནི་ས་བདུན་པ་མན་ཆད་ནི་ཐམས་ཅད་ཀྱང་རྟོག་པ་དང་དཔྱོད་པ་ལ་གནས་ལ། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ནི་བསམ་གཏན་བཞི་པ་ཡིན་ཏེ། རྟོག་པ་དང་དཔྱོད་པ་ཡང་མེད་པས་ཆོས་བཤད་པར་ཡང་མི ་འགྱུར་རོ་ཞེ་ན་།སྨྲས་པ། བསམ་གཏན་བཞི་པ་ནི་རྟོག་པ་དང་དཔྱོད་པ་མེད་ཀྱང་སྔར་ས་འོག་མའི་རྟོག་པ་དང་དཔྱོད་པ་བསྐྱེད་པའི་དབང་གིས་མཉམ་པ་ཉིད་དུ་བྱང་ཆུབ་པའི་གནས་སྐབས་སུ་ཡང་ཆོས་སྟོན་ཅིང། འགྲོག་པའི་སྙོམས་པར་ཞུགས་པ་ལས་མ་ལངས་པར་ཡང་སྤྱོད་ལམ་རྣམS ་སྟོན་ཏོ། །བཤད་པ་འདི་དང་སྦྱར་ན་ལེགས་པར་བསྟན་པའི་ཆོས་ལ་ཞེས་བྱ་པའི་བསྟན་པ་རྣམས་ལ་བྱ་སྟེ། བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་བཅོམ་ལྡན་འདས་ཀྱིས་ཆོས་ནི་རྣམ་པ་བཞིའི་སྒོ་ནས་ལེགས་པར་གསུངས་པ་ཡིན་པར་བྱེད་དེ། དང་པོ་ནི་ཞི་བ་ལ་གཞོལ་པར ་བྱེད་པ་སྟེ། ཕུང་པོའི་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པའི་དབྱིངས་ཐོབ་པར་བྱེད་པའི་ཕྱིར་རོ། །གཉིས་པ་ནི་མྱ་ངན་ལས་འདའ་བར་བྱེད་པ་སྟེ། ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་འཐོབ་པར་བྱེད་པའི་ཕྱིར་རོ། །གསུམ་པ་ནི་བྱང་ཆུབ་ཏུ་འགྲོ་བར་བྱེད་པ ་སྟེ། ཉན་ཐོས་དང་རང་སངས་རྒྱས་དང། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་བྱེད་པའི་ཕྱིར་རོ། །བཞི་པ་ནི་བདེ་བར་གཤེགས་པས་རྣམ་པར་ཕྱེ་ནས་བསྟན་པ་སྟེ། ཤིན་ཏུ་མཐར་ཐུག་པ་དང་མངོན་སུམ་དུ་མྱོང་བ་བླ་ན་མེད་པའི་སྟོན་པ་ཆེན་པོས་རབ་ཏུ ་ཕྱེ་ནས་བསྟན་པའི་ཕྱིར་རོ་ཞེས་བསྟན་ཏེ། དོན་གོང་མ་དེ་ལྟ་བུ་དག་དང་ལྡན་པའི་ཕྱིར་ལེགས་པར་བསྟན་པའི་ཆོས་ལ་ཞེས་གསུངས་སོ། །སེམས་ཅན་རྣམས་ཀྱི་མོས་པ་རྣམ་པ་སྣ་ཚོགས་རིམ་ཡང་སྣང་སྟེ་ཞེས་བྱ་བས་ནི་བསམ་པ་མི་མཐུན་པར་གྱུར་པ་ཉིད་ཡང་དག ་བར་སྟོན་ཏོ། །དེ་ཡང་རྣམ་པ་བཞི་སྟེ། བསྟན་པ་དང་དོན་ཤེས་ཤིང་མངོན་པར་ཡིད་ཆེས་པ་དང། བསྟན་པ་ཁོ་ན་ལ་མངོན་པར་ཡིད་ཆེས་ཤིང་དོན་མི་ཤེས་པ་དང། བསྟན་པ་ལ་མངོན་པར་ཡིད་ཆེས་ཤིང། དོན་ལ་མངོན་པར་ཡིད་མི་ཆེས་པ་དང ་བསྟན་པ་དང་དོན་གཉི་ག་ལམ་དོན་པར་ཡིད་མི་ཆེས་པ་ཡང་ཡོད་པས་དེའི་ཕྱིར་རྣམ་པ་སྣ་ཚོགས་ཤེས་གསུངས་ཏེ་ཕྱིས་འོག་ནས་སྟོན་ཏོ། །རིགས་ཀྱི་བུ་དེ་བཞིན་གཤེགས་པ་ནི་འདི་ལྟར་ངོ་བོ་ཉིད་མེད་པ་རྣམ་པ་གསུམ་པོ་དག་གི་དགོངས་པ་ཞེས་བྱ་བ་འདི་མན་ཆད་ནི་གཉིས ་ཀ་བསྟན་པ་ལ་བརྟེན་ནས་མོས་པ་ཐ་དད་པར་གྱུར་བརྒྱ་ཆེར་རྣམ་པར་འབྱེད་བསྟན་ཏོ། །འདི་ཡང་རྣམ་པ་གཉིས་ཀྱིས་བསྟན་ཏེ། བརྟེན་པའི་བསྟན་པ་ཉིད་སྨོས་པ་དང། མདོ་སྡེ་དེ་ལས་ཞེས་བྱ་བ་མན་ཆད་ཀྱིས་སེམས་ཅན་གྱི་བསམ་པ་མི་མཐུན་པར་གྱུར་པ་ཉིད་ཡང་དག ་པར་བསྟན་པའོ། །དང་པོ་ཡང་རྣམ་པ་གཉིས་ཏེ། བསྟན་པས་བརྟེན་པའི་རིག་པ་ཉིད་བསྟན་པ་དང། རིག་པ་ཉིད་ལས་བརྩམས་ནས་བསྟན་པ་གསུངས་པར་གྱུར་པ་བསྟན་པའོ། །འདི་ནི་དང་པོ་སྟེ། འདི་ལྟར་དོང་པོ་ཉིད་མེད་པ་རྣམ་པ་གསུམ་སྟོན་པ་དྲང་བའི་དོན་གསང་བའི་མཚན་ཉིད ་ཀྱི་བསྟན་པ་ཉིད་བརྟེན་པའི་གནས་གྱུར་པས་སོ། །ཟབ་མོ་ཉིད་ལས་བརྩམས་ནས་དྲང་བའི་དོན་གྱི་མདོ་གསང་པའི་མཚན་ཉིད་ཀྱི་ཆོས་རྣམས་ཀྱི་དགོངས་པ་བརྗོད་པ་འདི་ལྟ་སྟེ། ཆོས་ཐམས་ཅད་སྐྱེ་བ་མེད་པ། འགག་པ་མེད་པ། གཟོད་མ་ནས་ཞི་བ། རང་བཞིན་གྱིས་ཡོངས་སུ ་མྱ་ངན་ལས་འདས་པའོ་ཞེས་སྟོན་ཏོ་ཞེས་བྱ་བ་ནི་གཉིས་པ་རིགས་ཉིད་ལས་བརྩམས་ནས་བསྟན་པ་གསུངས་པར་གྱུར་པ་བསྟན་པའོ། །མདོའི་ཚིག་འདི་ཡང་རྣམ་པ་གསུམ་གྱིས་བསྟན་ཏེ། བསྟན་པ་གསུངས་པའི་དགོངས་པ་བསྟན་པ་དང། བསྟན་པ་གསང་བ་ཉིད་དུ་བསྟན་པ་དང། ་བསྟན་པ་གསང་བ་ཉིད་གང་ཡན་པོ་བསྟན་པའོ། །དགོངས་པ་ཟབ་མོ་ཞེས་བྱ་བ་ནི་འདི་ལྟ་སྟེ། ངོ་བོ་ཉིད་མེད་པ་རྣམ་པ་གསུམ་ཐོབ་ཅིང་ཁོང་དུ་ཆུད་པར་གྱུར་པའི་དགོངས་པ་ཤིན་ཏུ་ཟབ་པ་ཉིད་དོ། །དྲང?་པོའི་དོན་གྱི་མདོ་གསང་པའི་མཚན་ཉིད་ཀྱི་ཆོས་རྣམས་ཀྱི་དགོངས་པ་བརྗོད་པ ་ཞེས་བྱ་བ་ནི་བསྟན་པ་གསང་བ་ཉིད་དུ་བསྟན་པ་སྟེ། འདི་ལྟར་འཕགས་པ་རྣམས་ཀྱི་གསུང་རབ་མཁྱུད་པ་དང། མངོན་སུ་སྟོན་པ་མི་འཚུངས་པས་འདིར་ཡོད་པ་ཉིད་མཁྱུད་ནས་མེད་པ་ཉིད་རབ་ཏུ་བསྟན་པའི་ཕྱིར་གསང་བ་ཞེས་བྱ་བ་ཞེས་གསུངས་སོ། །ཆོས་རྣམས་ཀྱི་དགོངས་པ་ཞེས་བྱ་བས་འདི་ལྟ ་སྟེ། གཅེས་པ་བསྡུས་པའོ། །དེ་ནི་འདི་སྐད་དུ་འདི་དགོངས་པའི་དབང་གིས་དྲང་བའི་དོན་གྱི་མདོ་ལས། ངོ་བོ་ཉིད་མེད་པ་རྣམ་པ་གསུམ་གྱི་གསང་བའི་མཚན་ཉིད་ལས་བརྩམས་ནས་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པ་ལ་སོགས་པ་ཉིད་དུ་གསུངས་སོ་ཞེས་བསྟན་པར་འགྱུར་རོ། །དེ་ལ་ཆོས་ཀྱིས ་དགོངས་པ་ཞེས་བྱ་བ་ནི་འདི་ལྟ་སྟེ། ཆོས་ཐམས་ཅད་ངོ་བོ་ཉིད་མེད་པ་ལ་སོགས་པར་གསུངས་པ་ཉིད་དེ། འདིས་ནི་གསུམ་པ་བསྟན་པ་གསང་བ་ཉིད་ཡིན་པ་རབ་ཏུ་བསྟན་པས་སྔ་མ་བཞིན་དུ་རབ་ཏུ་དབྱེ་ཞིང་རྒྱ་ཆེར་བཤད་པར་བྱའོ། །མདོ་སྡེ་དེ་ལས་སེམས་ཅན་གང་དག་དགེ་བའི་རྩ་བ ་ཆེན་པོ་བསྐྱེད་པ་སྒྲིབ་པ་ཡོངས་སུ་དག་པ་རྒྱུད་ཡོངས་སུ་སྨིན་པ། མོས་པ་མང་དུ་བསྒོམས་པ། བསོད་ནམས་དང། ཡེ་ཤེས་ཀྱི་ཚོགས་ཆེན་པོ་རབ་ཏུ་བསགས་པ་ཞེས་བྱ་བ་འདི་མན་ཆད་ནི་གཉིས་པ་སེམས་ཅན་གྱི་བསམ་པ་མི་མཐུན་པར་གྱུར་པ་ཉིད་ཡང་དག་པར་བསྟན་པའོ། །འདི་ཡང་རྣམ་པ ་བཞིས་བསྟན་ཏེ། དངོས་པོ་ལྔ་ཡང་ཕུན་སུམ་ཚོགས་ལ། མངོན་པར་ཡིད་ཆེས་པའི་གང་ཟག་བསྟན་པ་དང། དངོས་པོ་ལྔ་ཕུན་སུམ་ཚོགས་པར་མ་གྱུར་ལ་མངོན་པར་ཡིད་ཆེས་པ་དང་ལྡན་པའི་གང་ཟག་བསྟན་པ་དང། མངོན་པར་ཡིད་ཆེས་པ་སྐྱེས་ཀྱང་སྒྲའི་རྗེས་སུ་མངོན་པར་ཞེན་པའི ་གང་ཟག་བསྟན་པ་དང། དངོས་པོ་ལྔ་ཡང་གཏན་མེད་ལ་མངོན་པར་ཡིད་ཆེས་པ་ཡང་མེད་པའི་གང་ཟག་བསྟན་པའོ། །གང་ཟག་བ་ནི་པོ་དེ་དག་ཀྱང་དགེ་བའི་རྩབ་བསྐྱེད་པ་ལ་སོགས་པའི་དངོས་པོ་ལྔའི་མང་ཉུང་ལས་གང་ཟག་རྣམ་པ་དྲུག་ཏུ་དབྱེ་སྟེ། དངོས་པོ་ལྔ་ཕུན་སུམ་ཚོགས་པ ་དང། རྣམ་པ་བཞི་དང་ལྡན་ལ་གཅིག་མ་ཚང་བ་དང། རྣམ་པ་གསུམ་དང་ལྡན་ལ་གཉིས་མ་ཚང་བ་དང། རྣམ་པ་གཉིས་དང་ལྡན་ལ་གསུམ་མ་ཚང་བ་དང། རྣམ་པ་གཅིག་མ་ཚང་ལ་བཞི་དང་ལྡན་པ་དང། དངོས་པོ་ལྔ་གནས་མེད་པའོ། །དང་པོ་ཡང་རྣམ་པ་གཉིས་ཏེ། དངོས་པོ་ལྔ་ ་ཡོངས་སུ་སྨིན་པ་བསྟན་པ་དང། དེ་དག་གིས་ཞེས་བྱ་བ་མན་ཆད་ཀྱིས་བསྟན་པ་ཐོབ་ནས་ཁོང་དུ་ཆུད་པར་གྱུར་པ་བསྟོན་པ་སྟེ། འདི་ནི་དང་པོའོ། །དེ་དག་གིས་ཆོས་དེ་ཐོས་ན། དེའི་དགོངས་ཏེ་བཤད་པ་ཤིན་ཏུ་ཟབ་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་ཤིང་ཞེས་བྱ་བ་ལ ་རྟོགས་པས་ནི་གཉིས་པ་བསྟན་པ་ཐོས་ནས་ཁོང་དུ་ཚུད་པར་གྱུར་པར་སྟོན་ཏོ། །འདི་ཡང་རྣམ་པ་གཉིས་ཏེ། བསྟན་པ་ཐོས་ནས་ཁོང་དུ་ཆུད་པ་ཉིད་བསྟན་པ་དང། ཡང་དག་པ་ཇི་ལྟ་བ་བཞིན་དུ་ཁོང་དུ་ཆུད་པའི་ཕན་ཡོན་བསྟན་པའོ། །འདི་ནི་དང་པོ་སྟེ། འདི་ལྟར་ཆོས་ཐོས་པར་གྱུར ་པའི་དབང་གིས་དེ་བཞིན་གཤེགས་པས་དགོངས་ཏེ་གསུངས་པས་རབ་ཏུ་ཕྱེ་བའི་དོན་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཁོང་དུ་ཆུད་བར་གྱུར་པའོ། །ཆོས་དེ་དག་ལ་ཡང་ཤིན་ཏུ་མོས་པ་སྐྱེ་བར་འགྱུར་ལ། དོན་དེ་ཡང་ཕྱིན་ཅི་མ་ལོག་པའི་ཤེས་རབ་ཀྱིས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རྟོགས ་པར་འགྱུར་རོ། །རྟོགས་པ་འདི་ལ་བརྟེན་ནས་ཤིན་ཏུ་གོམས་པར་བྱས་པའི་ཕྱིར། མྱུར་བ་མྱུར་བ་ཁོ་ནར་ཤིན་ཏུ་མཐར་ཐུག་པ་ཉིད་ཀྱང་ཐོབ་པར་འགྱུར་ཏེ། ཞེས་བྱ་བ་ལ་སོགས་པས་ནི་གཉིས་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཁོང་དུ་ཆུད་པའི་ཕན་ཡོན་སྟོན་ཏོ། །འདི་ཡང་རྣམ་པ ་གཉིས་ཀྱིས་བསྟན་ཏེ། ཁོང་དུ་ཆུད་པའི་ཕན་ཡོན་ཉིད་བསྟན་པ་དང། དེ་བཞིན་གཤེགས་པ་ལ་མངོན་པར་ཡིད་ཆེས་པའི་ཕན་ཡོན་བསྟན་པ་སྟེ། འདི་ནི་དང་པོའོ། །མདོའི་ཚིག་འདི་ཡང་རྣམ་པ་གཉིས་སུ་དབྱེ་སྟེ། ཆོས་ལ་མོས་པ་བསྟན་པ་དང། དོན་ལ་མོས་པ་བསྟན་པའོ། །དོན་ལ ་མོས་པ་ཡང་རྣམ་པ་གསུམ་དུ་དབྱེ་སྟེ། མཐོང་པའི་ལམ་གྱིས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཁོང་དུ་ཆུད་པར་གྱུར་པ་བསྟན་པ་དང། བསྒོམ་པའི་ལམ་ལ་གནས་པས་རྟོག་པ་དེ་ཉིད་ལ་རྟེན་ནས་ཤིན་ཏུ་གོམས་པར་བྱེད་པར་བསྟན་པ་དང། མཐར་ཐུག་པ་ལ་གནས་པས་མྱུར་བར་ཁོ་ནར ་བླ་ན་མེད་པའི་བྱང་ཆུབ་ཀྱི་མྱ་ངན་ལས་འདས་པ་ཐོབ་པར་འགྱུར་བར་བསྟན་པའོ། །དེ་ལ་ཡང་ཤིན་ཏུ་དད་པ་བསྐྱེད་ནས། དེ་བཞིན་གཤེགས་པ་དེ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ཆོས་ཐམས་ཅད་ལས་མངོན་པར་རྫོགས་པར་སངས་རྒྱས་པ་ཡིན་པར་རབ་ཏུ་ཤེས་སོ་ཞེས་བྱ་བ ་ནི་གཉིས་བདེ་བཞིན་གཤེགས་པ་ལ་མངོན་པར་ཡིད་ཆེས་པའི་ཕན་ཡོན་བསྟན་པའོ། །སེམས་ཅན་གང་དག་དགེ་བའི་རྩ་བ་ཆེན་པོ་བསྐྱེད་པ་དང། སྒྲིབ་པ་ཡོངས་སུ་དག་པ་དང། རྒྱུད་ཡོངས་སུ་སྨིན་པ་དང། མོས་པ་མང་དུ་བསྒོམས་པ་མ་ཡིན་པ། བསོད་ནམས་དང་ཡེ་ཤེས་ཀྱི ་ཚོགས་ཆེན་པོ་བསགས་པར་མ་གྱུར་པ་ཞེས་བྱ་བ་འདི་མན་ཆད་ནི་གཉིས་པ། དངོས་པོ་ལྔ་ཕུན་སུམ་ཚོགས་པར་མ་གྱུར་ལ་མངོན་པར་ཡིད་ཆེས་པ་དང་ལྡན་པའི་གང་ཟག་བསྟན་པའོ། །འདི་ཡང་རྣམ་པ་གཉིས་ཏེ། དངོས་པོ་ལྔ་དང་ལྡན་པར་མ་གྱུར་པ་བསྟན་པ་དང། མངོན ་པར་ཡིད་ཆེས་?་ཉིད་བསྟན་པ་སྟེ་།འདི་ནི་དང་པོའོ། །འདི་ནི་རྣལ་འབྱོར་པ་དག་དངོས་པོ་ལྔ་པོ་དག་དང་ལྡན་པར་མ་གྱུར་ཀྱང། དངོས་པོ་རྣམ་པ་བཞི་མངོན་པར་འགྲུབ་པའི་དབང་གིས་མངོན་པར་ཡིད་ཆེས་པ་ནི་སྐྱེད་དོ་ཞེས་སྟོན་ཏེ། དངོས་པོ་བཞིའི་བྱེ་བྲག་ནི་སྔར་བཤད་པ་བཞིན་ནོ།། ་དེའི་རང་བཞིན་དྲང་ཞིང་དྲང་པོའི་རང་བཞིན་ཅན་དུ་གྱུར་པ། རྟོག་པ་དང་སེལ་ནུས་པའི་མཐུ་མེད་ཀྱང། རང་གི་ལྟ་བ་མཆོག་ཏུ་འཛིན་པ་ལ་མི་གནས་བ་ཞེས་བྱ་བ་ལ་སོགས་པས་ནི་གཉིས་པས་མངོན་པར་ཡིད་ཆེས་པ་ཉིད་སྟོན་ཏོ། །འདི་ཡང་རྣམ་པ་གསུམ་གྱིས་བསྟན་ཏེ། རང་གི་ལྟ་བ་ལ ་དེ་མི་གནས་པར་ཡིད་ཆེས་པ་ཉིད་བསྟན་པ་དང། མདོ་སྡེ་དག་ཅེས་བྱ་བ་མན་ཆད་ཀྱིས་མངོན་པར་ཡིད་ཆེས་པའི་དབང་གིས་རང་ཉིད་ཁྱད་དུ་བསད་ནས་གནས་པར་བསྟན་པ་དང། མོད་སྡེ་དེ་དག་ལ་ཞེས་བྱ་བ་མན་ཆད་ཀྱིས་བདག་ཉིད་ལ་སྨན་པའི་དབང་གིས་བསོད་ནམས་དང་ཡེ་ཤེས་ཀྱི ་ཚོགས་སོགས་པར?་བསྟན་པའོ། །དང་པོ་ཡང་རྣམ་པ་གསུམ་དུ་དབྱེ་སྟེ། རང་གི་ལྟ་བ་ལ་མི་གནས་པ་བསྟན་པ་དང། བསྟན་པ་ཐོས་པས་མངོན་པར་ཡིད་ཆེས་པ་སྐྱེ་བར་བསྟན་པ་དང། མངོན་པར་ཡིད་ཆེས་པའི་མཚན་ཉིད་རབ་ཏུ་བསྟན་པའོ། །འདི་ནི་དང་པོ་སྟེ། དེའི་རང་བཞིན ་དྲབ་པོ་ཞེས་བྱ་བ་ཉིད་དེ། དེའི་ཕྱིར་འཕགས་པ་དྲི་མ་མེད་པར་གྲགས་པར་བསྟན་པའི་མདོ?་ལས། དང་པོའི་སེམས་ནི་བྱང་ཆུབ་ཀྱི་སྙིང་པོའོ་ཞེས་གསུངས་པས་དྲང་པོའི་སེམས་ནི་མངོན་པར་ཡིད་ཆེས་པའི་སེམས་ལ་བྱའོ། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འབྲེལ་པ་ལས་ཀྱང། སངས་རྒྱས ་ཀྱི་ཆོས་ཀྱི་རྒྱ་མཚོར་ནི་དད་པས་འཇུག་པར་ནུས་སོ་ཞེས་བསྟན་པའི་ཕྱིར་དྲང་པོ་ཞེས་བྱ་བ་ནི་མངོན་པར་ཡིད་ཆེས་པ་ལ་བྱ་བར་མངོན་ནོ། །དེ་ནི་འདི་སྐད་དུ་དྲང་བ་ཉིད་དུ་གྱུར་པ་ཕྱིར་ཤེས་རབ་ཀྱི་སྟོབས་ཀྱིས་འཕགས་པའི་གསུང་རབ་ལས་གསུངས་པ་? ་ཡིན་པ་དང། མ་ཡིན་པའི་རིགས་པ་ཉིད་རབ་ཏུ་སེལ་བར་མི་ནུས་ཀྱང་རང་གི་ལྟ་བ་མཆོག་ཏུ་འཛིན་པ་ལ་མི་གནས་ཤིང། ཡང་ངེས་པའི་དོན་གྱི་མདོ་སྡེ་ཡོངས་སུ་ཚོལ་བར་རྩོལ་བའི་ཕྱིར། དྲང་བའི་དོན་གྱི་མདོ་སྡེ་དགེ་ལས་སྒྲ་ཇི་བཞིན་དུ་མངོན་པར་ཞེན་པར་ཤི་བྱེད་དོ་ཞེས་བསྟན ་པར་འགྱུར་རོ། །དེ་དག་གིས་ནི་ཆོས་དེ་ཐོས་ན་དའི་དགོངས་ཏེ་བཤད་པ་ཤིན་ཏུ་ཟབ་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པའི་མཐུ་མེད་མོད་ཀྱིད། འོན་ཀྱང་ཆོས་དེ་ལ་མོས་པར་བྱེད་ཅིང། ཡོངས་སུ་དག?་པའི་དད་པ་ཡང་སྐྱེ་བར་འགྱུར་ཏེ?་ཞེས་བྱ་བ་ནི་གཉིས་པ་བསྟན་པ་ཐོབ་པས ་མངོན་པར་ཡིད་ཆེས་པ་སྐྱེ་བར་བསྟན་པ་སྟེ། དེ་རང་གི་ལྟ་བ་མཆོག་ཏི་འཛིན་པ་ལ་མངོན་པར་ཡིད་ཆེས་པ་དང། དེ་ཆོས་ཐོས་པའི་དབང་གིས་དགོངས་ཏེ་གསུངས་པ་ཁོང་དུ་ཆུད་པའི་མཐུ་མེད་མོད་ཀྱི། འོན་ཀྱང་བསྟན་པ་དེ་ལ་མངོན་པར་ཡིད་ཆེས་པའི་སེམས་སྐྱེད་པར ་བྱེད་པའོ། །མདོ་སྡེ་འདི་དག་ནི་དེ་བཞིན་གཤེགས་པས་གསུངས་པ་ཟབ་བ་ཟབ་པར་སྣང་བ། སྟོང་པ་ཉིད་དང་ལྡན་པ་མཐོང་པར་དཀའ་བ། རྟོག་པར་དཀའ་བ། དཔྱོད་མི་ནུས་པ་རྟོག་གེའི་སྤྱོད་ཡུལ་མ་ཡིན་བ། ཞིབ་མོ་བརྟགས་པ། མཁས་ཤིང་མཛངས?་པས་རིག་པ་ཡིན་ནོ་ཞེས་མོས ་བར་བྱེད་དོ་ཞེས་བྱ་བ་གསུམ་པ་མངོན་པར་ཡིད་ཆེས་པའི་མཚན་ཉིད་རབ་ཏུ་བསྟན་པའོ། །འདི་ལྟར་མདོ་སྡེ་འདིའི་དོན་རྣམ་པ་དྲུག་དང་ལྡན་པས་ཤིན་ཏུ་ཟབ་པ་ཡིན་ནོ་ཞེས་མངོན་པར་ཡིད་ཆེས་པ་སྟེ། དང་པོ་མོད་སྡེ་འདི་དག་ནི་ཞེས་བྱ་བ་ལ་སོགས་པས་ནི་མདོ་སྡེ་དེ་བཞིན་གཤེགS ་པས་གསུངས་པ་ཡིན་པར་ཡིད་ཆེས་པའི་ཕྱིར་ཟབ་པ་ཡིན་ནོ། །གཉིས་པ་ཟབ་པར་སྣང་བ་ཞེས་བྱ་བ་ནི་མོད་སྟེ་ངེས་ཤིན་ཏུ་ཟབ་པའི་དོན་གསལ་བར་རབ་ཏུ་ཕྱེ་བའི་ཕྱིར་རབ་ཏུ་ཕྱེ་བ་ཟབ་བ་ཞེས་བྱའོ། །གསུམ་པ་སྟོང་པ་ཉིད་དང་ལྡན་པ་ཞེས་བྱ་བ་ནི་འཕགས་པའི་གསུང ་རབ་དེ་སྟོང་པ་ཉིད་ཀྱི་རང་བཞིན་ཁོ་ན་ཡིན་པའི་ཕྱིར་སྟོང་པ་ཉིད་དང་འབྲེལ་པས་ན་དེའི་ཕྱིར་སྟོང་པ་ཉིད་དང་ལྡན་པ་ཞེས་བྱའོ། །བཞི་པ་མཐོང་བར་དཀའ་བ་རྟོགས་པར་དཀའ་བ་ཞེས་བྱ་བ་ནི་མདོ་སྡེ་ངོས་སོའི་སྐྱེ་བོ་དག་གིས་མཐོང་བར་མི་ནུས་ཤིང་ཐེག་པ་གཉིས་བྱིས་ཀྱང་རྟོགས་པར་མི་ནུས་པས? ་སོ། །ཡང་ན་སོ་སོའི་སྐྱེ་བོ་དང་ཐེག་པ་བ་གཉིས་ཀྱིས་མཐོང་བ་དང་རྟོགས་པར་མི་ནུས་པའི་ཕྱིར་མཐོང་བར་དཀའ་བ་རྟོགས་པར་དཀའ་བཞེས་བྱའོ། །ལྔ་པ་དཔྱོད་མི་ནུས་པ་ཞེས་བྱ་བ་ལ་སོགས་པས་ནི་འཕགས་པའི་གསུང་རབ་དེ་རྟོག་གེའི་སྤྱོད་ཡུལ་ལས་ཤིན་ཏུ་འདས་པའི ་ཕྱིར་དབྱད་དུ་མེད་པར་གྱུར་པའོ། །དེ་ལ་དཔྱོད་པ་ཞེས་བྱ་བ་ནི་ཁམས་གསུམ་པ་ཟག་པ་དང་བཅས་པའི་སེམས་ལས་བྱུང་བའི་ཆོས་སོ། །ཡང་ན་དཔྱོད་པ་ཞེས་བྱ་བ་ནི་གཞན་དུ་འགྱུར་བ་ལས་རྟོག་པ་དང་དཔྱོད་པའི་ཆོས་གཉིས་སོ། །དྲུག་པ་ཞིབ་མོས་ཞེས་བྱ་བ་ལ་སོགས་པས་ནི་འཕགས ་པའི་གསུང་རབ་དེ་བྱང་ཆུབ་སེམས་དཔའ་ས་ལ་གནས་པ་ཞིབ་མོ་བརྟགས་པ་མཁས་ཤིང་མཛངས་བདག་གིས་ཁོང་དུ་ཆུད་པར་འགྱུར་བས་སོ།། །།བམ་པོ་ཉི་ཤུ་དགུ་པ། །མདོ་སྡེ་དེ་དག་གི་དོན་བསྟན་པ་དག་བདག་མི་ཤེས་སོ་སྙམ་ནས་འདུག་སྟེ། འདི་སྐད་ཅེས ་སངས་རྒྱས་རྣམས་ཀྱི་བྱང་ཆུབ་ནི་ཤིན་ཏུ་ཟབ་ལ། ཆོས་རྣམས་ཀྱི་ཆོས་ཉིད་ཀྱང་ཤིན་ཏུ་ཟབ་པས་དེ་བཞིན་གཤེགས་པ་ཁོ་ན་རབ་ཏུ་མཁྱེན་གྱི། བདག་གིས་ཤེས་པར་བྱ་བ་ནི་འདི་མན་ཆད་ནི་གཉིས་པ་མངོན་པར་ཡིད་ཆེས་པའི་དབང་གིས་རང་ཉིད་ཁྱད་དུ་བསང་ནས་གནས ་བར་བསྟན་པའོ། །འདི་ཡང་རྣམ་པ་གཉིས་པར་བྱེ་སྟེ། བསྟན་པའི་དོན་ལ་བདག་ཉིད་ཁྱད་དུ་བསད་ནས་གནས་པ། བསྟན་པ་གསུང་བ་པོ་ལ་བརྟེན་ནས་བདག་ཉིད་ཁྱད་དུ་བསད་ནས་གནས་པ་སྟེ། འདི་ནི་དང་པོའོ། །འདི་ལྟར་མདོ་སྡེ་ཟབ་མོ་དེ་དག་ལས། བསྟན་པའི་དོན་དག་རང། ་ཉིད་ཀྱི་ཤེས་པ་ཁྱད་དུ་བསད་ནས་བདག་ནི་མི་ཤེས་པ་ཡིན་ནོ་སྙམ་ནས། འདི་སྐད་ཅེས་སངས་རྒྱས་རྣམས་ལ་ནི་བྱང་ཆུབ་བརྙེས་པ་ཡང་དག་པ་དང། ཀུན་རྫོབ་ཀྱི་མཁྱེན་པ་གཉིས་མངའ་བས་ཤིན་ཏུ་ཟབ་པ་ཡིན་པ་ངེས་མངོན་སུམ་དུ་མཛད་པ་ཆོས་རྣམས་ཀྱི་ཆོས་ཉིད་ཡང་དག་པ ་དང། ཀུན་རྫོབ་རྣམ་པ་གཉིས་ཀྱང་ཤིན་ཏུ་ཟབ་ཅིང་གཟུང་བ་དང་འཛིན་པ་དང་བྲལ་པའི་ངོ་བོ་ཉིད་ཡིན་པའི་ཕྱིར། དེ་བཞིན་གཤེགས་པ་ཉག་ཅིག་གིས་མཁྱེན་གྱི། བདག་ཅག་གིས་ཤེས་པ་དམན་པས་ཤེས་པར་བྱ་བ་ནི་མ་ཡིན་ནོ་སྙམ་དུ་སེམས་པ་སྟེ་བསྟན ་བཅོས་བྱེ་བྲག་ཏུ་བཤད་པ་ཆེན་པོ་ལས་ཇི་སྐད་དུ་།ཆོས་རྣམས་ཀྱི་ཆོས་ཉིད་ཀྱི་རྣམ་པ་ནི་ཤིན་ཏུ་ཟབ་ཅིང་གྱ་ནོམ་པས་ཐམས་ཅད་མཁྱེན་པ་ཁོ་ནས་མཐར་ཐུག་པ་ཡིན་ནོ་ཞེས་བསྟན་པ་དང། ཕྲེང་ལྡན་མའི་མདོ་ལས། རིགས་ཀྱི་བུ་གང་གིས་ཆོས་རྣམས་ནི་ཤིན་ཏུ་ཟབ་པ ་ཉིད་ལ་བདག་ཉིད་ཀྱིས་རྟོགས་པར་མི་ནུས་པ་ངེས་ཇི་སྐད་དུ་།དེ་ནི་བཅོམ་ལྡན་འདས་ཀྱིས་མཁྱེན་གྱི། བདག་གི་སྤྱོད་ཡུལ་ནི་མ་ཡིན་པས་སངས་རྒྱས་ཉ་གཅིག་གིས་མཁྱེན་ཏོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལྟ་བུའོ། །དེ་བཞིན་གཤེགས་པ་རྣམ་ནི་མོས་པ་རྣམ་པ ་སྣ་ཚོགས་ཀྱིས་སེམས་ཅན་དེ་དག་ལ་ཡང་དག་པའི་ཆོས་ཀྱིས་བསྟན་པ་འཇུག་པར་མཛད་པས་དེ་བཞིན་གཤེགས་པ་རྣམས་ནི་མཁྱེན་པ་དང། གཟིགས་པ་མཛའ་ཡས་པ་ཡིན་གྱི། བདག་ཅག་གི་ཤེས་པ་དང་མཐོང་བ་ནི་བ་ལང་གི་རྗེས་ཙམ་མོ་སྙམ་ནས་ཞེས་བྱ་བ་ནི་གཉིས་པ་བསྟན་པ ་གསུང་བ་པོ་ལ་བརྟེན་ནས་བདག་ཉིད་ཁྱད་དུ་བསད་ནས་གནས་པ་སྟོན་ཏོ། །འདི་ལྟར་དེ་བཞིན་གཤེགས་པ་རྣམས་ནི་སེམས་ཅན་གང་རྗེས་སུ་བཟུང་བར་མཛད་བ་དེ་དག་གི་མོས་པའི་རྗེས་སུ་ཡང་དག་པའི་ཆོས་ཀྱི་བསྟན་པ་འཇུག་པར་མཛད་བས་།སྟོན་པར་མཛད་པའི་མཁྱེན་པ་ལ་ཚང་དང ་མཛའ་མེད་པ་ཡིན་གྱི། བདག་ཅག་གི་ཤེས་པ་དང། མཐོང་བ་ནི་བཅོམ་ལྡན་འདས་ཀྱིས་མཁྱེན་པ་དང་གཟིགས་པ་ལས་བལྟོས་ན། དཔེར་ན་བ་ལང་གི་སྨིག་རྗེས་ཀྱི་ཆུས་རྒྱ་མཚོ་ཆེན་པོའི་ཆུ་དང་སྒྱུན་པ་བཞིན་ནོ་སྙམ་དུ་སེམས་པའོ། །དགོངས་པ་ཟབ་མོ་རྣམ་པར་དགྲོལ་བའི་མོད་ལས་ནི། ་དེ་བཞིན་གཤེགས་པ་རྣམས་ཀྱིས་མཁྱེན་པ་ནི་མཛའ་མེད་པས་མཁྱེན་པར་བྱ་བ་ནི་རྒྱ་མཚོ་བཞིན་ནོ། །བདག་གི་ཤེས་པ་དང་མཐོང་བ་ནི་བ་ལང་གི་རྗེས་ཙོམ?་མོ་ཞེས་འབྱུང་ངོ། །མདོ་སྡེ་དག་ལ་གུས་པར་བྱས་ཏེ། གཞན་དག་ལ་སྟོན་པར་ཡང་བྱེད། ཡི་གེར་འདྲི་བར་ཡང་བྱེད་ཡི་གེར་བྲིས ་ནས་འཆང་པར་ཡང་བྱེད། ཀློག་པར་ཡང་བྱེད། ཡང་དག་པར་འགེང་བར་ཡང་བྱེད། མཆོད་པར་ཡང་བྱེད། ལུང་ནོད་པར་ཡང་བྱེད། འདོན་པར་ཡང་བྱེད་།ཁ་ཏོན་ཡང་བྱེད་མོས་ཀྱི། འོན་ཀྱང་འདི་ལྟར་བསྒོམ་པའི་རྣམ་པས་སྦྱོར་བ་བསྐྱེད་པར་ཡང་མི་ནུས་པས་ཤེས་བྱ་བ་ལ་སོགས་པས་ནི་གསུམ་པ ་བདག་ཉིད་ལ་སྨད་པའི་དབང་གིས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་སོགས་པར་བསྟན་པའོ། །འདི་ཡང་རྣམ་པ་གཉིས་བསྟན་ཏེ། བདག་ཉིད་ལ་སྨད་བའི་དབང་གིས་རྟོགས་པར་མི་འགྱུར་བར་བསྟན་པ་དང། མ་རྟོགས་པའི་ཕྱིར་ཡང་བསོད་ནམས་དང་ཡེ་ཤེས་ལ་རྟེན་པར་བསྟན་པའོ། །དང ་པོ་ཡང་རྣམ་པ་གཉིས་ཏེ། རྣམ་པར་བཤད་པ་དང། མཇུག་བསྡུ་བའོ། །འདི་ནི་དང་པོ་སྟེ། བྱང་ཆུབ་སེམས་དཔའ་དེ་འདི་ལྟར་བདག་ལ་སྨད་པའི་དབང་གིས་མདོ་སྡེ་དག་ལ་གུས་པ་བསྐྱེད་པ་ལ་སོགས་པ་ཆོས་སྤྱོད་པ་བཅུ་ལ་སྤྱོད་བར་བྱེད་ཀྱང། ད་དུང་བསྡོམ་པའི་རྣམ་པས་བསོད་ནམས་དང་ཡེ ་ཤེས་ཀྱི་སྦྱོར་བ་རྣམ་པ་གཉིས་བསྐྱེད་པར་མི་ནུས་པའོ། །ཆོས་སྤྱོད་དེ་ཡང་བསྟན་པ་རྣམས་ལས་སོ་སོ་ནས་བཤད་པ་མི་མཐུན་ཏེ། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བམ་པོ་ལྔ་བརྒྱ་འདུན་ཅུ་གསུམ་པ་ལས། དེ་དག་གི་མིང་བཀོད་པར་ཟད་ཀྱི། རྣམ་པར་བཤད་པ་ནི་མེད་དེ ་དེའི་ཕྱིར་དེ་ཉིད་ལས་བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་ལ་བཀའ་སྩལ་པ། མདོ་སྡེ་འདི་ཡང་ཡོངས་སུ་འཛིན་པ་ལ་ཆོས་སྤྱོད་པ་རྣམ་པ་བཅུ་ཡོད་དེ། ཡི་གེར་འདྲི་བ་དང། མཆོད་པ་བྱེད་པ་དང། གཞན་དག་ལ་སྦྱིན་པར་བྱེད་པ་དང། གུས་པར་ཉན་པ་དང། ཀློག་པ་དང་འཆང་བར་བྱེད ་བ་དང། གཞན་དག་ལ་རྒྱ་ཆེར་སྟོན་བ་དང། ཁ་ཏོན་དུ་འདོན་པ་དང། སེམས་བར་བྱེད་པ་དང། བསྒོམ་པའོ་ཞེས་གསུངས་སོ། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བམ་པོ་བཞི་བརྒྱ་ཉི་ཤུ་བདུན་པ་དང། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཆོག་གིས་ལྷས་ཞུས་པའི་མོང་དང། བླ ་ན་མེད་པའི་གནས་བསྟན་པའི་མདོ་དང། བསྟན་བཅོས་མདོ་སྡེའི་རྒྱན་ལས་ནི་མིང་བཀོད་པ་ཁོ་ནར་ཟད་དོ། །བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་དང། དབུས་དང་མཛའ་རྣམ་པར་འབྱེད་བ་དང། རྣམ་པར་བཤད་པ་ལས་འདི་དག་གི་དོན་རྒྱ་ཆེར་སྟོན་ཏེ། སྔ་ཕྱིའི་གོ་རིམ་མི་མཐུན་ཡང ་དོན་ཐ་དད་པ་མེད་དེ། དེའི་ཕྱིར་བསྟན་བཅོས་རྣམ་པར་བཤད་པ་ལས་།བྱང་ཆུབ་སེམས་དཔའ་ཨི་སྡེ་སྣོད་ཀྱི་ཆོས་མང་ཡང་རུང་ཉུང་ཡང་རུང་བསྟི་སྟང?་དང་བཅས་ཤིང་གུས་པས་ཡི་གེར་འདྲི་བའི་ཆོས་བཤད་པ་དང། མཆོད་པའི་ཡོ་བྱད་མཆོག་གམ། མཆོག ་མ་ཡིན་པ་ཡང་རུང་བ་མཆོད་པར་བྱེད་པའི་ཆོས་སྤྱོད་པ་དང། བདག་ཉིད་ཀྱི་ཡི་གེར་བྲིས་ནས་སྙིང་བརྩེ་བས་གཞན་དག་ལ་སྦྱིན་བའི་ཆོས་སྤྱོད་པ་དང། ཕ་རོལ་གུས་པའི་སེམས་བསྐྱེད་ནས་གྱ་ནོམ་བའི་སྒྲས་བསྟན་བཤད་བསྒྲགས་བ་དག་ལ་ཤིན་ཏུ་བཀུར་བའི་བསམ་པས་གུས ་བར་ཉན་པའི་ཆོས་སྤྱོང་བ་དང། ཡོངས་སུ་དག་པའི་མོས་པ་དང། གུས་པའི་སེམས་ཀྱི་ཀློག་པར་བྱེད་པའི་ཆོས་སྤྱོད་པ་དང། ཆོས་ཀྱི་སྦྱོར་བ་བསྒོམ་པར་འདོད་པས་གཞན་དག་ལས་ཡང་དག་པར་མནོས་ཏེ་ཁ་ཏོན་དུ་འདོན་པའི་ཆོས་སྤྱོད་པ་དང་ཁ་ཏོན་དུ་བསླབས་ནས་བསྟན་པ ་ཉིད་དུ་གཟུང་བའི་ཕྱིར། དབྱངས་སྙན་པས་འདོན་པར་བྱེད་བའི་ཆོས་སྤྱོད་པ་དང། གཞན་དག་ལ་སྙིང་བརྩེ་བའི་ཕྱིར་མོས་བ་ཇི་ལྟ་བ་བཞིན་དུ་རྒྱས་པ་འམ། བསྡུས་པ་ཉིད་དུ་རབ་ཏུ་ཕྱེ་ནས་འཆང་བའི་ཆོས་སྤྱོད་པ་དང། གཅིག་ཏུ་དབེན་པ་དག་ཏུ་ལེགས་པར་སེམས་པ་དང། འཇལ་བ ་དང་སོ་སོར་བརྟགས་ནས་སེམས་པར་བྱེད་པའི་ཆོས་སྤྱོད་བ་དང། ཇི་ལྟར་བསམ་པ་བཞིན་དུ་ཞི་གནས་དང་ལྷག་མཐོང་གཙོ་བོར་བྱས་ནས་གང་ཡོངས་སུ་ཚོལ་བའི་དོན་མངོན་པར་བསྒྲུབ་པའི་ཕྱིར་གཞོལ་ཞིང་འཇུག་པའི་ཆོས་སྤྱོད་པ་ཞེས་འབྱུང་ངོ། །བསྟན་བཅོས་མདོ་སྡེའི་རྒྱན་ལས ་ནི་འདི་དང་ཅུང་ཟད་མི་མཐུན་ཏེ། དེའི་ཕྱིར་དེ་ཉིད་ལས་ཡི་གེར་འདྲི་བ་དང། མཆོད་པའི་བྱེད་པ་དང། ཡང་དག་པར་འགོང་བ་དང་ཉན་པར་བྱེད་པ་དང། ཀློག་པར་བྱེད་པ་དང། གཞན་དག་ལ་སྟོན་པར་བྱེད་པ་དང། ཁ་ཏོན་དུ་འོད་ན་བ་དང། འཆང་བ་དང། སེམས་པ་དང། བསྒོམ་པའོ ་ཞེས་འབྱུང་ངོ། །དེ་བསྟན་བཅས་རྣམས་པར་བཤད་པ་དང། དིན་མི་མཐུན་པར་གྱུར་པ་ཡང། བསྟན་བཅོས་རྣམ་པར་བཤད་པ་ལས་དྲུག་བ་ཁ་ཏོན་ཏུ་འདོན་པ་དང། འདུན་པ་འདོན་པར་བྱེད་བ་ཞེས་བྱ་བ་གཉིས་གཅིག་དུ་བསྡུས་ནས་ཁ་དོན་ཏུ་འདོན་པ་ཞེས་བསྟན་པ་དང། ་ཡང་གཞན་དག་ལ་སྟོན་པར་བྱེད་པ་ཞེས་བྱ་བ་བསྣན་ཏེ། དྲུག་པར་བྱས་པས་སོ། །བསྟན་པ་གཞན་དག་ལས་ནི་དོན་ནི་འབྱུང་བོས་བསྟོན་བཅོས་དེའི་དགོངས་བ་ནི་ཡི་གེ་ཡིན་ཏེ། གཞན་དག་ལ་ནོད་ཙམ་དུ་སྟོན་པ་གང་ཡིན་པ་དེ་ནི་གཞན་དག་ལ་སྟོན་པར་བྱེད་པའོ། ཞེས་བྱའོ། །གཞན་དག་ལ་རྒྱ་ཆེར ་སྟོན་པ་གང་ཡིན་པ་དེ་ནི་འཆད་པ་ཞེས་བྱའོ་ཞེས་དགོངས་པའོ། །བསྟན་པ་གཞན་དག་གི་དགོངས་པ་ནི་བསྡུས་པའམ་རྒྱས་པ་གང་ཡང་རུང་སྟེ། གཞན་དག་ལ་བཤད་པ་ཡིན་པ་གཅིག་ཏུ་བསྡུ་བར་དགོངས་པའི་ཕྱིར་ཕན་ཚུན་འགལ་བ་མེད་དོ། །འདིར་མདོ་འདི་ནི་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན ་པ་ལས་གསུངས་བ་དང་མཐུན་པར་ཆོས་སྤྱོད་པ་རྣམ་པ་བཅུ་སྟོན་པ་ཡིན་ནོ། །བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་ཆོས་སྤྱོད་པ་བཅུ་པོ་དེ་དག་ལས་དུ་ཞིག་བསོད་ནམས་རྒྱ་ཆེན་པོ་སྐྱེ་བའི་ལམ་ཡིན་ཞེ་ན། སྨྲས་བ། ཐམས་ཅད་དོ། །དུ་ཞིག་ནི་སྦྱོར་བའི་ལམ་ཡིན་ཞེ་ན། སྨྲས་པ་།གཅིག ་སྟེ། དགུ་པའོ། །དུ་ཞིག་སྒྲིབ་པ་རྣམ་པར་དག་པའི་ལམ་ཡིན་ཞེ་ན། སྨྲས་པ། གཅིག་སྟེ། བཅུ་པའོ་ཞེས་བཤད་དོ། །རྒྱ་ཆེར་རྣམ་པར་འབྱེད་པ་ནི་བསྟན་བཅོས་ཐེག་པ་ཆེན་པོ་བསྡུས་པ་དང། དབུས་དང། མཛའ་རྣམ་པར་འབྱེད་པ་དང། རྣལ་འབྱོར་སྤྱོད་པའམ་ལས་བསྟན་པ་བཞིན་དུ་རིག་པར ་བྱའོ། །དེའི་ཕྱིར་དའི་དགོངས་ཏེ་བཤད་པ་ཟབ་མོ་འདི་རྟོགས་པར་མི་ནུས་ཏེ་ཞེས་བྱ་བ་ནི་གཉིས་པ་མཇུག་བསྡུ་བ་སྟེ། དེས་སྦྱོར་བ་བསྐྱེད་པར་མི་ནུས་པའི་ཕྱིར་ངས་དགོངས་ཏེ་བཤད་པ་ཟབ་མོ་ཁོང་དུ་ཆུད་པར་མ་གྱུར་ཏོ་ཞེས་བྱ་བའི་ཐ་ཚིག་གོ། གཞི་དེས་ན་སེམས་ཅན་དེ་དག་བསོད་ནམས་དང ་ཡེ་ཤེས་ཀྱི་ཚོགས་རྣམ་པ་གཉིས་ཀྱང་འཕེལ་བར་འགྱུར་ལ། གོང་དུ་ཡང་རྒྱུད་ཡོངས་སུ་སྨིན་པ་དག་ཀྱང་ཡོངས་སུ་སྨིན་པར་བྱེད་དོ་ཞེས་བྱ་བ་ནི་གཉིས་པ་མ་རྟོགས་པའི་ཕྱིར་ཡང་བསོད་ནམས་དང་ཡེ་ཤེས་ལ་བརྟེན་པའི་བསྟན་པ་སྟེ། འདི་ལྟར་བྱང་ཆུབ་སེམས་དཔའ་དེ་སྦྱོར་བ་རྣམ་པ ་བཞིས་མ་བསྐྱེད་པའི་ཕྱིར་དགོངས་ཏེ་གསུངས་པ་རྟོགས་པར་མི་འགྱུར་བདེ་ཆོས་སྤྱོད་པ་རྣམ་པ་བཅུས་རྒྱུ་དང་རྐྱེན་བྱས་པས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྣམ་པ་གཉིས་བསྒྲུབས་ནས་ཕྱི་མ་ལ་ཡང་གང་ཡོངས་སུ་མ་སྨིན་པ་དེ་ཡོངས་སུ་སྨིན་པར་བྱེད་པར་འགྱུར་བའོ། །འདིར་ཡོངས་སུ་ ་སྨིན་བ་ཞེས་བྱ་བ་ཡང་གནས་རེ་རེ་ལ་བསྒོམ་བ་ཕུན་སུམ་ཚོགས་པ་ལ་ཡོངས་སུ་སྨིན་པ་ཞེས་བྱའི་དངོས་པོ་ལྔ་རྒྱུན་མི་འཆད་པ་ལ་ཡོངས་སུ་སྨིན་བ་ཞེས་བྱ་བ་ནི་མ་ཡིན་ནོ། །ཡང་ན་གཞན་ལ་ཕན་འདོགས་པ་ནི་ཡོངས་སུ་སྨིན་པའོ། །གཞན་ཡང་གཞི་ངེས་ན ་ཞེས་བྱ་བ་ལ་སོགས་པ་ནི་མངོན་བར་ཡིད་ཆེས་བ་བསྟན་པ་ལ་རྣམ་པ་གཉིས་ཏེ། མངོན་པར་ཡིད་ཆེས་བརྒྱ་ཆེར་རྣམ་པར་བཤད་པ་དང། མངོན་པར་ཡིད་ཆེས་པའི་ནུས་པ་བཤད་པའི་མཇུག་སྤྱིར་བསྡུ་བ་སྟེ། དེ་ཡན་ཆད་དུ་མངོན་པར་ཡིད་ཆེས་བརྒྱ་ཆེར་བསྟན་ནས་འདི ་ནི་གཉིས་པ་སྤྱིའི་མཇུག་བསྡུ་བ་ཡིན་པར་རིག་བར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ་།ཅི་སྟེ་སེམས་ཅན་གང་དག་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཆེན་པོའི་བར་དུ་བསགས་པར་ཡང་མ་གྱུར་ལ། དྲང་པོ་དང་དྲང་པའི་རང་བཞི་ཅན་མ་ཡིན་པ་དག་ནི་རྟོག་པ་དང། སོལ?་ནུས་པའི ་མཐུ་དང་ལྡན་ཡང་རང་གི་ལྟ་བ་མཆོག་དུ་འཛིན་པ་ལ་གནས་པས་ཞེས་བྱ་བ་འདི་མན་ཆད་ནི་གསུམ་བ་མངོན་པར་ཡིད་ཆེས་བ་བ་སྐྱེས་ཀྱང་སྒྲའི་རྗེས་སུ་མངོན་པར་ཞེན་པའི་གང་ཟག་བསྟན་པའོ། །འདི་ཡང་རྣམ་པ་གཉིས་ཀྱིས་བསྟན་ཏེ། སྟོང་པ་ཉིད་བརྟག་བ་བསྟན་བ་དང། ་སློབ་མས་བརྟགས་པ་རྣམ་པར་འབྱེད་པའོ། །དང་པོ་ཡང་རྣམ་པ་གཉིས་ཏེ། སྔ་མ་ལ་བལྟོས་ན་ཐ་དད་བ་རྣམ་པར་འབྱེད་པ་དང། སྒྲ་ཇི་བཞིན་དུ་མངོན་བར་ཞེན་པ་ཉིད་བསྟན་བ་སྟེ། འདི་ནི་དང་པོའོ། །མདོའི་ཚིག་འདི་ཡང་རྣམ་པ་བཞིར་ཕྱེ་ནས་བསྟན་ཏེ། དངོས་པོ་ལྔ་དང ་ལྡན་པ་དང་མི་ལྡན་པ་བསྟན་པ་དང། དྲང་པོ་དང་དྲང་པོ་མ་ཡིན་པ་བསྟན་པ་དང། མཐུ་དང་ལྡན་པ་དང་མི་ལྡན་པ་བསྟན་པ་དང། རང་གི་ལྟ་བ་གནས་པ་དང་མི་གནས་པ་བསྟན་པའོ། །དེ་ལ་ཇི་སྟེ་སེམས་ཅན་གང་དག་ཅེས་བྱ་བ་ལ་སོགས་པས་ནི་མདོའི་ཚིག་འདི་དག་ལ་བཤད ་པ་རྣམ་པ་བཞི་ཡོད་དེ། ཁ་ཅིག་ན་རེ་འདིར་ནི་དངོས་པོ་ལྔ་མ་ཚང་བ་ཁོ་ན་བཟུང་སྟེ། དེའི་ཕྱིར་དགོངས་པ་ཟབ་མོ་རྣམ་པར་དགྲོལ་བའི་མདོ་ལས། དགེ་བའི་རྩ་བ་མ་བསྐྱེད་པ་ནས་བསོད་ནམས་དང་ཡེ་ཤེས་ཡང་དག་པར་མ་གྲུབ་པའི་བར་དུ་ཞེས་གསུངས་སོ། །བཞི་དང ་བྱེ་བྲག་ཡོད་པ་ཡང་འདི་ནི་ཆོས་ལ་མངོན་པར་ཡིད་ཆེས་ཤིང། དོན་ལ་ཡིད་མི་ཆེས་པ་ཡིན་ལ། བཞི་པ་ནི་ཆོས་དང་དོན་གཉི་ག་ལ་མངོན་བར་ཡིད་མི་ཆེས་པ་ཡིན་བས་སོ་ཞེའོ། །ཁ་ཅིག་ན་དེ་འདིར་ནི་མདོར་བསྡུ་ན་གང་ཟག་གསུམ་ལས་མེད་དེ། དང་པོ་ནི་དང་པོ་གཅིག་དང་ལྡན ་ལ་བཞི་མ་ཚང་བའོ། །གཉིས་པ་ནི་དང་པོ་གཉིས་དང་ལྡན་ལ་གསུམ་མ་ཚང་པའོ། །གསུམ་བ་ནི་དང་པོ་གསུམ་དང་ལྡན་ལ་གཉིས་མ་ཚང་ཞེའོ། །ཁ་ཅིག་ན་རེ་འདིར་གང་ཟག་བཞི་ལས་མེད་དེ། སྔ་མ་གསུམ་གྱི་སྟེང་དུ་ཡང་དང་པོ་བཞི་དང་ལྡན་ལ་གཅིག་མ་ཚང་བས་བསྣན? ་ནའོ། །གཉིས་པ་བྱེ་བྲག་ཡོད་པ་ཡང་གཉིས་པ་ལས་བསྟན་པའི་གང་ཟག་ནི་དྲང་པོའི་རང་བཞིན་ཡིན་ལ་གསུམ་པའི་གང་ཟག་འདི་ནི་དྲང་པོའི་རང་བཞིན་ཅན་མ་ཡིན་པས་སོ་ཞེའོ། །ཁ་ཅིག་ན་རེ་འདི་གང་ཟག་ལྔ་ལས་མེད་དེ་སྔ་མ་བཞིའི་སྟེང་དུ་ཡང་དངོས་པོ་ལྔ་མ་ཚང ་བས་བསྣན་ནའོ། །གཉིས་པ་དང་བཞི་བ་དང་བྱེ་བྲག་ཡོད་པ་ཡང་སྔ་མ་བཞིན་དུ་བཤད་པར་བྱའོ་ཞེའོ། །དེ་ལྟར་རྣམ་པ་བཞིར་བཤད་པ་ཡོད་མོད་ཀྱི། བཞི་པ་ནི་ཡང་དག་པ་ཡིན་ཏེ། ཚིག་གི་མཚན་ཉིད་དང་རྗེས་སུ་མཐུན་པའི་ཕྱིར་རོ། །རང་གི་ལྟ་བ་མཆོག་ཏུ་འཛིན་པ་ལ་གནས ་བས་ཞེས་བྱ་བ་ནི་གོང་དུ་ངེས་པའི་དོན་ཐེག་པ་ཆེན་པོ་ཡོངས་སུ་མི་ཚོལ་བར་རྟག་པར་སྒྲ་ཇི་བཞིན་དུ་མངོན་པར་ཞེན་ནས་ཁོང་དུ་ཆུད་པའི་ཕྱིར་ཞེས་བསྟན་པ་སྟེ་།དེའི་ཕྱིར་བསྟན་བཅོས་མངོན་པ་སྣ་ཚོགས་ཀུན་ལས་འཏུས་པ་ལས་ཅིའི་ཕྱིར་ཤིན་ཏུ་རྒྱས་པ་ལ་སེམས་ཅན་ཁ་ཅིག ་མོས་ཀྱང་ངེས་པར་འབྱུང་བ་རྨི་འགྱུར་ཞེ་ན། སྨྲས་པ། བདག་ཉིད་ལྟ་བ་མཆོག་ཏུ་འཛིན་པ་ལ་རབ་ཏུ་གནས་པའི་ཕྱིར་དང། རྟག་པར་དོན་ལ་སྒྲ་ཇི་བཞིན་དུ་མངོན་པར་ཞེན་པའི་ཕྱིར་རོ། །དེ་ལ་བདག་ཉིད་ལྟ་བ་མཆོག་ཏུ་འཛིན་པ་ལ་རབ་ཏུ་གནས་བ་ཞེས་བྱ་བ་ནི་ཡང་ངེས་པའི་དོན་གྱི ་མདོ་སྡེ་ཡོངས་སུ་མི་ཚོང་བའི་ཕྱིར་རོ། །རྟག་པར་དོན་ལ་སྒྲ་ཇི་བཞིན་དུ་མངོན་པར་ཞེན་པ་ཞེས་བྱ་བ་ནི་རྟག་བར་དྲད་བའི་ངོན་གྱི་མདོ་སྟེ་ངག་རབ་ཏུ་འཛིན་བའི་ཕྱིར་ཏེ། དཔེར་ན་འབའ་ཞིག་ཆོས་ཐམས་ཅད་ནི་མཐར་རང་བཞིན་མོད་ཞེས་བྱ་བའི་ཚིག་ཐོས་བའི་ཕྱིར་ཆོས་རྣམས་ཐམས་ཅད ་ངོ་བོ་ཉིད་མཚན་ཉིད་ཀྱང་མེད་ཅེས་སྐུར་པ་ལྟ་བ་སྟེ། གཞན་དྲང་པའི་དོན་གྱི་མདོ་སྡེ་དག་ལ་མངོན་པར་ཞེན་ནས། སྒྲ་ཇི་བཞིན་དུ་དོན་འཛིན་པ་ཡང་དེ་བཞིན་ཏེ། དེའི་ཕྱིར་ཐེག་པ་ཆེན་པོ་ལ་མོས་བར་བྱེད་ཀྱང་ངེས་པར་འབྱུང་བར་མི་འགྱུར་ཏེ། འདི་ལྟར་ཐེག་པ་ཆེན ་པོའི་མདོ་སྡེ་དག་ནི་དགོངས་པ་སྣ་ཚོགས་ཀྱིས་གསུང་པའི་ཕྱིར་རོ་ཞེས་འབྱུང་ངོ། །དེ་དག་གིས་ནི་ཆོས་ཐོས་ན་ཡང་དེའི་དགོངས་ཏེ་བཤད་པ་ཟབ་མོ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་མི་ཤེས་སྟེ་ཞེས་བྱ་བ་ལ་སོགས་པས་ནི་གཉིས་པ་སྒྲ་ཇི་བཞིན་དུ་མངོན་པར་ཞེན་པར་གྱུར་པ ་ཉིད་བསྟན་པའོ། །འདི་ཡང་རྣམ་པ་གཉིས་ཏེ་སྒྲ་ཇི་བཞིན་དུ་མངོན་བར་ཞེན་པ་སྐྱེ་བ་ཉིད་བསྟན་པ་དང། གཞི་དེས་ན་ཞེས་བྱ་བ་མན་ཆད་ཀྱིས་མངོན་པར་ཞེན་པའི་ཉེས་དམིགས་བསྟན་པའོ། །དང་པོ་ཡང་རྣམ་པ་གཉིས་ཀྱིས་བསྟན་ཏེ་ཐོས་པར་གྱུར་ན་།ཁོང་དུ་མི་ཆུད་པ་དང། ་མངོན་པར་ཡིད་ཆེས་ཀྱང་མངོན་བར་བྱེད་པ་སྟེ་།འདི་ནི་དང་པོའོ། །འདི་ལྟར་བྱང་ཆུབ་སེམས་དཔའ་དེ་བསྟན་པ་དེ་ཐོས་པར་གྱུར་ཀྱང་དྲང་པོའི་རང་བཞིན་ཅན་མ་ཡིན་པ་དང། རང་གི་ལྟ་བ་གནས་པ་ཉིད་ཀྱི་ཕྱིར་བའི་དགོངས་ཏེ་བཤད་པའི་བསྟན་པ་ཟབ་མོ་དག་ལ་ཡང་དག་པ་ཇི་ལྟ་བ ་བཞིན་དུ་ཡོངས་སུ་ཤེས་བར་མི་འགྱུར་ཞེས་བྱ་བའི་ཐ་ཚིག་གོ་།ཆོས་དེ་ལ་མོས་པར་གྱུར་ཀྱང་དེའི་དོན་ལ་སྒྲ་ཇི་བཞིན་དུ་མངོན་པར་ཞེན་ནས་ཞེས་བྱ་བ་ལ་སོགས་པས་ནི་གཉིས་པ་མངོན་པར་ཡིད་ཆེས་པར་གྱུར་ཀྱང་མངོན་པར་ཞེན་པར་བྱེད་པ་སྟོན་ཏོ། །འདི་ཡང་རྣམ་པ་གཉིས་ཏེ། མངོན ་པར་ཞེན་པ་ཉིད་བསྟན་པ་དང། མངོན་པར་ཞེན་པའི་མཚན་ཉིད་བསྟན་པའོ། །འདི་ནི་དང་པོ་དེ་དགོངས་ཏེ་གསུངས་པའི་བསྟན་པ་དག་ལ་མངོན་པར་ཡིད་ཆེས་པར་གྱུར་ཀྱང་ཡོངས་སུ་མི་ཤེས་པའི་དབང་གི་སྒྲ་ཇི་བཞིན་དུ་མངོན་བར་གྱུར་པའོ། །ཆོས་ཐམས་ཅད་ནི་རང་གི་ངོ་བོ་ཉིད་མེད ་པ་ཁོ་ནའོ། །གཟོད་མ་ནས་ཞི་བ་ཁོ་ནའོ། །རང་བཞིན་གྱི་ཡོངས་སུ་མྱ་ངན་ལས་འདས་པ་ཁོ་ནའོ་ཞེས་ཟེར་བས་ཞེས་བྱ་བ་ནི་གཉིས་པ་མངོན་པར་ཞེན་པའི་མཚན་ཉིད་བསྟན་པའོ། །ཡང་དག་པའི་དོན་དུ་ན་མདོ་འདི་ལས་ཚིག་བཞི་ཡོད་དེ། དང་པོ་ནི་ཆོས་ཐམས་ཅད་ངོ་བོ་ཉིད ་མེད་པ་སྟེ་།གང་དུ་བསྟན་པའི་མདོའི་ཚིག་དག་དང་སྦྱར་ན་སྤྱིར་ངོ་བོ་ཉིད་མེད་པ་རྣམ་པ་གསུམ་ལས་བརྩམས་ནས་གསུངས་པ་ཡིན་པས་ངོ་བོ་ཉིད་རྣམ་པ་གསུམ་པོ་དག་ཉིད་ཀྱིས་ངོ་བོ་ཉིད་མེད་དོ། །གཉིས་པ་སྐྱེ་བ་མེད་པ་དང། འགག་པ་མེད་པའོ། །གསུམ་པ་ནི་གཟོད་མ་ནས་ཞི་བའོ། ། ་བཞི་པ་ནི་རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་སྟེ་ཚིག་འདི་གསུམ་ནི་མདོའི་ཚིག་འདི་གོང་དུ་བསྟན་པ་དག་དང་སྦྱར་ནོ་ང་བོ་ཉིད་མེད་པ་ཉིད་རྣམ་གཉིས་ཁོ་ན་ལས་བརྩམས་ནས་གསུངས་པ་འདི་ལྟ་སྟེ། མཚན་ཉིད་ངོ་བོ་ཉིད་རང་དོན་དམ་པ་ངོ་བོ་ཉིད་མེད་པ་ཉིད་དོ། །བསྟན་བཅོས?? ་ཤིན་ཏུ་རྒྱས་པ་བརྒྱ་པ་ལ་སོགས་པ་ལས་བསྟན་པ་དང་སྦྱར་ན་ནི་ཚིག་བཞི་ཆར་ཡང་ངོ་བོ་ཉིད་མེད་པ་ཉིད་དང་པོ་ལས་བརྩམས་ནས་བསྟན་པ་ཡིན་ནོ། །བསྟན་བཅོས་ཆོས་མངོན་པ་སྣ་ཚོགས་ཀུན་ལས་བཏུས་པ་ལས་མི་ཚིག་བཞི་ཅར་ཡང་ངོ་བོ་ཉིད་མེད་པ་ཉིད་རྣམ་པ་གསུམ་ལས་བརྩམས ་ནས་བསྟན་པ་ཡིན་པར་བཤད་དེ། སྔ་མ་བཞིན་དུ་དབྱེ་བར་བྱའོ། །སངས་རྒྱས་ཀྱིས་དགོངས་ཏེ་གསུངས་པ་དེ་ཡང། དྲང་བའི་དོན་གྱི་བསྟན་པ་དག་ལས་ཆོས་རྣམས་ནི་ངོ་བོ་ཉིད་མེད་བ་ཞེས་བྱ་བ་ནས་རང་བཞིན་གྱིས་ཡོངས་སུ་མྱ་ངན་ལ་འདས་པ་ཁོ་ནའོ་ཞེས་སྟན་པས་རང་གི་ལྟ་བ་ལ་གནས ་པའི་གང་ཟག་དེ་དག་གིས་དེ་བཞིན་གཤེགས་པས་དགོངས་ཏེ་གསུངས་མི་ཤེས་པའི་ཕྱིར་མངོན་པར་ཡིད་ཆེས་པ་བསྐྱེད་པར་གྱུར་ཀྱང་སྒྲ་ཇི་བཞིན་དུ་མངོན་པར་ཞེན་ནས་ཆོས་ཐམས་ཅད་ནི་ངོ་བོ་ཉིད་མེད་པ་ཁོ་ནའོ་ཞེས་བྱ་བ་ནས་རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་ཁོ་ནའོ་ཞེས་བྱ་བའི ་བར་དུ་མངོན་པར་ཞེན་ཏེ། མངོན་པར་ཞེན་པའི་གང་ཟག་དེ་ཡང་བསྟན་པ་རྣམས་ལས་སོ་སོ་ནས་བཤད་པ་མི་མཐུན་ཏེ། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲེལ་བ་ལས། ལོག་པར་ལྟ་བ་ནི་རྣམ་པ་གསུམ་སྟེ། འབྲས་བུ་འཇིག་པར་བྱེད་ལ། རྒྱུ་འཇིག་པར་མི་བྱེད་པ་དང། རྒྱུ་དང ་འབྲས་བུ་གཉི་ག་འཇིག་པར་བྱེད་ལ། ཆོས་ཐམས་ཅད་སོད་པ་མ་ཡིན་ནོ་ཞེས་འཇིག་པར་བྱེད་པ་སྟེ། གསུམ་པ་ནི་ལྟ་བ་ངན་པའི་གང་ཟག་གོ་ཞེས་བཤད་དེ། རྒྱ་ཆེར་དེ་ཉིད་ལས་བསྟན་པ་བཞིན་དུ་རིག་པར་བྱའོ། །ཕྲེང་ལྡན་མའི་མདོ་ལས་ནི། མུ་སྟེགས་ཅན་བསྟན་པའོ་ཞེས་གསུངས་སོ། ་ཆོས་མངོན་བ་སྣ་ཚོགས་ཀུན་ལས་བཏུས་པ་ལས་ནི། བྱང་ཆུབ་སེམས་དཔའ་གང་སྒྲ་ཇི་བཞིན་དུ་དོན་འཛིན་ཅིང། ཚུལ་བཞིན་དུ་ཆོས་སེམས་པ་མེད་པའི་ཕྱིར་རོ་ཞེས་བསྟན་ཏེ། རྒྱ་ཆེར་དེ་ཉིད་ཀྱི་འགྲེལ་པ་ལས་འབྱུང་བ་བཞིན་དུ་རིག་པར་བྱའོ། །མདོ ་འདི་ཉིད་ལས་ནི་སེམས་ཅན་གང་དག་ཅེས་འབྱུང་གི་།བྱང་ཆུབ་སེམས་དཔའ་འམ་།མུ་སྟེགས་ཅན་ཞེས་ནི་མ་གསུངས་ཏེ། དོན་དང་སྦྱར་ན་ནི་ཆོས་མངོན་པ་སྣ་ཚོགས་ཀུན་ལས་བཏུས་པ་དག་ལས་བསྟན་པ་དང་མཐུན་ཏེ། ལྔ་པ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དང་མི ་ལྡན་ཡང། སྔ་མའི་བཞི་བོ་དགེ་བའི་རྩ་བ་ལ་སོགས་པ་དང་ལྡན་པའི་ཕྱིར་རོ། །གཞི་ངེས་ན་ཆོས་ཐམས་ཅད་ལ་མེད་པར་ལྟ་བ་དང། མཚན་ཉིད་མེད་པར་ལྟ་བ་ཐོབ་པར་འགྱུར་ཏེ་ཞེས་བྱ་བ་ལ་སོགས་པ་ནི་གཉིས་པ་མངོན་པར་ཞེན་པའི་ཉེས་དམིགས་སྟོན་ཏོ། །འདི་ཡང ་རྣམ་པ་གཉིས་ཏེ། ན་དོན་པར་ཞེན་པའི་ཉེས་བ་ཉིད་ཡང་དག་པར་བསྟན་པ་དང། དའི་ཆོས་ལ་ཞེས་བྱ་བ་མན་ཆད་ཀྱིས་བརྒལ་བའི་ལན་བཏབ་པའོ། །དང་པོ་ཡང་རྣམ་པ་ལྔས་བསྟན་ཏེ། ཉེས་དམིགས་རྣམ་པ་གཉིས་མདོར་བསྟན་པ་དང། ཉེས་དམིགས་གཉིས་ཀྱི་མཚན ་ཉིད་བསྟན་པ་དང། བརྟག་པ་དང། རྒྱ་ཆེར་རྣམ་པར་བཤད་པ་དང། སྤྱིའི་མཇུག་བསྡུ་བའོ། །འདི་ནི་དང་པོ་སྟེ། མངོན་པར་ཞེན་པ་རྒྱུ་དང་རྐྱེན་བྱས་པའི་ཕྱིར་ཆོས་ཐམས་ཅད་ལ་ལྟ་བ་གཉིས་ཐོབ་པར་གྱུར་པ་ཡིན་ཏེ། མེད་པར་བལྟ་བ་དང། མཚན་ཉིད་མེད་པར་ལྟ་བའོ་ལྟ ་བ་གཉིས་པོ་འདི་ལ་ཡང་བཤད་པ་རྣམ་པ་གཉིས་ཡོད་དོ། །ཁ་ཅིག་ན་རེ་མེད་པར་ལྟ་བ་ཞེས་བྱ་བ་ནི་གཞན་གྱི་དབང་དང། ཡོངས་སུ་གྲུབ་བ་མེད་པར་སྐུར་བའོ། །མཚན་ཉིད་མེད་པར་ལྟ་བ་ཞེས་བྱ་བ་ནི་ཀུན་བརྟགས་མེད་དོ་ཞེས་སྐུར་བའོ་ཞེའོ། །ཁ་ཅིག་ན་རེ་མེད་པར་ལྟ་བ་ཞེས ་བྱ་བ་ནི་ཆོས་ཀྱི་མེ་ལོང་གི་མདོ་ལས། ཡང་དག་པའི་ལྟ་བ་མ་ཡིན་པ་ཉི་ཤུ་རྩ་བརྒྱད་བསྟན་པ་ལས། ལྟ་བ་དང་པོའི་མཚན་ཉིད་དོ། །མཚན་ཉིད་མེད་པར་ལྟ་བཞེས་བྱ་བ་ནི་དེའི་འོག་མ་ལྟ་བ་གསུམ་པོ་འདི་ལྟ་སྟེ། གདགས་པ་འཇིགས་པའི་ལྟ་བ་དང། ཀུན་དུ་རྟོག་པ ་འཇིགས་པའི་ལྟ་བ་དང། དེ་ཁོ་ན་ཉིད་འཇིགས་པའི་ལྟ་བའོ། །དེའི་ཕྱིར་བསྟན་བཅོས་ཆོས་མངོན་པ་སྣ་ཚོགས་ཀུན་ལས་བཏུས་པ་ལས་མདོ་དེ་ཉིད་བཤད་པའི་ཕྱིར། དེ་ལ་མཚན་ཉིད་དུ་ལྟ་བ་ཞེས་བྱ་བ་ནི་འདི་ལྟ་སྟེ། ཐེག་བ་ཆེན་པོའི་མདོ་དག་ལས་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པ་དང། ་སྐྱེ་བ་མེད་པ་དང། འགག་པ་མེད་པ་དང། གཟོད་མ་ནས་ཞི་བ་དང། རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་ཞེས་བྱ་བ་ལ་སོགས་པར་གསུངས་པའི་ཚིག་ཐོས་ནས་དགོངས་པ་ལེགས་པར་ཁོང་དུ་མ་ཆུད་པས་སྒྲའི་དོན་གྱི་རྗེས་སུ་མོས་པ་བསྐྱེད?་ན་འདི་ལྟར་བཅོམ་ལྡན་འདས་ཀྱིས ་ཆོས་ཐམས་ཅད་ནི་ངོ་བོ་ཉིད་མེད་པ་དང། སྐྱེ་བ་མེད་པ་ཁོ་ནའོ་ཞེས་བྱ་བ་ལ་སོགས་པར་གསུངས་སོ་སྙམ་ནས། ངོ་བོ་ཉིད་མེད་པ་ལ་སོགས་པའི་མཚན་ཉིད་དུ་མངོན་པར་ཞེན་པ་ནི་མཚན་ཉིད་དུ་ལྟ་བ་ཞེས་བྱའོ། །འདི་ལྟར་ངོ་བོ་ཉིད་མེད་པའི་མཚན་ཉིད་སྟེ་།དེ་དག་ལ་མངོན ་པར་ཞེན་པ་ན་ངོ་བོ་ཉིད་རྣམ་པ་གསུམ་ལ་སྐུར་པ་བཏབ་ནས་ངོ་བོ་ཉིད་རྣམ་པ་གསུམ་ལ་སྐུར་བའི་རྣམ་པ་སྐྱེད་པས་དེ་ཉིད་ལྟ་བ་གསུམ་པོ་གདགས་པ་འཇིག་པའི་ལྟ་བ་དང། ཀུན་ཏུ་རྟོག་པ་འཇིགས་པའི་ལྟ་བ་དང། དེ་ཁོ་ན་ཉིད་འཇིག་པའི་ལྟ་བའོ་ཞེས་འབྱུང་སྟེ་།རྒྱ ་ཆེར་དེ་ཉིད་ཀྱི་འགྲེལ་པ་ལས་བསྟན་བཞིན་དུ་རིག་པར་བྱའོ་ཞེའོ། །དེ་དང་མདོ་འདི་ལས་བསྟན་པའི་མིང་ཐ་དད་པར་གྱུར་པ་ཡང་དེ་ལས་ངོ་བོ་ཉིད་མེད་པར་ལྟ་བ་ཞེས་གསུངས་སོ། །དེ་ལས་ནི་ངོ་བོ་ཉིད་རྣམ་པ་གསུམ་འཇིག་པའི་རིགས་མ་སྨོས་པའི་ཕྱིར། འཇིག་པའི་ལྟ་བ་ཞེས ་བསྟན་ལ་འདིར་ནི་ངོ་བོ་ཉིད་རྣམ་པ་གསུམ་ཀྱི་མཚན་ཉིད་ལ་སྐུར་པ་འདེབས་པ་སྨོས་པའི་ཕྱིར་མཚན་ཉིད་མེད་པར་ལྟ་བ་ཞེས་གསུངས་སོ། །མེད་པར་ལྟ་བ་དང། མཚན་ཉིད་མེད་པར་ལྟ་བ་ཐོས?་པ་ཉིད་ཀྱི་ཕྱིར། མཚན་ཉིད་ཐམས་ཅད་ཁ་མཚན་ཉིད་མེད་པའོ་ཞེས་སྐུར་པ ་འདེབས་ལ་།ཆོས་རྣམས་ཀྱི་ཀུན་བརྟགས་པའི་མཚན་ཉིད་དང། བཞན་གྱི་དབང་གི་མཚན་ཉིད་དང། ཡོངས་སུ་གྲུབ་པའི་མཚན་ཉིད་ལ་ཡང་སྐུར་པ་འདེབས་སོ། ཞེས་བྱ་བ་ནི་གཉིས་པ་ཉེས་དམིགས་རྣམ་པ་གཉིས་ཀྱི་མཚན་ཉིད་བསྟན་པའོ། །མདོའི?་ཚིག་འདི་ལ་ཡང་བཤད ་པ་རྣམ་པ་གཉིས་ཡོད་དེ་།ཁ་ཅིག་ན་དེ་མེད་པར་ལྟ་བ་དང། མཚན་ཉིད་མེད་པར་ལྟ་བ་ཐོབ་པ་ཉིད་ཀྱི་ཞེས་བྱ་བ་ནི་ལྟ་བ་གཉིས་ཅིག་ཅད་སྨོས་པའོ། །མཚན་ཉིད་ཐམས་ཅད་ལ་མཚན་ཉིད་མེད་པའོ་ཞེས་སྐུར་པ་འདེབས་ཞེས་བྱ་བ་ནི་ལྟ་བ་གཉིས་ཀྱི་མངོན ་པར་སྒྲུབས་པའི་ཉེས་དམིགས་རབ་ཏུ་བསྟན་པ་སྟེ། ངོ་བོ་ཉིད་རྣམ་པ་གསུམ་གྱི་མཚན་ཉིད་ལ་མཚན་ཉིད་མེད་པའོ་ཞེས་སྐུར་བས་སོ། །ཆོས་རྣམས་ཀྱི་ཀུན་བརྟགས་པའི་མཚན་ཉིད་ཅེས་བྱ་བ་ལ་སོགས་པས་ནི། མཚན་ཉིད་རྣམ་པ་གསུམ་ལ་སྐུར་བ་འདེབས་པའི་ཉེས ་དམིགས་རྣམ་བར་ཕྱེ་སྟེ་བསྟན་ཏེ་ཞེའོ། །ཁ་ཅིག་ན་རེ་མེད་པར་ལྟ་བ་དང། མཚན་ཉིད་མེད་པར་ལྟ་བ་དང། འཐོབ་པ་ཞེས་བྱ་བ་ནི་ལྟ་བ་གཉིས་ཅིག་ཅར་སྨོས་བའོ། །མཚན་ཉིད་ཐམས་ཅད་ལ་མཚན་ཉིད་མེད་བའོ་ཞེས་སྐུར་བ་འདེབས་པ་ཞེས་བྱ་བ་ནི་མེད་པར་ལྟ་བ་རྣམ ་བར་ཕྱེ་སྟེ་བསྟན་པའོ། །ཆོས་རྣམས་ཀྱི་ཞེས་བྱ་བ་ལ་སོགས་པས་ནི་མཚན་ཉིད་མེད་པར་བཏ་བ་རྣམ་བར་བྱེ་སྟེ་བཤད་པ་ཡིན་ནོ་ཞེའོ། །དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་ནི་གསུམ་བ་བརྟག་པའོ། །བརྟག་པ་ལས་རྒྱལ་བ་རྣམས་ཀྱི་སྟོང་ཉིད་ནི། །ལྟ་ཀུན་ལེགས་པར་འབྱིན ་པར་གསུངས། །གང་དག་སྟོང་པ་ཉིད་ལྟ་བ། །དེ་དག་གསོར་མི་རུང་བར་གསུངས། ཞེས་འབྱུང་བ་ལྟ་བུ་སྟེ་།འདི་ཉིད་ཀྱི་འགྲེལ་པ་ལས། སྟོང་པ་ཉིད་དུ་ལྟ་བ་གང་ཞེ་ན། འདི་ལྟ་སྟེ། སྟོང་པ་ཉིད་ལ་མངོན་པར་ཞེན་ན་སྟོང་པ་ཉིད་ནི་ཡིན་བའོ་ཞེས་ཟེར་བ་གང་ཡིན་པའོ། །སྟོང ་པ་ཉིད་ལ་མངོན་པར་ཞེན་པ་འདི་ལ་ཉེས་པ་ཅི་ཡོད་ན། དེ་བཞིན་གཤེགས་པས་སྟོང་པ་ཉིད་དུ་བལྟ་བའི་སེམས་ཅན་དེ་དག་གསོར་མི་རུང་བར་གསུངས། དོན་དེ་ཡང་ཇི་ལྟར་ཞེ་ན་ཇི་ལྟར་བཀྲུ་སྨན་འཐུངས་ནས་ནད་རྣམས་བསྐྱེད་དེ་།འཁྲུང་མི་བཏུབ་ན་སླར་ནད་ཆེན་བོར ་འགྱུར་བ་ལྟར། དེ་བཞིན་དུ་ཆོས་སྟོང་པ་ཉིད་དུ་གསུངས་པ་ཡང། ལྟ་བ་ངན་པ་རྣམས་སྤང་བའི་ཆེད་དུ་གསུངས་བ་ཡིན་ན། །གལ་ཏེ་ཡང་སྟོང་པ་ཉིད་ལ་མངོན?་པར་ཞེན་པར་གྱུར་ན་དེ་ཅི་གསོར་མི་རུང་ཞེས་གསུངས་ཏེ། དོན་དེའི་ཕྱིར་སྟོང་བ་ཉིད་སྤང་པ་གང་ཡིན་བ་དེ་ནི ་ཉེས་པ་མེད་པ་ཡིན་ནོ་ཞེས་འབྱུང་སྟེ། སྟོང་པ་ཉིད་དུ་འཛིན་པ་ནི་དཔེར་ན་རྣལ་འབྱོར་པའི་མཁན་པོ་དག་སྟོང་པ་ཉིད་ཀྱི་དོན་རྣམ་པར་བཞག་ནས། དེ་ཁོ་ན་ཉིད་ཀྱི་དོན་དུ་འཛིན་པ་ནི་སྟོང་པ་ཉིད་ལ་ལོག་པར་ཟིན་པ་ཞེས་བྱ་སྟེ། དེའི་ཕྱིར་བསྟན་བཅོས་ཤེས་རབ་སྒྲོན་མ་ལས། ་གཞན་ཡང་ས་བཅུ་བདུན་དུ་སྨྲ་བ་དག་ནི་འདི་སྐད་དུ་།ཇི་ལྟར་བརྟགས་པ་བཞིན་དུ་བདག་ཉིད་མེད་པའི་ཕྱིར་བརྟགས་བའི་བདག་ཉིད་སྟོང་བ་སྟེ། ཆོས་རྣམས་སྟོང་བ་ཉིད་འདི་ནི་ཡང་དག་པར་ཡོད་པ་ཡིན་ནོ། །ཇི་ལྟར་ཡང་དག་པར་ཡོད་པ་ཡིན་ཞེ་ན། བྱེད་བ་པོར་མི་རྟོག ་པའི?་ཕྱིར་རོ་ཞེས་ཟེར་ཏེ་།བསྟན་བཅོས་མཛད་པས་སྨྲས་པ། ཁྱོད་དེ་ལྟར་མཐོང་བ་ནི་སྟོང་པ་ཉིད་དུ་ལྟ་བ་ལ་མངོན་པར་ཞེན་པ་ཞེས་བྱའོ། །རྒོལ་བ་ན་རེ་དེང་ཇི་ལྟར་ན་སྟོང་པ་ཉིད་ལ་མངོན་པར་ཞེན་པ་ཞེས་བྱ། བསྟན་བཅོས་མཛད་པས་སྨྲས་པ། འདི་ལྟར་ཆོས་ཐམས་ཅད ་བདག་ཉིད་མེད་པའི་ཕྱིར་ནི་སྟོང་པ་ཉིད་ནི་ཡང་དག་པར་ཡོད་པའི་ཆོས་མ་ཡིན་པས་མངོན་པར་ཞེན་པར་མི་བྱའོ་ཞེས་འབྱུང་སྟེ་།རྒྱ་ཆེར་དེ་ཉིད་ལས་བསྟན་པ་བཞིན་ནོ། །གཉིས་པ་ནི་སློབ་དཔོན་ཆོས་སྐྱོད་ལ་སོགས་པས་འཕགས་བ་བྱམས་པའི་གཞུང་ལ་བརྟེན་ནས་སྟོང་པ ་དང། ཡོད་པ་ཉིད་དུ་བཤད་པ་ཡང་འདི་སྐད་དུ་སྟོན་ཏེ། དེ་ལ་སྟོང་པ་ཉིད་ལེགས་པར་ཟིན་པ་ནི་འདི་ལྟ་སྟེ། གཞན་གྱི་དབང་ལ་བརྟགས་པའི་ངོ་བོ་ཉིད་ནི་མེད་ལ། དེ་ཉིད་ལ་བདག་མེད་པ་ཉིད་ནི་ཡོད་དེ། འདི་ལྟར་ཡོད་པ་དང། མེད་པ་གཉིས་ཀ་ཡང་སྟོང་པའོ། ཞེས་སྟོན་པའོ ་སྟོང་པ་ཉིད་ལ་ལོག་པར་ཟིན་པ་ནི་གཞན་གྱི་དབང་ལ་བརྟགས་པའི་ངོ་བོ་ཉིད་ནི་མེད་ལ། གཞན་གྱི་དབང་དང་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ནི་ཡང་ངོ་ཞེས་བསྟན་ན་མངོན་པར་ཡིད་མི་ཆེས་ཤིང་ཆོས་ཐམས་ཅད་ནི་གཏན་མེད་པའོ་ཞེས་མངོན་བར་ཞེན་བར་བྱེད་པ་ནི་སྟོང་པ་ཉིད ་ལོག་པར་ཟིན་པ་ཞེས་བྱ་སྟེ། དེའི་ཕྱིར་ལེགས་པའི་ཚུལ་ཁྲིམས་བསྟན་པའི་མདོའི་ལེའུ་གཉིས་པ་ལས་།གང་ཟག་རྣམ་པ་གཉིས་ན་སངས་རྒྱས་ཀྱི་ཆོས་ལས་རིང་དུ་གྱུར་པས་སངས་རྒྱས་ཀྱི་སློབ་མ་ཡང་མ་ཡིན་ལ། སངས་རྒྱས་ཀྱི་ཆོས་ཀྱང་གཏན་དུ་སྟར་བ་ཡིན་ཏེ། ་གང་གིས་གཟུགས་ནས་མྱ་ངན་ལས་འདས་པའི་བར་དུ་ཡང་དག་པའི་ངོ་བོ་ཉིད་ཡོད་དོ་ཞེས་ཟེར་བ་དང། འཇིག་རྟེན་རྣམ་པར་བཞག་པའི་ངོ་བོ་ཉིད་ལ་མངོན་བར་ཡིད་མི་ཆེས་པའོ། །གང་ཟག་འདི་ལྟ་བུ་རྣམ་པ་གཉིས་ནི་བྱང་ཆུབ་སེམས་དཔའ་ཨི་ཚུལ་ཁྲིམས ་ཡང་དག་པར་ལན་བའི་འོས་སུ་ཡང་མི་རུང་བས་གལ་ཏེ་སྦྱིན་པར་བྱེད་ན་ཚུལ་ཁྲིམས་ཀྱང་འཐོབ་པར་མི་འགྱུར་ལ། སློབ་དཔོན་ཡང་ཉེས་པ་དང་བཅས་པར་འགྱུར་རོ། །ཅིའི་ཕྱིར་འཐོབ་པར་མི་འགྱུར་ཞེ་ན་།ཆོས་ཡང་དག་པ་ལ་སྐུར་པ་འདེབས་ཤིང། ཆོས་མ་ཡིན་པ་ལ་མངོན ་པར་ཞེན་པའི་ཕྱིར་རོ། །བྱང་ཆུབ་སེམས་དཔའ་ཨི་ཚུལ་ཁྲིམས་ནི་གང་གིས་ཐོབ་བ་མ་ཡིན་གྱི། སེམས་དང་ངག་ཚོགས་ན་གདོད་འཐོབ་བས་སོ། །གལ་ཏེ་ཁ་ཅིག་ཐེག་པ་ཆེན་པོའི་མདོ་སྡེ་ལས་ཆོས་ཐམས་ཅད་ནི་སྟོང་བའོ། ཞེས་བཤད་དོ་ཞེས་ཟེར་ན་ཡང་ཁ་ན་མ་ཐོ་བ་ཆེན་པོ ་ཐོབ་བར་འགྱུར་རོ། །ཐེག་པ་ཆེན་པོའི་མདོ་སྡེའི་དོན་ལེགས་པར་ཁོང་དུ་ཆུད་པར་ང་རྒྱལ་གྱི་སེམས་ཀྱིས་བདག་ལེགས་པར་ཁོང་དུ་ཆུད་དོ་ཞེས་རང་གི་སེམས་ཀྱི་རྗེས་སུ་ཡང་དག་པ་མ་ཡིན་པའི་བསམ་པས་གཞན་དག་ལ་རྒྱ་ཆེར་བསྟན་ན་ཡང་ཁ་ན་མ་ཐོ་བ་ཆེན་པོ་དག་འཐོབ་པར་འགྱུར ་དོ། །གལ་ཏེ་ཡང་འདི་སྐད་དུ་ཚོས་ཐམས་ཅད་ཀྱི་ངོ་བོ་ཉིད་ནི་ཡོད་པ་མ་ཡིན་ནོ། །འཇིག་རྟེན་རྣམ་པར་བཞུག་པར་ཇི་ལྟར་ཡོད་པར་འགྱུར་ཞེས་ཟེར་ན་ཡང་ཁ་ན་མ་ཐོ་བ་ཆེན་པོ་ཐོབ་བར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་ལ་སྐུར་བ་འདེབས་པ་ནི་མུ་སྟེགས་ཅན་རྫོགས ་བྱེད་ལ་སོགས་པའི་སློབ་མ་ཡང་དག་པ་ཡིན་ཏེ། ཇི་ལྟར་རྫོགས་བྱེད་ཆོས་རྣམས་ཀྱི་ངོ་བོ་ཉིད་མེད་དོ?་ཞེས་སྨྲ་བ་ལྟར། སངས་རྒྱས་ཀྱི་ཆོས་ལས་ཀྱང་ཡོད་ཀྱང་ཡོད་ལ་མེད་ཀྱང་མེད་བར་སྟོན་ཏོ་ཞེས་གལ་ཏེ་ལ་ལ་ཞིག་གིས་ཆོས་ཐམས་ཅད་སྟོང་པའོ་ཞེས་ཟེར་ན་།གང་ཟག་དེ་ནི་ལྷན ་ཅིག་གནས་ཤིང་འབྲེལ་བའི་གཏམ་སྨྲ་བ་དང། གསོ་སྦྱོང་བྱེད་ཅིང་སོ་སོར་ཐར་བའི་མདོ་འདོན་དུ་མི་རུང་བ་ཉིད་དུ་ཤེས་པར་བྱའོ། །གལ་ཏེ་ལྷན་ཅིག་གནས་ལ་ནས་སོ་སོར་ཐར་པའི་མདོ་འདོན་བའི་བར་དུ་བྱེད་ན་ཡང་ཁ་ན་མ་ཐོ་བ་ཆེན་པོ་ཐོབ་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ་སྟོང་པ་ཉིད་ཀྱི་དོན་མི་ཤེས་པའི་ཕྱིར་རོ་ཞེས་བྱ་བ་དང། གཞན་ཡང་དེ་ཉིད་ལས། ཇི་ལྟར་ན་ཡང་དག་པར་ཤེས་པ་ཡིན་ཞེ་ན། འདི་ལྟར་གང་གི་གཟུགས་ནས་མྱ་ངན་ལས་འདས་པའི་བར་དུ་རྣམ་པར་རྟོག་པ་ཙམ་དུ་ཟད་ཀྱི། མཚན་ཉིད་རྣམ་བ་སྣ་ཚོགས་ཀྱི་ངོ་བོ་ཉིད་དོ་ཞེས་བྱ་བ་ནི་གཟུགS ་སྟོང་པ་ཉིད་དོ། །གཟུགས་ཀྱི་དེ་ཁོ་ན་འཇིག་རྟེན་རྣམ་པར་བཞག་པ་གང་ཡིན་པ་དེ་ནི་སྟོང་པ་མ་ཡིན་པ་ཞེས་བྱའོ་ཞེས་དོན་དེའི་ཕྱིར་གཟུགས་ཀྱི་ཆོས་གཅིག་ཁོ་ན་ལ་ཡོད་བ་ཡང་ཡིན། མེད་པ་ཡང་ཡིན་ཞེས་སྟོན་ཅིང། དེ་གཉིས་ཤེས་པ་ཉིད་ཀྱི་ཕྱིར་ཡོད་པ་ཡང་ཡིན་།སྟོང ་པ་ཡང་ཡིན་པ་དེ་ཉིད་ལ་རྣམ་བར་རྟོག་པས་མངོན་པར་ཞེན་པ་མི་སྐྱེད་པ་ནི་སྟོང་པ་ཉིད་ཀྱི་དོན་ཡང་དག་པར་ཤེས་པ་ཞེས་བྱའོ་ཞེས་གསུངས་ཏེ། རྒྱ་ཆེར་ནི་དེ་ཉིད་ལས་བསྟན་པ་བཞིན་ནོ། །གཞན་ཡང་བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས། ཇི་ལྟར་ན་སྟོང་པ་ཉིད ་ལེགས་བར་ཟིན་པ་ཡིན་ཞེ་ན། གང་གི་ཕྱིར་གང་ལ་གང་མེད་པ་དེ་ནི་དེས་སྟོང་པར་ཡང་དག་པར་མཐོང་ལ། འདི་ལ་ལྷག་མ་གང་ཡིན་པ་དེ་ནི་འདི་ན་ཡང་དག་པར་ཡོད་དོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཕྱིན་ཅི་མ་ལོག་པར་ཞུགས་པ་ཞེས་བྱའོ་ཞེས་འབྱུང་སྟེ། བསྟན་བཅོས ་སོ་སོར་ཡོངས་སུ་འཛིན་པ་ལས་ཀྱང་འདི་དང་མཐུན་པར་བཤད་དོ། །གཞན་ཡང་བསྟན་བཅོས་ཆོས་མངོན་པ་སྣ་ཚོགས་ཀུན་ལས་བཏུས་པ་ལས། སྟོང་པའི་མཚན་ཉིད་ནི་འདི་ལྟ་སྟེ། གང་ལ་གང་མེད་པ་དེ་ནི་ངེས་སྟོང་པར་ཡང་དག་པར་རྗེས་སུ་མཐོང་སྟེ། འདི་ལ་ཡང་ལྷག་མ་གང ་ཡིན་པ་དེའི་འདི་ལྟར་ཡོད་པའོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །འདི་ནི་སྟོང་པ་ཉིད་ལ་འཇུག་པ་ཡང་དག་པ་ཇི་ལྟ་བ་སྟེ། ཕྱིན་ཅི་མ་ལོག་པ་ཞེས་པའོ་ཞེས་འབྱུང་ངོ། །གཞན་ཡང་བསྟན་བཅོས་རྣམ་བར་བཤད་པ་ལས་སྟོང་པ་ཉིད་ཀྱི་རང་གི་མཚན་ཉིད་ནི ་ཡོད་བ་དང། མེད་པར་ངེས་པ་ཡང་མ་ཡིན་ནོ། །དེ་ལ་ཡོད་པར་ངེས་པས་ཡིན་པ་ནི་འདི་ལྟ་སྟེ། འདུ་བྱེད་རྣམས་ལ་སེམས་ཅན་གྱི་རང་བཞིན་དང། ངོ་བོ་ཉིད་ཀྱི་རང་བཞིན་གཏོན་དུ་ཡོད་པ་མ་ཡིན་པའི་ཕྱིར་རོ། །ཡོད་པར་ངེས་པ་མ་ཡིན་པ་ནི་འདི་ལྟ་སྟེ། འདི་ལ་སེམས་ཅན ་བདག་མེད་པ་དང། ཆོས་ཀྱི་དེ་ཁོ་ན་ཉིད་ཡོད་བའི་ཕྱིར་རོ་ཞེས་བཤད་དོ། །གཞན་ཡང་བསྟན་བཅོས་སངས་རྒྱས་ཀྱི་རང་བཞིན་བསྟན་བ་ལས། བདེན་པ་གཉིས་སུ་ཡོད་ཅེས་བྱར་ཡང?་མི་རུང་ལ། མེད་ཅེས་བྱར་ཡང་མི་རུང་ལ། ཡོད་པ་ཡང་མ་ཡིན་མེད ་པ་ཡང་མ་ཡིན་པའི་ཕྱིར་རོ། །དོན་དམ་པའི་བདེན་བར་ཡོད་ཅེས་བཤད་དུ་ཡང་མི་རུང་ལ། མེད་ཅེས་བཤད་དུ་ཡང་མི་རུང་བ་ནི་གང་ཟག་དང། ཆོས་མེད་པའི་ཕྱིར་ནི་ཡོད་ཅེས་བྱར་ཡང་མི་རུང་ལ། སྟོང་པ་ཉིད་གཉིས་ཀྱི་རབ་ཏུ་ཕྱེ་བའི་ཕྱིར་ནི་མེད་ཅེས་བྱར་མི་རུང་ངོ།། ་ཀུན་རྫོབ་ཀྱི་བདེན་པར་ཡང་དེ་བཞིན་ཏེ་།ཀུན་རྫོབ་དུ་རྟོག་པའི་ངོ་བོ་ཉིད་ཀྱི་ཕྱིར་ནི་ཡོད་ཅེས་བྱར་མི་རུང་ལ། གཞན་གྱི་དབང་གི་ངོ་བོ་ཉིད་ཀྱི་ཕྱིར་ནི་མེད་ཅེས་བྱར་ཡང་མི་རུང་ངོ། །གཞན་ཡང་དོན་དམ་པའི་བདེན་པར་ཡོད་པ་དང་མེད་པར་ངེས་པ་མེད་པས་གང་ཟག་དང་ཆོས་མེད་ཀྱང་ཡོད་པ ་མ་ཡིན་ལ་།སྟོང་པ་ཉིད་རྣམ་པ་གཉིས་ཡོད་ཀྱང་ཡོད་པ་མ་ཡིན་ནོ། །ཀུན་རྫོབ་ཀྱི་བདེན་པར་ཡང་དེ་བཞིན་ཏེ། ཀུན་རྫོབ་ཏུ་རྟོག་པའི་ངོ་བོ་ཉིད་ཀྱི་ཕྱིར་ནི་མེད་པར་ངེས་པ་ཡང་མ་ཡིན་ལ། གཞན་གྱི་དབང་གི་ངོ་བོ་ཉིད་ཀྱི་ཕྱིར་ནི་ཡོད་པར་ངེས་པ་ཡང་མ་ཡིན་ནོ་ཞེས་འབྱུང་ངོ། །གཞན་ཡང ་བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས། ཇི་ལྟར་ན་སྟོང་པ་ཉིད་ལོག་པར་ཟིན་པ་ཡིན་ཞེ་ན། དགེ་སྦྱོང་ངན་།བྲམ་ཟེ་གང་ལ་ལ་གང་གི་སྟོང་པ་ཉིད་དེ་ཡང་མི་འདོད་ལ། གང་གིས་སྟོང་པ་ཉིད་དེ་ཡང་མི་འདོད་པ་འདི་ལྟ་བུ་འདི་ནི་སྟོང་པ་ཉིད་ལོག་པར་ཟིན་པ་ཞེས་བྱའོ། །དེ་ཅིའི་ཕྱིར་ཞེ ་ན། གང་གིས་སྟོང་པ་དེ་ནི་མེད་པ་ཡིན་ལ། གང་སྟེང?་བ་དེ་ནི་ཡང་དག་བར་ཡོད་པ་ཡིན་པའི་ཕྱིར་།རིགས་པ་ངེས་སྟོང་པ་ཞེས་བཤད་དེ། གལ་ཏེ་ཐམས་ཅད་མེད་ན་ནི་གང་དུ་ཅི་ཞིག་གང་གིས་སྟོང་བར?་འགྱུར་ཏེ། དེས་དེ་ཉིད་སྟོང་པ་ཉིད་དུ་འགྱུར་དུ་མི་རུང་ངོ། །དེ་བས་ན་དེ་ལྟ་བུ་ནི་སྟོང ་པ་ཉིད་ལ་ལོག་བར་ཟིན་པ་ཡིན་ནོ་ཞེས་བཤད་དོ། །གཞན་ཡང་རྣལ་འབྱོར་སྤྱོད་པའི་ས་ལས་ཐེག་པ་ཆེན་པོ་ལ་སྟོང་པ་ཉིད་ལ་ལོག་པར་བཟུང་ནས་འདི་སྐད་ཅེས་ཀུན་རྫོབ་ཏུ་ནི་ཐམས་ཅད་ཡོད་ལ། དོན་དམ་པར་ནི་ཆོས་ཐམས་ཅད་མེད་དོ་ཞེས་ཟེར་རོ། །དེ་ལ་འདི་སྐད་ཅེས་ཚེ ་དང་ལྡན་པ་ཀུན་རྫོབ་ནི་གང་ཡིན་།དོན་དམ་པ་ནི་གང་ཡིན་ཞེས་བརྗོད་པར་བྱའོ། །དེ་སྐད་ཅེས་དྲིས་པ་ནི་གལ་ཏེ་འདི་སྐད་ཅེས་མེད་བ་གང་ཡིན་པ་དེ་ནི་དོན་དམ་པ་ཡིན་ལ། ངོ་བོ་ཉིད་མེད་པའི་ཆོས་དེ་དག་ལ་ངོ་བོ་ཉིད་དུ་དམིགས་པ་གང་ཡིན་པ་དེ་ནི་ཀུན་རྫོབ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན་།འདི ་ལྟ་སྟེ། དེ་ནི་ཡོད་པ་མ་ཡིན་བདག་ལ་ཀུན་རྫོབ་ཏུ་བྱེད་པ་དང། འདོགས་པ་དང་།མངོན་པར་བརྗོད་པ་དང། ཐ་སྙད་དུ་བྱེད་པའི་ཕྱིར་རོ་ཞེས་ལན་འདེབས་པར་འགྱུར་ན་། དེ་ལ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། ཅི་ངོ་བོ་ཉིད་དུ་དམིགས་པ་དེ་མངོན་པར་བརྗོད་བ་དང། ཀུན་རྫོབ་ཀྱི་རྒྱུ་ལུས ་བྱུང་བ་ཡིན་པར་འདོད་དམ། འོན་ཏེ་མངོན་པར་བརྗོད་པ་དང། ཀུན་རྫོབ་ཙམ་ཞིག་ཡིན་པར་འདོད། གལ་ཏེ་མངོན་པར་བརྗོད་པ་དང་ཀུན་རྫོབ་ཀྱི་རྒྱུ་ལས་བྱུང་བ་ཡིན་ན་ནི་ངེས་ན་མངོན་པར་བརྗོད་པ་དང། ཀུན་རྫོབ་རྒྱུ་ལས་བྱུང་བ་ཡིན་པས་ཡོད་པ་མ་ཡིན་ནོ་ཞེས་བྱར་མི་རུང་ངོ། །གལ་ཏེ་མངོན? ་པར་བརྗོད་པ་དང། ཀུན་རྫོབ་ཙམ་ཞིག་ཡིན་ན་ནི་དེས་ནི་གཞི་མེད་པར་མངོན་པར་བརྗོད་པ་དང། ཀུན་རྫོབ་ཙམ་ཞེས་བྱང་མི་རུང་ངོ། །དེ་ལ་འདི་སྐད་ཅེས་ཚེ་དང་ལྡན་པ་ཅིའི་ཕྱིར་གང་དམིགས་པ་དེ་མེད་པ་ཡིན་ནོ་ཞེས་ཀྱང་བརྗོད་པར་བྱའོ། །དེ་སྐད་ཅེས་དྲིས་པ་ན་གལ་ཏེ་འདི་སྐད་ཅེས་ཕྱིན ་ཅི་ལོག་གི་དངོས་པོ་ཡིན་པའི་ཕྱིར་རོ་ཞེས་ལན་འདེབས་པར་འགྱུར་ན་དེ་ལ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། ཅི་ཕྱིན་ཅི་ལོག་དེ་ཡོད་པར་འདོད་དམ། འོན་ཏེ་མེད་པར་འདོད་།གལ་ཏེ་ཡོད་ན་ནི་ངེས་ན་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་མེད་པ་ཉིད་ནི་དོན?་དམ་པའོ་ཞེས་བྱར་མི་རུང་ངོ། །གལ ་ཏེ་མེད་ན་ནི་དེས་ན་ཕྱིན་ཅི་ལོག་གི་དངོས་པོ་ཡིན་པའི་ཕྱིར། གང་དམིགས་པ་དེ་ངོ་བོ་ཉིད་མེད་དོ་ཞེས་འབྱུང་སྟེ། བསྟན་བཅོས་སངས་རྒྱས་ཀྱི་དང་བཞིན་བསྟན་པ་ལས་ཀྱང་དེ་སྐད་དུ་སྟོན་ཏོ། །གཞན་ཡང་བསྟན་བཅོས་སངས་རྒྱས་ཀྱི་རང་བཞིན་བསྟན་པ་ལས། གཞན་ཡང ་གང་ཟག་མངོན་པའི་ང་རྒྱལ་ཅན་དག་སྟོང་པ་ཉིད་བལྟ་བ་ཉིད་དུ་གཟུང་སྟེ། འདི་ནི་ཡང་དག་པའི་སྟོང་པ་ཉིད་རྣམ་པར་ཐར་བའི་སྒོ་ཡིན་ནོ་ཞེས་སྟོང་པའི་རྣམ་པར་ཐར་པའི་སྒོ་དེ་ཉིད་ལ་སྟོང་པ་ཉིད་དུ་མངོན་པར་ཞེན་ནས་ཡོད་པ་དང་མེད་པ་ཐམས་ཅད་ནི་སྟོང་པའོ་ཞེས་ཟེར་ཏེ། སྟོང ་པ་ཉིད་ལ་མངོན་པར་ཞེན་པར?་ནི་ཡོད་པ་མ་ཡིན་པ་ཉིད་དུ་འགྱུར་ལ། ཡོད་པ་མ་ཡིན་པ་ཉིད་དུ་འགྱུར་པའི་ཕྱིར། རྒྱུ་དང་འབྲས་བུ་དང། བདེན་པ་གཉིས་ཀྱི་རིགས་པ་ཡང་ཉམས་པར་འགྱུར་རོ། །སྟོང་པ་ཉིད་ལ་མངོན་པར་ཞེན་བའི་ཉེས་པ་ཉིད་ཡི་ཕྱིར་ནི་ལོག ་པར་ལྟ་པ་ཉིད་དུ་ལྷུང་བར་འགྱུར་བས་འདི་ལྟ་བུའི་མངོན་པར་ཞེན་པ་དག་ནི་སྟོང་པ་ཉིད་ལས་བྱུང་བའི་ཕྱིར་དེ་ལ་མངོན་པར་གྲུབ་པ་ཡིན་གྱི། ལོག་པར་ཞེན་པ་ལས་མ་ཡིན་ནོ། །ལོག་པར་འཛིན་པ་ཐམས་ཅད་ནི་སྟོང་པ་ཉིད་ཀྱི་དབང་གིས་བསྐལ་བར་བྱ་བ་ཡིན་ན། མངོན་པར་ཞེན་པ ་འདི་ནི་སྟོང་པ་ཉིད་ལས་འབྱུང་བའི་ཕྱིར་གསོར་མི་རུང་བའི་གང་ཟག་ཅེས་བཤད་དོ་ཞེས་གསུངས་ཏེ། དེའི་ཕྱིར་བཅོམ་ལྡན་འདས་ཀྱིས་འོད་སྲུང་ལ་བཀའ་སྩལ་པ། གང་ལ་ལ་ཞིག་བདག་ཏུ་ལྟ་བ་རི་རབ་ཙམ་དུ་འཛིན་བ་ནི་ངས་གནང་ངོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་བཟློག་ཏུ་རུང་བའི ་ཕྱིར་རོ། །གང་ཟབ་མངོན་པའི་ང་རྒྱལ་ཅན་གང་སྟོང་པ་ཉིད་དུ་འཛིན་པ་སྐྲའི་ཉག་མ་གཅིག་གི་བཞི་ཆ་ཅིག་ཙམ་སྐྱོས་ན་ཡང། ངས་མྱུར་དུ་སྨོད་ཅིང་གདོན་མི་ཟ་བར་གནང་ངོ་ཞེས་གསུངས་པ་ཡིན་ནོ། །གཞན་ཡང་བསྟན་བཅོས་ཤིན་དུ་རྒྱས་པ་བརྒྱ་པ་ལས། གཞན་ཡང་ཆོས ་རྣམས་ཀྱི་ཡང་དག་པའི་དོན་གང་ཞེ་ན། འདི་ལྟ་སྟེ། ཆོས་ཐམས་ཅད་ཀྱི་སྟོང་པ་ཉིད་དང། བདག་མེད་པའི་དོན་གང་ཡིན་པའོ། །གལ་ཏེ་དེ་ལྟ་ན་རིགས་པ་འདི་ལ་ཡང་ཉེས་པ་ཡོད་དོ། །དེ་ཅིའི་ཕྱིར་ཞེ་ན། ཇི་ལྟར་ཁ་ཅིག་སྟོང་པ་ཉིད་དང། བདག་མེད་པ་ཐོས་ནས་ཆོས་རྣམས ་ན་མེད་པའོ་ཞེས་རྒྱུ་དང་འབྲས་བུའི་ཡང་དག་པའི་རིག་པ་ཐམས་ཅད་ལ་སྐུར་བ་འདེབས་ཤིང་དགེ་བའི་རྩ་བ་ཐམས་ཅད་ཚོང་བར་བྱེད་པ་རང་གི་ལྟ་བ་ཉེས་བ་དང་བཅས་པ་དེ་དག་པ་ཉིད་དང། བདག་མེད་པའི་ཉེས་པ་མ་ཡིན་ནམ་།སྟོང་པ་ཉིད་ལ་ལོག་པར་བཟུང་བའི་བདག ་གིས་ཡང་དག་པ་མ་ཡིན་པས་ལོག་པར་ལྟ་བ་བསྐྱེད་ནས་ཉེས་པར་སྤྱོད་པ་བྱས་པ་རྣམས་ཀྱི་སྟོང་པ་ཉིད་དང། བདག་མེད་པའི་དོན་ནི་སེམས་དང། ཚིག་གིས་དཔག་པར་མི་ནུས་ཏེ། དེ་བདག་གིས་འཐོབ་པར་འགྱུར་བ་མ་ཡིན་བས་སོ་སོའི་སྐྱེ་བོ་དག་ཆོས་རྣམས་སྟོང་པའོ ་ཞེས་ནས་འཕགས་པའི་དགོངས་བ་མ་ཤེས་ནས་ཀུན་རྫོབ་ཙམ་དུ་ཡོད་པའི་རྒྱུ་དང་འབྲས་བུ་ལ་སྐུར་པ་འདེབས་ཤིང་དགེ་བའི་ཆོས་རྣམས་འཇིག་པར་བྱེད་པ་དེ་ཅི། སྟོང་པ་ཉིད་དང། བདག་མེད་པའི་ཉེས་པ་ཡིན་ནམ། འཕགས་པ་རྣམས་སྟོང་པ་ཉིད་ཀྱི་གསུངས་པ་བསྟན་པ་ལ་དགོངས ་པ་ཅི་ཡོད་ཅེས་ན། ཡང་དག་པ་མ་ཡིན་པ་རྣམ་པར་རྟོག་པ་ཡོད་པ་ཉིད་དུ་འཛིན་བ་རབ་ཏུ་སྩལ་བའི་ཕྱིར་རོ། །གལ་ཏེ་དེ་ལྟ་ན་ཆོས་རྣམས་ཀྱང་གསུངས་པ་ཉིད་དུ་འགྱུར་ཏེ། ཡང་དག་པ་མ་ཡིན་པས་ཆོས་རྣམས་སྟོང་པ་ཉིད་དུ་འཛིན་ལ་རབ་ཏུ་སྩལ་བའི་ཕྱིར་ཞེ་ན། ཡང་དག་པར་ན་གང ་དག་ཆོས་རྣམས་སྟོང་པ་ཉིད་དུ་འཛིན་པའི་ཆེད་དུ་དེ་བཞིན་གཤེགས་པས་ཆོས་རྣམས་ཡོད་པ་ཉིད་དུ་ཡང་གསུང་པར་མཛད་དོ། །གལ་ཏེ་འཛིན་པ་སྩལ་བའི་ཚང་དུ་ཡོད་པར་གསུངས། སྟོང་པ་ཉིད་དུ་ཡང་གསུངས་པ་ཡིན་ན། ཆོས་རྣམས་ཀྱི་ཡང་དག་པའི་དོན་དེ་སྟོང་པ་ཞིག་གམ ་འོན་ཏེ་ཡོད་པ་ཞིག་ཡིན་ཞེ་ན། ཆོས་རྣམས་ཀྱི་ཡང་དག་པའི་དོན་ནི་ཡོད་མ་ཡིན། སྟོང་པ་ཡང་མ་ཡིན་ཏེ། རྣམ་པར་རྟོག་པའི་སྤྲོས་པ་དག་གིས་འཐོབ་པར་མི་ནུས་པས་སོ། །ཅིའི་ཕྱིར་འཕགས་པས་གསུངས་པ་དག་བརྫུན་པ་མ་ཡིན་ཞེ་ན། ལོག་པར་ཟིན་པ་རབ་ཏུ་སེལ་བའི ་ཕྱིར་བརྫུན་པ་མ་ཡིན་ནོ། །སྟོང་པ་དང་ཡོད་པའི་བསྟན་པ་གཉིས་ཀ་ཡང་འཛིན་པ་རབ་ཏུ་སལ་བ་ཡིན་ན། ཅིའི་ཕྱིར་དེ་བཞིན་གཤེགས་པས་ཕལ་ཆེར་སྟོང་པ་ཉིད་ཀྱི་བསྟན་པ་གསུང་པར་མཛད། འདི་ལྟར་སེམས་ཅན་རྣམས་ཕལ་ཆེ་བ་ཡོད་པ་ཉིད་དུ་འཛིན་ཅིང་འཁོར་བ ་ཡང་ཕལ་ཆེར་ཡོད་པར་འཛིན་པ་ལས་འབྱུང་བས་།དེའི?་ཕྱིར་དེ་བཞིན་གཤེགས་པར་ཡོད་པ་ཉིད་དུ་འཛིན་པ་རབ་ཏུ་བསལ་བ་དང། འཁོར་བའི་སྡུག་བསྔལ་སྤང་བའི་ཆེད་དུ་སྙིང་པོ་ཉིད་ཀྱི་བསྟན་པ་ཕལ་ཆེར་གསུངས་པ་ཡིན་ནོ། གལ་ཏེ་སྟོང་པ་ཉིད་དང་ཡོད་པ་གཉི་ག་ཡང ་བསྟན་པའི་སྒོ་ཡིན་ན། ཅིའི་ཕྱིར་སྔར་སྟོང་པ་ཉིད་ཡང་དག་པའི་དོན་ཡིན་ཞེས་བསྟན་ཅེ་ན། ཐབས་ཀྱི་བཏགས་ལ་ཙམ་དུ་བསྟན་པ་ཡིན་པས་ཕན་ཚུན་འགལ་བ་མེད་དོ། །གཞན་ཡང་སྟོང་པ་ཞེས་བྱ་བའི་ཚིག་འདི་ནི་མ་ཡིན་པ་དགག་ཅིང། མ་ཡིན་པ་ཉིད་དུ་སྟོན་པས་སྟོང ་པ་ཉིད་དང་ཡོད་པ་ཁོ་ན་མ་ཡིན་གྱི། སྟོང་པ་ཉིད་ཀྱང་ཡོད་དེ། སྟོང་པ་ཉིད་ཀྱིས་འཛིན་པའི་སེམས་ཅན་ཐམས་ཅད་སེལ་ཅིང་ཆོས་རྣམས་ཐམས་ཅད་ཡོད་པ་ཡང་མ་ཡིན་སྟོང་པ་ཉིད་ཀྱང་མ་ཡིན་པ་མཐར་ཐུག་པ་ཡང་དག་པའི་དོན་རྟོགས་པར ་བྱེད་ཀྱང། ཆོས་རྣམས་ཀྱི་དེ་ཁོ་ན་ཉིད་ཀྱི་དོན་ནི་ཡང་དག་པར་ན་སྟོང་པ་ཉིད་ཀྱི་རང་བཞིན་ཡང་མ་ཡིན་ཏེ་།སྟོང་པ་ཉིད་སྒོར་གྱུར་པའི་ཕྱིར་བརྟགས་པ་ཙམ་དུ་སྟོང་པ་ཉིད་ཅེས་བསྟན་པ་དེ་ཁོ་ན་ཉིད་ཀྱི་དོན་ནི་སྟོང་པ་ཉིད་ཀྱང་མ་ཡིན་ནོ། །སྟོང་པ་ཉིད་སྒར?་གྱུར་པ་ཡང་དེ་ཁོ་ན་ཉིད་ཀྱི་དོན ་ནི་ཡོད་པ་མ་ཡིན་པས་ཡོད་པའི་སྒོར་འགྱུར་བའི་རིགས་སོ་ཞེ་ན། དབང་པོའི་རྗེས་སུ་ཞེས་བཤད་པ་ཡིན་པས་ཡོད་པ་ཉིད་ལ་བྱ་ན་ཡང་ཉེས་པ་མེད་ཀྱང་སྒྲོའི་དོན་ནི་སྟོང་པ་ཉིད་དང་རྗེས་སུ་མཐུན་པས་ཡོད?་པ་ཡོད་ཅེས་བྱ་བ་ཐམས་ཅད་ནི་མངོན་པར་ཞེན་པའི་སེམས་ཀྱི་རྗེས་སུ་འབྲང་བ ་ཡིན་ལ། སྟོང་པ་སྟོང་པ་ཞེས་བྱ་བ་ཐམས་ཅད་ནི་ཡང་དག་པ་མ་ཡིན་པའི་འཛིན་པ་དག་རབ་ཏུ་སེལ་བས་ན་བློ་དང་ལྡན་པ་དག་ནི་སྟོང་བ་ཞེས་བྱ་བའི་ཚིག་ཐོས་ནས་ཡང་ཡོད་བ་དང་མེད་པར་འཛིན་པ་ཐམས་ཅད་དང་བྲལ་བས་ཆོས་ཀྱི་དེ་ཁོ་ན་ཉིད་ཀྱི་དོན་ཡོད་པ་ཡང་མ་ཡིན། ་མེད་པ་ཡང་མ་ཡིན་པ་ཁོང་དུ་ཆུད་དེ། ཡོད་པ་དང་མེད་པའི་རྣམ་པར་རྟོག་པའི་སྤྲོས་པ་བསྐྱེད་པར་མི་བྱེད་དོ་ཞེས་སྟོན་ཏེ། སྟོང་པ་ཉིད་ལ་ལོག་པར་གཟུང་བའི་ཉེས་དམིགས་ཀྱི་མཚན་ཉིད་ནི། བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་ཇི་སྤྱོད་དུ་བསྟན་པ་བཞིན་ཏེ། དེ་ཉིད ་ལས་ཁ་ཅིག་ཤེས་པར་དཀའ་བའི་མདོ་སྡེ་ཐེག་པ་ཆེན་པོ་དང་ལྡན་པ་ཟབ་མོ་སྟོང་པ་ཉིད་དང་ལྡན་པ་དགོངས་པའི་དོན་བསྟན་པ་དག་ཐོས་ན། བཤད་བའི་དོན་ཡང་དག་པ་ཇི་ལྟ་བ་བཞིན་དུ་མ་ཤེས་ནས་ཚུལ་བཞིན་མ་ཡིན་པར་བརྟགས་ཏེ་རིགས་པ་མ་ཡིན་པས་བསྐྱེད་པའི ་རྟོག་གེ་ཅམ་གྱིས་འདི་དག་ཐམས་ཅད་ནི་བཏགས་བ་ཙམ་དུ་ཟད་དེ། འདི་ཁོ་ན་ཡིན་ནོ། །སུ་འདི་ལྟར་ལྟ་བ་དེ་ནི་ཡང་དག་པར་ལྟ་བ་ཡིན་ནོ་ཞེས་དེ་ལྟར་ལྟ་ཞིང་དེ་སྐད་སྨྲའོ། །དེ་དག་གི་ལྟར་ན་འདོགས་པའི་གཞིའི་སོ་སོ་ཅམ་ཡང་མེད་པས་འདོགས་པ་དེ་ཉིད་ཀྱང་ཐམས་ཅད ་ཀྱི་ཐམས་ཅད་དུ་མེད་པར་འགྱུར་ན་བཏགས་པ་ཙམ་གྱི་ཁོ་ན་ལྟ་ཡོད་པར་ག་ལ་འགྱུར་ཏེ། དེའི་ཕྱིར་རྣམ་གྲངས་དེས་ན་དེ་དག་གིས་དེ་ཁོ་ན་དང། བརྟགས་པ་དེ་ཁོ་ན་ལ་ཡང་སྐུར་པ་བཏབ་པར་འགྱུར་ཏེ། བཏགས་པ་དང་དེ་ཁོ་ན་ལ་སྐུར་པ་བཏབ་བས་ན་མེད་པར་ལྟ་བའི་གཙོ་བོ་ཡིན་པར ་རིག་པར་བྱའོ། །དེ་ལྟར་མེད་པ་པ་དེ་ནི་ཚངས་པ་མཚུངས་པར་སྤྱོད་པ་འཛངས་པ་རྣམས་ཀྱིས་སྨོས་པའི་འོས་མ་ཡིན་པ་དང། འགྲོགས་པར་མི་བྱ་བ་ཡིན་ཏེ། དེ་ནི་བདག་ཉིད་ཀྱང་ཕུང་བར་བྱེད་ལ། འཇིག་རྟེན་གང་དེའི་ལྟ་བ་ལ་ཕྱོགས་པ་ཡང་ཕུང་བར་བྱེད་དོ། །བཅོམ་ལྡན་འདས ་ཀྱིས་འདི་ལ་དགོངས་ནས་འདི་ན་ལ་ལ་གང་ཟག་དུ་ལྟ་བ་ནི་སླའི། ལ་ལ་སྟོང་པ་ཉིད་ལ་ལོག་པར་ཟིན་པ་ནི་དེ་ལྟ་མ་ཡིན་ནོ་ཞེས་བཀའ་སྩལ་ཏོ། །དེ་ཅིའི་ཕྱིར་ཞེ་ན། གང་ཟག་དུ་ལྟ་བ་ཅན་གྱི་སྐྱེ་བ་ནི་ཤེས་བྱ་ལ་རྨོངས་པ་འགའ་ཤིག་ཏུ་ཟད་ཀྱི། ཤེས་བྱ་ཐམས་ཅད་སྐུར་བ་འདེབས་པ་མ་ཡིན ་ཏེ། གཞི་དེས་ན་སེམས་ཅན་དམྱལ་བ་རྣམས་སུ་སྐྱེ་བར་མི་འགྱུར་ལ། གཞན་ཡང་ཆོས་འདོད་པ་དང། སྡུག་བསྔལ་རྣམས་ལས་ཐར་པར་འདོད་པ་དག་ཀྱང་ཕུང་བར་བྱེད་ཅིང་སླུ་བར་མི་བྱེད་ལ། ཆོས་དང་བདེ་བ་ལ་ཡང་འགོད་པར་བྱེད་དོ། །བསླབ་པའི་གཞི་དག་ལ་ལ་ཡང་གཡེལ་བར་མི་འགྱུར ་རོ། །སྟོང་པ་ཉིད་ལོག་པར་ཟིན་པ་ནི་ཤེས་བྱའི་དངོས་པོ་ལ་ཡང་རྨོངས་ལ་ཤེས་བྱ་ཐམས་ཅད་ལ་ཡང་སྐུར་པ་འདེབས་ཏེ། གཞི་དེས་སེམས་ཅན་དམྱལ་བ་རྣམས་སུ་སྐྱེ་བར་འགྱུར་ལ། གཞན་ཆོས་འདོད་བ་དང་སྡུག་བསྔལ་ལས་རྣམ་པར་ཐར་བ་འདོད་པ་རྣམས་ཀྱང་ཕུང་བར་བྱེད་དོ་བསླབ་པའི ་གཞི་དེ་དག་ལ་ཡང་གཡེལ་བར་འགྱུར་ཏེ། དེ་ལྟར་ཡང་དག་པ་ཇི་ལྟ་བ་བཞིན་གྱི་དངོས་བོ་ལ་སྐུར་བ་འདེབས་པ་ནི་ཆོས་འདུལ་བ་འདི་ལས་རབ་ཏུ་ཉམས་པ་ཡིན་ནོ་ཞེས་འབྱུང་ངོ། །བསྟན་བཅོས་ཤིན་ཏུ་རྒྱས་པ་བརྒྱ་པ་ལས་ཀྱང། རྣལ་འབྱོར་སྤྱོད་པའི་ས་ལས་བསྟན་པ་དང་མཐུན་བར ་བཤད་དེ། དེའི་ཕྱིར་དེ་ཉིད་ལས། གཞན་ཡང་ཤེས་རབ་ཞན?་པ་དག་གི་མདུན་དུ་སྟོང་པ་ཉིད་དང། བདག་མེད་བའི་དོན་བརྗོད་ན་ལྟ་བ་ངན་པ་འཕེལ་པར་འགྱུར་ཏེ། དེ་ཅིའི་ཕྱི་བཞིན། ཚིག་ལེའུ་བྱས་པ་ལས། དེ་ཡིས་བདག་ཏུ་འཛིན་པ་བསྐྱོད་སླ་ཡི། །སྟོང་དང་བདག་མེད་ལྟ་བ་དེ། ་ལྟ་མིན། །དེ་ནི་ངན་འགྲོ་དག་ལ་གཞོལ་བའང་ཡིན། །དང་པོ་མྱ་ངན་འདས་ལ་རྒྱབ་ཀྱི་ཕྱོགས། ཞེས་འབྱུང་སྟེ། འདི་ཉིད་ཀྱི་འགྲེལ་པ་ལས། དེའི་བྱ་བ་ནི་འཇིག་རྟེན་ན་ཤེས་རབ་ཞན་པ་གང་ཡིན་པ་དག་གོ་།བདག་ཏུ་འཛིན་པ་ཞེས་བྱ་བ་ནི་འཇིག་ཚོགས ་ལ་ལྟ་བ་སྟེ། བདག་གིར་ལྟ་བ་དེ་ཡང་བདག་ཏུ་འཛིན་པ་དང་བཅས་པ་དག་དེའི་ཕྱིར་བདག་ཏུ་འཛིན་པ་ཞེས་བྱ་བའི་ཚིག་གིས་ལྟ་བ་དེ་ཡང་བསྡུས་སོ། །བདག་དུ་འཛིན་པ་ཡང་དག་པའི་རིགས་པ་དང་རྗེས་སུ་མཐུན་པ་མ་ཡིན་མོད་ཀྱི། དེ་འབྱུང་བ་ནི་སླ་སྟེ། ཉེས་དམིགས་ཡང་བའི་ཕྱིར ་རོ། །སྟོང་པ་ཉིད་དང་བདག་མེད་པར་ལྟ་བ་ནི་ཡང་དག་པའི་རིགས་པ་དང་རྗེས་སུ་མཐུན་པ་ཡིན་མོད་ཀྱི། འོན་ཀྱང་དེ་དག་གིས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཁོང་དུ་མི་ཆུད་དེ། གཞི་དེས་ཆོས་རྣམས་ལ་སྐུར་པ་འདེབས་ཤིང། འཇིགས་པར་བྱེད་པས་ཉེས་པ་ལྕི་བའི་ཕྱིར་དེ་མི་འབྱུང ་བར་མཛད་པའོ། །རྣམ་པ་འདི་གཉིས་ཀྱི་ཉེས་པ་ལྕི་ཡང་དུ་གྱུར་པ་ཡང་གང་ཞེ་ན། འདི་ལྟ་སྟེ། དང་པོ་བདག་ཏུ་འཛིན་པ་ནི་མྱ་ངན་ལས་འདས་པ་ལ་རྒྱབ་ཀྱིས་ཕྱོགས་པ་ཁོ་ནའོ། །ཕྱི་མ་སྟོང་པ་ཉིད་ལ་ལོག་པར་འཛིན་པ་དག་ནི་ངན་འགྲོ་ལ་གཞོལ་བ་ཡང་ཡིན་ཏེ། ཤེས ་རབ་ཞན་པ་དེ་དག་སྟོང་པ་ཉིད་ལོག་པར་འཛིན་པ་ན་དགེ་བའི་རྩ་བ་དག་ལ་ཡང་སྐྱོ་བར་བྱེད་ན། སེམས་ཅན་དག་ལ་ལྟ་སྨོས་ཀྱང་ཅི་དགོས་།འདི་ལྟར་དེ་དག་དགེ་བ་དང། འཇིག་རྟེན་ལ་རྒྱབ་ཀྱིས་ཕྱོགས་པ་དང། དགེ་བའི་རྩ་བ་བཅད་དེ་སེམས་ཅན་ལ་གནོད་པ་བྱས་པའི ་དབང་གིས་ཤིན་ཏུ་བསིལ་བའི་མྱ་ངན་ལས་འདས་པ་འབའ་ཞིག་ལ་རྒྱབ་ཀྱིས་ཕྱོགས་པ་མ་ཡིན་གྱི། རང་གི་ལུས་ཀྱང་སེམས་ཅན་དམྱལ་བའི་མེ་ཡོངས་སུ་འཛིན་པར་བྱེད་དོ། །བདག་ཏུ་ལྟ་བ་བསྐྱེད་པ་ལ་ནི་དངོས་པོ་དེ་ལྟ་བུ་མེད་དེ། དེ་ཅིའི་ཕྱིར་ཞེ་ན་།དེ་དག་བདེ་བ་དང ་བདག་མེད་པ་སྡུག་བསྔལ་དང་བྲལ་བར་འདོད་པས་སྡིག་པ་རྣམས་ཀྱང་མི་བྱེད་ལ། བསོད་ནམས་ཆེན་པོ་དག་ཀྱང་བསགས་ནས་ངན་འགྲོ་རྣམས་ལས་གྲོལ་བར་འགྱུར་བས་ལྷ་དང་མི་ལུས་ཀྱང་སྟོང་བར་མི་འགྱུར་ཏེ། མྱ་ངན་ལས་འདས་ཕ་ལ་སྐྲག་ཅིང་རྣམ་པར་གྲོལ་བ་མངོན? ་དུ་མི་བྱེད་པ་ཁོ་ནར་ཟད་པས། དེའི་ཕྱིར་མདོ་དག་ལས་།རབ་ཏུ་ལྟ་བ་རི་རབ་ཙམ་བསྐྱེད་པ་ནི་སླའི། སྟོང་པ་ཉིད་ལ་ལོག་པར་བཟུང་ནས་མངོན་བའི་ང་རྒྱལ་བྱེད་པ་ནི་དེ་ལ་མ་ཡིན་ནོ་ཞེས་གསུངས་སོ། །གལ་ཏེ་དེ་ལྟ་ན་ཆོས་རྣམས་ཀྱི་སྟོང་པ་ཉིད་དང། བདག་མེད་བའི་དོན་ན་གཡང་སའི ་འགྲོ་བ་དང་ཉེ་བར་གྱུར་པས་འཕགས་པ་དག་གི་བསྟན་པའི་མི་རིགས་སོ་ཞེ་ན། ཡང་དག་པར་ན་ཤེས་རབ་ཞན་པ་དག་གི་མདུན་དུ་བཤད་པ་ནི་མི་རིགས་ཏེ། ཤེས་རབ་ཁྱད་པར་ཅན་དག་གི་ནི་དེ་དག་གི་རྗེས་སུ་བསྒྲུབས་ནས་ཕན་ཡོན་ཆེན་པོ་ཐོབ་པར་འགྱུར་བའི་ཕྱིར་དེ་དག་ལ་ནི་བཤད ་པ་དགོས་སོ་ཞེས་འབྱུང་བ་ཡིན་ནོ་ཞེའོ། །བམ་པོ་སུམ་ཅུ་པ། །ངའི་ཆོས་ལ་ཆོས་སུ་འདུ་ཤེས་སྐྱེད་བར་བྱེད་མོད་ཀྱི། དོན་མ་ཡིན་པ་ལ་དོན་དུ་འདུ་ཤེས་བྱ་བ་འདི་མན་ཆད་ནི་གཉིས་པ་རྒལ་བའི་ལན་བཏབ་པ་སྟོན་ཏོ། །བརྒལ་བ་རྣམ་པ་གཉིས ་ཀྱི་ལན་བསྟན་པ་ཉིད་ལས་རྣམ་པ་གཉིས་སུ་དབྱེ་སྟེ། ཆོས་ལ་ཡང་མངོན་པར་ཡིད་ཆེས་པས་གལ་ཉིད་དུ་མི་འགྲུབ་བར་བསྟན་པ་དང། ཆོས་ལ་མངོན་པར་ཡིད་ཆེས་པས་བསོད་ནམས་དང་ཡེ་ཤེས་དང་ལྡན་པར་འགྱུར་བའི་གལ་བསྟན་པའོ། །དང་པོ་ཡང་རྣམ་པ་གཉིས་ཀྱིས་བསྟན་ཏེ ་བརྒལ་བའི་ལན་ཉིད་ཡང་དག་པར་བསྟན་པ་དང། གཏན་ཚིགས་བསྟན་པ་སྟེ། འདི་ནི་དང་པོའོ། །འདི་ལྟར་བྱང་ཆུབ་སེམས་དཔའ་དེ་ངའི་བསྟན་པ་ལ་བརྟེན་པ་ལ་བརྟེན་ནས་བསྟན་པའི་འདུ་ཤེས་བསྐྱེད་བར་བྱེད་ཀྱང། ཡང་དག་པའི་དོན་མ་ཡིན་པ་ལ། ཡང་དག་པའི་དོན་དུ་འདུ་ཤེས་པས་བསྟན་པ་ལ ་ཡིད་ཆེས་ཀྱང་ཉེས་པ་དང་བཅས་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ་།དེའི་ཆོས་ལ་ཆོས་སུ་འདུ་ཤེས་པའི་ཕྱིར་དང། དོན་མ་ཡིན་པ་ལ་དོན་དུ་འདུ་ཤེས་པའི་ཕྱིར་ཆོས་དེ་དག་ལ་ཡང་ཆོས་སུ་འཛིན། དོན་མ་ཡིན་པ་ལ་ཡང་དོན་དུ་འཛིན་ཏོ་ཞེས་བྱ་བ་ནི་གཉིས་པ་གཏན་ཚིགས་བསྟན་པའོ། །འདི་ལྟར ་ངའི་ཆོས་ལ་ཆོས་སུ་འདུ་ཤེས་པའི་ཕྱིར། ཆོས་དེ་དག་ལ་ཆོས་ཡང་དག་པ་ཉིད་དུ་མངོན་པར་ཡིད་ཆེས་པ་དང། དོན་མ་ཡིན་པ་ལ་དོན་དུ་འདུ་ཤེས་པའི་ཕྱིར་ཡང་དག་པའི་དོན་མ་ཡིན་པ་ལ་ཡང་དག་པའི་དོན་དུ་འཛིན་ཏོ་ཞེས་བྱའོ་།དེ་དག་ཆོས་ལ་མོས་པའི་ཕྱིར་བསོད་ནམས་འཕེལ་བར ་འགྱུར་མོད་ཀྱི། འོན་ཀྱང་དོན་མ་ཡིན་པ་ལ་མངོན་པར་ཞེན་པའི་ཕྱིར། ཤེས་རབ་ལས་ཡོངས་སུ་ཉམས་པའི་ཕྱིར་ནི་དགེ་བའི་ཆོས་ཤིན་ཏུ་རྒྱ་ཆེ་བ་དང། ཤིན་ཏུ་དཔའ་ཏུ་མེད་པ་ལས་ཀྱང་ཡོངས་སུ་ཉམས་བར་འགྱུར་རོ་ཞེས་བྱ་བ་ནི་གཉིས་པ་ཆོས་ལ་མངོན ་པར་ཡིད་ཆེས་པས་བསོད་ནམས་དང། ཡེ་ཤེས་དང་ལྡན་པར་འགྱུར་བའི་གལ་བསྟན་བའོ། །ཕྱི་རོལ་པ་དག་འདི་སྐད་དུ། གནས་འདིའི་བྱང་ཆུབ་སེམས་དཔའ་དངོས་པོ་བཞི་དང་ལྡན་བས་བསྟན་བ་ཐོས་པ་ཙམ་གྱིས་ཡིད་ཆེས་པར་འགྱུར་ན་།ཅིའི་ཕྱིར་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགS? ་ཡོངས་སུ་རྫོགས་པར་མི་འགྱུར་ཞེས་རྒོལ་བའི་ཕྱིར་ལན་དུ་འདི་གསུངས་བ་ཡིན་ཏེ། ཆོས་ལ་རབ་ཏུ་དང་པ་བསྐྱེད་པའི་ཕྱིར་བསོད་ནམས་འཕེལ་བར་འགྱུར་མོད་ཀྱི། དོན་མ་ཡིན་པ་ལ་མངོན་པར་ཞེན་བ་ཉིད་ཀྱི་ཕྱིར་ཤེས་རབ་ཡོངས་སུ་ཉམས་པར་འགྱུར་ལ། ཤེས་རབ་ཡོངས་སུ་ཉམས ་བའི་ཕྱིར་དགེ་བ་དཔག་ཏུ་མེད་པ་ཡང་ཉམས་པར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ་།རིག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་ལ་ཉམས་བར་འགྱུར་པ་ཡོད་དམ། གལ་ཏེ་དེ་ལྟར་གྱུར་ན་ཡང་ཉེས་པ་ཅི་ཡོད་ཅེ་ན། གལ་ཏེ་ཉམས་པར་གྱུར་ན། བཀོད་པ་ལ་མོས་པའི་མདོ ་ལས་གསུངས་དེ་ཇི་ལྟར་གོ?་ཞིང་རྣམ་པར་བཤད་བར་བྱ་སྟེ་།མདོ་དེ་ལས་རིགས་ཀྱི་ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་དུས་གཅིག་ཏུ་ཛམ་བུའི་གླིང་གི་སེམས་ཅན་རྣམས་བསད་བའི་ཁ་ན་མ་ཐོ་བདེ་དང་ལྡན་ཡང་སེམས་ཅན་དམྱལ་བར་ལྟུང་བར་མི་འགྱུར་རོ། །གིང་བཞི་ནས ་སྟོང་གསུམ་གྱི་སྟོང་ཆེན་པོའི་བར་གྱི་སེམས་ཅན་རྣམས་བསད་ཀྱང་སེམས་ཅན་དམྱལ་བར་ལྟུང་བར་མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། གང་ཟག་དེ་བསྐལ་བ་དཔག་ཏུ་མེད་པ་ནས་སངས་རྒྱས་མང་པོ་ལ་མཆོད་པ་བྱས་ཤིང་བསོད་ནམས་དང་ཡེ་ཤེས་ཀྱི་དགེ་བའི་རྩ་བ་ཡོངས་སུ་སྨིན ་པས་ཁ་ན་མ་ཐོ་བ་ཆེན་པོ་བྱས་ཀྱང་བསོད་ནམས་ཆེ་བའི་ཕྱིར་སྡིག་པ་ཡང་འབྱང་ལ། སེམས་ཅན་དམྱལ་བར་ལྟུང་བར་མི་འགྱུར་རོ་ཞེས་གསུངས་བ་དང། གཞན་ཡང་སློབ་དཔོན་ངོ་བོ་ཉིད་མེད་ཀྱིས་བྱས་བའི་ཐེག་བ་ཆེན་པོ་བསྡུས་པའི་འགྲེལ་པ་ལས། བསྐལ་པ་གྲངས ་མེད་པ་དང་པོ་བསྟན་པའི་སྐབས་ནས་སེམས་བསྟན་ཁྱད་པར་འགྲོ?་བའི་ཞེས་བྱ་བ་ནི་དགེ་བའི་གྲོགས་པོ་དང་ཕྲད་བར་གྱུར་ནས་ཐབས་ཀྱིས་མོས་བཟློག་པར་བྱེད་ཀྱང་བྱང་ཆུབ་ཆེན་པོའི་སེམས་ཡོངས་སུ་མི་གཏོང་ཞིང། མཐོང་བའི་ཆོས་དང། ཚེ་རབས་ཕྱི་མ་ལ་དགེ་བའི་ཆོས་གོང་ནས་གོང་དུ་འཕེལ ་བ་དང།?་ཡོངས་སུ་མི་ཉམས་བའི་ཕྱིར་རོ་ཞེས་བཤད་དེ། སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་འགྲེལ་པ་ལས་ཀྱང་དེ་སྐད་དུ་སྟོན་ཏོ། །གལ་ཏེ་ཡོངས་སུ་ཉམས་པར་མི་འགྱུར་ན། ས་ཡོངས་སུ་འཛིན་པའི་མདོ་ལས་རིགས་ཀྱི་སའི་བྱང་ཆུབ་སེམས་དཔའ་ཡང་སེམས་ཅན་དམྱལ་བར་ལྷུང ་བར་འགྱུར་རོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་དེ་ཇི་ལྟར་བརྡ་ཕྲད་པར་བྱ་ཞེ་ན། སྨྲས་བ། དོན་འདི་ལ་ཡང་བཤད་བ་རྣམ་བ་གཉིས་ཡོད་དེ། དང་པོ་ནི་སློབ་དཔོན་ཀླུ་སྒྲུབ་ཀྱིས་རིགས་ལ་གནས་བ་ཡོངས་སུ་ཉམས་བར་མི་འགྱུར་རོ། །ཞེས་བཤད་དོ། །དེ་ཅིའི་ཕྱིར་བསྟན་བཅོས་རིན ་པོ་ཆེའི་ངོ་བོ་ཉིད་བསྟན་པ་ལས། ཁ་ཅིག་གིས་ཀླུ་སྒྲུབ་ལས་ཡོངས་སུ་འཛིན་པའི་མདོ་ལས། རིགས་ཀྱི་སའི་བྱང་ཆུབ་སེམས་དཔའ་མནར་མེད་པའི་སེམས་ཅན་དམྱལ་བར་ལྟུང་བར་འགྱུར་རོ་ཞེས་གསུངས་བའི་དོན་དེ་ཇི་ལྟ་བུ་ཡིན་ཞེས་དྲིས་བ་དང། ཀླུ་སྒྲུབ་ཀྱིས་སྨྲས་པ། དེ་སྐད ་གསུངས་བའི་མདོ་ཡོད་མེད་ཀྱི། བདག་ནི་དེ་སྐད་སྨྲ་བའི་ཐུགས་མི་ཐུབ་བོ། །དེ་ཅིའི་ཕྱིར་ཞེ་ན། འཕེལ་བ་དང་སྒྲིབ་བ་མེད་པའི་མདོ་ལས། རིགས་ཀྱི་བུའི?་བྱང་ཆུབ་སེམས་དཔའ་ནི་ནམས་ཀྱང་སེམས་ཅན་དམྱལ་བར་ལྟུང་བར་མི་འགྱུར་རོ་ཞེས་བསྟན་པས། བཀོད་པ་ལ་མོས ་པའི་མདོ་དང་མཐུན་ཏེ། ས་ཡོངས་སུ་འཛིན་པ་ལ་སོགས་པ་ལས་ལྟུང་བར་འགྱུར་རོ་ཞེས་གསུངས་པ་ནི་སའི་མདུན་རོལ་གྱི་བྱང་ཆུབ་སེམས་དཔའ་དག་འཇིགས་པ་བསྐྱེད་ཅིང། མྱུར་དུས་དང་པོ་ཐོབ་པར་མཛད་པའི་ཕྱིར་གསུངས་པ་ཡིན་གྱི། དེ་ཡང་དག་པར་མནར ་མེད་པར་ལྟུང་བར་འགྱུར་བར་གསུངས་བ་ནི་མ་ཡིན་ནོ་ཞེས་འབྱུང་ངོ། །སློབ་དཔོན་རྟ་སྐད་ཀྱིས་མོས་པ་བསྐྱེད་པའི་བསྟན་བཅོས་མཛད་པ་ལས་ཀྱང་།གོང་མ་སྐད་བུ་བཤད་དེ། དེ་ཕྱིར་དེ་ཉིད་ལས་མདོ་དག་ལས་ཡོངས་སུ་ཉམས་ཤིང་ངན་འགྲོར་ལྟུང་བར་འགྱུར་རོ་ཞེས་གསུངས་པ ་ནི་ཡང་དག་པར་ལྟུང་བར་འགྱུར་བ་མི་འགྱུར་བ་མ་ཡིན་གྱི། བྱང་ཆུབ་སེམས་དཔའ་སློབ་མ་དང་པོ་པ་ཡང་དག་པའི་གནས་སུ་མ་ཞུགས?་པ་ལེ་ལོ་ཅན་དག་འཇིགས་པ་དང། ནན་ཏན་བརྩོན་འགྲུས་བསྐྱེད་པའི་ཕྱིར་རོ་ཞེས་བཤད་དོ། ་གཉིས་པ་ནི་འཕགས་པ་བྱམས་པའི་གཞུང་གིས་བསྟན་པ་སྟེ། འདི་ཡང་བཤད་པ་རྣམ་པ་གཉིས་ཡོད་དེ་།དང་པོ་ནི་སློབ་དཔོན་ཀླུ་སྒྲུབ་ཀྱིས་བསྟན་པ་དང་མཐུན་ནོ། །གཉིས་བ་ནི་བྱང་ཆུབ་སེམས་དཔའ་ཨི་ས་ལས་བསྟན་པའི་མདོ་ལ་བརྟན་ནས། གནས་པ་ཡན ་ཆད་ནི་རིགས་ཀྱི་གནས་ཞེས་བྱའོ་ཞེས་བཤད་དེ། གནས་པ་བཅུ་ལས་ཀྱང་སྔ་མ་དྲུག་ནི་ཡོངས་སུ་ཉམས་བར་འགྱུར་ཞེས་བྱའོ། །བདུན་པ་ནི་ཡོངས་སུ་ཉམས་པར་མི་འགྱུར་བའོ་ཞེས་བཤད་པ་དེའི་ཕྱིར་རིགས་ལ་གནས་པ་ལ་ཡོངས་སུ་ཉམས་པར་འགྱུར་བའི་དོན་ཡོད་པར་རིགས? ་པར་བྱའོ། །གཞན་ཡང་བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས། དེ་ལ་མོས་པ་སྤྱོད་པའི་ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་བྱང་ཆུབ་སེམས་དཔའ་ཨི་བསྒོམ་པ་ལ་ཆུང་ངུར་བྱེད་པ་དང། རྒྱུན་ཆགས་མ་ཡིན་པར་བྱེད་པ་དང། ངེས་པར་མི་བྱེད་པ་དང། ཐོབ་པ་ལས་ཀྱང ་ཡོངས་སུ་ཉམས་པར་འགྱུར་རོ་ཞེས་བྱ་བ་དང། གཞན་ཡང་དེ་ཉིད་ལས་མོས་པས་སྤྱོད་པའི་བྱང་ཆུབ་སེམས་དཔའ་ཨི་ནི་ཆེད་འགའ་བྱང་ཆུབ་ཆེན་པོར་སེམས་བསྐྱེད་པ་ལས་ཀྱང་གཏོང་བར་མི་འགྱུར་ཞེས་བཤད་དེ། ལེགས་པའི་ཚུལ་ཁྲིམས་བསྟན་པའི་མདོ་དང། ས་ཡོངས་སུ ་འཛིན་པའི་མདོ་ལས་ཀྱང་འདི་དང་འཐུན་པར་འབྱུང་ངོ། །གཞན་ཡང་བསྟན་བཅས་རྣལ་འབྱོར་སྤྱོད་བའི་རང?་ལས་བྱང་ཆུབ་སེམས་དཔའ་གང་ལ་མོས་པ་སྤྱོད་པའི་ས་ལ་གནས་པ་ནི་གཅིག་པུ་ངན་འགྲོར་འགྲོ་བར་འགྱུར་རོ་ཞེས་བཤད་དེ། ལེགས་པའི་ཚུལ་ཁྲིམས་བསྟན་པའི ་མདོ་དང། ས་ཡོངས་སུ་འཛིན་པའི་མདོ་ལས་ཀྱང་དེ་སྐད་དུ་གསུངས་སོ། །བཀོད་པ་ལ་མོས་བའི་མདོ་དང། ཐེག་པ་ཆེན་པོ་བསྡུས་པ་ལས། ཡོངས་སུ་ཉམས་པར་མི་འགྱུར་རོ་ཞེས་བསྟན་པ་ཕལ་ཆེ་བའི་དབང་དུ་མཛད་ནས་བསྟན་པ་ཡིན་གྱི། དོན་མཐར་ཐུག་པ་ནི་མ་ཡིན?་ནོ? ་ཞེའོ། །གཞན་ཡང་སེམས་ཅན་གང་དག་གཞན་ལས་ཆོས་སུ་དང། དོན་མ་ཡིན་པ་ལ་དོན་དུ་ཐོས་ནས་དེ་དག་གི་ལྟ་བའི་རྗེས་སུ་འབྲང་བར་བྱེད་ན། དེ་ནི་ཆོས་ལ་ཆོས་སུ་འདུ་ཤེས་བ་དང། དོན་མ་ཡིན་པ་ལ་དོན་དུ་འདུ་ཤེས་བས་ཆོས་སུ་དོན་མ་ཡིན་པ་ལ་དོན་དུ་མངོན་ཞེན་པར་གྱུར་ཅེས? ་བྱ་བ་འདི་མན་ཆད་ནི་གཉིས་པ་སློབ་མས་བརྟགས་པ་རྣམ་པར་འབྱེད་པའོ། །འདི་ཡང་རྣམ་པ་གཉིས་ཀྱིས་བསྟན་ཏེ། རྟགས་པ་རྣམ་པ་གཉིས་རྣམ་པར་ཕྱེ་སྟེ་བཤད་པ་དང། བཞི་དེས་ཞེས་བྱ་བ་མན་ཆད་ཀྱིས་བརྟགས་པ་རྣམ་པ་གཉིས་བསྟན་པའི་མཇུག་བསྡུ་བའོ། །དང་པོ་ཡང ་བརྟགས་པ་རྣམ་པ་གཉིས་ཡོད་པ་ཉིད་ལས་རྣམ་པ་གཉིས་སུ་དབྱེ་སྟེ། ཇི་ལྟར་ཐོས་པ་བཞིན་དུ་སྒྲའི་རྗེས་སུ་མངོན་པར་ཞེན་པར་གྱུར་པར་བསྟན་པ་དང། དེ་དག་གི་ལྟ་བའི་རྗེས་སུ་འབྲང་བར་མི་བྱེད་ཅིང་མངོན་པར་ཡིད་མི་ཆེས་པའི་གང་ཟག་བསྟན་པའོ། །དང་པོ་ཡང་རྣམ་པ་གཉིས་ཏེ། ་སྒྲའི་རྗེས་སུ་མངོན་པར་ཞེན་པར་གྱུར་པར་བསྟན་པ་དང། མངོན་པར་ཞེན་པའི་ཉེས་དམིགས་བསྟན་པའོ། །འདི་ནི་དང་པོ་སྟེ། འདི་ལྟར་སེམས་ཅན་དེ་སྟོན་པ་གསུམ་པ་ལས་བསྟན་པ་དག་ཐོས་པ་ཡང་སློབ་དཔོན་དེ་ཆོས་ལ་ཆོས་སུ་དང། དོན་མ་ཡིན་པ་ལ་དོན་དུ་མཐོང་བས་ན་སྟོང ་པ་ཐ་དད་དུ་ལྟ་བ་མེད་པར་གྱུར་པའོ། །དེ་ལ་བྱེ་བྲག་ཏུ་གྱུར་པ་ཡོད་པ་ཡང། སྟོན་པ་གསུམ་པ་དེ་ནི་སངས་རྒྱས་ཀྱི་བསྟན་པ་མཉན་ནས་ཐོས་པ་ཡིན་ལ། གང་ཟག་བཞི་བ་འདི་ནི་ཕ་རོལ་ལས་བརྒྱུད་དེ་ཐོས་པ་ཡིན་པས་སྟོན་པ་དང་བརྟགས་པ་མཐུན་པར་འགྱུར་བ་ཡིན་ནོ། །ཆོས ་མངོན་པ་དང་སྦྱར་ན་ནི་སྔ་མ་བཞིན་དུ་སྟོན་པ་གསུམ་པ་བྱང་ཆུབ་སེམས་དཔའ་ཡིན་པར་བཤད་པ་རྣམ་པར་དབྱེ་བར་བྱའོ། །དགོངས་པ་ཟབ་མོ་རྣམ་པར་དགྲོལ་བའི་མདོ་དང་སྦྱར་ན་ནི་སྟོན་པ་གསུམ་པ་འདི་ལོག་པར་ལྟ་བའི་གང་ཟག་ཡིན་པར་སྟོན་པ་དེའི་ཕྱིར་དེ་ཉིད་ལས་།གཞན ་ཡང་སེམས་ཅན་གང་དག་ལོག་པར་ལྟུ་བའི་གང་ཟག་དེ་དག་ལས་ཆོས་ཐོས་ནས་ཤེས་པ་འབྱུང་བ་ཡིན་ནོ། །གཞི་དེས་ན་དེ་དག་དང་མཚུངས་པར་དགེ་བའི་ཆོས་ཡོངས་སུ་ཉམས་པར་རིག་པར་བྱའོ་ཞེས་བྱ་བ་ནི་གཉིས་པ་ལ་མངོན་པར་ཞེན་བའི་ཉེས་དམིགས་བསྟན་པ་སྟེ། སྔར་བསྟན ་པའི་གསུམ་པ་དག་དང་འདྲ་བར་དགེ་བ་དཔག་ཏུ་མེད་པ་ལས་ཉམས་པར་རིག་པར་བྱའོ། ཞེས་བྱ་བའི་ཐ་ཚིག་གོ་།གལ་ཏེ་སེམས་ཅན་གང་དག་དེའི་ལྟ་བའི་རྗེས་སུ་འབྲང་བར་མི་བྱེད་པ་དག་ནི་དེ་དག་ལས་ཆོས་རྣམས་ཐམས་ཅད་ངོ་བོ་ཉིད་མེད་པ ་དང་སྐྱེ་བ་མེད་པ་དང། འགག་པ་མེད་པ་དང། གཟོད་མ་ནས་ཞི་བ་དང། རང་གཞན་གྱིས་ཡོངས་སུ་མྱ་ངན་ལས་འདས་པའོ་ཞེས་ཐོས་ན་སྐྲག་ཅིང་དབང?་ལ་ཞེས་བྱ་བ་ལ་སོགས་པས་ནི་གཉིས་པ་དེ་དག་གི་ལྟ་བའི་རྗེས་སུ་འབྲང་བར་མི་བྱེད་ཅིང་།མངོན་པར་ཡིད་མེ་ཆེས་པའི་གང་ཟག ་བསྟན་པའོ། །འདི་ཡང་རྣམ་པ་གཉིས་ཏེ། བསྟན་པ་ཐོས་ཀྱང་མངོན་པར་ཡིད་མི་ཆེས་བར་གྱུར་པ་བསྟན་པ་དང། བཞི་ངེས་ན་ཞེས་བྱ་བ་མན་ཆད་ཀྱི་མངོན་པར་ཡིད་མི་ཆེས་པའི་ཉེས་དམིགས་བསྟན་པའོ། །དང་པོ་ཡང་རྣམ་པ་གསུམ་དུ་དབྱེ་སྟེ། བསྟན་པ་ཐོས་བས་སྐྲག་ཅིང ་དངང?་པར་འགྱུར་བར་བསྟན་པ་དང། ཕྱིན་ཅི་ལོག་གི་ཤེས་བའི་དབང་གིས་སྐྲག་པ་སྐྱེ་བར་བསྟན་པ་དང། ཤེས་པའི་དབང་གིས་སྐུར་བ་འདེབས་པར་གྱུར་པར་བསྟན་པ་སྟེ། འདི་ནི་དང་པོའོ། །འདི་ལྟར་སེམས་ཅན་དེ་སྟོན་པ་གསུམ་པ་ལས་དེའི་བསྟན་པ་ཐོས་ཀྱང་སྟོན་པ་སྔ་མ་དེའི ་ལྟ་བའི་རྗེས་སུ་མི་འབྲང་བས་ཆོས་ཐམས་ཅད་ངེས་བར་ངོ་བོ་ཉིད་མེད་པ་ལ་སོགས་པའོ་ཞེས་བསྟན་པ་དང། དེ་ལས་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པ་ལ་སོགས་པའོ་ཞེས་བྱ་བའི་ཚིག་ཐོས་པ་ན་སེམས་ལ་སྐྲག་པ་སྐྱེས་ནས་ཇི་ལྟར་ན་ཆོས་རྣམས་ངོ་བོ་ཉིད་མེད་པ་ལ་སོགས་པ ་ཡིན་ཞེས་བསྟན་པ་དེའི་དབང་གིས་སྐྲག་ཅིང་དངང?་བར་གྱུར་པའོ། །གང་ཟག་རྣམ་བ་གསུམ་གྱིས་བསྟན་པ་ལ་སྐྲག་པ་སྐྱེ་བར་འགྱུར་ཏེ། བསྟན་བཅོས་ཆོས་མངོན་པ་སྣ་ཚོགས་ཀུན་ལས་བཏུས་པ་ལས་ཇི་སྐད་དུ། གཞན་ཡང་ཅིའི་ཕྱིར་སེམས་ཅན་ཁ་ཅིག་ཤིན་ཏུ་རྒྱས་པ ་ཟབ་པ་དག་ལ་མོས་པར་མི་འགྱུར་ཞིང། སྐྲག་བར་འགྱུར་ཞེ་ན། །ཆོས་ཉིད་བྲལ་པའི་ཕྱིར་དང། དགེ་བའི་རྩ་བ་མ་སྐྱེད་པའི་ཕྱིར་དང། མི་དགེ་བའི་གྲོགས་པོས་ཡོངས་སུ་ཟིན་པའི་ཕྱིར་རོ། །དེ་ལ་ཆོས་ཉིད་ནི་འདི་ལྟ་སྟེ། མྱ་ངན་ལས་འདའ་བའ་ཨི་རིགས་ཅན་དག་ཡིན་ཏེ། ་དེའི་བདག་ཉིད་ཡིན་པའི་ཕྱིར་རོ། །འདི་ལྟར་སེམས་ཅན་ཁ་ཅིག་ལ་མྱ་ངན་ལས་འདའ་བའ་ཨི་རིགས་མེད་པའི་ཕྱིར་།སེམས་ཤིན་ཏུ་དམན་པར་གྱུར་ནས་ཤིན་དུ་རྒྱས་པ་ཟབ་པ་དག་ལ་མོས་པར་མི་འགྱུར་བ་དེའི་ཕྱིར་སྐྲག་པར་འགྱུར་བ་ཡིན། གཞན་ཡང་སེམས་ཅན་ཁ་ཅིག་མྱ་ངན་ལས ་འདའ་བའ་ཨི་རིགས་དང་ལྡན་ཡང་བྱང་ཆུབ་ཆེན་པོར་ཡང་དག་བར་སྨོན་པ་ལ་སོགས་པའི་དགེ་བའི་རྩ་བ་མ་སྐྱེད་བའི་ཕྱིར་དེ་ལ་མོས་པར་འགྱུར་བས་དེའི་ཕྱིར་ཡང་སྐྲག་པར་འགྱུར་བ་ཡིན་ནོ། །གཞན་ཡང་སེམས་ཅན་ཁ་ཅིག་དགེ་བའི་རྩ་བ་བསྐྱེད་པ་ཡིན་མོད་གྱི། ཐེག་པ་ཆེན་པོ་ལ་སྐུར ་བ་འདེབས་པའི་སེམས་ཅན་མི་དགེ་བའི་གྲོགས་པོས་ཡོངས་སུ་བཟུང་བའི་ཕྱིར་དེ་ལ་མོས་པར་མི་འགྱུར་ཏེ། དེའི་ཕྱིར་ཡང་སྐྲག་པ་ཡིན་ནོ་ཞེས་བསྟན་པ་ལྟ་བུའོ། །ཀུན་ཏུ་དངང?་བང་གྱུར་ནས་འདི་སྐད་ཅེས་འདི་ནི་སངས་རྒྱས་ཀྱི་བཀའ་མ་ཡིན་གྱི། བདུད་ཀྱིས་སྨྲས་པ་ཡིན་ནོ་ཞེས་ཟེར་ཞེས་བྱ་བ ་ནི་གཉིས་པ་ཕྱིན་ཅི་ལོག་གི་ཤེས་པའི་དབང་གིས་སྐྲག་པ་སྐྱེ་བར་བསྟན་པའོ། །འདི་ལྟར་སྐྲག་པའི་དབང་གིས་ལོག་པའི་ཤེས་པས་འདི་སྐད་དུ་སངས་རྒྱས་ཀྱི་བསྟན་པ་ངེས་པར་མ་ཡིན་པས་འདི་ནི་སངས་རྒྱས་ཀྱི་བཀའ་མ་ཡིན་གྱི། བདུད་ཀྱིས་སྨྲས་པ་ཡིན་ནོ་ཞེས་ཟེར་བའོ། །དེ་ལྟར་རིགས་ནས ་མདོ་སྡེ་དེ་དག་ལ་སྐུར་བ་འདེབས་བར་བྱེད། མི་བསྔགས་བརྗོད་པར་བྱེད་ངན་དུ་བརྗོད་པར་བྱེད། ཞེས་བྱ་བ་ནི་གསུམ་བས་ཤེས་པ་ལོག་པའི་དབང་གིས་སྐུར་པ་འདེབས་པར་བསྟན་པའོ། །ཆོས་ལ་སྐུར་པ་འདེབས་པའི་རྐྱེན་ཡང་རྣམ་པ་གཉིས་སམ། ཡང་ན་རྣམ་པ་བཞི་ཡོད་དེ། དེའི་ཕྱིར་འཕགS? ་དང་ཤེས་རབ་གྱི་ཕ་རོལ་ཏུ་ཕྱིན་པའི་མདོ་ལས་།ཚེ་དང་ལྡན་པ་རབ་འབྱོར་གྱིས་ཡང་བཅོམ་ལྡན་འདས་ལ་གསོལ་བ། གང་ཟག་གཏི་མུག་ཅན་དེ་དག་རྒྱུད་བརྐྱེན་དུའི་སླད་དུ་།ཆོས་ཟབ་མོ་དག་ལ་སྐུར་པ་འདེབས་པར་བགྱིད་ལགས?་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ། རབ་འབྱོར་རྒྱུ་དང་རྐྱེན ་གཉིས་ཀྱིས་ཏེ། ལོག་པའི་བདུད་ཀྱིས་རབ་ཏུ་བསྡུས་པ་དང། ཆོས་ཟབ་མོ་དག་པ་མོས་པར་མི་འགྱུར་བའོ། །གཞན་ཡང་རབ་འབྱོར་རྒྱུ་དང་རྐྱེན་རྣམ་དང་ཞེས་ཐོས་ཟབ་མོ་དག་ལ་སྐུར་བ་འདེབས་པར་བྱེད་དེ། མི་དགེ་བའི་གྲོགས་པོས་བསླུས་པ་དང། དགེ་པའི་ཆོས་ལ་ནན་ཏན་གྱིས ་སྒྲུབ་པར་མི་བྱེད་པ་དང། མནར་སེམས་དང་ལྡན་ཞིང་གཞན་གྱི་ཉེས་པ་ཚོལ་བ་ལ་དགའ་བ་དང། ཕྲག་དོག་གིས་བདག་ལ་བསྟོད་ཅིང་གཞན་ལ་སྨོད་པ་སྟེ། རྒྱུ་དང་རྐྱེན་དེ་དག་དང་ལྡན་པའི་ཕྱིར་གང་ཟག་གཏི་མུག་ཅན་དེ་དག་ཆོས་ཟབ་མོ་ལ་སྐུར ་པ་འདེབས་པས་ལས་ཤིན་དུ་ལྕིབ་དཔག་ཏུ་མེད་པ་སྐྱེད་པར་བྱེད་དོ་ཞེས་གསུངས་ཏེ། གཞན་ཡང་དེ་ཉིད་དང་ལེའུ་ཆེན་པོ་དང། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲེལ་པ་ལས་ཀྱང། ཆོས་ལ་སྐུར་བ་འདེབས་པའི་རྐྱེན་བཞི་འདི་ལས་བསྟན་པ་དག་དང་མཐུན་པར་འབྱུང་ངོ། །གཞི ་དེས་ཕོངས་པ་ཆེན་པོ་འཐོབ་པར་འགྱུར་ཞིང། ལས་ཀྱི་སྒྲིབ་པ་ཆེན་པོས་ཀྱང་རེག་པར་འགྱུར་རོ་ཞེས་བྱ་བ་ནི་གཉིས་པ་མངོན་པར་ཡིད་མི་ཆེས་པའི་ཉེས་དམིགས་བསྟན་པའོ། །གོང་དུ་བསྟན་པ་ལྟ་བུའི་ཆོས་ལ་སྐུར་བ་བཏབ་པའི་དབང་གིས་ཕོངས་པ་ཆེན་པོ་ཐོབ་པར་འགྱུར་ཞིག་ལས ་ཀྱི་སྒྲིབ་པ་ཆེན་པོས་ཀྱང་རེག་པར་འགྱུར་བའོ། །གཞི་དེས་ནངས་གང་དག་མཚན་ཉིད་ཐམས་ཅད་ལ་མཚན་ཉིད་མེད་པར་ལྟ་བ་དང། དོན་མ་ཡིན་པ་ལ་དོན་དུ་སྟོན་པར་བྱེད་པ་དག་ནི་ཞེས་བྱ་བ་ལ་སོགས་པས་ནི་གཉིས་པ་སྤྱིའི་མཇུག་བསྡུ་བ་སྟོན་ཏོ། །འདི་ཡང་རྣམ་པ་གཉིས་ཏེ། ་བརྟགས་པ་དང་པོའི་འཇུག་པ་དང། བརྟགས་པ་ཕྱི་མའི་མཇུག་བསྡུ་བའོ། །འདི་ནི་དང་པོ་སྟེ། འདི་ལྟར་ཕ་རོལ་ལས་ཆོས་ཐོས་པའི་མངོན་པར་ཞེན་པ་ཉིད་ཀྱིས་རྐྱེན་བྱས་པའི་ཕྱིར། བཅོམ་ལྡན་འདས་ཉིད་ཀྱིས་གསུངས་པའི་ངོ་བོ་ཉིད་རྣམ་པ་གསུམ་གྱིས་མཚན་ཉིད་དག་ལ ་མཚན་ཉིད་མེད་པར་བསྟན་པ་དང། དོན་མ་ཡིན་པ་ལ་དོན་དུ་སྟོན་པ་ཉིད་ཀྱི་ལོག་པར་ལྟ་བ་ཉིད་དུ་མངོན་པར་འགྲུབ་པའོ། །ལས་ཀྱི་སྒྲིབ་པ་ཆེན་པོ་བསྐྱེད་པའི་ཐབས་ཡིན་ནོ་ཞེས་བཤད་དེ། དེས་སྐྱེ་བོ་ཚད་མེད་པ་སླུ་བར་བྱེད་ཅིང་ལས་ཀྱི་སྒྲིབ་པ་ཆེན་པོ་ཐོབ་པར་བྱེད ་བའི་ཕྱིར་རོ་ཞེས་བྱ་བ་ནི་གཉིས་པ་བརྟགས་པ་གྱི་མའི་མཇུག་བསྡུ་བ་སྟེ། མདོ་ཉིད་ཀྱིས་བརྡ་ཕྲད་པར་ཟད་དོ། །ཡང་ན་སྒྲ་ཇི་བཞིན་དུ་མངོན་པར་ཞེན་པ་ལ་རྣམ་པ་གཉིས་ཏེ། སྒྲ་ཇི་བཞིན་དུ་མངོན་པར་ཞེན་པ་རྒྱ་ཆེར་རྣམ་བར་བཤད་པ་དང། གཞི་དེས་ན་ཞེས ་བྱ་བ་མན་ཆད་ནི་སྤྱིའི་མཇུག་བསྡུ་བའོ། །དེ་ལྟར་རྣམ་པ་གཉིས་སུ་བཤད་པ་ཡོད་ཀྱང་བཤད་བ་ནི་ཕྱི་མ་བཟང་ངོ། །རིགས་ཀྱི་བུ་སེམས་ཅན་གང་དག་དགེ་བའི་རྩ་བ་མ་བསྐྱེད། སྒྲིབ་བ་ཡོངས་སུ་མ་དག་།རྒྱུ་ཡོངས་སུ་མ་སྨིན་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་མ་བསགས ་པ། དྲང་བོ་མ་ཡིན་ཞིང་དྲང་པོའི་རང་བཞིན་ཅན་མ་ཡིན་པ་དག་ནི་རྟོག་པ་སེལ་ནུས་པའི་མཐུ་དང་ལྡན་ཡང་རང་གི་ལྟ་བ་མཆོག་ཏུ་འཛིན་བ་ལ་གནས་པས་ཞེས་བྱ་བ་འདི་མན་ཆད་ནི་བཞི་པ་དངོས་པོ་ལྔ་ཡང་གཏན་མེད་ལ། རང་གི་ལྟ་བ་ལ་གནས་བས་མངོན་བར་ཡིད་ཆེས་པ ་ཡང་མེད་པའི་གང་ཟག་བསྟན་པའོ། །འདི་ཡང་རྣམ་པ་གསུམ་སྟེ། དངོས་པོ་ལྔ་དང་མི་ལྡན་པར། བསྟན་པ་དང། མངོན་པར་ཡིད་མི་ཆེས་པ་ཉིད་རབ་ཏུ་བསྟན་པ་དང། སྐུར་པ་འདེབས་པའི་ཉེས་དམིགས་བསྟན་བ་སྟེ། འདི་ནི་དང་པོའོ། །མདོའི་ཚིག་འདི་ཡང་རྣམ་པ་གཉིས ་ཀྱིས་བསྟན་ཏེ། དངོས་པོ་ལྔ་དང་མི་ལྡན་པར་བསྟན་པ་དང། དངོས་པོ་གསུམ་གྱི་བྱེ་བྲག་བསྟན་པ་སྟེ། མདོ་འདི་ཉིད་ཀྱིས་བརྡ་ཕྲད་པར་ཟད་དོ། །དེ་དག་གིས་ཆོས་དེ་ཐོས་ནས་ཡང་ཡང་དག་པ་ཇི་ལྟ་བ་བཞིན་དུ་ངའི་དགོངས་ཏེ་བཤད་པ་ཟབ་མོ་རབ་ཏུ་མི་ཤེས་ཤིང། ཆོས ་དེ་ལ་མོས་པར་ཡང་མི་འགྱུར་ཞེས་བྱ་བ་ལ་སོགས་པས་ནི་གཉིས་པ་མངོན་པར་ཡིད་མི་ཆེས་པ་ཉིད་རབ་ཏུ་བསྟན་པའོ། །འདི་ཡང་རྣམ་པ་ལྔར་དབྱེ་སྟེ། མདོ་སྡེ་ཐོས་ཀྱང་ཡིད་ཆེས་བར་མི་འགྱུར་བ་ཉིད་དང། འདུ་ཤེས་གཉིས་འབྱུང་བ་དང། མངོན་བར་ཞེན་བ་གཉིས་འབྱུང་བ ་དང། གཞི་ངེས་ལོག་པར་ཤེས་པ་སྐྱེ་བར་འགྱུར་བ་དང། སྐུར་བ་ཉིད་ཡང་དག་པར་བསྟན་པའོ། །མིང?་ནི་དང་པོ་སྟེ། འདི་རང་གི་ལྟ་བ་མཆོག་ཏུ་འཛིན་པ་ལ་གནས་པ་ཉིད་ཀྱི་ཕྱིར་དགོངས་ཏེ་གསུངས་པའི་བསྟན་པ་ཐོས་ན་ཡང་མངོན་པར་ཡིད་ཆེས་པར་མི་འགྱུར་བའོ། །ཆོས་དེ་ལ ་ཆོས་མ་ཡིན་བར་འདུ་ཤེས་ཤིང་།དོན་ལ་དོན་མ་ཡིན་བར་འདུ་ཤེས་པས་ཞེས་བྱ་བ་ནི་གཉིས་པ་འདུ་ཤེས་གཉིས་འབྱུང་བར་བསྟན་པའོ། །འདི་ལྟར་སྔར་བསྟན་པ་ཐོས་ཀྱང་མོས་པར་མ་གྱུར་པ་ཉིད་ཀྱི་ཕྱིར་ཆོས་དང་དོན་ལ་ལོག་པའི་འདུ་ཤེས་རྣམ་པ་གཉིས་བསྐྱེད་པར་གྱུར ་པའོ། །ཆོས་དེ་དག་ལ་ཡན་ཆོས་མ་ཡིན་བར་མངོན་པར་ཞེན་ལ་། དོན་ལ་ཡང་དོན་མ་ཡིན་པར་མངོན་པར་ཞེན་ནས། ཤེས་བྱ་བ་ནི་གསུམ་བ་མངོན་པར་ཞེན་པ་རྣམ་གཉིས་འབྱུང་བར་བསྟན་པ་སྟེ། འདི་ལྟར་འདུ་ཤེས་སྔ་མ་གཉིས་ཀྱི ་དབང་གིས་མངོན་པར་ཞེན་པ་གཉིས་འབྱུང་བའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ་།འདི་སྐད་ཅེས་འདི་ནི་སངས་རྒྱས་ཀྱི་བཀའ་མ་ཡིན་གྱི། བདུད་ཀྱིས་སྨྲས་པ་ཡིན་ནོ་ཞེས་ཟེར་ཞེས་བྱ་བ་ནི་བཞི་པ་གཞི་དེས་ལོག་པར་ཤེས་པ་སྐྱེ་བར་བསྟན་པའོ། །འདི་ལྟར་ཆོས་དང་དོན ་ལ་མངོན་པར་ཞེན་པ་གཉིས་བསྐྱེད་པའི་ཕྱིར་རྒྱུ་དང་རྐྱེན་དེས་ལོག་པའི་ཤེས་པ་འདི་འབྱུང་བར་འགྱུར་བའོ། །དེ་ལྟར་རིག་ནས་མདོ་སྡེ་དེ་དག་ལ་སྐུར་པ་འདེབས་པར་བྱེད། མི་བསྔགས་པ་བརྗོད་པར་བྱེད། ངན་དུ་བརྗོད་པར་བྱེད་ཅིང། ལྟར?་ཅན་ཡིན་པར་མྱུར་ནས་རྣམ་གྲངས ་དུ་མར་མདོ་སྡེ་དེ་དག་སྤངས་པ་དང། ཆུད་གཟན་པ་དང་རྣམ་པར་གཞིག་བར་ཡང་བྱེད་ཅེས་བྱ་བ་ལ་སོགས་བས་ནི་ལྔ་པ་སྐུར་བ་ཉིད་ཡང་དག་པར་བསྟན་པའོ། །འདི་ཡང་རྣམ་བ་གསུམ་སྟེ། མདོ་སྡེ་ཉིད་ལ་སྐུར་པ་འདེབས་པ་ཡང་དག་པར་བསྟན་པ་དང། མདོ་སྡེ་ལ ་མོས་པ་རྣམས་ལ་སྡང་བར་བསྟན་པ་དང། ཆོས་ལ་སྐུར་བའི་རྐྱེན་རྣམ་པར་འབྱེད་པ་སྟེ། འདི་ནི་དང་པའོ། །གང་གིས་མདོ་སྡེ་དག་ལ་མོས་པ་རྣམས་ལ་ཡང་དགྲར་འདུ་ཤེས་པར་འགྱུར་རོ། ཞེས་བྱ་བ་ནི་གཉིས་པ་མདོ་སྡེ་ལ་མོས་པ་རྣམས་ལ་སྡང་བར་བསྟན་པའོ། ། ་དེ་དག་ནི་དང་པོ་ཉིད་ནས་ཀྱང་ལས་ཀྱི་སྒྲིབ་པས་སྒྲིབས་པ་ཡིན་ཞེས་བྱ་བ་ནི་གསུམ་པ་ཆོས་ལ་སྐུར་བ་འདེབས་བའི་རྐྱེན་རྣམ་བར་འབྱེད་བ་སྟེ། འདི་ལྟར་སྒྲིབ་པ་རྣམ་པ་གསུམ་ལས། ལས་ཀྱི་སྒྲིབ་པས་སྒྲིབས་པའི་ཕྱིར་ཆོས་ལ་སྐུར་པ་འདེབས་སོ་ཞེས་བྱ་བའི་? ་ཚིག་གོ་།གཞི་ངེས་ཀྱང་ལས་ཀྱི་སྒྲིབ་པ་དེ་ལྟ་བུས་སྒྲིབ་པར་བྱེད་དེ། ལས་ཀྱི་སྒྲིབ་བ་དེའི་དང་པོ་ནི་གདགས་པར་སླའི། བསྐལ་བ་བརྒྱ་སྟོང་བྱེ་བ་ཁྲག་ཁྲིག་ཕྲག་འདི་སྙོད་ཀྱི་བར་གྱིས་འབྱང་བར་འགྱུར་རོ་ཞེས་བྱ་བའི་དུས་ནི་མེད་དོ་ཞེས་བྱ་བ་ནི་གསུམ་པ ་སྐུར་བ་འདེབས་པའི་ཉེས་དམིགས་བསྟན་པའོ། །འདི་ལྟར་ཚེ་རབས་སྔ་མའི་ལས་ཀྱི་སྒྲིབ་པས་བསྒྲིབས་པ་དཔག་ཚེ་འདི་ལ་ཆོས་ལ་སྐུར་བ་འདེབས་པའི་ལས་ཀྱི་སྒྲིབ་པས་བསྒྲིབས་པ་སྟེ། །ལས་ཀྱི་སྒྲིབ་པ་དེ་དག་དང་པོ་ལས་བྱེད་པའི་ཚེ་ནི་གདགས་པར་སླ་ཡང། ་ལས་ཀྱི་འབྲས་བུ་མྱོང་བ་ན་བསྐལ་པ་བརྒྱ་སྟོང་ཁྲག་ཁྲིག་འབུམ་ཕྲག་འདི་སྙེད་ཀྱིས་འབྱང་བར་འགྱུར་བའི་དུས་ནི་མེད་དོ་ཞེས་བྱ་བའི་ཐ་ཚིག་གོ་།དེ་ལ་བྱེ་བ་ཁྲག་ཁྲིག་ཅེས་བྱ་བ་ནི་མཛོད་ཀྱི་བསྟན་བཅོས་ཀྱི་ནང་ནས། མདོ་སྡེ་ཁུངས་སུ་བསྟན་པ་ལས་འདི་སྐད་དུ་།ལུས ་ལ་མེད་པའི་གྲངས་གཅིག་གིས་མགོ་བོ་བཙུགས་ཏེ། གཅིག་ཕྲག་བཅུ་ལ་བཅུའོ། །བཅུ་ཕྲག་བཅུ་ལ་བརྒྱའོ། །བརྒྱ་ཕྲག་བཅུ་ལ་སྟོང་ངོ། །སྟོང་ཕྲག་བཅུ་ལ་ཁྲིའོ། །ཁྲི་ཕྲག་བཅུ་ལ་འབུམ་མོ། །འབུམ་ཕྲག་བཅུ་ལ་ས་ཡའོ། །ས་ཡ་ཕྲག་བཅུ་ལ་བྱེ་བའོ། །བྱེ་བ་ཕྲག ་བཅུ་ལ་དུང་ཕྱུར་རོ། །དུང་ཕྱུར་ཕྲག་བཅུ་ལ་ཐེར་འབུམ་མོ། །ཐེར་འབུམ་ཕྲག་བཅུ་ལ་ཐེར་འབུམ་ཆེན་པོའོ། །ཐེར་འབུམ་ཆེན་པོ་ཕྲག་བཅུ་ལ་ཁྲག་ཁྲིག་ཅེས་བྱ་སྟེ། དེ་བཞིན་དུ་གོང་ནས་གོང་དུ་གྲངས་བཅུ་དྲུག་ཙང་བའི་བར་དུའོ་ཞེས་འབྱུང་བ་ལྟ་བུ་སྟེ་།ཞིབ་དུ་དེ་ཉིད ་ལས་བསྟན་པ་བཞིན་དུ་རིག་པར་བྱའོ། །ཡང་ན་གདགས་བར་སླ་བ་ཞེས་བྱ་བ་ནི་འདས་པའི་ལས་ཀྱི་སྒྲིབ་པ་ནི་དང་པོར་བྱས་པའི་ཕྱིར། ལྕི་ཡང་གང་གིས་མཚན་ཉིད་གདགས་པར་སླའི། འདིར་ཆོས་ལ་སྐུར་བ་བཏབ་པའི་ལས་ནི་སྡུག་བསྔལ་མྱོང་བ་ལ་མཛའ་མེད་པས ་རྣམ་པར་དབྱེ་བ་ནི་ཤིན་ཏུ་དཀའ་བར་གྱུར་པའོ། །ཆོས་ལ་སྐུར་བ་འདེབས་པའི་ཉེས་དམིགས་རྒྱ་ཆེར་ནི། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་བའི་མདོ་དང། དམ་པའི་ཆོས་པདྨ་དཀར་པོ་ལ་སོགས་པ་ལས་བསྟན་པ་བཞིན་དུ་ཇིག་པར་བྱའོ། །གོང་དུ་བསྟན་པ་དེ་དག་ལ ་བྱེ་བྲག་ཡོད་པ་ཡང་གང་ཟག་དང་པོ་གཉིས་བསྟན་པ་དང། དོན་གཉིས་ཀ་ལ་མངོན་པར་ཡིད་ཆེས་པའོ། །གང་ཟག་གསུམ་པ་ལས་ནི་སློབ་དཔོན་རྣམ་པ་གཉིས་གཏོགས་པར་གང་ཐག་གསུམ་ཡོད་དེ། དེ་ལ་གང་ཟག་དང་པོ་གཉིས་ནི་བསྟན་བ་ལ་མངོན་པར་ཡིད ་ཆེས་ཤིང་དོན་ལས་རབ་ཏུ་ཉམས་པའོ། །གང་ཟག་ཕྱི་མ་གཅིག་ནི་དོན་ལ་མངོན་པར་ཡིད་ཆེས་ཤིང་བསྟན་བ་ལ་རབ་ཏུ་ཉམས་པའོ། །གང་ཟག་བཞི་པ་ནི་བསྟན་པ་དང། དོན་གཉིས་ཀ་ལས་རབ་ཏུ་ཉམས་པ་ཡིན་ནོ། །གཞན་ཡང་གང་ཟག་རྣམ་པ ་བཞི་ལས་གང་ཟག་སྔ་མ་གཉིས་ནི་བྱང་ཆུབ་སེམས་དཔའ་ཁོ་ན་ཡིན་ནོ། །དེ་ལ་བྱེ་བྲག་ཡོད་པ་ཡང་དང་པོ་ནི་དངོས་པོ་ལྔ་དང་ལྡན་ལ། ཕྱི་མ་ནི་དངོས་པོ་བཞི་དང་ལྡན་པས་སོ། །གང་ཟག་གསུམ་བ་ནི་དགོངས་པ་ཟབ་མོ་རྣམ་པར་དཀྲིལ?་བའི་མདོ་དང་སྦྱར་ན་།དངོས་པོ ་བཞི་དང་ལྡན་པ་དང་སེམས་ཅན་ཞེས་སྨོས་པ་ཁོ་ནར་ཟད་ལ། བསྟན་བཅོས་མངོན་པ་དང་ལེའུ་ཆེན་པོའི་མདོ་ལས་ནི་བྱང་ཆུབ་སེམས་དཔའ་ཞེས་འབྱུང་བས་།དེའི་ཕྱིར་བསྟན་བ་རྣམས་མི་མཐུན་པར་གྱུར་པ་ཡིན་ནོ། །རིགས་ཀྱི་བུ་དེ་ལྟར་ན་ངའི་ལེགས་པར་གསུངས ་པ། ལེགས་པར་བཅས་པའི་ཆོས་འདྲལ?་བ། ཤིན་ཏུ་རྣམ་པར་དག་པའི་བསམ་པས་བཤད་པ། ལེགས་པར་བསྟན་བའི་ཆོས་ལ་སེམས་ཅན་རྣམས་ཀྱི་མོས་བ་རྣམ་པ་སྣ་ཚོགས་ཀྱི་རིམ་བ་དག་བསྣན་པར་གྱུར་པ་ཡིན་ནོ་ཞེས་བྱ་བ་ནི་མོས་བ་དང་པར་གྱུར་པ་བསྟན ་པ་ལ། མདོར་བསྟན་པ་དང། རྣམ་པར་ཕྱེ་སྟེ་།རྒྱ་ཆེར་རྣམ་བར་བཤད་པ་དང། སྤྱིའི་མཇུག་བསྡུ་བའོ་ཞེས་རྣམ་པ་གསུམ་དུ་བསྟན་པ་ལས། དེ་ཡན་ཆད་དུ་རྣམ་པ་གཉིས་བཤད་ཟིན་ནས། འདིར་ནི་སྤྱིའི་མཇུག་བསྡུ་བ་བསྟན་པ་ཡིན་པར་རིག་པར་བྱའོ། །དེ ་ནས་བཅོམ་ལྡན་འདས་ཀྱིས་དོན་དེ་ཉིད་ཡང་བསྟན་པའི་ཕྱིར་ཚིགས་སུ་བཅད་པ་འདི་དག་གསུངས་ཞེས་བྱ་བ་འདི་མན་ཆད་ནི་གཉིས་པ་ཚིགས་སུ་བཅད་པས་བཟླས་ཏེ་བསྟན་པ་སྟོན་ཏེ། །འདི་ཡང་རྣམ་པ་གཉིས་ཏེ་།ཚིགས་སུ་བཅད་པས་སྟོན་པའི་མཛད་པའི་དགོངས་པ ་བསྟན་བ་དང། ཚིགས་སུ་བཅད་བ་མོས་ནས་ཡང་དག་པར་སྟོན་བར་མཛད་པ་སྟེ། འདི་ནི་དང་པོའོ། །ཆོས་རྣམས་ཐམས་ཅད་ངོ་བོ་ཉིད་མེད་ན། །སྐྱེ་མེད་འགག་མེད་གནོད་མ་ནས་ཞི་དང།། ཆོས་རྣམས་རང་བཞིན་མྱ་ངན་འདས་པར་ནི།། མཁས་པ་གང་ཞིག ་དགོངས་བ་མེད་པར་སྨྲ་ཞེས་བྱ་བ་འདི་མན་ཆད་ནི་གཉིས་པ་ཚིགས་སུ་བཅད་བ་སྨོས་ནས་ཡང་དག་སྟོན་བར་མཛད་བའོ། །འདི་ཡང་རྣམ་པ་གཉིས་ཏེ་།དང་པོའི་ཚིགས་སུ་བཅད་པ་གཉིས་ཀྱིས་ནི་གོང་དུ་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པའོ། །ཞེས་བྱ་བ་ལ་སོགས་པར་བསྟན་པ ་དག་ཟློས་ཤིང་དགོངས་ཏེ་གསུངས་པའི་བསྟན་པ་ལ་རྨོངས་པ་དང། ཁོང་དུ་ཆུད་བ་མི་མཚུངས་པར་གྱུར་པ་སྟོན་ཏོ། །ཀུན་གྱི་རྣམ་དག་ལམ་ཞེས་བྱ་བ་མན་ཆད་ཚིགས་སུ་བཅད་པ་གསུམ་གྱིས་ནི་དགོངས་པའི་བསྟན་པས་ཐེག་པ་གཅིག་དུ་གསུངས་པའི་དོན་ཟློས་པའོ། །གཞན ་ཡང་རྣམ་པ་གཉིས་སུ་དབྱེ་སྟེ། ཚིགས་སུ་བཅད་པ་དང་པོ་གཉིས་ཀྱིས་ནི་གོང་དུ་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པ་ལ་སོགས་པར་བསྟན་པ་ཟློས་པ་ཡིན་ལ། ཚིགས་སུ་བཅད་པ་ཕྱི་མ་གསུམ་ནི་གོང་དུ་ཐེག་པ་གཅིག་དུ་གསུངས་པ་མན་ཆད་རྣམ་གྲངས་གཉིས་ཀྱིས་དོན ་ཟློས་པ་ཡིན་བར་སྦྱར་རོ། །དང་པོ་ཡང་རྣམ་པ་གཉིས་ཀྱིས་བསྟན་ཏེ་།ཚིགས་སུ་བཅོད་པ་དང་པོ་གཅིག་གིས་ནི་མདོའི་ཚིག་བཞི་རྣམ་པར་བཤད་ཅིང་དགོངས་པ་དང་ལྡན་པར་བསྟན་ལ། ཚིགས་སུ་བཅད་བ་འོག་མ་གཅིག་གིས་ནི་།ངོ་བོ་ཉིད་མེད་པ་རྣམ་པ་གསུམ་ལས ་བརྩམས་ནས་དགོངས་པ་ཡང་དག་བར་བསྟན་པ་ཡིན་ཏེ། མདོ་དག་ལ་ངོ་བོ་ཉིད་མེད་པ་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་གསུངས་བ་ཡང། ངེས་པར་ངོ་བོ་ཉིད་ལ་སོགས་པ་མེད་པའི་ཕྱིར་ངོ་བོ་ཉིད་མེད་བ་ཞེས་གསུངས་པ་ནི་མ་ཡིན་གྱི། ངོ་བོ་ཉིད་མེད་པ ་རྣམ་པ་གསུམ་གྱི་དོན་ལས་བརྩམས་ནས་ངོ་བོ་ཉིད་མེད་པ་ཞེས་གསུངས་པ་ཡིན་ཏེ། ཞིབ་ཏུ་བཤད་པ་ནི་གོང་དུ་རྒྱ་ཆེར་བསྟན་པ་བཞིན་ནོ་ཞེས་བསྟན་པའི་ཕྱིར། མཁས་པ་གང་ཞིག་དགོངས་པ་མེད་པར་སྨྲ་ཞེས་གསུངས་པ་ཡིན་ནོ། །མཚན་ཉིད་སྐྱེ་དང་དོན ་དམ་ངོ་བོ་ཉིད། མེད་པར་འདི་ལྟར་ང་ཡིས་རབ་ཏུ་བསྟན། །གང་གིས་སངས་རྒྱས་དགོངས་པ་འདི་མ་ཤེས། །ཡང་དག་ལམ་ནི་རབ་ཉམས་འགྲོ་མི་ནུས་ཞེས་བྱ་བ་ནི་གཉིས་པ་ངོ་བོ་ཉིད་མེད་པ་རྣམ་པ་གསུམ་ལས་བཙམས་ནས་དགོངས་པ་ཡང་དག་བར་བསྟན་པའོ། ། ་འདི་ལྟར་ངོ་བོ་ཉིད་མེད་པ་ཞེས་བྱ་བ་ལ་སོགས་པ་གསུངས་པའི་ཚིག་ཁོང་དུ་མ་ཆུད་བས་ངས་མཚོན་ཉིད་དང། སྐྱེ་བ་དོན་དམ་པ་ངོ་བོ་ཉིད་མེད་པས་ངོ་བོ་ཉིད་མེད་པར་གསུངས་པའི་དགོངས་པ་རབ་ཏུ་བསྟན་པ་ཡིན་ཏེ། གལ་ཏེ་གང་གིས ་དགོངས་ཏེ་གསུངས་པ་འདི་ཁོང་དུ་ཆུད་པར་མ་གྱུར་ན་ཡང་དག་པའི་ལམ་ལས་རབ་ཏུ་ཉམས་པའི་ཕྱིར་བློ་ན་མེད་པའི་བྱང་ཆུབ་བགྲོད་པར་མི་ནུས་སོ་ཞེས་བྱ་བའི་ཐ་ཚིག་གོ་།ཉམས་པར་འགྱུར་བ་དེ་ཡང་བསྟན་བཅོས་ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་ངོ་བོ ་ཉིད་མེད་ཀྱིས་བྱས་པ་ལས་ཇི་སྐད་དུ། མེད་པ་དང་རྒྱུ་མེད་པ་ལ་ནན་གྱིས་ཡོད་བ་ཉིད་དུ་འཇོག་པའི་ཕྱིར་སྒྲོ་འདོགས་པ་ཞེས་བྱའོ། །ཡོད་པ་དང་མེད་པའི་རྒྱུ་ལ་ནན་གྱིས་མེད་དོ་ཞེས་སྐུར་བ་འདེབས་པས་དེའི་ཕྱིར་རབ་ཏུ་ཉམས་བ་ཞེས་བྱ་སྟེ་།སྒོ་འདོགས་པ ་དང་སྐུར་པ་འདེབས་བ་འདི་གཉི་ག་ཡང་མཛའ་ཞེས་བྱ་བས་ན་རབ་ཏུ་ལྟུང་བའི་དོན་ཡིན་ཏེ་།འདི་གཉིས་ལ་འཇུག་པ་དབུ་མའི་ལས་ལས་དབང་དུ་ཉམས་བར་འགྱུར་རོ་ཞེས་བསྟན་པ་ལྟ་བུའོ། །ཀུན་གྱི་ལམ་ནི་རྣམ་པ་དག་གཅིག་བུ་སྟེ། །རྣམ་པར་དག་པ་?་གཅིག ་ལས་གཉིས་བ་མེད། །དེའི་ཕྱིར་ཐེག་པ་གཅིག་ཏུ་འདོགས་བྱེད་ཀྱང། །སེམས་ཅན་རིགས་ནི་བྱེ་བྲག་མེད་པ་ཡིན་ཞེས་བྱ་བ་འདི་མན་ཆད་ནི་གཉིས་པ་ངོ་བོ་ཉིད་མེད་པའི་རྣལ་འབྱོར་ལས་བརྩམས་ནས་ཐེག་པ་གཅིག་ཏུ་གསུངས་པའི་དགོངས་པ་སྟོན་ཏོ། །འདི ་ཡང་རྣམ་པ་བཞིར་དབྱེ་སྟེ་།དང་བོ་ནི་ཚིགས་སུ་བཅད་བ་གཅིག་གིས་ཐེག་པ་གསུམ་གྱི་གང་ཟག་ལས་བརྩམས་ནས་ཐེག་པ་གཅིག་གསུངས་པའི་དགོངས་པ་བསྟན་པའོ། །གཉིས་པ་ནི་ཚིགས་སུ་བཅད་པ་བྱེད་ཀྱིས་རིགས་ངེས་བའི་གང་ཟག་བདག་གཅིག་བུ་མྱ་ངན ་ལས་འདས་པར་བསྟན་པའོ། །གསུམ་པ་ནི་ཚིགས་སུ་བཅད་བ་བྱེད་ཀྱིས་མ་ངེས་པའི་རིགས་ཅན་དག་མྱ་ངན་ལས་འདས་བ་ཆེན་བོ་ཐོབ་པར་བསྟན་པའོ། །བཞི་བ་ནི་ཚིགས་སུ་བཅད་པ་གཅིག་གིས་མྱ་ངན་ལས་འདས་པའི་མཚན་ཉིད་རྣམ་བར་བཤད་པའོ། །འདི་ནི་དང་པོ ་ཐེག་བ་གསུམ་གྱི་གང་དག་ལས་བརྩམས་ནས་ཐེག་པ་གཅིག་དུ་གསུངས་པའི་དགོངས་པ་འདི་བསྟན་པ་སྟེ། འདི་ལྟར་ཐེག་པ་གསུམ་གྱི་གང་ཟག་དེ་དག་ཀུན་ཀྱང་ངོ་བོ་ཉིད་མེད་བ་ཟག་པ་མེད་པ་འཕགས་པའི་ལམ་ལ་བསྟན་ནས་སོ་སོ་ནས་མྱ་ངན་ལས་འདས་པ་ཐོབ་བར ་འགྱུར་བས་ལམ་གཉིས་པ་མེད་པའི་ཕྱིར་ཐེག་པ་གཅིག་ཏུ་གསུངས་ཀྱང་ཐེག་པ་གསུམ་པོ་དེ་དག་གི་བྱེ་བྲག་མེད་པ་ནི་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ་སེམས་ཅན་ཁམས་འདིར་སེམས་ཅན་དཔག་མེད་དག་།བདག་ཉིད་གཅིག་པུ་མྱ་ངན་འད་བར་བྱེད་ཅེས་བྱ་བ ་ནི་གཉིས་པ་རིག་ངེས་པའི་གང་ཟག་བདག་གཅིག་བུ་མྱ་ངན་ལས་འདའ་བར་བསྟན་པའོ། །དེའི་རྒྱུད་ལ་ངེས་པར་དེ་བཞིན་གཤེགས་པའི་ཐུགས་རྗེའི་ས་བོན་མེད་པའི་ཕྱིར་གཏན་དུ་བླ་ན་མེད་པའི་བྱང་ཆུབ་མངོན་པར་མི་འགྱུར་བ་སྟེ། རྒྱ་ཆེར་ནི་གོང་དུ་བསྟན་པ་བཞི་ནོ། ་སྙིང་རྗེ་ཆེན་པོས་དཔའ་བརྟུལ་མྱ་ངན་འདའ་། །སེམས་ཅན་མི་གཏོང་དེ་དག་ཤིན་ཏུ་དཀོན་ཞེས་བྱ་བ་ནི་གསུམ་པ་མ་དེས་པའི་རིགས་ཅན་དག་མྱ་ངན་ལས་འདས་བ་ཆེན་པོ་ཐོབ་པར་བསྟན་པའོ། །རིགས་མ་ངེས་པའི་གང་ཟག་དེ་དག་གི་རྒྱུད་ལ་སངས་རྒྱས་ཀྱི་རིགས ་ཡོད་བའི་ཕྱིར་ནན་ཏན་བརྩོན་འགྲུས་ཀྱིས་སངས་རྒྱས་ཀྱི་མྱ་ངན་ལས་འདས་པ་ཐོབ་བར་བྱེད་ཀྱང། སེམས་ཅན་ལ་ཕན་འདོགས་པའི་བྱ་བ་མི་གཏོང་བས་ཡེ་ཤེས་རྣམ་པ་བཞི་དང་ལྡན་པར་གྱུར་ནས་གཏན་དུ་མྱ་ངན་ལས་འདའ་བ་འཐོབ་པར་འགྱུར་གྱི་།རིགས་ངེས ་པའི་གང་ཟག་དེ་དག་གིས་ཐོབ་པར་འགྱུར་བ་ནི་ཤིན་ཏུ་དཀོན་ནོ་ཞེས་བྱ་བའི་ཐ་ཚིག་།ཕྲ་ཞིང་བསམ་པར་དཀའ་བ་ཟག་མེད་དབྱིངས། །དེར་རྣམ་གྲོལ་དག་མཉམ་པས་བྱེ་བྲག་མེད། །ཐམས་ཅད་དོན་འགྲུབ་ཉོན་མོངས་སྡུག་བསྔལ་སྤོངས། །ཐ་དད་གཉིས་སུ་བརྗོད་པ ་བརྟན་བ་དེ་ཡིན་ཞེས་བྱ་བ་ནི་བཞི་པ་མྱ་ངན་ལས་འདས་པའི་མཚན་ཉིད་རྣམ་པར་བཤད་པའོ། །ཕྲ་ཞིང་བསམ་པར་དཀའ་བ་ཟག་མེད་དབྱིངས་ཞེས་བྱ་བ་ནི་འདི་ལྟ་སྟེ་། མྱ་ངན་ལས་འདས་པའི་ངོ་བོ་ཉིད་དོ། །དབྱིངས་ཞེས་བྱ་བ་ནི་བདག་ཉིད་ལ་བྱ་སྟེ་།མྱ ་ང་ནི་ལས་འདས་པའི་བདག་ཉིད་ཀྱི་མཚན་ཉིད་ཡིན་པའི་ཕྱིར་ཕྲ་ཞིང་བསམ་པར་དཀའ་བར་གྱུར་པའོ། །དེར་རྣམ་གྲོལ་དག་མཉམ་པས་བྱེ་བྲག་མེད་ཅེས་བྱ་བ་ནི་མྱ་ངན་ལས་འདས་པའི་འབྲས་བུ་མཚུངས་ཤིང་བྱེ་བྲག་མེད་བར ་རབ་ཏུ་བསྟན་པའོ། །དེ་བཞིན་ཉིད་གཅིག་པ་སྐུ་རྣམ་པ་གཉིས་དང་ལྡན་པའི་དོན་ཡོད་པ་དང་པོ་རྣམ་པར་གྲོལ་བའི་སྐུ་ནི་འདི་ལྟ་སྟེ། དེ་བཞིན་ཉིད་ལ་བརྟེན་ཏེ་ཉོན་མོངས་བ་སྤུངས་ནས། རྣམ་པར་ཕྲོལ་བ་ཐོབ་པར་འགྱུར་བ་གང་ཡིན་པ་དེ་ནི་རྣམ ་པར་གྲོལ་བའི་སྐུ་ཞེས་བྱའོ། །གཉིས་པ་ཆོས་ཀྱི་སྐུ་ནི་འདི་ལྟ་སྟེ། སངས་རྒྱས་གྱི་ཆོས་ཀྱི་སྐུ་སྟོབས་དང་།མི་འཇིགས་པ་ལ་སོགས་པའི་ཡོན་ཏན་གྱི་རྟེན་དུ་གྱུར་བས་དེའི་ཕྱིར་ཆོས་ཀྱི་སྐུ་ཞེས་བྱའོ། །དེ་ལ་ཆོས་ཀྱི་སྐུ་ནི་དེ་བཞིན་གཤེགས་པ ་ཉག་གཅིག་ལ་མངའ་ཨོ། །རྣམ་བར་གྲོལ་བའི་སྐུ་ནི་ཐེག་པ་གསུམ་པོ་དག་བྱེ་བྲག་མེད་པའི་ཕྱིར་རྣམ་བར་གྲོལ་བ་མཉམ་པས་བྱེ་བྲག་མེད་ཅེས་གསུངས་ཏེ་དེའི་ཕྱིར་འོག་ནས་མདོ་ཉིད་ལས། རིགས་ཀྱི་བུ་རྣམ་པར་གྲོལ་བའི་ལུས་ཉིད་ཀྱི་ཕྱིར ་ནི་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱང་དེ་བཞིན་གཤེགས་པ་རྣམས་དང་མཚུངས་ཤིང་མཉམ་མོ་ཞེས་བཤད་ལ། །ཆོས་ཀྱི་སྐུའི་ཕྱིར་ནི་ཁྱད་བར་དུ་འཕགས་སོ་ཞེས་བཤད་དེ། དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་ལ། བྱེ་བྲག་ཡོད་པའི་ཕྱིར ་ཡོན་ཏན་ཁྱད་པར་དུ་འཕགས་པ་དཔག་ཏུ་མེད་པའི་རྟེན་ཏུ་གྱུར་པ་ཡིན་ནོ་ཞེས་གསུངས་པ་ཡིན་ནོ། །བསྟན་བཅོས་རྣལ་འབྱོར་སྦྱོར་པའི་ས་ལས་ཀྱང། ཐེག་བ་པ་གསུམ་པོ་དག་གི་ལྷག་མ་མེད་བའི་མྱ་ངན་ལས་འདས་པ་ལ་རབ་དང། ཐ་མའི་བྱེ་བྲག་མེད ་པའོ་ཞེས་བཤད་དེ་དེའི་ཕྱིར་དེ་ཉིད་ལས་འདི་ལྟར་ལྷག་མ་མེད་པའི་དབྱིངས་དེ་ལ་ནི་དམན་པ་དང། འབྲིང་དང་།ཁྱད་པར་དུ་འཕགས་པ་རྣམ་པར་བཞག་པ་ཡང་མེད་ལ། མཐོ་དམན་ཡང་མེད། བཟང་ངན་ཡང་མེད་དེ། འདི་ནི་དེ་བཞིན་གཤེགས ་པ་དང། ཉན་ཐོས་བྱེ་བྲག་མེད་པའོ་ཞེས་བཤད་དེ། རྒྱ་ཆེ་བ་དེ་ཉིད་ལས་བསྟན་བ་བཞིན་ནོ། །ཐམས་ཅད་དོན་འགྲུབ་ཅེས་པ་ལ་སོགས་བ་ལ་དོན་ནི་ཁྱད་བར་དུ་འཕགས་པ་སྟེ་།འདི་ལྟར་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དེ་བཞིན་ཉིད་ཀྱི་བདག་ཉིད་ལ་འདུས ་མ་བྱས་པའི་ཡོན་ཏན་ཐམས་ཅད་འགྲུབ་པ་དང། ཉོན་མོངས་པ་དང། སྡུག་བསྔལ་གྱི་རྟེན་དུ་གྱུར་པའི་ལུས་སྤོང་པ་དག་མི་མཚུངས་པས་ལྷག་མ་དང་བཅས་པ་ནི་ཉོན་མོངས་བ་ཉི་ཚེ་སྤང་བ་ཡིན་ནོ། །མྱ་ངན་ལས་འདས་པ་འདི་ལ་བརྟེན་ནས་ཐ་དད་དུ་བརྗོད་པ་གཉིས ་པོ་འདི་ལྟ་སྟེ་།བརྟན་བ་དང་བདེ་བའོ། །འདི་ལྟར་ཉོན་མོངས་པ་དང་བྲལ་བའི་ཕྱིར་ནི་བརྟན་བ་ཞེས་གསུངས་ལ། སྡུག་བསྔལ་དང་བྲལ་བའི་ཕྱིར་ནི་བདེ་བ་ཞེས་གསུངས་སོ། །བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་ཀྱང། དོན་རྣམ་པ་གསུམ་གྱི་ཕྱིར་ནི་རྟག་པ ་ཞེས་བྱའོ། །དོན་རྣམ་པ་གཉིས་ཀྱི་ཕྱིར་ནི་བདེ་བ་ཞེས་བསྟན་ཏེ། དེའི་ཕྱིར་དེ་ཉིད་ལས་ཅིའི་ཕྱིར་རྟག་པ་ཞེས་བྱ་ཞེ་ན་།སྨྲས་པ། དེ་བཞིན་ཉིད་རྣམ་པར་དག་པས་རབ་ཏུ་ཕྱེ་བའི་ཕྱིར་དང་།རྐྱེན་ལས་བྱུང་བ་མ་ཡིན་པའི་ཕྱིར་དང། སྐྱེ་བ་དང་འགག་པ་མེད ་པའི་ཕྱིར་རོ། །ཅི་བདེ་བར་བརྗོད་པར་བྱས་འམ། བདེ་བ་མ་ཡིན་བར་བྱ་ཞེ་ན། །སྨྲས་པ། དོན་དམ་པ་བདེ་བས?་?་བརྗོད་པར་བྱ་རིག། ཚོར་བའི་བདེ་བས་ནི་མ་ཡིན་ནོ། །དེ་ཅིང་ཕྱིར་ཞེ་ན། ཉོན་མོངས་པ་ཐམས་ཅད་དང། དེ་ལས་གྱུར་པའི་སྡུག་བསྔལ ་ཐམས་ཅད་ལས་ཡང་དག་པར་འདས་པ་ཉིད་ཀྱི་ཕྱིར་རོ་ཞེས་འབྱུང་བས་ན་བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས། རྟོག་པའི་དོན་རྣམ་པ་གསུམ་དང་བདེ་བའི་དོན་རྣམ་བ་གཉིས་ལས་བརྩམས་ནས་བསྟན་པ་ཡིན་ཏེ། དོན་རྣམ་བ་དེ་གཉིས་ཐ་དད་པའི ་ཕྱིར་འདིར་ཐ་དད་པ་གཉིས་སུ་བརྗོད་པ་ཞེས་བྱ་བ་གསུངས་སོ། །ཁམ་བོ་སུམ་ཅུ་གཅིག་པ། །དེ་ནས་དེའི་ཚེ་བྱང་ཆུབ་སེམས་དཔའ་དོན་དམ་ཡང་དག་འཕགས་ཀྱིས་ཀྱང། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ ་ལྡན་འདས་ཀྱི་ཅི་ཙམ་དུ་སངས་རྒྱས་རྣམས་ཀྱིས་དགོངས་ཏེ་གསུངས་པ། ཕྲ་བ་མཆོག་ཏུ་ཕྲ་བ་།ཟབ་པ་མཆོག་ཏུ་ཟབ་པ་།རྟོགས་པར་དཀའ་བ། མཆོག་ཏུ་རྟོགས་པར་དཀའ་བའི་བར་དུ་གསུངས་པ་ནི་ངོ་མཚར་རྨད་དུ་བྱུང་བ་ལ་སོགས ་ཞེས་བྱ་བ་འདི་མན་ཆད་རྣམ་པ་ལྔར་ཕྱེ་བའི་གསུངས་པ་ཁོང་དུ་ཆུད་པར་གྱུར་ནས་བཀའ་ཡང་དག་པར་བླངས་པའི་ཕྱོགས་ཤེས་བྱ་བ་སྟོན་ཏོ། །འདི་ཡང་རྣམ་པ་གཉིས་ཏེ། བྱང་ཆུབ་སེམས་དཔའ་གོ་བར་གྱུར་པ་བསྟན་པ་དང་།དེ་ནས་བཅོམ་ལྡན་འདས་ཀྱིས་ཤེས ་བྱ་བ་མན་ཆད་དེ་བཞིན་གཤེགས་པས་བསྒྲུབ་པར་བསྐུལ་བའོ། །དང་པོ་ཡང་རྣམ་པ་གསུམ་དུ་དབྱེ་སྟེ། བསྟན་པར་ཤིན་ཏུ་ཟབ་པ་ཉིད་དུ་བསྔགས་པ་དང། འདི་ལྟར་བདག་གི་ཤེས་བྱ་བ་མན་ཆད་ཀྱིས། བདག་ཉིད་ཀྱིས་ཁོང་དུ་ཆུད་པར་གྱུར་པར་བསྟན་པ་དང ་བཅོམ་ལྡན་འདས་དཔེར་བགྱི་ན་ཞེས་བྱ་བ་མན་ཆད་ཀྱིས་དཔེ་སྨོས་ནས་བཟླས་ཏེ་བཤད་པའོ། །འདི་ནི་དང་པོ་བསྟན་པ་ཤིན་ཏུ་ཟབ་པ་ཉིད་དུ་བསྔགས་པའོ། །མདོའི་ཚིག་འདི་ཡང་རྣམ་པ་གཉིས་ཏེ། བསྔགས་པ་སྤྱིར་བརྗོད་པ་དང། ཕྲ་བ་ཕན་ཆད་བསྔགས ་པ་བྱེ་བྲག་ཏུ་བརྗོད་པའོ། །དེ་ལ་ཕྲ་བ་དང་ཟབ་པ་དང། རྟོགས་པར་དཀའ་བ་ཞེས་བྱ་བ་ནི་གོ་རིམ་བཞིན་དུ་སོ་སོའི་སྐྱེ་བོ་དང། ཐེག་པ་པ་གཉིས་དང་།བྱང་ཆུབ་སེམས་དཔའ་ཨི་གནས་སྐབས་ལས་ཡང་དག་པར་འདས་པའི་བྱེ་བྲག་གི་ཕྱིར་རོ། །ཡང་ཉན ་ཐོས་དང། རང་སངས་རྒྱས་དེར་བྱང་ཆུབ་སེམས་དཔའ་ས་ལས་ཡང་དག་པར་འདས་པའི་ཕྱིར་རོ། །ཡང་ན་བསྐལ་པ་གྲངས་མེད་པ་གསུམ་པའི་བྱང་ཆུབ་སེམས་དཔའ་ཨི་སྤྱོད་ཡུལ་ལས་ཡང་དག་པར་འདས་པའི་ཕྱིར། མིང་འདི་གསུངས་པ་ཡིན་ནོ། །འདི་ལྟར ་བདག་གིས་དེད་འདིར་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པའི་དོན་འཚལ་བ་ལྟར་ན། །ཞེས་བྱ་བ་ལ་སོགས་པས་ནི་གཉིས་པ་བདག་ཉིད་ཀྱི་ཁོང་དུ་ཆུད་པར་གྱུར་པ་སྟོན་ཏོ། །འདི་ཡང་རྣམ་པ་གཉིས་ཏེ། ཕུང་པོ་ལ་སོགས་བ་སྒོ་ལྔ་པོ་དག་ཐུགས་སུ་ཆུད ་ནས་ངོ་བོ་ཉིད་རྣམ་པ་གསུམ་གསུངས་པར་བསྟན་པ་དང། བདེན་པ་ལ་སོགས་པའི་སྒོ་གཉིས་པོ་དག་ཐུགས་སུ་ཆུང་ནས་ངོ་བོ་ཉིད་མེད་པ་རྣམ་པ་གསུམ་གསུངས་པར་བསྟན་པའོ། །དང་པོ་ཡང་རྣམ་པ་གཉིས་ཀྱིས་བསྟན་ཏེ། གཟུགས་ལས་བརྩམས་ནས་ངོ་བོ ་ཉིད་མེད་པ་རྣམ་པ་གསུམ་གསུངས་པར་བསྟན་པ་དང། ཟླས་ཕུང་པོ་གཞན་ལ་སོགས་པ་བསྟན་པའོ། །གཟུགས་ཀྱི་ཕུང་པོ་ལས་བརྩམས་པ་ཡང་རྣམ་པ་གཉིས་སུ་དབྱེ་སྟེ་།ངོ་བོ་ཉིད་སྔ་མ་གཉིས་ཁྱོད་དུ་ཆུད་པར་བསྟན་པ་དང། ངོ་བོ་ཉིད་གསུམ་པ་ཁོང་དུ ་ཆུང་བར་བསྟན་པའོ། །དང་པོ་ཡང་རྣམ་པ་གཉིས་ཏེ། ཁོང་དུ་ཆུང་པར་གྱུར་པ་མདོར་བསྟན་པ་དང། ཁོང་དུ་ཆུད་པ་རྣམ་པར་ཕྱེ་ནས་བཤད་པ་སྟེ། འདི་ནི་དང་པོའོ། །རྣམ་པར་རྟོག་པའི་སྤྱོད་ཡུལ་ཀུན་བརྟགས་པའི་མཚན་ཉིད་ཀྱི་གནས་འདུ་བྱེད ་ཀྱི་མཚན་མ་དག་ལ་གཟུགས་ཀྱི་ཕུང་པོ་ཞེས་ངོ་བོ་ཉིད་ཀྱི་མཚན་ཉིད་དམ། བྱེ་བྲག་གི་མཚན་ཉིད་དུ་མིང་དང་བརྡར་རྣམ་པར་བཞག་པ་དང། གཟུགས་ཀྱི་ཕུང་པོ་སྐྱེའོ་ཞེས་མ། གཟུགས་ཀྱི་ཕུང་པོ་འགོག?་ཞེའམ། གཟུགས་ཀྱི་ཕུང་པོ་?་རྟེ ་དུ་སྤངས་པ་དང། ཡོངས་སུ་ཤེས་པའོ་ཞེས་ངོ་བོ་ཉིད་ཀྱི་མཚན་ཉིད་དམ། བྱེ་བྲག་གི་མཚན་ཉིད་དུ་མིང་དང་བརྡར་རྣམ་པར་བཞག་པ་གང་ལགས་པ་དེ་ནི་ཀུན་བརྟགས་པའི་མཚན་ཉིད་ལགས་ཏེ་ཞེས་བྱ་བ་ལ་སོགས་པ་ནི་གཉིས་པ་ཁོང་དུ་ཆུད་པར་གྱུར ་བ་རྣམ་པར་ཕྱེ་སྟེ་བཤད་བའོ། །འདི་ཡང་རྣམ་པ་གཉིས་ཏེ། བརྟགས་པའི་མཚན་ཉིད་བསྟན་པ་དང། གཞན་གྱི་དབང་གི་ངོ་བོ་ཉིད་རབ་ཏུ་བསྟན་པའོ། །བརྟགས་པའི་མཚན་ཉིད་བརྟན་པ་ཡང་རྣམ་པ་གཉིས་སུ་དབྱེ་སྟེ། གཞན་ལ་བརྟེན་ནས ་བརྟགས་པའི་ངོ་བོ་ཉིད་རྣམ་པར་བཞག་པར་བསྟན་པ་དང། བཅོམ་ལྡན་འདས་དེ་ལ་བརྟེན་ནས་ཞེས་བྱ་བ་མན་ཆད་ཀྱིས་ཀུན་བརྟགས་པའི་མཚན་ཉིད་ལ་བརྟེན་ནས་མཆན་ཉིད་ངོ་བོ་ཉིད་མེད་པར་གསུངས་པ་ཡིན་པར་བསྟན་པ་སྟེ། འདི་ནི་དང་པོའོ།། ་མདོའི་ཚིག་འདི་ཡང་རྣམ་པ་གསུམ་དུ་དབྱེ་སྟེ། རྣམ་པར་རྟོག་པའི་སྤྱོད་ཡུལ་གྱི་གནས་ཀྱི་མཚན་ཉིད་བསྟན་པ་དང་གཟུགས་ཀྱི་ཕུང་པོའི་ངོ་བོ་ཉིད་དང་བྱེ་བྲེག་བསྟན་པ་གཟུགས་ཀྱི་ཕུང་པོའི་སྐྱེ་བ་དང། འགག་པ་དགེ?་གཉན ་ཏུ་སྤངས་པ་དང། ཡོངས་སུ་ཤེས་པ་རྣམ་པར་རྟོག་པའི་སྤྱོད་ཡུལ་ཞེས་བྱ་བ་ནི་རྣམ་པར་རྟོག་པ་ཉིད་ཀུན་དུ་གཞལ་བའི་སེམས་སེམས་ལས་བྱུང་བ་ཉིད་དེ། སྤྱོད་ཡུལ་ཞེས་བྱ་བ་ནི་དེས་བརྟགས་པའི་ངོ་བོ་ཉིད་དེ་ཡང་དག་པའི་གཟུགས་ཀྱི་ཕུང་པོ་ལ་སོགས་པ་ནི ་རྣམ་པར་རྟོག་པ་དེའི་སྤྱོད་ཡུལ་ཡིན་པའི་ཕྱིར་རྣམ་པར་རྟོག་པའི་སྤྱོད་ཡུལ་ཞེས་བྱའོ་ཞེས་རབ་ཏུ་བསྟན་པའོ། །བཤད་པའི་རྣམ་གྲངས་གཞན་དུ་ན་།སྤྱོད་ཡུལ་ཞེས་བྱ་བ་ནི་གཞན་གྱི་དབང་ཡིན་ཏེ། བརྟགས་པའི་གཟུགས་ཀྱི་ཕུང་པོ་ལ་སོགས་པ་ནི ་རྣམ་པར་རྟོག་པ་དེའི་དམིགས་པའི་རྐྱེན་ཡིན་པའི་སྤྱོད་ཡུལ་ཞེས་བྱའོ། །ཀུན་བརྟགས་པའི་མཚན་ཉིད་ཀྱི་གནས་འདུ་བྱེད་ཀྱི་མཚན་མ་དག་ལ་ཞེས་བྱ་བ་ནི་འདུ་བྱེད་ཀྱི་མཚན་མ་དེ་ལ་ཡང་བཤད་པ་རྣམ་པ་གཉིས་ཡོད་དེ། ཁ་ཅིག་ན་རེ་འདུ་བྱེད་ནི ་ལྟ་བའི་རྣམ་པ་སྟེ། འདུ་བྱེད་ལ་བྱེ་བྲག་དུ་དམིགས་པའི་ཤེས་པའོ། །མཚན་མ་ནི་རྒྱུ་མཚན་གྱི་རྣམ་པ་སྟེ། དམིགས་པར་བྱ་བའི་མཚན་མའོ། །ཁ་ཅིག་ན་དེ་འདུ་བྱེད་ཀྱི་མཚན་མ་ཞེས་བྱ་བ་ནི་འདུས་བྱས་ཀྱི་རྣམ་པ་སྟེ། ཐམས་ཅད་ཀྱང་གཞན ་གྱི་དབང་གི་རྣམ་པའི་མཚན་ཉིད་དོ་ཞེའོ། །བཤད་པ་རྣམ་པ་གཉིས་ལས་བཤད་པ་ནི་ཕྱི་མ་བཟང་ངོ། །བཤད་པ་སྔ་མ་དང་སྦྱར་ན་ནི་གཞན་གྱི་དབང་མི་རུང་སྟེ་ལྟ་བ་ལ་སོགས་པའི་རྣམ་པ་ཡིན་པའི་ཕྱིར་རོ། །གཟུགས་ཀྱི་ཕུང་པོའི་ངོ་བོ་ཉིད་དང་བྱེ་བྲག་གི ་མཚན་ཉིད་དུ་མིང་དང་བརྡར་རྣམ་པར་བཞག་པ་ཞེས་བྱ་བ་ནི་མཚན་ཉིད་ཀྱི་བདག་ཉིད་སྤྱིར་བསྟན་པ་ལ་ངོ་བོ་ཉིད་ཅེས་བྱ་སྟེ། རང་གི་ངོ་བོ་ཉིད་དེ་ཉིད་ལ་ཟག་པ་དང་བཅས་པ་དང། ཟག་པ་མེད་པ་དང?། བསྟན་དུ་མེད་པ་ཞེས་བྱ་བ་ལ་སོགས་པས་ནི་བྱེ? ་བྲག་ཅེས་བྱའོ། །གཟུགས་ཀྱི་ཕུང་པོ་སྐྱེའོ། །བག་གོ་ཞེས་བྱ་བ་ལ་སོགས་པར་རྣམ་པར་བཞག་པ་ཞེས་བྱ་བ་ལ། སྔོན་མེད་པ་ལས་ཡོད་པར་གྱུར་པ་ནི་སྐྱེ་བ་ཞེས་བྱའོ། །སྐྱེས་ནས་མེད་པར་གྱུར་པ་གང་ཡིན་པ་དེ་ནི་དཔལ་པ་ཞེས་བརྗོད་དོ། །སྐྱེ་བ་དེ་གཉིས ་པ་རྣམ་པར་འབྱེད་པ་གང་ཡིན་པ་དེ་ནི་ངོ་བོ་ཉིད་ཀྱི་མཚན་ཉིད་ཅེས་བྱའོ། །སྐད་ཅིག་བར་སྐྱེ་ཤིང?་འཇིག་པ་དང། ཐད་ཅིག་ཙམ་དུ་གནས་པ་ལ་སོགས་པ་ནི་བྱེ་བྲག་གི་མཚན་ཉིད་ཅེས་བྱའོ། །ཀུན་ནས་ཉོན་མོངས་པའི་གཟུགས་ཀྱི་ཕུང་པོ་གང ་ཡིན་པ་དེ་ནི་གཏན་དུ་སྤང་བར་བྱའོ། །ཀུན་ནས་ཉོན་མོངས་པ་མ་ཡིན་པའི་གཟུགས་ཀྱི་ཕུང་པོ་གང་ཡིན་པ་དེ་ནི་ཡོངས་སུ་ཤེས་པར་བྱ་བའོ། །ཡང་ན་ཀུན་འབྱུང་བའི་དོན་གྱི་མཐར་གང་ཡིན་པ་དེ་ནི་གཏན་དུ་སྤང་བར་བྱ་བའོ། །སྡུག་བསྔལ་གྱི་བདེན་པའི ་དོན་གྱི་མཛའ་གང་ཡིན་པ་དེ་ནི་ཡོངས་སུ་ཤེས་པར་བྱ་བའོ། །གཏན་དུ་སྤང་བ་དང། ཡོངས་སུ་ཤེས་པ་དེ་ཡང་གཏན་དུ་སྤང་བ་སྦྱིར་བསྟན་པ་གང་ཡིན་པ་དེ་ནི་གཏན་དུ་སྤང་བའི་རང་གི་ངོ་བོ་ཉིད་ཅེས་བྱའོ། །མཐོང་བ་དང་སྒོམ་པའི་ལམ་ལ་སོགས་པས ་སྤང་བར་བྱ་བ་གང་ཡིན་པ་དེ་ནི་གཏན་དུ་སྤང་བའི་བྱེ་བྲག་ཅེས་བྱའོ། །གཟུགས་ཀྱི་རང་གི་ངོ་བོ་ཉིད་སྤྱིར་ཤེས་པ་གང་ཡིན་པ་དེ་ནི་ཡོངས་སུ་ཤེས་པའི་རང་གི་ངོ་བོ་ཉིད་ཅེས་བྱའོ། །གཟུགས་ཀྱི་ཕུང་པོ་བྱེ་བྲག་ཏུ་ཤེས་པ་གང་ཡིན་པ་དེ་ནི་ཡོངས་སུ་ཤེས་པའི ་བྱེ་བྲག་ཅེས་བྱ་སྟེ་།དེ་ལྟར་རྣམ་པར་བཞག་པ་གང་ཡིན་པ་དེ་ནི་ཀུན་བརྟགས་པའི་མཚན་ཉིད་ཅེས་བྱའོ། །དོན་དམ་པའི་བདེན་པའི་མཚན་ཉིད་ཀྱི་ལེའུ་ལས་ནི་མཚན་ཉིད་རྣམ་པ་དྲུག་པོ་འདི་ལྟ་སྟེ། ཕུང་པོ་ཐོབ་པའི་ཕྱིར་དང། ཕུང་པོའི་སྐྱེ་བ ་ཐོབ་པའི་ཕྱིར་དང། ཕུང་པོ་འགོག་པ་ཐོབ་པའི་ཕྱིར་དང། ཕུང་པོ་འགོག་པ་མངོན་དུ་བྱ་བ་ཐོབ་པའི་ཕྱིར་ཞེས་བྱ་བ་བསྟན་པ། ལེའུ་འདིའི་མགོར་ནི་མཚན་ཉིད་རྣམ་པ་ལྔ་བསྟན་ཅིང། ཁོང་དུ་ཆུད་པའི་ཚིག་དྲུག་འབྱུང་ན་།ཅིའི་ཕྱིར་སྔ ་ཕྱི་མི་མཐུན་པར་གྱུར་ཅེ་ན་།སྨྲས་པ། སྔ་ཕྱིར་བསྟན་པ་རྣམས་གཅིག་དུ་བསྡུས་ན། མཚན་ཉིད་རྣམ་པ་བཅུ་ཡོད་དེ། དོན་དམ་པའི་བདེན་པའི་མཚན་ཉིད་ཀྱི་ལེའུ་ལས་མཚན་ཉིད་རྣམ་པ་དྲུག་བསྟན་པ་དང་།ངོ་བོ ་ཉིད་མེད་པར་བསྟན་པའི་ལེའུར་ཡང་མཚན་ཉིད་རྣམ་པ་གཉིས་ཀྱིས་བསྣན་པ་འདི་ལྟ་སྟེ། གཏན་དུ་སྤངས་བ་དང། ཡོངས་སུ་ཤེས་པ་དང་།ཁོང་དུ་ཆུད་པ་བསྟན་པའི་སྐབས་ནས། ཡང་མཚན་ཉིད་རྣམ་པ་གཉིས་ཀྱིས་བསྣན་པ་འདི་ལྟ་སྟེ། ངོ ་བོ་ཉིད་ཀྱི་མཚན་ཉིད་དང་བྱེ་བྲག་གི་མཚན་ཉིད་དོ། །མཚན་ཉིད་རྣམ་པ་བཅུ་པོ་དེ་དག་ལས་རང་གི་ངོ་བོ་ཉིད་དང་བྱེ་བྲག་གི་མཚན་ཉིད་ཀྱི་ཕྱིར་གྲངས་ཀྱང་ངེས་པ་མེད་པས་བྱེ་བྲག་བཞག་ནས་སྤྱིའི་དབང་དུ་བྱིན?་ནི་མཚན་ཉིད་གཅིག་ཁོ་ན་ལས་མེད ་དོ། །སྤྱི་བཞག་ནས་བྱེ་བྲག་གི་དབང་དུ་བྱས་ཏེ་བརྗོད་ན་ནི་མཚན་ཉིད་གཉིས་ཁོ་ན་ལས་མེད་དོ། །སྤྱི་དང་བྱེ་བྲག་གཉི་གའི་དབང་དུ་བྱས་ཏེ་བརྗོད་ན་ནི་མཚན་ཉིད་རྣམ་པ་གསུམ་ཡོད་པས་དེའི་ཕྱིར་སྔ་ཕྱིའི་བསྐྱེད་བ་དང། དབྱི་བ་དག་མི ་མཐུན་པར་གྱུར་པ་ཡིན་ན། །འདིར་ཁོང་དུ་ཆུད་བའི་སྐབས་ནས་ནི་ཁོང་དུ་ཆུད་པའི་ལེའུ་དང་པོ་ཡིན་པའི་ཕྱིར་ཚིག་དྲུག་པོ་དེ་དག་གསུངས་པ་ཡིན་ནོ། །ཡང་ལེའུ་ཉིད་ཀྱི་མགོར་མཚན་ཉིད་དྲུག་ཀྱང་བསྟན་ཏེ། འདི་ལྟར་ཕུང་པོ་རྣམས་ཀྱང་བསྟན་པས་ན་།དོན ་དམ་པའི་བདེན་པའི་མཚན་ཉིད་ཀྱི་ལེའུ་ལས་ཕུང་པོ་ཐོབ་པའི་སླད་ཏུ་ཞེས་བྱ་བ་ལ་སོགས་པ་བསྟན་བ་ཉིད་དོ། །ཁོང་དུ་ཆུད་པ་འདི་ལས་ནི་མཚན་ཉིད་རྣམ་པ་བདུན་ཡོད་དེ། གཟུགས་ཀྱི་ཕུང་པོ་ནི་མཚན་ཉིད་དང་པོ་ཡིན་པའི་ཕྱིར་རོ། །ཅིའི ་ཕྱིར་ལེའུ་གཉིས་པ་ལས་ཕུང་པོ་ལ་སོགས་པའི་ཆོས་ལས་བརྩམས་ནས་འགོག་བ་དང། འགོག་པ་མངོན་དུ་བྱ་བ་དང། གཏན་དུ་སྤང་བ་དང་ཡོངས་སུ་ཤེས་པ་ཞེས་བསྟན་པ་ལེའུ་འདི་ལམ་གཏན་དུ་སྤང་བ་དང། ཡོངས་སུ་ཤེས་པ་ཁོ་ན་བསྟན ་ཀྱི། འགོག་པ་དང། འགོག་པ་མངོན་དུ་བྱ་བ་གསུངས་ཤེ་ན། སྨྲས་པ་གཏན་དུ་སྤང་བ་ནི་ཀུན་འབྱུང་གི་བདེན་པ་ཡིན། །ཡོངས་སུ་ཤེས་པར་བྱ་བ་ནི་སྡུག་བསྔལ་གྱི་བདེན་བ་ཡིན་།འགོག་པ་ནི་འགོག་པའི་བདེན་བ་ཡིན། མངོན་དུ་བྱ་བ་ནི་ལམ་གྱི་བདེན་པ་ཡིན ་པས་ཡང་དག་པའི་དོན་དུ་ཕུང་པོ་ལ་སོགས་པ་ནི་བདེན་པ་བཞི་དང་ལྡན་པ་ཡིན་ནོ། །ཕྱོགས་གཅིག་གི་དབང་དུ་མཛད་དེ་བརྗོད་པས་གཅིག་གིས་གཅིག་རབ་ཏུ་བསྟན་པ་ཡིན་ནོ། །བཅོམ་ལྡན་འདས་ཀྱིས་དེ་ལ་བརྟན་ནས་ཆོས་རྣམས་ཀྱི་མཚན་ཉིད་ངོ་བོ ་ཉིད་མ་མཆིས་བ་ཉིད་འདགས་པ་མཛད་ལགས་སོ་ཞེས་བྱ་བ་ནི་གཉིས་པ་ཀུན་བརྟགས་པའི་མཚན་ཉིད་ལ་རྟེན་ནས་།མཚན་ཉིད་ངོ་བོ་ཉིད་མེད་པར་གསུངས་པ་ཡིན་པར་རབ་ཏུ་བསྟན་པ་སྟེ། མོད་ཉིད་ཀྱིས་བརྡལ་ཕྲད་པར་ཟད་དོ། །རྣམ་པར་རྟོག་པའི་སྤྱོད ་ཡུལ་ཀུན་བརྟགས་པའི་མཚན་ཉིད་ཀྱི་གནས་འདུ་བྱེད་ཀྱི་མཚན་མ་གང་ལགས་པ་དེ་ནི་གཞན་གྱི་དབང་གི་མཚན་ཉིད་ལགས་ཏེ་།ཞེས་བྱ་བ་ལ་སོགས་པ་ནི་གཉིས་བ་གཞན་གྱི་དབང་གི་ངོ་བོ་ཉིད་རབ་ཏུ་བསྟན་པའོ། །འདི་ཡང་རྣམ་པ་གཉིས་ཀྱིས་བསྟན་ཏེ་།ཀུན ་བརྟགས་པའི་གནས་གཞན་གྱི་དབང་ཡིན་པར་བསྟན་པ་དང་།གཞན་གྱི་དབང་ལ་བརྟེན་ནས་། ངོ་བོ་ཉིད་རྣམ་པ་གཉིས་བསྟན་པ་སྟེ། འདི་ནི་དང་པོའོ། །བཅོམ་ལྡན་འདས་ཀྱིས་དེ་ལ་བརྟེན་ནས་ཆོས་རྣམས་ཀྱི་སྐྱེ་བ་ངོ་བོ་ཉིད་མ་མཆིས་པ་ཉིད་དང་།དོན་དམ་པ ་ངོ་བོ་ཉིད་མ་མཆིས་པ་ཉིད་ལས་ཕྱོགས་གཅིག་ཀྱང་འདོགས་པར་མཐོང་ལགས་སོ། །ཞེས་བྱ་བ་ནི་གཉིས་པ་གཞན་གྱིས་དབང་ལ་བརྟེན་ནས་ངོ་བོ་ཉིད་མེད་པ་གཉིས་བསྟན་པའོ། །འདི་ལྟར་བདག་གིས་དང་འདིར་བཅོམ་ལྡན་འདས་ཀྱིས་བཀའ་སྩལ ་པའི་དོན་འཚོལ་བ་ལྟར་ན། ཞེས་བྱ་བ་ལ་སོགས་པས་ནི་གཉིས་པ་ངོ་བོ་ཉིད་གསུམ་པ་ཁོང་དུ་ཆུད་པར་གྱུར་བ་བསྟན་པའོ། །འདི་ཡང་རྣམ་བ་གཉིས་ཀྱིས་བསྟན་ཏེ། ཁོང་དུ་ཆུང་པར་གྱུར་བ་མདོར་བསྟན་པ་དང། ཁོང་དུ་ཆུད་པ་ཉིད་རྣམ་པར ་ཕྱེ་ནས་བཤད་པ་སྟེ། འདི་ནི་དང་པོའོ། །རྣམ་པར་རྟོག་པའི་སྤྱོད་ཡུལ་ཀུན་བརྟགས་པའི་མཚན་ཉིད་ཀྱི་གནས་འདུ་བྱེད་ཀྱི་མཚན་མ་དེ་ཉིད་ལ་ཀུན་བརྟགས་པའི་མཚན་ཉིད་ཡོངས་སུ་འགྲུབ་པའི་སྣང་དུ་ངོ་བོ་ཉིད་དེ་ཁོ་ནས་དང་འདྲ ་མ་མཆིས་པ་ཉིད་ཆོས་བདག་མ་མཆིས་པ་དེ་བཞིན་ཉིད་རྣམ་པར་དག་པའི་དམིགས་བ་གང་ལགས་བ་དེ་ནི་ཡོངས་སུ་གྲུབ་པའི་མཚན་ཉིད་ལགས་ཏེ། ཞེས་བྱ་བ་ལ་སོགས་པས་ནི་གཉིས་པ་ཁོང་དུ་ཆུད་བ་ཉིད་རྣམ་བར་?་བ་བསྟན་ཏོ། །དེ ་ཡང་གཉིས་སུ་དབྱེ་སྟེ་།གཞན་གྱི་དབང་ལ་བརྟེན་ནས་ཡོངས་སུ་གྲུབ་པ་ཉིད་རྣམ་པར་དབྱེ་བ་དང། ཡོངས་སུ་གྲུབ་བ་ལས་བརྩམས་ནས་དོན་དམ་པའི་ངོ་བོ་ཉིད་མེད་བ་ཉིད་ལས་ཕྱོགས་གཅིག་བསྟན་པའོ། །འདི་ནི་དང་པོ་སྟེ། འདི་ལྟར་ཀུན་བརྟགས ་པའི་མཚན་ཉིད་ཀྱི་གནས་གཞན་གྱི་དབང་གིས་ངོ་བོ་ཉིད་ཀུན་བརྟགས་རབ་ཏུ་བསལ་བའི་ཕྱིར་ངོ་བོ་ཉིད་མེད་པས་རབ་ཏུ་ཕྱེ་བ། ཆོས་བདག་མེད་པ་ཉིད་གང་ཡིན་པ་དེ་ནི་ཡོངས་སུ་གྲུབ་བ་ཞེས་བྱ་བས་སོ། །བཅོམ་ལྡན་འདས་ཀྱིས་དེ་ལ་བརྟེན་ནས་དོན ་དམ་པ་ངོ་བོ་ཉིད་མ་མཆིས་བ་ཉིད་ལས་ཕྱོགས་གཅིག་འདོགས་བར་མཛད་ལགས་སོ། །ཞེས་བྱ་བ་ནི་གཉིས་པ་ཡོངས་སུ་གྲུབ་བ་ལས་བརྩམས་ནས་དོན་དམ་པ་ངོ་བོ་ཉིད་ཀྱི་ཕྱོགས་གཅིག་བསྟན་པའོ། །གཟུགས་ཀྱི་རུང་པོ་ཇི་ལྟ་བ་བཞིན་དུ་ཕུང་བོ ་ལྷག་མ་རྣམས་ལ་ཡང་དེ་བཞིན་དུ་རྒྱ་ཆེར་བཤད་བར་བགྱི་ལགས་སོ། །ཞེས་བྱ་བ་འདི་མན་ཆད་གཉིས་པ་?་ཕུང་པོ་གཞན་ལ་སོགས་བ་བསྟན་པའོ། །འདི་ཡང་རྣམ་བ་ལྟར་དབྱེ་སྟེ། ཟླས་ཕུང་པོ་ལྷག་མ་རྣམ་པ་བསྟན་པ་དང། ཟླས?་སྐྱེ་མཆེད་བཅུ ་གཉིས་བསྟན་པ་དང། ཟླས་སྲིད་པའི་ཡན་ལག་བཅུ་གཉིས་བསྟན་པ་དང། ཟླས་ཟས་བཞི་པོ་དག་བསྟན་བ་དང། ཟླས་ཁམས་དྲུག་དང། བཅོ་བརྒྱད་པར་སྟོན་པ་སྟེ། འདི་ནི་དང་པའོ། །ཕུང་བ་རྣམས་ལེ་ཇི་ལྟ་བ་བཞིན་དུ་སྐྱེ་མཆེད་བཅུ་གཉིས་པོ ་དག་གི་སྐྱེ་མཆེད་རེ་རེ་ལ་ཡང་དེ་བཞིན་དུ་རྒྱ་ཆེར་བཤད་པར་བགྱི་ལགས་སོ་ཞེས་བྱ་བ་ནི་གཉིས་བཟླས་སྐྱེ་མཆེད་བཅུ་གཉིས་བསྟན་པ་སྟེ། ངོ་བོ་ཉིད་དུ་ཁོང་དུ་ཆུད་བར་གྱུར་པ་ནི་གོང་མ་བཞིན་དུ་རིག་པར་བྱའོ། །སྲིད་པའི་ཡན་ལགས་བཅུ་གཉིས་པ་དག་གི ་སྲིད་པའི་ཡན་ལག་དེ་རེ་ལ་ཡང་དེ་བཞིན་དུ་རྒྱ་ཆེར་བཤད་པར་བགྱི་ལགས་སོ་ཞེས་བྱ་བ་ནི་གསུམ་པ་བཟླས་སྲིད་པའི་ཡན་ལག་བཅུ་གཉིས་བསྟན་པ་སྟེ། ངོ་བོ་ཉིད་མེད་པ་ཉིད་དུ་ཁོངས་དུ་ཆུད་བར་གྱུར་པ་ཡང་གོང་མ་བཞིན་དུ་རིག་བར་བྱའོ། །ཟས་བཞི ་པོ་དེ་དག་གི་ཟས་རེ་རེ་ཡང་དེ་བཞིན་དུ་རྒྱ་ཆེར་བཤད་པར་བགྱི་ལགས་སོ་ཞེས་བྱ་བ་ནི་བཞི་བཟླས་ཟས་བཞི་པོ་དག་བསྟན་བ་སྟེ། ངོ་བོ་ཉིད་མེད་བ་ཉིད་དུ་ཁོང་དུ་ཆུད་པར་གྱུར་པ་ཡང་གོང་མ་གཞིན་དུ་རིག་པར་བྱའོ། །ཁམས་དྲུག་དང་། ཁམས་བཅོ་བརྒྱད་པོ ་དག་གི་ཁམས་རེ་རེ་ལ་ཡང་དེ་བཞིན་དུ་རྒྱ་ཆེར་བཤད་ཕར་བགྱི་ལགས་སོ་ཞེས་བྱ་བ་ནི་ལྔ་བཟླས་ཁམས་དྲུག་དང། ཁམས་བཅོ་བརྒྱད་བསྟན་པ་སྟེ། ངོ་བོ་ཉིད་དུ་ཁོང་དུ་ཆུད་པར་གྱུར་བ་ཡང་གོང་མ་བཞིན་དུ་རིག་པར་བྱའོ། །དེ་ལ་ཁམས་དྲུག་ཅེས་བྱ་བ་ནི ་ས་དང་ཆུ་དང་མེ་དང་རླུང་དང་ནམ་མཁའ་དང། རྣམ་པར་ཤེས་པ་དག་གོ་།ཁོང་དུ་ཆུད་པར་གྱུར་པ་འདིར་བསྟན་པ་དག་དང་སྦྱར་ན། ལེའུ་གོང་མ་ལས་ཁམས་སྣ་ཚོགས་པ་ཞེས་བསྟན་པས་ནི་ཁམས་དྲུག་པོ་དག་ཀྱང་དེར་བསྡུས་པ་ཡིན་ནོ། །འདི་ལྟར་བདག ་གིས་དེང་འདིར་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བའི་དོན་འཚལ་བ་ལྟར་ན་ཞེས་བྱ་བ་འདི་མན་ཆད་ནི་གཉིས་བ་བདེན་བ་ལ་སོགས་པའི་སྒྲ་གཉིས་དག་ཐུགས་སུ་ཆུད་བར་གྱུར་ནས་ངོ་བོ་ཉིད་མེད་པ་རྣམ་པ་གསུམ་གསུངས་བར་བསྟན་པའོ། །འདི་ཡང་རྣམ ་པ་གཉིས་ཀྱིས་བསྟན་ཏེ། སྡུག་བསྔལ་གྱི་བདེན་བ་ལས་བརྩམས་ནས་ངོ་བོ་ཉིད་མེད་བ་ཐུགས་སུ་ཆུད་པར་གྱུར་པར་བསྟན་པ་དང། ཟླས་བདེན་བ་ལྷག་མ་ལ་སོགས་པ་ལས་བརྩམས་ནས་ངོ་བོ་ཉིད་མེད་བར་གསུངས་བར་བསྟན་པའོ། །དང་པོ་ཡང་གཉིས ་སུ་དབྱེ་སྟེ། ངོ་བོ་ཉིད་རྣམ་པ་གཉིས་ལ་རྟེན་ནས་ངོ་བོ་ཉིད་མེད་པ་ཐུགས་སུ་ཆུད་བར་གྱུར་བར་བསྟན་པ་དང། ཡོངས་སུ་གྲུབ་པ་ཉིད་ལ་བརྟེན་ནས་དོན་དམ་པ་ངོ་བོ་ཉིད་མེད་བ་ཉིད་ལས་ཕྱོགས་གཅིག་རྣམ་བར་གཞག་བར་བསྟན ་པའོ། དང?་པོ་ཡང་རྣམ་པ་གཉིས་ཏེ་།ཁོང་དུ་ཆུང་པར་གྱུར་བ་མདོར་བསྟན་པ་དང་།ཁོང་དུ་ཆུད་པ་ཉིད་རྣམ་པར་ཕྱེ་ནས་བཤད་བ་སྟེ། འདི་ནི་དང་པོའོ། །རྣམ་བར་རྟོག་པའི་སྤྱོད་ཡུལ་ཀུན་བརྟགས་པ་མཚན་ཉིད་གྱི་གནས་འདུ་བྱེད་ཀྱི་མཚན་མ་ལ ་སྡུག་བསྔལ་གྱི་བདེན་པ་དང། སྡུག་བསྔལ་གྱི་བདེན་པ་ཡོངས་སུ་ཤེས་པ་ཞེས་ངོ་བོ་ཉིད་ཀྱི་མཚན་ཉིད་དམ། བྱེ་བྲག་གི་མཚན་ཉིད་དུ་མིང་དང་བརྡར་རྣམ་པར་བཞག་བ་གང་ལགས་པ་དོན་ཀུན་བརྟགས་བའི་མཚན་ཉིད་ལགས་ཏེ། ཞེས་བྱ་བ་ལ་སོགS ་པ་ནི་གཉིས་པ་ཁོང་དུ་ཆུད་པ་རྣམ་པར་ཕྱེ་ནས་བཤད་པའོ། །འདི་ཡང་རྣམ་པ་གཉིས་ཏེ་ཀུན་བརྟགས་པའི་ངོ་བོ་ཉིད་ལ་བརྟེན་ནས་མཚན་ཉིད་ངོ་བོ་ཉིད་མེད་བར་གསུངས་པ་ཁོང་དུ་ཆུད་པར་གྱུར་བར་བསྟན་པ་དང་།གཞན་གྱི་དབང་གི་ངོ་བོ་ཉིད་ལ་རྟེན ་ནས་སྐྱེས་པ་ངོ་བོ་ཉིད་མེད་པ་དང། དོན་དམ་པ་ངོ་བོ་ཉིད་མེད་པ་ཉིད་ལས་ཕྱོགས་གཅིག་གསུངས་བར་ཁོང་དུ་ཆུད་བར་བསྟན་པའོ། །དང་པོ་ཡང་རྣམ་པ་གཉིས་ཀྱིས་བསྟན་ཏེ། གཞན་གྱི་དབང་ལ་བརྟན་ནས་ཀུན་བརྟགས་རྣམ་བར་བཞག་པ་ཡིན ་བར་བསྟན་པ་དང། ཀུན་བརྟགས་ལ་བརྟེན་ནས་ངོ་བོ་ཉིད་མེད་པ་ཉིད་འདོགས་པ་ཡིན་པར་བསྟན་པའོ། །འདི་ནི་དང་པོ་སྟེ་།འདི་ལྟར་ཀུན་བརྟགས་ཀྱི་གནས་འདུ་བྱེད་ཀྱི་མཚན་མ་གཞན་གྱི་དབང་ལ་མིང་དང་བརྡས་སྡུག་བསྔལ་གྱི་བདེན་པ ་ཞེས་རྣམ་པར་བཞག་པ་གང་ཡིན་པ་དང། སྡུག་བསྔལ་གྱི་བདེན་པ་ཡོངས་སུ་ཤེས་པ་ཞེས་རྣམ་པར་བཞག་པ་གང་ཡིན་པ་དེ་ནི་ཀུན་བརྟགས་པའི་མཚན་ཉིད་ཅེས་བྱ་སྟེ། དངོས་པོ་དེ་དག་ལ་ཡང་རང་གི་ངོ་བོ་ཉིད་དང། བྱེ་བྲག་གི་མཚན་ཉིད་ཡོད ་པས་རབ་ཏུ་གནོད་པར་འགྱུར་བ་གང་ཡིན་པ་དེ་ནི་སྡུག་བསྔལ་ཀྱི་བདེན་པའི་རང་གི་ངོ་བོ་ཉིད་ཀྱི་མཚན་ཉིད་ཅེས་བྱའོ། །སྡུག་བསྔལ་གསུམ་དང་བརྒྱད་ལ་སོགས་པ་ནི་སྡུག་བསྔལ་གྱི་བདེན་བའི་བྱེ་བྲག་གི་མཚན་ཉིད་ཅེས་བྱའོ། །སྡུག་བསྔལ་གྱི་བདེན་བའི་སྣང་གི ་མཚན་ཉིད་གང་ཡིན་པ་དེ་ནི་ཡོངས་སུ་ཤེས་པའི་བྱེ་བྲག་གི་མཚན་ཉིད་ཅེས་བྱའོ། །བཅོམ་ལྡན་འདས་ཀྱིས་དེ་ལ་བརྟེན་ནས་ཆོས་རྣམས་ཀྱི་མཚན་ཉིད་ངོ་བོ་ཉིད་མ་མཆིས་པ་ཉིད་འདོགས་པར་མཛད་བ་ལགས་སོ་ཞེས་བྱ་བ་ནི་གཉིས་བ་ཀུན་བརྟགས་ལ་བརྟེན་ནས ་ངོ་བོ་ཉིད་མེད་པ་ཉིད་འདོགས་པར་བསྟན་པའོ། །འདི་ལྟར་ཀུན་བརྟགས་པའི་མཚན་ཉིད་ཀྱི་ཕྱིར་མཚན་ཉིད་ངོ་བོ་ཉིད་མེད་པ་ཉིད་རྣམ་པར་བཞག་བ་ཡིན་པས་གོང་མ་བཞིན་དུ་རིག་པར་བྱའོ། །རྣམ་པར་རྟོག་བའི་སྤྱོད་ཡུལ་ཀུན་བརྟགས་པའི་མཚན་ཉིད་ཀྱི ་གནས་འདུ་བྱེད་ཀྱི་མཚན་མ་གང་ལགས་པ་དེ་ནི་གཞན་གྱི་དབང་གི་མཚན་ཉིད་ལགས་ཏེ་ཞེས་བྱ་བ་སོགས་བས་ནི་གཉིས་པ་གཞན་གྱི་དབང་གི་ངོ་བོ་ཉིད་ལ་བརྟེན་ནས་སྐྱེ་བ་ངོ་བོ་ཉིད་མེད་བ་དང། དོན་དམ་བ་ངོ་བོ་ཉིད་མེད་པ་ཉིད་ལས་ཕྱོགས་གཅིག་གསུངS ་འཁོང་དུ་ཆུད་བར་གྱུར་པ་བསྟན་པའོ། །འདི་ཡང་རྣམ་བ་གཉིས་ཏེ་།གཞན་གྱི་དབང་གི་ངོ་བོ་ཉིད་བད་ཡིན་བ་བསྟན་བ་སྟེ། འདི་ནི་དང་པོའོ། །བཅོམ་ལྡན་འདས་ཀྱིས་དེ་ལ་བརྟེན་ནས་ཆོས་རྣམས་ཀྱི་སྐྱེ་བ་ངོ་བོ་ཉིད་མ་མཆིས་པ་ཉིད་དང། དོན་དམ ་པ་ངོ་བོ་ཉིད་མ་མཆིས་པ་ཉིད་ལས་ཕྱོགས་གཅིག་ཀྱང་འདགས་པར་མཛད་ལགས་སོ། །ཞེས་བྱ་བ་ནི་གཉིས་བ་གཞན་གྱི་དབང་ལ་རྟེན་ནས་ངོ་བོ་ཉིད་མེད་བ་གསུངས་བར་བསྟན་པའོ། །འདི་ལྟར་བདག་གིས་དང་འདིར་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ ་ལྟར་ན་ཞེས་བྱ་བ་འདི་མན་ཆད་ནི་གཉིས་པ་ཡོངས་སུ་གྲུབ་པ་ཉིད་ལ་བརྟེན་ནས་དོན་དམ་པ་ངོ་བོ་ཉིད་ལས་ཕྱོགས་གཅིག་རྣམ་པར་བཞག་བ་བསྟན་པའོ། །འདི་ཡང་རྣམ་པ་གཉིས་སུ་དབྱེ་སྟེ། །ཁོང་དུ་ཆུད་བར་གྱུར་བ་མདོར་བསྟན་པ་དང། ཁོང་དུ ་ཆུད་པ་རྣམས་རྣམ་པར་ཕྱེ་ནས་བསྟན་པ་སྟེ་འདི་ནི་དང་པོའོ། །རྣམ་པར་རྟོག་པའི་སྤྱོད་ཡུལ་ཀུན་བརྟགས་པའི་མཚན་ཉིད་ཀྱི་གནས་འདུ་བྱེད་ཀྱི་མཚན་མ་དེ་ཉིད་ལ་ཀུན་བརྟགས་པའི་མཚན་ཉིད་ཡོངས་སུ་མ?་གྲུབ ་པའི་སླར་དུ་ངོ་བོ་ཉིད་དེ་ཁོ་ནས་ངོ་བོ་ཉིད་མ་མཆིས་པ་ཉིད་ཆོས་བདག་མ་མཆིས་པ་དེ་བཞིན་ཉིད་རྣམ་པར་དག་པའི་དམིགས་པ་གང་ལགས་པ་དེ་ནི་ཡོངས་སུ་གྲུབ་པའི་མཚན་ཉིད་ཅེས་བགྱི་ལགས་ཏེ་།ཞེས་བྱ་བ་ལ་སོགས་པ་ནི་གཉིས་པ་ཁོང ་དུ་ཆུད་པ་ཉིད་རྣམ་པར་ཕྱེ་ནས་བསྟན་པའོ། །འདི་ཡང་རྣམ་བ་གཉིས་ཏེ་།ཡོངས་སུ་གྲུབ་པའི་མཚན་ཉིད་བསྟན་པ་དང། དོན་དམ་པ་ངོ་བོ་ཉིད་མེད་པ་ཉིད་ལས་ཕྱོགས་གཅིག་འདོགས་པར་མཛད་པའོ། །འདི་ནི་དང་པོ་སྟེ་གོང་མ་བཞིན་དུ ་རིག་བར་བྱའོ། །བཅོམ་ལྡན་འདས་ཀྱི་དེ་ལ་བརྟེན་ནས་དོན་དམ་པ་ངོ་བོ་ཉིད་མ་མཆིས?་པ་འདི་ལས་ཕྱོགས་གཅིག་འདོགས་པར་མཛད་ལགས་སོ། །ཞེས་བྱ་བ་ནི་གཉིས་པ་ངོ་བོ་ཉིད་མེད་པ་ཉིད་ལས་ཕྱོགས་གཅིག་འདོགས་བར་མཛད་པ་སྟེ། མདོ ་འདི་ཉིད་ཀྱིས་བརྡ་ཕྲད་པར་ཟད་དོ། །སྡུག་བསྔལ་གྱི་བདེན་པ་ལ་ཇི་ལྟ་བ་བཞིན། བདེན་པ་ལྷག་མ་རྣམས་ལ་ཡང་དེ་བཞིན་དུ་རྒྱ་ཆེར་བཤད་པར་བགྱི་ལགས་སོ་ཞེས་བྱ་བ་འདི་མན་ཆད་ནི་གཉིས་བཟླས་བདེན་པ་ལྷག་མ་ལ་སོགས་པ་ལས་? ་དང་ལྡན་པས་ངོ་བོ་ཉིད་རྣམ་པ་གསུམ་པོ་དག་ལ་བརྟན་ནས་ངོ་བོ་ཉིད་མེད་པ་རྣམ་བ་གསུམ་རྣམ་པར་བཞག་པ་དེ་བཞིན་དུ་བདེན་པ་གསུམ་པོ་འདི་དག་ཀྱང་ངོ་བོ་ཉིད་རྣམ་བ་གསུམ་དང་ལྡན་ཏེ། ངོ་བོ་ཉིད་རྣམ་པ་གསུམ་པོ་དེ་དག་ལ་བརྟན་ནས་དེ ་བ་ཅིང་མེད་པ་རྣམ་པ་གསུམ་རྣམ་པར་བཞག་པ་ཡིན་པས་དེའི་ཕྱིར་སྡུག་བསྔལ་གྱི་བདེན་པ་ལ་ཇི་ལྟ་བ་བཞིན་དུ་བདེན་པ་ལྷག་མ་རེ་རེ་ལ་ཡང་ངོ་བོ་ཉིད་རྣམ་པ་གསུམ་དང་ལྡན་བར་སྦྱར་རོ་ཞེས་བྱ་བའི་ཐ་ཚིག་གོ་།རྒྱ་ཆེར་ནི་བསྟན་བཅོས་དབུས་དང་མཛའ་རྣམ་བར་འབྱེད ་པ་དང། རྣམ་པར་རིག་པ་ཙམ་དུ་གྲུབ་པ་ལས་བསྟན་པ་བཞིན་དུ་རིག་པར་བྱའོ། །མདོ་འདི་དང་བྱེ་བྲག་ཡོད་བ་ཡང་སྡུག་བསྔལ་གྱི་བདེན་པ་ལས་བརྩམས་ནས་ནི་ཡོངས་སུ་ཤེས་པ་ཞེས་བསྟན་ཏོ། །ཀུན་འབྱུང་གི་བདེན་པ་ལས་བརྩམས་ནས་ནི་གཏན་དུ་སྤང་བ་ཞེས་བསྟན་ཏོ། །འགོག་པའི་བདེན་པ་ལས་བརྩམས་ནས་ནི་མངོན་དུ་བྱ་བ་བསྟན་ཏོ། །ལམ་གྱི་བདེན་པ་ལས་བརྩམས་ནས་ནི་སྒོམ་བ་ཞེས་བྱ་བ་བསྟན་ཏེ་།གོང་དུ་བསྟན་པ་བཞིན་དུ་རིག་བར་བྱའོ། །འཕགས་པའི་བདེན་པ་ལ་ཇི་ལྟ་བ་བཞིན་དུ་དྲན་པ་ཉེ་བར་གཞག ་བ་དང་ཡང་དག་པའི་སྤོང་བ་དང། རྫུ་འཕྲུལ་གྱི་རྐང་པ་དང། དབང་པོ་དང། སྟོབས་དང། བྱང་ཆུབ་ཀྱི་ཡན་ལག་དང། ལམ་གྱི་ཡན་ལག་རྣམས་ལ་ཡང་དེ་བཞིན་དུ་རྒྱ་ཆེར་བཤད་པར་བགྱི་ལགས་སོ་ཞེས་བྱ་བ་ལ་སོགས་པས་ནི་གཉིས་བ་བྱང་ཆུབ་ཀྱི་ཕྱོགས ་ལས་བརྩམས་ནས་ངོ་བོ་ཉིད་མེད་བར་གསུངས་བས་ཁོང་དུ་ཆུད་བར་བསྟན་པའོ། །འདི་ཡང་རྣམ་པ་གཉིས་ཏེ། སྒོ་རྣམ་པ་བདུན་ལ་རྟན་ནས་ཁོང་དུ་ཆུང་པར་གྱུར་བར་བསྟན་པ་དང། འདི་ལྟར་བདག་གིས་དང་འདིར་ཞེས་བྱ་བ་མན་ཆད་ཀྱི་འཕགས་པའི་ལམ ་གྱི་ཡན་ལག་བརྒྱད་པ་ཡང་དག་པའི་ཏིང་ངེ་འཛིན་ལ་རྟེན་ནས་ཁོང་དུ་ཆུད་པར་བསྟན་པའོ། །འདི་ནི་དང་པོ་སྒོ་བདུན་པོ་བྱང་ཆུབ་ཀྱི་ཕྱོགས་ལས་བརྩམས་ནས་ཁོངས་སུ་ཆུད་བར་བསྟན་པ་སྟེ་།ཇི་ལྟར་འཕགས་པའི་བདེན་པ་བཞི་ངོ་བོ་ཉིད་རྣམ་བ་གསུམ་གྱི་དོན་ལ་བརྟེན ་ནས་ངོ་བོ་ཉིད་མེད་པ་རྣམ་པ་གསུམ་བསྟན་པ་བཞིན་དུ་འདི་ཡང་དེ་བཞིན་དུ་རིག་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ་།འདི་ལྟར་བདག་གིས་དང་འདིར་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པའི་དོན་བ་སྤྱན་པ་ལྟར་ན་ཞེས་བྱ་བ་ལ་སོགས་པས་ནི་གཉིས་པ་འཕགས ་པའི་ལམ་གྱི་ཡན་ལག་བརྒྱན་པ་ཡང་དག་པའི་ཏིང་འཛིན་ལ་བརྟེན་ནས་ཁོང་དུ་ཆུད་པར་བསྟན་པ་སྟོན་ཏོ། །འདི་ཡང་རྣམ་པ་གཉིས་སུ་དབྱེ་གེ?་།ངོ་བོ་ཉིད་རྣམ་པ་གཉིས་ལ་བསྟེན་ནས་ངོ་བོ་ཉིད་མེད་པ་གཉིས་ཁོང་དུ་ཆུད་པར ་བསྟན་པ་དང། ཡོངས་སུ་གྲུབ་པ་ཉིད་ལ་རྟེན་ནས་དོན་དམ་།ངོ་བོ་ཉིད་མེད་པ་ཉིད་ཁོང་དུ་ཆུད་བར་བསྟན་པའོ། །དང་པོ་ཡང་རྣམ་པ་གཉིས་ཏེ། ཁོང་དུ་ཆུང་བ་མདོར་བསྟན་བ་དང། ཁོང་དུ་ཆུད་བ་རྣམ་པར་ཕྱེ་ནས་བསྟན་བ་སྟེ། འདི་ནི་དང་པའོ།།? ་རྣམ་བར་རྟོག་པའི་སྤྱོད་ཡུལ་ཀུན་བདགས་པའི་མཚན་ཉིད་ཀྱི་གནས་འདུ་བྱེད་ཀྱི་མཚན་ཡང་དག་པའི་ཏིང་ངེ་འཛིན་ཅེ་འམ། ཡང་དག་པའི་ཏིང་ངེ་འཛིན་གྱི་མི་མཐུན་པའི་ཕྱོགས་སམ། གཉེན་པོ་ཞེའམ། ཡང་དག་པའི་ཏིང་ངེ་འཛིན་ནི་སྒོམ་བ་ཞེ་འམ་། ་མ་སྐྱེས་བ་སྐྱེ་ཞེའམ། སྐྱེས་པ་གནས་པ་དང་མི་བསྐྱུར་བ་དང་སླར་ཞེང་འབྱུང་བ་དང། འཕེལ་ཞིབ་རྒྱས་པ་ཉིད་ཅེས་ངོ་བོ་ཉིད་ཀྱི་མཚན་ཉིད་དམ་བྱེ་བྲག་གི་མཚན་ཉིད་དུ་མིང་དང་བརྡར་བརྟགས་པར་བཞག་པ་གང་དེ་ནི་ཀུན་བརྟགས་པའི་མཚན་ཉིད་ལགས ་དེ། ཞེས་བྱ་བ་ལ་སོགས་པས་ནི་གཉིས་བ་ཁོང་དུ་ཆུད་བ་རྣམ་བར་ཕྱེ་སྟེ་བཤད་པའོ། །འདི་ཡང་རྣམ་པ་གཉིས་སུ་དབྱེ་སྟེ། ཀུན་བཏགས་ལ་བརྟེན་ནས་མཚན་ཉིད་ངོ་བོ་ཉིད་མེད་པ་ཉིད་ཁོང་དུ་ཆུང་བ་དང། གཞན་གྱི་དབང་ལ་བརྟེན་ནས་སྐྱེ་བ་ངོ ་བོ་ཉིད་མེད་པ་དང། དོན་དམ་པ་ངོ་བོ་ཉིད་སེར?་པ་ལས་ཕྱོགས་གཅིག་ཁོང་དུ་ཆུད་པར་བསྟན་པའོ། །དང་པོ་ཡང་རྣམ་པ་གཉིས་ཏེ། ཀུན་བརྟགས་པའི་མཚན་ཉིད་རྣམ་པར་བཞག་པ་དང། མཚན་ཉིད་ངོ་བོ་ཉིད་མེད་པ་ཉིད་འདོགས་པའོ། །འདི་ནི ་དང་པོ་སྟེ། འཕགས་པའི་ལམ་གྱི་ཡང་ལག་བརྒྱད་པ་ཡང་དག་པའི་ཏིང་ངེ་འཛིན་ལ་བརྟེན་ནས་ཁོང་དུ་ཆུང་པ་བསྟན་པ་ཡིན་པས་གོང་མ་བཞིན་དུ་རིག་པར་བྱའོ། །ཡང་དག་པའི་ཏིང་ངེ་འཛིན་རྣམ་པར་ཕྱེ་བ་ཡང་རྣམ་བ་གཉིས་ཏེ། རྣམ་པར ་རྟོག་པའི་སྤྱོད་ཡུལ་ཞེས་བྱ་བ་ལ་སོགས་པས་ནི་ཀུན་བརྟགས་པའི་ངོ་བོ་ཉིད་གཞན་གྱི་དབང་ལ་བརྟེན་པ་ཡིན་པར་བསྟན་ཏོ། །མིང་དང་བརྡར་རྣམ་པར་བཞག་པ་གང་ལགས་པ་དེ་ནི་ཞེས་བྱ་བ་ལ་སོགས་པ་ནི་གཞན་གྱི་དབང་ལ་སྟེན་ནས་ཀུན་བརྟགས་རྣམ་? ་བཞག་པ་བསྟན་ཏོ། །ཀུན་བརྟགས་དེ་ལས་དངོས་པོ་པ་རྣམ་པར་བཞག་སྟེ། དང་པོ་ནི་ཡང་དག་པའི་ཏིང་ངེ་འཛིན་གྱི་རང་གི་ངོ་བོ་དང་བྱེ་བྲག་རྣམ་པར་བཞག་པ་འདི་ལྟ་སྟེ། ཏིང་ངེ་འཛིན་གྱི་ངོ་བོ་ཉིད་སྦྱིར་བསྟན་པ་གང་ཡིན་པ་དེ་ནི་ཏིང་ངེ་འཛིན་གྱི་ངོ་བོ་ཉིད ་ཅེས་བྱའོ། །མི་ལྕོགས་པ་མེད་པ་དང་ཁྱད་པར་ཅན་དང། བསམ་གཏན་བཞི་པ་ལ་སོགས་པ་ནི་ཏིང་ངེ་འཛིན་གྱི་བྱེ་བྲག་ཅེས་བྱའོ། །གཉིས་པ་ཡང་དག་པའི་ཏིང་ངེ་འཛིན་གྱི་མི་མཐུན་པའི་ཕྱོགས་དང། གཉེན་བོ་རྣམ་བར་བཞག་པ་ནི་འདི་ལྟ་སྟེ། ལམ་གྱི ་ཡན་ལག་བརྒྱད་ལས་ཡང་དག་པའི་ཉིད་དེ་འཛིན་གང་ཡིན་པ་དེ་ནི་གཉེན་པོ་ཞེས་བྱའོ། །ལོག་བ་བརྒྱད་ལས་བརྒྱན་པ་ལོག་པའི་ཏིང་ངེ་འཛིན་གང་ཡིན་པ་དེ་ནི་མི་མཐུན་པའི་ཕྱོགས་ཞེས་བྱ་སྟེ། རང་གི་ངོ་བོ་ཉིད་དང་བྱེ་བྲག་གི་མཚན་ཉིད་ནི་གོང་མ་བཞིན་དུ ་རིག་བར་བྱའོ། །གསུམ་བ་ནི་ཡང་དག་པའི་སྒོམ་པ་དང། མ་སྐྱེས་བ་སྐྱེ་བ་རྣམ་པར་བདག་པའོ། །བཞི་པ་ནི་སྐྱེས་བ་གནས་པའོ། །ལྔ་པ་ནི་མ་བརྗོད་པ་དང། ཕྱིར་ཞིང་འབྱུང་བ་དང་འཕེལ་ཞིང་རྒྱས་པའོ། །གོང་དུ་བསྟན་པའི་སྒོ་ལྔ་པ་དེ་དག་རེ་རེ་ལ ་ལ་ཡང་རང་གི་ངོ་བོ་ཉིད་དང་བྱེ་བྲག་གི་མཚན་ཉིད་ཡོད་པས་བརྟགས་ན་ཤེས་པར་འགྱུར་ཏེ། འདི་ལྟར་མཚན་ཉིད་རྣམ་པ་ལྔས་ཡང་དག་པའི་ཏིང་ངེ་འཛིན་རྣམ་བར་བཞག་པ་གང་ཡིན་པ་དེ་ནི་ཀུན་བརྟགས་པའི་མཚན་ཉིད་ཅེས་བྱའོ། །བཅོམ་ལྡན་འདས ་ཀྱིས་དེ་ལ་བརྟེན་ནས་ཆོས་རྣམས་ཀྱིས་མཚན་ཉིད་ངོ་བོ་ཉིད་མ་མཆིས་པ་ཉིད་འདོགས་པར་མཛད་ལགས་སོ་ཞེས་བྱ་བ་ནི་གཉིས་པ་མཚན་ཉིད་ངོ་བོ་ཉིད་མེད་དུ?་ཉིད་འདོགས་ཏེ། གོང་མ་བཞིན་དུ་རེག་པར་བྱའོ། །རྣམ་པར་རྟོག་པའི་སྤྱོད་ཡུལ་ཀུན ་བརྟགས་པའི་མཚན་ཉིད་ཀྱི་གནས་འདུ་བྱེད་ཀྱི་མཚན་མ་གང་ལགས་པ་དེ་ནི་གཞན་གྱི་དབང་གི་མཚན་ཉིད་ལགས་ཏེ་ཞེས་བྱ་བ་ལ་སོགས་པས་ནི་གཉིས་པ་གཞན་གྱི་དབང་ལ་བརྟེན་ནས་སྐྱེ་བ་ངོ་བོ་ཉིད་མེད་པ་དང། དོན ་དམ་པ་ངོ་བོ་ཉིད་ལས་ཕྱོགས་གཅིག་ཁོང་དུ་ཆུད་པར་བསྟན་ཏོ། །འདི་ཡང་རྣམ་པ་གཉིས་ཏེ། གཞན་གྱི་དབང་བསྟན་པ་དང། ངོ་བོ་ཉིད་མེད་པ་ཉིད་རྣམ་པ་གཉིས་རབ་ཏུ་བསྟན་པ་སྟེ་འདི་ནི་དང་པོའོ། །བཅོམ་ལྡན་འདས་ཀྱིས་དེ་ལ་བརྟེན་ནས ་ཆོས་རྣམས་ཀྱི་སྐྱེ་བོ་ངོ་བོ་ཉིད་མ་མཆིས་པ་ཉིད་དང། དོན་དམ་པ་ངོ་བོ་ཉིད་མ་མཆིས་པ་ཉིད་ལས་ཕྱོགས་གཅིག་ཀྱང་འདགས་པར་མཛད་ལགས་སོ་ཞེས་བྱ་བ་ནི་གཉིས་པ་གཞན་གྱི་དབང་ལ་བརྟེན་ནས་ངོ་བོ་ཉིད་མེད་པ་ཉིད་རྣམ་པ་གཉིས ་བསྟན་པ་སྟེ་གོང་མ་བཞིན་དུ་རིག་པར་བྱའོ། །འདི་ལྟར་བདག་གིས་དེང་འདིར་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བའི་དོན་འཚལ་བ་ལྟར་ན་ཞེས་བྱ་བ་འདི་མན་ཆད་ནི་གཉིས་པ་ཡོངས་སུ་གྲུབ་པ་ལས་བརྩམས་ནས་དོན་དམ་པ་ངོ་བོ་ཉིད་ལས ་ཕྱོགས་གཅིག་བསྟན་པའོ། །འདི་ཡང་རྣམ་པ་གཉིས་ཏེ། ཁོང་དུ་ཆུད་བ་མདོར་བསྟན་པ་དང། ཁོང་དུ་ཆུད་པ་རྣམ་པར་ཕྱེ་ནས་བཤད་པ་སྟེ། འདི་ནི་དང་པོའོ། །རྣམ་པར་རྟོག་པའི་སྤྱོད་ཡུལ་ཀུན་བརྟགས་པའི་མཚན་ཉིད་ཀྱི་གནས་འདུ ་བྱེད་ཀྱི་མཚན་མ་འདི་ཉིད་ལ་ཀུན་བརྟགས་པའི་མཚན་ཉིད་ཡོངས་སུ་མ་གྲུབ་པའི་སླད་དུ། ངོ་བོ་ཉིད་དེ་ཁོ་ནས་ངོ་བོ་ཉིད་མ་མཆིས་པ་ཉིད་ཆོས་བདག་མ་མཆིས་པ་དེ་བཞིན་ཉིད་རྣམ་པར་དག་པའི་དམིགས་པ་གང་ལགས་པ་དེ་ནི་ཡོངས་གྲུབ་པའི ་མཚན་ཉིད་ཅེས་བགྱི་ལགས་ཏེ་ཞེས་བྱ་བ་ལ་སོགས་པས་ནི་གཉིས་པ་ཁོང་དུ་ཆུད་པ་རྣམ་པར་ཕྱེ་སྟེ་བཤད་པའོ། །འདི་ཡང་རྣམ་པ་གཉིས་ཏེ། ཡོངས་སུ་གྲུབ་པའི་མཚན་ཉིད་བསྟན་པ་དང། ངོ་བོ་ཉིད་མེད་པ་བསྟན་པའོ། །འདི་ནི་དང་པོ་སྟེ་གོང ་མ་བཞིན་དུ་རིག་པར་བྱའོ། །བཅོམ་ལྡན་འདས་ཀྱིས་དེ་ལ་བརྟེན་ནས་ཆོས་རྣམས་ཀྱི་དོན་དམ་པ་ངོ་བོ་ཉིད་མ་མཆིས་པ་ཉིད་ལས་ཕྱོགས་གཅིག་འདོགས་པར་མཛད་ལགས་ཞེས་བྱ་བ་ནི་གཉིས་པ་ངོ་བོ་ཉིད་མེད་པ་ཉིད་བསྟན་པ་སྟེ། གོང་མ་བཞིན་དུ་རིག་པར་བྱའོ།། ་བཅོམ་ལྡན་འདས་དཔེར་བགྱིན་བཅའ་སྒ་ནི་ཕྱེ་མའི་སྨན་དང་སྦྱར་བ་དང། བཅུད་ཀྱིས་ལེན་སྦྱར་བ་ཐམས་ཅད་དུ་གསལ་བར་བགྱི་ལགས་སོ་ཞེས་བྱ་བ་འདི་མན་ཆད་ནི་གསུམ་པ་དཔེ་སྨོས་ནས་བཟླས་ཏེ་བཤད་པ་སྟོན་ཏོ། །འདི་ཡང་དཔེ་རྣམ་པ་བཞིས་བསྟན ་པ་ཉིད་ལས་རྣམ་པ་བཞིར་དབྱེ་སྟེ། འདི་ནི་དང་པོའི་བཅའ་སྒའི་དཔེས་བསྟན་པའོ། །འདི་ཡང་རྣམ་པ་གཉིས་ཀྱིས་བསྟན་ཏེ། དཔེ་བསྟན་པ་དང། དཔེ་དང་དོན་དུ་སྦྱར་བའོ། །འདི་ནི་དང་པོ་དཔེ་བསྟན་པ་སྟེ། གལ་ཏེ་བཅའ་སྒ་སྨན་ཕྱེ་མ་རྣམས་ཀྱི་ནང་དུ ་བཅུག་ན་མཐུ་ཅན་དུ་འགྱུར་བས་སོ། །དེ་བཞིན་དུ་བཅོམ་ལྡན་འདས་ཀྱིས་ཀྱང་ཆོས་རྣམས་ཀྱི་ངོ་བོ་ཉིད་མ་མཆིས་པ་དང། སྐྱེ་བ་མ་མཆིས་པ་དང། འགག་པ་མ་མཆིས་པ་དང། གཟོད་མ་ནས་ཞི་བ་དང། རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་ཉིད་ལས ་བརྩམས་ནས་ངོ་བོ་ཉིད་མ་མཆིས་པ་ཉིད་ངེས་པའི་དོན་བསྟན་པ་འདི་ཡང་དྲང་བའི་དོན་གྱི་མདོ་སྡེ་ཐམས་ཅད་དུ་སྩལ་བར་མཛད་ལགས་སོ་ཞེས་བྱ་བ་ནི་གཉིས་པ་ཆོས་དཔེ་དང་མཚུངས་པར་བསྟན་པ་སྟེ། འདི་ལྟར་ངོ་བོ་ཉིད་མེད་པ་ལ་སོགས་པའི་ཚིག་དེ་དག་དྲང ་པའི་དོན་གྱི་མདོ་སྡེ་ཐམས་ཅད་དུ་རྣམ་པར་བཞག་ན། མདོ་སྡེ་དེ་དག་གི་དགོངས་པ་རྣམས་ཁོང་དུ་ཆུད་པར་འགྱུར་བའོ། །བཅོམ་ལྡན་འདས་དཔེར་བགྱིན་རི་མོ་བྲི་བའི་གཞི་ནི་སྔོན་པོ་འམ། སེར་པོ་འམ་དམར་པོ་འམ། དཀར་པོ་འམ་རི་བོར་བགྱི་བ་ཐམས་ཅད་དུ ་ཁྱབ་པས་རོ་གཅིག་པ་ལགས་ཤིང། རི་མོར་བྲིས་པ་དེ་ཡང་ཤིན་ཏུ་གསལ་བ་རབ་གྱིང་བ་ལགས་སོ་ཞེས་བྱ་བ་ལ་སོགས་པས་ནི་གཉིས་པ་རི་མོའི་གཞི་དཔེས་བསྟན་པའོ། །འདི་ཡང་རྣམ་པ་གཉིས་ཏེ་།དཔེས་བསྟན་པ་དང། དཔེ་དང་དོན་དུ་སྦྱར་བའོ། །འདི་ནི ་དང་པོ་སྟེ། དཔེར་ན་རི་མོ་སྔོན་པོ་དང། སེར་པོ་ལ་སོགས་པ་འདྲི་བའི་གཞི་ནི་རི་མོ་རྣམ་པ་སྣ་ཚོགས་ཀྱི་བྱ་བ་ཐམས་ཅད་ཀུན་ཏུ་ཁྱབ་ཅིང་སྔོན་པོ་དང་སེར་པོ་ལ་སོགས་པ་དང་མཚུངས་པ་ཉིད་དུ་རོ་གཅིག་པར་བྱེད་པ ་རི་མོ་བྲི་བ་དེ་དག་ཐམས་ཅད་ཀྱང་ཤིན་ཏུ་གསལ་བར་བྱེད་པས་སོ། །དེ་བཞིན་དུ་བཅོམ་ལྡན་འདས་ཀྱིས་ཆོས་རྣམས་ཀྱི་ངོ་བོ་ཉིད་མ་མཆིས་པ་ཉིད་ནས་རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པའི་བར་ལས་བརྩམས་ནས། ངོ་བོ་ཉིད་མ་མཆིས་པ ་ཉིད་ངེས་པའི་དོན་དམ་པ་འདི་ཡང་དྲང་བའི་མདོ་སྡེ་ཐམས་ཅད་དུ་ཁྱབ་ཅིང་རོ་གཅིག་པ་དང། མདོ་སྡེ་དེ་དག་ལས་དྲང་བའི་དོན་གསུངས་པ་རྣམས་ཤིན་ཏུ་གསལ་པར་མཛད་པ་ལགས་སོ་ཞེས་བྱ་བ་ནི་གཉིས་པ་དཔེ་དང་དོན་དུ་སྦྱར་པ་སྟེ། མདོ་འདི་ཉིད་ཀྱིས ་བརྡའ་ཕྲད་པར་ཟད་དོ། །བཅོམ་ལྡན་འདས་དཔེར་བགྱི་ན་ཆབ་མར་ནི་སྣོད་དུ་བསྒྲལ་བ་དང་ཤ་གཡོས་དང། བག་ཆོས་ཀྱི་རྣམ་པ་ཐམས་ཅད་དུ་སྩལ་ན། ཤིན་ཏུ་བདའ་བར་འགྱུར་ལགས་པོ་ཞེས་བྱ་བ་ལ་སོགས་པས་ནི་གསུམ་པ་ཞུན་མར་གྱི་དེ་བས་བསྟན ་པའོ། །འདི་ཡང་རྣམ་པ་གཉིས་ཀྱིས་བསྟན་ཏེ་དཔེ་སྨོས་པ་དང། དཔེ་དང་དོན་དུ་སྦྱར་བ་སྟེ་འདི་དང་པོའོ། །དེ་བཞིན་དུ་བཅོམ་ལྡན་འདས་ཀྱིས་ཀྱང་ཆོས་རྣམས་ཀྱི་ངོ་བོ་ཉིད་མ་མཆིས་པ་ཉིད་ནས་རང་གི་གཞན་གྱི་ཡོངས་སུ་མྱ་ངན་ལས་འདས་པའི་བར ་ལས་བརྩམས་ནས་ངོ་བོ་ཉིད་མ་མཆིས་པ་ཉིད་ངེས་པའི་དོན་བསྟན་པ་འདི་ཡང་དྲང་བའི་མདོ་སྡེ་ཐམས་ཅད་དུ་སྩལ་བས་མཆོག་ཏུ་དགའ་བ་སྐྱེ་པར་འགྱུར་ལགས་སོ་ཞེས་བྱ་བ་ནི་གཉིས་པ་དཔེ་དང་དོན་དུ་སྦྱར་བ་སྟེ། མིང?་འདི་ཉིད་ཀྱིས་བརྡ་འཕྲང་བར ་ཟད་དོ། །བཅོམ་ལྡན་འདས་དཔེར་བགྱིན་ནམ་མཁའ་ནི་ཐམས་ཅད་ལ་རོ་གཅིག་པ་དང། བསལ་བ་ཐམས་ཅད་ལ་སྒྲིབ་པར་མི་འགྱུར་པ་ལགས་སོ་ཞེས་བྱ་བ་ལ་སོགས་པས་ནི་བཞི་པ་ནམ་མཁའ་རོ་གཅིག་པའི་དཔེས་བསྟན་པའོ། །འདི་ཡང་རྣམ་པ་གཉིས ་ཏེ་དཔེས་བསྟན་པ་དང། དཔེ་དང་དོན་དུ་སྦྱར་བ་སྟེ་འདི་ནི་དང་པོའོ། །དེ་བཞིན་དུ་བཅོམ་ལྡན་འདས་ཆོས་རྣམས་ཀྱི་ངོ་བོ་ཉིད་མ་མཆིས་པ་ཉིད་ནས་རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པའི་བར་དུ་རྒྱ་ཆེར་བཤད་པ་ལས་བརྩམས་ནས་ངོ་བོ་ཉིད་མ་མཆིས ་པ་ཉིད་ངེས་པའི་དོན་བསྟན་པ་འདི་ཡང་དྲང་བའི་དོན་གྱི་མདོ་སྡེ་ཐམས་ཅད་ལ་རོ་གཅིག་པ་དང། ཉན་ཐོས་ཀྱི་ཐེག་པ་དང། རང་སངས་རྒྱས་ཀྱི་ཐེག་པ་དང་ཐེག་པ་ཆེན་པོར་བསལ་བ་ཐམས་ཅད་སྒྲིབ་པར་མི་འགྱུར་ལགས་སོ། །འདི་སྐད་ཅེས་གསོལ་པ་དང་ཞེས ་བྱ་བ་ནི་གཉིས་པ་དཔེ་དང་དོན་དུ་སྦྱར་པ་སྟེ། འདི་ལྟར་ངོ་བོ་ཉིད་མེད་པ་ངེས་པའི་དོན་གྱི་དོན་དུ་བསྟན་པ་སྟེ། དང་བའི་དོན་གྱི་མདོ་སྡེ་ཐམས་ཅད་ལ་ཁྱབ་ཅིང་ངོ་བོ་ཉིད་མེད་པའི་རོ་གཅིག་དུ་གྱུར་པ་དང། ཐེག་པ་གསུམ་པོ་དག་གི་བསལ་བ་ཐམས་ཅད་ལ ་སྒྲིབ་པར་མི་འགྱུར་བས་སོ། །དེ་ནས་བཅོམ་ལྡན་འདས་ཀྱི་བྱང་ཆུབ་སེམས་དཔའ་དོན་དམ་ཡང་དག་འཕགས་ལ་ལེགས་སོ་ལེགས་སོ་ཞེས་བསྔགས་ཏེ་ཞེས་བྱ་བ་འདི་མན་ཆད་གཉིས་པ་ད་བཞིན་གཤེགས་པས་བསྒྲུབ་པར་བསྐུལ་བ་ཞེས་བྱ་བ་བསྟན་ཏོ།། ་འདི་ཡང་རྣམ་པ་བཞིར་དབྱེ་སྟེ། ལེགས་པ་སྤྱིར་བསྔགས་པ་དང། དོན་ཟབ་མོ་ཁོང་དུ་ཆུད་པར་གྱུར་པར་བསྔགས་པ་དང། དཔེ་ལེགས་པར་བྱས་པ་ལ་བསྔགས་པ་དང། མཆོག་ལ་བསླབ་པར་བསྐུལ་བ་སྟེ། འདི་ནི་དང་པོ་ལེགས་བ་སྤྱིར་བསྔགས་པའོ།། ་རིགས་ཀྱི་བུ་ཁྱོད་ཀྱིས་དེང་དེ་བཞིན་གཤེགས་པའི་དགོངས་ཏེ་བཤད་པའི་དོན་ཟབ་མོ་ལེགས་པར་ཤེས་པར་གྱུར་ནས་ཞེས་བྱ་བ་འདི་ནི་གཉིས་པ་དོན་ཟབ་མོ་ཁོང་དུ་ཆུད་པར་གྱུར་པར་བསྔགས་པའོ། །ཡང་དོན་དེ་ལ་དཔེ་ལེགས་པར་བྱས་པ་འདི་ལྟ་སྟེ། བཅའ་ ་སྒ་དང་རི་མོ་བྲི་བའི་གཞི་དང། མར་གྱི་བ་བདའ་བ་དང། ནམ་མཁའ་ཨོ་ཞེས་བྱ་བ་ནི་གསུམ་པ་དཔེ་ལེགས་པར་བྱས་པ་ལ་བསྔགས་པའོ། །དོན་དམ་ཡང་དག་འཕགས་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། ཐ་དད་དུ་གྱུར་པ་གཞན་ཅི་ཡང་མེད་པས་དེ་དེ་བཞིན་དུ ་ཁྱོད་ཀྱིས་ཟུང་ཞིང་ཅེས་བྱ་བ་ནི་བཞི་པ་མཆོག་ལ་བསླབ་པར་བསྐུལ་བའོ། །དེ་ནས་བྱང་ཆུབ་སེམས་དཔའ་དོན་དམ་ཡང་དག་འཕགས་ཀྱིས་ཡང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་དུས་དང ་པོར་ཡུལ་བ་ར་ཎཱ་སི་དྲང་སྲོང་ལྷུང་བའི་གནས་རི་དགས་རྒྱུ་པའི་གནས་སུ་ཉན་ཐོས་ཀྱི་ཐེག་པ་ལ་ཡང་དག་པར་ཞུགས་པ་རྣམས་ལ་བདེན་པ་བཞིའི་རྣམ་པ་བསྟན་པས་ཡང་དག་པའི་ཆོས་ཀྱི་འཁོར་ལོ་བསྐོར་བ་ཡང་ཞེས་བྱ་བ་འདི་མན་ཆད་ནི་རྣམ་པ་ལྔར་ཕྱེ ་པའི་བཞི་པ་ཁྱད་པར་གྱི་བསྔགས་པ་བརྗོད་ཅིང་བསྒྲུབ་པའི་ཕྱོགས་ཞེས་བྱ་བ་སྟོན་ཏོ། །འདི་ཡང་རྣམ་པ་གཉིས་སུ་དབྱེ་སྟེ། བྱང་ཆུབ་སེམས་དཔའ་ཞུ་བ་གསོལ་བ་དང། དེ་ནས་ཞེས་བྱ་བ་མན་ཆད་བཅོམ་ལྡན་འདས་ཀྱིས་ཡང་དག་པར་བཤད་པའོ།། ་དང་པོ་ཡང་རྣམ་པ་གཉིས་ཏེ། འཁོར་ལོ་རྣམ་པ་གསུམ་གྱི་ཁྱད་པར་མི་མཚུངས་པར་བསྟན་པ་དང། བཅོམ་ལྡན་འདས་རིགས་ཀྱི་བུ་ཞེས་བྱ་བ་མན་ཆད་བསོད་ནམས་ཀྱི་ཁྱད་པར་ཞུས་པའོ། །དང་པོ་ཡང་འཁོར་ལོ་རྣམ་པ་གསུམ་ཡོད་པ་ཉིད་ཀྱིས་རྣམ ་པ་གསུམ་དུ་དབྱེ་སྟེ། འདི་ནི་དང་པོ་བདེན་པ་བཞིའི་ཆོས་ཀྱི་འཁོར་ལོ་བསྟན་པའོ། །འདི་ཡང་རྣམ་པ་གཉིས་ཀྱིས་བསྟན་ཏེ་ཆོས་ཀྱི་འཁོར་ལོ་ཉིད་ཡང་དག་པར་བསྟན་པ་དང། ངོ་མཚར་རྨད་དུ་བྱུང་བ་ཞེས་བྱ་བ་མན་ཆད་བསྟན་པ་དེ་དམན་པ་ཡིན་པར ་རབ་ཏུ་བསྟན་པའོ། །འདི་ནི་དང་པོ་སྟེ། མདོའི་ཚིག་འདི་ཡང་རྣམ་པ་ལྔར་ཕྱེ་ནས་བསྟན་ཏེ། ཞུ་བ་གསོལ་པ་དང། ལན་གསུང་པ་པོ་བསྟན་པ་དང། གསུང་བའི་དུས་བསྟན་པ་དང། གསུང་བའི་གནས་བསྟན་པ་དང། གང་གི་ཆེད་དུ་བསྟན་པ་གསུངས ་པ་དང། ཆོས་ཀྱི་འཁོར་ལོ་བསྟན་པའོ། །དེ་ལ་དེ་ནས་ཞེས་བྱ་བ་ལ་སོགས་པས་ནི་ཞུ་བ་གསོལ་བ་དང། ལན་གསུང་པའི་གང་ཟག་བསྟན་ཏོ། །དུས་དང་པོར་ཞེས་བྱ་བས་ནི་མདོ་སྡེ་གསུངས་པའི་དུས་བསྟན་ཏེ་།འདི་ལྟར་ཆོས་ཀྱི་འཁོར་ལོ ་རྣམ་པ་གསུམ་ལས། འཁོར་ལོ་དང་པོ་གསུངས་པའི་དུས་ལ་བྱའོ། །ཡུལ་བ་ར་ཎཱ་སི་ཞེས་བྱ་བ་ལ་སོགས་པས་ནི་མདོ་སྡེ་གསུངས་པའི་གནས་བསྟན་ཏེ། དགོངས་པ་ཟབ་མོ་རྣམ་པར་གྲོལ་བའི་མདོ་ལས་ནི་བ་ར་ཎཱ་སི་གྲོང་ཁྱེར་དྲང་སྲོང་འབུས་པ་རི་དགས་རྒྱུ་པའི ་གནས་ཞེས་འབྱུང་ངོ། །སློབ་དཔོན་ཡང་དག་བདེན་པས་།ཚིག་ངེས་པར་འབྲེལ་བའི་མདོ་བརྗེད་བྱང་བྱས་པ་ལས། དུས་དང་པོར་ཡུལ་བ་ར་ཎཱ་སི་རི་དགས་ཀྱི་ཆལ་དྲང་སྲོང་འདུས་པའི་གནས་སུ་ཞེས་བྱ་བ་ནི་ཡོན་ཏན་རྣམ་པ་གསུམ་དང་ལྡན་པའི་ཕྱིར་གང ་ཟག་རྣམ་པ་གསུམ་རྟག་ཏུ་དེར་འདུའོ། །ཡོན་ཏན་རྣམ་པ་གསུམ་ཞེས་བྱ་བ་ཡང་དང་པོར་ནི་ཚལ་གྱི་ཡོན་ཏན་ཏེ། ཤིང་གི་ཡལ་ག་རྣམས་ཀུན་ཁྱབ་པ་གཡོག་པས་དབྱིད་ནི་ཆེ་བའི་སྐྱབས་བྱེད། དབྱར་ནི་ཆར་པའི་སྐྱབས་བྱེད། དགུན་ནི་རླུང་གི་སྐྱབས ་བྱེད། གཉིས་པ་ནི་ཆུའི་ཡོན་ཏན་ཏེ་རྟག་པར་ཡོན་ཏན་ལྔ་པོ་ཡང་བ་དང་གྲང་བ་དང། གཉེན་པ་དང་ཞིམ་པ་དང། དྲི་དང་ལྡན་པས་སོ། །གསུམ་པ་ནི་གནས་ཀྱི་ཡོན་ཏན་ཏེ། ཚལ་གྱི་ཕྱི་རོལ་ཡངས་ཤིང་རྒྱ་ཆེ་བས་བྱ་དང་རི་དགས་ཐམས་ཅད་དེར་འདུ་ཞིང། ་བཟའ་བ་དང་བཏུང་བ་དག་ལ་འཇིགས་པ་མེད་པ་དང། གཞན་ཡང་སའི་འོག་ན་རིན་པོ་ཆེའི་གཏེར་ཆེན་པོ་ཡོད་དོ། རྒྱར་ཡང་རྒྱང་གྲགས་བརྒྱད་ཡོད་ལ། ཟབས་སུ་ཡང་རྒྱད་གྲགས་བརྒྱད་ཡོད་དོ། །རེས་འགའ་སྟེང་དུ་འབྱུང་ཡང་མི་དག་གིས་བླང་དུ ་མེད་ཀྱི། ནམ་འཁོར་ལོས་སྒྱུར་བའི་རྒྱལ་པོ་འབྱུང་བའི་ཚེ། རིན་པོ་ཆེ་འདི་བླངས་ནས་སྤྱོད་པར་བྱེད་དོ། །རི་དགས་ཀྱི་ཚལ་ཞེས་བྱ་བ་ཡང་དོན་རྣམ་པ་གཉིས་ཡོད་དེ། དང་པོ་ནི་སྔོན་གནས་འདིར་རི་དགས་ཤ་བ་ཚད་མེད་པ་སྙེད་གནས་པས་ཡུལ་དེའི ་རྒྱལ་པོས་རི་དགས་དེ་རྣམས་བསད་པར་བྱས་པ་ལས། རི་དགས་ཀྱི་རྒྱལ་པོས་ཉིན་གཅིག་ལ་རེ་རེ་ཞིག་བསད་ན་ཡུན་རིང་དུ་ཐུབ་བར་འགྱུར་རོ་ཞེས་སྨྲས་སོ། །དེ་ནས་དུས་གཞན་ཞིག་ན་ཤ་བ་སྦྲུམ་མ་ཞིག་ལ་ངེས་བབ་བ་དང། རི་དགས་ཀྱི་རྒྱལ་བོ་དེ་སྙིང་རྗེ ་པའི་བསམ་བས་དེ་སྐྱེན་བར་བསད་པའི་གནས་སུ་སོང་བ། རྒྱལ་པོས་མཐོང་ནས་རི་དགས་ཀྱི་རྒྱལ་པོ་དེ་བཏང་ངོ། །ངེས་ཀྱང་བྱང་ཆུབ་སེམས་དཔའ་ཨི་ལམ་རྣམས་བསྟན་པས་རྒྱལ་ཕོས་ཐོས་ཏེ། གོ་བར་གྱུར་ནས་ཤ་བ ་གཞན་རྣམས་ཀྱང་བཏང་སྟེ་།རྒྱ་ཆེར་ནི་རི་དགས་ཀྱི་རྒྱལ་པོས་ཤ་བ་སྦྲུམ་མའི་ཕྱིར་སྲོག་བཏང་བར་བྱས་པ་བསྟན་པ་དང། བསྟན་བཅོས་བྱེ་བྲག་དུ་བཤད་པ་ཆེན་པོ་ལས་འབྱུང་བ་བཞིན་དུ་རིག་པར་བྱའོ། །གཉིས་པ་ནི་ཆོས་ཀྱི་འཁོར་ལོ་བསྐོར་བ་ན ་རི་དགས་ཤ་བ་གསུམ་རྟག་བར་བཅོམ་ལྡན་འདས་ལ་ཆོས་ཉན་དུ་འོང་བས་སོ། །དེ་ལ་གང་ཟག་གསུམ་ཞེས་བྱ་བ་ཡང་དང་པོ་ནི་སངས་རྒྱས་འཇིག་རྟེན་དུ་མ་བྱུང་བའི་ཚེ། དྲང་སྲོང་རྣམས་གནས་འདིར་འདུས་ནས། དྲང་སྲོང་གི་ལམ་སྒྲུབ་པས་སོ།། ་གཉིས་པ་ནི་སངས་རྒྱས་འཇིག་རྟེན་བུམ་བྱུང་བ་ན་རང་སངས་རྒྱས་ཐམས་ཅད་གནས་འདིར་འདུས་ནས་རང་སངས་རྒྱས་ཀྱི་ལམ་བསྒོམ་པས་སོ། །གསུམ་པ་ནི་སངས་རྒྱས་འཇིག་རྟེན་དུ་བྱུང་ནས་ཉན་ཐོས་རྣམས་དང་ཐབས་ཅིག་ཏུ་གནས་འདིར་བཞུགས ་བས་སོ་ཞེས་བཤད་དོ། །བཀོད་པ་ཆེན་པོ་བསྟན་པའི་མདོ་ལས་ནི་དྲང་སྲོང་ལྷུང་བ་རི་དགས་བྱིན་པའི་ཚལ་ཞེས་བཤད་དེ། དེའི་ཕྱིར་དེ་ཉིད་ལས་ཚེ་གཅིག་གིས་ཐོགས་པའི་བྱང་ཆུབ་སེམས་དཔའ་ནམ་ལྷུམས་སུ་འཇུག་པར་དགོངས་པ་ན། ལྷའི་བུ་དག ་ཛམ་བུའི་གླིང་དུ་བབས་ནས་རང་སངས་རྒྱས་རྣམས་ལ་འཕགས་པ་དག་ཞིང་འདི་ཡོངས་སུ་སྤད་བའི་རིགས་སོ། །དེ་ཅིའི་ཕྱིར་ཞེ་ན། ལོ་བཅུ་གཉིས་འདས་ན་བྱང་ཆུབ་སེམས་དཔའ་ཡུམ་གྱི་ལྷུམས་སུ་འཇུག་པར་འགྱུར་རོ་ཞེས་སྨྲས་པ་དང། དེའི་ཚེ་ཡུལ་བ ་ར་ཎཱ་སིར་སངས་རྒྱས་ལྔ་བརྒྱ་ལྷའི་བུའི་ཚིག་ཐོས་པས་འདུག་པའི་སྟན་ལས་ལངས་ནས་ནམ་མཁའ་ལ་ཏཱ་ལ་བདུན་ཙམ་དུ་འཕགས་ཏེ། མེས་རང་གི་ཕུང་པོ་བསྲེགས་ནས་ཡོངས་སུ་མྱ་ངན་ལས་འདས་ཀྱི་ཤཱ་རིའི་བུ་འབའ་ཞིག་ནམ་མཁའ་ལས་བབ་པས། ་དེའི་ཕྱིར་གནས་འདིར?་ཆ་སོང་?་དཔའ་ཨི་?་ནས་ཞེས་བྱའོ། །གཞན་ཡང་འདས་པའི་དུས་ན་རྒྱལ་པོ་སྙིང་རྗེ་དང་ལྡན་པས་རི་དགས་མང་པོ་རྣམས་ལ་མི་འཇིགས་པ་བྱིན་པའི་གནས་ཡིན་པས་དེའི་ཕྱིར་ཡང་གནས་དེ་དྲང་སྲོང་ལྷུང་བ་རི་དགས་བྱིན་པའི་ཚ་བ་ཞེས་བྱའོ་ཞེས་གསུངས ་ཏེ་ཞིབ་དུ་དེ་ཉིད་ལས་བསྟན་པ་བཞིན་ནོ། །བསྟན་བཅོས་བྱེ་བྲག་དུ་འཐད་པ་ཆེན་པོ་ལས། བཅོམ་ལྡན་འདས་ཡུལ་བ་ར་ཎཱ་སི་དྲང་སྲོང་སྨྲ་བའི་གནས?་རི་དགས?་བྱེ་བ?་པའི་གནས་ན་ཀུན་ཤེས་ཀོའུ་ཌི་ནྱ་ལ་སོགས་པ་ལ་ཡང་དག་པའི་ཆོས་ཀྱི་འཁོར་ལོ་བསྐོར ་ཏེ་ཤེས་གསུངས་པ་དེ་ལ་ཅིའི་ཕྱིར་བ་ད་ཎཱ་སི་ཞེས་བྱ་བ་ཞེ་ན། སྨྲས་པ། འདི་ནི་ཆུ་ཀླུང་གི་མིང་ཡིན་ཏེ། དེ་ལས་མི་རིང་བ་ན་རྒྱལ་པོའི་གྲོང་ཁྱེར་བརྩི་ཞས་བས་།དེའི་ཕྱིར་གྲོང་ཁྱེར་འདི་ཡང་བ་ར་ཎཱ་སི་ཞེས་བྱའོ། །ཅིའི་ཕྱིར་དྲང་སྲོང་སྨྲ་བ་ཞེས་བྱ་ཞེ་ན་།སྨྲས ་པ། གལ་ཏེ་འདི་སྐད་དུ་སངས་རྒྱས་རྣམས་ནི་ངེས་པར་གནས་དེར་ཡང་དག་པའི་ཆོས་ཀྱི་འཁོར་ལོ་བསྐོར་བ་ཡིན་ནོ་ཞེས་ཟེར་ན་ནི?། དེ་འདི་སྐད་དུ་སངས་རྒྱས་རྣམས་ནི་དྲང་སྲོང་མཆོག་ཡིན་ཏེ། ཐམས་ཅད་ཀྱིས་གནས་དེར་དང་པོ་ཆོས་ཀྱི་འཁོར་ལོ་བསྐོར་བའི ་ཕྱིར་དང་སྲོང་སྨྲ་བའི་གནས་ཞེས་བྱའོ་ཞེས་བརྗོད་པར་བྱའོ། །གལ་ཏེ་འདི་སྐད་དུ་སངས་རྒྱས་རྣམས་གནས་དེར་ཆོས་ཀྱི་འཁོར་ལོ་སྐོར་བ་ངེས་པ་ཡིད?་མ?་མིན་ནོ་ཞེས་ཟེར་ན་ནི་འདི་སྐད་དུ་དྲང་སྲོང་གནས་ཞེས་བརྗོད་པར་བྱ་སྟེ། འདི་ལྟར་སངས་རྒྱས་འཇིག་རྟེན་དུ ་བྱུང་བ་ན། དྲང་སྲོང་ཆེན་པོ་དང་འཕགས་པའི་སློབ་མ་དྲང་སྲོང་མང་པོ་རྣམས་ཀྱི་གནས་སུ་གྱུར་བ་དང། སངས་རྒྱས་འཇིག་རྟེན་དུ་མ་བྱུང་བའི་ཚེ་ནི?་དྲང་སྲོང་རང?་སངས་རྒྱས་གནས་པ་དང། རང་སངས་རྒྱས་མེད་པའི་ཚེ?་ནི་འཇིག་རྟེན་པའི་དྲང་སྲོང་མངོན་པར ་ཤེས་པ་ལྔ?་དང་ལྡན་པ་དག་གནས་ཏེ། འདི་ལྟར་གནས་དིར་རྟག་པ་བརྒྱུན་དུ་དྲང་སྲོང་གནས་པར་གྱུར་པ་དང། གནས་དང་གནས་པར་འགྱུར་བའི་ཕྱིར་དྲང་སྲོང་གི་གནས་ཞེས་བྱའོ། །ཁ་ཅིག་ན་རེ་དྲང་སྲོང་ལྷུང་པའི་གནས་ཞེས་བརྗོད་པར་བྱ་སྟེ། སྔོན་དྲང་ ་སྲོང་ལྔ་བརྒྱ་ནམ་མཁའ་ལ་རྒྱུ་བ་ལས་གནས་འདིར་ཉམས་པའི་རྐྱེན་གྱིས་དུས་གཅིག་ཏུ་ལྟུང་བས་སོ། །ཅིའི་ཕྱིར་རི་དགས་བྱིན་པའི་གནས་ཞེས་བྱ་ཞེ་ན། སྨྲས་པ། རྟག་པར་རྒྱུན་དུ་རི་དགས་རྣམས་ཚལ་འདིར་རྒྱུ་ཞིང ་གནས་པའི་ཕྱིར་ནི་རི་དགས་ཀྱི་ཚལ་ཞེས་བྱ་ལ། སྔོན་རྒྱལ་པོ་ཚངས་བས་བྱིན་ཞེས་བྱ་བས་ཚལ་འདི་རི་དགས་རྣམས་ལ་བྱིན་པའི་ཕྱིར་ནི་རི་དགས་བྱིན་བའི་གནས་ཞེས་བྱ་སྟེ། ཇི་ལྟར་ཕྱི་མ་བདག་ཀ་ལན་ཏ་ཀས་རྒྱལ་པོའི་ཁབ་འོད་མའི་ཚལ་དུ་རྫིང ་ཅིག་བརྐོས་ནས་བྱ་ཀ་ལན་ཏ་ཀ་རྣམས་ལ་བརྩེ་བའི་ཕྱིར་ཀ་ལན་ཏ་ཀའི་རྫིང་ཞེས་བརྗོད་པ་ལྟ་བུའོ་ཞེས་འབྱུང་སྟེ། གོང་དུ་བསྟན་པའི་གཏན་ཚིགས་ངེས་ནི་རི་དགས་བྱིན་པའི་གནས་ཞེས་བྱའོ། །སློབ་དཔོན་དབྱིག་གཉེན་ཀྱི་འཁོར་ལོ་བསྐོར་བའི ་བསྟན་བཅོས་ལས་ནི་རྐྱེན་རྣམ་བ་བཞིའི་ཕྱིར་ཚལ་དེར་ཆོས་ཀྱི་འཁོར་ལོ་བསྐོར་བ་ཡིན་ནོ་ཞེས་བཤད་དོ། །དེའི་ཕྱིར་དེ་ཉིད་ལས་དོན་གང་གི་ཕྱིར་གནས་མཆོག་སྐྱེ་བོ་མང་པོའི་གནས་སྤངས་ནས། ཡུལ་བ་ར་ཎཱ་སིའི་སྐྱེ་བོ་མི་མང་བའི་གནས་རི་དགས ་ཀྱི་ཚལ་དུ་ཆོས་ཀྱི་འཁོར་ལོ་བསྐོར་ཅེ་ན། དེའི་དོན་འདིར་བཤད་པར་བྱ་སྟེ། བཅོམ་ལྡན་འདས་ཀྱིས་སྔོན་གནས་དེར་ལན་གྲངས་བྱེ་བ་ཕྲག་དྲུག་ཅུའི་བར་དུ་སྦྱིན་པ་རྒྱ་ཆེར་བཏང་བའི་ཕྱིར་དང། སངས་རྒྱས་བྱེ་བ་ཕྲག་དྲུག་ཅུ་སྙེད་ལ་དེར་མཆོད་ཅིང ་བསྙེན་བཀུར་མཛད་པའི་ཕྱིར་དང། གཞན་ཡང་གནས་དེར་སངས་རྒྱས་བྱེ་བ་ཕྲག་དྲུག་ཅུས་སྔོན་ཆོས་ཀྱི་འཁོར་ལོ་བསྐོར་བའི་ཕྱིར་དང། གཞན་ཡང་གནས་དེ་ན་རྟག་པར་དྲང་སྲོང་རབ་ཏུ་ཞི་བ་མང་པོ་གནས་པར་གྱུར་བ་ལ་སོགས་པའི་ཡོན་ཏན་དང ་ལྡན་པའི་ཕྱིར་རོ་ཞེས་བཤད་དེ། རྒྱ་ཆེར་ནི་དེ་ཉིད་ལས་བསྟན་པ་བཞིན་དུ་རིག་པར་བྱའོ།། །།བམ?་པོ་སུམ་ཅུ་གཉིས་བ། །ཉན་ཐོས་ཀྱི་ཐེག་པ་ལ་ཡང་དག་པར་ཞུགས་པ་རྣམས་ལ་ཞེས་བྱ་བས་ནི་གང་གི་ཆེད་དུ་བསྟན ་པ་གསུངས་པ་བསྟན་ཏེ། ཐེག་པ་པ་རྣམ་པ་གསུམ་ལས་ཉན་ཐོས་ཀྱི་ཐེག་པ་པ་ཁོ་ནའི་ཆེད་དུ་གསུངས་པར་གྱུར་བའོ། །བསྟན་བཅོས་བྱེ་བྲག་དུ་བཤད་བ་ཆེན་པོ་དང། མཛོད་ཀྱི་བསྟན་བཅོས་དང?། ཡང་དག་པའི་རིགས་པ་དང་རྗེས་སུ་མཐུན་པ་དང། ཆོས ་ཀྱི་འཁོར་ལོ་བསྟན་པ་དག་ལས་ནི་དགེ་སློང་ལྔ་བོ་དག་གི་ཆེད་དུ་གསུངས་པ་ཡིན་ནོ་ཞེས་སྟོན་ཏེ། དགེ་སློང་ལྔ་པོ་ཡང་འདུལ་བ་དུམ་བུ་བཞི་པ་ལས་ནི་།ཀུན་ཤེས་ཀོའུ་ཌི་ནྱ་དང། ཨ་ཤི་བ་ཕྱི་དང། མཧཱ་ནམ་དང། བྷ་དེ་དང། བྷ་བུ་རྣམས་སོ་ཞེས ་བཤད་དོ། །འདུལ་བ་དུམ་བུ་ལྔ་པ་ལས་ནི་ཀུན་ཤེས་ཀོའུ་ཌི་ནྱ་དང། བྷ་དེ་དང། ས་ཕ་དང། ཨན་ཕྱི་དང། མཧཱ་ན་མ་ཞེས་འབྱུང་ངོ། །བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་ནི། ཀུན་ཤེས་ཀོའུ་ཌི་ནྱའི་ཆེད་དུ་གསུངས་པ་ཡིན་པར་བཤད་ལ། མདོ་འདི ་ལས་ནི་ཉན་ཐོས་ཀྱི་ཐེག་པ་པ་ཐམས་ཅད་ཀྱི་ཆེད་དུ་གསུངས་པ་ཡིན་པར་བསྟན་ཏོ། །དེ་ལ་བདེན་པ་བཞིའི་རྣམ་པ་བསྟན་པས་ཡང་དག་པའི་ཆོས་ཀྱི་འཁོར་ལོ་བསྐོར་བ་ཡང་ཞེས་བྱ་བ་ནི་ཆོས་ཀྱི་འཁོར་ལོ་ཉིད་ཡང་དག་པར་སྟོན་ཏོ། །རྣམ་པའི་མཚན ་ཉིད་བཅུ་གཉིས་ལན་གསུམ་ཡང་དག་པར་བསྐོར་བ་ཏེ། ཆོས་ཀྱི་འཁོར་ལོ་བསྟན་པའི་མདོ་ལས་ཇི་སྐད་གསུངས་པ་ལྟ་བུའོ། །ཆོས་ཀྱི་འཁོར་ལོ་དེ་ཡང་མདོར་བསྡུས་སྒོ་རྣམ་པ་བཞིར་རྣམ་པར་ཕྱེ་ནས་བསྟན་པར་བྱ་སྟེ་།ངེས་ཚིག་ཡང་དག་པར ་བསྟན་པ་དང། ངོ་བོ་ཉིད་བསྟན་པ་དང། དྲིས་ལན་ངག་གིས་རྣམ་པར་དབྱེ་བ་དང། རྣམ་པའི་མཚན་ཉིད་བཅུ་གཉིས་ཡང་དག་པར་བཤད་པའོ། །དེ་ལ་ངེས་ཚིག་ཡང་དག་པར་བསྟོན་པ་ནི་མདོ་དག་ལས་ཇི་སྐད་དུ། བཅོམ་ལྡན་འདས་ཀྱིས ་ཆོས་ཀྱི་འཁོར་ལོ་བསྐོར?་བ་ཞེས་གསུངས་པ་ལྟ་བུ་སྟེ། བསྟན་བཅོས་བྱེ་བྲག་ཏུ་བཤད་པ་ཆེན་པོ་ལས་ཅིའི་ཕྱིར་འཁོར་ལོ་ཞེས་བྱ་ཞེ་ན། ཆོས་ལ་མངོན་པར་གྲུབ་ཅིང། ཆོས་ཀྱི་ངོ་བོ་ཉིད་བྱེད་པའི་ཕྱིར་ཆོས་ཀྱི་འཁོར་ལོ་ཞེས་བྱའོ། །ཇི་ལྟར ་འཇིག་རྟེན་པའི་འཁོར་ལོ་གསེར་ལ་སོགས་པ་ལས་མངོན་པར་གྲུབ་ཅིང་བསེར་ལ་སོགས་པ་ངོ་བོ་ཉིད་བྱེད་པས་གསེར་པ་སོགས་བའི་འཁོར་ལོ་ཞེས་བརྗོད་པ་བཞིན་དུ་འདི་ཡང་དེ་བཞིན་ནོ། །ཁ་ཅིག་ནི་འཁོར་ལོ?་འདིས ་འཕགས་པའི་ཤེས་རབ་ཀྱིས་ཆོས་ཀྱི་མིག་རྣམ་པར་དམ་པར་བྱེད་བའི་ཕྱིར་ཆོས་ཀྱི་འཁོར་ལོ་ཞེས་བྱའོ་ཞེས་ཟེར། །ཁ་ཅིག་ནི་འཁོར་ལོ་འདིས་འཁོར་ལོ་མ་ཡིན་པའི་གཉེན་པོར་གྱུར་པའི་ཕྱིར་ཆོས་ཀྱི་འཁོར་ལོ་ཞེས་བྱའོ། །འཁོར་ལོ་མ་ཡིན་པ་ནི་འདི ་ལྟ་སྟེ། རྫོགས་བྱེད་ལ་སོགས་པ་སྟོན་པ་དྲུག་གི་ལོག་པའི་ཡན་ལག་བརྒྱད་པའི་འཁོར་ལོ་བསྐོར་བ་གང་ཡིན་པའོ་ཞེའོ། །ཅིའི་ཕྱིར་འཁོར་ལོ་ཞེས་བྱ་འཁོར་ལོ་ཞེས་བྱ་བའི་དོན་ཅི་ཡིན་ཞེ་ན། སྨྲས་པ། གཡོ་ཞིང་མི་གནས་པ་གང་ཡིན་པ་དེ་ནི ་འཁོར་ལོའི་དོན་ཏོ། །འདི་སྤངས་ནས་དེར་འགྲོ་བ་གང་ཡིན་པ་དེ་ནི་འཁོར་ལོའི་དོན་ཏོ། །ཕྱིར་རྒོལ་བ་འཇོམས་པར་བྱེད་པ་གང་ཡིན་པ་དེ་ནི་འཁོར་ལོའི་དོན་ཏེ། འདི་ལྟ་བུ་ལ་སོགས་པའི་དོན་ཉིད་ཀྱི་ཕྱིར་འཁོར་ལོ་ཞེས་བྱ་བའོ། །དེ་ལ་གཡོ་ཞིང ་མི་གནས་པ་བྱ་བ་ལ། མཐོང་བའི་ལམ་ནི་མྱུར་བའི་ལམ་དང་དུས་ཀྱི་སེམས་མི་འབྱུང་བའི་ལམ་ཡིན་ཏེ། གཡོ་ཞིང་མི་གནས་པའི་ནང་ན་མཆོག་ཏུ་རྗེས་སུ་མཐུན་པར་གྱུར་བའི་ཕྱིར་རོ། །འདི་སྤངས་ནས་དེར་འགྲོ་བ་ཞེས་བྱ་བ་ནི་མཐོང ་བའི་ལམ་ལ་སོ་སྡུག་བསྔལ་གྱི་མངོན་པར་རྟོགས་པ་སྤངས་ནས་ཀུན་འབྱུང་བའི་མངོན་པར་རྟོགས་པ་དེ་འགྲོ་བ་དང་དེ་བཞིན་དུ་འགོག་པའི་མངོན་པར་རྟོགས་པ་སྤངས་ནས་ལམ་གྱི་མངོན་པར་རྟོགས་པའི་བར་དུ་འགྲོ་བའི་ཕྱིར་རོ། །ཕྱིར་རྒོལ་བ ་འཇོམས་པར་བྱེད་པའི་དོན་ནི་ཇི་ལྟར་འཁོར་ལོས་སྒྱུར་བའི་རྒྱལ་པོ་ལ་མོད་པའི་འཁོ་རློ་རིན་པོ་ཆེས་གླིང་བཞིའི་ཕྱིར་རྒོལ་བ་རྣམས་འཇོམས་པར་བྱེད་པ་དེ་བཞིན་དུ་རྣལ་འབྱོར་པ་རྣམས་ཀྱི་མཐོང་བའི་ལམ་གྱི་འཁོར་ལོས་ཀྱང་བདེན་པ་བཞིས ་སྤང་བར་བྱ་བའི་ཉོན་མོངས་པ་རྣམས་འཇོམས་པར་བྱང་པའི་ཕྱིར་ཆོས་ཀྱི་འཁོར་ལོ་ཞེས་བྱའོ་ཞེས་འབྱུང་ངོ། །དེ་ལ་བསྐོར་བ་ཞེས་བྱ་བ་ནི་གཡོ་བར་བྱེད་པའི་དོན་ཏོ། །གཞན་གྱི་རྒྱུད་ལ་འཕགས་པའི་ལམ་སློང་བར་བྱེད་པའི་ཕྱིར་བསྐོར་བ་ཞེས་བྱ་སྟེ། དེའི་ཕྱིར ་བསྟན་བཅོས་བྱེ་བྲག་དུ་བཤད་པ་ཆེན་པོ་ལས། གལ་ཏེ་དེའི་རྒྱུད་ལ་འཕགས་པའི་ལམ་སྐྱེ་བ་འགྱུར་པ་དེ་ཉིད་ལ་ཆོས་ཀྱི་འཁོར་ལོ་བསྐོར་བ་ཞེས་བྱ་བ་ཞིག་ཡིན་ན། ཅིའི་ཕྱིར་སངས་རྒྱས་ཀྱི་ཆོས་ཀྱི་འཁོར་ལོ་བསྐོར་ཞེས་བཤད་ཅེ་ན་།སྨྲས་པ། བསྐོར ་བར་ནུས་པའི་རྒྱུའི་དབང་དུ་མཛད་ནས་།དེའི་ཕྱིར་དེ་སྐད་བཤད་དེ་འདི་ལྟར་དེའི་རྒྱུད་ལ་འཕགས་པའི་ལམ་ཡོད་ཀྱང། བཅོམ་ལྡན་འདས་ཀྱིས་གལ་ཏེ་ཚིག་གིས་བསྟན་ཅིང་བསྐོར་བར་མ་གྱུར་ན། དེའི་འཕགས་པའི་ལམ་སྐྱེ་བའི་རྒྱུ་མེད་པར་འགྱུར་ཏེ། ་དེའི་འཕགས་པའི་ལམ་སྐྱེ་བ་ནི་སངས་རྒྱས་ཀྱི་མཐུ་ཡིན་པས་དེའི་ཕྱིར་སངས་རྒྱས་ཀྱི་དང་པོར་ཆོས་ཀྱི་འཁོར་ལོ་བསྐོར་ཏོ་ཞེས་བཤད་པ་ཡིན་ནོ་ཞེས་འབྱུང་སྟེ། ཐམས་ཅད་ཡོད་པར་སྨྲ་བའི་གཞུང་གིས་འདོད་པའི་དོན་ཡང་གོང་དུ་བསྟན་པ་ཡིན་ནོ།། ་མདོ་སྡེ་པས་འདོད་པ་དང་སྦྱར་ན་ནི་དོན་རྣམ་པ་གཉིས་ཡོད་དེ། འཕགས་པའི་བསྟན་པ་དང་འཕགས་པའི་ལམ་མོ་།འཕགས་པའི་བསྟན་པ་འདིའི་དབང་གིས་ཕ་རོལ་གྱི་རྒྱུད་ལ་གནས་བའི་ཕྱིར་བསྐོར་བ་ཞེས་བྱ་བ་སྟེ། དོའི་ཕྱིར་མཛད་ཀྱི་བསྟན་བཅོས ་ལས། ཆོས་ཀྱི་རྣམ་གྲངས་དེ་ཉིད་ལ་ཆོས་ཀྱི་འཁོར་ལོ་ཞེས་བྱའོ་ཞེས་བསྟན་པ་ནི་ཡང་དག་པའི་རིགས་པ་ཡིན་ནོ། །ཇི་ལྟར་ན་བསྐོར་བ་ཡིན་ཞེ་ན། ཆོས་ཀྱི་རྣམ་གྲངས་དེ་ཉིད་གཞན་གྱི་རྒྱུད་ལ་དོན་གོ་བར་བྱེད་པའི་ཕྱིར་དང། ཡང་ན་འཕགས་པའི ་ལམ་རྣམས་ནི་ཆོས་ཀྱི་འཁོར་ལོ་ཡིན་ཏེ་།གདུལ་བྱའི་རྒྱུད་ལ་འཇུག་པའི་ཕྱིར་རོ་དེ་ནི་གཞན་གྱི་རྒྱུད?་ལ་མཐོང་བའི་ལམ་སྐྱེ་བ་ན་བསྐོར་བར་བརྩོམ་པས་དེའི་ཕྱིར་བསྐོར་བ་ཞེས་བྱའོ་ཞེས་འབྱུང་ངོ། །ཐེག་པ་ཆེན་པོའི་གཞུང་གིས་ངོན་རྣམ་པ་གཉིས ་སུ་བསྟན་པ་ནི། བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་ཇི་སྐད་བསྟན་པ་བཞིན་དུ་རིག་པར་བྱ་སྟེ། ཕྱིས་འོག་ནས་རྣམ་པར་དབྱེ་བར་བྱའོ། །དེ་ལ་ངོ་བོ་ཉིད་བསྟན་པ་ཡང་སོ་སོ་ནས་བཤད་པ་མི་མཐུན་པས་ཐམས ་ཅད་ཡོད་པར་སྨྲ་བ་དག་ནི་མཛོད་ཀྱི་བསྟན་བཅོས་ལ་སོགས་པ་ལས་བསྟན་པ་དང་སྦྱར་ན། འཕགས་པའི་ལམ་གྱི་ངོ་བོ་ཉིད་བྱེད་དོ་ཞེས་བཤད་དེ། དེའི་པྱིར་མཛོད་ཀྱི་བསྟན་བཅོས་ཀྱི་ཚིག་ལེའུར་བྱས་པ་ལས། དགེ་སྦྱོང་ངོ་བོ་ཉིད་བསྟན་པ། །དེ་ཉིད ་བྲམ་ཟེ་ཞེས་ཀྱང་བྱ། །ཚངས་པའི་འཁོར་ལོ་ཞེས་ཀྱང་བྱ། །ཡང་དག་ཚངས་པས་བསྐོར་ཕྱིར་རོ། །འདི་ནི་མཐོང་བའི་ལམ་དག་ལ། །ཆོས་ཀྱི་འཁོར་ལོ་ཞེས་བཤད་དེ། །མྱུར་སོགས་འཁོར་ལོ་འདྲ་བ་དང། །རྩིབས་ལ་སོགས་དང་ལྡན་ཕྱིར་རོ།། ་ཞེས་འབྱུང་སྟེ། འདི་ཉིད་ཀྱི་འགྲེལ་པ་ལས། འདིར་ནི་མཐོང་བའི་ལམ་ཁོ་ན་ལ་ཆོས་ཀྱི་འཁོར་ལོ་ཞེས་བསྟན་ཏོ་ཞེས་འབྱུང་བས་།མཐོང་བའི་ལམ་ཡན་ལག་བརྒྱད་པའི་ངོ་བོ་ཉིད་ཡིན་པར་མངོན་ནོ། །བསྟན་བཅོས་སེམས་སྣ་ཚོགས ་བསྟན་པ་ལས་ཀྱང་མཛོད་ཀྱི་བསྟན་བཅོས་ལས་བྱུང་བ་དང་འཐུན་པར་བཤད་དེ། དེའི་ཕྱིར་དེ་ཉིད་ཀྱི་ཚིག་ལེའུར་བྱས་པ་ལས། ཐུབ་པས་མཐོང་བའི་ལམ་དག་ལ། །མྱུར་ཕྱིར་འཁོར་ལོ་ཞེས་གསུངས་སོ། །ཡང་ན་སློབ་པའི་ཡན་ལག་བརྒྱད།། ་གཞན་གྱི་རྒྱུད་འཇུག་པས་སོ། །ཞེས་འབྱུང་སྟེ། འདི་ཉིད་ཀྱི་འགྲེལ་པ་ལས། ཚིགས་སུ་བཅད་པ་ཕྱེད་དང་པོས་ནི་ཐམས་ཅད་ཡོད་པར་སྨྲ་བའི་དོན་བསྟན་ཏོ། །ཕྱེད་འོག་མས་ནི་བཙུན་པ་རབ་དབྱངས་ཀྱིས་རྣམ་པར་བཞག་པའི་གཞུང་གི་དོན ་བསྟན་ཏོ་ཞེས་འབྱུང་སྟེ། ཞིབ་ཏུ་དེ་ཉིད་ལས་བསྟན་པ་བཞིན་ནོ། །གཞན་ཡང་བསྟན་བཅོས་བྱེ་བྲག་ཏུ་བཤད་པ་ཆེན་པོ་ལས་།ཆོས་ཀྱི་འཁོར་ལོ་གང་ཞེ་ན། སྨྲས་པ། འཕགས་པའི་ལམ་ཡན། ལག་མཚུངས་པར་ལྡན་པ་དང་བཅས་པ ་ཕུང་པོ་ལྔའི་ངོ་བོ་ཉིད་དོ་ཞེས་བྱ་བ་དང། གཞན་ཡང་དེ་ཉིད་ལས་མཐོང་བའི་ལམ་ཁོ་ན་ལ་ཆོས་བྱི་འཁོར་ལོ་ཞེས་བསྟན་ཏོ་ཞེས་འབྱུང་སྟེ། ཞིབ་དུ་དེ་ཉིད་ལས་བསྟན་པ་བཞིན་ནོ། །བྱེ་བྲག་དུ་སྨྲ་བ་དེ་དག་རྣམས་པ་བཅུ་གཉིས་ལན་གསུམ་དུ་བསྐོར ་བ་དེ་ཡང་གོ་རིམ་བཞིན་དུ་མཐོང་བའི་ལམ་ལ་སོགས་པའི་ལམ་གསུམ་དང་སྦྱར་བས་མཐོང་བའི་ལམ་འབའ་ཞིག་དང་སྦྱར་བ་ཡང་མ་ཡིན་ཏེ། དེའི་ཕྱིར་སློབ་དཔོན་དབྱིག་གཉེན་གྱིས་རྣམ་པ་བཅུ་གཉིས་ལན་གསུམ་དུ་བསྐོར་བ་ལས་བརྩམས ་ནས་ཐམས་ཅད་ཡོད་པར་སྨྲ་བ་དག་མཐོང་བའི་ལམ་ཁོ་ན་ལ་ཆོས་ཀྱིས་འཁོར་ལོ་ཞེས་བསྟན་པ་རྣམ་པར་འཇོག་པས་དེའི་ཕྱིར་མཛོད་ཀྱི་བསྟན་བཅོས་ལས། གཞན་ཡང་འདི་སྐད་དུ། རྣམ་པ་གསུམ་དུ་བསྐོར་བ་དེ?་དག་གིས་རིམས་བཞིན ་དུ་མཐོང་བའི་ལམ་དང། བསྒོམ་པའི་ལམ་དང་མི་སློབ་པའི་ལམ་རྣམས་བསྟན་ཏོ་ཞེས་བྱེ་ཕྲག་ཏུ་སྨྲ་བ་དག་དེ་སྐད་དུ་ཟེར་ཏེ། འདི་ནི་ཐམས་ཅད་ཡོད་པར་སྨྲ་བའི་དོན་སྨོས་པའོ། །གལ་ཏེ་དེ་ལྟར་ན་མཐོང་བའི་ལས་འབའ་ཞིག་ལ་རྣམ་པ ་བཅུ་གཉིས་ལན་གསུམ་བཟླས་པ་ཞེས་བྱ་བ་ཡང་མ་ཡིན་ན་ཇི་ལྟར་ན་མཐོང་བའི་ལམ་འབའ་ཞིག་ལ་ཆོས་ཀྱི་འཁོར་ལོ་ཞེས་རྣམ་པར་བཞག་སྟེ། དེ་བས་ན་ལན་གསུམ་བཟླས་པ་དང། རྣམ་པ་བཅུ་གཉིས་ལ་ཡོད་པའི་ཆོས་ཀྱི་རྣམ་གྲངས ་དེ་ཉིད་ལ་ཆོས་ཀྱི་འཁོར་ལོ་ཞེས་བཤད་པ་ནི་ཡང་དག་པའི་རིག་པ་དང་མཐུན་པ་ཡིན་ནོ་ཞེས་བཤད་དེ་ཞིབ་དུ་དེ་ཉིད་ལས་བསྟན་པ་བཞིན་ནོ། །བསྟན་བཅོས་ཡང་དག་པའི་རིག་པ་དང་རྗེས་སུ་མཐུན་པ་ལས་ནི་ཐམས་ཅད་ཡོད་པར་སྨྲ་བའི ་བྱེ་བྲག་ཏུ་སྨྲ་བ་དག་གི་བསམ་པ་ནི་མདོར་བསྡུ་ན་འཕགས་པའི་ལམ་ཐམས་ཅད་ལ་ཆོས་ཀྱི་འཁོར་ལོ་ཞེས་བྱའོ་ཞེས་ཟེར་ཏེ། འདི་ལྟར་ལན་གསུམ་དུ་བཟླས་པ་དག་ནི་ལམ་གསུམ་གྱིས་བསྡུས་པར་བཤད་པའི་ཕྱིར་རོ། །གཞན་གྱི་རྒྱུད ་ལ་མཐོང་བའི་ལམ་སྐྱེད་པ་ནི་དང་པོར་བསྐོར་བར་རྩོམ་པ་ཡིན་པའི་ཕྱིར་བསྐོར་ཟིན་པ་ཞེས་བྱ་སྟེ། མཐོང་བའི་ལམ་དེ་འབའ་ཞིག་ཆོས་ཀྱི་འཁོར་ལོའི་དང་པོ་ཡིན་པས་།དེའི་ཕྱིར་ཆོས་ཀྱིས་འཁོར་ལོ་ནི་མཐོང་བའི ་ལམ་ཁོ་ནའོ་ཞེས་བཤད་པས་ལྷ་ལ་སོགས་པས་དང་པོ་ལས་བརྩམས་ནས་ཆོས་ཀྱི་འཁོར་ལོ་བསྐོར་བ་ཞེས་ཟེར་གྱི་ལམ་གཉིས་ལ་ནི་བརྟེན་པར་མི་བྱེད་དོ་ཞེས་འབྱུང་ངོ། །དགེ་འདུན་ཕལ་ཆེན་པའི་སྡེ་པ་དག་ནི་ཆོས་ཀྱི་འཁོར་ལོའི་ངོ་བོ་ཉིད་ནི་རང ་བཞིན་ནོ་ཞེས་བཤད་དེ། དེའི་ཕྱིར་བསྟན་བཅོས་བྱེ་བྲག་ཏུ་བཤད་པ་ཆེན་པོ་ལས་།དེ་དག་ནི་འདི་སྐད་དུ་སངས་རྒྱས་ཀྱི་གསུང་ཐམས་ཅད་ནི་ཆོས་ཀྱི་འཁོར་ལོ་ཡིན་ནོ་ཞེས་ཟེར་ཏེ་ཞེས་འབྱུང་བ་ཡིན་ནོ། །མདོ་སྡེ་པ་དག་གི་གཞུང་གིས་ནི ་མཛོད་ཀྱི་བསྟན་བཅོས་ལས་བཤད་པ་བཞིན་དུ་ངོ་བོ་ཉིད་ནི་རྣམ་པ་གཉིས་ཏེ། བསྟན་པའི་བདག་ཉིད་དང། འཕགས་པའི་ལམ་ཐམས་ཅད་ཀྱི་བདག་ཉིད་དོ་ཞེས་བཤད་དེ། དེ་དག་གིས་འཕགས་པའི་གསུང་རབ་ཁུངས་སུ་བསྟན་པ་ནི ་གཞན་ནས་བསྟན་པ་བཞིན་ནོ། །སྡེ་པ་ཐ་དད་པའི་གཞུང་ལུགས་ཀྱི་བསྟན་བཅོས་ལས་བསྟན་པ་དང་སྦྱར་ན་།དགེ་འདུན་ཕལ་ཆེན་པའི་སྡེ་པ་དང། ལན་ཅིག་བརྗོད་པའི་སྡེ་པ་དང། འཇིག་རྟེན་ལས་འདས་པར་སྨྲ་བའི་སྡེ་པ་དང། བྱ ་མངལ་བའི་སྡེ་པ་རྣམས་ནི་མཐུན་པར་དེ་བཞིན་གཤེགས་པའི་གསུང་ཐམས་ཅད་ནི་ཆོས་ཀྱི་འཁོར་ལོ་བསྐོར་བར་མཛད་དོ་ཞེས་ཟེར་རོ་ཞེས་བཤད་དོ་མང་དུ་ཐོས་པའི་སྡེ་བ?་དག་ནི་འདི་སྐད་དུ་སངས་རྒྱས་ཀྱི་གསུང་རྣམ་པ་ལྔ་ནི་འཇིག་རྟེན་ལས ་འདས་པའི་བསྟན་པ་ཡིན་ཏེ་།མི་རྟག་པ་དང། སྡུག་བསྔལ་བ་དང། སྟོང་པ་དང། བདག་མེད་པ་དང་།མྱ་ངན་ལས་འདས་པ་ནི་ཞི་པའོ་ཞེས་གསུངས་པའོ། །ལྔ་པོ་འདི་དག་གིས་ངེས་པར་འབྱུང་བའི་ལམ་བསྐྱེད་པའི་ཕྱིར ་དེ་བཞིན་གཤེགས་པའི་གསུང་གཞན་ནི་འཇིག་རྟེན་པའི་བསྟན་པ་ཡིན་ནོ་ཞེས་བཤད་དེ། གོང་དུ་བསྟན་པ་དེ་དག་ཐམས་ཅད་ཀྱང་འཕགས་པའི་གསུང་རབ་ལ་ཆོས་ཀྱི་འཁོར་ལོའི་ངོ་བོ་ཉིད་དུ་བསྟན་ཏོ། །འདིར་ཐེག་པ་ཆེན་པོའི་བསྟན་པ ་དང་སྦྱར་ན། འཕགས་པའི་ལམ་དང། འཕགས་པའི་བསྟན་པ་དེ་དག་ལ་ཆོས་ཀྱི་འཁོར་ལོའི་ངོ་བོ་ཉིད་དུ་སྟེན་ཏེ། དེའི་ཕྱིར་མདོ་འདི་ཉིད་ལས་ཆོས་ཀྱི་འཁོར་ལོ་དང་པོ་གཉིས་ནི་ངེས་པའི་དོན་མ་ཡིན་ནོ། །ཆོས་ཀྱི་འཁོར་ལོ་གསུམ་པ་ནི ་ངེས་པའི་དོན་གྱི་མདོ་ཡིན་ནོ་ཞེས་བསྟན་ཏོ། །དགོངས་པ་ཟབ་མོ་རྣམ་པར་དགྲོལ་བའི་མདོ་ལས་གཉིས་པ་ནི་དྲང་བའི་མདོ་ཡིན་ནོ། །གསུམ་པ་ནི་ངེས་པའི་དོན་གྱི་མདོ་ཡིན་ནོ་ཞེས་བཤད་དེ། དང་པོ་ལ་དྲང་བའི་དོན་གྱི་མདོ་ཞེས་མ་བསྟན་པ་ནི ་ལོ་ཙཱ་བ་དག་གིས་མདོར་བསྡུས་པའི་ཕྱིར་རོ། །མདོ་སྡེ་འདི་ལ་སོགས་པ་ལས་བསྟན་པ་དག་དང་སྦྱར་ན་ཐམས་ཅད་ལས་ཀྱང་འཕགས་པའི་བསྟན་པ་ལ་ཆོས་ཀྱི་འཁོར་ལོ་ཞེས་བསྟན་ཏོ། །བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་ནི་བསྟན ་པ་དང་སྒྲུབ་པ་ལ་སྦྱིར་སྟོན་ཏོ། །དེའི་ཕྱིར་དེ་ཉིད་ལས་ཡང་དག་པའི་ལྟ་བ་ལ་སོགས་པ་ལས་མངོན་པར་གྲུབ་པའི་རང་བཞིན་ཡིན་པའི་ཕྱིར་ཆོས་ཀྱི་འཁོར་ལོ་ཞེས་བྱའོ། །འདི་ལྟར་ཚངས་པ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པའི་ཚིག ་བླ་དགས་ཡིན་ཏེ། ངེས་ཡོངས་སུ་བསྐོར་བའི་ཕྱིར་ཚངས་པའི་འཁོར་ལོ་ཞེས་བྱའོ་ཞེས་བཤད་དོ། །གཞན་ཡང་བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་མཚན་ཉིད་རྣམ་པ་ལྔས་ཆོས་ཀྱི་འཁོར་ལོ་བསྐོར་བར་སྟོན་པས་དེ་འདིར་བརྗོད་པར་བྱ ་སྟེ། དེའི་ཕྱིར་དེ་ཉིད་ལས། གཞན་ཡང་མཚན་ཉིད་རྣམ་པ་ལྔས་ཆོས་ཀྱི་འཁོར་ལོ་བསྐོར་བ་ནི་ཆོས་ཀྱི་འཁོར་ལོ་ལེགས་པར་བསྐོར་བ་ཡིན་པར་རིག་པར་བྱ་སྟེ། ལྔ་གང་ཞེ་ན། བཅོམ་ལྡན་འདས་བྱང་ཆུབ་སེམས་དབང་གྱུར་ཕན་གང་ལ་དམིགས་ ་ནས་བརྙེས་པར་བྱ་བ་བརྙེས་པ་དང། ཐབས་གང་གིས་བརྙེས་པ་དང། བརྙེས་པར་བྱ་བ་གང་ཡིན་པ་དང་བརྙེས་པར་བྱ་བ་དེ་ཡང་གཞན་གྱི་རྒྱུད་ལ་ངེས་པ་བསྐྱེད་པ་དང། ཉིད་ཀྱིས་ཐུགས་སུ་ཆུད་པ་ལ་ཡིད་ཆེས་པ ་བསྐྱེད་པ་དང་གཞན་དག་ཀྱང་གཞན་གྱིས་རྟོགས་པ་ལ་ཡིད་ཆེས་པ་བསྐྱེད་པའོ། །དེ་ལ་དམིགས་པ་ནི་འཕགས་པའི་བདེན་པ་བཞི་པོ་དག་གོ་།དེ་ལ་ཐབས་ནི་འཕགས་པའི་བདེན་པ་བཞི་པོ་དག་ལ་ལན་གསུམ་དུ་བཟླས་པ་རྣམ་པ་བཅུ་གཉིས་ཀྱི ་ཡེ་ཤེས་གང་ཡིན་པའོ། །དེ་ལ་དང་པོར་བཟླས་པ་ནི་འདི་ལྟ་སྟེ་།སྔོན་གྱི་བྱང་ཆུབ་སེམས་དཔའ་མངོན་པར་རྟོགས་པར་གྱུར་པ་ན་ཡང་དག་པ་ཇི་ལྟ་བ་བཞིན་དུ་འདི་ནི་སྡུག་བསྔལ་འཕགས་པའི་བདེན་པ་ཡིན་ནོ་ཞེས་བྱ་བ་ནས་འདི་ནི་ལམ་འཕགས ་པའི་བདེན་པ་ཡིན་ནོ་ཞེས་བྱ་བའི་བར་དུ་སྟེ། དེས་ན་མངོན་སུམ་གྱི་འཕགས་པའི་ཡེ་ཤེས་ཡོད་པ་གང་གིས་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་རྣམས་སྤངས་པ་ཡིན་པ་དེ་ལ་དེའི་ཚེ། འཕགས་པའི་ཤེས་རབ་ཀྱི་མིག་སྐྱེས་པ་ཞེས་བྱ་སྟེ། ་དེ་ཡང་འདས་པ་དང་ད་ལྟར་དང་མ་འོངས་པའི་བྱེ་བྲག་གི་ཕྱིར་གོ་རིམ་བཞིན་དུ་མིག་དང་རིག་པ་དང་བློ་ཞེས་བྱའོ། །དེ་ལ་བཟླས་པ་གཉིས་པ་ནི་འདི་ལྟ་སྟེ། སློབ་པ་དང་བཅས་པའི་ཤེས་རབ་གྱ་ནོམ་པས་ཡང་དག་པའི་ལྟ་བ་བཞིན་དུ་བདག་གི་ཡོངས་སུ ་མ་ཤེས་པ་ཡོངས་སུ་ཤེས་པར་བྱ་བ་སྡུག་བསྔལ་གྱི་བདེན་པ་དང། གཏན་དུ་སྤང་བར་བྱ་བ་མ་སྤངས་པ་ཀུན་འབྱུང་བའི་བདེན་པ་དང། མངོན་དུ་བྱ་བ་མངོན་སུམ་དུ་མ་བྱས་པ་འགོག་པའི་བདན་པ་དང། བསྒོམ་པར་བྱ་བ་མ་བསྒོམས་པ་ལམ ་གྱི་བདེན་པ་ཡོད་དོ་སྙམ་དུ་རྟོགས་པ་སྟེ། སྔ་མ་བཞིན་དུ་རྣམ་པ་བཞིར་རིག་པར་བྱའོ། །དེ་ལ་བཟླས་པ་གསུམ་ནི་འདི་ལྟ་སྟེ་།མི་སློབ་པས་ཟད་པ་ཤེས་པ་དང། མི་སྐྱེ་བ་ཤེས་པ་བརྙེས་པའི་ཕྱིར་བདག་གིས་བྱ་བ་བྱས་ཟིན་ཏོ་སྙམ་པ་སྟེ། ་སྔ་མ་བཞིན་དུ་རྣམ་པ་བཞིང་རིག་པར་བྱའོ། །དེ་ལ་ཁྱད་པར་ཡོད་པ་ཡང་རྣམ་པ་བཞི་བཟླས་པ་ལྔ་ལ་གཉིས་ནི་སློབ་པའི་ཡང་དག་པའི་འཕགས་པའི་ཤེས་རབ་ཀྱི་མིག་གོ་།བཟླས་པ་ཕྱི་མ་གཅིག་ནི་མི་སློབ་པའི་ཡང་དག་པའི་འཕགས་པའི་ཤེས་རབ་ཀྱི་མིག ་གོ། དེ་ལ་བརྙེས་པར་བྱ་བ་བརྙེས་པ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡིན་པར་རིག་པར་བྱའོ། །གཞན་གྱི་རྒྱུད་ལ་ངེས་པ་བསྐྱེད་པ་དང་ཉིད་ཀྱི་ཐུགས་སུ་ཆུད་པ་ལ?་ཡིད་ཆེས་པ་བསྐྱེད་པ་ནི་འདི་ལྟ་སྟེ་།ཚེ་དང་ལྡན་པ་ཀུན་ཤེས་ཀུའུ་ཌི ་ནྱས་བཅོམ་ལྡན་འདས་ལས་ཆོས་ཡང་དག་པ་ཐོས་ནས་ཐོག་མར་འཕགས་པའི་བདེན་པ་བཞིའི་ཆོས་ཀུན་ཤེས་པར་གྱུར་ཏེ། དྲིས་ན་ཡང་བདག་གིས་ཀུན་འཚལ་ཏོ་ཞེས་སྨྲས་པ་དང། དེའི་འོག་ཏུ་ཡང་སྔ་མ་བཞིན་དུ་མཐར་ཐུག་པའི་རྣམ་པ ་དག་གི་ལྔ་ཅར་གྱིས་དགྲ་བཅོམ་པ་ཉིད་ཐོབ་སྟེ། རྣམ་པར་གྲོལ་བའི་ཡེ་ཤེས་ཀྱང་བསྐྱེད་པ་ལྟ་བུའོ། །དེ་ལ་གཞན་དག་ཀྱང་གཞན་གྱིས་རྟོགས་པ་ལ་ཡིད་ཆེས་པ་བསྐྱེད་པ་ནི་འདི་ལྟ་སྟེ། ཇི་ལྟར་ཚེ་དང་ལྡན་པ་ཀུན་ཤེས་ཀུའུ་ཌི་ནྱས་བདག་གིས ་ཆོས་ཀུན་ཤེས་སོ་ཞེས་ཀོའུ་ཌི་ནྱའི་འཇིག་རྟེན་པའི་སེམས་བསྐྱེད་པ་ཡང་རིག་ལ། ཀུན་ཤེས་ཀོའུ་ཌི་ནྱས་ཆོས་ཀུན་ཤེས་པར་གྱུར་ཏོ་སྙམ་དུ་དེ་བཞིན་གཤེགས་པའི་འཇིག་རྟེན་པའི་དགོངས་པ་ཡང་རིག་ནས་ས་ལ་གནས་པའི་གནོད་སྦྱིན། ་རྣམས་ཀྱི་སྒྲ་བརྗོད་ནས་སྐད་ཅིག་ཡུད་ཙམ་ཐང་ཅིག་དེ་ཉིད་ལ་ཚངས་པའི་འཇིག་རྟེན་གྱི་བར་དུ་སྒྲ་གྲགས་པར་གྱུར་ཏེ། བཅོམ་ལྡན་འདས་ཀྱི་ཀུན་ཤེས་ཀོའུ་ཌི་ནྱའི་རྒྱུད་ལ་ཀུན་ཤེས་པའི་ཆོས་ཉིད་མཐུན་པར་བསྐོར་ལ། དེ་ཡང་གཞན ་དག་ལ་མཐུན་པར་བསྐོར་བར་གྱུར་པ་དང་དེ་དག་ཀྱང་གཞན་དག་ལ་མཐུན་པར་བསྐོར་བར་གྱུར་པ་ལྟ་བུ་སྟེ་།དེ་བས་ན་གཅིག་ནས་གཅིག་དུ་བརྒྱུད་དེ་མཐུན་པར་བསྐོར་བའི་དོན་གྱི་ཕྱིར་འཁོར་ལོ་ཞེས་བྱའོ། །ཡང་དག་པའི་ལྟ་བ་ལ་སོགས ་པའི་རང་བཞིན་ལས་མངོན་པར་གྲུབ་པའི་ཕྱིར་ཆོས་ཀྱི་འཁོར་ལོ་ཞེས་བྱའོ། །འདི་ལྟར་ཚངས་པ་ཞེས་བྱ་བར་གྲ་བཅོམ་པའི་ཚིག་བླ་དགས་ཡིན་ཏེ། དེས་བསྐོར་བའི་ཕྱིར་ཚངས་པའི་འཁོར་ལོ་ཞེས་བྱའོ་ཞེས་འབྱུང་སྟེ། ་ངེས་ན་རྣལ་འབྱོར་སྤྱོད་པའི་ས་ལས། མཚན་ཉིད་རྣམ་པ་ལྔའི་དོན་གྱིས་མདོ་སྡེ་ལས་གསུངས་པའི་དོན་གྱི་དགོངས་པ་བསྟན་པ་ཡིན་པར་རིག་པར་བྱའོ། །དེ་ལ་གསུམ་པ་དྲིས་ལན་དག་གིས་རྣམ་པར་དབྱེ་བ་ཡང་དྲིས་པ་ཐམས་ཅད་ཡོད་པར་སྨྲ་བ ་དག་ལ་བརྟེན་ནས་མཐོང་བའི་ལམ་ཁོ་ན་ལ་ཆོས་ཀྱི་འཁོར་ལོ་ཞེས་བསྟན་པ་ཡིན་ནམ་།སྨྲས་པ། མཐོང་བའི་ལམ་ནི་མྱུར་བའི་ལམ་དང་དུས་ཀྱི་སེམས་མི་འབྱུང་བའི་ལམ་ཡིན་པས་གཡོ་ཞིང་མི་གནས་པའི་ནང་ན་མཆོག་ཏུ་རྗེས་སུ་མཐུན ་པར་གྱུར་པའི་ཕྱིར་དེ་གཅིག་པུ་ལ་ཆོས་ཀྱི་འཁོར་ལོ་ཞེས་བྱ་སྟེ་།འདི་ལྟར་སེམས་ཀྱི་སྐད་ཅིག་མ་བཅུ་དྲུག་པོ་དག་སོ་སོ་ནས་སྐད་ཅིག་མ་རེ་རེ་ཡིན་པའི་ཕྱིར་ནི་མྱུར་བ་ཞེས་བྱའོ། །སེམས་ཅན་གཞན་གྱི་བར་དུ་མཆོད་པའི་ཕྱིར་ན་དུས ་ཀྱི་སེམས་མི་འབྱུང་བ་ཞེས་བྱ་སྟེ། བསྟན་བཅོས་སེམས་སྣ་ཚོགས་བསྟན་པ་དང། མཛོད་ཀྱི་བསྟན་བཅོས་དང། ཡང་དག་པའི་རིགས་པ་དང་རྗེས་སུ་མཐུན་པ་ལས་ཀྱང་ཕལ་ཆེར་འདི་དང་མཐུན་པར་དེ་སྐད་དུ་སྟོན་ཏོ། །ཁ་ཅིག་ན ་རེ་མཐོང་བའི་ལམ་ནི་རྩིབས་དང་མུ་ཁྱུད་དང། ལྟེ་བའི་ཆོས་ལྟ་བུ་ཡིན་པའི་ཕྱིར་འཁོར་ལོ་ཞེས་བཤད་དེ། ཇི་ལྟར་ཤིང་རྟའི་འཁོར་ལོ་ལྟེ་བ་དབུས་སུ་གནས་པས་རྩིབས་ལྟེ་བ་ལ་བརྟེན་པ་དང་མུ་ཁྱུད་ཀྱི་ལྟེ་བ་བསྡུས་པ་དེ་བཞིན་དུ་མཐོང ་བའི་ལམ་ལས་སྡུག་བསྔལ་དང། ཀུན་འབྱུང་བའི་བཟོད་པ་དང་ཤེས་པ་ནི་རྩིབས་ལྟ་བུའོ། །འགོག་པའི་བཟོད་པ་དང་འགོག་པའི་ཤེས་པ་ནི་ལྟེ་བ་ལྟ་བུའོ། །ལམ་གྱི་བཟོད་པ་དང་ལམ་གྱི་ཤེས་པ་ནི་མུ་ཁྱུད་ལྟ་བུ་ཡིན་ཏེ་ལམ་ཐམས་ཅད ་ལ་དམིགས་པའི་ཕྱིར་རོ། །ཁ་ཅིག་ན་རེ་ཡང་དག་པའི་ལྟ་བ་དང། ཡང་དག་པའི་རྟོག་པ་དང། ཡང་དག་པའི་རྩོལ་བ་ནི་རྩིབས་ལྟ་བུ་ཡིན་ནོ། །ཡང་དག་པའི་ངག་དང། ཡང་དག་པའི་ལས་ཀྱི་མཛའ་དང། ཡང་དག་པའི་འཚོ་བ་ནི་ལྟེ་བ་ལྟ་བུ་ཡིན ་ནོ། །?ཡང་དག་པའི་དྲན་པ་དང། ཡང་དག་པའི་ཏིང་ངེ་འཛིན་ནི་མུ་ཁྱུད་ལྟ་བུ་ཡིན་ནོ་ཞེས་ཟེར་ཏེ། རྒྱུ་ཆེར་ནི་བསྟན་བཅོས་བྱེ་བྲག་ཏུ་བཤད་པ་ཆེན་པོ་ལས་རྣམ་གྲངས་དྲུག་གི་བཤད་པ་ལས་འབྱུང་བ་བཞིན་དུ་རིག་པར་བྱའོ། །གལ་ཏེ་མཐོང་བའི་ལམ ་ཁོ་ན་ལ་ཆོས་ཀྱི་འཁོར་ལོ་ཞེས་བྱ་བ་ན། ཅིའི་ཕྱིར་རྣམ་པ་བཅུ་གཉིས་ཀྱི་ཡེ་ཤེས་ལན་གསུམ་དུ་བསྐོར་བ་ལ་ཡང་ཆོས་ཀྱི་འཁོར་ལོ་ཞེས་བསྟན་ཅེ་ན་།སྨྲས་པ། མཛོད་ཀྱི་བསྟན་བཅོས་ལ་སོགས་པ་ལས་ནི་རྒོལ་བ་འདིའི་ལན་བསྟན་པ་མེད ་དོ། །བསྟན་བཅོས་ཡང་དག་པའི་རིགས་པ་དང་རྗེས་སུ་མཐུན་པ་ལས་རྒོལ་བ་འདིའི་ལན་སྟོན་ཏེ། གང་དུ་ངོ་བོ་ཉིད་བསྟན་པའི་སྐབས་སུ་བཤད་པ་བཞིན་ནོ། །གལ་ཏེ་འཕགས་པའི་ལམ་ལ་ཆོས་ཀྱི་འཁོར་ལོ་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་ཤིང་དྲུང་དུ་ཆོས་ཀྱི ་འཁོར་ལོ་བསྐོར་བ་ཡིན་ན་ཅིའི་ཕྱིར་ཡུལ་བ་ར་ཎཱ་སིར་བྱོན་པ་ལ་ཆོས་ཀྱི་འཁོར་ལོ་བསྐོར་བ་ཞེས་བསྟན་ཅེ་ན། སྨྲས་པ། ཆོས་ཀྱི་འཁོར་ལོ་བསྐོར་བ་ནི་རྣམ་པ་གཉིས་ཏེ། རང་གི་རྒྱུད་ལ་བསྐོར་བ་དང། གཞན་གྱི་རྒྱུད་ལ་བསྐོར་བའོ། །བྱང་ཆུབ ་ཀྱི་ཤིང་དྲུང་ནི་རང་ལ་བསྐོར་བའི་ཆོས་ཀྱི་འཁོར་ལོའོ། །ཡུལ་བ་ར་ཎཱ་སིར་ནི་གཞན་ལ་བསྐོར་བ་སྟེ། འདི་ལྟར་དེ་བཞིན་གཤེགས་པས་གཞན་ལ་ཕན་གདགས་པ་གང་ཡིན་པ་དེ་ནི་ཡང་དག་པའི་དངོས་པོར་མཛད་པའི་གཞན་ལ་ཕན་འདོག་པ ་ལས་དགོངས་ནས་ཆོས་ཀྱི་འཁོར་ལོ་དང་པོ་ཞེས་གསུངས་པ་ཡིན་ཏེ། རྒྱ་ཆེར་ནི་ཐམས་ཅད་ཡོད་པར་སྨྲ་བ་དེ་དག་གིས་བསྟན་པ་ལས་འབྱུང་བ་བཞིན་ནོ། །དགེ་འདུན་ཕལ་ཆེན་པའི་སྡེ་པ་དག་སངས་རྒྱས་ཀྱི་གསུང་ཐམས་ཅད་ནི་ཆོས་ཀྱི་འཁོར ་ལོ་ཡིན་ནོ་ཞེས་བསྟན་བ་དང་སྦྱར་ན་བྱང་ཆུབ་ཀྱི་ཤིང་དྲུང་དུ་ཚོད་པ་ལ་ཆོས་བསྟན་ནས་དེ་ཉིད་ལ་ཆོས་ཀྱི་འཁོར་ལོ་ཞེས་བྱ་བའི་རིགས་ན། ཅིའི་ཕྱིར་ཕྱིས་ཡུལ་བ་ར་ཎཱ་སིར་ཆོས་ཀྱི་འཁོར་ལོ་བསྐོར་བ་ལ ་ཆོས་ཀྱི་འཁོར་ལོ་ཞེས་བྱ་ཞེ་ན། སྨྲས་པ་བསྟན་བཅོས་བྱེ་བྲག་ཏུ་བཤད་པ་ཆེན་པོ་ལས་རྒོལ་བ་འདིའི་ལན་བསྟན་པ་མེད་ཀྱང། སྡེ་པ་ཐ་དད་པའི་ལྟ་བ་བསྟན་པ་གཞུང་ལུགས་ཀྱི་འཁོར་ལོའི་བསྟན་བཅོས་དེ་ལས་སངས་རྒྱས་ཀྱི་གསུང ་ཐམས་ཅད་ནི་ཆོས་ཀྱི་འཁོར་ལོ་བསྐོར་བར་མཛད་དོ་ཞེས་བཤད་བའི་ཕྱིར་ཚོང་པ་ལ་བསྟན་པ་ཡང་ཆོས་གྱི་འཁོར་ལོ་ཡིན་པར་རིག་པར་བྱའོ། །འདིར་རིར?་དགས་བྱིན་པའི་ཚལ་དུ་བསྐོར་བ་ལ་ཆོས་ཀྱི་འཁོར་ལོ་ཞེས་བསྟན་པ་ནི་རྣམ་པའི ་མཚན་ཉིད་བཅུ་གཉིས་ལན་གསུམ་དུ་བསྐོར་བའི་དབང་དུ་མཛད་པའི་ཕྱིར་དེ་སྐད་དུ་གསུངས་པ་ཡིན་ནོ། །མདོ་སྡེ་པ་དང། ཐེག་པ་ཆེན་པོ་དག་གིས་འཕགས་པའི་ལམ་ཐམས་ཅད་དང་རྣམ་པ་བཅུ་གཉིས་ལན་གསུམ་དུ་བཟླས་པ་ཆོས ་ཀྱི་འཁོར་ལོ་ཞེས་བསྟན་ན། ཅིའི་ཕྱིར་བྱང་ཆུབ་ཀྱི་ཤིང་དྲུང་དུ་བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་ཏོ་ཞེས་སྤྱིར་སྟོན་པས་རི་དགས་ཀྱི་ཚལ་དུ་ཆོས་ཀྱི་འཁོར་ལོ་བསྐོར་ཅེས་བསྟན། གལ་ཏེ་བསྟན་པ་ཐམས་ཅད་ལ་ཆོས་ཀྱི་འཁོར ་ལོ་ཞེས་བྱ་ན་ནི། ཅིའི་ཕྱིར་ཡུལ་བ་ར་ཎཱ་སིར་མཐོང་བའི་ལམ་སྐྱེས་པ་ལ་བསྐོར་བ་ཞེས་གསུངས་ཤེ་ན། རྒོལ་བའི་ཡིན་ན། མཛོད་ཀྱི་བསྟན་བཅོས་ལས་ཇི་སྐད་དུ་རྣམ་པ་བཅུ་གཉིས་ཀྱི་རྣམ་གྲངས་ཇི་སྙེད་ཡོད་པ་དག་ནི་ཆོས་ཀྱི་འཁོར་ལོ་ཞེས ་བྱ་སྟེ། ཆོས་ཀྱི་རྣམ་གྲངས་དེ་གཞན་གྱི་རྒྱུད་ལ་འགྲོ་ཞིང་དོན་ཁོང་དུ་ཆུད་པར་གྱུར་པའི་ཕྱིར་རོ། །ཡང་ན་འཕགས་པའི་ལམ་རྣམས་ནི་ཆོས་ཀྱི་འཁོར་ལོ་ཞེས་བྱ་སྟེ། འདུལ་བའི་རྒྱུད་ལ་འཇུག་བའི་ཕྱིར་རོ། །གཞན་གྱི་རྒྱུད་ལ་མཐོང་བའི ་ལམ་སྐྱེ་བ་ན་དང་པོར་བསྐོར་བའི་རྩོམ་པའི་ཕྱིར་བསྐོར་བ་ཞེས་བསྟན་པ་ལྟ་བུའོ། །མདོ་སྡེ་པ་དག་བསྟན་པ་རྣམས་དང་།ལམ་རྣམས་ནི་ཆོས་ཀྱི་འཁོར་ལོ་ཞེས་བྱའོ་ཞེས་བསྟན་པ་ཡང་དང་པོར་བསྐོར་བ་ལས་བརྩམས་པའི་ཕྱིར་བསྐོར་ཟིན་པ་ཞེས་བསྟན ་གྱི། ལམ་གཞན་དང་བསྟན་པ་གཞན་དག་ཆོས་ཀྱི་འཁོར་ལོ་མ་ཡིན་པའི་ཕྱིར་ཟིན་པ་ཞེས་བཤད་པ་ནི་མ་ཡིན་ནོ། །ཐེག་པ་ཆེན་པོའི་གཞུང་གིས་གོང་དུ་བསྟན་པ་ལྟར་བཤད་ན་ཡང་རིགས་པ་དང་འགལ་བ་མེད་དོ། །དེ་ལ་བཞི་པ་རྣམ་པའི་མཚན ་འདི་རྣམ་པ་བཅུ་གཉིས་རྣམ་པར་བཤད་པ་ནི་རྣམ་པ་བཅུ་གཉིས་ལན་གསུམ་དུ་བསྐོར་བ་ཡང་སོ་སོའི་གཞུང་གིས་མཐུན་པས་ཐམས་ཅད་ཡོད་པར་སྨྲ་བའི་གཞུང་ནི་བསྟན་བཅོས་བྱེ་བྲག་ཏུ་བཤད་པ་ཆེན་པོ་ལས་སློབ་དཔོན་གསུམ་གྱིས་བཤད་པ ་ལས་འབྱུང་བ་ལྟ་བུ་ཡིན་ཏེ་།དེའི་ཕྱིར་དེ་ཉིད་ལས་མདོ་ལས་ཇི་སྐད་དུ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་སྡུག་བསྔལ་འཕགས་པའི་བདེན་པ་འདི་ནི་བདག་གིས་སྔོན་མ་ཐོས་པས་ཆོས་འདི་ཚུལ་བཞིན་དུ་ཡིད་ལ་བྱས་ན། ་ངེས་མིག་དང་ཤེས་པ་དང་རིག་པ་དང་བློ་སྐྱེ་བར་འགྱུར་རོ་ཞེས་སྡུག་བསྔལ་འཕགས་པའི་བདེན་པ་འདི་ཤེས་རབ་ཀྱིས་ཡོངས་སུ་ཤེས་པར་བྱའོ། །བདག་གིས་སྔོན་མ་ཐོས་པས་ཞེས་བྱ་པ་ནས་སྡུག་བསྔལ་འཕགས་པའི་བདེན་པ་འདི་ཤེས་རབ་ཀྱིས་ཡོངས ་སུ་ཤེས་པར་གྱུར་ཏོ་ཞེས་བྱ་བའི་བར་དུ་རྒྱ་ཆེར་བཤད་པར་བྱའོ། །བདག་གིས་སྔོན་མ་ཐོས་པས་ཞེས་བྱ་བ་ནས་ཀུན་འབྱུང་བ་དང་འགོག་པ་དང། ལམ་གྱི་བདེན་པའི་བར་དུ་རྒྱ་ཆེར་བཤད་པར་བྱ་བ་ཡང་དེ་བཞིན་ནོ་ཞེས་གསུངས་པ་ལྟ་བུ་སྟེ། ་དེ་ལ་སྡུག་བསྔལ་འཕགས་པའི་བདེན་པ་འདི་བདག་གིས་སྔོན་མ་ཐོས་པས་ཞེས་བྱ་བ་ལ་སོགས་པས་ནི་མི་ཤེས་པ་ཀུན་ཤེས་བའི་དབང་པོ་བསྟན་ཏོ། །སྡུག་བསྔལ་འཕགས་པའི་བདེན་པ་འདི་ཤེས་རབ་ཀྱིས་ཡོངས་སུ་ཤེས་པར་བྱའོ་ཞེས་བྱ་བ་ལ་སོགས ་པས་ནི་ཀུན་ཤེས་པའི་དབང་པོ་བསྟན་ཏོ། །སྡུག་བསྔལ་འཕགས་པའི་བདེན་པ་འདི་ཤེས་རང་ཀྱིས་ཡོངས་སུ་ཤེས་པར་གྱུར་ཏོ་ཞེས་བྱ་བ་ལ་སོགས་པས་ནི་ཀུན་ཤེས་པ་དང་ལྡན་པའི་དབང་པོ་བསྟན་ཏེ། ཀུན་འབྱུང་བ་དང་འགོག ་པ་དང་ལམ་གྱི་བདེན་པ་ལ་སོ་སོ་ནས་དབང་པོ་གསུམ་པོ་དག་རབ་ཏུ་བསྟན་པ་དེ་ཡང་དེ་བཞིན་དུ་རིག་པར་བྱའོ། །བཙུན་པ་ཆོས་སྐྱོང་ནི་འདི་བདག་གིས་མདོ་འདི་བསམས་པ་དང། ལུས་ཀྱིས་སྤུ་ལངས་ཏེ་འདི་ལྟར་བཅོམ་ལྡན་འདས་ཀྱི་བཀའ་ནི ་གདོན་མི་ཟ་བར་དོན་དང་མི་འགལ་བས་ངས་བར་གོ་རིམ་ཡོད་པ་ཡིན་ན། མདོ་འདི་ནི་གོ་རིམ་ལས་བཟློག་ནས་ཀུན་ཤེས་པ་དང་ལྡན་པའི་དབང་པོ་དང། གཞན་ཡང་མི་ཤེས་པ་ཀུན་ཤེས་པའི་དབང་པོ་བསྟན་བའི་ཕྱིར་སངས་རྒྱས་དང་རང་སངས ་རྒྱས་དང་ཉན་ཐོས་རྣམས་ལ་ནི་འདི་ལྟ་བུའི་རྣལ་འབྱོར་བསྒོམ་པའི་གོ་རིམ་ཡོད་པ་མ་ཡིན་ན། ཀུན་ཤེས་པ་དང་ལྡན་པའི་དབང་པོའི་འོག་དུ་ཅིའི་ཕྱིར་ཡང་ཟག་པ་མེད་པའི་དབང་པོ་འབྱུང་བར་འགྱུར་མདོ་འདི་སྤང་བར་བྱ་བ་འམ་སཱ་མན?་ནི་གདོན ་མི་ཐ་བར་རིགས་པ་དང་འགལ་བར་འགྱུར་ཏེ། བཅོམ་ལྡན་འདས་ཀྱིས་དང་པོར་གསུངས་པ་ཡིན་པའི་ཕྱིར་དང་དགེ་སློང་ལྔ་པོ་གཙོ་བོར་གྱུར་པ་དང། ལྷའི་བུ་བརྒྱད་ཁྲི་པོ་དག་བསྟན་པ་འདི་ཐོས་ནས་ཐམས་ཅད་ཀྱིས་ཆོས་རྟོགས་པའི་ཕྱིར་རོ། ། ་གལ་ཏེ་སྤང་བར་མི་བྱ་འམ་སྙམ་ན་ནི་གོ་རིམ་དང་འགལ་བས་དེའི་ཕྱིར་མདོ་འདི་བསམས་པ་དང་ལུས་ཀྱི་བསྡུ?་ལངས་པར་གྱུར་ཏོ་ཞེས་ཟེར་རོ། །བཙུན་པ་དེ་དེ་སྐད་དུ་ཟེར་མོད་ཀྱི། འོན་ཀྱང་མདོ་སྡེ་སྤོང་བར་མི་བྱེད་ཀྱི་ཚིག་ལྟག་འོག་སྤོང་བ ་ཙམ་དུ་ཟད་དེ། དེ་འདི་སྙམ་དུ་མདོ་འདི་སྐད་དུ་གསུང་བའི་རིགས་ཏེ། སྡུག་བསྔལ་འཕགས་པའི་བདེན་པ་འདི་ནི་བདག་གིས་སྔོན་མ་ཐོས་པས་ཤེས་བྱ་བ་ནས་རྒྱ་ཆེར་བཤད་པའི་བར་དུའོ། །ཀུན་འབྱུང་བ་དང་འགོག་པ་དང་ལམ་གྱི་བདེན ་པ་རྒྱ་ཆེར་བཤད་པ་ཡང་དེ་བཞིན་ནོ། །སྡུག་བསྔལ་འཕགས་པའི་བདེན་པ་འདི་ནི་ཤེས་རབ་ཀྱིས་ཡོངས་སུ་ཤེས་པར་བྱའོ། །ཀུན་འབྱུང་བ་འཕགས་པའི་བདེན་པ་འདི་ནི་ཤེས་རབ་ཀྱིས་གཏན་དུ་སྤང་བར་བྱའོ། །འགོག་པ་འཕགས་པའི་བདེན་པ་འདི་ནི་ཤེས ་རབ་ཀྱིས་མངོན་དུ་བྱའོ། །ལམ་འཕགས་པའི་བདེན་པ་འདི་ནི་ཤེས་རབ་ཀྱིས་བསྒོམ་པར་བྱ་སྟེ། སྔོན་མ་ཐོས་པས་ཞེས་བྱ་བ་ལ་སོགས་པས་ནི་སྔ་མ་བཞིན་ནོ། །སྡུག་བསྔལ་འཕགས་པའི་བདེན་པ་འདི་ནི་ཤེས་རབ་ཀྱིས་ཡོངས་སུ་ཤེས་པར་གྱུར་ཏེ། །ཀུན ་འབྱུང་འཕགས་པའི་བདེན་པ་འདི་ནི་ཤེས་རབ་ཀྱིས་གཏན་དུ་སྤངས་སོ། །འགོག་པ་འཕགས་པའི་བདེན་པ་འདི་ནི་ཤེས་རབ་ཀྱིས་མངོན་དུ་བྱས་སོ། །ལམ་འཕགས་པའི་བདེན་པ་འདི་ནི་ཤེས་རབ་ཀྱིས་བསྒོམས་སོ། །སྔོན་མ་ཐོས་པ་ཞེས་བྱ་བ་ལ་སོགས ་པས་ནི་སྔ་མ་བཞིན་ཏེ། གལ་ཏེ་དེ་སྐད་དུ་བསྟན་ན་ནི་གོ་རིམ་ཀྱང་སྟོན་པར་མི་འགྱུར་ལ་རྣལ་འབྱོར་དང་རྗེས་སུ་མཐུན་པས་མདོ་ལས་གསུངས་པ་ལྟ་བུ་ནི་མ་ཡིན་ནོ་སྙམ་དུ་སེམས་སོ། །ཆོས་མངོན་པའི་སློབ་དཔོན་རྣམས་ནི་འདི་སྐད་དུ་མདོའི་ཚིག་འདི ་བབ་ཆོལ་རུ་ལྟག་འོག་བསྣོར་བར་མི་བྱ་སྟེ། སྔོན་གྱི་བསྟན་བཅོས་མཛད་པའི་སློབ་དཔོན་ཆེན་པོ་དབང་པོ་རྣོ་བ་མང་དུ་ཐོས་པ་བཙུན་པ་ཆོས་སྐྱོང་བས་ལྷག་པ་རྣམས་ཀྱང། མདོའི་ཚིག་འདི་ལྟག་འོག་སྤོ་བའི་ཐུགས་མཐུན་ན་འདིར་བཙུན་པ་ཆོས ་སྐྱོང་གིས་བསྣོར་བའི་ཐུགས་མི་ཐུབ་བ་ཅི་སྨོས་ཏེ། མདོ་སྡེའི་དགོངས་པ་ཡོངས་སུ་བཙལ་བ་ཙམ་དུ་མཛད་དོ་ཞེས་འབྱུང་སྟེ། འདི་ལྟར་ཆོས་འཆད་པ་དག་ནི་གོ་རིམ་རྣམ་པ་གཉིས་ལ་བརྟེན་ཏེ། དང་པོ་ནི་ཆོས་འཆད་པའི་རྗེས་སུ་མཐུན་པའི་གོ ་རིམ་ཏེ་མདོ་འདི་ཉིད་ལས་གསུངས་པ་ལྟ་བུའོ། །གཉིས་པ་ནི་མངོན་པར་རྟོགས་པའི་རྗེས་སུ་འཐུན་པའི་གོ་རིམ་ཏེ་བཙུན་པ་རྩིབས་ཀྱིས་ཇི་སྐད་དུ། མདོ་འདི་ནི་ཟག་པ་མེད་པའི་དབང་པོ་ནམ་པ་གསུམ་སྟེན་པ་མ་ཡིན་གྱི། བྱང་ཆུབ་ཀྱི་ཤིང་དྲུང ་དུ་འདོད་པའི་ཁམས་ཀྱི་ཐོས་པ་དང་བསམས་པ་ལས་བྱུང་བའི་ཤེས་རབ་ཀྱི་སྟོབས་ཀྱིས་བསྒོམ་པའི་བདེན་པ་བཞི་བསྟན་པ་ཡིན་ནོ་ཞེས་བཤད་པ་ལྟ་བུའོ། །བཅོམ་ལྡན་འདས་ཀྱིས་གལ་ཏེ་ང་ནི་རྣལ་འབྱོར་འདིའི་དབང་གིས ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བརྙེས་བར་གྱུར་ཏོ་ཞེས་གསུངས་པ་ལྟར་གྱུར་ན་ཡང། ཅི་ཐོས་པ་དང་བསམས་པས་བླ་ན་མེད་པའི་བྱང་ཆུབ་བརྙེས་པར་གྱུར་པའི་དོན་ཡོད་དམ་ཞེ་ན། སྨྲས་པ། བྱང་ཆུབ་སེམས་དཔའ་ནི་ཐོས་པ ་དང་བསམས་པའི་ཤེས་རབ་ཀྱི་སྟོབས་འཕགས་པའི་བདེན་པ་བཞི་པོ་ཐམས་ཅད་ཀྱི་ཀུན་དུ་གཏི་མུག་པ་ཟིལ་གྱིས་གནོན་ཅིང་རབ་ཏུ་སེལ་ཏེ། དེས་ངེས་པར་བླ་ན་མེད་པའི་བྱང་ཆུབ་བརྙེས་པའི་ཕྱིར་དེས་བྱང་ཆུབ་བརྙེས་ཞེས་གསུངས་པ་ཡིན་ཏེ ་དཔེར་ན་སྐྱེས་བུ་ལ་ལ་ཞིག་སྔར་ལྤགས་པ་རློན་པས་གདོང་གཡོགས་པ་ལས་ཕྱིས་དེ་བོར?་ནས་དང་ལས་གཡོགས་པ་ལས་དེའི་སྒྲིབ་པ་ཡང་ཞིང་བསྲབས་པའི་ཕྱིར། སྒྲིབ་པ་མེད་པ་ཞེས་ཟེར་བ་ལྟ་བུ་ཡིན་པས་དེའི་ཕྱིར་འདི་ཡང་ཟག་པ་མེད་པའི ་དབང་པོ་གསུམ་བསྟན་པ་མ་ཡིན་ཏེ་།མདོ་ལས་ཇི་སྐད་དུ། བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། ང་ནི་འཕགས་པའི་བདེན་པ་བཞི་རྣམ་པ་བཅུ་གཉིས་ལན་གསུམ་བཟླས་པའི་དང་པོས། མིག་དང་ཤེས་པ་དང་རིག ་པ་དང། བློ་སྐྱེས་སོ་ཞེས་གསུངས་པ་ལྟ་བུའོ། །འདི་ལན་བཅུ་གཉིས་སུ་བཟླས་པ་དང་རྣམ་པའི་མཚན་ཉིད་ཀྱང་བཞི་བཅུ་རྩ་བརྒྱད་ཡོད་པའི་རིགས་ན། ཅིའི་ཕྱིར་ལན་གསུམ་དུ་བཟླས་པ་དང་རྣམ་པའི་མཚན་ཉིད་ཀྱང་བཅུ་གཉིས་ཁོ་ན་ཞེས ་གསུངས། སྨྲས་པ། བདེན་པ་རེ་རེ་ལ་ལན་གསུམ་དུ་བསྐོར་བ་དང་།རྣམ་པའི་མཚན་ཉིད་བཅུ་གཉིས་ཡོད་པར་ལྟ་མོད་ཀྱི། ལན་གསུམ་དུ་བཟླས་པ་དང་རྣམ་པ་ཡང་བཅུ་གཉིས་ལས་གོང་ན་མེད་པའི་ཕྱིར་དེ་སྐད་དུ་གསུངས་ཏེ། ཇི ་ལྟར་རྒྱུན་དུ་ཞུགས་པ་དག་གི་རེ་ལྟར་ཐོགས་ན་སྲིད་པ་ལན་བདུན་པ་དང་མཁས་པའི་གནས་བདུན་དང། ཆོས་གཉིས་ལ་སོགས་པ་ལྟ་བུའོ། །དེ་ལ་མི་ཅེས་བྱ་བ་ནི་འདི་ལྷ་སྟེ། ཆོས་སུ་བཟོད་པའོ། །ཤེས་པ་ནི་འདི་ལྟ་སྟེ། ཆོས་སུ་ཤེས ་བ་རྣམས་སོ། །རིག་པ་ནི་འདི་ལྟ་སྟེ་།རྗེས་སུ་ཤེས་པའི་བཟོད་པའོ། །བློ་ནི་འདི་ལྟ་སྟེ། རྗེས་སུ་ཤེས་རྣམས་སོ། །བཞན་ཡང་མིག་ནི་མཐོང་བའི་དོན་ཏོ། །ཤེས་པ་ནི་རབ་ཏུ་རྣམ་པར་འབྱེད་པའི་དོན་ཏོ། །རིག་པ་ནི་གསལ་བར་རྟོགས་པའི ་དོན་ཏོ། །བློ་ནི་སད་པ་དང་སོ་སོར་བརྟག་པའི་དོན་ཏོ། །དེ་ལ་རྣམ་པ་བཅུ་གཉིས་སུ་བསྐོར་བ་ནི་བདེན་པ་བཞི་པོ་རེ་རེ་ལ་ཡང་བཟླས་པ་གསུམ་གསུམ་ཡོད་པའི་ཕྱིར་བཟླས་པ་རྣམ་པ་བཅུ་གཉིས་སུ་འགྱུར་རོ། །རྣམ་པའི་མཚན་ཉིད་བཞི་བཅུ་རྩ ་བརྒྱད་ནི་ཇི་ལྟར་སྡུག་བསྔལ་གྱི་བདེན་པ་ལ་བཟླས་པ་གསུམ་ཡོད་པས་བཟླས་པ་རེ་རེ་ལ་ཡང་མིག་དང། ཤེས་པ་དང་རིག་པ་དང་བློ་སྐྱེ་བ་ཡོད་པའི་ཕྱིར་རྣམ་པ་བཅུ་གཉིས་སུ་མངོན་པར་གྲུབ་པ་དེ་བཞིན་དུ་བདེན་པ་ལྷག་མ་རྣམས་ཀྱང་དེ་བཞིན་ཏེ་།སྤྱིར ་བསྡོམས་ན་རྣམ་པའི་མཚན་ཉིད་བཞི་བཅུ་རྩ་བརྒྱད་དུ་འགྱུར་བས་སོ། །མཁས་པའི་གནས་བདུན་དང། ཆོས་གཉིས་ནི་བསྟན་བཅོས་བྱེ་བྲག་ཏུ་བཤད་པ་ཆེན་པོ་ལས་ཇི་སྐད་དུ། མཁས་པའི་གནས་བདུན་གང་ཞེ་ན། འདི་ལྟ་སྟེ། ཡང་དག ་པ་ཇི་ལྟ་བ་བཞིན་དུ་གཟུགས་ཤེས་པ་དང། གཟུགས་འདུས་པ་ཤེས་པ་དང། གཟུགས་འགོག་པའི་འགྲོ་བ་ཤེས་པ་དང། གཟུགས་འགོག་པའི་རྣམ་པ་ཤེས་བ་དང། གཟུགས་ཀྱི་མནོག་ཤེས་པ་དང། །ཟུགས་ཀྱི་ཉེས་དམིགས་ཤེས་པ་དང། ་གཟུགས་ཀྱི་ངེས་པར་འབྱུང་བ་ཤེས་པ་དང། ཡང་དག་པ་ཇི་ལྟ་བ་བཞིན་དུ་ཚོར་བ་དང། འདུ་ཤེས་དང། འདུ་བྱེད་དང། རྣམ་པར་ཤེས་པ་ཡང་དེ་བཞིན་ནོ་ཞེས་བཤད་པ་ལྟ་བུ་སྟེ། རྒྱ་ཆེར་དེ་ཉིད་ལས་བསྟན་པ་བཞིན་ནོ། །གཞན་ཡང ་དེ་ཉིད་ལས། གལ་ཏེ་དེ་ལྟ་ན་འོ་ན་ནི་མཁས་པའི་གནས་སུམ་ཅུ་རྩ་ལྔའམ། ཡང་ན་མཁས་པ་ཚད་མེད་པ་བསྟན་པའི་རིགས་ན་ཅིའི་ཕྱིར་བདུན་ཁོ་ན་བསྟན་ཅེ་ན། སྨྲས་པ་།ཕུང་པོར་རེ་ལ་བརྟགས ་ན་སོ་སོ་ནས་བདུན་ལས་ལྷག་པ་མེད་པས་།དེའི་ཕྱིར་བདུན་ཡོད་པར་བསྟན་པ་སྟེ་།མདོ་གཞན་དག་ལས་།ཇི་སྐད་དུ་རྒྱུན་ཏུ་ཞུགས་པ་རྣམས་ནི་དེ་ལྟར་ཐོགས་ན་སྲིད་པ་ལན་བདུན་པ་ཞེས་གསུངས་ལ་།དེ་དག་ཀྱང་འགྲོ་བ་གཉིས་དང། ་སྲིད་པ་རྣམ་པ་གཉིས་ཕྱེ་སྟེ་བསྟན་ན་ཉི་ཤུ་རྩ་བརྒྱད་དུ་འགྱུར་རོ། །འདི་ལྟ་སྟེ་།མིའི་འགྲོ་བའི་སྲིད་པ་བདུན་དང། ལྷའི་འགྲོ་བའི་སྲིད་པ་བདུན་དང། མིའི་བར་དོའི་སྲིད་པ་བདུན་།ལྷའི་བར་དོའི་སྲིད་པ་བདུན་ཡོད་ཀྱང། བདུན་ལས་གོང་ན ་མེད་པའི་ཕྱིར་བདུན་མིང་དུ་བསྟན་པ་ལྟ་བུའོ། །གཞན་ཡང་བར་དོ་གཞན་དག་ལས་ཆོས་རྣམ་བ་གཉིས་ཏེ། འདི་ལྟ་སྟེ་།མིག་གིས་གཟུགས་ནས་ཡིད་ཀྱིས་ཆོས་ཞེས་བྱ་བའི་བར་དུ་གསུངས་པ་ལྟ་བུ་དང། གཞན་ཡང་མོད་གཞན་དག་ལས ་ཆོས་ཀྱི་འཁོར་ལོ་ལན་གསུམ་བཟླས་པ་ལ་རྣམ་བ་བཅུ་གཉིས་ཡོད་པར་གསུངས་པ་ལྟ་བུ་སྟེ། དེ་དག་གཉིས་དང་བཅུ་གཉིས་ལས་གོང་ན་མེད་པའི་ཕྱིར་གཉིས་དང། བཅུ་གཉིས་ཞེས་གསུངས་པ་ལྟར་འདི་ཡང་དེ་བཞིན་ནོ་ཞེས་འབྱུང་སྟེ། ་ཆེར་དེ་ཉིད་ལས་བཤད་པའི་རྣམ་གྲངས་རྣམ་བ་གཉིས་ཀྱིས་མིག་དང་ཤེས་པ་དང་རིག་པ་དང་བློ་རྣམ་པར་བཤད་པ་ལས་བསྟན་པ་བཞིན་ནོ། །དེ་ཡང་རྣམ་གྲངས་དང་པོ་ནི་མཐོང་བའི་ལམ་ཁོ་ན་ལ་བརྟེན་ནས་སོ། །རྣམ་གྲངས་ཕྱི་མ་ནི ་ལམ་ཕྱི་མ་གཉིས་ལ་རྟེན་ནས་སོ། །ཡང་ན་དང་པོ་ནི་མཐོང་བའི་ལམ་ལ་བརྟེན་ནས་སོ། །ཕྱི་མ་ནི་ལམ་གསུམ་ཆར་ལ་བརྟེན་ནས་སོ། །འདིར་མདོ་སྡེ་པས་ཐམས་ཅད་ཡོད་པར་སྨྲ་བ་དག་མཐོང་བའི་ལམ་ཁོ་ན་ལ་བརྟེན་ནས་ཆོས?་ཀྱི ་འཁོར་ལོ་བསྐོར་བ་ཞེས་བྱའོ། ཞེས་འདོད་པ་རྣམ་པར་འཇིག་པ་དང་སྦྱར་ན་ནི་།སྤྱིར་འཕགས་པའི་བསྟན་པ་དང་འཕགས་པའི་ལམ་རྣམས་ལ་ལན་གསུམ་དུ་བཟླས་པ་དང། རྣམ་པ་བཅུ་གཉིས་ཞེས་བསྟན་ཏེ། དེའི་ཕྱིར་མཛོད་ཀྱི་བསྟན་བཅོས ་ལས་གལ་རྟ་ལན་གསུམ་དུ་བཟླས་པ་རྣམ་པ་བཅུ་གཉིས་མཐོང་བའི་ལམ་ཁོ་ན་མ་ཡིན་ན་།ཇི་ལྟར་མཐོང་བའི་ལམ་ཁོ་ན་ལ་ཆོས་ཀྱི་འཁོར་ལོ་ཞེས་རྣམ་པར་བཞག་སྟེ། དེའི་ཕྱིར་ལན་གསུམ་དུ་བཟླས་པ་དང། རྣམ་པ་བཅུ་གཉིས་པོ་དེ་ཉིད ་ལ་ཡོད་པའི་ཆོས་ཀྱི་རྣམ་གྲངས་དེ་ཉིད་ལ་ཆོས་ཀྱི་འཁོར་ལོ་ཞེས་ཟེར་བ་ན་ནི་ཡང་དག་པའི་རིག་པ་དང་མཐུན་པ་ཡིན་ནོ། །ཇི་ལྟར་ན་ལན་གསུམ་བཟླས་པ་ཡིན་ཞེ་ན། ལན་གསུམ་དུ་བཟླས་པའི་ཕྱིར་རོ། །ཇི་ལྟར་ན་རྣམ་པ་བཅུ་གཉིས་ཕུན་སུམ་ཚོགས ་པ་ཡིན་ཞེ་ན། འཕགས་པའི་བདེན་པ་བཞི་ལ་ལན་གསུམ་དུ་བྱ་བའི་ཕྱིར་ཏེ། འདི་ལྟ་སྟེ། འདི་ནི་སྡུག་བསྔལ་དང་ཀུན་འབྱུང་དང་འགོག་པ་དང་ལམ་མོ་ཞེས་བྱ་བ་དང། འདི་ནི་ཡོངས་སུ་ཤེས་པར་བྱ་བ་དང། གཏན་དུ་སྤང་བར་བྱ་བ་དང། མངོན་དུ་བྱ་བ ་དང། བསྒོམ་པར་བྱའོ་ཞེས་བྱ་བ་དང། འདི་ནི་ཡོངས་སུ་ཤེས་པ་དང། གཏན་དུ་སྤང་བ་དང། མངོན་དུ་བྱས་པ་དང། བསྒོམ་པ་ཞེས་བྱ་བ་ནས་རྒྱ་ཆེར་བཤད་པའི་བར་དུའོ་ཞེས་འབྱུང་སྟེ། མདོ་སྡེ་པ་དག་གནས་སྐབས་ལས་བརྩམས་ནས་ནི་གསུམ ་དུ་བསྟན་ཏེ། །གདོན?་པ་ལས་བརྩམས་ནས་ནི་བཞིར་བསྟན་ཏེ། རྣམ་པ་བཅུ་གཉིས་ཀྱི་མཚན་ཉིད་ནི་ཐེག་པ་ཆེན་པོ་པ་དག་གི་ལྟར་བཤད་པར་བྱའོ། །གལ་ཏེ་དེ་ལྟར་ན་སྔར་ཁུངས་སུ་བསྟན་པའི་མདོ་སྡེ་ཇི་ལྟར་གོ་ཞིང་བཤད་པར་བྱ་ཞེ་ན། སྨྲས་པ། ་མངོན་བཤད་པའི་གོ་རིམ་ལས་བརྩམས་ནས་བསྟན་པས་མིག་དང་ཤེས་པ་དང། རིག་པ་དང་བློ་ཞེས་བྱ་བ་བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་བསྟན་པ་དང་མཐུན་པར་བཤད་ན་ཡང་འགལ་བ་མེད་དོ། །འདིར་ཐེག་པ་ཆེན་པོ་དག་གི ་བསྟན་པ་དང་སྦྱར་ན་ཡང་མདོ་སྡེ་པས་འདོད་པ་དང་མཐུན་པས་དེའི་ཕྱིར་བསྟན་བཅོས་ཀྱི་འཁོར་ལོ་བསྟན་པ་ལས་གཞན་ཡང་བཅོམ་ལྡན་འདས་ཀྱིས་བཟླས་པ་རྣམ་པ་དུ་དང། རྣམ་པའི་མཚན་ཉིད་དུ་ཆོས་ཀྱི་འཁོར ་ལོ་བསྐོར་བ་དེའི་དོམ?་འདིར་བཤད་པར་བྱ་སྟེ། ཆོས་ཀྱི་འཁོར་ལོ་ནི་བཟླས་པ་རྣམ་པ་གསུམ་དང། རྣམ་པའི་མཚན་ཉིད་བཅུ་གཉིས་དང་ལྡན་ཏེ་འདི་ནི་སྡུག་བསྔལ་འཕགས་པའི་བདེན་པའོ། །འདི་ནི་ཀུན་འབྱུང་འཕགས་པའི་བདེན་པའོ། །འདི ་ནི་འགོག་པ་འཕགས་པའི་བདེན་པའོ། །འདི་ནི་ལམ་འཕགས་པའི་བདེན་པའོ་ཞེས་བྱ་བ་འདི་ནི་བཟླས་པ་དང་པོའོ། །འདི་ནི་སྡུག་བསྔལ་འཕགས་པའི་བདེན་པ་སྟེ་ཡོངས་སུ་ཤེས་པར་བྱ་བའོ། །འདི་ནི་ཀུན་འབྱུང་འཕགས་པའི་བདེན་པ་སྟེ། གཏན ་དུ་སྤང་བར་བྱའོ། །འདི་ནི་འགོག་པ་འཕགས་པའི་བདེན་པ་སྟེ་མངོན་དུ་བྱ་བའོ། །འདི་ནི་ལམ་འཕགས་པའི་བདེན་བ་སྟེ་བསྒོམ་པར་བྱ་བའོ་ཞེས་བྱ་བ་འདི་ནི་བཟླས་པ་གཉིས་པའོ། །འདི་ནི་སྡུག་བསྔལ་འཕགས་པའི་བདེན་པ་སྟེ་ཡོངས་སུ་ཤེས་སོ། ། ་འདི་ནི་ཀུན་འབྱུང་འཕགས་པའི་བདེན་པ་སྟེ་གཏན་དུ་སྤངས་སོ། །འདི་ནི་འགོག་པ་འཕགས་པའི་བདེན་པ་སྟེ་མངོན་དུ་བྱས་སོ། །འདི་ནི་ལམ་འཕགས་པའི་བདེན་པ་སྟེ་ཡོངས་སུ་བསྒོམས་སོ་ཞེས་བྱ་བ་འདི་ནི་བཟླས་པ་གསུམ་པ་སྟེ་འདི་ནི་ལན་གསུམ ་དུ་བཟླས་པ་བསྟན་པའོ། །འདི་ནི་སྡུག་བསྔལ་ཤེས་པའོ། །ཀུན་འབྱུང་ཤེས་པའོ། །འགོག་པ་ཤེས་པའོ། །ལམ་ཤེས་པའོ་ཞེས་ཇི་ལྟར་སྡུག་བསྔལ་གྱི་བདེན་པ་ལ་བཟླས་པ་གསུམ་ཡོད་པ་དེ་བཞིན་དུ་ཀུན་འབྱུང་བའི་བདེན་པ་དང། དེ་བཞིན ་དུ་འགོག་པའི་བདེན་པ་དང། དེ་བཞིན་དུ་ལམ་གྱི་བདེན་པ་ལ་ཡང་བཟླས་པ་གསུམ་གྱི་ཤེས་པ་ཡོད་དོ་ཞེས་འབྱུང་སྟེ། དེ་ལས་རྣམ་པ་བཅུ་གཉིས་ཀྱི་མཚན་ཉིད་དེ་སྐད་དུ་བསྟན་ཏེ། བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་ཀྱང་ཕལ ་ཆེར་འདི་ཡང་མཐུན་པར་དེ་སྐད་དུ་སྟོན་ཏོ། །དེ་ལ་བྱེ་བྲག་ཡོད་པ་ཡང་ཆོས་ཀྱི་འཁོར་ལོ་བསྐོར་པའི་བསྟན་བཅོས་ལས་ནི། མིག་དང། ཞེས་པ་དང། རིག་པ་དང། བློ་རྣམ་པར་བྱེ་སྟེ་བསྟན་པ་མེད་ལ། རྣལ་འབྱོར་སྤྱོད་པའི་ས་ལས་ནི་མིག་དང། ་ཤེས་པ་དང། རིག་པ་དང། བློ་ཞེས་བྱ་བ་དུས་གསུམ་གྱི་ཡུལ་ལས་བརྩམས་ནས་སྤྱི་དང་བྱེ་བྲག་ཐ་དད་པ་ཡོད་པར་སྟན་ཏེ། ངོ་བོ་ཉིད་བསྟན་པའི་སྐབས་སུ་སྔར་བཤད་པ་བཞིན་ནོ། །འདུལ་བ་དུམ་བུ་བཞི་ཕ་ལས་ནི་ལན་གསུམ་པ་བཟླས་པའི ་ཕྱིར་ཀུན་ཤེས་ཀོའུ་ཌི་ནྱ་ལ་སོགས་པ་ཆོས་ཀྱི་མིག་རྣམ་པར་དག་གོ་ཞེས་འབྱུང་གི་དགྲ་བཅོམ་པའི་འབྲས་བུ་ཐོབ་པ་སྐད་དུ་མི་འབྱུང་བས་ཆོས་ཀྱི་རྣམ་གྲངས་གཞན་དག་ལ་ཡོངས་སུ་བརྟག་པར་བྱ་སྟེ་།ཞིབ་དུ་ནི་བསྟན་བཅོས་བྱེ་བྲག་ཏུ་བཤད་པ་ཆེན་པོ ་དང། སེམས་སྣ་ཚོགས་བསྟན་པ་དང། མཛོད་ཀྱི་བསྟན་བཅོས་དང། ཡང་དག་པའི་རིགས་པ་དང་རྗེས་སུ་མཐུན་པ་ལ་སོགས་པ་ལས་བསྟན་པ་བཞིན་དུ་རིག་པར་བྱའོ། །ངོ་མཚར་རྨད་དུ་བྱུང་བའི་འཇིག་རྟེན་ཐམས་ཅད་ཀྱི་ལྷ་དང་མི་ལ་སོགས ་པ་སུས་ཀྱང་སྔོན་ཆོས་དང་མཐུན་པར་མ་བསྐོར་བ་ལགས་མོད་ཀྱི། དེའི་ཚེ་ཡོངས་སུ་བསྐོར་བའི་འཁོར་ལོ་དེ་ནི་བླ་ན་མཆིས་པ། སྐབས་མ་མཆིས་པ། དྲང་བའི་དོན་རྩོད་པའི་གཞིའི་གནས་སུ་གྱུར་པ་ལ་གསོ་ཞེས་བྱ་བ་ནི་གཉིས་བ་བསྟན་པ་དེ་དམན ་ཞིང་དེས་པའི་དོན་མ་ཡིན་པར་བསྟན་པ་སྟེ་།འདི་ལྟར་ཆོས་ཀྱི་འཁོར་ལོ་འདི་སྟོང་པ་ཉིད་མཁྱུད་ཅིང་ཡོད་པ་ཉིད་དུ་བསྟན་པས་དྲང་བའི་དོན་ཡིན་ལ་འཁོར་བ་དང་མྱ་ངན་ལས་འདས་པའི་རྒྱུ་དང། འབྲས་བུ་དང། གང་ཟག་ལ་བདག་མེད ་པ་མོངས་སུ་རྫོགས་པར་སྟོན་ཅིང། ཆོས་སྟོང་པ་ཉིད་ཀྱི་རིགས་པ་སྟོན་པར་མི་བྱེད་པས་།དེའི་བསྟན་པ་འདི་ནི་གོང་ན་ཁྱད་པར་ཅན་ཡོད་པའི་བསྟན་པ་དང། སྐབས་ཁྱད་པར་ཅན་ཡོད་པའི་བསྟན་པ་དང། གཞན་དག་གི་གཞིག་པར་བྱ ་བ་དང། སྡེ་པ་ཉི་ཤུ་བོ་རྩོད་བར་སྲ་བ་དག་གི་གནས་སུ་གྱུར་བ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ་།སློབ་དཔོན་ཡང་དག་བདེན་པའི་རྗེད་བྱང་ལས་ནི། དང་པོར་ཐེག་པ་ཆུང་ངུ་པའི་བདེན་པ་བཞི་མཐོང་བ་ནི་མཚན་ཉིད་མེད་པ་མ་ཡིན་པའི་ཕྱིར?་ས? ་བའི་དོན་ཅེས་བྱའོ། །གོང་ན་ཐེག་པ་ཆེན་པོ་ཡོད་པའི་ཕྱིར་ཟླ་ན་ཡོད་བ་ཞེས་བྱའོ། །ཐེག་པ་ཆེན་པོ་དག་གིས་སྔོན་ཕྱིན་པའི་ཕྱིར་རྒོལ་བ་དང་བཅས་པའོ། །འཇིག་རྟེན་པའི་དོན་དང་ཐ་དད་པར་གྱུར་བའི་ཕྱིར་དེ་དག་དང་འཐབ་ཅིང་རྩོད་པར་གྱུར། ་པའོ་ཞེས་འབྱུང་ངོ།། །།བམ་པོ་སུམ་བཅུ་གསུམ་པ། །བཅོམ་ལྡན་འདས་ཀྱིས་སྔོན་དུས་གཉིས་པའི་ཚེ་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་རྣམས་ལ་ཆོས་རྣམས་ཀྱི་ངོ་བོ་ཉིད་མ་མཆིས་པ་དང། སྐྱེ་བ་མ་མཆིས་དང། འགག་པ ་མ་མཆིས་པ་དང། གཟོད་མ་ནས་ཞི་བ་དང། རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་ཉིད་ལས་བརྩམས་ནས་འདི་ལྟར་མི་མངོན་པའི་རྣམ་པས་ཡང་དག་བའི་ཆོས་ཀྱི་འཁོར་ལོ་བསྐོར་བཞེས་བྱ་བ་འདི་མན་ཆད་ནི་གཉིས་པ་མཚན་ཉིད་མེད་པའི ་ཆོས་ཀྱི་འཁོར་ལོ་བསྟན་པའོ། །འདི་ཡང་རྣམ་པ་གཉིས་ཏེ། ཆོས་ཀྱི་འཁོར་ལོ་ཉིད་ཡང་དག་པར་བསྟན་པ་དང། ངེས་པའི་དོན་མ་ཡིན་པར་རབ་ཏུ་བསྟན་པ་སྟེ་འདི་ནི་དང་པོའོ། །མདོའི་ཚིག་འདི་ཡང་གསུངས་པའི་དུས་བསྟན་པ་དང། གང་གི ་ཚར་དུ་གསུངས་པ་བསྟན་པ་དང། ཆོས་ཀྱི་འཁོར་ལོ་ཉིད་བསྟན་པའོ། །བཅོམ་ལྡན་འདས་ཀྱིས་སྔོན་དུས་གཉིས་པའི་ཆེ་ཞེས་བྱ་བས་ནི་གསུངས་བའི་དུས་བསྟན་ཏེ། ཆོས་ཀྱི་འཁོར་ལོ་རྣམ་པ་གསུམ་ལས་གཉིས་པ་གསུངས་པའི་ཚན་ཞེས་བྱ་བའི ་ཐ་ཚིག་གོ་།ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་རྣམས་ལ་ཞེས་བྱ་བ་ལ་སོགས་པས་ནི་གང་གི་ཚང་དུ་བསྟན་པ་གསུངས་པ་བསྟན་ཏེ། འདི་ལྟར་ཐེག་པ་གསུམ་ཡོངས་སུ་གཉེར་བ་ལས། ཐེག་པ་ཆེན་པོ་ལ་ཡང་དག་པར་གཞོལ་བའི་ཆེད་དུ ་གསུངས་པའོ། །དགོངས་པ་ཐབ་མོ་རྣམ་པར་དགྲོལ་བའི་མདོ་ལས་ཀྱང་དེ་སྐད་དུ་གསུངས་ཏེ། དེའི་ཕྱིར་མདོ་དེ་ཉིད་ལས་ཐེག་པ་ཆེན་པོ་ལ་གནས་པའི་སེམས་ཅན་གྱི་ཆེད་དུ་ཆོས་རྣམས་ངོ་བོ་ཉིད་མ་མཆིས་པ་ལ་སོགས་པ་གསུངས་སོ་ཞེས་འབྱུང་སྟེ། འཕགས་པ ་རྡོ་རྗེ་གཅོད་པ་ལས་ཀྱང། ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་རྣམས་ཀྱི་ཆེད་དུ་བསྟན་ཏོ། །ཐེག་པ་མཆོག་ལ་ཡང་དག་པར་ཞུགས་པ་རྣམས་ཀྱི་ཆེད་དུ་བསྟན་ཏོ་ཞེས་གསུངས་པ་ཡིན་ནོ། །ཆོས་རྣམས་ཀྱི་ངོ་བོ་ཉིད་མ་མཆིས་པ་ལ་སོགས་པ་ལས ་བརྩམས་ནས་ཞེས་བྱ་བས་ནི་གཉིས་པ་མཚན་ཉིད་མེད་པའི་ཤེས་རབ་ཡང་དག་པར་བསྟན་ཏེ། གཞུང་གང་མཚན་མ་མེད་པར་སྟོན་པ་གང་ཡིན་པ་དེ་ནི་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པ་ནས་རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པའི་བར་དུ་སྟོན་པས ་སོ། །ཆོས་ཀྱི་འཁོར་ལོ་དང་པོ་ནི་སྟོང་པ་ཉིད་མཁྱུང་ནས་ཡོད་བ་ཉིད་དུ་སྟོན་པར་མཛད་པ་ཡིན་ལ། གཉིས་པ་འདི་ནི་ཡོད་པ་ཉིད་མཁྱུད་ནས་སྟོང་པ་ཉིད་དུ་སྟོན་པར་མཛད་པས། དེའི་ཕྱིར་མི་མཐོང་བའི་རྣམ་པས་ཡང་དག་པའི་ཆོས་ཀྱི་འཁོར་ལོ་བསྐོར་ཅེས ་Fགསུངས་པ་ཡིན་ཏེ། གསད་པའི་རྣམ་པ་ཞེས་ཀྱང་བྱ་བས་དེའི་ཕྱིར་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་ལས་སྐྱེ་བ་མེད་པ་དང། འགག་པ་མེད་པ་ལ་སོགས་པ་ལས་ནི་སངས་རྒྱས་རྣམས་ཀྱི་གསང་བ་བསྟན་པ་ཡིན་ནོ་ཞེས་གསུངས་སོ། ། ་དེ་ལ་གཉིས་པ་མཚན་མ་མེད་པའི་ཐེག་པ་ཆེན་པོ་འདི་ཉིད་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་རྣམས་ལ་བྱ་སྟེ། སྔོན་གྱི་བཤད་པ་ལས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྡེ་བརྒྱད་ཅེས་བསྟན་པ་ཉིད་དོ། །སྡེ་སྣོད་གསུམ་པོ་དེ་ལེའུ་ཅིས་འཕགས་པ་ཤེས ་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྡོ་རྗེ་གཅོད་པའི་འགྲེལ་པ་སློབ་དཔོན་རྡོ་རྗེ་དྲང་སྲོང་གིས་མཛད་པ་བསྒྱུར་བ་ལས་འཇིག་རྟེན་པ་རྣམས་ཀྱིས་མོས་པའི་རྗེས་སུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྡེ་བརྒྱད་གསུངས་སྟེ། སྡེ་དང་པོ་ལ་ཤལོ་ཀ་འབུམ་ཡོད་དོ། །སྡེ་གཉིས་པ་ལ་ནི་ཤལོ་ཀ ་ཉི་ཁྲི་ལྔ་སྟོང་ཡོད་དོ། །སྡེ་གསུམ་པ་ལ་ནི་ཤལོ་ཀ་ཁྲི་བརྒྱད་སྟོང་ཡོད་དེ། འདི་ལེའུ་ཆེན་པོ་ཞེས་བྱ་བ་ཉིད་ཡིན་ནོ། །སྡེ་བཞི་པ་ལ་ནི་ཤལོ་ཀ་བརྒྱད་སྟོང་ཡོད་དེ། འདི་ནི་ལེའུ་ཆུང་དུ་ཞེས་བྱ་བ་ཉིད་ཡིན་ནོ། །སྡེ་ལྔ་པ་ལ་ནི་ཤལོ་ཀ་བཞི་སྟོང་ཡོད་དོ།། ་སྡེ་དྲུག་པ་ལ་ནི་ཤལོ་ཀ་ལྔ་བརྒྱ་ཡོད་དོ། །སྡེ་བདུན་པ་ལ་ནི་ཤལོ་ཀ་དྲུག་བརྒྱ་ཡོད་དེ། འདི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འཇམ་དཔལ་གྱིས་ཞུས་པ་ཉིད་ཡིན་ནོ། །སྡེ་བརྒྱད་པ་ལ་ནི་ཤལོ་ཀ་སུམ་བརྒྱ་ཡོད་དེ། འདི་ནི་ཤེས་རབ་ཀྱི་ཕ་རོལ་ཕྱིན་པ་རྡོ་རྗེ་གཅོད་པ་ཉིད ་ཡིན་ནོ། །དེ་ལ་སྡེ་སྔ་མ་བདུན་ནི་མཚན་མ་རབ་ཏུ་བསལ་བ་ད་དུང་དུ་མ་ཟད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བརྗོད་པ་ཁོ་ནར་ཟད་དོ། །སྡེ་བརྒྱད་པ་ནི་མཚན་མ་རབ་ཏུ་བསལ་བའི་མཆོག་ཏུ་གྱུར་པའི་ཕྱིར་ལོགས་ཤིག་ཏུ་རྡོ་རྗེ་ཞེས་བྱ་བའི་མིང་རྣམ་པར ་གཞག་པ་ཡིན་ནོ་ཞེས་འབྱུང་སྟེ། སློབ་དཔོན་ཡང་དག་བདེན་པ་ཡང་ཕལ་ཆེར་གོང་མ་དང་མཐུན་པར་བཤད་དོ། །གཞན་ཡང་དེ་ཉིད་ལས་སྡེ་དང་པོ་དང་གཉིས་པ་གཉིས་ཀྱི་དཔེ་ནི་ད་དུང་རྒྱ་གར་ཡུལ་ན་བཞུགས་ཏེ། འདིར་མ་གཤེགས་སོ། །ལྔ་པ་དང་དྲུག་པ་དང ་གཉིས་ནི་ད་དུང་མ་བསྒྱུར་ཏེ། རྒྱ་གར་གྱི་དཔེ་ཉིད་དུ་བཞུགས་སོ། །འབྱུང་ངོ་སློབ་དཔོན་བྱིན?་ཙང་གིས་རྒྱ་གར་གྱི་དཔེ་ལས་ཤལོ་ཀ་འབུམ་བསྒྱུར་བ་དེ་ཡང་གནས་བཞིར་འདུས་པ་བཅུ་དྲུག་གསུངས་པར་འབྱུང་སྟེ། འདུས་པ་དང་པོ་དྲུག་དང་བཅོ་ལྔ་པ་ནི་རྒྱལ ་པོའི་ཁབ་བྱ་རྒོད་ཕུང་པོའི་རི་ལ་བཞུགས་ཏེ་གསུངས་སོ། །འདུས་པ་བདུན་པ་དང་བརྒྱད་པ་དང་དགུ་པ་དང་བཅུ་གཅིག་པ་དང་བཅུ་གཉིས་པ་དང། བཅུ་གསུམ་པ་དང་བཅུ་བཞི་པ་ནི་མཉན་དུ་ཡོད་པ་རྒྱལ་བྱེད་གྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན ་བཞུགས་ཏེ་གསུངས་སོ། །འདུས་པ་བཅུ་པ་ནི་གཞན་འཕྲུལ་དབང་བྱེད་ཀྱི་ལྷའི་རྒྱལ་པོའི་ཁང་པ་ན་གཞུགས་ཏེ་གསུངས་སོ། །འདུས་པ་བཅུ་དྲུག་པ་ནི་རྒྱལ་པོའི་ཁབ་འོད་མའི་ཚལ་བྱ་ཀ་ལནྟ་ཀའི་རྫིང་དྲུང་དུ་བཞུགས་ཏེ་གསུངས་སོ། །ཆེས་ངོ་མཚར་རྨད་དུ་བྱུང་བ ་ལགས་མོད་ཀྱི། དེའི་ཚེ་ཡོངས་སུ་བསྐོར་བའི་ཆོས་ཀྱི་འཁོར་ལོ་དེ་ཡང་བླ་ན་མཆིས་པ་སྐབས་མཆིས་པ་དྲང་བའི་དོན་།རྩོད་པའི་གཞིའི་གནས་སུ་གྱུར་པ་ལགས་སོ་ཞེས་བྱ་བ་ནི་གཉིས་པ་ངེས་པའི་དོན་མ་ངེས་པར་རབ་ཏུ་བསྟན་པ་སྟེ། འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི ་མདོ་རྣམས་ལས་མཚན་ཉིད་མེད་པ་ལ་སོགས་པ་སྟོན་པར་མཛད་ཀྱང། ངོ་བོ་ཉིད་མེད་པ་རྣམ་པ་གསུམ་དང་ངོ་བོ་ཉིད་རྣམ་པ་གསུམ་གྱི་ཡོད་པ་དང་མེད་པའི་དོན་རྣམ་པར་ཕྱེ་བས་དེའི་ཕྱིར་དགོངས་པ་ཟབ་མོ་རྣམ་པར་དགྲོལ་བའི་མདོ་ལས་མཚན་ཉིད་མེད་པ་ལ་སོགས ་པར་བཤད་པ་གང་ཡིན་པ་དེ་ནི་ངེས་པའི་དོན་མ་ཡིན་པ་ཞེས་བསྟན་ཏོ། །གཞན་ཡང་དོན་ཚད་མེད་པའི་མདོ་ལས་སྔར་སྙིང་པོ་བྱང་ཆུབ་ཀྱི་ཤིང་དྲུང་དུ་ལོ་དྲུག་གི་བར་དུ་ལུས་དྲང་པོར་བསྲང་སྟེ། འདུག་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་ནས་སངས་རྒྱས ་ཀྱི་སྤྱན་གྱིས་ཆོས་རྣམ་པ་ཐམས་ཅད་བལྟས་པ་ལས་བཤད་དུ་མི་རུང་བར་གྱུར་ཏོ། །དེ་ཅིའི་ཕྱིར་ཞེ་ན། སེམས་ཅན་རྣམས་ཀྱི་རང་བཞིན་དང། མོས་པ་མི་མཚུངས་པས་ཆོས་བཤད་པའི་ཐབས་རྣམ་པ་སྣ་ཚོགས་ཀྱི་སྟོབས་གྱི་ལོ་བཞི་བཅུ་འདས་པའི་ཐ་མར་གདོད་དེ་ཁོ་ན་ཉིད་རབ ་ཏུ་བསྟན་ཏེ། དེའི་ཕྱིར་སེམས་ཅན་ལམ་ཐོབ་པ་ལ་ཁྱད་པར་ཡོད་པས་།མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་མི་འགྱུར་རོ། །ཞེས་གསུངས་ཏེ། བསྟན་པ་འདི་དག་དང་སྤྱར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམས་ནི་ངེས་པའི་དོན་མ་ཡིན་ནོ། །དོན ་འདིའི་ཕྱིར་བདེན་པ་བཞིའི་འཁོར་ལོ་ལ་བལྟོས་ན་ཤིན་ཏུ་ཟབ་པ་དང། ངོ་མཚར་རྨད་དུ་བྱུང་བ་ཡིན་ཡང་གསུམ་པ་ལ་བལྟོས་ན་བླ་ན་ཡོད་པ་སྐབས་ཡོད་པ་དྲང་བའི་དོན་ཡིན་ལ་དྲང་བའི་དོན་ཡིན་པའི་ཕྱིར་རྩོད་པར་སྨྲ་བ་དང་བཅས་པ་ཡིན་ནོ། །སློབ་དཔོན་ཡང་དག ་བདེན་པའི་བརྗེད་བྱང་ལས། བར་མ་འདི་ནི་ཐེག་པ་ཆེན་པོ་ཐེག་པ་ཆུང་དུ་ལས་ཐ་དད་པར་སྟོན་པའི་ཕྱིར་ངེས་པའི་དོན་མ་ཡིན་པའོ། །ད་དུང་ཐེག་པ་གཅིག་ཡོད་པའི་ཕྱིར་གོང་མ་དང་བཅས་པའོ། །ཐེག་པ་ཆུང་དུ་པ་དག་དང་ཐ་དད་པའི་ཕྱིར་ཐེག་པ་ཆུང་དུ་བ་དག་དང་འཐབ ་ཅིང་རྩོད་པར་འགྱུར་བའོ། །ཐེག་པ་གཅིག་གིས་རྣམ་པར་འཇིག་པའི་ཕྱིར་རྒོལ་བ་དང་བཅས་པའོ་ཞེས་འབྱུང་ངོ། །བཅོམ་ལྡན་འདས་ཀྱིས་དེང་འདུས་པ་གསུམ་པ་འདིར་ཐེག་པ་ཐམས་ཅད་ལ་ཡང་དག་པར་ཞུགས་པ་རྣམ་པ ་ལ་ཆོས་ཐམས་ཅད་ངོ་བོ་ཉིད་མ་མཆིས་པ་དང། སྐྱེ་བ་མ་མཆིས་པ་དང། འགག་པ་མ་མཆིས་པ་དང། གཟོད་མ་ནས་ཞི་བ་དང། རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་ཉིད་ལས་བརྩམས་ནས་འདི་ལྟར་རབ་ཏུ་ཕྱེ་བའི་རྣམ་པས་ཡང་དག་པའི་ཆོས ་ཀྱི་འཁོར་ལོ་བསྐོར་བ་ཞེས་བྱ་བ་འདི་མན་ཆད་ནི་གསུམ་པ་ངེས་པའི་དོན་ཐེག་པ་ཆེན་པོར་ཡང་དག་པར་སྟོན་ཏོ། །འདི་ཡང་རྣམ་པ་གཉིས་ཏེ། ངེས་པའི་དོན་ཡང་དག་པར་བསྟན་པ་དང། ངེས་པའི་དོན་གྱི་མཚན་ཉིད་རབ་ཏུ་བསྟན་པ་སྟེ་འདི་ནི་དང་པོའོ། ། ་མདོའི་ཚིག་འདི་ཡང་རྣམ་པ་གསུམ་དུ་དབྱེ་སྟེ། གསུམ་པའི་དུས་བསྟན་པ་དང། བསྟན་པ་གསུངས་པའི་དགོངས་པ་བསྟན་པ་དང། ཆོས་ཀྱི་འཁོར་ལོ་ཉིད་རབ་ཏུ་བསྟན་པའོ། །བཅོམ་ལྡན་འདས་ཀྱིས་དེང་དུས་གསུམ་པ་འདིར་ཞེས་བྱ་བས་ནི་བསྟན་པ་གསུངS ་པའི་དུས་བསྟན་ཏེ། ཆོས་ཀྱི་འཁོར་ལོ་རྣམ་པ་གསུམ་གསུངས་པའི་དུས་ན་ཞེས་བྱ་བའི་ཐ་ཚིག་གོ་།ཐེག་པ་ཐམས་ཅད་ལ་ཡང་དག་པར་ཞུགས་པ་རྣམས་ལ་ཞེས་བྱ་བས་ནི་བསྟན་པ་གསུངས་པའི་དགོངས་པ་བསྟན་ཏེ། ཆོས་ཀྱི་འཁོར་ལོ་འདི་ནི ་ངེས་པའི་དོན་གྱི་བསྟན་པ་ཡིན་པས་འདི་ལྟར་སྟོང་པ་ཉིད་རྣམ་པ་གཉིས་དང། ངོ་བོ་ཉིད་རྣམ་པ་གསུམ་ལ་སོགས་པའི་དོན་རྣམ་པར་དབྱེ་བས་ན་དེའི་ཕྱིར་ཐེག་པ་གསུམ་པོ་དག་སོ་སོ་ནས་རང་གི་འབྲས་བུ་འཐོབ་པར་འགྱུར་བ་ཡིན་ཏེ། དེའི་ཕྱིར་བསྟན་བཅོས་རྣམ་པར ་བཤད་པ་ལས། དེ་ལ་སྦྱོར་བ་ནི་འདི་ལྟ་སྟེ། འདི་ལྟར་ངོ་བོ་ཉིད་རྣམ་པ་གསུམ་ཁོང་དུ་ཆུད་པ་ཉིད་ཀྱིས་ཉན་ཐོས་དང་རང་སངས་རྒྱས་དང། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ཐབས་སུ་འགྱུར་བ་གང་ཡིན་པའོ། །ཞེས་བསྟན་ཏོ། །ཐམས་ཅད་ཀྱི་ངོ ་པོ་ཉིད་མ་མཆིས་པ་ཞེས་བྱ་བ་ལ་སོགས་པས་ནི་ཆོས་ཀྱི་འཁོར་ལོ་ཉིད་རབ་ཏུ་བསྟན་ཏེ། ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་མ་མཆིས་པ་ཞེས་བྱ་བ་ལ་སོགས་པ་ཡང་སྔར་གོང་དུ་ནི་མངོན་པའི་རྣམ་པས་ཡང་དག་པའི་ཆོས་ཀྱི་འཁོར་ལོ་བསྐོར་བ་ཡིན་པར་བསྟན་པ་ཡིན་ལ། གསུམ ་པ་འདིར་ནི་གོང་མའི་ཚིག་རེ་རེ་ལ་ཡང་ངོ་བོ་ཉིད་མེད་པ་ཉིད་ཅེས་བརྗོད་པར་བྱ་སྟེ། ངོ་བོ་ཉིད་མེད་པ་ཉིད་གང་ཡིན་པ་དེ་ནི་ངོ་བོ་ཉིད་མེད་པ་ཉིད་རྣམ་པ་གསུམ་ཡིན་ཏེ། སྔར་བཤད་པ་བཞིན་ནོ། །འདི་ལྟར་ངོ་བོ་ཉིད་མེད་པ་ཉིད་རྣམ་པ་གསུམ་གང་ཡིན་པ་དེ་ཉིད་ནི་ངོ་བོ་ཉིད ་རྣམ་པ་གསུམ་ཡིན་པས་རིགས་པ་དེས་ན་ངོ་བོ་ཉིད་མེད་པ་ཉིད་ཀྱིས་ནི་ངོ་བོ་ཉིད་ཡོད་པ་དང་ངོ་བོ་ཉིད་མེད་པ་ཉིད་རབ་ཏུ་སྟོན་པས་ན་དེའི་ཕྱིར་འདི་ལྟར་རབ་ཏུ་ཕྱེ་བའི་རྣམ་པ་ཡང་དག་པའི་ཆོས་ཀྱི་འཁོར་ལོ་བསྐོར་བ་ཞེས་གསུངས་པ་ཡིན་ནོ། །འདི་ནི་ཤིན་ཏུ་ངོ་མཚར་རྨད ་དུ་བྱུང་བ་ལགས་པས་དེང་འདིར་བཅོམ་ལྡན་འདས་ཀྱིས་ཡོངས་སུ་བསྐོར་བའི་ཆོས་ཀྱི་འཁོར་ལོ་འདི་ནི་བླ་ན་མ་མཆིས་པ་སྐབས་མ་མཆིས་པ་ངེས་པའི་དོན་ལགས་ཏེ། རྩོད་པ་རྣམས་ཀྱི་གཞིའི་གནས་སུ་གྱུར་པ་མ་ལགས་སོ་ཞེས་བྱ་བ་ནི་ཉི་པ་ངེས་པའི་དོན་གྱི་མཚན ་ཉིད་རབ་ཏུ་བསྟན་པའོ། །ཆོས་ཀྱི་འཁོར་ལོ་བསྐོར་བ་དེ་མཆོག་ཏུ་རྨད་དུ་བྱུང་ཞིང་དེ་ལས་ལྷག་པའི་མཆོག་གཞན་མེད་པའི་ཕྱིར་བླ་ན་མེད་པ་ཞེས་བྱའོ། །ཕྱིས་མཆོག་ཏུ་འགྱུར་བའི་སྐབས་མེད་ཅིང་ཕྱིར་གཞིག་པའི་སྐབས་མེད་པའི་ཕྱིར་སྐབས་མེད་པ་ཞེས་བྱའོ། །ཡིད ་པ་དང་མེད་པ་ཡོངས་སུ་རྫོགས་པར་བསྟན་པའི་ཕྱིར་ངེས་པའི་དོན་ཡིན་ཞིང་རྩོད་པར་སྨྲ་བ་རྣམས་ཀྱི་གཞིའི་གནས་མ་ཡིན་པའོ། །སློབ་དཔོན་ཡང་དག་བདེན་པའི་བརྗོད་བྱང་ལས། འདི་སོ་ནི་ཐེག་པ་ཆུང་དུ་བ་དང། ཐེག་པ་ཆེན་པོ་པ་དག་དང་རྒྱུ་རྐྱེན་མཚུངས་ཤིང་འབྲས ་བུ་མཚུངས་པ་སྟོན་པའི་ཕྱིར་རྣམ་པར་མི་རྟོག་པ་དོན་དམ་པ་བསྟན་པ་ཞེས་བྱའོ། །ཆོས་ཀྱི་འཁོར་ལོ་དེ་མཆོག་དུ་རྨད་དུ་བྱུང་བ་དོན་དེ་ལས་ལྷག་པ་གཞན་མེད་པའི་ཕྱིར་བླ་ན་མེད་པ་ཞེས་བྱའོ། །གཞན་ཡང་ཐེག་པ་ཆུང་དུ་ཀུན་གྱིས་བགྲོད་པར་བྱ་བ་ཡིན་པའི་ཕྱིར ་རྩོད་པ་མེད་པའོ། །རྩོད་པ་མེད་པའི་ཕྱིར་གཞིག་དུ་མེད་པའོ། །གཞིག?་དུ་མེད་པའི་ཕྱིར་རྒོལ་བ་མེད་པའོ་ཞེས་འབྱུང་ངོ། །གོང་དུ་བསྟན་པའི་ཆོས་ཀྱི་འཁོར་ལོ་རྣམ་ལ་གསུམ་གྱིས་རབ་ཏུ་དབྱེ་བར་བྱ་སྟེ། དུས་དང་གནས་སོ་སོ་ནས་བཤད་པ་མཚུངས ་པ་དང་མི་མཚུངས་པ་བསྟན་པ་དང། བསྟན་པ་བསྡུ་བའི་དོན་ཡིན་ནམ་མ་ཡིན་པར་རབ་ཏུ་བསྟན་པ་དང། བརྗོད་པར་བྱ་བའི་གཞུང་ཟབ་པ་དང་ཟབ་པ་མ་ཡིན་པའི་བྱེ་བྲག་བསྟན་པའོ། །དེ་ལ་དང་པོ་དུས་དང་གནས་སོ་སོ་ནས་བཤད་པ་མཚུངས་མི་མཚུངས་བསྟན་པ་ཡང། ་སློབ་དཔོན་ཡང་དག་བདེན་པས་ཚིག་ངེས་པར་འགྲེལ་པའི་མདོའི་འགྲེལ་པ་བྱས་པ་ལས། གཞན་ཡང་དེ་བཞིན་གཤེགས་པས་ཆོས་ཀྱི་འཁོར་ལོ་ལན་གསུམ་པ་སྐོར་བ་ནི་གང་ཟག་རྣམ་པ་གསུམ་གྱི་ཆེད་དུ། དང་པོ་ནི་ཡུལ་བར་ནཱ་སིར་རི་དགས་ཀྱི་ཚལ་དྲང་སྲོང་འདུ་བའི ་གནས་སུ་ཉན་ཐོས་རྣམས་ལ་ཆོས་ཀྱི་འཁོར་ལོ་བསྐོར་བ་འདི་ནི་དུས་དང་པོར་བདེན་པ་བཞིའི་ཆོས་ཀྱི་འཁོར་ལོ་བསྐོར་བ་ཡིན་ཏེ། ཡོངས་སུ་བསྐོར་བའི་འཁོར་ལོ་གང་ཡིན་པ་དེ་ནི་དྲང་པའི་དོན་བླ་ན་ཡོད་པ་རྒོལ་བ་དང་བཅས་པ། རྩོད་པ་དང་བཅས་པའོ། །གཉིས་པ་དེ་ནི་དེ་བཞིན ་གཤེགས་པ་མངོན་པར་རྫོགས་པ་སངས་རྒྱས་ནས་ལོ་བདུན་ལོན་པ་དང་མཉན་དུ་ཡོད་པ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་ནས་དུས་གཉིས་པར་ཐེག་པ་ཆེན་པོ་སྤྱོད་པའི་གང་ཟག་རྣམས་ཀྱི་ཆེད་དུ་ཆོས་ཐམས་ཅད་ངོ་བོ་ཉིད་མེད ་པ་དང། སྐྱེ་བ་མེད་པ་དང། འགག་པ་མེད་པ་དང། བཟོད་མ་ནས་ཞི་བ་དང། རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པའོ་ཞེས་མཚན་ཉིད་རབ་ཏུ་བསྟན་པ་ནི་ཆོས་ཀྱི་འཁོར་ལོ་བསྐོར་བ་ཞེས་བྱ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང། ས་བཅུ་ལ ་སོགས་པ་སྟོན་པ་ཆོས་ཀྱི་འཁོར་ངོ་མཚར་རྨད་དུ་བྱུང་བ་བསམ་གྱིས་མི་ཁྱབ་པ་ལྷ་དང་མི་གང་གིས་ཀྱང་ཡོངས་སུ་མ་བསྐོར་བ་ཡིན་ཡང་ཆོས་ཀྱི་འཁོར་ལོ་དེ་ནི་དྲང་བའི་དོན། བླ་ན་ཡོད་པ། རྒོལ་བ་དང་བཅས་པ། རྩོད་པ་དང་བཅས་པའོ། །མགོན་མེད་ཟས ་སྦྱིན་གྱི་ཀུན་དགའ་ར་བ་ནས་རྒྱང་གྲགས་གཅིག་ཙམ་ན་རྫིང་ཞིག་ཡོད་པ་གང་གི་དེར་ཆུ་འཐུངས་སམ་ཁྲུས་བྱས་ན་ཤེས་རབ་འཕེལ་བར་འགྱུར་བས་ཀུན་གྱི་ཤེས་རབ་སྦྱིན་པའི་རྫིང་ཞེས་བརྗོད་དོ། །བཅོམ་ལྡན་འདས་ཀྱིས་རྫིང་དེའི་འགྲམ་དུ་ཐེག་པ་ཆེན་པོ་ཤེས་རབ་ཀྱི་?་ཕ ་རོལ་ཏུ་ཕྱིན་པའི་མདོ་གསུངས་པས་རྫིང་བུ་དེའི་མིང་བུ་མོ་ཤེས་རབ་ཅན་གྱི་རྫིང་ཞེས་བྱ་བར་བཏགས་ཏེ། ལྷའི་བུ་མོའི་གནས་ཡིན་པས་སོ། །གསུམ་པ་འདི་བཅོམ་ལྡན་འདས་མངོན་པར་རྫོགས་པར་སངས་རྒྱས་པའི་འོག་དུ་ལོ་སུམ་ཅུ་རྩ་བརྒྱད་ལོན་ནས་ཡུས?་བསངས་པ ་ཅན་གྱི་ཡི་དགས་ཀྱི་རྒྱལ་པོའི་ཆོས་ཀྱི་ཁང་པ་ན་བཞུགས་ནས་བྱང་ཆུབ་སེམས་དཔའ་དོན་དམ་ཡང་དག་འཕགས་ལ་སོགས་པ་ལ་ཚིག་རེས་པར་འབྲེལ་བའི་མདོ་དང། དྲི་མ་མེད་པ་གྲགས་པས་བསྟན་པ་དང། དམ་པའི་ཆོས་པདྨ་དཀར་པོའི་མདོ་ལ་སོགས་པ ་གསུངས་པ་ནི་དུས་གསུམ་པ་སྟེ། བཅོམ་ལྡན་འདས་ཀྱིས་ཐེག་པ་གསུམ་བསྒྲུབ་པའི་གང་ཟག་རྣམས་སུ་ཡོངས་སུ་བཟླ་བའི་ཆེད་དུ་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པ་དང། སྐྱེ་བ་མེད་པ་དང། འགག་པ་མེད་པ་དང། གཟོད་མ་ནས་ཞི་བ་དང། རང་བཞིན་གྱིས་ཡོངS ་སུ་ངན་ལས་འདས་པའོ་ཞེས་རབ་ཏུ་བསྟན་པ་ནི་རྣམ་པར་མི་རྟོག་པའི་མཚན་ཉིད་ཀྱི་འཁོར་ལོ་བསྟན་པ་ཡིན་པས་ཆོས་ཀྱི་འཁོར་ལོ་དེ་ནི་ཤིན་ཏུ་རྣམ་པར་དག་པ་ངོ་མཚར་རྨད་དུ་བྱུང་བ་བསམ་གྱིས་མི་ཁྱབ་པ། ངེས་པའི་དོན་བླ་ན་མེད་པ། རྒོལ་པ་མེད་པ། རྩོད ་པ་མེད་པ་སྟེ། སེམས་ཅན་དབང་པོ་བརྟུལ་པོ་རྣམས་ཀྱི་ཆེད་དུ་དེ་བཞིན་གཤེགས་པས་རིམ་གྱིས་ཆོས་ཀྱི་འཁོར་ལོ་གསུངས་པ་ཡིན་ནོ་ཞེས་འབྱུང་ངོ། །དེ་བཞིན་གཤེགས་པས་གསུངས་པ་ཡིན་ན་ཅིའི་ཕྱིར་རྣམ་པ་གསུམ་དུ་གྱུར་ཅན། སྨྲས་པ། པདྨ་པ་རྣམ ་པར་བཞག་པ་དང་བདེན་པ་རྣམ་པར་མ་བཞག་པའོ། །རི་དགས་ཀྱི་ཚལ་དུ་ཆོས་བསྟན་པ་གང་ཡིན་པ་དེ་ནི་བདེན་པ་བཞི་རྣམ་པར་བཞག་པའོ། །རྒྱལ་བྱེད་ཀྱི་ཚལ་དུ་ཆོས་གསུངས་པ་གང་ཡིན་པ་དེ་ནི་བདེན་པ་གཉིས་རྣམ་པར་བཞག་པའོ། །ཡངས་པ་ཅན་དུ་ཆོས་བཤད་དེ ་བ་གང་ཡིན་པ་དེ་ནི་བདེན་པ་རྣམ་པར་མ་བཞག་པ་སྟེ། དོན་དམ་པ་དང་ཀུན་རྫོབ་གང་ཡིན་པ་ངེས་པ་ཉིད་དུ་མ་གྱུར་པས་བདེན་པ་རྣམ་པར་མ་གཞག་པ་ཞེས་བརྗོད་དེ། །བརྒྱུད་དེ་བཤད་པ་དག་ལས་སློབ་དཔོན་ཡང་དག་བདེན་པ་ན་རེ་ཆོས ་ཀྱི་འཁོར་ལོ་དང་པོ་ནི་དཔྱིད་ཟླ་འབྲིང་པོའི་ཆོས་བརྒྱད་ལ་མངོན་པར་རྫོགས་པར་སངས་རྒྱས་ནས་དབྱར་ཟླ་ར་བའི་ཆོས་བརྒྱད་ལ་ཡུལ་བ་ར་ཎཱ་སིར་ཆོས་ཀྱི་འཁོར་ལོ་དང་པོ་བསྐོར་རོ། །ཆོས་ཀྱི་འཁོར་ལོ་གཉི་པ་ནི་བྱང་ཆུབ་སེམས་དཔའ་དང་ཐེག་པ་གཉིས་པོ་དག ་གི་ཆེད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་རྣམས་གསུངས་པ་ཡིན་ནོ་ཞེས་ཟེར་ཞེའོ། །བརྒྱུད་དེ་བཤད་པ་ལས་ནི་ཆོས་ཀྱི་འཁོར་ལོ་དང་པོ་ཉི་མ་དང་བླ་བ་གྲངས་བཅས་པའོ། །ཆོས་ཀྱི་འཁོར་ལོ་གཉིས་པ་ནི་ཐེག་པ་གཉིས་ཀྱི་ཆད་དུའོ་ཞེས་ཟེར་ཏེ། དོན་གཞན ་ནི་ཚིག་ངེས་པར་འགྲེལ་པ་ལས་བསྟན་པ་དང་མཐུན་ནོ། །གཞན་ཡང་ཚིག་ངེས་པར་འགྲེལ་པའི་མདོའི་འགྲེལ་པ་ལས། གལ་ཏེ་བསྟན་པ་གཉིས་པ་ཡངས་པ་ཅན་དུ་བཞུགས་ཏེ་གསུངས་པར་གྱུར་ན་མདོ་ལས་གསུངས་པ་དང་འགལ་བར་འགྱུར་ཏེ། མདོ ་ལས་རྒྱལ་པོའི་ཁབ་བྱ་རྒོད་ཕུང་པོའི་རི་ལ་བཞུགས་ཏེ་ཞེས་གསུངས་པས་སོ། །འདིར་སྡེ་སྣོད་གསུམ་པ་སློབ་དཔོན་རྒྱན་ཙང་གིས་ནི་ཆོས་ཀྱི་འཁོར་ལོ་རྣམ་པ་གསུམ་པོ་དེ་ཡང་གནས་བསྟན་པ་ཁོ་ནར་ཐས་ཀྱི། དུས་ཚིགས་དང་ཉི་མ་དང། ཟླ་བ་དང། ་ལོ་གྲངས་བསྟན་པ་མེད་དེ་ཆོས་ཀྱི་འཁོར་ལོ་དང་པོའི་གནས་ནི་སློབ་དཔོན་ཡང་དག་བདེན་པས་བཤད་པ་དང་མཐུན་ཏེ། གོང་དུ་སྔར་བསྟན་པ་བཞིན་དུ་རྣམ་པར་དབྱེ་བར་བྱའོ། །ཆོས་ཀྱི་འཁོར་ལོ་གཉིས་པ་ནི་གནས་བཞིར་འདུས་པ་བཅུ་དྲུག་དུ་གསུངས་པར་བཤད ་དེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབུམ་ལ་སོགས་པའོ་ཞེས་གོང་དུ་བསྟན་པ་བཞིན་ནོ། །སློབ་དཔོན་ཡང་དག་བདེན་པས་མཉན་དུ་ཡོད་པ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་ཏེ་ཞེས་བསྟན་པ་ནི་གནས་བཞི་ལས་གནས་གཅིག་ཡོངས ་སུ་རྫོགས་པར་བཤད་པའི་ཕྱིར་རོ། །ཆོས་ཀྱི་འཁོར་ལོ་གསུམ་པ་ནི་གནས་གཉིས་སུ་བཞུགས་ནས་གསུངས་ཏེ་ཞིང་ཡོངས་སུ་དག་པ་དང་ཞིང་ཡོངས་སུ་མ་དག་པ་སྟེ་སྔར་གོང་དུ་བསྟན་པ་བཞིན་ནོ། །སློབ་དཔོན་ཡང་དག་བདེན་པའི་བརྗེད་བྱང་ལས། གལ་ཏེ་ཡངས་པ ་ཅན་དུ་བཞུགས་ནས་ཤེས་བསྟན་ན་དེས་ཞིང་ཡོངས་སུ་མ་དག་མ?་བཞུགས་པར་བསྟན་པར་འགྱུར་བས་མདོ་དང་མི་མཐུན་པར་འགྱུར་རོ། །སྤྱིར་དམ་པའི་ཆོས་པདྨ་དཀར་པོའི་མདོ་དང། སྡོང་པོ་བཀོད་པ་ལ་སོགས་པ་ལས་གསུམ་པ་ཞེས་ཟེར་ན་ནི་བྱ་རྒོད་ཕུང་པོའི་དེ་དང་གནས་བདུན ་དུ་འདུས་པ་བརྒྱད་ཀྱིས་གསུངས་པར་འགྱུར་རོ། །མདོ་ལས་འབྱུང་བ་བཞིན་དུ་རིག་པར་བྱའོ་ཞེས་འབྱུང་ངོ། །དགོངས་པ་ཟབ་མོ་རྣམ་པར་གྲོལ་བའི་མདོ་ལས། དང་པོ་ནི་ཉན་ཐོས་བསྒྲུབ་པའི་གང་ཟག་གི་ཆེད་དུའོ། །གཉིས་པ་ནི་ཐེག་པ་ཆེན་པ་ལ་གནས་པའི་གང ་ཟག་གི་ཆེད་དུའོ། །གསུམ་པ་ནི་ཐེག་པ་ཐམས་ཅད་ལ་གནས་པའི་ཆེད་དུའོ་ཞེས་འབྱུང་ལ་མདོ་འདི་ལས་དང་པོ་ནི་ཉན་ཐོས་ཀྱི་ཐེག་པ་ལ་ཡང་དག་པར་ཞུགས་པ་རྣམས་ཀྱི་ཆེད་དུའོ། །གཉིས་པ་ནི་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་རྣམས་ཀྱི་ཆེད་དུའོ། ། ་གསུམ་པ་ནི་ཐེག་པ་ཐམས་ཅད་ལ་ཡང་དག་པར་ཞུགས་པའི་ཆེད་དུའོ་ཞེས་གསུངས་ན་མདོ་འདི་ཉིད་གང་ནི་ཡང་དག་པ་ཡིན་ཞེ་ན། སྨྲས་པ། མདོ་འདིའི་དཔེ་ཡང་དག་པ་ཡིན་པས་སྔར་བསྟན་པ་བཞིན་དུ་རིག་པར་བྱ་སྟེ། དོན་ལ་འགལ་བ་མེད་པའི་ཕྱིར་རོ། །གཞན ་ཡང་སློབ་དཔོན་ཡང་དག་བདེན་པའི་བརྗོད་བྱང་ལས་ཀྱང་དེ་སྐད་དུ་འབྱུང་བས་དེའི་ཕྱིར་ཚིག་ངེས་པར་འགྲེལ་བའི་མདོ་ལས། དང་པོ་ནི་ཉན་ཐོས་ཀྱི་གང་ཟག་གི་ཆེད་དུའོ། །གཉིས་པ་ནི་ཐེག་པ་ཆེན་པོའི་གང་ཟག་གི་ཆེད་དུའོ། །གསུམ་པ་ནི་ཐེག་པ་གསུམ་གྱི་གང་ཟག ་གི་ཆེད་དུའོ་ཞེས་བསྟན་པ་ཡིན་ནོ། །དེ་ལ་གཉིས་པ་བསྟན་པའི་བསྡུ་བའི་ཚད་དང་ངེས་པའི་དོན་ཡིན་ནམ་མ་ཡིན་པ་རབ་ཏུ་བསྟན་པ་ཡང་སྔར་ནི་བསྟན་པ་བསྡུ་བའི་ཚད་བསྟན་ལ་དེའི་འོག་ཏུ་ངེས་པའི་དོན་ཡིན་ནམ་མ་ཡིན་པ་རབ་ཏུ་བསྟན་པར་བྱའོ། །དེ་ལ་བསྟན་པ་བསྡུ ་བའི་ཚད་ཀྱང་སོ་སོ་ནས་བཤད་པ་མི་མཐུན་པས་སློབ་དཔོན་ཡང་དག་བདེན་པས་སྡེ་པ་རྣམས་ཀྱི་ལྟ་བ་བསྟན་པའི་བརྗེད་བྱང་བྱས་པ་ལས། དགེ?་བ་ཆུང་དུ་པའི་སྡེ་སྣོད་གསུམ་པ་གང་ཡིན་པ་དེ་དག་ནི་ཆོས་ཀྱི་འཁོར་ལོ་དང་པོ་ཞེས་བྱ་སྟེ། ཆུང་དུ་ཁོ་ན་ཡིན་གྱི་ཆེན ་པོ་ནི་མ་ཡིན་ནོ། །མྱ་ངན་ལས་འདས་པ་ཆེན་པོའི་མདོ་ནི་ཆོས་ཀྱི་འཁོར་ལོ་གཉིས་པ་ཞེས་བྱ་སྟེ་།ཐེག་པ་པ་ཆེ་ཆུང་གཉི་གའི་ཆེད་དུ་གསུངས་པའོ། །འཕགས་པ་སངས་རྒྱས་ཕལ་པོ་ཆེ་དང། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་རྣམས་ནི་ཆོས་ཀྱི་འཁོར་ལོ་གསུམ ་པ་ཞེས་བྱ་སྟེ་ཆེན་པོ་ཁོ་ནའི་ཆེད་དུ་ཡིན་གྱི་།ཆུང་དུ་ནི་མ་ཡིན་ནོ་ཞེས་བཤད་དེ་དེའི་ཕྱིར་བརྗོད་བྱང་དེ་ཉིད་ལས་སངས་རྒྱས་ཀྱི་བསྟན་པ་ལ་ནི་ཆོས་ཀྱི་འཁོར་ལོ་རྣམ་པ་གསུམ་ཡོད་པས། དང་པོ་ནི་ཐེག་པ་ཆུང་དུ་པའི་ཆོས་ཀྱི་འཁོར་ལོ་སྟེ། དེ་ནི་སྡེ་སྣོད་གསུམ་གྱི ་བསྟན་པ་དག་གོ་།གཉིས་པ་ནི་ཐེག་པ་ཆེན་པོའི་ཆོས་ཀྱི་འཁོར་ལོ་ཐེག་པ་ཆེན་པོ་ཐེག་བ་ཆུང་དུ་དང་ཐ་དད་པ་བསྟན་པ་སྟེ། དེ་ནི་མྱ་ངན་ལས་འདས་པ་ཆེན་པོའི་མདོ་ལས། ཐེག་པ་ཆེ་ཆུང་གི་དོན་སྤྱིར་བསྟན་པ་ལྟ་བུའོ། །གསུམ་པ་ནི་ཐེག་པ་གཅིག་གི་ཆོས ་ཀྱི་འཁོར་ལོ་ཐེག་པ་ཆེ་ཆུང་ཐ་དད་པ་མེད་པར་བསྟན་པ་སྟེ། འཕགས་པ་སངས་རྒྱས་ཕལ་པོ་ཆེ་དང། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་ལ་སོགས་པ་ལས་ཐེག་པ་གསུམ་གྱི་གང་ཟག་སྟོང་པ་ཉིད་རྣམ་པ་གཉིས་སུ་ལྟ་བ་དང། དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་བསྒྲུབ ་པར་མཚུངས་པར་སྟོན་པ་ལྟ་བུ་སྟེ། དེའི་ཕྱིར་ཐེག་པ་ཆེ་ཆུང་ཐ་དད་པ་མེད་དོ་ཞེས་འབྱུང་བ་ཡིན་ནོ། །ཚིག་ངེས་པར་འགྲེལ་པའི་མདོའི་འགྲེལ་པ་ལས་ནི་གོང་དུ་བཤད་པ་བཞིན་དུ་དང་པོར་ནི་བདེན་པ་བཞིའི་ཆོས་ཀྱི་འཁོར་ལོ་གསུངས་སོ། །གཉིས་པོའི་ཚེ་ནི་ཤེས་རབ ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་རྣམས་གསུངས་སོ། །གསུམ་པའི་ཚེ་ནི་ཚིག་ངེས་པར་འགྲེལ་པ་དང། དྲི་མ་མེད་པར་གྲགས་པ་བསྟན་པ་དང། སངས་རྒྱས་ཕལ་པོ་ཆེའི་མདོ་ལ་སོགས་པས་གསུངས་སོ་ཞེས་འབྱུང་སྟེ། སློབ་དཔོན་ཡང་དག་བདེན་པའི་བརྗེད་བྱང་རྣམ་པ་གཉིས ་ཀྱང་རང་ཉིད་ཕན་ཚུན་འགལ་བ་ཉིད་དུ་འགྱུར་བས་རྣམ་པ་གཉིས་སུ་བཤད་པ་ཡོད་ཀྱང་རེ་ཞིག་བཤད་པ་ཕྱི་མ་ལ་བརྟེན་ནས་བཤད་པར་བྱ་སྟེ། མདོའི་ཚིག་དང་རྗེས་སུ་མཐུན་པའི་ཕྱིར་རོ། །འདི་ལྟར་བདེན་པ་བཞི་ནི་དང་པོའི་བསྟན་པའོ། །ཤེས་རབ་ཀྱི་ཕ་རོལ ་ཏུ་ཕྱིན་པ་རྣམས་ནི་དུས་གཉིས་པའི་བསྟན་པའོ། །དགོངས་པ་ཟབ་མོ་རྣམ་པར་འགྲེལ་པ་དང། དྲི་མ་མེད་པར་གྲགས་པས་བསྟན་པ་དང། དམ་པའི་ཆོས་པདྨ་དཀར་པོ་དང། སངས་རྒྱས་ཕལ་པོ་ཆེ་ལ་སོགས་པ་ནི་དུས་གསུམ་པའི་བསྟན་པའོ་ཞེས་སློབ་དཔོན་ཡང ་དག་བདེན་པས་ནི་གསུང་རབ་རྣམས་ལ་དེ་སྐད་དུ་བཤད་དོ། །འདིར་ནི་བསྟན་པ་རྣམས་ཀྱང་བདེན་པ་བཞི་སྟོན་པ་གང་ཡིན་པ་དེ་དག་ནི་དང་པོར་གསུངས་པའི་བསྟན་པའོ། །མཚན་ཉིད་མེད་པར་སྟོན་པ་གང་ཡིན་པ་དེ་དག་ནི་དུས་གཉིས་པའི་བསྟན་པའོ། །ངོ་བོ་ཉིད་རྣམ ་པ་གསུམ་དང་ངོ་བོ་ཉིད་མེད་པ་རྣམ་པ་གསུམ་ལ་སོགས་པ་ལས་བརྩམས་ནས་ཡོད་པ་དང་མེད་པའི་རིག་པ་མ་ལུས་ཤིང་ཡོངས་སུ་རྫོགས་པར་སྟོན་པ་གང་ཡིན་པ་དེ་དག་ནི་དུས་གསུམ་པའི་བསྟན་པའོ་ཞེས་སྟོན་གྱི། ལོ་དང་ཟླ་བ་དང་དུས་ཚིགས་ལ་བརྟེན་ནས། བུམ ་སྔ་ཕྱིའི་བསྟན་པ་སྟོན་པ་ལྟ་བུ་ནི་མ་ཡིན་ནོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམས་དུས་གཉིས་པར་བསྟན་པ་ཡིན་པར་ཅི་ལ་བརྟེན་ཏེ་ཤེས་པར་བྱ་ཞེ་ན། སྨྲས་པ། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་ལས། དེའི་ཚེ་ལྷའི་བུ་བརྒྱ་སྟོང་ཚད་མེད་པ་རྣམས ་ནམ་མཁའ་ལ་མེ་ཏོག་གཏོར་ནས། སྐད་མཐུན་པར་འདི་སྐད་དུ། ཀྱེ་བདག་ཅག་ལ་སོགས་པས་ནི་དེང་འཛམ་བུའི་གླིང་དུ་བཅོམ་ལྡན་དས་ཀྱིས་ཤིན་ཏུ་གྱ་ནོམ་པའི་ཆོས་ཀྱི་འཁོར་ལོ་གཉིས་པ་བསྐོར་བར་མཐོང་ངོ་ཞེས་སྨྲས་སོ་ཞེས་གསུངས་ཏེ། ཤེས་རབ་ཀྱི་ཕ ་རོལ་ཏུ་ཕྱིན་པ་བམ་པོ་བཞི་བརྒྱ་སུམ་ཅུ་བདུན་པ་དང། ལྔ་བརྒྱ་བདུན་པ་དང། ལྔ་བརྒྱ་བཞི་བཅུ་ལྔ་པ་དང། ལེའུ་ཆེན་པོ་དང། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲེལ་པ་ལས་ཀྱང་དེ་སྐད་དུ་སྟོན་པས་སོ། །དེ་ལ་ངེས་པའི་དོན་ཡིན་ནམ་མ་ཡིན་པ་རབ་ཏུ ་བསྟན་པ་ཡང་རེ་ཞིག་མདོ་འདི་ཉིད་དང་སྦྱར་ན། ཆོས་ཀྱི་འཁོར་ལོ་རྣམ་པ་གསུམ་ལས་དང་པོ་གཉིས་ནི་དྲང་པོའི་དོན་ཏོ། །གསུམ་པ་ནི་ངེས་པའི་དོན་ཏོ། །ཞེས་སྟན་ཏེ། དེ་ཅིའི་ཕྱིར་ཞེ་ན། གོང་དུ་བསྟན་པ་ལྟར་ན་ཆོས་ཀྱི་དབོང? ་ལོ་དང་པོ་ནི་སྟོང་པ་ཉིད་མ་བྱུང་ནས་ཡོད་པ་ཉིད་དུ་སྟོན་པ་དང། ཆོས་ཀྱི་འཁོར་ལོ་གཉིས་པ་ནི་ཡོད་པ་མཁྱུད་ནས་སྟོང་པ་ཉིད་དུ་སྟོན་པ་ཡིན་ལ་ཆོས་ཀྱི་འཁོར་ལོ་གསུམ་པ་ནི་སྟོང་པ་དང་ཡོད་པའི་རིགས་པ་ཡོངས་སུ་རྫོགས་པར་སྟོན་པའི་ཕྱིར་ངེས་པའི་དོན་ཅེས་བསྟན་གྱི། བརྗོད ་པ་ལས་ཟབ་པ་དང་ཟབ་པ་མ་ཡིན་པའི་ཕྱིར་ལོང་པའི་ཕྱིར་ངེས་པ་དང་ངེས་པ་མ་ཡིན་པ་ཞེས་བསྟན་པ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། གཉིས་པ་དང་གསུམ་པས་མཚན་ཉིད་མེད་པ་སྟོང་པ་ལ་དོན་ཟབ་པ་དང། ཟབ་པ་མ་ཡིན་པ་ཞེས་བྱ་བ་མེད་ཀྱང་ཡོངས་སུ་རྫོགས ་ཤིང་རབ་ཏུ་ཕྱེ་བའི་རྣམ་པས་རྣམ་པར་བྱེ་བའི་ཕྱིར་ནི་ངེས་པའི་དོན་ཅེས་བརྗོད་ལ་ཡོངས་སུ་མ་རྫོགས་ཤིང་མཁྱུད་པའི་ཕྱིར་མི་དྲང་བའི་དོན་ཅེས་བྱ་སྟེ། རིགས་པ་དེས་ན་ངེས་པ་དང་དྲང་པའི་དོན་ལ་སོ་སོ་ནས་བཤད་པ་མི་མཐུན་པར་གྱུར་པ་ཡིན་ནོ། །ཐེག་པ་ཆུང ་ངུའི་སྡེ་བ་ཉི་ཤུ་དང་སྦྱར་ན་ནི་དེ་ལས་བཤད་པ་རྣམ་པ་གཉིས་འབྱུང་སྟེ། དང་པོ་ནི་དགེ་འདུན་ཕལ་ཆེན་པ་དང། ལན་ཅིག་བརྗོད་པ་དང། འཇིག་རྟེན་ལས་འདས་པར་སྨྲ་བ་དང། བྱ་མངལ་བ་དང། བརྟག་པར་སྨྲ་བ་དང། མཆོད་རྟེན་རིམ་པ་དང། ནུབ ་ཀྱི་རེ་ལ་གནས་པ་དང། བྱང་གི་རིལ་གནས་པ་དང། ཆོས་གསང་བ་པ་དང། འོད་སྲུངས་ཀྱི་སྡེ་པ་དང། བཅུ་པོ་འདི་རྣམས་ནི་མཐུན་པར་དེ་བཞིན་གཤེགས་པས་གསུངས་པ་ཐམས་ཅད་ནི་ངེས་པའི་དོན་ཡིན་ནོ་ཞེས་དོན་ཏོ། །གཉིས་པ་ནི་ཐམས་ཅད་ཡོད་པར་སྨྲ་བ་ལ ་སོགས་པ་སྡེ་པ་གཞན་བཅུ་པོ་དག་ནི་དེ་བཞིན་གཤེགས་པས་གསུངས་པ་ལ་ངེས་པའི་དོན་དང་དྲང་བའི་དོན་ཡང་ཡོད་པས་ཐམས་ཅད་ངེས་པའི་དོན་མ་ཡིན་ནོ་ཞེས་བཤད་དོ། །སློབ་དཔོན་ཡང་དག་བདེན་པས་སྡེ་པ་རྣམས་ཀྱི་ལྟ་བ་བསྟན་བཅོས་ཀྱི་རྗེད་བྱང་བྱས ་པ་ལས། ཡོངས་སུ་མ་སྨིན་པའི་སེམས་ཅན་གང་ཡིན་པ་དེ་དག་ནི་ཕལ་ཆེར་ངེས་པའི་དོན་གྱི་མདོ་གསུངས་ན་འཚམ་པར་འགྱུར་རོ། །ངེས་པ་དང་ངེས་པ་མ་ཡིན་པ་དེ་ལ་ཡང་མུ་བཞི་ཡོད་པས་དང་པོ་ནི་ཚིག་ངེས་པ་དོན་མ་ངེས་པ་ཏེ་ཐེག་པ་ཆུང་ངུ་པ་དག་གི་མདོ ་སྡེ་དག་ལྟ་བུའོ། །གཉིས་པ་ནི་དོན་མ་ངེས་ལ་ཚིག་མ་ངེས་པ་སྟེ། རྒྱལ་བུ་བསད་པའི་ཚིགས་སུ་བཅད་པ་དང། བསྟན་བཅོས་མངོན་པ་སྣ་ཚོགས་ཀུན་ལས་བཏུས་པ་ལས་ཇི་སྐད་དུ། ཕ་དང་མ་ནི་བསད་བྱས་ཤིང། །རྒྱལ་པོ་མང་དུ་ཐོས་གཉིས་དང།། ་ཡུལ་འཁོར་འཁོར་དང་བཅས་བཅོམ་ན། །མི་དེ་དག་པར་འགྱུར་ཞེས་བཤད། །ཅེས་འབྱུང་བ་ལྟ་བུ་སྟེ། རྒྱ་ཆེར་དེ་ཉིད་ལས་བསྟན་པ་བཞིན་ནོ། །གསུམ་པ་ནི་ཚིག་དང་དོན་གཉི་ག་མ་ངེས་པ་སྟེ། མུ་སྟེགས་ཅན་གྱིས་བཤད་པ་རྣམས་སོ། །བཞི་པ་ནི་ཚིག ་དང་དོན་གཉི་ག་ངེས་པ་ནི་ཐེག་པ་ཆེན་པོའི་མདོ་སྡེ་རྣམས་ཏེ། ཁོང་དུ་ཆུད་པ་དག་གིས་གོ་སླ་བས་ན་ཟབ་པ་ཡང་མ་ཡིན་ཁ?་མི་རྟོགས་པ་དག་གིས་གོ་དཀའ་བས་ན་མི་ཟབ་པ་མ་ཡིན་ནོ་ཞེས་བཤད་དོ། །གཞན་ཡང་དེ་ཉིད་ལས་མདོ་སྡེ་ཐམས་ཅད་ངེས་པའི ་དོན་མ་ཡིན་ནོ་ཞེས་བསྟན་པ་ནི་རིགས་པ་དང་མཐུན་པར་སྨྲས་པ་ཡིན་ཏེ། ངེས་ན་ངེས་པའི་དོན་དང་དྲང་པའི་དོན་ཅེས་བྱ་བ་ལས་རྣམ་པ་གཉིས་སུ་འགྱུར་བས་དང་པོ་ནི་ཚིག་མ་ངེས་ལ་དོན་ནི་ཡང་དག་པར་ངེས་པར་གྱུར་པ་སྟེ། ཕ་དང་མ་དང་རྒྱལ་པོ་ལ་སོགས ་པ་བསད་བྱས་ན་ཞེས་བསྟན་པའི་ཚིགས་སུ་བཅད་པ་ལྟ་བུ་ངེས་པ་མ་ཡིན་ཡང་དོན་ནི་ཡང་དག་པར་ངེས་པར་འགྱུར་པའོ། །གཉིས་པ་ནི་ཚིག་ངེས་ལ་དོན་མ་ངེས་པར་མ་གྱུར་པ་སྟེ། བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་ཇི་སྐད་དུ། ད་ནི་བརྩོན་འགྲུས་སྤྱད ་པའི་ཕྱིར་ཆོས་འཇིག་རྟེན་ན་ཡུན་རིང་དུ་གནས་སོ། །སངས་རྒྱས་གཞན་དག་ནི་ལེ་ལོའི་ཕྱིར་ཆོས་འཇིག་རྟེན་ཏུ་ཡུན་རིང་དུ་གནས་པར་མ་གྱུར་ཏེ། སངས་རྒྱས་འོད་སྲུང་མྱ་ངན་ལས་འདས་པའི་འོག་དུ་འཇིག་རྟེན་ན་ཆོས་ཟླ་བ་བདུན་གནས་པར་འགྱུར། ་ཏོ། །སངས་རྒྱས་འཁོར་བ་འཇིག་མྱ་ངན་ལས་འདས་པའི་འོག་ཏུ་འཇིག་རྟེན་ན་ཆོས་ལོ་བཅུ་གཉིས་གནས་པར་གྱུར་ཏོ། །སངས་རྒྱས་གསེར་ཐུབ་མྱ་ངན་ལས་འདས་པའི་འོག་ཏུ་འཇིག་རྟེན་ན་ཆོས་ལོ་དྲུག་གནས་པར་གྱུར་ཏོ། །དམྱ་ངན ་ལས་འདས་པའི་འོག་ཏུ་འཇིག་རྟེན་ན་ཆོས་ལོ་ཉིས་སྟོང་གནས་པར་འགྱུར་རོ་ཞེས་གསུངས་པའི་ཚིག་དེ་ཤིན་ཏུ་ངེས་པ་མ་ཡིན་ནོ། །ངེས་པར་མ་གྱུར་པ་ནི་བཅོམ་ལྡན་འདས་ཀྱིས་སངས་རྒྱས་གཞན་དེ་དག་ཆོས་འཆད་པ་ལ་བརྩོན་པ་མ་མཛད་པ་ལ་དགོངས ་པའི་ཕྱིར་ལེ་ལོ་ཅན་ཞེས་གསུངས་ཏེ། དེ་དག་ནི་ཆོས་གཅིག་ལ་ཉེས་དམིགས་གཅིག་དུ་ཡང་དག་པར་སྟོན་པར་མཛད་ལ། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ནི་ཆོས་ཀྱི་རྣམ་གྲངས་པ་ཐམས་ཅད་ལ་ཉེས་དམིགས་ཚད་མེད་པ་སྙེད་དུ་མཛད་ནས་བཟླས་ཏེ་གསུངས ་པའི་ཕྱིར་བརྩོན་འགྲུས་སྤྱད་པ་ཞེས་འབྱུང་སྟེ། རྒྱ་ཆེར་དེ་ཉིད་ལས་བསྟན་པ་བཞིན་བསྟན་བཅོས་རྣམ་པར་བཤད་པ་ལས་ངེས་པའི་དོན་མ་ཡིན་པའི་བསྟན་པ་ནི་འདི་ལྟ་སྟེ། མདོའི་སྡེ་དང། དབྱངས་ཀྱིས་བསྙད་པའི་སྡེ་དང། ལུང་དུ་བསྟན་པའི་སྡེ་ལ་སོགས ་པ་ལས་བཅོམ་ལྡན་འདས་ཀྱིས་དོན་མདོ་ཙམ་དུ་སྨོས་ཤིང་རྒྱ་ཆེར་རྣམ་པར་ཕྱེ་བས་རྣམ་པར་ཕྱེ་ཞིང་བཤད་དགོས་པ་གང་ཡིན་པའོ། །ངེས་པའི་དོན་གྱི་བསྟན་པ་ནི་འདི་ལྟ་སྟེ་སྔ་མ་བཟློག་པ་ལས་རིག་པར་བྱའོ། །མི་མངོན་པའི་བསྟན་པ་ནི་འདི་ལྟ་སྟེ། ཕལ་ཆེར ་ཉན་ཐོས་ཀྱི་སྡེ་སྣོད་ཀྱི་བསྟན་པའོ། །རབ་ཏུ་ཕྱེ་བའི་བསྟན་པ་ནི་འདི་ལྟ་སྟེ། ཕལ་ཆེར་ཐེག་པ་ཆེན་པོའི་སྡེ་སྣོད་ཀྱི་བསྟན་པའོ་ཞེས་འབྱུང་སྟེ། བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་ཀྱང་དེ་སྐད་དུ་བསྟན་ཏོ། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི ་འགྲེལ་པ་ལས། དེ་ལ་ངེས་པའི་དོན་གྱི་མདོ་སྡེ་ཞེས་བྱ་བ་ནི་ཤེས་པའི་གང་ཟག་ཐམས་ཅད་ཀྱི་ནང་ན་སངས་རྒྱས་མཆོག་གོ། གཙུག་ལག་གི་ཡི་གེ་ཐམས་ཅད་ཀྱི་ནང་ན་སངས་རྒྱས་མཆོག་གོ་།ཚོགས་མང་པོ་ཐམས་ཅད་ཀྱི་ནང་ན་དགེ་འདུན་མཆོག་གོ་།། ་སྦྱིན་པ་བཏང་བས་ལོངས་སྤྱོད་ཆེན་པོར་འགྱུར་རོ། །ཚུལ་ཁྲིམས་བསྲུངས་པས་མཐོ་རིས་སུ་སྐྱེ་བར་འགྱུར་རོ་ཞེས་བྱ་བ་ལ་སོགས་པར་བསྟན་པ་གང་ཡིན་པ་དེ་ནི་ངེས་པའི་དོན་གྱི་མདོ་ཡིན་ནོ། །གོང་མ་སྐད་དུ་ཆོས་འཆད་པའི་ཆོས་ཀྱི་མཁན་པོ་དེ་ལ་ནི་ཕན་ཡོན ་རྣམ་པ་ལྔ་ཡོད་དེ། ལོངས་སྤྱོད་ཆེ་བ་དང། མང་པོ་ཡིད་དུ་འོང་པ་དང། བྱད་བཞིན་བཟང་བ་དང། སྒྲ་དང་རགས་པ་དང་ལྡན་པ་དང། མ་འོངས་པ་ན་མྱ་ངན་ལས་འདས་པར་འགྱུར་རོ་ཞེས་སྟོན་པ་གང་ཡིན་པ་དེ་ནི་ངེས་པའི་དོན་མ་ཡིན་ཏེ། ཅིའི་ཕྱིར་ངེས་པ་མ་ཡིན ་ཞེ་ན། སྦྱིན་པས་ལོངས་སྤྱོད་འཐོབ་པར་འགྱུར་རོ། །ཞེས་བཤད་པ་ནི་དོན་ངེས་པ་ཡིན་ཡང་ཆོས་འཆད་པ་ལ་ནི་ཟང་ཞིང་གི་སྦྱིན་པ་མེད་པས་ལོངས་སྤྱོད་ལ་འཐོབ་པར་འགྱུར་རོ་ཞེས་བསྟན་པ་ནི་ལོངས་སྤྱོད་ཐོབ་པར་འགྱུར་བ་ཡང་ཆོས་འཆད་པའི་གང་ཟག་གི་རྣམ ་པ་སྣ་ཚོགས་ཀྱིས་སྦྱིན་པའི་བསྔགས་པ་བརྗོད་ནས་གཞན་གྱི་སེར་སྣའི་སེམས་བཀྲོལ་བ་དང། བདག་ཉིད་ཀྱི་སེར་སྣ་ཡང་རབ་ཏུ་སེལ་བས་རྒྱུ་དང་རྐྱེན་ངེས་ལོངས་སྤྱོད་ཐོབ་པར་འགྱུར་བ་དེའི་ཕྱིར་ངེས་པ་མ་ཡིན་པ་ཞེས་འབྱུང་ངོ། །བྱང་ཆུབ་སེམས་དཔའ་ཨི་སྡེ་སྣོད ་ཆེན་པོའི་མདོ་ལས་ནི་ཕན་ཚུན་བལྟོས་པ་རྣམ་པ་དགུས་ངེས་པ་དང། ངེས་པ་མ་ཡིན་པའི་དོན་སྟོན་པར་མཛད་དེ། དང་པོ་ནི་ཇི་ཙམ་དུ་ཚིག་འབྲུ་རྒྱས་པ་གང་ཡིན་པ་དེ་དག་ནི་དྲང་བའི་མདོ་ཞེས་བྱའོ། །ཇི་ཙམ་དུ་དོན་རྒྱས་པ་དེ་དག་ནི་ངེས་པའི་དོན་གྱི་མདོ་ཞེས ་བྱའོ། །གཉིས་པ་ནི་ལམ་ཡོངས་སུ་བསྟན་པ་གང་ཡིན་པ་དེ་དག་ནི་དྲང་བའི་དོན་ཞེས་བྱའོ། །འབྲས་བུ་བསྟན་པ་གང་ཡིན་པ་དེ་དག་ནི་ངེས་པའི་དོན་ཅེས་བྱའོ། །གསུམ་པ་ནི་ཀུན་རྫོབ་གྱི་བདེན་པ་བསྟན་པ་གང་ཡིན་པ་དེ་དག་ནི་དྲང་བའི་དོན་ཅེས་བྱའོ། །དོན་དམ་པའི ་བདེན་པ་བསྟན་པ་གང་ཡིན་པ། དེ་དག་ནི་ངེས་པའི་དོན་ཅེས་བྱའོ། །བཞི་པ་ནི་ལས་དང་ཉོན་མོངས་པའི་ཀུན་ནས་ཉོན་མོངས་པ་བསྟན་པ་གང་ཡིན་པ་དེ་དག་ནི་དྲང་བའི་དོན་ཅེས་བྱའོ། །ལས་དང་མྱོངས་བ་ཟད་པར་བསྟན་པ་གང་ཡིན་པ་དེ་དག་ནི་ངེས ་པའི་དོན་ཅེས་བྱའོ། །ལྔ་པ་ནི་ཀུན་ནས་ཉོན་མོངས་པའི་ཆོས་ལ་སྨོད་པ་གང་ཡིན་པ་དེ་དག་ནི་དྲང་བའི་དོན་ཆེས་བྱའོ། །རྣམ་པར་བྱང་བའི་ཆོས་བསྒྲུབ་པར་སྟོན་པ་གང་ཡིན་པ་དེ་དག་ནི་ངེས་པའི་དོན་ཅེས་བྱའོ། །དྲུག་པ་ནི་འཁོར་བ་ཡི ་ཡོངས་སུ་སྐྱོ་ཞིང་རྒྱས་ཀྱི་ཕྱོགས་པ་དང་མྱ་ངན་ལས་འདས་ལ་མོས་པར་བྱའོ་ཞེས་སྟོན་པ་གང་ཡིན་དེ་དག་ནི་དྲང་བའི་དོན་ཅེས་བྱའོ། །འཁོར་བ་དང་མྱ་ངན་ལས་འདས་པ་གཉིས་སུ་མེད་ཅིང་བྱེ་བག་མེད་པར་སྟོན་པ་གང་ཡིན་པ་དེ་དག་ནི་ངེས་པའི་དོན ་ཅེས་བྱའོ། །བདུན་པ་ནི་ཚིག་འབྲུ་རྣམ་པ་སྣ་ཚོགས་ཀྱི་བྱེ་བྲག་བསྟན་པ་གང་ཡིན་པ་དེ་དག་ནི་དྲང་བའི་དོན་ཅེས་བྱའོ། །ཤིན་ཏུ་ཟབ་ཅིང་མཐོང་བར་དཀའ་བ་དང་རིག་པར་དཀའ་བ་སྟོན་པ་གང་ཡིན་པ་དེ་དག་ནི་ངེས་པའི་དོན་ཅེས་བྱའོ། །བརྒྱད་པ་ནི་ཚིག ་འབྲུ་རྒྱ་ཆེར་བཤད་ནས་སེམས་དགའ་བར་བྱེད་པ་གང་ཡིན་པ་དེ་དག་ནི་དྲང་བའི་དོན་ཅེས་བྱའོ། །ཚིག་འབྲུ་དང་སེམས་ཐལ་བ་ལྟ་བུར་སྟོན་པ་གང་ཡིན་པ་དེ་དག་ནི་ངེས་པའི་དོན་ཅེས་བྱའོ། །དགུ་པ་ནི་བདག་དང་སེམས་ཅན་ལ་སོགས་པ་ཡོད་པར་སྟོན་པ་དང། ་གཞན་ཡང་ཚོར་བའི་ཕུང་པོ་རྣམ་པ་སྣ་ཚོགས་ཡོད་པར་རྣམ་པར་འཇོག་ལ། སེམས་ཅན་ལ་དབང་བྱེད་པ་མེད་པར་སྟོན་པ་གང་ཡིན་པ་དེ་དག་ནི་དྲང་བའི་དོན་ཅེས་བྱའོ། །སྟོང་པ་དང་མཚན་མ་མེད་པ་ལ་སོགས་པ་དང། བདག་ཡོད་པ་མ་ཡིན་པ་ལ་སོགས ་པ་དང་རྣམ་པར་ཐར་པ་གསུམ་པོ་སྟོན་པ་གང་ཡིན་པ་དེ་དག་ནི་ངེས་པའི་དོན་ཅེས་བྱའོ་ཞེས་བཤད་དོ། །འདུས་པ་ཆེན་པོའི་མདོ་ལས་ཀྱང་ཕན་ཚུན་བལྟོས་པ་རྣམ་པ་བདུན་གྱིས་སྟོན་པར་མཛད་པ་ཡང་གཉིས་པ་དང་གསུམ་པ་ནི་མི་འབྱུང་སྟེ་རྣམ ་གྲངས་གཞན་ནི་ཕལ་ཆེར་ནི་མི་མཐུན་ནོ། །དེ་ལ་བྱེ་བྲག་ཡོད་བ་ཡང་འདུས་པ་ཆེན་པོའི་མདོ་ལས། ངེས་པའི་དོན་མ་ཡིན་པའི་མདོ་ནི་རྗེས་སུ་འབྲང་བའི་ལམ་རྣམ་པར་འབྱེད་པའོ། །ངེས་པའི་དོན་གྱི་མདོ་ནི་འབྲས་བུར་རྣམ་པར་མི་རྟོག་པའོ་ཞེས་བཤད ་དེ། འདི་ནི་བྱང་ཆུབ་སེམས་དཔའ་ཨི་སྡེ་སྣོད་ཀྱི་མདོ་ལས་རྒྱུ་དང་འབྲས་བུ་ཕན་ཚུན་བལྟོས་པ་ཞེས་བསྟན་པ་ཉིད་དོ། །རྣམ་པར་མི་རྟོག་པ་ཞེས་བྱ་བ་ནི་ལོ་ཙཱ་བ་དག་གིས་ནོར་བར་བསྒྱུར་ཏོ། །གཞན་ཡང་འདུས་པ་ཆེན་པོའི་མདོ་ལས་དྲང་བའི་དོན་གྱི་མདོ་ནི་ཕལ་ཆེར་སེམས་ཅན ་རྣམས་ལ་དགེ་སྡིག་གི་མཚན་ཉིད་བསྟན་པས་ཆོས་ཐོས་པ་དེ་དག་སེམས་ལ་སྤྲོ་བ་དང། གདུང་བ་བསྐྱེད་པར་བྱེད་པ་གང་ཡིན་པའོ། །ངེས་པའི་དོན་གྱི་མདོ་ནི་ཇི་ཙམ་དུ་བཤད་པ་གང་ཡིན་པ་ངེས་གདོན་མི་ཟ་བར་ཉན་པ་དག་གིས་འདུལ་བ་འཐོད་པར་འགྱུར་བ ་གང་ཡིན་པའོ་ཞེས་འབྱུང་སྟེ། འདི་ནི་བྱང་ཆུབ་སེམས་དཔའ་ཨི་སྡེ་སྣོད་ཀྱི་མདོ་ལས་བརྒྱད་པ་རྒྱས་པ་དང། བསྡུས་པ་ཕན་ཚུན་བལྟོས་པ་བསྟན་པ་ཉིད་དེ་ཚིག་མི་མཐུན་པ་འདྲ་ཡང་དོན་མི་མཐུན་པ་མེད་དོ། །བྱང་ཆུབ་སེམས་དཔའ་ཨི་སྡེ་སྣོད་ཀྱི་མདོ་ལས། ཐལ ་བ་ལྟ་བུ་ཞེས་གསུངས་པ་ནི་དུལ་བའི་མདོ་ཉིད་ཡིན་ནོ། །འཕགས་པ་མྱ་ངན་ལས་འདས་པ་ཆེན་པོའི་མེད་ལས་ནི་ཉན་ཐོས་ཀྱི་ཐེག་པ་དང། བླ་ན་མེད་པའི་ཐེག་པ་ཆེན་པོ་ལ་སོགས་པ་ཕན་ཚུན་བལྟོས་པ་རྣམས་བདུན་གྱིས་ངེས་པ་དང་ངེས་པ་མ་ཡིན ་པ་སྟོན་ཏེ། རྒྱ་ཆེར་དེ་ཉིད་ལས་གསུངས་པ་བཞིན་དུ་རིག་པར་བྱའོ། །མདོ་འདི་ཉིད་ལས་ངེས་པ་དང་ངེས་པ་མ་ཡིན་པའི་བསྟན་པ་ཡང་མི་མངོན་པ་དང། རབ་ཏུ་ཕྱེ་བའི་རྣམ་པས་ངེས་པ་དང་ངེས་པ་མ་ཡིན་པར་བཤད་པ་མཛད་དོ། གོང་དུ་བསྟན་པ་བཞིན ་དུ་རྣམ་པར་དབྱེ་བར་བྱའོ། །དེ་ལྟར་ན་བསྟན་པ་རྣམས་ལས་ངེས་པ་དང། ངེས་པ་མ་ཡིན་པའི་དོན་རྣམ་པ་སྣ་ཚོགས་མི་མཐུན་པའི་ཕྱིར་ངེས་པ་དང་ངེས་པ་མ་ཡིན་པའི་ཚིག་གིས་བསྟན་པ་རྣམས་ལ་ཟབ་པ་དང་ཟབ་པ་མ་ཡིན་པ་ཞེས་བཅད་དུ་མི་རུང་ངོ།། ་དེ་ལ་གསུམ་པ་བརྗོད་པར་བྱ་བའི་གཞུང་གི་དོན་ཟབ་པ་དང་ཟབ་པ་མ་ཡིན་བྱེ་བྲག་བསྟགས་ཡང། རྒྱ་གར་ཡུལ་པའི་སློབ་དཔོན་དག་གི་བཤད་པ་རྣམ་པ་གཉིས་ཡོད་དེ། དང་པོ་ནི་སློབ་དཔོན་བྷ་བྱ་ལ་སོགས་པས་འདི་སྐད་དུ་ཆོས་ཀྱི་འཁོར་ལོ་རྣམ་པ་གསུམ ་ལས་བདེན་པ་བཞི་ནི་དང་པོ་ཡིན་ནོ། །དགོངས་པ་ཟབ་མོ་ངེས་པར་འགྲེལ་པ་ལ་སོགས་པ་ནི་གཉིས་པ་ཡིན་ཏེ་།ཆོས་ཀྱི་མཚན་ཉིད་སྟོན་པའི་ཕྱིར་རོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་རྣམས་ནི་གསུམ་པ་ཡིན ་ཏེ་དམིགས་སུ་མེད་པ་སྟོན་པའི་ཕྱིར་རོ་ཞེས་བཤད་དེ། དེ་དག་གིས་རིགས་པ་དང་ལུང་ཁུངས་སུ་བསྟན་པ་དག་ནི་གོང་དུ་སྟོང་པ་ཉིད་ལེགས་པར་ཟིན་པ་བསྟན་པའི་སྐབས་སུ་བཤད་པ་བཞིན་དུ་རིགས་པར་བྱའོ། །ཡུལ་འདི་བའི་སློབ་དཔོན་དག་གི་བཤད་པ་ཡང ་རྣམ་པ་གཉིས་ཡོད་དེ། ཁ་ཅིག་ན་རེ་ཆོས་ཀྱི་འཁོར་ལོ་རྣམ་པ་གསུམ་པོ་དག་ནི་ཀུན་བརྟགས་རབ་ཏུ་སེལ་བ་ཙམ་དུ་ཟད་དོ་ཞེའོ། །ཁ་ཅིག་ན་རེ་ངོ་བོ་ཉིད་གསུམ་པོ་དག་ཡོངས་སུ་རྫོགས་བར་སེལ་ཏོ་ཞེས་ཟེར་ཏེ། བསྟན་བཅོས་ལག་ན་རིན་པོ་ཆེ་ལ་སོགས ་པ་ལྟ་བུའོ། །གཉིས་པ་ནི་སློབ་དཔོན་ཆེས་སྐྱོང་ལ་སོགས་པའི་གཞུང་གིས་ཀུན་བརྟགས་བསྩལ་བ་ཙམ་དུ་ཟད་ཀྱི། ངོ་བོ་ཉིད་གཉིས་བསལ་བ་ནི་མ་ཡིན་པའོ་ཞེས་སྟོན་ཏོ། །དེ་དག་གི་གཞུང་ཉིད་ལས་ཀྱང་བཤད་པ་རྣམ་པ་གཉིས་ཡོད་དེ། དང་པོ་ནི ་སྡེ་སྣོད་གསུམ་པ་ཡང་དག་བདེན་པ་ན་རེ་ངོ་བོ་ཉིད་རྣམ་པ་གསུམ་ཡོངས་སུ་རྫོགས་པར་བསྩལ་ནས་ངོ་བོ་ཉིད་མེད་པ་རྣམ་པ་གསུམ་པ་རྣམ་པར་བཞག་པ་ཡིན་པས་གོ་རིམ་བཞིན་དུ་རྣམ་པར་བཞག་པ་དང་རྣམ་པར་བཞག་པ་མ་ཡིན་པ་བསྟན་པར་རིག ་པར་བྱའོ་ཞེའོ། །གཉིས་པ་ནི་སྡེ་སྣོད་གསུམ་བ་ཧཡན་ཙང་ན་རེ། ངོ་བོ་ཉིད་རྣམ་པ་གསུམ་ལས་ཀུན་བརྟགས་བསལ་བར་ཟད་ཀྱི། ངོ་བོ་ཉིད་གཉིས་ནི་མ་ཡིན་ནོ་ཞེས་ཟེར་ཏེ། གོང་དུ་སྟོང་པ་ཉིད་ལེགས་པར་ཟིན་པ་བཤད་པའི་སྐབས་སུ་བསྟན་པ་ཡིན་ནོ། ། ་དེ་དག་གིས་བརྗོད་པ་ལ་ཟབ་པ་དང་ཟབ་པ་མ་ཡིན་པ་ཡོད་པ་ཡང་དང་པོ་བདེན་པ་བཞིའི་ཆོས་ཀྱི་འཁོར་ལོ་བསྐོར་བ་ཉིད་ལ་ཡང་དོན་རྣམ་པ་གཉིས་ཡོད་དེ། མངོན་པར་འདུས་བྱས་པ་དང་བཅས་བ་དང། མངོན་པར་འདུ་བྱས་པ་མེད་པའོ། །དེ་ནི་དངོས ་པོ་ཡོད་པ་དང་རྣམ་པར་འགྱུར་བའི་བདེན་པ་བཞི་སྟེ། ཆོས་ཀྱི་འཁོར་ལོ་དང་བོར་བསྐོར་བ་ནི་དང་པོ་ལ་དགོངས་པ་ཡིན་ནོ། །ཆོས་ཀྱི་འཁོར་ལོ་གཉིས་བ་ནི་ཀུན་བརྟགས་བ་བསལ་བ་ཁོ་ནའོ། །ཆོས་ཀྱི་འཁོར་ལོ་གསུམ་པ་ནི་ངོ་བོ་ཉིད་མེད་པ་ཉིད་རྣམ་པ་གསུམ ་ཡོངས་སུ་རྫོགས་པར་སྟོན་ཏོ། །དེ་ལ་ཆོས་ཀྱི་འཁོར་ལོ་གཉིས་པ་དང་གསུམ་པས་མཚན་ཉིད་མེད་པར་སྟོན་བ་ཡང་དོན་ལ་ནི་ཟབ་པ་དང་ཟབ་པ་མ་ཡིན་པ་ཞེས་བྱ་བ་མེད་དོ་ཞེས་བཤད་དེ། བཤད་པ་འདི་དང་སྦྱར་ན་གཉིས་ཀ་ཡང་ངེས་པའི་དོན་ཡིན་ནོ། །འདིར ་གསུམ་པ་ལ་ངེས་པའི་དོན་ཅེས་བསྟན་པ་ནི་ངོ་བོ་ཉིད་རྣམ་པ་གསུམ་ལ་སོགས་པ་ཚང་བར་བསྟན་པའི་ཕྱིར་རོ། །ཡང་དག་པའི་དོན་དུ་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་རྣམས་ཀྱང་ངེས་པའི་དོན་ཡིན་མོད་ཀྱི་ཕལ་ཆེ་བའི་དབང་དུ་མཛད་པས་དེའི་ཕྱིར ་ངེས་བ་མ་ཡིན་པ་ཞེས་བསྟན་ཏེ་།དེའི་ཕྱིར་ངོ་བོ་ཉིད་མེད་ཀྱི་ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་བྱས་པ་ལས། གཞན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་ལས་ཇི་སྐད་དུ། བྱམས་བ་ཇི་སྙམ་དུ་སེམས། ཀུན་བརྟགས་རྣམས་ལས་ཡང་དག་བར ་ཡོད་པ་མ་ཡིན་པ་ངོ་བོ་ཉིད་གང་ཡིན་པ་དེ་ཅི་གཟུགས་ཅན་ནམ། གཟུགས་ཅན་མ་ཡིན་བ་ཞིག་ཡིན་ནམ། བཅོམ་ལྡན་འདས་མ་ལགས་སོ། །གཞན་གྱི་དབང་རྣམས་མིང་དང་འདུ་ཤེས་ཀྱི་བརྡ་དང་ཐ་སྙད་བརྗོད་པའི་ངོ་བོ་ཉིད་གང་ཡིན་པ་དེ་ཅི་གཟུགས་ཅན ་ནམ། གཟུགས་ཅན་མ་ཡིན་པ་ཞིག་ཡིན་ནམ། བཅོམ་ལྡན་འདས་མ་ལགས་སོ། །ཡོངས་སུ་གྲུབ་པ་རྣམས་ལས་སྟོང་པ་ཉིད་དང་བདག་མེད་པ་གང་ཡིན་པ་དེ་ཅི་གཟུགས་ཅན་ནམ་གཟུགས་ཅན་མ་ཡིན་པ་ཞིག་ཡིན་ནམ། བཅོམ་ལྡན་འདས་མ ་ལགས་སོ། །བྱམས་པ་རྣམ་གྲངས་དེས་ན་འདི་ལྟར་ཤེས་པར་བྱ་སྟེ། ཀུན་བརྟགས་པའི་ངོ་བོ་ཉིད་རྣམས་ནི་གདོན་མི་ཟ་བར་ཡོད་པ་མ་ཡིན་པའོ། །གཞན་གྱི་དབང་གི་ངོ་བོ་ཉིད་རྣམས་ནི་མིང་དང་འདུ་ཤེས་གྱི་བརྡ་དང་ཐ་སྙད་དུ་ཡོད་པ་ཁོ་ནའོ། ། ་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་རྣམས་ནི་སྟོང་པ་དང་བདག་མེད་པའི་ངོ་བོ་ཉིད་དུ་ཡོངས་སུ་རྫོགས་པར་ཡང་དག་པ་ཉིད་དུ་ཡོད་དེ། ངས་དེ་ལ་དགོངས་བའི་ཕྱིར་དགོངས་པས་དེ་དག་ལ་གྲངས་གཉིས་མེད་དོ་ཞེས་བཤད་དེ། འདི་ལྟ་སྟེ། གཟུགས་ལ ་སོགས་པའོ་ཞེས་གསུངས་པ་ལྟ་བུའོ་ཞེས་འབྱུང་ངོ། །གཞན་ཡང་དེ་ཉིད་ལས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁུངས་སུ་བཞག་ནས་ཕུང་པོ་ལྔ་ནས་སངས་རྒྱས་ཀྱི་ཆོས་ཀྱི་བར་དུ་ཀུན་ལ་ཡང་ངོ་བོ་ཉིད་རྣམ་པ་གསུམ་ཡོད་པར་སྟོན་ཏེ། རྒྱ་ཆེར་དེ་ཉིད ་ལས་བསྟན་པ་བཞིན་ནོ། །གཞན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པ་གཉིས་ཡོད་དེ། ཟབ་པ་དང་ཟབ་པ་མ་ཡིན་པའོ། །དེ་ལ་ཟབ་པ་ནི་ངེས་པའི་དོན་ཏོ། །ཟབ་པ་མ་ཡིན་པ་ནི་དྲང་བའི་དོན་ཏེ་དེའི་ཕྱིར་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི ་འགྲེལ་པ་ལས། གཞན་ཡང་ཆོས་ཇི་ལྟ་བུ་ཞིག་གིས་ཤིན་ཏུ་ཟབ་ཅིང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཁྱད་པར་ཅན་དུ་གྱུར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཀུན་དགའ་བོ་ལ་ཡོངས་སུ་གཏང་པར་མཛད་ལ། མདོ་སྡེ་གཞན་དག་ནི་བྱང་ཆུབ་སེམS ་དཔའ་དག་ལ་གཏང་པར་མཛད་ཅེ་ན། སྨྲས་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཤིན་ཏུ་གསང་བའི་ཆོས་མ་ཡིན་ལ། དམ་པའི་ཆོས་པདྨ་དཀར་པོའི་མདོ་ལ་སོགས་པ་དག་ལས། དགྲ་བཅོམ་པ་རྣམས་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར ་བར་ལུང་སྟོན་པས། བྱང་ཆུབ་སེམས་དཔའ་དག་གིས་ཡོངས་སུ་འཛིན་ཏོ། །གཞན་ཡང་བཅོམ་ལྡན་འདས་ཀྱིས་བསམ་གྱིས་མི་ཁྱབ་པ་རྣམ་པར་ཐར་པའི་མདོ་ལས་ཇི་སྐད་དུ། དགྲ་བཅོམ་པ་ལྔ་བརྒྱ་པོ་དག་བཅོམ་ལྡན་འདས་ཀྱི་ཞམ་འབྲིང་ན་འདུག་ཀྱང ་ཐོས་པར་མ་གྱུར་ཏོ། །གལ་ཏེ་ཐོས་བར་གྱུར་ན་ཡང་ཡོངས་སུ་སྤྱད་པར་མི་ནུས་སོ་ཞེས་གསུངས་པ་ལྟ་བུའོ། །གཞན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་རྣམ་པ་གཉིས་ཡིན་ཏེ། ཉན་ཐོས་ཐུན་མོང་དུ་གསུངས་པ་དང་གནས་པ་བཅུ་ལས་། ས་བཅུ ་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཁོ་ན་ལ་གསུངས་པས་དགུ་པ་དག་གིས་ཀྱང་ཐོས་པར་བྱ་བ་མ་ཡིན་ན་གསར་དུ་སེམས་བསྐྱེད་པ་རྣམས་ལྟ་སྨོས་ཀྱང་ཅི་དགོས་པའོ། །ས་དང་པོ་ཡན་ཆད་ཀྱིས་ཐོས་ན་ཡང་སོ་སོ་ནས་མི་མཐུན་ཏེ། ཤེས་རབ་ཀྱི་ཕ་རོལ ་ཏུ་ཕྱིན་པ་སྤྱིའི་མཚན་ཉིད་གཅིག་ཁོ་ན་ཡིན་ཡང། ཟབ་པ་དང་ཟབ་པ་མ་ཡིན་པ་ནི་ཐ་དད་དོ་ཞེས་འབྱུང་སྟེ། རྒྱ་ཆེར་དེ་ཉིད་ལས་བཤད་པ་བཞིན་ནོ། །དེས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་ངེས་པ་དང་བཅས་པ་མ་ཡིན་པའི་དོན་ཡོད་པར་རིག་པར ་བྱའོ། །གཞན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲེལ་པ་ལས། ཐུན་མོང་དང་ཐུན་མོང་མ་ཡིན་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་སྟོན་ཏེ། མངས་སུ་དོགས་ནས་འདིར་མ་བརྗོད་དོ།། །།བམ་པོ་སུམ་ཅུ་བཞི་པ། །བཅོམ་ལྡན་འདས་རིགས ་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་གིས་དེ་བཞིན་གཤེགས་པས་ཆོས་ཐམས་ཅད་ངོ་བོ་ཉིད་མ་མཆིས་པ་དང། སྐྱེ་བ་མ་མཆིས་པ་དང། འགག་པ་མ་མཆིས་པ་དང། གཟོད་ནས་ཞི་བ་དང། རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་ཉིད་ལས་བརྩམས ་ནས་གསུངས་པ་ཤིན་ཏུ་ཟབ་པ་ངེས་པའི་དོན་བསྟན་པ་ཞེས་བྱ་བ་འདི་མན་ཆད་ནི་གཉིས་པ་བསོད་ནམས་ཀྱི་ཁྱད་པར་ཡང་དག་པར་ཞུས་པའོ། །འདི་ཡང་རྣམ་པ་གཉིས་ཏེ། བྱང་ཆུབ་སེམས་དཔས་ཞུ་བ་གསོལ་པ་དང། དེ་བཞིན་གཤེགས་པས་ལན ་ཡང་དག་པར་གསུངས་པའོ། །དང་པོ་ཡང་རྣམ་པ་གཉིས་ཏེ། གང་ཟག་ལས་བརྩམས་ནས་ཞུས་པ་སྨོས་པ་དང། ཐོས་ནས་མོས་པར་བགྱིད་པ་ཞེས་བྱ་བ་མན་ཆད་ཀྱི་ཆོས་སྤྱོད་རྣམ་པ་བཅུ་བསྐྱེད་པས་བསོད་ནམས་མང་ཉུང་ཇི་ཙམ་སྐྱེ་བར་འགྱུར་བ་ཉིད ་ཡང་དག་པར་ཞུ་བའོ། །འདི་ནི་དང་པོ་སྟེ་གོང་དུ་བསྟན་པ་ལྟ་བུའི་ངོ་བོ་ཉིད་མེད་པ་ཉིད་ཀྱི་ཚིག་རབ་ཏུ་སྟོན་པའི་ཕྱིར་ཤིན་ཏུ་ཟབ་པ། ངེས་པའི་དེན་བསྟན་པ་ཞེས་བྱ་བ་གསུངས་སོ་ཞེས་བྱ་བའི་ཐ་ཚིག་གོ་།ཐོས་ནས་མོས་པར་བགྱིད་པ་དང། ཡི་གེར་འདྲིར ་སྩོལ་བ་དང། ཡོངས་སུ་བསྲུང་བ་དང། མཆོད་པ་དང། ཡང་དག་པར་འགྲེལ་པ་དང། འཆང་བ་དང། ཁ་དོན་བགྱིད་པ་དང། ཚུལ་བཞིན་དུ་སེམས་པ་དང། བསྒོམ་པའི་རྣམ་པས་སྦྱོར་བར་བགྱིད?་པས་དེ་བསོད་ནམས་ཇི་ཙམ ་སྐྱེད?་བར་འགྱུར་ལགས། དེ་སྐད་ཅེས་གསོལ་བ་དང་ཞེས་པ་ནི་གཉིས་བ་ཆོས་སྤྱོད་རྣམ་པ་བཅུ་བསྐྱེད་པས་བསོད་ནམས་མང་ཏུ་ཇི་ཙམ་བསྐྱེད་པར་འགྱུར་བ་ཉིད་ཡང་དག་པར་ཞུས་པ་སྟེ། ཆོས་སྤྱོད་རྣམ་པ་བཅུ་བོ་འདི་དག་ནི་སྔར་གོང་དུ་བཤད ་པ་བཞིན་དུ་རིག?་པར་བྱའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་དོན་དམ་ཡང་དག་འཕགས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །དོན་དམ་ཡང་དག་འཕགས་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་དེ་ནི་བསོད་ནམས་དཔག་ཏུ་མེད། གྲངས ་མེད་པ་བསྐྱེད་པ། དཔེར་བྱ་བ་སླ་བ་མ་ཡིན་ཡང་ངས་དེང་འདིར་ཁྱོད་ལ་མདོར་བསྡུས་ནས་ཕྱོགས་ཅུང་ཟད་ཅིག་བཤད་པར་བྱའོ་ཞེས་བྱ་བ་ལ་སོགས་པས་ནི་གཉིས་པ་དེ་བཞིན་གཤེགས་པས་ལན་ཡང་དག་པར་གསུངས་པ་བསྟན་ཏོ། །འདི་ཡང་རྣམ་པ ་གཉིས་ཏེ། མཆོག་གི་བསྔགས་པ་བརྗོད་ནས་བཤད་པར་གནང་བ་དང། ཞུས་པ་བཞིན་དུ་ལན་ཡང་དག་པར་གསུངས་པའོ། །འདི་ནི་དང་པོ་སྟེ་མདོ་ཉིད་ཀྱིས་བརྡ་ཕྲད་པར་ཟད་དོ། །དཔེར་ན་སེན་མོ་ལ་གནས་པའི་སའི་རྡུལ་གང་ཡིན་པ་དེ་ནི་ས ་ལ་གནས་པའི་རྡུལ་རྣམས་དང་བསྐྲུན་ན་བརྒྱའི་ཆར་ཡང་ཉེ་བར་མི་འགྲོ་ཞིང། སྟོང་གི་ཆ་དང། འབུམ་གྱི་ཆ་དང། གྲངས་དང། ཆ་དང་བགྲང་བ་དང། དཔེ་དང། རྒྱུར་ཡང་ཉེ་བར་མི་འགྲོའོ་ཞེས་བྱ་བ་ལ་སོགས་པས་ནི་གཉིས་པ་དེ་བཞིན་གཤེགས ་པས་ལན་ཡང་དག་པར་བསྟན་ཏོ། །འདི་ཡང་རྣམ་པ་གཉིས་ཏེ། དཔེར་རྣམ་པ་གཉིས་སྨོས་ནས། ཤིན་ཏུ་ཟབ་པའི་ཁྱད་པར་བསྟན་པ་དང། དེ་བཞིན་དུ་ཞེས་བྱ་བ་མན་ཆད་ཀྱི་དཔེ་དང་དོན་དུ་སྦྱར་ནས་བསོད་ནམས་ཀྱི་ཁྱད་པར་བསྟན་ཏོ། །དང་པོ་དཔེ? ་བསྟན་པ་ཡང་རྣམ་པ་གཉིས་བུ་དབྱེ་སྟེ་སེན་མོའི་སའི་དཔེ་དང་བ་ལང་གི་རྗེས་ཀྱི་དཔེའོ། །མདོ་འདི་ལས་ནི་ཆ་རྣམ་པ་བརྒྱད་ཀྱི་བསོད་ནམས་ཀྱི་ཁྱད་པར་སྟོན་པར་མཛད་དོ། བརྒྱའི་ཆ་དང། སྟོང་གི་ཆ་དང། བརྒྱ་སྟོང་གི་ཆ་དང། གྲངས་ཀྱི་ཆ་དང། རྩིས་ཀྱི་ཆ་དང། བགྲང ་བ་དང། དཔེའི་ཆ་དང། རྒྱུའི་ཆའོ། མཆོག་དུ་ཟླ་མེད་པའི་མདོ་དང། ངོ་མཚར་རྨད་དུ་བྱུང་བའི་མདོ་ལས་ཀྱང་ཆ་རྣམ་པ་བརྒྱད་ཀྱིས་སྟོན་ཏེ། མདོ་འདི་དང་མཐུན་ནོ། །བྱང་ཆུབ་སེམས་དཔའ་ཨི་སྡེ་སྣོད་ཀྱི་མདོ་ལས་གྲངས་འདི་དང་མཐུན་པར་འབྱུང་ཡང་ཆ ་ཕྱི་མ་ལྔ་པོ་གྲངས་དང། ཆ་དང། བགྲང་བས་དཔེ་དང། རྒྱུ་ཞེས་བྱ་བ་དང། རྒྱ་གར་སྐད་དུ་འབྱུང་སྟེ་དེ་དག་ལས་སྔ་མ་བཞི་ནི་གསུངས་རབ་ལས་བསྟན་པ་དག་དང་སྦྱར་ན་གོ་རིམ་བཞིན་དུ་གྲངས་དང་ཆ་དང་བགྲང་བ་དང་དཔེ་དང་སྦྱར་བར་བཤད་དེ། འཕག ་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྡོ་རྗེ་གཅོད་པའི་འགྲེལ་པ་ལས་ཀྱང་གྲངས་དང་ཆ་དང་བགྲང་བ་དང་དཔེ་དང་སྦྱར་བ་བཤད་དོ། །འཕགས་པ་རྡོ་རྗེ་གཅོད་པ་དང་འཁོར་ལོ་བཅུ་བའི་མདོ་ལས་ནི་ཆ་རྣམ་པ་བཅུ་བསྟན་ཏེ། བརྒྱ་སྟོང་གི་འོག་ཏུ་ཡང་བྱེ་བ་དང། ་ཁྲག་ཁྲིག་གིས་ཆས་བསྟན་ནའོ། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་ལས་ནི་ཆ་རྣམ་པ་བཅུ་གསུམ་འབྱུང་བས་བརྒྱ་སྟོང་གི་འོག་དུ་ཡང་ཆ་རྣམ་པ་ལྔ་བསྣན་པ་འདི་ལྟ་སྟེ། བྱེ་བའི་ཆ་དང་བྱེ་བ་བརྒྱའི་ནས་བྱེ་བ་སྟོང་གི་ཆ་དང། བྱ་བ་བརྒྱ ་སྟོང་གི་ཆ་དང་ཕྱེ་བ་ཁྲག་ཁྲིག་གི་ཆའོ། །དེ་ལ་ཆ་རྣམས་ཀྱི་བྱེ་བྲག་བཤད་པ་ཡང་སློབ་དཔོན་ཡང་དག་བདེན་པས་བསྒྱུར་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྡོ་རྗེ་གཅོད་པའི་མདོ་ལས་བརྒྱའི་ཆང?་ཡང་ཉེ་བར་མི་འགྲོའོ། །སྟོང་དང་ཁྲི་དང་འབུམ་གྱི་ཆར་ཡང ་ཉེ་བར་མི་འགྲོའོ། །བགྲང་བ་དང་གྲངས་སུ་ཡང་ཉེ་བར་མི་འགྲོ་བ་ནས་མཐུ་སྟོབས་དང་རྣམ་པ་དང?་རྗེས་སུ་མཐུན་པ་དང། དཔེའི་བར་དུ་ཉེ་བར་མི་འགྲོའོ་འབྱུང་སྟེ། སློབ་དཔོན་ཡང་དག་བདེན་པས་བཤད་པའི་འགྲེལ་པ་ལས་དོན་རྣམ་པ་ལྔ་སྨོས་ནས ་འདི་ཁྱད་པར་དུ་འཕགས་ཤིང། དེ་དམན་པ་ཡིན་པར་རབ་ཏུ་བསྟན་པ་ཡིན་ཏེ། གྲངས་ཀྱི་ཚད་ལས་བརྩམས་བའི་ཕྱིར་ཁྱད་པར་དུ་འཕགས་པ་དང་མཐུ་སྟོབས་ལས་བརྩམས་པའི་ཕྱིར་ཁྱད་པར་དུ་འཕགས་པ་དང་རྣམ་པ་ལས་བརྩམས ་པའི་ཕྱིར་ཁྱད་པར་དུ་འཕགས་པ་དང་རྗེས་སུ་མཐུན་པ་ལས་བརྩམས་པའི་ཕྱིར་ཁྱད་པར་དུ་འཕགས་པ་དང་དཔེ་ལས་བརྩམས་པའི་ཕྱིར་ཁྱད་པར་དུ་འཕགས་པའོ། །དེ་ལ་གྲངས་ཀྱི་ཚད་ཅེས་བྱ་བ་ནི་གྲངས་ཀྱི་ཆོད་ཀྱི་མཐར་གཏུགས་ཀྱང་ཉེ་བར་མི་འགྲོ ་སྟེ། མདོ་ལས་བརྒྱའི་ཆར་ཡང་ཉེ་བར་མི་འགྲོ་བ་ཞེས་བྱ་བ་ནས། གྲངས་སུ་ཡང་ཉེ་བར་མི་འགྲོའོ་ཞེས་གསུངས་པའི་བར་དག་གོ་།མཐུ་སྟོབས་ཞེས་བྱ་བ་ནི་འདི་ལྟ་སྟེ་དེ་ཇི་ལྟར་འདོད་པ་བཞིན་དུ་ཐེག་པ་གསུམ་གྱི་འབྲས་བུ་ཁྱད་པར་དུ་འཕགས་པ ་ཐོས་པས་ཡིད་བཞིན་གྱི་རིན་པོ་ཆེ་ཁྱད་པར་དུ་འཕགས་པ་མངོན་པར་འགྲུབ་པ་སྟེ། བརྡར་བཏགས་པའི་འཇིག་རྟེན་པ་ཡིད་བཞིན་གྱི་རིན་པོ་ཆེ་རི་རབ་རིའི་རྒྱལ་པོ་ཙམ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཡོངས་སུ་གང་བ་ལ་ཡང ་ཐེག་པ་གསུམ་གྱི་འབྲས་བུ་འཐོབ་པའི་མཐུ་སྟོབས་འདི་ལྟ་བུ་མེད་པའི་ཕྱིར་རོ། །རྣམ་པས་ཁྱད་པར་དུ་འཕགས་པ་ཞེས་བྱ་བ་ལ་རྣམ་པ་ནི་རྣམ་པ་ལྔ་སྟེ། སྡེ་སྣོད་ལྔའི་དོན་ཉིད་དེ་དེ་བཞིན་གཤེགས་པ་དང་ཡང་དག་པའི་ཆོས་དང་ཆོས་ཀྱི་སྐུ་དང། ་འཇིག་རྟེན་ལས་འདས་པའི་ཆོས་དང། རང་བཞིན་རྣམ་པར་དག་པའོ། །སྡེ་སྣོད་ལྔའི་དོན་ཉིད་ནི་རྣམ་པའི་དོན་ཡིན་ཏེ། དེ་བཞིན་ཉིད་ཀྱི་རྣམ་པ་གཅིག་ལ་སྡེ་སྣོད་ལྔའི་དོན་ཡོད་པས། དང་པོས་ནི་ངོ་བོ་ཉིད་བདག་ཉིད་བསྟན་ཏོ། །གཉིས ་བས་ནི་རྒྱུ་རབ་ཏུ་བསྟན་ཏོ། །གསུམ་པས་ནི་འབྲས་བུ་བསྟན་ཏོ། །བཞི་པས་ནི་ཡོན་ཏན་བསྟན་ཏོ། །ལྔ་པས་ནི་ཐུན་མོང་མ་ཡིན་པ་བསྟན་ཏེ། རྣམ་པར་མི་རྟོག་པའི་ཡེ་ཤེས་ཁོ་ནས་བརྙེས་པར་བྱ་བ་ཡིན་པའི་ཕྱིར་རོ། །ལྔ་པོ་འདི་ལྟ་བུ ་དག་ནི་རྣམ་པའི་དོན་ཡིན་ལ་ཟང་ཟིང་གི་སྦྱིན་པའི་བསོད་ནམས་དེ་དག་ལ་དོན་ལྔ་པོ་འདི་ལྟ་བུའི་རྣམ་པ་མེད་པས། དེའི་ཕྱིར་ཉེ་བར་མི་འགྲོའོ། །དེ་ལ་རྗེས་སུ་མཐུན་པ་ཞེས་བྱ་བས་ནི་རྒྱུ་དང་འབྲས་བུ་རྗེས་སུ་མཐུན་པར་གྱུར་པ་བསྟན ་ཏེ། འདི་ལྟར་ཐེག་པ་ཆེན་པོ་ལ་མོས་པ་གང་ཡིན་པ་ངེས་ནི་དེ་བཞིན་ཉིད་རྟོག་པར་འགྱུར་ལ། སྦྱིན་པ་བཏང་བའི་བསོད་ནམས་ཀྱི་དེ་བཞིན་ཉིད་དང། རྗེས་སུ་མཐུན་པར་མི་འགྱུར་བས་རྗེས་སུ་མཐུན་པ་དེ་ལྟ་བུ་མེད་པའི་ཕྱིར་ཉེ་བར་མི་འགྲོའོ།། ་དེ་ལ་དཔེ་ཞེས་བྱ་བ་ནི་དེ་བཞིན་ཉིད་འདི་ཉིད་ཆོས་ཀྱི་མ་ཡིན་ཏེ། ཆོས་གཞན་འདི་དང་མཚུངས་པ་གང་ཡང་མེད་པའི་ཕྱིར་དཔེར་བྱར་རུང་བ་མེད་དོ། །ཞེས་འབྱུང་སྟེ། ཞིབ་དུ་དེ་ཉིད་ལས་བཤད་པ་བཞིན་ནོ། །བོ་དེ་ལེའུ་ཆོས་བསྒྱུར་བའི་རྡོ་རྗེ་གཅོད་པ ་ལས་ནི་བརྒྱའི་ཆར་ཡང་མི་ཕོད་དོ། །སྟོང་གི་ཆར་ཡང་མི་ཕོད་དོ། །བརྒྱ་སྟོང་གི་ཆར་ཡང་མི་ཕོད་དོ། །གྲངས་ཀྱི་ཆར་ཡང་མི་ཕོད་དོ། །རྒྱུའི་ཆར་ཡང་མི་ཕོད་པ་ནས་བགྲང་བ་དང། དཔེའི་བར་དུ་ཡང་མི་བཟོད་དོ་ཞེས་འབྱུང་སྟེ། སློབ་དཔོན་དབྱིག་གཉེན ་གྱིས་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྡོ་རྗེ་གཅོད་པའི་འགྲེལ་པ་མཛད་པ་ལས་ཁྱད་པར་དུ་འཕགས་པ་རྣམ་པ་བཞི་ལས་བརྩམས་ནས་མཆོག་དང་དམན་པའི་ཁྱད་པར་སྟོན་ཏེ། དེའི་ཕྱིར་ཆིག་ལེའུར་བྱས་པ་ལས། གྲངས་དང་མཐུ་དང་མཚུངས ་མེད་འཕགས་པ་དང། །མཚུངས་པ་མེད་པའི་རྒྱུ་ཡང་དེ་བཞིན་ཏེ། །འཇིག་རྟེན་པ་ཡི་ཆོས་ནི་ཐམས་ཅད་ཀྱིས། །དཔེར་བྱར་རུང་བ་དག་ནི་རྙེད་མི་འགྱུར་ཞེས་འབྱུང་ངོ། །འདི་ཉིད་ཀྱི་འགྲེལ་པ་ལས་འདིས་ནི་དོན་ཅི་ཞིག་སྟོན་ཅེ་ན། བསོད་ནམས་སྔ་མ་བས ་བསོད་ནམས་འདི་ཁྱད་པར་དུ་འཕགས་པར་སྟོན་ཏོ། །ཇི་ལྟར་འཕགས་ཤེ་ན། གྲངས་ཀྱི་ཁྱད་པར་དུ་འཕགས་པ་དང་མཐུས་ཁྱད་པར་དུ་འཕགས་པ་དང། མཚུངས་པ་མེད་པས་ཁྱད་བར་དུ་འཕགས་པ་དང། རྒྱུས་ཁྱད་པར་དུ་འཕགས་པ་སྟེ། དེའི་ཕྱིར་ཚིག ་ལེའུར་བྱས་པ་ལས། འཇིག་རྟེན་པའི་ཆོས་ནི་ཐམས་ཅད་ཀྱི། །དཔེར་བྱར་མི་རུང་བ་དག་ནི་རྙེད་མི་འགྱུར་ཞེས་བསྟན་པ་ཡིན་ནོ། །དེ་ལ་གྲངས་ཀྱིས་ཁྱད་པར་དུ་འཕགས་པ་ནི། མདོ་ལས་བརྒྱའི་ཆར་ཡང་མི་ཕོད་པ་ནས་བགྲང་བ་དང། ་དཔེའི་བར་དུ་མི་བཟོད་པའོ་ཞེས་གསུངས་པ་སྟེ་།གྲངས་ཀྱི་ཚད་མེད་བའི་ཕྱིར་དེ་ལས་གཞན་པའི་གྲངས་རྣམས་ཀྱང་བརྗོད་པར་རིག་པར་བྱའོ། །མཐུས་ཁྱད་པར་དུ་འཕགས་པ་ནི་མདོ་ལས་ཆར་ཡང་མི་ཕོད་དོ་ཞེས་གསུངས་པའི་ཕྱིར་རོ། །མཚུངས་པ་མེད་པར ་ཁྱད་པར་དུ་འཕགས་པ་ནི་བསོད་ནམས་འདི་གྲངས་སུ་དེ་མི་བགྲང་བའི་ཕྱིར་ཏེ་མདོ་ལས་བགྲང་བར་ཡང་མི?་ཕོད་དོ་ཞེས་གསུངས་པའི་ཕྱིར་རོ། །རྒྱུད་ཁྱད་པར་དུ་འཕགས་པ་ནི་རྒྱུ་དང་འབྲས་བུའི་ཚུལ་ཙམ་གྱིས་མཚུངས་པ་ཡང་མེད་དེ། འདིའི་རྒྱུ་དང་འབྲས ་བུ་ལས་ཁྱད་པར་དུ་འཕགས་པའི་ཕྱིར་མདོ་ལས་རྒྱུའི་བར་དུ་ཡང་མི་བཟོད་དོ་ཞེས་གསུངས་པ་ཡིན་ཏེ། ཆོས་འདི་དག་གིས་ཁྱད་པར་དུ་འཕགས་ཤིང་འཇིག་རྟེན་ན་ཆོས་གང་གིས་འདིའི་དཔེ་བྱར་རུང་བ་མེད་པའི་ཕྱིར་ཚིག་ལེའུར་བྱས་པ་ལས། འཇིག ་རྟེན་པ་ཡི་ཆོས་ནི་ཐམས་ཅད་ཀྱིས། །དཔེར་བྱར་རུང་བ་དག་ནི་རྙེད་མི་འགྱུར་ཞེས་བསྟན་ཏེ། དེ་ལྟར་ན་འདིའི་བསོད་ནམས་ལ་བལྟོས་ན་དེའི་བསོད་ནམས་ཤིན་ཏུ་ཆུང་བས་དེའི་ཕྱིར་ཆོས་གང་ཡང་དེའི་དཔེར་རུང་བ་མེད་དོ་ཞེས་འབྱུང་ངོ། །སློབ ་དཔོན་རྡོ་རྗེ་དྲང་སྲོང་གི་འབྲེལ་པ་ལས་བརྒྱའི་ཆར་ཡང་མི་ཕོད་དོ། །ཞེས་བྱ་བ་ལ་སོགས་པ་ནི་གྲངས་ཁྱད་པར་འདུ་འཕགས་བ་སྟེ། འདིས་ནི་ཟག་པ་དང་བཅས་པའི་བསོད་ནམས་ནི་ཟད་བའི་ཆོས་ཅན་ཡིན་པར་དེའི་ཕྱིར་ཚད་ཡོད་པ་ཡིན་ལ་ཟག ་པ་མེད་པའི་དགེ་བའི་ཆོས་ནི་ཟད་པ་མེད་པའི་ཆོས་ཡིན་ཏེ། གྲངས་ཀྱི་ཚང་ཀྱང་མེད་པས་ཁྱད་པར་དུ་འཕགས་པ་ཡིན་ནོ་ཞེས་བསྟན་ཏོ། །ཆར་ཡང་མི་ཕོད་ཅེས་བྱ་བ་ནི་མཐུས་ཁྱད་པར་དུ་འཕགས་པ་སྟེ། འདི་ལྟར་ཟག་པ་མེད་པའི་དགེ་བའི་ཆོས ་ཀྱི་བསོད་ནམས་ཀྱི་སྟོབས་ནི་ཟག་པ་དང་བཅས་པའི་དགེ་པའི་ཆོས་ལས་ཁྱད་པར་དུ་འཕགས་པའི་ཕྱིར་མཐུས་ཁྱད་པར་དུ་འཕགས་པ་ཞེས་བྱའོ། །བགྲང་བའི་ཆར་ཡང་མི་ཕོད་ཅེས་བྱ་བ་ནི་མཚུངས་པ་མེད་པས་ཁྱད་པར་དུ་འཕགས་པ་སྟེ། བགྲང་བ་དེ་གོང་ནས་གོང་དུ་ཤིན་ཏུ་ཕྲ ་ཞིང་ཐ་མར་ཅུང་ཟད་ཅིག་ཡོད་པའི་ཆར་མི་ཕོད་པས་ན་།དེའི་ཕྱིར་མཚུངས་པ་མེད་པས་ཁྱད་པར་དུ་འཕགས་པ་ཞེས་བྱ་སྟེ། འདིས་ནི་ཟག་བ་མེད་པའི་ཆོས་དེ་གལ་ཏེ་གཟུགས་ཅན་ཞིག་ཡིན་ན་ནི་ནམ་མཁའ་དང་ཆོས་ཀྱི་དབྱིངས་ཀྱིས་ཀྱང་ཤོང་བར་མི་འགྱུར་ཏེ། འདི ་ལྟར་ཟག་པ་དང་བཅས་པ་ནི་ཟད་པའི་ཆོས་ཅན་ཡིན་ལ། འདུས་མ་བྱས་ནི་ཟག་པ་མེད་པའི་ཆོས་ཅན་ཡིན་པའི་ཕྱིར་ཏེ་།ཅི་སྟེ་མཚུངས་བ་མ་ཡིན་པ་ཐ་ན་ཏིལ་འབྲུ་གཅིག་ཆ་ཁྲི་ཁྲག་དུ་མ་ཙམ་དུ་གསེས་པ་ཙམ་ཡོད་ན་ཡང་རི་རབ་ལ་སྒྲིབ་པས་ལུས་ཆུད ་ཟོད་པ་དག་གིས་ཕན་ཚུན་བསྒྲུན་དུ་མི་རུང་ངོ་ཞེས་བྱ་བའི་ཚིག་གོ་།རྒྱུར་ཡང་མི་བཟོད་དོ་ཞེས་བྱ་བ་ནི་རྒྱུས་ཁྱད་པར་དུ་འཕགས་པ་ཏེ་རྒྱུ་དང་འབྲས་བུ་མི་མཚུངས་པར་སྟོན་ཏོ། །རིན་པོ་ཆེ་དང་ཟག་པ་དང་བཅས་པའི་དགེ་བ་དག་ནི་ཁམས་གསུམ་གྱི་རྣམ་པར་སྨིན་པ་ཐོབ ་བས་རྒྱུ་དང་འབྲས་བུ་གཉིས་ག་དམན་པ་ཡིན་ལ། ཟག་པ་མེད་པའི་དགེ་བས་ནི་མཐར་འབྲས་བུ་སངས་རྒྱས་སུ་འགྲུབ་པར་འགྱུར་བས་རྒྱུ་དང་འབྲས་བུ་གཉི་ག་ཁྱད་པར་དུ་འཕགས་པའི་ཕྱིར་རྒྱུ་དང་འབྲས་བུ་མི་མཚུངས་པ་ཞེས་བྱའོ་ཞེས་འབྱུང་ངོ། །མདོ་འདི་ལས ་གསུངས་པའི་ཆ་སྔ་མ་གསུམ་ནི་མིང་ཉིད་ཀྱིས་བརྡ་ཕྲད་པར་ཟད་དོ། །དེ་ལ་གྲངས་ཀྱི་ཆ་ཞེས་བྱ་བ་ནི་ས་བཅུའི་མདོའི་འགྲེལ་པ་ལས་དེ་ལ་གྲངས་ཞེས་བྱ་བ་ནི་གཅིག་ཕྲག་གཉིས་ལ་གཉིས་སོ། །གཉིས་ཕྲག་གཉིས་ལ་བཞིའོ་ཞེས་བྱ་བ་ལ་སོགས་པའོ ་བཤད་དོ། །སློབ་དཔོན་ཡོན་ཏན་བྱིན་གྱིས་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྡོ་རྗེ་གཅོད་པའི་མདོའི་འགྲེལ་པ་བྱས་པ་ལས་དེ་ལ་གྲངས་ཤེས་བྱ་བ་ནི་གནས་སྐབས་དྲུག་པོ་དག་སྟེ། དེ་ལས་འདས་པ་ཕན་ཆད་ནི་བགྲང་བར་མི་ནུས་སོ་ཞེས་འབྱུང་སྟེ། ་མཛོད་ཀྱི་བསྟན་བཅོས་ལས་ནི་གྲངས་ཕྲ་བ་ནས་བརྩེགས་པའི་འགྲེས་དྲུག་ཅུ་སྟོན་ཏོ། །སངས་རྒྱས་ཕལ་པོ་ཆེའི་མདོ་ལས་ནི་འགྲེས་བརྒྱ་ཉི་ཤུ་འབྱུང་ངོ། །འདིར་ནི་རེ་ཞིག་མཛོད་ཀྱི་བསྟན་བཅོས་ལས་བཤད་པ་དང་སྦྱར་བའི་ཕྱིར་དྲུག ་ཅུ་ཞེས་བསྟན་ཏོ། །རྡོ་རྗེ་དང་སྲོང་གི་འགྲེལ་པ་དང་སྦྱར་ན་དེ་ལས་ཆ་སྔ་མ་ལྔ་ནི་ཀུན་ཀྱང་གྲངས་ཀྱི་ཆ་ཞེས་བསྟན་ཏེ། དེའི་ཕྱིར་དེ་ཉིད་ལས་བརྒྱའི་ཆར་ཡང་མི་ཕོད་དོ་ཞེས་བྱ་བ་ལ་སོགས་པས་ནི་གྲངས་ཁྱད་པར་དུ་འཕགས་པའོ་ཞེས་བཤད་པ་ཡིན་ནོ། །དེ ་ལ་བགྲང་བའི་ཆ་ཞེས་བྱ་བ་ནི་འཕགས་པ་ས་བཅུའི་མདོའི་འགྲེལ་བ་ལས། བགྲང་བ་ཞེས་བྱ་བ་ནི་གཅིག་ནས་བརྩེགས་པ་དང་བཅུ་ལས་བསྐྱེད་པ་ལ་སོགས་པའོ་ཞེས་བཤད་དོ། །བསྟན་བཅོས་བྱེ་བྲག་ཏུ་བཤད་པ་ཆེན་པོ་ལས། གྲངས་ཞེས་བྱ་བའི་ཆོས ་ཅི་ཡིན་ཞེ་ན། སྨྲས་པ་ཚུལ་བཞིན་དུ་འགྱུར་བའི་ཡིད་ཀྱི་ལས་དང་དེའི་རྟེན་དུ་གྱུར་པ་ཐབས་མཁས་པའི་ཤེས་པ་རྣམས་སོ། །འདིར་གྲངས་ཤེས་བྱ་བ་ཡང་བགྲང་བར་བྱ་བ་འབྲས་དང། ཏིལ་ལ་སོགས་པའི་དངོས་པོའི་གྲངས་བརྒྱ་སྟོང་ལ་སོགས་པ ་ལ་བྱ་བ་མ་ཡིན་གྱི། ཇི་ཙམ་དུ་བགྲང་བར་ནུས་པའི་ཆོས་ལ་བྱ་བས་དེ་གྲངས་ཤེས་བཤད་དོ་ཞེས་བྱ་བ་ནས་འདི་ལྟར་ཕུང་པོ་བཞི་ནི་གྲངས་ཀྱི་ངོ་བོ་ཉིད་ཡིན་ནོ་ཞེས་བྱ་བའི་བར་བསྟན་ཏོ། །གཞན་ཡང་དེ་ཉིད་ལས་བགྲང་བ་ཞེས་བྱ་བའི་ཆོས་ཅི་ཡིན་ཞེ ་ན། སྨྲས་པ་ཚུལ་བཞིན་དུ་རྣམ་པར་འགྱུར་བའི་དག་གི་ལས་དང། དེའི་རྟེན་དུ་གྱུར་པ་ཐབས་བཁས?་པའི་ཤེས་པ་རྣམས་སོ། །འདིར་བགྲང་པ་ཞེས་བྱ་བ་ཡང་བགྲང་བའི་གྲངས་གཅིག་དང། བཅུ་དང་བརྒྱ་དང་སྟོང་དང། ཁྲི་དང། འབུམ་ལ་སོགས་པའི ་ཆོས་ལ་བྱ་བ་མ་ཡིན་གྱི་ཇི་ཙམ་དུ་བགྲང་བར་ནུས་པའི་ཆོས་ལ་བྱ་བས་བགྲང་བར་ནུས་པའི་ཆོས་དེ་ལ་དེའི་ཕྱིར་བགྲང་བ་ཞེས་བྱ་བ་ནས། འདི་ལྟར་ཕུང་པོ་ལྔ་ནི་བགྲང་བའི་ངོ་བོ་ཉིད་དོ་ཞེས་བྱ་བའི་བར་དུ་བསྟན་ཏོ། །བཤད་པ་འདི་དང་སྦྱར་ན་གྲངས་དང ་བགྲང་བར་ནུས་པའི་ཐབས་མཁས་པའི་ཤེས་པ་ལ་སོགས་པ་ལས་བགྲང་བ་དང། གྲངས་ཞེས་བྱ་བར་སྟོན་ཏེ། དེ་ལྟ་བུའི་དོན་དང་ལྡན་ཡང་འདིར་ནི་རེ་ཞིག་བཤད་པ་སྔ་མ་ལྟར་སྦྱར་རོ། །དེ་ལ་ཆ་ཞེས་བྱ་བ་ནི་ཡོན་ཏན་གྱི་འགྲེལ་བ་ལས། ཆར་ཡང་མི་ཕོད་དོ་བགྲང ་བར་ཡང་མི་ཕོད་དོ་ཞེས་འབྱུང་ཡང། འདིར་ནི་ཆ་ཤིན་ཏུ་ཕྲ་བའི་དོན་ལས་བརྟེན་ནས་བཤད་དོ། །འདི་ལྟར་འཆང་བ་དང་འཛིན་པའི་བསོད་ནམས་མཆོག་ཏུ་ཕྲ་བའི་ངོ་བོ་ཉིད་དེ། བསོད་ནམས་ཤིན་ཏུ་མང་བས་སྔ་མས་བསྒྲུབ་བར་མི་ནུས་ཏེ། དཔག་པའི་ཆའི ་མཐར་གཏུགས་པ་ཙམ་དུ་ཡང་མི་མཚུངས་པས་ཤིན་ཏུ་ཕྲ་བ་ཡང་དེ་དང་འདྲ་ན། གཞན་ཐམས་ཅད་ལྟ་སྨོས་ཀྱང་ཅི་དགོས་ཤེས་བཤད་དོ། །བསྟན་བཅོས་མངོན་པ་ཀུན་ལས་བཏུས་པ་ལས་ནི། བགྲང་བ་དང་ཆ་གཉི་ག་ཡང་གྲངས་ཤེས་བཤད་དེ ་དེའི་ཕྱིར་དེ་ཉིད་ལས་གྲངས་ནི་རྣམ་པ་གཉིས་ཏེ་བགྲང་བའི་གྲངས་དང། ངེས་པའི་གྲངས་སོ། །དེ་ལ་བགྲང་བའི་གྲངས་ནི་འདི་ལྟ་སྟེ། ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དག་གོ་།ངེས་པའི་གྲངས་ནི་འདི་ལྟ་སྟེ། ཕ་རོལ་ཏུ་ཕྱིན་པའི་གྲངས་ནི་དྲུག་བོ་ཁོ་ན་ཡོད་པས་དེ་ལས་མི་མང་མི ་ཉུང་ངོ་ཞེས་བཤད་དོ། །དཔེའི་ཆ་ཞེས་བྱ་བ་ནི་ཡོན་ཏན་བྱིན་གྱི་འགྲེལ་པ་ལས་དཔེའི་ཆར་ཡང་མི་ཕོང་ངོ་ཞེས་བྱ་བ་ནི་ཇི་ལྟར་བུ་མོ་གཞོན་ནུ་མ་ལ་ཟླ་བའི་གདོང་ཞེས་བརྗོད་པ་ལྟ་བུ་རིལ་ཟླ་བ་འདྲའོ་ཞེས་བརྗོད་པ་མ་ཡིན་གྱི་མདོག་མདངས་ཅུང་ཟད་ཙམ་ཞིག་གི་ཆ ་དེའི་མཚན་ཉིད་དང་མཚུངས་པས་སོ། །སྔ་མའི་བསོད་ནམས་ནི་དེ་སྔ་སྟེ་མ་ཡིན་ཏེ། ཅུང་ཟད་ཙམ་ཞིག་འདྲ་ཞིང་དཔེར་བྱ་བ་ཡང་མེད་པས་སོ། །རྒྱུར་ཡང་ཉེ་བར་མི་འགྲོའོ་ཞེས་བྱ་བས་ནི་མཛའ་བསྟན་ཏེ། འདི་ནི་གྲངས་དང་བགྲང་བ་དང་ཆ་དང། དཔེ ་ཞེས་བྱ་བ་བཞི་པོ་དག་གི་ནང་ན་མཆོག་དུ་ཐ་མར་གྱུར་པ་གཅིག་གིས་མཛའ་ཡིན་པའི་ཕྱིར། གྲངས་ལ་སོགས་པ་ལས་རྒྱུར་ཡང་ཉེ་བར་མི་འགྲོ་བ་ཞེས་བཤད་དོ། །གཞན་ཡང་རྒྱུར་ཡང་ཉེ་བར་མི་འགྲོའོ་ཞེས་བྱ་བ་ནི་གྲངས་ཀྱི་མཛའ་ཁོ་ན་ཡིན་པས། འདི ་ནི་རྒྱ་གར་ཡུལ་པ་རྣམས་ཀྱི་གྲངས་ཀྱིས་མཛའ་མར་གྱུར་པའི་མིང་ཡིན་ནོ། །དེ་ནི་ཡུལ་འདི་པའི་གྲངས་ཀྱི་མཛའ་ཨི་མིང་རྗེ་ལྟ་བུ་ཡིན་ཡང་རྗེའི་དངོས་ནི་མ་ཡིན་ཏེ་ཡུལ་འདིར་གྲངས་ཀྱི་མིང་ཉུང་བས་རྣམ་པ་བཅུ་དྲུག་ལས་མེད་ལ་།རྒྱ་གར? ་ཡུལ་པ་རྣམས་ལ་ནི་གྲངས་ཀྱི་མིང་དྲུག་ཅུ་ཡོད་པས་སོ། །སློབ་དཔོན་དབྱིག་གཉེན་དང་ཡོན་ཏན་བྱིན་གྱིས་འཕགས་པ་རྡོ་རྗེ་གཅོད་པའི་འགྲེལ་པ་བྱས་པ་ལས། རྒྱུད་ཡང་ཉེ་བར་མི་འགྲོའོ་ཞེས་བྱ་བའི་དོན་གང་ཞེ་ན། དེའི་བསོད་ནམས་ཀྱི་ཆ་ཤས་ཆུང་དུས ་ནི་འབྲས་བུ་མཆོག་གི་རྒྱུའི་ངོ་བོ་ཉིད་དུ་མངོན་པར་འགྲུབ་པར་འགྱུར་ལ་།སྔ་མའི་བསོད་ནམས་ཀྱི་ནི་རྒྱུའི་ངོ་བོ་ཉིད་དུ་མངོན་པར་འགྲུབ་པར་མི་འགྱུར་ལ། འབྲས་བུ་ཡང་དག་པ་ཉིད་ཀྱང་མི་འཐོབ་བའི་ཕྱིར་རོ་ཞེས་བཤད་དོ། །བ་ལང་གི་རྗེས་ཀྱི་ཆུ ་ནི་རྒྱ་མཚོ་ཆེན་པོ་བཞིའི་ཆུ་དང། སྤུན?་ན་བརྒྱའི་ཆར་ཡང་ཉེ་བར་མི་འགྲོ་བ་ནས་རྒྱུའི་བར་དུ་ཡང་ཉེ་བར་མི་འགྲོའོ་ཞེས་བྱ་བ་ནི་གཉིས་པ་བ་ལང་གི་རྗེས་ཀྱི་ཆུའི་དཔེས་བསྟན་པ་སྟེ། སྔ་མ་བཞིན་དུ་རིག་པར་བྱའོ། །དེ་བཞིན་དུ་དྲང་བའི་དོན་གྱི་མདོ་སྡེ་རྣམS ་ཐོས་ཏེ་མོས་པ་ནས་བསྒོམ་པའི་རྣམ་པས་སྦྱོར་བར་བྱེད་པའི་བར་གྱི་བསོད་ནམས་འཐོབ་པ་གང་ཡིན་པ་དེ་ནི་ངེས་པའི་དོན་བསྟན་པའི་མདོ་སྡེ་འདི་ཐོས་ནས་མོས་པས་བསགས་པའི་བསོད་ནམས་བསྒོམ་པའི་རྣམ་པས་སྦྱོར་བའི་བར་གྱིས་བསགས་པའི ་བསོད་ནམས་དང། སྒྲུན་ན་བརྒྱའི་ཆར་ཡང་ཉེ་བར་མི་འགྲོ་བ་ནས། རྒྱུའི་བར་དུ་ཡང་ཉེ་བར་མི་འགྲོའོ། །དེ་སྐད་ཅེས་བཀའ་སྩལ་པ་དང་ཞེས་བྱ་བ་ནི་གཉིས་པ་དཔེ་དང་དོན་དུ་སྦྱར་ནས་བསོད་ནམས་ཀྱི་ཁྱད་བར་བསྟན་པ་སྟེ། མདོ་ཉིད་ཀྱིས ་བརྔ་འཕྲད?་པར་ཟད་དོ། །དེ་ནས་བྱང་ཆུབ་སེམས་དཔའ་དོན་དམ་ཡང?་དག་འཕགས་ཀྱིས་ཡང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དགོངས་པ་ཟབ་མོ་ངེས་པར་འགྲེལ་པའི་ཆོས་ཀྱི་རྣམ་གྲངས་ལས་བསྟན་པ་འདིའི་མིང ་ཅི་ལགས། བདག་གིས་ཇི་ལྟར་གཟུང་བར་བགྱི་ཞེས་བྱ་བ་འདི་མན་ཆད་ནི་རྣམ་པ་ལྔར་ཕྱེ་བའི་ཐ་མ་བཀའ་བཞིན་དུ་སྤྱོད་པ་སྤྱད་པའི་ཕྱོགས་ཞེས་བྱ་བ་སྟོན་པར་མཛད་དོ། །འདི་ཡང་རྣམ་པ་གཉིས་ཏེ། བྱང་ཆུབ་སེམས་དཔས་ཞུ་བ་གསོལ་བ་དང། དེ་བཞིན ་གཤེགས་པས་ལན་ཡང་དག་པར་གསུངས་པའོ། །འདི་ནི་དང་པོ་སྟེ་འདིར་ནི་ཞུ་བའི་དངོས་པོ་བསྟན་པའི་མིང་དང། ཇི་ལྟར་གཟུང་བ་རྣམ་པ་གཉིས་ཞུས་པ་ཡིན་ནོ། །བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་དོན་དམ་ཡང་དག་འཕགས ་ལ་བཀའ་སྩལ་པ། རིགས་ཀྱི་བུ་འདི་ནི་དོན་དམ་པ་ངེས་པའི་དོན་བསྟན་པ་ཞེས་བྱ་སྟེ། དོན་དམ་པ་ངེས་པའི་དོན་བསྟན་པ་འདི་ཁྱོད་ཀྱིས་ཡོངས་སུ་བཟུང་བར་བྱའོ་ཞེས་བྱ་བ་ལ་སོགས་པ་ནི་གཉིས་པ་དེ་བཞིན་གཤེགས་པས་ལན་ཡང་དག་པར ་གསུངས་པ་སྟོན་ཏོ། །འདི་ཡང་རྣམ་པ་གཉིས་ཏེ་ཞེས་པ་བཞིན་དུ་ལན་ཡང་དག་པར་བསྟན་པ་དང། བསྟན་པ་གསུངས་པའི་ཕན་ཡོན་ཁྱད་པར་དུ་འཕགས་པ་བསྟན་པའོ། །འདི་ནི་དང་པོ་སྟེ་།འདི་ལྟར་བསྟན་པ་འདིའི་མིང་ནི་དོན་དམ་པ་ངེས་བའི་དོན་བསྟན ་བཞེས་བྱ་བ་ཡིན་པས་།མིང་འདི་ཇི་ལྟར་བའི་ཞན་དུ་ཡོངས་སུ་སྤྱད་པར་བའོ་ཞེས་བྱ་བའི་ཐ་ཚིག་གོ་།དོན་དམ་པ་ངེས་བྱའི་དོན་བསྟན་པ་འདི་བཤད་པ་ན་འཁོར་འདུས་པ་ཆེན་པོ་དེ་ལས་སྲོག་ཆགས་དྲུག་འབུམ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་སེམS ་སྐྱེས་སོ་ཞེས་བྱ་བ་ལ་སོགས་པས་ནི་གཉིས་པ་བསྟན་པ་གསུངས་པའི་ཕན་ཡོན་ཁྱད་པར་དུ་འཕགས་པ་སྟོན་ཏོ། །ཕན་ཡོན་གྱི་ཁྱད་པར་འཕགས་པ་རྣམས་བཞི་ཡོད་བས་དེ་ཉིད་ལས་རྣམ་པ་བཞིར་དབྱེ་སྟེ། འདི་ནི་ཕན་ཡོན་དང་པོའོ། །བསྟན་བཅོས་རྣལ་འབྱོར ་སྤྱོད་པའི་ས་དང་སྦྱར་ན་ནི་ཕན་ཡོན་རྣམ་པ་ལྔ་ཡོད་པར་བཤད་དེ། དེའི་ཕྱིར་དེ་ཉིད་ལས་ལྔ་པོ་འདི་དག་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་ཆོས་བསྟན་པའི་འབྲས་བུའི་ཕན་ཡོན་རྒྱ་ཆེ་བ་ཡིན་པར་རིག་པར་བྱ་སྟེ། ལྔ་གང་ཞེད་དེ་དག་ལS ་སེམས་ཅན་ཁ་ཅིག་ནི་དམ་པའི་ཆོས་བསྟན་པ་དེ་ཉིད་ཀྱི་ཚེ་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་སྐྱེད་པར་འགྱུར་རོ། །དེ་དག་ལས་སེམས་ཅན་ཁ་ཅིག་ནི་དམ་པའི་ཆོས་བསྟན་པའི་མོད་ལ་ཟག་པ་ཟད་པ་ཐོབ་པར་འགྱུར་རོ། ། ་དེ་དག་ལས་སེམས་ཅན་ཁ་ཅིག་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་བར་བྱེད་དོ། །དེ་དག་ལས་སེམས་ཅན་ཁ་ཅིག་དམ་པའི་ཆོས་ཐོས་པ་དེ་ཉིད་ཀྱི་མོད་ལ་བྱང་ཆུབ་སེམས་དཔའ་ཨི་བཟོད་པ་མཆོག་ཐོབ་པར་འགྱུར་རོ། །སངས ་རྒྱས་རྣམས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དམ་པའི་ཆོས་བསྟན་པས་ལུང་དཔག་པ་དང་ཁ་ཏོན་བྱེད་པ་དང། ཡང་དག་པར་བསྒྲུབ་པ་གཅིག་ཏུ་བརྒྱུད་བའི་ཚུལ་གྱིས་དམ་པའི་ཆོས་ཀྱི་ཚུལ་ཡུན་རིང་དུ་གནས་པར་བྱེད་པར་འགྱུར་ཏེ། ལྔ་པོ་འདི་དག་ནི ་ཆོས་བསྟན་པའི་འབྲས་བུའི་ཕན་ཡོན་རྒྱ་ཆེ་བ་ཡིན་བར་བྱའོ་ཞེས་འབྱུང་ངོ། །མདོ་འདི་ལས་ནི་ཕན་ཡོན་རྣམ་པ་བཞི་བསྟན་ཏེ། ཕྱི་མ་རྣམ་པ་གཅིག་མ་ཚང་ངོ། །མདོ་གཞན་ཕལ་ཆེ་ལས་སྟོན་པར་མི་མཛད་དོ། །ཕན་ཡོན་རྣམ་པ་བཞི་ལས་ནི་དང་པོ ་སེམས་བསྐྱེད་བའི་ཕན་ཡོན་ཏེ་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲེལ་པའི་ནང་ནས་སྐྱེ་བ་མེད་པའི་ལེའུ་ལས་བྱང་ཆུབ་རྣམ་པ་ལྔ་པར་ཞེ་ན། སྨྲས་པ་ཤིན་ཏུ་ངེས་པའི་རྗེས་སུ་མཐུན་པའི་བཟོད་པ་དང་མི་སྐྱེ་བའི་བཟོད་པ་དང། བྱང ་ཆུབ་རྣམ་པ་གསུམ་མོ་ཞེས་འབྱུང་སྟེ། སའི་མདུན་རོལ་པ་དང་ས་ལ་གནས་པ་དང། ཐེག་པ་གསུམ་གྱི་མི་སློབ་པའི་བྱང་ཆུབ་དང་རྣམ་པ་ལྔའོ། །གཞན་ཡང་བྱང་ཆུབ་རྣམ་པ་ལྔ་ཡོད་དེ། དང་པོ་ནི་སེམས་བསྐྱེད་པའི་བྱང་ཆུབ་སྟེ། ཚེ་རབས་གྲངས་མེད ་པ་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་གཉེར་བའི་ཆེད་དུ་སེམས་བསྐྱེད་པའི་ཕྱིར་བྱང་ཆུབ་ཅེས་བྱ་སྟེ། འདི་རྒྱུ་ལ་འབྲས་བུ་བཏགས་པའོ། །གཉིས་པ་ནི་སེམས་ཟིལ་གྱིས་གནོན་པའི་བྱང་ཆུབ་སྟེ། ཉོན་མོངས་པ་རྣམས་སྤངས་ནས་སེམས ་བཏུལ་ཏེ། ཕ་རོལ་ཏུ་ཕྱིན་པ་རྣམས་སྤྱོད་པ་གང་ཡིན་པའོ། །གསུམ་པ་ནི་རིག་པའི་བྱང་ཆུབ་སྟེ་།དུས་གསུམ་གྱི་ཆོས་རྣམས་ལ་རང་བཞིན་གྱིས་ཡོད་པའི་སྤྱིའི་མཚན་ཉིད་དང། བྱེ་བྲག་གི་མཚན་ཉིད་དུ་བལྟ་བ་དང་ཆོས་རྣམས་མཐར་རྣམ་པར་དག་པ་ཉིད་དུ་རྣམ ་བར་འབྱེད་ཅིང་གཞལ་བ་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པའོ། །བཞི་པ་ནི་ངེས་པར་འབྱུང་བ་མཐར་ཐུག་པར་འགྱུར་བའི་བྱང་ཆུབ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཐབས་མཁས་པ་ཐོབ་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ ་མངོན་པར་ཞེན་པ་མེད་པར་ཉོན་མོངས་བ་ཐམས་ཅད་བཀག་པ་དང་ཕྱོགས་བཅུ་ཐམས་ཅད་ཀྱི་སངས་རྒྱས་རྣམས་མཐོང་བ་དང། མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་ནས་ཁམས་གསུམ་ལས་ངེས་པར་འབྱུང་ཞིང། ཐམས་ཅད་མཁྱེན་པའི་གནས་སུ་ཕྱིན་པ་གང ་ཡིན་པའོ། །ལྔ་པ་བླ་ན་མེད་པའི་བྱང་ཆུབ་སྟེ་བྱང་ཆུབ་ཀྱི་སྙིང་པོ་ལ་བཞུགས་ཏེ། ཉོན་མོངས་པའི་བག་ཆགས་བཅོམ་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བརྙེས་པ་གང་ཡིན་པའོ་ཞེས་བཤད་དོ། །སྡེ་སྣོད་གསུམ་པ་རྣ་རིངས་ཀྱིས་བཤད་པ ་ལས་བསྟན་པའི་རིགས་ཡན་ཆད་ནི། སེམས་བསྐྱེད་པའི་གནས་སྐབས་ཆད་ནི་རིག་པའི་གནས་སྐབས་ཞེས་བྱའོ། །ས་བརྒྱད་པ་དང་བའི་གནས་སྐབས་ཞེས་བྱའོ། །ས་དང་པོ་ནས་ས་བདུན་པ་མན་ཆད་ནི་རིག་པའི་གནས་སྐབས་ཞེས་བྱའོ། །ས་བརྒྱད་པ ་དང་དགུ་པ་དང་བཅུ་པ་དག་ནི་ངེས་པར་འབྱུང་བ་མཐར་ཐུག་པར་འགྱུར་བའི་གནས་སྐབས་ཞེས་བྱའོ། །གྱ་ནོམ་པར་སངས་རྒྱས་གང་ཡིན་པ་དེ་ནི་བླ་ན་མེད་པའི་གནས་སྐབས་ཞེས་བཤད་དོ། །འདིར་བཤད་པ་ལྔ་པོ་འདི་དག་ལ་བསྟེན་ནས་མདོའི་ཚིག་འདི་བཤད་བ ་བྱ་ན་།དེ་ལ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཅེས་གསུངས་པ་ནི་ཡོངས་སུ་བཙལ་བར་བྱ་བའི་བྱང་ཆུབ་སྟེ། ཡོངས་སུ་བཅིལ་བར་བྱ་བའི་བྱང་ཆུབ་ལ་སེམས་བསྐྱེད་པར་ཞེས་གསུངས་པ་ནི་ཡོངས་སུ་ཚོལ་བའི་སེམས་བསྐྱེད་པར་ནུས་པའི་ཕྱིར། བྱང ་ཆུབ་ཀྱི་སེམས་སྐྱེའོ་ཞེས་གསུངས་པ་ཡིན་ཏེ། འདི་ནི་རྣམ་པ་ལས་དང་པོའི་བྱང་ཆུབ་གཉིས་ལ་བྱའོ། །ཁ་ཅིག་ན་རེ་འདི་ནི་གསུམ་པ་རིག་པའི་བྱང་ཆུབ་པོ་ཞེས་ཟེར་ཏེ་དེ་ཅིའི་ཕྱིར་ཞེ་ན་སློབ་དཔོན་རྡོ་རྗེ་དྲང་སྲོང་གི་ས་དང་པོའི ་བྱང་ཆུབ་སེམས་དཔའ་སེམས་བསྐྱེད་པའི་ཕྱིར་རོ་ཞེས་བཤད་པས་སོ། །ཡང་ན་ཡོངས་སུ་ཚོལ་བ་ཞེས་བྱ་བ་ནི་ཡོངས་སུ་ཚོལ་པའི་སེམས་རྣམ་པ་ལྔ་པོ་དག་དང་སྦྱར་ཏེ། རྒྱུའི་གནས་སྐབས་ལ་གནས་པ་ཁོ་ནའོ་ཞེའོ། །ཉན་ཐོས་སུམ་ཅུ་ནི་རྡུལ་སྤངས་ཤིང ་དྲི་མ་དང་བྲལ་ནས་ཆོས་རྣམས་ལ་ཆོས་ཀྱི་མིག་རྣམ་པར་དག་པ་ཐོབ་བོ་ཞེས་བྱ་བས་ནི་གཉིས་པ་རྡུལ་དང་དྲི་མ་དང་བྲལ་བའི་ཕན་ཡོན་བསྟན་ཏོ། །བསྟན་པ་འདི་ཐོས་པས་ཕན་ཡོན་རྣམ་པ་གཉིས་ཐོབ་བར་འགྱུར་བ་སྟེ། རྡུལ་སྤངས་ནས་དྲི་མ་དང་བྲལ ་བའི་ཕན་ཡོན་དང་ཆོས་ཀྱི་མིག་རྣམ་པར་དག་པ་ཐོབ་པའི་ཕན་ཡོན་ནོ། །ཕན་ཡོན་རྣམ་པ་འདི་གཉིས་ཀྱང་བསྟན་པ་རྣམས་ལ་སོ་སོ་ནས་བཤད་པ་མི་མཐུན་པས་བསྟན་བཅོས་བྱེ་བྲག་དུ་བཤད་པ་ཆེན་པོ་ལས། མདོ་ལས་ཇི་སྐད་དུ་བཅོམ་ལྡན་འདས ་ཀྱི་ཆོས་ཀྱི་རྣམ་གྲངས་འདི་བཤད་པ་ན་ཚེ་དང་ལྡན་པ་ཀུན་ཤེས་ཀོའུ་ཌི་ནྱ་དང། ལྷའི་བུ་བརྒྱད་ཁྲི་རྡུལ་རྣམས་སྤངས་ཤིང་དྲི་མ་དང་བྲལ་ནས་ཆོས་རྣམས་ལ་ཆོས་ཀྱི་མིག་རྣམ་པར་དག་པ་སྐྱེས་སོ་ཞེས་གསུངས་པ་ལྟ་བུ་སྟེ། དེ་ལ་རྡུལ་སྤངས་པ་ཞེས་བྱ ་བ་ནི་འདི་ལྟ་སྟེ། བག་ལ་ཉལ་སྤངས་པའོ། །དྲི་མ་དང་བྲལ་བ་ཞེས་བྱ་བ་ནི་འདི་ལྟ་སྟེ། ཀུན་ནས་དཀྲིས་པ་དང་བྲལ་བའོ། །ཆོས་རྣམས་ལ་ཞེས་བྱ་བ་ནི་འདི་ལྟ་སྟེ་།འཕགས་པའི་བདེན་པ་བཞི་པོ་དག་ལགས་སོ། །ཆོས་ཀྱི་མིག་རྣམ་པར་དག་པ་སྐྱེས ་སོ་ཞེས་བྱ་བ་ནི་འདི་ལྟ་སྟེ། འཕགས་པའི་བདེན་པ་བཞི་མཐོང་བའི་དབང་གིས་ཆོས་ཀྱི་མིག་རྣམ་པར་དག་བ་སྐྱེས་པར་གྱུར་པའོ་ཞེས་བཤད་དོ། །བསྟན་བཅོས་ཆོས་མངོན་པ་སྣ་ཚོགས་ཀུན་ལས་བཏུས་པ་ལས། མདོ་ལས་ཇི་སྐད་དུ་རྡུལ་སྤངས་ཤིང་དྲི ་མ་དང་བྲལ་ནས་ཆོས་རྣམས་ལ་ཆོས་ཀྱི་མིག་ཡང་དག་པར་སྐྱེས་སོ་ཞེས་གསུངས་པ་དེ་ནི་མཐོང་བའི་ལམ་གྱི་དབང་དུ་མཛད་ནས་གསུངས་པ་སྟེ། ཆོས་ཀྱི་བཟོད་པ་རྣམས་ཀྱིས་རྡུལ་རྣམས་སྤངས་སོ། །ཆོས་ཀྱི་ཤེས་པ་རྣམས་ཀྱིས་ནི་དྲི་མ་དང་བྲལ་ཏེ་།འདི་ལྟར ་དེ་དག་གིས་ཐོག་མ་ཁོ་ནར་བདེན་པ་རྣམས་ལ་འཕགས་པའི་མིག་ཤིན་ཏུ་གྱ་ནོམ་པས་ངོ་བོ་ཉིད་བྱེད་པའི་ཕྱིར་རོ། །ཆོས་ཀྱི་བཟོད་པས་རྡུལ་སྤངས་པ་ནི་འདི་ལྟར་ཆོས་ཀྱི་བཟོད་པ་རྣམས་ཀྱིས་ཉོན་མོངས་པའི་རྡུལ་ཐམས་ཅད་གཏན་དུ་སྤངས་པའི ་ཕྱིར་རོ། །ཆོས་ཤེས་པས་དྲི་མ་དང་བྲལ་བ་ནི་འདི་ལྟར་ཆོས་ཤེས་པ་རྣམས་ཀྱིས་སྒྲིབ་པའི་དྲི་མ་སྤངས་པ་ནས། རྟེན་དང་ཐོབ་པ་སྐྱེས་པའི་ཕྱིར་རོ། །གཞན་ཡང་བཟོད་པ་དང་ཤེས་པ་གཉིས་པའི་གནས་སྐབས་དང། གོ་རིམ་བཞིན་དུ་སྦྱར་ནས ་བཤད་པར་བྱ་སྟེ། ཡོངས་སུ་ཤེས་པར་གྱུར་པའི་ཕྱིར་དང་གཏན་དུ་སྤངས་པའི་ཕྱིར་ལམ་དང་ཐོབ་པ་རྣམ་པར་དག་པར་འགྱུར་བའི་ཕྱིར་འདི་ལ་བརྟེན་ནས་རྡུལ་སྤངས་ཤིང་དྲི་མ་དང་བྲལ་ཞེས་གསུངས་སོ་ཞེས་འབྱུང་ངོ། །བསྟན་བཅོས་ཆོས ་མངོན་པ་ཀུན་ལས་བཏུས་པ་ལས་ཀྱང་དེ་སྐད་བཤད་དེ། ཡོངས་སུ་ཤེས་པར་གྱུར་པའི་ཕྱིར་དང་གཏན་དུ་སྤངས་པའི་ཕྱིར་དང་ལམ་ཐོབ་པ་རྣམ་པར་དག་པར་འགྱུར་བ་ཞེས་བྱ་བ་ནི་ཆོས་ཀྱི་རྣམ་པར་དག་པ་སྤྱིར་བསྟན་པའོ། །བསྟན་བཅོས་རྣལ་འབྱོར ་སྤྱོད་པའི་ས་ལས་གཞན་ཡང་རྡུལ་སྤངས་ནས་དྲི་མ་དང་བྲལ་བ་ཞེས་བྱ་བ་ནི་རྡུལ་ནི་འདི་ལྟ་སྟེ། མཐར་ཐུག་པའི་ཤེས་པ་སྐྱེས་པ་དང་མངོན་པར་རྟོགས་པ་ལ་སྒྲིབ་པ་བར་ཆད་དང་བཅས་པའམ། བར་ཆད་མེད་པར་དའོ་སྙམ་པའི་ང་རྒྱལ་མངོན ་དུ་འཇུག་པ་གང་ཡིན་པའོ། །དྲི་མ་ནི་འདི་ལྟ་སྟེ་མཐོང་བས་སྤང་བར་བྱ་བའི་ཕྱོགས་ཀྱི་གནས་ངན་ལེན་ཏེ། འདིར་གཏན་མེད་པའི་ཕྱིར་རྡུལ་སྤངས་པ་དང་དྲི་མ་དང་བྲལ་བ་ཞེས་བྱའོ། །གཞན་ཡང་རྡུལ་ཞེས་བྱ་བ་ནི་འདི་ལྟ་སྟེ། ངའོ་སྙམ་པའི ་ང་རྒྱལ་དང་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་ཐམས་ཅད་དེ། ཕྱོགས་གཉི་གའི་གནས་ངན་ལེན་གྱི་དྲི་མའོ། །ཆོས་རྣམས་ལ་ཞེས་བྱ་བ་ནི་འདི་ལྟ་སྟེ། རང་གི་མཚན་ཉིད་དང་སྤྱིའི་མཚན་ཉིད་དུ་གནས་པ་དག་པའོ། ་ཆོས་ཀྱི་མིག་ཅེས་བྱ་བ་ནི་འདི་ལྟ་སྟེ། ཡང་དག་པ་ཇི་ལྟ་བ་བཞིན་དུ་མངོན་སུམ་དུ་ཉམས་སུ་མྱོང་བ་ཅན་གྱི་ཤེས་རབ་བོ། །ཆོས་རྣམས་ལ་ཞེས་བྱ་བ་ནི་འདི་ལྟ་སྟེ། སྡུག་བསྔལ་ལ་སོགས་པ་ལས་ཡང་དག་པ་ཇི་ལྟ་བ་བཞིན་དུ་མཐོང་བའི་ཕྱིར ་རོ། །ཆོས་ཐོས་བ་ནི་འདི་ལྟ་སྟེ་དགེ་སྦྱོང་གི་འབྲས་བུ་མཐུན་པར་ཐོབ་པའི་ཕྱིར་རོ་ཞེས་འབྱུང་སྟེ་རྒྱ་ཆེར་དེ་ཉིད་ལས་བཤད་པ་བཞིན་ནོ། །གཞན་ཡང་བསྟན་བཅོས་རྣལ་འབྱོར་སྦྱོང་པའི་ས་ལས་གཞན་ཡང་མཚན་ཉིད་རྣམ་པ་གཉིས་ཀྱིས ་འཕགས་པ་རྣམས་ཀྱི་ཤེས་རབ་ཀྱི་མིག་རྣམ་པར་དག་པར་འགྱུར་བར་རིག་པར་བྱ་སྟེ། རྡུལ་སྤངས་པ་དང་དྲི་མ་དང་བྲལ་བའི་ཕྱིར་རོ། །མཐོང་བས་སྤང་བར་བྱས་པའི་ཉོན་མོངས་པའི་ཀུན་ནས་དཀྲིས་པ་རྣམས་དང་བྲལ་བའི་ཕྱིར་རྡུལ་སྤངས་པ ་ཞེས་བྱའོ། །དེ་ལ་བག་ལ་ཉལ་དང་བྲལ་བའི་ཕྱིར་དྲི་མ་དང་བྲལ་བ་ཞེས་བྱའོ། །གཞན་ཡང་མངོན་པར་རྟོགས་པའི་ཚེ་ངའོ་སྙམ་པའི་ང་རྒྱལ་རགས་པ་ཡིད་ལ་བྱེད་པ་ལ་ཞུགས་པ་བར་ཆད་དང་བཅས་པ་དང། བར་ཆད་མེད་པར་འཇུག་སྟེ། ་གལ་ཏེ་གཟུང་བ་དང་འཛིན་པ་ལ་དམིགས་པ་མཉམ་པ་ཉིད་དུ་ཡོངས་སུ་ཤེས་པར་གྱུར་ན་དེ་ཡོངས་སུ་སྤོང་བར་འགྱུར་བ་དེ་སྤངས་པའི་ཕྱིར་རྡུལ་སྤངས་པ་ཞེས་བྱའོ། །མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པའི་བག་ལ་ཉལ་ཐམས་ཅད ་སྤང་བའི་ཕྱིར་དྲི་མ་དང་བྲལ་བ་ཞེས་བྱའོ། །ཆོས་མཐོང་བ་དང་ཆོས་ཐོབ་པ་ལ་ཕན་ཡོན་རྣམ་པ་བཅུ་ཡོད་པར་རིག་པར་བྱའོ་ཞེས་འབྱུང་སྟེ་ཞིབ་ཏུ་དེ་ཉིད་ལས་བསྟན་པ་བཞིན་ནོ། །ཉན་ཐོས་འབུམ་ལྔ་ཁྲི་ནི་ཟབ་པ་རྣམས་གཏན་དུ་ཟད ་ནས་སེམས་རྣམ་པར་གྲོལ་ལོ་ཞེས་བྱ་བ་ནི་གསུམ་པ་གྲོལ་བ་ཐོབ་པའི་ཕན་ཡོན་བསྟན་ཏེ། ཟག་པ་རྣམས་གཏན་དུ་སྤངས་པས་ཤེས་རབ་རྣམ་པར་གྲོལ་བ་ཐོབ་པར་འགྱུར་ལ། ཏིང་ངེ་འཛིན་གྱིས་སྒྲིབ་པ་གཏན་དུ་སྤངས་པ་ནི་སེམས་རྣམ་པར་གྲོལ་བ་ཐོབ་པར་འགྱུར་རོ། །ཡང ་ན་ཟག་པ་གསུམ་དང་བྲལ་བའི་ཕྱིར་ཟག་པ་རྣམས་གཏན་དུ་ཟད་པ་ཞེས་བྱའོ། །འདོད་ཆགས་དང་གཏན་དུ་བྲལ་བའི་ཕྱིར་སེམས་རྣམ་པར་གྲོལ་བ་ཐོབ་པར་འགྱུར་བའོ། །བསྟན་བཅོས་བྱེ་བྲག་དུ་བཤད་པ་ཆེན་པོ་ལས། ཟག་པ་ཟད་པ་ནི་འདི་ལྟ་སྟེ། ཟག་པ ་རྣམས་གཏན་དུ་ཟད་པ་གང་ཡིན་པའོ། །ཟག་པ་རྣམས་ཀྱི་རྗེས་སུ་འབྲང་བའི་ཆོས་ལས་གཏན་དུ་ཟད་པ་ཞེས་བྱ་བ་ཐོབ་པར་འགྱུར་བ་ཡིན་ན། ཅིའི་ཕྱིར་ཟག་པ་དེ་ཁོ་ན་ཟད་པ་ཞེས་བསྟན་ཅེ་ན། སྨྲས་པ་དེ་དག་ཟག་པ་ཟད་པ་གཙོ་བོར་བྱེད་པས། ཟག་པའི་རྗེས་སུ ་འབྲང་བའི་ཆོས་ཀྱང་ཟད་པ་ཉིད་བརྗོད་པར་རིག་པར་བྱའོ། །གཞན་ཡང་ཟག་པ་རྣམས་ནི་སྤངས་ཤིང་གཞིག་པར་དཀའ་བ་དང། བཟླ་དཀའ་བ་ཡིན་ལ་ཟག་པའི་རྗེས་སུ་འབྲང་བའི་ཆོས་ནི་དེ་ལྟ་མ་ཡིན་པའི་ཕྱིར་ཕྱོགས་གཅིག་བརྗོད་པ་ཡིན་ནོ། །གཞན་ཡང་ཟག་པ ་རྣམས་ཀྱི་ཉེས་དམིགས་ནི་མང་ཞིང་བསྟན་པ་ཡིན་ལ་ཟག་པའི་རྗེས་སུ་འབྲང་བའི་ཆོས་ནི་དེ་ལམ་ཡིན་པའི་ཕྱིར་ཕྱོགས་གཅིག་བརྗོད་པ་ཡིན་ནོ་ཞེས་འབྱུང་སྟེ། རྒྱ་ཆེར་དེ་ཉིད་ལས་བཤད་པ་བཞིན་དུ་རིག་པར་བྱའོ། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི ་འགྲེལ་པ་ལས། ཁམས་གསུམ་གྱི་ཟག་པ་རྣམ་པ་གསུམ་ཟད་ནས་ལྷག་མ་མ་ལུས་པའི་ཕྱིར་ཟག་པ་རྣམས་ཟད་པའོ་ཞེས་འབྱུང་སྟེ། སེམས་རྣམ་བར་གྲོལ་པ་ཐོབ་པའི་བཤད་པ་ནི་གོང་དུ་བསྟན་པ་བཞིན་ནོ། །ཇི་ལྟར་ཤིན་ཏུ་ཟབ་པའི་ཐེག་པ་ཆེན་པོ་འདི་བསྟན ་པ་ན་ཐེག་པ་གཉིས་ཀྱི་ཕན་ཡོན་ཐོབ་པར་འགྱུར་ཞེ་ན་སྨྲས་པ། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲེལ་པ་ལས། ཇི་སྐད་དུ་དེ་བཞིན་གཤེགས་པས་མཉན་པ་གསུངས་པ་ཡང་རྣམ་པ་གཉིས་ཏེ་རབ་ཏུ་ཕྱེ་བ་དང། དགོངས་ཏེ་གསུངས་པའོ། །ཞེས ་བསྟན་པ་ལྟ་བུ་སྟེ། གལ་ཏེ་རབ་ཏུ་ཕྱེ་བའི་དབང་དུ་མཛད་ན་ནི་འབྲས་བུ་ཆེན་པོ་ཁོ་ན་ཐོབ་པར་འགྱུར་བ་ཡིན་ནོ། །འདིར་ནི་དགོངས་པ་དང་ཡང་ལྡན་པའི་ཕྱིར་ཆེ་ཆུང་གཉི་གའི་ཕན་ཡོན་སྤྱིར་བསྟན་པ་ཡིན་ཏེ། དེའི་ཕྱིར་མདོ་ལས་སངས་རྒྱས་གསུང ་གཅིག་དུ་ཆོས་བསྟན་ཀྱང། སེམས་ཅན་མོས་པ་ཇི་བཞིན་སོ་སོར་གོ་ཞེས་གསུངས་པ་ཡིན་ནོ། །གཞན་ཡང་དོན་ཚད་མེད་པའི་མདོ་ལས། དེ་བཞིན་གཤེགས་པ་ནི་གསུང་གཅིག་ཏུ་ཆོས་ཀྱི་འཁོར་ལོ་རྣམ་པ་གསུམ་གསུང་བར་མཛད་དོ་ཞེས་གསུངས་པ་དང། ་གཞན་ཡང་ཁམས་ཆེན་པོའི་མདོ་ལས། དེ་བཞིན་གཤེགས་པས་གསུང་གཅིག་ཆོས་བསྟན་པས། དཔག་མེད་མདོ་སྡེ་རྒྱ་མཚོ་རབ་ཏུ་གསུངས་ཞེས་འབྱུང་བ་དང། གཞན་ཡང་མདོ་འདི་ཉིད་ལས། ཐེག་བ་ཐམས་ཅད་ལ་ཡང་དག་པར་ཞུགས་བ་རྣམས་ལ ་ངེས་པའི་དོན་འདི་གསུངས་སོ་ཞེས་འབྱུང་བའི་ཕྱིར། འདི་ཐོས་པ་ན་ཐེག་པ་གསུམ་གྱི་འབྲས་བུ་ཐོབ་བར་གྱུར་ཏོ་ཞེས་གསུངས་ཀྱང་འགལ་བ་མེད་དོ། །བྱང་ཆུབ་སེམས་དཔའ་བདུན་ཁྲི་ལྔ་སྟོང་གིས་ནི་མི་སྐྱེ་བའི་ཆོས་ལ་བཟོད་བ་ཐོབ་པར་གྱུར་ཏོ་ཞེས་བྱ་བ ་ནི་བཞི་པ་མི་སྐྱེ་བའི་བཟོད་པ་ཐོབ་པའི་ཕན་ཡོན་བསྟན་ཏོ། །མི་སྐྱེ་བ་དེ་ཡང་རྣམ་པ་གཉིས་ཏེ། དང་པོ་ནི་ལས་དང་པོ་པའི་བྱང་ཆུབ་སེམས་དཔའ་ལ་མི་སྐྱེ་བའི་ཐོབ་པ་ཞེས་བྱ་སྟེ། དེའི་ཕྱིར་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲེལ་པ་ལས ་བཟོད་པ་ནི་རྣམ་པ་གཉིས་ཏེ་དུལ་བ་རྗེས་སུ་འཐུན་པར་གྱུར་པའི་བཟོད་པ་དང། མི་སྐྱེ་བའི་བཟོད་པའོ་ཞེས་བཤད་དེ། དེ་ལ་དུལ་བ་རྗེས་སུ་འཐུན་པའི་བཟོད་པ་ནི་ཡོངས་སུ་བསྔོ་བ་རྣམ་པ་བཅུ་ལ་གནས་པ་དག་ལའོ། །མི་སྐྱེ་བའི་བཟོད་པ་ནི་ས་བརྒྱད ་པ་ཡན་ཆད་དེ། ཆོས་རྣམས་མི་སྐྱེ་བའི་བཟོད་པ་ཐོབ་པའི་ཕྱིར་རོ། །མིའི་རྒྱལ་པོས་ཞུས་པའི་མདོ་ལས། བཟོད་པ་རྣམ་པ་ལྔ་ནི་འདི་ལྟ་སྟེ། ཟིལ་གྱིས་གནོན་པའི་བཟོད་པ་དང། མངོན་པར་ཡིད་ཆེས་པའི་བཟོད་པས་དང། དུལ་བ་རྗེས་སུ་མཐུན་པའི ་བཟོད་པ་དང། མི་སྐྱེ་བའི་བཟོད་པ་དང། རབ་ཏུ་ཞི་བའི་བཟོད་པའོ། །དེ་དག་ཀྱང་གོ་རིམ་བཞིན་དུ་སའི་མདུན་རོལ་གྱི་སེམས་སུམ་ཅུ་པོ་དག་ནི་ཟིལ་གྱིས་གནོན་པའི་གནས་སྐབས་སོ། །ས་དང་པོ་དང་གཉིས་པ་དང་གསུམ་པ་དག་ནི་མངོན་པར་ཡིད་ཆེས་པའི་བཟོད་པའི ་གནས་སྐབས་སོ། །ས་བཞི་པ་དང། ལྔ་པ་དང། དྲུག་པ་དག་ནི་དུལ་བ་རྗེས་སུ་མཐུན་པ་དག་གི་བཟོད་པའི་གནས་སྐབས་སོ། །ས་བདུན་པ་དང་བརྒྱད་པ་དང་དགུ་བ་ནི་མི་སྐྱེ་བའི་བཟོད་པའོ། །ས་བཅུ་པ་དང་སངས་རྒྱས་ཀྱིས་ནི་རབ་ཏུ་ཞི་བའི་བཟོད་པའོ་ཞེས་གསུངས་པ་སྟེ། ་རྒྱ་ཆེར་དེ་ཉིད་ལས་བསྟན་པ་བཞིན་ནོ། །བསྟན་བཅོས་བྱང་ཆུབ་ཀྱི་ཚོགས་བསྟན་པ་ལས་མི་སྐྱེ་བའི་བཟོད་པ་ཐོབ་པ་ནི་བྱང་ཆུབ་སེམས་དཔའ་ཨི་ས་མི་གཡོ་བ་ལ་གནས་པའོ། །ཞེས་བཤད་དོ། །གཞན་ཡང་བྱང་ཆུབ་སེམས་དཔའ་ཨི་སྡེ་སྣོད་ཀྱི་མདོ་ལས་ཤྭ་རིའི་བུ་ལུང ་བསྟན་པར་གྱུར་དེའི་ཚེ་ང་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་གྱུར་ཏོ། །ཤཱ་རིའི་བུ་མི་སྐྱེ་བའི་ཆོས་ལ་བཟོད་པ་དེ་ཡང་ཇི་ལྟ་བུ་ཞིག་ཐོས་པར་འགྱུར་ཅེ་ན། འདི་ལྟ་སྟེ། གཟུགས་ཀྱི་ཆོས་ཐམས་ཅད་དམིགས་སུ་མེད་པའི་བཟོད་པ་ཐོབ་པར་གྱུར་ཏོ། །ཚོར་བ་དང། ་འདུ་ཤེས་དང། འདུ་བྱེད་དང་རྣམ་པར་ཤེས་པ་དམིགས་སུ་མེད་པའི་བཟོད་པ་ཐོབ་པར་གྱུར་ཏོ། །ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཀྱི་ཆོས་དམིགས་སུ་མེད་པའི་བཟོད་པ་ཐོབ་པར་གྱུར་ཏོ། །ཤཱ་རིའི་བུ་བཟོད་པ་ཐོབ་པར་གྱུར་ཅེས་བྱ་བ་ནི་ཆོས་རྣམས་དམིགས་སུ ་མེད་པར་བཟོད་པར་གྱུར་པ་ཉིད་དོ། །དེ་ཅིའི་ཕྱིར་ཞེ་ན། བཟོད་པ་ཐོབ་པ་དེ་ལྟ་བུ་ཐོབ་པར་གྱུར་པའི་ཚེ་འཇིག་རྟེན་པའི་ཆོས་རྣམས་མངོན་དུ་འགྱུར་བ་མ་ཡིན་པས། སོ་སོའི་སྐྱེ་པོའི་ཆོས་ཀྱང་མ་ཡིན། སློབ་པ་རྣམས་ཀྱི་ཆོས་ཀྱང་མ་ཡིན། རང་སངས་རྒྱས་ཀྱི་ཆོས ་ཀྱང་མ་ཡིན། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཆོས་ཀྱང་མ་ཡིན། སངས་རྒྱས་ཀྱི་ཆོས་ཀྱང་མངོན་དུ་འགྱུར་བ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་མངོན་དུ་མི་སྣང་བའི་ཕྱིར་བཟོད་པ་ཐོབ་པར་གྱུར་པ་ཞེས་བཤད་དོ། །ཆོས་ཐམས་ཅད་མཐར་ཐོབ་པ ་མེད་ཅིང་དམིགས་སུ་མེད་པའི་ཕྱིར་བཟོད་པ་ཐོབ་པར་གྱུར་པ་ཞེས་བཤད་དོ། །གཞན་ཡང་བཟོད་པ་དེས་སྐད་ཅིག་མ་གཅིག་ལ་མཚན་མ་དང། དམིགས་པ་ཐམས་ཅད་ཟད་པར་བྱེད་པའི་ཕྱིར་བཟོད་པ་ཞེས་བྱའོ། །གཞན་ཡང་བཟོད ་པ་ངེས་མིག་མི་བཟོད་ཅིང་མིག་དང་དམིགས་པ་རྣམས་འཇིག་པར་མི་བྱེད་པའི་ཕྱིར་བཟོད་པ་ཞེས་བྱའོ། །རྣ་བ་དང་སྣ་དང། ལྕེ་དང་ལུས་དང། ཡིད་མི་བཟོད་ཅིང་ཡིད་འཇིག་པར་མི་བྱེད་དོ། །བཟོད་པ་དེ་དག་ནི་སྤྱོད་ཡུལ་མི་བཟོད་པ་དང། བཟོད་པ་དེ་དག་ནི ་སྤྱོད་ཡུལ་ལས་གཞོལ་བ་མ་ཡིན་པའི་ཕྱིར་བཟོད་པ་ཞེས་བྱའོ་ཞེས་གསུངས་སོ། །གཞན་ཡང་བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་མདོ་ལས་སྐྱེ་བའི་ཆོས་ལ་བཟོད་པ་ཞེས་ཇི་སྐད་དུ་གསུངས་པ་དེའི་རྣམ་པར་བཞག་པ་ཇི་ལྟ་བུ་ཡིན་ཞེ་ན། སྨྲས་པ། ་ངོ་བོ་ཉིད་རྣམ་པ་གསུམ་ལས་རྣམ་པར་གཞག་གོ་།འདི་ལྟ་སྟེ། ཀུན་བརྟགས་པའི་ངོ་བོ་ཉིད་ལ་བརྟེན་ནས་མི་སྐྱེ་བའི་བཟོད་པ་རྣམ་པར་བཞག་གོ་།གཞན་གྱི་དབང་གི་ངོ་བོ་ཉིད་ལ་རྟེན་ནས་ནི་མི་སྐྱེ་བའི་བཟོད་བ་རྣམ་པར་བཞག་གོ་།ཡོངས་སུ་གྲུབ་པའི་ངོ ་བོ་ཉིད་ལ་རྟེན་ནས་ནི་ཉོན་མོངས་པ་དང། སྡུག་བསྔལ་གྱི་དྲི་མ་མི་སྐྱེ་བའི་བཟོད་པ་རྣམ་པར་བཞག་སྟེ། བཟོད་པ་དེ་དག་ནི་ཕྱིར་མི་ལྡོག་པ་ཡིན་པར?་རིག་པར་བྱའོ་ཞེས་འབྱུང་སྟེ། བསྟན་བཅོས་རྣམ་པར་བཤད་པ་ལས་ཀྱང་དེ་སྐད་བཤད་དེ། གཞན ་ཡང་བསྟན་བཅོས་རྣམ་པར་བཤད་པ་ལས། བཟོད་པ་རྣམ་པ་གསུམ་པོ་འདི་དག་ནི་ཕྱིར་མི་ལྡོག་པའི་ས་ལས་ཡོད་དོ་ཞེས་བཤད་དོ། །འཕགས་པ་འདུས་བ་ཆེན་པོའི་མདོ་དང། སློབ་དཔོན་ཡོན་ཏན་བྱིན་གྱིས་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན ་པ་རྡོ་རྗེ་གཅོད་པའི་འགྲེལ་པ་བྱས་པ་ལས་ཀྱང་དེ་སྐད་དུ་བཤད་དོ། །འཕགས་པ་སངས་རྒྱས་ཀྱི་སའི་འགྲེལ་བ་ལས་ས་བརྒྱད་པ་ཡན་ཆད་ནི་ཕྱིར་མི་ལྡོག་པའི་ས་ཞེས་བསྟན་ཏོ། །གཞན་ཡང་འཕགས་པ་སངས་རྒྱས་ཀྱི་སའི་འགྲེལ་བ་ལས་བཤད་པ་རྣམ ་པ་གཉིས་འབྱུང་སྟེ། ཁ་ཅིག་ན་རེ་ས་དང་པོ་ཡན་ཆད་ནི་མི་སྐྱེ་བའི་བཟོད་པ་ཐོབ་པ་ཡིན་ནོ་ཞེས་ཟེར་རོ། །ཁ་ཅིག་ན་རེ་ས་བརྒྱད་པ་ཡན་ཆད་ཀྱི་མི་སྐྱེ་བའི་བཟོད་པ་ཡིན་ནོ་ཞེས་ཟེར་རོ་ཞེས་བཤད་དེ། རྒྱ་ཆེར་དེ་ཉིད་ལས་བསྟན་པ་བཞིན་ནོ། །འདིར་མི་སྐྱེ་བའི་བཟོད ་པ་ཞེས་གསུངས་བ་ནི་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲེལ་བ་དང་སྦྱར་ན་ས་དང་པོ་ཡན་ཆད་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ་ཞེས་བསྟན་ཏོ། །མིའི་རྒྱལ་པོས་ཞུས་པའི་མདོ་དང་སྦྱར་ན་ནི་ས་བདུན་པ་དང་བརྒྱད་པ་དང་དགུ་པ་ལ་མི་སྐྱེ་བའི་བཟོད་པ ་ཐོབ་པ་ཞེས་བསྟན་ཏེ། རྒྱ་ཆེར་རྣམ་པར་འབྱེད་པ་ནི་འཕགས་པ་སངས་རྒྱས་ཀྱི་སའི་འགྲེལ་པ་ལས་བཤད་པ་བཞིན་དུ་རིག་པར་བྱའོ།། །།བམ་པོ་སུམ་ཅུ་ལྔ་པ། །དགོངས་པ་ཟབ་མོ་ངེས་པར་འགྲེལ་པའི་མདོ་ལས་རྣལ་འབྱོར་རྣམ ་པར་འབྱེད་པའི་ལེའུ་སྟེ་དྲུག་པའོ།། །།ལེའུ་འདིའི་བཤད་པ་ཡང་མདོར་བསྡུ་ན་རྣམ་པ་གཉིས་ཏེ། ལེའུ་འདི་ཉིད་ཀྱི་མིང་རྣམ་པར་བཤད་པ་དང། མདོའི་ཚིག་ཉིད་ཡང་དག་པར་བཤད་པའོ། །དེ་ལ་ལེའུ་ཉིད་ཀྱི་མིང་རྣམ་པར་བཤད་པ་ཡང ་རྒྱ་གར་སྐད་དུ་ཡོ་ག་ཞེས་བྱ་བ་བསྒྱུར་ན་རྣལ་འབྱོར་ཞེས་ཟེར་ཏེ། རྣལ་འབྱོར་དེ་བསྟན་བཅོས་རྣལ་འབྱོར་སྤྱོད་པའི་སའི་འགྲེལ་པ་ན་བཤད་པ་མི་མཐུན་པ་རྣམ་པ་གཉིས་ཡོད་པས། ཁ་ཅིག་ནི་སྤྱིར་ཐེག་པ་གསུམ་གྱི་ཡུལ་དང་བསྒྲུབ་པ་དང། འབྲས་བུ ་ལ་སོགས་པའོ་ཞེས་ཟེར་ཏེ། སོགས་པའོ་ཞེས་བྱ་བས་ནི་བརྗོད་པར་བྱ་བ་བསྟན་པའི་ཆོས་རྣམས་ཀྱི་རྣམ་པ་བསྡུ་བས་དེ་དག་ལ་རྣལ་འབྱོར་ཅེས་བྱ་སྟེ། ཐམས་ཅད་ལ་ཡང་ཐབས་མཁས་པ་དང་རྗེས་སུ་མཐུན་པའི་དོན་ཡོད་པའི་ཕྱིར་རོ། །ཡུལ་གྱི ་རྣལ་འབྱོར་ནི་འདི་ལྟ་སྟེ། ཡུལ་ཐམས་ཅད་ལ་ཕྱིན་ཅི་ལོག་མེད་པ་ཉིད་དང། རྗེས་སུ་འཐུན་པ་ཉིད་དང་མཐར་ཐུག་པར་བགྲོད་པ་ཉིད་དོ་ཞེས་བཤད་དེ་གོ་རིམ་བཞིན་དུ་རང་གི་ངོ་བོ་ཉིད་ཇི་ལྟ་བ་བཞིན་དུ་གྱུར་པ་དང། རིགས་པ་དང་མི་འགལ་བ་དང་ཆོས་ ་རྣམས་ཀྱི་རྗེས་སུ་མཐུན་པར་གྱུར་པ་དང། འདིའི་དབང་གི་བྱང་ཆུབ་དང་མྱ་ངན་ལས་འདས་པ་ལེན་ཅིང་ཡང་དག་པའི་རིགས་དང། བསྟན་པ་དང་གྲུབ་པ་དང་འབྲས་བུ་དང་རྗེས་སུ་མཐུན་པར་གྱུར་པའི་ཕྱིར་རྣལ་འབྱོར་ཅེས་བྱའོ། །ཡུལ ་གྱི་རྣལ་འབྱོར་ཞེས་བྱ་བ་འདི་ཐམས་ཅད་དུ་ཁྱབ་པ་ཡིན་ཡང། མདོ་སྡེ་དང་བསྟན་བཅོས་ལས་ནི་མཚན་ཉིད་དང། དབང་པོའི་དབང་དུ་མཛད་ནས་ཐ་དད་པ་རྣམ་པ་སྣ་ཚོགས་སུ་བཤད་པས་ཁ་ཅིག་ལས་ནི་བལྟོས་པ་ལ་སོགས་པའི་རིགས་པ་བཞི་ནས ་དེ་བཞིན་དུ་ཕུང་པོ་དང་ཁམས་དང། སྐྱེ་མཆེད་དང་རྟེན་ཅིང་འབྲེལ་པར་འབྱུང་བ་དང་བདེན་པ་ལ་སོགས་པའི་བར་ལ་རྣལ་འབྱོར་ཞེས་བྱའོ་ཞེས་བཤད་དེ། ངོ་བོ་ཉིད་རྣམ་པ་བཞི་དང་ལྡན་ཞིང་ངོ་བོ་ཉིད་རྣམ་པ་བཞི་དང་རྗེས་སུ་མཐུན་པར་གྱུར་པའི ་ཕྱིར་རོ། །དེ་ལ་སྒྲུབ་པའི་རྣལ་འབྱོར་ནི་འདི་ལྟ་སྟེ། སྒྲུབ་པ་ཐམས་ཅད་ཕན་ཚུན་རྗེས་སུ་མཐུན་པར་གྱུར་པའི་ཕྱིར་དང། ཡང་དག་པའི་རིགས་པ་དང་མཐུན་པར་གྱུར་པའི་ཕྱིར་དང། ཡང་དག་པའི་བསྟན་པ་དང་མཐུན་པར་གྱུར་པའི་ཕྱིར་དང ་ཡང་དག་པའི་འབྲས་བུ་ལ་གཞོལ་བར་གྱུར་པའི་ཕྱིར་རྣལ་འབྱོར་ཅེས་བཤད་དེ་འདི་བསྒྲུབ་པ་ཐམས་ཅད་དུ་ཁྱབ་པ་ཡིན་ཡང། མདོ་སྡེ་དང་བསྟན་བཅོས་ལས་ནི་མཚན་ཉིད་དང་དབང་པོའི་དབང་དུ་མཛད་ནས། ཐ་དད་པའི་རྣམ་པ་སྣ་ཚོགས་སུ་བཤད ་པས་ལ་ལ་ལས་ནི་སྤྱོད་པ་རྣམས་ཡང་དག་པར་སྒྲུབ་པ་ལ་རྣལ་འབྱོར་ཅེས་སྟོན་ཏོ། །ལ་ལ་ལས་ནི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ལ་རྣལ་འབྱོར་ཅེས་སྟོན་ཏོ། །ལ་ལ་ལས་ནི་ཞི་གནས་དང་ལྷག་མཐོང་ཟུང་དུ་འབྲེལ་བའི་ལས་ལ་རྣལ་འབྱོར་ཅེས་བསྟན ་པ་ནས། དེ་བཞིན་དུ་ཁ་ཅིག་ལས་བྱང་ཆུབ་སེམས་དཔའ་ཨི་ཤེས་རབ་དང། སྙིང་རྗེ་ཁྱད་པར་ཅན་མཉམ་པ་ཉིད་དུ་འཇུག་པ་ལ་རྣལ་འབྱོར་ཅེས་བྱའོ། །ཞེས་བཤད་བའི་བར་དུ་སྟེ། གོང་དུ་བསྟན་པའི་དོན་རྣམ་པ་བཞི་དང་ལྡན་པའི་ཕྱིར་རོ། །དེ་ལ་འབྲས་བུའི ་རྣལ་འབྱོར་ནི་འདི་ལྟ་སྟེ་།འབྲས་བུ་ཐམས་ཅད་ཕན་ཚུན་མཐུན་པར་གྱུར་པའི་ཕྱིར་དང། ཡང་དག་པའི་རིགས་པ་དང་མཐུན་པར་གྱུར་པའི་ཕྱིར་དང། ཡང་དག་པའི་བསྟན་པ་དང་མཐུན་པར་གྱུར་པའི་ཕྱིར་དང་ཡང་དག་པའི་རྒྱུ་དང་མཐུན་པར་གྱུར་པའི་ཕྱིར་རྣལ་འབྱོར་ཅེས་བྱའོ།། ་འབྲས་བུའི་རྣལ་འབྱོར་འདི་འབྲས་བུ་ཐམས་ཅད་དུ་ཁྱབ་པ་ཡིན་ཡང། མདོ་སྡེ་དང་བསྟན་བཅོས་རྣམས་ལས་ནི་མཚན་ཉིད་དང་དབང་པོའི་དབང་དུ་མཛད་ནས། ཐ་དད་པ་རྣམ་པ་སྣ་ཚོགས་སུ་བཤད་པས་ཁ་ཅིག་ལས་ནི་སྟོབས་དང་མི་འཇིགས་པ་ལ་སོགས་པ་སངས ་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ལ་རྣལ་འབྱོར་ཅེས་བྱའོ་ཞེས་བཤད་པ་ནས་དེ་བཞིན་དུ་ཁ་ཅིག་ལས་།འདུས་བྱས་དང་འདུས་མ་བྱས་པའི་ཡོན་ཏན་ལ་རྣལ་འབྱོར་ཅེས་བྱའོ་ཞེས་བཤད་པའི་བར་དུ་སྟེ་གོང་དུ་བསྟན་པའི་དོན་དང་ལྡན་པའི་ཕྱིར་རོ། །དེ་བཞིན་དུ ་འཕགས་པའི་བསྟན་པ་རྣམས་ལ་རྣལ་འབྱོར་ཅེས་བཤད་དེ། ཡང་དག་པའི་རིགས་པ་དང་མཐུན་པར་གྱུར་པའི་ཕྱིར་དང། ཡང་དག་པའི་སྒྲུབ་པ་དང་མཐུན་པར་གྱུར་པའི་ཕྱིར་དང། ཡང་དག་པའི་འབྲས་བུ་རབ་ཏུ་འདྲེན་པའི་ཕྱིར་རོ། །ཁ་ཅིག་ནི་འདི ་སྐད་དུ་ཐེག་པ་རྣམ་པ་གསུམ་གྱི་བསྒོམ་པ་དག་ལ་རྣལ་འབྱོར་ཅེས་བྱ་སྟེ། ཡང་ནས་ཡང་དུ་རྩོལ་ཞིང་སྒོམ་པས་རིགས་པ་དང་མཐུན་ཞིང་བསྒྲུབ་པའི་རྗེས་སུ་མཐུན་པར་གྱུར་ན་འབྲས་བུ་ཁྱད་པར་དུ་འཕགས་པ་ཐོབ་པའི་ཕྱིར་དང། ཡུལ་དང ་འབྲས་བུ་དང་འཕགས་པའི་བསྟན་པའི་རྣལ་འབྱོར་གྱི་སྤྱོད་ཡུལ་ཡིན་པའི་ཕྱིར་དང། རྣལ་འབྱོར་གྱི་འབྲས་བུ་ཡིན་པའི་ཕྱིར་དང་རྣལ་འབྱོར་བརྗོད་པའི་ཕྱིར་དང། རྣལ་འབྱོར་ཅེས་བྱའི་ཡང་དག་པའི་རྣལ་འབྱོར་ནི་མ་ཡིན་ནོ་ཞེས་བཤད་དེ། འགྲེལ ་པ་དེ་ལས་རྣམ་པ་གཉིས་སུ་བཤད་པ་ཡོད་ཀྱང་མདོ་འདི་ལས་གསུངས་པའི་རྣལ་འབྱོར་ནི་བཤད་པ་གཉིས་པ་དང་སྦྱར་ཏེ། སྒྲུབ་པ་རྣམས་ལས་ཞི་གནས་དང་ལྷག་མཐོང་གི་ངོ་བོ་ཉིད་དེ། འོག་ནས་མདོ་ལས་གསུངས་པ་བཞིན་དུ་ཞི་གནས་དང་ལྷག ་མཐོང་ཟུང་དུ་འབྲེལ་བའི་ལམ་ལ་རྣལ་འབྱོར་ཅེས་བསྟན་པའི་ཕྱིར་རོ། །ལེའུ་འདི་ལས་ཞི་གནས་དང་ལྷག་མཐོང་གི་རྣལ་འབྱོར་གྱི་དོན་རྒྱ་ཆེར་སྟོན་པའི་ཕྱིར། རྣལ་འབྱོར་རྣམ་པར་འབྱེད་པ་ཞེས་བྱའོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས ་དཔའ་ཆེན་པོ་བྱམས་པས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཅི་ལ་བརྟེན་ཅི་ལ་གནས་ནས་ཐེག་པ་ཆེན་པོ་ལ་ཞི་གནས་དང་ལྷག་མཐོང་བསྒོམ་པར་བགྱིད་ལགས་ཞེས་བྱ་བ་འདི་མན་ཆད་ནི་དེ་ཡན་ཆད ་དུ་ལེའུ་བཞི་པོ་དག་གིས་ཡོངས་སུ་བརྟག་པར་བྱ་བའི་ཡུལ་བསྟན་ནས། འདིར་ནི་ལེའུ་གཉིས་ཀྱིས་བརྟག་པའི་སྤྱོད་པ་སྟོན་པར་མཛད་དོ། །དེ་ཡང་རྣམ་པ་གཉིས་སུ་དབྱེ་སྟེ། དང་པོ་རྣལ་འབྱོར་རྣམ་པར་འབྱེད་པས་ནི་ཞི་གནས་དང་ལྷག་མཐོང་བསྒྲུབ་པའི་སྒོ་སྟོན ་པར་མཛད་ལ། གཉིས་པས་ཕ་རོལ་ཏུ་ཕྱིན་བདག་གིས་ནི་ས་བཅུ་དང། ཕ་རོལ་ཏུ་ཕྱིན་བ་བཅུ་རབ་ཏུ་སྟོན་པར་མཛད་དོ། །ལེའུ་རྣམ་པ་གཉིས་ཡོད་པ་ལས་ཞི་གནས་དང་ལྷག་མཐོང་ནི་སྦྱི་ཡིན་པས་སྔར་བསྟན་ལ། ས་དང་ཕ་རོལ་ཏུ་ཕྱིན་པ་བཅུ ་པོ་དག་ནི་བྱེ་བྲག་ཡིན་པའི་ཕྱིར་ཕྱིས་བསྟན་ཏོ། །ཡང་ན་ཞི་གནས་དང་ལྷག་མཐོང་ནི་བསྡུས་པ་ཡིན་པའི་ཕྱིར་སྔར་བསྟན་ལས་དང་ཕ་རོལ་ཏུ་ཕྱིན་པ་བཅུ་པོ་དག་ནི་རྒྱས་པ་ཡིན་པས་ཕྱིས་བསྟན་ཏོ། །ཞི་གནས་དང་ལྷག་མཐོང་བསྟན་པ་ཡང་རྣམ་པ ་གཉིས་སུ་དབྱེ་སྟེ། ཞི་གནས་དང་ལྷག་མཐོང་ཡང་དག་པར་བཤད་པ་དང། དེ་ནས་བྱང་ཆུབ་སེམས་དཔའ་བྱམས་པ་ཞེས་བྱ་བ་མན་ཆད་ཀྱིས་བཀའ་བཞིན་དུ་སྒྲུབ་པ་རབ་ཏུ་སྟོན་ཏོ། །དང་པོ་ཡང་རྣམ་པ་གཉིས་ཏེ་ཚིག་རྐྱང་བས་རྒྱ་ཆེར་རྣམ་པར ་བཤད་པ་དང། ཕྱོགས་སུ་བཅད་པས་མདོར་བསྟན་པའོ། །ཁ་ཅིག་ན་རེ་ལེའུ་འདི་གཅིག་ན་མདོར་བསྤུ?་ན་རྣམ་པ་གསུམ་དུ་དབྱེ་སྟེ། ཚིག་རྐྱང་ལས་རྒྱ་ཆེར་རྣམ་པར་བཤད་པ་དང་ཚིགས་སུ་ཅད་པ་སྨོས་ནས་མདོར་བསྟན་པ་དང། བཀའ་བཞིན་དུ ་སྤྱོད་པ་བསྟན་པའོ་ཞེའོ། །ཚིག་རྐྱང་པ་ཡང་རྣམ་པ་གཉིས་སུ་དབྱེ་སྟེ། ཞི་གནས་དང་ལྷག་མཐོང་རྒྱ་ཆེར་རྣམ་པར་དབྱེ་བ་དང་དེ་ནས་བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས་ཞེས་བྱ་བ་མན་ཆད་ཀྱིས་མཇུག་བསྡུ་ཞིང་བསྒྲུབ་པར་བསྐུལ་བའོ། །རྒྱ་ཆེར་རྣམ་པར ་དབྱེ་བ་ཡང་སྒོ་རྣམ་པ་བཅོ་རྒྱད་ཀྱིས་བསྟན་ཏེ་ཞི་གནས་དང་ལྷག་མཐོང་གི་རྟེན་དང་གནས་རྣམ་པར་འབྱེད་པའི་སྒོ་དང། ཞི་གནས་དང་ལྷག་མཐོང་གི་དམིགས་པའི་བྱེ་བྲག་བསྟན་པའི་སྒོ་དང། ཞི་གནས་དང་ལྷག་མཐོང་ཡོངས་སུ་ཚོལ་བ་རྣམ་པར་འབྱེད་པའི་སྒོ་དང། ཞི ་གནས་དང་ལྷག་མཐོང་རྗེས་སུ་མཐུན་པ་ཡིད་ལ་བྱེད་པ་བསྟན་པའི་སྒོ་དང། ཞི་གནས་དང་ལྷག་མཐོང་གི་ལམ་གཉིས་གཅིག་པ་དང་ཐ་དད་པ་རྣམ་པར་འབྱེད་པའི་སྒོ་དང། ཞི་གནས་དང་ལྷག་མཐོང་རྣམ་པར་རིག་པ་ཙམ་དུ་རྣམ་པར་འབྱེད་པའི་སྒོ་འམ། ཡང ་ན་སེམས་དང་ཡུལ་གཅིག་པ་དང་ཐ་དད་པ་ཉིད་དུ་རྣམ་པར་འབྱེད་པའི་སྒོ་དང། ཞི་གནས་དང་ལྷག་མཐོང་ཟུང་དུ་བསྒོམ་པའི་སྒོ་དང། ཞི་གནས་དང་ལྷག་མཐོང་རྣམ་པར་རབ་ཏུ་འབྱེད་པའི་སྒོ་དང། ཆོས་ལ་རྟེན་པ་དང་བརྟེན་པ་མ་ཡིན་པའི་ཞི་གནས་དང་ལྷག ་མཐོང་བསྟན་པའི་སྒོ་དང་རྟོག་པ་དང་སྤྱོད་པ་དང་བཅས་པ་ལ་སོགས་པ་རབ་ཏུ་དབྱེ་བའི་སྒོ་དང། ཞི་གནས་དང་རབ་ཏུ་འཛིན་པ་དང་བཏང་སྙོམས་ཀྱི་རྒྱུ་མཚན་རབ་ཏུ་དབྱེ་བའི་སྒོ་དང། ཆོས་དང་དོན་རིག་བ་རབ་ཏུ་དབྱེ་བའི་སྒོ་དང། ཞི་གནས་དང་ལྷག་མཐོང་གི་ཏིང ་ངེ་འཛིན་གཞན་རྣམས་བསྡུ་བའི་སྒོ་དང། ཞི་གནས་དང་ལྷག་མཐོང་གི་རྒྱུ་དང་འབྲས་བུ་དང་ལས་བྱེད་པའི་སྒོ?་དང། ཞི་གནས་དང་ལྷག་མཐོང་གི་གནས་དང་གཉེན་པོར་གྱུར་པ་རབ་ཏུ་དབྱེ་བའི་སྒོ་དང། ལྷག་མཐོང་གིས་བྱང་ཆུབ་ཐོབ་པར་བསྟན་པའི་སྒོ་དང། མཐུ ་དང་ཡོན་ཏན་ཡངས་ཤིང་རྒྱ་ཆེ་བ་རབ་ཏུ་འདྲེན་པའི་སྒོ་དང། ལྷག་མ་མེད་པའི་དབྱིངས་སུ་ཚོར་བ་དགག་པར་འགྱུར་པར་བསྟན་པའི་སྒོ་སྟེ། འདི་ནི་དབང་པོ་ཞི་གནས་དང?་ལྷག་མཐོང་གི་རྟེན་དང་གནས་རྣམ་པར་དབྱེ་པའི་སྒོའོ། །འདི་ཡང་རྣམ་པ་གཉིས་ཏེ་ཞུ་གསོལ ་པ་དང་ལན་ཏུ་གསུངས་པའོ། །འདི་ནི་དང་པོ་བྱང་ཆུབ་སེམས་དཔའ་ཞུ་བ་གསོལ་བ་སྟེ། དེ་ལ་བྱམས་བ་ཞེས་བྱ་བ་ནི་མཻ་ཏྲི་ཞེས་བྱ་བའི་སྒྲ་ལས་དྲངས་ན་དོན་རྣམ་པ་གསུམ་དང་ལྡན་པས་དང་པོ་ནི་ཡུལ་ལས་མཚན་དུ་བརྟགས་པ་ཡིན ་ཏེ། འདི་ལྟར་དེའི་ལུས་བྱམས་མ་ཞེས་བྱ་བས་ཡུམ་བྱམས་མ་ལས་མཚན་དུ་བཏགས་པའི་ཕྱིར་བྱམས་པ་ཞེས་བྱའོ། །གཉིས་པ་ནི་དེའི་རང་བཞིན་བྱམས་པ་དང། སྙིང་རྗེ་ཅན་ཡིན་པས་བྱམས་པ་ཞེས་བྱ་སྟེ། དེའི་ཕྱིར་འཕགས་པ་སངས་རྒྱས་ཕལ ་པོ་ཆེའི་མདོ་ལས་ཐོག་མ་ཁོ་ནར་བྱམས་པའི་སེམས་ཀྱི་ཏིང་ངེ་འཛིན་ཐོབ་པའི་ཕྱིར་བྱམས་པ་ཞེས་བྱའོ་ཞེས་གསུངས་པ་ཡིན་ནོ། །གསུམ་པ་ནི་སྨོན་ལམ་ལས་མཚན་དུ་བཏགས་པ་ཡིན་ཏེ་།འཕགས་པ་དྲང་སྲོང་ཡེ་ཤེས་ཐམས་ཅད་ཀྱི་འོད་ཅེས་བྱ་བའི་མདོ་ལས། ་བྱམས་པ་སྔོན་དྲང་སྲོང་ཡེ་ཤེས་ཐམས་ཅད་ཀྱི་འོད་ཅེས་བྱ་བར་གྱུར་པ་ན་སངས་རྒྱས་བྱམས་པ་ཞེས་བྱ་བ་ལས་ཏིང་ངེ་འཛིན་བསྟན་པ་ཞེས་བྱ་བའི་མདོ་ཐོས་པས་མ་འོངས་པ་ན་བདག་མངོན་པར་རྫོགས་པར་སངས་རྒྱས་པའི་ཚེ་ཡང་མིང་བྱམས་པ་ཞེས་བྱ ་བར་གྱུར་ཅིག་ཅེས་སྨོན་ལམ་བཏབ་པོ་ཞེས་གསུངས་ཏེ། དོན་རྣམ་པ་འདི་གསུམ་དང་ལྡན་པའི་ཕྱིར་བྱམས་པ་ཞེས་བྱའོ། །འདིར་ཞུ་བ་གསོལ་བ་ཡང་དགོངས་པ་རྣམ་པ་གཉིས་ཡོད་དེ། དང་པོ་ནི་གང་ལ་བརྟེན་ནས་ཞི་གནས་དང་ལྷག་མཐོང་བསྒོམ ་པར་བགྱི་ལགས་སོ་ཞེས་ཞུས་པའོ། །གཉིས་པ་ནི་ཆོས་གང་ལ་གནས་ནས་ཞི་གནས་དང་ལྷག་མཐོང་བསྒོམ་པར་བགྱི་ལགས་ཞེས་ཞུས་པའོ། །དེ་ལ་ཞི་གནས་དང་ལྷག་མཐོང་ཞེས་བྱ་བ་ནི་ཏིང་ངེ་འཛིན་དང་ཤེས་རབ་ཡིན་ཏེ་།དེའི་ཕྱིར་བསྟན་བཅོས ་དེ་ཁོ་ན་ཉིད་གྲུབ་པའི་ནང་ནས་ཞི་གནས་དང་ལྷག་མཐོང་བསྟན་པའི་ལེའུ་ལས་ཞི་གནས་ནི་ཏིང་ངེ་འཛིན་ཏོ། །ལྷག་མཐོང་ནི་ཤེས་རབ་པོ་ཞེས་བསྟན་ཏོ། །འཕགས་པ་སངས་རྒྱས་ཀྱི་སའི་འགྲེལ་པ་ལས་ཀྱང་ཞི་གནས་ནི་འདི་ལྟ་སྟེ། ཏིང་ངེ་འཛིན ་ཏོ། །ལྷག་མཐོང་ནི་འདི་ལྟ་སྟེ། ཤེས་རབ་བོ་ཞེས་བཤད་དོ། །གཞན་ཡང་འཕགས་པ་ཤེས་རབ་ཀྱི་ས་རོལ་ཏུ་ཕྱིན་པའི་མདོ་ལས་ཞི་གནས་ནི་འདི་ལྟ་སྟེ། སེམས་རྩེ་གཅིག་པའོ། །ལྷག་མཐོང་ནི་འདི་ལྟ་སྟེ། ཆོས་རྣམས་ཡང་དག་པ་ཇི་ལྟ་བ་བཞིན་དུ་མཐོང་བའོ་ཞེས་གསུངས ་སོ། །གཞན་ཡང་བསྟན་བཅོས་ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་བ་སློབ་དཔོན་ངོ་བོ་ཉིད་མེད་ཀྱིས་བྱས་པ་ལས་ཞི་གནས་ནི་འདི་ལྟ་སྟེ། རྣམ་པར་གཡེང་བའི་ཏིང་ངེ་འཛིན་རྣམས་ཀྱི་གཉེན་པོར་གྱུར་བའོ། །ལྷག་མཐོང་ནི་འདི་ལྟ་སྟེ། ཕྱིན་ཅི་ལོག་གི་ཤེས ་རབ་ཀྱི་གཉེན་པོར་གྱུར་པའོ་ཞེས་འབྱུང་ངོ། །བསྟན་བཅོས་དེ་ཁོ་ན་ཉིད་གྲུབ་པ་དང་མོས་པ་སྐྱེད་བ་དང། ཆོས་མངོན་པ་སྣ་ཚོགས་ཀུན་ལས་བཏུས་པ་དང། རྣམ་པར་བཤད་པ་དང། དགེ་བསྙེན་གྱི་སྡོམ་པ་བསྟན་པའི་མདོ་དང། བྱང་ཆུབ་སེམས་དཔའ་ཨི་སྡེ་སྣོད་ཀྱི་མོད ་དང། འདུས་པ་ཆེན་པོའི་མདོ་དང། མྱ་ངན་ལས་འདས་པ་ཆེན་པོའི་མདོ་ལས་འདི་གཉིས་ཀྱི་བྱེ་བྲག་གི་མཚན་ཉིད་བསྟན་པ་འབྱུང་བ་ནི་མངས་ཀྱི་དོགས་ནས་འདིར་མ་བརྗོད་དོ། །བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་བྱམས་པ་ལ་བཀའ་སྩལ་པ། རིགས ་ཀྱི་བུ་བྱང་ཆུབ་སེམས་དཔའ་ནི་ཆོས་གདགས་པ་རྣམ་པར་བཞག་པ་དང། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་སྨོན་ལམ་མི་གཏོང་པས་།རྟེན་དང་གནས་བྱས་ནས་ཐེག་པ་ཆེན་པོ་ལ་ཞི་གནས་དང་ལྷག་མཐོང་བསྒོམ་པར་བྱེད་དོ་ཞེས་བྱ་བ་ནི་དེ་བཞིན ་གཤེགས་པས་ལན་ཡང་དག་པར་གསུངས་པ་སྟེ། འདི་ལྟར་བྱང་ཆུབ་སེམས་དཔའ་རྣམས་གསུང་རབ་ཡན་ལག་བཅུ་གཉིས་ཀྱི་ཆོས་གདགས་པ་རྣམ་པར་གཞག་པས་རྟེན་བྱས་ནས། ཞི་གནས་དང་ལྷག་མཐོང་བསྒོམ་པ་དང་གཞན་ཡང་བྱང་ཆུབ་ཀྱི་སྨོན་ལམ ་ཆེན་པོ་མི་གཏོང་བ་ལ་གནས་ནས་ཞི་གནས་དང་ལྷག་མཐོང་བསྒོམ་པས་སོ། །དེ་ལ་ཆོས་གདགས་པ་རྣམ་པར་བཞག་པ་ཞེས་བྱ་བ་ནི་ཆོས་རྣམས་ཐམས་ཅད་བརྗོད་པ་དང་བྲལ་བ་ཡིན་པས་བཏགས་པ་ཙམ་དུ་གསུང་རབ་ཡན་ལག་བཅུ་གཉིས་ཀྱི་བསྟན་པ་ཞེས་རྣམ ་པར་བཞག་པ་ཡིན་པས་དེའི་ཕྱིར་མདོ་འདི་ཉིད་ལས་བརྗོད་དུ་མེད་པའི་ཆོས་ཉིད་གཞན་དག་མངོན་པར་རྫོགས་པར་རྟོགས་པར་བྱ་བའི་ཕྱིར་བརྟགས་པའི་མིང་དང་འདུ་ཤེས་ཀྱིས་ཞེས་གསུངས་པ་དང། གཞན་ཡང་དྲིན་ལས་གསུངས ་པའི་མདོ་ལས་ཆོས་ལ་བརྗོད་པ་མེད་ཀྱང་དེ་བཞིན་གཤེགས་པས་ཤིན་ཏུ་ཐབས་མཁས་པས་མིང་དང་མཚན་མ་མེད་པའི་ཆོས་ལ་མིང་དང་མཚན་མར་བརྗོད་དོ་ཞེས་གསུངས་པ་དང། གཞན་ཡང་བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་དེ་ལྟར་ཆོས་ཐམS ་ཅད་བརྗོད་དུ་མེད་པའི་ངོ་བོ་ཉིད་ཡིན་ན། ཅིའི་ཕྱིར་བརྗོད་པ་སྦྱོར་བར་བྱེད་ཅེ་ན་སྨྲས་པ་འདི་ལྟར་བརྗོད་པ་མེད་ན་ཡང་བརྗོད་དུ་མེད་པའི་ཆོས་ཉིད་དེ་གཞན་དག་ལ་བསྙད་པ་དང་ཐོས་པར་བྱེད་ཀྱང་མི་ནུས་ལ་ཚིག་དང་ཐོས་པ་མེད་ན་ཡང་བརྗོད་དུ་མེད་པའི་ངོ་བོ ་ཉིད་དེ། ཤེས་པར་མི་ནུས་སོ། །དེ་བས་ན་ཐོས་པ་དང་ཤེས་པར་བྱ་པའི་ཕྱིར་བརྗོད་པ་ཡང་སྤྱོད་པར་བྱེད་དོ་ཞེས་བསྟན་པ་ཡིན་ནོ། །དེ་ལ་བྱང་ཆུབ་ཀྱི་སྨོན་ལམ་ལ་གནས་བ་ནི་བསྟན་བཅོས་རྣམ་པར་བཤད་པ་ལས་ཇི་སྐད་དུ་སེམས་བསྐྱེད་བ་ནི་འདི་ལྟ་སྟེ། ་བྱང་ཆུབ་སེམས་དཔའ་རྣམས་བྱང་ཆུབ་ཏུ་སེམས་བསྐྱེད་པ་གང་ཡིན་པ་སྟེ། བྱང་ཆུབ་སེམས་དཔའ་གང་བྱང་ཆུབ་སེམས་དཔའ་ཨི་ཆོས་ཉིད་ལ་གནས་པ་ནི་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་རྣམས་ལ་ཕན་གདགས་པའི་ཆེད་དུ་རྒྱུ་དང ་རྐྱེན་མཐུ་ཅན་ཁྱད་པར་ཅན་འཕགས་པ་དེ་དག་གི་རྣམ་པ་ལ་བརྟེན་ཏེ་བླ་ན་མེད་པའི་བྱང་ཆུབ་ཀྱི་ཡིད་མ་ཆེན་པོ་བསྐྱེད་ནས་སེམས་བསྐྱེད་པའི་ཆོས་ནོད་པར་བྱེད་དེ་འདི་ལྟར་བདག་ནི་གདོན་མི་ཟ་བར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་འགྱུར ་བས་ཕྱོགས་བཅུའི་སེམས་ཅན་ཐམས་ཅད་ཡོངས་སུ་བཟླ་བར་བྱའོ་སྙམ་སྟེ། ཉོན་མོངས་པ་རྣམས་དང་འབྲལ་བའི་ཕྱིར་དང། སྡུག་བསྔལ་གྱི་བདེན་པ་ལས་དབྲེལ?་བའི་ཕྱིར་རོ། །སེམས་སྐྱེད་བ་ཡང་དག་པར་བླང་བར་བྱ་བ་དེ་ཡང་རྣམ་པ་གཉིས་ཏེ། ་དང་པོ་ནི་ཀུན་རྫོབ་དུ་སེམས་བསྐྱེད་པ་འདི་ལྟ་སྟེ། ཇི་ལྟར་ཁ་ཅིག་མཁས་པའི་མདུན་དུ་གུས་པས་འདུག་པ་སྟེ་།ལྷག་པའི་བསམ་པ་བསྐྱེད་ནས་ཡི་དམ་བླང་བའི་ཚིག་འདི་སྐད་དུ་ཚེ་དང་ལྡན་པ་དགོངས་སུ་གསོལ་ཞེ་འམ་།ཡང་ན་འཕགས་པ་དགོངས་སུ་གསོལ་ཞེ་འམ། ་ཡང་ན་མཁན་པོ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་དེང་ནས་བླ་ན་མེད་བའི་བྱང་ཆུབ་ཏུ་སེམས་བསྐྱེད་དེ། སེམས་ཅན་རྣམས་ལ་ཕན་གདགས་པའི་སླད་དུ་དེང་སླན?་ཆད་བདག་གིས་ཇི་ཙམ་དུ་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་སྤྱད་པ་གང་ལགས་པ་དེ་དག་ནི ་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་བགྱི་བའི་སླད་དུ་དེང་བདག་བྱང་ཆུབ་སེམས་དཔའ་རྣམས་དང་མཐུན་པར་རབ་ཏུ་འབྱུང་ན་བཙུན་པས་བདག་བྱང་ཆུབ་སེམས་དཔའ་ལགས་པར་མཁྱེན་པར་མཛད་དུ་གསོལ་ཞེས་ལན་གཉིས་ལན་གསུམ་དུ་བརྗོད་པ་ལྟ་བུའོ། །གཉིས ་པ་ནི་ཆོས་ཉིད་ཀྱིས་ཐོབ་པ་འདི་ལྟ་སྟེ། ཇི་ལྟར་བསྐལ་པ་གྲངས་མེད་པ་དང་པོ་འདས་ནས་བྱང་ཆུབ་སེམས་དཔའ་ཨི་ས་དང་པོ་རབ་ཏུ་དགའ་བ་ཐོབ་པས་དེའི་དབང་གིས་བྱང་ཆུབ་སེམས་དཔའ་ཨི་སྨོན་ལམ་ལས་ཕྱིར་མི་ལྡོག་པར་མོས་པ་གང་ཡིན་པ་དེ་ནི་ཆོས་ཉིད་ཀྱིས ་ཐོབ་པའི་སེམས་བསྐྱེད་པ་ཞེས་བྱའོ་ཞེས་བསྟན་པ་ལྟ་བུའོ། །ཡང་ན་བྱང་ཆུབ་ཀྱི་སྨོན་ལམ་ལ་གནས་པ་ནི་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་ལས། ལན་གླན་པའི་སེམས་རྣམ་པ་བཞི་ཞེས་གསུངས་པ་ཉིད་དེ། དེའི་ཕྱིར་སློབ་དཔོན་ཡོན་ཏན ་བྱིན་གྱིས་བྱས་པ་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྡོ་རྗེ་གཅོད་པའི་འགྲེལ་པ་ལས་།ཇི་ལྟར་གནས་པར་བགྱི་བ་ཞེས་བྱ་བ་ནི་མཚན་ཉིད་དང། འབྲས་བུ་གང་ལ་སེམས་གནས་ནས་སྨོན་ཅིང་ཚོལ་བར་བྱེད་ཅེས་བྱའོ། །འདིས་ནི་བྱང་ཆུབ་སེམས ་དཔའ་ཨི་འབྲས་བུའི་ཕན་ཡོན་རྣམ་པ་བཞི་དང་རྗེས་སུ་མཐུན་པར་གྱུར་པའི་སེམས་བསྟན་ཏོ། །བཞི་གང་ཞེ་ན། དང་པོ་ནི་མཛའ་མེད་པའི་སེམས་ཏེ། མདོ་ལས་ཇི་སྐད་དུ། སེམས་ཅན་ཇི་ཙམ་སེམས་ཅན་དུ་བསྡུ་བར་བྱ་ཞེས་བྱ་བ་ལ་སོགས་པ་གསུངས་ ་པའོ། །གཉིས་པ་ནི་མཆོག་ཏུ་གྱུར་པའི་སེམས་ཏེ། མདོ་ལས་ཇི་སྐད་དུ་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་བར་ཡོངས་སུ་མྱ་ངན་ལས་བཟླ་བ?་ཞེས་གང་གསུངས་པའོ། །གསུམ་བ་ནི་ཡོངས་སུ་གཟུང་བའི་སེམས་ཏེ། མདོ ་ལས་ཇི་སྐད་དུ་སེམས་ཅན་ཚད་མེད་པ་ཡོངས་སུ་མྱ་ངན་ལས་བཟླས་ཀྱང་སེམས་ཅན་གང་ཡང་ཡོངས་སུ་མྱ་ངན་ལས་བཟླ་པར་གྱུར་པ་མེད་དོ་ཞེས་གང་གསུངས་པའོ། །བཞི་པ་ནི་ཡང་དག་པའི་ཤེས་པའི་སེམས་ཏེ། མདོ་ལས་ཇི་སྐད་དུ། གལ་ཏེ ་སེམས་ཅན་དུ་འདུ་ཤེས་པར་གྱུར་ན་བྱང་ཆུབ་སེམས་དཔའ་ཞེས་བྱའོ་ཞེས་གང་གསུངས་པའོ་ཞེས་འབྱུང་སྟེ་།ཞིབ་དུ་དེ་ཉིད་ལས་བཤད་པ་བཞིན་ནོ། །སློབ་དཔོན་དབྱིག་གཉེན་གྱིས་འཕགས་པ་རྡོ་རྗེ་གཅོད་པའི་འགྲེལ་པ་མཛད་པ་ལས་ནི། རྒྱ་ཆེ་པའི ་སེམས་དང་མཆོག་དུ་གྱུར་པའི་སེམས་དང། རྟག་པར་བྱེད་པའི་སེམས་དང། ཕྱིན་ཅི་མ་ལོག་པའི་སེམས་ཤེས་བཤད་དོ། །དེ་ལ་ཐེག་པ་ཆེན་པོ་ལ་ཞེས་བྱ་བ་ནི་ཞི་གནས་དང་ལྷག་མཐོང་བསྒོམ་པའི་སྒོ་ན་སྡེ་སྣོད་གཉིས་སུ་གཏོགས་པ་ཉན་ཐོས ་ཀྱི་སྡེ་སྣོད་ལས་དགར་བའི་ཕྱིར་ཐེག་པ་ཆེན་པོ་ཞེས་གསུངས་ཏེ། དེས་དོན་དམ་པ་དང། བསྟན་པ་དང། སྒྲུབ་པ་དང། འབྲས་བུ་ཡོངས་སུ་བསྡུས་པ་གང་ཡིན་པ་དེ་དག་ནི་གང་ཟག་ཆེན་པོའི་ཐེག་པ་ནུས་པ་ཁྱད་པར་ཅན་དང་ལྡན་པ་ཡིན་པའི་ཕྱིར་ཐེག་པ་ཆེན ་པོ་ཞེས་བྱའོ། །ཐེག་པ་ཆེན་པོ་ཞེས་བྱ་བ་དེ་ཡང་བསྟན་བཅོས་མོས་པ་བསྐྱེད་པ་དང། འཕགས་པ་འདུས་པ་ཆེན་པོའི་མདོ་ལས་ནི་དོན་རྣམ་པ་གསུམ་གྱིས་ཐེག་པ་ཆེན་པོ་ཞེས་བསྟན་ཏོ། །སློབ་དཔོན་ངོ་བོ་ཉིད་མེད་ཀྱིས་བྱས་པ་ཐེག་པ་ཆེན་པོ་བསྡུས ་པའི་འགྲེལ་པ་ལས་ནི་དོན་རྣམ་པ་བདུན་གྱི་ཐེག་པ་ཆེན་པོ་ཞེས་སྟོན་ཏོ། །བསྟན་བཅོས་སྒོ་བཅུ་གཉིས་བ་ལས་ནི་དོན་རྣམ་པ་དྲུག་གི་ཕྱིར། ཐེག་པ་ཆེན་པོ་ཞེས་བསྟན་ཏོ། །ལེགས་བའི་ཚུལ་ཁྲིམས་བསྟན་པའི་མདོ་དང། བསྟན་བཅོས་ས་ཡོངས་སུ ་འཛིན་པ་དང།། རྣམ་པར་བཤད་པ་དང། ཆོས་མངོན་པ་སྣ་ཚོགས་ཀུན་ལས་བཏུས་པ་དང། མདོ་སྡེའི་རྒྱན་དང། རྣལ་འབྱོར་སྤྱོད་པའི་ས་ལས་ནི་རྣམ་པ་དྲུག་དང་བདུན་གྱིས་ཐེག་པ་ཆེན་པོ་ཞེས་བྱའོ་ཞེས་སྟོན་ཏོ། །ཞི་གནས་དང། ལྷག་མཐོང་བསྒོམ་པར་བགྱི་ལགས་ཞེས་བྱ་བ་ནི་བྱང ་ཆུབ་སེམས་དཔའ་ཨི་སྤྱོད་པའི་ནང་ནས་ཞི་གནས་དང་ལྷག་མཐོང་གཙོ་བོར་གྱུར་བས། དེའི་ཕྱིར་དམ་བའི་ཆོས་པདྨ་དཀར་པོའི་མདོ་ལས། སངས་རྒྱས་བདག་གཉིས་ཐེག་པ་ཆེ་གནས་པས། །ཡང་དག་ཇི་བཞིན་ཆོས་ནི་རྙེད་པར་གྱུར། །ཏིང་འཛིན་ཤེས་རབ་སྟོབས་ཀྱིས་བརྒྱན་བས ་ན། །དེས་ནི་སེམས་ཅན་ཡོངས་སུ་བཟླ་བར་མཛད་ཅེས་གསུངས་པ་དང། གཞན་ཡང་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲེལ་པ་ལས། དཔེར་ན་ཤིང་རྟའི་འཁོར་ལོ་གཉིས་ལས་གཅིག་ནི་སྟོབས་དང་ལྡན་པ་གཅིག་ནི་མཐུ་ཆུང་བར་གྱུར་ན་བདེ་བར་མི་འགྱུར་བ་དེ ་བཞིན་དུ་ཤེས་རབ་དང་ཏིང་ངེ་འཛིན་མི་མཉམ་པ་ཡང་དེ་བཞིན་ཏེ། དེའི་ཕྱིར་བྱང་ཆུབ་སེམས་དཔའ་ནི་ཞི་གནས་དང་ལྷག་མཐོང་ཟུང་དུ་སྒོམ་པར་བྱེད་དོ་ཞེས་བསྟན་ཏོ། །བསྟན་བཅོས་ཆོས་མངོན་པ་སྣ་ཚོགས་ཀུན་ལས་བཏུས་པ་ལས། མུ་བཞི་པོ་ཏིང་ངེ་འཛིན ་དང་ལྡན་ལ་ཤེས་རབ་མེད་པ་དང། ཤེས་རབ་དང་ལྡན་ལ་ཏིང་ངེ་འཛིན་མེད་པ་དང། ཤེས་རབ་དང་ཏིང་ངེ་འཛིན་གཉི་ག་དང་ལྡན་པ་དང་ཏིང་ངེ་འཛིན་དང་ཤེས་རབ་གཉི་ག་མེད་པ་ཞེས་འབྱུང་བ་ཡང་འདིར་བརྗོད་པར་བྱའོ། །བྱང་ཆུབ་སེམས་དཔའ་བྱམས་པས་ཡང། ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་ཅི་སྐད་དུ་དམིགས་པའི་དངོས་པོ་རྣམ་པ་བཞི་པོ་ཞེས་བྱ་བ་འདི་མན་ཆད་ནི་གཉིས་པ་ཞི་གནས་དང་ལྷག་མཐོང་གི་དམིགས་པའི་བྱེ་བྲག་བསྟན་པའི་སྒོ་སྟོན་བར་མཛད་དོ། །འདེ་ཡང་རྣམ་པ ་གཉིས་ཏེ་ཞུ་བ་གསོལ་བ་དང་ལན་དུ་གསུངས་པའོ། །ཞུ་བ་གསོལ་བ་ཡང་རྣམ་པ་གསུམ་དུ་བྱེ་སྟེ། གྲངས་མདོར་བསྟན་པ་དང་གྲངས་བཞིན་དུ་མིང་བཀོད་པ་དང། ཞུ་བ་ཉིད་ཡང་དག་པར་ཞུས་པ་སྟེ་འདི་ནི་དང་པོའོ། །དེ་ལ་དམིགས་བའི་དངོས་པོ་ཞེས་བྱ་བ ་ལ་དམིགས་པ་ནི་སྤྱོད་ཡུལ་གྱི་དངོས་པོ་སྟེ། བདག་ཉིད་ཀྱི་དངོས་པོ་དམིགས་པར་བྱ་བའི་ཡུལ་བཞི་བོ་ཀུན་ལ་ཡང་ངོ་བོ་ཉིད་ཡོད་པའི་ཕྱིར་།དམིགས་པའི་དངོས་པོ་ཞེས་བྱའོ། །རྣམ་པར་རྟོག་པ་དང་བཅས་པའི་གཟུགས་བརྙན་དམིགས ་པར་བྱ་བའི་ཡུལ་གྱི་དངོས་པོ་དང་རྣམ་པར་མི་རྟོག་པའི་གཟུགས་བརྙན་དམིགས་པར་བྱ་བ་ཡུལ་གྱི་དངོས་པོ་དང་དངོས་པོའི་མཛའ་དམིགས་པར་བྱ་བ་ཡུལ་གྱི་དངོས་པོ་དང། དགོས་པ་ཡོངས་སུ་གྲུབ་པ་དམིགས་པར་བྱ་བ་ཡུལ་གྱི་དངོས་པོའོ་ཞེས་གསུངས་པ་ཞེས་བྱ་བ ་ནི་གཉིས་པ་གྲངས་བཞིན་དུ་མིང་བཀོད་པའོ། །དམིགས་པར་བྱ་བའི་ཡུལ་ནི་མདོར་བསྡུ་ན་རྣམ་པ་བཞི་ཡོད་པས་འདི་ལྟ་སྟེ། ཁྱབ་པའི་དམིགས་པ་དང། སྤྱོད་པ་རྣམ་པར་སྦྱོད་བའི་དམིགས་པ་དང། མཁས་པའི་དམིགས་པ་དང་ཉོན་མོངས་པ་རྣམ་པར་སྤྱོད ་བའི་དམིགས་པའོ། །རྣམ་པ་བཞི་པོ་འདི་དག་ཀྱང་བསྟན་པ་རྣམས་ལས་སོ་སོ་ནས་བཤད་མི་མཐུན་ཏེ་མདོ་འདི་ཉིད་དང། དགོངས་པ་ཟབ་མོ་རྣམ་པར་འགྲེལ་པའི་མདོ་ལས་ནི་ཁྱབ་བའི་དམིགས་པ་རྣམ་པ་བཞིའི་མིང་བཀོད་པར་ཟད་ཀྱི་རྣམ་པར་བཤད་པ་ནི་མ ་གསུངས་སོ། །བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་ཀྱང་ཁྱབ་པ་དང་སྤྱོད་པ་རྣམ་པར་སྦྱོང་བ་ལ་སོགས་པ་དམིགས་པ་རྣམ་པ་བཞིའི་མིང་བཀོད་པར་ཟད་ཀྱི་རྣམ་པར་བཤད་པ་ནི་མེད་དོ། །བསྟན་བཅོས་ཆོས་མངོན་པ་སྣ་ཚོགས་ཀུན་ལས་བཏུས་པ ་དང། རྣམ་པར་བཤད་པ་དང། རྣལ་འབྱོར་སྤྱོད་པའི་ས་ཉན་ཐོས་ཀྱི་སའི་ནད་ནས་ནི་གོ་རིམ་བཞིན་དུ་དམིགས་པ་རྣམ་པ་བཞི་རྒྱ་ཆེར་སྟོན་བས་དེ་དག་འདིར་བསྟན་པ་ཡིན་ཏེ། དེའི་ཕྱིར་ཆོས་མངོན་པ་སྣ་ཚོགས་ཀུན་ལས་བཏུས་པ་ལས། ཆོས་ཀྱི་དམིགས ་པའི་རབ་ཏུ་དབྱེ་བ་གང་ཞེ་ན། མདོར་བསྡུ་ན་རྣམ་པ་བཞི་པོ་འདི་ལྟ་སྟེ། ཁྱབ་བའི་དམིགས་པ་དང་སྤྱོད་པ་རྣམ་པར་སྤྱོད་པའི་དམིགས་པ་དང་མཁས་བའི་དམིགས་པ་དང་ཉོན་མོངས་པ་རྣམ་པར་སྦྱོང་བའི་དམིགས་པའོ། །ཁྱབ་པའི་དམིགས་པ་ཡང་རྣམ་པ་བཞི ་སྟེ། འདི་ལྟ་སྟེ་རྣམ་པར་རྟོག་པ་དང་བཅས་པའི་གཟུགས་བརྙན་གྱི་དམིགས་པ་དང། རྣམ་པར་མི་རྟོག་པའི་གཟུགས་བརྙན་གྱི་དམིགས་པ་དང། དངོས་པོའི་མཛའ་ཨི་དམིགས་པ་དང། དགོས་པ་ཡོངས་སུ་གྲུབ་པའི་དམིགས་པའོ། །རྣམ་པར་རྟོག་པ་དང་བཅས་པའི་གཟུགས ་བརྙན་གྱི་དམིགས་པ་ནི་འདི་ལྟ་སྟེ། མོས་པ་ཡིད་ལ་བྱེད་པས་གང་ཞི་གནས་དང་ལྷག་མཐོང་ལ་དམིགས་པའོ། །རྣམ་པར་མི་རྟོག་པའི་གཟུགས་བརྙན་གྱི་དམིགས་པ་ནི་འདི་ལྟ་སྟེ། དེ་ཁོ་ན་ཡིད་ལ་བྱེད་བས་ཞི་གནས་དང་ལྷག་མཐོང་ལ་དམིགས་པའི་སྐྱོད་ཡུལ་གང ་ཡིན་པའོ། །དངོས་པོའི་མཛའ་ཨི་དམིགས་པ་ནི་འདི་ལྟ་སྟེ། གང་ཆོས་ཐམས་ཅད་ཀྱི་ཇི་སྙེད་ཡོད་པ་ཉིད་དང་ཇི་ལྟ་བ་བཞིན་དུ་ཡོད་པ་ཉིད་དོ། །དེ་ལ་ཇི་སྙེད་ཡོད་པ་ཉིད་ནི་འདི་ལྟ་སྟེ། ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་སོ། །ཇི་ལྟ་བ་བཞིན་དུ་ཡོད་པ་ཉིད་ནི་འདི ་ལྟ་སྟེ། འཔགས་པའི་བདེན་པ་བཞི་དང། དེ་བཞིན་ཉིད་དང་འདུས་བྱས་ཐམས་ཅད་མི་རྟག་པ་དང། འདུ་བྱེད་ཐམས་ཅད་སྡུག་བསྔལ་བ་དང། ཆོས་ཐམས་ཅད་བདག་མེད་པ་དང། མྱ་ངན་ལས་འདས་པ་ཞི་བ་དང། སྟོང་པ་ཉིད་དང། སྨོན་པ་མེད་པ་དང། མཚན ་མ་མེད་པའོ། །དགོས་པ་ཡོངས་སུ་གྲུབ་པའི་དམིགས་པ་ནི་འདི་ལྟ་སྟེ་གནས་གྱུར་པའོ། །སྤྱོད་པ་རྣམ་པར་སྤྱོད་པའི་དམིགས་པ་ཡང་རྣམ་པ་ལྔའོ། །འདི་ལྟ་སྟེ་འདོད་ཆགས་ལ་མང་དུ་སྤྱོད་པ་རྣམས་ཀྱིས་ནི་མི་གཙང་བའི་ཡུལ་ལ་དམིགས་པའོ། །ཞེ་སྡང་ལ་མང་དུ ་སྦྱོད་བ་རྣམས་ཀྱིས་ནི་བྱམས་པའི་ཡུལ་བསྒོམ་པའོ། །གཏི་མུག་ལ་མང་དུ་སྤྱོད་པ་རྣམས་ཀྱིས་ནི་རྟེན་ཅིང་འབྲེལ་པར་འགྱུར་པའི་ཡུལ་ལ་དམིགས་པའོ། །ང་རྒྱལ་སྤྱོད་པ་རྣམས་ཀྱིས་ནི?་ཁམས་རབ་ཏུ་དབྱེ་བ་ལ་དམིགས་པའོ། །རྣམ་པར་རྟོག་པ་ལ་སྤྱོད་པ་རྣམས ་ཀྱིས་ནི་དབུགས་འབྱུང་བ་དང། རྡུབ་པ་རྗེས་སུ་དྲན་པའི་ཡུལ་ལ་དམིགས་པའོ་ཞེས་འབྱུང་སྟེ། དེ་ལ་མི་གཙང་བ་བསྒོམ་པ་ནི་མཛོད་ཀྱི་བསྟན་བཅོས་དང། བསྟན་བཅོས་ཡང་དག་པའི་རིགས་པ་དང་རྗེས་སུ་མཐུན་པ་དང་བྱེ་བྲག་ཏུ་བཤད་པ་ཆེན་པོ་དང་རྣལ ་འབྱོར་སྤྱོད་པའི་ས་ལས་རྒྱ་ཆེར་སྟོན་ཏོ། །བྱམས་པ་བསྒོམ་པ་ནི་མཛོད་ཀྱི་བསྟན་བཅོས་དང། བསྟན་བཅོས་ཡང་དག་པར་རིག་པ་དང་རྗེས་སུ་མཐུན་པ་དང་བྱེ་བྲག་ཏུ་བཤད་པ་ཆེན་པོ་དང། རྣལ་འབྱོར་སྤྱོད་པའི་ས་དང། འཕགས ་པ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་ལས་རྒྱ་ཆེར་སྟོན་ཏོ། །རྟེན་ཅིང་འབྲེལ་པར་འབྱུང་བ་བསྒོམ་པ་ནི་བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་སྟོན་ཏེ། །ཁམས་རབ་ཏུ་དབྱེ་བ་ནི་བསྟན་བཅོས་སེམས་སྣ་ཚོགས་བསྟན་པ་དང། བྱེ་བྲག་ཏུ་བཤད ་པ་ཆེན་པོ་དང་རྣལ་འབྱོར་སྤྱོད་པའི་ས་ལས་རྒྱ་ཆེར་སྟོན་ཏོ། །དབུགས་འབྱུང་བ་དང་རྡུབ་པ་ནི་བསྟན་བཅོས་སེམས་སྣ་ཚོགས་བསྟན་པ་དང། མཛོད་ཀྱི་བསྟན་བཅོས་དང། ཡང་དག་པའི་རིགས་པ་དང། རྗེས་སུ་མཐུན་པ་དང་བྱེ་བྲག་ཏུ་བཤད་པ་ཆེན ་པོ་དང། རྣལ་འབྱོར་སྤྱོད་པའི་ས་ལས་རྒྱ་ཆེར་སྟོན་ཏོ། །གཞན་ཡང་བསྟན་བཅོས་ཆོས་མངོན་པ་སྣ་ཚོགས་ཀུན་ལས་བཏུས་པ་དེ་ཉིད་ལས་མཁས་པའི་དམིགས་པ་ཡང་རྣམ་པ་ལྔ་པོ་འདི་ལྟ་སྟེ། ཕུང་པོ་ལ་མཁས་པ་དང་ཁམས་ལ་མཁས་པ་དང་། ་སྐྱེ་མཆེད་ལ་མཁས་པ་དང། རྟེན་ཅིང་འབྲེལ་པར་འབྱུང་བ་ལ་མཁས་པ་དང། གནས་དང་གནས་མ་ཡིན་པ་ལ་མཁས་པའོ། །གནས་དང་གནས་མ་ཡིན་པ་ལ་མཁས་པ་ཇི་ལྟ་ཞེ་ན། རྟེན་ཅིང་འབྲེལ་བར་འབྱུང་བ་ལ་མཁས་པ་ལས་བལྟའོ། །གནས ་དང་གནས་མ་ཡིན་པ་ལ་མཁས་པ་དང། རྟེན་ཅིང་འབྲེལ་པར་འབྱུང་བ་ལ་མཁས་པ་ལ་བྱེ་བྲག་ཅི་ཡོད་ཅེ་ན། ཆོས་རྣམས་ལས་ཆོས་མངོན་པར་བྱུང་བའི་ཕྱིར་རྒྱུ་མེད་པ་དང། མི་མཐུན་པའི་རྒྱུ་ཡོངས་སུ་སྤངས་པས་རྟེན་ཅིང་འབྲེལ་པར་འབྱུང ་བ་ལ་མཁས་པའོ། །རྒྱུ་དང་མཐུན་པར་འབྲས་བུ་འབྱུང་བ་ཡོངས་སུ་གཟུང་བའི་ཕྱིར་གནས་དང་གནས་མ་ཡིན་པ་ལ་མཁས་པའོ་ཞེས་འབྱུང་སྟེ། འདི་ཉིད་ཀྱི་འགྲེལ་པ་ལས་འདི་ལྟར་མ་རིགས་པ་ལ་སོགས་པའི་ཆོས་རྣམས་ལས་འདུ་བྱེད་ལ་སོགས ་པའི་ཆོས་རྣམས་འབྱུང་བས་ཆོས་རྣམས་རྒྱུ་མེད་པ་ལ་སྐྱེ་བ་མ་ཡིན་ལ་།དབང་ཕྱུག་ལ་སོགས་བ་མི་མཐུན་པའི་རྒྱུ་ལས་བྱུང་བ་ཡང་མ་ཡིན་ཏེ། དེ་ལྟར་རྟོག་པའི་ཤེས་པ་གང་ཡིན་པ་དེ་རྟེན་ཅིང་འབྲེལ་བར་འབྱུང་བ་ལ་མཁས་པའོ་ཞེས་བྱའོ། །ཆོས་ཙམ་གྱི་རྒྱུ་ལས ་བྱུང་བ་ཡིན་ཡང་མཐུན་པའི་རྒྱུ་ལས་མཐུན་པའི་འབྲས་བུ་ཉིད་འབྱུང་སྟེ། ཇི་ལྟར་ལེགས་པ་སྤྱོད་པའི་རྣམ་པར་སྨིན་པ་སྡུག་པ་དང། ཉེས་པར་སྤྱོད་པའི་རྣམ་པར་སྨིན་པ་ཡིད་དུ་མི་འོང་བ་ཞེས་བྱ་བ་ལ་སོགས་པ་ཤེས་པ་གང་ཡིན་པ་འདི་ནི་གནས་དང་གནས ་མ་ཡིན་བ་ལ་མཁས་པ་ཞེས་བྱའོ་ཞེས་བཤད་དོ། །མཁས་པ་རྣམ་པ་ལྔ་རྒྱ་ཆེར་བཤད་པ་ནི་བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་བསྟན་པ་བཞིན་དུ་རིག་པར་བྱའོ་གཞན་ཡང་དེ་ཉིད་ལས་ཉོན་མོངས་པ་རྣམ་པར་སྤྱོད་པའི་དམིགས་པ་ནི་འདི་ལྟ་སྟེ་། ་ས་འོག་མ་རྣམས་ཀྱི་རིགས་བ་ཉིད་དང། ས་གོང་མ་རྣམས་ཀྱི་ནི་ཞི་བ་ཉིད་དང། དེ་བཞིན་ཉིད་དང། འཕགས་པའི་བདེན་པ་བཞིའོ་ཞེས་འབྱུང་སྟེ། འདི་ཉིད་ཀྱི་འགྲེལ་པ་ལས། ས་འོག་མ་རྣམས་ཀྱི་རིགས་པ་ཉིད་དང་ས་གོང་མ་རྣམས་ཀྱི་ཞི་བ་ཉིད་ཅེས་བྱ་བ ་ནི། འཇིག་རྟེན་པའི་ལམ་དང་སྦྱར་ཏེ་བཤད་ན་དེས་ཀུན་ནས་དཀྲིས་པ་རྣམ་པར་གནོན་པའི་ཕྱིར་རོ། །དེ་བཞིན་ཉིད་དང། འཕགས་པའི་བདེན་པ་བཞི་ཞེས་བྱ་བ་ནི་འཇིག་རྟེན་ལས་འདས་པའི་ལམ་དང་སྦྱར་ཏེ་བཤད་ན་བསྡུས་པའི་ཕྱིར་ནི་དེ་བཞིན་ཉིད་དོ། ། ་སྤྲོས་པའི་ཕྱིར་ནི་འཕགས་པའི་བདེན་པ་བཞི་སྟེ། ངེས་བག་ལ་ཉལ་གཏན་དུ་སྤོང་བའི་ཕྱིར་རོ་ཞེས་འབྱུང་སྟེ། རྒྱ་ཆེར་རྣམ་པར་འབྱེད་པ་ནི་བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་བསྟན་པ་བཞིན་ནོ། །དམིགས་པ་ཕྱི་མ་གསུམ་ནི་བསྟན་བཅོས ་རྣམས་ལས་ཕལ་ཆེར་མཐུན་པའི་ཕྱིར་འདིར་རྣམ་པར་ཕྱེ་སྟེ་མ་བཤད་དོ། །ཁྱབ་པའི་དམིགས་པ་རྣམ་པ་བཞི་ནི་བསྟན་པ་རྣམས་ལས་ཐ་དད་པའི་བྱེ་བྲག་ཡོད་པས། དེའི་ཕྱིར་འདིར་ཕན་ཚུན་ནས་བསྟན་པ་ཡིན་ནོ། །མདོ་འདི་ཉིད་ལ་སོགས་པ་ལས་ནི་གཙོ་བོའི ་དབང་དུ་མཛད་ནས་བསྟན་པའི་ཕྱིར་ཁྱབ་པའི་དམིགས་པ་རྣམ་པ་བཞི་ལོགས་ཤིག་ཏུ་བསྟན་པ་ཡིན་ཏེ། རྣམ་པ་བཞི་པོ་དེ་དག་གི་མིང་ཡང་སྤྱི་དང་བྱེ་བྲག་ཡོད་དོ། །དེ་ལ་སྤྱིའི་མིང་ནི་རྣམ་པ་བཞི་ཆར་ཡང་ཁྱབ་པའི་དམིགས ་པ་ཞེས་བྱ་སྟེ། དེའི་ཕྱིར་བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས། དམིགས་པ་དེའི་དངོས་པོ་བཞི་པོ་དེ་དག་ནི་ཐམས་ཅད་དུ་འགྲོ་ཞིང་དམིགས་པ་ཐམས་ཅད་ཀྱི་རྗེས་སུ་སོང་བ་དང། འདས་པ་དང་མ་འོངས་པ་དང། ད་ལྟར་བྱུང་བའི་ཡང་དག་པར་རྫོགས ་པའི་སངས་རྒྱས་རྣམས་ཀྱིས་བཤད་པ་ཡིན་པས་ན་།དེའི་ཕྱིར་དེ་དག་ནི་ཁྱབ་པའི་དམིགས་པ་ཞེས་བྱའོ། །གཞན་ཡང་དེ་དག་ནི་ཞི་གནས་ཀྱི་ཕྱོགས་དང། དངོས་པོ་ཐམས་ཅད་དུ་ཁྱབ་པ་དང། དེ་ཁོ་ན་ཉིད་ཀྱིས་དངོས་པོ་ལ་ཁྱབ་པ་དང། རྒྱུ་དང་འབྲས ་བུ་རྗེས་སུ་འབྲེལ་བའི་དངོས་པོ་ལ་ཁྱབ་པའི་ཕྱིར་ཡང་ཁྱབ་པ་ཞེས་བྱ་སྟེ། དེ་ལ་རེ་ཞིག་རྣམ་པར་རྟོག་པ་དང་བཅས་པའི་གཟུགས་བརྙན་ཞེས་གང་གསུངས་པ་དེས་ནི་འདིར་ལྷག་མཐོང་གི་ཕྱོགས་ཡིན་ནོ། །རྣམ་པར་རྟོག་པ་མེད་པའི་གཟུགས་བརྙན་ཞེས ་གང་གསུངས་པ་དེ་ནི་འདིར་ཞི་གནས་ཀྱི་ཕྱོགས་ཡིན་ནོ། །དངོས་པོའི་མཛའ་ཉིད་ཅེས་གང་གསུངས་པ་དེ་ནི་འདིར་དངོས་པོ་ཐམས་ཅད་དང་ལྡན་པ་དང་དེ་ཁོ་ན་ཉིད་ཀྱི་དངོས་པོ་ཡིན་ནོ། །དགོས་པ་ཡོངས་སུ་གྲུབ་པ་ཞེས་གང་གསུངས་པ་དེ་ནི་འདིར་རྒྱུ ་དང་འབྲས་བུ་རྗེས་སུ་འབྲེལ་བའི་དངོས་པོ་ཡིན་ནོ་ཞེས་བྱ་བ་ནས་དེ་ལྟར་ན་ཁྱབ་པར་དམིགས་པ་དེས་ནི་ཡིད་ཆེས་པའི་ལུང་གིས་དག་པ་དང། རིགས་པ་དང་ལྡན་པ་ཡིན་བར་རིག་པར་བྱ་སྟེ། དེ་ནི་ཁྱབ་པའི་དམིགས་པ་ཞེས་བྱའོ་ཞེས་བྱ་བའི་བར་དུ་འབྱུང ་ངོ།། ས་དེ་ལ་བྱེ་བྲག་གི་མིང་ཡང་བསྟན་པ་རྣམས་ལས་སོ་སོ་ནས་མི་མཐུན་ཏེ། བསྟན་བཅོས་ཆོས་མངོན་པ་སྣ་ཚོགས་ཀུན་ལས་བཏུས་པ་ལས། མོས་པ་ཡིད་ལ་བྱེད་པས་ཞི་གནས་དང་ལྷག་མཐོང་གི་དམིགས་པའི་སྤྱོད་ཡུལ་ཇི་སྙེད་པ་དེ་དག ་ནི་རྣམ་པར་རྟོག་པ་དང་བཅས་པའི་གཟུགས་བརྙན་ཞེས་བྱ་སྟེ། གཅིག་ཏུ་འཇིག་རྟེན་པའི་ཡིད་ལ་བྱེད་པའི་དམིགས་པ་ཡིན་པའི་ཕྱིར་རོ། །དེ་ཁོ་ན་ཉིད་ཡིད་ལ་བྱེད་པས་ཞི་གནས་དང་ལྷག་མཐོང་གི་དམིགས་པའི་སྤྱོད་ཡུལ་ཇི་སྙེད་ཡོད་པ་དེ་དག་ནི་རྣམ་པར་རྟོག ་པ་མེད་པའི་གཟུགས་བརྙན་ཞེས་བྱ་སྟེ། གཅིག་ཏུ་འཇིག་རྟེན་ལས་འདས་པའི་ཡིད་ལ་བྱེད་པ་དང། རྗེས་ལས་ཐོབ་པའི་དམིགས་པ་ཡིན་པའི་ཕྱིར་རོ། །ཆོས་རྣམས་ཀྱི་བདག་ཉིད་ཀྱི་དངོས་པོ་ནི་འདི་དག་ཙམ་དུ་ཟད་དོ་ཞེས་ཆེད་ཀྱི་དངོས་པོ་ཕུང་པོ་དང། ཁམས ་དང། སྐྱེ་མཆེད་ཇི་ལྟ་བ་བཞིན་དུ་གྱུར་པ་ནི་དངོས་པོ་མཛའ་ཨི་དམིགས་པ་ཞེས་བྱའོ། །གནས་གྱུར་པ་ཐོབ་པའི་དམིགས་པར་གྱུར་པའི་ཕྱིར་དགོས་པ་ཡོངས་སུ་གྲུབ་པའི་དམིགས་པ་ཞེས་བྱའོ་ཞེས་འབྱུང་སྟེ། ཞིབ་ཏུ་དེ་ཉིད་ལས་བསྟན་པ་བཞིན་ནོ། །བསྟན་བཅོས་རྣལ་འབྱོར ་སྤྱོད་པའི་ས་ལས་ནི། དེ་ལ་རྣམ་པར་རྟོག་པ་དང་བཅས་པའི་གཟུགས་བརྙན་ནི་འདི་ལྟ་སྟེ། ཤེས་བྱའི་དངོས་པོ་དང་མཐུན་པའི་གཟུགས་བརྙན་ལ་མཉམ་བར་བཞག་པའི་ས་པའི་ལྷག་མཐོང་གི་རྣམ་པ་དག་གིས་ལྟ་བར་བྱེད་ཅིང། རྣམ་པར་འབྱེད་པར་བྱེད། ཡོངས ་སུ་རྟོག་པར་བྱེད། ཡོངས་སུ་དཔྱོད་པར་བྱེད་པ་སྟེ། དེ་ལ་ཤེས་བྱའི་དངོས་པོ་ནི་འདི་ལྟ་སྟེ། སྤྱོད་པ་རྣམ་པར་སྤྱོད་པའི་དམིགས་པ་དང། མཁས་པའི་དམིགས་པ་དང། ཉོན་མོངས་པ་རྣམ་པར་སྤྱོད་བའི་དམིགས་པ་གང་ཡིན་པ་དེ་དག་ཤེས་བྱའི་དངོས་པོར་འདྲ ་བར་སྣང་བས་ན་རིགས་པ་དེས་ཤེས་བྱའི་དངོས་པོ་དང་ཆ་མཐུན་པའི་གཟུགས་བརྙན་ཞེས་བྱ་སྟེ། རྣལ་འབྱོར་པས་དེ་ཡོངས་སུ་བརྟགས་པའི་ཕྱིར་རང་བཞིན་དེ་ལ་ཡང་དག་པར་རྟོག་པ་ན་ཡོན་ཏན་དང་སྐྱོན་ངེས་པར་རྟོག་པར་བྱེད་པ་གང་ཡིན་པ་དེ་ནི་རྣམ་པར་རྟོག་པ ་དང་བཅས་པའི་གཟུགས་བརྙན་ཞེས་བྱའོ། །རྣམ་བར་རྟོག་པ་མེད་པའི་གཟུགས་བརྙན་ན་འདི་ལྟ་སྟེ། རྣལ་འབྱོར་པས་གཟུགས་བརྙན་གྱི་མཚན་མ་ཡོངས་སུ་བཟུང་ནས་རྣམ་པར་ལྟ་བར་མི་བྱེད་ཅིང། རྣམ་པར་འབྱེད་པར་མི་བྱེད་རབ་ཏུ་རྣམ་པར་འབྱེད ་པར་མི་བྱེད། ཡོངས་སུ་རྟོག་པར་མི་བྱེད། ཡོངས་སུ་དཔྱོད་པར་མི་བྱེད་མོད་ཀྱི་འོན་ཀྱང་དམིགས་པ་དེ་ཉིད་མ་བཏང་བའི་སེམས་དེ་ཞི་གནས་ཀྱི་རྣམ་པས་ཡང་དག་པར་ཞི་བར་བྱེད་པ་དེ་ནི་རྣམ་པར་མི་རྟོག་པའི་གཟུགས་བརྙན?་ཞེས ་བའོ། །དེ་ངས་པོའི་མཛའ་ཉིད་ནི་འདི་ལྟ་སྟེ། ཇི་སྙེད་ཡོད་པ་ཉིད་དང། ཇི་ལྟ་བ་བཞིན་དུ་ཡོད་པ་ཉིད་ལ་དམིགས་པ་གང་ཡིན་པའོ། །ཇི་སྙེད་ཡོད་བ་ཉིད་ནི་འདི་ལྟ་སྟེ། ཕུང་པོ་དང། ཁམས་དང། སྐྱེ་མཆེད་དང། བདེན་པ་བཞིའོ། །ཇི་ལྟ་བ ་བཞིན་དུ་ཡོད་པ་ནི་འདི་ལྟ་སྟེ། དེ་ཁོ་ན་ཉིད་དང། དེ་བཞིན་ཉིད་རིགས་པ་བཞི་པོ་ཉིད་ལ་དམིགས་པ་གང་ཡིན་པའོ། །དེ་ལ་དགོས་པ་ཡོངས་སུ་གྲུབ་པ་ནི་འདི་ལྟ་སྟེ། རྣལ་འབྱོར་བ་དེས་ཞི་གནས་དང་ལྷག་མཐོང་ལ་ཀུན་ཏུ་བརྟེན་ཅིང། གོམས ་པར་བྱས་པའི་གཟུགས་བརྙན་ལ་དམིགས་བའི་ཡིད་ལ་བྱེད་པ་ཡོངས་སུ་རྫོགས་པར་གྱུར་ཅིང་།དེ་ཡོངས་སུ་རྫོགས་པར་གྱུར་པའི་ཕྱིར་གནས་ངན་ལེན་ཐམས་ཅད་ལས་གནས་གྱུར་ཅིང་ཤིན་ཏུ་འབྱུང་བར་འགྱུར་ལ་གནས་ཡོངས་སུ་གྱུར་པའི་ཕྱིར ་གཟུགས་བརྙན་ལས་ཡང་དག་པར་འདས་ཏེ། ཤེས་བྱའི་དངོས་པོ་དེ་ཉིད་ལ་རྣམ་པར་རྟོག་པ་མེད་པའི་ཡེ་ཤེས་དང། མཐོང་བ་མངོན་སུམ་དུ་གྱུར་ནས་བསམ་གཏན་དང་པོ་ལ་སྙོམས་པར་ཞུགས་བ་གང་ཡིན་པ་དེ་བསམ་གཏན་ཐོབ་པའི་ཚེ ་བསམ་གཏན་དང་པོའི་སྤྱོད་ཡུལ་ནས་འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་སྐྱེ་མཆེད་ལ་སྙོམས་པར་ཞུགས་པ་གང་ཡིན་བ་དེ་སྙོམས་པར་ཞུགས་པའི་ཚེ་སྙོམས་པར་འཇུག་པ་དེ་ཉིད་ཀྱི་སྤྱོད་ཡུལ་ལ་དམིགས་པ་གང་ཡིན་བའི་བར་དེ་དག་ནི་དགོས་པ ་ཡོངས་སུ་གྲུབ་པའོ་ཞེས་བཤད་དེ་།ཞིབ་ཏུ་ནི་དེ་ཉིད་ལས་བསྟན་པ་བཞིན་ནོ། །བཞི་པོ་འདི་དག་ཉིད་ནི་བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་ཡིད་ལ་བྱེད་པ་བཅུ་གཅིག་ཅེས་བསྟན་པ་ལས། ཡིད་ལ་བྱེད་པ་རྣམ་པ་བ་ནི་ཞེས་བསྟན་པ ་ཉིད་ཡིན་ཏེ། ཡིད་ལ་བྱེད་པ་རྣམ་པ་བཞི་ནི་རྣམ་པར་རྟོག་པ་དང་བཅས་པའི་གཟུགས་བརྙན་ལ་དམིགས་པའི་ཡིད་ལ་བྱེད་པ་དང། རྣམ་པར་རྟོག་པ་མེད་པའི་གཟུགས་བརྙན་ལ་དམིགས་པའི་ཡིད་ལ་བྱེད་པ་དང། དངོས་པོའི་མཛའ་ལ་དམིགས་པའི་ཡིད་ལ་བྱེད ་པ་དང། དགོས་པ་ཡོངས་སུ་གྲུབ་པ་ལ་དམིགས་པའི་ཡིད་ལ་བྱེད་པའོ། །ཡོངས་སུ་བསྒོམ?་པ་རྣམ་པ་གསུམ་ཡང་དང་པོ་ནི་གཟུགས་བརྙན་བསྒོམ་པ་སྟེ། རྣམ་པར་རྟག་བ་དང་བཅས་བའི་གཟུགས་བརྙན་དང། རྣམ་པར་རྟོག་པ་མེད་པའི་གཟུགས་བརྙན ་གཅིག་ཏུ་བྱས་པའི་ཕྱིར་རོ། །གཉིས་པ་ནི་དངོས་པོའི་མཛའ་བསྒོམ་པའོ། །གསུམ་པ་ནི་དགོས་པ་ཡོངས་སུ་གྲུབ་པ་མཛའ་བསྒོམ་པའོ། །བསྟན་བཅས་རྣམ་པར་བཤད་པ་ལས། རྣམ་པར་རྟོག་པ་དང་བཅས་པའི་གཟུགས་བརྙན་ནི་འདི་ལྟ་སྟེ་ཤེས ་བྱའི་དངོས་པོ་དང་?་མཚུངས་པའི་ཏིང་ངེ་འཛིན་གྱིས་བརྟགས་པའི་སྤྱོད་ཡུལ་གང་ཡིན་པའོ། །རྣམ་པར་མི་རྟོག་པའི་གཟུགས་བརྙན་ནི་འདི་ལྟ་སྟེ། ཤེས་བྱའི་དངོས་པོ་དང་ཆ་མཚུངས་པའི་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་ཡང་དག་པའི་ཡུལ་གང་ཡིན་པའོ་དངོས ་པོའི་མཛའ་ནི་འདི་ལྟ་སྟེ། ཇི་སྙེད་ཡོད་པ་ཉིད་དང། ཇི་ལྟ་བ་བཞིན་དུ་ཡོད་པ་ཉིད་གང་ཡིན་པའོ། །དགོས་པ་ཡོངས་སུ་གྲུབ་པ་ནི་འདི་ལྟ་སྟེ། གནས་གྱུར་པ་དང་དེ་ཉིད་ལ་བརྟེན་པའི་རྣམ་པར་མི་རྟོག་པའི་ཡེ་ཤེས་གང་ཡིན་པའོ་ཞེས་བཤད་དོ། །བསྟན ་བཅོས་ངོ་བོ་ཉིད་མེད་པ་རྣམ་པ་གསུམ་བསྟན་པ་ལས་བཤད་དེ་འབྱུང་བ་རྣམས་ནི་ནོར་བ་དག་མང་པའི་ཕྱིར་འདིར་མ་བརྗོད་དོ། །གོང་དུ་བསྟན་པ་རྣམས་ལས་སྟན་བཅོས་རྣམ་པར་བཤད་པ་ལས་བསྟན་པ་རྣམས་ནི་མདོའི་ཚིག་དང་རྗེས་སུ་མཐུན་གྱི། བསྟན ་བཅོས་ཆོས་མངོན་པ་སྣ་ཚོགས་ཀུན་ལས་བཏུས་པ་ལ་སོགས་པ་ནི་མ་ཡིན་ཏེ། ཆོས་མངོན་བ་སྣ་ཚོགས་ཀུན་ལས་བཏུས་པ་ལ་སོགས་པ་ལས་དང་པོ་གཉིས་ནི་ཞི་གནས་དང་ལྷག་མཐོང་གི་ཡུལ་དུ་གཏོགས་སོ་ཞེས་བསྟན་པའི་ཕྱིར། བསྟན་བཅོས་རྣལ ་འབྱོར་སྤྱོད་པའི་ས་དེ་མདོ་འདི་ཐ་དད་པར་གྱུར་པ་ནི་བསམ་གཏན་ལ་སོགས་པ་ཡང་དགོས་པ་ཡོངས་སུ་གྲུབ་པར་གཏོགས་སོ་ཞེས་བསྟན་པའི་ཕྱིར་རོ། །མདོ་འདི་ལས་རྣམ་པ་བཞི་གསུངས་པ་ནི་བསྟན་བཅོས་རྣམ་པར་བཤད ་པ་དང་དོན་མཐུན་པའི་ཕྱིར་རྣམ་པར་ཕྱེ་སྟེ་མ་བཤད་དོ། །རྣམ་པ་བཞི་པོ་དེ་དག་ལས་དུ་ཞིག་ནི་ཞི་གནས་ཀྱི་དམིགས་པ་ལགས་དུ་ཞིག་ནི་ལྷག་མཐོང་གི་དམིགས་པ་ལགས་།དུ་ཞིག་ནི་གཉི་གའི་དམིགས་པ་ལགས་ཞེས་བྱ་བ་ནི་གསུམ་པ་ཉིད་ཡང ་དག་པར་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་བྱམས་པ་ལ་བཀའ་སྩལ་པ་རིགས་ཀྱི་བུ་གཅིག་ནི་ཞི་གནས་ཀྱིས་དམིགས་པའི་ཡུལ་གྱི་དངོས་པོ་ཡིན་ཏེ། འདི་ལྟ་སྟེ་རྣམ་པར་མི་རྟོག་པའི་གཟུགས་བརྙན་ནོ། །གཅིག་ནི་ལྷག ་མཐོང་གི་དམིགས་པའི་ཡུལ་གྱི་དངོས་པོ་ཡིན་ཏེ། འདི་ལྟ་སྟེ་རྣམ་པར་རྟོག་པ་དང་བཅས་པའི་གཟུགས་བརྙན་ནོ། །གཉིས་ནི་གཉི་གའི་ཡུལ་གྱི་དམིགས་པའི་དངོས་པོ་ཡིན་ཏེ་འདི་ལྟ་སྟེ་དངོས་པོའི་མཛའ་དང་དགོས་པ་ཡོངས་སུ་གྲུབ་པའོ་ཞེས་བྱ་བ ་ནི་གཉིས་པ་དེ་བཞིན་གཤེགས་པས་ལན་ཡང་དག་པར་གསུངས་པའོ། །ཡུལ་རྣམ་པ་བཞི་ཐ་དད་པའི་ཕྱིར་ཏེ་སྔར་བཤད་པ་བཞིན་ནོ། །རྣམ་པ་བཞི་ལས་གཉིས་པ་ནི་ཡུལ་ཡང་དག་པ་ཡིན་ཏེ། འདི་ལྟར་ཞི་གནས་ལ་རྣམ་པར་རྟོག་པ་མེད ་པའི་ཕྱིར་རོ། །རྣམ་པ་བཞི་ལས་དང་པོ་ནི་ཡོངས་སུ་བརྟག་པར་བྱ་བའི་ཡུལ་ཡིན་ཏེ། འདི་ལྟར་ལྷག་མཐོང་ནི་རྣམ་པར་རྟོག་པ་དང་བཅས་པའི་ཕྱིར་རོ། །རྣམ་པ་བཞི་ལས་ཕྱི་མ་གཉིས་ནི་ཞི་གནས་དང་ལྷག་མཐོང་གཉིས་ཀའི་ཡུལ་དུ་ཡང ་གཏོགས་ཏེ་ཞི་གནས་དང་ལྷག་མཐོང་ནི་ཡུལ་རྣམ་པ་གཉིས་ལ་དམིགས་པའི་ཕྱིར། ཡུལ་བཞི་པོ་འདི་གནས་སྐབས་དང་ས་བྱེ་བྲག་ཡོད་པ་ཡང་སོ་སོ་ནས་བཤད་པ་མི་མཐུན་ཏེ། ཁ་ཅིག་ན་རེ་དང་པོ་གཉིས་ནི་སའི་མདུན་རོལ་པའི་ཡུལ་ཡིན? ་ཏེ། བསྟན་པ་བཞིན་དུ་ཡང་དག་པར་སྒྲུབ་པ་ནི་བདག་ཉིད་ལས་གྱུར་པའི་ཆོས་དང་དོན་ལྟ་བུའི་གཟུགས་བརྙན་ལ་དམིགས་པར་བྱེད་དེ། རྒྱུ་མཚན་གྱི་རྣམ་པའི་ལྷག་མཐོང་གིས་ཡོངས་སུ་ཚོལ་བར་བྱེད་པས་རྣམ་པར་རྟག་པར་བྱེད་པ་དང་བཅས ་པ་ཞེས་བྱའོ། །ཏིང་ངེ་འཛིན་གྱིས་ཡོངས་སུ་ཚོལ་བཞི་བར་བྱེད་པས་རྣམ་པར་རྟོག་པ་མེད་པ་ཞེས་བྱའོ། །གསུམ་པ་ནི་ས་བཅུ་པོ་རྣམས་ཀྱི་ཞི་གནས་དང་ལྷག་མཐོང་གི་དམིགས་པའི་སྤྱོད་ཡུལ་ཡིན་ཏེ། ས་བཅུ་པོ་རྣམས་ཕྱིན་པ་ན་གདོད་ཡུལ ་གྱི་མཛའ་ཁོང་དུ་ཆུད་པར་འགྱུར་བའི་ཕྱིར་རོ། །བཞི་པ་ནི་སངས་རྒྱས་ཀྱིས་ཁོ་ན་ལ་ཡོད་དེ་འདི་ལྟར་གནས་གྱུར་པ་བརྙེས་ནས་རྟེན་ཡོངས་སུ་གྲུབ་ཅིང་འབྱོར་བའི་དམིགས་པ་ཡིན་པའི་ཕྱིར་རོ། །གལ་ཏེ་དེ་ལྟ་ན་ཅིའི་ཕྱིར་ཆོས་མངོན་པ ་སྣ་ཚོགས་ཀུན་ལས་བཏུས་པ་ལས་།རྣམ་པར་རྟོག་པ་མེད་པའི་གཟུགས་བརྙན་ནི་འདི་ལྟ་སྟེ། རྣམ་པར་མི་རྟོག་པ་དང་རྗེས་ལས་ཐོབ་པའི་ཡེ་ཤེས་ཀྱི་ཡུལ་གང་ཡིན་པའོ་ཞེས་བསྟན་ཙ་ན་སྨྲས་པ། བསྟན་བཅོས་དེ་ནི་ལགས་ཤིག་ཏུ ་རིགས་པ་བསྐྱེད་པས་ན། དེའི་ཕྱིར་དོན་རྣམ་པར་གཞག་པ་སྟེ་བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལ་སོགས་པ་དང་ཐ་དད་པ་ཡིན་ནོ་ཞེའོ། །ཁ་ཅིག་ན་རེ་དང་པོ་གཉི་ག་ཡང་སའི་མདུན་རོལ་པ་དང་ས་བཅུ་པ་རྣམས་སུ་གཏོགས་པ་ཡིན་ཏེ། གནས ་སྐབས་གཉི་ག་ཡང་གཟུགས་བརྙན་གྱི་ཡུལ་དང་བཅས་པའི་ཕྱིར་རོ་ཞེས་ཟེར་ཏེ། གཞན་ནི་སྔར་བཤད་པ་བཞིན་ནོ། །ཁ་ཅིག་ན་རེ་སྔ་མ་གསུམ་པོ་དག་ནི་སའི་མདུན་རོལ་པ་དང། ས་བཅུ་པོའི་གནས་སྐབས་སུ་གཏོགས་པ་ཡིན་ཏེ། ཇི་སྙེད་ཡོད ་པ་ཉིད་ལ་སོགས་པ་གནས་སྐབས་ཐམས་ཅད་དུ་གཏོགས་པའི་ཕྱིར་རོ་ཞེས་ཟེར་ཏེ་གཞན་ནོ། །ཁ་ཅིག་ན་རེ་བཞི་ཆར་ཡང་གནས་སྐབས་ཐམས་ཅད་དུ་གཏོགས་པ་ཡིན་ཏེ། བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་ཇི་སྐད་དུ་དགོས་པ་ཡོངས་གྲུབ ་པ་བསྒོམ་པ་ནི་འདི་ལྟ་སྟེ། བསམ་གཏན་དང་སྙོམས་པར་འཇུག་པའི་དངོས་བཞི་ལ་སྙོམས་པར་ཞུགས་པའམ་།འཇིག་རྟེན་བའི་ཏིང་ངེ་འཛིན་ནས་འཇིག་རྟེན་ལས་འདས་པའི་ཏིང་ངེ་འཛིན་བསྒོམ་པ་གང་ཡིན་པ་དེ་ནི་དགོས ་པ་ཡོངས་སུ་གྲུབ་པ་བསྒོམ་པ་ཞེས་བྱའོ་ཞེས་བསྟན་པ་ལྟ་བུ་སྟེ། བསྟན་བཅོས་རྣམ་པར་བཤད་པ་དང་རྣལ་འབྱོར་སྤྱོད་པའི་ས་ལས་ས་མང་པོ་དང། ཉན་ཐོས་ཀྱིས་ལས་ཀྱང་དེ་སྐད་དུ་བཤད་དོ་ཞེའོ། །ཁ་ཅིག་ན་རེ་གང་དུ་བཤད་པ་དེ་དག་ཀུན་ཀྱང ་རིགས་པ་དང་འགལ་བ་མེད་དེ། མདོ་འདི་ཉིད་ལས་འོག་ནས་བསྟན་པ་དག་དང་སྦྱར་ན་སའི་མདུན་རོལ་དུ་ནི་དང་པོ་གཉིས་ཁོ་ནའོ། །ས་བཅུ་པོ་རྣམས་སུ་སྔ་མ་གསུམ་དང་ལྡན་ནོ། །སངས་རྒྱས་ཀྱིས་ལ་ནི་བཞི་ཆར་ཚང་བར་ཡོད་དེ་དེའི་ཕྱིར་འོག་ནས་མདོ ་ལས། ངེས་སྔར་ནི་དམིགས་པ་རྣམ་པ་གཉིས་ཐོབ་པ་ཡིན་ལ་ངེས་ད་ལྟར་ནི་ལམ་མཐོང་བ་ཡིན་པའི་ཕྱིར་ཡང་དངོས་པོའི་མཛའ་དམིགས་པ་ཐོབ་པ་ཡིན་ཏེ་ཞེས་བྱ་བ་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང ་རྒྱ་བར་འགྱུར་རོ་ཞེས་གསུངས་པ་དང། གཞན་ཡང་དགོས་པ་ཡོངས་སུ་གྲུབ་པའི་དམིགས་པ་ཡང་འཐོབ་སྟེ་ཞེས་གསུངས་པ་ཡིན་ཏེ་།ཞིབ་ཏུ་དེ་ཉིད་ལས་བསྟན་པ་བཞིན་ནོ་ཞེའོ། །ཟག་པ་མེད་པའི་སེམས་ཀྱི་གཟུགས་བརྙན་སྟོན་པར་བྱེད་འམ་མི ་བྱེད། གལ་ཏེ་སྟོན་པར་མི་བྱེད་ན་བསྟན་བཅོས་ཆོས་མངོན་པ་སྣ་ཚོགས་ཀུན་ལས་བཏུས་བ་ལས་བསྟན་པ་ཇི་ལྟར་གོ་ཞིང་རྣམ་པར་བཤད་པར་བྱ། གལ་ཏེ་གཟུགས་བརྙན་སྟོན་པར་བྱེད་པ་ཡིན་ན་ནི་བསྟན་བཅོས་རྣམ་པར་རིག་པ་ཙམ་དུ ་གྲུབ་པ་ལས་ནམ་ཞིག་དམིགས་པ་དག་ལ་ནི། ཤེས་པས་མི་དམིགས་པ་དེའི་ཚེ། ཞེས་བསྟན་པ་དེ་ཅི་ལྟར་རུང་ཞེ་ན་སྨྲས་པ། དོན་འདིའི་བཤད་པ་ནི་བསྟན་བཅོས་རྣམ་པར་རིག་པ་ཙམ་དུ་གྲུབ་པ་ལས་ཇི་སྐད་དུ་བསྟན་པ་བཞིན་ཏེ། དེའི་ཕྱིར ་དེ་ཉིད་ལས་འདི་ནི་རྟོག་པའི་གནས་སྐབས་ཡིན་ཏེ། དེའི་མཚན་ཉིད་ཇི་ལྟ་བུ་ཞེ་ན་ཚིག་ལེ་འུར་བྱས་པ་ལས་ནམ་ཞིག་དམིགས་པ་དག་ལ་ནི། ཤེས་པས་མི་དམིགས་དེ་ཡི་ཚེ་རྣམ་པར་རིག་པ་ཙམ་ལ་གནས། །འཛིན་གཉིས་མཚན་ཉིད་བྲལ་ཕྱིར་རོ་ཞེས་འབྱུང ་སྟེ། འདི་ཉིད་ཀྱི་འགྲེལ་པ་ལས་ནམ་ཞིག་བྱང་ཆུབ་སེམས་དཔའ་དམིགས་པར་བྱ་བའི་ཡུལ་དག་ལ་ཤེས་པས་མི་དམིགས་པ་དེའི་ཚེ། སྤྲོས་པ་རྣམ་པ་སྣ་ཚོགས་ཀྱི་མཚན་མ་མི་ལན་པའི་ཕྱིར་རོ་ཞེས་བྱ་བ་ནས་རྒྱ་ཆེར་བཤད་པའི་བར་དུ་བསྟན་པ་ཡིན་ནོ། ། ་གཞན་ཡང་དེ་ཉིད་ལས་ཁ་ཅིག་ན་རེ་ཤེས་པ་འདིའི་ཆ་གཉིས་ནི་གཉི་གཡང་རྗོད་པ་མེད་དེ། གཟུང་བ་འཛིན་པའི་མཚན་མ་མེད་པའི་ཕྱིར་རོ་ཞེའོ། །ཁ་ཅིག་ན་རེ་ཤེས་པ་འདིའི་རྒྱུ་མཚན་དང་ལྟ་བ་གཉི་ག་ཡང་དེའི་མཚན་མ་དང་བཅས་པ་ལས་བྱུང་བ་དེ ་བ་དེ་དམིགས་པ་ཞེས་བྱ་བའི་ཕྱིར་རོ། །གལ་ཏེ་རྒྱུ་མཚན་མེད་པ་ཡང་དེ་ལ་དམིགས་པ་ཞེས་བྱ་ན་ནི། གཟུགས་ལ་སོགས་པའི་ཤེས་པ་ཡང་སྒྲ་ལ་སོགས་པའི་ཤེས་པ་ཞེས་བྱ་བ་ཉིད་དུ་འགྱུར་རོ། །གལ་ཏེ་ལྟ་བའི་རྣམ་པ་མེད་ན་ནི་དམིགས་པར་ཡང ་མི་ནུས་པར་འགྱུར་བས་།དེ་བཞིན་ཉིད་ལ་དམིགས་པའི་ཤེས་པ་ཞེས་ཀྱང་ཇི་སྐད་དུ་བརྗོད་དེ་དེ་བཞིན་ཉིད་ཀྱི་ངོ་བོ་ཉིད་ནི་དམིགས་པར་བྱེད་པ་ཞེས་མི་བརྗོད་པས། དེའི་ཕྱིར་འདི་ལ་ངེས་པར་ལྟ་བའི་རྣམ་པ་ཡོད་པར་བརྗོད་དགོས་སོ་ཞེའོ། །ཁ་ཅིག་ན ་རེ་ཤེས་པ་འདི་ལ་ལྟ་བ་ནི་ཡོད་ལ་རྒྱུ་མཚན་ནི་མེད་པས་མཚན་མ་མེད་པ་ཞེས་བཤད་དེ་མཚན་མ་ལན་བའི་ཕྱིར་རོ། །ལྟ་བའི་རྣམ་པ་ཡོད་ཀྱང་རྣམ་པར་རྟོག་པ་མེད་པས་འཛིན་པ་མ་ཡིན་པ་ཞེས་བཤད་ཀྱི་གཟུང་བ་གཏན་མེད་པ་ནི་མ་ཡིན་ནོ། ། ་རྒྱུ་མཚན་གྱི་རྣམ་པ་མེད་ཀྱང་འདི་ལ་དེ་བཞིན་ཉིད་ཀྱི་མཚན་མ་དང་བཅས་པ་ལས་འབྱུང་བ་ཞེས་བརྗོད་དེ། །དེ་བཞིན་ཉིད་དང་མ་བྲལ་བའི་ཕྱིར་རོ། །དེ་ཇི་ལྟར་བདག་ཉིད་ཀྱི་རྟོག་པའི་རྣམ་པར་ལྟ་བའི་རྣམ་པ་ལ་དམིགས་པའི་ཚེ། ཡོངས་སུ་བསྒྱུར ་བ་ཡང་དམིགས་པར་བྱེད་པ་ལྟར་འདི་ཡང་དེ་བཞིན་ནོ། །ཡོངས་སུ་བསྒྱུར་ནས་དམིགས་པར་བྱེད་ན་ནི་མངོན་སུམ་དུ་རྟོག་པ་མ་ཡིན་པ་ཉིད་དུ་འགྱུར་ཏེ་ཕྱིས་ཐོབ་པའི་ཤེས་པ་བཞིན་དུ་རྣམ་པར་རྟོག་པ་དང་བཅས་པར་འགྱུར་བས་ན ་དེའི་ཕྱིར་འདི་ལ་ལྟ་བ་ཡོད་ཅིང་རྒྱུ་མཚན་མེད་པར་བརྗོད་དགོས་སོ་ཞེའོ། །ཕྱིས་ཐོབ་པའི་ཤེས་པ་རྣམས་ལ་ཆ་གཉིས་ཡོད་དམ་ཞེ་ན། ཁ་ཅིག་ན་དེ་གཉི་ག་མེད་དོ་ཞེས་ཟེར་ཏེ་འཛིན་པ་གཉིས་དང་བྲལ་བའི་ཕྱིར་རོ་ཞེའོ། །ཁ་ཅིག་ན་རེ་ཤེས་པ ་འདི་ལ་ལྟ་བ་ཡོད་ཀྱི་རྒྱུ་མཚན་ནི་མེད་དེ། ཤེས་པ་འདིའི་རྣམ་པ་ལ་རྣམ་པར་རྟོག་པ་ཡོད་པར་བཤད་པའི་ཕྱིར་དང། འཕགས་པའི་ཤེས་རབ་དག་ནི་ཡུལ་མངོན་སུམ་དུ་མཐོང་བའི་ཕྱིར་རོ་ཞེའོ། །ཁ་ཅིག་ན་རེ་ཤེས་པ་འདི་ནི་ཆ་གཉི་ག་དང ་ལྡན་ཏེ། མདོའི་བསམ་བ་ལ་དེ་བཞིན་ཉིད་ཀྱི་མཚན་མ་འདྲ་བ་ཞེས་བཤད་དེ་དེ་ཁོ་ན་ཉིད་ཀྱི་ངོ་བོ་ཉིད་མི་མཐོང་བའི་ཕྱིར་རོ་ཞེའོ་ཞེས་འབྱུང་སྟེ་རྒྱ་ཆེར་དེ་ཉིད་ལས་བཤད་པ་བཞིན་ནོ་དེ་ལྟར་རྣམ་པ་སྣ་ཚོགས་སུ་བཤད་པ་ཡོད་ཀྱང་སློབ་དཔོན་ཆོས ་སྐྱོང་གི་གཞུང་དང་སྦྱར་ན། རྣམ་པར་མི་རྟོག་པའི་ཡེ་ཤེས་ནི་ལྟ་བ་དང་ལྡན་ལ་རྒྱུ་མཚན་ནི་མེད་དོ། །ཕྱིས་ཐོབ་བའི་ཤེས་པ་རྣམས་ནི་ལྟ་བ་དང་རྒྱུ་མཚན་གཉི་ག་དང་ལྡན་པར་བཤད་དོ། །གལ་ཏེ་དེ་ལྟ་ན་བསྟན་བཅོས་ཆོས་མངོན་པ་སྣ་ཚོགས ་ཀུན་ལས་བཏུས་པ་བསྟན་པ་དེ་ཇི་ལྟར་ཁོང་དུ་ཆུད་ཅིང་རྣམ་པར་བཤད་པར་བྱ་སྟེ། དེ་ལས་རྣམ་པར་རྟོག་པ་མེད་པའི་གཟུགས་བརྙན་ནི་འདི་ལྟ་སྟེ། དེ་ཁོ་ན་ཉིད་ཡིད་ལ་བྱེད་པ་ཞི་གནས་དང་ལྷག་མཐོང་གི་དམིགས་པའི་སྤྱོད་ཡུལ་གང་ཡིན ་པའོ། །དེ་ཁོ་ན་ཉིད་ཡིད་ལ་བྱེད་པ་ནི་གཅིག་ཏུ་འཇིག་རྟེན་ལས་འདས་པ་དང་ཕྱིས་ཐོབ་པའི་ཡིད་ལ་བྱེད་པའོ་ཞེས་བཤད་པས་སོ་ཞེ་ན། སྨྲས་པ་སློབ་དཔོན་ཐོགས་མེད་ཀྱིས་ནི་ཁོ་ན་ཉིད་ཡིད་ལ་བྱེད་པ་ཞེས་བཤད་ཀྱི། འཇིག་རྟེན་ལས་འདས ་པའི་ཤེས་པ་ཞེས་མ་བསྟན་པས་དེའི་ཕྱིར་འཇིག་རྟེན་ལས་འདས་པ་ཞེས་བྱ་བ་ལ་སོགས་པའི་ཚིག་ནི་།སློབ་དཔོན་རྟོགས་པའི་སེང་གེའི་དགོངས་པ་ཡིན་གྱི་ཐོགས་མེད་ཀྱིས་བསྟན་པ་མ་ཡིན་པའི་ཕྱིར་ཕན་ཚུན་འགལ་བ་མེད་དོ།། །།ཁམ་པོ་སུམ་ཅུ་དྲུག་པ། ་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་བྱམས་པས་ཡང་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་ཞི་གནས་དང་ལྟག་མཐོང་གི་དམིགས་པའི་དངོས་པོ་བཞི་པོ་དེ་དག་ལ་བརྟེན་ནས་ཞི་གནས་ཡོངས་སུ་ཚོལ་བར་བགྱིད་པ? ་དང་ལྷག་མཐོང་ལ་མཁས་པ་ལགས། ཞེས་བྱ་བ་འདི་མན་ཆད་ནི་གསུམ་པ་ཞི་གནས་དང་ལྷག་མཐོང་ཡོངས་སུ་ཚོལ་བ་རྣམ་པར་འབྱེད་པའི་སྒོ་ཞེས་བྱ་བ་སྟོན་ཏོ། །འདི་ཡང་རྣམ་པ་གཉིས་སུ་དབྱེ་སྟེ་ཞུ་བ་གསོལ་བ་དང་ལན་དུ་གསུངས་པ་སྟེ་འདི་ནི་ཞུ་བ ་གསོལ་པའོ། །ཞུ་བ་གསོལ་པ་ཡང་དགོངས་པ་རྣམ་པ་གཉིས་ཏེ་དང་པོ་ནི་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་ཞི་གནས་དང་ལྟག་མཐོང་གི་དམིགས་པ་རྣམ་པ་བཞི་པོ་དག་ལ་བརྟེན་ནས། ཞི་གནས་ཡོངས་སུ་ཚོལ་བ་ཞུས་པའོ། །གཉིས་པ་ཇི་ལྟར་ན་ལྷག ་མཐོང་ལ་མཁས་པར་འགྱུར་བ་ཞུ་བའོ། །དེ་ལ་ཡོངས་སུ་ཚོལ་བ་དང་མཁས་པ་ཞེས་བྱ་བ་ཡང་བཤད་པ་གསུམ་ཡོད་དེ། ཁ་ཅིག་ན་རེ་ཡོངས་སུ་ཚོལ་བ་དང་མཁས་པ་ཞེས་བྱ་བ་གཉི་ག་ཡང་བསྒོམ་པའི་དོན་ཡིན་ཏེ། ཞི་གནས་དང་ལྷག་མཐོང ་རྣམ་པར་དབྱེ་བའི་ཕྱིར་ཡོངས་སུ་ཚོལ་བ་དང་མཁས་བ་ཞེས་བྱ་བ་གསུངས་པ་ཡིན་ནོ་ཞེའོ། །ཁ་ཅིག་ན་རེ་ཡོངས་སུ་ཚོལ་བ་དང། མཁས་པ་ནི་ཞི་གནས་དང་ལྷག་མཐོང་གཉི་གར་གཏོགས་པ་ཡིན་ཏེ། དེའི་ཕྱིར་འཕགས་པ་དགོངས་པ་ཟབ་མོ ་རྣམ་པར་དགྲོལ་བའི་མདོ་ལས། ཞི་གནས་དང་ལྷག་མཐོང་ལ་མཁས་པ་ཞེས་གསུངས་པ་ཡིན་ནོ་ཞེའོ། །ཁ་ཅིག་ན་རེ་ཡོངས་སུ་ཚོལ་བ་ནི་བསྒོམ་པའི་དོན་ཡིན་ཏེ་ཞི་གནས་བསྒོམ་བར་སྩོལ་བའི་ཕྱིར། ཞི་གནས་ཁོ་ན་ཡིན་གྱི་ལྷག་མཐོང་ན་མི ་ཡིན་ནོ། །མཁས་པ་ནི་ལྷག་མཐོང་ལ་མཁས་པ་ཡིན་ཏེ་དོན་ལེགས་པར་ཁོང་དུ་ཆུད་པར་བྱེད་པའི་ཕྱིར་ལྷག་མཐོང་ནི་ཡིན་གྱི་ཞི་གནས་ནི་མ་ཡིན་ཏེ་དེའི་ཕྱིར་མདོ་ཉིད་ལས་ཞི་གནས་ཡོངས་སུ་ཚོལ་བར་བགྱིད་བ་དང། ལྷག ་མཐོང་ལ་མཁས་པ་ཞེས་གསུངས་པ་ཡིན་ནོ་ཞེའོ། །བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་བྱམས་པ་ལ་བཀའ་སྩལ་པ། རིགས་ཀྱི་བུ་ཇི་ལྟར་ངེས་བྱང་ཆུབ་སེམས་དཔའ་རྣམས་ལ་ཆོས་གདགས་པ་རྣམ་པར་གཞག་པ་བསྟན་པ་འདི་ལྟ ་སྟེ་མདོའི་སྡེ་དང་དབྱངས་ཀྱིས་བསྙད་པའི་སྡེ་དང་ལུང་བསྟན་པའི་སྡེ་དང་ཚིགས་སུ་བཅས་པའི་སྡེ་དང། ཆེད་དུ་བརྗོད་པའི་སྡེ་དང་གླེང་གཞིའི་སྡེ་དང། རྟོགས་པ་བརྗོད་པའི་སྡེ་དང། དེ་ལྟ་བུ་བྱུང་བའི་སྡེ་དང། སྐྱེས་པ་རབས་ཀྱི་སྡེ་དང་ཤིན་ཏུ ་རྒྱས་པའི་སྡེ་དང། རྨད་དུ་བྱུང་བའི་ཆོས་ཀྱི་སྡེ་དང་གཏན་ལ་ཕབ་པར་བསྟན་པའི་སྡེ་དང་ཞེས་བྱ་བ་ལ་སོགས་པས་ནི་གཉིས་པ་དེ་བཞིན་གཤེགས་པས་ལན་དུ་གསུངས་པ་ཡང་དག་པར་སྟོན་ཏོ། །འདི་ཡང་རྣམ་པ་གཉིས་ཏེ་བསྒོམ་པའི ་གནས་གསུང་རབ་བསྟན་པ་དང་བསྟན་པ་དང་བསྟན་པ་བཞིན་དུ་ཡང་དག་པར་བསྒོམ་པ་རབ་ཏུ་བསྟན་པ་སྟེ། ?་ནི་ནི་དང་པོའོ། །བཅོམ་ལྡན་འདས་ཀྱིས་བྱམས་པ་ལ་བཀའ་སྩལ་པ། ངས་བྱང་ཆུབ་སེམས་དཔའ་རྣམས་ལ་ཆོས་གདགས་པ་རྣམ ་བར་གཞག་པ་བསྟན་པ་གསུང་རབ་ཡན་ལག་བཅུ་གཉིས་པོ་འདི་ལྟ་སྟེ། མདོའི་སྡེ་ནས་གཏན་ལ་ཕབ་པར་བསྟན་པའི་སྡེ་ཞེས་བྱ་བའི་བར་དུ་གསུངས་པ་གང་ཡིན་པའོ། །དེ་ལ་གསུང་རབ་ཡན་ལག་བཅུ་གཉིས་པོ་དེ་ཡང་བསྟན་པ་རྣམས་ལས ་རྒྱ་ཆེར་སྟོན་པར་མཛད་དེ། བསྟན་བཅོས་ཆོས་མངོན་པ་ཀུན་ལས་བཏུས་པ་ལས་མདོའི་སྡེ་ནི་འདི་ལྟ་སྟེ་གང་བསྡུ་བའི་ཚུལ་གྱིས་རྐྱང་བར་གསུངས་པའོ། །དབྱངས་ཀྱིས་བསྙད་པའི་སྡེ་ནི་མདོ་སྡེ་རྣམས་ལས་དབུས་དང་ཐ་མར་ཚིགས་སུ་བཅད་དེ ་དབྱངས་ཀྱིས་བསྙད་པའོ། །གཞན་ཡང་དྲང་བའི་དོན་གྱི་མདོ་སྟེ་རྟོགས་པར་བྱེད་པའི་ཕྱིར་དབྱངས་ཀྱིས་བསྙད་པའོ་ཞེས་བྱའོ། །ལུང་དུ་བསྟན་པའི་སྡེ་ནི་འདི་ལྟ་སྟེ། གང་ལས་འཕགས་པ་ཉན་ཐོས་ཤི་པའི་དུས་བྱས་པའི་ཡོན་ཏན་དང་སྐྱོན་དང་སྐྱེ ་བའི་གནས་ཀྱི་བྱེ་བྲག་ལུང་སྟོན་པ་གང་ཡིན་པའོ། །གཞན་ཡང་ངེས་པའི་དོན་གྱི་མདོ་སྡེ་ལ་ལུང་བསྟན་པའི་སྡེ་ཞེས་བྱ་སྟེ། དགོངས་པ་ཟབ་མོ་ལུང་སྟོན་ཅིང་རབ་ཏུ་ཕྱེ་བའི་ཕྱིར་རོ། །ཚིགས་སུ་བཅད་པའི་སྡེ་ནི་འདི་ལྟ་སྟེ། མདོ་སྡེ་རྣམས་ལས ་ཚིགས་སུ་སྦྱར་ནས། རྩ་བ་གཉིས་བ་དང་རྩ་བ་གསུམ་བ་དང་རྩ་བ་བཞི་པ་དང་རྩ་བ་ལྔ་པ་དང་རྩ་བ་དྲུག་གསུངས་པ་གང་ཡིན་པའོ། །ཆེད་དུ་བརྗོད་པའི་སྡེ་ནི་འདི་ལྟ་སྟེ། དེ་བཞིན་གཤེགས་པ་ཉ་ཨིད་ཐུགས་རངས་ནས་བརྗོད་པ་གང་ཡིན ་པའོ། །གླེང་གཞིའི་སྡེ་ནི་འདི་ལྟ་སྟེ། ཞུས་པའི་རྒྱུས་གསུངས་པ་དང། གཞན་ཡང་བྱུང་བ་དང་བཅས་པའི་བསླབ་པ་བཅའ་བ་གང་ཡིན་པ་དེ་ལ་ཡང་གླེང་གཞི་ཞེས་བྱའོ། །རྟོགས་པ་བརྗོད་པའི་སྟེ?་ནི་འདི་ལྟ་སྟེ་དཔེ་དང་བཅས་པར་གསུངས ་པ་གང་ཡིན་པའོ། །དེ་ལྟ་བུ་བྱུང་བའི་སྡེ་ནི་འདི་ལྟ་སྟེ་འཕགས་པ་རྣམས་ཀྱི་སྔོན་གྱི་སྦྱོར་བ་དང་ལྡན་པ་བརྗོད་པ་གང་ཡིན་པའོ། །སྐྱེས་པ་རབས་ཀྱི་སྡེ་ནི་འདི་ལྟ་སྟེ། གང་བྱང་ཆུབ་སེམས་དཔའ་ཨི་སྤྱོད་པ་དང་ལྡན་པ་བརྗོད་པ་གང་ཡིན་པའོ། ། ་ཤིན་ཏུ་རྒྱས་པའི་སྡེ་ནི་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་ཨི་སྡེ་སྣོད་དང་ལྡན་པའོ། །ཤིན་ཏུ་རྒྱས་པའི་ཇི་ལྟ་བ་དེ་བཞིན་དུ་རྒྱ་ཆེར་རྣམ་པར་འཐག་བ་དང་མཚུངས་པ་མེད་བ་ཡང་དེ་བཞིན་ནོ། །ཅིའི་ཕྱིར་ཤིན་ཏུ་རྒྱས་བཞེས་བྱ་ཞེ་ན། སེམས་ཅན ་ཐམས་ཅད་ལ་བན་བ་དང་བདེ་བའི་གནས་སུ་གྱུར་པའི་ཕྱིར་དང། ཡངས་པ་དང། རྒྱ་ཆེ་བ་དང། ཟབ་པའི་ཆོས་རྣམ་པར་བསྟན་པའི་ཕྱིར་རོ། །ཅིའི་ཕྱིར་རྣམ་པར་འཐག་པ་ཞེས་བྱ་ཞེ་ན། སྒྲིབ་པ་ཐམས་ཅད་རྣམ་པར་འཐག་པའི་ཕྱིར་རོ། ། ་ཅིའི་ཕྱིར་མཚུངས་པ་མེད་པ་ན། མཚུངས་པའི་ཟླ་མེད་པའི་ཕྱིར་རོ། །རྨད་དུ་བྱུང་བའི་ཆོས་ཀྱི་སྡེ་ནི་འདི་ལྟ་སྟེ། གང་ལས་ཉན་ཐོས་དང་བྱང་ཆུབ་སེམས་དཔའ་དང་དེ་བཞིན་གཤེགས་པ་ལ་སོགས་པའི་ངོ་མཚར་རྨད་དུ་བྱུང ་བའི་ཆོས་བསྟན་པའོ། །གཏན་ལ་ཕབ་པར་བསྟན་པའི་སྡེ་ནི་འདི་ལྟ་སྟེ། གོང་དུ་ཆོས་ཀྱི་མཚན་ཉིད་ཕྱིན་ཅི་ལོག་པར་བསྟན་པའོ། །ཞེས་བཤད་དེ། ཆོས་ཀྱི་མཚན་ཉིད་མཁྱུད་བ་རྣམས་སྟོན་པས་སོ། །དགོངས་པ་ཟབ་མོ་རྣམ་པར་དགྲོལ་བའི་མདོ ་ལས་ནི་བཅུ་གཉིས་པོ་འདི་དག་རྒྱ་གར་སྐད་དུ་མི་བསྒྱུར་བར་སོ་ནས་འབྱུང་སྟེ། རྒྱ་ཆེར་བཤད་པ་ནི་མཚན་ཉིད་བསྟན་པ་དག་ལས་འབྱུང་བ་བཞིན་དུ་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་དེ་དག་ལགས་པར་ཐོས་ལེགས་པར་བཟུང་ཁ་ཏོན་བྱང ་བར་བྱས་ཡིད་ཀྱིས་ལེགས་བར་བརྟགས་མཐོང་བས་ཤིན་ཏུ་རྟོགས་བར་བྱས་ནས་ཞེས་བྱ་བ་ལ་སོགས་པ་ནི་གཉིས་པ་བསྟན་པ་བཞིན་དུ་ཡང་དག་པར་བསྒོམ་པ་རབ་ཏུ་བསྟན་པ་ཞེས་བྱ་བ་སྟོན་ཏོ། །འདི་ཡང་རྣམ་པ་གཉིས་སུ་དབྱེ་སྟེ་ཞི་གནས་དང་ལྷག ་མཐོང་གི་སྦྱོར་བ་ཡང་དག་པར་བསྟན་པ་དང་གཞན་ཡང་ཡིད་ལ་བྱེད་པའི་སེམས་གང་གིས་ཞེས་བྱ་བ་མན་ཆད་ཀྱིས་ཞི་གནས་དང། ལྷག་མཐོང་གི་སྒོ་རྣམ་པ་གཉིས་ཡང་དག་པར་བཤད་པའོ། །དབང་པོ་ཡང་རྣམ་པ་གཉིས་ཏེ་ཐོས་པའི་ཤེས་རབ་བསྟན ་པ་དང། བསམ་པའི་ཤེས་རབ་བསྟན་པ་སྟེ། འདི་ནི་དང་བོའོ། །ཐོས་པའི་ཤེས་རབ་དེ་ཡང་མཚན་ཉིད་རྣམ་པ་ལྔ་སྟེ། ལེགས་པར་ཐོས་པ་དང། ལེགས་པར་བཟུང་བ་དང། ཁ་ཏོན་ཏུ་བྱང་བར་བྱས་པ་དང། ཡིད་ཀྱིས་ལེགས་པར་བརྟགས་པ ་དང། མཐོང་བས་ཤིན་ཏུ་རྟོགས་པར་བྱས་པའོ། །འདི་ལྟར་བྱང་ཆུབ་སེམས་དཔའ་རྣམས་བསྟན་པའི་ཆོས་དེ་དག་ལ་སེམས་རྩེ་གཅིག་ཏུ་ཉན་པར་བྱེད་པ་དང། ལེགས་པར་བཟུང་པ་དང། ཁ་ཏོན་ཏུ་བྱང་བར་བྱེད་པ་དང། ཡིད་ཀྱིས་ལེགས ་པར་སེམས་པ་དང་། ཤེས་རབ་ཀྱིས་ཤིན་ཏུ་རྟོགས་པར་བྱེད་པས་སོ། །བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་ནི་མཚན་ཉིད་རྣམ་པ་བཞིས་ཐོས་པའི་ཤེས་རབ་སྔོན་ཏེ་མདོ་འདི་ལས་གསུངས་པའི་དང་པོ་ཐོས་པའི་མཚན་ཉིད་མ་གཏོགས་པ་གཞན་རྣམས་ཀྱིས ་སོ། །གཞན་ཡང་རྣལ་འབྱོར་སྤྱོད་པའི་ས་ལས་ཐོས་པ་ལས་འབྱུང་བའི་སའི་ནང་ནས་ནི་མཚན་ཉིད་རྣམ་པ་དྲུག་གིས་སྟོན་ཏེ་ཡང་བློ་ཞེས་བྱ་བས་བསྣན་ནའོ། །མཚན་ཉིད་ཕྱི་མ་ལྔ་ནི་མིང་ཅུང་ཟད་ཐ་དད་ཀྱང་དོན་ནི་མདོ་འདི་ལས་གསུངས་པ་དང་མཐུན་ཏེ། དེའི ་ཕྱིར་བསྟན་བཅོས་དེ་ཉིད་ལས་ཐོས་བ་ལས་བྱུང་པའི་ས་གང་ཞེ་ན། འདི་ལྟ་སྟེ་རིག་པའི་གནས་ལྔ་གང་ཡིན་པ་དེ་དག་མིང་དང་ཚིག་དང་ཡི་གེ་ཚད་མེད་པའི་བྱེ་བྲག་ལས་བློ་སྔོན་དུ་བཏང་སྟེ། ཉན་པ་དང། འཛིན་པ་དང། འཆང་བ་དང། ཁ་ཏོན་བྱེད་པ་དང། རྗེས ་སུ་དྲན་པ་དང། ཕྱིན་ཅི་མ་ལོག་པར་ཤེས་པའོ་ཞེས་འབྱུང་བས་གོ་རིམ་བཞིན་དུ་མདོ་འདི་ལས་རྣམ་པ་ལྔ་གསུངས་པ་དང་སྦྱར་ཏེ། དེ་ལ་ཉན་པ་ཞེས་བྱ་བ་ནི་ལེགས་པར་ཐོས་པ་ཞེས་གསུངས་པ་ཉིད་དོ། །འཛིན་པ་དང་འཆང་བ་ཞེས་བྱ་བ་ནི་ལེགས་པར ་བཟུང་བ་ཞེས་གསུངས་པ་ཉིད་དོ། །ཁ་དོན་ཤིན་ཏུ་བྱང་བར་བྱས་པ་ཞེས་བྱ་བ་ནི་ཁ་ཏེ་ན་བྱེད་བར་བྱས་པ་ཞེས་གསུངས་པ་ཉིད་དོ། །རྗེས་སུ་དྲན་པ་ནི་ཡིད་ཀྱིས་ལེགས་པར་བརྟགས་པ་ཞེས་གསུངས་པ་ཉིད་དོ། །ཕྱིན་ཅི་མ་ལོག་པར་ཤེས་པ་ཞེས་བྱ་པ་ནི ་མཐོང་བས་ཤིན་ཏུ་རྟོགས་པ་ཞེས་གསུངས་པ་ཉིད་དོ། །ཇི་ལྟར་ལེགས་པར་བསམས་པའི་ཆོས་དེ་དག་གཅིག་ཏུ་དབེན་པར་འདུག་སྟེ་ཡིད་ལ་བྱེད་པ་ཞེས་བྱ་བ་ནི་གཉིས་པ་བསམས་པའི་ཤེས་རབ་བསྟན་པ་སྟེ། བསམས་པའི་ཤེས་རབ་དེ་ནི་ཐོས་པའི ་ཤེས་རབ་ཀྱིས་བསམས་པའི་ཆོས་དེ་དག་གཅིག་ཏུ་དབེན་པར་འདུག་སྟེ། ཆོས་དང་དོན་ཐོས་པའི་གཟུགས་བརྙན་རྣམ་པ་གཉིས་ཡིད་ལ་བྱེད་ཅིང་སེམས་པ་ཡིན་ཏེ། དེའི་ཕྱིར་བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་བསམས་པ་ལས་བྱུང་པའི ་ས་གང་ཞེ་ན་འདི་ལྟ་སྟེ་ཇི་ལྟར་ཁ་ཅིག་གཅིག་བུ་དབེན་བ་ན་འདུག་ཅིང། ཇི་ལྟར་ཐོས་པ་དང་ཇི་ལྟར་ཀུན་ཆུབ་པར་བྱས་པའི་ཆོས་རྣམས་རིགས་པས་སོ་སོར་བརྟགས་ནས་སེམས་པར་བྱེད་པའོ་ཞེས་བསྟན་བ་ཡིན་ནོ། །གཞན་ཡང ་རྣལ་འབྱོར་སྤྱོད་པའི་ས་ལས་དབེན་པ་ལ་མོས་པ་གང་ཡིན་པ་དེས་ནི་ནང་གི་སེམས་བདེ་བར་གནས་པ་ཡང་དག་པའི་ཞི་གནས་དང་རབ་ཏུ་འདྲེན་པར་འགྱུར་རོ། །ཡང་དག་པའི་ཞི་གནས་ལ་སེམས་བདེ་བར་གནས་པ་གང་ཡིན་པ་དེས་ནི་ལྷག་མཐོང ་རབ་ཏུ་འདྲེན་པར་འགྱུར་རོ་ཞེས་བཤད་དོ། །གཞན་ཡང་ཡིད་ལ་བྱེད་པའི་སེམས་ནང་དུ་རྒྱུན་ཆགས་སུ་བྱེད་པའི་ཡིད་ལ་བྱེད་པས་སེམས་པར་བྱེད་དོ། །དེ་ལྟར་ཞུགས་ཤིང་ལན་མང་དུ་གནས་པའི་ཕྱིར་ལུས་ཤིན་ཏུ་སྦྱངས་པ་དང་སེམས་ཤིན་ཏུ་སྦྱངས ་པ་འབྱུང་བ་གང་ཡིན་པ་དེ་ནི་ཞི་གནས་ཞེས་བྱའོ་ཞེས་བྱ་བ་ལ་སོགས་པས་ནི་གཉིས་པ་ཞི་གནས་དང་ལྷག་མཐོང་གི་སྒོ་རྣམ་པ་གཉིས་ཡང་དག་པར་བཤད་པའོ། །འདི་ཡང་རྣམ་པ་གཉིས་ཏེ་ཞི་གནས་བསྟན་པ་དང། ལྷག་མཐོང་གི་སྒོ་རྣམ ་པར་ཕྱེ་སྟེ་བསྟན་པའོ། །དང་པོ་ཡང་རྣམ་པ་གཉིས་ཏེ་ཞི་གནས་ཀྱི་སྒོ་ཡང་དག་པར་བསྟན་པ་དང། མཇུག་བསྡུ་ཞིང་ཞུས་པ་སྔ་མའི་ལན་བསྟན་པའོ། །སྒོ་དང་པོ་འདི་ལ་ཡང་རྣམ་པ་གཉིས་ཡོད་དེ། །བ་ཅིག་ན་རེ་མདོ་འཚིག་འདི་ཡང་རྣམ་པ ་བཞིར་དབྱེ་སྟེ། དམིགས་པར་བྱ་བའི་ཡུལ་དང་དམིགས་པར་བྱེད་པའི་ཞི་གནས་དང་གནས་སྐབས་དང་མིང་བསྟན་པའོ། །དེ་ལ་གཞན་ཡང་ཡིད་ལ་བྱེད་པའི་སེམས་གང་གིས་ཞེས་བྱ་བས་ནི་དམིགས་པར་བྱ་བའི་ཡུལ་བསྟན་ཏེ་མདོའི་ཚིག་འདི་བཤད ་པ་ཡང་རྣམ་པ་གཉིས་ཡོད་པས་།ཁ་ཅིག་ན་རེ་ཆོས་དང་དོན་གྱི་ཡུལ་དེ་དག་པར་སེམས་ཤིང་ཐོས་པ་དང། བསམས་པའི་ཤེས་རབ་རྣམ་པ་གཉིས་དང་རྗེས་སུ་མཐུན་པའི་སེམས་དམིགས་པའི་ཡུལ་དུ་གྱུར་པའོ་ཞེའོ། །ཁ་ཅིག་ན་རེ་ཤེས་རབ་རྣམ ་པ་གཉིས་དང་རྗེས་སུ་མཐུན་པའི་སེམས་དམིགས་པའི་ཡུལ་དུ་གྱུར་བའོ་ཞེས་ཟེར་ཏེ། དེ་ནི་དོན་དུ་ན་ཞི་གནས་ཀྱི་སྒོ་སེམས་རབ་ཏུ་ཞི་བར་བྱེད་ཅིང། དམིགས་པ་གཅིག་ལ་གནས་པར་བྱེད་བས་དེའི་ཕྱིར་དམིགས་པའི་སེམས་ལ་ཡུལ་ཞེས་བཤད་པ་ལྷག་མཐོང་གིས ་ནི་སེམས་ཀྱིས་ཞེས་བྱའི་དོན་རབ་ཏུ་རྣམ་པར་འབྱེད་པའི་ཕྱིར། ཐོས་པ་དང་བསམས་པའི་ཤེས་རབ་རྣམ་པ་གཉིས་ཀྱིས་ཡོངས་སུ་བསྒྱུར་པའི་རྒྱུ་མཚན་གྱི་རྣམ་པ་ལ་དམིགས་པའི་ཡུལ་ཞེས་བསྟན་པ་ཡིན་ནོ་ཞེས་སྟོན་ཏོ། །སེམས་ན་?་དུ་རྒྱུན་ཆགས་སུ་བྱང་པའི ་ཡིད་ལ་བྱེད་པས་སེམས་པར་བྱེད་དོ་ཞེས་བྱ་བར་ནི་དམིགས་པར་བྱེད་པས་ཞི་གནས་བསྟན་ཏེ། དེ་ལ་སེམས་ནང་དུ་ཞེས་བྱ་བ་ནི་དམིགས་པའི་སེམས་བསྡུས་ནས་ཏིང་ངེ་འཛིན་ལ་གནས་པར་བྱེད་པས་སེམས་ནང་དུ་ཞེས་བསྟན་ཏེ་དེའི་ཕྱིར་བསྟན་བཅོས་རྣལ ་འབྱོར་སྤྱོད་པའི་ས་ལས་ནང་གི་དམིགས་པ་ལ་སེམས་ཉེ་བར་གཏོད་པ་ནི་ཕྱི་རོལ་དུ་རྣམ་པར་མི་གཡེང་བ་ཉིད་ཀྱི་ཕྱིར་རོ་ཞེས་འབྱུང་སྟེ། འདིས་ནི་སེམས་ནང་དུ་རྒྱུན་ཆགས་སུ་བྱེད་པའི་ཡིད་ལ་བྱེད་པས་སེམས་པར་བྱེད་པ་ཐོས་པ་དང། བསམས་པ་དང་རྗེས་སུ་མཐུན ་པའི་སེམས་བསྟན་ཏོ། །དེ་ལྟར་ཞུགས་ཤིང་ལན་མང་དུ་གནས་པའི་ཕྱིར་ལུས་ཤིན་ཏུ་སྦྱངས་པ་དང་སེམས་ཤིན་ཏུ་སྦྱངས་པ་འབྱུང་བ་ཞེས་བྱ་བ་ནི་གནས་སྐབས་ཏེ་།འདི་ལྟར་ཞི་གནས་ནི་ནང་དུ་གནས་པ་ལ་སོགས་པ་ཡང་དག་པའི་སྤྱོད་པ་རྣམ་པ་དགུ་དང་ལྡན ་པའི་ཕྱིར་ལུས་ཤིན་ཏུ་སྦྱངས་པ་དང་སེམས་ཤིན་ཏུ་སྦྱངས་པ་འགྱུར་བར་བྱེད་པས་སོ། །དེ་ལ་ལུས་ཤིན་ཏུ་སྦྱངས་པ་ནི་འབྱུང་བ་ཆེན་པོ་བཞིས་རྒྱུ་བྱས་པའི་ཤིན་ཏུ་སྦྱངས་པའི་རེག་བྱ་གང་ཡིན་པའོ། །སེམས་ཤིན་ཏུ་སྦྱངས་པ་ནི་བཅུ་གཅིག་དགེ་བ་ལས་ཤིན ་ཏུ་སྦྱངས་པའི་གྲངས་སུ་གཏོགས་པའོ། །བསྟན་བཅོས་ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་ངོ་བོ་ཉིད་མེད་ཀྱིས་བྱས་པ་ལས་ལུས་ཡང་ཞིང་ཟོ་མདོག་བདེ་པའི་ངོ་བོ་ཉིད་གང་ཡིན་པ་དེ་ནི་ཤིན་ཏུ་སྦྱངས་པའི་མཚམ་ཉིད་དོ་ཞེས་བཤད་དེ། འདི་ལྟར་ལུས་དང ་སེམས་ཤིན་ཏུ་སྦྱངས་པའི་གནས་སྐབས་ལ་ཞི་གནས་རྣམ་པར་བཞག་པའི་ཕྱིར་རོ། །བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་དེ་ལ་སེམས་བདེ་བར་གནས་པ་རྣམ་པ་དགུ་བོ་གང་ཡིན་པ་དེ་ནི་ཞི་གནས་ཀྱི་ཕྱོགས་ཡིན་ནོ་ཞེས་བཤད ་དེ། སེམས་གནས་པ་རྣམ་པ་དགུ་ནི་བསྟན་བཅོས་མངོན་པ་ཀུན་ལས་བཏུས་པ་ལས། རྣམ་པ་དགུའི་མིང་སྨོས་པར་ཟད་ཀྱི་རྣམ་བར་བཤད་པ་ནི་མེད་དོ། །ཆོས་མངོན་པ་སྣ་ཚོགས་ཀུན་ལས་བཏུས་པ་ལས་ནི་གོ་རིམ་བཞིན་དུ་མིང་སྨོས་ནས་རྣམ་པར ་བཤད་དེ། དེའི་ཕྱིར་དེ་ཉིད་ལས་ཞི་གནས་ནི་འདི་ལྟ་སྟེ། སེམས་ནང་ཁོ་ནར་འཇོག་པ་དང་རྒྱུན་དུ་འཇོག་པ་དང་བླ་ན་ཏེ་འཇོག་པ་དང། ཉེ་བར་འཇོག་བ་དང། འདུལ་བར་འཇོག་པ་དང། ཞི་བར་བྱེད་པ་དང། རྣམ་པར་ཞི་བར་བྱེད་བ་དང། རྩེ་གཅིག ་ཏུ་ཞི་བར་བྱེད་པ་དང། མཉམ་བར་འཇོག་བ་དང། རྣམ་པ་དགུ་པོ་འདི་དག་གིས་སེམས་བདེ་བར་གནས་པར་བྱེད་པས་ཞི་གནས་ཞེས་བྱའོ། །དེ་ལ་སེམས་ནང་ཁོ་ནར་འཇོག་བ་ནི་ཕྱི་རོལ་གྱི་དམིགས་བ་རྣམས་ལས་ཕྱིར་བླ་ན་ནས་ནང་དུ་མི་གཡེང ་བར་དང་པོ་ཉིད་དུ་སེམས་ཉེ་བར་འདོགས་པའི་ཕྱིར་རོ། །རྒྱུན་དུ་འཇོག་པ་ནི་དེ་ལྟར་སེམས་གཡོ་བ་རགས་པ་ཐོག་མ་ཉིད་དུ་ཉེ་བར་བཏགས་པས་དམིགས་པ་དེ་ཉིད་ལ་རྒྱུན་གྱི་ཚུལ་དང། ཕྲ་བར་བྱེད་བས་མངོན་བར་སྡུད་པའི་ཕྱིར་རོ། །བླ་ན་ཏེ་འཇོག་པ་ནི ་གལ་ཏེ་བརྗོད་ནས་ཕྱི་རོལ་དུ་གཡེངས་པར་གྱུར་ན་ཡང་ཕྱིར་བླ་ན་བར་བྱེད་པའི་ཕྱིར་རོ། །ཉེ་བར་འཇོག་པ་ནི་དང་པོ་ཉིད་ནས་སེམས་ཕྱི་རོལ་དུ་མི་འཕྲོ་བར་བྱ་བའི་ཕྱིར་དྲན་པ་ཉེ་བར་གནས་པའི་ཕྱིར་རོ། །འདུལ་བར་བྱེད་པ་ནི་དང་པོ་ཉིད་ནས་རྣམ་པར ་གཡེང་བའི་རྒྱུ་གཟུགས་ལ་སོགས་པའི་ཆོས་ལ་ཉེས་དམིགས་ཀྱི་འདུ་ཤེས་བསྐྱེད་ནས་དབང་དུ་བྱེད་པའི་ཕྱིར་དང། སེམས་རབ་ཏུ་བཏུལ་ནས་འཕྲོར་མི་སྟེར་བའི་ཕྱིར་རོ། །ཞི་བར་བྱེད་པ་ནི་སེམས་འཁྲུགས་བར་བྱེད་པ། ཉེས་པར་རྣམ་པར ་རྟོག་པ་ཉེ་བའི་ཉོན་མོང་པ་རྣམས་ལ་ཉེས་དམིགས་སུ་ལྟ་བས་སེམས་བཏུལ་ནས་འཕྲོར་མི་སྟེར་བའི་ཕྱིར་རོ། །རྣམ་པར་ཞི་བར་བྱེད་པ་ནི་གལ་ཏེ་བརྗེད་ནས་རྣམ་པར་རྟོག་པ་ལ་སོགས་པ་བློ་བུར་དུ་མངོན་དུ་བྱུང་ན་ཡང་དང་དུ་མི་ལེན་ཅིང་ཡང་འབྱུང་བར ་མི་བྱེད་པའི་ཕྱིར་རོ། །རྩེ་གཅིག་ཏུ་བྱེད་པ་ནི་བརྩོན་འགྲུས་ཀྱི་སྦྱོར་བས་སྐབས་མེད་ཅིང་།བར་ཆད་མེད་པར་ཏིང་ངེ་འཛིན་མཆོག་ལ་བདེ་བར་གནས་པའི་ཕྱིར་རོ། །མཉམ་པར་འཇོག་པ་ནི་ཤིན་ཏུ་གོམས་བར་བྱས་པའི་ཕྱིར། །མངོན་པར་འདུ་བྱ་བ ་མེད་པར་ཏིང་ངེ་འཛིན་གྱི་སེམས་ཀྱི་རྒྱུན་གཡེང་བ་མེད་པར་འབྱུང་པའི་ཕྱིར་རོ་ཞེས་འབྱུང་སྟེ། །རྒྱ་ཆེར་རྣམ་པར་འབྱེད་པ་ནི་བསྟན་པ་ཅོས་རྣལ་འབྱོར་སྤྱོད་བའི་ས་དང། མདོ་སྡེའི་རྒྱན་ལས་བསྟན་པ་བཞིན་དུ་རིག་པར་བྱའོ། །དེ་ནི་བཞི?་ནས་ཞེས་བྱ ་སྟེ་ཞེས་བྱ་བ་ནི་མིང་བསྟན་བའོ། །ཁོ་ནར་མདོའི་ཚག་འདི་ཉིད་ལ་རྣམ་པ་གཉིས་སུ་དབྱེ་སྟེ་།དང་པོ་གཞན་ན་ཡང་ཡིན་ལ་བྱེད་པའི་སེམས་གང་གིས་ཞེས་བྱ་བས་ནི་ཞི་གནས་ཀྱི་ཐབས་བསྟན་ཏོ། །གཉིས་པ་ནི་དེ་ལྟར་ཞུགས་ཤིང་ཞེས་བྱ་བ་ལ་སོགས ་བས་ནི་ཞིག་ནས་ཉིད་ཡང་དག་པར་བཤད་པ་སྟེ། འདིས་ནི་བསམས་པའི་ཤེས་རབ་ཆེན་པོའི་རྣམ་པ་ངེས་ཡང་ཐོས་པ་དང། བསམས་པའི་ཤེས་རབ་དམན་པའི་རྣམ་པ་གཉིས་ལ་དམིགས་པར་བྱེད་པས་ནང་གི་སེམས་རྒྱུན་ཆགས་སུ་གྱུར་པ་དམིགས་པ་མེད ་པར་སྟན་ཏོ་ཞེས་ཟེར་ཏེ། ཞི་གནས་ཀྱི་མཚན་ཉིད་ཡང་དག་པར་བཤད་པར་ནི་དོན་གོང་དུ་བསྟན་པ་ཡིན་ནོ། །དེ་ལྟར་ན་བྱང་ཆུབ་སེམས་དཔའ་ཞི་གནས་ཡོངས་སུ་ཚོལ་བར་བྱེད་པ་ཡིན་ན་ཞེས་བྱ་བ་ནི་གཉིས་པ་མཇུག་བསྡུ་ཞིང་ཞུས་པ་སྔ་མའི་ལན་བསྟན ་པའོ། །དེ་ལུས་དང་སེམས་ཤིན་ཏུ་སྦྱངས་པ་ཐོབ་བས་གནས་བྱས་པའི་ཕྱིར་ཇི་ལྟར་ལེགས་པར་བསམས་པའི་ཆོས་དེ་དག་ཉིད་ནང་དུ་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་གཟུགས་བརྙན་དུ་སོ་སོར་རྟོག་པར་བྱེད་མོས་པར་བྱེད་།སེམས་ཀྱི་མཚན་མ་ཡོངས་སུ་སྤོང་བར་ ་བྱེད་དེ་ཞེས་བྱ་བ་འདི་མན་ཆད་ནི་གཉིས་བ་ལྷག་མཐོང་གི་སྒོ་རྣམ་པར་ཕྱེ་སྟེ་བསྟན་པའོ། །འདི་ཡང་རྣམ་པ་གཉིས་སུ་དབྱེ་སྟེ། ལྷག་མཐོང་གི་སྒོ་ཡང་དག་པར་བསྟན་པ་དང་།མཇུག་བསྡུ་ཞིང་ཞུས་པ་སྔ་མའི་ལན་བསྟན་པའོ།། ་སྒོ་དང་པོ་ལ་ཡང་བཤད་པ་རྣམ་པ་གཉིས་ཡོད་དོ། །ཁ་ཅིག་ན་རེ་ཏིང་ངེ་འཛིན་གྱི་གནས་སྐབས་ལ་བརྟེན་ནས་མེད་འཚིག་འདི་བཤད་པ་རྣམ་པ་གཉིས་སུ་འགྱུར་རོ་ཞེས་ཟེར་བར་རྣམ་པ་གཉིས་སུ་དབྱེ་སྟེ། དམིགས་པར་བྱ་བ་མ་ཡིན་པ་རབ་ཏུ་དབྱེ་བ་དང ་ཡུལ་ལ་བརྟན་ནས་ལྷག་མཐོང་སྐྱེ་བར་བསྟན་པ་སྟེ་འདི་ནི་ད་ངོ་བོའོ། །མདོའི་ཚིག་འདི་ཡང་རྣམ་པ་གཉིས་སུ་དབྱེ་སྟེ། དང་པོ་ལུས་དང་སེམས་ཤིན་ཏུ་སྦྱངས་པ་ཐོབ་པས་ཞེས་བྱ་བ་ལ་སོགས་པས་ནི་ལྷག་མཐོང་གི་གནས་བསྟན་ཏེ། འདི་ལྟར་སྔར་ཤིན ་ཏུ་སྦྱངས་པ་ཐོབ་ནས་གནས་བྱས་པའི་ཕྱིར་ལྷག་མཐོང་སྐྱེས་པར་གྱུར་པའོ། །གཉིས་པ་ཇི་ལྟར་ལགས་པར་བསམས་པ་ཞེས་བྱ་བ་ལ་སོགས་པས་ནི་དམིགས་པར་བྱས་པ་མ་ཡིན་པར་རབ་ཏུ་དབྱེ་བ་སྟེ་འདི་ལྟར་སྔར་བསྟན་པའི་ཐོས་པ་དང། བསམས་པའི ་དམིགས་པ་ཡིད་ལ་བྱེད་པའི་ཆོས་དེ་དག་ལ་ནང་གི་ཏིང་ངེ་འཛིན་ཆ་མཚུངས་པའི་གཟུགས་བརྙན་སྣང་བུར་བྱེད་བ་བསྐྱེད་ནས། གཟུགས་བརྙན་དེ་ཉིད་ལ་མོས་པས་ཡིད་ལ་བྱེད་བ་དང། སོ་སོར་རྟོག་པར་བྱེད་པ་བསྐྱེད་པ་ནི་ལྷག་མཐོང་དང་ཞི་གནས་ཀྱི་དམིགས ་པ་སེམས་ཀྱི་མཚན་མ་འབྱུང་བར་དབྱེ་བའི་ཕྱིར་རོ། །དེ་ལ་སེམས་ཀྱི་མཚན་མ་ཞེས་བྱ་བ་ནི་སེམས་ཉིད་མཆན་མ་ཡིན་པས་དེའི་ཕྱིར་སེམས་ཀྱི་མཆན་མ་ཞེས་བྱའོ། །དེ་ལྟར་ཏིང་ངེ་འཛིན་གྱི་གཟུགས་བརྙན་ཞེས་བྱ་བའི་དོན་དེ་དག་ལ་ཡང་དག་པར་རྣམ་པ ་འབྱེད་པ་དང། རབ་ཏུ་རྣམ་པར་འབྱེད་པ་དང། ཡོངས་སུ་རྟོག་པ་དང། ཡོངས་སུ་དཔྱོད་པ་དང། བཟོད་པ་དང། འདོད་པ་དང། ཤེས་རབ་དང། ལྟ་བ་དང། རྟོག་པ་གང་ཡིན་པ་དེ་ནི་ལྷག་མཐོང་ཞེས་བྱ་སྟེ་ཞེས་བྱ་བ་ནི་གཉིས་པ་ཡུལ་ལ་བརྟེན་ནས་ལྷག ་མཐོང་སྐྱེ་བར་བསྟན་པའོ། །མདོའི་ཚིག་འདི་ཡང་རྣམ་པ་བཞིར་བྱེ་ནས་བཤད་པར་བྱ་སྟེ། དང་པོ་དེ་ལྟར་ཏིང་ངེ་འཛིན་གྱི་གཟུགས་བརྙན་ཞེས་བྱ་བ་ལ་སོགས་པས་ནི་ཡོངས་སུ་བརྟག་པར་བྱ་བའི་ཡུལ་བསྟན་ཏེ། སྔར་གོང་དུ་བསྟན་པའི་ནང་གི་ཏིང་ངེ་འཛིན་གྱི་སྤྱོད ་ཡུལ་གྱི་གཟུགས་བརྙན་ཉིད་ཅེས་བྱ་བའི་དོན་ཡིན་པས་ཡོངས་སུ་བརྟག་པའི་ཡུལ་ཞེས་བྱའོ། །གཉིས་པ་ཡང་དག་བར་རྣམ་པར་འབྱེད་པ་ཞེས་བྱ་བ་ལ་སོགས་པས་ནི་རྣལ་འབྱོར་གྱི་མཚན་ཉིད་བསྟན་ཏེ། འདི་ནི་ཤེས་རབ་ཀྱི་མཚན་ཉིད་རྣམ་པ་བཞིའོ། །མཚན ་ཉིད་རྣམ་པ་བཞི་པོ་དེ་དག་ཀྱང་བསྟན་བཅོས་ཆོས་མངོན་པ་སྣ་ཚོགས་ཀུན་ལས་བཏུས་པ་ལས་བསྟན་པ་བཞིན་དུ་རིག་པར་བྱ་སྟེ། དེའི་ཕྱིར་བསྟན་བཅོས་དེ་ཉིད་ལས་ཆོས་རྣམས་རྣམ་པར་འབྱེད་པ་ཞེས་བྱ་བ་ནི་ཅི་སྙེད་ཡོང་བ་ཉིད་ཀྱི་ཕྱིར་རོ། །རབ་ཏུ་རྣམ་པར ་འབྱེད་པ་ནི་ཇི་ལྟ་བ་བཞིན་དུ་ཡོད་པ་ཉིད་ཀྱི་ཕྱིར་རོ། །ཡོངས་སུ་རྟོག་པ་ནི་རྣམ་པར་རྟོག་པ་དང་བཅས་པའི་ཡིད་ལ་བྱེད་པ་ཤེས་རབ་དང་བཅས་པས་ཆོས་རྣམས་ཀྱི་མཚན་ཉིད་རྣམ་པར་འཇོག་པའི་ཕྱིར་རོ། །ཡོངས་སུ་དཔྱོད་བ་ནི་ཡོངས་སུ་ཆལ་བ་དང་ལྡན་པའི་ཕྱིར ་རོ། །ཞེས་འབྱུང་བ་ཡིན་ནོ། །བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་ཀྱང་ཕལ་ཆེར་འདི་དང་མཐུན་པར་འབྱུང་སྟེ། དེའི་ཕྱིར་དེ་ཉིད་ལས་དེ་ལ་ལྷག་མཐོང་རྣམ་པ་བཞི་གང་ཞེ་ན། འདི་ལྟ་སྟེ་དགེ་སློང་གིས་ནང་གི་སེམས་ཀྱི་ཞི་གནས་ལ་བརྟེན་ནས་ཆོས ་རྣམ་བར་འབྱེད་བར་བྱེད་པ་དང། རབ་ཏུ་རྣམ་པར་འབྱེད་པ་དང་།ཡོངས་སུ་རྟོག་པར་བྱེད་པ་དང། ཡོངས་སྤྱོད་པར་བྱེད་པ་གང་ཡིན་པ་དེ་ནི་ལྷག་མཐོང་རྣམ་པ་བཞི་ཞེས་བྱའོ། །དེ་ལ་ཇི་ལྟར་རྣམ་པར་འབྱེད་ཅེ་ན། འདི་ལྟ་སྟེ་སྤྱོད་པ་རྣམ་པར་སྦྱོངས་པའི་དམིགས ་བ་དང་མཁས་པའི་དམིགས་པ་དང་ཉོན་མོངས་པ་རྣམ་པར་སྤྱོད་པའི་དམིགས་པ་དག་ལ་ཇི་སྙེད་ཡོད་པ་ཉིད་ཀྱིས་རྣམ་པར་འབྱེད་དོ། །ཇི་ལྟར་རབ་ཏུ་རྣམ་པར་འབྱེད་ཅེ་ན་འདི་ལྟ་སྟེ། དམིགས་པར་བྱ་བའི་སྤྱོད་ཡུལ་དེ་དག་ཉིད་ལ་ཇི་ལྟ་བ་བཞིན་དུ་ཡོད་པ་ཉིད ་ཀྱིས་རབ་ཏུ་རྣམ་བར་འབྱེད་བར་བྱེད་དོ། །ཇི་ལྟར་ཡོངས་སུ་རྟག་པར་བྱེད་ཅན། འདི་ལྟ་སྟེ། །དམིགས་པ་དེ་དག་ལ་ཤེས་རབ་དང་ལྡན་པའི་ཡིད་ལ་བྱེད་པ་རྣམ་པར་རྟོག་པ་དང་བཅས་པས་དེའི་མཚན་མ་ཡོངས་སུ་གཟུང་ནས་ཡོངས་སུ་རྟོག ་པར་བྱེད་དོ། །ཇི་ལྟར་ཡོངས་སུ་དཔྱོད་པར་བྱེད་ཅེ་ན་འདི་ལྟ་སྟེ། དམིགས་པར་བྱ་བའི་སྤྱོད་ཡུལ་ད་དག་ལ་ཡང་དག་པར་རྟོག་པར་བྱེད་པའི་ཚེ། ཡོངས་སུ་དཔྱོད་བར་བྱེད་དོ་ཞེས་འབྱུང་སྟེ། བསྟན་བཅོས་རྣམ་པར་བཤད་པ་ལས་ཀྱང་བཞི་པོ་འདི་དག་ལ ་གོ་རིམ་བཞིན་དུ་ལྷག་མཐོང་རྣམ་པ་བཞི་ཞེས་བཤད་ད། །གསུམ་བ་བཟོད་བ་ཞེས་བྱ་བ་ལ་སོགས་པས་ནི་ལྷག་མཐོང་གི་མིང་གི་རྣམ་གྲངས་བསྟན་པ་ཡིན་ཏེ། དེ་ཡང་རྣམ་པ་ལྔའོ། །དེ་ལ་བཟོད་པ་ནི་འདི་ལྟ་སྟེ། ཁོང་དུ་ཆུད་པར་བཟོད་པའོ། ། ་འདོད་པ་ནི་འདི་ལྟ་སྟེ། མོས་པར་གྱུར་པའོ། །ཤེས་རབ་ནི་རྣམ་པར་འབྱེད་པའོ། །ལྟ་བ་ནི་ཡོངས་སུ་ཚོལ་བའི་རྟོག་པ་ནི་འདི་ལྟ་སྟེ། སོ་སོར་རྟོག་པའོ། །རྣམ་པ་ལྔ་པོ་འདི་དག་ཀྱང་དོན་ནི་གཅིག་ལ་མིང་ནི་ཐ་དང་པར་གྱུར་པ་ཡིན་ཏེ་དེའི་ཕྱིར་བསྟན་བཅོས ་རྣལ་འབྱོར་སྤྱོད་པའི་ས་ལས་ཤེས་རབ་དང་ཡེ་ཤེས་དང་མཐོང་བ་དང་རིག་པ་དང་བློ་དང་རྟོག་པ་ལ་སོགས་པ་ནི་མིང་གི་བྱེ་བྲག་ཡིན་ཏེ། ཆོས་མཚན་ཉིད་དང་སེམས་ལས་བྱུང་བའི་ཆོས་རབ་ཏུ་རྣམ་པར་འབྱེད་པའི་ངོ་བོ་ཉིད་དོ་ཞེས་བཤད་དེ་བསྟན་བཅོས་རྣམ ་པར་བཤད་པ་ལས་ཀྱང་དེ་སྐད་དུ་སྟོན་ཏོ། །གཞི་དེ་ནི་ལྷག་མཐོང་ཞེས་བྱ་སྟེ་ཞེས་བྱ་བ་ནི་མཇུག་བསྡུ་བའོ། །ཁ་ཅིག་ན་རེ་རྩ་བ་དང་གཟུགས་བརྙན་ལ་བརྟན་ནས་མདོའཚིག་འདི་བསྟན་པ་ཡིན་ཏེ། དེ་ལ་ཇི་ལྟར་ལེགས་པར་བསམས་པ་ཞེས་བྱ་བ་ལ ་སོགས་པས་ནི་རྩ་བ་ཉིད་ཀྱིས་ཆོས་རབ་ཏུ་སྟོན་ཏེ། ནང་དུ་ཏིང་ངེ་འཛིན་ཅེས་བྱ་བ་ལ་སོགས་པས་ནི་རྩ་བ་ལ་བརྟེན་ནས་གཟུགས་བརྙན་འབྱུང་བ་བསྟན་ཏེ། གཟུགས་བརྙན་ལ་བརྟེན་ནས་སོ་སོར་རྟོག་པར་བྱེད་པས་སོ། །དེ་ལྟར་ཏིང་ངེ་འཛིན་གྱི་ཞེས ་བྱ་བ་ལ་སོགས་པས་ནི་ལྷག་མཐོང་གི་གཟུགས་བརྙན་གྱི་དབང་གིས་ཤེས?་བྱ་བའི་དོན་རྩ་བ་ལས་འབྱུང་བའི་ཡུལ་ཁོང་དུ་ཆུད་པར་བསྟན་ཏེ་དེའི་ཕྱིར་བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་རྣལ་འབྱོར་པ་དེས་གཟུགས་བརྙན་བརྟག་པའི་ཕྱིར་ཡོངས་སུ་ཤེས་པར་བྱ་བའི ་དངོས་པོ་རང་བཞིན་དེ་ལ་ཡང་དག་པར་རྟག་པ་ན་ཡོན་ཏན་དང་སྐྱོན་ངེས་པར་རྟོག་པར་བྱེད་པ་གང་ཡིན་པ་ཞེས་འབྱུང་སྟེ། མདོའི་ཚིག་གཞན་བཤད་པའི་དོན་ནི་སྔར་བསྟན་པ་བཞིན་ནོ་ཞེའོ། །ཁ་ཅིག་ན་རེ་ཏིང་ངེ་འཛིན་དང་རྣམ་པར་གཡེང་བ་ལས་བརྩམས་ནས། ་མདོའི་ཚིག་འདི་བསྟན་པ་ཡིན་པས་རྣམ་པ་གཉིས་སུ་དབྱེ་སྟེ། ལྷག་མཐོང་གི་སྦྱོར་བ་བསྟན་པ་དང། དེ་ལྟར་ཞེས་བྱ་བ་མན་ཆད་ཀྱིས་རྩ་བའི་ལྷག་མཐོང་ཡང་དག་པར་བསྟན་པའོ། །དང་པོ་ཡང་རྣམ་པ་གཉིས་ཏེ། ལྷག་མཐོང་གི་གནས་བསྟན་པ་དང། ཇི་ལྟར ་ཞེས་བྱ་བ་མན་ཆད་ཀྱིས་སྦྱོར་བ་ཡང་དག་པར་བསྟན་པའོ། །འདི་ལྟར་ལུས་དང་སེམས་ཤིན་ཏུ་སྦྱངས་པ་ཐོབ་པས་གནས་བྱས་པའི་ཕྱིར་དང། ཏིང་ངེ་འཛིན་ལ་བརྟེན་ནས་ལྷག་མཐོང་སྐྱེ་བ་ཡང་གདོན་མི་ཟ་བར་ཐོས་པ་དང་བསམས་པའི་སེམས་རྣམ་པར་གཡེང ་བས་སྦྱོར་བར་བྱེད་པའི་ཕྱིར་འདིས་ནི་ཐོས་པ་དང་བསམས་པའི་སྦྱོར་པ་ཉིད་ཡང་དག་པར་བསྟན་པ་སྟེ་།དེ་ཅིའི་ཕྱིར་ཞེ་ན། ཞི་གནས་དང་ལྷག་མཐོང་གཉིས་ཀྱི་རྣམ་པའི་མཚམ་ཉིད་ཐ་དད་པའི་ཕྱིར་ཏིང་ངེ་འཛིན་ཐོབ་པར་གྱུར་ཀྱང་ཡང་ཐོས་པ་དང། བསམས་པའི ་སེམས་རྣམ་པར་གཡེང་བ་འབྱུང་བས་སོ། །ནང་དུ་ཏིང་ངེ་འཛིན་ཅེས་བྱ་བ་ནི་སེམས་བསྡུས་ནས་རྣམ་པར་མི་གཡེང་བས་ན་ཞེས་བྱ་བའི་ཡང་དག་པའི་ཏིང་ངེ་འཛིན་ལ་གནས་པ་ལ་བྱ་བ་ནི་མ་ཡིན་པས་དེའི་ཕྱིར་ནང་ཞེས་གསུངས་ཏེ། གཞན་ནི་སྔར་བཤད་པ ་བཞིན་ནོ་ཞེའོ། །སྦྱོར་བ་དང་རྩ་བའི་གནས་སྐབས་དེ་ལ་ཡང་བཤད་པ་རྣམ་པ་གཉིས་ཡོད་དེ། དང་པོ་ནི་གཟུགས་བརྙན་ཁོ་ན་ལས་བརྩམས་ནས་སོ། །གཉིས་པ་ནི་རྩ་བ་དང་གཟུགས་བརྙན་གཉིས་ཀ་ལ་བརྟེན་ནས་ཏེ་དོན་ནི་སྔར་བཤད་པ་བཞིན་ནོ། །དེ་ལྟར ་བྱང་ཆུབ་སེམས་དཔའ་ལྷག་མཐོང་ལ་མཁས་པ་ཡིན་ནོ། །ཞེས་བྱ་བ་གཉིས་པ་མཇུག་བསྡུ་ཞིང་ཞུས་པ་སྔ་མའི་ལན་དུ་གསུངས་པ་ཉིད་དོ། །བྱང་ཆུབ་སེམས་དཔའ་བྱམས་པ་ཡང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། ་བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་སེམས་དཔའ་རྣམས་དམིགས་པའི་སེམས་ཡུལ་དུ་གྱུར་པ་ན་ནང་དུ་ཡིད་ལ་བགྱིད་པའི་སེམས་ཇི་སྲིད་དུ་ལུས་དང་སེམས་ཤིན་ཏུ་སྦྱངས་པ་མ་ཐོབ་པ་དེའི་བར་དུ་ཡིད་ལ་བགྱིད་པ་དེ་ལ་མིང་ཅི་ཞེས་བགྱི་ལགས་ཞེས ་བྱ་བ་འདི་མན་ཆད་ནི་བཞི་པ་ཞི་གནས་དང་ལྷག་མཐོང་དང་རྗེས་སུ་འཇུག་པའི་ཡིད་ལ་བྱེད་པ་བསྟན་པའི་སྒོ་ཞེས་བྱ་བ་སྟོན་ཏོ། །འདི་ཡང་རྣམ་པ་གཉིས་སུ་དབྱེ་སྟེ། ཞི་གནས་དང་རྗེས་སུ་མཐུན་པའི་ཡིད་ལ་བྱེད་པ་བསྟན་པ་དང་ལྷག་མཐོང་དང ་རྗེས་སུ་མཐུན་པའི་ཡིད་ལ་བྱེད་པ་བསྟན་པའོ། །དང་པོ་ཡང་རྣམ་པ་གཉིས་ཏེ་ཞུ་བ་གསོལ་པ་དང་ལན་དུ་གསུངས་པའོ། །འདི་ནི་དང་པོ་ཞུ་བ་གསོལ་བ་སྟེ། གོང་དུ་བསྟན་པ་ལྟར་དམིགས་པའི་སེམས་ཀྱིས་ནང་གི་སེམས་རྒྱུན་ཆགས་སུ་ཡིད་ལ་བྱེད་པ་ངེས ་ཇི་སྲིད་དུ་ཤིན་ཏུ་སྦྱངས་པ་མ་ཐོབ་པ་དེ་སྲིད་དུ་དེའི་མིང་ཅི་ཞེས་བྱ་བའི་ཐ་ཚིག་གོ་།བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་བྱམས་པ་ལ་བཀའ་སྩལ་པ། །རིགས་ཀྱི་བུ་ཞི་གནས་ཀྱི་ཡིད་ལ་བྱེད་པ་ནི་མ་ཡིན་ཏེ། །ཞི་གནས་ཀྱི་རྗེས་སུ་མཐུན་པའི ་མོས་པ་དང་མཚུངས་པར་ལྡན་པའི་ཡིད་ལ་བྱེད་པ་ཡིན་པར་བརྗོད་པར་བྱའོ་ཞེས་བྱ་བ་ནི་གཉིས་པ་བཅོམ་ལྡན་འདས་ཀྱིས་ལན་ཡང་དག་པར་གསུངས་པ་སྟེ། ཞི་གནས་དང་རྗེས་སུ་མཐུན་པའི་ཡིད་ལ་བྱེད་པ་ཡིན་གྱི། །ཡང་དག་པའི་ཞི་གནས་ནི་མ ་ཡིན་ཏེ། །ཤིན་ཏུ་སྦྱངས་པ་མེད་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ་།བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་སེམས་དཔའ་རྣམས་ཇི་སྲིད་དུ་ལུས་དང་སེམས་ཤིན་ཏུ་སྦྱངས་པ་མ་ཐོབ་པ་དེའི་བར་དུ་ཇི་ལྟར་ལེགས་པར་བསམས་པའི་ཆོས་རྣམས་ནང་དུ་ཏིང་ངེ ་འཛིན་གྱི་སྤྱོད་ཡུལ་གཟུགས་བརྙན་དུ་ཡིད་ལ་བགྱིད་ན་ཡིད་ལ་བགྱིད་པ་དེ་ལ་མིང་ཅི་ཞེས་བགྱིད་ལགས་ཞེས་བྱ་བ་ལ་སོགས་པས་ནི་གཉིས་པ་ལྷག་མཐོང་དང་རྗེས་སུ་མཐུན་པའི་ཡིད་ལ་བྱེད་པ་བསྟན་ཏོ། །འདི་ཡང་རྣམ་པ་གཉིས་སུ་དབྱེ་སྟེ། ཞུ་བ་གསོལ་པ་དང་ལན ་དུ་གསུངས་པའོ། །འདི་ནི་དང་པོ་ཞུ་བ་གསོལ་པ་སྟེ། །སྔར་བསྟན་པ་ཇི་ལྟར་ལགས་པར་བསམས་པའི་ཆོས་རྣམས་ནང་དུ་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་གཟུགས་བརྙན་དུ་སོ་སོར་རྟོག་པའི་མོས་པས་སེམས་ཀྱི་མཚན་མ་ཡོངས་སུ་སྤངས་པ་ཡིད་ལ་བྱེད་པ་དེ ་དག་ཇི་སྲིད་དུ་ཤིན་ཏུ་སྦྱངས་པ་མ་ཐོབ་པ་དེའི་བར་དུ་མིང་ཅི་ཞེས་བྱ་བའི་ཐ་ཚིག་གོ་།རིགས་ཀྱི་བུ་ལྷག་མཐོང་གི་ཡིད་ལ་བྱེད་པ་ནི་མ་ཡིན་ཏེ། ལྷག་མཐོང་གི་རྗེས་སུ་འཐུན་པའི་མོས་པ་དང་མཚུངས་པར་ལྡན་པའི་ཡིད་ལ་བྱེད་པ་ཡིན་པར་བརྗོད་པར ་བྱའོ་ཞེས་བྱ་བ་ནི་གཉིས་པ་དེ་བཞིན་གཤེགས་པས་ལན་དུ་ཡང་དག་པར་གསུངས་པ་སྟེ། ལྷག་མཐོང་གི་རྗེས་སུ་མཐུན་པའི་ཡིད་ལ་བྱེད་པ་ཡིན་གྱི་ཡང་དག་པའི་ལྷག་མཐོང་ནི་མ་ཡིན་ཏེ། ཤིན་ཏུ་སྦྱངས་པ་མེད་པའི་ཕྱིར་རོ། །མདོ་ཚིག་འདི་དང ་སྦྱར་ན་ཞི་གནས་དང་ལྷག་མཐོང་ནི་ཏིང་ངེ་འཛིན་གྱི་གནས་སྐབས་ལ་ཡོད་པ་ཁོ་ན་ཉིད་དུ་རིག་པར་བྱའོ། །གཞན་ཡང་མདོའི་ཚིག་འདིས་ནི་གོང་དུ་ནང་གི་སེམས་རྒྱུན་ཆགས་སུ་ཡིད་ལ་བྱེད་པ་ཞེས་བྱ་བ་ལ་སོགས་པ་ཉིད་ལ་དེའི་སྦྱོར་བ་ཡིན་ནོ་ཞེས་བསྟན་པ ་ཡང་དག་པའི་དོན་ཉིད་དུ་གྱུར་པ་ཡིན་ནོ། །བྱང་ཆུབ་སེམས་དཔའ་བྱམས་པས་ཡང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཞི་གནས་གྱི་ལམ་དང་ལྷག་མཐོང་གི་ལམ་བླ་དང་ཅེས་བགྱི་འམ་ཐ་དང་པ་མ་ལགས་ཞེས་བགྱི་ཞེས ་བྱ་འདི་མན་ཆད་ནི་ལྔ་པ་ཞི་གནས་དང་ལྷག་མཐོང་གི་ལམ་གཉིས་གཅིག་པ་དང་ཐ་དང་པ་རྣམ་པར་འབྱེད་པའི་སྒོ་ཞེས་བྱ་བ་སྟོན་ཏོ། །འདི་ཡང་རྣམ་པ་གཉིས་སུ་དབྱེ་སྟེ། ཞུ་བ་གསོལ་པ་དང་ལམ་དུ་གསུངས་པའོ། །འདི་ནི་དང་པོ་ཞུ་བ་གསོལ་པ་སྟེ ་ཞི་གནས་དང་ལྷག་མཐོང་རྣམ་པ་གཉིས་ནི་རྣལ་འབྱོར་པ་རྣམས་ཀྱིས་བགྲོད་པར་བྱ་བའི་གནས་དང་འཕགས་པ་རྣམས་ཀྱི་ལམ་གྱི་ཆོས་རབ་ཏུ་འདྲེན་པའི་ཕྱིར་ལམ་ཞེས་བྱ་སྟེ། ལམ་གཉིས་པོ་དེ་དག་གཅིག་པ་ཞིག་ལགས་སམ་ཐ ་དད?་པ་ཞིག་ལགས་ཞེས་བྱ་བའི་ཐ་ཚིག་གོ་།བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་བྱམས་པ་ལ་བཀའ་སྩལ་པ། །རིགས་ཀྱི་བུ་ཐ་དྡ་པ་ཡང་མ་ཡིན་ཐ་མི་དད་པ་ཡང་མ་ཡིན་ཞེས་བརྗོད་པར་བྱའོ། ཞེས་བྱ་བ་ལ་སོགས་པས་ནི་གཉིས་པ་དེ་བཞིན ་གཤེགས་པས་ལམ་ཡང་དག་པར་གསུངས་པ་བསྟན་ཏོ། །འདི་ཡང་རྣམ་པ་གཉིས་སུ་དབྱེ་སྟེ་ཞུས་པ་བཞིན་དུ་མདོར་བསྟན་པ་དང། དྲིས་པ་དང་ལན་དག་གིས་རྣམ་པར་ཕྱེ་ནས་བཤད་པ་སྟེ་འདི་ནི་དང་པོའོ། །ཅིའི་ཕྱིར་ཐ་དད་པ་མ་ཡིན་ཞེ་ན་ལྷག་མཐོང ་གི་དམིགས་པའི་སེམས་ལ་དམིགས་པའི་ཕྱིར་རོ། །ཅིའི་ཕྱིར་ཐ་དད་པ་མ་ཡིན་པ་ཡང་མ་ཡིན་ཞེ་ན། རྣམ་པར་རྟོག་པའི་གཟུགས་བརྙན་དམིགས་པར་བྱ་བ་མ་ཡིན་པའི་ཕྱིར་རོ། ཞེས་བྱ་བ་ནི་གཉིས་པ་དྲིས་པ་དང་ལན་དག་གིས་རྣམ་པར ་ཕྱེ་ནས་བཤད་པའོ། །མདོའི་ཚིག་འདི་ལ་ཡང་བཤད་པ་རྣམ་པ་གཉིས་ཡོད་དེ། ཁ་ཅིག་ན་རེ་ཐ་དད་པ་ན་ཡིན་པ་ཞེས་བྱ་བའི་གཟུགས་གཉིས་ལ་བརྟེན་ནས་བསྟན་པ་ཡིན་ཏེ་དེ་ལ་རེ་ཞིག་དཔེར་ན་ཞི་གནས་དང་ལྷག་མཐོང་གཉི་གཅིག་ཆར་འཇུག ་པའི་ཚེ་ཐོས་པ་དང་བསམ་པའི་དམིགས་པའི་རྒྱུ་མཚན་གྱི་རྣམ་པའི་ཡུལ་ལ་མཚུངས་པར་དམིགས་ཤིང་ལྟ་བའི་རྣམ་པའི་སེམས་ལ་གཟུགས་ཀྱི་ཡུལ་ཉིད་དུ་དམིགས་པར་བྱེད་དེ། གཟུགས་ཉིད་དུ་མཚུངས་པའི་ཕྱིར་ཐ་དད་པ་མ་ཡིན་ཞེས་བྱའོ། ། ་ཐ་དད་པ་མ་ཡིན་པ་ཡང་མ་ཡིན་ཞེས་བྱ་བ་ནི་གཟུགས་བརྙན་ལས་བརྩམས་ནས་གསུངས་པ་ཡིན་ཏེ། འདི་ལྟར་ཞི་གནས་དང་ལྷག་མཐོང་དད་གང་དམིགས་པར་མཚུངས་པར་གྱུར་བ་ན་གཟུགས་བརྙན་སྤྲུལ་པ་གང་ཡིན་པ་དེ་དག་སོ་སོ་ནས་མི་འདྲ་སྟེ ་རྣམ་པར་རྟག་པ་དང་བཅས་པ་དང་རྣམ་པར་རྟོག་པ་མེད་པའི་གཟུགས་བརྙན་པ་བྱེ་བྲག་ཡོད་པའི་ཕྱིར་ཐ་དད་པ་མ་ཡིན་པ་ཡང་མ་ཡིན་པ་ཞེས་བྱའོ་ཞེའོ། །ཁ་ཅིག་ན་རེ་ཐ་དད་པ་ཡང་མ་ཡིན་པ་ཞེས་བྱ་བ་ནི་འདི་ལྟར་ཞི་གནས་ཀྱི་ལྷག་མཐོང་གི་དམིགས་པ་ཐོས་པ ་དང་བསམས་པའི་རྒྱུ་མཆན་གྱི་ཡུལ་ལ་དམིགས་པར་མི་བྱེད་མོད་ཀྱི་འོན་ཀྱང་ཐོས་པ་དང་བསམ་པའི་ཤེས་རབ་རྣམ་པ་གཉིས་པོ་དེ་དག་གི་དམིགས་པའི་ཡུལ་ལ་ཡོད་པའི་ལྟ་བའི་རྣམ་པའི་སེམས་ལ་དམིགས་པར་བྱེད་པའི་ཕྱིར་ཐ་དད་པ་མ་ཡིན་པ་ཞེས་བྱའོ། །ཐ ་དད་པ་མ་ཡིན་པ་ཡང་མ་ཡིན་ཞེས་བྱ་བའི་དོན་ནི་སྔར་བཤད་པ་བཞིན་ནོ་ཞེས་ཟེར་ཏེ། །བཤད་པ་རྣམ་པ་གཉིས་ལས་བཤད་པ་ནི་ཕྱི་མ་བཟང་སྟེ། །མདོའི་ཚིག་སྔ་མ་དང་རྗེས་སུ་མཐུན་པའི་ཕྱིར་རོ། །བྱང་ཆུབ་སེམས་དཔའ་བྱམས་པ་ཡང་བཅོམ་ལྡན་འདས་ལ་འདི ་སྐད་ཅེས་གསོལ་ཏེ། །བཅོམ་ལྡན་འདས་ལྷག་མཐོང་དང་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་རྣམས་ཀྱི་གཟུགས་བརྙན་གང་ལགས་པ་དེ་དག་སེམས་འདི་དང་ཐ་དད་པ་ཞེས་བགྱི་འམ། ཐ་དད་པ་མ་ལགས་ཤེས་བགྱི་ཞེས་བྱ་བ་འདི་མན་ཆད་ནི་དྲུག་པ་ཞི་གནས་དང་ལྷག་མཐོང ་རྣམ་པར་རིག་བ་ཙམ་དུ་འབྱེད་པའི་སྒོ་འམ་ཡང་ན་སེམས་དང་ཡུལ་གཅིག་པ་དང་ཐ་དད་པ་ཉིད་དུ་རྣམ་པར་འབྱེད་པའི་སྒོ་ཞེས་བྱ་བ་སྟོན་ཏོ། །འདི་ཡང་རྣམ་པ་དྲུག་ཏུ་དབྱེ་སྟེ། ཞུ་བ་གསོལ་བ་དང་ལན་དུ་གསུངས་པ་དང་བརྟག་པ་དང་རྣམ་པར་བཤད་པ་དང་ལན་གསོལ ་བ་དང་སྦྱིར་བསྟན་པའོ། །འདི་ནི་དང་པོ་འཕགས་པ་བྱམས་པས་ཞུ་བ་གསོལ་བ་སྟེ། ཞུ་བ་གསོལ་བ་འདི་ལ་ཡང་བཤད་བ་རྣམ་པ་གསུམ་ཡོད་དེ། ཁ་ཅིག་ན་རེ་འདིར་ནི་ལྷག་མཐོང་སྨོས་ནས་ཏིང་ངེ་འཛིན་གྱི་དམིགས་པ་ཞུས་པ་ཡིན་ཏེ། བསྟན་བཅོས་ཐེག་པ ་ཆེན་པོ་བསྡུད་པ་ལས་ཇི་སྐད་དུ་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་གྱི་གཟུགས་བརྙན་རྣམས་བསྟན་ནས་ལྷག་མཐོང་མ་བཤད་པ་ལྟ་བུ་དང། མདོ་འདི་ཉིད་ལས་འོང་ནས་ཏིང་ངེ་འཛིན་གྱི་གཟུགས་བརྙན་ལྟ་བུར་སྣང་ངོ་ཞེས་གསུངས་པ་ལྟ་བུའོ་ཞེའོ། །ཁ་ཅིག་ན་རེ་འདིར་ ་ཏིང་ངེ་འཛིན་སྨོས་ནས་ལྷག་མཐོང་གི་དམིགས་པ་ཞུས་པ་ཡིན་ཏེ་གཞན་དག་ནས་ཟད་པར་གྱི་སྐྱེ་མཆེད་བཅུའི་རྣལ་འབྱོར་ལ་སོགས་པའི་སྐྱོན་བསྟན་པ་ལྟ་བུ་སྟེ། དེའི་ཕྱིར་བསྟན་བཅོས་ཐེག་པ་ཆེན་པོ་བསྡུས་པ་ལ་སོགས་པ་ལས ་ཏིང་ངེ་འཛིན་ཞེས་བྱ་བ་ནི་ཏིང་ངེ་འཛིན་ལ་བརྟེན་ནས་ལྷག་མཐོང་འབྱུང་བའི་ཕྱིར་ཏིང་ངེ་འཛིན་ཅེས་བྱ་བའི་ཚིག་བསྟན་པ་བཞིན་ནོ་ཞེའོ། །ཁ་ཅིག་ན་རེ་ཏིང་ངེ་འཛིན་དང་ཤེས་རབ་ཀྱི་དམིགས་པའི་གཟུགས་བརྙན་ཅིག་ཅར་ཞུས་པ་ཡིན་ཏེ། མདོ་འདི་ལས ་ལྷག་མཐོང་དང་ཏིང་ངེ་འཛིན་གྱི་དམིགས་པའི་ཡུལ་ཞུ་བའི་ཕྱིར་ཏེ། ཞུས་པའི་འདིའི་དོན་ནི་འདི་སྐད་དུ་ལྷག་མཐོང་དང་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་སྔོན་པོ་ལ་སོགས་དེ་དག་སེམས་པ་འདི་དག་གཅིག་པ་ཞིག་ལགས་སམ་།ཐ་དད་པ་ཞིག་ལགས་ཞེས་བྱ་བའི་ཐ ་ཚིག་གོ་།དགོངས་པ་ཟབ་མོ་རྣམ་པར་འགྲོལ་བའི་མདོ་ལས་ཀྱང་མདོ་འདི་དང་མཐུན་པར་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་གྱི་གཟུགས་བརྙན་ཞེས་འབྱུང་ངོ། །སློབ་དཔོན་ངོ་བོ་ཉིད་མེད་གྱི་ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་བྱས་པ་ལས། དེ་ལ་ཏིང་ངེ་འཛིན ་ཅེས་བྱ་བ་ནི་དམིགས་པ་ལ་སེམས་རྩེ་གཅིག་པའི་ངོ་བོ་ཉིད་དེ། སེམས་ལས་བྱུང་བའི་ཆོས་ཀྱི་བདག་ཉིད་དོ། །འདིས་དམིགས་པའི་ཡུལ་ལ་སྤྱོད་ཡུལ་ཞེས་བྱ་སྟེ། རང་གི་ཡུལ་གང་ཡིན་པ་དེ་ནི་གཟུགས་ཞེས་བྱའོ། །དེ་དང་འདྲ་བར་སྣང་བ་གང་ཡིན་པ ་དེ་ནི་གཟུགས་བརྙན་ཞེས་བྱའོ། ཞེས་བཤད་དོ། །གཟུགས་བརྙན་དེ་ཡང་བསྟན་བཅོས་ཐེག་པ་ཆེན་པོ་བསྡུས་པ་དང་སྦྱར་ན་རྣམ་པར་སྔོས་པ་དང་རྣམ་པར་བམ་པ་ལ་སོགས་པའི་གཟུགས་བརྙན་ལ་བྱ་བར་བཤད་དོ། །ཐེག་པ་ཆེན་པོ་བསྡུས་པའི ་འགྲེལ་པ་མི་མཐུན་པ་རྣམ་པ་གཅིག་ལས་ནི། ཟད་པར་སྐྱེ་མཆེད་བཅུ་ལས་སྔ་མ་བརྒྱད་ནི་གཟུགས་ཡིན་ཏེ་།འདི་ལྟ་སྟེ་སྔོན་པོ་དང་དམར་པོ་དང་དཀར་པོ་དང་།སེར་པོ་དང། ས་དང། ཆུ་དང། མེ་དང། རླུང་ངོ། །གཟུགས་རྣམ་པ་བརྒྱད་པོ་དེ་དག་ཀྱང ་ཐམས་ཅད་ཡོད་པར་སྨྲ་པའི་གཞུང་གིས་རྣམ་པ་བརྒྱད་ལས་འབྱུང་བ་ཆེན་པོ་བཞི་ནི་རེག་བྱའི་སྐྱེ་མཆེད་ཀྱིས་བསྡུས་སོ། །སྔོན་པོ་ལ་སོགས་པ་བཞི་ནི་གཟུགས་ཀྱི་སྐྱེ་མཆེད་ཀྱིས་བསྡུས་པར་བཤད་དེ། དེའི་གཞུང་གིས་ཆོས་ཀྱི་སྐྱེ་མཆེད་ནི་གཟུགས་ལས་རྣམ་པར་རིག ་བྱེད་མ་ཡིན་པ་ཁོ་ན་བསྡུས་པར་འདོད་པའི་ཕྱིར་རོ། །མདོ་སྡེ་པའི་གཞུང་གིས་ནི་བསྟན་བཅོས་དེ་ཁོ་ན་ཉིད་གྲུབ་པ་ལས་བསྟན་པ་བཞིན་དུ་རྣམ་པར་རིག་བྱེད་མ་ཡིན་པ་ནི་གཟུགས་ཀྱང་མ་ཡིན་སེམས་ཀྱང་མ་ཡིན་པ་ཁོ་ནའོ་ཞེས་སྟོན་ཏེ། ཏིང་ངེ་འཛིན་རྣམས་ཀྱི་སྤྱོད ་ཡུལ་གྱི་གཟུགས་ནི་ཆོས་ཀྱི་སྐྱེ་མཆེད་ཀྱིས་བསྡུས་པར་འདོད་པ་ཡང་ཕལ་ཆེར་ཐེག་པ་ཆེན་པོ་དག་དང་ཡང་མཐུན་ཏེ། དེའི་ཕྱིར་མཛོད་ཀྱི་བསྟན་བཅོས་ལས་མདོ་སྡེ་པ་དག་ན་རེ་མདོ་ངག་ལས། གཟུགས་རྣམ་པ་གསུམ་མོ་ཞེས་གང་གསུངས་པ་དེ་ཡང། རྣལ ་འབྱོར་པ་དག་ན་རེ་བསམ་གཏན་བསྒོམ་པ་ནི་ཏིང་ངེ་འཛིན་གྱི་སྟོབས་ཀྱིས་བསྐྱེད་པའི་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་གྱི་གཟུགས་བརྙན་གང་ཡིན་པ་དེ་ནི་མིག་གི་དབང་པོའི་ཡུལ་མ་ཡིན་པའི་ཕྱིར་བསྟན་དུ་མེད་པ་ཞེས་བྱའོ། །གནས་ལ་མི་སྒྲིབ་པའི་ཕྱིར་ཐོགས་པ ་མེད་པ་ཞེས་བྱའོ། །གལ་ཏེ་དེ་ལྟར་ན་ཅིའི་ཕྱིར་གཟུགས་ཞེས་བྱ་ཞེ་ན། དེའི་མིང་བཤད་པ་ཡང་རྣམ་པར་རིག་བྱེད་མ་ཡིན་པ་བཤད་པ་དང་མཐུན་ནོ། །གཞན་ཡང་མདོ་ལས་ཟག་པ་མེད་པའི་གཟུགས་ཤེས་གསུངས་པ་ཡང་རྣལ་འབྱོར་པ་དག་ན་རེ་ཏིང་ངེ་འཛིན ་གྱི་མཐུས་བསྐྱེད་པའི་གཟུགས་ལས་ཟག་པ་མེད་པའི་ཏིང་ངེ་འཛིན་ལ་བརྟེན་པ་གང་ཡིན་པ་དེ་ནི་ཟག་པ་མེད་པ་ཞེས་བཤད་དོ་ཞེས་འབྱུང་ངོ། །འདིར་ཐེག་པ་ཆེན་པོའི་ཟད་པར་གྱི་སྐྱེ་མཆེད་རྣམ་པ་བཅུའི་རྣལ་འབྱོར་བསྒོས་པ་དང་སྦྱར་ན་རྣམ་པར་ཐར་པ་ལ ་སོགས་པ་ལས་དམིགས་པའི་ཡུལ་གྱི་གཟུགས་གང་ཡིན་པ་དེ་དག་ནི་ཆོས་ཀྱི་སྐྱེ་མཆེད་དུ་གཏོགས་པ་དག་ཡིན་ནོ། །འདིར་ཅིའི་ཕྱིར་ལྷག་མཐོང་ཁོ་ནའི་དམིགས་པའི་སྤྱོད་ཡུལ་བསྟན་ཅེ་ན་།སྨྲས་པ། སྔར་གོང་དུ་ཞི་གནས་ནི་སེམས་ལ་དམིགས་པ་ཁོ་ནའོ། །ལྷག ་མཐོང་ནི་ཡུལ་རྣམས་ལ་དམིགས་པའོ་ཞེས་བཤད་པའི་ཤུགས་ཀྱིས་ཞུ་བ་གསོལ་བ་ཡིན་པས་དེའི་ཕྱིར་ཞི་གནས་མ་བརྗོད་དོ། །དེ་ནི་འདི་སྐད་དུ་དམིགས་པའི་ཡུལ་དང་ལྷག་མཐོང་གཅིག་པ་ཞིག་ལགས་སམ། །ཐ་དད་པ་ཞིག་ལགས་བྱ ་བའི་རིགས་ནི་ཅིའི་ཕྱིར་སེམས་དང་གཅིག་པ་ཞིག་ལགས་ཞེས་བརྗོད་ཅེ་ན། སྨྲས་པ། སེམས་དང་མཚུངས་བར་ལྡན་པའི་ཕྱིར་སེམས་ཞེས་ཀྱང་བརྗོད་དོ། ནམ་པར་རིག་བ་ཙམ་མོ་ཞེས་བརྗོད་པ་དང་མཚུངས་པའི་ཕྱིར་ཕན་ཚུན་འགལ་བ་མེད་དོ། །བཅོམ་ལྡན ་འདས་ཀྱིས་བྱང་ཆུབ་སེམས་དཔའ་བྱམས་པ་ལ་བཀའ་སྩལ་བ། རིགས་ཀྱི་བུ་ཐ་དད་པ་མ་ཡིན་པ་ཞེས་བརྗོད་པར་བྱའོ་ཞེས་བྱ་བ་ནི་གཉིས་པ་དེ་བཞིན་གཤེགས་པས་ལན་མདོར་བསྡུས་ཏེ་གསུངས་པའོ། །ཡུལ་སེམས་ལས་གུད་ན?་མེད་བའི་ཕྱིར་ཐ ་དད་པ་མ་ཡིན་ཞེས་གསུངས་ཀྱི། ཡང་དག་པར་ནི་གཅིག་པ་ཡང་མ་ཡིན་ཐ་དད་པ་ཡང་མ་ཡིན་པ་ཡང་ཐ་དད་པ་ཉིད་དུ་འཛིན་པ་རྣམ་པར་གཞིག་པའི་ཕྱིར་ཐ་དད་པ་མ་ཡིན་པ་ཞེས་བྱ་བ་གསུངས་སོ། །དེ་ཅིའི་ཕྱིར་ཞེ་ན། ཞེས་བྱ་བ་ནི་གསུམ་བ་བྱང་ཆུབ ་སེམས་དཔས་སླར་བརྟགས་པ་སྟེ། དམིགས་པར་བྱ་བ་དེ་དམིགས་པར་བྱེད་པའི་སེམས་ལས་གུད་ན་ཡོད་པ་མ་ཡིན་ནམ་ཞེས་བྱ་བའི་ཐ་ཚིག་གོ་།གཟུགས་བརྙན་དེ་རྣམ་པར་རིག་པ་ཙམ?་དུ་ཟད་པའི་ཕྱིར་ཞེས་བྱ་བ་ལ་སོགས་པ་ནི་བཞི་པ་དེ་བཞིན་གཤེགས ་པས་ཡང་དག་པར་རྣམ་པར་བཤད་པའོ། །འདི་ཡང་རྣམ་པ་གཉིས་ཏེ། གཞུང་སྨོས་ནས་ཡང་དག་པར་བཤད་པ་དང། ཕ་རོལ་གྱི་ཐེ་ཚོམ་བསལ་བའོ། །འདི་ནི་དང་པོ་སྟེ། འདི་ལྟར་གཟུགས་བརྙན་དེ་རྣམ་པར་རིག་པ་ལས་གྱུར་པའི་ཕྱིར་རོ། །རིགས ་ཀྱི་བུ་ངས་རྣམ་པར་ཤེས་པའི་དམིགས་པ་ནི་རྣམ་པར་རིག་པ་ཙམ་ལས་སྣང་བར་བཤད་པའི་ཕྱིར་རོ་ཞེས་བྱ་བ་ནི་གཉིས་པ་ཕ་རོལ་གྱི་ཐེ་ཚོམ་གསལ་བ་སྟེ། ངོ་བོ་ཉིད་མེད་ཀྱིས་ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་བྱས་བ་ལས་རྣམ་པར་རིག་པ་ཙམ ་ལས་ལོགས་ཤིག་ན་དམིགས་པའི་ཡུལ་ཡོད་པ་གང་ཡིན་པ་དེ་ནི་ནང་གི་རྣམ་པར་རིག་བས་རབ་ཏུ་ཕྱེའོ་ཞེས་བཤད་པ་དེ་ནི་དམིགས་པའི་སྤྱོད་ཡུལ་རྣམ་པར་རིག་པའི་ངོ་བོ་ཉིད་ཀྱི་དོན་ཏོ། ཞེས་འབྱུང་སྟེ། དེ་ནི་འདི་སྐད་དུ། རྣམ་པར་ཤེས་པས་དམིགས་པའི་སྤྱོད ་ཡུལ་གང་ཡིན་པ་དེ་ནི་རྣམ་པར་རིག་པ་ཙམ་ལས་སྣང་བའི་གཟུགས་བརྙན་ཡིན་གྱི། ལོགས་ཤིག་ན་བདག་ཉིད་དུ་གྱུར་པ་ནི་མེད་དོ་ཞེས་བསྟན་པར་འགྱུར་རོ། །སློབ་དཔོན་དབྱིག་གཉེན་གྱིས་ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་མཛད་བ་ལས་ཀྱང་འདི་ལྟ ་སྟེ། རྣམ་པར་ཤེས་པའི་དམིགས་པ་ནི་རྣམ་པར་རིག་པ་ཙམ་ལས་སྣང་སྟེ། གུད་ན་ཡུལ་གྱི་དོན་དུ་གྱུར་པ་ནི་མེད་དོ། །གཞན་ཡང་རྣམ་པར་ཤེས་པ་སྨོས་པ་ནི་ངེས་རྣམ་པར་ཤེས་པའི་སྤྱོད་ཡུལ་ནི་ངེས་པར་རྣམ་པར་རིག་པ་ཙམ་ལ་སྣང་གི་གུད་ན་བདག་ཉིད ་དུ་གྱུར་བ་ནི་མེད་དོ་ཞེས་བཤད་པ་རབ་ཏུ་བསྟན་པའོ་ཞེས་འབྱུང་ངོ། །གཞན་ཡང་འདིར་བསྟན་བཅོས་ཐེག་པ་ཆེན་པོ་བསྡུས་པ་གསང་རྙིང་རྣམ་པ་གཉིས་དང། རྣམ་པར་རིག་པ་ཙམ་དུ་གྲུབ་པ་དང་སངས་རྒྱས་ཀྱི་སའི་འགྲེལ་པ་དང། ཆོས་མངོན་པར་སྣ་ཚོགས ་ཀུན་ལས་བཏུས་པ་ལས་རྣམ་པར་རིག་པ་ཙམ་དུ་བསྟན་པའི་རིག་པ་དག་ཀྱང་བརྗོད་པར་བྱའོ།། །།བམ་པོ་སུམ་ཅུ་བདུན་པ། །བཅོམ་ལྡན་འདས་གལ་ཏེ་དེའི་སྤྱོད་ཡུལ་གཟུགས་བརྙན་སེམས་དེ་ལས་ཐ་དད་པ་མ་ལགས་ན་ཇི་ལྟར་སེམས ་དེ་ཉིད་ཀྱིས་སེམས་དེ་ཉིད་མཐོང་བར་འགྱུར་ལགས་ཞེས་བྱ་བ་ནི་གང་གསོལ་པ་སྟེ། དེ་ནི་འདི་སྐད་དུ་སེམས་ནི་དམིགས་པར་བགྱིད་པའི་དོན་ལགས་།ཡུལ་ནི་བརྟེན་པར་བགྱིད་པའི་དོན་ལགས་ན་།བཅོམ་ལྡན་འདས་ཀྱིས་སྤྱོད་ཡུལ་གཟུགས ་བརྙན་དེ་དག་སེམས་དང་ཐ་དད་པ་མ་ལགས་པར་བཀའ་སྩལ་པ་ལྟན། ཇི་ལྟར་སེམས་དེ་ཉིད་ཀྱིས་སེམས་དེ་ཉིད་མཐོང་བར་འགྱུར་ཏེ། འོ་ན་ནི་འཇིག་རྟེན་པ་དག་མིག་ནི་རང་ཉིད་མི་མཐོང་ངོ། །མཛུབ་མོ་ནི་རང་ཉིད་མི་འཛུགས?་སོ། །མཚོན ་གྱིས་ནི་རང་ཉིད་ལ་མི་གཅོད་དོ་ཞེས་བརྗོད་པ་དག་དང་འགལ་བར་འགྱུར་རོ་ཞེས་བསྟན་བར་འགྱུར་རོ། །སློབ་དཔོན་ངོ་བོ་ཉིད་མེད་ཀྱིས་བྱང་བའི་འགྲེལ་པ་ལས། ཇི་ལྟར་ས་དེ་ཉིད་མཐོང་བར་འགྱུར་ཞེས་བྱ་བ་འདི་ནི་བྱེད་པའི་ནུས? ་བ་དང་བདག་ཉིད་དང་མི་འགལ་བར་བསྟན་ཏོ་ཞེས་འབྱུང་ངོ། །ཐེག་བ་ཆེན་པོ་བསྡུས་བའི་འགྲེལ་པ་མི་མཐུན་པ་རྣམ་པ་གཅིག་ལས་ནི་གལ་ཏེ་རྣམ་པར་ཤེས་པ་གཞན་ཞིག་རྣམ་པར་ཤེས་བའི་ཡུལ་གྱི་དངོས་པོ་བྱེད་པ་ཞེས་ཡོད་ན་ཡང་རྣམ་པར ་རིག་པ་ཙམ་གྱི་དོན་འགྲུབ་པར་མི་འགྱུར་ལ། རང་གི་བདག་ཉིད་ལ་དམིགས་བ་ཡུལ་གྱི་དངོས་པོ་བྱེད་ན་ཡང་འགྲུབ་པར་མི་འགྱུར་ཏེ། འདི་ལྟར་འཇིག་རྟེན་ན་དེ་ལྟ་བུའི་རྣམ་བ་མེད་པའི་ཕྱིར་རོ་ཞེས་འབྱུང་ངོ། །རིགས་ཀྱི་བུ་འདི་ལ་ཆོས་ཅུང ་ཟད་གང་གིས་ཀྱང་ཆོས་ཅུང་ཟད་གང་ཡང་མཐོང་བར་མི་འགྱུར་མོད་ཀྱི། འོན་ཀྱང་སེམས་དེ་དེ་ལྟར་སྐྱེས་པའི་ཚེ་གཟུགས་བརྙན་དེ་དག་དེ་ལྟར་རབ་ཏུ་སྣང་ངོ་ཞེས་བྱ་བ་ལ་སོགས་བས་ནི་དྲུག་པ་དེ་དག་དེ་ལྟར་རབ་ཏུ་སྣང་ངོ་ཞེས་བྱ་བ་ལ་སོགས་པས་ནི་དྲུག་བ་དེ་བཞིན་གཤེགས་པས་སྤྱིར་བསྟན་པ་སྟོན་ཏོ། ། ་འདི་ཡང་རྣམ་པ་གཉིས་ཏེ། ཏིང་ངེ་འཛིན་གྱི་སྤྱོད་ཡུལ་སེམས་ལས་གུང་ན་མེད་པར་བསྟན་པ་དང་།ཞུས་པ་དང་ལན་དག་གིས་རྣམ་བར་གཡེང་བའི་སེམས་ཀྱི་དམིགས་པ་རྣམ་བར་འབྱེད་པའོ། །དང་པོ་ཡང་རྣམ་པ་གསུམ་དུ་དབྱེ་བས་འདི ་ལྟ་སྟེ། དོན་དང་དེབ་དང་དོན་དུ་སྦྱར་བའོ། །འདི་ནི་དང་པོ་དོན་བསྟན་བ་སྟེ། སློབ་དཔོན་ངོ་བོ་ཉིད་མེད་ཀྱི་འགྲེལ་པ་ལས། ཆོས་ཅུང་ཟད་གང་གིས་ཀྱང་ཆོས་ཅུང་ཟད་གང་ཡང་མཐོང་བར་མི་འགྱུར་ཞེས་བྱ་བ་འདིས་ནི་བརྒལ་བས་སྔ་མའི་ལན་བསྟན ་པ་སྟེ། བྱེད་པ་མེད་པའི་ཕྱིར་རོ། །ཆོས་ཐམས་ཅད་བྱེད་པ་མེད་པ་གང་ཡིན་པ་དེ་ནི་མངོན་པར་འགྲུབ་པར་མི་འགྱུར་བའི་ཕྱིར་རོ་ཞེས་འབྱུང་སྟེ། ཆོས་ཅུང་ཟད་གང་ཡང་མེད་པས་བྱེད་པ་མེད་པར་རབ་ཏུ་སྟོན་ཏེ་ཞེས་བྱ་བ་ཡང། ཆོས་ཅུང་ཟད་གང་ཡང ་མཐོང་བར་མི་འགྱུར་བ་དེ་ཉིད་ཀྱིས་བྱེད་པ་མེད་པར་བསྟན་པས་སོ། །ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་མི་མཐུན་པ་རྣམ་པ་གཅིག་ལས་ནི་ཆོས་གང་གིས་ཀྱང་ཆོས་གང་ཡང་འཛིན་པར་བྱེད་པ་མེད་དོ་ཞེས་འབྱུང་ངོ། །ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་ལང? ་གི་ཚེ་བསྒྱུར་བ་ལས་ནི་ཆོས་གང་གིས་ཀྱང་ཆོས་གཞན་འཛིན་པར་བྱེད་པ་མེད་དོ་ཞེས་འབྱུང་ངོ། །དགོངས་པ་ཟབ་མོ་རྣམ་པར་འགྲེལ་པའི་མདོ་ལས་ནི་ཆོས་གང་ཡང་རྟོག་པར་མི་བྱེད་ཅེས་འབྱུང་སྟེ། དེ་དག་གི་ཚིག་ཐ་དད་ཀྱང་དོན་ནི་མི་མཐུན་པ་མེད་དོ། །གཞན ་ཡང་ཆོས་གང་གིས་ཀྱང་ཆོས་ཡང་འཛིན་པར་བྱེད་པ་མེད་དོ། །ཞེས་བྱ་བ་ནི་གཞན་གྱི་དབང་གི་སེམས་ལས་གྱུར་པའི་སེམས་ཀྱི་བདག་ཉིད་མེད་ཅིང་ཡང་དག་པའི་ནུས་པ་གང་ཡང་མེད་པས་སོ། །སེམས་དེ་ལས་ལོགས་ཤིག་ན་ཡོད་དོ་ཞེ་ན། གཞན་དག་ན ་དེ་ཡང་དག་པའི་ནུས་པ་ཡོད་པ་མ་ཡིན་ན་ཇི་ལྟར་གཟུང་བ་དང་འཛིན་པ་ཡོད་པར་འགྱུར་ཞེས་རྒོལ་བས་དེའི་ཕྱིར་ཚིག་འདི་གསུངས་པ་ཡིན་ཏེ། འདི་ལྟར་གཞན་གྱི་དབང་སེམས་ལྟ་བུར་སྐྱེས་པའི་ཚེ། དེ་ལྟ་བུའི་གཟུགས་བརྙན་དག་རབ་ཏུ་སྣང་བས་དེའི་ཕྱིར ་སེམས་དེས་ཡུལ་དུ་འཛིན་པར་བྱེད་དོ་ཞེས་བཤད་པ་ཡིན་ནོ། །ངོ་བོ་ཉིད་མེད་ཀྱི་འགྲེལ་པ་ལས། འོན་ཀྱང་སེམས་དེ་དེ་ལྟར་སྐྱེས་པའི་ཚེ་ཞེས་བྱ་བ་ནི་རྟེན་ཅིང་འབྲེལ་པར་འབྱུང་བའི་ཆོས་རྣམས་ཤིན་ཏུ་མཐུ་ཆེ་བའི་ཕྱིར་ངོ་བོ་ཉིད་ཀྱི་རྣམ་པ་གཅིག་ལ་གཟུགས ་བརྙན་རྣམ་པ་གཉིས་སྐྱེས་པ་ཕན་ཚུན་བལྟོས་ན་དེ་ཉིད་ཀྱང་མ་ཡིན་ལ་དེ་ཉིད་དང་བྲལ་བ་ཡང་མ་ཡིན་བས་སེམས་ལས་བྱུང་བའི་ཆོས་རྣམས་རྐྱེན་གྱི་མཐུ་ལས་དེའི་ངོ་བོ་ཉིད་ཆོས་ཉིད་ཀྱིས་དེ་ལྟར་སྐྱེའོ་ཞེས་འབྱུང་ངོ། །སེམས་དེ་དག་ཡུལ་ལ་དམིགས་པའི་རིགས ་པ་ནི་བསྟན་བཅོས་རྣམ་པར་རིགས་པ་ཙམ་དུ་གྲུབ་པ་ལས་བསྟན་པ་བཞིན་དུ་རིག་པར་བྱ་སྟེ། དེའི་ཕྱིར་དེ་ཉིད་ལས་ཕྱི་རོལ་གྱི་གཟུགས་ཡང་དག་པར་མེད་ཀྱང་ནང་གི་རྣམ་པར་ཤེས་པའི་ཡུལ་ཕ་རོལ་སེམས་ཡང་དག་པར་ཡོད་པ་མ་ཡིན་ནམ། ཅི་ན་རང་གི ་དམིགས་པ་མ་ཡིན་ཞེས་སྨྲ། སུ་ཞིག་གཞན་གྱི་སེམས་རང་གི་རྣམ་པར་ཤེས་པའི་ཡུལ་ལ་མ་ཞེན་ཞེས་ཟེར་ཏེ། དེའི་ཉེ་བའི་དམིགས་པ་ཡིན་པར་མ་བསྟན་པ་ཙམ་དུ་ཟད་དེ་འདི་ལྟར་རྣམ་བར་ཤེས་པ་སྐྱེས་པ་ནང་ཡང་དག་པར ་བྱེད་པ་མེད་པས་ཇི་ལྟར་ལག་པ་ལ་སོགས་པ་ལྟར་ཕྱི་རོལ་གྱི་དངོས་པོ་མངོན་སུམ་དུ་འཛིན་པ་དང། ཉི་མ་ལ་སོགས་པའི་འོད་ཀྱིས་ཕྱི་རོལ་གྱི་ཡུལ་མངོན་སུམ་དུ་གསལ་བར་བྱེད་པ་ལྟ་བུ་མ་ཡིན་གྱི། མེ་ལོང་ལ་སོགས་པ་བཞིན་དུ་ཕྱི་རོལ་གྱི་ཡུལ ་ལྟ་བུར་སྣང་བས་གཞན་གྱི་སེམས་ཤེས་པ་ཞེས་བྱའི། མངོན་སུམ་དུ་ཁོང་དུ་ཆུད་པ་ནི་མ་ཡིན་ཏེ། མངོན་སུམ་གྱི་དམིགས་པ་ནི་བདག་གི་བདག་ཉིད་ལས་གྱུར་པ་ཡིན་བས་དེའི་ཕྱིར་མདོ་དག་ལས་ཆོས་ཅུང་ཟད་གང་གིས་ཀྱང་ཆོས་གཞན་འཛིན ་པར་བྱེད་པ་མེད་ཀྱང་རྣམ་བར་ཤེས་པ་སྐྱེས་པའི་ཚེ་དེའི་མཚན་ཉིད་འདྲ་བར་སྣང་བས་དངོས་པོ་དེ་འཛིན་པ་ཞེས་བྱ་སྟེ། གཞན་གྱི་སེམས་ལ་དམིགས་པ་ཇི་ལྟ་བ་བཞིན་དུ་གཟུགས་ལ་སོགས་པ་ཡང་དེ་བཞིན་ནོ་ཞེས་འབྱུང་སྟེ། དྲིས་པ་དང་ལན་དག་གི ་རྒྱ་ཆེར་རྣམ་པར་འབྱེད་པ་ནི་བསྟན་བཅོས་དེ་ཉིད་ལས་འབྱུང་བ་བཞིན་དུ་རིག་པར་བྱའོ། །རིགས་ཀྱི་བུ་དཔེར་ན་མེ་ལོང་གི་དཀྱིལ་འཁོར་ཤིན་ཏུ་ཡོངས་སུ་དག་བ་ལ་གཟུགས་ཀྱིས་རྐྱེན་བྱས་པས་གཟུགས་བརྙན་མཐོང་ཡང། བདག་ཉིད་གཟུགས་བརྙན ་མཐོས་དོ་སྙམ་དུ་སེམས་ཤིང་གཟུགས་ལས་ལོགས་ཤིག་ན་སྤྱོད་ཡུལ་གཟུགས་བརྙན་སྣང་ངོ་སྙམ་དུ་ཡང་སེམས་སོ་ཞེས་བྱ་བ་ནི་གཉིས་པ་དཔེས་བསྟན་པ་སྟེ། མེ་ལོང་གི་གཟུགས་བརྙན་གྱི་མཚན་ཉིད་ཀྱང་དེ་ཁོང་དུ་ཆུད་པར་དཀའ་བས་དེའི་ཕྱིར ་འདིར་སྔར་སོ་སོའི་གཞུང་གིས་བཤད་པ་བརྗོད་ནས་དེའི་འོག་ཏུ་མདོའི་ཚིག་འདི་ཉིད་ཡང་དག་བར་བཤད་པར་བྱའོ། །དེ་ལ་རེ་ཞིག་སོ་སོའི་གཞུང་གིས་བཤད་པ་དང་སྦྱར་ན་གཟུགས་བརྙན་དང། གཟུགས་ཉིད་ནི་འབྲེལ་པ་དང། འབྲེལ་པ་མེད་པ་དང ་བཏགས་བ་དང་རྫས་སུ་ཡོད་པ་ལ་བརྟེན་ནས་མདོར་བསྡུན?་བཤད་པ་རྣམ་པ་ལྔ་ཡོད་དོ། དང་པོ་ནི་འབྲེལ་བ་མེད་ཅིང་རྫས་སུ་ཡོད་པ་སྟེ། ཇི་ལྟར་གནས་བརྟན་པའི་སྡེ་བདག་དཔེ་འདི་ཉིད་ལ་བརྟེན་ནས་སྲིད་པ་བར་མ་རྣམ་པར་མི་བཞག་བ་ལྟ་བུ་དང། མཛོད་ཀྱི་བསྟན་བཅོས ་དང། ཡང་དག་པའི་རིགས་དང་རྗེས་སུ་མཐུན་པ་དང། བྱེ་བྲག་ཏུ་བཤད་པ་ཆེན་པོ་ལས་བྱེ་བྲག་ཏུ་སྨྲ་བ་དག་སྲིད་པ་བར་མ་རྣམ་པར་མ་བཞག་པ་ལྟ་བུ་སྟེ། མེ་ལོང་གི་གཟུགས་བརྙན་ལ་ནི་བར་ཆད་དང་བཅས་པའི་དོན་ཡོད་པས་གནས་བརྟན་པའི་སྡེ་པ་དག་གིས་ཀྱང ་དེ་དང་མཐུན་པར་བཤད་དོ། །གཉིས་པ་ནི་འབྲེལ་པ་མེད་ཅིང་རྗེས་སུ་ཡོད་པ་མ་ཡིན་པ་སྟེ། འདི་ལྟར་ཆོས་རྣམས་རྒྱུ་དང་རྐྱེན་འདུས་པའི་མཐུ་ལས་དེ་ལྟར་མཐོང་བས་ཆོས་རྣམས་ཀྱི་ངོ་བོ་ཉིད་ཀྱི་ནུས་པའི་བྱེ་བྲག་ནི་ཤིན་ཏུ་དཔག་པར་དཀའ་བ་སྟེ། ཇི་ལྟར ་སློབ་དཔོན་དབྱིག་གཉེན་གྱིས་སྲིད་པ་བར་མ་རྣམ་པར་གཞག་པ་མཛོད་ཀྱི་བསྟན་བཅོས་ལས་རྒྱ་ཆེར་བསྟན་པ་ལྟ་བུའོ། །གསུམ་པ་ནི་འབྲེལ་པ་དང་བཅས་ཤིང་རྫས་སུ་ཡོད་པ་སྟེ། ཇི་ལྟར་སློབ་དཔོན་འདུལ་བཟང་གིས་སྲིད་པ་བར་མ་རྣམ་པར་གཞག་པ་སློབ ་དཔོན་དབྱིག་གཉེན་གྱི་གཞུང་རྣམ་པར་འཇིག་པ་ལྟ་བུ་སྟེ། ཞིབ་ཏུ་བསྟན་བཅོས་ཡང་དག་པའི་རིག་པ་དང་རྗེས་སུ་མཐུན་པ་ལས་བསྟན་པ་བཞིན་དུ་རིག་པར་བྱའོ། །བཞི་པ་ནི་འབྲེལ་པ་དང་བཅས་ཤིང་རྫས་སུ་ཡོད་པ་མ་ཡིན་པ་སྟེ། སོ་སོའི་གཞུང་ལས ་ཚིག་འདི་ཡོད་ཀྱང་ཚད་མར་གཟུང་དུ་རུང་བའི་གཏན་ཚིགས་ཉིད་མ་མཐོང་བས་གཏུག་པར་བྱའོ། །ལྔ་པ་ནི་འབྲེལ་པ་དང་འབྲེལ་བ་མེད་པ་དང་རྫས་སུ་ཡོད་པ་མ་ཡིན་པ་སྟེ། བཙུན་པ་བར་མ་ལྟ་བུའོ། །འདིར་ནི་མདོ་སྡེ་པའི་སློབ་དཔོན་གསུམ་པ་སྟེ། འདི་ལྟར ་མདོ་སྡེའི་སློབ་དཔོན་ནི་གསུམ་ཡོད་དེ་།ཀུ་མར་ཏ་དང། ཤི་རི་ཏ་དང། བཙུན་པ་ད་ཏའོ། །མིག་གི་དང་པོས་ཡུལ་གཟུགས་ལ་དམིགས་པ་ན། རང་གི་གདོན་གཉིད་མཐོང་ཡང་གཟུགས་བརྙན་གཞན་ཞིག་མཐོང་ངོ་སྙམ་དུ་སེམས་བ་སྟེ། བསྟན་བཅོས་ཡང ་དག་བའི་རིག་པ་དང་རྗེས་སུ་མཐུན་པ་ལས། དེ་དག་གིས་བརྟགས་པ་རྒྱ་ཆེར་རྣམ་པ་འཇིག་པས་།དེའི་བརྟགས་ན་ཁོང་དུ་ཆུད་བར་འགྱུར་རོ། །འདིར་ཐེག་པ་ཆེན་པོའི་བསྟན་པ་དང་སྦྱར་ན་བཤད་བ་རྣམ་པ་གཉིས་ཡོད་དེ། དང་པོ ་ནི་མདོ་ཉིད་ཀྱི་ནང་ནས་སེམས་དང་ཡིད་རྣམ་པར་ཤེས་པའི་ལེའུ་ལས་བསྟན་པ་དང་སྦྱར་ན་མེ་ལོང་གི་ནང་ན་གཟུགས་བརྙན་ཡོད་དེ། དེའི་ཕྱིར་མདོ་འདི་ཉིད་ལས་གཞན་ཡང་དཔེར་ན་མེ་ལོང་གི་དཀྱིལ་འཁོར་ཤིན་ཏུ་ཡོངས་སུ་དག་པ་ལས་གལ་ཏེ་གཟུགས ་ཤིག་འབྱུང་བའི་རྐྱེན་ཉེ་བར་གནས་པར་གྱུར་ན་གཟུགས་བརྙན་ཡང་གཅིག་ཁོ་ན་འབྱུང་ངོ་གལ་ཏེ་གཟུགས་བརྙན་གཉིས་སམ། གལ་ཏེ་རབ་ཏུ་མང་པོ་དག་འབྱུང་བའི་རྐྱེན་ཉེ་བར་གནས་པར་གྱུར་ན། གཟུགས་བརྙན་ཡང་རབ་ཏུ་མང་པོ་དག་འབྱུང་ངོ ་ཞེས་གསུངས་པ་དང། གཞན་ཡང་འཕགས་བ་སངས་རྒྱས་ཀྱི་སའི་མདོ་ལས་།དཔེར་ན་མེ་ལོང་གི་དཀྱིལ་འཁོར་ལ་བརྟེན་ནས་གཟུགས་བརྙན་དག་སྣང་ངོ་ཞེས་བྱ་བ་ནས་གཞན་ཡང་དཔེར་ན་མེ་ལོང་གི་དཀྱིལ་འཁོར་ན་གཟུགས་ཀྱི་རྐྱེན་ལ་བལྟོས ་ནས་གཟུགས་བརྙན་སྣ་ཚོགས་འབྱུང་བའི་རྒྱུར་འགྱུར་རོ་ཞེས་བྱ་བའི་བར་དུ་གསུངས་པ་ཡིན་ནོ། །གཉིས་པ་ནི་མདོ་འདི་ཉིད་ལས། དཔེར་ན་མེ་ལོང་གི་དཀྱིལ་འཁོར་ཤིན་ཏུ་ཡོངས་སུ་དག་པ་ལ་གཟུགས་ཀྱིས་རྐྱེན་བྱས་པས་གཟུགས་ཉིད་མཐོང་ཡང་བདག ་གིས་གཟུགས་བརྙན་མཐོང་ངོ་སྙམ་དུ་སེམས་ཤིང་གཟུགས་ལས་ལོགས་ཤིག་ན་སྤྱོད་ཡུལ་གཟུགས་བརྙན་སྣང་ངོ་སྙམ་དུ་སེམས་སོ་ཞེས་གསུངས་པ་ལ་སོགས་པ་ལ་བརྟེན་ནས་སོ། །ཐེག་པ་ཆེན་པོའི་སློབ་དཔོན་རྣམས་ཀྱི་བཤད་བ་ཡང་རྣམ་པ ་གཉིས་སུ་དབྱེའོ། །དང་པོ་ནི་སློབ་དཔོན་ཀླུ་སྒྲུབ་ཀྱི་གཞུང་སྟེ། བཤད་མ་ཐག་པའི་མདོའི་ཚིག་དང། འཕགས་པ་སངས་རྒྱས་ཀྱི་སའི་མདོ་ལ་སོགས་བ་ལ་བརྟེན་ཏེ་མེ་ལོང་གི་ནང་ན་གཟུགས་བརྙན་སྣང་བ་ཡང་བདག་ཉིད་སོགས་ཤིག་ན་ཡོད་བར ་རྣམ་བར་བཞག་ནས། མདོ་སྡེ་པའི་གཞུང་དང་རང་ཉིད་བཞིན་མཐོང་བ་རྣམ་པར་འཇིག་པར་མཛད་དེ། དེའི་ཕྱིར་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲེལ་པ་ལས་གྲིབ་མའི་གཟུགས་དང་གཟུགས་བརྙན་གྱི་གཟུགས་ནི་ཐ་དད་བར་བཤད་པ་ནི་མི་རིགས་ཏེ། ་དེ་ཅིའི་ཕྱིར་ཞེ་ན། མིག་གི་གསལ་བ་མེ་ལོང་ཡོངས་སུ་དག་པ་དང། ཕྲད་པ་ན་རང་གི་གྲིབ་མ་མཐོང་བས་ཀྱང་འོང་ལ་སྒྲིབ་པའི་ཕྱིར་གཟུགས་བརྙན་སྣང་བར་ཟད་ཀྱང། ཆོས་གཞན་ནི་ཅི་ཡང་མེད་དོ་ཞེ་ན་།སྨྲས་པ། དངོས་བོ་དེ་ནི་དེ་ལྟར་མ་ཡིན་ཏེ། དཔེར ་ན་འབྲུ་མར་གྱི་ནང་དུ་གཟུགས་བརྙན་སྣང་བ་དང་པོའི་གཟུགས་ཉིད་མ་ཡིན་པ་དང། རལ་གྱི་བརྙལ་ཏེ་ལྟ་བའི་ཚེ་ནི་གདོང་ཆེ་ལ་བསྒྲེང་སྟེ་ལྷ་བའི་ཚེ་ན་གདོང་མཆུ་རིངས་སུ་འགྱུར་བ་ལྟ་བུ་དང་པོ་ནི་བཞིན་ཉིད་མ་ཡིན་པ་དང་ཆུ་ཤེལ་གྱི་ཐིག་ལེ་རེ་རེའི་ནང ་ན་གཟུགས་བརྙན་སྣང་བ་ལྟ་བུའི་བཞིན་གྱི་གཟུགས་བརྙན་གཅིག་ཁོ་ན་མ་ཡིན་ཏེ། རྒྱུ་དང་རྐྱེན་དེའི་ཕྱིར་དང་པོའི་གཟུགས་ཉིད་མཐོང་བ་ནི་མ་ཡིན་ནོ། །གཞན་ཡང་མེ་ལོང་དང་ཡོངས་སུ་འཛིན་པའི་མ་སྣང་བ་ཡོད་ཅིང་རྐྱེན་མང་བ་ཚོགས་པའི་ཕྱིར་གཟུགས ་བརྙན་འབྱུང་གི་རྐྱེན་མང་པོ་དང་ལྡན་པར་མ་གྱུར་ན་གཟུགས་བརྙན་མི་འབྱུང་ཞེས་བཤད་དེ་།ཞིབ་དུ་དེ་ཉིད་ལས་བསྟན་པ་བཞིན་ནོ། །བཤད་པ་འདི་དག་དང་རང་གི་གདོང་མཐོང་ཞེས་བྱ་བ་ནི་མདོ་སྡེ་པའི་གཞུང་གིས་དཔེའི་མཚན་ཉིད་རབ་ཏུ་བསྟན་པ་ཡིན ་གྱི་ཐེག་པ་ཆེན་པོའི་དོན་ནི་མ་ཡིན་ནོ། །གཉིས་པ་ནི་འཕགས་པ་བྱམས་པའི་གཞུང་སྟེ། འདི་ཡང་བཤད་པ་རྣམ་པ་གཉིས་ཡོད་དེ། ཁ་ཅིག་ན་རེ་མེ་ལོང་གི་ནང་ན་གཟུགས་བརྙན་གཞན་ཡོད་པས་མིག་གི་རྣམ་པར་ཤེས་པ་སྐྱེ་བའི་གཟུགས་བརྙན ་ལ་དམིགས་ནས་སྐྱེ་བའོ། །གལ་ཏེ་གཟུགས་ཁོ་ནར་ཟད་ཀྱི་གཟུགས་བརྙན་གཞན་མེད་ན་ནི་ལྟ་བའི་རྣམ་པ་འབའ་ཞིག་ཡོད་པར་འགྱུར་བའི་རིགས་ཀྱི། རྒྱུ་མཚན་གྱི་རྣམ་པ་ནི་མེད་པར་འགྱུར་བས་འོ་ན་དཔེ་དང་དོན་འདྲ་བ་མེད་པའི་སྐྱོན་དུ་འགྱུར་རོ། ། ་གཞན་ཡང་བསྟན་པ་རྣམས་ལས་མེ་ལོང་གི་གཟུགས་བརྙན་ནི་གཞན་གྱི་དབང་གི་དཔེར་བསྟན་པ་ཡིན་ལ། ནམ་མཁའ་ཨི་མེ་ཏོག་ནི་ཀུན་བརྟགས་པའི་ངོ་བོ་ཉིད་ཀྱི་དཔེར་བསྟན་པ་ཡིན་པས་དེའི་ཕྱིར་ངེས་པར་གཟུགས་བརྙན ་ཡོད་དེ། གཟུགས་ཀྱི་སྐྱེ་མཆེད་བསྡུས་པ་ཡིན་ནོ། །མདོ་འདི་ལས་ནི་ངེས་པར་གཟུགས་ལས་ལོགས་ཤིག་ན་གཟུགས་བརྙན་ཡོད་དོ་ཞེས་འཛིན་པ་རྣམ་པར་གཞིག་པ་ཡིན་པ། དེའི་ཕྱིར་གཟུགས་ཀྱིས་རྐྱེན་བྱས་པས་གཟུགས་ཉིད་མཐོང་ཡང་བདག་གིས ་གཟུགས་མཐོང་ངོ་སྙམ་དུ་སེམས་ཤིང་གཟུགས་ལས་གཟུགས་ཤིག་ན་སྤྱོད་ཡུལ་གཟུགས་བརྙན་སྣང་ངོ་སྙམ་དུ་སེམས་སོ་ཞེས་བྱ་བ་གསུངས་ཀྱང་ཡང་དག་པའི་དོན་དུ་ན་གཟུགས་བརྙན་དང་གཟུགས་ཉིད་ནི་གཅིག་པ་ཡང་མ་ཡིན། ཐ་དད་པ་ཡང་མ་ཡིན ་ནོ། །གཅིག་པ་ཉིད་མ་ཡིན་པའི་ཕྱིར་ནི་གཟུགས་དང་གཟུགས་བརྙན་མི་མཚུངས་ལ། ཐ་དད་པ་ཡང་མ་ཡིན་པའི་ཕྱིར་ནི་གཟུགས་ཉིད་མཐོང་ཞེས་བྱའོ། །ཁ་ཅིག་ན་རེ་གཟུགས་ལས་གུད་ན་གཟུགས་བརྙན་གཞན་མེད་དེ་ཞེས་ཕལ་ཆེར་མདོ་སྡེ་པ ་དག་དང་མཚུངས་པར་བདག་ཉིད་ཀྱི་བཞིན་མཐོང་བ་ཡིན་ནོ་ཞེས་ཟེར་ཏེ། འདི་ལྟར་རྨོངས་ཤིང་ནོར་བའི་ཕྱིར་བདག་གིས་གཟུགས་བརྙན་མེ་ལོང་གི་དཀྱིལ་འཁོར་གྱི་ནང་དུ་ཡོད་པ་མ་ཡིན་ན་ཇི་ལྟར་དཔེར་རུང་ཞེ་ན། གཟུགས་དང་མེ་ལོང་ཡང་ཡོད་ཅིང་ཚོགས ་ཀྱི་ཡང་དག་བའི་དོན་དུ་ན་ཅི་ཡང་མེད་དེ། དེའི་ཕྱིར་འཕགས་པ་སངས་རྒྱས་གྱི་སའི་འགྲེལ་བ་ལས། ཡང་དང་བར་གཟུགས་བརྙན་མ་ཡོང་གི་དཀྱིལ་འཁོར་གྱི་ནང་དུ་ཡོད་པ་མ་ཡིན་ན་ཇི་ལྟར་དཔེར་རུང་ཞེ་ན། གཟུགས་དང་མེ་ལོང་ཡང་ཡོད་ཅིང་ཚོགས ་པ་ལས་རྐྱེན་བྱས་བའི་ཕྱིར་མཚན་མ་དེ་ལྟ་བུར་སྣང་བས་དེའི་ཕྱིར་དཔེར་རུང་སྟེ། འདི་སེམས་ཅན་རྣམས་ཕྱིན་ཅི་ལོག་ཏུ་མངོན་བར་ཞེན་པ་གཟུགས་བརྙན་གྱིས་ཡོངས་སུ་བསྒོས་པ་ཡོངས་སུ་སྨིན་བའི་མཐུའི་ཕྱིར་དང། མེ་ལོང་དང་གདོང་གིས་རྐྱེན་བྱས་པའི ་ཕྱིར་རང་གི་རྣམ་པར་ཤེས་པ་གྱུར་ནས་བཞིན་གྱི་གཟུགས་བརྙན་ལྟ་བུར་སྣང་བས་དེས་ན་འཇིག་རྟེན་པ་དག་མངོན་པའི་ང་རྒྱལ་བསྐྱེད་ནས་བདག་གིས་མེ་ལོང་གི་ནང་དུ་གཟུགས་བརྙན་མཐོང་ངོ་སྙམ་སེམས་ཀྱང་གཟུགས་བརྙན་གཞན་མེ་ལོང་གི་ནང་དུ་སྐྱེས་པ་གང་ཡང་མེད ་དེ་དེའི་ཕྱིར་མདོ་ལས་གཟུགས་བརྙན་མང་པོ་སྣང་ངོ་ཞེས་གསུངས་ཀྱི་སྐྱེས་པ་ཞེས་ནི་མ་གསུངས་སོ་ཞེས་བསྟན་པ་ཡིན་ནོ་ཞེའོ། །གལ་ཏེ་དེ་ན་ཅིའི་ཕྱིར་འཕགས་བ་སངས་རྒྱས་ཀྱི་སའི་མདོ་དང། མདོ་འདི་ཉིད་ཀྱི་ནང་ནས་སེམས་དང་ཡིད་དང་རྣམ་པར་ཤེས་པའི ་ལེའུ་ལས་སྐྱེ་བ་ཞེས་བྱ་བ་གསུངས། སྨྲས་པ་སྣང་བའི་དབང་དུ་མཛད་ནས་སྐྱེ་བ་གསུངས་སོ། །གཞན་ཡང་སློབ་དཔོན་ངོ་བོ་ཉིད་མེད་ཀྱིས་བྱས་པ་ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་ལས། གཞན་ཡང་དཔེར་ན་མེ་ལོང་ལ་སོགས་པའི་ནང་དུ་གཟུགས་བརྙན ་སྣང་བ་གཟུགས་ཉིད་མཐོང་ཡང་བདག་གིས་གུང་ན་གཟུགས་བརྙན་མཐོང་ངོ་སྙམ་དུ་སེམས་ཏེ། གཟུགས་བརྙན་དེ་ནི་ཡང་དག་པར་ཡོད་པ་མ་ཡིན་ནོ་ཞེས་འབྱུང་ངོ། །གཞན་ཡང་སློབ་དཔོན་དབྱིག་གཉེན་གྱི་ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་མཛད་པ་ལས། ་དཔེར་ན་གཟུགས་བརྙན་ནི་ཡང་དག་པར་དོན་ཡོད་པ་མ་ཡིན་ཡང། གཟུགས་དེ་ཉིད་ལ་གཟུགས་བརྙན་གྱི་བློ་སྐྱེད་བར་བྱེད་དེ། གཟུགས་བརྙན་དེའི་དོན་ལོགས་ཤིག་ན་མི་དམིགས་སོ། །འདི་ཡང་དེ་བཞིན་ཏེ་ཞེས་འབྱུང་ངོ། །དེ་ལྟར་རྣམ་པ་གཉིས་སུ་བཤད་པ ་?་ཀྱང་བཤད་པ་ནི་ཕྱི་མ་བཟང་སྟེ་བསྟན་བ་རྣམས་དང་རྗེས་སུ་འཐུན་པའི་ཕྱིར་རོ། །གཟུགས་བརྙན་མེད་པར་བསྟན་པ་ལ་ཡང་བཤད་བ་རྣམ་པ་གཉིས་ཡོད་དེ། ཁ་ཅིག་ན་རེ་མེ་ལོང་གི་ནང་ན་གཟུགས་བརྙན་ཅི་ཡང་མེད་དོ་ཞེས་སྔ་མ་བཞིན་དུ་བསྟན་བཅོས་ཐེག་པ ་ཆེན་པོ་བསྡུས་པ་ལ་སོགས་པ་ཁུངས་སུ་བསྟན་ནས་།གཟུགས་ཉིད་ལ་གཟུགས་བརྙན་གྱི་བློ་བསྐྱེད་པ་ཡིན་ནོ་ཞེས་ཟེར་རོ། །ཁ་ཅིག་ན་རེ་མེ་ལོང་གིས་བཞིན་སྣང་བར་བྱེད་པ་ཞེས་བྱ་བ་ཡང་རྣམ་པ་བཞི་ཡོང་པས། དང་པོ་ནི་ཀུན་གཞི་རྣམ་པ་ཤེས་པ་ལས ་གྱུར་པའི་གཟུགས་སོ། །གཉིས་པ་ནི་མིག་གི་རྣམ་པར་ཤེས་པ་ལས་གྱུར་པའི་རྒྱུ་མཚན་གྱི་རྣམ་པའོ། །གསུམ་པ་ནི་དུས་མཚུངས་པའི་ཡིད་ཀྱི་རྣམ་པར་ཤེས་པའི་རྒྱུ་མཚན་གྱི་རྣམ་པ་སྟེ་།རྣམ་པ་གསུམ་པོ་འདི་དག་གི་གཟུགས་ཉིད ་དང་གནས་མཚུངས་པའོ། །བཞི་བ་ནི་རྣམ་པར་རྟོགས་པའི་ཡིད་ཀྱི་རྣམ་པར་ཤེས་པའི་རྒྱུ་མཚན་གྱི་རྣམ་བ་སྟེ། རྣམ་པ་འདི་དག་གཅིག་ནི་མེ་ལོང་དང་བཞིན་ཡོད་པ་ཡིན་ཏེ། འདི་ནི་བསྟན་བཅས་ཆེས་མངོན་བ་སྣ་ཚོགས་ཀུན་པས་བཏུས་པ་ལས། ཆོས་ཀྱི་སྐྱེ ་མཆེད་རྣམ་པ་ལྔས་བསྡུས་པའི་གཟུགས་ལས་ཀུན་བརྟགས་པའི་གཟུགས་ཉིད་དོ། །དེ་ལ་དང་པོ་རྣམ་པོ་ལྔ་ནི་བསྡུས་བ་ལས་གྱུར་པ་དང། མངོན་བར་སྐབས་ཡོད་བ་དང་ཡང་དག་པར་བླངས་པ་ལས་བྱུང་བ་དང། དབང་འབྱོར་པས་བསྐྱེད་བ་དང་ཀུན་བརྟགས་པའི ་གཟུགས་སོ་ཞེའོ། །དེ་ལ་མེ་ལོང་དང་གཟུགས་དང་གཟུགས་བརྙན་བྱེ་བྲག་ཏུ་གྱུར་པའི་མཚན་ཉིད་ཀྱང་སོ་སོ་ནས་བཤད་པ་མི་མཐུན་པས། ཁ་ཅིག་ན་རེ་མེ་ལོང་ནི་ཏིང་ངེ་འཛིན་གྱི་དཔེར་བསྟན་པའོ། །གཟུགས་ནི་སེམས་ཀྱི་རྒྱལ་པོའི་དཔེར་བསྟན་པའོ། །གཟུགས ་བརྙན་ནི་རྒྱུ་མཚན་གྱི་རྣམ་པའི་དཔེར་བསྟན་པའོ་ཞེས་ཟེར་ཏེ། དེ་ནི་འདི་སྐད་དུ་སེམས་ཀྱི་མཐུའི་དབང་གིས་ནི་ཏིང་ངེ་འཛིན་ལ་བརྟེན་ནས་སྔོན་པོ་ལ་སོགས་པ་ལ་དམིགས་པར་བྱེད་ཀྱང། གཟུགས་བརྙན་པ་ནི་སེམས་ཀྱི་སྤྲུལ་པའི་ཕྱིར་སེམས་དང་བྲལ་བས་དེའི ་ཕྱིར་རང་ཉིད་ཀྱི་སེམས་མཐོང་བ་ཞེས་བཤད་ཀྱི། ལྟ་བའི་རྣམ་པ་ཉིད་ཀྱིས་ལྟ་བའི་རྣམ་པ་མཐོང་བ་ནི་མ་ཡིན་པའི་ཕྱིར་རང་ཉིད་མཐོང་བ་ཞེས་བརྗོད་པ་ཡིན་ནོ་ཞེས་བསྟན་པར་འགྱུར་རོ། །གལ་ཏེ་ཏིང་ངེ་འཛིན་དང་རྣམ་པར་གཡེང་བ་ཡང་བསྡུས་ནས་དཔེ་འདི་གསུངས ་པ་ཡིན་ན་ནི། འདི་ལ་ཡང་བཤད་པ་རྣམ་པ་གཉིས་ཡོད་དེ། ཁ་ཅིག་ན་རེ་རྣམ་པར་གཡེང་བའི་གནས་སྐབས་ན་ཡང་ཏིང་ངེ་འཛིན་ཡོད་པའི་ཕྱིར། དོན་ཏིང་ངེ་འཛིན་གྱི་གནས་སྐབས་འདྲའོ་ཞེའོ། །ཁ་ཅིག་ན་དེ་རྣམ་པར་གཡེང་བའི་ནང་ན་མེ་ལོང་ནི་རྩ ་པའི་གཟུགས་ཀྱི་དཔེའོ། །གཟུགས་ནི་ལྟ་བའི་རྣམ་པའི་དཔེའོ། །གཟུགས་བརྙན་ནི་རྒྱུ་མཚན་གྱི་རྣམ་པའི་དཔེའོ་ཞེའོ། །ཁ་ཅིག་ན་རེ་མེ་ལོང་ནི་ལྟ་བའི་རྣམ་པའི་དཔེའོ། །གཟུགས་བརྙན་ནི་རྒྱུ་མཚན་གྱི་རྣམ་པའི་དཔེའོ། །གཟུགས་ནི་བདག་ཉིད་ཀྱིས་རྟོག་པའི་རྣམ་པའི་དཔེར ་བསྟན་ཏོ་ཞེས་ཟེར་ཏེ་།དེ་ནི་འདི་སྐད་དུ་བདག་ཉིད་ཀྱིས་རྟོག་པའི་རྣམ་པའི་དབང་གིས་ལྟ་བ་དང་རྒྱུ་མཚན་གྱི་རྣམ་པར་ཡོངས་སུ་གྱུར་པའི་ཕྱིར་ལྟ་བ་རྒྱུ་མཚན་ལ་དམིགས་པར་བྱེད་ཀྱང་རྒྱུ་མཚན་དང་ལྟ་བ་དེ་དག་ནི་བདག་ཉིད་ཀྱིས་རྟོགས་པ་དང་མ་བྲལ་བའི་ཕྱིར་རྣམ་བར ་རིག་པ་ཙམ་དུ་གསུངས་པ་ཡིན་ནོ་ཞེས་བསྟན་པར་འགྱུར་རོ། །དེ་བཞིན་དུ་སེམས་དེ་སྐྱེས་པ་ན་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་གཟུགས་བརྙན་ཐ་དད་པ་འདྲ་བར་རབ་ཏུ་སྣང་ངོ། །ཞེས་བྱ་བ་ན?་གསུམ་བ་དཔེ་དང་དོན་དུ་སྦྱར་བ་སྟེ། འདི་ལྟར་ཏིང་ངེ་འཛིན་གྱི་སེམས་དེ་ལྟར ་སྐྱེས་བ་ན་རྨོངས་ཤིང་ནོར་བའི་ཕྱིར་སེམས་ལས་ཕྱི་རོལ་ན་ཐ་དད་པའི་གཟུགས་བརྙན་སྣང་བ་ཞིག་མཐོང་ངོ་སྙམ་དུ་སེམས་ཏེ། ཡང་དག་པའི་དོན་དུ་ནི་སེམས་ཀྱིས་ཡོངས་སུ་བསྒྱུར་བའི་མཚན་མ་དག་ནི་སེམས་ལས་བུད་ན་མེད་པའི་ཕྱིར་སེམས་ཞེས་བཤད་ཀྱི། སེམས ་ལས་ལོགས་ཤིག་ན་གཞན་ཞིག་མཐོང་བའི་ཕྱིར་བདག་ཉིད་ཀྱིས་སེམས་མཐོང་ཞེས་བྱ་བ་ནི་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ་།བཅོམ་ལྡན་འདས་སེམས་ཅན་རྣམས་ཀྱི་རང་བཞིན་དུ་གནས་པ་གཟུགས་ལ་སོགས་པ་ལ་དམིགས་པའི་སེམས་དང་སྤྱོད་ཡུལ་གཟུགས་བརྙན ་གང་ལགས་པ་དེ་ཡང་སེམས་འདི་དང་ཐ་དད་པ་ལགས་ཞེས་བྱ་བགྱི་འམ་ཞེས་བྱ་བ་ལ་སོགས་པས་ནི་གཉིས་པ་ཞུས་པ་དང་ལན་དག་གིས་རྣམ་པར་གཡེང་བའི་སེམས་གྱི་དམིགས་པ་རྣམ་པར་འབྱེད་པ་སྟོན་ཏོ་འདི་ཡང་རྣམ་བ་གཉིས་སུ་དབྱེ་སྟེ། ཞུ་བ་གསོལ་བ་དང་ལན་དུ ་གསུངས་པའོ། །འདི་ནི་དང་པོ་ཞུ་བ་གསོལ་བའི་དགོངས་པ་ནི་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་དེ་ཡང་བཅོམ་ལྡན་འདས་ཀྱིས་ཇི་སྐད་དུ་།སེམས་རྣམས་ནི་རྩོལ་བ་མེད་པར་རང་བཞིན་དུ་གནས་པའི་སེམས་ཀྱིས་གཟུགས་ལ་སོགས་པ་ལ་དམིགས་སོ་ཞེས་གསུངས་ན་གཟུགས ་བརྙན་རྣམས་ཀྱི་ཡུལ་གང་ལགས་པ་དེ་ཡང་སེམས་འདི་དང་ཐ་དད་བ་མ་ལགས་ཤེས་བགྱི་འམ་ཞེས་བྱ་བའི་ཐ་ཚིག་གོ་།རིགས་ཀྱི་བུ་ཐ་དད་པ་མ་ཡིན་པ་ཡང་བྱིས་པ་ཕྱིན་ཅི་ལོག་གི་སློ་ཅན་རྣམས་ནི་གཟུགས་བརྙན་རྣམས་ལ་རྣམ་པར ་རིག་པ་ཙམ་དུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་མི་ཤེས་པས་ཕྱིན་ཅི་ལོག་ཏུ་སེམས་སོ་ཞེས་བྱ་བ་ནི་གཉིས་པ་དེ་བཞིན་གཤེགས་པས་ལན་དུ་ཡང་དག་པར་གསུངས་པ་སྟེ། རྣམ་པར་གཡེང་བའི་སེམས་ཀྱི་དམིགས་པ་ཡང་སེམས་ལས་གུད་ན་མེད་ཀྱང་འདི་ལྟར ་བྱིས་པ་རྣམས་སེམས་ནོར་བར་གྱུར་པའི་ཕྱིར་གཟུགས་བརྙན་སེམས་ལས་ཕྱི་རོལ་དུ་གྱུར་པ་ཡིན་པར་སེམས་སོ། ཞེས་བྱའོ། །བཅོམ་ལྡན་འདས་ཀྱིས་རྣམ་པར་རིག་པ་ཙམ་དུ་གསུངས་པ་ལ་དགོངས་པ་ཅི་ཡོད་ཅེ་ན་།སྨྲས་པ། བསྟན་བཅོས་ཤིན་ཏུ་རྒྱས ་པ་བརྒྱལ་ལས། ཇི་སྐད་དུ་མདོར་ག་ལས། རྣམ་པར་རིག་པ་ཙམ་མོ་ཞེས་གསུངས་པ་ནི་རྣམ་པར་རིག་པ་ཙམ་དུ་བསྒོམས་ནས་ཕྱི་རོལ་གྱི་དོན་སྤང་བའི་ཆེན་དུ་སྟེ། ཕྱི་རོལ་གྱི་དོན་སྤངས་ན་ཡང་དག་པ་མ་ཡིན་པའི་སེམས་ཉེ་བར་ཞི་བར་གྱུར་ལ་།ཡང་དག་པ ་མ་ཡིན་པའི་སེམས་ཞི་བའི་ཕྱིར་ནི་དབུ་མའི་ལམ་རྟོགས་པར་འགྱུར་པ?་དེའི་ཕྱིར་མདོ་དག་ལས། ཡུལ་ཉིད་སེམས་ཙམ་དུ་ནི་མ་ཤེས་ན། །རྣམ་རྟོག་རྣམ་གཉིས་རབ་ཏུ་འབྱུང་བར་འགྱུར། །ཡུལ་ཉིད་སེམས་ཙམ་དུ་ནི་རྟོགས་གྱུར་ན། །རྣམ་པར་རྟོག་པ་དང? ་ནི་སྐྱེ་མི་འགྱུར། །ཆོས་རྣམས་སེམས་ཙམ་དུ་ནི་རིག་གྱུར་ན། །ཕྱི་རོལ་དོན་གྱི་མཚན་མ་སྤོང་འགྱུར་ཏེ། །དེས་ན་རྣམ་པར་རྟོག་པ་རབ་བཞིན་ནས། །མཉམ་ཉིད་ཡང་དག་སྟོང་པ་གོ་བར་འགྱུར་ཞེས་གསུངས་ཏེ། བྱིས་པ་སོ་སོའི་སྐྱེ་བོ་དག་ནི་ཡུལ་གྱི་རོ་ལ་མངོན ་པར་ཞེན་ནས་འདོད་པ་རྣམས་ཀྱི་བདེ་བ་མྱོང་ཞིང་གཏོང་བའི་སེམས་མེད་པས་འཁོར་བར་འཁོར་ཞིང་སྲིད་པ་གསུམ་གྱི་རྒྱ་མཚོར་བྱིང་ནས་སྡུག་བསྔལ་ཤིན་ཏུ་མི་བཟད་པ་མྱོང་བས་རྣམ་པར་གྲོལ་བར་འགྱུར་བའི་རྒྱུ་མེད་པས་ན་དེ་བཞིན་གཤེགས་པས་ཐུགས་རྗེ་དང ་ཐབས་ཀྱིས་ཆོས་རྣམ་པར་ཞིག?་པ་ཙམ་དུ་བསྟན་བས?་ཕྱི་རོལ་གྱི་ཡུལ་དུ་འཛིན་པ་སྤོང་བར་མཛད་དོ། །ཕྱི་རོལ་གྱི་ཡུལ་སྤངས་བ་ཉིད་ཀྱིས་ཡང་དག་པ་མ་ཡིན་པའི་རྣམ་པར་ཤེས་པ་ཡང་ཉེ་བར་ཞི་བར་འགྱུར་ལ། ཡང་དག་པ་མ་ཡིན་པའི་རྣམ་པར་ཤེས་པ་ཉེ་བར ་ཞི་བའི་ཕྱིར་ནི་མྱ་ངན་ལས་འདས་པར་འགྱུར་བས་དེའི་ཕྱིར་མདོ་དག་ལས། དཔེར་ན་འཇིག་རྟེན་སྨན་ལ་མཁས་པ་དག་།སྨན་རབ་ནང་རྣམས་ཡོངས་སུ་སྩལ་བ་ལྟེ། །དེ་བཞིན་གཤེགས་པ་རྣམས་ཀྱང་དེ་བཞིན་དུ། །སེམས་ཅན་?་གི་ཆེད་དུ་སེམས་ཙམ ་བཤད་ཅེས་འབྱུང་སྟེ། ཞིབ་ཏུ་དེ་ཉིད་ལས་བསྟན་པ་བཞིན་ནོ། །རྣམ་པར་རིག་པ་ཙམ་དུ་རྒྱ་ཆེར་རྣམ་པར་བཤད་པ་ནི་བསྟན་བཅོས་རྣམ་བར་རིག་པ་ཙམ་དུ་གྲུབ་པ་ལ་སོགས་པ་ལས་བསྟན་པ་བཞིན་དུ་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་བྱམས་པས ་ཡང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཅི་ཙམ་གྱིས་ན་བྱང་ཆུབ་སེམས་དཔའ་གཅིག་ཏུ་ལྷག་མཐོང་སྒོམ་པ་ཞེས་བགྱི་ལགས་ཞེས་བྱ་བ་འདི་མན་ཆད་བདུན་པ་ཞི་གནས་དང་ལྷག་མཐོང་ཟུང་དུ་བསྒོམ་པའི་སྒོ་ཞེས་བྱ་བ་སྟོན་ཏེ། ་དེའི་ཕྱིར་བསྟན་བཅོས་མདོ་སྡེའི་རྒྱན་ལས། དེ་ལ་ཆ་གཅིག་བསྒོམ་པ་ནི་འདི་ལྟ་སྟེ། ཞི་གནས་ལྷག་མཐོང་སོ་སོ་ནས་བསྒོམ་པ་གང་ཡིན་པའོ། །ཟུང་དུ་བསྒོམ་པ་ནི་འདི་ལྟ་སྟེ། ཞི་གནས་དང་ལྷག་མཐོང་འདྲེས་བར་བསྒོམ་པའོ་ཞེས་འབྱུང་ངོ། །འདི་ཡང་རྣམ ་པ་གཉིས་སུ་དབྱེ་སྟེ། སྤྱི་དང་བྱེ་བྲག་ཏུ་བསྒོམ་པ་བསྟན་པ་དང། བཅོམ་ལྡན་འདས་སེམས་གྱི་མཚན་མ་གང་ལགས་ཞེས་བྱ་བ་མན་ཆད་ཀྱིས་དམིག?་པ་གསུམ་གྱི་བྱེ་བྲག་བཟླས་ཏེ་བསྟན་པའོ། །དང་པོ་ཡང་རྣམ་པ་གསུམ་སྟེ། གཅིག་ཏུ་ལྷག་མཐོང་བསྒོམ ་པ་བསྟན་པ་དང་གཅིག་ཏུ་ཞི་གནས་བསྒོམ་པ་བསྟན་པ་དང། ཞི་གནས་དང་ལྷག་མཐོང་གཉིས་ཅིག་ཅར་འཇུག་པ་བསྟན་པའོ། །རྣམ་པ་གསུམ་པོ་དེ་དག་རེ་རེ་ལ་ཡང་ཞུ་བ་གསོལ་བ་དང། ལན་དུ་གསུངས་པ་ཡོད་པས་འདི་ནི་དང་པོ་ལྷག་མཐོང་ལས ་བརྩམས་ནས་བྱང་ཆུབ་སེམས་དང་ས་ཞུ་བ་གསོལ་བ་སྟེ། འདི་ནི་ལྷག་མཐོང་བསྒོམ་པའི་སྤྱོད་པ་དང། ཞེས་པའི་ཚང་ཞུས་པ་ཡིན་ནོ། །བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་བྱམས་པ་ལ་བཀའ་སྩལ་པ། རིགས་ཀྱི ་བུ་རྒྱུན་ཆགས་སུ་ཡིད་ལ་བྱེད་པ་གང་གིས་སེམས་ཀྱི་མཚན་མ་ཡིད་ལ་བྱེད་པའོ། །ཞེས་བྱ་བ་ནི་གཉིས་པ་དེ་བཞིན་གཤེགས་པས་ལན་དུ་ཡང་དག་པར་གསུངས་པ་སྟེ། འདི་ལྟར་རྒྱུན་ཆགས་སུ་ཡིད་བྱེད་པ་ཐོས་པ་དང། བསམ་པའི་ཤེས་རབ ་དང་བཅས་པའི་སེམས་ཀྱི་རྒྱུ་མཚན་གྱི་རྣམ་པ་གང་ཡིན་པའོ་ཞེས་བྱ་བའི་ཐ་ཚིག་གོ་།སྔར་སེམས་ཀྱི་མཚན་མ་སྤངས་པ་ཞེས་གསུངས་པ་དེ་དང་འདི་བྱེ་བྲག་ཅི་ཡོད་ཅེ་ན། སྨྲས་པ། སེམས་ཀྱི་མཚན་མར་མཚུངས་ཀྱང་འདི་ནི་བདག་པོའི་དབང་དུ ་མཛད་ནས་བཤད་པ་ཡིན་ལ། དེ་ན་ལས་ཡོངས་སུ་འཛིན་པའི་དབང་དུ་མཛད་ནས་བཤད་པ་ཡིན་པའི་ཕྱིར་བྱེ་བྲག་ཡོད་དོ། །དགོངས་པ་ཟབ་མོ་རྣམ་པར་དགྲོལ་བའི་མདོ་ལས་ནི་ལྷག་མཐོང་དེའི་རྗེས་སུ་མཐུན་པར་གྱུར་ཅིང་སེམས་ཀྱི་མཚན ་མ་རྒྱུན་མི་འཆད་བ་ཞེས་འབྱུང་ངོ། །བཅོམ་ལྡན་འདས་ཇི་ཙམ་གྱིས་ནི་བྱང་ཆུབ་སེམས་དཔའ་ཨི་གཅིག་ཏུ་ཞི་གནས་བསྒོམ་པ་ལགས་ཞེས་བྱ་བ་ནི་གཉིས་པ་ཞི་གནས་བསྒོམ་པ་ཁོ་ན་ཞུས་པའོ། །རིགས་ཀྱི་བུ་རྒྱུན་ཆགས་སུ་ཡིད་ལ་བྱེད་པ ་གང་གིས་བར་ཆད་མེད་པའི་སེམས་ཡིད་ལ་བྱེད་པའི་ཞེས་བྱ་བ་ནི་གཉིས་པ་དེ་བཞིན་གཤེགས་པས་རྣལ་འབྱོར་སྤྱོད་བའི་ས་ལས་བར་ཆད་མེད་པར་ཡིད་ལ་བྱེད་པ་ནི་འདི་ལྟ་སྟེ། དུས་ཐམས་ཅད་དུ་བར་ཆད་མེད་པར་རྒྱུན་ཏུ་འཇུག་པ་གང་ཡིན་པའོ ་ཞེས་འབྱུང་བས་དེའི་ཕྱིར་བར་ཆད་མེད་པ་ཞེས་བྱ་བ་ནི་རྒྱུན་ཆགས་ལ་བྱ་བར་རིག་པར་བྱ་སྟེ། འདི་ལྟར་ཞི་གནས་ཀྱིས་སེམས་རྣམ་པར་མི་གཡེང་བར་བྱེད་པའི་ཕྱིར་སེམས་ལ་དམིགས་པ་ཁོ་ནའོ། །གཞན་ཡང་བར་ཆད་མེད་པའི་སེམས་ཞེས་བྱ ་བ་ནི་དེའི་གོང་མ་བར་ཆད་མེད་པའི་སེམས་དམིགས་པར་གྱུར་པའོ། །དེ་ལྟར་རྣམ་པ་གཉིས་སུ་བཤད་པ་ཡོད་ཀྱང་བཤད་པ་ནི་སྔ་མ་བཟང་ངོ། །དགོངས་པ་ཟབ་མོ་རྣམས་པ་དགྲོལ་བའི་མདོ་ལས་ནི་སེམས་ཀྱི་མཚན་མ་རྒྱུན་མི་འཆད་པ་ཞེས་འབྱུང་ངོ། །བཅོམ ་ལྡན་འདས་ཇི་ཙམ་གྱིས་ན་བྱང་ཆུབ་སེམས་དཔའ་ཞི་གནས་དང་ལྷག་མཐོང་གཉིས་འདྲེས་པར་གྱུར་ཏེ། མཉམ་པར་ཟུང་དུ་འཇུག་པ་ཞེས་བགྱི་ལགས་ཞེས་བྱ་བ་ནི་གསུམ་བ་གཉི་ག་ཅིག་ཅར་དུ་འཇུག་པའི་མཚན་ཉིད་ཞུས་པའོ། །རིགས་ཀྱི་བུ་གང ་གིས་སེམས་རྩེ་གཅིག་པ་ཉིད་ཡང་དག་པ་ཡིད་ལ་བྱེད་པའོ། ཞེས་བྱ་བ་ནི་གཉིས་པ་དེ་བཞིན་གཤེགས་པས་ལན་ཏུ་ཡང་དག་པར་གསུངས་བ་སྟེ། དེ་ལ་སེམས་རྩེ་གཅིག་བ་ཉིད་ཅེས་བྱ་བ་ནི་འདི་ལྟ་སྟེ། ཞི་གནས་དང་ལྷག་མཐོང་ཅིག་ཅར་འཇུག་ཅིང ་ཕུལ་ལ་དམིགས་པའོ། །ཚིག་འདི་གཅིག་ཀྱང་སོ་སོ་ནས་བཤད་པ་མ་མཐུན་པས་ཁ་ཅིག་ན་རེ་སེམས་རྩེ་གཅིག་པ་ཉིད་ཅེས་བྱ་བ་ནི་ཀུན་རྫོབ་དུ་རྣམ་པར་རིག་པ་ཙམ་ཁོ་ན་སྟེ། ཡུལ་ནི་སེམས་ལས་ལོགས་ཤིག་ན་མེད་པས་སེམས་རྩེ་གཅིག་པ་ཉིད་ཅེས་བྱའོ། །ཡང ་ན་སེམས་རྩེ་གཅིག་པ་ཁོ་ནར་ཟད་པས་སེམས་རྩེ་གཅིག་བ་ཉིད་ཅེས་བྱའོ། །ཡང་ན་སེམས་རྩེ་གཅིག་པ་ཉིད་ཅེས་བྱ་བ་ནི་དོན་དམ་པར་ཡང་དག་པར་རིག་པ་ཙམ་ཁོ་ན་སྟེ། འདི་ལྟར་ཆོས་ཐམས་ཅད་ནི་དེ་ཁོ་ན་ཉིད་གཅིག་གི་ངོ་བོ་ཉིད་ཡིན་པས་སེམས་རྩེ ་གཅིག་བ་ཉིད་ཅེས་བྱའོ་ཞེའོ། །ཁ་ཅིག་ན་རེ་ཉིད་ཅེས་བྱ་བ་ནི་ཀུན་རྫོབ་དུ་གཏོགས་པས། དེའི་ཕྱིར་བསྟན་བཅོས་རྣམ་པར་རིག་པ་ཙམ་དུ་གྲུབ་པ་ལས་འདི་ལྟ་སྟེ། རྣམ་པར་རིག་བའི་ངོ་བོ་ཉིད་དེ་ཡང་མདོར་བསྡུ་ན་རྣམ་པ་གཉིས་ཏེ། དང་པོ་ནི་ཀུན་རྫོབ་སྟེ། ་གཞན་གྱི་དབང་གི་ངོ་བོ་ཉིད་དོ། །གཉིས་པ་ནི་དོན་དམ་པ་སྟེ། ཡོངས་སུ་གྲུབ་པའི་ངོ་བོ་ཉིད་དོ་ཞེས་འབྱུང་བ་ཡིན་ནོ་ཞེའོ། །དགོངས་བ་ཟབ་མོ་རྣམ་པར་དགྲོལ་བའི་མདོ་ལས་ནི་སེམས་ལ་སེམས་རྩེ་གཅིག་ཏུ་རྟོག་པ་ཞེས་འབྱུང་ངོ། །བཅོམ་ལྡན་འདས ་སེམས་ཀྱི་མཚན་མ་གང་ལགས་ཞེས་བྱ་བ་ལ་སོགས་པས་ནི་གཉིས་པ་དམིགས་པ་རྣམ་པ་གསུམ་གྱི་བྱེ་བྲག་བཟླས་ཏེ་བསྟེན་པ་སྟོན་ཏོ། །འདི་ཡང་དམིགས་པ་རྣམ་པ་གསུམ་བསྟན་པ་ཉིད་ཀྱིས་རྣམས་གསུམ་དུ་དབྱེ་སྟེ། འདི་ནི་དམིགས ་པ་དང་པོ་ཞུས་པའོ། །རིགས་ཀྱི་བུ་འདི་ལྟ་སྟེ་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་རྣམ་པར་རྟོག་པ་དང་བཅས་པའི་གཟུགས་བརྙན་ལྷག་མཐོང་གི་དམིགས་པ་གང་ཡིན་པའོ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པས་ཡང་དག་པར་བཤད་པ་སྟེ་།གོང་དུ་ཇི་སྐད་བསྟན་པའི ་སེམས་ཀྱི་མཚན་མ་ཉིད་ནི་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་གཟུགས་བརྙན་ཡང་ཡིན་ལ་ལྷག་མཐོང་གི་སེམས་ཀྱི་སྤྱོད་ཡུལ་གང་ཡིན་པས་སོ། །བཅོམ་ལྡན་འདས་བར་ཆད་མ་མཆིས་བའི་སེམས་གང་ལགས་ཞེས་བྱ་བ་ལ་སོགས་པས་ནི་དམིགས་པ་གཉིས ་བ་ཞུས་པ་བསྟན་ཏོ། །རིགས་ཀྱི་བུ་འདི་ལྟ་སྟེ། གཟུགས་བརྙན་དེ་ལ་དམིགས་པའི་སེམས་ཞི་གནས་ཀྱི་དམིགས་པ་གང་ཡིན་པའི་ཞེས་བྱ་བ་ནི་དེ་བཞིན་གཤེགས་བས་ཡང་དག་པར་བཤད་པ་སྟེ། གཟུགས་མརྙན?་དེ་ལ་དམིགས་པ་ཐོས་པ་དང་བསམས ་པ་ཤེས་རབ་རྣམ་པ་གཉིས་དང་མཚུངས་པར་ལྡན་པ་རྒྱུ་མཚན་གྱི་རྣམ་པའི་སེམས་གང་ཡིན་པ་དེ་ནི་ཞི་གནས་ཀྱི་དམིགས་པའི་སྤྱོད་ཡུལ་ཡིན་པས་སོ། །བཅོམ་ལྡན་འདས་སེམས་རྩེ་གཅིག་པ་ཉིད་གང་ལགས་ཞེས་བྱ་བ་ལ་སོགས་པས་ནི་དམིགས་པ་གསུམ ་པ་ཞུས་པ་བསྟན་ཏོ། །རིགས་ཀྱི་བུ་འདི་ལྟ་སྟེ། ཏིང་ངེ་འཛིན་གྱི་སྤྱོད་ཡུལ་དེ་ལ་འདི་ནི་རྣམ་པར་རིག་པ་ཙམ་ཡིན་ནོ་ཞེས་རྟོགས་པ་སྟེ་དེ་རྟོགས་ནས་ཀྱང་དེ་བཞིན་ཉིད་ཡིད་ལ་བྱེད་པ་གང་ཡིན་པའོ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པས་ཡང་དག་པར ་བཤད་པ་སྟེ། འདི་ལྟར་དེའི་ཚེ་ཆོས་རྣམས་ནི་རྣམ་པར་རིག་པ་ལས་གུང་ན་མེད་དོ་ཞེས་རྟོགས་པ་སྟེ། དེ་རྣམ་རྟོགས་ནས་ཀྱང་དེ་བཞིན་ཉིད་ཡིད་ལ་བྱེད་དེ། སྔ་མའི་སྒོ་གཉིས་ཀྱིས་ནི་སེམས་དང་ཡུལ་ཐ་དད་པར་རྟོགས་པས་ཞི་གནས་དང ་ལྷག་མཐོང་ཅིག་ཅར་མི་འཇུག་པར་བསྟན་ལ། སྒོ་གསུམ་པ་འདིས་ནི་སེམས་དང་ཡུལ་ལ་འདྲེས་པར་དམིགས་ཤིང་ཞེ་གནས་དང་ལྷག་མཐོང་ཅིག་ཅར་འཇུག་པར་བསྟན་པས་སོ། །ཞི་གནས་དང་ལྷག་མཐོང་གི་ལ་གཉིས་ཅིག་ཅར་འཇུག་པ་རྒྱ་ཆེར ་བཤད་པ་ནི། བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་བསྟན་པ་བཞིན་དུ་རིག་བར་བྱའོ། །སེམས་རྩེ་གཅིག་པ་ཉིད་རྒྱ་ཆེར་བཤད་པ་ཡང་བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་བསྟན་པ་བཞིན་དུ་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་བྱམས་པས ་ཡང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ལྷག་མཐོང་ལ་རྣམ་པ་དུ་མཆིས་པ་ཞེས་བྱ་བ་འདི་མན་ཆད་ནི་བརྒྱད་པ་ཞི་གནས་དང་ལྷག་མཐོང་གི་རྣམ་པ་རབ་ཏུ་དབྱེ་བའི་སྒོ་ཞེས་སྟོན་ཏོ། །འདི་ཡང་རྣམ་པ་གཉིས་ཏེ། ལྷག་མཐོང ་བསྟན་པ་དང། ཞི་གནས་བསྟན་པའོ། །ལྷག་མཐོང་བསྟན་པ་ཡང་རྣམ་པ་གཉིས་སུ་དབྱེ་སྟེ། ཞུ་བ་གསོལ་བ་དང་ལན་དུ་གསུངས་པ་སྟེ། འདི་ནི་དང་པོ་ཞུ་བ་གསོལ་བའོ། །བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་བྱམས་པ་ལ་བཀའ་སྩལ་པ་རིགས ་ཀྱི་བུ་མདོར་བསྡུ་ན་རྣམ་པ་གཉིས་ཡོད་དེ་ཞེས་བྱ་བ་ལ་སོགས་པས་ནི་གཉིས་པ་དེ་བཞིན་གཤེགས་པས་ཡང་དག་པར་ལན་དུ་གསུངས་པ་བསྟན་ཏོ། །འདི་ཡང་རྣམ་པ་གསུམ་དུ་དབྱེ་སྟེ། གྲངས་སྨོས་བ་དང། མིང་བཀོད་པ་དང། རྣམ་པར་ཕྱེ་ནས་བཤད ་པ་སྟེ་འདི་ནི་དད་པའོ། །མཚན་མ་དང་བཅས་པའི་ལྷག་མཐོང་དང། ཡོངས་སུ་ཆོལ་བའི་ལྷག་མཐོང་དང། སོ་སོར་རྟོག་པའི་ལྷག་མཐོང་ངོ་ཞེས་བྱ་བ་ནི་གཉིས་པ་གྲངས་བཞིན་དུ་མིང་བཀོད་པའོ། །མཚན་མ་དང་བཅས་པའི་ལྷག་མཐོང་གང་ཞེ་ན་ཞེས་བྱ ་བ་ལ་སོགས་པས་ནི་གསུམ་པ་རྣམ་པར་ཕྱེ་ནས་བཤད་པ་སྟོན་ཏོ། །འདི་ཡང་མཚན་ཉིད་རྣམ་པ་གསུམ་བསྟན་པ་ཉིད་ཀྱིས་རྣམ་པ་གསུམ་དུ་དབྱེ་སྟེ་།འདི་ནི་དང་པོའི་མཚན་ཉིད་ཞུས་པའོ། །འདི་ལྟ་སྟེ་།ཏིང་ངེ་འཛིན་གྱི་སྤྱོད་ཡུལ་རྣམ་པར་རྟོག་པ ་དང་བཅས་པའི་གཟུགས་བརྙན་འབའ་ཞིག་ཡིད་ལ་བྱེད་པའི་ལྷག་མཐོང་གང་ཡིན་པའོ་ཞེས་བྱ་བ་ནི་དང་པོ་མཚན་ཉིད་ཡང་དག་པར་བཤད་པ་སྟེ། །རྣམ་པར་རྟོག་པ་དང་བཅས་པའི་གཟུགས་བརྙན་ཆོས་དང་དོན?་འདྲ་བ་འབའ་ཞིག་ཡིད ་ལ་བྱེད་པས་ན་ཡུལ་ལས་མིང་དུ་བཏགས་པ་ཡིན་པས་མཚན་མ་དང་བཅས་པ་ཞེས་བྱའོ། །ཡོངས་སུ་ཚོལ་བའི་ལྷག་མཐོང་གང་ཞེ་ན་ཞེས་བྱ་བ་ནི་གཉིས་པ་ཞུས་པའོ། །འདི་ལྟ་སྟེ། ཤེས་རབ་ཀྱིས་དེ་དང་དེར་ཤིན་ཏུ་ལེགས་པར་མ་རྟོགས་པའི ་ཆོས་ཐམས་ཅད་ཤིན་ཏུ་ལེགས་པར་རྟོགས་པར་བྱ་བའི་ཕྱིར། ཡིད་ལ་བྱེད་པའི་ལྷག་མཐོང་གང་ཡིན་པའོ་ཞེས་བྱ་བ་ནི་གཉིས་པའི་མཚན་ཉིད་ཡང་དག་པར་བཤད་པ་སྟེ། འདི་ལྟར་ཤེས་རབ་ཀྱི་དབང་གི་ཕྱིར་གཟུགས་བརྙན་མཚན་མ་དང་བཅས་པའི ་ཡུལ་ལེགས་པར་མ་རྟོགས་པ་དག་ལེགས་པར་བྱ་བའི་ཕྱིར་ཡིད་ལ་བྱེད་པ་གང་ཡིན་པའོ། །སོ་སོར་རྟོག་པའི་ལྷག་མཐོང་གང་ཞེ་ན་ཞེས་བྱ་བ་ནི་གསུམ་པ་ཞུས་པའོ། །འདི་ལྟ་སྟེ། ཤེས་རབ་ཀྱིས་དེ་དང་དེར་ཤིན་ཏུ་ལེགས་པར་རྟོགས་པའི་ཆོས ་ཐམས་ཅད་ལ་ལེགས་པར་ཤིན་ཏུ་རྣམ་པར་གྲོལ་བ་མཐོང་བའི་ཕྱིར། ཡིད་ལ་བྱེད་པའི་ལྷག་མཐོང་གང་ཡིན་པའོ་ཞེས་བྱ་བ་ནི་གསུམ་པའི་མཚན་ཉིད་ཡང་དག་པར་བཤད་པ་སྟེ། འདི་ལྟར་ཡུལ་དེ་དག་ཤིན་ཏུ་ལེགས་པར་རྟོགས་པར་གྱུར་ནས། ་ཤིན་ཏུ་རྣམ་པར་གྲོལ་བ་ཐོབ་པར་བྱ་བའི་ཕྱིར་ཡིད་ལ་བྱེད་པ་གང་ཡིན་པའོ། །བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་ཀྱང་ཕལ་ཆེར་མདོ་འདི་དང་མཐུན་པར་བཤད་དེ། དེའི་ཕྱིར་བསྟན་བཅོས་དེ་ཉིད་ལས། མཚན་མ་ཙམ་གྱི་རྗེས་སུ་ཞུགས་པའི ་ལྷག་མཐོང་གང་ཞེ་ན། འདི་ལྟ་སྟེ། གང་གིས་ཐོས་པ་དང་བཟུང་བའི་ཆོས་སམ། གདམ་ངག་དང་རྗེས་སུ་བསྟན་པའི་ཆོས་རྣམས་ལ་མཉམ་པར་བཞག་པའི་ས་ལས། ཚལ་བཞིན་དུ་ཡིད་ལ་བྱེད་ཅིང་སེམས་པར་མི་བྱེད། རྟོག་པར་མ་བྱེད་།? ་བར་མི་བྱེད་ཉེ?་བར་རྟོག་པར་མི་བྱེད་སྟེ། དེ་ནི་མཚན་མ་ཙམ་གྱི་རྗེས་སུ་ཞུགས་པའི་ལྷག་མཐོང་ཞེས་བྱའོ། །གང་གི་ཆོས་སེམས་པར་བྱེད། རྟོག་པར་བྱེད། འཇལ་བར་བྱེད་པ་དེའི་ཚེ་ན་ནི་ཡོངས་སུ་བཙལ་བའི་རྗེས་སུ་ཞུགས་པའི་ལྷག་མཐོང ་ཞེས་བྱའོ། །གང་གི་ཚེ་དེ་ཡིད་ལ་བསམས་ཤིང་བརྟགས་ལ་གཞལ་ཞིང་ཉེ་བར་བརྟགས་ནས་ཇི་ལྟར་རྣམ་པར་བཞག་པ་དེ་བཞིན་དུ་སོ་སོར་རྟོག་པར་བྱེད་པའི་ཚེ་ན་ནི་སོ་སོར་རྟོག་པའི་རྗེས་སུ་ཞུགས་པའི་ལྷག་མཐོང་ཞེས་བྱའོ་ཞེས་འབྱུང་བ་ཡིན ་ནོ། །ཞི་གནས་དང་ལྷག་མཐོང་དེ་དག་གི་རབ་ཏུ་དབྱེ་བ་ཡང་བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་བཤད་པ་བཞིན་དུ་རིག་པར་བྱ་སྟེ། དེའི་ཕྱིར་དེ་ཉིད་ལས་ཞི་གནས་གང་ཞེ་ན་སེམས་གནས་པ་རྣམ་པ་དགུའོ། །ལྷག་མཐོང་གང་ཞེ་ན། །དེ་ནི་གཞི ་རྣམ་པ་གསུམ་གྱི་ལྷག་མཐོང་དང། རྣམ་པ་བཞིའི་ལྷག་མཐོང་དང་གཞི་རྣམ་པ་དྲུག་རབ་ཏུ་དབྱེ་བ་ལ་དམིགས་པའི་ལྷག་མཐོང་གང་ཡིན་པའོ། །དེ་ལ་གཞི་རྣམ་པ་གསུམ་གྱི་ལྷག་མཐོང་ནི་མཚན་མ་དང་བཅས་པའི་ལྷག་མཐོང་དང། ཡོངས་སུ ་ཚོལ་བའི་ལྷག་མཐོང་དང། སོ་སོར་རྟོག་པའི་ལྷག་མཐོང་ངོ། །རྣམ་པ་བཞིའི་ལྷག་མཐོང་ནི་འདི་ལྟ་སྟེ་།ཆོས་རྣམ་པར་འབྱེད་པའི་རྣམ་པའི་ལྷག་མཐོང་དང། རབ་ཏུ་རྣམ་པར་འབྱེད་པའི་རྣམ་པའི་ལྷག་མཐོང་དང། ཡོངས་སུ་རྟོག་པའི་རྣམ ་པའི་ལྷག་མཐོང་དང། ཡོངས་སུ་དཔྱོད་པར་བྱེད་པའི་རྣམ་པའི་ལྷག་མཐོང་ངོ། །གཞི་རྣམ་པ་དྲུག་རབ་ཏུ་དབྱེ་བ་ལ་དམིགས་པའི་ལྷག་མཐོང་ནི། དོན་ལ་དམིགས་པའི་ལྷག་མཐོང་དང། དངོས་པོ་ལ་དམིགས་པའི་ལྷག་མཐོང་དང། མཚན ་ཉིད་ལ་དམིགས་པའི་ལྷག་མཐོང་དང། ཕྱོགས་ལ་དམིགས་པའི་ལྷག་མཐོང་དང། དུས་ལ་དམིགས་པའི་ལྷག་མཐོང་དང། རིགས་ལ་དམིགས་པའི་ལྷག་མཐོང་ཞེས་བསྟན་པ་ཡིན་ནོ། །བསྟན་བཅོས་རྣམ་པར་བཤད་པ་ལས་ཀྱང་དེ་སྐད་དུ་སྟོན་ཏེ།། ་སེམས་གནས་རྣམ་པ་དགུ་དང་གཞི་རྣམ་པ་གསུམ་གྱི་ལྷག་མཐོང་དང། རྣམ་པ་བཞིའི་ལྷག་མཐོང་ནི་སྔར་བསྟན་པ་བཞིན་ནོ། །གཞི་རྣམ་པ་དྲུག་གི་ལྷག་མཐོང་གང་ཡིན་པ་དེ་ནི་འདེར་བཤད་པར་བྱ་སྟེ། དེའི་ཕྱིར་བསྟན་བཅོས་རྣལ་འབྱོར ་སྤྱོད་པའི་ས་ལས་དེ་ལ་གཞི་རབ་ཏུ་དབྱེ་བ་རྣམ་པ་དྲུག་ལ་དམིགས་པའི་ལྷག་མཐོང་གང་ཞེ་ན། འདི་ལྟ་སྟེ། ཡོངས་སུ་ཚོལ་བར་བྱེད་པ་ན་གཞི་རྣམ་པ་དྲུག་ཡོངས་སུ་ཚོལ་བར་བྱེད་དེ། དོན་དང་དངོས་པོ་དང་མཚན་ཉིད་དང་ཕྱོགས་དང་དུས་དང་རིགས་པ་ཡོངས་སུ ་ཚོལ་བར་བྱེད་ཅིང། ཡོངས་སུ་བཙལ་ནས་ཀྱང་དེ་དག་ལ་སོ་སོར་རྟོག་པར་བྱེད་དོ། །དེ་ལ་ཇི་ལྟར་དོན་ཡོངས་སུ་ཚོལ་བར་བྱེད་ཅེ་ན། སྨྲས་པ། འདིའི་དོན་ནི་འདི་ཡིན་ནོ་ཞེས་དེ་ལྟར་དོན་ཡོངས་སུ་ཚོལ་བར་བྱེད་དོ། །ཇི་ལྟར་དངོས་པོ་ཡོངས་སུ་ཚོལ་བར ་བྱེད་ཅེ་ན། དངོས་པོ་རྣམ་པ་གཉིས་པོ་ནང་གི་དང་ཕྱི་རོལ་གྱི་སྟེ་།དེ་ལྟར་དངོས་པོ་ཡོངས་སུ་ཚོལ་བར་བྱེད་དོ། །ཇི་ལྟར་མཚན་ཉིད་ཡོངས་སུ་ཚོལ་བར་བྱེད་ཅེ་ན། མཚན་ཉིད་རྣམ་པ་གཉིས་པོ་རང་གི་མཚན་ཉིད་དང་སྤྱིའི་མཚན་ཉིད་དེ་།དེ་ལྟར་མཚན ་ཉིད་ཡོངས་སུ་ཚོལ་བར་བྱེད་དོ། །ཇི་ལྟར་ཕྱོགས་ཡོངས་སུ་ཚོལ་བར་བྱེད་ཅེ་ན། ཕྱོགས་རྣམ་པ་གཉིས་པོ་ནག་པོའི་ཕྱོགས་དང། དཀར་པོའི་ཕྱོགས་ཏེ་ནག་པོའི་ཕྱོགས་ནི་སྐྱོན་དང་ཉེས་དམིགས་ཀྱི་སྒོ་ནས་སོ། །དཀར་པོའི་ཕྱོགས་ནི་ཡོན་ཏན་དང་ཕན་ཡོན་གྱི ་སྒོ་ནས་ཏེ། དེ་ལྟར་ཕྱོགས་ཡོངས་སུ་ཚོལ་བར་བྱེད་དོ། །ཇི་ལྟར་དུས་ཡོངས་སུ་ཚོལ་བར་བྱེད་ཅེ་ན། དུས་རྣམ་པ་གསུམ་པོ་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བའི་དུས་ཏེ། འདི་ལྟར་འདས་པའི་དུས་ན་འདི་ལྟ་བུ་ཞིག་བྱུང་བར་གྱུར་ཏོ། །འདི་ལྟར་མ ་འོངས་པའི་དུས་ན་འདི་ལྟ་བུ་ཞིག་འབྱུང་བར་འགྱུར་རོ། །འདི་ལྟར་དེ་ལྟར་བྱུང་བའི་དུས་ན་འདི་ལྟ་བུ་ཞིག་དེ་ལྟར་ཡོད་དོ་ཞེས་དེ་ལྟར་དུས་ཡོངས་སུ་ཚོལ་བར་བྱེད་དོ། །ཇི་ལྟར་རིགས་པ་ཡོངས་སུ་ཚོལ་བར་བྱེད་ཅེ་ན། རིགས་པ་བཞི་པོ་བལྟོས་པའི་རིགས ་པ་དང། བྱ་བ་བྱེད་པའི་རིགས་པ་དང། འཐད་པས་སྒྲུབ་པའི་རིགས་པ་དང། ཆོས་ཉིད་ཀྱི་རིགས་པ་སྟེ། དེ་ལྟར་རིགས་པ་ཡོངས་སུ་ཚོལ་བར་བྱེད་དོ། །ཅིའི་ཕྱིར་གཞི་རབ་ཏུ་དབྱེ་བ་རྣམ་པ་དྲུག་གིས་ལྷག་མཐོང་རྣམ་པར་བཞག་ཅེ་ན། རྟོགས་པ་རྣམ་པ་གསུམ ་ཀྱི་དབང་དུ་བྱས་པའི་ཕྱིར་ཏེ། །སྨྲས་པའི་དོན་རྟོགས་པ་དང་དངོས་པོའི་མཛའ་རྟོགས་པ་དང། ཡང་དག་པ་ཇི་ལྟ་བ་བཞིན་དུ་རྟོགས་པའོ། །དེ་ལ་དོན་ཡོངས་སུ་ཚོལ་བས་ནི་སྨྲས་པའི་དོན་རྟོགས་པ་ཡིན་ནོ། །དངོས་པོ་ཡོངས་སུ་ཚོལ་བ་དང། རང་གི་མཚན ་ཉིད་ཡོངས་སུ་ཚོལ་བས་ནི་དངོས་པོའི་མཛའ་རྟོགས་པ་ཡིན་ནོ། །དེ་ལ་སྤྱིའི་མཚན་ཉིད་ཡོངས་སུ་ཚོལ་བ་དང། ཕྱོགས་ཡོངས་སུ་ཚོལ་བ་དང། དུས་ཡོངས་སུ་ཚོལ་བ་དང། རིགས་པ་ཡོངས་སུ་ཚོལ་བས་ནི་ཡང་དག་པ་ཇི་ལྟ་བ་བཞིན་དུ་རྟོགས་པ་ཡིན་ཏེ་། ་རྣལ་འབྱོར་པས་ཤེས་པར་བྱ་བ་ནི་འདི་ལྟ་སྟེ་།སྨྲས་པའི་དོན་དང། ཤེས་བྱའི་དངོས་པོ་ཇི་སྙེད་ཡོད་པ་ཉིད་དང་ཇི་ལྟ་བ་བཞིན་དུ་ཡོད་པ་ཉིད་གང་ཡིན་པ་ཙམ་དུ་ཟད་པའི་ཕྱིར་རོ་ཞེས་འབྱུང་སྟེ། ཞིབ་ཏུ་དེ་ཉིད་ལས་བསྟན་པ་བཞིན་དུ་རིག་པར་བྱའོ། །རིགས ་པ་རྣམ་པ་བཞི་ནི་ཕྱིས་འོག་ནས་སྟོན་ཏོ།། །།བམ་པོ་སུམ་ཅུ་བརྒྱད་པ། །བྱང་ཆུབ་སེམས་དཔའ་བྱམས་པས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསལ་ཏོ། །བཅོམ་ལྡན་འདས་ཞི་གནས་ལ་རྣམ་པ་དུ་མཆིས་ཞེས་བྱ་བ་འདི་མན་ཆད་ནི ་གཉིས་པ་ཞི་གནས་ཀྱི་རྣམ་པ་མང་ཉུང་རྣམ་པར་འབྱེད་པའོ། །འདི་ཡང་རྣམ་པ་གཉིས་ཏེ་།ཞུ་བ་གསོལ་བ་དང། ཡང་དག་པར་བཤད་པ་སྟེ་།འདི་ནི་དང་པོ་ཞུ་བ་གསོལ་པའོ། །བཅོམ་ལྡན་འདས་གཀྱིས་བྱང་ཆུབ་སེམས་དཔའ་བྱམས་པ་ལ་བཀའ་སྩལ་པ། ་བར་ཆད་མེད་པའི་སེམས་དེའི་རྗེས་སུ་འབྲང་བའི་ཕྱིར། དེ་ཡང་རྣམ་པ་གསུམ་ཡོད་པར་རིག་པར་བྱའོ་ཞེས་བྱ་བ་ལ་སོགས་པས་ནི་གཉིས་པ་ཡང་དག་པར་བཤད་པ་བསྟན་ཏོ། །འདི་ཡང་རྣམ་པ་གསུམ་དུ་དབྱེ་སྟེ། ཞི་གནས་རྣམ་པ་གསུམ་བསྟན་པ་དང། ་ཞི་གནས་རྣམ་པ་བརྒྱད་བསྟན་པ་དང། ཞི་གནས་རྣམ་བཞི་བསྟན་པའོ། །འདི་ནི་དང་པོ་མཚན་མ་དང་བཅས་པ་ལ་སོགས་པ་རྣམ་པ་གསུམ་བསྟན་པ་སྟེ། དེ་ལ་དེའི་རྗེས་སུ་འབྲེང?་པ་ཞེས་བྱ་བ་ནི་རྗེས་སུ་འབྲང?་བར་བྱེད་པ་ལྟ ་བའི་དོན་ལའོ། །དེ་ལ་འདི་སྐད་དུ། སེམས་ཀྱི་མཚན་མ་དེ་ལ་དམིགས་པའི་ལྷག་མཐོང་ལ་རྣམ་པ་གསུམ་ཡོད་པའི་ཕྱིར། བར་ཆད་མེད་པའི་སེམས་ལ་དམིགས་པའི་ཞི་གནས་ཀྱི་སེམས་ལ་ཡང་རྣམ་པ་གསུམ་ཡོད་དོ་ཞེས་བསྟན་བར་འགྱུར་རོ། ཡང ་རྣམ་པ་བརྒྱད་ཡོད་དེ། འདི་ལྟ་སྟེ། བསམ་གཏན་དང་པོ་ནས་འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་སྐྱེ་མཆེད་བའི་བར་དུར་དེ་ལ་ཡང་ཞི་གནས་རྣམ་པ་རེ་རེ་ཡོད་པའི་ཕྱིར་རོ་ཞེས་བྱ་བ་ནི་གཉིས་པ་ཏིང་ངེ་འཛིན་རྣམ་པ་བརྒྱད་སྟོན་ཏེ། འདི་ཉིད་ཞི་གནས ་རྣམ་པ་བརྒྱད་ཅེས་བྱའོ། །ཏིང་ངེ་འཛིན་བརྒྱད་པོ་དེ་ཡང་རྣམ་པ་གཉིས་སུ་དབྱེ་སྟེ། བསམ་གཏན་བཞི་བསྟན་པ་དང། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་བསྟན་པའོ། །བསམ་གཏན་བཞི་བསྟན་པ་ཡང་སྒོ་རྣམ་པ་གཉིས་ཀྱིས་བསྟན ་ཏེ། ངེས་པའི་ཚིག་བསྟན་པ་དང། ངོ་བོ་ཉིད་བསྟན་པའོ། །དེ་ལ་ངེས་པའི་ཚིག་བསྟན་པ་ཡང་སྤྱི་དང་བྱེ་བྲག་གཉིས་ཀྱིས་བསྟན་ཏེ། དེ་ལ་སྤྱི་ནི་ཐམས་ཅད་ཡོད་པར་སྨྲ་བའི་གཞུང་བསྟན་བཅོས་བྱེ་བྲག་ཏུ་བཤད་པ་ཆེན་པོ་ལས་བཤད་པ་རྣམ་པ་གཅིག ་ཡོད་དེ། དེའི་ཕྱིར་བསྟན་བཅོས་དེ་ཉིད་ལས་ཅིའི་ཕྱིར་བཞི་པོ་འདི་དག་ལ་བསམ་གཏན་ཞེས་བྱ་ཞེ་ན། སྨྲས་པ། རབ་ཏུ་ཞི་ཞིང་བསམ་པ་གཏན་ལ་འཕེབས་པས་ས་བཞི་པོ་འདི་དག་ཏུ་ཏིང་ངེ་འཛིན་དང་ཤེས་རབ་མཉམ་པའི་ཕྱིར་བསམ་གཏན་ཞེས ་བརྗོད་དེ། གཞན་དག་ལས་ནི་མཚང་བས་མིང་འདི་ཐོབ་བོ་ཞེས་འབྱུང་བ་ཡིན་ནོ། །བསྟན་བཅོས་ཡང་དག་པའི་རིགས་པ་དང་རྗེས་སུ་མཐུན་པ་ལས་ནི་བཤད་པ་རྣམ་པ་གཉིས་ཡོད་དེ། དེའི་ཕྱིར་དེ་ཉིད་ལས་དོན་གང་གི་ཕྱིར་བསམ་གཏན་ཞེས ་བྱ་བའི་མི་བ་རྣམ་པར་བཞག་ཅེ་ན། སྨྲས་པ། རབ་ཏུ་ཞི་བ་འདི་ལ་བརྟེན་ནས་བསམ་པ་གཏན་ལ་འབེབས་པའི་ཕྱིར་བསམ་པ་གཏན་ལ་འབེབས་པ་ཉིད་ནི་ཡང་དག་པ་ཉིད་དུ་ཁོང་དུ་ཆུད་པའི་དོན་ཏེ་ཞེས་འབྱུང་སྟེ། མཛོད་ཀྱི་བསྟན་བཅོས་ལས་ཀྱང་དེ་སྐད་དུ་བཤད ་དོ། །གཞན་ཡང་དེ་ཉིད་པས། ཁ་ཅིག་ན་རེ་ཏིང་ངེ་འཛིན་འདིས་ནི་མཆོག་དང། ཀུན་དུ་མཆོག་གི་ཚུལ་བཞིན་དུ་སེམས་པ་ཡོངས་སུ་འཛིན་པའི་ཕྱིར་བསམ་གཏན་ཞེས་བྱའོ། །དེ་ལ་མཆོག་ཅེས་བྱ་བའི་ཚིག་གིས་ནི་འདོད་པའི་ཁམས་ལས་རབ་ཏུ་དབྱེ ་བ་ཡིན་ནོ། །ཀུན་ཏུ་མཆོག་ཅེས་བྱ་བས་ནི་གཟུགས་མེད་པ་ལས་རབ་ཏུ་དབྱེ་བ་ཡིན་ནོ། །ཚུལ་བཞིན་དུ་སེམས་པ་ཞེས་བྱ་བས་ནི་ཐ་དད་པའི་ཕྱིན་ཅི་ལོག་ལས་རབ་ཏུ་དབྱེ་བ་ཡིན་ནོ། །ཏིང་ངེ་འཛིན་འདི་ཡོངས་སུ་འཛིན་པར་བྱེད་པ་ནི་གྱ་ནོམ་པའི་ཏིང་ངེ ་འཛིན་ཡིན་པས་གྱ་ནོམ་པའི་ཏིང་ངེ་འཛིན་དེ་ལ་བསམ་གཏན་ཞེས་བྱའོ་ཞེས་འབྱུང་སྟེ། ཚིག་འདིས་ནི་ཞི་གནས་དང་ལྷག་མཐོང་ཟུང་དུ་འཇུག་པ་ཕྱིན་ཅི་ལོག་མེད་པའི་ཏིང་ངེ་འཛིན་ལ་བསམ་གཏན་ཞེས་བསྟན་ཏོ། །གཞན་ཡང་བསྟན་བཅོས་བྱེ ་བྲག་ཏུ་བཤད་པ་དང་སྦྱར་ན་བཤད་པ་རྣམ་པ་གསུམ་ཡོད་དེ། ཀུན་ཏུ་སྦྱོར་བ་གཅོད་པ་དང། ཡང་དག་པར་རྟོག་པ་དང། དོན་རྣམ་པ་གཉིས་དང་ལྡན་པའི་ཕྱིར་རོ་ཞེས་བཤད་དེ། དེའི་ཕྱིར་བསྟེན་བཅོས་དེ་ཉིད་ལས། དོན་གང་གི་ཕྱིར་བསམ་གཏན ་ཞེས་བྱ་ཞེ་ན། ཁ་ཅིག་ནི་འདི་སྐད་དུ་སྦྱོར་བ་སྤྱོད་པའི་ཕྱིར་བསམ་གཏན་ཞེས་བྱའོ་ཞེས་ཟེར་རོ། །གཟུགས་མེད་པའི་ཏིང་ངེ་འཛིན་རྣམས་ཀྱིས་ཀུན་ཏུ་སྦྱོར་བ་སྤོང་བས་བསམ་གཏན་ཞེས་བྱ་བའི་རིགས་སོ་ཞེ་ན། སྨྲས་པ། ཏིང་ངེ་འཛིན་གང་གིས་མི་དགེ ་པ་དང། ལུང་དུ་མི་སྟོན་པ་རྣམ་པ་གཉིས་ཀྱི་ཀུན་ཏུ་སྦྱོར་བ་སྤོང་བར་ནུས་པ་ནི་བསམ་གཏན་ཞེས་བྱ་བ་ཡིན་ན། གཟུགས་མེད་པའི་ཏིང་ངེ་འཛིན་རྣམས་ནི་ལུང་དུ་མི་སྟོན་བ་འབའ་ཞིག་སྤོང་གི་།མི་དགེ་བ་ནི་མ་ཡིན་པའི་ཕྱིར་བསམ་གཏན་ཞེས་བྱ་བ་ཞེས ་འབྱུང་སྟེ། ཀུན་ཏུ་སྦྱོར་བ་སྤོང་བ་ལ་ཡང་བཤད་པ་རྣམ་པ་གཉིས་ཡོད་པ་ནི་མངས་ཀྱིས་དོགས་ནས་འདིར་མ་བརྗོད་དོ། །གཞན་ཡང་དེ་ཉིད་ལས་ཁ་ཅིག་ན་རེ་ཡང་དག་པར་རྟོག་བར་བྱེད་པའི་ཕྱིར་བསམ་གཏན་ཞེས ་བྱའོ་ཞེས་ཟེར་རོ། །གལ་ཏེ་དེ་ལྟ་ན་འདོད་པའི་ཁམས་ཀྱི་ཏིང་ངེ་འཛིན་ཡང་དག་པར་རྟོག་པར་བྱེད་པས་བསམ་གཏན་ཞེས་བྱ་བའི་རིགས་སོ་ཞེ་ན། སྨྲས་པ་ཏིང་ངེ་འཛིན་གང་ཏིང་ངེ་འཛིན་གྱི་མིང་དང། ནུས་པ་དང་ལྡན་ཞིང་ཡང་དག་པར་རྟོག ་བར་བྱེད་པའི་ནི་བསམ་གཏན་ཞེས་བྱ་བ་ཡིན་ན་འདོད་བའི་ཁམས་ཀྱི་ཏིང་ངེ་འཛིན་གྱི་མིང་དང་ལྡན་ཡང་ཏིང་ངེ་འཛིན་གྱི་ནུས་པ་མེད་པས། དཔེར་ན་འཇིམ་པའི་དྲིལ་བུ་དང་གདུང་མ་ཞེས་བརྗོད་པ་ལྟར། མིང་དང་ལྡན་ཡང་ནུས་པ་མེད་པའི ་ཕྱིར་བསམ་གཏན་མ་ཡིན་ནོ་ཞེས་འབྱུང་སྟེ། ཡང་དག་པར་རྟོག་པ་ལ་བཤད་པ་རྣམ་པ་གསུམ་འབྱུང་བ་ནི་མངས་ཀྱིས་དོགས་ནས་འདིར་མ་བརྗོད་དོ། །གཞན་ཡང་དེ་ཉིད་ལས་དེ་ལྟར་བཤད་པ་ཡང་དོན་རྣམ་པ་གཉིས་དང་ལྡན་ན་གདོང་བསམ ་གཏན་ཞེས་བྱའོ། །འདི་ལྟ་སྟེ། ཀུན་ཏུ་སྦྱོར་བ་སྤོང་བ་དང་ཡང་དག་པར་རྟོག་བར་བྱེད་པའོ། །འདོད་པའི་ཁམས་ཀྱི་ཏིང་ངེ་འཛིན་ཡང་དག་པར་རྟོག་པར་བྱེད་ཀྱང་ཀུན་ཏུ་སྦྱོར་བ་སྤོང་བར་མི་བྱེད་ལ་གཟུགས་མེད་པའི་ཏིང་ངེ་འཛིན་རྣམས་ཀུན་ཏུ་སྦྱོར་བ་སྤོང་བར ་བྱེད་ཀྱང་ཡང་དག་པར་རྟོག་པར་མི་བྱེད་པའི་ཕྱིར་བསམ་གཏན་མ་ཡིན་ནོ། །གཞན་ཡང་གཟུགས་མེད་པའི་ཏིང་ངེ་འཛིན་ནི་དབེན་པ་དང་ལྡན་ཡང་གཏན་ལ་འབེབས?་པ་མེད་ལ། འདོད་པའི་ཁམས་ཀྱི་ཏིང་ངེ་འཛིན་ནི་བསམ་གཏན་ལ་འབེབས་པ ་ཡོད་ཀྱང་དབེན་པ་མེད་དོ། །གཟུགས་ཀྱི་ཏིང་ངེ་འཛིན་ནི་གཉི་ག་དང་ལྡན་པའི་ཕྱིར་བསམ་གཏན་ཞེས་བྱའོ་ཞེས་འབྱུང་སྟེ། དོན་རྣམ་པ་གཉིས་དང་ལྡན་པ་ལ་ཡང་བཤད་པ་རྣམ་པ་གཉིས་འབྱུང་བ་ཞི?་མངས?་ཀྱིས་དོགས་ནས་འདིར་མ་བརྗོད་རོ།། ་ཐེག་པ་ཆེན་པོའི་བསྟན་པ་དག་དང་སྦྱར་ན་ཡང། བསྟན་བཅོས་ཡང་དག་པའི་རིགས་པ་དང་རྗེས་སུ་མཐུན་པ་ལས་རྣམ་གྲངས་དང་པོས་བསྟན་པ་དང་འཐུན་པར་བཤད་དེ། དེའི་ཕྱིར་བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་བསམ་གཏན་ཞེས་བྱ་བ་ནི ་དམིགས་པ་ལ་དྲན་པ་རྩེ་གཅིག་ཏུ་བྱེད་ཅིང་བཏག་ཏུ་དབེན་པ་དང་ཡང་དག་པར་ཉེ་བར་གཏོད་པའི་ཕྱིར་བསམ་གཏན་ཞེས་བྱའོ་ཞེས་འབྱུང་ངོ། །དེ་ལ་བྱེ་བྲག་གི་མིང་ནི་དང་པོ་དང་གཉིས་པ་དང་གསུམ་པ་དང། བཞི་པ་ཞེས་བྱ་བ་གང་ཡིན་པ་དེ་ནི་བྱེ་བྲག ་གི་མིང་ཞེས་བྱ་སྟེ། དེའི་ཕྱིར་བསྟན་བཅོས་ཡང་དག་པའི་རིགས་པ་དང་རྗེས་སུ་མཐུན་པ་ལས་བསམ་གཏན་རྣམས་ཀྱི་སྤྱིའི་མཚན་ཉིད་ལ་བྱེ་བྲག་མེད་ཀྱང་སའི་བྱེ་བྲག་རབ་ཏུ་བསྟན་པའི་ཆེད་དུ་གྲངས་ཀྱི་དབང་དུ་བྱས་ནས་ངེས་ཚིག་བསྟན་པའི་ཕྱིར་དང་པོ ་ཞེས་བྱ་བ་ནས་བཞི་པ་ཞེས་བྱ་བའི་བར་དུ་བསྟན་པ་ཡིན་ནོ། །གལ་ཏེ་དགེ་བའི་ངོ་བོ་ཉིད་དང་སེམས་རྩེ་གཅིག་ཏུ་བསྡུས་པ་ཉིད་དང། གྲོགས་ལས་བསམ་གཏན་བཞི་རྣམ་པར་གཞག་པ་ཡིན་ན། མཚན་ཉིད་གང་ལས་བརྩམས་ནས་དང་པོ་དང། གཉིས ་པ་དང། གསུམ་པ་དང། བཞི་པ་ཞེས་རྣམ་པར་བཞག་ཅེ་ན། སྨྲས་པ། དཔྱོད་པ་དང་དགའ་བ་དང་བདེ་བ་དང་བཅས་པ་ལས་ནི་དང་པོ་རྣམ་པར་གཞག་གོ་།རིམ་ཀྱིས་ཡན་ལག་སྔ་མ་དང་བྲལ་བ་ལས་ནི་གཉིས་པ་དང་གསུམ་པ་དང་བཞི་པ་རྣམ་པར་བཞག ་སྟེ། འདི་ལྟར་དཔྱོད་པ་སྤངས་ཤིང་རྣམ་པ་གཉིས་དང་ལྡན་པའོ། །བསམ་གཏན་གཉིས་ནི་དཔྱོད་པ་དང་བྲལ་ཞིང་དགའ་བ་དང་བདེ་བ་གཉིས་དང་བཅས་པས་གཉིས་སྤངས་ནས་བདེ་བ་དང་བཅས་པའོ། །བསམ་གཏན་གསུམ་པ་ནི་དཔྱོད་པ་དང་དགའ་བ ་གཉིས་དང་དྲ་ལ་ཞིང་བདེ་བ་ཁོང་དང་བཅས་པའོ། །རྣམ་པ་གསུམ་ཆར་དང་བྲལ་བ་ནི་བསམ་གཏན་བཞི་པ་སྟེ། དཔྱོད་བ་དང་དགའ་བ་དང་བདེ་བ་སྤངས་པ་གསུམ་དང་གོ་རིམ་བཞིན་ནོ། །དེའི་ཕྱིར་དམིགས་པའི་ངོ་བོ་ཉིད་གཅིག་ལ་རྣམ་པ་བཞིར་ཕྱེ་བ་ཡིན ་ནོ། །བསམ་གཏན་རྣམས་ལ་བྱམས་པ་ལ་སོགས་བ་ལྟར་ཐུན་མོང་མ་ཡིན་པའི་མིང་གི་མཚན་ཉིད་མེད་དམ་ཅེ་ན་འདིར་དང་པོ་ལ་སོགས་པའི་གྲངས་བཞི་ལ་བརྟེན་ནས་བྱེ་བྲག་གི་མིང་རྣམ་པར་གཞག་ཅེ་ན། སྨྲས་པ། འདིར་ཐུན་མོང་མ ་ཡིན་པའི་མིང་གི་མཚན་ཉིད་མེད་པ་མ་ཡིན་མོད་ཀྱི། འོན་ཀྱང་མེད་པ་ནིས?་གཅིག་གི་མིང་ཁོ་ནས་ཀུན་བསྡུས་པར་འགྱུར་བས་།དེའི་ཕྱིར་གྲངས་ལ་བརྟེན་ནས་བྱེ་བྲག་གི་མིང་དུ་བསྟན་པ་ཡིན་ནོ་ཞེས་འབྱུང་སྟེ། མཛོད་ཀྱི་བསྟན་བཅོས་ཀྱང་འདི་དང་མཐུན ་པར་བཤད་དོ། །གཞན་ཡང་མཛོད་ཀྱི་བསྟན་བཅོས་ཀྱི་ཚིག་ལེའུར་བྱས་པ་ལས་དང་པོ་དག་ནི་དཔྱོད་དང་དགའ་བདེ་བཅས། །ཕྱི་མ་རིམ་གྱིས་ཡན་ལག་སྔ་མ་སྤོང། ཞེས་འབྱུང་ངོ། ཅིའི་ཕྱིར་ཚིག་ལེའུར་བྱས་པ་ལས་རྟོག་པ་ཚང་བར་མ་སྨོས་ཤེ་ན། སྨྲས་བ། ་མཛོད་ཀྱི་བསྟན་བཅོས་ལས། དེའི་ཕྱིར་རྟོག་བ་དང་ལྡན་པར་ཡང་བསྟན་ཏེ་གང་ན་མི་ཟ་བར་ལྷན་ཅིག་འཇུག་པའི་ཕྱིར་རོ། །དཔེར་ན་དུད་བ་དང་མེ་ལྟ་བུར་དཔྱོད་པ་དང་ཡང་དགའ་བ་དང་བདེ་བ་ཁོ་ན་དང་ལྡན་ཞིང། རྟོག་པ་དང་མི་ལྡན་པ་ནི་མ་ཡིན་བས་སོ། ། ་གཞན་ཡང་བསྟན་བཅོས་བྱེ་བྲག་དུ་བཤད་པ་ཆེན་པོ་ལས། བསམ་གཏན་བཞི་ནི་འདི་ལྟ་སྟེ། བསམ་གཏན་དང་པོ་ནས་བསམ་གཏན་བཞི་པའི་བར་དུ་སྟེ། ཁ་ཅིག་ན་རེ་རྟོག་པ་དང་དགའ་བ་དང། བདེ་བ་དང། བཏང་སྙོམས་དང་མཚུངས་པར་ལྡན ་བའི་བསམ་གཏན་ནི། གོ་རིམ་བཞིན་དུ་བཞི་པོ་དག་ཡིན་པར་སྦྱར་རོ་ཞེས་ཟེར་རོ་ཞེས་འབྱུང་ངོ། །འདིར་ཐེག་པ་ཆེན་པོའི་བསྟན་པ་དང་སྦྱར་ན་ཡང་གྲངས་ཀྱིས་དབང་དུ་མཛད་ནས་མིང་བཀོད་པ་ནི་བསྟན་བཅོས་ཡང་དག་པའི་རིགས་པ་དང། རྗེས་སུ ་མཐུན་བ་ལས་བསྟན་པ་དག་དང་མཐུན་པས། དེ་ཕྱིར་བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས། གྲངས་ཀྱི་གོ་རིམ་དང་རྗེས་སུ་མཐུན་པའི་དབང་དུ་བྱས་པས། དང་པོ་ཞེས་བྱ་བ་ནས་བཞི་པ་ཞེས་བྱ་བའི་བར་དུ་བསྟན་པ་ཡིན་ནོ་ཞེས་བཤད་དོ། ། ་ང?་ལ་ངོ་བོ་ཉིད་བསྟན་པ་ཡང་ཐམས་ཅད་ཡོད་བར་སྨྲ་བའི་གཞུང་གི་བསྟན་བཅོས་བྱེ་བྲག་ཏུ་བཤད་པ་ཆེན་པོ་ལས་བསྟན་པ་བཞིན་དུ། བསམ་གཏན་རྣམ་པ་བཞི་པོ་དག་ནི་ཀུན་ཀྱང་རང་གིས་བའི་དགེ་བ་ཉོན་མོངས་པ་ཅན་དང་མ་བསྒྲིབས་ལ་ལུང་དུ་མ་བསྟན་པའི་ཕུང ་པོ་ལྔའི་ངོ་བོ་ཉིད་དོ། །གཞན་ཡང་བསྟན་བཅོས་བྱེ་བྲག་ཏུ་བཤད་པ་ཆེན་པོ་ལས། བསམ་གཏན་གྱི་ངོ་བོ་ཉིད་ནི་རྣམ་པ་གཉིས་ཏེ་བསྒོམས་ནས་ཐོབ་པ་དང། སྐྱེསྣས་ཐོབ་པའོ། །དེ་ལ་བསྒོམ་ནས་ཐོབ་པ་ནིས་དེ་ཉིད་ཀྱིས་བསྡུས་པའི་སེམས་རྩེ་གཅིག་པ ་དེ་ཉིད་དེ། གལ་ཏེ་གྲོགས་སུ་གྱུར་བ་ཡང་བསྡུས་ན་ནི་ཕུང་པོ་ལྔའི་ངོ་བོ་ཉིད་དོ། །སྐྱེས་ནས་ཐོབ་པ་ནི་གང་དུ་སྐྱེས་པའི་ས་ས་བ་དེ་ཉིད་ཀྱི་དང་ལྡན་པ་གཞན་ཕུང་པོ་ལྔ་པོ་དག་གི་ངོ་བོ་ཉིད་དོ། །མཛོད་ཀྱི་བསྟན་བཅོས་དང་ཡང་དག་པའི་རིགས་པ་དང་རྗེས་སུ་མཐུན ་པ་ལས་ཀྱང་དོན་འདི་དང་མཐུན་པར་བཤད་དོ། །འདིར་ཐེག་པ་ཆེན་པོའི་བསྟན་བ་དང་སྦྱར་ན་ཡང་ཕལ་ཆེར་བསྟན་བཅོས་བྱེ་བྲག་ཏུ་བཤད་བ་ཆེན་པོ་ལས་བསྟན་པ་དང་མཐུན་པར་སྲིད་པ་ལས་སྐྱེ་བ་དང། ཏིང་ངེ་འཛིན་ལས་སྐྱེས་བ་ནི་དགེ་བ་ཉོན་མོངས་པ་ཅན ་དང། ལུང་དུ་མ་བསྟན་པའི་ཕུང་བོ་ལྔའི་ངོ་བོ་ཉིད་དགེ་བ་ནི་ཟག་པ་དང་བཅས་པ་དང། ཟག་པ་མེད་པའི་ཕུང་པོ་ལྔའི་ངོ་བོ་ཉིད་དོ་ཞེས་བཤད་དོ། །དེ་ལ་གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་ཡང་མདོར་བསྡུ་ན་སྒོ་རྣམ་པ་གཉིས་ཀྱིས་བསྟན་སྟེ། ངེས ་ཚིག་བསྟན་པ་དང། ངོ་བོ་ཉིད་བསྟན་པའོ། །ངེས་ཚིག་བསྟན་པ་ཡང་སྤྱི་དང་བྱེ་བག་གཉིས་ཀྱིས་བསྟན་ཏེ། དེ་ལ་སྤྱིའི་མིང་ཡང་ཐམས་ཅད་ཡོད་པར་སྨྲ་བའི་གཞུང་གི་ནི་བསྟན་བཅོས་ཡང་དག་པའི་རིགས་པ་དང་རྗེས་སུ་མཐུན་པ་ལས་བསྟན་པ་བཞིན་དུ་དོན ་རྣམ་པ་གསུམ་ཡོད་དེ། དགག་པའི་དོན་དང། མཐར་ཐུག་པ་རབ་ཏུ་བསྟན་པའི་དོན་དང། ཡོད་པ་རབ་ཏུ་བསྟན་པའི་དོན་ཏོ་ཞེས་བཤད་དེ། དེའི་ཕྱིར་བསྟན་བཅོས་དེ་ཉིད་ལས་དོན་གང་གི་ཕྱིར་གཟུགས་མེད་པའི་མིང་རྣམ་བར་བཞག་ཅེ་ན། དུ་བཞེས་བྱ ་བའི་ཚིག་གིས་ནི་རྣམ་པར་འགྱུར་ཞིང། བསྟན་དུ་ཡོད་བའི་དོན་རབ་ཏུ་སྟོན་པས། རྣམ་པར་འགྱུར་ཞིང་བསྟན་དུ་ཡོད་པ་ལ་བརྟེན་ནས་གཟུགས་ཞེས་བསྟན་ཏོ། །?་ཞེས་བྱ་བའི་ཚིག་གིས་ནི་དགག་པར་བྱེད་པའི་དོན་རབ་ཏུ ་སྟོན་ཏེ། འཁོར་བའི་རྒྱ་མཚོའི་ནང་ན་ཡང་རེ་ཞིག་ཙམ་དུ་གཟུགས་ཀྱི་སྐྱེ་མཆེད་དགག་པར་ཡོད་དོ་ཞེས་རབ་ཏུ་བསྟན་བའི་ཆེད་དུ། དགག་པའི་དོན་གྱི་དབང་དུ་བྱས་ནས་མེད་པ་ཞེས་བྱ་བ་བསྟན་ཏོ། །འདི་ལྟར་ཁམས་དེ་ན་རྣམ་པར་འགྱུར་ཞིང་བསྟན ་དུ་ཡོད་པ་ཟློག་པར་བྱེད་པས་གཟུགས་མེད་པའི་དོན་ལ་བརྟེན་ནས། ཨ་རུ་བ་ཞེས་བྱའོ། །ཡང་ཨ་ཞེས་བྱ་བ་འདི་ནི་མཐར་ཐུག་པའི་དོན་རབ་ཏུ་སྟོན་པ་ཡང་ཡིན་ཏེ། ཁམས་གཞན་ན་ཡང་རྣམ་པར་མི་འགྱུར་ཞིང་བསྟན་དུ་མེད་བའི་ཆོས་ཡོད ་ཀྱང། གཟུགས་མེད་པའི་ཁམས་ནི་རྣམ་པར་འགྱུར་བ་དང། བསྟན་དུ་མེད་པའི་ནང་ན་མཐར་ཐུག་པ་ཡིན་ཏེ། འདི་ན་ཡོད་དོན་ཡོད་དོ་ཞེས་བྱ་བ་བརྟེན་པའི་གཟུགས་མེད་པའི་ཕྱིར་རོ། །ཡང་ན་ཨ་ཞེས་བྱ་བ་འདི་ནི་ཡོད་བའི་དོན་བསྟན་པ་ཡང ་ཡིན་ཏེ། འདི་ལྟར་ཁམས་འདི་ནི་གཟུགས་མེད་པ་ཙམ་མོ་ཞེས་དགག་པའི་ཕྱིར། ཨ་ཞེས་བྱ་བས་ནི་གཟུགས་མེད་པ་ཡོད་པར་རབ་ཏུ་བསྟན་ཏེ། འཇིག་རྟེན་ན་ཡང་ཙམ་ཞེས་བྱ་བནི་དགག་པའི་ཚིག་དང་།དགགས། ནས་རབ་ཏུ་བསྟན་བ་ཡང་ཡིན་བར ་མཐོང་བ་ནི་ཇི་ལྟར་ཨས་འདི་རབ་ཏུ་བསྟན་ཀྱང་དགག་པ་ཁོ་ན་མ་མིན་པ་ལྟ་བུ་ཡིན་བས་དེའི་ཕྱིར་ཨ་ཞེས་བྱ་བས་ནི་དགག་པ་དང་རབ་ཏུ་བསྟན་པ་ཡང་ཡོངས་སུ་རྫོགས་པར་སྟོན་ཏོ་ཞེས་འབྱུང་སྟེ། བསྟན་བཅོས་གཞུང་རབ་ཏུ་བསྟན་པ་ལས་ཀྱང ་དེ་སྐད་དུ་སྟོན་ཏེ། །བསྟན་བཅོས་བྱེ་བྲག་ཏུ་བཤད་པ་ཆེན་པོ་ལས་ནི་ཅིའི་ཕྱིར་འདི་བཞི་ལ་གཟུགས་མེད་པ་ཞེས་བྱ་ཞེན། སྨྲས་པ། བཞི་པོ་འདི་དག་ནི་གཟུགས་ཅན་གྱི་ཆོས་ཐམས་ཅད་ལས་ཡང་དག་པར་འདས་པའི་ཕྱིར་དང། གཟུགས་ཅན་གྱི་ཆོས ་ཐམས་ཅད་རབ་ཏུ་ཉམས་བར་བྱས་བའི་ཕྱིར་དང། གཟུགས་ཀྱི་ཆོས་འདིར་སྐྱེ་བའི་སྐབས་མེད་པའི་ཕྱིར་གཟུགས་མེད་པ་ཞེས་བྱའོ་ཞེས་འབྱུང་ངོ། །དེ་ལ་བྱེ་བྲག་གི་མིང་ཡང་ཐམས་ཅད་ཡོད་བར་སྨྲ་བའི་གཞུང་གིས་།དང་པོ་ནམ་མཁའ་མཛའ་ཡས་སྐྱེ་མཆེད་ཀྱི་སྙོམས་པར ་འཇུག་པ་ནི་བསྟན་བཅོས་བྱེ་བྲག་ཏུ་བཤད་པ་ཆེན་པོ་ལས་བསྟན་པ་བཞིན་དུ། རྣམ་གྲངས་རྣམ་བ་བཞི་བསྟོན་ཏེ་དེའི་ཕྱིར་བསྟན་བཅོས་དེ་ཉིད་ལས་སྦྱོར་བའི་དབང་གིས་ནམ་མཁའ་མཛའ་ཡས་སྐྱེ་མཆེད་ཀྱི་ཏིང་ངེ་འཛིན་ཅེས་བྱ་སྟེ། འདི་ལྟར་ལས་དང་པོ་པས ་ཐོག་མ་ཁོ་ནར?་ཅིག?་ལ?་དང་སྐྱེ་ཞིང་དང་བྲག་དང་ཁང་ཁྱིམ་ལ་སོགས་པ་ལ་ཡོད་ནམ་མཁའ་རྣམས་ཀྱི་མཚན་མ་ཡིད་ལ་བྱེད་དོ། །མཚན་མ་དེ་ཡོངས་སུ་བཟུང་ནས་བརྡའི་འདུ་ཤེས་ཀྱི་མོས་པའི་མཛའ་མེད་པའི་ནམ་མཁའ་ཨི་མཆན་མ་རྣམས་སོ་སོར་རྟོག་ཅིང་གསལ་བར ་ཁོང་དུ་ཆུད་བར་བྱེད་དོ། །སྔར་མཛའ་ཨི་མེད་པའི་ནམ་མཁའ་ཨི་མཚན་མ་ཡིད་ལ་བྱས་ཤིང་སྦྱོར?་བ་བསྒོམས་པས། གོང་ནས་གོང་དུ་གཟུགས་མེད་པའི་སྙམས་པར་འཇུག་པ་དང་པོ་རབ་ཏུ་འདྲེན་པའི་ཕྱིར། འདི་ལ་ནམ་མཁའ་མཛའ་ཡས་སྐྱེ་མཆེད་ཅེས་བཤད ་དེ། །གཞན་ཡང་ཆོས་ཉིད་ཀྱིས་དང་པོར་གཟུགས་ཀྱིས་དག་དང་བྲལ་བ་ལ་ནམ་མཁའ་མཛའ་མཛའ་ཡས་སྐྱེ་མཆེད་ཅེས་བྱ་བས་སོ། །གཞན་ཡང་ཆོས་ཀྱི་དང་པོར་གཟུགས་ཀྱིས་པ་དག་ལས་རྣམ་པར་གྲོལ་བ་ལ་ནམ་མཁའ་མཛའ་ཡས་སྐྱེ་མཆེད་ཅེས ་པས་སོ། །གཞན་ཡང་རྒྱུ་མཐུན་དེའི་དབང་དུ་བྱས་པའི་ཕྱིར། ཏིང་ངེ་འཛིན་འདི་ལ་ནམ་མཁའ་མཛའ་ཡས་སྐྱེ་མཆེད་ཅེས་བཤད་དེ། འདི་ལྟར་རྣལ་འབྱོར་བ་དེ་ཏིང་ངེ་འཛིན་འདི་ལས་ལངས་པ་ན་གདོན་མི་ཟ་བར་ནམ་མཁའ་འདྲ་བའི་འདུ་ཤེས་བསྐྱེད ་པ་མངོན་དུ་འགྱུར་ཏེ། ཇི་སྐད་དུ་དགེ་སློང་ཏིང་ངེ་འཛིན་འདི་ལས་ལངས་ནས་ལག་པ་གཉིས་ནམ་མཁའ་ལ་བརྙབས་པ་དང་གཞན་དག་གིས་ཁྱོད་ཅི་ཞིག་ཚལ་ཞེས་དྲིས་སོ། །དགེ་སློང་དེས་སྨྲས་པ། བདག་གི་རང་གིས་རང་གི་ལུས་ཚོལ་ལོ། །དེས ་སྨྲས་པ་ཁྱོད་ཀྱི་ལུས་ནགས་ཁྲོང་ན་གནས་ན་ཅིའི་ཕྱིར་གཞན་དུ་རང་གི་ལུས་ཚོལ་བར་བྱེད་ཅེས་སྨྲས་སོ་ཞེས་གྲགས་ཏེ། དེའི་ཕྱིར་འདི་ལས་ལངས་ན་ནམ་མཁའ་ཨི་འདུ་ཤེས་འབྱུང་བར་མངོན་ནོ། །འདུ་ཤེས་འདི་ཉིད་ནི་ཏིང་ངེ་འཛིན་སྔ་མ ་དེའི་རྒྱུ་མཐུན་པ་ཡིན་པས་དེའི་ཕྱིར་ནམ་མཁའ་མཛའ་ཡས་སྐྱེ་མཆེད་ཅེས་བྱའོ་ཞེས་འབྱུང་སྟེ། ཞིབ་ཏུ་དེ་ཉིད་ལས་བསྟན་པ་བཞིན་ནོ། །མཛོད་ཀྱི་བསྟན་བཅོས་ལས་ནི་དོན་གྱིས་བསྟན་བཅོས་བྱེ་བྲག་ཏུ་བཤད་པ་ཆེན་པོ་ལས་བསྟན་པའི་རྣམ་གྲངས་དང་པོ ་བསྟན་པ་དང་མཐུན་བར་བཤད་དོ། །བསྟན་བཅོས་ཡང་དག་པའི་རིགས་པ་དང་རྗེས་སུ་མཐུན་པ་དང། གཞུང་རབ་ཏུ་བསྟན་པ་ལས་ཀྱང་དོན་གྱི་བྱེ་བྲག་ཏུ་བཤད་པ་ཆེན་པོ་ལས་ཀྱང་དོན་གྱི་བྱེ་བྲག་ཏུ་བཤད་པ་ལས་རྣམ་གྲངས་དང་པོ་གསུམ་གྱིས་བསྟན ་པ་དང་མཐུན་པར་བཤད་དོ། །དེ་ལ་རྣམ་ཤེས་མཛའ་ཡས་སྐྱེ་མཆེད་ཅེས་བྱ་བ་ནི། བསྟན་བཅོས་བྱེ་བྲག་ཏུ་བཤད་པ་ཆེན་པོ་ལས་རྣམ་གྲངས་གཉིས་ཀྱིས་སྟོན་ཏེ། དེའི་ཕྱིར་བསྟན་བཅོས་དེ་ཉིད་ལས་སྦྱོང་བ་ཁོ་ནའི་དབང་གིས་རྣམ་ཤེས་མཛའ་ཡས ་སྐྱེ་མཆེད་ཀྱི་ཏིང་ངེ་འཛིན་ཅེས་བྱ་སྟེ། འདི་ལྟར་ལས་དང་པོ་པའི་རྣལ་འབྱོར་བ་དག་ཐོག་མ་ཁོ་ནར་ཡོངས་སུ་དག་པའི་མིག་ལ་སོགས་པའི་རྣམ་པར་ཤེས་པ་དྲུག་གིས་མཚན་མ་ཡིད་ལ་བྱེད་དེ། །མཚན་མ་ཡོངས་སུ་བཟུང་ནས་བརྡའི་འདུ ་ཤེས་ཀྱི་མོས་པས་རྣམ་ཤེས་མཛའ་ཡས་ཀྱི་མཚན་མ་སོ་སོར་བརྟགས་ཤིང་གསལ་བར་ཁོང་དུ་ཆུད་ནས་སྔར་རྣམ་ཤེས་མཛའ་ཡས་ཡིད་ལ་བྱས་ཤིང་སྦྱོར་བ་ལ་བརྟེན་ནས། གོང་ནས་གོང་དུ་གཟུགས་མེད་པའི་ཏིང་ངེ་འཛིན་གཉིས་པ་རབ་ཏུ ་འདྲེན་པའི་ཕྱིར་རྣམ་ཤེས་མཛའ་ཡས་སྐྱེ་མཆེད་ཅེས་བྱའོ། །གཞན་ཡང་རྒྱུ་མཐུན་པའི་དབང་དུ་བྱས་པའི་ཕྱིར་ཏིང་ངེ་འཛིན་ལ་རྣམ་ཤེས་མཛའ་ཡས་སྐྱེ་མཆེད་ཅེས་བཤད་དེ། འདི་ལྟར་རྣལ་འབྱོར་བ་དེ་ཏིང་ངེ་འཛིན་འདི་ལས་ལངས་པ་ན། གདོན? ་མི་ཟ་བར་རྣམ་པར་ཤེས་པ་འདྲ་བའི་འདུ་ཤེས་བསྐྱེད་པ་མངོན་དུ་འགྱུར་ཏེ། རྣམ་པར་ཤེས་པ་ལ་རབ་ཏུ་དགའ་བས་གནས་པས་དེའི་ཕྱིར་རྣམ་ཤེས་མཛའ་ཡས་སྐྱེ་མཆེད་ཅེས་བྱའོ་ཞེས་འབྱུང་སྟེ། ཞིབ་ཏུ་དེ་ཉིད་ལས་བསྟན་པ་བཞིན་ནོ། །མཛོད ་ཀྱི་བསྟན་བཅོས་ལས་ནི་བཤད་པའི་རྣམ་གྲངས་དང་པོ་དང་མཐུན་བར་བཤད་དོ། །བསྟན་བཅོས་གཞུང་རབ་ཏུ་བསྟན་པ་ལས་ཀྱང་འདི་དང་མཐུན་པར་བཤད་དོ། །དེ་ལ་ཅི་ཡང་མེད་པའི་སྐྱེ་མཆེད་ཅེས་བྱ་བ་ནི་བསྟན་བཅོས་བྱེ་བྲག་ཏུ་བཤད་བ་ཆེན་པོ ་ལས་རྣམ་གྲངས་ལྔས་སྟོན་ཏེ། དེའི་ཕྱིར་དེ་ཉིད་ལས་འདི་ཅིའི་ཕྱིར་ཅི་ཡང་མེད་པའི་སྐྱེ་མཆེད་ཅེས་བྱ་ཞེ་ན། སྨྲས་པ། འདི་ལ་བདག་དང་བདག་གི་བ་མེད་པའི་ཕྱིར་རོ། །ས་ཐམས་ཅད་ལ་ཡང་བདག་དང་བདག་གི་བ་མེད་པ་ཡིན་ན་།ཅིའི་ཕྱིར་འདི ་འབའ་ཞིག་ལ་ཅི་ཡང་མེད་བ་ཞེས་བྱ་ཞེ་ན། སྨྲས་བ་གཞན་གང་ལ་ཡང་བདག་ཏུ་འཛིན་པ་དང་བདག་གིར་འཛིན་པ་ཉམས་དམད་པ་དང། འབིབས་ཤིང་སྲབ་བ་དང། མཐུ་སྟོབས་འབྲི་བར་བྱེད་པས་འདི་ལྟ་བུའི་ནུས་བ་མེད་པའི་ཕྱིར་ཅི་ཡང་མེད ་བའི་སྐྱེ་མཆེད་ཅེས་བྱའོ། །གཞན་ཡང་ས་འདི་ལ་དེ་ཁོ་ན་རྟག་པར་གནས་པ་རྣམ་བར་མི་འགྱུར་བའི་ཆོས་མེད་ཀྱང་རྟག་པར་ལྟ་བ་ཉམས་དམད་བར་བྱེད་པས་གཞན་དག་ལས་ཁྱད་པར་དུ་འཕགས་པའི་ཕྱིར་འདི་འབའ་ཞིག་ལ་ཅི་ཡང་མེད་པའི་སྐྱེ ་མཆེད་ཅེས་བྱའོ། །གཞན་ཡང་འདི་ལ་གཞོལ་བ་དང་སྐྱབས་སུ་འགྲོ་བའི་ཁང་ཁྱིམ་མེད་ཀྱང། མགོན་སྐྱབས་མེད་ཅིང་ང་རྒྱལ་དང་ལེ་ལོ་དང་བག་མེད་པ་རྣམ་པར་གནོན་བས་གཞན་དག་ལས་ཁྱད་པར་དུ་འཕགས་པའི་ཕྱིར་འདི་འབའ་ཞིག་ལ་ཅི་ཡང ་མེད་པའི་སྐྱེ་མཆེད་ཅེས་བྱའོ། །གཞན་ཡང་ས་འདིར་རྣམ་པའི་མཚན་ཉིད་མཛའ་མེད་པ་མེད་ཅིང་དང་པོ་ཁོ་ནར་དེའི་མཚན་ཉིད་སྤངས་བའི་ཕྱིར། འདི་འབའ་ཞིག་ལ་ཅི་ཡང་མེད་པའི་སྐྱེ་མཆེད་ཅེས་བྱའོ། །བཙུན་པ་དབྱིག་གི་བཤེས་གཉེན་ནི་འདི ་སྐད་དུ། ཏིང་ངེ་འཛིན་འདི་ལ་ཡོངས་སུ་འཛིན་པའི་རྣམ་པའི་མཚན་ཉིད་འཇུག་པ་མེད་པའི་ཕྱིར། ཇི་ལྟར་བདག་མ་ཡིན་པ་ནི་གནས་དང་དུས་གང་དུ་ཡང་དངོས་པོ་རྗེས་སུ་འབྲེལ་པ་དང། གནས་དང་དུས་གང་དུ་ཡང་བདག་དང་རྗེས་སུ ་འབྲེལ་པ་མེད་པ་ལྟ་བུ་ཡིན་པའི་ཕྱིར་འདི་འབའ་ཞིག་ལ་ཅི་ཡང་མེད་པའི་སྐྱེ་མཆེད་ཅེས་བྱའོ། ཞེས་ཟེར་ཏེ་ཞེས་འབྱུང་སྟེ་།ཞིབ་དུ་དེ་ཉིད་ལས་བསྟན་པ་བཞིན་ནོ། །བསྟན་བཅོས་ཡང་དག་པའི་རིགས་པ་དང་རྗེས་སུ་མཐུན་པ་ལས་ནི། མོས་པའི་དབང ་གིས་སྦྱོར་བ་ཐམས་ཅད་སྤངས་པ་ལས་མངོན་པར་གྲུབ་པ་གང་ཡིན་པ་དེ་ནི་ཅི་ཡང་མེད་པའི་སྐྱེ་མཆེད་ཅེས་བྱའོ། །འདི་ལྟར་རྣམ་པ་ཚད་མེད་བདག་ལ་རགས་ཤིང་གཡོ་བ་ཉིད་དུ་ལྟ་བས་དེ་ལ་སྐྱོ་ཞིང་སྤང་བའི་ཆེད་དུ་སྦྱོར་བ་འདི་བསྐྱེད་པས་དེའི་ཕྱིར་གནས ་འདི་ནི་སྤངས་པ་ཁྱད་བར་ཅན་ཞེས་བྱ་སྟེ། འདི་ཡང་རྣམ་པའི་མཚན་ཉིད་མངོན་བར་འདུ་བྱེད་པ་ལ་མི་མོས་པ་དང། སེམས་ཀྱི་དམིགས་པ་རྣམས་སྤངས་ཤིང་ཞིབ་ལ་གནས་པའི་ཕྱིར་རོ་ཞེས་འབྱུང་སྟེ། བསྟན་བཅོས་གཞུང་རབ་ཏུ་བསྟན་པ་ལས ་ཀྱང་འདི་དང་མཐུན་པར་བཤད་དོ། །དེ་ལ་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཅེས་བྱ་བ་ནི། བསྟན་བཅོས་བྱེ་བྲག་ཏུ་བཤད་པ་ཆེན་པོ་ལས་རྣམ་གྲངས་གཅིག་གིས་སྟོན་ཏེ་།དེའི་ཕྱིར་དེ་ཉིད་ལས་འདི་ལ་ཅིའི་ཕྱིར་འདུ་ཤེས་མེད་འདུ ་ཤེས་མེད་མིན་གྱི་སྐྱེ་མཆེད་ཅེས་བྱ་ཞེ་ན་།སྨྲས་པ། འདི་ལ་གསལ་བའི་འདུ་ཤེས་མེད་ཅིང། འདུ་ཤེས་མེད་པའི་མཚན་མ་ཡང་མེད་པའི་རི། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཅེས་བྱའོ། །གསལ་བའི་འདུ་ཤེས་མེད་བ་ནི་ས་བདུན་པོ ་དག་ལྟར་འདུ་ཤེས་དང་བཅས་པའི་ཏིང་ངེ་འཛིན་མ་ཡིན་བའི་ཕྱིར་རོ། །འདུ་ཤེས་མེད་པའི་མཚན་མ་ཡང་མེད་བ་ནི་འདུ་ཤེས་པ་མེད་པ་དང་འགོག་བའི་སྙོམས་པར་འཇུག་པ་ལྟ་བུ་མ་ཡིན་པའི་ཕྱིར་རོ། །ས་འདིའི་འདུ་ཤེས་མི་གསལ་ཞིང་རྟུལ? ་བ་དང། ཞན་ཅིང་གསལ་བ་མེད་པ་དང་ངེས་པ་མེད་པའི་ཕྱིར་།འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཅེས་བྱའོ་ཞེས་འབྱུང་སྟེ་།མཛོད་ཀྱི་བསྟན་བཅོས་དང་ཡང་དག་པའི་རིགས་པ་དང་རྗེས་སུ་མཐུན་པ་དང། གཞུང་རབ་ཏུ་བསྟན་པ་ལས་ཀྱང་འདི་དང་མཐུན? ་པར་བཤད་དོ། །གཞན་ཡང་བསྟན་བཙོས་ཡང་དག་པའི་རིགས་བ་དང་རྗེས་སུ་མཐུན་པ་ལས་གཟུགས་མེད་པ་བཞི་པོ་འདི་དག་སྐྱེ་མཆེད་ཅེས་བྱ་བ་ནི་སྲིད་པ་རྣམས་སྐྱེད་པའི་གནས་སུ་གྱུར་པའི་ཕྱིར་ཏེ། སྐྱེ་མཆེད་བཞི་པོ་འདི་དག་ཏུ་ཡོད་པ་དང་མེད་པའི ་སྲིད་པ་དག་གིས་ལས་དང་ཉོན་མོངས་པ་རྣམ་པ་སྣ་ཚོགས་སྐྱེད་ཅིང་འཕེལ་བར་བྱེད་པའི་རི་དང་ཡང་དག་པ་མ་ཡིན་བས། དེ་ལ་མྱ་ངན་ལས་འདས་པ་ཉིད་དུ་འཛིན་པ་རྣམ་པར་གཞིག་བའི་ཕྱིར་དང། བཅོམ་ལྡན་འདས་ཀྱིས་སྲིད་བ་སྐྱེད་པའི་གནས་ཞེས་གསུངས ་སོ་ཞེས་འབྱུང་ངོ། ཐེག་པ་ཆེན་པོའི་གཞུང་དང་སྦྱར་ན་བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས། གཞན་ཡང་རྣམ་པ་དེ་ཐམས་ཅད་དུ་གཟུགས་ཀྱི་འདུ་ཤེས་ལས་ཡང་དག་པར་འདས་ཏེ་ཐོགས་པའི་འདུ་ཤེས་ནུབ་བར་གྱུར་ཅིང། སྣ་ཚོགས་ཀྱི་འདུ་ཤེས ་རྣམས་ཡིད་ལ་མི་བྱེད་བས་ནམ་མཁའ་མཛའ་ཡས་སོ་སྙམ་ནས། ནམ་མཁའ་མཛའ་ཡས་སྐྱེ་མཆེད་བསྒྲུབས་ཏེ་གནས་སོ་ཞེས་གསུངས་པ་དེ་ལ། དེ་རྣམ་པ་ཐམས་ཅད་དུ་གཟུགས་ཀྱི་འདུ་ཤེས་རྣམས་ལས་ཡང་དག་པར་འདས་ཏེ་ཞེས་བྱ་བ་ནི། ནམ་མཁའ་མོས ་པར་བྱེད་པའི་ཕྱིར་ཁ་དོག་སྔོན་པོ་དང་སེར་པོ་དང་མང་པོ་དང་དཀར་པོ་དང་ལྡན་པའི་འདུ་ཤེས་དེ་དག་མི་སྣང་བའི་ཕྱིར་དང། སྐྱོ་ཞིང་འདོད་ཆགས་དང་བྲལ་བའི་ཕྱིར་ཡང་དག་པར་འདས་པ་ན། དེའི་ཕྱིར་རྣམ་པ་ཐམས་ཅད་དུ་གཟུགས་ཀྱི་འདུ་ཤེས་རྣམས་ལས་ཡང ་དག་བར་འདས་ཏེ་ཞེས་བྱ་བ་གསུངས་སོ། །ཐོགས་པའི་འདུ་ཤེས་ནུབ་པར་གྱུར་ཅིང་ཞེས་བྱ་བ་ནི་དེ་དེ་དག་ལས་ཡང་དག་པར་འདས་ཤིང་མི་སྣང་བར་གྱུར་བའི་རྒྱུ་ལ?་ཁ་དོག་བསགས་བའི་རྒྱུར་གྱུར་པའི་སྒྲིབ་པའི་འདུ་ཤེས་རྣམ་པ་དུ་མ་སྣ་ཚོགས་མང་པོ་དག་དང ་བྲལ་བས་ན། དེའི་ཕྱིར་ཐོགས་པའི་འདུ་ཤེས་ནུབ་པར་གྱུར་ཅིང་ཞེས་བྱ་བ་གསུངས་སོ། །སྣ་ཚོགས་ཀྱི་འདུ་ཤེས་ཡིད་ལ་མི་བྱེད་པས་ཞེས་བྱ་བས་ནི། དེ་དག་དང་བྲལ་བ་ཐོགས་པའི་ཁྱད་པར་ཅན་རྣམ་པ་སྣ་ཚོགས་དེ་དག་ཉིད་ལ་འདི་ལྟ་སྟེ། ་ཟས་དང་སྐོམ་དང། བཞོན་པ་དང། གོས་དང་རྒྱན་དང། ནགས་དང། སྐྱེད་མོས་ཚལ་དང། ནགས་ཚལ་དང། དམག་དང་རི་ལ་སོགས་པར་ཉེ་བར་འདོགས་པའི་འདུ་ཤེས་འཇུག་པ་གང་ཡིན་པའི་འདུ་ཤེས་དེ་དག་དེ་རྣམ་ལ་གཏང་ཀྱང། རྣམ་པ་ཐམས ་ཅད་དུ་དེ་ལ་འབྱུང་བར་མི་འགྱུར་བས་ན། དེའི་ཕྱིར་སྣ་ཚོགས་ཀྱི་འདུ་ཤེས་རྣམས་ཡིད་ལ་མི་བྱེད་པས་ཞེས་བྱ་བ་གསུངས་སོ། །ནམ་མཁའ་མཛའ་ཡས་སོ་སྙམ་ནས་ཞེས་བྱ་བ་ནི་དེས་དེ་ལྟར་གཟུགས་དང་ཐོགས་པ་དང་སྣ་ཚོགས་ཀྱི་འདུ་ཤེས་དག་རྣམ་པར་ཤིག ་ནས། ནམ་མཁའ་མཛའ་ཡས་པའི་རྣམ་པས་མོས་པར་བྱེད་པས་ན། དེའི་ཕྱིར་ནམ་མཁའ་མཛའ་ཡས་སོ་སྙམ་ནས་ཞེས་བྱ་བ་གསུངས་སོ། །ནམ་མཁའ་ཡས་སྐྱེ་མཆེད་བསྒྲུབས་ཏེ་གནས་སོ་ཞེས་བྱ་བ་ནི་དེ་ཉེར་བསྔོགས་ལས་ཡང་དག་བར་འདས་ཤིང ་སྦྱོར་བ་མཐར་ཐུག་པ་ཡིད་ལ་བྱེད་པས། གོང་མ་སྦྱོར་བ་མཐར་ཐུག་པའི་འབྲས་བུའི་དངོས་གཞི་ལ་སྙོམས་པར་འཇུག་པར་བྱེད་པས་ན་།དེའི་ཕྱིར་ནམ་མཁའ་མཛའ་ཡས་སྐྱེ་མཆེད་བསྒྲུབས་ཏེ་གནས་སོ་ཞེས་བྱ་བ་གསུངས་སོ། །དེ་སྲིད་དུ་དངོས་གཞི་ལ ་སྙོམས་པར་མི་འཇུག་པའི་བར་དུ་ནི་དེ་ནམ་མཁའ་ཁོ་ན་ལ་དམིགས་པར་བྱེད་དོ། །དངོས་གཞི་ལ་སྙོམས་པར་ཞུགས་ནས་ནི་ནམ་མཁའ་དེ་ཉིད་དང་དེ་ལས་གཞན་བ་རང་གིས་པའི་ཕུང་བོ་རྣམས་ལ་དམིགས་པར་བྱེད་དོ། །ཉེར་བསྔོགས་ཀྱི་ཚེ་ནས་འོག་མའི ་ཕུང་པོ་རྣམས་ལ་ཡང་དམིགས་པར་བྱེད་དོ། །གཞན་ཡང་དེ་རྣམ་པ་ཐམས་ཅད་དུ་ནམ་མཁའ་མཛའ་ཡས་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། རྣམ་ཤེས་མཛའ་ཡས་སོ་སྙམ་ནས་རྣམ་ཤེས་མཛའ་ཡས་སྐྱེ་མཆེད་ཉེ་བར་བསྒྲུབས་ཏེ་གནས་སོ་ཞེས ་གསུངས་པ་དེ་ལ། དེ་རྣམ་པ་ཐམས་ཅད་དུ་ནམ་མཁའ་མཛའ་ཡས་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ་།རྣམ་ཤེས་མཛའ་ཡས་སོ་སྙམ་ནས་ཞེས་བྱ་བ་ནི་དེ་རྣམ་པར་ཤེས་པ་གང་།གིས་ནམ་མཁའ་མཛའ་ཡས་པར་མོས་བར་བྱེད་བ་།ནམ་མཁའ་མཛའ་ཡས་པའི་རྣམ་བས ་མོས་བར་བྱེད་པའི་རྣམ་པར་ཤེས་པ་དེ་ཉིད་ཀྱིས་རྣམ་ཤེས་མཛའ་ཡས་ལ་སྙོམས་པར་འཇུག་འདོད་བས། ནམ་མཁའ་མཛའ་ཡས་སྐྱེ་མཆེད་ཀྱི་འདུ་ཤེས་ལས་བཟློག་སྟེ། རྣམ་པར་ཤེས་པ་དེ་ཉིད་ལ་མཛའ་ཡས་པའི་རྣམ་པས་མོས་པར་བྱེད་ཅིང། ནམ་མཁའ་མཛའ་ ་ཡས་སྐྱེ་མཆེད་ཀྱི་དངོས་གཞི་ཉེར་བསྔོགས་དང་བཅས་པ་ལས་ཡང་དག་བར་འདས་པས་ན་དེའི་ཕྱིར་དེ་རྣམ་བ་ཐམས་ཅད་དུ་ནམ་མཁའ་མཛའ་ཡས་སྐྱེ་མཆེད་ལས་ཡང་དག་བར་འདས་ཏེ། རྣམ་ཤེས་མཛའ་ཡས་སོ་སྙམ་ནས་ཞེས་བྱ་བ་གསུངས་སོ། །རྣམ་ཤེས ་མཛའ་ཡས་སྐྱེ་མཆེད་བསྒྲུབས་ཏེ་གནས་སོ་ཞེས་བྱ་བ་ནི། རྣམ་ཤེས་མཛའ་ཡས་སྐྱེ་མཆེད་ཀྱི་ཉེར་བསྔོགས་ལས་ཡང་དག་པར་འདས་ཤིང་།སྦྱོར་བ་མཐར་ཐུག་བའི་བར་དུ་ཡིད་ལ་བྱས་བས། གོང་མ་སྦྱོར་བ་མཐར་ཐུག་པའི་འབྲས་བུའི་དངོས་བཞི་ལ ་སྙོམས་པར་འཇུག་བར་བྱེད་ན། དེའི་ཕྱིར་རྣམ་ཤེས་མཛའ་ཡས་སྐྱེ་མཆེད་བསྒྲུབས་ཏེ་གནས་སོ་ཞེས་གསུངས་ཏེ། གཞན་ཡང་དེ་རྣམ་པ་ཐམས་ཅད་དུ་རྣམ་ཤེས་མཛའ་ཡས་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། ཅི་ཡང་མེད་དོ་སྙམ་ནས་ཅི་ཡང་མེད ་བའི་སྐྱེ་མཆེད་བསྒྲུབས་ཏེ་གནས་སོ། །ཞེས་གསུངས་བ་ནི། དེ་རྣམ་ཤེས་མཛའ་ཡས་སྐྱེ་མཆེད་ལས་བསྐྱེད་ཅིང་རྣམ་པར་ཤེས་བ་ལས་གཞན་པའི་དམིགས་པ་ཅི་ཡང་རུང་བ་དང་ལྡན་པ་གཟུགས་ཅན་ནམ་གཟུགས་ཅན་མ་ཡིན་པ་ཡོངས་སུ་ཚོལ་བར་བྱེད་བ་ན ་མ་རྙེད་དེ། དེ་དམིགས་པ་དེ་མ་རྙེད་ནས་རྣམ་ཤེས་མཛའ་ཡས་སྐྱེ་མཆེད་ཀྱི་དངོས་གཞི་ཉེར་བསྔོགས་དང་བཅས་བ་ལས་ཡང་དག་བར་འདས་ཏེ། དམིགས་པ་གཞན་ཅི་ཡང་མེད་དོ་ཞེས་མོས་པར་བྱེད་ཅིང། དེ་ཅི་ཡང་མེད་བའི་འདུ་ཤེས་ཁ་ན་ལ་མོས་པར ་འགྱུར་ཏེ། དེས་འདུ་ཤེས་ལ་མོས་པ་དེ་ལ་ལན་མང་དུ་བྱས་པའི་ཕྱིར། ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་ཉེར་བསྔོགས་ལས་ཡང་དག་པར་འདས་ཏེ། སྦྱོར་བ་མཐར་ཐུག་བའི་བར་དུ་ཡིད་ལ་བྱས་པས་སྦྱོར་བ་མཐར་ཐུག་པའི་འབྲས ་བུའི་དངོས་གཞི་ལ་སྙོམས་པར་འཇུག་པར་བྱེད་བས་ན། དེའི་ཕྱིར་རྣམ་པ་ཐམས་ཅད་དུ་རྣམ་ཤེས་མཛའ་ཡས་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། ཅི་ཡང་མེད་དོ་སྙམ་ནས་ཅི་ཡང་མེད་པའི་སྐྱེ་མཆེད་བསྒྲུབས་ཏེ་གནས་སོ་ཞེས་བྱ་བ་གསུངས་སོ། ། ་གཞན་ཡང་རྣམ་པ་ཐམས་ཅད་དུ་ཅི་ཡང་མེད་པའི་སྐྱེ་མཆེད་ལས་ཡང་དག་པར་འདས་ནས། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་བསྒྲུབས་ཏེ་གནས་སོ་ཞེས་གསུངས་པ་དེ་ལ། རྣམ་པ་ཐམས་ཅད་དུ་ཅི་ཡང་མེད་པའི་སྐྱེ་མཆེད་ལས་ཡང་དག ་པར་འདས་ནས་ཞེས་བྱ་བ་ནི། ཅི་ཡང་མེད་པའི་སྐྱེ་མཆེད་ལ་བསྐྱོད་ཅིང་ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་འདུ་ཤེས་ལ་རགས་པར་འདུ་ཤེས་ཤིང། ཉེས་དམིགས་སུ་འདུ་ཤེས་པའི་ཕྱིར་ཅི་ཡང་མེད་པའི་སྐྱེ་མཆེད་ལས་ལྡོག་བར་བྱེད་བས་ནི་དེའི་ཕྱིར་དེ་རྣམ ་བ་ཐམས་ཅད་དུ་ཅི་ཡང་མེད་པའི་སྐྱེ་མཆེད་ལས་ཡང་དག་པར་འདས་ནས་ཞེས་བྱ་བ་གསུངས་སོ། །འདུ་ཤེས་མེད་ཅེས་བྱ་བ་ནི་དེ་སྔོན་ཅི་ཡང་མེད་པའི་སྐྱེ་མཆེད་ལ་སྙོམས་པར་འཇུག་པའི་ཚེ་ན?་ནེ?། ཅི་ཡང་གི་འདུ་ཤེས་ལས་ཡང་དག་བར་འདས ་ལ། ད་ལྟར་ཅི་ཡང་མེད་པའི་འདུ་ཤེས་ལས་ཡང་དག་པར་འདས་པས་ནི། དེའི་ཕྱིར་འདུ་ཤེས་མེད་ཅེས་བྱ་བ་གསུངས་ཏེ། འདི་ལྟ་སྟེ། ཅི་ཡང་གི་འདུ་ཤས་དང་ཅི་ཡང་མེད་པའི་འདུ་ཤེས་མེད་བ་ལ་བྱའོ། །འདུ་ཤེས་མེད་མིན་ཞེས་བྱ་བ་ནི་དེའི ་འདུ་ཤེས་དེ་འདི་ལྟ་སྟེ། དཔེར་ན་འདུ་ཤེས་མེད་པའམ། འགོག་པའི་སྙོམས་པར་འཇུག་པ་དག་གི་ལྟར་རྣམ་བ་ཐམས་ཅད་ཀྱི་ཐམས་ཅད་དུ་འགགས་བ་མ་ཡིན་ཏེ། འདུ་ཤེས་དེ་ཕྲ་ཞིང་དམིགས་པ་དེ་ལ་མཚན་མ་མེད་པར་འཇུག་པ་ཁོ་ན་ཡིན ་བས་ན་།དེའི་ཕྱིར་འདུ་ཤེས་མེད་མིན་ཞེས་བྱ་བ་གསུངས་སོ། །སྐྱེ་མཆེད་བསྒྲུབས་ཏེ་གནས་སོ་ཞེས་བྱ་བ་ནི་དེ་དེ་ལྟར་སྐྱེ་མཆེད་དེ་ལ་མོས་བར་བྱེད་པ་ན་།ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་དངོས་གཞི་ཉེར་བསྔོགས་དང་བཅས་བ་ལས་ཡང་དག་པར་འདས་ཤིང ་འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་སྐྱེ་མཆེད་ཀྱི་ཉེར་བསྔོགས་དང་བཅས་བ་སྦྱོར་བ་མཐར་ཐུག་པའི་བར་དུ་ཡིད་ལ་བྱས་བས་སྦྱོར་བ་མཐར་ཐུག་པའི་འབྲས་བུའི་དངོས་གཞི་ལ་སྙོམས་བར་འཇུག་པར་བྱེད་པས་ན། དེའི་ཕྱིར་རྣམ་བ་ཐམས་ཅད་དུ་ཅི་ཡང་མེད་པའི་སྐྱེ ་མཆེད་ལས་ཡང་དག་པར་འདས་ནས་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་བསྒྲུབས་ཏེ་གནས་སོ་ཞེས་བྱ་བ་གསུངས་སོ་ཞེས་འབྱུང་སྟེ། རྒྱ་ཆེར་རྣམ་པར་འབྱེད་པ་ནི་བསྟན་བཅོས་རྣམ་པར་བཤད་པ་ལས་བསྟན་བ་བཞིན་དུ་རིག་པར་བྱའོ། །དེ་ལ་ངོ་བོ་ཉིད ་བསྟན་བ་ཡང་ཐམས་ཅད་ཡོད་བར་སྨྲ་བའི་གཞུང་གིས་ནི། བསྟན་བཅོས་ཡང་དག་བའི་རིགས་བ་དང་རྗེས་སུ་མཐུན་པ་ལས་བསྟན་པ་བཞིན་དུ་གཟུགས་མེད་པ་བཞིའི་ངོ་བོ་ཉིད་ནི་མདོར་བསྡུ་ན་དགེ་བའི་ངོ་བོ་ཉིད་ཀྱིས་བསྡུས་ཤིང། སེམས་རྩེ་གཅིག་པའི་ངོ་བོ་ཉིད་དོ། །དེ ་ཡང་གྲོགས་ལས་ནི་གཟུགས་ཀྱི་ཕུང་པོ་མ་གཏོགས་ཏེ། གཟུགས་མེད་པ་ལ་རྗེས་སུ་འཇུག་པའི་གཟུགས་མེད་བའི་ཕྱིར་ཕུང་པོ་བཞིའི་ངོ་བོ་ཉིད་དོ་ཞེས་བཤད་དོ། །བསྟན་བཅོས་བྱེ་བྲག་ཏུ་བཤད་པ་ཆེན་པོ་ལས་ནི་རྣམ་པ་གཉིས་ཡོད་དོ་ཞེས་བཤད་དོ། །འདི་ལྟ་སྟེ། ཏིང ་ངེ་འཛིན་དང་སྐྱེས་ནས་ཐོབ་པའོ། །དེ་ལ་ཏིང་ངེ་འཛིན་ནི་འདི་ལྟ་སྟེ། གཟུགས་མེད་པའི་སྙོམས་བར་འཇུག་བའོ་།སྐྱེས་ནས་ཐོབ་པ་ནི་གཟུགས་མེད་པའི་ཁམས་སུ་སྐྱེས་བའོ་ཞེས་བཤད་དེ་།དེར་སྐྱེས་པ་གང་ཡིན་པ་དེ་ནི་མ་བསྒྲིབས་ལ་ལུང་དུ་མ་བསྟན་པའི་ཚོར་བ་དང ་འདུ་ཤེས་དང། འདུ་བྱེད་དང། རྣམ་པར་ཤེས་པའོ་ཞེས་འབྱུང་སྟེ། ཚིག་འདིས་ནི་ཕུང་པོ་བཞི་པོ་དེ་དག་གི་རྣམ་བར་སྨིན་པའི་ངོ་བོ་ཉིད་དོ་ཞེས་བསྟན་ཏོ། །གཞན་ཡང་བསྟན་བཅོས་བྱེ་བྲག་ཏུ་བཤད་པ་ཆེན་པོ་ལས། གཟུགས་མེད་པ་བཞི་བོ་དག་གི་ངོ་བོ ་ཉིད་ནི་རྣམ་པ་གཉིས་ཡོད་དེ། བསྒོམས་པས་ཐོབ་པ་དང། སྐྱེས་ནས་ཐོབ་པའོ། །བསྒོམས་ནས་ཐོབ་བ་ནི་ས་དེ་ཉིད་ཀྱིས་བསྡུས་བ་སེམས་རྩེ་གཅིག་བའི་ངོ་བོ་ཉིད་དོ། །གྲོགས་དང་བཅས་པ་ནི་ཕུང་པོ་བཞིའི་ངོ་བོ་ཉིད་དོ། །སྐྱེས་ནས་ཐོབ་བ ་ནི་ས་དེ་ཉིད་དང་ལྡན་པ་བཞན་ཕུང་པོ་དག་གི་ངོ་བོ་ཉིད་དོ་ཞེས་འབྱུང་ངོ། །ཐེག་པ་ཆེན་པོའི་གཞུང་གིས་ངོ་བོ་ཉིད་བསྟན་པ་ནི་ཐམས་ཅད་ཡོད་པར་སྨྲ་བ་དག་དང་མཐུན་ཏེ། དེ་ལ་བྱེ་བྲག་ཡོད་པ་ནི་གཟུགས་ཀྱི་ཕུང་པོ་ཡང་ཡོད་དེ་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་གྱི ་གཟུགས་ནི་གཟུགས་མེད་པར་ཡང་གཏོགས་པའི་ཕྱིར་རོ་ཞེས་བཤད་དོ། །ཡང་རྣམ་པ་བཞི་ཡོད་དེ་འདི་ལྟ་སྟེ། བྱམས་པ་དང་སྙིང་རྗེ་དང། དགའ་བ་དང། བཏང་སྙོམས་ཚད་མེད་པ་བཞི་པོ་རེ་རེ་ལ་ཡང། ཞི་གནས་རྣམ་པ་རེ་རེ་ཡོད་པའི་ཕྱིར་རོ་ཞེས་བྱ་བ ་ནི་གསུམ་བ་ཞི་གནས་རྣམ་པ་བཞི་བསྟན་བ་སྟེ། ཚད་མེད་པ་བཞི་དང་མཚུངས་པར་ལྡན་པའི་ཏིང་ངེ་འཛིན་གྱི་ཕྱིར་རོ། །ཚད་མེད་པ་བཞི་བོ་དེ་དག་ཀྱང་མདོར་བསྡུ་ན་སྒོ་རྣམ་པ་གཉིས་ཀྱིས་དབྱེ་བར་བྱ་སྟེ། ངེས་པའི་ཚིག་བསྟན་པ་དང། ངོ་བོ་ཉིད་བསྟན ་པའོ། །ངེས་པའི་ཚིག་བསྟན་པ་ཡང་རྣམ་པ་གཉིས་ཏེ། སྤྱི་དང་བྱེ་བྲག་གོ་།དེ་ལ་ཚད་མེད་པ་ཞེས་བྱ་བ་ནི་སྤྱིའི་མེད་སྟེ། ཐམས་ཅད་ཡོད་བར་སྨྲ་བའི་གཞུང་གིས་ནི་བསྟན་བཅོས་བྱེ་བྲག་ཏུ་བཤད་བ་ཆེན་པོ་ལས་བསྟན་པ་བཞིན་དུ་རྣམ་གྲངས་རྣམ་པ་ཞེས ་སྟོན་ཏེ། དེའི་ཕྱིར་བསྟན་བཅོས་དེ་ཉིད་ལས། དེའི་ཕྱིར་ཚད་མེད་པ་ཞེས་བྱ་བའི་དོན་ཅི་ཡིན་ཞེ་ན། སྨྲས་པ། སེམས་ཅན་ལ་ཁྱབ་པར་དམིགས་ཤིང། སྤྲོས་པའི་ཉོན་མོངས་པ་ཚད་མེད་པའི་གཉེན་བོར་གྱུར་བའི་ཕྱིར་ཚད་མེད་པ་ཞེས་བྱའོ། །སྤྲོས་པ་ཡང ་རྣམ་པ་གཉིས་ཏེ། ལྟ་བའི་ཉོན་མོངས་པ་དང་སྲིད་པའི་ཉོན་མོངས་པ་སྟེ། དེའི་ཕྱིར་སྤྲོས་པའི་ཉོན་མོངས་པ་ཞེས་བྱའོ། །གཞན་ཡང་སེམས་ཅན་ལ་ཁྱབ་པར་དམིགས་ཤིང། བག་མེད་པའི་ཉོན་མོངས་པ་ཚད?་མེད་པའི་གཉེན་པོར་གྱུར་པའི་ཕྱིར་ཚད་མེད ་པ་ཞེས་བྱའོ། །འདོད་པའི་ཁམས་ཀྱི་ཉོན་མོངས་པ་ནི་བག་མེད་པའི་ཉན་མོངས་པ་ཞེས་བྱའོ། །གཞན་ཡང་རྣམ་བ་བཞི་པོ་འདི་དག་ནི་འཕགས་པ་རྣམས་ཀྱི་རྒྱ་ཆེར་བགྲོད་བའི་གནས་སུ་གྱུར་བའི་ཕྱིར་ཚད་མེད་བ་ཞེས་བྱའོ། །གཞན་ཡང་རྣམ་པ་བཞི་པོ་འདི་དག་ནི་སེམས་ཅན ་ཚད་མེད་པ་ལ་དམིགས་པ་ཡུལ་དུ་གྱུར་པའི་ཕྱིར་དང། བསོད་ནམས་ཚད་མེད་པ་སྐྱེད་པའི་ཕྱིར་དང་འབྲས་བུ་ཚད་མེད་པ་རབ་ཏུ་འདྲེན་པའི་ཕྱིར་ཚད་མེད་པའོ་ཞེས་འབྱུང་སྟེ། མཛོད་ཀྱི་བསྟན་བཅོས་དང། ཡང་དག་པའི་རིགས་དང་རྗེས་སུ་མཐུན་པ་ལས་ནི། བྱེ་བྲག ་ཏུ་བཤད་པ་ཆེན་པོ་ལས་བསྟན་པའི་རྣམ་གྲངས་བཞི་པ་དང་མཐུན་པར་འབྱུང་ངོ། །ཐེག་བ་ཆེན་པོའི་གཞུང་གིས་ནི་བསྟན་བཅོས་རྣམ་པར་བཤད་པ་ལས་བསྟན་པ་བཞིན་དུ། །དོན་རྣམ་པ་གསུམ་གྱིས་ཚད་མེད་པ་ཞེས་སྟོན་ཏེ། ཡངས་པ་དང་ཆེ་བ་དང་ཚད་མེད་པའོ། །དེ ་ལ་ཡངས་པ་ནི་མཐོང་པའི་སྤྱོད་ཡུལ་ཡིད་ལ་བྱེད་པའི་ཕྱིར་རོ། །ཆེ་བ་ནི་ཐོས་པའི་སྤྱོད་ཡུལ་ཡིད་ལ་བྱེད་པའི་ཕྱིར་རོ། །ཚད་མེད་པ་ནི་བྱེ་བྲག་ཕྱེད་བ་དང་རྣམ་ཕར་ཤེས་པ་ཡིད་ལ་བྱེད་པའི་ཕྱིར་རོ། །འདི་ལྟར་དོན་རྣམ་པ་གསུམ་པོ་དེ་དག་གིས་ཕྱོགས་གཅིག་ལ་ཁྱབ ་པར་དམིགས་པ་ནས། དེ་བཞིན་དུ་ཕྱོགས་བཅུའི་བར་གྱི་སྣོད་ཀྱི་འཇིག་རྟེན་དང་སེམས་ཅན་གྱི་འཇིག་རྟེན་མཛའ་མེད་བ་དག་ལ་དམིགས་པའི་ཕྱིར། ཚད་མེད་པ་ཞེས་བྱའོ་ཞེས་སྟོན་ཏོ། །དེ་ལ་བྱེ་བྲག་གི་མིང་ནི་བྱམས་པ་དང་སྙིང་རྗེ་དང་དགའ་བ་དང་བཏང་སྙོམས་ཞེས ་བྱ་བ་ཉིད་དེ། ཐམས་ཅད་ཡོད་བར་སྨྲ?་བའི་གཞུང་གིས་ནེ། མཛོད་ཀྱི་བསྟན་བཅོས་ལས་བསྟན་པ་བཞིན་དུ་བྱམས་པ་ནི་བདེ་བ་སྦྱིན་བའོ། །སྙིང་རྗེ་ནི་སྡུག་བསྔལ་ལས་འདྲེན་པའོ། །དགའ་བ་ནི་མོས་ཤིང་དགུ་པའོ། །བཏང་སྙོམས?་ནི་མཉམ་པ་ཉིད་དོ་ཞེས ་བཤད་དོ། །བསྟན་བཅོས་བྱེ་བྲག་ཏུ་བཤད་བ་ཆེན་པོ་ལས་ནི། ཕན་གདགས་པ་གང་ཡིན་པ་དེ་ནི་བྱམས་པའི་མཚན་ཉིད་དོ། །གནོད་པ་རབ་ཏུ་སེལ་བ་གང་ཡིན་པ་དེ་ནི་སྙིང་རྗེའི་མཚན་ཉིད་དོ། །རབ་ཏུ་དགའ་ཞིང་བཏང་སྙོམས་ཐོབ་པ་གང་ཡིན་པ་དེ་ནི ་དགའ་བའི་མཚན་ཉིད་དོ། །རྗེད་ངས་པ་འཇིག་ཅིང་མཉམ་པ་ཉིད་དུ་གྱུར་པ་ནི་བཏང་སྙོམས་ཀྱི་མཚན་ཉིད་ངོ་ཞེས་བཤད་དོ། །ཐེག་པ་ཆེན་པོའི་གཞུང་གིས་ནི་བསྟན་བཅོས་རྣམ་བར་བཤད་པ་ལས་བསྟན་པ་བཞིན་དུ་བྱམས་པ་ཆད ་མེད་པ་ནི་འདི་ལྟ་སྟེ། བྱམས་པའི་སེམས་དང་བཅས་པ་གང་ཡིན་པའོ་།བྱམས་པའི་སེམས་དང་བཅས་བར་གྱུར་པ་ནི་སེམས་ཅན་སྡུག་བསྔལ་མེད་པ་དང། བདེ་བ་མེད་པ་དག་ལ་བདེ་བའི་ཡོ་བྱད་སྦྱིན་པར་འདོད་ཅིང་།ཡིད་ཀྱི་མོས་པའི་སེམས་དང་མཚུངས ་པར་ལྡན་པའི་ཕྱིར་རོ། །སྙིང་རྗེ་ཚད་མེད་པ་ནི་འདི་ལྟ་སྟེ། སྙིང་རྗེ་དང་བཅས་པའི་སེམས་ཅན་གང་ཡིན་པའོ། །སྙིང་རྗེ་དང་བཅས་པའི་སེམས་ནི་སེམས་ཅན་སྡུག་བསྔལ་བ་དག་ལ། སྡུག་བསྔལ་གྱི་རྒྱུ་ལས་འདྲེན་པར་འདོད་ཅིང་ཡིད་ཀྱིས་མོས་པའི་སེམས་དང་མཚུངས ་བར་ལྡན་པའི་ཕྱིར་རེ། །དགའ་བ་ཚད་མེད་བ་ནི་འདི་ལྟ་སྟེ། དགའ་བ་དང་བཅས་པའི་སེམས་གང་ཡིན་པའོ། །དགའ་བ་དང་བཅས་པའི་སེམས་ནི་འདི་ལྟ་སྟེ། སེམས་ཅན་གང་ངག་བདེ་བ་དང་ལྡན་པ་དག་ལ་དེའི་དགའ་བའི་རྗེས་སུ་ཡི་རང་ཞིང་ཡིད་ཀྱིས་མོས ་པའི་སེམས་ཅན་དང་མཚུངས་པར་ལྡན་པའི་ཕྱིར་རོ། །བཏང?་སྙོམས་ཚད?་མེད་པ་ནི་འདི་ལྟ་སྟེ། བཏང་སྙོམས་དང་བཅས་པའི་སེམས་གང་ཡིན་པའོ། །བཏང་སྙོམས་དང་བཅས་པའི་སེམས་གང་ཡིན་པ་དེ་ནི། ཆགས་པ་མེད་པར་འདུན་ཅིང་ཡིད་ཀྱིས་མོས་པའི ་སེམས་དང་མཚུངས་པར་ལྡན་བའི་ཕྱིར་རོ་ཞེས་བཤད་དོ། །དེ་ལ་ངོ་བོ་ཉིད་བསྟན་པ་ཡང་ཐམས་ཅད་ཡོད་པར་སྨྲ་བའི་གཞུང་གིས་ནི། བསྟན་བཅོས་བྱེ་བྲག་ཏུ་བཤད་པ་ཆེན་པོ་ལས་བསྟན་པ་བཞིན་དུ་བྱམས་པ་དང་སྙིང་རྗེ་ཚད་མེད་པ་ལ་བཤད་པ་རྣམ ་པ་གཉིས་སུ་བསྟན་ཏེ། དེའི་ཕྱིར་བསྟན་བཅོས་དེ་ཉིད་ལས་ཁ་ཅིག་ན་རེ་བྱམས་པ་དང་སྙིང་རྗེ་གཉི་ག་ཡང་ཞེ་སྡང་མེད་པའི་དགེ་བའི་རྩ་བའི་ངོ་བོ་ཉིད་དོ། ཞེ་སྡང་གི་གཉེན་བོར་གྱུར་པའི་ཕྱིར་རོ། །མཚུངས་པར་ལྡན་པའི་རྗེས་སུ་འཇུག་པ་ཉིད་ཀྱང་བཟུང? ་ན་ནི། འདོད་པའི་ཁམས་ན་ནི་ཕུང་པོ་བཞིའོ། །གཟུགས་ཀྱི་ཁམས་ན་ནི་ཕུང་པོ་ལྔའོ། །དེ་ལ་བྱེ་བྲག་ཡོད་པ་ཡང་བྱམས་པ་ནི་སྲོག་གཅོད་པའི་ཞེ་སྡང་གི་གཉེན་པོའོ། །སྙིང་རྗེ་ནི་རྡོག་པ་ལ་སོགས་པའི་ཞེ་སྡང་གི་གཉེན་བོའོ?་ཞེའོ། །ཁ་ཅིག་ནི་འདི་སྐད་དུ ་བྱམས་པ་ནི་ཞེ་སྡང་མེད་པའི་དགེ་བའི་རྩ་པའི་ངོ་བོ་ཉིད་དང། །སྙིང་རྗེ་ནི་རྣམ་པར་མི་འཚེ་བའི་དགེ་བའི་རྩ་བའི་ངོ་བོ་ཉིད་དོ། །རྣམ་པར་འཚེ་བའི་གཉེན་པོར་གྱུར་པའི་ཕྱིར་རོ་ཞེའོ། །དགའ་བ་ཚད་མེད་པའི་ངོ་བོ་ཉིད་ལ་ཡང་བཤད་བ་ནི་རྣམ་པ་བཞི་ཡོད་དེ། ཁ? ་ཅིག་ན་རེ་དགའ་བ་ནི་དགའ་བའི་དབང་པོའི་ངོ་བོ་ཉིད་དེ། ཕུང་པོ་བཞི་དང། ཕུང་པོ་ལྔ་ཞེས་བྱ་བ་ཡང་གོང་མ་བཞིན་དུ་རིག་པར་བྱའོ། །གལ་ཏེ་དགའ་བ་ཚད་མེད་དགའ་བའི་དབང་བོའི་ངོ་བོ་ཉིད་ཡིན་ན། བསྟན་བཅོས་རྣམ་པའི་གནས་བསྟན་བ་ལས་བཤད་པ ་དེ་ཇི་ལྟར་འཐད་དེ། ཇི་སྐད་དུ་དགའ་བ་ཚད་མེད་པ་གང་ཞེ་ན་།འདི་ལྟ་སྟེ་དགའ་བ་དང་དགའ་བ་དང་མཚུངས་པར་ལྡན་པའི་ཚོར་བ་དང། འདུ་ཤེས་དང། འདུ་བྱེད་དང། རྣམ་པར་ཤེས་པ་དང། ངེས་བསླང་བའི་ལུས་དང་ངག་གི་ལས་གཉིས་དང། ངེས?་བླང ་བའི་སེམས་དང་མཚུངས་པར་ལྡན་པའི་འདུ་བྱེད་རྣམས་ནི་དགའ་བ་ཞེས་བྱའོ་ཞེས་བཤད་པ་ལྟ་བུ་སྟེ། འདི་དགའ་པའི་ཚོར་བ་དང་མཚུངས་པར་ལྡན་པ་ཡང་ཡོད་དམ་ཞེ་ན། སྨྲས་པ། ཚིག་འདི་ནི་འདི་སྐད་དུ་དགའ་བ་དང། དགའ་བ་དང་མཚུངས་བར་ལྡན་པའི ་འདུ་ཤེས་དང། འདུ་བྱེད་དང་རྣམ་པར་ཤེས་པ་ཞེས་བརྗོད་པའི་རིགས་ཀྱི་ཚོར་བ་ཞེས་བརྗོད་པའི་མ་རིགས་ཏེ། དེ་ནི་འོང?་ན་བདག་གིས་ནོར་ཏོ། །གཞན་ཡང་བསྟན་བཅོས་དེ་ལས་སྤྱིར་ཕུང་པོ་ལྔ་ལ་དགའ་བ་ཚད་མེད་པའི་ངོ་བོ་ཉིད་དུ་བསྟན་པས། དགའ་བའི ་ཚོར་བ་ཚོར་བ་དང་མཚུངས་པར་མི་ལྡན་ཡང། གཞན་ཡང་སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་ཚོར་བ་དང་མཚུངས་བར་ལྡན་པའི་ཕྱིར་དེ་སྐད་དུ་བཤད་ཀྱང་འགལ་བ་མེད་བཞིའོ། །སློབ་དཔོན་ཁ་ཅིག་ནི་འདི་སྐད་དུ་དགའ་བ་ཚད་མེད་བ་འདི་ནི་མོས? ་པའི་ངོ་བོ་ཉིད་དེ། མོས་བའི་ཚོར་བ་མ་ཡིན་ཡང་སེམས་ལས་བྱུང་བ་གཞན་གིས་སེམས་དང་མཚུངས་པར་ལྡན་ནོ་ཞེས་ཟེར་ཏེ། ལ་ལ་ནི་དགའ་བའི་དབང་པོ་དང་མཚུངས་བར་བཤད་ལ། ལས་ནི་དགའ་བའི་དབང་པོའི་?་ཞེས ་བཤད་པས་དེ་སྐད་དུ་བཤད་པ་དག་དང་སྦྱར་ན། དགའ་བའི་ཚོར་བ་དང་མཚུངས་པར་ལྡན་ན་ཡང་འགལ་བ་མེད་དོ། །བཏང་སྙོམས་ནི་མ་ཆགས་པའི་དགེ་བའི་རྩ་བའི་ངོ་བོ་ཉིད་དེ། ཕུང་པོ་བཞི་དང་ཕུང་པོ་ལྔ་ཞེས་བྱ་བ་ཡང་གོང་མ་བཞིན་དུ་སྦྱར་བར་རིག ་པར་བྱའོ་ཞེས་འབྱུང་ངོ། །མཛོད་ཀྱི་བསྟན་བཅོས་ལས་ནི་རྣམ་པ་བཞི་ལས། དང་པོ་གཉིས་ཀྱི་བདག་ཉིད་ཞེ་སྡང་མེད་པ་ཡིན་ཡང་ཡང་དག་པའི་དོན་དུ་ནི་སྙིང་རྗེ་ནི་རྣམ་པར་མི་འཚེ་བ་ཡིན་པར་བརྗོད་པར་བྱའོ། །དགའ་བ་ནི་ཚོར་བའོ། །བཏང་སྙོམས ་ནི་མ་ཆགས་པའི་འོ། །འཁོར་ནི་ཕུང་པོ་ལྔའོ་ཞེས་འབྱུང་ངོ། །བསྟན་བཅོས་ཡང་དག་པའི་རིགས་པ་དང་རྗེས་སུ་མཐུན་པ་ལས་ཀྱང་ཚད་མེད་པ་གསུམ་ནི། མཛད་ཀྱི་བསྟན་བཅོས་ལས་བསྟན་པ་དག་དང་མཐུན་པར་བཤད་དོ། །དགའ་བ་ནི་བྱེ་བྲག ་ཏུ་བཤད་པ་ཆེན་པོ་ལས་བསྟན་པའི་སློབ་དཔོན་ཁ་ཅིག་གིས་བཤད་པ་དང་མཐུན་པར་མོས་པའི་ངོ་བོ་ཉིད་དོ། །ཡང་ན་མ་ཆགས་པའི་ངོ་བོ་ཉིད་དོ་ཞེས་བསྟན་ཏོ། །དྲིས་ལན་དག་གིས་རྣམ་པ་དེ་དབྱེ་བ་ན་བསྟན་བཅོས?་བྱེ་བྲག་ཏུ་བཤད་བ་ཆེན་པོ་ལས། ཇི་སྐད ་དུ་བསྟན་ལ་བཞིན་དུ་རིག་པར་བྱ་སྟེ། དེའི་ཕྱིར་བསྟན་བཅོས་དེ་ཉིད་ལས་དོན་གང་ལས་དགོངས་པའི་ཕྱིར། མདོ་དག་ལས། ཚད་མེད་པ་བཞི་བསྒོམས་པ་ཡང་བྱམས་པའི་མཛའ་ནི་དགེ་རྒྱས་གྱི་བར་དུའོ། །སྙིང་རྗེའི་མཛའ་ནི་ནམ་མཁའ་མཛའ་ཡས་སྐྱེ་མཆེད་ཀྱི ་བར་དུའོ། །དགའ་བ་ནི་རྣམ་ཤེས་མཛའ་ཡས་སྐྱེ་མཆེད་ཀྱི་བར་དུའོ། །བཏང་སྙོམས་ནི་ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་བར་དུའོ་ཞེས་གསུངས། ཇི་ལྟར་ན་གཟུགས་ཀྱི་ཁམས་ཀྱི་ཆོས་ཀྱིས་གཟུགས་མེད་པ་འབྲས་བུ་འདྲེན་པར་བྱེད་།གཞན་ཡང་བསམ་གཏན ་བཞི་པ་དག་ལ་སྙིང་རྗེ་མེད་པ་ནི་གང་ཡང་མེད་ན་ཅིའི་ཕྱིར་བྱམས་པ་བསྒོམས་པའི་མཛའ་ནི་དགེ་རྒྱས་ཁོ་ན་ཡིན་ཞེ་ན། བཞན་ཁ་ཅིག་ནི་མདོའི་ཚིག་འདི་བྱམས་པའི་གཙོ་བོས་མཁྱེན་བ་ཡིན་ནོ་སྙམ་དུ་བསམས་ནས་དོན་འདི་འཆད་པ་ཡང་ཡོད་དོ། །ཚེ? ་དང་ལྡོན་པ་ཀ་ཏྱཱ?་ཡ་ནའི་བུས་སྔོན་དོན་འདི་ཤར་མ་ཏ་ར་ཏ་ལ་བྲིས་པ་དང། ?་པ་དེས་ཀྱང་བསམས་བཞིན་དུ་རབ་ཏུ་ཞི་བའི་ཏིང་ངེ་འཛིན་ལ་ཞུགས་ཏེ། ཕྱི་དེ་ཉིན་པར་བཤད་པར་བྱས་པ་ལས་དེའི་ཚེ་ཀ་དྱཱ་ཡ་ནའི་བུ་ཡང་རབ་ཏུ་ཞི་པའི་ཏིང་ངེ་འཛིན་ལ ་སྙོམས་པར་ཞུགས་པས་མ་ཕྲད་པར་གཉི་ག་ཡང་མྱ་ངན་ལས་འདས་པས་ན། །དེའི་ཕྱིར་དེང་སང་གི་བར་དུ་གང་གིས་ཀྱང་བཤད་པར་མི་ནུས་སོ་ཞེས་གྲག་གོ་ཞེའོ། །བྱེ་བྲག་ཏུ་སྨྲ་བ་དག་ནི་འདི་སྐད་དུ་མདོ་འདི་ནི་འདྲ་བ་ཅམ་གྱི་དབང་དུ་མཛད་ནས་གསུངས་པ ་ཡིན་པར་རིག་པར་བྱ་?་དེ་ལྟར་བདེ་བའི་ཚོར་བའི་ཆོས་ནི་བྱམས་པ་དང་འདྲ་བ་ཡིན་ཏེ། བྱམས་པ་ནི་བདེ་བ་སྦྲིན་པ་ལྟ་བུའི་རྣམ་པར་འཆུག་བའི་ཕྱིར་དང། བདེ་བ་ནི་དགེ་རྒྱས་ཀྱི་བར་དུ་ཕྱིན་པ་ཡིན་པས་ས་གོང་མ་དག་ལ་མེད་པའི་ཕྱིར། བྱམས་པ ་བསྒོམས་པའི་མཛའ་ནི་དགེ་རྒྱས་ཡིན་ནོ། ཞེས་གསུངས་བ་ཡིན་ནོ། །སྡུག་བསྔལ་གྱི་ཆོས་དང་མ་བྲལ་པ་གང་ཡིན་པ་དེ་ནི་སྙིང་རྗེ་དང་འདྲ་བ་ཡིན་ཏེ། སྙིང་རྗེ་ནི་སྡུག་བསྔལ་ལས་འདྲེན་པ་ལྟ་བུའི་རྣམ་པར་འཇུག་པའི་ཕྱིར་དང། གཟུགས་ཅན་གྱི་ལུས་ནི་སྡུག ་བསྔལ་རགས་བ་སྐྱེད?་པའི་རྒྱུ་བྱེད་པས། ལུས་དང་བཅས་པ་གང་ཡིན་པ་དེ་དག་ལས་ནི་མགོ་བཅས་པ་ལ་སོགས་པ་ཡོད་པའི་ཕྱིར་དང། ནམ་མཁའ་མཛའ་ཡས་སྐྱེ་མཆེད་ཀྱི་ཉེར་བསྔོགས་མི?་ལུས་གཟུགས་ཅན་དག་ལ་ཡོངས་སུ་སྐྱོ་བ་ཡིན་པའི་ཕྱིར་རོ། སྙིང་རྗེ ་བསྒོམས་པའི་མཛའ་ནི་ནམ་མཁའ་སྐྱེ་མཆེད་ཀྱི་བར་དུའོ་ཞེས་གསུངས་པ་ཡིན་ནོ། །ཤིན་ཏུ་སྦྱངས་བའི་བདེ་བའི་ཆོས་ནི་དགའ་བ་དང་འདྲ་པ་ཡིན་ཏེ་།དགའ་བ་ནི་བདེ་བའི་རྣམ་པར་འབྱེད་པ་པ་ལྟ་བུར་འཇུག་པའི་ཕྱིར་དང། རྣམ་ཤེས་མཛའ་ཡས་སྐྱེ ་མཆེད་ཀྱི་ཤིན་ཏུ་སྦྱངས་པའི་བདེ་བ་འཕེལ་བ་གང་ཡིན་པ་དེ་ནི་རང་གི་རྣམ་བར་ཤེས་པ་མཛའ་མེད་པ་ལ་དམིགས་པའི་སྦྱོར་གྱུར་བའི་ཕྱིར་དང། མཛའ་མེད་པའི་རྣམ་པར་ཤེས་པའི་མཚན་ཉིད་ཤིན་ཏུ་འཕེལ་བ་དང་བདེ་བར་གྱུར་པའོ་ཕྱིར་དགའ་ ་བ་བསྒོམས་པའི་མཛའ་ནི་རྣམ་ཤེས་མཛའ་ཡས་སྐྱེ་མཆེད་ཀྱི་བར་དུའོ་ཞེས་གསུངས་པ་ཡིན་ནོ། །ཡོངས་སུ་སྤངས་པའི་ཆོས་གང་ཡིན་པ་དེ་ནི་བཏང་སྙོམས་དང་འདྲ་བ་ཡིན་ཏེ། བཏང་སྙོམས་ནི་ཡོངས་སུ་སྤངས་པ་ལྟ་བུའི་རྣམ་པ་འཇུག་པའི་ཕྱིར་དང། ཅི་ཡང ་མེད་པའི་སྐྱེ་མཆེད་ནི་ཉེར་བསྔོགས་ཀྱི་དབང་གི་མཛའ་མེད་པ་སྤོང་པའི་རྣམ་པ་ཡོངས་སུ་རྫོགས་པའི་ཕྱིར། བཏང་སྙོམས་བསྒོམས་པའི་མཛའ་ནི་ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་བར་དུ་ལ་ནས་གསུངས་པ་ཡིན་ནོ་ཞེས་བྱ་བ་ནས། རྣམ་དྲངས་རྣམ་པ་གསུམ་གྱིས ་རྒྱ་ཆེར་བཤད་པའི་བར་དུ་འབྱུང་བ་ཡིན་ནོ། །མདོ་སྡེ་དག་ནི་ཚད་མེད་པ་བཞི་པོ་དག་ནི་ཐམས་ཅད་ཀྱང་ཤེས་རབ་ཀྱི་ངོ་བོ་ཉིད་དེ་ཞེས་རྣམ་པར་འཇོག་སྟེ་།དེའི་ཕྱིར་བསྟན་བཅོས་དེ་ཁོ་ན་ཉིད་གྲུབ་པ་ལས་ཅི་གསུམ་པོ་འདི་དག་ཀྱང་བྱམས་པ་ཡིན་ནམ་། ་སྨྲས་པ། བྱམས་པའི་སེམས་ཀྱི་ཁྱད་པར་རྣམ་པ་གསུམ་ཉིད་ཡིན་ཏེ། འདི་ལྟར་སེམས་མཉམ་པ་ཉིད་ཀྱི་མཛའ་བཤེས་དང་དགྲ་བོའི་སེམས་སྤངས་ནས། སེམས་ཅན་ཐམས་ཅད་བྱམས་སེམས་མཉམ་པར་འཇིག་གོ་།སྙིང་རྗེ་དང་དགའ་པ་ཡང ་དེ་བཞིན་ཏེ་དེའི་ཕྱིར་ངས་སྔར་བྱམས་པའི་སེམས་སྐྱེས་པའི་བྱེ་བྲག་གིས་སྙིང་རྗེ་དང་དགའ་བ་ལ་སོགས་བ་ཚད་མེད་པ་བཞི་པོ་དག་ནི་ཤེས་རབ་ཀྱི་ངོ་བོ་ཉིད་དོ་ཞེས་བསྟན་པ་ཡིན་ནོ་ཞེས་འབྱུང་ངོ། །འདིར་ཐེག་པ་ཆེན་པོའི་བསྟན་པ་དང་སྦྱར་ན། སོ་སོ་ནས ་བཤད་པ་ལས་མི་མཐུན་ཏེ། བསྟན་བཅོས་མཛད?་པ?་སྣ་ཚོགས་ཀུན་ལས་བཏུས་པ་ལས་ནི། ཚད་མེད་བ་རྣམ་པ་བཞི་པོ་ད་དག་ཀུན་ཀྱང་ཏིང་ངེ་འཛིན་དང་ཤེས་རབ་དང་།དེ་དག་དང་མཚུངས་པར་ལྡན་པའི་སེམས་དང་སེམས་ལས་བྱུང་བའི་ཆོས་ཀྱི་ངོ ་བོ་ཉིད་དོ་ཞེས་བཤད་དོ་།བསྟན་བཅོས་རྣམ་པར་བཤད་པ་ལས་།བྱམས་པ་ནི་ཞེ་སྡང་མེད་པའི་དགེ་བའི་རྩ་བའི་བདག་ཉིད་དོ། །སྙིང་རྗེ་ནི་རྣམ་བར་མི་འཚེ་བའི་དགེ་བའི་རྩ་བའི་བདག་ཉིད་དོ། །དགའ་བ་ནི་ཕྲག་དོག་མེད་པའི་དགེ་བའི་རྩ་བའི་བདག་ཉིད་དོ། །བཏང་སྙོམས་ནི ་མ་ཆགས་པ་དང་ཞེ་སྡང་མེད་པའི་དགེ་བའི་རྩ་བའི་བདག་ཉིད་དེ་།ཐམས་ཅད་ཀྱང་སེམས་ཅན་ལ་སྙིང་བརྩེ་བའི་ཆོས་ཅན་ཡིན་པའི་ཕྱིར་རོ། །རྣམ་པ་བཞི་པོ་དེ་དག་ལས་བྱམས་པ་ནི་ཞེ་སྡང་མེད་པ་ཁོ་ནའོ། །དེའི་འོག་མ་ཚད་མེད་པ་གཉིས་ནི་ཞེ་སྡང་མེད་པའི་ཕྱོགས་གཅིག ་གོ་།བཏང་སྙོམས་ནི་མ་ཆགས་པ་དང་ཞེ་སྡང་མེད་པའི་ཕྱོགས་གཅིག་གོ་།གཞན་ཡང་དེ་དག་དང་མཚུངས་པར་ལྡན་པའི་ཏིང་ངེ་འཛིན་དང། སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་དང་དེ་དག་གིས་འཁོར་དང་བཅས་པ་གང་ཡིན་པ་དེ་དག་ཀྱང་ཚད་མེད་པ་བཞིའི ་བདག་ཉིད་ཡིན་ནོ་ཞེས་འབྱུང་ངོ། །རྒྱ་ཆེར་རྣམ་པར་འབྱེད་པ་ནི་མཚན་ཉིད་བསྟན་པ་དག་ལས་འབྱུང་བ་བཞིན་དུ་རིག་པར་བྱའོ། །ལེའུ་འདི་ལས་སྔར་གོང་བུ་ནི་ཞི་གནས་སྔར་བསྟན་ལ་ལྷག་མཐོང་ནི་ཕྱིས་བསྟན་ན་ཅིའི་ཕྱིར་སོ་གང་?་གཉིས་ལམ་སྔར་ལྷག ་མཐོང་བསྟན་ལ། ཞི་གནས་ནི་ཕྱིས་བསྟན་ཅེ་ན། སྨྲས་པ། གོ་རིམ་ལ་རྣམ་པ་གཉིས་ཡོད་པས། དང་པོ་ནི་རྣལ་འབྱོར་བསྒོམ་པའི་གོ་རིམ་སྟེ། སྔར་ཞིག་ནས་བསྟན་ལ་ལྷག་མཛའ་ཕྱིས་བསྟན་པའོ། །གཉིས་ལ་ནི་ཐ་སྙད་ཀྱི་གོ་རིམ་སྟེ། དོན་དེས་པ་མེད་པས་དེའི ་ཕྱིར་བདེན་ནི་ཐ་སྙད་ཀྱི་དབང་དུ་མཛད་ནས་བསྟན་པའོ། །རྣམ་གྲངས་གཞན་དུ་རྣལ་འབྱོར་བསྒོམ་པ་ལ་དོན་རྣམ་པ་གཉིས་ཡོད་པས། དང་པོ་ནི་ཞི་གནས་ལ་བརྟེན?་ནས་ལྷག་མཐོང་སྐྱེའོ?།། གཉིས་པ་ནི་ལྷག་མཐོང་གི་དབང་གིས་ཞི་གནས་རབ་ཏུ་འདྲེན་པ་སྟེ། དེའི ་ཕྱིར་བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་ཞི་གནས་ཀྱིས་རྟེན་བྱས་པའི་ཕྱིར་ནི་ལྷག་མཐོང་མྱུར་དུ་རྣམ་པར་དག་པར་འགྱུར་ལ་།ལྷག་མཐོང་གིས་རྟེན་བྱས་པའི་ཕྱིར་ནི་ཞི་གནས་འཕེལ་ཞིང་རྒྱས་པར་འགྱུར་རོ་ཞེས་འབྱུང་བས། དོན་དེའི་ཕྱིར་ཕན་ཚུན་འགལ ་བ་མེད་དོ།། །།བམ་པོ་སུམ་ཅུ་དགུ་བ། །བྱང་ཆུབ་སེམས་དཔའ་བྱམས་པས་ཡང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱི་ཇི་སྐད་དུ་ཆོས་ལ་གནས་པའི་ཞི་གནས་དང་ལྷག་མཐོང་ཞེས་ཀྱང ་གསུངས། གཞན་ཡང་ཆོས་ལ་མི་གནས་པའི་ཞི་གནས་དང་ལྷག་མཐོང་ཞེས་ཀྱང་གསུངས་པས་ན་ཞེས་བྱ་བ་འདི་མན་ཅད་ནི། དགུ་པ་ཆོས་ལ་བརྟེན་པ་དང་མི་བརྟེན་པའི་ཞི་གནས་དང་ལྷག་མཐོང་བསྟན་པའི་སྒོ་ཞེས་བྱ་བ་སྟོན་ཏོ། །འདི་ཡང་རྣམ ་པ་གསུམ་དུ་དབྱེ་སྟེ། ཆོས་ལ་གནས་པ་དང་མི་གནས་པ་བསྟན་པའི་སྒོ་དང་འདྲེས་པ་དང་མ་འདྲེས་པའི་ཆོས་ལ་དམིགས་པའི་བསྟན་པའི་སྒོ་དང། འདྲེས་པའི་ཆོས་སུ?་དམིགས་པའི་བྱེ་བྲག་བསྟན་པའི་སྒོའོ། །འདི་ནི་དང་པོ་སྟེ། འདི་ཡང་རྣམ་པར། ་གཉིས་སུ་དབྱེ་བས་ཞུ་བ་གསོལ་བ་ད་ལན་ན་དུ་གསུངས་པའོ། །ཞུ་བ་གསོལ་པ་ཡང་རྣམ་པ་གཉིས་སུ་དབྱེ་དེ། བརྟེན་པའི་མཚན་ཉིད་སྨོས་པ་དང་བསྟན་པ་འདི་ལ་བརྟེན་ནསཞུ་བ་གསོལ་པ་སྟེ་།འདི་ནི་དང་པོའོ། །ཇི་ལྟར་ན་ཆོས་ལ་གནས ་པའི་ཞི་གནས་དང་ལྷག་མཐོང་ཞེས་བགྱི་ལགས། །ཇི་ལྟར་ན་ཆོས་ལ་མི་གནས་པའི་ཞི་གནས་དང་ལྷག་མཐོང་ཞེས་བགྱི་ལགས་ཞེས་བྱ་བ་ནི་གཉིས་པ་བསྟན་པ་ཉིད་ལ་བརྟེན་ནས་ཞུ་བ་གསོལ་བ་སྟེ། ཞུ་བ་གསོལ་པ་ལ་དགོངས་པ་རྣམ་པ ་གཉིས་ཡོང་བ་ནི་མོད་ཉིད་ཀྱིས་བརྡ་ཕྲད་པར་ཟད་དོ། །བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་བྱམས་པ་ལ་བཀའ་སྩལ་པ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་གང་གིས་སྔར་ཡོངས་སུ་བཟུང་བ་དང། བསམས་པའི་ཆོས་ཀྱི་མཚན ་མའི་དོན་དག་ལ་ཞི་གནས་དང་ལྷག་མཐོང་ཐོབ་པ་གང་ཡིན་པ་དེ་ནི། ཆོས་ལ་གནས་པའི་ཞི་གནས་དང་ལྷག་མཐོང་ཞེས་བྱའོ། ཞེས་བྱ་བ་འདི་མན་ཆད་ནི་གཉིས་པ་དེ་བཞིན་གཤེགས་པས་ལན་དུ་ཡང་དག་པར་གསུངས་པ་སྟོན་ཏེ། །འདི་ཡང? ་རྣམ་པ་གཉིས་སུ་དབྱེ་སྟེ། ཞུས་པ་བཞིན་དུ་?་དགྲ་པར་བཤད་པ་དང། ཆོས་ལ་བརྟེན་ནས་ཞེས་བྱ་བ་མན་ཆད་ཀྱིས་དང། དད་པ་ལ་བརྩམས་ནས་ཆོས་ལ་གནས་པ་དང་མ་གནས་པ་བསྟན་པའོ། །དང་པོ་ཡང་ན་པ་ལ་གཉིས་ཏེ། ཆོས་ལ་གནས་པ་བསྟན་པ་དང ་ཆོས་ལ་མི་གནས་པའི་སྟན་པའོ། །འདི་ནི་ཆོས་ལ་གནས་པ་བསྟན་པ་སྟེ་།འདི་ལྟར་བྱང་ཆུབ་སེམས་དཔའ་རྣམས་སྔར་ཐོས་པའི་ཤེས་རབ་ཀྱིས?་ཡོངས་སུ་བཟུང་བ་དང། བསམས་པའི?་ཤེས་རབ་?་ཆོས་གསུངས་དང་ཡན་ལག་ཅུ་གཉིས་སོ་དག ་གི་དོན་ལ་ཞི་གནས་དང་ལྷག་མཐོང་ཐོབ་པ་གང་ཡིན་པ་དེ་ཉིད་ལ་ཆོས་ལ་གནས་པའི་ཞི་གནས་དང་ལྷག་མཐོང་ཞེས་བཤད་པའོ། །བྱང་ཆུབ་སེམས་དཔའ་གང་གིས་ཡོངས་སུ་བཟང་བ་དང། བསམས་པའི་ཆོས་ཀྱི་མཚན་མ་ལ་མི་བལྟོས་པར་གཞན་གྱི ་གདམས་ངག་དང་རྗེས་སུ་བསྟན་པ་ལ་བརྟེན་ནས། དེ་དག་གི་དོན་ལ་ཞི་གནས་དང་ལྷག་མཐོང་ཐོབ་པ་གང་ཡིན་པའོ་ཞེས་བྱ་བ་ལ་སོགས་པས་ནི་གཉིས་པ་ཆོས་ལ་མ་གནས་པ་སྟོན་ཏོ། །འདི་ཡང་རྣམ་པ་གསུམ་དུ་དབྱེ་སྔ་མདོར་བསྟན་པ་དང། རྒྱ་ཆེར་རྣམ ་པར་བཤད་པ་དང་སྤྱིའི་མཇུག་བསྡུ་བའོ། །འདི་ལྟར་བྱང་ཆུབ་སེམས་དཔའ་རྣམས་རང་བཞིན་རྟུལ་བའི་ཕྱིར་ཡོངས་སུ་གཟུངས་དེ་བསམས་པའི་ཆོས་ཀྱི་དོན་ལ་མི་ལྟོས་པར། གཞན་གྱིས་བསྟན་པའི་དབང་གིས་དེ་དག་གི་དོན་ལ་ཞི་གནས་དང་ལྷག་མཐོང ་ཐོབ་པ་ཡིན་པའོ། ཞེས་བྱ་བ་ལ་སོགས་པས་ནི་གཉིས་པ་ཆོས་ལ་མི་གནས་པ་སྟོན་ཏོ། །འདི་ཡང་རྣམ་པ་གསུམ་དུ་?་མདོར་བསྟན་པ་དང། རྒྱ་ཆབ?་རྣམ་པར་བཤད་པ་དང་སྤྱིའི?་མཇུག་བསྡུ་བའོ། །འདི་ནི་དང་པོ་མདོར་བསྟན་པ་སྟེ་།འདི་ལྟར་བྱང་ཆུབ་སེམས ་དཔའ་རྣམས་རང་བཞིན་རྟུལ་པའི་ཕྱིར་ཡོངས་སུ་གཟུང་བ་དང་བསམས་པའི་ཆོས་ཀྱི་དོན་ལ་མི་ལྟོས་པར། གཞན་གྱིས་བསྟན་པའི་དབང་གིས་དེ་དག་གི་དོན་ལ་ཞི་གནས་དང་ལྷག་མཐོང་ཐོབ་པ་གང་ཡིན་པའོ། །འདི་ལྟ་སྟེ། རྣམ་པར་སྔོས་པ་འམ། རྣམ་པར ་བརྣགས་པ་ལ་སོགས་པ་ལ་སོ་སོར་རྟོག་པའམ། འདུ་བྱེད་ཐམས་ཅད་ཀྱི་མི་རྟག་པ་ཞེས་བྱ་བ་འམ། འདུ་བྱེད་རྣམས་སྡུག་བསྔལ་ཞེས་བྱ་བ་འམ། ཆོས་ཐམས་ཅད་ལ་བདག་མེད་པ་ཞེས་བྱ་བ་འམ། མྱ་ངན་ལས་འདས་པ ་ནི་གཏན་དུ་ཞི་བ་ཞེས་བྱ་བ་ནི་གཉིས་པ་རྒྱ་ཆེར་བཤད་པ་སྟེ་རྗེས་སུ་བསྟན་པའི་མཐུས་དམིགས་པ་ཡོངས་སུ་དག་པ་རྣམ་པ་ལྔ་པོ་དག་ལས་མི་གཙང་བ་ཉིད་དུ་བསྒོམ་པ་ལ་སོ་སོར་རྟོག་པ་འདི་ལྟ་སྟེ། རྣམ་པར་སྔོས་པ་དང་རྣམ་པར་རྣགས་པ་ལ ་སོགས་པའོ། །སྩོགས་པ་ཞེས་བྱ་བས་ནི་བྱམས་པ་བསྒོམ་པའི་ཡུལ་ནས་དེ་བཞིན་དུ་བྱེ་བྲག་གི་མཚན་ཉིད་དྲན་པ་ཉེ་བར་གཞག་པའི་དམིགས་པའི་ཡུལ་རྣམས་བསྡུ་བའོ། །འདུ་བྱེད་ཐམས་ཅད་ནི་མི་རྟག་པ་ཞེས་བྱ་བ་མན་ནས་བདག་མེད ་པ་ཞེས་བྱ་བའི་བར་ནི་སྤྱིའི་མཚན་ཉིད་ཀྱི་དྲན་པ་ཉེ་བར་གཞག་པ་བསྟན་ཏོ། །གོང་དུ་བསྟན་པའི་རྣལ་འབྱོར་དེ་དག་ནི་དྲན་པ་ཉེ་བར་གཞག་པའི་དམིགས་པའི་ཡུལ་ལས་མི་རྟག་པ་ནས་བདག་མེད་པ་ལ་སོགས་པར་སོ་སོར་རྟོག་པ་གང་ཡིན་པ་དེ ་དག་ནི་སྤྱིའི་མཚན་ཉིད་ཀྱི་དྲན་པ་ཉེ་བར་གཞག་པ་ཡིན་ཏེ། དེ་བཞིན་དུ་ཟག་པ་མེད་པའི་རྣལ་འབྱོར་གྱིས་སྡུག་བསྔལ་དང་མི་རྟག་པ་ཞེས་བྱ་བ་ལ་སོགས་པའི་བར་དུས་མ། ཡང་ན་མི་སློབ་པའི་གནས་སྐབས་ཀྱི་མྱ་ངན་ལས་འདས་པ་ལ་ཞི་བའོ ་ཞེས་སོ་སོར་རྟོག་པའོ། །ཡང་ན་རྣམ་པར་སྔོས་པ་ཞེས་བྱ་བ་ལ་སོགས་པ་ནི་མི་གཙང་བ་ཉིད་དུ་སྒོམ་པའི་རྣལ་འབྱོར་ལས། འདུ་ཤེས་རྣམ་པ་དགུའི་རྣལ་འབྱོར་ཏེ། འདུ་ཤེས་རྣམ་པ་དགུའི་རྣལ་འབྱོར་ནི་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ ་ཕྱིན་པའི་འགྲེལ་པ་ལས་རྒྱ་ཆེར་སྟོན་ཏོ། །འདུ་བྱེད་ཐམས་ཅད་ལ་མི་རྟག་པ་ལ་སོགས་པར་བསྒོམ་པ་གང་ཡིན་པ་དེ་ནི། ཆོས་ཀྱི་ཕྱག་རྒྱ་ཡིན་ཏེ་།ཆོས་ཀྱི་མཚན་ཉིད་ངེས་པ་ཉིད་དུ་རྟོག་ཅིང་རྣམ་པར་འགྱུར་བ་མེད་པའི་དོན་གྱིས ་ཆོས་ཀྱི་ཕྱག་རྒྱ་ཞེས་བྱ་སྟེ། དེའི་ཕྱིར་བསྟན་བཅོས་མདོ་སྡེའི་རྒྱན་ལས། ཆོས་ཀྱི་ཕྱག་རྒྱ་བཞི་ནི་འདུ་བྱེད་ཐམས་ཅད་མི་རྟག་པའི་ཕྱག་རྒྱ་དང། འདུ་བྱེད་ཐམས་ཅད་སྡུག་བསྔལ་བའི་ཕྱག་རྒྱ་དང། ཆོས་ཐམས་ཅད་བདག་མེད་མའི་ཕྱག་རྒྱ་དང། མྱ ་ངན་ལས་འདས་པ་ནི་ཞི་བ་ཞེས་བྱ་བའི་ཕྱག་རྒྱ་གང་ཡིན་པ་དེ་ནི་ཆོས་ཀྱི་ཕྱག་རྒྱ་བཞི་ཞེས་བྱའོ་ཞེས་བསྟན་པ་ཡིན་ནོ། །བྱང་ཆུབ་སེམས་དཔའ་ཨི་སྡེ་སྣོད་བསྡུས་ནས་སྦྱིན་པར་བྱེད་པ་ཞེས་བྱ་བའི་མདོ་ལས་ནི་ཆོས་ཀྱི་མདོ་བཞི་ཞེས་འབྱུང་སྟེ། དེ་ནི་མདོར ་བསྟན་པའི་མཚན་ཉིད་དེ་ཇི་སྐད་དུ་མི་རྟག་པ་ཞེས་བྱ་བ་ནི་འདུས་བྱས་ཀྱི་ཆོས་མདོར་བསྡུས་པའི་མཚན་ཉིད་དོ། །སྡུག་བསྔལ་ཞེས་བྱ་བ་ནི་ཟག་པ་དང་བཅས་པའི་ཆོས་མདོར་བསྟན་པའི་མཚོན་ཉིད་དོ། །བདག་མེད་པ་ཞེས་བྱ་བ་ནི་ཆོས་ཐམས་ཅད ་མདོར་བསྟན་པའི་མཚན་ཉིད་དོ། །མྱ་ངན་ལས་འདས་པ་ནི་ཞི་བའོ་ཞེས་བྱ་བ་ནི་འདུས་མ་བྱས་མདོར་བསྟན་པའི་མཚན་ཉིད་དོ་ཞེས་བསྟན་པ་ལྟ་བུའོ། །བསྟན་བཅོས་དེ་ཁོ་ན་ཉིད་གྲུབ་པ་དང། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲེལ་པ་ལས་ནི་། ་ཆོས་ཀྱི་ཕྱག་རྒྱ་གསུམ་ཞེས་འབྱུང་སྟེ། སྡུག་བསྔལ་གྱི་ཕྱག་རྒྱ་བསྟན་པས་སོ། །ཆོས་ཀྱི་མདོ་བཞི་འདོན་རྒྱ་ཆེར་རྣམ་པར་འབྱེད་པ་ནི་བྱང་ཆུབ་སེམས་དཔའ་ཨི་སྡེ་སྣོད་ཀྱི་མདོ་དང། ལེགས་པའི་ཚུལ་ཁྲིམས་བསྟན་པའི་མདོ་དང། བསྟན་བཅོས་ས་ཡོངས་སུ ་འཛིན་པ་དང་རྣལ་འབྱོར་སྦྱོང་པའི་ས་ལས་བསྟན་པ་བཞིན་དུ་རིག་པར་བྱའོ། །དེ་ལྟ་བུ་དང་མཐུན་པའི་ཞི་གནས་དང་ལྷག་མཐོང་གང་ཡིན་པ་དེ་ནི་ཆོས་ལ་མི་གནས་པའི?་ཞི་གནས་དང་ལྷག་མཐོང་ཞེས་བྱའོ། ཞེས་བྱ་བ་ནི་གསུམ་པ་སྤྱིའི་མཇུག་བསྡུ་བ་སྟེ། ? ་ཕྲང་བར་ཟད་དེ། ཆོས་ལ་བརྟེན་ནས་ཞི་གནས་དང་ལྷག་མཐོང་ཐོབ་པའི་ཕྱིར་།དེས?་ཆོས་ཀྱི་རྗེས་སུ་འབྲང་བའི་བྱང་ཆུབ་སེམས་དཔའ་ནི་དབང་པོ?་རྣོན་པ་ཉིད་དུ་འདོགས་སོ། ཞེས་བྱ་བ་ལ་སོགས་པ་ནི་གཉིས་པ་ཆོས་དང་དད་པ་ཁས་བརྩམས་ནས་ཆོས་ལ་གནས ་པ་དང་མི་གནས་པ་སྟོན་ཏོ། །འདི་ཡང་རྣམ་པ་གཉིས་ཏེ། ཆོས་ལ་བརྟེན་པ་རྣམ་པར་བཤད་པ་དང། ཆོས་ལ་མི་བརྟེན་པ་རྣམ་པར་བཤད་པའོ། །འདི་ནི་དང་པོ་སྟེ་འདི་ལྟར་ཆོས་ལ་བརྟེན་ནས་ཞི་གནས་དང་ལྷག་མཐོང་ཐོབ་པ་གང ་ཡིན་པ་དེ་ནི་དབང་པོ་རྣོ་བའི་ཕྱིར། དེ་བཞིན་གཤེགས་པས་ཆོས་ཀྱི་རྗེས་སུ་འབྲང་བ་ཞེས་སྟོན་པར་མཛད་པས་སོ། །ཆོས་ལ་མི་བརྟེན་པར་ཞི་གནས་དང་ལྷག་མཐོང་ཐོབ་པའི་ཕྱིར། དེས?་དང་བས་རྗེས་སུ་འབྲང་བའི་བྱང་ཆུབ་སེམས་དཔའ་ནི་དབང་པོ་རྟུལ་པོ ་ཉིད་དུ་འདོགས་སོ་ཞེས་བྱ་བ་ནི་གཉིས་པ་ཆོས་ལ་མི་བརྟེན་པ་རྣམ་བར་བཤད་པ་སྟེ་།གཞན་དག་གི་རྗེས་སུ་བསྟན་པ་ལ་བརྟེན་ནས་ཞི་གནས་དང་ལྷག་མཐོང་ཐོབ་པ་གང་ཡིན་པ་དེ་ནི་དབང་པོ་རྟུལ་བའི་ཕྱིར་དེ་བཞིན་གཤེགས་པས་དད་པས་རྗེས་སུ་འབྲང་བ་ཞེས ་སྟོན་པར་མཛད་པས་སོ། །དང་པ་དང་ཆོས་ཀྱི་རྗེས་སུ་འབྲང་བ་དེ་ཡང་སོ་སོ་ནས་བཤད་པ་མི་མཐུན་པས་ཐམས་ཅད་ཡོད་པར་སྨྲ་བའི་གཞུང་གིས་ནི་འདི་སྐད་དུ་མདོ་ལས། གང་ཟག་ནི་རྣམ་པ་བདུན་ཡོད་དེ། དད་པས་རྗེས་སུ་འབྲང་པ་དང་ཆོས་ཀྱི་རྗེས་སུ ་འབྲང་བ་དང། དད་པས་མོས་པ་དང་།མཐོང་བས་ཐོབ་བ་དང་ལུས་ཀྱིས་མངོན་སུམ་དུ་བྱེད་པ་དང། ཤེས་རབ་ཀྱི་རྣམ་པར་འགྲོལ་བ་དང། གཉི་གའི་ཆོས་ལས་རྣམ་པར་གྲོལ་བའི་ཤེས་གསུངས་ཏེ། མཐོང་བའི་ལམ་གྱི་གནས་སྐབས་ལ་གནས་པ་དང ་པོ་རྟུལ་པོ་གང་ཡིན་པ་དེ་ནི་དད་པས་རྗེས་སུ་འབྲང་བ་ཞེས་བྱའོ། །དབང་པོ་རྣོན་པོ་གང་ཡིན་པ་དེ་ནི་ཆོས་ཀྱི་རྗེས་སུ་འབྲང་བ་ཞེས་བྱའོ། །བསྒོམ་པའི་ལམ་གྱི་གནས་སྐབས་ལ་གནས་པ་དབང་པོ་རྟུལ་པོ་གང་ཡིན་པ་དེ་ནི་དད་པས་མོས་པ་ཞེས་བྱའོ། །དབང ་པོ་རྣོན་པོ་གང་ཡིན་པ་དེ་ནི་མཐོང་བས་ཐོབ་པ་ཞེས་བྱའོ། །འགོག་པའི་སྙོམས་པར་འཇུག་པ་ཐོབ་པ་གང་ཡིན་པ་དེ་ནི་ལུས་ཀྱིས་མངོན་སུམ་དུ་བྱེད་པ་ཞེས་བྱའོ། །མི་སློབ་པའི་གནས་སྐབས་སུ་འགོག་པའི་སྙོམས་པར་འཇུག་པ་ད་དུང་མ་མཐོང་བ་གང ་ཡིན་པ་དེ་ནི་ཤེས་རབ་ཀྱིས་རྣམ་པར་གྲོལ་བའོ་ཞེས་བྱའོ། །འགོག་པའི་སྙོམས་པར་འཇུག་པ་ཐོབ་པ་གང་ཡིན་པ་དེ་ནི་གཉི་གའི་ཆ་ལས་རྣམ་པར་གྲོལ་བ་ཞེས་ཟེར་ཏེ། ཞིབ་ཏུ་ནི་བསྟན་བཅོས་རྣམས་ལས་བསྟན་པ་བཞིན་དུ་རིག་པར་བྱའོ། །མདོ་སྡེ་བའི ་གཞུང་གིས་ནི་དད་པ་དང་ཆོས་ཀྱི་རྗེས་སུ་འབྲང་པ་གཉིས་ནི་མཐོང་བའི་ལམ་གྱི་མདུན་རོལ་བའོ། །མཐོང་བའི་ལམ་ལ་གནས་པ་གང་ཡིན་པ་དེ་ནི་མཚན་མ་མེད་པར་སྤྱོད་པ་ཅན་ཞེས་ཟེར་ཏེ། དེའི་ཕྱིར་བསྟན་བཅོས་དེ་ཁོ་ན་ཉིད་གྲུབ་པ་ལས། རྒྱུན་ཏུ་ཞུགས་པའི་རྗེས་སུ་འབྲང་བའི་གང་ཟག་ནི་རྣམ་པ་གསུམ་ཡོད་དེ། དད་པས་རྗེས་སུ་འབྲང་བ་དང་ཆོས་ཀྱི་རྗེས་སུ་འབྲང་བ་དང་མཚན་མོ་མེད་པར་སྤྱོད་པ་ཅན་ནོ། །དེ་ལ་དད་པས་རྗེས་སུ་འབྲང་བ་ནི་གང་ཟག་གིས་སྟོང་པ་དང། བདག་མེད་པའི་ཤེས་པ་མ་ཐོབ ་པ་གང་ཡིན་པ་སྟེ། སངས་རྒྱས་ཀྱི་གསུང་ལ་མངོན་པར་ཡིད་ཆེས་པའི་ཕྱིར་དང། སངས་རྒྱས་ཀྱི་གསུང་གི་རྗེས་སུ་འབྲང་བའི་ཕྱིར་དད་པས་རྗེས་སུ་འབྲང་བ་ཞེས་བྱའོ། །ཆོས་ཀྱི་རྗེས་སུ་འབྲང་བ་ནི་གང་ཟག་དེ་བདག་མེད་པའི་ཤེས་པ་ཐོབ་ནས་དགེ་བའི ་རྩ་བ་བཞི་ལ་གནས་ཤིང། ཆོས་ཀྱི་རྗེས་སུ་འབྲང་བ་གང་ཡིན་པ་དེ་ནི་ཆོས་ཀྱི་རྗེས་སུ་འབྲང་བ་ཞེས་བྱའོ། །རྗེས་སུ་འབྲང་བའི་གང་ཟག་འདི་གཉིས་མཐོང་བའི་ལམ་ལ་ཞུགས་ནས། འགོག་པའི་བདེན་པ་མཐོང་བའི་ཕྱིར། མཚན་མ་མེད་པར་སྤྱོད་པ ་ཅན་ཞེས་བྱའོ་ཞེས་འབྱུང་སྟེ། བཤད་པ་འདི་དང་སྦྱར་ན་དང་པ་དང་ཆོས་ཀྱི་རྗེས་སུ་འབྲང་བ་གཉིས་ནི་མཐོང་བའི་ལམ་གྱི་མདུན་རོལ་པ་ཡིན་པར་མངོན་ནོ། །འདིར་ཐེག་པ་ཆེན་པོ་པའི་བསྟན་པ་དང་སྦྱར་ན་ཡང་སོ་སོ་ནས་བཤད་པ་མི་འཐུན་པས། འཕགས ་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲེལ་བ་ལས་ནི་མཐོང་བའི་ལམ་གྱི་སེམས་བཅོ་ལྔ་པོ་དབང་པོ་རྣོན་པོ་གང་ཡིན་པ་དེ་ནི་ཆོས་ཀྱི་རྗེས་སུ་འབྲང་བ་ཞེས་བྱའོ། །དབང་པོ་རྟུལ་པོ་གང་ཡིན་པ་དེ་ནི་དད་པའི་རྗེས་སུ་འབྲང་བ་ཞེས་བྱའོ། །གང་ཟག་གཉིས ་པོ་དེ་ཉིད་ལ་མཚན་མ་མེད་བར་སྤྱོད་བ་ཅན་ཞེས་ཀྱང་བྱའོ་ཞེས་བཤད་དོ། །བསྟན་བཅོས་མངོན་པ་སྣ་ཚོགས་ཀུན་ལས་བཏུས་བ་?་ནི་དད་པར་དང་ཆོས་ཀྱི་རྗེས་སུ་བསྐྲད་པ་གཉིས་ནི་ཚོགས་ཀྱི་ལམ་དང་མཐོང་བའི་ལ་མེ་ལ་གནས་? ་སེམས་བཅོ་ལྔ་པ་དབང་པོ་རྟུལ་པོ་གང་ཡིན་པ་དེ་ནི་དད་པའི་རྗེས་སུ་འབྲང་བ་ཞེས་བྱའོ། །དབང་པོ་རྣོན་པོ་གང་ཡིན་ལ་དེ་ནི་ཆོས་ཀྱི་རྗེས་སུ་འབྲང་བ་ཞེས་བྱ་བ། །སེམས་བཅུ་དྲུག་པ་ལས་གནས་པ་དེ་ཉིད་ནི་མཐོང་བ་?་ཐོབ་པ་ཞེས་ཀྱང་བྱའོ། ཞེས་བཤད་དེ་། ་དེའི་ཕྱིར་བསྟན་བཅོས་དེ་ཉིད་ལས། དང་བས་རྗེས་སུ་འབྲང་བ་ནི་འདི་ལྟ་སྟེ། ཚོགས་བསགས་པ་དབང་པོ་རྟུལ་པོ་ཕ་རོལ་གྱི་བསྟན་པའི་རྗེས་སུ་འབྲང་བ་ནས། བདེན་པ་མངོན་པར་རྟོགས་པར་བྱ་བའི་ཕྱིར་སྦྱོར་བའོ། །ཆོས་ཀྱི་རྗེས་སུ་འབྲང་བ་ནི་འདི་ལྟ་སྟེ་། ་གང་ཚོགས་བསགས་པ་དབང་པོ་རྣོན་པོ་བདག་ཉིད་ཀྱིས་བདན་པའི་དབང་དུ་བྱས་པའི་ཆོས་ཀྱི་རྗེས་སུ་འབྲང་ནས་བདེན་པ་མངོན་པར་རྫོགས་བར་བྱ་བའི་ཕྱིར་སྦྱོར་བའོ། །དད་པས་མོས་པ་ན་འདི་ལྟ་སྟེ། དང་བའི་རྗེས་སུ་འབྲང་བ་གང་ཟག་གང་འབྲས་བུའི་གནས་སུ ་ཕྱིན་པའི་དུས་ནའོ། །མཐོང་བས་ཐོབ་པ་ནི་འདི་ལྟ་སྟེ། ཆོས་ཀྱི་རྗེས་སུ་འབྲང་བའི་གང་ཟག་འབྲས་བུའི་གནས་སུ་ཕྱིན་པའི་དུས་ནའོ་ཞེས་འབྱུང་སྟེ། འབྲས་བུའི་གནས་སྐབས་ལ་དད་པས་མོས་པ་དང་མཐོང་བས་ཐོབ་པ་ཞེས་བྱ་བས་དེའི་ཕྱིར་མཐོང་བའི ་ལམ་ལ་གནས་པ་སེམས་ཀྱི་སྐད་ཅིག་མ་བཅོ་ལྔ་པའི་གནས་སྐབས་གང་ཡིན་པ་དེ་ནི་དང་པོ་དང་མོས་ཀྱི་རྗེས་སུ་འབྲང་བ་ཡིན་པར་རིག་པར་བྱའོ། །བསྟན་བཅོས་རྣམ་པར་བཤད་པ་དང། རྣལ་འབྱོར་སྤྱོད་པའི་ས་ལས་ཀྱང་དེ་སྐད་དུ་བཤད་དོ། །བསྟན་བཅོས ་རྣལ་འབྱོར་སྤྱོད་པའི་ས་ལས་མཐོང་བའི་ལམ་གྱི་མདུན་རོལ་བ་གང་ཡིན་པ་དེ་ནི་དད་པ་དང་ཆོས་ཀྱི་རྗེས་སུ་འབྲང་བ་ཞེས་བྱའོ། །མཐོང་བའི་ལམ་ལ་གནས་བ་པ་གང་ཡིན་པ་དེ་ནི་མཚན་མ་མེད་པར་སྤྱོད་པ་ཅན་ཞེས་བྱའོ་ཞེས་བསྟན་པ་ཡང་འགལ་བ? ་མེད་དེ། དེ་ཅིའི་ཕྱིར་ཞེ་ན། མཚན་མ་མེད་པའི་སྤྱོད་པ་ཅན་གྱི་གང་ཟག་དང། དད་པ་དང་ཆོས་ཀྱི་རྗེས་སུ་འབྲང་བའི་གང་ཟག་གཉིས་ཀྱང་མཐོང་བའི་ལམ་གྱི་མདུན་རོལ་པ་ཞེས་བསྟན་ན་ནི་འགལ་བར་འགྱུར་རོ། །གལ་ཏེ་དེ་སྐད་མི་?་ན་ནི་དང་པོ་དང་ཆོས་ཀྱི ་རྗེས་སུ་འབྲང་བ་ཡང་མཐོང་བའི་ལམ་དུ་གཏོགས་སོ། །བྱང་ཆུབ་སེམས་དཔའ་ནི་ངེས་པར་བསྟན་པའི་གསུང་རབ་མེད་དེ། བོན་གྱིས་པའི་མདུན་རོལ་པ་དེ་?་ལ་གནས་པ་དག་དང་སྦྱར་བར་བཤད་ན་ཡང་འགལ་བ་མེད་དེ། ཡང་དང་བསམས་པ་ལར? ་སོགས་པ་ལོགས་ཤིག་ན་རྣམ་པར་བཞག་པའི་ཕྱིར་རོ། །བྱང་ཆུབ་སེམས་དཔའ་བྱམས་པས་ཡང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་ཇི་སྐད་དུ་མ་འདྲེས་པའི་ཆོས་ལ་དམིགས་པའི་ཞི་གནས་དང་ལྷག་མཐོང་ཞེས་ཀྱང་གསུངས། ་གཞན་ཡང་འདྲེས་པའི་ཆོས་ལ་དམིགས་པའི་ཞི་གནས་དང་ལྷག་མཐོང་ཞེས་ཀྱང་གསུངས་ན་ཞེས་བྱ་བ་འདི་མན་ཆད་ནི་གཉིས་པ་འདྲེས་པ་དང་མ་འདྲེས་པའི་ཆོས་ལ་དམིགས་པ་བསྟན་པའི་སྒོ་ཞེས་བྱ་བ་སྟོན་ཏོ། །འདི་ཡང་རྣམ་པ་གཉིས་སུ་དབྱེ་སྟེ། ཞུ་བ ་གསོལ་བ་དང་ལན་དུ་གསུངས་པའོ། །ཞུ་བ་གསོལ་བ་ཡང་རྣམ་གཉིས་སྟེ། །ཞུ་པ?་གླེང་བའི་གནས་བསྟན་པ་དང་བསྟན་པ་བཞིན་དུ་ཞུ་བ་གསོལ་བ་སྟེ། འདི་ནི་དང་པོའོ། །ཇི་ལྟར་ན་མ་འདྲེས་པའི་ཆོས་ལ་དམིགས་པའི་ཞི་གནས་དང་ལྟག་མཐོང་ཞེས ་བགྱི་བ་ལགས། ཇི་ལྟར་ན་འདྲེས་པའི་ཆོས་ལ་དམིགས་པའི་ཞི་གནས་དང་ལྷག་མཐོང་ཞེས་བགྱི་བ་ལགས་ཞེས་བྱ་བ་ནི་གཉིས་པ་བསྟན་པ་བཞིན་དུ་ཞུ་བ་གསོལ་པ་སྟེ། ཞུལ་གསོལ་བ་ལ་དགོངས་པ་རྣམ་པ་གཉིས་ཡོད་པ་ནི་མདོ་ཉིད་ཀྱི་བརྡ་ཕྲད་པར ་ཟད་དོ། །བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་བྱམས་པ་ལ་བཀའ་སྩལ་པ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་གང་གིས་མདོའི་སྡེ་ལ་སོགས་པའི་ཆོས་ཇི་ལྟར་གཟུང་བ་དང་།བསམས་པའི་ཆོས་ལ་སོ་སོར་དམིགས་ཤིང། ཞི་གནས་དང་ལྷག་ ་མཐོང་བསྒོམ་པར་བྱེད་པ་གང་ཡིན་པ་དེ་ནི་མ་འདྲེས་པའི་ཆོས་ལ་དམིགས་པའི་ཞི་གནས་དང་ལྷག་མཐོང་ཞེས་བྱའོ་ཞེས་བྱ་བ་ལ་སོགས་པས་ནི། གཉིས་པར་བཞིན་གཤེགས་པས་ཡང་ཡང་དག་པར་ལན་དུ་གསུངས་པ་སྟོན་ཏོ། །འདི ་ཡང་རྣམ་པ་གཉིས་ཏེ། མ་འདྲེས་པའི་དམིགས་པའི་ལན་གསུངས་པ་དང། མ་འདྲེས་པ་ལ་དམིགས་པ་བསྟན་པ་སྟེ། འདི་ནི་དང་པོའོ། །མདོའི་ཚིག་འདི་ཡང་རྣམ་པ་གཉིས་སུ་དབྱེ་སྟེ། རྣམ་པར་བཤད་པ་དང་མཇུག་བསྡུ་བའོ། མདོའི་ཚིག་འདི་ལ་ཡང ་བཤད་པ་རྣམ་པ་གཉིས་ཡོད་དེ། ཁ་ཅིག་ན་རེ་མ་འདྲེས་པ་ལ་དམིགས་པ་ནི་གསུང་རབ་ཡན་ལག་བཅུ་གཉིས་ཀྱི་བསྟན་པ་དྲག་སོ་སོ་ནས་ཐ་དད་པའི་ཕྱིར། སོ་སོར་མ་འདྲེས་པ་ཞེས་བྱ་བ་སྡེ་རེ་རེ་ལ་སོ་སོ་ནས་རྣམ་པ་མང་བའི་ཕྱིར་མ་འདྲེས་པ་ཞེས ་བྱ་བ་ནི་མ་ཡིན་ནོ། །མདོའི་སྡེ་ལ་སོགས་པའི་ཆོས་ཞེས་བྱ་བས་ནི་གསུང་རབ་ཡན་ལག་བཅུ་གཉིས་པོའི་ཡུལ་གྱི་བདག་ཉིད་མ་འདྲས་པ་བསྟན་ཏེ་ཞེས་ཟེར་ཏེ། བཤད་པ་འདི་དང་སྦྱར་ན་མ་འདྲེས་པའམ་འདྲེས་པས་སྔ་རེ་རེ་ལ་དམིགས་པ་གང་ཡིན་པ་དེ ་ན་མི་འདྲེས་པ་ལ་དམིགས་པ་ཞེས་བྱའོ་།བཤད་པ་འདི་དང་སྦྱར་ན་འདྲེས་པ་ཕྱི་མ་གསུམ་ལས་དང་པོ་འདྲེས་པ་ཆུང་དུ་ཡང་འདིའི་ནང་དུ་བསྡུས་པར་འགྱུར་རོ། །ཁ་ཅིག་ན་རེ་སོ་སོར་མ་འདྲེས་པ་ལ་དམིགས་པ་ཞེས་བྱ་བ་ནི་སྡེ་རེ་རེ་ལ་ཡང་སོ་སོ་ནས་རྣམ་པ ་མང་པོ་ཡོད་པ་སྟེ་། གསུང་རབ་ཡན་ལག་བཅུ་གཉིས་པོ་དག་སོ་སོ་ནས་ཐ་དད་པའི་དོན་དང་ལྡན་པའི་ཕྱིར་མ་འདྲེས་པ་ཞེས་བྱའི། །ཡན་ལག་བཅུ་གཉིས་ཀྱི་མིང་ཐ་དད་པ་ལ་མ་འདྲེས་པ་ཞེས་བྱ་བ་ནི་མ་ཡིན་ནོ། །མདོ་སྡེ་ལ་སོགས་པའི་ཆོས་ཞེས་བྱ་བས ་ནི་གསུང་རབ་ཡན་ལག་བཅུ་གཉིས་སོ་སོའི་མ་འདྲེས་པའི་ཡུལ་བསྟན་ཏོ་ཞེས་ཟེར་ཏེ། བཤད་པ་འདི་དང་སྦྱར་ན་དོན་རྣམ་པ་གཉིས་དང་ལྡན་ན་གདོད་མ་འདྲེས་པ་ལ་དམིགས་པ་ཞེས་བྱ་སྟེ། སྡེ་ཐ་དད་པ་དང། རྣམ་པ་ཐ་དད་པའོ། །བཤད་པ་འདི་དང་སྦྱར? ་ན་མ་འདྲེས་པ་ལ་དམིགས་པ་འདིར་ནི་འདྲེས་པ་ཆུང་དུ་མི་བསྡུ་སྟེ། དེ་ནི་འདི་སྐད་དུ་།མདོའི་སྡེ་ལ་སོགས་པའི་ཆོས་སོ་སོར་མ་འདེས་པ་ལ་དམིགས་པས་སྔར་བསྟན་པའི་ཐོས་པའི་ཤེས་རབ་ཀྱིས་ཡོངས་སུ་གཟུང་བ་དང། བསམས་པའི་ཤེས་རབ་ཀྱིས་བསམས ་པའི་ཚིག་དོན་གྱི་ཆོས་དག་ལ་ཞི་གནས་དང་ལྷག་མཐོང་བསྒོམ་པར་བྱེད་པ་གང་ཡིན་པ་དེ་ནི་མ་འདྲེས་པ་ལ་དམིགས་པའོ་ཞེས་བསྟན་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་གང་གིས་མདོ་སྡེ་ལ་སོགས་པའི་ཆོས་ཐམས་ཅད་ལ་དམིགས་ཤིང་།གཅིག ་ཏུ་བཟླུམ་པ་དང། གཅིག་ཏུ་བསྡུ་བ་དང་གཅིག་ཏུ་བརྟུལ་བ་དང། ཕུང་པོ་གཅིག་ཏུ་བྱས་ནས་འདི་སྙམ་དུ་ཡིད་ལ་བྱེད་དོ་ཞེས་བྱ་བ་ལ་སོགས་པས་ནི་གཉིས་པ་འདྲེས་པ་ལ་དམིགས་པ་སྟོན་ནོ། །འདི་ཡང་རྣམ་པ་གཉིས་ཏེ་རྣམ་པར་བཤད་པ་དང་མཇུག ་བསྡུ་བའོ། །རྣམ་པར་བཤད་པ་ཡང་རྣམ་པ་གསུམ་དུ་དབྱེ་སྟེ། མ་འདྲེས་པ་འདྲེས་པར་བསྡུ་བའི་ཡིད་ལ་བྱེད་པ་བསྟན་པ་དང། ཡིད་ལ་བྱེད་པའི་མཚན་ཉིད་བསྟན་པ་དང། ཞི་གནས་དང་ལྷག་མཐོང་བསྒོམ་པའི་མཇུག་བསྡུ་བ་སྟེ། འདི་ནི་དང་པོའོ། །མདོའི ་ཚིག་འདི་ལ་ཡང་བཤད་པ་རྣམ་པ་གཉིས་ཡོད་དེ། ཁ་ཅིག་ན་རེ་མདོའི་སྡེ་ལ་?་གས་པའི་ཆོས་ཐམས་ཅད་ལ་དམིགས་ཤིང། གཅིག་ཏུ་བཟླུམ་ཞེས་བྱ་བ་ལ་སོགས་པས་ནི་གསུང་རབ་ཡན་ལག་བཅུ་གཉིས་སྤྱིར་གཅིག་ཏུ་བཟླུམ་པར་བྱེད་པས། དེའི་ཕྱིར་ཐམས ་ཅད་ཅེས་བྱ་བ་གསུངས་ཏེ་།རྣམ་པ་བཅུ་གཉིས་དང་ལྡན་ན་གདོད་ཐམས་ཅད་བྱ་བའི་ཕྱིར་རོ་ཞེའོ། །ཁ་ཅིག་ན་རེ་ཐམས་ཅད་ཅེས་བྱ་བ་ནི་དོན་རྣམ་པ་གསུམ་དང་ལྡན་ཏེ། དང་པོ་ནི་གསུང་རབ་ཡན་ལག་རེ་རེ་ལ་ཡང་རྣམ་པ་མང་པོ་ཡོད་པའི་ཕྱིར་ཐམས་ཅད ་ཅེས་གསུངས་སོ། །གཉིས་བ་ནི་གསུང་རབ་ཡན་ལག་བཅུ་གཉིས་བསྡུས་ནས། གཅིག་ཏུ་བཟླུམས་པའི་ཕྱིར་ཐམས་ཅད་ཅེས་གསུངས་སོ། །གསུམ་པ་ནི་གསུང་རབ་ཡན་ལག་བཅུ་གཉིས་ཀྱིས་བསྟན་པ་མེད་པ་རྣམས་བསྡུས་པའི་ཕྱིར་ཐམས་ཅད་ཅེས་གསུངས ་ཏེ། དེའི་ཕྱིར་འོག་ནས་མདོ་ལས་འདྲེས་པ་འདི་ཉིད་ལས་རྣམ་གསུམ་དུ་ཕྱེ་ནས་བསྟན་པ་འདི་ལྟ་སྟེ། འདྲེས་པ་ཆུང་བ་ལ་སོགས་པ་ཞེས་ཟེར་ཏེ། དེ་ལྟར་བཤད་པ་རྣམ་པ་གཉིས་ཡོད་ཀྱང་བཤད་པ་ནི་ཕྱི་མ་ཡང་དག་པ་ཡིན ་ཏེ། ཚིག་དང་དོན་དང་རྗེས་སུ་མཐུན་པའི་ཕྱིར་རོ། །དེ་ལ་བཟླུམ་པ་དང་བསྡུ་བ་དང་རྟུལ་བ་དང། ཕུང་པོ་ཞེས་བྱ་བ་ཡང་དོན་ནི་གཅིག་ལ་མིང་ཐ་དད་པར་གྱུར་པའི། །དེ་ནི་འདི་སྐད་དུ་མདོའི་སྡེ་ལ་སོགས་པའི་ཆོས་ཐམས་ཅད་ལ་དམིགས་ཤིང། གཅིག ་ཏུ་བཟླུམ་པ་ལ་ཡང་དག་པའི་ཤེས་པ་ཉིད་དུ་བསམས་ནས་ཞི་གནས་དང་ལྷག་མཐོང་བསྒོམ་པར་བྱེད་པ་གང་ཡིན་པ་དེ་ནི་འདྲེས་པའི་ཆོས་ལ་དམིགས་པའི་ཞི་གནས་དང་ལྷག་མཐོང་ཞེས་བྱའོ་ཞེས་བསྟན་པར་འགྱུར་ཏེ། དེའི་ཕྱིར་བསྟན་བཅོས་ཐག་པ ་ཆེན་པོ་བསྡུས་པ་ལས། ཅིའི་ཕྱིར་ཡང་རྣམ་པར་རིག་པ་ཅམ་དེ་ལ་འཇུག་ཅེ་ན་འདྲེས་པའི་ཆོས་ལ་དམིགས་པའང་འཇིག་རྟེན་ལས་འདས་པའི་ཞི་གནས་དང་ལྷག་མཐོང་གི་ཤེས་པའི་ཕྱིར་རོ་ཞེས་འབྱུང་སྟེ་།འདི་ཉིད་ཀྱི་འགྲེལ་པ་ངོ་བོ་ཉིད་མེད་ཀྱིས་བྱས ་པ་ལས། འདྲེས་པའི་ཆོས་ལ་དམིགས་པ་ཞེས་བྱ་བ་ནི་ཆོས་ཐམས་ཅད་ཀྱི་འདྲེས་པའི་མཚན་ཉིད་ཀྱི་རབ་ཏུ་ཕྱེ་བའི་དེ་བཞིན་ཉིད་ཡུལ་དུ་གྱུར་པ་ལ་དམིགས་པ་སྟེ། ཐེག་པ་ཆེན་པོའི་བསྟན་པ་ལས་བསྟན་པའི་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་བྱེད ་པའི་ཕྱིར་དེ་བཞིན་ཉིད་ལ་དམིགས་པའི་ཚེ་། དེ་ཉིད་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་ཁོང་དུ་ཆུད་པ་ཡིན་པས། ཆོས་ཐམས་ཅད་ལ་དམིགས་པ་ཉིད་དེ་བཞིན་ཉིད་ལ་དམིགས་པ་ཡིན་ནོ་ཞེས་འབྱུང་ངོ། །ཆོས་འདི་དག་ཐམས་ཅད་པར་ནི་དེ་བཞིན་ཉིད ་ལ་གཞོལ་བ་དེ་བཞིན་ཉིད་ལ་འབབ་པ། དེ་བཞིན་ཉིད་ལ་བབ་པ་ཞེས་བྱ་བ་ལ་སོགས་པས་ནི། གཉིས་པ་ཡིད་ལ་བྱེད་པའི་མཚན་ཉིད་བསྟན་ཏོ་འདི་ཡང་རྣམ་པ་གཉིས་ཏེ། བསྟན་པ་ལ་ནུས་པ་ཁྱད་པར་ཅན་རྣམ་པ་གསུམ་ཡོད་པར་ཡིད་ལ ་བྱེད་པ་བསྟན་པ་དང་འཕགས་པའི་བསྟན་པས་དགེ་པའི་ཆོས་མངོན་པར་བརྗོད་པར་འགྱུར་བར་ཡིད་ལ་བྱེད་པ་བསྟན་པའོ། །དང་པོ་ཡང་རྣམ་པ་གཉིས་ཏེ། དེ་བཞིན་ཉིད་ཀྱི་ཚུལ་ལས་བརྩམས་ནས་ནུས་པ་རྣམ་པ་གསུམ་ཡིད་ལ་བྱེད་པར་བསྟན་པ་དང་། ་བྱང་ཆུབ་ལ་སོགས་པ་ལས་བརྩམས་ནས་ནུས་པ་རྣམ་པ་གསུམ་ཡིད་ལ་བྱེད་པ་བསྟན་པའོ། །འདི་ནི་དང་པོ་སྟེ། འདི་ལྟར་བྱང་ཆུབ་སེམས་དཔའ་རྣམས་འདི་སྙམ་དུ་ཡིད་ལ་བྱེད་དེ་།གསུང་རབ་ཡན་ལག་བཅུ་གཉིས་པོ་དག་ལ་ནུས་པ་རྣམ་པ་གསུམ ་ཡོད་དེ། དེ་བཞིན་ཉིད་ལ་གཞོལ་བ་དང། དེ་བཞིན་ཉིད་ལ་འབབ་པ་དང། དེ་བཞིན་ཉིད་ལ་བབ་པའོ་སྙམ་པ་སྟེ་།འཕགས་པའི་བསྟན་པ་དེ་དག་ཡང་དག་པའི་རིགས་པའི་རྗེས་སུ་གཞོལ་བའི་ཕྱིར་དང། ཡང་དག་པའི་རིགས་པའི་རྗེས་སུ་འབབ ་པའི་ཕྱིར་དང། ཡང་དག་པའི་རིགས་པའི་རྗེས་སུ་འཇུག་པའི་ཕྱིར་རོ། །བཤད་པའི་རྣམ་གྲངས་གཞན་དུ་ན་འཕགས་པའི་གསུང་རབ་ཀྱི་དབང་གིས་ཤེས་རབ་རྣམ་པ་གསུམ་ཐོབ་པར་འགྱུར་ཏེ། ཐོས་པའི་ཤེས་རབ་ཀྱིས་ནི་གཞོལ་བར་བྱེད ་དོ། །བསམས་པའི་ཤེས་རབ་ཀྱིས་ནི་འབབ་པར་བྱེད་དོ། །བསྒོམས་པའི་ཤེས་རབ་ཀྱི་ནི་བབ་པར་བྱེད་དོ། །གཞན་ཡང་འཕགས་པའི་གསུང་རབ་ཀྱི་དབང་གིས་སྦྱོར་བ་རྣམ་པ་གསུམ་ཐོབ་པར་འགྱུར་ཏེ། དེ་ལ་གཞོལ་བ་ཞེས་བྱ་བ་ནི་དེ་བཞིན་ཉིད ་ལ་ཡུན་རིང་པོ་ནས་སྦྱོར་བའོ། །འབབ་པ་ཞེས་བྱ་བ་ནི?་ཉེ་བའི་སྦྱོར་བའོ། །བབ་པ་ཞེས་བྱ་བ་ནི་ཐ་མའི་སྦྱོར་བའོ། །ཚིག་འདི་གསུམ་ཡང་བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་ནི་དྲན་པ་ཉེ་བར་གཞག་པའི་སྒོ་དང། བསམ་གཏན་དང་ཏིང་ངེ་འཛིན ་ལས་བརྩམས་ནས་སྟོན་ཏོ། །བྱང་ཆུབ་ལ་གཞོལ་བ་མྱ་ངན་ལས་འདས་པ་ལ་གཞོལ་བ་གནས་གྱུར་པ་གཞོལ་བ། དེ་དག་ལ་འབབ་པ་དེ་དག་ལ་བབ་པ་དག་སྟེ་ཞེས་བྱ་བ་ནི་གཉིས་པ་བྱང་ཆུབ་ལ་སོགས་པ་ལས་བརྩམས་ནས། ནུས་པ་རྣམ་པ ་གསུམ་ཡིད་ལ་བྱེད་པར་བསྟན་པའོ། །མཚན་ཉིད་འདི་གསུམ་ནི་གནས་གསུམ་དུ་འཇུག་སྟེ། བྱང་ཆུབ་དང། མྱ་ངན་ལས་འདས་པ་དང། གནས་གྱུར་པའོ། །གསུང་རབ་ཡན་ལག་བཅུ་གཉིས་པོ་འདི་དག་ལ་བལྟོས་ན། ཐམས ་ཅད་ལ་ཡང་གཞོལ་བ་དང་འབབ་པ་དང་བབ་པའི་ནུས་པ་ཁྱད་པར་ཅན་རྣམ་པ་གསུམ་ཡོད་དེ། །གོང་མ་བཞིན་དུ་རིག་པར་བྱའོ། །མྱ་ངན་ལས་འདས་པ་དང་གནས་བྱུང་བ་ལ་བྱེ་བྲག་ཅི་ཡོད་ཅེ་ན། སྨྲས་པ། མྱ་ངན་ལས་འདས་པ་ནི་དེ་བཞིན ་ཉིད་སྒྲིབ་པ་གཉིས་དང་བྲལ་བའི་དོན་ལ་བརྟེན་ནས་བསྟན་པ་ཡིན་ལ་གནས་གྱུར་པ་ནི་བྱང་ཆུབ་དང་མྱ་ངན་ལས་འདས་པ་གཉིས་ཡང་བསྡུས་པ་ཡིན་ཏེ། དེའི་ཕྱིར་བསྟན་བཅོས་རྣམ་པར་རིག་པ་ཙམ་དུ་གྲུབ་པོ་ལས། གནས་ངན་ལེན་སྤངས ་པའི་ཕྱིར་གནས་གྱུར་པ་ཐོབ་པ་ཡིན་ནོ་ཞེས་འབྱུང་སྟེ། སློབ་དཔོན་ཆོས་སྐྱོང་གིས་བཤད་པ་ལས་ཀྱང་བྱང་ཆུབ་དང་མྱ་ངན་ལས་འདས་པའི་གནས་གྱུར་བ་རྣམ་པ་གཉིས་ཐོབ་པར་འགྱུར་རོ་ཞེས་བཤད་དོ། །གཞན་ཡང་བྱང་ཆུབ་ནི་འདུས་བྱས་པའི ་འབྲས་བུའོ། །མྱ་ངན་ལས་འདས་པ་ནི་འདུས་མ་བྱས་བའི་འབྲས་བུའོ། །གནས་གྱུར་པ་ནི་ཆོས་ཀྱི་སྐུའི་འབྲས་བུའོ། །ཆོས་འདི་དག་ཐམས་ཅད་ནི་དགེ་བའི་ཆོས་དཔག་ཏུ་མེད་པ་གྲངས་མེད་པ་དག་མངོན་པར་བརྗོད་པ་ཡིན་ནོ་སྙམ་དུ་ཞེས་བྱ་བ་ནི ་གཉིས་པ་འཕགས་པ་བསྟན་པས་།དགེ་བའི་ཆོས་མངོན་པར་བརྗོད་པར་འགྱུར་བར་ཡིད་ལ་བྱེད་པ་བསྟན་པའོ། །ཡང་དག་པའི་དོན་དུ་ན་འཕགས་པའི་བསྟན་པ་རྣམས་ངོ་བོ་ཉིད་ཡོངས་སུ་རྫོགས་པར་སྟོན་པ་ཡིན་མོད་ཀྱི། ཞི་གནས་དང ་ལྷག་མཐོང་ཡིད་ལ་བྱེད་ཅིང་བསྒོམ་པ་ཡོངས་སུ་བསྟན་པར་བཞེད་པའི་ཕྱིར་ཕྱོགས་གཅིག་ཏུ་དགེ་བ་ཞེས་གསུངས་པ་ཡིན་ནོ། །དེ་ལྟར་སེམས་ཤིང་ཞི་གནས་དང་ལྷག་མཐོང་སྒོམ་པར་བྱེད་པ་གང་ཡིན་བ་ཞེས་བྱ་བ་ནི་གསུམ་བཞི་གནས་དང ་ལྷག་མཐོང་སྒོམ་པའི་མཇུག་བསྡུ་བའོ། །དེ་ནི་འདྲེས་བའི་ཆོས་ལ་དམིགས་པའི་ཞི་གནས་དང་ལྟག་མཐོང་ཞེས་བྱའོ་ཞེས་བྱ་བ་ནི་གཉིས་པ་འདྲེས་པའི་ཆོ་?་དམིགས་པ་བཤད་པ་མཇུག་བསྡུ་བ་སྟེ། མདོ་ཉིད་ཀྱིས་བརྡ་ཕྲད་པར་ཟད་དོ། །བྱང་ཆུབ ་སེམས་དཔའ་བྱམས་པས་ཡང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱི་ཇི་སྐད་དུ་འདྲེས་པ་ཆུང་དུ་ཆོས་ལ་དམིགས་པའི་ཞི་གནས་དང་ལྷག་མཐོང་ཞེས་བྱ་བ་གསུངས། འདྲས་པ་ཆེན་པོར་གྱུར་པའི་ཆོས་ལ་དམིགས་པའི་ཞི་གནས ་དང་ལྷག་མཐོང་ཞེས་ཀྱང་གསུངས་། འདྲེས་པ་ཚད་མེད་པའི་ཆོས་ལྟ་དམིགས་པའི་ཞི་གནས་དང་ལྷག་མཐོང་ཞེས་ཀྱང་གསུངས་ན། །ཞེས་བྱ་བ་འདི་མན་ཆད་ནི་གསུམ་པ་འདྲེས་པའི་ཆོས་ལ་དམིགས་པའི་བྱེ་བྲག་བསྟན་པའི་སྒོ་ཞེས་བྱ་བ་སྟོན་ཏོ། །འདི་ཡང་རྣམ ་པ་གསུམ་དུ་དབྱེ་སྟེ་།འདྲེས་པ་ཆུང་དུའི་ཆོས་ལ་དམིགས་པ་ལ་སོགས་པའི་བྱེ་བྲག་བསྟན་པའི་སྒོ་དང་འདྲེས་པའི་ཆོས་ལ་དམིགས་པ་རྐྱེན་དང་ལྡན་པར་རབ་ཏུ་བསྟན་པའི་སྒོ་དང་རྟོགས་པ་དང་ཐོབ་པའི་གནས་སྐབས་རྣམ་པར་འབྱེད་པའི་སྒོ་སྟེ་འདི་ནི་དང ་པོའོ། །དང་པོ་ཡང་རྣམ་པ་གཉིས་སུ་དབྱེ་སྟེ། ཞུ་བ་གསོལ་བ་དང་ལྡན་དུ་གསུངས་པའོ། །ཞུ་བ་གསོལ་བ་ཡང་རྣམ་པ་གཉིས་ཏེ། ཞུ་བ་གསོལ་པའི་གནས་གསུང་རབ་སྨོས་པ་དང། །བསྟན་པ་ལ་བརྟེན་ནས་ཞུ་བ་གསོལ་བ་སྟེ། འདི་ནི་དང་པའོ ་ཇི་ལྟར་ན་འདྲེས་པ་ཆུང་དུའི་ཆོས་ལ་དམིགས་པའི་ཞི་གནས་དང་ལྷག་མཐོང་ཞེས་བགྱི་ལགས་།ཇི་ལྟར་ན་འདྲེས་པ་ཆེན་པོར་གྱུར་པའི་ཆོས་ལ་དམིགས་པའི་ཞེ་གནས་དང་ལྷག་མཐོང་ཞེས་བགྱི་ལགས། ཇི་ལྟར་ན་འདྲེས་པ་ཚད་མ་མཆིས་པའི་ཆོས་ལ ་དམིགས་བའི་ཞི་གནས་དང་ལྷག་མཐོང་ཞེས་བགྱི་ལགས་ཞེས་བྱ་བ་ནི་གཉིས་པ་བསྟན་པ་ལ་བརྟེན་ནས་ཞུ་བ་གསོལ་བ་སྟེ། ཞུ་བ་གསོལ་བ་གསུམ་ཡོད་པ་ནི་མདོ་ཉིད་ཀྱིས་བརྡ་ཕྲད་པར་ཟད་དོ། །བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་བྱམས ་པ་ལ་བཀའ་སྩལ་པ། རིགས་ཀྱི་བུ་གང་གིས་མདོའི་སྡེ་ནས་གཏན་ལ་དབབ་པར་བསྟན་པའི་སྡེའི་བར་དག་གི་སོ་སོ་ལ་དམིགས་ཤིང་གཅིག་ཏུ་བཟླུམས་ནས་ཡིད་ལ་བྱེད་པ་གང་ཡིན་པ་དེ་ནི། འདྲེས་པ་ཆུང་དུའི་ཆོས་ལ ་དམིགས་པའི་ཞི་གནས་དང་ལྷག་མཐོང་ཡིན་པར་རིག་པར་བྱའོ་ཞེས་བྱ་བ་ལ་སོགས་པས་ནི་གཉིས་པ་དེ་བཞིན་གཤེགས་པས་ཡང་དག་པར་ལན་དུ་གསུངས་པ་སྟོན་ཏོ། །འདི་ཡང་འདྲེས་པའི་དམིགས་པ་རྣམ་པ་གསུམ་པ་བསྟན་པ་ཉིད་ཀྱིས ་རྣམ་པ་གསུམ་དུ་དབྱེ་སྟེ་།འདི་ནི་དང་པོ་ཆུང་དུའི་ཆོས་ལ་དམིགས་པ་རྣམ་པར་བཤད་པའོ། །འདི་ལྟར་གསུང་རབ་ཡན་ལག་བཅུ་གཉིས་པོ་དག་ལ་སོ་སོར་ཐ་དད་བར་དམིགས་པར་བྱེད་བ་འདི་ལྟ་སྟེ། མདོའི་སྡེ་མང་པོ་རྣམས་གཅིག་ཏུ ་སྡུད་པ་ནས་གཏན་ལ་ཕབ་པར་བསྟན་པའི་སྡེ་མང་པོའི་བར་དག་གཅིག་ཏུ་བསྡུད་པར་བྱེད་པས་དེའི་ཕྱིར་འདྲེས་པ་ཆུང་དུ་ཞེས་བྱའོ། །གང་གིས་མདོའི་སྡེ་ལ་སོགས་པའི་ཆོས་ཇི་སྙེད་ཡོངས་སུ་བཟུང་བ་དང། པས་བའི་བར་དག་ལ་དམིགས ་ཤིང་གཅིག་ཏུ་བཟླུམས་ནས་ཡིད་ལ་བྱེད་ཀྱི་སོ་སོ་ལ་དམིགས་པར་བྱེད་པ་མ་ཡིན་པ་གང་ཡིན་པ་དེ་ནི་འདྲེས་པ་ཆེན་པོར་གྱུར་པའི་ཆོས་ལ་དམིགས་བའི་ཞི་གནས་དང་ལྷག་མཐོང་ཡིན་པར་རིག་པར་བྱའོ། ཞེས་བྱ་བ་ནི་གཉིས་པ་འདས ་པ་ཆེན་པོར་གྱུར་པའི་ཆོས་ལ་དམིགས་པ་རྣམ་པར་བཤད་པའོ། །མདོའི་ཚིག་འདི་ཡང་རྣམ་པ་གསུམ་དུ་དབྱེ་སྟེ་། རྣམ་པར་བཤད་པ་དང། རབ་ཏུ་དབྱེ་བ་དང། མཇུག་བསྡུ་བའོ། །རྣམ་པར་བཤད་པ་ལས་གང་གིས་ཞེས་བྱ ་བ་ནི། །གསུང་རབ་ཡན་ལག་བཅུ་གཉིས་ཀྱི་བསྟན་པ་དག་ལ་ཡོངས་སུ་ཚད་བར་གང་གིས་དམིགས་པའོ། །ཡོངས་སུ་བཟུང་བ་ལ་སོགས་པས་ནི་དམིགས་པའི་ཚད་བསྟན་པ་སྟེ། དེ་ནི་འདི་སྐད་དུ་འདྲེས་པ་ཆེན་པོར་གྱུར་པ་ལ་དམིགས ་པ་གང་ཡིན་པ་དེ་ནི་གསུང་རབ་ཡན་ལག་བཅུ་གཉིས་པོ་དག་གི་སྤྱི་ལ་དམིགས་ཤིང་དེ་དག་གི་ཚང་ནས་ཇི་ཙམ་དུ་ཁོང་དུ་ཆུད་པར་གྱུར་པ་ཡོངས་སུ་བཟུང་བ་དང་བསམས་པའི་གནས་གསུང་རབ་ཡན་ལག་བཅུ་གཉིས་ཀྱི་བསྟན་པའི་བར་དག་གཅིག་ཏུ་བཟླུམས ་ནས་ཡིད་ལ་བྱེད་པ་ནི་འདྲེས་པ་ཆེན་པོ་ཞེས་བསྟན་པར་འགྱུར་རོ། །སོ་སོ་ལ་དམིགས་པར་བྱེད་པ་མ་ཡིན་ཞེས་བྱ་བ་ནི་འདྲེས་པ་ཆུང་ངུ་ལས་རབ་ཏུ་དབྱེ་བ་སྟེ། འདྲེས་པ་ཆུང་དུ་ལྟར། རེ་རེའི་སོ་སོ་ལ་དམིགས་པ་ནི་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག ་གོ་།གང་གིས་དེ་བཞིན་གཤེགས་པའི་ཆོས་བསྟན་པ་ཚད་མེད་པ་དང་། ཆོས་ཀྱི་ཚིག་དང་ཡི་གེ་ཚད་མེད་པ་རྣམས་དང། གོང་ནས་གོང་དུ་ཤེས་རབ་ཀྱིས་བརྟགས་ཤིང་ཁོང་དུ་ཆུད་པ་ལ་དམིགས་ཤིང་གཅིག་ཏུ་བཟླུམས་ནས་ཡིད་ལ་བྱེད་ཀྱི ་ཡོངས་སུ་བཟུང་བ་དང་བསམས་པའི་བར་དག་ལ་དམིགས་པར་བྱེད་པ་མ་ཡིན་པ་གང་ཡིན་པ་དེ་ནི་འདྲེས་པའི་ཆོས་ལ་དམིགས་པའི་ཞི་གནས་དང་ལྷག་མཐོང་ཡིན་པར་རིག་པར་བྱའོ་ཞེས་བྱ་བ་ནི་གསུམ་པ་འདྲེས་པ་ཚད་མེད་པ་ལ་དམིགས་པ་རྣམ ་བར་བཤད་པའོ། །མདོའི་ཚིག་འདི་ཡང་རྣམ་བ་གསུམ་དུ་ཕྱེ་ནས་བཤད་པར་བྱ་སྟེ། རྣམ་པར་བཤད་པ་དང། རབ་ཏུ་དབྱེ་དང་མཇུག་བསྡུ་བའོ། །རྣམ་པར་བཤད་པ་ལས་གང་གིས་དེ་བཞིན་གཤེགས་པའི་ཆོས་བསྟན་པའི་ཚད་མེད་པ ་ལ་སོགས་པ་ལ་དམིགས་ཞེས་བྱ་བས་ནི་། ཚད་མེད་པ་རྣམ་པ་གསུམ་ལ་དམིགས་པར་བསྟན་ཏོ་། གཅིག་ཏུ་བཟླུམས་ནས་ཡིད་ལ་བྱེད་བ་གང་ཡིན་པ་དེ་ནི་འདྲེས་པ་ཚད་མེད་པའོ། ཞེས་བྱ་བའི་ཐ་ཚིག་གོ་།དེ་ལ་ཚད་མེད་པ་རྣམ ་པ་གསུམ་ཡང་དང་པོ་ནི་དེ་བཞིན་གཤེགས་པའི་ཆོས་བསྟན་པ་ཚང་མེད་པ་ལ་དམིགས་པ་སྟེ་། འདི་ལ་ཡང་བཤད་པ་རྣམ་པ་གསུམ་ཡོད་དེ་།ཁ་ཅིག་ནི་ཆོས་བསྟན་པ་ཚད་མེད་པ་ཞེས་བྱ་བ་ནི་འདི་ལྟར་སྒྲ་སྐད་ཚད་མེད་པས་ཆོས་ཆད ་མེད་པ་སྟོན་པར་མཛད་པའི་ཕྱིར་ཆོས་བསྟན་པ་ཚད་མེད་པ་ཞེས་བྱའོ། །དེ་བཞིན་གཤེགས་པས་ཞེས་བྱ་བས་ནི་གསུང་བ་པོ་རབ་ཏུ་བསྟན་པ་ཡིན་ནོ་ཞེའོ། །ཁ་ཅིག་ན་རེ་ཚད་མེད་པས་ཞེས་བྱ་བས་ནི་གསུང ་བ་ཕོ་ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པས་མང་པོ་རབ་ཏུ་སྟོན་པར་བྱེད་པའི་ཕྱིར་ཚད་མེད་པ་ཞེས་བྱའོ། །ཁ་ཅིག་ན་རེ་ཚད་མེད་པ་ཞེས་བྱ་བ་ནི་རྣམ་པ་གཉིས་སུ་གཏོགས་པ་ཡིན་ཏེ། འདི་ལྟར་སངས་རྒྱས་དང་བསྟན་པའོ ་ཞེའོ། །གཉིས་པ་ནི་ཆོས་ཀྱི་ཚིག་ལ་སོགས་པ་ཚང་མེད་པ་ཞེས་བྱ་བ་ནི་སྒྲ་ལ་བརྟེན་ནས་མིང་དང་ཡི་གེ་འབྱུང་བ་གང་ཡིན་པའོ། །གསུམ་པ་གོང་ནས་གོང་དུ་ཤེས་རབ་ཀྱིས་བརྟགས་ཤིང་ཁོང་དུ་ཆུད་པ་ཞེས་བྱ་བ་ནི་དམིགས་པར་བྱེད་པའི ་ཤེས་པ་སྨོས་པ་ཡིན་ཏེ་།བྱང་ཆུབ་སེམས་དཔའ་དམིགས་པའི་བསྟན་པས་རབ་ཏུ་ཕྱེ་བའི་ཤེས་པ་ནི་གཅིག་ཁོང་ན་མ་ཡིན་པས་དེའི་ཕྱིར་གོང་ནས་གོང་དུ་ཞེས་བྱ་བས་གསུངས་པ་ཡིན་ཏེ། དེའི་ཕྱིར་དགོངས་པ་ཟབ་མོ་རྣམ་པར་དགྲོལ་བའི་མདོ ་ལས་གོང་མ་གོང་མ་ཞེས་གསུངས་སོ། །བསྟན་བཅོས་རྣམ་པར་རིག་པ་ཙམ་དུ་གྲུབ་པ་ལས་ནི་གཅིག་གིས་གཅིག་རྣམ་པར་བཤད་པའི་ཕྱིར་གོང་ནས་གོང་དུ་ཞེས་བྱ་བ་གསུངས་སོ་ཞེས་བཤད་དོ། །ཅིའི་ཕྱིར་ཚད་མེད་པ་རྣམ་པ་གསུམ་པོ་འདི ་དག་གཅིག་ཏུ་བཟླུམས་པ་ལ་སོགས་པར་གསུངས་ཤེ་ན་།འདིས་ནི་དམིགས་པར་བྱ་བའི་ཡུལ་ཆོས་བསྟན་པ་ལ་དོན་རྣམ་པ་གསུམ་ཡོང་པར་བསྟན་པ་ཡིན་ཏེ། དད་པོས་ནི་སྟོན་པར་བྱེད་པའི་གང་ཟག་སྨོས་བས། བསྟན་པ་ལས་མངོན ་པར་ཞེན་པར་བྱེད་པ་བསྟན་ཏོ། །གཉིས་བས་ནི་མིང་དང་ཚིག་དང་ཡི་གེ་བསྟན་པའི་བདག་ཉིད་ཡང་དག་པ་བསྟན་ཏོ། །གསུམ་པས་ནི་དམིགས་པར་བྱེད་པ་ཤེས་པ་ལ་བརྟེན་ནས་དམིགས་པར་བྱ་བའི་ཡུལ་བསྟན་པ་ལ་མངོན་པར་ཞེན་པ ་བསྟན་ཏེ་དེས་ན་རྣམ་པ་གསུམ་དུ་གསུངས་ཀྱང་ཚད་མེད་པ་རྣམ་པ་གསུམ་པོ་དགྲ་བསྟན་པའི་ངོ་བོ་ཉིད་ནི་མ་ཡིན་ནོ། །རྣམ་པ་གསུམ་པོ་དེ་དག་ལ་བྱེ་བྲག་ཡོད་པ་ཡང་སོ་སོ་ནས་བཤད་པ་མི་མཐུན་སློབ་དཔོན་མེད་དག་བདེན་པས་འཕགས་པ་གསེར་འོད་དམ ་པའི་མདོའི་བརྗེད་བྱང་བྱས་པ་ལས་ཆོས་བསྟན་པ་ཞེས་བྱ་བ་ནི་ཚིག་སོ་སོར་ཡང་དག་པར་རིག་པའི་ཡུལ་ལོ། །ཆོས་ཀྱི་ཚིག་དང་ཡི་གེ་ཚད་མེད་པ་ཞེས་བྱ་བ་ནི་ཆོས་སོ་སོ་ཡང་དག་པར་རིག་པའི་ཡུལ་ལོ། །ཤེས་པ་ཚད་མེད་པ་ཞེས་བྱ་བ་ནི་དོན་དང་སྤོབས ་པ་སོ་སོ་ཡང་དག་པར་རིག་པ་གཉིས་ཀྱི་བདག་ཉིད་དེ་དོན་ཁོང་དུ་ཆུད་ནས་ཐབས་མཁས་པ་བཤད་པའི་ཕྱིར་རོ་ཞེས་འབྱུང་ངོ། །བསྟན་བཅོས་རྣམ་པར་རིག་པ་ཙམ་དུ་གྲུབ་པ་ལས་།ཀུན་ཏུ་རྨོངས་པ་རྣམ་པ་ཉི་ཤུ་ལས་དང་པོའི་སོ་སོ་ཡང་དག་པར ་རིག་པ་གསུམ་པོ་དག་ཉིད་ཡིན་ཏེ་།ཆོས་དང་དོན་ཚད་མེད་པ་བསྟན་པ་ལ་ཐོགས་པ་མེད་པ་ནི་དོན་སོ་སོ་ཡང་དག་པར་རིག་པའོ། །མིང་དང་ཚིག་དང་ཡི་གེ་ཚད་མེད་པ་ནི་ཆོས་སོ་སོ་ཡང་དག་པར་རིག་པའོ། །གོང་ནས་གོང་དུ་ཤེས་རབ ་དང་སྤོབས་པ་ཞེས་བྱ་བ་ནི་ཚིག་སོ་སོ་ཡང་དག་པར་རིག་པ་སྟེ། སྒྲ་སྐད་ཀྱིས་གཅིག་གིས་གཅིག་རྣམ་པར་བཤད་པས་ས་ཞེས་བཤད་དོ། །དགོངས་པ་ཟབ་མོ་རྣམ་པར་དགྲོལ་བའི་མདོ་ལས་ནི་གོང་མ་གོང་མའི་ཤེས་རབ་དང་སྤོབས་པ་ཚད་མེད་པ་ཞེས ་འབྱུང་སྟེ། མོད་དེ་དང་སྦྱར་ན་ནི་ཚད་མེད་པ་གསུམ་པ་ནི་སོ་སོ་ཡང་དག་པར་རིག་པ་གཉིས་དང་ལྡན་པར་འགྱུར་ཏེ། གོང་མ་གོང་མའི་ཤེས་རབ་ཅེས་བྱ་བ་ནི་ཚིག་སོ་སོ་ཡང་དག་པར་རིག་པའོ། །སྤོབས་པ་ཞེས་བྱ་བ་ནི་སྤོབས་པ་སོ་སོ་ཡང་དག ་པར་རིག་པ་ཡིན་པས་སོ། །མདོ་འདི་ནི་སློབ་དཔོན་ཆོས་སྐྱོང་གིས་བསྟན་པ་དང་དོན་མཐུན་ཏེ་།དོན་མདོར་བསྡུ་ན་སོ་སོ་ཡང་དག་པར་རིག་པ་བཞིས་དང་དམིགས་པར་བྱ་བ་འཕགས་པའི་བསྟན་པ་རྣམས་གཅིག་ཏུ་བཟླུམས་ནས་ཡིད་ལ་བྱེད་དོ། ། ་ཞེས་བསྟན་པར་འགྱུར་རོ། །འདྲེས་པ་རྣམ་པ་གསུམ་ལ་བྱེ་བྲག་ཅི་ཡོང་ཅེ་ན་སྨྲས་པ། འདི་ལ་བཤད་པ་རྣམ་པ་གཉིས་ཡོད་དེ། ཁ་ཅིག་ན་རེ་འདྲེས་པ་ཆུང་དུ་ནི་གསུང་རབ་ཡན་ལག་བཅུ་གཉིས་ལས། སྡེ་རེ་རེའི་ཚིག་མང ་པོའི་སོ་སོ་ལ་དམིགས་པར་བྱེད་དོ། །འདྲེས་པ་ཆེན་པོ་ནི་གསུང་རབ་ཡན་ལག་བཅུ་གཉིས་ཀྱི་རྣམ་པ་གཅིག་ཁོ་ན་ལ་དམིགས་པར་བྱེད་དོ། །འདྲེས་པ་ཚང་མེད་པ་ནི་གསུང་རབ་ཡན་ལག་བཅུ་གཉིས་ཀྱི་བསྟན་པའི་སྤྱི་ལ་དམིགས་པར་བྱེད ་དོ་ཞེའོ། །ཁ་ཅིག་ནི་འདྲེས་པ་ཆུང་དུ་ནི་སྔ་མ་བཞིན་དུ་བཤད་དོ། །འདྲེས་པ་ཆེན་པོས་ནི་སངས་རྒྱས་གཅིག་ཁོ་ནའི་གསུང་རབ་ཡན་ལག་བཅུ་གཉིས་ལ་དམིགས་སོ། །འདྲེས་པ་ཚད་མེད་པས་ནི་སངས་རྒྱས་ཐམས་ཅད་ཀྱི་གསུང་རབ་ཡན ་ལག་བཅུ་གཉིས་ཀྱིས་བསྟན་པའི་སྤྱི་ལ་དམིགས་པར་བྱེད་དོ་ཞེའོ། །དམིགས་པར་བྱེད་པ་གསུམ་པོ་འདི་དག་གིས་མཚན་མ་ཇི་ལྟ་བུ་ཞིག་ཡིད་ལ་བྱེད་ཅེ་ན་།སྨྲས་པ་འདི་ལ་བཤད་པ་རྣམ་པ་གསུམ་ཡོད་དེ། ཁ་ཅིག་ན་རེ་འདྲེས་པ ་གསུམ་པོ་འདི་དག་གིས་ནི་བསྟན་པ་ཁོ་ན་ཡིད་ལ་བྱེད་དེ། སྔར་བསྟན་པ་བཞིན་དུ་མདོའི་སྡེ་ལ་སོགས་པ་ལ་དམིགས་ཤིང་གཅིག་ཏུ་བཟླུམས་ནས་ཡིད་ལ་བྱེད་པས་གཞོལ་བ་ལ་སོགས་པ་ནུས་པ་རྣམ་པ་གསུམ་དང་ལྡན་པ་དང། དགེ་བའི ་ཆོས་ཐམས་ཅད་མངོན་པར་བརྗོད་དོ་ཞེའོ། །ཁ་ཅིག་ན་རེ་འདྲེས་པ་གསུམ་པོ་འདི་དག་ནི་དེ་བཞིན་ཉིད་འབའ་ཞིག་ཡིད་ལ་བྱེད་དེ། ཕྱིས་འོག་ནས་བསྟན་པའི་རྐྱེན་རྣམ་པ་ལྔ་ལས་འབྱུང་བ་བཞིན་དུ་དེ་བཞིན་ཉིད་ཀྱི་རྣལ་འབྱོར་ལས་བརྩམས ་ནས་།གནས་ངན་ལེན་ལ་སོགས་པ་ཐམས་ཅད་འཇིག་པར་བྱེད་བའི་ཕྱིར་རོ་ཞེའོ། །ཁ་ཅིག་ན་རེ་དོན་རྣམ་པ་གཉིས་དང་ལྡན་པས་བསྟན་པ་ལ་དམིགས་པ་དང། དེ་བཞིན་ཉིད་ལ་དམིགས་པར་བཤད་ཀྱང་དོན་དུ་འགལ ་བ་མེད་དོ་ཞེའོ།། །།བམ་པོ་བཞི་བཅུ་པ། །བྱང་ཆུབ་སེམས་དཔའ་བྱམས་པས་ཡང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཇི་ཙམ་གྱིས་ན་འདྲེས་པའི་ཆོས་ལ་དམིགས་པའི་ཞི་གནས་དང་ལྷག་མཐོང་ཐོབ་པར ་འགྱུར་ལགས་ཞེས་བྱ་བ་འདི་མན་ཆད་གཉིས་པ་འདྲེས་པའི་ཆོས་ལ་དམིགས་པ་རྐྱེན་དང་ལྡན་པ་རབ་ཏུ་བསྟན་པའི་སྒོ་ཞེས་བྱ་བ་སྟོན་ཏེ་།འདྲེས་པའི་ཆོས་ལ་དམིགས་པ་ཐོབ་པའི་ཚད་བསྟན་པའི་སྒོ་ཞེས་ཀྱང་བྱའོ། །འདི་ཡང་རྣམ་པ་གཉིས་ཏེ་ཞུ ་བ་གསོལ་བ་དང། ཡང་དག་པར་བཤད་པའོ། །འདི་ནི་དང་པོ་ཞུ་བ་གསོལ་བ་སྟེ་།རྐྱེན་དུ་ཞིག་དང་ལྡན་ན་འདྲེས་པའི་ཆོས་ལ་དམིགས་པའི་ཞི་གནས་དང་ལྷག་མཐོང་ཞེས་བགྱི་ལགས་ཞེས་བྱ་བའི་ཐ་ཚིག་གོ་།བཅོམ་ལྡན་འདས་ཀྱིས་བྱང་ཆུབ ་སེམས་དཔའ་བྱམས་པ་ལ་བཀའ་སྩལ་པ། རིགས་ཀྱི་བུ་རྐྱེན་རྣམ་པ་ལྔས་ཐོབ་པར་འགྱུར་བར་རིག་བར་བྱ་སྟེ། ཞེས་བྱ་བ་ལ་སོགས་པས་ནི་གཉིས་པ་བཅོམ་ལྡན་འདས་ཀྱིས་ཡང་དག་པར་བཤད་པ་སྟོན་ཏོ། འདི་ཡང་རྣམ་པ་གཉིས་སུ་དབྱེ་སྟེ། ་གྲངས་སྨོས་ནས་ལན་མདོར་བསྟན་པ་དང། རྐྱེན་རྣམ་པ་ལྔས་རྣམ་པར་ཕྱེ་སྟེ་།བསྟན་པའོ། །འདི་ནི་དང་པོ་སྟེ། རྐྱེན་རྣམ་པ་ལྔ་དང་ལྡན་པའི་ཕྱིར་འདྲེས་པ་ལ་དམིགས་པ་ཐོབ་པ་ཞེས་བྱའོ་ཞེས་བྱ་བའི་ཐ་ཚིག་གོ་།དེ་ལ་རྐྱེན་རྣམ་པ་ལྔ་ནི ་བསྟན་བཅོས་ཐོག་པ་ཆེན་པོ་བསྡུས་པ་ལས་བསྒོམ་པ་རྣམ་པ་ལྔས་འབྲས་བུ་རྣམ་པ་ལྔ་ཐོབ་པར་འགྱུར་རོ་ཞེས་བཤད་པ་ཉིད་དེ། དེ་ལས་ནི་བསྒོམ་པ་ལས་བལྟོས་པའི་ཕྱིར་འབྲས་བུ་ཞེས་བསྟན་ལ། འདིར་ནི་ཞི་གནས་དང་ལྷག་མཐོང་ལ་བལྟོས ་ནས་རྐྱེན་གྱི་སྟོབས་ཞེས་ཀྱང་བྱ་སྟེ། བསྒོམ་པ་རྣམ་པ་ལྔ་པོ་དེ་ཡང་བསྟན་བཅོས་ཐེག་པ་ཆེན་པོ་བསྡུས་པ་དང། ཆོས་མངོན་པ་སྣ་ཚོགས་ཀུན་ལས་བཏུས་པ་ལས། བསྒོམ་པ་ལྔ་པོ་དག་གི་མིད་བཀོད་པར་ཟད་ཀྱི། རྣམ་པར་བཤད་པ ་ནི་མེད་པས་འདིར་ནི་སློབ་དཔོན་ངོ་བོ་ཉིད་མེད་ཀྱིས་བྱས་པ་ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་དང་ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་མི་མཐུན་པ་རྣམ་པ་ཅིག་དང་སྦྱར་ན། དེ་ལ་མི་བཀོད་ནས་རྣམ་པར་བཤད་པ ་ཡང་འབྱུང་བས། དེའི་ཕྱིར་འདིར་རེ་ཤིག་ངོ་བོ་ཉིད་མེད་ཀྱིས་འགྲེལ་པ་ལ་སོགས་པ་ལ་བརྟན་ནས་བསྒོམ་པ་ལྔའི་མཚན་ཉིད་བཤད་ནས་དེའི་འོག་ཏུ་མདོ་འདི་ལས་གསུངས་པའི་འབྲས་བུ་ལྔའི་བྱེ་བྲག་བསྟན་པར་བྱའོ། །དེ་ལ་བསྒོམ ་པ་རྣམ་པ་ལྔ་ནི། བསྟན་བཅོས་ཐེག་པ་ཆེན་པོ་བསྡུས་པ་ལས་།འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་རྣམས་ས་དང་ས་ལ་ཞི་གནས་དང་ལྷག་མཐོང་བསྒོམ་པ་ན་རྣམ་པ་ལྔས་བསྒོམ་སྟེ། ལྔ་གང་ཞེ་ན། འདྲེས་པར་བསྒོམ་པ་དང་། ་མཚན་མ་མེད་པར་བསྒོམ་པ་དང། ལྷུན་གྱིས་གྲུབ་པར་བསྒོམ་པ་དང། འབར་བར་བསྒོམ་པ་དང། ཆོག་པར་མི་འཛིན་པར་བསྒོམ་པས་སོ་ཞེས་འབྱུང་སྟེ། འདི་ཉིད་ཀྱི་འགྲེལ་པ་ལས་།ཞི་གནས་ནི་ཏིང་ངེ་འཛིན་ཏེ་རྣམ་པར ་གཡེང་བའི་གཉེན་པོའོ། །ལྷག་མཐོང་ནི་ཕྱིན་ཅི་ལོག་གི་གཉེན་པོ་སྟེ་ཤེས་རབ་བོ། །ས་ནས་སངས་རྣམ་པ་དེ་ཉིད་བསྒོམ་པ་ཡང་མཚན་ཉིད་རྣམ་པ་ལྔས་ཡང་ནས་ཡང་དུ་སྒོམ་པར་བྱེད་དེ། མཚན་ཉིད་རྣམ་པ་ལྔ་ནི་འདྲེས་པར་བསྒོམ ་པ་ལ་སོགས་པ་ཉིད་དོ། །དེ་ལ་འདྲེས་པར་བསྒོམ་པ་ནི་འདི་ལྟ་སྟེ། འདྲེས་པ་ཐམས་ཅད་ཕུང་པོ་གཅིག་ཏུ་བསྡུས་ཏེ། དོགས་པ་ཉིད་བསལ་ནས་བསྒོམ་པར་བྱེད་པས། ཆོས་བསྟན་པའི་དོན་རྣམས་ཀྱིས་འདྲེས་པ་ཕུང་པོ་གཅིག ་ཏུ་འདུས་ཤིང་དེ་བཞིན་ཉིད་རབ་ཏུ་ཕྱེ་ནས་དགོངས་པ་ཉིད་སྒོམ་པ་གང་ཡིན་པའོ། །གཞན་ཀེང་རུས་ལ་སོགས་པའི་དངོས་པོའི་སྤྱོད་ཡུལ་སྒོམ་པ་ནས་ཡང་ཐམས་ཅད་གཅིག་ཏུ་བསྡུས་ཏེ། འདྲེས་པར་སྒོམ་པར་བྱེད་དོ་སྙམ་པ་དེ་བསལ་བའི་ཕྱིར། ་མཚན་མ་མེད་པ་སྒོམ་པ་ཞེས་བྱ་བ་སྨོས་ཏེ་།འདིས་ནི་གཉིས་པ་མཚན་མ་མེད་པར་སྒོམ་པ་བསྟན་ཏེ། སྒོམ་པ་ཕྱི་མ་བཞི་པོ་དག་ནི་འདྲེས་པར་སྒོམ་པར་དོན་གྱི་བྱེ་བྲག་ཏུ་གྱུར་པ་ཡོད་ཀྱང་མཚན་མ་ཐམས་ཅད་དང་བྲལ་བ་དེ་ཁོ་ན་ཉིད་ཆོས ་ཀྱི་དབྱིངས་དབྱེར་མེད་པར་བསྒོམས་པའི་ཕྱིར་ཏེ། འདིས་ནི་མཚན་མ་མེད་པ་དངོས་པོ་ཡོངས་སུ་བསལ་བའི་བྱེ་བྲག་བསྟན་ཏོ། །མཚན་མ་མེད་པར་བསྒོམ་པ་ཡང་དོན་ཉིད་མཚན་མ་མེད་པར་བྱེད་ཀྱང་རྩོལ་བ་དང་བཅས་པ་ཡིན་ནོ་སྙམ་ན་སྒོམ ་པ་དེ་རྩོལ་བ་ལ་མི་བལྟོས་པར་རང་གི་ངང་གིས་འཇུག་གོ་ཞེས་བསྟན་པའི་ཕྱིར། དེའི་འོག་ཏུ་ལྷུན་གྱིས་གྲུབ་པར་བསྒོམས་པ་ཞེས་བྱ་བ་སྨོས་ཏེ་བསྒྲིམ་མི་དགོས་པར་རང་གི་ངང་གིས་འཇུག་པའི་ཕྱིར་རོ། །འདིས་ནི་ལྷུན་གྱིས་གྲུབ་པར་སྒོམ་པ་བསྟན ་ཏོ། །བསྒྲིམ་མི་དགོས་པར་རང་གི་ངང་གིས་འཇུག་པར་བསྒོམ་པ་ཡིན་ཡང། མཆོག་དང་མཆོག་མ་ཡིན་པ་རྣམ་པ་གཉིས་སུ་འགྱུར་རོ་སྙམ་པ་གསལ་བའི་ཕྱིར་དེའི་འོག་ཏུ་བཞི་པ་འབར་བར་སྒོམ་པ་ཞེས་བྱ་བ་སྨོས་ཏེ། འབར་བ་དང་མཆོག ་ཅེས་བྱ་བ་ནི་དོན་གཅིག་གོ་།འདིས་ནི་འབར་བར་བསྒོམ་པ་བསྟན་ཏོ། །ལ་ལ་འབར་བར་བསྒོམ་པ་ཐོབ་ནས་འདི་ཐམས་ཅད་བྱས་ཟིན་ནས་གཞན་གྱིས་ཅི་ཞིག་བྱ་ཞེས་ཆོག་པར་འཛིན་པ་བསལ་བའི་ཕྱིར། །ཐ་མར་ཆོག་པར་མི་འཛིན་པར ་བསྒོམ་པས་སོ་ཞེས་བྱ་བ་སྨོས་ཏེ། མཚན་མ་མེད་པ་དང། ལྷུན་གྱིས་གྲུབ་པ་དང་འབར་བར་བསྒོམ་པ་ཁོ་ནར་ཟད་པ་མ་ཡིན་གྱི། སངས་རྒྱས་ཀྱི་འབྲས་བུ་ཁྱད་པར་ཅན་ཐོབ་པར་བྱ་བའི་ཕྱིར་བསྒོམ་པ་ལ་བརྩོན་པར་བྱའོ་ཞེས་བྱ ་བའི་ཐ་ཚིག་སྟེ། འདིས་ནི་ཆོག་པར་མི་འཛིན་པར་བསྒོམ་པ་བསྟན་ཏོ་ཞེས་འབྱུང་སྟེ། བསྒོམ་པ་རྣམ་པ་ལྔ་པོ་འདི་དག་ནི་ངོ་བོ་ཉིད་ཀྱི་བྱེ་བྲག་གསུང་རབ་ཚད་མ་ལས་ཡང་དག་པར་བསྟན་པ་མེད་ཀྱང་སྤྱིའི་མཚན་ཉིད་རྣམ་པར་ཕྱེ་སྟེ ་བསྟན་ན་ཐམས་ཅད་ཀྱང་ཏིང་ངེ་འཛིན་དང། ཤེས་རབ་དང། དེ་དག་ལྷན་ཅིག་འཇུག་པའི་ཆོས་ཀྱི་ངོ་བོ་ཉིད་དོ། །བསྟན་བཅོས་ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་མི་མཐུན་པ་རྣམ་པ་གཅིག་ལས ་ནི་གོ་རིམ་བཞིན་དུ་ཤེས་རབ་དང། མཚན་མ་དང། ཡང་དག་པའི་ལྟ་བ་དང། བརྩོན་འགྲུས་དང། དད་པའི་ངོ་བོ་ཉིད་དོ་ཞེས་བཤད་དེ། ཞིབ་ཏུ་ནི་དེ་ཉིད་ལས་བསྟན་པ་བཞིན་དུ་རིག་པར་བྱའོ། །ཐེག་པ་བསྡུས་པའི ་འགྲེལ་པ་ཧན?་ཙད་གིས་བསྒྱུར་བ་དང། དེའི་འགབ་ལོ་ལ་བསྒྱུར་བ་ལས་ནི་འདི་ལྟ་བུར་རྣམ་པར་ཕྱེ་བ་མེད་དོ། །བསྟན་བཅོས་ཆོས་མངོན་པ་སྣ་ཚོགས་ཀུན་ལས་བཏུས་པ་ལས་ནི་སྒོམ་པ་རྣམ་པ་ལྔ་པོ་དེ་དག་གི་མིང་བཀོད་པར་ཟད་ཀྱི ་རྣམ་པར་བཤད་པ་ནི་མེད། དེའི་ཕྱིར་བསྟན་བཅོས་དེ་ཉིད་ལས་འདི་ལྟར་རྣམ་པར་ལྔར་བསྒོམས་པས་འབྲས་བུ་ལྔ་ཐོབ་པར་འགྱུར་ཏེ་ལྔ་གང་ཞེ་ན། །འདི་ལྟ་སྟེ། མཚན་མ་ཉེ་བར་ཞི་བའི་སྒོམ་པ་དང་མཐུན་པའི་སྒོམ་པ་དང། །མཚན ་མ་མེད་པར་སྒོམ་པ་དང་རྩོལ་བ་མེད་པར་སྒོམ་པ་དང། མཚན་མ་བཟློག་པའི་སྒོམ་པའོ་ཞེས་འབྱུང་སྟེ་།ཆོས་མངོན་པ་སྣ་ཚོགས་ཀུན་ལས་བཏུས་པ་ལས། །མཚན་མཉེ་བར་ཞི་བསྒོམ་པ་ཞེས་འབྱུང་བ་ནི་ཐེག་པ་ཆེན་པོ་བསྡུས་པ་ལས ་འབར་བར་སྒོམ་པ་ཞེས་བསྟན་པ་ཉིད་དོ། །མཐུན་པའི་སྒོམ་པའོ་ཞེས་འབྱུང་བ་ནི་འདྲེས་པར་སྒོམ་པ་ཞེས་བསྟན་པ་ཉིད་དོ། །མཚན་མ་མེད་པར་སྒོམ་པ་དང། རྩོལ་བ་མེད་པར་སྒོམ་པ་ཞེས་འབྱུང་བ་ནི་མཚན་མ་མེད་པ་དང་ལྷུན་གྱིས ་གྲུབ་པར་སྒོམ་པ་ཞེས་བསྟན་པ་ཉིད་དོ། །མཚན་མ་བཟློགས་པའི་སྒོམ་པ་ཞེས་འབྱུང་བ་ནི་ཆོག་པར་མི་འཛིན་པར་སྒོམ་པ་ཞེས་བསྟན་པ་ཉིད་དོ། །དེ་ལྟར་བསྟན་བཅོས་གཉིས་ཐ་དད་པར་གྱུར་པ་ཡང། །སློབ་དཔོན་རྟོགས་པའི་སེང ་ཤེས་རིགས་པ་ལོགས་ཤིག་ཏུ་རྣམ་པར་བཞག་ནས། སྒོམ་པ་རྣམ་པ་ལྔའི་གོ་རིམ་དེ་ལྟར་རྣམ་པར་བཞག་པ་ཡིན་ཏེ། །འདི་ལྟར་རྣལ་འབྱོར་པས་དང་པོ་ཁོ་ནར་རྣལ་འབྱོར་ལ་འཇུག་པ་ན། །མཚན་མ་ཉེ་བར་ཞི་བར་བྱེད་ཅིང་འབར་བར་བྱེད་པས།། ་དེའི་ཕྱིར་འབར་བར་བྱེད་པ་དང་པོར་སྨོས་པ་ཡིན་ནོ། །འབྲས་བུ་ལྔ་ཞེས་བྱ་བ་ཡང་མདོ་འདི་ཉིད་ལས་གསུངས་པ་ཉིད་ཡིན་པས། །དེའི་ཕྱིར་སློབ་དཔོན་ཐོགས་མེད་ཀྱིས་བསྟན་བཅོས་ཐེག་པ་ཆེན་པོ་བསྡུས་པ་མཛད་པ་ལས། །མདོའི་ཚིག་འདི ་རྫོགས་པར་སྨོས་ཀྱི་རྣམ་པར་བཤད་པ་ནི་མ་མཛད་དོ། །སློབ་དཔོན་དབྱིག་གཉེན་དང། །ངོ་བོ་ཉིད་མེད་ཀྱིས་ནི་སོ་སོ་ནས་རྣམ་པར་བཤད་པ་མཛད་ནས། །དོན་རྣམ་པ་ལྔ་རྣམ་པར་བཤད་པས་དེའི་ཕྱིར་བསྟན་བཅོས་གཉིས་ལ་བརྟེན་ནས་མདོའི ་ཚིག་ཡང་དག་པར་བཤད་པར་བྱའོ། །ཡིད་ལ་བྱེད་པའི་ཚེ་སྐད་ཅིག་སྐད་ཅིག་ལ་གནས་ངན་ལེན་གྱི་རྟེན་ཐམས་ཅད་འཇིག་པར་བྱེད་པ་ཞེས་བྱ་བ་ལ་སོགས་པ་ནི་གཉིས་པ་རྐྱེན་རྣམ་པ་ལྔ་རྣམ་པར་ཕྱེ་སྟེ་བསྟན་བའོ། །འདི་ཡང་རྐྱེན་རྣམ་པ་ལྔ་བསྟན ་པ་ཉིད་ཀྱིས་རྣམ་པ་ལྔར?་དབྱེ་སྟེ། །འདི་ནི་དང་པོ་གནས་དན་ལེན་འཇིག་པར་བྱེད་པའི་འབྲས་བུ་བསྟན་པའོ། །དགོངས་པ་ཟབ་མོ་རྣམ་པ་དགྲོལ་བའི་མདོ་ལས་ནི་སྐད་ཅིག་སྐད་ཅིག་ལ་ཉོན་མོངས་པའི་ལུས་ཀྱི་རྟེན་ཐམས་ཅད་འགོག་པར་བྱེད་པ་ཞེས ་འབྱུང་སྟེ་།སློབ་དཔོན་ཐོགས་མེད་ནི་མདོ་འདི་ཉིད་ལ་བརྟེན་ནས་བསྟན་བཅོས་མཛད་དོ། །སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་འགྲེལ་པ་ལས། ཉོན་མོངས་པའི་སྒྲིབ་པ་དང་ཤེས་བྱའི་སྒྲིབ་པ་ཐོག་མ་མེད་པའི་དུས་ནས་ཡོངས་སུ་བསྒོས་པའི ་ས་བོན་གང་ཡིན་པ་དེ་ནི་གནས་ངན་ལེན་ཅེས་གསུངས་ཏེ། སྒྲིབ་པའི་ཕུང་པོ་འདི་གཉིས་ཀྱང་འདྲེས་པའི་ཆོས་ལ་དམིགས་པའི་ཞི་གནས་དང་ལྷག་མཐོང་གི་ཤེས་པའི་སྟོབས་ཀྱིས་སྐད་ཅིག་རེ་རེ་ལ་འཇིག་པར་བྱེད་དེ། འདིར་དོན་དུ་སྒྲིབ་པའི ་ཕུང་པོ་འཇིག?་པར་བྱེད་པ་བཟུང་པའི་ཕྱིར་ཡང་འཇིག་པར་བྱེད་པ་ཞེས་བྱའོ། །ཉོན་མོངས་པ་ཤིན་ཏུ་ཉམས་སྨད་པར་བྱེད་པའི་ཕྱིར་ཡང་འཇིག་པར་བྱེད་པའོ་ཞེས་འབྱུང་ངོ། །སློབ་དཔོན་ངོ་བོ་ཉིད་མེད་ཀྱི་འགྲེལ་པ་ལས། ་ཀུན་གཞི་རྣམ་པར་ཤེས་པ་ནི་གནས་ངན་ལེན་གྱི་རྟེན་ཞེས་བྱ་སྟེ། དེའི་ཚེ་ཚོགས་ཉམས་ཤིང་འཇིག་པར་བྱེད་པའི་ཕྱིར་འཇིག་པར་བྱེད་པའོ་ཞེས་བྱའོ་ཞེས་འབྱུང་སྟེ། འདིར་བསྟན་བཅོས་གཉིས་ཀྱི་དགོངས་པ་བྱེ་བྲག་བསྟན་ན། སློབ་དཔོན ་དབྱིག་གཉེན་ནི་ས་བོན་ལ་གནས་ངན་ལེན་ཞེས་བསྟན་ཏེ། ལས་སུ་རུང་བ་མེད་པའི་ཕྱིར་རོ། །གནས་ཞེས་ཀྱང་བསྟན་ཏེ། གནས་སུ་སྣང་བའི་ཕྱིར་རོ། །ས་བོན་གཏན་དུ་སྤང་བས་འཇིག་པར་བྱེད་པ་ཞེས་བྱའོ། །མངོན་དུ་སྣང་བའི་ས ་བོན་རྣམ་པར་གནོན་པས་ཤིན་དུ་ཉམས་སྨད་པར་བྱེད་པ་ཞེས་བྱའོ་ཞེས་བསྟན་ཏོ། །སློབ་དཔོན་ངོ་བོ་ཉིད་མེད་ནི་སྣང་བའི་རྣམ་པ་ཤེས་པ་ལ་རྟན་དུ་བསྟན་ཏོ། །ས་བོན་དང་སྣང་བ་གཅིག་ཏུ་བསྡུས་པ་ལ་ནི་ཚོགས་ཞེས་བསྟན་ཏོ། །ཚོགས ་པའི་ནང་ནས་བརྡོ?་ཁོ་ན་ཉམས་པར་བྱེད་ཀྱི་སྣང་བ་ནི་མ་ཡིན་པའི་ཕྱིར་ཉམས་ཤིང་འཇིག་པར་བྱེད་པ་ཞེས་བསྟན་ཏོ། །ཡང་སློབ་དཔོན་ངོ་བོ་ཉིད་མེད་ཀྱི་དགོངས་པ་ཡང། སློབ་དཔོན་དབྱིག་གཉེན་དང་མཐུན་པར་བཤད་ན་ངོན་དུ་འགལ་བ་མེད ་དོ། །བསྟན་བཅོས་ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་དེའི་འགབ་ལོ་ལ་བསྒྱུར་པ་ལས་ནི་སློབ་དཔོན་དབྱིག་གཉེན་གྱིས་བཤད་བ་དང་མཐུན་པར་འབྱུང་ངོ། །ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་ལྱང་གི་ཚེ་བསྒྱུར་བ་ལས་ཉོན་མོངས་པའི ་སྒྲིབ་པ་དང། ཤེས་བྱའི་སྒྲིབ་པ་ནི་གནས་ངན་ལེན་ཞེས་བྱ་སྟེ། རྩ་བའི་རྣམ་པར་ཤེས་པ་ལ་ཀུན་ནས་ཉོན་མོངས་པའི་ཕྱོགས་ཡོངས་སུ་བསྒོས་པའི་ས་བོན་ཡོད་པ་ཐམས་ཅད་ཀྱིས་ནི་འདི་གཉིས་ཀྱི་རྟེན་གྱི་ཆོས་བྱེད་དོ། །སྐད་ཅིག་མ་དང་པོས ་ནི་དེ་མ་ཐག་པའི་ལམ་བྱེད་ལ། སྐད་ཅིག་མ་གཉིས་པས་ནི་རྣམ་པར་གྲོལ་བའི་ལམ་བྱེད་སྐད་ཅིག་མ་དང་པོས་ནི་མངོན་དུ་སྣང་བའི་ཉོན་མོངས་པ་ཉེ་བར་ཞི་བར་བྱེད་ལ་སྐད་ཅིག་མ་གཉིས་པས་ནི་མ་འོངས་པའི་ཉོན་མོངས་པ་མི་སྐྱེ་བར་བྱེད་དོ་ཞེས་? ་འབྱུང་བས། དེས་ན་ས་ཐམས་ཅད་ལ་ཡང་ཉོན་མོངས་པའི་སྒྲིབ་པ་སྤོང་བར་མངོན་ནོ། །སྣ་ཚོགས་ཀྱི་འདུ་ཤེས་དང་བྲལ་ཏེ་།ཆོས་ཀྱི་དགའ་བའི་དགའ་བ་ཐོབ་པ་ཞེས་བྱ་བ་ནི་གཉིས་པ་ཆོས་ཀྱི་དགའ་བ་ཐོབ་པའི་འབྲས་བུ་བསྟན་པའོ། །དགོངས ་པ་ཟབ་མོ་རྣམ་པར་དགྲོལ་བའི་མདོ་ལས་ནི་འདུ་ཤེས་སྣ་ཚོགས་རྣམ་པར་སྤངས་ཏེ། ཆོས་ཀྱི་དགའ་བའི་དགའ་བ་ཐོབ་པ་ཞེས་འབྱུང་ངོ། །སློབ་དཔོན་ཐོགས་མེད་ཀྱིས་མཛད་པའི་བསྟན་བཅོས་ལས་ཀྱང་སྣ་ཚོགས་ཀྱི་འདུ་ཤེས་དང་བྲལ་ཞིང་ཆོས ་ཀྱི་ཀུན་དགའ་ལ་དགའ་བ་ཐོབ་པ་ཞེས་འབྱུང་ངོ། །སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་འགྲེལ་པ་ལས་ནི། རྣམ་གྲངས་གཉིས་ཀྱིས་སྟོན་ཏོ། །རྣམ་གྲངས་དང་པོ་ལས་ནི་མདོའི་སྡེ་ལ་སོགས་པའི་ཆོས་ཀྱི་ངོ་བོ་ཉིད་སྣ་ཚོགས་ལ་གནས་པས། ་དེ་ལྟར་ངོ་བོ་ཉིད་སྣ་ཚོགས་ཀྱི་འདུ་ཤེས་ཡོངས་སུ་སྤངས་པ་གང་ཡིན་པ་ང་ནི་ཆོས་ཀྱི་ཀུན་དགའ་ཨི་དགའ་བ་ཐོབ་པ་ཡིན་ཏེ། དེ་གནས་སུ་གྱུར་པའི་ཕྱིར་ཀུན་དགའ་ཞེས་བྱའོ་ཞེས་འབྱུང་སྟེ། འདི་ཉིད་ཀྱི་འགྲེལ་པ་ལས་འདིས་ནི་བསྟན་པ་སྤངས ་ནས་དེ་བཞིན་ཉིད་རོ་གཅིག་པ་ཐོབ་པའི་དབང་དུ་མཛད་ནས་ཆོས་ཀྱི་དགའ་བ་ཞེས་བསྟན་ཏོ། །དེ་ལ་མདོའི་སྡེ་ལ་སོགས་པའི་ཆོས་ཀྱི་ངོ་བོ་ཉིད་སྣ་ཚོགས་ལ་གནས་པ་ཞེས་བྱ་བ་ལ་གསུངས་རབ་ཡན་ལག་བཅུ་གཉིས་ནི། མདོའི་སྡེ་ལ་སོགས ་པ་ཞེས་བྱའོ། །བཅུ་གཉིས་མི་མཐུན་པ་ཉིད་ནི་སྣ་ཚོགས་ལ་གནས་པ་ཞེས་བྱའོ། །ཡང་ན་མདོའི་སྡེ་ལ་སོགས་པའི་ཆོས་ནི་རྗོད་པར་བྱེད་པའི་བསྟན་པའོ། །ངོ་བོ་ཉིད་སྣ་ཚོགས་ལ་གནས་པ་ནི་བརྗོད་པར་བྱ་བའི་དོན་དེ། ཆོས་དང་དོན་སྣ ་ཚོགས་ཀྱི་ངོ་བོ་ཉིད་ཀྱི་འདུ་ཤེས་སྤངས་པས་ན་ཆོས་ཀྱི་ཀུན་དགའ་ཨི་དགའ་བ་ཐོབ་པ་ཞེས་བཤད་དོ། །རྣམ་གྲངས་གཉིས་པ་ལས་ནི་དོན་གཞན་དུ་ན་ཇི་ལྟར་ན་ཡོངས་སུ་བཟུང་བ་རྟོག་པ་དང། དཔྱོད་པའི་ཆོས་དག་མྱོང་བ་དང་སོ ་སོར་རྟོག་པར་རག་ཤིང་གསལ་བ་མ་བསྐྱེད་པར་ཡང་ཞི་གནས་དང་ལྷག་མཐོང་གི་སྣང་བ་ཡིད་ལ་བྱེད་པའི་དབང་གིས་མྱོང་ཞིང། སོ་སོར་རྟོག་པ་ཤིན་ཏུ་ཕྲ་མོ་འབྱུང་བ་གང་ཡིན་པའོ་ཞེས་འབྱུང་སྟེ་།འདི་ཉིད་ཀྱི་འཕྲེལ་པ་ལས་འདི་ནི་བསྟན་པའི་དོན ་དག་ལ་ཕྲ་བ་ཉིད་དུ་སོ་སོར་རྟོག་པའི་དབང་དུ་མཛད་ནས། ཆོས་ཀྱི་ཀུན་དགའ་ཨི་དགའ་བ་ཞེས་བསྟན་ཏོ། །འདི་ནི་ལོགས་ཤིག་ནས་རྟོག་པ་དང་དཔྱོད་པ་དང་བཅས་པ་ལ་སོགས་པ་ཏིང་ངེ་འཛིན་རྣམ་པ་གསུམ་བསྟན་པ་ལས། ཏིང་ངེ་འཛིན་གཉིས ་དེ་འདི་ལྟར་མྱོང་བ་དང། སོ་སོར་རྟོག་པ་རགས་ཤིང་གསལ་བ་དང་བྲལ་ནས་ཤིན་ཏུ་ཕྲ་བའི་སྣང་བ་ཡིད་ལ་བྱེད་པ་དང་ལྡན་པའི་མྱོང་བ་དང་སོ་སོར་རྟོག་པ་གང་ཡིན་པ་དེ་ནི་བསྟན་པའི་ཆོས་ལ་བརྟེན་པའི་མྱོང་བ་དང། སོ་སོར་རྟོག་པ་ཞེས་ཀྱང་བྱ ་ཆོས་ཀྱི་ཀུན་དགའ་དགའ་བ་ཞེས་ཀྱང་བྱའོ། །གསུམ་པ་དེ་ནི་ཆོས་རྣམས་ཀྱི་མཚན་མ་ཡིད་ལ་བྱེད་པ་ཅི་ཡང་མེད་པའི་མྱོང་བ་དང་སོ་སོ་རྟོག་པ་ཡིན་པས་དེའི་ཕྱིར་ཆོས་ཀྱི་དགའ་བའི་དགའ་བ་ཞེས་མི་བྱའོ་ཞེས་བཤད་དོ། །ངོ་བོ་ཉིད་མེད་ཀྱི ་འགྲེལ་པ་ལ་ནི་བདག་དང་ཆོས་དང་སངས་རྒྱས་ལ་སོགས་པའི་མཚན་མའི་འདུ་ཤེས་དང་བྲལ་བའི་ཕྱིར་རོ། །ཀུན་དགའ་ནི་འདི་ལྟ་སྟེ། འདིར་ཀུན་དགའ་བས་ཀུན་དགའ་སྟེ། འདི་ལྟར་ཆོས་ཀྱི་དབྱིངས་ནི་ཀུན་དགའ་ཡིན་པའི་ཕྱིར། ཆོས་ཀྱི ་ཀུན་དགའ་ཞེས་བྱ་སྟེ། འདིར་དགའ་ཞིང་ཚིམ་པ་ཡིན་པ་དེ་ནི་ཆོས་ཀྱི་ཀུན་དགའ་ཨི་དགའ་བ་ཞེས་བྱའོ། །དེ་ཉིད་ཐོབ་པའི་ཕྱིར་ཆོས་ཀྱི་ཀུན་དགའ་ཨི་དགའ་བ་ཐོབ་པ་སྟེ་།དཔེར་ན་རྒྱལ་པོའི་ཕོ་བྲང་གི་ཕྱི་རོལ་གྱི་ཀུན་དགའ་འམ་སྐྱེད་མོས་ཚལ་གྱི་ ་ནོ་མེ་པ་དག་ཏུ་དེར་རྩེ་ཞིང་དགའ་བ་ཁྱད་པར་དུ་འཕགས་པ་མྱོང་བ་ལྟར་ཆོས་ཀྱི་དབྱིངས་སུ་ཡང་དེ་བཞིན་ནོ་ཞེས་འབྱུང་སྟེ། དེ་ཉིད་ཀྱི་འགྲེལ་པ་ལས་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་བགྲོད་པའི་གནས། ཆོས་ཀྱི་དབྱིངས་ཀྱི་ཀུན་དགའ་ར་བར་རྣམ ་པར་མི་རྟོག་པའི་ཡེ་ཤེས་དང་མཚུངས་པར་ལྡན་པའི་དགའ་བ་ཐོབ་པ་ཞེས་བཤད་དེ། ཕལ་ཆེར་སློབ་དཔོན་དབྱིག་གཉེན་གྱིས་བཤད་པའི་རྣམ་གྲངས་དང་པོ་དང་མཐུན་ནོ། །དེ་ལ་བྱེ་བྲག་ཡོད་པ་ཡང་སློབ་དཔོན་དབྱིག་གཉེན་ནི་མདོའི་སྡེ་ལ་སོགས ་པའི་འདུ་ཤེས་ཁོ་ན་ལས་སོ། །སློབ་དཔོན་ངོ་བོ་ཉིད་མེད་ནི་དཀོན་མཆོག་གསུམ་གྱི་མཚན་མའི་འདུ་ཤེས་ཚང་བར་སྣང་བ་ལས་སོ། །དེ་ལ་བདག་དང་བྲལ་བ་ཞེས་བྱ་བ་ནི་འདི་ལྟ་སྟེ། །སངས་རྒྱས་དང་དགེ་འདུན་གྱི་མཚན་མ་དང་བྲལ་བའོ། །ཆོས ་དང་བྲལ་པ་ཞེས་བྱ་བ་ནི་ཆོས་དཀོན་མཆོག་གི་མཚན་མ་དང་བྲལ་བའོ། །བསྟན་བཅོས་ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་དེའི་འགབ་ལོ་ལ་བསྒྱུར་བ་ལས་ཀྱང། །ཕལ་ཆེར་ཧྭན?་ཙང་གིས་བསྒྱུར་བ་ལས་བསྟན་པ་དང་མཐུན་པར་བཤད་དོ། །ལྱང ་གི་ཚེ་བསྒྱུར་བ་ལས་ནི་བཤད་པ་ཕྱི་མ་མི་འབྱུང་སྟེ། །བཞན་ནི་ཧྲན་ཙང་གིས་བསྒྱུར་བ་ལས་འབྱུང་བ་དང་མཐུན་པར་བཤད་དོ། །ཕྱོགས་བཅུ་བྱེ་བྲག་མེད་པའི་མཚན་ཉིད་དང་ཆོས་ཀྱི་སྣང་བ་ཚད་མེད་པ་ཡང་དག་པར་ཤེས་པ། ཞེས་བྱ་བ་ནི་གསུམ ་པ་ཆོས་ཀྱི་སྣང་བ་ཡང་དག་པར་ཁོང་དུ་ཆུད་པའི་འབྲས་བུ་བསྟན་པའོ། །དགོངས་པ་ཟབ་མོ་རྣམ་པར་དགྲོལ་བའི་མདོ་ལས་ནི་ཡང་དག་པ་ཇི་ལྟ་བ་བཞིན་དུ། ཕྱོགས་བཅུའི་མཛའ་ཚད་མེད་པ་ཤེས་པ་དང། ཆོས་ཀྱི་སྣང་བ་ཚད་མེད་པ ་ཡང་དག་པར་ཤེས་པ་འབྱུང་ངོ། །སློབ་དཔོན་ཐོགས་མེད་ཀྱིས་མཛད་པའི་བསྟན་བཅོས་ལས་ནི། ཆོས་ཀྱི་སྣང་བ་ཆེན་པོ་ཐམས་ཅད་དུ་ཚད་མེད་ཅིང་རྣམ་པ་ཡོངས་སུ་མ་ཆད་པའི་མཚན་ཉིད་ཡང་དག་པར་ཤེས་པ་ཞེས་འབྱུང་ངོ། །སློབ ་དབོན་དབྱིག་གཉེན་གྱིས་མཛད་པའི་འགྲེལ་པ་ལས་ནི་ཕྱོགས་ཅུ་མཛའ་མེད་པ་རྣམ་པ་ཡོངས་སུ་མ་ཆད་པའི་མཚན་ཉིད་ཡང་དག་པར་ཤེས་པ་དག་ནི། དཔེར་ན་ཡི་གེའི་སྣང་བ་ལེགས་པར་ཁ་ཏོན་དུ ་འདོན་པ་ལྟ་བུ་ཡིན་བས། ཆོས་ཀྱི་སྣང་བ་ཞེས་བྱའོ་ཞེས་འབྱུང་ངོ། །སློབ་དཔོན་ངོ་བོ་ཉིད་མེད་ཀྱི་འགྲེལ་པ་ལས་ནི་ཕྱོགས་བཅུ་འདི་ཙམ་ཞེས་མཛའ་མེད་ཅིང་རྣམ་པ་ཡོངས་སུ་མཆད་པར་གསལ་བར་འཇུག་པའི་ཕྱིར་ཆོས་ཀྱི་སྣང་བ་ཞེས ་བྱ་སྟེ་།དཔེར་ན། ཡི་གེའི་སྣང་བ་ལེགས་པར་ཁ་ཏོན་དུ་འདོན་པ་ལྟ་བུའོ་ཞེས་འབྱུང་ངོ། །འགྲེལ་པ་གཉིས་ལས་ཆོས་ཀྱི་སྣང་བ་བསྟན་པ་དེ་ལ་ཡང་བཤད་པ་རྣམ་པ་གཉིས་ཡོད་དེ། ཁ་ཅིག་ན་རེ་མདོའི་སྡེ་ཁ་ཏོན་དུ་བྱེད་པས་ཆོས་ཀྱི་སྣང་བ ་ཐོས་ནས་སེམས་ལ་སྣང་བ་ཡིན་ནོ་ཞེའོ། །ཁ་ཅིག་ན་རེ་མིང་དང་ཚིག་དང་ཡི་གེའི་ཚོགས་མི་བརྗེད་པར་དམིགས་པར་བྱེད་པའི་སེམས་ཀྱིས་གསལ་བར་དྲན་པའི་ཕྱིར་ཆོས་ཀྱི་སྣང་བ་ཞེས་བྱའོ་ཞེའོ། །གཞན་ཡང་བཤད་པ་རྣམ་པ་གཉིས་ཡོད་དེ། ་ཁ་ཅིག་ན་རེ་ཕྱིས་ཐོས་པས་ཤེས་པར་བྱ་བ་རྒྱུ་མཚན་གྱི་རྣམ་པ་སྣང་བ་གང་ཡིན་པ་དེ་ནི་ཆོས་ཀྱི་སྣང་བ་ཞེས་བྱའོ་ཞེའོ། །ཁ་ཅིག་ན་རེ་མཚན་རྟོགས་པའི་ལྟ་བ་གང་ཡིན་པ་དེ་ནི་ཆོས་ཀྱི་སྣང་བ་ཞེས་བྱའོ་ཞེའོ། །ཐེག་པ་ཆེན་པོ་བསྡུས་པའི་བསྟན ་བཅོས་མི་མཐུན་པ་རྣམ་པ་གཉིས་ལས་ནི། གསལ་བར་མཐོང་བའི་ཤེས་པ་གང་ཡིན་པ་དེ་ནི་ཆོས་ཀྱི་སྣང་བ་ཞེས་བྱའོ་ཞེས་བཤད་དེ། དགོངས་པ་ཡོངས་སུ་གྲུབ་པ་དང་མཚུངས་པར་ལྡན་པ་རྣམ་པར་དག་པའི་ཕྱོགས་རྣམ་པར་རྟོག་པ་མེད་བའི ་མཚན་མ་རྒྱུན་མི་འཆད་པ་མངོན་སུམ་དུ་གྱུར་པ་ཞེས་བྱ་བ་ནི་བཞི་པ་རྒྱུ་དང་ཡེ་ཤེས་མངོན་དུ་སྣང་བའི་འབྲས་བུ་བསྟན་པའོ། །དགོངས་པ་ཟབ་མོ་རྣམ་པར་དགྲོལ་བའི་མདོ་ལས་ནི། བྱ་བ་ཡོངས་སུ་གྲུབ་པ་དང་མཚུངས་པར་ལྡན་པ་རྣམ་པར ་དག་པའི་ཕྱོགས་རྣམ་པར་རྟོག་པ་མེད་པའི་མཚན་མ་མངོན་སུམ་དུ་གྱུར་པ་ཞེས་འབྱུང་ངོ། །སློབ་དཔོན་ཐོགས་མེད་ཀྱིས་མཛད་པའི་བསྟན་བཅོས་ལས་ནི་རྣམ་པར་དག་པའི་ཆ་མཐུན་པ་རྣམ་པར་མ་བརྟགས་པའི་མཚན་མ་མེད་པ་ཀུན་དུ་འབྱུང་བ་ཞེས་འབྱུང་ངོ། ་སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་འགྲེལ་པ་ལས་འདི་ལྟ་སྟེ་།དངོས་པོ་ཡོངས་སུ་གྲུབ་པ་དང་མཚུངས་པར་ལྡན་པའི་ཆོས་རྣམས་ནི། རྣམ་པར་དག་པའི་ཆ་དང་འཐུན་པ་མཚན་མ་མེད་པ་ཀུན་དུ་འབྱུང་བ་ཞེས་བྱ་སྟེ། འདིར་དོན་དུ་ན་བླ་ན་མེད་པའི ་བྱང་ཆུབ་ཀྱི་འབྲས་བུ་ཐོབ་པ་གང་ཡིན་པ་དེ་ལ་དངོས་པོ་ཡོངས་སུ་གྲུབ་པ་ཞེས་བྱ་བར་གཟུང་ངོ་ཞེས་འབྱུང་སྟེ། སློབ་དཔོན་དབྱིག་གཉེན་ནི་སློབ་དཔོན་ཐོགས་མེད་ཀྱི་དགོངས་པ་ཡོངས་སུ་གཟུང་ནས། རྒྱུ་ཁོ་ན་སྨོས་ཀྱི་འབྲས་བུ་རྣམ་པར་ཕྱེ་བའི་ཕྱིར་མདོ ་ལས་གསུངས་པའི་དངོས་པོ་ཡོངས་སུ་གྲུབ་པ་ཞེས་བྱ་བ་དེ་འགྲེལ་པའི་ཚིག་ཏུ་བསྟན་ནས་བསྟན་བཅོས་དེ་རྣམ་པར་བཤད་པ་ཡིན་ནོ། །སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་འགྲེལ་པ་ལས་མདོའི་ཚིག་འདི་བཤད་པ་དང་སྦྱར་ན། དགོངས་པ་ཡོངས ་སུ་གྲུབ་པ་ཉིད་ནི་སངས་རྒྱས་སུ་གྲུབ་པའི་འབྲས་བུའོ། །མཚུངས་པར་ལྡན་པ་མན་ཆད་ནི་རྒྱུའི་མིང་བསྟན་པའོ་ཞེས་བཤད་དོ། །སློབ་དཔོན་ངོ་བོ་ཉིད་མེད་ཀྱི་འགྲེལ་པ་ལས། མ་འོངས་པ་ན་སངས་རྒྱས་ཉིད་དུ་འགྱུར་བ་ནི། རྣམ་པར་དག་པའི་ཆ་ཞེས ་བྱའོ། །འདིས་དེ་འདྲེན་པར་བྱེད་པའི་ཕྱིར། །རྣམ་པར་མ་བརྟགས་པའི་མཚན་མ་མད་པ་ཀུན་དུ་འབྱུང་བ་དང་མཐུན་པ་ཞེས་འབྱུང་སྟེ། ངོ་བོ་ཉིད་མེད་ཀྱི་སློབ་དཔོན་ཐོགས་མེད་ཀྱིས་བསྟན་པའི་རྣམ་པར་དག་པའི་ཆ་རྣམ་པར་བཤད་པ་གང་ཡིན་པ ་དེ་ཉིད་མདོ་ལས་གསུངས་པའི་དགོངས་པ་ཡོངས་སུ་གྲུབ་པ་ཉིད་དོ། །མཐུན་པ་དང་རྣམ་པར་མ་བརྟགས་པ་ཞེས་བྱ་བ་ལ་སོགས་པ་ནི་རྒྱུད་མིང་བསྟན་པ་ཉིད་དོ། །སློབ་དཔོན་ངོ་བོ་ཉིད་མེད་ཀྱིས་འགྲེལ་པ་ལས་།མདོའི་ཚིག་འདི་རྣམ་པར ་བཤད་པ་དང་སྦྱར་ན་།དགོངས་པ་ཡོངས་སུ་གྲུབ་པ་ཞེས་བྱ་བ་ནི་འབྲས་བུའི་མིང་ངོ། །མཚུངས་པར་ལྡན་པ་རྣམ་པར་དག་པའི་ཕྱོགས་ཞེས་བྱ་བ་ལ་སོགས་པ་ནི་རྒྱུའི་མིང་སྟེ། རྣམ་པར་དག་པའི་ཕྱོགས་ཞེས ་བསྟན་པ་ནི་དངོས་པོ་ཡོངས་སུ་གྲུབ་པ་ཉིད་དོ། །མདོ་ལས་དགོངས་པ་ཡོངས་སུ་གྲུབ་པ་ཞེས་ལོགས་ཤིག་ཏུ་སྨོས་པས། དེའི་ཕྱིར་མཚུངས་པར་ལྡན་པ་རྣམ་པར་དག་པའི་ཕྱོགས་ཞེས་བྱ་བ་ནི་རྒྱུའི་མིང་ཞེས་བསྟན་ཏོ། །དེ་ལྟར་འགྲེལ ་པ་རྣམ་པ་གཉིས་མི་མཐུན་པས། འདིར་མདོའི་ཚིག་འདི་སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་འགྲེལ་པ་དང་སྦྱར་ནས་བཤད་པ་ཡིན་ཏེ་བརྟགས་ན་ཁོང་དུ་ཆུད་པར་འགྱུར་རོ། །ཆོས་ཀྱི་སྐུ་ཐོབ་པ་དང། ཡོངས་སུ་གྲུབ་པ་དང། ཡོངས་སུ ་རྫོགས་པར་བྱ་བའི་ཕྱིར། གོང་མ་བས་ཆོས་གོང་མ་ཁྱད་པར་དུ་འཕགས?་པ། གྱ་ནོམ་པའི་རྒྱུ་ཡོངས་སུ་འཛིན་པར་བྱེད་དོ་ཞེས་བྱ་བ་ནི་ལྔ་པ་གོང་མ་བས་ཆོས་གོང་མའི་རྒྱུའི་འབྲས་བུ་བསྟན་པའོ། །དགོངས་པ་ཟབ་མོ་རྣམ་པར་དགྲོལ་བའི་མེད ་ལས་ནི་ཆོས་ཀྱི་སྐུ་ཡོངས་སུ་གྲུབ་པ་དང། རྒྱུ་མཆོག་ཏུ་གྱུར་པ་དང་ཁྱད་པར་དུ་གྱུར་བ་དང། ཁྱད་པར་དུ་འཕགས་པ་ཐོབ་པར་འགྱུར་རོ་ཞེས་འབྱུང་ངོ། །སློབ་དཔོན་ཐོགས་མེད་ཀྱིས་མཛད་པའི་བསྟན་བཅོས་ལས་ནི། ཆོས་ཀྱི་སྐུ་ཡོངས ་སུ་རྫོགས་པར་བྱ་བ་དང། ཡོངས་སུ་གྲུབ་པར་བྱ་བའི་ཕྱིར། གོང་མ་བས་ཆེས་གོང་མའི་རྒྱུ་ཡོངས་སུ་འཛིན་པར་བྱེད་དོ་ཞེས་འབྱུང་ངོ། །སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་འགྲེལ་པ་ལས། འདི་ལྟ་སྟེ། ས་བཅུ་པའི་ཆོས་ཀྱི ་སྐུ་གང་ཡིན་པ་དེ་ནི་ཡོངས་སུ་རྫོགས་པ་ཞེས་བྱའོ། །བཅུ་གཅིག་པ་སངས་རྒྱས་ཀྱི་སའི་ཆོས་ཀྱི་སྐུ་གང་ཡིན་པ་དེ་ནི་ཡོངས་སུ་གྲུབ་པ་ཞེས་བྱའོ། །རྒྱུ་ཐམས་ཅད་ལས་གང་གིས་སངས་རྒྱས་ཀྱིས་སྐྱེད་པ་གང་ཡིན་པ་དེ་ནི་མཆོག་དང་ཁྱད་པར ་དུ་འཕགས་པ་ཡིན་པས་དེའི་ཕྱིར་གོང་མ་བས་ཆོས་གོང་མ་ཁྱད་པར་དུ་འཕགས་པའི་རྒྱུ་ཡང་ཡང་དག་པར་ཡོངས་སུ་འཛིན་པར་བྱེད་དོ་ཞེས་བྱ་བ་སྟན་ཏོ་ཞེས་འབྱུང་ངོ། །ངོ་བོ་ཉིད་མེད་ཀྱི་འགྲེལ་པ་ལས་ཀྱང་འདི་ལྟ་སྟེ། ས་བཅུ་པ་གང་ཡིན་པ་དེ་ནི ་ཡོངས་སུ་རྫོགས་པ་ཞེས་བྱའོ། །སངས་རྒྱས་ཀྱི་ས་མངའ་བ་གང་ཡིན་པ་དེ་ནི་ཡོངས་སུ་གྲུབ་པ་ཞེས་བྱ་སྟེ། འདི་ཐོབ་པར་བྱེད་པའི་རྒྱུ་གང་ཡིན་པ་དེ་ནི་མཆོག་དང་ཁྱད་པར་དུ་འཕགས་པ་ཡིན་པས། ཁྱད་པར་དུ་འཕགས་པའི་རྒྱུ་ཞེས་བཤད་དེ། ་རྒྱུ་སྔ་མ་སྔ་མ་ལས་འབྱུང་བའི་ཕྱིར། གང་མ་བས་ཆེས་གོང་མ་ཞེས་བྱ་བ་གསུངས་སོ། །ཁ་ཅིག་ན་རེ་ས་བཅུ་པ་ནི་ཡོངས་སུ་གྲུབ་པ་ཞེས་བྱ་བ་ལ། སངས་རྒྱས་ཀྱི་ས་ལ་ནི་ཡོངས་སུ་རྫོགས་པ་ཞེས་བྱ་ན་ནི། བསྟན་བཅོས་རྣམས་དང་འགལ་བར ་འགྱུར་རོ། །ཞེས་ཟེར་རོ་ཞེས་འབྱུང་སྟེ། ཆོས་ཀྱི་སྐུ་ཐོབ་པ་དང། ཡོངས་སུ་གྲུབ་པ་དང། ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་རོ་ཞེས་གསུངས་པ་ནི་བསྟན་བཅོས་ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་དེའི་འགབ་ལོ་དང། ལྱང་གི་ཚེ་བསྒྱུར་བ་ལས ་འབྲས་བུ་བཞི་རྣམ་པར་རྟོགས་པར་འབྱུང་བས། མདོ་འདི་དང་འགལ་བར་འགྱུར་ལ། གཞན་ནི་ཧྭན་ཙང་གིས་བསྒྱུར་བའི་དཔེ་དང་མཐུན་པར་འབྱུང་ངོ། །མདོའི་ཚིག་འདི་བཤད་ཟིན་ཏོ། །བསྟན་བཅོས་རྣམས་ལས་ཐ་དད་པའི་བྱེ་བྲག་ཀྱང་རྣམ་པ་བ་བཞི ་ཡོད་པས། དང་པོ་ནི་མིང་རྣམ་པར་བཞག་ནས་འབྲས་བུ་དང་མ་སྦྱར་བ་སྟེ། འབྲས་བུའི་མིང་ལོགས་ཤིག་ཏུ་རྣམ་པར་བཞག་ནས་བསྒོམ་པ་རྣམ་པ་ལྔས། ལོགས་ཤིག་ཏུ་འབྲས་བུ་རྣམ་པ་ལྔ་དང་མ་སྦྱར་བ་ཡིན་པ་སྟེ། བསྟན་བཅོས་མདོ་སྡེའི ་རྒྱན་ལས་ཇི་སྐད་དུ་འབྱུང་བ་ཕྱིས་འོག་ནས་བསྟན་པ་ལྟ་བུའོ་།གཉིས་པ་ནི་འབྲས་བུ་དང་སྦྱར་ནས་མིང་རྣམ་པར་མ་གཞག་པ་!སྟེ། བསྒོམ་པ་རྣམ་པ་ལྔས་ལོགས་ཤིག་ཏུ་འབྲས་བུའི་མིང་རྣམ་པར་བཞག་པ་གང་ཡིན་པ་སྟེ་།སློབ་དཔོན་ངོ་བོ་ཉིད་ ་མེད་ཀྱི་འགྲེལ་པ་ལས་བཤད་པ་ལྟ་བུའོ། །དེའི་ཕྱིར་དེ་ཉིད་ལས་དེ་ལྟར་བསྒོམ་པ་རྣམ་པ་ལྔ་པོ་དེ་ཡང་གྲངས་ཀྱི་གོ་རིམས་བཞིན་དུ་འབྲས་བུ་རྣམ་པ་ལྔ་ཐོབ་པར་འགྱུར་རོ་ཞེས་འབྱུང་བ་ཡིན་ནོ། །གསུངས ་པ། མིང་ཡང་རྣམ་པར་བཞག་ལ་འབྲས་བུ་དང་ཡང་སྦྱར་བ་སྟེ། འབྲས་བུའི་མིང་ཡང་ལོགས་ཞིག་ཏུ་རྣམ་པར་བཞག་ལ་འབྲས་བུ་རྣམ་པ་ལྔ་དང་སྦྱར་བ་སྟེ། བསྟན་བཅོས་ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་ཁྱེར?་གི་ཚེ་བསྒྱུར་བ་ལས ་ཇི་སྐད་དུ་བསྟན་པ་ལྟ་བུའོ། །དེའི་ཕྱིར་དེ་ཉིད་ལས་ཉོན་མོངས་པ་ཉེ་བར་ཞི་ནས་མི་སྐྱོ་བའི་འབྲས་བུ་གང་ཡིན་པ་དེ་ནི་འདྲེས་པར་བསྒོམས་པས་ཐོབ་པའོ། །སངས་རྒྱས་ཀྱི་ཆོས་ཡོངས་སུ་གྲུབ་པའི་འབྲས་བུ་གང་ཡིན་བའི?་ནི་མཚན་མ་མེད ་པར་བསྒོམས་པས་ཐོབ་པའོ། །ཡེ་ཤེས་གཉིས་ཀྱི་འབྲས་བུ་གང་ཡིན་པ་དེ་ནི་ལྷུན་གྱིས་གྲུབ་པར་བསྒོམས་པས་ཐོབ་པའོ། །ངེས་པར་འབྱུང་བའི་འབྲས་བུ་གང་ཡིན་པ་དེ་ནི་འབར་བར་བསྒོམས་པས་ཐོབ་པའོ། །ཡོངས་སུ་རྫོགས་པའི་འབྲས ་བུ་གང་ཡིན་པ་དེ་ནི་ཆོག་པར་མི་འཛིན་པར་བསྒོམས་པས་ཐོབ་པའོ་ཞེས་འབྱུང་བ་ཡིན་ནོ། །བཞི་པ་ནི་མིང་ཡང་རྣམ་པར་བཞག་ལ་འབྲས་བུ་དང་ཡང་མ་སྦྱར་བ་སྟེ། །བསྟན་བཅོས་ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་བ་སློབ་དཔོན་དབྱིག ་གཉེན་དང། ངོ་བོ་ཉིད་མེད་ཀྱིས་མཛད་པ་དང། དེའི་འགའ་ལོ་ལ་བསྒྱུར་ལས་བསྟན་པ་ལྟ་བུའོ། །བསྟན་བཅོས་མདོ་སྡེའི་རྒྱན་ལས་ནི་རྣམ་པ་གཉིས་སུ་བསྔགས་པ་བརྗོད་ནས་འབྲས་བུ་རྣམ་པ་ལྔ་དང་སྦྱར་བ་བཤད་དེ། དེའི ་ཕྱིར་བསྟན་བཅོས་དེ་ཉིད་ལས་ཡོན་ཏན་ལྔ་གང་ཞེ་ན། ཚིག་ལེའུར་བྱས་པ་ལས། སྐད་ཅིག་རེ་རེ་བག་ཆགས་ཀུན་སྤྱོད་དང། །ལུས་དང་སེམས་ཀྱི་ཤིན་ཏུ་སྦྱངས་པ་དང། །ཤིན་ཏུ་གསལ་དང་མཚན་མ་མཐོང་བ་སྟེ། །ཡོངས ་རྫོགས་རྣམ་པར་དག་པ་ཆོས་ཀྱི་སྐུ་ཞེས་འབྱུང་སྟེ། འདི་ཉིད་ཀྱི་འགྲེལ་པ་ལས་ཡོན་ཏན་རྣམ་པ་ལྔ་ནི་བག་ཆགས་ཀུན་སྦྱོང་བ་དང། ལུས་ཤིན་ཏུ་སྦྱངས་པ་དང་སེམས་ཤིན་ཏུ་སྦྱངས་པ་དང་ཤིན་ཏུ་གསལ་བ་དང་མཚན་མ་མཐོང་བའོ། ་དེ་ལ་བག་ཆགས་ཀུན་སྤྱོད་ནི་སྐད་ཅིག་དེར་ལ་བག་ཆགས་ཀྱི་ཕུང་པོ་ཐམས་ཅད་རྣམ་པར་འཇིག་པར་བྱེད་པའི་ཕྱིར་རོ། །ལུས་ཤིན་ཏུ་སྦྱངས་པ་ནི་ཤིན་ཏུ་སྦྱངས་པ་བསྒོམས་པས་ལུས་ཀུན་ཏུ་ཁྱབ་པའི་ཕྱིར་རོ། །སེམས་ཤིན་ཏུ་སྦྱངས ་པ་ཡང་དེ་བཞིན་ནོ། །ཤིན་ཏུ་གསལ་བ་ནི་སྟོང་པ་ཉིད་ཀྱི་རྣམ་པ་ཐམས་ཅད་ཤིན་ཏུ་མཁས་ཤིང་ཚད་དང་གྲངས་དང་བྲལ་བའི་ཕྱིར་རོ། །མཚན་མ་མཐོང་བ་ནི་རྣམ་པར་རྟོག་པ་མེད་པའི་མཚན་མ་མཐོང་བ་སྟེ། རྣམ་པར་དག་པའི་ཕྱི་མའི་རྒྱུ་བྱེད་པའི ་ཕྱིར་རོ། །ཡོངས་རྫོགས་རྣམ་པར་དག་པ་ཆོས་ཀྱི་སྐུ་ཞེས་བྱ་བ་ནི་རྣམ་པ་ཐམས་ཅད་ཀྱི་སྐུ་ཡོངས་སུ་རྫོགས་པ་དང་།རྣམ་པར་དག་པར་བྱ་པའི་ཕྱིར་རྟོག་བར་རྒྱུ་ལྔ་པོ་འདི་དག་མངོན་བར་འདུ་བྱེད་པའི་ཕྱིར་རོ། །དུས་གང་གི་ཚེ་ཡོངས་སུ་རྫོགས་ཤིང་དུས ་གང་གི་ཚེ་རྣམ་པར་དག་པར་འགྱུར་ཞེ་ན། སྨྲས་པ་།ས་བཅུའི་ཚེ་ནི་ཡོངས་སུ་རྫོགས་པར་འགྱུར་ལ། སངས་རྒྱས་ཀྱི་སའི་ཚེ་ནི་རྣམ་པར་དག་པར་འགྱུར་རོ། །འདིར་ཡོན་ཏན་རྣམ་པ་ལྔ་པོ་དེ་དག་ལས་སྔ་མ་གསུམ་ནི་ཞི་གནས་ཀྱི་ཕྱོགས་ཡིན་ལ་ཕྱི་མ ་གཉིས་ནི་ལྷག་མཐོང་གི་ཕྱོགས་ཡིན་པར་རིག་པར་བྱའོ་ཞེས་འབྱུང་ངོ། །བསྟན་བཅོས་ཐེག་པ་ཆེན་པོ་བསྡུས་པ་ལས་ནི་ས་བཅུའི་གནས་སྒབས་དང་སྦྱར་ནས་འབྲས་བུ་རྣམ་པ་ལྔ་བསྟན་ན་།ཅིའི་ཕྱིར་མདོ་སྡེའི་རྒྱན་ལས་སའི་མདུན་རོལ་པ་དང ་སྦྱར་ཏེ་བསྟན་ཅེ་ན། སྨྲས་པ། བསྟན་བཅོས་མདོ་སྡེའི་རྒྱན་ནི་ལས་དང་པོ་པའི་དབང་དུ་མཛད་ནས་སའི་མདུན་རོལ་པ་དང་སྤྱན་ཏེ་བསྟན་ཏོ། །ཐེག་པ་ཆེན་པོ་བསྡུས་པ་ནི་ཟག་པ་མེད་པའི་དབང་དུ་མཛད་པའི་ཕྱིར་ས་བཅུ་དང་སྦྱར་ཏེ་བསྟན་ཏོ། །བསྟན ་བཅོས་མངོན་པ་སྣ་ཚོགས་ཀུན་ལས་བཏུས་པ་ལས་ནི་རྣམ་པ་གསུམ་དུ་བསྔགས་པ་བརྗོད་ནས་འབྲས་བུ་ལྔ་བསྡུད་པར་སྟོན་ཏེ། དེའི་ཕྱིར་བསྟན་བཅོས་དེ་ཉིད་ལས་།གཞན་ཡང་ཤིན་ཏུ་རྒྱས་པའི་ཕྱོགས་ལ་ཏིང་ངེ་འཛིན་དུ་མཁས ་པའི་བྱང་ཆུབ་སེམས་དཔའ་ཨི་མཚན་ཉིད་ཇི་ལྟར་ཁོང་དུ་ཆུད་པར་བྱ་ཞེ་ན། འདི་ལྟར་རྒྱུ་རྣམ་པ་ལྔའི་ཕྱིར་ཏེ། སྐད་ཅིག་རེ་རེ་ལ་གནས་ངན་ལེན་གྱི་རྟེན་ཐམས་ཅད་འཇིག་པར་བྱེད་པ་དང། སྣ་ཚོགས་ཀྱི་འདུ་ཤེས་དང་ཕཝལ?་ཏེ་ཆོས་ཀྱི་ཀུན་དགའ་ལ་དགའ་བ་ཐོབ ་པ་དང། རྣམ་པར་མི་རྟག་པའི་མཚན་མ་ཚད་མེད་པ་ཡང་དག་པར་ཤེས་པ་དང། རྣམ་པར་དག་པ་དང་ཆ་མཐུན་པ་རྣམ་པར་རྟོག་པ་མེད་པའི་མཚན་མ་ཀུན་ཏུ་འབྱུང་དང། གོང་མ་བས་ཀྱང་ཆོས་གོང་མ་སངས་རྒྱས་ཀྱི་ཆོས་ཀྱི་སྐུ་ཡོངས་སུ་རྫོགས་པ་དང་། ་ཡོངས་སུ་འགྲུབ་པར་བྱ་བའི་རྒྱུ་ཡོངས་སུ་འཛིན་བར་བྱེད་པའོ་ཞེས་འབྱུང་ངོ། །བསྟན་བཅོས་ཆོས་མངོན་པ་སྣ་ཚོགས་ཀུན་ལས་བཏུས་པ་དང། ཐེག་པ་ཆེན་པོ་བསྡུས་པ་ཡང་དགོངས་པ་མི་མཐུན་པས་དེའི་ཕྱིར་དེ་ལ་མདོ་སྡེ་ཁོངས་སུ་བཞག་ན་བསྟན་པ་ལས་འདི ་ལྟར་རྣམ་པ་ལྔ་པོ་དེ་དག་ཀྱང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསྔགས་པ་བརྗོད་པའི་ཡོན་ཏན་རྣམ་པ་གསུམ་ལས་བརྩམས་ནས་བསྟན་པ་ཡིན་ཏེ། འདི་ལྟ་སྟེ། ཞི་གནས་ཀྱི་བསྔགས་པ་བརྗོད་པའི་ཡོན་ཏན་དང། ལྷག་མཐོང་གི་བསྔགས་པ་བརྗོད་པའི ་ཡོན་ཏན་དང། དེ་གཉིས་ཀའི་ཕྱོགས་ཀྱི་བསྔགས་པ་བརྗོད་པའི་ཡོན་ཏན་ནོ། །ཞི་གནས་ཀྱི་བསྔགས་པ་བརྗོད་པའི་ཡོན་ཏན་རྣམ་པ་གཉིས་ཏེ་།སྐད་ཅིག་རེ་རེ་ལ་གོང་ནས་གོང་དུ་ཤིན་ཏུ་སྦྱངས་པ་ཉིད་དུ་གྱུར་བས་རྒྱུན་ཆད་པ་མེད་པར་གནས་ཀུན ་ཏུ་ཁྱབ་པའི་ཕྱིར་སྐད་ཅིག་སྐད་ཅིག་ལ་གནས་ངན་ལེན་གྱི་རྟེན་ཐམས་ཅད་འཇིག་པར་བྱེད་པ་དང། བསྟན་པའི་ཆོས་ཐམས་ཅད་ལ་བྱེ་བྲག་མེད་བའི་མཚན་ཉིད་དུ་མོས་པས་ཡང་དག་པ་ཉིད་དུ་སོ་སོར་རྟོག་པས་རེ་གཅིག་ཏུ་གྱུར་པའི་ཕྱིར་ཕུང་པོ་དང། ཁམས ་སྐྱེ་མཆེད་ལ་སོགས་པ་སྣ་ཚོགས་ཀྱི་དོན་རྣམས་ཀྱི་མཚན་མའི་འདུ་ཤེས་དང་བྲལ་ཏེ། མདོའི་སྡེ་ལ་སོགས་པའི་དགའ་བ་ཆོས་ཀྱི་དགའ་བ་ཐོབ་པའོ། །ལྷག་མཐོང་གི་བསྔགས་པ་བརྗོད་པའི་ཡོན་ཏན་རྣམ་པ་གཉིས་ཏེ། ཆོས་རྣམ་པར་འབྱེད་པ་ལ་རྒྱུན ་ཚད་མེད་པའི་ཕྱིར་དྲན་པའི་སྒོ་ནས་རྣམ་པར་རྟོག་པ་མེད་པའི་མཚན་མ་ཚད་མེད་པ་དང་མདོའི་སྔ?་ལ་སོགས་པའི་ཆོས་ཤེས་རབ་ཀྱིས་གསལ་བར་ཁོང་དུ་ཆུད་པ་དང། གནས་གྱུར་པའི་མདུན་རོལ་དུ་གཟུགས་ཀྱི་དངོས་པོ་ཇི་སྙེད་དེ་དག་ལ་རྣམ་པར ་རྟོག་པ་མེད་ཅིང་འབང་པ་མེད་པའི་མཚན་མ་མངོན་སུམ་དུ་གྱུར་པའོ། །ལྔ་པ་གཅིག་ཏུ་ནི་དེ་གཉི་གའི་ཕྱོགས་ཀྱི་བསྔགས་པ་བརྗོད་པའི་ཡོན་ཏན་ཏེ། ཆོས་ཀྱི་སྐུ་ནི་ཤེས་བྱའི་སྒྲིབ་པ་གཏན་དུ་སྤངས་པའི་གནས་སུ་གྱུར་པས་བསྡུས་པས་དེ་ཡང ་ས་བཅུ་པ་ལ་ནི་ཡོངས་སུ་རྫོགས་པ་ཞེས་བྱའོ། །དེ་བཞིན་གཤེགས་པའི་ས་ལ་ནི་ཡོངས་སུ་གྲུབ་པ་བྱ་སྟེ་།ཆོས་ཀྱི་སྐུ་མྱུར་དུ་ཡོངས་སུ་རྫོགས་པ་དང། ཡོངས་སུ་གྲུབ་པར་བྱེད་པའི་ཕྱིར་མདོ་ལས་གསུངས་པའི་གོང་མ་བས་ཀྱང་ཆོས་གོང་མ་ཞེས་བྱ ་བ་ཁུངས་སུ་བསྟན་པ་ཡིན་ནོ། །རྒྱུ་མཐུན་པའི་བག་ཆགས་ཡིན་པས་དེའི་ཕྱིར་དེའི་རྒྱུ་ཡོངས་སུ་འཛིན་པར་བྱེད་པ་ཞེས་བྱའོ། །དེ་ལྟར་རྣམ་པ་ལྔ་པོ་དེ་དག་གིས་ནི་སྒོམ་པ་རྣམ་པ་ལྔས་འབྲས་བུ་རྣམ་པ་ལྔ་ཐོབ་བར་བསྟན་ཏེ་།ལྔ་གང་ཞེན་འདི ་ལྟ་སྟེ། མཚན་མ་ཉེ་བར་ཞི་བར་བསྒོམ་པ་དང། མཐུན་པའི་བསྒོམ་པ་དང། མཚན་མ་མེད་པར་བསྒོམ་པ་དང། རྩོལ་བ་མེད་པར་བསྒོམ་པ་དང། མཚན་མ་ཟློག་པའི་བསྒོམ་པའོ་ཞེས་བསྟན་པ་ཡིན་ནོ། །བསྟན་བཅོས་མདོ་སྡེའི་རྒྱན ་ལས་ནི་རྣམ་པ་གཉིས་སུ་བསྔགས་པ་བརྗོད་ན། ཅིའི་ཕྱིར་ཆོས་མངོན་པ་སྣ་ཚོགས་ཀུན་ལས་བསྟུས་པ་ལས། རྣམ་པ་གསུམ་དུ་བསྔགས་པ་བརྗོད་ཅེ་ན། སྨྲས་པ། ཁུངས་སུ་བསྟན་པའི་མདོ་ཉིད་ལས་འཕགས་པ་བྱམས་པ་དང། སློབ ་དཔོན་ཐོགས་མེད་ཀྱིས་རྣམ་པར་ཕྱེ་བ་མེད་ཀྱི། སློབ་དཔོན་དབྱིག་གཉེན་དང། རྟོགས་པའི་སེང་གེས་སོ་སོ་ནས་ལོགས་ཤིག་ཏུ་རིགས་པ་རེ་རེ་བསྐྱེད་ནས། མདོ་ལས་གསུངས་པའི་འབྲས་བུ་ལྔ་བཤད་བ་ཡིན་པས། དེའི་ཕྱིར་ཕན ་ཚུན་འགལ་བ་མེད་དོ། །བྱང་ཆུབ་སེམས་དཔའ་བྱམས་པས་ཡང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འདྲེས་པའི་ཆོས་ལ་དམིགས་པའི་ཞི་གནས་དང་ལྷག་མཐོང་གང་ལས་རྟོགས་ཤིང་གང་ལས་ཐོབ་པར་འཚལ ་བར་བགྱི་ལགས་ཞེས་བྱ་བ་འདི་མན་ཆད་ནི་གསུམ་པ་རྟོགས་པ་དང་ཐོབ་པའི་སའི་གནས་སྐབས་རྣམ་པར་འབྱེད་པའི་སྒོ་ཞེས་བྱ་བ་སྟོན་ཏོ། །འདི་ཡང་རྣམ་པ་གཉིས་ཏེ་།ཞུ་བ་གསོལ་བ་དང་ལན་དུ་གསུངས་པ་པའོ། །འདི་ནི་དང་པོ་ཞུ་བ་གསོལ་བ་སྟེ་། ་མདོ་ཉིད་ཀྱིས་བརྡ་ཕྲད་པར་ཟད་དོ། །བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་བྱམས་པ་ལ་བཀའ་སྩལ་པ། །རིགས་ཀྱི་བུ་དང་པོ་རབ་ཏུ་དགའ་བ་ལས་ནི་རྟོགས་པ་ཞེས་བྱའོ། །ས་གསུམ་པ་འོད་བྱེད་པ་ལས་ནི་ཐོབ་པ་ཞེས་བྱའོ་ཞེས་བྱ་བ་ལ ་སོགས་པས་ནི་གཉིས་པ་དེ་བཞིན་གཤེགས་པས་ཡང་དག་པར་ལན་དུ་གསུངས་པ་བསྟན་ཏོ། །འདི་ཡང་རྣམ་པ་གཉིས་ཏེ་།ཞུ་བ་སྔ་མའི་ལན་ཡང་དག་པར་གསུངས་པ་དང། ལས་དང་པོ་པ་ལ་སླབ་པར་བསྐུལ་བའོ། །འདི་ནི་དང་པོ་ཞུ་བ་སྔ ་མའི་ལན་ཡང་དག་བར་གསུངས་པ་སྟེ། འདི་ལྟར་ས་དང་པོ་ཉིད་ཀྱིས་དེ་བཞིན་ཉིད་མངོན་པར་རྟོགས་པ་ཞེས་བྱ་བ་ཡང་ད་དུང་ཡོངས་སུ་མ་བྱང་བས་ཐོབ་པ་ཞེས་མི་བྱའོ། །ཡང་ན་ས་དང་པོ་ཡན་ཆད་ཀྱི་ས་རྣམས་ནི་ཐམས་ཅད་ཀྱང་རྟོགས་པ་ཞེས་བྱའོ། ། ་སོ་གསུམ་པས་ནི་ཏིང་ངེ་འཛིན་གྱིས་ཐོབ་པའི་ཕྱིར། ཏིང་ངེ་འཛིན་ལ་བརྟེན་ནས་ལྷག་མཐོང་བསྐྱེད་པ་དང། ཡོངས་སུ་བྱང་བ་ཡང་ཐོབ་པས། དེའི་ཕྱིར་ས་གོང་མ་རྣམས་ལ་ཐོབ་པ་ཞེས་བྱའོ། །ཡང་དག་པའི་དོན་དུ་ཡང་ནས་རྣམས་ཀུན་ལ ་ཡང་དོན་རྣམ་པ་གཉིས་ཚང་བར་ཡོད་ཀྱང། མཚན་ཉིད་རབ་ཏུ་གསལ་བའི་དབང་དུ་མཛད་པའི་ཕྱིར་དེ་སྐད་དུ་གསུངས་པ་ཡིན་ནོ། །དགོངས་པ་ཟབ་མོ་རྣམ་པར་དགྲོལ་བའི་མདོ་ལས་ཀྱང་ས་དང་པོ་ནི་རྟོགས་བ་ཞེས་བྱའོ། །ས་གསུམ་པ་ནི་ཐོབ་པ་ཞེས་བྱའོ་ཞེས ་འབྱུང་ངོ། །རིགས་ཀྱི་དུ?་བྱང་ཆུབ་སེམས་དཔའ་ལས་དང་པོ་པས་ཀྱང་དེ་ལ་རྗེས་སུ་བསླབ་ཅིང་ཡིད་ལ་བྱ་སྟེ། ད་དུང་བསྔགས་པར་བྱ་བ་མ་ཡིན་མོད་ཀྱི། འོན་ཀྱང་ལེ་ལོས་བཏང་བར་མི་བྱའོ་ཞེས་བྱ་བ་ནི་གཉིས་པ་ལས་དང་པོ་པ་ལ་བསླབ་བར་བསྟུལ་བ་སྟེ་། ་སའི་མདུན་རོལ་གྱི་བྱང་ཆུབ་སེམས་དཔའ་དག་ནི་རྟོགས་པར་ཡང་མ་གྱུར་ཐོབ་པ་ཡང་མ་ཡིན་པས། ད་དུང་བསྔགས་པ་བྱ་བ་མ་ཡིན་མོད་ཀྱི། འོན་ཀྱང་དེ་ལ་རྗེས་སུ་བསླབ་ཅིང་ཡིད་ལ་བྱེད་པས་ནན་ཏན་གྱིས་སྒྲུབ་དགོས་བས་ལེ་ལོས་བཏང་?་མི་བྱའོ་ཞེས ་བྱ་བའི་ཐ་ཚིག་གོ། །ཁམ་པོ་བཞི་བཅུ་གཅིག་པ། །བྱང་ཆུབ་སེམས་དཔའ་བྱམས་པས་ཡང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཞི་གནས་དང་ལྷག་མཐོང་དེ་དག་ལས་ཇི་ལྟར་ན་རྟོག་པ་དང་བཅས་ཤིང་དཔྱོད་པ་དང ་བཅས་བའི་ཏིང་ངེ་འཛིན་ཅེས་ཇི་ལྟར་བགྱི་བར་འགྱུར་ལགས། ཇི་ལྟར་ན་རྟོག་པ་མ་མཆིས་ཤིང་དཔྱོད་པ་ཙམ་གྱི་ཏིང་ངེ་འཛིན་ཅེས་བགྱི་བར་འགྱུར་ལགས། ཇི་ལྟར་ན་རྟོག་པ་མ་མཆིས་པ་དང་དཔྱོད་པ་མ་མཆིས་པའི་ཏིང་ངེ་འཛིན་ཅེས་བགྱི་བར་འགྱུར ་ལགས་ཞེས་བྱ་བ་འདི་མན་ཚད་ནི་བཅུ་པོ་རྟོག་པ་དང་དཔྱོད་པ་ལ་སོགས་བ་རབ་ཏུ་དབྱེ་བའི་སྒོ་ཞེས་བྱ་བྱ་བསྟན་ཏོ། །འདི་ཡང་རྣམ་པ་གཉིས་ཏེ། ཞུ་བ་གསོལ་བ་དང། ལན་དུ་གསུངས་པའོ། །འདི་ནི་དང་པོ་ཞུ་བ་གསོལ་བ་སྟེ། དེ་ལ་ཞུ་བ་གསོལ ་བའི་དགོངས་པ་ནི་གོང་དུ་བསྟན་པའི་ཞི་གནས་དང་ལྷག་མཐོང་རྣམ་པ་གཉིས་པོ་དེ་དག་ཀྱང་རྟོག་པ་ལ་སོགས་པ་རྣམ་པ་གསུམ་གྱི་བྱེ་བྲག་གང་གི་མཚན་ཉིད་དང་ལྡན་པ་ལགས་ན་། ཇི་ལྟར་ན་རྟོག་པ་དང་བཅས་ཤིང་དཔྱོད་པ་དང་བཅས་པའི་ཏིང་ངེ་འཛིན ་ཅེས་བགྱི་ལགས། །དེ་བཞིན་དུ་ཇི་ལྟར་ན་རྟོག་པ་མ་མཆིས་པ་དང། དཔྱོད་པ་མ་མཆིས་པའི་ཏིང་ངེ་འཛིན་ཅེས་བགྱི་ལགས་ཞེས་བསྟན་པར་འགྱུར་རོ། །རྣམ་པ་གསུམ་ཅར་ལ་ཡང་ཏིང་ངེ་འཛིན་ཅེས་གསུངས་པ ་ནི། རྣམ་པར་གཡེང་བའི་གནས་སྐབས་ལས་རབ་ཏུ་དབྱེ་བའི་ཕྱིར་དེ་སྐད་དུ་གསུངས་པ་ཡིན་ནོ། །དེ་དག་བྱེ་བྲག་ཡོད་པ་ཡང་ཐམས་ཅད་ཡོད་པར་སྨྲ་བའི་གཞུང་གིས་ནི་སོ་སོ་བདག་ཉིད་ཐ་དད་པར་ཡོད་དེ། ཕན་ཚུན་མཚུངས་བར་ལྡན་པ་ཡིན་ནོ་ཞེས ་བཤད་དོ། །མདོ་སྡེ་པའི་གཞུང་གིས་ནི་བདག་ཉིད་ཀྱི་རྣམ་པ་མཚུངས་ཀྱང་གཅིག་ཅར་འབྱུང་བས་ནི་མ་ཡིན་ནོ་ཞེས་བཤད་དེ། དེའི་ཕྱིར་བསྟན་བཅོས་དེ་ཁོ་ན་ཉིད་གྲུབ་པའི་ནང་ནས་རྟོག་པ་དང་དཔྱོད་པའི་ལེའུ་ལས་།ཁ་ཅིག་རྟོག་པ་དང་དཔྱོད་པ་ནི ་སེམས་གཅིག་པ་ཡོད་དོ་ཞེས་ཟེར་ཡང། དང་པོ་དེ་ནི་དེ་ལྟ་མ་ཡིན་ཏེ་ཞེས་འབྱུང་བས་དེ་དང་སྦྱར་ན་བསྟན་བཅོས་དེ་ཁོ་ན་ཉིད་གྲུབ་པ་ལས། བསྟན་པའི་དགོངས་པ་ནི་དུས་གཅིག་ཏུ་འབྱུང་བ་ཡང་མ་ཡིན་ལ། སེམས་ལས་བུད་ན་ངོ་བོ་ཉིད་ཐ་དད ་པར་ཡོད་པ་ཡང་མ་ཡིན་པར་སྟོན་ཏོ། །འདིར་ཐེག་པ་ཆེན་པོའི་བསྟན་པ་དང་སྦྱར་ན་གཉིས་ཀ་ཡང་སེམས་པ་དང་ཤེས་རབ་ཀྱི་ངོ་བོ་ཉིད་དོ། །ཕན་ཚུན་མཚུངས་པར་ལྡན་པ་ཡང་མ་ཡིན་ཏེ། རྩིང་བ་དང་ཞིབ་པ་ཐ་དད་པའི་ཕྱིར་རོ་ཞེས་བཤད་དེ་། ་བསྟན་བཅོས་རྣལ་འབྱོར་སྦྱོང་བའི་འབྲེལ་པ་ལས་ཇི་སྐད་དུ་རྟོག་པ་ནི་འདི་ལྟ་སྟེ་ཀུན་ཏུ་ཚོལ་བའོ། །དཔྱོད་པ་ནི་འདི་ལྟ་སྟེ། སོ་སོ་རྟོག་པའོ། །ཡང་ན་སེམས་དཔའ་འམ་ཤེས་རབ་ཀྱི་ཡུལ་ཀུན་ཚོལ་བའི་རྩིང་བའི་གནས་སྐབས་ཡིན་པ་དེ་ནི་རྟོག་པ་ཞེས ་བྱའོ། །རྣམ་པ་དེ་གཉིས་ཀྱིས་ཡུལ་སོ་སོར་རྟོག་པ་ཞིབ་བའི་གནས་སྐབས་གང་ཡིན་པ་དེ་ནི་དཔྱོད་པ་ཞེས་བྱའོ། །སྐད་ཅིག་མ་གཅིག་ལ་ཆོས་གཉིས་མཚུངས་པར་ལྡན་པ་ཡང་མ་ཡིན་ཏེ། རྣམ་པ་གཅིག་ལ་རྩིང་བ་དང་ཞིབ་པ་སྔ་ཕྱི་ཐ་དད ་པའི་ཕྱིར་རོ་ཞེས་བཤད་པ་ལྟ་བུའོ། །བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་བྱམས་པ་ལ་བཀའ་སྩལ་པ་།རིགས་ཀྱི་བུ་ཇི་ལྟར་བཟུང་ཞིང་རྟོག་པ་དང་དཔྱོད་པའི་ཆོས་ཀྱི་མཚན་མ་དག་ལ་རགས་ཤིང་གསལ་བར་མྱོང་བ་དང། སོ་སོར་རྟོག་པ་དང་བཅས ་པའི་ཞི་གནས་དང་ལྷག་མཐོང་གང་ཡིན་པ་དེ་ནི་རྟོག་པ་དང་བཅས་ཤིང་དཔྱོད་པ་དང་བཅས་པའི་ཏིང་ངེ་འཛིན་ཅེས་བྱའོ་ཞེས་བྱ་བ་ལ་སོགས་པས་ནི་གཉིས་བ་དེ་བཞིན་གཤེགས་པས་ཡང་དག་པར་ལན་དུ་གསུངས་པ་བསྟོན་ཏེ། །འདི་ཡང་རྣམ་གྲངས་རྣམ ་པ་གཉིས་ཀྱིས་སྟོན་པས་རྣམ་པ་གཉིས་སུ་དབྱེ་སྟེ། སའི་མདུན་རོལ་ཁོ་ནའི་དབང་དུ་མཛད་ནས་བྱེ་བྲག་གི་མཚན་ཉིད་བསྟན་པ་དང། ས་ལ་གནས་པའི་སྤྱིའི་དབང་དུ་མཛད་ནས་བྱེ་བྲག་གི་མཚན་ཉིད་བསྟན་བའོ། །དང་པོ་ཡང་ཐ་དད་པ་རྣམ་པ་གསུམ ་ཡོད་པས་དེ་ཉིད་ལས་རྣམ་པ་གསུམ་དུ་དབྱེ་སྟེ། འདི་ནི་དང་པོའོ། །འདི་ལྟར་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་བྱམས་པ་ལ་བཀའ་སྩལ་པ། ཇི་ལྟར་ཐོས་པ་དང་བསམས་པའི་ཤེས་རབ་རྣམ་ལ་གཉིས་ཀྱིས་ཡོངས་སུ་བཟུང་བའི་ཚིག་འབྲུ ་དང། ཆོས་ཀྱི་དོན་ཀྱི་མཚན་མ་དེ་དག་ལ་རྟོག་པ་དང་དཔྱོད་བ་བྱེད་པས་རགས་ཤིང་གསལ་བར་མྱོང་བ་སོ་སོར་རྟོག་པའི་ཞི་གནས་དང་ལྷག་མཐོང་གང་ཡིན་པ་དེ་ནི་རྟོག་པ་དང་བཅས་ཤིང་དཔྱོད་བ་དང་བཅས་པའི་ཏིང་ངེ་འཛིན་ཅེས་བྱའོ་ཞེས་བསྟན་པའོ། ། ་གང་ལ་དེ་དག་ཉིད་ཀྱི་མཚན་མ་རགས་ཤིང་གསལ་བར་མྱོང་བ་དང། སོ་སོར་རྟོག་བ་མེད་མོད་ཀྱི་འོན་ཀྱང་དེའི་སྣང་བའི་དྲན་པ་ཕྲ་མོ་ཙམ་གྱི་མྱོང་བ་དང་སོ་སོར་རྟོག་པ་དང་བཅས་པའི་ཞི་གནས་དང་ལྷག་མཐོང་གང་ཡིན་པ་དེ་ནི་རྟོག་པ་མེད་ཅིང་དཔྱོད ་པ་ཙམ་གྱི་ཏིང་ངེ་འཛིན་ཅེས་བྱའོ་ཞེས་བྱ་བ་ནི་གཉིས་པ་རྟོག་པ་མེད་ཅིང་དཔྱོད་པ་ཙམ་གྱི་མཚན་ཉིད་བསྟན་པ་སྟེ། སྡང་གོང་དུ་བསྟན་པའི་འདྲེས་པ་དང། འདྲེས་པ་མ་ཡིན་པའི་ཆོས་ཀྱི་མཚན་མ་དེ་དག་ལ་རགས་ཤིང་གསལ་བའི་སོ་སོར་རྟོག་པ་ ་མེད་ཀྱང་སྔར་བསྟན་པའི་འདྲེས་པ་དང། འདྲེས་པ་མ་ཡིན་པའི་གསུང་རབ་ཀྱི་ཆོས་ཀྱི་སྣང་བ་དྲན་པ་ཕྲ་མོ་ཙམ་གྱི་རྗེས་སུ་དྲན་པའི་མྱོང་བ་དང། སོ་སོར་རྟོག་པ་དང་བཅས་པའི་ཞི་གནས་དང་ལྷག་མཐོང་གང་ཡིན་པ ་དེ་ནི་རྟོག་པ་མེད་ཅིང་དཔྱོད་པ་ཙམ་གྱི་ཏིང་ངེ་འཛིན་ཅེས་བྱ་སྟེ། དེའི་ཕྱིར་སློབ་དཔོན་ཐོགས་མར་ཀྱིས་མཛད་པའི་འགྲེལ་པ་ལས། རྗེས་སུ་དྲན་པས་བཟུང་བ་རྟོག་པ་དང་དཔྱོད་པའི་ཆོས་དག་ལ་རགས་ཤིང་གསལ་བའི་མྱོང་བ་དང། སོ་སོར་རྟོགས་པ ་མ་བསྐྱེད་པར་ཡང་ཞི་གནས་དང་ལྷག་མཐོང་གིས་སྣང་བ་དྲན་པའི་དབང་གིས་མྱོང་བ་དང་སོ་སོར་རྟོག་པ་འབྱུང་བར་བྱེད་པའོ་ཞེས་བཤད་པ་ཡིན་ནོ། །སྣང་བའི་དྲན་པ་དེ་ཡང་རྣམ་པ་མང་བས་ཐོས་པའི་ཤེས་རབ་ལ་བརྟེན་ནས་སྣང་བ་བསྟན་པ ་ཡང་ཡོད?་དེ། བསྟན་ཅོས་རྣལ་འབྱོར་སྤྱོད་པའི་ས་ལས་ཇི་སྐད་དུ། དེ་ལ་ཇི་ལྟར་ཐོས་པ་བཞིན་དུ་ཀུན་ཆུབ་པར་བྱས་པ་དང། ཁོང་དུ་ཆུད་པ་རྣམས་ལ་བརྗེད་ངས་མེད་པ་ནི་ཆོས་རྣམས་ཀྱི་སྣང་བ་ཞེས་བྱའོ། །དེ་དང་འགྲོགས་བ་དང་།དེ ་དང་མཚུངས་པར་ལྡན་པའི་འདུ་ཤེས་གང་ཡིན་པ་དེ་ནི་སྣང་བའི་འདུ་ཤེས་ཡིན་པར་རིག་པར་བྱའོ་ཞེས་བསྟན་པ་ལྟ་བུའོ། །ཤེས་རབ་རྣམ་པ་གསུམ་ལ་བརྟེན་ནས་ཆོས་ཀྱི་སྣང་བ་བསྟན་པ་ཡང་ཡོད་དེ། དེའི་ཕྱིར་བསྟན་བཅོས་རྣལ་འབྱོར་སྦྱོང ་བའི་ས་ལས། དེ་ལ་ཆོས་ཀྱི་སྣང་བ་ནི་འདི་ལྟ་སྟེ། ཇི་ལྟར་འདི་ན་ཁ་ཅིག་ཇི་ལྟར་བཟུང་བ་དང། ཇི་ལྟར་བསམ་པ་དང། ཇི་ལྟར་རེག་པའི་ཆོས་རྣམས་ལ་སོ་སོར་རྟོག་པ་འམ། སངས་རྒྱས་ལ་སོགས་པ་རྗེས་སུ་དྲན་པ་སྒོམ་པའོ་ཞེས་འབྱུང ་བ་ཡིན་ནོ། །ཁ་ཅིག་ལས་རྣམ་པ་བཞིར་བསྟན་པ་ཡང་ཡོད་དེ། བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་ཇི་སྐད་དུ། དེ་ལ་དོན་གྱི་སྐབས་འདིར་སྣང་བའི་འདུ་ཤེས་ནི་ཆོས་སེམས་ཤིང་རྣལ་འབྱོར་ཡིད་ལ་བྱེད་བའི་བར་དུ་གཅོད་བ ་སྤངས་པའི་ཕྱིར། ཆོས་ཀྱི་སྣང་བ་དང་།དོན་གྱི་སྣང་བ་དང། ཞི་གནས་ཀྱི་སྣང་བ་དང། ལྷག་མཐོང་གི་སྣང་བ་དང། སྣང་བ་དེ་དག་གི་དབང་དུ་བྱས་བ་ནི་སྣང་བའི་འདུ་ཤེས་ཡིན་པར་རིག་བར་བྱའོ་ཞེས་བསྟན་པ་ལྟ་བུ་སྟེ། སྣང་བ་དེ་དག་ལ་ཡང་བཤད་པ ་རྣམ་པ་གཉིས་ཡོད་དེ། ཁ་ཅིག་ན་རེ་དེའི་སྣང་བ་ཞེས་བྱ་བ་ནི་དེས་ཡོངས་སུ་བཟུང་བའི་ཆོས་དང་ཆ་མཚུངས་པའི་གཟུགས་བརྙན་དྲན་ཞིང་གསལ་བར་སྣང་བ་ནི་དེའི་དྲན་པ་ཞེས་བྱའོ་ཞེས་ཟེར་ཏེ། དེ་ནི་དམིགས་པར་བྱེད་པའི་དྲན་པའོ། །བཤད་པ་འདི་དང ་སྦྱར་ན་སྣང་བའི་དྲན་པ་ཉིད་ནི་སྣང་བའི་དྲན་པ་ཞེས་བྱ་སྟེ། བདག་པོའི་དབང་དུ་བྱས་པའི་རྣམ་པར་བཤད་པའོ། །ཁ་ཅིག་ན་རེ་དམིགས་པར་བྱེད་པའི་དྲན་པས་གསལ་བར་ཁོང་དུ་ཆུད་པ་གང་ཡིན་པ་དེ་ནི་དེའི་སྣང་བ་ཞེས་བྱའོ་ཞེས་ཟེར་ཏེ། བཤད་པ ་འདི་དང་སྦྱར་ན། འདི་ནི་ལས་ཡོངས་སུ་འཛིན་པའི་རྣམ་པར་བཤད་པ་ཡིན་ཏེ། དྲན་པ་ཉིད་སྣང་བ་ཡིན་པའི་ཕྱིར་རོ། །ཆོས་དེ་དག་ཐམས་ཅད་ཀྱི་མཚན་མ་ཡིད་ལ་བྱེད་པ་ཅི་ཡང་མེད་པའི་མྱོང་བ་དང། སོ་སོར་རྟོག་པའི་ཞི་གནས་དང་ལྷག་མཐོང ་གང་ཡིན་པ་དེ་ནི་རྟོག་པ་མེད་པ་དང། དཔྱོད་པ་མེད་པའི་ཏིང་ངེ་འཛིན་ཅེས་བྱའོ་ཞེས་བྱ་བ་ནི་གསུམ་པ་རྟོག་པ་དང། དཔྱོད་པ་མེད་པའི་མཚན་ཉིད་བསྟན་པའོ། །སྔ་མའི་ཞི་གནས་དང་ལྷག་མཐོང་དེ་དག་གི་གནས་སྐབས་ཀྱི་དམིགས་པའི་ཆོས ་རྣམས་ལ་རང་གི་དང་ཉིད་ཡོངས་སུ་བྱང་པར་གྱུར་ནས་ཡིད་ལ་བྱེད་པ་ཅི་ཡང་མེད་པའི་མྱོང་བ་དང། སོ་སོར་རྟོག་པ་གང་ཡིན་པ་དེ་ནི་རྟོག་པ་མེད་པ་དང་དཔྱོད་པ་མེད་པའི་ཏིང་ངེ་འཛིན་ཅེས་བྱ་བའི་ཐ་ཚིག་གོ་།བཤད་པའི་རྣམ་གྲངས་གཞན ་དུ་ན་ཡིད་ལ་བྱེད་པ་ཅི་ཡང་མེད་པ་ཞེས་བྱ་བ་ནི་འདི་ལྟ་སྟེ། སའི་མདུན་རོལ་དུ་དེ་བཞིན་དུ་བསྒོམས་པའི་རྣལ་འབྱོར་པ་རླབས་པས་རྣམ་པར་རྟོག་པ་རྣམས་ཉེ་བར་ཞི་བར་གྱུར་པ་གང་ཡིན་པ་དེ་ནི་ཡིད་ལ་བྱེད་པ་མེད་པ་ཞེས་བྱའོ། །གཞན ་ཡང་རིགས་ཀྱི་བུ་ཡོངས་སུ་ཚོལ་བ་དང་བཅས་པའི་ཞི་གནས་དང་ལྷག་མཐོང་གང་ཡིན་པ་དེ་ནི་རྟོག་པ་དང་བཅས་ཤིང་དཔྱོད་པ་དང་བཅས་པའི་ཏིང་ངེ་འཛིན་ཅེས་བྱའོ་ཞེས་བྱ་བ་འདི་མན་ཆད་ནི་གཉིས་པ་ས་ལ་གནས་པའི ་སྤྱིའི་དབང་དུ་མཛད་ནས་བྱེ་བྲག་གི་མཚན་ཉིད་བསྟན་པ་སྟོན་ཏོ། །འདི་ཡང་རྣམ་གསུམ་བསྟན་པ་ཉིད་ཀྱིས་རྣམ་པ་གསུམ་དུ་དབྱེ་སྟེ། འདི་ནི་དང་པོའོ། །འདི་ནི་སའི་དུན་རོལ་པའི་ཡོངས་སུ་ཚོལ་བ་རྣམ་པ་བཞིའི་དབང་དུ་མཛད་ནས་གསུངས་པ ་སྟེ། འདི་ལྟར་སྦྱོར་བའི་གནས་སྐབས་ན། དྲོ་བར་གྱུར་བ་དང་རྩེ་མོའི་དགེ་བའི་རྩ་བ་ལ་གནས་པ་དག་གིས་མིང་དང་དོན་གྱི་བྱེ་བྲག་གི་རང་གི་ངོ་བོ་ཉིད་ཡོངས་སུ་ཚོལ་བ་གང་ཡིན་པ་དེ་ནི་ཡོངས་སུ་ཚོལ་བ་ཞེས་བྱ་བས་ན་།དེའི་ཕྱིར་རྟོག་པ་དང ་བཅས་ཤིང་དཔྱོད་པ་དང་བཅས་པའི་ཏིང་ངེ་འཛིན་ཅེས་བྱའོ། །སོ་སོར་རྟོག་པ་དང་བཅས་པའི་ཞི་གནས་དང་ལྷག་མཐོང་གང་ཡིན་པ་དེ་ནི་རྟོག་པ་མེད་ཅིང་དཔྱོད་པ་ཙམ་གྱི་ཏིང་ངེ་འཛིན་ཅེས་བྱའོ་ཞེས་བྱ་བ་ནི་གཉིས་པ་རྟོག་པ་མེད་ཅིང་དཔྱོད་པ ་ཙམ་གྱི་མཚན་ཉིད་བསྟན་པའོ། །འདི་ལྟར་བཟོད་པ་དང། འཇིག་རྟེན་པའི་ཆོས་ཀྱི་མཆོག་རྣམ་པ་གཉིས་དགེ་བའི་རྩ་བ་གནས་པ་དག་གིས་ཡང་དག་པ་ཇི་ལྟ་བ་བཞིན་དུ། མིང་ལ་སོགས་པའི་ཡུལ་བཞི་པོ་དག་ཁོང་དུ་ཆུང་བ་གང ་ཡིན་པ་དེ་ནི་སོ་སོར་རྟོག་པ་ཞེས་བྱ་སྟེ། དེ་ཉིད་ནི་རྟོག་བ་མེད་ཅིང་དཔྱོད་པ་ཙམ་གྱི་ཏིང་ངེ་འཛིན་ཅེས་བྱའོ། །འདི་ལྟར་སོ་སོར་རྟོག་པ་དང། ཡང་དག་པ་ཇི་ལྟ་བ་བཞིན་དུ་ཁོང་དུ་ཆུང་པ་རྒྱ་ཆེར་རྣམ་པར་འབྱེད་པ་ནི། བསྟན་བཅོས་རྣམ ་པར་རིག་པ་ཙམ་དུ་གྲུབ་བ་དང། ཐེག་པ་ཆེན་པོ་བསྡུས་པ་དང། རྣལ་འབྱོར་སྤྱོད་པའི་སའི་ནང་ནས་བྱང་ཆུབ་སེམས་དཔའ་ཨི་ས་ལས་བསྟན་པ་བཞིན་དུ་རིག་པར་བྱའོ། །འདྲེས་པའི་ཆོས་ལ་དམིགས་པའི་ཞི་གནས་དང་ལྷག་མཐོང་གང་ཡིན ་པ་དེ་ནི་རྟོགས་པ་མེད་པ་དང་དཔྱོད་པ་མེད་པའི་ཏིང་ངེ་འཛིན་ཅེས་བྱའོ། །ཞེས་བྱ་བ་ནི་གསུམ་པ་རྟོག་པ་མེད་པ་དང། དཔྱོད་པ་མེད་པའི་མཚན་ཉིད་བསྟན་པ་སྟེ། འདི་ལྟར་ས་ལ་གནས་པ་དག་གིས་འདྲེས་པའི་ཆོས་རྣམས་ལ་དམིགས་ཤིང་དེ་བཞིན་ཉིད་དུ ་བསྒོམས་པས་རྟོག་པ་དང་དཔྱོད་པ་རྣམས་དང་བྲལ་བ་གང་ཡིན་པ་དེ་ནི་རྟོག་པ་དང་དཔྱོད་པ་མེད་པ་ཞེས་བྱ་སྟེ། དེའི་ཕྱིར་བསྟན་བཅོས་ཐེག་པ་ཆེན་པོ་བསྡུས་པ་ལས་།དོན་གང་གི་ཕྱིར་རྣམ་པར་རིག་བ་ཙམ་གྱི་ངོ་བོ་ཉིད་ལ་འཇུག་ཙན?། འདྲེས་པའི་ཆོས ་ལ་དམིགས་པ་འཇིག་རྟེན་ལས་འདས་པའི་ཞི་གནས་དང་ལྷག་མཐོང་གང་གི་ཤེས་པའི་ཕྱིར་རོ་ཞེས་བཤད་དེ། རྟོག་པ་དང་དཔྱོད་པ་དང་བཅས་པའི་ཏིང་ངེ་འཛིན་འདིའི་བྱེ་བྲག་གི་མཚན་ཉིད་ཀྱི་དོན་ཞིབ་ཏུ་མཚན་ཉིད་བསྟན་པ་དག་ལས་འབྱུང་བ ་བཞིན་དུ་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་བྱམས་པས་ཡང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཞི་གནས་ཀྱི་རྒྱུ་མཚན་ནི་གང་ལགས། རབ་ཏུ་འཛིན་པའི་རྒྱུ་མཚན་ནི་གང་ལགས། བཏང་སྙོམས་ཀྱི་རྒྱུ ་མཚན་ནི་གང་ལགས་ཞེས་བྱ་བ་འདི་མན་ཆད་བཅུ་གཅིག་པ་ཞི་གནས་དང། རབ་ཏུ་འཛིན་པ་དང། བཏང་སྙོམས་ཀྱི་རྒྱུ་མཚན་རབ་ཏུ་དབྱེ་བའི་སྒོ་ཞེས་བྱ་བ་སྟོན་ཏོ། །འདི་ཡང་རྣམ་པ་གཉིས་ཏེ། ཞུ་བ་གསོལ་བ་དང། ལན་དུ་གསུངས་པའོ།། ་འདི་ནི་དང་པོ་ཞུ་བ་གསོལ་བ་སྟེ། དེ་ལ་དང་པོ་ཞུ་བ་གསོལ་བའི་དགོངས་པ་ནི་འདི་སྐད་དུ་བཅོམ་ལྡན་འདས་ཀྱིས་དེ་དང་དེ་དག་ཏུ་ཞི་གནས་དང་རབ་ཏུ་འཛིན་པ་དང། བཏང་སྙོམས་རྣམ་པ་གསུམ་པོ་དག་གི་བྱེ་བྲག་གི་མཚན་ཉིད་གསུངས་ཏེ། དེ་ལ ་ཞི་གནས་ནི་སེམས་བསྲུངས་ནས་ཡུལ་ལ་གནས་ཤིང་རྣམ་པར་གཡེང་བ་དང་བྲལ་བའི་ཕྱིར་ཞི་གནས་ཞེས་བྱའོ། །ལྷག་མཐོང་ནི་ཆོས་རྣམས་ཀུན་ཏུ་ཚོལ་ཞིང་རབ་ཏུ་རྣམ་པར་འབྱེད་པས་ལྷག་མཐོང་ཞེས་ཀྱང་བྱ། རབ་ཏུ་འཛིན་པ་ཞེས་ཀྱང་བྱ ་སྟེ། བྱིང་པ་དང་བྲལ་བའི་ཕྱིར་རོ། །བཏང་སྙོམས་ནི་བྱིང་བ་དང་བྲལ་བའི་ཕྱིར་རོ་ཞེས་གསུངས་ན། འདིར་ནི་རེ་ཞིག་ལྷག་མཐོང་མི་གླེང་སྟེ། རྣམ་པ་གསུམ་པོ་དེ་དག་གི་མཚན་ཉིད་ཇི་ལྟ་བུ་ལགས་ཞེས་བྱ་བའི་ཐ་ཚིག ་གོ།?་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་བྱམས་པ་ལ་བཀའ་སྩལ་པ། རིགས་ཀྱི་བུ་གལ་ཏེ་སེམས་རྒོད་པ་འམ་རྒོང་དུ་དོགས་པ་ན། ཀུན་ཏུ་སྐྱོ་བར་འགྱུར་བ་མཐུན་པར་ཆོས་རྣམས་ཡིད་ལ་བྱེད་པ་དང། བར་ཆད་མེད་པའི ་སེམས་དེ་ཡིད་ལ་བྱེད་པ་གང་ཡིན་པ་དེ་ནི་ཞིག་ནས་ཀྱི་རྒྱུ་མཚན་ཞེས་བྱའོ་ཞེས་བྱ་བ་ལ་སོགས་པས་ནི་གཉིས་པ་དེ་བཞིན་གཤེགས་པས་ཡང་དག་པར་ལན་དུ་གསུངས་པ་སྟོན་ཏོ། །ཞུ་བ་སྔ་མ་རྣམ་པ་གསུམ་གྱི་ལན་གསུངས་བ་ཉིད ་ཀྱིས་རྣམ་པ་གསུམ་དུ་དབྱེ་སྟེ། འདི་ནི་དང་པོ་ཞི་གནས་ཀྱི་རྒྱུ་མཚན་ཞུས་པའི་ལན་དུ་གསུངས་པ་ཉིད་དོ། །འདི་ལྟར་བྱང་ཆུབ་སེམས་དཔའ་རྣལ་འབྱོར་སྒོམ་པ་ན་གལ་ཏེ་སེམས་རྒོད་པར་གྱུར་ཏམ་།རྒོད་པར་འགྱུར་དུ་དོགས་པའི་ཚེ་ཡིད ་པ་བྱེད་པ་རྣམ་པ་གཉིས་ཡོད་དོ། །ཡོངས་སུ་སྐྱོ་བར་འགྱུར་བའི་ཆོས་ལ་དམིགས་པ་དང། བར་ཆད་མེད་པའི་སེམས་ལ་དམིགས་པའོ། །འདི་ལྟར་ཡིད་ལ་བྱེད་པ་རྣམ་པ་གཉིས་པོ་དེའི་དབང་གིས་སེམས་ཞི་ཞིང་དབེན་པར་གྱུར་བ་གང་ཡིན ་པ་དེ་ནི་ཞི་གནས་ཀྱི་རྒྱུ་མཚན་ཞེས་བྱའོ། །བར་ཆད་མེད་པའི་སེམས་ནི་སྔར་བསྟན་པའི་ཞི་གནས་ཀྱི་དམིགས་པར་བྱེད་པའི་སྤྱོད་ཡུལ་གང་ཡིན་པའོ། །གལ་ཏེ་སེམས་བྱིང་བའམ་བྱིད་དུ་དོགས་པ་ནི། མངོན་པར་སྤྲོ་བར་འགྱུར་པའི ་ཆོས་རྣམས་ཡིད་ལ་བྱེད་པ་དང། སེམས་ཀྱི་མཚན་མ་དེ་ཡིད་ལ་བྱེད་པ་གང་ཡིན་པ་དེ་ནི་རབ་ཏུ་འཛིན་པའི་རྒྱུ་མཚན་ཞེས་བྱའོ་ཞེས་བྱ་བ་ནི་གཉིས་པ་རབ་ཏུ་འཛིན་པའི་མཚན་མ་བསྟན་པ་སྟེ། འདི་ལྟར་བྱང་ཆུབ་སེམས་དཔའ་ ་རྣལ་འབྱོར་སྒོམ་པ་ན། སེམས་ཕྱིར་བར་གྱུར་ཏམ་བྱིང་བར་གྱུར་དུ་ངོགས་པའི་ཚེ་ཡིད་ལ་བྱེད་པ་རྣམ་པ་གཉིས་ཡོད་དེ། མངོན་པར་སྤྲོ་བར་གྱུར་པའི་ཆོས་ལ་དམིགས་པ་དང། སེམས་ཀྱི་མཚན་མ་དེ་ལ་དམིགས་པའོ། །འདི་ལྟར་ཡིད་ལ་བྱེད་པ་རྣམ ་པ་གཉིས་པོ་དེའི་དབང་གིས་སེམས་སྤྲོ་ཞིང་རྩོལ་བར་འགྱུར་བ་གང་ཡིན་བ་དེ་ནི་རབ་ཏུ་འཛིན་པའི་རྒྱུ་མཚན་ཞེས་བྱའོ། །དེ་ལ་སེམས་ཀྱི་མཚན་མ་ཞེས་བྱ་བ་ནི་སྔར་བསྟན་པའི་ལྷག་མཐོང་གིས་དམིགས་པར་བྱ་བའི་སྤྱོད་ཡུལ་གང་ཡིན་པའོ། །ཞི་གནས ་ཀྱི་ལམ་ལ་གཅིག་ཏུ་ངེས་པའམ། ལྷག་མཐོང་གི་ལམ་ལ་གཅིག་ཏུ་ངེས་པ་འམ། ཟུང་དུ་འབྲེལ་བའི་ལན་ཡང་རུང་སྟེ་།ཉེ་བའི་ཉོན་མོངས་པར་གྱུར་པ་ན། འབད་པ་མེད་པའི་ཡིད་ལ་བྱེད་པ་དང། སེམས་རང་གི་དམིགས་འཇུག་པའི་ཡིད་ལ ་བྱེད་པ་གང་ཡིན་པ་དེ་ནི་བཏང་སྙོམས་ཀྱི་རྒྱུ་མཚན་ཞེས་བྱའོ་ཞེས་བྱ་བ་ནི་གསུམ་པ་བཏང་སྙོམས་ཀྱི་མཚན་ཉིད་བསྟན་པ་སྟེ། འདི་ལྟར་ཞི་གནས་ལ་གཅིག་ཏུ་ངེས་པ་འམ། ལྷག་མཐོང་ལ་གཅིག་ཏུ་ངེས་པ་འམ། ཟུང་དུ་འཇུག་པའི་ལམ་ལ ་ཡང་རུང་སྟེ། བྱིང་བ་དང་རྒོད་པའི་ཉེ་བའི་ཉོན་མོངས་པ་གཉིས་ཀྱིས་ཀུན་ཏུ་ཉོན་མོངས་པར་གྱུར་ན་།རྩོལ་བ་མེད་པའི་ཡིད་ལ་བྱེད་པ་དང། རང་གི་ངང?་གིས་འཇུག་པའི་ཡིད་ལ་བྱེད་པ་ཇི་སྙེད་པ་དེ་དག་ནི་བཏང་སྙོམས་ཀྱི་རྒྱུ་མཚན་ཞེས་བྱ ་སྟེ། ཞི་གནས་དང་ལྷག་མཐོང་གཅིག་ཏུ་ངེས་ཤིང་སོ་སོ་ནས་བྱིང་བ་དང། རྒོད་པའི་རྗེས་སུ་འཐུན་པ་དང། མི་མཐུན་པའི་སྒྲིབ་པ་གཉིས་དང་བྲལ་བར་གྱུར་པའི་ཕྱིར་ཡང་བཏང་སྙོམས་ཞེས་བྱའོ། །འབད་པ་མེད་པ་དང་རང་གི་ངང་གིས ་འཇུག་པ་ལ་བྱེ་བྲག་ཅི་ཡོད་ཅེ་ན། སྨྲས་པ། རྣམ་པའི་མཚན་ཉིད་འདྲ་ཡང་སྩོལ་བ་མེད་པ་དང་པོར་མངོན་པར་གྲུབ་པ་གང་ཡིན་པ་དེ་ནི་འབད་པ་མེད་པ་ཞེས་བྱའོ། །ཕྱིས་ཡོངས་སུ་གོམས་པར་གྱུར་པ་ན་རང་གི་ངང་གིས་འཇུག་པའི་ཕྱིར ་ནི། རང་གི་ངང་གིས་འཇུག་པ་ཞེས་བྱ་སྟེ། བསྟན་བཅོས་རྣམ་པར་རིག་པ་ཙམ་དུ་གྲུབ་པ་ལས། བཏང་སྙོམས་ཀྱི་མཚན་ཉིད་བསྟན་པའི་སྐབས་ནས། ཇི་སྐད་དུ་མཉམ་པ་ཉིད་དང། རྣལ་དུ་འདུག་བ་དང་ལྷུན ་གྱིས་གྲུབ་པ་ནི་དང་པོ་དང་བར་མ་དང་ཐ་མ་གསུམ་གྱི་བྱེ་བྲག་གི་རྣམ་པའི་མཚན་ཉིད་དོ་ཞེས་བསྟན་པ་ལྟ་བུ་སྟེ་འདི་ཡང་དེ་བཞིན་ནོ། །ཆོས་གསུམ་པོ་འདི་དག་གི་བདག་ཉིད་ཇི་ལྟ་བུ་ཞེ་ན། སྨྲས་པ། ཞི་གནས་ནི་ཏིང་ངེ ་འཛིན་གྱི་བདག་ཉིད་དོ། །རབ་ཏུ་འཛིན་པ་ནི་ལྷག་མཐོང་གི་བདག་ཉིད་དོ། །བཏང་སྙོམས་ནི་སྔོན་གྱི་བརྒྱུད་པ་དག་ལས་བཤད་པ་རྣམ་པ་གཉིས་ཡོད་དེ། ཁ་ཅིག་ན་རེ་ཞི་གནས་དང་ལྷག་མཐོང་གཅིག་ཏུ་བསྡུས་པའི་བདག་ཉིད་དོ ་ཞེས་ཟེར་ཏེ། བྱིང་བ་དང་རྒོད་པ་དང་བྲལ་བའི་ཕྱིར་རོ། །ཁ་ཅིག་ན་རེ་བཅུ་གཅིག་པ་དེ་དག་ལས་བཏང་སྙོམས་ཀྱིས་ངོ་བོ་ཉིད་དེ། དེའི་ཕྱིར་བསྟན་བཅོས་རྣམ་པར་རིག་པ་ཙམ་དུ་གྲུབ་པ་ལས། བཏང་སྙོམས་ནི་བརྩོན་འགྲུས་ཀྱི་དབང ་པོ་གསུམ་གྱི་སེམས་མཉམ་བ་ཉིད་དང། རྣལ་དུ་འདུག་པ་དང། ལྷུན་གྱིས་གྲུབ་པ་ཉིད་དུ་གནས་པའི་བདག་ཉིད་དེ། བྱིང་བ་དང་རྒོད་པའི་གཉེན་པོར་གྱུར་པ་རབ་ཏུ་ཞི་བར་གནས་པའི་ལས་ཅན་ནོ་ཞེས་འབྱུང་སྟེ། དེས་ན་བཏང ་སྙོམས་ཀྱི་བདག་ཉིད་ཡིན་པར་མངོན་ནོ་ཞེའོ། །དེ་ལྟར་རྣམ་པ་གཉིས་སུ་བཤད་པ་ཡོད་ཀྱང་བཤད་པ་ནི་ཕྱི་མ་བཟང་ངོ། །འདིར་ནི་ཞི་གནས་དང་ལྷག་མཐོང་དང། །བཏང་སྙོམས་ལ་ཡིད་བྱེད་པ་ཞེས་གསུངས་བ་ནི་ཉེ་བར ་གྱུར་པའི་རྣམ་པར་བཤད་བ་ཡིན་ཏེ། དཔེར་ན་དྲན་པ་ཉེ་བར་བཞག་པ་བཞི་ལ་དྲན་པ་ཞེས་གསུངས་ཀྱང་།ངོ་བོ་ཉིད་ནི་ཤེས་རབ་ཡིན་པ་ལྟ་བུའོ་ལྷག་མཐོང་རབ་ཏུ་འཛིན་པ་ཡིན་ནོ། ཅིའི་ཕྱིར་བསྟན་བཅོས་རྣལ ་འབྱོར་སྤྱོད་པའི་ས་ལས། རྣམ་པ་བཞི་པོ་འདི་ལྟ་སྟེ་།ཞི་གནས་དང། ལྷག་མཐོང་དང། རབ་ཏུ་འཛིན་པ་དང། བཏང་སྙོམས་ཤེས་རྣམ་བར་ཕྱེ་སྟེ་བསྟན་ཅེ་ན། སྨྲས་པ། རབ་ཏུ་འཛིན་པ་གང་ཡིན་པ་དེ་ནི་གདོན་མི་ཟ་བར་ལྷག་མཐོང་ཡིན་? ་ལྷག་མཐོང་གི་སྒོ་ཁ་ཅིག་ནི་རབ་ཏུ་འཛིན་བ་མ་ཡིན་པ་ཡང་ཡོད་དེ། འདི་ལྟ་སྟེ། བྱིང་བ་ལ་སོགས་པའི་གཉེན་བོར་མ་གྱུར་པའི་དུས་ནའོ། །འདི་དག་གི་བྱེ་བྲག་གི་མཚན་ཉིད་ནི། བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་ཞི་གནས་དང་? ་ལྷག་མཐོང་དང། རབ་ཏུ་འཛིན་པ་དང། བཏང་སྙོམས་རྣམས་རེ་རེ་ལ་མཚན་ཉིད་རྣམ་པ་གསུམ་ལ་མཚན་ཉིད་རྣམ་པ་གསུམ་ཡོད་པར་བསྟན་པ་འདི་ལྟ་སྟེ། ཞི་གནས་དང། ཞི་གནས་ཀྱི་མཚན་མ་དང། ཞི་གནས་ཀྱི་དུས་ཤེས་བྱ་བ་ལ ་སོགས་པ་བསྟན་པ་ལྟ་བུའོ། །བྱང་ཆུབ་སེམས་དཔའ་བྱམས་པས་ཡང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཞི་གནས་དང་ལྷག་མཐོང་སྒོམ་པའི་བྱང་ཆུབ་སེམས་དཔའ་རྣམས་ནི་ཆོས་སོ་སོར་ཡང་དག་པར ་རིག་པ་ལགས་ན། ཇི་ལྟར་ཆོས་སོ་སོར་ཡང་དག་པར་རིག་བ་ལགས། ཇི་ལྟར་དོན་སོ་སོར་ཡང་དག་པར་རིག་བ་ལགས་།ཞེས་བྱ་བ་འདི་མན་ཆད་ནི་བཅུ་གཉིས་པ་ཆོས་དང་དོན་སོ་སོར་ཡང་དག་པར་རིག་པ་རབ་ཏུ་དབྱེ་བའི་སྒོ་ཞེས་བྱ་བ་སྟོན་ཏོ། །འདི ་ཡང་རྣམ་པ་གཉིས་སུ་དབྱེ་སྟེ། ཆོས་དང་དོན་སོ་སོར་ཡང་དག་པར་རིག་པ་བསྟན་པ་དང། བྱང་ཆུབ་སེམས་དཔའ་བྱམས་པས་ཡང་ཞེས་བྱ་བ་ནས་ཡིད་ལ་བགྱིད་པ་གང་གིས་མཚན་མ་གང་ཇི་ལྟར་རྣམ་བར་སེལ་བར་བགྱི་ལགས་ཞེས ་བྱ་བ་མན་ཆད་ཀྱིས་མཚན་མ་རྣམས་རབ་ཏུ་སེལ་བ་བསྟན་པའོ། །དང་པོ་ཡང་རྣམ་པ་གཉིས་ཏེ། ཡོངས་སུ་ཤིས་པར་བྱ་བ་ལས་བརྩམས་ནས། ཆོས་དང་དོན་སོ་སོར་ཡང་དག་པར་རིག་པ་བསྟན་པ་དང། བྱང་ཆུབ་སེམས་དཔའ་བྱམས་ ་པས་ཡང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་དོན་སོ་སོར་ཡང་དག་པར་རིག་པ་གང་ལགས་པ་ཞེས་བྱ་བ་མན་ཆད་ཀྱིས་ཡོངས་སུ་མེད་པར་བྱ་བ་ལས ་བརྩམས་ནས། དོན་སོ་སོར་ཡང་དག་པར་རིག་པ་བསྟན་ཏེ། བསྟན་བཅོས་ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་སློབ་དཔོན་ངོ་བོ་ཉིད་མེད་ཀྱིས་བྱས་པ་ལས། ཐེག་པ་ཆེན་པོའི་ཆོས་དང་དོན་ནི་ཐོས་པ་ལ་སོགས་པའི་ཤེས་རབ་རྣམ་པ་གསུམ་གྱིས ་དམིགས་པར་བྱ་བ་ཡིན་ནོ་ཞེས་བཤད་དོ། །བཤད་པའི་རྣམ་གྲངས་གཞན་དུ་ན། དང་པོ་ནི་ཆོས་སོ་སོར་ཡང་དག་པར་རིག་པ་དང། དོན་སོ་སོར་ཡང་དག་པར་རིག་པ་རྣམ་པར་བཤད་པའོ། །གཉིས་པ་ནི་བྱང་ཆུབ་སེམས་དཔའ་བྱམས་པས ་ཡང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ཞེས་བྱ་བ་ནས་ཤེས་པ་ནི་གང་ལགས། མཐོང་བ་ནི་གང་ལགས། ཞེས་བྱ་བ་མན་ཆད་ཀྱིས་ཤེས་པ་དང་མཐོང་པའི་བྱེ་བྲག་བསྟན་པའོ། །དེ་ལྟར་རྣམ་པ་གཉིས་སུ་བཤད་པ་ཡོད་ཀྱང། འདིར ་ནི་རེ་ཞིག་བཤད་པ་སྔ་མ་དང་སྦྱར་ནས་བསྟན་པར་བྱའོ། །དང་པོ་ཆོས་དང་དོན་ཡང་དག་པར་རིག་པ་བསྟན་པ་དེ་ཡང་རྣམ་པ་གཉིས་སུ་དབྱེ་སྟེ། ཞུ་བ་གསོལ་བ་དང། ལན་དུ་གསུངས་པའོ། །འདི་ནི་དང་པོ་ཞུ་བ་གསོལ་བའོ། །མདོའི ་ཚིག་འདི་ཡང་རྣམ་པ་གཉིས་ཏེ། ཞུ་བ་གསོལ་བའི་གནས་གསུང་རབ་བསྟན་པ་དང། ཇི་ལྟར་ན་ཞེས་བྱ་བ་མན་ཆད་ཀྱིས་ཞུ་བ་ཉིད་ཀྱི་ཚིག་ཡང་དག་པར་བསྟན་པའོ། །བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་བྱམས་དཔའ་ལ ་བཀའ་སྩལ་བ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་དེ་དག་གི་མཚན་ཉིད་རྣམ་པ་ལྔས་ཆོས་སོ་སོར་ཡང་དག་པར་རིག་པར་འགྱུར་ཏེ། ཞེས་བྱ་བ་ལ་སོགས་པས་ནི་གཉིས་པ་དེ་བཞིན་གཤེགས་པས་ཡང་དག་པར་ལན་དུ་གསུངས་པ ་སྟོན་ཏོ། །འདི་ཡང་རྣམ་པ་གཉིས་ཏེ། ཆོས་སོ་སོར་ཡང་དག་པར་རིག་པ་རྣམ་པར་བཤད་པ་དང། དོན་སོ་སོར་ཡང་དག་པར་རིག་པ་རྣམ་པར་བཤད་པའོ། །ཆོས་སོ་སོར་ཡང་དག་པ་ལ་ཡང་དག་པ་བཞིར་དབྱེ་སྟེ། གྲངས་སྨོས་ནས་མདོར་བསྟན ་པ་དང། གྲངས་བཞིན་དུ་མིང་བཀོད་པ་དང། གོ་རིམ་བཞིན་དུ་རྣམ་པར་ཕྱེ་སྟེ་བསྟན་པ་དང། རྣམ་བཤད་ནས་སྤྱིའི་མཇུག་བསྡུ་བ་སྟེ། འདི་ནི་དང་པོའོ། །མིང་ཤེས་པ་དང། ཚིག་ཤེས་པ་དང། ཡི་གེ་ཤེས་པ་དང། སོ་སོ་བ་ཤེས་པ་དང། ་འདྲེས་པ་ཤེས་པས་སོ། ཞེས་བྱ་བ་ནི་གཉིས་པ་གྲངས་བཞིན་དུ་མིང་བཀོད་པའོ། །རྣམ་པ་ལྔ་ལས་སྔ་མ་གསུམ་ནི་བསྟན་པའི་ངོ་བོ་ཉིད་ཡང་དག་པར་རིག་པ་ཡིན་ཏེ། མདོའི་ཚིག་འདི་དང་སྦྱར་ན། དེ་བཞིན་གཤེགས་པའི་བསྟན་པ་ནི་མིང་དང། ་ཚིག་དང། ཡི་གེའི་ངོ་བོ་ཉིད་ཡིན་པར་མངོན་ནོ། །ཕྱི་མ་གཉིས་ནི་འདྲེས་པ་དང། མ་འདྲེས་པའི་དོན་ཤེས་པ་ཡིན་ནོ། །འདྲེས་པ་དང། མ་འདྲེས་པའི་དོན་ཤེས་པ་དེ་ལ་ཡང་དག་པར་བཤད་པ་རྣམ་པ་ལྔ་ཡང་དེ་ཁ་ཅིག་ན་རེ་མིང་ཤེས་པའི་ཕྱིར ་ནི་སོ་སོ་བ་ཤེས་པ་ཞེས་བྱའོ། །མ་འདྲེས་པའི་ཚིག་འདི་ཤེས་པ་གང་ཡིན་པ་དེ་ནི་འདྲེས་པ་ཤེས་པ་ཞེས་བྱའོ་ཞེའོ། །ཁ་ཅིག་ན་རེ་མིང་ལ་མིང་མང་པོ་ཡོད་པས་སོ་སོ་མ་འདྲེས་པར་ཤེས་པ་གང་ཡིན་པ་དེ་ནི་མ་འདྲེས་པའི་ཤེས་པ་ཞེས་བྱའོ། །སོ་སོ ་བ་དང་འདྲེས་པ་གཉི་ག་གཅིག་ཏེ་འདྲེས་པར་ཤེས་པ་གང་ཡིན་པ་དེ་ནི་འདྲེས་པར་ཤེས་པ་ཞེས་བྱ་སྟེ། ཚིག་གི་ཚོགས་དང་ཡི་གེའི་ཚོགས་ཀྱི་འདྲེས་པ་དང། མ་འདྲེས་པ་ཡང་དེ་བཞིན་ནོ་ཞེའོ། །ཁ་ཅིག་ན་རེ་མིང་དང། ཚིག་དང་ཡི་གེའི་ཚོགས ་དང། སོ་སོ་མ་འདྲེས་པར་ཤེས་པ་གང་ཡིན་པ་དེ་ནི་སོ་སོ་བ་ཤེས་པ་ཞེས་བྱའོ། །མིང་དང་ཚིག་དང། ཡི་གེ་གཅིག་ཏུ་འདྲེས་པར་ཤེས་པ་གང་ཡིན་པ་དེ་ནི་འདྲེས་པར་ཤེས་པ་ཞེས་བྱའོ་ཞེའོ། །ཁ་ཅིག་ན་རེ་མདོ་སྡེ་ལ་སོགས་པ་མང་པོ་སོ་སོ ་མ་འདྲེས་པར་ཤེས་པ་གང་ཡིན་པ་དེ་ནི་སོ་སོ་བ་ཤེས་པ་ཞེས་བྱའོ། །གཅིག་ཏུ་འདྲེས་པར་ཤེས་པ་གང་ཡིན་པ་དེ་ནི་འདྲེས་པ་ཤེས་པ་ཞེས་བྱའོ་ཞེས་ཟེར་ཏེ། རྒྱ་ཆེར་སྔ་མ་བཞིན་དུ་རིག་པར་བྱའོ། །ཁ་ཅིག་ན་རེ་འདྲས་པ ་དངོས་སོ་བ་ཞེས་བྱ་བ་ནི་འདི་ལྟ་སྟེ། འདྲེས་པ་དང་མ་འདྲེས་པ་ལ་དམིགས་པའི་སེམས་ཤེས་པ་གང་ཡིན་པ་དེ་ནི་འདྲེས་པ་དང། སོ་སོ་བ་ཤེས་པ་ཞེས་བྱ་བའི་མིང་ལ་སོགས་པ་ཤེས་པ་ནི་མ་ཡིན་ནོ་ཞེའོ། །གལ་ཏེ་སེམས་ཤེས་པ་ལ་བྱ ་?་ཇི་ལྟར་ཆོས་སོ་སོ་ཡང་དག་པར་རིག་པ་ཞེས་བྱ་བར་འགྱུར་ཞེ་ན། སྨྲས་པ། བསྟན་བཅོས་རྣམ་པར་བཤད་པ་ལས་ཇི་སྐད་དུ་འཆད་པ་པོ་དང། གང་གི་ཕྱེད་དུ་བཤད་པར་བྱ་བ་དེ་ཡང་ཡི་གེ་ཤེས་པ་ཞེས་བྱའོ་ཞེས་བཤད་པ་ལྟ་བུ ་སྟེ། དེའི་ཕྱིར་སོ་སོར་ཡང་དག་པར་རིག་པ་ལ་དམིགས་པའི་སེམས་ལ་ཡང་ཆོས་སོ་སོར་ཡང་དག་པར་རིག་པ་ཞེས་བྱའོ། །མིང་གང་ཞེ་ན་ཞེས་བྱ་བ་ལ་སོགས་པས་ནི་གསུམ་པ་གོ་རིམ་བཞིན་དུ་རྣམ་པར་ཕྱི་སྟེ། བཤད་པ་བསྟན ་ཏོ། །འདི་ཡང་རྣམ་པ་སྔར་དབྱེ་སྟེ། རེ་རེ་ལ་ཞུ་བ་གསོལ་བ་དང། ལན་དུ་གསུངས་པ་ཡོད་པར་སྦྱར་ཏེ་འདི་མིང་ན་ཞུས་པ་ཉིད་དོ། །འདི་ལྟ་སྟེ། ཀུན་ནས་ཉོན་མོངས་པ་དང། རྣམ་པར་བྱང་བའི་ཆོས་ཐམས་ཅད་ལ་ཡང་རང་གི ་ངོ་བོ་ཉིད་རྣམ་པར་གཞག་ནས། འདུ་ཤེས་ཀྱི་བརྡར་བརྟགས་པར་གང་ཡིན་པའོ་ཞེས་བྱ་བ་ནི་གཉིས་པ་ཡང་དག་པར་བཤད་པའོ། །འདི་ལྟར་ཆོས་ཐམས་ཅད་ནི་ཀུན་ནས་ཉོན་མོངས་པ་དང། རྣམ་པར་བྱང་བ་ལས་གུད་ན་མེད་པས ་ཀུན་ནས་ཉོན་མོངས་པ་དང། རྣམ་པར་བྱང་བའི་ཆོས་རྣམས་ཀྱི་རང་གི་ངོ་བོ་ཉིད་བརྗོད་པར་བྱེད་པ་འདུ་ཤེས་ཀྱི་བརྡར་བརྟགས་པ་གང་ཡིན་པ་དེ་ནི་མིང་ཞེས་བྱ་སྟེ། དེ་ནི་དོན་དུ་ན་འདི་སྐད་དུ་ཆོས་ཐམས་ཅད་ནི་དོན་རྣམ་པ་གཉིས ་པ་ལྡན་པས། དང་པོ་ནི་རང་གི་ངོ་བོ་ཉིད་དེ། ལྟ་དང་མི་དང། མིག་དང། རྣ་བ་ཞེས་བྱ་བ་ལ་སོགས་པ་རང་གི་ངོ་བོ་ཉིད་རྗོད་བལྟ་བུ་སྟེ། དེའི་མིང་ཞེས་བྱའོ། །མིང་དེ་ཡང་འདུ་ཤེས་ལས་བྱུང་བའི་ཕྱིར་འདུ་ཤེས་ཞེས་གསུངས་སོ། །ཡང་དག་པའི་དོན་དུ ་ནང་ཆོས་རྣམས་ནི་ཐ་སྙད་དང་བྲལ་བ་ཡིན་ཡང་བཏགས་བཅམ་དུ་རྗོད་པ་ཡིན་པའི་ཕྱིར་བརྡར་བཏགས་པ་ཞེས་བྱའོ། །ཚིག་གང་ཞེ་ན་ཞེས་བྱ་བ་ལ་སོགས་པས་ནི་གཉིས་པ་ཚིག་རྣམ་པར་བཤད་པ་སྟོན་ཏོ། །འདི་ཡང་ཞུ་བ་གསོལ་བ་དང་ལན་དུ་གསུས? ་པ་སྟེ། འདི་ནི་ཞུ་བ་གསོལ་བའོ། །འདི་ལྟ་སྟེ། མིང་དེ་དག་ཉིད་ཀྱི་ཚོགས་པ་ལས་ཀུན་ནས་ཉོན་མོངས་པ་དང། རྣམ་པར་བྱད་བའི་དོན་རྗེས་སུ་ཐ་སྙད་གདགས་བའི་གནས་དང། འཛིན་པར་བྱེད་པ་རྣམ་པར་གཞག་པ་གང་ཡིན་པའོ་ཞེས་བྱ་བ་ནི ་གཉེས་པ་ཡང་དག་པར་ལན་དུ་གསུངས་པ་སྟེ། འདི་ལྟར་མིང་དེ་དག་ཉིད་ཀྱི་ཚོགས་པ་ལ་ལོགས་ཤིག་ཏུ་བཏགས་པའི་ཆོས་ཀུན་ནས་ཉོན་མོངས་པ་དང། རྣམ་པར་བྱང་བའི་བྱེ་བྲག་གི་དོན་རྗོད་བར་བྱེད་པ་སྟེ། ཚིག་གི་ཆོས་འདིས་བརྗོད་པར་བྱ་བའི ་གནས་བྱེད་པའི་ཕྱིར་གནས་ཞེས་བྱའོ། །བརྗོད་པར་བྱ་བ་བསྡུད་ཅིང་མི་སྟོར་བ་ཉིད་དུ་བྱེད་པའི་ཕྱིར་འཛིན་པར་བྱེད་པ་ཞེས་བྱའོ། །ཡང་ན་གནས་ཞེས་བྱ་བ་ནི་འདི་ལྟ་སྟེ། ཚིག་དོན་ལ་བརྟེན་ནས་དེ་རབ་ཏུ་སྟོན་པའི་ཕྱིར་གནས་ཞེས་བྱའོ། །ཡི་གེ་གང ་ཞེ་ན་ཞེས་བྱ་བ་ལ་སོགས་པས་ནི་གསུམ་པ་ཡི་གེའི་རྣམ་པར་བཤད་པར་སྟོན་ཏོ། །འདི་ཡང་ཞུ་བ་གསོལ་བ་དང་ལན་དུ་གསུངས་པ་སྟེ། འདི་ནི་ཞུ་བ་གསོལ་བའོ། །འདི་ལྟ་སྟེ། དེ་གཉི་གའི་གནས་ཀྱི་ཡི་གེ་འབྲུ་གང་ཡིན་པའོ་ཞེས་བྱ་བ་ནི་གཉིས ་པ་ཡང་དག་པར་ལན་དུ་གསུངས་པ་སྟེ། འདི་ལྟར་ཡི་གེ་དེ་རྗོད་པར་བྱེད་མི་ནུས་ཀྱང་དེ་དག་གི་གནས་བྱེད་དེ། གལ་ཏེ་ཡི་གེ་དང་བྲལ་ན་གཉི་ག་མངོན་པར་མི་འགྲུབ་པའི་ཕྱིར་རོ། །རྣམ་པ་གསུམ་པོ་དེ་དག་ལ་བྱེ་བྲག་ཡོད་པ་ཡང། རྒྱ་གར ་སྐད་དུ་ནུ་མ་ཞེས་བསྒྱུར་ན་མིང་ཞེས་ཟེར་བར་རྗེས་སུ་ཕྱོགས་པའི་དོན་ཡིན་ཏེ། བརྗོད་པར་བྱ་བའི་རྗེས་སུ་འགྲོ་བའི་ཕྱིར་རོ། །མིང་དེ་ཡང་བསྟན་བཅོས་རྣམས་ལས་སོ་སོ་ནས་བཤད་པ་མི་མཐུན་པས། བསྟན་བཅོས་བྱེ་བྲག་ཏུ་བཤད ་པ་ཆེན་པོ་ལས་ནི། དོན་རྣམ་པ་གསུམ་གྱིས་ཕྱིར། འདི་ལྟ་སྟེ། རྗེས་སུ་འབྲང་བ་དང། འབོད་པ་དང། འབྱོར་བའོ་ཞེས་བཤད་དེ། དེའི་ཕྱིར་བསྟན་བཅོས་དེ་ཉིད་ལས་ཅིའི་ཕྱིར་མིང་ཞེས་བྱ་ཞེ་ན། སྨྲས་པ། མིང་ཞེས་བྱ་བ་ནི་རྗེས་སུ་འབྲང་བ་ཞེས ་ཀྱང་བྱའོ། །འབོང་པ་ཞེས་ཀྱང་བྱའོ། །འབྱོར་བ་ཞེས་ཀྱང་བྱའོ། །དེ་ལ་རྗེས་སུ་འབྲང་བ་ནི་ཇི་ལྟར་བྱས་པ་བཞིན་དུ་འགྲོ་ཞིང་མཐུན་པར་གྱུར་བའོ། །འབོད་པ་ནི་དོན་དེ་རྣམ་པར་བཞག་ནས་ཇི་ལྟར་འདོད་པ་བཞིན་དུ་ལན་འདེབས་བའོ། །འབྱོར་བ་ནི་ཚིག ་ལེའུར་བྱས་པ་དང། རྣམ་པར་བཤད་པ་བྱས་བའི་རྗེས་སུ་དོན་འབྱོར་བར་འགྱུར་པའོ་ཞེས་བཤད་དོ། །བསྟན་བཅོས་ཕུང་པོ་ལྔ་བའི་རབ་ཏུ་བྱེད་པ་ལས་ནི་འདུ་བྱེད་རྣམས་ཀྱི་ངོ་བོ་ཉིད་ཀྱི་ཚིག་བླ་དགས་སོ་ཞེས་འབྱུང་སྟེ། ཆོས་མངོན་པ་སྣ་ཚོགས་ཀུན ་ལས་བཏུས་པ་ལས་ཀྱང་དེ་སྐད་དུ་སྟོན་ཏོ། །ཆོས་མངོན་པ་སྣ་ཚོགས་ཀུན་ལས་བཏུས་བ་ལས། ངོ་བོ་ཉིད་ཀྱི་ཚིག་བླ་དགས་ཞེས་བྱ་བ་ནི་འདི་ལྟ་སྟེ། ལྷ་དང་མི་དང་མིག་དང་རྣ་བ་ཞེས་བྱ་བ་ལ་སོགས་པར་བརྗོད་པའི་དངོས་པོ་གང་ཡིན་པའོ་ཞེས ་བཤད་དེ། བསྟན་བཅོས་རྣམ་པར་བཤད་པ་ལས་ཀྱང་ཕལ་ཆེར་འདི་དང་འཐུན་པར་བཤད་པ་ལས་ཀྱང་བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་ཀྱང། མིང་ཞེས་བྱ་བའི་དོན་གང་ཞེ་ན་སྣ་ཚོགས་སུ་མཐུན་མོང་དུ་ལེགས་པར་ཤེས་པར་བྱེད་པའི ་ཕྱིར་མིང་ཞེས་བྱའོ། །ཡང་དག་གིས་མིང་དུ་འབོད་པའི་ཕྱིར་ཡང་མིང་ཞེས་བྱའོ་ཞེས་འབྱུང་སྟེ། བསྟན་བཅོས་རྣམ་བར་བཤད་པ་ལས་ཀྱང་འདི་དང་མཐུན་པར་བཤད་དེ། །རྒྱ་གར་སྐད་དུ་བར་ཞེས་བསྒྱུར་ནི་རྗེས་ལ་བྱ་སྟེ་དཔེར་ན་གླང་པོ་ཆེའི་རྗེས་མཐོང ་བ་ལས་གླང་པོ་ཆེ་ཡིན་པར་ཤེས་པ་ལྟར། དེ་བཞིན་དུ་ཚིག་བཞི་ཡོད་པ་ལས་ཚིགས་སུ་བཅད་པར་འགྱུར་པར་བསྟན་པའོ། །དོན་གྱི་རྗེས་སུ་བསྒྱུར་ན་ནི་ཚིག་ཅེས་བྱའོ། །ཚིག་ཅེས་བྱ་བ་ནི་རྣམ་པར་བཤད་པ་ཡང་བསྟན་བཅོས་རྣམས་ལས་མི་མཐུན་པས། ་བསྟན་བཅོས་བྱེ་བྲག་ཏུ་བཤད་པ་ཆེན་པོ་ལས་ནི་།དོན་ཡོངས་སུ་རྫོགས་པར་སྟོན་པས་ན་ཚིག་ཅེས་བྱའོ་ཞེས་བཤད་དོ། །བསྟན་བཅོས་ཕུང་པོ་ལྔ་པའི་རབ་ཏུ་བྱང་བ་ལས་ནི་ཚིག་གི་ཚོགས་གང་ཞེ་ན་འདི་ལྟ་སྟེ། ཆོས་རྣམས་ཀྱི་ཁྱད་པར་གྱི་ཚིག་བླ་དགས ་ཀྱི་ངོ་བོ་ཉིད་ངོ་ཞེས་འབྱུང་སྟེ། བསྟན་བཅོས་ཆོས་མངོན་པ་སྣ་ཚོགས་ཀུན་ལས་བཏུས་པ་ལས་ཀྱང་དེ་སྐད་དུ་བསྟན་ཏོ། །ཆོས་མངོན་པ་སྣ་ཚོགས་ཀུན་ལས་བཏུས་ལས། ཁྱད་པར་གྱི་ཚིག་བླ་དགས་ཞེས་པ་ནི་འདི་ལྟ་སྟེ། འདུ་བྱང་རྣམས་ནི་རྟག་གོ་ཞེས་བྱ ་བ་དང་སེམས་ཅན་ཐམས་ཅད་མཐར་འཆི་བར་འགྱུར་རོ་ཞེས་བྱ་བ་ལ་སོགས་པར་བསྟན་པའི་དོན་གང་ཡིན་པའོ་ཞེས་འབྱུང་སྟེ། བསྟན་བཅོས་རྣམ་པར་བཤད་པ་དང། རྣལ་འབྱོར་སྦྱོད་པའི་ས་ལས་ཀྱང་ཕལ་ཆེར་འདི་དང་མཐུན་པར་བཤད་དོ། །གཞན་ཡང་རྣལ ་འབྱོར་སྦྱོད་བའི་ས་ལས་མིང་རྣམས་ཀྱི་མཛའ་བླངས་ནས་མངོན་དུ་མི་གསལ་བའི་དོན་གསལ་བ་བསྟོན་པའི་ཕྱིར་མིང་ཞེས་བྱའོ་ཞེས་འབྱུང་སྟེ། བསྟན་བཅོས་རྣམ་པར་བཤད་པ་ལས་ཀྱང་དེ་སྐད་དུ་བསྟན་ཏོ། །རྒྱ་གར་སྐབ་དུ་བྱཉ?་ན་ཞེས་བྱ་བ་བསྒྱུར་ན་ཡིག་འབྲུ་ཞེས ་ཟེར་ཏེ། འདི་ནི་བཙུག་ལག་གི་ཚིག་གོ་།རྒྱ་གར་སྐད་དུ་ཨཀྵ་ར་ཞེས་བྱ་བ་བསྒྱུར་ན་ཡི་གེ་ཞེས་ཟེར་ཏེ། འདི་ནི་ཕལ་ཆེ་བའི་ཚིག་གོ་ཡིག་འབྲུ་དང། ཡི་གེ་ཞེས་བྱ་གཅིག་པ་ཉིད་དུ་མི་ཤེས་སུ་དོགས་པའི་ཕྱིར། ཁ་ཅིག་ལས་ཡིག་འབྲུ་ནི་ཡི་གེ་ཉིད་ཡིན་ནོ། །བསྟན ་བཅོས་མངོན་པ་སྣ་ཚོགས་ཀུན་ལས་བཏུས་པ་ལས་ཡི་གའི་ཚོགས་ནི། འདི་ལྟ་སྟེ། དེ་གཉི་གའི་གནས་ཡི་གེ་རྣམས་ལ་ཡི་གེའི་ཚོགས་ཞེས་གདགས་ཏེ་ཞེས་འབྱུང་སྟེ། འདི་ཉིད་ཀྱི་བཤད་པ་ལས་དེ་གཉིས་ཀའི་གནས་ཡི་གེ་རྣམས་ཞེས་བྱ་བ་ནི ་འདི་ལྟ་སྟེ། ངོ་བོ་ཉིད་ཀྱི་ཁྱད་བར་ཚིག་བླ་དགས་ཀྱི་གནས་སུ་གྱུར་བའི་ཡི་གེ་རྣམས་སྟེ། དཔེར་ན་ཨ་ཨི་ཨུ་ཞེས་བྱ་བ་ལ་སོགས་པ་ལྟ་བུའོ། །ཡི་གེ་འབྲུ་ནི་སྒྲིབ་པར་བྱེད་བའི་དོན་ཏེ། དེ་གཉིས་ཀ་སྒྲིབ་བའི་ཕྱིར་རོ། །ཡི་གེ ་འབྲུ་ནི་གསལ་བར་བྱེད་པ་ཞེས་ཀྱང་བྱ་སྟེ། དོན་གསལ་བར་བྱེད་པའི་ཕྱིར་རོ། །འདི་ནི་ཡི་གེ་ཞེས་ཀྱང་བྱ་སྟེ་ཐ་དད་པར་འཇུག་བ་མེད་པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། དཔེར་ན་མིག་ལ་མིག་ཅེས་བྱ་བ་ནི་མིང་དེ་ལས་གུང་ན་གཞན་གསལ་བར ་བྱེད་པ་དང་ཁྲིད་བྱེད་ཅེས་བྱ་བ་ལ་སོགས་པའི་མིང་གི་རྣམ་གྲངས་སུ་འགྱུར་ཞིང་འཇུག་པ་ཡོད་པ་དེ་དག་གི་དབང་གིས་མཚུངས་པར་དེའི་མཚན་ཉིད་རབ་ཏུ་སྟོན་པའི་ཕྱིར། ཨ་ཨི་ལ་སོགས་པའི་ཡི་གེ་ནི་དེ་ལྟ་མ་ཡིན་ཏེ། ཨེ་ཨི་ལ ་སོགས་པའི་ཁྱད་པར་ལས་ལོགས་ཤིག་ན་ཁྱད་པར་གཞན་གྱིས་ཡི་གེ་འདི་དག་རབ་ཏུ་སྟོན་པ་མེད་པའི་ཕྱིར། ཐ་དང་པར་མེད་བར་འཇུག་པ་ལ་ཡི་གེ་ཞེས་བཤད་དོ། །དེ་ལ་ཐ་དད་པ་མེད་པར་འཇུག་པ་ནི་འདི་ལྟ་སྟེ། གཞན་མི་འགྱུར ་བའོ་ཞེས་འབྱུང་སྟེ། བསྟན་བཅོས་ཕུང་པོ་ལྔའི་རབ་ཏུ་བྱེད་པ་དང། རྣམ་པར་བཤད་པ་དང། རྣལ་འབྱོར་སྤྱོད་པའི་ས་ལས་ཀྱང་དེ་སྐད་དུ་བཤད་དོ་།གཞན་ཡང་བསྟན་བཅོས་རྣལ་འབྱོར་སྦྱོད་བའི་ས་ལས། མེད་དང་ཚིག་ཏི་རྗེས་སུ་གསལ ་བར་བྱེད་པའི་ཕྱིར་ཡི་གེ་ཞེས་བྱའོ་ཞེས་འབྱུང་སྟེ། བསྟན་བཅོས་རྣམ་པར་བཤད་པ་ལས་ཀྱང་འདི་དང་མཐུན་པར་བཤད་དོ། །དེའི་ངོ་བོ་ཉིད་བསྟན་པ་ཡང། ཐམས་ཅད་ཡོད་པར་སྨྲ་བའི་གཞུད་གིས་སྒྲ་ལས་ལོགས་ཤིག་ན་ངོ་བོ་ཉིད་དུ ་གྱུར་བ་ཡོད་དེ། །དེ་ཡང་མཚུངས་པར་ལྡན་པ་མ་ཡིན་པའི་འདུ་བྱེད་ཀྱི་ཕུང་པོས་བསྡུས་པ་ཡིན་ནོ་ཞེས་བཤད་དེ། རྒྱ་ཆེར་རྣམ་པར་འབྱེད་པ་ནི་བསྟན་བཅོས་ཡང་དག་པའི་རིགས་པ་དང་རྗེས་སུ་མཐུན་པ་ལས་བསྟན་པ་བཞིན་དུ་རིག་པར ་བྱའོ། །མདོ་སྡེ་པ་དག་ནི་སྒྲ་ལ་བརྟེན་ནས་བཏགས་པ་ཙམ་དུ་མིང་ལ་སོགས་པ་ཞེས་ཟེར་བས་དེ་ལ་ཡང་བཤད་པ་རྣམ་པ་གསུམ་ཡོད་དེ། ཁ་ཅིག་ན་རེ་སྒྲའི་སྐྱེ་མཆོད་ཀྱིས་བསྡུས་པ་ཡིན་ཏེ། སྒྲ་ལས་ལོགས་ཤིག་ན་མིང་དང་ཚིག་ལ་སོགས་པ་ནེ་དཔའ་ཨི ་ཕྱིར་རོ་ཞེའོ། །ཁ་ཅིག་ན་རེ་ཆོས་ཀྱི་སྐྱེ་མཆེད་ཀྱིས་བསྡུས་པ་ཡིན་ཏེ་ཡིད་ཀྱི་རྣམ་པར་ཤེས་པ་ཙམ་ཁོ་ན་ཡིན་པའི་ཕྱིར་རོ་ཞེའོ། །ཁ་ཅིག་ན་རེ་སྒྲའི་སྐྱེ་མཆེད་དང་ཆོས་ཀྱི་སྐྱེ་མཆེད་གཉིས་ཀྱིས་བསྡུས་པའི་ཕྱིར་རོ་ཞེའོ། །འདིར་ཐེག་པ་ཆེན་པོའི ་བསྟན་པ་དང་སྦྱར་ན། མཚུངས་པར་ལྡན་པ་མ་ཡིན་པའི་འདུ་བྱེད་ཀྱི་ཕུང་པོས་བསྡུས་པས་བཏགས་པ་ཡིན་གྱི། རྗེས་སུ་ཡོད་པ་མ་ཡིན་ནོ་ཞེས་བཤད་དེ། ཞིབ་ཏུ་ནི་བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་བསྟན་པ་བཞིན་ནོ། །རྒྱ་ཆེར་རྣམ ་པར་འབྱེད་པ་ནི་མཚན་ཉིད་བསྟན་པ་དག་ལས་འབྱུང་བ་བཞིན་དུ་རིག་པར་བྱའོ། །དེ་དགོས་སོ་ལས་ཡང་དག་པར་རིག་པ་གང་ཞེ་ན་ཞེས་བྱ་བ་ལ་སོགས་པས་ནི་བཞི་པ་མ་འདྲེས་པར་རྣམ་པར་བཤད་པ་བསྟན་ཏོ། །འདི་ཡང་ཞུ་བ་གསོལ་བ་དང ་ལན་དུ་གསུངས་པས་བསྟན་ཏེ་འདི་ནི་འདི་ཡང་ཞུ་བ་གསོལ་བའོ། །མ་འདྲེས་པ་ལ་དམིགས་པའི་ཡིད་ལ་བྱེད་པ་གང་ཡིན་པའོ་ཞེས་བྱ་བ་གཉིས་པ་ཡང་དག་པར་ལན་གསུངས་པ་སྟེ། འདི་ལྟར་མིང་པ་སོགས་པ་མ་འདྲེས་པའི་མཚན་ཉིད་ཀྱི་བརྗོད ་པ་དང། ནུས་པ་སོ་སོ་ཐ་དང་པར་ཤེས་པ་གང་ཡིན་པ་དེ་ནི་སོ་སོ་བ་ལས་སོ་སོ་ཡང་དག་པར་རིག་པ་ཞེས་བྱ་བས་སོ། །དེ་དག་བསྡུས་པ་ལས་སོ་སོ་ཡང་དག་པར་རིག་པ་གང་ཞེན་ཞེས་བྱ་བ་ལ་སོགས་པས་ནི་ལྔ་པ་འདྲེས་པ་རྣམ་པར་བཤད་པ ་བསྟན་ཏོ། །འདི་ཡང་ཞུ་བ་གསོལ་བ་དང་ལན་དུ་གསུངས་པས་བསྟན་ཏེ། འདི་ནི་ཞུ་བ་གསོལ་བའོ། འདི་ལྟ་སྟེ། འདྲེས་པ་ལ་དམིགས་བའི་ཡིད་ལ་བྱེད་པ་གང་ཡིན་པའོ་ཞེས་བྱ་བ་ནི། གཉིས་པ་ཡང་དག་པར་ལན་དུ་གསུངས་བ་སྟེ། འདི་ལྟར ་མིང་ལ་སོགས་པ་རྣམ་པ་གསུམ་འདྲེས་པ་གཅིག་ཏུ་བསྡུས་ནས་བརྗོད་པར་བྱ་བའི་དོན་ཁོང་དུ་ཆུད་པར་བྱ་བའི་ཕྱིར་འདྲེས་པ་ཡང་དག་པར་རིག་པ་ཞེས་བྱའོ། །འདྲེས་པ་དང་མ་འདྲེས་པ་དེ་དག་རྣམ་པར་བཤད་པ་ལ་ཡང་རྣམ་པ་ལྔ་ཡོད ་པ་ནི་གོང་དུ་བསྟན་པ་བཞིན་དུ་རིག་པར་བྱའོ། །དེ་དག་ཐམས་ཅད་གཅིག་ཏུ་བསྡུས་ནས་ཆོས་སུ་སོ་སོ་ཡང་དག་པར་རིག་པ་ཞེས་བྱའོ། །ཞེས་བྱ་བ་ནི་བཞི་པ་མཇུག་བསྡུ་བ་ཡིན་པར་རིག་པར་བྱའོ། །རིགས་གྱི་བུ་བྱང་ཆུབ་སེམས་དཔའ་དེ་དག་ནི་མཚན ་ཉིད་རྣམ་པ་བཅུས་དོན་སོ་སོར་ཡང་དག་པར་རིག་པར་འགྱུར་ཏེ་ཞེས་བྱ་བ་འདི་མན་ཆེད?་ནི་གཉིས་པ་དོན་སོ་སོར་ཡང་དག་པར་རིག་པ་རྣམ་པར་བཤད་པ་སྟོན་ཏོ། །འདི་ཡང་རྣམ་པ་གཉིས་སུ་དབྱེ་སྟེ། ཞི་གནས་དང་ལྷག་མཐོང་གི་དོན་རིག་པར ་འགྱུར་བར་བསྟན་པ་དང། ཤེས་རབ་རྣམ་པ་གསུམ་གྱི་དོན་རིག་པར་འགྱུར་པར་བསྟན་པའོ། །བཤད་པའི་རྣམ་གྲངས་གཞན་དུ་ན་ཤེས་རབ་རྣམ་པ་གསུམ་ནི་དོན་སོ་སོ་ཡང་དག་པར་རིག་པའི་ནང་དུ་མ་གཏོགས་པས། དོན་སོ་སོར་ཡང་དག ་པར་རིག་པ་དེ་ཉིད་ཀྱང་རྣམ་པ་བཞིར་དབྱེ་སྟེ། དོན་རྣམ་པ་བཅུ་ལས་བརྩམས་ནས། དོན་སོ་སོར་ཡང་དག་པར་རིག་པ་རྣམ་པར་བཤད་པ་དང་དོན་རྣམ་པ་ལྔ་ལས་བརྩམས་ནས་དོན་སོ་སོར་ཡང་དག་པར་རིག་པ་རྣམ་པར་བཤད་པ་དང་དོན ་རྣམ་པ་བཞི་ལས་བརྩ་ནས་ནས། དོན་སོ་སོར་ཡང་དག་པར་རིག་པ་རྣམ་པར་བཤད་པ་དང། དོན་རྣམ་པ་གསུམ་པ་ལས་བརྩམས་ནས་དོན་སོ་སོར་ཡང་དག་པར་རིག་པ་རྣམ་པར་བཤད་བའོ། །དོན་རྣམ་པ་བཅུ་ལས་བརྩམས་པ་དེ་ཡང་རྣམ ་པ་པ་ཞིང་དབྱེ་སྟེ། སྒོ་བསྟན་ནས་གྲངས་སྨོས་པ་དང། གྲངས་སྨོས་པ་བཞིན་དུ་མིང་བཀོད་པ་དང། གོ་རིམས་བཞིན་དུ་རྣམ་པར་ཕྱེ་སྟེ་བཤད་པ་དང་སྤྱིའི་མཇུག་བསྡུ་བ་སྟེ། འདི་ནི་དང་པོ་སྒོ་བསྟན་ནས་གྲངས་སྨོས་པའོ། །ཇི་སྙེད་ཡོད ་པ་ཉིད་ཤེས་པ་དང། ཇི་ལྟེ་བ་བཞིན་དུ་ཡོད་པ་ཉིད་ཤེས་པ་དང། འཛིན་པའི་དོན་ཤེས་པ་དང། བཟུང་པའི་དོན་ཤེས་པ་དང། རྣམ་པར་གཞག་པའི་དོན་ཤེས་པ་དང། ལོངས་སྤྱོད་ཀྱི་དོན་ཤེས་པ་དང། ཕྱིན་ཅི་ལོག་གི་དོན་ཤེས་པ་དང། ཕྱིན་ཅི་མ་ལོག ་པའི་དོན་ཤེས་པ་དང། ཀུན་ནས་ཉོན་མོངས་པའི་དོན་ཤེས་པ་དང། རྣམ་པར་བྱད་པའི་དོན་ཤེས་པས་སོ?་ཞེས་བྱ་བ་ནི་གཉིས་པ་གྲངས་སྨོས་པ་བཞིན་དུ་མིང་བཀོད་པའོ། །རིགས་ཀྱི་བུ་ཇི་སྙེད་ཡོད་པ་ཉིད་ནི་འདི་ལྟ་སྟེ། ཀུན་ནས་ཉོན་མོངས་པ་དང། ་རྣམ་པར་བྱང་བའི་ཆོས་རྣམས་ལ་རྣམ་པ་རབ་ཏུ་དབྱེ་བ་ཐམས་ཅད་ཀྱི་མཐར་ཐུག་པ་གང་ཡིན་པ་དེ་ནི་འདིར་ཇི་སྙེད་ཡོད་པ་ཉིད་ཅེས་བྱ་སྟེ། ཞེས་བྱ་བ་འདི་མན་ཆད་ནི་གསུམ་པ་གོ་རིམ་བཞིན་དུ་རྣམ་པར་བྱེ་ནས་བཤད་པ་སྟེ། དོན་རྣམ་པ་བཅུ ་རྣམ་པར་བཤད་པ་དང། བཤད་པ་ཉིད་ལས་རྣམ་བཅུར་དབྱེའོ། །དང་པོ་ཡང་རྣམ་པ་གཉིས་སུ་དབྱེ་སྟེ། ཡང་དག་པར་རྣམ་པར་བཤད་པ་དང། དངོས་པོ་བསྟན་ནས་ཟླས་རྣམ་པར་བཤད་པའོ། །འདི་ནི་དང་པོ་སྟེ་མདོའི་ཚིག་འདི་ཡང་རྣམ་པ ་གསུམ་གྱིས་བསྟན་ཏེ། མདོར་བསྟན་པ་དང། རྣམ་པར་བཤད་པ་དང། མཇུག་བསྡུ་བའོ། །འདི་ལྟར་ཡོངས་སུ་ཤེས་པར་བྱ་བའི་ཆོས་ནི་ཀུན་ནས་ཉོན་མོངས་པ་དང། རྣམ་པར་བྱང་བའི་ཆོས་ལས་གུང་ན་མེད་པས་ཀུན་ནས་ཉོན་མོངས་པ་དང ་རྣམ་པར་བྱང་བའི་ཆོས་ལ་རྣམ་པ་རབ་ཏུ་དབྱེ་བ་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་ཀྱིས་ཆོས་རྣམས་མ་ལུས་པར་བསྡུས་པ་གང་ཡིན་པ་དེ་ནི་ཇི་སྙེད་པ་ཡོད་པ་ཉིད་ཅེས་བྱའོ་ཞེས་བྱ་བའི་ཐ་ཚིག་གོ་།ཇི་ལྟར་ཕུང་པོ་རྣམས་ཀྱི་གྲངས་ལྔས་སོ། །ནང ་གི་སྐྱེ་མཆེད་རྣམས་ཀྱི་ནི་གྲངས་དྲུག་གིས་སོ། །ཕྱི་རོལ་གྱི་སྐྱེ་མཆེད་རྣམས་ཀྱི་ཡང་གྲངས་དྲུག་གོ་ཞེས་བྱ་བ་ལ་སོགས་པ་ཐམས་ཅད་དོ་ཞེས་བྱ་བ་ནི་གཉིས་པ་དངོས་པོ་བསྟན་ནས། ཟླས་རྣམ་པར་བཤད་པའོ། །ཇི་ལྟར་ཕུང་པོ་རྣམས་ཀྱི་ནི ་གྲངས་ལྔས་སོ་ཞེས་བྱ་བ་ལ་སོགས་པའི་ཚིག་ཉིད་ནི་དངོས་པོ་བསྟན་པ་ཡིན་ཏེ། འདི་ལྟར་ཆོས་ཐམས་ཅད་ཅེས་བྱ་བ་ནི་རྣམ་པ་གཉིས་ཡོད་པས། དང་པོ་ནི་འདུས་བྱས་ཐམས་ཅད་དེ། དཔེར་ན་ཕུང་པོའི་གྲངས་ནི ་ལྔའོ་ཞེས་བྱ་བས་འདུས་བྱས་མཛའ་དག་བསྡུས་པའི་ཕྱིར་ཇི་སྙེད་ཡོད་པ་ཉིད་ཅེས་གསུངས་སོ། །གཉིས་པ་ནི་འདུས་བྱས་དང་འདུས་མ་བྱས་ཐམས་ཅད་ནི་ནད་གི་སྐྱེ་མཆེད་དྲུག་དང། ཕྱི་རོལ་གྱི་སྐྱེ་མཆེད་དྲུག་སྟེ། བཅུ་གཉིས ་པོ་དེ་དག་གི་འདུས་བྱས་དང་འདུས་མ་བྱས་ཐམས་ཅད་བསྡུས་པའི་ཕྱིར་ཡང། ཇི་སྙེད་ཡོད་པ་ཉིད་ཅེས་གསུངས་སོ་ཞེས་བྱ་བ་ལ་སོགས་པ་ཐམས་ཅད་དོ་ཞེས་བྱ་བས་ཟླས་རྣམ་པར་བཤད་པ་ཉིད་བསྟན་ཏེ། ཕུང་པོ་དང་སྐྱེ་མཆེད་ལ་མི? ་ལྟ་བ་དེ་བཞིན་དུ་ཁམས་བཅོ་བརྒྱད་ལ་སོགས་པ་ཡང་དེ་བཞིན་ནོ་ཞེས་བྱ་བའི་ཐ་ཚིག་གོ་།ཇི་ལྟ་བ་བཞིན་དུ་ཡོད་པ་ནི་འདི་ལྟ་སྟེ། ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་འདིར ་ཇི་ལྟ་བ་བཞིན་དུ་ཡོད་པ་ཉིད་ཙམ་བྱའོ་ཞེས་བྱ་བ་ལ་སོགས་པ་ནི་གཉིས་པ་ཇི་ལྟ་བ་བཞིན་དུ་ཡོད་པ་ཉིད་རྣམ་པར་བཤད་པའོ། །འདི་ཡང་རྣམ་པ་གཉིས་ཏེ་མདོར་བསྡུས་ནས་བསྟན་པ་དང། རྒྱ་ཆེར་བཤད་པའོ། །དང་པོ་མདོར་བསྡུས ་ནས་བསྟན་པ་འདི་ཡང་རྣམ་པ་གསུམ་དུ་ཕྱེ་ནས་བསྟན་ཏེ། མདོར་བསྟན་པ་དང། རྒྱས་པར་བཤད་པ་དང། མཇུག་བསྡུ་བའོ། །འདི་ལྟ་སྟེ། ཀུན་ནས་ཉོན་མོངས་པ་དང། རྣམ་པར་བྱང་བའི་ཆོས་རྣམས་ལ་རོ་གཅིག་པའི ་དེ་བཞིན་ཉིད་དང། མཉམ་པའི་ཆོས་ཉིད་ཡོད་པ་གང་ཡིན་པ་དེ་ནི་ཇི་ལྟ་བ་བཞིན་དུ་ཡོད་པ་ཉིད་ཅེས་བྱའོ། །ངོ་བོ་ཉིད་འདི་གཉིས་ཀྱང་དང་པོ་མདོ་འདི་ཉིད་ལས་གསུངས་པ་ཡིན་པས། བསྟན་བཅོས་མཛད་པའི་སློབ་དཔོན་རྣམས ་ཀྱི་འདི་ལྟར་སོ་སོ་ནས་ངོན་གྱིས་མདོའི་ཚིག་བཟུང་ནས་མི་མཐུན་པ་རྣམ་པ་སྣ་ཚོགས་སུ་བཤད་དེ། བསྟན་བཅོས་རྣམ་པར་བཤད་པ་དང། དགོངས་པ་ཟབ་མོ་རྣམ་པར་གྲོལ་བའི་མདོ་ལས་ནི། མདོ་འདི་ཉིད་དང་མཐུན་པར་བཤད་དོ། །བསྟན་བཅོས ་ཆོས་མངོན་པ་ཀུན་ལས་བཏུས་པ་དང། ཆོས་མངོན་པ་སྣ་ཚོགས་ཀུན་ལས་བཏུས་པ་ལས་ནི་ཕུང་པོ་ལྔ་དང་ཁམས་དང་སྐྱེ་མཆེད་གསུམ་པོ་དག་ནི་ཇི་སྙོད་ཡོད་པ་ཉིད་ཅེས་བྱའོ། །བདེན་པ་བཞི་དང། རྣམ་པ་བཅུ་དྲུག་དང། དེ་བཞིན་ཉིད་དང། ་ཆོས་ཀྱི་ཕྱག་རྒྱ་བཞི་དང། རྣམ་པར་ཐར་པ་གསུམ་པ་ལ་སོགས་པ་ནི་ཇི་ལྟ་བ་བཞིན་དུ་ཡོད་པ་ཉིད་ཅེས་བྱའོ་ཞེས་བཤད་དེ། དེའི་ཕྱིར་བསྟན་བཅོས་ཆོས་མངོན་པ་ཀུན་ལས་བཏུས་པ་ལས། ཇི་སྙེད་ཡོད་པ་ཉིད་ནི་འདི་ལྟ་སྟེ། ཕུང་པོ་དང་ཁམས ་དང་སྐྱེ་མཆེད་རྣམས་སོ། །ཇི་ལྟ་བ་བཞིན་དུ་ཡོད་པ་ནི་འདི་ལྟ་སྟེ། འཕགས་པའི་བདེན་པ་བཞི་དང། རྣམ་པ་བཅུ་དྲུག་དང། དེ་བཞིན་ཉིད་དང། འདུ་བྱེད་ཐམས་ཅད་མི་རྟག་པ་དང། འདུ་བྱད་ཐམས་ཅད་སྡུག་བསྔལ་བ་དང། ཆོས་ཐམས ་ཅད་བདག་མེད་པ་དང། མྱ་ངན་ལས་འདས་པ་ནི་ཞི་བ་དང། སྟོང་པ་དང་སྨོན་པ་མེད་པ་དང་མཚན་མ་མེད་པའོ་ཞེས་འབྱུང་སྟེ། བསྟན་བཅོས་ཆོས་མངོན་པ་སྣ་ཚོགས་ཀུན་ལས་བཏུས་པའི་ནང་ནས་འདི་ཉིད་ཀྱི་བཤད་པ་ལས་ནི། ཕྱོགས་ཀྱི ་ཚད་དང་མཛའ་ནི་འདི་དག་ཏུ་ཟད་དོ་ཞེས་དེའི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་གསུམ་པོ་དག་རྣམ་པར་བཞག་པ་གང་ཡིན་པ་དེ་ནི་ཇི་སྙེད་ཡོད་པ་ཉིད་ཅེས་བྱའོ། །དོན་དེ་ལྟ་བུ་ལ་སོགས་པའི་ཁྱད་པར་གྱི་སྒོ་ནས་ཡོངས་སུ་ཤེས་པར་བྱ་བའི་ཡུལ ་ཁོང་དུ་ཆུད་པར་འགྱུར་བའི་ཕྱིར་ཇི་ལྟ་བ་བཞིན་དུ་ཡོད་པ་ཉིད་ཅེས་བྱའོ་ཞེས་བཤད་དེ་ཞིབ་ཏུ་དེ་ཉིད་ལས་བསྟན་པ་བཞིན་ནོ། །གོང་དུ་བསྟན་པའི་བསྟན་བཅོས་རྣམ་པ་གཉིས་ལ་མདོའི་དགོངས་པ་བཤད་པ་དང་སྦྱང་ན་ཆོས་ཀྱི་རྣམ་གྲངས་གསུམ ་གྱིས་ཆོས་རྣམས་མ་ལུས་པར་བསྡུས་པས་ན། ཇི་སྙེད་ཡོད་པ་ཉིད་ཅེས་བྱའོ། །འདི་ལྟར་འཕགས་པའི་བདེན་པ་བཞིའི་རིགས་པ་བསྟན་པ་ནས་སྨོན་བ་མེད་པ་ལ་སོགས་པའི་བར་དུ་བསྟན་པ་གང་ཡིན་པ་དེ ་དག་གིས་ཡོངས་སུ་ཤེས་པར་བྱ་བའི་ཡུལ་ཁོང་དུ་ཆུད་པར་འགྱུར་བས། ཇི་ལྟ་བ་བཞིན་དུ་ཡོད་པ་ཉིད་ཅེས་བྱའོ། །དེ་བཞིན་ཉིད་ལ་ཇི་ལྟ་བ་བཞིན་དུ་ཡོད་པ་ཉིད་ཅེས་བྱ་བ་ནི་མ་ཡིན་ཞེས་བསྟན་ཏོ། །བསྟན་བཅོས་རྣམ ་པར་བཤད་པ་ལས་ནི་མིང་བཀོད་པར་ཟད་ཀྱི། རྣམ་པར་བཤད་པ་ནི་མེད་དོ། །བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་བསྟན་པ་དང་སྦྱར་བ་ནི་སྔར་བཤད་པ་དག་དང་མི་མཐུན་ཏེ། དེའི་ཕྱིར་བསྟན་བཅོས་དེ་ཉིད་ལས། ་དེ་ལ་ཇི་སྙེད་ཡོད་པ་ཉིད་གང་ཡིན་ཞེ་ན། འདི་ལྟ་སྟེ། ཕན་ཆད་གཟུགས་ཀྱི་ཕུང་པོ་དང། ཚོར་པའི་ཕུང་པོ་དང། འདུ་ཤེས་ཀྱི་ཕུང་པོ་དང། །འདུ་བྱེད་ཀྱི་ཕུང་པོ་དང། རྣམ་པར་ཤེས་པའི་ཕུང་པོ་མེད་དོ་ཞེས་ཆོས ་ལྔས་འདུས་བྱས་ཀྱི་དངོས་པོ་ཐམས་ཅད་བསྡུས་པ་དང། ཁམས་དང་སྐྱེ་མཆེད་རྣམས་ཀྱིས་ཆོས་ཐམས་ཅད་བསྡུས་པ་དང། འཕགས་པའི་བདེན་པ་བཞི་པོ་དག་གིས་ཤེས་བྱའི་དངོས་པོ་ཐམས་ཅད་བསྡུས་པ་གང་ཡིན ་པ་དེ་ནི་ཇི་སྙེད་ཡོད་པ་ཉིད་ཅེས་བྱའོ། །དེ་ལ་ཇི་ལྟ་བ་བཞིན་དུ་ཡོད་པ་ཉིད་གང་ཞེ་ན་འདི་ལྟ་སྟེ། དམིགས་པའི་ཡང་དག་པ་ཉིད་གང་ཡིན་པ་དང། དེ་བཞིན་ཉིད་གང་ཡིན་པ་དེ་ནི་རིགས་པ་རྣམ་པ་བཞི་པོ་འདི་ལྟ་སྟེ། བལྟོས་པའི ་རིགས་པ་དང། བྱ་བ་བྱེད་པའི་རགས་པ་དང། འཐད་པ་སྒྲུབ་པའི་རིགས་པ་དང། ཆོས་ཉིད་ཀྱི་རིགས་པའི་རིགས་པ་དང་ལྡན་པ་སྟེ་ཞེས་འབྱུང་བ་ཡིན་ཏེ། དེ་ལ་མི་མཐུན་པ་ཞེས་བྱ་བ་ཡང་བསྟན་བཅོས་ཆོས་མངོན་པ་དང། ཆོས ་མངོན་པ་སྣ་ཚོགས་ཀུན་ལས་བཏུས་པ་ལས་ནི། འཕགས་པའི་བདེན་པ་བཞི་ལས་ཇི་ལྟ་བ་བཞིན་དུ་ཡོད་པ་ཉིད་ཅེས་བཤད་དེ། གོང་དུ་བསྟན་པ་བཞིན་ནོ། །བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་ནི། དོན་གྱི་འཕགས་པའི་བདེན་པ་བཞི་ལ་ཇི་སྙེད་ཡོད་པ ་ཉིད་ཅེས་བཤད་པས་སོ། །དེ་ལྟར་བཤད་པ་ཡང་འཕགས་པའི་བདེན་པ་བཞི་པོ་དག་གིས་ཀུན་ནས་ཉོན་མོངས་པ་དང། རྣམ་པར་བྱང་བའི་ཆོས་རྣམས་བསྡུས་པས་དེ་མེད་ལས་བརྩམས་པའི་ཇི་སྙེད་ཡོད་པ་ཉིད་ཅེས་བསྟན་ཏེ། སོ་སོ་ནས་དོན་རེ་རེ་སྨོས་པའི་ཕྱིར ་ཕན་ཚུན་འགལ་བ་མེད་དོ། །གཞན་ཡང་བསྟན་བཅོས་ཆོས་མངོན་པ་ཀུན་ལས་བཏུས་ལ་སོགས་པ་གཅིག་ལས་རིགས་པ་རྣམ་པ་བཞི་ལ་ཇི་ལྟ་བ་བཞིན་དུ་ཡོད་པ་ཉིད་ཅེས་མ་བསྟན་པ་དང། བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས། ཆོས་ཀྱི་ཕྱག་རྒྱ ་རྣམ་པ་བཞི་ལ་སོགས་པ་ལ་ཇི་ལྟ་བ་བཞིན་དུ་ཡོད་པ་ཉིད་ཅེས་མ་བསྟན་པའི་ཕན་ཚུན་གཅིག་གིས་གཅིག་རབ་ཏུ་བསྟན་པས་ན་འགལ་བ་མེད་དེ། །དེ་བཞིན་ཉིད་དང་ཁམས་དང་སྐྱེ་མཆེད་ཀྱིས་མ་བསྡུས་སམ?་ཞེ་ན་ཅིའི་ཕྱིར་ཇི་སྙེད་ཡོད་པ་ཉིད་ཅེས ་མ་སྟན་ཅེ་ན། སྨྲས་པ། ཡང་དག་པའི་དོན་དུ་ན་ངོ་བོ་ཉིད་གཉིས་པ། ངག་གི་ངོ་བོ་ཉིད་ལ་ཡངས་ངོག?་མེད་ཀྱང། །བསམས?་དང་སྐྱེ་མཆེད་ཀྱི་ཆོས་ཐམས་ཅད་ཀྱིས་བསྡུས་པའི་ཕྱིར་དང། རགས་པ་རྣམ་པ་བཞི་པོ་དག་གིས་ཆོས་རྣམས་མ་ལུས་པར ་བསྡུས་པའི་ཕྱིར། ཕན་ཚུན་གཅིག་གིས་གཅིག་བསྟན་པའི་དབང་དུ་མཛད་ནས་ཕུང་པོ་ལ་སོགས་པའི་ཆོས་གསུམ་པོ་དག་ལ་ནི་ཇི་སྙེད་ཡོད་པ་ཞེས་བསྟན་ལ། དེ་བཞིན་ཉིད་བདུན་ལ་སོགས་པ་ལ་ཇི་ལྟ་བ་བཞིན་དུ་ཡོད་པ་ཞེས་བསྟན་ཏོ། །ཡང་ན ་མཚན་ཉིད་ཀྱི་རྗེས་སུ་རྣམ་པར་དབྱེ་ན་མུ་རྣམ་པ་བཞིར་འགྱུར་ཏེ། ཇི་སྙེད་པ་ཡིན་ལ་ཇི་ལྟ་བ་བཞིན་མ་ཡིན་པ་ཡང་ཡོད་དེ། ཕུང་པོ་དང་སྐྱེ་མཆེད་ལ་སོགས་པ་ལྟ་བུའོ། །ཇི་ལྟ་བ་བཞིན་ཡིན་ལ་ཇི་སྙེད་མ་ཡིན་པ་ཡང་ཡོད་དེ། དེ་བཞིན་ཉིད་བདུན ་ལ་སོགས་པ་ལྟ་བུའོ། །ཇི་སྙེད་པ་ཡང་མ་ཡིན་པ་ཇི་ལྟ་བ་བཞིན་ཡོད་པ་ཡང་ཡོད་དེ། འཕགས་པའི་བདེན་པ་བཞི་པོ་ལྟ་བུའོ། །ཇི་སྙེད་པ་ཡང་མ་ཡིན་ལ་ཇི་ལྟ་བ་བཞིན་མ་ཡིན་པ་ཡང་ཡོད་དེ། ནམ་མཁའ་ཨི་མེ་ཏོག་ལ་སོགས ་པ་ལྟ་བུའོ།། །།བམ་པོ་བཞི་བཅུ་གཉིས་པ། །དེ་ཡང་རྣམ་པ་བདུན་ཏེ་ཞེས་བྱ་བ་འདི་མན་ཆད་ཀྱིས་གཉིས་པ་དེ་བཞིན་ཉིད་རྣམ་པ་བདུན་རྒྱ་ཆེར་རྣམ་པར་བཤད་པའོ། །འདི་ཡང་རྣམ་པ་གསུམ་དུ་དབྱེ་སྟེ། གྲངས་མདོར་སྨོས་པ ་དང། གོ་རིམ་བཞིན་དུ་རྣམ་པར་ཕྱེ་སྟེ་བཤད་པ་དང། མཉམ་པ་ཉིད་རྣམ་པ་བཞི་ལས་བརྩམས་ནས། དེ་བཞིན་ཉིད་བདུན་བསྡུ་བ་སྟེ་འདི་ནི་དང་པོའོ། །འཇུག་པའི་དེ་བཞིན་ཉིད་ནི་འདི་ལྟ་སྟེ། འདུ་བྱེད་ཐམས་ཅད་ཀྱི་ཐོག་མ་དང་ཐ ་མ་མེད་པ་གང་ཡིན་པའོ་ཞེས་བྱ་བ་ལ་སོགས་པས་ནི་གཉིས་པ་གོ་རིམ་བཞིན་དུ་རྣམ་པར་ཕྱེ་སྟེ་བཤད་པ་སྟོན་ཏོ། །དེ་བཞིན་ཉིད་བདུན་པོ་འདི་ཉིད་ནི་དང་པོའི་མདོ་སྡེ་དེ་ཉིད་ལས་གསུངས་པ་ཡིན་པས། བསྟན་བཅོས་མཛད་པའི་སློབ་དཔོན ་རྣམས་ཀྱིས་ཀྱང་མདོ་ཉིད་ཀྱི་ཚིག་འདི་ལ་བརྟེན་ནས། སོ་སོ་ནས་མི་མཐུན་པར་བསྟན་ཏེ། འཕགས་པ་སངས་རྒྱས་ཀྱི་སའི་འགྲེལ་པ་དང། བསྟན་བཅོས་ངོ་བོ་ཉིད་མེད་པ་གསུམ་བསྟན་པ་དང། སྟོང་པ་ཉིད་བཅོ་བརྒྱད་བསྟན་པ་ལས་ནི ་དེ་བཞིན་ཉིད་ཁོ་ནས་ལས་བརྩམས་ནས་རྣམ་པ་བདུན་དུ་འབྱེད་དེ། བཤད་པ་འདི་དང་སྦྱར་ན་དེ་ཁོ་ན་ཉིད་ཀྱི་མཚན་ཉིད་ཀྱི་དེ་བཞིན་ཉིད་གཅིག་ཏུ་ནི་ལས་ཡོངས་སུ་འཛིན་པ་ཁོ་ནའི་རྣམ་པ་ཡིན་བར་བཤད་དོ། དེ་ཁོ་ན་ཉིད་ནི་དེ་བཞིན་ཉིད་ཡིན ་བའི་ཕྱིར་རོ། །རྣམ་པར་དག་པའི་དེ་བཞིན་ཉིད་ལ་ནི་དོན་རྣམ་པ་གཉིས་ཡོད་དེ། དང་པོ་ནི་བརྟགས་པ་དང་རྫས་སུ་ཡོད་པ་སོ་སོར་ཕྱེ་སྟེ། བརྗོད་ན་བདག་པོའི་དབང་དུ་བྱས་པའི་རྣམ་པར་བཤད་པ་ཁོ་ན་ཡིན་པར་འགྱུར་བས། འགོག་པའི ་བདེན་པ་ནི་བཏགས་པའི་ཡོད་པ་ཡིན་ལ། དེ་བཞིན་ཉིད་ནི་རྫས་སུ་ཡོད་པ་ཡིན་ཏེ། འགོག་པའི་དེ་བཞིན་ཉིད་ཡིན་པའི་ཕྱིར་རོ། །གཉིས་པ་ནི་བཏགས་པ་རྫས་སུ་ཡོད་པའི་རྗེས་སུ་བསྡུ་ན། ལས་ཡོངས་སུ་འཛིན་པའི་རྣམ་པར་བཤད་པ་ཡིན་ཏེ། འགོག་པ་ཉིད ་དེ་བཞིན་ཉིད་ཡིན་པའི་ཕྱིར། གཞན་ལྔ་པོ་དག་ནི་བདག་པོ་དབང་དུ་བྱས་པའི་རྣམ་པར་བཤད་པ་ཁོ་ན་ཡིན་ཏེ། འདི་ལྟ་སྟེ། འཇུག་པའི་དེ་བཞིན་ཉིད་ཅེས་བྱ་བ་ནས་ཡང་དག་པར་སྒྲུབ་པའི་དེ་བཞིན་ཉིད་ཅེས་བྱ་བའི་བར་གྱི་དེ་བཞིན་ཉིད་ཡིན་པའི་ཕྱིར ་རོ། །བསྟེན་བཅོས་མདོ་སྡེའི་རྒྱན་དང། དབུས་དང་མཛའ་རྣམ་པར་འབྱེད་པ་ལས་ནི་མཚན་ཉིད་ཁོ་ནའི་དབང་དུ་མཛད་ནས་རྟོན་ཏེ་།འཇུག་པ་ལ་སོགས་པ་དེ་དག་སོ་སོ་ནས་རང་གི་བདག་ཉིད་ཇི་ལྟ་བ་བཞིན་དུ་རང་གི་ངོ་བོ་ཉིད་མི་སྟོན་པས་དེ་བཞིན་ཉིད་ཅེས་བྱའི ་རོ་གཅིག་པའི་དེ་བཞིན་ཉིད་ལ་དེ་བཞིན་ཉིད་ཅེས་བྱ་བ་ནི་མ་ཡིན་ནོ། །དེ་ལ་ཁོ་ན་ཉིད་ཀྱི་མཚན་ཉིད་གཅིག་པུ་ནི་ཡང་དག་པའི་དེ་ཁོ་ན་ཉིད་ཀྱི་དེ་བཞིན་ཉིད་དོ། །རྣམ་པར་དག་པ་དོན་གཉིས་དང་ལྡན་པ་ནི་སྔ་མ་བཞིན་དུ་རིག་པར་བྱའོ། །གཞན་ལྔ་པོ ་ངག་ནི་ཡང་དག་པའི་དེ་བཞིན་ཉིད་མ་ཡིན་ནོ་ཞེས་བཤད་དེ་བཤད་བ་འདི་དང་སྦྱར་ན། དེ་བཞིན་ཉིད་བདུན་ཅར་ཡང་ལས་ཡོངས་སུ་འཛིན་པའི་རྣམ་པར་བཤད་པ་ཡིན་ནོ། །བསྟན་བཅོས་རྣམ་པར་རིག་པ་ཙམ་དུ་གྲུབ་པ་ལས་ནི་དོན་རྣམ་པ་གཉིས་ཀྱིས ་སྟོན་ཏེ། དང་པོ་དེ་བཞིན་ཉིད་ལས་བརྩམས་པ་ནི་སངས་རྒྱས་ཀྱི་སའི་འགྲེལ་པ་ལས་བསྟན་པ་དང་མཐུན་ནོ། །གཉིས་པ་མཚན་ཉིད་ཀྱི་དབང་དུ་བྱས་པ་ནི་མདོ་སྡེའི་རྒྱུན་ལ་སོགས་པ་ལས་བསྟན་པ་དག་དང་མཐུན་ཏེ། དེའི་ཕྱིར་བསྟན་བཅོས་དེ་ཉིད ་ལས། དེ་ཁོ་ན་ཉིད་བདུན་པོ་འདི་དག་ནི་ཡོངས་སུ་གྲུབ་པས་བསྡུས་ཏེ། རྩ་བ་དང་རྗེས་ལས་ཐོབ་པའི་ཡེ་ཤེས་གཉིས་ཀྱི་ཡུལ་ཡིན་པའི་ཕྱིར་རོ། །མཚན་ཉིད་ཀྱི་རྗེས་སུ་བསྡུ་ན་འཇུག་པ་དང། སྡུག་བསྔལ་དང། ཀུན་འབྱུང་གསུམ་གྱི་ངོ ་བོ་ཉིད་སྔ་མ་གཉིས་ཀྱི་བསྡུས་ཏེ། ཡང་དག་པ་མ་ཡིན་པས་ཀུན་ནས་ཉོན་མོངས་པར་མངོན་པར་ཞེན་པའི་ཕྱིར་རོ། །གཞན་བཞི་པོ་དག་ནི་ཡོངས་སུ་གྲུབ་པས་བསྡུས་སོ་ཞེས་འབྱུང་བ་ཡིན་ནོ། །བསྟན་བཅོས་རྣམ་པར་བཤད་པ་ལས ་ནི་དེ་བཞིན་ཉིད་བདུན་པོ་ཐམས་ཅད་ཀྱང་དག་བའི་དེ་བཞིན་ཉིད་ཡིན་ནོ་ཞེས་བཤད་དེ། དེ་ལས་དེ་བཞིན་ཉིད་བདུན་པོ་དག་ལ་ཀུན་ཏུ་ཁྱབ་པ་ཞེས་སྟོན་པའི་ཕྱིར་རོ། །ཡང་ན་མཚན་ཉིད་ཀྱི་རྗེས་སུ་རབ་ཏུ་དབྱེ་ན་སྔ་མ་གསུམ་ནི་ཡང་དག་པའི་དེ་བཞིན ་ཉིད་ཡིན་ནོ། །ཕྱི་མ་བཞི་ནི་བདེན་པ་བཞི་ཡིན་ནོ་ཞེས་བཤད་དོ། །དགོངས་པ་ཟབ་མོ་རྣམ་པར་དགྲོལ་བའི་མདོ་ལས་ཀྱང་ཕལ་ཆེར་མདོ་འདི་ལས་གསུངས་པ་དང་མཐུན་པར་འབྱུང་བས། །དེའི་ཕྱིར་ལོགས་ཤིག་ཏུ་རྣམ་པར་ཕྱེ་སྟེ་མ་བསྟན ་ཏོ། །རྒྱ་ཆེར་རྣམ་པར་དབྱེ་བ་ནི་བསྟན་བཅོས་ངོ་བོ་ཉིད་མེད་པ་གསུམ་བསྟན་པ་དང་སྟོང་པ་ཉིད་བཅཝ་བརྒྱད་བསྟན་པ་ལ་སོགས་པ་ལས་འབྱུང་བ་བཞིན་དུ་རིག་པར་བྱའོ། །འདིར་དེ་བཞིན་ཉིད་རྣམ་པ་བདུན་སྟན་པར་མཛད་བས་དེ་ཉིད་ལས་རྣམ ་པ་བདུན་དུ་དབྱེ་སྟེ། འདི་ནི་དང་པོ་འཇུག་པའི་དེ་བཞིན་ཉིད་རྣམ་པར་བཤད་པའོ། །འདི་ལྟ་སྟེ། འདུ་བྱེད་ཐམས་ཅད་ཀྱི་ཐོག་མ་དང་ཐ་མ་མེད་པ་ཉིད་ཅེས་བྱ་བ་གང་ཡིན་པ་ཞེས་བྱ་བ་འདི་ལ་ཡང་བཤད་པ་རྣམ་པ་གསུམ་ཡོད་དེ། ཁ ་ཅིག་ན་རེ་འདུ་བྱེད་ཐམས་ཅད་ཀྱི་དེ་བཞིན་ཉིད་དེ་ཁོ་ནའི་ངོ་བོ་ཉིད་ལ་ཐོག་མ་དང་ཐ་མའི་མཛའ་མེད་པའི་ཕྱིར་ཐོག་མ་དང་ཐ་མ་མེད་པ་ཉིད་ཅེས་བྱའོ་ཞེའོ། །ཁ་ཅིག་ན་རེ་འཇུག་པ་ཉིད་ལ་དེ་བཞིན་ཉིད་ཅེས་བཤད་དེ། འདི་ལྟར་འདུ་བྱེད་ཐམས ་ཅད་ནི་སྐད་ཅིག་རེ་རེ་ལ་སྐྱེ་འགག་དང་བཅས་པས་སྔོན་མེད་པ་ལས་ཡོད་པར་གྱུར་པ་གང་ཡིན་པ་དེ་ནི་སྐྱེ་བ་ཞེས་བྱ་བས། དེའི་ཕྱིར་ཐོག་མ་མེད་པ་ཉིད་ཅེས་བྱའོ། །ཡོད་པར་གྱུར་ནས་ཡང་མེད་པར་འགྱུར་བ་གང་ཡིན་པ་དེ་ནི་འགོག་བ་ཞེས ་བྱ་བས་ན་ཐ་མ་མེད་པ་ཉིད་ཅེས་བྱའོ་ཞེའོ། །ཁ་ཅིག་ན་རེ་འདུ་བྱེད་རྣམས་འཇུག་པ་ལ་ཐོག་མ་དང་ཐ་མ་མེད་པའི་ཕྱིར། །ཐོག་མ་དང་ཐ་མ་མེད་པ་ཉིད་ཅེས་བྱའོ་ཞེའོ། །བསྟན་བཅོས་ངོ་བོ་ཉིད་མེད་པ་གསུམ་བསྟན་པ་དང་སྟོང་པ་ཉིད་བཅོ་བརྒྱད་བསྟན ་པ་དང་སྐྱང་ན། རེ་རེ་ལ་ཡང་བཤད་པ་རྣམ་པ་མ་སུམ་གསུམ་ཡོད་པ་ནི་མངས་ཀྱིས་དོགས་ནས་འདིར་མ་བརྗོད་དོ། །མཚན་ཉིད་ཀྱི་དེ་བཞིན་ནི་འདི་ལྟ་སྟེ། ཆོས་ཐམས་ཅད་ཀྱི་གང་ཟག་བདག་མེད་པ་དང་ཆོས་བདག་མེད་པ་ཉིད་གང་ཡིན་པའོ་ཞེས? ་བྱ་བ་ནི་གཉིས་པ་མཚན་ཉིད་ཀྱི་དེ་བཞིན་ཉིད་རྣམ་པར་བཤད་པ་སྟེ། ཆོས་ཐམས་ཅད་ལ་བདག་མེད་པའི་དེ་བཞིན་ཉིད་གང་ཡིན་པའོ། །བསྟན་བཅོས་རྣམ་པར་རིག་པ་ཙམ་དུ་གྲུབ་པ་ལས་ནི་བདག་མེད་པ་གཉིས་ཀྱིས་ཡོངས་སུ་བཟུང་བའི་དྲེ ་ཁོ་ན་ཉིད་གང་ཡིན་པའོ་ཞེས་བཤད་དོ། །ཅིའི་ཕྱིར་མདོ་སྡེ་དང། བསྟན་བཅོས་ལས་དེ་ལྟར་ཐ་དད་པར་གྱུར་ཅེ་ན། ཡང་དག་པའི་དོན་དུ་ན་བདག་མེད་པ་ཉིད་ནི་ཆོས་མེད་པ་ཉིད་ཀྱིས་རབ་ཏུ་ཕྱེ་བའི་དེ་ཁོ་ན་ཉིད་དེ་བཞིན་ཉིད་ཀྱི་བདག་ཉིད་ཡིན ་ན། མདོ་འདི་ལས་ནི་གང་ལ་མངོན་པར་ཞེན་པ་དེ་ལས་རབ་ཏུ་གསལ་བར་བྱེད་པའི་མེད་བསྟན་པ་ཡིན་ནོ། །བསྟན་བཅོས་རྣམ་པར་རིག་པ་ཙམ་དུ་གྲུབ་པ་ལ་སོགས་པ་ལས་ནི། དེ་ཁོ་ན་ཉིད་ཀྱི་དབང་མཛད་ནས་བསྟན་པའི་ཕྱིར། རབ་ཏུ ་གསལ་བར་བྱ་བ་བསྟན་པ་ཡིན་ཏེ། དེའི་ཕྱིར་བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས། འདུས་བྱས་དང་འདུས་མ་བྱས་གང་ཡིན་པ་དེ་ནི་ཡོད་པ་ཞེས་བྱའོ། །བདག་དང་བདག་གི་མེད་པ་གང་ཡིན་པ་དེ་ནི་མེད་པ་ཞེས་བྱའོ། །ཞེས་བསྟན ་པ་ཡིན་པའོ། །རྣམ་པར་རིག་པའི་དེ་བཞིན་ཉིད་ནི་འདི་ལྟ་སྟེ། འདུ་བྱེད་ཐམས་ཅད་རྣམ་པར་རིག་པ་ཙམ་ཉིད་གང་ཡིན་པའོ་ཞེས་བྱ་བ་ན་གསུམ་པ་རྣམ་པར་རིག་པ་ཙམ་གྱི་དེ་བཞིན་ཉིད་རྣམ་པར་བཤད་པའོ། །དེ་བཞིན་ཉིད་ལ་ཡང ་བཤད་པ་རྣམ་པ་གཉིས་ཡོད་དེ། སངས་རྒྱས་ཀྱི་སའི་འགྲེལ་པ་ལ་སོགས་པ་ལས་བསྟན་པ་དང་སྦྱར་ན་རྣམ་བར་རིག་པ་ཙམ་གྱི་ངོ་བོ་ཉིད་གང་ཡིན་པ་དེ་ནི་རྣམ་པར་རིག་པ་ཙམ་ཉིད་ཅེས་བྱའོ་ཞེས་བཤད་དོ། །བསྟན ་བཅོས་རྣམ་པར་རིག་པ་ཙམ་དུ་གྲུབ་པ་ལས་བསྟན་པ་དང་སྦྱར་ན་ནི་དོན་རྣམ་པ་གཉིས་ཡོད་དེ་གཅིག་ནི་སངས་རྒྱས་ཀྱི་སའི་འགྲེལ་པ་ལས་བསྟན་པ་དང་མཐུན་ནོ། །ཡང་བཤད་པ་གཅིག་ཡོད་པ་ལས་ནི་འདུ་བྱེད་ཐམས་ཅད་ལ་རྣམ་པར་རིག་པ ་ཙམ་དུ་བསྒོམ་པའི་ཤེས་པའོ་ཞེས་བཤད་དེ། དེའི་ཕྱིར་བསྟན་བཅོས་རྣམ་པར་རིག་པ་ཙམ་དུ་གྲུབ་པ་ལས། མཚན་ཉིད་ཀྱི་རྗེས་སུ་བྱས་ཏེ་བརྗོད་ན་ཡོངས་སུ་གྲུབ་པ་ལས་གསུངས་སོ་ཞེས་བཤད་དེ། དེ་ལྟར་མཚན་ཉིད་ཀྱི་རྗེས་སུ་བྱས ་ན་ཡོངས་སུ་གྲུབ་པ་ཡིན་པར་བཤད་པ་དང་སྦྱར་ན། ཟག་པ་མེད་པ་རྣམ་པར་རིག་པ་ཙམ་དུ་སྒོམ་པའི་ཤེས་པ་ཡིན་པར་རིག་པར་བྱ་སྟེ། དེའི་ཕྱིར་བསྟན་བཅོས་མདོ་སྡེའི་རྒྱན་ལས་རྣམ་པར་རིག་པ་ཙམ་གྱི་དེ་བཞིན་ཉིད་ནི་འདི་ལྟ་སྟེ། རྣམ་པར ་མི་རྟོག་པའི་ཡེ་ཤེས་གང་ཡིན་པའོ་ཞེས་བཤད་དོ། །དགོངས་པ་ཟབ་མོ་རྣམ་པར་དགྲོལ་པའི་མོད་ལས་རྣམ་པར་རིག་པ་ཙམ་གྱི་དེ་བཞིན་ཉིད་ནི་འདུས་བྱས་དང་འདུ་བྱེད་རྣམས་སེམས་ཙམ་འདུ་ཤེས་པ་གང་ཡིན་པའོ་ཞེས་འབྱུང་སྟེ། བསྟན་བཅོས ་རྣམ་པར་བཤད་པ་ལས་ཀྱང་དེ་སྐད་དུ་བསྟན་ཏོ། །གནས་པའི་དེ་བཞིན་ཉིད་ནི་འདི་ལྟ་སྟེ། དས་སྡུག་བསྔལ་འཕགས་པའི་བདེན་པ་རྣམས་བསྟན་པ་གང་ཡིན་པའོ་ཞེས་བྱ་བ་ནི་གཞི་སྡུག་བསྔལ་གྱི་བདེན་པའི་དེ་བཞིན་ཉིད་རྣམ་པར་བཤད་པའོ། ། ་དེ་བཞིན་ཉིད་འདི་ཡང་དོན་རྣམ་པ་གཉིས་དང་ལྡན་ཏེ། འདི་ལྟར་སྡུག་བསྔལ་གྱི་བདེན་པའི་དེ་ཁོ་ན་ཉིད་དམ། ཡང་ན་སྡུག་བསྔལ་གྱི་བདེན་པ་ནི་ཀུན་འབྱུང་བའི་བདེན་པའི་རྒྱུ་ལས་མངོན་པར་གྲུབ་པའི་ཕྱིར་གནས་པ་ཞེས་བྱའོ། །ཡང་ན་བདེན ་པ་བཞི་པོ་ཀུན་ཀྱང་རྣམ་པར་བཞག་པ་ཞེས་བྱ་སྟེ། །སྡུག་བསྔལ་གྱི་བདེན་པར་དང་པོར་སྨོས་པས་གནས་པའི་མིང་ཐོབ་པ་ཡིན་ནོ། །བསྟན་བཅོས་རྣམ་པར་བཤད་པ་དང། རྣལ་འབྱོར་སྤྱོད་པའི་ས་ལས་ནི། དོན་གྱི་གནས་པ་སྟོན་ཏོ། །དགོངས་པ་ཟབ་མོ་རྣམ་པར་དགྲོལ ་བའི་ཆོད་ལས་ནི་མངོན་བར་ཞེན་པ་ཞེས་འབྱུང་སྟེ། བདག་དང་བདག་གིར་འཛིན་པའི་གནས་སུ་གྱུར་པའི་ཕྱིར་རོ། །བསྟན་བཅོས་སྟོང་པ་ཉིད་བཅོ་བརྒྱད་བསྟན་པ་ལས་ནི་གནས་ཞེས་འབྱུང་སྟེ། སེམས་ཅན་གྱི་རྟེན་གྱི་གནས་སུ་གྱུར་པའི་ཕྱིར་རོ། །ལོག ་པར་སྒྲུབ་པའི་དེ་བཞིན་ཉིད་ནི་འདི་ལྟ་སྟེ་།ངས་ཀུན་འབྱུང་བ་འཕགས་པའི་བདེན་པ་རྣམས་བསྟན་པ་གང་ཡིན་པའོ་ཞེས་བྱ་བ་ནི་ལྔ་པ་ཀུན་འབྱུང་བའི་བདེན་པའི་དེ་བཞིན་ཉིད་རྣམ་པར་བཤད་པ་སྟེ། འདི་ལ་ཡང་བཤད་པ་རྣམ་པ་གཉིས་ཡོད་པ་ནི་གོང་དུ ་སྡུག་བསྔལ་གྱི་བདེན་པའི་དེ་བཞིན་ཉིད་ནི་བསྟན་པ་ལས་འབྱུང་བ་བཞིན་དུ་རིག་བར་བྱའོ། །རྣམ་པར་དག་པའི་དེ་བཞིན་ཉིད་ནི་འདི་ལྟ་སྟེ། ངས་འགོག་པ་འཕགས་པའི་བདེན་པ་རྣམས་བསྟན་པ་གང་ཡིན་པའོ། །ཞེས་བྱ་བ་ནི་དྲུག་པ་འགོག་པ་འཕགས་པའི་བདེན ་པའི་དེ་བཞིན་ཉིད་རྣམ་པར་བཤད་པ་སྟེ། འདི་ལ་ཡང་བཤད་པ་རྣམ་པ་གཉིས་ཡོད་པ་ནི་གོང་མ་བཞིན་རིག་པར་བྱའོ། །ཡང་དག་པར་བསྒྲུབ་པའི་དེ་བཞིན་ཉིད་ནི་འདི་ལྟ་སྟེ། དམ་ལམ་འཕགས་པའི་བདེན་པ་རྣམས་བསྟན་པ་གང་ཡིན་པའོ་ཞེས་བྱ་བ ་ནི་བདུན་པ་ལམ་འཕགས་པའི་བདེན་པའི་དེ་བཞིན་ཉིད་རྣམ་པར་བཤད་པ་སྟེ། འདི་ལ་ཡང་བཤད་པ་རྣམ་པ་གཉིས་ཡོད་པ་ནི་བརྡ་ཕྲད་བར་ཟད་དོ། །དེ་ལ་འཇུག་པའི་དེ་བཞིན་ཉིད་དང་གནས་པའི་དེ་བཞིན་ཉིད་དང་ལོག་པར་སྒྲུབ་པའི་དེ་བཞིན་ཉིད ་ཀྱི་ཕྱིར་ནི་སེམས་ཅན་ཐམས་ཅད་མཚུངས་ཤིང་མཉམ་མོ་ཞེས་བྱ་བ་འདི་མན་ཆད་ནི་གསུམ་པ་མཉམ་པ་ཉིད་རྣམ་པ་བཞི་ལས་བརྩམས་ནས། དེ་བཞིན་ཉིད་དང་བདུན་བསྡུ་བ་སྟོན་ཏོ། །འདི་ཡང་རྣམ་པ་བཞིར་དབྱེ་བ་ལས་འདི་ནི་དང་པོ་སྟེ། འདི ་ལྟར་དེ་བཞིན་ཉིད་རྣམ་པ་གསུམ་གྱི་ཕྱིར། སེམས་ཅན་རྣམས་མཚུངས་ཤིང་མཉམ་པར་གྱུར་བ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། དེ་ལ་འཇུག་པ་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་བཅུ་གཉིས་པོ་དག་ཡིན་ལ་གནས་པ་དང་ལོག ་པར་སྒྲུབ་པ་ནི་སྡུག་བསྔལ་དང་ཀུན་འབྱུང་བ་ཡིན་ཏེ། འདི་དག་གི་དབང་གིས་སེམས་ཅན་རྣམས་མངོན་པར་གྲུབ་ཅིང་གནས་པའི་ཕྱིར་རོ། །མཚན་ཉིད་ཀྱི་དེ་བཞིན་ཉིད་དང་རྣམ་པར་རིག་པའི་དེ་བཞིན་ཉིད་ཀྱི་ཕྱིར་ནི་ཆོས་ཐམས་ཅད་མཚུངས་ཤིང་མཉམ ་མོ་ཞེས་བྱ་བ་ནི་གཉིས་པ་དེ་བཞིན་ཉིད་ཀྱི་རྣམ་པ་གཉིས་ཀྱི་ཕྱིར་ཆོས་ཐམས་ཅད་མཉམ་པར་གྱུར་པ་ཉིད་དུ་བསྟན་པ་སྟེ། ཆོས་རྣམས་ཐམས་ཅད་ནི་དེ་བཞིན་ཉིད་རྣམ་པར་རིགས་པ་ཙམ་གྱི་རིགས་པས་རང་གི་ངོ་བོ་ཉིད་བྱེད་པའི་ཕྱིར། རྣམ་པར་དག ་པའི་དེ་བཞིན་ཉིད་ཀྱི་ཕྱིར་ནི་ཉན་ཐོས་ཀྱི་བྱང་ཆུབ་གང་ཡིན་པ་དང། རང་སངས་རྒྱས་ཀྱི་བྱང་ཆུབ་གང་ཡིན་པ་དང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་གང་ཡིན་པའི་བྱང་ཆུབ་ཐམས་ཅད་མཚུངས་ཤིང་མཉམ་མོ་ཞེས་བྱ་བ་ནི་གསུམ་པ ་རྣམ་པར་དག་པའི་དེ་བཞིན་ཉིད་ཀྱི་ཕྱིར། ཐེག་པ་གསུམ་གྱི་བྱང་ཆུབ་མཚུངས་ཤིང་མཉམ་པ་ཉིད་དུ་བསྟན་པ་སྟེ། ཐམས་ཅད་ཉོན་མོངས་པའི་སྒྲིབ་པ་སྤངས་པ་དང། སོ་སོར་བརྟགས་པའི་འགོག་པའི་མྱ་ངན་ལས་འདས་པ་བརྙེས་པར ་བྱེ་བྲག་མེད་པའི་ཕྱིར་རོ། །མདོ་སྡེ་རྣམས་ལས་ཐེག་པ་གསུམ་གྱི་འཕགས་པ་རྣམས་ནི་རྣམ་པར་གྲོལ་བའི་གདན་ལ་བཞུགས་པར་མཚུངས་སོ་ཞེས་གསུངས་པའི་དགོངས་པ་ཡང་ཐོབ་པར་བྱ་བའི་འགོག་པ་དང། ཐོབ་པར་བྱེད་པའི་ཤེས་པ ་ལ་མཉམ་པའི་དོན་ཡོད་པ་ཉིད་སྨོས་པ་ཡིན་ནོ། །ཡང་དག་པར་སྒྲུབ་པའི་དེ་བཞིན་ཉིད་ཀྱི་ཕྱིར་ནི་ཡང་དག་པའི་ཆོས་ཐོས་པ་འདྲེས་པའི་ཆོས་ལ་དམིགས་པའི་ཞི་གནས་དང། ལྷག་མཐོང་ཁྱད་པར་དུ་འཕགས་པས་བསྡུས་པའི་ཤེས་རབ་མཚུངས ་ཤིང་མཉམ་མོ་ཞེས་བྱ་བ་ནི་བཞི་པ་དེ་བཞིན་ཉིད་གཅིག་གི་ཕྱིར་ཞི་གནས་དང་ལྷག་མཐོང་གིས་བསྡུས་པའི་ཤེས་རབ་མཉམ་པ་ཉིད་དུ་བསྟེན་པ་སྟེ། དེ་བཞིན་ཉིད་བདུན་པོ་འདི་དག་རྒྱ་ཆེར་རྣམ་པར་འབྱེད་པའི་མཚན་ཉིད་བསྙན་པ་དག་ལས་འབྱུང་བ་བཞིན ་དུ་རིག་པར་བྱའོ། །འཛིན་པའི་དོན་ནི་འདི་ལྟ་སྟེ་ནང་གི་སྐྱེ་མཆེད་གཟུགས་ཅན་ལྔ་དང། སེམས་དང་ཡིད་དང་རྣམ་པར་བཤད་པ་དང། སེམས་ལས་བྱུང་བའི་ཆོས་རྣམས་སོ་ཞེས་བྱ་བའི་གསུམ་པ་འཛིན་པའི་དོན་རྣམ་པར་བཤད་པ་སྟེ། འདི་ལྟར་འཛིན་པའི ་དོན་ནི་དབང་པོ་གཟུགས་ཅན་ལྔ་པོ་དག་ཉིད་དེ། ཡུལ་ལྔ་པོ་དག་ཡོངས་སུ་འཛིན་པའི་ཕྱིར་རོ། །སེམས་དང་ཡིད་དང་རྣམ་པར་ཤེས་པ་ཞེས་བྱ་བ་ནི་རྣམ་པར་ཤེས་པ་བརྒྱད་པོ་དག་གོ་།དེ་ཡང་དོན་རྣམ་པ་གཉིས་ཏེ་སྤྱི་དང་བྱེ་བྲག་སྟེ། ཞིབ་ཏུ་ནི་གོང་དུ་བསྟན ་པ་བཞིན་ནོ། །དེ་དག་དང་མཚུངས་པར་ལྡན་པའི་སེམས་ལས་བྱུང་བའི་ཆོས་རྣམས་ཀྱང་འཛིན་པ་ཞེས་བྱ་སྟེ། ཡུལ་མཚུངས་པར་གྱུར་པའི་ཕྱིར་རོ། །རྒྱ་ཆེར་ནི་བསྟན་བཅོས་མངོན་པ་ཀུན་ལས་བཏུས་པ་དང། ཆོས་མངོན་པ་སྣ་ཚོགས་ཀུན་ལས་བཏུས ་པ་ལས་བསྟན་པ་བཞིན་དུ་རིག་པར་བྱའོ། །བཟུང་པའི་དོན་ནི་འདི་ལྟ་སྟེ་ཕྱི་རོལ་གྱི་སྐྱེ་མཆེད་དྲུག་པོ་དག་ཡིན་ནོ། །ཡང་འཛིན་པའི་དོན་གང་ཡིན་པ་ནི་བཟུང་བའི་དོན་ཀྱང་ཡིན་ནོ་ཞེས་བྱ་བ་ནི་བཞི་པ་བཟུང་བའི་དོན་རྣམ་པར་བཤད་པ་སྟེ། འདི་ལྟར་སྐྱེ ་མཆེད་བཅུ་གཉིས་པོ་དག་ལས་ཕྱི་རོལ་གྱི་སྐྱེ་མཆེད་དྲུག་པོ་དག་དང། སེམས་ལས་བྱུང་བ་རྣམས་མ་གཏོགས་པ་གང་ཡིན་པ་དེ་ནི་བཟུང་བ་ཁོ་ན་ཡིན་གྱི་འཛིན་པ་ནི་མ་ཡིན་པའི་ཕྱིར་རོ། །ཡང་སྔར་བསྟན་པའི་འཛིན་པ་གང་ཡིན་པ་དེ་ནི་བཟུང་པ་ཡང་ཡིན ་ཏེ། །སེམས་དང་སེམས་ལས་བྱུང་བ་དག་གིས་ཡུལ་འཛིན་པར་བྱེད་པའི་ཕྱིར་རོ། །རྒྱ་ཆེར་རྣམ་པར་འབྱེད་པ་ནི་བསྟན་བཅོས་ཆོས་མངོན་པ་ཀུན་ལས་བཏུས་པ་དང་ཆོས་མངོན་པ་སྣ་ཚོགས་ཀུན་ལས་བཏུས་པ་ལས་བསྟན་པ་བཞིན་དུ་རིག་པར ་བྱའོ། །རྣམ་པར་བཞག་པའི་དོན་ནི་འདི་ལྟ་སྟེ། སྣོད་ཀྱི་འཇིག་རྟེན་གྱི་ཁམས་གང་ཡིན་པ་དེར། སེམས་ཅན་ཐམས་ཅད་ཀྱི་ཁམས་རྣམ་པར་བཞག་པ་སྣང་བ་ཞེས་བྱ་བ་འདི་མན་ཆད་ནི་ལྔ་བ་རྣམ་པར་བཞག་པའི་དོན་དམ ་པར་བཤད་པའོ། །འདི་ཡང་རྣམ་པ་གཉིས་སུ་དབྱེ་སྟེ་སྤྱི་དང་བྱ་བྲག་བསྟན་པའོ། །འདི་ནི་དང་པོ་སྦྱི་བསྟན་པ་སྟེ། འདི་ལྟར་སྣོད་ཀྱི་འཇིག་རྟེན་གང་ཡིན་པ་དེ་ཉིད་ནི་སེམས་ཅན་རྣམ་པར་བཞག་པའི་གནས་ཡིན་ཏེ། སེམས་ཅན་ཡོངས་སུ་འཛིན ་པར་བྱེད་བའི་ཕྱིར་རྣམ་པར་བཞག་པ་ཞེས་བྱའོ། །འདི་ལྟ་སྟེ། གྲོང་ཚིགས་གཅིག་དང་གྲོང་ཚིགས་བརྒྱ་དང། གྲོང་ཚིགས་སྟོང་དང་གྲོང་ཚིགས་བརྒྱ་སྟོང་ཞེས་བྱ་བ་ལ་སོགས་པས་ནི་གཉིས་པ་རྣམ་པར་བཞག་པའི་ཕྱིར་བྱེ་བྲག་བསྟན ་བའོ། །འདི་ལ་ཡང་བཤད་པ་རྣམ་པ་གསུམ་ཡོད་དེ། ཁ་ཅིག་ན་རེ་འདི་ནི་གོ་རིམ་བཞིན་དུ་རྣམ་བཅུར་དབྱེ་སྟེ། གྲོང་ཚིགས་ཀྱི་ཚད་དང། འཛམ་བུ་གླིང་གི་ཚད་དང། གླིང་བཞི་པའི་ཚད་དང་སྟོང་ཆུང་དུའི་འཇིག་རྟེན་གྱི་ཁམས་ཀྱི་ཚད་དང ་སྟོང་བར་མའི་འཇིག་རྟེན་གྱི་ཁམས་ཀྱི་ཚད་དང། སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་ཚེད་དང། འཇིག་རྟེན་གྱི་ཁམས་བྱ་བའི་ཚང་དང། འཇིག་རྟེན་གྱི་ཁམས་གྲངས་མེད་པའི་ཚད་དང། རྡུལ་ཕྲ་རབ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་ཀྱི ་ཚད་བསྟན་པའོ་ཞེའོ། །ཁ་ཅིག་ན་རེ་འདི་ནི་རྣམ་པ་བདུན་དུ་དབྱེ་སྟེ་སྔར་བསྟན་པའི་བདུན་པོ་དག་གོ་།སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་བསྟན་པ་ཉིད་ལ་བྱེ་བྲག་རྣམ་པ་བཞི་ཡོད་དེ། བརྒྱ་སྟོང་གི་ཚད་དང་བྱེ་བའི་ཚད་དང་གྲངས་མེད ་པའི་ཚད་དང། རྡུལ་ཕྲ་རབ་གྱི་ཚད་དོ་ཞེའོ། །ཁ་ཅིག་ན་རེ་འདི་ལ་ཡང་རྣམ་པ་ལྔ་ཡོད་དེ་གྲོང་ཚིགས་ཀྱི་ཚད་དང། ས་ཆེན་པོའི་ཚད་དང། གླིང་བཞི་པའི་ཚད་དང། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་ཚད ་དང། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གྱི་ཚད་དོ་ཞེའོ། །དེ་ལྟར་རྣམ་པ་གསུམ་དུ་བཤད་པ་ཡོད་ཀྱང་འདིར་ནི་རེ་ཞིག་གསུམ་དང་སྦྱར་ནས་བཤད་པར་བྱ་སྟེ་།འདི་ནི་དང་པོའོ། །ས་ཆེན་པོ་གཅིག་བས་རྒྱ་མཚོའི་མཛའ་ལ་ཐུག་པ་དང། དེ་བརྒྱ ་དང་སྟོང་དང་དེ་བརྒྱ་སྟོང་ཞེས་བྱ་བ་ནི་གཉིས་པ་ས་ཆེན་པོའི་ཚང་རྣམ་པར་འབྱེད་པ་སྟེ། མདོ་འདི་ཉིད་ཀྱིས་བརྡ་ཕྲད་པར་ཟད་དོ། །འཛམ་བུའི་གླིང་གཅིག་དང། དེ་བརྒྱད་པ། དེ་སྟོང་དང། དེ་བརྒྱ་སྟོང་དང། གླིང་བཞི་པ་གཅིག་དེ་བརྒྱ་སྟོང་དང། དེ ་བརྒྱ་སྟོང་ཞེས་བྱ་བ་ནི་གསུམ་པ་གླིང་བཞི་པའི་ཚད་རྣམ་པར་འབྱེད་པའོ། །དེ་ལ་གླིང་བཞི་བ་ཞེས་བྱ་བ་ལ་དང་པོ་ནི་ལྷོའི་འཛམ་བུ་གླིང་སྟེ། ཤིང་ལས་མིང་དུ་བརྟགས་པའོ། །བྱང་ནི་ཞེང་ཆེ་ལ་ལྷ་ནི་ཞིང་ཆུང་ངོ། །དེའི་དབྱིབས་ཤིང་རྟ་འདྲ་སྟེ། ལྷོའི ་ངོས་ནི་དཔག་ཆད་ཕྱེ་དང་བཞིའོ། །གཞན་ངོས་གསུམ་པོ་དག་ནི་ཀུན་ཀྱང་དཔག་ཚད་ཉིས་སྟོང་ཉིས་སྟོང་ཡོད་དོ། །གཉིས་པ་ནི་ཤར་གྱི་ལུས་འཕགས་གླིང་སྟེ། ཤར་གྱི་ངོས་ནི་ཞིང་ཆུང་ལ་ནུབ་ཀྱི་ངོས་ནི་ཞེང་ཆེ་སྟེ། དབྱིབས་ནི་ཟླ་བ་ཁམ་པ ་འདྲའོ། །ངོས་གསུམ་གྱི་ཚད་ནི་མཉམ་མོ། །ཤར་གྱི་ངོས་ལ་ནི་དཔག་ཚད་སུམ་བརྒྱ་ལྔ་བཅུའོ། །ངོས་གཞན་གསུམ་པོ་དག་ནི་དཔག་ཚད་ཉིས་སྟོང་ཉིས་སྟོང་དོ། །གསུམ་པ་ནི་ནུབ་གྱི་བ་ལང་སྤྱོད་ཀྱི་གླིང་སྟེ། དབྱིབས་ཟླ་བ་ཉ་བ་འདྲའོ། །དེའི་ཚང ་ནི་དཔག་ཚད་བདུན་སྟོང་ལྔ་བརྒྱའོ། །བཞི་པ་ནི་བྱང་གི་སྒྲ་མི་སྙན་གྱི་གླིང་སྟེ། གནས་ཁྱད་དུ་འཕགས་པ་ཞེས་ཀྱང་བྱ་ཁྱད་པར་དུ་སྐྱེས་པ་ཞེས་ཀྱང་བྱ་སྟེ་དབྱིབས་ནི་གྲུ་བཞིའོ། །ངོས་བཞི་ཆར་ཆད་མཉམ་སྟེ། དཔག་ཚད་ཉིས་སྟོང ་ཉིས་སྟོང་ངོ། །གླིང་གི་རྗེས་སུ་མིའི་གདོང་ཡང་དེ་དང་འདྲའོ། །རྒྱ་ཆེར་རྣམ་པར་འབྱེད་པ་ནི་མཛོད་ཀྱི་བསྟན་བཅོས་དང། རྣལ་འབྱོར་སྤྱོད་པའི་ས་ལ་སོགས་བ་ལས་བསྟན་པ་བཞིན་དུ་རིག་པར་བྱའོ། །སྟོང་ཆུང་དུའི་འཇིག་རྟེན ་གྱི?་ཁམས་གཅིག་དང། དེ་བརྒྱ་དང། དེ་བརྒྱ་སྟོང་དང། སྟོང་བར་མའི་འཇིག་རྟེན་གྱི་ཁམས་།ཅིག་དང། དེ་བརྒྱ་དང་དེ་སྟོང་དང་དེ་བརྒྱ་སྟོང་དང། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་གཅིག་དང། དེ་བརྒྱ ་དང། དེ་སྟོང་དང། དེ་བརྒྱ་སྟོང་ཞེས་བྱ་བ་འདི་མན་ཆད་ནི་བཞི་བ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་ཚད་རྣམ་པར་འབྱེད་པའོ། །འདི་ཡང་རྣམ་པ་གསུམ་དུ་དབྱེ་སྟེ་བརྒྱ་སྟོང་གི་ཚང་བསྟན་པ་དང། བྱེ་བའི་ཚང་བསྟན་པ་དང། གྲངས ་མེད་བའི་ཚད་བསྟན་པ་སྟེ། འདི་ནི་དང་པོའོ། །མདོའི་ཚིག་འདི་ཡང་རྣམ་པ་གསུམ་གྱིས་བསྟན་པ་སྟེ། སྟོང་ཆུང་ངུ་བསྟན་པ་དང། སྟོང་བར་མ་བསྟན་པ་དང། སྟོང་ཆེན་པོ་བསྟན་པའོ། །སྟོང་ཆུང་དུ་དང། སྟོང་བར་མ་དང། ཆེན་པོ་འདི་དག་རེ་རེ་ལ ་ཡང་ཚིག་བཞི་བཞི་ཡོད་དེ། འདི་ལྟ་སྟེ། འཇིག་རྟེན་གྱི་ཁམས་གཅིག་དང། འཇིག་རྟེན་གྱི་ཁམས་བརྒྱ་དང། འཇིག་རྟེན་གྱི་ཁམས་སྟོང་དང། འཇིག་རྟེན་གྱི་ཁམས་བརྒྱ་སྟོང་ངོ། །འཇིག་རྟེན་གྱི་ཁམས་ཀྱི་ཚང་དེ་ཡང་སོ་སོ་ནས་བཤད་བ་མི ་མཐུན་པས་སློབ་དཔོན་ཡང་དག་བདེན་པའི་སྡེ་བ་རྣམས་ཀྱི་བརྗེད་བྱེད་ལས་ནི། འདི་ལྟར་གླིང་བཞི་པ་ལ་རྣམ་གྲངས་གཅིག་ཏུ་བྱས་ཏེ་གྲངས་གཅིག་ནས་བཅུ། བཅུ་ནས་བརྒྱ། བརྒྱ་ནས་སྟོང་གང་ཡིན་པ་དེ་ནི་སྟོང་ཆུང་དུའི་འཇིག་རྟེན་གྱི་ཁམས་སོ། ། ་སྟོང་ཆུང་དུའི་སུམ་འགྱུར་གང་ཡིན་པ་དེ་ནི་སྟོང་གསུམ་ཞེས་བྱ་བས། འདི་ལྟ་སྟེ། ལན་ཅིག་བསྐྱེད་པ་སྟོང་ཆུང་དུ་བཅུ་ལ་ཐུག་པ་དང་ལན་གཉིས་སྐྱེད་པ་བརྒྱ་སྟོང་ལ་ཐུག་པ་དང། ལན་གསུམ་བསྐྱེད་པ་འབུམ་ཕྲག་བཅུ་ལ་ཐུག་པ་གང ་ཡིན་པ་དེ་ནི་སྟོང་གསུམ་གྱི་འཇིག་རྟེན་གྱི་ཁམས་སོ། །སྟོང་སུམ་འགྱུར་གང་ཡིན་པ་དེ་ནི་སྟོང་ཆེན་པོ་ཞེས་བྱ་བས། འདི་ལྟ་སྟེ། ལན་གཅིག་བསྐྱེད་པ་ལ་སྟོང་གསུམ་ཕྲག་བཅུ་ལ་ཐུག་པ་དང། ལན་གཉིས་བསྐྱེད་པ་ལ་སྟོང་གསུམ ་པ་ཕྲག་བརྒྱ་ལ་ཐུག་བ་དང། ལན་གསུམ་བསྐྱེད་པ་ལ་སྟོང་གསུམ་པ་ཕྲག་སྟོང་ལ་ཐུག་པ་གང་ཡིན་པ་དེ་ནི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སོ་ཞེས་བཤད་དོ། །སློབ་དཔོན་ཡང་དག་བདེན་པའི་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྡོ་རྗེ་གཅོད ་པའི་བརྗོད་བྱང་ལས། སྟོང་གསུམ་ཞེས་བྱ་བ་ནི་སྟོང་བར་མ་སྨོས་པའོ། །སྟོང་ཆེན་པོ་ཞེས་བྱ་བ་ནི་སྟོང་ཆེན་པོའི་ཕྱི་མ་སྨོས་པ་ཡིན་ཏེ། སྟོང་ཆུང་དུ་ལན་གསུམ་དུ་སྐྱེད་བ་ནི་སྟོང་གསུམ་ཞེས་བྱ་བས་སོ་ཞེས་བཤད་དོ། །ལུང་རིང་པོ་ལས་ནི་ཉི་མ་དང་ཟླ་བ་སྟོང ་དངས?་རི་རབ་སྟོང་དང། གླིང་བཞི་བ་སྟོང་དང། འདོད་པའི་ཁམས་ཀྱི་ལྷ་རིས་སྟོང་དང། ཚངས་བ་སྟོང་གང་ཡིན་པ་དེ་ནི་སྟོང་ཆུང་དུའི་འཇིག་རྟེན་གྱི་ཁམས་ཞེས་བྱའོ། །སྟོང་ཆུང་དུའི་འཇིག་རྟེན་གྱི་ཁམས་སྟོང་གང་ཡིན་པ་དེ་ནི་སྟོང་བར་མའི་འཇིག་རྟེན་གྱི་ཁམས ་ཞེས་བྱའོ། །སྟེང་བར་ནའི་འཇིག་རྟེན་གྱི་ཁམས་སྟོང་གང་ཡིན་པ་དེ་ནི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཞེས་བྱའོ་ཞེས་གསུངས་ཏེ། ལུང་སྣ་ཚོགས་ལས་ནི་འདི་སྐད་དུ་འབྱུང་ངོ། མཛོད་ཀྱི་བསྟན་བཅོས་དང་སྦྱར་ན་ནི་དེ་ལས་དོན་རྣམ ་པ་གཉིས་སྟོན་ཏེ། གནས་ཀྱི་ཚད་བསྟན་པ་དང། སྟོང་གསུམ་གྱི་སྟོང་ཆེན་པོ་ཉིད་ཡང་དག་པར་བསྟན་པའོ། །དེ་ལ་གནས་ཀྱི་ཚེད་བསྟན་པ་ནི་བསྟན་བཅོས་དེ་ལས་འཐབ་བྲལ་ལ་སོགས་པའི་ལྷ་དེ་དག་གི་གཞལ་མེད་ཁང་གནས་ཀྱི་ཚད་ཙམ ་ཞེ་ན། སློབ་དཔོན་ཁ་ཅིག་ནི་འདི་ཡན་ཆད་ཀྱི་ལྷ་བཞི་པོ་དག་གི་གནས་ཀྱི་ཆེད་ནི། རི་རབ་ཀྱི་རྩེ་མོའི་ཚད་ཙམ་མོ་ཞེས་ཟེར་རོ། །གཞན་དག་ན་རེ་ཉིས་འགྱུར་ཞེས་ཟེར་རོ། །གཞན་ཁ་ཅིག་ན་རེ་བསམ་གཏན་དང་པོའི་ས་པའི་གཞལ་མེད་ཁང ་གི་ཚད་ན་གླིང་བཞི་པ་གཅིག་དང་མཉམ་མོ། །བསམ་གཏན་གཉིས་པའི་ནི་སྟོང་ཆུང་ངུའི་འཇིག་རྟེན་གྱི་ཁམས་དང་མཉམ་མོ། །བསམ་གཏན་གསུམ་པོའི་ནི་སྟོང་བར་མའི་འཇིག་རྟེན་གྱི་ཁམས་ཙམ་མོ། །བསམ་གཏན་བཞི་པའི་ནི་སྟོང་ཆེན་པོའི ་འཇིག་རྟེན་གྱི་ཁམས་ཀྱི་ཚད་ཙམ་མོ་ཞེས་ཟེར་རོ། །གཞན་ཁ་ཅིག་ན་དེ་བསམ་གཏན་འོག་མ་དག་གི་ནི་ཚད་ཀྱི་གོ་རིམ་བཞིན་དུ་དོར་ཆུང་ངུ་དང། བར་མ་དད་ཆེན་པོའི་ཚད་ཙམ་མོ། །བསམ་གཏན་བཞི་པའི་ནི་མཛའ་མེད ་དོ་ཞེས་ཟེར་རོ། །ཞེས་འབྱུང་ངོ། །དེ་ལ་སྟོང་གསུམ་ཞེས་བྱ་བ་ནི་བསྟན་བཅོས་དེ་ལས་ཇི་ཙམ་གྱིས་ན། སྟོང་ཆུང་ངུ་དང་སྟོང་བར་མ་དང། སྟོང་ཆེན་པོ་ཞེས་བྱ་ཞེ་ན། ཚིག་ལེའུར་བྱས་པ་ལས་།གླིང་བཞི་པ་དང་ཉི་ཟླ་དང། རི་རབ་དང་ནི་འདོད་ལྷ ་དང། །ཚངས་པའི་འཇིག་རྟེན་སྟོང་ལ་ནི། །སྟོང་ནི་ཆུང་ངུ་ཞེས་བྱའོ། །ཆུང་དུ་དེ་ཉིད་སྟོང་ལ་ནི། །སྟོང་ནི་བར་མ་གཅིག་ཅེས་བྱ། །དེ་སྟོང་ལ་ནི་སྟོང་གསུམ་མོ། །མཉམ་དུ་འཇིག་ཅིང་མཉམ་དུ་འབྱུང། ཞེས་བསྟན་པ་ཡིན་ཏེ། བསྟན་བཅོས ་ཡང་དག་པའི་རིགས་པ་དང་རྗེས་སུ་མཐུན་པ་ལས་ཀྱང་ཕལ་ཆེར་མཛོད་ཀྱི་བསྟན་བཅོས་ལས་འབྱུང་བ་དང་མཐུན་པར་བཤད་དོ། །དེ་དག་བྱེ་བྲག་ཡོད་པ་ཡང་བསྟན་བཅོས་དེ་ལས་འདིར་སྟེང་ཆུང་དུ་ཞེས་བྱ་བས་ནི་ཚངས་པའི་འཇིག་རྟེན་མན ་ཆང་ཁོ་ན་ཡིན་པས། དེའི་ཕྱིར་འོང་ཆུང་ལ་སོགས་པ་ནི་སྟོང་ཆུང་དུའི་འཇིག་རྟེན་གྱི་ཁམས་ཀྱིས་བསྡུས་པ་མ་ཡིན་ནོ། །སྟོང་ཆུང་དུ་ལ་སོགས་པ་ལས་བརྩེགས་པ་གང་ཡིན་པ་དེ་ནི་སྟོང་བར་མ་དད་ཆེན་པོ་ཞེས་བྱ་བས་དེའི་ཕྱིར་སྟོང་བར་མ ་དང་ཆེན་པོས་ཀྱང་དེ་དག་བསྡུས་སོ། །གཞན་ཡང་ཆུང་དུ་ཞེས་བྱ་བ་ནི་དམན་པའི་དོན་ཡིན་ཏེ། གོང་མ་མ་གཏོགས་པའི་ཕྱིར་རོ། དཔེར་ན་རྩ་བཅད་པའི་གླང་བཞིན་དུ་ཆུང་དུ་བརྩེགས་པ་ལས་གཞན་མངོན་པར་གྲུབ་པ་ཡིན་ཡང་དེ་དག ་བསྡུས་པ་མ་ཡིན་ནོ་ཞེས་འབྱུང་ངོ། །བསྟན་བཅོས་ཡང་དག་བའི་རིགས་པ་དང་རྗེས་སུ་མཐུན་པ་ལས་བསྟན་པ་དང་སྦྱར་ན། སྟོང་གསུམ་གྱི་སྟོང་ཆེན་པོ་ཞེས་བྱ་བ་ནི་ཚངས་པའི་འཇིག་རྟེན་མན་ཆད་ཁོ་ན་དང་སྦྱར་ཏེ། འཕགས་པའི་ལ? ་གསུང་རབ་ལས་ཚངས་པའི་འཇིག་རྟེན་མན་ཆད་ལ་ཐུག་བ་ཁོ་ནང་གསུངས་པའི་ཕྱིར་དང། ཁམས་ཆུང་དུ་བརྩེགས་པ་ལས་བར་མ་དང་ཆེན་པོ་མངོན་པར་གྲུབ་པའི་ཕྱིར་རོ། །འདིར་ཐེག་པ་ཆེན་པོའི་བསྟན་པ་རྣམས་དང་སྦྱར་ན་ཡང་སོ་སོ་ནས་བཤད་མ ་མཐུན་པས་བསྟན་བཅོས་མངོན་པ་སྣ་ཚོགས་ཀུན་ལས་བཏུས་པ་ལས། སངས་རྒྱས་ཀྱི་སའི་འགྲེལ་པ་དང། རྣལ་འབྱོར་སྦྱོང་པའི་ས་དང། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲེལ་པ་ལས། སྔར་གོང་དུ་ལུང་རིང?་པོ་ལ་སོགས ་པ་ཁུངས་སུ་བསྟན་པ་ལས་འབྱུང་བདག་དང་མཐུན་པར་བཤད་དེ། ལས་ཐ་དད་པའི་རྣམ་པར་བཤད་པ་མེད་དོ། བསྟན་བཅོས་རྣམ་པར་བཤད་པ་ལས་ཀྱང་ཕལ་ཆེར་གོང་དུ་བསྟན་པ་དག་དང་མཐུན་པར་འབྱུང་སྟེ། དེ་ལ་བྱེ་ཕྲག་ཡོད་བ་ཡང ་བསྟན་བཅོས་དེ་ལས་རྒྱུ་རྐྱེན་གང་གི་ཕྱིར་སྟོང་ཆུང་དུའི་འཇིག་རྟེན་གྱི་ཁམས་ལ་དམན་ཞིང་ཆུང་བ་ཞེས་བྱ་ཞེ་ན། སྨྲས་པ། དཔེར་ན་གླང་རྩ་གཉིས་བཅང་པ་ཉམས་ཤིང་མ་ཚང་བའི་ཕྱིར་དམན་ཞིང་ཆུང་བ་ཞེས་བརྗོད་པ་ལྟར་དེ་བཞིན་དུ་ཚངས ་བའི་འཇིག་རྟེན་མན་ཆད་ན་ཡོད་བའི་སྟོང་གི་འཇིག་རྟེན་གྱི་ཁམས་རྣམས་ས་འོག་མ་དག་དང་མི་མཚུངས་པའི་ཕྱིར། དམན་ཞིང་ཆུང་བ་ཞེས་བྱའོ། །འདི་ལྟར་སྟོང་གསུམ་གྱི་འཇིག་རྟེན་གྱི་ཁམས་དེ་ཡང་འཇིག་པ་གསུམ་གྱིས་འཇིག་པར་འགྱུར ་ཏེ། འདི་ལྟ་སྟེ་།མེ་དང་རླུང་དང་ཆུ་དག་གིས་འཇིག་པའོ་ཞེས་འབྱུང་བས་བཤད་པ་འདི་དང་སྦྱར་ན། སྟོང་ཆུང་དུ་ནི་ས་གོང་མ་དག་ཏུ་མི་ཐུག་ལ་བར་མ་དང་ཆེན་པོས་ནི་ས་གོང་མ་དག་ཏུ་ཐུག་པར་རིག་པར་བྱའོ། །གཞན་ཡང་སྟོང་གསུམ་གྱི ་འཇིག་རྟེན་གྱི་ཁམས་ནི་འཇིག་པ་གསུམ་གྱིས་འཇིག་པར་འགྱུར་རོ་ཞེས་འབྱུང་བས་།དེའི་ཕྱིར་བསམ་གཏན་དང་པོ་ནི་སྟོང་ཆུང་ངུའོ། །བསམ་གཏན་གཉིས་པ་ནི་སྟོང་བར་མའོ། །བསམ་གཏན་གསུམ་པ་ནི་སྟོང་ཆེན་པོ་ཡིན་པར་རིག ་པར་བྱའོ། །གཞན་ཡང་བསྟོན་བཅོས་རྣམ་པར་བཤད་པ་བམ་པོ་བཅོ་བརྒྱད་པ་ལས་ནི་གོང་དུ་བསྟན་པ་ལས་ཅུང་ཟད་ཐ་དད་དེ། དེའི་ཕྱིར་བསྟན་བཅོས་དེ་ལས་རྒྱུ་དང་རྐྱེན་གང་གི་ཕྱིར་སྟོང་གསུམ་གྱི་སྟོང་ཆེན་པོའི ་འཇིག་རྟེན་གྱི་ཁམས་འདིར་འཇིག་རྟེན་མང་པོ་ཡོང་པར་འགྱུར་ལ། འོག་མིན་གྱི་བར་ལ་འཇིག་རྟེན་གྱི་ཁམས་གཅིག་ཏུ་བཤད་ཅིང། དེ་ཡང་ཚངས་པའི་འཇིག་རྟེན་མན་ཆད་དོ་ཞེས་བསྟན་ཅེ་ན། རྒྱུ་རྣམ་པ་གཉིས་ཀྱི་ཕྱིར་ཏེ། ཆགས ་བ་དང་འཇིག་པ་མཚུངས་པའི་ཕྱིར་དང། འཁོར་འདུས་པ་རྣམ་པར་བཞག་པའི་ཕྱིར་རོ་ཞེས་འབྱུང་སྟེ། བཤད་པ་འདི་དང་སྦྱར་ན་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ནི་བསམ་གཏན་བཞི་པ་མན་ཆད་དུ་ཐུག་བར་རིག་པར་བྱའོ། །ལུང ་རིང་པོ་ལ་སོགས་པ་ལས་ཚངས་པའི་འཇིག་རྟེན་མན་ཆད་ཅེས་གསུངས་པ་ནི་རྒྱུ་རྣམ་པ་གཉིས་ཀྱིས་སོ། །དང་པོ་ཆགས་པ་དང་འཇིག་པ་མཚུངས་པ་ནི་འདི་ལྟ་སྟེ། འཇིག་པ་གསུམ་གྱིས་ཆགས་པ་དང་འཇིག་པ་དང་ལྡན་པའི་ཕྱིར་རོ། ། ་གཉིས་པ་འཁོར་འདུས་པ་རྣམ་པར་བཞག་པ་ནི། འདི་ལྟ་སྟེ། བསམ་གཏན་དང་པོ་མན་ཆད་རྒྱལ་པོའི་འཁོར་གྱི་བྱེ་བྲག་གི་འཁོར་པའི་ཕྱིར་རོ། །སྟོང་གསུམ་གྱི་འཇིག་རྟེན་གྱི་ཁམས་སུ་གལ་ཏེ་འོག་མིན་ཡང་གཏོགས་པ་ཡིན་ན། ་ཅིའི་ཕྱིར་འཇིག་པ་གསུམ་གྱིས་འཇིག་པ་ལས་སྟོང་གསུམ་གྱི་འཇིག་རྟེན་གྱི་ཁམས་རྣམ་པར་བཞག་པ་ཡིན་ཞེས་བསྟན་ཅེ་ན། སྨྲས་པ། རེ་ཞིག་འཇིག་པ་གསུམ་གྱི་དབང་དུ་མཛད་ནས་སྟོང་གསུམ་རྣམ་པར་བཞག་པ་ཡིན་པར ་བཤད་ཀྱང་ཡང་དག་པའི་དོན་དུ་ན་བསམ་གཏན་བཞི་པ་ཡང་སྟོང་ཆེན་པོར་གཏོགས་པ་ཡིན་ཏེ། དེའི་ཕྱིར་འཕགས་པས་བཅུའི་མདོ་ལས་ས་བརྒྱད་པའི་བྱང་ཆུབ་སེམས་དཔའ་ནི། ཕལ་ཆེར་སྟོང་གི་འཇིག་རྟེན་གྱི་ཁམས་ཀྱི ་བདག་པོ་ཚངས་པ་ཆེན་པོར་འགྱུར་རོ། །ས་དགུ་པའི་བྱང་ཆུབ་སེམས་དཔའ་ནི་ཕལ་ཆེར་སྟོང་གཉིས་པའི་འཇིག་རྟེན་གི་ཁམས་ཀྱི་བདག་པོར་འགྱུར་རོ། །ས་བཅུ་པའི་བྱང་ཆུབ་སེམས་དཔའ་ནི་ལྷའི་རྒྱལ་པོ་དབང་ཕྱུག་ཆེན་པོ་སྟོང་གསུམ་གྱི་འཇིག་རྟེན ་གྱི་ཁམས་ཀྱི་བདག་པོར་འགྱུར་རོ་ཞེས་གསུངས་སོ། །དགོངས་པ་ཟབ་མོ་རྣམ་པར་དགྲོལ་བའི་མདོ་ལས་ནི་གོང་དུ་བསྟན་པ་དང་ཅུང་ཟད་མི་མཐུན་ཏེ། དེའི་ཕྱིར་མདོ་དེ་ཉིད་ལས་དེ་བརྒྱ་དང་དེ་སྟོང་དང་དེ་བརྒྱ་སྟོང་དང། འཛམ་བུའི་གླིང་དང་དེ ་བརྒྱ་དང་དེ་སྟོང་དང་དེ་བརྒྱ་སྟོང་གང་ཡིན་པ་དེ་ནི་སྟོང་གི་འཇིག་རྟེན་གྱི་ཁམས་ཞེས་བྱའོ་།སྟོང་གི་འཇིག་རྟེན་གྱི་ཁམས་བ་བརྒྱ་འགྱུར་དང། སྟོང་འགྱུར་དང། དེ་བརྒྱ་སྟོང་འགྱུར་དུ་གྱུར་པ་གང་ཡིན་པ་དེ་ནི་སྟོང་གཉིས་པ་བར་མའི་འཇིག་རྟེན ་གྱི་ཁམས་ཞེས་བྱའོ། །སྟོང་གཉིས་པ་བར་མའི་འཇིག་རྟེན་གྱི་ཁམས་དེ་བརྒྱ་འགྱུར་དང་སྟོང་འགྱུར་དང། བརྒྱ་སྟེང་གྱུར་གང་ཡིན་པ་དེ་ནི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཞེས་བྱའོ་ཞེས་གསུངས་པ་ནི་ལོ་ཙ་བ་དག་གི་བསམ་པ་ཐ ་དད་པའི་ཕྱིར་རོ། །འཕགས་བ་གསེར་འོད་དམ་པའི་མདོ་ལས་ནི་སྟོང་གསུམ་གྱི་འཇིག་རྟེན་གྱི་ཁམས་སུ་ནི། གཟུགས་མེད་པའི་ཁམས་ཀྱང་གཏོགས་སོ་ཞེས་བཤད་དེ། དེའི་ཕྱིར་མང་དེ་ལས་མིའི་རྒྱལ་པོ་དེ་ལག་པས་ཕོག?་ཕོར?་བཏེག ་ཏེ་མདོ་སྡེ་ལ་མཆོད་པ་བྱེད་པའི་ཚེ་།དེ་ཐར་ཅིག་ཡུད་ཙམ་ཅིག་ལ་སྟོང་གསུམ་གྱི་སྟེ་ཆེན་པོ་འཇིག་རྟེན་གྱི་ཁམས་ཉི་ཟླ་འབུམ་ཕྲག་བརྒྱ་ནས། འདུ་ཤེས་མེད་འདུ་ཤེས་མེད་མིན་འབུམ་ཕྲག་བརྒྱའི་བར་དུ་ཀུན་ཏུ་ཁྱབ་པར་འགྱུར ་རོ་ཞེས་གསུངས་པ་ཡིན་ཏེ། འདི་དང་སྦྱར་ན་ཐེག་པ་ཆེན་པོའི་བསྟན་པ་ལས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སུ་ནི་འདུ་ཤེས་མེད་འདུ་ཤེས་མེད་མིན་ཡང་གཏོགས་པར་བསྟན་ཏོ། །གལ་ཏེ་དེ་ལྟ་ན། བསྟན་བཅོས ་རྣལ་འབྱོར་སྤྱོད་པའི་ས་ལ་སོགས་པ་དེ་དག་ཇི་ལྟར་གོ་ཞིང་རྣམ་པར་བཤད་བར་བྱ་ཞེ་ན། སྨྲས་པ། འཕགས་པའི་བསྟན་པ་རྣམ་པ་གཉིས་ཡོད་པས་དང་པོ་ནི་ཐུན་མོང་གི་བསྟན་པ་སྟེ། ལུང་རིང་པོ་ལ་སོགས་པའོ། །གཉིས་པ་ནི ་ཐུན་མོང་མ་ཡིན་པའི་བསྟན་པ་སྟེ། འཕགས་པ་གསེར་འོད་དམ་པའི་མདོ་ལ་སོགས་པའོ། །ཐུན་མོང་གི་བསྟན་པ་དེ་ལ་ཡང་བཤད་པ་རྣམ་པ་གཉིས་ཡོད་དེ། བསྟན་བཅོས་ཡང་དག་པའི་རིགས་པ་དང་རྗེས་སུ་མཐུན་པ་ལ་སོགས་པ་དང་སྦྱར་ན་ནི། བསམ ་གཏན་དང་པོ་མན་ཆད་ཁོ་ན་ལ་སྟོང་གསུམ་གྱི་འཇིག་རྟེན་གྱི་ཁམས་ཞེས་སྟོན་ཏོ། །བསྟན་བཅོས་རྣམ་པར་བཤད་པ་དང་སྦྱར་ན་ནི། ཡང་དག་པའི་དོན་དུ་ན་བསམ་གཏན་བཞི་པ་མན་ཆད་ལ་བྱ་བར་བཤད་དོ། །རྒྱུ་རྣམ་པ་གཉིས་ཀྱི་ཕྱིར་ལུང་རིང ་པོ་ལ་སོགས་པ་ལས་བསམ་གཏན་དང་པོ་མན་ཆད་ཁོ་ན་ལ་བྱ་བར་བཤད་པ་ནི་སྔར་གོང་དུ་བསྟན་པ་བཞིན་ནོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་བདག་པོ་དེ་སུ་ཡིན་ཞེ་ན། སྨྲས་པ། དོན་འདིའི་བཤད་པ་ནི་བསྟན་བཅོས་རྣམས ་ལས་སོ་སོ་ནས་མི་མཐུན་པས། འཕགས་པ་ལེའུ་ཆེན་པོའི་མདོ་ལ་སོགས་པ་ལས་ནི། འཁོར་ལོས་སྒྱུར་བའི་རྒྱལ་པོ་ལ་སོགས་པས་བདག་པོ་བྱེད་དོ་ཞེས་བཤད་དེ། དེའི་ཕྱིར་མདོ་དེ་ཉིད་ལས་འཁོར་ལོས་སྒྱུར་བའི་རྒྱལ་པོར་སྤྲུལ་ནས། སྟོང ་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ལ་དབང་བྱེད་དོ་ཞེས་གསུངས་སོ། །འདུས་པ་ཆེན་པོའི་མདོ་ལས་ནི་བདུད་ཀྱི་རྒྱལ་པོས་དབང་བྱེད་དོ་ཞེས་བཤད་དོ། །དེའི་ཕྱིར་མདོ་དེ་ལས་བདུད་ཀྱི་རྒྱལ་པོ་ནི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན ་གྱི་ཁམས་ལ་དབང་བྱེད་པ་ཡིན་ནོ། །འཕགས་པ་དམ་པའི་ཆོས་པདྨ་དཀར་པོའི་མདོ་ལས་ནི་བསམ་གཏན་དང་པོ་ལ་ནི་ཚངས་བའི་རྒྱལ་བོས་བདག་པོ་བྱེད་དོ་ཞེས་བཤད་དོ། དེའི་ཕྱིར་མདོ་དེ་ལས་མི་མཛད་ཀྱི་འཇིག་རྟེན་གྱི་ཁམས་ཀྱི་བདག་པོ ་ནི་ཚངས་པ་ཆེན་པོ་ཡིན་ནོ་ཞེས་གསུངས་སོ། །གཞན་ཡང་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲེལ་པ་ལས། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་བདག་པོ་ནི་ལྷའི་རྒྱལ་པོ་ཚངས་པ་རལ་པ་ཅན་ཡིན་ནོ་ཞེས་བསྟན་ཏོ། ། ་གཞན་ཡང་ལུད་རིང་པོ་ལ་སོགས་པ་ལས་ཀྱང་སྟོང་གསུམ་གྱི་འཇིག་རྟེན་གྱི་ཁམས་ནི་བསམ་གཏན་དང་པོ་ཡན་ཆད་དོ་ཞེས་བསྟན་པའི་ཕྱིར་རོ། །འཕགས་པས་བཅུའི་མདོ་ལས་ནི་བྱང་ཆུབ་སེམས་དཔའ་ས་བཅུ་པས་བདག་པོ་བྱེད་དོ་ཞེས་བཤད ་དེ།?་དེའི་ཕྱིར་མདོ་དེ་ཉིད་ལས་བྱང་ཆུབ་སེམས་དཔའ་ས་བཅུ་པ་ནི་ཕལ་ཆེར་ལྷའི་རྒྱལ་པོ་དབང་ཕྱུག་ཆེན་པོ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་བདག་པོར་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །གཞན་ཡང་བསྟན་བཅོས་རྣམ ་པར་བཤད་པ་ལས། སྟོང་གསུམ་གྱི་འཇིག་རྟེན་གྱི་ཁམས་སུ་ནི་འོག་མིན་ཡང་གཏོགས་པར་བསྟན་པའི་ཕྱིར་རོ། །འཕགས་པ་མིའི་རྒྱལ་པོས་ཞུས་པའི་མདོ་ལས་ནི། བཅོམ་ལྡན་འདས་བདག་པོ་མཛད་པར་བཤད་དེ། དེའི་ཕྱིར་མདོ་དེ ་ཉིད་ལས། ཡོངས་རྫོགས་ཡེ་ཤེས་མཚན་མ་མེད་པ་ཁམས་གསུམ་བདག་ཅེས་གསུངས་པའོ། །འཕགས་པ་གསེར་འོད་དམ་པའི་མདོ་ལས་ཀྱང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སུ་ནི་གཟུགས་མེད་པ་ཡང་གཏོགས ་པར་གསུངས་པའི་ཕྱིར་རོ། །དེ་བྱེ་བ་དང་བྱེ་བ་ཕྲག་རྒྱ་དང། དེ་བྱེ་བ་ཕྲག་བརྒྱ་སྟོང་ངོ་ཞེས་བྱ་བ་ནི་གཉིས་པ་བྱེ་བའི་ཚང་བསྟན་པའོ། །ཚིག་ཟློས་བུར་བྱ་བ་ཞེས་གསུངས་བ་ནི་ཐེར་འབུམ་ལ་བྱའོ། །དགོངས་པ་ཟབ ་མོ་རྣམ་པར་དགྲོལ་བའི་མདོ་ལས་ཀྱང་ཐེར་འབུམ་ཞེས་འབྱུང་ངོ། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་བའི་འགྲེལ་བ་ལས་ཀྱང་ཐེར་འབུམ་བཤད་དེ། དེའི་ཕྱིར་དེ་ཉིད་ལས་ཉི་ཟླ་འབུམ་ཕྲག་བརྒྱ་ནས་ཚངས་པ་ཆེན་པོ ་འབུམ་ཕྲག་བརྒྱའི་བར་གང་ཡིན་པ་དེ་ནི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཤེས་བྱའོ་ཞེས་འབྱུང་ངོ། །བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་ཀྱང་ཉི་མ་དང། ཟླ་བ་བྱེ་བ་ཕྲག་བརྒྱ་དང། ་ཆོངས?་པའི་འཇིག་རྟེན་གྱི་བར་དུ་བྱེ་བ་ཕྲག་བརྒྱ་གང་ཡིན་པ་དེ་ནི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཞེས་བྱའོ་ཞེས་འབྱུང་བས་ཞེས་བྱ་བ་ནི་ཐེར་འབུམ་ལ་བྱ་བར་མངོན་ནོ། །བསྟན་བཅོས་བྱེ་བྲག་ཏུ་བཤད་པ་ཆེན་པོ་ལས་ནི། གཅིག ་ལས་བརྩེགས་པ་སྟོང་ཕྲག་བརྒྱ་གང་ཡིན་པ་དེ་ནི་འབུམ་ཞེས་བྱའོ། །འབུམ་ཕྲག་བརྒྱ་སྟོང་གང་ཡིན་པ་དེ་ནི་བྱེ་བ་ཞེས་བྱའོ། །བྱེ་བ་ཕྲག་བརྒྱ་སྟོང་གང་ཡིན་པ་དེ་ནི་ས་ཡ་ཞེས་བྱའོ་ཞེས་འབྱུང་ངོ། །མཛོད་ཀྱི་བསྟན་བཅོས་ལས་ནི་གཅིག་ཕྲག ་བཅུ་ལ་བཅུའོ། །བཅུ་ཕྲག་བཅུ་ལ་བརྒྱའོ། །བརྒྱ་ཕྲག་བཅུ་ལ་སྟོང་ངོ། །སྟོང་ཕྲག་བཅུ་ལ་ཁྲིའོ། །ཁྲི་ཕྲག་བཅུ་ལ་འབུམ་མོ། །འབུམ་ཕྲག་བཅུ་ལ་ཐེར་འབུམ་མོ། །ཐེར་འབུམ་བཅུ་ལ་བྱེ་བའོ། །བྱེ་བ་ཕྲག་བཅུ་ལ་མ་ཏའོ། །མ ་ཏ་ཕྲག་བཅུ་ལ་ཨུ་སྤུ་ཏ་ཞེས་འབྱུང་ངོ། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲེལ་པ་ལས་ནི། གཅིག་གཅིག་གང་ཡིན་པ་དེ་ནི་གཉིས་ཞེས་བྱའོ། །གཉིས་གཉིས་གང་ཡིན་པ་དེ་བཞི་ཞེས་བྱའོ། །གསུམ་གསུམ་གང ་ཡིན་པ་དེ་ནི་དགུ་ཞེས་བྱའོ། །བཅུ་བཅུ་གང་ཡིན་པ་དེ་ནི་བརྒྱ་ཞེས་བྱའོ། །བརྒྱ་ཕྲག་བཅུ་གང་ཡིན་པ་དེ་ནི་སྟོང་ཞེས་བྱའོ། །སྟོང་ཕྲག་བཅུ་གང་ཡིན་པ་དེ་ནི་ཁྲི་ཞེས་བྱའོ། །ཁྲི་ཕྲག་བཅུ་གང་ཡིན་པ་དེ་ནི་འབུམ་ཞེས་བྱའོ། །འབུམ ་ཕྲག་བཅུ་གང་ཡིན་པ་ནི་ས་ཡ་ཞེས་བྱའོ་ཞེས་འབྱུང་ངོ། །བྱེ་བ་དེ་ཡང་བརྒྱུད་དེ་བཤད་པ་རྣམ་པ་གསུམ་ཡོད་དེ། དང་པོ་ནི་ཁྲི་ཕྲག་བཅུའི་འོ། །གཉིས་པ་ནི་ཁྲི་ཕྲག་བརྒྱའི་འོ། །གསུམ་པ་ནི་ཁྲི་ཕྲག་སྟོང་གིའོ་ཞེས་བཤད་དོ། ་འདི་ལྟ་སྟེ། བྱེ་བ་གཅིག་གི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སམ། གྲངས་བརྒྱ་ལ་ཐུག་པ་འམ། གྲངས་སྟོང་ལ་ཐུག་པའི་འམ། གྲངས་བརྒྱ་སྟོང་ལ་ཐུག་པའི་ཞེས་བྱ་བའི་ཐ་ཚིག་གོ་།དེ་གྲངས་མེད་པ་དང་དེ་གྲངས་མེད་པ་ཕྲག་བརྒྱ ་དང། དེ་གྲངས་མེད་པ་ཕྲག་སྟོང་དང། དེ་གྲངས་མེད་པ་ཕྲག་བརྒྱ་སྟོང། ཞེས་བྱ་བ་ནི་གསུམ་པ་གྲངས་མེད་པའི་ཚང་བསྟན་པའོ། །བསྟན་བཅོས་བྱེ་བྲག་ཏུ་བཤད་པ་ཆེན་པོ་དང། མཛོད་ཀྱི་བསྟན་བཅོས་ལས་གྲངས་ཀྱི་མིང་དྲུག་ཅུ་ཡོད་པ་ལས། ་ལྔ་བཅུ་གཉིས་གང་ཡིན་པ་དེ་ནི་གྲངས་མེད་པ་ཞེས་བཤད་དོ། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲེལ་པ་ལས། མི་ཤེས་པར་མི་ནུས་པ་འམ། བགྲང་བའི་མཐར་ཐུག་པའི་གྲངས་ཡིན་པས། ཡང་ཤེས་པར་མི་ནུས་པ་གང ་ཡིན་པ་དེ་ནི་གྲངས་མེད་པ་ཞེས་བྱའོ་ཞེས་བཤད་དེ། ཞིབ་ཏུ་དེ་ཉིད་ལས་བསྟན་པ་བཞིན་ནོ། །འཕགས་པ་སངས་རྒྱས་ཕལ་པོ་ཆེའི་མདོའི་ནང་ནས་གྲངས་བསྟན་པའི་ལེའུ་གྲངས་བརྒྱ་ཉི་ཤུ་བསྟན་པ་ལས་བརྒྱ་རྩ་གསུམ་པ་གང་ཡིན་བ་དེ་ནི ་གྲངས་མེད་པ་ཞེས་བྱའོ་ཞེས་འབྱུང་ངོ། །འདི་ལྟ་སྟེ། གྲངས་མེད་པ་གཅིག་གི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སམ། གྲངས་བརྒྱ་ལ་ཐུག་པའི་འམ། གྲངས་སྟོང་ལ་ཐུག་པའི་འམ། གྲངས་བརྒྱ་སྟོང་ལ་ཐུག་པའི་ཞེས ་བྱ་བའི་ཐ་ཚིག་གོ་།སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་གྲངས་མེད་པ་ཕྲག་བརྒྱ་སྟོང་གི་རྡུལ་ཕྲ་རབ་ཀྱི་ཚད་སྙེད་ཀྱི་ཕྱོགས་བཅུའི་ངོས་དཔག་ཏུ་མེད། གྲངས་མེད་པའི་སྣོད་ཀྱི་འཇིག་རྟེན་གྱི་ཁམས་རྣམས་སོ་ཞེས་བྱ་བ་ནི་ལྔ་པ་ཕྱོགས ་བཅུའི་འཇིག་རྟེན་གྱི་ཁམས་ཀྱི་ཚད་བསྟན་པའོ། །འདི་ཡང་དྲང་པོ་ནི་སྟོང་གསུམ་གྱི་འཇིག་རྟེན་གྱི་ཁམས་སོ། །གཉིས་པ་ནི་གྲངས་མེད་པ་ཕྲག་བརྒྱ་སྟོང་གསུམ་གྱི་འཇིག་རྟེན་གྱི་ཁམས་སོ། །གསུམ་པ་རྡུལ་ཕྲ་རབ་སྙེད་ཀྱི་ཕྱོགས ་བཅུའི་ཆང་མེད་པའི་སྟོད་གསུམ་གྱི་འཇིག་རྟེན་གྱི་ཁམས་ཏེ། དེའི་ཕྱིར་བསྟན་བཅོས་རྣམ་པར་བཤད་པ་ལས། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་དང། གྲངས་མེད་པ་ཕྲག་བརྒྱ་སྟོང་གི་འཇིག་རྟེན ་གྱི་ཁམས་དང། རྡུལ་ཕྲ་རབ་ཀྱི་ཚང་སྙེད་ཀྱི་ཕྱོགས་བཅུ་དཔག་ཏུ་མེད་པའི་གྲངས་མེད་པའི་འཇིག་རྟེན་གྱི་ཁམས་ཞེས་འབྱུང་བ་ཡིན་ནོ། །བཤད་པའི་རྣམ་གྲངས་གཞན་དུ་ན་ཕྱོགས་གཅིག་གི་གྲངས་མེད་པ་ཕྲག་བརྒྱ་སྟོང་དང། རྡུལ་ཕྲ་རབ་ཀྱི ་ཚང་སྙེད་ཀྱི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་གང་ཡིན་པ་དང། ཕྱོགས་བཅུ་དཔག་ཏུ་མེད་གྲངས་མེད་པའི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་གང་ཡིན་པ་དང་ཕྱོགས་བཅུ་དཔག་ཏུ་མེད་གྲངས་མེད་པའི་སྟོང་གསུམ ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་གང་ཡིན་པ་དེ་དག་ཀྱང་རྣམ་པར་གཞག་པའི་དོན་ཅེས་བྱའོ་ཞེས་བསྟན་པའོ། །ལོངས་སྤྱོད་པའི་དོན་ནི། འདི་ལྟ་སྟེ། ངས་སེམས་ཅན་རྣམས་ལོངས་སྤྱད་པར་བྱ་བའི་ཕྱིར་ཡོངས་སུ་བཟུང་བ་དང་།ཡོ ་བྱད་བསྟན་པ་གང་ཡིན་པ་དག་གོ་ཞེས་བྱ་བ་ནི་དྲུག་པ་ལོངས་སྤྱོད་པའི་དོན་རྣམ་པར་བཤད་པའོ། །འདི་ལྟར་སེམས་ཅན་རྣམས་ལོངས་སྤྱད་པར་བྱ་བའི་ཕྱིར་ཡོངས་སུ་བཟུང་བའི་ཡོ་བྱད་བཅུ་པོ་དག་ཕུན་སུམ་ཚོགས་པར་བསྟན་པ་གང ་ཡིན་པ་སྟེ། བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་ཡོ་བྱད་བཅུ་གང་ཞེ་ན། ཟས་དང་སྐོམ་དང་བཞོན་པ་དང། གོས་དང་རྒྱན་དང་བཞད་གང་དང་གླུ་བྲོ་དང་རོལ་མོའི་སྒྲ་དང། སྤོས་དང། མེ་ཏོག་ཕྲེང་བ་དང། བྱུག་པ་དང་སྣོད ་སྤྱད་དང་སྣང་བ་དང། སྐྱེས་པ་དང། བུད་མེད་དགའ་མགུར་སྤྱོད་པ་རྣམས་སོ་ཞེས་བྱ་བ་བསྟན་པ་དག་ཡིན་ནོ། །བཤད་པའི་རྣམ་གྲངས་གཞན་དུ་ན་ཡོངས་སུ་བཟུང་བ་ཞེས་བྱ་བ་ནི་དངོས་པོ་རྣམ་པ་བདུན་ནོ། །ཡོ་བྱད་ཅེས་བྱ ་བ་ནི་ཡོ་བྱད་བཅུ་པོ་དག་ཉིད་དོ། །དེ་ལ་ཡོངས་སུ་བཟུང་བའི་དངོས་པོ་རྣམ་པ་བདུན་ནོ་བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་ཇི་སྐད་དུ་ཡོངས་སུ་བཟུང་པའི་དངོས་པོ་བདུན་གང་ཞེ་ན། བདག་དང་ཕ་མའི་དངོས་པོ་དང་བུ་དང་ཆུང་མའི་དངོས་པོ་དང། ་བྲན་དང་བྲན་མོ་དང། ལས་བྱེད་པ་དང་ཞོ་ཤས་འཚོ་བའི་དངོས་པོ་དང། མཛའ་བཤེས་དང་བློན་པོ་དང་ཉེ་དུ་དང་སྣག་གི་གཉེན་མཚམས་གྱི་དངས་པོ་དང། ཞིང་དང་ཁང་ཁྱིམ་དང་ཟོད་དགྲམ་པའི་དངོས་པོ་དང། བསོད་ཉམས་བྱ་བ་དང་ལས ་ཀྱི་མཛའ་ལ་སྦྱོར་བའི་དངོས་པོ་དང། ནོར་ལ་སོགས་པའི་དངོས་པོ་ཞེས་བསྟན་པའོ། །ཡོ་བྱད་རྣམ་པ་བཅུ་ནི་གོང་དུ་བསྟན་པ་བཞིན་དུ་རིག་པར་བྱའོ། །ཕྱིན་ཅི་ལོག་གི་དོན་ནི། འདི་ལྟ་སྟེ། འཛིན་པ་ལ་སོགས་པའི་དོན་དེ་དག་ཉིད་ལ ་མི་རྟག་པར་འཛིན་པས། འདུ་ཤེས་ཕྱིན་ཅི་ལོག་དང། སེམས་ཕྱིན་ཅི་ལོག་དང། ལྟ་བ་ཕྱིན་ཅི་ལོག་ཏུ་གྱུར་པ་དང། སྡུག་བསྔལ་ལ་བདེ་བར་འཛིན་པ་དང། མི་གཙང་བ་ལ་གཙང་བར་འཛིན་པ་དང། བདག་མེད་པ་ལ་བདག་ཏུ་འཛིན ་པས། འདུ་ཤེས་ཕྱིན་ཅི་ལོག་དང། སེམས་ཕྱིན་ཅི་ལོག་དང། ལྟ་བ་ཕྱིན་ཅི་ལོག་ཏུ་གྱུར་པ་གང་ཡིན་པའོ་ཞེས་བྱ་བ་ནི་བདུན་པ་ཕྱིན་ཅི་ལོག་གི་དོན་རྣམ་པར་བཤད་པའོ། །འདི་ལྟ་སྟེ། གོང་དུ་བསྟན་པའི་འཛིན་པ་ལ་སོགས་པའི་དོན ་དེ་དག་ལ་ཕྱིན་ཅི་ལོག་བདུན་དུ་གྱུར་པ་གང་ཡིན་པ་དེ་དག་ནི་ཕྱིན་ཅི་ལོག་གི་དོན་ཅེས་བྱ་སྟེ། ཕྱིན་ཅི་ལོག་བདུན་པོ་དག་ནི་བསྟན་བཅོས་བཅུ་བདུན་བསྟན་པ་ལས་ཇི་སྐད་དུ་བསྟན་པ་ཉིད་དེ། དེའི་ཕྱིར་བསྟན་བཅོས་དེ་ཉིད་ལས་ཕྱིན ་ཅི་ལོག་གི་ཡོངས་སུ་བཟུང་བ་ནི་འདི་ལྟ་སྟེ། ཕྱིན་ཅི་ལོག་བདུན་པོ། འདུ་ཤེས་ཕྱིན་ཅི་ལོག་དང། ལྟ་བ་ཕྱིན་ཅི་ལོག་དང། སེམས་ཕྱིན་ཅི་ལོག་དང། མི་རྟག་པ་ལ་རྟག་གོ་སྙམ་པ་ཕྱིན་ཅི་ལོག་དང། སྡུག་བསྔལ་ལ་བདེ་བའོ ་སྙམ་པ་ཕྱིན་ཅི་ལོག་དང། མི་གཙང་བ་ལ་གཙང་ངོ་སྙམ་པའི་ཕྱིན་ཅི་ལོག་དང། བདག་མེད་པ་ལ་བདག་གོ་སྙམ་པའི་ཕྱིན་ཅི་ལོག་གོ་།འདུ་ཤེས་ཕྱིན་ཅི?་ལོག་ནི་འདི་ལྟ་སྟེ་།མི་རྟག་པ་ལ་རྟག་གོ་སྙམ་པ་དང། སྡུག་བསྔལ ་བ་ལ་བདེའོ་སྙམ་པ་དང། མི་གཙང་བ་ལ་གཙང་ངོ་སྙམ་པ་དང། བདག་མེད་པ་ལ་བདག་གོ་སྙམ་པའི་འདུ?་ཤེས་ཀྱི་རྟོག་པ་གང་ཡིན་པའོ། །ལྟ་བ་ཕྱིན་ཅི་ལོག་ནི་འདི་ལྟ་སྟེ། འདུ་ཤེས་ཡོངས་སུ་རྟོག་པ་དེ་བཞིན་ཉིད་ལ་དེ་བཞིན་དུ་བཟོད་པ་དང། འདོད་པ ་དང་རྣམ་པར་འཇོག་པ་དང། མངོན་པར་ཞེན་པ་གང་ཡིན་པའོ། །སེམས་ཕྱིན་ཅི་ལོག་ནི་འདི་ལྟ་སྟེ། མངོན་པར་ཞེན་པ་ཉིད་ལ་དེ་བཞིན་དུ་འདོད་ཆགས་ལ་སོགས་པས་ཀུན་ནས་ཉོན་མོངས་པ་གང་ཡིན་པའོ། །དེ་ལ་ཉོན་མོངས་པ་རྣམས་ནི་མདོར ་བསྡུ་ན་རྣམ་པ་གསུམ་དུ་རིག་པར་བྱ་སྟེ། ཉོན་མོངས་པ་ལས་ཕྱིན་ཅི་ལོག་གི་རྩ་བ་ཡིན་པ་ཡང་ཡོད་དོ། །ཉོན་མོངས་པ་ལས་ཕྱིན་ཅི་ལོག་གི་བདག་ཉིད་ཡིན་པ་ཡང་ཡོད་དོ། །ཉོན་མོངས་པ་ལས་ཕྱིན་ཅི་ལོག་གི་རྒྱུ་མཐུན་པ་ཡིན་པ་ཡང ་ཡོད་དོ། །དེ་ལ་ཕྱིན་ཅི་ལོག་གི་རྩ་བ་ནི་འདི་ལྟ་སྟེ། མ་རིག་པའོ། །ཕྱིན་ཅི་ལོག་གི་བདག་ཉིད་ནི་འདི་ལྟ་སྟེ། འཇིག་ཚོགས་པ་ལྟ་བ་དང། མཐར་འཛིན་པར་ལྟ་བའི་ཕྱོགས་གཅིག་དང། ལྟ་བ་མཆོག་ཏུ་འཛིན་པ་དང། ཚུལ་ཁྲིམས་དང ་བརྟུལ་ཞུགས་མཆོག་ཏུ་འཛིན་པ་དང། འདོད་ཆགས་སོ། །ཕྱིན་ཅི་ལོག་གི་རྒྱུ་མཐུན་པ་ནི་འདི་ལྟ་སྟེ། ལོག་པར་ལྟ་བ་དང། མཐར་འཛིན་པར་ལྟ་བའི་ཕྱོགས་གཅི་དང། ཁོང་ཁྲོ་བ་དང་ང་རྒྱལ་དང། ཐེ་ཚོམ་མོ། །དེ་ལ་འཇིག་ཚོགས་ལ་ལྟ ་བ་ནི་བདག་མེད་པ་ལ་བདག་གོ་སྙམ་དུ་ཕྱིན་ཅི་ལོག་པའོ། །མཐར་འཛིན་པར་ལྟ་བའི་ཕྱོགས་གཅིག་ནི་མི་རྟག་པ་ལ་རྟག་གོ་སྙམ་པའི་ཕྱིན་ཅི་ལོག་པའོ། །ལྟ་བ་མཆོག་ཏུ་འཛིན་བ་ནི་མི་གཙང་བ་ལ་གཙང་ངོ་སྙམ་དུ་ཕྱིན་ཅི་ལོག་པའོ། ། ་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་ནི་སྡུག་བསྔལ་ལ་བདེ་བའོ་སྙམ་དུ་ཕྱིན་ཅི་ལོག་པའོ། །འདོད་ཆགས་ནི་མི་གཙང་བ་ལ་གཙང་ངོ་སྙམ་དུ་ཕྱིན་ཅི་ལོག་པ་དང། སྡུག་བསྔལ་ལ་བདེ་བའོ་སྙམ་དུ་ཕྱིན་ཅི་ལོག་པ་གཉིས་ཀ་ཡང་ཡིན་ནོ ་ཞེས་བསྟན་པ་ཡིན་ཏེ་ནྱ་ཚར་རྣམ་པར་འབྱེད་པ་ནི། མཛོད་ཀྱི་བསྟན་བཅོས་དང་ཡང་དག་པའི་རིགས་པ་དང་རྗེས་སུ་མཐུན་པ་དང། བྱེ་བྲག་ཏུ་བཤད་པ་ཆེན་པོ་དང། ཕྱིན་ཅི་ལོག་བཞི་བསྟན་པ་དག་ལས་བསྟན་པ་བཞིན་དུ་རིག་པར་བྱའོ། །ཕྱིན་ཅི་ལོག་པའི ་དོན་ནི་གོང་མ་ལས་བཟློག་པ་སྟེ། དེའི་གཉེན་པོར་གྱུར་པ་ལས་དེའི་མཚན་ཉིད་དུ་རིག་པར་བྱའོ། ཞེས་བྱ་བ་ནི་བརྒྱད་པ་ཕྱིན་ཅི་མ་ལོག་པའི་དོན་རྣམ་པར་བཤད་པ་སྟེ་གོང་མ་བཞིན་དུ་རིག་པར་བྱའོ། །ཀུན་ནས་ཉོན་མོངས་པའི་དོན་ནི་འདི་ལྟ་སྟེ། ཁམས ་གསུམ་བའི་ཉོན་མོངས་པ་རྣམ་པ་གསུམ་པོ། །ཉོན་མོངས་པའི་ཀུན་ནས་ཉོན་མོངས་པ་དང། ལས་ཀྱི་ཀུན་ན་ཉོན་མོངས་པ་དང། སྐྱེ་བའི་ཀུན་ནས་ཉོན་མོངས་པ་གང་ཡིན་པའོ་ཞེས་བྱ་བ་ནི་དགུ་པ་ཀུན་ནས་ཉོན་མོངས་པའི་དོན་རྣམ་པར་བཤད་པའོ ་མདོའི་ཚིག་འདི་ཡང་རྣམ་པ་གསུམ་དུ་དབྱེ་སྟེ། བསྟན་པའི་སྒོ་བསྟན་པ་དང། གྲངས་བསྟན་པ་དང། མི་བཀོད་པའོ། །བསྟན་བཅོས་ཐག?་པ་ཆེན་པོ་བསྡུས་པའི་འགྲེལ་བ་སློབ་དཔོན་ངོ་བོ་ཉིད་མེད་ཀྱིས་བྱས་བ་ལས། དེ་ལ་ཀུན་ནས་ཉོན་མོངས་པ ་ཞེས་བྱ་བ་ནི་འདྲེས་པ་དང། རྙོག་པ་དང་ཡོངས་སུ་མ་དག་བའི་དོན་ཏོ། །ཀུན་ནས་ཉོན་མོངས་པ་ཡང་རྣམ་པ་གསུམ་སྟེ། ཉོན་མོངས་པས་བྱས་པ་དང། ལས་ཀྱིས་བྱས་བ་དང། སྐྱེ་བས་བྱས་པའོ་ཞེས་བཤད་དོ། །ཉོན་མོངས་པས་སེམས ་མི་དབེན་ཞིང་འཁྲུག་པར་བྱེད་པས་འདྲེས་པ་ཞེས་བྱའོ། །ལས་ངོ་བོ་ཉིད་ཀྱིས་བྱས་པས་སེམས་དང་མི་འགྱུར་བས་རྙོག་པ་ཞེས་བརྗོད་དོ། །འཁོར་བར་བར་ཆད་དང་བཅས་བས་ཡོངས་སུ་མ་དག་པ་ཞེས་བྱའོ། །གཞན་ཡང་བསྟན་བཅོས་རྣམ་པར ་བཤད་པ་ལས། ཉོན་མོངས་པའི་ཀུན་ནས་ཉོན་མོངས་བ་ཞེས་བྱ་བ་ནི་འདི་ལྟ་སྟེ། ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་ཐམས་ཅད་གཅིག་ཏུ་བསྡུས་པ་ལས་ནི་ཉོན་མོངས་བའི་ཀུན་ནས་ཉོན་མོངས་པ་ཞེས་བྱའོ། །ལས་ཀྱི་ཀུན ་ནས་ཉོན་མོངས་པ་ནི་འདི་ལྟ་སྟེ། ཉོན་མོངས་པའི་རྒྱུས་བསྐྱེད་པ་འམ། ཉོན་མོངས་པའི་རྒྱུས་སྐྱེ་བའི་ཆོས་ཀྱི་གྲོགས་ཀྱི་རྐྱེན་བྱས་ནས་བསྐྱེད་པ་གང་ཡིན་པ་སྟེ། ཅི་རིགས་པར་ཁམས་གསུམ་པས་བསྡུས་པའི་ལུས་དང་ངག་དང་ཡིད་ཀྱི་ལས་རྣམས ་སོ། །སྐྱེ་བའི་ཀུན་ནས་ཉོན་མོངས་པ་ནི་འདི་ལྟ་སྟེ། ཉོན་མོངས་པ་དང་ལས་ཀྱི་རྒྱུའི་ཕྱིར་སྐྱེས་པར་གྱུར་བ་དང། སྐྱེས་པའི་ཕྱིར་སྡུག་བསྔལ་བར་གྱུར་བ་གང་ཡིན་པའོ་ཞེས་འབྱུང་སྟེ། ཞིབ་ཏུ་དེ་ཉིད་ལས་བསྟན་པ་བཞིན་ནོ། །རྒྱ་ཚོར་རྣམ་པར་འབྱེད ་པ་ནི་བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་བསྟན་པ་བཞིན་དུ་རིག་པར་བྱའོ། །རྣམ་པར་བྱང་བའི་དོན་ནི་འདི་ལྟ་སྟེ། ཀུན་ནས་ཉོན་མོངས་པ་རྣམས་པ་གསུམ་པོ་དེ་དག་ཉིད་དང་བྲལ་བར་བྱ་བ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཇི་སྙད་ཡོད་པ་རྣམས་ཏེ་ཞེས་བྱ ་པ་ནི། ས་བཅུ་པ་རྣམ་པར་བྱང་བའི་དོན་རྣམ་པར་བཤད་པའོ། །བྲལ་བར་བྱ་བ་བྱང་ཆུབ་ཀྱི་ཆོས་ཇི་སྙེད་བ་ཞེས་བྱ་བ་ལ་ཡང་བཤད་པ་རྣམ་པ་གཉིས་ཡོད་དེ། ཁ་ཅིག་ན་རེ་བྲལ་བར་བྱ་བ་དང་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཇི་སྙེད་ཡོད་པ་གང་ཡིན་པ་དེ་ནི ་རྣམ་པར་བྱང་བའི་དོན་ཅེས་བྱའོ་ཞེས་ཟེར་ཏེ། འདི་ནི་མི་མཐུན་པའི་རྣམ་པར་བཤད་པའོ། །ཁ་ཅིག་ན་རེ་བྲལ་བར་བྱ་བ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཇི་སྙེད་པ་ཞེས་བྱ་བ་ནི་འབྲས་བུ་སྨོས་ནས་རྒྱུ་རབ་ཏུ་བསྟན་པ་གང་ཡིན་པས་དེ་ནི་རྣམ་པར་བྱང་བའི་དོན ་ཅེས་བྱའོ་ཞེས་ཟེར་ཏེ། འདི་ནི་བདག་པོའི་དབང་པོ་བྱས་པའི་རྣམ་པར་བཤད་པའོ། །འདི་ལྟར་རྣམ་པ་གཉིས་སུ་བཤད་པ་ཡོད་ཀྱང་བཤད་པ་ནི་ཕྱི་མ་བཟང་སྟེ། དེའི་ཕྱིར་བསྟན་བཅོས་རྣམ་པར་བཤད་པ་ལས། རྣམ་པར་བྱ་བ་བའི་དོན་ནི་འདི? ་ལྟ་སྟེ། ཀན་ནས་ཉོན་མོངས་པ་རྣམ་པ་གསུམ་པོ་དག་ལས་བྲལ་བ་ཐོབ་བར་བྱ་བའི་ཕྱིར་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཐམས་ཅད་སྒོམ་བ་གང་ཡིན་པར་ཞེས་བསྟན་པ་ཡིན་ནོ། །གཞན་ཡང་བསྟན་བཅོས་ཐེག་པ་ཆེན་པོ་བསྡུས་བའི་འགྲོལ་བ་ལས། རྣམ་པར ་བྱང་བའི་དོན་ཅེས་བྱ་བ་ནི། ཤིན་ཏུ་གསལ་བ་དང། གཙང་བ་དང། རབ་ཏུ་གསལ་པའི་དོན་ཡིན་ནོ། །རྣམ་པར་བྱང་བ་ཡང་རྣམ་པ་གཉིས་ཏེ། འཇིག་རྟེན་པའི་རྣམ་པར་བྱང་བ་ནི་ཟག་བ་དང་བཅས་པའི་ལམ་གྱིས་རེ་ཞིག་ཙམ་དུ་སུ་ནི?་ནས་? ་བའི་ཉོན་མོངས་པ་ཉམས་སྨོད་ཅིང་རྣམ་པར་གནོན་པའི་ཕྱིར་རོ། །འཇིག་རྟེན་ལས་འདས་པའི་ཆ་རྣམ་པར་བྱང་བ་ནི་ཟག་བ་མིད?་པའི་ལམ་གྱིས་བག་ལ་ཉལ་གཏན་དུ་སྤོང་བའི་ཕྱིར་རོ་ཞེས་བཤད་དེ། ཉོན་མོངས་བ་དང་བྲལ་བསམ་ཤིན་ཏུ ་གསལ་བ་ཞེས་བརྗོད་དོ། །ལས་དང་བྲལ་བས། ན་ཤིན་དུ་གཙང་བ་ཞེས་བྱའོ། །སྐྱེ་ཤིའི་དོན་དང་བྲལ་བས་ནི་རབ་ཏུ་གསལ་བས་ཞེས་བརྗོད་དོ། །རིགས་ཀྱི་བུ་དེ་ལྟར་རྣམ་པ་བཅུ་པོ་དེ་དག་གིས་དོན་ཐམས་ཅད་བསྡུས་པར་རིག་པར་བྱའོ། ཞེས་བྱ ་བ་ནི་བཞི་པ་སྤྱིའི་མཇུག་བསྡུ་བ་སྟེ། དོན་རྣམ་པ་བཅུ་པོ་དག་གིས་དོན་རྣམས་སྡུད་པར་བྱེད་བས་སོ། །དོན་རྣམ་པ་བཅུ་པོ་དེ་དག་ཀྱང་བསྟན་བཅོས་རྣམ་པར་བཤད་པ་ལས་མདོ་ལས་གསུངས་པ་དང་མཐུན་པར་འབྱུང་སྟེ། དེ་ལ་བྱེ་བྲག་ཡོད ་པ་ཡང་བསྟན་བཅོས་དེ་ལས་དེ་བཞིན་ཉིད་རྣམ་པ་བདུན་པོ་དེ་དག་མིང་བཀོད་པ་ཁོ་ནར་ཟད་ཀྱི་རྣམ་པར་བཤད་པ་ནི་མེད་པས་སོ།། །།བམ་པོ་བཞི་བཅུ་གསུམ་པ། །གཞན་ཡང་རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་རྣམས ་ནི་རྣམ་པ་ལྔས། ངོན་སོ་སོར་ཡང་དག་པར་རིག་པའི་ཕྱིར་དོན་སོ་སོར་ཡང་དག་པར་རིག་པ་ཞེས་བྱའོ་ཞེས་བྱ་བ་འདི་མན་ཆད་ནི་གཉིས་པ་དོན་རྣམ་པ་ལྔ་ལས་བརྩམས་ནས། དོན་སོ་སོར་ཡང་དག་པར་རིག་པའི་རྣམ་པར་བཤད་པའོ།། ་འདི་ཡང་རྣམ་བ་བཞིར་དབྱོ?་སྟེ། མདོར་བསྟན་ནས་གྲངས་སྨོས་པ་དང། ཞུས་པའི་ལན་དག་གིས་གྲངས་ཀྱི་མིང་བཀོད་པ་དང། གོ་རིམ་བཞིན་དུ་རྣམ་པར་ཕྱེ་སྟེ་བཤད་པ་དང། དོན་རྣམ་པ་ལྔ་བཤད་བ་སྤྱིའི་? ་བསྡུ་བ་སྟེ་འདི་ནི་དང་པོའོ། །དོན་གང་ཞེ་ན། ཡོངས་སུ་ཤེས་པར་བྱ་བའི་དངོས་པོ་དང། ཡོངས་སུ་ཤེས་པར་བྱ་བའི་དོན་དང། ཡོངས་སུ་ཤེས་པ་དང། ཡོངས་སུ་ཤེས་པའི་འབྲས་བུ་ཐོབ་པ་དང། དེ་རབ་ཏུ་རིག་བར་བྱེད་བའི་ཞེས་བྱ་བ་ནི་གཉིས་བ ་ཞུས་བ་དང། ལན་དག་གིས་གྲངས་ཀྱི་མིང་བཀོད་པའོ། །རྣམ་པ་ལྔ་པོ་དེ་དག་ཀྱང་མདོར་བསྡུ་ན་རྣམ་བ་གསུམ་དུ་དབྱེ་སྟེ། དང་པོ་གཉིས་ནི་ཡོངས་སུ་ཤེས་པར་བྱ་བའི་ཡུལ་ལོ། །གསུམ་བ་ནི་ཡོངས་སུ་ཤེས་པར་བྱེད་པའི་ཤེས་བ་སྟེ། རྒྱུའི ་སྤྱོད་པའོ། ཕྱི་མ་གཉིས་ནི་སྤྱོད་བས་ཐོབ་བའི་འབྲས་བུའོ། །རིགས་ཀྱི་བུ་དེ་ལ་ཡོངས་སུ་ཤེས་པར་བྱ་བའི་དངོས་པོ་ནི་ཤེས་བྱ་ཐམས་ཅད་ཡིན་བར་རིག་པར་བྱ་སྟེ། འདི་ལྟ་སྟེ། ཕུང་པོ་རྣམས་ཤེས་བྱ་བ་འམ་།ནང་གི་སྐྱེ་མཆེད་རྣམས་ཤེས ་བྱ་བ་འམ། ཕྱི་རོལ་གྱི་སྐྱེ་མཆེད་རྣམས་ཤེས་བྱ་བ་འམ་དེ་ལྟ་བུ་ལ་སོགས་བ་ཐམས་ཅད་དོ། ཞེས་བྱ་བ་འདི་མན་ཆད་ནི་གསུམ་བ་གོ་རིམ་བཞིན་དུ་རྣམ་པར་ཕྱེ་སྟེ་བཤད་པའོ། །འདི་ཡང་རྣམ་པ་ལྔ་བསྟན་པ་ཉིད་ཀྱིས་རྣམ་པ་ལྔར་དབྱེ་སྟེ་འདི ་ནི་དང་པོའོ། །མདོའི་ཚིག་འདི་ལ་ཡང་རྣམ་བ་གསུམ་སྟེ། མདོར་བསྟན་བ་དང། རྣམ་བར་བཤད་བ་དང། ཟླས་དངོས་པའི་བདག་ཉིད་བསྟན་པའོ། །འདི་ལྟར་ཆོས་ཐམས་ཅད་ཡོངས་སུ་ཤེས་བར་བྱ་བའི་ཡུལ་ནི་ཕུང་པོ་ལྔ་དང། སྐྱེ་མཆེ ་བཅུ་གཉིས་པོ་དེ་ཡང་ནང་གི་སྐྱེ་མཆེད་དྲུག་དང་ཕྱི་རོལ་གྱི་སྐྱེ་མཆད་དྲུག་པོ་དག་གོ་།དེ་ལྟ་བུ་ལ་སོགས་པ་ཐམས་ཅད་ཅེས་བྱ་བ་ནི་ཟླས་ཁམས་རྣམས་ཀྱང་ཡོངས་སུ་ཤེས་པར་བྱ་བ་ཡིན་པར་བསྟན་བ་སྟེ། བསྟན་བཅོས་རྣམ་པར་བཤད ་པ་ལས། ཕུང་པོ་དང་སྐྱེ་མཆེད་དང་ཁམས་ལ་སོགས་པའོ་ཞེས་བསྟན་པས་སོ། །བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས། ཡོངས་སུ་ཤེས་པར་བྱ་བའི་དངོས་བི?་ནི་འདི་ལྟ་སྟེ། ཕུང་པོ་དང་ཁམས་དང་སྐྱེ་མཆེད་དང། རྟེན་ཅིང་འབྲེལ་པར་འབྱུང་བ་དང། ངན? ་བ་ཉེ་བར་བཞག་བ་དང། ཡང་དག་བར་སྤོང་བ་ལ་སོགས་པའོ་ཞེས་བཤད་དེ། བསྟན་བཅོས་རྣམ་པར་བཤད་པ་ལས་ཀྱང་དེ་སྐད་དུ་བསྟན་ཏོ། །ཡོངས་སུ་ཤེས་བར་བྱ་བའི་དོན་ནི་རྣམ་པའི་བྱེ་བྲག་ཇི་སྙེད་ཡོད་པ་དག་གིས་ཤེས་བྱ་ཤེས་པར ་བྱ་བ་གང་ཡིན་བ་སྟེ་ཞེས་བྱ་བ་ལ་སོགས་པས་ནི་གཉིས་པ་ཡོངས་སུ་ཤེས་པར་བྱ་བའི་དོན་རྣམ་པར་བཤད་པའོ། །འདི་ཡང་རྣམ་པ་གསུམ་ཕུང་བྱེ་སྟེ། མདོར་བསྟན་པ་དང། རྣམ་པར་ཕྱེ་སྟེ་བཤད་པ་དང། ཟླས་བསྟན་པའོ། །འདི་ནི་དང ་པོ་སྟེ། སྔ་མའི་ཡོངས་སུ་ཤེས་བར་བྱ་བའི་དངོས་པོ་དང་བྱེ་བྲག་ཡོང་བ་ཡང་སྔ་མ་ནི་ཤེས་པར་བྱ་བའི་ཡུལ་གྱི་བདག་ཉིད་བསྟན་ཀྱང། དོན་རྣམ་པ་སྣ་ཚོགས་ཀྱི་སྒོའི་བྱེ་བྲག་མ་བསྟན་བས་དེའི་ཕྱིར་སྒོ་འདིས་དོན་གྱི་བྱེ་བྲག?་བསྟན་བ་ཡིན ་ནོ། །འདི་ལྟ་སྟེ། ཀུན་རྫོབ་ཀྱི་ཕྱིར་དང་དོན་དམ་པའི་ཕྱིར་ཞེས་བྱ་བའི་མན་ཆད་ནི་གཉིས་བ་རྣམ་པར་ཕྱེ་སྟེ་བཤད་བ་བསྟན་པའོ། །རྣམ་པར་ཕྱེ་ན་བཤད་བ་འདི་ཡང་སྒོ་རྣམ་པ་བཅུ་གཅིག་གིས་བསྟན་ཏེ་།འདི་ནི་དང་པོ་ཀུན་རྫོབ་དང ་དོན་དམ་བའི་སྒོའོ། །བསྟན་བཅོས་ཆོས་མངོན་པ་ཀུན་ལས་བཏུས་པ་དང། ཆོས་མངོན་པ་སྣ་ཚོགས་ཀུན་ལས་བཏུས་པ་ལས་ཇི་སྐད་དུ། ཇི་ལྟར་ན་ཀུན་རྫོབ་ཏུ་ཡོད་པ་ཡིན། ཀུན་རྫོབ་ཡོད་བ་རྣམས་ནི་དུ་ཞིག་།ཅིའི་ཕྱིར་ཀུན་རྫོབ ་ཏུ་ཡོད་པར་བརྟག་ཅེ་ན། ཐམས་ཅད་ཀྱང་ཀུན་རྫོབ་ཏུ་ཡོད་པའོ། །དེ་ལ་ཐམས་ཅད་ཅེས་བྱ་བ་ནི་ཕུང་པོ་ལྔ་དང། སྐྱེ་མཆེད་བཅུ་གཉིས་དང། ཁམས?་བཅོ་བརྒྱད་དེ། ཆོས་སུམ་ཅུ་རྩ་ལྔ་དང་ལྡན་པའི་ཕྱིར་ཐམས་ཅད་ཅེས་བྱ་བ་བསྟན ་ཏོ། །བདག་ལ་ཀུན་ནས་ཉོན་མོངས་བའི་མཚན་ཉིད་དུ་མངོན་བར་ཞེན་པ་སྤངས་པའི་ཕྱིར་ཀུན་རྫོབ་ཏུ་བརྟག་གོ་།ཇི་ལྟར་ན་དོན་དམ་པར་ཡོད་དོན་དམ་པར་ཡོད་བ་རྣམས་ནི་དུ་ཞིག་།ཅིའི་ཕྱིར་དོན་དམ་པར་ཡོད ་པར་བརྟག་ཅེ་ན། འདི་ལྟ་སྟེ། རྣམ་པར་དག་པར་འགྱུར་བའི་དམིགས་བ་ནི་དོན་དམ་པར་ཡོད་པའོ། །ཐམས་ཅད་ཀྱང་དོན་དམ་པར་ཡོད་པའོ། །བདག་ལ་རྣམ་པར་དག་པའི་མཚན་ཉིད་དུ་མངོན་བར་ཞེན་པ་སྤངས་བའི་ཕྱིར་དོན་དམ ་པར་ཡོད་པར་བརྟག་པ་ཡིན་ནོ་ཞེས་འབྱུང་བ་ལྟ་བུ་སྟེ། ཆོས་མངོན་བ་སྣ་ཚོགས་ཀུན་ལས་བཏུས་པ་ལས་།ཐམས་ཅད་ཀྱང་དོན་དམ་པར་ཡོད་པའོ་ཞེས་པ་ནི། འདི་ལྟར་ཆོས་ཐམས་ཅད་དེ་བཞིན་ཉིད་ལས་གུད་ན་མེད་པའི་ཕྱིར་བཤད་དེ། ་རྒྱ་ཆེར་རྣམ་བར་འབྱེད་བ་ནི་བདེན་པ་གཉིས་བསྟན་པ་ལ་འབྱུང་བ་བཞིན་དུ་རིག་པར་བྱའོ། །ཡོན་ཏན་གྱི་ཕྱིར་དང་སྐྱོན་གྱི་ཕྱིར་ཞེས་བྱ་བ་ནི་གཉིས་པ་ཡོན་ཏན་དང?་སྐྱོན་གྱི་སྒོ་བསྟན་པའོ། །འདི་ལྟ་སྟེ། ཚད་མེད་པ་བཞི་ལ་སོགས་པ ་དང། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བརྒྱ་བཞི་བཅུ་པོ་དག་ནི་ཡོན་ཏན་ཞེས་བྱའོ། །མཚམས་མེད་པ་ལྔ་དང། མི་དགེ་བ་བཅུ་དང། ལྕི་བ་བཞི་དང་ཉོན་མོངས་བ་ལ་སོགས་པ་ནི་སྐྱོན་ཞེས་བྱ་སྟེ། དེའི་ཕྱིར་འོག་ནས་མདོ་ལས་སྐྱོན་ནི་ཀུན ་ནས་ཉོན་མོངས་བའི་ཆོས་རྣམས་སོ། །ཡོན་ཏན་ནི་རྣམ་པར་བྱང་བའི་ཆོས་རྣམས་སོ་ཞེས་བསྟན་ཏོ། །བསྟན་བཅོས་དབུས་དང་མཛའ་རྣམ་པར་འབྱེད་པ་ལས་ཀྱང་མྱ་ངན་ལས་འདས་པ་ནི་ཡོན་ཏན་ཞེས་བྱའོ། །འཁོར་བ་ནི་ཉེས་དམིགས་ཞེས ་བྱའོ་ཞེས་བསྟན་ཏོ། །རྐྱེན་གྱི་ཕྱིར་དང་དུས་ཀྱི་ཕྱིར་ཞེས་བྱ་བ་ནི་གསུམ་བ་རྐྱེན་བཞི་རབ་ཏུ་དབྱེ་བའི་སྒོ་དང། བཞི་བ་དུས་གསུམ་རབ་ཏུ་དབྱེ་བའི་སྒོའོ། །དེ་ལ་རྐྱེན་བཞི་ཞེས་བྱ་བ་ནི་བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་ཇི་སྐད་དུ། ་རྐྱེན་བཞི་སྟེ། རྒྱུའི་རྐྱེན་ནི་འདི་ལྟ་སྟེ། ས་བོན་གང་ཡིན་བའོ། །མཆུངས?་པ་དེ་མ་བྲ་བའི་རྐྱེན་ནི་འདི་ལྟ་སྟེ། རྣམ་པར་ཤེས་པ་གང་གི་མཇུག་ཐོགས་སུ་རྣམ་པར་ཤེས་བ་གང་དག་འབྱུང་བར་ངེས་པ་གང་ཡིན་པ་དེ་ནི་དེ་དག་གི་མཚུངས་བ་དེ་མ་ཐག་པའི ་རྐྱེན་ཏོ། །དམིགས་བའི་རྐྱེན་ནི་འདི་ལྟ་སྟེ། སེམས་ལས་འབྱུང་བའི་ཆོས་གང་དག་གི་དམིགས་པ་གང་ཡིན་པའོ། །བདག་པོའི་རྐྱེན་ནི་འདི་ལྟ་སྟེ། ས་བོན་མ་གཏོགས་པ་གནས་གཞན་གང་ཡིན་པ་སྟེ། ཇི་ལྟར་མིག་དང་དེའི་གྲོགས་སུ་གཏོགས་པའི་ཆོས ་མིག་གི་རྣམ་པར་ཤེས་པ་ལ་བལྟོས་པ་བཞིན་དུ་རྣམ་པར་ཤེས་པ་ལྷག་མ་རྣམས་ཀྱང་དེ་དང་འདྲའོ། །གཞན་ཡང་དགེ་བ་དང་མི་དགེ་བའི་ངོ་བོ་ཉིད་གང་གིས་འདོད་པ་དང། མི་འདོད་པའི་འབྲས་བུ་ཡོངས་སུ་འཛིན་པར་བྱེད་པ་གང་ཡིན་པ་དང། དེ ་ལྟ་བུ་དང་འཐུན་པ་རྣམས་ནི་བདག་པོའི་རྐྱེན་ཏོ། །ཞེས་བསྟན་པ་ལྟ་བུ་སྟེ། རྒྱ་ཆེར་ན་མཚན་ཉིད་བསྟན་པ་དག་ལས་འབྱུང་བ་བཞིན་དུ་རིག་པར་བྱའོ། །དེ་ལ་དུས་གསུམ་ནི་བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་ཇི་སྐད་དུ། དེ་ལ་དུས་གསུམ་རྣམ ་བར་གཞག་པ་ཇི་ལྟ་བུ་ཡིན་ཞེ་ན། ས་བོན་རྣམས་ཀྱི་ཆོས་དེ་ལས་ཐ་མི་དད་པའི་ཕྱིར་ཆོས་གཞན་དུ་རྣམ་པར་གཞག་གོ་།གཞན་ཡང་འབྲས་བུ་བྱིན་མ་བྱིན་པའི་དབང་གི་ཕྱིར། ཆོས་རྣམས་ཀྱི་འབྲས་བུ་འགགས་པའི་མཚན་ཉིད་གང་ཡིན་བ་དེ ་ནི་འདས་པའོ། །རྒྱུ་ཡོད་པ་ལ་མ་བྱུང་བའི་མཚན་ཉིད་གང་ཡིན་པ་དེ་ནི་མ་འོངས་པའོ། །བྱུང་ལ་མ་འགགས་པའི་མཚན་ཉིད་གང་ཡིན་བ་དེ་ནི་ད་ལྟར་བྱུང་བའོ། །ཞེས་བསྟན་བ་ལྟ་བུའོ། །གཞན་ཡང་བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས ་ལ་ས་ས་བོན་གྱི་རྒྱུན་འབྲས་དུ་བསྐྱེད་ཟིན་བ་ནི་ཁམས་འདས་བ་ཞེས་བྱའོ། །ས་བོན་གྱི་རྒྱུན་འབྱུང་བ་འབྲས་བུ་བསྐྱེད་པ་ནི་སེམས་མ་འོངས་བ་ཞེས་བྱའོ། །ད་ལྟར་གྱི་ས་བོན་གྱི་རྒྱུན་འབྲས་བུ་མ་བསྐྱེད་པ་ཉིད་ནི་ཁམས་ད་ལྟར་བྱུང་བ་ཞེས ་བྱ་སྟེ། འདི་ལ་དགོངས་པ་ནི་དེ་ཡིན་པར་རིག་པར་བྱའོ་ཞེས་འབྱུང་ངོ། །གཞན་ཡང་དེ་ཉིད་ལས་འདས་པའི་འདུ་བྱེད་རྣམས་མི་འབྲས་བུ་བསྐྱེད་ཟིན་བའི་ཕྱིར་ཡོད་ལ་འདུ་བྱེད་མ་འོངས་བ་རྣམས་ནི་རྒྱུ་ཡོངས་སུ་འཛིན ་བའི་ཕྱིར་ཡོད་དོ། །ཅིའི་ཕྱིར་ཞེ་ན། ད་ལྟར་གྱི་འདུ་བྱེད་རྣམས་མཚན་ཉིད་རྣམ་པ་གསུམ་གྱིས་རབ་ཏུ་ཕྱེ་བ་ཡིན་ཏེ། དང་པོ་ནི་འདས་པའི་འབྲས་བུའི་ངོ་བོ་ཉིད་ཡིན་བའི་ཕྱིར་དང། གཉིས་པ་ནི་མ་འོངས་པའི་རྒྱུའི་ངོ་བོ་ཉིད་ཡིན་པའི་ཕྱིར ་དང། གསུམ་པ་ནི་རང་གི་མཚན་ཉིད་ཀྱི་རྒྱུན་མི་འཆད་པའི་ཕྱིར་རོ་ཞེས་འབྱུང་སྟེ། བསྟན་བཅོས་དབུས་དང། མཛའ་རྣམ་པར་འབྱེད་པ་དང། ཆོས་མངོན་པ་ཀུན་ལས་གསུངས་པ་དང། ཆོས་མངོན་པ་སྣ་ཚོགས་ཀུན་ལས་བཏུས་པ་དང། རྣམ་པར ་བཤད་པ་ལས་ཀྱང་ཕལ་ཆེར་རྣལ་འབྱོར་སྤྱོད་བའི་ས་ལས་བསྟན་པ་དང་མཐུན་པར་བཤད་དོ། །གཞན་ཡང་བསྟན་བཅོས་རྣམ་པར་རིག་པ་ཙམ་དུ་གྲུབ་བ་ལས། ཐེག་པ་ཆེན་པོའི་རྟེན་ཅིང་འབྲེལ་པར་འབྱུང་བའི་ཡང་དག་པའི་རིགས་པ་ལས ་ཡིད་ཆེས་པར་བྱ་སྟེ། འདི་ལྟར་ཡང་དག་པའི་རིགས་པ་འདི་ནི་ཤིན་ཏུ་ཟབ་ཅིང་གྱ་ནོམ་པའི་ཚིག་དང་བྲལ་བས་རྒྱུ་དང་འབྲས་བུ་ལ་སོགས་པ་ཞེས་བྱེ་བ་ནི་བཏགས་པ་ཙམ་ཡིན་ཏེ། དེ་ལྟར་གྱི་ཆོས་ལ་བརྟགས་ན་ཕྱི་མ་འདྲེས་པའི་ནུས་པ་དང ་ལྡན་པས་མ་འོངས་པའི་འབྲས་བུ་ཞེས་གདགས་ཏེ། ད་ལྟར་གྱི་རྒྱུ་ལས་བལྟོས་ནས་བསྟན་པའོ། །ད་ལྟར་གྱི་ཆོས་ལ་བརྟགས་ན་སྔ་མའི་མཚན་ཉིད་དང་འཐུན་པ་ཡོད་པས་སྔོན་གྱི་རྒྱུ་ཞེས་གདགས་ཏེ། ད་ལྟར་གྱི་འབྲས་བུ་ལ་བལྟོས ་ནས་བསྟན་པའོ། །དེ་ལ་བརྟགས་པ་ནི་འདི་ལྟ་སྟེ། སྣང་བའི་རྣམ་པར་ཤེས་པ་གང་ཡིན་པའོ། །འདི་ལྟར་དེའི་མཚན་ཉིད་ལས་རྒྱུ་དང་འབྲས་བུ་དེ་དག་སྣང་བ་ནི་རིགས་པ་ཉིད་ཀྱིས་དེ་ལྟར་རབ་ཏུ་ཕྱེ་བ་ཡིན་པས་མཛའ་གཉིས་ཡོངས་སུ ་སྤངས་པ་དབུ་མའི་ལམ་ཁོང་དུ་ཆུད་བར་འགྱུར་ཞེས་འབྱུང་སྟེ། རྒྱ་ཆེར་རྣམ་བར་འབྱེད་པ་ནི་མཚན་ཉིད་བསྟན་བ་དག་ལས་འབྱུང་བ་བཞིན་དུ་རིག་པར་བྱའོ། །སྐྱེ་བ་དང། གནས་པ་དང། འཇིག་བའི་མཚན་ཉིད་ཀྱི་ཕྱིར་ཞེས་བྱ་བ་ནི་ལྔ་པ་སྐྱེ་བ་ལ ་སོགས་བའི་མཚན་ཉིད་གསུམ་བསྟན་བ་སྟེ། བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས། ཇི་སྐད་དུ་རྐྱེན་གྱི་དབང་གིས་རྒྱུ་སྔོན་མ་བྱུང་བ་ལས་དང་པོ་ཆོས་གང་དུ་བྱུང་བ་དེ་ནི་འདུས་བྱས་ཀྱི་མཚན་ཉིད་སྐྱེ་བ་ཞེས་བྱའོ། །དེ་ཉིད་གཞན་དུ ་འགྱུར་བ་ནི་རྒ་བའོ། །དེ་ཡང་རྣམ་བ་གཉིས་ཏེ། གཞན་ཉིད་གཞན་དུ་འགྱུར་བ་དང། ཐ་དད་པར་གཞན་དུ་འགྱུར་བའོ། །དེ་ལ་འདྲ་བར་འབྱུང་བ་ནི་གཞན་ཉིད་དུ་འགྱུར་བའོ། །མི་འདྲ་བར་འབྱུང་པ་ནི་ཐ་དད་པར་གཞན་དུ་འགྱུར་བའོ། །སྐྱེས ་མ་ཐག་པའི་སྐྱེ་བ་ཙམ་གྱི་རྗེས་སུ་འཇུག་པ་ནི་གནས་པའོ། །སྐྱེ་བའི་སྐད་ཅིག་ཕན་ཆད་སྐད་ཅིག་མི་གནས་པ་ནི་མི་རྟག་བ་ཉིད་དེ། དེ་དག་ཀྱང་ཆོས་དེ་ཉིད་ཀྱི་དུས་ཀྱི་བྱེ་བྲག་ལས་མཚན་ཉིད་བཞིར་འགྱུར་རོ་ཞེས་བསྟན་མ་ལྟ་བུ་སྟེ། རྒྱ ་ཆེར་ནི་མཚན་ཉིད་བསྟན་པ་དག་ལས་འབྱུང་བ་བཞིན་དུ་རིག་པར་བྱའོ། །ཅང་ལྟ་བུ་ལ་སོགས་པའི་ཕྱིར་ཞེས་བྱ་བ་ནི་དྲུག་པ་ནང་ལྟ་བུ་ལ་སོགས་པར་རྣམ་པར་འབྱེད་པའི་སྒོ་སྟེ་།དེའི་ཕྱིར་བསྟན་བཅོས་རྣལ་འབྱོར་སྤྱོད་བའི་ས་ལས་མི ་མཐུན་པའི་འདུ་ཤེས་ནི་རྣམ་པ་བཞི་པོ་འདི་ལྟ་སྟེ། འདུ་བྱེད་རྣམས་ལ་ནང་དང། འབྲས་དང། ཟུག་རྔུ་དང། སྡིག་པ་ཡིན་པར་ཡིད་ལ་བྱེད་པའོ། །དེ་ལ་ནང་ལྟ་བུ་ནི་འདི་ལྟ་སྟེ། དཔེར་ན་ལ་ལ་གཞི་ཁམས་མ་སྙོམས་པའི་རྒྱུ ་ལས་བྱུང་བའི་ནང་ཀྱིས་སྡུག་བསྔལ་ལ་མི་མཐུན་པར་འདུ་ཤེས་སྒོམ་བའོ། །འབྲས་བུ་ནི་འདི་ལྟ་སྟེ། སྔོན་གྱི་ལས་ཀྱི་རྒྱུ་ལས་བྱུང་བའི་འབྲས་བུ་སྡུག་བསྔལ་ལ་མི་མཐུན་བར་འདུ་ཤེས་སྒོམ་བའོ། །ཟུག་རྔུ་ལྟ་བུ་ནི་འདི་ལྟེ་ལྟེ། དཔེར ་ན་ལ་ལ་ཞིག་དགྲ་གཞན་གྱི་སྣུན་པའི་ཟུག་རྔུའི་རྒྱུ་ལས་བྱུང་བའི་སྡུག་བསྔལ་ལ་མི་མཐུན་པར་འདུ་ཤེས་བསྒོམ་པའོ། །སྡིག་བ་ལྟ་བུ་ནི་འདི་ལྟ་སྟེ། གཉེན་པོ་དང་ལོངས་སྤྱོད་ལ་སོགས་པ་ལས་གྱུར་བའི་འཕོངས ་པ་རྣམས་ལ་རང་གི་ལོག་བར་རྟོག་བའི་སྡིག་བའི་རྒྱུ་ལས་བྱུང་བའི་སྡུག་བསྔལ་ལ་མི་མཐུན་པའི་འདུ་ཤེས་སྒོམ་པ་གང་ཡིན་པ་སྟེ། འདི་ནི་རྣལ་འབྱོར་པས་འདུ་བྱེད་རྣམས་ལ་མི་མཐུན་པར་བསྒོམ་པའོ་ཞེས་བསྟན་པ་ཡིན་ནོ། ། ་གཞན་ཡང་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲེལ་པ་ལས། འཁོར་ལྔ་པོ་དག་ལ་འཁྲུག་པ་རྣམས་སྐྱེ་བར་རྟོགས་པའི་ཕྱིར་ནད་ལྟ་བུ་ཞེས་གསུངས་སོ། །ཁ་ཅིག་འཁོར་ལོ་ལྔ་པོ་ནད་ལྟ་བུ་ཡིན་བར་ཐོས་ནས་དེ་ནི་ངས་ཡ ་ང་བ་ཡིན་ནོ་སྟམ་དུ་སེམས་པས་ན། དེའི་ཕྱིར་འབྲས་ལྟ་བུར་འབྱང་དཀའ་བ་ཞེས་གསུངས་སོ། །འོན་ཀྱང་དེ་ནི་གསོར་རུང་ངོ་སྙམ་དུ་སེམས་པས་ན་དེའི་ཕྱིར་དྲུག་རྔུ་ལྟར་ལུས་ལ་རེག་མ་ཐག་དུ་དེ་དབྱུང་ངུ་མི་རུང་བ་ཞེས་བྱ་བ་གསུངས་སོ། ། ་ཁ་ཅིག་ན་རེ་དཔེར་ན་བྲུག་རྔུ་ལུས་ལ་ཡོད་པ་བཞིན་དུ་དབྱུང་བར་དཀའ་མོང་ཀྱི་དཔྱད་མཁས་པ་དང། སྒྱུ་རྩལ་རབ་དག་གིས་ནི་ཕྱིན་པར་འགྱུར་རོ་སྙམ་དུ་སེམས་པས་ན། དེའི་ཕྱིར་རྟག་པར་ན་ཞིང་འཁྲུག་པར་འགྱུར་བ་ཞེས་བྱ་བ ་གསུངས་སོ་ཞེས་འབྱུང་སྟེ། རྒྱ་ཆེར་དེ་ཉིད་ལས་བསྟན་པ་བཞིན་ནོ། །སྡུག་བསྔལ་དང་ཀུན་འབྱུང་བ་ལ་སོགས་པའི་ཕྱིར་ཞེས་བྱ་བ་ནི་བདུན་པ་བདེན་པ་བཞི་རྣམ་པར་འབྱེད་བའི་སྒོའོ། །སོགས་པ་ཞེས་བྱ་བས་ནི་འགོག་བ་དང། ་ལམ་གྱི་བདེན་པ་གཉིས་ཀྱང་བཟུང་བའོ། །བདེན་པ་བཞི་པོ་དག་གི་དོན་ནི་མཚན་ཉིད་བསྟན་པ་དག་ལས་འབྱུང་བ་བཞིན་དུ་རིག་བར་བྱའོ། །དེ་བཞིན་ཉིད་དང། ཡང་དག་བའི་མཛའ་དང་ཆོས་ཀྱི་དབྱིངས་ལ་སོགས་བའི་ཕྱིར ་ཞེས་བྱ་བ་ནི་བརྒྱད་བ་དེ་བཞིན་ཉིད་ཀྱི་མིང་གི་རྣམ་གྲངས་མང་པོ་བསྟན་བའི་སྒོའོ། །དེ་ལ་དེ་བཞིན་ཉིད་ཅེས་བྱ་བ་ནི། བསྟན་བཅོས་རྣམ་བར་རིག་བ་ཙམ་དུ་གྲུབ་བ་ལས་ཇི་སྐད་དུ། དེ་བཞིན་ཉིད་ཅེས་བྱ་བ་ནི་དེ་ཁོ་ན་ཉིད་དོ། །ཡང་དག་པའི་མ ་ཡིན་བར་བསྟོན་བའོ། །ཉིད་ཅེས་བྱ་བ་ནི་རྟག་པ་ཉིད་དེ་རྣམ་བར་འགྱུར་བ་མེད་བར་བསྟན་པ་སྟེ། འདི་ལྟར་དེ་ཁོ་ན་ཉིད་འདི་གནས་སྐབས་ཐམས་ཅད་དུ་རྟག་པར་ངོ་བོ་ཉིད་ཇི་ལྟ་བ་བཞིན་པ་ཉིད་ཀྱིས་ནི། དེའི་ཕྱིར་དེ་བཞིན་ཉིད་ཅེས་བྱ་སྟེ། ་འདི་ནི་རྣམ་པར་མི་འགྱུར་བ་བརྫུན་བ་མ་ཡིན་བའི་དོན་ཏོ་ཞེས་བསྟན་པ་ལྟ་བུའོ། །གཞན་ཡང་དེ་ཉིད་ལས་དོན་ཉིད་བརྫུན་བ་དང། ཕྱིན་ཅི་ལོག་མ་ཡིན་བའི་ཕྱིར་དེ་བཞིན་ཉིད་ཅེས་བྱའོ་ཞེས་འབྱུང་ངོ། །སློབ་དཔོན་ཉེ་བའི་འོད་གྱི་འགྲེལ ་པ་ལས། ཡང་དག་པ་མ་ཡིན་བ་དང། ཕྱིན་ཅི་ལོག་གི་མིང་བཏགས་པ་ཐམས་ཅད་དང་བྲལ་བས་ན་དེ་བཞིན་ཉིད་ཅེས་བྱའོ་ཞེས་བཤད་དོ། །ཡང་དག་པའི་མཛའ་ཞེས་བྱ་བ་ནི་སློབ་དཔོན་ངོ?་བོ་ཉིད་མེད་ཀྱི་འགྲེལ་བ་ལས། དེ་བཞིན ་ཉིད་ཀྱི་ཕྱིར་ཡང་དག་པའི་མཛའ་ཞེས་བྱའོ། །མཛའ་ཐུག་པས་ན་མཛའ་ཞེས་བྱ་སྟེ། མཛའ་ཞེས་བྱ་བའི་སྒྲ་ནི་མུའི་མཛའ་ལ་ཟེས་བྱ་བས་ན་དེའི་ཕྱིར་དེ་བཞིན་ཉིད་ལ་མཛའ་ཞེས་བྱའོ་ཞེས་བཤད་དོ། །སློབ་དཔོན་ཉེ་བའི་འོད་ཀྱི་འགྲེལ ་བ་ལས། ཆོས་རྣམས་སོ་སོར་བསེས?་ཏེ། བརྟགས་ན་འདི་ལས་གོང་དུ་བཟླར་མེད་དེ། འདི་ཁོ་ན་བདེན་པས་བཏགས་བ་ཙམ་དུ་ཡང་དག་པའི་མཛའ་ཞེས་རྣམ་པར་བཞག་པ་ཡིན་ནོ་ཞེས་བཤད་དོ། །ཆོས་ཀྱི་དབྱིངས་ཞེས་བྱ་བ་ནི ་སློབ་དཔོན་ངོ་བོ་ཉིད་མེད་ཀྱི་འགྲོལ་པ་ལས། ཆོས་ཀྱི་དབྱིངས་ནི་འདི་ལྟ་སྟེ། ཆོས་རྣམ་པར་བྱང་བའི་ཐམས་ཅད་ཀྱི་རྒྱུའོ་ཞེས་བཤད་དོ། །སློབ་དཔོན་ཉེ་པའི་འོད་ཀྱི་འགྲེལ་པ་ལས། དགེ་བའི་ཆོས་ཐམས་ཅད་ཀྱི་གནས་བྱང་བས ་བརྟགས་པ་ཙམ་དུ་ཆོས་ཀྱི་དབྱིངས་ཞེས་བྱའོ་ཞེས་བསྟན་ཏོ། །དེ་ལ་སོགས་པ་ཞེས་བྱ་བ་ནི་སྟོང་པ་དང། བདག་མེད་པ་ལ་སོགས་པ་བསྡུ་བའོ། །མིང་གི་རྣམ་གྲངས་མང་པོ་དེ་ཡང་བསྟན་པ་རྣམས་སོ་སོ་ནས་བཤད ་བ་མི་མཐུན་པས། །བསྟན་བཅོས་དབུས་དང་མཛའ་རྣམ་པར་འབྱེད་པ་ལས་ནི་མདོར་བསྡུས་ནས་བདག་མེད་པ་ལ་སོགས་པའི་མིང་དྲུག་གིས་བསྟན་པ་ཡིན་ཏེ། དེའི་ཕྱིར་དེ་ཉིད་ཀྱི་ཚིག་ལེའུར་བྱས་པ་ལས་སྟོང་པ་ཉིད་ཀྱི་མདོར་བསྡུ་ན། ་དེ་བཞིན་ཉིད་དང་ཡང་དག་མཐོང། །མཚན་མ་མེད་དང་དོན་དམ་དང། །ཆོས་ཀྱི་དབྱིངས་ནི་རྣམ་གྲངས་སོ། །ཞེས་འབྱུང་སྟེ། རྒྱ་ཆེར་དེ་ཉིད་ལས་བསྟན་པ་གཞིན་ནོ། །བསྟན་བཅོས་ཆོས་མངོན་པ་སྣ་ཚོགས་ཀུན་ལས་བཏུས་པ་ལས ་ནི་མདོར་བསྡུས་ནས་མིང་བདུན་གྱིས་བསྟན་ཏེ་འདི་ལྟ་སྟེ། དེ་བཞིན་ཉིད་དང། བདག་མེད་ཉིད་དང། སྟོང་པ་ཉིད་དང། མཚན་མ་མེད་པ་དང། ཡང་དག་པའི་མཛའ་དང། དོན་དམ་པ་དང། ཆོས་ཀྱི་དབྱིངས་ཏེ་རྒྱ་ཆེར་ནི་དེ་ཉིད་ལས ་བསྟན་པ་བཞིན་ནོ། །བསྟན་བཅོས་ཐེག་པ་ཆེན་པོ་བསྡུས་པ་དང། སངས་རྒྱས་ཀྱི་སའི་འགྲེལ་པ་ལས་ཀྱང། མིང་གི་རྣམ་གྲངས་མང་པོ་སྟོན་ཏོ། དེ་ཡང་ཡོངས་སུ་རྫོགས་པ་མ་ཡིན་ནོ། །འཕགས་པ་ཤེས་རབ་ཀྱི་ཕ་རོལ ་ཏུ་ཕྱིན་པའི་མདོ་ལས་ནི་མིང་བཅུ་གཅིག་སྟོན་པར་མཛད་དེ་འདི་ལྟ་སྟེ། ཆོས་ཀྱི་དབྱིངས་དང། ཆོས་ཉིད་དང། ཡང་དག་པ་ཉིད་དང། མི་འགྱུར་བ་ཉིད་དང། མཉམ་པ་ཉིད་དང། སྐྱོན་མེད་པ་ཉིད་དང། ཆོས་ངེས་པ་ཉིད་དང། ཆོས ་གནས་པ་ཉིད་དང། ཡང་དག་པའི་མཛའ་དང། ནམ་མཁའ་ཨི་ཁམས་དང། བསམ་གྱིས་མི་ཁྱབ་པའི་ཁམས་སོ་ཞེས་གསུངས་སོ། །རྒྱས་པ་དང་བསྡུས་པའི་ཕྱིར་ཞེས་བྱ་བ་ནི་དགུ་པ་རྒྱས་པ་དང་བསྡུས་པ་རྣམ་པར་འབྱེད་པའི་སྒོའོ། ། ་བསྟན་བཅོས་རྣམ་པར་བཤད་པ་ལས་བསྡུས་པ་དང། རྒྱས་པ་ཞེས་བྱ་བ་ནི་འདི་ལྟ་སྟེ། སྔར་ནི་ཆོས་ཚིག་གཅིག་བསྟན་ནས། ཕྱི་མ་ཕྱི་མའི་ཚིག་ཚང་མེད་པ་དག་གིས་རྣམ་པར་འབྱེད་ཅིང་རབ་ཏུ་ཕྱེ་བས་ཁོང་དུ་ཆུང་པ་མཐར་ཐུག་པ་གང་ཡིན་པའོ་ཞེས ་འབྱུང་སྟེ། མདོ་འདི་ཉིད་ལས་ཀྱང་འོག་ནས་བསྡུས་པ་དང། རྒྱས་པ་ཞེས་འབྱུང་བས་བསྟན་བཅོས་རྣམ་པར་བཤད་པ་དང་མཐུན་ནོ། །གཞན་ཡང་བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས། དེ་ལ་བསྡུས་པའི་དོན་ནི་འདི་ལྟ་སྟེ། རིགས་པ་དང ་འབྲལ་བའི་ཆོས་བསྟན་པ་ལས་སོ། །དེ་ལ་རྒྱས་པའི་དོན་ནི་འདི་ལྟ་སྟེ། སོ་སོ་དང་འབྲེལ་བའི་ཆོས་བསྟན་པ་ལས་སོ། །གཞན་ཡང་བསྡུས་པའི་དོན་ནི་རྣམ་པ་གཉིས་ཏེ། མིག་བསྡུས་པ་དང་དོན་བསྡུས་པ་ལས་སོ། །བསྡུས་པའི་དོན་ཇི་ལྟ་བ ་བཞིན་དུ་རྒྱས་པའི་དོན་ཡང་རྣམ་པ་གཉིས་ཏེ། མིང་རྒྱས་པ་དང། དོན་རྒྱས་པ་ལས་ཏེ། མདོ་ལས་བཅོམ་ལྡན་འདས་ཀྱིས་ཇི་སྐད་དུ། ཤཱ་རིའི་བུ་ད་ནི་མདོར་བསྡུས་ཏེ་ཆོས་སྟོན་པར་ཡང་བྱེད་རྒྱས་པར་ཡང་བྱེད་མོད་ཀྱི་ཤེས་པར་ཡང་བྱེད ་པ་ཤིན་ཏུ་དཀོན་ནོ་ཞེས་གསུངས་པ་ལྟ་བུའོ། །དེ་ལ་ཡང་བཅོམ་ལྡན་འདས་ཀྱི་མདོའི་སྡེ་ལ་ནི་ཚིག་འབྲུ་རྒྱས་པ་ཡིན་ལ་དོན་བསྡུས་པ་ཡིན་པ་དང། ཚིགས་སུ་བཅད་པའི་སྡེ་ལ་ནི་དོན་རྒྱས་པ་ཡིན་ལ་ཚིག་འབྲུ་བསྡུས་པ་ཡིན་པར་ཡོངས་སུ ་བསྟན་པ་ཡིན་པར་རིགས་པར་བྱའོ་ཞེས་བསྟན་ཏོ། །གཞན་ཡང་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་བྱིན་པའི་འགྲེལ་པ་ལས། སངས་རྒྱས་རྣམས་ཆོས་སྟོན་པ་ཡང་རྣམ་པ་གཉིས་ཏེ། རེས་འགའ་ནི་སྔར་ནི་བསྡུས་ཏེ་སྟོན་པར་མཛད་ལ། ་ཕྱིས་ནི་རྒྱས་པ་སྟོན་པར་མཛད་དེ་དོན་རྣམ་པར་བཤད་པར་མཛད་པའི་ཕྱིར་རོ། །རེས་འགའ་ནི་སྔར་རྒྱས་ལ་སྟོན་པར་མཛད་ལ། ཕྱིས་ནི་བསྡུས་པ་སྟོན་པར་མཛད་དེ། གཟུང་བ་སླ་བའི་ཕྱིར་རོ་ཞེས་འབྱུང་ངོ། །བསྟན་བཅོས་གནས་པ་བཅུའི ་བཤད་པ་ལས་བསྡུས་ཏེ་བསྟན་པ་ནི་ཚིག་ཉུང་དུས་དོན་མང་པོ་བསྡུས་པས་གང་ཟག་དབང་པོ་རྣོན་པས་ཐོས་ན་གོ་བར་འགྱུར་བ་གང་ཡིན་པའོ། །རྒྱས་པར་བསྟན་པ་ནི་དངོས་པོ་གཅིག་དང། དོན་གཅིག་ལ་རྒྱུ་དང་རྐྱེན་མང ་པོས་དབང་པོ་རྟུལ་པོ་རྣམ་པར་དབྱེ་བ་ལ་མོས་པ་རྣམས་ཀྱི་ཆེད་དུ་བསྟན་པ་གང་ཡིན་པའོ། །བསྡུས་པ་དང། རྒྱས་བར་སྟོན་པ་ནི་འདི་ལྟར་ཚིག་གཅིག་གིས་དོན་རྒྱས་པ་སྡུད་པ་དང། གཞན་ཡང་རྣམ་པ་སྣ་ཚོགས་ཀྱིས་དོན་གཅིག་སྟོན ་པ་གང་ཡིན་པའོ་ཞེས་འབྱུང་ངོ། །མགོ་གཅིག་ཏུ་ལུང་བསྟན་པའི་ཕྱིར་དང། རྣམ་པར་ཕྱེ་ནས་ལུང་བསྟན་པའི་ཕྱིར་དང། དྲིས་ནས་ལུང་བསྟན་པའི་ཕྱིར་དང། གཞག་པས་ལུང་བསྟན་པའི་ཕྱིར་ཞེས་བྱ་བ་ནི་བཅུ་པ་ལུང་བསྟན་པ་རྣམ་པ ་བཞི་རབ་ཏུ་དབྱེ་བའི་སྒོ་སྟེ། འཕགས་པ་སངས་རྒྱས་ཀྱི་སའི་འགྲེལ་པ་ལས། ཇི་སྐད་དུ་ལུང་བསྟན་པ་རྣམ་པ་བཞིན་མགོ་གཅིག་ཏུ་ལུང་བསྟན་པ་དང། རྣམ་པར་ཕྱེ་ནས་ལུང་བསྟན་པ་དང། དྲིས་ནས་ལུང་བསྟན་པ་དང། མི་སྨྲ་བར་བཞག ་པས་ལུང་བསྟན་པའོ། །དེ་སྔ་མ་མགོ་གཅིག་ཏུ་ལུང་བསྟན་པ་ནི་དཔེར་ན་ཁ་ཅིག་སྐྱེ་བ་ཐམས་ཅད་གདོན་མི་ཟ་བར་འགག་པར་འགྱུར་རམ། སངས་རྒྱས་དང། ཆོས་དང། དགེ་འདུན་དཀོན་མཆོག་བསོད་ནམས་ཀྱི་ཞིང་གཤིན་པ་ཡིན་ནམ ་ཞེས་བྱ་བ་ལ་སོགས་པ་དེ་སྐད་དུ་འདྲི་ན། དོན་དེ་དག་ནི་ངེས་པར་དེ་ཡིན་ནོ་ཞེས་མགོ་གཅིག་ཏུ་ལུང་བསྟན་པ་ལྟ་བུའོ། །རྣམ་པར་ཕྱེ་ནས་ལུང་བསྟན་པ་ནི། དཔེར་ན་ཁ་ཅིག་འགག་པར་འགྱུར་བ་ཐམས་ཅད་ངེས་པར་ཡང་སྐྱེ་བ་ཡིན་ནམ་། ་སངས་རྒྱས་དང་ཆོས་དང་དགེ་འདུན་དཀོན་མཆོག་ཁྱད་པར་དུ་འཕགས་པ་ཞིག་ཡིན་ནམ། འོན་ཏེ་དམན་པ་ཞིག་ཡིན་ཞེས་བྱ་བ་ལ་སོགས་པ་དེ་སྐད་དུ་འདྲི་བ་ལ། སླར་དེ་ཉིད་ལས་ཁྱོད་གང་ལ་བལྟོས་ཏེ་འདྲི་ཞིས་སླར་དྲིས་ནས་ལུང ་བསྟན་པ་ལྟ་བུའོ། །མི་སྨྲ་བར་གཞག་པས་ལུང་བསྟན་པ་ནི། དཔེར་ན་ཁ་ཅིག་བདག་ཡང་དག་པར་ཡོད་པ་དེ་དགེ་བ་ཞིག་གམ། འོན་ཏེ་མི་དགེ་བ་ཞིག་ཅེས་ཟེར་བ་དང། མི་གཤམ་གྱི་པུ་དེ་ནག་པོ་ཞིག་གམ་འོན་ཏེ་དཀར་པོ་ཞིག་ཅེས་དེ་སྐད་དུ ་འདྲི་ན། ཅང་མི་སྨྲ་བར་གཞག་པས་ལན་གདབ་པར་བྱ་སྟེ། ལུང་བསྟན་པར་མི་རིགས་པའི་ཕྱིར་དང། སྤྲོས་པ་སྐྱེད་པར་བྱེད་པའི་ཕྱིར་རོ་ཞེས་འབྱུང་སྟེ། རྒྱ་ཆེར་རྣམ་པར་འབྱེད་པ་ནི་མཛོད་ཀྱི་བསྟན་བཅོས་དང་ཡང་དག་པའི་རིགས་པ་དང ་རྗེས་སུ་འཐུན་པ་དང། བྱེ་བྲག་ཏུ་བཤད་པ་ཆེན་པོ་དང། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲེལ་པ་དང། འཕགས་པ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་དང། རྣལ་འབྱོར་སྤྱོད་པའི་ས་ལས་བསྟན་པ་བཞིན་དུ་རིག་པར ་བྱའོ། །གསང་བའི་ཕྱིར་དང། བསྒྲགས་པའི་ཕྱིར་ཞེས་བྱ་བ་ནི་བཅུ་གཅིག་པ་གསང་བ་དང་བསྒྲགས་པ་རབ་ཏུ་དབྱེ་བའི་སྒོ་སྟེ། བསྟན་བཅོས་རྣམ་པར་བཤད་པ་ལས་ཇི་སྐད་དུ་གསང་བའི་བསྟན་པ་ནི་འདི་ལྟ་སྟེ། ཕལ་ཆེར་ཉན་ཐོས་ཀྱི་སྡེ ་སྣང་ཀྱི་བསྟན་པ་གང་ཡིན་པའོ། །བསྒྲགས་པའི་བསྟན་པ་ནི་འདི་ལྟ་སྟེ། ཕལ་ཆེར་ཐེག་པ་ཆེན་པོའི་སྡེ་སྣོད་ཀྱི་བསྟན་པ་གང་ཡིན་པའོ། །ཞེས་བསྟན་པ་ལྟ་བུའོ། །བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་ཀྱང་དེ་སྐད་དུ་སྟོན་ཏོ། །འཕགས་པ ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲེལ་པ་ལས་སངས་རྒྱས་རྣམས་ཀྱི་མཛད་པ་ནི་རྣམ་པ་གཉིས་ཏེ་གསང་བ་དང་རབ་ཏུ་བསྟན་པའོ། །ཆོས་ཀྱི་འཁོར་ལོ་དང་པོ་བསྐོར་བ་གང་ཡིན་པས་ནི་ཉན་ཐོས་ཀྱི་འབྲས་བུ་ཐོབ་པར་འགྱུར་རོ། །རབ་ཏུ་ཕྱེ ་བའི་བསྟན་པ་ལ་བརྟེན་ནས་ནི་བྱང་ཆུབ་སེམས་དཔའ་ཨི་མི་སྐྱེ་བའི་བཟོད་པ་ལ་སོགས་པ་ཐོབ་པར་འགྱུར་ཞེས་འབྱུང་སྟེ། རྒྱ་ཆེར་དེ་ཉིད་ལས་བསྟན་པ་བཞིན་ནོ། །ཡང་ན་ངོ་བོ་ཉིད་རྣམ་པ་གསུམ་སྟོན་པའི་བསྟན་པ་གང་ཡིན་པ་དེ་ནི་བསྒྲགས ་པ་ཞེས་བྱའོ། །ངོ་བོ་ཉིད་མེད་པ་གསུམ་གྱི་བསྟན་པ་གང་ཡིན་པ་དེ་ནི་གསང་བ་ཞེས་བྱའོ། །དེ་ལྟ་བུ་ལ་སོགས་པ་ཐམས་ཅད་ནི་ཡོངས་སུ་ཤེས་པར་བྱ་བའི་དོན་ཡིན་པར་རིག་པར་བྱའོ། །ཞེས་བྱ་བ་ནི་གསུམ་པ་ཟླས ་བསྟན་པ་སྟེ་མདོ་ཉིད་ཀྱིས་བརྡ་ཕྲད་པར་ཟད་དོ། །དེ་ལ་ཡོངས་སུ་ཤེས་པ་ནི་སྔ་མ་གཉིས་ཡོངས་སུ་འཛིན་པར་བྱེད་པ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་གང་ཡིན་པ་འདི་ལྟ་སྟེ། དྲན་པ་ཉེ་བར་གཞག་པ་དང། ཡང་དག་པར་སྤོང་བ་ལ་སོགས ་པ་ཡིན་པར་རིག་པར་བྱའོ་ཞེས་བྱ་བ་ནི་གསུམ་ཡོངས་སུ་ཤེས་པ་རྣམ་པར་བསྟན་པ་སྟེ། འདི་ལྟར་སྔ་མ་གཉིས་ཀྱི་ཡུལ་ཡོངས་སུ་འཛིན་པར་བྱེད་པ་དྲན་པ་ཉེ་བར་གཞག་པ་བཞི་ལ་སོགས་པ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན ་པོ་གང་ཡིན་པ་དག་གོ་།ཡོངས་སུ་ཤེས་པའི་འབྲས་བུ་ཐོབ་པ་ནི་ཞེས་བྱ་བ་ལ་སོགས་པ་ནི་བཞི་ཡོངས་སུ་ཤེས་པའི་འབྲས་བུ་ཐབ་པ་རྣམ་པར་བཤད་པའོ། །འདི་ལ་ཡང་མདོར་བསྟན་པ་དང་རྣམ་པར་བཤད་པས་བསྟན་ཏེ་འདི་ནི ་མདོར་བསྟན་པ་ཉིད་དོ། །འདི་ལྟ་སྟེ། འདོད་ཆགས་དང། ཞེ་སྡང་དང། གཏི་མུག་གཏན་དུ་འདུལ་བ་དང། འདོད་ཆགས་དང། ཞེ་སྡང་དང། གཏི་མུག་གཏན་དུ་སྤངས་པ་དགེ་སྦྱོང་གི་འབྲས་བུ་རྣམས། ཞེས་བྱ་བ་ལ་སོགས་པ ་ནི་གཉིས་པ་ཡང་དག་པར་བཤད་པའོ། །འདི་ཡང་རྣམ་པར་དབྱེ་སྟེ། འདུས་མ་བྱས་ཀྱི་འབྲས་བུ་བསྟན་པ་དང། འདུས་བྱས་ཀྱི་འབྲས་བུ་བསྟན་པ་སྟེ་འདི་ནི་དང་པོའོ། །དེ་ལ་འདུལ་བ་ཞེས་བྱ་བ་ན་འགོག་པར་བྱེད་པ་སྟེ། འདི་ནི ་འདོད་ཆགས་དང། ཞེ་སྡང་དང། གཏི་མུག་དེ་དག་འདུལ་ཞིང་འགོག་པར་བྱེད་པ་ཉིད་དོ། །གཏན་དུ་སྤངས་པ་ཞེས་བྱ་བ་ནི་ཡང་དག་པར་འགོག་པ་ཉིད་ཀྱི་ནུས་པ་བསྟན་པ་སྟེ། ཡང་དག་པར་འགོག་པ་དེ་ནི་དགེ་སྦྱོང་གི་འབྲས་བུ་ཞེས ་བྱ་སྟེ། དེའི་ཕྱིར་བསྟན་བཅོས་རྣམ་པར་བཤད་པ་ལས་འདི་ལྟ་སྟེ། འདོད་ཆགས་དང། ཞེ་སྡང་དང། གཏི་མུག་གཏན་དུ་འགོག་པ་དང། འདོད་ཆགས་དང། ཞེ་སྡང་དང། གཏི་མུག་མ་ལུས་པར་སྤངས་པ་དགེ་སྦྱོང་གི་འབྲས་བུ་བཞི་ཞེས་བསྟན་པ ་ཡིན་ནོ། །ངས་ཉན་ཐོས་དང། དེ་བཞིན་གཤེགས་པའི་ཐུན་མོང་དང་ཐུན་མོང་མ་ཡིན་པ། འཇིག་རྟེན་དང། འཇིག་རྟེན་ལས་འདས་པའི་ཡོན་ཏན་ཇི་སྙེད་པ་དེ་དག་མངོན་དུ་བྱ་བར་བསྟན་པ་གང་ཡིན་པའོ་ཞེས་བྱ་བ་ནི་གཉིས་པ་འདུས་བྱས་གྱི ་འབྲས་བུ་བསྟན་པའོ། །འདི་ལྟ་སྟེ། ཉན་ཐོས་དང་དེ་བཞིན་གཤེགས་པ་རྣམས་ཀྱི་རྣམ་པར་ཐར་པ་བརྒྱད་ལ་སོགས་པ་ཐུན་མོང་དུ་གྱུར་པའི་ཡོན་ཏན་རྣམས་དང། སྟོབས་དང་མི་འཇིག་པ་ལ་སོགས་པ་མ་འདྲེས་པའི་ཡོན་ཏན་བརྒྱས་བཞི་བཅུ་པོ ་དེ་དག་མངོན་སུམ་དུ་བྱ་བར་བསྟན་པ་གང་ཡིན་པ་རྣམས་སོ། །ཅིའི་ཕྱིར་སངས་རྒྱས་ཀྱི་ཡོན་ཏན་མ་བསྟན་ཅེ་ན། སྨྲས་པ། ཡང་དག་པའི་དོན་དུན། རང་སངས་རྒྱས་ཀྱི་ཡོན་ཏན་དང་ཡང་ལྡན་ཏེ། དེའི་ཕྱིར་བསྟན་བཅོས་རྣམ་པར་བཤད་པ་ལས ་ཐེག་པ་གསུམ་ཆར་གྱི་ཡོན་ཏན་སྤྱིར་བསྟན་པ་ཡིན་ནོ། །མདོ་ལས་ནི་ཟླས་ཁོང་དུ་ཆུད་པར་འགྱུར་བའི་ཕྱིར་མདོར་བསྡུས་ནས་མ་བསྟན་ཏོ། །ཡང་ན་ཉན་ཐོས་ཀྱི་སྡེ་སྣོད་ཀྱི་ནང་དུ་བསྡུས་པའི་ཕྱིར་རོ། །དེ་རབ་ཏུ་རིག་པར་བྱེད་པ་ནི། འདི་ལྟ་སྟེ་། ་མངོན་སུམ་དུ་བྱས་པའི་ཆོས་དེ་དག་ཉིད་ལས་རྣམ་པར་གྲོལ་བའི་ཤེས་པ་རྣམས་ཀྱིས་གཞན་དག་ལ་རྒྱ་ཆེར་སྟོན་པར་མཛད་པ་དང། རྣམ་པར་ཕྱེ་ནས་སྟོན་པ་གང་ཡིན་པའོ་ཞེས་བྱ་བ་ནི་ལྔ་པ་རབ་ཏུ་རིག་པར་བྱེད་པའི་དོན་རྣམ་པར་བཤད་པའོ།། ་འདི་ལྟར་ཕྱིས་ཐོབ་པའི་ཤེས་པས་འདུས་བྱས་དང། །འདུས་མ་བྱས་མངོན་སུམ་དུ་བྱས་པ་ཡོན་ཏན་ཇི་སྙེད་ཡོད་པ་ཤེས་ཤིང་མངོན་དུ་བྱེད་པ་རྣམ་པར་གྲོལ་བའི་ཤེས་པ་རྣམས་ཀྱིས་གཞན་དག་ལ་རྒྱ་ཆེར་སྟོན་པ་དང། རྣམ་པར་ཕྱེ་ནས ་སྟོན་པ་གང་ཡིན་པ་སྟེ། དེའི་ཕྱིར་དགོངས་པ་ཟབ་མོ་རྣམ་པར་དགྲོལ་བའི་མདོ་ལས། རྣམ་པར་གྲོལ་བ་ཤེས་པ་དང། རྣམ་པར་གྲོལ་བ་མྱོང་བས་གཞན་དག་ལ་རྒྱ་ཆེར་སྟོན་པ་ཞེས་གསུངས་པ་ཡིན་ནོ། །ཡང ་ན་རྣམ་པར་གྲོལ་བའི་ཤེས་པ་རྣམས་ཞེས་བྱ་བ་ནི་ཡེ་ཤེས་ཀྱི་བདག་ཉིད་སྒྲིབ་པ་དང་བྲལ་བ་ལ་རྣམ་པར་གྲོལ་བའི་ཤེས་པ་ཞེས་བྱའོ། །བསྟན་བཅོས་རྣམ་པར་བཤད་པ་ལས་ནི། ཡོངས་སུ་ཤེས་པའི་འབྲས་བུ་ལ་ལོངས་སྤྱོད་པ་ཞེས ་འབྱུང་ངོ། །རིགས་ཀྱི་བུ་དེ་ལྟར་ན་དོན་ལྔ་པོ་དེ་དག་གིས་དོན་ཐམས་ཅད་བསྡུས་པར་རིག་པར་བྱའོ། །ཞེས་བྱ་བ་ནི་ལྔ་བ་སྤྱིའི་མཇུག་བསྡུ་པ་སྟེ། མདོ་ཉིད་ཀྱིས་བརྡ་ཕྲད་པར་ཟད་དོ། །བསྟན་བཅོས་རྣམ་པར་བཤད་པ་ལས་བསྟོན་པའི་དོན ་རྣམ་པ་ལྔ་ཡང་མདོ་ལས་གསུངས་པ་དང་མཐུན་པས་དེ་ལས་གཞན་དུ་བཤད་པ་མེད་དོ། །བསྟན་བཅོས་ཆོས་མངོན་པ་སྣ་ཚོགས་ཀུན་ལས་བཏུས་པ་ལས་ནི་ཚིག་རྣམ་པ་གཉིས་འབྱུང་བས། ཚིག་སྔ་མ་དང་སྦྱར་ན་དོན་རྣམ་པ་དྲུག་དུ ་ཕྱེ་ནས་ཚིག་གི་དོན་བཤད་པ་ཡང་ཅུང་ཟད་མི་མཐུན་ཏེ། དེའི་ཕྱིར་བསྟན་བཅོས་དེ་ཉིད་ལས་ཡོངས་སུ་ཤེས་པར་བྱ་བའི་དངོས་པོ་ནི་འདི་ལྟ་སྟེ། ཕུང་པོ་ལ་སོགས་པའོ། །ཡོངས་སུ་ཤེས་པར་བྱ་བའི་དོན་ནི་འདི་ལྟ་སྟེ། མི་རྟག་པ ་ལ་སོགས་པའོ། །ཡོངས་སུ་ཤེས་པར་བྱ་བའི་རྒྱུ་དང་རྐྱེན་ནི་འདི་ལྟ་སྟེ་ཚུལ་ཁྲིམས་ཡོངས་སུ་དག་ཅིང་དབང་པོའི་སྒོ་བསྔམས་པ་ལ་སོགས་པའོ། །ཡོངས་སུ་ཤེས་པར་བྱ་བའི་རང་གི་ངོ་བོ་ཉིད་ནི་འདི་ལྟ་སྟེ། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས ་སོ། །ཡོངས་སུ་ཤེས་པར་བྱ་བའི་འབྲས་བུ་ནི་འདི་ལྟ་སྟེ། རྣམ་པར་གྲོལ་བའོ། །དེ་རབ་ཏུ་ཤེས་པ་ནི་འདི་ལྟ་སྟེ། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའོ་ཞེས་བསྟན་པ་ཡིན་ནོ། །ཆོས་མངོན་པ་ཀུན་ལས་བཏུས་པ་ལས་ནི་དྲུག་པོ ་དག་གི་མིང་བཀོད་པར་ཟད་ཀྱི་རྣམ་པར་བཤད་པ་ནི་མེད་དོ། །བསྟན་བཅོས་ཆོས་མངོན་པ་སྣ་ཚོགས་ཀུན་ལས་བཏུས་པ་ལས་བསྟན་པའི་ཚིག་ཕྱི་མ་དང་སྦྱར་ན། དེ་ལ་རོ་མྱང་བ་ཞེས་བྱ་བའི་མདོ་ཞེས་བྱ་བ་ཁུངས་སུ་བཞག་ནས་མདོ་འདི་ལས་གསུངས་པའི་དོན་ལྔ ་པོ་དེ་དག་སྟོན་པས་མིང་ནི་མདོ་ལས་གསུངས་པ་དང་འཐུན་ཡང་ཚིག་གི་དོན་བཤད་པ་ནི་ཐ་དད་པས་དེའི་ཕྱིར་དེ་ཉིད་ལས་ཡོངས་སུ་ཤེས་པར་བྱ་བའི་དངོས་པོ་ནི་འདི་ལྟ་སྟེ། གཟུགས་ལ་སོགས་པའོ། །ཡོངས་སུ་ཤེས་པར་བྱ་བའི་དོན་ནི་འདི་ལྟ་སྟེ། ་རོ་མྱང་བ་ལ་སོགས་པ་སྟེ། དོན་གྱི་བྱེ་བྲག་དེས་གཟུགས་ལ་སོགས་པའི་དངོས་པོ་དེ་ཡོངས་སུ་ཤེས་པའི་ཕྱིར་རོ། །ཡོངས་སུ་ཤེས་པ་ནི་འདི་ལྟ་སྟེ། ཉེ་བར་ལེན་པའི་ཕུང་པོ་དེ་དག་ལ་དེ་ལྟར་གསུམ་དུ་བསྒྱུར་བས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས ་པའོ། །དེ་ལ་གསུམ་དུ་བསྒྱུར་བ་ནི་སྔ་མའི་ཡོངས་སུ་ཤེས་པར་བྱ་བའི་དངོས་པོ་དང། ཡོངས་སུ་ཤེས་པར་བྱ་བའི་དོན་དང། ཡོངས་སུ་ཤེས་པར་བྱེད་པ་འདི་ཉིད་ལ་གསུམ་དུ་བསྒྱུར་བ་ཞེས་བྱ་སྟེ། འདི་ལྟར་ཕུང་པོ་ལྔ་པོ་དག་ལ་ལན་གསུམ་དུ་སོ་སོར་རྟོག ་པའི་ཕྱིར་རོ་བཤད་པ་གཞན་དུ་ན་ཕུང་པོ་ལྔ་པོ་དག་ལ་ལན་གསུམ་དུ་སོ་སོར་རྟོགས་པའི་ཕྱིར་གསུམ་དུ་བསྒྱུར་བ་ཞེས་བྱ་སྟེ། དང་པོ་ནི་རོ་མྱང་བ་ཉིད་དུ་ཀུན་འབྱུང་བའི་བདེན་པ་ལ་སོ་སོར་རྟོག་པའོ། །གཉིས་པ་ནི་ཉེས་དམིགས་སུ་སྡུག་བསྔལ་གྱི ་བདེན་པ་ལ་སོ་སོར་རྟོག་པའོ། །གསུམ་པ་ནི་ངེས་པར་འབྱུང་བ་ཉིད་དུ་ལམ་དང་འགོག་པའི་བདེན་པ་ལ་སོ་སོར་རྟོག་པའོ། །ཡང་ན་མཚན་ཉིད་བསྟན་པ་དང། བསྒྲུབ་པར་བསྐུལ་བ་དང། རྟོག་པའི་བསྐོར་ལ་གསུམ་དུ་བསྒྱུར་བ་ཞེས་བྱའོ། །ཡོངས ་སུ་ཤེས་པའི་འབྲས་བུ་འདི་ལྟ་སྟེ། ལྷ་དང་བཅས་པའི་འཇིག་རྟེན་འདི་ལས་ཤེས་བྱ་བ་ནས། ལྷ་དང་མི་དང་བཅས་པའི་བར་ལས་རྣམ་པར་གྲོལ་བ་ནས་རྣམ་པར་ཐར་པ་རབ་ཏུ་གྲོལ་བ་ཞེས་བྱ་བའི་བར་དུའོ། །དེ་རབ་ཏུ་ཤེས་པ་ནི་འདི་ལྟ་སྟེ། བདག་ ་ཉིད་ཀྱིས་བདག་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་སངས་རྒྱས་སོ་ཞེས་ཤེས་པ་གང་ཡིན་པའོ་ཞེས་བསྟན་པ་ཡིན་ནོ། །གཞན་ཡང་རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་དེ་དག་ནི་དོན་རྣམ་པ་བཞི་སོ་སོར ་ཡང་དག་པར་རིག་པའི་ཕྱིར། །དེ་ནི་སོ་སོར་ཡང་དག་པར་རིག་པ་ཞེས་བྱ་སྟེ་ཞེས་བྱ་བ་འདི་མན་ཆད་ནི་གསུམ་པ་དོན་རྣམ་པ་བཞི་ལས་བརྩམས་ནས་དོན་སོ་སོར་ཡང་དག་པར་རིག་པ་རྣམ་པར་བཤད་པ་སྟོན་ཏོ། །འདི་ཡང་རྣམ་པ་གསུམ་དུ་དབྱེ་སྟེ། ་མདོར་བསྟན་པ་དང། རྣམ་པར་ཕྱེ་སྟེ་བཤད་པ་དང། མཇུག་བསྡུ་བ་སྟེ་འདི་ནི་དང་པོའོ། །དོན་རྣམ་པ་བཞི་གང་ཞེ་ན། ཞེས་བྱ་བ་ལ་སོགས་པས་ནི་གཉིས་པ་རྣམ་པར་ཕྱེ་སྟེ་བཤད་པ་སྟོན་ཏོ། །འདི་ཡང་བརྟག་པ་དང་ལན་དུ་གསུངས་པས་བསྟན ་ཏེ་འདི་ནི་དང་པོའོ། །སེམས་ཀྱི་ལེན་པའི་དོན་དང། མྱོང་བའི་དོན་དང། རྣམ་པར་རིག་པའི་དོན་དང། ཀུན་ནས་ཉོན་མོངས་པ་དང། རྣམ་པར་བྱང་བའི་དོན་གྱིས་ཏེ། ཞེས་བྱ་བ་ནི་གཉིས་པ་ལན་དུ་ཡང་དག་པར་གསུངས་པའོ། །དོན་རྣམ་པ་བཞི ་པོ་འདི་ལ་བཤད་པ་རྣམ་པ་གཉིས་ཡོད་དེ། ཁ་ཅིག་ན་རེ་སེམས་ཀྱི་ལེན་པའི་དོན་ཅེས་བྱ་བ་ནི་འདི་ལྟ་སྟེ། བདག་ཉིད་ཀྱིས་སེམས་ཡུལ་ལེན་པར་ཤེས་པ་གང་ཡིན་པའོ། །མྱོང་བའི་དོན་ཅེས་བྱ་བ་ནི་འདི་ལྟ་སྟེ། ཚོར་བ་རྣམ་པ་གསུམ ་གྱིས་མྱོང་བའི་དོན་ཤེས་པ་གང་ཡིན་པའོ། །རྣམ་པར་རིག་པའི་དོན་ནི་འདི་ལྟ་སྟེ། རྣམ་པར་ཤེས་པ་རྣམས་ཀྱི་ཡུལ་སོ་སོར་རིག་པའི་དོན་ཤེས་པ་གང་ཡིན་པའོ། །ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་དོན་ཅེས་བྱ་བ་ནི་འདི་ལྟ ་སྟེ། ཆོས་ཐམས་ཅད་ཀྱི་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་ཤེས་པ་གང་ཡིན་པའོ་ཞེའོ། །ཁ་ཅིག་ན་རེ་བཞི་པོ་འདི་དག་ནི་གོ་རིམ་བཞིན་དུ་དྲན་པ་ཉེ་བར་གཞག་པ་བཞི་པོ་དག་གིས་དམིགས་པར་བྱ་བའི་ཡུལ་བཞི་པོ་འདི་ལྟ་སྟེ། ་ལུས་དང་ཚོར་བ་དང། སེམས་དང། ཆོས་ཤེས་པ་གང་ཡིན་པའོ། །དེ་ལ་སེམས་ཀྱི་ལེན་པ་ཞེས་གསུངས་པ་ནི་ལེན་པར་བྱེད་པ་སྨོས་ཤིང་བླང་བར་བྱ་བའི་ལུས་བསྟན་པ་ཡིན་ནོ་ཞེའོ། །རིགས་ཀྱི་བུ་དོན་རྣམ་པ་བཞི་པོ་དེ་དག་གིས་ཀྱང་དོན་ཐམས་ཅད་བསྡུས་པར ་རིག་པར་བྱའོ་ཞེས་བྱ་བ་ནི་གསུམ་པ་མཇུག་བསྡུ་བ་ཡིན་པར་རིག་པར་བྱའོ། །གཞན་ཡང་རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་དེ་དག་ནི་དོན་རྣམ་པ་གསུམ་སོ་སོར་ཡང་དག་པར་རིག་པའི་ཕྱིར་དོན་སོ་སོར་ཡང་དག་པར་རིག་པ་ཞེས་བྱ་སྟེ། ཞེས་བྱ་བ ་འདི་མན་ཆད་ནི་བཞི་པ་དོན་རྣམ་པ་གསུམ་ལས་བརྩམས་ནས་དོན་སོ་སོར་ཡང་དག་པར་རིག་པ་རྣམ་པར་བཤད་པ་སྟོན་ཏོ། །འདི་ཡང་རྣམ་པ་གསུམ་དུ་དབྱེ་སྟེ། མདོར་བསྟན་པ་དང། མིང་བཀོད་པ་དང། རྣམ་པར་ཕྱེ་ནས་བཤད་པ་སྟེ་འདི་ནི་དང ་པོའོ། །དོན་རྣམ་པ་གསུམ་གང་ཞེ་ན། ཚིག་འབྲུའི་དོན་དང་ཁམས་ཀྱི་དོན་གྱིས་སོ་ཞེས་བྱ་བ་ནི་གཉིས་པ་ཞུས་པ་དང་ལན་དག་གིས་མིང་བཀོད་པའོ། །རིགས་ཀྱི་བུ་དེ་ལ་ཚིག་འབྲུའི་དོན་ནི་འདི་ལྟ་སྟེ། མིང་གི་ཚོགས་ལ་སོགས་པའོ་ཞེས་བྱ་བ་ལ ་སོགས་པས་ནི་གསུམ་པ་ཕྱེ་སྟེ་བཤད་པ་སྟོན་ཏོ། །འདི་ཡང་དོན་རྣམ་པ་གསུམ་བསྟན་པ་ཉིད་ཀྱིས་རྣམ་པ་གསུམ་དུ་དབྱེ་སྟེ་འདི་ནི་དང་པོའོ། །དེ་ལ་ཚིག་འབྲུའི་དོན་ནི་འདི་ལྟ་སྟེ། མིང་གི་ཚོགས་དང། ཚིག་གི་ཚོགས་དང། ཡི་གེའི་ཚོགས ་གང་ཡིན་པ་སྟེ། མིང་ལ་སོགས་པ་གསུམ་པོ་འདི་དག་ཀུན་ཀྱང་གསལ་བའི་དོན་དང་ལྡན་པས་ཚོགས་ཞེས་བྱའོ། །ཡང་ན་ཚོགས་ཞེས་བྱ་བ་ནི་ངོ་བོ་ཉིད་ཀྱི་དོན་ཏེ། འདི་ལྟར་མིང་ལ་སོགས་པ་གསུམ་པོ་དག་ཀུན་ཀྱང་ངོ་བོ་ཉིད་དང་ལྡན་པའི ་ཕྱིར་ཚོགས་ཞེས་བྱའོ། །གསུམ་པོ་འདི་དག་གིས་དོན་སྟོན་པ་གང་ཡིན་པ་དེ་ནི་ཚིག་འབྲུ་ཞེས་བྱའོ། །ཚིག་འབྲུ་འདི་ཉིད་ནི་བརྗོད་པར་བྱ་བའི་དོན་ཡིན་པས་དེའི་ཕྱིར་ཚིག་འབྲུའི་དོན་ཅེས་བྱའོ། །དོན་གྱི་དོན་ནི་རྣམ་པ་བཅུ་ཡོད་པར་རིག་པར ་བྱ་སྟེ། ཞེས་བྱ་བ་ལ་སོགས་པ་ནི་གཉིས་པ་དོན་གྱི་དོན་རྣམ་པར་བཤད་པའོ། །འདི་ཡང་རྣམ་པ་གཉིས་ཏེ། མདོར་བསྟན་པ་དང་གྲངས་བཞིན་དུ་མིང་བཀོད་པའོ། །འདི་ནི་དང་པོ་སྟེ། སྔར་བསྟན་པའི་ཚིག་འབྲུའི་དོན་གྱི་དོན ་ཉིད་དོ། །དེ་ཁོ་ནའི་མཚན་ཉིད་ཅེས་བྱ་བ་འདི་མན་ཆད་ནི་གཉིས་པ་གྲངས་བཞིན་དུ་མིང་བཀོད་པའོ། །འདི་ནི་མཚན་ཉིད་དང་པོ་སྟེ། འདི་ལྟར་ཆོས་ཐམས་ཅད་ཀྱི་དེ་ཁོ་ནའི་མཚན་ཉིད་དེ། དེའི་ཕྱིར་འོག་ནས་མདོ་ལས། བདེན་པ་ནི་འདི་ལྟ ་སྟེ། ཆོས་རྣམས་ཀྱི་དེ་བཞིན་ཉིད་གང་ཡིན་པའོ་ཞེས་གསུངས་ཏེ། བདེན་པ་ཉིད་ནི་དེ་ཁོ་ནའི་མཚན་ཉིད་ཡིན་པས་སོ། །ཡོངས་སུ་ཤེས་པའི་མཚན་ཉིད་དང། གཏན་དུ་སྤངས་པའི་མཚན་ཉིད་དང། མངོན་དུ་བྱས་པའི་མཚན་ཉིད་དང། ་བསྒོམ་པའི་མཚན་ཉིད་དང། ཞེས་བྱ་བ་རྣམ་པ་བཞི་པོ་འདི་དག་ནི་གོ་རིམས་བཞིན་དུ། སྡུག་བསྔལ་དང། ཀུན་འབྱུང་བ་དང། འགོག་པ་དང། ལམ་གྱི་བདེན་པ་བཞི་པོ་དག་གི་མཚན་ཉིད་བསྟན་པ་ཡིན་ནོ། །དེ་ཁོ་ནའི་མཚན་ཉིད་ལ ་སོགས་པ་དེ་དག་ཉིད་ཀྱི་རྣམ་པ་རབ་ཏུ་དབྱེ་བའི་མཚན་ཉིད་ཅེས་བྱ་བ་འདི་མན་ཆད་ནི་མཚན་ཉིད་ནི་དྲུག་པ་པ་སྟེ། འདི་ནི་སྡང་བསྟན་པའི་མཚན་ཉིད་ལྔ་པོ་དེ་དག་རེ་རེ་ལ་ཡང་དོན་གྱི་རྣམ་གྲངས་ཀྱི་རྣམ་པའི་བྱེ་བྲག་མང་པོ་ཡོད་པས་སོ། །གནས ་དང་གནས་རབ་ཏུ་འབྲེལ་པའི་མཚན་ཉིད་ཅེས་བྱ་བ་ནི་མཚན་ཉིད་བདུན་པ་སྟེ། བསྟན་བཅོས་རྣམ་པར་བཤད་པ་ལས། གནས་དང་གནས་ཕར་རབ་ཏུ་འབྲེལ་བའི་མཚན་ཉིད་ནི་འདི་ལྟ་སྟེ། འབྱུང་བ་ཆེན་པོ་ནི་གནས་ཡིན་ལ། རྒྱུར་བྱས ་པའི་གཟུགས་རྣམས་ནི་གནས་པ་ཡིན་ནོ། །ཡང་ན་མིག་ལ་སོགས་པའི་རྣམ་པར་ཤེས་པ་ནི་གནས་པ་ཡིན་ནོ། །ཡང་ན་བརྗོད་པར་བྱ་བ་ནི་གནས་ཡིན་ལ། བརྗོད་པར་བྱེད་པ་ནི་གནས་པ་ཡིན་ཏེ། ཕན་ཚུན་འབྲེལ་བ་གང་ཡིན་པ་དོན་རབ ་ཏུ་འབྲལ་བའི་མཚན་ཉིད་ཅེས་བྱ་བ་ཞེས་བཤད་དོ། །ཡོངས་སུ་ཤེས་པ་ལ་སོགས་པའི་བར་དུ་གཅོད་པའི་ཆོས་ཀྱི་མཚན་ཉིད་ཅེས་བྱ་བ་ནི་མཚན་ཉིད་བརྒྱས་པ་སྟེ། བདེན་པ་བཞི་པོ་དག་གིས་སྤང་བར་བྱའི་ཉོན་མོངས་པ་གང་ཡིན་པ་དེ་ནི་བར་དུ་གཅོད་པའི ་ཆོས་ཀྱི་མཚན་ཉིད་ཅེས་བྱའོ། །མདོའི་ཚིག་འོག་ནས་བསྟན་པ་དང་སྦྱར་ན་ནི་འདི་ལྟར་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་བསྒོམ་པའི་བར་དུ་གཅོད་པའི་ཀུན་ནས་ཉོན་མོངས་པའི་ཆོས་གང་ཡིན་པ་དེ་ནི་དེའི་པར་དུ་གཅོད་པའི་ཆོས་ཀྱི་མཚན་ཉིད་ཅེས་བྱའོ།། ་དེ་དག་གི་རྗེས་སུ་མཐུན་པའི་ཆོས་ཀྱི་མཚན་ཉིད་ཅེས་བྱ་བ་ནི་མཚན་ཉིད་དགུ་པ་སྟེ། བདེན་པ་བཞི་པོ་དེག་གིས་ཉོན་མོངས་པ་སྤྲོད་པར་བྱེད་པའི་ཤེས་པ་གང་ཡིན་པ་དེ་ནི་རྗེས་སུ་མཐུན་པའི་ཆོས་ཀྱི་མཚན་ཉིད་ཅེས་བྱའོ། །མདོའི་ཚིག་འོག་ནས ་བསྟན་པ་དང་སྦྱར་ན་ནི། དེ་དག་ལ་བྱ་བ་མང་དུ་བྱེད་པའི་ཆོས་ཡོད་པ་གང་ཡིན་པ་དེ་ནི་རྗེས་སུ་མཐུན་པའི་མཚན་ཉིད་ཅེས་བྱའོ། །ཡོངས་སུ་མི་ཤེས་པ་ལ་སོགས་པ་དང། ཉེས་དམིགས་དང། ཡོན་ཏན་གྱི་མཚན་ཉིད་དོ་ཞེས་བྱ་བ་ནི་མཚན ་ཉིད་བཅུ་པ་སྟེ། འདི་ལྟར་ཡོངས་སུ་མི་ཤེས་པ་ལ་སོགས་པ་ལ་ཉེས་དམིགས་དང། ཡོངས་སུ་ཤེས་པ་ལ་སོགས་པའི་ཤེས་པ་ལ་ཡོན་ཏན་ཉིད་དུ་རབ་དབྱེ་བ་སྟེ། དེའི་ཕྱིར་འོག་ནས་མདོ་ལས། དེ་དག་གི་ཉེས་དམིགས་ཀྱི་མཚན་ཉིད་ནི ་བར་དུ་གཅོད་པའི་ཆོས་དེ་དག་གི་ཉེས་དམིགས་ཇི་སྙེད་ཡོད་པ་ཉིད་ཡིན་པར་རིག་པར་བྱའོ། །དེ་དག་གི་ཕན་ཡོན་གྱི་མཚན་ཉིད་ནི་རྗེས་སུ་མཐུན་པའི་ཆོས་དེ་དག་ཡོན་ཏན་ཇི་སྙེད་ཡོད་པ་ཉིད་ཡིན་པར་རིག་པར་བྱའོ་ཞེས་གསུངས་པ་ཡིན ་ནོ། །བཤད་པའི་རྣམ་གྲངས་གཞན་དུ་ན་བདེན་པ་བཞི་བསྟན་པ་གང་ཡིན་པ་དེ་ནི་དེ་ཁོ་ནའི་མཚན་ཉིད་ཅེས་བྱ་སྟེ་དེའི་ཕྱིར་བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་དང་པོ་ནི་བདེན་པའི་མཚན་ཉིད་དོ་ཞེས་འབྱུང་སྟེ། མཚན་ཉིད་གཞན ་དགུ་པོ་དག་གི་མིང་ནི་མདོ་འདི་ལས་གསུངས་པ་དང་མཐུན་པར་འབྱུང་ངོ། །སྡུག་བསྔལ་གྱི་བདེན་པ་ནི་ཡོངས་སུ་ཤེས་པའི་མཚན་ཉིད་ཅེས་བྱའོ། །ཀུན་འབྱུང་བའི་བདེན་པ་ནི་གཏན་དུ་སྤང་བར་བྱ་བའི་མཚན་ཉིད་ཅེས་བྱའོ།། ་འགོག་པའི་བདེན་པ་ནི་མངོན་དུ་བྱ་བའི་མཚན་ཉིད་ཅེས་བྱའོ། །ལམ་གྱི་བདེན་པ་ནི་བསྒོམ་པའི་མཚན་ཉིད་ཅེས་བྱའོ། །བདེན་པ་རྣམ་པ་བཅུ་དྲུག་དུ་དབྱེ་བ་ནི་དེ་ཁོ་ནའི་མཚན་ཉིད་ལ་སོགས་པ་དེ་དག་ཉིད་ཀྱི་རྣམ་པ་རབ་ཏུ་དབྱེ་བའི་མཚན་ཉིད་ཅེས་བྱའོ། ་རྒྱུ་ཀུན་འབྱུང་བ་དང། འབྲས་བུ་སྡུག་བསྔལ་དང། རྒྱུ་ལམ་དང། འབྲས་བུ་འགོག་པ་ཕན་ཚུན་མཐུན་པར་གྱུར་པའི་དོན་གང་ཡིན་པ་དེ་ནི་གནས་དང་གནས་པར་འབྲེལ་བའི་མཚན་ཉིད་ཅེས་བྱའོ། །དེ་ལ་རྒྱུ་ནི་གནས་ཞེས་བྱའོ། །འབྲས་བུ་ནི་གནས ་པ་ཞེས་བྱའོ། །བདེན་པ་བཞིའི་གནས་ཀྱི་ཆོས་བསྟན་པ་གང་ཡིན་པ་དེ་ནི་ཡོངས་སུ་ཤེས་པ་ལ་སོགས་པའི་བར་དུ་གཅོད་པའི་ཆོས་ཀྱི་མཚན་ཉིད་ཅེས་བྱའོ། །རབ་ཏུ་རྣམ་པར་འབྱེད་པའི་ཕྱོགས་ལ་སོགས་པ་ནི་དེ་དག་གི་རྗེས་སུ་འཐུན་པའི་ཆོས ་ཀྱི་མཚན་ཉིད་ཅེས་བྱའོ། །ཉོན་མོངས་པའི་ཉེས་དམིགས་དང། ཡོངས་སུ་ཤེས་པའི་ཡོན་ཏན་གང་ཡིན་པ་དེ་ནི་ཡོངས་སུ་མི་ཤེས་པ་ལ་སོགས་པ་དང། ཡོངས་སུ་ཤེས་པ་ལ་སོགས་པའི་ཉེས་དམིགས་དང། ཡོན་ཏན་གྱི་མཚན་ཉིད་ཅེས་བྱའོ།། ་བསྟན་བཅོས་ཆོས་མངོན་པ་སྣ་ཚོགས་ཀུན་ལས་བཏུས་པ་ལས་ནི། རོ་མྱང་བའི་མདོ་ཁོངས་སུ་བཞག་ནས་མཚན་ཉིད་རྣམ་པ་བཅུ་པོ་དག་ཞིབ་ཏུ་སྟོན་ཏེ། དེའི་ཕྱིར་བསྟན་བཅོས་དེ་ཉིད་ལས་དེ་ལ་དེ་ཁོ་ནའི་མཚན་ཉིད་ནི་འདི་ལྟ་སྟེ། ཉེ་བར་ལེན ་པའི་ཕུང་པོ་ལྔས་བསྡུས་པ་སྡུག་བསྔལ་གྱི་བདེན་པ་གང་ཡིན་པའོ། །ཡོངས་སུ་ཤེས་པའི་མཚན་ཉིད་ནི་འདི་ལྟ་སྟེ། རོ་མྱང་བ་ལ་སོགས་པས་དེ་དག་ཉིད་ཡང་དག་པ་ཇི་ལྟ་བཞིན་དུ་ཤེས་པའོ། །གཏན་དུ་སྤོང་བའི་མཚན་ཉིད་དང། མངོན ་སུམ་དུ་བྱེད་པའི་མཚན་ཉིད་ནི་འདི་ལྟ་སྟེ། འཇིག་རྟེན་ཐམས་ཅད་ལས་རྣམ་པར་གྲོལ་བ་སྟེ། སྒྲིབ་པ་གཏན་དུ་སྤོང་བ་དང་གནས་གྱུར་པ་མངོན་དུ་བྱེད་པའི་ཕྱིར་རོ། །བསྒོམ་པའི་མཚན་ཉིད་ནི་འདི་ལྟ་སྟེ། ཕྱིན་ཅི་ལོག་དང་བྲལ་བའི་སེམས་ཀྱིས་ལན་ཡང ་དུ་གནས་པའོ། །རྣམ་པ་རབ་ཏུ་དབྱེ་བའི་མཚན་ཉིད་ནི་ཁོ་ནའི་མཚན་ཉིད་རྣམ་པ་ལྟར་དབྱེ་བ་སྟེ། གཟུགས་ནས་རྣམ་པར་ཤེས་པའི་བར་དུའོ། །ཡོངས་སུ་ཤེས་པའི་མཚན་ཉིད་ནི་རྣམ་པ་གསུམ་དུ་དབྱེ་སྟེ། རོ་མྱང་བའི་ཕྱིར་དང། ངེས་པར་འབྱུང་བའི ་བར་ལ་ངེས་པར་འབྱུང་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པའོ། །གཏན་དུ་སྤོང་བའི་མཚན་ཉིད་དང། མངོན་སུམ་དུ་བྱ་བའི་མཚན་ཉིད་ནི་རེ་རེ་ལ་ཡང་གཉིས་གཉིས་སུ་དབྱེ་སྟེ། ཉོན་མོངས་པ་ལས་རྣམ་པར་གྲོལ་བ་དང། སྡུག་བསྔལ་ལས ་རྣམ་པར་གྲོལ་བའོ། །དེ་ལ་ལྷ་དང་བཅས་པའི་འཇིག་རྟེན་ཞེས་བྱ་བ་ནས་ལྷ་དང་མིང་བཅས་པའི་སྐྱེ་དགུའི་བར་ལས་རྣམ་པར་གྲོལ་བ་ནི་ཉོན་མོངས་པ་ལས་རྣམ་པར་གྲོལ་བ་ཞེས་བྱ་སྟེ། དེ་བས་ན་བྱེ་བྲག་ཏུ་བྱེ་བའི་དོན་རབ་ཏུ་བསྟན་པའི་ཕྱིར ་ངེས་པར་འབྱུང་བ་ཞེས་བྱ་བ་གསུངས་ཏེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་མདོ་གཞན་དག་ལས་ངེས་པར་འབྱུང་བ་གང་ཞེ་ན། འདུན་པ་དང། འདོད་ཆགས་འདུལ་བ་དང། འདུན་པ་དང་འདོད་ཆགས་སྤོང་བ་དང། འདུན་པ་དང་འདོད་ཆགས ་ལས་ཡང་དག་པར་འདས་པའོ་ཞེས་གསུངས་པའི་ཕྱིར་རོ། །དེ་ལྟར་མ་འོངས་པའི་སྡུག་བསྔལ་མངོན་པར་འགྲུབ་པར་བྱེད་པའི་ཉོན་མོངས་པ་དང་བྲལ་ན་སྡུག་བསྔལ་ལས་ཀྱང་རྣམ་པར་གྲོལ་བར་འགྱུར་རོ། །ཞེས་བྱེ་བྲག་ཏུ་བྱ་བའི་དོན་བར་དུ་བསྟན ་པའི་ཕྱིར་འཆིང་བ་དང་བྲལ་བ་དང། རབ་ཏུ་རྣམ་པར་གྲོལ་བ་ཞེས་བྱ་བ་གསུངས་སོ། །བསྒོམ་པའི་མཚན་ཉིད་ནི་རྣམ་པ་གཉིས་སུ་དབྱེ་སྟེ། མཐོང་བའི་ལམ་དང། བསྒོམ་པའི་ལམ་མོ། །དེ་ལ་ཕྱིན་ཅི་ལོག་དང་བྲལ་བའི་སེམས་ཞེས་བྱ་བས ་ནི་ལམ་མཐོང་བའི་ལམ་བསྟན་ཏོ། །ལམ་མང་དུ་གནས་པ་ཞེས་བྱ་བས་ནི་བསྒོམ་པའི་ལམ་བསྟན་ཏོ། །གནས་དང་གནས་པར་རབ་ཏུ་འབྲལ་བའི་མཚན་ཉིད་ནི་འདི་ལྟ་སྟེ། དེ་ཁོ་ནའི་མཚན་ཉིད་ལ་སོགས་པ་གོང་མ་?་? ་གནས་ཡིན་པར་སྟོན་པའི་ཕྱིར་རོ། །ཡོངས་སུ་ཤེས་པ་ལ་སོགས་པའི་བར་དུ་གཅོད་པའི་མཚན་ཉིད་ནི་འདི་ལྟ་སྟེ་།དེ་ལྟར་རྣམ་པ་གསུམ་དུ་བསྒྱུར་བ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རྣམ་པར་མི་ཤེས་པའོ། །ཡོངས་སུ་ཤེས་པ་ལ་སོགས་པའི་རྗེས་སུ་སྐྱེད? ་པའི་མཚན་ཉིད་ནི་འདི་ལྟ་སྟེ། གཟུགས་ལ་སོགས་པ་འདི་དག་ཇི་ལྟར་གནས་པའི་ཆོས་ལ་རོ་མྱང་བ་ལ་སོགས་པའི་མཚན་ཉིད་དུ་སོ་སོར་རྟོག་པའོ། །ཡོངས་སུ་མི་ཤེས་པ་ལ་སོགས་པའི་ཉེས་དམིགས་ཀྱི་མཚན་ཉིད་ནི་འདི་ལྟ་སྟེ། རྣམ་པར་མི ་གྲོལ་བ་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་མི་རྒྱ་བའི་བར་དུའོ། །དེ་ལས་བཟློག་པ་ནི་ཡོངས་སུ་ཤེས་པ་ལ་སོགས་པའི་ཡོན་ཏན་ཞེས་བྱའོ་ཞེས་འབྱུང་ངོ། །དེ་ལ་ཁམས་ཀྱི་དོན་ནི་ཁམས་རྣམ་པར་ལྔ་པོ ་འདི་ལྟ་སྟེ་ཞེས་བྱ་བ་ལ་སོགས་པས་ནི་གསུམ་པ་ཁམས་ཀྱི་དོན་རྣམ་པར་བཤད་པ་སྟོན་ཏོ། །འདི་ཡང་རྣམ་པ་གསུམ་དུ་དབྱེ་སྟེ། མདོར་བསྟན་ཅིང་གྲངས་སྨོས་པ་དང། གྲངས་བཞིན་དུ་མིང་བཀོད་པ་དང། དོན་རྣམ་པ་གསུམ་བསྟན་པའི་མཇུག ་བསྡུ་བ་སྟེ་འདི་ནི་དང་པོའོ། །སྣོད་ཀྱི་འཇིག་རྟེན་གྱི་ཁམས་དང། སེམས་ཀྱི་ཁམས་དང། ཆོས་ཀྱི་ཁམས་དང། འདུལ་བའི་ཁམས་དང། འདུལ་བའི་ཐབས་ཀྱི་ཁམས་ཏེ་ཞེས་བྱ་བ་ནི་གཉིས་པ་གྲངས་བཞིན་དུ་མིང་བཀོད་པའོ། །བསྟན་བཅོས ་མདོ་སྡེའི་རྒྱན་ལས་ནི་དཔག་ཏུ་མེད་པ་ལྔ་ཞེས་འབྱུང་སྟེ། དེའི་ཕྱིར་བསྟན་བཅོས་དེ་ཉིད་ལས་དཔག་ཏུ་མེད་པའི་དངོས་པོ་ལྔ་ཡང་དང་པོ་ནི་འདུལ་བའི་དངོས་པོ་དཔག་ཏུ་མེད་པ་སྟེ། སེམས་ཅན་གྱི་ཁམས་ཐམས་ཅད་བསྡུད་པའི་ཕྱིར་རོ།། ་གཉིས་པ་ནི་ཡོངས་སུ་སྤྱད་པར་བྱ་པའི་དངོས་པོ་དཔག་ཏུ་མེད་པ་སྟེ། སྣོད་ཀྱི་འཇིག་རྟེན་གྱི་ཁམས་ཐམས་ཅད་བསྡུས་པའི་ཕྱིར་རོ། །གསུམ་པ་ནི་ཐོབ་པར་བྱ་བའི་དངོས་པོ་དཔག་ཏུ་མེད་པ་སྟེ། ཆོས་ཀྱི་ཁམས་ཐམས་ཅད་སྡུད་པའི་ཕྱིར་རོ། །བཞི་པ ་ནི་ཡོངས་སུ་སྨིན་པར་བྱ་བའི་དངོས་པོ་དཔག་ཏུ་མེད་པ་སྟེ། གདུལ་བར་བྱ་བའི་སེམས་ཅན་ཐམས་ཅད་སྡུད་པའི་ཕྱིར་རོ། །ལྔ་པ་བསྟན་པའི་དངོས་པོ་དཔག་ཏུ་མེད་པ་ནི་གསུང་རབ་ཡན་ལག་བཅུ་གཉིས་སྡུད་པར་བྱེད་པ་སྟེ། གདུལ་བའི་ཐབས ་ཡིན་པའི་ཕྱིར་རོ་ཞེས་བསྟན་པ་ཡིན་ནོ། །བསྟན་བཅོས་རྣམ་པར་བཤད་པ་ལས་ཀྱང། དཔག་ཏུ་མེད་པ་ལྔ་ཞེས་འབྱུང་སྟེ། དེའི་ཕྱིར་བསྟན་བཅོས་དེ་ཉིད་ལས། སེམས་ཅན་དཔག་ཏུ་མེད་པ་ནི་བྱང་ཆུབ་སེམས་དཔས་འཇིག་རྟེན་གྱི་ཁམས་དཔག ་ཏུ་མེད་པ་དག་ན་སེམས་ཅན་ཐམས་ཅད་ཀྱི་བྱེ་བྲག་གི་མཚན་ཉིད་ནི། རྐང་གཉིས་སམ། རྐང་བཞི་པ་འམ། རྐང་མངས་སམ། གཟུགས་ཅན་ནམ། གཟུགས་མེད་འམ། འགྲོ་བ་ལྔ་འམ། སྐྱེ་བ་རྣམ་པ་བཞི་ལ་སོགས་པའོ་སྙམ་དུ་སེམས་པ་གང ་ཡིན་པའོ། །འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པ་ནི་བྱང་ཆུབ་སེམས་དཔས་ཕྱོགས་བཅུ་དཔག་ཏུ་མེད་པའི་སྣོད་ཀྱི་འཇིག་རྟེན་གྱི་མཚན་ཉིད་དག་ལ་འཇིག་རྟེན་གྱི་ཁམས་འདི་ནི་ཡོངས་སུ་མ་དག་པའོ། །འདི་ནི་ཆགས་པའོ་འཇིག་པའོ་ཞེས་རྣམ ་པ་སྣ་ཚོགས་ཀྱི་དབྱིབས་ཀྱི་བྱེ་བྲག་རྣམ་པར་གཞག་པ་སེམས་པ་གང་ཡིན་པའོ། །ཆོས་ཀྱི་ཁམས་དཔག་ཏུ་མེད་པ་ནི་བྱང་ཆུབ་སེམས་དཔའ་ཕྱོགས་བཅུ་དཔག་ཏུ་མེད་པའི་འཇིག་རྟེན་གྱི་ཁམས་ཀྱི་ཆོས་ཐམས་ཅད་ཀྱི་རང་གི་མཚན་ཉིད་དང། སྤྱིའི ་མཚན་ཉིད་དག་ལ་འདི་ནི་གཟུགས་ཅན་བསྟན་དུ་ཡོད་པའོ། །བསྟན་དུ་.མེད་པའོ་ཞེས་བྱ་བ་ལ་སོགས་པའོ་སྙམ་དུ་སེམས་པ་གང་ཡིན་པའོ། །འདུལ་བ་དཔག་ཏུ་མེད་པ་ནི་བྱང་ཆུབ་སེམས་དཔའ་ཕྱོགས་བཅུ་ཏདཔག་ཏུ་མེད་པའི་འཇིག་རྟེན་གྱིས་ཁམས་ ་དག་གི་སེམས་ཅན་གྱི་སྤྱོད་པ་སྣ་ཚོགས་དང། རིགས་སྣ་ཚོགས་ཉན་ཐོས་ཀྱི་རིགས་ཅན་དང། རང་སངས་རྒྱས་ཀྱི་རིགས་ཅན་དང། དེ་བཞིན་གཤེགས་པའི་རིགས་ཅན་དབང་པོ་ཐ་མ་དང། འབྲིང་དང། རབ་དག་ལས་ཁྱད་པར་འཕགས ་པ་དང། དམན་པའི་བྱེ་བྲག་ལ་སོགས་པའོ་སྙམ་དུ་སེམས་པ་གང་ཡིན་པའོ། །གདུལ་བའི་ཐབས་དཔག་ཏུ་མེད་པ་ནི་བྱང་ཆུབ་སེམས་དཔས་ཕྱོགས་བཅུ་དཔག་ཏུ་མེད་པའི་འཇིག་རྟེན་གྱི་ཁམས་དག་ན་སེམས་ཅན་གདུལ་བའི་ཐབས་དག་ལ་འདི་ནི ་གསང་བའི་ཆོས་བསྟན་པའི་རྒྱུས་འདུལ་བར་འགྱུར་རོ། །འདི་ནི་ཡོངས་སུ་བཟུང་པའི་རྒྱུས་འདུལ་བར་འགྱུར་རོ། །འདི་ནི་སྨ་ཕབ་པའི་ཐབས་ཀྱི་རྒྱུས་འདུལ་བར་འགྱུར་རོ་སྙམ་དུ་སེམས་པ་གང་ཡིན་པའོ་ཞེས་འབྱུང་སྟེ། ཞིབ་ཏུ་དེ་ཉིད་ལས་བསྟན་པ ་བཞིན་ནོ། །རྒྱ་ཆེར་རྣམ་པར་འབྱེད་པ་ནི་འོག་ནས་མདོ་ལས་བསྟན་པ་བཞིན་དུ་རིག་པར་བྱའོ། །རིགས་ཀྱི་བུ་དོན་རྣམ་པ་གསུམ་པོ་དེ་དག་གིས་ཀྱང་དོན་ཐམས་ཅད་བསྡུས་པར་རིག་པར་བྱའོ་ཞེས་བྱ་བ་ནི་གསུམ་པ་དོན་རྣམ་པ་གསུམ་བཤད་པའི ་མཇུག་བསྡུ་བ་སྟེ་བརྡ་ཕྲད་བར་ཟད་དོ།། །།བམ་པོ་བཞི་བཅུ་བཞི་པ། །བྱང་ཆུབ་སེམས་དཔའ་བྱམས་བས་ཡང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏེ། །བཅོམ་ལྡན་འདས་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་དོན་སོ་སོར་ཡང ་དག་པར་རིག་པ་གང་ལགས་པ་དང། བསམ་བ་ལས་བྱུང་བའི་ཤེས་རབ་ཀྱིས་དོན་སོ་སོར་ཡང་དག་པར་རིག་པ་གང་ལགས་པ་དང། ཞི་གནས་དང་ལྷག་མཐོང་སྒོམ་པ་ལས་བྱུང་བའི་ཤེས་རབ་ཀྱིས་དོན་སོ་སོར་ཡང་དག་པར་རིག་པ་གང་ལགས་པ ་དེ་དག་ལ་བྱེ་བྲག་ཏུ་བགྱི་བ་ཅི་མཆིས་ལགས་ཞེས་བྱ་བ་འདི་མན་ཆད་ནི་གཉིས་པ་ཤེས་རབ་རྣམ་པ་གསུམ་གྱིས་དོན་སོ་སོར་ཡང་དག་པར་རིག་པ་སྟོན་ཏོ། །བཤད་པའི་རྣམ་གྲངས་གཞན་དུ་ན་སྔར་གོང་དུ་ཆོས་དང་དོན་སོ་སོར་ཡང་དག་པར་རིག ་པ་ལ་རྣམ་པ་གཉིས་སུ་ཕྱེ་སྟེ། ཡོངས་སུ་ཤེས་པར་བྱ་བ་ལས་བརྩམས་ནས་ཆེས་དང་དོན་སོ་སོར་ཡང་དག་པར་རིག་པར་བསྟན་པ་དང། ཡོངས་སུ་ཤེས་པ་ལས་བརྩམས་ནས་ཆོས་དང་དོན་སོ་སོར་ཡང་དག་པར་རིག་པ་བསྟན་པ་ལས། དེ་ཡན་ཆད་དུ་ཡོངས་སུ ་ཤེས་པར་བྱ་བ་ལས་བརྩམས་ནས་ཆོས་དང་དོན་སོ་སོར་ཡང་དག་པར་རིག་པ་བསྟན་པ་ནས་འདི་མན་ཆད་ནི་ཡོངས་སུ་ཤེས་པ་ལ་སོགས་པ་ལས་བརྩམས་ནས་ཆོས་དང་དོན་སོ་སོར་ཡང་དག་པར་རིག་པ་སྟོན་པར་མཛད་དོ། །འདི་ཡང་རྣམ་པ་གཉིས་སུ་དབྱེ ་སྟེ་།ཤེས་རབ་རྣམ་པ་གསུམ་གྱིས་དོན་སོ་སོར་ཡང་དག་པར་རིག་པའི་བྱེ་བྲག་བསྟན་པ་དང། ཤེས་པ་དང། མཐོང་བ་རྣམ་པ་གཉིས་ཀྱིས་བྱེ་བྲག་བསྟན་པའོ། །དང་པོ་ཡང་རྣམ་པ་གཉིས་ཏེ་ཞུ་བ་གསོལ་བ་དང། ལེན་དུ་གསུངས་པ་སྟེ། འདི་ནི ་དང་པོའོ། །མདོའི་ཚིག་འདི་ཡང་རྣམ་པ་གཉིས་ཀྱིས་བསྟན་ཏོ། །ཞུ་བ་གསོལ་བ་ནི་གནས་བསྟན་པ་དང་ཞུ་བ་གསོལ་བ་ཉིད་ཀྱི་ཚིག་ཡང་དག་པར་བསྟན་པ་སྟེ། མདོ་འདི་ཉིད་ཀྱིས་བརྡ་ཕྲད་པར་ཟད་དོ། །བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་ ་བྱམས་པ་ལ་བཀའ་སྩལ་པ། རིགས་ཀྱི་བུ་ཐོས་པ་ལས་བྱུང་བའི་ཤེས་རབ་ནི་ཚིག་འབྲུ་ལ་གནས་པ་སྒྲ་ཇི་བཞིན་པ། ད་དུད་དགོངས་པ་ལ་མི་མཁས་པ། མངོན་སུམ་དུ་མ་གྱུར་པ་རྣམ་པར་ཐར་པའི་རྗེས་སུ་མཐུན་པ། ད་དུང་རྣམ་པར་ཐར་པ་མངོན ་པར་གྲུབ་པའི་དོན་སོ་སོར་ཡང་དག་པར་རིག་པར་མི་ནུས་པའོ་ཞེས་བྱ་བ་འདི་མན་ཆད་ནི་གཉིས་པ་དེ་བཞིན་གཤེགས་པས་ལན་དུ་ཡང་དག་པར་གསུངས་པའོ། །འདི་ཡང་རྣམ་པ་གཉིས་ཏེ། རྣམ་པར་བཤད་པ་དང། མཇུག་བསྡུ་བའོ། །རྣམ ་པར་བཤད་པ་ཡང་ཤེས་རབ་རྣམ་པ་གསུམ་བསྟན་པ་ཉིད་ལས་རྣམ་པ་གསུམ་དུ་དབྱེ་སྟེ། འདི་ནི་དང་པོ་ཐོས་པའི་ཤེས་རབ་སྟན་པའོ། །སྤྱིར་དོན་རྣམ་པ་དྲུག་ལས་བརྩམས་ནས་ཤེས་རབ་རྣམ་གསུམ་གྱི་བྱེ་བྲག་གི་མཚན་ཉིད་བསྟན་པ་ལས་འདི ་ནི་ཐོས་པའི་ཤེས་རབ་ཀྱི་དོན་རྣམ་པ་དྲུག་གི་བྱེ་བྲག་བསྟན་པའོ། །དང་པོ་ཚིག་འཕྲུལ་གནས་པ་ནི་འདི་ལྟར་ཐོས་པའི་ཤེས་རབ་ནི་ཚིག་འབྲུའི་དབང་གིས་འབྱུང་བའི་ཕྱིར་རོ། །གཉིས་པ་སྒྲ་ཇི་བཞིན་པ་ནི་འདི་ལྟར་ཚིག་འབྲུ་ཇི་ལྟ ་བ་བཞིན་དུ་དོན་འཛིན་པར་བྱེད་ཀྱི། ཤེས་རབ་གཉིས་པོ་དག་ལྟར་དོན་གྱིས་ཚིག་འབྲུ་འཛིན་པ་མ་ཡིན་པའི་ཕྱིར་རོ། །གསུམ་པ་ད་དུང་དགོངས་པ་ལ་མི་མཁས་པ་ནི་འདི་ལྟར་ད་དུང་འཕགས་པའི་གསུང་རབས་ཀྱི་དགོངས་པ་ལེགས་པར་ཁོང་དུ་མ ་ཆུད་པའི་ཕྱིར་རོ། །བཞི་པ་མངོན་སུམ་དུ་མ་གྱུར་པ་ནི་འདི་ལྟར་ཡུལ་ལ་དམིགས་པའི་ཚེ། ཆ་མཐུན་པའི་གཟུགས་བརྙན་ད་དུང་མངོན་སུམ་དུ་མ་གྱུར་པ་དང། ཏིང་ངེ་འཛིན་ད་དུང་མ་ཐོབ་པའི་ཕྱིར་རོ། །ལྔ་བ་རྣམ་པར་ཐར་པའི་རྗེས་སུ་འཐུན་པ ་ནི་འདི་ལྟར་ཡུན་རིང་པོར་མྱ་ངན་ལས་འདས་པའི་རྣམ་པར་གྲོལ་བ་དང། རྗེས་སུ་འཐུན་པ་འམ། ཡང་ན་འདུས་བྱས་དང། འདུས་མ་བྱས་ཀྱི་རྣམ་པར་གྲོལ་བ་རྣམ་པ་གཉིས་ཀ་ཡང་བསྡུས་པའི་ཕྱིར་རོ། །དྲུག་པ་ད་དུང་རྣམ་པར་ཐར་པ་མངོན་པར་མ ་གྲུབ་པའི་དོན་སོ་སོར་ཡང་དག་པར་རིག་པའི་མི་ནུས་པ་ནི་འདི་ལྟར་འགོག་པ་མ་ཐོབ་པས་རྣམ་པར་གཡེང་བའི་སེམས་ལ་གནས་ཤིང་ཀུན་ཏུ་སྦྱོར་བ་མ་སྤངས་པའི་ཕྱིར་རོ། །བསམས་པ་ལས་བྱུང་བའི་ཤེས་རབ་ཀྱང་ཚིག་འབྲུ་ལ་གནས་པ་ཁོ་ན ་ཡིན་ལ། སྒྲ་ཇི་བཞིན་མ་ཡིན་པའོ། །དགོངས་པ་ལ་མཁས་པ་མངོན་སུམ་དུ་མ་གྱུར་པ་རྣམ་པར་ཐར་པའི་རྗེས་སུ་ཆེས་མཐུན་པ་ད་དུང་རྣམ་པར་ཐར་པ་མངོན་སུམ་པར་གྲུབ་པའི་དོན་སོ་སོར་ཡང་དག་པར་རིག་པར་མི་ནུས་པའོ་ཞེས་བྱ་བ་ནི་གཉིས་པ ་བསམ་པའི་ཤེས་རབ་རྣམ་པར་བཤད་པ་སྟེ། བསམས་པའི་ཤེས་རབ་ཀྱི་དོན་རྣམ་པ་དྲུག་ལས། དང་པོ་ཚིག་འབྲུ་ལ་གནས་པ་ནི་འདི་ལྟར་ཐོས་པའི་ཤེས་རབ་ཀྱི་སྐབས་སུ་བསྟན་པ་དང་མཐུན་ནོ། །གཉིས་པ་སྒྲ་ཇི་བཞིན་མ་ཡིན་པ་ནི་ངེས་པ་དང ་ངེས་པ་མ་ཡིན་པའི་བསྟན་པའི་བྱེ་བྲག་གི་ཕྱིར་རོ། །གསུམ་པ་དགོངས་པ་ལ་མཁས་པ་ནི་འདི་ལྟར་འཕགས་པའི་གསུང་རབ་ཀྱི་དགོངས་པ་ལེགས་པར་ཁོང་དུ་ཆུད་པའི་ཕྱིར་རོ། །བཞི་པ་མངོན་གསུམ་དུ་མ་གྱུར་པ་ཡང་ཐོས་པའི་ཤེས་རབ་ཀྱི་སྐབས་སུ་བསྟན ་པ་དང་མཐུན་ནོ། །ལྔ་པ་རྣམ་པར་ཐར་པའི་རྗེས་སུ་ཆེས་མཐུན་པ་ཞེས་བྱ་བ་ནི་ཁྱད་པར་དུ་འཕགས་པ་སྟེ། ཐོས་པའི་ཤེས་རབ་ལས་ཁྱད་པར་དུ་འཕགས་པའི་ཕྱིར་རོ། །དྲུག་པ་ད་དུང་རྣམ་པར་ཐར་པ་མངོན་པར་གྲུབ་པའི་དོན་སོ་སོར་ཡང་དག་པར་རིག་པར ་མི་ནུས་པའོ་ཞེས་བྱ་བ་ཡང་ཐོས་པའི་ཤེས་རབ་ཀྱི་སྐབས་སུ་བསྟན་པ་དང་མཐུན་ཏེ། འདི་ལྟར་བསམས་པའི་ཤེས་རབ་འདི་སྔ་མའི་ཐོས་པའི་ཤེས་རབ་ལ་བལྟོས་ན་དོན་རྣམ་པ་གསུམ་གྱིས་མཚུངས་ཏེ། འདི་ལྟ་སྟེ། དང་པོ་དང། བཞི་པ་དང། དྲུག་པའོ། ་དོན་རྣམ་པ་གསུམ་ནི་མི་མཚུངས་ཏེ། འདི་ལྟ་སྟེ། གཉིས་པ་དང། གསུམ་པ་དང། ལྔ་པའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྒོམ་པ་ལས་བྱུང་བའི་ཤེས་རབ་ཀྱིས་ནི་ཚིག་འབྲུ་ལ་གནས་པ་དང། ཚིག་འབྲུ་ལ་གནས་པ་མ་ཡིན་པ་དང། སྒྲ་ཇི་བཞིན་པ ་དང། སྒྲ་ཇི་བཞིན་མ་ཡིན་པ་དང། དགོངས་པ་ལ་མཁས་པ་དང། ཤེས་བྱའི་དངོས་པོ་དང། ཆ་མཐུན་པའི་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་གྱི་གཟུགས་བརྙན་མངོན་སུམ་དུ་གྱུར་པ་རྣམ་པར་ཐར་པའི་རྗེས་སུ་ཆེས་ཤིན་ཏུ་མཐུན་པ་རྣམ་པར་ཐར་པའི་མངོན་པར ་གྲུབ་པའི་དོན་ཀྱང་སོ་སོར་ཡང་དག་པར་རིག་པ་ཡིན་ཏེ་ཞེས་བྱ་བ་ནི་གསུམ་པ་བསྒོམས་པའི་ཤེས་རབ་རྣམ་པར་བཤད་པ་སྟེ། དོན་རྣམ་པ་དྲུག་ལས་དང་པོ་ཚིག་འབྲུ་ལ་གནས་པ་མ་ཡིན་པ་ནི་འདི་ལྟ་སྟེ། བསྒོམ་པའི་ཤེས་རབ་འདི་འདྲེས་པ་དང། འདྲེས ་པ་མ་ཡིན་པའི་ཆོས་ལ་དམིགས་ནས་དོན་ལེན་པའི་ཕྱིར་ནི་ཚིག་འབྲུ་ལ་གནས་པའོ། །རེས་འགའ་བསྟན་པ་སྤངས་ནས་དོན་ལེན་པའི་ཕྱིར་ནི་ཚིག་འབྲུ་ལ་གནས་པ་མ་ཡིན་པའོ། །གཉིས་པ་སྒྲ་ཇི་བཞིན་པ་དང། སྒྲ་ཇི་བཞིན་མ་ཡིན་པའི་དོན་ནི་བསམས ་པའི་ཤེས་རབ་ཀྱི་སྐབས་སུ་བསྟན་པ་དང་འདྲའོ། །གསུམ་པ་དགོངས་པ་ལ་མཁས་པ་ཡང་བསམ་པའི་ཤེས་རབ་ཀྱི་སྐབས་སུ་བསྟན་པ་དང་འདྲ་སྟེ། འདི་ནི་ལྡེམ་པོར་དགོངས་པ་བཞི་དང། དགོངས་པ་བཞི་ལ་སོགས་པའོ། །བཞི ་པ་ཤེས་བྱའི་དངོས་པོ་དང་མཐུན་པའི་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་གྱི་གཟུགས་བརྙན་མངོན་སུམ་དུ་གྱུར་པ་ནི་ཏིང་ངེ་འཛིན་ཐོབ་པའི་ཕྱིར་རོ། །ལྔ་པ་རྣམ་པར་ཐར་པའི་རྗེས་སུ་ཆེས་ཤིན་ཏུ་མཐུན་པ་ནི་རྣམ་པར་གྲོལ་བའི་འབྲས་བུ་དང། ཤིན་ཏུ་རྗེས་སུ་མཐུན ་པར་གྱུར་པའི་ཕྱིར་རོ། །དྲུག་པ་རྣམ་པར་ཐར་པ་མངོན་པར་གྲུབ་པའི་དོན་ཡང་སོ་སོར་ཡང་དག་པར་རིག་པ་ནི་འདི་ལྟར་བསྒོམས་པའི་ཤེས་རབ་དེ་ཏིང་ངེ་འཛིན་ཁོ་ན་ལ་གནས་ནས་མངོན་པར་ཤེས་པ་དང། ཟག་པ་མེད་པ་སྐྱེད་པའི་ཕྱིར་ཉོན་མོངས་པ ་སྤངས་ནས་འགོག་པ་མངོན་དུ་བྱེད་པས་དོན་རྣམ་པ་དྲུག་དང་ལྡན་པ་ཡིན་ནོ། །འདི་ལྟ་སྟེ། བསྒོམ་པ་པའི་ཤེས་རབ་འདི་ནི་སྔ་མའི་ཐོས་པའི་ཤེས་རབ་ལ་བལྟོས་ན་དོན་རྣམ་པ་དྲུག་ཅར་ཡང་མི་མཚུངས་སོ། །སྔ་མའི་བསམས་པའི་ཤེས་རབ་ལ ་བལྟོས་ན་དོན་རྣམ་པ་གཉིས་ནི་མཚུངས་སྟེ། འདི་ལྟ་སྟེ། གཉིས་པ་དང། གསུམ་པའོ། །དོན་རྣམ་པ་བཞི་ནི་མཚུངས་ཏེ། འདི་ལྟ་སྟེ། དང་པོ་དང། བཞི་པ་དང། ལྔ་པ་དང། དྲུག་པའོ། །མོད་འདི་ལས་ནི་འདི་ལྟར་དོན་རྣམ་པ་དྲུག་གི་ཤེས ་རབ་རྣམ་པ་གསུམ་གྱི་མཚུངས་པ་དང་མི་མཚུངས་པའི་བྱེ་བྲག་བསྟན་ཏོ། །བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་ནི་རྒྱུ་རྣམ་པ་ལྔས་མཚུངས་པ་དང་མི་མཚུངས་པ་བསྟན་ཏེ་། དེའི་ཕྱིར་བསྟན་བཅོས་དེ་ཉིད་ལས་གཞན་ཡང་རྒྱུ་རྣམ་པ་ལྔ ་ཡོད་དེ། འདི་ལྟ་སྟེ། བདག་གིས་མ་ཐོས་པ་མཉན་པར་བྱའོ་ཞེས་པ་དང། བདག་གིས་ཐོས་པ་རྣམས་བྱང?་བར་བྱའོ་ཞེས་བྱ་བ་དང། བདག་གིས་སོམ་ཉི་སྤང་བར་བྱའོ་ཞེས་བྱ་བ་དང། བདག་གིས་ལྟ་བ་རྣམས་ལས་རྒྱབ་ཀྱིས་ཕྱོགས་བར་བྱའོ ་ཞེས་བྱ་བ་དང། བདག་གིས་ཤེས་རབ་ཀྱི་དོན་དང་ཚིག་ཟབ་མོ་ཐམས་ཅད་རྟོགས་པར་བྱའོ་ཞེས་བྱ་བ་སྟེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་རྒྱུ་རྣམ་པ་ལྔ་པོ་དེ་དག་གིས་ཐོས་པ་དང། བསམས་པ་དང། བསྒོམས་པ་ལས་བྱུང?་པའི་ཤེས་རབ་རྣམ ་པ་གསུམ་གྱི་རྣམ་པར་བྱང་བའི་ཐབས་ཡོངས་སུ་བསྟན་པ་ཡིན་ཏེ། འདི་ལྟ་སྟེ། དང་པོའི་རྣམ་པ་གཉིས་ཀྱིས་ནི་ཐོས་པ་ལས་བྱུང་བའི་ཤེས་རབ་ཡོངས་སུ་བསྟན་ཏོ། །བར་མའི་རྣམ་པ་གཉིས་ཀྱིས་ནི་བསམས་པ་ལས་བྱུང་བའི་ཤེས་རབ་ཡོངས་སུ་བསྟན ་ཏོ། །ཐ་མའི་རྣམ་པ་གཅིག་གིས་ནི་བསྒོམས་པ་ལས་བྱུང་བའི་ཤེས་རབ་ཡོངས་སུ་བསྟན་ཏོ་ཞེས་འབྱུང་བ་ཡིན་ཏེ། བསྟན་བཅོས་རྣམ་པར་བཤད་པ་ལས་ཀྱང་འདི་དང་མཐུན་པར་བཤད་དོ། །ཤེས་རབ་རྣམ་པ་གསུམ་པོ་འདི་ཡང་བསྟན་པ་རྣམས་ལས ་སོ་སོ་ནས་བཤད་པ་མི་མཐུན་ཏེ། ཐམས་ཅད་ཡོད་པར་སྨྲ་བར་གཞུང་གིས་ཐོས་པའི་ཤེས་རབ་ནི་མིང་ལ་དམིགས་པའོ། །བསམས་པའི་ཤེས་རབ་ནི་མིང་དང་དོན་ལ་དམིགས་པའོ། །བསྒོམས་པའི་ཤེས་རབ་ནི་དོན་ལ་དམིགས་པའོ་ཞེས ་བསྟན་ཏེ། དེའི་ཕྱིར་མཛོད་ཀྱི་བསྟན་བཅོས་ཀྱི་ཚིག་ལེའུར་བྱས་པ་ལས་ཐོས་བསམ་བསྒོམས་པ་ལས་བྱུང་བ་ནི། མིང་དང་གཉིས་དོན་གྱི་ཡུལ་ཞེས་འབྱུང་སྟེ། འདི་ཉིད་ཀྱི་འགྲེལ་པ་ལས་ཤེས་རབ་གསུམ་པོ་འདི་དག་གི་མཚན་ཉིད་ཀྱི་བྱེ ་བྲག་ཇི་ལྟ་བུ་ཞེ་ན། བྱེ་བྲག་ཏུ་སྨྲས་པ་དག་ན་རེ་འདི་ལྟ་སྟེ། ཤེས་རབ་གསུམ་པོའི་མཚན་ཉིད་ཀྱང་གོ་རིམ་བཞིན་དུ་མིང་དང་གཉི་ག་དང། དོན་ལ་དམིགས་པའི་བྱེ་བྲག་ཡོད་དེ། ཐོས་པ་ལས་བྱུང་བའི་ཤེས་རབ་ནི་མིང་གི་ཡུལ་ཁོ་ན་ལ ་དམིགས་པར་བྱེད་དེ། ཡི་གེ་མ་སྤངས་པར་དོན་ལ་སོ་སོར་རྟོག་པའི་ཕྱིར་རོ། །བསམས་པ་ལས་བྱུང་པའི་ཤེས་རབ་ནི་མིང་དང་དོན་གྱིས་ཡུལ་ལ་དམིགས་པར་བྱེད་དེ། རེས་འགའ་ནི་ཡི་གེས་དོན་འདྲེན་པར་བྱེད་ལ་རེས་འགའ་ནི་དོན་གྱིས་ཡི ་གེ་འདྲེན་པར་བྱེད་དོ། ཡི་གེ་ཚད་བར་མ་སྤངས་པར་ཡང་དོན་ལ་སོ་སོར་རྟོག་པའི་ཕྱིར་རོ། །བསྒོམས་པ་ལས་བྱུང་བའི་ཤེས་རབ་ནི་དོན་གྱི་ཡུལ་ལ་དམིགས་པ་ཁོ་ན་སྟེ། འདི་ལྟར་ཡི་གེ་སྤངས་ནས་དོན་ཙམ་ལ་སོ་སོར་རྟོགས ་པའི་ཕྱིར་རོ། །དཔེར་ན་འགའ་ཞིག་འབབ་ཆུ་ཟབ་ཅིང་རྒྱུན་དྲག་པོ་ལ་རྐྱལ་བར་འདོད་པ་གང་སྔོན་མ་བསླབས་པ་གང་ཡིན་པ་དེ་ནི་རྟེན་སྤོང་བར་མི་བྱེད་དོ། །གང་བསླབས་ནས་ད་དུང་མ་བྱང་བ་གང་ཡིན་པ་དེ་ནི་ངེས་འགའ་སྤྲོད་བར་བྱེད་ལ་རེས་འགའ་ནི ་འཛིན་པར་བྱེད་དོ། །གང་བསླབས་ནས་ལེགས་པར་བྱང་བ་གང་ཡིན་པ་དེ་ནི་རྟེན་ལ་མི་བལྟོས་པར་ཡང་རང་གི་མཐུས་ཕ་རོལ་ཕྱིན་པར་ནུས་པ་བཞིན་དུ་ཤེས་རབ་རྣམ་པ་གསུམ་པ་དག་ཀྱང་དེ་བཞིན་ནོ་ཞེས་ཟེར་རོ། །ཁ་ཅིག་ན་རེ་གལ་ཏེ་དེ་ལྟ་ན་བསམ? ་པའི་ཤེས་རབ་མངོན་པར་འགྲུབ་པར་མི་འགྱུར་ཏེ། འདི་ལྟར་དེ་གལ་ཏེ་མིང་ལ་དམིགས་པ་དང། དོན་ལ་དམིགས་པ་གཉིས་ཀར་གཏོགས་པ་ཡང་ཡིན་ན་ནི་གོ་རིམ་བཞིན་དུ་ཐོས་པ་དང་བསྒོམས་པ་ལས་བྱུང་བ་ཡིན་པར་འགྱུར་རོ་ཞེས་འབྱུང ་སྟེ། འདི་ནི་སློབ་དཔོན་དབྱིག་གཉེན་གྱིས་སློབ་དཔོན་གཞན་དག་གི་ཚིག་བཟླས་ནས་ཐམས་ཅད་ཡོད་པར་སྨྲ་བ་དག་སུན་འབྱིན་པ་ཡིན་ན་ནི། འདི་ལྟར་གསུམ་པོ་དག་གི་མཚན་ཉིད་དཔྱད་ན་སོ་སོ་ཐ་དད་པར་བསྟན་པ་ལས་གོང་ན་མེད་དེ་འདི་ལྟར ་རྣལ་འབྱོར་པ་ཡང་དག་པའི་བསྟན་པ་ཐོས་པ་ལས་བརྟེན་ཏེ་འབྱུང་བ་ཁྱད་པར་དུ་འཕགས་པའི་ཤེས་རབ་གང་ཡིན་པ་དེ་ནི་ཐོས་པ་ལས་བྱུང་བ་ཞེས་བྱའོ། །བསམས་པའི་རིགས་པ་ལས་བརྟེན་ཏེ་བྱུང་བ་ཁྱད་པར་དུ་འཕགས་པའི་ཤེས་རབ་གང ་ཡིན་པ་དེ་ནི་བསམས་པ་ལས་བྱུང་བ་ཞེས་བྱའོ། །ཏིང་ངེ་འཛིན་བསྒོམས་པ་ལས་བརྟེན་ཏེ་བྱུང་བ་ཁྱད་པར་དུ་འཕགས་པའི་ཤེས་རབ་གང་ཡིན་པ་དེ་ནི་བསྒོམས་པ་ལས་བྱུང་བ་ཞེས་བྱའོ། །དེ་ལ་དེ་དག་ལས་བྱུང་བ་ཞེས་གསུངས་པ་ནི་ཁྱད་པར ་དུ་འཕགས་པའི་ཤེས་རབ་རྣམ་པ་གསུམ་པོ་དེ་དག་ཐོས་པ་དང་བསམས་པ་ལ་སོགས་པའི་རྒྱུ་གསུམ་པོ་དག་ལས་མངོན་པར་གྲུབ་པ་ཡིན་པར་བསྟན་པ་ཡིན་ཏེ། དཔེར་ན་འཇིག་རྟེན་སྲོག་དང་བ་ལང་ལ་སོགས་པ་ལ་གོ་རིམ་བཞིན་དུ་ཟས་དང་རྩཝ་ལས་མངོན་པར ་གྲུབ་པ་ཞེས་བསྟན་པ་སློབ་དཔོན་དབྱིག་གཉེན་གྱི་སྡེ་པ་རྣམས་ཀྱི་དོན་བསྟན་པ་ལས་ནི་དཔེར་ན་ཟས་ཀྱིས་ནི་སྲོག་མངོན་པར་གྲུབ་པ་དང་།རྩལ་ཕ?་བ་ལ་མངོན་པར་གྲུབ་པ་ཞེས་བརྗོད་པ་ཡིན་ནོ་བཤད་དོ། །རྒྱ་ཆེར་རྣམ་པར་འབྱེད་པ་ནི་བསྟན་བཅོས ་སེམས་སྣ་ཚོགས་བསྟན་པ་དང། ཡང་དག་པའི་རིགས་པ་དང་རྗེས་སུ་འཐུན་པ་དང། བྱེ་བྲག་ཏུ་བཤད་པ་ཆེན་པོ་ལས་བྱུང་སྟེ། །མངས་ཀྱིས་དོགས་ནས་འདིར་མ་བརྗོད་དོ། །མདོ་སྡེ་པ་དག་གི་གཞུང་ནི་བསྟན་བཅོས་དེ་ཁོ་ན་ཉིད་གྲུབ་པ ་ལས་ཇི་སྐད་དུ་ཚིག་ལས་རྟོགས་པ་གང་ཡིན་པ་དེ་ནི་ཐོས་པའི་ཤེས་རབ་པོ། །དོན་གྱི་དགོངས་པ་ལས་རྟོགས་པ་གང་ཡིན་པ་དེ་ནི་བསམས་པའི་ཤེས་རབ་པོ། །ཤེས་རབ་གཉིས་པོ་དེ་དག་ལས་སེམས་ཀྱི་དགའ་བ་སྐྱེ་བ་ནས་སེམས་བསྡུས་པ་ལས ་ཡང་དག་པ་ཇི་ལྟ་བ་བཞིན་གྱི་ཤེས་པ་སྐྱེ་བའི་བར་གང་ཡིན་པ་དེ་ནི་བསྒོམས་པའི་ཤེས་རབ་དོ་ཞེས་འབྱུང་བ་ལྟ་བུའོ། །གཞན་ཡང་བསྟན་བཅོས་དེ་ཉིད་ཀྱི་ནང་ནས་ཤེས་རབ་རྣམ་པ་གསུམ་པའི་ལེའུ་ལས། །གསུང་རབ་ཡན་ལག་བཅུ་གཉིས ་ལས་སྐྱེས་པ་གང་ཡིན་པ་དེ་ནི་ཐོས་པའི་ཤེས་རབ་ཅེས་བྱའོ། །གསུང་རབ་ཡན་ལག་བཅུ་གཉིས་ཀྱི་དོན་སེམས་པ་གང་ཡིན་པ་དེ་ནི་བསམས་པའི་ཤེས་རབ་ཅེས་བྱའོ། །བསམས་པའི་འོག་ཏུ་ནི་ཇི་སྐད་བསྟན་པ་བཞིན་དུ་བསྒྲུབས་པར་ཤེས ་པ་དང། མཐོང་བ་མངོན་སུམ་དུ་གྱུར་པ་གང་ཡིན་པ་དེ་ནི་བསྒོམས་པའི་ཤེས་རབ་ཅེས་བྱའོ་།ཇི་སྐད་བསྟན་པ་བཞིན་དུ་བསྒྲུབས་པས་ཞེས་བྱ་བ་ནི་སེམས་དེ་ལས་ཕུང་པོ་ལྔ་དག་སྐྱེ་བ་དང། འཇིག་པ་ཉིད་དུ་མཐོང་བའོ་ཞེས་འབྱུང་སྟེ། ཞིབ་ ་ཏུ་དེ་ཉིད་ལས་བརྟན་པ་བཞིན་ནོ། །འདིར་ཐེག་པ་ཆེན་པོའི་བསྟན་པ་དང་སྦྱར་ན་ཡང་ཕལ་ཆེར་སློབ་དཔོན་དབྱིག་གཉེན་གྱིས་བསྟན་པ་དག་དང་མཐུན་ཏེ། དེའི་ཕྱིར་དགེ་བསྙེན་གྱི་སྡོམ་པ་བསྟན་པའི་མདོ་ལས། ཤེས་རབ ་ནི་རྣམ་པ་གསུམ་སྟེ། ཐོས་པ་ལས་བྱུང་བ་དང། བསམས་པ་ལས་བྱུང་བ་དང། བསྒོམས་པ་ལས་བྱུང་བའོ། །ཡི་གེ་ལས་དོན་ཐོབ་པ་གང་ཡིན་པ་དེ་ནི་ཐོས་པ་ལས་བྱུང་བ་ཞེས་བྱའོ། །བསམས་པ་ལས་དོན་ཐོབ་པ་གང་ཡིན་པ་དེ་ནི་བསམས ་པ་ལས་བྱུང་བ་ཞེས་བྱའོ། །བསྒོམས་པ་ལས་དོན་ཐོབ་པ་གང་ཡིན་པ་དེ་ནི་བསྒོམས་པ་ལས་བྱུང་བ་ཞེས་བྱའོ་ཞེས་གསུངས་པ་ཡིན་ནོ། །གཞན་ཡང་བསྟན་བཅོས་རྣལ་འབྱོར་སྤྱོད་པའི་སའི་འགྲེལ་པ་ལས། ཐོས་པ་ལས་བྱུང་བའི་ཤེས ་རབ་ཅེས་བྱ་བ་ལ་ཐོས་པ་ནི་མཉན་པས་ཐོས་པའོ། །དེ་ནི་རྣ་བའི་དབང་པོས་རྣ་བའི་རྣམ་པར་ཤེས་པ་བསྐྱེད་པ་སྟེ། ཚིག་གིས་བསྟན་པ་ཐོས་པའི་ཕྱིར་རོ། །ཐོས་པ་ལས་བྱུང་བའི་ཚིག་འབྲུ་དང་དོན་ཤེས་པའི་ཤེས་རབ་དང་ཤེས་རབ་མཚུངས་པར ་ལྡན་པའི་སེམས་དང་སེམས་ལས་བྱུང་བའི་ངོ་བོ་ཉིད་དོ། །བསམས་པ་ནི་སེམས་པར་བྱེད་པ་སྟེ། བསྟན་པ་སེམས་ཤིང་ཤེས་རབ་བསྐྱེད་ནས་ཆོས་སེམས་པ་དང། རབ་ཏུ་རྣམ་པར་འབྱེད་པའི་ཕྱིར་རོ། །བསམས་པ་ལས་བྱུང་བའི་ཆོས ་ཤེས་པའི་ཤེས་རབ་དང་ཤེས་རབ་མཚུངས་པར་ལྡན་པའི་སེམས་དང་སེམས་ལས་བྱུང་བའི་ངོ་བོ་ཉིད་དོ། །བསྒོམས་པ་ནི་ཡོངས་སུ་གོམས་པར་བྱེད་པ་སྟེ། དེ་ནི་ཏིང་ངེ་འཛིན་གྱི་ཁྱད་པར་དུ་འཕགས་པས་ཤེས་རབ་བསྐྱེད་ནས་གཉེན ་པོ་སྒོམ་པར་བྱེད་པའི་ཕྱིར་རོ། །བསྒོམས་པ་ལས་བྱུང་པའི་དོན་དང་དངོས་པོ་ཤེས་པའི་ཤེས་རབ་དང། ཤེས་རབ་མཚུངས་པར་ལྡན་པའི་སེམས་དང་སེམས་ལས་བྱུང་བའི་ངོ་བོ་ཉིད་དོ་ཞེས་འབྱུང་ངོ། །བསྟན་བཅོས་རྣལ་འབྱོར ་སྤྱོད་བའི་སའི་འགྲེལ་པ་ལས་ནི་ཐོས་པའི་ཤེས་རབ་ནི་ཚིག་འབྲུ་དང་དོན་ཤེས་པའོ། །བསམས་པའི་ཤེས་རབ་ནི་ཆོས་ཀྱི་མཚན་ཉིད་ཤེས་པའོ། །བསྒོམས་པའི་ཤེས་རབ་ནི་དོན་དང་དངོས་པོ་ཤེས་པའོ་ཞེས་བསྟན་ན་ཅིའི་ཕྱིར་བསྟན་བཅོས་རྣལ ་འབྱོར་སྤྱོད་པའི་ས་ལས། ཐོས་པའི་ཤེས་རབ་ནི་ཆོས་ལ་དམིགས་པའོ། །བསམས་པ་དང་བསྒོམས་པའི་ཤེས་རབ་གཉིས་ནི་དོན་ལ་དམིགས་པའོ་ཞེས་བསྟན། གཞན་ཡང་བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས། རྣམ་པ་གསུམ་གྱིས་ན ་འཕགས་པའི་བདེན་པ་ཡོངས་སུ་འཛིན་པར་བྱེད་དེ་གསུམ་གང་ཞེ་ན། ཐོས་པའི་ཤེས་རབ་ཀྱིས་ནི་ཚིག་འབྲུ་ཡོངས་སུ་འཛིན་པར་བྱེད་དོ། །བསམས་པའི་ཤེས་རབ་ཀྱིས་ནི་མཚན་ཉིད་ཡོངས་སུ་འཛིན་པར་བྱེད་དོ། །བསྒོམས་པའི་ཤེས་རབ་ཀྱིས་ནི ་མངོན་སུམ་དུ་བྱེད་པ་ཡོངས་སུ་འཛིན་པར་བྱེད་དོ་ཞེས་ཞིབ་ཏུ་དེ་ཉིད་ལས་བསྟན་པ་བཞིན་ཏེ། ཅིའི་ཕྱིར་འདི་ལྟར་མི་མཐུན་པར་གྱུར། དེ་ཅི་ལྟར་བརྡ?་ཕྲད་པར་བྱ་ཞེ་ན། སྨྲས་པ། ཐེག་པ་ཆེན་པོའི་གཞུང་གི་བསྟན་པ་དང་སྦྱར་ན་ཡང་དག་པའི ་དོན་དུ་ན་ཐོས་པ་ལ་སོགས་པའི་ཤེས་རབ་གསུམ་ཅར་དོན་དང་ཚིག་འབྲུ་ཤེས་པ་ཡིན་ཏེ། བསྟན་བཅོས?་རྣལ་འབྱོར་སྤྱོད་པའི་ས་ལས་ཐས་པའི་ཤེས་རབ་ནི་ཆོས་ལ་དམིགས་པའོ། །བསམས་པའི་ཤེས་རབ་ནི་དོན་ཡོངས་སུ་འཛིན་པའོ་ཞེས་བྱ་བ་ལ་སོགས ་པར་བསྟན་པ་ནི་མཚན་ཉིད་ཀྱི་དབང་དུ་མཛད་ནས་རབ་ཏུ་བསྟན་པ་ཡིན་ནོ། །ཁམས་དང་སའི་བྱེ་བྲག་ཐ་དད་པ་ཡང་ཐམས་ཅད་ཡོད་པར་སྨྲ་བའི་གཞུང་གིས་འདོད་པའི་ཁམས་ན་ནི་ཐོས་པ་དང། བསམས་པའི་ཤེས་རབ་གཉིས་ཁོ་ན་དང་ལྡན་པའོ། །གཟུགས ་ཀྱི་ཁམས་ན་ནི་ཐོས་པ་དང་བསྒོམས་པའི་ཤེས་རབ་གཉིས་ཁོ་ན་དང་ལྡན་ནོ། །གཟུགས་མེད་པའི་ཁམས་ན་ནི་བསྒོམས་པའི་ཤེས་རབ་ཁོ་ནའོ་ཞེས་ཟེར་ཏེ། །བསྟན་བཅོས་བྱེ་བྲག་ཏུ་བཤད་པ་ཆེན་པོ་ལ་སོགས་པ་ལས་བསྟན་པ་བཞིན་ནོ། །མདོ ་སྡེ་པའི་གཞུང་གིས་འདོད་པ་དང་གཟུགས་ཀྱི་ཁམས་ན་ནི་བསྒོམས་པ་ཁོ་ནའོ་ཞེས་ཟེར་ཏེ། དེའི་ཕྱིར་བསྟན་བཅོས་དེ་ཁོ་ན་ཉིད་གྲུབ་པའི་ནད་ནས་ཤེས་རབ་རྣམ་པ་གསུམ་བསྟན་པའི་ལེའུ་ལས། ཤེས་རབ་གསུམ་པོ་དེ་དག ་ལས་དུ་ནི་འདོད་པའི་ཁམས་ཀྱི་ཡིན་དུ་ནི་གཟུགས་དང་གཟུགས་མེད་པའི་ཁམས་ཀྱི་ཡིན་ཞེ་ན། སྨྲས་པ། འདོད་པ་དང་གཟུགས་ཀྱི་ཁམས་ནི་ཐམས་ཅད་དོ། །གཟུགས་མེད་པའི་ཁམས་ནི་བསྒོམས་པའི་ཤེས་རབ་ཁོ་ནའོ་ཞེས་འབྱུང་པ་ཡིན ་ཏེ་།ཞིབ་ཏུ་དེ་ཉིད་ལས་བསྟན་པ་བཞིན་ནོ། །འདིར་ཐེག་པ་ཆེན་པོའི་བསྟན་པ་དང་སྦྱར་ན་ཡང་ཕལ་ཆེར་ཐམས་ཅད་ཡོད་པར་སྨྲ་བ་དག་གིས་བསྟན་པ་དང་མཐུན་ནོ། །ལེའུ་ཆེན་པོའི་མདོ་ལས་ནི་འདོད་པའི་ཁམས་ན་ཡང་ཏིང་ངེ་འཛིན་ཡོད་དོ་ཞེས ་གསུངས་སོ། །ཁ་ཅིག་ན་རེ་ཐེག་པ་ཆེན་པོའི་བསྟན་པ་ལས་ཤེས་རབ་རྣམ་པ་གསུམ་ནི་ཁམས་གསུམ་པོ་ཀུན་ཏུ་གཏོགས་པ་ཡིན་ནོ་ཞེས་ཟེར་ཏེ། དེ་ནི་གཏུག་པར་བྱའོ། །རྒྱ་ཆེར་རྣམ་པར་འབྱེད་པ་ནི་མཚན་ཉིད་བསྟན་པ་དག་ལས་འབྱུང ་པ་བཞིན་དུ་རིག་པར་བྱའོ། །རིགས་ཀྱི་བུ་འདི་ནི་སོ་སོར་ཡང་དག་པར་རིག་པ་རྣམ་པ་གསུམ་གྱི་བྱེ་བྲག་ཅེས་བྱའོ་ཞེས་བྱ་བ་ནི་གཉིས་པ་སྤྱིའི་མཇུག་བསྡུ་བར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་བྱམས་པས་ཡང་བཅོམ་ལྡན་འདས་ལ་འདི་སྐད ་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཞི་གནས་དང་ལྷག་མཐོང་བསྒོམ་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཆོས་སོ་སོར་ཡང་དག་པར་རིག་པ་དང། དོན་སོ་སོར་ཡང་དག་པར་རིག་པའི་ཤེས་པ་ནི་གང་ལགས། མཐོང་བ་ནི་གང་ལགས་ཞེས ་བྱ་བ་འདི་མན་ཆད་ནི་གཉིས་པ་ཤེས་པ་དང་མཐོང་བའི་བྱེ་བྲག་བསྟན་པའོ། །འདི་ཡང་རྣམ་པ་གཉིས་ཏེ། ཞུ་བ་གསོལ་བ་དང། ལན་དུ་གསུངས་པ་སྟེ། འདི་ནི་ཞུ་བ་གསོལ་བའོ། །བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་བྱམས ་པ་ལ་བཀའ་སྩལ་པ། རིགས་ཀྱི་བུ་ངས་རྣམ་གྲངས་དུ་མར་ཤེས་པ་དང་མཐོང་བའི་བྱེ་བྲག་བསྟན་མོད་ཀྱི། འོན་ཀྱང་འདིར་ཁྱོད་ལ་མདོར་བསྡུས་ཏེ་དེའི་མཚན་ཉིད་བཤད་པར་བྱའོ་ཞེས་བྱ་བ་ལ་སོགས་པ་ནི་གཉིས་པ་དེ་བཞིན་གཤེགས་པས་ཡང ་དག་པར་ལན་དུ་གསུངས་པ་སྟོན་ཏོ། །འདི་ཡང་རྣམ་པ་གཉིས་ཏེ། བཤད་པར་བཀས་གནང་བ་དང། ཡང་དག་པར་བཤད་པ་སྟེ། འདི་ནི་དང་པོའོ། །འདྲེས་པའི་ཆོས་ལ་དམིགས་པའི་ཞི་གནས་དང་ལྷག་མཐོང་བསྒོམས་པའི་ཤེས་རབ་ཁྱད་པར ་ཅན་གང་ཡིན་པ་དེ་ནི་ཤེས་བ་ཞེས་བྱའོ་ཞེས་བྱ་བ་ལ་སོགས་པ་ནི་གཉིས་པ་དེ་བཞིན་གཤེགས་པས་ཡང་དག་པར་བཤད་པ་སྟོན་ཏོ། །འདི་ཡང་རྣམ་པ་གཉིས་ཏེ། ཤེས་པ་བསྟན་པ་དང། མཐོང་བ་བསྟན་པ་སྟེ། འདི་མི་ཤེས་པ་བསྟན་པའོ། ་མ་འདྲེས་པའི་ཆོས་ལ་དམིགས་པའི་ཞི་གནས་དང་ལྷག་མཐོང་བསྒོམས་པའི་ཤེས་རབ་ཁྱད་པར་ཅན་གང་ཡིན་པ་དེ་ནི་མཐོང་བ་ཞེས་བྱའོ་ཞེས་བྱ་བ་ནི་གཉིས་པ་མཐོང་བ་རྣམ་པར་ཕྱེ་སྟེ་བསྟན་པའོ། །ཡང་དག་པའི་དོན་དུ་ན་ཆོས་རྣམ་པ་གཉི་ག ་ཡང་ཤེས་པ་དང་མཐོང་བར་གཏོགས་པ་ཡིན་ཏེ། ཡོངས་སུ་ཚོལ་བ་དང། ཡོངས་སུ་གཅོད་པ་ནི་དོན་དང་ལྡན་པའི་ཕྱིར་རོ། །འདིར་ནི་རྣམ་པ་གཉིས་ཀྱིས་ཁྱད་པར་དུ་འཕགས་པ་དང། དམན་པ་དག་རབ་ཏུ་བསྟན་པའི་ཕྱིར་འདྲེས་པ་མ་ཡིན ་པ་ལ་དམིགས་པའི་མཐོང་བ་ཞེས་བསྟན་ལ་འདྲེས་པ་ལ་དམིགས་པ་ནི་ཤེས་པ་ཞེས་བསྟན་ཏོ། །དགོངས་པ་ཟབ་མོ་རྣམ་པར་དགྲོལ་བའི་མདོ་ལས་གསུངས་པ་དང་འདི་མི་མཐུན་པར་གྱུར་པ་ནི་ལོ་ཙཱ་བ་དག་གི་བསམ་པ་ཐ་དད་པའི་ཕྱིར་རོ། ། ་ཤེས་པ་དང་མཐོང་བ་དེ་ཡང་བསྟན་པ་རྣམས་ལས་སོ་སོ་ནས་བཤད་པ་མི་མཐུན་ཏེ། མཛོད?་ཀྱི་བསྟན་བཅོས་ལས་བཟོད་པ་ནི་ཤེས་པའི་ངོ་བོ་ཉིད་མ་ཡིན་ཏེ། རང་གི་ཐེ་ཚོམ་གཅད་པར་བྱ་བ་དང་འཆད་པའི་ཕྱིར་ལྟ་བའི་ངོ་བོ་ཉིད་ཀྱིས ་བསྡུས་ཏེ་རྟོགས་པའི་བདག་ཉིད་ཀྱི་ཕྱིར་རོ། །ཟད་པ་དང་སྐྱེ་བའི་ཡེ་ཤེས་གཉིས་ཀྱང་ལྟ་བའི་ངོ་བོ་ཉིད་མ་ཡིན་ཏེ། ཡོངས་སུ་ཚོལ་བའི་སེམས་ཉེ་བར་ཞི་བ་དང་ཡང་རྟོག་པ་མི་བྱེད་པའི་ཕྱིར་རོ། །དེ་ལས་གཞན ་པ་རྣམས་ནི་ཡེ་ཤེས་དང་ལྟ་བ་གཉི་གའི་ངོ་བོ་ཉིད་དུ་གཏོགས་ཏེ་རང་གི་ཐེ་ཚོམ་ཆད་པ་དང་རྟོག་པའི་བདག་ཉིད་ཡིན་པའི་ཕྱིར་རོ། །འགྲོ་པ་དང་བཅས་པའི་ཤེས་པ་རྣམས་ནི་ཆོས་ཤེས་པའི་ངོ་བོ་ཉིད་ཀྱིས་བསྡུས་ཏེ། དེ་ལས་རྣམ་པ་དྲུག་ནི ་ལྟ་པའི་ངོ་བོ་ཉིད་ཁོ་ན་ཡིན་ཏེ། འདི་ལྟ་སྟེ། ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་ལྟ་བ་ལྔ་དང། འཇིག་རྟེན་པའི་ཡང་དག་པའི་ལྟ་བ་དྲུག་སྟེ། ཇི་སྐད་དུ་བསྟན་པའི་འཕགས་པའི་གང་ཟག་དང་བཅས་པའི་ཤེས་རབ་ནི ་ཆོས་རབ་ཏུ་རྣམ་པར་འབྱེད་པའི་ཕྱིར་ཤེས་རབ་ཀྱི་བདག་ཉིད་ཀྱིས་བསྡུས་པ་ཡིན་ནོ་ཞེས་འབྱུང་ངོ། །བསྟན་བཅོས་བྱེ་བྲག་ཏུ་བཤད་པ་ཆེན་པོ་ལས་ཀྱང་མཐོང་བ་གང་ཞེ་ན། སྨྲས་པ། མིག་ལ་སོགས་པའི་ལྟ་བ་ལྔ་དང། འཇིག་རྟེན ་པའི་ཡང་དག་པའི་ལྟ་བ་དང། སློབ་པ་དང་མི་སློབ་པའི་མཐོང་བའོ། །ཤེས་པ་གང་ཞེ་ན། སྨྲས་པ། རྣམ་པར་ཤེས་པ་ལྔ་དང་མཚུངས་པར་ལྡན་པའི་ཤེས་རབ་དང། ཟག་པ་མེད་པའི་བཟོད་པ་མ་གཏོགས་པ་གཞན་ཡིད་ཀྱི ་རྣམ་པར་ཤེས་པ་དང་མཚུངས་པར་ལྡན་པའི་བཟོད་པ་རྣམས་སོ་ཞེས་འབྱུང་སྟེ། རྒྱ་ཆེར་དེ་ཉིད་ལས་བསྟན་པ་བཞིན་ནོ། །གཞན་ཡང་དེ་ཉིད་ལས་ཅི་མཐོང་བ་རྣམས་ཤེས་པ་ཡིན་ཞེ་ན། སྨྲས་པ། དེ་ཡང་མུ་བཞིར་དབྱེ་སྟེ། དང ་པོ་ནི་མཐོང་བ་ཡིན་ལ་ཤེས་པ་མ་ཡིན་པ་ཡང་ཡོད་དེ། འདི་ལྟ་སྟེ། མིག་གི་དབང་པོ་དང། ཟག་པ་མེད་པའི་བཟོད་པ་དག་གོ་།གཉིས་པ་ནི་ཤེས་པ་ཡིན་ལ། མཐོང་བ་མ་ཡིན་པ་ཡང་ཡོད་དེ། འདི་ལྟ་སྟེ། རྣམ་པར་ཤེས་པའི ་ཚོགས་ལྔ་དང་མཚུངས་པར་ལྡན་པའི་ཤེས་རབ་དང་ཟད་པ་དང་མི་སྐྱེ་བའི་ཡེ་ཤེས་དང་ལྟ་བ་ལྔ་དང། འཇིག་རྟེན་པའི་ཡང་དག་པའི་ལྟ་བ་མ་གཏོགས་པ་གཞན་ཡིད་ཀྱི་རྣམ་པར་ཤེས་པ་དང་མཚུངས་པར་ལྡན་པ་ཟག་པ་དང་བཅས་པའི་ཤེས་རབ་པོ། ། ་གསུམ་པ་ནི་མཐོང་བ་ཡང་ཡིན་ལ། ཤེས་པ་ཡང་ཡིན་པ་ཡང་ཡོད་དེ། འདི་ལྟ་སྟེ། ལྟ་བ་ལྔ་དང། འཇིག་རྟེན་པའི་ཡང་དག་པའི་ལྟ་བ་དང། ཟག་པ་མེད་པའི་བཟོད་པ་དང། ཟད་པ་དང་མི་སྐྱེ་བའི་ཡེ་ཤེས་མ་གཏོགས་པ་གཞན ་ཟག་པ་མེད་པའི་ཤེས་རབ་སློབ་པའི་ཤེས་པ་བརྒྱད་དང། མི་སློབ་པའི་ཡང་དག་པའི་ལྟེ་བ་དག་གོ་།དེའི་ཟག་པ་མེད་པའི་ཤེས་རབ་དང། སྔ་མའི་ལྟེ་བ་ལྔ་དང། འཇིག་རྟེན་པའི་ཡང་དག་པའི་ལྟ་བ་ནི་ཤེས་པ་དང། མཐོང་བའི་གཉིས་ཀྱི་མཚན ་ཉིད་ཡིན་པའི་ཕྱིར་མུ་གསུམ་པས་བསྡུས་སོ། །བཞི་པ་ནི་མཐོང་བ་ཡང་མ་ཡིན་ཤེས་པ་ཡང་མ་ཡིན་པ་ཡང་ཡོད་དེ། །འདི་ལྟ་སྟེ། སྔ་མའི་མཚན་ཉིད་དང། མཚན་ཉིད་ཀྱི་གཞིའི་མིང་མ་གཏོགས་པ་ཆོས་གང་མུ་གསུམ་པས་བསྟན ་པར་བྱ་བའི་ཆོས་གང་ཡིན་པ་དེ་ནི་མཚན་ཉིད་ཅེས་བྱའོ། །དེ་ལས་གཞན་པའི་ཆོས་རྣམས་ནི་མུ་བཞི་པ་ཡིན་པས་མུ་བཞི་པས་བསྟན་པར་བྱ་བའི་ཡིན་ནོ། །དེ་ཡང་ཇི་ལྟ་བུ་ཞིག་ཅེ་ན། འདི་ལྟ་སྟེ། གཟུགས་ཀྱི་ཕུང་པོ་ལས་མིག་མ་གཏོགS ་པ་གཟུགས་གཞན་རྣམས་དང་འདུ་བྱེད་ཀྱི་ཕུང་པོ་ལས་ཤེས་རབ་མ་གཏོགས་པར་དེ་བྱེད་གཞན་རྣམས་ཕུང་པོ་གཞན་གསུམ་པོ་རིལ་དེང?་འདུས་མ་བྱས་ཀྱི་ཆོས་ནི་མུ་བཞི་པ་ཞེས་འབྱུང་སྟེ་།རྒྱ་ཆེར་དེ་ཉིད་ལས་བསྟན་པ་བཞིན་ནོ། །མདོ ་སྡེ་པ་དག་ནི་ཤེས་པ་དང་མཐོང་བ་ནི་ཐ་མི་དད?་དོ། ཞེས་འཆང་ངོ། དེའི་ཕྱིར་བསྟན་བཅས་དེ་ཁོ་ན་ཉིད་གྲུབ་པའི་ནང་ནས་ཐོས་པ་དང་མཐོང་བ་བསྟན་པའི་ལེའུ་ལས། མཐོང་བ་དང་ཤེས་པ་ལ་བྱེ་བྲག་ཅི་ཡོང་ཅེ་ན། སྨྲས་པ་བདག་ཉིད ་གཅིག་པ་ཡིན་པས་བྱེ་བྲག་ཏུ་གྱུར་པ་མེད་དོ་ཞེས་བྱ་བ་ནས་མཐོང་བ་དང་ཤེས་པ་ནི་ཆོས་རྟོགས་ཤིང་མངོན་དུ་བྱེད་པ་ཐོབ་པ་ཡིན་པས་དོན་གཅིག་གོ་།མདོ་དག་ལས་ཤེས་པ་དང་མཐོང་བ་དག་གིས་ཟག་པ་ཟད་པ ་ཐོབ་པར་འགྱུར་རོ་ཞེས་གསུངས་ན་དེ་ལ་བྱེ་བྲག་ཅི་ཡོད་ཅེ་ན། སྨྲས་པ། དང་པོ་ཁོ་ནར་འཇིག་པར་ཤེས་པ་གང་ཡིན་པ་དེ་ནི་ཤེས་པ་ཞེས་བྱའོ། །གནས་སྐབས་སུ་ཞུགས་པ་གང་ཡིན་པ་དེ་ནི་མཐོང་བ་ཞེས་བྱའོ། །ཐོག་མར་སོ་སོར་རྟོག་པ ་གང་ཡིན་པ་དེ་ནི་ཤེས་པ་ཞེས་བྱའོ། །རྟོགས་ཤིང་ཁོང་དུ་ཆུད་པ་གང་ཡིན་པ་དེ་ནི་མཐོང་བ་ཞེས་བྱ་སྟེ། དེའི་ཟབ་པ་དང་ཟབ་པ་མ་ཡིན་པའི་བྱེ་བྲག་ཡོད་དོ་ཞེས་བྱ་བའི་བར་དུ་བསྟན་པ་ཡིན་ཏེ། རྒྱ་ཆེར་དེ་ཉིད་ལས་བསྟན་པ་བཞིན་ནོ། ། ་འདིར་ཐེག་པ་ཆེན་པོ་བསྟན་པ་དང་སྦྱར་ན་ཡང་སོ་སོ་ནས་བཤད་པ་མི་མཐུན་པས་སློབ་དཔོན་དབྱིག་གཉེན་གྱི་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྡོ་རྗེ་གཅོད་པའི་འབྲེལ་པ་མཛད་པ་ལས་ནི། ཤེས་པ་དང་མཐོང་བ་གཅིག་ཏུ ་བསྟན་པ་ལ་དགོངས་པ་རྣམ་པ་གཉིས་ཡོད་དེ། །རྗེས་སུ་དཔག་པའི་ཤེས་པ་ལས་རབ་ཏུ་དབྱེ་བ་དང། ཤའི་དང་ལྷའི་མིག་ལས་རབ་ཏུ་དབྱེ་བ་ཡིན་ནོ་ཞེས་བཤད་དེ། དེའི་ཕྱིར་འགྲེལ་པ་དེ་ཉིད་ལས་མཁྱེན་ཏོ། ཞེས་བྱ་བས ་མཆོག་གམ་།ཅི་ན་ཅིའི་ཕྱིར་ཡང་དེ་བཞིན་གཤེགས་པས་གཟིགས་སོ་ཞེས་བྱ་བ་གསུངས་ཤེ་ན། གལ་ཏེ་གཟིགས་སོ་ཞེས་བྱ་བ་མ་གསུངས་ན་ཁ་ཅིག་འདི་ལྟར་དེ་བཞིན་གཤེགས་པའི་རྗེས་སུ་འཕགས་པའི་མཁྱེན ་པས་མཁྱེན་པ་ཡིན་ནོ་སྙམ་དུ་སེམས་པར་གྱུར་པས་སོ། །གལ་ཏེ་དེ་ལྟ་ན་གཟིགས་ཞེས་བྱ་བས་ཆོག་མོད། ཅིའི་ཕྱིར་ཡང་དེ་བཞིན་གཤེགས་བས་མཁྱེན་ཏོ་ཞེས་བྱ་བ་གསུངས་ཤེ་ན། གལ་ཏེ་མཁྱེན་ཏོ་ཞེས་བྱ་བ་མ་གསུངས ་ན། ཁ་གཅིག་འདི་ལྟར་དེ་བཞིན་གཤེགས་པ་ནི་ཤའི་སྤྱན་ལ་སོགས་པས་གཟིགས་པ་ཡིན་ནོ་སྙམ་དུ་སེམས་པར་གྱུར་པས་སོ་ཞེས་འབྱུང་སྟེ། སློབ་དཔོན་ཡོན་ཏན་བྱིན་གྱི་འགྲེལ་པ་ལས་ཀྱང་དོན་ཕལ་ཆེར་འདི་དང་མཐུན་པར་བཤིད? ་དོ། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲེལ་པ་ལས་ནི་དཔེར་ན་གཞན་དག་ལས་ཀློག་པ་དང་ཁ་དོན་སློབ་པ་དང་རྣམ་པར་འབྱེད་ཅིང་དཔྱོད་པ་ལྟ་བུ་གང་ཡིན་པ་དེ་ནི་ཤེས་པ་ཞེས་བྱའོ། །རང་གི་ལུས་ཀྱི་མངོན་དུ་བྱས་པ་ཐོབ ་པ་ལྟ་བུ་གང་ཡིན་པ་དེ་ནི་མཐོང་བ་ཞེས་བྱའོ། །དཔེར་ན་རྣ་བས་དངོས་པོ་དག་ཐོས་ནང་དུང་ཐེ་ཚོམ་དང་བཅས་བ་ལྟ་བུ་གང་ཡིན་པ་དེ་ནི་ཤེས་པ་ཞེས་བྱའོ། །རང་གི་མིག་གིས་གསལ་བར་མཐོང་ནས་ཐེ་ཚོམ་མེད་པ་ལྟ་བུ་གང་ཡིན་པ་དེ་ནི ་མཐོང་བ་ཞེས་བྱའོ་ཞེས་འབྱུང་ངོ། །གཞན་ཡང་དེ་ཉིད་ལས་དང་པོར་ཤེས་པ་གང་ཡིན་པ་དེ་ནི་ཤེས་པ་ཞེས་བྱའོ། །ཕྱིས་ཤིན་ཏུ་ཞུགས་པ་གང་ཡིན་པ་དེ་ནི་མཐོང་བ་ཞེས་བྱའོ། །ཤེས་པ་ནི་མཐར་མ་ཕྱིན་པ་ཞེས་བྱའོ། །མཐོང་བ་ནི ་མཐར་ཕྱིན་པ་ཞེས་བྱའོ། །ཤེས་པ་དང་མཐོང་བ་ཡང་མུ་བཞི་ཡོད་དེ། དང་པོ་ནི་ཤེས་པ་ཡིན་ལ་མཐོང་བ་མ་ཡིན་པ་ཡང་ཡོད་དེ། འདི་ལྟ་སྟེ། ཇི་སྙེད་ཤེས་པ་གང་ཡིན་པ་དང། འཇིག་རྟེན་པའི་ཡང་དག་པའི་ལྟ་བ་དང། ལྟ་བ་ལྔ ་པོ་མ་གཏོགས་པ་དེ་ལས་གཞན་པའི་ཤེས་རབ་ཀྱི་ཆོས་གང་ཡིན་པ་དེ་ནི་ཤེས་པ་ཞེས་བྱའོ། །གཉིས་པ་ནི་མཐོང་བ་ཡིན་ལ་ཤེས་པ་མ་ཡིན་པ་ཡང་ཡོད་དེ། འདི་ལྟ་སྟེ། ལྟ་བ་ལྔ་དང་འཇིག་རྟེན་པའི་ཡང་དག་པའི་ལྟ་བ་དང། བཟོད ་པ་བརྒྱད་པོ་དག་གོ་།དེ་ལས་གཞན་ཟག་པ་མེད་པའི་ཤེས་རབ་གང་ཡིན་པ་དེ་ནི་ཤེས་པ་ཞེས་ཀྱང་བྱའོ། །མཐོང་བ་ཞེས་ཀྱང་བྱའོ། །མཐོང་བ་དང་ཤེས་པ་དེ་ལས་མ་གཏོགས་པའི་ཆོས་གཞན་གང་ཡིན་པ་དེ་ནི་མཐོང་བ་ཡང་མ་ཡིན་ལ་ ་ཤེས་པ་ཡང་མ་ཡིན་ནོ་ཞེས་འབྱུང་ངོ། །གཞན་ཡང་དེ་ཉིད་ལས་ཇི་ལྟར་ཏིང་ངེ་འཛིན་བསྒོམས་པས་ཤེས་པ་དང་མཐོང་བ་ཐོབ་པར་འགྱུར་ཞེ་ན། དེ་ལ་མིག་མེད་པར་ཡང་གཟུགས་ཀྱི་ཡུལ་རྣམས་ལ་ལྟ་བ་དང། རྟོག་པ་གང ་ཡིན་པ་དེ་ནི་མཐོང་བ་ཞེས་བཤད་དོ། །ལྷ་རྣམས་ཀྱི་མིང་ནི་འདི་ལྟ་བུའོ། །རིགས་དང་རྣམ་པ་ནི་འདི་ལྟ་བུའོ་ཞེས་ཤེས་པ་གང་ཡིན་པ་དེ་ནི་ཤེས་པ་ཞེས་བྱའོ་ཞེས་བཤད་དོ། །གཞན་ཡང་བསྟན་བཅོས་རྣལ་འབྱོར་སྦྱོར་པའི་ས་ལས་ཤེས་པ ་དང་མཐོང་བ་གཉིས་ལ་ཁྱད་པར་ཅི་ཡོང་ཅེ་ན། འདས་པ་དང་མ་འོངས་པ་ལྐོག་ཏུ་གྱུར་པའི་ཡུལ་ཅན་གྱི་ཤེས་རབ་གང་ཡིན་པ་དེ་ནི་ཤེས་པ་ཞེས་བྱའོ། །ད་ལྟར་གྱི་ཡུལ་ཅན་གྱི་ཤེས་རབ་གང་ཡིན་པ་དེ་ནི་མཐོང་བ་ཞེས་བྱའོ། །གཞན་ཡང ་གཟུང་བས་དམིགས་པར་བྱས་པའི་ཤེས་རབ་གང་ཡིན་པ་དེ་ནི་ཤེས་པ་ཞེས་བྱའོ། །འཛིན་པས་དམིགས་པར་བྱ་བའི་ཤེས་རབ་གང་ཡིན་པ་དེ་ནི་མཐོང་བ་ཞེས་བྱའོ། །གཞན་ཡང་ཐོས་པ་དང་བསམས་པ་ལས་བྱུང་བའི་ཤེས་རབ་གང་ཡིན་པ་དེ་ནི ་ཤེས་པ་ཞེས་བྱའོ། །བསྒོམས་པ་ལས་བྱུང་བའི་ཤེས་རབ་གང་ཡིན་པ་དེ་ནི་མཐོང་བ་ཞེས་བྱའོ། །གཞན་ཡང་ཉོན་མོངས་པ་སྤོང་བའི་ཤེས་རབ་གང་ཡིན་པ་དེ་ནི་ཤེས་པ་ཞེས་བྱའོ། །ཉོན་མོངས་པ་སྤངས་ནས་རྣམ་པར་གྲོལ་བ་མངོན་སུམ་དུ་བྱེད ་པའི་ཤེས་རབ་གང་ཡིན་པ་དེ་ནི་མཐོང་བ་ཞེས་བྱའོ། །གཞན་ཡང་རང་གི་མཚན་ཉིད་ཀྱི་ཡུལ་ལ་དམིགས་པའི་ཤེས་རབ་གང་ཡིན་པ་དེ་ནི་ཤེས་པ་ཞེས་བྱའོ། །སྤྱིའི་མཚན་ཉིད་ཀྱི་ཡུལ་ལ་དམིགས་པའི་ཤེས་རབ་གང་ཡིན་པ་དེ་ནི་མཐོང ་བ་ཞེས་བྱའོ། །གཞན་ཡང་གདགས་པ་ལ་བརྟེན་ཏེ་ནང་དང་ཕྱི་རོལ་གྱི་འདུ་བྱེད་ལ་འདི་ལྟ་སྟེ། བདག་ཅེས་བྱ་བ་འམ། ལྷ་དང། ཀླུ་དང། གནོད་སྦྱིན་དང། ལྷ་མ་ཡིན་དང། ནམ་མཁའ་ལྡིང་དང། ལྟོ་འཕྱེ་ཆེན་པོ་ཞེས་བྱ་བ་འམ།། ་དམག་དང། ནགས་ཚལ་དང། ཁང་ཁྱིམ་དང། རི་ཞེས་བྱ་བ་འམ། དེ་ལྟ་བུ་ལ་སོགས་པའི་རྣམ་པའི་བརྡའི་ཚུལ་གྱིས་ཤེས་བྱ་བ་དེ་དང་དེ་དག་ལ་དམིགས་པའི་ཤེས་རབ་གང་ཡིན་པ་དེ་ནི་ཤེས་བ་ཞེས་བྱའོ། །རང་གི་མཚན་ཉིད་དང། སྤྱིའི་མཚན་ཉིད་ལ ་མཛད་པའི་ཤེས་རབ་གང་ཡིན་པ་དེ་ནི་མཐོང་བ་ཞེས་བྱའོ། །གཞན་ཡང་ཆོས་རྣམས་ཡོངས་སུ་ཚོལ་བའི་ཤེས་རབ་གང་ཡིན་པ་དེ་ནི་ཤེས་པ་ཞེས་བྱའོ། །ཡོངས་སུ་བཙལ་བ་ལ་སོ་སོར་རྟོག་པའི་ཤེས་རབ་གང་ཡིན་པ་དེ་ནི་མཐོང་བ་ཞེས་བྱའོ། །གཞན ་ཡང་རྣམ་པར་མི་རྟོག་པའི་གཟུགས་བརྙན་ཡུལ་དུ་གྱུར་པ་ལ་དམིགས་པའི་ཤེས་རབ་གང་ཡིན་པ་དེ་ནི་ཤེས་པ་ཞེས་བྱའོ། །རྣམ་པར་རྟོག་པ་དང་བཅས་པའི་གཟུགས་བརྙན་ཡུལ་དུ་གྱུར་པ་ལ་དམིགས་པའི་ཤེས་རབ་གང་ཡིན་པ་དེ་ནི་མཐོང་བ་ཞེས ་བྱའོ། །གཞན་ཡང་ཤེས་བྱ་གཟུགས་ཅན་གྱི་གཟུགས་བརྙན་ལ་དམིགས་པའི་ཤེས་རབ་གང་ཡིན་པ་དེ་ནི་མཐོང་བ་ཞེས་བྱའོ། །ཤེས་བྱ་གཟུགས་ཅན་མ་ཡིན་པའི་གཟུགས་བརྙན་ལ་དམིགས་པའི་ཤེས་རབ་གང་ཡིན་པ་དེ་ནི་ཤེས་པ་ཞེས་བྱའོ ་ཞེས་འབྱུང་ངོ། །བྱང་ཆུབ་སེམས་དཔའ་བྱམས་པས་ཡང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཞི་གནས་དང་ལྷག་མཐོང་སྒོམ་པའི་བྱང་ཆུབ་སེམས་དཔའ་རྣམས་ཡིད་ལ་བགྱིད་པ་གང་གིས་མཚན་མ་གང་དག་ཇི་ལྟར ་རྣམ་པར་སེལ་བར་བགྱི་ལགས་ཞེས་བྱ་བ་འདི་མན་ཆད་ནི་གཉིས་པ་མཚན་མ་རྣམས་རབ་ཏུ་སེལ་བ་སྟོན་ཏོ། །འདི་ཡང་རྣམ་པ་གསུམ་དུ་དབྱེ་སྟེ། ཞུས་པ་དང་ལན་དག་གིས་མཚན་མ་རྣམས་རབ་ཏུ་སེལ་བ་རྣམ་པར་འབྱེད་པ་དང། བཅོམ་ལྡན ་འདས། བཅོམ་ལྡན་འདས་ཀྱིས་ཇི་སྐད་དུ་ཞེས་བྱ་བ་མན་ཆད་ཞུས་པ་དང། ལན་དག་གིས་སོ་སོར་བརྟགས་པར་ནུས་པ་དང་མི་ནུས་པ་རྣམ་པར་འབྱེད་པ་དང། བཅོམ་ལྡན་འདས་ཞེས་བྱ་བ་མན་ཆད་ཞུས་པ་དང་ལན་དག་གིས་མཚན་མ་བསལ་བར ་དཀའ་བ་རྣམས་རྣམ་པར་འབྱེད་བའོ། །དེ་ལ་དང་པོ་མཚན་མ་རྣམས་རབ་ཏུ་སེལ་བ་ཡང་རྣམ་པ་བཞིར་དབྱེ་སྟེ་ཞུ་བ་གསོལ་བ་དང། ལན་དུ་གསུངས་པ་དང། བསྟན་པ་དང། རྣམ་པར་བཤད་པ་སྟེ། འདི་ནི་དར?་པོར ་ཞུས?་གསོལ་བའོ། །དེ་ལ་ཞུ་བ་གསོལ་བ་ལ་ཡང་དགོངས་པ་རྣམ་པ་གསུམ་ཡོད་དེ། དང་པོ་ཡིད་ལ་བགྱིད་པ་གང་གིས་ཤེས་བྱ་བ་ནི་སེལ་བར་ཞུས་བ་ཡིད་ལ་བྱེད་པ་ཞུས་བ་སྟེ། ཡིད་ལ་བྱེད་པ་རྣམས་ལས་ཡིད་ལ་བྱེད་པ་གང་གིས་ཤེས་བྱ ་པའི་ཐ་ཚིག་གོ?་།གང་དག་ཅེས་བྱ་བ་ནི་ཡོངས་སུ་གསལ་བར་བྱ་བའི་མཚན་མ་ཞུས་པའོ། །ཇི་ལྟར་རྣམ་པར་སེལ་བར་བགྱིད་ལགས་ཞེས་བྱ་བ་ནི་མཚན་མ་བསལ་བའི་ཐབས་ཞུས་པ་སྟེ། རྣལ་འབྱོར་ཇི་ལྟ་བུ་ཞིག་དང་རྣལ་འབྱོར་གྱི་ཆོ་ག་ཇི ་འདྲ་བ་ཞིག་གིས་ཤེས་བྱ་བའི་ཐ་ཚིག་གོ་།དགོངས་པ་ཟབ་མོ་རྣམ་པར་དགྲོལ་བའི་མདོ་ལས་སེམས་གང་གིས་ཆོས་ཀྱི་མཚན་མ་གང་ཞིག་ལ་རྟོག་པར་བགྱིད་ཅེས་འབྱུང་བ་ནི་ལོ་ཙཱ་བ་དག་གིས་ནོར་ཏོ། །བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས ་དཔའ་བྱམས་པ་ལ་དཀའ་སྩལ་པ། རིགས་ཀྱི་བུ་དེ་བཞིན་ཉིད་ཡིད་ལ་བྱེད་པས་ཤེས་བྱ་བ་ལ་སོགས་པས་ནི་གཉིས་པ་དེ་བཞིན་གཤེགས་པས་ཡང་དག་པར་ལན་དུ་གསུངས་པའོ། །ལན་དུ་གསུངས་པ་འདི་ལ་ཡང་བཤད་པ་རྣམ་པ་གཉིས ་ཡོད་དེ། ཁ་ཅིག་ན་རེ་མདོའི་ཚིག་འདི་ནི་སའི་མདུན་རོལ་པའི་རྣལ་འབྱོར་སྒོམ་པའི་སྒོ་ཡིན་པས་གོང་དུ་ཞུས་བ་དག་གིས་ལན་དུ་གསུངས་པ་ཡིན་ཏེ། གོང་དུ་ཞུས་པ་རྣམ་པ་གསུམ་གྱི་ལན་བསྟན་པ་ཉིད་ལས་གསུམ་དུ་དབྱེའོ་ཞེའོ། །འདི་ནི ་ཞུས་པ་དང་པོའི་ལན་དུ་གསུངས་པ་སྟེ། འདི་ལྟར་བྱང་ཆུབ་སེམས་དཔའ་རྣམས་ཡིད་ལ་བྱེད་པ་རྣམས་ཀྱི་ནད་ནས་དེ་བཞིན་ཉིད་ཡིད་ལ་བྱེད་པའི་དབང་གིས་ཤེས་བྱ་བའི་ཐ་ཚིག་གོ་།དགོངས་པ་ཟབ་མོ་རྣམ་པར་དགྲོལ་བའི་མདོ་ལས་ནི། དེ་བཞིན ་ཉིད་སྒོམ་པའི་སེམས་ཤེས་འབྱུང་ངོ། །དེ་ལ་ཡིད་ལ་བྱེད་པ་རྣམས་ཤེས་བྱ་བ་ནི་བསྟན་བཅོས་རྣལ་འབྱོར་པའི་ས་ལས་བསྟན་པའི་ཡིད་ལ་བྱེད་བ་བཞི་བཅུ་པོ་དག་སྟེ། དེ་བཞིན་ཉིད་ཡིད་ལ་བྱེད་པ་ཞེས་བྱ་བ་འདི་ནི་ཡིད་ལ་བྱེད་པ་བཞི་བཅུའི་ནང་ནས ་དེ་ཁོ་ན་ཉིད་ཡིད་ལ་བྱེད་པ་ཞེས་བསྟན་པ་ཉིད་དོ། །ཆོས་ཀྱི་མཚན་མ་དང། དོན་གྱི་མཚན་མ་རྣམ་པར་སེལ་བར་བྱེད་དེ་ཞེས་བྱ་བ་ནི་ཞུས་པ་གཉིས་པའི་ལན་དུ་གསུངས་སོ། །འདི་ལྟར་ཡོངས་སུ་བསལ་བར་བྱ་བའི་མཚན་མ་ནི་རྣམ་པ་གཉིས་?་མེད་དོ ་གོང་དུ་བསྟན་པའི་རྗོད་པར་བྱེད་པའི་མིང་ལ་སོགས་པ་དང། བརྗོད་བར་བྱ་བ་དོན་བཅུ་ལ་སོགས་བ་དོན་རྣམས་ཀྱི་གཟུགས་བརྙན་གྱི་མཚན་མ་འམ། ཡང་ན་ཆོས་དང་དོན་ལ་མངོན་པར་ཞེན་པའི་མཚན་མ་དག་དེ་བཞིན་ཉིད་ཀྱི་རྣལ་འབྱོར་ལ་ཞུགས ་པའི་ཚེ་དེ་དག་མི་མཐོང་བའི་ཕྱིར་རོ། །ནམ་མིང་ལ་མིང་གི་ངོ་བོ་ཉིད་མི་དམིགས་པ་ན་དེའི་གནས་ཀྱི་མཚན་མ་ཡང་དག་པར་རྗེས་སུ་མི་མཐོང་བས་རྣམ་པར་སེལ་ཏོ་ཞེས་བྱ་བ་འདི་མན་ཆད་ནི་ཞུས་བ་གསུམ་པའི་ལན་དུ་གསུངས་པ་སྟེ། རྣལ་འབྱོར། ་བསྒོམས་པའི་ཆོ་ག་བསྟན་པའོ། །འདི་ཡང་རྣམ་པ་གཉིས་ཀྱིས་བསྟན་ཏོ། མིང་ལས་བརྩམས་ནས་རྣལ་འབྱོར་རྣམ་པར་འབྱེད་པ་དང། ཟླས་ཚིག་ལ་སོགས་པ་བསྟན་པའོ། །འདི་ནི་དང་བོ་སྟེ་།འདི་ལྟར་བྱང་ཆུབ་སེམས་དཔའ་རྣམས་མིང་ལ་སོ་སོར ་རྟོག་པའི་ཚེ། མིང་རྣམས་དང། མིང་གི་ངོ་བོ་ཉིད་དེ་དག་རང་གི་སེམས་སུ་གྱུར་བ་བཏགས་པ་ཙམ་དུ་ཡོད་པ་ཉིད་དུ་མཐོང་བས་ཡང་དག་བ་ཉིད་དུ་མངོན་པར་ཞེན་པ་དག་མི་དམིགས་ཏེ། དེ་ལྟར་རྟོག་པའི་ཚེ་མིང་འབའ་ཞིག་དམིགས་སུ་མེད་པར་མཐོང ་བ་མ་ཡིན་གྱི། མིང་ལ་སོགས་པ་དེ་དག་ནི་གནས་མངོན་པར་ཤེས་པའི་ངོ་བོ་ཉིད་རྣམ་པར་ཤེས་པ་ལ་ཡང་མི་བརྟག་གོ་།བཤད་པ་གཞན་དུན་མངོན་པར་ཞེན་པའི་མེད་དམིགས་སུ་མེད་པས་མཐོང་བའི་ཚེ་ཀུན་ཏུ་བརྟགས་པའི་མིང་ལ་སོགS ་བདེ་དག་གི་གནས་གཞན་གྱི་དབང་དང་མིང་ལ་སོགས་པ་ལ་ཡང་མི་བརྟག་སྟེ་དེ་ནི་འདི་སྐད་དུ་དེ་བཞིན་ཉིད་བསྒོམས་པ་ལ་ཞུགS་ནས་མངོན་པར་ཞེན་པ་བསལ་བ་ན་གཞན་གྱི་དབང་པར་མིང་ལ་སོགས་བ་སྣང་བར་མི་འགྱུར་པ ་བའི་ཕྱིར་རྣམ་པར་སེལ་བ་ཞེས་བྱ་བའི་སྟོང་པ་དང། རང་གི་ངོ་བོ་ཉིད་ཅི་ཡང་མེད་པར་བརྟགས་པ་ལ་རྣམ་པར་སེལ་བར་ཞེས་བྱ་བ་ནི་མ་ཡིན་ནོ་ཞེས་བསྟན་པར་འགྱུར་ཏོ། དེའི་ཕྱིར་སློབ་དཔོན་ངོ་བོ་ཉིད་མེད་ཀྱི་ཐེག་པ་ཆེན་པོ་བསྡུས་པའི་འགྲེལ ་པ་ལས། རྣམ་པར་མི་རྟོག་པའི་ཡེ་ཤེས་མངོན་སུམ་དུ་གྱུར་པ་ན་ཡུལ་གྱི་དོན་ཐམས་ཅད་སྣང་བར་མི་འགྱུར་རོ་ཞེས་བསྟན་པ་ཡིན་ནོ། །གཞན་ཡང་བསྟན་བཅོས་རྣམ་པར་བཤད་པ་ལས་དེ་བཞིན་ཉིད་ཀྱི་རྣལ་འབྱོར་གྱི་ཀུན་བརྟགས་པ་ཡོངས་སུ་བསལ ་བའི་ཆོ། གཞན་གྱི་དབང་སྣང་བར་མི་འགྱུར་བས་དམིགས་སུ་མེད་པའོ་ཞེས་བྱའོ་ཞེས་བཤད་དེ། དེའི་ཕྱིར་བསྟན་བཅོས་དེ་ཉིད་ལས་སྣང་བར་མི་འགྱུར་བས་དམིགས་སུ་མེད་པ་ཞེས་བྱ་བ་ནི་རྣམས་ཡོངས་སུ་བཙལ་བ་ན་རང་གི་ངོ་བོ་ཉིད་མི་མཐོ་རབ་ལ ་བྱའི་རྣམ་པ་ཐམས་ཅད་དུ་ཅི་ཡང་མེད་པ་ལ་བྱ་བ་ནི་མ་ཡིན་ཏེ། འོན་ཀྱང་ཀུན་ཏུ་བརྟགས་པའི་ངོ་བོ་ཉིད་མི་དམིགས་པའི་ཚེ་གཞན་གྱི་དབང་གི་རང་གི་མཚན་ཉིད་ལ་སོ་སོར་རྟོག་པར་མི་བྱེད་དེ། སོ་སོར་མི་རྟག་པའི་ཕྱིར་གཞན་གྱི་དབང་མི་སྣང་ངོ་ཞེས ་བསྟན་ཏོ། །མིང་ལ་ཇི་ལྟ་བ་བཞིན་དུ་ཚོ་བ་དང་ཡི་གེ་དང། དོན་ཐམས་ཅད་ལ་ཡང་དེ་བཞིན་དུ་རིག་པར་བྱའོ་ཞེས་བྱ་བ་ལ་སོགས་པ་ནི་གཉིས་པ་ཟླས་ཚིག་ལ་སོགས་པའོ། །འདི་ཡང་རྣམ་པ་གཉིས་ཏེ། ཟླས་ཚིག་དང། ཡི་གེ་དང། དོན་རྣམ་པ ་བཅུ་བསྟན་པ་དང། ཟླས་དོན་རྣམ་པ་ལྔ་ལ་སོགས་པ་བསྟན་པའོ། །ཁམས་ཀྱི་བར་ཞེས་བྱ་བ་མན་ཆད་ཀྱིས་ནི་ཟླས་དོན་རྣམ་པ་གསུམ་བསྟན་པའོ། །འདི་ནི་དང་པོ་ཟླས་དོན་རྣམ་པ་གསུམ་པོ་ཚིག་དང་ཡི་གེ་དང། དོན་རྣམ་པ་བཅུ་བསྟན་པ ་དང་ཇི་ལྟར་མིང་ལ་མིང་གི་ངོ་བོ་ཉིད་མི་དམིགས་པའི་ཚེ་དེའི་གནས་ཀྱི་མཚན་མ་ཡང་དག་པར་མི་མཐོང་བ་དེ་བཞིན་དུ་ཚིག་དང་ཡི་གེ་དང་དོན་རྣམ་པ་བཅུ་པོ་རེ་རེ་ལ་ཡང་རང་གི་ངོ་བོ་ཉིད་མི་དམིགས་པ་དང། དེ་དག་གི་གནས་ཀྱི་མཚན་མ་ཡང་དག་པར ་ནགས?་མི་མཐོང་པ་ཡང་སྔ་མ་བཞིན་དུ་རིག་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ་།ཁམས་ཀྱི་བར་ལ་ཡང་ཁམས་ཀྱི་ངོ་བོ་ཉིད་མི་དམིགས་བ་ད་དེའི་གནས་ཀྱི་མཚན་མ་ཡང་དག་པར་རྗེས་སུ་མི་མཐོང་བས་དེ་ལྟར་རྣམ་པད་སེལ་ཏོ་ཞེས་བྱ་བ་ནི་གཉིས་པ་ཟླས་དོམ ་རྣམ་བལྟ་བ་སོགས་པ་བསྟན་པའོ། །འདི་ལྟ་སྟེ། དོན་རྣམ་པ་ལྔ་དང་དོན་རྣམ་པ་བཞི་དང། དོན་རྣམ་པ་གསུམ་བསྟན་པ་ལས་ཚིག་འདྲུའི་དོན་དང། དོན་གྱི་དོན་ཞེས་བྱ་བ་ནས་ཁམས་ལྔ་པོའི་བར་དག་གམ། ཡང་ན་ཚིག་འབྲུའི་དོན་དང་དོན་གྱི་དོན ་དང། ཁམས་ཀྱི་དོན་གྱི་བར་དག་ཡིན་པ་དེ་དག་རེ་རེ་ལ་ཡང་དོན་རྣམ་པ་གཉིས་གཉིས་ཡོད་དོ། རང་གི་ངོ་བོ་ཉིད་དམིགས་སུ་མེད་པ་དང། དེ་དག་གི་གནས་ཀྱི་མཚན་མ་ཡང་དག་པར་རྗེས་སུ་མི་མཐོང་བ་ཡང་གོང་མ་བཞིན་དུ་རིག་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། ་རྣལ་འབྱོར་ཀྱི་སྒྲོ་དེ་དག་ཀྱང་བསྟན་བཅོས་རྣམ་པར་རིག་པ་ཙམ་དུ་གྲུབ་པ་ལས་ཇི་སྐད་དུ་བསྟན་པ་བཞིན་ཏེ། དེའི་ཕྱིར་བསྟན་བཅོས་རྣམ་པར་རིག་པ་ཙམ་དུ་གྲུབ་བ་ལས་བསྟན་པའི་དོན་བརྗོད་པར་བྱའོ། །བསྟན་བཅོས་དེ་ལས་རེ་ཞིག་ཀུན་ཏུ་ཚོལ་བ་བཞི་དང། ཡང ་དག་པར་ཇི་ལྟ་བ་བཞིན་དུ་ཤེས་པ་བཞི་ལས་བརྩམས་ནས་མིང་དང་དོན་དེ་དག་ལ་སོ་སོར་རྟོག་བར་སྟོན་ཏེ། འདི་ལྟ་སྟེ། དྲོ་བར་གྱུར་པ་དང། རྩེ་མོའི་གནས་སྐབས་སུ་ནི་ཡོངས་སུ་ཚོལ་བ་བཞི་ལ་བརྟེན་ནས་གཟུང་པའི་མིང་དང། དོན་གྱི་རང་གི་ངོ་བོ་ཉིད་དང་བྱེ ་བྲག་དམིགས་མེད་པར་སོ་སོར་རྟོག་?་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པ་བཞི་ལ་བརྟེན་ནས་ནི་འཛིན་པའི་ཡིད་དུ་དང། དོན་གྱི་རྣམ་པར་ཤེས་པ་དམིགས་སུ་མེད་པར་སོ་སོར་རྟོག་སྟེ། དེའི་ཕྱིར་ཚིག་ལེའུར་བྱས་པ་ལས། ཅི་ཡང་རུང་སྟེ་འདུན་བཞག ་ནས། དེ་ནི་རྣམ་རིག་ཙམ་སྙམ་ནས། །དམིགས་པ་དང་ནི་བཅས་པའི་ཕྱིར། །རྣམ་རིག་ཙམ་ལ་གནས་པ་མིན་ཞེས་འབྱུང་བ་ཡིན་ཏེ། འདི་ཉིད་ཀྱི་འབྲེལ་པ་ལས་མཐོང་བའི་ཁམ་ལ་འཇུག་པའི་ཕྱིར། རྣམ་པར་རིག་པ་ཙམ་གྱི་ངོ་བོ་ཉིད ་ལ་གནས་པས་ཡང་སྦྱོར་བ་བསྒོམས་ནས་འཛིན་པ་གཉིས་རྣམ་པར་གནོན་ཅིང་སེལ་བར་བྱེད་དེ། འདི་ལྟ་སྟེ། བྲོ་བར་གྱུར་པ་དང། རྩེ་མོ་དང། བཟོད་པ་དང། འཇིག་རྟེན་པའི་ཆོས་ཀྱི་མཆོག་གི་དགེ་བའི་རྩ་བ་བཞི་པོ་དེ་དག་གིས་ཀུན་ཏུ་ཚོལ་བ་བཞི་དང། ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པ་བཞི་ལ་བརྟེན་ནས་དང་པོ་དང་དང་ཐ་མའི་གནས་སྐབས་རྣམ་པར་བཞག་པ་ཡིན་ནོ། །དེ་ལ་ཀུན་ཏུ་ཚོལ་བ་བཞི་ནི་མིང་དང་དོན་དང་ངོ་བོ་ཉིད་དང་བྱེ་བྲག་སྟེ། གཞན་གྱི་དབང་ནི་བཏགས་པ་ཙམ་དུ་ཡོད་དང། ཀུན་ཏུ་བརྟགས ་པ་ནི་ཡང་དག་པར་མེད་པའི་ངོ་བོ་ཉིད་གང་ཡིན་པའོ། །ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པ་བཞི་པོ་དག་ནི་རྣམ་པར་ཤེས་པ་ལས་གུང་ན་ཡང་མེད་ལ་རྣམ་པར་ཤེས་པ་ཉིད་ཀྱང་མ་ཡིན་པས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པ་ཞེས་བྱའོ། །སྣང ་བ་ཐོབ་པའི་ཏིང་ངེ་འཛིན་ལ་བརྟེན་ཏེ་ཀུན་ཏུ་ཆོལ་བ་ཐ་མ་སྐྱེད་ནས་བཟུང་བ་མེད་པ་ཉིད་དི་མཐོང་བ་ལས་ནི་དྲོ་བར་གྱུར་པའི་གནས་སྐབས་རྣམ་པར་བཞག་སྟེ། འདི་ལྟར་གནས་སྐབས་འདིར་ཐོག་མ་ཁོ་ནར་གཟུང་བ་མིང་ལ་སོགས་པའི་ཆོས་བཞི་པོ ་དག་ནི་རང་གི་སེམས་བྱུང་བ་བཏགས་པ་ཙམ་དུ་ཡོད་ཀྱི། ཡང་དག་པར་ནི་དམིགས་སུ་མེད་པ་ཉིད་དུ་མཐོང་བས་སོ། །སྣང་བ་མཚང་བའི་ཏིང་ངེ་འཛིན་ལ་བརྟེན་ཏེ། ཀུན་ཏུ་ཚོལ་བ་མཆོག་བསྐྱེད་ནས་བཟུང་བ་མེད་པ་ཉིད་དུ་མཐོང་བ་ལས་ནི་རྩེ ་མོའི་གནས་སྐབས་རྣམ་པར་གཞག་སྟེ། འདི་ལྟར་གནས་སྐབས་འདིར་ཡང་ནས་ཡང་དུ་གཟུང་བ་མིང་ལ་སོགས་པའི་ཆོས་བཞི་པོ་དག་ནི་རང་སེམS་གྱུར་པར་བཏགས་པ་ཙམ་དུ་ཡང་ཀྱི། ཡང་དག་པར་ནི་དམིགས་སུ་མེད་བ་ཉིད་དུ་མཐོང་བས་སོ། །རྗེས་སུ ་མཐུན་པའི་ཏིང་ངེ་འཛིན་ལ་བརྟེན་ཏེ་ཡང་དག་པའི་ཇི་ལྟ་བ་བཞིན་དུ་ཤེས་པ་མ་བསྐྱེད་ནས་གཟུང་བ་མེད་པ་ཉིད་ལ་ཡང་ངེས་པ་ཉིད་དུ་འཛིན་པར་བྱེད་ལ་འཛིན་པ་མེད་པ་ལ་ཡང་གཞོལ་བ་དང། འདོད་བ་དང་བཟོད་པར་བྱེད་དེ། ཡུལ་ཡང་དག་པར་ཡོད་པ་མ་ཡིན ་ན་འཛིན་པ་དང་བྲལ་བའི་རྣམ་པར་ཤེས་པ་ལྟ་གཟུང་བའི་ཡུལ་ལས་གུང་ན་ཡང་དག་པའི་རྣམ་པར་ཤེས་པ་ག་ལ་ཡོད་སྙམ་སྟེ། གཟུང་བ་དང་འཛིན་པ་དག་ནི་ཕན་ཚུན་བལྟོས་པ་ལས་རྣམ་པར་བཞག་པའི་ཕྱིར་རོ། །བར་ཆད་མེད་པའི་ཏིང་ངེ་འཛིན་ལ་བརྟེན་ཏེ། ་ཡང་དག་པ་ཇི་ལྟ་པ་བཞིན་དུ་ཤེས་པ་མཆོག་བསྐྱེད་ནས་འཛིན་པ་གཉིས་སྟོང་པ་ཉིད་དུ་མཐོང་བ་ལས་འཇིག་རྟེན་པའི་ཆོས་ཀྱི་མཆོག་རྣམ་པར་བཞག་སྟེ། འདི་ལྟར་སྔ་མའི་བཟོད་པ་ཆེན་པོས་ནི་གཟུང་བ་འབའ་ཞིག་སྟོང་པ་ཉིད་དུ་མཐོང་བ་ལ་འདིར་འཇིག་རྟེན་པའི་ཆོས ་ཀྱི་མཆོག་གིས་ནི་སྟོང་པ་ཉིད་གཉིས་ཀ་མཐོང་བས་སོ། །འཛིན་པའི་རྣམ་པར་ཤེས་པ་ལ་བརྟེན་ནས་ནི་གཟུང་པ་སྟོང་པ་ཉིད་སོ་སོར་རྟོག་སྟེ། བཟོད་པ་ཐ་མ་བྱུང་བའི་ཚེ་སྟོང་པ་ཉིད་ཀྱི་མཚན་མ་འཇིག་པར་བྱེད་དོ། །བཟོད་པ་འབྲིང་འཇུག་པའི་གནས་སྐབས་སུ ་ནི་འཛིན་པའི་རྣམ་པར་ཤེས་པ་ལ་ཡང་ཡུལ་ཇི་ལྟ་བ་བཞིན་དུ་སྟོང་པ་ཡིན་པར་གཞོལ་བ་དང་མོས་པ་དང་བཟོང་བར་བྱེད་དོ། །བཟོད་པ་ཆེན་པོ་འབྱུང་བའི་གནས་སྐབས་སུ་འཛིན་པ་སྟོང་པ་ཉིད་ཀྱང་འཇིག་པར་བྱེད་དོ། །འཇིག་རྟེན་ཆོས་ཀྱི་མཆོག་གི་དུས་ནི་སྟོང ་བ་དང་མཚན་མ་མེད་པ་གཉིས་ཀ་ཡང་འཇིག་པར་བྱེད་དེ། མཚན་མ་དང་བཅས་པའི་ཕྱིར་དང། དེ་ཁོ་ན་མངོན་སུམ་དུ་མི་བྱེད་པའི་ཕྱིར་བྱང་ཆུབ་སེམས་དཔའ་ཨི་གནས་བཞི་པོ་དེ་དག་ཏུ་ཅི་ཡང་རུང་བ་ཞིག་མདུན་དུ་བཞག་ནས་འདི་ནི་རྣམ་པར་རིག་པ་ཙམ་དུ་དོན ་དམ་པའི་ངོ་བོ་ཉིད་ཡིན་ནོ་སྙམ་དུ་སེམས་ན་འདི་ལྟར་དེ་དག་སྟོང་པ་དང། ཡོད་པའི་མཚན་མ་གཉིས་མ་སྤངས་ཤིང་མཚན་མ་དང་བཅས་པས་སེམས་ལ་སོ་སོར་རྟོག་པས་དམིགས་པ་དང་བཅས་པའི་ཕྱིར་རོ། །ཡང་དག་པ་རྣམ་པར་རིག་པ་ཙམ་གྱི་དོན་ལ་གནས ་པ་ལ་མ་ཡིན་གྱི། དེའི་མཚན་མཉེ་བར་ཞི་བར་གྱུར་པ་ན་གདོང་ཡང་དག་པར་གནས་བ་ཞེས་བྱའོ་ཞེས་བསྟན་པ་ཡིན་ཏེ། དེའི་ཕྱིར་ཚིགས་སུ་བཅད་པ་ལས། བྱང་ཆུབ་སེམས་དཔའ་མཉམ་བཞག་པས། །གཟུགས་བརྙན་སེམས་ཙམ ་མཐོང་བས་ན། །དོན་གྱི་འདུ་ཤེས་ལྡོག་གྱུར་ནས། །རང་གི་འདུ་ཤེས་ངེས་པར་གཟུང། །དེ་ལྟར་ནང་དུ་སེམས་གནས་བས། །གཟུང་བ་མེད་པར་རྟོགས་བར་འགྱུར། །དེ་ཡི་འོག་ཏུ་འཛིན་མེད་པས། །དེ་ནས་མི་དམིགས་ལེགས་པར་འགྱུར། ་ཞེས་གསུངས་པ་ཡིན་ནོ་ཞེས་འབྱུང་ངོ། །ཚིགས་སུ་བཅད་པ་འདི་ཉིད་ཀྱི་བཤད་བ་ནི། བསྟན་བཅོས་ཐེག་བ་ཆེན་པོ་བསྡུས་པའི་འགྲེལ་བ་དང། ཆོས་མངོན་པ་སྣ་ཚོགས་ཀུན་ལས་བཏུས་པ་ལས་ཇི་སྐད་དུ་བསྟན་བ་བཞིན་ནོ། །དེ་ལ་མིང་ལ་སོགS ་པ་མེད་བ་ནི་དྲོ་བར་གྱུར་པ་དང། རྩེ་མོའི་གནས་སྐབས་གཉིས་སུ་གཟུང་བ་སྟོང་བ་ཉིད་དུ་མཐོང་བས་སོ། །དེའི་ཕྱིར་གནས་སྐབས་ཀྱི་མཚན་མ་ཡང་དག་བར་རྗེས་སུ་མི་མཐོང་བ་ནི་བཟོད་བ་དང། འཇིག་རྟེན་པའི་ཆོས་ཀྱི་མཆོག་གི་ཚེ་འཛིན་པ་སྟོང་པ་ཉིད། ་མཐོང་བས་སོ། །ཁ་ཅིག་ན་རེ་མོ་དའི་ཚིག་འདི་ནི་ས་ལ་གནས་པ་ཡན་ཆད་ཀྱི་རྣལ་འབྱོར་གྱི་སྒོ་ཡིན་པས་ཞུས་པ་སྔ་མའི་ལན་དུ་གསུངས་པ་ཡིན་ཏེ། འདི་ལྟར་ས་ལ་གནས་པ་ཡན་ཆད་ཀྱི་བྱང་ཆུབ་སེམས་དཔའ་རྣམས་དེ་བཞིན་ཉིད་ཀྱི་རྣལ་འབྱོར ་ལ་ཞུགས་བ་ན་མིང་ལ་སོགས་པ་རང་གི་ངོ་བོ་ཉིད་དང། དེ་དག་གི་གནས་ཀྱི་མཚན་མ་རྣམས་མི་དམིགས་པས་ཡུལ་དང་ཤེས་རབ་རོ་གཅིག་པའི་མཉམ་པ་ཉིད་ཐོབ་ནས་འཛིན་པའི་མཚན་མ་ཡོངས་སུ་སྤོང་བའི་ཕྱིར་རོ་ཞེའོ། །བམ་པོ ་བཞི་བཅུ་ལྔ་པའོ། །བཅོམ་ལྡན་འདས་ཅི་དེ་བཞིན་ཉིད་ཀྱི་དོན་སོ་སོར་ཡང་དག་པར་རིག་པའི་མཚན་མ་གང་ལགས་པ་དེས་དེ་བཞིན་ཉིད་ཀྱི་མཚན་མ་ཡང་རྣམ་པར་སེལ་བར་བགྱིས་ལགས་སམ་ཞེས་བྱ་བ་ནི་གསུམ་པ་བརྟག་པ་སྟེ། འདི ་ལྟར་སྔར་བསྟན་པའི་དེ་བཞིན་ཉིད་ལ་ཡིད་ལ་བགྱིས་བས་དམིགས་པའི་དེ་བཞིན་ཉིད་དེ་ཡང་རྣམ་པར་སེལ་བར་བགྱིས་ལགས་སམ་ཞེས་བྱ་བའི་ཐ་ཚིག་གོ་།རིགས་ཀྱི་བུ་དེ་བཞིན་ཉིད་ཀྱི་སོ་སོར་ཡང་དག་པར་རིག་པ་ལ་ནི་མཚན་མ་ཡང་མེད་ལ་དམིགས་སུ་ཡང་མེད་ན ་ཅི་ཞིག་རྣམ་བར་སེལ་བར་འགྱུར་ཞེས་བྱ་བ་ལ་སོགས་པ་ནི་བཞི་པ་དེ་བཞིན་གཤེགས་བས་རྣམ་པར་བཤད་པ་སྟོན་ཏོ། །འདི་ཡང་རྣམ་པ་གཉིས་ཏེ་ཡང་དག་པར་རྣམ་པར་བཤད་པ་དང། བཟླས་ཏེ་རྣམ་པར་བཤད་པ་སྟེ། འདི་ནི་པོ་སྟེའོ། །མདོའི་ཚིག་འདི་ལ་ཡང ་བཤད་པ་གཉིས་ཡོད་དེ། ཁ་ཅིག་ན་རེ་མདོའི་ཚིག་འདི་ནི་སའི་མདུན་རོལ་བའི་རྣལ་འབྱོར་གྱི་དབང་དུ་མཛད་ནས་གསུངས་པས་ཕྱི་རོལ་པས་བརྒལ་བའི་ལན་དུ་གསུངས་པ་ཡིན་ཏེ་།འདི་ལྟར་དེ་བཞིན་ཉིད་དུ་བསྒོམས་པའི་ཆེ། མཚན་མ་རྣམས་ཅི་ཡང ་མེད་དེ་མཚན་མ་མེད་བའི་ཕྱིར་དམིགས་སུ་ཡང་མེད་པ་ནི་ཅི་གཞི་རྣམ་པར་སེལ་བར་བྱེད་ཅེའོ། །ཁ་ཅིག་ན་རེ་མདོའི་ཚིག་འདི་ནི་ས་ལ་གནས་པ་མན་ཆད་ཀྱི་དབང་དུ་མཛད་ནས་གསུངས་པས་ཕྱི་རོལ་པས་བརྒལ་བའི་ལན་དུ་གསུངས་པ་ཡིན་ཏེ། འདི ་ལྟར་དེ་བཞིན་ཉིད་ཀྱི་རྣལ་འབྱོར་ལ་ཞུགས་པ་ན་གཟུང་བ་དང་འཛིན་པའི་མཚན་མ་ཅི་ཡང་མི་དམིགས་པས་དེའི་ཕྱིར་བསྟན་བཅོས་རྣམ་པར་རིག་བ་ཙམ་དུ་གྲུབ་པའི་ནང་ན་རབ་ཏུ་རྟོགས་པའི་གནས་སྐབས་སུ་ཀྱི་ཚིགས་སུ་བཅད་པ་ལས་།ནམ་ཞིག་དམིགས ་པ་དག་ལ་ནི། །ཤེས་བས་མི་དམིགས་དེ་ཡི་ཚེ། །རྣམ་བར་རིག་པ་ཙམ་ལ་གནས། །འཛིན་གཉིས་མཚན་མ་བྲལ་ཕྱིར་རོ། །ཞེས་བསྟན་པ་ཡིན་ཏེ། འདི་ཉིད་ཀྱི་འགྲེལ་པ་ལས། ནམ་ཞིག་བྱང་ཆུབ་སེམས་དཔའ་དམིགས་པར་བྱ་བའི་ཡུལ་དག་ལ ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་ཅིག་ཆར་ཡང་མི་དམིགས་པ་ན་སྤྲོས་པའི་མཚན་མ་རྣམ་པ་སྣ་ཚོགས་མི་ལེན་པའི་ཕྱིར་རོ་ཞེས་འབྱུང་སྟེ། རྒྱ་ཆེར་དེ་ཉིད་ལས་བསྟན་པ་བཞིན་ནོ། །རིགས་ཀྱི་བུ་ང?་ནི་དེ་བཞིན་ཉིད་ཀྱི་དོན་སོ་སོར་ཡང་དག་པའི་རིག ་པའི་ཚེ། ཆོས་དང་དོན་གྱི་མཚན་མ་ཐམས་ཅད་ཟིལ་གྱིས་གནོན་པར་སྨྲ་སྟེ། སོ་སོར་ཡང་དག་པར་རིག་པ་དེ་མ་ཡིན་པ་གཞན་གྱིས་གནོན་པར་མི་ནུས་པས་སོ་ཞེས་བྱ་བ་ནི་གཉིས་པ་བཟླས་ཏེ་རྣམ་པར་བཤད་པའོ། །དེ་བཞིན་ཉིད ་ཀྱི་མཚན་མ་ནི་གཞན་གྱིས་སྩལ་པར་ནུས་པ་མ་ཡིན་ཏེ། དེ་ནི་འདི་སྐད་དུ་མཚན་མ་གཞན་ཐམས་ཅད་ནི་མཚན་མ་དང་བཅས་པའི་ཕྱིར་དེ་བཞིན་ཉིད་ཀྱིས་རྣམ་པར་སོལ་བར་འགྱུར་ལ་དེ་བཞིན་ཉིད་མངོན་དུ་འགྱུར་བའི་ཚེ། དེ་བཞིན་ཉིད་མངོན་དུ་གྱུར་པ་དེ ་ལ་མཚན་མ་ཅི་ཡང་མེད་པས་ཆོས་གཞན་གྱིས་དེ་བཞིན་ཉིད་འདི་ཡོངས་སུ་བསལ་བར་བྱར་རུང་བ་ཡང་མ་ཡིན་ནོ་ཞེས་བསྟན་པར་འགྱུར་རོ། །འདི་ནི་དོན་ཚད་མེད་པའི་མོད་ལས་དེ་ཁོ་ན་ཉིད་ཀྱི་མཚན་ཉིད་ཅེས་གང་བསྟན་པ་དེ་ནི་མཚན་མ་མེད་པ་ལ ་མཚན་མར་མི་བྱེད་པ་མཚན་མ་མེད་པ་ཞེས་གསུངས་པ་ཉིད་དེ་།དེ་ལ་མཚན་མ་མེད་པ་ལ་མཚན་མར་མི་བྱེད་པ་ཞེས་བྱ་བ་ནི་མཚན་མ་མེད་བས་རྣམ་པར་མི་སེལ་བའོ། །མཚོན་མར་མི་བྱེད་པ་མཚན་མ་མེད་པ་ཞེས་བྱ་བ་ནི་མཚན་མ་མེད ་པ་ཉིད་ཡོངས་སུ་བསལ་བར་མི་བྱེད་པའོ། །བཅོམ་ལྡན་འདས་ཀྱིས་ཇི་སྐད་དུ་ཆབ་རྙོག་མ་ཅན་མཆིས་པའི་སྣོད་ཀྱི་དཔེ་དང། མེ་ལོང་ཡོངས་སུ་མ་དག་པའི་དཔེ་དང། མཚེའུ་འཁྲུགས་པའི་དཔེས་གཞན་གྱི་གཟུགས་བརྙན་གྱི་མཚན་མ་བརྟག ་པར་མི་ནུས་ལ་དེ་ལས་བཟློག་པས་ནི་ནུས་པ་ཞེས་བྱ་བ་འདི་མན་ཆད་ནི་གཉིས་པ་ཞུས་པ་དང། ལན་དག་གིས་སོ་སོར་བརྟག་པར་ནུས་པ་དང། མི་ནུས་པ་རྣམ་པར་འབྱེད་པ་ཞེས་སྟོན་ཏོ། །འདི་ཡང་རྣམ་པ་གཉིས་ཏེ། ཞུ་བ་གསོལ་བ་དང ་ལན་དུ་གསུངས་པའོ། །ཞུ་བ་གསོལ་བ་ཡང་རྣམ་པ་གཉིས་ཏེ། གནས་ཀྱི་བརྟག་པ་སྨོས་པ་དང། བསྟན་པ་བཞིན་དུ་ཞུ་བ་གསོལ་བ་ཉིད་དོ། །དང་པོ་ཡང་རྣམ་པ་གཉིས་ཏེ། དཔེས་བསྟན་པ་དང། དཔེ་དང་དོན་སྦྱར་བ་སྟེ་།འདི་ནི ་བསྟན་པའོ། །མདོའི་ཚིག་འདི་ཡང་རྣམ་པ་གཉིས་ཏེ། སོ་སོར་བརྟག་པར་ནུས་པའི་དཔེ་དང། སོ་སོར་བརྟག་པར་མི་ནུས་པའི་དཔེའོ། །འདི་ལྟར་བཅོམ་ལྡན་འདས་ཀྱིས་ཆུ་རྙོག་མའི་སྣོད་ཀྱི་དཔེ་དང། མེ་ལོང་ཡོངས་སུ་མ་དག་བའི་དཔེ་དང། མཚེའུ་འཁྲུགས་ ་པའི་དཔེ་རྣམ་པ་གསུམ་པོ་དེ་དག་གིས་རང་བཞིན་གྱི་གཟུགས་བརྙན་གྱི་མཚོན་མ་སོ་སོར་བརྟག་པར་མི་ནུས་པར་གསུངས་པའི་ཕྱིར་རོ། །དགོངས་བ་ཟབ་མོ་རྣམ་པར་དགྲོལ་བའི་མདོ་ལས་ནི། སྟེང?་ཡོངས་སུ་མ་དག་པ་དང་།མེ་ལོང་ཡོངས་སུ་མ་དག་པ་དང། ཚུལ? ་སོགས་བ་རྙོག་པ་དག་གིས་བཞིན་གྱི་གཟུགས་བརྙན་མི་མཐོང་དོ་ཞེས་འབྱུང་ངོ། །ཆུ་ལོངས་སུ་དང་བའི་སྣོད་ཀྱི་དཔེ་དང། མེ་ལོང་ཡོངས་སུ་དག་པའི་བཞིན་གྱི་དཔེ་དང། མཚེའུ་ཡོངས་སུ་དང་བའི་དཔེ་རྣམ་པ་གསུམ་པོ་དེ་དག་ནི་གོ་རིམ་བཞིན་དུ་ཤེས་རབ་རྣམ་པ ་གསུམ་གྱི་དཔེར་བསྟན་པ་ཡིན་ཏེ། ཆུ་ཡོངས་སུ་དང་བའི་སྣོད་ཀྱིས་ཀྱང་གཟུགས་བརྙན་སྟོན་པར་ནུས་མོད་ཀྱི། འོན་ཀྱང་མེ་ལོང་ཙམ་དུ་མི་བོད་པའི་ཕྱིར། ཐོས་པའི་ཤེས་རབ་ཀྱི་དཔེར་བསྟན་ཏོ། །ཡོངས་སུ་དག་པའི་མེ་ལོང་གསལ་བ་ཡིན་མདོ་ཀྱི། དང་བའི ་ངོ་བོ་ཉིད་མེད་པའི་ཕྱིར་བསེམས་པའི་ཤེས་རབ་ཀྱི་དཔེར་བསྟན་ཏོ། །ཆུའི་རང་བཞིན་ནི་དུལ་ཞིང་མཉེན་ལ་ཡོངས་སུ་དང་བ་དང། ཡོངས་སུ་དག་བའི་ངོ་བོ་ཉིད་དང་ལྡན་པའི་ཕྱིར་བསྒོམས་པའི་ཤེས་རབ་ཀྱི་དཔེར་བསྟན་ཏེ། །ཡང་ན་གསུམ་ཆར་ཡང་ཤེས་རབ ་རྣམ་པ་གསུམ་གྱི་དཔེར་བསྟན་པ་ཡིན་ནོ། །དེ་བཞིན་དུ་ལེགས་པར་མ་བསྒོམས་པའི་སེམས་ཀྱིས་ཡང་དག་པ་ཇི་ལྟ་བ་བཞིན་དུ་དེ་བཞིན་ཇི་སྙེད་ཡོད་པ་སོ་སོར་བརྟག་པར་མི་ནུས་ཀྱི། ལེགས་པར་བསྒོམས་པ་གང་ཡིན་བ་དེས་ནི་ནུས་སོ། །ཞེས་བསྐལ?་སྩལ་པ་གང ་ལགས་པ་ཞེས་བྱ་བ་ནི་གཉིས་པ་དཔེ་དང་དོན་དུ་སྦྱར་བ་སྟེ། གོ་རིམ་བཞིན་དུ་ཤེས་རབ་རྣམ་པ་གསུམ་མཐོབ་པའི་ཚེ། ལེགས་པར་སོགས་མ་བསྒོམས་ན་ཡང་དག་པ་ཇི་ལྟ་བ་བཞིན་དུ་དེ་བཞིན་ཉིད་ཀྱི་མཚན་ཉིད་སོ་སོར་བརྟག་པར་མི་ནུས་པས་ཆུ་རྙོག་པ་ལ ་སོགས་པ་བཞིན་དུ་རང་གི་བཞིན་མཐོང་བར་མི་འགྱུར་ལ་ལེགས་པར་སེམས་བསྒོམས་པ་གང་ཡིན་པ་ངེས་ནི་སོ་སོར་བརྟག་པར་ནུས་པས་ཆུ་ཡོངས་སུ་དང་བ་ལ་སོགས་པས་རབ་རི་བཞིན་མཐོང་བར་འགྱུར་བ་བཞིན་ནོ། །དེ་ལ་ཇི་ལྟ་བུ་ཞིག ་ལ་སོ་སོར་བརྟག་པའི་སེམས་ལེགས་བར་གསུངས་ཤིང་དེ་བཞིན་ཉིད་ནི་གང་ལས་དགོངས་ཏེ་དེ་སྐད་བཀའ་སྩལ་ལགས་ཞེས་ཞེས་བྱ་བ་ནི་གཉིས་བ་བསྟན་པ་བཞིན་དུ་ཞུ་བ་གསོལ་བ་ཉིད་དོ། །ཞུ་བ་གསོལ་བའི་དགོངས་པ་ཡང་རྣམ་པ་གཉིས་ཏེ་།དང་པོ་ནི་སོ ་སོར་བརྟག་པའི་སེམས་ཞུས་བ་སྟེ། སོ་སོར་བརྟག་པའི་སེམས་གང་ལས་དགོངས་ཏེ། དེ་སྐད་དུ་གསུངས་ཞེས་བྱ་བའི་ཐ་ཚིག་གོ་།གཉིས་པ་ནི་སོ་སོར་བརྟག་པར་བྱ་བ་ཡུལ་ཞུས་པ་སྟེ། དེ་བཞིན་ཉིད་གང་ལས་དགོངས་ཏེ་དེ་སྐད་དུ་བཀའ་སྩལ་ཞེས་བྱ་བའི ་ཐ་ཚིག་གོ་།རིགས་ཀྱི་བུ་འདིར་ནི་སོ་སོར་བརྟག་པའི་སེམས་རྣམ་པ་གསུམ་བསྟན་པ་ཡིན་ཏེ། འདི་ལྟར་ཐོས་པ་ལས་བྱུང་བའི་སོ་སོར་བརྟག་པའི་སེམས་དང། བསམས་བ་ལས་བྱུང་བའི་སོ་སོར་བརྟག་པའི་སེམས་དང། བསྒོམས་པ་ལས་བྱུང་བའི་སོ་སོར ་བརྟག་པའི་སེམས་སོ། །རྣམ་བར་རིག་བའི་དེ་བཞིན་ཉིད་ལག་དགོངས་གཏེ། དེ་སྐད་བསྟན་པ་ཡིན་ན་ནི་ཞེས་བྱ་བ་ནི་གཉིས་པ་དེ་བཞིན་གཤེགས་བས་ཡང་དག་པར་ལན་དུ་གསུངས་པའོ། །མདོའི་ཚིག་འདི་ཡང་རྣམ་པ་གཉིས་ཏེ། དང་པོ་ནི་སོ་སོར ་བརྟག་པའི་ལན་བསྟན་ཏེ། ཤེས་རབ་རྣམ་པ་གསུམ་གྱི་སེམས་ཉིད་དོ། །དེའི་ཕྱིར་དགོངས་པ་ཟབ་མོ་རྣམ་པར་དགྲོལ་བའི་མདོ་ལས། སེམས་ཀྱི་སོ་སོར་བརྟག་པ་རྣམ་པ་གསུམ་ཞེས་གསུངས་པ་ཡིན་ནོ། །གཉིས་པ་ནི་སོ་སོར་བརྟག་པར་བྱ་བའི་ལམ ་བསྟན་པ་ཡིན་ཏེ། དེ་བཞིན་ཉིད་རྣམ་པ་བདུན་ལས་རྣམ་པར་རིག་པའི་དེ་བཞིན་ཉིད་དོ། །དེ་བཞིན་ཉིད་དེ་ཡང་རྣམ་བ་གཉིས་ཏེ། དང་པོ་ནི་འདུ་བྱེད་ཐམས་ཅད་རྣམ་བར་རིག་པ་ཙམ་གྱི་ངོ་བོ་ཉིད་ཡིན་པའི་ཕྱིར་དེ་བཞིན་ཉིད་ཅེས་བྱ་སྟེ། འདི་ནི ་ཀུན་རྫོབ་ཏུ་རྣམ་པར་རིག་བ་ཙམ་དུ་བསྒོམ་པའོ། །གཉིས་པ་ནི་རྣམ་པར་རིག་པ་ཙམ་གྱིས་ངོ་བོ་ཉིད་ལ་རྣམ་པར་རིག་པའི་ངོ་བོ་ཉིད་ཅེས་བྱ་སྟེ། འདི་ནི་དོན་དམ་བར་རྣམ་པར་རིག་པ་ཙམ་དུ་སྒོམ་པའོ། །དེ་ཡང་སའི་མདུན་རོལ་པ་གར་ཡིན་པ་དེ་དག་མི་རྣམ་པར་རིག་པ་? ་གྱི་མཚན་མ་ལ་སོ་སོར་རྟོག་པར་བྱེད་དོ། །ས་དང་པོ་ཡན་ཆད་ཀྱིས་ནི་རྣམ་པར་རིག་པ་ཙམ་གྱི་ངོ་བོ་ཉིད་ལ་སོ་སོར་རྟོག་པར་བྱེད་དེ་།འདི་ནི་རྣལ་འབྱོར་བ་གཉི་ཀ་སྦྱིར་བསྟན་པ་ཡིན་ནོ། །བཅོམ་ལྡན་འདས་དེ་ལྟར་ཆོས་དང་དོན་སོ་སོར་ཡང་དག་པར་རིག་པའི་བྱང་ཆུབ ་སེམས་དཔའ་མཚན་མ་རྣམས་རྣམ་པར་སེལ་བ་ལ་སྦྱོར་བར་བརྩོན་པས་མཚན་མ་དུ་ཞིག་རྣམ་པར་བསལ་དཀའ་ལགས། གང་གིས་ནི་རྣམ་པར་སེལ་བར་བགྱིད་ལགས་ཞེས་བྱ་བ་འདི་མན་ཆད་ནི་གསུམ་པ་ཞུས་བ་དང། ལན་དག་གིས་མཚན་མ་བསལ་བར་དཀའ་ ་བ་རྣམས་རྣམ་པར་འབྱེད་པ་ཞེས་བྱ་བ་སྟོན་ཏོ། །འདི་ཡང་རྣམ་པ་གསུམ་དུ་དབྱེ་སྟེ་ཞུས་པ་དང། ལན་དག་གིས་མཚན་མ་བསལ་བར་དཀའ་བ་ལ་སོགས་པ་རྣམ་པར་འབྱེད་བ་དང། བཅོམ་ལྡན་འདས་མཚན་མ་རྣམ་པ་བཅུ་རྣམ་བར་སེལ་བར་བགྱིད་བ་ནི་ཞེས ་བྱ་བ་མན་ཆད་ཞུས་པ་དང་ལན་དག་གིས་མཚན་མ་ཡོངས་སུ་བསལ་བའི་རྣམ་པར་གྲོལ་བ་རྣམ་པར་འབྱེད་པ་དང། དེ་ནས་བྱང་ཆུབ་སེམས་དཔའ་བྱམས་པ་ཞེས་བྱ་བ་མན་ཆད་ཞུས་བ་དང། ལན་དག་གིས་སྟོང་པ་ཉིད་ཀྱི་མཚན་ཉིད་བསྡུས་པ་རྣམ་པར ་འབྱེད་པའོ། །དེ་ལ་དང་བོར་མཚན་མ་བསལ་བ་དཀའ་བ་རྣམ་བར་འགྱེད་པ་ཡང་ཞུ་བ་གསོལ་བ་དང་ལན་དུ་གསུངས་པས་བསྟན་ཏེ། འདི་ནི་དང་པོ་མཚན་མ་ཡོངས་སུ་གསལ་བར་དཀའ་བའི་གྲངས་དང་རྣམ་པར་སེལ་བར་བྱེད་པའི་སྟོང་པ་ཉིད་ཞུས་བའོ། །ཇིགས ་ཀྱི་བུ་མཚན་མ་ནི་རྣམ་བ་བཅུ་ཡིན་དེ། སྟོང་པ་ཉིད་ཀྱི་རྣམ་པར་སེལ་ཏོ་ཞེས་བྱ་བ་འདི་མས་ཆད་ནི་གཉིས་བ་དེ་བཞིན་གཤེགས་པས་ཡང་དག་པར་ལན་དུ་གསུངས་པ་ནི། །དེ་ཡང་རྣམ་པ་གསུམ་དུ་དབྱེ་སྟེ། གྲངས་སྨོས་ནས་ལན་མདོར་གསུང་པ་དང། བརྟག ་པ་དང། དེ་བཞིན་གཤེགས་པས་རྒྱ་ཆེར་རྣམ་པར་བཤད་པ་སྟེ་འདི་ནི་དང་པོའོ། །དེ་ལ་མཚན་མ་ནི་རྣམ་པར་?་ཞེས་བྱ་བ་ནི་ཞུས་པ་དང་པོའི་ལན་གསུངས་བ་སྟེ། འདི་ལྟར་མཚན་མ་ཡོངས་སུ་བསལ་བར་དཀའ་བ་ནི་མདོར་བསྡུ ་ན་རྣམ་པ་བཅུ་ཡོད་པས་སོ། །མཚན་མ་རྣམ་པ་བཅུ་བ་དེ་དག་ཀྱང་སྟོང་པ་ཉིད་དུ་བསྒོམས་པས་རྣམ་པར་སེལ་བར་འགྱུར་གྱི། ཇི་ལྟར་དངོས་པོ་དག་ལ་མི་གཙང་བ་ཉིད་དུ་སྒོམ་པ་ལ་སོགས་པ་ལྟ་བུ་ནི་མ་ཡིན་ནོ། །སྟོང་པ་ཉིད་བསྒོམས་པས་ཡོངས་སུ ་གཙང་བ་ལ་སོགས་པ་རྣམ་པར་སེལ་བ་མ་ཡིན་མོད་ཀྱི། དེ་ལས་བར་ཏུ་དབྱེ་བའི་ཕྱིར་རྣམ་པར་བསལ་དཀའ་བའོ། ཞེས་བྱ་བ་གསུངས་སོ། །འོག་ནས་མདོ་ལས་གསུངས་པ་དང་སྦྱར་ན་མཚན་མ་རྣམ་པ་བཅུ་དྲུག་ཡོད་ན། ཅིའི་ཕྱིར་མཚན་མ་རྣམ་པ ་བཅུ་ཁོ་ན་གསུངས་ཤེ་ན། སྨྲས་པ། ཡང་དག་བའི་དོན་དུ་ན་རབ་ཏུ་དབྱེ་བའི་མཚན་མ་རྣམ་པ་བཅུ་དྲུག་ཡོད་ཀྱང་སོ་སོར་ཡང་དག་པར་རིག་པའི་དོན་རྣམ་པ་བཅུ་ཡོད་པའི་ཕྱིར། མདོར་བསྡུས་ནས་མཚན་མ་རྣམ་པ་བཅུ་བསྟན་པ་ཡིན་ནོ། །སྟོང་པ་ཉིད་ཀྱིས ་རྣམ་པར་སེལ་ཏོ་ཞེས་བྱ་བ་ནི་ཞུས་པ་གཉིས་པའི་ལན་དུ་གསུངས་པ་སྟེ། སྟོང་པ་ཉིད་རྣམ་པ་བཅུ་བདུན་གྱིས་རྣམ་པར་སེལ་ཏོ་ཞེས་བྱ་བའི་ཐ་ཚིག་གོ་།དགོངས་པ་ཟབ་མོ་རྣམ་པར་དགྲོལ་བའི་མདོ་ལས་ནི་སྟོང་པ་ཉིད་བཅོ་བརྒྱད་འབྱུང་སྟེ་མཚན་མ ་བརྒྱད་པ་ལ་སྟོང་བ་ཉིད་ལྔ་ཡོད་པའི་ཕྱིར་རོ། །བཅུ་གང་ཞེ་ན་ཞེས་བྱ་བ་ནི་གཉིས་པ་བརྟག་པའོ། །ཆོས་དང་དོན་སོ་སོར་ཡང་དག་པར་རིག་པའི་ཕྱིར་ཚིག་འབྲུ་དང་ཡི་གེ་སྣ་ཚོགས་ཡོད་པ་གང་ཡིན་པའོ་ཞེས་བྱ་བ་ལ་སོགས་པས་ནི་གསུམ་པ་དེ་བཞིན་གཤེགས ་པས་རྒྱ་ཆེར་རྣམ་པར་བཤད་པ་སྟོན་ཏོ། འདི་ཡང་མཚན་མ་རྣམ་པ་བཅུ་པོ་དག་སྟོང་པ་ཉིད་ཀྱིས་མཚམས་རྣམ་པ་བཅུ་རྣམ་པར་སེལ་བ་བསྟེན་པ་ཉིད་ཀྱིས་རྣམ་པ་བཅུར་དབྱེ་སྟེ་དེ་ནི་དང་པོའོ། །དང་པོ་ཡང་རྣམ་པ་གཉིས་ཏེ། ཡོངས་སུ་བར་ལ་བར་བྱ་བའི ་མཚན་མ་སྨོས་པ་དང། ཡོངས་སུ་སེལ་བར་བྱེད་པའི་སྟོང་པ་ཉིད་བསྟན་པ་སྟེ། འདི་ནི་དང་པོའོ། །དེ་ལ་ཆོས་དང་དོན་ཞེས་བྱ་བ་ལ་ཆོས་ནི་བསྟན་པའི་ཆོས་སོ། །དོན་ནི་ཡུལ་གྱིས་དོན་ཏོ། །ཆོས་ཉིད་དོན་ཡིན་པའི་ཕྱིར་འདི་ནི་ལས་ཡོངས་སུ་འཇིག་པའི ་རྣམ་པར་བཤད་པའོ། །ཚིག་འབྲུ་དང་ཡི་གེ་ཞེས་བྱ་བའི་མིང་དང་ཡི་གེའི་ཚོགས་ཀྱང་སྤྱིར་ཚིག་འབྲུ་དང་ཡི་གེ་ཞེས་བྱ་སྟེ། དེའི་ཕྱིར་བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་དེ་ལ་མདོ་སྡེའི་ལུས་ནི་མདོར་བསྡུ་ན་རྣམ་པ་གཉིས་ཏེ། ཚིག་འབྲུ་དང་དོན ་ཏོ། །དེ་ལ་ཚིག་འབྲུ་ནི་གནས་ཡིན་ལ་དོན་ནི་དེ་ལ་གནས་པ་ཡིན་པར་རིག་པར་བྱའོ། །དེ་ལ་ཚིག་འབྲུ་གང་ཞེ་ན། འདི་ལྟ་སྟེ། མིང་གི་ཚོགས་དང་ཚིག་གི་ཚོགས་དང། ཡི་གེའི་ཚོགས་སོ་ཞེས་འབྱུང་བས་དེའི་ཕྱིར་ཚིག་འབྲུ་ནི་མིང་དང། ཚིག་དང ་ཡི་གེ་ལ་བྱ་བར་མངོན་ནོ། །དེ་ནི་འདི་སྐད་དུ་།འདི་ལྟར་བྱང་ཆུབ་སེམས་དཔའ་རྣམས་ཐོག་མ་ཁོ་ནར་རྣལ་འབྱོར་བསྒོམ་པའི་ཆོ?། གསུང་རབ་ཡན་ལག་བཅུ་གཉིས་པོ་དག་ཡུལ་གྱི་དོན་དུ་སོ་སོར་ཡང་དག་པར་རིག་པར་བྱ་བའི་ཕྱིར། ཚིག་འབྲུ ་དང་ཡི་གེའ་ཆོགས་མཚན་མ་སྣ་ཚོགས་སྣང་བར་གྱུར་ཏོ་།ཞེས་བསྟན་པར་འགྱུར་རོ། །དེ་ནི་ཆོས་ཐམས་ཅད་སྟོང་པ་ཉིད་ཀྱིས་ཡང་དག་པར་རྣམ་པར་སེལ་ཏོ་ཞེས་བྱ་བ་ནི་གཉིས་པ་ཡོངས་སུ་སེལ་བར་བྱེད་པའི་སྟོང་བ་ཉིད་བསྟན་པའོ་།སྟོང ་བ་ཉིད་དེ་དག་ཀྱང་སོ་སོ་ནས་བཤད་པ་མི་མཐུན་ཏེ། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མདོ་དུམ་བུ་དང་པོ་ལས་ནི་སྟོང་པ་ཉིད་རྣམ་པ་ཉི་ཤུའི་དོན་སྟོན་པར་མཛད་དེ། དེའི་ཕྱིར་མདོ་དེ་ཉིད་ལས། གཞན་ཡང་རབ་འབྱོར་བྱང་ཆུབ་སེམས་དཔའ་ ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཐེག་པ་ཆེན་པོའི་མཚན་ཉིད་ནི་འདི་ལྟ་སྟེ། ནང་སྟོང་པ་ཉིད་དང། ཕྱི་སྟོང་པ་ཉིད་དང། ཕྱི་ནང་སྟོང་པ་ཉིད་དང། སྟོང་པ་ཉིད་སྟོང་པ་ཉིད་དང། ཆེན་པོ་སྟོང་པ་ཉིད་དང་?། དོན་དམ་པ་སྟོང་པ་དང། འདུས་བྱས ་སྟོང་པ་ཉིད་དང། འདུས་མ་བྱས་སྟོང་པ་ཉིད་དང། མཛའ་ལས་འདས་པ་སྟོང་པ་ཉིད་དང། ཐོག?་མ་དང་ཐ་མ་མེད་པ་སྟོང་པ་ཉིད་དང། དོར་བ་མེད་པ་སྟོང་པ་ཉིད་དང། རྣམ་པར་འགྱུར་བ་མེད་པ་སྟོང་པ་ཉིད་དང། རང ་བཞིན་སྟོང་པ་ཉིད་དང། རང་གི་མཚན་ཉིད་དང་སྤྱིའི་མཚན་ཉིད་སྟོང་པ་ཉིད་དང། ཆོས་ཐམས་ཅད་སྟོང་པ་ཉིད་དང། མི་དམིགས་པ་སྟོང་པ་ཉིད་དང། དངོས་པོ་མེད་པ་སྟོང་པ་ཉིད་དང། ངོ་བོ་ཉིད་སྟོང་པ་ཉིད་དང། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ ་ཉིད་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཐེག་པ་ཆེན་པོའི་མཚན་ཉིད་ཅེས་བྱའོ། །རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ནང་སྟོང་པ་ཉིད་གང་ལགས། བཅོམ་ལྡན ་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ནང་ཞིན་དེ་གི་ཚོས་ནང་གི་སྐྱེ་མཆེད་དྲུག་པོ་དག་ཉིད་དེ་དེ་ལ་མིག་ནི་མིག་གིས་སྟོང་ངོ། །དེ་ཅིའི་ཕྱིར་ཞེ་ན། རྟག་པ་ཡང་མ་ཡིན་འཇིག་པ་ཡང་མ་ཡིན་ཏེ། རང་བཞིན་གྱིས་དེ་ལྟ་ཡིན་པའི་ཕྱིར་རོ། །རྣ་བ་ལ ་སོགས་པ་ཡང་དེ་བཞིན་ནོ། །ཕྱི་ནི་ཕྱི་རོལ་གྱི་ཆོས་ཕྱི་རོལ་གྱི་སྐྱེ་མཆེད་དྲུག་པོ་རྣམས་ཏེ་གོང་མ་བཞིན་དུ་རིག་པར་བྱའོ། །ཕྱི་ནང་ཞེས་བྱ་བ་ནི་ཕྱི་ནང་གི་ཆོས་སྐྱེ་མཆེད་བཅུ་གཉིས་པོ་དག་སྟེ། དེ་ལ་ནང་གི་སྐྱེ་མཆེད་དྲུག་ནི་ཕྱི་རོལ་གྱི་སྐྱེ་མཆེད་དྲུག་གིས ་སྟོང་ངོ། །དེ་ཅིའི་ཕྱིར་ཞེ་ན་།རྟག་པ་ཡང་མ་ཡིན་འཇིག་པ་ཡང་མ་ཡིན་ཏེ་རང་བཞིན་གྱིས་དེ་ལྟ་ཡིན་པའི་ཕྱིར་རོ། །སྟོང་པ་ཉིད་སྟོང་པ་ཉིད་གང་ཞེ་ན། འདི་ལྟ་སྟེ། ཆོས་ཐམས་ཅད་སྟོང་པ་ཉིད་གང་ཡིན་པ་སྟེ། སྟོང་པ་ཉིད་འདི་ནི་སྟོང་པ་ཉིད་ཀྱིས ་སྟོང་ངོ། །དེ་ཅིའི་ཕྱིར་ཞེ་ན། རྟག་པ་ཡང་མ་ཡིན་འཇིག་པ་ཡང་མ་ཡིན་ཏེ་རང་བཞིན་གྱིས་དེ་ལྟ་ཡིན་པའི་ཕྱིར་རོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཆེན་པོ་སྟོང་པ་ཉིད་ནི་འདི་ལྟ་སྟེ། ཕྱོགས་བཅུ་སྟོང་པ་ཉིད་གང་ཡིན་པའོ། །བཅོམ་ལྡན ་འདས་ཀྱིས་བཀའ་སྩལ་བ། དོན་དམ་པ་སྟོང་པ་ཉིད་ནི་འདི་ལྟ་སྟེ། མྱ་ངན་ལས་འདས་པ་ཉིད་དེ་དོན་དམ་པ་འདི་ནི་དོན་དམ་པ་སྟོང་པ་ཉིད་ཀྱིས་སྟོང་ངོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདུས་བྱས་སྟོང་པ་ཉིད་ནི་འདི་ལྟ་སྟེ། ཁམས་གསུམ་པོ་དག་གང ་ཡིན་པའོ། །དེ་ལ་འདོད་པའི་ཁམས་ནི་འདོད་པའི་ཁམས་ཀྱིས་སྟོང་སྟེ། གཟུགས་དང་གཟུགས་མེད་པ་ཡང་དེ་བཞིན་ནོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འདུས་མ་བྱས་སྟོང་པ་ཉིད་ནི་འདི་ལྟ་སྟེ། སྐྱེ་བ་མེད་པ་དང། གནས་པ་མེད་པ་དང། འགྱུར་བ་མེད ་པ་དང། འགག་པ་མེད་པ་གང་ཡིན་པའོ། །འདུས་མ་བྱས་འདི་ནི་འདུས་མ་བྱས་ཀྱིས་སྟོང་ངོ། །མཛའ་ལས་འདས་པ་སྟོང་པ་ཉིད་ནི་འདི་ལྟ་སྟེ། སྟོང་པ་ཉིད་རྣམས་མཐར་དམིགས་སུ་མེད་པ་གང་ཡིན་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཐོག་མ་དང་ཐ ་མ་མེད་བ་སྟོང་པ་ཉིད་ནི་འདི་ལྟ་སྟེ། ཐོག་མ་དང་ཐ་མ་མི་དམིགས་ཤིང་འགྲོ་བ་དང་འོང་བའི་མཛའ་མི་དམིགས་པ་གང་ཡིན་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དོར་བ་མེད་བ་སྟོང་པ་ཉིད་ནི་འདི་ལྟ་སྟེ། དོར་ཞིང་བསལ་བ་དག་དམིགས་བ་གང་ཡིན་པའོ། ། ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྣམ་པར་འགྱུར་བ་མེད་པ་སྟོང་པ་ཉིད་ནི་འདི་ལྟ་སྟེ། དོར་ཞིང་བསལ་བ་མེད་པས་ཡོངས་སུ་སྤང་བར་བྱ་བ་མེད་པ་དག་དམིགས་པ་གང་ཡིན་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རང་བཞིན་གྱིས་སྟོང་པ་ཉིད་ནི་འདི ་ལྟ་སྟེ། ཆོས་ཐམས་ཅད་ནི་རང་བཞིན་གྱིས་འདུས་མ་བྱས་ཀྱི་ཆོས་ཀྱི་ངོ་བོ་ཉིད་དམ་འདུས་མ་བྱས་ཀྱི་ཆོས་ཀྱི་ངོ་བོ་ཉིད་གང་ཡིན་པ་དེ་དག་ནི་ཐེག་པ་གསུམ་པོ་དག་གིས་བྱས་པ་མ་ཡིན་གཞན་གྱིས་ཀྱང་བྱས་པ་མ་ཡིན་པ་གང་ཡིན་པའོ། །བཅོམ་ལྡན་འདས་ཀྱིས ་བཀའ་སྩལ་པ། རང་གི་མཚན་ཉིད་ནི་འདི་ལྟ་སྟེ། ཆོས་ཐམས་ཅད་ཀྱི་རང་གི་མཚན་ཉིད་རྣམ་པར་འགྱུར་ཞིང་ཐོགས་པ་དང་བཅས་པ་ནི་གཟུགས་ཀྱི་རང་གི་མཚན་ཉིད་དོ། །མྱོང་བ་ནི་ཚོར་བའི་རང་གི་མཚན་ཉིད་དོ། །མཚན་མར་འཛིན་པ་ནི་འདུ་ཤེས་ཀྱི ་རང་གི་མཚན་ཉིད་དོ། །མངོན་པར་འདུ་བྱེད་པ་ནི་འདུ་བྱེད་ཀྱི་རང་གི་མཚན་ཉིད་དོ། །རྣམ་པར་རིག་པ་ནི་རྣམ་པར་ཤེས་པའི་རང་གི་མཚན་ཉིད་དེ་ཞེས་བྱ་བ་ལ་སོགས་པ་ལྟ་བུ་སྟེ། འདུས་བྱས་ཀྱི་རང་གི་མཚན་ཉིད་དམ?། འདུས ་མ་བྱས་ཀྱི་རང་གི་མཚན་ཉིད་གང་ཡིན་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྤྱིའི་མཚན་ཉིད་ནི་འདི་ལྟ་སྟེ། ཆོས་ཐམས་ཅད་ཀྱི་སྤྱིའི་མཚན་ཉིད་དེ། དཔེར་ན་སྡུག་བསྔལ་ནི་ཟག་པ་དང་བཅས་པའི་ཆོས་ཀྱི་སྤྱིའི་མཚན་ཉིད་དོ། །བདག་མེད ་པ་ནི་ཆོས་ཐམས་ཅད་ཀྱི་སྤྱིའི་མཚན་ཉིད་དོ་ཞེས་བྱ་བ་དང། དེ་ལྟ་བུ་ལ་སོགས་པ་སྤྱིའི་མཚན་ཉིད་དཔག་ཏུ་མེད་པ་གང་ཡིན་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཆོས་ཐམས་ཅད་ནི་འདི་ལྟ་སྟེ། ཕུང་པོ་ལྔ་དང། སྐྱེ་མཆེད ་བཅུ་གཉིས་དང། ཁམས་བཅོ་བརྒྱད་དེ་གཟུགས་ཅན་དང། གཟུགས་ཅན་མ་ཡིན་པ་དང། བསྟན་དུ་ཡོད་པ་དང། བསྟན་དུ་མེད་པ་དང། ཐོགས་པ་དང་བཅས་པ་དང། ཐོགས་པ་མེད་པ་དང། ཟག་པ་དང་བཅས་པ་དང། ཟག་པ་མེད་པ་དང། ་འདུས་བྱས་དང། འདུས་མ་བྱས་གང་ཡིན་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མི་དམིགས་པ་ནི་འདི་ལྟར་ཆོས་ཐམས་ཅད་མི་དམིགས་པ། འདི་ལྟ་སྟེ། དུས་གསུམ་མི་དམིགས་པས་འདས་པ་ལ་དུས་གཉིས་མེད་པས་མི་དམིགས་པ་དང། ་མ་འོངས་པ་ལ་དུས་གཉིས་མེད་བས་མི་དམིགས་པ་དང། ད་ལྟར་ལ་དུས་གཉིས་མེད་པས་མི་དམིགས་པ་གང་ཡིན་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དངོས་པོ་མེད་བ་སྟོང་པ་ཉིད་ནི་འདི་ལ་དངོས་པོ་ཅུང་ཟད་ཙམ་ཡང་མི་དམིགས་བ་གང ་ཡིན་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ངོ་བོ་ཉིད་སྟོང་པ་ཉིད་འདི་ལྟ་སྟེ། ཆོས་རྣམས་ཀྱི་འདུས་བའི་ངོ་བོ་ཉིད་མི་དམིགས་པ་གང་ཡིན་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དངོས་པོ་མེད་པའི་ངོ་བོ་ཉིད་ནི་འདི་ལྟ་སྟེ། ཆོས ་རྣམས་ལ་འདུས་བར་བྱེད་པའི་ངོ་བོ་ཉིད་དང། འདུས་པར་བྱ་བའི་ངོ་བོ་ཉིད་དང་བཅས་པ་མེད་པ་གང་ཡིན་པའོ་ཞེས་གསུངས་ཏེ། དེ་ལ་དངོས་པོ་མེད་པའི་ཞེས་བྱ་བ་ནི་དངོས་པོ་རྣམས་ཀྱི་བདག་ཉིད་མེད་པ་གང་ཡིན་པའོ། །ངོ་བོ་ཉིད་ཅེས་བྱ་བ་ནི་གཉིས་?་བསྡུས་ཏེ་བསྟན ་པའོ། །གཞན་ཡང་སྟོང་པ་ཉིད་ནི་རྣམ་པ་བཞི་པོ་འདི་ལྟ་སྟེ་།དངོས་པོ་ཡོད་པ་དང། དངོས་པོ་མེད་པ་དང། རང་གི་ངོ་བོ་ཉིད་དང། གཞན་གྱི་ངོ་བོ་ཉིད་དེ། །དེ་ལ་དངོས་པོ་ཡོད་པ་ནི་འདི་ལྟ་སྟེ། འདུས་མ་བྱད་སོ། །རང་གི་ངོ་བོ་ཉིད་ནི་འདི་ལྟ་སྟེ། ཆོས་ཐམས་ཅད ་རང་གི་ངོ་བོ་ཉིད་ཀྱིས་སྟོང་པ་གང་ཡིན་པའོ། །སྟོང་པ་ཉིད་དེ་ཡང་ཤེས་པས་བྱས་པ་མ་ཡིན། མཐོང་བས་བྱས་པ་མ་ཡིན། གཞན་གྱིས་བྱས་པ་མ་ཡིན་ནོ། །གཞན་ཞེས་བྱ་བ་ནི་འདི་ལྟ་སྟེ། དེ་བཞིན་གཤེགས་པ་འཇིག་རྟེན་དུ་བྱུང་ཡང་རུང་མ་བྱུང་ཡང་རུང་སྟེ། ་ཆོས་ཐམས་ཅད་ནི་ཆོས་གནས་པ་ཉིད་ཅེས་བྱ་བ་ནས་ཡང་དག་པའི་མཛའ་ཞེས་བྱ་བའི་བདེ་དག་ཡིན་པས་ཐམས་ཅད་ཀྱང་གཞན་གྱི་ངོ་བོ་ཉིད་ཀྱི་ཐིར?་སྟོང་པ་ཉིད་གང་ཡིན་པའོ་ཞེས་གསུངས་སོ། །གཞན་ཡང་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་དུམ་བུ ་གཉིས་པ་ལས་ནི། སྟོང་པ་ཉིད་བཅོ་བརྒྱད་སྟོན་པར་མཛད་དེ། སྔར་བསྟན་པའི་སྟོང་པ་ཉིད་རྣམ་པ་ཉི་ཤུ་དང། སྤྲོས་པ་དང་བསྡུས་བའི་བྱེ་བྲག་ཡོད་ཀྱང་དོན་ལ་ཡངས་དོག་མེད་དོ། །རྣམ་པ་ཉི་ཤུ་ལས་དོར་བ་དང། རྣམ་པར་འགྱུར་བ་མེད་བ་ནི་དོར་བ་དང་དོར་བ། ་མེད་པ་སྟོང་པ་ཉིད་ཅེས་གཅིག་ཏུ་བསྡུས་པ་དང་།རང་གི་མཚན་ཉིད་སྟོང་པ་ཉིད་ནི་རང་དང་སྤྱིའི་མཚན་ཉིད་ཅེས་གཅིག་ཏུ་བསྡུས་བས་སོ། །འཕགས་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་དུམ་བུ་གསུམ་པ་ལས་ནི་སྟོང་པ་ཉིད་བཅུ་དགུའི་མིང་བཀོང་ནས ་རྣམ་པར་བཤད་པ་ནི་མེད་དེ། དེ་ཡང་སྟོང་པ་ཉིད་དང་པོ་རྣམ་པ་བཅུ་དྲུག་ནི་སྔར་བསྟན་པ་དང་མཐུན་ནོ། །སྟོང་པ་ཉིད་ཕྱི་མ་གསུམ་ལ་ནི་བྱེ་བྲག་ཡོད་དེ། འདི་ལྟ་སྟེ། དམིགས་པ་སྟོད་པ་ཉིད་དང། བདག་པོ་སྟོད་པ་ཉིད་དང། གཅིག་ལ་གཅིག་མེད་པའི་སྟོང་པ་ཉིད ་དོ་ཞེས་འབྱུང་ངོ། །དུམ་བུ་གསུམ་པ་ལས་སྟོང་པ་ཉིད་རྣམ་པ་བཅུ་དྲུག་བསྟན་པ་ཡང་སྟོང་བ་ཉིད་རྣམ་པ་ཉི་ཤུ་ལས་རང་གི་མཚན་ཉིད་སྟོང་པ་ཉིད་དང། སྤྱིའི་མཚན་ཉིད་སྟོང་བ་ཉིད་ཅེས་བྱ་བ་དེ་མཚན་ཉིད་ཅེས་གཅིག་ཏུ་བསྡུས་པ་དང ་དོར་བ་མེད་པ་སྟོང་པ་ཉིད་དང། མི་དམིགས་པ་སྟོང་པ་ཉིད་དང། རང་བཞིན་གྱིས་སྟོང་པ་ཉིད་ལ་ཚད་བས་སོ། །དེ་ལ་མིང་ལ་བྱེ་ཕྲག་ཡོད་པ་ཡང་རྣམ་པར་འགྱུར་བ་མེད་པ་སྟོང་པ་ཉིད་ཅེས་བྱ་བ་དེ་དོར་བ་མེད་པ་སྟོང་པ་ཉིད་ཅེས་བྱ་བར་འགྱུར་ཏེ། མཚན ་ཉིད་རྣམ་པར་བཤད་པ་ནི་སྟོང་པ་ཉིད་ཉི་ཤུ་བསྟན་པའི་སྐབས་སུ་བཤད་པ་དང་མཐུན་ནོ། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དུམ་བུ་གཉིས་པ་བམ་པོ་བཞི་བརྒྱ་གསུམ་པ་ལས་ནི། སྟོང་པ་ཉིད་རྣམ་པ་བདུན་ཡོད་པར་བསྟན་ཏོ། ཕུང་པོ་ལྔ་དང། སྐྱེ ་མཆེད་བཅུ་གཉིས་དང། ཁམས་བཅོ་བརྒྱད་དང། བདེན་པ་བཞི་དང། རྟེན་ཅིང་འབྲེལ་པར་འབྱུང་བའི་ཡན་ལག་བཅུ་གཉིས་དང། འདུས་བྱས་དང་འདུས་མ་བྱས་ལ་སོགས་པའི་ཆོས་ཐམས་ཅད་རང་བཞིན་གྱིས་ངོ་བོ་ཉིད་ངོ་ཞེས་མིང་བཀོད་པར་ཟད་ཀྱི་རྣམ ་པར་བཤད་པ་ནི་མེད་དོ། །ལེའུ་ཆེན་པོའི་མདོ་ལས་ནི། སྟོང་པ་ཉིད་བཅོ་བརྒྱད་དང། སྟོང་པ་ཉིད་བཞི?་ཞེས་སྟོན་ཏོ། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲེལ་བ་ལས་ཀྱང། སྟོང་པ་ཉིད་བཅོ་བརྒྱད་དང་།སྟོང་པ་ཉིད་བཞི་ཞེས་སྟོན་ཏོ། །གཞན?་ཡང ་དེ་བཞིན་ཉིད་ལས་སྟོང་བ་ཉིད་བཅོ་བརྒྱད་པོ་ནང་སྟོང་པ་ཉིད་ལ་སོགས་པའི་མཇུག་དུ་ཐམས་ཅད་ལས་རྟག་པ་ཡང་མ་ཡིན་འཇིག་པ་ཡང་མ་ཡིན་པའི་ཕྱིར་རོ། །ཞེས་གསུངས་པའི་དོན་དེ་ཇི་ལྟ་བུ་ཞེ་ན། སྨྲས་པ། གང་གིས་སྟོང་པ་ཉིད་འདི་མ་བསྒོམས་ན ་གདོན་མི་ཟ་བར་མཛའ་གཉིས་པོ་རྟག་པ་འམ་ཆད་པ་ཉིད་དུ་ལྟུང་བར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། གལ་ཏེ་ཆོས་རྣམས་ཡང་དག་པར་ཡོད་པ་ཞིག་ཡིན་ན་ནི་འགག་པའི་དོན་མེད་བར་འགྱུར་བས་རྟག་པ་ཉིད་དུ་ལྟུང་བར་འགྱུར་ཏེ་།དཔེར་ན་འགའ་ཞིག ་ཁང་པ་གཅིག་ནས་བྱུང་སྟེ། ཁང་པ་གཅིག་ཏུ་འཇུག་བ་མིག་གིས་མི་མཐོང་བ་ཡང་མེད་ཅེས་བྱར་མི་རུང་བཞིན་དུ་ཆོས་རྣམས་ཀྱང་དེ་བཞིན་ཏེ་མ་འོངས་བའི་དུས་ནས་ནི་ད་ལྟར་གྱི་དུས་སུ་འཇུག་ལ། ད་ལྟར་གྱི་དུས་ནས་འདས་པའི་དུས་སུ་འཇུག་ན་ནི་བལྟར་འགག་པ ་མ་ཡིན་པ་ཉིད་དུ་འགྱུར་བ་ཞིག་ན་རྣལ་འབྱོར་བ་དག་ནི་ཡོད་པ་ལ་ཉེས་དམིགས་སུ་ལྟ་བས་སྟོང་པ་ཉིད་ཀྱིས་ཡོད་པར་འཛིན་པར་བྱེད་དོ། །སེམས་ཀྱང་སྟོང་པ་ཉིད་ལ་གྱི་ནོམ་པ་ཉིད་དུ་བལྟས་ནས་སྟོང་པ་ཉིད་ལ་མངོན་པར་ཞེན་པར་བྱེད་ན་ནི་ཆེད་པ་ཉིད་དུ་ལྟུང་བར ་འགྱུར་བས་དེའི་ཕྱིར་རྣལ་འབྱོར་པ་དག་སྟོང་པ་ཉིད་ཀྱིས་ཡོད་པ་འཇིག་པར་བྱེད་ཀྱང་སྟོང་པ་ཉིད་མངོན་པར་ཞེན་པར་ཡང་མི་བྱེད་པས་མཛའ་གཉིས་སྤངས་ནས་དབུ་མའི་ལམ་དུ་འཇུག་སྟེ། སྟོང་པ་ཉིད་བཅོ་བརྒྱད་པོ་དག་ཀྱང་ཐུགས་རྗེ་ཆེན་པོས་སེམས་ཅན ་བཟླ་བའི་ཆེད་དུ་གསུངས་པ་ཡིན་པས་དེའི་ཕྱིར་སྟོང་པ་ཉིད་བཅོ་བརྒྱད་པོ་དགག?་མཇུག་ཏུ་རྟག་པ་མ་ཡིན། འཇིག་པ་མ་ཡིན་ཞེས་བྱ་བ་གསུངས་པ་གང་ཡིན་པ་དེ་ནི་ཐེག་པ་ཆེན་པོ་ཞེས་བྱའོ། །འདི་ལས་བཟློག་པ་གང་ཡིན་པ་དེ་ནི་སྤྲོས་པ་ལ་དགའ་བ་གང་ཟག་སྨྱོན ་པ་ཞེས་བྱ་བ་སྟེ། སངས་རྒྱས་ཀྱི་ཆོས་ལས་ཅི་ཡང་ཐོབ་པ་མེད་པ་ཡིན་ནོ། །ད་ནི་དཔེར་ན་ལ་ལ་ཞིག་རིན་པོ་ཆེའི་ཕུང་པོའི་ནང་ནས་ནོར་བུ་དེ་ཟན་ལེན་པར་བྱེད་པའི་མིག་གིས་བཟང་པ་ཉིད་དུ་མཐོང་ཡང་རིན་ཐང་ཅི་ཡང་མེད་པ་བཞིན་ནོ། །གལ་ཏེ་སྟོང་པ་ཉིད ་བཅོ་བརྒྱད་པོ་དག་གིས་སྟོང་བ་ཉིད་རྣམས་བདུས་པ་ཡིན་ནོ། །ཅིའི་ཕྱིར་ན་སྟོང་པ་ཉིད་བཞི་གསུངས་ཞེ་ན། སྨྲས་པ། སྟོང་པ་ཉིད་བཅོ་བརྒྱད་ཀྱིས་སྟོང་པ་ཉིད་མ་ལུས་པར་བསྡུས་པ་ཡིན་མོད་ཀྱི། སངས་རྒྱས་རྣམས་ཀྱི་སྟོན་པར་མཛད་པ་ནི་རྣམ་པ་གཉིས ་ཡོད་དེ། དེ་ཆེད་འགའ་ནི་སྔར་བསྡུས་ནས་ཕྱིས་རྒྱ་ཆེན་པོ་སྟོན་ཏོ། ཆེད?་འགའ་ནི་སྔར་རྒྱ་ཆེར་བསྟན་ནས་ཕྱིས་བསྡུས་ཏེ་བསྟན་ཏོ། །དོན་རྣམ་པར་བཤད་པའི་ཕྱིར་ནི་སྔར་རྒྱ་ཆེར་བསྟན་ནས་ཕྱིས་བསྡུས་ཏེ་བསྟན་པར་མཛད་དོ། །གཟུང་སླ་པ་དང་འཁོར ་འདུས་པར་ཕྱིས་འོངས་པའི་སེམས་ཅན་དག་གི་ཆེད་དུ་ནི་མདོར་བསྡུས་ནས་དོན་ཅེས་པ་ཉིད་དམ། ཡང་ན་ཚིགས་སུ་བཅད་བས་སྟོན་པར་མཛད་དེ། དེའི་ཕྱིར་འདིར་བཅོམ་ལྡན་འདས་ཀྱིས་སྔར་ནི་རྒྱུ?་?་སྟོང་པ་ཉིད་བཅོ་བརྒྱད? ་བསྟན་ལ། ཕྱིས་ནི་བཞིར་བསྡུས་ཏེ། བསྟན་པ་ཡིན་ནོ་ཞེས་འབྱུང་སྟེ། རྒྱ་ཆེར་དེ་ཉིད་ལས་བསྟན་པ་བཞིན་ནོ། །འཕགས་པ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་ལས་ནི་།སྟོང་པ་ཉིད་བཅུ་གཅིག་ཅེས་འབྱུང་ངོ། །འཕགས་པ་འདུས་པ་ཆེན ་པོའི་?་ལས་ནི་སྟོང་པ་ཉིད་བཅོ་བརྒྱད་དུ་སྟོན་ཏོ། །ལེའུ་ཆེན་པོའི་མདོ་ལས་ནི། སྟོང་པ་ཉིད་བཅོ་བརྒྱད་དང་སྟོང་པ་ཉིད་བཞི་ཞེས་སྟོན་ཏོ། །བསྟན་བཅོས་རྣམ་པར་བཤད་པ་དང། དབུས་དང་མཛའ་རྣམ་པར་འབྱེད་པ་ལས་ནི་སྟོང་པ་ཉིད་བཅུ ་དྲུག་ཏུ་སྟོན་ཏོ། །འཕགས་པ་ལཾ་ཀར་གཤེགས་པའི་མདོ་དང། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲེལ་པ་ལས་ནི། སྟོང་པ་ཉིད་ནི་རྣམ་པ་དྲུག་གོ་ཞེས་བཤད་དོ། །བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ནི་སྟོང་པ་ཉིད་ནི་བཞི་ཞེས ་འབྱུང་སྟེ། མདོ་དང་བསྟན་བཅོས་ལས་སྟོང་པ་ཉིད་བཅོ་བརྒྱད་དང། སྟོང་པ་ཉིད་བཅུ་དྲུག་དང། སྟོང་པ་ཉིད་བཅུ་བཞི་དང། སྟོང་པ་ཉིད་རྣམ་པ་གཉིས་ཤེས་བསྟན་པ་ཡང་ཞིབ་ཏུ་མཚན་ཉིད་བསྟན་པ་དག་ལས་འབྱུང་བ་བཞིན་དུ་རིག་པར ་བྱའོ། འདི?་ཡན་ཆད་དུ་བསྟན་པ་རྣམ་ལས་བཤད་པ་དག་བརྗོད་ནས། དེ་ནི་མདོའི་ཚིག་གི་དོན་བཤད་པར་བྱའོ། །མདོ་འདི་ལས་ནི་སྟོང་པ་ཉིད་བཅུ་བདུན་བསྟན་པར་མཛད་དེ། སྟོང་པ་ཉིད་ཉི་ཤུ་ལས་དོར་བ་དང། རང་བཞིན་གྱིས་སྟོང་པ་ཉིད་རྣམ་པ ་གཉིས་མ་ཚང་ངོ། །ཉི་ཤུ་ལས་རང་གི་མཚན་ཉིད་དང། སྤྱིའི་མཚན་ཉིད་སྟོང་པ་ཉིད་རྣམ་པ་གཉིས་ནི་མཚན་ཉིད་སྟོང་པ་ཉིད་རྣམ་པ་གཅིག་ཏུ་བསྡུས་པའི་ཕྱིར་བཅུ་བདུན་དུ་གྱུར་པ་ཡིན་ནོ། །སྟོང་པ་ཉིད་བཅོ་བརྒྱད་པས་ནི་རང་བཞིན་གྱིས་སྟོང ་པ་ཉིད་མ་ཚང་ངོ། །འདི་ནི་དང་པོ་ཆོས་ཐམས་ཅད་སྟོང་པ་ཉིད་དེ། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་ལས། ཆོས་ཐམས་ཅད་སྟོང་པ་ཉིད་ནི་འདི་ལྟ་སྟེ། ཕུང་པོ་ལྔ་དང། ཁམས་བཅོ་བརྒྱད་དང། སྐྱེ་མཆེད་བཅུ་གཉིས་ཏེ། གཟུགས་ཅན ་དང། གཟུགས་མེད་པ་དང། བསྟན་དུ་ཡོད་པ་དང། བསྟན་དུ་མེད་པ་དང། ཐོགས་པ་དང་བཅས་པ་དང། ཐོགས་པ་མེད་པ་དང། ཟག་པ་དང་བཅས་པ་དང། ཟག་པ་མེད་པ་དང། འདུས་བྱས་དང། འདུས་མ་བྱས་པའི་ཆོས་ཐམས་ཅད་གང་ཡིན་པའོ་ཞེ ་གསུངས་སོ། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲེལ་པ་ལས་ཆོས་ཐམས་ཅད་སྟོང་པ་ཉིད་ཅེས་བྱ་བ་ལ། ཆོས་ཐམས་ཅད་ནི་ཕུང་པོ་ལྔ་དང། སྐྱེ་མཆེད་བཅུ་གཉིས་དང། ཁམས་བཅོ་བརྒྱད་ལ་སོགས་པའོ་ཞེས་འབྱུང་སྟེ་།ཞིབ་ཏུ་དེ་ལས་བསྟེན ་པ་བཞིན་ནོ། །བསྟན་བཅོས་ལས་སྟོང་པ་ཉིད་བཅོ་བརྒྱད་བསྟན་པ་དང། དབུས་དང་མཛའ་རྣམ་པར་འབྱེད་པ་ལས་ཆོས་ཐམས་ཅད་ཅེས་བྱ་བ་ནི། དེ་བཞིན་གཤེགས་པའི་སྟོབས་བཅུ་དང། མི་འཇིགས་པ་ལ་སོགས་པ་སྟེ། འདི་ཆོས་ཐམས་ཅད ་ནི་སངས་རྒྱས་ཀྱི་ཆོས་ཡོངས་སུ་དག་པ་ཐམས་ཅད་དོ་ཞེས་བཤད་དོ། །མདོ་ལས་ནི་བརྗོད་པར་བྱེད་པའི་བསྟན་པ་ཐམས་ཅད་བསྡུ་པར་བཞེད་པའི་ཕྱིར་ཚིག་འབྲུ་དང་ཡི་གེ་ལ་བརྟེན་ནས་ཆོས་ཐམས་ཅད་སྟོང་པ་ཉིད་རབ་ཏུ་བསྟན་པ་ཡིན་ནོ། །ཅིའི་ཕྱིར ་མདོ་འདི་ལས་མཚན་མ་རྣམ་པ་བཅུ་དང། སྟོང་པ་ཉིད་བཅུ་བདུན་བསྟན་ཅེ་ན། སྨྲས་པ། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲེལ་པ་ལས། ཇི་སྐད་དུ་བསྡུས་ན་ནི་ཡོངས་སུ་རྫོགས་པར་མི་འགྱུར་པ། སྤྲོས་ན་ནི་བྱ་བ་དག་མང་པོར ་འགྱུར་བའི་ཕྱིར་བཅོ་བརྒྱད་ཁོ་ནའོ་ཞེས་བསྟན་པ་ལྟ་བུ་སྟེ། འདི་ཡང་དེ་དང་མཚུངས་སོ། །གནས་པའི་དེ་བཞིན་ཉིད་ཀྱི་དོན་སོ་སོར་ཡང་དག་པར་རིག་པའི་ཕྱིར་སྐྱེ་བ་དང། འཇིག་པ་དང། གནས་པ་དང། གཞན་དུ་གྱུར་པ་ཉིད་ཀྱི་རྒྱུན་གྱི་རྗེས ་སུ་འཇུག་པའི་མཚན་མ་ཡོད་པ་གང་ཡིན་པ་ཞེས་བྱ་བ་ནི་མཚན་མ་གཉིས་བསྟན་པའོ། །འདི་ཡང་མཚན་མ་བསྟན་པ་དང་སྟོང་པ་ཉིད་བསྟན་པས་བསྟན་ཏེ་འདི་ནི་དང་པོའི་མཚན་མ་བསྟན་པའོ། །འདིར་གནས་པའི་ངོ་བཞི ་ཉིད་ཅེས་གསུངས་པ་ནི་འཕགས་པའི་བདེན་པ་བཞི་ལས་སྡུག་བསྔལ་གྱི་བདེན་པའོ། །དེ་བཞིན་ཉིད་རྣམ་པ་བདུན་ལས་སྔར་བསྟན་པའི་གནས་པའི་དེ་བཞིན་ཉིད་ཅེས་བྱའོ། །པས་དང་པོ་ཉོན་མོངས་པ་ལ་སོགས་པས་རྣམ་པར་བཞག་པའི་ཕྱིར་རོ། །ཡང ་ན་བདེན་པ་བཞི་རྣམ་པར་གནས་པ་ལས་སྡུག་བསྔལ་གྱི་བདེན་པ་ནི་དང་པོ་ཡིན་པས་གནས་པའི་མིང་ཐོབ་པ་ཡིན་ཏེ། ངོ་བོ་ཉིད་བསྲུང་ཞིང་མི་འགྱུར་བར་བྱེད་པའི་ཕྱིར་དེ་བཞིན་ཉིད་ཅེས་བྱའོ། །དེས་ན་སྡུག་བསྔལ་གྱི་བདེན་པ་ལ་སྐྱེ་བ་ལ་སོགས་པའི ་མཚན་མ་རྒྱུན་གྱི་རྗེས་སུ་འཇུག་པ་ཡོད་པས་དེ་བཞིན་ཉིད་ཅེས་བྱའོ། །ཡང་ན་འདི་ལ་མཚན་མ་རྣམ་པ་གཉིས་ཡོད་དེ། དང་པོ་ནི་སྐྱེ་བ་ལ་སོགས་པའི་མཚན་མ་རྣམ་པ་བཞིའོ། །གཉིས་པ་ནི་དུས་གསུམ་གྱི་རྒྱུན་གྱི་རྗེས་སུ་འཇུག་པའི་མཚན ་མ་སྟེ། དེས་ན་སྟོང་པ་ཉིད་རྣམ་པ་གཉིས་ཀྱིས་མཚན་མ་རེ་རེ་རྣམ་པར་སེལ་བར་བྱེད་དོ། །དེ་ནི་མཚན་ཉིད་སྟོང་བ་ཉིད་དང། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ཀྱིས་ཡང་དག་པའི་རྣམ་པར་སེལ་ཏོ། ཞེས་བྱ་བ་ནི་གཉིས་པ་གཉེན་པོར་གྱུར ་པའི་སྟོང་པ་ཉིད་བསྟན་པའོ། །འདི་ཡང་རྣམ་པ་གཉིས་ཏེ། མཚན་ཉིད་སྟོང་པ་ཉིད་དང། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་དེ། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་ལས་ནི། མཚན་ཉིད་སྟོང་པ་ཉིད་འདི་ལ་སྟོང་པ་ཉིད་རྣམ ་པ་གཉིས་སུ་ཕྱེ་ནས་བསྟན་ཏེ། རང་གི་མཚན་ཉིད་སྟོང་པ་ཉིད་དང་སྤྱིའི་མཚན་ཉིད་སྟོང་པ་ཉིད་དེ། དེའི་ཕྱིར་མདོ་སྡེ་དེ་ཉིད་ལས་རང་གི་མཚན་ཉིད་སྟོང་པ་ཉིད་འདི་ལྟ་སྟེ། ཆོས་ཐམས་ཅད་ཀྱི་རང་གི་མཚན་ཉིད་དེ་ཇི་ལྟར་རྣམ་པར་འགྱུར ་ཞིང་ཐོགས་པ་དང་བཅས་པ་ནི་གཟུགས་ཀྱི་རང་གི་མཚན་ཉིད་དོ། །མྱོང་བ་ནི་ཚོར་བའི་རང་གི་མཚན་ཉིད་དོ་ཞེས་བྱ་བ་ལ་སོགས་པ་ལྟ་བུའོ། །དེ་ལ་སྤྱིའི་མཚན་ཉིད་ནི་འདི་ལྟ་སྟེ། ཆོས་ཐམས་ཅད་ཀྱི་སྤྱིའི་མཚན་ཉིད་དེ། ཇི་ལྟར་སྡུག་བསྔལ་བ་ནི་ཟག་པ ་དང་བཅས་པའི་ཆོས་ཀྱི་སྤྱིའི་མཚན་ཉིད་དོ་ཞེས་བྱ་བ་ལ་སོགས་པ་ལྟ་བུའོ་ཞེས་གསུངས་པ་ཡིན་ནོ། །ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་འདི་ལ་ནི་མཛའ་ལས་འདས་པ་སྟོང་པ་ཉིད་ཅེས་འབྱུང་སྟེ། དེའི་ཕྱིར་མདོ་དེ་ཉིད་ལས་མཛའ་ལས་འདས་པ་སྟོང ་པ་ཉིད་ནི་མཛའ་གསུམ་མི་དམིགས་པའོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲེལ་པ་ལས། མཚན་ཉིད་སྟོང་པ་ཉིད་བསྟན་པ་ཡང་མིང་ནི་མདོ་འདི་ལས་གསུངས་པ་དང་མཐུན་ལ། དོན་ནི་འཕགས་པ ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་གསུངས་པ་དང་མཐུན་ཏེ། རྒྱ་ཆེར་དེ་ཉིད་ལས་བསྟན་པ་བཞིན་ནོ། །ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་དེ་ལས་ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་འབྱུང་སྟེ། དེའི་ཕྱིར་འགྲེལ་པ་དེ་ཉིད་ལས་ཐོག་མ་དང་ཐ་མ་མེད་པ་སྟོང ་པ་ཉིད་ནི་འཇིག་རྟེན་དང་སེམས་ཅན་གྱི་ཆོས་གང་ལ་ཡང་ཐོག་མ་མེད་པའི་ཕྱིར་ཐོག་མ་མེད་པ་སྟོང་པ་ཉིད་ཅེས་འབྱུང་སྟེ། རྒྱ་ཆེར་དེ་ཉིད་ལས་བསྟན་པ་བཞིན་ནོ། །མདོ་འདི་ཉིད་དང་སྦྱར་ན་དེ་ལས་བསྟན་པ་དང་མི་མཐུན་ཏེ། མཚན་མ་རྣམ་པ་བཞི་རྣམ་པར ་སེལ་བའི་ཕྱིར་མཚན་ཉིད་སྟོང་པ་ཉིད་ཅེས་བྱའོ། །འཁོར་བར་འཇུག་པ་རྣམ་པར་སེལ་བའི་ཕྱིར། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ཅེས་བྱའོ་ཞེས་སྟོན་པས་སོ། །བསྟན་བཅོས་དབུས་དང་མཛའ་རྣམ་པར་འབྱེད་པ་ལས། འཁོར་བ་ནི་ཡུན་རིང་བས་ཐོག ་མ་དང་ཐ་མའི་མཛའ་མེད་དེ་ཞེས་བཤད་དོ། །བསྟན་བཅོས་སྟོང་པ་ཉིད་བཅོ་བརྒྱད་བསྟན་པ་ལས། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་དང་ཐོག་མ་མེད་པ་སྟོང་པ་ཉིད་ཅེས་ཀྱང་བྱའོ་ཞེས་བཤད་དེ། རྒྱ་ཆེར་དེ་ཉིད་ལས་བསྟན་པ་བཞིན་ནོ། །འཛིན་པའི་དོན ་སོ་སོར་ཡང་དག་པར་རིག་པའི་ཕྱིར་འཇིག་ཚོགས་ལ་ལྟ་བའི་མཚན་མ་དང། ངའོ་སྙམ་པའི་ང་རྒྱལ་གྱི་མཚན་མ་ཡོད་པ་གང་ཡིན་པ་ཞེས་བྱ་བ་ལ་སོགས་པས་ནི་མཚན་མ་གསུམ་པ་སྟོན་ཏོ། །འདི་ཡང་མཚན་མ་བསྟན་པ་དང། སྟོང ་པ་ཉིད་བསྟན་པས་བསྟན་ཏེ། འདི་ནི་མཚན་མ་བསྟན་པའོ། །དེ་ཡང་རྣམ་པ་གཉིས་ཏེ། འདི་ལྟ་སྟེ། འཇིག་ཚོགས་ལ་ལྟ་བའི་མཚན་མ་དང་བའོ་སྙམ་པའི་མཚན་མའོ། །གོང་དུ་བསྟན་པའི་འཛིན་པའི་དབང་པོ་ལྔ་དང། སེམས་དང་སེམས་ལས་བྱུང ་བའི་སོ་སོར་ཡང་དག་པར་རིག་པའི་དབང་གིས་མཚན་མ་རྣམ་པ་གཉིས་པོ་འབྱུང་བར་འགྱུར་ཏེ། འཇིག་ཚོགས་ལ་ལྟ་བའི་མཚན་མ་འདི་ལྟ་སྟེ་།བདག་ཏུ་ལྟ་བའི་རྩ་བ་ལ་སོགས་པས་ཆོས་རྣམས་ལེན་པར་བྱེད་པ་དང། ངའོ་སྙམ་པའི་ང་རྒྱལ་གྱི ་མཚན་མ་ནི་བདག་གོ་སྙམ་པའི་སེམས་ལ་སོགས་པས་གཞན་ལས་ཁྱད་པར་དུ་འཕགས་སོ་སྙམ་བའི་ཕྱིར་རོ། །དེ་ནི་ནང་སྟོང་པ་ཉིད་དང། མི་དམིགས་པ་སྟོང་པ་ཉིད་ཀྱིས་ཡང་དག་པར་སེལ་ཏོ་ཞེས་བྱ་བས་ནི་གཉིས་པ་ཡོངས་སུ་སེལ་བའི་སྟོང་པ་ཉིད་སྟོན ་ཏོ། །དེ་ཡང་རྣམ་པ་གཉིས་ཏེ། འདི་ལྟ་སྟེ། ནང་སྟོང་པ་ཉིད་དང། མི་དམིགས་པ་སྟོང་པ་ཉིད་དོ། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་ལས། དེ་ལས་ནང་སྟོང་པ་ཉིད་ནི་ནང་གི་སྐྱེ་མཆེད་དྲུག་པོ་དག་སྟོང་པ་ཉིད་གང་ཡིན་པའོ། །མི ་དམིགས་པ་སྟོང་པ་ཉིད་ནི་དུས་གསུམ་མི་དམིགས་པའི་ཕྱིར་མི་དམིགས་པ་ཞེས་བྱའོ་ཞེས་གསུངས་སོ། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲེལ་པ་ལས། ནང་སྟོང་པ་ཉིད་ནི་འདི་ལྟ་སྟེ་།ནང་གི་སྐྱེ་མཆེད་དྲུག་པོ་དག་ལ་བདག་དང་བདག ་གི་མེད་པས་མིག་ལ་སོགས་པ་མེད་པའི་ཆོས་གང་ཡིན་པའོ། །མི་དམིགས་པའི་ཆོས་ནི་ཐམས་ཅད་དང། རྒྱུ་དང་རྐྱེན་རྣམས་མཐར་མི་དམིགས་པས་ན། མི་དམིགས་པ་སྟོང་པ་ཉིད་ཅེས་བྱའོ་ཞེས་བཤད་དོ། །འདིར་མདོ་འདི་ཉིད་དང་སྦྱར་ན ་དབང་པོ་དྲུག་སོ་སོར་ཡང་དག་པར་རིག་པ་ཉིད་ཀྱིས་རང་གི་ལུས་ལ་ཆགས་ཤིང། མངོན་པར་ཞེན་པར་གྱུར་པས་དེ་ནི་ནང་སྟོང་པ་ཉིད་དུ་བསྒོམས་པས་ཡང་དག་པར་རྣམ་པར་སེལ་བར་བྱེད་ལ། བདག་ཡོད་པར་འཛིན་པའི་ཕྱིར་ནི་ངའོ་སྙམ་པའི་ང ་རྒྱལ་འབྱུང་བར་འགྱུར་ཏེ། དེ་ནི་མི་དམིགས་པ་སྟོང་པ་ཉིད་དུ་བསྒོམས་པས་ཡང་དག་པར་རྣམ་པར་སེལ་བར་བྱེད་དེ་བདག་དང་དམིགས་སུ་མེད་ན་ང་རྒྱལ་ཇི་ལྟར་འབྱུང་བར་འགྱུར་ཞེས་སྟོན་པར་འགྱུར་རོ། །ཡང་ན་སྟོང་པ་ཉིད་རྣམ་པ་གཉིས ་ཀྱིས་མཚན་མ་རྣམ་པ་གཉིས་སྤྱིར་རྣམ་པར་སེལ་བར་འགྱུར་བའོ། །གཟུང་བའི་དོན་སོ་སོར་ཡང་དག་པར་རིག་པའི་ཕྱིར་ལོངས་སྤྱོད་ལ་ལྟ་བའི་མཚན་མ་ཡོད་པ་གང་ཡིན་པ་ཞེས་བྱ་བ་ལ་སོགས་པས་ནི་མཚན་མ་བཞི་པ་སྟོན་ཏོ། །འདི ་ཡང་མཚན་མ་བསྟན་པ་དང་སྟོང་པ་ཉིད་བསྟན་པས་བསྟན་ཏེ། འདི་ནི་མཚན་མ་བསྟན་པའོ། །གོང་དུ་བསྟན་པའི་སྐྱེ་མཆེད་དྲུག་ལ་སོགས་པ་གཟུང་བའི་དོན་ལ་ལོངས་སྤྱོད་དུ་ལྟ་ཞིང་ཆགས་པའི་མཚན་མ་གང་ཡིན་པའོ། །དེ་ནི་ཕྱི་སྟོང ་པ་ཉིད་ཀྱིས་ཡང་དག་པར་རྣམ་པར་སེལ་ཏོ་ཞེས་བྱ་བ་ནི་གཉིས་པ་ཡོངས་སུ་སེལ་བར་བྱེད་པའི་སྟོང་པ་ཉིད་བསྟན་པའོ། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་ལས། ཕྱི་སྟོང་པ་ཉིད་ནི་འདི་ལྟ་སྟེ། ཕྱི་རོལ་གྱི་སྐྱེ་མཆེད ་དྲུག་པོ་གང་ཡིན་པའོ་ཞེས་གསུངས་པའོ། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་བའི་འགྲེལ་པ་ལས་ཕྱི་སྟོང་པ་ཉིད་ནི་འདི་ལྟ་སྟེ། ཕྱི་རོལ་ཀྱི་སྐྱེ་མཆེད་དྲུག་པོ་དག་ལ་བདག་དང་བདག་གི་མེད་པ་གང་ཡིན་པ་དང། ཆོས་དྲུག་པོ་མེད་པ་གང ་ཡིན་པའོ་ཞེས་བཤད་དོ། །མདོ་འདི་ཡང་དེ་དང་མཐུན་པར་ཕྱི་སྟོང་པ་ཉིད་ཀྱིས་རྣམ་པར་སེལ་བ་བསྟན་ཏོ། །ཡོངས་སུ་ལོངས་སྤྱོད་པའི་དོན་དུ་སྐྱེས་པ་དང་བུད?་མེད་ཀྱི་བསྙེན་བཀུར་དང། ཡོ་བྱད་དང་ལྡན་པ་སོ་སོར་ཡང་དག་པར་རིག་པའི་ཕྱིར ་ནང་གི་བདེ་བའི་མཚན་མ་དང། ཕྱི་རོལ་གྱི་སྡུག་པའི་མཚན་མ་ཡོད་པ་གང་ཡིན་པ་ཞེས་བྱ་བ་ལ་སོགས་པས་ནི་མཚན་མ་ལྔ་པ་སྟོན་ཏོ། །འདི་ཡང་མཚན་མ་བསྟན་པ་དང། སྟོང་པ་ཉིད་བསྟན་པས་བསྟན་ཏེ། འདི་ནི་མཚན་མ ་བསྟན་པའོ། །འདི་ལྟར་ཡོངས་སུ་ལོངས་སྤྱོད་བའི་དོན་དུ་སྐྱེས་པ་དང། བུད་མེད་ཀྱི་བསྙེན་བཀུར་དང། ཡོ་བྱད་དག་ཉམས་སུ་ལེན་པའི་ཕྱིར་སྐྱེས་བ་དང་བུད་མེད་སེམས་ཅན་གྱི་གྲངས་སུ་གཏོགས་པ་ལས་ནི་ནང་གི་བདེ་བའི་འདུ་ཤེས་འབྱུང་ལ། ཡོ་བྱད་སེམS ་ཅན་མ་ཡིན་པ་ལས་ཕྱི་རོལ་གྱི་སྡུག་པའི་འདུ་ཤེས་འབྱུང་བས་སོ། །ཡང་ན་ནང་གི་སྐྱེ་མཆེད་དྲུག་གོ་།ཕྱི་རོལ་གྱི་སྐྱེ་མཆེད་དྲུག་སྟེ། ནང་གི་སྐྱེ་མཆེད་དྲུག་པོ་དག་ལ་ནི་བདེ་བར་འདུ་ཤེས་སྐྱེད་ལ། ཕྱི་རོལ་གྱི་སྐྱེ་མཆེད་དྲུག་པོ་དག་ལ་ནི་སྡུག་པའི ་འདུ་ཤེས་བསྐྱེད་པའོ། །དེ་ནི་ཕྱི་ནང་སྟོང་པ་ཉིད་དང། རང་བཞིན་སྟོང་པ་ཉིད་ཀྱིས་ཡང་དག་པར་རྣམ་པར་སེལ་ཏོ། ཞེས་བྱ་བ་ནི་གཉིས་པ་ཡོངས་སུ་སེལ་བར་བྱེད་པའི་སྟོང་པ་ཉིད་བསྟན་པའོ། །དེ་ཡང་རྣམ་པ་གཉིས་ཏེ། ཕྱི་ནང་སྟོང་པ་ཉིད་དང། རང ་བཞིན་གྱིས་སྟོང་པ་ཉིད་དོ། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་ལས་འདི་ལྟ་སྟེ། ཕྱི་ནང་གི་སྐྱེ་མཆེད་དྲུག་པོ་དག་ནི་ཕྱི་ནང་སྟོང་པ་ཉིད་ཅེས་བྱའོ། །ཆོས་ཐམས་ཅད་རང་བཞིན་གྱིས་འདུས་བྱས་ཀྱི་ངོ་བོ་ཉིད་དམ། འདུས་མ་བྱས་ཀྱི་ངོ ་བོ་ཉིད་གང་ཡིན་པ་དེ་དག་ནི་ཐེག་པ་གསུམ་དང། གཞན་གང་གིས་ཀྱང་བྱས་པ་མ་ཡིན་པ་གང་ཡིན་པ་དེ་ནི་རང་བཞིན་གྱིས་སྟོང་པ་ཉིད་ཅེས་གསུངས་སོ། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲེལ་པ་ལས། ཕྱི་ནང་སྟོང་པ་ཉིད་ཅེས་བྱ་བ་ནི ་འདི་ལྟ་སྟེ། ཕྱི་ནང་གི་སྐྱེ་མཆེད་དྲུག་པོ་ལ་བདག་དང་བདག་གི་མེད་པས་ཕྱི་རོལ་ཆོས་མེད་པ་གང་ཡིན་པའོ། །རང་བཞིན་གྱིས་སྟོང་པ་ཉིད་ཅེས་བྱ་བ་ནི་འདི་ལྟ་སྟེ། ཆོས་རྣམས་རྟག་པར་སྟོང་པ་ཉིད་གང་ཡིན་པ་སྟེ། བཏགས་པ་ཙམ་དུ་རྒྱུན་མི་འཆད? ་པའི་ཕྱིར་ཡོད་པ་འདྲ་བས་མི་སྟོང་ངོ། །དཔེར་ན་ཆུའི་རང་བཞིན་ངོ་བོ་ཉིད་ཀྱི་བསིལ་བ་ཡིན་ཡང། མེའི་དབང་གིས་ཚ་བར་འགྱུར་བ་ན་མེ་ཞི་བར་གྱུར་ཏེ་།ཡུན་རིང་དུ་ལེན་ན་སླར་གྲང་བར་འགྱུར་བ་ལྟར་ཆོས་རྣམས་ཀྱི་ངོ་བོ་ཉིད་ཀྱང་དེ་བཞིན་ཏེ་།མ་སྐྱེས་བའི་ཚེ་ནི ་སྟོང་ཞིང་དམིགས་སུ་མེད་དེ། ཅི་ལྟར་ཆུའི་རང་བཞིན་རྟག་པར་བསིལ་བ་བཞིན་ནོ། །ཆོས་རྣམས་རྐྱེན་མང་པོ་ཚོགས་པའི་ཕྱིར་ནི་ཡོད་པ་འདྲ་བར་སྣང་སྟེ། ཇི་ལྟར་ཆུ་མེ་ཐོབ་པས་ཚེ་བ་ཉིད་དུ་མངོན་པར་འགྲུབ་བ་བཞིན་ནོ། །རྐྱེན་མང་པོ་གལ་ཏེ་འགྲིབ་པར ་གྱུར་ཏམ། གལ་ཏེ་མེད་པར་གྱུར་ན་ཡོད་པར་འདྲ་བའི་ཆོས་དེ་ཡང་ཇི་ལྟར་མེ་ཞི་ནས་སླར་བསིལ་བ་ཉིད་དུ་གྱུར་པ་བཞིན་ནོ་ཞེས་འབྱུང་ངོ། །གཞན་ཡང་འགྲེལ་པ་དེ་ཉིད་ལས། དངོས་པོ་སྟོང་པ་ཉིད་ནི་ཆོས་རྣམས་ཀྱི་དངོས་པོ་གཞིག་པ་སྟེ། ཇི་ལྟར་ཆུ་དེ ་ལ་ཚ་བ་ཉིད་མེད་ཀྱང་ཆུའི་མཚན་ཉིད་ནི་མེད་པ་མ་ཡིན་པ་བཞིན་ནོ། །མཛའ་ལས་འདས་པ་སྟོང་པ་ཉིད་ཀྱིས་ནི་མཚན་ཉིད་མེད་པ་ནས། རྒྱུ་དང་རྐྱེན་གྱིས་ཆོས་ཀྱི་མཚན་ཉིད་ཀྱང་མེད་པའི་བར་དུ་རྣམ་པར་གཞིག་པ་བཞིན་ནོ་ཞེས་བཤད་དོ། །འདིར་ནི ་མདོ་འདི་བཤད་པ་ཡང་སོ་སོ་ནས་མི་མཐུན་ཏེ། ཁ་ཅིག་ན་རེ་ནང་སྟོང་པ་ཉིད་ཀྱིས་ནི་ནང་གི་བདེ་བའི་མཚན་མ་རྣམ་པར་སེལ་ཏོ། །ཕྱི་ནང་སྟོང་པ་ཉིད་ཀྱིས་ནི་སྡུག་པའི་མཚན་མ་རྣམ་པར་སེལ་ཏོ། །རང་བཞིན་གྱིས་སྟོང་པ་ཉིད་ཀྱིས་ནི་མཚན་མ་གཉི་ག་སྦྱིར ་རྣམ་པར་སེལ་ཏོ་ཞེའོ། །ཁ་ཅིག་ན་རེ་ཕྱི་ནང་སྟོང་པ་ཉིད་ཀྱིས་ནི་སྡུག་པའི་མཚན་མ་རྣམ་པར་སེལ་ཏོ། །རང་བཞིན་གྱིས་སྟོང་པ་ཉིད་ཀྱིས་ནི་མཚན་མ་གཉི་ག་རྣམ་པར་སེལ་ཏོ་ཞེའོ། །ཁ་ཅིག་ན་རེ་ཕྱི་ནང་སྟོང་པ་ཉིད་ཀྱིས་ནི་ནང་གི་བདེ་བའི་མཚན་མ་རྣམ ་པར་སེལ་ཏོ། །སེམས་ཅན་གྱི་གྲངས་སུ་གཏོགས་པའི་ཕྱིར་ནང་ཞེས་བྱའོ། །བདག་ཉིད་ལས་ཕྱི་རོལ་དུ་གྱུར་པའི་ཕྱིར་ཕྱི་ཞེས་བྱའོ། །རང་བཞིན་གྱིས་སྟོང་པ་ཉིད་ཀྱིས་ནི་སྡུག་པའི་མཚན་མ་རྣམ་པར་སེལ་ཏེ་ཞེའོ། །ཁ་ཅིག་ན་རེ་ཕྱི་ནང་སྟོང་པ་ཉིད་ཀྱིས ་ནི་ནང་གི་བདེ་བའི་མཚན་མ་རྣམ་པར་སེལ་ཏེ་འདི་ལྟར་སྐྱེས་པ་དང་བུད་མེད་ལ་སོགས་པ་སྐྱེ་མཆེད་བཅུ་གཉིས་དང་ལྡན་པའི་ཕྱིར་ཕྱིན་པ་སྟོང་པ་ཉིད་ཀྱིས་རྣམ་པར་སེལ་བར་བྱེད་དོ། །རང་བཞིན་གྱིས་སྟོང་པ་ཉིད་ཀྱིས་ནི་སྡུག ་བའི་མཚན་མ་རྣམ་པར་སེལ་བར་བྱེད་དོ་ཞེའོ། །ཕྱི་རོལ་གྱི་སྡུག་པའི་མཚན་མ་ཅིའི་ཕྱིར་སྟོང་པ་ཉིད་ཀྱིས་རྣམ་པར་སེལ་བར་བྱང་དེ་ཞེས་མ་བསྟན་ཅེ་ན། སྨྲས་པ། ཡང་དག་པའི་དོན་དུ་ཕྱི་སྟོང་པ་ཉིད་ཀྱིས་རྣམ་པར་སེལ་བར་བྱེད་མོད་ཀྱི། སྔར་བཤད་ཟིན ་པའི་ཕྱིར་མ་བསྟནྟ་ཨོ། །གཞན་གནས་ཀྱི་དོན་སོ་སོར་ཡང་དག་པར་རིག་པའི་ཕྱིར་ཚད་མེད་པའི་མཚན་མ་ཡོད་པ་གང་ཡིན་པ་ཞེས་བྱ་བ་ལ་སོགས་པས་ནི་མཚན་མ་དྲུག་པ་སྟོན་ཏོ། །འདི་ཡང་མཚན་མ་བསྟན་པ་དང། སྟོང་པ་ཉིད་བསྟན་པས་བསྟན་ཏེ། ་འདི་ནི་མཚན་མ་བསྟན་པའོ། །འདི་ལྟར་སྔར་བསྟན་པའི་སྣོད་ཀྱི་འཇིག་རྟེན་རྣམ་པར་གཞག་པའི་དོན་གྱི་ཕྱིར་སྟོང་གསུམ་ལ་སོགས་པའི་མཚན་མ་ཚད་མེད་པ་ཡོད་པར་གྱུར་པ་གང་ཡིན་པའོ། །དེ་ནི་ཆེན་པོ་སྟོང་པ་ཉིད་ཀྱིས་ཡང་དག་པར་རྣམ་བར་སེལ ་ཏོ། ཞེས་བྱ་བ་ནི་གཉིས་བ་གཉེན་པོར་གྱུར་བའི་སྟོང་པ་ཉིད་བསྟན་པའོ། །འཕགས་པ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་ལས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཆེན་པོ་སྟོང་པ་ཉིད་ཅེས་བྱའོ་ཞེས་གསུངས་སོ། །འཕགས་བ་ཤེས་རབ་ཀྱི་ཕ་རོལ ་ཏུ་ཕྱིན་པའི་མདོ་ལས། ཆེན་པོ་སྟོང་པ་ཉིད་ནི་འདི་ལྟ་སྟེ། ཕྱོགས་བཅུ་སྟོང་པ་ཉིད་གང་ཡིན་པའོ་ཞེས་གསུངས་སོ། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲེལ་པ་ལས་ཀྱང་ཕལ་ཆེར་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ ་ལས་གསུངས་པ་དང་མཐུན་པར་འབྱུང་སྟེ། དེ་ལ་བྱེ་བྲག་ཡོད་པ་ནི་དོན་རྣམ་པ་དྲུག་གིས་ཆེན་པོ་སྟོང་པ་ཉིད་ཀྱི་མིང་ཡོངས་སུ་རྫོགས་པར་སྟོན་ཏེ། དེའི་ཕྱིར་འགྲེལ་པ་དེ་ཉིད་ལས་ཅིའི་ཕྱིར་ཕྱོགས་བཅུ་སྟོང་པ་ཉིད་གང་ཡིན་པ་དེ་ལ་ཚན་པོ་སྟོང་པ ་ཉིད་ཅེས་བྱ་ཞེ་ན། སྨྲས་པ། ཤར་ཕྱོགས་ལ་མཛའ་མེད་པའི་ཕྱིར་དང། གནས་ཐམས་ཅད་དུ་ཡོད་པའི་ཕྱིར་དང། གཟུགས་ཐམས་ཅད་ལ་ཁྱབ་པའི་ཕྱིར་དང། རྟག་ཏུ་ཡོད་པའི་ཕྱིར་དང། འཇིག་རྟེན་ལ་ཕན་འདོགས་པའི་ཕྱིར་དང། སེམས་ཅན་རྣམ ་པར་རྨོངས་པར་མི་བྱེད་པའི་ཕྱིར་ཆེན་པོ་ཞེས་བྱའོ། །ཆེན་པོ་དེ་ལྟ་བུས་གདོད་འཇིག་པར་ནུས་པའི་ཕྱིར་ཆེན་པོ་སྟོང་པ་ཉིད་བཅེས་བྱའོ་ཞེས་འབྱུང་སྟེ། ཞིབ་ཏུ་དེ་ཉིད་ལས་བསྟན་པ་བཞིན་ནོ། །མདོ་འདི་ལས་ནི་ཕལ་ཆེར་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ ་ཏུ་ཕྱིན་པའི་མདོ་ལས་གསུངས་པ་དང་མཐུན་པར་བསྟན་ཏོ། །གཟུགས་མེད་པ་སོ་སོར་ཡང་དག་པར་རིག་པའི་ཕྱིར་ནང་གི་ཞི་བ་རྣམ་པར་ཐར་པའི་མཚན་མ་ཡོད་པ་གང་ཡིན་པ་ཞེས་བྱ་བ་ལ་སོགས་པ་ནི་མཚན་མ་བདུན་བསྟོན་ཏོ། །འདི་ཡང་མཚན ་མ་བསྟན་པ་དང། སྟོང་པ་ཉིད་བསྟན་པས་བསྟན་ཏེ། འདི་ནི་མཚན་མ་བསྟན་པའོ། །འདི་ལྟར་གོང་དུ་འདོད་པ་དང་གཟུགས་ཁམས་ཀྱི་སྣོད་ཀྱི་འཇིག་རྟེན་གྱི་མཚན་མ་བསྟན་པས། གཟུགས་མེད་པའི་ནང་གི་ཞི་བ་སྟོན་ཏེ། རྣལ་འབྱོར་པའི་ཏིང་ངེ་འཛིན ་སྒོམ་པ་དག་གཟུགས་མེད་པའི་ཏིང་ངེ་འཛིན་ཞི་བ་རྣམ་པར་ཐར་པའི་མྱ་ངན་ལས་འདས་པ་ཐོབ་པའི་ཕྱིར་རྣམ་པར་ཐར་པའི་མཚན་མ་ཞེས་བྱའོ། །དེ་ནི་འདུས་བྱས་ཀྱི་སྟོང་པ་ཉིད་ཀྱིས་ཡང་དག་པར་རྣམ་པར་སེལ་ཏོ་ཞེས་བྱ་བ་ནི་གཉིས་པ་གཉེན ་པོར་གྱུར་པའི་སྟོང་པ་ཉིད་བསྟན་ཏོ། །འཕགས་པ་ཤེས་རབ་ཀྱི་ཕ་རོལ?་ཏུ་ཕྱིན་པའི་མདོ་ལས། འདུས་བྱས་སྟོང་པ་ཉིད་ནི་འདི་ལྟ་སྟེ། ཁམས་གསུམ་པ་སྟོང་པ་ཉིད་གང་ཡིན་པའོ་ཞེས་གསུངས་སོ། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི ་འགྲེལ་པ་ལས། འདུས་བྱས་སྟོང་པ་ཉིད་ནི་འདི་ལྟ་སྟེ། རྒྱུ་དང་རྐྱེན་ཚོགས་པ་ལས་སྐྱེས་པའི་ཕུང་པོ་དང། ཁམས་ལ་སོགས་པ་དོན?་རྣམ་པ་གཉིས་དང་ལྡན་པའི་ཕྱིར་སྟོང་པ་ཉིད་ཅེས་བྱ་སྟེ། དང་པོ་ནི་བདག་དང་བདག་གི་བ་མེད་པས་མི ་དམིགས་པའི་ཕྱིར་སྟོང་པ་ཉིད་དོ། །གཉིས་པ་ནི་འདུས་བྱས་ཀྱི་ཆོས་ཀྱི་མཚན་ཉིད་རྣམས་སྟོང་ཞིང་སྐྱེ་བ་དང་འགག་པ་མེད་པས་མི་དམིགས་པའི་ཕྱིར་སྟོང་པ་ཉིད་དོ། ཞེས་བཤད་དེ་རྒྱ་ཆེར་དེ་ཉིད་ལས་བསྟན་པ་བཞིན ་ནོ། །འདིར་མོད་འདི་ཉིད་ལས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་ལས་གསུངས་པ་དང་མཐུན་པར་བསྟན་ཏོ།། །།བམ་པོ་བཞི་བཅུ་དྲུག་པ། །མཚན་ཉིད་ཀྱི་དེ་བཞིན་ཉིད་ཀྱི་དོན་སོ་སོར་ཡང་དག་པར་རིག་པའི་ཕྱིར་གང་ཟག་བདག ་མེད་པའི་མཚན་མ་དང། ཆོས་བདག་མེད་པའི་མཚན་མ་དང། རྣམ་པར་རིག་པ་ཙམ་གྱི་མཚན་མ་དང། དོན་དམ་པའི་མཚན་མ་ཡོད་པ་གང་ཡིན་པའོ་ཞེས་བྱ་བ་ལ་སོགས་པས་ནི་མཚན་མ་བརྒྱད་པ་སྟོན་ཏེ། འདི་ཡང་མཚན་མ་བསྟན་པ་དང། སྟོང ་པ་ཉིད་བསྟན་པས་བསྟན་ཏེ། འདི་ནི་མཚན་མ་བསྟན་པའོ། །འདི་ལྟར་གོང་དུ་མཚན་ཉིད་ཀྱི་དེ་བཞིན་ཉིད་གསུངས་པའི་ཕྱིར། དེས་མཚན་མ་རྣམ་པ་བཞི་ཡོད་པར་གྱུར་པ་ཡིན་ཏེ། འདི་ལྟ་སྟེ། གང་ཟག་བདག་མེད་པའི་མཚན་མ་དང། ཆོས་བབ?་བ ་མེད་པའི་མཚན་མ་དང། རྣམ་པར་རིག་པ་ཙམ་གྱི་མཚན་མ་དང། དོན་དམ་པའི་མཚན་མའི་ཕྱིར་རོ། །དེ་ནི་མཛའ་ལས་འདས་པ་སྟོང་པ་ཉིད་དང། དངོས་པོ་མེད་པ་སྟོང་པ་ཉིད་དང། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དང། དོན་དམ་པ ་སྟོང་པ་ཉིད་ཀྱིས་ཡང་དག་པར་རྣམ་པར་སེལ་ཏོ་ཞེས་བྱ་བ་ནི་གཉིས་པ་གཉེན་པོར་གྱུར་པའི་སྟོང་པ་ཉིད་བསྟན་པའོ། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་ལས། མཛའ་ལས་འདས་པ་སྟོང་པ་ཉིད་ནི་འདི་ལྟ་སྟེ། ཆོས་རྣམས་མཐར ་མི་དམིགས་པ་གང་ཡིན་པའོ། །དངོས་པོ་མེད་པ་སྟོང་པ་ཉིད་ནི་འདི་ལྟ་སྟེ། དངོས་པོ་ཅུང་ཟད་ཙམ་ཡང་དམིགས་སུ་མེད་པ་གང་ཡིན་པའོ། །དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ནི་འདི་ལྟ་སྟེ། ཆོས་རྣམས་ལ་ཚོགས་པར་བྱེད་པའི་དངོས་པོ ་དང། ཚོགས་པར་བྱ་བའི་རང་གི་ངོ་བོ་ཉིད་གང་ཡིན་པའོ། །དོན་དམ་པ་སྟོང་པ་ཉིད་ནི་འདི་ལྟ་སྟེ། མྱ་ངན་ལས་འདས་པའོ་ཞེས་གསུངས་སོ། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲེལ་པ་ལས་མཛའ་ལས་འདས་པ་སྟོང་པ་ཉིད་ཅེས་བྱ་བ་ནི། འདུས ་བྱས་སྟོང་པ་ཉིད་དང། འདུས་མ་བྱས་སྟོང་པ་ཉིད་ཀྱི་ཆོས་རྣམས་བཤིག་ནས་ཡོངས་སུ་བཙལ་དུ་མེད་པ་གང་ཡིན་པ་དེ་ནི་མཛའ་ལས་འདས་པ་སྟོང་པ་ཉིད་ཅེས་བྱའོ། །དངོས་པོ་མེད་པ་སྟོང་པ་ཉིད་ཅེས་བྱ་བ་ནི་ཆོས་གང་ཡང་འགག་པར་འགྱུར་བ་མེད་དོ།། ་འགག་པ་མེད་པའི་ཕྱིར་དངོས་པོ་མེད་པ་སྟོང་པ་ཉིད་ཅེས་བྱའོ། །དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཅེས་བྱ་བ་ནི་དངོས་པོ་མེད་པ་དང་དངོས་པོ་ཡོད་པའི་མཚན་མ་བླང་ཞིང་དམིགས་སུ་མེད་པས་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཅེས་བྱའོ། །གཞན ་ཡང་ཁ་ཅིག་ན་རེ་འདས་པ་དང། མ་འོངས་པའི་ཆོས་སྟོང་པ་གང་ཡིན་པ་དེ་ནི་དངོས་པོ་མེད་པ་སྟོང་པ་ཉིད་ཅེས་བྱའོ། །ད་ལྟར་དང་འདུས་མ་བྱས་པའི་ཆོས་སྟོང་པ་གང་ཡིན་པ་དེ་ནི་དངོས་པོ་ཡོད་པ་སྟོང་པ་ཉིད་ཅེས་བྱའོ། །དེ་གཉི་ག་ཡང་སྟོང་པའི ་ཕྱིར་ནི་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཅེས་བྱའོ་ཞེའོ། །གཞན་ཡང་ཁ་ཅིག་ན་རེ་འདུས་མ་བྱས་ཀྱི་ཆོས་ལ་སྐྱེ་བ་དང། གནས་པ་དང་འགག་པ་མེད་པ་གང་ཡིན་པ་དེ་ནི་དངོས་པོ་མེད་པ་སྟོང་པ་ཉིད་ཅེས་བྱའོ། །འདུས་བྱས་ཀྱི་ཆོས་སྐྱེ་བ་དང། ་གནས་པ་དང། འགག་པ་དང་བཅས་པ་གང་ཡིན་པ་དེ་ནི་དངོས་པོ་ཡོད་པ་སྟོང་པ་ཉིད་ཅེས་བྱའོ། །དེ་གཉི་ག་ཡང་སྟོང་པའི་ཕྱིར་ནི་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཅེས་བྱའོ་ཞེའོ། །དོན་དམ་པ་ནི་ཆོས་རྣམས་ཀྱི་དེ་ཁོ་ན་ཉིད་ཀྱི་མཚན་ཉིད་ཅེས ་བྱ་སྟེ། འཇིག་པ་དང་ཉམས་པར་མི་འགྱུར་བའི་ཕྱིར་ཆོས་རྣམས་ཀྱི་དེ་ཁོ་ན་ཉིད་ཀྱི་མཚན་ཉིད་ཀྱང་སྟོང་པ་ཉིད་དོ། །དེ་ཅིའི་ཕྱིར་ཞེ་ན། ལེན་པ་མེད་པ་དང་མངོན་པར་ཞེན་པ་མེད་པའི་ཕྱིར་རོ་ཞེས་འབྱུང་སྟེ། རྒྱ་ཆེར་དེ་ཉིད་ལས་བསྟན་པ་བཞིན་ནོ།། ་མདོ་འདི་ལས་སྟོང་པ་ཉིད་ཀྱི་མཚན་མ་རྣམ་བར་སེལ་བར་གསུངས་པ་ལ་ཡང་བཤད་པ་རྣམ་པ་གསུམ་ཡོད་དེ། ཁ་ཅིག་ན་རེ་མཛའ་ལས་འདས་པ་སྟོང་པ་ཉིད་ཀྱིས་ནི་མཚན་མ་སྔ་མ་གཉིས་རྣམ་པར་འཇིག་པར ་བྱེད་དོ། །དངོས་པོ་མེད་པའི་སྟོང་པ་ཉིད་ཀྱིས་ནི་རྣམ་པར་རིག་པ་ཙམ་གྱི་མཚན་མ་རྣམ་པར་འཇིག་པར་བྱེད་དོ། །དོན་དམ་པའི་སྟོང་པ་ཉིད་ཀྱིས་ནི་དོན་དམ་པའི་མཚན་མ་རྣམ་པར་འཇིག་པར་བྱེད་དོ་ཞེའོ། །ཁ་ཅིག་ན་རེ་མཛའ་ལས་འདས ་པ་སྟོང་པ་ཉིད་ཀྱིས་ནི་མཚན་མ་སྔ་མ་གཉིས་རྣམ་པར་འཇིག་པར་བྱེད་དོ། །རྣམ་པར་རིག་པ་ཙམ་གྱི་མཚན་མ་ལ་མངོན་པར་ཞེན་པ་གང་ཡིན་པ་དེ་ནི་དངོས་པོ་མེད་པ་སྟོང་པ་ཉིད་ཀྱིས་རྣམ་པར་སེལ་ཏོ། །གཞན་གྱི་དབང་ལ་དོན ་དམ་པ་ཉིད་དུ་མངོན་པར་ཞེན་བའི་མཚན་མ་གང་ཡིན་བ་དེ་ནི་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱིས་རྣམ་པར་སེལ་ཏོ། །ཡོངས་སུ་གྲུབ་པ་ཉིད་དུ་མངོན་པར་ཞེན་བ་གང་ཡིན་བ་དེ་ནི་དོན་དམ་པ་སྟོང་པ་ཉིད་ཀྱིས་རྣམ་པར་སེལ་ཏོ་ཞེའོ། ་ཁ་ཅིག་ན་རེ་གོ་རིམ་བཞིན་དུ་སྔ་མའི་མཚན་མ་རྣམ་པ་བཞི་རྣམ་པར་སེལ་པར་བྱེད་དེ། དེས་ན་བདག་ཏུ་འཛིན་པའི་མཚན་མ་གང་ཡིན་པ་དེ་ནི་ཀུན་ཀྱང་མཛའ་ལས་འདས་པ་སྟོང་པ་ཉིད་ཀྱིས་རྣམ་པར་སེལ་ཏོ། །ཆོས་སུ་འཛིན་པའི་མཚན ་མ་གང་ཡིན་པ་དེ་ནི་དངོས་པོ་མེད་པའི་སྟོང་པ་ཉིད་ཀྱིས་རྣམ་པར་སེལ་ཏོ་ཞེས་བསྟན་པ་ཡིན་ཏེ། ཡང་དག་པའི་དོན་དུ་ན་ཆོས་སྟོང་པ་ཉིད་ཀྱང་སྟོང་པ་ཉིད་རྣམས་ཀྱིས་ཡོངས་སུ་བསལ་དགོས་པས་གོང་དུ་བསྟན་པའི་སྟོང་པ་ཉིད་རྣམས་ཀྱང་ཆོས ་སྟོང?་པ་ཉིད་ཀྱིས་ཡོངས་སུ་བསལ་བ་ཡིན་ཏེ། དེའི་ཕྱིར་འདིར་རེ་ཞིག་དངོས་པོ་མེད་པ་སྨོས་ནས་ཆོས་སྟོང་པ་ཉིད་རྣམ་པར་སེལ་བར་བསྟན་པ་ཡང་ཆོས་རྣམ་པར་རིག་པ་ཙམ་ལས་གུད་ན་མེད་པར་རབ་ཏུ་བསྟན་པའི་ཕྱིར་འདི་ལྟར་དངོས་པོ ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱིས་ནི་རྣམ་པར་རིག་པ་ཙམ་གྱིས་མཚན་མ་རྣམ་པར་སེལ་ཏོ། །དོན་དམ་པ་སྟོང་པ་ཉིད་ཀྱིས་ནི་དོན་དམ་པའི་མཚན་མ་རྣམ་པར་སེལ་ཏོ་ཞེས་བསྟན་ཏེ། མིང་དང་དོན་དུ་འཚམ་པའི་ཕྱིར་དོན་གྱི་རབ་ཏུ་བསྟན་པ ་ཡིན་བས་བརྔ་ཕྲད་པར་ཟད་དོ། །དགོངས་པ་ཟབ་མོ་རྣམ་པར་དགྲོལ་བའི་མདོ་ལས་ནི། མཚན་མ་རྣམ་པ་བཞི་པོ་དེ་དག་སྟོང་པ་ཉིད་རྣམ་པ་ལྔས་རྣམ་པར་སེལ་བར་བྱེད་དོ་ཞེས་སྟོན་ཏེ། འདི་ལྟ་སྟེ། རང་བཞིན་སྟོང་པ་ཉིད་དང། དངོས་པོ་མེད་པ་སྟོང ་པ་ཉིད་དང། རང་གི་མཚན་ཉིད་སྟོང་པ་ཉིད་དང། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དང། དོན་དམ་པ་སྟོང་པ་ཉིད་དོ་ཞེས་འབྱུང་སྟེ། མདོ་དེ་དང་སྦྱང་ན་དེ་ལས་སྟོང་པ་ཉིད་བཅོ་བརྒྱད་ཚང་བར་སྟོན་ཏེ། དེའི་ཕྱིར་མདོ་དེ་ཉིད་ལས་བྱམས་པ ་བསྒོམ་པར་དཀའ་པའི་མཚན་མ་ནི་རྣམ་པ་བཅུ་ཡོད་དེ། སྟོང་པ་ཉིད་བཅོ་བརྒྱད་ལ་བརྟེན་ནས་བསྒོམ་པར་དཀའ་བའི་མཚན་མ་དེ་དག་བལྟ་བར་བྱའོ་ཞེས་གསུངས་པ་ཡིན་ནོ། །རྣམ་པར་དག་པའི་དེ་བཞིན་ཉིད་ཀྱི་དོན་སོ་སོར་ཡང་དག་པར་རིག ་པའི་ཕྱིར་འདུས་མ་བྱས་ཀྱི་མཚན་མ་དང་འགྱུར་བ་མེད་པའི་མཚན་མ་ཡོད་པ་གང་ཡིན་པ་ཞེས་བྱ་བ་ལ་སོགས་བས་ནི་མཚན་མ་དགུ་པ་སྟོན་ཏོ། །འདི་ཡང་མཚན་མ་བསྟན་པ་དང། སྟོང་པ་ཉིད་བསྟན་པས་བསྟན་ཏེ། འདི་ནི་མཚན་མ་བསྟན་པའོ ་འདི་ལྟར་སྔར་གོང་དུ་བསྟན་པའི་རྣམ་པར་དག་པའི་དེ་བཞིན་ཉིད་འགོག་པའི་བདེན་པ་སོ་སོར་ཡང་དག་པར་རིག་པའི་ཕྱིར། དེ་སོ་སོར་ཡང་དག་པར་རིག་པར་གྱུར་བ་ན་མཚན་མ་རྣམ་པ་གཉིས་འབྱུང་སྟེ། འདུས་མ་བྱས་པའི་མཚན་མ་དང་འགྱུར ་བ་མེད་བའི་མཚན་མའོ། །དེ་ནི་འདུས་མ་བྱས་སྟོང་པ་ཉིད་དང་འགྱུར་པ་མེད་པ་སྟོང་པ་ཉིད་ཀྱིས་ཡང་དག་པར་རྣམ་པར་སེལ་ཏོ་ཞེས་བྱ་བ་གཉིས་པ་གཉེན་པོར་གྱུར་པའི་སྟོང་པ་ཉིད་སྟོན་པའོ། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི ་མདོ་ལས། འདུ་ས་མ་བྱས་སྟོང་པ་ཉིད་ནི་འདི་ལྟ་སྟེ། སྐྱེ་བ་མེད་པ་དང། གནས་པ་མེད་པ་དང། འགྱུར་པ་མེད་པ་དང། འཇིག་པ་མེད་པ་གང་ཡིན་པ་དེ་ནི་འདུས་མ་བྱས་སྟོང་པ་ཉིད་ཅེས་བྱའོ། །འགྱུར་བ་མེད་པ་ནི་འདི་ལྟ ་སྟེ། གཏོང་བ་མེད་པ་དང། དོར་བ་མེད་པ་དང། སྤངས་པ་མེད་ཅིང་དམིགས་སུ་མེད་པ་གང་ཡིན་པ་དེ་ནི་འགྱུར་བ་མེད་པའོ་ཞེས་གསུངས་སོ། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲེལ་པ་ལས། འདུས་མ་བྱས་ཞེས་བྱ་བ་ནི་རྒྱུ་དང་རྐྱེན ་མེད་པ་ཞེས་བྱ་སྟེ། རྟག་པར་མི་སྐྱེ་བ་དང། མི་འགག་པ་དང། ནམ་མཁའ་ལྟ་བུའོ་ཞེས་བཤད་དེ། འགྱུར་བ་མེད་པ་སྟོང་པ་ཉིད་ནི་འགྲེལ་པ་དེ་ལས་རྣམ་པར་བཤད་པ་མེད་དོ། །མདོ་འདི་ལས་ཀྱང་ཕལ་ཆེར་འཕགས་པ་ཤེས་རབ་ཀྱི་ཕ་རོལ ་ཏུ་ཕྱིན་པའི་མདོ་ལས་གསུངས་པ་དང་མཐུན་པར་སྟོན་ཏེ། འདི་ལྟར་སྟོང་པ་ཉིད་མངོན་དུ་གྱུར་པའི་ཚེ། མཚན་མ་གཉིས་མེད་པའི་ཕྱིར་སྟོང་པ་ཉིད་རྣམ་པ་གཉིས་ཀྱིས་རབ་ཏུ་སྤོང་ངོ། །མཚན་མ་དེའི་གཉེན་པོར་སྟོང་པ་ཉིད་དེ་ཉིད་ཡིད་ལ ་བྱེད་པའི་ཕྱིར་སྟོང་པ་ཉིད་ཀྱི་མཚན་མ་ཡོད་པ་གང་ཡིན་པ་ཞེས་བྱ་བ་ལ་སོགས་པས་ནི་མཚན་མ་བཅུ་པ་སྟོན་ཏོ། །འདི་ཡང་མཚན་མ་བསྟན་པ་དང། སྟོང་པ་ཉིད་བསྟན་པས་བསྟན་ཏེ། འདི་ནི་མཚན་མ་བསྟན་པའོ། །མདོའི་ཚིག་འདི་ལ ་ཡང་བཤད་པ་རྣམ་པ་གཉིས་ཡོད་དེ། ཁ་ཅིག་ན་རེ་མཚན་མ་དེའི་ཞེས་བྱ་བ་ནི་སྔར་བཤད་མ་ཐག་པའི་འདུས་མ་བྱས་ཀྱི་མཚན་མ་དང། འགྱུར་བ་མེད་པའི་མཚན་ཉིད་དོ། །གཉེན་པོ་སྟོང་པ་ཉིད་ཅེས་བྱ་བ་ནི་འདི་ལྟ་སྟེ། སྔར་བཤད ་མ་ཐག་པའི་འདུས་མ་བྱས་སྟོང་པ་ཉིད་དང། འགྱུར་བ་མེད་པ་ཉིད་དེ། དགོངས་པ་ཟབ་མོ་རྣམ་པར་དགྲོལ་བའི་མདོ་ལས། ཇི་སྐད་དུ་བསྟན་པ་བཞིན་ནོ། །དེ་ནི་འདི་སྐད་དུ། བྱང་ཆུབ་སེམས་དཔའ་མཚན་མ་གཉིས་ཀྱི་གཉེན་པོར་སྟོང་པ ་གཉིས་ཡིད་ལ་བྱེད་པའི་ཕྱིར་སྟོང་པ་ཉིད་ཀྱི་མཚན་མ་སྣང་བར་གྱུར་ཏོ་ཞེས་བསྟན་པར་འགྱུར་རོ་ཞེའོ། །ཁ་ཅིག་ན་རེ་མཚན་མ་དེའི་ཞེས་བྱ་བ་ནི་འདི་ལྟ་སྟེ། མཚན་མ་སྔ་མ་དགུ་པོ་དག་གོ་།གཉེན་པོ་སྟོང་པ་ཉིད་ཅེས་བྱ་བ་ནི་སྟོང་པ་ཉིད་སྔ་མ་བཅུ་དྲུག་པོ་དག ་སྟེ། སྔ་མའི་སྟོང་པ་ཉིད་བཅུ་དྲུག་པོ་དག་ཡིད་ལ་བྱེད་པའི་ཕྱིར་སྟོང་པ་ཉིད་བཅུ་དྲུག་གི་མཚན་མ་སྣང་བར་གྱུར་པའོ་ཞེའོ། །ད་ནི་སྟོང་པ་ཉིད་ཀྱིས་ཡང་དག་པར་རྣམ་པར་སེལ་ཏོ་ཞེས་བྱ་བ་ནི་གཉིས་པ་གཉེན་པོར་གྱུར་པའི་སྟོང་པ་ཉིད་བསྟན་པའོ། ། ་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་ལས། དེ་ལ་སྟོང་པ་ཉིད་སྟོང་པ་ཉིད་ནི་འདི་ལྟ་སྟེ། ཆོས་ཐམས་ཅད་སྟོང་པ་ཉིད་ནི་སྟོང་པ་ཉིད་འདིས་སྟོང་པས་ན་སྟོང་པ་ཉིད་སྟོང་པ་ཉིད་ཅེས་བྱའོ་ཞེས་གསུངས་སོ། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ ་ཕྱིན་པའི་འགྲེལ་པ་ལས་ཀྱང་དོན་དེ་སྐད་དུ་སྟོན་ཏེ། དེའི་ཕྱིར་འགྲེལ་པ་དེ་ཉིད་ལས་སྟོང་པ་ཉིད་སྟོང་པ་ཉིད་ཅེས་བྱ་བ་ནི་འདི་ལྟར་སྟོང་པ་ཉིད་འདིས་སྔ་མའི་ནང་སྟོང་པ་ཉིད་དང། ཕྱི་སྟོང་པ་ཉིད་དང། ཕྱི་ནང་སྟོང་པ་ཉིད་རྣམ་པ་གསུམ་འཇིག་པར་བྱེད་པའི ་ཕྱིར་སྟོང་པ་ཉིད་སྟོང་པ་ཉིད་ཅེས་བྱའོ་ཞེས་འབྱུང་སྟེ། རྒྱ་ཆེར་དེ་ཉིད་ལས་བསྟན་པ་བཞིན་ནོ། །བསྟན་བཅོས་དབུས་དང་མཛའ་རྣམ་པར་འབྱེད་པ་ལས། སྟོང་པ་ཉིད་ཀྱི་ཤེས་པ་ཡང་སྟོང་བས་སྟོང་པ་ཉིད་སྟོང་པ་ཉིད་ཅེས་བྱའོ་ཞེས་བཤད་དེ། དེའི་ཕྱིར ་བསྟན་བཅོས་དེ་ཉིད་ལས། ནང་གི་སྐྱེ་མཆེད་ལ་སོགས་པ་དེ་ཡང་གང་གིས་སྟོང་པར་མཐོང་ཞེ་ན། སྟོང་པ་ཉིད་ཞེས་པ་སྟེ། དེའི་སྟོང་པ་ཉིད་ནི་སྟོང་པ་ཉིད་དོ་ཞེས་བཤད་པས་དོན་གྱིས་བསྟན་བཅོས་དབུས་དང་མཛའ་རྣམ་པར་འབྱེད་པ་ལས་གསུངས་པ ་དང། མཐུན་པར་སྔ་མའི་ནང་སྟོང་པ་ཉིད་དང། ཕྱི་སྟོང་པ་ཉིད་དང། ཕྱི་ནང་སྟོང་པ་ཉིད་དང། ཆེན་པོ་སྟོང་པ་ཉིད་རྣམ་པར་འཇིག་པ་ཡིན་ནོ། །འཕགས་པ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་ལས་ནི་ཡོད་པ་དང། མེད་པ་ཅིག་ཆར་རྣམ་པར་སེལ་བའི ་ཕྱིར་སྟོང་པ་ཉིད་ཅེས་བསྟན་ཏེ། དེའི་ཕྱིར་མདོ་དེ་ཉིད་ལས་ཡོད་པ་གང་ཡིན་པ་དང། མེད་པ་གང་ཡིན་པ་དེ་སྟོང་པ་ཉིད་སྟོང་པ་ཉིད་ནི་ཡིན་པ་ཡང་མ་ཡིན། མ་ཡིན་པ་ཡང་མ་ཡིན་པའི་ཕྱིར་སྟོང་པ་ཉིད་སྟོང་པ་ཉིད་ཅེས ་བྱའོ་ཞེས་གསུངས་ཏེ། ཁེན་ཕབ་ཤིན་རེ་རྟེན་ཅིང་འབྲེལ་བར་འབྱུང་བའི་ཆོས་ནི་ཡོད་པ་དང་མེད་པར་མཚུངས་ཏེ། བདག་ཉིད་མཚུངས་པའི་ཕྱིར་མེད་པའི་ཆོས་ནི་ཡོད་པར་འགྱུར་ལ། ཡོད་པའི་ཆོས་ནི་མེད་པར་འགྱུར་ཏེ། འདུས་མ་བྱས་ཡོད་པའི ་ཕྱིར་ཡོད་པ་ཡིན་ཡང་ཡོད་པ་ཉིད་ཀྱང་མ་ཡིན་ལ། འདུས་བྱས་མེད་པའི་ཕྱིར་མེད་པ་ཡིན་ཡང། མེད་པ་ཉིད་ཀྱང་མ་ཡིན་ཏེ། ཡོད་པ་ཡང་མ་ཡིན་མེད་པ་ཡང་མ་ཡིན་པའི་ཕྱིར་སྟོང་པ་ཉིད་སྟོང་པ་ཉིད་ཅེས་བྱའོ་ཞེས་བཤད་དོ། །མདོ་འདི་ལས་གསུངས ་པའི་དོན་ནི་སྔར་བསྟན་པ་དང་མི་མཐུན་པས་བཤད་པ་རྣམ་པ་གཉིས་ཡོད་དེ། ཁ་ཅིག་ན་རེ་འདི་ལྟར་སྟོང་པ་ཉིད་སྟོང་པ་ཉིད་ཀྱིས་ནི་མཚན་མ་རྣམ་པ་དགུའི་ནང་ན་སྟོང་པ་ཉིད་རྣམ་པ་གཉིས་པོ་འདུས་མ་བྱས་སྟོང་པ་ཉིད་དང། འགྱུར་བ་མེད་པ་སྟོང་པ ་ཉིད་ཀྱི་མཚན་མ་རྣམ་པར་སེལ་བའི་ཕྱིར་སྟོང་པ་ཉིད་ཅེས་བྱ་སྟེ་།དེའི་ཕྱིར་དགོངས་པ་ཟབ་མོ་རྣམ་པར་དགྲོལ་པའི་མདོ་ལས། འདུས་མ་བྱས་དང། འགྱུར་བ་མེད་པའི་སྟོང་པ་ཉིད་ཀྱི་མཚན་མའི་གཉེན་པོར་གྱུར་པའི་ཕྱིར་སྟོང་པ་ཉིད་སྟོང་པ་ཉིད་ཅེས ་བྱའོ་ཞེས་གསུངས་ཏེ་།ཞིབ་ཏུ་དེ་ཉིད་ལས་བསྟན་པ་བཞིན་ནོ་ཞེའོ། །ཁ་ཅིག་ན་རེ་འདི་ལྟར་སྟོང་པ་ཉིད་སྟོང་པ་ཉིད་ཀྱིས་ནི་སྔ་མའི་སྟོང་པ་ཉིད་བཅུ་དྲུག་པོ་དག་གི་མཚན་མ་རྣམ་པར་སེལ་བར་བྱེད་པའི་ཕྱིར་སྟོང་པ་ཉིད་སྟོང་པ་ཉིད་ཅེས་བྱའོ་ཞེའོ།། ་དགོངས་པ་ཟབ་མོ་རྣམ་པར་དགྲོལ་བའི་མདོ་ལས། སྟོང་པ་ཉིད་རྣམ་པ་གཉིས་ཀྱི་མཚན་མ་རྣམ་པར་སེལ་བར་བསྟན་པ་ནི་ལོ་ཙཱ་བ་དག་གི་བསམ་པ་ཐ་དད་པའི་ཕྱིར་རོ། །བཅོམ་ལྡན་འདས་དེ་ལྟར་མཚན་མ་རྣམ་པ་བཅུ་རྣམ་པར་སེལ་བར་བགྱིད ་བན་གང་དག་རྣམ་པར་སེལ་བར་བགྱིད་ཅིང། མཚན་མ་གང་ལས་ཡོངས་སུ་གྲོལ་བར་འགྱུར་ལགས་ཞེས་བྱ་བ་འདི་མན་ཆད་ནི་གཉིས་པ་མཚན་མ་ཡོངས་སུ་བསལ་བའི་རྣམ་པར་གྲོལ་བ་རྣམ་པར་འབྱེད་པ་སྟོན་ཏོ། །འདི་ཡང་རྣམ་པ་གཉིས ་སུ་དབྱེ་སྟེ་།ཞུས་པ་དང། ལན་དག་གིས་མཚན་མ་ཡོངས་སུ་བསལ་བ་རྣམ་པར་གྲོལ་བ་རྣམ་པར་འབྱེད་པ་དང། རིགས་ཀྱི་བུ་གཙོ་བོའི་དབང་དུ་བྱས་ནས་ཞེས་བྱ་བ་མན་ཆད་གཞན་གྱིས་བརྒལ་བའི་ཐེ་ཚོམ་གཅོད་པའོ། །དང་པོ་ཡང་རྣམ ་པ་གཉིས་ཏེ་།ཞུ་བ་གསོལ་བ་དང། ལན་དུ་གསུངས་པ་སྟེ། འདི་ནི་ཞུ་བ་གསོལ་བའོ། །ཞུ་བ་གསོལ་བ་ལ་ཡང་དགོངས་པ་རྣམ་པ་གཉིས་ཡོད་དེ། མཚན་མ་གང་དག་རྣམ་པར་སེལ་བར་འགྱུར་བ་ཞུ་བ་དང། མཚན་མ་གང་ལས་ཡོངས ་སུ་གྲོལ་བར་འགྱུར་བ་ཞུ་བའོ། །ཞུས་བ་དང་པོའི་དགོངས་པ་ཡང་བཤད་པ་མི་མཐུན་པ་རྣམ་པ་གསུམ་ཡོད་དེ། ཁ་ཅིག་ན་དེ་གོང་དུ་བསྟན་པའི་ཡོངས་སུ་འཛིན་པའི་མཚན་མ་དེ་དག་རྣམ་པར་སེལ་བ་ན། མཚན་མ་གང་དག་ཡོངས་སུ་བསལ ་བར་འགྱུར་ཞེས་བྱ་བའི་ཐ་ཚིག་གོ་ཞེའོ། །ཁ་ཅིག་ན་རེ་གོང་དུ་མཚན་མ་རྣམ་པ་བཅུ་ཡོངས་སུ་བསལ་བར་བསྟན་པ་དེ་ཡང་ཏིང་ངེ་འཛིན་དང། རྣམ་པར་གཡེང་བའི་མཚན་མའི་ནང་ནས་མཚན་མ་གང་ལས་བརྩམས་ནས་བསྟན་ཅེས་བྱ ་བའི་ཐ་ཚིག་གོ་ཞེའོ། །ཁ་ཅིག་ན་རེ་གོང་དུ་ཡོངས་སུ་འཛིན་པའི་མཚན་མ་རྣམ་པར་སེལ་བར་བསྟན་པ་དེ་ཡང་མཚན་མ་ཇི་ལྟ་བུ་ཞིག་ཅེས་བྱ་བའི་ཐ་ཚིག་གོ་ཞེའོ། །ཞུས་པ་གསུམ་པ་འདི་དང་སྦྱར་ན་ལན་ཡང་རྣམ་པ་གསུམ་དུ ་འགྱུར་ཏེ། མདོའི་ཚིག་ཐད་ཀར་བབ་པ་ན་བཤད་པར་བྱའོ། །རིགས་ཀྱི་བུ་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་གཟུགས་བརྙན་གྱི་མཚན་མ་རྣམ་པར་སེལ་བར་བྱེད་ཅིང་ཀུན་ནས་ཉོན་མོངས་པའི་མཚན་མ་ལས་ཡོངས་སུ་གྲོལ་བར་འགྱུར་ལ་དེ་ཡང་རྣམ ་བར་སེལ་ཏོ་ཞེས་བྱ་བ་ནི་གཉིས་པ་དེ་བཞིན་གཤེགས་བས་ཡང་དག་པར་ཞུས་པ་རྣམ་པ་གཉིས་ཀྱིས་ལན་དུ་གསུངས་པའོ། །ལན་དུ་གསུངས་པ་འདི་ཡང་སྔ་མའི་ཞུ་བ་རྣམ་པ་གསུམ་ཡོད་པ་ཉིད་ཀྱིས་འདི་ལ་བཤད་པ ་རྣམ་པ་གསུམ་ཡོད་དེ། ཁ་ཅིག་ན་རེ་སྟོང་པ་ཉིད་བསྒོམས་པས་ཀུན་ཏུ་བརྟགས་པའི་མཚན་མ་རྣམ་པ་བཅུ་པོ་དག་རྣམ་པར་སེལ་བ་ན་སྟོང་པ་ཉིད་དུ་བསྒོམས་པའི་སེམས་ལ་ད་དུང་གཞན་གྱི་དབང་སྟོང་པ་འདྲ་བའི་གཟུགས་བརྙན་སྟོང་པ ་ཉིད་ཀྱི་སེམས་ཀྱི་རྗེས་སུ་སྣང་བས། སྟོང་པ་ཉིད་ཀྱིས་རྣལ་འབྱོར་དེ་ལས་མངོན་པར་རྟོགས་པའི་ཤེས་པ་ལ་ཞུགས་ནས་ཡང་སྟོང་པ་འདྲ་བའི་གཟུགས་བརྙན་གྱི་རྒྱུ་མཚན་གྱི་རྣམ་པ་རྣམ་པར་སེལ་བར་བྱེད་དེ། རྒྱུ་མཚན་གྱི་རྣམ་པ་ཡོངས་སུ ་བསལ་བ་ཉིད་ཀྱིས་ཀུན་ནས་ཉོན་མོངས་པའི་འཆིང་བའི་ས་བོན་ལས་ཡོངས་སུ་གྲོལ་བར་འགྱུར་རོ། །ཡོངས་སུ་གྲོལ་བའི་སེམས་ཀྱང་ཡོངས་སུ་སྤོང་བར་འགྱུར་བའི་ཕྱིར་དེ་ཡང་རྣམ་པར་སེལ་ཏོ་ཞེས་བྱ་བ་ནི་གསུངས་སོ་ཞེའོ། །ཁ་ཅིག་ན་རེ་གོང ་དུ་བསྟན་པ་ལྟར་མཚན་མ་རྣམ་པ་བཅུ་རྣམ་པར་སེལ་བ་ན། ཏིང་ངེ་འཛིན་གྱི་སྤྱོད་ཡུལ་གཞན་གྱི་དབང་གིས་གཟུགས་བརྙན་གྱི་རྒྱུ་མཚན་གྱི་རྣམ་པ་ཁོ་ན་རྣམ་པར་སེལ་བར་བྱེད་དེ། ཏིང་ངེ་འཛིན་གྱི་གཟུགས་བརྙན་རྣམ་པར་སེལ་བ་ཉིད་ཀྱི ་ཕྱིར་ཟག་པ་དང་བཅས་པའི་མཚན་མའི་འཆིང་བ་ལས་ཡོངས་སུ་གྲོལ་བར་འགྱུར་རོ། །མཚན་མའི་འཆིང་བ་ལས་ཡོངས་སུ་གྲོལ་བའི་མཐུའི་ཕྱིར་དམིགས་པར་བྱེད་པ། ལྟ་བའི་རྣམ་པ་ཡང་རྣམ་པར་སེལ་བར་བྱེད་དོ། །ཡང་ན་མངོན་དུ ་སྤྱོད་པའི་མཚན་མའི་འཆིང་བ་ལས་ཡོངས་སུ་གྲོལ་བའི་མཐུའི་ཕྱིར་མཚན་མའི་འཆིང་བའི་ས་བོན་ལས་ཀྱང་ཡོངས་སུ་གྲོལ་བར་འགྱུར་བའོ་ཞེའོ། །ཁ་ཅིག་ན་རེ་གོང་དུ་བསྟན་པ་ལྟར་མཚན་མ་རྣམ་པ་བཅུ་རྣམ་པར་སེལ་བ་དེ་ནི་ཏིང་ངེ ་འཛིན་ལ་བརྟེན་ནས་སྣང་པའི་གཟུགས་བརྙན་ཀུན་བརྟགས་པའི་མཚན་མའོ། །འདི་ལྟར་ཏིང་ངེ་འཛིན་ལ་གཟུགས་བརྙན་དང་བཅས་པ་སྣང་བས་ཕྱིས་རྣམ་པར་གཡེང?་བར་སེམས་ཀྱང། གཟུགས་བརྙན་དེ་ལ་བརྟེན་ནས་ཡང་དག་པ་མ་ཡིན་པའི་སེམས ་ཀྱི་རྗེས་སུ་ཡོངས་སུ་འཛིན་པའི་མཚན་མ་ཡོད་པར་འགྱུར་བས། དེའི་ཕྱིར་སྟོང་པ་ཉིད་དུ་བསྒོམས་པའི་ཚེ་མཚན་མ་དེ་ལྟ་བུ་དག་རྣམ་པར་སེལ་བར་བྱེད་དེ། ཡོངས་སུ་འཛིན་པའི་མཚན་མ་རྣམ་པར་སེལ་བའི་ཕྱིར་ཀུན་ནས་ཉོན་མོངས་པའི་མཚན་མ ་ལས་ཡོངས་སུ་གྲོལ་པར་འགྱུར་རོ་ཞེའོ། །ཡང་ན་སློབ་དཔོན་ཆོས་སྐྱོང་གིས་བསྟན་པ་ལྟར་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་གྱི་གཟུགས་བརྙན་རྣམ་པར་སེལ་བ་ཞེས་བྱ་བ་ཡང་སྔར་བསྟན་པ་བཞིན་དུ་མངོན་དུ་མི་སྣང་བའི་ཕྱིར་རྣམ་པར་སེལ་པ་ཞེས་བྱའི་རང ་གི་བདག་ཉིད་ཀྱང་མེད་པའི་ཕྱིར་རྣམ་པར་སེལ་བ་ཞེས་བྱ་བ་ནི་མ་ཡིན་ཏེ། དེའི་ཕྱིར་བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས། རྣལ་འབྱོར་པ་ཀུན་བརྟགས་པའི་ངོ་བོ་ཉིད་ལ་ཡང་དག་པར་ཞུགས་པའི་ཚེ་ངོ་བོ་ཉིད་གང་གི་རྗེས་སུ་འཇུག་ཅེ་ན། ་སྨྲས་པ། ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ཀྱི་རྗེས་སུ་འཇུག་གོ་།རྣལ་འབྱོར་པ་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་རྗེས་སུ་ཞུགས་པའི་ཚེ། ངོ་བོ་ཉིད་གང་རྣམ་པར་སེལ་ཅེ་ན། སྨྲས་པ། གཞན་གྱི་དབང་གི་ངོ་བོ་ཉིད་རྣམ་པར་སེལ་བར་བྱེད་དོ་ཞེས་འབྱུང་ངོ།། ་གཞན་ཡང་དེ་ཉིད་ལས་རྣལ་འབྱོར་པས་ཇི་ལྟར་དམིགས་པའི་ཡུལ་གྱི་མཚན་མ་རྣམ་པར་སེལ་བར་བྱེད་ཅེ་ན། སྨྲས་པ། ཡང་དག་པའི་ཏིང་ངེ་འཛིན་གྱིས་ཤེས་བྱའོ་གཟུགས་བརྙན་ལ་སྔར་སོ་སོར་བརྟགས་པས་ཕྱིས་དོན་དམ་པའི་ཡིད་ལ་བྱས ་པའི་སྟོབས་ཀྱི་མཚན་མ་དང་བཅས་པ་ཉིད་ནི་རྣམ་པར་ལྡོག་ལ་མཚན་མ་མེད་པ་ཉིད་ནི་ཐོབ་པར་འགྱུར་རོ་ཞེས་འབྱུང་ངོ། །གཞན་ཡང་དེ་ཉིད་ལས་གཅོད་པར་ནུས་ཤིང་སྤོང་བར་ནུས་པའི་ཕྱིར་རྣམ་པར་སེལ་བ་ཞེས་བཤད་དོ། །བསྟན ་བཅོས་རྣམ་པར་བཤད་པ་ལས། དེ་ལ་རྣམ་པར་སེལ་བའི་བསྒོམ་པ་ནི་འདི་ལྟ་སྟེ། ཇི་ལྟར་ཁ་ཅིག་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་གྱི་གཟུགས་བརྙན་གྱི་མཚན་མ་ཡིད་ལ་བྱས་པའི་ཕྱིར། ཆོས་རྣམས་ཀྱི་རྩ་བའི་ངོ་བོ་ཉིད་ཀྱི ་མཚན་མ་རྣམ་པར་སེལ་བར་བྱེད་ཅིང། ཡང་སྣང་བར་མི་འགྱུར་བར་བྱེད་པས་ཁྱི་གུས་ཁྱི་གུ་དབྱུང་བའི་རིགས་པ་ལས་བརྟེན་པར་བྱེད་དེ། དཔེར་ན་སྐྱེས་བུ་ལ་ལས་ཁྱི་གུ་ཕྲ་མོས་ཁྱི་གུ་སྦོམ་པོ་འབྱིན་པ་ལྟར། ལུས་ཤིན་ཏུ་མྱངས? ་པས་ལུས་ཀྱི་གནས་ངན་ལེན་རྣམ་པར་སེལ་བར་བྱེད་པ་ལྟ་བུའོ་ཞེས་འབྱུང་སྟེ། བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་ཀྱང་དེ་སྐད་དུ་སྟོན་ཏོ། །རིགས་ཀྱི་བུ་གཙོ་བོའི་དབང་དུ་བྱས་ནས་སྟོང་པ་ཉིད་དེ་དག་ནི་མཚན་མ་དེ་དག་གི་གཉེ? ་པོར་གྱུར་པ་ཞེས་བསྟན་ཀྱང། རེ་རེ་ལ་ཡང་མཆེན་མ་ཐམས་ཅད་ཀྱི་གཉེན་པོར་མི་འགྱུར་བ་ནི་མ་ཡིན་པར་རིག་པར་བྱའོ་ཞེས་བྱ་བ་འདི་མན་ཆད་ནི་གཉིས་པ་གཞན་གྱིས་བརྒལ་བའི་ཐེ་ཚོམ་གཅོད་པའོ། །འདི་ཡང་རྣམ་པ་གསུམ་དུ ་དབྱེ་སྟེ། དོན་བསྟན་པ་དང། དཔེས་ཉེ་བར་མཚོན་པ་དང། དཔེ་དང་དོན་སྦྱོར་པའོ། །འདི་ནི་དང་པོའི་བསྟན་པ་སྟེ། གཞན་དག་ན་རེ་ཅི་རེ་རེས་ཀྱང་མཚན་མ་རྣམ་པ་བཅུ་པོ་དག་ཡོངས་སུ་སེལ་བར་མི་བྱེད་དམ། ཅིའི་ཕྱིར་སོ་སོ་ནས་མཚན་མ ་ཐ་དད་བ་རེ་རེ་རྣམ་པར་སེལ་བར་བྱེད་ཅེས་རྒོལ་བས་དེའི་ཕྱིར་ལན་དུ་འདི་གསུངས་པ་ཡིན་ཏེ། ཡང་དག་པའི་དོན་དུ་ན་རེ་རེས་ཀྱང་མཚན་མ་ཐམས་ཅད་རྣམ་པར་སེལ་བར་བྱེད་མོད་ཀྱི། གཙོ་བོའི་དབང་དུ་མཛད་པའི་ཕྱིར་མཚན་མ་རེ་རེ ་རྣམ་པར་སེལ་བ་པ་བསྟན་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ་།དཔེར་ན་མ་རིག་པ་ནི་རྒ་ཤིའི་བར་གྱི་ཀུན་ནས་ཉོན་མོངས་པའི་ཆོས་རྣམས་མི་བསྐྱེད་པ་མ་ཡིན་མོད་ཀྱི། གཙོ་བོའི་དབང་དུ་བྱས་ནས་འདུ་བྱེད་སྐྱེད་པ་ཞེས་བསྟན་ཏེ། འདུ ་བྱེད་རྣམས་ཀྱི་ཉེ་བའི་རྐྱེན་ཡིན་བའི་ཕྱིར་ཞེས་བྱ་བ་ནི་གཉིས་པ་དཔེ་ཉེ་བར་མཚོན་པ་སྟེ། མདོ་ཉིད་ཀྱི་བརྡ་ཕྲད་པར་ཟད་དོ། །འདི་ལ་ཡང་ཚུལ་དེ་བཞིན་དུ་རིག་པར་བྱའོ་ཞེས་བྱ་བ་ནི་གསུམ་པ་དཔེ་དང་སྦྱར་བའོ། ། དེ་ནས་བྱང་ཆུབ་སེམས་དཔའ་ཨི་བྱམས ་པས་ཡང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འདི་ལ་སྟོང་པ་ཉིད་གང་གིས་སྟོང་པ་ཉིད་ཀྱི་མཚན་ཉིད་བསྡུས་པ་གང་ལས། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་དེ་རྟོགས་ནས་སྟོང་པ་ཉིད་ཀྱི་མཚན་ཉིད་རབ?་ཏུ་ཉམས ་པར་མི་འགྱུར་ཞིང། མངོན་པའ་ང་རྒྱལ་ཡོངས་སུ་སྤོང་བར་འགྱུར་ལགས་ཞེས་བྱ་བ་འདི་མན་ཆད་ནི་གསུམ་བ་ཞུས་པ་དང་ལན་ངག་གིས་སྟོང་པ་ཉིད་ཀྱི་མཚན་ཉིད་བསྡུས་པ་རྣམ་པར་འབྱེད་པའོ། །འདི་ཡང་རྣམ་པ་གཉིས་ཏེ། ཞུ་བ་གསོལ་བ ་དང། ལན་དུ་གསུངས་པ་སྟེ། འདི་ནི་དང་པོ་ཞུ་བ་གསོལ་བའོ། །འདི་ལ་སྟོང་པ་ཉིད་གང་ལགས། སྟོང་པ་ཉིད་ཀྱི་མཚན་ཉིད་མདོར་བསྡུས་པ་ཞེས་བྱ་བ་ནི་སྟོང་པ་ཉིད་མདོར་བསྡུས་པ་གང་ཡིན་པ་ཉིད་ཡང་དག་པར་ཞུས་པའོ། །དེ་ལ་ཞུ ་བ་གསོལ་བའི་དགོངས་པ་ནི་འདི་ཡིན་ཏེ། ངོ་བོ་ཉིད་རྣམ་པ་གསུམ་ལས་ཆོས་སྟོང་པ་ཉིད་ནི་སྟོང་པ་ཉིད་གང་གིས་བསྡུས་པ་ལགས་ཞེས་བྱ་བའི་ཐ་ཚིག་གོ་།བྱང་ཆུབ་སེམས་དཔའ་ཨི་རྣམས་ཀྱིས་ཞེས་བྱ་བ་ལ་སོགས་པས་ནི་ཞུ?་གསོལ ་པའི་དགོངས་པ་བསྟན་པ་སྟེ་།གལ་ཏེ་སྟོང་པ་ཉིད་མདོར་བསྡུས་པ་ཁོང་དུ་ཆུད་པར་གྱུར་ན། རབ་ཏུ་ཉམས་པར་གྱུར་པ་སྟོང་པ་ཉིད་ཉེ་བར་གཟུང་བའི་སྐྱོན་མེད་པས་དེའི་དབང་གིས་མ་ཐོབ་པར་ཐོབ་བོ་སྙམ་པའི་མངོན་པའི་ང་རྒྱལ་གྱི་ཉེས་པ་ཡང ་ཡོངས་སུ་སྤོང་བར་འགྱུར་བའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་བྱམས་པ་ལ་ལེགས་སོ་ལེགས་སོ་ཞེས་བསྔགས་པ་བརྗོད་ནས་རིགས་ཀྱི་བུ་ཁྱོད་ཀྱིས་དེང་འདིར་དེ་བཞིན་གཤེགས་པ་ལ་འདི་ལྟར་དོན་ཟབ་མོ་འདྲི་བ་ནི་བྱང ་ཆུབ་སེམས་དཔའ་རྣམས་སྟོང་པ་ཉིད་ཀྱི་མཚན་ཉིད་ལས་རབ་ཏུ་ཉམས་པར་མི་འགྱུར་བར་བྱ་བའི་ཆེད་དུའོ་ཞེས་བྱ་བ་ལ་སོགས་པས་ནི་གཉིས་པ་དེ་བཞིན་གཤེགས་པས་ཡང་དག་པར་ལན་དུ་གསུངས་པ་སྟོན་ཏོ། །འདི ་ཡང་རྣམ་པ་གཉིས་ཏེ། ཞུས་པའི་བསྔགས་པ་བརྗོད་ནས་བཤད་པར་གནང་བ་བསྟན་པ་དང་ཞུས་པ་བཞིན་དུ་ལན་ཡང་དག་པར་གསུངས་པའོ། །དང་པོ་ཡང་རྣམ་པ་གསུམ་དུ་དབྱེ་སྟེ། ཞུ་བ་ཞུས་པ་ལ་ཕན་ཡོན་ཡོད་པར་བསྔགས་པ་དང། ཞུ ་བ་མ་གསོལ་བའི་ཉེས་དམིགས་བསྟན་པ་དང། མཉན་བར་བསྐུལ་ཞིང་བཤད་པར་གནང་བ་སྟེ། འདི་ནི་དང་པོ་ཞུ་བ་ཞུས་པ་ལ་ཕན་ཡོན་ཡོད་པར་བསྔགས་པའོ། །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་གང་སྟོང་པ་ཉིད་ཀྱི་མཚན ་ཉིད་ལས་རབ་ཏུ་ཉམས་པ་ནི་ཐེག་པ་ཆེན་པོ་མཛའ་དག་ལས་རབ་ཏུ་ཉམས་པར་འགྱུར་བས་ཞེས་བྱ་བས་ནི་གཉིས་པ་ཞུ་བ་མ་གསོལ་བའི་ཉེས་དམིགས་བསྟན་པའོ། །མདོའི་ཚིག་འདི་ཡང་རྣམ་པ་གཉིས་སུ་དབྱེ་སྟེ། དང་པོ་ཅིའི་ཕྱིར་ཞེ་ན། ་ཞེས་བྱ་བ་ནི་སྟོང་པ་ཉིད་ཀྱི་མཚན་ཉིད་རབ་ཏུ་ཉམས་པར་མི་འགྱུར་བའི་གཏན་ཚིགས་བསྟན་པའོ། །རིགས་ཀྱི་བུ་ཞེས་བྱ་བ་ལ་སོགས་པས་ནི་རབ་ཏུ་ཉམས་པར་འགྱུར་བའི་མཚན་ཉིད་རབ་ཏུ་བསྟན་ཏོ། །དེ་ལ་བྱང་ཆུབ་སེམས་དཔའ་གང ་སྟོང་པ་ཉིད་ཀྱི་མཚན་ཉིད་ལས་རབ་ཏུ་ཉམས་པ་ནི་ཐེག་པ་ཆེན་པོ་མཛའ་དག་ལས་ཀྱང་རབ་ཏུ་ཉམས་པར་འགྱུར་ཞེས་བྱ་བ་ལ་ཐེག་པ་ཆེན་པོ་མཛའ་དག་ཅེས་བྱ་བ་ནི་སྔར་ཁུངས་སུ་བསྟན་པ་འཕགས་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་ལས་ ་སྟོང་པ་ཉིད་བཅོ་བརྒྱད་ལ་སོགས་པ་ཇི་སྐད་དུ་བསྟན་པ་ཉིད་ནི་ཐེག་པ་ཆེན་པོ་ཞེས་བྱའོ། །འདིར་རབ་ཏུ་ཉམས་པར་འགྱུར་ཞེས་གསུངས་པ་དེ་ཡང། བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་ཇི་སྐད་དུ། ཇི་ལྟར་བྱང་ཆུབ་སེམས་དཔའ་ཐེག ་པ་ཆེན་པོ་ལས་རབ་ཏུ་ཉམས་པ་ཡིན་ཞེ་ན། འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་གལ་ཏེ་ཆོས་རྣམས་ཀྱི་ཟབ་པ་དང་ངོ་བོ་ཉིད་མེད་པ་ཉིད་ཐོས་ན་རང་བཞིན་གྱིས་ཉོན་མོངས་པའི་རིམས་ནད་ཉིད་མེད་པར་ཡོངས་སུ་འཛིན་ཅིང་བདག་ཉིད་འཁོར་བའི་ནང ་ལྕི་བ་མེད་དོ་སྙམ་དུ་སེམས་ཏེ། དཔེར་ན་རིམས་ཀྱིས་བཏབ་པར་གྱུར་པ་དེ་ཉིད་བདག་ཉིད་མེད་པར་རླམ་པར་བྱེད་པ་རིམས་ཀྱི་ནང་ལས་ཐར་བར་མི་འགྱུར་ཞིང་རབ་ཏུ་ཉམས་པར་འགྱུར་བ་དང་འདྲ་བར་བྱང་ཆུབ་སེམས་དཔའ་ཡང་དེ་བཞིན་དུ་བལྟ ་བར་བྱའོ་ཞེས་འབྱུང་ངོ། །གཞན་ཡང་བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་ནི་སྒྲོ་འདོགས་པ་དང་སྐུར་པ་འདེབས་པ་དང། སྟོང་པ་ཉིད་ཉེས་པར་བཟུང་བ་ལ་རབ་ཏུ་ཉམས་པ་ཞེས་བཤད་དེ། དེའི་ཕྱིར་བསྟན་བཅོས་དེ་ཉིད་ལས་གང་ཟག ་རྣམ་པ་གཉིས་ནི་སངས་རྒྱས་ཀྱི་ཆོས་འདུལ་བ་ལས་རབ་ཏུ་ཉམས་པར་འགྱུར་ཏེ། གཟུགས་ལ་སོགས་པའི་ཆོས་རྣམས་དང་གཟུགས་ལ་སོགས་པའི་དངོས་པོ་འདོགས་པའི་ཚིག་གི་ངོ་བོ་ཉིད་ཀྱི་མཚན་ཉིད་ཡོད་པ་མ་ཡིན་པ་ལ་སྒོ་བཏགས་ནས ་མངོན་པར་ཞེན་པ་གང་ཡིན་པ་དང། འདོགས་པའི་མཚན་མའི་གཞི་དང། འདོགས་པའི་མཚན་མའི་རྟེན་དུ་གྱུར་པ་བརྗོད་དུ་མེད་པའི་བདག་ཉིད་ཀྱི་དོན་དམ་པར་ཡོད་པ་ཡང་དག་པའི་དངོས་པོ་ལ་ཐམས་ཅད་ཀྱི་ཐམས་ཅད་དུ་མེད་དོ་ཞེས་སྐུར ་པ་འདེབས་ཤིང། ཆུད་གསོན་པར་བྱེད་པ་གང་ཡིན་པ་ཞེས་བྱ་བ་ནས་སྟོང་པ་ཉིད་ཉེས་པར་གཟུང་བའི་བར་གང་ཡིན་པ་དེ་ནི་རབ་ཏུ་ཉམས་པ་ཞེས་བྱའོ་ཞེས་བཤད་དེ། རྒྱུ་ཚར་དེ་ཉིད་ལས་བསྟན་པ་བཞིན་དུ་རིག་པར་བྱའོ། །དེའི་ཕྱིར་ཁྱོད་ཀྱིས ་ལེགས་པར་ཉོན་ཅིག་དང། ཁྱོད་ལ་སྟོང་པ་ཉིད་ཀྱི་མཚན་ཉིད་བསྡུས་པ་བཤད་པར་བྱའོ་ཞེས་བྱ་བ་ནི་གསུམ་པ་མཉན་པར་བསྐུལ་ཞིང་བཤད་པར་གནང་བ་བསྟན་པའོ། །རིགས་ཀྱི་བུ་གཞན་གྱི་དབང་གི་མཚན་ཉིད་དང། ཡོངས་སུ་གྲུབ་པའི ་མཚན་ཉིད་རྣམ་པ་ཐམས་ཅད་དུ་ཀུན་ནས་ཉོན་མོངས་པ་དང། རྣམ་པར་བྱང་བའི་ཀུན་བརྟགས་བའི་མཚན་ཉིད་ཤིན་ཏུ་རྣམ་པར་བྲལ་བ་ཉིད་དང། དེ་ལ་ཅི་ཡང་དམིགས་སུ་མེད་པ་གང་ཡིན་པ་དེ་ནི་ཐེག་པ་ཆེན་པོ་ལ ་?་པ་ཉིད་ཀྱི་མཚན་ཉིད་བསྡུས་པ་ཞེས་བྱའོ་ཞེས་བྱ་བ་ནི་གཉིས་པ་ཞུས་པ་བཞིན་དུ་ལན་ཡང་དག་པར་གསུངས་པའོ། །མདོའི་ཚིག་འདི་ཡང་རྣམ་པ་གཉིས་ཏེ། ཞུས་པ་བཞིན་དུ་ལན་ལང་དག་པར་བསྟན་པ་དང། དེ་ནི་ཞེས་བྱ་བ ་མན་ཆད་ནི་མཇུག་བསྡུ་ཞིང་གཞན་དག་གིས་བརྒལ་བའི་ལན་བཏབ་པའོ། །ལན་ཡང་དག་པར་བསྟན་པ་ལ་ཡང་རྒྱ་གར་ཡུལ་པའི་སློབ་དཔོན་དག་གི་བཤད་པ་རྣམ་པ་གཉིས་ཡོད་དེ། དང་པོ་སློབ་དཔོན་བྷ་བྱ་ལ་སོགས་པས་མདོ ་འདི་ལས་ནི་ངོ་བོ་ཉིད་རྣམ་པ་གསུམ་ཆར་ཡང་སྟོང་པ་ཉིད་དུ་སྟོན་པར་མཛད་དོ་ཞེས་བཤད་དེ། མདོ་འདི་ལས་ཇི་སྐད་དུ་གཞན་གྱི་དབང་དང་ཡོངས་སུ་གྲུབ་པའི་མཚན་ཉིད་རྣམ་པ་ཐམས་ཅད་དུ་ཀུན་ནས་ཉོན་མོངས་པ་དང། རྣམ ་པར་བྱང་བའི་ཀུན་བརྟགས་བའི་མཚན་ཉིད་ཤིན་ཏུ་རྣམ་པར་བྲལ་བ་ཉིད་ཅེས་གསུངས་པས་ནི་ཀུན་བརྟགས་པའི་ངོ་བོ་ཉིད་སྟོང་པ་ཉིད་དུ་བསྟན་ཏོ། །དེ་ལ་ཅི་ཡང་དམིགས་སུ་མེད་པ་གང་ཡིན་པ་ཞེས་གསུངས་པས་ནི་གཞན་གྱི་དབང ་དང། ཡོངས་སུ་གྲུབ་བའི་ངོ་བོ་ཉིད་རྣམ་པ་གཉིས་ཀྱིས་སྟོང་པའི་དོན་བསྟན་ཏེ། དེ་ལྟར་ངོ་བོ་ཉིད་རྣམ་པ་གསུམ་པོ་དག་དམིགས་སུ་མེད་པ་གོང་ཡིན་པ་དེ་ནི་སྟོང་པ་ཉིད་ཀྱི་མཚན་ཉིད་བསྡུས་པ་ཞེས་བྱའོ། །གཞན་གྱི་དབང་ཡང ་རྣམ་པར་སེལ་བར་ཇི་ལྟར་ཤེས་ཞེ་ན། དེ་མོད་ལས་གསུངས་པ་ཁུངས་སུ་བསྟན་པ། ཆོས་ནི་གང་ཡང་ཅུང་ཟད་སྐྱེ་བ་མེད། །ཆོས་ནི་ཅུང་ཟད་གང་ཡང་འགག་པ་མེད། །ལྟ་བ་དག་ལས་ཆོས་རྣམས་རབ་བརྟགས་ན། །ཡོད་པ་མ ་ཡིན་མེད་པའང་མི་ན། ཞེས་གསུངས་པ་དང་གཞན་ཡང་མདོ་གཉིས་པོ་དག་ལས། ཆོས་རྣམས་རྐྱེན་ལས་གང་སྐྱེས་པ། །རྐྱེན་དང་ཆོས་ནི་གཉི་ཀ་མེད། །དེ་ལྟར་ཡང་དག་གང་སྐྱེས་པ། །རྒྱོན་ནི་རྟོགས་པ་ཞེས་བྱའོ། །ཆོས་ནི་རྐྱེན་ལས་གང་སྐྱེས་པ།། ་ཆོས་དེ་དངོས་པོ་ཅི་ཡང་མེད། །ཆོས་དངོས་མེད་པ་གང་ཡིན་པ། །ཆོས་དེ་རྐྱེན་ལས་སྐྱེས་མ་ཡིན། ཞེས་གསུངས་པ་དང། གཞན་ཡང་འཕགས་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲེལ་པ་ལས་ཀྱང། ཆོས་རྣམས་ནི་དམིགས་སུ་མེད་པའོ་ཞེས་བྱ་བས་ན ་ཆོས་ཀྱི་དབྱིངས་དང། ཡང་དག་པའི་མཛའ་ཞེས་གསུངས་པས་དེའི་ཕྱིར་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ཀྱང་དམིགས་སུ་མེད་པར་ཤེས་པར་བྱའོ། །གལ་ཏེ་དེ་ལྟ་ན་མདོ་ལས་གསུངས་པ་དེ་ཅི་ལྟར་བརྔ་སྤྲད་ཅིང་རྣམ་པར་བཤད་པར་བྱ་སྟེ། མདོ་ལས་ནི། ་ཀུན་བརྟགས་དག་ནི་ཡོད་མ་ཡིན། །གཞན་གྱི་དབང་ནི་ཡོད་མ་ཡིན། །རྣམ་པར་རྟོག་ན་རབ་ཉམས་ཤིང། །སྒྲོ་འདོགས་སྐུར་འདེབས་མཐར་ལྟུང་འགྱུར། ཞེས་གསུངས་ཞེ་ན། སྨྲས་པ། དེ་ལ་མིང་ནི་ཀུན་བརྟགས་པ་ཡིན་ལ། དོན་ནི་གཞན ་གྱི་དབང་གི་ངོ་བོ་ཉིད་ཡིན་ཏེ། མིང་ནི་དོན་ལ་ཡོད་པ་མ་ཡིན་པའི་ཕྱིར་མེད་ལ། དོན་ནི་འཇིག་རྟེན་པའི་རྗེས་སུ་མེད་པ་མ་ཡིན་པའི་ཕྱིར་ཡོད་པས་འདི་ཁུངས་སུ་བཞག་ནས། གཞན་གྱི་དབང་ཡོད་པར་བསྒྲུབ་དུ་མི་རུང་ངོ་ཞེས་བཤད་དེ། འདི་ལ ་སོགས་པའི་གཏན་ཚིགས་མང་པོ་ཡོད་པ་ནི་འདིར་མ་བརྗོད་དོ། །གཉིས་པ་ནི་སློབ་དཔོན་ཆོས་སྐྱོད་ལ་སོགས་པས་ངོ་བོ་ཉིད་རྣམ་པ་གསུམ་ལས། ཀུན་བརྟགས་གསལ་བར་ཟད་ཀྱི་ངོ་བོ་ཉིད་གཞན་གཉིས་ནི་མ་ཡིན་ནོ་ཞེས་སྟོན་ཏེ། དེའི ་ཕྱིར་མདོ་དེ་ཉིད་ལས་གཞན་གྱི་དབང་གི་མཚན་ཉིད་དང། ཡོངས་སུ་གྲུབ་པའི་མཚན་ཉིད་རྣམ་པ་ཐམས་ཅད་དུ་ཀུན་ནས་ཉོན་མོངས་པ་དང། རྣམ་པར་བྱང་པའི་ཀུན་ཏུ་བརྟགས་པའི་མཚན་ཉིད་ཤིན་ཏུ་རྣམ་པར་བྲལ་བ་ཉིད་ཅེས་གསུང ་པ་འདི་ནི་ངོ་བོ་ཉིད་རྣམ་པ་གཉིས་ཀུན་བརྟགས་ཡོངས་སུ་སྤང་པར་བསྟན་པས་དེའི་ཕྱིར་ཀུན་བརྟགས་པ་ཡོངས་སུ་བསལ་བ་ཉིད་ཀྱི་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་བསྟན་པ་ཡིན་པར་རིག་པར་བྱའོ། །དེ་ལ་ཅི་ཡང་དམིགས་པ་གང་ཡིན ་པ་ཞེས་བྱ་བ་ནི་ཡང་དག་པར་བཤད་དེ། འདི་ལྟར་སྟོང་པ་ཉིད་ཀྱི་མཚན་ཉིད་བསྡུས་པ་དེ་ལ་མཚན་མ་བཅུ་པོ་ཐམས་ཅད་དམིགས་སུ་མེད་པ་ལ་བྱའི། སྔར་བསྟན་པ་ལྟར་སྟོང་པ་ཉིད་བཅུ་དྲུག་པ་དག་གི་སོ་སོ་ནས་མཆན་མ་རེ་རེ་རྣམ་པར་སེལ? ་བ་ལ་བྱ་བ་ནི་མ་ཡིན་པའོ། །ཡང་ན་ཀུན་ཏུ་བརྟགས་པའི་ངོ་བོ་ཉིད་གཉིས་པོ་དེ་ལ་གཏན་དུ་བྲལ་བ་འམ་།ཅི་ཡང་མི་དམིགས་པའོ། །གཞན་ཡང་མདོ་གཞན་དག་ལས། ཀུན་བརྟགས་དག་ནི་ཡོད་མ་ཡིན། །གཞན་གྱི་དབང་ནི་ཡོད་མ་ཡིན། ། ་རྣམ་པར་རྟོག་ན་རབ་ཉམས་ཤིང། །སྤྲོ་འདོགས་སྐུར་འདེབས་མཐར་ལྟུང་འགྱུར། ཞེས་གསུངས་པ་དང། གཞན་ཡང་མདོ་འདི་ཉིད་ཀྱི་ནང་ནས་རང་གི་ངོ་པོ་ཉིད་མེད་པའི་མཚན་གྱི་ལེའུ་ལས། འོན་ཀྱང་སེམས་ཅན་རྣམས་ནི་གཞན་གྱི་དབང་གི་ངོ་བོ ་ཉིད་དང། ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ལ་ཀུན་བརྟགས་པའི་ངོ་བོ་ཉིད་དུ་སྒྲོ་འདོགས་པའི་ཕྱིར། ངས་ངོ་བོ་ཉིད་མེད་པ་རྣམ་པ་གསུམ་རྣམ་པར་བཞག་པ་ཡིན་ཏེ་ཞེས་གསུངས་པ་དང། གཞན་ཡང་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ ་ལས། ཀུན་ཏུ་བརྟགས་པའི་ངོ་བོ་ཉིད་རྣམས་ནི་གདོན་མི་ཟ་བར་ཡོད་པ་མ་ཡིན་ནོ། །གཞན་གྱི་དབང་གི་ངོ་བོ་ཉིད་རྣམས་ནི་མིང་དང་འདུ་ཤེས་ཀྱིས་བཏགས་པ་ཙམ་དུ་ཡོད་ཅིང་ཐ་སྙད་དུ་བརྗོད་པའོ། །ཡོངས་སུ་གྲུབ་པའི་ངོ་བོ་ཉིད་རྣམས་དང་བདག ་མེད་པ་ཉིད་དེ། ཡང་དག་པར་ཡོད་པ་མ་ཡིན་ནོ་ཞེས་གསུངས་སོ། །གཞན་ཡང་སློབ་དཔོན་ངོ་བོ་ཉིད་མེད་ཀྱི་ཐེག་པ་ཆེན་པོ་སྡུས་པའི་འགྲེལ་པ་དང། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲེལ་པའི་ནང་ནས། འཕགས་པ་ཤེས་རབ་ཀྱི ་ཕ་རོལ་ཏུ་ཕྱིན་པའི་མདོ་ཁུངས་སུ་བསྟན་པ་ལས་ཀྱང་ཀུན་ཏུ་བཏགས་པས་བསགས་པ་དང། བསྐྱེད་བ་དང། བླངས་པ་དང། རྟག་པར་རྒྱུན་ཏུ་རྣམ་པར་འགྱུར་བ་མེད་པའོ་སྙམ་པའི་ཆོས་གང་ཡིན་པ་དེ་དག་ཐམས་ཅད་ནི་མེད་པ་ཞེས་བྱའོ། །རྒྱུ་དང་རྐྱེན་གྱིས ་བསྐྱེད་པ་གང་ཡིན་པ་དེ་དག་ནི་ཡོད་པ་ཞེས་བཤད་དོ། །གཞན་ཡང་དེ་བཞིན་གཤེགས་པས་དེ་དང་དེ་དག་ཏུ་ངོ་བོ་ཉིད་རྣམ་པ་གསུམ་པོ་དེ་དག་ལས་ཀུན་བརྟགས་པའི་ངོ་བོ་ཉིད་ནི་སྟོང་པའོ། །གཞན་གྱི་དབང་དང་ཡོངས་སུ་གྲུབ་པའི་ངོ་བོ་ཉིད?་གཉིས་པོ ་དག་ནི་ཡོད་པ་ཡིན་ནོ་ཞེས་གསུངས་པས། དེའི་ཕྱིར་སྟོང་པ་ཉིད་དུ་གསུངས་པའི་བསྟན་པ་དག་ལ་དགོངས་པ་གཞན་ཡོད་པས་དེའི་ཕྱིར་སྒྲ་ཇི་བཞིན་དུ་བཟུང་ནས་ཆོས་རྣམས་མེད་དོ་ཞེས་སྐུར་དུ་མི་རུང་ངོ། །སྒྲ་ཇི་བཞིན་དུ་དོན་ནོ་འཛིན་པ་གང་ཡིན་པ་དེ ་ནི་ཐེག་པ་ཆེན་པོ་ལ་སྐུར་པ་བཏབ་པ་ཡིན་ཏེ། སྟོང་པ་ཉིད་ཉེས་པར་གཟུང་བ་ཡིན་པས་ལོག་པར་ལྟ་པ་ཆེན་པོ་ཉིད་མངོན་པར་གྲུབ་པར་འགྱུར་རོ་ཞེས་བཤད་དེ། དེ་ལྟ་བུའི་གཏན་ཚིགས་ལ་སོགས་པ་མང་པོ་གཞན་ཡོད་པ་ནི་འདིར་མ་བརྗོད་དོ། ། ་གལ་ཏེ་དེ་ལྟ་ན་ཇི་ལྟར་སྔར་མདོ་སྡེ་ཁུངས་སུ་བཞག་ནས་གཞན་གྱི་དབང་ཡོངས་སུ་གསལ་པར་བསྟན་པ་དེ་དག་ཇི་ལྟར་བརྡ་སྤྲང་ཅིང་རྣམ་པར་བཤད་པར་བྱ་ཞེ་ན། སློབ་དཔོན་ཆོས་སྐྱོང་གིས་བཤད་པ་ལས་འབྱུང་བར་སྔར་མདོ་དག་ལས། ཆོས་ནི་གང ་ཡང་ཅུང་ཟད་སྐྱེ་བ་མེད། །ཆོས་ནི་གང་ཡང་ཅུང་ཟད་འགག་པ་མེད། ཅེས་གསུངས་པ་དེའི་དགོངས་པ་ནི་ཀུན་ཏུ་བརྟགས་པའི་ངོ་བོ་ཉིད་ཀྱི་རང་གི་ངོ་བོ་ཉིད་ཀྱི་བྱེ་བྲག་རྗོད་པར་བྱེད་པ་དང། བརྗོད་པར་བྱ་བའི་བདག་ཉིད་སྟོང་ཞིང་སྐྱེ་བ་མེད་པ་དང། ་འགག་པ་མེད་པ་ཉིད་དུ་བསྟན་པར་བཞེད་པའོ། །ལྟ་བ་དག་ལས་ཆོས་རྣམ་པར་བརྟགས་ན་ཡོད་པ་མ་ཡིན་མེད་པ་མིན། ཞེས་གསུངས་པ་ནི་ཀུན་བརྟགས་པ་དང་བྲལ་བའི་ལྟ་བ་ཡོངས་སུ་དག་པས་འཇིག་རྟེན་པའི་རྒྱུ་དང་རྐྱེན་གྱིས་བསྐྱེད ་པའི་ཆོས་རྣམས་ཡོད་པ་ཡང་མ་ཡིན་མེད་པ་ཡང་མ་ཡིན་པ་ཉིད་དུ་མཐོང་ན་ཕྱི་མའི་མདོ་གཉིས་ལས་གསུངས་པ་ཡང་ཁོང་དུ་ཆུད་པར་འགྱུར་ཏེ། འདི་ལྟར་མདོ་ཕྱི་མ་གཉིས་ལས་ཀྱང་རྐྱེན་ལས་འབྱུང་བའི་ཆོས་རྣམ་པར ་རང་གི་ངོ་བོ་ཉིད་མེད་པ་ཉིད་དུ་སྟོན་པར་མཛད་པས་ཕན་ཚུན་འགལ་བ་མེད་དོ། །འདི་ལྟར་རྐྱེན་ལས་སྐྱེ་བའི་ཆོས་ནི་རྣམ་པ་གཉིས་ཏེ། ཀུན་ཏུ་བརྟགས་པའི་ངོ་བོ་ཉིད་དང། གཞན་གྱི་དབང་གི་ངོ་བོ་ཉིད་དོ། །འདི་ནི་དོན་གྱིས་ཀུན་ཏུ་བརྟགས ་པའི་རང་གི་ངོ་བོ་ཉིད་ཡོད་པ་མ་ཡིན་པ་ཉིད་དུ་སྟོན་པར་མཛད་ཀྱི། གཞན་གྱི་དབང་ནི་མ་ཡིན་ནོ་ཞེས་བཤད་དེ། དེ་ཡན་ཆད་དུ་སློབ་དཔོན་ཆོས་སྐྱོང་ལ་སོགས་པས་གསུངས་པ་དག་ཕན་ཚུན་བརྡ་སྤྲོད་པར་བསྟན་ཏོ། །སློབ་དཔོན་བྷ་བྱ་ཡང་མདོ ་སྡེ་ཁུངས་སུ་བཞག་ནས་འདི་སྐད་དུ་།གལ་ཏེ་གཞན་གྱི་དབང་ཡོད་པ་ཡིན་ན། ཅིའི་ཕྱིར་མདོ་ལས་ཆོས་ཀྱི་དངོས་པོ་ཐམས་ཅད་ནི་མི་སྟོང་པ་གང་ཡང་མེད་དོ་ཞེས་གསུངས་།གཞན་ཡང་ཅིའི་ཕྱིར་མདོ་ལས། བཅོམ་ལྡན་འདས་ཀྱིས་རབ་འབྱོར་ལ ་བཀའ་སྩལ་པ། གཟུགས་ལ་སོགས་པའི་ཆོས་རྣམས་ཀྱི་རང་གི་ངོ་བོ་ཉིད་ནི་ཐམས་ཅད་དུ་མེད་པའོ་ཞེས་བྱ་བ་དང། གཞན་ཡང་བཅོམ་ལྡན་འདས་ཀྱིས་བློ་གྲོས་ཆེན་པོ་ལ་བཀའ་སྩལ་པ། ཆོས་ཐམས་ཅད་ཀྱི་དངོས་པོ་ནི་སྐྱེ་བ་མེད་དེ། སྔར ་ཡོད་པའམ་སྔར་མེད་པ་ཡང་སྐྱེ་བར་མི་རུང་བའི་ཕྱིར་རོ་ཞེས་བྱ་བ་གསུངས་ཏེ་ཞེས་གལ་འཛུགས་ཏེ། སློབ་དཔོན་ཆོས་སྐྱོང་གིས་ནི་འདི་ལ་དགོངས་པ་ཡོད་དེ་དགོངས་པ་དེ་ཡང་ཇི་ལྟ་བུ་ཞེ་ན། འདི་ལྟ་སྟེ། མདོ་སྡེ་དེ་དག་ནི་ཀུན་ཏུ་བརྟགས་པ ་རྣམ་པར་བཞིག་པ་ཁོ་ནའི་ཆེད་དུ་གསུངས་པ་ཡིན་གྱི། ཐམས་ཅད་མེད་པ་ནི་མ་ཡིན་ཏེ། གལ་ཏེ་ཐམས་ཅད་མེད་དོ་ཞེས་ཟེར་ན། འོ་ན་ནི་ལོག་པར་ལྟ་བ་ཉིད་དུ་འགྱུར་རོ། །དེ་ལྟ་བུའི་དགོངས་པ་ཅི་ལྟར་ཤེས་ཤེ་ན། མདོ་གཞན་དག ་ལས་རབ་ཏུ་ཕྱེ་ནས་བསྟན་པའི་ཕྱིར་ཏེ། འདི་ལྟར་བཅོམ་ལྡན་འདས་ཀྱིས་སྔར་འདི་སྐད་དུ། ད་ནི་མཚུངས་བར་ལྡན་པའི་རང་གི་ངོ་བོ་ཉིད་ཁོ་ན་ལ་དགོངས་ནས་ཆོས་ཐམས་ཅད་ངོ་བོ་ཉིད་མེད་དོ་ཞེས་བསྟན་ཏེ། གལ་ཏེ་ཁ་ཅིག་སྒྲ་ཇི་བཞིན་དུ་མངོན་པར་ཞེ་ན ་ནས་ཀུན་ནས་ཉོན་མོངས་པ་དང། རྣམ་པར་བྱད་པའི་ཆོས་ཀྱི་ངོ་བོ་ཉིད་ཀྱང་མེད་དོ་ཞེས་ཟེར་ན་སྟོང་པ་ཉིད་ཉེས་པར་གཟུང་བ་དེ་ནི་ལོག་པར་ལྟ་བ་ཞེས་བྱའོ་ཞེས་གསུངས་ཏེ། ཞིབ་ཏུ་དེ་ཉིད་ལས་བསྟན་པ་བཞིན་ནོ། །དོན་དེའི་ཕྱིར་སློབ་དཔོན་དབྱིག་གཉེན ་གྱིས་མཛད་པ་རྣམ་པར་རིག་བ་ཙམ་གྱི་བསྟན་བཅོས་ཉི་ཤུ་བའི་འགྲེལ་པ་ལས། ཆོས་རྣམས་རྣམ་པ་ཐམས་ཅད་དུ་མེད་པར་ཤེས་པ་ལ་ཆོས་བདག་མེད་པར་འཇུག་པ་ཞེས་བྱ་བ་མ་ཡིན་གྱི། བྱིས་པ་རྣམས་ཀྱིས་ཀུན་ཏུ་བརྟགས་པའི་ངོ་བོ་ཉིད་ཀྱི ་བྱེ་བྲག་ཡོངས་སུ་སྤངས་པ་ཆོས་རྣམས་ཀྱི་བདག་མེད་པ་གང་ཡིན་པ་དེ་ལ་ཆོས་བདག་མེད་པར་འཇུག་པ་ཞེས་བྱ་སྟེ། སངས་རྒྱས་རྣམས་ཀྱི་ཡུལ་གང་ཡིན་པ་བརྗོད་དུ་མེད་པའི་ཆོས་ཉིད་ཅི་ཡང་མེད་པ་ནི་མ་ཡིན་པས་དེའི་ཕྱིར་ཆོས་བདག་མེད་པའོ་ཞེས ་བསྟན་པ་ཡིན་ནོ། །གཞན་ཡང་སློབ་དཔོན་ངོ་བོ་ཉིད་མེད་ཀྱིས་བྱས་པའི་ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་ལས། རྒྱུ་མེད་པ་ལ་ནན་གྱིས་རྒྱུ་ཡོད་པ་ཉིད་དུ་འཇུག་པའི་ཕྱིར་སྒྲོ་འདོགས་པ་ཞེས་བྱའོ། །ཡོད་པ་དང་མེད་པའི་རྒྱུ་ལ་ནན་གྱིས་མེད་པ་ཉིད ་དུ་སྐུར་བའི་ཕྱིར་སྐུར་པ་ཞེས་བྱའོ་ཞེས་བྱ་བ་ནས་ཀུན་བརྟགས་པ་ལ་ནི་སྒྲོ་འདོགས་པ་ཁོ་ན་ཡིན་གྱི་སྐུར་པ་འདེབས་པ་ན་མེད་དེ་ཅི་ཡང་མེད་པའི་ཕྱིར་རོ། །འདི་ལྟར་ཡོད་པ་ལ་གདོད་སྐུར་པ་འབྱུང་བས་སོ། །གཞན་གྱི་དབང་ལ་ནི་སྒྲོ་འདོགས་པ་དང ་སྐུར་བར་མི་བྱེད་དེ། བདག་ཉིད་ཀྱིས་ཡོད་པའི་ཕྱིར་རོ། །འདི་ལྟར་ཡང་པ་མ་ཡིན་པ་ལ་གདོད་སྒྲོ་འདོགས་པ་ཡོད་པས་སོ། །སྐུར་པར་ཡང་མི་བྱེད་དེ་ཡང་དག་པ་མ་ཡིན་པ་ཙམ་དུ་ཡོད་པའི་ཕྱིར་རོ། །ཡོངས་སུ་གྲུབ་པ་ལ་ནི་སྒྲོ་འདོགས་པར ་མི་བྱེད་དེ་ཡང་དག་པར་ཡོད་པའི་ཕྱིར་རོ། །སྐུར?་པ་ཁོ་ན་ཡོད་དོ་ཞེས་བྱ་བའི་བར་དུ་བསྟན་པ་ཡིན་ཏེ། རྒྱ་ཆེར་དེ་ཉིད་ལས་བསྟན་པ་བཞིན་ནོ། །གཞན་ཡང་བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་།གཞན་གྱི ་དབང་དང་ཡོངས་སུ་གྲུབ་པ་ལ་མེད་དོ་ཞེས་སྐུར་བ་གང་ཡིན་པ་དེ་ནི་སྟོང་པ་ཉིད་ལོག་པར་ཟིན་པ་ཞེས་བྱའོ་ཞེས་བཤད་དེ། སྔར་གོང་དུ་བསྟན་པ་བཞིན་དུ་རབ་ཏུ་དབྱེ་བར་བྱའོ། །གཞན་ཡང་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲེལ ་པ་ལས། ཡོད་པར་ལྟ་བ་ལ་མང་དུ་མངོན་པར་ཞེན་པ་དང། མེད་པར་ལྟ་བ་ལ་མང་དུ་མངོན་པར་ཞེན་པའི་སེམས་ཅན་དེ་དག་ནི་ཡོད་པར་ལྟ་བ་དང་མེད་པར་ལྟ་བ་ལ་མངོན་པར་ཞེན་པ་སྟེ། ལྟ་བ་རྣམ་པ་གཉིས་པོ་དེ་དག་ནི་ཡང་དག་པ་མ ་ཡིན་པ་ཡིན་གྱི། ཡང་དག་པ་ནི་མ་ཡིན་པས་དབུ་མའི་ལམ་འཇིག་པར་བྱེད་པའོ། །དཔེར་ན་ལ་ལ་ཞིག་ལམ་དོག་པར་ཞུགས་ཏེ་འགྲོ་བ་ངོས་གཅིག་ཏུ་ནི་ཆུ་ཤིན་ཏུ་ཟབ་པ་ཡོད་ལ་ངོས་གཅིག་ཏུ་མེ་ཆེན་པོ་ཡོད་ན་ཕྱོགས་གང་དུ་སོང་ཡང ་འཆི་བར་འགྱུར་བ་བཞིན་དུ། ཡོད་པ་ལ་མངོན་པར་ཞེན་པ་དང། མེད་པ་ལ་མངོན་པར་ཞེན་པ་ཡང་དངོས་པོ་གཉི་ག་སྟོང་པའི་འགྱུར་རོ་ཞེས་འབྱུང་སྟེ། ཞིབ་ཏུ་དེ་ཉིད་ལས་བསྟན་པ་བཞིན་ནོ་ཞེའོ། །སྟོང་པ་ཉིད་བསྡུས་པ་འདི་དང། སྟོང་པ ་ཉིད་བཅུ་བདུན་པོ་དག་ལ་བྱེ་བྲག་ཅི་ཡོད་ཅེ་ན། སྨྲས་པ། འདི་ལ་བཤད་པ་རྣམ་པ་གཉིས་ཡོད་དེ། ཁ་ཅིག་ན་རེ་ངོ་བོ་ཉིད་ལ་བྱེ་བྲག་མེད་ཀྱང་སྤྱི་དང་བྱེ་བྲག་ནི་ཐ་དད་དོ་ཞེའོ། །ཁ་ཅིག་ན་རེ་སྟོང་པ་ཉིད་བསྡུས་པ་འདིས་ནི་ཀུན་ཏུ་བརྟགས་པའི་ངོ ་བོ་ཉིད་རྣམ་པར་སལ་བར་བྱེད་ལ། སྔ་མའི་སྟོང་པ་ཉིད་བཅུ་བདུན་པོ་དག་གིས་ནི་གཟུགས་བརྙན་ནས་པར་སེལ་བར་བྱེད་པའི་ཕྱིར་བྱེ་བྲག་ཡོད་དོ་ཞེའོ། །བྱང་ཆུབ་སེམས་དཔའ་བྱམས་པས་ཡང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ ་ཏོ། །བཅོམ་ལྡན་འདས་ཞི་གནས་དང་ལྷག་མཐོང་འདི་དག་གིས་ཏིང་ངེ་འཛིན་ཁྱད་པར་དུ་འཕགས་པ་དུ་ཞིག་སྡུད་པར་བགྱིད་ལགས་ཅེས་པ་འདི་མན་ཆད་ནི་བཅུ་གསུམ་བ་ཞི་གནས་དང་ལྷག་མཐོང་གིས་ཏིང་ངེ་འཛིན་གཞན་རྣམས་བསྡུ་བ་ཞེས་བྱ་བའི་སྒོ ་ཞེས་བྱ་བར་སྟོན་ཏོ། །འདི་ཡང་རྣམ་པ་གཉིས་ཏེ། ཞུ་བ་གསོལ་བ་དང། ལན་དུ་གསུངས་པ་སྟེ། འདི་ནི་ཞུ་བ་གསོལ་བའོ། །བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་བྱམས་པ་ལ་བཀའ་སྩལ་པ། རིགས་ཀྱི་བུ་ངེས་ཇི་སྐད་དུ་ཉན་ཐོས་དང་བྱང ་ཆུབ་སེམས་དཔའ་དང། དེ་བཞིན་གཤེགས་པའི་ཏིང་ངེ་འཛིན་ཁྱད་པར་དུ་འཕགས་པ་དཔག་ཏུ་མེད་པ་ཇི་སྙེད་བསྟན་པ་གང་མིན་པ་དེ་དག་ཐམས་ཅད་འདིས་བསྡུས་པ་ཡིན་པར་རིག་པར་བྱའོ་ཞེས་བྱ་བ་ནི་གཉིས་པ་དེ་བཞིན་གཤེགས་པས ་ཡང་དག་པར་ལན་དུ་གསུངས་པ་སྟེ། ཐོག་པ་གསུམ་པོ་ཐམས་ཅད་ཀྱི་ཏིང་ངེ་འཛིན་དཔག་ཏུ་མེད་པ་དག་ནི་ཞི་གནས་དང་ལྷག་མཐོང་འདིའི་ནང་དུ་བསྡུས་པར་རིག་པར་བྱ་སྟེ་།ཏིང་ངེ་འཛིན་གཞན་གང་ཡང་འདིས་མ་བསྡུས་པ་མེད་པའི་ཕྱིར་རོ། །བཅོམ ་ལྡན་འདས་ཞི་གནས་དང་ལྷག་མཐོང་འདི་དག་གི་རྒྱ?་གང་གིས་བགྱི་ལགས་ཞེས་བྱ་བ་འདི་མན་ཆད་ན་བཅུ་བཞི་པ་ཞི་གནས་དང་ལྷག་མཐོང་གི་རྒྱུ་དང་འབྲས་བུ་དང་ལས་བྱེད་པའི་སྒོ་ཞེས་བྱ་བ་སྟོན་ཏོ། །འདི་ཡང་རྣམ་པ་གསུམ་དུ་དབྱེ་སྟེ། །རྒྱུ་བསྟན ་པ་དང། འབྲས་བུ་བསྟན་པ་དང། ལས་བསྟན་པ་སྟེ། འདི་ནི་དང་པོ་རྒྱུ་བསྟན་པའོ། །དང་པོ་ཡང་རྣམ་པ་གཉིས་སུ་དབྱེ་སྟེ། ཞུ་བ་གསོལ་བ་དང། ལན་དུ་གསུངས་པ་སྟེ། འདི་ནི་ཞུ་བ་གསོལ་བའོ། །རིགས་ཀྱི་བུ་ཚུལ་ཁྲིམས་རྣམ་པར་དག་པ ་དང། ཐོས་པ་དང་བསམས་པ་ལས་བྱུང་བའི་ཡང་དག་པའི་ལྟ་བ་རྣམ་པར་དག་པས་དེ་དག་གི་རྒྱུ་བྱེད་ངོ་ཞེས་བྱ་བ་ནི་གཉིས་པ་ལན་དུ་གསུངས་པའོ། །འདི་ལྟར་ཞི་གནས་དང་ལྷག་མཐོང་དེ་དག་གི་ཏིང་ངེ་འཛིན་གྱིས་ཐོབ་པའི་ཕྱིར། རྣམ་པར ་གྲོལ་བའི་ཚུལ་ཁྲིམས་ཐོབ་པ་གང་ཡིན་པ་དང། རྣམ་པར་གཡེང་བའི་གནས་སྐབས་སུ་ཡང་ཐོས་པ་དང་བསམས་པའི་ཤེས་རབ་གཉིས་ཀྱིས་དེ་དག་གི་རྒྱུ་བྱེད་པས་སོ། །བཅོམ་ལྡན་འདས་ཞི་གནས་དང་ལྷག་མཐོང་དེ་དག ་གི་འབྲས་བུ་གང་ལགས་ཞེས་བྱ་བ་ལ་སོགས་ལས་ནི་གཉིས་པ་ཞི་གནས་དང་ལྷག་མཐོང་གི་འབྲས་བུ་སྟོན་ཏོ། །འདི་ཡང་ཞུ་བ་གསོལ་བ་དང། ལན་དུ་གསུངས་པ་སྟེ། འདི་ནི་ཞུ་བ་གསོལ་བའོ། །རིགས་ཀྱི་བུ་སེམས་ཤིན་ཏུ་རྣམ་པར ་དག་པ་དང། ཤེས་རབ་ཤིན་ཏུ་རྣམ་པར་དག་པས་དེ་དག་གི་འབྲས་བུ་བྱེད་དོ་ཞེས་བྱ་བ་ལ་སོགས་པས་ནི་གཉིས་པ་ལན་དུ་ཡང་དག་པར་གསུངས་པ་སྟོན་ཏོ། །འདི་ཡང་རྣམ་གྲངས་གཉིས་ཀྱིས་བསྟན་ཏེ་འདི་ནི་དང་པོའོ། །དེ་ལ་སེམས་ཤིན་ཏུ་རྣམ ་པར་དག་པ་ཞེས་བྱ་བ་ནི་ཞི་གནས་ཀྱི་འབྲས་བུའོ། །ཤེས་རབ་ཤིན་ཏུ་རྣམ་པར་དག་པ་ཞེས་བྱ་བ་ནི་ལྷག་མཐོང་གི་འབྲས་བུའོ། །འདི་དག་ནི་རྒྱུ་མཐུན་པའི་འབྲས་བུའི་དབང་དུ་མཛད་ནས་གསུངས་པའོ། །དབང་གི་འབྲས་བུ་དང་སྦྱར་ན་ནི་འབྲས ་བུ་གཉིས་གཉིས་ཐོབ་པར་འགྱུར་བ་ཡིན་ནོ། །ཡང་ན་སེམས་ཤིན་ཏུ་རྣམ་པར་དག་པ་དང། ཤེས་རབ་ཤིན་ཏུ་རྣམ་པར་དག་པ་ཞེས་བྱ་བ་ན་ཟག་པ་མེད་པའི་ཕྱིར་ཤིན་ཏུ་ཞེས་བྱའོ། །དཔེ་གཞན་ཁ་ཅིག་ལས་ཚུལ་ཁྲིམས་ཤིན་ཏུ་རྣམ ་པར་དག་པ་དང། སེམས་ཤིན་ཏུ་རྣམ་པར་དག་པ་དང། ཤེས་རབ་ཤིན་ཏུ་རྣམ་པར་དག་པ་ཞེས་འབྱུང་བ་ནི་ནོར་ཏོ། །དགོངས་པ་ཟབ་མོ་རྣམ་པ་རང་གྲོལ་བའི་མདོ་དང། དཔེ་གཞན་དག་དང་པ་ལས་ཀྱང་ཚུལ་ཁྲིམས་ཞེས་མི་འབྱུང་བས་སོ།། ་གཞན་ཡང་རིགས་ཀྱི་བུ་ཉན་ཐོས་ཐམས་ཅད་དང། དེ་བཞིན་གཤེགས་པ་ལ་སོགས་པའི་འཇིག་རྟེན་པ་དང། འཇིག་རྟེན་ལས་འདས་པའི་དགེ་བའི་ཆོས་ཐམས་ཅད་ཀྱང་ཞི་གནས་དང། ལྷག་མཐོང་དེ་དག་གིས་ཐོབ་པའི་འབྲས་བུ་ཡིན ་པར་རིག་པར་བྱའོ་ཞེས་བྱ་བས་ནི་རྣམ་གྲངས་གཉིས་པས་དེ་དག་གི་འབྲས་བུ་བསྟན་པའོ། །མདོའི་ཚིག་འདི་ཡང་སོ་སོ་ནས་བཤད་པ་མི་མཐུན་པས། ཁ་ཅིག་ན་རེ་ཚིག་འདིས་ནི་ཉན་ཐོས་དང་བྱང་ཆུབ་སེམས་དཔའ་དང། དེ་བཞིན་གཤེགས་པའི་བསྟན་པ་ཡིན་ནོ ་ཞེས་ཟེར་ཏེ། བཤད་པ་འདི་དང་སྦྱར་ན་སོགས་པ་ཞེས་བྱ་བའི་ཚིག་གིས་ནི་བྱང་ཆུབ་སེམས་དཔའ་ཡང་བཟུང་བ་ཡིན་ཏེ། དེའི་ཕྱིར་དགོངས་པ་ཟབ་མོ་རྣམ་པར་དགྲོས་བའི་མདོ་ལས། ཉན་ཐོས་དང་བྱང་ཆུབ་སེམས་དཔའ་དང་།རང?་སངས་རྒྱས ་རྣམས་ཀྱིས་ཞེས་འབྱུང་བ་ཡིན་ནོ། །ཁ་ཅིག་ན་རེ་འདིར་ཉན་ཐོས་ཞེས་གསུངས་པ་ཉིད་ཀྱི་རང་སངས་རྒྱས་ཀྱང་བསྡུས་པ་ཡིན་ནོ་ཞེས་ཟེར་ཏེ། གཞན་ནི་སྔར་བཤད་པ་བཞིན་ནོ། །ཁ་ཅིག་ན་རེ་སོགས་པ་ཞེས་བྱ་བ་ནི་རང་སངས་རྒྱས་དང། བྱང་ཆུབ་སེམས ་དཔའ་ཨང་བསྡུས་པ་ཡིན་ནོ་ཞེས་ཟེར་ཏེ། གཞན་ནི་སྔར་བསྟན་པ་བཞིན་ནོ། །དེ་ནི་འདི་སྐད་དུ་ཐེག་པ་གསུམ་པོ་དག་གིས་འཇིག་རྟེན་པ་དང། འཇིག་རྟེན་ལས་འདས་པའི་དགེ་བའི་ཆོས་ཇི་སྙེད་པ་དེ་དག་ཐམས་ཅད་ནི་ཞི་གནས་དང་ལྷག་མཐོང་གིས་ཐོབ་པར ་བྱ་བའི་འབྲས་བུ་ཡིན་པའི་ཕྱིར་རོ་ཞེས་བསྟན་པར་འགྱུར་རོ། །དེ་བཞིན་གཤེགས་པས་བརྙེས་པའི་འབྲས་བུ་ཐམས་ཅད་ནི་ཟག་པ་མེད་པ་ཡིན་ན། ཅིའི་ཕྱིར་དེ་དག་ལ་འཇིག་རྟེན་པ་ཞེས་བསྟན་ཅེ་ན་སྨྲས་པ། འཇིག་རྟེན་པ་ནི་རྣམ་པ་གཉིས་ཏེ། དང ་པོ་ནི་ངོ་བོ་ཉིད་ཀྱིས་ཟག་པ་དང་བཅས་པའི་ཕྱིར་འཇིག་རྟེན་པ་ཞེས་བྱའོ། །གཉིས་པ་ནི་ངོ?་བོ་ཉིད་ཀྱིས་ཟག་པ་མེད་པ་ཡིན་ཡང་འཇིག་རྟེན་པ་ལ་དམིགས་པའི་ཕྱིར་འཇིག་རྟེན་པ་ཞེས་བྱའོ། །འདི་ལྟ་སྟེ། རྗེས་ལས་ཐོབ་པའི་ཡེ་ཤེས་དང་མཚུངས་པར ་ལྡན་པའི་སེམས་ལ་སོགས་པའོ། །དེའི་ཕྱིར་བཅོམ་ལྡན་འདས་ལ་འཇིག་རྟེན་པའི་ཆོས་མངའ་ཨོ། །བཅོམ་ལྡན་འདས་ཞི་གནས་དང་ལྷག་མཐོང་གིས་ལས་གང་དག་བགྱིད་ལགས་ཞེས་བྱ་བ་ལ་སོགས་པས་ནི་གསུམ་པ་ཞི་གནས་དང་ལྷག་མཐོང་ ་གི་ལས་སྟོན་ཏོ། །འདི་ཡང་ཞུ་པ་གསོལ་བ་དང། ལན་དུ་གསུངས་པས་བསྟན་ཏེ། འདི་ནི་ཞུ་བ་གསོལ་བ་ཉིད་དོ། །རིགས་ཀྱི་བུ་དེ་དག་གིས་འཆིང་བ་རྣམ་པ་གཉིས་པ་དག་ལས་རྣམ་པར་ཐར་པར་བྱེད་དེ། འདི་ལྟ་སྟེ་མཚན ་མའི་འཆིང་བ་དང། གནས་ངན་ལེན་གྱི་འཆིང་བ་དག་ལས་སོ་ཞེས་བྱ་བས་ནི་གཉིས་པ་དེ་བཞིན་གཤེགས་པས་ཡང་དག་པར་ལན་དུ་གསུངས་པའོ། །འཆིང་བ་རྣམ་པ་གཉིས་ལས་རྣམ་པར་ཐར་པའི་ལས་བྱེད་དེ། འདི་ལྟ་སྟེ། མཚན ་མའི་འཆིང་བ་དང། གནས་ངན་ལེན་གྱི་འཆིང་བ་དག་ལས་སོ། །དེ་མཚན་མའི་འཆིང་བ་ཞེས་བྱ་བ་ནི་ཁ་ཅིག་ན་རེ་རྒྱུ་མཚན་གྱི་རྣམ་པ་ཉིད་དེ། འདི་ལྟར་ཟག་པ་དང་བཅས་པའི་རྒྱུ་མཚན་གྱིས་ལྟ་བའི་རྣམ་པ་དེ་རང་དབང་མེད་པར་བྱེད་པས ་མཚན་མའི་འཆིང་བ་ཞེས་བྱ་སྟེ། མཚན་མ་ཉིད་འཆིང་བ་ཡིན་པས་མཚན་མའི་འཆིང་བ་ཞེས་བྱའོ་ཞེའོ། །ཁ་ཅིག་ན་རེ་ཉོན་མོངས་པ་ཅན་གྱི་ཡིད་ནི་མཚན་མའི་འཆིང་བའི་ངོ་བོ་ཉིད་བྱེད་དེ། འདི་ལྟར་ཉོན་མོངས་པ་ཅན་གྱི་ཡིད་ཀྱི ་དབང་གིས་གཞན་མིག་ལ་སོགས་པའི་རྣམ་པར་ཤེས་པ་རྣམས་དམིགས་པར་བྱ་བའི་མཚན་མ་དག་ལ་རང་དབང་མེད་པར་བྱེད་པས་སོ་ཞེས་ཟེར་ཏེ། བཤད་པ་འདི་དང་སྦྱར་ན་མཚན་མའི་འཆིང་བ་ཡིན་པའི་ཕྱིར་མཚན་མའི་འཆིང་བ ་ཞེས་བྱའོ། །དེ་ལ་གནས་ངན་ལེན་གྱི་འཆིང་བ་ཡང་རྣམ་པ་གཉིས་ཡོད་དེ། དང་པོ་ནི་ཟག་པ་དང་བཅས་པའི་ཆོས་ལ་ལས་སུ་རུང་བའི་ངོ་བོ་ཉིད་ཡོད་པ་གང་ཡིན་པ་དེ་ནི་གནས་ངན་ལེན་གྱི་འཆིང་བ་ཞེས་བྱ་སྟེ། ཟག་པ་དང ་བཅས་པའི་ཆོས་དང། གཅིག་པ་ཡང་མ་ཡིན་ཐ་དད་པ་ཡང་ན་ཡིན་པའོ། །བདག་ཉིད་གུང་ན་མེད་པའི་ཕྱིར་ཐ་དད་པ་མ་ཡིན་པ་ཞེས་བྱའོ། །སྤངས་པ་དང་མ་སྤངས་པ་ཐ་དད་པའི་ཕྱིར་གཅིག་པ་མ་ཡིན་པ་ཞེས་བྱའོ། །གཉིས ་པ་ནི་སྒྲིབ་པ་གཉིས་ཀྱི་ས་བོན་གང་ཡིན་པ་དེ་ནི་སྦྱིར་གནས་ངན་ལེན་ཅེས་བྱ་སྟེ། དེ་ཡང་དགོངས་པ་རྣམ་པ་གཉིས་ཀྱིས་ས་བོན་ལ་གནས་ངན་ལེན་ཅེས་བྱའོ། །རྒྱ་ཆེར་རྣམ་པར་འབྱེད་པ་ནི་དོན་དམ་པའི་བདེན་པའི་མཚན་ཉིད་ཀྱི་ལེའུ་ལས ་བསྟན་པ་བཞིན་དུ་རིག་པར་བྱའོ།། །།བམ་པོ་བཞི་བཅུ་བདུན་པ། །བཅོམ་ལྡན་འདས་བཅོམ་ལྡན་འདས་ཀྱིས་ཇི་སྐད་དུ་གེགས་རྣམ་པ་ལྔ་གསུངས། །གང་ལགས་པ་དེ་དག་ལས་དུ་ནི་ཞི་གནས་ཀྱི་གེགས་དག་ལེགས། དུ་ནི ་ལྷག་མཐོང་གི་གེགས་དག་ལགས། དུ་ནི་གཉི་གའི་གེགས་དག་ལགས་ཞེས་བྱ་བ་འདི་མན་ཆད་ནི་བཅོ་ལྔ་པ་ཞི་གནས་ཀྱི་གེགས་དང། གཉེན་པོར་གྱུར་པ་རབ་ཏུ་དབྱེ་བའི་སྒོ་ཞེས་བྱ་བ་སྟོན་ཏོ། །འདི་ཡང་རྣམ་པ་བཞིར་དབྱེ་སྟེ། གེགས་རྣམ་པ ་ལྔ་པོ་དག་ཞི་གནས་དང། ལྷག་མཐོང་གི་གེགས་སུ་གྱུར་པ་བསྟན་པའི་སྒོ་དང། སྒྲིབ་པ་ལྔ་པོ་དག་ཞི་གནས་དང་ལྷག་མཐོང་གི་སྒྲིབ་པར་བསྟན་པའི་སྒོ་དང། རྣམ་པར་གཡེང་བ་རྣམ་པ་ལྔ་རུ་དབྱེ་བའི་སྒོ་དང། ཞི་གནས་དང་ལྷག་མཐོང་གི ་སྒྲིབ་པ་བཅུ་གཅིག་གི་གཉེན་པོར་གྱུར་པ། བསྟན་པའི་སྒོ་སྟེ་འདི་ནི་དང་པོའོ། །དང་པོ་ལ་ཡང་རྣམ་པ་གཉིས་ཏེ། ཞུ་བ་གསོལ་བ་དང། ལན་དུ་གསུངས་པའོ། །འདི་ནི་དང་པོ་ཞུ་བ་གསོལ་བ་སྟེ། གནས་རྣམ་པ་ལྔ་པ་དེ་དག་ལས། དུ་ནི་ཞི ་གནས་ཀྱི་གེགས་ལགས། དུ་ནི་ལྷག་མཐོང་གི་གེགས་ལགས། དུ་ནི་གཉི་གའི་གེགས་ལག་པ་ཞེས་བྱ་བའི་ཐ་ཚིག་གོ་།དེ་ལ་གེགས་རྣམ་པ་ལྔ་ཞེས་བྱ་བ་ནི་བསྟན་བཅོས་དེ་ཁོ་ན་ཉིད་གྲུབ་པ་ལས་སེམས་ཀྱི་འཆིང་བ་ལྔ་ཞེས་འབྱུང་སྟེ། ཉོན ་མོངས་པའི་སྡིག་པའི་ཆོས་ཀྱིས་སེམས་འཆིང་ཞིང་སྤོང་བར་མི་བྱེད་པའི་ཕྱིར་སེམས་ཀྱི་འཆིང་བ་ཞེས་བྱ་སྟེ། རང་གི་ལུས་ལ་ཆགས་པ་དང། ཕྱི་རོལ་གྱི་འདོད་པ་ལྔ་པོ་དག་ལ་ཆགས་པ་དང། ཁྱིམ་པ་དང་དང་འདྲེས་པར་མོས་པ་དང། འཕགས ་པའི་གཏམ་ལ་སེམས་ཀྱིས་མོས་པ་མེད་པ་དང། དགེ་བའི་ཆོས་ཅུང་ཟད་ཙམ་གྱིས་ཆོག་པར་འཛིན་པའོ་ཞེས་བཤད་དོ། །བསྟན་བཅོས་ཆོས་མངོན་པ་སྣ་ཚོགས་ཀུན་ལས་བཏུས་པ་ལས། གེགས་ན་རྣམ་པ་གསུམ་པ ་ཞེས་བཤད་དེ་།དེའི་ཕྱིར་དེ་ཉིད་ལས་གེགས་ནི་གསུམ་སྟེ། འདོད་ཆགས་ཀྱི་གེགས་དང། ཞེ་སྡང་དང། གཏི་མུག་གི་གེགས་སོ། །གསུམ་པོ་དག་ལ་གནས་པའི་ཕྱིར་ལུས་དང་ལོངས་སྤྱོད་ལ་ལྟ་བ་དང། བློ་མ་བྱང་བ་དང་འདྲ་བར་གནས་པ ་དང། དགེ་བ་ཅུང་ཟད་ཆོས་གྱིས་ཆོག་པར་འཛིན་པས་དེའི་དབང་གིས་དགེ་བའི་ཆོས་རྣམས་མི་སྒྲུབ་པའི་ཕྱིར་གེགས་ཤེས་བྱའོ་ཞེས་འབྱུང་སྟེ། བསྟན་བཅོས་ཆོས་མངོན་པ་སྣ་ཚོགས་ཀུན་ལས་བཏུས་པ་ལས་བློ་མ་བྱང་བ་ཞེས་འབྱུང་བ ་ནི་མདོ་འདི་ཉིད་ལས་འཕགས་པའི་བསྟན་པ་རྣམས་ལ་འདོད་པ་བཞིན་དུ་མ་ཐོབ་པ་ཞེས་གསུངས་པ་ཉིད་དོ། །གཞན་ཡང་ཆོས་མངོན་པ་སྣ་ཚོགས་ཀུན་ལས་བཏུས་པ་ལས། གེགས་རྣམ་པ་ལྔ་ལས་བརྩམས་ནས་གེགས་ཀྱི་དོན ་སྟོན་ཏེ་།དེའི་ཕྱིར་བསྟན་བཅོས་དེ་ཉིད་ལས་གཞན་ཡང་ལུས་ལ་ལྟ་བ་ལ་སོགས་པ་དང་བཅས་པ་ནི་སེམས་ཀྱི་གེགས་རྣམ་པ་ལྔའི་དབང་དུ་བྱས་ཏེ་བསྟན་པའོ། །ལྔ་གང་ཞེ་ན་འདི་ལྟ་སྟེ། ལུས་ལ་ལྟ་བ་དང། འདོད་པ་རྣམས་ལ ་ལྟ་བ་དང། འདྲེ་བར་གནས་པར་མོས་པ་དང། རྗེས་སུ་མཐུན་པའི་རྗེས་སུ་བསྟན་པ་དང། གདམས་དག་མེད་པ་དང། དགེ་བའི་ཕྱོགས་རྣམས་ལ་ཅུང་ཟད་ཙམ་གྱིས་ཆོག་པར་འཛིན་པས་སེམས་ཀྱི་གེགས་སུ་གྱུར་བའི་ཕྱིར། ་སེམས་ཀྱི་གེགས་ཞེས་བྱའོ་ཞེས་བཤད་དེ། བསྟན་བཅོས་ཆོས་མངོན་པ་སྣ་ཚོགས་ཀུན་ལས་བཏུས་པ་དང། ཆོས་མངོན་པ་ཀུན་ལས་བཏུས་པ་ཐ་དད་པར་གྱུར་པ་ཡང་དེར་ལས་གསུམ་པར་བསྟན་པ་འདི་ཞི་བར་བྱས་པའི་ཕྱིར ་རོ། །བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་ནི་མིང་བཀོད་པར་ཟད་ཀྱི། རྣམ་པར་བཤད་པ་ནི་མེད་དེ། དེའི་ཕྱིར་འདིར་ལྔ་པོ་དག་ལས་བརྩམས་ནས་ཞུ་བ་ཤོས་ལ་བར?་ཡིན་ནོ། །རིགས་ཀྱི་བུ་ལུས་དང་ལོངས་སྤྱོད་ལ་ལྟ་པ་ནི་ཞི་གནས་ཀྱི་གེགS? ་ཡིན་ནོ། །འཕགས་པའི་བསྟན་པ་རྣམས་ལ་འདོད་པ་བཞིན་དུ་མ་ཐོབ་པ་ནི་ལྷག་མཐོང་གི་གེགས་ཡིན་ནོ་ཞེས་བྱ་བ་ལ་སོགས་པས་ནི་གཉིས་པ་དེ་བཞིན་གཤེགས་པས་ཡང་དག་པར་ལན་དུ་གསུངས་པ་སྟོན་ཏོ། །འདི་ལྟར་ལས་ལ་ལྟ་བ་དང ་ལོངས་སྤྱོད་ལ་ལྟ་བ་རྣམ་པ་གཉིས་པོ་དག་ནི་ཞི་གནས་ལ་སྒྲིབ་པར་བྱེད་པ་འཕགས་པའི་བསྟན་པ་རྣམས་ལས་འདོད་པ་བཞིན་དུ་མ་ཐོབ་པས་དེས་ནི་བསྟན་པའི་དགོངས་བ་རྣམས་རབ་ཏུ་དབྱེ་པར་མི་ནུས་པས་དེའི་ཕྱིར་ལྷག་མཐོང་ལ་སྒྲིབ་པར་བྱེད་དོ།། ་འདྲེ་བར་གནས་པར་མོས་པ་དང། ཅུང་ཟད་ཙམ་གྱིས་ཆོག་པར་འཛིན་པ་ནི་གཉི་གའི་གེགས་ཡིན་པར་རིག་པར་བྱ་སྟེ་།དང་པོའི་ཕྱིར་ནི་སྒོམ་པར་མི་བྱེད་དོ། །གཉིས་པའི་ཕྱིར་ནི་སྦྱོར་བ་མཐར་ཐུག་པར་མི་འགྱུར་རོ་ཞེས་བྱ་བ་ནི་གཉི་གའི ་གེགས་བསྟན་པ་སྟེ། འདི་ལྟར་གཉི་གའི་གེགས་ནི་རྣམ་པ་གཉིས་ཏེ། འདྲི?་པར་གནས་པར་མོས་པ་དེའི་བཟང་གིས་ནི་ཞི་གནས་དང་ལྷག་མཐོང་སྒོམ་པར་མི་བྱེད་ལ། ཅུང་ཟད་ཙམ་གྱིས་ཆོག་པར་འཛིན་པའི་སྟོབས་ཀྱིས་ནི་ཞི་གནས་དང། ལྷག ་མཐོང་སྒོམ་པ་མཐར་ཐུག་པར་མི་འགྱུར་བས་སོ། །བཅོམ་ལྡན་འདས་སྒྲིབ་པ་ལྔ་པོ་གང་ལགས་པ་དེ་དག་ལས། དུ་ནི་ཞི་གནས་ཀྱི་སྒྲིབ་པ་ལགས། དུ་ནི་ལྷག་མཐོང་གི་སྒྲིབ་པ་ལགས། དུ་ནི་གཉི་གའི་སྒྲིབ་པ་དག་ལགས་ཞེས་བྱ་བ་འདྲི་མན ་ཆད་ནི་གཉིས་པ་སྒྲིབ་པ་ལྔ་པོ་དག་ཞི་གནས་དང་ལྷག་མཐོང་གི་སྒྲིབ་པར་བསྟན་པའི་དོ་ཞེས་བྱ་བར་སྟོན་ཏོ། །འདི་ཡང་རྣམ་པ་གཉིས་ཏེ། སྒྲིབ་པ་ལྔ་བོ་དག་ཞི་གནས་དང། ལྷག་མཐོང་ལ་སྒྲིབ་པར་བསྟན་པ་དང། བཅོམ་ལྡན་འདས་ཞེས ་བྱ་བ་མན་ཆད་ཀྱིས་ཞི་གནས་དང་ལྷག་མཐོང་གི་ལམ་གཉིས་ཡོངས་སུ་རྫོགས་པར་འགྱུར་བ་ཉིད་བསྟན་པའོ། །དང་པོ་ཡང་ཞུ་བ་གསོལ་བ་དང། ལན་དུ་གསུངས་པས་བསྟན་ཏེ། འདི་ནི་དང་པོ་ཞུ་བ་གསོལ་བ་ཉིད་དོ།། ་རིགས་ཀྱི་བུ་རྒོད་པ་དང་འགྱོད་པ་ནི་ཞི་གནས་ཀྱི་སྒྲིབ་པ་ཡིན་ནོ། །རྨུགས་པ་དང་གཉིད་དང་ཐེ་ཚོམ་ནི་ལྷག་མཐོང་གི་སྒྲིབ་པ་ཡིན་ནོ། །འདོད་པ་ལ་འདུན་པ་དང་གནོད་སེམས་ནི་གཉི་གའི་སྒྲིབ་པ་ཡིན་པར་རིག་པར་བྱའོ་ཞེས་བྱ་བ་ནི་གཉིས ་པ་དེ་བཞིན་གཤེགས་པས་ཡང་དག་པར་ལན་དུ་གསུངས་པའོ། །འདི་ལྟར་སྒྲིབ་པ་ལྔ་པོ་དག་ལས་རྒོད་པ་དང་འགྱོད་པ་ནི་ཞི་གནས་ཀྱི་སྒྲིབ་པ་ཡིན་ཏེ། རྣམ་པར་གཡེང་བར་བྱེད་པའི་ཕྱིར་རོ། །རྨུགས་པ་དང་གཉིད་དང་ཐེ་ཚོམ་ནི་ལྷག ་མཐོང་གི་སྒྲིབ་པ་ཡིན་ཏེ། འདི་ལྟར་མི་གསལ་ཞིང་ངེས་པ་མེད་པའི་ཕྱིར་རོ། །འདོད་པ་ལ་འདུན་པ་དང་གནོད་སེམས་ནི་གཉི་གའི་སྒྲིབ་པ་ཡིན་ཏེ། རྩ་བའི་ཉོན་མོངས་པ་ཡིན་པས་སྒྲིབ་པའི་ནུས་པ་མཆོག་ཏུ་གྱུར་པའི་ཕྱིར་རོ། །སྒྲིབ་པ? ་ལྔ་པོ་འདི་དག་གི་ངོ་བོ་ཉིད་དང། མཚན་ཉིད་དང་ངེས་ཚིག་བསྟན་པ་ནི་བསྟན་བཅོས་བྱེ་བྲག་ཏུ་བཤད་པ་ཆེན་པོ་ལས་ཇི་སྐད་དུ་བསྟན་པ་བཞིན་དུ་རིག་པར་བྱའོ། །དེའི་ཕྱིར་འདི་ཉིད་ལས་སྒྲིབ་པ་ལྔ་ལྔ་ཡོད་དེ། འདི་ལྟ་སྟེ། འདོད་པ་ལ ་འདུན་པའི་སྒྲིབ་པ་དང། གནོད་སེམས་ཀྱི་སྒྲིབ་པ་དང། རྨུགས་པ་དང་གཉིད་ཀྱི་སྒྲིབ་པ་དང། རྒོད་པ་དང་འགྱོད་པའི་སྒྲིབ་པ་དང། ཐེ་ཚོམ་གྱི་སྒྲིབ་པའོ། །སྒྲིབ་པ་ལྔ་པོ་འདི་དག་གི་ངོ་བོ་ཉིད་ཇི་ལྟ་བུ་ཞེ་ན། སྨྲས་པ། འདོད་པའི་ཁམས ་ཀྱི་དངོས་པོ་སུམ་ཅུའི་ངོ་བོ་ཉིད་དེ། འདི་ལྟ་སྟེ། འདོད་པ་ལ་འདུན་པ་དང། གནོད་སེམས་འདོད་པའི་ཁམས་ཀྱི་སྡེ་ལྔ་དང་སོ་སོར་སྦྱར་བའི་དངོས་པོ་བཅུ་དང། རྨུགས་པ་དང་རྒོད?་པ་ཁམས་གསུམ་གྱི་སྡེ་ལྔ་པོ་དག་དང། སོ་སོར་སྦྱར་ན ་མི་དགེ་བ་དང་ལུང་དུ་མི་སྟོན་པར་ཡང་གཏོགས་པ་ལས། མི་དགེ་བ་ཁོ་ན་སྒྲིབ་པར་བཞག་པའི་དངོས་པོ་བཅུ་དང་གཉིད་ནི་འདོད་པའི་ཁམས་ཀྱི་སྡེ་ལྔ་དང་སྦྱར་ན་དགེ་བ་དང་མི་དགེ་བ་དང་ལུང་དུ་མི་སྟོན་པར་ཡང་གཏོགས་པ་ལས། མི་དགེ་བ་ཁོ་ན་སྒྲིབ་པར་བཞས? ་པའི་དངོས་པོ་ལྔ་དང་འགྱོད་པ་ནི་འདོད་པའི་ཁམས་ཁོ་ནའི་བསྒོམ་པས་སྤང་བར་བྱ་བ་ཡིན་ཏེ་།དགེ་བ་དང་མི་དགེ་བར་ཡང་གཏོགས་པ་ལས། མི་དགེ་བ་ཁོ་ནའི་སྒྲིབ་པར་བཞག་པའི་དངོས་པོ་གཅིག་དང། ཐེ་ཚོམ་ནི་ཁམས་གསུམ་གྱི་སྡེ་བཞིར་གཏོགས ་ཏེ། མི་དགེ་བ་དང་ལུང་དུ་མི་སྟོན་པར་ཡང་གཏོགས་པ་ལས། མི་དགེ་བ་ཁོ་ན་སྒྲིབ་པར་བཞག་པའི་དངོས་པོ་བཞི་སྟེ། དེས་ན་སྒྲིབ་པ་ལྔ་པོ་དེ་དག་ནི་འདོད་པའི་ཁམས་ཀྱི་དངོས་པོ་སུམ་ཅུའི་ངོ་བོ་ཉིད་ཡིན་ནོ། །སྒྲིབ་པ་ལ་མཚན་ཉིད་ཇི་ལྟ་བུ་ཞིག ་ཡོད་ཅེ་ན། བཙུན་པ་བཤེས་གཉེན་གྱིས་འདི་སྐད་དུ། ངོ་བོ་ཉིད་གང་ཡིན་པ་དེ་ཉིད་མཚན་ཉིད་ཡིན་ལ་མཚན་ཉིད་གང་ཡིན་པ་དེ་ཉིད་ནི་ངོ་བོ་ཉིད་ཡིན་ཏེ། འདི་ལྟར་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་དང་མཚན་ཉིད་ནི་ཕན་ཚུན་མི་འབྲལ་བའི་ཕྱིར ་རོ་ཞེའོ། །གཞན་ཡང་འདོད་པ་རྣམས་གཉེར་ཞིང་ཚོལ་བ་གང་ཡིན་པ་དེ་ནི་འདོད་པ་ལ་འདུན་པའི་མཚན་ཉིད་དོ། །སེམས་ཅན་ལ་མནར་སེམས་དང་བཅས་པ་གང་ཡིན་པ་དེ་ནི་གནོད་སེམས་ཀྱི་མཚན་ཉིད་དོ། །ལུས་དང་སེམས་བྱིང་བ་གང ་ཡིན་པ་དེ་ནི་རྨུགས་པའི་མཚན་ཉིད་དོ། །ལུས་དང་སེམས་འཕྱར་ཞིང་གཡོ་བ་གང་ཡིན་པ་དེ་ནི་རྒོད་པའི་མཚན་ཉིད་དོ། །སེམས་མི་གསལ་ཞིང་སྡུད་པ་གང་ཡིན་པ་དེ་ནི་གཉིད་ཀྱི་མཚན་ཉིད་དོ། །ཡིད་ལ་གཅགས་པ་གང་ཡིན་པ་དེ་ནི་འགྱོད ་པའི་མཚན་ཉིད་དོ། །སེམས་ཡིད་གཉིས་ཟབ?་གང་ཡིན་པ་དེ་ནི་ཐེ་ཚོམ་གྱི་མཚན་ཉིད་དེ་སྒྲིབ་པའི་ངོ་བོ་ཉིད་དང་མཚན་ཉིད་བཤད་ཟིན་ཏེ། །ངེས་པའི་ཚིག་འདིར་བཤད་པར་བྱ་སྟེ། ཅིའི་ཕྱིར་སྒྲིབ་པ་ལྔ་ཡིན་སྒྲིབ་པ་ཞེས་བྱ་བའི་དོན་ཅི ་ཡིན་ཞེས?་མི་སྨྲས་པ། བར་དུ་གཅོད་པའི་དོན་གང་ཡིན་པ་དེ་ནི་འདི་ལྟ་སྟེ། འཕགས་པའི་ལམ་གྱི་པར་དུ་གཅོད་པ་དང། འཕགས་པའི་ལས་གྱི་སྦྱོར་བའི་དགེ་བའི་རྩ་པའི་པར་དུ་གཅོད་པའི་ཕྱིར་སྒྲིབ་པ་ཞེས་བྱའོ་ཞེས ་འབྱུང་སྟེ་།རྒྱ་ཆེར་དེ་ཉིད་ལས་བསྟན་པ་བཞིན་ནོ། །བསྟན་བཅོས་ཆོས་མངོན་པ་སྣ་ཚོགས་ཀུན་ལས་བཏུས་པ་ལས་ནི་དགེ་པའི་ཕྱོགས་གསལ་པར་མི་བྱེད་པ་གང་ཡིན་པ་དེ་ནི་སྒྲིབ་པའི་དོན་ཏོ་ཞེས་བཤད་དེ། གོང་དུ་སྨོས་པའི་བསྟན་པ་ཆོས ་དག་ལས་ནི་སེམས་ལ་སྒྲིབ་ཅིང་དགེ་པའི་ཕྱོགས་རྣམས་ལ་འཇུག་པར་མི་བྱེད་པའི་ཕྱིར་རོ་ཞེས་བསྟན་ཏོ། །བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་ནི་ཉོན་མོངས་པ་ལ་སྤྱིར་སྒྲིབ་པ་ཞེས་བཤད་དེ། དེའི་ཕྱིར་དེ་ཉིད་ལས་དེ་ཁོ་ནའི་དོན ་ལ་སྒྲིབ་གཡོགས་བྱེད་པས་ན་སྒྲིབ་པ་རྣམས་སོ་ཞེས་བསྟན་པ་ཡིན་ནོ། །གཞན་ཡང་དེ་ཉིད་ལས་ཤེས་བྱའི་དངོས་པོ་ལ་ཤེས་པའི་སྒྲིབ་པར་གྱུར་པའི་ཕྱིར་སྒྲིབ་པ་རྣམས་སོ་ཞེས་བཤད་དོ། །གཞན་ཡང་དེ་ཉིད་ལས་སྒྲིབ?་པ་ལྔ་ནི་གནས ་སྐབས་ལྔ་དང་མི་མཐུན་པ་ལས་རྣམ་པར་བཞག་པར་རིག་པར་བྱ་སྟེ། ཁྱིམ་ན་གནས་པའི་ཡུལ་གྱིས་ཕྲོགས་པའི་ཕྱིར་འཕགས་པའི་བསྟན་པ་དང་མི་མཐུན་པའི་སྒོ་ནས་ནི་འདོད་པའི་འདུན་པ་སྒྲིབ་པ་རྣམ་པར་བཞག་གོ་།ཆོས་མཐུན་པ་རྣམས་ཀྱིས་གླང་བ ་དང། སླ?་འབབ་པ་དང། རྗེས་སུ་བསྟན་པ་ལ་སོགས་པས་གདུལ་བ་མི་བཟོད་པས་ཡང་དག་པར་དགའ་བར་བྱ་བའི་ཆོས་དང་མི་མཐུན་པའི་སྒོ་ནས་གནོད་སེམས་ཀྱི་སྒྲིབ་པ་རྣམ་པར་བཞག་གོ་།ཞི་གནས་དང་མི་མཐུན་པའི་སྒོ་ནས་ནི་རྨུགས་པ་དང། ་གཉིད་ཀྱི་སྒྲིབ་པ་རྣམ་པར་བཞག་གོ་།ལྷག་མཐོང་དང་མི་མཐུན་པའི་སྒོ་ནས་ནི་རྒོད་པ་དང་འགྱོད་པའི་སྒྲིབ་པ་རྣམ་པར་བཞག་གོ་།ཆོས་ཀྱི་འཕེལ་བའི་གཏམ་ཕྱིན་ཅི་ལོག་མེད་པར་རབ་ཏུ་འབྱེད་པ་དང། ཆོས་སྤྱོད་པ་དང་སྟོན་པའི་བསྟན་པ་དང། ་མྱ་ངན་ལས་འདས་པ་ལ་ཆོས་པ་དང་མི་མཐུན་པའི་སྒོ་ནས་ནི་ཐེ་ཚོམ་གྱི་སྒྲིབ་པ་རྣམ་པར་བཞག་གོ་ཞེས་འབྱུང་སྟེ། སྒྲིབ་པ་ལྔ་རྒྱ་ཆེར་རྣམ་པར་བཤད་པ་ནི་བསྟན་བཅོས་བྱེ་བྲག་ཏུ་བཤད་པ་ཆེན་པོ་དང། དེ་ཁོ་ན་ཉིད་གྲུབ་པ་དང་ཆོས་མངོན་པ་སྣ ་ཚོགས་ཀུན་ལས་བཏུས་པ་དང། རྣལ་འབྱོར་སྤྱོད་པའི་ས་དང་མཚན་ཉིད་བསྟན་པ་དག་ལས་འབྱུང་བ་བཞིན་དུ་རིག་པར་བྱའོ། །བཅོམ་ལྡན་འདས་ཅི་ཙམ?་གྱིས་ན་ཞི་གནས་ཀྱི་ལམ་ཡོངས་སུ་རྫོགས་པར་རྣམ་པར་དག་པ་ཐོབ་པ་ཞེས་བགྱི ་ལགས་ཞེས་བྱ་བ་འདི་མན་ཆད་ནི་གཉིས་པ་ཞི་གནས་དང་ལྷག་མཐོང་གི་ལས་གཉིས་ཡོངས་སུ་རྫོགས་པར་འགྱུར་བ་ཉིད་སྟོན་ཏོ། །འདི་ཡང་རྣམ་པ་གཉིས་ཏེ། ཞི་གནས་ཀྱི་ལམ?་བསྟན་པ་དང། ལྷག་མཐོང་གི་ལམ་བསྟན་པའོ། །རེ་རེ ་ལ་ཡང་ཞུ་བ་གསོལ་བ་དང། ལན་དུ་གསུངས་པས་བསྟན་ཏེ། འདི་ནི་དང་པོ་ཞི་གནས་ཀྱི་ལམ་དུ་ཞུགས་པའོ། །རིགས་ཀྱི་བུ་ཇི་ཙམ་དུ་རྨུགས་པ་དང་གཉིད་ཡོད་པ་དག་ཡང་དག་པར་ལེགས་པར་རབ་ཏུ་བསལ་བར་གྱུར་པ་དེ་ཙམ་གྱིས ་ན་ཞི་གནས་ཀྱི་ལམ་ཡོངས་སུ་རྫོགས་པ་རྣམ་པར་དག་པ་ཐོབ་པ་ཞེས་བྱའོ་ཞེས་བྱ་བ་ནི་གཉིས་པ་དེ་བཞིན་གཤེགས་པས་ལན་དུ་ཡང་དག་པར་གསུངས་པའོ། །འདི་ལྟ་སྟེ། རིགས་ཀྱི་བུ་དང་པོའི་ཐོབ་པ་ལྟ་བུ་ལ་བྱ་བ་མ་ཡིན་གྱི། ཅི ་ཙམ་དུ་རྒོད་པ་དང་འགྱོད་པ་རབ་ཏུ་བསལ་ཏེ་ཡོངས་སུ་རྫོགས་པར་གྱུར་པ་ན། རྨུགས་པ་དང་གཉིད་རབ་ཏུ་སེལ་པར་བྱེད་པས་གདོད་ཡོངས་སུ་རྫོགས་པར་ཐོབ་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ་།བཅོམ་ལྡན་འདས་ཇི་ཙམ་གྱིས་ན་ལྷག ་མཐོང་གི་ལམ་ཡོངས་སུ་རྫོགས་པར་རྣམ་པར་དག་པ་ཐོབ་པ་ཞེས་བགྱི་ལགས་ཞེས་བྱ་བ་ནི་ལྷག་མཐོང་གི་ལམ་ཡོངས་སུ་རྫོགས་པར་འགྱུར་བ་ཞུས་པའོ། །རིགས་ཀྱི་བུ་ཇི་ཙམ་དུ་རྒོད་པ་དང་འགྱོད་པ་ཡོད་པ་དག་ཡང་དག་པར་ལེགས་ ་པར་རབ་ཏུ་བསལ་བར་གྱུར་པ་དེ་ཅམ་གྱིས་ན་ལྷག་མཐོང་གི་ལམ་ཡོངས་སུ་རྫོགས་པར་རྣམ་པར་དག་པ་ཐོབ་པ་ཞེས་བྱའོ་ཞེས་བྱ་བ་ནི་གཉིས་པ་དེ་བཞིན་གཤེགས་པས་ཡང་དག་པར་ལན་དུ་གསུངས་པའོ། ། ་འདི་ལྟ་སྟེ་།རིགས་ཀྱི་བུ་དང་པོའི་ཐོབ་པ་ལྟ་བུ་ལ་བྱ་བ་མ་ཡིན་གྱི་ཇི་ཙམ་དུ་རྨུགས་པ་རབ་ཏུ་བསལ་བ་ནས་འགྱོད་པའི་བར་དུ་བསལ་བར་གྱུར་པ་དེ་ཙམ་གྱིས་ན་གདོད་ཡོངས་སུ་རྫོགས་པར་ཐོབ་པ་ཞེས་བྱ་བས་སོ་ཞེས་བྱ་བའི་ཐ ་ཚིག་གོ་།ཅིའི་ཕྱིར་སྒྲིབ་པ་ལྔ་པོ་དག་ཞི་གནས་དང་ལྷག་མཐོང་ལ་སྒྲིབ་ཕར་བསྟན་པ་ལས་།རྒོད་པ་དང་འགྱོད་པ་ནི་ཞི་གནས་ལ་སྒྲིབ་པར་བྱེད་ལ། ལྷག་མཐོང་ལ་མ་ཡིན་རྨུགས་པ་དང་གཉིད་ནི་ལྷག་མཐོང་ལ་སྒྲིབ་པར་བྱེད་ལ ་ཞི་གནས་ཡོངས་སུ་རྫོགས་པ་ལམ་ཡིན་།གོང་དུ་བསྟན་པ་དག་དང་འགལ་བར་འགྱུར་རོ་ཞེ་ན་།སྨྲས་པ་།ཞི་གནས་དང་ལྷག་མཐོང་ནི་རེ་རེ་ལ་ཡང་སྒྲིབ་པ་གཉིས་གཉིས་ཡོད་དེ། དང་པོ་ནི་ངོ་བོ་ཉིད་དང་མཚན་ཉིད་དང་ཕན་ཚུན ་རྗེས་སུ་མཐུན་པའི་སྒྲིབ་པ་ཡིན་པས་རྨུགས་པ་ནི་ཞི་གནས་ལ་སྒྲིབ་པར་བྱེད་ལ། རྒོད་པ་ནི་ལྷག་མཐོང་ལ་སྒྲིབ་པར་བྱེད་།དེའི་ཕྱིར་བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས། རྨུགས་པ་ནི་ཞི་གནས་ལ་སྒྲིབ་པར་བྱེད་དོ། །རྒོད ་བ་ནི་ལྷག་མཐོང་ལ་སྒྲིབ་པར་བྱེད་དོ་ཞེས་བཤད་དོ། །བྱིང་བ་དང་ཡང་ཞིང་རྣོ་བའི་ངོ་བོ་ཉིད་ཀྱི་རྗེས་སུ་མཐུན་པའི་ཕྱིར་རོ། །གཉིས་པ་ནི་ངོ་བོ་ཉིད་དང་མཚན་ཉིད་དང་ཕན་ཚུན་བཟློག་པའི་སྒྲིབ་པ་ཡིན་པས་རྨུགས་པ་ནི་ལྷག་མཐོང་ལ ་སྒྲིབ་བར་བྱེད་ལ། རྒོད་པ་ནི་ཞི་གནས་ལ་སྒྲིབ་པར་བྱེད་དེ། བསྟན་བཅོས་ཆོས་མངོན་པ་སྣ་ཚོགས་ཀུན་ལས་བཏུས་པ་དང་།རྣམ་པར་བཤད་པ་དང། རྣམ་པར་རིག་པ་ཙམ་དུ་གྲུབ་པ་ལ་སོགས་པ་ལས་།ཇི་སྐད་དུ་རྨུགས་པ་ནི་ལྷག ་མཐོང་གི་གནས་སྐབས་དང་རྒང་པ་ནི་ཞི་གནས་ཀྱི་གནས་སྐབས་དང་ཕན་ཚུན་མི་མཐུན་པ་ཡིན་ནོ་ཞེས་བཤད་པ་ལྟ་པུ་སྟེ། དེའི་ཕྱིར་སྒྲིབ་པའི་སྐབས་སུ་ནི་ཕན་ཚུན་མི་མཐུན་བའི་སྒྲིབ་བ་བསྟན་པ་ལ་འདིར་ཡོངས་སུ་རྫོགས་པའི་གནས་སྐབས་སུ་ནི་།སོ ་སོ་ནས་ཅིག་ཆར་རྗེས་སུ་འཐུན་པ་དང་།ཕན་ཚུན་མི་མཐུན་པའི་སྒྲིབ་པ་གཉིས་པོ་དག་བསལ་ན་ཡོངས་སུ་རྫོགས་བ་ཐོབ་པའི་ཕྱིར་རོ། །བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་སེམས་དཔའ་རྣམས་ཞི་གནས་དང་ལྷག་མཐོང་མངོན་སུམ་དུ་གྱུར་བ ་ན་སེམས་རྣམ་པར་གཡེང་བར་འགྱུར་བའི་ཆོས་དུ་ཞིག་ཁོང་དུ་ཆུད་པར་བགྱི་འཚལ་ལགས་ཞེས་བྱ་བ་འདི་མན་ཆད་ནི་གསུམ་པ་རྣམ་པར་གཡེང་བ་རྣམ་པ་ལྔ་རབ་ཏུ་དབྱེ་བའི་སྒོ་ཞེས་བྱ་བ་སྟོན་ཏོ། །འདི་ཡང་རྣམ་པ་གཉིས་ཏེ་།ཞུ་བ་གསོལ ་བ་དང་ལན་དུ་གསུངས་པའོ། །འདི་ནི་དང་པོ་ཞི་གནས་དང་ལྷག་མཐོང་སྐྱེས་པར་གྱུར་པའི་ཚ?་སེམས་རྣམ་པར་གཡེང་བའི་རྒྱུར་འགྱུར་བའི་ཆོས་དུ་ཞིག་ཤེས་པར་བྱ་དགོས་བ་ཞུས་པ་ཡིན་ནོ། །རིགས་ཀྱི་བུ་རྣམ་པ་ལྔ་ཤེས་པར་བྱ་དགོས་ཏེ་།ཞེས་བྱ ་བ་ལ་སོགས་པས་ནི་གཉིས་པ་ཡང་དག་པར་ལན་དུ་གསུངས་པ་སྟོན་ཏོ། །འདི་ཡང་རྣམ་པ་གསུམ་གྱིས་བསྟན་ཏེ། གྲངས་སྨོས་ནས་ལན་མདོར་གསུངས་པ་དང། གྲངས་བཞིན་དུ་མིང་བཀོད་པ་དང། གོ་རིམ་བཞིན་དུ་རྣམ་པར་ཕྱེ་སྟེ་བཤད ་པའོ། །འདི་ནི་དང་པོ་སྟེ་རྣམ་པར་གཡེང་བ་ནི་མདོར་བསྡུ་ན་རྣམ་བ་ལྔ་ཡོད་པར་ཤེས་བར་བྱ་དགོས་སོ་ཞེས་བྱ་བའི་ཐ་ཚིག་གོ་།རྣམ་པར་གཡེང་བ་དེ་དག་ཀྱང་བསྟན་པ་རྣམས་ལས་སོ་སོ་ནས་བཤད་པ་མི་མཐུན་ཏེ། མདོ་འདི་ལས་ནི་རྣམ་པ ་ལྔར་གསུངས་ཏེ། མདོ་ལས་གསུངས་པ་བཞིན་དུ་རིག་པར་བྱའོ། །དགོངས་པ་ཟབ་མོ་རྣམ་པར་འགྲོལ་བའི་མདོ་ལས་ཀྱང། རྣམ་པ་ལྔར་གསུངས་ཏེ། མིང་ལ་ཐ་དད་པ་ཡོད་ཀྱང་དོན་མི་མཐུན་ཏེ་།དེའི་ཕྱིར་དགོངས་པ་ཟབ་མོ་རྣམ་པར་དགྲོལ ་བའི་མདོ་ལུས། སེམས་རྣམ་བར་གཡེང་བ་དང་ཉོན་མོངས་ལས་རྣམ་པར་གཡེང་བ་ཞེས་གསུངས་ཏེ། གཞན་གསུམ་ནི་མདོ་འདི་ལས་གསུངས་པ་དང་མཐུན་ནོ། །ལྱང་གི་ཚེ་བསྒྱུར་བའི་བསྟན་བཅོས་ཐེག་བ་ཆེན་པོ། བསྡུས་པའི་འགྲེལ་བ་ལས་ཀྱང ་རྣམ་པ་ལྔར་བསྟན་ཏེ། མདོ་འདི་ཉིད་ལས་གསུངས་པ་དང་མི་མཐུན་ནོ། །དེའི་ཕྱིར་དེ་ཉིད་ལས་རྣམ་པར་གཡེང་བ་རྣམ་པར་སེལ་བར་བྱེད་པའི་ཕྱིར་རྣམ་པར་སྨོད་པ་ཞེས་བྱ་སྟེ། འདིས་ནི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་བ་བསྟན་ཏོ། །དེ་ཉིད་ཀྱི་འགྲེལ་པ ་ལས་རྣམ་པར་གཡེང་བ་ནི་རྣམ་པ་ལྔ་ཡོད་དེ། ངོ་བོ་ཉིད་ཀྱིས་རྣམ་པར་གཡེང་བ་ནི་འདི་ལྟ་སྟེ། རྣམ་པར་ཤེས་པའི་ཚོགས་ལྔའོ། །ཕྱི་རོལ་ཏུ་གཡེང་བ་ནི་འདི་ལྟ་སྟེ་།ཡིད་ཀྱི་རྣམ་པར་ཤེས་པ་ཕ་རོལ་གྱི་ཡུལ་ལ་འཕྲོ་བ་གང་ཡིན་པའོ། །ནང་གི ་རྣམ་པར་གཡེང་བ་ནི་འདི་ལྟ་སྟེ། སེམས་མཐོ་དམན་དུ་གྱུར་ནས་རོ་མྱོང་བ་ལ་སོགས་པ་གང་ཡིན་པའོ། །གནས་ངན་ལེན་གྱི་གཡེང་བ་ནི་འདི་ལྟ་སྟེ། བདག་དང་བདག་གིར་འཛིན་པ་ལ་སོགས་པ་གང་ཡིན་པའོ། །ཡིད་ལ་བྱེད་པའི་རྣམ་པར་གཡེང ་བ་ནི་འདི་ལྟ་སྟེ། སེམས་དམན་པས་ཐེག་པ་ཆེན་པོ་སྤངས་ནས་ཐེག་པ་ཆུང་དུ་པའི་ཡིད་ལ་བྱེད་པ་གང་ཡིན་པའོ་ཞེས་འབྱུང་བ་ཡིན་ཏེ། རྣམ་པ་ལྔ་ལས་མཚན་མའི་རྣམ་པར་གཡེང་བ་བཏོན་ནས་ངོ་བོ་ཉིད་ཀྱི་རྣམ་པར་གཡེང་བ་བསྣན་བས་སོ།། ་སློབ་དཔོན་དབྱིག་གཉེན་དང། ངོ་བོ་ཉིད་མེད་ཀྱིས་མཛད་པའི་འགྲེལ་པ་ལས་ནི་རྣམ་པར་ཕྱེ་བ་མེད་དོ། །བསྟན་བཅོས་ཆོས་མངོན་པ་ཀུན་ལས་བཏུས་པ་དང། ཆོས་མངོན་པ་སྣ་ཚོགས་ཀུན་ལས་བཏུས་པ་ལས་ཀྱང་རྣམ་པར་གཡེང་བ་རྣམ་པ ་དྲུག་གོ་ཞེས་བསྟན་བཅོས་དབུས་དང་མཛའ་རྣམ་པར་འབྱེད་པ་ལས་བསྟན་པ་དང་མཐུན་པར་བཤད་དེ་།དེའི་ཕྱིར་དབུས་དང་མཛའ་རྣམ་པར་འབྱེད་པ་ལས་རྣམ་པར་གཡེང་བ་ནི་རྣམ་པ་དྲུག་ཡོད་དོ་།ངོ་བོ་ཉིད་ཀྱི་རྣམ་པར་གཡེང་བ་དང་།ཕྱི ་རོལ་ཏུ་རྣམ་བར་གཡེང་བ་དང། ནང་དུ་རྣམ་པར་གཡེང་བ་དང། མཚན་མའི་རྣམ་པར་གཡེང་བ་དང། གནས་ངན་ལེན་གྱི་རྣམ་པར་གཡེང་བ་དང། ཡིད་ལ་བྱེད་པའི་རྣམ་པར་གཡེང་བའོ་ཞེས་འབྱུང་སྟེ། ཞིབ་ཏུ་དེ་ཉིད་ལས་བསྟན་པ་བཞིན་ནོ། །བསྟན ་བཅོས་རྣམ་པར་བཤད་པ་ལས་ཀྱང། དབུས་དང་མཛའ་རྣམ་པར་འབྱེད་པ་ལས་འབྱུང་བ་དང་མཐུན་བར་རྣམ་པ་དྲུག་གོ་ཞེས་བཤད་དེ་།དེ་ལ་བྱེ་བྲག་ཡོད་བ་ཡང་ཡིད་ལ་བྱེད་པ་ནི་དང་པོར་བསྟན་ལ། ངོ་བོ་ཉིད་ནི་དྲུག་པར་འབྱུང་ངོ། །མདོ་ལས་ནི་རྣམ ་པ་ལྔའོ་ཞེས་གསུངས་ན་ཅིའི་ཕྱིར་བསྟན་བཅོས་རྣམས་ལས་ཡང་ངོ་བོ་ཉིད་ཀྱིས་ཤེས་བྱ་བས་བསྣན་ནས་གཅིག་ཏུ་བསྡུས་ཏེ་རྣམ་པ་དྲུག་གོ་ཞེས་བསྟན་ཅེ་ན་།སྨྲས་པ། བསྟན་བཅོས་རྣམས་ཀྱང་མདོ་ལ་བརྟེན་ནས་རྣམ་པ་ལྔ་ཞེས་བསྟན་པའི་རིགས ་པ་ལས་ལོགས་ཤིག་ཏུ་བསྟན་པར་གྱུར་པ་ཡང། སངས་རྒྱས་ཀྱི་སའི་གནས་སྐབས་མ་གཏོགས་པ་གནས་སྐབས་གཞན་དག་ན་རྣམ་པར་ཤེས་པའི་ཚོགས་ལྔ་པོ་དག་ནི་རྣམ་པར་གཡེང་བ་ཁོ་ན་ཡིན་ཏེ། མཉམ་པར་བཞག་པ་མ་ཡིན་པས་དེའི ་ཕྱིར་ལོགས་ཤིག་ཏུ་ངོ་བོ་ཉིད་ཀྱིས་རྣམ་པར་གཡེང་བ་ཞེས་བསྟན་ཏོ། །མདོ་ལས་ངོ་བོ་ཉིད་ཀྱིས་རྣམ་པར་གཡེང་བ་ཞེས་མ་གསུངས་པ་ནི་ཏིང་ངེ་འཛིན་ལ་སྒྲིབ་པར་བྱེད་པའི་རིང་དུ་གྱུར་པའི་ཕྱིར་དང། སྒྲིབ་པ་མཆོག་མ་ཡིན་པའི་ཕྱིར་མདོར་བསྡུས ་ནས་མ་གསུངས་སོ། །བསྟན་བཅོས་ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་ལྱང་གི་ཚེ་བསྒྱུར་བ་ལས་རྣམ་པར་གཡེང་བ་ལྔ་ཡོད་པར་བསྟན་པ་དེ་ཡང་སྐྱོན་རྣམ་པ་གཉིས་ཡོད་དེ། མདོ་དག་དང་མི་མཐུན་པ་དང་སློབ་དཔོན་དབྱིག་གཉེན་དང། ངོ་བོ་ཉིད་མེད ་ཀྱིས་མཛད་པའི་འགྲེལ་པ་ལས་ཀྱང་དེ་ལྟ་བུའི་བཤད་པ་མེད་པའི་ཕྱིར་ཚད་མར་གཟུང་དུ་མི་རུང་ངོ། །དེ་ལས་གཞན་པའི་ཚིག་གི་དོན་རྣམས་ནི་མདོའི་ཚིག་ཐད་ཀར་བབ་པ་ན་སྟོན་པས་དེའི་ཕྱིར་འདིར་མ་བསྟན་ཏོ། །ཡིད་ལ་བྱེད་པའི་རྣམ་པར་གཡེང ་བ་དང། ཕྱི་རོལ་ཏུ་སེམས་རྣམ་པར་གཡེང་བ་དཔག?་ནང་དུ་སེམས་རྣམ་པར་གཡེང་བ་དང། མཚན་མའི་རྣམ་པར་གཡེང་བ་དང། གནས་ངན་ཁོན་གྱི་རྣམ་པར་གཡེང་བའོ་ཞེས་བྱ་བ་ནི་གཉིས་པ་གྲངས་བཞིན་དུ་མིང་བཀོད? ་པའོ། །རིགས་ཀྱི་བུ་གལ་ཏེ་བྱང་ཆུབ་སེམས་དཔའ་རྣམས་ཐོག་པ་ཆེན་པོ་དང་ལྡན་པའི་ཡིད་ལ་བྱེད་པ་བཏང་སྟེ། ཉན་ཐོས་དང་རང་སངས་རྒྱས་དང་ལྡན་པའི་ཡིད་ལ་བྱེད་པར་ལྟུང་སྟེ། ཉན་ཐོས་དང་རང་སངས་རྒྱས་དང་ལྡན་པའི་ཡིད་ལ་བྱེད་པར་ལྟུང་བར་གྱུར་ན་དེ་ནི་ཡིད་ལ་བྱེད་པའི་རྣམ་པར་གཡེང་བ་ཡིན་པར་རིག ་པར་བྱའོ་ཞེས་བྱ་བ་ལ་སོགས་པས་ནི་གསུམ་བ་གོ་རིམས་བཞིན་དུ་རྣམ་པར་ཕྱེ་སྟེ་སྟོན་ཏོ། །རྣམ་པར་གཡེང་བ་དེ་དག་ཀྱང་མདོར་བསྡུན་སྒོ་རྣམ་པ་གཉིས་སུ་རབ་ཏུ་ཕྱེ་ནས། དེའི་འོག་ཏུ་གདོང་མདོའི་ཚིག་གི་དོན་བཤད་པར་བྱའོ། །འདི་ལྟ ་སྟེ། དེས་ཚིག་བསྟན་པ་དང་།ངོ་བོ་ཉིད་བསྟན་པའོ། །དེ་ལ་དང་པོ་ངེས་ཚིག་བསྟན་པ་ཡང་སྤྱི་དང་བྱེ་བྲག་གིས་བསྟན་ཏེ། དེ་ལ་སྤྱི་ནི་རྣམ་པར་གཡེང་བ་ལྔ་ཞེས་བསྟན་པའོ། །དེ་ལ་ལྔ་ཞེས་བྱ་བ་ནི་གྲངས་སྨོས་པའོ། །ཡིད་ལ་བྱེད་པ་ཞེས་བྱ ་བ་ལ་སོགས་པ་དེ་དག་གིས་ནི་སེམས་རྣམ་པར་འཕྲོ་བར་བྱེད་པའི་ཕྱིར་རྣམ་པར་གཡེང་བ་ཞེས་བྱ་སྟེ། རྣམ་པར་བཤད་པ་རྣམ་པ་དྲུག་ལས་གྲངས་དང་བཅས་པའི་རྣམ་པར་བཤད་པའོ། །དེ་ལ་བྱེ་བྲག་གི་མིང་ཡང་རྣམ་པ་ལྔ་སྟེ། ཡིད་ལ་བྱེད ་པ་དང་ཕྱི་རོལ་གྱི་སེམས་དང་།ནང་གི་སེམས་དང་མཚན་མ་དང། གནས་ངན་ལེན་ཅེས་བྱ་བ་ངག་གོ་།དེ་ལ་ཡིད་ལ་བྱེད་པ་ཞེས་བྱ་བ་ནི་མདོ་ལས་ཐེག་པ་ཆེན་པོ་དང་ལྡན་པའི་ཡིད་ལ་བྱེད་པ་བཏང་སྟེ། ཉན་ཐོས་དང་རང་སངས་རྒྱས་དང་ལྡན ་པའི་ཡིད་ལ་བྱེད་བར་ལྟུང་བར་གྱུར་ན་དེ་ནི་ཡིད་ལ་བྱེད་པའི་རྣམ་པར་གཡེང་བ་ཞེས་བྱའོ་ཞེས་གང་གསུངས་པ་སྟེ། མདོའི་ཚིག་འདི་ལ་བཤད་པ་རྣམ་པ་གཉིས་ཡོད་དེ། ཁ་ཅིག་ན་རེ་ཡིད་ལ་བྱེད་པ་ཉིད་ལ་རྣམ་པར་གཡེང་བའི་ངོ་བོ་ཉིད་ཅེས ་བྱའོ་ཞེས་ཟེར་ཏེ། བཤད་པ་འདི་དང་སྦྱར་ན་རྣམ་པར་བཤད་པ་རྣམ་པ་དྲུག་ལས། འདི་ནི་ལས་ཡོངས་སུ་འཛིན་པའི་རྣམ་པར་ཤད་པ་ཡིན་ཏེ། འདི་ལྟར་མིང་ལ་བྱེད་པ་དེ་ཉིད་རྣམ་པར་གཡེང་བ་ཡིན་པའི་ཕྱིར་རོ། ཁ་ཅིག་ན་རེ་མདོ་འདི་ལས་ནི་ཡིད་ལ་བྱེད ་པ་རྣམ་པ་གཉིས་ཀྱིས་རྣམ་བར་གཡེང་བ་འདྲེན་པར་བྱེད་པའི་ཕྱིར་ཡིད་ལ་བྱེད་པའི་རྣམ་པར་གཡེང་བ་ཞེས་བྱའོ་ཞེས་བསྟན་ཀྱང་ཡང་དག་པའི་དོན་དུ་ན་རྣམ་པར་གཡེང་བ་ཉིད་ཀྱི་ངོ་བོ་ཉིད་བྱེད་དོ་ཞེས་ཟེར་ཏེ། བཤད་པ་འདི་དང་སྦྱར་ན་འདི་ནི་བདག ་པོའི་དབང་དུ་བྱས་པའི་རྣམ་པར་བཤད་པའོ། །འདི་ལ་དོན་རྣམ་པ་གཉིས་ཡང་དེ། དགོངས་པ་ཟབ་མོ་རྣམ་པར་དགྲོལ་བའི་མདོ་ལས་ནི་།བྱང་ཆུབ་སེམས་དཔའ་ཨི་ཡིད་ལ་བྱེད་པའི་རྣམ་པར་གཡེང་བ་ཡིན་པར་བཤད་དོ། །དེའི་ཕྱིར་དགོངས ་པ་ཟབ་མོ་རྣམ་པར་དགྲོལ་བའི་མདོ་ལས། ཡང་དག་པ་ཡིད་ལ་བྱེད་པའི་རྣམ་པར་གཡེང་བ་ཞེས་འབྱུང་བ་ཡིན་ནོ་ཞེའོ། །ཁ་ཅིག་ན་རེ་ཉན་ཐོས་ཀྱི་ཡིད་ལ་བྱེད་པའི་རྣམ་པར་གཡེང་བ་ཡིན་པའི་ཕྱིར། བསྟན་བཅོས་དབུས་དང་མཛའ་རྣམ ་པར་འབྱེད་པ་ལས་དམན་པའི་སེམས་ཀྱི་ཡིད་ལ་བྱེད་པ་ཞེས་བསྟན་པ་ཡིན་ནོ་ཞེས་ཟེར་ཏེ། འདི་ལྟར་རྣམ་པ་གཉིས་སུ་བཤད་པ་ཡོད་ཀྱང་བཤད་པ་ནི་ཕྱི་མ་ཡང་དག་པ་ཡིན་ཏེ། དེའི་ཕྱིར་བསྟན་བཅོས་ཆོས་མངོན་པ་ཀུན་ལས་བཏུས ་པ་ལས་།རྣམ་པར་གཡེང་བའི་ཆོས་དེ་ཡང་རྣམ་པ་དྲུག་ཡོད་པར་བསྟན་པ་ཡིན་ནོ། །དེ་ལ་ཕྱི་རོལ་དུ་སེམས་རྣམ་པར་གཡེང་བ་ཞེས་བྱ་བ་ནི་མདོ་ལས། གལ་ཏེ་ཕྱི་རོལ་གྱི་འདོད་པའི་ཡོན་ཏན་ལྔ་པོ་དག་དང་འདྲེས་པའི་མཚན་མ་རྣམས ་ལ་ཡོད་པའི་རྣམ་པར་རྟོགས་པའི་ཉེ་བའི་ཉོན་མོངས་པ་དང་ཕྱི་རོལ་གྱི་དམིགས་པའི་ཡུལ་ལ་སེམས་རྣམ་པར་འཕྲོ་བར་གཏོང་ན་ཞེས་གང་གསུངས་པའོ། །མདོའི་ཚིག་འདི་ནི་དོན་གྱིས་ཕྱི་རོལ་ནི་རྣམ་པ་གསུམ་ཡོད་པར་བསྟན་ཏེ་།དང་པོ ་ནི་ཕྱི་རོལ་གྱི་འདོད་པའི་ཡོན་ཏན་ལྔ་པོ་དག་གོ་།གཉིས་པ་ནི་འདྲེས་པའི་མཚན་མ་རྣམས་ཏེ། དེ་ཉིད་ནི་འདུ་འཇིའི་མཚན་མ་ཡིན་ཏེ་།དེའི་ཕྱིར་བསྟན་བཅོས་རྣམ་པར་བཤད་པ་ལས་།འདོད་པའི་ཡོན་ཏན་ལྔ ་པོ་དག་དང། འདུ་འཛིའི་མཚན་མ་ཞེས་འབྱུང་བ་ཡིན་ནོ། །གསུམ་པ་ནི་སྔ་མ་གཉིས་མ་གཏོགས་པ་དེ་ལས་གཞན་པའི་ཕྱི་རོལ་གྱི་ཡུལ་རྣམས་ཏེ། ཡུལ་རྣམ་བ་གསུམ་པོ་དག་ལ་རྣམ་པར་གཡེང་བ་ཐ་དད་ཀྱི་ངོ་བོ་ཉིད་དོ། །བཤད་པ ་འདི་དང་སྦྱར་ན་འདི་ནི་བདག་པོའི་དབང་དུ་བྱས་པའི་རྣམ་པར་གཡེང་བ་ཞེས་བྱ་བ་ནི་མདོ་ལས་གལ་ཏེ་རྨུགས་པ་དང་གཉིད་ཀྱིས་བྱིད་བའམ། སྙོམས་པར་འཇུག་པའི་རོ་མྱང་བ་འམ། སྙོམས་པར་འཇུག་པའི་ཉེ་བའི་ཉོན་མོངས་པ ་གང་ཡང་རུང་པས་ཉོན་མོངས་པར་གྱུར་ན་དེའི་ནང་དུ་སེམས་རྣམ་པར་གཡེང་བ་ཡིན་པར་རིག་པར་བྱའོ། །ཞེས་གང་གསུངས་པ་སྟེ། དེ་ལ་ནང་དུ་སེམས་ཤེས་བྱ་བ་ནི་ཏིང་ངེ་འཛིན་དང་མཚུངས་པར་ལྡན་པའི་ནང་གི་ཏིང་ངེ་འཛིན་གྱི་སེམས་སོ། ། ་དེ་ནི་འདི་སྐད་དུ་ནང་གི་ཏིང་ངེ་འཛིན་ལ་སྒྲིབ་པར་གྱུར་པ་ནི་རྣམ་པ་བཞི་ཡོད་དེ། རྨུགས་པ་དང་གཉིད་དང་བྱིང་བ་ལ་སོགས་པའི་ལས་ཀྱི་ནུས་པ་དང་།སྙོམས་པར་འཇུག་པའི་ཉེ་བའི་ཉོན་མོངས་པ་གང་ཡང་རུང་བས་ནང་གི་ཏིང་ངེ་འཛིན་གྱི ་སེམས་ལ་སྒྲིབ་བར་བྱེད་པའི་ཕྱིར་ནང་གི་སྙོམས་པར་འཇུག་པ་ཞེས་བྱའོ་ཞེས་བསྟན་པར་འགྱུར་རོ། །འདི་ལ་ཡང་བཤད་བ་རྣམ་པ་གཉིས་ཡོད་དེ། ཁ་ཅིག་ན་དེ་རྨུགས་པ་ལ་སོགས་པ་བཞི་པོ་དག་ཉིད་ལ་རྣམ་པར་གཡེང་བའི་ངོ ་བོ་ཉིད་ཅེས་བྱའོ་ཞེའོ། །ཁ་ཅིག་ན་རེ་རྨུགས་པ་ལ་སོགས་པའི་སྟོབས་ཀྱིས་བསྐྱེད་བའི་ཉོན་མོངས་པ་ཅན་གྱི་སེམས་ཀྱིས་དྲངས་པའི་རྣམ་པར་གཡེང་བའི་ངོ་བོ་ཉིད་ཞེས་ཟེར་ཏེ། བཤད་པ་རྣམ་པ་གཉིས་ཀྱིས་དོན་ཡང་སྔ་མ་བཞིན ་དུ་རིག་པར་བྱའོ། །དེ་ལ་མཚན་མའི་རྣམ་པར་གཡེང་བ་ཞེས་བྱ་བ་ནི་མདོ་ལས་གལ་ཏེ་ཕྱི་རོལ་གྱི་མཚན་མ་ལ་བརྟེན་ནས་ནང་གི་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་གྱི་མཚན་མ་རྣམས་ཡིད་ལ་བྱེད་ན་དེ་ནི་མཚན་མའི་རྣམ་བར་གཡེང་བ་ཞེས་བྱའོ ་ཞེས་གང་གསུངས་པ་སྟེ་།ཏིང་ངེ་འཛིན་ལ་བརྟེན་ནས་ཕྱི་རོལ་གྱི་མཚན་མ་ཡིད་ལ་བྱེད་ཀྱི། ཏིང་ངེ་འཛིན་ལ་ཞུགས་པའི་ཚོན་ཚིག་གི་བརྗོད་པ་དང་བྲལ་བས་རྒྱུ་དང་རྐྱེན་ངེས་ན་ཞི་གནས་དང་ལྷག་མཐོང་ལ་སྒྲིབ་པར་བྱེད་བས་མཚན་མའི་རྣམ ་བར་གཡེང་བ་ཞེས་བྱའོ། །བཤད་པ་རྣམ་བ་གཉིས་ཀྱི་ངོ་བོ་ཉིད་བསྟན་པ་ནི་གོང་མ་བཞིན་དུ་རིག་པར་བྱའོ། །དགོངས་པ་ཟབ་མོ་རྣམ་པར་དགྲོལ་བའི་མདོ་ལས་ནི་ཕྱི་རོལ་གྱི་མཚན་མ་ལ་བརྟེན་ནས་ནང་གི་ལུས་ཀྱི་སྤྱོད་ཡུལ་གྱི་མཚན་མ་ཡིད ་ལ་བྱེད་པ་ནི་མཚན་མའི་རྣམ་པར་གཡེང་བ་ཞེས་བྱའོ་ཞེས་འབྱུང་ངོ། །གཞན་ཡང་བསྟན་བཅོས་རྣམ་པར་བཤད་པ་ལས་ནི་ཕྱི་རོལ་གྱིས་མཚན་མ་ཡིད་ལ་བྱེད་པ་ལ་བརྟེན་ནས་ནང་གི་སྤྱོད་ཡུལ་གྱི་མཚན་མ་ཡིད་ལ་བྱེད་པ་ཞེས་འབྱུང་སྟེ། དེ ་ལྟར་ན་མདོ་སྡེ་དང་བསྟན་བཅོས་རྣམས་ལས་ཀྱང་མདོ་འདི་ལས་གསུངས་པ་དང་དོན་མཐུན་པ་ཡིན་ཏེ། བསྟན་པ་གཞན་དག་ལས་མཐུན་བ་དང་མི་མཐུན་པའི་བྱེ་བྲག་ཡོད་པ་ནི་མདོའི་ཚིག་ཐད་ཀར་བབ་པའི་ཚེ་བཤད་པར་བྱའོ། །དེ་ལ་གནས ་ངན་ལེན་གྱི་རྣམ་པར་གཡེང་བ་ཞེས་བྱ་བ་ནི་མདོ་ལས་གལ་ཏེ་ནང་གི་ཡིད་ལ་བྱེད་པས་རྐྱེན་བྱས་པ་ལས་བྱུང་བའི་ཚོར་བ་ལ་གནས་ངན་ལེན་གྱིས་ལུས་ཀྱི་ངའོ་སྙམ་པའི་རློམ་སེམས་སྐྱེད་པར་བྱེད་ན་དེ་ནི་གནས་ངན་ལེན་གྱི་རྣམ་པར་གཡེང ་བ་ཞེས་བྱའོ་ཞེས་གང་གསུངས་པ་སྟེ། ཏིང་ངེ་འཛིན་ལ་གནས་པའི་བདེ་བ་ལ་བདག་གི་ངེ་འཛིན་ཅིང་གནས་ངན་ལེན་གྱི་ལུས་ལ་ངའོ་སྙམ་དུ་རློམ་སེམས་སྐྱེད་པའོ། །ཡང་ན་གལ་ཏེ་ནང་གི་ཡིད་ལ་བྱེད་པས་རྐྱེན་བྱས་པ་ལས་ ་བྱུང་བའི་ཚོར་བ་བདེ་བ་ལ་སོགས་བས་དམིགས་པའི་ཡུལ་དུ་གྱུར་བ་ལ་གནས་ངན་ལེན་གྱི་ས་བོན་གྱི་རྒྱུ་དང་རྐྱེན་གྱིས་བསྐྱེད་པའི་བདག་ཏུ་ལྟ་བའི་ང་རྒྱལ་གྱིས་སྔ་མའི་ཚོར་བ་རྣམས་ལ་བདག་ཏུ་ལྟ་བ་སྐྱེད་བ་དང་།བདག ་གོ་སྙམ་དུ་ང་རྒྱལ་སྐྱེད་པ་སྟེ་བདག་ཏུ་ལྟ་བའི་ང་རྒྱལ་དང་མཚུངས་པར་ལྡན་བའི་རྣམ་པར་གཡེང་བ་དེ་ཉིད་ལ་གནས་ངན་ལེན་ཅེས་བྱའོ། །དོན་རྣམ་པ་གཉིས་ལས་བཤད་པ་སྔ་མ་དང་སྦྱར་ན་ནི་གནས་ངན་ལེན་གྱི་ལུས་ལ་བརྟེན་ནས་བདག ་ཏུ་ལྟ་བ་ལ་སོགས་པ་སྐྱེས་པས་རྒྱུ་དང་རྐྱེན་དེས་བསྐྱེད་པའི་རྣམ་པར་གཡེང་བ་ལ་གནས་ངན་ལེན་ཅེས་བྱའོ་ཞེས་བསྟན་ཏོ། །བཤད་པ་ཕྱི་མ་དང་སྦྱར་ན་ནི་བདག་ཏུ་ལྟ་བ་ལ་སོགས་པ་དང་མཚུངས་པར་ལྡན་པའི་ཕྱིར་གནས་ངན་ལེན་ཅེས་བྱའོ ་ཞེས་བསྟན་ཏོ། །འདི་ལ་ཡང་བཤད་པ་རྣམ་པ་གཉིས་ཡོད་དེ་།ཁ་ཅིག་ན་རེ་བདག་ཏུ་ལྟ་པ་དང་ང་རྒྱལ་ལ་སོགས་པ་ནི་གནས་ངན་ལེན་གྱི་རྣམ་པར་གཡེང་བ་ཞེས་བྱའོ་ཞེའོ། །ཁ་ཅིག་ན་རེ་རེ་ལས་བྱུང་བའི་རྣམ་པར་གཡེང་བའི་ངོ་བོ་ཉིད ་ཡིན་ནོ་ཞེས་ཟེར་རོ། །དེ་ལ་གཉིས་པོའི་ངོ་བོ་ཉིད་བསྟན་པ་ཡང་སོ་སོ་ནས་བཤད་པ་མི་མཐུན་ཏེ་།སློབ་དཔོན་ཡང་དག་བདེན་པས་ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པའི་བརྗེད་བྱང་བྱས་བ་ལས་ཀྱང་རྣམ་པར་གཡེང་བ་རྣམ་པ་ལྔའི་ངོ་བོ་ཉིད ་སྟོན་ཏེ། གཞན་ནས་བསྟན་བདག་དང་བྱེ་བྲག་ཏུ་གྱུར་བ་མེད་དོ། །རྒྱ་ཆེར་རྣམ་པར་འབྱེད་བ་ནི་སྡེ་བ་རྣམས་ཀྱི་བརྗེད་བྱང་དང་བསྟན་བཅོས་དབུས་དང་མཛའ་རྣམ་པར་འབྱེད་པ་ལས་འབྱུང་སྟེ། མངས་ཀྱི་དེགས?་ནས་འདིར་མ་བརྗོད་དོ། །དེ་ལ་ཡིད་ལ ་བྱེད་བའི་རྣམ་པར་གཡེང་བ་ཡང་བཤད་པ་རྣམ་བ་གཉིས་ཡོད་དེ། ཁ་ཅིག་ན་རེ་ལྔ་ཀུན་ཏུ་འགྲོ་བ་ལས་འདི་ནི་ཡིད་ལ་བྱེད་པའི་ངོ་བོ་ཉིད་དེ་།ཡིད་ལ་བྱེད་པ་དེ་ཡང་ཤེས་རབ་རྣམ་པ་གསུམ་དང་ལྡན་ནོ། །ཡང་ན་དགེ་བ་ལ་སོགས་བའི་ངོ་བོ་ཉིད ་རྣམ་པ་གསུམ་དུ་ཡང་དགོངས་ཏེ། བསྟན་བཅོས་ཆོས་མངོན་པ་སྣ་ཚོགས་ཀུན་ལས་བཏུས་པ་ལས་རྣམ་པར་གཡེང་བ་ཞེས་བྱ་བ་ནི་རྣམ་པར་གཡེང་བའི་རྐྱེན་སྨོས་ནས་ཡིད་ལ་བྱེད་པ་ཞེས་བསྟན་པ་ཡིན་ནོ་ཞེས་བཤད་དོ་ཞེའོ། །ཁ་ཅིག་ན་རེ་ཉེ་བའི་ཉོན ་མོངས་པ་རྣམས་ཀྱི་ནང་ནས་རྣམ་པར་གཡེང་བའི་ངོ་བོ་ཉིད་དེ་ཡིད་ལ་བྱེད་པའི་རྐྱེན་སྨོས་ནས་རྣམ་པར་གཡེང་བ་དེ་བསྟན་པ་ཡིན་ནོ་ཞེའོ། །བསྟན་བཅས་ཆོས་མངོན་བ་སྣ་ཚོགས་ཀུན་ལས་བཏུས་པ་ལས། ཉེ་བའི་ཉོན་མོངས་པའི་ངོ་བོ་ཉིད་རྣམ་པར ་གཡེང་བ་ལ་བརྟེན་ནས་ཕྱི་རོལ་དུ་སེམས་རྣམ་པར་གཡེང་བ་ཞེས་བཤད་དེ་འདོད་པའི་ཡོན་ཏན་ལྔ་དང་འདུ་འཛི་དང་ཡུལ་གཞན་གསུམ་པོ་དག་ལ་སེམས་རྣམ་པར་འཕྲོ་བར་བྱེད་པས་ཉེ་བའི་ཉོན་མོངས་པ་ལས་གཡེང་བའི་ངོ་བོ་ཉིད་དོ། །དེ་ལ་ནང ་དུ་སེམས་རྣམ་པར་གཡེང་བ་ལ་ཡང་བཤད་པ་རྣམ་པ་གཉིས་ཡོད་དེ། ཁ་ཅིག་ན་རེ་བསྟན་བཅོས་དབུས་དང་མཛའ་རྣམ་པར་འབྱེད་བ་དང། ཆོས་མངོན་པ་སྣ་ཚོགས་ཀུན་ལས་བཏུས་པ་དང། ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་ལས་བསྟན ་པ་བཞིན་དུ་ཆོས་རྣམ་པ་གསུམ་གྱི་ངོ་བོ་ཉིད་དེ་འདི་ལྟར་བྱིང་བ་དང་རྒོད་པ་དང་རོལ་མྱང་བའོ། །ཡང་ན་བསྟན་བཅོས་རྣམ་པར་བཤད་བ་དང། མདོ་འདི་ཉིད་ལས་གསུངས་པ་བཞིན་དུ་ཆོས་བཞིའི་ངོ་བོ་ཉིད་དེ། འདི་ལྟ་སྟེ་།རྨུགས་པ་དང ་གཉིད་དང་དམན་པའི་རོལ་སྲེད་པ་དང། ཉེ་བའི་ཉོན་མོངས་པ་རྣམས་སོ། །དེ་ལ་དམན་པ་ནི་རྨུགས་པ་དང་གཉིད་ཀྱི་རྩལ་ལོ། །ཡང་ན་ཆོས་ལྔའི་སྟེ་དམན་པ་ཉིད་ནི་ལེ་ལོ་ཡིན་པས་ཞེའོ། །ཁ་ཅིག་ན་རེ་བྱིང་བ་དང་རྒོད་པ་ལ་སོགས་བའི ་སྟོབས་ཀྱིས་ཉོན་མོངས་པ་ཅན་དུ་གྱུར་པའི་ཕྱིར་རྣམ་པར་གཡེང་བ་སྐྱེད་པས་ཕྱིར་བ་ལ་སོགས་པས་སྨོས་ནས་རྣམ་པར་གཡེང་བ་བསྟན་པ་ཡིན་ནོ་ཞེའོ། །དེ་ལ་མཚོན་མའི་རྣམ་པར་གཡེང་བ་ཞེས་བྱ་བ་ནི་ཏིང་ངེ་འཛིན་གྱི་མདུན་རོལ་ཏུ་ཐོབ ་པའི་མཚན་མ་རྣམས་ནང་གི་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་གྱི་མཚན་མ་ཡིད་ལ་བྱེད་པར་གྱུར་བ་འམ། ཡང་ན་ཕྱི་རོལ་གྱི་གཟུགས་ཀྱི་མཚན་མ་ལ་བརྟེན་ནས། ནང་གི་ཏིང་ངེ་འཛིན་གྱི་གཟུགས་ཀྱི་མཚན་མ་ཡིད་ལ་བྱེད་བའོ།། ་ཡང་ན་མཚན་མ་ཞེས་བྱ་བ་ནི་རྒྱུ་སྟོན་པའི་མཚན་མ་སྟེ། ཡིད་ལ་བྱེད་པ་ངོ་བོ་ཉིད་དུ་གྱུར་པའོ། །ཁ་ཅིག་ན་རེ་འདི་ནི་ཡིད་ལ་བྱེད་པའི་རྐྱེན་སྨོས་ནས་རྣམ་པར་གཡེང་བ་བསྟན་བ་ཡིན་པས་སྔ་མ་བཞིན་དུ་རིག་པར་བྱའོ་ཞེས་ཟེར་ཏེ། དེ་ལ་གནས ་ངན་ལེན་གྱི་རྣམ་པར་གཡེང་བ་ཞེས་བྱ་བ་ལ་ལྟ་བ་དང། ང་རྒྱལ་གྱི་ས་བོན་ནི་གནས་ངན་ལེན་ཅེས་བྱ་སྟེ་།དེ་དག་གིས་རྐྱེན་བྱས་པས་བདག་ཉིད་ཀྱི་བདེ་བ་ལ་སོགས་པའི་ཚོར་བ་ལ་བདག་དང་བདག་གིར་འཛིན་ཅིང་པའི་སྙམ་དུ་རློམ་པར་བྱེད ་པས་མངོན་དུ་སྦྱོད་བའི་བདག་ཏུ་ལྟ་བ་དང་ངའོ་སྙམ་དུ་རློམ་པ་ཉིད་ཀྱི་ངོ་བོ་ཉིད་བྱེད་དོ། །ཡང་ན་བདག་ཏུ་ལྟ་བ་དང་ངའོ་སྙམ་དུ་རློམ་བ་ལས་རྣམ་པར་གཡེང་བ་འབྱུང་བས་ནམ་པར་གཡེང་བའི་ངོ་བོ་ཉིད་ངོ་ཞེའོ། །གོང་དུ་བསན་པའི་བཤད་པ་རྣམ ་པ་གཉིས་བ་གལ་ཏེ་བཤད་པ་དང་པོ་དང་སྦྱར་བར་གྱུར་ན། བསྟན་བཅོས་ཆོས་མངོན་པ་ཀུན་ལས་བཏུས་བ་དང། ཆོས་མངོན་པ་སྣ་ཚོགས་ཀུན་ལས་བཏུས་པ་ལས་བསྟན་པ་དེ་དག་ཇི་ལྟར་ཁོང་དུ་ཆུང་ཅིང་རྣམ་པར་བཤད་པར་བྱ་སྟེ་།འདི་ལྟར ་བསྟན་བཅོས་མངོན་པ་ཀུན་ལས་བཏུས་པ་ལས་ནི་འདི་ལྟ་སྟེ་།རྣམ་བར་གཡེང་པའི་ངོ་བོ་ཉིད་དེ། ཡང་རྣམ་པ་དྲུག་གོ་ཞེས་བསྟན་ལ་།ཆོས་མངོན་བ་སྣ་ཚོགས་ཀུན་ལས་བཏུས་པ་ལས་ནི་ཉེ་བའི་ཉོན་མོངས་པའི་ངོ་བོ་ཉིད་ལ་རྣམ་བར ་གཡེང་བ་ཞེས་བཤད་བས་སོ་ཞེ་ན། སྨྲས་པ་།དེ་ལ་ངོ་བོ་ཉིད་རྣམ་པར་གཡེང་ལ་བརྟེན་ནས་རྣམ་པར་གཡེང་བའི་ངོ་བོ་ཉིད་བསྟན་པས་ཕན་ཚུན་འགལ་བ་མེད་དོ། །གལ་ཏེ་བཤད་པ་ཕྱི་མ་དང་སྦྱར་བར་གྱུར་ན། བསྟན་བཅོས་དབུས་དང་མཛའ་ ་རྣམ་པར་འབྱེད་པ་ལ་སོགས་པ་ལས་བསྟན་པ་དེ་དག་ཇི་ལྟར་ཁོང་དུ་ཆུད་ཅིང་རྣམ་པར་བཤད་པར་བྱ་སྟེ་།འདི་ལྟར་བསྟས་བཅོས་དེ་ཉིད་ལས་ངོ་བོ་ཉིད་ཀྱིས་རྣམ་པར་གཡེང་བ་ནི་རྣམ་བར་ཤེས་པའི་ཚོགས་ལྔའོ་ཞེས་བཤད་པས་སོ་ཞེ་ན། སྨྲས་པ ་རྣམ་པར་གཡེང་བ་ནི་རྣམ་བ་གཉིས་ཡོད་དེ་།དང་པོ་ནི་ཉེ་བའི་ཉོན་མོངས་པའི་རྣམ་པར་གཡེང་བ་སྟེ། དེ་ནི་ཉོན་མོངས་པའི་ངོ་བོ་ཉིད་ཁོ་ནའོ། །གཉིས་པ་ནི་སངས་རྒྱས་མ་གཏོགས་པ་དེ་ལས་གཞན་པ་རྣམས་ཀྱི་རྣམ་པར་ཤེས་པ་ལྔ་པ་དག ་ནི་མཉམ་པ་ཉིད་ལས་བྱུང་བ་མ་ཡིན་པའི་ཕྱིར་སྤྱིར་རྣམ་པར་གཡེང་བ་ཞེས་བྱའོ། །དེ་ཡང་ངོ་བོ་ཉིད་རྣམ་པར་རྟོགས་པ་ཡང་ཡིན་ཏེ། དེའི་ཕྱིར་བསྟན་བཅོས་རྣམ་པར་རིག་པ་ཙམ་དུ་གྲུབ་པ་ལས། གཞན་ཡང་རྣམ་པར་ཤེས་པ་ལྔ་པོ་དག ་ལས་རྣམ་པར་གཡེང་བ་ཞེས་བསྟན་པ་ནི་གཞན་དག་ལས་བྱུང་བ་བསྟན་པ་ཡིན་གྱི། སངས་རྒྱས་ལས་བྱུང་བའི་བསྟན་བ་ནི་མ་ཡིན་པའི་ཕྱིར་རོ་ཞེས་འབྱུང་བས། དེས་ན་རྣམ་པར་ཤེས་པ་ལྔ་པོ་དག་ལ་རྣམ་པར་གཡེང་བ་ཞེས་བྱ་བས་ན་དེའི་ཕྱིར ་ཕན་ཚུན་འགལ་བ་མེད་དོ་དོན་བཤད་ཟིན་ཏོ། །ད་ནི་ཚིག་གི་དོན་བཤད་བར་བྱ་སྟེ་།འདི་ཡང་རྣམ་པར་གཡེང་བ་རྣམ་པ་ལྔ་རྣམ་པར་ཕྱེ་སྟེ་བཤད་པ་ཉིད་ལས་རྣམ་པ་ལྔར་དབྱེ་སྟེ་འདི་ནི་དང་པོའོ། །དེ་ལ་ཐེག་པ་ཆེན་པོ་དང་ལྡན་པའི་ཡིད་ལ་བྱེད ་པ་ཞེས་བྱ་བ་ནི་བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་ཐེག་པ་ཆེན་པོ་དང་ལྡན་པའི་ཡིད་ལ་བྱེད་པ་སྒོམ་པ་གང་ཞེ་ན། འདི་ལྟར་ན་བྱང་ཆུབ་སེམས་དཔའ་དང་བྱང་ཆུབ་སེམས་དཔའ་ཨི་ཆོས་ཉིད་ལ་གནས་བ་ཡང་དག་པ་ཉིད་དུ་སྐྱོན་མེད ་པ་ལ་མ་ཞུགས་པ་འམ། ཡང་དག་པ་ཉིད་དུ་སྐྱོན་མེད་པ་ལ་ཞུགས་པ་བདག་གི་དོན་དང་གཞན་གྱི་དོན་ལ་ལྟ་བ་ཞེས་འབྱུང་སྟེ་།ཞིབ་ཏུ་དེ་ཉིད་ལས་བསྟན་པ་བཞིན་དུ་རིག་པར་བྱའོ། །གཞན་ཡང་དེ་ཉིད་ལས་དེ་ལ་ཉན་ཐོས་ཀྱི་ཐེག་པ ་དང་ལྡན་བའི་ཡིད་ལ་བྱེད་པ་སྒོམ་པ་ཞེ་ན། སྨྲས་པ། འདི་ལྟར་དེ་ནི་ཉན་ཐོས་ཀྱི་ཆོས་ཉིད་ལ་གནས་བ་ཡང་དག་པ་ཉིད་དུ་སྐྱོན་མེད་བ་མ་ཞུགས་པ་འམ། ཡང་དག་པ་ཉིད་དུ་སྐྱོན་མེད་བ་ལ་ཞུགས་བ་སེམས་ཅན་གྱི ་དོན་ལ་མི་ལྟ་བ་བདག་གི་དོན་ལ་ལྟ་བ་ཞེས་འབྱུང་སྟེ། རྒྱ་ཆེར་དེ་ཉིད་ལས་བསྟན་བ་བཞིན་དུ་རིག་པར་བྱའོ། །བསྟན་བཅོས་རྣམ་བར་བཤད་པ་ལས་ཀྱང་རྣལ་འབྱོར་སྤྱོད་བའི་ས་ལས་བསྟན་བ་དང་མཐུན་བར་འབྱུང་སྟེ། དེ་ནི་འདི་སྐད ་དུ་ཡང་དག་པ་ཉིད་དུ་སྐྱོན་མེད་བ་ལ་མ་ཞུགས་བའི་བྱང་ཆུབ་སེམས་དཔའ་ཐེག་པ་ཆེན་པོ་དང་ལྡན་པའི་ཡིད་ལ་བྱེད་བ་སྤངས་ནས་ཐེག་པ་འོག་མ་གཉིས་དང་ལྡན་པའི་ཡིད་ལ་བྱེད་ན་ཞེས་བསྟན་པར་འགྱུར་རོ། །ཡིད་ལ་བྱེད་བ་དེ ་ཡང་བསྟན་པ་རྣམས་ལས་སོ་སོ་ནས་བཤད་པ་མི་མཐུན་ཏེ། དགོངས་བ་ཟབ་མོ་རྣམ་བར་དགྲོལ་བའི་མདོ་ལས་ནི། ཐེག་བ་ཆེན་བོ་དང་ལྡན་པའི་མཚན་མ་ཡང་དག་བའི་དྲན་བ་བཏང་སྟེ་ཐེག་པ་གཉིས་ཀྱི་དྲན་པ་ཞེས་འབྱུང་དོ། ། ་ལྱང་གི་ཚེ་བསྒྱུར་བ་ཐེག་པ་ཆེན་བོ་བསྡུས་བའི་འགྲེལ་བ་ལས་ནི། ཡིད་ལ་བྱེད་པའི་རྣམ་པར་གཡེང་བ་ནི་འདི་ལྟ་སྟེ། དམན་པའི་སེམས་ཀྱིས་བྱང་ཆུབ་སེམས་དཔའ་ཨི་ཐེག་པ་ཆེན་པོའི་ཡིད་ལ་བྱེད་པ་བཏང་ནས་ཐེག་པ་དམན་བའི་ཡིད་ལ ་བྱེད་པ་ཞེས་འབྱུང་ངོ། །བསྟན་བཅོས་མངོན་པ་ཀུན་ལས་བཏུས་པ་ལས་ནི་འདི་ལྟ་སྟེ། སྙོམས་པར་འཇུག་པ་བཞག་ནས་ཐེག་པ་གཞན་ལ་འཇུག་པ་དང་གནས་པའི་རྣམ་པར་འཕྲོ་བ་གང་ཡིན་པའོ་ཞེས་འབྱུང་སྟེ། འདི་ཉིད་ཀྱི་འགྲེལ ་པ་ལས་སྙོམས་པར་འཇུག་པ་གཞན་ལས་སྙོམས་པར་འཇུག་པ་དང། ཐེག་པ་གཞན་ལ་བརྟེན་པ་སྔ་མ་ལ་བལྟོས་པའི་རྣམ་བར་གཡེང་བ་ཡིན་པར་རིག་པར་བྱའོ་ཞེས་འབྱུང་སྟེ། འདི་ནི་ཉེ་བའི་ཉོན་མོངས་པའི་ངོ་བོ་ཉིད་ཀྱི་རྣམ་བར ་གཡེང་བའི་དབང་དུ་བྱས་ཏེ་བཤད་པའོ། །བསྟན་བཅོས་དབུས་དང་མཛའ་རྣམ་པར་འབྱེད་པ་དང། རྣམ་པར་བཤད་པ་ལ་སོགས་པ་ལས་ནི་ཡིད་ལ་བྱེད་པ་ཞེས་འབྱུང་ངོ། །དབུས་དང་མཛའ་རྣམ་པར་འབྱེད་པ་རྙིང་འགྱུར་ལས་ནི་སེམས་པ་ཞེས་འབྱུང ་སྟེ། སེམས་པ་དང་དྲན་པ་ཞེས་བྱ་བ་ཡང་ཡིད་ལ་བྱེད་པའི་རྣམ་གྲངས་ཡིན་ཏེ། ལོ་ཙཱ་བ་དག་གི་བསམ་པ་ཐ་དད་པའི་ཕྱིར་མིང་གང་གིས་པ་མི་མཐུན་པར་གྱུར་པ་ཡིན་ནོ།། །།བམ་པོ་བཞི་བཅུ་བརྒྱད་པ། །གལ་ཏེ་ཕྱི་རོལ་གྱི་འདོད་པའི ་ཡོན་ཏན་ལྔ་པོ་དག་དང་འདྲེས་པའི་མཚན་མ་རྣམས་ལ་ཡོད་པའི་རྣམ་པར་རྟོགས་པའི་ཉེ་བའི་ཉོན་མོངས་པ་དང་།ཕྱི་རོལ་གྱི་དམིགས་པའི་ཡུལ་ལ་སེམས་རྣམ་པར་འཕྲོ་བར་གཏོང་ན་།དེ་ནི་ཕྱི་རོལ་དུ་སེམས་རྣམ་པར་གཡེང་བ་ཡིན་པར་རིག་པར ་བྱའོ། །ཞེས་བྱ་བ་ནི་གཉིས་པ་ཕྱི་རོལ་དུ་སེམས་རྣམ་པར་གཡེང་བསྟོན་ཏོ། །མདོའི་ཚིག་འདི་ཡང་རྣམ་པ་གཉིས་སུ་དབྱེ་སྟེ། རྣམ་པར་བཤད་པ་དང་མཇུག་བསྡུ་བའོ། །རྣམ་པར་གཡེང་བ་འདི་ཡང་བསྟན་པ་རྣམས་ལས་སོ་སོ་ནས་བཤད་པ་མི་མཐུན ་ཏེ། བསྟན་བཅོས་ཆོས་མངོན་བ་ཀུན་ལས་བཏུས་པ་ལས་ནི་དགེ་བ་ལ་ཞུགས་པའི་ཚེ་།འདོད་བའི་ཡོན་ཏན་ལྔ་པོ་དག་ལ་སེམས་རྣམ་པར་འཕྲོ་བའོ་ཞེས་འབྱུང་སྟེ་།ཆོས་མངོན་པ་སྣ་ཚོགས་ཀུན་ལས་བཏུས་པའི་ནང་ནས་འདི་ཉིད་ཀྱི་འགྲེལ་བར ་ལས། །འདི་ལྟར་ཐོས་པ་ལ་སོགས་པའི་དགེ་བ་ལ་སྦྱོར་བ་བསྒོམ་པ་ན་དེ་ལ་དམིགས་པ་བཏང་ནས། ཕྱི་རོལ་དུ་འདོད་པའི་ཡོན་ཏན་ལྔ་པོ་དག་ལ་སེམས་རྣམ་པར་འཕྲོ་བར་རིག་པར་བྱའོ་ཞེས་འབྱུང་ངོ། །བསྟན་བཅོས་དབུས་དང་མཛའ་རྣམ་པར ་འབྱེད་པ་ལས་ཕྱི་རོལ་གྱི་ཡུལ་ཞེས་འབྱུང་ངོ། །བསྟན་བཅོས་དབུས་དང་མཛའ་རྣམ་པར་འབྱེད་པ་གསང་འགྱུར་དང་།རྣམ་པར་རིག་པ་ཙམ་དུ་གྲུབ་བ་ལས་ནི་དམིགས་པ་ལ་སེམས་རྣམ་པར་འཕྲོ་བ་ཞེས་འབྱུང་ངོ། །བསྟན་བཅོས་རྣམ ་པར་བཤད་པ་ལས་རྣམ་པ་གཉིས་ལ་དམིགས་ན་ཉམས་པར་འགྱུར་ཏེ། འདི་ལྟ་སྟེ། འདོད་པའི་ཡོན་ཏན་ལྔ་དང། འདུ་འཛའི་མཚན་མའོ་ཞེས་བཤད་དོ། །དགོངས་པ་ཟབ་མོ་རྣམ་པར་དགྲོལ་བའི་མདོ་ལས་ནི། ཉམས་པར ་འགྱུར་བ་རྣམ་བ་གསུམ་དང་ལྡན་པར་བཤད་དེ། འདི་ལྟ་སྟེ། འདོད་བའི་ཡོན་ཏན་ལྔ་དང་འདུ་འཇིའི་གནས་དང་མཚན་མ་ལ་མངོན་པར་ཞེན་པའོ། །མདོ་འདི་ཉིད་ལས་ནི་ཡུལ་རྣམ་པ་གསུམ་ལས་བརྩམས་ནས་ཕྱི་རོལ་གྱི་རྣམ་པར་གཡེང་བ ་སྟོན་པར་མཛད་དོ། །དེ་ལ་སེམས་རྣམ་པར་འཕྲོ་བར་གཏོང་ན་ཞེས་བྱ་བ་ནི་རྣམ་པར་གཡེང་བ་རྣམ་པ་གསུམ་གྱི་བདག་ཉིད་ཡང་དག་བར་བསྟན་ཏེ་།འདོད་པའི་ཡོན་ཏན་ལྔ་པོ་དག་ལ་སེམས་རྣམ་པར་འཕྲོ་བ་དང། འདྲེས་པའི་མཚན་མ ་རྣམས་ལ་རྣམ་པར་འཕྲོ་བ་དང། ཡུལ་སྔ་མ་གཉིས་ལས་གཞན་པའི་དམིགས་པའི་ཡུལ་ལ་སེམས་རྣམ་པར་འཕྲོ་བའོ། །དེ་ལ་གལ་ཏེ་ཕྱི་རོལ་གྱི་འདོད་པའི་ཡོན་ཏན་ལྔ་པོ་དག་ཅེས་བྱ་བས་ནི་ཡུལ་དང་པོ་སྨོས་པ་ཡིན་ཏེ། སེམས་ཀྱི་རྗེས་སུ་མཐུན ་པའི་ཡུལ་ལྔ་པོ་དག་ནི་འདོད་པའི་ཡོན་ཏན་ལྔ་ཞེས་བྱའོ། །འདྲེས་པའི་མཚན་མ་རྣམས་ཞེས་བྱ་བ་ནི་འདུ་འཛིའི་མཚན་ཉིད་ཡིན་ཏེ། ཡུལ་གཉིས་སྨོས་པའོ། །དེའི་ཕྱིར་བསྟན་བཅོས་རྣམ་པར་བཤད་པ་ལས་འདོད་པའི་ཡོན་ཏན་ལྔ་དང་འདུ ་འཛིའི་མཚན་མ་ཞེས་སྟོན་ཏོ། །ཡོད་པའི་རྣམ་པར་རྟོག་པའི་ཉེ་བའི་ཉོན་མོངས་པ་ཞེས་བྱ་བའི་ཡུལ་སྔ་མ་གཉིས་ཀྱི་ཉེ་བའི་ཉོན་མོངས་བ་ཇི་སྙེད་ཡོད་པ་དག་ལས་སྦྱིར་རྣམ་པར་རྟོག་པ་ཞེས་བསྟན་ཏེ། ཐམས་ཅད་ལ་ཡང་དམིགས་པ་ལ་གཏོང ་པའི་ནུས་པ་ཡོད་པའི་ཕྱིར་རོ། །ཕྱི་རོལ་གྱི་དམིགས་པའི་ཡུལ་ཞེས་བྱ་བས་ནི་ཡུལ་གསུམ་པ་སྨོས་པ་སྟེ། སྔ་མའི་ཡུལ་གཉིས་པོ་དག་ལས་གཞན་པ་དབང་པོ་ལ་སོགས་པའི་རྣམ་པ་རྣམས་ནི་ཕྱི་རོལ་ཞེས་བྱའོ། །འདིར་ཡང་ཡོད་པའི་རྣམ ་བར་རྟོག་པའི་ཉེ་བའི་ཉོན་མོངས་པ་ལ་ཞེས་སྨོས་པའི་རིགས་བ་ལས། སྔ་མའི་ཟླས་ཁོང་དུ་ཆུད་པར་འགྱུར་བའི་ཕྱིར་མདོར་བསྡུས་ནས་གསུངས་ཏེ། དེའི་ཕྱིར་དགོངས་པ་ཟབ་མོ་རྣམ་པར་དགྲོལ་བའི་མདོ་ལས་ཡུལ་རྣམ་པ་གསུམ་བསྟན་པའི་རྗེས་ལ་ཉེ་བའི ་ཉོན་མོངས་པ་ཞེས་གསུངས་པ་ཡིན་ནོ། །ལ་ཞེས་བྱ་བ་ནི་བསྟན་བཅོས་རིགས་བའི་སྒོ་བསྟན་པ་ལས་དགར་བའི་དོན་ཡིན་ནོ་ཞེས་བསྟན་ཏོ། །དེ་ནི་འདི་སྐད་དུ་ཡུལ་རྣམ་པ་གསུམ་པོ་དག་ལ་ཡོད་པའི་རྣམ་པར་རྟོག་བའི་ཉེ་བའི་ཉོན་མོངས་པ་རྣམས་ལས ་ཁྲོ་བ་ལ་སོགས་པའི་ཉེ་བའི་ཉོན་མོངས་པ་གཞན་དགར་ཞིང་སེམས་རྣམ་པར་འཕྲོ་བའི་ཉེ་བའི་ཉོན་མོངས་པ་གཅིག་ཁོ་ན་ཕྱི་རོལ་གྱི་རྣམ་པར་གཡེང་བ་ཡིན་ནོ་ཞེས་བསྟན་པའི་ཕྱིར་ལ་ཞེས་བྱ་བ་གསུངས་སོ། །ཞེས་བསྟན་པར་འགྱུར་རོ། །གལ་ཏེ ་རྨུགས་པ་དང་གཉིད་ཀྱིས་བྱིང་བ་འམ། སྙོམས་པར་འཇུག་པའི་རོ་མྱང་བ་འམ། སྙོམས་པར་འཇུག་པའི་ཉེ་བའི་ཉོན་མོངས་པ་གང་ཡང་རུང་བས་ཉོན་མོངས་པར་གྱུར་ན་དེའི་ནང་དུ་སེམས་རྣམ་པར་གཡེང་བ་ཡིན་པར་རིག་པར་བྱའོ་ཞེས་བྱ་བ་ནི་གསུམ ་པ་ནང་གི་རྣམ་པར་གཡེང་བ་སྟོན་ཏོ། །མདོའི་ཚིག་འདི་ཡང་རྣམ་པ་གཉིས་སུ་དབྱེ་སྟེ། རྣམ་པར་བཤད་པ་དང་མཇུག་བསྡུ་པའོ། །རྣམ་པར་གཡེང་བ་འདི་ཡང་བསྟན་པ་རྣམས་ལས་སོ་སོ་ནས་བཤད་པ་མི་མཐུན་པས་དེའི་ཕྱིར་བསྟན་པ་རྣམས ་ལས་འབྱུང་བ་སྔར་བསྟན་ནས། དེའི་འོག་ཏུ་མདོའི་ཚིག་གི་དོན་བསྟན་པར་བྱའོ། །བསྟན་བཅོས་ཆོས་མངོན་པ་ཀུན་ལས་བཏུས་པ་ལས་འདི་ལྟ་སྟེ། དགེ་བ་ལ་ཞུགས་པ་ན་བྱིང་བ་དང་རྒོད་པ་དང་དོ་མྱང་བར་བྱེད་པའོ་ཞེས་འབྱུང་སྟེ། ཆོས ་མངོན་པ་སྣ་ཚོགས་ཀུན་ལས་བཏུས་པའི་ནང་ནས་འདི་ཉིད་ཀྱི་འགྲེལ་པ་ལས་ནི་བྱིང་བ་དང་རྒོད་པ་དང་རོ་མྱང་བར་འབྱུང་བར་བྱེད་པའི་ཕྱིར་ཏིང་ངེ་འཛིན་ལས་ཉམས་པར་བྱེད་པའོ་ཞེས་བཤད་དོ། །བསྟན་བཅོས་དབུས་དང་མཛའ་རྣམ་ ་བར་འབྱེད་བ་ལས་ནི་ཏིང་ངེ་འཛིན་གྱིས་རོ་མྱང་བ་དང་བྱིང་བ་དང། རྒོད་པ་ནི་ནང་གི་གཡེང་བའོ་ཞེས་འབྱུང་ངོ། །བསྟན་བཅོས་ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་བ་ལྱང་གི་ཚེ་བསྒྱུར་བ་ལས་།ནང་གི་སེམས་རྣམ་པར་གསོར? ་བ་ནི་འདི་ལྟ་སྟེ། རྣམ་པར་གཡེང་བའི་སེམས་མཐོ་དམན་དུ་གྱུར་བ་དང། རོ་མྱང་བའོ་ཞེས་བཤད་དོ། །བསྟན་བཅོས་རྣམ་པར་བཤད་པ་ལས་ནི་འདི་ལྟ་སྟེ། རྨུགས་བ་དང་གཉིད་ཀྱིས་དམའ་བ་གྱུར་པ་འམ། ཏིང་ངེ་འཛིན་རྣམས་ཀྱི ་རོ་མྱང་བ་འམ། ཏིང་ངེ་འཛིན་སྣ་ཚོགས་ཀྱི་ཉེ་བའི་ཉོན་མོངས་པའི་ཕྱིར་སེམས་རྣམ་པར་གཡེང་བར་གྱུར་བ་གང་ཡིན་པའོ་ཞེས་འབྱུང་ངོ། །དགོངས་པ་ཟབ་མོ་རྣམ་པར་དགྲོལ་བའི་མདོ་ལས་ནི་གལ་ཏེ་བྱང་ཆུབ་སེམས་དཔའ་གཉིད་ཀྱིས ་ནོན་པ་དང། སེམས་ཀྱིས་ཏིང་ངེ་འཛིན་ལ་མངོན་པར་ཞེན་པ་དང། ཏིང་ངེ་འཛིན་དང་སྙོམས་པར་འཇུག་པ་གཞན་གྱི་ཉོན་མོངས་པས་ཉོན་མོངས་པར་གྱུར་པ་གང་ཡིན་པ་དེ་ནི་ནང་དུ་སེམས་རྣམ་པར་གཡེང་བ་ཞེས་བྱའོ་ཞེས་གསུངས ་ཏེ། བསྟན་བཅོས་རྣམ་པར་བཤད་པ་ལས་ཀྱང་དེ་དང་མཐུན་པར་འབྱུང་བས། དེའི་ཕྱིར་བསྟན་བཅོས་རྣམ་པར་བཤད་པ་ལ་བརྟེན་ནས་མདོའི་ཚིག་འདི་བཤད་བར་བྱའོ། །འདི་ལྟར་ན་ནང་གི་རྣམ་པར་གཡེང་བ་ནི་རྣམ་པ་ལྔ་སྟེ། དང་པོ་ནི ་རྨུགས་པའོ། །གཉིས་པ་ནི་གཉིད་དོ། །གསུམ་པ་ནི་འཆིང་བའོ། །བསྟན་བཅོས་རྣམ་པར་བཤད་པ་ལས་ནི་ཞན་པའི་སེམས་ཤེས་འབྱུང་སྟེ། སེམས་ཀྱི་ངོ་བོ་ཉིད་ཞན་ཅིང་ཏིང་ངེ་འཛིན་གཉེར་བའི་སེམས་མེད་པས་དེའི?་ཕྱིར་ཞན་པའི ་སེམས་ཞེས་བྱ་སྟེ། ལེ་ལོའི་ངོ་བོ་ཉིད་དོ། །བཞི་པ་ནི་སྙོམས་པར་འཇུག་པའི་རོ་མྱང་བ་སྟེ། འདིས་འདོད་ཁམས་ཀྱི་འདོད་ཆགས་བསྟན་ཏོ། །གོང་མའི་ཏིང་ངེ་འཛིན་ལ་མངོན་པར་ཞེན་པའི་ཕྱིར་སྙོམས་པར་འཇུག་པའི་རོ་མྱང་བ? ་ཞེས་བྱའི། ཐམས་ཅད་ཡོད་པར་སྨྲ་བ་དག་ལྟར་ཁམས་གོང་མའི་འདོད་ཆགས་ལ་རོ་མྱང་བའི་ཏིང་ངེ་འཛིན་ཅེས་བསྟན་པ་ནི་མ་ཡིན་ཏེ། འདི་ལྟར་འདོད་ཆགས་ཀྱི་ཉོན་མོངས་བས་གོང་མར་མི་འགྲོ་བའི་ཕྱིར་རོ། །བསྟན་བཅོས་རྣམ་པར་བཤད་པ་ལས ་ནི་ང་རྒྱལ་མཆོག་ཏུ་གྱུར་བའི་བསམ་གཏན་དང། ཐེག་པ་མཆོག་ཏུ་གྱུར་པའི་བསམ་གཏན་དང། ལྟ་བ་མཆོག་ཏུ་གྱུར་བའི་བསམ་གཏན་ཞེས་འབྱུང་ངོ། །ལྔ་པ་ནི་སྙོམས་པར་འཇུག་པའི་ཉེ་པའི་ཉོན་མོངས་པ་གང་ཡང་རུང་བས་ཉོན་མོངས ་པར་གྱུར་བ་སྟེ། ཟིལ་གྱིས་གནོན་པའི་སྐྱེ་མཆེད་བརྒྱད་དང། ཟད་པར་གྱི་སྐྱེ་མཆེད་བཅུ་དང། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་ལ་སོགས་པ་ལ་སྒྲིབ་པར་བྱེད་པའི་ཉེ་བའི་ཉོན་མོངས་པ་རྣམས་ཏེ། བག་མེད་པ་དང་ལེ་ལོ་ལ ་སོགས་པའོ། །དེ་ལྟར་ཉེ་བའི་ཉོན་མོངས་པ་རྣམ་བ་ལྔ་པོ་དག་གིས་ཉོན་མོངས་པར་གྱུར་པའོ། །དེ་ལ་ཉོན་མོངས་པར་གྱུར་པ་ཞེས་བྱ་བ་ནི་ཏིང་ངེ་འཛིན་ལས་ཉམས་པར་བྱེད་པའི་ཕྱིར་ཉོན་མོངས་པར་གྱུར་བ་ཞེས་བྱའོ། །བསྟན་བཅོས་ཆོས ་མངོན་པ་སྣ་ཚོགས་ཀུན་ལས་བཏུས་པ་ལས་ནི་ཕྱིར་བ་དང་རྒོད་པ་དང་རོ་མྱང་བས་བསམ་གཏན་ལས་ཉམས་པར་བྱེད་པའོ་ཞེས་བཤད་དོ། །གཞན་ཡང་བསྟན་བཅོས་དབུས་དང་མཛའ་རྣམ་པར་འབྱེད་པའི་འགྲེལ་བཤད་ལས། ངོ་བོ་ཉིད་ཀྱི་དང ་ཕྱི་རོལ་དུ་གཡེང་བས་ནི་མ་ཐོབ་བ་གང་ཡིན་བ་ཕོབ་པར་མི་འགྱུར་རོ། །ནང་གི་དང་མཚན་མའི་གཉིས་ཀྱིས་ནི་ཐོབ་ཟིན་པ་ཡང་ཉམས་པར་བྱེད་དོ། །གནས་ངན་ལེན་གྱི་གཡེང་བས་ནི་རྣམ་པར་གྲོལ་བ་ཐོབ་པར་མི་བྱེད་དོ། །དྲུག་བ་ཡིད་ལ་བྱེད ་བའི་གཡེང་བས་ནི་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་མི་བྱེད་པས། དེའི་ཕྱིར་རྨུགས་པ་ལ་སོགས་པས་ནི་ཐོབ་ཟིན་པ་ལས་ཀྱང་ཉམས་བར་བྱེད་དོ་ཞེས་བཤད་དོ། །ཡང་ན་བསྟན་བཅོས་དབུས་དང་མཛའ་རྣམ་པར་འབྱེད་པའི་འགྲེལ་བཤད? ་ལས་ནི་མཚན་ཉིད་རེ་རེ་སོ་སོར་ཕྱེ་བ་ཡིན་པས། ཡང་དག་པའི་དོན་དུན་རྨུགས་པ་ལ་སོགས་པས་ནི་ཀུན་ཀྱང་མ་ཐོབ་པ་ལས་ཉམས་པར་བྱེད་བས་སྒྲིབ་པ་ཉིད་དུ་མངོན་པར་འགྲུབ་པར་འགྱུར་རོ། །གལ་ཏེ་ཕྱི ་རོལ་གྱི་མཚན་མ་ལ་བརྟེན་ནས། ནང་གི་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་གྱི་མཚན་མ་རྣམས་ཡིད་ལ་བྱེད་ན་དེ་ནི་མཚན་མའི་རྣམ་པར་གཡེང་བ་ཞེས་བྱའོ་ཞེས་བྱ་བ་ནི་བཞི་པ་མཚན་མའི་རྣམ་པར་གཡེང་བ་བསྟན་པའོ། །རྣམ་པར་གཡེང ་བ་འདི་ཡང་སོ་སོ་ནས་བཤད་པ་མི་མཐུན་ཏེ། བསྟན་བཅོམ?་ཆོས་མངོན་པ་ཀུན་ལས་བཏུས་པ་ལས་འདི་ལྟ་སྟེ། གཞན་ཡིད་ཆེས་པར་བྱ་བ་སྔོན་དུ་བཏང་སྟེ། རྒྱུས་དགེ་བ་ལ་སྦྱོར་བར་སྟོན་པའོ་ཞེས་འབྱུང་སྟེ། འདི་ཉིད་ཀྱི་འགྲེལ ་པ་ལས་གཞན་གྱིས་བདག་ལ་ཡོན་ཏན་དང་ལྡན་པར་ཡིད་ཆེས་པར་བྱ་བའི་ཕྱིར་དེའི་མཚན་མ་སྟོན་པ་སྟེ། རྒྱུ་དང་རྐྱེན་ངེས་དགེ་བ་ལ་ཞུགས་པ་ཁད་ཀྱིས་ཉམས་པར་རིག་པར་བྱའོ་ཞེས་བཤད་དོ། །བསྟན་བཅོས་དབུས་དང་མཛའ་ ་རྣམ་པར་འབྱེད་པ་ལས་ནི། རྒྱུས་མཚན་མ་བསྟན་ནས་ཏིང་ངེ་འཛིན་ལ་སྦྱོར་བའི་ཕྱིར་རོ་ཞེས་འབྱུང་སྟེ། དེ་ཉིད་ཀྱི་འགྲེལ་པ་ལས་ས་འོག་མའི་ཡིད་ད་དུང་མ་ངེས་ཤིང་ཉེ་བར་མ་ཞི་བས་མཚན་མའི་གཡེང་བ་ཞེས་བྱའོ་ཞེས་བཤད་དེ། ཏིང ་ངེ་འཛིན་ཐོབ་པ་གང་ཡིན་པ་དེ་ཏིང་ངེ་འཛིན་ཐོབ་མོད་ཀྱི་ས་འོག་མ་པའི་ཡིད་ད་དུང་ངེས་པར་མ་གྱུར་ཅིང་ཉེ་བར་མ་ཞི་བས་རྒྱུས་མཚན་མ་དེ་སྟོན་པའོ། །བསྟན་བཅོས་རྣམ་པར་བཤད་པ་ལས་ནི། མཚན་མའི་སེམས་རྣམ་པར་གཡེང་བ ་ནི་འདི་ལྟ་སྟེ། ཕྱི་རོལ་གྱི་མཚན་མ་ལ་བརྟེན་ནས་ནང་གི་ཡུལ་གྱི་མཚན་མ་ཡིད་ལ་བྱེད་པ་གང་ཡིན་པའོ་ཞེས་འབྱུང་ངོ། །དགོངས་པ་ཟབ་མོ་རྣམ་པར་དགྲེལ་པའི་མདོ་ལས་ནི། གལ་ཏེ་བྱང་ཆུབ་སེམས་དཔའ་ཕྱི་རོལ་གྱི་མཚན་མ ་ལ་བརྟེན་ནས་ནང་གི་ལུས་ཀྱི་ནང་གི་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་གྱི་མཚན་མ་ཡིད་ལ་བྱེད་པ་གང་ཡིན་པ་དེ་ནི་མཚན་མའི་རྣམ་པར་གཡེང་བ་ཞེས་བྱའོ་ཞེས་གསུངས་ཏེ། བསྟན་བཅོས་རྣམ་པར་བཤད་པ་དང། དགོངས་པ་ཟབ་མོ་རྣམ་པར་དགྲོལ ་བའི་མདོ་ལས་བསྟན་པ་ནི་མདོ་འདི་ཉིད་ལས་གསུངས་པ་དང་དོན་མཐུན་ནོ། །དེ་ལ་ནང་གི་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་གྱི་མཚན་མ་ཞེས་བྱ་བ་ནི་འདི་ལྟ་སྟེ། ནང་གི་ཏིང་ངེ་འཛིན་ལ་ཡང་དག་པར་གནས་པ་ན་མངོན་སུམ་གྱི་མཚན་མས་བརྗོད་དུ ་མེད་པའི་མཚན་མ་སྣ་ཚོགས་ཐོབ་པ་གང་ཡིན་པའོ། །དེ་ནི་འདི་སྐད་དུ་ཏིང་ངེ་འཛིན་མ་ཐོབ་པའི་མདུན་རོལ་སུ་ཕྱི་རོལ་གྱི་ཡུལ་ལ་བརྟན་ནས་འདི་སྙམ་དུ་ནང་གི་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་གྱི་མཚན་མ་ཐོབ་བོ་སྙམ་པ་སྟེ། འདི་ནི་ནང་གི་གང་ཡིན ་པ་དེ་ཕྱི་རོལ་གྱི་མཚན་མ་དང་མཚུངས་པར་ལྡན་པ་བསྟན་པ་ཡིན་ནོ་ཞེས་བསྟན་པར་འགྱུར་རོ། །བཤད་པའི་རྣམ་གྲངས་གཞན་དུ་ན་ཡང་དག་པར་ཏིང་ངེ་འཛིན་གྱི་རང་གི་མཚན་མ་མ་ཐོབ་ཀྱང། མཚན་མ་ཅུང་ཟད་ཅིག་མངོན་སུམ་དུ་གྱུར ་བ་ལ་ཡང་དག་པར་རང་གི་ཏིང་ངེ་འཛིན་གྱི་མཚན་མ་ཐོབ་པོ་སྙམ་དུ་འཛིན་པ་གང་ཡིན་པ་དེ་ནི་རྣམ་པར་གཡེང་བ་ཞེས་བྱའོ། །གལ་ཏེ་ནང་གི་ཡིད་ལ་བྱེད་པས་རྐྱེན་བྱས་པ་ལས་བྱུང་པའི་ཚོར་བ་ལ་གནས་ངན་ལེན་གྱི་ལུས་ཀྱིས་ངའོ?་སྙམ་དུ ་རློམ་སེམས་སྐྱེད་པར་བྱེད་ན་དེ་ནི་གནས་ངན་ལེན་གྱི་རྣམ་པར་གཡེང་བ་ཡིན་པར་རིག་པར་བྱའོ་ཞེས་བྱ་བ་ནི་ལྔ་པ་གནས་ངན་ལེན་གྱི་རྣམ་པར་གཡེང་བ་བསྟན་པའོ། །ཏིང་ངེ་འཛིན་གྱི་བདེ་བ་ལ་བདག་གིའོ་སྙམ་དུ་འཛིན་ཅང་གནས་ངན ་ལེན་གྱི་ལུས་ལ་བདག་གོ་སྙམ་དུ་ང་རྒྱལ་བསྐྱེད་པ་གང་ཡིན་པ་དེ་ནི་གནས་ངན་ལེན་གྱི་རྣམ་པར་གཡེང་བ་ཞེས་བྱའོ། །ཡང་ན་གལ་ཏེ་ནང་གི་ཡིད་ལ་བྱེད་བས་རྐྱེན་བྱས་པ་ལས་བྱུང་བ་བདེ་བ་ལ་སོགས་པའི་ཚོར་བ་དམིགས་པའི་ཡུལ ་དུ་གྱུར་པ་པ། གནས་ངན་ལེན་གྱི་ས་བོན་གྱིས་རྒྱུ་དང་རྐྱེན་བྱས་ནས་བསྐྱེད་པའི་བདག་ཏུ་ལྟ་བ་དང། ངའོ་སྙམ་དུ་ང་རྒྱལ་སྐྱེད་པར་བྱེད་པས་ལྟ་བ་དང་ང་རྒྱལ་དང་མཚུངས་པར་ལྡན་པའི་རྣམ་པར་གཡེང་བ་ཉིད་ལ་གནས་ངན ་ལེན་ཅེས་བྱ་སྟེ། དེའི་ཕྱིར་བསྟན་བཅོས་ཆོས་མངོན་པ་སྣ་ཚོགས་ཀུན་ལས་བཏུས་བ་ལས། གནས་ངན་ལན་གྱི་རྣམ་པར་གཡེང་བ་ནི་ངར་འཛིན་པ་དང། ང་ཡིར་འཛིན་པ་དང་ངའོ་སྙམ་པའི་ཕྱོགས་ཀྱི་གནས་ངན་ལེན་གྱི་སྟོབས་ལ་བརྟེན ་ནས། དགེ་བའི་ཆོས་བསྒོམ་པའི་ཚེ་ཚོར་བ་བྱུང་བ་རྣམས་ལ་ང་ཞེའམ་ང་ཡི་ཞེ་འམ། ངའོ་སྙམ་དུ་འཛིན་པ་དང་འདྲེས་པ་དང་མཚན་མར་འཛིན་པའོ་ཞེས་འབྱུང་སྟེ། འདི་ཉིད་ཀྱི་འགྲེལ་པ་ལས་འདི་ལྟ་སྟེ། བདག་ཏུ་འཛིན་པ་ལ་སོགས་པའི་གནས ་ངན་ལེན་གྱི་སྟོབས་ཀྱི་བདེ་བ་ལ་སོགས་པའི་ཚོར་བ་བྱུང་བ་རྣམས་ལ་བདག་གོ་ཞེ་འམ། བདག་གིའོ་ཞེ་འམ་ངའོ་སྙམ་དུ་འཛིན་པའི་ཕྱིར་དགེ་བའི་ཕྱོགས་ཡོངས་སུ་མ་དག་པར་རིག་པར་བྱའོ་ཞེས་བཤད་དེ། །བཅོམ་ལྡན་འདས་ཞི་གནས་དང ་ལྷག་མཐོང་དེ་དག་བྱང་ཆུབ་སེམས་དཔའ་ཨི་ས་དང་པོ་ནས་གཟུང་སྟེ། དེ་བཞིན་གཤེགས་པའི་སའི་བར་དུ་སྒྲིབ་པ་གང་དག་གི་གཉེན་པོར་གྱུར་པ་ལགས་ཞེས་བྱ་བ་འདི་མན་ཆད་ནི་བཞི་པ་ཞི་གནས་དང་ལྷག་མཐོང་སྒྲིབ་པ་བཅུ་གཅིག་གི ་གཉེན་པོར་གྱུར་པས་བསྟན་པའི་སྒོ་ཞེས་བྱ་བ་སྟོན་ཏེ། འདི་ཡང་རྣམ་པ་གཉིས་ཏེ། ཞུ་བ་གསོལ་བ་དང། ལན་དུ་གསུངས་པ་སྟེ། འདི་ནི་ཞུ་བ་གསོལ་བ་ཉིད་དོ། །རིགས་ཀྱི་བུ་ཞི་གནས་དང་ལྷག་མཐོང་དེ་དག་ས་དང་པོ་ལ་ནི་ངན་སོང་བའི་ཉོན ་མོངས་པ་དང། ལས་དང་སྐྱེ་བའི་ཀུན་ནས་ཉོན་མོངས་པའི་སྒྲིབ་པའི་གཉེན་པོར་གྱུར་པ་ཡིན་ནོ་ཞེས་བྱ་བ་ལ་སོགས་པས?་ནི་གཉིས་པ་དེ་བཞིན་གཤེགས་པས་ཡང་དག་པར་ལན་དུ་གསུངས་པ་སྟོན་ཏོ། །འདི་ཡང་སྒྲིབ་པ་རྣམ་པ་བཅུ་གཅིག ་གི་གཉེན་པོར་གྱུར་བ་ཉིད་ཀྱིས་རྣམ་པ་བཅུ་གཅིག་ཏུ་དབྱེ་སྟེ། འདི་ནི་དང་པོ་ས་དང་པོའི་སྒྲིབ་པ་བསྟན་པའོ། །འཕགས་པ་ས་བཅུ་པའི་འགྲེལ་པ་ལས་ནི་སོ་སོའི་སྐྱེ་བོའི་བདག་ཉིད་ཀྱི་མཚན་ཉིད་ཀྱི་སྒྲིབ་པ་ཞེས་འབྱུང་ངོ། །སློབ་དཔོན་དབྱིག་གཉེན ་གྱིས་མཛད་པའི་འགྲེལ་པ་ལས་ནི་སོ་སོའི་སྐྱེ་བོ་ངོ་བོ་ཉིད་ཀྱི་སྒྲིབ་པའོ་ཞེས་བཤད་དོ། །དགོངས་པ་ཟབ་མོ་རྣམ་པར་དགྲོལ་པའི་མདོ་དང། མདོ་འདི་ཉིད་ལས་ནི་མིང?་བཀོད་པར་ཟད་ཀྱི་རྣམ་པར་བཤད་པ་ནི་མེད་དོ། །བསྟན་བཅོས་ཐེག་པ་ཆེན་པོ ་བསྡུས་པའི་འགྲེལ་པ་ལྱང་གི་ཚེ་བསྒྱུར་བ་ལས་ནི་སོ་སོའི་སྐྱེ་བོ་ཉིད་ཀྱི་མ་རིག་པའོ་ཞེས་འབྱུང་སྟེ། ངོ་བོ་ཉིད་ཀྱི་མཚན་ཉིད་ཀྱང་མདོ་ཙམ་དུ་སྟོན་ཏོ། །བསྟན་བཅོས་རྣམ་པར་རིག་པ་ཙམ་དུ་གྲུབ?་པ་ལས་ནི་སོ་སོའི་སྐྱེ་བོ་ཉིད་ཀྱི་སྒྲིབ་པ་ཞེས་བཤད ་དེད?་དེ་ལ་མཚན་ཉིད་ཀྱི་རྒྱ་ཆེར་སྟོན་པས་དེའི་ཕྱིར་འདི་རེ་ཞིག་རྣམ་པར་རིག་པ་ཙམ་དུ་གྲུབ་པའི་བསྟན་བཅོས་དང་སྦྱར་ནས་སྒྲིབ་པ་དེ་དག་གི་མཚན་ཉིད་བསྟན་བར་བྱའོ། །དེ་ལ་སྒྲིབ་པའི་ངོ་བོ་ཉིད་བསྟན་པ་ཡང་ངོན?་རྣམ་པ་གཉིས་ཡོད་དེ། དང ་པོ་ནི་མིང་གི་རྗེས་སུ་ངོ་བོ་ཉིད་བསྟན་པ་སྟེ། དེ་ནི་སྒྲིབ་པ་གཉིས་སུ་རྣམ་པར་རྟོག་པའི་ངོ་བོ་ཉིད་དེ། དེའི་ཕྱིར་བསྟན་བཅོས་རྣམ་པར་རིག་པ་ཙམ་དུ་གྲུབ་པ་ལས། སོ་སོའི་སྐྱེ་བོ་ཉིད་ཀྱི་སྒྲིབ་པ་ནི་འདི་ལྟ་སྟེ། སྒྲིབ་གཉིས་ལས་རྣམ་པར ་རྟོག་པ་ལས་བྱུང་བ་གང་ཡིན་པའོ། །དེའི་ས་བོན་ལ་བརྟེན་ནས་སོ་སོའི་སྐྱེ་བོ་ཉིད་དུ་རྣམ་པར་བཞུག?་པའི་ཕྱིར་རོ་ཞེས་བཤད་དོ། །གཞན་ཡང་དེ་ཉིད་ལས་བདག་དང་ཆོས་སུ་མངོན་པར་ཞེན་པའི་ཀུན་ཏུ་རྨོངས་པ་གང་ཡིན་པ་དེ་ནི་འདིར ་བསྟན་པའི་སོ་སོའི་སྐྱེ་བོའི་ངོ་བོ་ཉིད་དོ་ཞེས་འབྱུང་ངོ། །གཉིས་པ་ནི་ཡང་དག་པ་ཉིད་ལས་བརྩམས་ནས་ངོ་བོ་ཉིད་བསྟན་པ་སྟེ། འདི་ནི་ཀུན་ཏུ་རྨོངས་པ་ཉི་ཤུ་རྩ་གཉིས་དང་དེའི་གནས་ངན་ལེན་པའི་ངོ་བོ་ཉིད་དེ། དེའི་ཕྱིར་བསྟན ་བཅོས་རྣམ་པར་རིག་པ་ཙམ་དུ་གྲུབ་པ་ལས། མཐོང་བའི་ལམ་སྐྱེས་པའི་ཚེ་ངན་སོང་གི་ལས་རྣམས་དང། འབྲས་བུ་ལ་སོགས་པ་སྤོང་མོད་ཀྱི། འདིར་ནི་རེ་ཞིག་ཉོན་མོངས་པ་འབྱུང་བར་བྱེད་པ་ཉིད་རྩ་བ་ཡིན་པའི ་ཕྱིར་ངེས་ནས་དང་པོ་པས་ཀུན་ཏུ་རྨོངས་པ་གཉིས་དང་དེའི་གནས་ངན་ལེན་སྤོང་པར་བཤད་དོ། །དང་པོ་ནི་བདག་དང་ཆོས་སུ་མངོན་པར་ཞེན་པའི་ཀུན་ཏུ་རྨོངས་པ་སྟེ། དེ་ནི་འདིར་བསྟན་པའི་སོ་སོའི་སྐྱེ་བོ་ཉིད་ཀྱི་སྒྲིབ་པའོ། །གཉིས་པ ་ནི་ངན་སོང་བའི་ཀུན་ཏུ་རྨོངས་པ་སྟེ། དེ་ངན་སོང་བའི་ལས་དང་འབྲས་བུ་ལ་སོགས་པ་ཡིན་པར་རིག་པར་བྱ་སྟེ། ཀུན་ཏུ་རྨོངས་པའི་ཕྱོགས་ཐམས་ཅད་ཀྱང་ཀུན་ཏུ་རྨོངས་པ་ཞེས་བཤད་དོ། །ཡང་ན་དེ་དག་གིས་སྒྲིབ་པ་རྣོན་པོ་དང་བརྟུལ ་བ་གང་ཡིན་པ་གཉི་ག་ལས་ཀུན་ཏུ་རྨོངས་པ་གཉིས་འབྱུང་བ་ཁོ་ནར་བསྟན་ཏོ། །དེའི་གནས་ངན་ལེན་ཅེས་བྱ་བའི་ཚིག་གིས་ནི་རྣམ་པ་གཉིས་པོ་དེ་དག་གམ། ཡང་ན་གཉིས་པོ་དག་ལས་འབྱུང་བའི་ལས་སུ་མི་རུ་བབ?་ཉིད་རབ་ཏུ་བཏན ་ཏོ་ཞེས་འབྱུང་སྟེ། ཞིབ་ཏུ་དེ་ཉིད་ལས་བསྟན་པ་བཞིན་ནོ། །གཞན་ཡང་མདོ་ཉིད་ལས་ངན་སོང་བའི་ཉོན་མོངས་པ་དང། ལས་དང་སྐྱེ་བའི་ཀུན་ནས་ཉོན་མོངས་པའི་སྒྲིབ་བའི་གཉེན་པོར་གྱུར་བ་ཞེས་གསུངས་པའི་ཕྱིར་ཡང་དག་པ་ལས་བརྟན?་ས ་ནས་ས་དང་པོ་ལ་སྒྲིབ་བ་གཉིས་གྱི་གཉེན་པོར་གྱུར་བ་ལ་སོགས་པས་ངོ་བོ་ཉིད་བྱེད་པར་རིག་བར་བྱའོ། །བསྟན་བ་རྣམས་བརྔ་སྤྱོད་པ་ཡང་འཕགས་པ་ས་བཅུ་པའི་འགྲེལ་པ་ལས་སོ་སོའི་སྐྱེ་བོ་ངག་གི་མཚན་ཉིད་ཀྱི་སྒྲིབ་པ་ཞེས་བསྟན་པ་དང། ་སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་འགྲེལ་བ་ལས། སོ་སོའི་སྐྱེ་བོ་ཉིད་ཀྱི་སྒྲིབ་པ་ཞེས་བསྟན་པ་དང། ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་བ་ལྱང་གི་ཆེ་བསྒྱུར་བ་ལས། སོ་སོའི་སྐྱེ་བོ་ཉིད་ཀྱི་མ་རིག་པ་ཞེས་འབྱུང་བ་ནི་བདག་དང་ཆོས ་སུ་མངོན་པར་ཞེན་པའི་ཀུན་ཏུ་རྨོངས་པ་ཞེས་བསྟན་པ་ཉིད་དོ། །དེ་ལ་བྱེ་བྲག་ཡོད་པ་ཡང་ཡོད་གི་ཚེ་བསྒྱུར་བའི་འགྲེལ་པ་ལས། བསྟན་པའི་མིང་ནི་སྤངས་པ་མ་ཡིན་ཏེ་མ་རིག་པ་ཞེས་སྟོན་ཏོ། །འགྲེལ་པ་གཞན་ལས་བསྟན་པའི་མིང ་ནི་སྤངས་པ་ཡིན་ཏེ་།སྒྲིབ་པ་ཞེས་བྱ་བའི་ཚིག་གིས་སྟོན་པའི་ཕྱིར་རོ། །དགོངས་པ་ཟབ་མོ་རྣམ་པར་དགྲོལ་བའི་མདོ་ལས་།ངན་སོང་བའི་ལས་དང་སྐྱེ་བ་དང་ཉོན་མོངས་པའི་ཀུན་ནས་ཉོན་མོངས་ཞེས་གསུངས་པ་དང། མདོ་འདི་ཉིད་ལས ་གསུངས་པ་གང་ཡིན་པ་དེ་ནི་ངན་སོང་བའི་ཉོན་མོངས་པའི་ཀུན་ཏུ་རྨོངས་པའི་ཞེས་བསྟན་པ་ཉིད་དོ། །མདོ་འདི་གཉིས་དང་འགྲེལ་པ་གསུམ་པ་ལས་ནི་སོ་སོ་ནས་ཀུན་ཏུ་རྨོངས་པ་རེ་རེ་སྨོས་ལ། རྣམ་པར་རིག་པ་ཙམ་དུ་གྲུབ་པ་ལས་ནི ་ཀུན་ཏུ་རྨོངས་པ་གཉིས་ལ་སོགས་པ་བསྟན་པའི་ཕྱིར་ཡང་དག་པ་ལས་བརྩམས་ཏེ། བརྗོད་པ་ཀུན་ཏུ་རྨོངས་པ་གཉིས་ལ་སོགས་པའི་ངོ་བོ་ཉིད་ཡིན་པར་རིག་པར་བྱའོ། །ཡང་ན་མདོ་གཉིས་ཀྱང་བསྟན་བཅོས་རྣམ་པར་རིག་པ་ཙམ ་དུ་གྲུབ་པ་ལས་བསྟན་པ་དང་མཐུན་ཏེ། ཉོན་མོངས་པ་ཞེས་བྱ་བའི་ཚིག་གིས་ཤེས་བྱའི་སྒྲིབ་པ་བསྡུས་པ་ཡིན་ཏེ། ངོ་བོ་ཉིད་མཚུངས་པའི་ཕྱིར་ཉོན་མོངས་པའི་མིང་གིས་བསྟན་ཏོ། །དེ་ལ་ངེས་པའི་ཚིག་བསྟན་པ་ཡང་སོ་སོའི་སྐྱེ ་བོ་ཉིད་ཀྱི་སྒྲིབ་པ་ཞེས་བྱ་བ་ནི་བདག་པོའི་དབང་དུ་བྱས་པའི་རྣམ་པར་བཤད་པ་ཡིན་ཏེ། སྒྲིབ་པ་གཉིས་ལ་བརྟན་ནས་སོ་སོའི་སྐྱེ་བོའི་ངོ་བོ་ཉིད་རྣམ་པར་བཞག་པའི་ཕྱིར་རོ། །ངན་སོང་བའི་ཉོན་མོངས་པ་དང་ལས་དང་སྐྱེ་བའི ་ཀུན་ནས་ཉོན་མོངས་པ་ཞེས་གསུངས་པ་ནི་ལས་ཡོངས་སུ་འཛིན་པའི་རྣམ་པར་བཤད་པ་ཡིན་ཏེ། ཀུན་ནས་ཉོན་མོངས་པ་རྣམ་པ་གསུམ་པོ་དག་སྒྲིབ་པ་ཡིན་བའི་ཕྱིར་རོ། །ས་གཉིས་པ་ལ་ནི་ལྟུང་བ་ཕྲ་མོའི་འཁྲུལ་པ་ཀུན་ཏུ་འབྱུང་ ་བའི་སྒྲིབ་པའི་གཉེན་པོར་གྱུར་པ་ཡིན་ནོ་ཞེས་བྱ་བ་ནི་ས་གཉིས་པའི་སྒྲིབ་པ་བསྟན་པའོ། །འདི་ལྟར་ཤེས་བྱའི་སྒྲིབ་པ་ལས་ལྷན་ཅིག་སྐྱེས་བའི་ཕྱོགས་གཅིག་དང། དེས་སྐྱེད་པའི་འཁྲུལ་པའི་ལྟུང་བ་ལས་གསུམ ་པོ་དག་གི་ངོ་བོ་ཉིད་དོ། །ཀུན་ཏུ་འབྱུང་བ་དང་ས་བོན་དང་ཀུན་ཏུ་བརྟགས་པ་ལས་ནི་ཀུན་ཏུ་འབྱུང་བ་དང་ས་བོན་དང་བག་ཆགས་ཀྱང་གཏོགས་སོ། །དེ་ལ་བག་ཆགས་ནི་ལས་སུ་མ་རུང་བ་ཉིད་དེ། དེའི་ཕྱིར་བསྟན་བཅོས་རྣམ་པར་རིག་པ་ཙམ་དུ ་གྲུབ་པ་ལས། གཉིས་པ་ལོག་པར་སྒྲུབ་པ་གཉིས་ལས་ལྷན་ཅིག་སྐྱེས་པའི་ཕྱོགས་གཅིག་དང། དེས་བསྐྱེད་པའི་འཁྲུལ་བའི་ལྟུང་བ་ལས་གསུམ་པོ་དག་གོ་ཞེས་འབྱུང་བ་ཡིན་ཏེ། དེ་ནི་མདོ་ལས་ལྟུང་བ་ཕྲ་མོའི་འཁྲུལ་པ་ཀུན་ཏུ་རྨོངས ་པ་དང། ལས་ཀྱི་རྣམ་པ་སྣ་ཚོགས་ལ་ཀུན་ཏུ་རྨོངས་པ་ཞེས་གསུངས་པ་ཉིད་དེ་ཞིབ་ཏུ་དེ་ཉིད་ལས་བསྟན་པ་བཞིན་ནོ། །འཕགས་པ་ས་བཅུ་པའི་འགྲེལ་པ་ལས་ནི་སེམས་ཅན་གྱི་ལུས་ལ་སོགས་པའི་ལས་ལ་སྤྱོད་པའི་སྒྲིབ་པ་ཞེས་འབྱུང་ངོ།། ་སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་འབྲེལ་པ་ལས་ནི་སེམས་ཅན་གྱི་དངོས་པོ་རྣམས་ལ་ལོག་པར་སྒྲུབ་པ་ཞེས་འབྱུང་ངོ། །དགོངས་པ་ཟབ་མོ་རྣམ་པར་དགྲོལ་བའི་མདོ་ལས་ཀྱང་ལྟུང་བ་ཕྲ་མོའི་འཁྲུལ་པ་ཞེས་འབྱུང་ངོ། །ཀུན་ཏུ་འབྱུང ་བ་ཡང་དོན་རྣམ་པ་གསུམ་དང་ལྡན་ཏེ། ལས་ཡོངས་སུ་འཛིན་པའི་རྣམ་པར་བཤད་པ་དང་སྦྱར་ན་ནི་ལས་རྣམ་པ་གསུམ་པོ་དག་གིས་ངོ་བོ་ཉིད་བྱེད་དོ། །བདག་པོའི་དབང་དུ་བྱས་པའི་རྣམ་པར་བཤད་པ་དང་སྦྱར་ན་ནི་རིག་པས་ངོ་བོ་ཉིད ་བྱེད་དོ། །ངན?་གྱི་མཛའ་གཏུགས་དེ་རྗོད་ན་ནི་ལས་རྣམ་པ་གསུམ་དང་མ་རིག་པས་ངོ་བོ་ཉིད་བྱེད་དོ། །བསྟན་བཅོས་ཐོག་པ་ཆེན་པོ་བསྡུས་པའི་འགྲེལ་པ་ལྱང?་གི་ཚེ་བསྒྱུར་བ་ལས་ལུས་ཀྱི་ལས་ཀྱི་སེམས་ཅན་རྣམས་ལ་ལོག་པར་སྒྲུབ་པའི ་མ་རིག་པ་ཞེས་བསྟན་པ་ཡང་དོན་རྣམ་པ་གཉིས་ཏེ། གལ་ཏེ་མིང་གི་རྗེས་སུ་རྗོད་ན་ནི་མ་རིག་པས་ངོ་བོ་ཉིད་བྱེད་དོ། །ཡང་དག་པའི་དོན་གྱི་དབང་དུ་བྱས་ཏེ་བརྗོད་ན་ནི་མ་རིག་པ་དང་ལས་ཀྱིས་ངོ་བོ་ཉིད་བྱེད་དོ། །དེ་ལ་ངེས་བའི་ཚིག་བསྟེན་པ་ཡང་བསྟན ་བཅོས་ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་ལས། ལོག་པར་སྒྲིབ་པ་སྐྱེད་པའི་མ་རིག་པ་ཞེས་འབྱུང་བ་ནི་ལས་ཡོངས་སུ་འཛིན་པའི་རྣམ་པར་བཤད་པའོ། །མདོ་འདི་ཉིད་ལ་སོགས་པ་ལས་ལྟུང་བ་ཕྲ་མོའི་འཁྲུལ་པ་ཀུན་ཏུ་འབྱུང་བ་ཞེས་བྱ་བ་ལ ་སོགས་པར་གསུངས་པ་ཡང་སྔ་མ་བཞིན་དུ་བདག་པོའི་དབང་དུ་བྱས་པ་དང་ལས་ཡོངས་སུ་འཛིན་པའི་རྣམ་པར་བཤད་པ་ཡིན་པར་རབ་ཏུ་དབྱེ་བར་བྱ་སྟེ་།འཁྲུལ་པ་ཀུན་ཏུ་འབྱུང་བའི་སྒྲིབ་པ་ཡིན་པའི་ཕྱིར་རམ་ཡང་ན་འཁྲུལ་པ་ཀུན་ཏུ་འབྱུང ་བ་ཉིད་སྒྲིབ་པ་ཡིན་པའི་ཕྱིར་རོ། །ས་གསུམ་པ་ལས་ནི་འདོད་པའི་འདོད་ཆགས་ཀྱི་སྒྲིབ་པའི་གཉེན་པོར་གྱུར་པ་ཡིན་ནོ་ཞེས་བྱ་བ་ནི་ས་གསུམ་པའི་སྒྲིབ་པ་བསྟན་པ་ཡིན་ནོ། །བསྟན་བཅོས་རྣམ་པར་རིག་པ་ཙམ་དུ་གྲུབ་པ་ལས་ནི་འདི་ལྟ ་སྟེན་ཤེས་བྱའི་སྒྲིབ་པ་ལས་ལྷན་ཅིག་སྐྱེས་པའི་ཕྱོགས་གཅིག་གིས་ནི་འདི་ལྟར་ས་གསུམ་པའི་ཏིང་ངེ་འཛིན་ཁྱད་པར་ཅན་བསྒོམ་པའི་ཤེས་རབ་ལ་སྒྲིབ་པར་བྱེད་ལ་འདོད་ཆགས་ཀྱི་ཉོན་མོངས་པས་གཟུངས་དང། ཐོས་པ་དང་བསམ་པ ་དང་བསྒོམས་པའི་ཤེས་རབ་ལ་སྒྲིབ་པར་བྱེད་པས། བརྗེད་ངས་པ་དང། ཤེས་བཞིན་མ་ཡིན་པས་ངོ་བོ་ཉིད་བྱེད་དོ་ཞེས་བཤད་དོ། །དེའི་ཕྱིར་བསྟན་བཅོས་རྣམ་པར་རིག་པ་ཙམ་དུ་གྲུབ་པ་ལས། རྨོངས་པའི་སྒྲིབ་པ་ནི་འདི་ལྟ་སྟེ། ཤེས ་བྱའི་སྒྲིབ་པ་ལས་ལྟན་ཅིག་སྐྱེས་པའི་ཕྱོགས་གཅིག་གིས་ཐོས་པ་དང། བསམས་པ་དང། བསྒོམས་པའི་ཆོས་བརྗོད་པར་བྱེད་པ་གང་ཡིན་པ་སྟེ། དེས་གསུམ་པའི་ཏིང་ངེ་འཛིན་དང། གཟུངས་ཁྱད་པར་དུ་འཕགས་པ་དང། གཟུངས་ཀྱིས ་བསྐྱེད་པའི་ཤེས་རབ་ཁྱད་པར་དུ་འཕགས་པ་རྣམ་པ་གསུམ་ལ་སྒྲིབ་པར་བྱེད་ལ་ཀུན་ཏུ་རྨོངས་པ་ཉི་ཤུ་རྩ་གཉིས་ལས་འདོད་པའི་འདོད་ཆགས་ཀྱི་ཀུན་ཏུ་རྨོངས་པ་དང། ཐོས་པའི་གཟུངས་ཡོངས་སུ་རྫོགས་པ་ལ་ཀུན་ཏུ་རྨོངས ་པ་ཡང་སྡུད་པར་བྱེད་དོ་ཞེས་བསྟན་པ་ཡིན་ནོ། །འཕགས་པས་བཅུ་པའི་འགྲེལ་པ་ལས་ནི་ཐོས་པ་དང་བསམས་པ་དང་བསྒོམས་པ་ལ་སོགས་པ་ལ་ཀུན་ཏུ་རྨོངས་ཤིང་ཆོས་རྣམས་བརྗེད་པར་འགྱུར་བའི་སྒྲིབ་པ་ཞེས་འབྱུང་ངོ། །སློབ་དཔོན ་དབྱིག་གཉེན་གྱིས་མཛད་པའི་འགྲེལ་པ་ལས་ནི་ཐོས་པ་དང་བསམས་པ་དང་བསྒོམས་པ་དག་ལ་རྨོངས་རྟུལ་ཞིང་བརྗེད་ངས་པ་དད་བཅས་པའོ་ཞེས་འབྱུང་ངོ། །བསྟན་བཅོས་ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་ལྱང?་གི་ཚེ་བསྒྱུར་བ་ལས ་ནི་སེམས་རྩེ་གཅིག་པ་མྱུར་དུ་མི་ཤེས་པའི་མ་རིག་པ་དང། ཐོས་པ་དང་བསམས་པ་དང་བསྒོམས་པ་རྗེད་པར་བྱེད་པའི་མ་རིག་པ་ཞེས་འབྱུང་སྟེ། དོན་གྱིས་བསྟན་བཅོས་རྣམ་པར་རིག་པ་ཙམ་དུ་གྲུབ་པ་ལས་ཀུན་ཏུ་རྨོངས་པ་རྣམ་པ་གཉིས ་བསྟན་པ་དང་མཐུན་ནོ། །དགོངས་པ་ཟབ་མོ་རྣམ་པར་དགྲོལ་བའི་མདོ་ལས། དགེ་བའི་ཆོས་ཐོབ་པར་འདོད་པའི་ཉེས་པ་ཞེས་འབྱུང་བ་དང། མོད་འདི་ཉིད་ལས་འདོད་པའི་འདོད་ཆགས་ཀུན་ཏུ་རྨོངས་པ་ཞེས་གསུངས་པ་ནི་ཀུན་ཏུ་རྨོངས་པ་དང ་པོ་བསྡུས་པ་ཡིན་ཡང། ཡང་དག་པའི་དོན་དུ་ན་ཀུན་ཏུ་རྨོངས་པ་གཉི་ག་ལ་ངོ་བོ་ཉིད་དུ་སྡུད་དེ། བསྟན་བཅོས་རྣམ་པར་རིག་པ་ཙམ་དུ་གྲུབ་པ་ལས་བསྟན་པ་བཞིན་ནོ། །དེ་ལ་ངེས་པའི་ཚིག་བསྟན་པ་ཡང་གཞན་དག་ལ་མ་རྨོངས་པའི ་སྒྲིབ་པ་ཞེས་བསྟན་པ་ནི་འདི་ལྟར་འདོད་ཆགས་ཉིད་རྨོངས་པའི་སྒྲིབ་པ་ཡིན་པའི་ཕྱིར་རྨོངས་པའི་སྒྲིབ་པ་ཞེས་བྱ་སྟེ། འདི་ནི་ལས་ཡོངས་སུ་འཛིན་པའི་རྣམ་པར་བཤད་པའོ། །ཡང་ན་རྨོངས་པ་ནི་ཉོན་མོངས་པའི་མིང?་ཡིན་ཏེ། འདི་ལྟར ་ཤེས་བྱའི་སྒྲིབ་པ་ལས་རྨོངས་པ་ཞེས་བསྟན་པ་ནི་ངོ་བོ་ཉིད་གཅིག་པའི་ཕྱིར་རོ། །བཤད་པ་འདི་དང་སྦྱར་ན་ནི་བདག་པོའི་དབང་དུ་བྱས་པའི་རྣམ་པར་བཤད་པ་ཡིན་ཏེ། རྨོངས་པའི་སྒྲིབ་པ་ཡིན་པའི་ཕྱིར་རོ། །དེ་ལ་འདོད་པའི་འདོད་ཆགས་ཀྱི་སྒྲིབ ་པ་ཞེས་བྱ་བ་ནི་བདག་པོའི་དབང་དུ་བྱས་པའི་རྣམ་པར་བཤད་པའོ། །ཡང་ན་ཆོས་ལ་སྲེད་པའི་འདོད་ཆགས་ཡིན་པའི་ཕྱིར་ལས་ཡོངས་སུ་འཛིན་པའི་རྣམ་པར་བཤད་པའོ། །ས་བཞི་པ་ལ་ནི་སྙོམས་པར་འཇུག་པ་ལ་སྲེད་པ་དང་ཆོས་སྲེད་པའི་སྒྲིབ ་པའི་གཉེན་པོར་གྱུར་པ་ཡིན་ནོ་ཞེས་བྱ་བ་ནི་ས་བཞི་པའི་སྒྲིབ་པ་བསྟན་པའོ། །བསྟན་བཅོས་རྣམ་པར་རིག་པ་ཙམ་དུ་གྲུབ་པ་ལས་ནི་ཡིད་ཀྱི་རྣམ་པར་ཤེས་པ་དང་ལྷན་ཅིག་སྐྱེས?་པའི་བདག་ཏུ་ལྟ་བ་དང། སྙོམས་པར་འཇུག་པ་ལ་སྲེད་པ་དང་ཆོས་ལ ་སྲེད་པའི་ངོ་བོ་ཉིད་དོ་ཞེས་བཤད་དོ། དེའི་ཕྱིར་བསྟན་བཅོས་དེ་ཉིད་ལས་བཞི་པ་ནི་ཉོན་མོངས་པ་ཕྲ་མོ་ཀུན་ཏུ་འབྱུང་བའི་སྒྲིབ་པ་ནི་འདི་ལྟ་སྟེ། ཤེས་བྱའི་སྒྲིབ?་པ་ལས་ལྷན་ཅིག་སྐྱེས་པའི་ཕྱོགས་གཅིག་དང་ཡིད་ཀྱི་རྣམ་པར་ཤེས་པ་དང ་ལྷན་ཅིག་པའི་འཇིག་ཚོགས་ལ་ལྟ་བ་ལ་སོགས་པས་བསྡུས་པ་གང་ཡིན་པའོ། །དེ་ལས་བཞི་པའི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ལ་སྲེད་པར་བྱེད་དེ། ས་བཞི་པ་ལ་ཞུགས་པ་ལ་ཡོངས་སུ་སྤོང་པར་བྱེད་དོ་ཞེས་འབྱུང་སྟེ། ཞིབ་ཏུ་དེ་ཉིད་ལས ་བསྟན་པ་བཞིན་ནོ། །དེ་ལ་འཇིག་ཚོགས་ལ་ལྟ་བ་ལ་སོགས་པ་ཞེས་བྱ་བའི་ཚིག་གིས་ནི་ཐོག་མ་མེད་པའི་ཤེས་བྱའི་སྒྲིབ་པ་དང། སྙོམས་པར་འཇུག་པའི་སྲེད་པ་དང། ཆོས་ལ་སྲེད་པ་ཡང་བསྡུ་པ་སྟེ། སྙོམས་པར་འཇུག་པ་ལ་སྲེད་པ་དང། ་ཆོས་ལ་སྲེད་པ་དེ་དག་ནི་ས་གསུམ་པ་དག་གིས་ཀྱང་འཕེལ་བར་བྱེད་པས་ས་བཞི་པ་ལ་ཞུགས་པའི་ཚེ། འདོད་ཡོངས་སུ་སྤོང་བར་བྱེད་དོ། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ནི་དེ་དག་དང་ཤིན་ཏུ་མི་མཐུན་པའི་ཕྱིར་རོ། །གཞན་ཡང་མདོ་འདི་ཉིད་ལས ་འོག་ནས་ཀུན་ཏུ་རྨོངས་པ་རྣམས་གཉིས་སོ་ཞེས་སྟོན་པར་མཛད་སྟེ། སྙོམས་པར་འཇུག་པ་ལ་སྲེད་པའི་ཀུན་ཏུ་རྨོངས་པ་དང། ཆོས་ལ་སྲེད་པའི་ཀུན་ཏུ་རྨོངས་པ་དང། དེའི་གནས་ངན་ལེན་ཅེས་སྟོན་པས་སོ། །བསྟན ་བཅོས་ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་ལྱང?་གི་ཆེ་བསྒྱུར་བ་ལས་ནི་ཉོན་མོངས་པ་ཕྲ་མོ་ཀུན་ཏུ་འབྱུང་བ་འཇིག་ཚོགས་ལ་ལྟ་བ་ལ་སོགས་པའི་མ་རིག་པ་ཞེས་འབྱུང་ངོ། །སློབ་དཔོན་དབྱིག་གཉོན་གྱིས་མཛད་པའི་འགྲེལ་བ་ལས་ཀྱང ་བཞི་བ་ནི་ཉོན་མོངས་པ་ཕྲ་མོ་ཀུན་ཏུ་འབྱུང་བ་ལྷན་ཅིག་སྐྱེས་པའི་འཇིག་ཚོགས་ལ་ལྟ་བ་ལ་སོགས་པས་བསྡུས་པ་ཞེས་འབྱུང་སྟེ། བསྟན་བཅོས་གོང་མ་གཉིས་པོ་འདི་གཉིས་ཀྱང་དོན་གྱིས་བསྟན་བཅོས་རྣམ་པར་རིག་པ་ཙམ་དུ་གྲུབ་པ ་ལས་བསྟན་པ་དང་མཐུན་པར་བཤད་དེ། སོགས་པ་ཞེས་བྱ་པའི་ཚིག་ཡོད་པའི་ཕྱིར་རོ། །གལ་ཏེ་དེ་ལྟ་ན་ཅིའི་ཕྱིར་འཕགས་པ་ས་བཅུ་པའི་འབྲེལ་པ་ལས། ཆོས་ཀྱི་ང་རྒྱལ་གྱི་སྒྲིབ་པ་ཞེས་བསྟན་ཅེ་ན། སྨྲས་པ། ས་གསུམ་པ ་ལ་ཆོས་ཀྱི་བསྟན་པ་སོ་སོར་ཡང་དག་པར་རིག་པར་གྱུར་པའི་ཚེ། ཆོས་ཡང་དག་པར་རིག་པའི་ང་རྒྱལ་སྐྱེད་པ་ཉིད་ཀྱི་ཆོས་ལ་སྲེད་པ་ཡང་སྐྱེ་བའི་ཕྱིར་ས་བཅུ་པའི་འགྲེལ་པ་ལ་སོགས་པ་ཡང་སོ་སོ་ནས་དོན་རེ་རེ་སྨོས་པས་ཕན་ཚུན་འགལ ་བ་མེད་དོ། །དགོངས་པ་ཟབ་མོ་རྣམ་པར་དགྲོལ་བའི་མདོ་ལས་སྙོམས་པར་འཇུག་པ་ལ་སྲེད་པའི་སེམས་ཀྱི་ཀུན་ཏུ་རྨོངས་པ་ཞེས་འབྱུང་བ་ནི་ཏིང་ངེ་འཛིན་གྱི་སྲེད་པ་ཡིན་ཏེ། ལོ་ཙཱ་བའི་བསམ་པ་ཐ་དད་པའི་ཕྱིར་རོ། །མདོ་འདི་ཉིད་ལས ་སྙོམས་པར་འཇུག་པ་དང། ཆོས་ལ་སྲེད་པ་ཞེས་གསུངས་པ་ནི་ཀུན་ཏུ་རྨོངས་པ་གཉིས་ཅིག་ཅར་བསྡུ་བའོ། །འཇིག་ཚོགས་ལ་ལྟ་བ་ཞེས་མ་གསུངས་པ་ནི་ཡང་དག་པར་ཀུན་ཏུ་རྨོངས་པ་རྣམ་པ་གཉིས་ཁོ་ནར་མ་ཟད?་པའི་ཕྱིར་རོ། །དེ་ལ་ངེས ་པའི་ཚིག་བསྟན་པ་ཡང་བསྟན་བཅོས་རྣམ་པར་རིག་པ་ཙམ་དུ་གྲུབ་པ་ལས། ཉོན་མོངས་པ་ཕྲ་མོ་ཀུན་ཏུ་འབྱུང་བའི་སྒྲིབ་པ་ནི་འདི་ལྟ་སྟེ། ལྷན་ཅིག་སྐྱེས་པའི་འཇིག་ཚོགས་ལ་ལྟ་བ་གང་ཡིན་པའོ་ཞེས་བསྟན་པའོ། །བསྟན་བཅོས་དེ་ལས་ཕྲ་མོ་ཞེས ་འབྱུང་བ་ནི་དོན་རྣམ་པ་གསུམ་དང་ལྡན་ཏེ་།ཕྱོགས་མ་ཡིན་པའི་ཕྱིར་དང། ཡིད་ཀྱི་དམིགས་པ་མི་བྱེད་པའི་ཕྱིར་དང། ཡུན་རིང་པོར་ཀུན་ཏུ་འབྱུང་བའི་རྗེས་སུ་འབྲད་པའི་ཕྱིར་རོ། །ཉོན་མོངས་པ་ཞེས་འབྱུང་བ་ནི་དེ་དང་ཉོན་མོངས་པ་བདག་ཉིད ་གཅིག་ཏུ་འབྱུང་བའི་ཕྱིར་ཉོན་མོངས་པ་ཞེས་བསྟན་པ་ཡིན་ཏེ། དེ་ཉིད་ཉོན་མོངས་པ་ཕྲ་མོ་ཀུན་ཏུ་འབྱུང་བའི་སྒྲིབ་པ་ཡིན་པའི་ཕྱིར། འདི་ནི་བདག་པོའི་དབང་དུ་བྱས་པའི་རྣམ་པར་བཤད་པའོ། །མདོ་འདི་ལས་སྙོམས་པར་འཇུག་པ་ལ་སྲད ་པ་དང། ཆོས་ལ་སྲེད་པའི་སྒྲིབ་པ་ཞེས་གསུངས་པ་ཡང་བདག་པོའི་དབང་དུ་མཛད་ནས་གསུངས་པ་ཡིན་ནོ། །ཡང་ན་ལས་ཡོངས་སུ་འཛིན་པའི་རྣམ་པར་བཤད་པ་ཡིན་ཏེ། འདི་ལྟར་ཤེས་བྱའི་སྒྲིབ་པ་ཡང་སྲེད་པའི་མིང་ཐོབ་པ་ཡང་ཡིན་པས ་དེའི་ཕྱིར་ཆོས་ལ་སྲེད་པ་ལ་སོགས་པ་སྲེད་པ་ཞེས་བྱ་བས་ལས་ཡོངས་སུ་འཛིན་པའི་རྣམ་པར་བཤད་པ་ཡིན་ནོ། །གཞན་ཡང་སྲིད་པ་ཞེས་བྱ་བ་ནི་ཉོན་མོངས་པ་ཁོ་ནའི་མིང་ཡིན་པས་ལས་ཡོངས་སུ་འཛིན་པའི་རྣམ་པར་བཤད་པ་ཉིད་དུ ་མངོན་པར་གྲུབ་པ་ཡིན་ཏེ། འདི་ལྟར་སྔར་ནི་སྤྱིའི་མིང་གིས་ཤེས་བྱའི་སྒྲིབ་པའི་བདག་ཉིད་བསྟན་པ་ཡིན་ལ། དེའི་འོག་ཏུ་ནི་སྒྲིབ་པ་ཞེས་བསྟན་པའི་ཕྱིར་རོ། །བསྟན་བཅོས་གཞན་དག་ལས་ངེས་པའི་ཚིག་བསྟན་པ་ནི་མངས་པས་འདིར་མ ་བརྗོད་དོ། །ས་ལྔ་པ་ལ་ནི་འཁོར་བ་དང་མྱ་ངན་ལས་འདས་པ་དག་ལ་གཅིག་ཏུ་ཕྱོགས་པ་དང། མངོན་དུ་ཕྱོགས་པའི་སྒྲིབ་པའི་གཉེན་པོར་གྱུར་པ་ཡིན་ནོ། །ཞེས་བྱ་བ་ནི་ས་ལྔ་པའི་སྒྲིབ་པ་བསྟན་པའོ། །བསྟན་བཅོས་རྣམ་པར་རིག་པ ་ཙམ་དུ་གྲུབ་པ་ལས་ནི་ཤེས་བྱའི་སྒྲིབ་པ་ལས་ལྷན་ཅིག་སྐྱེས་པའི་ཕྱོགས་གཅིག་དང། ཀུན་ཏུ་རྨོངས་པ་ཉི་ཤུ་རྩ་གཉིས་ལས་ནི་འཁོར་བ་ལ་གཅིག་ཏུ་མི་ཕྱོགས་པ་ཉིད་ཡིད་ལ་བྱེད་པ་དང། མྱ་ངན་ལས ་འདས་པ་ལ་མངོན་དུ་ཕྱོགས་པའི་ཀུན་ཏུ་རྨོངས་པས་ངོ་བོ་ཉིད་བྱེད་དོ་ཞེས་བཤད་དེ། དེའི་ཕྱིར་བསྟན་བཅོས་རྣམ་པར་རིག་ལ་ཙམ་དུ་གྲུབ་པ་ལས་ལྟ་བ་ཐེག་པ་དམན་པའི་མྱ་ངན་ལས་འདས་པའི་སྒྲིབ་པ་ནི་འདི་ལྟ་སྟེ། ཤེས་བྱའི་སྒྲིབ ་པ་ལས་ལྷན་ཅིག་སྐྱེས་པའི་ཕྱོགས་གཅིག་གི་འཁོར་བ་ལ་ཤིན་ཏུ་སྐྱོ་བ་དང། མྱ་ངན་ལས་འདས་པ་ལ་གཞོལ་བར་མོས་བས་ཐེག་པ་འོག་མ་གཉིས་དང་མཚུངས་པར་སྡུག་བསྔལ་ལ་སྐྱོ་ཞིང་འགོག་པ་ལ་སྤྲོ་བས་དེས་ས་ལྔ་པའི ་ཁྱད་པར་མེད་པའི་ལམ་ལ་སྒྲིབ་པ་གང་ཡིན་པའོ་ཞེས་འབྱུང་བ་ཡིན་ནོ། །ཀུན་ཏུ་རྨོང་པ་རྣམ་པ་གཉིས་རྣམ་པར་བཤད་པ་ཡང་མདོ་འདི་ཉིད་ལས་འོག་ནས་ཇི་སྐད་དུ། འཁོར་བ་ལས་ཅིག་ཏུ་མི་ཕྱོགས་པ་ཉིད་ཡིད་ལ་བྱེད ་པ་དང། མྱ་ངན་ལས་འདས་པ་ལ་གཅིག་ཏུ་མངོན་དུ་ཕྱོགས་པ་ཉིད་ཡིད་ལ་བྱེད་པ་ཞེས་གསུངས་པ་ལྟ་བུའོ། །འཕགས་པ་ས་བཅུ་པའི་འགྲེལ་པ་ལས་ནི་ལུས་ཡོངས་སུ་གཙང་ངོ་སྙམ་པའི་ང་རྒྱལ་གྱི་སྒྲིབ་པ་ཞེས་འབྱུང་ངོ།། ་བསྟན་བཅོས་ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་ལྱང?་གི་ཚེ་བསྒྲང་བ་ལས་ནི་ཐེག་པ་དམན་པའི་མྱ་ངན་ལས་འདས་པའི་མ་རིག་པ་ཞེས་བསྟན་པ་དང། སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་འགྲེལ་པ་ལས་ཐེག་པ ་འོག་མའི་མྱ་ངན་ལས་འདས་པ་སྒྲིབ་པ་ཞེས་འབྱུང་བ་ཡང་ཀུན་ཏུ་རྨོངས་པ་གཅིག་བསྡུས་པ་ཡིན་ཡང་དོན་གྱིས་ནི་ཀུན་ཏུ་རྨོངས་པ་གཉི་ག་བསྟན་ཏོ། །དགོངས་པ་ཟབ་མོ་རྣམ་པར་དགྲོལ་བའི་མདོ་ལས་ཀྱང་དོན་གྱིས ་མདོ་འདི་དང་མཐུན་པར?་སྟོན་ཏོ། །འཁོར་བ་དང་མྱ་ངན་ལས་འདས་པ་དག་ལ་གཅིག་ཏུ་ཕྱོགས་པ་དང། མངོན་དུ་ཕྱོགས་པ་ཞེས་བྱ་བས་ནི་ཀུན་ཏུ་རྨོངས་པ་གཉིས་ཡང་དག་པར་བསྡུ་བ་ཡིན་ཏེ། མིང་ཉིད་ཀྱིས་བརྡ་ཕྲད་པར་ཟད་དོ། །དེ་ལ ་ངེས་པའི་ཚིག་བསྟན་པ་ཡང་བསྟན་བཅོས?་རྣམ་པར་རིག་པ་ཙམ་དུ་གྲུབ་པ་ལས། ཐེག་པ་དམན་པའི་མྱ་ངན་ལས་འདས་པའི་སྒྲིབ་པ་ཞེས་བསྟན་པ་ནི་བདག་པོའི་དབང་དུ་བྱས་པའི་རྣམ་པར་བཤད་པ་ཡིན་ཏེ། ཐེག་པ་དམན་པའི་མྱ་ངན ་ལས་འདས་པའི་སྒྲིབ་པ་ཡིན་པའི་ཕྱིར་རོ། །མདོ་འདི་ཉིད་ལས་གསུངས་པ་ནི་ལས་ཡོངས་སུ་འཛིན་པའི་དབང་དུ་མཛད་པའི་རྣམ་པར་བཤད་པ་ཡིན་ཏེ། ཡོངས་སུ་སྐྱོ་ཞིང་རྒྱལ?་ཀྱིས་ཕྱོགས་བ་ཉིད་ཤེས་བྱའི་སྒིརྦ་པ་ཡིན་པའི་ཕྱིར་རོ། །ས་དྲུག་པ ་ལ་ནི་མཚན་མ་མེད་དོ་ཀུན་ཏུ་འབྱུང་བའི་སྒྲིབ་པའི་གཉེན་པོར་གྱུར་པ་ཡིན་ནོ་ཞེས་བྱ་བ་ནི་ས་དྲུག་པའི་སྒྲིབ་པ་བསྟན་པའོ། །བསྟན་བཅོས་རྣམ་པར་རིག་པ་ཙམ་དུ་གྲུབ་པ་ལས་ནི་ཤེས་བྱའི་སྒྲིབ་པ་ལས་ལྷན་ཅིག་སྐྱེས་པའི་ཕྱོགས ་གཅིག་པོ་ངེས་ས་གསུམ་པོ་ངག?་ཏུ་བདེན་པ་བཞི་སྒོམ་པར་བྱེད་དེ། བདེན་པ་བཞི་པོ་དག་ལ་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་མཚན་ཉིད་དུ་འཛིན་པར་བྱེད་དེ། འདི་ལྟ་སྟེ། སྡུག་བསྔལ་བ་དང། ཀུན་འབྱུང་བ་འཁོར་བར་འཇུག ་པ་གང་ཡིན་པ་དེ་ནི་ཀུན་ནས་ཉོན་མོངས་པའི་ཕྱོགས་ཀྱི་མཚན་ཉིད་དོ། །འགོག་པ་དང་ལམ་ལུགས་ལས་ལྡོག་པ་གང་ཡིན་པ་དེ་ན་རྣམ་པར་བྱང་བའི་ཕྱོགས་ཀྱི་མཚན་ཉིད་དོ་སྙམ་དུ་སེམས་སོ་ཞེས་བཤད་དེ། དེའི་ཕྱིར་བསྟན་བཅོས་དེ་ཉིད ་ལས་དྲུག་པ་མཚན་མ་རགས་པ་ཀུན་ཏུ་འབྱུང་བའི་སྒྲིབ་པ་ནི་འདི་ལྟ་སྟེ། ཤེས་བྱའི་སྒྲིབ་པ་ལྷན་ཅིག་སྐྱེས་པའི་ཕྱོགས་གཅིག་གིས་ཀུན་ནས་ཉོན་མོངས་པའི་ཕྱོགས་ཀྱི་མཚན་མ་རགས་པ་ཀུན་ཏུ་འབྱུང་བ་ཡོད་པ་ཉིད་དུ་འཛིན་པས་དེས་ས་དྲུག་ ་པའི་ཀུན་ནས་ཉོན་མོངས་བ་དང། རྣམ་པར་བྱད་བ་མེད་པའི་ལམ་ལ་སྒྲིབ་པར་བྱེད་དེ། ས་དྲུག་པར་ཞུགས་པའི་ཚེ་ཡོངས་སུ་སྤོང་བར་བྱེད་པ་དེས་ན། ས་དྲུག་པས་ནི་ཀུན་ཏུ་རྨོངས་པ་རྣམ་པ་གཉིས་དང། དེའི་གནས་ངན་ལེན ་སྤོང་བར་བྱེད་དེ། དང་པོ་ནི་འཁོར་བར་འཇུག་པ་སོ་སོར་རྟོག་པའི་ཀུན་ཏུ་འབྱུང་བ་རྨོངས་པ་སྟེ། དེ་ནི་འདིར་ཀུན་ནས་ཉོན་མོངས་པ་ལ་འཁོར་བར་འཇུག་པའི་སྤྱོད་པ་རྣམས་ཡོད་པ་ཉིད་དུ་འཛིན་པས་ཀུན་ནས་ཉོན་མོངས་པའི་ཕྱོགས་ཀྱིས་བསྡུས ་བའི་ཕྱིར་རོ། །གཉིས་པ་ནི་མཚན་མ་མང་པོ་ཀུན་ཏུ་འབྱུང་བའི་རྨོངས་པ་སྟེ། དེ་ནི་འདིར་རྣམ་པར་བྱད་བ་ཡོད་པ་ཉིད་དུ་འཛིན་ཅིང། རྣམ་པར་བྱད་བའི་མཚན་མ་ལེན་བའི་ཕྱིར་མཚན་མ་མང་པོ་ཀུན་འབྱུང་བས་ཡུན་རིང་དུ་མཚན་མ་མེད་པའི ་རྣལ་འབྱོར་གནས་པར་མ་ནུས་པའོ་ཞེས་འབྱུང་བ་ཡིན་ནོ། །འཕགས་པ་ས་བཅུ་པའི་འགྲེལ་པ་ལས་ནི་བག་ཆགས་ཕྲ་མོའི་སྒྲིབ་པ་ཞེས་བཤད་དོ། །བསྟན་བཅོས་ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་ཁྱད?་གི་ཚེ?་བསྒྱུར་བ་ལས་ནི ་མཚན་མ་ཕྲ་མོ་ཀུན་ཏུ་འབྱུང་བའི་མ་རིག་པ་ཞེས་འབྱུང་ངོ། །སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་འགྲེལ་པ་ལས་ནི་རྣམ་པར་རིག་པ་ཙམ་གྱི་མཚན་མ་རགས་པ་ཀུན་ཏུ་འབྱུང་བ་དག་ནི་མཚན་མའི་རྣམ་པའོ། །མིང་རྣམ་པར་བཞག ་ཅིང་ངོ་བོ་ཉིད་བརྗོད་པ་ཡང་ཕྱིར་རྨོངས་པ་གཉིས་བསྡུས་པར་བཤད་ན་ཡང་དོན་དུ་འགལ་བ་མེད་པའོ་ཞེས་འབྱུང་ངོ། །དགོངས་པ་ཟབ་མོ་རྣམ་པར་དགྲོལ་པའི་མདོ་ལས། མཚན་མ་རྣམས་ཀུན་ཏུ་འབྱུང་བ་ཞེས་གསུངས་པ་དང། མདོ་འདི ་ཉིད་ལས་མཚན་མ་མང་པོ་ཀུན་ཏུ་འབྱུང་བ་ཞེས་གསུངས་པ་ཡང། དོན་གྱིས་བསྟན་བཅོས་རྣམས་ལས་འབྱུང་བ་དང་མཐུན་ཏེ། དོན་འགལ་བ་མེད་པའི་ཕྱིར་རོ། །དེ་ལ་དེས་པའི་ཚིག་བསྟན་པ་ནི་ཐམས་ཅད་ཀྱང་བདག་པོའི་དབང་དུ་བྱས་པར ་བཤད་པ་དག་ཡིན་ཏེ། མཚན་མ་མང་པོ་ཀུན་ཏུ་འབྱུང་བའི་མཚན་མ་ཡིན་པའི་ཕྱིར་ཏེ། བརྟགས་ན་བརྡ་ཕྲད་པར་འགྱུར་རོ། །ས་བདུན་པ་ལས་ནི་མཚན་མ་ཕྲ་མོ་ཀུན་ཏུ་འབྱུང་བའི་སྒྲིབ་པའི་གཉེན་པོར་གྱུར་པ་ཡིན་ནོ། །ཞེས་བྱ་བ་ནི་? ་པའི་སྒྲིབ་པ་བསྟན་ཏེ། འདི་ལྟར་ཤེས་བྱའི་སྒྲིབ་པ་ལས་ལྷན་ཅིག་སྐྱེས་པའི་ཕྱོགས་གཅིག་གིས་སྔ་མའི་ས་དྲུག་པ་ལ་རྟེན་ཅིང་འབྲེལ་པར་འབྱུང་བ་ཡན་ལག་བཅུ་གཉིས་ཉིད་དུ་སྒོམ་ཞིང་འཁོར་བར་འཇུག་བའི་མཚན་མ་ཕྲ་མོ་དང། ལུགས་ལས་ལྡོག ་པའི་མཚན་མ་ཡོད་པ་ཉིད་དུ་འཛིན་པས་མཚན་མ་དེ་གཉིས་ཡོངས་སུ་བཟུང་བའི་ཕྱིར་ས་བདུན་པའི་གྱ་ནོམ་པ་མཚན་མ་མེད་པའི་ལམ་ལ་སྒྲིབ་པར་བྱེད་དེ། དེའི་ཕྱིར་བསྟན་བཅོས་རྣམ་པར་རིག་པ་ཙམ་དུ་གྲུབ་པ་ལས། བདུན་པ་མཚན་མ་ཕྲ ་མོ་ཀུན་ཏུ་འབྱུང་བའི་སྒྲིབ་པ་ནི་འདི་ལྟ་སྟེ། ཤེས་བྱའི་སྒྲིབ་པ་ལས་ལྷན་ཅིག་སྐྱེས་པའི་ཕྱོགས་གཅིག་གིས་སྐྱེ་བ་དང། འཇིག་པའི་མཚན་མ་ཕྲ་མོ་ཀུན་ཏུ་འབྱུང་བ་ཡོད་པ་ཉིད་དུ་འཛིན་པས་དེས་ས་བདུན་པའི་གྱ་ནོམ་པ་མཚན་མ་མེད་པའི་ལམ་ལ་སྒྲིབ་པར ་བྱེད་དེ། ས་བདུན་པར་ཞུགས?་པའི་ཚེ་ཡོངས་སུ་སྤོང་པར་བྱེད་པས་དེས་ན་ས་བདུན་པས་ནི་ཀུན་ཏུ་རྨོངས་པ་རྣམ་པ་གཉིས་དང། དེའི་གནས་ངན་ལེན་སྤོང་བར་བཤད་དེ། དང་པོ་ནི་མཚན་མ་ཕྲ་མོ་ཀུན་ཏུ་འབྱུང་བའི་རྨོངས་པ་སྟེ། དེ་འདིར་སྐྱེ་བ་ཡོད་པ་ཉིད་དུ ་འཛིན་ཅིང་འཁོར་བར་འཇུག་པའི་སྐྱེ་བ་ཕྲ་མོའི་མཚན་མ་ལེན་པའི་ཕྱིར་རོ། །གཉིས་པ་ནི་གཅིག་ཏུ་མཚན་མ་མེད་པའི་ཡིད་ལ་བྱེད་པས་གཉེར་བའི་ཀུན་ཏུ་རྨོངས་པ་སྟེ། དེ་ནི་འདི་འགོག་པ་ཡོད་པ་ཉིད་དུ་འཛིན་ཅིང་ལུགས་ལས་ལྡོག་པའི་མཚན ་མ་ལེན་པའི་ཕྱིར་གཅིག་ཏུ་མཚན་མ་མེད་པ་ཉིད་ཡིད་བ?་བྱེད་པས་ནན་ཏན་གྱིས་ཡོངས་སུ་ཚོལ་བར་བྱེད་ཀྱང་སྟོང་པ་ཉིད་ལ་སྤྱོད་པ་ཁྱད་པར་དུ་འཕགས་པ་བསྐྱེད་པས་མི་ནུས་པའོ་ཞེས་འབྱུང་བ་ཡིན་ནོ། །འཕགས་པས་བཅུ་པའི་འགྲེལ་པ་ལས་ནི ་མཚན་མ་ཕྲ་མོའི་བག་ཆགས་ཀྱི་སྒྲིབ་པ་ཞེས་བཤད་དོ། །བསྟན་བཅོས་ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་ལྱང་གི་ཚེ་བསྒྱུར་བ་ལས་ནི་མཚན་མ་ཕྲ་མོ་ཀུན་ཏུ་འབྱུང་བའི་མ་རིག་པ་ཞེས་འབྱུང་ངོ། །སློབ་དཔོན་དབྱིག་གཉེན་གྱིས ་མཛད་པའི་འགྲེལ་པ་ལས་ནི་མཚན་མ་ཕྲ་མོ་ཀུན་ཏུ་འབྱུང་བ་ཞེས་བཤད་དོ། །བསྟན་བཅོས་རྣམ་པར་རིག་པ་ཙམ་དུ་གྲུབ་བ་ལས་ཀྱང་མཚན་མ་ཕྲ་མོ་ཀུན་ཏུ་འབྱུང་བའི་སྒྲིབ་པ་ཞེས་བསྟན་ཏོ། །དགོངས་པ་ཟབ་མོ་རྣམ་པར་དགྲོལ་བའི་མདོ་ལས ་མཚན་མ་ཕྲ་མོ་ཀུན་ཏུ་འབྱུང་བའི་ཉེས་པ་ཞེས་གསུངས་པ་དང། མདོ་འདི་ཉིད་ལས་མཚན་མ་ཕྲ་མོ་ཀུན་ཏུ་འབྱུང་བའི་སྒྲིབ་པ་ཞེས་གསུངས་པ་ནི་མཚན་མའི་རྣམ་པ་ལས་མིང་དུ་གཞག་བ་དང། ཀུན་ཏུ་རྨོངས་པ་རྣམ་པ་གཉིས་བསྡུ་བ་ཡིན་པས། ་ཕན་ཚུན་འགལ་བ་མེད་པ་ཡང་གོང་མ་བཞིན་དུ་རིག་པར་བྱའོ། །དེ་ལ་ངེས་པའི་ཚིག་བསྟན་པ་ཡང་དེ་དག་ཐམས་ཅད་བདག་པོའི་དབང་དུ་བྱས་པའི་རྣམ་པར་བཤད་པ་ཡིན་ཏེ། སྔ་མ་བཞིན་དུ་རིག་བར་བྱའོ། །ས་བརྒྱད་པ་ལས་ནི་མཚན་མ་མེད ་པ་ལ་རྩོལ་བ་དང་མཚན་མ་དང་བཅས་པ་ལ་དབང་དུ་མ་གྱུར་པའི་སྒྲིབ་པའི་གཉེན་པོར་གྱུར་པ་ཡིན་ནོ་ཞེས་བྱ་བ་ནི་ས་བརྒྱད་པའི་སྒྲིབ་པ་བསྟན་པའོ། །འདི་ལྟར་ཤེས་བྱའི་སྒྲིབ་པ་ལས་ལྷན་ཅིག་སྐྱེས་པའི་ཕྱོགས་གཅིག་གིས་མཚན་མ་མེད་པ ་སྒོམ་པ་རང་གི་ངང་གིས་མི་འབྱུང་བ་དང། ཀུན་ཏུ་རྨོངས་པ་རྣམ་པ་གཉིས་ཀྱང་བསྡུས་པ་ཡིན་ཏེ། མཚན་མ་མེད་པ་ལ་རྩོལ་བའི་ཀུན་ཏུ་རྨོངས་བ་དང། མཚན་མ་དང་བཅས་པ་ལ་དབང་དུ་མ་གྱུར་བའི་ཀུན་ཏུ་རྨོངས་པའོ། །དེའི་ཕྱིར་བསྟན་བཅོས་རྣམ ་པར་རིག་པ་ཙམ་དུ་གྲུབ་པ་ལས། བརྒྱད་པ་མཚན་མ་མེད་པ་ལས་རྩོལ་བ་དང་བཅས་པའི་སྒྲིབ་པ་ནི་འདི་ལྟ་སྟེ། ཤེས་བྱའི་སྒྲིབ་པ་ལས་ལྷན་ཅིག་སྐྱེས་པའི་ཕྱོགས་གཅིག་གིས་མཚན་མ་མེད་པར་སྒོམ་པ་རང་གི་དང་གིས་མི་སྐྱེ་བ་གང་ཡིན་པའོ། ། ་ས་སྔ་མ་ལྔ་པོ་དག་ཏུ་མཚན་མ་དང་བཅས་པའི་རྣལ་འབྱོར་ནི་མང་ལ། མཚན་མ་མེད་པའི་རྣལ་འབྱོར་ནི་ཉུང་ངོ། །ས་དྲུག་པ་ལ་ནི་མཚན་མ་དང་བཅས་པའི་རྣལ་འབྱོར་ནི་ཉུང་ལ། །མཚན་མ་མེད་པའི་རྣལ་འབྱོར་ནི་མང་ངོ། །ས་བདུན་པ་ལས་ནི་གཅིག ་ཏུ་མཚན་མ་མེད་པའི་རྣལ་འབྱོར་རྒྱུན་དུ་མངོན་སུམ་དུ་འགྱུར་ཡང་རྩོལ་བ་དང་བཅས་པ་ཡིན་ཏེ། འདི་ལྟར་མཚན་མ་མེད་བ་ལ་རྩོལ་བ་དང་བཅས་པའི་ཕྱིར་འང?་གི?་དང་གིས་མཚྣ་མ་དང་ཞིང་སྟོན་པར་མི་ནུས་སོ་ཞེས་བྱ་བ་ནས་རྒྱ་ཆེར་བཤད་པའི་བར ་དུ་བསྟན་པ་ཡིན་ནོ། །འཕགས་པ་ས་བཅུ་པའི་འགྲེལ་པ་ལས་མཚན་མ་མེད་པ་ལ་རྩོལ་བ་དང་བཅས་པའི་སྒྲིབ་པ་ཞེས་འབྱུང་བ་དང། བསྟན་བཅོས་ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་ལྱང་གྱི་ཚེ་བསྒྱུར་བ་ལས་མཚན་མ་མེད་པའི་མངོན་པར་འདུ ་བྱེད་པ་ཞེས་བཤད་པ་དང། བསྟན་བཅོས་རྣམ་པར་རིག་པ་ཙམ་དུ་གྲུབ་པ་ལས། མཚན་མ་མེད་པ་ལ་རྩོལ་བའི་སྒྲིབ་པ་ཞེས་འབྱུང་བ་ཀུན་ཏུ་རྨོངས་པ་གཅིག་ཏུ་བསྡུས་པ་ཡིན་པས་འདི་ལྟ་སྟེ། མཚན་མ་མེད་པ་ལ་རྩོལ་བའི་ཀུན་ཏུ་རྨོངས་པའོ།། ་བསྟན་བཅོས་རྣམ་པར་རིག་པ་ཙམ་དུ་གྲུབ་པ་ལས་མིང་གཅིག་སྨོས་པ་ཡང་སྤྱིར་ཀུན་ཏུ་རྨོངས་པ་གཉིས་བསྡུས་པ་ཡིན་ཏེ། འདི་ལྟ་སྟེ། མཚན་མ་མེད་པ་ལ་རྩོལ་བའི་ཀུན་ཏུ་རྨོངས་པ་དང། མཚན་མ་ལ་དབང་དུ་མ་གྱུར་པའི་ཀུན་ཏུ ་རྨོངས་པའོ། །དགོངས་པ་ཟབ་མོ་རྣམ་པར་དགྲོལ་བའི་མདོ་ལས་ནི། མཚན་མ་མེད་པ་ལ་རང་གི་ངང་གིས་རྩོལ་བ་མེད་པར་འཇུག་བའི་གཉེན་པོར་གྱུར་བ་ཡིན་ནོ། །ཞེས་འབྱུང་སྟེ། འདི་ལ་ཡང་བཤད་པ་རྣམ་པ་གཉིས་ཡོད་དེ། ཁ་ཅིག་ན ་རེ་ས་བརྒྱད་པ་ལ་མཚན་མ་མེད་པའི་ཤེས་པའི་སྤྱོད་པ་རྩོལ་བ་མེད་པ་རང་གི་ངང་གིས་འཇུག་པས་འདིས་དེ་ལ་སྒྲིབ་པའི་ཕྱིར་མཚན་མ་མེད་པ་ལ་རང་གི་རང་གིས་རྩོལ་བ་མེད་པར་འཇུག་པ་ཞེས་བྱ་བ་གསུངས་ཏེ། འདི་ནི་རྣམ་པ་གཉིས་ལས ་མཚན་མ་མེད་པ་ལ་རྩོལ་བའི་ཀུན་ཏུ་རྨོངས་པ་ཉིད་དོ་ཞེའོ། །ཁ་ཅིག་ན་རེ་མདོ་དེ་ཡང་དགོངས་པ་ཟབ?་མོ?་ངེས་པར་འབྲེལ་པའི་མདོ་དང་མཐུན་པར་ཀུན་ཏུ་རྨོངས་པ་གཉིས་ཅིག་ཅར་སྨོས་པ་ཡིན་ཏེ། དེ་ལ་དང་པོ་མཚན ་མ་མེད་པའི་སྤྱོད་པ་ཞེས་བྱ་བ་ནི་མཚན་མ་མང་པ་ལ་རྩོལ་བའི་ཀུན་ཏུ་རྨོངས་པ་ཞེས་བྱ་བ་ཉིད་དོ། །གཉིས་པ་རང་གི་དང་གིས་འཇུག་བའི་ཉེས་པ་ཞེས་བྱ་བ་ནི་མཚན་མ་དང་བཅས་པ་ལ་དབང་དུ་འགྱུར་བའི་ཀུན་ཏུ་རྨོངས་བ་ཞེས་བྱ་བ་ཉིད་དོ།། ་སྒྲིབ་པ་འདི་གཅིག་གིས་ནི་ཀུན་ཏུ་རྨོངས་པ་གཉིས་ཚང་བར་བསྡུས་པ་ཡིན་ཏེ། མདོ་ལས་གསུངས་པ་བཞིན་དུ་རིག་པར་བྱའོ་ཞེའོ་།དེས་པའི་ཚིག་བསྟན་པ་ཡང་བསྟན་བཅོས་ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་ལྱང?་གི་ཚེ་བསྒྱུར་པ་དང། ་སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་འགྲེལ་པ་དང། རྣམ་པར་རིག་པ་ཙམ་དུ་གྲུབ་པ་ལས་མཚན་མ་མེད་པ་ལ་རྩོལ་བའི་སྒྲིབ་བ་ཞེས་བསྟན་པ་ནི་བདག་པོའི་དབང་དུ་བྱས་བའི་རྣམ་པར་བཤད་པ་ཡིན་ཏེ། འདི་ལྟར་མཚན་མ་མེད་པའི ་དབང་གིས་རྩོལ་བའི་ཤེས་པ་འབྱུང་བས་རྩོལ་བའི་ཤེས་པའི་ངོ་བོ་ཉིད་ནི་སྒྲིབ་པ་ཡིན་ཏེ། འདི་ནི་རྩོལ་བའི་ཤེས་པའི་སྒྲིབ་པ་ཡིན་པའི་ཕྱིར་བདག་པོའི་དབང་དུ་བྱས་པའི་རྣམ་པར་བཤད་པ་ཡིན་ནོ། །མདོ་འདི་ཉིད་ལས་མཚན་མ་མེད་པ་ལ ་རྩོལ་བ་དང་མཚན་མ་དང་བཅས་པ་ལ་དབང་དུ་མ་གྱུར་པའི་སྒྲིབ་བ་ཞེས་གསུངས་བ་ཡང་བདག་པོའི་དབང་དུ་བྱས་བའི་རྣམ་པར་བཤད་པའོ། །ས་དགུ་བ་ལས་ནི་རྣམ་པ་ཐམས་ཅད་དུ་ཚིག་མཁས་པ་ལ་དབང་དུ་མ་གྱུར་བའི་སྒྲིབ་བའི་གཉེན་བོར ་གྱུར་པ་ཡིན་ནོ་ཞེས་བྱ་བ་ནི་ས་དགུ་པའི་སྒྲིབ་པ་བསྟན་པའོ། །འདི་ལྟར་ཤེས་བྱའི་སྒྲིབ་པ་ལས་ལྷན་ཅིག་སྐྱེས་པའི་ཕྱོགས་གཅིག་གིས་སོ་སོར་ཡང་དག་པར་རིག་པ་བཞིའི་ཆོས་ལ་སྒྲིབ་པར་བྱེད་པའི་ངོ་བོ་ཉིད་དེ། དེའི་ཕྱིར་བསྟན་བཅོས ་རྣམ་པར་རིག་པ་ཙམ་དུ་གྲུབ་པ་ལས། དགུ་པ་གཞན་ལ་ཕན་འདོགས་པ་སྒྲུབ་པར་མི་འདོད་པའི་སྒྲིབ་པ་ནི་འདི་ལྟ་སྟེ། ཤེས་བྱའི་སྒྲིབ་པ་ལས་ལྷན་ཅིག་སྐྱེས་པའི་ཕྱོགས་གཅིག་གིས་སེམས་ཅན་ལ་ཕན་འདོགས་པའི་དངོས་པོ་ལ་བརྩོན་པར་མི ་འདོད་ཅིང་རང་གི་དོན་ལ་མོས་པ་གང་ཡིན་པ་སྟེ། དེས་ས་དགུ་པའི་སོ་སོར་ཡང་དག་པར་རིག་པ་བཞི་ལ་སྒྲིབ་པར་བྱེད་དེ། ས་དགུ་པ་ལ་ཞུགས་པའི་ཚེ་ཡོངས་སུ་སྤོང་བར་བྱེད་པས་དེས་ན་ས་དགུ་བས་ཀུན་ཏུ་རྨོངས་པ་གཉིས་དང་དེའི་གནས་དོན? ་ལེན་སྤོང་ངོ་ཞེས་བསྟན་ཏེ། དང་པོ་ནི་ཆོས་བསྟན་པའི་མིང་དང་ཚིག་དང་ཡི་གེ་དཔག་ཏུ་མེད་པ་དང། གོང་ནས་གོང་དུ་ཤེས་རབ་དང་སྤོབས་པ་དང། གཟུངས་ཀྱི་དབང་ལ་ཀུན་ཏུ་རྨོངས་པའོ། །དེ་ལ་ཆོས་བསྟན་པ་དཔག་ཏུ་མེད་པའི་གཟུངས ་ལ་དབང་བ་ཞེས་བྱ་བ་ནི་འདི་ལྟ་སྟེ། དོན་སོ་སོར་ཡང་དག་པར་རིག་པས་བརྗོད་པར་བྱ་བའི་གཟུངས་ལ་དབང་ཐོབ་པས་དོན་གཅིག་གི་ནང་དུ་དོན་ཐམས་ཅད་སྟོན་པའི་ཕྱིར་རོ། །མིང་དང་ཚིག?་དང་ཡི་གེ་དཔག་ཏུ་མེད་པའི་གཟུངས་ལ་དབང་བ་ཞེས ་བྱ་བ་ནི་འདི་ལྟ་སྟེ། ཆོས་སོ་སོར་ཡང་དག་པར་རིག་པས་རྗོད་པར་བྱེད་པའི་གཟུངས་ལ་དབང་ཐོབ་པས་མིང་དང་ཚིག་དང་ཡི་གེ་གཅིག་གི་ནང་དུ་མིང་དང་ཚིག་དང་ཡི་གེ་ཐམས་ཅད་སྟན་པའི་ཕྱིར་རོ། །གོང་ནས་གོང་དུ་ཤེས་རབ་དང་སློབས་པ་དང་གཟུངS ་ལ་དབང་བ་ཞེས་བྱ་བ་ནི་འདི་ལྟ་སྟེ། ཚིག་སོ་སོར་ཡང་དག་པར་རིག་པས་སྒྲ་སྐད་གཅིག་གིས་གཅིག་རྣམ་པར་བཤད་པའི་གཟུངས་ལ་དབང་ཐོབ་པས་སྒྲ་སྐད་གཅིག་གི་ནང་དུ་ཐམས་ཅད་སྟོན་པའི་ཕྱིར་རོ། །གཉིས་པ་ནི་སྤོབས་པ་ལ་དབང་བའི ་ཀུན་ཏུ་རྨོངས་པའོ། །དེ་ལ་སྤོབས་པ་ལ་དབང་བ་ནི་འདི་ལྟ་སྟེ། སྤོབས་པ་སོ་སོར་ཡང་དག་པར་རིག་པས་དབང་པོ་ལ་མཁས་ཤིང་ཆོས་སྟོན་པ་ལ་མཁས་པའི་ཕྱིར་རོ། །ཀུན་ཏུ་རྨོངས་པས་དབང་རྣམ་པ་བཞི་པོ་དག་ལ་སྒྲིབ་པར་བྱེད་པ་གང ་ཡིན་པ་དེ་དག་ནི་འདིར་སྒྲིབ་པ་དགུ་པས་བསྡུས་པ་ཡིན་ནོ་ཞེས་འབྱུང་བ་ཡིན་ནོ། །འཕགས་པ་ས་བཅུ་པའི་འགྲེལ་པ་ལས་ནི་སེམས་ཅན་ལ་ལེགས་པར་ཕན་མི་འདོགས་པའི་སྒྲིབ་པ་ཞེས་བཤད་དོ། །བསྟན་བཅོས ་ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་ཁྱད?་གི་ཚེ་བསྒྱུར་པ་ལས་སེམས་ཅན་ལ་ཕན་འདོགས་པའི་བྱ་བ་རྩོལ་བ་ལ་མི་བལྟོས་པའི་མ་རིག་པ་ཞེས་འབྱུང་བ་དང། སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་འགྲེལ་པ་ལས། སེམས་ཅན་ལ ་ཕན་འདོགས་པའི་བྱ་བ་མི་བྱེད་པ་ཞེས་འབྱུང་བ་ནི། གཉིས་ཡང་ཀུན་ཏུ་རྨོངས་པ་གཉིས་བསྡུས་པ་ཡིན་པས་དོན་དུ་འགལ་བ་མེད་དེ། ཐ་དད་པ་མེད་པའི་ཕྱིར་རོ། །དགོངས་པ་ཟབ་མོ་རྣམ་པར་དགྲོལ་བའི་མདོ་ལས། རྣམ་པ་ཐམས་ཅད ་དུ་ཆོས་བསྟན་པ་ལ་དབང་དུ་མ་གྱུར་པ་ཞེས་གསུངས་པ་དང། མདོ་འདི་ཉིད་ལས་རྣམ་པ་ཐམས་ཅད་དུ་ཚིག་ལ་མཁས་པ་ལ་དབང?་དུ་མ་གྱུར་པའི་སྒྲིབ་པ་ཞེས་གསུངས་པ་ལ་ཡང་བཤད་པ་རྣམ་པ་གཉིས་ཡོད་དེ། ཁ་ཅིག་ན་རེ་འདི་ནི་སྤོབས ་པ་ལ་དབང་བའི་ཀུན་ཏུ་རྨོངས་པ་ཉིད་དོ་ཞེའོ། །ཁ་ཅིག་ན་རེ་ཀུན་ཏུ་རྨོངས་པ་གཉིས་བསྡུས་པ་ཡིན་ནོ་ཞེས་ཟེར་རོ། །དེ་ལ་རྣམ་པ་ཐམས་ཅད་དུ་ཚིག་ལ་མཁས་པ་ཞེས་བྱ་བ་ནི་སོ་སོར་ཡང་དག་པར་རིག་པ་བཞི་ལ་སྤྱིར་རྣམ་པ་ཐམས ་ཅད་དུ་ཚིག་ལ་མཁས་པ་ཞེས་བྱའོ། །དེ་ལ་ངེས་བའི་ཚིག་བསྟན་པ་ནི་གོང་དུ་བསྟན་པའི་བསྟན་བཅོས་དང། འགྲེལ་པ་རྣམ་པ་བཞི་དང་མདོ་གཉིས་པོ་དག་ལས་བསྟན་པ་ཐམས་ཅད་ཀྱང་བདག་པོའི་དབང་དུ་མཛད་པའི་རྣམ་པར ་བཤད་པ་ཡིན་ཏེ། བརྟགས་ན་ཁོང་དུ་ཆུད་པར་འགྱུར་རོ།། །།བམ་པོ་བཞི་བཅུ་དགུ་པ། །ས་བཅུ་པ་ལས་ནི་ཆོས་ཀྱི་སྐུ་ཡོངས་སུ་རྫོགས་པ་མངོན་དུ་བྱ་བ་མ་ཐོབ་པའི་སྒྲིབ་པའི་གཉེན་པོར་གྱུར་པ་ཡིན་ནོ་ཞེས་བྱ ་བ་ནི་ས་བཅུ་པའི་སྒྲིབ་པ་བསྟན་པའོ། །འདི་ཡང་ཤེས་བྱའི་སྒྲིབ་པ་ལས་ལྷན་ཅིག་སྐྱེས་པའི་ཕྱོགས་གཅིག་ཡིན་ནོ། །བསྟན་བཅོས་རྣམ་པར་རིག་པ་ཙམ་དུ་གྲུབ་པ་དང། མདོ་འདི་ཉིད་ལས་འོག་ནས་བསྟན་པ་དང། སྦྱར་ན་ཀུན་ཏུ་རྨོངས་པ་རྣམ་པ་གཉིས ་ཀྱང་བསྡུས་པ་ཡིན་ཏེ། དེའི་ཕྱིར་བསྟན་བཅོས་རྣམ་པར་རིག་པ་ཙམ་དུ་གྲུབ་པ་ལས། བཅུ་པ་ཆོས་རྣམས་ལ་དབང་མ་ཐོབ་པའི་སྒྲིབ་པ་ནི་འདི་ལྟ་སྟེ། ཤེས་བྱའི་སྒྲིབ་པ་ལས་ལྷན་ཅིག་སྐྱེས་པའི་ཕྱོགས་གཅིག་གིས་ཆོས་རྣམས་ལ་དབང་ཐོབ ་བར་མི་བྱེད་བས་དེས་ས་བཅུ་པའི་ཆོས་ཆེན་པོའི་སྤྲིན་གྱི་ཤེས་པ་དང། ཡོངས་སུ་སྦས?་པ་དང་དེས་བསྐྱེད་པའི་བྱ་བ་དག་ལ་སྒྲིབ་པར་བྱེད་དེ། ས་བཅུ་པར་ཞུགས་པའི་ཚེ་ཡོངས་སུ་སྤོང་བར་བྱེད་པ་དེས་ན་ས་བཅུ་བས་ཀུན་ཏུ་རྨོངས་པ་རྣམ ་པ་གཉིས་དང། དེའི་གནས་ངན་ལེན་སྤོང་བར་བྱེད་དོ་ཞེས་བཤད་དོ། །ས་དང་པོ་ནི་མངོན་པར་ཤེས་པ་ཆེན་པོ་ལ་ཀུན་ཏུ་རྨོངས་པ་སྟེ་དེ་ནི་འདི་ལྟར་དེས་བསྐྱེད་བའི་བྱ་བ་དག་ལ་སྒྲིབ་པར་བྱེད་པ་ཞེས་བསྟན་པ་ཉིད་དོ། །གཉིས་པ་ནི་གསང ་བའི་རྗེས་སུ་འཇུག་ཅིང་ཁོང་དུ་ཆུད་པ་ལ་ཀུན་ཏུ་རྨོངས་པ་སྟེ། དེ་ནི་འདིར་ཆོས་ཆེན་པོའི་སྤྲིན་གྱི་ཤེས་པ་དང་ཡོངས་སུ་སྦས་པ་ལ་སྒྲིབ་པར་བྱེད་པ་ཉིད་དོ་ཞེས་བསྟན་པ་ཉིད་དོ་ཞེས་འབྱུང་བ་ཡིན་ནོ། །འཕགས་པ་ས་བཅུ་བའི་འགྲེལ་པ ་དང། བསྟན་བཅོས་ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་ལྱང?་གི་ཚེ་བསྒྱུར་བ་དང། རྣམ་པར་རིག་པ་ཙམ་དུ་གྲུབ་པ་ལས་ཆོས་རྣམས་ལ་དབང་མ་ཐོབ་བའི་སྒྲིབ་པ་ཞེས་འབྱུང་བ་ནི་ཀུན་ཏུ་རྨོངས་པ་རྣམ་པ་གཉིས་ལས་གསང་བའི་རྗེས་སུ་འཇུག ་ཅིང་ཁོང་དུ་ཆུད་པ་ལ་ཀུན་ཏུ་རྨོངས་པ་ཞེས་བསྟན་པ་ཉིད་དོ། །ཡང་ན་སྤྱིར་ཀུན་ཏུ་རྨོངས་པ་གཉིས་བསྡུས་པར་བསྟན་ཏོ། །དགོངས་པ་ཟབ་མོ་རྣམ་པར་འགྲོལ་བའི་མདོ་ལས་ས་བཅུ་པ་ལས་ནི་ཆོས་ཀྱི་སྐུ་ཡོངས་སུ་རྫོགས་པ་མངོན་དུ་བྱ་ ་བའི་གཉེན་བོའོ་ཞེས་གསུངས་པ་དང། མདོ་འདི་ཉིད་ལས་ས་བཅུ་བ་ལ་ནི་ཆོས་ཀྱི་སྐུ་ཡོངས་སུ་རྫོགས་པ་མངོན་དུ་བྱ་བ་མ་ཐོབ་བའི་སྒྲིབ་བའི་གཉེན་པོར་གྱུར་པ་ཡིན་ནོ་ཞེས་གསུངས་པས་ཀུན་ཏུ་རྨོངས་པ་གཉིས ་བསྡུས་པར་བཤད་ན་ཡང་དོན་དུ་འགལ་བ་མེད་དོ། །ལོགས་ཤིག་ཏུ་མ་སྦྱར་བའི་ཕྱིར་རོ། །མདོ་འདི་ཉིད་ལས་ཆོས་ཀྱི་སྐུ་ཡོངས་སུ་རྫོགས་པ་མ་ཐོབ་པ་ཞེས་གསུངས་པ་ནི་དེ་བཞིན་ཉིད་ཀྱི་སྐུའི་དབང་དུ་མཛད་ནས་བསྟན་པ་ཡིན་ཏེ་།དེའི་ཕྱིར ་བསྟན་བཅོས་ཆོས་མངོན་པ་སྣ་ཚོགས་ཀུན་ལས་བཏུས་པ་ལས། དེ་ལ་ཆོས་ཀྱི་སྐུ་ནི་འདི་ལྟ་སྟེ། ཤེས་བྱའི་སྒྲིབ་པ་གཏན་དུ་སྤངས་ཤིང་གནས་གྱུར་པས་བསྡུས་པ་གང་ཡིན་པའོ། །དེ་ཡང་ས་བཅུ་པ་ལས་ནི་ཡོངས་སུ་རྫོགས་བ་ཞེས་བྱའོ།། ་དེ་ལ་དེ་བཞིན་གཤེགས་པའི་ས་ལ་ནི་མངོན་པར་གྲུབ་པ་ཞེས་བྱའོ་ཞེས་བསྟན་ཏོ། །དེ་ལ་ངེས་པའི་ཚིག་བསྟན་པ་ནི་བསྟན་བཅོས་རྣམ་པ་བཞི་དང། མདོ་འདི་ཉིད་ལས་བསྟན་ཅིང་གསུངས་བའི་མིང་ལ་ཐ་དད་པ་ཡོད་ཀྱང་ཐོབ་པའི་མིང ་དུ་མཚུངས་པས་བདག་པོའི་དབང་དུ་བྱས་པའི་རྣམ་པར་བཤད་པ་ཡིན་ནོ། །རིགས་ཀྱི་བུ་ཞི་གནས་དང་ལྷག་མཐོང་དེ་དག་དེ་བཞིན་གཤེགས་པའི་ས་ལ་ནི་ཉོན་མོངས་བ་དང་ཤེས་བྱའི་སྒྲིབ་པ་ཤིན་ཏུ་ཕྲ་བ་མཆོག་ཏུ་ཆེས་ཤིན་ཏུ་ཕྲ་བའི ་གཉེན་པོར་གྱུར་པ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པར་ནི་སྒྲིབ་པ་བཅུ་གཅིག་པ་བསྟན་ཏོ། །འདི་ཡང་རྣམ་པ་གཉིས་སུ་དབྱེ་སྟེ། ཡོངས་སུ་སྤང་བར་བྱ་བའི་སྒྲིབ་པ་བསྟན་པ་དང། སྒྲིབ་པ་སྤངས་པའི་ཕན་ཡོན་བསྟན་པ་སྟེ། འདི་ནི ་དང་པོའོ། །འདི་ལྟེ་སྟེ། སྒྲིབ་པ་གཉིས་ལས་ལྷན་ཅིག་སྐྱེས་པའི་ཕྱོགས་གཅིག་གོ་།དེ་ལ་ཤིན་ཏུ་ཕྲ་བ་ཞེས་བྱ་བ་ནི་ཉོན་མོངས་པའི་སྒྲིབ་པའོ། །མཆོག་ཏུ་ཆོས་ཤིན་ཏུ་ཕྲང་ཞེས་བྱ་བ་ནི་ཤེས་བྱའི་སྒྲིབ་པའོ། །ཡང་ན་ཤིན ་ཏུ་ཕྲ་བ་དང། མཆོག་ཏུ་ཆོས་ཤིན་ཏུ་ཕྲ་བ་ཞེས་བྱ་བ་ནི་སྒྲིབ་པ་གཉིས་ཀ་དང་ཡང་སྦྱར་ཏེ། གནས་སྐབས་མཐར་ཐུག་པས་ཡོངས་སུ་སླང་བར་བྱ་བ་ཡིན་པའི་ཕྱིར་ནི་ཤིན་ཏུ་ཕྲ་བ་ཞེས་བྱའོ། །གནས་སྐབས་མཆོག་གིས་ཡོངས་སུ་སྤང་བར་བྱ་བ་ཡིན ་པའི་ཕྱིར་ནི་མཆོག་ཏུ་ཆོས་ཤིན་ཏུ་ཕྲ་བ་ཞེས་བྱའོ། །གཞན་ཡང་ཀུན་ཏུ་རྨོངས་པ་ཤིན་ཏུ་ཕྲ་བ་མེད་པས་ཤིན་ཏུ་ཕྲ་བ་ཞེས་བྱའོ། །ཤིན་ཏུ་ཕྲ་བ་མཆོག་ཏུ་གྱུར་པ་མེད་པས་མཆོག་ཏུ་ཆེས་ཤིན་ཏུ་ཕྲ་བ་ཞེས་བྱའོ། །འཕགས་པ་སངས་རྒྱས ་ཀྱི་སའི་འགྲེལ་པ་ལས་སྒྲིབ་པ་གཉིས་ལས་མཐོང་བས་སྤང་བར་བྱ་བ་གང་ཡིན་པ་དེ་ནི་ས་དང་པོ་བས་སྤངས་སོ། །བསྒོམ་པས་སྤང་བར་བྱ་བ་ལས་ཤེས་བྱའི་སྒྲིབ་བ་གང་ཡིན་པ་དེ་ནི་མདོ་སྡེ་དང་བསྟན་བཅོས་རྣམས་ལས་བསྟན་པ་དག་དང་མཐུན ་པར་བཤད་དོ། །ཉོན་མོངས་པ་རྣམས་ལས་ལྷན་ཅིག་སྐྱེས་བ་གང་ཡིན་པ་དེ་དག་ནི་སྔ་མའི་ས་བཅུ་པོ་རྣམས་སུ་ཆེད་དུ་བཞག་ནས་མི་སྤོང་གི་།སངས་རྒྱས་ཀྱི་སར་གདོད་སྤོང་སྟེ། དེའི་ཕྱིར་བསྟན་བཅོས་རྣམ་པར་རིག་པ་ཙམ་དུ་གྲུབ་པ་ལས་།ས་འདིར ་ཆོས་ལ་དབང་ཐོབ་མོད་ཀྱི་སྒྲིབ་པ་ལྷག་མ་དང་བཅས་པས་ཤིན་ཏུ་མཐར་ཐུག་པ་ཞེས་མི་བྱ་སྟེ། འདི་ལྟར་ལྷན་ཅིག་སྐྱེས་པའི་ཤེས་བྱའི་སྒྲིབ་པ་ཕྲ་མོ་དང། རང་གི་ངང་གིས་འབྱུང་བའི་ཉོན་མོངས་པའི་སྒྲིབ་པའི་ས་བོན་ཡོད་པ་གང་ཡིན་པ ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་མངོན་སུམ་དུ་གྱུར་པ་ན་དེ་དག་ཅིག་ཅར་སྤངས་ནས་དེ་བཞིན་གཤེགས་པའི་སར?་འཇུག་པས་དེས་ན་སངས་རྒྱས་ཀྱི་སར་ཀུན་ཏུ་རྨོངས་པ་གཉིས་དང། དེའི་གནས་ངན་ལེན་སྤོང་ངོ་ཞེས་བཤད་དེ། དང་པོ་ནི་ཤེས ་བྱ་ཐམས་ཅད་ལ་ཆགས་པ་ཕྲ་མོའི་ཀུན་ཏུ་རྨོངས་པ་སྟེ། དེས་ན་འདིས་ཤེས་བྱའི་སྒྲིབ་པ་ཤིན་ཏུ་ཕྲ་མོ་ཞེས་བསྟན་པའོ། །གཉིས་པ་ནི་ཐོགས་པ་ཤིན་ཏུ་ཕྲ་མོའི་ཀུན་ཏུ་རྨོངས་པ་སྟེ། འདིར་རང་གི་རང་གིས་འབྱུང་བའི་ཉོན་མོངས ་པའི་སྒྲིབ་པའི་ས་བོན་ཞེས་བསྟན་པ་ཉིད་དེ། དེའི་ཕྱིར་བསྟན་བཅོས་ཆོས་མངོན་པ་ཀུན་ལས་བཏུས་པ་ལས། དེ་བྱང་ཆུབ་ཐོབ་པ་ན་ཉོན་མོངས་པའི་སྒྲིབ་པ་དང་ཤེས་བྱའི་སྒྲིབ་པ་ཅིག་ཅར་སྤོང་བའོ་གཅིག ་ཅར་དགྲ་བཅོམ་པ་དང། དེ་བཞིན་གཤེགས་པར་འགྱུར་ཏེ། མྱ་ངན་ལས་འདས་པ་ཆེན་པོ་དང། བྱང་ཆུབ་ཆེན་པོ་ཐོབ་པར་འགྱུར་རོ་ཞེས་བསྟན་པ་ཡིན་ནོ་ཞེས་འབྱུང་ངོ། །མདོ་འདི་ཉིད་ལས་གསུངས་པ་འདི་ནི་ཀུན་ཏུ་རྨོངས་པ ་གཉིས་བསྟན་པ་ཉིད་དོ། །དགོངས་པ་ཟབ་མོ་རྣམ་པར་དགྲོལ་བའི་མདོ་ལས། ས་བཅུ་གཅིག་བ་ལ་ནི་ཤེས་བྱའི་སྒྲིབ་པ་ཤིན་ཏུ་ཕྲ་བ་དང་མཆོག་ཏུ་ཆེས་ཤིན་ཏུ་ཕྲ་བའི་གཉེན་པོར་གྱུར་པ་ཡིན་ནོ་ཞེས་གསུངས་པ་ནི་ཕྱོགས་གཅིག ་ཏུ་ཤེས་བྱའི་སྒྲིབ་པ་བསྟན་པ་ཡིན་ནོ། །སངས་རྒྱས་ཀྱི་སའི་སྒྲིབ་པ་ནི་བསྟན་བཅོས་གཞན་དག་ལས་མི་སྟོན་བས་དེའི་ཕྱིར་འདིར་མ་སྦྱར་རོ། །དེ་ལ་ངེས་པའི་ཚིག་བསྟན་པ་ནི་རྣམ་པར་བཤད་པ་རྣམ་པ་དྲུག་ལས་ཡོངས་སུ་འཛིན་པའི་རྣམ ་པར་བཤད་པའོ། །དེ་ལྟར་སྒྲིབ་པ་དེ་དག་ཡོངས་སུ་བཅོམ་པའི་ཕྱིར་མཐར་ཐམས་ཅད་ལ་ཆགས་པ་མེད་པ་དང། ཐོགས་པ་མེད་པའི་ཤེས་པ་དང། མཐོང་བ་ཐོབ་ཅིང་དགོངས་པ་ཡོངས་སུ་གྲུབ་པའི་དམིགས་པ་ལ་བརྟེན་ནས་ཆོས་ཀྱི་སྐུ ་ཤིན་ཏུ་རྣམ་པར་དག་པ་རྣམ་པར་བཞག་པ་ཡིན་ནོ་ཞེས་བྱ་བ་ནི་གཉིས་པ་སྒྲིབ་པ་སྤངས་པའི་ཕན་ཡོན་སྟོན་ཏོ། །མདོའི་ཚིག་འདི་ཡང་རྣམ་པ་གཉིས་སུ་དབྱེ་སྟེ། དང་པོ་ནི་སྒྲིབ་པ་སྤངས་ནས་ཤེས་པ་དང། མཐོང་བ་ཐོབ་པར་བསྟན་ཏེ། འདི ་ལྟར་སྒྲིབ་པ་རྣམ་པ་གཉིས་གཏན་དུ་སྤངས་པའི་ཕྱིར་རོ། །གོ་རིམ་བཞིན་དུ་མཐར་ཆོས་སྟོང་པ་ཉིད་ཀྱིས་ཆགས་པ་མེད་པའི་ཤེས་པ་དང། མཐོང་བ་ཐམས་ཅད་འཐོབ་པ་དང། གང་ཟག་སྟོང་པ་ཉིད་ཀྱི་ཐོགས་པ་མེད་པའི་ཤེས་པ་དང། ་མཐོང་བ་ཐམས་ཅད་འཐོབ་པར་འགྱུར་ཏེ། དེའི་ཕྱིར་བསྟན་བཅོས་རྣམ་པར་རིག་པ་ཙམ་དུ་གྲུབ་པ་ལས། དེ་ལ་ཆགས་པ་ཞེས་བྱ་བ་ནི་ཤེས་བྱའི་སྒྲིབ་པ་ཡིན་ནོ། །ཐོགས་པ་ཞེས་བྱ་བ་ནི་ཉོན་མོངས་པའི་སྒྲིབ་པ་ཡིན་ནོ་ཞེས་འབྱུང་བས་ཆོས་སྟོར་བ ་ཉིད་དུ་སྐོམས་པའི་ཤེས་རབ་ནི་ཆགས་པ་མེད་པ་ཞེས་བྱའོ། །གང་ཟག་སྟོང་པ་ཉིད་དུ་སྒོམ་པའི་ཤེས་པ་ནི་ཐོགས་པ་མེད་པ་ཞེས་བྱ་བར་རིག་པ་ཞེས་བྱའོ། །གཉིས་པ་ནི་དམིགས་པར་བྱ་བ་ལས་ཆོས་ཀྱི་སྐུ་རྣམ་པར་བཞག་པ་སྟེ། འདི་ལྟར ་བཞི་པ་དགོངས་པ་ཡོངས་སུ་གྲུབ་པའི་དམིགས་པ་ལ་བརྟེན་ནས་སྒྲིབ་པ་གཉིས་ཡོངས་སུ་སྤངས་པ་རྣམ་པར་དག་བའི་དེ་བཞིན་ཉིད་ཀྱི་ཆོས་ཀྱི་སྐུ་རྣམ་པར་བཞག་པ་འམ། ཡང་ན་ཆོས་ཀྱི་སྐུ་རྣམ་པ་གཉིས་རྣམ་པར་བཞག་པའོ། །བྱང་ཆུབ་སེམས ་དཔའ་བྱམས་པས་ཡང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཇི་ལྟར་བྱང་ཆུབ་སེམས་དཔའ་ཞི་གནས་དང་ལྷག་མཐོང་ལ་བརྟེན་ནས་ནན་ཏན་དུ་བསྒྲུབ་པའི་སླད་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན ་པར་རྫོགས་པར་འཚང་རྒྱ་བར་འགྱུར་ལགས་ཞེས་བྱ་བ་འདི་མན་ཆད་ནི་བཅུ་དྲུག་པ་ཞི་གནས་དང་ལྷག་མཐོང་གིས་བྱང་ཆུབ་ཐོབ་པར་བསྟན་པའི་སྒོ་ཞེས་བྱ་བ་སྟོན་ཏོ། །འདི་ཡང་ཞུ་བ་གསོལ་བ་དང། ལན་དུ་གསུངས་པས་བསྟན་ཏེ། འདི་ནི་ཞུ ་བ་གསོལ་བ་ཉིད་དོ། །ཇི་ལྟར་ན་བྱང་ཆུབ་སེམས་དཔའ་ཞི་གནས་དང་ལྷག་མཐོང་ཐོབ་པ་དེ་དག་གིས་ཞི་གནས་དང་ལྷག་མཐོང་ལ་བརྟེན་ནས་ནན་ཏན་དུ་བསྒྲུབས་པའི་སླད་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར ་རྫོགས་པར་འཚང་རྒྱ་བར་འགྱུར་ཞེས་བྱ་བའི་ཐ་ཚིག་གོ་།བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་བྱམས་པ་ལ་བཀའ་སྩལ་པ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་བྱམས་པ་ཞི་གནས་དང་ལྷག་མཐོང་ཐོབ་ནས་དེ་བཞིན་ཉིད ་རྣམ་པ་བདུན་ལས་བརྩམས་ཏེ། ཅི་ལྟེར་ཐོས་པ་དང་བསམས་པའི་ཆོས་དག་ལ་མཉམ་པར་བཞག་པའི་སེམས་ཁྱད་པར་ཅན་གྱིས་ལེགས་པར?་གཏན་ལ་འཕེབས་པ་དང། ལེགས་པར་བསམས་བ་དང། ལེགས་པར ་བཞག་པའི་དེ་བཞིན་ཉིད་དེ་ཉིད་ནང་དུ་ཡང་དག་པར་ཡིད་ལ་བྱེད་དེ་ཞེས་བྱ་བ་ལ་སོགས་པས་གཉིས་པ་དེ་བཞིན་གཤེགས་པས་ཡང་དག་པར་ལན་དུ་གསུངས་བསྟོན་ཏོ། །འདི་ཡང་རྣམ་པ་གཉིས་སུ་དབྱེ་སྟེ། རྣམ་པར་བཤད་པ་དང། མཇུག ་བསྡུ་བའོ། །དང་པོ་ཡང་རྣམ་པ་གཉིས་ཀྱིས་བསྟན་ཏེ། རྒྱུའི་གནས་སྐབས་སུ་སྤྱོད་པ་རྣམས་བརྩོན་འགྲུས་ཀྱིས་སྒྲུབ་པར་བསྟན་པ་དང། འབྲས་བུའི་གནས་སྐབས་བྱང་ཆུབ་ཐོབ་པར་བསྟན་པའོ། །དང་པོ་ཡང་རྣམ་པ་གསུམ་དུ་དབྱེ་སྟེ། ་དོན་ཉིད་བསྟན་པ་དང། དཔེས་བསྟན་པ་དང། དཔེ་དང་དོན་དུ་སྦྱར་བའོ། །དོན་ཉིད་བསྟན་པ་ལ་ཡང་བཤད་པ་རྣམ་པ་གཉིས་ཡོད་དེ། ཁ་ཅིག་ན་རེ་འདི་ནི་ལམ་རྣམ་པ་བཞི་ལས་བརྩམས་ནས་བསྟན་པ་ཡིན་པས་རྣམ་པ་བཞིར་དབྱེ ་སྟེ། ཚོགས་ཀྱི་གནས་སྐབས་བསྟན་པ་དང། དེས་ཤེས་བྱ་བ་མན་ཆད་ཀྱི་སྦྱོར་བའི་གནས་སྐབས་བསྟན་པ་དང། དེ་ཕན་ཆད་ཅེས་བྱ་བ་མན་ཆད་ཀྱིས་མཐོང་བའི་གནས་སྐབས་བསྟན་པ་དང། གོང་མ་གོང་མ་ཞེས་བྱ་བ་མན་ཆད་ཀྱིས ་བསྒོམ་པའི་གནས་སྐབས་བསྟན་པའོ། །འདི་ནི་དང་པོའི་ཚོགས་ཀྱི་ལམ་གྱི་གནས་སྐབས་བསྟན་པ་སྟེ། མདོའི་ཚིག་འདི་ཡང་རྣམ་པ་གཉིས་སུ་དབྱེ་སྟེ། དང་པོ་ནི་ཚོགས་ཀྱི་ལམ་ལ་གནས་པའི་གང་ཟག་ཞི་གནས་དང་ལྷག་མཐོང་ཐོབ ་པའི་རྣལ་འབྱོར་པ་བསྟན་པའོ། །གཉིས་བ་ནི་དེ་བཞིན་ཉིད་རྣམ་པ་བདུན་ལས་བརྩམས་ཏེ་ཞེས་བྱ་བ་མན་ཆད་ཀྱིས་ནི་ཡུལ་ལ་བརྟེན་ནས་ལྷག་མཐོང་སྐྱེ་བར་བསྟན་པ་སྟེ། འདི་ཡང་རྣམ་པ་གསུམ་དུ་དབྱེའོ། །དེ་ལ་དང་པོ ་དེ་བཞིན་ཉིད་རྣམ་པ་བདུན་ལས་བརྩམས་ཏེ་ཞེས་བྱ་བ་ནི་བརྟག་པར་བྱ་བའི་ཡུལ་སྨོས་པ་སྟེ། འདི་ལྟར་ཚོགས་ཀྱི་གནས་སྐབས་སུ་ཞི་གནས་དང་ལྷག་མཐོང་ལ་བརྟེན་ནས། དེ་བཞིན་ཉིད་བདུན་པོ་དག་ལ་རྟོག་པར་བྱེད་པས་སོ། །གཉིས་པ་ཇི་ལྟར་ཐོས ་པ་ཞེས་བྱ་བ་ལ་སོགས་པས་ཤེས་རབ་རྣམ་པ་གསུམ་གྱི་གནས་བསྟན་ཏེ། དེ་ལ་ཇི་ལྟར་ཐོས་པ་ཞེས་བྱ་བའི་ཐོས་པའི་ཤེས་རབ་ཀྱི་གནས་བསྟན་པ་སྟེ། ཐོས་པ་ཞེས་བྱ་བ་ནི་ཉན་པར་བྱེད་པའོ། །དེ་ནི་རྣ་བའི་དབང་པོས་རྣ་བའི་རྣམ་པར་ཤེས་པ ་བསྐྱེད་ན་བསྟན་པ་ཐོས་པའི་ཕྱིར་རོ། །བསམས་བའི་ཆོས་དག་ལ་ཞེས་བྱ་བ་ནི་བསམས་པའི་ཤེས་རབ་ཀྱི་གནས་བསྟན་པ་སྟེ། འདི་ལྟར་བསམས་བའི་ཤེས་རབ་ནི་བསྟན་པ་དག་ལ་སེམས་པར་བྱེད་པས་ཤེས་རབ་བསྐྱེད་ནས། ?་ས་རྣམས་ལ ་སེམས་ཤིང་རབ་ཏུ་རྣམ་པར་འབྱེད་པའི་ཕྱིར་རོ། །མཉམ་པར་བཞག་པའི་སེམས་ཁྱད་པར་ཅན་ཞེས་བྱ་བ་ནི་བསྒོམ་བའི་གནས་བསྟན་པ་སྟེ། བསྒོམ་པ་ནི་གོམས་པར་བྱེད་པ་སྟེ། དེ་ནི་ཏིང་ངེ་འཛིན་ཁྱད་པར་ཅན་གྱི་ཤེས་རབ་བསྐྱེད་ནས་གཉེན ་པོར་སྒོམ་པར་བྱེད་པའི་ཕྱིར་རོ། །ལེགས་པར་གཏན་ལ་འབེབས་བ་ཞེས་བྱ་བ་ལ་སོགས་པས་ནི་དེ་དག་གིས་བསྐྱེད་པའི་ཤེས་རབ་བསྟན་པ་སྟེ། དེ་ལ་ཐོས་པའི་ཤེས་རབ་ཀྱིས་ནི་དེ་བཞིན་ཉིད་བདུན་ལ་བརྟེན་ནས་ལེགས་པར་གཏན་ལ་འབེབས ་སོ། །ལེགས་པར་བསམས་པས་ཞེས་བྱ་བ་ནི་བསམས་པ་ལས་བྱུང་བའི་ཤེས་རབ་ཀྱིས་སོ། །ལེགས་པར་གཞག་པ་ཞེས་བྱ་བ་ལ་སོགས་པ་ནི་བསྒོམས་པ་ལས་བྱུང་བའི་ཤེས་རབ་ཀྱིས་དེ་བཞིན་ཉིད་རྣམ་པ་བདུན་ལ་བརྟེན་ནས་ནང་དུ་ཡིད་ལ་བྱེད་པའི ་ཕྱིར་རོ་ཞེའོ།། །།ཁ་ཅིག?་ན་རེ་འདི་ནི་རྣམ་པ་གསུམ་དུ་དབྱེ་སྟེ། སྦྱོར་བའི་གནས་སྐབས་བསྟན་པ་དང། མཐོང་བའི་གནས་སྐབས་བསྟན་པ་དང། བསྒོམ་བའི་ལམ་བསྟན་པའོ། །སྦྱོར་བའི་ལམ་བསྟན་པ་ཡང་རྣམ་པ་གཉིས་སུ་དབྱེ་སྟེ། དེ་ཁོ ་*། ན་ཉིད་ཡིད་ལ་བྱེད་པའི་སྒོམ་པ་བསྟན་པ་དང། དེས་ཞེས་བྱ་བ་མན་ཆད་ཀྱིས་མཚན་མ་རྣམ་པར་སེལ་བ་བསྟན་པ་སྟེ་འདི་ནི་དང་པོའོ། །མདོའི་ཚིག་འདི་ཡང་རྣམ་པ་གཉིས་སུ་ཕྱེ་ནས་བསྟན་ཏོ། དེ་བཞིན་ཉིད ་རྣམ་པ་བདུན་ལ་བརྟེན་ནས་ཡིད་ལ་བྱེད་བསྒོམ་པ་བསྟན་པ་དང། ལེགས་པར་གཏན་ལ་འབེབས་པ་ཞེས་བྱ་བ་མན་ཆད་དེ་ཁོ་ན་ཉིད་དུ་སྒོམ་པ་བསྟན་པའོ། །འདི་ལྟར་བྱང་ཆུབ་སེམས་དཔའ་རྣམས་དེ་བཞིན་ཉིད་རྣམ་པ་བདུན་ལས་བརྩམས ་ནས་ཅི་ལྟར་ཐོས་པ་དང་བསམས་པ་དང་མཉམ་པར་བཞག་པ་ཁྱད་པར་ཅན་གྱི་སྟོབས་ཀྱིས་དྲོ་བར་གྱུར་པ་དང། རྩེ་མོའི་གནས་སྐབས་སུ་ནི་ཀུན་ཏུ་ཚོལ་བ་བཞི་པོ་དག་གིས་ལེགས་པར་གཏན་ལ་འབེབས་ཤིང། ནང་གི་མཚན་མ་འམ་ཕྱི་རོལ་གྱི ་མཚན་མ་འམ། ནང་དང་ཕྱི་རོལ་གྱི་མཚན་མ་ཞེས་བྱ་བ་ནི་གཉིས་པ་ནང་ལ་སོགས་པའི་མཚན་མ་རྣམ་པ་གསུམ་པའོ། །ཕྱི་ནང་ལ་སོགས་པ་དེ་ཡང་མདོར་བསྡུ་ན་བཤད་པ་རྣམ་པ་གསུམ་ཡོད་དེ། ཁ་ཅིག་ན་རེ་རང་གི་ལུས་གང་ཡིན་པ་དེ ་ནི་ནན་ཞེས་བྱའོ། །གཞན་གྱི་ལུས་གང་ཡིན་པ་དེ་ནི་ཕྱི་རོལ་ཅེས་བྱའོ། །གཉི་ག་བསྡུས་པ་གང་ཡིན་པ་ད་ནི་ཕྱི་ནང་ཞེས་བྱའོ་ཞེའོ། །ཁ་ཅིག་ན་རེ་དབང་པོ་དྲུག་པོ་དག་ནི་ནང་ཞེས་བྱའོ་།ཡུལ་དྲུག་པོ་དག་ནི་ཕྱི་རོལ་ཅེས་བྱའོ། །གཉི་ག་བསྡུས ་པ་ནི་ཕྱི་ནང་ཞེས་བྱའོ་ཞེའོ། །ཁ་ཅིག་ན་རེ་སེམས་ཅན་གང་ཡིན་པ་དེ་ནི་ནང་ཞེས་བྱའོ། །སེམས་ཅན་མ་ཡིན་པ་གང་ཡིན་པ་དེ་ནི་ཕྱི་རོལ་ཅེས་བྱའོ། །གཉི་ག་བསྡུས་པ་གང་ཡིན་པ་དེ་ནི་ཕྱི་ནང་ཞེས་བྱའོ་ཞེའོ། །བསྟན་བཅོས་བྱེ ་བྲག་ཏུ་བཤད་པ་ཆེན་པོ་ལས་བྱི་ནང་གི་ཆོས་ཀྱི་བྱེ་བྲག་རྣམ་པ་གསུམ་ཡོད་དེ། དང་པོ་འབྲེལ་བའི་ཕྱི་ནང་ནི་འདི་ལྟ་སྟེ། བདག་ཉིད་ཀྱི་ལུས་ལ་ཡོད་པ་གང་ཡིན་པ་དེ་ནི་ནང་ཞེས་བྱའོ། །གཞན་གྱི་ལུས་ལ་ཡོད་པ་དང་སེམས ་ཅན་ལ་མ་ཡིན་པ་གང་ཡིན་པ་དེ་ནི་ཕྱི་རོལ་ཅེས་བྱའོ། །གཉིས་པ་གནས་ཀྱི་ཕྱི་ནང་ནི་འདི་ལྟ་སྟེ། སེམས་དང་སེམས་ལས་བྱུང་བའི་རྟེན་གང་ཡིན་པ་དེ་ནི་ནང་ཞེས་བྱའོ། །དམིགས་པར་བྱ་བ་གང་ཡིན་པ་དེ་ནི་ཕྱི་རོལ་ཅེས་བྱའོ། །གསུམ་པ་སེམས ་ཅན་དང་སེམས་ཅན་མ་ཡིན་བའི་ཕྱི་ནང་ནི་འདི་ལྟ་སྟེ། སེམས་ཅན་གྱི་གྲངས་སུ་གཏོགས་པའི་ཆོས་གང་ཡིན་པ་དེ་ནི་ནང་ཞེས་བྱའོ། །སེམས་ཅན་མ་ཡིན་པའི་གྲངས་སུ་གཏོགས་པའི་ཆོས་གང་ཡིན་པ་དེ་ནི་ཕྱི་རོལ་ཅེས་བྱའོ་ཞེས་བཤད་དོ། །འཕགས? ་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་མདོ་ལས་ནི་གོང་མའི་བཤད་པ་གཉིས་དང་མཐུན་པར་བཤད་དེ། དེའི་ཕྱིར་དེ་ཉིད་ལས་ནང་སྟོང་པ་ཉིད་ནི་འདི་ལྟ་སྟེ། ནང་གི་སྐྱེ་མཆེད་དྲུག་པོ་དག་གོ་།ཕྱི་སྟོང་པ་ཉིད་ནི་འདི་ལྟ་སྟེ། ཕྱི་རོལ ་གྱི་སྐྱེ་མཆེད་དྲུག་པོ་དག་གོ་།ཕྱི་ནང་སྟོང་པ་ཉིད་ནི་འདི་ལྟ་སྟེ། ཕྱི་ནང་གི་སྐྱེ་ཆེད་དྲུག་པོ་དག་གོ་ཞེས་གསུངས་སོ། །བདག་གིས་སེམས་ཅན་གྱི་དོན་ལ་སྦྱར་བར་བྱའོ་སྙམ་པའི་མཚན་མ་ཞེས་བྱ་བ་ནི་གསུམ་པ་གཞན་ལ་ཕམ་འདོགས་པའི་མཚན ་མ་བསྟན་པའོ། །འདི་ནི་བསྟན་བཅོས་རྣམ་པར་བཤད་པ་ལས། སེམས་ཅན་ལ་ཕན་འདོགས་པའི་སྤྱོད་པ་ཞེས་བསྟན་པ་ཉིད་དེ། འདི་ལྟར་བསྡུ་བའི་དངོས་པོ་བཞི་པོ་དག་གིས་སེམས་ཅན་ལ་ཕན་འདོགས་པའི་ཕྱིར་རོ། །གཞན་ཡང ་དེ་ཉིད་ལས་གཞན་ལ་ཕན་འདོགས་པའི་ནང་ན་གཞན་ལ་ཕན་འདོགས་པའི་སྤྱོད་པའོ་ཞེས་འབྱུང་སྟེ། རྒྱ་ཆེར་ནི་བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་བསྟན་པ་བཞིན་དུ་རིག་པར་བྱའོ། །ཡང་དག་པའི་ཤེས་པའི་མཚན་མ་འམ། ་དེ་བཞིན་ཉིད་གྱི་མཚན་མ་ཞེས་བྱ་བ་ནི་ཡང་དག་པའི་ཡེ་ཤེས་དང་དེ་བཞིན་ཉིད་ཀྱི་མཚན་མ་བསྟན་པའོ། །ཡང་ན་འདིར་མཚན་མ་རྣམ་པ་ལྔ་རབ་ཏུ་དབྱེ་བ་ཡིན་ཏེ། མཚན་མ་ནི་མིང་དང་རྒྱུ་མཚན་རྣམ་པར་རྟོག་པ་དང་ཡང་དག ་པའི་ཡེ་ཤེས་དང། དེ་བཞིན་ཉིད་དེ། གཙོ་བོའི་དབང་དུ་མཛད་པའི་ཕྱིར་འདི་རེ་ཞིག་མཚན་མ་གཉིས་པ་བསྟན་ཏོ། །མིང་ལ་སོགས་པའི་མཚན་མ་རྣམ་པ་ལྔ་རྒྱ་ཆེར་འབྱེད་པ་ནི་བསྟན་བཅོས་རྣལ ་འབྱོར་སྤྱོད་པའི་ས་ལས་བསྟན་པ་བཞིན་དུ་རིག་པར་བྱའོ། །ལེགས་པར་སེམས་པར་བྱེད་པས་རྣམ་པར་ཤེས་པ་ནི་འཇིག་ལ་མཚན་མ་ནི་རྣམ་པར་སེལ་བར་བྱེད་དོ། །བཟོད་པ་དང་འཇིག་རྟེན་པའི་ཆོས་ཀྱི་མཆོག་གི་གནས ་སྐབས་སུ་ནི་ཡང་དག་པ་ཇི་ལྟ་བ་བཞིན་དུ་བསྒོམ་པ་བཞི་པ་དག་གིས་དེ་བཞིན་ཉིད་ལ་ལེགས་པར་བཞག་ནས། ནང་གི་ཡང་དག་པར་ཡིད་ལ་བྱེད་པས་འཛིན་པར་བྱེད་པའི་རྣམ་པར་ཤེས་པ་ཡང་རྣམ་པར་སེལ་བར་བྱེད་དོ་ཞེའོ།། ་དེ་དག་གི་མཚན་ཉིད་རྒྱ་ཆེར་བཤད་པ་ནི་སྔར་གོང་དུ་བསྟན་པ་བཞིན་ནོ། །དེ་ལྟར་རྣམ་པ་གཉིས་སུ་བཤད་པ་ཡོད་ཀྱང་འདིར་རེ་ཞིག་བཤད་པ་ཕྱི་མ་དང་སྦྱར་ནས་བསྟན་ཏོ། །དེས་དེ་བཞིན་ཉིད་ཡང་དག་པར་ཡིད་ལ་བྱེད་པའི ་ཕྱིར་སེམས་ཀྱིས་མཚན་མ་ཕྲ་མོ་ཀུན་ཏུ་འབྱུང་བ་ཐམས་ཅད་ལ་ཡང་བཏང་སྙོམས་སུ་འཇོག་ན་མཚན་མ་རགས་པ་དག་ལ་ལྟ་སྨོས་ཀྱང་ཅི་དགོས་ཞེས་བྱ་བ་ལ་སོགས་པས་ནི་གཉིས་པ་མཚན་མ་རྣམས་རྣམ་པར་སེལ་བའོ།། ་འདི་ཡང་རྣམ་པ་གཉིས་སུ་དབྱེ་སྟེ། རྣམ་པར་སེལ་བ་ཉིད་བསྟན་པ་དང། དེས་དེ་ལྟར་སྤྱོད་པ་དེ་དག་ལ་མང་དུ་གནས་པའི་ཕྱིར་ཞེས་བྱ་བ་མན་ཆད་ཀྱིས་སེམས་ལེགས་པར་སྦྱོར་བ་བསྟན་པའོ། །དང་པོ་ཡང་རྣམ་པ་གསུམ་སྟེ ་མཚན་མ་རྣམ་པར་སེལ་བ་མདོར་བསྟན་པ་དང། །རིགས་ཀྱི་བུ་ཞེས་བྱ་བ་མན་ཆད་ཡོངས་སུ་བསལ་བར་བྱ་བའི་མཚན་མ་བསྟན་པ་དང། ཀུན་ཏུ་འབྱུང་བ་དེ་དག་ཅེས་བྱ་བ་མན་ཆད་ཀྱི་རྣམ་པར་སེལ་བ་ཉིད་ཡང་དག་པར ་བསྟན་ཏེ། འདི་ནི་དང་པོའོ། །འདི་ལྟར་སྦྱོར་བ་ལ་གནས་པའི་བྱང་ཆུབ་སེམས་དཔའ་དེས་དེ་བཞིན་ཉིད་རྣམ་པ་བདུན་ལ་བརྟེན་ནས་ཡང་དག་པར་ཡིད་ལ་བྱས་པའི་ཕྱིར་སོ་སོར་རྟོག་པར་བྱེད་པའི་སེམས་ངེས་སེམས་ཀྱི་ལེན་པ་ལ་སོགས་པ་མཚན ་མ་ཕྲ་མོ་ཀུན་ཏུ་འབྱུང་བ་ཡང་ཡོངས་སུ་སྤོང་བར་བྱེད་ན། མཚན་མ་རགས་པ་ལྟ་སྨོས་ཀྱང་ཅི་དགོས་ཞེས་བྱ་བའི་ཐ་ཚིག་གོ་།དེ་ལ་མཚན་མ་རགས་པ་ཞེས་བྱ་བ་ནི་རྣམ་པར་གཡེང?་བའི་གནས་སྐབས་སྟོན་པས་ཡོངས་སུ་བཟུང་བའི་མཚན་མ་རྣམS ་སོ། །ཡང་ན་ཀུན་ནས་ཉོན་མོངས་པའི་ཀུན་ཏུ་འབྱུང་བའི་མཚན་མ་ཐམས་ཅད་དོ། །ཡང་ན་འདོད་པའི་ཁམས་ས་འོག་མའི་མཚན་མ་རྣམས་ཏེ། དེའི་ཕྱིར་བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་རགས་པའི་མཚན་མ་གང་ཞེ་ན་།ས་འོག་མ་ལ ་རགས་པར་ལྟ་བའི་མཚན་མ་རགས་པ་ཐམས་ཅད་དོ་ཞེས་བསྟན་པ་ཡིན་ནོ། །རིགས་ཀྱི་བུ་དེ་ལ་མཚན་མ་ཕྲ་མོ་ནི་འདི་ལྟ་སྟེ་།སེམས་ཀྱིས་ལེན་པའི་མཚན་མ་འམ། མྱོང་བའི་མཚན་མ་འམ། རྣམ་པར་རིག་པའི་མཚན་མ་འམ། ཀུན་ནས་ཉོན ་མོངས་པ་དང་རྣམ་པར་བྱང་བའི་མཚན་མ་ཞེས་བྱ་བ་ལ་སོགས་པས་ནི་གཉིས་པ་ཡོངས་སུ་བསལ་བར་བྱ་བའི་མཚན་མ་བསྟན་པའོ། །ཡོངས་སུ་བསལ་བར་བྱ་བའི་མཚན་མ་དེ་ཡང་རྣམ་པ་ཉི་ཤུ་རྩ་གཅིག་ཡོད་དེ། དེ་ཡང་རྣམ་པ་བཅུ་གཅིག་ཏུ་བསྡུས ་ནས་བསྟན་པར་བྱའོ། །འདི་ནི་དང་པོ་ལེན་པ་ལ་སོགས་པའི་མཚན་མ་རྣམ་པ་བཞི་བསྟན་པ་ཡིན་ཏེ། གོ་རིམ་བཞིན་དུ་ལུས་དང་ཚོར་བ་དང་སེམས་དང་ཆོས་དྲན་པ་ཉེ་བར་བཞག་པའི་ཡུལ་དང་སྦྱར་རོ། །དེ་ནི་འདི་སྐད་དུ་ལེན་པ་ལ་བརྟེན་ནས ་གཟུགས་བརྙན་དུ་གྱུར་བ་གང་ཡིན་པ་དེ་ནི་མཚན་མ་ཕྲ་མོ་ཞེས་བསྟན་པར་འགྱུར་ཏེ། འོག་མ་རྣམས་ཀྱང་དེ་བཞིན་དུ་རིག་པར་བྱའོ། །སྡུག་བསྔལ་དང་ཀུན་འབྱུང་བ་དང། འགོག་པ་དང། ལམ་གྱི་མཚན་མ་ཞེས་བྱ་བ་ནི་ལྔ་པ་བདེན ་བཞིའི་མཚན་མ་བསྟན་པའོ། །བསྟན་བཅོས་བྱེ་བྲག་ཏུ་བཤད་པ་ཆེན་པོ་ལས་སྡུག་བསྔལ་དང། ཀུན་འབྱུང་བ་དང། འགོག་པ་དང་ལམ་སོ་སོ་ནས་མཚན་ཉིད་ཅི་དང་ལྡན་ཞེ་ན། བཙུན་པ་རྩིབས་ན་རི?་རབ་ཏུ་ཉམ་ང?་པ ་གང་ཡིན་པ་དེ་ནི་སྡུག་བསྔལ་གྱི་མཚན་ཉིད་དོ། །སྐྱེ་ཞིང་འཕེལ་བར་བྱེད་པ་གང་ཡིན་པ་དེ་ནི་ཀུན་འབྱུང་བའི་མཚན་ཉིད་དོ། །རབ་ཏུ་ཞི་བ་གང་ཡིན་པ་དེ་ནི་འགོག་པའི་མཚན་ཉིད་དོ། །དེས་པར་འབྱིན་པ་གང་ཡིན་པ་དེ་ནི་ལམ་གྱི་མཚན ་ཉིད་དོ་ཞེས་འབྱུང་སྟེ། རྒྱ་ཆེར་དེ་ཉིད་ལས་རྣམ་གྲངས་རྣམ་པ་བཞིས་བསྟན་པ་ལས་འབྱུང་བ་བཞིན་དུ་རིག་པར་བྱའོ། །འདུས་བྱས་ཀྱི་མཚན་མ་འམ་འདུས་མ་བྱས་ཀྱི་མཚན་མ་ཞེས་བྱ་བ་ནི་དྲུག་པ་འདུས་མ་བྱས་ཀྱི་མཚན་མ ་བསྟན་པའོ། །སྐྱེ་བ་ལ་སོགས་པའི་མཚན་ཉིད་རྣམ་པ་བཞི་དང་ལྡན་པ་གང་ཡིན་པ་དེ་ནི་འདུས་བྱས་ཀྱི་མཚན་མ་ཞེས་བྱའོ། །དེ་ལས་བཟློག་པ་གང་ཡིན་པ་དེ་ནི་འདུས་མ་བྱས་ཀྱི་མཚན་མ་ཞེས་བྱ་སྟེ། རྒྱ་ཆེར་ནི་བསྟན་བཅོས ་ཆོས་མངོན་པ་སྣ་ཚོགས་ཀུན་ལས་བཏུས་པ་དང། བྱེ་བྲག་ཏུ་བཤད་པ་ཆེན་པོ་ལས་བསྟན་པ་བཞིན་དུ་རིག་པར་བྱའོ། །རྟག་པའི་མཚན་མ་འམ། མི་རྟག་པའི་མཚན་མ་ཞེས་བྱ་བ་ནི་བདུན་པ་རྟག་པ་དང། མི་རྟག་པའི་མཚན ་མ་བསྟན་པའོ། །སྔར་བསྟན་པའི་འདུས་བྱས་དང་འདུས་མ་བྱས་དང། ངོ་བོ་ཉིད་བྱེ་བྲག་མེད་ཀྱང་དོན་ཐ་དད་པའི་ཕྱིར་བསྟན་པ་ཡིན་ནོ། །སྡུག་བསྔལ་རྣམ་པར་འགྱུར་བ་དང་བཅས་པ་ཉིད་ཀྱི་མཚན་མ་འམ། སྡུག་བསྔལ་རྣམ ་པར་འགྱུར་བ་མེད་པ་ཉིད་ཀྱི་མཚན་མ་ཞེས་བྱ་བ་ནི་བརྒྱད་པ་སྡུག་བསྔལ་རྣམ་པར་འགྱུར་བ་དང་བཅས་པ་ལ་སོགས་པའི་མཚན་མ་བསྟན་པའོ། །འདི་ལྟ་སྟེ། སྡུག་བསྔལ་དང་བདེ་བའི་ཚོར་བ་གཉིས་ནི་སྡུག་བསྔལ་རྣམ་པར་འགྱུར ་བ་དང་བཅས་པ་ཉིད་ཀྱི་མཚན་མ་ཞེས་བྱའོ། །བཏང་སྙོམས་ཀྱི་ཚོར་བ་གང་ཡིན་པ་དེ་ནི་སྡུག་བསྔལ་རྣམ་པར་འགྱུར་བ་མེད་པ་ཉིད་ཀྱི་མཚན་མ་ཞེས་བྱའོ། །གཞན་ཡང་བརྟགས་པའི་ངོ་བོ་ཉིད་དང། གཞན་གྱི་དབང་གི་ངོ་བོ་ཉིད་གང་ཡིན་པ་དེ་ནི་སྡུག་བསྔལ ་རྣམ་པར་འགྱུར་བ་དང་བཅས་པ་ཉིད་ཀྱི་མཚན་མ་ཞེས་བྱའོ། །ཡོངས་སུ་གྲུབ་པའི་ངོ་བོ་ཉིད་གང་ཡིན་པ་དེ་ནི་སྡུག་བསྔལ་རྣམ་པར་འགྱུར་བ་མེད་པ་ཉིད་ཀྱི་མཚན་མ་ཞེས་བྱའོ། །བསྟན་བཅོས་དབུས་དང་མཛའ་རྣམ་པར་འབྱེད་པ་དང། རྣམ་པར་རིག་པ་ཙམ ་དུ་གྲུབ་པ་ལས་ནི་བདེན་པ་བཞི་པོ་དག་ངོ་བོ་ཉིད་རྣམ་པ་གསུམ་དུ་གཏོགས་པར་རྒྱ་ཆེར་སྟོན་ཏོ། །དགོངས་པ་ཟབ་མོ་རྣམ་པར་དགྲོལ་བའི་མདོ་ལས་སྡུག་བསྔལ་དང། ཀུན་འབྱུང་བ་རྣམ་པར་མི་འགྱུར་བའི་ངོ་བོ་ཉིད་ཀྱི་ལས་ཅན་ཞེས་འབྱུང་བ་དེ་ནི་ལོ ་ཙཱ་བ་དག་གི་བསམ་པ་ཐ་དད་པས་སོ། །འདུས་བྱས་ཀྱི་མཚན་ཉིད་ཐ་དད་པའི་མཚན་མ་འམ། འདུས་མ་བྱས་ཀྱི་མཚན་ཉིད་འདྲ་བའི་མཚན་མ་ཞེས་བྱ་བ་ནི་དགུ་པ་འདུས་བྱས་གཅིག་པ་དང། ཐ་དད་པའི་མཚན་མ་བསྟན་པའོ། །འཕགས་པ ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་ལས། རང་གི་མཚན་ཉིད་ནི་འདི་ལྟ་སྟེ། ཆོས་ཐམས་ཅད་རང་གི་མཚན་ཉིད་དེ། ཅི་ལྟར་རྣམ་པར་འགྱུར་ཞིང་ཐོགས་པ་དང་བཅས་པ་ནི་གཟུགས་ཀྱི་རང་གི་མཚན་ཉིད་དོ། །མྱོང་བ་ནི་ཚོར་བའི་རང་གི་མཚན ་ཉིད་དོ། །མཚན་མར་འཛིན་པ་ནི་འདུ་ཤེས་ཀྱི་རང་གི་མཚན་མེད་པ་རྣམས་སོ། །སྤྱིའི་མཚན་ཉིད་ནི་འདི་ལྟ་སྟེ། ཆོས་ཐམས་ཉིད་དོ། །རྣམ་པར་རིག་པ་ནི་རྣམ་པར་ཤེས་པའི་རང་གི་མཚན་ཉིད་དོ་ཞེས་བྱ་བ་ལ་སོགས་པ་རང་གི་མཚན་ཉིད་དཔག་ཏུ ་མེད་པ་རྣམས་སོ། །སྤྱིའི་མཚན་ཉིད་ནི་འདི་ལྟ་སྟེ། ཆོས་ཐམས་ཅད་ཀྱི་སྤྱིའི་མཚན་ཉིད་དེ། ཇི་ལྟར་སྡུག་བསྔལ་བ་ནི་ཟག་པ་དང་བཅས་པའི་ཆོས་རྣམས་ཀྱི་སྤྱིའི་མཚན་ཉིད་དོ། །མི་རྟག་པ་ནི་ཟག་པ་དང་བཅས་པའི་ཆོས་རྣམས་ཀྱི་སྤྱིའི་མཚན ་ཉིད་དོ། །སྟོང་པ་དང་བདག་མེད་པ་ནི་ཆོས་ཐམས་ཅད་ཀྱི་སྤྱིའི་མཚན་ཉིད་དོ། ཞེས་བྱ་བ་ལ་སོགས་པ་སྤྱིའི་མཚན་ཉིད་དཔག་ཏུ་མེད་པ་རྣམས་སོ་ཞེས་གསུངས་པ་ལྟ་བུའོ། །ཐམས་ཅད་ལ་ཐམས་ཅད་ཡིན་པ་ཉིད ་དུ་རིག་ནས་ཐམས་ཅད་ཡོད་པའི་མཚན་མ་ཞེས་བྱ་བ་ནི་བཅུ་པ་ཐམས་ཅད་ཤེས་པའི་མཚན་མ་བསྟན་པའོ། །ཐམས་ཅད་ལ་ཐམས་ཅད་ཡིན་པ་ཉིད་དུ་རིག་ནས་ཞེས་བྱ་བ་ནི་དེ་ཡན་ཆད་དུ་མཚན་མ་རྣམས་རྣམ་པར་ཕྱེ་སྟེ་བཤད་ནས་འདིར ་ནི་མཚན་མ་རྣམས་སྤྱིར་སྟོན་པས་ཡོངས་སུ་ཤེས་པར་བྱེད་པའི་ཤེས་པ་སྨོས་ནས་ཡོངས་སུ་ཤེས་པར་བྱ་བའི་མཚན་མ་རབ་ཏུ་བསྟན་པ་ཡིན་ཏེ། འདིས་ནི་ཆོས་རྣམས་ཀྱིས་རང་གི་མཚན་ཉིད་བསྟན་པའོ། །ཐམས་ཅད་ཡོད་པའི་མཚན་མ ་ཞེས་བྱ་བས་ནི་བྱེ་བྲག་གི་མཚན་ཉིད་བསྟན་ཏེ། རེ་རེ་ལ་ཡང་བསྟན་དུ་ཡོད་པ་དང་བསྟན་དུ་མེད་པ་ལ་སོགས་པའི་ཐམས་ཅད་ཅེས་བྱ་བ་ཡོད་པའི་ཕྱིར་རོ། །ཡང་ན་སྔ་མ་ནི་ཇི་སྙེད་ཡོད་པ་ཉིད་དོ། །ཕྱི་མ་ཐམས་ཅད་ཅེས་བྱ་བ་ནི་ཇི ་ལྟ་བ་བཞིན་དུ་ཡོད་པ་ཉིད་དོ། །གང་ཟག་བདག་མེད་པའི་མཚན་མ་འམ། ཆོས་བདག་མེད་པའི་མཚན་མ་གང་ཡིན་པ་དག་སྟེ་ཞེས་བྱ་བ་ནི་བཅུ་གཅིག་པ་བདག་མེད་པའི་མཚན་མ་བསྟན་པའོ། །དེ་ལ་བུད་ཀ་ལ་ནི་བསྒྱུར་ན་ཡང ་སྦྱོར་བ་ཞེས་བྱ་སྟེ། ཡང་ནས་ཡང་དུ་འགྲོ་བ་རྣམས་ལེན་བས་སོ། །བདག་མེད་པ་འདི་གཉིས་ཀྱང་བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་བསྟན་པ་བཞིན་དུ་རིག་པར་བྱའོ། །དེའི་ཕྱིར་བསྟན་བཅོས་དེ་ཉིད་ལས་གང་ཟག་བདག ་མེད་པ་ནི་རྟེན་ཅིང་འབྲེལ་པར་འབྱུང་བའི་འདུ་བྱེད་རྣམས་ལས་དོན་ཐ་དད་བའི་བདག་མེད་པའི་ཕྱིར་རོ། །ཆོས་བདག་མེད་པ་ནི་རྟེན་ཅིང་འབྲེལ་པར་འབྱུང་བའི་འདུ་བྱེད་གང་ཡིན་པ་དེ་དག་བདག་མེད་དེ། མི་རྟག་པའི་ཕྱིར་རོ་ཞེས ་བསྟན་པ་ཡིན་ནོ། །ཀུན་ཏུ་འབྱུང་བ་དེ་དག་ལས་སེམས་བཏང་སྙོམས་སུ་འཇོག་གོ་ཞེས་བྱ་བ་ནི་གསུམ་པ་རྣམ་པར་སེལ་བ་ཉིད་ཡང་དག་པར་བསྟན་པའོ། །གོང་དུ་བསྟན་པའི་ཀུན་ཏུ་འབྱུང་བའི་མཚན་མ་རྣམས་དེ་བཞིན་ཉིད་དུ་བསྒོམ་པའི་སེམས་ཀྱིས་ཡང ་དག་པར་སེལ་བར་འགྱུར་བའོ། །མཚན་མ་དེ་དག་ནི་གཞན་གྱི་དབང་ཡིན་ན། ཅིའི་ཕྱིར་དེ་དག་ལ་རྣམ་པར་སེལ་བར་བྱ་བ་ཞེས་བསྟན་ཅེ་ན། སྨྲས་པ། གོང་དུ་བསྟན་པ་བཞིན་དུ་མངོན་དུ་མི་སྣང་བའི་ཕྱིར་རྣམ་པར་སེལ་བ་ཞེས་བྱའི། གཞན་གྱི་དབང་ལ་རྟེན་ཅིང ་འབྲེལ་བ་འབྱུང་བའི་རིགས་པ་ཡང་ཡོངས་སུ་བསལ་བ་ལས་རྣམ་པར་སེལ་བ་ཞེས་བྱ་བས་ནི་མ་ཡིན་ནོ། །གཞན་ཡང་ཀུན་ནས་ཉོན་མོངས་པའི་ཕྱིར་གཞན་གྱི་དབང་སྤངས་པའི་ཕྱིར་རྣམ་པར་སེལ་བ་ཞེས་བྱ་སྟེ། དེའི་ཕྱིར་བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས ་ལས། སྤོང་བར་ནུས་ཤིང་དབྲལ་བར་ནུས་པའི་ཕྱིར་རྣམ་པར་སེལ་བ་ཞེས་བྱའོ་ཞེས་བཤད་དོ། །དེས་དེ་ལྟར་སྤྱོད་པ་དེ་དག་ལ་མང་དུ་གནས་པའི་ཕྱིར་དུས་དུས་སུ་གེགས་དང། སྒྲིབ་པ་རྣམ་པར་གཡེང་བ་ཐམས་ཅད་ལས་ལེགས་པར་སེམས་རྣམ ་པར་སྤྱོད་བར་བྱེད་དོ་ཞེས་བྱ་བ་ནི་གཉིས་པ་སེམས་ལེགས་པར་སྦྱོང་བསྟོན་ཏོ། །འདི་ལྟར་དེ་བཞིན་ཉིད་ལ་སོ་སོར་རྟོག་པའི་ཕྱིར་གོང་དུ་བསྟན་པའི་གེགས་རྣམ་པ་ལྔ་དང། སྒྲིབ་པ་ལྔ་དང། རྣམ་པར་གཡེང་བ་ལྔ་པོ་དག་ལས་སེམས་རྣམ་པར ་སྦྱོར་བར་བྱེད་པས་སོ། །དེ་ཕན་ཆད་དེ་བཞིན་ཉིད་བདུན་པོ་དག་ལ་སོ་སོར་ནང་གི་རང་གིས་རིག་པ་བདུན་ཡོད་པས་རྟོགས་པས་ཤེས་པ་སྐྱེ་བར་འགྱུར་བ་གང་ཡིན་པ་དེ་ནི་མཐོང་བའི་ལམ་ཞེས་བྱའོ་ཞེས་བྱ་བ་འདི་མན་ཆད་ནི་གཉིས་པ་མཐོང་བའི ་ལམ་གྱི་གནས་སྐབས་སྟོན་ཏོ། །འདི་ཡང་རྣམ་པ་གཉིས་ཏེ་།མཐོང་བའི་ལམ་ཉིད་ཡང་དག་པར་བསྟན་པ་དང། དེ་ཐོབ་པའི་ཕྱིར་ཞེས་བྱ་བ་མན་ཆད་ཀྱིས་མཐོང་བའི་ལམ་གྱི་ཕན་ཡོན་བསྟན་པའོ། །འདི་ནི་དང་པོ་མཐོང་བའི་ལམ་ཉིད་ཡང ་དག་པར་བསྟན་པ་སྟེ། ཐོག་མ་ཁོ་ནར་དོན་མཐོང་བ་ཡིན་པའི་ཕྱིར་ལམ་མཐོང་བ་ཞེས་བྱ་སྟེ། དེའི་ཕྱིར་སློབ་དཔོན་ངོ་བོ་ཉིད་མེད་ཀྱིས་བྱས་པའི་བསྟན་བཅོས་ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་ལས། སྔོན་མ་མཐོང ་བའི་ཆོས་ཀྱི་དབྱིངས་ཁྱད་པར་དུ་འཕགས་པ་མཐོང་བའི་ཕྱིར་མཐོང་བའི་ལམ་ཞེས་བྱའོ་ཞེས་བསྟན་པ་ཡིན་ནོ། །གཞན་ཡང་བསྟན་བཅོས་རྣམ་པར་རིག་པ་ཙམ་དུ་གྲུབ་པ་ལས། སྦྱོར་བ་བར་ཆད་མེད་པའི་ཤེས་པ་འདི་སྐྱེས་པའི་ཚེ་དེ་བཞིན ་ཉིད་ཁོང་དུ་ཆུད་བར་འགྱུར་བས་རབ་ཏུ་རྟོགས་པའི་གནས་སྐབས་ཞེས་བྱའོ། །དང་པོ་ཁོ་ནར་དོན་མཐོང་བ་ཡིན་པའི་ཕྱིར་མཐོང་བའི་ལམ་ཞེས་བྱའོ་ཞེས་འབྱུང་ངོ། །མཐོང་བའི་ལམ་དེ་ཡང་རྣམ་པ་གཉིས་ཏེ། དང་པོ་ཁོ་ན་ཉིད་ཀྱི ་མཐོང་བའི་ལམ་ནི་འདི་ལྟ་སྟེ། འཇིག་རྟེན་བའི་ཆོས་ཀྱི་མཆོག་བར་ཆད་མེད་པ་སྐྱེས་པས་ཅིག་ཅར་གང་ཟག་དང། ཆོས་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་མངོན་དུ་གྱུར་ནས་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་ཐམས་ཅད་ཅིག་ཅར་སྤོང ་བ་གང་ཡིན་པ་དེ་ནི་དེ་ཁོ་ན་ཉིད་ཀྱིས་མཐོང་བའི་ལམ་ཞེས་བྱའོ། །འདིར་སོ་སོར་ནང་གི་རང་གིས་རིག་པའི་དེ་བཞིན་ཉིད་བདུན་གསུངས་པ་ནི་བརྗོད་པར་བྱ་བ་ལས་བརྩམས་ནས་བསྟན་པ་ཡིན་ཏེ། འཁོར་བའི་ཆོས་རྣམས་ཀྱི་དེ་ཁོ་ན་ཉིད ་ཀྱི་དོན་མངོན་སུམ་དུ་གྱུར་པའི་མཛའ་ལ་བལྟོས་ན། སོ་སོ་ནས་དེ་བཞིན་ཉིད་གཅིག་སྐྱེ་བ་ནས། དེ་བཞིན་དུ་སོ་སོ་ནས་བདེན་པ་བཞིའི་དེ་ཁོ་ན་ཉིད་ཀྱི་དོན་མངོན་དུ་འགྱུར་བའི་མཛའ་ལ་བལྟོས་ན་སོ་སོ་ནས་བདེན་པ་བཞིའི་དེ་ཁོ་ན་ཉིད ་སྐྱེ་བའི་བར་དུ་འགྱུར་བ་ལ་བྱའོ། མཚན་མ་མེད་པའི་མཐོང་བའི་ལམ་འདིའི་གནས་སྐབས་སྔ་ཕྱི་དུས་བདུན་པོ་དག་སོ་སོ་ནས་ནང་གི་རང་གིས་རིག་པ་ལ་བྱ་བ་ནི་མ་ཡིན་ནོ། །གཉིས་པ་མཚན་མ་དང་བཅས་པའི་མཐོང་བའི་ལམ་ནི ་སེམས་རྣམ་པ་གསུམ་པོ་འདི་ལྟ་སྟེ། སེམས་ཅན་དུ་བཏགས་པ་ཙམ་ལ་དམིགས་པའི་ཤེས་པ་དང། ཆོས་སུ་བཏགས་པ་ཙམ་ལ་དམིགས་པའི་ཤེས་པ་དང། སེམས་ཅན་དང་ཆོས་བཏགས་པ་ཙམ་ཡོངས་སུ་སེལ་བ་ལ་དམིགས་པའི་ཤེས་པ ་དང། སེམས་བཅུ་དྲུག་པོ་འདི་ལྟ་སྟེ། སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་ལ་སོགས་པའོ། །མཐོང་བའི་ལམ་གཉིས་པོ་དེ་ཡང་བསྟན་བཅོས་རྣམ་པར་རིག་པ་ཙམ་དུ་གྲུབ་པ་དང། རྣལ་འབྱོར་སྤྱོད་པའི་ས་དང། མཚན་ཉིད་བསྟན ་པ་དག་ལས་འབྱུང་བ་བཞིན་དུ་རིག་པར་བྱའོ། །དེ་ལ་ཐོབ་པའི་ཕྱིར་བྱང་ཆུབ་སེམས་དཔའ་ཨི་ཡང་དག་པ་ཉིད་སྐྱོན་མེད་པ་ལ་ཞུགས་པ་དང། དེ་བཞིན་གཤེགས་པའི་རིགས་སུ་སྐྱེས་པ་ཞེས་བྱ་སྟེ། ས་དང་པོ་ཐོབ་པ་ཡིན་ནོ། །གཞན་ཡང ་ས་དེ་ནི་ཕན་ཡོན་ཡང་ཡོངས་སུ་མྱོང་བ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་ནི་གཉིས་བ་མཐོང་བའི་ལམ་གྱི་ཕན་ཡོན་སྟོན་ཏོ། །འདི་ཡང་རྣམ་པ་གཉིས་སུ་དབྱེ་སྟེ། ཕན་ཡོན་རྣམ་པ་བཞི་བསྟན་པ་དང། དེས་ཞེས་བྱ་བ་མན་ཆད་ཀྱིས་དངོས ་པོའི་མཛའ་ཨི?་དམིགས་པའི་ཕན་ཡོན་བསྟན་ཏེ། འདི་ནི་དང་པོའོ། །ཕན་ཡོན་དེ་ཡང་བསྟན་བཅོས་རྣམ་པར་རིག་བ་ཙམ་དུ་གྲུབ་པ་ལས་བསྟན་པ་དང་སྦྱར་ན་མཐོང་བའི་ལམ་གྱི་ཕན་ཡོན་ནི་རྣམ་པ་བརྒྱད་དོ་ཞེས་བཤད་དེ། དེའི་ཕྱིར་བསྟན ་བཅོས་དེ་ཉིད་ལས་བྱང་ཆུབ་སེམས་དཔའ་མཐོང་བའི་ལམ་ཐོབ་པར་འགྱུར་བའི་ཚེ་དེ་བཞིན་གཤེགས་པའི་ཚེ་རིགས་སུ་སྐྱེ་བར་འགྱུར། ས་རབ་ཏུ་དགའ་བ་ལ་གནས་པར་འགྱུར། ཆོས་ཀྱི་དབྱིངས་ལེགས་པར་རྟོགས་པར་འགྱུར། ཆོས་རྣམས ་ཀྱི་མཉམ་པ་ཉིད་ཐོབ་པར་འགྱུར། རྟག་པར་སངས་རྒྱས་ཀྱི་འཁོར་འདུས་པ་ཆེན་པོ་རྣམས་སུ་སྐྱེ་བར་འགྱུར། ཆོས་ཀྱི་སྒོ་བརྒྱ་པ་མང་པོ་ལ་དབང་ཐོབ་པར་འགྱུར་རོ། །བདག་ཉིད་རིང་པོ་མི་ཐོགས་པར་བྱང་ཆུབ་ཆེན་པོ་ཐོབ་པར་ཤེས་སོ། ། ་ཕྱི་མའི་མཛའ་ཇི་སྲིད་བར་ཐམས་ཅད་ལ་ཕན་འདོགས་པར་བྱེད་དོ་ཞེས་བསྟན་པ་ཡིན་ནོ། །བསྟན་བཅོས་ཐེག་པ་ཆེན་པོ་བསྡུས་པ་དང་སྦྱར་ན་ནི། ཕན་ཡོན་རྣམ་པ་དྲུག་ཡོད་པར་སྟོན་ཏེ། དེའི་ཕྱིར་བསྟན་བཅོས་དེ་ཉིད་ལས ་ས་རབ་ཏུ་དགའ་བ་ལ་ཞུགས་པ་ཡིན། ཆོས་ཀྱི་དབྱིངས་ལེགས་པར་རྟོགས་པ་ཡིན། དེ་བཞིན་གཤེགས་པའི་རིགས་སུ་སྐྱེ་བ་ཡིན། སེམས་ཅན་ཐམས་ཅད་ལ་སེམས་མཉམ་པ་ཉིད་ཐོབ་པ་ཡིན། བྱང་ཆུབ་སེམས་དཔའ་ཐམས་ཅད ་ལ་སེམས་མཉམ་པ་ཉིད་ཐོབ་པ་ཡིན། སངས་རྒྱས་ཐམས་ཅད་ལ་སེམས་མཉམ་པ་ཉིད་ཐོབ་པ་ཡིན་ནོ་ཞེས་བསྟན་ཏོ། །ཕན་ཡོན་རྣམ་པ་དྲུག་པོ་འདི་རྒྱ་ཆེར་རྣམ་པར་འབྱེད་པ་ནི། སློབ་དཔོན་ངོ་བོ་ཉིད་མེད་དང་དབྱིག་གཉེན་གྱིས་མཛད ་བའི་འགྲེལ་པ་ལས་བསྟན་པ་བཞིན་ནོ། །ཕན་ཡོན་རྣམ་པ་བརྒྱད་དང། རྣམ་པ་བཅུ་ནི་ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་ལྱང་གི་ཚེ་བསྒྱར?་བ་ལས་བསྟན་པ་བཞིན་ནོ། །འདིར་མདོ་འདི་ཉིད་ལས་ནི་ཕན་ཡོན་རྣམ་པ་བཞི་སྟོན་ཏེ། བྱང ་ཆུབ་སེམས་དཔའ་ཨི་ཡང་དག་པ་ཉིད་སྐྱོན་མེད་པ་ལ་ཞུགས་པ་དང། དེ་བཞིན་གཤེགས་པའི་རིགས་སུ་སྐྱེས་པ་དང། ས་དང་པོ་ཐོབ་པ་དང། ས་དའི་ཕན་ཡོན་ཡང་ཉམས་སུ་མྱོང་བའོ། །དེ་ལ་ཡང་དག་པ་ཉིད་སྐྱོན་མེད་པ་ཞེས་བྱ་བ་ལ། ཡང ་དག་པ་ཉིད་ནི་འཕགས་པའི་ལམ་མོ། །སྐྱོན་མེད་པ་ཞེས་བྱ་བ་ནི་ལམ་མཐོང་བས་སྤང་བར་བྱ་བ་ཀུན་ཏུ་བརྟགས་པའི་ཉོན་མོངས་པས་འགྲོ་བ་དྲུག་དང། སྐྱེ་བ་རྣམ་པ་བཞི་པོ་རྣམས་སུ་སྐྱེ་བར་བྱེད་པ་དག་ནི་དཔེར་ན་ཟས་མ་ཆོས་པས ་ནད་རྣམས་སློང་བ་དང་འདྲ་བར་དཔེ་ལས་མིང་དུ་བཏགས་པའི་ཕྱིར་སྐྱོན་ཞེས་བྱའོ། །མཐོང་བའི་ལམ་སྐྱེས་པའི་ཚེ་གོས་དུ་བསྟན་པ་ལྟ་བུའི་ཀུན་ཏུ་བརྟགས་པའི་ཉོན་མོངས་པ་དག་དང་བྲལ་བར་འགྱུར་བའི་ཕྱིར་སྐྱོན་མེད་པ་ཞེས་བྱའོ། ། ་མཛོད་ཀྱི་བསྟན་བཅོས་དང་སྦྱར་ན་སྡུག་བསྔལ་ལ་ཆོས་ཤེས་པ་དང། བཟོད་པ་ལ་ཡང་མིང་རྣམ་པ་གཉིས་ཡོད་དེ། དེའི་ཕྱིར་དེ་ཉིད་ལས་འདི་ཉིད་ནི་ཡང་དག་པ་ཉིད་སྐྱོན་མེད་པར་ཞུགས་པ་ཞེས་ཀྱང་བྱའོ། །ཡང་དག་པ་ཉིད་དུ་ངེས་པ་ཞེས་བྱ་སྟེ། དེའི་དབང ་གིས་ཐོག་མ་ཁོ་ནར་ཡང་དག་པ་ཉིད་སྐྱོན་མེད་པར་ཞུགས་པ་ཡང་ཡིན་ལ། ཐོག་མ་ཁོ་ནར་ཡང་དག་པ་ཉིད་དུ་ངེས་པར་ཞུགས་པ་ཡང་ཡིན་པའི་ཕྱིར་རོ། །མདོ་དག་ལས་ཡང་དག་པ་ཉིད་ནི་འདི་ལྟ་སྟེ། མྱ་ངན་ལས་འདས་པའོ་ཞེས་གསུངས་སོ། །ཡང ་ན་ཡང་དག་པ་ཉིད་ཅེས་བྱ་བའི་ཐ་ཚིག་ནི་འཕགས་པའི་ལམ་གྱི་རྒྱུ་ལས་བྱུང་བའོ། །སྐྱོན་ནི་ཉོན་མོངས་པ་འམ་ཡང་ན་དབང་བ་ཡོངས་སུ་སྨིན་པའོ། །འཕགས་པའི་ལམ་གྱིས་ཡོངས་སུ་བཟླ་བར་ནུས་པའི་ཕྱིར་སྐྱོན་མེད་པ་ཞེས་བྱའོ། །ངེས་པ་ཁོ་ནར་མྱ་ངན ་ལས་འདས་པ་ལེན་པ་འམ། བདེན་བའི་མཚན་ཉིད་ངེས་པ་ཉིད་དུ་བྱེད་པའི་ཕྱིར་འཕགས་པའི་ལམ་ཡང་ངེས་པའི་མིང་ཐོབ་པ་ཡིན་ནོ། །གནས་སྐབས་འདིར་ཕྱིན་པ་ལ་ནི་ཞུགས་པ་ཞེས་བསྟན་ཏོ་ཞེས་འབྱུང་བ་ཡིན་ཏེ། མཛོད་ཀྱི་བསྟན་བཅོས་ལས ་ཡང་དག་པ་ཉིད་ནི་རྣམ་པ་གཉིས་ཏེ་མྱ་ངན་ལས་འདས་པ་དང་འཕགས་པའི་ལམ་མོ། །སྐྱོན་ཡང་དོན་རྣམ་པ་གཉིས་དང་ལྡན་བས་དང་པོ་ནི་ཉོན་མོངས་པའི་སྐྱོན་ཏེ། དཔེར་ན་ཟས་མ་ཚོགས་པ་ལྟ་བུའོ། །གཉིས་པ་ནི་འཕགས་པའི་ལམ་ཡོངས་སུ་མ ་སྨིན་བས་ན་སྐྱོན་ཞེས་བྱའོ་ཞེས་བསྟན་ཏོ། བསྟན་བཅོས་ཡང་དག་པའི་རིགས་པ་དང། རྗེས་སུ་མཐུན་བ་དང་གཞུང་རབ་ཏུ་བསྟན་པ་ལས་ཀྱང་མཛོད་ཀྱི་བསྟན་བཅོས་ལས་འབྱུང་བ་དང་མཐུན་བར་བསྟན་ཏོ། །བསྟན་བཅོས་བྱེ་བྲག་ཏུ་བཤད་པ་ཆེན་པོ ་ལས་ཀྱང་དོན་རྣམ་པ་གཉིས་ཀྱིས་བསྟན་པས་དང་པོ་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་ནི་ཟས་མ་ཚོས་པ་ལྟ་བུའོ་ཞེས་བཤད་དོ། དེའི་ཕྱིར་བསྟན་བཅོས་དེ་ཉིད་ལས། གཞན་ཡང་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པས་ནི་སེམས་ཅན ་རྣམས་ངན་འགྲོ་རྣམས་སུ་ལྟུང་ཞིང་སྡུག་བསྔལ་དྲག་པོ་མྱོང་བར་བྱེད་དེ། དཔེར་ན་ཟས་མ་ཚོས་པ་ཡུན་རིང་པོར་ཁོང་དུ་ལུས་ན་སྡུག་བསྔལ་གྱི་དངོས་པོ་རྣམ་པ་སྣ་ཚོགས་སྐྱེད་པ་དང་འདྲ་བས། དེའི་ཕྱིར་ཉོན་མོངས་པ་འདི་ལ་སྐྱོན ་ཞེས་བཤད་དེ། མཐོང་བའི་ལམ་གྱིས་འགོག་པར་བྱེད་པའི་ཕྱིར་སྐྱོན་མེད་པ་ཞེས་བྱའོ། །གཞན་ཡང་འཇིག་ཚོགས་ལ་ལྟ་བ་ལ་སོགས་པ་ཡོད་པ་དག་ཤིན་ཏུ་གདུལ་བར་དཀའ་ཞིང། གཅན་ཟན་ལྟར་དཀའ་བློ་མི་བདེ་བའི་ཕྱིར་སྐྱོན་ཞེས་བཤད ་དེ། མཐོང་བའི་ལམ་གྱིས་འགོག་པར་བྱེད་པའི་ཕྱིར་སྐྱོན་མེད་པ་ཞེས་བྱའོ་ཞེས་འབྱུང་ངོ། །ཡང་ན་དགེ་བའི་རྩ་བ་ཡོངས་སུ་མ་སྨིན་པས་སྐྱོན་ཞེས་བྱ་སྟེ། དེའི་ཕྱིར་བསྟན་བཅོས་བྱེ་བྲག་ཏུ་བཤད་པ་ཆེན་པོ་ལས། གཞན་ཡང་ཉོན་མོངས ་པ་ཐམས་ཅད་དང་འདོད་ཆགས་དང། སྲེད་པ་རྣམས་ཀྱིས་དགེ་བའི་རྩ་བ་ཡོངས་སུ་སྨིན་པར་མི་འགྱུར་ཞིང་སྲེད་པ་རྣམས་བརླན་ནས་ཉེས་པ་འབྱུང་བར་བྱེད་པའི་ཕྱིར་སྐྱོན་ཞེས་བྱའོ། །མཐོང་བའི་ལམ་སྐྱེས་ནས་དེའི་སྟོབས་ཉམས་སྨད་ཅིང་ཡང ་ཉེས་པ་འབྱུང་བའི་དབང་དུ་མི་འགྱུར་བས་དེ་ནས་མཐོང་བའི་ལམ་གཅིག་པུ་ལ་སྐྱོན་མེད་པ་ཞེས་བྱའོ་ཞེས་འབྱུང་སྟེ། རྒྱ་ཆེར་དེ་ཉིད་ལས་བསྟན་པ་བཞིན་ནོ། །དེ་ལ་དེ་བཞིན་གཤེགས་པའི་རིགས་སུ་སྐྱེས་པ་ཞེས་བྱ་བ་ནི་སློབ་དཔོན ་ངོ་བོ་ཉིད་མེད་ཀྱི་འགྲེལ་པ་ལས། འདི་ལྟ་སྟེ། སངས་རྒྱས་ཀྱི་ཆོས་ཀྱི་དབྱིངས་ནི་དེ་བཞིན་གཤེགས་པའི་རིགས་ཞེས་བྱ་སྟེ། དེར་མངོན་སུམ་དུ་འགྱུར་ཞིང་ཁོང་དུ་ཆུད་པར་འགྱུར་བའི་ཕྱིར་སྐྱེས་པ་ཞེས་བཤད་དོ། །སློབ་དཔོན་དབྱིག ་གཉེན་གྱིས་མཛད་པའི་འགྲེལ་པ་ལ། དེ་བཞིན་གཤེགས་པའི་རིགས་སུ་སྐྱེས་པ་ཞེས་བྱ་བ་ནི་དེའི་དབང་གིས་སངས་རྒྱས་རྣམས་ཀྱི་གདུད་རྒྱུན་ཆད་པར་མི་འགྱུར་པའི་ཕྱིར་རོ་ཞེས་བཤད་དོ། །གནས་པ་བཅུའི་བཤད་པ་ལས། སངས ་རྒྱས་རྣམས་ཀྱི་རིགས་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའི་རིགས་ཞེས་བྱ་སྟེ། བྱང་ཆུབ་སེམས་དཔའ་དེ་དག་དེ་བཞིན་གཤེགས་པའི་ལམ་དུ་འཇུག་པ་རྒྱུན་མི་འཆད་པའི་ཕྱིར། །དེ་བཞིན་གཤེགས་པའི་རིགས་ཞེས་བྱའོ་ཞེས་བཤད་དེ། རྒྱ ་ཆེར་དེ་ཉིད་ལས་རྣམ་གྲངས་མང་པོས་བསྟན་པ་ལས་འབྱུང་བ་བཞིན་དུ་རིག་པར་བྱའོ། །དེ་ལས་དང་པོ་ཐོབ་པ་ཡིན་ནོ་ཞེས་བྱ་བ་ནི་འོག་ནས་སྟོན་ཏོ། །གཞན་ཡང་ས་དེའི་ཕན་ཡོན་ཡང་ཡོངས་སུ་མྱོང་བ་ཡིན་ནོ་ཞེས་བྱ་བ་འདིས་ནི་བསྟན་བཅོས ་རྣམ་པར་རིག་པ་ཙམ་དུ་གྲུབ་པ་ལས་ཕན་ཡོན་གཞན་དྲུག་བསྟན་པ་དག་བསྡུས་པར་སྟོན་ཏོ། །དེས་སྔར་ཞི་གནས་དང་ལྷག་མཐོང་ཐོབ་པའི་ཕྱིར་དམིགས་པ་རྣམ་པ་གཉིས་ཀྱང་ཐོབ་པར་འགྱུར་ཏེ། འདི་ལྟ་སྟེ། རྣམ་པར་རྟོག་པ་དང ་བཅས་པའི་གཟུགས་བརྙན་གྱི་དམིགས་པ་དང། རྣམ་པར་མི་རྟོག་པའི་གཟུགས་བརྙན་གྱི་དམིགས་པའོ། །དེས་ད་ལྟར་མཐོང་བའི་ལམ་ཐོབ་པའི་ཕྱིར་ཡང་དངོས་པོའི་མཛའ་ཨི་དམིགས་པ་ཡང་ཐོབ་པར་འགྱུར་རོ། །ཞེས་བྱ་བ་འདིS ་ནི་གཉིས་པ་དངོས་པོའི་མཛའ་ཨི་དམིགས་པའི་ཕན་ཡོན་སྟོན་ཏོ། །འདི་ལྟར་སྔར་སའི་མདུན་རོལ་དུ་དམིགས་པ་རྣམ་པ་གཉིས་ཐོབ་པའི་ཕྱིར། མཐོང་བའི་ལམ་འདིར་ཡང་གསུམ་པ་དངོས་པོའི་མཛའ་ཨི་དམིགས་པའི་བྱེ་བྲག་མཚན ་མ་ཐོབ་པར་འགྱུར་ཏེ། སྔར་གོང་དུ་བསྟན་པ་བཞིན་ནོ། །ཡང་གོང་མ་གོང་མའི་ས་ཐམས་ཅད་དུ་བསྒོམ་པའི་ལམ་ལ་ཞུགས་པས་དམིགས་པ་རྣམ་པ་གསུམ་པོ་དེ་དག་ཉིད་ཡིད་ལ་བྱེད་དེ་ཞེས་བྱ་བ་ནི་གསུམ་པ་བསྒོམ་པའི་ལམ་གྱི ་གནས་སྐབས་སྟོན་ཏོ། །མདོའི་ཚིག་འདི་ཡང་རྣམ་པ་གཉིས་སུ་དབྱེ་སྟེ། དང་པོ་ནི་བསྒོམ་པ་ལ་བརྩོན་བར་བསྟན་པ་ཏེ། དེ་ལ་བསྒོམ་པ་ནི་འཕེལ་ཞིང་གསལ་བར་འགྱུར་བའི་དོན་ཏེ། འདི་ལྟར་མཐོང་བའི་ལམ་གྱིས་གོང་དུ་ཕྱི་མའི ་ས་དགུ་པོ་རྣམས་སུ་བསྒོམ་པའི་ཤེས་པ་ཁད་ཀྱིས་འཕེལ་བར་གྱུར་པའོ། །ཡང་ན་གོང་མ་གོང་མ་ཞེས་བྱ་བས་ནི་ས་བཅུ་པོ་དག་ཚང་བར་བསྟན་པ་ཡིན་ཏེ། མཐོང་བའི་ལམ་གྱི་གོང་དུས་བཅུ་ཡོད་དེ། གཅིག་ཁོ་ན་མ་ཡིན་པས ་ཚིག་ཟློས་བུར་གོང་མ་གོང་མ་ཞེས་གསུངས་སོ། །གཉིས་པ་ནི་དམིགས་པ་རྣམ་པ་གསུམ་པོ་ཞེས་བྱ་བ་ལ་སོགས་པས་ནི་དམིགས་པ་རྣམ་པ་གསུམ་དང་ལྡན་པར་བསྟན་ཏེ། འདི་ལྟར་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་ནང་གི་དངོས་པོའི་མཛའ་ཨི ་དེ་བཞིན་ཉིད་ཡང་དག་པའི་ཡུལ་ཡང་དག་པར་ཡིད་ལ་བྱེད་ཀྱི་གཟུགས་བརྙན་སྤྲུལ་བར་ནི་མི་བྱེད་དེ། རྗེས་ལས་ཐོབ་པའི་ཡེ་ཤེས་ནི་རྣམ་པར་རྟོག་པ་དང་བཅས་པའི་གཟུགས་བརྙན་དང། རྣམ་པར་མི་རྟོག་པའི་གཟུགས་བརྙན་གྱི་སྤྱོད་ཡུལ་རྣམ་པ ་གཉིས་ཡིད་ལ་བྱེད་པ་མ་ཡིན་པས་སོ། །གཏན་ཚིགས་དེས་ནས་བཅུ་པོ་ཀུན་ལ་ཡང་ཡུལ་རྣམ་པ་གསུམ་པོ་དག་ཚང་བར་ཡོད་པར་མངོན་ནོ།། །།བམ་པོ་ལྔ་བཅུ་པ། །དཔེར་ན་ལ་ལ་ཞིག་ཁྱི་གུ་ཆེས་ཕྲ་མོས་ཀྱི་གུ་ཆེས་སྒོམ? ་པོ་འབྱིན་པ་ཞེས་བྱ་བ་ནི་གཉིས་པ་དཔེས་བསྟན་པའོ། །དཔེར་ན་འཇིག་རྟེན་པ་རྣམས་ཤིང་གཤག་པ་ན། སྔར་ནི་ཁྱི་གུ་སྦོམ་པོ་སྤྱོད་ལ། དེའི་འོག་ཏུ་ནི་ཁྱི་གུ་ཕྲ་མོ་སྤྱོད་པ་དག་འདི་ལྟར་ཁྱི་གུ་ཕྲ་མོས་ཁྱི་གུ་སྦོམ་པོ་འབྱིན་པ་བཞིན་ནོ་ཞེས་བྱ་བའི ་ཐ་ཚིག་གོ་།དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་ཁྱི་གུས་ཁྱི་གུ་དབྱུང་བ་ལྟ་བུའི་ཐབས་འདི་ལ་བརྟེན་ནས་ནང་གི་མཚན་མ་རྣམ་པར་སེལ་བའི་ཕྱིར། ཀུན་ནས་ཉོན་མོངས་པའི་ཆ་དང་རྗེས་སུ་མཐུན་པའི་ཆ་དང་རྗེས་སུ་མཐུན་པའི་མཚན ་མ་ཐམས་ཅད་རྣམ་པར་སེལ་བར་བྱེད་དོ། །མཚན་མ་ཡོངས་སུ་བསལ་བའི་ཕྱིར་གནས་ངན་ལེན་རྣམས་ཀྱང་རྣམ་པར་སེལ་བར་བྱེད་དོ་ཞེས་བྱ་བ་ལ་སོགས་པས་ནི་གསུམ་པ་དཔེ་དང་དོན་དུ་སྦྱར་བ་སྟོན་ཏོ། །འདི་ཡང་རྣམ་པ་གཉིས་སུ་དབྱེ ་སྟེ། ས་དང་པོར་འཆིང་བ་གཉིས་ལས་གྲོལ་བར་བསྟན་པ་དང། ས་གཞན་རྣམས་སུ་སེམས་རྣམ་པར་སྦྱོང་བ་བསྟན་པའོ། །འདི་ནི་དང་པོ་སྟེ། འདི་ལྟར་ས་དང་པོའི་བྱང་ཆུབ་སེམས་དཔའ་ཡང་ཁྱི་གུས་ཁྱི་གུ་དབྱུང་བ་ལྟ་བུའི་ཐབས་འཕགས་པའི་ལམ ་དེ་ལ་བརྟེན་ནས། ཏིང་ངེ་འཛིན་གྱི་ནང་གི་མཚན་མ་རྣམ་པར་སེལ་བར་བྱེད་དོ། །མཚན་མ་ཡོངས་སུ་བསལ་བའི་ཕྱིར་མཚན་མའི་འཆིང་བ་ཐམས་ཅད་རྣམ་པར་སེལ་ཏོ། །མཚན་མའི་འཆིང་བ་ཡོངས་སུ་བསལ་བའི་ཕྱིར་གནས་ངན་ལེན་གྱི་འཆིང ་བ་ཡང་དེའི་ཟླ་ལ་སྤོང་བར་འགྱུར་ཏེ། དེའི་ཕྱིར་བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་རྣམ་པར་མ་བཞག་པའི་བདེན་པ་ལ་སྤྱོད་པ་ནི་མཚན་མ་ལ་སྤྱོད་པ་ཡིན་ཏེ། མཚན་མ་ལ་མི་སྦྱེད་པའི་ཕྱིར་མཚན་མའི་མཆིང་བ་ལས་ཡོངས་སུ་གྲོལ ་བའི་ཕྱིར་གནས་ངན་ལེན་གྱི་འཆིང་པ་ལས་ཀྱང་ཡོངས་སུ་གྲོལ་བར་འགྱུར་རོ་ཞེས་བསྟན་ཏེ། འཆིང་བ་གཉིས་ཀྱིས་བྱེ་བྲག་གི་མཚན་ཉིད་ནི་སྔར་བསྟན་པ་བཞིན་དུ་རིག་པར་བྱའོ། །ས་དང་པོ་ཡན་ཆད་ཀྱིས་འཆིང་བ་གཉིས་ལས་ཡོངས་སུ་གྲོལ་བ་ཇི ་ལྟར་ཤེས་ཞེ་ན། སྨྲས་པ། བསྟན་བཅོས་རྣམ་པར་རིག་པ་ཙམ་དུ་གྲུབ་པ་ལས་ཇི་སྐད་དུ་སྦྱོར་བའི་གནས་སྐབས་ལ་གནས་པ་དེས་མཚན་མའི་འཆིང་བ་ཡོངས་སུ་མ་བསལ་བས་གནས་ངན་ལེན་གྱི་འཆིང་བ་ཡང་སྤོང་བར་བྱེད་དོ་ཞེས་བསྟན་པ་དང། ་གཞན་ཡང་ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་ལྱང་གི་ཚེ་བསྒྱུར་བ་ལ་གལ་ཏེ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཐོབ་པར་གྱུར་ན་མཚན་མའི་འཆིང་བ་ལས་ཡོངས་སུ་གྲོལ་བར་འགྱུར་རོ། །མཚན་མའི་འཆིང་བ་མི་འབྱུང་བ་ཉིད་ཀྱིས་གནས ་ངན་ལེན་གྱི་འཆིང་བ་ཡང་དེའི་རྗེས་སུ་ཉེ་བར་ཞི་བར་འགྱུར་རོ་ཞེས་འབྱུང་བས། དེའི་སའི་མདུན་རོལ་པས་འཆིང་བ་གཉིས་མི་སྤོང་བར་རིག་པར་བྱའོ། །ཁྱི་གུས་ཁྱི་གུ་དབྱུང་བ་འདི་ཡང་བསྟན་པ་རྣམས་ལས་བཤད་པ་མི་མཐུན་ཏེ། བསྟན ་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་གཟུགས་བརྙན་ནི་ཁྱི་གུ་ཕྲ་མོ་ལྟ་བུའོ། །གཟུགས་ནི་ཁྱི་གུ་སྦོམ་པོ་ལྟ་བུའོ། །ལུས་ཤིན་ཏུ་སྦྱངས་བ་གང་ཡིན་པ་དེ་ནི་ཁྱི་གུ་ཕྲ་མོ་ལྟ་བུའོ། །ལུས་ཀྱི་གནས་ངན་ལེན་གང་ཡིན ་པ་དེ་ནི་ཁྱི་གུ་སྦོམ་པོ་ལྟ་བུ་སྟེ། འདི་ལྟར་ཁྱི་གུ་ཕྲ་མོས་ཁྱི་གུ་སྦོམ་པོ་འབྱིན་པར་བྱེད་པས་སོ་ཞེས་བཤད་དེ། དེའི་ཕྱིར་བསྟན་བཅོས་དེ་ཉིད་ལས་སྤང་བ་བསྦོམ་པ་གང་ཞེ་ན། སྨྲས་པ། འདི་ལྟར་འདི་ན་ལ་ལ་ཏིང་ངེ་འཛིན་གྱི་སྤྱོད ་ཡུལ་གྱི་མཚན་མ་ཡིད་ལ་བྱེད་པས་རང་བཞིན་གྱིས་མཚན་མ་ཁྱི་གུས་ཁྱི་གུ་དབྱུང་བའི་ཚུལ་གྱིས་མངོན་པར་འབྱིན་པར་བྱེད་མངོན་པར་སེལ་བར་བྱེད་དེ། འདི་ལྟ་སྟེ། དཔེར་ན་ལ་ལ་ཞིག་གིས་ཁྱི་གུ་ཆེས་ཕྲ་པས་ཁྱི་གུ་ཆོས ་སྦོམ་པ་འབྱིན་པར་བྱེད་པ་དེ་བཞིན་དུ། རྣལ་འབྱོར་པ་ཡང་ཤིན་ཏུ་སྦྱངས་པའི་ཚོགས་ཀྱི་ལུས་ཀྱིས་གནས་ངན་ལེན་གྱི་ཚོགས་མངོན་པར་འབྱིན་པར་བྱེད། མངོན་པར་སེལ་བར་བྱེད། མངོན་པར་བྱེད་པར་བྱེད་པ་གང་ཡིན་པ་དེ་ནི ་སྤང་བ་བསྒོམ་པ་ཞེས་བྱའོ་ཞེས་འབྱུང་ངོ། །གཞན་ཡང་བསྟན་བཅོས་རྣམ་པར་བཤད་པ་ལས་སྤང་བ་བསྒོམ་པ་ནི་འདི་ལྟ་སྟེ། །འདི་ལྟར་འདི་ན་ལ་ལ་ཏིང་ངེ་འཛིན་གྱི་སྦྱོང་ཡུལ་གྱི་གཟུགས་བརྙན་གྱི་མཚན་མ་ཡིད་ལ་བྱེད་པའི ་ཕྱིར་ཆོས་རྣམས་ཀྱི་རྩ་བའི་ངོ་བོ་ཉིད་ཀྱི་མཚན་མ་ཡོངས་སུ་བསལ?་ནས་ཡང་མངོན་དུ་མི་འགྱུར་བ་གང་ཡིན་པའོ་ཞེས་བཤད་དེ། གཞན་ནི་བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་བསྟན་པ་དང་མཐུན་ནོ། །བསྟན་བཅོས་ཐེག ་པ་ཆེན་པོ་བསྡུས་པའི་འགྲེལ་པ་ལྱང་གི་ཚེ་བསྒྱུར་བ་ལས། ཁྱི་གུ་སྦོམ་པོ་ཁྱི་གུ་ཕྲ་མོས་འབྱིན་པ་ནི་ས་བཅུ་པོ་དག་ཏུ་ཤེས་པ་ཁྱད་པར་དུ་འཕགས་པ་དག་གིས་ཤེས་པ་དམན་པ་དག་རྣམ་པར་སེལ་བའི་དཔེར་བསྟན་པའོ་ཞེས ་བཤེད་དེ། དེའི་ཕྱིར་དེ་ཉིད་ལས་དཔེར་ན་འཇིག་རྟེན་ན་ཤིང་གཤག་པར་འདོད་པ་དག་སྔར་ནི་ཁྱི་གུ་ཕྲ་མོ་སྤྱོད་ལ་དེའི་འོག་ཏུ་ནི་སྦོམ་པོ་སྤྱོད་པ་ལྟར། རྣལ་འབྱོར་པས་ཉོན་མོངས་པ་འཇིག་པར་བྱེད་པ་ཡང་དེ་བཞིན་ཏེ། དང་པོར་ནི་ལམ་དམན ་པ་སྤྱོད་པའོ། །བར་དུ་ལམ་འབྲིང་སྤྱོད་དོ་ཐ་མར་ནི་ལམ་མཆོག་སྤྱོད་དོ་ཞེས་འབྱུང་ངོ། །བསྟན་བཅོས་ཐེག་པ་ཆེན་པོ་བསྡུས་པ་ལས། འཕགས་པའི་ལམ་ནི་ཁྱི་གུ་ཕྲ་མོ་ལྟ་བུའོ། །ཀུན་ནས་ཉོན་མོངས་པའི་ས་བོན་ནི་ཁྱི་གུ་སྦོམ་པོ་ལྟ ་བུའོ་ཞེས་བཤད་དེ། དེའི་ཕྱིར་སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་འགྲེལ་པ་ལས། གཉེན་པོས་རབ་ཏུ་དབྱེ་བ་ནི་འདི་ལྟ་སྟེ། ཆོས་ཐམས་ཅད་འདྲེས་པ་ལ་དམིགས་པའི་ཡེ་ཤེས་ཀྱི་ཁྱི་གུས་ཁྱི་གུ་དབྱུང་བའི་ཚུལ་དུ་ཀུན་གཞིའི་རྣམ ་པར་ཤེས་པ་ལ་སྒྲིབ་པའི་ས་བོན་ཡོད་པ་ཐམས་ཅད་འབྱིན་པའི་ཕྱིར་རོ་ཞེས་འབྱུང་སྟེ། འདི་ཉིད་ཀྱི་འགྲེལ་པ་ལས་ཆོས་འདྲིས་པ་ལ་དམིགས་པའི་ཡེ་ཤེས་ནི་སྒྲིབ་པ་ཐམས་ཅད་ཀྱི་གཉེན་པོར་གྱུར་པས། །དཔེར་ན་ཁྱི་གུ་ཕྲ་མོས་ཁྱི་གུ་སྦོམ ་པོ་འབྱིན་པ་ལྟ་བུའོ་རྩ་བའི་རྣམ་པར་ཤེས་པ་ལ་ཀུན་ནས་ཉོན་མོངས་པའི་ཆོས་རྣམས་ཀྱིས་ཡོངས་སུ་བསྒོས་པའི་ས་བོན་ཡོད་པ་གང་ཡིན་པ་དེ་ནི་སྦོམ་པོ་ཞེས་བྱའོ། །གཉེན་པོར་གྱུར་པའི་ལམ་རྣམས་ནི་དེ་དག་སྤོང་བར་ནུས་པའི་ཕྱིར་ཕྲ་མོའི ་དོན་ཡིན་ནོ་ཞེས་བཤད་དོ། །གཞན་ཡང་སློབ་དཔོན་ངོ་བོ་ཉིད་མེད་ཀྱིས་ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་བྱས་པ་ལས། འཕགས་པའི་ལམ་ནི་ཤིན་ཏུ་གྱ་ནོམ་པའི་ཕྱིར་ཁྱི་གུ་ཕྲ་མོ་ལྟ་བུའོ། །དེས་སྤང་པར་བྱ་བའི་ས་བོན་དེའི་རང ་བཞིན་ནི་རགས་པའི་ཕྱིར་ཁྱི་གུ་སྦོམ་པོ་ལྟ་བུའོ་ཞེས་བཤད་དེ། གཞན་ནི་སློབ་དཔོན་དབྱིག་གཉེན་གྱི་མཛད་པའི་འགྲེལ་པ་དང་ཨུམཐུན་ནོ། །བསྟན་པ་འདི་དག་ལ་སོགས་པ་ལ་བརྟེན་ནས་མདོའི་ཚིག་འདི་བཤད་པ་ཡང་སོ་སོ་ནས་བཤད ་བ་མི་མཐུན་པས། ཁ་ཅིག་ན་རེ་མདོའི་ཚིག་འདི་ནི་བསྟན་བཅོས་ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་ལྱང་གི་ཚེ་བསྒྱུར་བ་ལས་བསྟན་པ་དང་མཐུན་པར་ཤེས་པ་ཁྱད་པར་དུ་འཕགས་པའི་ཁྱི་གུས་ཤེས་པ་དམན་པའི་ཁྱི་གུ ་འབྱིན་པར་བསྟན་པ་ཡིན་ནོ་ཞེའོ། །ཁ་ཅིག་ན་རེ་མདོའི་ཚིག་འདིའི་དགོངས་པ་ནི་སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་འགྲེལ་པ་ལ་སོགས་པ་དང་མཐུན་ཏེ། འདི་ལྟར་འཕགས་པའི་ཡེ་ཤེས་ཀྱི་ཁྱི་གུས་ཉོན་མོངས་པའི་ཁྱི་གུ་འབྱིན་པ་སྟོན་ཏོ་ཞེའོ།། ་ཁ་ཅིག་ན་རེ་མདོའི་ཚིག་འདི་ནི་མཚན་ཉིད་ཀྱི་དབང་དུ་མཛད་དེ་རབ་ཏུ་བསྟན་ན་སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་འགྲེལ་པ་ལ་སོགས་པ་དང་མཐུན་ཏེ། སྤྱིར་མཚན་ཉིད་ཀྱི་དབང་དུ་མཛད་ནས་བསྟན་པ་ཡིན་པས་ཀུན་ཀྱང་ཕན་ཚུན་འགལ་བ་མེད ་དེ། འདི་ལྟར་བྱང་ཆུབ་སེམས་དཔའ་རྣམས་སའི་མདུན་རོལ་དུ་ནི་རྩ་བའི་ཏིང་ངེ་འཛིན་ཐོབ་པས་ལུས་ཤིན་ཏུ་སྦྱངས་པས་ལུས་ཀྱི་གནས་ངན་ལེན་རྣམ་པར་སེལ་བར་བྱེད་ལ། དེའི་འོག་ཏུ་ཏིང་ངེ་འཛིན་གྱི་ནང་གི་གཟུགས་བརྙན་ཕྲ་མོ་ནི་ཕྱི་རོལ ་གྱི་མཚན་མ་རགས་པ་རྣམ་པར་སེལ་བ་འམ། ཡང་ན་གཟུགས་བརྙན་གྱི་མཚན་མ་ཕྲ་མོས་རྩ་བའི་མཚན་མ་རགས་པ་རྣམ་པར་སེལ་བས་ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་དེ་བཞིན་ཉིད་དུ་བསྒོམ་པའི་རྣལ་འབྱོར་གྱིས ་གཟུགས་བརྙན་གྱི་མཚན་མ་ཡོངས་སུ་སེལ་བར་བྱེད་དེ། །དེ་བཞིན་དུ་ཡེ་ཤེས་ཀྱིས་ཉོན་མོངས་པ་རྣམས་སེལ་བར་བྱེད་པའི་བར་གང་ཡིན་པ་དེ་ནི་བརྟགས་ན་ཁོང་དུ་ཆུད་པར་འགྱུར་རོ། །ཡང་ན་དཔེ་དང་དོན་དུ་སྦྱར་བ་ནི་བསྒོམ་པའི ་ལམ་གྱི་གནས་སྐབས་ཁོ་ན་དང་སྦྱར་ཏེ་བསྟན་པའོ། །མཚན་མ་དང་གནས་དང་ལེན་ཐམས་ཅད་གཏན་དུ་བཅོམ་པའི་ཕྱིར། རིམ་གྱིས་ས་གོང་མ་གོང་མ་དེ་དག་ཏུ་གསེར་སྦྱང་བ་ལྟ་བུར་སེམས་རྣམ་པར་སྦྱངས་པས་ཞེས་བྱ་བ་ནི་གཉིས ་པ་སེམས་རྣམ་པར་སྦྱོང་བ་སྟོན་ཏོ། །འདི་ལྟར་ས་དང་པོ་ལ་འཆིང་བ་གཉིས་གཏན་དུ་བཅོམ་པའི་སྟོབས་ཀྱིས་ས་གོང་མ་རྣམས་སུ་གསེར་མ་བྱང་བ་སྦྱང་བ་ལྟ་བུར་སེམས་རྣམ་པར་སྤྱོད་པས་སོ། །གསེར་སྦྱང་བའི་དཔེ་འདི་ཡང་བསྟན་བཅོས་རྣལ ་འབྱོར་སྤྱོད་པའི་ས་ལས། གསེར་སྦྱང་བ་དང་འདྲ་བར་སེམས་སྦྱངས་བར་གསུང་བ་དེ་ཇི་ལྟར་ལྟ་བ་ཞེ་ན། གསེར་རྣམ་པར་དག་པ་ལ་རྣམ་པ་གསུམ་ཡོད་དེ་སྐྱོན་རྣམ་པར་དག་པ་དང། གང་བུ་རྣམ་པར་དག་པ་དང་ལས་སུ་རུང་བ་རྣམ་པར ་དག་པའོ། །དེ་ལ་སྐྱོན་རྣམ་པར་དག་པ་ནི་འབྱུང་ཁུངས་ན་འདུག་པའི་གསེར་གྱི་སྐྱོན་རགས་པ་དང་འབྲིང་དང། ཆ་ཕྲ་བ་བསལ་བས་ཅི་ཙམ་དུ་གསེར་ཕྱེ་དག་པར་གྱུར་པ་ཁོ་ན་ལུས་པར་གྱུར་པའོ། །དེ་ལ་གང་བུ་རྣམ་པར་དག་པ་ནི་བཞུ་ནས ་གང་བུར་གྱུར་པ་གང་ཡིན་པའོ། །དེ་ལ་ལས་སུ་རུང་བ་རྣམ་པར་དག་པ་ནི་གང་བུ་དེ་ཁྲོ་བ་ལ་སོགས་པའི་སྐྱོན་རྣམ་པར་སྦྱངས་པའི་ཕྱིར་རོ་ཞེས་བཤད་དོ། །གཞན་ཡང་དེ་ཉིད་ལས་འདི་ལྟ་སྟེ། དཔེར་ན་མགར་བ་འམ། མགར་བའི་སློབ ་མ་ཞིག་གིས་གང་གི་ཚེ་གསེར་དམ་དངུལ་ཞིག་དྲི་མ་དང། སྙིགས་མ་ཐམས་ཅད་སྦྱང་བའི་ཕྱིར་དུས་དུས་སུ་མེར་བསྲེག་ཤིང་ཆུར་བཀྲུས་ནས་རྒྱན་དེ་དང་དེ་དག་ཏུ་བྱ་བ་ལ་མ་ཉེན་ཞིང་ལས་སུ་རུང་བའི་ཚུལ་གྱིས་མངོན་སུམ་དུ ་བྱ་བར་འགྱུར་ཏེ། དེ་ལ་མགར?་བ་འམ་མགར་བའི་སློབ་མ་མཁས་པ་དེ་དང་མཐུན་པའི་བཟོ་ཤེས་པ་དེས་མགར་སྤྱད་ཀྱིས་རྒྱན་གྱི་རྣམ་པ་ཅི་འདོད་པ་དེར་བསྒྱུར་བར་བྱེད་པ་དེ་བཞིན་དུ། རྣལ་འབྱོར་པས་ཀྱང་གང་གི་ཚེ་སེམས ་དེ་བ་རྣ་བ་སེམས་ལ་སོགས་པའི་དྲི་མ་དང། སྙིགས་མ་ལ་མི་ཕྱོགས་པ་ཉིད་ཀྱིས་སྐྱོ་བར་བྱས་ལ། ཉོན་མོངས་པ་ཅན་ཡིད་མི་བདེ་བ་ལ་མི་ཕྱོགས་པ་ཉིད་དང། དགེ་བའི་ཕྱོགས་ལ་མངོན་པར་དགའ་བ་ལ་མངོན་དུ ་ཕྱོགས་པ་ཉིད་ཀྱིས་མངོན་པར་དགའ་བར་དུ་?་ནས་རྣལ་འབྱོར་པ་དེས་སེམས་དེ་ཞི་གནས་ཀྱི་ཕྱོགས་སམ། ལྷག་མཐོང་གི་ཕྱོགས་གང་དང་གང་དག་ལས་ངེས་པར་སྦྱོར་བར་བྱེད་པ་དེ་དང་དེ་དག་ལ་ཤིན་ཏུ ་ཉེ་བར་འབྱོར་པ་དང། ཤིན་ཏུ་རྣལ་དུ་འབབ་པ་དང་མི་གཡོ་བ་དང། མི་འགུལ་བར་འགྱུར་ཞིང། ཇི་ལྟར་བསམས་པའི། དོན་ཡང་དག་པར་འགྲུབ་པའི་ཕྱིར་འགྲོ་བར་ཡང་དག་པར་འགྱུར་རོ་ཞེས་འབྱུང་ངོ། །བླ་ན་མེད་པ་ཡང་དག་པར ་རྫོགས་པའི་བྱང་ཆུབ་ཀྱི་བར་དུ་ཡང་འཐོབ་པར་འགྱུར་ལ། དགོངས་པ་ཡོངས་སུ་གྲུབ་པའི་དམིགས་པ་ཡང་ཐོབ་པར་འགྱུར་ཏེ་ཞེས་བྱ་བ་ནི་གཉིས་པ་འབྲས་བུའི་གནས་སྐབས་ཞེས་བྱ་བ་བསྟན?་ཏེ། གནས་སྐབས་རྣམ་པ་ལྔས་འདི་ནི་ལྔ ་པ་མཐར་ཕྱིན་པའི་གནས་སྐབས་སོ། །འདི་ལྟར་ས་རྣམས་སུ་སེམས་སྦྱངས་བ་ཁོ་ན་མ་ཡིན་གྱི་མཐར་ཕྱིན་པའི་གནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་དུ་གང་ཡོངས་སུ་སྦྱང་བ་དགོངས་པའོ། །གཞན་ཡང་གནས་འདི་ལ་བརྟེན ་ནས་དམིགས་པ་རྣམ་པ་བཞི་ལས་བཞི་པ་དགོས་པ་ཡོངས་སུ་གྲུབ་པའི་དམིགས་པ་ཡང་ཐོབ་པར་འགྱུར་བའོ། །སངས་ཀྱི་སའི་གནས་སྐབས་སུ་ནི་དམིགས་པ་རྣམ་པ་བཞི་པོ་དག་ཚང་བར་མངའ་ཨོ། །བཤད་པ་རྣམ་པ་གཞན་དུ་ན། སའི་མདུན་རོལ ་བ་དག་ནི་དམིགས་པ་རྣམ་པ་གཉིས་འཐོབ་བོ། །ས་བཅུ་པ་ལ་གནས་པ་དག་ནི་དངོས་པོའི་མཛའ་ཞེས་བྱའོ། །སངས་རྒྱས་བྱི་སའི་གནས་སྐབས་ཀྱི་ནི་ཡོངས་སུ་རྫོགས་པ་ཞེས་བྱ་སྟེ། དེ་ལྟར་རྣམ་པ་གཉིས་སུ་བཤད་པ་ཡོད་ཀྱང་བཤད་པ་ན་སྔ ་མ་བཟང་ངོ། །རིགས་ཀྱི་བུ་དེ་ལྟར་བྱང་ཆུབ་སེམས་དཔས་ནང་གི་ཞི་གནས་དང་ལྷག་མཐོང་ལ་ཡང་དག་པར་བསྒྲུབས་པའི་ཕྱིར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ་ཞེས་བྱ་བ་ནི ་གཉིས་པ་སྤྱིའི་མཇུག་བསྡུ་བ་སྟེ། འདི་ལྟར་ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་དག་གིས་ཞི་གནས་དང། ལྷག་མཐོང་གི་ལམ་ལ་བརྟེན་ནས་ནན་ཏན་དུ་བསྒྲུབ་པའི་ཕྱིར་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་ ་བྱམས་པས་ཡང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཇི་ལྟར་བསྒྲུབ་པར་འབྱིང་ན་བྱང་ཆུབ་སེམས་དཔའ་ཨི་མཐུ་དང། ཡོན་ཏན་ཡངས་ཤིང་རྒྱ་ཆེར་རབ་ཏུ་འདྲེན་པར་འགྱུར་ལེགས་ཞེས་བྱ་བ་འདི་མན་ཆད་ནི ་བཅུ་བདུན་པ་མཐུ་དང་ཡོན་ཏན་ཡངས་ཤིང་རྒྱ་ཆེ་བའི་བར་དུ་འདྲོན་པའི་སྒོ་ཞེས་བྱ་བ་སྟོན་ཏེ། །འདི་ཡང་རྣམ་པ་གཉིས་ཏེ། ཞུ་བ་གསོལ་བ་དང། ལན་དུ་གསུངས་པ་སྟེ། འདི་ནི་ཞུ་བ་གསོལ་བ་ཉིད་དོ། །རིགས་ཀྱི་བུ་གལ་ཏེ་བྱང་ཆུབ་སེམས ་དཔའ་རྣམས་གནས་དྲུག་ལ་མཁས་པར་གྱུར་ན། བྱང་ཆུབ་སེམས་དཔའ་ཨི་མཐུ་དང། ཡོན་ཏན་ཡངས་ཤིང་རྒྱ་ཆེ་བའི་ཇི་སྙེད་ཡོད་པ་དག་རབ་ཏུ་འདྲེན་པར་འགྱུར་ཏོ་ཞེས་བྱ་བ་འདི་མན་ཆད་ནི་གཉིས་པ་དེ་བཞིན་གཤེགས་པས་ལན་དུ་ཡང་དག་པར ་གསུངས་པ་སྟོན་ཏོ། །འདི་ཡང་རྣམ་པ་གཉིས་སུ་དབྱེ་སྟེ། ཞུས་པ་བཞིན་དུ་ཡང་དག་པར་རྣམ་པར་བཤད་པ་དང། རིགས་ཀྱི་བུ་ཞེས་བྱ་བ་མན་ཆད་སྤྱིའི་མཇུག་བསྡུ་བའོ། །དང་པོ་ཡང་རྣམ་པ་གསུམ་དུ་དབྱེ་སྟེ། གྲངས་སྨོས་ནས་ལན་མདོར ་གསུངས་པ་དང། གྲངས་བཞིན་དུ་མིང་བཀོད་པ་དང། གོ་རིམ་བཞིན་དུ་རྣམ་པར་ཕྱེ་སྟེ་བཤད་པའོ། །འདི་ནི་དང་པོ་གྲངས་སྨོས་ནས་ལན་མདོར་གསུངས་པ་སྟེ། འདི་ལྟར་བྱང་ཆུབ་སེམས་དཔའ་རྣམས་གནས་དྲུག་ལ་མཁས་པར་གྱུར ་ན། མཐུ་དང་ཡོན་ཏན་རྒྱ་ཆེ་བ་རབ་ཏུ་འདྲེན་པར་འགྱུར་བས་སོ། །སེམས་ཀྱི་སྐྱེ་བ་ལ་མཁས་པ་དང། སེམས་ཀྱི་གནས་ལ་མཁས་པ་དང། སེམས་ཀྱི་བསླབ་པ་དང། སེམས་ཀྱི་འཕེལ་བ་ལ་མཁས་པ་དང། སེམས་ཀྱི་འགྲིབ་པ་ལ ་མཁས་པ་དང། སེམས་ཀྱི་ཐབས་ལ་མཁས་པའོ་ཞེས་བྱ་བ་ནི་གཉིས་པ་གྲངས་བཞིན་དུ་མིང་བཀོད་པའོ། །ཇི་ལྟར་ན་སེམས་ཀྱི་སྐྱེ་བ་ལ་མཁས་པ་ཡིན་ཞེ་ན་ཞེས་བྱ་བ་ལ་སོགས་པས་ནི་གསུམ་པ་གོ་རིམ་བཞིན་དུ་རྣམ་པར ་ཕྱེ་སྟེ་བཤད་པ་སྟོན་ཏོ། །འདི་ཡང་གནས་དྲུག་རྣམ་པར་ཕྱེ་སྟེ་བཤད་པ་ཉིད་ལས་རྣམ་བ་དྲུག་ཏུ་དབྱེ་སྟེ། འདི་ནི་དང་པོ་སེམས་ཀྱི་སྐྱེ་བ་ལ་མཁས་པ་རྣམ་པར་བཤད་པའོ། །འདི་ཡང་རྣམ་པ་གཉིས་ཏེ། བརྟག་པ་དང་ལན་དུ་གསུངས་པ་སྟེ ་འདི་ནི་བརྟག་པའོ། །དེ་ལ་མཁས་པ་ཞེས་བྱ་བ་ནི་ཡོངས་སུ་ཤེས་པར་བྱེད་པའི་སེམས་སོ། །སྐྱེ་བ་ཞེས་བྱ་བ་ནི་ཡོངས་སུ་ཤེས་པར་བྱ་བའི་སེམས་ཏེ། འོག་མ་རྣམས་ཀྱང་འདི་བཞིན་དུ་སྦྱར་རོ། །འདི་ལྟ་སྟེ། ཡང་དག་པ་ཇི་ལྟ་བ་བཞིན་དུ་སེམས ་ཀྱི་རྣམ་པ་བཅུ་དྲུག་གི་སྐྱེ་བ་རབ་ཏུ་དབྱེ་བ་ཤེས་པ་གང་ཡིན་པ་དེ་ནི་སེམས་ཀྱི་སྐྱེ་བ་ལ་མཁས་པ་ཞེས་བྱའོ་ཞེས་བྱ་བ་ལ་སོགས་པས་ནི་གཉིས་པ་ཡང་དག་པར་ལན་དུ་གསུངས་པ་སྟོན་ཏོ། །འདི་ཡང་རྣམ་པ་གཉིས་ཏེ། ལན་མདོར ་གསུངས་པ་དང། རྣམ་པར་ཕྱེ་ནས་བཤད་པ་སྟེ། འདི་ནི་དང་པོ་ལན་མདོར་གསུངས་པའོ། །དེ་ལ་སེམས་ཀྱི་སྐྱེ་བ་རྣམ་པ་བཅུ་དྲུག་རབ་ཏུ་དབྱེ་བ་ཡང་ཞེས་བྱ་བ་ལ་སོགས་པས་ནི་གཉིས་པ་སེམས་རྣམ་པ་བཅུ་དྲུག་རྣམ་པར་ཕྱེ་ནས་བཤད ་པའོ། །འདི་ཡང་རྣམ་པ་གཉིས་ཏེ། མདོར་བསྟན་པ་དང། རྣམ་པར་བཤད་པ་སྟེ། འདི་ནི་མདོར་བསྟན་པའོ། །སྣོད་བརྟན་པར་གནས་པའི་རྣམ་པར་རིག་པའི་སྐྱེ་བ་རྣམ་པ་མི་རིག་པ་ནི་འདི་ལྟ་སྟེ། ལེན་པའི་རྣམ་པ་ཤེས་པའོ་ཞེས་བྱ་བ ་འདི་མན་ཆད་ནི་གཉིས་པ་གོ་རིམ་བཞིན་དུ་རྣམ་པར་བཤད་པ་སྟོན་ཏོ། །འདི་ཡང་སེམས་རྣམ་པ་བཅུ་དྲུག་ཏུ་བསྟན་པ་ཉིད་ཀྱིས་རྣམ་པ་བཅུ་དྲུག་དབྱེ་སྟེ། འདི་ནི་སེམས་དང་པོ་རྣམ་པར་བཤད་པའོ། །མདོའི་ཚིག་འདི་ཡང་རྣམ་པ་གཉིས་སུ ་དབྱེ་སྟེ། སེམས་ཀྱི་མིང་བསྟན་པ་དང། ངོ་བོ་ཉིད་བསྟན་པའོ། །མདོའི་ཚིག་འདི་ལ་ཡང་བཤད་པ་རྣམ་པ་གཉིས་ཡོད་དེ། ཁ་ཅིག་ན་རེ་མི་རིག་པ་ཞེས་བྱ་བ་ནི་ཀུན་གཞི་རྣམ་པར་ཤེས་པ་སྟེ། དེས་དམིགས་པའི་རྣམ་པ་མི་རིག་པས་སོ། །རྟག་པར ་གྱུར་མི་འཆད་པའི་ཕྱིར་བརྟན་པར་གནས་པ་ཞེས་བྱའོ། །སྣོད་ཀྱི་འཇིག་རྟེན་འཛིན་པའི་ཕྱིར་སྣོད་ཅེས་བྱའོ། །ལེན་པའི་རྣམ་པར་ཤེས་པ་ཞེས་བྱ་བ་ནི་ངོ་བོ་ཉིད་བསྟན་པའོ། །འདི་ཡང་རྣམ་པ་གསུམ་དང་ལྡན་ཏོ། དབང་པོའི་རྟེན་ཡོངས་སུ་འཛིན་པ ་དང། ས་བོན་ཡོངས་སུ་འཛིན་པ་དང། སྐྱེ་བའི་རྒྱུན་ཡོངས་སུ་འཛིན་པའོ་ཞེའོ། །ཁ་ཅིག་ན་རེ་མ་རིག་པ་ཞེས་བྱ་བ་ནི་འདི་ལྟ་སྟེ། མཐུན་མོང་གི་འབྲས་བུའི་མཚན་ཉིད་ཕྱི་རོལ་གྱི་སྣོད་ཀྱི་འཇིག་རྟེན་རང་ཉིད་ཀྱིས་སྤྲུལ་པ་རབ་དབྱེ་བའི་མཚན་ཉིད་རྣམ་པར ་མི་རིག་པའོ་ཞེས་ཟེར་རོ། །རྣམ་པ་སྣ་ཚོགས་ཀྱི་དམིགས་པའི་རྣམ་པར་རིག་པའི་སྐྱེ་བ་ཞེས་བྱ་བ་ལ་སོགས་པས་ནི་སེམས་གཉིས་རྣམ་པར་བཤད་པ་སྟོན་ཏོ། །འདི་ཡང་མིང་སྨོས་པ་དང། ངོ་བོ་ཉིད་བསྟན་པས་སྟོན་ཏོ། འདི་ནི་མིང་སྨོས་པའོ།། ་དམིགས་པའི་རྣམ་པ་ཡང་ཡུལ་གྱི་རྗེས་སུ་གཅིག་ཁོ་ན་མ་ཡིན་པའི་ཕྱིར་རྣམ་པ་སྣ་ཚོགས་ཤེས་བྱ་བ་གསུངས་སོ། །དམིགས་པའི་རྣམ་པར་རིག་པ་སྐྱེ་བ་ཞེས་བྱ་བ་ནི་ཡུལ་ལ་མིང་དུ་བརྟག་པ་སྟེ། ཡུལ་ལ་དམིགས་པའི་རྣམ་པར་ཤེས་པ་ཡིན་པའི ་ཕྱིར་རོ། །དམིགས་པའི་རྣམ་པར་རིག་པ་སྐྱེ་བ་ཞེས་བྱའོ་ཅིག་ཅར་གཟུགས་ལ་སོགས་པའི་ཡུལ་ཐམས་ཅད་འཛིན་པའི་རྣམ་པར་རྟོག་པའི་ཡིད་ཀྱི་རྣམ་པར་ཤེས་པ་ཅིག་ཆར་ནད་དང་ཕྱི་རོལ་གྱི་ཡུལ་འཛིན་ཅིང་ཚོར་བ་རིག་པ་ཞེས་བྱ་བ་ལ་སོགས ་པས་ནི་གཉིས་པ་ངོ་བོ་ཉིད་སྟོན་ཏོ། །འདི་ཡང་རྣམ་པ་གཉིས་ཏེ། ཟག་པ་དང་བཅས་པའི་ཡིད་ཀྱི་རྣམ་པར་ཤེས་པ་བསྟན་པ་དང། ཟག་པ་མེད་པའི་ཡིད་ཀྱི་རྣམ་པར་ཤེས་པ་བསྟན་པའོ། །འདི་ནི་དང་པོ་སྟེ། འདི་ལྟར་དུས་གཅིག་ཏུ་ཅིག་ཅར་གཟུགས ་ལ་སོགས་པའི་ཡུལ་ཐམས་ཅད་འཛིན་པ་རྣམ་པར་རྟོག་པའི་ཡིད་ཀྱི་རྣམ་པར་ཤེས་པ་དེ་ནི་རྣམ་པར་ཤེས་པ་ལྔ་པོ་དག་དང་དུས་གཅིག་ཏུ་རྣམ་པར་རྟོག་པའི་ཡིད་ཀྱི་རྣམ་པར་ཤེས་པ་འམ། ཡང་ན་རྣམ་པར་ཤེས་པ་ལྔ་པོ་དག་གིས ་མཇུག་ཐོགས་སུ་རྣམ་པར་རྟོག་པའི་ཡིད་ཀྱི་རྣམ་པར་ཤེས་པའོ། །ཡང་ན་དུས་གཅིག་ཏུ་ཅིག་ཆར་ནང་དང་ཕྱི་རོལ་གྱི་སྐྱེ་མཆེད་བཅུ་གཉིས་པོ་དག་གི་ཡུལ་འཛིན་པས་ཚོར་བ་མྱོང་ཞིང་རིག་པའི་རྣམ་པ་རྟོག་པའི་ཡིད་ཀྱི་རྣམ་པར་ཤེས་པའོ། །སྐད་ཅིག་དང་ཐང ་ཅིག་དང། ཡུད་ཙམ་ཅིག་ཆར་ཏིང་ངེ་འཛིན་མང་པོ་ལ་སྙོམས་པར་འཇུག་པ་སྟོན་པ་སངས་རྒྱས་ཀྱི་ཞིང་མང་པོ་མཐོང་བ། དེ་བཞིན་གཤེགས་པ་མང་པོ་མཐོང་བ་རྣམ་པར་རྟོག་པའི་ཡིད་ཀྱི་རྣམ་པར་ཤེས་པའོ་ཞེས་བྱ་བ་ནི་གཉིས་པ་ཟག་པ་མེད་པའི་ཡིད་ཀྱི་རྣམ ་པར་ཤེས་པ་བསྟན་པའོ། །དེ་ལ་སྐད་ཅིག་ཅེས་བྱ་བ་ནི་ཤིན་ཏུ་ཡུན་ཐུང་བ་སྟེ། དེའི་ཕྱིར་བསྟན་བཅོས་སེམས་སྣ་ཚོགས་བསྟན་པ་ལས། སྐྱེས་བུ་ཤིན་ཏུ་སྟོབས་དང་ལྡན་པའི་སེ་གོལ་གཏོག་པ་གཅིག་ལ་སྐད་ཅིག་མ་དྲུག་ཅུ་ཡོད་ངོ་ཞེས་འབྱུང་བས ་སྐད་ཅིག་ཅེས་བྱའོ། །དེ་ལ་ཐང་ཅིག་དང་ཡུད་ཙམ་ཞེས་བྱ་བ་ནི། མཛོད་ཀྱི་བསྟན་བཅོས་ལས་སྐད་ཅིག་བརྒྱ་ཉི་ཤུ་ལ་དེའི་སྐད་ཅིག་གཅིག་གོ་།དེའི་སྐད་ཅིག་དྲུག་ཅུ་ལ་ཐང་ཅིག་གོ་ཐང་ཅིག་སུམ་ཅུ་ལ་ནི་ཡུད་ཙམ་གཅིག་གོ་ཞེས་བཤད་དོ། །དེ་ནི ་འདི་སྐད་དུ་ཕྱིས་ཟག་པ་མེད་པ་ལ་དབང་ཐོབ་པའི་མཐུའི་དབང་གིས་དུས་གཅིག་ཏུ་སྐད་ཅིག་མ་གཅིག་ལ་ཏིང་ངེ་འཛིན་མང་པོ་ལ་སྙོམས་པར་འཇུག་པ་དང། སངས་རྒྱས་ཀྱི་ཞིང་མང་པོ་མཐོང་བ་དང། སངས་རྒྱས་མང་པོ་མཐོང་བའི་རྣམ་པར་རྟོག་པའི ་ཡིད་ཀྱི་རྣམ་པར་ཤེས་པའོ་ཞེས་བསྟན་པར་འགྱུར་རོ། །ཕྱིས་ཐོབ་པར་འདི་ཡང་ཟག་པ་དང་བཅས་པའི་སེམས་ལ་བལྟོས་ན་ནི། རྣམ་པར་མི་རྟོག་པ་ཞེས་བྱའོ། །ངོ་བོ་ཉིད་ཀྱི་ཡེ་ཤེས་ལ་བལྟོས་ན་ནི་རྣམ་པར་རྟོག་པ་ཞེས་བྱའོ། །སྐད་ཅིག་མ་གཅིག? ་ལ་དེ་བཞིན་གཤེགས་པ་མང་པོ་མཐོང་ངོ་ཞེས་བསྟན་པ་དེའི་དོན་ནི་དེ་ལྟར་མི་རུང་པས། ཇི་ལྟར་སྐད་ཅིག་མ་གཅིག་ལ་ཏིང་ངེ་འཛིན་མང་པོ་ལ་སྙོམས་པར་འཇུག་ཅེ་ན། སྨྲས་པ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མཐུ་བསམ་གྱིས་མི་ཁྱབ ་པས་སྐད་ཅིག་མ་གཅིག་ལ་ཏིང་ངེ་འཛིན་རྣམ་པ་སྣ་ཚོགས་ལ་སྙོམས་པར་འཇུག་སྟེ། དེའི་ཕྱིར་བསྟན་བཅོས་ཆོས་མངོན་པ་སྣ་ཚོགས་ཀུན་ལས་བཏུས་པ་ལས། སངས་རྒྱས་བཅོམ་ལྡན་འདས་དང། བྱང་ཆུབ་སེམས་དཔའ་མཐུ་ཆེན་པོ་ཐོབ་པ་ནི་ཇི་ལྟར ་བཞེད་ཅིང་འདོད་པ་བཞིན་དུ་སྐད་ཅིག་སྐད་ཅིག་ལ་ཏིང་ངེ་འཛིན་ཚད་མེད་པ་དག་ལ་སྙོམས་པར་འཇུག་པས་རབ་ཏུ་དབྱེ་བའི་ཕྱིར་རོ་ཞེས་བསྟན་པ་ཡིན་ནོ། །རྣམ་པ་གཞན་དུ་ན་ཇི་ལྟར་འོས་པ་བཞིན་དུ་ཏིང་ངེ་འཛིན་རྣམས་ལ་སྙོམས་པ་འཇུག ་པ་ཡིན་གྱི་ཡང་དག་པར་སྐད་ཅིག་མ་གཅིག་ལ་ཏིང་ངེ་འཛིན་ཐམས་ཅད་ལ་སྙོམས་པར་འཇུག་པ་ནི་མ་ཡིན་ནོ། །གལ་ཏེ་དེ་ལྟ་མ་ཡིན་ན་ནི་ཇི་ལྟར་སྐད་ཅིག་གཅིག་ལ་སངས་རྒྱས་ཀྱི་ཞིང་མང་པོ་ལ་འཇུག་སྟེ། སེམས་ཅན་གང་ལ་ཡང་ལུས་མང ་པོ་མེད་པའི་ཕྱིར་སྤྲུལ་པའོ་ལུས་ཀྱིས་སངས་རྒྱས་ཀྱི་ཞིང་མང་པོར་འཇུག་པར་སྟོན་ཏོ། །མཚན་མ་ཆུང་ངུལ་དམིགས་པའི་རྣམ་པར་རིག་པ་སྐྱེ་བ་ནི་འདི་ལྟ་སྟེ། འདོད་པའི་ཁམས་དང་ལྡན་པའི་རྣམ་པར་རིག་པའོ་ཞེས་བྱ་བས་ནི་སེམས་གསུམ་པ ་སྟོན་ཏོ། །འོག་ནས་འབྱུང་བའི་མཚན་མ་ལྔ་པོ་དག་ནི་ཀུན་གཞི་རྣམ་པར་ཤེས་པ་ལས་བརྩམས་ནས་བསྟན་པ་ཡིན་ཏེ། དེའི་ཕྱིར་བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས། ཀུན་གཞི་རྣམ་པར་ཤེས་པ་དེ་ཡང་འདོད་པའི་ཁམས་སུ་ནི་གྱུ་ཆུ་ངུའི ་དམིགས་པ་རྣམ་པར་རིག་པས་དམིགས་པ་ཆུང་དུའི་དམིགས་པའི་ཕྱིར་རོ་ཞེས་བསྟན་པ་ཡིན་ནོ། །བསྟན་བཅོས་ཆོས་མངོན་པ་སྣ་ཚོགས་ཀུན་ལས་བཏུས་པ་ལས། ཆུང་དུའི་འདུ་ཤེས་ནི་འདི་ལྟ་སྟེ། འདོད་པའི་ཁམས་ཀྱི་སྟེ་ཤིན་ཏུ་དམན་པའི་ ་ཕྱིར་རོ་ཞེས་བཤད་དོ། །མཚན་མ་ཆེན་པོར་གྱུར་པ་ལ་དམིགས་པའི་རྣམ་པར་རིག་པ་སྐྱེ་བ་ནི་འདི་ལྟ་སྟེ། གཟུགས་ཀྱི་ཁམས་དང་ལྡན་པའི་རྣམ་པར་རིག་པའོ་ཞེས་བྱ་བས་ནི་སེམས་བཞི་པ་སྟོན་ཏེ། བསྟན་བཅོས་རྣལ་འབྱོར ་སྤྱོད་པའི་ས་ལས་ཀུན་གཞིའི་རྣམ་པར་ཤེས་པ་ནི་རྒྱུ་ཆེན་པོར་འགྱུར་བའི་དམིགས་པ་རྣམ་པར་རིག་པས་དམིགས་པ་རྒྱ་ཆེན་པོ་ལ་དམིགས་པའི་ཕྱིར་རོ་ཞེས་བཤད་དོ། །བསྟན་བཅོས་ཆོས་མངོན་པ་སྣ་ཚོགས་ཀུན་ལས་བཏུས་པ་ལས་ཀྱང ་རྒྱ་ཆེན་པོར་གྱུར་བ་ནི་འདི་ལྟ་སྟེ། གཟུགས་ཀྱི་ཁམས་མཆོག་ཏུ་གྱུར་པའི་ཕྱིར་རོ་ཞེས་བཤད་དོ། །མཚན་མ་མེད་པ་ལ་དམིགས་པའི་རྣམ་པར་རིག་པ་སྐྱེ་བ་འདི་ལྟ་སྟེ། ནམ་མཁའ་དང། རྣམ་ཤེས་མཛའ་ཡས་སྐྱེ་མཆེད་དང་ལྡན་པའི ་རྣམ་པར་རིག་པའོ་ཞེས་བྱ་བས་ནི་སེམས་ལྔ་པ་སྟོན་ཏོ། །བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་ཀུན་གཞིའི་རྣམ་པར་ཤེས་པ་ནི་གཟུགས་མེད་པའི་ཁམས་ནམ་མཁའ་མཛའ་ཡས་སྐྱེ་མཆེད་དང། རྣམ་ཤེས་མཛའ་ཡས་སྐྱེ ་མཆེད་ན་ནི་རྒྱུ་མཚན་མེད་པའི་དམིགས་པ་རྣམ་པར་རིག་པས་ཚད་མེད་པ་ཞེས་བྱ་བའི་ཕྱིར་རོ་ཞེས་བཤད་དོ། །བསྟན་བཅོས་ཆོས་མངོན་པ་སྣ་ཚོགས་ཀུན་ལས་བཏུས་པ་ལས་ཀྱང། ཚད་མེད་པ་ནི་འདི་ལྟ་སྟེ། ནམ་མཁའ་མཛའ་ཡས ་སྐྱེ་མཆེད་དང། རྣམ་ཤེས་མཛའ་ཡས་སྐྱེ་མཆེད་དེ་མཛའ་མེད་པའི་ཕྱིར་རོ་ཞེས་བཤད་དོ། །མཚན་མ་ཕྲ་མོ་ལ་ལ་དམིགས་པའི་རྣམ་པར་སྐྱེ་བ་ནི་འདི་ལྟ་སྟེ། ཅི་ཡང་མེད་པའི་སྐྱེ་མཆེད་དང་ལྡན་པའི་རྣམ་པར་རིག་པའོ་ཞེས་བྱ་བས་ནི ་སེམས་དྲུག་པ་བསྟན་པའོ། །བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས། ཀུན་གཞི་རྣམ་པར་ཤེས་པ་ནི་ཅི་ཡང་མེད་པའི་སྐྱེ་མཆེད་ན་ནི་རྒྱུ་ཕྲ་བའི་དམིགས་པ་རྣམ་པར་རིག་པས་ཕྲ་བའི་དམིགས་པ་ལ་དམིགས་པའི་ཕྱིར་རོ་ཞེས་བཤད ་དོ། །མཚན་མ་མཐར་ཐུག་པ་ལ་དམིགས་པའི་རྣམ་པར་རིག་པ་སྐྱེ་བ་ནི་འདི་ལྟ་སྟེ། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་དང་ལྡན་པའི་ཕྱིར་རྣམ་པར་རིག་པའོ་ཞེས་བྱ་བས་ནི་སེམས་བདུན་པ་སྟེ?་ཏེ། ཁམས་གསུམ་པའི་ནང་ན་མཆོག ་ཏུ་མཐར་ཐུག་པ་ཡིན་པའི་ཕྱིར་མཐར་ཐུག་པ་ཞེས་བྱའོ། །བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་ཀུན་གཞིའི་རྣམ་པར་ཤེས་པ་ནི་འདུ་ཤེས་འདུ་ཤེས་མེད་མིན་སྐྱེ་མཆོད་ན་ནི་ཤིན་དུ་ཕྲ་བའི་དམིགས་པའི་རྣམ་པར་རིག་པས་ཤིན་དུ་ཕྲ་བས ་དམིགས་པའི་ཕྱིར་རོ་ཞེས་བཤད་དོ། །བསྟན་བཅོས་རྣམ་པར་བཤད་པ་ལས་ཀྱང་གོང་དུ་བསྟན་པའི་མཚན་མ་ལྔ་པོ་དག་བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་བསྟན་པ་དང་མཐུན་པར་བཤད་དོ། །ཡང་ན་མཚན་མ་ལྔ་པོ་དེ་དག་ཅི་རིགས ་པར་རྣམ་པར་ཤེས་པ་དྲུག་པོ་དག་དང་སྦྱར་རོ། །མཚན་མ་མེད་པའི་རྣམ་པར་རིག་པ་སྐྱེ་བ་ནི་འདི་ལྟ་སྟེ། འཇིག་རྟེན་ལས་འདས་པའི་རྣམ་པར་རིག་པ་དང། འགོག་པ་ལ་དམིགས་པའི་རྣམ་པར་རིག་པའོ་ཞེས་བྱ་བས་ནི་སེམས་བརྒྱད་པོ་སྟོན ་ཏེ། དེ་ལ་འཇིག་རྟེན་ལས་འདས་པའི་རྣམ་པར་རིག་བ་ཞེས་བྱ་བ་ནི་ཟག་པ་མེད་པའི་ལམ་གྱི་བདེན་པ་དང། མཚུངས་པར་ལྡན་པའི་རྣམ་པར་ཤེས་པ་ཟག་པ་དང་བཅས་པའི་སྤྲོས་པའི་མཚན་མ་རྣམས་ཡོངས་སུ་སྤངས་པའི་ཕྱིར་མཚན་མ་མེད་པ་ཞེས ་བྱའོ། །འདིར་ཟག་པ་མེད་པ་རྣམ་པར་དག་པའི་རྣམ་པར་ཤེས་པ་བརྒྱད་པོ་དག་ཀྱང་གཏོགས་སོ། །སྡུག་བསྔལ་དང་ལྡན་པའི་རྣམ་པར་རིག་པ་སྐྱེ་བ་ནི་འདི་ལྟ་སྟེ། སེམས་ཅན་དམྱལ་བའི་རྣམ་པར་རིག་པའོ་ཞེས་བྱ་བ་ནི་སེམས་དགུ་བ་སྟོན་ཏོ། ། ་འདི་ལྟ་སྟེ། སེམས་ཅན་དམྱལ་བ་རིལ་དང། ཡི་དགས་དང་དུང་འགྲོ་ལས་ཁ་ཅིག་ནི་གཅིག་ཏུ་སྡུག་བསྔལ་མྱོང་བ་གང་ཡིན་པའོ། །དགོངས་པ་ཟབ་མོ་རྣམ་པར་དགྲོལ་བའི་མདོ་ལས། སྡུག་བསྔལ་དང་མཚུངས་པར་ལྡན་པའི་རྣམ་པར་རིག་པ ་ནི་ངན་འགྲོའི་རྣམ་པར་རིག་པ་ལྟ་བུའོ་ཞེས་འབྱུང་ངོ། །ཚོར་བ་འདྲེན་མ་དང་ལྡན་པའི་རྣམ་པར་རིག་པ་སྐྱེ་བ་ནི་འདི་ལྟ་སྟེ། འདོད་པ་ན་སྤྱོད་པའི་རྣམ་པར་རིག་པའོ་ཞེས་བྱ་བ་ནི་སེམས་བཅུ་པ་བསྟན་ཏེ། འདི་ལྟར་མི་དང་འདོད ་པའི་ཁམས་ཀྱི་ལྷ་རིལ་དང། ཡི་དགས་དང། དུད་འགྲོ་ལས་ཁ་ཅིག་ནི་འཇུག་པའི་རྣམ་པར་ཤེས་པ་དང་མཚུངས་པར་ལྡན་པ་སྡུག་བསྔལ་གྱི་ཚོར་བ་དང། བདེ་བའི་ཚོར་བ་དང། སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པའི་ཚོར་བ་དང ་འདྲེན་མར་འཇུག་པས་སོ། །དགོངས་པ་ཟབ་མོ་རྣམ་པར་དགྲོལ་བའི་མདོ་ལས། ཚོར་བ་འདྲེན་མ་དང། མཚུངས་པར་ལྡན་པའི་རྣམ་པར་རིག་པ་ནི་འདོད་པའི་ཁམས་ཀྱི་རྣམ་པར་ཤེས་པ་ལྟ་བུའོ་ཞེས་འབྱུང་ངོ། །དགའ་བ་དང་ལྡན་པའི ་རྣམ་པར་རིག་པ་སྐྱེ་བ་ནི་འདི་ལྟ་སྟེ། བསམ་གཏན་དང་པོ་དང་གཉིས་པའི་རྣམ་པར་རིག་པའོ་ཞེས་བྱ་བས་ནི་སེམས་བཅུ་གཅིག་པ་བསྟན་ཏོ། །འདི་ལྟར་བསམ་གཏན་དང་པོ་དང་གཉིས་པས་ནི་ཚོར་བ་བདེ་བ་དང་ལྡན་པ་ཐག་པ་ཆེ་ཆུང་གི་བསྟན ་པ་ཀུན་ལས་བཤད་དེ། དེ་ལ་ཐེག་པ་ཆེན་པོའི་གཞུང་གིས་བསྟན་པ་ཡང་ངོ་བོ་ཉིད་ནི་མཐུན་ལ་དོན་ནི་ཐ་དད་དེ། བདེ་བའི་ཚོར་བ་ཡང་ཡོད་པས་སྟོན་པས་སོ། །མདོ་འདི་ལས་ནི་ཚོར་བ་རྣམ་པ་ལྔ་ཐ་དད་པར་བྱེད་པའི་ཕྱིར། རེ་ཞིག་དགའ་ ་བའི་ཚོར་བ་བསྟན་པ་ཡིན་ནོ། །དགོངས་པ་ཟབ་མོ་རྣམ་པར་དགྲོལ་བའི་མདོ་ལས་ཀྱང་དགའ་བ་དང། མཚུངས་པར་ལྡན་པའི་རྣམ་པར་རིག་པ་ནི་བསམ་གཏན་དང་པོ་དང་གཉིས་པའི་རྣམ་པར་ཤེས་པ་ལྟ་བུའོ་ཞེས་འབྱུང་ངོ། །བདེ ་བ་དང་ལྡན་པའི་རྣམ་པར་རིག་པ་སྐྱེ་བ་ནི་འདི་ལྟ་སྟེ། བསམ་གཏན་གསུམ་པའི་རྣམ་པར་རིག་པའོ་ཞེས་བྱ་བས་ནི་སེམས་བཅུ་གཉིས་པ་བསྟན་ཏོ། །བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་བསམ་གཏན་འོག་མ་གསུམ་ནི་གཅིག ་ཏུ་བདེ་བའི་ཚོར་བ་དང་ལྷན་ཅིག་འཇུག་གོ་ཞེས་བཤད་དོ། །དགོངས་པ་ཟབ་མོ་རྣམ་པར་དགྲོལ་བའི་མདོ་ལས། བདེ་བ་དང་མཚུངས་པར་ལྡན་པའི་རྣམ་པར་རིག་པ་ནི་བསམ་གཏན་གསུམ་པ་ལྟ་བུའོ་ཞེས་འགྱུར་དོ། །སྡུག་བསྔལ་ཡང་མ་ཡིན ་བདེ་བ་ཡང་མ་ཡིན་པའི་རྣམ་པར་རིག་པ་སྐྱེ་བ་ནི་འདི་ལྟ་སྟེ། བསམ་གཏན་བཞི་པ་དང། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་པའི་རྣམ་པར་རིག་པའོ་ཞེས་བྱ་བས་ནི་སེམས་བཅུ་གསུམ་བསྟོན་ཏོ། །འདི་ལྟར་བསམ་གཏན་བཞི་པ ་ཡན་ཆད་ཀྱིས་པ་རྣམས་གཅིག་ཏུ་ཚོར་བ་བཏང་སྙོམས་དང་མཚུངས་པར་ལྡན་པས་སོ། །འདིར་ནི་ཟག་པ་དང་བཅས་པའི་ཡིད་རྣམ་པར་ཤེས་པ་དང། ཀུན་གཞིའི་རྣམ་པར་ཤེས་པ་ཡང་གཏོགས་སོ། །དགོངས་པ་ཟབ་མོ་རྣམ་པར་དགྲོལ་བའི ་མདོ་ལས། ཚོར་བ་བཏང་སྙོམས་དང་མཚུངས་པར་ལྡན་པའི་རྣམ་པར་རིག་པ་ནི་བསམ་གཏན་བཞི་པ་དང། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་པའི་བར་གྱི་རྣམ་པར་ཤེས་པ་ལྟ་བུའོ་ཞེས་འབྱུང་ངོ། །ཉོན་མོངས་པ་དང་ལྡན་པའི་རྣམ ་པར་རིག་པ་སྐྱེ་བ་འདི་ལྟ་སྟེ། ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་དང་ལྡན་པའི་རྣམ་པར་རིག་པའོ་ཞེས་བྱ་བས་ནི་སེམས་བཅུ་བཞི་པ་སྟོན་ཏོ། ཅི་རིགས་པར་རྩ་བའི་ཉོན་མོངས་པ་དྲུག་དང་ཉེ་བའི་ཉོན་མོངས་པ་ཉི་ཤུ་རྩ་བཞི་པོ་དག་དང ་མཚུངས་པར་ལྡན་པའི་ཟག་པ་དང་བཅས་པའི་རྣམ་པར་རིག་པ་གང་ཡིན་པའོ་ཞེས་བྱ་བའི་ཐ་ཚིག་གོ་།དགེ་བ་དང་ལྡན་པའི་རྣམ་པར་རིག་པ་སྐྱེ་བ་ནི་འདི་ལྟ་སྟེ། དད་པ་ལ་སོགས་པ་དང་ལྡན་པའི་རྣམ་པར་རིག་པའོ་ཞེས་བྱ་བས་ནི་སེམས ་བཅོ་ལྔ་པ་བསྟན་ཏེ། འདི་ལྟ་སྟེ། དད་པ་ལ་སོགས་པ་དགེ་བ་བཅུ་གཅིག་དང་མཚུངས་པར་ལྡན་པ་ཟག་པ་དང་བཅས་པའི་རྣམ་པར་ཤེས་པ་དྲུག་དང། ཟག་པ་མེད་པའི་རྣམ་པར་ཤེས་པ་བརྒྱད་དོ་ཞེས་བྱ་བའི་ཐ་ཚིག་གོ་།ལུང་མ་བསྟན ་པ་དང་ལྡན་པའི་རྣམ་པར་རིག་པ་སྐྱེ་བ་ནི་འདི་ལྟ་སྟེ། དེ་གཉིས་ག་དང་མི་ལྡན་པའི་རྣམ་པར་རིག་པའོ་ཞེས་བྱ་བས་ནི་སེམས་བཅུ་དྲུག་པ་སྟོན་ཏེ། འདི་ལྟ་སྟེ་དག་པ་དང། ཉོན་མོངས་པ་དེ་དག་དང་མི་ལྡན་པ་ཐག་པ ་དང་བཅས་པའི་རྣམ་པར་ཤེས་པ་དྲུག་དང། ཀུན་གཞིའི་རྣམ་པར་ཤེས་པའོ་ཞེས་བྱ་བའི་ཐ་ཚིག་གོ་།ཇི་ལྟར་ན་སེམས་ཀྱི་གནས་ལ་མཁས་བ་ཡིན་ཞེ་ན་ཞེས་བྱ་བ་ལ་སོགས་པ་ནི་གཉིས་པ་སེམས་སེམས་ཀྱི་གནས་ལ་མཁས་པ་རྣམ་པར ་བཤད་པ་སྟོན་ཏོ། །འདི་ཡང་བརྟག་པ་དང་ལྡན་དུ་གསུངས་པས་བསྟན་ཏེ་།འདི་ནི་བརྟག་པའོ། །དེ་ལ་མཁས་པ་ཞེས་བྱ་བ་ནི་ཡོངས་སུ་ཤེས་པར་བྱེད་པའི་སེམས་ཏེ། འོག་མ་རྣམས་ཀྱང་འདི་དང་འདྲ་བར་བཤད་པར་བྱའོ། །འདི་ལྟ་སྟེ། ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རྣམ་པར་རིག་པའི་དེ་བཞིན་ཉིད་རབ་ཏུ་ཤེས་པའོ་ཞེས་བྱ་བ་ནི་གཉིས་པ་ལན་དུ་གསུངས་པས་བསྟན་ཏེ། འདི་ལྟར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རྣམ་པར་མི་རྟོག་པའི་ཡེ་ཤེས་དང་མཐུན་པའི་སེམས་རྣམ ་པར་རིག་པའི་དེ་བཞིན་ཉིད་རབ་ཏུ་ཤེས་པར་གྱུར་ནས་དེ་བཞིན་ཉིད་ལ་བརྟེན་ཏེ་གནས་པའོ། །ཡང་ན་རྣམ་པར་རིག་པའི་དེ་བཞིན་ཉིད་ཅེས་བྱ་བ་ནི་དེ་བཞིན་ཉིད་རྣམ་པ་བདུན་ལས་རྣམ་པར་རིག་པའི་དེ་བཞིན་ཉིད་དེ། དེ་ནི་སོ་སོ་བརྟག ་པར་ནུས་པའི་ཤེས་པ་ལ་རྣམ་པར་རིག་པའི་དེ་བཞིན་ཉིད་ཅེས་བྱ་སྟེ། དེ་ཁོ་ན་མ་ཡིན་པའི་ཕྱིར་རོ། །བསྟན་བཅོས་མདོ་སྡེའི་རྒྱན་ལས། རྣམ་པར་རིག་པའི་དེ་བཞིན་ཉིད་ནི་འདི་ལྟ་སྟེ། རྣམ་པར་མི་རྟོག་པའི་ཡེ་ཤེས་སོ་ཞེས་བཤད ་དོ། །དེ་ནི་འདི་སྐད་དུ་འདི་ལྟར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རྣམ་པར་རིག་པ་ཙམ་དུ་བསྒོམ་པའི་ཤེས་པ་དང་མཐུན་པའི་སེམས་གང་ཡིན་པ་རབ་ཏུ་ཤེས་པར་གྱུར་ཏེ། ཡུལ་ལ་བརྟེན་ནས་གནས་གང་ཡིན་པ་དེ་ནི་སེམས་ཀྱི་གནས་ལ་མཁས་གནས་གང་ཡིན་པ་དེ་ནི་སེམས་ཀྱི་གནས་ལ་མཁས ་བ་ཞེས་བྱ་བའོ་ཞེས་བསྟན་པར་འགྱུར་རོ། །ཇི་ལྟར་ན་སེམས་ཀྱི་བསླང་བ་ལ་མཁས་པ་ཡིན་ཞེ་ན་ཞེས་བྱ་བ་ལ་སོགས་པས་ནི་གསུམ་པ་སེམས་ཀྱི་བསླང་བ་ལ་མཁས་པ་རྣམ་པར་བཤད་པ་སྟོན་ཏེ། འདི་ཡང་བརྟག་པ་དང། ལན་དུ་གསུངས་པས ་བསྟན་ཏེ། འདི་ནི་བརྟག་པའོ། །ཡང་དག་པ་ཇི་ལྟ་བ་བཞིན་དུ་འཆིང་བ་རྣམ་པ་གཉིས་པོ་ལས་བསླང་བར་བྱའོ་ཞེས་རབ་ཏུ་ཤེས་པ་འདི་ལྟ་སྟེ། མཚན་མའི་འཆིང་བ་དང་གནས་ངན་ལེན་གྱི་འཆིང་བ་དེ་དག་ལས་སེམས་འདི་བསླང་བར ་བྱའོ་ཞེས་བྱ་བ་ལ་མཁས་པའོ་ཞེས་བྱ་བ་ནི་གཉིས་པ་ལན་དུ་གསུངས་པ་སྟེ། འདི་ལྟར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རྣམ་པར་མི་རྟོག་པའི་ཡེ་ཤེས་དང་མཐུན་པར་འགྱུར་བའི་སེམས་རབ་ཏུ་ཤེས་པར་གྱུར་ནས་འཆིང་བ་རྣམ་པ་གཉིས་པོ ་དག་ལས་ངེས་པར་འབྱུང་བར་འགྱུར་བའོ། །ཡོངས་སུ་ཤེས་པའི་སེམས་དེ་ལ་མཁས་པར་གྱུར་ན། རྣམ་པར་མི་རྟོག་པའི་ཡེ་ཤེས་དང་མཐུན་པར་གྱུར་པའི་སེམས་ཀྱིས་འཆིང་བ་གཉིས་པ་དག་ལས་འབྱུང་བར་འགྱུར་བས་སོ། །ཇི་ལྟར་ན ་སེམས་ཀྱི་འཕེལ་བ་ལ་མཁས་པ་ཡིན་ཞེ་ན་ཞེས་བྱ་བ་ལ་སོགས་པ་ནི་བཞི་བ་སེམས་ཀྱི་འཕེལ་བ་ལ་མཁས་པ་རྣམ་པར་བཤད་པ་སྟོན་ཏོ། །འདི་ཡང་བརྟག་པ་དང་ལན་དུ་གསུངས་པས་བསྟན་ཏེ། འདི་ནི་བརྟག་པའོ། །འདི་ལྟ་སྟེ། ཡང ་དག་པར་ཇི་ལྟ་བ་བཞིན་དུ་མཚན་མའི་འཆིང་བ་དང། གནས་ངན་གྱི་འཆིང་པའི་གཉེན་པོའི་སེམས་གང་ཡིན་པ་དེ་འཕེལ་བ་དང་དེ་བསག་པར་གྱུར་པའི་ཚེ་འཕེལ་བར་གྱུར་ཏོ། །བསགས་པར་གྱུར་ཏོ་ཞེས་རབ་ཏུ་ཤེས་པ་གང་ཡིན་པ་དེ་ནི ་འཕེལ་བ་ལ་མཁས་པ་ཞེས་བྱའོ་ཞེས་བྱ་བ་ནི་གཉིས་པ་ལན་དུ་གསུངས་པ་སྟེ། ཡང་དག་པ་ཇི་ལྟ་བ་བཞིན་དུ་འཆིང་བ་གཉིས་ཀྱི་གཉེན་པོར་གྱུར་པའི་སེམས་དེ་འཕེལ་བར་གྱུར་པ་དང། བསགས་པར་གྱུར་པའི་ཚེ་འཆིང་བའི་གཉེན? ་པོར་གྱུར་བའི་སེམས་དང་མཐུན་པར་གྱུར་བའི་ཤེས་རབ་ལ་སོགས་པས་རབ་ཏུ་ཤེས་པ་གང་ཡིན་པ་དེ་ལ་ནི་འཕེལ་བ་ལ་མཁས་པ་ཞེས་བྱའོ། །དེ་ལ་འཕེལ་བ་དང་བསགས་པ་ལ་བྱེ་བྲག་ཡོད་པ་ཡང་མདོ་ནི ་དུ་སྤྱོད་པ་འཕེལ་བར་གྱུར་ལ་གང་ཡིན་པ་དེ་ནི་འཕེལ་བ་ཞེས་བྱའོ། །ཡོངས་སུ་བསྒོམ་ནས་ས་བོན་དུ་གྱུར་པ་གང་ཡིན་པ་དེ་ནི་བསགས་པ་ཞེས་བྱའོ། །ཡང་ན་འཕེལ་བར་གྱུར་པའི་དུས་གང་ཡིན་པ་དེ་ནི་འཕེལ་བ་ཞེས་བྱའོ། །ཡང ་ནས་ཡང་དུ་བསྒོས་པ་ལས་བྱུང་བའི་གང་ཡིན་པ་དེ་ནི་བསགས་པ་ཞེས་བྱའོ། །ཇི་ལྟར་ན་སེམས་གྱི་འགྲོ་བ་པ་ལ་མཁས་པ་ཡིན་ཞེ་ན་ཞེས་བྱ་བ་ལ་སོགས་པས་ནི་ལྔ་པ་སེམས་ཀྱི་འགྲིབ་པ་ལ་མཁས་པ་རྣམ་པར་བཤད་པ་སྟོན་ཏོ།། ་འདི་ཡང་བརྟག་པ་དང་ལན་དུ་གསུངས་པས་བསྟན་ཏེ། འདི་ནི་བརྟག་པའོ། །འདི་ལྟ་སྟེ། ཡང་དག་པ་ཇི་ལྟ་བ་བཞིན་དུ་དེ་དང་མི་མཐུན་པའི་ཕྱོགས་སུ་གྱུར་པ། མཚན་མ་དང་གནས་ངན་ལེན་གྱིས་ཀུན་ནས་ཉོན་མོངས་པ་ཅན་དུ་གྱུར ་པའི་སེམས་དེ་འགྲིབ་པ་དང་འབྲི་བར་གྱུར་པ་ནི་དེ་འགྲིབས་བྲི་བར་གྱུར་ཏོ་ཞེས་རབ་ཏུ་ཤེས་པ་གང་ཡིན་པར་ནི་སེམས་ཀྱི་འགྲིབ་པ་ལ་མཁས་པ་ཞེས་བྱའོ་ཞེས་བྱ་བ་ནི་གཉིས་པ་ལན་དུ་གསུངས་པ་སྟེ། འདི་ལྟར་ཡང་དག་པ་ཇི་ལྟ ་བ་བཞིན་དུ་དེ་དང་མི་མཐུན་པར་གྱུར་པའི་འཆིང་བ་གཉིས་ཀྱིས་ཀུན་ནས་ཉོན་མོངས་པ་ཅན་དུ་གྱུར་པའི་སེམས་འགྲིབ་པ་དང་འབྲི་བར་འགྱུར་བའི་ཚེ། ཀུན་ནས་ཉོན་མོངས་པ་ཅན་དུ་གྱུར་བའི་སེམས་དང་མཚུངས་པར་ལྡན་པའི ་ལྟ་པ་ལ་སོགས་པ་ཡང་འགྲིབ་ཅིང། འབྲི་བར་འདུ་ཤེས་པ་གང་ཡིན་པ་དེ་ནི་འགྲིབ་པ་ལ་མཁས་པ་ཞེས་བྱའོ་ཞེས་པའི་ཐ་ཚིག་གོ་།འགྲིབ་པ་དང། འབྲི་བ་ལ་བྱེ་བྲག་ཡོད་པ་ཡང་གོང་དུ་བསྟན་པའི་འཕེལ་བ་དང་བསགས ་པ?་ལས་བཟློག་པར་རིག་པར་བྱའོ། །ཇི་ལྟར་ན་ཐབས་ལ་མཁས་པ་ཡིན་ཞེ་ན་ཞེས་བྱ་བ་ལ་སོགས་པས་ནི་དྲུག་པ་ཐབས་མཁས་པའི་རྣམ་པར་བཤད་པ་སྟོན་ཏོ། །འདི་ཡང་བརྟག་པ་དང་ལན་དུ་གསུངས་པས་སྟོན་ཏེ་།འདི་ནི་བརྟག་པའོ།། ་འདི་ལྟ་སྟེ། ཡང་དག་པ་ཇི་ལྟ་བ་བཞིན་དུ་རྣམ་པར་ཐར་པ་དང། ཟིལ་གྱིས་གནོན་པའི་སྐྱེ་མཆེད་དང། ཟད་བར་གྱི་སྐྱེ་མཆེད་དག་སྒོམ་པ་འམ། ཡོངས་སུ་བསལ་བ་རབ་ཏུ་ཤེས་པ་ཞེས་བྱ་བ་ནི་གཉིས་པ་ལན་དུ་གསུངས་པ་སྟེ། འདི ་ལྟར་ཡང་དག་པ་ཇི་ལྟ་བ་བཞིན་དུ། རྣམ་པར་ཐར་པ་བརྒྱད་དང། ཟིལ་གྱིས་གནོན་པའི་སྐྱེ་མཆེད་བརྒྱད་དང། ཟད་པར་གྱི་སྐྱེ་མཆོད་བཅུ་སྟེ། རྣམ་པ་གསུམ་པོ་འདི་དག་བསྒོམས་པའི་ཕན་ཡོན་དང། རྣམ་པ་གསུམ་པོ་དེ་དག་གི་སྒྲིབ ་པ་ཡོངས་སུ་བསལ་བ་རབ་ཏུ་ཤེས་པ་ནི་ཐབས་ཀྱིས་མངོན་པར་ཤེས་པ་དང། ཉོན་མོངས་པ་མེད་པ་ལ་སོགས་པ་ཡོན་ཏན་རྣམ་པ་སྣ་ཚོགས་རབ་ཏུ་འདྲེན་པར་བྱེད་པའི་ཕྱིར་ཐབས་ཞེས་བྱའོ། །ཡོན་ཏན་རྣམས་རབ་ཏུ་འདྲེན་པར་བྱེད་པ་ཡང་བསྟན ་པ་རྣམས་ལས་སོ་སོ་ནས་བཤད་པ་མི་མཐུན་པས་བསྟན་བཅོས་རྣམ་པར་བཤད་པ་ལས་ནི་རྣམ་པར་ཐར་བ་བརྒྱད་ལས། རྣམ་པར་ཐར་བ་ལྔ་པས་ཡོན་ཏན་རྣམས་འདྲེན་པར་བྱེད་དོ་ཞེས་བཤད་དེ། དེའི་ཕྱིར་བསྟན་བཅོས་དེ་ཉིད་ལས་འཕགས ་པ་རྣམས་ཀྱིས་མངོན་པར་ཞེན་པ་ཤེས་པ་དང། ཉོན་མོངས་པ་མེད་པ་དང། སྨོན་ནས་ཤེས་པ་དང། སོ་སོར་ཡང་དག་པར་རིག་པ་ལ་སོགས་པའི་ཡོན་ཏན་རྣམས་མངོན་པར་བསྒྲུབ་པའི་ཕྱིར་ཡང་རྣམ་ཤེས་མཛའ་ཡས་སྐྱེ་མཆོད་ཀྱི་རྣམ་པར་ཐར ་བ་མངོན་དུ་བྱེད་དོ་ཞེས་བཤད་དོ། །བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་ནི་བཤད་པ་མི་མཐུན་པ་རྣམ་པ་གསུམ་འབྱུང་སྟེ། བཤད་པ་རྣམ་པ་གཅིག་ལས། རྣམ་པར་ཐར་པ་དང་པོས་ནི་ཟིལ་གྱིས་གནོན་པའི་སྐྱེ་མཆེད་དང། ཟད་ ་བར་གྱི་སྐྱེ་མཆེད་དང། འཕགས་པ་རྣམས་ཀྱི་རྫུ་འཕྲུལ་དང་ཉོན་མོངས་པ་མེད་པ་དང། སྨོན་ནས་ཤེས་པ་དང། སོ་སོར་ཡང་དག་པར་རིག་པ་ལ་སོགས་པ་མངོན་པར་སྒྲུབ་པར་བྱེད་དོ་ཞེས་བཤད་དོ། །གཞན་ཡང ་དེ་ཉིད་ལས་གཟུགས་ཀྱི་ཟད་པར་གྱི་སྐྱེ་མཆེད་བརྒྱད་ཡོངས་སུ་དག་པ་རྣམས་ཀྱིས་ནི་འཕགས་པའི་མོས་པ་དང་དངོས་པོ་ཡོངས་སུ་བསྒྱུར་པའི་རྫུ་འཕྲུལ་མངོན་པར་སྒྲུབ་པར་བྱེད་དོ། །ཟད་པར་རྣམ་པར་ཤེས་པའི་སྐྱེ་མཆེད་ཡོངས་སུ་དག་པས་ནི་ཉོན ་མོངས་པ་མེད་པ་དང། སྨོན་ནས་ཤེས་པ་དང། སོ་སོར་ཡང་དག་པར་རིག་པ་ལ་སོགས་པ་རྣམས་མངོན་པར་སྒྲུབ་པར་བྱེད་དོ། །ཟད་པར་ནམ་མཁའ་ཨི་སྐྱེ་མཆེད་ཡོངས་སུ་དག་པས་ནི་གང་འདོད་པ་དེ་ནམ་མཁའ་ཨི་བསྒྱུར་བར་བྱེད་དོ་ཞེས་བཤད་དོ། ། ་གཞན་ཡང་དེ་ཉིད་ལས་རྣམ་པར་ཐར་པ་དང། ཟིལ་གྱིས་གནོན་པའི་སྐྱེ་མཆེད་དང། ཟད་པར་གྱི་སྐྱེ་མཆེད་ལ་སོགས་པ་ནི་རྫུ་འཕྲུལ་གྱིས་མངོན་པར་སྒྲུབ་པར་བྱེད་དོ་ཞེས་བསྟན་ཏེ། རྣལ་འབྱོར་སྤྱོད་པའི་སམ་གཏན་ལ་དབབ་པ་ལས་ཀྱང ་གསུམ་པོ་དག་མངོན་པར་སྒྲུབ་པར་བྱེད་པ་ཡིན་པར་བསྟན་ཏོ། །རྣལ་འབྱོར་སྤྱོད་པའི་ས་ལས་དང་པོ་དག་ནི་གདོན་མི་ཟ་བར་རྣམ་པར་ཐར་པ་དང་པོ་ཁོ་ནར་དགོས་པས་དེའི་ཕྱིར་རྣལ་འབྱོར་སྤྱོད་པའི་ས་ལས་རེ་ཞིག་རྣམ་པར་ཐར་པ་ལ་བརྟེན་ནས། དེའི ་འོག་ཏུ་རིམ་གྱིས་ཟད་པར་གྱི་སྐྱེ་མཆེད་སྒོམ་པ་མངོན་པར་སྒྲུབ་པར་བྱེད་པ་བསྟན་པ་ཡིན་ཏེ། ཡང་དག་པའི་དོན་དུ་ན་གསུམ་པ་ཀུན་གྱིས་ཀྱང། ཡོན་ཏན་རྣམས་མངོན་པར་སྒྲུབ་པར་བྱེད་པས། དེའི་ཕྱིར་བསྟན་བཅོས་རྣལ་འབྱོར་སྤྱོད ་པའི་ས་ལས་བསྟན་པའི་བཤད་པ་རྣམ་པ་གཅིག་དང། མདོ་འདི་ཉིད་ལས་གསུམ་པོ་ཀུན་ཀྱང་རྫུ་འཕྲུལ་ལ་སོགས་པ་མངོན་པར་སྒྲུབ་པར་བསྟན་ཏོ། །རྣམ་པ་གསུམ་པོ་དེ་དག་བྱེ་བྲག་ཡོད་པ་ཡང། བསྟན་བཅོས་ཆོས་བྱེ་བྲག་ཏུ ་བཤད་པ་ཆེན་པོ་ལས། རྣམ་པར་ཐར་པ་དང། ཟིལ་གྱིས་གནོན་པ་དང། ཟད་པར་གྱི་སྐྱེ་མཆེད་པ་བྱེ་བྲག་ཅི་ཡོད་ཅེ་ན། སྨྲས་པ། མིང་དང་བྱེ་བྲག་ཅི་ཡོད་ཅེ་ན། སྨྲས་པ། མིང་དང་བྱེ་བྲག་ཡོད་དེ་འདི་ནི་རྣམ་པར་ཐར་པའོ། །འདི་ནི་ཟིལ་གྱིས་གནོན་པའི་སྐྱེ་མཆེད་དོ། །འདི་ནི་ཟད་བར་གྱི་སྐྱེ་མཆོད ་དོ་ཞེས་ཟེར་བས་སོ། །གཞན་ཡང་དགེ་བའི་རྩ་བ་ཆུང་དུ་ནི་ཟིལ་གྱིས་གནོན་པའི་སྐྱེ་མཆེད་ཅེས་བྱའོ། །དགེ་བའི་རྩ་བ་ཆེན་པོ་ནི་ཟད་པར་གྱི་སྐྱེ་མཚད་ཅེས་བྱའོ། །གཞན་ཡང་དགེ་བའི་རྩ་བ་ཆུང་ངུ་གང་ཡིན་པ་དེ་ནི་རྣམ་པར་ཐར་པ་ཞེས་བྱའོ། །དག་བའི ་རྩ་བ་ཆེན་པོ་གང་ཡིན་པ་དེ་ནི་ཟིལ་གྱིས་གནོན་པའི་སྐྱེ་མཆེད་ཅེས་པའོ། །དགེ་བའི་རྩ་བ་ཆད་མེད་པ་གང་ཡིན་པ་དེ་ནི་ཟད་པར་གྱི་སྐྱེ་མཆེད་ཅེས་བྱའི། །གཞན་ཡང་རྒྱུ་གང་ཡིན་པ་དེ་ནི་རྣམ་པར་ཐར་པ་ཞེས་བྱའོ། །འབྲས་བུ་གང་ཡིན་པ་དེ་མི་ཟད ་པར་གྱི་སྐྱེ་མཆེད་ཅེས་བྱའོ། །རྒྱུ་དང་འབྲས་བུར་གཏོགས་པ་གང་ཡིན་བ་དེ་ནི་ཟིལ་གྱིས་གནོན་པའི་སྐྱེ་མཆེད་ཅེས་བྱའོ། །འཕགས་པ་དགོངས་པ་ངེས་པར་འགྲེལ་ག?། །།བམ་པོ་ལྔ་བཅུ་གཅིག་པ། །བྱང་ཆུབ་སེམས་དཔའ་བྱམས ་པས་ཡང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བཅོམ་ལྡན་འདས་ཀྱིས་ཇི་སྐད་དུ་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཚོར་བ་ཐམས་ཅད་མ་ལུས་བར་འགག་བར་འགྱུར་རོ་ཞེས་གང་གསུངས ་པ་ལ། ཚོར་བ་གང་དག་དེར་གཏན་དུ་འགག་པར་འགྱུར་ལགས་ཞེས་བྱ་བ་འདི་མན་ཆད་ནི་བཅོ་བརྒྱད་པ་ལྷག་མ་མེད་པའི་དབྱིངས་སུ་ཚོར་བ་འགག་པར་འགྱུར་བ་བསྟན་པའི་སྒོ་ཞེས་བྱ་བ་སྟོན་ཏོ། །འདི་ཡང་རྣམ་པ་གཉིས་སུ་དབྱེ་སྟེ། ཞུ་བ་གསོལ ་བ་དང། ལན་དུ་གསུངས་པས་བསྟན་ཏ། འདི་ནི་ཞུ་བ་གསོལ་བའོ། །མདོའི་ཚིག་འདི་ཡང་རྣམ་པ་གཉིས་ཏེ། ཞུ་བ་གསོལ་བའི་བསྟན་པ་སྨོས་བ་དང། ཞུ་བ་དེ་ཉིད་ཡང་དག་པར་གསོལ་བ་ཉིད་དོ། །རིགས་ཀྱི་བུ་མདོར་བསྡུ་ན་ཚོར་བ་རྣམ་པ ་གཉིས་མ་ལུས་པར་འགག་པར་འགྱུར་ཏེ་ཞེས་བྱ་བ་འདི་མན་ཆད་ནི་གཉིས་བ་དེ་བཞིན་གཤེགས་པས་ཡང་དག་པར་ལན་དུ་གསུངས་པ་སྟོན་ཏོ། །འདི་ཡང་རྣམ་པ་གཉིས་ཏེ། ཞུས་པ་བཞིན་དུ་ཡང་དག་པར་རྣམ ་པར་བཤད་པ་དང། དེའི་ཕྱིར་ཞེས་བྱ་བ་མན་ཆད་ཀྱིས་སྤྱིའི་མཇུག་བསྡུ་བ་བསྟན་པའོ། །རྣམ་པར་བཤད་པ་ལ་ཡང་རྣམ་པ་གཉིས་སུ་དབྱེ་སྟེ་།གྲངས་སྨོས་ནས་ལན་མདོར་བསྟན་པ་དང། བརྟག་པ་དང། ལན་དག་གིས་རྒྱ་ཆེར་རྣམ་པར་བཤད ་པ་སྟེ། འདི་ནི་དང་པོ་ལན་མདོར་གསུངས་པའོ། །གཉིས་གང་ཞེ་ན་ཞེས་བྱ་བ་ལ་སོགས་པས་ནི་གཉིས་པ་བརྟག་པ་དད་ལན་དག་གི་རྒྱ་ཆེར་བཤད་པ་སྟོན་ཏོ། །འདི་ཡང་བརྟག་པ་དང་ལན་དུ་གསུངས་པ་སྟེ། འདི་ནི་བརྟག་པའོ། །གནས་དན ་ལེན་རིག་པ་དང། དེའི་འབྲས་བུ་ཡུལ་རིག་པའོ་ཞེས་བྱ་བ་ལ་སོགས་པས་ནི་རྒྱ་ཆེར་རྣམ་པར་བཤད་བ་སྟོན་ཏོ། །འདི་ཡང་རྣམ་པ་གཉིས་སུ་དབྱེ་སྟེ་།ཚོར་བ་རྣམས་ཡང་དག་པར་བསྟན་པ་དང། ལྷག་མ་དང་བཅས་པ་ཞེས་བྱ་བ་མན་ཆད་- ་ཀྱང་གཏན་ཏུ་འགག་པར་འགྱུར་བ་བསྟན་པའོ། །དང་པོ་ཡང་རྣམ་པ་གཉིས་ཏེ། ཚོར་བ་རྣམ་པ་གཉིས་ཀྱིས་ལན་མདོར་གསུངས་པ་དང། གོ་རིམ་བཞིན་དུ་རྣམ་པར་ཕྱེ་ནས་བཤད་པ་སྟེ་འདི་ནི་དང་པོའོ། །ཚོར་བ་གཉིས་ཀྱི་བྱེ་བྲག་གི་མཚན ་ཉིད་ཀྱིས་སོ་སོ་ནས་བཤད་པ་མི་མཐུན་པས། ཁ་ཅིག་ན་རེ་གནས་ཀྱི་གནས་ངན་ལེན་རིག་པ་ཞེས་བྱ་བ་ནི་འདི་ལྟ་སྟེ། ཟག་པ་དང་བཅས་པའི་རོ་མྱང་བ་དབང་པོ་དྲུག་པོ་ལ་བརྟེན་ནས་བྱུང་བ་གང་ཡིན་པའོ། །དབང་པོ་ལས་མིང་ཐོབ་པས་ན་གནས ་ཤིང་མིང་བརྗོད་པ་ཡིན་ནོ། །སྒྲིབ་པ་གཉིས་ཀྱི་ས་བོན་གྱི་གནས་ངན་ལེན་གྱི་རྗེས་སུ་འབྲང་བའི་ཕྱིར་གནས་ཀྱི་གནས་ངན་ལེན་རིག་པ་ཞེས་བྱའོ། །དེའི་འབྲས་བུ་ཡུལ་རིག་པ་ཞེས་བྱ་བ་ནི་འདི་ལྟ་སྟེ། ཕྱི་རོལ་གྱི་ཡུལ་དྲུག་པོ་དག་ནི་ནང་གི་དབང ་པོ་དྲུག་གི་མཐུ་ལས་སྐྱེས་བའི་ཕྱིར་ཡུལ་དྲུག་པོ་དག་ལ་དེའི་འབྲས་བུ་ཞེས་བྱའོ། །ཡུལ་རིག་པ་དེ་ཡང་དེ་དག་ལ་དམིགས་ནས་སྐྱེ་བའི་ཕྱིར་དེའི་འབྲས་བུ་ཡུལ་རིག་པ་ཞེས་བྱ་སྟེ། ཡང་དག་པའི་དོན་དུ་ན་ཚོར་བ་གཉི་ག་ཡང་བདག?་ཉིད་བྱེ་བར་ཞུ་གྱུར་པ་མེད ་ཀྱང་དབང་པོ་དང་ཡུལ་གྱི་རྗེས་སུ་དོན་གྱིས་ཚོར་བ་གཉིས་སུ་བསྟན་པ་ཡིན་ནོ་ཞེའོ། །ཁ་ཅིག་ན་རེ་གནས་ཀྱི་གནས་ངན་ལེན་གྱི་རིག་པ་ཞེས་བྱ་བ་ནི་འདི་ལྟ་སྟེ། ས་བོན་གྱི་མྱོང་བའོ། །དེའི་འབྲས་བུ་ཡུལ་རིག་པ་ཞེས་བྱ་བ་ནི་འདི་ལྟ་སྟེ། མངོན་དུ་སྤྱོད ་པ་མྱོང་བའོ། །འདི་ལྟར་ཟག་པ་དང་བཅས་པའི་ས་བོན་ན་དེ་ལྟར་གྱི་འབྲས་བུའི་རྟེན་བྱས་པས་སོ། །ཡང་ན་སྒྲིབ་པ་གཉིས་ཀྱིས་ས་བོན་གནས་ངན་ལན་རྗེས་སུ་འབྲང་བའི་ཕྱིར་གནས་ཀྱི་གནས་ངན་ལེན་རིག་པ་ཞེས་གསུངས་སོ། །མངོན་དུ་སྤྱོད་པ་མྱང? ་བ་གང་ཡིན་པ་དེ་ནི་ས་བོན་གྱི་མྱོང་བ་ལས་བྱུང་བའི་ཕྱིར་དེའི་འབྲས་བུ་ཡུལ་རིགས་ཞེས་བྱ་བ་གསུངས་སོ་ཞེའོ། །ཁ་ཅིག་ན་རེ་དེ་ལ་གནས་ཀྱི་གནས་ངན་ལེན་རིག་པ་ཞེས་བྱ་བ་ནི་ནང་གི་དབང་པོ་དྲུག་ལ་བརྟེན་ནས་ནང་གི་རྒྱུད་ཀྱི་དབང་པོ་དྲུག་དང། ཡུལ ་ལ་དམིགས་པ་ཟག་པ་དང་བཅས་པ་གང་ཡིན་པ་དེ་ནི་རྟེན་དབང་པོ་དང་རྗེས་སུ་འབྲང་བའི་ཆོས་ལས་མིང་དུ་བརྟགས་པ་ཡིན་ཏེ། འདི་ལྟར་དབང་པོ་དྲུག་ལ་བརྟེན་པས་སམ། ཡང་ན་སྒྲིབ་པ་གཉིས་ཀྱི་ས་བོན་གྱི་གནས་ངན་ལེན་རྗེས་སུ་འབྲང་བའི་ཕྱིར་རོ། །དེའི ་འབྲས་བུ་ཡུལ་རིག་པ་ཞེས་བྱ་བ་ནི་འདི་ལྟ་སྟེ། ཕྱི་རོལ་གྱི་ཡུལ་དྲུག་པོ་ངག་དབང་པོ་དྲུག་པོ་དག་གི་དབང་གིས་འབྲས་བུར་གྱུར་པ་གང་ཡིན་པ་སྟེ། དེའི་ཕྱིར་བསྟན་བཅོས་ཆོས་མངོན་པ་སྣ་ཚོགས་ཀུན་ལས་བཏུས་པ་ལས་ཀྱང་མིག་ལ་སོགས་པའི ་དབང་པོ་དག་ཡོངས་སུ་ལོངས་སྤྱོད་བའི་མཐུའི་ཕྱིར་དབང་པོ་དྲུག་སྐྱེས་པར་གྱུར་ཏོ། །ཞེས་བཤད་པས་ཚོར་བ་གཉིས་པོ་འདི་ནི་ནད་གི་དབང་པོ་དྲུག་ལ་བརྟེན་ནས་ཕྱི་རོལ་གྱི་ཡུལ་དྲུག་པོ་དག་ལ་དམིགས་པར་བྱེད་པས་ཡུལ་ལས་མིང་ཐོབ་པ་ཡིན་པའི་ཕྱིར ་དེའི་འབྲས་བུ་ཡུལ་རིག་པ་ཞེས་གསུངས་ཏེ། དམིགས་པ་རྣམ་པ་བཅུ་གཉིས་ལས་ནི་རང་གི་ངོ་བོ་ཉིད་ཀྱི་མྱོང་བ་དང་ཡུལ་གྱི་མྱོང་བ་ཡིན་ནོ་ཞེས་ཟེར་ཏེ། དེ་ལྟར་རྣམ་པ་གསུམ་དུ་བཤད་པ་ཡོད་ཀྱང་འདིར ་ནི་རེ་ཞིག་གསུམ་པ་དང་སྦྱར་རོ། །དེ་ལ་གནས་ཀྱི་གནས་ངན་ལེན་རིག་པ་ནི་རྣམ་པ་བཞི་ཡོད་པར་རིག་པར་བྱ་སྟེ་ཞེས་བྱ་བ་འདི་མན་ཆད་ནི་གཉིས་པ་གོ་རིམ་བཞིན་དུ་རྣམ་པར་ཕྱེ་སྟེ་བཤད་པ་སྟོན་ཏོ། །འདི་ཡང་རྣམ་པ་གཉིས་སུ་དབྱེ་སྟེ། ་གནས་ཀྱི་གནས་ངན་ལེན་རིག་པ་རྣམ་པར་བཤད་པ་དང། དེའི་འབྲས་བུ་ཡུལ་རིག་པ་རྣམ་པར་བཤད་པོའོ། །དང་པོ་ཡང་རྣམ་པ་གསུམ་སྟེ། གྲངས་སྨོས་པ་དང། གྲངས་བཞིན་དུ་མེད་བཀོད་པ་དང། གང་གོ་དཀའ་བ་བཟླས་ཏེ་བཤད་པ ་སྟེ། འདི་ནི་དང་པོའོ། །གཟུགས་ཅན་གྱི་གནས་རིག་པ་དང། གཟུགས་མེད་པའི་གནས་རིག་པ་དང། འབྲས་བུ་གྲུབ་པའི་གནས་ངན་ལེན་རིག་པ་དང། འབྲས་བུ་མ་གྲུབ་པའི་གནས་ངན་ལེན་རིག་པའོ་ཞེས་བྱ་བ་ནི་གཉིས་པ་གྲངས་བཞིན་དུ ་མེད་བཀོད་པའོ། །ཚོར་བ་བཞི་པོ་འདི་ཡང་སོ་སོ་ནས་བཤད་པ་མི་མཐུན་པས་འདི་ལ་ཡང་བཤད་པ་རྣམ་པ་གསུམ་ཡོད་དེ། དེ་ལ་སློབ་དཔོན་དང་པོའི་བཤད་བ་ནི་སློབ་དཔོན་གསུམ་པའི་བཤད་པ་དང་མཐུན་པས་དེའི་ཕྱིར་ལོགS་ཤིག་ཏུ་མ ་སྨོས་སོ། །སློབ་དཔོན་གཉིས་པས་ནི་འདི་སྐད་དུ་གཟུགས་ཅན་གྱི་གནས་རིག་པ་ནི་འདི་ལྟ་སྟེ། འདོད་པའི་ཁམས་ཀྱི་ཚོང་བའི་ས་བོན་གང་ཡིན་པའོ། །གཟུགས་མེད་པའི་གནས་རིག་པ་ཞེས་བྱ་བ་ནི་འདི་ལྟ་སྟེ། གཟུགས་མེད་པའི་ཁམས་ཀྱི་ཚོར་བའི་ས ་བོན་གང་ཡིན་པའོ། །འབྲས་བུ་གྲུབ་པའི་གནས་ངན་ལེན་རིག་པ་ཞེས་བྱ་བ་ནི་འདི་ལྟ་སྟེ། ད་ལྟར་འབྲས་བུ་འབྱིན་པའི་ས་བོན་གང་ཡིན་པའོ། །འབྲས་བུ་མ་གྲུབ་པའི་གནས་ངན་ལེན་རིག་པ་ཞེས་བྱ་བ་ནི་འདི་ལྟ་སྟེ། ད་དུང་འབྲས་བུ་མ་བྱིན་བ? ་པའི་ས་བོན་གང་ཡིན་པའོ་ཞེས་ཟེར་རོ། །ཁ་ཅིག་ན་རེ་གཟུགས་ཅན་གྱི་གནས་རིག་པ་ཞེས་བྱ་བ་ནི་འདི་ལྟ་སྟེ། རྣམ་པར་ཤེས་པའི་ཚོགས་ལྔ་དང་མཚུངས་པར་ལྡན་པའི་ཚོར་བ་གང་ཡིན་པའོ། །གཟུགས་མེད་པའི་གནས་རིག་པ་ཞེས་བྱ་བ་ནི་འདི་ལྟ་སྟེ། ཡིད་ཀྱི ་རྣམ་པར་ཤེས་པ་དང་མཚུངས་པར་ལྡན་པའི་ཚོར་བ་གང་ཡིན་པའོ། །འདི་དག་ནི་ལུས་དང་སེམས་ཀྱི་ཚོར་བའོ། །འབྲས་བུ་གྲུབ་པའི་གནས་ངན་ལེན་རིག་པ་ནི་འདི་ལྟ་སྟེ། འདས་པའི་མ་རིག་པ་དང། འདུ་བྱེད་ལ་སོགས་པས་སྐྱེད་པ་དང་དེ་ལྟར་གྱི་འབྲས ་བུ་མྱོང་བ་གང་ཡིན་པའོ། །འབྲས་བུ་མ་གྲུབ་པའི་གནས་ངན་ལེན་རིག་པ་ནི་འདི་ལྟ་སྟེ། ལས་དང་པོ་བ་ཉོན་མོངས་པ་མཚུངས་པར་ལྡན་པ་མ་འོངས་པའི་རྒྱུ་འགོག་པར་བྱེད་པའི་ཚོར་པ་གང་ཡིན་པའོ་ཞེས་ཟེར་ཏེ། དེ་ལྟར་རྣམ་པ་གསུམ་དུ་བཤད ་པ་ཡོད་ཀྱང་གསུམ་པ་ནི་ཡང་དག་པ་ཡིན་ཏེ་ཚིག་དང་དོན་གྱི་རྗེས་སུ་མཐུན་པའི་ཕྱིར་རོ། །དེ་ལ་འབྲས་བུ་གྲུབ་པའི་རིག་པ་ནི་འདི་ལྟ་སྟེ། ད་ལྟར་གྱི་མྱོང་བ་གང་ཡིན་པའོ། །འབྲས་བུ་མ་གྲུབ་པའི་རིག་བ་ནི་འདི་ལྟ་སྟེ། མ་འོངས་པའི་རྒྱུར་གྱུར་པའི་མྱོང་བ་གང ་ཡིན་པའོ་ཞེས་བྱ་བ་ནི་གསུམ་པ་གང་གོ་དཀའ་བ་བཟླས་ཏེ་བཤད་པའོ། །འདི་ལྟར་དང་པོ་གང་ཡིན་པ་དེ་ནི་སྔོན་གྱི་ལས་ཀྱིས་ཐོབ་པ་ད་ལྟར་གྱི་འབྲས་བུ་མྱོང་བའོ། །ཕྱི་མ་ནི་མ་འོངས་པའི་རྣམ་པར་སྨིན་པ་མངོན་པར་གྲུབ་པ་ལས་དང་པོ་ཉོན་མོངས་པ་དང ་མཚུངས་པར་ལྡན་པའི་མྱོང་བ་སྟེ། མ་འོངས་པའི་འབྲས་བུའི་རྒྱུ་དང་མ་འོངས་པའི་རྒྱུའི་ཚོར་བའོ། །དེའི་འབྲས་བུ་ཡུལ་རིག་པ་ཡང་རྣམ་པ་བཞི་ཡོད་དེ་ཞེས་བྱ་བ་ལ་སོགས་པས་ནི་གཉིས་པ་དེའི་འབྲས་བུ་ཡུལ་རིག་པ་རྣམ་པར་བཤད་པའོ། །འདི་ཡང ་རྣམ་པ་གཉིས་ཏེ། གྲངས་སྨོས་པ་དང། གྲངས་བཞིན་དུ་མིང་བཀོད་པ་སྟེ་འདི་ནི་དང་པོའོ། །གནས་རིག་པ་དང། ཡོ་བྱད་རིག་པ་དང། ལོངས་སྤྱོད་རིག་པ་དང། ལྟོས་པ་རིག་པའོ་ཞེས་བྱ་བ་ནི་གཉིས་པ་གྲངས་བཞིན་དུ་མིང་བཀོད་པའོ། །ཚོར་བ་བཞི ་པོ་དེ་དག་ཀྱང་སོ་སོ་ནས་བཤད་པ་མ་མཐུན་པས། ཁ་ཅིག་ན་རེ་ཚོར་བ་བཞི་པོ་འདི་དག་ནི་མངོན་དུ་སྤྱོད་པ་དག་ཡིན་ཏེ། དེ་དག་དེ་ནས་ཡོད་པ་ཡང་རྣམ་པ་བཞི་སྟེ། དང་པོ་གནས་རིག་པ་ནི་འདི་ལྟ་སྟེ། སྣོད་ཀྱི་འཇིག་རྟེན ་ལ་དམིགས་པའི་ཚོར་བའོ། །གཉིས་པ་ཡོ་བྱད་རིག་པ་ནི་འདི་ལྟ་སྟེ། འཆོ་བའི་ཡོ་བྱང་ལ་དམིགས་པའི་ཚོར་བའོ། །གསུམ་བ་ལོངས་སྤྱོད་པའི་རིག་པ་ནི་འདི་ལྟ་སྟེ། གོས་དང་ཟས་ལ་སོགས་པ་མངོན་གསུམ་དུ་ལོངས་སྤྱོད་པའི་ཚོར་བའོ།། ་གསུམ་བ་འདི་དག་ནི་དེ་ལྟར་གྱི་ཡུལ་ལ་དམིགས་པའི་ཚོར་བའོ། །བཞི་པ་བལྟོས་པའི་རིག་པ་ནི་འདི་ལྟ་སྟེ། འདས་པའི་ཡུལ་སྔ་མ་གསུམ་པོ་དག་ལ་དམིགས་པ་ལས་བྱུང་བའི་ཚོར་བའོ་ཞེས་ཟེར་རོ། །ཁ་ཅིག་ན་རེ་གནས་རིག་པ་ནི་སྣོད ་ཀྱི་འཇིག་རྟེན་ལ་དམིགས་པའི་ཚོར་བའོ། །ཡོ་བྱད་རིག་པ་ནི་འདི་ལྟ་སྟེ། གོས་དང་སྨན་ལ་སོགས་པའི་དམིགས་པའི་ཚོར་བའོ། །ལོངས་སྤྱོད་རིག་པ་ནི་གནས་དང་ཡོ་བྱང་གཉིས་ཀྱི་ཚོར་བ་བསྡུས་ཏེ་བསྟན་པའོ། །ལྟོས་པ་རིག་པ་ནི ་ཚོར་བ་དང་རྫས་ལ་ལྟ་བའི་ཚོར་བའོ་ཞེའོ། །ཁ་ཅིག་ན་རེ་གོ་རིམ་བཞིན་དུ་སྣོད་ཀྱི་འཇིག་རྟེན་ལ་དམིགས་པ་དང། གོས་དང་སྨན་ལ་སོགས་པའི་དམིགས་པ་དང། ད་ལྟར་གྱི་ལ་དམིགས་པ་དང། འདས་པ་ལ་དམིགས་པའོ་ཞེས་ཟེར་རོ། ། ་ཕུང་པོ་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ནི་འབྲས་བུ་མི་གྲུབ་པའི་རིག་པ་ཐམས་ཅད་འགགས་པས་དེའི་མི་མཐུན་པའི་ཕྱོགས་རིག་པའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ཡང་མྱོང་བ་ཐུན་མོང་དུ་ཡོད་པ་ཡང་མྱོང ་དོ། །ཡང་ན་དེའི་འབྲས་བུ་གྲུབ་པའི་ཚོར་བའོ། །གཞན་ཡང་ཚོར་བ་རྣམ་པ་གཉིས་ཐམས་ཅད་ཀྱི་ཐམས་ཅད་དུ་འགགས་པས་རིག་པའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་འབའ་ཞིག་མངོན་དུ་མྱོང་དོ་ཞེས་བྱ་བ་འདི་མན་ཆད་ནི ་གཉིས་པ་གཏན་དུ་འགག་པར་འགྱུར་བ་སྟོན་ཏོ། །འདི་ཡང་རྣམ་པ་གཉིས་ཏེ་།ཕུང་པོ་ལྷག་མ་དང་བཅས་པར་གཏན་དུ་འགག་པར་འགྱུར་བར་བསྟན་པ་དང། ཕུང་པོ་ལྷག་མ་མེད་པར་གཏན་དུ་འགག་པར་འགྱུར་བར་བསྟན་པ་སྟེ་འདི་ནི་དང་པོའོ། ། ་མདོའི་ཚིག་འདི་ཡང་བཤད་པའི་རྣམ་གྲངས་གཉིས་ཡོད་པས་སོ་སོ་ནས་བཤད་པ་མི་མཐུན་ཏེ། ཁ་ཅིག་ན་རེ་འབྲས་བུ་མ་གྲུབ་པའི་རིག་པ་ཐམས་ཅད་འགགས་པས་ཞེས་བྱ་བ་ནི་རྡོ་རྗེ་ལྟ་བུའི་སེམས་ཀྱི་ཚེ་མ་འོངས་པའི་འབྲས་བུ་དང། ལས་དང་ཉོན་མོངས ་པ་དང་མཚུངས་པར་ལྡན་པའི་ཚོར་བ་རྣམས་སྤོང་ཞིང་འགག་པར་འགྱུར་པའོ། །དེའི་མི་མཐུན་པའི་ཕྱོགས་རིག་པའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ཡང་མྱོང་བ་ཞེས་བྱ་བ་ནི་ལས་དང་ཉོན་མོངས་པ་དེའི་མི་མཐུན་པའི་ཕྱོགས་ཟད་པ་དང་མི་སྐྱེ་པའི་ཡེ་ཤེས་དང ་མཚུངས་པར་ལྡན་པ་ཟག་པ་མེད་པའི་ཚོར་བ་མྱོང་བའོ། །ཐུན་མོང་དུ་ཡོད་པ་ཡང་མྱོང་ངོ་ཞེས་བྱ་བ་ནི་ཐུན་མོང་དུ་ཡོད་པ་སྣོད་ཀྱི་འཇིག་རྟེན་རིག་པ་ཡང་མྱོང་བ་སྟེ། མདོ་ལས་གནས་རིག་པ་ཞེས་གསུངས་པ་ཉིད་དོ། །མདོར་བསྡུས་པས་ན་ཡོ་བྱད་རིག་པ་དང ་ལོངས་སྤྱོད་རིག་པའི་ཚོར་བ་གཉིས་མི་མ་གསུངས་སོ། །ལྟོས་པའི་དག་གི་ནི་མ་གཏོགས་ཏེ་འདོད་ཆགས་དང་མཚུངས་པར་ལྡན་པའི་ཕྱིར་རོ། །ཡང་ན་དེའི་འབྲས་བུ་གྲུབ་པའི་ཚོར་བའོ་ཞེས་བྱ་བ་ནི་འདི་ལྟར་འཕྲས་བུ་གྲུབ་པའི་ཚོར་བ་ནི་གནས་ངན་ལེན་དང་བཅས ་པ་དང། གནས་ངན་ལེན་མེད་པར་ཡང་བཏགས་ལ་མི་སློབ་པའི་རྒྱུ་ལ་ན་གནས་ངན་ལེན་མེད་པའི་ཚོར་བ་ཁོ་ན་ཡོད་པས་དེའི་ཕྱིར་ཡང་ན་ཞེས་བྱ་བ་གསུངས་སོ། །མདོར་བསྡུས་པས་གཞན་གཟུགས་ཅན་གྱི་གནས་རིག་པ་དང། གཟུགས་མེད་པའི ་གནས་རིག་པ་ནི་མི་སློབ་པ་ལ་ཡང་འབྱུང་པོ་ཞེས་ནི་མ་གསུངས་སོ། །གཞན་ཡང་ཚོར་བ་རྣམ་པ་གཉིས་ཐམས་ཅད་གྱི་ཐམས་ཅད་དུ་འཕགས་པས་ཞེས་བྱ་བ་ནི་འདི་ལྟར་གནས་ཀྱི་གནས་ངན་ལེན་རིག་པ་དང། དེའི་འབྲས་བུ་ཡུལ་རིག་པ་ཡང་སྤངས་ ་པས་སོ། །རིག་པའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་འབའ་ཞིག་མངོན་དུ་མྱོང་ངོ་ཞེས་བྱ་བ་འདི་ནི་ཟག་བ་ཟད་བ་ལ་ཡོད་པའི་ཚོར་བ་རྣམས་ནི་རིག་པའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ཡིན་ནོ་ཞེས་བསྟན་པ་ཡིན་ནོ་ཞེའོ། ་ཁ་ཅིག་ན་རེ་འབྲས་བུ་མ་གྲུབ་པའི་རིག་པ་ཐམས་ཅད་འགགས་པས་ཞེས་བྱ་བ་ནི་འདི་ལྟ་སྟེ། ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པ་ཐོབ་བ་ནི་མ་འོངས་བའི་ཚོར་བ་མངོན་པར་འགྲུབ་བའི་ས་བོན་ཐམས་ཅད་འགག་བར་འགྱུར་བའོ། །དེའི་མི ་མཐུན་པའི་ཕྱོགས་རིག་པའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ཡང་མྱོང་ངོ་ཞེས་བྱ་བ་ནི་གཉེན་པོར་གྱུར་པའི་ལམ་ཟག་པ་མེད་པའི་ཚོར་བའོ། །ཐུན་མོང་དུ་ཡོད་པ་ཡང་མྱོང་ཞེས་བྱ་བ་ནི་འདི་ལྟ་སྟེ། དེའི་འབྲས་བུ་ཡུལ་རིག་པའོ། །ཡང ་ན་དེའི་འབྲས་བུ་གྲུབ་པའི་ཚོར་བ་ཞེས་བྱ་བ་ནི་འདི་ལྟ་སྟེ། མངོན་དུ་སྤྱོད་བསད་ལྟར་འབྲས་བུ་སྦྱིན་པའི་ཚོར་བའོ། །གོང་དུ་བསྟན་པ་དེ་དག་ནི་ལྷག་མ་མེད་པར་མ་ཞུགས་པ་དག་ཚོར་བ་གསུམ་པོ་དེ་དག་དང་ལྡན་པར་བསྟན་པའོ། །གཞན་ཡང ་ཚོར་བ་རྣམ་པ་གཉིས་ཐམས་ཅད་ཀྱི་ཐམས་ཅད་དུ་འགགས་པས་རིག་པའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་འབའ་ཞིག་མངོན་དུ་མྱོང་ངོ་ཞེས་བྱ་བ་ནི་ལྷག་མ་མེད་པར་ཞུགས་པའི་ཆོ་ཟག་པ་མེད་པའི་སེམས་འབའ་ཞིག་ལྷག་མ་མེད་པ་ལ ་དམིགས་པའི་ཕྱིར་ཕྱིས་ཐུན་མོང་དུ་ཡོད་པ་མྱོང་བ་དང། དེའི་འབྲས་བུ་གྲུབ་པ་ཚོར་བ་ཡང་འགགས་ནས་ཟག་པ་མེད་པའི་ཚོར་བ་འབའ་ཞིག་ཡོད་པའི་ཕྱིར། གཞན་ཡང་ཚོར་བ་རྣམ་པ་གཉིས་ཐམས་ཅད་ཀྱི་ཐམས་ཅད་དུ་འགགས་པས་ཞེས ་བྱ་བ་གསུངས་སོ། །རིག་པའི་འདུས་ཏེ་རེག་པ་ལས་བྱུང་པའི་ཚོར་བ་འབའ་ཞིག་མྱོང་ཞེས་བྱ་བ་འདི་ནི་རིག་པའི་འདུས་ཏེ་རེག་པ་ཟག་པ་མེད་པ་འབའ་ཞིག་གི་དབང་དུ་མཛད་ནས་དེ་སྐད་དུ་བསྟན་པ་ཡིན་ནོ་ཞེས་ཟེར་རོ། །གཞན་ཡང་མདོའི ་ཚིག་འདི་ལ་སློབ་དབོན་དེ་གཉིས་ཀྱིས་སྔ་མའི་གཞུང་ལས་གཞན་དུ་བཤད་དེ། དང་པོ་ནི་འདི་སྐད་དུ་ལྷག་མ་དང་བཅས་པའི་དབྱིངས་སུ་མ་འོངས་པའི་རྒྱུའི་ཚོར་བ་ནི་འགག་པར་འགྱུར་ལ། ཚོར་བ་གཞན་གསུམ་ནི་ཡོད་དོ་ཞེས་བྱ་བ་འདི་དག་པ་མང་བའི་ཚོར ་བ་ལ་རིག་པའི་འདུས་ཏེ་རེག་བ་ལས་བྱུང་བའི་ཚོར་བ་ཁོ་ན་ཉིད་དུ་རྣམ་པར་གཞག་པའི་ཕྱིར་ཚོར་བ་གསུམ་ཡོད་དོ་ཞེས་བསྟན་ཏོ་ཞེའོ། །གཉིས་བ་ནི་འདི་སྐད་དུ་མི་སློབ་བའི་གང་ཟག་གི་རྒྱུད་ལ་ཡོད་བའི་ཚོར་བ་ནི་ཟག་བ་དང་བཅས་པ་དང། ཟག་པ་མེད་པར ་ཡང་གཏོགས་པས་སྦྱིར་རིག་པའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ཞེས་བྱ་སྟེ། དོན་དེའི་ཕྱིར་ལྷག་མ་དང་བཅས་པའི་དབྱིངས་སུ་གཞན་ཡང་ཚོར་བ་རྣམ་པ་གཉིས་ཐམས་ཅད་ཀྱི་ཐམས་ཅད་དུ་འགགས་ཞེས་གསུངས་པ་ཡིན་ཏེ། འདི་ལྟར་སྔ་མའི ་གནས་ཀྱི་གནས་ངན་ལེན་རིག་པ་དང་དེའི་འབྲས་བུ་ཡུལ་རིག་པའི་ཚོར་བ་གཉིས་པོ་དེ་དག་ཐམས་ཅད་འགགས་ནས་མི་སློབ་པའི་གང་ཟག་གི་རིག་པའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་འབའ་ཞིག་ཡོད་པའོ་ཞེས་ཟེར་ཏེ། སྔ་མའི་བཤད་པ་འདི ་དག་ནི་བསམ་དགོས་སོ། །ཁ་ཅིག་ན་རེ་མདོའི་ཚིག་འདི་ལ་རྣམ་གྲངས་གཉིས་ཀྱི་དོན་ཡོད་པས་ཚོར་བ་རྣམ་པ་བརྒྱད་ལས་ལྷག་མ་དང་བཅས་པའི་དབྱིངས་སུ་མྱ་ངན་ལས་འདའ་བ་ན་འབྲས་བུ་མ་གྲུབ་པའི་ཚོར་བ་འབའ་ཞིག་འགག་བར་འགྱུར་ཏེ། ་ཉོན་མོངས་པ་དང་ལྡན་པའི་ཕྱིར་དེའི་མི་མཐུན་པའི་ཕྱོགས་རིག་པའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་མྱོང་ཞིང་ཡང་ཟག་པ་མེད་པའི་ཚོར་བ་འཐོབ་པའི་ཕྱིར་རོ། །ཐུན་མོང་དུ་ཡོང་བ་ཡང་མྱོང་ངོ་ཞེས་བྱ་བ་ནི་འདི་ལྟ་སྟེ། ཚོར་བ་རྣམ་པ་བརྒྱད ་ལས་འབྲས་བུ་མ་གྲུབ་པ་དང། འབྲས་བུ་གྲུབ་པ་མ་གཏོགས་པར་གཞན་དྲུག་པོ་དག་ནི་སོ་སོའི་སྐྱེ་བོ་དང་འཕགས་པ་རྣམས་ཐུན་མོང་དུ་ཡོང་བའི་ཕྱིར་ཐུན་མོང་དུ་ཡོད་བ་ཞེས་གསུངས་སོ། །ཇི་ལྟར་མི་སློབ་པ་ལ་ཡང་བལྟོས་པའི་རིགས་པ ་ཡོད་ཅེ་ན། སྨྲས་པ། བལྟོས་པ་ནི་རྣམ་པ་གཉིས་ཡོད་དེ། འདོད་ཆགས་ཀྱིས་གཅིག་ལ་གཅིག་སེམས་པ་ནི་དགྲ་བཅོམ་པས་སྤངས་སོ། །ཉོན་མོངས་པ་མེད་པས་བསྔགས་པ་བརྗོད་ཅིང་གཅིག་ལ་གཅིག་སེམས་པ་ནི་དགྲ ་བཅོམ་པ་ལ་ཡང་ཡོད་པའི་ཕྱིར་ཐུན་མོང་དུ་ཡོད་པ་ཞེས་བྱ་བ་གསུངས་སོ། །ཡང་ན་ཐུན་མོང་དུ་ཡོད་པ་ཞེས་བྱ་བ་ནི་ཚོར་བ་ལྔ་པོ་ཁོ་ན་དང་ལྡན་པས་བལྟོས་པ་ནི་མ་གཏོགས་ཏེ་འདོད་ཆགས་ཀྱིས་གཅིག་ལ་གཅིག་ཆགས་པའི་ཕྱིར་དང་གོ་སླ ་བའི་ཕྱིར་མདོར་བསྡུས་ནས་མ་བསྟན་ཏོ། །ཡང་ན་དེའི་འབྲས་བུ་གྲུབ་པའི་ཚོར་བའོ་ཞེས་བྱ་བ་འདིས་ནི་དགྲ་བཅོམ་པའི་རྒྱུད་ལ་ཡང་ད་ལྟར་གྱི་འབྲས་བུ་མྱོང་བ་ཡོད་པའི་ཕྱིར་རོ། །ཅིའི་ཕྱིར་ཚོར་བ་འདི་ཐུན་མོང་དུ་ཡོད་པ་ཞེས་མི་བྱ་ཞེ་ན། ་སྨྲས་པ། ཡང་དག་པའི་དོན་དུ་ན་ཐུན་མོང་དུ་ཡོད་པ་མ་ཡིན་མོད་ཀྱི། སྔ་མའི་འབྲས་བུ་མ་གྲུབ་པའི་ཚོར་བ་ལ་བལྟོས་ནས་ཡོད་པ་དང་མེད་པ་མི་མཚུངས་པས་དེའི་ཕྱིར་ལོགས་ཤིག་ཏུ་བསྟན་ཏོ། །གཞན་ཡང་ཚོར་བ་རྣམ་པ་གཉིས་ཐམS ་ཅད་ཀྱི་ཐམས་ཅད་དུ་འགགས་པས་རིག་པའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་འབའ་ཞིག་མངོན་དུ་མྱོང་ངོ་ཞེས་བྱ་བ་ནི་འགྲེལ་པ་དག་ལས་བཤད་པ་རྣམ་པ་གཉིས་ཡོད་དོ་ཞེས་ཟེར་ཏེ། ཁ་ཅིག་ན་རེ་དགྲ་བཅོམ་པའི་རྒྱུད་ལ ་ཡོད་པའི་ཚོར་བ་རྣམས་ནི་བག་ལ་ཉལ་དང་བྲལ་བའི་ཕྱིར་ཟག་པ་མེད་པ་ཞེས་བྱ་སྟེ། སྔར་གོང་དུ་ཚོར་བ་བརྒྱད་པོ་དག་ནི་གཅིག་ཏུ་དྲག་པ་དང་བཅས་པ་ཞེས་བསྟན་པའི་ཕྱིར་ཐམས་ཅད་མེད་ཅེས་བསྟན་ཏོ། །དེ་ལ་རྣམ་པ་གཉིས ་ཞེས་བྱ་བ་ནི་སྔར་བསྟན་པའི་རྩ་བའི་ཚོར་བ་གཉིས་ཏེ། ཚོར་བ་བརྒྱད་པོ་དག་བསྡུས་པའོ་ཞེའོ། །ཁ་ཅིག་ན་རེ་སེམས་མེད་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པའི་ཚེ། ཚོར་བ་གཞན་བརྒྱད་པོ་དག་འགག་པར་འགྱུར་ཏེ། ཟག ་བ་མེད་པའི་ཚོར་བ་ཡོད་དོ་ཞེས་གསུངས་པ་ནི་སེམས་མེད་པའི་སྙོམས་པར་འཇུག་པའི་ཉེ་བའི་སྦྱོར་བ་ཡིན་པའི་ཕྱིར། བཏགས་པ་ཙམ་དུ་འགག་པར་མི་འགྱུར་ཞེས་གསུངས་ཀྱི་ཡང་དག་པའི་དོན་དུ་འགག་པར་མི་འགྱུར་བ་མ་ཡིན་ནོ་ཞེའོ། །ཕུང ་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་མྱ་ངན་ལས་འདས་པའི་ཚེ་ནི་དེ་ཡང་གཏན་དུ་འགག་པར་འགྱུར་ཏེ་ཞེས་བྱ་བ་ནི་གཉིས་པ་ལྷག་མ་མེད་པའི་དབྱིངས་སུ་གཏན་དུ་འགག་པར་འགྱུར་བ་སྟོན་ཏོ། །འདི་ལྟར་ལྷག་མ་མེད་པའི ་དབྱིངས་སུ་རིག་པའི་འདུས་ཏེ་རག་པ་ལས་བྱུང་བའི་ཚོར་བ་དེ་ཡང་འགག་པར་འགྱུར་བ་འམ། ཡང་ན་གོང་དུ་བསྟན་པའི་ཐུན་མོང་དུ་ཡོད་པའི་ཚོར་བ་ལ་སོགས་པ་ཡང་འགག་པར་འགྱུར་བའོ། །དེའི་ཕྱིར་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས ་པའི་དབྱིངས་སུ་ཚོར་བ་ཐམས་ཅད་མ་ལུས་པར་གཏན་དུ་འགག་པར་འགྱུར་རོ་ཞེས་བཤད་པ་ཡིན་ནོ་ཞེས་བྱ་བ་ནི་གཉིས་པ་སྤྱིའི་མཇུག་བསྡུ་བ་ཡིན་པར་རིག་པར་བྱའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས་བྱང་ཆུབ་སེམས་དཔའ་ ་བྱམས་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ལེགས་ལེགས་སོ་རིགས་ཀྱི་བུ་ཁྱོད་ཀྱིས་དེ་འདིར་ཡོངས་སུ་རྫོགས་པ་དང། ཤིན་ཏུ་ཡོངས་སུ་དག་པ་དང། ཤིན་ཏུ་གྱ་ནོམ་པའི་རྣལ་འབྱོར་གྱི་ལམ་ལས་བརྩམས་ནས་དེ་བཞིན་གཤེགས་པ་ལ་དྲི་བ་དྲིས་པས་ཁྱོད་རྣལ ་འབྱོར་ལ་ཤིན་ཏུ་རྣམ་པར་ངེས་ཤིང་ཤིན་ཏུ་མཁས་པར་འགྱུར་རོ་ཞེས་བྱ་བ་ལ་སོགས་པས་ནི་གོང་དུ་ཚིག་རྐྱང་བས་རྒྱ་ཆེར་བཤད་པ་ལ་རྣམ་པ་གཉིས་སུ་ཆེ་སྟེ་།ཞི་གནས་དང་ལྷག་མཐོང་གི་མཚན་ཉིད་རྒྱ་ཆེར་རྣམ་པར་བཤད་པ་དང། མཇུག་བསྡུ་ཞིང ་བསྒྲུབ་པར་བསྐུལ་བའོ་ཞེས་བསྟན་པ་ལས། དེ་ཡན་ཆད་དུ་ཞི་གནས་དང་ལྷག་མཐོང་གི་མཚན་ཉིད་བསྟན་ནས། འདི་ཡན་ཆད་ནི་གཉིས་པ་མཇུག་བསྡུ་ཞིང་བསྒྲུབ་པར་བསྐུལ་བ་ཞེས་བྱ་བ་སྟོན་ཏོ། །འདི་ཡང་རྣམ་པ་གསུམ་དུ་དབྱེ་སྟེ། ཞུ་བ་གསོལ ་བ་ལ་ཕན་ཡོན་ཡོད་པར་བསྔགས་བ་དང། ངས་ཀྱང་ཞེས་བྱ་བ་མན་ཆད་སངས་རྒྱས་རྣམས་ཀྱིས་མཚུངས་པར་གསུངས་པ་ཉིད་དུ་བསྟན་པ་དང། རིགས་ཀྱིས་བུ་ཞེས་བྱ་བ་མན་ཆད་ཀྱིས་བསྒྲུབ་པར་བསྐུལ་བ་བསྟན་པའོ།། ་འདི་ནི་དང་པོ་མདོ་ཉིད་ཀྱིས་བརྡ་ཕྲད་པར་ཟད་དོ། །ངས་ཀྱང་ཁྱོད་ལ་ཡང་ཡོངས་སུ་རྫོགས་པ་དང། ཤིན་ཏུ་ཡོངས་སུ་དག་པ་དང། གྱ་ནོམ་པའི་རྣལ་འབྱོར་གྱི་ལམ་བསྟན་པ་སྟེ། འདས་པ་དང་མ་འོངས་པའི་ཡང་དག་པར་རྫོགས་པའི་སངས་རྒྱས་ཇི་སྙེད་པ ་ཐམས་ཅད་ཀྱིས་ཀྱང་དེ་ལྟར་བསྟན་པ་དང། སྟོན་པར་འགྱུར་རོ་ཞེས་བྱ་བ་ནི་གཉིས་པ་སངས་རྒྱས་རྣམས་ཀྱིས་མཚུངས་པར་གསུངས་པ་ཉིད་དུ་སྟོན་ཏོ། །འདི་ལྟ་སྟེ། ངས་ཞི་གནས་དང་ལྷག་མཐོང་གི་ལམ་གྱ་ནོམ་གསུངས་པ་དེ་ཡང་འབའ་ཞིག་གིས ་དེ་སྐད་དུ་བསྟན་པ་ནི་མ་ཡིན་གྱི། དུས་གསུམ་གྱི་སངས་རྒྱས་རྣམས་ཀྱིས་ཀྱང་དོན་དེ་དེ་སྐད་དུ་མཚུངས་པར་གསུངས་སོ་ཞེས་བྱ་བའི་ཐ་ཚིག་གོ་།རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་རྣམས་ཀྱིས་ཀྱང་འདི་ལ་བརྟེན་ནས། ཤིན་ཏུ་བརྩོན་པས་ཡང་དག་པར ་བསྒྲུབ་པའི་རིགས་སོ་ཞེས་བྱ་བ་ནི་གསུམ་པ་བསྒྲུབ་པར་བསྐུལ་བ་སྟེ། མདོ་ཉིད་ཀྱིས་བརྡ་ཕྲད་པར་ཟད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དོན་དེ་ཉིད་ཡང་དག་པར་བསྟན་པའི་ཕྱིར། ཚིགས་སུ་བཅས་པ་འདི་དག་གསུངས་སོ་ཞེས་བྱ་བ་ལ་སོགས་པས ་ནི་ལེའུ་འདི་ལ་གོང་དུ་ཞི་གནས་དང་ལྷག་མཐོང་ཡང་དག་པར་བཤད་པ་དང། བཀལ་བཞིན་དུ་བསྒྲུབ་པར་རབ་ཏུ་བསྟན་པ་ཞེས་བྱ་བ་རྣམ་པ་གཉིས་སུ་ཕྱེ་སྟེ་བསྟན་པ་ལ། ཡང་དག་པར་བཤད་པ་ཡང་རྣམ་པ་གཉིས་ཏེ། ཚིག་རྐྱང་པས་རྒྱ་ཆེར་བཤད ་པ་དང། ཚིགས་སུ་བཅས་པས་མདོར་བསྟན་པའོ། །ཞེས་བསྟན་པ་ལས་འདི་ནི་ཚིགས་བཅས་པས་མདོར་བསྟན་པའོ། །ཡང་ན་ལེའུ་འདི་གཅིག་ལ་མདོར་བསྡུ་པ་ན་རྣམ་པ་གསུམ་དུ་དབྱེ་སྟེ་།ཚིག་རྐྱང་བས་རྒྱ་ཆེར་བཤད་པ་དང། ཚིགས་སུ་བཅས་པས ་འདས་ཏེ་བཤད་པ་དང། བཀའ་བཞིན་དུ་སྒྲུབ་པར་བྱེད་པས་བསྟན་པར་སྦྱར་བ་ལས། འདི་ནི་གཉིས་པ་ཚིགས་སུ་བཅད་པ་བཟླས་ཏེ་བཤད་པའོ། །འདི་ཡང་རྣམ་པ་གཉིས་སུ་དབྱེ་སྟེ། ཚིགས་སུ་བཅད་པའི་གླེང་བསླང་བ་དང། ཚིགས་སུ་བཅད་པ་ཉིད་ཀྱིས་བཟླས་ཏེ། ་བཤད་པ་སྟེ་འདི་ནི་དང་པོའོ། །ཆོས་གདགས་རྣམ་གཞག་རྣལ་འབྱོར་དག་ལ་ནི། །གང་ཞིག་བག་མེད་སྤྱོད་བ་དོན་ཆེན་ཉམས། །ཆོས་དང་རྣལ་འབྱོར་འདི་ལ་བརྟེན་ནས་ནི། །ཡང་དག་སྒྲུབ་ན་བྱང་ཆུབ་ཆེན་པོ་འཐོབ། །ཅེས་བྱ་བ་འདི་མན་ཆད་ནི་གཉིས་པ་ཚིགས་སུ ་བཅད་པ་སྨོས་ནས་ཡང་དག་པར་བཤད་པ་སྟོན་པའོ། །འདི་ཡང་ཚིགས་སུ་བཅད་པ་ལྔ་ཡོད་པ་ཉིད་ལས་རྣམ་པ་ལྔར་དབྱེ་སྟེ། དེ་ཡང་ཆགས་སུ་བཅད་པ་དང་པོ་གཅིག་གིས་ནི་ཆོས་དང། རྣལ་འབྱོར་གྱི་རྗེས་སུ་མཐུན་པ་དང་འགལ་བའི་ཡོན་ཏན་དང་ཉེས་དམིགས ་བསྟན་ཏོ། །དེའི་འོག་མ་ཚིགས་སུ་བཅད་བ་གཉིས་པས་ནི་དམིགས་པ་དང་བཅས་པའི་ཉེས་དམིགས་བསྟན་ཏོ། །ཚིགས་སུ་བཅད་པ་གསུམ་པོས་ནི་སེམས་ཅན་ལ་ཕན་འདོགས་པ་དང་ཟང་ཟིང་སྤངས་པའི་ཡོན་ཏན་བསྟན་ཏོ། །ཚིགས་སུ་བཅད་པ་བཞི་པས ་ནི་འདོད་པས་ཆོས་སྟོན་པའི་ཉེས་དམིགས་བསྟན་ཏོ། །ཚིགས་སུ་བཅད་པ་ལྔ་བས་ནི་མངོན་པར་ཞེན་པ་སྤངས་པ་དང་སེམས་ཅན་ལ་ཕན་འདོགས་པའི་ཕན་ཡོན་བསྟན་ཏོ། །འདི་ནི་དང་པོ་ཆོས་དང་རྣལ་འབྱོར་ལ་བརྟེན་ནས་རྗེས་སུ་མཐུན་པ་དང་འགལ་པའི་ཕན ་ཡོན་དང་ཉེས་དམིགས་བསྟན་པ་སྟེ། འདི་ལྟར་གསུང་རབ་ཡན་ལག་བཅུ་གཉིས་པོ་ཆོས་གདགས་པ་རྣམ་པར་གཞག་པ་ལས་བསྟན་པའི་རྣལ་འབྱོར་ཞི་གནས་དང་ལྷག་མཐོང་གི་ལམ་དག་ལ་གང་ཞིག་བག་མེད་པར་གྱུར་ན། དོན་ཆེན་པོ་མྱ་ངན་ལས་འདས ་བའི་འབྲས་བུ་ལས་རབ་ཏུ་ཉམས་པར་འགྱུར་ལ། གལ་ཏེ་བསྟན་པ་འདི་དང་ཞི་གནས་དང་ལྷག་མཐོང་ལ་བརྟེན་ནས་ཡང་དག་པར་སྒྲུབ་བར་བྱེད་ན་བྱང་ཆུབ་ཆེན་པོ་ཐོབ་པར་འགྱུར་རོ་ཞེས་བསྟན་པའོ། །དམིགས་བཅས་ལྟ་བས་འགེགས་ལས་ཐར ་ཚོལ་ཞིང། །ལྟ་བ་དེ་ཡིས་ཆོས་ཐོབ་གང་ཟེར་བ། །བྱམས་པ་དེ་དག་རྣལ་འབྱོར་ལས་ནི་རིང། །དཔེར་ན་གནམ་ས་རིང་བ་ཇི་བཞིན་ནོ་ཞེས་བྱ་བ་ནི་གཉིས་པ་དམིགས་པ་དང་བཅས་པའི་ཉེས་དམིགས་སྟོན་ཏོ། །འདི་ལྟར་ཞི་གནས་དང ་ལྷག་མཐོང་ལ་བརྟེན་ནས་ཡོངས་སུ་ཚོལ་བ་ན་དམིགས་པ་དང་བཅས་པའི་ལྟ་བ་ཉིད་དུ་འགྱུར་ཏེ། གལ་ཏེ་དེ་ལྟ་བ་དེ་ཉིད་ལ་མངོན་པར་ཞེན་ནས་ཆོས་ཐོབ་པ་ཡིན་ནོ་སྙམ་དུ་སེམས་ཤིང་འཁོར་བའི་བགེགས་ལས་ཐར་བ་ཡིན་ནོ་ཞེས་ཟེར་ན། རྣལ ་འབྱོར་གྱི་ལམ་ཐག་རིང་བར་གྱུར་པ་ཡིན་ཏེ། དཔེར་ན་གནམ་ས་ཇི་ལྟ་བ་བཞིན་ནོ། །དེའི་ཕྱིར་འཕགས་པ་ཁྱད་པར་སེམས་ཀྱིས་ཞུས་པའི་མདོ་ལས། ཇི་ཙམ་དུ་སེམས་ཀྱིས་ཆོས་རྣམས་རྣམ་པར་རྟོག་པ་གང་ཡིན་པ་དེ་ནི་ལོག་པའོ། །སེམས་ཀྱི་ཆོས ་རྣམས་ལ་རྣམ་པར་མི་རྟོག་པ་གང་ཡིན་པ་དེ་ནི་ཡང་དག་པའོ་ཞེས་གསུངས་སོ། །བསྟན་བཅོས་བྱེ་བྲག་ཏུ་བཤད་པ་ཆེན་པོ་ལས་ཀྱང། གནམ་ས་རབ་ཏུ་ཐག་རིང་སྟེ། རྒྱ་མཚོའི་ཕ་མཛའ་དག་ཀྱང་རིང། ཉི་མ་འཆར་ནུབ་གནས་ཐག་རིང། ཡང་དག ་ལོག་ཆོས་རིང་ལས་རིང་ཞེས་འབྱུང་སྟེ། མདོ་འདི་ཉིད་ལས་ནི་དཔེ་དང་པོ་ཁོ་ན་གསུངས་པ་ཡིན་ནོ། །སེམས་ཅན་དོན་ལ་བསྟན་པས་ལན་རིག་ནས། བརྩོན་པས་སེམས་ཅན་ཕན་འདོགས་བྱེད་པ་མིན། བློ་ལྡན་བསྐལ་པ་མཐར་ཐུག་ཚང་བྱེད་ན། ་ཟང་ཟིང་མེད་པའི་དགའ་བ་དམ་པ་འཐོབ་ཞེས་བྱ་བ་ནི་གསུམ་པ་སེམས་ཅན་ལ་ཕན་འདོགས་པ་དང། ཟང་ཟིང་མེད་པའི་ཡོན་ཏན་སྟོན་ཏོ། །འདི་ལྟར་བྱང་ཆུབ་སེམས་དཔའ་རྣམས་སེམས་ཅན་ལ་ཕན་འདོགས་པ་ནི་སྙིང་རྗེ་ཆེན་པོ་བརྟན་པར ་གྱུར་པས་འདི་སྙམ་དུ་སེམས་ཏེ་བདག་ནི་ཕན་འདོགས་པའོ། །དེ་ནི་ཕན་གདགས་པར་བྱ་བ་མེད་དོ་སྙམ་དུ་དོན་དེ་ལྟ་བུར་རིག་པར་གྱུར་ནས་དེས་སེམས་ཅན་ལ་ཕན་འདོགས་པའི་བྱ་བ་དག་ལ་བསྐལ་པའི་མཛའ་ཇི་སྲིད་པར་བརྩོན་བས་ན། ཟང་ཟིང་མེད ་པའི་དགའ་བ་འཐོབ་པར་འགྱུར་ཏེ། དེའི་ཕྱིར་བསྟན་བཅོས་ས་ཡོངས་སུ་འཛིན་པ་ལས། བྱང་ཆུབ་སེམས་དཔའ་རྣལ་འབྱོར་པ་ནི་དངོས་པོ་རྗེས་སུ་འཛིན་ཅིང་དེ་བཞིན་ཉིད་རྗེས་སུ་འཛིན་པར་བྱེད་ཀྱང་འདི་སྙམ་དུ་འདི་ནི་དངོས་པོའོ། །འདི་ནི་དེ་བཞིན་ཉིད་དོ་སྙམ་དུ་མི་སེམས ་ཏེ་ཞེས་བྱ་བ་ལ་སོགས་པ་ཞིབ་ཏུ་འབྱུང་སྟེ། འདིར་ཞིབ་ཏུ་མ་བརྗོད་དོ། །གང་དག་འདོད་ཕྱིར་ཆོས་ཀྱི་ལུང་འབོགས་པ། །དེ་ནི་འདོད་པས་འདོད་ཕྱིར་ལེན་ཞེས་བྱ། །རྨོངས་པས་རིན་ཐང་མེད་པའི་རིན་པོ་ཆེ། །ཐོབ་ནས་ཕྱིར་ཡང་སྤང་པོར་འགྱུར་བར་བྱེད། །ཅེས ་བྱ་བ་ནི་བཞི་པ་འདོད་པས་ཆོས་སྟོན་པའི་ཉེས་དམིགས་སྟོན་ཏོ། །གལ་ཏེ་ལ་ལ་ཞིག་གྲགས་པ་དང་རྙེད་པ་ཡོངས་སུ་ཚོལ་བས་གཞན་དག་ལ་ཆོས་སྟོན་པར་བྱེད་ན། འདོད་པ་སྤངས་ནས་ཕྱིར་འདོད་པ་ལེན་པའི་ཆོས་སྟོན་པ་ཞེས་བྱ་བས། དེ་ནི་ཚིག་གི ་སྒོ་ནས་འདོད་པ་སྤངས་ཀྱང་སེམས་རྙེད་པ་ལ་ཆགས་པས་ནི་ཕྱིར་འདོད་པ་ལེན་པ་ཞེས་བྱ་སྟེ། བསྟན་བཅོས་ཤིན་ཏུ་རྒྱས་པ་བརྒྱ་པ་ལས། བག་མེད་པ་དང་ཚུལ་ཁྲིམས་ཡོངས་སུ་མ་དག་པ་ལ་སྨད་པའི་ཚིགས་སུ་བཅད་པ་ལས་ཇི་སྐད་དུ། ཇི་ལྟར་རང ་བཞིན་ཕན་ཚུན་རེག་པ་དང། མདུན་དུ་ཁྲིད་ན་ཕྱིར་ཡང་འཐེན་པ་ལྟར། ཁྱོད་ཀྱི་འདོད་ཕྱིར་ཚུལ་ཁྲིམས་བསྲུང་བ་ཡི། །དངོས་པོ་དེ་དག་ཀྱང་ནི་དེ་བཞིན་ཏེ། །ལུས་ཀྱིས་ཚུལ་ཁྲིམས་བསྲུང་བར་བྱེད་ཀྱང་ནི། །སེམས་ནི་འདོད་པ་དག་གིས་རབ་ཏུ་ཁྲིད། །ལས ་འདི་ཡོངས་སུ་དག་པ་མ་ཡིན་ན། །ཚུལ་ཁྲིམས་བསྲུངས་པ་དེ་ཡིས་ཅི་ཞིག་བྱ། ཞེས་བསྟན་པ་ལྟ་བུ་སྟེ། དེ་བཞིན་དུ་རྨོངས་པ་ཁ་ཅིག་གིས། འདི་ལྟར་ཆོས་ཀྱིས་རིན་པོ་ཆེ་རིན་ཐང་མེད་པ་ཐོབ་ན་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མི ་གཉེར་བས་ཕྱིར་འཇིག་རྟེན་པའི་གྲགས་པ་དང་རྙེད་པ་ཚོལ་བ་དག་ནི། དཔེར་ན་འཇིག་རྟེན་པའི་གང་ཟག་བླུན་པོས་རིན་ཐང་མེད་པའི་རིན་པོ་ཆེ་ཐོབ་ཀྱང་སླར་སྤྲང་པོ་བྱེད་པ་བཞིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། བཤད་པའི་རྣམ་གྲངས་གཞན་དུ་ན་གང་ལ་ལ་ ་ཞིག་སྟོང་པ་ཉིད་བླང་བའི་ཕྱིར་ཆོས་སྟོན་པ་དག་ནི་ཡོད་པ་སྤངས་ནས་སྟོང་པ་ལ་མངོན་བར་ཞེན་པ་ཞེས་བྱ་སྟེ། གང་ཟག་བླུན་པོ་དེ་ནི་ཆོས་ཀྱི་རིན་པོ་ཆེ་རིན་ཐང་མེད་པ་ཐོབ་ཀྱང། གསུང་རབ་ཀྱི་དགོངས་ཏེ་གསུངས་པ་ཁོང་དུ ་མ་ཚུང་བས་སྟོང་པ་ཉིད་དུ་མངོན་པར་ཞེན་པ་སྐྱེད་པར་བྱེད་དོ་ཞེས་བསྟན་ཏོ། །རྩོད་དང་འདུ་འཛི་སྤྲོས་ལ་མངོན་ཞེན་པ། །རྣམ་པར་སྤོང་ལ་བརྩོན་འགྲུས་མཆོག་བསྐྱེད་དེ། །ལྷར་བཅས་པ་ཡི་འཇིག་རྟེན་བསྒྲལ་བའི་ཕྱིར། །རྣལ་འབྱོར་འདི་ལ ་ཁྱོད་ཀྱིས་བསླབ་པར་གྱིས་ཞེས་བྱ་བ་ལྔ་པ་མངོན་པར་ཞེན་པ་སྤངས་པ་དང། སེམས་ཅན་ལ་ཕན་འདོགས་པའི་ཡོན་ཏན་བསྟན་ཏོ། རྩོད་པ་དང་འདུ་འཛི་དང། སྤྲོས་པའི་མངོན་བར་ཞེན་པ་རྣམ་པར་སྤང་བའི་ཆེད་དུ་བརྩོན་འགྲུས་མཆོག་བསྐྱེད ་དེ། འཇིག་རྟེན་པ་རྣམས་ཡོངས་སུ་བཟླ་བའི་ཕྱིར་ནན་ཏན་གྱིས་ཞི་གནས་དང་ལྷག་མཐོང་བསྒོམ་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ་།དེ་ནས་བྱང་ཆུབ་སེམས་དཔའ་བྱམས་པས་ཡང་བཅོམ་ལྡན་འདས་ལ་འདིས་སྐད་ཅེས་གསོལ་ཏོ། ། ་བཅོམ་ལྡན་འདས་དགོངས་པ་ཟབ་མོ་རྣམ་པར་ངེས་པའི་འགྲེལ་པའི་ཆོས་ཀྱི་རྣམ་གྲངས་འདིར་བསྟན་པ་འདིའི་མིང་ཅི་ལགས། བདག་གིས་ཇི་ལྟར་བཟུང་བར་བགྱི་ཞེས་བྱ་བ་འདི་མན་ཆད་ནི་གསུམ་པ་བཀའ་བཞིན་དུ་སྒྲུབ་པའི་ཕྱོགས་ཤེས ་བྱ་བ་སྟོན་ཏོ། །འདི་ཡང་རྣམ་པ་གཉིས་ཏེ། ཞུ་བ་གསོལ་བ་དང། ལན་དུ་གསུངས་པའོ། །འདི་ནི་འཕགས་པ་བྱང་ཆུབ་སེམས་དཔའ་བྱམས་པས་དེ་བཞིན་གཤེགས་པ་ལ་ཞུ་བ་གསོལ་བའོ། །ཞུ་བ་གསོལ་བ་ལ་ཡང་དགོངས་པ་རྣམ་པ ་གཉིས་ཡོད་དེ། བསྟན་པའི་མིང་ཞུས་པ་དང། ཇི་ལྟར་གཟུང་བ་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་བྱམས་པ་ལ་བཀའ་སྩལ་པ། རིགས་ཀྱི་བུ་འདི་ནི་རྣལ་འབྱོར་ངེས་བའི་དོན་བསྟན་པ་ཞེས་བྱ་སྟེ། རྣལ་འབྱོར་ངེས ་པའི་དོན་བསྟན་པ་འདི་ལ་ཁྱོད་ཀྱིས་བསླབ་པར་བྱའོ་ཞེས་བྱ་བ་ནི་གཉིས་པ་ཞུས་པའི་ལན་དུ་ཡང་དག་པར་གསུངས་པའོ། །འདི་ཡང་རྣམ་པ་གཉིས་སུ་དབྱེ་སྟེ། ཞུས་པ་རྣམ་པ་གཉིས་ཀྱི་ལན་ཡང་དག་པར་བསྟན་པ་དང། རྣལ་འབྱོར་ངེས་པའི་དོན ་བསྟན་པ་འདི་བཤད་པ་ན་ཞེས་བྱ་བ་མན་ཆད་བསྟན་པ་གསུངས་པའི་ཕན་ཡོན་ཁྱད་པར་དུ་འཕགས་པ་བསྟན་པ་སྟེ། འདི་ནི་དང་པོའོ། །རྣལ་འབྱོར་ངེས་པའི་དོན་བསྟན་པ་འདི་བཤད་པ་ན་འཁོར་འདུས་པ་ཆེན་པོ་དེ་ལས་སྲོག་ཆགས་དྲུག་འབུམ་ནི་བླ་ན ་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེས་སོ། །ཉན་ཐོས་སུམ་འབུམ་ནི་རྡུལ་སྤངས་ནས་དྲི་མ་དང་བྲལ་ཏེ། ཆོས་རྣམས་ལ་ཆོས་ཀྱི་མིག་རྣམ་པར་དག་པ་ཐོབ་པར་གྱུར་ཏོ། །ཉན་ཐོས་འབུམ་ལྔ་ཁྲི་ནི་ཟག་པ་རྣམས་ཡོངས་སུ་ཟད་ནས་སེམS ་རྣམ་བར་གྲོལ་བ་ཐོབ་པར་གྱུར་ཏོ། །བྱང་ཆུབ་སེམས་དཔའ་བདུན་ཁྲི་ལྔ་སྟོང་གིས་ནི་རྣལ་འབྱོར་ཡངས་ཤིང་རྒྱ་ཆེ་བའི་ཡིད་ལ་བྱེད་པ་ཐོབ་པར་གྱུར་ཏོ་ཞེས་བྱ་བ་ནི་གཉིས་པ་བསྟན་པ་གསུངས་པའི་ཕན་ཡོན་ཁྱད་པར་དུ་འཕགས་པ་སྟོན་ཏོ། །ཕན ་ཡོན་ཡང་རྣམ་པ་བཞི་ཡོད་དེ། བྱང་ཆུབ་ཏུ་སེམས་བསྐྱེད་པ་དང། རྡུལ་སྤངས་ནས་དྲི་མ་དང་བྲལ་ཏེ་ཆོས་ཀྱི་མིག་རྣམ་པར་དག་པ་ཐོབ་པ་དང། ཟག་པ་རྣམས་གཏན་དུ་ཟད་ནས་སེམས་རྣམ་པར་གྲོལ་བར་གྱུར་པའི་ཕན་ཡོན་ཏེ། ཕན་ཡོན ་འདི་གསུམ་ནི་གོང་དུ་བསྟན་པ་བཞིན་ནོ། །བཞི་པ་རྣལ་འབྱོར་ཡངས་ཤིང་རྒྱ་ཆེ་བའི་ཡིད་ལ་བྱེད་པ་ཐོབ་པ་ཞེས་བྱ་བ་ནི་གང་ཟག་དང་ཆོས་སྟོང་པ་ཉིད་རྣམ་པ་གཉིས་པོ་གང་ཡིན་པ་དེ་ནི་ཡངས་ཤིང་རྒྱ་ཆེ་བ་ཞེས་བྱ་སྟེ། བསྟན་བཅོས་ཐེག་པ་ཆེན ་པོ་བསྡུས་པ་ལས་ཇི་སྐད་དུ་ཞི་གནས་དང་ལྷག་མཐོང་གི་ལམ་གཉིས་ནི་རྣལ་འབྱོར་ཞེས་བྱའོ་ཞེས་བསྟན་པ་ལྟ་བུའོ། །གནས་དྲུག་བསྟན་པའི་མདོ་ལས་ནི་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་ངེས་སྟོང་པ་ཉིད་རྣམ་པ་གཉིས་ལ་དམིགས་པའི ་ཞི་གནས་དང། ལྷག་མཐོང་ཐོབ་པའི་ཕྱིར་རྣལ་འབྱོར་ཡངས་ཤིང་རྒྱ་ཆེ་བའི་ཡིད་ལ་བྱེད་པ་ཞེས་བྱའོ་ཞེས་གསུངས་སོ་བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་ནི། ལྔ་པོ་འདི་དག་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ ་རྣམས་ཀྱིས་སེམས་ཅན་ལ་ཆོས་བསྟན་པའི་འབྲས་བུའི་ཕན་ཡོན་རྒྱ་ཆེ་བ་ཡིན་པར་རིག་པར་བྱ་སྟེ། ལྔ་གང་ཞེ་ན། དེ་དག་ལས་སེམས་ཅན་ཁ་ཅིག་ནི་དམ་པའི་ཆོས་སོ་བསྟན་པ་དེ་ཉིད་ཀྱི་ཚེ་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་ ་བ་སྐྱེས་པར་འགྱུར་རོ། །དེ་ནས་སེམས་ཅན་ཁ་ཅིག་ནི་དམ་པའི་ཆོས་བསྟན་པའི་མོད་ལ་ཟག་པ་ཟད་པ་ཐོབ་པར་འགྱུར་རོ། །དེ་དག་ལས་སེམས་ཅན་ཁ་ཅིག་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེད་པར་བྱེད་དོ། །དེ ་དག་ལས་སེམས་ཅན་ཁ་ཅིག་ནི་དམ་པའི་ཆོས་ཐོས་པ་དེ་ཉིད་ཀྱི་མདོ་ལ་བྱང་ཆུབ་སེམས་དཔའ་ཨི་བཟོད་པའི་མཆོག་འཐོབ་པར་འགྱུར་རོ། །དེ་དག་ལས་སེམས་ཅན་ཁ་ཅིག་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་དམ་པའི་ཆོས་བསྟན ་པས་ལུང་འབོགས་པ་དང། ཁ་ཏོན་བྱེད་པ་དང། ཡང་དག་པར་སྒྲུབ་ཅིང་གཅིག་ནས་གཅིག་ཏུ་བརྒྱུད་པའི་ཚུལ་གྱིས་དམ་པའི་ཆོས་ཀྱི་ཚུལ་ཡུན་རིང་དུ་གནས་པར་བྱེད་པར་འགྱུར་རོ་ཞེས་འབྱུང་ངོ། །བསྟན་བཅོས་མདོ་སྡེའི་རྒྱན་ལས་ནི། བྱང ་ཆུབ་སེམས་དཔའ་ཆོས་འཆད་པས་འབྲས་བུ་རྣམ་པ་ལྔ་འཐོབ་པར་འགྱུར་ཏེ། ཆོས་ཉན་པ་དག་བྱང་ཆུབ་ཏུ་སེམས་བསྐྱེད་པར་འགྱུར་བ་དང། མི་སྐྱེ་བའི་ཆོས་ལ་བཟོད་པ་དང། ཆོས་རྣམས་ལ་རྡུལ་སྤངས་ནས་དྲི་མ་དང་བྲལ་ཏེ་ཆོས ་ཀྱི་མིག་རྣམ་པར་དག་པ་འཐོབ་པ་དང། ཟག་པ་ཟད་པ་རྣམས་འཐོབ་པ་དང། དམ་པའི་ཆོས་ཡུན་རིང་དུ་གནས་པ་དང། དོན་མ་བསླབས་པ་རྣམས་དོན་འཐོབ་པ་དང། ཐེ་ཚོམ་མ་བཅས་པ་རྣམས་ཐེ་ཚོམ་ཆད་པར་འགྱུར་བ་དང། ཐེ་ཚོམ ་ཆད་པ་རྣམས་ཡང་དག་པའི་ཆོས་སྒྲིབ་པ་མེད་པའི་དགའ་བ་ཆེན་པོའི་རོ་ལ་ཡོངས་སུ་ལོངས་སྤྱོད་པར་འགྱུར་བའོ་ཞེས་བཤད་དོ། །མདོ་འདི་ལས་ནི་ཕན་ཡོན་རྣམ་པ་བཞི་ཡོད་པར་གསུངས་ཏེ། རྣལ་འབྱོར་ཡིད་ལ་བྱེད་པ་ཞེས་བྱ་བ་ནི་བྱང་ཆུབ་སེམས ་དཔའ་མི་སྐྱེ་བའི་བཟོད་པ་ཉིད་ལ་བྱའོ།། །།བམ་པོ་ལྔ་བཅུ་གཉིས་པ། །དགོངས་པ་ཟབ་མོ་རྣམ་པར་དགྲོལ་བའི་མདོ་ལས་ས་དང་ཕ་རོལ་ཏུ་ཕྱིན་པའི་ལེའུ་སྟེ་བདུན་བའོ། །ཞེས་བྱ་བ་ལ་འདི་ཡང་སྒོ་རྣམ་པ་གསུམ་དུ་ཕྱེ་ནས ་བསྟན་ཏེ། ལེའུ་འདི་ཉིད་ཀྱི་མིང་བསྟན་པ་དང། གོ་རིམ་བཞིན་དུ་དགོངས་པ་བསྟན་པ་དང། ཚིག་གི་དོན་ཡང་དག་པར་བཤད་པའོ། །དེ་ལ་ལེའུ་འདི་ཉིད་ཀྱི་མིང་བསྟན་པ་ནི། རྒྱ་གར་སྐད་དུ། བྷུ་མི་ཞེས་བྱ་བ་བསྒྱུར་ནས་ཞེས་ཟེར་ཏེ། འདི་ལྟ་སྟེ། ་ས་རབ་ཏུ་དགའ་བ་ལ་སོགས་པ་ས་བཅུ་གཅིག་པོ་དག་སྐྱེ་བ་ལ་སོགས་པའི་དོན་དང་ལྡན་པའི་ཕྱིར་ས་ཞེས་བྱའོ། །ས་ཞེས་བྱ་བའི་དོན་དེ་ཡང་བསྟེན་པ་རྣམས་ལས་སོ་སོ་ནས་བཤད་པ་མི་མཐུན་ཏེ། ཁ་ཅིག་ལས་ནི་དོན་རྣམ་པ་གཅིག་གིས ་ས་ཞེས་བྱ་བར་སྟོན་ཏེ། མིའི་རྒྱལ་པོས་ཞུས་པའི་མདོ་ལས་ཇི་སྐད་དུ། རིགས་ལ་འཇུག་པའི་ཤེས་རབ་གང་ཡིན་པ་དེ་ནི་གནས་པ་ཞེས་བྱའོ། །གནས་པ་ལས་ནི་ཡོན་ཏན་རྣམས་སྐྱེ་བས་ས་ཞེས་བརྗོད་དོ་ཞེས་གསུངས་པ་ལྟ་བུའོ། །གནས་བཅུ་པའི ་བཤད་པ་ལས་དགེ་བའི་རྩ་བ་རིམ་པར་གནས་པའི་གནས་གང་ཡིན་པ་དེ་ནི་ས་ཞེས་བྱའོ་ཞེས་བཤད་དོ། །སློབ་དཔོན་ངོ་བོ་ཉིད་མེད་ཀྱིས་བྱས་པའི་ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་ལས། ཆོས་བདག་མེད་པའི་ཤེས་པའི་གནས་སྐབས་གང་ཡིན ་པ་དེ་ནི་ས་ཞེས་བྱའོ་ཞེས་བཤད་པའོ། །བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས། མྱ་ངན་ལས་འདས་པ་སྡུད་ཅིང་འཛིན་པའི་ཕྱིར་ས་ཞེས་བྱའོ་ཞེས་བཤད་པའོ། །ཁ་ཅིག་ལས་ནི་དོན་རྣམ་པ་གཉིས་གྱིས་ནས་ཞེས་བྱའོ་ཞེས་བཤད་དེ། སྤོན ་གྱི་ལས་བསྟན་པའི་མདོ་ལས་ཇི་སྐད་དུ། སངས་རྒྱས་ཀྱི་ས་ནི་བརྒྱ་སྟོང་གྲངས་མེད་པའི་འཛིན་པར་བྱེད་པས་སྐྱེ་བ་ཞེས་བྱའོ། །རྒྱུ་དང་འབྲས་བུ་ཐམས་ཅད་མངོན་པར་འགྲུབ་པར་བྱེད་བའི་ཕྱིར་ས་ཞེས་བྱའོ་ཞེས་གསུངས་པ་ལྟ ་བུའོ། །བསྟན་བཅོས་རྣམ་པར་རིག་པ་ཙམ་དུ་གྲུབ་པ་ལས་ནི་རྣལ་འབྱོར་པའི་གནས་དང་ཡོངས་སུ་འཛིན་པ་མཆོག་ཏུ་གྱུར་ཅིང་སྐྱེ་ཞིང་འཕེལ་བར་བྱེད་པའི་ཕྱིར་ས་ཞེས་བྱའོ་ཞེས་འབྱུང་སྟེ། དེ་ཡང་གནས་སུ་གྱུར་པའི་ཕྱིར་ནི་སྐྱེ་བ་ཞེས་བྱའོ། །ཡོངས ་སུ་འཛིན་པའི་ཕྱིར་ནི་འཕེལ་བ་ཞེས་བྱའོ། །ཁ་ཅིག་ལས་ནི་དོན་རྣམ་པ་གསུམ་གྱིས་ན་ས་ཞེས་བྱའོ་ཞེས་བཤད་དེ། འཕགས་པ་སངས་རྒྱས་ཀྱི་སའི་འགྲེལ་པ་ལས་ཇི་སྐད་དུ། ས་ནི་འདི་ལྟ་སྟེ། གནས་དང་སྤྱོད་པར་བྱེད་པ་དང་བསྡུ་བ་གང་ཡིན ་བའོ། །དེ་ནི་དེ་བཞིན་ཉིད་དང་ཡེ་ཤེས་བཞི་པོ་དག་ནི་ལོངས་སྤྱོད་དང། དགོངས་པ་རོ་གཅིག་པ་ལ་སོགས་པའི་དངོས་པོ་ནི་སངས་རྒྱས་ཀྱི་གནས་དང། སྤྱོད་ཡུལ་དང་བསྡུ་བ་ཡིན་པའི་ཕྱིར་སངས་རྒྱས་ཀྱི་ས་ཞེས་བྱའོ་ཞེས་འབྱུང་སྟེ། དེ་ལ་གནས་ཞེས ་བྱ་བ་ནི་དེ་བཞིན་ཉིད་དོ། །སྤྱོད་པར་བྱེད་པ་ཞེས་བྱ་བ་ནི་ཡེ་ཤེས་བཞི་པོ་དག་སྟེ་སྤྱོད་པ་དང་ལྡན་པའི་ཕྱིར་རོ། །བསྡུ་བ་ཞེས་བྱ་བ་ནི་ཡེ་ཤེས་བཞི་དང་མཚུངས་པར་ལྡན་པའི་སེམས་དང་སེམས་ལས་བྱུང་བ་ལ་སོགས་པའོ། །ཁ་ཅིག་ལས་ནི ་དོན་རྣམ་པ་བཞིས་ས་ཞེས་བྱའོ་ཞེས་བཤད་དེ། བསྟན་བཅོས་རྣལ་འབྱོར་སྤྱོད་པའི་སའི་འགྲེལ་པ་ལས་ཇི་སྐད་དུ། ས་ཞེས་བྱ་བ་ནི་འདི་ལྟ་སྟེ། སྤྱོད་ཡུལ་དང་གནས་དང་སྤྱོད་པ་དང་བསྡུ་བར་བྱ་བའི་དོན་ཡིན་ཏེ། རྣལ་འབྱོར་པའི་སྤྱོད ་ཡུལ་ཡིན་པའི་ཕྱིར་ས་ཞེས་བྱ་སྟེ། དཔེར་ན་རྟའི་དཀྱུས་ས་ལྟ་བུར་དེ་ཁོ་ན་ལས་གཞན་ཕྱི་རོལ་དུ་མི་འགྲོ་བའི་ཕྱིར་རོ། །ཡང་ན་རྣལ་འབྱོར་པས་གནས་འདི་ལ་བརྟེན་ནས་རང་གི་ཆོས་ལྟ་ཤིང་འཕེལ་བར་འགྱུར་བའི་ཕྱིར་ས་ཞེས་བྱ་སྟེ། ་དཔེར་ན་ལོ་ཏོག་སྐྱེད་པའི་ས་དང་འདྲ་བར་དེ་ནི་དེ་དག་གིས་ཡིན་ནོ། །ཡང་ན་རྣལ་འབྱོར་སྤྱོད་པའི་སར་བསྡུས་པའི་ཡེ་ཤེས་ཀྱི་སྤྱོད་པ་འདི་ལ་བརྟེན་ནས་མངོན་དུ་བྱེད་པ་དང། འདི་ལ་བརྟེན་ནས་འཕེལ་བར་འགྱུར་བའི་ཕྱིར་ས་ཞེས་བྱ་སྟེ། དཔེར་ན་རིན་པོ་ཆེའི་འབྱུང ་ཁུངས་ཀྱིས་ལྟ་བུའོ། །ཡང་ན་རྣལ་འབྱོར་པ་དག་འདི་ལ་སྤྱོད་པར་བྱེད་ཅིང་རང་གི་ཆོས་ཀྱི་ལོངས་སྤྱོད་ཉམས་སུ་མྱོང་བར་བྱེད་པའི་ཕྱིར་ས་ཞེས་བྱ་སྟེ། དཔེར་ན་བ་ལང་གི་ས་དང་འདྲ་བས་དེ་ནི་དེ་དག་གི་ས་མ་ཡིན་ནོ་ཞེས་འབྱུང་བ་ལྟ་བུ་སྟེ། ཞིབ་ཏུ་དེ ་ཉིད་ལས་བསྟན་པ་བཞིན་ནོ། །རྒྱ་ཆེར་རྣམ་པར་འབྱེད་པ་ནི་བསྟན་བཅོས་མདོ་སྡེའི་རྒྱན་དང། ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་ལྱང་གི་ཚེ་བསྒྱུར་བ་དང། འཕགས་པ་སངས་རྒྱས་ཀྱི་སའི་འགྲེལ་པ་ལ་སོགས་པ་ལས་བསྟན་པ་བཞིན་དུ་རིག ་པར་བྱའོ། །བསྟན་པ་རྣམ་པ་དེ་ལྟར་ཐ་དད་པར་གྱུར་པ་ཡང་འཇིག་རྟེན་པའི་ས་བཞིན་དུ་གོང་དུ་བསྟན་པའི་དོན་རྣམས་དང་ལྡན་པས་དཔེ་ལས་མིང་དུ་བཏགས་པའི་ཕྱིར་ས་ཞེས་བརྗོད་དོ། །རྒྱ་གར་སྐད་དུ་པཱ་ར་མི་ཏ་ཞེས་བྱ་བ་བསྒྱུར་ན་ཕ་རོལ་ཏུ་ཕྱིན ་བ་ཞེས་ཟེར་ཏེ། སྦྱིན་པ་ལ་སོགས་པའི་སྟོབས་ཀྱིས་འཁོར་བའི་ཚུ་རོལ་ནས་མྱ་ངན་ལས་འདས་པའི་ཕ་རོལ་ཏུ་ཕྱིན་པར་བྱེད་པའི་ཕྱིར་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ། །ལེའུ་འདི་ལས་ས་དང་ཕ་རོལ་ཏུ་ཕྱིན་པ་རྣམས་རྒྱ་ཆེར་སྟོན་པའི་ཕྱིར་ས་དང ་ཕ་རོལ་ཏུ་ཕྱིན་པའི་ལེའུ་ཞེས་གསུངས་སོ། །དེ་ལ་གོ་རིམ་གྱི་དགོངས་པ་བསྟན་པ་ཡང་མཚུངས་པ་མེད་པའི་སྤྱོད་པ་ལ་གོང་དུ་དོན་རྣམ་པ་གཉིས་སུ་བསྟན་ཏེ། ཞི་གནས་དང་ལྷག་མཐོང་བསྟན་པ་དང། ས་དང་ཕ་རོལ་ཏུ་ཕྱིན་པའི་བསྟན་པའོ་ཞེས ་བསྟན་པ་ལས། དེ་ཡན་ཆེད་དུ་ཞི་གནས་དང་ལྷག་མཐོང་བསྟན་ནས། འདི་མན་ཆད་དུ་ནི་གཉིས་པ་ས་དང་ཕ་རོལ་ཏུ་ཕྱིན་པའི་སྒོ་ཞེས་སྟོན་ཏེ། འདི་ལྟར་རྣལ་འབྱོར་བསྒོམ་པའི་སྒོ་ནི་རྣམ་པ་གཉིས་ཏེ། དང་པོ་ནི་ཞི་གནས་དང་ཕ་རོལ ་ཏུ་ཕྱིན་པ་ལ་གནས་ནས་ལྟག་མཐོང་སྐྱེད་པ་གང་ཡིན་པ་དེ་ནི་སྤྱིའི་མཚན་ཉིད་ཀྱི་སྒོ་ཡིན་པས་དེའི་ཕྱིར་སྔར་བསྟན་ཏོ། །གཉིས་པ་ནི་ས་ལ་བརྟེན་ནས་ཕ་རོལ་ཏུ་ཕྱིན་པ་སྐྱེད་པ་གང་ཡིན་པ་དེ་ནི་བྱེ་བྲག་གི་མཚན ་ཉིད་ཀྱི་སྒོ་ཡིན་པས་དེའི་ཕྱིར་ཕྱིས་བསྟན་ཏོ་།ཡང་ན་ཞི་གནས་དང་ལྷག་མཐོང་ནི་བསྡུས་པ་ཡིན་པའི་ཕྱིར་སྔར་བསྟན་ལ་ས་ལ་བརྟེན་ནས་ཕ་རོལ་ཏུ་ཕྱིན་པ་བསྐྱེད་པ་ནི་རྒྱུས་པ་ཡིན་པའི་ཕྱིར་ཕྱིས་བསྟན་ཏོ། །གོ་རིམ་གྱི་དགོངས་པ་བཤད ་ཟིན་ཏོ། །ད་ནི་ཚིག་གི་དོན་བཤད་པར་བྱའོ། །དེ་ནས་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་གིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བཅོམ་ལྡན་འདས་ཀྱིས་ཇི་སྐད་དུ། བྱང་ཆུབ་སེམས ་དབའི་ས་བཅུ་ནི་འདི་ལྟ་སྟེ། རབ་ཏུ་དགའ་བའི་ས་དང། དྲི་མ་མེད་པའི་ས་དང། འོང་བྱེད་པའི་ས་དང། འོད་འཕྲོ་བ་ཅན་གྱི་ས་དང། ཤིན་ཏུ་སྦྱང་བར་བཀའ་བའ་ཨི་ས་དང། མངོན་དུ་གྱུར་པའི་ས་དང། རིང་དུ་སོང་བའི་ས་དང། མི་གཡོ ་བའི་ས་དང། ལེགས་པའི་བློ་གྲོས་ཀྱི་ས་དང། ཆོས་ཀྱི་སྤྲིན་གྱི་སའོ་ཞེས་གསུངས་པ་དང། གཞན་ཡང་སངས་རྒྱས་ཀྱི་ས་ནི་བཅུ་གཅིག་པའོ་ཞེས་གང་གསུངས་པའི་ས་དེ་དག་རྣམ་པར་དག་པ་དུ་དག་དང། ཡན་ལག་དུ་དག་གིས་བསྡུས ་ལགས་ཞེས་བྱ་བ་འདི་མན་ཆད་ནི་གསུམ་པ་ཚིག་གི་དོན་ཡང་དག་པར་སྟོན་ཏོ། །ལེའུ་འདི་ཡང་མདོར་བསྡུ་ན་རྣམ་པ་གཉིས་སུ་དབྱེ་སྟེ། ཞུས་པ་དང་ལན་དག་གིས་ཡང་དག་པར་བསྟན་པའི་ཕྱོགས་དང། དེ་ནས་བྱང་ཆུབ་སེམས ་དཔའ་སྤྱན་རས་གཟིགས་དབང་ཕྱུག་ཅེས་བྱ་བ་མན་ཆད་བཀའ་བཞིན་དུ་བསྒྲུབ་པའི་ཕྱོགས་བསྟན་པའོ། །དང་པོ་ཡང་རྣམ་པ་གཉིས་སུ་དབྱེ་སྟེ། ཚིག་རྐྱང་བས་རྒྱ་ཆེར་རྣམ་པར་བཤད་པ་དང། ཚིགས་སུ་བཅད་པས་མདོར་བསྡུས ་ཏེ་བསྟན་པའོ། །ཡང་ན་ལེའུ་འདི་ལ་རྣམ་པ་གསུམ་དུ་དབྱེ་སྟེ། ཚིག་རྐྱང་བས་རྒྱ་ཆེར་རྣམ་པར་བཤད་པ་དང། ཚིགས་སུ་བཅད་པས་མདོར་བསྡུས་ཏེ་བསྟན་པ་དང། བཀའ་བཞིན་དུ་ཡང་དག་པར་སྒྲུབ་པའོ། །དེ་ལྟར་རྣམ་པ་གཉིས་སུ་བཤད་པ་ཡོད་ཀྱང། ་འདིར་ནི་རེ་ཞིག་བཤད་པ་སྔ་མ་དང་སྦྱར་ནས་བསྟན་པར་བྱའོ། །དེ་ལ་ཚིག་རྐྱང་པས་རྒྱ་ཆེར་རྣམ་པར་བཤད་པ་རྣམ་པ་བཞིར་དབྱེ་སྟེ། ས་རྣམས་རྒྱ་ཆེར་བསྟན་པ་དང། བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་གིས་ཀྱང་བཅོམ་ལྡན ་འདས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསླབ་པའི་གཞི་རྣམ་པ་དུ་ཞིག་མཆིས་ཞེས་བྱ་བ་མན་ཆད་ཕ་རོལ་ཏུ་ཕྱིན་པ་རྣམ་པ་རྒྱ་ཆེན་བསྟན་པ་དང། བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས ་དབང་ཕྱུག་གིས་ཀྱང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ས་དེ་དག་ལ་ཉོན་མོངས་པའི་བག་ལ་ཉལ་དུ་མཆི་ལགས་ཞེས་བྱ་བ་མན་ཆད་ཀྱིས་ས་ལ་བརྟེན་ནས་ཕ་རོལ་ཏུ་ཕྱིན་པ་སྐྱེ་བ་དང། མི་མཐུན་པའི་ཕྱོགས ་ཀྱི་སྒྲིབ་པ་བསྟན་པ་དང། བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་གིས་ཀྱང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་ཇི་སྐད་དུ་ཉན་ཐོས་ཀྱི་ཐེག་པ་གང་ཡིན་པའོ་ཞེས་བྱ་བ་མན་ཆད་ཀྱིས་དེ་བཞིན ་གཤེགས་པས་ཐེག་པ་གཅིག་ཏུ་གསུངས་པའི་དགོངས་པ་བསྟན་པའོ། །དེ་ལྟར་རྣམ་པ་བཞིར་བསྟན་པ་ལ་ཡང་ས་རྣམས་ལ་བརྟེན་ནས་ནི་ཕ་རོལ་ཏུ་ཕྱིན་པར་འབྱུང་བར་འགྱུར་བ་དང། ཕ་རོལ་ཏུ་ཕྱིན་པ་ལ་བརྟེན་ནས་ནི་སྒྲིབ་པ་རྣམས་སེལ་བ ་དང། སྒྲིབ་པ་ཡོངས་སུ་བསལ་བའི་ཕྱིར་ནི་ཐེག་པ་གཅིག་གིས་འབྲས་བུ་ཐོབ་པར་འགྱུར་བའི་ཕྱིར་རྣམ་པ་བཞིར་བསྟན་ཏོ། །དེ་ལ་ས་རྣམས་རྒྱ་ཆེར་རྣམ་པར་བཤད་པ་ཡང་རྣམ་པ་དྲུག་ཏུ་དབྱེ་སྟེ། རྣམ་པར་དག་པ་རྣམ་པ་བཞི་སྟེ། ཡན་ལག་བཅུ ་གཅིག་ལས་བརྩམ་ནས་ས་རྣམས་རྣམ་པར་དབྱེ་བ་དང། སའི་མིང་གི་དོན་བསྟན་པ་དང། ཀུན་ཏུ་རྨོངས་པ་ཉི་ཤུ་རྩ་གཉིས་ལས་བརྩམས་ནས་ས་རྣམས་རྣམ་པར་དབྱེ་བ་དང། ཁྱད་པར་དུ་འཕགས་པ་རྣམ་པ་བརྒྱད་ཀྱིས ་ས་རྣམས་རྣམ་པར་དབྱེ་བ་དང། སྐྱེ་བ་ཁྱད་པར་དུ་འཕགས་པ་ལས་བརྩམས་ནས་ས་རྣམས་རྣམ་པར་དབྱེ་བ་དང། སྨོན་ལམ་རྣམ་པ་གསུམ་ལས་བརྩམས་ནས་ས་རྣམས་རྣམ་པར་དབྱེ་བའོ། །དང་པོ་ཡང་ཞུ་བ་གསོལ་བ་དང། ལན་དུ་གསུངས ་པས་བསྟན་ཏེ། འདི་ནི་དང་པོ་བྱང་ཆུབ་སེམས་དཔས་ཞུ་པ་གསོལ་བའོ། །མདོའི་ཚིག་འདི་ཡང་རྣམ་པ་གསུམ་དུ་བསྟན་ཏེ། ཞུ་བ་གསོལ་བ་དང། ལན་དུ་གསུངས་པ་སྨོས་པ་དང། བཅོམ་ལྡན་འདས་ཀྱིས་ཇི་སྐད་དུ་ཞེས་བྱ་བ་མན་ཆད་ཞུ ་བ་གསོལ་བ་ཉིད་ཀྱིས་བསྟན་པ་སྨོས་པ་དང། གང་གསུངས་པའི་ས་དེ་དག་ཅེས་བྱ་བ་མན་ཆད་ཞུ་བ་གསོལ་བ་ཉིད་ཀྱི་ཚིག་བསྟན་པའོ། །དེ་ལ་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་ཅེས་བྱ་བ་འདི་ནི་ཞུ་བ་གསོལ་བའི་བྱང ་ཆུབ་སེམས་དཔའ་ཨི་མིང་སྟེ། འདི་ལྟར་བྱང་ཆུབ་སེམས་དཔའ་འདི་ནང་ཤེས་རབ་དང་སྙིང་རྗེ་དང་ལྡན་ཞིང་ཕྱི་རོལ་དུ་ལུས་ལ་སོགས་པའི་ལས་གསུམ་པོ་དག་རྩོལ་བ་མེད་པར་རང་གི་དང་གིས་རང་དབང་དུ་གྱུར་པས་སྤྱན་རས་གཟིགས ་དབང་ཕྱུག་ཅེས་བྱའོ། །ཡང་ན་ཤེས་པ་དང་ཡུལ་ལས་སྤྱན་རས་གཟིགས་དབང་ཕྱུག་ཅེས་མིང་དུ་བཏགས་པ་ཡིན་ཏེ། དེའི་ཕྱིར་འཕགས་པ་སངས་རྒྱས་ཕལ་པོ་ཆེའི་མདོ་ལས། བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག ་ནི་སྙིང་རྗེ་ཆེན་པོའི་ཆོས་ཀྱི་སྒོ་མོ་ལ་གནས་པའོ་ཞེས་གསུངས་སོ། །གཞན་ཡང་དམ་པའི་ཆོས་པདྨ་དཀར་པོའི་མདོ་ལས། སྤྱན་རས་གཟིགས་དབང་ཡེ་ཤེས་གྱ་ནོམ་སྟོབས་ཀྱིས་ནི། །འཇིག་རྟེན་སྡུག་བསྔལ་རྣམས་ལས་ཡོངས་སུ་སྐྱོབ་པར ་བྱེད། ཅེས་གསུངས་སོ། །དེ་བཞིན་གཤེགས་པའི་ཏིང་ངེ་འཛིན་གཟིགས་པའི་མདོ་ལས། བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་ནི་སྔར་མངོན་པར་རྫོགས་པར་བྱང་ཆུབ་པའི་སངས་རྒྱས་ཡིན་ཏེ། མཚན་ཡང་དག་པའི་ཆོས་ཀྱི་སྣང་བ་ཞེས་བྱའོ ་ཞེས་གསུངས་སོ། །འཕགས་པ་དེ་བཞིན་གཤེགས་པས་སྤྱན་རས་གཟིགས་དབང་ཕྱུག་ལུང་བསྟན་པའི་མདོ་ལས། བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་ནི། སངས་རྒྱས་བྱམས་པའི་རྒྱལ་ཚབ་ཏུ་གྱུར་པ་ཡིན་ཏེ། མཚན་ནི་སངས་རྒྱས་ཀུན ་ཏུ་ཡོན་ཏན་རིའི་རྒྱལ་པོ་ཞེས་བྱའོ་ཞེས་གསུངས་སོ། །དེ་ལ་བཅོམ་ལྡན་འདས་ཀྱིས་ཇི་སྐད་དུ་ཞེས་བྱ་བ་ལ་སོགས་པས་ནི་ཞུ་བ་གསོལ་བའི་གསུང་རབ་ཉིད་སྨོས་པ་སྟེ། འདི་ལྟར་འཕགས་པ་ས་བཅུའི་མདོ་ལ་སོགས་པ་ལས། ས་བཅུའི་དང། དེ ་བཞིན་གཤེགས་པའི་ས་ཡོངས་སུ་རྫོགས་པར་གསུངས་པོས། །དེ་ལ་གང་གསུངས་པ་དེ་དག་ཅེས་བྱ་བ་ལ་སོགས་པས་ནི་ཞུ་བ་གསོལ་བ་ཉིད་ཀྱི་ཚིག་ཡང་དག་པར་བསྟན་ཏོ། །འདི་ལ་དགོངས་པ་རྣམ་པ་གཉིས་ཡོད་དེ། དང་པོ་ནི་ས་བཅུ་པོ་དག ་རྣམ་པར་དག་པ་བཞི་ལས། དུ་དག་གིས་བསྡུས་པར་འགྱུར་ཞེས་ཞུ་བའོ། །གཉིས་པ་ནི་ཡན་ལག་བཅུ་གཅིག་ལས་ནི་དུ་དག་གིས་བསྡུས་པར་འགྱུར་ཞེས་ཞུ་བའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས ་དབང་ཕྱུག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་ས་དེ་དག་ནི་རྣམ་པར་དག་པ་བཞི་དང་ཡན་ལག་བཅུ་གཅིག་གིས་བསྡུས་པར་རིག་པར་བྱའོ། །ཞེས་བྱ་བ་འདི་མན་ཆད་ནི་གཉིས་པ་དེ་བཞིན་གཤེགས་པས་ཡང་དག་པར་ལན ་དུ་གསུངས་པ་སྟོན་ཏོ། །འདི་ཡང་རྣམ་པ་གཉིས་སྟེ། ལན་མདོར་བསྡུས་ཏེ་གསུངས་པ་དང། ཞུས་པ་དང་ལན་དག་གིས་རྒྱ་ཆེར་བཤད་པ་སྟེ། འདི་ནི་དང་པོའོ། །ཇི་ལྟར་རྣམ་པར་དག་པ་བཞི་པོ་དག་གིས་ས་རྣམས་བསྡུས་པར་འགྱུར ་ཞེ་ན། ཞེས་བྱ་བ་ལ་སོགས་པས་ནི་ཞུས་པ་དང་ལན་དག་གིས་རྒྱ་ཆེར་རྣམ་པར་བཤད་པ་སྟོན་ཏོ། །འདི་ཡང་རྣམ་པ་གཉིས་ཏེ། རྣམ་པར་དག་པ་བཞི་ས་རྣམས་བསྡུས་པར་བསྟན་པ་དང། ཡན་ལག་བཅུ་གཅིག་གིས་ས ་རྣམས་བསྡུས་པར་བསྟན་པའོ། །དང་པོ་ཡང་བརྟག་པ་དང་ལན་དུ་གསུངས་པས་བསྟན་ཏེ། འདི་ནི་དང་པོ་བརྟག་པའོ། །འདི་ལྟ་སྟེ། ས་དང་པོ་ནི་ལྷག་པའི་བསམ་པ་རྣམ་པར་དག་པས་བསྡུས་སོ། །ས་གཉིས་པ་ནི་ལྷག་པའི་ཚུལ་ཁྲིམས་རྣམ་པར ་དག་པས་བསྡུས་སོ། །ས་གསུམ་པ་ནི་ལྷག་པའི་སེམས་རྣམ་པར་དག་པས་བསྡུས་སོ། །ལྷག་པའི་ཤེས་རབ་རྣམ་པར་དག་པ་ནི་ས་ཕྱི་མ་ཕྱི་མ་དག་ཏུ་ཆས་གྱ་ནོམ་པར་འགྱུར་བའི་ཕྱིར་ས་བཞི་པ་ནས་བཟུང་སྟེ། སངས་རྒྱས་ཀྱི་སའི་བར་དུ་བསྡུས་པར ་རིག་པར་བྱའོ། །ཞེས་བྱ་བ་ལ་སོགས་པས་ནི་གཉིས་པ་ཡང་དག་པར་ལན་དུ་གསུངས་པའོ། །འདི་ཡང་རྣམ་པ་གཉིས་ཏེ། རྣམ་པར་བཤད་པ་དང། མཇུག་བསྡུ་བ་སྟེ། འདི་ནི་དང་པོ་རྣམ་པར་བཤད་པའོ། །འདི་ལྟར་རྣམ་པར་དག་པ་ནི་བཞི་སྟེ། ་མདོ་འདི་ཉིད་ལས་ཇི་སྐད་དུ་གསུངས་པ་ལྟ་བུའོ། །བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་ནི་གནས་པ་བཞི་ཞེས་བཤད་དེ། དེའི་མདོ་འདི་ཉིད་ལས་གསུངས་པའི་རྣམ་པར་དག་པ་བཞི་པོ་དག་ཉིད་དོ། །དེ་ལས་དང་པོ་ནི་ལྷག་པའི་བསམ་པ ་རྣམ་པར་དག་པས་བསྡུས་སོ། །ཞེས་བྱ་བ་ལ་ལྷག་པའི་བསམ་པ་དེའི་བདག་ཉིད་ཀྱང་བསྟན་པ་རྣམས་ལས་སོ་སོ་ནས་བཤད་པ་མི་མཐུན་ཏེ། བསྟན་བཅོས་ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་ལྱང་གི་ཚེ་བསྒྱུར་བ་ལས་ནི། རྣམ་པར་མི་རྟོག་པའི ་ཡེ་ཤེས་ཀྱི་ངོ་བོ་ཉིད་དོ་ཞེས་བཤད་དེ། དེའི་ཕྱིར་འགྲེལ་པ་དེ་ཉིད་ལས་ལྷག་པའི་བསམ་པ་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་སོ་ཞེས་བསྟན་ཏོ། །གཞན་ཡང་དེ་ཉིད་ལས་རྣམ་པར་མི་རྟོག་པའི་ཡེ་ཤེས་ནི་བསམ་པ་རྣམ་པར་དག་པ་ཉིད ་དོ་ཞེས་བཤད་དོ། །བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་ནི་མོས་པའི་ངོ་བོ་ཉིད་དོ་ཞེས་བཤད་དོ། །དེའི་ཕྱིར་ལྷག་པའི་བསམ་པའི་ལེའུ་ལས་དད་པ་སྔོན་དུ་འགྲོ་བ་དང། ཆོས་རྣམ་པར་འབྱེད་པ་སྔོན་དུ་འགྲོ་བ་དང། སངས་རྒྱས་ཀྱི་ཆོས་ ་རྣམ་ལ་མོས་པ་དང་སོ་སོར་རྟོག་པ་དང། ངེས་པར་འབྱེད་པ་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའ་ཨི་ལྷག་པའི་བསམ་པ་ཞེས་བྱའོ་ཞེས་བཤད་དོ། །ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་སློབ་དཔོན་ངོ་བོ་ཉིད་མེད་ཀྱིས་བྱས་པ་ལས ་ནི། དད་པ་དང་འདུན་པའི་ངོ་བོ་ཉིད་དོ་ཞེས་བཤད་དེ། དེའི་ཕྱིར་འགྲེལ་པ་དེ་ཉིད་ལས་ལྷག་པའི་བསམ་པ་ནི་འདི་ལྟ་སྟེ། དད་པ་དང་འདུན་པའི་ངོ་བོ་ཉིད་དོ་ཞེས་བཤད་དོ། །སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་འགྲེལ་པ་ལས་ཀྱང ་དེ་སྐད་དུ་བསྟན་ཏེ། དེའི་ཕྱིར་འགྲེལ་པ་དེ་ཉིད་ལས་ལྷག་པའི་བསམ་པའི་ངོ་བོ་ཉིད་ནི་འདི་ལྟ་སྟེ། འདུན་པ་དང་མོས་པའོ། །དེ་ལ་རེ་ཞིག་འདུན་པ་ནི་རེ་ཞིང་ཚོལ་བའོ། །དད་པ་ནི་མོས་པ་ཞེས་བྱའོ་ཞེས་བཤད་དོ། །བསྟན་བཅོས་ཐེག་པ་ཆེན ་པོ་བསྡུས་པ་ལས་ཀྱང་དེ་སྐད་དུ་བསྟན་ཏོ། །ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་ལྱང་གི་ཚེ་བསྒྱུར་བ་ལས། ཡང་དག་པའི་བསྟན་པ་རྣམས་ལ་སེམས་ངེས་ཤིང་སོམ་ཉི་མེད་པའི་ཕྱིར་དད་པ་ཞེས་བྱའོ། །ཇི་ལྟར་མངོན་པར་ཡིད་ཆེས་པའི་ཆོས ་ཉིད་ལ་བསྒོམ་པར་འདུན་པ་གང་ཡིན་པ་དེ་ནི་བསམ་པ་ཞེས་བྱའོ། །ཞེས་བཤད་དོ། །ལྷག་པའི་བསམ་པ་དེའི་རྣམ་པ་དང། གྲངས་ཐ་དད་པར་གྱུར་པ་ནི་བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་ལྷག་པའི་བསམ་པ་རྣམ་པ་བཅུ་ཇི་སྙེད་བསྟན་པ ་བཞིན་ཏེ་དེའི་ཕྱིར་བསྟན་བཅོས་དེ་ཉིད་ལས། འདི་ལ་བྱང་ཆུབ་སེམས་དཔའ་ཐོག་མ་ཉིད་དུ་རབ་ཏུ་དགའ་བའི་ས་ལ་གནས་པ་ལ་བསམ་པ་རྣམ་པ་བཅུ་བསམ་པ་དག་པ་ཐོབ་པ་ཡིན་ནོ། །སློབ་དཔོན་དང་བླ་མ་དང་སྦྱིན་གནས་ཐམས་ཅད་ལ་མི ་བསླུ་བའི་ལྷག་པའི་བསམ་པ་དང། ཆོས་མཐུན་པའི་བྱང་ཆུབ་སེམས་དཔའ་ལ་དེས་པ་དང། འབྲོགས་ན་བདེ་བའི་བསམ་པ་དང་ཉོན་མོངས་བ་དང་ཉེ་བའི་ཉོན་མོངས་པ་དང། བདུད་ཀྱི་ལས་ཐམས་ཅད་ཟིལ་གྱིས ་གནོན་ཅིང་རང་གི་སེམས་ལ་དབང་བྱ་བའི་བསམ་པ་དང། འདུ་བྱེད་ཐམས་ཅད་ལ་ཉེས་པའི་བསམ་པ་དང། མྱ་ངན་ལས་འདས་པ་ལ་ཕན་ཡོན་གྱི་བསམ་པ་དང། བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་དགེ་བ་རྣམས་སྒོམ ་བ་ལ་རྟག་ཏུ་བྱ་བའི་བསམ་བ་དང། བསྒོམ་པ་དེ་ཉིད་ཀྱི་རྗེས་སུ་མཐུན་པའི་རབ་ཏུ་དབེན་པའི་བསམ་པ་དང། འཇིག་རྟེན་གྱི་ཟང་ཟིང་དང། ཐོས་པ་དང་རྙེད་པ་དང་བཀུར་བསྟི་ཐམས་ཅད་ལ་མི་ལྟ་བའི་བསམ་པ་དང། ཐེག ་པ་དམན་པ་སྤངས་ཏེ། ཐེག་པ་ཆེན་པོ་རྟོགས་པར་བྱ་བའི་བསམ་པ་དང། སེམས་ཅན་ཐམས་ཅད་ཀྱི་དོན་བྱ་བའི་བསམ་པ་བཅུ་འདི་དག་ནི་སེམས་དེ་ལ་འཇུག་པ་ཡིན་ཏེ། དེའི་ཕྱིར་ལྷག་པའི་བསམ་པ་དག་པ་ཞེས་བྱའོ་ཞེས ་འབྱུང་ངོ། །རྒྱ་ཆེར་རྣམ་པར་དབྱེ་ན་ལྷག་པའི་བསམ་པ་བཅོ་ལྔ་ཡོད་དེ། བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་བསྟན་པ་བཞིན་དུ་རིག་བར་བྱའོ། །བསྟན་བཅོས་ཐེག་པ་ཆེན་པོ་བསྡུས་བའི་འགྲེལ་བ་སློབ་དཔོན་ངོ་བོ ་ཉིད་མེད་ཀྱིས་བྱས་པ་ལས། ལྷག་བའི་བསམ་པའི་མཚན་ཉིད་ནི་རྣམ་པ་བརྒྱད་ཡོད་དེ། ཚོགས་ཀྱི་ཕྱིར་ཞེས་བྱ་བ་ནི། འདི་ལྟ་སྟེ། མོས་པས་སྤྱོད་བའི་ས་དག་གི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྣམ་པ་གཉིས་དང་རབ་ཏུ ་བསྟན་བ་གང་ཡིན་བའོ། །བཟོད་པའི་འོས་སུ་གྱུར་པའི་ཕྱིར་ཞེས་བྱ་བ་ནི་འདི་ལྟ་སྟེ། ཆོས་ལ་སོ་སོར་རྟོག་པའི་བཟོད་བ་མཆོག་ཐོབ་པ་གང་ཡིན་པ་སྟེ། དེ་ནི་བཟོད་པ་དང་འཇིག་རྟེན་པའི་ཆོས་ཀྱི་མཆོག་དག་ཡིན་ནོ། །དམིགས ་པའི་ཕྱིར་ཞེས་བྱ་བ་ནི་འདི་ལྟ་སྟེ། ཐེག་པ་ཆེན་པོ་ཟབ་ཅིང་རྒྱ་ཆེ་བ་འཕགས་པའི་བསྟན་པ་དག་ལ་དམིགས་པ་གང་ཡིན་པའོ། །ཡིད་ལ་བྱེད་བའི་ཕྱིར་ཞེས་བྱ་བ་ནི་འདི་ལྟ་སྟེ། ཆོས་ཐམས་ཅད་རྣམ་པར་རྟོག་པ་ཙམ་དུ་རིག་པའི་ཡིད་ལ ་བྱེད་པ་གང་ཡིན་པའོ། །གཉེན་པོར་གྱུར་པའི་ཕྱིར་ཞེས་བྱ་བ་ནི་འདི་ལྟ་སྟེ། རྣམ་པར་མི་རྟོག་པའི་ཡེ་ཤེས་གང་ཡིན་བའོ། །རང་གི་ངོ་བོ་ཉིད་ཀྱི་ཕྱིར་ཞེས་བྱ་བ་ནི་འདི་ལྟ་སྟེ། ལྷག་པའི་བསམ་པ་དེ་ངེད?་པ་དང་འདུན་པས་རང་གི་བདག་ཉིད ་བྱེད་བའི་ཕྱིར་རོ། །རྟགས་ཀྱི་ཕྱིར་ཞེས་བྱ་བ་ནི་འདི་ལྟ་སྟེ། སའི་མདུན་རོལ་པ་དང་ས་ལ་གནས་པ་དག་ཏིང་ངེ་འཛིན་ལ་ཞུགས་པ་ན་སངས་རྒྱས་རྣམས་མཐོང་བའི་རྟགས་གང་ཡིན་པའོ། །ཕན་ཡོན་གྱི་ཕྱིར་ཞེས་བྱ་བ་ནི་འདི་ལྟ་སྟེ། བྱང་ཆུབ ་དང་ཉེ་ཞིང་དཀའ་བ་མེད་པར་ཁོང་དུ་ཆུད་པའི་ཕྱིར་རོ་ཞེས་འབྱུང་སྟེ། རྒྱ་ཆེར་རྣམ་པར་དབྱེ་བ་ནི་ཚིགས་སུ་བཅད་པ་གསུམ་དང་འགྲེལ་པ་ཉིད་ལས་བསྟན་ཏེ། ཞིབ་ཏུ་དེ་ཉིད་ལས་བསྟན་པ་བཞིན་ནོ། །སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི ་འགྲེལ་པ་ལས་ནི་མཚན་ཉིད་རྣམ་པ་བདུན་གྱིས་སྟོན་ཏེ་གཉེན་པོར་གྱུར་པ་བཀོད་པའི་ཕྱིར་རོ། །དེ་ལས་གཉིས་པ་ན་ལྷག་པའི་ཚུལ་ཁྲིམས་རྣམ་པར་དག་པས་བསྡུས་སོ་ཞེས་བྱ་བ་ནི་འདི་ལྟ་སྟེ། ས་གཉིས་པས་འཆལ་པའི་ཚུལ་ཁྲིམས་ཀྱི ་ཉེས་པ་ཕྲ་མོ་ཡོངས་སུ་སྤངས་ནས་ས་འདི་ལ་གནས་ཤིང་རང་བཞིན་གྱིས་ཚུལ་ཁྲིམས་དང་ལྡན་ཏེ་ལས་ཀྱི་ཉེས་པ་ཆུང་ངུ་ཡང་ཀུན་ཏུ་མི་སྤྱོད་ན། འབྲིང་དང་ཆེན་པོ་ལྟ་ཅི་སྨོས་ཏེ། ཚུལ་ཁྲིམས་ཡོངས་སུ་དག་པ་དེས་ན་ས་གཉིས་བ་བསྡུས་པ་ཡིན ་ཏེ། རྒྱ་ཆེར་རྣམ་པར་འབྱེད་པ་ནི་བསྟན་བཅོས་རྣལ་འབྱོར་སྦྱོད་བའི་ས་ལས་བསྟན་པ་བཞིན་ནོ། །གཞན་ཡང་རྣལ་འབྱོར་སྤྱོད་པའི་ས་ལས་ས་འདི་ལ་འཇིག་རྟེན་པའི་བསམ་གཏན་བཞི་དང། གཟུགས་མེད་པའི་མེད་སྙོམས་པར་འཇུག་པ་བཞི ་དང། ཚད་མེད་པ་བཞི་དང། མངོན་བར་ཤེས་པ་ལྔ་བསྒྲུབ་ཏེ་གནས་སོ། །དེ་དེ་དག་གིས་ལན་མང་དུ་གནས་ཏེ། བསམ་གཏན་དང། རྣམ་པར་ཐར་པ་དང། ཏིང་ངེ་འཛིན་དང། སྙོམས་པར་འཇུག་པ་དེ་དག་ལས་བཟློག ་ནས་སྨོན་ལམ་གྱི་དབང་གིས་འདོད་པའི་ཁམས་སུ་གང་དུ་སེམས་ཅན་གྱི་དོན་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པ་ཡོངས་སུ་རྫོགས་པར་གྱུར་བར་མཐོང་བ་དེར་སྐྱེ་བར་འགྱུར་བ་ཞེས་བྱ་བ་ནས། ནང་གི་སེམས་རྣམ་པར་དག་བ་ལ་རྟེན ་ནས་དེའི་འོད་དང་ལྡན་པ་ཡིན་ཏེ། དེ་ལྟ་བས་ན་གནས་དེ་ལྷག་བའི་སེམས་ཞེས་བྱའོ་ཞེས་བྱ་བའི་བར་དུ་འགྱུར་བས་དོན་དེས་ནས་གསུམ་པ་ནི་ལྷག་པའི་སེམས་རྣམ་པར་དག་པར་བསྡུས་སོ་ཞེས་གསུངས་ཏེ། རྒྱ་ཚོར་ནི་རྣལ ་འབྱོར་སྤྱོད་པའི་ས་ལས་བསྟན་པ་བཞིན་ནོ། །དེ་ལ་ལྷག་པའི་ཤེས་རབ་རྣམ་པར་དག་པ་ནི་ས་བཞི་པ་ནས་བཟུང་སྟེ། སངས་རྒྱས་ཀྱི་སའི་བར་དུ་ཞེས་བྱ་བ་ནི་འདི་ལྟར་ལྷག་པའི་ཤེས་རབ་ཀྱིས་ས་ཕྱི་མ་བརྒྱད་པོ་དག་སྡུད་པས་ས་བཞི་བ་ནས ་གོང་མ་གོང་མའི་ས་རྣམས་སུ་ཤེས་རབ་ཀྱི་སྒོ་རྣམ་པ་སྣ་ཚོགས་ཆེར་ཁྱད་པར་དུ་འཕགས་ཤིང་གྱ་ནོམ་པར་འགྱུར་བའི་ཕྱིར་རོ། །འདི་ལྟར་ས་བཞི་བ་ནི་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པ་དང་ལྡན་བའི་ལྷག་པའི་ཤེས་རབ་ལ་གནས་པའོ། །ལྔ ་པ་ནི་བདེན་པ་དང་ལྡན་པའི་ལྷག་བའི་ཤེས་རབ་ལ་གནས་པའོ། །དྲུག་པ་ནི་རྟེན་ཅིང་འབྲེལ་བར་འབྱུང་བ་དང་ལྡན་པའི་ལྷག་པའི་ཤེས་རབ་ལ་གནས་བའོ། །བདུན་པ་ནི་རྩོལ་བ་དང་བཅས་པའི་མཚན་མ་མེད་པ་ལ་གནས་པའོ། །བརྒྱད ་བ་ནི་རྩོལ་བ་མེད་པའི་མཚན་མ་མེད་བ་ལ་གནས་པའོ། །དགུ་པ་ནི་སོ་སོ་ཡང་དག་པར་རིག་པ་བཞི་ལ་གནས་པའོ། །བཅུ་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མཆོག་དང་ཡོངས་སུ་རྫོགས་པ་ལ་གནས་པའོ། །བཅུ་གཅིག་པ་ནི ་དེ་བཞིན་གཤེགས་བའི་གནས་པ་སྟེ། རྒྱ་ཆེར་ནི་བསྟན་བཅོས་རྣལ་འབྱོར་སྤྱོད་བའི་ས་ལས་བསྟན་པ་བཞིན་ནོ། །ས་བཞི་པ་ཡན་ཆད་ཤེས་རབ་འབའ་ཞིག་དང་ལྡན་པར་ཅིས་མངོན་ཞེ་ན། སྨྲས་པ། བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས ་གནས་པ་རྣམ་པ་བཞི་ལས་གནས་པ་བཞི་པ་ནི་ལྷག་པའི་ཤེས་རབ་ཀྱི་གནས་པའོ་ཞེས་འབྱུང་བའི་ཕྱིར། དེ་ཡན་ཆད་ཤེས་རབ་ལས་བརྩམས་ནས་བསྟན་པ་ཡིན་པར་ཤེས་སོ། །རིགས་ཀྱི་བུ་རྣམ་པར་དག་པ་རྣམ་པ་བཞི་པོ་དེ་དག ་གིས་ས་རྣམས་ཡོངས་སུ་བསྡུས་པར་རིག་པར་བྱའོ་ཞེས་བྱ་བ་ནི་གཉིས་པ་སྤྱིའི་མཇུག་བསྡུ་བའོ། །འདི་ལྟར་དག་པ་བཞི་པོ་དག་ནི་ཡོན་ཏན་རྫས་སུ་ཡོད་པ་ཡིན་ལ་ས་ནི་བརྟགས་པ་ཡིན་པས། འདི་ནི་རྫས་སུ་ཡོད་པ་དག་གིས་བཏགས ་པ་བསྡུས་པ་ཡིན་ནོ། །ཇི་ལྟར་ཡན་ལག་རྣམ་པ་བཅུ་གཅིག་གིས་ས་རྣམས་བསྡུས་བར་འགྱུར་ཞེ་ན་ཞེས་བྱ་བ་འདི་མན་ཆད་ནི་གཉིས་པ་ཡན་ལག་བཅུ་གཅིག་སྡུད་པར་སྟོན་ཏེ། འདི་ཡང་རྣམ་པ་གཉིས་ཀྱིས་བསྟན་ཏེ་ཞུ་བ་གསོལ་བ་དང། ་ལན་དུ་གསུངས་པའོ། །འདི་ནི་དང་པོ་བསྟན་པ་ལ་བརྟེན་ནས་ཞུ་བ་གསོལ་པ་སྟེ། ཡན་ལག་བཅུ་གཅིག་དང། ས་བཅུ་གཅིག་པོ་དག་གནས་སྐབས་ཐ་དད་པ་མེད་ཀྱང་དོན་ནི་ཐ་དད་ཏེ། དེའི་ཕྱིར་བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས ་མྱ་ངན་ལས་འདས་པའི་དོན་སྡུད་ཅིང་ཡོངས་སུ་འཛིན་པར་བྱེད་པའི་ཕྱིར་ས་ཞེས་བྱའོ། །ལོངས་སྤྱོད་པའི་གནས་ཀྱི་དོན་གྱི་ཕྱིར་གནས་ཞེས་བྱའོ་ཞེས་བཤད་དོ། །བསྟན་བཅོས་མདོ་སྡེའི་བརྒྱན་ལས་ནི་གནས་པར་མོས་པས་གནས་ཞེས ་བྱའོ་ཞེས་བཤད་དོ། །དེ་ལ་ཡན་ལག་ཅེས་བྱ་བ་ནི་གནོས་ཀྱི་དོན་ཏེ། དེ་ལྟར་གནས་བཅུ་གཅིག་པོ་དག་ཕྱོགས་སོ་སོ་ཐ་དད་པའི་ཡན་ལག་ཅེས་བཤད་དོ། གནས་པ་བཅུའི་བཤད་པའི་ནང་ནས་དཔེའི་ལེའུ་ལས། དེ་ལས་དང་པོའི་ཡན ་ལག་ནི་ཆོས་རྣམས་ཇི་སྙེད་ཡོད་པ་འདུས་པ་ལས་ས་དང་པོ་མངོན་པར་འགྲུབ་པ་གང་ཡིན་པ་དེ་ནི་ས་དང་པོའི་ཡན་ལག་ཅེས་བྱའོ། །འདི་ནི་གནས་པ་བཅུ་གསུམ་ལས་དང་པོ་གཉིས་མ་གཏོགས་པ་གང་ཡིན་པ་དེ་ནི ་གནས་པ་བཅུ་གཅིག་ཅེས་བྱ་སྟེ། གནས་པ་བཅུ་གཅིག་ནི་བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་ཇི་སྐད་དུ་རིགས་ལ་གནས་པ་དང། མོས་པས་སྦྱོད་པ་ལ་གནས་པ་དང། རབ་ཏུ་དགའ་བ་ལ་གནས་པ་དང། ལྷག་པའི་ཚུལ་ཁྲིམས་ལ ་གནས་པ་དང། ལྷག་པའི་སེམས་ལ་གནས་བ་དང། བྱང་ཆུབ་ཀྱི་ཕྱོགས་དང་ལྡན་པའི་ལྷག་བའི་ཤེས་རབ་ལ་གནས་པ་དང། བདེན་པ་དང་ལྡན་པའི་ལྷག་པའི་ཤེས་རབ་ལ་གནས་པ་དང། རྟེན་ཅིང་འབྲེལ་པར་འབྱུང་བ་དང་ལྡན་བའི་ལྷག ་པའི་ཤེས་རབ་ལ་གནས་པ་དང། མངོན་བར་འདུ་བྱེད་བ་དང་བཅས་ཤིང་རྩོལ་བ་དང་བཅས་པའི་མཚན་མ་མེད་པ་ལ་གནས་པ་དང། རྩོལ་བ་མེད་ཅིང་ལྷུན་གྱིས་གྲུབ་པའི་མཚན་མ་མེད་པ་ལ་གནས་པ་དང། སོ་སོ་ཡང་དག་པར་དགེ་པ་ལ་གནས ་བ་དང། བྱང་ཆུབ་སེམས་དཔའ་ཨི་གནས་བ་མཆོག་དང། དེ་བཞིན་གཤེགས་པའི་གནས་པའོ་ཞེས་བཤད་པ་ལྟ་བུའོ། །རྒྱ་ཆེར་དེ་ཉིད་ལས་བསྟན་པ་བཞིན་ནོ། །མདོ་འདི་ལས་ནི་གནས་པ་དང་པོ་གཉིས་མ་གཏོགས་པ་གནམ་པ་བཅུ་གཅིག་ལས ་བརྩམས་ནས་ཡན་ལག་གི་མིང་གིས་སྟོན་པར་མཛད་བས། དེའི་ཕྱིར་འདིར་ཡན་ལག་གིས་ས་རྣམས་སྡུད་པར་བསྟན་ཏོ། །འདི་ལྷ་སྟེ། བྱང་ཆུབ་སེམས་དཔའ་རྣམས་སྔར་མོས་པས་སྦྱོད་པའི་ས་ལ་ཚོས་སྤྱོད་པ་རྣམ་པ་བཅུ་ལ་བརྟེན་ནས་མོས ་བའི་བཟོད་པ་ཤིན་ཏུ་བསྒོམས་པའི་ཕྱིར། ཞེས་བྱ་བ་འདི་མན་ཆད་ནི་གཉིས་པ་དེ་བཞིན་གཤེགས་པས་ཡང་དག་པར་ལན་དུ་གསུངས་པ་སྟོན་ཏོ། །འདི་ཡང་རྣམ་པ་གཉིས་ཏེ། ཞུས་བ་བཞིན་དུ་ལན་ཡང་དག་པར་གསུངས་པ་དང། རིགས ་ཀྱི་བུ་ཞེས་བྱ་བ་མན་ཆད་སྤྱིའི་མཇུག་བསྡུ་བའོ། །ལན་དུ་ཡང་དག་པར་གསུངས་པ་ལ་ཡང་ཡན་ལག་བཅུ་གཅིག་པ་བསྟན་པ་ཉིད་ཀྱིས་བཅུ་གཅིག་ཏུ་དབྱེ་སྟེ། འདི་ནི་ཡན་ལག་དང་བོས་ས་རབ་ཏུ་དགའ་བ་བསྡུས་པར་བསྟན་པའོ། །འདི་ཡང་རྣམ་པ ་གཉིས་སུ་དབྱེ་སྟེ། སའི་མདུན་རོལ་པས་དང་པོར་མ་ཞུགས་པ་བསྟན་པ་དང་ས་དེ་ལས་ཡང་དག་བར་འདས་ནས་ཞེས་བྱ་བ་མན་ཆད་སའི་མདུན་རོལ་ལས་ཡང་དག་བར་འདས་ནས་ས་དང་པོར་འཇུག་པ་བསྟན་པ་སྟེ། འདི་ནི་དང་བོའོ། །ཡན་ལག་བཅུ ་གཅིག་པོ་འདི་བསྟན་པ་ལ་ཡང་བཤད་པ་རྣམ་པ་གཉིས་ཡོད་དེ། ཁ་ཅིག་ནི་བསྟན་བཅོས་ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་ལས་ཀྱང་ལྱང་གི་ཚེ་བསྒྱུར་བ་ལ་བརྟེན་ནས་ས་རེ་རེ་ལ་ཡང་སྒྲིབ་པ་གསུམ་གསུམ་སྤངས་ནས་ཡོན་ཏན་ཁྱད་པར་དུ་འཕགས ་པ་ཐོབ་པར་འགྱུར་བ་ལས་བརྩམས་ནས་ས་བཅུ་གཅིག་པོ་དག་སྟོན་ཏེ། དེ་ལ་བྱེ་བྲག་ཡོད་པ་ཡང། དེ་ལས་དང་པོ་གཅིག་གིས་ནི་སྒྲིབ་བ་རྣམ་པ་གསུམ་སྤངས་ནས། ཡོན་ཏན་བཅུ་ཐོབ་པར་འགྱུར་རོ། །ས་བར་མ་དགུ་པོ་དག་གིས་ནི་སོ་སོ་ནས་སྒྲིབ་པ་གསུམ ་གསུམ་སྤངས་ནས་ཡོན་ཏན་བརྒྱད་འཐོབ་པར་འགྱུར་རོ། །ས་ཕྱི་མ་གཅིག་གིས་ནི་སྒྲིབ་པ་གསུམ་སྤངས་ནས་ཡོན་ཏན་བདུན་འཐོབ་པར་འགྱུར་ཏེ། རྒྱུ་དང་རྐྱེན་དེས་ནས་ཡོངས་སུ་རྫོགས་པར་འགྱུར་བ་ཡིན་ནོ་ཞེས་ཟེར་ཏེ། ཕྱིས་འོག་ནས་ཇི་སྐད ་དུ་བསྟན་པ་བཞིན་དུ་རིག་པར་བྱའོ། །ཁ་ཅིག་ན་རེ་ས་རེ་རེ་ལ་ཡང་སྤྱོད་པ་རྣམས་བསྒྲུབས་པས་རྒྱུ་དང་རྐྱེན་བྱེད་དེ་ཇི་ལྟར་ས་རབ་ཏུ་དགའ་བ་ལ་ཆོས་སྤྱོད་རྣམ་པ་བཅུ་དང། མོས་པའི་བཟོད་པ་བསྒོམས་པས་རྒྱུ་དང་རྐྱེན་བྱེད་པ་བཞིན་ནོ། །དེ་ལ་ཡན ་ལག་ཅེས་བྱ་བ་ནི་འདི་ལྟ་སྟེ། ས་བཅུའི་ཕྱོགས་ཀྱི་ཆ་སོ་སོ་ཐ་དད་པ་གང་ཡིན་པ་དེ་ནི་ཡན་ལག་ཅེས་བྱའོ་ཞེའོ། །དེ་ལ་ས་དང་པོ་བསྟན་པ་ཡང་རྣམ་པ་གཉིས་སུ་དབྱེ་སྟེ། སའི་མདུན་རོལ་པས་ཕྱི་མའི་རྒྱུ་སྤྱོད་པ་བསྒྲུབ་པ་བསྟན་པ་དང། རང་གི ་ཡན་ལག་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་བསྒྲུབ་པར་བསྟན་པ་སྟེ། འདི་ནི་དང་བོའོ། །འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་རྣམས་ཞེས་བྱ་བ་ནི་རྣལ་འབྱོར་སྤྱོད་བའི་གང་ཟག་སྨོས་བ་སྟེ། རིགས་དང་ལྡན་པ་དང། བརྟེན ་པའི་རིགས་ཅན་གྱི་གང་ཟག་རྣམ་པ་གཉིས་པོ་དག་གོ་།སྔར་མོས་པ་སྤྱོད་བའི་ས་ལས་ཞེས་བྱ་བ་ནི་སྤྱོད་པ་གནས་བའི་གནས་སྐབས་ཏེ། སྔར་བསྟན་པའི་ཚོགས་དང་སྦྱོར་བ་དང། མཐོང་བ་དང། བསྒོམ་པ་དང། མཐར་ཕྱིན་བའི་གནས་སྐབས་ལྔ་ལས ་གནས་སྐབས་དང་པོ་གཉིས་ལ་བརྟེན་ནས། མོས་བ་ཤིན་ཏུ་ཟབ་བ་སྐྱེད་བས་མོས་པ་སྤྱོད་བས་སྦྱོད་བའི་ས་ཞེས་བྱ་བ་སྟེ། དེའི་ཕྱིར་བསྟན་བཅོས་ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་བ་ལས་འདི་ལྟ་སྟེ། ས་རྣམས་ལ་མོས་བ་ཤིན་ཏུ་ཟབ་པ་གང་ཡིན ་པ་དེ་ནི་སའི་གྲངས་ཀྱི་ཆོས་ལ་དེ་ཁོ་ན་བཞིན་དུ་ངེས་པར་འཛིན་པར་བྱེད་དོ་ཞེས་བཤད་དོ། །དེ་ལ་ཆོས་སྤྱོད་པ་རྣམ་པ་བཅུ་ལ་བརྟེན་ནས་ཞེས་བྱ་བ་ལ་སོགས་པས་ནི་གནས་སྐབས་ལ་བརྟེན་ནས་སྤྱོད་བ་སློང་བ་སྟེ། མོས་པས་སྤྱོད་བའི་ས་ལ་བརྟེན ་ནས་ཡང་དག་པའི་སྦྱོད་པ་རྣམ་པ་བཅུ་འབྱུང་བས་སོ། །ཡང་དག་པའི་སྤྱོད་པ་རྣམ་པ་བཅུ་ནི་བསྟན་བཅོས་རྣལ་འབྱོར་སྦྱོད་པའི་ས་ལས་ཇི་སྐད་དུ། གཞན་ཡང་ཐེག་པ་ཆེན་པོ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚོན་སྦྱོད་པ་བཅུ་བོ་འདི་དག ་ནི་སེམས་ཅན་ཡོངས་སུ་སྨིན་བར་བྱེད་བར་འགྱུར་བ་ཡིན་ཏེ། བཅུ་གང་ཞེ་ན། འདི་ལྟ་སྟེ། ཐེག་པ་ཆེན་པོ་དང་ལྡན་པའི་མདོ་སྡེ་ལ་སོགས་བའི་ཆོས་བྱང་ཆུབ་སེམས་དཔའ་ཨི་སྡེ་སྣོད་ཀྱིས་བསྡུས་བ་དག་ཡི་གེར་འདྲིར་བཅུག་པ་དང། འཛིན་པ་དང ་དེ་བཞིན་ཉིད་དུ་མཆོད་པ་དང། གཞན་དག་ལ་སྦྱིན་པ་དང། སྟོན་པ་ན་གུས་པར་བྱས་ཏེ་ཉན་པ་དང། བདག་ཉིད་ཀློག་པ་དང། དེ་བ་ཞིང་དུ་ཀུན་ཆུབ་པར་ལུང་ནོད་པ་དང། ལུང་ཕག་པ་རྣམས་རྒྱ་ཆེར་དབྱངས་ཀྱིས་ཁ་ཏོན་བྱེད་བ་དང། གཞན ་དག་ལ་རྒྱ་ཆེར་ཡང་དག་པར་སྟོན་བ་དང། གཅིག་བུ་དབེན་པར་སོང་སྟེ། སེམས་པ་དང་འཇལ་བ་དང། ཉེ་བར་རྟོག་པར་བྱེད་པ་དང། སྒོམ་བའི་རྣམ་པར་རྗེས་སུ་འཇུག་པར་བྱེད་བའོ། །ཆོས་སྤྱོད་པ་བཅུ་པོ་དེ་དག་ལས་དུ་ཞིག་བསོད་ནམས་རྒྱ་ཆེན་པོ ་སྐྱེ་བའི་ལམ་ཡིན་ཞེ་ན། སྨྲས་པ། ཐམས་ཅད་དོ། །དུ་ཞིག་སྦྱོར་བའི་ལམ་ཡིན་ཞེ་ན། སྨྲས་པ། གཅིག་སྟེ་དགུ་སོགས། དུ་ཞིག་སྒྲིབ་པ་རྣམ་པར་དག་པའི་ལམ་ཡིན་ཞེ་ན། སྨྲས་པ་གཅིག་སྟེ་བཅུ་བའོ་ཞེས་བསྟན་པ་ལྟ་བུའོ། །ཆོས་སྦྱོང ་བ་རྣམ་པ་བཅུ་པོ་འདི་དག་ནི་སྔར་གོང་དུ་བསྟན་བ་བཞིན་དུ་རིག་པར་བྱའོ། །དེ་ལ་མོས་བའི་བཟོད་པ་ཤིན་དུ་བསྒོམས་བའི་ཕྱིར་ཞེས་བྱ་བ་ནི་ཐེག་པ་ཆེན་པོ་བསྡུས་བའི་འགྲེལ་པ་ལྱང་གི་ཚེ་བསྒྱུར་བ་ལས། བྱང་ཆུབ་སེམས་དཔའ་རྣམས ་མོས་བ་སྤྱོད་བའི་ས་ལ་ཆོས་སྤྱོད་པ་རྣམས་བཅུ་ལ་བརྟེན་ནས་སྨོན་ལམ་དང། བཟོད་པ་བསྒོམས་པ་མངོན་པར་འགྲུབ་བར་འགྱུར་ལ། སྨོན་ལམ་དང་བཟོད་པ་མངོན་པར་གྲུབ་པས་མོས་པས་སྤྱོད་པའི་ས་ལས་ཡང་དག་པར་འདས་ནས་ཡང ་དག་པ་ཉིད་ཀྱི་གནས་སྐབས་ལ་འཇུག་བར་འགྱུར་རོ། །དེ་སྨོན་ལམ་ནི་སྨོན་ལམ་རྒྱ་ཆེན་པོ་བཅུའོ། །བཟོད་བ་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་སོ་ཞེས་འབྱུང་ངོ། །སློབ་དཔོན་ཡང་དག་བདེན་པའི་བརྗེད་བྱད་ལས། ས་དང་པོ་ལ་མི་སྐྱེ་བའི ་སྨོན་ལམ་དང། བཟོད་པ་དང། སྨོན་ལམ་ཆེན་པོ་བཅུ་མངོན་པར་འགྲུབ་པར་འགྱུར་རོ་ཞེས་བཤད་དོ། །བཤད་བ་འདི་དང་སྦྱར་ན་བསྟན་བཅོས་ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་བ་ལྱང་གི་ཚེ་བསྒྱུར་བ་ལས། སྤྱོད་པ་མཆོག་ཅེས་བྱ་བ ་བསྟན་པ་འདི་ས་དང་བོའི་རྣམ་པར་མི་རྟོག་པའི་ཡེ་ཤེས་སོ། །འདིར་མདོ་འདིའི་དགོངས་པ་བརྟགས་ན་དགེ་བའི་རྩ་བ་བཞི་བོ་དག་ལ་སྤྱིར་བཟོད་བ་ཞེས་སྟོན་པར་མཛད་དོ། །ཡང་ན་ལྷག་བའི་བཟོད་བ་དང། འཇིག་རྟེན་བའི་ཆོས་ཀྱི་མཆོག ་ལ་མེས་པའི་བཟོད་པ་ཞེས་བྱའོ་ཞེས་བསྟན་ཏོ། །དགོངས་པ་ཟབ་མོ་རྣམ་པར་དགྲོལ་བའི་མདོ་ལས་ནི། མོས་པ་སྦྱོང་པའི་ས་ཡི་བྱང་ཆུབ་སེམས་དཔའ་ཨི་ཆོས་སྤྱོད་པ་རྣམ་པ་བཅུ་ཡོད་པས། བྱང་ཆུབ་སེམས་དཔའ་ཨི་རྣམ ་པར་ཐར་པའི་བཟོད་པ་ཤིན་ཏུ་སྒོམ་པར་བྱེད་དོ་ཞེས་གསུངས་སོ། །ས་དེ་ལས་ཡང་དག་པར་འདས་ནས་བྱང་ཆུབ་སེམས་དཔའ་ཨི་ཡང་དག་།པ་ཉིད་སྐྱོན་མེད་པར་འཇུག་གོ་།བྱང་ཆུབ་སེམས་དཔའ་ཨི་དེ་དག་རྒྱུ་དང་རྐྱེན་དེས་ཡན་ལག་?་ཡོངས་སུ ་རྫོགས་པ་ཡིན་ཞེས་བྱ་བ་ནི་གཉིས་པ་རང་གི་ཡན་ལག་ཡོངས་སུ་རྫོགས་པ་སྟོན་ཏོ། །འདི་ལྟར་ས་དང་པོ་པ་དག་སྔ་མའི་སྦྱོར་བའི་སའི་ཆོས་སྤྱོད་པ་རྣམ་པ་བཅུ་ལ་སོགས་པའི་རྒྱུ་དང་རྐྱེན་གྱི་སྟོབས་ཀྱིས་སྦྱོར་བ་ལས་ཡང་དག་པར་འདས ་ནས་ས་དང་པོའི་ཡང་དག་པ་ཉིད་སྐྱོན་མེད་པ་ལ་འཇུག་སྟེ། རྒྱུ་དང་རྐྱེན་དེས་ན་ཡན་ལག་དེ་ཡོངས་སུ་རྫོགས་པར་འགྱུར་བའོ། །དེ་ལ་ཡང་དག་པ་ཉིད་ཅེས་བྱ་བ་ནི་ཟག་པ་མེད་པའི་འཕགས་པའི་ལམ་སྟེ། ལོག་པ་ལས་བཟློག ་པའི་ཕྱིར་ཡང་དག་པ་ཉིད་ཅེས་བྱའོ། །མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པས་སེམས་ཅན་ལ་གནོད་པ་ནི་ཟས་མཆོས་པ་དང་འདྲ་བས་ན་སྐྱོན་ཞེས་བྱའོ། །ཟག་པ་མེད་པའི་འཕགས་པའི་ལམ་གྱིས་མཐོང་བས་སྤང་བར་བྱ ་བའི་ཉོན་མོངས་པ་སྤོང?་བའི་ཕྱིར་ཡང་དག་པ་ཉིད་སྐྱོན་མེད་པ་ཞེས་བྱ་སྟེ། རྒྱ་ཆེར་རྣམ་པར་འབྱེད་པ་ནི་གོང་དུ་རྣལ་འབྱོར་རྣམ་པར་འབྱེད་བའི་ལེའུ་ལས་བཤད་པའི་སྐབས་སུ་བསྟན་པ་བཞིན་དུ་རིག་པར་བྱའོ། །དགོངས་པ ་ཟབ་མོ་རྣམ་པར་དགྲོལ་བའི་མདོ་ལས་ནི། མོས་པ་སྤྱོད་པའི་ས་རེ་ལས་ཡང་དག་པར་འདས་ནས་ཏིང་ངེ་འཛིན་གྱི་ཕུང་པོ་རྒྱུད་ལ་ཡོང་པའི་འཇུག་གོ་ཞེས་གསུངས་སོ། །ཚིག་ཐ་དད་ཀྱང་དོན་མི་མཐུན་པ་མེད་དོ། །འཕགས་པ་ཤེས ་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་ལ་བརྟེན་ནས་ཡང་དག་པ་ཉིད་སྐྱོན་མེད་པ་ཞེས་བྱ་བ་ལ་བཤད་པ་རྣམ་པ་གཉིས་ཡོད་དེ། ཁ་ཅིག་ན་རེ་དམིགས་ཡོད་པ་གང་ཡིན་པ་དེ་ནི་སྐྱོན་ཞེས་བྱའོ། །དམིགས་སུ་མེད་པའི་ཤེས་རབ་གང་ཡིན་པ་དེ་ནི་ཡང་དག་པ་ཉིད་སྐྱོན ་མེད་པ་ཞེས་བྱ་སྟེ། དེའི་ཕྱིར་མདོ་དེ་ཉིད་ལས། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཡང་དག་པ་ཉིད་སྐྱོན་མ་མཆིས་པ་ལ་ཞུགས་པ་ཐོབ་པའི་སྐྱོན་ནི་གང་ལགས། ་སྐྱོན་དང་བྲལ་བ་ནི་གང་ལགས། བཅོམ་ལྡན་འདས་ཀྱིས་རབ་འབྱོར་ལ་བཀའ་སྩལ་བ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཇི་ཙམ་དུ་དམིགས་པ་དང་བཅས་པ་གང་ཡིན་པ་དེ་ཐམས་ཅད་ནི་སྐྱོན་ཞེས་བྱའོ། །ཐམས་ཅད་དུ་དམིགས་སུ་མེད་པ་གང ་ཡིན་པ་དེ་ནི་ཡོན་ཏན་ཞེས་བྱའོ་ཞེས་གསུངས་ཏེ། ཞིབ་ཏུ་དེ་ཉིད་ལས་བསྟན་པ་བཞིན་དུ་ཞེའོ། །ཁ་ཅིག་ན་རེ་ཆོས་ལ་སྲེད་བའི་རྗེས་སུ་འབྲང་བ་ནི་སྐྱོན་ཞེས་བྱ་སྟེ། དཔེར་ན་ཟས་གཡོས་སུ་མ་བྱས་པས་ནང་སློང་བ་ལྟ་བུའོ། །སྟོང་པ་ཉིད་ཁོང་དུ ་ཆུད་པའི་ཤེས་པས་སྐྱོན་དེ་ཉེ་བར་ཞི་བར་བྱེད་པས་དེའི་ཕྱིར་ཡང་དག་པ་ཉིད་སྐྱོན་མེད་པ་ཞེས་བྱ་སྟེ། དེའི་ཕྱིར་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་ལས། བྱང་ཆུབ་སེམས་དཔའ་ཐབས་མཁས་པ་དང་མི་ལྡན་པས་ཕ་རོལ་ཏུ་ཕྱིན་པ་དྲུག ་བསྒོམ་པ་ནི་ཐེག་པ་གཉིས་ཀྱི་སར་ལྟུང?་བར་འགྱུར་བས་བྱང་ཆུབ་སེམས་དཔའ་ཨི་ཡང་དག་པ་ཉིད་སྐྱོན་མེད་པ་ལ་འཇུག་པར་འགྱུར་རོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས། ཚེ་དང་ལྡན་པ་རབ་འབྱོར་ལ་སྨྲས་པ། ཆོས་གང་ནི་སྐྱོན་ཞེས་བྱ་ཞེ་ན། རབ ་འབྱོར་ཀྱིས་སྨྲས་པ། དེ་ལ་སྐྱོན་ནི་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་ཆོས་ལ་སྲེད་པའི་རྗེས་སུ་འདྲང་བ་གང་ཡིན་པའོ། །ཆོས་ལ་སྲེད་པ་དེ་ཉིད་ནི་སྐྱོན་ཞེས་བྱ་སྟེ། དཔེར་ན་ཟས་མཆོས་པས་ནད་རྣམས་སློང་བ་དང་འདྲའོ། །དེ་ཡོངས་སུ་བསལ་བའི་ཕྱིར ་སྐྱོན་མེད་པ་ཞེས་བྱའོ་ཞེས་གསུངས་ཏེ། ཞིབ་ཏུ་དེ་ཉིད་ལས་བསྟན་བ་བཞིན་ནོ་ཞེའོ། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་བའི་མདོ།། །།བམ་པོ་སུམ་བཅུ་དྲུག་པ་དང། །བཞི་བརྒྱ་བརྒྱད་བ་དང། ལེའུ་ཆེན་པོའི་མདོ ་ལས་བཤད་པ་ཕྱི་མ་དང་ན་བར་སྟོན་ཏོ། །རྒྱ་ཆེར་རྣམ་པར་འབྱེད་པ་ནི་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲེལ་པ་ལས་བསྟན་པ་བཞིན་ནོ། །བསྟན་བཅོས་ཐེག་པ་ཆེན་པོ་བསྡུས་བའི་འགྲེལ་བ་ལས་ཀྱང་ལྱང་གི་ཚེ་བསྒྱུར་བ་ལS ་བསྟན་པ་དང་སྦྱར་ཏེ། མདོའི་ཚིག་འདི་བཤད་པ་ན། དེ་ལས་སྒྲིབ་པ་གསུམ་སྤངས་ནས་ཡན་ལག་བཅུའི་ཡོན་ཏན་ཐོབ་པའི་རྒྱུ་དང་རྐྱེན་དེའི་སྟོབས་ཀྱིས་ས་དང་པོ་ཡོངས་སུ་རྫོགས་བར་འགྱུར་རོ་ཞེས་བཤད་དོ། དེའི་ཕྱིར་འགྲེལ་བ་དེ་ཉིད་ལས། ་ས་རྣམས་སོ་སོ་ནས་སྒྲིབ་པ་གསུམ་སྤངས་ནས། སོ་སོ་ནས་ཡོན་ཏན་ཁྱད་བར་དུ་འཕགས་པ་འཐོབ་པར་འགྱུར་རོ། །དེ་ལ་ས་དང་པོ་པས་སྤོང་བར་བྱེད་པའི་སྒྲིབ་པ་གསུམ་ནི་ཆོས་དང་བདག་ཏུ་རྣམ་པར་རྟོག་པའི་མ་རིག་པ་དང་ངན་སོང་བའི་ལས་ཀྱི ་མ་རིག་པའོ། །མ་རིག་པ་ནི་འདི་གཉིས་ཀྱི་སྦྱོར་བ་ལས་མངོན་པར་གྲུབ་པའི་འཁོར་བ་གང་ཡིན་པ་དེ་ནི་གནས་ངན་ལེན་རྣམ་པར་སྨིན་པ་ཞེས་བྱའོ། །སྒྲིབ་པ་གསུམ་པོ་དག་སྤང་བའི་ཕྱིར་བརྩོན་འགྲུས་རྩོམ་པར་བྱེད་དོ། །སྒྲིབ་པ་གསུམ་པོ ་སྤང?་ས་ནས་ཡན་ལག་བཅུ་གཅིག་ཡོངས་སུ་རྫོགས་པ་འཐོབ་པར་འགྱུར་ཏེ། བྱང་ཆུབ་སེམས་དཔའ་ཨི་ཡང་དག་པའི་ཏིང་ངེ་འཛིན་གྱི་གནས་སྐབས་ལ་འཇུག་པར་འགྱུར་བ་ཡིན་ཏེ། དེ་བཞིན་གཤེགས་པའི་རིགས་སུ་སྐྱེས་པ་ཡིན་ནོ། ཆོ་རིགས་སྨད ་པ་མེད་པ་ཡིན། འཇིག་རྟེན་པའི་ཆོས་སྦྱོར་བ་ཐམས་ཅད་ལས་བཟློག་པ་ཡིན་ཏེ། ངེས་པར་སྲོག་གཅོད་པ་ལ་སོགས་པ་ལོག་པར་སྤྱོད་པ་མི་བྱེད་པའི་ཕྱིར་རོ། །འཇིག་རྟེན་ལས་འདས་པའི་སྦྱོད་པ་ལས་ཡང་དག་པར་འདས་པ་ཡིན་ཏེ། གཞན ་གྱི་སེམས་ཤེས་པ་འཐོབ་པ་ལ་ཟླ་མེད་པའི་ཕྱིར་རོ། །བྱང་ཆུབ་སེམས་དཔའ་ཨི་ཆོས་ཀྱི་དེ་བཞིན་ཉིད་ཐོབ་པ་ཡིན་ཏེ། བདག་དང་གཞན་ལ་མཉམ་པ་ཉིང་ཐོབ་པའི་ཕྱིར་རོ། །བྱང་ཆུབ་སེམས་དཔའ་ཨི་གནས་ལ་ལེགས་པར་གནས་པ་ཡིན་ཏེ། བྱང་ཆུབ་སེམས ་དཔའ་ཨི་དེ་ཁོ་ན་ཉིད་ཀྱི་ཆོས་ཐོབ་པའི་ཕྱིར་རོ། །དུས་གསུམ་ལས་འདས་ཤིང་མཉམ་པ་ཉིད་དུ་གྱུར་བ་ཡིན་ཏེ། ཆོས་བདག་མེད་པའི་དེ་བཞིན་ཉིད་ཐམས་ཅད་རྟོགས་པར་ཁོང་དུ་ཆུད་པའི་ཕྱིར་རོ། །ངེས་པར་དེ་བཞིན་གཤེགས་པའི་རིགས་ལ་གནས ་པ་ཡིན་ཏེ། མ་འོངས་པ་ན་གདོན་མི་ཟ་བར་མངོན་པར་འཚད་རྒྱ་བར་འགྱུར་བའི་ཕྱིར་རོ། །སྒོ་དའི་དངོས་པོ་སྤངས་པ་དང་འཇིག་པ་ཡིན་ཏེ། སངས་རྒྱས་ལམ་གྱི་བསྟན་མ་རིག་པའི་སྒོ་དའི་སྤུབས་བཅོམ་ནས། དེ་ལས་ཕྱི་རོལ་དུ་ཡོངས་སུ་མྱ ་ངན་ལས་འདས་པའི་ཕྱིར་རོ། །བྱང་ཆུབ་སེམས་དཔའ་ས་དང་པོ་ལ་ཆོས་ཀྱི་དབྱིངས་ཀུན་ཏུ་ཁྱབ་པའི་དོན་མཐོང་བས། ཡན་ལག་བཅུ་པོ་འདི་དག་འཐོབ་པར་འགྱུར་ལ། ཡན་ལག་རེ་འཐོབ་པའི་ཕྱིར་ས་དང་པོ་ཡོངས་སུ་རྫོགས་པ་ཡིན་ནོ་ཞེས་བཤད ་དོ། །དེ་ལས་ས་བཅུ་གཅིག་པས་སྒྲིབ་པ་གསུམ་སྤང་བར་བྱ་བ་གང་ཡིན་པ་དེ་ནི་མདོ་ལས་མ་རིག་པ་ཉི་ཤུ་རྩ་གཉིས་ཞེས་གསུངས་པ་ཉིད་དོ། །གནས་ངན་ལེན་བཅུ་གཅིག་ནི་འོག་ནས་རྒྱ་ཆེར་སྟོན་ཏོ། །ལྟུང་བ་ཕྲ་མོའི་འཁྲུལ་པ་ཀུན་ཏུ་འབྱུང ་བ་དག་ཤེས་བཞིན་དུ་སྤྱོད་པར་མ་ནུས་པས་རྒྱུ་དང་རྐྱེན་ངེས་ཡན་ལག་དེ་ཡོངས་སུ་མ་རྫོགས་པ་ཡིན་ཏེ། ཞེས་བྱ་བ་ལ་སོགས་པ་ནི་ཡན་ལག་གཉིས་པས་དྲི་མ་མེད་པ་བསྡུས་པར་སྟོན་ཏོ། །འདི་ཡང་རྣམ་པ་གཉིས་ཏེ། སྔ་མ་ལ་ཕྱི་མའི་སྤྱོད་བ ་ཡོངས་སུ་རྫོགས་པར་བརྩོན་པ་བསྟན་བའོ། །འདི་ནི་དང་པོ་སྟེ། འདི་ལྟར་ཡན་ལག་དང་པོའི་ཚེ་ནི་ལྟུང་པ་ཕྲ་མོའི་འཁྲིལ་པའི་ཉེས་པ་དང་བཅས་པའི་ཕྱིར་འཁྲུལ་བའི་ཉེས་པ་ཡོངས་སུ་བསལ་བར་མི་ནུས་པས་ན་རྒྱུ་དང་རྐྱེན་དེས་ཡོངས་སུ་རྫོགས་པར་མི་ ་འགྱུར་རོ། །ཡན་ལག་དེ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་འབད་དེ་བསྒོམས་པས་དེ་ཡང་འཐོབ་བོ། །བྱང་ཆུབ་སེམས་དཔའ་དེ་དག་རྒྱུ་དང་རྐྱེན་དེས་ཡན་ལག་དེ་ཡོངས་སུ་རྫོགས་པ་ཡིན་ཞེས་བྱ་བ་ནི། གཉིས་པ་རང་གི་ཡན ་ལག་ནན་ཏན་གྱིས་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་བརྩོན་བར་བསྟན་པའོ། །བསྟན་བཅོས་རྣལ་འབྱོར་སྤྱོད་པའི་སའི་ནང་ནས་གནས་པའི་ལེའུ་ལས། དེ་ལྟར་གནས་པ་བཅུ་པོ་དག་བདག་ཉིད་བཅུ་པོ་དེ་དག་བདག་ཉིད་ཆེ་བའི་ཕྱིར་དང། ཡོངས་སུ ་རྫོགས་པར་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའ་ཨི་ལྷག་པའི་ཚུལ་ཁྲིམས་ཀྱི་གནས་པ་ཉིད་ལ་འཇུག་ཅིང་གནོན་ཏོ། །གནས་དེ་ལ་རང་བཞིན་གྱིས་ཚུལ་ཁྲིམས་དང་ལྡན་པས་ལོག་པའི་ལམ་དུ་གཏོགས་པའི་འཚལ་བའི་ཚུལ་ཁྲིམས་ཆུང་དུ་ཡང ་ཀུན་ཏུ་མི་སྤྱོད་ན། འབྲིང་དམ་ཆེན་པོ་ལྟ་ཅི་སྨོས་ཞེས་འབྱུང་བ་ལྟ་བུ་སྟེ། རྒྱ་ཆེར་དེ་ཉིད་ལས་བསྟན་པ་བཞིན་ནོ། །རྒྱུ་དང་རྐྱེན་དེས་ཡན་ལག་དེ་ཡོངས་སུ་རྫོགས་པ་ཡིན་ཞེས་བྱ་བ་ནི། བསྟན་བཅོས་ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་བ་ལྱང ་གི་ཚེ་བསྒྱུར་བ་ལས། བྱང་ཆུབ་སེམས་དཔའ་ཨི་ས་དང་པོ་ལ་ནུས་པ་ཁྱད་པར་དུ་འཕགས་པ་དང་མི་ལྡན་པས་བྱང་ཆུབ་པའི་ཚུལ་ཁྲིམས་ལས་འཆལ་པའི་ཚུལ་ཁྲིམས་ཀྱི་ཉེས་པ་ཕྲ་མོའི་འཁྲུལ་བ་ཀུན་ཏུ་སྦྱོང་བ་མི་རྟོགས་སོ། །དེ་ལྟར་མི་ནུས ་པ་ཡང་སྒྲིབ་པ་གསུམ་གྱི་ཕྱིར་ཏེ། ལྟུང་བ་ཕྲ་མོའི་ཉེས་བའི་མ་རིག་པ་དང། ལས་ཀྱི་རྣམ་པ་སྣ་ཚོགས་པའི་མ་རིག་པའོ། །མ་རིག་པ་འདི་གཉིས་ཀྱི་སྦྱར་བ་ལས་མངོན་བར་གྲུབ་པའི་འཁོར་བ་གང་ཡིན་པ་དེ་ནི་གནས་ངན་ལེན་རྣམ་བར་སྨིན ་པ་ཞེས་བྱའོ། །སྒྲིབ་པ་གསུམ་པོ་དག་སྤང་བའི་ཕྱིར་ཡང་དག་པར་བརྩོན་བར་བྱེད་དོ། །སྒྲིབ་པ་གསུམ་པོ་དག་སྤངས་ནས་ས་གཉིས་པ་ལ་འཇུག་ཅིང་ཡོན་ཏན་རྣམ་པར་དག་པ་བརྒྱད་འཐོབ་པར་འགྱུར་ཏེ། བསམ་པ་རྣམ་པར་དག་པ་དང། ཁྱམས? ་པ་དང་སྙིང་རྗེ་རྣམ་པར་དག་པ་དང། ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པ་དང། སངས་རྒྱས་ཀྱི་མཛད་པ་མཛད་པ་མཐོང་བ་རྣམ་པར་དག་པ་དང། སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་རྣམ་པར་དག་པ་དང། མཐུ་དང་ཡོན་ཏན་རྣམ་པར་དག་པའོ། །ས་གོང་མ ་གོང་མ་ནས་སངས་རྒྱས་ཀྱི་སའི་བར་དག་ནི་ཡོན་ཏན་བརྒྱད་པ་འདི་དག་ཆེས་མཆོག་དང། ཁྱད་པར་དུ་འཕགས་པར་རིག་པར་བྱ་སྟེ། ཡན་ལག་ངེས་ནས་གཉིས་པ་ཡོངས་སུ་རྫོགས་པར་འགྱུར་བ་ཡིན་ནོ་ཞེས་འབྱུང་སྟེ། རྣམ་བར་དག་པ་བརྒྱད་ནི་འོག་ནས་བྱས ་སྟོན་ཏོ།། །།བམ་པོ་ལྔ་བཅུ་གསུམ་པའོ། །འཇིག་རྟེན་པའི་ཏིང་ངེ་འཛིན་དང། སྙོམས་པར་འཇུག་པ་ཡོངས་སུ་རྫོགས་པ་དང། ཐོས་པའི་གཟུངས་ཡོངས་སུ་རྫོགས་པ་ཐོབ་པར་མི་ནུས་པས། རྒྱུ་དང་རྐྱེན?་དེས་ཡན་ལག་དེ ་ཡོངས་སུ་མ་རྫོགས་པ་ཡིན་ཏེ། ཞེས་བྱ་བ་ལ་སོགས་པས་ནི་གསུམ་པ་སྟོན་ཏོ། །འདི་ཡང་རྣམ་པ་གཉིས་ཏེ། ས་གསུམ་པ་ཕྱི་མའི་སྤྱོད་པ་ཡོངས་སུ་རྫོགས་པར་བསྟན་པ་དང། རང་གི་ཡན་ལག་ཡོངས་སུ་རྫོགས་པ་ཐོབ་པར་མི་ནུས་པས་སོ། །དེ་ལ་ཏིང་ངེ་འཛིན ་ཅེས་བྱ་བ་ནི་བྱིང་རྒོད་དང་བྲལ་བའི་ཕྱིར་ཏིང་ངེ་འཛིན་ཅེས་བྱའོ། །གཞན་ཡང་རྩེ་གཅིག་པ་ཉིད་དུ་གྱུར་བའི་ཏིང་ངེ་འཛིན་ཅེས་བྱའོ། །སྙོམས་པར་འཇུག་པ་ཞེས་བྱ་བ་ནི་བྱིང་རྒོད་དང་བྲལ་བའི་མཐར་ཐུག་པའི་ཕྱིར་ཏེ། འདི་ལྟར་རབ་ཏུ་ཞི་ཞིང་དབེན ་པའི་མཛའ་ཨི་གནས་ཡིན་པའི་ཕྱིར་སྙོམས་པར་འཇུག་པ་ཞེས་བྱའོ། །རྣམ་པ་གཉིས་པོ་འདི་དག་ནི་ཟླག་པ་དང་བཅས་པའི་ཕྱིར་དང། འཇུག་པར་འགྱུར་བའི་ཕྱིར་འཇིག་རྟེན་པ་ཞེས་བྱའོ། །ཏིང་ངེ་འཛིན་དེ་དག་གི་མིང་ཡང་བསྟན་བཅོས་རྣལ་འབྱོར ་སྤྱོད་པའི་སའི་འགྲེལ་པ་དང་སྤྱར་ན་མིང་ཡང་རྣམ་པ་གསུམ་ཡོད་དེ། འདི་ལྟ་སྟེ། མཉམ་པར་བཞིག་པ་དང། ཏིང་ངེ་འཛིན་དང། སྙོམས་པར་འཇུག་པ་སྟེ། དེའི་ཕྱིར་འགྲེལ་བ་དེ་ཉིང་ལས་མཉམ་པར་བཞག་པའི་ས་ཞེས་བྱ་བ་ནི་འདི་ལྟ་སྟེ། ་ཏིང་ངེ་འཛིན་གྱི་མཆོག་བྱིང་རྒོད?་དང་བྲལ་བས་མཉམ་པ་ཉིད་དུ་གྱུར་པའམ། མཉམ་པ་ཉིད་དུ་འདྲེས་པ་འམ། མཉམ་པ་ཉིད་ཀྱིས་བསྐྱེད་བའི་ཕྱིར་མཉམ་བར་བཞག་བའི་ས་ཞེས་བྱའོ། །ཁ་ཅིག་ན་དེ་མིང་འདི་ནི་སེམས་དང ་བཅས་པའི་ཏིང་ངེ་འཛིན་ཐམས་ཅད་བསྡུས་པ་ཡིན་ཏེ། ཐམས་ཅད་ཀྱང་མཉམ་པ་ཉིད་དུ་གྱུར་ཅིང། ཡོན་ཏན་རྣམས་འདྲེས་བའི་ཕྱིར་རོ། །སེམས་མེད་པ་དག་ནི་མི་བསྡུ་སྟེ། འདི་ལྟར་ཚིགས་སུ་བཅད་པ་སྔ་མ་ལས་ཏིང་ངེ་འཛིན་དང་ལྷན་ཅིག་པའི་ཕྱིར ་རོ་ཞེས་བསྟན་པས་སོ། །ཏིང་ངེ་འཛིན་ཅེས་བྱ་བ་ནི་ཡུལ་སོ་སོར་དེས་པ་ལས་སེམས་ལས་བྱུང་བའི་ཆོས་ཀྱིས་གྲངས་གཅིག་ཡིན་པའི་ཕྱིར་དང། སེམས་མེད་པའི་ཏིང་ངེ་འཛིན་གྱིས་ཡོན་ཏན་རྣམས་འདྲེན་པར་མི་ནུས་པའི་ཕྱིར་མཉམ་པར་བཞག་པའི ་ས་མ་ཡིན་ནོ། །གལ་ཏེ་དེ་ལྟ་ན་ཅིའི་ཕྱིར་མཉམ་པར་བཞག་པའི་ས་ཞེས་བྱ་ཞེ་ན། མཉམ་པར་བཞག་པའི་ས་ནི་མདོར?་བསྡུ་ན་རྣམ་པ་བཞི་ཡོད་པས། འདི་ལྟ་སྟེ། བསམ་གཏན་དང། རྣམ་པར་ཐར་བ་དང། ཏིང་ངེ་འཛིན་དང། སྙོམས་པར་འཇུག་བའོ། །དེ ་ལ་བསམ་གཏན་བཞི་ཞེས་བྱ་བ་ནི་འདི་ལྟ་སྟེ། བསམ་གཏན་བཞི་བ་དག་གོ་།རྣམ་པར་ཐར་པ་ཞེས་བྱ་བ་ནི། །འདི་ལྟ་སྟེ། རྣམ་པར་ཐར་པ་བརྒྱད་པོ་དག་གོ་།ཏིང་ངེ་འཛིན་ཞེས་བྱ་བ་ནི་འདི་ལྟ་སྟེ། སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་དང། སྨོན་པ་མེད་པའི་ཏིང་ངེ་འཛིན ་དང། མཚན་མ་མེད་བའི་ཏིང་ངེ་འཛིན་ཏོ། །སྙོམས་པར་འཇུག་པའི་ནི་མཐོང་བ་སྔའི་སྙོམས་བར་འཇུག་བའོ། །དེ་ལ་མཐོང་བ་སྔའི་སྙོམས་པར་འཇུག་པ་ནི་ནང་གི་ལུས་ཀྱི་མི་སྡུག་པ་ལ་སོ་སོར་རྟོག་པ་དང། ཐེང་དུས་ལ་རྣམ་པར་ཤེས་པ་དེར་རྒྱུ་བར ་བྱེད་དོ་ཞེས་སོ་སོར་རྟོག་པ་དང། ཀེང་རུས་ལ་རྣམ་པར་ཤེས་པ་དེར་འདྲ་བ་དང། མ་འོངས་པ་ན་གནས་སོ་ཞེས་སོ་སོ་རྟོག་པ་དང། ཀེང་རུས་ལ་རྣམ་པར་ཤེས་པ་དེར་རྒྱུ་བར་བྱེད་ཀྱང་ད་ལྟར་གྱི་ལ་མི་གནས་ཀྱི་མ་འོངས་པ་ལ་གནས་པ་ཁོ་ན་ལ་ཞེས ་བྱ་བ་སོ་སོར་རྟོག་པ་དང། ཀེང་རུས་ལ་རྣམ་པར་ཤེས་པ་དེར་རྒྱུ་བར་བྱེད་ཀྱང་ད་ལྟར་མ་འོངས་པ་ལ་མི་གནས་བའོ་ཞེས་སོ་སོར་རྟོག་པ་སྟེ། རྒྱ་ཆེ་ནི་བསྟན་བཅོས་བྱེ་བྲག་ཏུ་བཤད་པ་ཆེན་པོ་ལས་བསྟན་པ་བཞིན་ནོ། །བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས ་ཀྱང། ཟིལ་གྱིས་གནོན་པའི་སྐྱེ་མཆེད་བརྒྱད་ཀྱིས་སྙོམས་པར་འཇུག་པ་དང། ཟད་པར་གྱི་སྐྱེ་མཆེད་བཅུའི་སྙོམས་པར་འཇུག་པ་དང། གཟུགས་མེད་བའི་སྙོམས་པར་འཇུག་པ་དང། འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་དང། འགོག་པའི་སྙོམས་པར་འཇུག ་པའོ་ཞེས་འབྱུང་བས་འདི་ལ་ཉེས་པ་མེད་དོ། །སེམས་མེད་པའི་སྙོམས་པར་འཇུག་པ་ནི་མཉམ་པར་བཞག་པའི་སྐྱོན་ཡིན་པའི་ཕྱིར་རོ། དེ་ཡང་དག་བར་མཉམ་པར་བཞག་པ་མ་ཡིན་ནོ་ཞེའོ། །ཁ་ཅིག་ན་རེ་མིང་འདི་ནི་སེམས་དང་བཅས་པའི་གནས་སྐབས་དང། ་སེམས་མེད་བའི་གནས་སྐབས་ལ་ཡོད་པའི་ཏིང་ངེ་འཛིན་གྱི་བདག་ཉིད་དེ། སེམས་དང་བཅས་པའི་མཉམ་པ་ཉིད་དུ་གྱུར་པ་གང་ཡིན་པ་དེ་ནི་ཡོན་ཏན་རྣམས་འདྲེན་པའི་ཕྱིར་དང། མཉམ་པ་ཉིད་ཀྱི་དབང་པོ་འདྲེན་བར་ཡང་ཕལ་ཆེར་མཚུངས་པའི་ཕྱིར་དང། ་བྱིང་རྒོད་དང་བྲལ་བའི་ཕྱིར་དང། འགྱོད་བ་མེད་པ་ལ་སོགས་པའི་མཉམ་པ་ཉིད་ཀྱི་སྦྱོར་བ་ཡང་རབ་ཏུ་འདྲེན་པའི་ཕྱིར་མཉམ་བར་བཞག་པ་ཞེས་བྱའོ། །སེམས་མེད་པའི་ཏིང་ངེ་འཛིན་གང་ཡིན་པ་དེ་ནི་ཡོན་ཏན་ཁྱད་པར་དུ་འཕགས་པ་འདྲེན་པར་མི་ནུས་མོད ་ཀྱི། མཉམ་པ་ཉིད་ཀྱི་དབང་པོ་འདྲེན་པར་ཕལ་ཆེར་མཚུངས་པའི་ཕྱིར་དང། མཉམ་པ་ཉིད་ཀྱི་ཏིང་ངེ་འཛིན་གྱིས་བསྐྱེད་བའི་ཕྱིར། །དེ་ལ་ཡང་མཉམ་པར་བཞག་པ་ཞེས་བྱའོ། །གལ་ཏེ་དེ་ལྟ་ན་ཅིའི་ཕྱིར་ཚིགས་སུ་བཅད་པ་སྔ་མ་ལས་ཏིང་ངེ་འཛིན ་དང་ལྷན་ཅིག་ཅེས་བཤད་ཀྱང་ཉེས་པ་མེད་ཅེ་ན། ཚིགས་སུ་བཅད་པ་ལས་ལྡན་པ་ཞེས་བྱ་བ་མི་མངོན་པར་བྱས་པས་དེ་དང་ལྷན་ཅིག་ཅེས་བྱ་བ་སྨོས་པ་ཡིན་ཏེ། ཡང་དག་པར་ན་མཉམ་པར་བཞག་པ་ནི་ལྷན་ཅིག་པ་ཡང་མ་ཡིན་ལ། མཉམ་པར ་བཞག་པའི་སེམས་མེད་གཏོག་པར་བསྟམ་པའི་ཕྱིར་རོ། །ཡང་དག་པའི་དོན་དུ་ན་མཉམ་པར་བཞག་པའི་སའི་མིང་ནི་ཀུན་ཏུ་བསྡུས་པར་གཏོགས་པ་ཡང་ཡོད། །སྤངས་པ་མ་ཡིན་པ་ཡང་ཡོད་དེ། སེམས་ཡོད་པ་དང ་མེད་བའི་གནས་སྐབས་གཉི་ག་བསྡུས་པའི་ཕྱིར་ནི་ཀུན་བསྡུ་བར་གཏོགས་པ་ཞེས་བྱའོ། །གཞན་ཡང་འདུ་ཤེས་མེད་པ་དང། འགོག་པའི་སྙོམས་པར་འཇུག་པ་ཡང་མཉམ་པར་བཞག་པའི་སའི་བདག་ཉིད་ཡིན་པར་བསྟན་པའི་ཕྱིར་དང། ཟག ་པ་དང་བཅས་པའི་དང། ཟག་པ་མེད་པའི་ཏིང་ངེ་འཛིན་ཁྱད་པར་དུ་འཕགས་པ་ལ་བྱའི། འདོད་པའི་ཁམས་ལ་སོགས་པ་རྣམ་པར་གཡེང་བའི་སེམས་ཐམས་ཅད་ལ་བྱ་བ་ནི་མ་ཡིན་པའི་ཕྱིར་སྤངས་པ་མ་ཡིན་པ་ཞེས་བྱའོ་ཞེའོ། །ཅིའི་ཕྱིར ་བསམ་གཏན་ལ་སོགས་པ་ལ་མཉམ་བར་བཞག་པའི་ས་ཞེས་བྱ་བ་ལ། འདོད་པའི་ཁམས་ཀྱི་སེམས་རྩེ་གཅིག་པ་ཉིད་ནི་མ་ཡིན་ཞེ་ན། ཏིང་ངེ་འཛིན་དེ་ནི་འགྱོད་པ་མེད་པ་དང། མཆོག་ཏུ་དགའ་བ་དང། དགའ་བ་དང། ཤིན་ཏུ་སྦྱོངས? ་པ་དང། དེ་བས་བསྒྲུབས་པ་ཡིན་ལ་འདོད་པ་ནོ་སྤྱད་པ་ན་དེ་ལྟ་མ་ཡིན་ནོ་ཞེས་འབྱུང་སྟེ། འདི་དང་སྦྱར་ན་ཁམས་གོང་མའི་སེམས་རྣམ་པར་གཡེང་བ་ཡང་མཉམ་བར་བཞག་པ་མ་ཡིན་ཏེ། འདོད་པའི་ཁམས་དང་མཚུངས་པའི་ཕྱིར ་རོ། །དེ་ནས་ཕན་ཚུན་བལྟོས་པའི་མུ་བཞིར་འགྱུར་ཏེ། ཏིང་ངེ་འཛིན་དང་ལྷན་ཅིག་པ་ཡིན་ལ་མཉམ་པར་བཞག་པའི་སེམས་མ་ཡིན་པ་ཡང་ཡོད་དོ། །འདི་ལྟ་སྟེ། འདོད་པའི་ཁམས་ལ་སོགས་པ་རྣམ་པར་གཡེང་བའི་སེམས་ཀྱི་གནས ་སྐབས་སུ་ཏིང་ངེ་འཛིན་དང་ལྡན་པའི་སེམས་དང། སེམས་ལས་བྱུང་བ་གང་ཡིན་པ་རྣམས་སོ། །མཉམ་པར་བཞག་པའི་ས་ཡིན་ལ་ཏིང་ངེ་འཛིན་དང། ལྷན་ཅིག་པ་མ་ཡིན་པ་ཡང་ཡོད་དེ། འདི་ལྟ་སྟེ། སྙོམས་པར་འཇུག་པའི ་གནས་སྐབས་སུ་ཏིང་ངེ་འཛིན་གྱི་བདག་ཉིད་དང། འདུ་ཤེས་མེད་པའི་སྙོམས་པར་འཇུག་པའི་གནས་སྐབས་ལ་ཡོད་པའི་ཆོས་རྣམས་གང་ཡིན་པའོ། །ཏིང་ངེ་འཛིན་དང་ལྷན་ཅིག་པ་ཡང་ཡིན་ལ། མཉམ་བར་བཞག་པའི་ས་ཡིན་པ་ཡང་ཡོད ་དེ། འདི་ལྟ་སྟེ། བསམ་གཏན་རྣམས་དང། གཟུགས་མེད་པའི་སེམས་ཡོད་པའི་ཏིང་ངེ་འཛིན་གྱི་གནས་སྐབས་ཀྱིས་སེམས་དང། སེམས་ལས་བྱུང་བ་ལ་སོགས་པ་གང་ཡིན་པ་སྟེ། ཏིང་ངེ་འཛིན་མ་གཏོགས་པའོ། །གཉིས་ཀ་མ་ཡིན་པ་ཡང ་ཡོད་དེ། གོང་དུ་བསྟན་པའི་གནས་སྐབས་ལ་མ་གཏོགས་པའི་ཆོས་རྣམས་གང་ཡིན་པའོ། །གཞན་ཡང་ཏིང་ངེ་འཛིན་དང། སྙོམས་པར་འཇུག་པ་དང། མཉམ་པར་བཞག་པ་ལ་ཡང་དོན་ཅི་ཡོད་ཅེ་ན། དེ་ལ་ཏིང་ངེ་འཛིན་ཅེས་བྱ་བ་ནི་སེམས ་ལས་བྱུང་བའི་ཆོས་ཀྱི་ནང་ན་ཏིང་ངེ་འཛིན་ཅེས་བྱ་བ་ཆོས་གཅིག་གི་མིང་ཡིན་ཏེ། སེམས་ཡོད་པའི་གནས་སྐྱབས་ཀྱི་སེམས་རྩེ་གཅིག་པ་ཉིད་ཐམས་ཅད་བསྡུས་ཤིང། མ་ཉམ་པར་བཞག་པ་དང། རྣམ་པར་གཡེ་བའི་གནས་སྐབས་སུ་ཡང ་གཏོགས་པ་ཡིན་ཡང། མདོ་སྡེ་དང་བསྟན་བཅོས་དག་ལས་ནི་གཙོ་བོའི་དབང་དུ་མཛད་ནས་སྟོང་བ་དང། སྨོན་པ་མེད་པ་ལ་སོགས་པ་ཏིང་ངེ་འཛིན་ཅེས་བསྟན་ཏོ། །སྙོམས་པར་འཇུག་པའི་མིང་ནི་སེམས་ཡོད་པ་དང། སེམས་མེད་པའི་ཏིང ་ངེ་འཛིན་རྣམས་ཀྱི་གནས་སྐབས་ཐམས་ཅད་ལ་ཡོད་པའི་ཏིང་ངེ་འཛིན་གྱི་བདག་ཏུ་གཏོགས་པ་ཡིན་ཡང་མདོ་སྡེ་དང་བསྟན་བཅོས་དག་ལས་ནི་གཙོ་བོའི་དབང་དུ་མཛད་ནས་མཐོང་བ་ལྔ་ལ་སོགས་པ་དང་ལྡན་པའི་ཏིང་ངེ་འཛིན་རྣམས་ལ་སྙོམས ་བར་འཇུག་པ་ཞེས་བསྟན་ཏོ། །མཉམ་པར་བཞག་པའི་ས་ཞེས་བྱ་བའི་མིང་ནི་སེམས་ཡོད་པ་དང། མེད་པའི་ཏིང་ངེ་འཛིན་གྱི་གནས་སྐབས་ཀྱི་ཡོན་ཏན་ཡིན་པའི་ཕྱིར། ས་འདིས་ཏིང་ངེ་འཛིན་གྱི་གནས་སྐབས་ཐམས་ཅད་ཡོན་ཏན་ཐམས ་ཅད་བསྡུས་ཏེ་སྦྱི་ཡིན་པའི་ཕྱིར་གཅིག་དུ་སའི་མིང་ཐོབ་པ་ཡིན་ནོ། །མདོ་འདི་ཉིད་ལས་ནི་མདོར་བསྡུས་ནས་མིང་གཉིས་བསྟན་ཏེ། མཉམ་པར་བཞག་པ་དང། རྣམ་པར་གཡེང་བ་དང། སེམས་ཡོད་པ་དང། སེམས་མེད ་པ་རྣམས་སྡུད་པའི་ཕྱིར་རོ། །དེ་ལ་གཟུངས་ཞེས་བྱ་བ་ནི་དྲན་པ་དང། ཤེས་རབ་ཀྱི་བདག་ཉིད་དོ། །གཟུངས་དེ་ཡང་མདོར་བསྡུ་ན་རྣམ་པ་བཞི་ཏེ། བསྟན་བཅོས་རྣལ་འབྱོར་སྦྱོང་བའི་ས་ལས་ཇི་སྐད་དུ། དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི ་གཟུངས་དམ་པ་གང་ཞེ་ན། དེ་ནི་མདོར་བསྡུ་ན་རྣམ་པ་བཞིར་བལྟ་བར་བྱ་སྟེ། ཆོས་ཀྱི་གཟུངས་དང། དོན་གྱི་གཟུངས་དང། གསེར་སྔགས་ཀྱི་གཟུངས་དང། བྱང་ཆུབ་སེམས་དཔའ་ཨི་བཟོད་པ་ཐོབ་བར་བྱེད་པའི་གཟུངས་སོ། །དེ་ལ་བྱང་ཆུབ་སེམས ་དཔའ་ཨི་ཆོས་ཀྱི་གཟུངས་གང་ཞེ་ན། འདི་ལྟ་སྟེ། དེ་ལ་བྱང་ཆུབ་སེམས་དཔའ་ནི་གང་གིས་ཐོས་བ་ཙམ་ཁོ་ནས་གོམས་ཤིང་ཁ་ཏོན་བྱ་བར་མ་བྱས་པའི་མིང་དང། ཚིག་དང། ཡི་གེར་གཏོགས་པའི་རིམ་བཞིན་དུ་བསྡེབས་ཤིང་རིམ་བཞིན་དུ ་སྦྱར་བའི་ཡི་གེ་ཚད་མེད་བ་དག་དུས་ཚད་མེད་བར་འཛིན་བར་འགྱུར་བ་དེ་ལྟ་བུའི་དྲན་པ་དང། ཤེས་རབ་ཀྱི་བསྐྱེད་པ་ཐོབ་པར་འགྱུར་བ་དེ་ནི། བྱང་ཆུབ་སེམས་དཔའ་ཨི་ཆོས་ཀྱི་གཟུངས་ཞེས་བྱའོ། །དེ་ལ་དོན་གྱི་གཟུངས་གང་ཞེ་ན། འདི་ལྟ ་སྟེ། སྔ་མ་དང་དྲན་པ་ལས་དེའི་ཁྱད་པར་ནི་འདི་ཡོད་དེ། ཆོས་དེ་བདག་ཉིད་ཀྱིས་དོན་ཚད་མེད་པ་དག་མ་གོམས་ཤིང་ཡིད་ཀྱི་བྱ་བར་མ་བྱས་པས་དུས་ཚད་མེད་པ་དག་ཏུ་འཛིན་ཅིང་བརྗེད་པར་མི་འགྱུར་བ་གང་ཡིན་པ་དེ་ནི། བྱང་ཆུབ་སེམS ་དཔའ་ཨི་དོན་གྱི་གཟུངས་ཞེས་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའ་ཨི་གསང་སྔགས་ཀྱི་གཟུངས་གང་ཞེ་ན། འདི་ལྷ་སྟེ། འདི་ལ་བྱང་ཆུབ་སེམས་དཔའ་ནི་གང་གི་གསང་སྔགས་ཀྱི་བཞི་གང་དག་སེམས་ཅན་རྣམས་ཡམས་ཀྱི་ནང་ཡང་དག ་པར་ཞི་བར་བྱེད་པའི་ཕྱིར་བྱིན་གྱིས་རློབས་པར་བྱེད། ཡམས་ཀྱི་ནད་རྣམ་པ་དུ་མ་ཡང་དག་པར་ཞི་བར་བྱ་བ་ལ་དེ་དག་གྲུབ་ཅིང་མཆོག་ཏུ་གྲུབ་ལ། དོན་ཡོད་པ་དེ་ལྟ་བུའི་ཏིང་ངེ་འཛིན་གྱི་དབང་འཐོབ་པར་འགྱུར་ཏེ། འདི་ནི་བྱང་ཆུབ་སེམས་པའི་གསང ་?་ཀྱི་གཟུངས་ཞེས་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱང་ཆུབ་སེམས་དཔའ་ཨི་བཟོད་པ་ཐོབ་པར་བྱེད་པའི་གཟུངས་གང་ཞེ་ན། འདི་ལྟ་སྟེ། འདི་ལ་བྱང་ཆུབ་སེམས་དཔའ་བདག་ཉིད་ཀྱི་རྒྱུ་ལ་ཤིན་ཏུ་སྤྱད་པ་ཤེས་རབ་དང་ལྡན་པ ་དཔོན་པ་ལ་གནས་ཤིང་ཚིག་ཀྱང་མི་སྨྲ་ལ། སུ་དང་ཡང་མ་ཕུད་ཅིང་དེ་བཞིན་དུ་རན་པར་ཟ་བ་དང། བབ་ཅོལ་དུ་མི་ཟབ་དང། ཁ་ཟས་སྣ་ཅིག་ཟ་བ་དང། སེམས་ལྷུང?་བྱེད་པ་དང། མཚན་མོ་ཡུན་ཐུང་དུ་ཉལ་ཞིང་ཡུན་རིང་དུ་མི་ཉལ་བ་ནི། བྱང ་ཆུབ་སེམས་དཔའ་ཨི་བཟོད་པ་འཐོབ་པར་བྱེད་པའི་གསང་སྔགས་གཞི་གང་དག་དེ་བཞིན་གཤེགས་པས་གསུངས་པ་དེ་དག་སེམས་ཤིང་འཇལ་བ་ཉེ་བར་རྟོག་ཏེ་ཞེས་འབྱུང་བ་ལྟ་བུ་སྟེ། རྒྱ་ཆེར་དེ་ཉིད་ལས་བསྟན་པ་བཞིན་ནོ། །ཞིབ་ཏུ་མཚན་ཉིད་བསྟན ་བདག་ལས་འབྱུང་བ་བཞིན་དུ་རིག་པར་བྱའོ། །དེ་ནི་འདི་སྐད་དུ། ཏིང་ངེ་འཛིན་དང། སྙོམས་པར་འཇུག་པ་ནི་བསྒོམས་པའི་ཤེས་རབ་ཀྱི་རྒྱུའོ། །གཟུངས་ནི་ཐོས་པ་དང་བསམས་པའི་ཤེས་རབ་ཀྱི་རྒྱུ་ཡིན་ཏེ། བྱང་ཆུབ་སེམས་དཔའ་ཨི་ཏིང་ངེ་འཛིན་དང། ་སྙོམས་པར་འཇུག་པ་ལ་སོགས་པའི་ཤེས་རབ་རྣམ་པ་གསུམ་བསྐྱེད་པའི་རྒྱུ་ཐོབ་པས། རྒྱུ་དང་རྐྱེན་དེས་ལྟག་པའི་སེམས་ཀྱི་ཡན་ལག་དེ་ཡོངས་སུ་རྫོགས་པར་གྱུར་པར་སྟོན་ཏོ་ཞེས་བསྟན་པར་འགྱུར་རོ། །ཡན་ལག་དེ་ཡོངས་སུ་རྫོགས་བར་བྱ་བའི་ཕྱིས? ་འབད་དེ་བསྒོམས་པས་དེ་ཡང་འཐོབ་པོ། །བྱང་ཆུབ་སེམས་དཔའ་དེ་དག་རྒྱུ་དང་རྐྱེན་དེས་ཡན་ལག་དེ་ཡོངས་སུ་རྫོགས་པ་ཡིན་ཞེས་བྱ་བ་ནི་གཉིས་པ་རང་གི་ཡན་ལག་འབད་དེ་བསྒོམས་པས་ཡོངས་སུ་རྫོགས་པར་འགྱུར་བ་སྟོན་ཏོ། །འདི་ལྟར་ ་པ་གསུམ་པས་ཏིང་ངེ་འཛིན་དང། སྙོམས་པར་འཇུག་པ་དང། གཟུགས་ཐོབ་པའི་རྒྱུ་དང་རྐྱེན་གྱི་སྟོབས་ཀྱི་ཡན་ལག་དེ་ཡོངས་སུ་རྫོགས་པར་འགྱུར་བའོ། །བསྟན་བཅོས་ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་ལྱང ་གི་ཚེ་བསྒྱུར་བ་ལས། བྱང་ཆུབ་སེམས་དཔའ་ས་གཉིས་པ་ལ་ནུས་པ་ཁྱད་པར་ཅན་དང་མི་ལྡན་པས། བསམ་གཏན་བཞི་དང། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང། ཐོས་པའི་གཟུངས་དྲན་པའི་སྟོབས་དང་ལྡན་པར་མི་འགྱུར་རོ། ། ་དེ་ལྟར་འཐོབ་བར་མི་འགྱུར་བ་ཡང་སྒྲིབ་པ་གསུམ་གྱི་ཕྱིར་ཏེ། འདོད་པ་ལ་སྲེད་པའི་མ་རིག་པ་དང། ཐོས་པ་དང་གཟུངས་དང་ལྡན་པའི་མ་རིག་བའོ། །མ་རིག་པ་འདི་ཉིད་ཀྱི་སྦྱོར་བ་ལས་མངོན་པར་འགྲུབ་པའི་འཁོར་བ་གང་ཡིན་པ་དེ་ནི ་གནས་ངན་ལེན་རྣམ་པར་སྨིན་པ་ཞེས་བྱའོ། །སྒྲིབ་པ་གསུམ་པོ་དེ་དག་སྤང་པའི་ཕྱིར་ཡང་དག་པར་སྩོལ་བའི་རྒྱུ་སྦུབ?་བར་བྱེད་དོ། །ཡང་དག་པར་སྩོལ་པས་སྒྲིབ་པ་གསུམ་པོ་དག་སྤངས་ནས་ས་གསུམ་པ་ལ་འཇུག་ཅིང་རྣམ་པར་དག་པ ་ཁྱད་བར་དུ་འཕགས་པ་རྣམ་པ་བརྒྱད་དང། སྙོམས་པར་འཇུག་པ་བཞི་ལ་སོགས་པ་ཡང་འཐོབ་ལ། ཆོས་ཀྱི་དབྱངས་རྒྱུ་མཐུན་པའི་དོན་དུ་ཡང་རྟོགས་པར་འགྱུར་ཏེ། ཡན་ལག་དེས་ས་གསུམ་པ་ཡོངས་སུ་རྫོགས་བར་འགྱུར་བ་ཡིན་ནོ་ཞེས ་བཤད་དོ། །བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་ཇི་ལྟར་ཐོབ་པ་དག་ལ་ལན་མང་དུ་བསྒོམས་ཤིང་གནས་པར་བྱ་བ་དང། སྙོམས་པར་འཇུག་བ་ལ་སྲེད་པ་དང། ཆོས་ལ་སྲེད་པ་ལས་སེམས་ལྷག་པར་བཏང་སྙོམས་སུ་འཇོག་མི་ནུས་པས ་རྒྱུ་དང་རྐྱེན་དེས་ཡན་ལག་དེ་ཡོངས་སུ་མ་རྫོགས་པ་ཡིན་ཏེ། ཞེས་བྱ་བ་ལ་སོགས་པ་ནི་བཞི་པ་ཡན་ལག་བཞི་པས་ས་བཞི་པ་འོང་འཕྲོ་བ་ཅན་སྡུད་བ་སྟོན་ཏོ། །འདི་ཡང་རྣམ་པ་གཉིས་ཏེ། ས་གསུམ་པ་ལ་ཕྱི་མའི་སྤྱོད་པ་ཡོངས་སུ ་མ་རྫོགས་པར་བསྟན་པ་དང། རང་གིས་འབད་ཏེ་བསྒོམས་པས་ཡོངས་སུ་མ་རྫོགས་པར་འགྱུར་བ་བསྟན་པ་སྟེ། འདི་ནི་དང་པོའོ། །འདི་ལྟར་བྱང་ཆུབ་སེམས་དཔའ་དེ་རྐྱེན་རྣམ་པ་གཉིས་ཀྱི་ཕྱིར་ས་བཞི་བའི་བྱང་ཆུབ་ཀྱི་ཕྱོགས་ཡོངས་སུ་རྫོགས་བར་མི ་འགྱུར་ཏེ། བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་ཇི་ལྟར་ཐོས་པ་དག་ལ་ལན་མང་དུ་མི་གནས་པ་དང། སྙོམས་པར་འཇུག་པ་ལ་སྲེད་པ་དང། ཆོས་ལ་སྲེད་པ་ལས་ལྷག་བར་བཏང་སྙོམས་སུ་འཇོག་མི་ནུས་པ་སྟེ། རྐྱེན་རྣམ་པ་དེ་གན་ཡིས ་ཀྱིས་ཡན་ལག་དེ་ཡོངས་སུ་རྫོགས་པར་མི་འགྱུར་བའོ། །ཡན་ལག་དེ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་འབད་དེ་སྒོམས་པས་དེ་ཡང་འཐོབ་པོ། །བྱང་ཆུབ་སེམས་དཔའ་དེ་དག་རྒྱུ་དང་རྐྱེན་དེས་ཡན་ལག་དེ་ཡོངས་སུ་རྫོགས་པ་ཡིན། ཞེས་བྱ་བ་ནི་གཉིས་བ་རང་གིས་འབད ་དེ་བསྒོམས་པས་ཡོངས་སུ་རྫོགས་པར་འགྱུར་བ་སྟོན་ཏོ། །འདི་ཡང་ས་བཞི་པ་དག་གིས་བྱང་ཆུབ་ཀྱི་ཕྱོགས་ཐོབ་པ་དང་སྙོམས་པར་འཇུག་པ་དང། ཆོས་ལ་སྲེད་པ་རྣམ་པ་གཉིས་སྤངས་པའི་རྒྱུ་དང་རྐྱེན་གྱི་སྟོབས་ཀྱིས་ཡན་ལག་དེ་ཡོངས་སུ་རྫོགས་པར་འགྱུར་བའོ།། ་བསྟན་བཅོས་ཐེག་པ་ཆེན་པོ་བསྡུས་པ་ལྱང་གི་ཚ་བསྒྱུར་བ་ལས། བྱང་ཆུབ་སེམས་དཔའ་ས་གསུམ་པ་ལ་ནུས་པ་ཁྱད་པར་ཅན་དང་མི་ལྡན་བས། ཇི་ལྟར་བདག་གིས་ཐོབ་པའི་བྱང་ཆུབ་ཀྱི་ཕྱོགས་ལ་ཡིད་བཞིན་དུ་གནས་པ་དང། སྙོམས་པར་འཇུག་པ ་ལ་སྲེད་པ་དང། ཆོས་ལ་སྲེད་བ་སྤངས་ནས་སེམས་ཡོངས་སུ་དག་པར་གནས་པར་མི་ནུས་སོ། །དེ་ལྟར་མི་ནུས་པ་ཡང་སྒྲིབ་པ་གསུམ་གྱི་ཕྱིར་སྟེ། ཏིང་ངེ་འཛིན་དང། སྙོམས་པར་འཇུག་པ་ལ་སྲེད་པའི་མ་རིག་པ་དང། ཆོས་ལ་སྲེད་པའི་མ་རིག་པའོ། ། ་མ་རིག་པ་འདི་གཉིས་ཀྱི་སྦྱོར་བ་ལས་མངོན་པར་འགྲུབ་པའི་འཁོར་བ་གང་ཡིན་པ་དེ་ནི་གནས་ངན་ལེན་རྣམས་པ་སྨོན་པ་ཞེས་བྱའོ། །སྒྲིབ་པོ་དེ་དག་སྤང་བའི་ཕྱིར་ཡང་དག་བར་རྩོལ་བའི་རྒྱུ་སྒྲུབ་པར་བྱེད་དོ། །ཡང་དག་པར་རྩོལ་བས་སྒྲིབ་པ་གསུམ་པ་སྤངས་ནས ་ས་བཞི་?་ལ་འཇུག་ཅིང་རྣམ་པར་དག་པ་ཁྱད་པར་དུ་འཕགས་པས་རྣམ་པ་བརྒྱད་དང། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ལ་ཡུན་རིང་དུ་གནས་པ་ལ་སོགས་པ་ཡང་འཐོབ་ལ། ཆོས་ཀྱི་དབྱིངས་གཟུང་བ་མེད་པའི་དོན་དུ་ཡང་རྟོགས་པར་འགྱུར ་ཏེ། ཡན་ལག་ངེས་ས་བཞི་པ་ཡང་ཡོངས་སུ་རྫོགས་པར་འགྱུར་བ་ཡིན་ནོ་ཞེས་བཤད་དོ། །བདེན་པ་རྣམས་ཀྱི་རིགས་པ་ལ་རྣམ་པར་དཔྱད་པར་མི་ནུས་པ་དང། གཞན་ཡང་འཁོར་བ་དང་མྱ་ངན་ལས་འདས་པ་དག་ལ་གཅིག་ཏུ་མི་ཕྱོགས ་པ་དང། མངོན་དུ་ཕྱོགས་པ་ཉིད་ཡིད་ལ་བྱེད་པ་ལྷག་པར་བཏང་སྙོམས་སུ་བཞག་པར་མི་ནུས་པ་དང། གཞན་ཡང་ཐབས་ཀྱིས་ཟིན་པའི་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་བསྒོམ་པར་མི་ནུས་པས་རྒྱུ་དང་རྐྱེན་དེས་ཡན་ལག་ཡོངས་སུ་མ་རྫོགས ་པ་ཡིན་ཏེ། ཞེས་བྱ་བ་ལ་སོགས་པས་ནི་ལྔ་པ་ཡན་ལག་ལྔ་པས་ཤིན་ཏུ་སྦྱར་དཀའ་བ་སྡུས་པར་སྟོན་ཏོ། །འདི་ཡང་རྣམ་པ་གཉིས་ཏེ། ས་བཞི་པ་ལ་ཕྱི་མའི་སྤྱོད་པ་ཡོངས་སུ་མ་རྫོགས་པར་བསྟན་པ་དང། རང་གི་ས་ཡོངས་སུ་རྫོགས་པར་བྱ ་བའི་ཕྱིར་བསྒྲུབ་པར་བསྟན་པ་སྟེ། འདི་ནི་དང་པོའོ། །འདི་ལྟར་ས་བཞི་བས་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་ཐོབ་པར་གྱུར་ཀྱང། རྐྱེན་རྣམ་པ་གསུམ་གྱི་ཕྱིར་ས་ལྔ་པ་འཐོབ་པར་མི་འགྱུར་ཏེ། ས་དང་པོ་ནི་བྱང་ཆུབ་ཀྱི་ཆོས་སུམ ་ཅུ་རྩ་བདུན་ཐོབ་པར་གྱུར་ཀྱང་བདེན་པ་རྣམས་ཀྱི་རིགས་པ་ལ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རྣམ་པར་དཔྱད་པར་མི་ནུས་པའོ། །དེ་ལ་བདེན་པ་རྣམས་ཞེས་བྱ་བ་ནི། འཕགས་པས་བཅུ་པའི་མདོ་ལས། འཕགས་པ་བདེན་པ་རྣམ་པ་བཞི ་དང། བདེན་པ་རྣམ་པ་གཉིས་ཞེས་བྱ་བ་ལ་སོགས་པ་ཇི་སྐད་དུ་བསྟན་པ་ལྟ་བུ་སྟེ། ཞིབ་ཏུ་དེ་ཉིད་ལས་བསྟན་པ་བཞིན་ནོ། །གཉིས་པ་ནི་འཁོར་པ་ལ་གཅིག་ཏུ་རྒྱ་བ་ཀྱིས་ཕྱོགས་ཤིང། མྱ་ངན་ལས་འདས་པ་ལ་མངོན་དུ་ཕྱོགས ་བ་ཉིད་ཀྱི་ཡིད་ལ་བྱེད་པ་རྣམ་པ་གཉིས་ལྷག་པར་བཏང་སྙོམས་སུ་བཞག་པར་མི་ནུས་པ་སྟེ། བསྟན་བཅོས་རྣམ་པར་རིག་པ་ཙམ་དུ་གྲུབ་པ་ལས་ཇི་སྐད་དུ། འཁོར་བ་དང་མྱ་ངན་ལས་འདས་པ་བྱེ་བྲག་མེད་པའི་ལམ་མ་ཐོབ་པའི་ཕྱིར་རོ་ཞེས་བསྟེན ་པ་ལྟ་བུའོ། །བསུམ་པ་ནི་ཐབས་ཀྱིས་ཟིན་པའི་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་བསྒོམས་པར་མི་ནུས་པའོ། །ས་བཞི་པ་ནི་བྱང་ཆུབ་ཀྱི་ཕྱོགས་ཐོབ་ཟིན་པ་ཡིན་ན། ཅིའི་ཕྱིར་བྱང་ཆུབ་ཀྱི་ཕྱོགས་བསྒོམ་པར་མི་ནུས་ཤེ་ན། སྨྲས་པ། བྱང་ཆུབ་ཀྱིས ་ཆོས་ནི་རྣམ་པ་གཉིས་ཏེ། དང་པོ་ནི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་པོ་དག་ཏེ། སྔར་བཤད་པ་བཞིན་ནོ། །གཉིས་པ་ནི་ཐབས་ཀྱིས་ཟིན་པའི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམ་པ་གསུམ་སྟེ། འཕགས་པས་བཅུའི་མདོ་ལས། ས་ལྔ་པའི ་གནས་ནས་ཇི་སྐད་དུ། བསོད་ནམས་ཉེ་བར་རྩོམ་པས་ངོམས་མི་ཤེས་པ་ཡིན། ཡེ་ཤེས་ཀྱི་ཡོངས་སུ་ཚོལ་བས་བརྩོན་འགྲུས་རྒྱུན་མ་འཆད་པ་ཡིན། བྱམས་པ་དང་སྙིང་རྗེ་ཆེན་པོའི་ཚོགས་ཡང་དག་པར་སྐྱོ་བ་མེད་པའི་བསམ་པ་དང་ལྡན་པ་ཡིན་ཞེས ་གསུངས་པ་ལྟ་བུ་སྟེ། དེའི་ཕྱིར་སྔ་ཕྱིར་བཤད་པ་ལ་ཕན་ཚུན་འགལ་བ་མེད་དོ། །རྐྱེན་རྣམ་པ་གསུམ་པ་དེས་ན། ཡན་ལག་དེ་ཡོངས་སུ་རྫོགས་པར་མི་འགྱུར་བའོ། །ཡན་ལག་དེ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་འབད་དེ་བསྒོམ་པས་དེ་ཡང་འཐོབ་པོ། །བྱང ་ཆུབ་སེམས་དཔའ་དེ་དག་རྒྱུ་དང་རྐྱེན་དེས་ཡན་ལག་དེ་ཡོངས་སུ་རྫོགས་པ་ཡིན་ཞེས་བྱ་བ་གཉིས་པ་རང་གིས་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་སྒྲུབ་པར་བྱེད་པར་སྟོན་ཏོ། །འདི་ལྟར་བྱང་ཆུབ་སེམས་དཔའ་ས་ལྔ་པོ་དེ་གང་དུ་བསྟན་པའི་སྐྱེ་བ་རྣམ་པ་གསུམ ་གྱི་སྟོབས་ཀྱིས་ཡན་ལག་དེ་ཡོངས་སུ་རྫོགས་པར་འགྱུར་པའོ། །བསྟན་བཅོས་ཐེག་པ་ཆེན་པོ་བསྡུས་བའི་འགྲེལ་པ་ལྱང་གི་ཚེ་བསྒྱུར་བ་ལས། བྱང་ཆུབ་སེམས་དཔའ་ཨི་ས་བཞི་པ་ལས་ནི་ནུས་པ་ཁྱད་པར་ཅན་བདེན་པ་བཞི་བསྒོམ་པར་མི་ནུས་པ ་དང། འཁོར་བ་དང་མྱ་ངན་ལས་འདས་པར་ལྟ་ཞིང་རྒྱབ་ཀྱི་ཕྱོགས་ཤིང་མངོན་དུ་ཕྱོགས་པ་ཡོངས་སུ་སྤངས་བ་དང། སེམས་ཀྱི་ཐབས་ཀྱིས་ཟིན་པའི་བྱང་ཆུབ་ཀྱི་ཕྱོགས་རྣམས་བསྒོམ་པར་མི་ནུས་ཏེ། དེ་ལྟར་མི་ནུས་པ་ཡང་སྒྲིབ་པ ་གསུམ་གྱི་ཕྱིར་ཏེ། འཁོར་བ་དང་མྱ་ངན་ལས་འདས་པ་དག་ལ་གཅིག་ཏུ་རྒྱབ་ཀྱིས་ཕྱོགས་ཤིང་མངོན་དུ་ཕྱོགས་བ་ཉིད་ཡིད་ལ་བྱེད་པའི་མ་རིག་པ་དང། ཐབས་ཀྱིས་ཟིན་པའི་བྱང་ཆུབ་ཀྱི་ཕྱོགས་ཀྱི་མ་རིག་པའོ། །མ་རིག་པ་འདི་གཉིས་ཀྱི་རྒྱུ་དང་རྐྱེན ་ལས་མངོན་པར་གྲུབ་པ་གང་ཡིན་པ་ད་ནི་གནས་དན་ལེན་རྣམ་པར་སྨིན་པ་ཞེས་བྱའོ། །སྒྲིབ་པ་གསུམ་པོ་དེ་དག་སྤང་པའི་ཕྱིར་ཡང་དག་པར་རྩོལ་བའི་རྒྱུ་མངོན་པར་སྒྲུབ་པར་བྱེད་དེ། །ཡང་དག་པར་རྩོལ་པས་སྒྲིབ་པ་དག་སྤངས་ནས་ས་ལྔ་པ་ཕེལ ་འཇུག་ཅིང། རྣམ་པར་དག་པ་ཁྱད་པར་དུ་འཕགས་པ་རྣམ་པ་བརྒྱད་ཀྱང་འཐོབ་ལ། རྒྱབ་ཀྱིས་ཕྱོགས་པ་དང། མདུན་དུ་ཕྱོཡགས་བའི་སེམས་ལ་སོགས་པ་སྤོང་བར་འགྱུར་རོ། ཆོས་ཀྱི་རྒྱུན་ཐ་དད་པའི་དོན་གྱི་བར་དུ་ཡང་རྟོགས་པར་འགྱུར་ཏེ། ཡན ་ལག་དེས་ས་ལྔ་པ་ཡོངས་སུ་རྫོགས་པར་འགྱུར་བ་ཡིན་ནོ་ཞེས་བཤད་དོ། །འཁོར་བར་འཇུག་པ་ལ་ཡང་དག་པ་ཇི་ལྟ་བ་བཞིན་དུ་སོ་སོར་རྟོག་པར་མི་ནུས་པ་དང། གཞན་ཡང་དེ་ལ་སྐྱོ་བ་མང་བའི་ཕྱིར། མཚན་མ་མེད་པ་ཡིད་ལ་བྱེད་པས་མང་དུ ་གནས་བར་མི་ནུས་པས། རྒྱུ་དང་རྐྱེན་ངེས་ཡན་ལག་དེ་ཡོངས་སུ་མ་རྫོགས་པ་ཡིན་ཏེ་ཞེས་བྱ་བ་ལ་སོགས་བ་ནི་དྲུག་པ་ཡན་ལག་དྲུག་བས་མངོན་དུ་གྱུར་བ་བསྡུས་པ་སྟོན་ཏོ། །འདི་ཡང་རྣམ་པ་གཉིས་ཏེ། ས་ལྔ་པ་ལ་ཕྱི་མའི་སྤྱོད་པ་ཡོངས་སུ ་རྫོགས་པ་བསྟན་པ་དང། རང་གི་ས་ཡོངས་སུ་རྫོགས་པར་སྒྲུབ་པར་བྱེད་བསྟན་པ་སྟེ། འདི་ནི་དང་པོའོ། །འདི་ལྟར་ས་ལྔ་བས་བདེན་བའི་རྣལ་འབྱོར་ཐོབ་མོད་ཀྱི། རྒྱུ་དང་རྐྱེན་རྣམ་པ་གཉིས་ཀྱིས་དྲུག་པ་འཐོབ་པར་མི་འགྱུར་ཏེ། འཁོར་བར་འཇུག ་པ་ལ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རྟེན་ཅིང་འབྲེལ་བར་འབྱུང་བའི་རིགས་པ་སོ་སོར་རྟོག་པར་མི་ནུས་པ་དང། སྡུག་བསྔལ་བ་དང། ཀུན་འབྱུང་བའི་ཉོན་མོངས་པ་ལ་སྐྱེ་བ་མང་དུ་སྐྱེས་པའི་ཕྱིར་མཚན་མ་མེད་པ་ཡིད་ལ་བྱེད་པས་མང་དུ་གནས་པར་མི་ནུས་པ་སྟེ། ་རྐྱེན་རྣམ་པ་གཉིས་པ་དེས་ས་དྲུག་པའི་ཡན་ལག་ཡོངས་སུ་རྫོགས་པར་མི་འགྱུར་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ་།ཡན་ལག་དེ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་འབད་དེ་བསྒོམ་པས་དེ་ཡང་འཐོབ་བོ། །བྱང་ཆུབ་སེམས་དཔའ་དེ་དག་རྒྱུ་དང་རྐྱོན་དེས་ཡན ་ལག་དེ་ཡོངས་སུ་རྫོགས་པ་ཡིན། ཞེས་བྱ་བ་ནི་གཉིས་པ་རང་གི་སའི་ཆོས་ཡོངས་སུ་རྫོགས་པར་སྒྲུབ་པ་སྟོན་ཏོ། །འདི་ལྟར་ས་དྲུག་པའི་བྱང་ཆུབ་སེམས་དཔའ་རྟེན་ཅིང་འབྲེལ་བར་འབྱུང་བ་མཐོང་བའི་ཕྱིར། ཡན་ལག་དེ་ཡོངས་སུ་རྫོགས་པར་འགྱུར་བའོ། །བསྟན ་བཅོས་ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་བ་ལྱང་གི་ཚེ་སྒྱུར་བ་ལས། བྱང་ཆུབ་སེམས་དཔའ་ས་ལྔ་པ་ལ་འདུ་བྱེད་ཀྱི་ཆོས་རྣམས་རྒྱུན་མི་འཆད་པར་འབྱུང་བ་ཚུལ་བཞིན་དུ་མངོན་དུ་བྱེད་པའི་ནུས་པ་ཁྱད་པར་དུ་འཕགས་པ་དང་མི་ལྡན་པའི་ཕྱིར། འདུས ་བྱས་ཀྱི་ཆོས་ལ་ཆོས་མང་དུ་བསྒོམས་པས་ཡུན་རིང་པོར་ཡིད་བཞིན་དུ་མཚན་མ་ཡིད་ལ་བྱེད་པས་གནས་པར་མི་ནུས་པའི་ཕྱིར་རོ། །དེ་ལྟར་མི་ནུས་པ་ཡང་སྒྲིབ་པ་གསུམ་གྱི་ཕྱིར་ཏེ། འདུ་བྱེད་ཀྱི་ཆོས་རྣམས་རྒྱུན་མི་འཆད་པས་འཇུག་པ་མངོན་དུ་བྱ ་བའི་མ་རིག་པ་དང། མཚན་མ་མང་པོ་ཀུན་ཏུ་འབྱུང་བའི་མ་རིག་པའོ། །མ་རིག་པ་འདི་གཉིས་ཀྱི་རྒྱུ་དང་རྐྱེན་ལས་མངོན་པར་གྲུབ་པའི་འཁོར་བ་གང་ཡིན་པ་དེ་ནི་གནས་ངན་ལེན་རྣམ་པར་སྨིན་བ་ཞེས་བྱའོ། །སྒྲིབ་པ་གསུམ་པོ་དེ་དག་སྤང་བའི་ཕྱིར། ཡང་དག ་པར་རྩོལ་?་གྱུ?་མངོན་པར་སྒྲུབ་པར་བྱེད་དོ། །ཡང་དག་པར་རྩོལ་བས་སྒྲིབ་པ་གསུམ་པོ་དག་སྤངས་ནས་ས་དྲུག་པ་ལ་འཇུག་ཅིང། རྣམ་པར་དག་པ་ཁྱད་པར་དུ་འཕགས་པ་རྣམ་པ་བརྒྱད་ཀྱང་འཐོབ་པར་འགྱུར་ལ། འདུ་བྱེད་རྣམ་པ་རྒྱུན་མི་འཆད་བར ་བྱུང་བ་ལ་སོགས་པ་མངོན་དུ་བྱེད་པ་དང། ཆོས་ཀྱི་དབྱིངས་ཀུན་ནས་ཉོན་མོངས་པ་དང། རྣམ་པར་བྱང་པ་མེད་པའི་དོན་ཀྱང་རབ་ཏུ་རྟོགས་པར་འགྱུར་བས། ཡན་ལག་ངེས་པ་དྲུག་པ་ཡང་ཡོངས་སུ་རྫོགས་པར་འགྱུར་བ་ཡིན ་ནོ་ཞེས་བཤད་དོ། །བར་ཆད་མེད་པ་དང། རྒྱུན་མི་འཆད་པར་མཚན་ན་མེད་པའི་ཡིད་ལ་བྱེད་པ་མེད་པས་རྒྱུ་དང་རྐྱེན་ངེས་ཡན་ལག་དེ་ཡོངས་སུ་མ་རྫོགས་པ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པ་ནི། བདུན་པ་ཡན་ལག་བདུན་པས་རིང་དུ་སོང་བའི་ས་བསུམ? ་པ་སྟོན་ཏོ། །འདི་ཡང་རྣམ་པ་གཉིས་ཏེ། ས་དྲུག་པ་ལ་ཕྱི་མའི་སྤྱོད་པ་ཡོངས་སུ་མ་རྫོགས་པར་བསྟན་པ་དང། རང་གི་ས་ཡོངས་སུ་རྫོགས་པར་བསྟན་པ་སྟེ། འདི་ནི་དང་པོའོ། །འདི་ལྟར་ས་དྲུག་པས་རྟེན་ཅིང་འབྲེལ་བར་འབྱུང་བ་བསྒོམ་པ་ཐོབ ་ཀྱང་ས་བདུན་བ་ལྟར་མཚན་མ་མེད་པ་འབའ་ཞིག་ཏུ་བསྒོམ་པར་མི་ནུས་པས་སོ། །མཚན་མ་མེད་པར་བསྒོམ་པ་ན་རྒྱུན་ཆད་པ་མེད་ཅིང་འགག་པ་མེད་པའི་ཕྱིར་བར་ཆད་མེད་པ་ཞེས་བྱའོ། །མཚན་མས་བར་དུ་ཅོད་པ་མ་ཡིན་པའི་ཕྱིར་རྒྱུན་ཆད ་པ་མེད་པ་ཞེས་བྱ་སྟེ། དེའི་ཕྱིར་བསྟན་བཅོས་རྣམ་པར་རིག་པ་ཙམ་དུ་གྲུབ་པ་ལས། ས་སྔ་མ་ལྔ་པོ་དག་ནི་མཚན་མ་དང་བཅས་པའི་བསྒོམ་པ་ནི་མངལ་མཚན་མ་མེད་པའི་བསྒོམ་པ་ནི་ཉུང་ངོ། །ས་དྲུག་པ་ལ་ནི་མཚན་མ་མེད་པའི་བསྒོམ་པ་ནི ་མ་དག?། མཚན་མ་དང་བཅས་བའི་བསྒོམ་པ་ནི་ཉུང་ངོ། །ས་བདུན་པ་ལ་ནི་གཅིག་ཏུ་མཚན་མ་མེད་པ་འབའ་ཞིག་ཏུ་བསྒོམས་པས། རྒྱུ་དང་རྐྱེན་དེས་ཡན་ལག་དེ་ཡོངས་སུ་རྫོགས་པར་མི་འགྱུར་བའོ། །ཡན་ལག་དེ་ཡོངས་སུ་རྫོགས་པར་བྱ ་པའི་ཕྱིར་འབད་དེ་བསྒོམས་པས་དེ་ཡང་འཐོབ་བོ། །བྱང་ཆུབ་སེམས་དཔའ་དེ་དག་རྒྱུ་དང་རྐྱེན་དེས་ཡན་ལག་དེ་ཡོངས་སུ་རྫོགས་པ་ཡིན་ནོ་ཞེས་བྱ་བ་ནི་གཉིས་པ་རང་གི་ས་ཡོངས་སུ་རྫོགས་པར་བྱ་བ་བསྒྲུབ་པ་སྟོན་ཏོ། །འདི་ལྟར་ས་འདུན་པའི་བྱང ་ཆུབ་སེམས་དཔའ་བར་ཆད་མེད་པ་དང། རྒྱུན་ཆད་པ་མེད་པར་མཚན་མ་མེད་པའི་ཡིད་ལ་བྱེད་པ་མངོན་དུ་གྱུར་པས་ན། རྒྱུ་དང་རྐྱེན་དེས་ཡན་ལག་དེ་ཡོངས་སུ་རྫོགས་པར་འགྱུར་པའོ། །བསྟན་བཅོས་ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་ལྱང་གི་ཚེ་བསྒྱུར ་བ་ལས། བྱང་ཆུབ་སེམས་དཔའ་ས་དྲུག་པ་ལ་འདུས་བྱས་ཆོས་ཀྱི་མཚན་མ་མེད་པའི་སྤྱོད་པ་ཕྲ་མོ་ཀུན་ཏུ་འབྱུང་བ་སྤོང་པའི་ནུས་པ་ཁྱད་པར་དུ་འཕགས་པ་དང། ཡུན་རིང་པོར་ཡིད་བཞིན་དུ་བར་ཆད་མེད་པ་དང། རྒྱུན་ཆད་མེད་པར་མཚན་མ་མེད་པའི ་ཡིད་ལ་བྱེད་པ་ལ་གནས་པར་མི་ནུས་སོ། །དེ་ལྟར་མི་ནུས་པ་ཡང་སྒྲིབ་པ་གསུམ་གྱི་ཕྱིར་ཏེ། མཚན་མ་ཕྲ་མོ་ཀུན་ཏུ་འབྱུང་བའི་མ་རིག་པ་དང། མཚན་མ་མེད་པ་གཅིག་ཏུ་ཐབས་ཀྱིས་མ་རིག་པའོ། །མ་རིག་པ་འདི་གཉིས་ཀྱི་རྒྱུ་དང་རྐྱེན་ལས་མངོན ་པར་གྲུབ་པའི་འཁོར་བ་གང་ཡིན་པ་དེ་ནི་གནས་ངན་ལེན་རྣམ་པར་སྨིན་པ་ཞེས་བྱའོ། །སྒྲིབ་པ་གསུམ་དག་ཡང་སྤོང་བའི་ཕྱིར་ཡང་དག་པར་རྩོལ་པའི་རྒྱུ་སྒྲུབ་པར་བྱེད་དེ། ཡང་དག་པར་རྩོལ་བས་སྒྲིབ་པ་གསུམ་སྤངས་ནས། ས་བདུན་པ་ལ་འཇུག ་ཅིང་རྣམ་པར་དག་པ་ཁྱད་པར་དུ་འཕགས་པ་རྣམ་པ་བརྒྱད་ཀྱང་འཐོབ་པར་འགྱུར་ལ། འདུས་བྱས་ཀྱི་ཆོས་མཚན་མ་ཀུན་ཏུ་འབྱུང་བ་ཕྲ་མོ་ཡོངས་སུ་སྤོང་བར་འགྱུར་ཏེ། ཆོས་ཀྱི་དབྱིངས་ཆོས་སྣ་ཚོགས་ཐ་དད་པ་མེད་པའི་དོན་ཀྱང་རབ་ཏུ་རྟོགས་པར་འགྱུར ་བས། ཡན་ལག་ངོས་ས་བདུན་ཡོངས་སུ་རྫོགས་པར་འགྱུར་བ་ཡིན་ནོ་ཞེས་བཤད་དོ། །མཚན་མ་མེད་པར་གནས་པ་ལ་རྩོལ་བ་ལྷག་པར་བཏང་སྙོམས་སུ་བཞག་པ་དང། གཞན་ཡང་མཚན་མ་ལ་དབང་ཐོབ་བར་མི་ནུས་པས་རྒྱུ་དང་རྐྱེན་དེས་ཡན་ལག ་དེ་ཡོངས་སུ་མ་རྫོགས་པ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པས་ནི་བརྒྱད་པ་ཡན་ལག་བརྒྱད་པས་མི་གཡོ་པའི་ས་བསྡུས་པ་སྟོན་ཏོ། །འདི་ཡང་རྣམ་པ་གཉིས་ཏེ་ཡན་ལག་དེ་སྔ་མ་འཁྱིམ?་སྤྱོད་པ་ཡོངས་སུ་མ་རྫོགས་པར་བསྟན་པ་དང། རང་གི་ཡན་ལག་ལ་འབང?་ ་པས་བསྒྲུབ་པར་བསྟན་པ་སྟེ། འདི་ནི་དང་པོའོ། །འདི་ལྟར་ས་བདུན་པའི་བྱང་ཆུབ་སེམས་དཔའ་དེ་མཆན་མ་མེད་པར་གནས་པ་ལ་རྩོལ་བ་སྤང་བར་མི་ནུས་པ་དང། གཞན་ཡང་མཚན་མེ་ལ་དབང་ཐོབ་པར་མ་ནུས་པས། རྒྱུ་དང་རྐྱེན་ལ?་ཡན ་ལག་བརྒྱད་པ་མ་རྫོགས་པར་གྱུར་པའོ། །ཡན་ལག་དེ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་འབད་བདེ་བསྒོམས་བས་དེ་ཡང་འཐོབ་པོ། །བྱང་ཆུབ་སེམས་དཔའ་དེ་དག་རྒྱུ་དང་རྐྱེན་ངེས་ཡན་ལག་དེ་ཡོངས་སུ་རྫོགས་པ་ཡིན་ཞེས་པ་ནི། གཉིས་པ་རང་གི་སའི་ཆོས་འབད? ་པས་ཡོངས་སུ་སྒྲུབ་པ་སྟོན་ཏོ། །འདི་ལྟར་ས་བརྒྱད་པའི་བྱང་ཆུབ་སེམས་དཔའ་དེ་ཚན་མ་མེད་པར་གནས་པ་དེ་མཚན་མ་མེད་པར་གནས་པ་དེ་ལ་འབད་པ་སྤོང་པར་ནུས་པ་དང། གཞན་ཡང་མཚན་མ་ལ་དབང་ཐོབ་པར་ནུས་པས། རྒྱུ་དང་རྐྱེན་དེས ་ཡན་ལག་དེ་ཡོངས་སུ་རྫོགས་པར་འགྱུར་བའོ། །བསྟན་བཅོས་ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་ལྱང་གི་ཚེ་བསྒྱུར་བ་ལས། བྱང་ཆུབ་སེམས་དཔའ་ས་བདུན་པ་སྤངས་ནས། མཚན་མ་མེད་པ་ལ་གནས་པ་དང། བདག་ལ་ཕན་འདོགས་པ་དང། གཞན ་ལ་ཕན་འདོགས་པའི་མཚན་མ་ལ་དབང་ཐོབ་པའི་ནུས་པ་ཁྱད་པར་དུ་འཕགས་པ་དང་མི་ལྡན་ཏེ། དེ་ལྟར་མི་ནུས་པ་ཡང་སྒྲིབ་པ་གསུམ་གྱི་ཕྱིར་ཏེ། མཚན་མ་མེད་པ་ལ་སོགས་པའི་མ་རིག་པ་དང། མཚན་མ་ལ་དབང་མ་ཐོབ་པའི་མ་རིག་པའོ། །མ་རིག་པ ་འདི་གཉིས་ཀྱིས་མངོན་པར་བསྒྲུབ་པ་འཁོར་པ་གང་ཡིན་པ་དེ་ནི། གནས་ངན་ལན་རྣམ་པར་སྨིན་པ་ཞེས་བྱའོ། །སྒྲིབ་པ་གསུམ་པོ་དག་སྤང་པའི་ཕྱིར་ཡང་དག་པར་རྩོལ་བའི་རྒྱུ་སྒྲུབ་བར་བྱེད་དེ། ཡང་དག་པར་རྩོལ་བས་སྒྲིབ་པ་གསུམ་པོ་སྤངས་ནས་ས ་བརྒྱད་པ་ལ་འཇུག་ཅིང། རྣམ་པར་དག་པ་ཁྱད་པར་དུ་འཕགས་པ་རྣམ་པ་བརྒྱད་ཀྱང་འཐོབ་བར་འགྱུར། རྩོལ་བ་དང་བྲལ་པའི་སེམས་ཀྱིས་མཚན་མ་མེད་པ་ལ་གནས་པ་ལ་སོགས་པ་ཡང་ཐོབ་པར་འགྱུར། ཆོས་ཀྱི་དབྱིངས་འཕེལ་བ་དང། འགྲིབ?་པ་མེད ་པའི་དོན་ཀྱང་རབ་ཏུ་རྟོགས་པར་འགྱུར་ཏེ། ཡན་ལག་དེའི་ཕྱིར་ས་བརྒྱད་པ་ཡང་ཡོངས་སུ་རྫོགས་པར་འགྱུར་བ་ཡིན་ནོ་ཞེས་བཤད་དོ། །རྣམ་གྲངས་དང། མཆན་ཉིད་མང་པོ་དང། ངེས་པའི་ཚིག་རབ་ཏུ་དབྱེ་བ་དང། རྣམ་པ་ཐམས་ཅད་དུ་ཆོས?་སྟོན་པ་ལ་དབང་ཐོབ ་པར་མི་ནུས་པས་རྒྱུ་དང་རྐྱེན་ངེས་ཡན་ལག་དེ་ཡོངས་སུ་མ་རྫོགས་པ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པས་ནི། དགུ་པ་ཡན་ལག་དགུ་བསས་ལེགས་པའི་བོ་གློས་པ་སྔ་མ་པ་སྟོན་ཏོ། །འདི་ཡང་རྣམ་པ་གཉིས་ཏེ། ཡན་ལག་སྔ་མ་ལ་ཕྱི་མའི་སྤྱོད་པ་ཡོངས་སུ་མ་རྫོགས ་པར་བསྟན་པ་དང། རང་གི་ཕྱོགས་བརྩན་འགྲུས་ཀྱིས་ཡོངས་སུ་རྫོགས་པར་སྒྲུབ་པར་བྱེད་པ་བསྟན་པ་ཏེ། འདི་ནི་དང་པོའོ། །དེ་ལ་རྣམ་གྲངས་ཞེས་བྱ་བ་ནི་ཆོས་སོ་སོ་ཡང་དག་པར་རིག་པའི་ཡུལ་ལོ?། །མཆན་ཉིད་མང་པོ་ཞེས་བྱ་བ་ནི་དོན་སོ་སོ་ཡང་དག་པར་རིག ་པའི་ཡུལ་ལོ་།ངེས་པའི་ཚིགས་སོ་སོ་ཡང་དག་པར་རིག་པའི་ཡུལ་ལ། །རྣམ་པ་ཐམས་ཅད་དུ་སྟོན་པ་ལ་དབང་ཐོབ་པ་ཞེས་བྱ་བ་ནི། སྤོབས་པ་སོ་སོ་ཡང་དག་པར་རིག་པའི་ཡུལ་དེ། དེའི་ཕྱིར་བསྟན་པ་ཅོས་རྣལ་འབྱོར་སྤྱོད་པའི་སེམས། ཆོས་ཀྱི་རྣམ་གྲངས་ལ ་རྐྱེན་པའི་ཤེས་པ་ནི། འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་ཨི་ཐོགས་པ་མེད་པའི་ཤེས་རབ་གང་ཡིན་པའོ། །ཆོས་ཀྱི་མཚན་ཉིད་ལ་བརྟེན་པའི་ཤེས་པ་ནི། འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་ཨི་དོན་ལ་ཐོགས་པ་མེད་པའི་ཤེས་རབ་གང་ཡིན་པའོ། །ངེས་པའི ་ཚིག་ལ་བརྟེན་པའི་ཤེས་པ་ནི། འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་ཨི་ངེས་པའི་ཚིག་ལ་ཐོགས་པ་མེད་པའི་ཤེས་རབ་གང་ཡིན་བའོ། །ཆོས་ཐམས་ཅད་ཀྱིས་རྣམ་པ་རབ་ཏུ་དབྱེ་བ་ལ་བརྟེན་པའི་ཤེས་པ་ནི། འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་ཨི་སྤོབས་པ ་ཐོབས་པ་མེད་བའི་ཤེས་རབ་གང་ཡིན་པའོ་ཞེས་བཤད་དོ། །འདི་ལྟར་ས་བརྒྱད་པའི་བྱང་ཆུབ་སེམས་དཔའ་ས་དགུ་པའི་སོ་སོ་ཡང་དག་པར་རིག་པ་བཞི་མ་ཐོབ་པའི་ཕྱིར་མི་ནུས་བ་ཞེས་བཤད་དེ། རྒྱུ་དང་རྐྱེན་དེས་ཡན་ལག་དགུ་པ་ཡོངས་སུ་མ་རྫོགས ་པར་གྱུར་པའོ། །ཡན་ལག་དེ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་འབད་དེ་བསྒོམས་པས་དེ་ཡང་འཐོབ་བོ། །བྱང་ཆུབ་སེམས་དཔའ་དེ་དག་རྒྱུ་དང་རྐྱེན་ངེས་ཡན་ལག་དེ་ཡོངས་སུ་རྫོགས་པ་ཡིན་ཞེས་བྱ་བ་ནི་གཉིས་པ་དང་གི་ཡན ་ལག་བརྩོན་འགྲུས་ཀྱིས་བསྒྲུབས་པར་བསྟན་ཏེ། འདི་ལྟར་ས་དགུ་པས་སོ་སོ་ཡང་དག་པར་རིག་པ་བཞི་ཐོབ་པའི་ཕྱིར། ཐོབ་པ་ཞེས་བཤད་དེ། རྒྱུ་དང་རྐྱེན་ངེས་ཡན་ལག་དེ་ཡང་ཡོངས་སུ་རྫོགས་པར་འགྱུར་བའོ། །བསྟན་བཅོས་ཐེག་པ་ཆེན ་པོ་བསྡུས་པའི་འགྲེལ་པ་ལྱང་གི་ཚེ་བསྒྱུར་བ་ལས། བྱང་ཆུབ་སེམས་དཔའ་ཨི་ས་བརྒྱད་པ་ལ་ཡང་དག་པར་ཆེས་བསྟན་པ་ཕུན་སུམ་ཚོགས་པའི་མཚན་ཉིད་དང། རྣམ་གྲངས་དང། རྣམ་པ་ལ་སོགས་པ་ལ་དབང་ཐོབ་པའི་ནུས་པ་ཁྱད་པར་དུ ་འཕགས་པ་དང་མི་ལྡན་པས་ལེགས་པར་བཤད་པའི་གཟུངས་འཐོབ་པར་མི་ནུས་སོ། །དེ་ལྟར་མི་ནུས་པ་ཡང་སྒྲིབ་པ་གསུམ་གྱི་ཕྱིར་ཏེ། ཆོས་བསྟན་པ་དཔག་ཏུ་མེད་པ་དང། ཆོས་ཀྱི་ཚིག་དང། ཡིག་གེ་དཔག་ཏུ་མེད་པ་དང། གོང་ནས་གོང ་དུ་ཤེས་རབ་དང། སྤོབས་པ་དང། གཟུངས་ཀྱི་དབང་ཐོབ་པའི་མ་རིག་པ་དང་སོ་སོར་ཡང་དག་པར་རིག་པ་བཞིས་ཐེ་ཚོམ་བཅད་ནས་ཤེས་པ་སྐྱེ་བའི་མ་རིག་པའོ། །མ་རིག་པ་འདི་གཉིས་ཀྱིས་མངོན་པར་གྲུབ་པའི་འཁོར་བ་གང་ཡིན་པ་དེ ་ནི་གནས་དྲན་ལེན་རྣམ་པར་སྨིན་པ་ཞེས་བྱའོ། །སྒྲིབ་པ་གསུམ་པོ་དག་སྤང་པའི་ཕྱིར་ཡང་དག་པར་རྩོལ་བའི་རྒྱུ་སྒྲུབ་པར་བྱེད་དོ། །ཡང་དག་པར་རྩོལ་བས་སྒྲིབ་པ་གསུམ་པོ་དག་སྤངས་ནས་ས་དགུ་པ་ལ་འཇུག་ཅིང་རྣམ་པར་དག་པ་ཁྱད ་པར་དུ་འཕགས་པ་རྣམ་པ་བརྒྱད་ཀྱང་འཐོབ་པོ། །ཡང་དག་པར་ཆོས་བསྟན་པ་ལ་ཕུན་སུམ་ཚོགས་པའི་དབང་ལ་སོགས་བ་ཡང་འཐོབ་པར་འགྱུར་ཞིང། ཆོས་ཀྱི་དབྱིངས་ཡེ་ཤེས་ལ་དབང་བའི་གནས་ཀྱི་དོན་ཀྱང་རབ་ཏུ་རྟོགས་བར ་འགྱུར་བས་ཡན་ལག་དེའི་ཕྱིར་ས་དགུ་པ་ཡང་ཡོངས་སུ་རྫོགས་པར་འགྱུར་བ་ཡིན་ནོ་ཞེས་བཤད་དོ། །བསྟན་བཅོས་ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་ལྱང་གི་ཚེ་བསྒྱུར་བ་ལས། བསྟན་པ་དང་སྦྱར་ན་མ་རིག་པ་གཉིས་ཀྱིས་སོ་སོ་ཡང་དག་པར་རིག་པ ་ལ་སྒྲིབ་པ་དབྱེད་དེ། འདི་ལྟ་སྟེ་།མ་རིག་པ་དང་པོས་ནི་སོ་སོ་ཡང་དག་པར་རིག་པ་དང་པོ་གསུམ་ལ་སྒྲིབ་པར་བྱེད་དོ་མ་རིག་པ་གཉིས་པས་ན་སོ་སོ་ཡང་དག་པར་རིག་པ་ཞི་པ་ལ་སྒྲིབ་པར་བྱེད་དོ་ཞེས་བཤད་པ་དེ་ཡང་བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས ་དང། མོད་འདི་ཉིད་ཁུངས་སུ་བཞག་ནས། སློབ་དཔོན་ཡང་དག་པ་བདེན་པས་རང་ཉིད་ཀྱིས་བཞག་པ་ཡིན་གྱི། ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་།རྒྱ་གར་གྱི་དཔེ་ཉིད་ལས་ནི་ཚིག་འདི་ལྟ་བུ་དང། གཏན་ཚིགས་འདི་ལྟ་བུ་གཏན་མེད་དེ། མ་རིག ་པ་གཉིས་པ་ནི་མོས་པ་སོ་སོ་ཡང་དག་པར་རིག་པ་ལ་སྒྲིབ?་པར་བྱེད་བའི་ཕྱིར་རོ། །ཆོས་ཀྱི་སྐུ་ཡོངས་སུ་རྫོགས་པ་མངོན་དུ་བྱ་བ་དང། རབ་ཏུ་མྱོང་བ་འཐོབ་པར་མི་ནུས་པས་རྒྱུ་དང་རྐྱེན་དེས་ཡན་ལག་དེ་ཡོངས་སུ་མ་རྫོགས་པ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པས ་ནི། བཅུ་པ་ཡན་ལག་བཅུ་པས་ས་ཆོས་ཀྱི་སྦྱིན་སྒྲུབ་པ་སྟོན་ཏོ། །འདི་ཡང་རྣམ་པ་གཉིས་ཏེ། །ཡན་ལག་སྔ་མ་ལས་སྔ་མའི་སྤྱོད་པ་ཡོངས་སུ་མ་རྫོགས་པར་བསྟན་པ་དང། རང་གི་ཡན་ལག་འབད་དེ་བསྒྲུབ་པར་བསྟན་པ་སྟེ། འདི་ནི་དང་པོའོ། །འདི་ལྟར ་ས་དགུ་པ་རྒྱུ་ཡོངས་སུ་མ་རྫོགས་པའི་ཕྱིར་ཆོས་ཀྱི་སྐུ་ཡོངས་སུ་རྫོགས་པ་མངོན་དུ་བྱ་བར་མི་ནུས་པའོ། །སློབ་དཔོན་ཡང་དག་བདེན་པའི་འགྲེལ་པ་ལས། འདི་ལྟར་ས་དཀུ?་པས་ཡོངས་སུ་མ་རྫོགས་པས་སྐུ་གསུམ་ཡོངས་སུ་རྫོགས་པ་མངོན་དུ་བྱ་བར ་མི་ནུས་ཏེ། རྒྱུ་དང་རྐྱེན་ངེས་ཡན་ལག་དེ་ཡོངས་སུ་རྫོགས་པར་མ་གྱུར་ཏོ་ཞེས་བཤད་དོ། །ཡན་ལག་དེ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་འབད་དེ་བསྒོམས་པས་དེ་ཡང་འཐོབ་པ། །བྱང་ཆུབ་སེམས་དཔའ་དེ་དག་རྒྱུ་དང་རྐྱེན་དེས་ཡན་ལག་དེ་ཡོངས་སུ ་རྫོགས་པ་ཡིན་ཞེས་བྱ་བ་ནི་གཉིས་པ་རང་གི་ཡན་ལག་འབད་ད། བསྒྲུབ་པར་བསྟན་པའོ། །འདི་ལྟར་ས་བཅུ་པ་ངས་ཡོངས་སུ་རྫོགས་པའི་ཕྱིར། ཆོས་སྐུ་ཡོངས་སུ་རྫོགས་པ་འཐོབ་པར་འགྱུར་བ་སྟེ། རྒྱུ་དང་རྐྱེན་དེས་ཡན་ལག་དེ ་ཡོངས་སུ་རྫོགས་པར་འགྱུར་བའོ། །བསྟན་བཅོས་ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་ལྱང་གི་ཚེ་བསྒྱུར་བ་ལས། བྱང་ཆུབ་སེམས་དཔའ་ས་དགུ་པ་ལ་ནུས་པ་ཁྱད་པར་དུ་འཕགས་པས། ཡང་དག་པར་ཆོས་ཀྱི་སྐུ་ཡོངས་སུ་རྫོགས་པ་དང། མཆག་པ ་མ་ཐོགས་པའི་མངོན་པར་ཤེས་པ་དྲུག་གི་ཤེས་རབ་འཐོབ་པར་མི་ནུས་ཏེ། དེ་ལྟར་མི་ནུས་པ་ཡང་སྒྲིབ་པ་གསུམ་གྱི་ཕྱིར་ཏེ། མངོན་པར་ཤེས་པ་དྲུག་གི་ཤེས་རབ་ཀྱི་མ་རིག་པ་དང། སངས་རྒྱས་ཀྱི་ཆོས་ཤིན་ཏུ་གསང་པ་ལ་འཇུག་པའི་མ་རིག་པའོ། ་མ་རིག་པ་འདི་གཉིས་ཀྱིས་མངོན་པར་བསྒྲུབས་པའི་འཁོར་བ་གང་ཡིན་པ་དེ་ནི་གནས་ངན་ལེན་རྣམ་པར་སྨིན་པ་ཞེས་བྱའོ། །སྒྲིབ་པ་གསུམ་པོ་དག་སྡང་བའི་ཕྱིར་ཡང་དག་པར་རྩོལ་པའི་རྒྱུས་པ་པར་བྱེད་དོ། །ཡང་དག་པར་རྩོལ་བས་སྒྲིབ་པ་གསུམ་པོ ་དག་སྤངས་ནས་ས་བཅུ་བ་ལ་འཇུག་ཅིང་ཁྱད་བར་དུ་འཕགས་པའི་རྣམ་པར་དག་པ་རྣམ་པ་བརྒྱད་ཀྱང་འཐོབ་བར་འགྱུར་ལ། ཡང་དག་པར་ཆོས་སྟོན་པའི་ཆོས་ཀྱི་སྐུ་ཡོངས་སུ་རྫོགས་པ་ལ་སོགས་པ་ཡང་འཐོབ་བར་འགྱུར་ཏེ། ཆོས་ཀྱི་དབྱིངས་ལ ་དབང་བའི་གནས་ཀྱི་དོན་ཀྱང་རབ་ཏུ་རྟོགས་པར་འགྱུར་བས། ཡན་ལག་དེའི་ཕྱིར། ས་བཅུ་པ་ཡང་ཡོངས་སུ་རྫོགས་པར་འགྱུར་བ་ཡིན་ནོ་ཞེས་བཤད་དོ། །སློབ་དཔོན་ཡང་དག་བདེན་པའི་འགྲེལ་བ་ལས། ས་དགུ་པ་ཡོངས་སུ་རྫོགས་ནས་ཐོབ་བའི ་སྐུ་གསུམ་པ་གང་ཡིན་པ་དེ་ནི་ཆོས་ཀྱི་སྐུ་ཡོངས་སུ་རྫོགས་པ་ཞེས་བྱ་སྟེ། འདི་ནི་ཡང་དག་པར་ཆོས་སྟོན་པའི་ཆོས་སྐུའོ། །ཆོས་ཀྱི་སྐུ་ལས་བྱུང་བའི་མངོན་པར་ཤེས་པ་དྲུག་གི་ཤེས་རབ་གང་ཡིན་པ་ནི་སྦྲུལ་པའི་སྐུ་ཡིན་ཏེ། འདི་ལྟར་ལས ་ས་དབང་ཐོབ་པས་སྤྲུལ་པའི་སྐུ་མངོན་པར་འགྲུབ་པས་སོ་ཞེས་བཤད་དོ་།ཤེས་བྱ་ཐམས་ཅད་ལ་ཆགས་པ་མེད་པ་དང། ཐོགས་པ་མེད་པའི་ཤེས་པ་དམ་པ་དང། མཐོང་བ་དམ་པ་ཐོབ་ནས་རྒྱུ་དང་རྐྱེན་ངེས་ཡན་ལག་དེ་ཡོངས་སུ་མ་རྫོགས་པ་ཡིན་ཏེ་ཞེས ་བྱ་བ་ལ་སོགས་པས་ནི། ཡན་ལག་བཅུ་གཅིག་པས་སངས་རྒྱས་ཀྱིས་གསུངས་པ་སྟོན་ཏོ། །འདི་ཡང་རྣམ་པ་གཉིས་ཏེ། ཡན་ལག་སྔ་མ་ལ་ཕྱི་མའི་སྤྱོད་པ་ཡོངས་སུ་མ་རྫོགས་པར་བསྟན་པ་དང། རང་གི་ཡན་ལག་འབད་དེ་ཡོངས་སུ་རྫོགས་པར་བསྒྲུབ་པ ་སྟེ། །འདི་ནི་དང་པོའོ། །འདི་ལྟར་ས་བཅུ་པས་ཤེས་བྱའི་ཡུལ་ཐམས་ཅད་ཁྱབ་པར་ཁོང་དུ་ཆུད་ཅིང་ཆོས་སྟོན་པ་ཉིད་ཀྱི་ཆགས་པ་མེད་པར་ཤེས་པ་དམ་པ་དང་མཐོང་བ་དམ་པ་དང། གང་ཟག་སྟོང་པ་ཉིད་ཀྱི་ཐོགས་པ་མེད་པའི་ཤེས་པ་དམ་པ་དང། མཐར ་བ་དམ་པ་ཐོབ་བར་མི་ནུས་པས་རྒྱུ་དང་རྐྱེན་ངེས་ཡན་ལག་དེ་ཡོངས་སུ་མ་རྫོགས་པར་གྱུར་པའོ། །ཡན་ལག་དེ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་འབད་དེ་བསྒོམས་པས་དེ་ཡང་འཐོབ་སྟེ། རྒྱུ་དང་རྐྱེན་ངེས་ཡན་ལག་དེ་ཡོངས་སུ་རྫོགས་པའི་ཕྱིར། ཡན་ལག ་ཐམས་ཅད་ཀྱང་ཡོངས་སུ་རྫོགས་པ་ཡིན་ཏེ། ཞེས་བྱ་བ་ནི་གཉིས་པ་རང་གི་ཡན་ལག་དེ་འབད་དེ་རྫོགས?་པར་བསྒྲུབ་པ་སྟོན་ཏོ། །འདི་ལྟར་སངས་རྒྱས་ཀྱིས་འདིར་ཤེས་པ་དང། མཐོང་བ་ཐམས་ཅད་ཡོངས་སུ་ཐོབ་པས་རྒྱུ་དང་རྐྱེན་དེས་སངས་རྒྱས་ཀྱིས་ཡོངས་སུ ་རྫོགས་བར་གྱུར་བའོ། །སངས་རྒྱས་ཀྱིས་ཡོངས་སུ་རྫོགས་པའི་ཕྱིར། ཡན་ལག་བཅུ་གཅིག་པོ་ཐམས་ཅད་ཀྱང་ཡོངས་སུ་རྫོགས་པར་གྱུར་པའོ། །བསྟན་བཅོས་ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་བ་ལྱང་གི་ཚེ་བསྒྱུར་བ་ལས། བྱང་ཆུབ་སེམས ་དཔའ་ས་བཅུ་པ་ཡོངས་སུ་རྫོགས་པར་གྱུར་ཀྱང། ནུས་པ་ཁྱད་པར་དུ་འཕགས་པ་རྣམ་པར་དག་པའི་ཆོས་ཀྱི་སྐུ་ཡོངས་སུ་རྫོགས་པ་དང། ཤེས་བྱ་ཐམས་ཅད་ལ་ཆགས་པ་མེད་བ་དང། ཐོགས་པ་མེད་པའི་མཐོང་བ་དང། ཤེས་པ་ཐོབ་པར་མི ་ནུས་ཏེ། དེ་ལྟར་མི་ནུས་པ་ཡང་སྒྲིབ་པ་གསུམ་གྱི་ཕྱིར་ཏེ། ཤེས་བྱ་ཐམས་ཅད་ལ་ཆགས་པ་ཤིན་ཏུ་ཕྲ་མོའི་མ་རིག་པ་དང། ཤེས་བྱ་ཐམས་ཅད་ལ་ཐོགས་པ་ཤིན་ཏུ་ཕྲ་མོའི་མ་རིག་པའོ། །མ་རིག་པ་འདི་གཉིས་ཀྱིས་མངོན ་པར་བསྒྲུབས་པའི་འཁོར་བ་གང་ཡིན་པ་དེ་ནི། གནས་ངན་ལེན་རྣམ་པར་སྨིན་པ་ཞེས་བྱའོ། །སྒྲིབ་པ་གསུམ་པོ་དེ་དག་སྤང་བའི་ཕྱིར་ཡང་དག་པར་རྩོལ་པའི་རྒྱུ་སྒྲུབ་པར་བྱེད་དོ། །ཡང་དག་པའི་རྩོལ་བས་སྒྲིབ་པ་གསུམ་པོ་དེ་དག་སྤངས་ནས་བཅུ ་གཅིག་པ་དེ་བཞིན་གཤེགས་པའི་ས་ལ་འཇུག་ཅིང་ཁྱད་པར་དུ་འཕགས་པའི་རྣམ་པར་དག་པ་བདུན་དང། སྐྱེ་བ་དང་བྲལ་བའི་རྣམ་པར་དག་པ་དང། རྣམ་པར་དག་པའི་ཆོས་ཀྱི་སྐུ་།ཡོངས་སུ་རྫོགས་པ་དང། ཆགས་པ་མེད་པ་དང། ་ཐོགས་པ་མེད་པའི་མཐོང་བ་དང། ཤེས་པ་ཡང་འཐོབ་པར་འགྱུར་ཏེ། ཡན་ལག་དེའི་ཕྱིར་སངས་རྒྱས་ཀྱིས་ཡོངས་སུ་རྫོགས་པར་འགྱུར་བ་ཡིན་ནོ་ཞེས་བཤད་དོ། །ཁ་ཅིག་ན་རེ་ཡན་ལག་བཅུ་གཅིག་གིས་ས་བཅུ་གཅིག་བསྡུ་བ་ཡང་རྣམ་པ ་གསུམ་དུ་དབྱེ་བས་དེ་ལ་དང་པོའི་ཡན་ལག་གཅིག་ཀྱང་རྣམ་པ་གཉིས་སུ་དབྱེ་སྟེ། གནས་སྐབས་སྔ་མ་ལ་སྤྱོད་པ་ཡོངས་སུ་མ་རྫོགས་པར་བསྟན་པ་དང། ས་དེ་ལས་ཡང་དག་པར་འདས་ཞེས་བྱ་བ་མན་ཆད་ཀྱིས་རང་གི་ས་ཡོངས་སུ་རྫོགས ་པར་གྱུར་པ་བསྟན་པའོ། །གཉིས་པ་ནི་བྱང་ཆུབ་སེམས་དཔའ་དེ་དག་ཅེས་བྱ་བ་མན་ཆད་ཡན་ལག་དགུ་པོ་དག་ནི་རེ་རེ་ལ་ཡན་ལག་གསུམ་གསུམ་དུ་དབྱེ་སྟེ། སྔ་མའི་གནས་སྐབས་ཀྱི་ཡན་ལག་ཡོངས་སུ་རྫོགས་པར་བསྟན་པ་དང། ་གནས་སྐབས་ཀྱི་ཕྱི་མ་ཡོངས་སུ་མ་རྫོགས་པར་བསྟན་པ་དང། ཡན་ལག་དེ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་ཞེས་བྱ་བ་མན་ཆད་ཡོངས་སུ་རྫོགས་པར་བྱ་བར་བསྒྲུབ་པར་བསྟན་པའོ། །གསུམ་པ་ནི་བྱང་ཆུབ་སེམས་དཔའ་དེ་དག་ཅེས་བྱ་བ ་མན་ཆད་ཀྱི་ཡན་ལག་བཅུ་གཅིག་གིས་བསྟན་ཏེ། འདི་ཡང་རྣམ་པ་གཞིར་དབྱེ་སྟེ། གནས་སྐབས་སྔ་མ་ཡོངས་སུ་རྫོགས་པར་བསྟན་པ་དང། ཡན་ལག་དེ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་ཞེས་བྱ་བ་མན་ཆད་ཀྱིས་ཡོངས་སུ་རྫོགས་པར་བྱ་བར་བསྒྲུབ ་པར་བསྟན་པ་དང། ཡན་ལག་དེ་ཡོངས་སུ་རྫོགས་པའི་ཕྱིར་ཞེས་བྱ་བ་མན་ཆད་ཡོངས་སུ་རྫོགས་པར་བཟླས་ཏེ་བསྟན་པའོ་ཞེས་ཟེར་ཏེ། དེ་ལྟར་རྣམ་པ་གཉིས་སུ་བཤད་པ་ཡོད་ཀྱང་བཤད་པ་ནི་སྔ་མ་ཡང་དག་པ་ཡིན་ནོ། །རིགས་ཀྱི་སུ་དེ་ལྟར་ཡན ་ལག་བཅུ་གཅིག་པོ་དེ་དག་གིས་ས་རྣམས་མ་ལུས་པར་རིག་པར་བྱའོ་ཞེས་བྱ་བ་ནི་གཉིས་པ་སྦྱིའི་མཇུག་བསྡུ་པ་ཡིན་པར་རིག་པར་བྱའོ།། །།བམ་པོ་ལྔ་བཅུ་བཞི་པ། །བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་གིས ་ཡང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་སྦྱིའི་སྡང་བུས་དང་པོ་ལ་རབ་ཏུ་དགའ་བ་ཞེས་བགྱི། ཅིའི་སླག་དུ་སངས་རྒྱས་ཀྱི་སའི་བར་ལ་སངས་རྒྱས་ཀྱིས་ཞེས་བགྱི་བ་ལགས་ཞེས་བྱ་བ་འདི་མན་ཆད་ནི་གཉིས་པ་སའི ་མིང་གི་དོན་བསྟན་པ་ཞེས་བྱ་བ་སྟོན་ཏོ། །འདི་ཡང་ཞུ་བ་གསོལ་བ་དང་ལན་དུ་གསུངས་པས་བསྟན་ཏེ། འདི་ནི་དང་པོས་རྣམས་ཀྱི་མིང་གདོན་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་ལ་བཀའ་ ་སྩལ་པ། རིགས་ཀྱི་བུ་དོན་ཆེན་པོ་ཡོངས་སུ་གྲུབ་ཅིང་སྔོན་མ་འདྲིས་པ་འཇིག་རྟེན་ལས་འདས་པའི་སེམས་ཐོབ་ནས་དགའ་བ་ཆེན་པོ་སྐྱེ་བས་དེའི་ཕྱིར་དང་པོ་ནི་རབ་ཏུ་དགའ་བའི་ས་ཞེས་བྱའོ་ཞེས་བྱ་བ་ལ་སོགས་པས་ནི། གཉིས་པ་དེ་བཞིན་གཤེགས ་པས་ཡང་དག་པར་ལན་དུ་གསུངས་པ་སྟོན་ཏོ། །འདི་ཡངས་བཅུ་གཅིག་བསྟན་པ་ཉིད་ཀྱིས་རྣམ་པ་བཅུ་གཅིག་ཏུ་དབྱེ་སྟེ། འདི་ནི་དང་པོས་རབ་ཏུ་དགའ་བ་བཤད་པའོ། །བཤད་པ་འདི་ལ་ཡང་དོན་ནམ་པ་གཉིས་ཡོད་དེ། བདག་ལ་ཕན་འདོགས་པའི་ ་ཐོབ་པ་དང། ཟག་པ་མེད་པའི་སེམས་ཐོབ་པ་སྟེ། དེའི་ཕྱིར་འཕགས་པ་ས་བཅུའི་འགྲེལ་པ་ལས། བདག་དང་གཞན་ལ་ཕན་འདོགས་པ་བླ་ན་མེད་པ་ཡོངས་སུ་གྲུབ་ཅིང། འཕགས་པའི་གནས་ཐོག་མ་ཁོ་ནར་ཐོམ་པའི་ཕྱིར་རབ ་ཏུ་དགའ་བ་ཞེས་བཤད་དོ། །དེ་ལ་འཕགས་པའི་གནས་ཞེས་བྱ་བ་ནི་ཟག་པ་མེད་པའི་ཡེ་ཤེས་སོ། །སའི་མིང་གི་དོན་རྣམ་པར་བཤད་པ་བསྟན་པ་རྣམས་ལས་སོ་སོ་ནས་བཤད་པ་མི་མཐུན་པས་ཁ་ཅིག་ལས་ནི་དོན་རྣམ་པ་གཅིག་གིས་རབ་ཏུ ་དགའ་བའི་མིང་སྟོན་པ་ཡང་ཡོད་དེ། འཕགས་པ་མིའི་རྒྱལ་པོས་ཞུས་པའི་མདོ་ལས་ཇི་སྐད་དུ། བྱང་ཆུབ་སེམས་དཔའ་ལེགས་པར་རྟོགས་པ་དང། ལྷའི་རྒྱལ་པོ་ཆེན་པོ་བཞིས་བདེན་པ་གཉིས་ཀྱི་མཉམ་པ་ཉིད་ཀྱི་དོན་ཅིག་ཅར་གསལ ་བར་མཐོང་བ་ཞེས་གསུངས་པ་ལྟ་བུའོ། །བསྟན་བཅོས་ཐེག་པ་ཆེན་པོ་བསྡུས་པ་ལས་ནི་དེ་ཐོག་མ་ཁོ་ནར་བདག་དང་གཞན་གྱི་དོན་སྒྲུབ་པར་ནུས་པའི་ཡོན་ཏན་ཐོབ་པའི་ཕྱིར་རོ་ཞེས་བཤད་དོ། །སློབ་དཔོན་དབྱིག་གཉིན་དང། ངོ་བོ་ཉིད་མེད ་ཀྱི་འགྲེལ་པ་ལས་ཀྱང་དེ་སྐད་དུ་བཤད་དོ། །བསྟན་བཅོས་རྣམ་པར་བཤད་པ་ལས་ནི་གོང་ན་མེད་པའི་མངོན་པར་རྟོགས་པ་ཡང་དག་པར་ཐོབ་ནས་ལྷག་པའི་དགའ་བ་ལ་གནས་པའི་ཕྱིར་རབ་ཏུ་དགའ་བ་ལ་གནས་པ་བསྟན་ཏོ། །གནས་པ ་བཅུའི་བཤད་པ་ལས་ནི་ཐོག་མ་ཁོ་ནར་དགེ་བའི་ཆོས་ཀྱི་རོ་ཐོབ་པས་སེམས་ཀྱི་དགའ་བ་མང་བའི་མིང་ངོ་ཞེས་བཤད་དོ། །ཁ་ཅིག་ལས་དོན་རྣམ་པ་གཉིས་ཀྱིས་རབ་ཏུ་དགའ་བ་ཞེས་སྟོན་ཏོ། །མདོ་འདི་ཉིད་དང། འཕགས་པས་བཅུའི་འགྲེལ ་པ་ལ་སོགས་པ་ལས་ཇི་སྐད་བསྟན་པ་ལྟ་བུའོ། །དོན་རྣམ་པ་གསུམ་གྱིས་སྟོན་པ་ཡང་ཡོད་དེ། འཕགས་པ་གསེར་འོད་དམ་པའི་མདོ་ལས་ཇི་སྐད་དུ། འདི་ལྟ་སྟེ། ཐོག་མ་ཁོ་ནང་འཇིག་རྟེན་ལས་འདས་པའི་སེམས་ཐོབ་པ་དང། སྔོན་མ་ཐོབ་པ ་གདོང་ཐོབ་པ་དང། བྱ་བ་དང་ནུས་པ་ཆེན་པ་ཐོབ་པས་ཇི་ལྟར་སྣོས་བ་བཞིན་དུ་གྲུབ་པའི་ཕྱིར་རབ་ཏུ་དགའ་བ་ཞེས་བྱའོ་ཞེས་གསུངས་པ་ལྟ་བུ་སྟེ། དེ་ལ་བྱ་བ་ཆེན་པོ་ནི་བདག་ལ་ཕན་འདོགས་པའོ། །བསྟན་བཅོས་རྣམ་པར་རིག་པ་ཙམ་དུ་གྲུབ་པ་ལས་ཀྱང། ཐོག་མ་ཁོ ་ནར་འཕགས་པའི་ངོ་བོ་ཉིད་ཐོབ་པ་དང། སྟོང་པ་ཉིད་རྣམ་པ་གཉིས་ཡོངས་སུ་རྫོགས་པ་མངོན་དུ་གྱུར་པ་དང། བདག་ལ་ཕན་འདོགས་ཤིང་དགའ་བ་རྒྱ་ཆེན་པོ་སྐྱེད་པའི་ཕྱིར་རོ་ཞེས་བཤད་དོ། །དད་བ་མང་བ་ལ་སོགས་པ་དང་སངས་རྒྱས་ཀྱི་རྗེས་སུ་དྲན་པ་རྣམ་པ་དགུ་ལ་སོགས ་པ་དང། འཇིག་རྟེན་གྱི་སྤྱོད་ཡུལ་ཡང་དག་པར་འདས་པ་རྣམ་པ་བཅུ་ལ་སོགས་པ་དང། དགའ་བ་རྣམ་པ་བཅུ་རྒྱ་ཆེར་རྣམ་པར་འབྱེད་པ་ནི། འཕགས་པ་ས་བཅུའི་འགྲེལ་པ་ལས་ཇི་སྐད་དུ་བསྟན་པ་བཞིན་དུ་རིག་པར་བྱའོ། །འཆལ་བའི་ཚུལ་ཁྲིམས་ཀྱི་ཉེས་པ ་ཐམས་ཅད་ཡོངས་སུ་སྤངས་པ་དེའི་ཕྱིར་གཉིས་པ་ནི་དྲི་མ་མེད་པའི་ས་ཞེས་བྱའོ་ཞེས་བྱ་བ་ནི་གཉིས་པ་དྲི་མ་མེད་པའི་ས་རྣམ་པར་བཤད་པའོ། །མཚམས་རྣམ་པར་གྲོལ་བའི་མདོ། དགོངས་པ་ཟབ་མོ་རྣམ་པར་གྲོལ་བའི་མདོ་ལས་ཀྱང་འདི་དང་མཐུན་པར་འབྱུང་ངོ། །འཕག ་པ་མིའི་རྒྱལ་པོས་ཞུས་པའི་མདོ་ལས་ནི་བྲལ་བ་དང་།རྟོག་པ་ཞེས་འབྱུང་སྟེ། དེའི་ཕྱིར་ཚིགས་སུ་བཅད་པར། བྲལ་དང་རྟོག་པ་རབ་ཕྱེ་སྐྱེས་བུ་ནི། །རྒྱལ་རིགས་རྣམས་སུ་ལུས་ནི་རབ་སྟོན་ཅིང། འགྲོ་བ་དྲུག་པོ་རྣམས་ནི་སྟོང་ཁམས་སུ་ཞེས་འབྱུང་པ་ཡིན་ནོ། །འཕགས་པ ་གསེར་འོང་དམ་པའི་མདོ་ལས་ནི། ལྟུང་བ་ཕྲ་མོའི་འཆལ་པའི་ཚུལ་ཁྲིམས་ཀྱི་ཉེས་པ་ཐམས་ཅད་ཡོངས་སུ་དག་པའི་ཕྱིར་དྲི་མ་དང་བྲལ་བའི་ས་ཞེས་བྱའོ་ཞེས་གསུངས་སོ། །འཕགས་པ་བཅུའི་མདོ་ལས་ནི། སེར་སྣ་དང། ཕྲག་དོག་དང། འཆལ་པའི་ཚུལ་ཁྲིམས ་ཀྱི་དྲི་མའི་སེམས་ཡོངས་སུ་སྤང་བའི་ཕྱིར་དྲི་མ་དང་བྲལ་བའི་ས་ཞེས་བྱའོ། །འཕགས་པ་ནི་འཁྲུལ་པའི་སེམས་འཆལ་བའི་ཚུལ་ཁྲིམས་ཀྱི་ཉེས་པ་འབྱུང་བར་བྱེད་པའི་ཉོན་མོངས་པ་ལ་སོགས་པ་དང་བྲལ་ནས་ཚུལ་ཁྲིམས་རྣམ་པར་དག་པ་ཕུན་སུམ་ཚོགས་པར ་གྱུར་པའི་ཕྱིར་དྲི་མ་དང་དྲིལ་བའི་ས་ཞེས་བྱའོ་ཞེས་བསྟན་ཏོ། །བསྟན་བཅོས་ཐེག་པ་ཆེན་པོ་བསྡུས་པ་ལས་ནི་འཚལ་བའི་ཚུལ་ཁྲིམས་ཀྱི་དྲི་མ་ཐག་བསྲིངས་པའི་ཕྱིར་རོ་ཞེས་འབྱུང་ངོ། །སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་འགྲེལ་པ ་ལས་ནི། རང་བཞིན་གྱིས་ཚུལ་ཁྲིམས་ཕུན་སུམ་ཚོགས་པས་ས་དང་པོ་ལྟར་བསམས་ནས་ཚུལ་ཁྲིམས་མ་ཡིན་གྱིས། ཚུལ་ཁྲིམས་ཡོངས་སུ་གྲུབ་པའི་ཕྱིར་དང། འཆལ་པའི་ཚུལ་ཁྲིམས་ཀྱི་དྲི་མ་རྣམས་ཡོངས་སུ་སྤང་བའི་ཕྱིར་རོ་ཞེས་བཤད་དོ། །སློབ་དཔོན་ངོ་བོ ་ཉིད་མེད་ཀྱིས་མཛད་པའི་འགྲེལ་པ་ལས་ཀྱང་དོན་གྱིས་སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་འགྲེལ་པ་དང་མཐུན་པར་བཤད་དོ། །བསྟན་བཅོས་རྣམ་པར་བཤད་པ་ལས་ནི། ཐེག་བ་པ་གཉིས་ཀྱི་ས་ལས། ཡང་དག་པར་འདས་ཤིང། ཚུལ་ཁྲིམས ་རྣམ་པར་དག་པ་ཐོབ་ནས་འཆལ་པའི་ཚུལ་ཁྲིམས་ཀྱི་དྲི་མ་ཐམས་ཅད་ཀྱི་གཉན་པོར་གྱུར་པའོ་ཞེས་བཤད་དོ། །གནས་པ་བཅུའི་མདོ་ལས་ནི་དགེ་བ་བཅུའི་ལས་ཀྱི་ལམ་གྱི་དྲི་མ་རྣམས་དང་བྲལ་བའི་ཕྱིར་རོ་ཞེས་གསུངས་སོ། །བསྟན་བཅོས་རྣམ་པར་རིག་པ ་ཙམ་དུ་གྲུབ་པ་ལས་ནི། ཚུལ་བཁྲིམས་ཡོངས་སུ་དག་པ་དང་ལྡན་ཞིང་འཆལ་བའི་ཚུལ་ཁྲིམས་ཀྱི་ཏེ་ས་བ་ཕྲ་མོ་འབྱུང་བའི་དྲི་མ་ཐག་བསྲིངས་པའི་ཕྱིར་དྲི་མ་དང་བྲལ་བའི་ས་ཞེས་བཤད་དོ། །དེ་ཏིང་ངེ་འཛིན་དང། ཐོས་པའི་གཟུངས་ཐོབ་པ་དག་གིས་ཤེས་པའི་སྣང ་བ་ཚད་མེད་པའི་གནས་མེད་པས། དེའི་ཕྱིར་གསུམ་པ་ནི་འོང་བྱེད་པའི་ས་ཞེས་བྱ་བ་ནི་གསུམ་པ་འོད་བྱེད་པའི་ས་རྣམ་པར་བཤད་པའོ། །འདི་ལྟར་ས་གསུམ་པས་ཏིང་ངེ་འཛིན་ཐོབ་པའི་ཕྱིར་ནི་བསྒོམས་པའི་ཤེས་རབ་ཀྱི་སྣང་བ་སྐྱེད་པར་བྱེད་ལ། ཐོས་པའི་གཟུངS ་ཐོབ་པའི་ཕྱིར་ནི་ཐོས་པ་དང་བསམས་པའི་ཤེས་རབ་ཀྱི་སྣང་བ་བསྐྱེད་པས་དེའི་ཕྱིར་གསུམ་པ་ནི་འོད་བྱེད་པའི་ས་ཞེས་བྱའོ། །ཡང་ནས་ལ་བལྟོས་ནས་འོད་སྐྱེད་པའི་གནས་བྱེད་པས་འོང་བྱེད་པའི་ས་ཞེས་བྱའོ། །མཚམས་རྣམ་པར་གྲོལ་བའི་མདོ་ལས་ནི ་སྣང་བའི་ས་ཞེས་འབྱུང་ངོ། །དགོངས་པ་ཟབ་མོ་རྣམ་པར་དགྲོལ་བའི་མདོ་ལས་ནི་འོད་ཀྱིས་ཞེས་འབྱུང་ངོ། །འོང་བྱེད་པའི་ས་ཞེས་འབྱུང་བ་ནི་ལོ་ཙཱ་བ་དག་གིས་བསམ་པ་ཐ་དད་པའི་ཕྱིར་རོ། །འཕགས་པ་མིའི་རྒྱལ་པོས་ཞུས་པའི་མདོ་ལས་ནི། ཤེས་རབ་གསལ་བའི་ས་ཞེས ་འབྱུང་སྟེ། དེའི་ཕྱིར་དེ་ཉིད་ཀྱི་ཚུགས་སུ་བཅད་པ་ལས། ཤེས་རབ་གསལ་ཞིང་སྟོང་ཉིད་ལྟ་བ་འཐབ་བྲལ་ལྷའི་རྒྱལ། ཞིང་ཁམས་མང་པོར་བདག་ཉིད་ལུས་སྟོན་སེམས་ཅན་འདྲེན་པར་བྱེད། ཅེས་གསུངས་སོ། །འཕགས་པ་གསེར་འོད་དམ་པའི་མདོ་ལས་ནི་ཤེས་རབ་སྣང ་པའི་ཏིང་ངེ་འཛིན་དཔག་ཏུ་མེད་པ་དག་ཡི་གཡོ་ཞིང། གང་གིས་ཀྱང་?་གྱིས་གནོན་བར་མི་ནུས་པ་དང། ཐོས་པའི་གཟུངས་ཀྱིས་གཞི་བྱེད་པའི་ཕྱིར་སྣང་བའི་ས་ཞེས་བྱའོ་ཞེས་གསུངས་སོ། །འཕགས་པ་ས་བཅུའི་མདོ་ལས་ནི་འདོད་ཆགས་དང་ཞེ་སྡང་མེད་པ་ལ་སོགས་པའི་དགེ་བའི་རྩ་བ ་གསུམ་པོ་དག་གོང་དུ་གསལ་ཞིང་ཡོངས་སུ་དག་པར་གྱུར་པའི་ཕྱིར་སྣང་པའི་ས་ཞེས་བྱའོ་ཞེས་གསུངས་སོ། །འཕགས་པ་སངས་རྒྱས་ཕལ་པོ་ཆེའི་མདོ་ལས་གནས་པ་བཅུ་བསྟན་པ་དང། ལེགས་པའི་ཚུལ་ཁྲིམས་བསྟན་པའི་མདོ་ལས་ཀྱང། ཕལ་ཆེར་འཕགས་པས་བཅུའི ་མདོ་ལས་གསུངས་པ་དང་མཐུན་པར་སྟོན་ཏོ། །བསྟན་བཅོས་ཐེག་པ་ཆེན་པོ་བསྡུས་པ་ལས་ནི་ཏིང་ངེ་འཛིན་དང། སྙོམས་པར་འཇུག་བ་ཉམས་པ་མེད་པའི་གནས་སུ་གྱུར་པའི་ཕྱིར་དང། ཆོས་ཀྱི་སྣང་བ་ཆེན་པོའི་གནས་སུ་གྱུར་པའི་ཕྱིར་འོང་བྱེད་པའི་ས་ཞེས་བྱའོ་ཞེས ་འབྱུང་ངོ། །སློབ་དཔོན་དབྱིག་གཉེན་གྱིས་མཛོད་པའི་ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་བ་ལས་ནི། ས་འདིར་ཏིང་ངེ་འཛིན་དང། སྙོམས་པར་འཇུག་པ་དང། རྟག་ཏུ་མི་འབྲལ་ཞིང་ཉམས་པ་མེད་པའི་ཕྱིར་དང། ཐེག་པ་ཆེན་པོའི་ཆོས་ཀྱི་སྣང་བ་བྱེད་པའི་ཕྱིར་འོང་བྱེད་བའི ་ས་ཞེས་བྱའོ་ཞེས་བཤད་དོ། །རྒྱ་ཆེར་རྣམ་པར་འབྱེད་པ་ནི་སློབ་དཔོན་ངོ་བོ་ཉིད་མེད་ཀྱི་འགྲེལ་བ་ལས་བསྟན་པ་བཞིན་ནོ། །བསྟན་བཅོས་རྣམ་པར་བཤད་པ་ལས་ནི་ཏིང་ངེ་འཛིན་ཤིན་དུ་རྣམ་པར་དག་པའི་ཕུང་པོ་ཐོབ་ནས་ཡེ་ཤེས་ཆེན་པོའི་སྣང་བ་གནས་གྱུར་བས་འོད་བྱེད ་པའི་ས་ཞེས་བྱའོ། །ཏིང་ངེ་འཛིན་མཆོག་དང། ཡོན་ཏན་ཆེན་པོའི་གཟུངས་ཡོངས་སུ་གྲུབ་ནས་ཤེས་རབ་དམ་པའི་འོད་དཔག་ཏུ་མེད་པའི་ཕྱིར་ཡང་འོད་བྱེད་པའི་ས་ཞེས་བྱའོ་ཞེས་བཤད་དོ། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི ་འགྲེལ་པ་ལས་ནི་འོད་དང་བཅས་པའི་ས་ཞེས་འབྱུང་ངོ། །དེ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཐོབ་པ་དག་གིས་ཉོན་མོངས་པ་རྣམས་སྲེག་པར་བྱེད་པའི་ཡེ་ཤེས་མེའི་འོད་འཕྲོ་བལྟ་བུར་གྱུར་པས་དེའི་ཕྱིར་བཞི་པ་ནི་འོད་འཕྲོ་བ་ཅན་གྱིས་ཞེས་བྱའོ་ཞེས་བྱ་བ་ནི་བཞི ་བ་འོང་འཕྲོ་བ་ཅན་རྣམ་པར་བཤད་པའོ། །འདི་ལྟར་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཀྱི་ཡེ་ཤེས་ཀྱི་འོད་ཀྱིས་ཉོན་མོངས་པའི་ཤིང་བསྲེག་པའི་ཕྱིར་འོང་འཕྲོ་བ་ཅན་ཞེས་བྱའོ། །མཚམས་རྣམ་པར་གྲོལ་བའི་མདོ་དང། དགོངས་པ་ཟབ་མོ་རྣམ་པར་དགྲོལ་བའི་མདོ་ལས ་ཀྱང། མདོ་འདི་ཉིད་ལས་གསུངས་པ་དང་མཐུན་པར་བཤད་དོ། །འཕགས་པ་མིའི་རྒྱལ་པོས་ཞུས་པའི་མདོ་ལས་ཀྱང་འོད་འཕྲོ་བ་ཅན་ཞེས་འབྱུང་སྟེ་།དེའི་ཕྱིར་དེ་ཉིད་ཀྱི་ཚིགས་སུ་བཅད་པ་ལས། ཤེས་རབ་འོང་འཕྲོ་སྣང་བ་དམ་པ་བརྩོན་འགྲུས་ཆེན། །དགའ་ལྡན ་ལྷ་ཡི་རྒྱལ་པོ་སྟོང་ཁམས་མང་པོ་རྒྱུ་ཞེས་གསུངས་སོ། །འཕགས་པ་གསེར་འོད་དམ་པའི་མདོ་ལས་ནི། ཉོན་མོངས་པ་ཉེ་བར་ཞི་བར་བྱེད་ཅིང་ཡེ་ཤེས་ཀྱི་མེས་སྣང་བ་འཕེལ་བར་བྱེད་པ་དང། བྱང་ཆུབ་ཀྱི་ཕྱོགས་བསྒོམ་པའི་གནས་སུ་གྱུར་པའི་ཕྱིར་འོང་འཕྲོ ་བ་ཅན་གྱིས་ཞེས་བྱའོ་ཞེས་གསུངས་སོ། །འཕགས་པ་ས་བཅུའི་མདོ་ལས་ནི། རྟག་པར་ཡེ་ཤེས་ཀྱི་འོང་གཏོང་བ་དཔེར་ན་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་གཞན་དག་གིས་མི་འཕྲོགས་བདག་དང་མཚུངས་པའི་འོད་འཕྲོ་བ་ཅན་ནོ་ཞེས་བྱའོ་ཞེས་བཤད་དེ། འཕགས་པ ་སངས་རྒྱས་ཕལ་པོ་ཆེའི་མདོའི་ནང་ནས་གནས་པ་བཅུ་བསྟན་པ་ལས་ཀྱང་དེ་སྐད་དུ་སྟོན་ཏོ། །འཕགས་པ་ས་བཅུའི་འགྲེལ་པ་ལས་ནི། མི་བརྗེད་པའི་ཉོན་མོངས་པའི་ཤིང་ཡེ་ཤེས་ཀྱི་མེས་སྲེག་པའི་ཕྱིར་འོང་འཕྲོ་བ་ཅན་གྱིས་ཞེས་བྱའོ། །དེ་ལ་མི་བརྗེད་པ་ཞེས ་བྱ་བ་ནི་ལྷན་ཅིག་སྐྱེས་པའི་ཉོན་མོངས་པ་རང་གི་ངང་གིས་རྒྱུན་དུ་འབྱུང་བའི་ཕྱིར་མི་བརྗེད་པ་ཞེས་བྱའོ་ཞེས་བཤད་དོ། །བསྟན་བཅོས་མདོ་སྡེའི་རྒྱན་ལས་ནི། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཤེས་རབ་གང་ཡིན་པ་དེ་ནི་འོད་ཀྱི་ངོ་བོ་ཉིད་དོ། །ཉོན་མོངས་པ་དང་ཤེས་བྱའི་སྒྲིབ ་པ་གཉིས་ནི་ཤིང་གི་ངོ་བོ་ཉིད་དོ། ས་འདིའི་བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་འོང་བསྐྱེད་ནས་སྒྲིབ་པ་གཉིས་ཀྱི་ཤིང་སྲེག་པར་བྱེད་པས་འོད་འཕྲོ་བ་ཅན་གྱིས་ཞེས་བཤད་དེ། བསྟན་བཅོས་ཐེག་པ་ཆེན་པོ་བསྡུས་པ་ལས་ནི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས ་གྱིས་སྒྲིབ་པ་ཐམས་ཅད་སྲེག་པའི་ཕྱིར་འོད་འཕྲོ་བ་ཅན་ཞེས་བྱའོ་ཞེས་བཤད་དོ། །སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་འགྲེལ་པ་ལས་ནི་ས་འདིར་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཁྱད་པར་དུ་འཕགས་པས་གནས་པས་གནས་འདིའི་དབང་གི་རྩ་བའི་ཉོན་མོངས་པ་དང ་ཉེ་བའི་ཉོན་མོངས་པ་ཐམས་ཅད་བསྲེགས་ནས་ཐལ་བར་བརླགས་པས་ན་ཤེས་རབ་འོད་འཕྲོ་བ་ཅན་གྱིས་ཞེས་བཤད། །སློབ་དཔོན་ངོ་བོ་ཉིད་མེད་ཀྱི་འགྲེལ་པ་ལས་ཀྱང་དོན་གྱིས་དེ་སྐད་དུ་སྟོན་ཏོ། །བསྟན་བཅོས་རྣམ་པར་རིག་པ་ཙམ་དུ་གྲུབ་པ་ལས་ཀྱང ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཁྱད་པར་དུ་འཕགས་པ་གནས་པས་ཉོན་མོངས་པའི་ཤིང་བསྲེགས་ནས་ཤེས་རབ་ཀྱི་འོད་འཕེལ་བར་བྱེད་པའི་ཕྱིར་འོད་འཕྲོ་བ་ཅན་ཞེས་འབྱུང་ངོ། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲེལ་པ་ལས་ནི་འོད་འཕེལ་བར ་བྱེད་པའི་ས་ཞེས་འབྱུང་ངོ། །བསྟན་བཅོས་མདོ་སྡེའི་རྒྱན་ལ་སོགས་པ་ལས་སྒྲིབ་པ་གཉིས་ཀྱི་ཤིང་བསྲེགས་པས་ཤེས་རབ་འོད་འཕྲོ་ཅན་གྱིས་ཞེས་བཤད་པ་དང། སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་འགྲེལ་པ་ལས་རྩ་བའི་ཉོན་མོངས་པ་དང། ཉེ ་བའི་ཉོན་མོངས་པ་ཐམས་ཅད་ཐལ་པར་བརླགས་ནས་ཤེས་བསྟན་པ་འདི་ནི་ཤེས་བྱའི་སྒྲིབ་པ་བསྟན་དུ་སྤངས་ཤིང། ཉོན་མོངས་པ་རྣམ་པར་གནོན་པ་དང། སྤངས་པ་ཐལ་བར་བརླགས་པ་ཞེས་བྱའོ། །གལ་ཏེ་དེ་ལྟ་མ་ཡིན་ན་ནི་བསྟན་བཅོས་ཐེག་པ་ཆེན་པོ ་བསྡུས་པ་ལས། ཆེད་དུ་ཉོན་མོངས་པ་བཞག་བ་དང། ཉོན་མོངས་པ་ཟད་པ་ལ་སོགས་པ་ཞེས་བསྟན་པ་དང་འགལ་བར་འགྱུར་བས་སོ། །བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ད་དག་ཉིད་ཐབས་ཀྱིས་བསྒོམས་པ་ལ་ཤིན་ཏུ་དཀའ་བས་གདོད་དབང་ཐོབ་པས ་དེའི་ཕྱིར་ལྔ་པ་ནི་ཤིན་ཏུ་རྒྱལ་བར་དཀའ་བའི་ས་ཞེས་བྱའོ་ཞེས་བྱ་བ་ནི་ལྔ་བ་ཤིན་ཏུ་རྒྱལ་བར་དཀའ་བའི་ས་བསྟན་པའོ། །འདི་ལྟར་བསྒོམ་པར་དཀའ་བ་ལས་དབང་ཐོབ་པའི་ཕྱིར་ཤིན་ཏུ་རྒྱལ་བར་དཀའ་བ་ཞེས་བྱའོ། །མཚམས་རྣམ་པར་དགྲོལ་བའི་མདོ ་ལས་ཀྱང། མདོ་འདི་ཉིད་ལས་གསུངས་པ་དང་མཐུན་པར་འབྱུང་ངོ། །དགོངས་པ་ཟབ་མོ་རྣམ་པར་དགྲོལ་བའི་མདོ་ལས་ནི། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཐབས་ཀྱིས་བསྒོམས་པ་ཤིན་ཏུ་རྒྱལ་བར་དཀའ་བ་ཞེས་བྱའོ་ཞེས་འབྱུང་ངོ། །འཕགས་པ་མིའི ་རྒྱལ་པོས་ཞུས་པའི་མདོ་ལས་ནི་ཤེས་རབ་མཆོག་ཏུ་གྱུར་པའི་ས་ཞེས་བྱའོ་ཞེས་འབྱུང་སྟེ། དེའི་ཕྱིར་དེ་ཉིད་ཀྱི་ཚིགས་སུ་བཅད་པ་ལས། ཤེས་རབ་མཆོག་གིས་བདན་པ་གསུམ་པོ་གསལ་བར་རྟོགས། །འཕྲུལ་དགའ་ལྷ་ཡི་རྒྱལ་པོས་ཞིང་ནི་འབུམ ་ཕྲག་བརྒྱ་ཞེས་གསུངས་པ་ཡིན་ནོ། །འཕགས་པ་གསེར་འོད་དམ་པའི་མདོ་ལས་ནི་བསྒོམ་པའི་ཐབས་ཀྱི་ཤེས་རབ་མཆོག་ལ་དབང་ཐོབ་པས་ཤིན་ཏུ་རྒྱལ་བར་དཀའ་བའི་ཕྱིར་དང། མཐོང་བ་དང་བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་དག ་གིས་ཟིལ་གྱིས་གནོན་པར་མི་ནུས་པའི་ཕྱིར་ཤིན་ཏུ་རྒྱལ་བར་དཀའ་བའི་ས་ཞེས་བྱའོ་ཞེས་གསུངས་སོ། །འཕགས་པ་ས་བཅུའི་མདོ་ལས་ནིས་འདི་ལ་གནས་པའི་དགེ་བའི་རྩ་བ་ཐམས་ཅད་དང། ཤེས་རབ་དང། ཡེ་ཤེས་དང་སེམས་ཀྱིས་ཤིན་ཏུ་བཏགS ་པ་དང་ལྡན་པའི་ཕྱིར་ཆེས་གསལ་ཞིང་ཡོངས་སུ་དག་པ་དང། ས་འོག་མའི་དགེ་བའི་རྩ་བ་དང་ཐེག་པ་གཉིས་ཀྱི་དགེ་བའི་རྩ་བས་མི་འཕྲོགས་པས་ཤིན་ཏུ་རྒྱལ་བར་དཀའ་བའི་ས་ཞེས་གསུངས་ཏེ། འཕགས་པ་སངས་རྒྱས་ཕལ་པོ་ཆེའི་ནང་ནས་གནས་པ་བཅུ ་བསྟན་པ་དང། ལེགས་པའི་ཚུལ་ཁྲིམས་བསྟན་པའི་མདོ་ལས་ཀྱང་དོན་གྱིས་དེ་སྐད་དུ་སྟོན་ཏོ། །འཕགས་པ་ས་བཅུའི་འགྲེལ་པ་ལས་ནི་འཇིག་རྟེན་ལས་འདས་པའི་ཡེ་ཤེས་དང། ཐབས་མཁས་པ་ཐོབ་པས་ཤིན་ཏུ་རྒྱལ་བར་དཀའ་བ་ལས་དལ་བའི་ཕྱིར་ཤིན་ཏུ་རྒྱལ་བར ་དཀའ་བའི་ས་ཞེས་བྱའོ་ཞེས་བཤད་དོ། །བསྟན་ཆོས་རྣལ་འབྱོར་སྤྱོད་པའི་ས་ལས་ནི། ས་འདིར་བྱང་ཆུབ་སེམས་དཔའ་ཨི་འཕགས་པའི་བདེན་པ་རྣམས་ལ་རྣམ་པར་ངེས་པའི་ཤེས་པའི་མཆོག་སྟོན་པས། ཤིན་ཏུ་རྒྱལ་བར་དཀའ་བས་ཤིན་ཏུ་སྤྱད་དཀའ་བའི་ས་ཞེས་བྱའོ་ཞེས་བཤད ་?་བསྟན་བཅོས་མདོ་སྡེའི་རྒྱན་ལས་ནི། ས་ལྔ་པ་ནི་དཀའ་བ་རྣམ་པ་གཉིས་ཡིན་ཏེ་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་ལ་བརྩོན་པ་ནི་ཉོན་མོངས་བ་མེད་པར་དཀའ་བ་དག་རང་སེམས་ཀྱང་བསྲུང་ཞིང་ཉོན་མོངས་པ་མེད་པར་དཀའ་བ་སྟེ། ས་འདིའི་བྱང་ཆུབ་སེམས་དཔའ་ ་ནི་དཀའ་བ་རྣམ་པ་གཉིས་ལས་ཡང་དག་པར་འདས་ཤིང་ཤིན་ཏུ་དཀའ་བ་ལས་རྒྱལ་བར་གྱུར་པས་ཤིན་ཏུ་རྒྱལ་བར་དཀའ་བའི་ས་ཞེས་བྱའོ་ཞེས་འབྱུང་ངོ། །བསྟན་བཅོས་ཐེག་པ་ཆེན་པོ་བསྡུས་པ་ལས་ནི། ཡང་དག་པའི་བདེན་པ་དང། འཇིག་རྟེན་པའི་ཤེས་པ ་གཉིས་ཕན་ཚུན་མི་མཐུན་པས་དེ་བསྒྲུབ་པར་དཀའ་བའི་ཕྱིར། ཤིན་ཏུ་སྦྱང་དཀའ་ཞེས་བྱའོ་ཞེས་འབྱུང་སྟེ། སློབ་དཔོན་དབྱིག་གཉེན་དང་ངོ་བོ་ཉིད་མེད་ཀྱི་འགྲེལ་པ་ལས་ཀྱང་དོན་དེ་སྐད་དུ་སྟོན་ཏོ། །བསྟན་བཅོས་རྣམ་པར་བཤད་པ་ལས་ནི་ཤིན་ཏུ་རྣམ་པར་དག་པའི ་བདེན་པ་ལ་དམིགས་པའི་ཤེས་བྱ་མདོ་སྡེ་རྣམས་དང། ཤེས་རབ་དམ་པའི་ཕུང་པོ་ཤིན་ཏུ་བསྒྲུབ་པར་དཀའ་བ་འཁོར་བ་དང། ཞི་བ་ལ་མི་གནས་པའི་འཕགས་པའི་ལམ་ཐོབ་པ་གང་ཡིན་པ་དེ་ནི་ཤིན་ཏུ་སྦྱང་དཀའ་བ་ཞེས་བྱའོ་ཞེས་བཤད་དོ། །གནས་པ་བཅུའི ་འགྲེལ་བ་ལས་ནི་ས་ལྔ་མ་པ་ལ་ཡོན་ཏན་གྱི་སྟོབས་རྟས་པས་བདུད་ཐམས་ཅད་ཀྱིས་འཇིགས་པར་མི་ནུས་པའི་ཕྱིར་ཤིན་ཏུ་རྒྱལ་བར་དཀའ་བའི་ས་ཞེས་བྱའོ་ཞེས་བཤད་དོ། །བསྟན་བཅོས་རྣམ་པར་རིག་པ་ཙམ་དུ་གྲུབ་པ་ལས་ནི་དོན་ཐམས་ཅད་བསྟན་བཅོས་ཐེག ་པ་ཆེན་པོ་བསྡུས་པ་ལས་བསྟན་པ་དང་མཐུན་པར་བཤད་དོ། །འདུ་བྱེད་རྣམས་ཀྱི་འཇུག་པ་ལ་སོ་སོར་རྟོག་པ་མངོན་སུམ་དུ་གྱུར་པ་ཉིད་དང། མཚན་མ་མེད་པ་ལན་མང་དུ་བྱེད་པ་མངོན་དུ་གྱུར་པས་དེའི་ཕྱིར་དྲུག་པ་ནི་མངོན་དུ་གྱུར་པའི་ས་ཞེས ་བྱའོ་ཞེས་བྱ་བ་ནི་དྲུག་པ་མངོན་དུ་གྱུར་པའི་ས་རྣམ་པར་བཤད་པའོ། །འདི་ལྟར་ས་འདི་ལ་འདུ་བྱེད་རྣམས་ཀྱི་འཇུག་པ་ལ་སོ་སོར་རྟོགས་པ་མངོན་སུམ་དུ་གྱུར་བ་ཉིད་དང། མཚན་མ་མེད་པ་ལན་མང་དུ་ཡིད་ལ་བྱེད་པའི་དོན་རྣམ་པ་གཉིས་དང་ལྡན་པའི་ཕྱིར་མངོན ་སུམ་དུ་གྱུར་པའི་ས་ཞེས་བྱའོ། །དགོངས་པ་ཟབ་མོ་རྣམ་པར་དགྲོལ་བའི་མདོ་ལས་ཀྱང་མདོ་འདི་ཉིད་ལས་གསུངས་པ་དང་མཐུན་པར་འབྱུང་ངོ། །འཕགས་པ་མིའི་རྒྱལ་པོས་ཞུས་པའི་མདོ་ལས་ནི་ཆོས་མངོན་དུ་གྱུར་པ་ཞེས་བཤད་དེ། དེའི་ཕྱིར་དེ་ཉིད་ཀྱི་ཚིགS ་སུ་བཤད་པ་ལས་ཆོས་མངོན་གྱུར་པའི་སྐྱེས་བུ་དེ་དག་མ་དབང་རྒྱལ་པོ་ཞིང་ནི་འབུམ་ཕྲག་སྣང་ཞེས་གསུངས་སོ། །འཕགས་པ་གསེར་འོད་དམ་པའི་མདོ་ལས་མདོ་འདི་ཉིད་ལས་གསུངས་པ་དང་མཐུན་པར་འབྱུང་ངོ། །འཕགས་པ་ས་བཅུའི་མདོ་ལས་ནི་སྒྲིབ་པ་མེད ་པའི་ཡེ་ཤེས་ཀྱི་སྒོ་མངོན་གསུམ་དུ་གྱུར་པ་ཐོབ་པས་ཤེས་རབ་ཀྱི་སྣང་བ་མངོན་དུ་གྱུར་པ་ཞེས་གསུངས་ཏེ། འཕགས་པ་སངས་རྒྱས་ཕལ་པོ་ཆེའི་ནང་ནས་གནས་པ་བཅུ་བསྟན་པ་དང། ལེགས་པའི་ཚུལ་ཁྲིམས་བསྟན་པའི་མདོ་ལས་ཀྱང་དོན་གྱིས་འཕགས ་པས་བཅུའི་མདོ་ལས་གསུངས་པ་དང་མཐུན་པར་སྟོན་ཏོ། །བསྟན་བཅོས་མདོ་སྡེའི་རྒྱན་ལས་ནི་འཁོར་བ་དང་མྱ་ངན་ལས་འདས་པ་ལ་མི་གནས་པར་བསྒོམ་པའི་ཤེས་རབ་མངོན་སུམ་དུ་གྱུར་པས་མངོན་སུམ་དུ་གྱུར་པའི་ས་ཞེས་བྱའོ་ཞེས་བཤད་དོ། །བསྟན་བཅོས་ཐེག ་པ་ཆེན་པོ་བསྡུས་པའི་འགྲེལ་པ་ལས་ནི་རྟེན་ཅིང་འབྲེལ་བར་འབྱུང་བའི་ཤེས་པའི་གནས་ཡིན་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་མངོན་དུ་བྱེད་པའི་ཕྱིར་རོ་ཞེས་བཤད་དོ། །སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་འགྲེལ་པ་ལས་ནི་འདི་ལྟ་སྟེ། ས་འདི་ལ་རྟེན ་ཅིང་འབྲེལ་བར་འབྱུང་བའི་ཤེས་པ་ལ་གནས་པས་ཤེས་པ་འདིའི་སྟོབས་ཀྱིས་རྣམ་པར་རྟོག་པ་མེད་པར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མཆོག་ལ་གནས་པ་མངོན་དུ་གྱུར་ནས་ཆོས་ཐམས་ཅད་ཀུན་ནས་ཉོན་མོངས་པ་དང། རྣམ་པར་བྱང་བ་མེད་པ་ཉིད་དུ་རྟོགས ་པས་ས་བདུན་པ་ལ་ནི་མངོན་པར་འདུ་བྱེད་པ་དང་བཅས་པ་ཉིད་དུ་འགྱུར་ལ། ས་བརྒྱད་པ་ལ་ནི་མངོན་པར་འདུ་བྱེད་པ་ཉིད་དུ་འགྱུར་རོ་ཞེས་བཤད་དེ། སློབ་དཔོན་ངོ་བོ་ཉིད་མེད་ཀྱི་འགྲེལ་པ་ལས་ཀྱང་དོན་གྱིས་དེ་སྐད་དུ་སྟོན་ཏོ། །གནས་པ་བཅུའི་འགྲེལ་པ ་ལས་ནི་བདུན་གྱི་དངོས་པོ་རྣམས་བཀག་ནས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལམ་གྱི་ཆོས་མངོན་དུ་གྱུར་པས་སོ་ཞེས་བཤད་དོ། །བསྟན་བཅོས་རྣམ་པར་རིགས་པ་ཙམ་དུ་གྲུབ་པ་ལས་ཀྱང་ཐེག་པ་ཆེན་པོ་བསྡུས་པ་ལས་བསྟན་པ་དང་མཐུན་པར་འབྱུང་ངོ། །འཕགS ་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲེལ་པ་ལས་ནི་མངོན་དུ་གྱུར་པའི་ས་ཞེས་འབྱུང་ངོ། །མཚན་མ་མེད་པའི་ཡིད་ལ་བྱེད་པ་བར་ཆད་མེད་ཅིང་རྒྱུན་མི་འཆད་པར་རང་དུ་རྗེས་སུ་ཞུགས་ཤིང་རྣམ་པར་དག་པའི་སང་རྗེས་སུ་འབྲེལ་པས་དེའི་ཕྱིར་བདུན་པ་ནི་རིང་དུ ་སོང་བའི་ས་ཞེས་བྱའོ་ཞེས་བྱ་བ་ནི་བདུན་པ་རིང་དུ་སོང་བའི་ས་རྣམ་པར་བཤད་པའོ། །འདི་ལྟར་ས་འདི་ལ་བར་ཆད་མེད་ཅིང་རྒྱུན་ཆད་པའི་མཚན་མ་མེད་པའི་རྗེས་སུ་ཞུགས་པས་ན་ས་དྲུག་པ་ལྟར་རེ་ཞིག་ཙམ་དུ་མངོན་དུ་གྱུར་པ་མ་ཡིན་པ་དང། གཞན་ཡང ་བརྒྱད་པ་རྣམ་པར་དག་པའི་ས་དང་ཉེ་བར་གྱུར་པས་དོན་རྣམ་པ་གཉིས་པོ་འདི་དང་ལྡན་པའི་ཕྱིར་རིང་དུ་སོང་བའི་ས་ཞེས་བྱའོ། །མཚམས་རྣམ་པར་གྲོང་བའི་མདོ་དང། དགོངས་པ་ཟབ་མོ་རྣམ་པར་དགྲོལ་བའི་མདོ་ལས་ཀྱང་དོན་གྱིས་མདོ་འདི་ཉིད་ལས་གསུངས་པ ་དང་མཐུན་པར་སྟོན་ཏོ། །མིའི་རྒྱལ་པོས་ཞུས་པའི་མདོ་ལས་ནི་རིང་དུ་རྟོགས་པའི་ས་ཞེས་བཤད་དེ། དེའི་ཕྱིར་དེ་ཉིད་ཀྱི་ཚིགས་སུ་བཅད་པ་ལས། རིང་དུ་རྟོགས་པ་མི་སྐྱེ་བསམ་གཏན་དང་པོའི་རྒྱལ། །རྟག་པར་ཞིང་ནི་འབུམ་ཕྲག་དུ་མར་སེམས་ཅན་ ་སྒྲོལ་ཞེས་གསུངས་སོ། །འཕགས་པ་གསེར་འོང་དམ་པའི་དམོ་ལས་ནི་ཟག་པ་མེད་ཅིང་བར་ཆད་མེད་པར་མཚན་མ་མེད་པའི་ཡིད་ལ་བྱེད་བས་རྣམ་པར་ཐར་པ་དང། ཏིང་ངེ་འཛིན་རིང་དུ་བསྒོམ་པའི་ཕྱིར་ས་དེ་རྣམ་པར་དག་ཅིང་སྒྲིབ་པ་མེད་པ ་དང། ཐོགས་པ་མེད་པས་རིང་དུ་སོང་བའི་ས་ཞེས་བྱའོ་ཞེས་གསུངས་སོ། །འཕགས་པ་ས་བཅུའི་མདོ་ལས་ནི་ལུས་དང་དག་དང་ཡིད་ཀྱི་ལས་ཟབ་ཅིང་དབོན་ལ་རྒྱུ་བ་མེད་པ་དང་ལྡན་པ་ཡང་རབ་ཏུ་ཐོབ་པ་ཡིན་ཏེ། ཁྱད་པར་གོང་དུ་བཙལ་བའི་བརྩོན་འགྲུས ་ཀྱང་ཡོངས་སུ་མི་གཏོང་ངོ། །གཞན་ཡང་དེ་བས་ཀྱང་སེམས་ཅན་ལ་ཕན་གདགས་པའི་ཕྱིར་ཆོས་ཀྱི་བཟོད་པ་རྣམ་པར་འགྱུར་བར་རིང་དུ་སོང་བའི་ས་ཞེས་བྱའོ་ཞེས་གསུངས་སོ། །འཕགས་པ་སངས་རྒྱས་ཕལ་པོ་ཆེའི་མདོའི་ནང་ནས་གནས་པ་བཅུ ་བསྟན་པ་དང། ལེགས་པའི་ཚུལ་ཁྲིམས་བསྟན་པའི་མདོ་ལས་ཀྱང་དོན་གྱིས་འཕགས་པས་བཅུའི་མདོ་ལས་གསུངས་པ་དང་མཐུན་པར་སྟོན་ཏོ། །འཕགས་པ་ས་བཅུའི་འགྲེལ་པ་ལས་ནི་མཚན་མ་མེད་པའི་བར་བསྒོམས་པའི་རྩོལ་བ་མཐར་ཕྱིན ་པས་འཇིག་རྟེན་པ་དང་ཐེག་བ་པ་གཉིས་ཀྱི་འཇིག་རྟེན་ལས་འདས་པའི་ལམ་ལས་ཡང་དག་པར་འདས་པའི་ཕྱིར་རིང་དུ་སོང་བའི་ས་ཞེས་བྱའོ་ཞེས་འབྱུང་ངོ། །བསྟན་བཅོས་མདོ་སྡེའི་བརྒྱན་ལས་ནི་བྱང་ཆུབ་སེམས་དཔའ་ནིས་བདུན་པ་ལ་ཐེག་པ་གཅིག ་གི་ལམ་དང་ཉེ་བར་གྱུར་བས་རིང་དུ་སོང་བའི་ས་ཞེས་བྱའོ་ཞེས་བཤད་དོ། །རིང་དུ་སོང་བ་སུ་ཡིན་ཞེ་ན་སྨྲས་པ། རྩོལ་བའི་སྦྱོར་བ་མཐར་ཕྱིན་པ་དེས་རིང་དུ་འགྲོ་པས་ན་རིང་དུ་འགྲོ་བ་དེའི་ཕྱིར་རིང་དུ་སོང་བ་ཞེས་བྱའོ། །བསྟན་བཅོས་ཐེག་པ་ཆེན་པོ ་བསྡུས་པ་ལས་ནི་སྦྱོར་བ་ལས་བྱུང་བའི་སྤྱོད་པའི་མཛའ་ཡིན་པའི་ཕྱིར་རོ་ཞེས་འབྱུང་ངོ། །སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་འགྲེལ་བ་ལས་ནི་འདི་ལྟར་ས་འདི་ལ་སྦྱར་བའི་སྤྱོད་པའི་མཐར་ཕྱིན་ཅིང་མཚན་མ་ཐམས་ཅད་བྲལ་བས་མི་གཡོ་བ ་ཡིན་ཡང། མཚན་མ་མེད་པ་ལ་ད་དུང་རྩོལ་བ་དང་བཅས་པ་ཞེས་བྱའོ། །ཞེས་བཤད་དེ། སློབ་དཔོན་ངོ་བོ་ཉིད་མེད་ཀྱི་འགྲེལ་པ་ལས་ཀྱང་དོན་གྱིས་དེ་སྐད་དུ་སྟོན་ཏོ། །གནས་པ་བཅུའི་འགྲེལ་པ་ལས་ནི་ཁམས་གསུམ་པ་ལས་ཐག་རིང་པོར་གྱུར་ཅིང་ཆོས་ཀྱི ་རྒྱལ་པོའི་གནས་དང་ཉེ་བར་གྱུར་བའི་ཕྱིར། རིང་དུ་སོང་བའི་ས་ཞེས་བྱའོ་ཞེས་བཤད་དོ། །བསྟན་བཅོས་རྣམ་པར་རིགས་པ་ཙམ་དུ་གྲུབ་པ་ལས་ནི་མཚན་མ་མེད་པའི་གནས་པ་མཐར་ཕྱིན་ཅིང། སྦྱོར་བའི་མཐར་ཕྱིན་པ་ཡིན་པས་འཇིག་རྟེན་པ་དང་ཐེག་བ་པ ་གཉིས་ཀྱི་ལམ་ལས་ཡང་དག་པར་འདས་པའི་ཕྱིར་རིང་དུ་སོང་བའི་ས་ཞེས་འབྱུང་ངོ། །མཚན་མ་མེད་པ་ལ་རྩོལ་བ་མེད་པ་ཐོབ་པས་མཚན་མ་རྣམས་ལས་ཀུན་ཏུ་བྱུང་བའི་ཉོན་མོངས་པས་མི་བསྐྱེད་པས་དེའི་ཕྱིར་བརྒྱད་པ་ནི་མི་གཡོ་བའི་ས་ཞེས་བྱའོ་ཞེས་བྱ ་བ་ནི་བརྒྱད་པ་མི་གཡོ་པའི་ས་རྣམ་པར་བཤད་པའོ། །འདི་ལྟར་ས་འདི་ལ་རྩོལ་བའི་ཉོན་མོངས་པ་དག་གིས་མི་བསྐྱོད་པས་ན་མི་གཡོ་པའི་ས་ཞེས་བྱའོ། །བསྟན་བཅོས་ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་ལྱང་གི་ཆེ་བསྒྱུར་པ་ལས། མདོའི་ཚིག་འདི་ལ་དོན་རྣམ་པ ་གསུམ་གྱིས་སྟོན་ཏེ། དེའི་ཕྱིར་འགྲེལ་བ་དེ་ཉིད་ལས་མཚན་མ་དང། ཉོན་མོངས་པ་དང། རྩོལ་བ་དག་གིས་མི་གཡོ་བའི་ཕྱིར་ཏེ། འདི་ལྟར་ས་འདི་ཡུལ་རྣམ་པ་གཉིས་ཡོད་པས་དང་པོ་ནི་དེ་ཁོ་ནའི་ཡུལ་ཏེ། མཚན་མ་མེད་པ་ཞེས་བྱའོ། །བྱང་ཆུབ་སེམས ་དཔའ་ཡུལ་དེ་ལ་གནས་ཤིང་མཚན་མ་རྩོལ་བ་ཐམས་ཅད་ཀྱིས་མི་བསྐྱོད་པས་སོ། །གཉིས་པ་ནི་ཀུན་རྫོབ་ཀྱི་ཡུལ་ཏེ། དེ་ནི་མཚན་མ་ཐམས་ཅད་ཅེས་བྱའོ། །བྱང་ཆུབ་སེམས་དཔའ་ཡུལ་དེ་ལ་གནས་ཀྱང་ཉོན་མོངས་པ་ཐམས་ཅད་ཀྱིས་མི་བསྐྱོད་པའི་ཕྱིར། ་མི་གཡོ་བའི་ས་ཞེས་བྱའོ་ཞེས་འབྱུང་ངོ། །མཚན་མ་རྣམ་པར་གྲོལ་བའི་མདོ་ལས་ཀྱང་མདོ་འདི་ལས་གསུངས་པ་དང་མཐུན་པར་འབྱུང་ངོ། །མིའི་རྒྱལ་པོས་ཞུས་པའི་མདོ་ལས་ནི་མཉམ་པ་ཉིད་དུ་བསྒོམ་ཞེས་བཤད་དེ། དེའི་ཕྱིར་དེ་ཉིད་ཀྱི་ཚིགས་སུ་བཅད་པ ་ལས། མཉམ་བསྒོམ་བྱང་ཆུབ་སེམས་དཔའ་བསམ་གཏན་གཉིས་པའི་རྒྱལ། །གངྒཱའི་ཞིང་ལ་འཇུག་ཅིང་སེམས་ཅན་ཐམས་ཅད་སྒྲོལ་ཞེས་གསུངས་སོ། །འཕགས་པ་གསེར་འོད་དམ་པའི་མདོ་ལས་ནི་མཚན་མ་མེད་པའི་ཡིད་ལ་བྱེད་པ་བསྒོམ་པ་ལ་དབང ་ཐོབ་པས་ཉོན་མོངས་པ་རྣམས་ཀྱི་ཀུན་ཏུ་སྤྱོད་པས་མི་བསྐྱོད་པའི་ས་ཞེས་བྱའོ་ཞེས་གསུངས་སོ། །རྒྱ་ཆེར་རྣམ་པར་འབྱེད་པ་ནི་འཕགས་པས་བཅུའི་མདོ་དང། སངས་རྒྱས་ཕལ་པོ་ཆེ་ལ་སོགས་པ་ལས་བསྟན་པ་བཞིན་དུ་རིག་པར་བྱའོ། །འཕགས་པས་བཅུའི་མདོའི ་འགྲེལ་པ་ལས་ནི་རྣམ་པར་སྨིན་པའི་མདོ་སྤྱོད་པ་ཡོངས་སུ་བྱང་ཞིང་མཚན་མ་མེད་པ་ལ་བར་ཆད་མེད་པས་མི་གཡོ་བ་ཞེས་བའོ་ཞེས་འབྱུང་ངོ། །བསྟན་བཅོས་མདོ་སྡེའི་རྒྱན་ལས་ནི་ས་བརྒྱད་པ་ལ་ནི་མཚན་མ་དང་བཅས་པའི་འདུ་ཤེས་དང། མཚན་མ་མེད་པའི ་རྩོལ་བའི་འདུ་ཤེས་གཉིས་ཀས་མི་བསྐྱོད་པས་དེའི་ཕྱིར་མི་གཡོ་བའི་ས་ཞེས་བྱའོ་ཞེས་འབྱུང་ངོ། །བསྟན་བཅོས་ཐེག་པ་ཆེན་པོ་བསྡུས་པ་ལས་ནི་མཚན་མ་དང་བརྩོལ་བའི་མངོན་པར་འདུ་བྱེད་པ་ཐམས་ཅད་ཀྱིས་མི་གཡོ་བའི་ཕྱིར་རོ་ཞེས་འབྱུང་ངོ། །སློབ་དཔོན ་དབྱིག་གཉེན་གྱིས་མཛད་བའི་འགྲེལ་པ་ལས་ནི་ས་འདིར་མཚན་མ་ཇི་སྙེད་ཡོད་པ་རྣམས་དང། མངོན་པར་འདུ་བྱེད་པ་ཐམས་ཅད་ཀྱིས་མི་གཡོས་ཤིང་རྣམ་པར་མི་རྟོག་པའི་ཡེ་ཤེས་རང་གི་དང་གིས་འཇུག་པས་སོ་ཞེས་བཤད་དོ། །སློབ་དཔོན་ངོ་བོ་ཉིད་མེད ་ཀྱི་འགྲེལ་པ་ལས་ནི་འདི་ལྟར་མཚོན?་མ?་ཐམས་ཅད་དང་མངོན་པར་འདུ་བྱེད་པ་ཐམས་ཅད་ཀྱིས་དེའི་སེམས་གཡོ་བར་མི་ནུས་པའི་ཕྱིར་དང། ས་བདུན་པ་ལ་མཚན་མ་ཐམས་ཅད་ཀྱིས་མི་གཡོ་ཞིང་ཀུན་ཏུ་མི་འབྱུང་མོད་ཀྱི། འོན་ཀྱང་རང་གི་དང་གིས་འཇུག ་པ་ལ་དབང་མ་ཐོབ་ཅིང་སྦྱོར་བ་དང་བཅས་པའི་ཕྱིར་དང། ས་བརྒྱད་པ་ལ་ནི་རང་གི་དང་གིས་འཇུག་ཅིང་སྦྱོར་བའི་རྩོལ་པ་མེད་པའི་ཕྱིར་ཏེ། འདི་ནི་ས་བདུན་པ་དང་བརྒྱད་པའི་བྱེ་བྲོག?་ཞེས་འབྱུང་ངོ། །བསྟན་བཅོས་ཐེག་པ་ཆེན་པོ་བསྡུས་པའི་འབྲེལ ་པ་ལྱང་གི་ཆེའི་སྦྱར་བ་ལས་ནི་རྣམ་གྲངས་སོ་གཉིས་ཀྱིས་སྟོན་ཏེ། དང་པོ་ནི་མདོ་འདི་ཉིད་ལས་གསུངས་པ་དང་མཐུན་ནོ། །གཉིས་པ་ནི་ཐེག་པ་ཆེན་པོ་བཅུས?་པའི་འགྲེལ་པ། སློབ་དཔོན་ངོ་བོ་ཉིད་མེད་ཀྱིས་མཛད་པ་ལས་བསྟན་པ་དང་མཐུན་ནོ། །གནས་པ་བཅུའི ་འགྲེལ་པ་ལས་ནི་ལྷ་དང་བདུད་དང་ཚོངས་དང་དགེ་སྤྱོད་དང། བྲས་ཟེ་གང་གིས་ཀྱང་དེའི་ཡིད་མ་ལས་བསྐྱོད་བར་མི་ནུས་པའི་ཕྱིར། མི་གཡོ་བའི་ས་ཞེས་བྱའོ་ཞེས་འབྱུང་ངོ། །བསྟན་བཅོས་རྣམ་པར་རིག་པ་ཙམ་དུ་གྲུབ་པ་ལས་ནི་རྣམ་པར་མི་རྟོག་པའི་ཡེ ་ཤེས་རང་?་དང་གིས་རྒྱུན་མི་འཆང་ཅིང་མཚན་མའི་རྩོལ་བའི་ཉོན་མོངས་པས་མི་བསྐྱོད་པའི་ཕྱིར་རོ་ཞེས་འབྱུང་ངོ། །རྣམ་པ་ཐམས་ཅད་དུ་ཆོས་སྟོན་པའི་དབང་ལ་ཁ་ན་མ་ཐོབ་མེད་པའི་བློ་གྲོས་ཤིན་ཏུ་ཡངས་ཤིང་རྒྱ་ཆེ་བ་ཐོབ་པས་དེའི་ཕྱིར་དགུ་པ་ནི་ལེགས ་པའི་བློ་གྲོས་ཀྱིས་ཞེས་བྱའོ་ཞེས་བྱ་བ་ནི་དགུ་པ་ལེགས་པའི་བློ་གྲོས་ཀྱི་ས་རྣམ་པར་བཤད་པའོ། །ཁ་ན་མ་ཐོ་བ་ཞེས་བྱ་པ་ནི་ཉེས་པ་དང་ཐོགས་པ་དང་རྨོངས་པ་ལ་བྱའོ། །འདི་ལྟར་ས་འདི་ཡི་རྣམ་པ་ཐམས་ཅད་དུ་ཆོས་སྣ་ཚོགས་སྟོན་པ་ལ་དབང་ཐོབ་པས་ཐོགས ་པ་མེད་ཅིང་ཡངས་ཤིང་རྒྱ་ཆེ་བའི་བློ་གྲོས་ཐོབ་པ་དེ་ཡང་ཤིན་དུ་དགེ་བའི་ཕྱིར་ལེགས་པའི་བློ་གྲོས་ཞེས་པའོ། །མཚམས་རྣམ་པར་གྲོལ་བའི་མདོ་དང། །དགོངས་པ་ཟབ་མ་རྣམ་པར་དགྲོལ་བའི་མདོ་ལས་ཀྱང། མདོ་འདི་ཉིད་ལས་གསུངས་པ་དང་མཐུན་པར ་འབྱུང་ངོ། །འཕགས་པ་མིའི་རྒྱལ་པོས་ཞུས་པའི་མདོ་ལས་ནི་ཤེས་རབ་སྣང་བ་ངང་བཅས་པ་ཞེས་བཤད་དོ། དེའི་ཕྱིར་དེ་ཉིད་ཀྱི་ཚིགས་སུ་བཅད་པ་ལས། ཤེས་རབ་སྣང་བྱེད་སྐྱེས་བུ་བསམ་གཏན་གསུམ་པའི་རྒྱལ། །གང་དག་སྟོང་ཕྲག་ཞིང་རྣམས་སུམ?་ཅིག་ཅར་སྣང་ཞེས ་གསུངས་སོ། །འཕགས་པ་གསེར་འོད་དམ་པའི་མདོ་ལས་ནི། ཡང་དག་པ་ཇི་ལྟ་བ་བཞིན་དུ་སེམས་ཅན་གྱི་ཕུང་པོ་གསུམ་རབ་ཏུ་ཤེས་ཤིང་ཡེ་ཤེས་དེའི་རྗེས་སུ་འབྲང་བས་ལེགས?་པའི་བློ་གྲོས་ཞེས་བཤད་དེ། འཕགས་པ་སངས་རྒྱ་ས་ཕ་ལ་པོ་ཆེའི་མདོ་ལས་ཀྱང་དེ ་སྐད་དུ་སྟོན་ཏོ། །འཕགས་པས་བཅུའི་འགྲེལ་པ་ལས་ནི་སོ་སོ་ཡང་དག་པར་རིག་པའི་སྟོབས་ཀྱིས་ཆོས་བསྟན་པ་ཡོངས་སུ་གྲུབ་ནས་གཞན་ལ་ཕན་འདོགས་པའི་ཕྱིར་རོ་ཞེས་བཤད་དོ། །བསྟན་བཅོས་མདོ་སྡེའི་རྒྱན་ལས་ནི་ས་དགུ་པ་ལ་ནི་སོ་སོ་ཡང ་དག་པར་རིག་པ་བཞིའི་ཤེས་རབ་ཁྱད་པར་དུ་འཕགས་པས་སྐད་ཅིག་མ་གཅིག་ལ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་ལྷ་དང་མི་ལ་སོགས་པ་རྣམ་པ་ཐ་དད་པས་སྐད་ཐ་དད་པ་དག་གིས་དོན་ཐ་དང་པ་དག་བྱང་ཆུབ་སེམས་དཔའ་དེ་ལ་དྲིས་པས་ན་སྒྲ ་སྐད་ཅིག་གིས་དྲིས་པ་མང་པོ་ལ་ལན་ཅིག་ཅར་འདེབས་ཤིང་མང་པོའི་ཐེ་ཙོམ་རྣམས་གཅོད་པས་དེས་ན་ལེགས་པའི་བློ་གྲོས་ཀྱིས་ཞེས་བྱའོ་ཞེས་བཤད་དོ། །བསྟན་བཅོས་ཐེག་པ་ཆེན་པོ་བསྡུས་པ་ལས་ནི་སོ་སོ་ཡང་དག་པར་རིག་པའི་ཤེས་པ་ཁྱད་པར་དུ ་འཕགས་པ་ཐོབ་པའི་ཕྱིར་རོ་ཞེས་འབྱུང་ངོ། །སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་འགྲེལ་པ་ལས་ནི་ས་འདིའི་སོ་སོ་ཡང་དག་པར་རིག་པའི་ཤེས་པ་གང་ཡིན་པ་དེ་ལ་བློ་གྲོས་ཞེས་བྱ་སྟེ། བློ་གྲོས་ཤིན་ཏུ་དགེ་བའི་ཕྱིར་ལེགས་པའི་བློ་གྲོས་ཞེས ་བྱའོ་ཞེས་འབྱུང་ངོ། །སློབ་དཔོན་ངོ་བོ་ཉིད་མེད་ཀྱི་འགྲེལ་པ་ལས་ནི་འདི་ལྟར་སོ་སོ་ཡང་དག་པར་རིག་པ་བཞིའི་ཤེས་པ་ཁྱད་པར་དུ་འཕགས་པ་ཐོབ་པས་སོ་སོ་ཡང་དག་པར་རིག་པ་རྣམས་ཀྱི་ནང་ནས་མཆོག་ཏུ་གྱུར་ཅིང། ཤེས་པ་ཉིད་བློ་གྲོས་ཡིན་པའི ་ཕྱིར་ལེགས་བའི་བློ་གྲོས་ཞེས་བྱའོ། །དེ་ལ་སོ་སོ་ཡང་དག་པར་རིག་པ་བཞི་ནི་སྤོབས་པ་སོ་སོ། ཡང་དག་པར་རིག་པ་ལ་སོགས་པའོ། །དེ་ལ་ཆོས་སོ་སོ་ཡང་དག་པར་རིག་པ་ལ་དབང་ཐོབ་པས་ནི་མིང་དང་ཚིག?་ཐམས་ཅད་ཁོང་དུ་ཆུང་བར་འགྱུར ་རོ་།དོན་སོ་སོ་ཡང་དག་པར་རིག་པ་ལ་དབང་ཐོབ་པས་ནི། དོན་ཐམས་ཅད་ཀྱི་ཚུལ་རབ་ཏུ་རྟོགས་པར་འགྱུར་རོ། །ངེས་པའི་ཚིགས་སོ་སོ་ཡང་དག་པར་རིག་པ་ལ་དབང་ཐོབ་པས་ནི་གྲ་སྐད?་ཐམས་ཅད་རྣམ་པར་འབྱེད་པ་ལ་མཁས་པར་འགྱུར ་རོ། །སྤོབས་པ་སོ་སོ་ཡང་དག་པར་རིག་པས་ནི་ཕྱོགས་བཅུ་ཐམས་ཅད་དུ་དབང་ཐོབ་པའི་སྤོབས་པས་སྟོན་པར་བྱེད་དོ། །ས་འདི་ལ་སྔོན་མ་ཐོབ་པའི་སོ་སོ་ཡང་དག་པར་རིག་པ་ཐོག་མར་ཐོབ་པའི་ཕྱིར་ལེགས་པའི་བློ་གྲོས་ཞེས་བྱའོ་ཞེས་འབྱུང་ངོ། །འཕགས་པ ་གནས་བཅུའི་འགྲེལ་པ་ལས་ནི་ཤས་རབ་དེ་གོང་ནས་གོང་དུ་ཆེར་གསལ་ཞིང་ཤིན་ཏུ་དུལ་བ་ཉིད་དུ་གྱུར་བས་ལེགས་པའི་བློ་གྲོས་ཞེས་བྱའོ་ཞེས་བཤད་དོ། །བསྟན་བཅོས་རྣམ་པར་རིག་པ་ཙམ་དུ་གྲུབ་པ་ལས་ནི་ཤིན་ཏུ་གྱ་ནོམ་པའི་སོ་སོ་ཡང་དག་བར ་རིག་པ་བཞིན་ཡོངས་སུ་གྲུབ་པས་ཕྱོགས་བཅུ་ཀུན་ཏུ་ལེགས་བར་ཆོས་སྟོན་པའི་ཕྱིར་རོ་ཞེས་འབྱུང་ངོ། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲེལ་པ་ལས་ནི་མཚན་ཉིད་ལ་མཁས་པའི་ཤེས་པ་ཞེས་འབྱུང་ངོ། །གནས་ངན་ལེན་གྱི་ལུས་ནམ་མཁའ་ ་ལྟ་བུ་ལ་ཆོས་ཀྱི་སྐུ་ཡོངས་སུ་རྫོགས་པ་སྤྲིན་ཆན་པོ་ལྟ་བུས་ཁྱབ་ཅིང་ཁོབས་བས་དེའི་ཕྱིར་བཅུ་པ་ནི་ཆོས་ཀྱི་སྤྲིན་གྱིས་ཞེས་བྱའོ་ཞེས་བྱ་བ་ནི་བཅུ་པ་ཆོས་ཀྱི་སྤྲིན་རྣམ་པར་བཤད་དོ། །འདི་ལྟར་བདག་དང་ཆོས་སུ་འཛིན་པས་ཡོངས་སུ་བསྒོམས་པའི་ས་བོན ་གང་ཡིན་པ་དེ་ནི་ལས་སུ་མི་རུང་བའི་ཕྱིར་གནས་ངན་ལེན་ཅེས་བྱའོ། །སྟོང་པ་ཉིད་རྣམ་པ་གཉིས་དང། བདག་མེད་པའི་དོན་ལ་སྒྲིབ་པའི་ཕྱིར་མདོ་ལས་ནམ་མཁའ་ལྟ་བུའོ་ཞེས་གསུངས་སོ། །ས་བཅུ་པོ་དེ་ལ་ཆོས་ཀྱི་དབྱིངས་རྣམ་པ་བཅུའི་ཆོས་ཀྱིས ་སྐུ་ཡོངས་སུ་རྫོགས་པ་ནི་སྒྲན?་ཆེན་པོ་དང་མཚུངས་ཏེ། ཆོས་ཀྱི་དབྱིངས་མངོན་དུ་གྱུར་པ་ནི་ཆོས་ཀྱི་སྐུ་ཡོངས་སུ་རྫོགས་པ་དང། བསྒོམ་པ་ལས་བྱུང་བའི་ཆོས་ཀྱི་སྐུ་གནས་ངན་ལན་ནམ་མཁའ་ལྟ་བུ་ལ་ཁེབས་པའི་ཕྱིར་ཆོས་ཀྱི་སྤྲིན་ཞེས ་བྱའོ། །མཚམས་རྣམ་པར་གྲོལ་བའི་མོང་ལས་ནི་ནམ་མཁའ་ལྟ་བུའི་ཉེས་པ་དག་ལ་ནི་སྤྲིན་ཆེན་པོ་ལྟ་བུའི་ཆོས་ཀྱི་སྐུས་ཀུན་ཏུ་ཁྱབ་པས་ཞེས་འབྱུང་ངོ། །དགོངས་པ་ཟབ་མོ་རྣམ་པར་དགྲོལ་བའི་མདོ་ལས་ནི་སེམས་ཅན་ཉོན་མོངས་པའི ་ཉེས་པ་ལས་བྱུང་བའི་ལུས་གང་ཡིན་པ་དེ་ནི་ནམ་མཁའ་དང་མཚུངས་ལ། དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་ནི་སྤྲིན་ཆེན་པོ་ལྟར་སེམས་ཅན་གྱི་ཁམས་ལ་ཁྱབ་ཅིང་ཆོས་སྟོན་པར་སྣང་ངོ་ཞེས་གསུངས་སོ། །འཕགས་པ ་མིའི་རྒྱལ་པོས་ཞུས་པའི་མདོ་ལས་ནི་དབང་བསྐུར་བའི་ས་ཞེས་བཤད་དོ། །དེའི་ཕྱི་རང་ཉིད་ཀྱི་ཚིགས་སུ་བཤད་པ་ལས། དབང་བསྐུར་བྱང་ཆུབ་སེམས་དཔའ་བསམ་གཏན་བཞི་པའི་རྒྱལ། །ཞིང་ནི་གངྒཱའི་འབུམ་ཕྲག་དག་ཏུ་སེམས་ཅན་མང ་པོ་སྤྲོལ་ཞེས་གསུངས་པ་ཡིན་ནོ། །འཕགས་པ་གསེར་འོད་དམ་པའི་མདོ་ལས་ནི་ཆོས་ཀྱི་སྐུ་ནམ་མཁའ་ལྟ་བུ་དང། ཤེས་རབ་སྤྲིན་ཆེན་པོ་ལྟ་བུས་ཐམས་ཅད་ཀུན་ལ་ཁེབས་ཤིང་ཁྱབས་པའི་ཕྱིར་རོ་ཞེས་གསུངས་པ་སྟེ་།སློབ་དཔོན་ཡང་དག་བ་ངན ་པའི་བརྡེར་བྱ་བ་ལས། ནམ་མཁའ་ལྟ་བུ་ཞེས་བྱ་བ་ནི་དེ་བཞིན་ཉིད་རྣམ་པ་གསུམ་གྱི་དཔེར་བསྟན་པའོ། །འདི་ལྟར་ནམ་མཁའ་ཡང་དོན་རྣམ་པ་གསུམ་དང་ལྡན་ཏེ། དང་པོ་ཀུན་རྫོབ་གང་ཡིན་པ་དེ་ནི་ངོ་བོ་ཉིད་ཀྱི་ཆོས་ཀྱི་སྐུའི་དཔེར་བསྟན། ཏེ། འཁོར ་བ་མི་སྒྲིབ་པའི་ཕྱིར་རོ། །གཉིས་པ་མཛའ་མེད་པ་རབ་ཏུ་གསལ་པའི་ཆོས་ཀྱི་སྐུའི་དཔེར་བསྟན་ཏེ། རབ་ཏུ་གསལ་བར་འགྱུར་མོད་ཀྱི་འོན་ཀྱང་མཐར་ཕྱིན་པ་མ་ཡིན་པས་ནམ་མཁའ་ལྟར་ཡོངས་སུ་དག་པའི་གནས་ཀྱང་ཡོད། རྡུལ་དང་ཁུག་རྣ ་ལ་སོགས་ལ་དང་བཅས་པའི་གནས་ཀྱང་ཡོད་དེ། དཔེར་ན་ལམ་ལ་ཡོད་པའི་ཆོས་ཀྱི་སྐུ་ལྟ་བཱུམ། ཡང་ན་དབུ་མའི་ལམ་ཤེས་པ་ལྟ་བུའོ། །གསུམ་པ་ནི་ཡོངས་སུ་དག་ཅིང་རྡུལ་དང་ཁུག་རྣ་མེད་པ་ནི་འཕགས་པའི་འབྲས་བུ་ཆོས་ཀྱི་སྐུའི་ཡེ ་ཤེས་ཀྱི་དཔེར་བསྟན་པའོ། །དེ་ལ་སྤྲིན་ཆེན་པོ་ལྟ་བུ་ཞེས་བྱ་བ་ནི་དེ་བཞིན་ཉིད་དང་ཡེ་ཤེས་ཀྱི་དཔེར་བསྟན་པའོ། །འདི་ཡང་རྣམ་པ་གསུམ་སྟེ། ལམ་གྱི་མདུན་རོལ་དུ་ངོ་བོ་ཉིད་ཀྱིས་ཐོབ་པ་དང། ལམ་དུ་ཞུགས་ཏེ་བསྒོམས་ནས་ཐོབ་པ་དང། ་ལས་ཀྱི་འོག་ཏུ་མཐར་ཕྱིན་པའི་གནས་ཐོབ་པའོ། །ཀུན་ལ་ཞེས་བྱ་བ་ནི་ངོ་བོ་ཉིད་ཀྱིས་ཐོབ་པའི་དེ་བཞིན་ཉིད་དང། ཡེ་ཤེས་དེ་བཞིན་ཉིད་ཀྱི་དོན་ཀུན་ལ་ཁྱབ་པར་གྱུར་པའོ། །ཁེབས་ཤིང་ཞེས་བྱ་བ་ནི་བསྒོམས་ནས་ཐོབ་པའི་དེ་བཞིན་ཉིད་དོ། །ཁྱབ་པ་ཞེས་བྱ་བ་ནི་མཐར ་ཕྱིན་ནས་ཐོབ་པའི་དེ་བཞིན་ཉིད་དང་ཡེ་ཤེས་ཏེ། དེ་བཞིན་ཉིད་ཀྱི་དོན་ལ་ཁྱབ་པར་གྱུར་པས་ཡུལ་དང་ཤེས་པ་གཉིས་ཕན་ཚུན་ཁྱབ་ཅིང་འཚམས་པར་གྱུར་བའོ། །དེ་ལ་སྤྲིན་ཞེས་བྱ་བ་ནི་ཆར་བ་ཉིད་ཡིན་པས་ཆར་པ་ཡང་དོན་རྣམ་པ་གསུམ་དང་ལྡན་ཏེ། དང ་པོ་ནི་རྡུལ་མི་ལྡང་བར་བྱེད་པ་དེ་བཞིན་དུ་ལམ་གྱི་མདུན་རོལ་གྱི་ངོ་བོ་ཉིད་ཀྱི་ཤེས་པ་ཡང་རྣམ་པར་དག་ཅིང་ཀུན་ནས་ཉོན་མོངས་པ་མེད་པའི་དོན་དང་ལྡན་པས་སོ། །གཉིས་པ་ནི་དྲི་མ་འཁྲུ་བར་བྱེད་པ་དེ་བཞིན་དུ་ལམ་དུ་ཞུགས་པ་ཡང་ཉོན་མོངས་པ་སྤོང་ཞིང་ཉེས ་པ་སྤོང་པའི་དོན་དང་ལྡན་པས་སོ། །གསུམ་པ་ནི་མྱུ་གུ་སྐྱེད་པར་བྱེད་པ་དེ་བཞིན་དུ་ལམ་གྱི་འོག་ཏུ་ཡང་མྱུ་གུ་སྐྱེད་པར་བྱང་པས་སོ། །གཞན་ཡང་ཆོས་ཀྱི་སྐུ་ནི་ནམ་མཁའ་ལྟ་བུའོ། །ཡོངས་སྦྱོང་རྫོགས་པའི་སྐུ་ནི་སྨན?་ལྟ་བུའོ་ཞེས་འབྱུང་ངོ། །འཕགས་པ་ས་བཅུའི་མདོ ་ལས་ནི་དཔེར་ན་རྒྱ་མཚོའི་ཀླུའི་རྒྱལ་པོ་ནི་སྤྲིན་ལས་རྣམ་པར་སྐྱེ་བའི་ཆུའི་ཕུང་པོ་ཆེན་པོ་ནི་རྒྱ་མཚོ་ཆེན་པོ་མ་གཏོགས་པ་སའི་ཕྱོགས་གཞན་གྱིས་བཟོད་པ་འམ། བདག་གིར་བྱ་བའི་བླ་མ་འམ་གཟུང་བར་མི་ནུས་སོ། །ཀྱེ་རྒྱལ་བའི་སྲས་དག་དེ་བཞིན་དུ་དེ་བཞིན ་གཤེགས་པ་ཐམས་ཅད་ཀྱི་དེ་བཞིན་གཤེགས་པའི་གསང་བ་ལ་འཇུག་པ་དང། ཆོས་ཀྱི་སྣང་བ་ཆེན་པོ་དང་ཆོས་ཀྱི་འོང་ཆེན་པོ་དང། ཆོས་ཀྱི་སྤྲིན་ཆེན་པོ་དེ་དག་ནི་སེམས་ཅན་ཐམས་ཅད་དང། ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་དང་ས་དང་པོ་ཉེ ་བར་?་བ་ཡན་ཆད་ས་དགུའི་བར་ལ་གནས་པའི་བྱང་ཆུབ་སེམས་དཔའ་དག་གིས་ཀྱང་བཟོད་པའམ། བླ་མའམ། ཡང་དག་པར་གཟུང་བ་འམ། བདག་གིར་བྱ་བ་མ་ཡིན་པའི་ཕྱིར་ཆོས་ཀྱི་སྤྲིན་གྱིས་ཞེས་བྱའོ། །ཀྱེ?་རྒྱལ་བའི་སྲས་གཞན་ཡང་བྱང ་ཆུབ་སེམས་པའི་ས་ཆོས་ཀྱི་སྨིན་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་རང་གི་སྨོན་ལམ་གྱི་སྟོབས་དང་ཤུགས་ཀྱིས་སྙིང་བརྩེ་བ་དང། སྙིང་རྗེ་ཆེན་པོའི་སྤྲིན་ཆོས་ཀྱི་སྣང་བ་ཆེན་པོ་རབ་ཏུ་སྒྲོགས་པ་འབྲུག་སྒྲ་ཤིན་ཏུ་སྒྲོག་པ ་མངོན་པར་ཤེས་པ་དང། རིག་པ་དང། མི་འཇིག་པའི་གློག་རྣམ་པར་འགྱུ་བ། འོད་ཟེར་ཆེན་པོའི་རླུང་གིས་ཤིན་ཏུ་བསྐྱོད་བ། བསོད་ནམས་དང་ཡེ་ཤེས་ཀྱི་སྤྲིན་གྱི་ད་བསྟག?་པོས་ཀུན་ནས་ཁེབས་པ། །ལུས་སྣ་ཚོགས་ཀྱི་གླེག་ཡང་དག་པར ་སྟོན་པ། ཆོས་ཀྱི་སྤྲིན་ཆེན་པོ་རབ་ཏུ་སྒྲོལ་བ་།བདུད་ཀྱི་འཁོར་ཐམས་ཅད་ཤིན་ཏུ་ཚར་གཅོད་པ། སྐད་ཅིག་ཡུད་ཙམ་ཐབ་དག?་ཏུ་ཕྱོགས་བཅུའི་འཇིག་རྟེན་སྔ་མ་དེ་དག་རྡུལ་ཤིན་ཏུ་ཕྲ་བ་ཇི་སྙེད་པ་དེ་སྙེད་ཀྱི་འཇིག་རྟེན ་གྱི་ཁམས་ཀྱང་དགེ་བའི་རྩ་བ་བདུད་རྩིའི་རྒྱུན་གྱི་ཆར་ཆེན་པོ་བསམ་པ་ཇི་ལྟ་བ་བཞིན་དུ་སེམས་ཅན་རྣམས་མི་ཤེས་པ་ལས་ལངས་པའི་ཉོན་མོངས་པའི་རྡུལ་གྱི་མེ་ལྕེ་ཐམས་ཅད་རབ་ཏུ་ཞི་བར་བྱད་པ་དང། གཞན་ཡང་མཚན་ཉིད ་རྣམ་པ་བརྒྱད་ཀྱིས་མངོན་པར་རྫོགས་པར་འཚང་རྒྱ་བར་སྟོན་ཅིང་སེམས་ཅན་རྣམས་ཡོངས་སུ་སྒྲོལ་པའི་ཕྱིར་ཆོས་ཀྱི་སྤྲིན་ཞེས་གསུངས་ཏེ། ཞིབ་ཏུ་དེ་ཉིད་ལས་བསྟན་པ་བཞིན་དུ་རིག་པར་བྱའོ། །བསྟན་བཅོས་མདོ་སྡེའི ་རྒྱན་ལམ་ནི་ས་བཅུ་པ་ལ་ནི་ཏིང་ངེ་འཛིན་ནས་གཟུངས་ཀྱི་སྒོ་ཐོས་པས་ཡོངས་སུ་བསྒོས་པའི་རྒྱུ་ཐམས་ཅད་ཀུན་གཞི་རྣམ་པར་ཤེས་པ་ལ་ཁེབས་ཤིང་ཁྱད་པར་བསྡུས་པས་ཇི་ལྟར་སྤྲིན་ནམ་མཁའ་ཀུན་ཏུ་ཁེབས་ཤིང་གང ་བ་ལྟ་བུར་ཐོས་པས་ཡོངས་སུ་བསྒོས་པའི་སྤྲིན་གྱིས་སྐད་ཅིག་མ་གཅིག་ལས་མཚན་རེ་རེ་དང། སྐུའི། བུང་བུ་རེ་རེ་ནས་ཆོས་ཀྱི་ཆར་ཚད་མེད་དཔག་ཏུ་མེད་པ་དག་འབེབས་ཤིང་འདུལ་བར་འོས་པའི་སེམས་ཅན་རྣམས ་ཚིན་པར་བྱེད་པ་སྤྲིན་གྱི་ཆོས་དང་མཚུངས་པའི་ཕྱིར་ཆོས་ཀྱི་སྤྲིན་གྱི་ས་ཞེས་བྱའོ་ཞེས་བཤད་དོ། །ཆོས་ཀྱི་སྐུ་ཡོངས་སུ་རྫོགས་པར་བྱེད་པའི་ཕྱིར་རོ་ཞེས་འབྱུང་ངོ། །སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་འགྲེལ་པ་ལས་ནི་ས ་འདི་ལ་འདྲེས་པའི་ཆོས་ཐམས་ཅད་ལ་དམིགས་པའི་ཤེས་པ་ནི་སྤྲིན་ཆེན་པོ་ལྟ་བུའོ། །གཟུངས་ཀྱི་སྒོ་དང། ཏིང་ངེ་འཛིན་གྱི་སྒོ་ནི་ཡོངས་སུ་དང་བ་དག་ལྟ་བུ་ཤེས་པ་འདིས་ཡོངས་སུ་སྐྱེད་པར་བྱེད་དེ། དཔེར་ན་སྤྲིན་གྱིས་ཆུ་ཡོངས ་སུ་སྦེད་པ་ཇི་ལྟ་བ་བཞིན་ནོ། །གཞན་ཡང་དཔེར་ན་སྤྲིན་ཆེན་པོས་ནམ་མཁའ་ཁེབས་པར་བྱེད་པ་དེ་བཞིན་དུ་འདྲེས་པའི་ཆོས་ཐམས་ཅད་ལ་དམིགས་པའི་ཤེས་པས་ཀྱང་རྒྱ་ཆེ་བའི་སྒྲིབ་པ་རྣམས་འགེབས་ཤིང་ཉེ་བར་ཞི་བར་བྱེད་དོ།། ་ཆོས་ཀྱི་སྐུ་ཡོངས་སུ་རྫོགས་པར་བྱེད་ཅེས་བྱ་བ་ནི་ཇི་ལྟར་སྤྲིན་ཆེན་པོ་འཁྲིགས་ནས་ནམ་མཁའ་ཀུན་ཏུ་ཁྱབ་པར་བྱེད་པ་དེ་བཞིན་དུ་ཤེས་པ་འདིས་ཀྱང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གནས་སུ་གྱུར་པའི་ཆོས་ཀྱི་སྐུ་ཡོངས་སུ་རྫོགས ་པར་བྱེད་ཅིང་ཀུན་ཏུ་ཁྱབ་པར་བྱེད་དོ། །འདིས་ཡོངས་སུ་རྫོགས་བ་ཞེས་བྱ་བ་ནི་ཀུན་ཏུ་ཁྱབ་པ་ལ་བྱ་བར་དགོངས་སོ་ཞེས་འབྱུང་ངོ། །སློབ་དཔོན་ངོ་བོ་ཉིད་མེད་ཀྱི་འགྲེལ་པ་ལས་ནི་འདྲེས་པ་ལ་དམིགས་པ་ཡིན་པས་འབྲེས ་པ་ལ་དམིགས་པ་ཡང་མ་ཡིན་ལ། ཆོས་ཐམས་ཅད་ཤེས་པ་ཡང་མ་ཡིན་པས་འདྲེས་པ་ལ་དམིགས་པས་ཆོས་ཐམས་ཅད་ཤེས་པ་སྟེ། དེ་ཉིད་ལས་གཞན་ན་ཡིན་པས་མདོའི་སྡེ་ལ་སོགས་པ་ཆོས་ཐམས་ཅད་བསྡུས་པ ་ལ་དམིགས་ཏེ། ཆོས་ཐམས་ཅད་ཀྱི་སྤྱིའི་མཚན་ཉིད་ཀྱི་ཡུལ་ཤེས་པ་དེ་ནི་སྤྲིན་ལྟ་བུའོ། །ཏིང་ངེ་འཛིན་དང་གཟུངས་ཀྱི་སྒོ་རྣམས་ནི་ཆུ་གཙང་མ་ལྟ་བུའོ། །ཡེ་ཤེས་ཀྱིས་དེ་སྒེད་པར་ནུས་པས་དཔེར་ན་སྤྲིན་གྱིས་ཆུ ་སྤེང་པར་བྱེད་པ་བཞིན་ནོ། །དེའི་ནུས་པ་ཁྱད་པར་ཅན་སྐྱེད་བར་བྱེད་པའི་ཕྱིར་རོ། །གཞན་ཡང་ཇི་ལྟར་སྤྲིན་གྱིས་ནམ་མཁའ་ལ་སྒྲིབ་པར་བྱེད་ཁེབས་པར་བྱེད་པ་དེ་བཞིན་དུ་ཆོས་ཐམས་ཅད་བསྡུས ་པ་ལ་དམིགས་པའི་ཤེས་པ་ངེས་ཀྱང་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་ཆེན་པོ་ནམ་མཁའ་ལྟ་བུ་རྒྱ་ཆེ་ཞིང་མུ་མེད་པ་ལ་སྒྲིབ་པར་བྱེད་ཁེབས་པར་བྱེད་དེ། །དེ་ལ་སྒྲིབ་པར་བྱེད་ཁེབས་པར་བྱེད་ཉེས་བྱ་བ་ནི་གཅོད་པ་དང་སྤོང་བར ་བྱེད་ཅེས་བྱ་བའི་ཐ་ཚིག་གོ་།གཞན་ཡང་ཇི་ལྟར་སྤྲིན་གྱིས་ནམ་མཁའ་ལ་ཆུས་ཀུན་ཏུ་འགེངས་པ་དེ་བཞིན་དུ་ཡེ་ཤེས་ངེས་ཀྱང་ཡོན་ཏན་གྱིས་ཚོགས་ཀྱི་འབྱུང་གནས་ཆོས་ཀྱི་སྐུ་ཡོངས་སུ་རྫོགས་པར་བྱེད་དོ་ཞེས་འབྱུང ་ངོ། །བསྟན་བཅོས་ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་ལྱང་གི་ཚེ་བསྒྱུར་བ་ལས་ཚིག་མི་མཐུན་ཡང་དོན་ཐ་དད་པར་འགྱུར་བ་ནི་མེད་དོ། །བསྟན་བཅོས་རྣམ་པར་རིག་པ་ཙམ་དུ་གྲུབ་པ་ལས་ནི་།ཆོས ་ཆེན་པོའི་ཡེ་ཤེས་ཀྱི་སྤྲིན་ཡོན་ཏན་མང་པོའི་ཆུ་སྤེད་པ་དང་།ནམ་མཁའ་ལྟ་བུའི་གནས་ངན་ལེན་འགེབས་པ་དང། ཆོས་ཀྱི་སྐུ་ཡོངས་སུ་རྫོགས་པར་བྱེད་པའི་ཕྱིར་ཆོས་ཀྱི་སྤྲིན་ཞེས་བྱའོ་ཞེས་འབྱུང་སྟེ། འདི་ལ་ཡང ་དོན་རྣམ་པ་གསུམ་ཡང་དེ། དང་པོ་ནི་ཆོས་ཆེན་པོའི་ཡེ་ཤེས་ཀྱི་སྤྲིན་ཡོན་ཏན་སྣ་ཚོགས་ཀྱི་ཆ་སྤེད་པས་ན་དཔེར་ན་སྤྲིན་ཆེན་པོ་ལྟ་བུའོ། །དེ་ལ་དྲེས་པའི་ཆོས་ཐམས་ཅད་ལ་དམིགས་པའི་ཤེས་པ་ནི་སྤྲིན ་ཆེན་པོ་ལྟ་བུའོ། །གཟུངས་དང་ཏིང་ངེ་འཛིན་གྱི་སྒོ་ནི་ཆུ་ལྟ་བུ་སྟེ་།ཡེ་ཤེས་དེ་སྦེད་པར་ནུས་པས་དཔེར་ན་སྤྲིན་གྱིས་ཆུ་སྤེད་པར་བྱེད་པ་བཞིན་ནོ། །གཉིས་པ་ནི་ནམ་མཁའ་ལྟ་བུའི་གནས་དང ་ལེན་འགེབས་པར་བྱེད་པ་སྟེ་།དཔེར་ན་སྤྲིན་ཆེན་བེས་ནམ་མཁའ་ལ་སྒྲིབ་པར་བྱེད་འགེབས་པར་བྱེད་པ་དེ་བཞིན་དུ་འདྲེས་པའི་ཆོས་ཐམས་ཅད་ལ་མི་གནས་པའི་ཤེས་པ་དེས་ཀྱང་ནམ་མཁའ་ལྟ་བུར་རྒྱ་ཆེ་ཞིང་དབང། ་ཏུ་མང་པའི་ཉོན་མོངས་པ་དང། ཤེས་བྱའི་སྒྲིབ་པ་གཉིས་པ་སྒྲིབ་པར་བྱེད་།ཁེབས་པར་བྱེད་པས་སོ། །དེ་ལ་སྒྲིབ་པར་བྱེད་ཁེབས་པར་བྱེད་ཅེས་བྱ་བ་ནི་བར་དུ་གཅོད་པའི་དོན་དང་སྤོང་བར་བྱེད་པའི་དོན ་ཏོ། །གསུམ་པ་ནི་ཆོས་ཀྱི་སྐུ་ཡོངས་སུ་རྫོགས་པར་བྱེད་པའི་ཕྱིར་ཏེ། དཔེར་ན་སྤྲིན་ཆེན་པོ་ལས་ནམ་མཁའ་ཆུས་ཤིན་ཏུ་བསིལ་བར་འགེངས་པར་བྱེད་པ་དེ་བཞིན་དུ་འདྲེས་པའི་ཆོས་ཐམས་ཅད་ལ་དམིགས་པའི་ཡེ ་ཤེས་ཀྱིས་ཀྱང་ཡོན་ཏན་ཁྱད་པར་དུ་འཕགས་པ་ཚད་མེད་པ་དག་གི་འབྱུང་གནས་སུ་གྱུར་པ་ཆོས་ཀྱི་སྐུ་ཡོངས་སུ་རྫོགས་པར་བྱེད་པའོ། །ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་ཤིན་ཏུ་ཕྲ་མོ་གཏན་དུ་སྤངས་པས་ཆགས་པ་མེད ་ཅིང་ཐོགས་པ་མེད་པར་རྣམ་པ་ཐམས་ཅད་དུ་ཤེས་བྱའི་སྤྱོད་ཡུལ་ལས་མངོན་པར་རྫོགས་པར་བྱང་ཆུབ་པ་ཉིད་ཀྱི་ཕྱིར་བཅུ་གཅིག་པ་ནི་སངས་རྒྱས་ཀྱིས་ཞེས་བྱའོ་ཞེས་བྱ་བ་ནི་བཅུ་གཅིག་པ་སངས་རྒྱས་ཀྱི་ས་རྣམ་པར་བཤད་པའོ།། ་འདི་ལྟར་སྐད་ཅིག་མ་དང་པོ་གཅིག་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་པར་ཆད་མེད་པའི་ལམ་དུ་གྱུར་པས་ཅིག་ཅར་སྒྲིབ་པ་གཉིས་ཀྱི་ས་བོན་ཤིན་ཏུ་ཕྲ་བ་དག་སངས་པའོ། །ཉོན་མོངས་པའི་སྒྲིབ་པ་སྤངས་པའི་ཕྱིར་ནི་ཆགས་པ ་མེད་པ་ཞེས་བྱའོ། །ཤེས་བྱའི་སྒྲིབ་པ་སྤངས་པའི་ཕྱིར་ནི་ཐོགས་པ་མེད་པ་ཞེས་བྱའོ། །སྐད་ཅིག་མ་གཉིས་ནི་རྣམ་པར་གྲོལ་བའི་ལམ་དུ་གྱུར་ནས་རྣམ་པ་ཐམས་ཅད་དུ་ཤེས་བྱའི་སྤྱོད་ཡུལ་ལས་མངོན་པར ་རྫོགས་པར་བྱང་ཆུབ་པ་གང་ཡིན་པ་དེ་ནི་ཡེ་ཤེས་བཞི་དང་མཚུངས་པར་ལྡན་པའི་སེམས་ཀྱི་ཕྱོགས་ཡིན་པས་མངོན་པར་རྫོགས་པར་བྱང་ཆུབ་པ་ཞེས་བྱའོ། །དེ་ལ་སངས་རྒྱས་ཀྱིས ་ཞེས་བྱ་བ་ལ་སངས་རྒྱས་ནི་དོན་རྣམ་པ་ལྔ་དང་ལྡན་ནོ། །ས་ནི་དོན་རྣམ་པ་གསུམ་དང་ལྡན་ཏེ་།དེའི་ཕྱིར་འཕགས་པ་སངས་རྒྱས་ཀྱི་སའི་འགྲེལ་པ་ལས་།དེ་ལ་སངས་རྒྱས་ཀྱི་ས་ཞེས་བྱ་བ་ནི་རྣམ་པ་ཐམས་ཅད ་མཁྱེན་པའི་ཡེ་ཤེས་།ཉོན་མོངས་པ་དང། ཤེས་བྱའི་སྒྲིབ་པ་དང་བྲལ་བའི་ཆོས་ཐམས་ཅད་དང། མཚན་ཉིད་རྣམ་པ། ཐམས་ཅད་ལས་བདག་ཉིད་བློ་བྱེ་བ་།སེམས་ཅན་ཐམས་ཅད་གཉིད་ལོག་པ་དང ་འདྲ་བ་ལས་པདྨ་ཁ་བྱེ་བ་ལྟ་བུར་གྱུར་པའི་ཕྱིར་སངས་རྒྱས་ཞེས་བྱའོ། །ས་ནི་གནས་དང་སྤྱོད་ཡུལ་དང་བསྡུས་པ་སྟེ། དེ་ནི་ཆོས་ཀྱི་དབྱིངས་རྣམ་པར་དག་པ་དང་།མེ་ལོང་ལྟ་བུའི་ཡེ་ཤེས་དང་།མཉམ་པ་ཉིད ་ཀྱི་ཡེ་ཤེས་དང། སོ་སོར་རྟོག་པའི་ཡེ་ཤེས་དང། བྱ་བ་གྲུབ་པའི་ཡེ་ཤེས་རྫོགས་པར་ལོངས་སྤྱོད་པས་དགོངས་པ་རོ་གཅིག་པ་འདྲེས་པ་ལ་སོགས་པ་གང་ཡིན་པ་དེ་ནི་སངས་རྒྱས་ཀྱི་གནས་དང་སྤྱོད་ཡུལ་དང། བསྡུས ་པ་ཡིན་པའི་ཕྱིར་སངས་རྒྱས་ཀྱི་ས་ཞེས་བྱའོ་ཞེས་འབྱུང་སྟེ་།དེ་ལྟ་དོན་རྣམ་པ་ལྔ་ནི་དོན་དམ་པ་དང། ཀུན་རྫོབ་ཀྱི་མཁྱེན་པ་དང་ལྡན་པ་དང། དོན་དམ་པ་དང་ཀུན་རྫོབ་ཀྱི་ཡུལ་རབ་ཏུ་རྟོགས་པ ་དང། བདག་དང་གཞན་སད་པར་མཛད་པ་དང། མ་རིག་པ་དང་བྲལ་བའི་ཕྱིར་རོ། །ཤེས་རབ་རྣམ་པར་གྲོལ་བ་བརྙེས་པས་གཉིད་ལོག་པ་ལས་སད་པ་དང་མཚུངས་ཏེ། འདོད་པའི་འདོད་ཆགས ་སྤངས་བའི་ཕྱིར་རོ། །སེམས་རྣམ་པར་བརྙེས་པས་པདྨ་བ་བྱེ་བ་དང་མཚུངས་ཏེ་།དོན་རྣམ་པ་ལྔ་པོ་དེ་དག་དང་ལྡན་པའི་ཕྱིར་སངས་རྒྱས་ཞེས་བྱའོ། །འདིར་མདོ་འདི་ཉིད་ལས་ནི་དོན་རྣམ་པ་བཞི་དང ་ལྡན་པར་བསྟན་ཏེ། དང་པོ་ནི་སྒྲིབ་པ་དང་བྲལ་བ་སྟེ། ཉོན་མོངས་པ་དང། ཤེས་བྱའི་བསྒྲིབ་པ་ཤིན་ཏུ་ཕྲ་མོ་གནས་སུ་སྤངས་པས་ཞེས་གང་གསུངས་པའོ། །གཉིས་པ་ནི་ཡེ་ཤེས་གཉིས་དང་ལྡན་པ ་འདི་ལྟ་སྟེ། སེམས་ཅན་སྟོང་པ་ཉིད་དང་ཆོས་སྟོང་པ་ཉིད་ཀྱི་ཡེ་ཤེས་ཏེ་།ཆགས་པ་མེད་པ་དང་ཐོགས་པ་མེད་པ་ཞེས་གང་གསུངས་པའོ། །གསུམ་པ་ནི་དོན་དམ་པ་དང་ཀུན་རྫོབ་ཀྱི་ཡུལ་རབ་ཏུ་རྟོགས་པ་སྟེ་།རྣམ་པ་ཐམས ་ཅད་དུ་ཤེས་པར་བྱ་བའི་སྤྱོད་ཡུལ་ཞེས་གང་གསུངས་པའོ། །བཞི་པ་ནི་བདག་དང་གཞན་སད་པར་མཛད་པ་དང་ལྡན་པ་སྟེ། མངོན་པར་རྫོགས་པར་བྱང་ཆུབ་པ་ཉིད་ཀྱི་ཕྱིར་ཞེས་གང་གསུངས་པའོ། །དེ་ལ་དོན་རྣམ་པ ་གསུམ་ནི་ཐམས་ཅད་ཀྱི་གནས་དང་སྤྱོད་ཡུལ་དང་བསྡུས་པར་གྱུར་པ་སྟེ། སྔར་གོང་དུ་བསྟན་པ་བཞིན་དུ་རིག་པར་བྱའོ། །གཞན་ཡང་འཕགས་པ་སངས་རྒྱས་ཀྱི་སའི་མདོ་ལས་སངས་རྒྱས་ཀྱིས་ནི་ཆོས་རྣམ་པ ་ལྔས་བསྡུས་ཏེ་འདི་ལྟ་སྟེ། ཆོས་ཀྱི་དབྱིངས་རྣམ་པར་དག་པ་དང། ཡེ་ཤེས་བཞི་པོ་དག་གོ་ཞེས་གསུངས་སྟེ་།རྒྱ་ཆེར་དེ་ཉིད་ལས་བསྟན་པ་བཞིན་ནོ། །འདིར་འཇུག་བསྡུ་བའི་ཕྱིར་བཅུ་གཅིག ་པ་ནི་སངས་རྒྱས་ཀྱི་ས་ཞེས་བྱའོ་ཞེས་གསུངས་སོ། །མཚམས་རྣམ་པར་གྲོལ་བའི་མདོ་ལས་ནི། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་ཤིན་ཏུ་ཕྲ་མོ་སྤངས་ནས་།ཆགས་པ་མེད་ཅིང་ཐོགས་པ་མེད་པར་ཤེས་བྱའི་སྒྲིབ་པ་རྣམ ་པ་ཐམས་ཅད་ལས་མངོན་པར་རྫོགས་པར་བྱང་ཆུབ་པ་བརྙེས་པའི་ཕྱིར་བཅུ་གཅིག་པ་ནི་སངས་རྒྱས་ཀྱི་ས་ཞེས་བྱའོ་ཞེས་གསུངས་སོ། །།དགོངས ་པ་ཟབ་མོ་རྣམ་པར་དགྲོལ་བའི་མདོ་ལས་ནི་བག་ཆགས་ཤིན་ཏུ་ཕྲ་བ་ཐམས་ཅད་དང། ཡུལ་ཐམས་ཅད་ཤེས་བྱའི་སྒྲིབ་པའི་བག་ཆགས་དང་བྲལ་ནས། ཆགས་པ་མེད་ཅིང ་ཐོགས་པ་མེད་པར་ཆོས་ཐམས་ཅད་ལ་མངའ་བརྙེས་པའི་ཕྱིར་བཅུ་གཅིག་པ་ནི་སངས་རྒྱས་ཀྱི་ས་ཞེས་བྱའོ་ཞེས་འབྱུང་ངོ། །རྒྱ་ཆེར་རྣམ་པར་འབྱེད་པ་ནི་འཕགས་པ་ས་བཅུའི ་འགྲེལ་བ་དང། ཐེག་པ་ཆེན་པོ་བསྡུས་པ་ལྱང་གི་བསྒྱུར་བ་དང། རྣལ་འབྱོར་སྤྱོད་པའི་ས་ལས་བསྟན་པ་བཞིན་དུ་རིག་པར་བྱའོ།། མངྒཱ་ལཾ།། ་