| Wylie | e-texts based on the ACIP/ALL Input |
མཁན་པོ་ཤཱཀྱ་སི་ཧ་དང། ཞུས་ཆེན་གྱི་ལོ་ཙཱ་པ་བནདེ་དཔལ་བརྩེགས་ཀྱིས་ཞུས་ནས་གཏན་ལ་ཕབ་པའོ།། །།འཕགས་པ་བཟང་པོ་སྤྱོད་པའི་འགྲེལ་བ་སློབ་དཔོན་རྒྱན་བཟང་ཀྱིས་མཛད་པ ་བཞུགས་སོ།། །། *། །རྒྱ་གར་སྐད་དུ་། ཨཱརྱ་བྷ་དྲ་ཙརྱ་པྲ་ནི་དྷཱ་ན་རཱ་ཛ་ཊཱི་ཀ་།བོད་སྐད་དུ། འཕགས་བ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་རྒྱལ་པོའི་རྒྱ་ཆེར་འགྲེལ་པ། སངས་རྒྱས་དང་བྱང་ཆུབ ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །ཀུན་ཏུ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་བསྡུས་པའི་དོན་ནི་བཅུ་སྟེ། འདི་ལྟ་སྟེ། དེ་བཞིན་གཤེགས་པ་ལ་ཕྱག་བྱ་བ་དང། དེ་ལ་མཆོད་པ་དང། སྡིག་བ་བཤགས་པ་དང། བསོད་ནམས ་ཀྱི་རྗེས་སུ་ཡི་རང་བ་དང། ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བ་དང། དེ་བཞིན་གཤེགས་པ་བཞུགས་པར་གསོལ་བ་དང། དགེ་བའི་རྩ་བ་ཡོངས་སུ་བསྔོ་བ་དང། དེའི་རབ་ཏུ་དབྱེ་བ་དང། དེའི་མཛའ་དང། དེའི ་ཡོན་ཏན་གྱི་ཕན་ཡོན་ནོ། །དེ་ལ་མི་དབྱེ་བར་སྤྱིར་ཕྱོགས་ངང་དུས་དང་ཞིང་ཐམས་ཅད་དུ་གཏོགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་ལུས་དང་ངག་དང་ཡིད་ཀྱིས་ཕྱག་བྱས་པའི་དབང་དུ་མཛད་དེ། ཇི་སྙེད་སུ་དག་ཅེས་བྱ་བ་ལ་སོགས་པ་གསུངས ་སོ། །ཇི་སྙེད་ཅེས་བྱ་བ་ནི་ཇི་ཙམ་པ་སྟེ། ཚང་ཇི་ཙམ་པའོ། །དེ་ནས་ཚང་དེ་ཡོངས་སུ་ཆད་པར་འགྱུར་རོ་ཞེས་ན། དེའི་ཕྱིར་སུ་དག་ཅེས་བྱ་བ་སྨོས་ཏེ། སངས་རྒྱས་བཅོམ་ལྡན་འདས་རྣམས་སྤྱི་སྒྲར་བསྟན་གྱི་གྲངས་ཀྱི་མིང་གིས་ཆད་པ ་མེད་དོ་ཞེས་བྱ་བའི་ཐ་ཚིག་གོ་།ཕྱོགས་བཅུའི་ཞེས་བྱ་བ་ནི་ཕྱོགས་བཅུ་ནའོ། །འཇིག་རྟེན་ན་ཞེས་བྱ་བ་ནི་འགྲོ་བའི་ནང་ནའོ། །དུས་གསུམ་གཤེགས་པ་ཞེས་བྱ་བ་ནི་དུས་གསུམ་དུ་གཏོགས་པ་སྟེ། དུས་གསུམ་པ་ཞེས་བྱ་བའི་ཐ ་ཚིག་གོ་།མི་ཡི་སེང་གེ་ཞེས་བྱ་བ་ལ་སེང་གེ་ནི་རྣམ་པ་ཐམས་ཅད་དུ་བག་ཚ་བ་མེད་ཅིང་གང་གིས་ཀྱང་མི་འཇིགས་སོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱང་ལྷ་དང་བཅས་པའི་འཇིག་རྟེན་ན་དེ་དང་འདྲ་སྟེ། དེའི་ཕྱིར་སེང་གེ་དང་འདྲ ་བས་ན་སེང་གེའོ། །དེ་དག་ནི་མིར་སྐྱེ་བ་བསྟན་པའི་ཕྱིར་མི་ཡང་ཡིན་ལ་སེང་གེ་ཡང་ཡིན་པས་ན་མིའི་སེང་གེ་སྟེ། སངས་རྒྱས་བཅོམ་ལྡན་འདས་སོ། །བདག་གིས་མ་ལུས་དེ་དག་ཐམས་ཅད་ལ་ཞེས་བྱ་བ་ལ་ཐམས་ཅད་ཅེས་བྱ་བའི་སྒྲ་ནི ་བརྗོད་པར་འདོད་པའི་དབང་གིས་ཕྱོགས་གཅིག་ལ་ཡང་བརྗོད་དུ་རུང་བར་མཐོང་བས་ན་རིལ་གྱིས་བསྡུས་པའི་ཕྱིར་མ་ལུས་ཞེས་བྱ་བ་བརྗོད་དོ། །ལུས་དང་ངག་ཡིད་དང་བས་ཕྱག་བགྱིའོ། །ཞེས་བྱ་བ་ནི་མཆོག་ཏུ་དང་བས་གྱུར་པ་སྟེ། སེམས་དང ་བས་ཀུན་ནས་བསླད་པའི་ཕྱིར་ལུས་དང་ངག་ཀྱང་དང་པའོ། །ད་ནི་ལུས་ལ་སོགས་པས་ཕྱག་བྱ་བ་སོ་སོར་ཕྱེ་སྟེ་བཤད་དེ། །དེ་ལ་རེ་ཞིག་ལུས་ཀྱིས་ཕྱག་བྱ་བ་ནི་ཞིང་གི་རྡུལ་སྙེད་ཅེས་བྱ་བ་ལ་སོགས་པས་བསྟན་ཏེ། སངས་རྒྱས་ཀྱི་ཞིང་གི་རྡུལ ་རྙེད་ཀྱི་ལུས་རབ་ཏུ་བཏུད་པས་སོ། །ཁྱད་པར་མེད་པའི་ཕྱིར་ཅེས་བྱ་བའི་སྒྲ་ནི་འདིར་མཉམ་པའི་གྲངས་ཡིན་ཏེ། ཕྱོགས་བཅུ་དུས་གསུམ་དུ་གཏོགས་པའི་སངས་རྒྱས་ཀྱི་ཞིང་གི་རྡུལ་ཐམས་ཅད་དང་མཉམ་ཞིང་གྲངས་དེ་སྙེད་ཀྱི་ལུས་རབ་ཏུ་བཏུད་པས ་རྐྱལ་བ་ཀུན་ལ་རབ་ཏུ་ཕྱག་འཚལ་ལོ་ཞེས་བྱ་བ་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཉོན་མོངས་པའི་དགྲ་ལས་རྒྱལ་བའི་ཕྱིར་དང། བདུད་ལས་རྒྱལ་བའི་ཕྱིར་རྒྱལ་བ་ཞེས་བྱའོ། །ཇི་སྐད་དུ་བཅོམ་ལྡན་འདས་ཀྱིས། སྡིག་པ ་མི་དགེ་བའི་ཆོས་ལས་ང་རྒྱལ་ཏེ། དེ་བས་ཉེ་འགྲོ་ད་ནི་རྒྱལ་བ་ཡིན་ཞེས་གསུངས་པ་ལྟ་བུ་སྟེ། དུས་གསུམ་དུ་གཏོགས་པའི་རྒྱལ་བ་དེ་དག་ཐམས་ཅད་ལ་ཕྱག་བྱ་བའོ་།བཅོམ་ལྡན་འདས་གཅིག་ལ་སེམས་གཏད་པའི་ཕྱིར། ཅི་གཞན ་ལ་ཡིད་ཀྱིས་བསྟོད་པའི་ལུས་ཞིང་གི་རྡུལ་སྙེད་ཀྱིས་ཕྱག་འཚལ་ལམ་ཞེ་ན། མ་ཡིན་ཏེ། རྒྱལ་བ་ཐམས་ཅད་ཡིད་ཀྱི་མངོན་སུམ་དུ་ཞེས་བྱ་བ་སྨོས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་རེ་རེ་ཞིང་ཡང་སེམས་ཀྱིས་མངོན་སུམ་དུ ་བསམ་མོ་ཞེས་བྱ་བའི་དོན་ཏོ། །བཟང་པོ་སྤྱོད་པའི་སྨོན་ལམ་སྟོབས་དག་གིས་ཞེས་བྱ་བ་ལ་བཟང་པོ་ནི་དགེ་བའོ། །དེ་ནི་བཟང་པོ་ཡང་ཡིན་ལ་སྤྱོད་པ་ཡང་ཡིན་པས་བཟང་པོ་སྤྱོད་པ་སྟེ། བྱང་ཆུབ་སེམས་དཔའ་ཨི་སྤྱོད་པ་ཞེས་བྱ་བའི་ཐ ་ཚིག་གོ་།དེའི་ཆེད་དུ་སྨོན་པ་ནི་སྨོན་ལམ་སྟེ་དོན་དུ་གཉེར་བའོ། །དེའི་སྟོབས་ནི་ཉོན་མོངས་པ་ལ་སོགས་པས་ཟིལ་གྱིས་མི་ནོན་པ་སྟེ། མི་མཐུན་པའི་ལོགས་ལས་ངེས་པར་རྒྱལ་བའོ། །དེའི་ཕྱིར་དེའི་སྟོབས་ཀྱིས་ཏེ། རྣམ་པ ་གཞན་གྱིས་ནི་འདི་ལྟ་བུའི་བྱེད་པ་མི་སྲིད་པའི་ཕྱིར་རོ། །དེ་ནི་ཡིད་ཀྱི་ཕྱག་བྱ་བ་དང། རྡུལ་གཅིག་སྟེང་དུ་རྡུལ་སྙེད་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །རྡུལ་གཅིག་གི་སྟེང་ལ་ཐོག་མ་རྡུལ་སྙེད་ཀྱི ་སངས་རྒྱས་རྣམས་ཞེས་བྱ་ནི་ཁྱད་པར་དུ་མ་སྨོས་པའི་ཕྱིར་ཕྱོགས་བཅུ་དུས་གསུམ་དུ་གཏོགས་པའི་སངས་རྒྱས་རྣམས་ཀྱི་ཞིང་གི་རྡུལ་མ་ལུས་པ་དེ་སྙེད་ཀྱི་བདེ་བར་གཤེགས་པ་རྣམས་སོ། །སངས་རྒྱས་སྲས་ཀྱི་དབུས་ན་བཞུགས ་པ་དག་ཅེས་བྱ་བ་ནི་རེ་རེ་ཡང་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པའི་དབུས་ན་བཞུགས་པ་དག་སྟེ། མོས་ཞེས་འཆད་པར་འགྱུར་རོ། །རྡུལ་གཅིག་གི་སྟེང་དུ་ཇི་ལྟ་བ་བཞིན་དུ་ཚུལ་འདི་ཉིད་ཀྱིས། ཆོས་ཀྱི་དབྱིངས་རྣམས་མ ་ལུས་པ་ཐམས་ཅད་དུ་ཡང་མོས་པར་བྱ་སྟེ། ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་ནི་ཆོས་ཉིད་དོ། །དེ་ཉིད་ཀྱི་དབྱིངས་ཡིན་པས་ན་ཆོས་ཀྱི་དབྱིངས་ཏེ་ཆོས་ཀྱི་དབྱིངས་ནམ་མཁའ་ཨི་མཛའ་གཏུགས་པ་དེ་ལྟ་བུ་དེ་བཅོམ་ལྡན་འདས་རྡུལ་གྱི་སྟེང་ན་བཞུགས་པ་རེ་རེ་ཞིང་ཡང་བྱང་ཆུབ་སེམས ་དཔའ་དཔག་ཏུ་མེད་པའི་ཚོགས་ཀྱིས་ཀུན་ནས་བསྐོར་བ་རྣམས་ཀྱིས་གང་ཞིང་བར་མཚམས་མེད་པར་ཁྱབ་པར་ཡིད་ཀྱི་མོས་པར་བྱའོ། །ལུས་དང་ངག་གི་ལས་དག་ནི་ཡིད་ཀྱི་ལས་ཀྱིས་ཀུན་ནས་བསླད་པའི་ཕྱིར་བར་དུ་ཡིད་ཀྱི ་ལས་བསྟན་ཏོ། །ད་ནི་དག་གིས་ཕྱག་བྱ་བ་བསྟན་ཏེ། དེ་དག་བསྔགས་པ་མི་ཟད་པ་ཞེས་བྱ་བ་ལ་སོགས་པའོ། །དེ་དག་ཅེས་བྱ་བ་ནི་དེ་ལྟར་མོས་པ་དག་གིའོ། །ཉམས་པ་དང་མཛའ་ཐུག་པ་མེད་པའི་ཕྱིར་ཟད་མི ་ཤེས་པས་ན་མི་ཟད་པའོ། །གང་དག་ལ་བསྔགས་པ་མི་ཟད་རྒྱ་མཚོ་སྟེ། ཡོན་ཏན་མི་ཟད་རྒྱ་མཚོ་ཡོད་པ་དེ་དག་ནི། བསྔགས་མི་ཟད་རྒྱ་མཚོ་སྟེ་བསྔགས་པ་ཞེས་བྱ་བའི་སྒྲ་ནི་ཡོན་ཏན་གྱི་རྣམ་གྲངས་ཡིན་ནོ། །རྒྱ ་མཚོ་ཞེས་བྱ་བའི་སྒྲ་ནི་མང་པོ་ཉིད་དུ་སྟོན་པར་ཁོང་དུ་ཆུད་པར་བྱ་སྟེ། བསྔགས་པ་མི་ཟད་རྒྱ་མཚོ་དེ་དག་གོ། དབྱངས་ཀྱི་ཡན་ལག་རྒྱ་མཚོ་སྒྲ་ཀུན་གྱིས་ཞེས་བྱ་བ་ལ་ཡན་ལག་ཅེས་བྱ་བའི་སྒྲ་ཡང་འདིར་ཡོན་ཏན་གྱི་རྣམ་གྲངས་ཡིན་ནོ།། ་ཇི་ལྟ་ཞེ་ན། འདི་ལྟར་ཉན་ཐོས་ཀྱི་ཐེག་པ་ལས་ནི། བཅོམ་ལྡན་འདས་ཀྱིས་གསུང་དབྱངས་ལན་ལག་ལྔ་དང་ལྡན་པ་ཞེས་འབྱུང་ལ། ཐེག་པ་ཆེན་པོ་ལས་ནི་ཡན་ལག་དྲུག་ཅུ་དང་ལྡན་པ་དང། ཡན་ལག་ཁྲི་དང་ལྡན་པ་དང་ཡན ་ལག་ཚད་མེད་པ་དང་ལྡན་པ་ཞེས་འབྱུང་ངོ། །དེ་དག་དུ་ནི་ཡོན་ཏན་ལྔ་དང་ལྡན་པ་ཞེས་བྱ་བ་ལ་སོགས་པ་མངོན་ཏེ། དབྱངས་ཀྱི་ཡོན་ཏན་རྒྱ་མཚོ་དེ་དག་ཐམས་ཅད་དང་ལྡན་པའི་དབྱངས་གང་ཡིན་པ་སྟེ། སྒྲ་གང་དག་ཡིན་པ་དེ་དག་གིས།། ་རྒྱལ་བ་ཀུན་གྱི་ཞེས་བྱ་བ་ལ་སོགས་པ་ནི་རྒྱལ་བ་དེ་དག་ཐམས་ཅད་ཀྱི་བྱང་ཆུབ་ཏུ་སེམས་བསྐྱེད་པ་ནས་བཟུང་སྟེ། སྐུ་དང་གསུང་དང་ཐུགས་ཀྱི་ཡོན་ཏན་ཐུན་མོང་དང་ཐུན་མོང་མ་ཡིན་པ་དེ་དག་རབ་ཏུ་བརྗོད་ཅིང་མངོན་པར་སྨྲ་ལ་སྒྲོགས ་ཤིང་བདེ་བར་གཤེགས་པ་དེ་དག་ཐམས་ཅད་ཏེ་རེ་རེའི་སྤྱན་སཱ་ན་འདུག་པ་བཞིན་དུ་བདག་གིས་བསྟོད་དོ། །ཡང་ན་བསྔགས་པ་མི་ཟད་རྒྱ་མཚོ་ཞེས་བྱ་བ་ནི་གཞི་མཐུན་པ་ཡིན་པའི་ཕྱིར་ཡོན་ཏན་ཞེས་བྱ་བ་འདིའི་ཁྱད་པར་ཡིན་ཏེ། ་བསྔགས་པ་མི་ཟད་པ་རྒྱ་མཚོ་རྣམས་རབ་ཏུ་བརྗོད་ཅིང་ཞེས་བྱ་བའི་ཐ་ཚིག་གོ་།དེ་ནི་སངས་རྒྱས་བཅོམ་ལྡན་འདས་དེ་དག་ཉིད་ལ་མཆོད་པ་བླ་ན་ཡོད་པ་དང། །བླ་ན་མེད་པ་རྣམ་པ་གཉིས་བསྟན་པ་ལ། བླ་ན་ཡོད་པ་ནི་མེ་ཏོག་དམ་པ་ཞེས ་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གཉིས་ཀྱིས་བསྟན་ཏེ། མེ་ཏོག་ལ་སོགས་པའི་ནད་ན་དམ་པ་གང་ཡིན་པའི་མེ་ཏོག་དམ་པ་དང། ཕྲེང་བ་དམ་པ་དང། སིལ་སྙན་དམ་པ་དང། ཙན་དན་དང་གུར་གུམ་ལ་སོགས་པ་བྱུག་པ་དམ་པ ་དང། གདུགས་དམ་པ་དང། མར་མེ་དམ་པ་དང། བདུག་པ་དམ་པ་དང། ན་བཟའ་དམ་པ་དང། དྲི་སྣ་ཚོགས་སྦྱར་བའི་དྲི་དམ་པ་དང། ཙན་དན་དང་གུར་གུམ་དང་ག་པུར་དང་ཨ་ཀ་རུ་ལ་སོགས་པའི ་ཕྱེ་མའི་ཕུར་མ་རི་རབ་དང་མཉམ་པ་དེ་དག་གིས་སོ། །བཀོད་པའི་ཁྱད་པར་འཕགས་པ་མཆོག་ཀུན་གྱིས་ཞེས་བྱ་བ་ལ་བཀོད་ཅེས་བྱ་བའི་སྒྲ་ནི་འདིར་ཚོགས་པའི་རྣམ་གྲངས་ཡིན་ཏེ། ལྷ་དང་མིའི་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ་དག་གིས ་རྒྱལ་བ་ཐམས་ཅད་ལ། མཆོད་པར་བགྱིའོ་ཞེས་བྱ་བ་ཡིན་ནོ། །བླ་ན་མེད་པ་ནི་མཆོད་པ་གང་རྣམས་བླ་ན་མེད་ཅེས་བྱ་བ་ལ་སོགས་པས་བསྟན་ཏེ། མཆོད་པ་གང་རྣམས་བླ་ན་མེད་ཅིང་རྒྱ་ཆེ་བ་བྱང་ཆུབ་སེམས་དཔའ་ཨི་ཏིང་ངེ་འཛིན་གྱི་ཁྱད་པར ་གྱིས་མཐུས་བསྐྱེད་པ། ཆོས་ཀྱི་དབྱིངས་ཀྱིས་ཀླས་པར། སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་རྒྱས་པར་འགེངས་པ་དེ་དག་བདག་གིས་རྒྱལ་བ་ཐམས་ཅད་ལ་ཡིད་ཀྱིས་མོས་པར་བྱའོ། །བཟང་པོ་སྤྱོད་ལ་དད་པའི་སྟོབས་དག་གིས་ཞེས་བྱ་བ ་ནི་བཟང་པོ་སྤྱོད་པ་ལ་དད་པའི་སྟོབས་ཀྱིས་ཞེས་བྱ་བ་ཡིན་ཏེ། བཟང་པོ་སྤྱོད་ལ་དད་པ་ནི་མོས་པ་དང་ཡིད་ཆེས་པ་དང་ངེས་པ་ཡིན་ནོ། །དེའི་སྟོབས་ཀྱིས་ཏེ་བཟང་པོ་སྦྱོང་བ་དེའི་མཆོད་པ་ནི་མདོ་སྡེ་དུ་མ་ལས་ཀྱང་བྱང་ཆུབ་སེམས་དཔའ་ ་སྤྲུལ་པའི་མཆོད་པ་འབྱུང་བ་དེ་ལྟ་བུ་དག་ཡིན་ནོ། །ད་ནི་ཇི་སྐད་བཤད་པའི་ཕྱག་འཚལ་བ་དང་མཆོད་པ་དག་འཇུག་བསྡུས་པའི་ཕྱིར། རྒྱལ་བ་ཀུན་ལ་ཕྱག་འཚལ་མཆོད་པར་བགྱི་ཞེས་བྱ་བ་གསུངས་ཏེ། རྒྱལ་བ་ཐམས་ཅད་ལ ་ཕྱག་འཚལ་བར་བགྱི་ཞིང་མཆོད་པར་བགྱིའོ། །ངོ་བོ་ཉིད་དང་གཞི་དང་རྟེན་དང་རྣམ་པ་གསུམ་གྱིས་སྡིག་པ་བཤགས་པ་བསྟན་པའི་ཕྱིར་འདོད་ཆགས་ཞེ་སྡང་གཏི་མུག་དབང་གིས་ན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལ་ངོ་བོ ་ཉིད་ཀྱི་སྒོ་ནས་བདག་གིས་ཚེ་འདི་དང་ཚེ་རབས་གཞན་དག་དུ་སྡིག་པ་བགྱིས་པ་དང། བགྱིད་དུ་བརྩལ་བ་དང། བགྱིད་པ་ལ་རྗེས་སུ་ཡི་རང་པ་ཅི་མཆིས་པའོ། །གཞི་ཅི་ཡིན་ཞེ་ན། གཞི་ནི་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་དང། ་རྟེན་གང་ཡིན་ཞེ་ན་རྟེན་ནི་ལུས་དང་ངག་ཡིད་ཡིན་ཏེ། དེ་དག་ཐམས་ཅད་རྒྱལ་བ་སྲས་དང་བཅས་པ་ཀུན་གྱི་སྤྱན་སྔ་ནས་བདུག་པ་དང་འདྲ་བར་ཤིན་ཏུ་འགྱོད་པའི་ཡིད་ཀྱིས། སྐད་ཅིག་རེ་རེ་ལ་སོ་སོར་བཤགས་ཤིང་གསོལ་བར་བགྱིའོ ་དེ་ནི་བསོད་ནམས་ཀྱི་རྗེས་སུ་ཡི་རང་བར་བསྟན་པའི་ཕྱིར། ཕྱོགས་བཅུའི་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཕྱོགས་བཅུའི་འགྲོ་བ་ཀུན་གྱི་སྦྱིན་པ་དང། ཚུལ་ཁྲིམས་དང། བསྒོམས་ལས་བྱུང་བའི་བསོད་ནམས་དུས་གསུམ་པ་གང་ལགས ་པ་དང། སློབ་པ་གང་ཟག་བདུན་པོ་རྣམས་ཀྱི་གང་ལགས་པ་དང། མི་སློབ་པ་དགྲ་བཅོམ་པ་རྣམས་ཀྱི་གང་ལགས་པ་དང། རང་རྒྱལ་བ་རྣམས་པ་ཉིས་པ་བསེ་རུ་ལྟ་བུ་དང། ཚོགས་ཤིང་སྤྱོད་པ་རྣམས་ཀྱི་བསོད་ནམས་འཇིག་རྟེན་དང། ་འཇིག་རྟེན་ལས་འདས་པ་དུས་གསུམ་པ་གང་ལགས་པ་དང། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སེམས་དང་པོ་བསྐྱེད་པ་ནས་བཟུང་བའི་གང་ལགས་པ་དང། སངས་རྒྱས་བཅོམ་ལྡན་འདས་རྣམས་དུས་གསུམ་དུ་གཏོགས་པ་རྣམས་རེ་རེ ་ཞིང་བརྡར་བརྟགས་པའི་བྱང་ཆུབ་ཀྱི་སེམས་དང་པོ་བསྐྱེད་པ་ནས་བཟུང་བའི་བསོད་ནམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང། ས་ལ་སོགས་པ་ལས་བསྐྱེད་པ་འཇིག་རྟེན་པ་དང། འཇིག་རྟེན་ལས་འདས་པ་དུས་གསུམ་དུ་གཏོགས་པ་ཚད་མེད་ཅིང་བས། ་གྱིས་མི་ཁྱབ་པ་སངས་རྒྱས་ཀྱི་ཡེ་ཤེས་ཀྱི་སྤྱོད་ཡུལ་གང་ལགས་པ་དེ་དག་ཐམས་ཅད་ལ་སྐད་ཅིག་རེ་རེ་ཞིང་རྗེས་སུ་ཡི་རང་ངོ། །འགྲོ་བ་ཞེས་བྱ་བའི་སྒྲ་ནི་མ་ལུས་པ་ལ་བསྙེགས་པའི་ཕྱིར་སློབ་པ་ལ་སོགས་པའི་བསོད་ནམས་ཀྱང་ནང་དུ་འདུ་བར ་འགྲུབ་ན། ཅིའི་ཕྱིར་ལོགས་ཤིག་དུ་སྨོས་ཞེ་ན། དེ་ནི་མ་ཡིན་ཏེ། འགྲོ་བས་ན་འགྲོ་བ་སྟེ། སྲེད་པ་དང་བཅས་པ་འཁོར་བར་ཤིན་ཏུ་འགྲོའོ་ཞེས་བྱ་བའི་ཐ་ཚིག་གོ། དེ་ལ་ཁ་ཅིག་ནི་ཤིན་ཏུ་འགྲོ་བ ་མེད་པའི་ཕྱིར་ལ་ཁ་ཅིག་ནི་འགྲོ་བ་ཡོད་པ་མེད་པའི་ཕྱིར་འགྲོ་བ་འགྲོ་བ་ཞེས་བྱ་བའི་སྒྲར་བརྗོད་པ་མི་རུང་བས་སོ་སོར་བསྟན་ཏོ། །དེ་ནི་ཆོས་ཀྱི་འཁོར་ལོ་བསྐུལ་བར་བསྟན་པའི་ཕྱིར། གང་རྣམས་ཕྱོགས་བཅུའི་འཇིག་རྟེན་སྒྲོན་མ་དག་ཅེས ་བྱ་བ་ལ་སོགས་པ་སྨོས་ཏེ། ཕྱོགས་བཅུའི་འཇིག་རྟེན་གྱི་སྒྲོན་མ་ནི་གང་དག་ཡིན་པ་སྟེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་འཇིག་རྟེན་གྱི་ཕྱི་དང་ནང་གི་མུན་པ་མང་པོ་སེལ་བའི་བདག་ཉིད་ཅན་ཡིན་པའི་ཕྱིར་འཇིག་རྟེན་གྱི་སྒྲོན་མ ་བྱང་ཆུབ་རིམ་པར་ཞེས་བྱ་བའི་ནི་བླ་ན་མེད་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་སོ། །མ་ཆགས་བསྙེས་ཞེས་བྱ་བ་ནི་མ་ཆགས་པ་ཉིད་དུ་འགྱུར་བ་སྟེ། མངོན་པར་བྱང་ཆུབ་པའི་སྟོབས་ཀྱིས་དངོས་པོའི་ངོ་བོ་ཉིད་མ་ལུས་པར ་ཡོངས་སུ་མཁྱེན་པའི་ཕྱིར་ཆགས་པ་ཐམས་ཅད་ལས་ཡང་དག་པར་འདས་པ་ཡིན་ནོ། །ཆོས་ཟབ་མོ་རྟོགས་པར་བྱ་བ་ཡང་དོན་དུ་མི་གཉེར་?་མངོན་པར་མི་བརྩོན་པ་གཞན་དག་གིས་ཁོང་དུ་ཆུད་པར་དཀའ་ཨོ་ཞེས་ཆོས་འཆད་པར་མི་སྤྲོ་ཞིང་འཇིག ་རྟེན་གྱི་ཁམས་སྣ་ཚོགས་ན་བྱང་ཆུབ་ཀྱི་ཤིང་དམ་པའི་དྲུང་ན་བཞུགས་པ་གང་དག་ལགས་པ་འཇིག་རྟེན་གྱི་མགོན་པོ་དེ་དག་ཐམས་ཅད་ལ་འཕྲོ་བའི་མི་ཤེས་པའི་མུན་པ་བསལ་ཞིང་བླ་ན་མེད་པའི་ཡེ་ཤེས་ཀྱི་སྣང་བ་འབྱུང་བར་བྱ་བའི་ཆེད་དུ ་ཆོས་ཀྱི་འཁོར་ལོ་བླ་ན་མེད་པ་བསྐོར་བའི་ཕྱིར་རེ་རེའི་སྤྱན་སྔ་ན་བདག་པུས་མོས་ལ་བཙུགས་ཏེ། ཐལ་མོ་སྦྱར་ནས་འདུག་བཞིན་དུ་བསྐུལ་ལོ་ཞེས་བྱ་བ་ཡིན་ནོ། །དེ་བཞིན་གཤེགས་པ་རྣམས་བཞུགས་པར་གསོལ་བ་ནི། མྱ་ང ་འདས་སྟོན་གང་བཞེད་དེ་དག་ལ་ཞེས་བྱ་བ་ལ་སོགས་པས་བསྟན་ཏོ། །གང་ཞེས་བྱ་བ་ནི་བྱེ་བྲག་མ་ཕྱེ་བའི་སྐབས་ཡིན་པའི་ཕྱིར། ཕྱོགས་བཅུའི་འཇིག་རྟེན་གྱི་སྒྲོན་མ་ཞེས་བྱ་བ་ཁོ་ན་དང་སྦྱར་ཏེ། ཕྱོགས་བཅུན་སངས་བཅོམ་ལྡན་འདས་གང་དག ་མྱ་ངན་ལས་འདས་པ་སྟོན་པར་བཞེད་པ་དེ་དག་ཐམས་ཅད་ལ་ཡུན་རིང་དུ་བཞུགས་པར་བདག་གསོལ་ཞིང་དོན་དུ་གཉེར་རོ་ཞེས་བྱ་བ་ཡིན་ནོ། །དུས་ཇི་སྲིད་ཅིག་དུ་ཞེ་ན། དུས་གསུམ་དུ་གཏོགས་པའི་སངས་རྒྱས་ཀྱི་ཞིང་གི་རྡུལ་ཐམས་ཅད་དང ་མཉམ་པའི་བསྐལ་པར་བཞུགས་པར་རོ། །ཅིའི་ཕྱིར་ཞེ་ན། འགྲོ་བ་མགོན་མེད་པ་ཐམས་ཅད་ལ་ཕན་ཞིང་བདེ་བར་བྱ་བའི་ཕྱིར་ཏེ། དེ་ལ་ཕན་པ་ཤིན་ཏུ་གྲུབ་པ་དང་བདེ་བ་མྱ་ངན་ལས་འདས་པའི་ལམ་ཐོབ་པ་ཡིན་ནོ། །བདེ་བ་ནི་ལྷའི་རྨད་དུ་བྱུང་བ ་རྙེད་པའོ། །ད་ནི་ཇི་སྐད་བསྟན་པའི་བསོད་ནམས་ཀྱི་ཕུང་པོ་ཕྱག་འཚལ་བ་ལ་སོགས་པས་ཀུན་ནས་བསླང་བའི་ཡོངས་སུ་བསྔོ་བ་ནི། ཕྱག་འཚལ་བ་དང་མཆོད་ཅིང་བཤགས་པ་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཕྱག་འཚལ་བ་ ་དང་མཆོད་པ་དང་སྡིག་པ་བཤགས་པ་དང། བསོད་ནམས་ཀྱི་རྗེས་སུ་ཡི་རང་བ་དང། ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བ་དང། དེ་བཞིན་གཤེགས་པ་བཞུགས་པར་གསོལ་བའི་དགེ་བ་ཅུང་ཟད་བདག་གིས་བསགས་ཤིང་བསྒྲུབས ་པ་དེ་དག་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོའོ་ཞེས་བྱ་བ་ཡིན་ནོ། །ད་ནི་དེའི་རབ་ཏུ་དབྱེ་བ་སྟེ་བརྒྱད་པའོ། དེའི་རབ་ཏུ་དབྱེ་བ་ནི་ཀུན་ཏུ་བཟང་པོའི་སྤྱོད་པའི་སྨོན་ལམ་དེ་ཡན་ལག་ཏུ་དབྱེ་བ་ཡིན ་ནོ།། དེ་ཡང་རྣམ་པ་བཅུ་དྲུག་སྟེ་འདི་ལྟ་སྟེ། བསམ་པ་དང། བྱང་ཆུབ་ཀྱི་སེམས་མི་བརྗེད་པ་དང། ཆགས་པ་མེད་པར་སྦྱོར་བ་དང། སེམས་ཅན་ལ་ཕན་གདགས་པ་དང། གོ་ཆ་དང། སྐལ་བ་མཐུན་པའི་བྱང་ཆུབ་སེམས་དཔའ་ ་དང་འཕྲད་པ་དང། དགེ་བའི་བཤེས་གཉེན་མགུ་བར་བྱ་བ་དང། དེ་བཞིན་གཤེགས་པ་མངོན་དུ་བྱ་བ་དང། དམ་པའི་ཆོས་ཡོངས་སུ་གཟུང་བ་དང། མི་ཟད་པའི་མཛོད་རྙེད་པ་དང། འཇུག་པ་དང ་སྟོབས་དང། གཉེན་པོ་དང། ལས་དང། རྗེས་སུ་སློབ་ཅིང་ཡོངས་སུ་བསྔོ་བ་དང། བསྡུ་བའོ། །དེ་ལ་བསམ་པ་ནི་རྣམ་པ་དང་པོ་ཡིན་ནོ། །དེ་ཡང་རྣམ་པ་གསུམ་སྟེ། དེ་བཞིན་གཤེགས་པ་ལ་མཆོད་ཅིང་དགོངས་པ་ཡོངས་སུ ་རྫོགས་པར་བསམ་པ་ནི་འདས་པའི་སངས་རྒྱས་རྣམས་དང་ཞེས་བྱ་བ་ལ་སོགས་པ་གང་གསུངས་པ་ཡིན་ནོ། །མཆོད་པར་གྱུར་ཅེས་བྱ་བ་ནི་བླ་ན་མེད་པའི་མཆོད་པ་སྟེ། སངས་རྒྱས་བཅོམ་ལྡན་འདས་མྱ་ངན་ལས་འདས་པ་རྣམས ་དང། ད་ལྟར་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀྱི་ཚོགས་དག་ན་གཞེས་ཤིང་བཞུགས་ལ། འགྲོ་བ་མཛའ་དག་ལ་ཕན་པ་དང་བདེ་བ་བསྐྱེད་པ་ལྷུར་མཛད་པ་གང་དག་ཡིན་པ་དེ་དག་ལ་ཡང་དེ་བཞིན་དུ་མཆོད་པར་གྱུར་ཅིག། ་མ་འོངས་པ་ན་འབྱུང་བར་འགྱུར་བ་གང་དག་ཡིན་པ་དེ་དག་ཀྱང་ཐུགས་ལ། དགོངས་པ་རྫོགས་ནས་མྱུར་དུ་ཐོགས་པ་མེད་པར་བྱང་ཆུབ་རྣམ་པར་སངས་རྒྱས་པར་སྤྱོན་ཅིག་ཅེས་བྱ་བ་ཡིན་ཏེ། ཕྱེད་གོང་མས་ནི་དེ་བཞིན་གཤེགས ་པ་ལ་མཆོད་པའི་བསམ་པ་བསྟན་ཏོ། །ཕྱེད་འོག་མས་ནི་དགོངས་པ་ཡོངས་སུ་རྫོགས་པའི་བསམ་པ་བསྟན་ཏོ། །སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱང་བའི་བསམ་པ་ནི། ཕྱོགས་བཅུ་ག་ལའི་ཞིང་རྣམས་ཇི་སྙེད་པ་ཞེས་བྱ་བ ་ལ་སོགས་པ་གང་གསུངས་པ་ཡིན་ཏེ། ག་ལའི་ཞེས་བྱ་བ་ནི་གང་ཡང་རུང་བའོ། །ཇི་སྙེད་པ་ཞེས་བྱ་བ་ནི་ཅི་ཡོད་པ་སྟེ། ཕྱོགས་བཅུ་ན་སངས་རྒྱས་ཀྱི་ཞིང་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་རེ་རེ་ཞིང་ཡང་དཔག་ཏུ་མེད་པའི ་འཇིག་རྟེན་གྱི་ཁམས་ཀྱི་གཏོས་ལྟ་བུར་རྒྱ་ཆེ་ཞིང་ཡངས་པ་དང། བདེ་བ་ཅན་ལྟ་བུར་ཡོངས་སུ་དག་པར་གྱུར་ལ། བྱང་ཆུབ་ཀྱི་ཤིང་གི་དབང་པོའི་དྲུང་དུ་གཤེགས་པའི་རྒྱལ་བ་བཅོམ་ལྡན་འདས་རྣམས་དང། བྱང་ཆུབ་སེམས་དཔའ་ ་རྣམས་ཀྱིས་ཀུན་ནས་ཡོངས་སུ་གང་ཞིང། བར་མཚམས་མེད་པ་ཁྱད་པར་གྱུར་ཅིག་ཅེས་བྱ་བ་ཡིན་ནོ། །སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བའི་བསམ་པ་ནི། ཕྱོགས་བཅུའི་སེམས་ཅན་གང་རྣམས་ཇི་སྙེད་པ་ཞེས་བྱ་བ་ལ་སོགས ་པ་གང་གསུངས་པ་ཡིན་ཏེ། ཕྱོགས་བཅུའི་སེམས་ཅན་འགྲོ་བ་ལྔ་པོ་སྐྱེ་གནས་བཞིས་བསྡུས་པ་གང་ཡིན་རུང་བ་ཇི་སྙེད་པ་དེ་དག་ཐམས་ཅད་རྟག་ཏུ་རྒྱུན་མི་འཆད་པར་ལུས་དང་སེམས་ཀྱི་ནང་དང་བྲལ་ཞིང་ནང་མེད་པར་གྱུར་ལ། ངན་སོང ་བ་མ་ཡིན་པའི་བདེ་བ་མཅ་ཧོག་གིས་བདེ་བར་གྱུར་ཅིག་།དེ་དག་གི་ཆོས་དང་མཐུན་པའི་དོན་རྙེད་པ་གང་ཡིན་པ་དེ་ཡང་མཐུན་ཞིང་འཚམ་པར་གྱུར་ལ། འགྲོ་བ་ཐམས་ཅད་ཀྱི་ཆོས་དང་མཐུན་པའི་བསམ་པ་ཡང་རྟག་ཏུ་འགྲུབ་ཅིང་འབྱོར ་པར་ཤོག་ཅིག་ཅེས་བྱ་བ་ཡིན་ནོ། །ཚིགས་སུ་བཅད་པ་བཞིས་ནི་མི་མཐུན་པའི་ཕྱོགས་སྤངས་པ་གཉེན་པོ་དང་བཅས་པ་བསྟན་པས་རྣམ་པ་གཉིས་པ་བྱང་ཆུབ་ཀྱི་སེམས་མི་བརྗེད་པ་བཤད་དེ། བྱང་ཆུབ་སྤྱོད་པ་དག་ནི་བདག ་སྤྱོད་ཅིང་ཅེས་བྱ་བ་ནས། དེ་དག་མ་ལུས་ཡོངས་སུ་བྱང་བར་ཤོག་ཅེས་བྱ་བའི་བར་གང་གསུངས་པ་ཡིན་ནོ། །བྱང་ཆུབ་ཅེས་བྱ་བ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ། །དེའི་ཆེད་དུ་སྤྱད་པ་ནི་བྱང་ཆུབ ་སྤྱོད་པ་སྟེ། དེ་བདག་སྤྱོད་ཅིང་སྒྲུབ་ལ། འགྲོ་བ་ཐམས་ཅད་དུ་སྐྱེ་བ་དྲན་པར་གྱུར་ཅིག་།ཚེ་རབས་ཐམས་ཅད་དུ་འཆི་འཕོ་སྐྱེ་བ་སྟེ་འཆི་འཕོ་བ་དང་སྐྱེ་བ་ན་ཡང་བདག་རྟག་ཏུ་རབ་ཏུ་འབྱུང་བར་ཤོག་ཅིག་ཅེས་བྱ་བ་ཡིན་ནོ ་འཆི་འཕོ་བ་དང་སྐྱེ་བ་དག་གིས་བར་གྱི་གནས་སྐབས་ནི་ཤུགས་ཀྱིས་བསྟན་པ་ཁོ་ནར་བལྟ་བར་བྱ་སྟེ། འདི་ནི་བྱང་ཆུབ་ཀྱི་སེམས་མི་བརྗེད་པའི་རྒྱུ་དང་པོ་ཡིན་ནོ། །དེ་བཞིན་དུ་རྒྱལ་བ་ཀུན་གྱི ་རྗེས་སུ་སློབ་གྱུར་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། །དུས་གསུམ་དུ་གཏོགས་པའི་རྒྱལ་བ་ཐམས་ཅད་ཀྱི་བསླབས་པའི་རྗེས་སུ་སློབ་པར་གྱུར་ཏེའོ། །བཟང་པོ་སྦྱོར་པ་ཞེས་བྱ་བ་ནི་སྦྱོད་པ་བཟང་པོའོ། །ཡོངས་སུ་རྫོགས ་བྱེད་ཅིང་ཅེས་བྱ་བ་ནི་ཡོངས་སུ་རྫོགས་ཤིང་མཐར་ཕྱིན་པར་བྱེད་པའོ། །ཅི་ཞིག་བྱ་ཞེ་ན། ཚུལ་ཁྲིམས་སྤྱོད་པ་དྲི་མེད་ཡོངས་དག་པ། རྟགས་ཏུ་མ་ཉམས་སྐྱོན་མེད་སྤྱོད་བར་ཤོག་ཅེས་བྱ་བ་སྨོས་ཏེ། དཔེར་ན་ཡིད་བཞིན་གྱི ་ནོར་བུ་རིན་པོ་ཆེ་གློ་བུར་གྱི་དྲི་མ་དང་བྲལ་བའི་ཕྱིར་དྲི་མ་དང་བྲལ་བ་ཉིད་ཀྱིས་དྲི་མ་མེད་ལ། གཡའི་སྐྱོན་དང་བྲལ་བའི་ཕྱིར། རང་བཞིན་གྱིས་ཡོངས་སུ་དག་པ་སྟེ། དེ་ཉིད་ཀྱི་ཕྱིར་མ་ཉམས་ཤིང་སྐྱོན་མེད་ལ། སེམས་ཅན་གྱི ་འདོད་པ་ཕུན་སུམ་ཚོགས་པར་བྱེད་པ་དང། ཡོངས་སུ་གདུང་བ་ཐམས་ཅད་སེལ་བ་དང། ནད་ཐམས་ཅད་འགལ?་བ་དང། དུས་མ་ཡིན་བར་མཆི་བ་རབ་ཏུ་ཞི་བར་བྱེད་པ་ལྟ་བུ་གཞན་གྱི་དོན་སྒྲུབ་པ་འབའ་ཞིག་ཏུ་ཟད་པ་དེ ་བཞིན་དུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚུལ་ཁྲིམས་ཀྱང་རིན་པོ་ཆེ་བཞིན་དུ་རིན་ཆེ་བ་ཡིན་ཏེ། ལས་དང་ཉོན་མོངས་པ་གློ་བུད་བ་དང་མ་འདྲེས་པའི་ཕྱིར་དྲི་མ་དང་བྲལ་བ་ཉིད་ཀྱིས་དྲི་མ་མེད་ལ། ཉན་ཐོས་དང་རང་སངས་རྒྱས ་ཀྱི་ཐེག་བའི་སེམས་བསྐྱེད་པའི་གཡའི་སྐྱོན་དང་བྲལ་བའི་ཕྱིར་དང། མེད་ན་མི་འབྱུང་བ་ཉིད་ཀྱིས་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་བསྐྱེད་བ། རིན་པོ་ཆེའི་རྒྱུ་ལས་བྱུང་བའི་ཕྱིར། ཀུན་ནས་ཡོངས་སུ་དག་པས་ན་ཡོངས་སུ་དག་པ ་སྟེ། བྱང་ཆུབ་སེམས་དཔའ་ཨི་བསླབ་པ་ཐམས་ཅད་ལ་གུས་པར་བྱེད་པ་ཉིད་ཀྱིས་ལྟུང་བ་ཀུན་ཏུ་མི་འབྱུང་བའི་ཕྱིར་བསླབ་པ་ལ་ཉམས་པའི་སྒོ་ནས་མཉམ་ཤིང། ཡུལ་ཉམས་སུ་མྱོང་བ་འདས་པ་ལ་བལྟས་པའི་སྲེད་པ་དང།། ་མ་འོངས་པ་ལ་མངོན་པར་དགའ་བའི་སྲིད་པ་དང། ད་ལྟར་གྱུར་བ་ལྷག་པར་ཆགས་བའི་སྲེད་པ་སྐྱེ་བ་དུས་གསུམ་པའི་?་བ་འདི་དག་གིས་ཅུང་ཟད་ཀྱང་མ་གཙོས་པའི་ཕྱིར་སྐྱོན་མེད་པ། ས་ལྟ་བུར་སངས་རྒྱས་དང་བྱང་ཆུབ་སེམས ་དཔའ་ཐམས་ཅད་ཀྱི་ཡོན་ཏན་རྣམས་ཀྱི་གཞིར་གྱུར་བའི་ཕྱིར་འགོ་བ་མཛའ་དག་གི་འདོད་པ་ཕུན་སུམ་ཚོགས་བར་བྱེད་པ་དང། ཡོངས་སུ་གདུང་བ་ཐམས་ཅད་སེལ་བ་དང། ནད་ཐམས་ཅད་དང་བྲལ་བ་དང། ལྷ་དང་མ་རིག་གིས ་ནང་ན་ཆོ་དཔག་ཏུ་མེད་པར་ཕྱེད་པ་ལྟ་བུ་གཞན་གྱི་དོན་སྒྲུབ་པ་ལ་ཞུགས་པ་འབའ་ཞིག་ཏུ་ཟད་དོ། །དེས་པའི་ཚིག་དུ་ན། ལུས་དང་སེམས་ཀྱིས་ཡོངས་སུ་གདུང་བ་སེལ་པའི་སྒོ་ནས་བསིལ་བར་གྱུར་པའི་ཕྱིར་ཚུལ་ཁྲིམས་ཞེས་བྱ ་བའོ། །ཚུལ་ཁྲིམས་ཉ་འབྲལ་ཞེས་ས་བཞི་ཚུལ་ཁྲིམས་ཉིད་སྤྱོད་པས་ཚུལ་ཁྲིམས་སྤྱོད་པའོ། །ཚུ་འཁྲིམས་སྤྱོད་པ་དེ་མ་མེད་པ། །ཡོངས་སསུ་དག་པ། མཉམས་པ་སྐྱོན་མེད་པ་དེ་ལྟ་བུ་དེ་བྱང་ཆུབ་ཀྱི་བར་དུ་སྤྱོད་པར་ཤོ་གཅིག ་ཅེས་བྱ་བ་ཡིན་ཏེ། ?་བྱང་ཆུབ་ཀྱི་སེམས་ཀྱི་སེམས་མི་བརྗོད་བའི་རྒྱུ་གཉིས་པ་ཡིན་ནོ། །ལྟ་ཡི་སྐད་པར་ཀླུ་དད་གནོད་སྦྱིན་སྐད་ཅེས་བྱ་བ་ལ་སོགས་པ་ནི་ལྷ་རྣམས་ཀྱི་ནང་དུ་ནི་ལྷའི་སྐད་ཀྱིས་སོ། །ཀླུ་དང་གནོད་སྦྱིན་དང?་གྲུལ་བུམ་དང་མི ་རྣམས་ཀྱི་ནང་དུ་ནི་དེ་དག་གི་སྒྲོ་དང་སྐད་ཀྱིས་སོ། །མཛོད་ན་འགྲོ་བ་མཐར་དག་གི་སྐོད་ཇི་སྙེད་ཡོད་བ་དེ་དག་གིས་འདོད་འཇག?་པ་སོ་སོར་བྱང་ཆུབ་ཀྱི་བར་དུ་དེ་བཞིན་དུ་ཆོས་སྟོན་ཏོ་ཞེས་བྱ་བ་ཡིན་ཏོ། འདི་ནི་རྒྱུ་གསུམ་བ་ཡིན་ནོ། ་དེས་ཤིང་ཕ་རོལ་ཕྱིན་ལ་ཞེས་བྱ་བ་ལ་སོགས་པ་ངེས་པ་ནི་རྒྱུད་མཉེན་པའོ། །ཕ་རོལ་ཕྱིན་བ་ནི་སྦྱིན་པ་ལ་སོགས་པ་བཅུའོ། །དེ་ལ་རབ་ཏུ་བརྩོན་ཞིང་སྐྱོ་བ་མེད་བའི་ཡིད་ཀྱིས་བདག་ཉིད་ཐམས་ཅད་ཀྱི་རྣམ ་པ་ཐམས་ཅད་དུ་བརྩོན་ཏེ། བྱང་ཆུབ་ཀྱི་བར་དུ་བྱང་ཆུབ་ཀྱི་སེམས་ནམས་ཀྱང་རེས་འགའ་ཡང་བརྗེད་པར་མི་འགྱུར་ཞིང་འབྲལ་བར་མ་གྱུར་ཅིག་ཅེས་བྱ་བ་ཡིན་ཏེ། འདི་ནི་རྒྱུ་གཞི་པ་ཡིན་ནོ། །ཚིགས་སུ་བཅད་པ་ཕྱེད་དང་བཞི་པོ་དེ ་དག་གིས་ནི་བྱང་ཆུབ་ཀྱི་སེམས་ཀྱི་མི་མཐུན་པའི་ཕྱོགས་སུ་གྱུར་པའི་སྒྲིབ་པ་གང་དག་ཡིན་པ་དེ་དག་གི་གཉེན་པོ་བསྟན་པ་ཡིན་ནོ། །ད་ནི་ཚིགས་སུ་བཅད་པ་ཕྱེད་ཀྱི་མི་མཐུན་པའི་ཕྱོགས་སྤངས་བསྟན་པ་ནི། སྡིག་པ་གང ་རྣམས་སྒྲིབ་པར་གྱུར་བ་དག་ཅེས་བྱ་བ་ལ་སོགས་པ་གསུངས་བ་ཡིན་ཏེ། སྡིག་པ་སྒྲིབ་པར་གྱུར་པ་བྱང་ཆུབ་ཀྱི་སེམས་ཀྱི་བར་ཆད་བྱེད་པ་གང་དག་ཡིན་པ་དེ་དག་མ་ལུས་པར་ཐམས་ཅད་ཀྱི་ཐམས་ཅད་དུ་ཡོངས་སུ་བྱང་ཞིང ་སྤོང་བར་ཤོག་ཅིག་ཅེས་བྱ་བ་ཡིན་ནོ། །ད་ནི་གང་ལས་དང། གང་དུ་དང། ཇི་ལྟར་ཞེས་རྒྱུ་གསུམ་གྱི་རྣམ་པ་གསུམ་པ་ཆགས་པ་མེད་པར་སྦྱོར་བ་སྟོན་ཏེ། །ལས་དང་ཉོན་མོངས་བདུད་ཀྱི་ལས་རྣམས་ལས་ཞེས་བྱ་བ་ལ་སོགས་པ ་གསུངས་པ་ཡིན་ནོ། །གང་ལས་ཞེ་ན། ལས་དང་ཉོན་མོངས་པ་དང་བདུད་ཀྱི་ལམ་ལས་སོ། །ལས་འདི་ཡང་བྱེ་བྲག་ཏུ་མ་ཕྱེ་བའི་ཕྱིར་དགེ་བ་དང་མི་དགེ་བ་དང། མི་གཡོ་བའི་ཁྱད་པར་གྱིས་རྣམ་པ་གསུམ་བཟུང་ཏེ། དེ་ལས་མི་དགེ་བ ་དང། ཉོན་མོངས་པ་དང། བདུད་ཀྱི་ལས་རྣམས་ལས་གྲོལ་ཞིང་དེ་དག་གིས་མི་ཆགས་བར་རྟག་ཏུ་སྤྱད་དོ། །གད་དུ་ཞེ་ན། འཇིག་རྟེན་འགྲོ་བ་རྣམས་སུ་སྟེ་ལྟ་ལ་སོགས་པའི་ནང་དུའོ། །ཇི་ལྟ་བུར་ཞེ་ན། ཇི་ལྟར་པདྨ་ཆུས་མི་ཆགས་པ ་བཞིན་ཞེས་བྱ་བ་སྨོས་ཏེ། ཇི་ལྟར་པདྨ་ཆུ་ལ་སྐྱེས་པ་ཆུས་མི་ཆགས་པ་དེ་བཞིན་དུ་སྡིག་པའི་ལས་དང་ཉོན་མོངས་དང། བདུད་ཀྱི་ལམ་འཇིག་རྟེན་གྱི་ཆོས་དག་གིས་མ་གོས་པར་སྤྱོད་དོ་ཞེས་བྱ་བ་ཡིན་ནོ། །དེ་བཞིན་དུ་ལས་དགེ་བ་དང་མི་གཡོ ་བ་དག་ལས་ཡང་མི་ཆགས་ཤིང་འབྲས་བུ་རྣམ་པར་སྨིན་པ་ལ་མི་ལྟ་བར་འགྲོ་བ་མཛའ་དག་ལ་ཕན་པ་དང། བདེ་བ་སྐྱེད་པ་འབའ་ཞིག་གིས་ཕྱིར་སྤྱད་དེ། བྱང་ཆུབ་སེམས་དཔའ་ཨི་སྤྱོད་བ་ཞེས་བྱ་བ་ཁོ་ནས་དྲང་ངོ། །ཅི་དང་འདྲ་བར་ཞེ་ན། ཉི་ཟླ་ནམ ་མཁའ་ཐོགས་པ་མེད་ལྟར་སྤྱད་ཅེས་བྱ་བ་སྨོས་ཏེ། དཔེར་ན་ཉི་མ་དང་ཟླ་བ་དག་འཇིག་རྟེན་ན་ཡིད་བཞིན་གྱི་ནོར་བུ་བཞིན་དུ་གཞན་གྱི་དོན་བྱེད་པ་ལ་རོ་གཅིག་དུ་བཞུགས་པའི་ཕྱིར། རང་གི་དོན་ལ་ཅུང་ཟད་ཀྱང་མ་ཆགས་བར་ཉིན་མཚན་དུ་ནམ་མཁའ་ ་ལ་རྒྱུ་བ་དེ་དང་འདྲ་བར་རོ་ཞེས་བྱ་བ་ཡིན་ནོ། །དེ་ལ་བདུད་ཅེས་བྱ་བ་ནི་དགེ་བའི་བར་ཆད་བྱེད་པ་སྟེ། བྱང་ཆུབ་ཀྱི་ལམ་འགོག་ཅིང་ཡང་དག་པའི་ལམ་ཟློག་པར་བྱེད་པ་ཡིན་ནོ། །ངེས་པའི་ཚིག་ཏུ་ནི་ཆོས་ཀྱི་སྲོག་གི་བར་ཆད་བྱེད་པ ་ཡིན་པས་གསོད་པའི་ཕྱིར་བདུད་ཅེས་བྱའོ། །དེའི་ལམ་ནི་ཕན་པའི་དངོས་པོ་ལས་རྒྱུས་འཚེ་བའོ། །རྣམ་པ་བཞི་པ་ཚེ་འདི་དང་ཚེ་ཕྱི་མར་སེམས་ཅན་མ་ལུས་པ་ལ་ཕན་གདགས་བ་ནི། ཞིང་གི་ཁྱོན་དང་ཕྱོགས་རྣམས་ཇི་ཅིམ་བར། །དན ་སོང་སྡུག་བསྔལ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་གང་གསུངས་པ་ཡིན་ཏེ། འགྲོ་བའི་ངན་སོང་བའི་སྡུག་བསྔལ་ངན་འགྲོ་གསུམ་ལས་བྱུང་བ་དེ་དག་ཐམས་ཅད་རབ་ཏུ་ཞི་བར་བྱེད་ཅིང་ངོ། ཡང་ཅིའི་ཕྱིར་ན་ངན་སོང་གི་སྡུག་བསྔལ་དག་ཁོ་ན་རབ ་ཏུ་ཞི་བ་ཞེས་བྱ་ཞེ་ན་དེ་དག་གིས་ནི་ཤིན་ཏུ་གནོད་པར་བྱེད་པའི་བདག་ཉིད་ཡིན་པའི་ཕྱིར་གཙོར་སྨོས་པར་ཟད་ཀྱི། འཁོར་བ་བའི་སྡུག་བསྔལ་ཐམས་ཅད་རབ་ཏུ་ཞི་བར་བྱེད་ཅིང་ཞེས་བྱ་བ་ཡིན་པར་རིག་པར་བྱའོ། དེ་བཞིན་དུ་འགྲོ་བ་ཐམས་ཅད་བདེ ་བའི་མཆོག་ལ་ཡང་འགོང་ཅིང་ཞེས་བྱ་བ་ཡིན་ནོ། །ཅི་ཞིག་བྱ་ཞེ་ན། འགྲོ་བ་ཐམས་ཅད་ལ་ཕན་བར་བྱ་ཞིང་ཕན་པ་བསྐྱེད་པར་བྱ་བའི་ཕྱིར་སྟེ། བླ་ན་མེད་པའི་ཡེ་ཤེས་ཐོབ་པར་བྱ་བའི་བར་དུ་ཡིད་ཡོངས་སུ་སྐྱོ་བ་མེད ་པས་གཞན་དུ་མི་སྦྱོད་བར་སྤྱད་ཅིང་འབད་པར་བྱའོ། །དུས་ཇི་སྲིད་ཅིག་ཏུ་ཞེ་ན། ཞིང་གིས་ཁྱོན་དང་ཕྱོགས་རྣམས་ཇི་ཙམ་པར་ཞེས་བྱ་བ་སྨོས་ཏེ། ཕྱོགས་རྣམས་ན་ཞེས་བྱ་བ་ནི་ཕྱོགས་བཅུ་ནའོ། །ཇི་ཙམ་པར་ཞེས་བྱ་བ་ནི་ཇི་སྲིད་པར་རོ། ། ་ཞིང་གི་ཁྱོན་ཅེས་བྱ་བ་ནི་སངས་རྒྱས་ཀྱི་ཞིང་གི་རྒྱུན་ཏེ་བསྐལ་པ་བརྒྱུད་བར་རྒྱུན་བྱུང་བ་ཇི་སྲིད་དུ་སྤྱད་དོ་ཞེས་བྱ་བར་སྦྱར་བར་བྱའོ། །རྣམ་པ་ལྔ་པ་ནི་གོ་ཆའོ། །དེ་ཡང་སེམས་ཅན་གྱི་སྤྱོད་པ་དང་མཐུན་པར་འཇུག་པ་དང། སངས་རྒྱས་ཀྱི ་ཆོས་ཡོངས་སུ་རྫོགས་པར་བྱེད་པ་དང། དམ་པའི་ཆོས་རབ་ཏུ་སྟོན་པ་དང། རྣམ་པ་གསུམ་ཏེ། བྱང་ཆུབ་སྤྱོད་བ་ཡོངས་སུ་རྫོགས་བྱེད་ཅིང་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་ཆེད་དུ་སྤྱོད་བ་ནི་བྱང་ཆུབ་སྤྱོད་བའོ། །ཡོངས་སུ་རྫོགས་པར་བྱེད་པ ་སྟེ། སངས་རྒྱས་ཀྱི་ཆོས་རྣམས་སྐྱེད་བར་བྱེད་ཅིང་ཞེས་བྱ་བའི་ཐ་ཚིག་གོ། བཟང་པོ་སྤྱོད་པ་དག་ནི་རབ་སྟོན་ཅིང་ཞེས་བྱ་བ་བཟང་བོ་སྤྱོད་བ་ནི་འདིར་རབ་ཏུ་སྟོན་པར་བརྗོད་པར་བཞེད་བ་ཡིན་བས་ཆོས་སྟོན་བའི་ངོ་བོ་ཉིད་ཡིན་བར་བཟུང་སྟེ། དེ་མངོན ་བར་རྗོད་པར་བྱེད་པའི་ཚིག་དག་ལ་བཟང་པོ་སྤྱོད་པ་ཉེ་བར་བཏགས་བའི་ཕྱིར་རོ། །ཚིག་དེ་འགྲོ་བ་ལ་རབ་ཏུ་སྟོན་ཅིང་སྟེ་ཡང་དག་བར་རབ་ཏུ་སྟོན་ལ་འཆད་ཅིང་མ་འོངས་པའི་བསྐལ་བ་ཕྱི་མའི་མཐར་སྐྱོ་བ་མེད་པའི་ཡིད་ཀྱིས་སྤྱོད་བར་གྱུར་ཅིག ་ཅེས་བྱ་བ་ཡིན་ནོ། །རྣམ་པ་དྲུག་བ་ལུས་དང་ངག་དང་ཡིད་ཀྱི་སྤྱོད་བའི་སྨོན་ལམ་དག་གིས་སྐལ་བ་མཐུན་བའི་བྱང་ཆུབ་སེམས་དཔའ་དང་འཕྲད་པ་ནི་བདག་གི་སྤྱོད་དང་མཐུན་བར་གང་སྤྱོད་བ་ཞེས་བྱ་བ་ལ་སོགས་པ་གང་གསུངས་པ་ཡིན་ཏེ། ་བྱང་ཆུབ་སེམས་དཔའ་གང་དག་བདག་གིས་སྤྱོད་པ་དང་ཞེས་བྱ་བ་ལ་སྤྱོད་པས་མཚུངས་ཤིང་འདྲ་བ་དེ་དག་དང་བདག་བྱང་ཆུབ་ཀྱི་བར་དུ་རྟག་ཏུ་ལྷན་ཅིག་ཕྲད་ཅིང་འགྲོགས་པར་གཤོག་ཅིག་ཅེས་པ་དང། ལུས་དང་ངག་དང་ཡིད་ཀྱིས་ཀྱང་དེ་དག་། ཁོ་ན་དང ་ལྷན་ཅིག་ཀུན་ནས་ཉོན་མོངས་བ་མེད་པའི་གནས་བས་བྱང་ཆུབ་སེམས་དཔའ་ཨི་སྤྱོད་བ་གཅིག་བ་དང་སྨོན་ལམ་གཅིག་ཏུ་སྤྱད་པར་བྱའོ་ཞེས་བྱ་བ་ཡིན་ནོ། །རྣམ་པ་བདུན་པ་ཕན་པར་སེམས་པའི་གདམས་དག་སྒྲུབ་པ་དག་གིས་དགེ་བའི་བཤེས ་གཉེན་མགུ་བར་བྱེད་པ་ནི། བདག་ལ་ཕན་པར་འདོད་པའི་གྲོགས་པོ་གང་ཅེས་བྱ་བ་ལ་སོགས་པ་གང་གསུངས་པ་ཡིན་ཏེ། བདག་ལ་ཕན་པར་འདོད་པའི་གྲོགས་པོ་དགེ་བའི་བཤེས་གཉེན་བཟང་པོ་སྤྱོད་པ་སྟོན་ཅིང་འཆད་བར་བྱེད་བ་ཆོས ་སྨྲ་བ་གང་དག་ཡིན་པ་དེ་དག་དང་རྟག་ཏུ་འགྲོགས་ཤིང་ཕྲད་པ་དང་དེ་དག་ནམས་ཀྱང་རེས་འགའ་ཡང་ཅུང་ཟད་ཀྱང་ཡིད་མི་འགྱུར་ཞིང་བྱང་ཆུབ་ཀྱི་བར་དུ་དུས་ཐམས་ཅད་དུ་མཐུན་པར་འཇུག་བར་གྱུར་ཅིག་ཅེས་བྱ་བ་ཡིན་ནོ། །རྣམ་པ་བརྒྱད་པ ་འཁོར་དང་དུས་དང་མི་སྐྱོ་བ་དང་མཆོད་པའི་བྱ་བ་དག་གིས་དེ་བཞིན་གཤེགས་པ་མངོན་དུ་བྱ་བ་ནི། སངས་རྒྱས་སྲས་ཀྱིས་བསྐོར་བའི་མགོན་པོ་རྣམས་ཞེས་བྱ་བ་ལ་སོགས་པ་གང་གསུངས་ཡིན་ཏེ། ཕྱོགས་བཅུ་ཀུན་གྱི་རྒྱལ་བ ་སངས་རྒྱས་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཨི་ཚོགས་ཀྱིས་བསྐོར་བའི་མགོན་པོ་འགྲོ་བའི་གཉེན་པོ་གཅིག་པུ་ལ་ཐོགས་པ་མེད་པའི་མིག་གིས་རྟག་ཏུ་མངོན་སུམ་དུ་ལྷག་གེར་བལྟ་ཞིང་དེ་དག་རེ་རེ་ལ་ཡང་སྐད་ཅིག་སྐད་ཅིག་ལ ་མཆོད་པ་རྒྱ་ཆེན་པོ་རྣམ་པ་ཐམས་ཅད་ཀྱིས་མཆོག་དང་ལྡན་པ་ནམ་མཁའ་ཨི་གཏོགས་དང་མཉམ་ཞིང་ཆོས་ཀྱི་དབྱིངས་ཁྱབ་པས་མཆོད་པར་བྱའོ་ཞེས་བྱ་བ་ཡིན་ནོ། །དུས་ཇི་སྲིད་ཅིག་ཏུ་ཞེས་ན། མ་འོངས་བསྐལ་པ་ཀུན་ཏུ་མི་སྐྱོ་བར་ཞེས་བྱ ་བ་སྨོས་ཏེ། མ་འོངས་བའི་བསྐལ་བ་ཕྱི་མའི་མཛའ་ཨི་མུར་ཐུག་པར་སྐྱོ་བ་མེད་པའི་ཡིད་ཀྱིས་སོ་ཞེས་བྱ་བ་ཡིན་ནོ། །རྣམ་པ་དགུ་བ་འཛིན་བ་དང་སྟོན་པ་དང། སྦྱོར་བདག་གིས་དམ་པའི་ཆོས་ཡོངས་སུ་བཟུང་བ་ནི། ་རྒྱལ་བ་རྣམས་ཀྱི་དམ་པའི་ཆོས་འཛིན་ཅིང་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། དུས་གསུམ་པའི་རྒྱལ་བ་རྣམས་ཀྱིས་བཤད་པའི་ཆོས་གསུངས་རབ་ཡན་ལག་བཅུ་གཉིས་པ་གང་ཡིན་པ་དེ་དག་ཐམས་ཅད་གཟུངས ་ཀྱི་སྟོབས་ཀྱིས་འཛིན་ཅིང་ཡང་དག་པར་འཛིན་པ་དང། བྱང་ཆུབ་ཀྱི་སྤྱོད་པ་ཆོས་བཤད་པའི་ངོ་བོ་ཉིད་ཀྱང་འགྲོ་བ་ལ་ཀུན་ཏུ་སྣང་བར་བྱེད་ཡོངས་སུ་སྣང་བར་བྱེད་བ་ཡང་དག་པར་རབ་ཏུ་སྟོན་པར་བྱེད་ཅིང་ངོ། །འདིར་ཡང་བྱང ་ཆུབ་སྤྱོད་པ་ཞེས་བྱ་བ་ནི་རབ་ཏུ་སྟོན་པར་བྱེད་པའི་ཚིག་རྣམས་ཁོ་ན་ལ་བྱའོ། །བཟང་པོ་སྤྱོད་པ་རྣམ་པར་སྦྱང་བ་ཡང་ཞེས་བྱ་བ་ལ་བཟང་པོ་སྤྱོད་པ་ནི་བྱང་ཆུབ་སེམས་དཔའ་ཨི་སྤྱོད་པ་སྟེ། དེ་རྣམ་པར་སྤྱོད་ཞིང་སྐྱོན་མ་ལུས་པ་ཐག ་སྲིད་བ་དབྱེད་བས་དྲི་མ་དང་བྲལ་བར་བྱེད་པ་མ་འོངས་བའི་བསྐལ་བ་ཐམས་ཅད་དུ་སྤྱད་བར་བྱ་འབད་པར་བྱའོ་ཞེས་བྱ་བ་ཡིན་ནོ། །རྣམ་པར་བཅུ་པ་བསོད་ནམས་དང་ཡེ་ཤེས་ལ་སོགས་བའི་ཆོགས་ཡང་དག་པར་འགྲུབ་པའི་སྒོ་ནས ་མི་ཟད་བའི་མཛོད་རྙེད་པ་ནི། སྲིད་བ་ཐམས་ཅད་དུ་ཡང་འཁོར་བ་ན་ཞེས་བྱ་བ་ལ་སོགས་པ་གང་གསུངས་པ་ཡིན་ཏེ། འདོད་པ་ལ་སོགས་པའི་སྲིད་པ་ཐམས་ཅད་དུ་སེམས་ཅན་གྱི་དོན་གྱི་དབང་གིས་འཁོར་ཞིང་འཁོར ་བར་སྐྱེ་བ་ན། འགྲོ་བ་མཛའ་དག་ལ་ཕན་པ་དང་བདེ་བ་སྐྱེད་པའི་ཕྱིར་བསོད་ནམས་དང་ཡེ་ཤེས་མི་ཟད་པ་རྙེད་ཅིང་ལྡན་བར་གྱུར་ཅིག་ཅེས་པ་དང། དེ་བཞིན་དུ་ཐབས་དང་ཤེས་རབ་དག་དང་ཏིང་ངེ་འཛིན་ནམ་མཁའ་ཨི་མཛོད་དང་། ་དྲི་མ་མེད་པའི་ཕྱག་རྒྱ་ལ་སོགས་པ་དང། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཨི་རྣམ་བར་ཐར་བ་སྙིང་རྗེ་ཆེན་པོ་བཤོལ་བ་མེད་པ་དང། སྒྱུ་མ་ལྟ་བུར་གྱུར་བ་ལ་སོགས་པ་ནས་བྱང་ཆུབ་སེམས་དཔའ་ཨི་ཡོན་ཏན་ཐུན་མོང་དང། ཐུན་མོང ་མ་ཡིན་པ་ཐམས་ཅད་ཀྱིས་བར་གྱི་མི་ཟད་པའི་མཛོད་དེ། ཡོན་ཏན་གྱི་ནོར་མི་ཟད་པར་གྱུར་ཅིག་ཅེས་བྱ་བ་ཡིན་ནོ། །རྣམ་བ་བཅུ་གཅིག་བ་ནི་འཇུག་བའོ། །དེ་ཡང་རྣམ་པ་བརྒྱད་དེ་འདི་ལྟ་སྟེ། སངས་རྒྱས་དང་ཞིང་ལྟ་བར ་འཇུག་པ་རྣམ་པ་གཉིས་དང། སངས་རྒྱས་ཀྱི་གསུང་ལ་འཇུག་པ་དང། ཆོས་ཀྱི་འཁོར་ལོ་བསྐོར་བ་ལ་འཇུག་བ་དང། བསྐལ་པ་འཇུག་པ་ལ་འཇུག་བ་དང། དེ་བཞིན་གཤེགས་པ་བལྟ་ཞིང་དེའི་སྤྱོད་ཡུལ་ལ་འཇུག་པ ་དང།། སངས་རྒྱས་ཀྱི་ཞིང་མངོན་བར་སྒྲུབ་པ་ལ་འཇུག་བ་དང། བརྒྱད་པ་དེ་བཞིན་གཤེགས་པའི་དྲུང་དུ་འགྲོ་བ་ལ་འཇུག་པའོ། །དེ་ལ་སངས་རྒྱས་དང་དེའི་ཞིང་བལྟ་བར་འཇུག་པ་གཉིས་ཚིགས་སུ་བཅད་པ་གཉིས་ཀྱི་བསྟན་པ ་ནི། རྡུལ་གཅིག་སྟེང་ན་རྡུལ་སྙེད་ཞིང་རྣམས་ཞེས་བྱ་བ་ལ་སོགས་པ་གང་གསུངས་པ་ཡིན་ཏེ། རྡུལ་གཅིག་གིས་སྟེང་ན་ཕྱོགས་བཅུ་དུས་གསུམ་དུ་གཏོགས་པའི་སངས་རྒྱས་ཀྱི་ཞིང་གིས་རྡུལ་དང། མཉམ་བའི་སངས་རྒྱས ་ཀྱི་ཞིང་རྣམས་སོ། །ཞིང་དེར་ཞེས་བྱ་བ་ནི་ཞིང་དེ་དང་དེར་རོ། །བསམ་གྱིས་མ་ཁྱབ་ཅེས་བྱ་བ་ནི་བསམ་གྱིས་མི་ཁྱབ་ཅིང་བསམ་གྱིས་མི་ལང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་སོ། །སངས་རྒྱས་སྲས་ཀྱི་དབུས་ན་བཞུགས ་པ་ལ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་དབུས་ན་བཞུགས་བ་ལའོ། །བྱང་ཆུབ་སྤྱད་པ་སྤྱོད་ཅིང་ཅེས་བྱ་བ་ནི་བྱང་ཆུབ་ཀྱི་སྤྱད་པ་སྤྱོད་པ་ཀུན་ཏུ་སྤྱོད་པ་སྒྲུབ་ཅིང་ངོ། །བལྟ་བར་བགྱི་ཞེས་བྱ་བ་ནི་བལྟ་བར་བགྱི་ཞིང་འཇུག་པར་ ་བགྱི་བ་ཡིན་ན། །དེ་ལྟ་ཡིན་ན་བྱང་ཆུབ་སེམས་དཔའ་རྣམས་མི་སྲིད་པ་དོན་དུ་གཉེར་བས་སྨོན་ལམ་འབྲས་བུ་མེད་པ་ཁོ་ནའོ། །ཞེས་བྱ་བར་མངོན་བ་མ་ཡིན་ནམ། འདི་ལྟར་རེ་ཞིག་སངས་རྒྱས ་ཀྱི་ཞིང་གཅིག་དང་རིལ་གྱིས་བྱེ་བྲག་ཏུ་རྡུལ་གཅིག་གིས་སྟེང་དུ་བལྟ་བར་མི་སྲིད་ན། དེ་ཇི་ལྟར་དུས་གསུམ་དུ་གཏོགས་པའི་སངས་རྒྱས་ཀྱི་ཞིང་གི་རྡུལ་མ་ལུས་པ་དང་མཉམ་པའི། །སངས་རྒྱས་ཀྱི་ཞིང་སངས་རྒྱས་བཅོམ ་ལྡན་འདས་བྱང་ཆུབ་སེམས་དཔའ་འཁོར་དབུས་ན་བཞུགས་བ་བགྲང་བ་ལས་འདིས་པ་དག་གིས་ཡོངས་སུ་གང་བ་རྣམས། སོ་སོ་ཐ་དད་བར་བྱེ་བྲག་ཏུ་རྡུལ་གཅི་གིས་སྟེང་དུ་བལྟ་བར་བྱའོ་ཞེས་སྨོན་ལམ་འདེབས་ཞེ་ན། དེ་ནི ་དེ་ལྟ་མ་ཡིན་ཏེ། འདི་ལྟར་ཇི་ལྟར་བསམ་ཀྱིས་མི་ཁྱབ་བའི་ལས་ཀྱིས་སྤྲུལ་པའི་འཇིག་རྟེན་གྱིས་ཁམས་བླ་དང་འོག་དང། འཆོལ་བ་ལ་སོགས་བ་སྣ་ཚོགས་པ་ཐ་དད་པ་དེ་བཞིན་དུ་རྡུལ་གཅིག་གིས་སྟེང་དུ་ཡང་བསམ ་གྱིས་མི་ཁྱབ་པའི་ཡེ་ཤེས་ཀྱི་སྤྲུལ་པ་དེ་ལྟ་བུ་ཅིག་སྟེ་མི་སྲིད། བསམ་གྱིས་མི་ཁྱབ་པ་ཉིད་ལས་ཀྱང། གང་ཚེས་སྟེངས་མཁས་པ་རྣམས། །མིག་འཕྲུལ་ཅན་གྱིས་རྣམ་པ་ལ། །ཡ་མཚན་ཅུང་ཞིག་ཡོད་མིན་བ།། ་དེ་ཚེ་ངོ་མཚར་མི་ཞིག་ཆེ། །འཇིག་རྟེན་མགོན་པོ་སྐྱོབ་པ་ཡིས། །བསམ་གཏན་ལས་དང་ཀླུ་རྣམས་དང། །སངས་རྒྱས་བདག་ཉིད་ཆེ་རྣམས་ཀྱིས། །བསམ་གྱིས་མི་ཁྱབ་བཞིར་བཤད་དོ། །ཞེས་གསུངས་ཏེ། དེ་བས ་ན་སངས་རྒྱས་ཀྱི་བཀའ་ལ་བློ་མ་བྱ་བ་རྣམས་ཀྱི་དོན་འདི་མི་སྲིད་པར་འདྲིས་ཀྱང་དེ་ཁོ་ན་ལྟར་ཡིན་ནོ་ཞེས་དད་བར་བྱ་དགོས་སོ། །འདི་གསལ་རབ་ཏུ་སྒྲུབ་པས་ན། །གང་ཞིག་སངས་རྒྱས་ཀྱིས་བཤད་པ། །ལྐོག་དུ་གྱུར་བ་དག ་ལ་ནི། །ཐེ་ཚོམ་སྐྱེ་བ་དེ་ཡིད་འདིང?། །སྟོང་པ་ཉིད་དུ་ཡིད་ཆེ་བྱ། །འཇིག་རྟེན་རེ་ཞིག་སྣོད་ཤིན་ཏུ་ཆུང་དུ་ཆུ་དང་བས་གང་བའི་ནང་དུ་ཡང་གཟའ་དང་སྒྱུ་སྐར་དང་སྐར་མ་ལ་སོགས་པས་བརྒྱན་བའི་ནམ་མཁའ་ཐམས་ཅད་སྣང་བ་ཁོ་ནའོ།། ་དེ་ཉིད་ཀྱི་ཕྱིར་བཅོམ་ལྡན་འདས་ཀྱིས། །ཆོས་རྣམས་གཟུགས་བརྙན་ལྟ་བུ་དང། །རབ་རིབ་རྨི་ལམ་མཚན་ཉིད་དང། །སྒྱུ་མ་སྨིག་རྒྱུ་འདྲ་བ་དང། །དྲི་ཟའི་གྲོང་ཁྱེར་ལྟ་བུ་ཡིན་ཞེས་གསུངས་ཏེ། འདིའི་འོག་ནས། གང་ཡང ་དུས་གསུམ་དག་གི་ཞིང་བཀོད་པ་ཞེས་འབྱུང་བའི་ཆོགས་སུ་བཅད་པ་ཡང་འདིར་གསལ་བར་བྱའོ། །དེ་ལྟར་མ་ལུས་ཕྱོགས་རྣམས་ཞེས་བྱ་བ་ལ་སོགས་པ་ནི་རྡུལ་གཅིག་གིས་སྟེང་དུ་ཇི་ལྟ་བ་དེ་བཞིན་དུ་ཕྱོགས་བཅུ་མཛའ་ ་དག་མ་ལུས་པ་ཐམས་ཅད་དུའོ། །སྐྲ་ཙམ་ཁྱོན་ལ་ཞེས་བྱ་བ་ནི་སྐྲའི་ཁྱོན་ཏེ། སྐྲའི་རྩེ་མོ་ཙམ་གྱིས་གོ་སྐབས་ལ་དུས་གསུམ་གྱི་ཚད་སྙེད་ཀྱིས་སངས་རྒྱས་རྒྱ་མཚོ་དང། དེའི་ཞིང་རྒྱ་མཚོ་དག་ལའོ། །སྤྱོད་ཅིང་ཞེས་བྱ་བ་ནི ་སྤྱོད་བ་ལ་འཇུག་ཅིང་དོ། །བསྐལ་པ་རྒྱ་མཚོ་རབ་ཏུ་འཇུག་ཅེས་བྱ་བ་ནི་འཇུག་བར་བྱ་ཞེས་བྱ་བ་ཡིན་ནོ། །སངས་རྒྱས་ཀྱི་གསུང་ལ་འཇུག་པ་ནི། གསུང་གཅིག་ཡན་ལག་རྒྱ་མཚོའི་སྒྲ་སྐད་ཀྱིས། །ཞེས་བྱ་བ་ལ་སོགས ་པ་གང་གསུངས་པ་ཡིན་ཏེ། དེ་བཞིན་གཤེགས་པ་གཅིག་ཆོས་སྟོན་པ་ནི་ཉན་པའི་སྐྱེ་བོ་བ་གྲང་བ་ལས་འདས་བའི་མོས་བ་ཐ་དད་པའི་སྒོ་ནས། ཅིག་ཅར་དུ་དོན་གཞན་དང་ཚིག་དང་ཡི་གེ་གཞན་དང་གཞན་དཔག་ཏུ་མེད་པ་དག་གིས ་གསུངས་གིས་ཡན་ལག་རྒྱ་མཚོ་དཔག་ཏུ་མེད་པ་དང་ལྡན་པར་གྲགས་བར།། ཕྱོགས་བཅུ་དུ་གསུམ་དུ་གཏོགས་པའི་རྒྱལ་བ་དེ་ཁོ་ན་བཞིན་དུ་ཆོས་སྟོན་པ་ཐམས་ཅད་ཀྱི་དབྱངས་ཀྱི་ཡན་ལག་རྣམ་བར་དག་བ་ཆོས་ཉན་བའི་སྐྱེ་བོ ་དཔག་ཏུ་མེད་པའི་བསམ་པ་ཇི་ལྟ་བའི་དབྱངས་གང་ཡིན་པ་སངས་རྒྱས་ཀྱི་གསུང་དེ་ལྟ་བུ་དེ་ལ་ཐོག་བ་མེད་པའི་སྐབས་དེ་བཞིན་གཤེགས་པ་དེའི་གསུངས་གི་ཡན་ལག་རྒྱུ་ལ་ཆོད། །མཇུག་བ་? ་ཞིར་མ་ལུས་ཡང་ཡིད་ལ་བྱའོ་ཞེས་བྱ་བ་ཡིན་ནོ། །དེ་སྐད་དུ་མོས་པ་དུ་མ་དང་ལྡན་པ། མང་པོ་ཉེ་བར་འཁོར་བ་ལ། གསུང་གཅིག་བཀའ་སྩལ་ནི་སྨོས་ཀྱི། །དུ་མ་གཅིག་ཏུ་གདའ་བ་སྟེ། །འདི་དག་ལ་ནའི་ཆེད་ཡིན་ཞེས། །འགྲོ་བ ་ཀུན་གྱིས་རྟོགས་?་གང་།དེ་ལས་ལ་མཚན་ཆེ་ཅི་མཆིས། །དེ་ལས་ངོ་མཚར་ཅི་ཞིག་བ་ཆོས་ཞེས་གསུངས་པོ། །དེ་བཞིན་དུ་འཕགས་པ་སྡོང་པོ་བཀོད་པའི་འཕགས་པ་བྱམས་པའི་རྣམ་པར་ཐར་པ་ལས་ཀྱང། གང་ཞིག་སྟན་གཅིག ་འདུག་ནས་མ་རྨོངས་པར། །བསྐྱེ་བ་བོ་དུང་གྱུ་བྱེ་བ་མང་པོ་ཕྱོགས་བཅུ་ཡི། །བདེ་གཤེགས་ཆོས་སྤྲིན་ཉན་ཡང་དོམས?་བའི་སེམས་མེད་པ། །འདི་ནི་བློ་ཆེན་རྒྱ་མཚོ་ལྟ་བུའི་གནས་པ་ཡིན་ཞེས་གསུངས་ཏེ། ཚིགས་སུ་བཅད་པ་སྟན ་གཉིས་ཀྱིས་ནི་འཆད་པ་པོའི་ཆེ་བའི་བདག་ཉིད་བསྟན་ཏོ། །ཚིགས་སུ་བཅད་པ་འོག་མས་ནི་ཉན་པའི་སྐྱེ་བོའི་ཆེ་བའི་བདག་ཉིད་བསྟན་ཏོ། །ཆོས་ཀྱི་འཁོར་ལོ་བསྐོར་བ་ལ་འཇུག་པ་ནི། །དུས་གསུམ་གཤེགས་བ་རྒྱལ་བདག་ཅེས ་བྱ་བ་ལ་སོགས་བ་གང་གསུངས་པ་ཡིན་ནོ། །དེ་དག་གིས་ཞེས་བྱ་བ་ནི་དུས་གསུམ་དུ་གཏོགས་པའི་རྒྱལ་བ་འཁོར་ལོའི་ཚལ་སྐོར་ཞིང་རབ་ཏུ་སྐོར་བར་མཛད་པ་དེ་དག་ཐམས་ཅད་ཀྱིས་ཏེ། དེ་དག་གི་གསུང་དབྱངས་ཟད་མི་ཤེས ་ཤིང་བགྲང་བ་ལས་འདས་པ་གང་དག་ཡིན་བ་དེ་དག་ལའོ། །བློའི་སྟོབས་ཀྱིས་ཞེས་བྱ་བ་ནི་ཡེ་ཤེས་ཀྱི་ཆེ་བའི་བདག་ཉིད་ཀྱིས་ཏེ། ཅིག་ཅར་དུ་འཇུག་ཅིང་རབ་ཏུ་འཇུག་བར་བྱའོ། །ཚུལ་ནི་འདིར་ཐབས་གང་དང། ཆོས་བཤད་པ ་གང་གིས། དུས་གང་གི་ཚེ་ཡུལ་གང་དུ། སེམས་ཅན་མོས་པ་སྣ་ཚོགས་པ་རྙམས་འདུལ་བར་འགྱུར་བ་དེ་ཡིན་པར་བལྟའོ། །དབྱངས་ཞེས་བྱ་བའི་སྒྲ་ནི་འདིར་ཚིག་ཁ་བསྐང་བའི་དོན་ཡིན་ནོ། །བསྐལ་?་འདྲུག་པ་ལ་འཇུག་པ་ནི། མ་འོངས ་བསྐལ་པ་ཐམས་ཅད་འཇུག་བར་ཡང་ཞེས་བྱ་བ་ལ་སོགས་པ་གདགས་སུ་ངེས་པ་ཡིན་ཏེ། མདོར་ན་འཇིག་གི་ཡེ་ཤེས་ཀྱི་སྐད་ཅིག་གིས་ཕྱོགས་བཅུང་གཏོགས་པའི་མ་འོངས་པའི་བསྐལ་པ་འཇུག་བ་ཞེས་བྱ་བའི་བསྐྲལ་བ་བརྒྱུད་པར་འཇུག་པར ་བགྱིའོ་ཞེས་བྱ་བ་ཡིན་ནོ། །གང་ཡང་བསྐལ་པ་དུས་གསུམ་ཚད་དེ་དག་ཅེས་བྱ་བ་ནི་དུས་གསུམ་དུ་བགྲང་བ་དེ་དག་ཐམས་ཅད་ཡེ་ཤེས་ཀྱི་སྐད་ཅིག་མའི་ཆ་ཤས་ཞེས་བྱ་བ་ཡེ་ཤེས་ཀྱི་ཕྱོགས་གཅིག་ཏུ་བཞུགས་ཤིང་ཁོང་དུ་ཆུད་བར་བྱའོ་ཞེས ་བྱ་བ་ཡིན་ནོ། །དེ་བཞིན་གཤེགས་བ་བལྟ་ཞིང་དེའི་སྦྱོད་ཡུལ་ལ་འཇུག་བ་ནི། དུས་གསུམ་གཤེགས་མི་ཡི་སེང་གེ་དག་ཅེས་བྱ་བ་ལ་སོགས་པ་གང་གསུངས་བ་ཡིན་ཏེ། ཕྱོགས་བཅུ་དུས་གསུམ་དུ་གཏོགས་པའི་མའི་སེང་གེ ་སངས་རྒྱས་བཅོམ་ལྡན་འདས་གང་དག་ཡིན་པ་དེ་དག་བདག་གིས་སྐད་ཅིག་རེ་རེ་བལྟ་ཞིང་བརྟགས་བར་བྱའོ་ཞེས་བྱ་བ་ཡིན་ནོ། །དེ་དག་གི་སྤྱོད་ཡུལ་ནི་ཡུལ་ལ། སྒྱུ་བར་གྱུར་བའི་རྣམ་པར་སྟོབས་ཀྱིས་འཇུག་ཅེས་བྱ་བ་ནི་རྟག་ཏུ ་བྱང་ཆུབ་སེམས་པའི་རྣམ་པར་ཐར་བ་སྒྱུ་མར་གྱུར་པ་ཞེས་བྱ་བ་ཡེ་ཤེས་ཀྱི་བའོ། །སྟིང་ངེ་སྟོངས་ཀྱི་འཇུག་པར་བྱའོ་ཞེས་བྱ་བ་ཡིན་ནོ། །སངས་རྒྱས་ཀྱི་ཞིང་མངོན་བར་སྒྲུབ་པ་ལ་འཇུག་པ་ནི་གང་ཡང་དུས་གསུམ་དག་གི་ཞིང་བཀོད་པ་ཞེས ་བྱ་བ་ལ་སོགས་གང་གསུངས་པ་ཡིན་ཏེ། དུས་གསུམ་དག་གི་ཞིང་བཀོད་བ། ཞིང་གི་ཚོགས་གང་དགེ་ཡིན་པ་དེ་དག་རྡུལ་གཅིག་གི་སྟེང་དུ་མངོན་བར་སྒྲུབ་ཅིང་?། །མངོན་དུ་བསྒྲུབ་བར་བྱའོ་ཞེས་བྱ་བ་ཡིན་ནོ། །དེ་ལྟར་ཕྱོགས ་རྣམས་མ་ལུས་ཐམས་ཅད་དུ་ཞེས་བྱ་བ་ནི། དེ་ལྟར་ཕྱོགས་མ་ལུས་པར་རྡུལ་རེ་རེའི་སྟེན་དུ་དེ་ཁོ་ན་བཞིན་དུ་ཞིང་བཀོད་པ་མངོན་བར་སྒྲུབ་པས་ན་ཡེ་ཤེས་ཀྱི་སྐད་ཅིག་གིས་འཇུག་བར་བྱའོ་ཞེས ་བྱ་བ་ཡིན་ནོ། །རེ་ཞིག་ད་ལྟར་གྱི་སངས་རྒྱས་ཀྱི་ཞིང་ངོ་བོ་ཉིད་དང་ཚད་དང་ཁ་དོག་དང་དབྱིབས་ཀྱི་བྱེ་བྲག་ཐ་དད་པ་ཐམས་ཅད་ཀྱང། མ་མཆིས་པར་རྡུལ་གཅིག་གི་སྟེང་དུ་བཞག་པར་མི་སྲིད་ན། སངས་རྒྱས་ཀྱི་ཞིང་དུས་བའོ? ་གསུམ་དུ་གཏོགས་པ་དེ་བཞིན་དུ་ངོ་བོ་ཉིད་ལ་སོགས་པའི་བྱེ་བྲག་ཐ་དད་པ་མ་ལུས་བ་རྣམས་ཕྱོགས་བཅུར་པར་མཚམས་མེད་པར་རྡུལ་རེ་རེའི་སྟེང་དུ་མ་འཚོལ་བར་ཇི་ལྟར་འཇོག་བར་འགྱུར། དེའི་ཕྱིར་འདི་ཇི་ལྟར་ཡིད་ཆེད་པར་སྒྲུབ ་ཞེ་ན། འདིར་བཤད་པ་འདི་ལྟར་ཆོས་ཐམས་ཅད་ནི་ཡོངས་སུ་མ་གྲུབ་པའི་ངོ་བོ་ཉིད་མེད་པ་སྒྱུ་མ་ལྟ་བུ་རྨི་ལམ་ལྟ་བུ་མ་སྐྱེས་པ་མ་འགགས་པ། སྐྲ་ཤང་འཇིགས་པ་ལྟ་བུ་གཟོད་མ་ནས་ཞི་བ། རང་བཞིན་གྱིས་ཡོངས་སུ་མྱ་ངན ་ལས་འདས་པ་ཇི་ལྟར་མོས་པ་བཞིན་རྟོགས་པ་ཙམ་གྱིས་རབ་ཏུ་ཕྱེ་བ་རྣམ་པ་སྣ་ཚོགས་དུ་མའི་ངོ་བོ་ཉིད་ཡིན་ཏེ། ཏིང་ངེ་འཛིན་རྣམ་པར་ཐར་བའི་ཁྱད་པར་རྣམ་པ་སྣ་ཚོགས་རྣམ་པ་མང་པོ་ཤིན་ཏུ་བསྒོམས་པ་དག་གིས་ཉེ་བར ་བཀོད་པ་བསམ་གྱིས་མི་ཁྱབ་པ་ཉམས་སུ་མྱོང་བར་བྱེད་པས་ན་རང་གིས་བསྒོམས་པའི་ལམ་འདི་དག་གསལ་བ་རབ་ཏུ་འགྱུར་རོ། །འཇིག་རྟེན་ན་ཡང་མིག་འཕྲུལ་མཁན་གོམས་པ་ཅུང་ཟད་ཙམ་ལས་སྐྱེས་པའི་མཐུ་ཅན་དག་སྒྱུ་མ ་བཀོད་པ་བསམ་གྱིས་མི་ཁྱབ་པར་ཉམས་སུ་མྱོང་བར་བྱེད་པའི། ཇི་ཆད་གིས་བསྒོམས་པའི་ལམ་འདི་དག་གསལ་བ་རབ་ཏུ་འགྱུར་རོ། །འཇིག་རྟེན་ན་ཡང་མིག་འཕྲུལ་མཁན་གོམས་པ་ཅུང་ཟད་ཙམ་ལས་སྐྱེས་པའི་མཐུན་ཅན་བྲག་སྒྱུ་མ ་ཤིན་ཏུ་ངོ་མཚར་དང་ལྡན་པ་རབ་ཏུ་སྒྲུབ་པར་སྣང་བ་ཉིད་དེ། དེ་ལྟ་བ་ནི་འདི་དག་ཐམས་ཅད་ནི། ཇི་ལྟར་བཤད་པ་བཞིན་ཡིད་ཆེས་པར་བྱའི། འདི་ལ་ཡིད་གཉིས་ནི་ཅུང་ཟད་ཀྱང་མི་བྱའོ། །བརྒྱད་པ་དེ་བཞིན་གཤེགས ་བའི་དྲུང་དུ་འགྲོ་བ་ལ་འཇུག་པ་ནི། གང་ཡང་མ་བྱོན་འཇིག་རྟེན་སྒྲོལ་མ་ཞེས་བྱ་བ་ལ་སོགས་པ་གང་གསུངས་པ་ཡིན་ཏེ། གང་ཡང་མ་བྱོན་པའི་འཇིག་རྟེན་གྱི་སྒྲོན་མ་སངས་རྒྱས་བཅོམ་ལྡན་འདས་ཕྱི་མའི་མཛའ་ཨི་མུར་ཐུག་པར་གཏག ་པ་བགྲང་པ་ལས་འདས་པ་སངས་རྒྱས་ཀྱི་ཡེ་ཤེས་ཀྱི་སྤྱོད་ཡུལ་དུ་གྱུར་བ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ནམ་མཁའ་ཨི་ཁམས་ཀྱི་མཛའ་ཐུག་པ་གཞན་དང་གཞན་དུ་སྐད་ཅིག་རེ་རེ་ལ་དུས་མཉམ་བ་ཉིད་དང། བླ་ན་མེད་པ་ཡང་དག་པར ་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བ་རྣམས་དང། དེ་བཞིན་དུ་གཞན་དུས་མཉམ་པ་ཉིད་དུ་ཆོས་ཀྱི་འཁོར་ལོ་བསྐོར་བར་འགྱུར་བ་རྣམས་དང། དེ་བཞིན་དུ་གཞན་མྱ་ངན་ལས་འདས་པར་སྟོམ་པའི? ་འགྱུར་བ་རྣམས་སོ། །དེའི་ཕྱིར་དེ་དགྲ་རིམ་པར་འཚད་རྒྱ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་དག་ཅེས་བྱ་བ་ནི་མངོན་པར་རྫོགས་པར་འཚད་རྒྱ་བ་དང། དེ་བཞིན་དུ་ཆོས་ཀྱི་འཁོར་ལོ་བསྐོར་བར་མཛད་བ་དང། མྱ་ངན་ལས ་འདས་པ་སྟོན་པར་མཇོབ?་པ་དེ་དག་གོ་།འཇིག་རྟེན་གྱི་མགོན་གཅིག་པོ་དེ་དག་ཐམས་ཅད་ལ་ཞབས་ཀྱི་དྲུང་དུ་འཁོར་བ་ཇི་སྲིད་བར་ཡིད་མྱུར་བ་དང། ཀུན་ཏུ་མྱུར་པའི་རྫུ་འཕྲུལ་གཉིས་ཀྱི་སྟོབས་ཀྱིས་ལུས་ཀྱི་སྤྲིན་གྱིས་ཕྱོགས་བཅུ ་ཁྱབ་པར་བྱས་ཏེ། མངོན?་ཕག?་སྤྲིན་ནམ་མཁའ་ཁོབས་ཕ་ཐམས་ཅད་དུ་ཁྱད་པར་དུ་འཕགས་པ་བགྲིང་བ་ལས་འདས་པ་དག་གིས་རེ་རེ་ལ་དུས་མཉམ་པ་ཉིད་དུ་མཚོང་པ་དང། བསྟོད་པ་བརྗོད་པ་དང། སྐོར་བ་བརྒྱ་ཕྲག་དུ་མ་བྱེད་པར ་མཆི་ཞིང་ཉེ་བར་མཆིའོ། །རིམ་པར་འཚང་རྒྱ་ཞེས་བྱ་བ་ནི་མངོན་པར་རྫོགས་གར?་བྱང་ཆུབ་པའོ། །འདིའི་མྱ་ངན་ལས་འདས་པ་སྟོན་པ་ཉིད་རབ་ཏུ་ཞི་མཛའ་ཡིན་ཏོ། ཚིག་ཁ་བསྐང་བའི་ཕྱིར་རྣམ་གྲངས་བ་ཤིང་དེ་ཞེས་བྱ་བར ་མངོན་ནོ། །གཙོ་བོ་ཡིན་པའི་ཕྱིར་དེ་སྐད་བཤད་པར་ཟང་ཀྱི་གཞན་ཆུ་ཟླ་སྣང་བ་བཞིན་དུ་དགའ་ལྡན་གྱི་གཞལ་མེད་ཁང་ན་བཞུགས་པ་དང། འཆི་འཕོ་སྟོན་པ་དང། ལྷུམས་ནུ་བཏུགས་པ་དང། ་བལྟམས་པ་དང། ལྷ་ཕྱག་བྱས་པ་དང། བཟོ་ཀུན་ཏུ་སྟོན་པོ་དང། མངོན་པར་བྱུང་བ་དང། རབ་ཏུ་བྱུང་བ་དང། དཀའ་བ་སྤྱོད་པ་དང། བྱང་ཆུབ་ཀྱི་སྙིང་པོར་གཤེགས་པ་དང། བྱང་ཆུབ་ཀྱི་ཤིང་གི་རྒྱལ་པོའི་དྲུང་དུ་སེང ་གེའི་ཁྲིལ་བཞུགས་ཏེ། བདུད་བཏུལ་བའི་དུས་དག་ཏུ་ཡང་དེ་བཞིན་དུ་དེ་དག་ཁོ་ནའི་ཞབས་ཀྱི་དྲུང་དུ་ཅིག་ཅར་དུ་མཆི་བར་བགྱིའོ། །ཞེས་བྱ་བ་ཡིན་ཏེ། དེ་སྐད་དུ། གང་ཕྱིར་འཇིག་རྟེན་ཁམས་སུ་ནི། །སེམས་ཅན་སྐད་ཅིག་རེ ་རེ་ལ། །སོ་སོར་རྣམ་པར་འཚང་རྒྱ་བ། །དེ་ཕྱིར་ཞུམ་པར་མི་བྱའོ་ཞེས་གསུངས་སོ། །རྣམ་པ་བཅུ་གཉིས་པ་ནི་སྟོབས་ཡིན་ནོ། །དེ་ཡང་རྣམ་པ་བཅུ་སྟེ། ཀུན་ཏུ་མྱུར་བའི་རྫུ་འཕྲུལ་སྟོབས་ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད ་པ་གཉིས་ཀྱི་བར་སྟན་ཏོ། །ཀུན་ཏུ་མྱུར་བ་ཞེས་བྱ་བ་ནི་དཔེར་ན་བྱང་ཆུབ་སེམས་དཔའ་གཞན་གྱིས་མི་འགྲོ་བ་ཀུན་ཏུ་མྱུར་བའི་རྫུ་འཕྲུལ་གྱིས་ཕྱོགས་བཅུར་ཅིག་ཅར་དུ་འགྲོ་བ་དེ་ཁོ་ན་དང་འདྲའོ། །རྫུ་འཕྲུལ་ཞེས་བྱ་བ་རྫུ་འཕྲུལ་ནི ་འབྱོར་ཅིང་ཇི་ལྟར་འདོད་པ་བཞིན་དུ་ཕུན་སུམ་ཚོགས་པར་བྱེད་པ་སྟེ། ཆོ་འཕྲུལ་ཞེས་བྱ་བའི་ཐ་ཚིག་གོ། རྫུ་འཕྲུལ་ཇི་ལྟར་ན་ཆོ་འཕྲུལ་ཡིན་ནོ་ཞེས་བྱ་བར་ཤེས་ཞེ་ན། སེམས་ཅན་སོ་སོའི་ཡིད་འཕྲོག་ཅིག་འདུན་པར་བྱེད ་བས་ན་ཚོ་འཕྲུལ་ལོ། །དེའི་སྟོབས་ནི་དོན་ཡོད་པ་ཉིད་དེ། རྫུ་འཕྲུལ་གྱིས་སྟོབས་དེས་སོ། །ཀུན་ནས་སྒོའི་ཐེག་པའི་སྟོབས་དག་དང་ཞེས་བྱ་བ་ལ་ཀུན་ནས་སྒོ་ཞེས་བྱ་བ་ནི་སློ་ཀུན་ནས་སོ། །ཇི་ལྟ་ཞེ་ན། དེའི་ལུས་ཀྱི་གནས་ཕགS? ་དང། དམིགས་པ་ནི་གང་ལ་བྱང་ཆུབ་ཀྱི་སེམས་མི་སྐྱེ་བ་དང། གང་ལ་སེམས་ཅན་ཐམས་ཅད་ལ་ཕན་པ་དང། བདེ་བར་སྨོན་པར་མི་འགྱུར་བ་དེ་མེད་དེ། འདི་ཐམས་ཅད་འཕགས་པ་སྤྱོད་ཡུལ་ཡོངས་སུ་དག་པའི་མདོ་ལས་བལྟ་བར་བྱའི ་ཐེག་པ་ཆེན་པོའི་སྟོབས་ཞེས་བྱ་བ་ནི་ཐེག་པ་ཆེན་པོའི་སྟོབས་ཀྱིས་ཏེ། འདིས་ཐེག་པ་ན་ཐེག་པའོ། །དེ་ནི་ཐེག་པ་ཡང་ཡིན་ལ་ཆེན་པོ་ཡང་ཡིན་པས་ན་ཐེག་པ་ཆེན་པོའོ། །ཡང་ན་ཐེག་པ་ཆེན་པོ་སངས་རྒྱས་དང་བྱང་ཆུབ་སེམས ་དཔའ་ཐམས་ཅད་ཀྱི་ཐེག་པ་ཡིན་པས་ན་ཐེག་པ་ཆེན་པོའོ། །འདིའི་རང་བཞིན་ཅི་ཡིན་ཞེ་ན། སངས་རྒྱས་ཀྱི་བྱང་ཆུབ་ཐོབ་པར་བྱེད་པའི་ལམ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཞེས་བྱ་བ་ནི་ཐེག་པ་ཆེན་པོའོ། །ཡང་ན་ཐེག་པ་ཆེན་པོ་ནི ་ཕ་རོལ་ཏུ་ཕྱིན་པས་དང་བཅས་པ་ཡིན་ནོ། །དེའི་སྟོབས་ནི་ཐོགས་པ་མེད་པ་ཉིད་དེ་མི་མཐུན་པའི་ཕྱོགས་ལས་ངེས་པར་རྒྱལ་བ་ཉིད་ཅེས་བྱ་བའི་ཐ་ཚིག་བོ། །ཀུན་ཏུ་ཡོན་ཏན་ཞེས་བྱ་བ་ནི་ཐོག་མ་དང་བར་དང་ཐ་མར་དགེ་བའོ། །སྤྱོད ་བའི་སྟོབས་ཞེས་བྱ་བ་ནི་བྱེ་བྲག་ཏུ་མ་བྱས་པའི་ཕྱིར་བྱང་ཆུབ་སེམས་དཔའ་ཨི་སྤྱོད་པའི་སྟོབས་དང། བཟང་པོ་སྤྱོད་པའི་སྟོབས་ཏེ། སྤྱོད་པ་གཉི་གའི་སྟོབས་ཀྱིས་སོ། །ཀུན་ཏུ་ཁྱབ་པ་ཞེས་བྱ་བ་ནི་ཕྱོགས་བཅུར་ཁྱབ་བའོ།། ་བྱམས་པ་དག་གི་སྟོབས་ཞེས་བྱ་བ་ནི། སེམས་ཅན་གྱི་ཁམས་ཐམས་ཅད་ལ་བདེ་བར་སེམས་པས་ཁྱབ་པའོ། །ཀུན་ཏུ་དགེ་བ་ཞེས་བྱ་བ་ནི་སེམས་ཅན་ཐམས་ཅད་ལ་ཕན་པ་དང། བདེ་བ་བསྐྱོད་བའི་བསམ་པས་སྒྲུབ་བའི་ཕྱིར་རོ། ་བསོད་ནམས་སྟོབས་ཞེས་བྱ་བ་ནི་དག་ཅིང་གཙང་བར་བྱེད་པས་ན་བསོད་ནམས་སོ། །ཡང་ན་ཕྱི་ཕྱིར་ལགས་པར་འགྱུར་བས་ན་བསོད་ནམས་སོ། །དེའི་སྟོབས་ནི་བྱང་ཆུབ་ཀྱི་སེམས་བསྐྱེད་པ་སྒོམས་པ་ལས་འགྱུར་བས་ཏེ། ཇི་སྐད་དུ། ་བྱང་ཆུབ་སེམས་ཀྱི་བསོད་ནམས་གང། །དེ་ནི་གལ་ཏེ་གཟུགས་ཅན་གྱུར། །ནམ་མཁའ་ཨི་ཁམས་ཀུན་བཀང་ནས་ནི། །དེ་བས་ཀྱང་དེ་ལྷག་འབྱུང་ཞེས་གསུངས་སོ། །དེ་བཞིན་དུ་ཐེག་པ་ཆེན་པོ ་དང་ལྡན་པའི་དམ་པའི་ཆོས་ཟབ་ཅིང་རྒྱ་ཆེ་བ་འཛིན་བ་དང་ཀློག་པ་དང་འཆད་པ་དང། མོས་པ་དང། ཚིགས་སུ་བཅད་པ་གཉིས་འཛིན་པ་དང། ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བ་ལས་ཀྱང་འགྱུར་ཏེ་བསོད་ནམS ་ཀྱི་སྟོབས་དེས་སོ། །ཆགས་པ་མེད་པར་འགྱུར་བ་ཞེས་བྱ་བ་ནི་དུས་གསུམ་ཅར་ལ་ཡང་ཐོགས་པ་མེད་པའི་ཕྱིར་རོ། །ཡེ་ཤེས་སྟོབས་ཞེས་བྱ་བ་ནི་ཤེས་བྱ་འཐའ་དག་རིག་པའི་ཡེ་ཤེས་ཡིན་པའི་ཕྱིར་རོ། །ཤེས་རབ ་སྟོབས་ཞེས་བྱ་བ་ནི་དངོས་པོའི་དེ་ཁོ་ན་ཉིད་རྟོགས་པའོ། །ཐབས་ཀྱི་སྟོབས་ཞེས་བྱ་བ་ནི་ཐབས་ནི་གྲུབ་པའོ། །དེའི་སྟོབས་ནི་འབྲས་བུ་མེད་པ་མ་ཡིན་པ་ཉིད་དོ། །ཏིང་ངེ་འཛིན་གྱི་སྟོབས་ཞེས་བྱ་བ་ལ། །ཏིང་ངེ་འཛིན་ནི་མཉམ ་པར་འཇོག་པ་སྟེ་བསམ་གཏན་ནོ། །དེའི་སྟོབས་ནི་འགྲོ་བ་མཛའ་དག་གི་དོན་བྱ་བ་དང། མངོན?་པར་ཤེས་པ་ལ་སོགས་པ་ཡོན་ཏན་མངོན་པར་སྒྲུབ་པ་ལ་ཐོགས་པ་མེད་པ་ཉིད་དེ་ཏིང་ངེ་འཛིན་གྱི་སྟོབས་དེས་སོ།། ་བྱང་ཆུབ་སྟོབས་ཞེས་བྱ་བ་ལ་བྱང་ཆུབ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ། །དེའི་ཆེད་ཀྱི་སྟོབས་ཏེ། མཐུ་གང་ཡིན་པ་དེ་ཡང་དག་པར་སྒྲུབ་པར་བྱེད་ཅེས་བྱ་བ་ནི་དེའི་ཚོགས་རྣམ་པར་སྒྲུབ་པར་བྱེད་ཅིང། ། ་རྣམ་པ་བཅུ་གསུམ་པ་ནི་གཉེན་པོ་ཡིན་ནོ། །དེ་ཡང་མི་མཐུན་པའི་ཕྱོགས་ལས་ཉོན་མོངས་པ་དང། བདུད་ཀྱི་སྟོབས་འཇོམས་པར་བྱེད་བས་རྣམ་པ་གསུམ་ཏེ། ལས་ཀྱི་སྟོབས་རྣམས་རྣམ་པར་དག་བྱེད་ཅིང་ཞེས་བྱ་བ་ལ་སོགS ་པ་གང་གསུངས་པ་ཡིན་ཏེ། ལས་འདི་ནི་བྱེ་བྲག་ཏུ་མ་བྱས་པའི་ཕྱིར་དགེ་བ་དང་མི་དགེ་བ་དང། མི་གཡོ་བའི་བྱེ་བྲག་གིས་རྣམ་པ་གསུམ་སྟེ། དེ་ལ་ལས་མི་དགེ་བའི་སྟོབས་ནི་ངེས་པར་མྱོང་བར་འགྱུར་བ་ཡོད་པའི་ཕྱིར་འབྲས་བུ་ངན ་འགྲོ་གསུམ་འབྱིན་པར་ནུས་པ་ཡིན་ནོ། །དེ་ལས་མོས་པ་ལ་སོགས་པའི་སྟོབས་ཀྱིས་ཡོངས་སུ་དག་པར་བྱེད་ཅིང་སེལ་བར་བྱེད་པ་ནི་ཇི་སྐད་དུ། ཤིན་ཏུ་མི་བཟད་ལས་རྣམས་བྱས་པ་ནི། །བདག་ལ་རྣམ་པར་སྨོད་པས་བསྲབས?་བར ་འགྱུར། །རབ་ཏུ་བཤགས་དང་སྡོམ་པར་བྱེད་པ་ཡིས། །དེ་དག་ཤིན་ཏུ་རྩ་ནས་བཏོན་པར་བཤད་ཅེས་གསུངས་པ་ལྟ་བུ་ཡིན་ནོ། །གཉེན་པོའི་སྟོབས་ཀྱི་ཡོངས་སུ་དག་པར་བྱེད་པ་ནི། །དཔེར་ན་བྱམས་མའི་བུ་མོས་མ་ལ་བརྙས་པས ་ཀུན་ནས་བསླང་པའི་ལས་མི་དགེ་བ་ཞིང་གི་ཁྱད་པར་གྱིས་མཐོང་བའི་ཆོས་ཁོ་ན་ལ་རྣམ་པར་སྨིན་པའི་འབྲས་བུ་འབྱིན་པར་ཞུགས་པ་འབྲས་བུ་ཅུང་ཟད་ཅིག་ཀྱང་སྨིན་པ་ལས། དེའི་ལྷག་པའི་བསམ་པའི་ཁྱད་པར་ལས་བྱུང་བའི་སེམས་ཅན་གྱི་དོན་དུ ་སྨོན་པའི་སེམས་བསྐྱེད་པ་ཁོ་ནས་མ་ལུས་པར་ཤིན་ཏུ་རྩ་ནས་བཏོན་ཏེ། བཅོམ་པ་ལྟ་བུ་ཡིན་ནོ། །སེམས་ཅན་གྱི་དོན་དུ་སྨོན་པའི་སེམས་བསྐྱེད་པ་ཡང་ཇི་ལྟ་བུ་ཞིག་ཅེ་ན། སྨྲས་པ། འགྲོ་བ་ཐམས་ཅད་ཀྱི་སེམས་བསྐྱེད་སེམས་ཅན ་གང་དག་བདག་ལྟ་བུར་མ་ལ་བརྙས་པའི་ལས་དེ་ལྟ་བུར་བྱེད་པར་འགྱུར་བ་དེ་དག་ཐམས་ཅད་ཀྱི་ཕྱིར་འཁོར་བ་ཇི་སྲིད་ཀྱི་བར་དུ། བདག་ཁོ་ནའི་མགོ་ལ་འཁོར་ལོས་འབབ་པ་ལས་སྐྱེས་པའི་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་མཛའ་ཡས་པ ་བསྙོམས་པ་མཚམས་མེད་པ་ཉམས་སུ་མྱོང་བར་གྱུར་ཅིང་ནམ་དུ་ཡང་སེམས་ཅན་འགའ་ཡང་འདིར་འོང་བར་མ་གྱུར་ཅིག་ཅེས་བྱ་བ་ཡིན་ནོ། །རྟེན་གྱི་སྟོབས་ཀྱིས་ཡོངས་སུ་དག་པར་བྱེད་པ་ནི་དཔེར་ན་ཕག་མོའི་རྟོག་པ་བརྗོད་པ་ལས། ལྷའི་བུ ་འཆི་འཕོ་བར་འགྱུར་བའི་ཆོས་ཅན་ཞིག་ཕག་མོའི་མངལ་དུ་སྐྱེ་གནས་མྱོང་བར་འགྱུར་བའི་ལས་ཀྱི་འབྲས་བུ་སྨིན་པར་མངོན་དུ་ཕྱོགས་པ་ལས་གསུམ་ལ་སྐྱབས་སུ་སོང་བ་ཙམ་གྱིས་ཐམས་ཅད་ཤིན་ཏུ ་རྩ་ནས་བཏོན་ཏེ། སུམ་ཅུ་རྩ་གསུམ་པའི་ལྷ་ལས་ཤི་འཕོས་ཏེ་དགའ་ལྡན་པ་དག་གི་ནང་དུ་སྐྱེས་སོ། །ཞེས་འབྱུང་བ་ལྟ་བུ་ཡིན་ནོ། །ཆོས་ཐམས་ཅད་བདག་མེད་པར་རྟོགས་པས་ཀྱང་ཤིན་ཏུ་རྩད་ནས་ཕྱིན་པར་འགྱུར་ཏེ། ཇི ་སྐད་དུ། ལས་ཀྱི་སྒྲིབ་པ་རྒྱུན་གཅོད་པའི་མདོ་ལས་འདི་ལྟ་སྟེ། དགེ་སློང་ཞིག་མི་ཚངས་པར་སྤྱོད་པ་དང། མི་བསོད་པའི་ཕས་ཕམ་པ་གཉིས་བྱུང་བ་དང། ཕྱིས་མི་དགའ་ཞིང་ཡིད་གདུང་ནས་མྱོས་པ་བཞིན་དུ་གཙུག་ལག་ཁང ་ནས་གཙུག་ལག་ཁང་དང། གྲོང་ནས་གྲོང་དང། ལམ་པོ་ཆེ་ལ་སོགས་པར་འགྲོ་ན་ཡང། སྡིག་པ་དེ་སྐྱེ་བོ་ཀུན་གྱི་མངོན་གསུམ་དུ་ཡང་དག་པར་རབ་ཏུ་འཆགས་ཏེ། ཡང་དང་ཡང་དུ་ཀྱེ་མ་ཀྱེ་ཧུད་བདག་ནི་མི་རུང་ངོ། །བདག་ནི ་ཉམས་སོ་ཞེས་སྨྲ་ཞིང་ལས་དེ་སྲབ་མོར་གྱུར་གྱི་བར་དུ། སྡིག་པ་འཆགས་པའི་སྟོབས་ཀྱིས་སེལ་བར་བྱེད་དོ། །དེ་ལྟར་སེམས་ཤིན་ཏུ་གདུངས་པར་གྱུར་པ་དེ་ལ་བྱང་ཆུབ་སེམས་དཔའ་མངོན་པར་ཤེས་པ་ཐོབ་པ་ཞིག་གིས ་ཆོས་ཟབ་མོ་དེ་དང་དེ་ལྟ་བུ་བཤད་པ་དང། དེ་ན་དེ་ཆོས་ཐམས་ཅད་ལ་བདག་མེད་པར་རྟོགས་པས་སྡིག་པ་ཐམས་ཅད་རྣམ་པ་ཐམས་ཅད་དུ་རྩད་ནས་བཏོན་ཏེ། །མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་གྱུར་ཏོ་ཞེས་གསུངས་པ་ལྟ་བུ་ཡིན་ནོ།། ་ཆོས་ཟབ་མོ་ལ་མོས་པ་འདིའི་ལྟུང་བ་དང། འགྱོད་པ་ཐམས་ཅད་སེལ་བ་དང། སྒྲིབ་པ་ཐམས་ཅད་སྦྱོང་བ་ཡིན་ནོ་ཞེས་བྱ་བ་དེ་ལྟར་དད་པར་བྱ་སྟེ། །ཇི་སྐད་དུ། འཕགས་པ་དེ་བཞིན་གཤེགས་པའི་མཛོད་ལས། འོད་སྲུངས་གང་གི? ་ཕ?་ཡང་ཡིན་ལ་རང་སངས་རྒྱས་ཀྱང་ཡིན་པ་དེ་བསད་ན་འདི་ནི་སྲོག་གཅོད་པ་རྣམས་ཀྱི་ནང་ན་མི་བཟང་པ་ཡིན་ནོ། །འདི་ལྟ་སྟེ། དཀོན་མཆོག་གསུམ་གྱི་དཀོར་འཕྲོག་པ་འདི་ནི་མ་བྱིན་པར་ལེན་པ་རྣམས་ཀྱི་ནང་ན་མི་ཟད་པ་ཡིན་ནོ། །འདི་ལྟ་སྟེ། ་མ་ཡང་ཡིན་ལ་དགྲ་བཅོམ་མ་ཡང་ཡིན་པ་དེ་ལ་ཉལ་པོ་བྱས་ན་འདི་ནི་འདོད་པ་ལོག་པར་གཡེམ་པ་རྣམས་ཀྱི་ནང་ན་མ་རུངས་པ་ཡིན་ནོ། །འདི་ལྟ་སྟེ། དེ་བཞིན་གཤེགས་པ་ལ་སྐུར་པ་འདེབས་པ་འདི་ནི་བརྫུན་དུ་སྨྲ་བ་རྣམས་ཀྱི་ནང་ན་མ ་རུངས་པ་ཡིན་ནོ། །འདི་ལྟ་སྟེ། དགེ་འདུན་གྱི་དབྱེན་བྱེད་པ་འདི་ནི་ཕྲ་མ་རྣམས་ཀྱི་ནང་ན་མ་རུངས་པ་ཡིན་ནོ། །འདི་ལྟ་སྟེ། འཕགས་པ་རྣམས་ལ་ཁ་ཟེར་བ་འདི་ནི་ཚིག་རྩུབ་པོ་རྣམས་ཀྱི་ནང་ན་མ་རུངས་པ་ཡིན་ནོ། །འདི་ལྟ་སྟེ། ཆོས ་འདོད་པ་རྣམས་རྣམ་པར་གཡེང་བར་བྱེད་པ་འདི་ནི་ཚིག་ཁྱལ་པ་རྣམས་ཀྱིས་ནང་ན་མི་བཟང་པ་ཡིན་ནོ། །འདི་ལྟ་སྟེ། ཡང་དག་པར་སོང་བ་དང་ཡང་དག་པར་ཞུགས་པ་རྣམས་ཀྱི་རྙེད་པ་འཕྲོགས་པར་སེམས་པ་འདི་ནི་བརྣབ་སེམས་རྣམས་ཀྱི་ནང ་ན་མ་རུངས་པ་ཡིན་ནོ། །འདི་ལྟ་སྟེ། མཚམས་མེད་པ་ཤོམ་པར་འགྱུར་བ་འདི་ནི་གནོད་སེམས་རྣམས་ཀྱི་ནང་ནས་མ་རུངས་པ་ཡིན་ནོ། །འདི་ལྟ་སྟེ། ལྟ་བ་ཤིན་ཏུ་ཐིབས་པོ་ནི་ལོག་པར་ལྟ་བ་རྣམས་ཀྱི་ནང་ན་མ་རུངས་པ་ཡིན་ནོ། ། ་མི་དགེ་བའི་ལས་ཀྱི་ལམ་བཅུ་པོ་འདི་དག་ནི་གང་ལས་ཀྱང་ཁ་ན་མ་ཐོ་བ་ཆེ་བ་ཡིན་ནོ། །འོད་སྲུངས་གལ་ཏེ་སེམས་ཅན་འགའ་ཞིག་མི་དགེ་བའི་ལས་ཀྱི་ལམ་དེ་དག་ཁ་ན་མ་ཐོབ་ཆེ་བ་བཅུ་པོ་དེ་དག་དང་ལྡན་པར་གྱུར་ལ། དེ་ཡང་དེ་བཞིན ་གཤེགས་པས་བསྟན་པའི་ཆོས་རྒྱུ་དང་རྐྱེན་དང་ལྡན་པ་ལ་འཇུག་སྟེ། འདི་ལ་བདག་གམ་སེམས་ཅན་ནམ། །སྲོག་གམ་གང་ཟག་གམ་གང་ཞིག་བྱེད་པའམ། གང་ཞིག་མྱོང་བར་འགྱུར་བ་ནི་འགའ་ཡང་མེད་དོ། །དེ་ལྟ་བས་ན ་ཆོས་ཐམས་ཅད་ནི་མ་བྱས་བ་མངོན་པར་འདུ་མ་བྱས་པ་སྒྱུ་མའི་ཆོས་ཉིད་ཀུན་ནས་ཉོན་མོངས་པ་མེད་པ་རང་བཞིན་གྱིས་འོད་གསལ་པའོ་ཞེས་བྱ་བ་ལ་འཇུག་ལ། ཆོས་ཐམས་ཅད་ནི་གཟོང་མ་ནས་དག་པའོ་ཞེས་བྱ ་བར་དད་ཅིང་མོས་ན། སེམས་ཅན་དེ་ངན་སོང་དུ་སོང་བར་ང་མི་སྨྲའོ། །ཅིའི་ཕྱིར་ཞེ་ན། ཉོན་མོངས་པ་རྣམས་ལ་ཕུང་པོའི་དངོས་པོ་མེད་དེ། ཉོན་མོངས་པ་ཐམས་ཅད་ནི་སྐྱེས་ནས་འཇིག་ཅིང། ཉམས་པ་རྒྱུ་དང་རྐྱེན་ཚོགས་པ་དང ་ལྡན་ན་འབྱུང་ལ་བྱུང་མ་ཐག་ཏུ་འགག་པ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས་སེམས་བསྐྱེད་པ་ཞིག་པ་གང་ལགས་པ་དེ་ཉིད་ཉོན་མོངས་པ་ཐམས་ཅད་ཞིག་པ་ལགས་སོ། །གང་ཞིག་དེ་ལྟར་མོས་པ་དེ་ལ་ནི་ནམ་ཡང་ལྷུང ་བ་མ་མཆིས་ལ། ལྟུང་བའི་གནས་ཀྱང་མ་མཆིས་ཏེ། སྒྲིབ་པ་མེད་པ་ལ་ལྟུང་བ་གནས་པ་གང་ལགས་པ་འདི་ནི་གནས་མ་ལགས་ཤིང་གོ་སྐབས་མ་མཆིས་ཏེ། འདི་ནི་མི་སྲིད་ལགས་ཞེས་བསྟན་པ་ལྟ་བུ་ཡིན་ནོ། །དེ་བཞིན ་དུ་བྱང་ཆུབ་ཀྱི་སེམས་བསྐྱེད་པ་མངོན་དུ་བྱས་པ་ཁོ་ནས་ཀྱང་ལྟུང་བས་ཀུན་ནས་བསླང་བའི་མི་དགེ་བ་ཐམས་ཅད་ཤིན་ཏུ་རྩད་ནས་ཕྱིན་པར་འགྱུར་ཏེ། ཇི་སྐད་དུ། འཕགས་པ་ཉེ་བ་འཁོར་གྱིས་ཞུས་པའི་མདོ་ལས་གལ་ཏེ་བྱང་ཆུབ ་སེམས་སྔ་དྲོ་ལྟུང་བ་བྱུང་བ་ཉི་མའི་གུང་ལ་བྱང་ཆུབ་ཀྱི་སེམས་མངོན་དུ་བྱེད་ན། བྱང་ཆུབ་སེམས་དཔའ་དེའི་ཚུལ་ཁྲིམས་ཀྱི་ཕུང་པོ་ཡོངས་སུ་གཏུགས་པ་མེད་པ་ཁོ་ན་ཡིན་པར་རིག་པར་བྱའོ། །དེ་བཞིན་དུ་ཉི་མའི་གུང་ལ་ལྟུང ་བ་བྱུང་ན། །ཕྱི་དྲོ་བྱང་ཆུབ་ཀྱི་སེམས་མངོན་དུ་བྱེད་ན་དེ་ཁོ་ནས་བྱང་ཆུབ་སེམས་དཔའ་དེའི་ཚུལ་ཁྲིམས་ཀྱི་ཕུང་པོ་མི་ཟད་པར་རིག་པར་བྱའོ་ཞེས་བྱ་བ་ལ་སོགས་པ་གང་གསུངས་པ་དང། །དེ་བཞིན་དུ་རིགས་ཀྱི་བུ་བྱང་ཆུབ་ཀྱི ་སེམས་ན་ཉེས་བྱས་ཐམས་ཅད་དེས་པར་སྲེག་པའི་ཕྱིར་བསྐལ་པའི་མེ་ལྟ་བུ་ཡིན་ནོ། །ཞེས་བྱ་བ་ལ་སོགས་པ་གང་གསུངས་པ་ལྟ་བུ་ཡིན་ནོ། །སུམ་བརྒྱ་པ་ལས་ཀྱང། རབ་འབྱོར་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ལ་ལ་དག་མདོ་སྡེ་འདི ་ལྟ་བུ་འཛིན་པ་དང། འཆང་བ་དང། ཀློག་པ་དང། ཀུན་ཆུབ་བར་བྱེད་པ་དེ་དག་ནི་བརྙེས་པར་འགྱུར། ཤིན་ཏུ་བརྙས་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། སེམས་ཅན་དེ་དག་གི་ཚེ་རབས་སྔ་མའི་ལས་མི་དགེ་བ་ངན་སོང་དུ་འགྲོ་བར ་འགྱུར་བ་བྱས་པ་གང་དག་ཡིན་པ་དེ་དག་མཐོང་བའི་ཆོས་ཁོ་ན་ལ་བརྙས་པས་ཟད་པར་འགྱུར་རོ་ཞེས་གསུངས་ཏེ། །དེ་ལྟ་བུ་ལ་སོགས་པས་སྡིག་པའི་ལས་ངེས་པར་མྱོང་བར་འགྱུར་བ་ཤིན་ཏུ་ཡོངས་སུ་དག་པར་བྱས་པ་ཡིན་ནོ། །ཁ ་ཅིག་འདི་སྐད་དུ། སྡིག་པའི་ལས་ཆུང་དུ་དང་འབྲིང་དག་ནི་བཤགས་པ་ལ་སོགས་པའི་སྟོབས་ཀྱིས་ཤིན་ཏུ་རྩད་ནས་ཕྱིན་བར་འགྱུར་གྲང་ན། མཚམས་མེད་པ་ལ་སོགས་པ་ལས་ལྕི་པ་རྣམས་ཀྱི་ཇི་ལྟར་ཐམས་ཅད་ཀྱིས་ཐམས ་ཅད་དུ་རྩད་ནས་ཕྱིན་པར་འགྱུར་ཞེས་ཟེར་ན། འདིར་སྨྲས་པ། མ་སྐྱེས་དགྲ་ལ་སོགས་པ་མཚམས་མེད་པ་བྱེད་པ་དག་བསམ་པ་ཆུང་ངུ་དང་འབྲིང་དང། ཆེན་པོའི་ཁྱད་པར་གྱི། མནར་མེད་པར་བསྐལ་པ་བར་མའམ། དེ་བས ་ཐུད?་པ་འམ། ཕྱེད་དུ་གནས་པར་གྱུར་པ་ལས་དེ་དག་ཤིན་ཏུ་འགྱོད་པའི་མེད་ཀུན་ཏུ་གདུངས་པ་དང། མི་དགའ་ནས་བཤགས་པ་ལ་སོགས་པའི་སྟོབས་ཀྱི་ལས་དེ་འདི་ལྟར་ཕོ་ལོང་བརྡབས་མའི་ཡུང་རྩམ་ཞིག་ཏུ་འབྲས་བུ ་མྱོང་བར་འགྱུར་བར་བསྲབས་པ་ཉིད་དུ་འགྱུར་རོ་ཞེས་འབྱུང་ན། དེ་ཇི་ཙམ་གྱི་དོན་དུན་ལས་དེ་ཤིན་ཏུ་རྩད་ནས་ཕྱུང་བར་འགྱུར་བ་མ་ཡིན་ནམ་ཉག་མ་གཅིག་མ་བརྔས་པས་ཞིང་མ་བརྡས་པ་ནི་མ་ཡིན་ནོ། །འོ་ན་ལུས་ཅན་ཀུན ་གྱིས་ལས་རྣམས་ནི། །བསྐལ་པ་བརྒྱར་ཡང་ཆུད་མི་ཟ། །ཚོགས་ཤིང་དུས་ལ་བབ་པ་ན། །འབྲས་བུ་སྨིན་པ་ཉིད་དུ་འགྱུར། །ཞེས་བྱ་བ་ལ་སོགས་པ་གང་གསུངས་པ་དེ་ཇི་ལྟར་དྲང་ཞེ་ན ་བཤད་པ་འདི་ནི་ལས་གང་དག་རྣམ་པར་སུན་འབྱིན་པ་ལ་སོགས་པ་ཀུན་ཏུ་སྤྱོད་པའི་སྟོབས་ཀྱིས་མ་བསལ་ཞིང་སྲབ་མོར་མ་བྱས་པ་དེ་དག་ལ་བལྟ་བར་བྱས་སྟེ། དེ་སྐད་དུ། མི་མཁས་པས་ནི་སྡིག་པ་ཆུང་ངུ་བྱས་ཀྱང་འོག་ཏུ ་འགྲོ།། མཁས་པས་ཆེན་པོ་བྱས་ཀྱང་གནོད་པ་རབ་ཏུ་སྤོང་བར་འགྱུར། །ལྕགས་ཀྱི་གོང་བུ་ཆུང་ཡང་ཆུ་ཡི་འོག་ཏུ་འབྱིང་འགྱུར་ལ། །དེ་ཉིད་སྣོད་དུ་བྱས་ན་ཆ་ཡང་སྟེང་ན་འཕྱོ་བར་འགྱུར་ཞེས་བཤད་པ་ལྟ་བུ་ཡིན་ནོ། ། ་སྡིག་པའི་ལས་ངེས་པར་མྱོང་བར་འགྱུར་བ་མ་ཡིན་པ་དུས་གསུམ་པ་བགྲང་བ་ལས་འདས་པ་གང་ཡིན་པ་དེ་ཡང་ལས་ལ་དབང་བས། །ཕྱོགས་བཅུ་ཀུན་ཏུ་འཁོར་བའི་རྒྱུན་ཇི་སྲིད་པར་སེམས་ཅན་ངན་སོང་དུ་སྐྱེས་པ་རྣམས ་ལ་གཅིག་ཅར་ཁོ་ནར་ཕན་པ་དང། བདེ་བ་སྒྲུབ་པའི་ཕྱིར་དེ་དང་སྐལ་པ་མཐུན་པ་རིགས་དང་ཁ་དོག་དང་དབྱིབས་དང། ཚད་ཀྱི་བྱེ་བྲག་ཐ་དད་པས་རྣམ་པར་སྨིན་པའི་འབྲས་བུ་འབྱིན་པར་ངེས་པར་བྱེད་དོ། །ལས་དགེ་བའི ་སྟོབས་ཀྱང་སྲིད་པའི་འབྲས་བུ་འབྱིན་པར་ནུས་པ་མ་ཡིན་ཏེ། དེ་ཡང་ཡོངས་སུ་དག་པར་བྱེད་དོ། །ཇི་ལྟ་ཞེ་ན། རྣམ་པར་སྨིན་བའི་འབྲས་བུ་དང་ཕྲལ་ཏེ། སྨོན་ལམ་གྱི་སྟོབས་ཀྱི་བྱང་ཆུབ་ཁོ་ནར་ཡོངས་སུ་བསྡེ་ཞིང་རྒྱུ ་མཚན་དུ་བྱེད་དོ། །ལས་མི་གཡོ་བ་ནི། གཟུགས་དང་གཟུགས་མེད་པ་ན་སྤྱོད་པ། བསམ་གཏན་དང་པོ་ལ་སྙོམས་པར་འཇུག་བས་ཀུན་ནས་སླང་བའོ། །དེའི་སྟོབས་ནི་དེ་ཉིད་ཡིན་ཏེ། དེ་ཡང་ལས་ལ་དབང་བས་བསམ? ་ཏེ་སེམས་ཅན་གྱི་དོན་དུ་ཇི་ལྟར་འདོད་པ་བཞིན་སྦྱོར་བར་བྱེད་དོ། །འདོད་ཆགས་ལ་སོགས་པ་ནི་ལུས་དང་སེམས་ཀྱི་རྒྱུད་ཉོན་མོངས་པར་བྱེད་པས་ཉོན་མོངས་པ་དག་ཡིན་ནོ། །དེ་དག་གི་སྟོབས་ནི་ཤས་ཆེར་ཆུང་པ་ཉིད་དེ། གང ་གི་དབང་གིས་བགྲོད་པར་བྱ་བ་དང། བགྲོད་པར་བྱ་བ་མ་ཡིན་པ་དང། ཕན་པ་དང། ཕན་པ་མ་ཡིན་པ་དང། ལྕི་བ་དང་ཡང་བ་ལ་སོགས་བ་ཐམས་ཅད་མི་ཤེས་པ་ཡིན་ནོ། །དེ་མི་སྡུག་པ་ལ་སོགས་པ་སྒོམ་པ་དང། ་འཇིག་རྟེན་པའི་ལམ་གྱི་ཡོངས་སུ་འཇིལ་ཞིང་ཟིལ་གྱི་གནོན་པར་བྱེད་དེ། མདོར་ན་ཉོན་མོངས་པ་ལ་དབང་བས་དེ་དག་ཉིད་བྱང་ཆུབ་ཀྱི་ཡན་ལག་ཏུ་སྒོམ་པར་བྱེད་དོ་ཞེས་བྱ་བ་ཡིན་ནོ། །བདུད་ཀྱི་སྟོབས་རྣམས་སྟོབས་མེད་རབ ་བྱེད་ཅིང་ཞེས་བྱ་བ་ལ་བདུད་ཅེས་པ་ནི་ལྷའི་བུ་ལ་སོགས་པའོ། །དེ་དག་གིས་ནི་བྱང་ཆུབ་སེམས་དཔའ་ཨི་སྤྱོད་པ་ལ་སོགས་པའི་བར་ཆད་དུ་བྱེད་ནུས་པ་ཡིན་ཏེ། དེ་མངོན་པར་ཤེས་པའི་སྟོབས་ཀྱིས་སྟོབས་མེད་ཅིང་གཟི་བྱིན ་ཡལ་བ་དང་མཐུ་མེད་པར་བྱེད་ཅིང་ངོ། །བཟང་པོ་སྤྱོད་པའི་སྟོབས་ཀུན་རྫོགས་པར་བགྱི་ཞེས་བྱ་བ་ལ་བཟང་པོ་སྤྱོད་པའི་སྟོབས་ནི་མི་མཐུན་པའི་ཕྱོགས་ཀྱིས་ཟིལ་གྱིས་མི་ནེན?་པ་སྟེ། མངོན་པར་འདུ་བྱ་བ་མེད་པར་འཇུག་པ ་ཉིད་ཡིན་ནོ། །དེ་ཐམས་ཅད་མ་ལུས་པར་སྔར་བཤད་པ་རྫུ་འཕྲུལ་ལ་སོགས་པ་སྟོབས་རྣམ་བ་བཅུ་དང། བཤད་མ་ཐག་པ་གཉེན་པོ་རྣམ་པ་གསུམ་པོ་འདིས་ཡོངས་སུ་རྫོགས་པར་བགྱིའོ། །དེ་ནི་རྣམ་པ་བཅུ་བཞི་པ ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལས་གང་ཡིན་པ་དེ་སྟོན་ཏོ། །ལས་དེ་ཡང་སངས་རྒྱས་ཀྱི་ཞིང་དག་པར་བྱེད་པ་ལ་སོགས་པ་རྣམ་པ་བརྒྱད་དེ། ཞིང་རྣམས་རྒྱ་མཚོ་ཞེས་བྱ་བ་ལ་སོགས་པ་གང་གསུངས་པ་ཚིགས་སུ་བཅད་པ་གཉིས་ ་ཀྱིས་བསྟན་ཏོ། །སངས་རྒྱས་ཀྱི་ཞིང་རྒྱ་མཚོ་དག་སྐད་ཅིག་རེ་རེ་ལ་བདེ་བ་ཅན་ལྟ་བུ་དང། པདྨ་ཅན་ལྟ་བུར་རྣམ་པར་དག་པར་བྱེད་ཅིང་དེ་བཞིན་དུ། སེམས་ཅན་འཁོར་བའི་བཙོན་རབ་ཉོན་མོངས ་བའི་ལྕག་སྒྲོག་གི་འཆིང་བས་བཅིངས་པ་རྒྱ་མཚོ་དག་སྐད་ཅིག་རེ་རེ་ལ་རྫུ་འཕྲུལ་དང་ཀུན་བརྗོད་པའི་ཆོ་འཕྲུལ་གཉིས་ཀྱིས་འདུན་པར་བྱས་ཏེ། རྗེས་སུ་བསྟན་པའི་ཆོ་འཕྲུལ་གྱིས་རྣམ་པར་གྲོལ་ལོ། །ཆོས་རྣམས་རྒྱ་མཚོ་ཞེས་བྱ་བ་ནི ་བཤད་པའི་ཆོས་རྒྱ་མཚོ་དང། རྟོགས་པའི་ཆོས་རྒྱ་མཚོ་དག་སྐད་ཅིག་རེ་རེ་ལ་ཤེས་རབ་ཀྱི་མིག་གིས་རབ་ཏུ་མཐོང་བར་བྱེད། རྣམ་པར་མཐོང་བར་བྱེད་ཅིང་ངོ། །ཤེས་བྱ་མཛའ་ཡས་པས་ཡེ་ཤེས་ཀྱང་མཛའ་ཡས་པ་ཉིད་དེ ་དེའི་ཕྱིར་ཡེ་ཤེས་རྒྱ་མཚོ་ཞེས་བྱ་བ་གསུངས་སོ། །ཡེ་ཤེས་རྒྱ་མཚོ་དེ་སྐད་ཅིག་རེ་རེ་ལ་རབ་ཏུ་རྟོགས་པར་བྱེད་ཅིང་འཇུག་པར་བྱེད་དེ། ཁོང་དུ་ཆུད་པར་བྱེད་པ་ཞེས་བྱ་བའི་ཐ་ཚིག་གོ། སྤྱོད་པ་མཚོ་།ཞེས་བྱ་བ་ལ་སོགས་པ་ནི། ་བྱང་ཆུབ་སྤྱོད་པ་རྒྱ་མཚོ་དང་བཟང་པོ་སྤྱོད་པ་རྒྱ་མཚོ་སྟེ། བྱེ་བྲག་ཏུ་མ་བྱས་པའི་ཕྱིར་སྤྱོད་པ་གཉི་ག་མོས་པར་རིགས་སོ། །དེ་ལ་བྱང་ཆུབ་ཀྱི་སྤྱོད་པ་ནི་སངས་རྒྱས་ཀྱི་ཆོས་འདྲེན་པར་བྱེད་པ་ཡེ་ཤེས་ཀྱི་ཚོགས་སོ། །བཟང་པོ་སྤྱོད་པ ་དེ་ནི་འགྲོ་བ་མཛའ་དག་ལ་ཕན་པ་དང་བདེ་བ་སྐྱེད་པར་བྱེད་པ་བསོད་ནམས་ཀྱི་ཚོགས་སོ། །གཞན་ཡང་བཟང་པོ་སྤྱོད་པ་ནི་བྱང་ཆུབ་སྤྱོད་པ་ཁོ་ན་ཡིན་ཏེ། གཉི་ག་ཡང་བྱང་ཆུབ་འདྲེན་པར་བྱེད་པའི་ཕྱིར་རོ། །འོན་ཀྱང་ཁྱད་པར ་ནི་མངོན་སུམ་དང་བརྒྱད་པ་ཞེས་བྱ་བ་དེ་ཙམ་ཞིག་ཡོད་དོ། །སྤྱོད་པ་བཟང་པོ་དེ་སྐད་ཅིག་དེ་རེ་ལ་མངོན་པར་ཤེས་པའི་སྟོབས་ཀྱིས་རྣམ་པར་དག་པར་བྱེད་རི་མ་དང་བྲལ་བར་བྱེད་ཅིང་ངོ། །སྨོན་ལམ་རྒྱ་མཚོ་ཞེས་བྱ་བ་ནི་སྐད ་ཅིག་རེ་རེ་ལ་ཚུལ་ཁྲིམས་དང་ཏིང་ངེ་འཛིན་གྱི་སྟོབས་ཀྱི་རབ་ཏུ་རྫོགས་པར་བྱེད་ཅིང་ངོ། །སངས་རྒྱས་རྒྱ་མཚོ་ཞེས་བྱ་བ་ནི་སྐད་ཅིག་རེ་རེ་ལ་ཕྱོགས་བཅུར་མཆོད་པའི་སྤྲིན་ནམ་མཁའ་ཁེབས་པ་དག་གིས་རབ་ཏུ་མཆོད་པར་བྱེད་ཅིང་ངོ།། ་བསྐལ་བ་རྒྱ་མཚོར་མི་སྐྱོ་སྤྱད་པར་བགྱི་ཞེས་བྱ་བ་ནི་སྐྱོ་བ་མེད་པའི་ཡིད་ཀྱིས་སོ། །རྣམ་པ་བཅོ་ལྔ་པ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཨི་རྗེས་སུ་སློབ་པར་ཡོངས་སུ་བསྔོ་བ་ཡིན་ཏེ། དེ་ཡང་རྣམ་པ་གཉིས་སོ། །དེ་ལ་དེ་བཞིན ་གཤེགས་པའི་རྗེས་སུ་སློབ་ཅིང་ཡོངས་སུ་བསྔོ་བ་ནི། གང་ཡང་དུས་གསུམ་གཤེགས་པ་ཞེས་བྱ་བ་ལ་སོགས་པ་གང་གསུངས་པ་ཡིན་ཏེ། དུས་གསུམ་དུ་གཏོགས་པའི་རྒྱལ་བ་རྣམས་ཀྱི་བྱང་ཆུབ་སྤྱོད་པ་སྨོན་ལམ་གྱི་བྱེ་བྲག ་གང་དག་ཡིན་པ་དེ་དག་ཐམས་ཅད་བདག་གིས་མ་ལུས་པར། བཟང་པོ་སྤྱོད་པར་ཞེས་བྱ་བ་སྤྱོད་པ་བཟང་པོས་རྫོགས་པར་བགྱི་ཞེས་བྱ་བ་ཡོངས་སུ་རྫོགས་པར་བགྱི་ཤིང་བསྐད་ནས། བྱང་ཆུབ་རྣམ་པར་འཚང་རྒྱ་བར་བགྱིའོ་ཞེས ་བྱ་བ་ཡིན་ནོ། །ལུས་དང་ངག་དང་ཡིད་དང་སྤྱོད་པ་དང། ཞིང་དང་སྨོན་ལམ་རྣམ་པར་དག་པ་དག་གིས་བྱང་ཆུབ་སེམས་དཔའ་འཕགས་པ་ཀུན་ཏུ་བཟང་པོ་ལ་སོགས་པའི་རྗེས་སུ་སློབ་ཅིང་ཡོངས་སུ་བསྔོ་བ་ནི་རྒྱལ་བ་ཀུན་གྱི་སྲས་ཀྱི ་ཐུ་བོ་པ་ཞེས་བྱ་བ་ལ་སོགས་པ་གང་གསུངས་པ་ཚིགས་སུ་བཅད་པ་གསུམ་གྱིས་བསྟན་ཏེ། འཕགས་པ་བྱང་ཆུབ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཀུན་ཏུ་བཟང་པོ་སྤྱོད་པ་གང་ཡིན་པ་དང། ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་རྣམ་པར་ཐར་པ་སྙིང་རྗེ་དང། ཏིང་ངེ་འཛིན་ཇི་སྙེད་པ་དང། དེ་ལྟ་བུ་ལ་སོགས་པ་མདོར་ན་བྱང་ཆུབ་སེམས་དཔའ་ཨི་ཡོན་ཏན་ཇི་སྙེད་པ་དེ་དག་ཐམས་ཅད་ཀྱི་ཕ་རོལ་ཏུ་ཕྱིན་པས་ནི། དེའི ་བྲས་ཀྱི་ཐུ་བོ་ཞེས་བྱའོ། །རྒྱལ་བ་ཐམས་ཅད་ཀྱི་སྲས་ཀྱི་ཐུ་བོ་འཕགས་པ་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་ཞེས་བྱ་བ་གང་ཡིན་པ་མཁས་པ་དེ་དང་ཞེས་བྱ་བ་ནི་མཁས?་པ་དེ་ཁོ་ན་དེར་དོ། །མཚུངས ་པར་སྤྱོད་པའི་ཕྱིར་ཞེ་བྱ་བ་ནི། མཚུངས་པར་སྤྱོད་པའི་ཕྱིར་སྐད་ཅིག་རེ་རེ་ལ་ཇི་སྐད་བསྟན་པའི་དགེ་བའི་རྩ་བ་འདི་ཡོངས་སུ་བསྔོའོ་ཞེས་བྱ་བ་ཡིན་ནོ། །ལུས་དང་ངག་དང་ཡིད་ཀྱང་རྣམ་དག་ཅིང་ཞེས་བྱ་བ་ལ་སོགས་པ་ནི་ལུས་དང ་ངག་དང་ཡིད་རྣམ་པར་དག་བ་དང། སྤྱོད་པ་རྣམ་པར་དག་པ་དང། ཞིང་རྣམ་པར་དག་པའོ་།བསྔོ་བ་ཞེས་བྱ་བ་ནི་བསྔོ་བ་སྟེ། ཡོངས་སུ་བསྔོ་བ་ཡིན་ནོ། །བཟང་པོ་མཁས་པ་ཞེས་བྱ་བ་ནི་མཁས་པ་འཕགས་པ་ཀུན་ཏུ་བཟང ་པོའོ། །ཅི་འདྲ་བ་ཞེས་བྱ་བ་ནི་ཇི་ལྟ་བུར་རོ། །དེ་འདྲ་ཞེས་བྱ་བ་ནི་དེ་དང་འདྲ་བ་ཁོ་ནའོ། །བདག་ཀྱང་དེ་དང་མཚུངས་པར་ཤོག་ཅེས་བྱ་བ་ལ། དེ་དང་ཞེས་བྱ་བ་ནི་འཕགས་པ་ཀུན་ཏུ་བཟང་པོ་དང་ངོ། །མཚུངས་པར་ཞེས་བྱ་བར ་ནི་འདྲ་བར་རོ། །ཀུན་ནས་དགེ་བ་ཞེས་བྱ་བ་ནི་ཐོགས་མ་དང་བར་མ་དང་ཐ་མར་ཞི་ཞིང་དགེ་བའོ། །བཟང་པོ་སྤྱོད་པའི་ཕྱིར་ཞེས་བྱ་བ་ནི་བཟང་པོ་སྤྱོད་པའི་ཆེད་དུའོ། །འཇམ་དཔལ་གྱི་ནི་སྨོན་ལམ་ཞེས་བྱ་བ་ནི་འཕགས་པ ་འཇམ་དཔལ་གྱི་སྨོན་ལམ་སྦྱང་བར་བགྱིའོ་ཞེས་པ་བ་ཡིན་ནོ། །དའི་སྨོན་ལམ་ཇི་ལྟ་བུ་ཞིག་ཅེ་ན། ?་པ་འཇམ་དཔལ་ཆོས་ཀྱི་རྒྱལ་པར་གྱུར་པ་ན། འཁོར་བ་ལ་ཐོག་མེའི་མུ་དང་མཛའ་སྤངས་པ་ཇི་སྲིད་པ་དེ་སྲིད་དུ ་སེམས་ཅན་ལ་ཕན་པ་ཁོ་ནའི་ཕྱིར་སྤྱད་པ་ཚད་མེད་པ་སྤྱོད་པར་གྱུར་ཅིག་ཞེས་སྨོན་པ་དེ་ལྟ་བུ་ལ་སོགས་པ་རྒྱས་པར་ཇི་སྐད་དུ་འབྱུང་བ་ལྟ་བུ་ཡིན་ནོ། །མ་འོངས་བསྐལ་བ་ཀུན་ཏུ་མི་སྐྱོ་བར་ཞེས་བྱ་བ་ནི་མ་འོངས་པའི་བསྐལ ་པ་མ་ལུས་པ་ཐམས་ཅད་དུ་སྐྱོ་པ་མེད་ཅིང་གཞན་དུ་མི་སེམས་པར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཨི་བྱ་བ་འཕྲིན་ལས་དེ་དག་རྫོགས་པར་བགྱི་ཞིང་བསྒྲུབ་པར་བགྱིའོ་ཞེས་བྱ་བ་ཡིན་ནོ། །སྦྱོར་བ་དང་ཡོན་ཏན་དང། སྤྱོད་པ་ཚད ་མེད་པ་དང། གནས་པའི་ཁྱད་པར་དག་གིས་རྣམ་པ་བཅུ་དྲུག་པ་སྟེ། བསྡུ་བ་བསྟན་པ་ནི། སྤྱོད་པ་དག་ནི་ཚད་ཡོད་མ་གྱུར་ཅིག་ཅེས་བྱ་བ་ལ་སོགས་པ་གང་དག་གསུངས་པ་ཡིན་ཏེ། བདག་གི་སྤྱོད་པའང་ཆད་ཡོད་པར ་མ་གྱུར་ཅིག་། ཡོན་ཏན་རྣམས་ཀྱང་ཚད་གཟུངས་མེད་པར་ཤོག་ཅིག་།སྤྱོད་པ་ཚད་མེད་པ་དང་ཡོན་ཏན་ཚད་མེད་པ་དག་ལ་གནས་ནས་ཀྱང། རྟག་ཏུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དེ་དག་གི་འཕྲུལ་པ་རྨད་དུ་བྱུང་བ་རྣམ ་པ་ཐམས་ཅད་དུ་འཚལ་བར་བགྱིའོ། །ཞེས་བྱ་བ་ཡིན་ནོ། །དེའི་རབ་ཏུ་དབྱེ་བ་རྣམ་པ་བཅུ་དྲུག་པོ་འདི་ནི་བསྡུས་པའི་དོན་བརྒྱད་པ་ཡིན་ནོ། །ད་ནི་དེའི་མཛའ་སྟེ་བཟང་པོ་སྤྱོད་པའི་སྨོན་ལམ་འདིའི་མཛའ་ཨི་ན་ནམ་མཁའ་ལ་སོགས་པའི ་མཛའ་ཨོ་དཔེར་བརྗོད་པས་རྣམ་པ་བཞིའོ། །ནམ་མཁའ་ཨི་མཐར་ཐུག་གྱུར་པ་ཇི་ཙམ་པར་ཞེས་བྱ་བ་ལ་སོགས་པ་གང་གསུངས་པ་ཇི་ཙམ་པར་ཞེས་བྱ་བ་ནི་ནམ་མཁའ་ཨི་ཁམས་ཀྱི་མཐར་ཐུག་པར་གྱུར་པ་ཇི་ཙམ་པ་དང། སེམས་ཅན་གྱི ་རྒྱ་ཁམས་ཐམས་ཅད་ཅེས་ཀྱི་མཛའ་ཇི་ཙམ་པ་དང། འགྲོ་བའི་ལས་དང་ཉོན་མོངས་པ་རྣམས་ཀྱི་མཛའ་ཇི་ཙམ་པར་བདག་གི་བཟང་པོ་སྤྱོད་པའི་སྨོན་ལམ་འདིའི་མཛའ་ཡང་དེ་ཙམ་དུ་གྱུར་ཅིག་ཅེས་བྱ་སྟེ། ནམ་མཁའ་ལ་སོགས་པའི ་མཛའ་ཡོངས་སུ་ཐུག་པ་མེད་པ་དེ་བཞིན་དུ། བདག་གི་སྨོན་ལམ་འདིའི་མཛའ་ཡང་ཡོངས་སུ་ཐུག་པ་མེད་པར་གྱུར་ཅིག་ཅེས་བྱ་བ་ཡིན་ནོ། །བསྡུས་པའི་དོན་བཅུ་པ་ནི། སྨོན་ལམ་གྱི་ཕན་ཡོན་ཏེ། དེ་ཡང་མཐོང ་བའི་ཆོས་དང། ཚེ་ཕྱི་མ་དང་རྣམ་པ་གཉིས་སོ། །དེ་ལ་མཐོང་བའི་ཆོས་ནི་རྣམ་པ་བཞི་སྟེ་འདི་ལྟ་སྟེ་བསོད་ནམས་ཁྱད་པར་ཅན་ཡོངས་སུ་སྡུད་པ་དང། དེ་བཞིན་གཤེགས་པ་མཐོང་བ་དང། བྱང ་ཆུབ་སེམས་དཔའ་དང་སྐལ་པ་མཉམ་པ་འཐོབ་པ་དང། ལས་ཀྱི་སྒྲིབ་པ་ཡོངས་སུ་སྦྱང་བའོ། །དེ་ལག་རུང་བའི་དངོས་པོ་མང་པོ་རྒྱ་ཆེན་པོ་སྣ་ཚོགས་པ་མཛའ་ཡས་པ། ཞིང་གི་ཁྱད་པར་དུ་འཕགས་པའི་བསོད་ནམས་བརྗོད་པ་དེ ་བས་བྱང་ཆུབ་དོན་དུ་གཉེར་བའི་སྨོན་ལམ་ལ་མོས་པ་བསོད་ནམས་ཁྱད་པར་ཅན་ཡོངས་སུ་སྡུད་པ་ནི། གང་ཡང་ཕྱོགས་བཅུའི་ཞིང་རྣམས་ཞེས་བྱ་བ་ལ་སོགས་པ་གང་གསུངས་པ་ཡིན་ཏེ། འདི་ལྟར་རིགས་ཀྱི་བུ་འམ ་རིགས་ཀྱི་བུ་མོ་འགའ་ཞིག་གིས་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་མཛའ་ཡས་མུ་མེད་པ་རིན་པོ་ཆེ་སྣ་ཚོགས་ཀྱི་ན་བཟའ་དང། བླ་རེ་དང། གདུགས་དང། རྒྱལ་མཚན་དང། དབང་དང། རོལ་མོ་དང། རིན་པོ ་ཆེའི་དྲིལ་བུ་དང། ཕྲེང་བ་དང། སྤོས་དང། མེ་ཏོག་དང། མར་མེའི་ཕྲེང་བ་ལ་སོགས་པ་མའི་ལས་འདས་པ་ལྷ་རྫས་དེ་དག་གིས་བརྒྱན་ཅིང་བརྒྱན་པ་དང། ལྷ་དང་མིའི་བཟའ་བ་དང་བཅའ་བ་ལ་སོགས་པ་ཁྱད ་པར་དུ་འཕགས་པ་རོ་བརྒྱ་དང་ལྡན་པ། བདེ་བའི་མཆོག་སྐྱེད་པར་བྱེད་པ་དག་བསྐལ་པ་སངས་རྒྱས་ཀྱི་ཞིང་གི་རྡུལ་སྙེད་དུ་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་འབུལ་བར་བྱེད་ལ། གང་ཡང་གཞན་ཞིག་གིས་ཡོངས་སུ ་བསྔོ་བའི་རྒྱལ་པོ་འདི་ཐོས་ནས་ལན་ཅིག་ཙམ་སྟེ། ལན་ཅིག་དང་ཅིང་ཡིད་ཆེས་པ་འདི་ནི་དེ་ལྟ་ཡིན་ནོ་ཞེས་ངེས་པ་སྐྱེད་པར་བྱེད་ན། དེ་ནི་སྦྱིན་པ་ལས་བྱུང་བའི་བསོད་ནམས་སྔོ་མ་དེ་བས་བསོད་ནམས་ཁྱད་བར་དུ་འཕགས ་པ་འདི་ཐོབ་པར་འགྱུར་རོ། །དེ་ཡང་གང་ཞིག་ཅེ་ན། བྱང་ཆུབ་མཆོག་གི་རྗེས་སུ་རབ་མོས་ཤིང་ཞེས་བྱ་བ་སྟེ། ཐེག་པ་ཆེན་པོ་ཡིན་ནོ། །ངན་སོང་དང་གྲོགས་པོ་ངན་པ་སྤངས་པས་དེ་བཞིན་གཤེགས་པ་མཐོང་བ་ནི། དེས ་ནི་དམ་སོང་ཐམས་ཅད་སྤངས་པར་འགྱུར་ཞེས་བྱ་བ་ལ་སོགས་པ་གང་གསུངས་པ་ཡིན་ཏེ། དེ་ནི་ངན་སོང་དང་ངན་འགྲོ་གསུམ་སྤངས་པར་འགྱུར་རོ། །དེས་ནི་གྲོགས་པོ་ངན་པ་མི་དགེ་བའི་གྲོགས་པོ་ཉན་ཐོས་ཀྱི་ཐེག་པ ་ལ་སོགས་པ་དག་ཀྱང་སྤངས་པ་ཡིན་ཞིང་དེས་འཆི་བའི་དུས་ཀྱི་ཚེ། བཅོམ་ལྡན་འདས་འོད་དཔག་མེད་ཀྱང་གདོན་མི་ཟ་བར་མྱུར་དུ་མཐོང་ངོ། །གང་གིས་མཐོང་ཞེ་ན། གང་གིས་སེམས་ལ་བཟང་པོ་སྤྱོད་པའི་སྨོན་ལམ་འདིའི ་དོན་དང་ཚིག་གི་སྒོ་ནས་ཡོད་པས་སོ། །རྙེད་པ་དང་འཚོ་བ་དང་ཚེ་རབ་ཏུ་བསྔགས་པ་རྙེད་པས་བྱང་ཆུབ་སེམས་དཔའ་དང་སྐལ་པ་མཉམ་པ་ཉིད་འཐོབ་པ་ནི། དེ་དག་རྙེད་པ་རབ་རྙེད་ཅེས་བྱ་བ་ལ་སོགས་པ་གང་གསུངས་པ་ཡིན་ཏེ། གང་དག ་གིས་སྨོན་ལམ་རིན་པོ་ཆེའི་རྙེད་པ་བླ་ན་མེད་པ་རྙེད་པ་དེ་དག་ནི་བདེ་པར་འཚོ་བ་ཡིན་ཏེ། སྨོན་ལམ་རིན་པོ་ཆེ་ཉིད་རྙེད་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་དེ་དག་གིས་ཚེ་དེ་ལ་རྙེད་པར་བྱ་བའི་དངོས་པོ་མཆོག་རྙེད་པའི་ཕྱིར་མིའི་ཚེ་འདིར ་མཛེས་པར་འོངས?་པ་ན། ལེགས་པར་འོངས་པ་ཡིན་ལ། དེ་དག་རིང་པོར་མི་ཐོགས་པར་ལ་སགས་པ་ཀུན་ཏུ་བཟང་པོ་དེ་ཅི་འདྲ་བ་དེ་བཞིན་དེ་དང་འདྲ་བར་ཁོ་ནར་འགྱུར་རོ། །བཞི་པ་ལས་ཀྱི་སྒྲིབ་པ་ཡོངས་སུ་འབྱང་བའི་ཕན་ཡོན ་ནི། མཚམས་མེད་ལྔ་པོ་དག་གི་སྡིག་པ་རྣམས་ཞེས་བྱ་བ་ལ་སོགས་པ་གང་གསུངས་པ་ཡིན་ཏེ་གང་གིས་མི་ཤེས་པའི་དབང་གིས། མ་བསོད་པ་ལ་སོགས་པ་མཚམས་མེད་པ་ལྔའི་ལས་བྱས་པ་ངེས། བཟང་པོ་སྤྱོད ་པའི་སྨོན་ལམ་འདི་སྐད་བཤད་པ་དེས་པར་གཟུང་ལ། དང་པའི་ཆུའི་རླན་གྱིས་སེམས་བརྙན་ཏེ། བརྗོད་ཅི་བསྟན། མོས་པར་བྱས་ཤིང་བཀླགས། གཟུང་ཞིང་སྒོམས་ལ། ཉིན་མཚན ་དུ་ཡང་སྐྱོ་བ་སྐྱེད་ན། མཚམས་མེད་པ་ལྔ་པོ་དག་མྱུར་དུ་མ་ལུས་པ་ཡོངས་སུ་བྱང་བར་འགྱུར་ཞིང་ཅང་ནས་ཕྱིན་པར་འགྱུར་རོ། །ཚེ་ཕྱི་མ་ནི་རྣམ་པ་གཉིས་ཏེ། རྒྱུས་བསྡུས་པ་དང། འབྲས་བུས་བསྡུས་པའོ་།དེ་ལ་རྒྱུས ་བསྡུས་པ་ནི་ཡེ་ཤེས་དང་གཟུགས་དང་མཚན་གྱིས་བརྒྱན་པའི་ལུས་གནོད་པ་མེད་པའི་ལུས་ཀྱི་མཚན་ཉིད་དེ། ཡེ་ཤེས་དང་ནི་གཟུགས་དང་ཞེས་བྱ་བ་གང་གསུངས་པ་ཡིན་ནོ། །ཡེ་ཤེས་དང་ཞེས་བྱ་བ་ནི་སྤྱོད་པ་ཐམས ་ཅད་དང་ལྡན་པའི་ཡེ་ཤེས་དང་ངོ། །གཟུགས་དང་ཞེས་བྱ་བ་ནི་ཡིད་ཕྲོག་པའི་གཟུགས་དང་ངོ། །མཚན་རྣམས་ཞེས་བྱ་བ་ནི་སྐྱེས་བུ་ཆེན་པོའི་མཚན་དབུ་གཙུག་གཏོར་དང་ལྡན་པ་ཞེས་བྱ་བ་ལ་སོགས་པ་སུམ་ཅུ་རྩ ་གཉིས་དང་སྟེ། དཔེ་བྱད་རྣམས་ནི་མཚན་གྱི་འཁོར་ཡིན་པའི་ཕྱིར་དེ་དག་དང་ཡང་ལྡན་པར་འགྱུར་རོ་ཞེས་བྱ་བར་ཁོང་དུ་ཆུད་པར་བྱའོ། །རིགས་ཞེས་བྱ་བ་ནི་བྲམ་ཟེ་དང་རྒྱལ་རིགས་དག་ལས་གང་ཡང་རུང་བ་ཞིག་དང ་ངོ། །རུས་རྣམས་ཞེས་བྱ་བ་ཐམས་ཅད་ལས་ཁྱད་པར་དུ་འཕགས་པར་གྲགས་པ་དང་ངོ། །ལྡན་པར་ཞེས་བྱ་བ་ནི་རྟག་ཏུ་ལྡན་ཞིང་ཡང་དག་པར་ལྡན་པར་འགྱུར་རོ། །འགྱུར་ཞེས་བྱ་བ་ནི་འགྱུར་རོ་ཞེས་བྱ་བ་ཡིན་ནོ།། ་བདུད་དང་མུ་སྟེགས་མང་པོས་དེ་མི་ཐུབ་ཅེས་བྱ་བ་ནི་གང་ཞིག་ཀུན་ཏུ་བཟང་པོ་སྤྱོད་པའི་སྨོན་ལམ་འདི་འཛིན་ཅིང། སྟོན་པར་བྱེད་པ་དེ་ནི་བདུད་མང་པོ་དང་མུ་སྟེགས་མང་པོས་ཀྱང་མི་ཐུབ་ཅིང་ཟིལ་གྱིས་མི་ནོན་ལ་འཇིག་རྟེན ་གསུམ་པོ་ཐམས་ཅད་ན་ཡང་མཆོད་པར་འགྱུར་ཞེས་བྱ་བ་ཡིན་ནོ། །འབྲས་བུས་བསྡུས་པ་ནི་བྱང་ཆུབ་ཀྱི་སྙིང་པོར་གཤེགས་པ་དང། སེང་གེའི་ཁྲི་ལ་བཞུགས་པར་སྟོན་པ་དང། བདུད་ཕམ་པར་མཛད་པ་དང། མངོན་པར་རྫོགས ་པར་བྱང་ཆུབ་པ་དང། ཆོས་ཀྱི་འཁོར་ལོ་བསྐོར་པ་ལ་སོགས་པའི་མཚན་ཉིད་དེ། བྱང་ཆུབ་ཤིང་དབང་དྲུང་དུ་དེ་མྱུར་འགྲོ་ཞེས་བྱ་བ་གང་གསུངས་པ་ཡིན་ནོ། །གང་གི་བཟང་པོ་སྤྱོད་པ་རིན་པོ་ཆེ་བླ་ན་མེད་པ་འདིས་བསོད་ནམས ་དང་ཡེ་ཤེས་ཀྱི་ཚོགས་ཤིན་ཏུ་བསགས་པ་དེ་ནི་བྱང་ཆུབ་ཤིང་དབང་སྟེ། བྱང་ཆུབ་ཀྱི་ཤིང་གི་རྒྱལ་པོའི་དྲུང་དུ་མྱུར་དུ་འགྲོའོ། །སོང་ནས་འགྲོ་བ་མཛའ་དག་ལ་ཕན་བསྐྱེད་པའི་ཕྱིར་སེང་གེའི་ཁྲི་ལ་སྐྱིལ་མོ་ཀྲུང་བཅས་ཏེ་འདུག་གོ། ་འདུག་ནས་ཀྱང་བདུད་སྡེ་དང་བཅས་པ་ཕམ་པར་བྱས་ནས། དེའི་འོག་ཏུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ཏེ་ཆོས་ཀྱི་འཁོར་ལོ་བླ་ན་མེད་པ་རབ་ཏུ་བསྐོར་ཞིང་སྟོན་པར་བྱེད་དོ་ཞེས་བྱ ་བྱ་བའི་ཐ་ཚིག་གོ་།མདོར་ན་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པ་མ་ལུས་པ་འཐོབ་པའི་ཕན་ཡོན་ནི། གང་ཡང་བཟང་པོ་སྤྱོད་པའི་ཞེས་པ་གང་གསུངས་པ་ཡིན་ཏེ། གང་ཞིག་བཟང་པོ་སྤྱོད་པའི་སྨོན ་ལམ་འདི་འཆང་བ་དང། ཀློག་པ་དང། སྟོན་པར་བྱེད་པ་དེའི་རྣམ་པར་སྨིན་པ་གང་ཡིན་པ་དེ་ནི། རྗེ་བཙུན་སངས་རྒྱས་བཅོམ་ལྡན་འདས་ཁོ་ནས་མཁྱེན་གྱི། གཞན་ཉན་ཐོས་དང་རང་སངས་རྒྱས་ནི་འགས་ཀྱང་མི་ཤེས་སོ།། ་སྨོན་ལམ་རིན་པོ་ཆེའི་རྣམ་པར་སྨིན་པ་ཇི་ལྟ་བུ་ཞིག་མཁྱེན་ཅེ་ན། བྱང་ཆུབ་མཆོག་ཅེས་བྱ་བ་གསུངས་ཏེ། འབྲས་བུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡིན་ནོ། །འཇིག་རྟེན་པའི་ཕུན་སུམ་ཚོགས་པ་མ་ལུས?་ ་པ་འཐོབ་པའི་ཕན་ཡོན་ཡང་འདིར་ཤུགས་ཀྱིས་བཤད་པ་ཁོ་ནར་རིག་པར་བྱ་སྟེ། འཇིག་རྟེན་པའི་ཕུན་སུམ་ཚོགས་པ་འཐོབ་པ་ནི་སྨོན་ལམ་འདི་མེད་ན་མི་འབྱུང་བ་ཡིན་པའི་ཕྱིར་རོ། །དེ་ལྟ་བས་ན་སྨོན ་ལམ་འདི་ལ་སོམ་ཉི་སྟེ་ཐེ་ཙོམ་མ་སྐྱེད་མ་བྱེད་ཅིག་ཅེས་བྱ་བ་ཡིན་ནོ། །ད་ནི་འདོན་པར་བྱེད་པའི་ཡོངས་སུ་བསྔོ་བ་བསྟན་པའི་ཕྱིར། འཇམ་དཔལ་དཔའ་བོས་ཇི་ལྟར་མཁྱེན་པ་དང་ཞེས་བྱ་བ་ལ་སོགས་པ་གང་གསུངས་པ་ཡིན་ནོ ་བྱང་ཆུབ་སེམས་དཔའ་འཕགས་པ་འཇམ་དཔལ་གྱིས་ཇི་ལྟར་མཁྱེན་པ་དང། འཕགས་པ་ཀུན་ཏུ་བཟང་པོས་ཇི་ལྟར་མཁྱེན་པའོ། །དེ་དག་གི་ཞེས་བྱ་བ་ནི། དེ་དག་གི་རྗེས་སུ་བདག་སློབ་ཅིང་དགེ་བའི་ཚོགས་འདི་དག་ཐམS ་ཅད་བསྔོ་བའོ་ཞེས་བྱ་བ་ཡིན་ཏེ། །འདི་ནི་བྱང་ཆུབ་སེམས་དཔའ་ལྟར་ཡོངས་སུ་བསྔོ་བ་ཡིན་ནོ། །ང་ནི་གཉིས་པ་དེ་བཞིན་གཤེགས་པའི་ལྟར་ཡོངས་སུ་བསྔོ་བ་ནི། དུས་གསུམ་གཤེགས་པ་རྒྱལ་པ་ཐམས་ཅད་ཀྱིས ་ཞེས་བྱ་བ་ལ་སོགས་པ་གང་གསུངས་པ་ཡིན་ནོ་ཏེ། དུས་གསུམ་དུ་གཏོགས་པའི་རྒྱལ་བ་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་ཀྱིས་བསྔོ་བ་གང་ལ་མཆོག་ཉིད་དང་བླ་ན་མེད་པ་ཉིད་དུ་བསྔགས་ཤིང་རབ་ཏུ་བསྟོང་པའོ། ། ་དེས་བདག་གིས་ཞེས་བྱ་བ་ནི་བསྔོ་བ་དེས་བདག་གི་དགེ་བའི་ཚོགས་ཡང་དག་པར་བསྒྲུབས་པ་འདི་ཐམས་ཅད་བཟང་པོ་སྤྱོད་པའི་མཆོག་བླ་ན་མེད་བའི་ཕྱིར་ཡོངས་སུ་བསྔོ་བར་བགྱིའོ་ཞེས་བྱ་བ་ཡིན་ནོ། །ད་ནི་ཚིགས་སུ་བཅད ་པ་བྱེད་ཀྱི་སྒྲིབ་པ་དང་བྲལ་བ་བསྟན་པ་དང། གཞན་བྱེད་དང་གཉིས་ཀྱིས་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པའི་ལུས་ཡོངས་སུ་འཛིན་པར་བསྟན་པའི་ཕྱིར་བདག་ནི་འཆི་བའི་དུས་བྱེད་ཅེས་བྱ་བ་ལ་སོགས་པ་གསུངས་པ ་ཡིན་ཏེ། འཆི་བའི་དུས་ནི་འཆི་བའོ། །འཆི་བའི་ཚེ་སྒྲིབ་པ་གང་ཡང་རུང་བ་དེ་དག་ཐམས་ཅད་བཟང་པོ་སྤྱོད་པས་ཕྱིར་བསལ་ཏེའོ། །མངོན་སུམ་སྣང་བ་མཛའ་ཡས་དེ་མཐོང་ནས་ཞེས་བྱ་བ་ནི་བཅོམ་ལྡན་འདས་འོད ་དཔག་མེད་མཐོང་ནས་སོ། །དེར་ཞེས་བྱ་བ་ནི་སངས་རྒྱས་ཀྱི་ཞིང་བདེ་བ་ཅན་དེར་རབ་ཏུ་འགྲོའོ་ཞེས་བྱ་བ་ཡིན་ནོ། །དེར་སོང་ནས་ཞེས་བྱ་བ་ནི་སངས་རྒྱས་ཀྱི་ཞིང་བདེ་བ་ཅན་དེར་སོང་ནས། ཇི་སྐད་བསྟན་པའི་སྨོན་ལམ་འདི ་དག་ཉིད་མ་ལུས་པར་མངོན་དུ་གྱུར་པར་ཤོག་ཅིག་།དེ་དག་མ་ལུས་པར་བདག་གིས་ཡོངས་སུ་བསྐང་ནས། སེམས་ཅན་ཐམས་ཅད་ལ་ཕན་པར་བགྱིའོ་ཞེས་བྱ་བ་ཡིན་ནོ། །དུས་ཇི་སྲིད་ཅིག་ཏུ་ཞེ་ན། འཇིག་རྟེན་ཇི ་སྲིད་ཞེས་བྱ་བ་ལ་སོགས་པ་གང་གསུངས་པ་ཡིན་ཏེ། འཇིག་རྟེན་ཇི་སྲིད་ཅེས་བྱ་བ་ནི་འགྲོ་བ་ཇི་སྲིད་པར་ཞེས་པའི་ཐ་ཚིག་གོ་།ལྷག་མ་རྣམས་ཀྱིས་ནི་ལུང་བསྟན་པ་ཐོབ་པ་དང། སེམས་ཅན་གྱི་དོན་དུ་བསྒྲུབ་པ་བསྟན་ཏེ ་ཇི་ལྟར་ཞེ་ན། རྒྱལ་བའི་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྒྱལ་བའི་དཀྱིལ་འཁོར་དེར་ཞེས་བྱ་བ་ནི། དེ་བཞིན་གཤེགས་པའི་འཁོར་གྱི་དཀྱིལ་འཁོར་དེར་ངོ། །བཟང་ཞིང་དགའ་བ་ཞེས་བྱ། ་བ་ནི་སྐྱིད་ཅིང་དགའ་བའོ། །པདྨ་དམ་པ་ནི་རིན་པོ་ཆེ་སྣ་ཚོགས་ཀྱི་པདྨ་མཆོག་གོ་།ཤིན་ཏུ་མཛེས་ལས་ཞེས་བྱ་བ་ནི། གསལ་ཞིང་འོད་ཟེར་གྱི་?་བ་སྣ་ཚོགས་འབྱུང་བ་ལས་སོ། །སྐྱེས་ཞེས་བྱ་བ་ནི་འཁྲུངས་པའོ། ། ་ལུང་བསྟན་པ་ཞེས་བྱ་བ་ནི། འདིར་ལུང་སྟོན་པར་བྱེད་པས་ན་ལུང་བསྟན་པ་སྟེ། བདག་གིས་དེར་བཅོམ་ལྡན་འདས་འོད་དཔག་མེད་དེ་ལས་མངོན་སུམ་དུ་དུས་འདི་སྲིད་ཅིག་ན་འཇིག་རྟེན་གྱི་ཁམས་ཆེ་གེ་མོ་ཞིག་ཏུ་།དེ ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འདི་ཞེས་བྱ་བར་འགྱུར་རོ་ཞེས་བྱ་བ་དེ་ལྟ་བུའི་ལུང་བསྟན་པ་ཐོབ་པར་ཤོག་ཅིག་ཅེས་བྱ་བ་ཡིན་ནོ། །དེར་ནི་ཞེས་བྱ་བ་ནི ་བཅོམ་ལྡན་འདས་འོད་དཔག་མེད་དེ་ལས་ལུང་བསྟན་པ་ཐོས་ནས། དེའི་འོག་ཏུ་སྤྲུལ་བ་མང་པོ་སྤྲུལ་པའི་སྤྲིན་བགྲངས་བ་ལས་འདས་པ་བྱེ་བ་ཕྲག་བརྒྱས་ཕྱོགས་བཅུ་ཁྱབ་པར་བྱས་ཏེ། ཕྱོགས་བཅུར་འགྲོ་བ་མཛའ་དག ་གི་ནང་དུ་འཁོར་དེ་ཇི་སྲིད་བར་སེམས་ཅན་རྣམས་ལ་སྐད་ཅིག་རེ་རེ་ཞིང་ཕན་པ་མང་པོ་བགྲང་བ་ལས་འདས་པ་བྱེད་ཅིང། སྒྲུབ་པར་གྱུར་ཅིག་ཅེས་བྱ་བ་ཡིན་ནོ། །བློའི་སྟོབས་ཀྱིས་ཞེས་བྱ་བ་ནི་ཡེ་ཤེས་ཀྱི་མཐུས་ཏེ། ། ་ཡེ་ཤེས་ཀྱི་ཆེ་བའི་བདག་ཉིད་ཆགས་པ་མེད་ཅིང་ཐོགས་པ་མེད་པས་ཞེས་བྱ་བའི་ཐ་ཚིག་གོ་།སྨོན་ལམ་རྒྱལ་པོ་འདི་ཡི་བཤད་སྦྱར་བྱས་པ་ཡིན། བསོད་ནམས་དྲི་མེད་ཐོབ་པའི་དགེ་བ་གང་ཡིན་དེས། འདི་ན་འགྲོ་དོན ་གྲུབ་པར་བྱ་ཕྱིར་ཡང་དང་ཡང། །སྲིད་པ་ཇི་སྲིད་བར་དུ་རྒྱུ་མཐུན་འབྱིན་པར་སྔོ། །འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་རྒྱལ་པོའི་རྒྱ་ཆེར་འགྲེལ་པའོ།། །།སློབ་དཔོན་རྒྱ་ན ་བཟང་པོས་མཛད་པ་རྫོགས་སྟོ།། །།རྒྱ་གར་གྱི་མཁན་པོ་ཛཉཱ་ན་ག་རྦྷ་དང། ཞུས་ཆེན་གྱི་ལོ་ཙྪ་བ་བནདྷེ་དཔལ་བརྩེགས་རཀཱི་ཏས་བསྒྱུར་ཏེ་གཏན་ལ་ཕབ་བའོ།། །། ་