| Wylie | e-texts based on the ACIP/ALL Input |
བཟང?་སྤྱོད་འགྲལ་པ་སློབ་དཔོན་དབྱིག?་གཉེན་གྱིས་མཛད་པ་བཞུགས་སོ།། །། *། །རྒྱ་གར་སྐད་དུ། ཨཱརྱ་བྷ་དྲ་ཙརྱ་པྲ་ཎི་དྷ་ན་ཊཱི་ཀ་།བོད་སྐད་དུ། འཕགས་པ་བཟང་པོ་སྤྱོད་པའི་སྨོན ་ལམ་གྱི་འགྲེལ་པ། འཕགས་པ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། །ཀུན་ཏུ་བཟང་པོ་སྤྱོད་བའི་སྨོན་ལམ་ཆེན་པོ་ཡང་དག་པའི་བསྡུས་པའི་དོན་བཅུ་ནི་འདི་ལྟ་སྟེ། དེ་བཞིན་གཤེགས་པ་ལ་ཕྱག ་འཚལ་བ་དང། དེ་ལ་མཆོད་པ་དང། སྡིག་པ་བཤགས་པ་དང། བསོད་ནམས་ཀྱི་རྗེས་སུ་ཡི་རང་བ་དང། ཆོས་ཀྱི་འཁོར་ལོ་བསྐོར་པར་གསོལ་པ་གདབ་པ་དང། ཡོངས་སུ་མྱ་ངན་ལས་མི་འདའ་བར་བཞུགས་སུ་གསོལ་བ ་དང། དགེ་བའི་རྩ་བ་ཡོངས་སུ་བསྔོ་བ་དང། དེའི་རབ་ཏུ་དབྱེ་བ་དང། དེའི་མཐར་ཐུག་པ་དང། དེའི་ཕན་ཡོན་ཞེས་པའོ། །དེ་ལ་དང་པོར་བྱེ་བྲག་ཏུ་མ་ཕྱེ་བར་སྤྱིར་ཕྱོགས་ཐམས་ཅད་ཀྱི་ཞིང་ན། དུས་གསུམ་དུ་བཞུགས ་པའི་སངས་རྒྱས་བཅོམ་ལྡན་འདས་དག་ལ། ལུས་དང་ངག་དང་ཡིད་དག་གིས་མངོན་པར་ཕྱག་འཚལ་བའི་དབང་དུ་བྱས་ཏེ་གསུངས་པ། ཇི་སྙེད་ཅེས་པ་ལ་སོགས་པ་ལ། ཇི་སྙེད་ཅེས་བ་ནི་ཇི་སྙེད་པ་སྟེ།། གྲངས་ཇི་སྙེད ་པའོ། །དེས་ཀྱང་ཚད་ཡོངས་སུ་བཅད་པར་འགྱུར་བས། དེའི་ཕྱིར་སྤྱིའི་སྒྲ་དཔག་ཏུ་མེད་པའི་སངས་རྒྱས་བཅོམ་ལྡན་འདས་ངག་བསྟན་པར་གསུངས་པ་ནི། སུ་དག་ཅེས་པ་སྟེ། གྲངས་བགྲང་དུ་མང་པ་ཞེས་པའི་དོན་ཏོ། ། ། ། ་ཕྱོགས་བཅུ་ཞེས་པ་ནི་ཕྱོགས་བཅུ་ནའོ། །འཇིག་རྟེན་ཞེས་པ་ནི་འགྲོ་བའོ། །དུས་གསུམ་གཤེགས་པ་ཀུན་ཞེས་པ་ནི། དུས་གསུམ་དུས་སོན་པ་སྟེ། འཇིག་རྟེན་གསུམ་དུས་ཞེས་པའི་བར་དུའོ། །མི་ཡི་སེང་གེ་ཞེས ་པ་ལ། གང་གི་ཕྱིར་སེང་གེ་ཞེས་བྱ་བས་ཐམས་ཅད་སྐྲག་ཅིང་རང་ནི་གང་ལ་ཡང་འཇིགས་པ་མེད་པའོ། །སངས་རྒྱས་བཅོམ་ལྡན་འདས་ཀྱང་ལྷ་དང་བཅས་པའི་འཇིག་རྟེན་ལ་དེ་དང་འདྲ་བ་ཡིན་པས། དེའི་ཕྱིར་སེང་གེ་དང ་འདྲ་བས་ན་སེང་གེ་སྟེ། མིའི་སྐྱེ་བ་ཡང་དག་པར་བསྟན་པའོ། །མི་ཡང་དེ་སེང་གེ་ཡང་དེ་ཡོན་པས་ནི་མའི་སེང་གེ་སྟེ། སངས་རྒྱས་བཅོམ་ལྡན་འདས་སོ། །དེ་ལ་བདག་གི་ཕྱག ་མཚལ་བ་ནི་བཏུང་བའོ། །ཐམས་ཅད་ཅེས་པ་ནི་སྨྲ་བའི་བསམ་པའི་དབང་གིས་ཕྱོགས་གཅིག་ལ་ཡང་ཐམས་ཅད་ཀྱི་སྒྲ་མཐོང་བས་མ་ལུས་པ་ཡོངས་སུ་བཟུང་བའི་དོན་དུ་མ་ལུས་ཞེས་གསུངས་སོ། །ལུས་དང་ངག་ཡིད ་དང་བས་ཞེས་པ་ནི་མཆོག་ཏུ་དད?་པ་བསྐྱེད་པས་སོ། །རབ་ཏུ་དད་བའི་སེམས་ཀྱིས་བསླང་ཕྱིར་ལུས་དང་ངག་རབ་ཏུ་དང་བའོ། །ད་ནི་སོ་སོར་རྣམ་པར་ཕྱེ་ནས་ལུས་ལ་སོགས་པའི་ཕྱག་འཚལ་བ་གསུངས་པ་ལ་དང་པོར་རེ ་ཤིག་ལུས་ཀྱི་ཕྱག་འཚལ་བ་ནི། བཟང་པོར་སྤྱོད་པའི་སྨོན་ལམ་སྟོབས་ཀྱིས་ནི། ཞེས་བྱ་བ་ལ་སོགས་པ་ལ་བཟང་པོ་ནི་དགེ་བའོ། །བཟང་པོ་ལང་དེ་སྤྱོད་པ་ཡང་དེ་སྟེ། བྱང་ཆུབ་སེམས་དཔའ་ཨི་སྤྱོད་པ་ཞེས ་བྱ་བའི་དོན་ཏོ། །དེའི་དོན་དུ་སྨོན་ལམ་ནི་སྨོན་པ་དང་དོན་དུ་གཉེར་བའོ་།དེའི་སྟོབས་ནི་བདུད་ལ་སོགས་པས་ཟིལ་གྱིས་མི་ནོན་ཅིང་མི་མཐུན་པའི་ཕྱོགས་ལས་ཀྱང་རྒྱལ་བ་སྟེ། དེའི་ཕྱིར་དེའི་སོ་བས?་ཞེས ་པའོ། །འདི་ལྟ་བུར་གྱུར་པའི་རྣམ་པ་ལ་གཞན་པས་ནི་བྱ་བ་འགྲུབ་པར་མི་འགྱུར་རོ། །སངས་རྒྱས་ཅིག་ལ་སེམས་ཀྱི་དམིགས་པའི་ཕྱིར། ཇི་ལྟར་སངས་རྒྱས་ཀྱི་ཞིང་ལ་རྡུལ་དང་མཉམ་པའི་ལུས་ཁོ་ན་ཡིད ་ཀྱིས་སྟོང་པས་གཞན་ཕྱག་ཏུ་ཇི་ལྟར་འགྱུར་ཞེ་ན་གསུངས་པ། རྒྱལ་བ་ཐམས་ཅད་ཡིད་ཀྱི་མངོན་སུམ་དུ་ཞེས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་རེ་རེ་ཡང་སེམས་ཀྱི་མངོན་སུམ་དུ་ཞེས་པའི་དོན་ཏོ། ། ་ཞིང་གི་རྡུལ་སྙེད་ཅེས་བྱ་བ་ལ་སོགས་པ་སངས་རྒྱས་ཀྱི་ཞིང་གི་རྡུལ་དང་མཉམ་པའི་ལུས་ཀྱིས་ཕྱག་འཚལ་བའོ། །སྙེད་ཅེས་པའི་སྒྲས་ནི་མ་ཚུངས་པའི་རྣམ་གྲངས་ཏེ། བྱེ་བྲག་མེད་པར་ཕྱོགས་བཅུ་དུས་གསུམ ་ན་བཞུགས་པའི་སངས་རྒྱས་ཀྱི་ཞིང་རྡུལ་དང་མཉམ་པའི་དེའི་གྲངས་ཀྱིས་ལུས་ཀྱིས་ལུས་ཕྱག་འཚལ་བའོ། །རྒྱལ་བ་ཀུན་ལ་རབ་ཏུ་ཕྱག་འཚལ་ལོ་ཞེས་པ་ལ། རྒྱལ་པོ་ནི་ཉོན་མོངས་པའི་དགྲ་འམ། བདུད ་ལས་རྒྱལ་བ་སྟེ་སངས་རྒྱས་བཅོམ་ལྡན་འདས་ལ་དེ་སྐད་དུ་བརྗོད་དོ། །ཇི་སྐད་གསུངས་པ། སྡིག་པ་མི་དགེའི་ཆོས་ལས་ང་རྒྱལ་བས། །དེ་བས་ཉེར་འགྲོ་ང་ནི་རྒྱལ་བ་ཡིན། །ཞེས་བྱ་བ་ལ་སོགས་པ་སྟེ་།རྒྱལ ་བ་དེ་དག་ཐམས་ཅད་དུས་གསུམ་དུ་བཞུགས་བ་ལ་ཕྱག་བགྱི་པའོ། །དེ་བཞིན་དུ་ཡིད་ཀྱི་ཕྱག་ནི། རྡུལ་གཅིག་ཅེས་བྱ་བ་ལ་སོགས་པ་ལ། རྡུལ་གཅིག་གི་སྟེང་དུ་ནི་རྡུལ་གཅིག་གི་རྩེ་མོའོ། །རྡུལ་སྙེད་སངས་རྒྱས ་ཞེས་པ་ནི་བྱེ་བྲག་ཏུ་མ་བྱས་པའི་ཕྱིར་འདིར་ཡང་ཕྱོགས་བཅུ་དུས་གསུམ་ན་བཞུགས་པ་མ་ལུས་པའི་སངས་རྒྱས་ཀྱི་ཞིང་གི་རྡུལ་དང་མཉམ་པའི་བདེ་བར་གཤེགས་པའོ། །སངས་རྒྱས་སྲས་ཀྱིས་དབུས་ཞེས་པ་ནི་རེ་རེ ་ཡང་དཔག་ཏུ་མེད་པའི་བྱང་ཆུབ་སེམས་དཔའ་ཨི་ཆོགས་ཀྱི་དབུས་ན་བཞུགས་པ་སྟེ། མོས་ཞེས་པ་འཆད་དོ། །ཇི་ལྟར་རྡུལ་གཅིག་གི་རྩེ་མོ་ལ་ཇི་ལྟ་བ་དེ་ལྟར། རིགས་པ་འདི་ཉིད་ཀྱིས་མ་ལུས་པ་ཐམས་ཅད་ཀྱང ་ལྟ་བའོ། །ཆོས་ཀྱི་དབྱིངས་ཞེས་པ་ལ། ཆོས་ཐམས་ཅད་ངག་གིས་རང་བཞིན་ནི་ཆོས་ཉིད་དེ། དེ་ཉིད་ཀྱི་དབྱིངས་ཏེ། ཆོས་ཀྱི་དབྱིངས་ཞེས་པའོ། །དེ་ལྟ་བུའི་རྣམ་པ་ཁོ་ནས་ནམ་མཁའ་ཨི་མཐར་ཐུག་པའི་ཆོས་ཀྱི་དབྱིངས་སུ་རེ་རེ ་ཡང་དཔག་ཏུ་མེད་པའི་བྱང་ཆུབ་པའི་བྱང་ཆུབ་སེམས་དཔའ་ཨི་ཚོགས་ཀྱིས་ཡོངས་སུ་བསྐོར་བའི་སངས་རྒྱས་བཅོམ་ལྡན་འདས་རྡུལ་གྱི་སྟེང་དུ ་གནས་པ་དག་ཡོངས་སུ་རྫོགས་པ་རྒྱུན་མཆད་པར་ཁྱབ་པར་ཡིད་ཀྱིས་མོས་པར་བྱའོ། །ལུས་དང་ངག་གི་ལས་ནི་ཡིད་ཀྱིས་མོས་པར་བྱའོ། །ལུས་དང་ངག་གི་ལས་ནི་ཡིད་ཀྱིས་ཀུན་ནས་བསླང་བའི་ཕྱིར་བར་དུ་ཡིད་ཀྱི ་ལས་བསྟན་ཏོ། །ད་ནི་ངག་གི་ཕྱག་བསྟན་པ་ནི། དེ་དག་བསྔགས་པ་མི་ཟད་ཅེས་བྱ་བ་ལ། དེ་དག་ཅེས་པ་ནི་དེ་དག་གི་དེ་བཞིན་དུ་མོས་པ་སྟེ། ཉམས་པ་དང་མཐར་ཐུག་མདེ?་བ་དང། ཟད་པ་མེད་པ་དེ་ནི་བསྔགས་པ་མི་ཟད་རྒྱ་མཚོ ་སྟེ། ཡོན་ཏན་རྒྱ་མཚོའོ། །གང་དེ་དག་གི་བསྔགས་པ་མི་ཟད་རྒྱ་མཚོའོ། །འདིར་བསྔགས་པའི་སྒྲ་ནི་ཡོན་ཏན་གྱི་རྣམ་གྲངས་ཡིན་ལ། རྒྱ་མཚོའི་སྒྲ་ནི་མང་པོའི་ཚོགས་སུ་བལྟ་བར་བྱ་སྟེ། དེ་དག་གི་ཟད་པ་མེད་པའི་ཡོན་ཏན་རྒྱ་མཚོ་འོང ་དབྱངས་ཀྱི་ཡན་ལག་རྒྱ་མཚོ་སྒྲ་ཀུན་གྱི་ཞེས་པ་དང་ཡན་ལག་ནི་སྒྲ་ནི་འདིར་ཡོན་ཏན་གྱི་རྣམ་གྲངས་སོ། །གང་ཞེ་ན། གང་གི་ཕྱིར་ཡན་ལག་ལྔ་དང་ལྡན་པའི་བཅོམ་ལྡན་འདས་ཀྱིས་གསུངས་ཞེས་ཉན་ཐོས་ཀྱི་ཐེག་པ་ལས་གསུངས་སོ། ། ་ཐེག་པ་ཆེན་པོ་ལས་ནི་ཡན་ལག་དྲུག་ཅུ་དང་ལྡན་པ་དང། སྟོང་ཕྲག་བརྒྱ་དང་ལྡན་པ་དང། དཔག་ཏུ་མེད་པའི་ཡོན་ཏན་དང་ལྡན་པར་བརྗོད་དོ། །དེ་ལ་ཡང་ཡན་ལག་ལྔ་དང་ལྡན་པ་ཞེས་བྱ་བ་ལ་སོགས་པ་གོ་བར་བྱའོ། ། ་ཐམས་ཅད་ནི་དབྱངས་ཀྱི་ཡོན་ཏན་རྒྱ་མཚོ་དང་ལྡན་པའི་སྒྲ་སྟེ། གང་དབྱངས་དེའོ། །རྒྱལ་བ་ཀུན་གྱི་ཞེས་བྱ་བ་ལ་སོགས་པ་ལ། རྒྱལ་བ་ཀུན་གྱི་ཡོན་ཏན་ནི་གང་བྱང་ཆུབ་ཏུ་སེམས་བསྐྱེད་པ་ནས་བཟུང་སྟེ། དཔག་ཏུ་མེད ་པའི་ཐུན་མོངས་མ་ཡིན་པ་ལུས་དང་དགྲ་དང་ཡིད་ཀྱིས་རང་བཞིན་ནོ། །དེ་བརྗོད་པ་ནི་མངོན་པར་རྫོགས་པ་སྟེ། རབ་ཏུ་བསྒྲགས་པའོ། །བདེ་བར་གཤེགས་པ་རེ་རེའི་མདུན་དུ། གནས་ནས་བདག་གིས་ཐམས་ཅད་བསྟོད་པའོ། །ཡང་ན ་བསྔགས་པ་མི་ཟད་རྒྱ་མཚོ་ཞེས་པ་ནི་གཞི་མཐུན་པ་སྟེ། འདི་ནི་ཡོན་ཏན་གྱི་ཁྱད་པར་རོ། །བདེ་བར་གཤེགས་པ་བདག་གིས་བསྔགས་པ་མི་ཟད་པའི་ཡོན་ཏན་རྒྱ་མཚོ་བརྗོད་དོ་ཞེས་བྱ་བའི་དོན་ཏོ། །ད་ནི་སངས་རྒྱས་བཅོམ་ལྡན ་འདས་དེ་དག་ཉིད་ཀྱི་བླ་དང་བཅད་པ་དང། བླ་ན་མེད་པའི་མཆོད་པ་རྣམ་པ་གཉིས་གསུངས་པ་ལ། བླ་དང་བཅད་པའི་ཚིགས་སུ་བཅད་པ་གཉིས་ནི། མེ་ཏོག་དམ་པ་ཞེས་བྱ་བ་ལ་སོགས་པ་གང་མཆོག་ཏུ་གྱུར་པ་དག་པ་ནི་མེ་ཏོག་དམ་པ་དང ་ཕྲེང་བ་དམ་པ་དང། རོལ་མོ་དམ་པའོ། །བྱུག་པ་དམ་པ་ནི་ཙན་དན་དང་གུར་ཀུམ་ལ་སོགས་པའོ། །གདུགས་ཀྱི་མཆོག་དང། མར་མེའི་མཆོག་དང། སྤོས་ཀྱི་མཆོག་དང། གོས་ཀྱི་མཆོག་གོ་།བདུག་པའི་མཆོག་ནི་དྲི་ཞིམ ་པ་སྣ་ཚོགས་སྦྱར་བར་གྱུར་པའོ། །ཕྱེ་མའི་ཕུར་མ་ནི་སྣ་ཚོགས་པའི་ཙན་དན་དང་གུར་ཀུམ་དང་ག་བུར་དང་ཨ་ཀ་རུའི་རང་བཞིན་རི་རབ་དང་མཉམ་པའོ། །བཀོད་པའི་ཁྱད་པར་འཕགས་པ་མཆོག་དག་གིས་ཞེས་པ་ནི་བཀོད་པའི་མཆོག་གོ ་བཀོད་པའི་སྒྲ་ནི་འདིར་ཡང་མང་པོའི་རྣམ་གྲངས་ཏེ། ལྷ་དང་མིའི་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ་ཉིད་ཀྱིས་རྒྱལ་བ་དེ་དག་ཉིད་ལ་མཆོད་པར་བགྱི་ཞེས་བའོ། །བླ་ན་མེད་པའི་མཆོད་པ་གསུངས་པ། མཆོད་པ་གང་རྣམ་བླ ་མེད་རྒྱ་ཆེ་བ་ཞེས་བྱ་བ་ལ་སོགས་པ་ལ། གང་དག་བླ་ན་མེད་པ་རྒྱ་ཆེ་བའི་མཆོད་པ་བྱང་ཆུབ་སེམས་དཔའ་ཨི་ཏིང་ངེ་འཛིན་གྱི་ཁྱད་པར་གྱི་མཐུ་ལས་སྐྱེས་བ་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་སྤྲོ་བ། ཆོས་ཀྱི་དབྱིངས་ཀྱི་མཆོག་ཏུ་གྱུར ་པར་བདག་གིས་སེམས་ཀྱིས་ལྷག་པར་མོས་བས་རྒྱལ་བ་དེ་དག་ཉིད་ལ་མཆོད་པ་བགྱི་ཞེས་པའོ། །བཟང་པོ་སྤྱོད་ལ་དད་པའི་སྟོབས་ཀྱི་ནི་ཞེས་པ་ལ། བཟང་པོ་སྤྱོད་པ་ལ་མོས་པ་དང། ལྷག་པར་མོས་པ་དང། ་མངོན་པར་ཡིད་ཆེས་པ་དང། དེས་པའི་སྟོབས་ཀྱིས་སོ། །དེ་ལ་བཟང་པོ་སྤྱོད་པ་ནི་མདོ་སྡེ་དུ་མ་དག་ལས་བྱང་ཆུབ་སེམས་དཔས་འདི་ལྟ་བུའི་མཆོད་པ་བྱས་སོ་ཞེས་ཐོས་སོ། །ད་ནི་ཇི་སྐད་དུ་བཤད་པའི་ཕྱག་འཚལ་བ་དང། མཆོད ་བའི་ཉེ་བར་བསྡུ་བ་གསུངས་པ། རྒྱལ་བ་ཀུན་ལ་ཕྱག་འཚལ་མཆོད་པར་བགྱི། ཞེས་པ་ནི་རྒྱལ་བ་ཐམས་ཅད་ལ་ཕྱག་དང་མཆོད་པ་བྱ་བའོ། །རྒྱུ་མཚན་གང་གིས་ཀྱང་གང་གི་སྒོ་ནས་དང། རང་བཞིན་ཏེ། རྣམ་པ ་གསུམ་གྱིས་སྡིག་པ་བཤགས་པ་གསུངས་པ། འདོད་ཆགས་ཞེས་པ་ལ་སོགས་པ་ལ། དེ་ལ་རྒྱུ་མཚན་གང་གིས་ཤེ་ན། འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གི་རྒྱུ་མཚན་གྱིས་སོ། །གང་གི་སྒོ་ནས་ཤེ་ན། ལུས ་དང་ངག་དང་ཡིད་ཀྱི་སྒོ་ནས་སོ། །རང་བཞིན་ནི་གང་ཡང་སྐྱེ་བ་འདི་འམ། སྐྱེ་བ་གཞན་དུ་སྡིག་པ་བདག་གིས་བྱས་བ་འམ། བྱེད་དུ་བཅུག་པ་དང། རྗེས་སུ་ཡི་རང་བ་སྟེ། དེ་ཐམས་ཅད་རྒྱལ་བ་རྣམས་སྲས ་དང་བཅས་པའི་མདུན་དུ་གནས་ནས་སྐྲག་པའི་སེམས་ཀྱིས་སྐད་ཅིག་སྐད་ཅིག་ལ་བཤགས་བར་བགྱི་སྟེ་སླར་ཡང་མི་བགྱིད་དོ་ཞེས་པའོ། །ད་ནི་བསོད་ནམས་ཀྱི་རྗེས་སུ་ཡི་རང་གསུངས་པ། ཕྱོགས་བཅུ་རྒྱལ་བ་རྣམས་དང ་ཞེས་བྱ་བ་ལ་སོགས་པ་ལ། གང་སངས་རྒྱས་བཅོམ་ལྡན་འདས་དུས་གསུམ་ན་བཞུགས་བ་བརྡར་གྱུར་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་ནས་བཟུང་སྟེ། ས་དང་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་དེས་བར་འབྱུང་བ་རེ་རེའི ་དུས་གསུམ་གྱི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བསོད་ནམས་གྱི་ཚོགས་དཔག་ཏུ་མེད་པ་དང། བསམ་གྱིས་མི་ཁྱབ་པའི་སངས་རྒྱས་ཀྱི་ཡེ་ཤེས་ཀྱི་སྤྱོད་ཡུལ་དུ་གྱུར་པ་དང། གང་ཡང་དང་པོ་བྱང་ཆུབ་ཏུ་སེམས་བསྐྱེད ་པ་ནས་བཟུང་བའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་དང། གང་ཡང་རང་རྒྱལ་བ་རྣམ་པ་གཉིས་པོ་བསེ་རུ་ལྟར་གཅིག་པོ་སྤྱོད་པ་དང། ཚོགས་ཤིང་སྤྱོད་པ་ངག་གི་ཡང་དུས་གསུམ་གྱིས་འཇིག་རྟེན་དང་འཇིག་རྟེན་པ་འདས ་པའི་བསོད་ནམས་དང། གང་ཡང་སློབ་པའི་གང་ཟག་བདུན་པོ་དག་དང། གང་ཡང་མི་སློབ་པ་དགྲ་བཅོམ་པ་དང། གང་ཡང་ཕྱོགས་བཅུའི་འགྲོ་བ་ཐམས་ཅད་ཀྱི་སྦྱིན་པ་དང། ཚུལ་ཁྲིམས་དང། བསྒོམས་པའི་རང ་བཞིན་གྱི་དུས་གསུམ་གྱི་བསོད་ནམས་ཏེ། དེ་དག་ཐམས་ཅད་ལ་སྐད་ཅིག་སྐད་ཅིག་བདག་གིས་རྗེས་སུ་ཡི་རང་བར་བགྱིའོ། །འགྲོ་བའི་སྒྲ་ནི་མ་ལུས་པའི་ཚིགས་ཡིན་པའི་ཕྱིར་སློབ་པ་ལ་སོགས་པའི་བསོད་ནམས་ཀྱང་འདིའི ་ནང་དུ་འདུས་པར་འགྲུབ་ན། ཅིའི་ཕྱིར་སོ་སོར་བསྟན་ཅེ་ན། དེ་ནི་མ་ཡིན་ཏེ། འགྲོ་བ་ཞེས་བྱ་བ་ནི་འགྲོ་བ་སྟེ། ཤིན་ཏུ་སྲེད་པ་དང་བཅས་པས་འཁོར་བར་འགྲོ་བ་ཞེས་བྱ་བ་ལ་དོན་ཏེ། དེ་ལ་ཁ་ཅིག་ནི་ཤིན་ཏུ་འགྲོ་བ་མེད ་པ་དང། གཅིག་ནི་འགྲོ་བ་མེད་པ་ཉིད་པས་འགྲོ་བའི་སྒྲས་བརྗོད་པར་མི་བྱའོ་ཞེས་པས་དབྱེ་བ་བསྟན་ཏོ། །ད་ནི་ཆོས་ཀྱི་འཁོར་ལོ་བསྐོར་པར་གསོལ་པ་གདབ་པ་གསུངས་པ། གང་ཡང་ཕྱོགས་བཅུ་ཞེས་བྱ་བ་ལ ་སོགས་པ་ལ། གང་ཡང་ཕྱོགས་བཅུའི་འཇིག་རྟེན་གྱི་སྒྲོན་མ་ནི་འགྲོ་བའི་སྒྲོན་མ་སྟེ། འཇིག་རྟེན་གྱི་ཕྱི་དང་ནང་གི་བདག་ཉིད་ཅན་གྱི་མུན་པའི་ཆོགས་སེལ་བའི་ཕྱིར་སངས་རྒྱས་བཅོམ་ལྡན་འདས་ནི་འཇིག་རྟེན་གྱི་སྒྲོན་མའོ ་བྱང་ཆུབ་བརྙེས་ཞེས་བྱ་བ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་སུམ་དུ་ཡང་དག་པར་རྟོགས་པའོ། །མ་ཆགས་བརྙེས་ཞེས་པ་ཆགས་པ་མེད་པའི་མངོན་པར་བྱང་ཆུབ་པའི ་སྟོབས་ཀྱིས། དངོས་པོ་མ་ལུས་པའི་དོན་ཐམས་ཅད་ཀྱི་རང་བཞིན་ཡོངས་སུ་ཤེས་པས་ཆགས་པ་ཐམས་ཅད་ཡང་དག་པར་བསལ་ནས་ཟབ་མོའི་ཆོས་ཀྱང་རྟོགས་པ་སྟེ། གཞན་དོན་དུ་གཉེར་བ་ལ་སོགས་པ་དང་ལྡན་པ ་དག་གིས་ནི་དཀའ་བ་རྟོགས་པར་འགྱུར་རོ་ཞེས་པའོ། །གང་ཡང་ཆོས་འཆད་པར་མི་བཞེང་པར་འཇིག་རྟེན་གྱི་ཁམས་གསུམ་ན། བྱང་ཆུབ་ཀྱི་ཤིང་མཆོག་གི་དྲུང་ན་བཞུགས་པ་དེ་དག་ཐམས་ཅད་ལ། བདག་གིས ་འཇིག་རྟེན་གྱི་མགོན་པོ་གཅིག་བུ་འགྲོ་བ་མི་ཤེས་པའི་མཏུན་ནག་གིས་གཡོགས་པ་ལ། བླ་ན་མེད་པའི་ཡེ་ཤེས་ཀྱི་སྣང་བ་མཛད་པའི་བླ་ན་མེད་བའི་ཆོས་ཀྱི་འཁོར་ལོ་བསྐོར་བར་པུས་མོས་ལ་བཙུགས་ནས་ཐལ་མོ་སྦྱར ་བ་བྱས་ཏེ་མདུན་དུ་གནས་ནས། སོ་སོར་འདི་ལྟ་བུར་གསོལ་བ་གདབ་པར་བྱའོ། །ཞེས་པའོ། །མྱ་ངན་ལས་མི་འདའ་བར་བཞུགས་བར་གསོལ་བ་གདབ་པ་ནི། མྱ་ངན་འདས་སྟོན་གང་བཞེད་ཅེས་བྱ་བ་ལ་སོགས་པ ་ལ་གང་ཡང་ཞེས་པར་བྱེ་བྲག་ཏུ་མ་བྱས་པ་ནི། འཕྲལ་དུ་བསྟན་པ་ཡིན་པའི་ཕྱིར། ཕྱོགས་བཅུའི་འཇིག་རྟེན་སྒྲོན་མ་ཞེས་པ་ཉིད་དང་འབྲེལ་ཏོ། །གང་ཡང་ཕྱོགས་བཅུའི་འཇིག་རྟེན་གྱི་སངས་རྒྱས་བཅོམ་ལྡན ་འདས་མྱ་ངན་ལས་འདའ་བས་ཡོངས་སུ་མྱ་ངན་ལས་འདའ་བར་སྟོན་པར་བཞེད་པ་དེ་དག་ཐམས་ཅད་ལ་བདག་གིས་ཐལ་མོ་རབ་ཏུ་སྦྱང་བར་གྱུར་པས་ཡུན་རིང་པོར་བཞུགས་པར་གསོལ་བ་འདེབས་སོ། །དུས་ཇི་ཙམ་དུ ་ཞེ་ན། དུས་གསུམ་པོ་ཐམས་ཅད་ཀྱི་རྡུལ་དང་མཉམ་པའི་བསྐལ་པར་བཞུགས་པར་རོ། །ཅིའི་དོན་དུ་ཞེ་ན། མགོན་ཐམས་ཅད་མེད་པར་གྱུར་པའི་འགྲོ་བ་ལ་ཕན་པ་དང་བདེ་བའི་དོན་དུའོ། །དེ་ལ་ཕན་པ་ནི་ཤིན་ཏུ་ཕུལ ་དུ། བྱུང་བའི་བདེ་བ་མྱ་ངན་ལས་འདས་པའི་ལམ་ཐོབ་པའོ། །བདེ་བ་ནི་མངོན་པར་མཐོ་བ་ཐོབ་པའོ། །ད་ནི་ཇི་སྐད་དུ་བཤད་པའི་བརྗོད་བྱ་ཕྱག་འཚ་བ་ལ་སོགས་པས་སྐྱེད་པའི་བསོད་ནམས་ཀྱི་ཕུང་པོ་ཡོངས་སུ་བསྔོ་བ་ནི། ་ཕྱག་འཚལ་བ་དང་མཆོད་ཅིང་ཞེས་བྱ་བ་ལ་སོགས་པ་ལ། ཕྱག་འཚལ་བ་དང། མཆོད་པ་དང། སྡིག་པ་བཤགས་པ་དང། བསོད་ནམས་ཀྱི་རྗེས་སུ་ཡི་རང་བ་དང། དེ་བཞིན་གཤེགས་པ་ལ་བསྐུལ་བ་དང། ་དེ་བཞིན་གཤེགས་པ་ལ་གསོལ་བ་བཏབ་པའི་དགེ་བ་གང་བདག་གིས་བསགས་ཤིང་བསྐྱེད་པ་དེ་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བསྔོ་བར་བགྱིའོ་ཞེས་པའོ། །ད་ནི་བརྒྱད་པ་སྟེ། དེའི ་རབ་ཏུ་དབྱེ་བ་ཡིན་པ་ལ། དེ་ནི་ཀུན་ཏུ་བཟང་པོའི་སྨོན་ལམ་གྱི་ཆ་ཤས་དང་བཅས་པའི་དབྱེ་བ་སྟེ། དེའི་རབ་ཏུ་དབྱེ་བའོ། །དེ་ཡང་རྣམ་པ་བཅུ་དྲུག་གོ་།འདི་ལྟ་སྟེ། བསམ་པ་དང། བྱང་ཆུབ་ཀྱི་སེམས་མི་བརྗེད་པ་དང ་མ་གོས་པར་རབ་ཏུ་སྦྱོར་བ་དང། སེམས་ཅན་ལ་ཕན་པ་དང། གོ་ཆ་དང། ཕན་པ་འདོད་པའི་བྱང་ཆུབ་སེམས་དཔའ་ཨི་གྲོགས་པོ་དང། དགེ་བའི་བཤེས་གཉེན་མཉེས་པར་བྱ་བ་དང། དེ་བཞིན་གཤེགས་པ ་མངོན་སུམ་དུ་བསྒོམས་པ་དང། དམ་པའི་ཆོས་ཡོངས་སུ་བཟུང་བ་དང། མི་ཟད་པའི་མཛོད་ཡང་དག་པར་དམིགས་པ་དང། འཇུག་པ་དང། སྟོབས་དང། གཉེན་པོ་དང། ལས་དང། རྗེས་སུ་བསློབ་པར་ཡོངས་སུ ་བསྔོ་བ་དང། བསྡུས་པ་ཞེས་པའོ། །དེ་ལ་རྣམ་པ་དང་པོ་ནི་བསམ་པ་སྟེ། དེ་ཡང་རྣམ་པ་གསུམ་སྟེ། དེ་བཞིན་གཤེགས་པ་ལ་མཆོད་པར་བསམ་པ་ཡོངས་སུ་སྐོང་བའི་བསམ ་པ་ནི། འདས་པའི་སངས་རྒྱས་རྣམས་དང་ཞེས་བྱ་བ་ལ་སོགས་པ་ལ། མཆོད་པར་འགྱུར་བའི་བླ་ན་མེད་པའི་མཆོད་པ་གང་འདས་པ་མྱ་ངན་འདས་པའི་སངས་རྒྱས་བཅོམ་ལྡན་འདས་དག་དང། གང་ཡང་ད་ལྟར ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་སྣ་ཚོགས་པ་ན། འཚོ་ཞིང་གཞེས་པས་འགྲོ་བ་ལ་ཕན་པའི་བདེ་བ་མཆོག་གི་རྒྱུ་རུ་གནས་པ་དེ་དག་ཀྱང་དེ་བཞིན་དུ་མཆོད་པར་གྱུར་ཅིག་།གང་ཡང་མ་འོངས་པ་ནས་འབྱུང ་བར་འགྱུར་བ་དེ་ཡང་ཡིད་ལ་བསམས་པའི་དོན་ཡོངས་སུ་རྫོཌ་པ་མྱུར་བ་མྱུར་བར་སངས་རྒྱས་ཀྱི་བྱང་ཆུབ་ཐོབ་པར་གྱུར་ཅིག་པའོ། །དང་པོའི་ཕྱེད་ཀྱིས་ནི་དེ་བཞིན་གཤེགས་པ་ལ་མཆོད་པའི་བསམ་པའོ། །ཕྱིས་ཀྱི ་ཕྱིར་ཀྱིས་ནི་བསམ་པ་ཡོངས་སུ་བསྐང་བར་བསྟན་ཏོ་ཞེས་པའོ། །སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པའི་བསམ་པ་གང་གསུངས་པ་ནི། ཕྱོགས་བཅུག་ལ་ཞེས་བྱ་བ་ལ་སོགས་པ་ལ། ཇི་སྙེད་ཅེས་པ་ནི་གང ་དག་སྟེ། ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་ཡོད་པ་དེ་ཐམས་ཅད་ཡོངས་སུ་དག་ཅིང་བདེ་བ་ཅན་དང་འདྲ་བར་རྒྱ་ཆེ་བ་དང། དཔག་ཏུ་མེད་པའི་འཇིག་རྟེན་གྱི་ཁམས་སུ་རྒྱ་ཆེ་བར་སོ་སོར་གནས་པར་གྱུར་ཅིག་པའོ། ། ་བྱང་ཆུབ་ཤིང་དབང་དྲུང་གཤེགས་རྒྱལ་བ་དང་ཞེས་པ་ནི། བྱང་ཆུབ་ཀྱི་ཤིང་གི་དབང་པོའི་དྲང་དུ་བཞུགས་པའི་སངས་རྒྱས་བཅོམ་ལྡན་འདས་དག་བྱང་ཆུབ་སེམས་དཔས་ཀྱང་ཡོངས་སུ་གང་བར་མཉམ་རྒྱུན་མ་ཆད་པར ་ཁྱབ་པར་གྱུར་ཅིག་པའོ། །སེམས་ཅན་ལ་བདེ་བ་སྟེར་བའི་བསམ་པ་ཡང་གང་གསུངས་པ་ནི། ཕྱོགས་བཅུའི་སེམས་ཅན་གང་རྣམས་ཇི་སྙེད་པ་ཞེས་བྱ་བ་ལ་སོགས་པ་ལ། གང་དག་ཇི་སྙེད་ཕྱོགས་བཅུའི་འཇིག་རྟེན་གྱི ་ཁམས་ཀྱི་སྐྱེ་གནས་བཞིས་བསྡུས་པའི་འགྲོ་བ་དྲུག་གིས་སེམས་ཅན་དེ་དག་ཟག་པ་མེད་པའི་བདེ་བ་མཆོག་གི་བདེ་བས་མངོན་དུ་བྱེད་པར་གྱུར་ཅིག་།ལུས་དང་སེམས་ཀྱིས་ནས་ཀྱང་མེད་པར་རོ། །རྟག་ཏུ་ནི་རྒྱུན་ཏུ་གྱུར་ཅིག་པའོ། ། ་དེ་དག་ཀྱང་ཆོས་དང་ལྡན་པའི་སྙེད་པའི་ཡོན་ཏན་དེ་དང་རྗེས་སུ་མཐུན་པར་རྙེད་པར་གྱུར་ཅིག་།ཆོས་དང་ལྡན་པའི་བསམ་པ་ཁོ་ནས་འགྲོ་བ་ཐམས་ཅད་རྟག་ཏུ་ཕུན་སུམ་ཚོགས་པར་གྱུར་ཅིག་པའོ། །ད་ནི་མི་མཐུན་པའི་ཕྱོགས་སྤང ་བར་ཉེ་བར་བསྟན་པའི་ཚིགས་སུ་བཅད་པ་བཞིས་བྱང་ཆུབ་ཀྱི་སེམས་མི་བརྗེད་པ་རྣམ་པ་གཉིས་པ་གསུངས་པ་ནི། བྱང་ཆུབ་སྤྱོད་པ་དག་ནི་ཞེས་བྱ་བ་ནས་བརྩམས་ནས་ལུས་ཡོངས་སུ་བྱང་བར་ཤོག་ཅེས་པའི་བར་དུའོ། །བྱང་ཆུབ་ཅེས ་པ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ། །དེའི་དོན་དུ་སྤྱོད་པ་ནི་བྱང་ཆུབ་སྤྱོད་པའོ། །དེ་དག་གིས་སྤྱད་པ་ནི་རྟོགས་པར་གྱུར་ནས་འགྲོ་བ་ཐམས་ཅད་དུ་མི་བརྗེད་པར་གྱུར་ཅིག་པའོ། །དེ་ལྟར་ཚེ་རབས་ཀུན་ཏུ་འཆི་འཕོ་སྐྱེ ་བ་ན་ཞེས་པ་ནི། འཆི་བ་དང་སྐྱེ་བདག་ནི་ཡང་རྟག་ཏུ་བདག་རབ་ཏུ་འབྱུང་བར་གྱུར་ཅིག་ཅེས་པའོ། །སྐྱེ་བ་དང་འཆི་བས་དབུས་ཀྱི་གནས་བརྗོད་པར་དོན་གྱིས་བལྟ་བར་བྱའོ། །འདིས་ནི་བྱང་ཆུབ་ཀྱི་སེམས་མི་བརྗེད་པའི་རྒྱུ་དང་པའོ། ། ་རྒྱལ་བ་ཀུན་གྱི་རྗེས་སུ་སློབ་འགྱུར་ཏེ་ཞེས་བྱ་བ་ལ་སོགས་པ་ལ། རྒྱལ་བ་དུས་གསུམ་དུ་བཞུགས་པ་ཐམས་ཅད་ཀྱི་བསླབ་པ་ལ་སློབ་པ་ནི་བཟང་པོ་སྤྱོད་པ་ལའོ། །བཟང་པོ་སྤྱོད་པ་ཡོངས་སུ་རྫོགས་བྱེད་ཅིང་ཞེས་པ་ལ། ཡོངས་སུ ་རྫོགས་པ་ནི་ཕུན་སུམ་ཚོགས་པའོ། །ཇི་ལྟར་བྱ་ཞེ་ན། ཚུལ་ཁྲིམས་སྤྱོད་པ་དྲི་མེད་ཡོངས་དག་པ། །རྟག་ཏུ་མ་ཉམས་སྐྱོན་མེད་སྤྱོད་པར་ཤོག་ཅེས་པའོ། །ཇི་ལྟར་དཔེར་ན་ཡིད་བཞིན་གྱི ་ནོར་བུ་རིན་པོ་ཆེ་བློ་བུར་གྱི་དྲི་མས་མ་གོས་པས་དྲི་མ་མེད་པའི་ཕྱིར་དྲི་མ་མེད་པ་སྟེ། གཡའ་དང་འདྲ་བའི་སྐྱོན་གྱིས་མ་གོས་པའི་ཕྱིར་རང་བཞིན་གྱིས་ཡོངས་སུ་དག་པའོ། །དེ་ཉིད་ཀྱིས་ནམ་ཉམས་སྐྱོན་མང་པ་སྟེ། འདོད་པ་ཐམS ་ཅད་ཕུན་སུམ་ཚོགས་པར་བྱེད་པ། གདུང?་བ་ཐམས་ཅད་ཡོངས་སུ་ཞི་བར་བྱེད་པ། ནད་ཐམས་ཅད་སེལ་བ་དུས་མ་ཡིན་པར་འཆི་བ་ཟློགས་པར་བྱེད་པ་གཞན་གྱི་དོན་ཕུན་སུམ་ཚོགས་པ་ཁོ་ན་ལ་གཅིག་ཏུ་འཇུག་པའོ། །དེ་བཞིན ་དུ་འདིར་ཡང་བྱང་ཆུབ་སེམས་དཔའ་ཨི་ཚུལ་ཁྲིམས་རིན་པོ་ཆེ་དང་འདྲ་བའི་རིན་པོ་ཆེ་སྟེ། གློ་བུར་གྱི་དྲི་མ་ལས་དང་ཉོན་མོངས་པའི་དྲི་མ་དང་བྲལ་བར་དྲི་མ་མེད་པ་སྟེ། ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པའི་སེམས་བསྐྱེད་པ་གཡའ ་འདྲ་བའི་སྐྱོན་དང་བྲལ་བའི་ཕྱིར་རོ། །མེད་ན་མི་འབྱུང་བ་ཉིད་ཀྱི་ཕྱིར་ཡང་ཐམས་ཅད་མཁྱེན་པ་སེམས་སྐྱེད་པ་རིན་པོ་ཆེའི་རང་བཞིན་ཡིན་པའི་ཕྱིར་རོ། །ཡོངས་སུ་ནི་ཀུན་ནས་སོ། །དག་པ་ནི་ཡོངས་སུ་དག་པ་སྟེ། བྱང་ཆུབ་སེམ ་དཔའ་ཨི་བསླབ་པ་ཐམས་ཅད་ལ་བརྩོན་པར་བྱེད་པས་ན། ལྟུང་བས་མ་གོས་པའི་བསླབ་པ་ནི་ཉམས་པ་མེད་པས་ནམ་ཉམས་པའོ། །འདས་པའི་ཡུལ་ཉམས་སུ་མྱོང་བ་ལས་ལྟོས་པའི་སྲེད་པ་སྐྱེས་པ་དང་ཡང་མ་འོངས་པ་དང། ་སྐྱེ་བ་འདི་ལ་ཆགས་པས་མངོན་པར་དགའ་བའི་སྲེད་པ་དང་ད་ལྟར་བྱུང་བ་ལ་མངོན་པར་ཞེན་པའི་སྲེད་པ་སྟེ། དུས་གསུམ་པོ་འདི་དག་གི་སྲེད་པའི་ཁབ་དག་གིས་ཅུང་ཟད་ཙམ་ཡང་མ་ཕུག་པས་ན་སྐྱོན་མེད་པའོ། །ས་དང་འདྲ་བར ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཡོན་ཏན་གྱི་གཞིར་གྱུར་པའི་ཕྱིར་འགྲོ་བ་ཐམས་ཅད་ཀྱི་འདོད་པ་ཕུན་སུམ་ཚོགས་པར་བྱེད་པའོ། །གདུང་བ་རབ་ཏུ་སེལ་བ་དང། ནད་ཐམས་ཅད་རབ་ཏུ་ཞི་བ་དང། ལྷ་དང་མི་ཐམས་ཅད ་ཀྱི་ཚེ་དཔག་ཏུ་མེད་པར་བྱེད་པ། གཞན་གྱི་དོན་ཕུན་སུམ་ཚོགས་པ་ཁོ་ན་ལ་གཅིག་ཏུ་འཇུག་པ་ཁོ་ན་སྟེ། དེས་པའི་ཚིག་ཏུ་ནི་ལུས་དང་སེམས་ཀྱི་གདུང་བ་ཐམས་ཅད་སེལ་བའོ། །ཚུལ་ཁྲིམས་ཤེས་པ་ནི་བསིལ་བར་བྱེད་པས་ན ་ཚུལ་ཁྲིམས་ཏེ། ཚུལ་ཁྲིམས་སྤྱོད་པ་ཡིན་པས་ཚུལ་ཁྲིམས་སྤྱོད་པའོ། །སྤྱོད་པ་ནི་སྤྱོད་པར་བྱེད་པའོ། །རྣམ་པ་དེ་ལྟ་བུ་ཉིད་ཀྱི་ཚུལ་ཁྲིམས་ཀྱི་སྤྱོད་པ་དྲི་མ་མེད་པ་ཡོངས་སུ་དག་པ། མ་ཉམས་པ། སྐྱོན་མེད་པ་རྒྱུན་ཏུ་སྤྱོད་པ ་ནི་བྱང་ཆུབ་ཀྱི་བར་ཞེས་པའོ། །ད་ནི་བྱང་ཆུབ་ཀྱི་སེམས་མི་བརྗེད་པའི་རྒྱུ་གཉིས་ལ། ལྷ་ཡི་སྐད་དང་ཞེས་བྱ་བ་ལ་སོགས་པ་ལ། ལྷ་ལ་ཡོད་པའི་སྐད་ནི་ལྷའི་སྐད་དོ། །ཀླུ་དང་གནོད་སྦྱིན་དང་གྲུལ་བུམ་དང་མི་དག་སྟེ། དེའི ་སྐད་ནི་དེ་དག་གི་སྐད་དོ། །མདོར་བསྡུ་ན་ཇི་སྲིད་དུ། འགྲོ་བ་ཐམས་ཅད་ཀྱི་སྐད་དེ་དང་དེས། དེ་དང་དེ་ལ་ཆོས་བསྟན་པ་སྟེ། བྱང་ཆུབ་ཀྱི་སྙིང་པོའི་བར་དུའོ་ཞེས་པའོ། །འདི་ནི་རྣམ་པ་གསུམ་སྟེ། དེས་ཤིང་ཞེས་བྱ་བ་ལ ་སོགས་པ་ལ། ངེས་པ་ནི་མཉེན་པ་དང་ཞི་བའོ། །ཕ་རོལ་ཏུ་ཕྱིན་པ་ནི་སྦྱིན་པ་ལ་སོགས་པ་བཅུ་སྟེ། དེ་ལ་མངོན་པར་བརྩོན་པ་ནི། བདག་ཉིད་རྣམ་པ་ཐམས་ཅད་དུ་བརྩོན་པ་དང་ལྡན་པ་མ་དུབ?་པའི་ཡིད་ཀྱིས་སོ། །མ་གྱུར ་ཅེས་པ་ནི་ཅུང་ཟད་ཙམ་ཡང་བདག་ཉིད་ཀྱི་བྱང་ཆུབ་སེམས་སོ། །བརྗེད་པར་མ་གྱུར་པ་འདི་མི་བརྗེད་པར་གྱུར་པ་སྟེ། བྱང་ཆུབ་ཀྱི་སྙིང་པོའི་བར་དུའོ་ཞེས་པའོ། །ཚིགས་སུ་བཅད་པ་ཕྱེ་དང་བཞིས་གང་བྱང་ཆུབ་ཏུ་སེམས ་བསྐྱེད་པའི་ཕྱོགས་སུ་གྱུར་པའི་སྒྲིབ་པ་དང། དེ་དག་གི་གཉེན་པོའི་ཕྱོགས་ཉེ་བར་བརྟེན་པར་བྱས་ནས་འདི་ནི་རྒྱུ་བཞི་པ་སྟེ། ད་ནི་ཚིག་རྐང་གཉིས་ཀྱིས་མི་མཐུན་པའི་ཕྱོགས་སྤང་པར་བྱ་བར ་བསྟན་པ་གང་གསུངས་པ། སྡིག་པ་གང་རྣམས་སྒྲིབ་པར་གྱུར་པ་ཞེས་བྱ་བ་ལ་སོགས་པ་ལ། གང་སྡིག་པ་སྒྲིབ་པར་གྱུར་པ་ནི་བྱང་ཆུབ་ཀྱི་སེམས་ཀྱི་བར་དུ་གཅོད་པ་སྟེ། དེ་དག་མ་ལུས་པ་ཐམས་ཅད་ཀྱིས་ཐམས་ཅད་ཀྱི ་ཐམས་ཅད་དུ་ཡོངས་སུ་ཟད་པར་སྤོང་བར་གྱུར་ཅིག་ཅེས་པའོ། །ད་ནི་མ་གོས་པའི་སྦྱོར་བ་རྣམ་པ་གསུམ་པ་སྟེ། རྒྱུ་གསུམ་པ་ངག། གང་ལས། གང་དུ། གང་ལྟར་གསུངས་པ་ནི། ལས་དང་ཉོན་མོངས་པ་ཞེས་བྱ་བ ་ལ་སོགས་པ་ལ། གང་ལས་ཤེས་པ་ནི་ལས་དང་ཉོན་མོངས་པ་དང་བདུད་ཀྱི་ལམ་ཡང་ངོ། །ལས་དེ་ཡང་བྱེ་བྲག་ཏུ་མ་བྱས་པའི་ཕྱིར་དགེ་བ་དང། མི་དགེ་བ་དང། མི་གཡོ་བའི་བྱེ་བྲག་གིས་གསུམ་ཆར་ཡང་བཟུང ་ངོ།། དེ་ལ་མི་དགེ་བའི་ལས་དད་ཉོན་མོངས་པ་དང་བདུད་ཀྱི་ལམ་དག་ལས་རྣམ་པར་གྲོལ་བ་ནི་དེས་མ་གོས་པར་རྟག་ཏུ་སྤྱོད་པའོ། །གང་དུ་ཞེ་ན་འཇིག་རྟེན་ལྷ་ལ་སོགས་པར་རོ། །ཇི་ལྟ་བུར་ཞེ་ན། ཇི་ལྟར་པདྨ་ཆུས ་མི་ཆགས་པ་བཞིན་ཞེས་པ་སྟེ། ཇི་ལྟར་པདྨ་ཆུ་ལུས་སྐྱེས་ཀྱང་ཆུས་མི་གོས་སོ། །དེ་དང་འདྲ་བར་སྡིག་པའི་ལས་དང། ཉོན་མོངས་པ་དང་བདུད་ཀྱི་ལམ་འཇིག་རྟེན་པའི་ཆོས་དག་གིས་མི་གོས་པར་སྤྱོད་པ་སྤྱད་དོ་ཞེས ་པའོ། །དེ་བཞིན་དུ་དགེ་བ་དང་མི་གཡོ་བའི་ལས་ཀྱི་རྣམ་པར་སྨིན་པའི་འབྲས་བུ་ལ་མི་ཆགས་པར་འགྲོ་པ་ཐམས་ཅད་ལ་ཕན་པ་དང་བདེ་བ་འབའ་ཞིག་ཁོ་ནའི་ཕྱིར་བ་སྤྱད་པ་སྟེ། བྱང་ཆུབ་སེམས་དཔའ་ཨི་སྤྱོད་པ་ཞེས་པ་ཁོང ་ནས་དབྱུང་ངོ། །ཅི་དང་འདྲ་བར་ཞེ་ན། ཉི་ཟླ་ན་མཁར་ཐོགས་པ་མེད་ལྟར་སྤྱོད་ཅེས་པ་སྟེ། ཇི་ལྟར་ཟླ་བ་དང་ཉི་མ་དག་འཇིག་རྟེན་ན་ཡིད་བཞིན་གྱི་ནོར་བུ་དང་འདྲ་བར་གཞན་གྱི་དོན་བྱེད་པ་གཅིག་པུས་འཇུག་པའི་ཕྱིར་རོ། །བདག་གི་དོན ་ལ་ནི་ཅུང་ཟད་ཙམ་ཡང་ཆགས་པ་མེད་པར་ཉིན་དང་མཚན་དུ་ནམ་མཁའ་ལ་རྒྱུ་བ་དང་འདྲ་བར་ཞེས་པའོ། །དེ་ལ་བདུད་ཅེས་པ་ནི་གང་གི་ཕྱིར་དགེ་བའི་བར་དུ་གཅོད་པར་བྱེད་ཅིང། བྱང་ཆུབ་ཀྱི་ལམ་ལ་འགེགས་པ། ཡང་དག་པའི་ལམ ་ལས་བཟློག་པ་སྟེ། ངེས་པའི་ཚིག་ཏུ་མཆོས་ཀྱི་སྲོག་གི་བར་དུ་གཅོད་པར་བྱེད་པའི་རྒྱུ་ཡིན་པས་བདུད་ལ་བདུད་ཅེས་བརྗོད་དོ། །དེ་ཡིད་ལམ་འགོགས་པ་ནི་ཕན་པའི་དངོས་པོ་སྒྱུ་ཡི་བསླུ་བ་སྟེ། སྐྱེ་བ་འདི་འམ་གཞན་ཐམས ་ཅད་ལའོ། །ད་ནི་རྣམ་པ་བཞིས་སེམས་ཅན་ལ་ཕན་པར་བྱེད་པ་གང་གསུངས་པ་ནི། ངན་སོང་སྡུག་བསྔལ་ཞེས་པ་ལ་སོགས་པ་ལ། འགྲོ་བའི་སྡུག་བསྔལ་ཐམས་ཅད་ནི་ངན་སོང་གི་སྡུག་བསྔལ་ཏེ། ངན་སོང་གསུམ་དུ་སྐྱེད་པ ་དེའི་རབ་ཏུ་ཞི་བའོ། །ཅིའི་ཕྱིར་ངན་སོང་གི་སྡུག་བསྔལ་ཁོ་ནར་རབ་ཏུ་ཞི་བ་ཞེས་བརྗོད་ཅེ་ན། དེ་དག་ནི་ཤིན་ཏུ་སྡུག་བསྔལ་བའི་བདག་ཉིད་ཡིན་པའི་ཕྱིར་དངོས་སུ་བསྟན་ཏེ། འཁོར་བའི་སྡུག་བསྔལ་ཐམས་ཅད་ཀྱང་རབ་ཏུ་ཞི ་བར་བྱེད་པར་རྟོགས་པར་ལྟའོ། །འགྲོ་བ་ཐམས་ཅད་ཀྱང་བླ་ན་མེད་པའི་བདེ་བ་ལ་རབ་ཏུ་གཞོག་པར་བྱེད་པའོ། །ཇི་ལྟར་བྱ་ཞེ་ན། འགྲོ་བ་ཐམས་ཅད་ཉིད་ལ་ཕན་པ་དང་བདེ་བའི་བསམ་པས་སྦྱོར་བ་གཞན་མི་བྱེད་པར་ཇི་སྲིད་བླ་ན ་མེད་པའི་ཡེ་ཤེས་མ་ཐོབ་ཀྱི་བར་དུ་ཡོངས་སུ་མ་དུབ་པའི་ཡིད་ཀྱིས་སྤྱོད་པའོ། །དུས་ཇི་ཙམ་དུ་ཞེ་ན་གསུངས་པ། ཞིང་གི་ཁྱོན་དང་ཕྱོགས་རྣམ་དང་ཇི་ཙམ་པར་ཞེས་ཏེ། ཇི་ཙམ་པར་ཞེས་པ་ནི་ཞིང་གི་ཁྱོན་ཇི་ཙམ་པར་ཞེས་པ་སྟེ། ཇི ་སྲིད་དུ་སངས་རྒྱས་ཀྱི་ཞིང་གི་རྒྱུན་བསྐལ་པ་གཅིག་ནས་གཅིག་ཏུ་བརྒྱུད་པར་གྱུར་པ་སྟེ། ཕྱོགས་ཤེས་པ་ཕྱོགས་བཅུ་དེ་སྟེང་དུ་སྤྱོད་དོ་ཞེས་བྱ་བར་འབྲེལ་ཏེ། རྣམ་པ་ལྔ་པ་སྟེ་གོ་ཆ་གསུངས་པ་ལ། དེ་ཡང ་རྣམ་པ་གསུམ་སྟེ། སེམས་ཅན་གྱི་སྤྱོད་པའི་རྗེས་སུ་འཇུག་པ་དང། སངས་རྒྱས་ཀྱི་ཆོས་ཡོངས་སུ་རྫོགས་པ་དང། དམ་པའི་ཆོས་གསལ་བ་བསན་པའོ། །གང་གསུངས་པ། སེམས་ཅན་དག་གི་སྤྱོད་པ་དང་ཞེས་བྱ་བ་ལ་སོགས་པ ་ལ། སེམས་ཅན་དག་ལ་སྐྱེ་བ་དང་སྐྱེ་བར་རང་བཞིན་གྱིས་གཡོ་སྒྱུ་མེད་པས་བདེ་བར་དྲི་བ་དང། སེམས་དང་སྤྱོད་པ་ཡོངས་སུ་ཤེས་ནས། རྗེས་སུ་འཇུག་པ་སྟེ། རྗེས་སུ་མཐུན་པར་གྱུར་བས་སོ། །བྱང་ཆུབ་སྤྱོད་པ་ཡོངས་སུ་རྫོགས་བྱེད་ཅིང་ཅེས་བྱ་བ་ལ། བྱང་ཆུབ ་ཀྱི་དོན་དུ་སྤྱོད་པ་ནི་བྱང་ཆུབ་ཀྱི་སྤྱོད་པའོ། །དེ་ཡོངས་སུ་རྫོགས་པ་ནི་སངས་རྒྱས་ཀྱི་ཆོས་ཡོངས་སུ་འཕེལ་བའི་བར་དུའོ། །བཟང་པོ་སྤྱོད་པའི་སྨོན་ལམ་སྟོབས་ཀྱིས་ནི་ཞེས་པ་ལ། བཟང་པོ་སྤྱོད་པ་ཡང་འདིར་ཆོས་སྟོན་པའི་རང ་བཞིན་དུ་ཡོངས་སུ་བཟུང་སྟེ། སྨྲ་བར་འདོད་པའི་བསམ་པས་གསུང་རབ་ཀྱི་ཚིག་ལ་བཟང་པོ་སྤྱོད་པ་ཞེས་ཉེ་བར་བཏགས་པ་སྟེ། མ་འོངས་པའི་བསྐལ་པ་མཐར་ཐུག་པའི་བར་དུ་མི་སྐྱོ་བའི་ཡིད་ཀྱིས་སྤྱོད་པར་བྱའོ་ཞེས་པའོ། །ལུས ་དང་དག་དང་ཡིད་ཀྱི་སྤྱོད་པ་མཚུངས་པའི་བྱང་ཆུབ་སེམས་དཔའ་ཨི་གྲོགས་པོ་དང་འགྲོགས་པས་ནི་རྣམ་པ་དྲུག་པ་སྟེ། གང་གསུངས་པ། བདག་གི་སྤྱོད་དང་མཚུངས་པ་ཞེས་བྱ་བ་ལ་སོགས་པ་ལ། གང་ཡང་སྤྱོད་པ་མཚུངས་པ་བདག་དང ་འདྲ་བའི་བྱང་ཆུབ་སེམས་དཔའ་ཨོ། །སྤྱོད་ཅེས་པས་ནི་སྤྱོད་པ་དེ་དང་ལྷན་ཅིག་ཏུ་མཚུངས་པར་བྱང་ཆུབ་ཀྱི་བར་དུ་རྟག་ཏུ་འགྲོགས་པར་གྱུར་ཅིག་པའོ། །ལུས་དང་ངག་དང་ཡིད་ཀྱིས་ཀྱང་དེ་ཉིད་དང་ལྷན་ཅིག་ཏུ་བྱང་ཆུབ་སེམས་དཔའ་ ་གཅིག་བུའི། སྨོན་ལམ་སྤྱོད་ཅིང་ཉོན་མོངས་བ་མེད་པར་གནས་སོ་ཞེས་པའོ། །ཕན་པའི་བསམ་པས་གདམས་ངག་སྟོན་པའི་དགེ་བའི་བཤེས་གཉེན་བསྟེན་པ་ནི་རྣམ་པ་གསུམ་སྟེ། གང་གསུངས་པ། བདག་ལ་ཕན་པར་འདོད་པའི་ཞེས་བྱ་བ་ལ ་སོགས་པ་ལ། གང་ཡང་དགེ་བའི་བཤེས་གཉེན་ཕན་པར་འདོད་པ། བཟང་པོའི་སྤྱོད་པ་རབ་ཏུ་སྟོན་པ། ཆོས་ཀྱི་གཏམ་བྱེད་པ་དེ་དང་ལྷན་ཅིག་མཚུངས་པར་རྟག་ཏུ་འགྲོགས་པར་གྱུར་ཅིག་པའོ། །དུས་དང་འཁོར་དང་མཆོད་པའི་བྱ་པ་ལ ་ངལ་བ་མེད་པར་དེ་བཞིན་གཤེགས་པ་མངོན་སུམ་དུ་བསྒོམ་པ་རྣམ་པ་བརྒྱད་གང་གསུངས་པ་ནི། སངས་རྒྱས་སྲས་ཀྱིས་བསྐོར་བ་ཞེས་བྱ་བ་དག་ལ། ཕྱོགས་བཅུ་པོ་ཀུན་གྱི་རྒྱལ་བ་སངས་རྒྱས་བཅོམ་ལྡན་འདས་དག་བྱང་ཆུབ་སེམས ་དཔའ་ཨི་ཚོགས་ཀྱིས་ཡོངས་སུ་བསྐོར་བའི་མགོན་པོ་འགྲོ་བའི་གཉེན་ཅིག་པུ་མ་བསྒྲིབས་པའི་མིག་གིས་རྟག་ཏུ་བལྟའོ། །དེ་དག་ལ་ཡང་སྐད་ཅིག་སྐད་ཅིག་ལ་སོ་སོར་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ། རྒྱ་ཆེ་བ་ནམ་མཁའ་ཨི་དབྱིངས་དང་མ་ཅུ ་པར་ཆོས་ཀྱི་དབྱིངས་ཁྱབ་པ་འམ་མཆོད་པར་བྱའོ། །དུས་ཇི་ཙམ་དུ་ཞེ་ན། མ་འོངས་པའི་བསྐལ་པ་ཐམས་ཅད་ཀྱི་མཐར་ཐུབ་པར་དུབ་པ་མེད་པའི་སེམས་ཀྱིས་ཤེས་པའོ། །འཛིན་པ་དང་སྟོན་པའི་ལས་དག་གིས་དམ་པའི་ཆོས་ཡོངས་སུ་འཛིན་པ ་རྣམ་པ་དགུ་པ་གང་གསུངས་བ་ནི། རྒྱལ་བ་རྣམས་ཀྱི་དམ་པའི་ཆོས་འཛིན་ཅིང་ཞེས་བྱ་བ་ལ་སོགས་པ་ལ། དུས་གསུམ་དུ་རྒྱལ་བ་ཐམས་ཅད་ཀྱིས་གང་གསུངས་པ། གསུང་རབ་ཡན་ལག་བཅུ་གཉིས་ཀྱི་ཆོས་བསྟན་པ་དང། དེ་འཛིན་པའི་སྟོབས་ཀྱི ་འཛིན་པ་དང། ནན་ཏན་དུ་བྱའོ། །བྱང་ཆུབ་ཀྱི་སྤྱོད་པ་ཡང་ཆོས་སྟོན་པའི་རང་བཞིན་ཏེ། འགྲོ་བ་ལ་རབ་ཏུ་གསལ་བར་བྱེད་པ་ཞེས་པའོ། །གསལ་བར་བྱེད་པ་ནི་ཡང་དག་པར་གསལ་བར་བསྟན་པའོ། །འདིར་ཡང་བྱང་ཆུབ་ཀྱི་སྤྱོད་པ་ཞེས་པ་ནི་དེ་དང། ་གསལ་བར་སྟོན་པ་ནི། ཚིག་ལ་མངོན་པར་བརྗོད་དོ། བཟང་པོ་སྤྱོད་པ་རྣམ་པར་སྤྱོད་པ་ཡང་ཞེས་པ་ལ། བཟང་པོའི་སྤྱོད་པ་ནི་བྱང་ཆུབ་སེམས་དཔའ་ཨི་སྤྱོད་པའོ། །དེ་རྣམ་པར་སྦྱང་བ་ནི་དྲི་མ་མེད་པར་བྱ་བ་སྟེ། མ་ལུས་པར་བཀྲུས་ནས ་རིང་དུ་བྱེད་པས་མ་འོངས་པའི་བསྐལ་པ་ཀུན་ཏུ་སྤྱོད་པ་ནི་ནན་ཏན་དུ་བྱ་པའོ། །བསོད་ནམས་དང་ཡེ་ཤེས་ལ་སོགས་པའི་ཚོགས་བསགས་པ་མི་ཟང་པའི་མཛོད་ཡང་དག་པར་དམིགས་པ་རྣམ་པ་བཅུ་པ་གསུངས་པ་ནི། སྲིད་པ་ཐམས་ཅད་དུ་ནི་ཞེས་བྱ་བ་ལ་སོགS ་པ་ལ། འདོད་པའི་ཁམས་ལ་སོགས་པའི་སྲིད་པ་ཐམས་ཅད་དུ་སེམས་ཅན་གྱི་དོན་གྱི་དབང་གིས་འཁོར་བ་ན་འཁོར་པར་སྐྱེ་བ་དང། ཟད་མི་ཤེས་པའི་བསོད་ནམས་ཀྱི་ཚོགས་དང་ཡང་དག་པར་ལྡན་པར་འགྱུར་པ་དང་།དེ་བཞིན་དུ་ཐབས་དང་ཤེས་རབ་དག་དང། ་ཏིང་ངེ་འཛིན་ནམ་མཁའ་མཛོད་དང། དྲི་མ་མེད་པའི་ཕྱག་རྒྱ་ལ་སོགས་པ་དག་དང། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཨི་རྣམ་པར་ཐར་པ་སྙིང་རྗེ་ཆེན་པོས་དམིགས་པ་སྒྱུ་མར་གྱུར་པ་ལ་སོགས་པ་དང། ཇི་སྲིད་དུ་བྱང་ཆུབ་སེམས་དཔའ་ཨི་ཡོན་ཏན་ཐུན་མོང་དང ་ཐུན་མོང་མ་ཡིན་པ་མི་ཟད་པའི་མཛོད་ཟད་མི་ཤེས་པའི་ཡོན་ཏན་གྱི་གཏེར་དུ། འགྲོ་བ་མ་ལུས་པ་ལ་ཕན་པ་དང་པ་དེ་བའི་རྒྱུར་གྱུར་ཅིག་ཅེས་པའོ། །རྣམ་པ་བཅུ་གཅིག་པ་ནི་འཇུག་པ་སྟེ། དེ་ཡང་རྣམ་པ་བརྐྱང་གོ། འདི་ལྟ་སྟེ། སངས་རྒྱས་ཀྱི་ ་ཞིང་ལྟ་པ་ལ་འཇུག་པ་རྣམ་པ་གཉིས་དང། སངས་རྒྱས་ཀྱི་གསུངས་ལ་འཇུག་པ་དང། ཆོས་ཀྱི་འཁོར་ལོ་བསྐོར་བ་ལ་འཇུག་པ་དང། བསྐལ་པར་གནས་པ་ལ་འཇུག་པ་དང། དེ་བཞིན་གཤེགས་པ་ལྟ་བའི་སྤྱོད་ཡུལ་ལ་འཇུག་པ་དང། །སངས་རྒྱས་ཀྱི ་ཞིང་དུ་བཀོད་པ་དག་ལྟ་བ་ལ་འཇུག་པ་དང། དེ་བཞིན་གཤེགས་པའི་དྲུང་དུ་འགྲོ་བ་སྟེ་བརྒྱད་དོ། །དེ་ལ་སངས་རྒྱས་ཀྱི་ཞིང་ལ་འཇུག་པ་རྣམ་པ་གཉིས་ཚིགས་སུ་བཅད་པ་རྣམ་པ་གཉིས་ཀྱིས་གང་གསུངས་པ་ནི། རྡུལ་གཅིག་ཅེས་བྱ་བ་ལ་སོགས་པ་ལ། རྡུལ ་གཅིག་གི་རྩེ་མོ་ལ་ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་ཀྱི་ཞིང་རྡུལ་དང་མཉམ་པའི་སངས་རྒྱས་ཀྱི་ཞིང་ངོ། །དེ་ལ་ཡང་ཞིང་ཞེས་པ་ནི་ཞིང་དང་ཞིང་ངོ། །བསམ་གྱི་མི་ཁྱབ་པ་ཞེས་པ་ནི་བསམ་གྱིས་མི་ཁྱབ་ཅིང་བསམ་པ་ལས་འདས་པའི་སངས་རྒྱས ་བཅོམ་ལྡན་འདས་དག་པ་དང། སངས་རྒྱས་ཀྱི་སྲས་ཞེས་པ་ནི་བྱང་ཆུབ་སེམས་དཔའ་སྟེ། དེ་དག་གི་དབུས་ན་བཞུགས་པ་ཞེས་པ་ནི་བཞུགས་པར་གྱུར་པའོ། །བྱང་ཆུབ་སྤྱད་པ་སྤྱོད་ཅིང་ཞེས་པ་ལ། བྱང་ཆུབ་ཀྱི་སྤྱད་པ་ལ་སྤྱོད་པ་སྟེ། རྟོགས་ནས ་སྤྱོད་པའོ། །བལྟ་ཞེས་པ་ནི་ལྟ་བ་ལ་འཇུག་པའོ། །དེ་ལྟ་བུར་གྱུར་པའི་སྨོན་ལམ་ནི་མི་སྲིད་པས་བྱང་ཆུབ་སེམས་དཔའ་ཨི་སྨོན་ལམ་གྱི་འབྲས་བུ་མེད་པའི་འདི་ལྟར་རྟོགས་ཏེ། གང་གི་ཕྱིར་སངས་རྒྱས་ཀྱི་ཞིང་གཅིག་རྣམ་པར་དབྱེ་བ་ཡང་རྡུལ་གཅིག་གི་རྩེ ་རྒྱས་ཀྱི་ཞིང་ན། གྲངས་དཔག་ཏུ་མེད་པའི་སངས་རྒྱས་བཅོམ་ལུས་པའི་སངས་རྒྱས་ཀྱི་ཞིང་གི་རྡུལ་ངང་མཉམ་པའི་སངས་རྒྱས་ཀྱི་ཞིང་ན། གྲངས་དཔག་ཏུ་མེད་པའི་སངས་རྒྱས་བཅོམ་ལྡན་འདས་དག་བྱང་ཆུབ་སེམས་དཔའ་ཨི་འཁོར་གྱི་དབུས ་ན་བཞུགས་པས་ཡོངས་སུ་གང་བ། སོ་སོའི་རྣམ་པར་དབྱེད་བ་རྡུལ་གཅིག་གི་རྩེ་མོ་ལ་ལྟ་ཞེས་པའི་སྨོན་ལམ་ཇི་ལྟ་ཞེ་ན། དེ་ནི་མ་ཡིན་ཏེ། གང་གི་ཕྱིར་བསམ་གྱིས་མི་ཁྱབ་པའི་ལས་ཀྱི་སྦྲུལ་པའི་འཇིག་རྟེན་གྱི་ཁམས་སྣ་ཚོགས་པS ་སྟེང་དང་འོག་དང་ཐད་ཀར་ཐ་དད་པ་ཇི་ལྟ་བ་དེ་བཞིན་དུ། བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་ཀྱི་སྤྲུལ་པས་རྡུལ་གཅིག་གི་རྩེ་མོ་ལ་འདི་ལྟ་བུ་ཅིའི་ཕྱིར་སྲིད་པར་མི་འགྱུར། བསམ་གྱིས་མི་ཁྱབ་པ་ཡང་གང་གསུངས་པ། ངོ་མཚར་ཅུང་ཟད ་ཡོད་པར་ནི། འཇིག་རྟེན་ཁམས་པས་མ་མཐོང་སྟེ། །དབང་པོས་མངོན་དུ་གྱུར་པ་ཉིད། །དེ་ལ་ངོ་མཚར་ཅི་ཞིག་ཡོད། །བསམ་གཏན་པ་ལ་ཀླུ་དག་དང། །སངས་རྒྱས་མཐུ་ཡི་བདག་ཉིད་ཆེ། །འཇིག་རྟེན་མགོན་པོ་སྐྱོབ་པ་ཡིད། །བཞི་པོ ་བསམ་མི་ཁྱབ་པ་གསུངས། ཞེས་སོ། །དེ་ལྟར་ཡང་འདིར་སངས་རྒྱས་ཀུན་གྱིས་གསུང་ལ་བློ་ཞན་པ་དག་མི་སྲིད་པའི་དོན་ལ་ཡང་དེ་བཞིན་ཁོ་ན་ཡིན་ནོ་ཞེས་ཤིན་ཏུ་དད་པར་བྱེད་དོ། །འདི་ཡང་ཤིན་ཏུ་གསལ ་བར་རབ་ཏུ་བསྒྲུབས་ཟིན་ཏོ། །ལྐོག་དོན་སངས་རྒྱས་ཀྱིས་གསུངས་པ། །གང་བློ་ཐེ་ཙོམ་སྐྱེད་གྱུར་པ། །དེས་ནི་འདིར་ནི་ཡིད་ཆེས་པས། །སྟོང་པ་ཉིད་ལ་རབ་ཏུ་བྱ། །འཇིག་རྟེན་ན་ཡང་ཇི་སྲིད་དུ་སྣོད་ཤིན་ཏུ་ཆུང་བ་ཆུ་དང་བས་ཡོངས་སུ ་གང་བ་ལ། ནམ་མཁའ་ལ་བརྒྱན་པའི་གཟའ་དང་རྒྱུ་སྐད་ལ་སོགས་པ་ཐམས་ཅད་མཐོང་བ་ཉིད་དོ། །དེ་ཉིད་ཀྱི་ཕྱིར་བཅོམ་ལྡན་འདས་ཀྱི་གསུངས་པ། ཆོས་རྣམས་བྲག་ཅ་དང་མཚུངས་པ། །རབ་རིབ་རྨི་ལམ་མཚན་ཉིད་དང། །སྒྱུ་མ་སྨིག ་རྒྱུ་འདྲ་བ་དང། །དྲི་ཟའི་གྲོང་ཁྱེར་ལྟ་བུའོ་ཞེས་སོ། །འདི་དག་ཀྱང་གང་ཡང་དུས་གསུམ་དག་གི་ཞིང་བཀོད་པའི་ཚིགས་སུ་བཅད་པས་ཕྱིས་གསལ་བར་སྟོན་པར་འགྱུར་རོ། །དེ་ལྟར་མ་ལུས་ཞེས་བྱ་བ་ལ་སོགས་པ་ལ། ཇི་ལྟར་རྡུལ་གཅིག ་གི་རྩེ་མོ་དེ་ལྟ་བུར་མ་ལུས་ཤིང་ལུས་པ་མེད་པའི་ཕྱོགས་ཐམས་ཅད་ཀྱིའོ། །སྐྲ་ཙམ་ཁྱོན་ཞེས་པ་ནི་སྐྲའི་རྩེ་མོའོ། །འདི་སྐད་བསྟན་པར་འགྱུར་ཏེ། སྐྲའི་རྩེ་མོའི་ཙམ་གྱི་ཁྱོན་གྱི་ཚད་ལ། དུས་གསུམ་དུ་བཞུགས་པའི་སངས་རྒྱས་བཅོཾ ་ལྡན་འདས་རྒྱ་མཚོ་དང། དེ་དག་གི་ཞིང་རྒྱ་མཚོའོ། །སྤྱད་པ་ཞེས་བྱ་བ་ལ་སྤྱད་པ་དེ་སྔོན་དུ་བྱ་བ་སྟེ། མ་འོངས་པའི་བསྐལ་པ་རྒྱ་མཚོའི་བར་དུ་འཇུག་པའོ། །སངས་རྒྱས་ཀྱི་གསུང་ལ་འཇུག་པ་ཡང་གང་གསུངས་པ། གསུང ་གཅིག་ཡན་ལག་ཅེས་བྱ་བ་ལ་སོགས་པ་ལ། སངས་རྒྱས་ཀྱི་གསུང་གཅིག་གིས་ཆོས་བསྟན་པ་ལ། གྲངས་ལས་འདས་པའི་སྐྱེ་བོ་མང་པོའི་བྱེ་བྲག་གིས་དོན་གཞན་དང་གཞན། ཚིག་དང་ཡི་གེ་གཞན་དང་གཞན་དཔག་ཏུ་མེད ་ཅིག་ཅར་དཔག་ཏུ་མེད་པའི་གསུང་གི་ཡན་ལག་རྒྱ་མཚོ་དང་ལྡན་པའི་སྒྲ་ཐོས་སོ། །ཕྱོགས་བཅུ་དུས་གསུམ་ན་བཞུགས་པའི་རྒྱལ་བ་ཐམས་ཅད་ཀྱི་ཡང་དེ་བཞིན་དུ་ཆོས་སྟོན་པའི་དབྱངས་ཀྱིས་ཡན་ལག་རྣམ་པར་དག་པ་དཔག་ཏུ་མེད་པ་ཉན ་པའི་སྐྱེ་བོ་དག་གིས་འདོད་པ་ཇི་ལྟ་བ་བཞིན་དུ་རྣམ་པ་དེ་ལྟ་བུར་སངས་རྒྱས་ཀྱི་གསུང་བསྒྲིབས་པ་མེད་པར་ཐོས་སོ། །དེ་ལ་དེ་བཞིན་གཤེགས་པ་རེ་རེའི་དབྱངས་ཀྱི་ཡན་ལག་རྒྱ་མཚོའི་སྒྲ་ལ་རྟག་ཏུ་འཇུག་པར་བྱ་ཞེང་མ་ལུས་པར་ཡིད་ལ་བྱའོ ་ཞེས་པའོ། །དེ་བཞིན་དུ་ཡང་གསུངས་པ། དེའི་ཕྱིར་ངོ་མཚར་མི་ཆེ་སྟེ། འདི་ནི་ཤིན་ཏུ་ངོ་མཚར་ཆེ། །མང་པོ་ཉེ་བར་འདུག་པ་ལ། །གང་དེ་མོས་པའི་དབང་གིས་ནི། །ཚིག་གཅིག་གིས་ནི་བཤད་པ་ཡང། །དུ་མ་ཉིད་དུ་མཚོན་ནས་ནི། ་བདག་ཉིད་ལ་ནི་སྟོན་ཏོ་ཞེས། །སྐྱེ་བོ་མང་པོས་གོ་བར་འགྱུར། ཞེས་སོ། །དེ་བཞིན་དུ་སྡོང་པོ་བཀོད་པའི་མདོ་བྱམས་པའི་རྣམ་པར་ཐར་པ་ལས་གསུངས་ཏེ། གང་ཕྱོགས་བཅུའི་བདེ་བར་གཤེགས་པའི་ཆོས་ཀྱི་སྤྲོན་སྟན་གཅིག ་ལ་གནས་ཏེ་མ་རྨོངས་པར་འཐུང་པས་བསྐལ་པ་བྱེ་བ་ཁྲག་གི་བར་དུ་སེམས་ངོམས་པ་མེད་པར་བློ་ཆེན་པོ་རྒྱ་མཚོ་དང་མཚུངས་པར་བདག་གནས་པར་བྱའོ་ཞེས་སོ། །དང་པོའི་ཚིགས་སུ་བཅད་པ་ཕྱེད་ཀྱིས་ནི་སྟོན་པ་པོའི་ཆེ་བ་པའི་བདག ་ཉིད་དོ། །ཕྱིས་ཀྱི་ཚིགས་སུ་བཅད་པ་ཕྱེད་ཀྱིས་ནི་ཉན་པའི་སྐྱེ་བོའི་བདག་ཉིད་ཆེ་བ་བསྟན་ཏོ། །གང་ཞེས་པ་ནི་བདུན་པ་སྟེ། གཅིག་གི་ཚིག་ཏུ་བརྗོད་པའོ། །གསུང་གཅིག་ཡན་ལག་རྒྱ་མཚོའི་སྒྲ་ཀུན་གྱིས་ཞེས་པ་ལ། སྒྲ་ཀུན་གྱིས ་ཞེས་པའི་ཚིག་གི་ཁ་སྐོང་དུ་ལྟ་བར་བྱའོ། །ཆོས་ཀྱི་འཁོར་ལོ་བསྐོར་བ་ལ་འཇུག་པ་ཡང་གང་གསུངས་པ། དུས་གསུམ་གཤེགས་པ་ཞེས་བྱ་བ་ལ་སོགས་པ་ལ། དེ་དག་ཀྱང་དུས་གསུམ་དུ་བཞུགས་པའི་རྒྱལ་བ་ཐམས་ཅད ་དག་ཆོས་ཀྱི་འཁོར་ལོ་བསྐོར་བ་ལ་འཇུག་པ་དང་ལྡན་པ་གང་མི་ཟད་པ་གྲངས་ལས་འདས་པའི་དབྱངས་ཀྱི་བློའི་སྟོབས་ཀྱིས་ཞེས་པ་ནི་ཡེ་ཤེས་ཀྱི་མཐུའི་བདག་ཉིད་ཀྱིས་ཅིག་ཅར་འཇུག་པ་སྟེ། འཇུག་པར ་བྱའོ། །ཐབས་གང་དང་གང་གིས་གང་ལ་ཆོས་སྟོན་པ། དུས་གང་ལ་དང་ཡུལ་གང་ལ་མོས་པ་དུ་མའི་སེམས་ཅན་གདུལ་བྱ་ལ་འགྲོ་བ་སྟེ། འདིར་ཡང་ཚུལ་དེ་ལྟར་བལྟ་བར་བྱའོ། །དབྱངས་ཀྱི་སྒྲ་ནི་འདིར་ཡང་ཚིག?་ཁ་བསྐང་བའི་དོན་ཏོ།། ་བསྐལ་པར་གནས་པ་ལ་འཇུག་པ་ཡང་གསུངས་པ། མ་འོངས་བསྐལ་པ་ཞེས་བྱ་བ་ལ་སོགས་པ་ལ། ཡེ་ཤེས་ཀྱི་སྐད་ཅིག་གིས་ཕྱོགས་བཅུར་བཞུགས་པ་མ་འོངས་བསྐལ་པར་འཇུག་པ་སྟེ། མདོར་བསྡུ་ན་བསྐལ་པ་གཅིག་ནས་གཅིག ་ཏུ་བརྒྱུད་པར་བདག་གིས་འཇུག་པར་བགྱི་བའོ། །གང་ཡང་བསྐལ་པ་དུས་གསུམ་ཚང་དེ་དག་ཅེས་པ་ནི་སྣ་ཚོགས་པ་དུས་གསུམ་གྱི་གྲངས་ལས་འདས་པ་དེ་ཐམས་ཅད་ཡེ་ཤེས་སྐད་ཅིག་མ་གཅིག་གིས་མཐར་ཏེ། གཅིག་ཅེས་པ ་ནི་ཡེ་ཤེས་སྐད་ཅིག་མ་གཅིག་གིས་ཕྱོགས་གཅིག་གོ། འཇུག་ཅེས་པ་ནི་ནང་དུ་འདུས་པར་བྱའོ་ཞེས་པའོ། །དེ་བཞིན་གཤེགས་པ་ལ་ལྟ་བ་དང། དེའི་སྤྱོད་ཡུལ་ལ་འཇུག་པ་གང་གསུངས་པ། དུས་གསུམ་གཤེགས་པ་མི་ཡི ་སེང་གེ་གང་ཞེས་པའི་སོགས་པ་གང་ཡང་ཕྱོགས་བཅུ་དུས་གསུམ་དུ་བཞུགས་པའི་མིའི་སེང་གེ་སངས་རྒྱས་བཅོམ་ལྡན་འདས་དེ་ལ་བདག་གིས་ཡེ་ཤེས་སྐད་ཅིག་མ་གཅིག་གིས་སོ། །?་བཞེས་པ་ནི་བལྟ་བར་བྱ་བའོ། །དེ་དག་གི ་སྤྱོད་ཡུལ་ནི་ཡུལ་ལོ། །སྒྱུ་མར་གྱུར་པའི་རྣམ་ཐར་སྟོབས་ཀྱིས་འཇུག་ཅེས་པ་ནི། སྒྱུ་མར་གྱུར་པའི་ཞེས་བྱ་བའི་བྱང་ཆུབ་སེམས་དཔའ་ཨི་རྣམ་པར་ཐར་པ་ཡེ་ཤེས་ཀྱི་རང་བཞིན་དེའི་སྟོབས་ཀྱིས་རྒྱུན་འཇུག་པར་བྱའོ། །ཞེས་པའོ། །སངས་རྒྱས ་ཀྱི་ཞིང་དུ་བཀོད་པ་ཡང་གང་གསུངས་པ། གང་ཡང་དུས་གསུམ་ཞེས་བྱ་བ་ལ་སོགས་པ་ལ། གང་ཡང་དུས་གསུམ་བཀོད་པ་སྟེ་ཞིང་མང་པོའི?། །དེ་དག་མངོན་པར་བསྒྲུབ་པ་ནི་རྫུ་འཕྲུལ་གྱི་སྟོབས་ཀྱིས་རྡུལ་གཅིག་ཡི་རྩེ་མོ་ལའོ། །དེ་ལྟར་མ ་ལུས་ཕྱོགས་རྣམས་ཐམས་ཅད་དུ་ཞེས་པ་ནི་དེ་ལྟར་ཕྱོགས་བཅུ་མ་ལུས་པའི་རྡུལ་གྱི་རྩེ་མོ་ལ་དེ་དང་འདྲ་བར་སངས་རྒྱས་ཀྱི་ཞིང་བཀོད་པ་དུ་མ་ལ་ཡེ་ཤེས་ཀྱི་སྐད་ཅིག་གཅིག་གིས་འཇུག་པར་བགྱི་ཞེས་པའོ། །དེ་ལྟར་བ་ཉིད་ལ་ཡང་ཇི ་སྲིད་དུ་སངས་རྒྱས་ཀྱི་ཞིང་དག་གི་རང་བཞིན་དང། ཚད་དང་ཁ་དོག་དང་དབྱིབས་ཀྱི་བྱེ་བྲག་ཏུ་བྱས་པ་སོ་སོར་རྡུལ་གཅིག་གི་རྩེ་མོའི་གནས་སྐབས་སུ་མི་སྲིད་ན། ཡང་ཅིའི་ཕྱིར་དུས་གསུམ་དུ་བཞུགས་པ་མ་ལུས་པའི་སངས་རྒྱས་ཀྱི་ཞིང ་དག་དེ་བཞིན་དུ་རང་བཞིན་ལ་སོགས་པའི་དབྱེ་པས་ཕྱེ་བ། སོ་སོར་རྡུལ་གཅིག་གོ?་རྩེ་མོ་ལ་ཕྱོགས་བཅུ་རྒྱུ་ནི་མ་ཆད་པར་སོ་སོར་གནས་པར་འགྱུར་བ་དེ་ཇི་ལྟར་རྟོགས་པར་འགྱུར་ཞེ་ན། དེ་ལ་ཡིད་ཆེས་པར་བགྱིས་ཤིག་དང་འདིར ་བརྗོད་པར་བྱ་སྟེ། གང་གི་ཕྱིར་ཆོས་ཐམས་ཅད་ནི་ཡོངས་སུ་མ་གྲུབ་པ། རང་བཞིན་མེད་པ་སྒྱུ་མ་དང་འདྲ་བ། རྨི་ལམ་དང་འདྲ་བ། མ་སྐྱེས་པ་མ་འགགས་པ། སྐྲ་ཤད་འཛིངས་པ་དང་འདྲ་བ། གདོང་མ་ནས་ཞི་བ། རང་བཞིན་གྱིས ་མྱུར་ན་ལས་འདས་པ་ཇི་ལྟར་མོས་པའི་རྣམ་པར་རྟོག་པ་ཙམ་གྱིས་བསྐྱེད་པ། སྣ་ཚོགས་པ་དུ་མའི་ངོ་བོ་སྟེ། རང་གི་གོམས་པ་སྣ་ཚོགས་པ་མང་པོ་དགེ་གི་ཏིང་ངེ་འཛིན་གྱི་མོས་པའི་ཁྱད་པར་གྱིས་བསམ་གྱིས་མི་ཁྱབ་པར ་སྤྲོས་ནས། མངོན་པར་བསྒྲུབས་པའི་ཉམས་སུ་མྱོང་བར་གྱུར་པ་འདི་དག་རང་བཞིན་གྱིས་བསྒོམས་པའི་ལས་ཀྱིས་གསལ་བར་རྟོགས་པར་འགྱུར་རོ། །འཇིག་རྟེན་ན་ཡང་ཅུང་ཟད་ཡོངས་སུ་སྦྱངས་པ་ལས་བྱུང་བའི་མཐུས། སྒྱུ་མ ་ངོ་མཚར་ཅན་སྣ་ཚོགས་པ་མིག་འཕྲུལ་མཁན་གྱིས་རབ་ཏུ་བསྒྲུབ་པ་མཐོང་བས། དེ་ལྟ་བས་ན་ཇི་སྐད་དུ་བསྟན་པ་དེ་ཐམས་ཅད་ལ་ཡིད་ཆེས་པར་བྱ་སྟེ། འདི་ལ་ཅུང་ཟད་ཅེམ་ཡང་ཐེ་ཙོམ་མི་བྱའོ། །བདེ་བར་གཤེགS ་པའི་དྲུང་དུ་འགྲོ་བ་ལ་འཇུག་པ་བརྒྱད་པ་གང་གསུངས་པ་ནི། གང་ཡང་མ་བྱོན་ཞེས་བྱ་བ་ལ་སོགས་པ་ལ། གང་ཡང་མ་བྱོན་པའི་མཐར་ཐུག་པར་བཞུགས་པའི་འཇིག་རྟེན་གྱི་སྒྲོན་མ་སངས་རྒྱས་བཅོམ་ལྡན་འདས་ཕྱོགས་བཅུའི་འཇིག ་རྟེན་གྱི་ཁམས་གཞན་དང་གཞན་ན་ནམ་མཁའ་ཨི་ཁམས་ཀྱི་མཐར་ཐུག་པའི་བར་གྱི་བགྲང་གིས་མི་ལང་བའི་སངས་རྒྱས་ཀྱི་ཡེ་ཤེས་ཀྱི་སྤྱོད་ཡུལ་སྐད་ཅིག་ལ་དུས་གཅིག་ཉིད་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་དུ ་གྱུར་ཅིག། དེ་བཞིན་དུ་གཞན་ཡང་དུས་གཅིག་བ?་ཆོས་ཀྱི་འཁོར་ལོ་བསྐོར་བར་འགྱུར་བ་དང། དེ་བཞིན་དུ་གཞན་ཡོངས་སུ་མྱ་ངན་ལས་འདའ་བར་སྟོན་པར་འགྱུར་བ་དེའི་ཕྱིར་གསུངས་པ་ནི་དེ་དག་བྱང་ཆུབ་འཚང་རྒྱབ་ལ་སོགས་པ། ་ལ། དེ་དག་ཅེས་པ་ནི་མངོན་པར་བྱང་ཆུབ་པ་དེ་དག་དེ་བཞིན་དུ་ཆོས་ཀྱི་འཁོར་ལོ་བསྐོར་བ། མྱ་ངན་ལས་འདའ་བར་སྟོན་པ་གང་ཡང་འཇིག་རྟེན་གྱི་མགོན་པོ་དེ་དག་ཐམས་ཅད་ཀྱི་ཞབས་ཀྱི་དྲུང་དུ་ཅིག་ཅར་དུ་ཡིད་མ་གྱོགས་པ་དང་ཀུན་ཏུ་འགྲོ་བའི ་རྫུ་འཕྲུལ་གྱི་སྟོབས་ཀྱིས་ལུས་ཀྱི་སྤྲིན་ཕྱོགས་བཅུར་སྤྲོས་ནས། མཆོད་པའི་སྦྲིན་ནམ་མཁའ་ཁྱབ་པ་དག་ཐམས་ཅད་སོ་སོར་འཕགས་པ། གྲངས་ལས་འདས་པས་རེ་རེ་ལ་མཆོད་པ་དང། བསྟོད་པ་བྱེད་པ་དང། ལན་བརྒྱ་སྟོང་གི་བར་དུ ་གཡས་ཕྱོགས་སུ་བསྐོར་བ་བྱེད་པའི་འཁོར་བའི་མཐར་ཐུག་པར་།མཆིའོ་ཞེས་པ་ནི་ཉེ་བར་འགྲོ་བ་སྟེ། དུས་གཅིག་ཉིད་ལ་ཞེས་པའོ། །བྱང་ཆུབ་ཅེས་པ་ནི་མངོན་པར་བྱང་ཆུབ་པ་དང་མྱ་ངན་ལས་འདའ་བ་སྟོན་པའོ། །འདི་ཉིད་ནི ་ཞི་མཛའ་ཞེས་པ་ནི་ཚིག་ཁ་བསྐང་པའི་དོན་དུ་རྣམ་གྲངས་ཀྱིས་མཚོན་ཏོ་ཞེས་པ་སྟེ། གཙོ་བོ་ཉིད་བརྗོད་པའོ། །འོན་ཀྱང་ཆུའི་ཟླ་བའི་སྣང་བ་དང་འདྲ་བར་དགའ་ལྡན་གྱི་གནས་ན་བཞུགས་པ་དང། འཕོ་བ་བསྟམ་པ་དང། མངལ་ན ་གནས་པ་དང། སྐྱེ་བ་དང། ལྷ་ཡིས་ཕྱག་བྱས་པ་དང། སྒྱུ་རྩལ་བསྟན་པ་དང། ཁ་བ་ནས་བྱུང་བ་དང། རང་ཏུ་བྱུང་བ་དང། དཀའ་བ་སྤྱོད་པ་དང། བྱང་ཆུབ་ཀྱི་སྙིང་པོར་འགྲོ་བ་དང། བྱང་ཆུབ་ཀྱི་ཤིང་གི་རྒྱལ་པོར་སེང་གེའི་གདན་ལ ་བཞུགས་ནས་བདུད་ཕ་མ་པར་བྱས་པའི་དུས་ཏེ། དེ་དང་འདྲ་བ་ཉིད་དུ་འགྲོ་བར་བྱས་པ་དེ་དག་ཉིད་ཀྱིས་ཞབས་ཀྱི་དྲུང་དུ་ཞེས་པའི་དོན་ཏོ། །དེ་བཞིན་དུ་ཡང་གསུངས་པ། འཇིག་རྟེན་ཁམས་ནི་ཐ་དད་པར། གང་དེ་སེམས་ཅན་གཞལ་ཡས་པ ་སྐད་ཅིག་གིས་ནི་རྟོགས་མིན་ཞེས། །ཞུམ་པའི་སེམས་སུ་མི་བྱའོ། །ཞེས་པའོ། །རྣམ་པ་བཅུ་གཉིས་པ་ནི་སྟོབས་ཏེ། དེ་ཡང་རྣམ་པ་བཅུ་སྟེ། ཚིགས་སུ་བཅད་པ་གཉིས་ཀྱིས་གང་གསུངས་པ་ནི། ཀུན་ཏུ་མྱུར་བའི་ཞེས་བྱ་བ་ལ་སོགས་པ་ལ། ་ཀུན་ཏུ་ཞེས་པ་ནི་ཇི་ལྟར་བྱང་ཆུབ་སེམས་དཔའ་གཞན་དུ་མི་འགྲོ་བ། ཀུན་ཏུ་མྱུར་བའི་རྫུ་འཕྲུལ་གྱི་ཅིག་ཅར་དུ་ཕྱོགས་བཅུར་འགྲོ་བ་དེ་འགྲོ་བ་དེ་དང་འདྲ་བ་ཉིད་དུ་ཤེས་པའོ། །རྫུ་འཕྲུལ་ཞེས་པ་ལ་རྫུལ་འཕྲུལ་ནི་ཕུན་སུམ་ཚོགས་པ་སྟེ ་ཇི་ལྟར་འདོད་པའི་རྫུ་འཕྲུལ་ཕུན་སུམ་ཚོགས་པ་བྱེད་དོ་ཞེས་བའི་བར་དུའོ། །རྫུ་འཕྲུལ་ཇི་ལྟར་རྟོགས་བྱ་ཞེ་ན། སེམས་ཅན་སོ་སོའི་ཡིད་དགའ་བར་བྱེད་པ་ནི་རྫུ་འཕྲུལ་ཞེས་པའོ། །དེའི་སྟོབས་ནི་དོན་ཡོད་པ་སྟེ། དེས་ན་རྫུ་འཕྲུལ་གྱི་སྟོབས་སོ། ་ཀུན་ནས་སྒོ་ཞེས་པ་ལ། ཇི་ལྟར་ཀུན་དུ་སྒོ་ཞེ་ན། དེའི་གནས་སྐབས་ཅུང་ཟད་དང། དེ་ལ་དམིགས་པ་ཡང་མེད་པ་དང། གང་ལ་བྱང་ཆུབ་སེམས་བསྐྱེད་པ་མེད་པ་དང། སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བར་འདོད་པ་ཡང་མེད་པར་མི ་འགྱུར་བ་སྟེ། དེ་ཡང་འཕགས་པ་སྤྱོད་ཡུལ་ཡོངས་སུ་དག་པའི་མདོ་ལས་བལྟ་བར་བྱའོ། །ཐེག་པའི་སྟོབས་ཤེས་པ་ནི་ཐེག་པ་ཆེན་པོའི་སྟོབས་ཏེ། འདིས་འདོད་བར་བྱེད་པས་ན་ཐེག་པ་ཆེན་པོ་སྟེ། ཐེག་པ་ཡང་དེ་ཡིན་ལ་ཆེན་པོ ་ཡང་དེ་ཡིན་པས་ན་ཐེག་པ་ཆེན་པོའོ། །ཆེན་པོ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དག་གི་ཐེག་པ་ཡིན་པས་ན་ཐེག་པ་ཆེན་པོའོ། །རང་བཞིན་ཅུ་ཞེ་ན། སངས་རྒྱས་ཀྱི་བྱང་ཆུབ་ཐོབ་པར་བྱེད་པའི་ལམ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས ་སྟོན་པའི་ཐེག་པ་ཆེན་པོ་སྟེ། ཕ་རོལ་ཏུ་ཕྱིན་པའི་དབང་དུ་བྱས་པའི་ས་བཅུ་ནི་ཐེག་པ་ཆེན་པོའོ། །དེའི་སྟོབས་ནི་མི་མཐུན་པའི་ཕྱོགས་འཇོམས་པ་ཞེས་བྱ་བའི་བར་དུའོ། །ཀུན་ཏུ་ཡོན་ཏན་ཞེས་པ་ནི་ཐོག་མ་དང་བར་མ་དང་ཐ་མར་དག་པའོ། །སྤྱོད ་པའི་སྟོབས་ཤེས་པ་ནི་བྱེ་བྲག་མ་བསྟན་པའི་ཕྱིར་སྤྱོད་པ་གཉི་གའི་སྟོབས་ཀྱིས་ཏེ། བྱང་ཆུབ་སེམས་དཔའ་ཨི་སྤྱོད་པའི་སྟོབས་དང། བཟང་པོ་སྤྱོད་པའི་སྨོན་ལམ་གྱིས་སྟོབས་ཀྱང་ངོ། །ཀུན་ཏུ་ཁྱབ་བ་ཞེས་པ་ནི་ཕྱོགས་བཅུར་འགྲོ་བའོ། །བྱམས ་པའི་སྟོབས་ནི་སེམས་ཅན་གྱི་ཁམས་ཐམས་ཅད་བདེ་བའི་བསམ་པ་སྤྲོ་བའོ། །བསོད་ནམས་སྟོབས་ཤེས་པ་ལ། བསོད་ནམས་ནི་དག་པར་བྱེད་པས་ན་བསོད་ནམས་སམ། ཡང་དང་ཡང་མཆོག་ཐོབ་པ་ལ་སྦྱོར་བར་བསོད་ནམས་སོ། །དེའི་སྟོབས་ནི ་བྱང་ཆུབ་སེམས་བསྐྱེད་པ་བསྒོམས་པར་འགྱུར་རོ། །ཇི་སྐད་དུ་གསུངས་བས། བྱང་ཆུབ་སེམས་ནི་བསྐྱེད་པ་ཡི། །བསོད་ནམས་གལ་ཏེ་གཟུགས་འགྱུར་ན། །ནམ་མཁའ་ཨི་ཁམས་ཀུན་གང་བ་དང། །དེ་བས་ཀྱང་ནི་ལྷག་པར་འགྱུར་ཞེས་སོ། །དེ་བཞིན ་ཐེག་པ་ཆེན་པོ་ལ་ཡང་དག་པར་བརྩོན་པ་ཟབ་པ་རྒྱ་ཆེ་བའི་དམ་པའི་ཆོས་འཛིན་པ་དང། ཀློགས་པ་དང་འདོན་པ་ལ་མོས་པ་དང། ཚིགས་སུ་བཅད་པ་གཉིས་ཀྱི་གཟུངས་ཀྱིས་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བས་ཀྱང ་འགྱུར་ཏེ། ངེས་ན་བསོད་ནམས་ཀྱི་སྟོབས་ནི་ཀུན་ནས་དགེ་བ་སྟེ་ཞེས་ཏེ། སེམས་ཅན་ཐམས་ཅད་ལ་ཕན་པ་དང། བདེ་བའི་བསམ་པ་ཁོ་ནས་སྐྱེ་བའི་ཕྱིར་རོ། །ཆགས་པ་མེད་པ་ཞེས་པ་ཞེས་དུས་གསུམ་ལ་མ་བསྒྲིབས་པའི་ཕྱིར་རོ། །ཡེ་ཤེས་སྟོབས་ཤེས་པ ་ནི་ཤེས་བྱ་ཐམས་ཅད་ཇི་ལྟ་བའི་ཡེ་ཤེས་ཡིན་པའི་ཕྱིར་རོ། །ཤེས་རབ་སྟོབས་ནི་ཞེས་པ་ནི་དོན་ཐམས་ཅད་རྟོགས་པར་འགྱུར་པའི་ཕྱིར་རོ། །ཐབས་ཀྱི་སྟོབས་ཞེས་པ་ལ་ཐབས་ནི་ཐབས་ཏེ་བསྒྲུབ་པའོ། །དེའི་སྟོབས་ནི་དོན་ཡོད་པའོ། །ཏིང་འཛིན ་སྟོབས་ཞེས་པ་ལ། །ཏིང་འཛིན་དུ་བྱེད་པས་ན་ཏིང་འཛིན་ཏེ། བསམ་གཏན་དེའི་སྟོབས་ཀྱིས་འགྲོ་བ་ཐམས་ཅད་ཀྱི་དོན་བྱེད་པ་དང། མངོན་པར་ཤེས་པ་ལ་སོགས་པའི་ཡོན་ཏན་དག་ཐོགས་པ་མེད་པར་མངོན་དུ་བྱེད་པའི་དེས་ན། ཏིང་ངེ་འཛིན་གྱི ་སྟོབས་སོ། །བྱང་ཆུབ་སྟོབས་དང་ཞེས་པ་ལ། བྱང་ཆུབ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་པོ། །དེའི་དོན་དུ་སྟོབས་ནི་ནུས་པའོ། །དེ་ཡོངས་སུ་རྫོགས་པར་བྱེད་པ་ཞེས་པ་ནི་དེའི་ཆོ་གས་གནས་པར་བྱའོ། །རྣམ་པ་བཅུ་གསུམ་པའི་གཉེན་པོའི ་སྟོབས་ཏེ། དེ་ཡང་ལས་དང་ཉོན་མོངས་པ་དང་བདུད་ཀྱི་སྟོབས་མི་མཐུན་པ་ཡིད་རྣམ་པ་གསུམ་སྟེ། གང་གསུངས་པ། ལས་ཀྱི་སྟོབས་རྣམས་ཡོངས་སུ་རྫོགས་བྱེད་ཅིང་ཞེས་བ་ལ། བྱེ་བྲག་ཏུ་མ་ཕྱེད་པའི་ཕྱིར་དགེ་བ་དང་མི་དགེ་བ་དང་མི་གཡོ་བའི་བྱེད་བྲག ་གིས། དེ་ཡང་རྣམ་པ་གསུམ་མོ། །དེ་ལ་མི་དགེ་བའི་ལས་ནི་ངེས་པར་མྱོང་བར་འགྱུར་ལ་ཇི་སྲིད་དུ་ངན་འགྲོ་གསུམ་གྱི་འབྲས་བུ་འབྱིན་པའི་ནུས་པ་དང་ལྡན་པའོ། །དེ་ཡོངས་སུ་དག་པར་བྱེད་པ་ནི་སྤོང་བ་དང་སྡོམ་པར་བྱེད་པ་སྟེ། གཉེན་པོ་ལ། ་སོགས་པའི་སྟོབས་ཀྱིས་སོ། །ཇི་སྐད་གསུངས་པ། ལས་བྱས་པ་ཡིད་ཤིན་ཏུ་སྐྲག་པ་ཡིས། །བདག་ལ་རྣམ་སྨད་པས་ནི་ཆུང་འགྱུར་ཏེ། དེ་དག་བཤགས་དང་བསྡམ་པར་བྱས་པ་ཡིས། །ཤིན་ཏུ་རྩད་ནས་འབྱིན་པ་དང་སྨྲའོ་ཞེས་སོ། །གཉེན་པོའི་སྟོབས ་ཀྱིས་ཀྱང་ཡོངས་སུ་དག་པ་ནི། ཇི་ལྟར་བུ་མོ་བྱམས་མས་ཞིང། བྱད་པར་ཅན་ངན་པ་བྱས་པས་བསླང་བའི་མི་དག་པའི་ལས། མཐོང་བའི་ཆོས་ཉིད་ལ་འབྲས་བུ་འབྱིན་པར་བྱེད་པ་ཡང་ཅུང་ཟད་ཙམ་མྱོང་བར་གྱུར་པ་དང། བསམ ་པ་ཁྱད་པར་ཅན་སྐྱེད་ནས་སེམས་ཅན་གྱི་དོན་དུ་སྨོན་པའི་སེམས་བསྐྱོད་པ་ཉིད་ཀྱིས་མ་ལུས་ཐམས་ཅད་མེད་པར་གྱུར་ཏོ། །ཞེས་སོ། །སེམས་ཅན་གྱི་དོན་དུ་སྨོན་ལམ་གྱི་སེམས་ཇི་ལྟ་བུ་ཞིག་བསྐྱེད་ཅེ་ན། གསུངས་པ། འགྲོ་པ་འདི་དག་ཐམས་ཅད་ཉིད་ན ་སེམས་ཅན་གང་ཅུང་ཟད་རྣམ་པ་འདི་ལྟར་མའི་ཡུལ་ལ་བདག་ལྟ་བུའི་ལས་བྱེད་པར་འགྱུར་བ་དེ་དག་ཐམས་ཅད་ཉིད་ཀྱིས་བྱས་པས་བདག་ཡིད་ཀྱི་སྤྱི་བོ་ལ་འཁོར་ལོ་འཁོར་བའི་སྡུག་བསྔལ་ཀུན་ནས་བསྡུས་པ་རྒྱུན་མི་འཆད་པར་ཉམས་སུ་མྱོང་བར་གྱུར ་ཅིང་འཁོར་བའི་སེམས་ཅན་འབའ་ཞིག་ཀྱང་འདི་ལྟ་བུ་མི་མྱོང་བར་གྱུར་ཅིག་ཅེས་པའོ། །རྟེན་པའི་སྟོབས་ཀྱང་ཇི་ལྟ་བར་ཕག་མོའི་རྟོགས་པ་བརྗོད་པ་ལས། ལྷའི་བུ་ཞིག་འཆི་བའི་དུས་བྱས་ནས་ཕག་མོའི་མངལ་དུ་སྐྱེ་བ་མྱོང་བར་འགྱུར་བའི་ལས་ཀྱི ་འབྲས་བུ་མངོན་དུ་བྱེད་བ། གསུམ་ལ་སྐྱབས་སུ་འགྲོ་བ་ཙམ་གྱིས་ཐམས་ཅད་རྩ་བ་ནས་བཙོན་ནས།། སུམ་ཅུ་རྩ་གསུམ་པའི་ལྟ་དག་གི་ནང་ནས་ཤི་འཕོས་ཏེ། དགའ་ལྡན་གྱི་ལྷ་དག་གི་ནང་དུ་སྐྱེ་སོ། །ཆོས་ཐམས་ཅད་བདག་མེད་པར་ཡང་དག་པར་རྟོགS ་པས་ཀྱང་ཤིན་ཏུ་རྩ་ནས་འབྱིན་ཏེ། ཇི་སྐད་དུ་ལས་ཀྱི་སྒྲིབ་པ་རྣམ་པར་དག་པའི་མདོ་ལས་ཀྱང་གསུངས་པ། དགེ་སློང་ཞིག་ལ་མི་ཚངས་པར་སྤྱོད་པ་དང། མི་བསད་པའི་ཕམ་པ་གཉིས་བྱུང་བ་ལས་ཕྱིས་འགྱོད་པའི་སེམས་ཀྱིས་གདུངས་ནས་།སྙིང ་འབར་བར་འགྱུར་ཏེ་སྨྱོན་པ་ལྟ་བུར་ལྷ་ཁང་ནས་ལྷ་ཁང་དང། གྲོང་ནས་གྲོང་དང། ཡུལ་འཁོར་ལ་སོགས་པར་སོང་ནས་སྐྱེ་བོ་མང་པོའི་མདུན་དུ་སྡིག་པ་བསལ་བར་བྱེད་དེ། ཧ་ཧ་བརྐུས་བརྐུས་ཞེས་ཡང་དང་ཡང་སྡིག་པ་བཤགས་པའི་སྟོབས ་ཀྱིས་སྤོང་ཞིང་ཇི་སྲིད་དེའི་ལས་དེ་ཆུང་བར་བྱེད་པར་གནས་ཏེ། དེའི་དོན་ཁོ་ནས་ཡིད་གདུངས་པར་གྱུར་པ་དང། དེ་ལས་གཞན་མངོན་པར་ཤེས་པ་དང་ལྡན་པའི་བྱང་ཆུབ་སེམས་དཔས། དེ་དང་དེ་བཞིན་དུ་ཟབ་མོའི་ཆོས་བསྟན་པས། གང་གིས་དེའི ་སྡིག་པ་རྣམ་པ་ཐམས་ཅད་བྱང་ནས་ཆོས་ལ་བདག་མེད་པར་ཡང་དག་པར་རྟོགས་ཏེ། མི་སྐྱེ་བའི་ཆོས་ལ་བཟོད་པར་གྱུར་ཏོ་ཞེས་སོ། །ལྟུང་བའི་འགྱོད་པ་ཐམས་ཅད་སེལ་བར་བྱེད་པ་དང། ལས་ཀྱི་སྒྲིབ་པ་ཐམས་ཅད་དག་པར་བྱེད་པ་ཡིན་པས། ཟབ་མོའི ་ཆོས་འདི་ལ་མོས་བ་དང་ངད་པར་བྱའོ། །ཇི་སྐད་འཕགས་པ་དེ་བཞིན་གཤེགས་པའི་མཛོད་ལས་རྒྱས་པར་གསུངས་ཏེ། འོད་སྲུངས་གང་ཕར་ཡང་གྱུར་ལ་རང་སངས་རྒྱས་ཀྱང་ཡིན་པ་དེའི་སྲོག་བཅད་ན་འདི་ནི་སྲོག་གཅོད་པའི་ནང་ན་ལྕི་བའོ། །མ ་བྱིན་པར་ལེན་པའི་ནང་ན་ལྕི་བ་ནི་འདི་ལྟ་སྟེ། དཀོན་མཆོག་གསུམ་གྱི་དཀར་འཕྲོག་པའོ། །མི་ཚངས་པར་སྤྱོད་པའི་ནང་ན་ལྕི་བ་འདི་ལྟ་སྟེ། མ་ཡང་ཡིན་ལ་དགྲ་བཅོམ་མ་ཡང་ཡིན་པ་དེ་ལ་སྤྱོད་པའོ། །བརྫུན་དུ་སྨྲ་བའི་ནང་ན་ལྕི་བ་ནི་འདི་ལྟ་སྟེ། ་དེ་བཞིན་གཤེགས་པ་ལ་སྐུར་བའོ། །ཕྲ་མའི་ནང་ན་ལྕི་བ་ནི་འདི་ལྟ་སྟེ། དེ་དག་འདུན་གྱི་དབྱེན་ནོ། །ཚིག་རྩུབ་པོའི་ནང་ན་ལྕི་བ་ནི་འདི་ལྟ་སྟེ། འཕགས་པ་ལ་ཚིག་ངན་པར་སྨྲ་བའོ། །དག་ཁྱལ་པ་རྣམས་ཀྱི་ནང་ན་ལྕེ?་པོ?་ནི་འདི་ལྟ་སྟེ། ཆོས་འདོད་པ ་གཡེང་བར་བྱེད་པའོ། །བརྣབ་སེམས་ཀྱི་ནང་ན་ལྕི་བ་ནི་འདི་ལྟ་སྟེ། ཡང་དག་པར་ཞུགས་པའི་རྙེད་པ་ལ་བརྣབ་སེམས་སོ། །གནོད་སེམས་ཀྱི་ནང་ན་ལྕི་བ་ནི་འདི་ལྟ་སྟེ། མཚམས་མེད་པ་བྱེད་པའི་སེམས་སོ། །ལོག་པར་ལྟ་པ་རྣམས་ཀྱི་ནང་ན་ལྕི་བ་ནི་འདི ་ལྟ་སྟེ། ཤིན་ཏུ་མ་ཐུག་པའི་ལྟ་བ་སྟེ། འདི་ལྟར་མི་དགེ་བའི་ལས་ཀྱི་ལམ་བཅུ་པ་ཐམས་ཅད་ཁ་ན་མ་ཐོ་བ་ཆེན་པོ་དང་བཅས་པ་སྟེ། འོད་སྲུངས་དེ་ལ་གལ་ཏེ་སེམས་ཅན་གཅིག་བརྒྱ་ལམ་ན་འདི་ལྟ་བུའི་ཁ་ན་མ་ཐོ་བ་ཆེན་པོ་དང་བཅས་པ ་དག་གི་མི་དགེ་བའི་ལས་ཀྱི་ལམ་བཅུ་པོ་དང་ལྡན་པར་གྱུར་ན། དེ་ཡང་དེ་བཞིན་གཤེགས་པའི་རྒྱུ་རྐྱེན་དང་ཡང་དག་པར་ལྡན་པའི་ཆོས་བསྟན་པས་གྲོལ་བར་འགྱུར་ཏེ་དེ་ལ་ཅུང་ཟད་བདག་གམ་སེམས་ཅན་ནམ། སྲོང?། ། ་གམ། གང་ཟག་གམ། བྱེད་པ་པོ་འམ། མྱོང་བ་པོ་ནི་འགའ་ཡང་མེད་དོ་ཞེས་ཡིད་ལ་བྱས་ཤིང་མངོན་པར་འདུས་ནས། ཉོན་མོངས་པ་མེད་པ་སྒྱུ་མ་ལྟ་བུའི་ཆོས་ཉིད། ཆོས་ཐམས་ཅད་རང་བཞིན་གྱིས་གསལ་བར་གྲོལ་བར་འགྱུར་པའོ། ། ་གདོད་མ་ནས་རྣམ་པར་དག་པའི་ཆོས་ཐམས་ཅད་ལ། དད་པ་དང་ལྡན་པས་མོས་བའི་སེམས་ཅན་དེ། ངན་སོང་དུ་འགྲོ་བར་མི་འགྱུར་རོ་ཞེས་ད་སྨྲའོ། །དེ་ཅིའི་ཕྱིར་ཞེ་ན། ཉོན་མོངས་པའི་ཕུང་པོ་ལ་དངོས་པོ་མེད་པ་སྟེ། ཉོན་མོངས་པ་ཐམས་ཅད ་སྐྱེ་བ་དང་འཇིག་པས་སོ། །རྒྱུ་རྐྱེན་ཚོགས་པའི་སྦྱོར་བ་ལས་སྐྱེས་བཙམ་ཉིད་ན་འགག་པའོ། །སེམས་གང་སྐྱེས་པ་དང་འགགས་པ་དེ་ཉིད་ནི་ཉོན་མོངས་པ་ཡང་འགགས་པའོ། །གང་དེ་ལྟ་བུར་མོས་པ་དེ་ལྟུང་བ་དང་ལྟུང་བ་མ་ཡིན་པ་ཅུང་ཟད་ཀྱི ་གནས་མ་ཡིན་ནོ། །གང་གནས་མེད་པ་གོ་སྐབས་མེད་པ། སྒྲིབ་པ་མེད་པའི་གནས་ལ་ནི་ལྟུང་བ་གནས་པ་ཡོད་པ་མ་ཡིན་ནོ་ཞེས་སོ། །དེ་བཞིན་དུ་བྱང་ཆུབ་ཏུ་སེམས་བསྐྱེད་པ་འདི་སྔོན་དུ་བྱས་པ་ཉིད་ཀྱིས་མི་དགེ་བས་ཀུན་ནས་བསླད་བའི ་ལྟུང་བ་ཐམས་ཅད་ལས་ཤིན་ཏུ་འདོན་པར་འགྱུར་བ་སྟེ། ཇི་སྐད་དུ་འཕགས་པ་ཨུ་པ་ལས་ཞུས་པའི་མདོ་ལས། གལ་ཏེ་བྱང་ཆུབ་སེམས་དཔའ་དེ་ལ་སྔ་དྲོའི་དུས་སུ་ལྟུང་བ་བྱུང་བར་འགྱུར་ན། གུང་གི་དུས་སུ་བྱང་ཆུབ་ཀྱི་སེམས་མེད་ན ་མངོན་དུ་བྱའོ། །དེ་ལྟར་ན་བྱང་ཆུབ་སེམས་དཔའ་དེའི་ཚུལ་ཁྲིམས་ཀྱི་ཕུང་པོ་ཕྱིན་ཅི་མ་ལོག་པར་རིག་པར་བྱའོ། །དེ་ལྟར་གུང་གི་དུས་སུ་ལྟུང་བ་བྱུང་བར་གྱུར་ན་ནི་ཕྱི་དྲོའི་དུས་སུ་བྱང་ཆུབ་ཀྱི་སེམས་མངོན་དུ་བྱའོ། །དེ་ལྟར་ན་བྱང་ཆུབ ་སེམས་དཔའ་དེའི་ཚུལ་ཁྲིམས་ཀྱི་ཕུང་པོ་ཕྱིན་ཅི་མ་ལོག་པར་རིག་པར་བྱའོ་ཞེས་པ་ལ་སོགས་པའོ། །ཇི་སྐད་དུ་སྡོང་པོ་དཀོད་པའི་མདོ་ལས་ཀྱང་གསུངས་ཏེ། རིགས་ཀྱི་བུ་བྱང་ཆུབ་ཀྱི་སེམས་ནི་བསྐལ་པ་ཆེན་པོའི་མེ་ལྟ་བུ་སྟེ། ཉེས་བྱས་ཐམས ་ཅད་སྲག་པའོ་ཞེས་བྱ་བ་ལ་སོགས་པའོ། །སུམ་བརྒྱ་པ་ལས་གསུངས་པ། གང་ཡང་རབ་འབྱོར་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་རྣམ་པ་འདི་ལྟ་བུའི་ཚུལ་གྱིས་མདོ་འདི་ལེན་པར་བྱེད་པ་དང། འཛིན་པར་འགྱུར་བ་དང། ཀློག་པར་འགྱུར་བ་དང ་ཚུལ་བཞིན་དུ་ཡིད་ལ་བྱེད་པ་དེ་ཡོངས་སུ་འགྱུར་བ་དང། ཤིན་ཏུ་ཡོངས་སུ་ཡང་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། གང་སེམས་ཅན་དེ་དག་གི་སྐྱེ་བ་སྔ་པར་མི་དགེ་པའི་ལས་བྱས་པས་ངན་སོང་དུ་སྐྱེ་བར་ངེས་པ་མཐོང་བའི་ཆོས་ཉིད་ལ་མྱོང ་བར་འགྱུར་བ་སྐྱེ་བ་སྔོན་མའི་མི་དགེ་བའི་ལས་ཡོངས་སུ་ཟད་པར་འགྱུར་རོ། །ཞེས་པ་ལ་སོགས་པས། སྡིག་པའི་ལས་གང་ངེས་པར་མྱོང་བར་འགྱུར་བ་ཤིན་ཏུ་ཡོངས་སུ་བྱང་བར་བྱེད་བར་འགྱུར་རོ་ཞེས་པའོ། །ཁ་ཅིག་འདི་སྐད་དུ་སྨྲ་སྟེ། ་ཐ་མ་འབྲིང་གི་སྡིག་པའི་ལས་སུ་གྱུར་པ་ནི་བཤགས་པ་ལ་སོགས་པའི་སྟོབས་ཀྱིས་ཀྱང་རྩ་བ་ནས་འགྱུར་ན། ལྕི་བའི་ལས་མཚམས་མེད་པ་ཐམས་ཅད་ཀྱི་ཐམས་ཅད་ཀྱི་ཐམས་ཅད་དུ་རྩ་ནས་འབྱིན་པ་ཇི་ལྟར་འགྱུར་ཞེ་ན། དེ་ལ ་བརྗོད་བར་བྱ་སྟེ། མ་སྐྱེས་དགྲ་ལ་སོགས་པ་མཚམས་མེད་པ་བྱས་པ་གང་ཆུང་ངུ་དང་འབྲིང་དང་ཆེན་པོའི་བསམ་པའི་དབྱེ་བ་ལ་སོགས་པས་མནར་མེད་བར་བསྐལ་པར་ཅུང་མཆོག་པ་འམ། ཕྱེད་དུ་གནས་པར་ཇི་ལྟར་འགྱུར་ཏེ། དེ་དག་ཤིན་ཏུ ་འགྱོད་པས་སེམས་གདུངས་པའི་ཤུགས་དང། བཤགས་པ་ལ་སོགས་པའི་སྟོབས་ཀྱིས་དེའི་ལས་བསྲབས་པར་གྱུར་ནས། གང་ལས་དེ་ཕོ་ལོང་འཕངས་བ་ཙམ་གྱི་དུས་སུ་ལས་ཀྱི་འབྲས་བུ་མྱོང་ངོ་ཞེས་སོ། །ཅི་དེ་སྲིད་དུ་དེའི་ལས་དེ་རྩ་བ་ནས ་བྱུང་བར་མ་གྱུར་ཏམ། ཞིང་ཉག་མ་གཅིག་མ་བརྔས་པས་ཞིང་ཐམས་ཅད་མ་བརྔས་པར་གྱུར་པ་མ་ཡིན་ནོ། །ཡང་མ་ངེས་པའི་ལས་ཀྱིས་ཕུང་པོ་ཇི་ལྟར་ཟད་པར་འགྱུར་ཞེ་ན། སྦྲང་བུའི་རྐང་པའི་ལྷག་ན ་ཙམ་གང་གི་ཕྱིར་གཉན་པོའི་ཕྱོགས་ཀྱི་སེམས་སྐྱེད་པ་ལས་ཞུགས་པས་ཡོངས་སུ་ཟད་པར་འགྱུར་བ་ཁོ་ནའོ། །གང་འདི་སྐད་དུ་གསུངས་པ། བསྐལ་པ་བྱེ་བ་བརྒྱ་རུ་ཡང། །ལས་ནི་ཆུད་ཟོད་མི་འགྱུར་ཏེ། །ཚོགས་པའི ་དུས་སུ་འབྲས་བུ་ནི། །ལུས་ཅན་ལ་ནི་སྨིན་པར་འགྱུར། །ཞེས་པ་ལ་སོགས་པ་དེ་ཇི་ལྟར་མ་ངེས་ཤེ་ན། སྨད་པ་ལ་སོགས་པ་ཀུན་ཏུ་སྤྱད་པའི་སྟོབས་ཀྱིས་གསལ་བ་དང་ཆུང་བར་མ་བྱས་པ་དེ་དག་ལས་འདི་བསྟན་པར་བལྟ ་བར་བྱའོ། །དེ་བཞིན་དུ་ཡང་གསུངས་པ། མི་མཁས་སྡིག་པ་ཆུང་དུ་བྱས་ཀྱང་འོག་ཏུ་འགྲོ། མཁས་པས་ཆེན་པོར་བྱས་ཀྱང་ངེས་ན་དོན་མེད་གནོད་པ་སྤོང། །ལྕགས་ཀྱི་གོང་བུ་ཆུང་ཡང་ཆུ་ཡི་འོག་ཏུ་འབྱིང། །སྣོད་བྱས་ན་ནི་ཆེན་པོ ་ཡིད་ན་སྟིང?་དུ་ལྡིང་ཞེས་སོ། །སྡིག་པའི་ལས་མྱོང་བར་འགྱུར་བར་མ་ངས་པ་དུས་གསུམ་གྱི་གྲངས་ལས་འདས་པ་དེ་ཡང། ལས་ཀྱི་དབང་གིས་ཕྱོགས་ཀུན་ཏུ་དུས་གཅིག་ཁོ་ནས་འཁོར་བའི་རྒྱུན་དན་འགྲོར་སྐྱེས་པའི་སེམས་ཅན་དག་ལ་ཕན ་པ་དང་བདེ་བའི་ཆོགས་ཐོབ་པའི་དོན་དུ་དེ་དང་གྲོགས་མཐུན་པར་རིགས་དང་ཁ་དོག་དང་དབྱིབས་དང། ཚད་དབྱེ་བ་དབྱེར་མེད་པའི་རྣམ་པར་སྨིན་པའི་འབྲས་བུ་ངེས་པར་བྱེད་པའོ། །དགེ་བའི་ལས་ཀྱི་སྲིད་པའི་འབྲས་བུ་འབྱིན་པའི ་ནུས་པ་དང་ལྡན་པས་དེ་ཡང་ཡོངས་སུ་སྦྱོར་བའོ། །ཇི་ལྟར་ཞེས་པ་ནི་རྣམ་པར་སྨིན་པའི་འབྲས་བུ་བསལ་ནས་བྱང་ཆུབ་ཉིད་དུ་སྨོན་ལམ་གྱི་སྟོབས་ཀྱིས་ཡོངས་སུ་བསྔོ་བར་ངེས་བར་བྱའོ། །གཟུགས་དང་གཟུགས་མེད་པ་ན་སྤྱོད ་པའི་མི་གཡོ་བའི་ལས་ཀྱང་བསམ་གཏན་དང་སྙོམས་པར་འཇུག་པས་བསླང་བ་དེའི་སྟོབས་དེ་ཉིས་ཀྱིས་དེ་ཡང་སྤངས་ནས། ལས་ཀྱིས་དབང་གིས་སེམས་ཅན་གྱི་འདོད་པ་ཇི་ལྟར་འདོད་པ་བཞིན་དུ་ངེས་པར་སྦྱོར་བ་སྟེ། འདི་ནི་འདིར་སྦྱང ་པའོ། །ཉོན་མོངས་སྟོབས་རྣམས་རབ་ཏུ་འཇོམས་བྱེད་ཅིང་ཞེས་པ་ལ། ལུས་དང་སེམས་ཀྱི་རྒྱུད་ཉོན་མོངས་པར་བྱེད་པས་ན་ཉོན་མོངས་པ་སྟེ། འདོད་ཆགས་ལ་སོགས་པའོ། །དེ་དག་གི་སྟོབས་ནི་མཐུ་སྟེ། འགྲོ་བ་དག་གང་གི་དབང ་དུ་གྱུར་པའི་དུས་ཉིད་ན། བགྲོད་པ་དང་བགྲོང་པ་ཡང་མ་ཡིན་པ་དང། ཕན་པ་དང་མི་ཕན་པ་དང། ཡང་བ་དང་ལྕི་བ་ལ་སོགས་པ་ཐམས་ཅད་མི་ཤེས་པ་སྟེ། དེ་དགེ་ལ་སོགས་པ་བསྒོམ་པ་འཇིག་རྟེན་པའི་ལམ་གྱིས་འཇོམས་པ་ནི་ཟིལ ་གྱིས་གནོན་པའོ། །མདོར་བསྡུ་ན་ཉོན་མོངས་པ་དེ་ཉིད་དབང་དུ་བྱས་ནས་བྱང་ཆུབ་ཀྱི་ཡན་ལག་ཏུ་བསྒོམས་པའོ་ཞེས་པའོ། །བདུད་ཀྱི་སྟོབས་རྣམས་སྟོབས་མེད་རབ་བྱེད་ཅིང་ཞེས་པ་ལ། བདུད་ཅེས་པ་ནི་ལྷའི་བུ་ལ་སོགས་པའོ། །དེ་དག་གི ་སྟོབས་ནི་བྱང་ཆུབ་སེམས་དཔའ་ཨི་སྤྱོད་པའི་བར་དུ་གཅོད་པའི་ནུས་པ་སྟེ། དེ་ཡང་ཡེ་ཤེས་ཀྱིས་སྟོབས་ཀྱིས་སྟོབས་མེད་པའི་ནུས་པ་མེད་པ་དང། མི་གནས་པར་བྱ་བའོ། །བཟང་པོ་སྤྱོད་པའི་སྟོབས་ནི་རྫོགས་པར་བགྱི་ཞེས་པ་ལ། བཟང་བོ ་སྤྱོད་པའི་སྟོབས་གྱིས་མི་མཐུན་པའི་ཕྱོགས་ཟིལ་གྱིས་མན་ནམས?་མངོན་པར་འདུ་བྱ་བ་མེད་བར་བྱེད་པ་སྟེ། དེ་ཐམས་ཅད་མ་ལུས་པར་ཡོངས་སུ་རྫོགས་པར་བྱའོ་ཞེས་པའོ། །རྫུ་འཕྲུལ་ལ་སོགས་པའི་སྟོབས་རྣམ་པ་བཅུ་གོང་དུ་བསྟན ་པ་དང། འདི་ཉིད་ཀྱིས་ཡང་དེ་མ་ཐག་ཏུ་བསྟན་པའི་གཉེན་པོ་རྣམ་པ་གསུམ་ཡང་བསྟན་ནས། ད་ནི་གང་བྱང་ཆུབ་སེམས་དཔའ་དག་ནི་ལས་རྣམ་པ་བཅུ་བཞི་རྒྱས་པར་སྟོན་པ་ལས། ལས་དེ་ཡང་རྣམ་པ་བརྒྱད་དོ། །སངས་རྒྱས་ཀྱི་ཞིང་ཡོངས་སུ ་དག་པ་ལ་སོགས་པའི་ཚིགས་སུ་བཅད་པ་གཉིས་ཀྱིས་གང་གསུངས་བ། ཞིང་རྣམས་རྒྱ་མཚོ་ཞེས་པ་ལ་སོགས་བ་ལ། སངས་རྒྱས་ཀྱི་ཞིང་རྒྱ་མཚོ་དག་བདེ་བ་ཅན་དང་པདྨ་ཅན་དང་འདྲ་བར་སྐད་ཅིག་ལ་ཡོངས་སུ་དག་བར་བྱ་བའོ ་དེ་བཞིན་དུ་འཁོར་བའི་བརྩོན་ར་ན་ཉོན་མོངས་པའི་ལྕགས་སྒྲོག་གི་བཅིང་བས་བཅིངས་བའི་སེམས་ཅན་རྒྱ་མཚོ་དག་རྫུ་འཕྲུལ་དང་ཀུན་བརྗོད་པའི་ཆོ་འཕྲུལ་གཉིས་ཀྱིས་དང་བར་བྱས་ནས། རྗེས་སུ་བསྟན་པའི་ཆོ་འཕྲུལ་གྱིས་སྐད་ཅིག་ལ ་དག་བར་བྱེད་པའོ། །ཆོས་རྣམས་རྒྱ་མཚོ་ཞེས་པ་ནི་བསྟན་པའི་ཆོས་རྒྱ་མཚོ་དང། རྟོགས་པའི་ཆོས་རྒྱ་མཚོ་སྟེ། ཤེས་རབ་ཀྱི་མིག་གིས་སྐད་ཅིག་ལ་མཐོང་བའི་ལྟ་བའོ། །ཤེས་བྱ་མཛའ་ཡས་བའི་ཕྱིར་ཡེ་ཤེས་ཀྱང་མཛའ་ལས་བ་སྟེ། ་དེའི་ཕྱིར་གསུངས་པ། ཡེ་ཤེས་རྒྱ་མཚོ་ཞེས་སོ། །དེ་སྐད་ཅིག་ལ་ཡེ་ཤེས་རྒྱ་མཚོ་རྟོགས་པ་ནི་ཡིད་ཀྱིས་རྟགས་པར་བྱ་བའོ་ཞེས་པའི་བར་དུའོ། །སྤྱོད་པ་རྒྱ་མཚོ་ཞེས་བྱ་བ་ལ། བྱང་ཆུབ་སེམས་དཔའ་ཨི་སྤྱོད་པ་རྒྱ་མཚོ་དང། བཟང་པོ་སྤྱོད ་པི་སྤྱོད་བ་རྒྱ་མཚོ་སྟེ། བྱེ་བྲག་ཏུ་མ་བྱས་པའི་ཕྱིར་ན་གཉི་ག་ཡང་ཉེ་བར་བསྟན་པའོ། །དེ་ལ་བྱང་ཆུབ་ཀྱི་སྤྱོད་པ་ནི་སངས་རྒྱས་ཀྱིས་ཆོས་འཕེལ་བར་བྱེད་པ་ཡེ་ཤེས་ཀྱི་ཚོགས་སོ། །བཟང་པོ་སྤྱོད་པ་ཡང་འགྲོ་བ་ཐམས་ཅད་ལ་ཕན་བ་དང ་བདེ་པ་སྐྱེད་པ་བསོད་ནམས་ཀྱི་ཚོགས་སོ། །འོན་ཀྱང་བཟང་པོ་སྤྱོད་པ་ཡང་བྱང་ཆུབ་ཀྱི་སྤྱོད་པ་ཉིད་དོ། །གཉི་ག་ཡང་བྱང་ཆུབ་ཐོབ་པར་བྱེད་པའི་ཕྱིར་རོ། །འོན་ཀྱང་དངོས་དང་བརྒྱུད་པའི་བྱེ་བྲག་ཉིད་དོ། །དེ་སྤྱོད་པ་རྒྱ་མཚོ་ནི་མངོན་པར ་ཤེས་པའི་སྟོབས་ཀྱིས་སྐད་ཅིག་ལ་དག་པར་བྱེད་པ་སྟེ། དྲི་མ་མེད་པར་བྱེད་པའོ། །སྨོན་ལམ་རྒྱ་མཚོ་ནི་སྐད་ཅིག་གཅིག་ལ་ཚུལ་ཁྲིམས་དང། ཏིང་ངེ་འཛིན་གྱི་སྟོབས་ཀྱིས་ཡོངས་སུ་རྫོགས་པར་བྱེད་པའོ། །སངས་རྒྱས་རྒྱ་མཚོ་ནི་ཕྱོགས ་བཅུ་ན་བཞུགས་པའི་སངས་རྒྱས་རྒྱ་མཚོ?་ལ་མཆོད་པའི་སྤྲིན?་ནམ་མཁའ་ཁྱབ་པ་དག་གིས་སྐད་ཅིག་ལ་མཆོད་པར་བྱ་བའོ། །བསྐལ་བ་རྒྱ་མཚོའི་སྤང་པ་ནི་མི་སྐྱོ་བའི་ཡིད་ཀྱིས་བྱ་བའོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཨི་རྗེས་སུ་བསླབ་པར ་ཡོངས་སུ་བསྔོ་བ་ནི་རྣམ་པ་བཅོ་ལྔ་བ་སྟེ། དེ་ཡང་རྣམ་པ་གཉིས་ལས། དེ་ལ་དེ་བཞིན་གཤེགས་པའི་རྗེས་སུ་ཡོངས་སུ་བསྔོ་བ་བསླབ་པར་གང་གསུངས་པ་ནི། གང་ཡང་དུས་གསུམ་གཤེགས་པ་རྒྱལ་བ་ཡིད་ཞེས་བྱ་བ་ལ། གང་ཡང་དུས ་གསུམ་དུ་བཞུགས་པའི་རྒྱལ་བ་དག་གི་བྱང་ཆུབ་སེམས་དཔའ་ཨི་སྤྱོད་པ་ནི། སྨོན་ལམ་ཁྱད་པར་ཅན་དེ་ཐམས་ཅད་མ་ལུས་པར་བདག་གིས་ཡོངས་སུ་རྫོགས་པར་བགྱི་ཞེས་པ་ནི། ཡོངས་སུ་རྫོགས་པར་བྱ་བའོ། །བཟང་པོ་སྤྱོད་བ་ཞེས་པ་ན། བཟང ་པོ་སྤྱོད་པའོ། །བྱང་ཆུབ་སངས་རྒྱས་ཤེས་པ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུའོ། །ལུས་དང་ངག་དང་ཡིད་ཀྱི་སྤྱོད་བ་དང། ཞིང་རྣམ་པར་དག་པའི་སྨོན་ལམ་རྣམ་པར་དག་བ་དག། འཕགས་པ་བྱང་ཆུབ་སེམས་དཔའ་ཀུན་ཏུ ་བཟང་པོའི་རྗེས་སུ་བསླབ་པ་དང། ཡོངས་སུ་བསྔོ་པའི་ཚིགས་སུ་བཅད་གསུམ་གྱིས་གསུངས་བ་ནི། སྲས་ཀྱི་ཐུ་བོ་ཞེས་བྱ་བ་ལ་སོགས་པ་ལ། གང་ཀུན་ཏུ་བཟང་པོའི་སྤྱོད་པའི་བྱང་ཆུབ་སེམས་དཔའ་དག། དེ་བཞིན་དུ་ཇི་སྲིད་དུ་བྱང་ཆུབ་སེམས ་དཔའ་ཨི་རྣམ་པར་ཐར་པ་དང་ཇི་སྲིད་དུ་ཏིང་ངེ་འཛིན་དང། མདོར་བསྡུ་ན་ཇི་སྲིད་དུ་བྱང་ཆུབ་སེམས་དཔའ་ཨི་ཡོན་ཏན་འདི་དག་མ་ལུས་པ་དེ་སྲིད་དུ་ཐམས་ཅད་ཉིད་ལས་བྱང་ཆུབ་སེམས་དཔའ་འཕགས་པ་ཀུན་ཏུ་བཟང་པོ་མཆོག་ཏུ་གྱུར་པ་དེས ་ན་ཐུ་བོ་ཞེས་གསུངས་སོ། །རྒྱལ་བ་ཐམས་ཅད་ཀྱི་སྲས་ཀྱི་ཐུ་བོ་འཕགས་པ་ཀུན་ཏུ་བཟང་པོ་ཞེས་བྱང་ཆུབ་སེམས་དཔའ་དེ་ལ་མཁས་པ་ཞེས་སོ། །དེ་ཉིད་མཁས་པ་སྟེ། གང་དེ་དང་མཚུངས་པར་སྤྱད་པའི་ཞེས་བ་ནི་མཉམ་དུ་སྤྱད་པའོ། །དེ་ལྟར ་དགེ་བའི་རྩ་པ་ཇི་ལྟར་བསྟན་པ་དེ་སྐད་ཅིག་ལ། དེ་ཡོངས་སུ་བསྔོ་ཞེས་པ་ནི་ཡོངས་སུ་བསྔོ་བར་བྱའོ། །ལུས་དང་ངག་རྣམས་དང་ནི་སེམས་ཀྱི་ཞེས་བྱ་བ་ནི། ལུས་དང་ངག་དང་ཡིད་རྣམ་པར་དག་པ་དང། སྤྱོད་པ་རྣམ ་པར་དག་པ་དང་ཞིང་ཡོངས་སུ་དག་པའོ། །གང་དང་འདྲ་བར་ཞེ་ན། གང་གི་མིང་ནི་ཞེས་པ་སྟེ། མི་གང་ཡོངས་སུ་བསྔོ་བ། བཟང་པོ་ལ་མཁས་པ་ཞེས་པ་སྟེ། །འཕགས་པ་ཀུན་ཏུ་བཟང་པོ་ནི་བཟང་པོ་ལ་མཁས་པའོ། །དེ་འདྲར་ཞེས་པ་ནི་དེ་དང་མཚུངས་པ་ཉིད་དུ་བདག་གྱུར་ཅིག་པའོ། །མཚུངས་ཤེས་པ་ནི་འདྲ་བར་རོ། །དེས་ན་ཞེས་པ་ནི་འཕགས་པ་ཀུན་ཏུ་བཟང་པོའོ། །བཟང་པོ་སྤྱོད་པ་ཞེས་ཏེ། བཟང་པོའི་སྤྱོད་པའོ། །ཀུན་ནས་དགེ་བ་ཞེས་པ་ནི་ཐོག་མ་དང་བར་མ་དང ་ཐ་མར་རོ། །འཇམ་དཔལ་གྱིས་སྨོན་ལམ་ཞེས་པ་ནི། འཕགས་པ་འཇམ་དཔལ་གྱི་སྨོན་ལམ་གྱི་སྤྱོད་པའོ། །དེའི་སྨོན་ལམ་ཇི་ལྟ་བུ་ཞེ་ན། འཕགས་པ་འཇམ་དཔལ་ཆོས་ཀྱིས་རྒྱལ་བོར་གྱུར་པ་ན་གསུངས་པ། ཇི་སྲིད་དང་པོའི་མཛའ་ ་ནས་ནི། །འཁོར་བའི་མཛའ་མ་སྤངས་པ་རུ། །དེ་སྲིད་སེམས་ཅན་ཕན་པ་ཉིད། །བདག་ནི་སྤྱོད་པ་སྤྱོད་པར་ཤོག་།ཅེས་པ་ལ་སོགས་པ་རྒྱས་པར་གསུངས་པའོ། །མ་འོངས་བསྐལ་པ་ཀུན་ཏུ་མི་སྐྱོ་བར། །ཞེས་པ་ནི་མ་འོངས་པའི ་བསྐལ་བ་མ་ལུས་པ་ཐམས་ཅད་དུ་ཡང་མ་དུབ་པའི་སེམས་ཀྱིས་བསམ་པས་བྱ་བའོ། །དེ་དག་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཨི་བྱ་བའི་ལས་ཡོངས་སུ་རྫོགས་པར་བྱ་བ་ནི་ཕུན་སུམ་ཚོགས་པར་བྱ་བའོ་ཞེས་པའོ། །ཚད་མེད ་པ་དང། སྦྱོར་བ་དང། ཡོན་ཏན་དང། སྤྱོད་པ་དང། གནས་སྐབས་ཀྱི་ཁྱད་པར་གྱིས་བསྡུས་པ་རྣམ་པ་བཅུ་དྲུག་པ་གང་གསུངས་པ་ནི་སྤྱོད་པ་དག་ནི་ཞེས་བྱ་བ་ལ་སོགས་པ་ལ་བདག་གི་སྤྱོད་པ་ཚད་ཡོད་པར་མ་གྱུར་བ་དང ་ཡོན་ཏན་ཚད་གཟུང་དུ་མེད་པར་གྱུར་པ་དང། སྤྱོད་པ་ཚད་མེད་པར་གྱུར་པ་དང། ཡོན་ཏན་ཚད་མེད་པར་གྱུར་པ་ལ་གནས་ནས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དེ་དག་གི་རྣམ་པར་འཕྲུལ་པ་རྫུ་འཕྲུལ་ལ་སོགས་པ་གང་ངོ་མཚར་? ་གྱུར་པ་རྣམས་ཐམས་ཅད་ཀྱི་ཐམས་ཅད་དུ་འཚལ་བར་བགྱིའོ་ཞེས་སོ། །འདི་ནི་དེའི་རབ་ཏུ་དབྱེ་བ་རྣམ་པ་བཅུ་དྲུག་སྟེ་དོན་བརྒྱད་པའོ། །ད་ནི་དེའི་མཐར་ཐུག་པའི་དོན་དགུ་པ་སྟེ། དེ་ནི་ཀུན་ཏུ་བཟང་པོའི་སྨོན་ལམ་གྱི་མཐར་ཐུག་པ་སྟེ། ནམ ་མཁའ་ཨི་མཐར་ཐུག་པ་ཞེས་པ་ལ་སོགས་པ་གང་གསུངས་པ། ནམ་མཁའ་ཨི་མཐར་ཐུག་པ་ཞེས་བྱ་བ་ལ་སོགས་པ་ལ། ཇི་སྲིད་དུ་ནམ་མཁའ་ཨི་ཁམས་ཀྱི་མཐར་ཐུག་པར་གྱུར་པ་སེམས་ཅན་གྱི་ཁམས་ཀྱི་མཐར་ཐུག་པ་དེ་སྲིད་དང། ལས་དང ་ཉོན་མོངས་པ་ཡང་འགྲོ་བ་ཇི་སྲིད་པའི་མཐར་ཐུག་པ་དེ་སྲིད་ཀྱི་བར་དུ། བདག་གིས་ཀུན་ཏུ་བཟང་པོའི་སྤྱོད་པའི་སྨོན་ལམ་འདི་ཡང་གྱུར་ཅིག་པའོ། །ནམ་མཁའ་མཐར་ཐུག་པ་མེད་པ་དང་ཡོངས་སུ་རྫོགས་པ་མེད་པ་དེ་བཞིན་དུ་།བདག་གི་སྨོན ་ལམ་ཡང་མཐར་ཐུག་པ་མེད་པ་དང། ཡོངས་སུ་རྫོགས་པ་མེད་པར་གྱུར་ཅིག་ཅེས་པའོ། །དོན་བཅུ་པ་ནི་སྨོན་ལམ་གྱི་ཕན་ཡོན་ནོ། །དེ་ཡང་རྣམ་པ་གཉིས་ཏེ། མཐོང་བའི་ཆོས་དང། ཕ་རོལ་གྱིའོ། །དེ་ལ་མཐོང་བའི་ཆོས་ལ་བཞི་སྟེ། འདི ་ལྟ་སྟེ། བསོད་ནམས་ཁྱད་པར་ཅན་ཡོངས་སུ་བཟུང་བ་དང། དེ་བཞིན་གཤེགས་པ་བལྟ་བ་དང། བྱང་ཆུབ་སེམས་དཔའ་ཨི་གྲོགས་མཐུན་པ་རྙེད་པ་དང། ལས་ཀྱི་སྒྲིབ་པ་ཐམས་ཅད་ཡོངས་སུ་ཟད་པའོ། །དེ་ལ་རབ་ཏུ་མང་བར་གྱུར་པ་རྒྱ་ཆེ ་བ་རྣམ་པ་སྣ་ཚོགས་པའི་རྗེས་སུ་བཟུང་བའི་དངོས་པོ་ཞིང་ཁྱད་པར་དུ་འཕགས་པའི་གཏམ་བྱང་ཆུབ་ཀྱི་དོན་དུ་གྱུར་པའི་སྨོན་ལམ་ལ། མོས་པའི་མཆོག་ཁྱད་པར་དུ་འཕགས་པའི་བསོད་ནམས་ཡོངས་སུ་བསྔོ་བ་གང་གསུངས་པ་ནི། ་གང་ཡང་ཕྱོགས་བཅུའི་ཞིང་རྣམས་ཞེས་བྱ་བ་ལ་སོགས་པ་ལ། གང་ཡང་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་གིས་ཕྱོགས་བཅུ་མཛའ་ཡས་པ་མཐར་ཐུག་པའི་སངས་རྒྱས་ཀྱི་ཞིང་སྣ་ཚོགས་པ། རིན་པོ་ཆེ་དང ་གོས་དང། བླ་རེ་དང། གདུགས་དང། རྒྱལ་མཚན་དང། བ་དན་དང། རོལ་མོ་དང། རིན་པོ་ཆེའི་དྲིལ་བུ་དང། ཕྲེང་བ་དང། དྲི་དང། མེ་ཏོག་དང། མར་མེའི་ཕྲེད་བ་དག་མི་དང་ལྷའི་དག་ལས་ཤིན་ཏུ་འདས་པ་བརྒྱན་པ། ལྷ་དང་མི་དག་གི་ཁྱད་པར་དུ ་འཕགས་པའི་བཟའ་བ་དང་གཏུང་བ་ལ་སོགས་པ་རོ་ལྔ་བརྒྱ་དང་ལྡན་པ་མཆོག་ཏུ་བདེ་བ་སྐྱེད་པར་བྱེད་པ། སངས་རྒྱས་ཀྱི་ཞིང་རྡུལ་དང་མཉམ་པའི་བསྐལ་པར་སངས་རྒྱས་བཅོམ་ལྡན་འདས་དག་ལ་དབུལ་པར་བྱའོ། །གང་ཡང་གཞན་འདི ་ལྟ་བུའི་བསྔོ་བའི་རྒྱལ་པོ་འདི་ཐོས་ནས། ལན་ཅིག་ཙམ་ཡང་མོས་པ་སྟེ། མངོན་པར་ཡིད་ཆེས་པ་ཉིད་ཀྱིས་འདི་ཉིད་ངེས་པར་སྐྱེས་ནས་གང་བྱེད་པའོ། །དེ་གང་ཞེ་ན། བྱང་ཆུབ་མཆོག་གི་རྗེས་སུ་རབ་མོས་ཏེ། ཞེས་པ་ནི་ཐེག་པ་ཆེན་པོ་ལའོ ་དེ་ཡང་སྔོན་པས་བཟང་བའི་བསོད་ནམས་ཁྱད་པར་དུ་འཕགས་པ་འདི་ཐོབ་པར་འགྱུར་བའོ། །འགྱུར་རོ་ཞེས་བྱ་བར་བསྟན་པ་ནི་དེ་དག་གི་དོན་དྲུག་པའི་རྣམ་པར་དབྱེ་བར་ཡོངས་སུ་འགྱུར་པ་སྟེ། དེའི་བསོད་ནམས་ཀྱི་མཆོག་ཁྱད་པར ་དུ་འཕགས་པ་འདི་ལྟ་བུར་འགྱུར་བའོ། །སྡིག་པའི་གྲོགས་པོ་ངན་པ་སྤོང་པ་དང། དེ་བཞིན་གཤེགས་པ་ལ་ལྟ་བ་གང་གསུངས་པ། གྲོགས་པོ་ངན་པ་སྤངས་པ་ཡིན་ཞེས་བྱ་བ་ལ་སོགས་པ་ལ། གྲོགས་པོ་ངན་པ་ནི་མི་དགེ་བའི ་བཤེས་གཉེན་ཏེ། ཉན་ཐོས་ལ་སོགས་པའོ། །འཆི་བའི་དུས་ན་དེས་པར་བཅོམ་ལྡན་འདས་སྣང་བ་མཛའ་ཡས་དེ་བཞིན་གཤེགས་པ་མྱུར་དུ་མཐོང་བའོ། །གང་གིས་མ་ཐོང་ཞེ་ན། གང་འདི་ལྟ་བུའི་བཟང་པོ་སྤྱོད?་པའི་སྨོན་ལམ་གྱི ་སྙིང་པོར་གྱུར་པའི་གཞུང་དང་དོན་དག་བློ་ལ་གནས་པའོ། །སྐྱེ་བ་འདི་ཐོབ་པ་ལ་བསྔགས་པའི་གྲོགས་པོ་བྱང་ཆུབ་སེམས་དཔའ་དང། གང་ཕྲད་པ་གསུངས་པ་ནི། རྙེད་པར་བརྙེད་ཅེས་བྱ་བ་ལ་སོགས་པ་ལ། རྙེད་པ་ནི་བླ་ན་མེད་པའི ་སྨོན་ལམ་རིན་པོ་ཆེ་རྙད་པའོ། །རབ་ཏུ་རྙེད་པ་ནི་ངེས་བདེ་བར་འཚོ་བ་དང། དེ་དག་སྨོན་ལམ་རིན་པོ་ཆེ་ཉིད་རྙེད་པ་སྟེ། འདི་ཉིད་ཀྱིས་ཡང་སྐྱེ་བ་ན་མཆོག་ཏུ་གྱུར་པ་ཐོབ་པར་བྱ་བའི་དངོས་པོ་ཐོབ་པའི་ཕྱིར་རོ། །ལེགས་པར་འོངས་པ? ་ནི་མིའི་སྐྱེ་བར་རོ། །གང་འཕགས་པ་ཀུན་ཏུ་བཟང་པོའི་སྤྱོད་པ་དེ་ཅི་འདྲ་བར་དེ་ཡང་མྱུར་བ་ཉིད་དུ་དེ་བཞིན་དུ་དེ་དང་འདྲ་བར་གྱུར་ཅིག་ཅེས་པའོ། །ལས་ཀྱི་སྒྲིབ་པ་ཡོངས་སུ་ཟད་པའི་ཕན་ཡོན་བཞི་པ་གང་གསུངས་པ་ནི་མཚམས ་མེད་ལྔ་པོ་ཞེས་བྱ་བ་ལ་སོགས་པ་ལ། མཚམས་མེད་པ་ལྔ་ནི་མ་བསང་པ་ལ་སོགས་པ་སྟེ། གང་མི་ཤེས་པའི་དབང་གིས་བྱས་པའོ། །མི་ཤེས་པ་རྩ་བར་གྱུར་པའི་ཕྱིར་ན། གཞན་འདོད་ཆགས་ལ་སོགས་པ ་ཡང་ཡང་མ་ཤེས་པའི་དབང་གིས་ཞེས་བརྗོད་དོ། །དེ་ཀུན་ཏུ་བཟང་པོའི་སྤྱོད་པའི་སྨོན་ལམ་ཇི་སྐད་དུ་བཤད་པ་འདི་འདོན་པ་ལ་དད་པའི་ཆུ་ཡིས་སྙིང་གང་བར་གྱུར་པས། འདོན་པ་དང། སྟོན་པ་དང། ཡིད་ཀྱིས་མོས་པ ་དང། ཀློག་པ་དང། འཛིན་པ་དང། བསྒོམ་པ་ལ་སྐྲག་པའི་ཤུགས་ཀྱིས་ཉིན་མཚན་དུ་ཡི་དམ་དུ་བྱེད་ན་མཚམས་མེད་པ་ཡང་མྱུར་དུ་མ་ལུས་པར་ཡོངས་སུ་ཟད་པ་སྟེ། རྩ་ནས་འབྱིན་པའོ། །ཕ་རོལ་གྱི་ནི ་རྣམ་པ་གཉིས་ཏེ། ཕ་རོལ་གྱི་རྒྱུ་དང་འབྲས་བུའོ། །དེ་ལ་ཡེ་ཤེས་དང་མཚན་དང་དཔེ་བྱང་དང། རིགས་ཀྱི་མི་མཐུན་པའི་ཕྱོགས་ཀྱིས་མ་བཅིངས་པར་གྱུར་པའི་མཚན་ཉིད་གང་གསུངས་པ། ཡེ ་ཤེས་དང་ནི་གཟུགས་དང་ཞེས་བྱ་བ་ལ་སོགས་པ་ལ། ཡེ་ཤེས་ཞེས་པ་ནི་ཡེ་ཤེས་ཀྱི་སྤྱོད་པ་རྒྱ་མཚོས་འགྲོ་བའི་གཟུགས་ཞེས་པ་ནི། གཟུགས་ཡིད་དུ་འོང་བའོ། །མཚན་ཞེས་པ་ནི ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཏེ། སྤྱི་གཙུག་ལྟར་མི་མངོན་པ་ལ་སོགས་པ་དག་དང་མཚན་གྱི་འཁོར་དཔེ་བྱད་དག་སྟེ། གཞན་ལ་མེད་པ་དེ་དང་ལྡན་པར་གྱུར་པ་ཞེས་གོ་བར་བྱའོ། །རིགས་ཤེས་པ་ལ་རིགས་ཤེས ་པ་ནི་བྲམ་ཟེ་དང། རྗེའུ་རིགས་དང། གཞན་པའི་རིགས་སོ། །དུས་ཤེས་པ་རྟོགས་པ་ཁྱད་པར་ཅན་མངོན་པར་ཤེས་པ་ལ་སོགས་པའོ། །འགྱུར་ཞེས་པ་ནི་འགྱུར་བ་སྟེ་སྐྱེ་བར་རོ། །ལྡན་ཞེས་པ་ནི་ཡང་དག་པར་ལྡན་པར་གྱུར ་པའོ། །བདུད་དང་མུ་སྟེགས་མང་པོས་དེ་མི་ཐུབ་ཅེས་པ་ནི་མུ་སྟེགས་ཀྱི་ཚོགས་དང་བདུད་ཀྱི་ཚོགས་ཀྱིས་ཀྱང་མི་ཐུབ་པ་སྟེ། ཟིལ་གྱིས་མི་ནོན་ཞིང་ངོ། །འཇིག་རྟེན་གསུམ་པོ་ཐམས་ཅད་ཀྱིས་ཀྱང་མཆོད་པར་འགྱུར་བའོ། །གང ་ཀུན་ཏུ་བཟང་པོའི་སྤྱོད་པའི་སྨོན་ལམ་འདི་འཛིན་པར་བྱེད་པ་དང། ཀློག་པར་བྱེད་པ་དང། སྟོན་པར་བྱེད་པའི་འབྲས་བུ་ཡང་དག་པར་བསྡུས་པ་ནི། བྱང་ཆུབ་ཀྱི་སྙིང་པོར་སོང་ནས་སེང་གེའི་གདན་ལ་འདུག་སྟེ། བདུད་ཕམ་པར ་བྱས་ནས་མངོན་པར་བྱང་ཆུབ་སྟེ། ཆོས་ཀྱི་འཁོར་ལོ་བསྐོར་བ་ལ་སོགས་པའི་མཚན་ཉིད་གང་གསུངས་པ་ནི། མྱུར་དུ་འགྲོ་ཞེས་བྱ་བ་ལ་སོགས་པ་ལ། གང་ཀུན་ཏུ་བཟང་པོའི་སྤྱོད་པ་རིན་པོ་ཆེ་བླ་ན་མེད་པ་འདིའི?་ཡང་དག ་པར་སྡུད་པ་ནི། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱིས་མྱུར་དུ་འགྲོ་ཞེས་པ་སྟེ། བྱང་ཆུབ་ཀྱི་ཤིང་གི་དབང་པོ་ནི་བྱང་ཆུབ་ཀྱི་ཤིང་གི་རྒྱལ་པོའོ། །སོང་ནས་ཀྱང་སྐྱིལ་མོ་ཀྲུང་གིས་འགྲོ་བ་ཐམས་ཅད་ལ་ཕན་པ་དང་བདེ་བའི་དོན་དུ ་སེང་གེའི་གདན་ལ་བཞུགས་པའོ། །བཞུགས་ནས་ཀྱང་བདུད་ཀྱི་དཔུང་ཕམ་པར་བྱས་ནས། དེའི་རྗེས་སུ་བླ་ན་མེད་པ་ཡང་དག་པར་རྫོཌ་པའི་བྱང་ཆུབ་ཏུ་མངོན་པར་རྫོཌ་པར་སངས་རྒྱས་ནས། བླ་ན་མེད་པའི་ཆོས་ཀྱི་འཁོར་ལོ་བསྐོར་བ་སྟེ། སྟོན་པར་བྱེད་པ་ཞེས ་བྱ་བའི་བར་དུའོ། །ཡང་མདོར་བསྡུས་ནས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་མ་ལུས་པའི་ཕུན་སུམ་ཚོགས་པའི་ཕན་ཡོན་གང་གསུངས་པ། གང་གིས་བཟང་པོ་སྤྱོད་ཅེས་བྱ་བ་ལ་སོགས་པའོ། །གང་བཟང་བོ་སྐྱོད་པའི ་སྨོན་ལམ་འདི་འཛིན་པ་དང། ཀློག་པ་དང། གང་ཞིག་སྟོན་པ་དེའི་རྣམ་པར་སྨིན་པ་དེ་སངས་རྒྱས་བཅོམ་ལྡན་འདས་རྗེ་བརྩུན་གྱིས་མཁྱེན་གྱི། གཞན་ཉན་ཐོས་དང་ཡང་སངས་རྒྱས་ལ་སོགས་པས་ནི་མ་ཡིན་ནོ། །སྨོན་ལམ་རིན་པོ ་ཆེ་འདིའི་རྣམ་པར་སྨིན་པ་ཇི་ལྟ་བུ་ཞིག་མཁྱེན་ཅེ་ན། གསུངས་པ། བྱང་ཆུབ་མཆོག་སྟེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་འབྲས་བུ་འཇིག་རྟེན་ལས་འདས་པ་མ་ལུས་པའི་ཕུན་སུམ་ཚོགས་པ་རྟོགས་པ་དང། དེ་ཉིད་ཀྱི་ཕན ་ཡོན་འདི་ཡང་བརྗོད་པ་གོ་པར་བྱ་སྟེ། དེ་མེད་ན་མི་འབྱུང་བའི་ཕྱིར་འདི་ལས་འཇིག་རྟེན་གྱི་ཕུན་སུམ་ཚོགས་པ་འཐོབ་པར་འགྱུར་པའོ། །དེའི་ཕྱིར་སྨོན་ལམ་གྱི་རྒྱལ་པོ་འདི་ལ་ཡིད་གཉིས་བསྐྱེད་པར་མི་བྱའོ། །དེ་ནི་གང་ཀློག་པའི ་ཡོངས་སུ་བསྔོ་བ་གསུངས་པ། འཇམ་དཔལ་ཇི་ལྟར་མཁྱེན་ཅིང་ཞེས་བྱ་བ་ལ་སོགས་པ་ལ། འཕགས་པ་འཇམ་དཔལ་གྱིས་ཇི་ལྟར་མཁྱེན་པ་དང། བྱང་ཆུབ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོ་འདི་ཡང་དེ་བཞིན་ཞེས་པའོ།། ་དེ་དག་གི་རྗེས་སུ་བདག་གིས་བསླབ་པར་བྱ་བ་ནི། དགེ་བའི་ཕུང་པོ་འདི་དག་བྱང་ཆུབ་སེམས་དཔའ་འདི་ལྟར་ཡོངས་སུ་བསྔོ་པའོ། །ད་ནི་དེ་བཞིན་གཤེགས་པའི་ཡོངས་སུ་བསྔོ་བ་གཉིས་པ་ནི། དུས་གསུམ་གཤེགས་པ་རྒྱལ་བ་ཐམས ་ཅད་ཀྱིས་ཞེས་བྱ་བ་ལ་སོགས་པ་ལ། དུས་གསུམ་དུ་བཞུགས་པའི་རྒྱལ་བ་བཅོམ་ལྡན་འདས་དག་གིས་གང་ཡོངས་སུ་བསྔོ་བ་བསྔགས་ཤིང་བསྟོད་པའི? ་མཆོག་ཏུ་གྱུར་པ་བླ་ན་མེད་པ་ངེས་སོ། །དེས་བདག་གིས་ཤེས་པ་ནི་བདག་གིས་ཀྱང་ཡོངས་སུ་བསྔོ་བར་བྱ་བ་སྟེ། བསོད་ནམས་ཀྱི་ཕུང་པོ་བསགས་པ་འདི་དག་ཐམས་ཅད་སྤྱོད་པ་བླ་ན་མེད་པ་བཟང་པོའི ་སྤྱོད་པས་སོ། །ད་ནི་ཚིགས་སུ་བཅད་པ་ཕྱེད་ཀྱིས་ནི་སྒྲིབ་པ་སྤངས་པ་དང་། གཞན་ཕྱེད་ཀྱིས་ནི་ཕ་རོལ་ཏུ་ཕྱིན་པ་དང་རྗེས་སུ་མཐུན་པའི་བདག་ཉིད་དུ་བསྒོམ་པའི་ཡོངས་སུ་བཟུང་བ་གང་གསུངས་པ་ནི། ་དུས་བྱེད་ཅེས་བྱ་བ་ལ་སོགས་པ་ལ། དུས་བྱེད་པ་ནི་འཆི་བའོ། །དེའི་དུས་བྱེད་པ་ནི་འཆི་བའི་དུས་ནའོ། །གང་ཅུང་ཟད་སྒྲིབ་པ་ཡོད་པ་དེ་དག་བཟང་པོའི་སྤྱོད་པས་དེ་ཐམས་ཅད་མ་ལུས་བསལ་བའོ། ། ་མངོན་སུམ་མཐོང་ཞེས་པ་ནི་བཅོམ་ལྡན་འདས་སྣང་བ་མཛའ་ཡས་མཐོང་བའོ། །དེར་ཞེས་པ་ནི་བདེ་བ་ཅན་གྱིས་སངས་རྒྱས་ཀྱི་ཞིང་དེར་རོ། །འགྲོའོ་ཞེས་པ་ནི་དེ་རུ་འགྲོ་བ་ཞེས་པའོ། །དེ་ལྟར་བདེ་བ་ཅན་གྱི ་སངས་རྒྱས་ཀྱི་ཞིང་དེར་སོང་ནས་ཀྱང་རྣམ་པ་འདི་ལྟ?་བུའི་ཇི་ལྟར་བསྟན་པ་སྨོན?་ལམ་གྱི་ཚོགས་བདག་གི་མངོན་དུ་གྱུར་ཅིག་།སེམས་ཅན་མ་ལུས་པ་ཐམས་ཅད་ཉིད་ལ་ཕན་པར་བྱ་བའི་ཕྱིར། དེ་དག་ཐམས་ཅད ་བདག་གིས་ཡོངས་སུ་རྫོགས་པར་བྱ་བའོ། །དུས་ཇི་སྲིད་དུ་ཞེ་ན། གསུངས་པ། འཇིག་རྟེན་ཇི་སྲིད་ཅེས་པ་སྟེ། འཇིག་རྟེན་ཇི་སྲིད་པའི་འགྲོ་བ་ཞེས་པའི་དོན་ཏོ། །ལུང་བསྟན་པ་ཡང་དག་པར་ཐོབ་པ་དང།། ་སེམས་ཅན་གྱི་དོན་ཕུན་སུམ་ཚོགས་པ་མཆོག་ཏུ་བྱ་བ་ནི། རྒྱལ་བའི་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པ་ལ། དེར་ཞེས་པ་ནི་དེ་ལའོ། །རྒྱལ་བའི་དཀྱིལ་འཁོར་ཞེས་པ་ནི། དེ་བཞིན་གཤེགས་པའི་འཁོར ་གྱི་དཀྱིལ་འཁོར་ཏེ། བཟང་ཞེས་པ་ནི་མཛེས་པ་ཡིད་དུ་འོང་ཞིང་ཡིད་དང་འཐད་པའོ། །པདྨ་དམ་པ་ཞེས་པ་ནི་པདྨའི་མཆོག་སྟེ་། རིན་པོ་ཆེ་སྣ་ཚོགས་པས་སྤྲས?་པའི་རང་བཞིན་མཛེས་པ་ཡིད་དུ་འོང་བ། འོད ་གསལ་བ་སྣ་ཚོགས་པའི་འོད་ཟེར་མང?་པོ་འཁྲོ་བའོ། །སྐྱེ་ཞེས་པ་ནི་འབྱུང་བར་འགྱུར་བའོ། །ལུང་བསྟན་ཅེས་པ་ནི་ལུང་སྟོན་པར་བྱེད་པ་སྟེ། འདིས་ལུང་སྟོན་པའོ། །འདིའི་དུས་སུ་འཇིག ་རྟེན་གྱི་ཁམས་ཆེ་གེ་མོ་ཞིག་ཏུ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས། མིང་འདི་ཞེས་བྱ་བར་འགྱུར་རོ་ཞེས་རྣམ་པ་འདི་ལྟ་བུར་ལུང་བསྟན་པའོ། ། ་དེ་ལ་བདག་གིས་ལུང་བསྟན་པ་ཐོབ་པ་ནི། བཅོམ་ལྡན་འདས་སྣང་བ་མཛའ་ཡས་དེའི་མངོན་སུམ་དུ། དངོས་སུའོ། །དེར་ནི་ཞེས་པ་ནི་བཅོམ་ལྡན་འདས་སྣང་བ་མཛའ་ཡས་ལས་ལུང་བསྟན་པ ་ཐོབ་ནས། དེ་ནས་སྤྲུལ་པ་བྱ?་བ་བརྒྱའི་སྤྲུལ་པའི་སྦྱིན?་དུ་མས་ཕྱོགས་བཅུ་ཐམས་ཅད་ཁྱབ་པར་བྱས་ནས། འགྲོ་བ་སེམས་ཅན་འདི་དག་ལ་ཕན་པ་མང་པོ་གྲངས་ལས་འདས་པ་སྐད་ཅིག་ལ་བྱའོ། །ཉེ་བར་བསྡུ་བ་ནི། ཕྱོགས་བཅུར ་བྱེད་པ་དང། འཁོར་བ་སྟོངས་ཀྱི་བར་དུའོ། །བློ་ཡི་སྟོབས་ཞེས་པ་ནི་ཡེ་ཤེས་ཀྱི་སྟོབས་ཏེ། ཡེ་ཤེས་ཀྱི་ཆེ་བའི་བདག་ཉིད་དོ། །ཆགས་པ་མེད་པར་སྤྱད་པར་བྱའོ་ཞེས་བྱ་བའི་བར་དུའོ། །སྨོན་ལམ་རྒྱལ་པོ་འདི་ཡི་འགྲེལ་པ་བྱས་པ ་ཡིས། །བསོད་ནམས་བདག་གིས་ཐོང་ལས་འགྲོ་བའི་དོན་གྲུབ་ཅིང། །ཡང་ནས་ཡང་དུ་དགེ་བ་འདི་ནི་བྱེད་པ་དང། །འདི ་ཡི་རྒྱུ་མཐུན་སྦྱིན་པར་ཡོངས་སུ་བསྔོ་བར་ཤོག། །།འཕགས་པ ་བཟང་པོ་སྤྱོད་པའི་འགྲེལ་པ། སློབ་དཔོན་དབྱིག་གཉེན་གྱིས་མཛད་པ་རྫོགས་སོ།། །།རྒྱ་གར ་གྱི་མཁན་པོ་པཎྜི་ཏ་ཨ་ཙཨཱ་རྱ་ཨ་ནནྟ་དང། ལོ་ཙྪ་བ་དགེ་སློང་བྷ་དྲ་པཱ་ལས་བསྒྱུར་བའོ། མངྒཱ་ལཾ།། ་