| Wylie | e-texts based on the ACIP/ALL Input |
ཁ་ཆེའི་མཁན་པོ་ཐིག་ལེ་བུམ་པ་དང། སྒྲ་བསྒྱུར་གྱི་ལོ་ཙཱ་བ་ཆེན་པོ་ཤཱཀྱའི་དགེ་སློང་བློ་ལྡན་ཤེས་རབ་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །།བཟང་སྤྱོད་ཀྱི་འགྲེལ་པ་ཕྱོགས་ཀྱི་གླང་པོས་མཛད་པ་བཞུགས་སོ།། །། ་རྒྱ་གར་སྐད་དུ། སམཱནྟ་བྷ་དྲ་ཙརྱ་པྲཎིདྷཱན་ཨརྦ་སཾ་གྲ་ཧ་ཀྲི་ཏི་ཨཱ་ཙརྱ་དིག?་ནཱ་ག་པཱ་ད་ནན?། བོད་སྐད་དུ་། ཀུན་ཏུ་བཟང་པོའི་སྤྱོད་པའི་སྨོན་ལམ་གྱི་དོན་ཀུན་བསྡུས་ཏེ་སློབ་དཔོན་ཕྱོགས་ཀྱི་གླང་པོས་མཛད་པ། ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །ཀུན་ཏུ་བཟང་པོའི་སྤྱོད་པའི་སྨོན་ལམ་ལ་དོན་རྣམ་པ་བཅུ་ཡོད་དེ། འདི་ལྟ་སྟེ། དེ་བཞིན་གཤེགས་པ་ལ་ཕྱག་བྱ་བ་དང། དེ་ལ་མཆོད་པ་དང། ཉེས་པ་བཤགས་པ་དང ་བསོད་ནམས་ཀྱི་རྗེས་སུ་ཡི་རང་བ་དང། ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བར་བསྐུལ་བ་དང། དེ་བཞིན་གཤེགས་པ་བཞུགས་པར་གསོལ་བ་དང། དགེ་བའི་རྩ་བ་རབ་ཏུ་བསགས་པ་ཡོངས་སུ་བསྔོ་བ་དང། དེའི་རབ་ཏུ་དབྱེ་བ་དང། དེའི ་མཛའ་དང། དེའི་ལེགས་པའོ། །དེ་ལ་ཕྱོགས་བཅུའི་ཞིང་དང་དུས་ཐམས་ཅད་དུ་གཤེགས་པའི་སངས་རྒྱས་རྣམས་ལ་ལུས་དང་ངག་དང་ཡིད་ཀྱིས་ཕྱག་བྱ་བ་ལས་བརྩམས་ཏེ་གསུངས་པ། ཇི་སྙེད་སུ་དག་ཕྱོགས་བཅུའི་ཞེས་བྱ་བ་ལ་སོགས་པའོ?།། ་ལུས་ཀྱིས་ནི། ཞིང་གི་རྡུལ་སྙེད་ལ་སོགས་པའོ། །ཡིད་ཀྱི་ནི། རྡུལ་གཅིག་སྟེང་ན་རྡུལ་སྙེད་ལ་སོགས་པའོ། །ངག་གིས་ནི། དེ་དག་བསྔགས་པ་མི་བཟང་རྒྱ་མཚོ་ཞེས་བྱ་བ་ལ་སོགས་པའོ། །མཆོད་པ་ནི་རྣམ་པ་གཉིས་ཏེ། བླ་ན་ཡོད་པ་དང ་བླ་ན་མེད་པའོ། །བླ་ན་ཡོད་པ་ནི་ཚིགས་སུ་བཅད་པ་གཉིས་ཀྱིས་བསྟན་ཏེ། མེ་ཏོག་དམ་པ་ཞེས་བྱ་བ་ལ་སོགས་པའོ། །བླ་ན་མེད་པ་ནི། མཆོད་པ་གང་རྣམས་བླ་མེད་ཅེས་བྱ་བ་ལ་སོགས་པའོ། །རང་བཞིན་དང་གཞི་དང་གནས་ཀྱི་ཉེས་པ་བཤགས ་པ་ལས་བརྩམས་ཏེ་གསུངས་པ། འདོད་ཆགས་ཞེ་སྡང་གཏི་མུག་ཅེས་བྱ་བ་ལ་སོགས་པའོ། །བསོད་ནམས་ཀྱི་རྗེས་སུ་ཡི་རང་བའི་དབང་དུ་བྱས་ཏེ་གསུངས་པ། ཕྱོགས་བཅུའི་ཞེས་བྱ་བ་ལ་སོགས་པའོ། ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བར ་བསྐུལ་བ་ལས་བརྩམས་ཏེ་གསུངས་པ། གང་རྣམས་ཕྱོགས་བཅུའི་འཇིག་རྟེན་སྒྲོན་མ་ཞེས་བྱ་བ་ལ་སོགས་པའོ། །དེ་བཞིན་གཤེགས་པ་བཞུགས་པར་གསོལ་བ་ནི། མྱ་ངན་འདས་སྟོན་གང་བཞེད་ཅེས་བྱ་བ་ལ་སོགས་པའོ། །དགེ་བའི་རྩ ་བ་རབ་ཏུ་བསགས་པ་ཡོངས་སུ་བསྔོ་བ་ནི། ཕྱག་འཚལ་བ་དང་ཞེས་བྱ་བ་ལ་སོགས་པ་གསུངས་པའོ། །ཀུན་ཏུ་བཟང་པོའི་སྨོན་ལམ་རབ་ཏུ་དབྱེ་བ་ནི་རྣམ་པ་བཅུ་དྲུག་གོ་།འདི་ལྟ་སྟེ། བསམ་པ་དང། བྱང་ཆུབ་ཀྱི་སེམས་མི་བརྗེད་པ་དང་།མི ་ཆགས་པའི་སྦྱོར་བ་དང། སེམས་ཅན་ལ་ཕན་གདགས་པ་དང། གོ་ཆ་དང། སྐལ་པ་མཉམ་པའི་བྱང་ཆུབ་སེམས་དཔའ་དང་འགྲོགས་པ་དང། དགེ་བའི་བཤེས་གཉེན་དང་འགྲོགས་པ་དང། དེ་བཞིན་གཤེགས་པ་མངོན་དུ་འགྱུར་བ་དང་།དམ ་པའི་ཆོས་ཡོངས་སུ་གཟུང་བ་དང། མི་ཟད་པའི་མཛོད་རབ་ཏུ་རྙེད་པ་དང། འཇུག་པ་དང། སྟོབས་དང། གཉེན་པོ་དང། ལས་དང། རྗེས་སུ་སློབ་བར་བསྔོ་བ་དང། བསྡུ་བའོ། །དེས་བསམ་པ་ནི་རྣམ་ལ་གསུམ་སྟོ། དེ ་བཞིན་གཤེགས་པའི་དགོངས་པ་ཡོངས་སུ་བསྐང་བའི་བསམ་བ་ནི་གང་གསུངས་པ། འདས་པའི་སངས་རྒྱས་རྣམས་དང་ཞེས་བྱ་བ་ལ་སོགས་པའོ། །སངས་རྒྱས་ཀྱི་ཞིང་ཡོངས་སུ་བྱང་བའི་བསམ་པ་ནི། ཕྱོགས་བཅུ་ག་ལའི་ཞིང་ཞེས་བྱ་བ་ལ ་སོགས་པའོ། །སེམས་ཅན་ལ་ཕན་པ་དང་བདེ་བའི་བསམ་པ་ནི་གང་གསུངས་པ། ཕྱོགས་བཅུའི་སེམས་ཅན་ཞེས་བྱ་བ་ལ་སོགས་པའོ། །གཉེན་པོ་དང་བཅས་པས་མི་མཐུན་པའི་ཕྱོགས་སྦང་བ་བསྟན་བས་ནི་བྱང་ཆུབ་ཀྱི་སེམས་མི་ཉམས་པ་སྟེ་གང ་གསུངས་པ། བྱང་ཆུབ་སྤྱོད་པ་དག་ནི་བདག་སྤྱོད་ཅིང་ཞེས་བྱ་བ་ལ་སོགས་པའོ། །གང་ལས་ཅི་ལ་ཇི་ལྟར་མི་ཆགས་པའི་སྦྱོར་བ་དེ་བསྟན་པའི་ཕྱིར་གསུངས་པ། ལས་དང་ཉོན་མོངས་བདུད་ཀྱི་ལས་ཞེས་བྱ་བ་ལ་སོགས་པའོ། །ཚེ་འདི་དང། གཞན་དུ ་སེམས་ཅན་ལ་ཕན་པའི་དབང་དུ་བྱས་ཏེ་གསུངས་བ། ངན་སོང་སྡུག་བསྔལ་རབ་ཏུ་ཞི་བར་བྱེད་ཅེས་བྱ་བ་ལ་སོགས་པའོ། །སེམས་ཅན་གྱི་སྤྱོད་པའི་རྗེས་སུ་འཇུག་པ་དང། སངས་རྒྱས་ཀྱི་ཆོས་ཡོངས་སུ་བསྐང?་བ་དང། དམ་པའི་ཆོས་རབ་ཏུ་བསྟན་པས་གོ་ཆ ་རྣམ་བ་གསུམ་སྟེ། གང་གསུངས་པ་སེམས་ཅན་རྣམས་ཀྱི་སྤྱོད་དང་མཐུན་པར་འཇུག་ཅེས་བྱ་བ་ལ་སོགས་པའོ། །ལུས་དང་ངག་དང་སྤྱོད་པ་དང་སྨོན་ལམ་གྱི་སྐལ་བ་མཉམ་པའི་བྱང་ཆུབ་སེམས་དཔའ་འདི་འགྲོགས་པ་སྟེ། གང་གསུངས་པ། བདག་གི ་སྤྱོད་དང་མཐུན་པར་གང་སྤྱོད་པ་ཞེས་བྱ་བ་ལ་སོགས་པའོ། །ཕན་པའི་བསམ་པ་བསྟན་པ་དང། ནན་ཏན་གྱི་དགེ་བའི་བཤེས་གཉེན་གྱི་དབང་དུ་མཛད་ནས་གང་གསུངས་པ། བདག་ལ་ཕན་པར་འདོད་པའི་གྲོགས་པོ་དག་ཅེས་བྱ་བ་ལ་སོགས་པའོ ་དུས་དང་འཁོར་དང་མཆོད་པ་བྱེད་པ་ལ་ཡོངས་སུ་མི་སྐྱོ་བས་དེ་བཞིན་གཤེགས་པ་མངོན་དུ་འགྱུར་བ་སྟེ། གང་གསུངས་པ། མངོན་སུམ་རྟག་ཏུ་བདག་གིས་རྒྱལ་བ་བལྟ་ཞེས་བྱ་བ་ལ་སོགས་པའོ། །འཛིན་པ་དང་ཡོངས་སུ་སྦྱང་བ་དང་བཤད་པས་དམ་པའི ་ཆོས་ཡོངས་སུ་གཟུང་བར་གསུངས་པ། རྒྱལ་བ་རྣམས་ཀྱི་དམ་པའི་ཆོས་འཛིན་ཅིང་ཞེས་བྱ་བ་ལ་སོགས་པའོ། །བསོད་ནམས་དང་ཡེ་ཤེས་ལ་སོགས་པ་ཚོགས་བསྒྲུབས་པས་མི་ཟད་པའི་མཛོད་རབ་ཏུ་རྙེད་བར་གང་གསུངས་པ། སྲིད་པ་ཐམས་ཅད ་དུ་ནི་འཁོར་བ་ན་ཞེས་བྱ་བ་ལ་སོགས་བའོ། །འཇུག་པ་ནི་རྣམ་པ་བརྒྱད་དེ། སངས་རྒྱས་དང་དེའི་ཞིང་མཐོང་བ་ལ་འཇུག་པ་ནི་ཚིགས་སུ་བཅད་པ་གཉིས་ཀྱིས་བསྟན་ཏེ། གང་གསུངས་པ། རྡུལ་གཅིག་སྟེང་ན་རྡུལ་སྙེད་ཞིང་རྣམས་ཞེས་བྱ་བ་ལ་སོགས་པའོ། ་སངས་རྒྱས་ཀྱི་གསུངས་ལ་འཇུག་པ་ནི་གང་གསུངས་པ། གསུང་གཅིག་ཡན་ལག་རྒྱ་མཚོ་ཞེས་བྱ་བ་ལ་སོགས་པའོ། །ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བ་འཇུག་པར་གསུངས་པ་ནི། དེ་དག་གི་ཡང་གསུངས་དབྱངས་ཞེས་བྱ་བ་ལ་སོགས་པའོ། ། ་བསྐལ་བར་རབ་ཏུ་འཇུག་བ་ནི་གང་གསུངས་པ། མ་འོངས་བསྐལ་བ་ཐམས་ཅད་ཅེས་བྱ་བ་ལ་སོགས་པའོ། །དེ་བཞིན་གཤེགས་པའི་སྤྱོད་ཡུལ་ལ་འཇུག་པ་ནི་གང་གསུངས་པ། དུས་གསུམ་གཤེགས་པ་མི་ཡི་སེང་གེ་ཞེས་བྱ་བ་ལ་སོགས་པའོ། ། ་སངས་རྒྱས་ཀྱི་ཞིང་སྒྲུབ་པ་ལ་འཇུག་བར་གསུངས་བ། གང་ཡང་དུས་གསུམ་དག་གི་ཞིང་གི་རྒྱན་ཞེས་བྱ་བ་ལ་སོགས་པའོ། །དེ་བཞིན་གཤེགས་པའི་དྲུང་དུ་འགྲོ་བར་འཇུག་པ་བརྒྱད་པ་ནི་གང་གསུངས་པ། གང་ཡང་མ་བྱོན་འཇིག་རྟེན་སྒྲོན་མ ་དག་ཅེས་བྱ་བ་ལ་སོགས་པའོ། །སྟོབས་ནི་རྣམ་པ་བཅུ་སྟེ། ཚིགས་སུ་བཅད་པ་གཉིས་ལས་རྫུ་འཕྲུལ་ལ་སོགས་པའོ། །ཀུན་ཏུ་མྱུར་བའི་རྫུ་འཕྲུལ་སྟོབས་ཞེས་བྱ་བ་ལ་སོགས་པའོ། །གཉེན་པོ་ནི་ལས་དང་ཉོན་མོངས་པ་དང་བདུད་ཀྱི་སྟོབས་མ ་མཐུན་པའི་ཕྱོགས་རབ་ཏུ་བཞོམ་པའི་ཕྱིར་རྣམ་པ་གསུམ་དུ་གསུངས་པ། ལས་ཀྱི་སྟོབས་རྣམས་ཡོངས་སུ་དག་བྱེད་ཅིང་ཞེས་བྱ་བ་ལ་སོགས་པའོ། །སངས་རྒྱས་ཀྱི་ཞིང་རྒྱ་མཚོ་ཡོངས་སུ་སྦྱངས་བ་ལ་སོགས ་པ་ལས་ནི་རྣམ་པ་བརྒྱད་དེ། ཚིགས་སུ་བཅད་པ་གཉིས་ཀྱིས་གསུངས་པ། ཞིང་རྣམས་རྒྱ་མཚོ་རྣམ་པར་དག་བྱེད་ཅིང་ཞེས་བྱ་བ་ལ་སོགས་པའོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཨི་རྗེས་སུ་སློབ་བར་ཡོངས་སུ་བསྔོ་བ་ནི་རྣམ་པ་གཉིས་ཏེ། དེ་ལ་དེ ་བཞིན་གཤེགས་པའི་རྗེས་སུ་སློབ་བར་བསྔོ་བ་ནི། གང་ཡང་དུས་གསུམ་གཤེགས་པ་རྒྱལ་བ་ཡི་ཞེས་བྱ་བ་ལ་སོགས་པའོ། །ལུས་དང་ངག་དང་ཡིད་ཀྱི་ཞིང་དང་སྨོན་ལམ་རྣམ་པར་དག་པས་འཕགས་པ་ཀུན་ཏུ་བཟང་པོ་ལ་སོགས་པ་བྱང་ཆུབ ་སེམས་དཔའ་རྣམས་ཀྱི་རྗེས་སུ་སློབ་པར་བསྔོ་བ་ནི་ཚིགས་སུ་བཅད་པ་གསུམ་གྱིས་གསུངས་པ། རྒྱལ་བ་ཀུན་གྱི་སྲས་ཀྱི་ཐུ་བོ་པ་ཞེས་བྱ་བ་ལ་སོགས་པའོ། །ཚད་དང་སྦྱོར་བ་དང་ཡོན་ཏན་དང་སྤྱོད་པ་དང་གནས་ཀྱི་བྱེ་བྲག་གིས་ཀུན་ཏུ་བསྡུ་བ་གསུངས ་པ། སྤྱོད་པ་དག་ནི་ཚད་ཡོད་མ་གྱུར་ཅིག་ཅེས་བྱ་བ་ལ་སོགས་པའོ། །དེ་ལ་སྨོན་ལམ་གྱི་མཛའ་མེད་པའི་དཔེ་ནི་རྣམ་པ་བཞིར་གསུངས་ཏེ། ནམ་མཁའ་ཨི་མཐར་ཐུག་གྱུར་པ་ཞེས་བྱ་བ་ལ་སོགས་པའོ། །སྨོན་ལམ་གྱི་ལེགས་པ་ནི་ཡོན་ཏན་རྣམ་པ ་གཉིས་ཏོ། ཚེ་འདི་དང། ཕྱི་མའིའོ། །དེ་ལ་ཚེ་འདིའི་རྣམ་པ་བཞི་ནི་འདི་ལྟ་སྟེ། བསོད་ནམས་ཀྱི་ཚོགས་ཡོངས་སུ་བཟུང་བ་དང། དེ་བཞིན་གཤེགས་པ་མཐོང་བ་དང། བྱང་ཆུབ་སེམས་དཔའ་དང་སྐལ་པ་མཉམ་པ་རྙེད་པ་དང། ལས་ཀྱི་སྒྲིབ ་པ་ཡོངས་སུ་ཟད་པའོ། །དེ་ལ་མང་པོ་དང། རྒྱ་ཆེ་བ་དང། སྣ་ཚོགས་པ་དང། རྗེས་སུ་གཟུང་བ་དང། དངོས་པོ་དང། ཞིང་དམ་པའི་བསོད་ནམས་ཀྱི་དཔེ་དང། བྱང་ཆུབ་འདོད་པ་དང། སྨོན་ལམ་ལ་མོས་པས་བསོད་ནམས་ཀྱི་མཆོག་དམ་པ ་ཡོངས་སུ་འཛིན་པར་གསུངས་པ་དེ། གང་ཡང་ཕྱོགས་བཅུའི་ཞིང་རྣམས་མཛའ་ཡས་པ་ཞེས་བྱ་བ་ལ་སོགས་པའོ། །ངན་སོང་དང་ལོག་པའི་གྲོགས་པོ་ཡོངས་སུ་སྤངས་པས་དེ་བཞིན་གཤེགས་པ་མཐོང་བར་འགྱུར་ཏེ། དེས་ནི་ངན་སོང་ཐམས་ཅད་སྤངས ་པར་འགྱུར་ཞེས་བྱ་བ་ལ་སོགས་པའོ། །རབ་ཏུ་བསྔགས་བརྙེད་པ་འཚོ་བའི་ཚེ་འཐོབ་པས་བྱང་ཆུབ་སེམས་དཔའ་དང་སྐལ་པ་མཉམ་བ་རྙེད་བར་གསུངས་ཏེ། དེ་དག་རྙེད་པ་རབ་རྙེད་བདེ་བར་འཚོ་ཞེས་བྱ་བ་ལ་སོགས་པའོ། །ལས་ཀྱི་སྒྲིབ་པ་ཡོངས་སུ ་ཟད་པའི་ཡོན་ཏན་ལེགས་པ་བཞི་པ་ནི་གང་གསུངས་པ། མཚམས་མེད་ལྔ་པོ་དག་གི་སྡིག་པ་རྣམས་ཞེས་བྱ་བ་ལ་སོགས་པའོ། །ཕྱེ་མའི་ཡང་རྣམ་པ་གཉིས་ཏེ། རྒྱུས་བསྡུས་པ་དང། འབྲས་བུས་བསྡུས་པའོ། །དེ་ལ་རྒྱུས་བསྡུས་པ་ནི། ་ཡེ་ཤེས་དང་མཚན་དང་དཔེ་བྱད་བཟང་པོའི་ལུས་དང་ནད་མེད་པའི་ལུས་ཀྱི་མཚན་ཉིད་དུ་གང་གསུངས་པ། ཡེ་ཤེས་དང་ནི་གཟུགས་དང་མཚན་ཞེས་བྱ་བ་ལ་སོགས་པའོ། །འབྲས་བུས་བསྡུས་པ་ནི་བྱང་ཆུབ་ཀྱི་སྙིང་པོར་འགྲོ་བ་དང། སེང་གེའི་ཁྲི་ལ ་འདུག་བར་སྟོན་པ་དང། བདུད་རྣམས་རབ་ཏུ་ཕམ་པ་དང། མངོན་པར་རྫོགས་པར་འཚང་རྒྱ་བ་དང། ཆོས་ཀྱི་འཁོར་ལོ་བསྐོར་བ་ལ་སོགས་པའི་མཚན་ཉིད་དུ་གསུངས་པ། བྱང་ཆུབ་ཤིང་དར་དྲུང་དུ་དེ་མྱུར་ཞེས་བྱ་བ་ལ་སོགས་པའོ། །མདོར་ན ་འཇིག་རྟེན་གྱི་དར་འཛིན་ལས་འདས་པའི་སྦྱོར་བ་ཐོབ་པ་ནི་ལེགས་པའོ། །གང་ཡང་བཟང་པོ་སྤྱོད་པའི་སྨོན?་ལམ་འདི་ཞེས་བྱ་བ་ལ་སོགས་པའོ། །འདི་མན་ཆད་ཀྱི་བསྔོ་བ་གསུམ་ནི་བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པས་གསུངས་པའི ་སྒྲིབ་པ་མེད་པས་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པའི་ལུས་འཛིན་ཅིང་སྨོན་ལམ་ཡོངས་སུ་རྫོགས་པས་འཇིག་རྟེན་མ་གནས་ཏེ་སེམས་ཅན་གྱིས་དོན་སྒྲུབ་བར་གསུངས་པ། འཇམ་དཔལ་ཇི་ལྟར་ཇི་ལྟར་མཁྱེན་ཅིང་དཔའ་བ་ཞེས་བྱ་བ་ནས་བཟུང་སྟེ། འཇིག ་རྟེན་ཇི་སྲིད་སེམས་ཅན་ཕན་པར་བགྱི་ཞེས་བྱ་བའི་བར་རྣམས་སོ། །ཀུན་ཏུ་བཟང་པོའི་སྤྱོད་བའི་སྨོན་ལམ་གྱི་དོན་ཀུན་བསྡུས་པ་རྫོགས་སོ།། །།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཨི་ཐམས ་ཅད་ལ་ཕྱག་འཚལ་ལོ། །བཟང་པོ་སྤྱོད་པའི་སྨོན་ལམ་གྱི་བསྡུས་པའི་དོན་ནི་རྣམ་པ་བཅུ་འོ། །འདི་ལྟ་སྟེ། དེ་བཞིན་གཤེགས་པ་ལ་ཕྱག་བྱ་བ་དང། དེ་ལ་མཆོད་པ་དང། སྡིག་པ་བཤགས་པ་དང། བསོད་ནམས་ཀྱི་རྗེས་སུ་ཡི་རང་བ་དང། ་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བ་དང། དེ་བཞིན་གཤེགས་པ་བཞུགས་པར་གསོལ་བ་དང། དགེ་བའི་རྩ་བ་ཡོངས་སུ་བསྔོ་བ་དང། དེའི་རབ་ཏུ་དབྱེ་བ་དང། དེའི་མཛའ་དང། དེ་དག་གི་ལེགས་པ་རྣམས་སོ། །དེ་ལ་མི་དབྱེ་བའི་སྤྱིས་ནི་ཕྱོགས ་བཅུའི་དུས་གསུམ་གྱི་ཞིང་ཐམས་ཅད་ཀྱི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་ལུས་དང་ངག་དང་ཡིད་ཀྱིས་ཕྱག་བྱ་བའི་ཕྱིར། ཇི་སྙེད་སུ་ངག་ཅེས་བྱ་བ་ལ་སོགས་པ་བཤད་དོ། །ཇི་སྙེད་ཅེས་བྱ་བ་ནི་གྲངས་ཇི་ཙམ་པའི་ཚད་དེ། དེ་དག་གི་ཚད་ཆད་པར ་མ་གྱུར་པས་ན་སངས་རྒྱས་བཅོམ་ལྡན་འདས་རྣམས་སྦྱིར་བསྟན་པའི་ཕྱིར། སུ་དག་ཅེས་བྱ་བ་བཤད་དེ། གྲངས་ཆད་ལ་མེད་པའོ་ཞེས་བྱ་བའི་ཐ་ཚིག་གོ་།ཕྱོགས་བཅུ་ཞེས་བྱ་བ་ནི་ཕྱོགས་བཅུའོ། །འཇིག་རྟེན་ཞེས་བྱ་བ་ནི་འགོ་བ་རྣམས་སོ། །དུས ་གསུམ་གཤེགས་པ་ཞེས་བྱ་བ་ནི་དུས་གསུམ་གྱིས་ཀུན་ཆུབ་པས་ཏེ། དུས་གསུམ་གྱི་ཞེས་བྱ་བའི་ཐ་ཚིག་གོ་།མི་ཡི་སེང་གེ་ཞེས་བྱ་བ་ལ་སེང་གེ་ནི་ཐམས་ཅད་དུ་བག་བརྐྱང་ཞིང་གར་ཡང་དགོས་པ་མེད་ལ། དེ་དང་འདྲ་བ་ལྷར་བཅས་པའི་འཇིག ་རྟེན་ན་སངས་རྒྱས་བཅོམ་ལྡན་འདས་སེང་གེ་དང་ཡང་འདྲལ། མིའི་ཚེ་ཡང་སྟོན་པའི་ཕྱིར་མི་ཡང་ཡིན་ལ་སེང་གེ་ཡང་ཡིན་བས་མིའི་སེང་གེའོ། །བདག་གིས་མ་ལུས་དེ་དག་ཐམས་ཅད་ལ་ཞེས་བྱ་བ་ལ། ཐམས་ཅད་ཅེས་བྱ་བ་ནི་ཕྱོགས ་གཅིག་ཏུ་ཡང་བརྗོད་དུ་རུང་བས་ན་འདིར་ནི་མ་ལུས་ཞེས་བྱ་བ་བརྗོད་དོ། །ལུས་དང་ངག་ཡིད་དང་བས་ཕྱག་བགྱིའོ་ཞེས་བྱ་བ་ནི་མཆོག་ཏུ་དད་པ་བསྐྱེད་པ་སྟེ། སེམས་དང་བ་དེས་བསྐྱེད་པས་ན་ལུས་དང་ངག་ཀྱང་དང་བའོ། །ད་ནི་ལུས་ལ་སོགས་པས ་ཕྱག་བྱ་བ་སོ་སོར་ཕྱེ་སྟེ་བཤད་དོ། །དེ་ལ་ལུས་ཀྱི་ཕྱག་བྱ་བ་ནི། ཞིང་གི་རྡུལ་སྙེད་ཅེས་བྱ་བ་ལ་སོགས་པ་སྟེ། སངས་རྒྱས་ཀྱི་ཞིང་གི་རྡུལ་སྙེད་ཀྱི་ལུས་ཀྱིས་ཕྱག་བྱ་བའོ། །སྙེད་ཅེས་བྱ་བ་ནི་དཔེའི་རྣམ་གྲངས་ཏེ། ཕྱོགས་བཅུ་དུས་གསུམ་དུ ་གཤེགས་པའི་སངས་རྒྱས་ཀྱི་ཞིང་ཇི་སྙེད་གྱི་ལུས་རབ་ཏུ་བཏུད་པས་ཕྱག་བྱ་བའོ། །རྒྱལ་བ་ཀུན་ལ་རབ་ཏུ་ཕྱག་འཚལ་ལོ། །ཞེས་བྱ་བ་ནི་ཉོན་མོངས་པའི་དགྲ་དང་བདུད་ལས་རྒྱལ་བས་ན་སངས་རྒྱས་བཅོམ་ལྡན་འདས་ལ་རྒྱལ་བ་ཞེས་བྱ་སྟེ། སངས ་རྒྱས་བཅོམ་ལྡན་འདས་ཀྱིས་འདི་སྐད་དུ། སྡིག་པའི་ཆོས་རྣམས་ལས་རྒྱལ་བས། ཉེར་འགྲོང་ནི་རྒྱལ་བ་ཡིན་ཞེས་གསུངས་པ་ལ་སོགས་པའོ། །དེ་ལྟར་དུས་གསུམ་དུ་གཤེགས་པའི་རྒྱལ་བ་ཐམས་ཅད་ལ་ཕྱག་བྱའོ། །བཅོམ་ལྡན་འདས ་གཅིག་ལ་སེམས་ཀྱིས་དམིགས་པ་ན་གཞལ་ལ་མ་ཁྱབ་པར་འགྱུར་རོ་སྙམ་པ་ལ། རྒྱལ་བ་ཐམས་ཅད་ཡིད་ཀྱིས་མངོན་སུམ་དུ་ཞེས་བྱ་བ་བཤད་དོ། །དེ་བཞིན་གཤེགས་པ་ཐམས་ཅད་རེ་རེ་ཞིང་ཡང་མངོན་སུམ་དུ་བསམ་པའི་དོན་ཏོ། །བཟང་པོ ་སྤྱོད་པའི་སྨོན་ལམ་སྟོབས་དག་གིས་ཞེས་བྱ་བ་ལ། བྲང་དེ་པོ་ནི་དགེ་བའོ། །བཟང་པོ་ཡང་ཡིན་ལ་སྤྱོད་པ་ཡང་ཡིན་པས་ན་བཟང་པོ་སྤྱོད་བ་སྟེ། བྱང་ཆུབ་སེམས་དཔའ་ཨི་སྤྱོད་པ་ཞེས་བྱ་བའི་ཐ་ཚིག་གོ་།དེར་སྨོན་པའི་སྨོན་ལམ་ཡིན་པས་ན་སྨོན ་ལམ་ཞེས་བྱའོ། །དེའི་སྟོབས་ཀྱི་ཉོན་མོངས་པ་ལ་སོགས་པས་ཟིལ་གྱིས་མི་ནོན་ཅིང་མི་མཐུན་པའི་ཕྱོགས་བཅོམ་པས་ན་སྟོབས་དག་གིས་ཞེས་བྱ་བ་སྟེ། རྣམ་པ་གཞན་ལས་ནི་འདི་ལྟ་བུའི་བྱེད་པ་མི་འབྱུང་བའི་ཕྱིར་རོ། །ད་ནི་ཡིད་ཀྱིས་ཕྱག་བྱ་བ་སྟེ ་རྡུལ་གཅིག་སྟེང་ན་རྡུལ་སྙེད་ཅེས་བྱ་བ་ལ་སོགས་པའོ། །རྡུལ་གཅིག་གི་སྟེང་དུ་རྡུལ་སྙེད་ཀྱི་སངས་རྒྱས་རྣམས་ཞེས་བྱ་བ་ནི་ཁྱད་པར་དུ་མ་སྨོས་པའི་ཕྱིར་ཕྱོགས་བཅུ་དུས་གསུམ་དུ་གཤེགས་པའི་སངས་རྒྱས ་རྣམས་ཀྱི་ཞིང་གི་རྡུལ་སྙེད་ཀྱི་བདེ་བར་གཤེགས་པ་རྣམས་སོ། །སངས་རྒྱས་སྲས་ཀྱི་དབུས་ན་བཞུགས་པ་དག་ཅེས་བྱ་བ་ནི་རེ་རེ་ཞིང་ཡང་བྱང་ཆུབ་སེམས་དཔའ་གྲངས་མེད་པའི་ཚོགས་ཀྱི་དབུས་ན་བཞུགས་པའོ། །རྡུལ་གཅིག་གི་སྟེང་དུ་ཇི་ལྟར ་བསམས་པ་དེ་བཞིན་དུ་ཐམས་ཅད་དུ་ཡང་བསམ་པར་བྱ་བའི་ཕྱིར་རོ། །དེ་ལྟར་ཆོས་ཀྱི་དབྱིངས་རྣམས་མ་ལུས་པ་ཞེས་བྱ་བ་བཤད་དེ། ཆོས་ཀྱི་དབྱིངས་ཐམས་ཅད་དུ་ཁྱབ་པར་བྱེད་པའི་ཕྱིར་ནམ་མཁའ་ཨི་མཐས་ཀླས་པ་ཐམས་ཅད་དུ་ཡང་རྡུལ་གཅིག་གི་སྟེང ་ན་རྡུལ་སྙེད་ཀྱི་སངས་རྒྱས་རེ་རེ་ལ་ཡང་བྱང་ཆུབ་སེམས་དཔའ་གྲངས་མེད་པའི་ཚོགས་ཀྱིས་ཀུན་ནས་བསྐོར་བ་རྣམས་ཀྱིས་གང་ཞིང་བར་མཚམས་མེད་པར་ཁྱབ་པར་ཡིད?་ཀྱིས་མོས་པར་བྱའོ། །ལུས་དང་ངག་གི་ལས་ཡིད་ཀྱིས་བསྐྱེད་པས་ན་བར་དུ ་ཡིད་ཀྱིས་ལས་བཤད་དོ། །ང་ནི་དག་གིས་ཕྱག་བྱ་བ་ནི། དེ་དག་བསྔགས་པ་མི་ཟད་ཅེས་བྱ་བ་ལ་སོགས་པའོ། །དེ་དག་ཅེས་བྱ་བ་ནི་ཇི་ལྟར་མོས་པར་བྱ་བ་དག་གོ་།མཐར་ཡང་འགོད་པ་མེད་པས་ན་དེ་མི་ཟད་པའོ། །བསྔགས་པ་རྒྱ་མཚོ ་ཞེས་བྱ་བ་ནི་ཡོན་ཏན་རྒྱ་མཚོ་སྟེ། དེ་དག་གི་བསྔགས་པ་རྒྱ་མཚོ་བཞིན་མི་ཟད་པའོ། །བསྔགས་པ་ཞེས་བྱ་བ་ནི་ཡོན་ཏན་གྱི་རྣམ་གྲངས་སོ། །རྒྱ་མཚོ་ཞེས་བྱ་བ་ནི་མང་པོའི་དོན་དུ་རིག་པར་བྱའོ། །དབྱངས་ཀྱི་ཡན་ལག་རྒྱ་མཚོའི་སྒྲ་ཀུན ་གྱིས་ཞེས་བྱ་བ་ལ། ཡན་ལག་ཅེས་བྱ་བ་ནི་ཡོན་ཏན་གྱིས་རྣམ་གྲངས་སོ། །ཇི་ལྟ་ཞེ་ན། འདི་ལྟ་སྟེ། ཉན་ཐོས་ཀྱི་ཐེག་པ་ལས། བཅོམ་ལྡན་འདས་ཀྱི་དབྱངས་ནི་ཡན་ལག་ལྔ་དང་ལྡན་ཞེས་འབྱུང་བ་དང། ཐེག་པ་ཆེན་པོ་ལས། ཡན ་ལག་དྲུག་ཅུ་དང་ལྡན་ལ། ཡན་ལག་སྟོང་ཕྲག་བཅུ་དྲུག་དང་ལྡན། ཚང་མེད་པའི་ཡན་ལག་དང་ལྡན་ཞེས་འབྱུང་སྟེ། དེ་ལྟར་ཡོན་ཏན་ལྔ་ལ་སོགས་པ་དང་ལྡན་པར་རིག་པར་བྱའོ།། །།དེ?་ནི་སངས ་རྒྱས་བཅོམ་ལྡན་འདས་དེ་དག་ལ་བླ་ན་ཡོད་པ་དང། བླ་ན་མེད་པའི་མཆོད་པ་རྣམ་པ་གཉིས་ལས་བླ་ན་ཡོད་པའི་ཚིགས་སུ་བཅད་པ་གཉིས་ཏེ། མེ་ཏོག་དམ་པ་ཞེས་བྱ་བ་ལ་སོགས་པའོ། །མེ་ཏོག་ལ་སོགས་པ་དམ་པ་གང་ཡིན་པ་དེ་དག་ནི་མེ ་ཏོག་དམ་པ་དང་ཕྲེང་བ་དམ་པ་དང། སིལ་སྙན་དམ་པ་དང། བ་དན་དང། ཙན་དན་དང། གུར་གུམ་ལ་སོགས་པའི་བྱུག་པ་དམ་པ་དང། གདུགས་དམ་པ་དང། མར་མེ་དམ་པ་དང། བདུག་པ་དམ་པ་དང། ན་བཟའ་དམ་པ་དང། སྤོས་སྣ ་ཚོགས་སྦྱར་བའི་དྲི་དམ་པ་དང། ཙན་དན་དང། གུར་གུམ་དང། ག་པུར་དང། ཨ་ཀ་རུ་ལ་སོགས་པའི་ཕྱེ་མའི་ཕུར་མ་རི་རབ་དང་མཉམ་པ་རྣམས་ཀྱིས་སོ། །ཁྱད་པར་ཅན་གྱི་རྒྱན་མཆོག་ཐམས་ཅད་ཀྱིས་ཞེས་བྱ་བ་ལ་རྒྱན་མཆོག་ཅེས་བྱ་བ་ནི ་མང་པོའི་རྣམ་གྲངས་སོ། །ལྷ་དང་མིའི་རྣམ་པ་ཐམས་ཅད་དང་ལྡན་པའི་དམ་པ་རྣམས་ཀྱིས་རྒྱལ་བ་དེ་དག་ཐམས་ཅད་ལ་མཆོད་པར་བགྱིའོ། །ད་ནི་བླ་ན་མེད་པའི་བཤད་པར་བྱ་སྟེ། མཆོད་པ་གང་རྣམས་བླ་མེད་ཅེས་བྱ་བ་ལ་སོགས་པ་སྟེ། བླ་ན་མེད་པཱི ་མཆོད་པ་རྒྱ་ཆེ་བ་ནི་བྱང་ཆུབ་སེམས་དཔའ་ཨི་ཏིང་ངེ་འཛིན་གྱི་ཁྱད་པར་གྱི་མཐུ་ལས་སྐྱེས་པ་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་ཁྱབ་པར་ཆོས་ཀྱི་དབྱིངས་དམ་པས་རྒྱལ་བ་དེ་དག་ཀུན་ལ་བདག་གིས་བསམ་པའོ། །བཟང་པོ་སྤྱོད་པ་ལ་དད་པའི་སྟོབས ་དག་གིས་ཞེས་བྱ་བ་ནི་བཟང་པོ་སྤྱོད་པ་ལ་མོས་པ་དང། དང་ཅིང་ངེས་པར་ཡིད་ཆེས་པ་དེའི་སྟོབས་ཀྱིས་སོ། །བཟང་པོ་སྤྱོད་པ་ནི་མདོ་སྡེ་དུམ་ནས་བྱང་ཆུབ་སེམས་དཔའ་ཨི་མཆོད་པ་སྣ་ཚོགས་འབྱུང་བའོ། །ད་ནི་ཇི་ལྟར་བཤད་པའི་ཕྱག་བྱ་བ་དང ་མཆོད་པ་རྣམས་མཇུག་བརྟུལ་བའི་ཕྱིར། རྒྱལ་བ་ཀུན་ལ་ཕྱག་འཚལ་མཆོད་པར་བགྱི་ཞེས་བྱ་བ་བཤད་དེ། རྒྱལ་བ་ཐམས་ཅད་ལ་ཕྱག་བྱ་ཞིང་མཆོད་པར་བྱའོ། །རང་བཞིན་དང་རྒྱུ་དང་གནས་དང་གསུམ ་གྱིས་སྡིག་པ་བཤགས་པར་བཤད་དེ། འདོད་ཆགས་ཞེ་སྡང་གཏི་མུག་དབང་གིས་ཞེས་བྱ་བ་ལ་སོགས་པའོ། །དེ་ལ་རང་བཞིན་ནོ། སྡིག་པ་བདག་གིས་བགྱིས་པ་ཅི་མཆིས་པ་ཞེས་བྱ་བ་སྟེ། ཚེ་འདི་དང་ཚེ་གཞན་དུ་བྱས་པ་དང། བྱེད་དུ་བཅུག ་པ་དང། རྗེས་སུ་ཡི་རང་བ་རྣམས་སོ། །རྒྱུ་གང་གིས་ཞེ་ན། འདོད་ཆགས་དང་ཞེ་སྡང་གཏི་མུག་དབང་གིས་སོ། །གནས་གང་ཞེ་ན། ལུས་དང་ངག་དང་ཡིད་ལ་གནས་ནས་སོ། །དེ་ལྟ་བུ་དེ་དག་ཐམས་ཅད་རྒྱལ་བ་ཀུན་དང། དེའི་སྲས་རྣམས་གྱི་སྤྱན་སྔར ་འདུག་པ་བཞིན་དུ་ཤིན་ཏུ་འགྱོད་པའི་ཡིད་ཀྱིས་སྐད་ཅིག་རེ་རེ་ལ་ཡང་བཤགས་ཤིང་བསྙུར་ཏེ་བསྐུག་པར་བྱའོ། །ད་ནི་བསོད་ནམས་ཀྱི་རྗེས་སུ་ཡི་རང་བ་བཤད་དོ། །ཕྱོས་བཅུའི་ཞེས་བྱ་བ་ལ་སོགས་པའོ། །ཕྱོགས་བཅུའི་འགྲོ་བ་ཐམས་ཅད ་ཀྱི་སྦྱིན་པ་དང་ཚུལ་ཁྲིམས་དང་བསྒོམ་པ་ལས་བྱུང་བའི་བསོད་ནམས་དང། དུས་གསུམ་དུ་གང་སློབ་པའི་གང་ཟག་བདུན་དང། གང་མི་སློབ་པའི་དགྲ་བཅོམ་པ་དང། གང་རང་རྒྱལ་བའི་རྣམས་ཏེ། དེ་ཡང་བས་རུ་ལྟ་བུ་དང། སྡེས་རྒྱུ་བ་དང་རྣམ་པ ་གཉིས་ཀྱིས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དུས་གསུམ་གྱི་བསོད་ནམས་དང། གང་ཐོག་མར་སེམས་བསྐྱེད་པ་རྣམས་ནས་བཟུང་སྟེ། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་དང། སངས་རྒྱས་བཅོམ་ལྡན་འདས་གང་དུས་གསུམ་དུ ་གཤེགས་པ་རྣམས་ཀྱི་དང། བྱང་ཆུབ་ཏུ་སེམས་བསྐྱེད་པར་གཏོགས་པ་ཕ་རོལ་ཏུ་ཕྱིན་པ་དང། ས་ལ་སོགས་པ་ལས་སྐྱེས་བ་དང། དུས་གསུམ་དུ་གཤེགས་པ་འཇིག་རྟེན་གྱི་དང། འཇིག་རྟེན་ལས་འདས་པ་རེ་རེའི་བསོད་ནམས་ཀྱི་ཚོགས་ཆ ་མེད་པ་བསམ་དུ་མེད་པ་དང། སངས་རྒྱས་ཀྱི་ཡེ་ཤེས་ཀྱི་སྤྱོད་ཡུལ་དུ་གྱུར་པ་དེ་དག་ཐམས་ཅད་ལ་སྐད་ཅིག་རེ་རེ་ཞིང་ཡང་རྗེས་སུ་ཡི་རང་བར་བྱའོ། །འགྲོ་བ་ཞེས་བྱ་བའི་ཚིག་ནི་མ་ལུས་པར་བསྙགས་པས་སློབ་པ་ལ་སོགས་པའི་བསོད་ནམས་བྱང? ་འདུས་ན་ཅིའི་ཕྱིར་ཐ་དད་དུ་སྨོས་ཤེ་ན། དེ་ལྟ་མ་ཡིན་ཏེ། འགྲོ་བས་ན་འགྲོ་བ་སྲོང་པ་དང་བཅས་པས་འཁོར་བས་འཁོར་རོ་ཞེས་བྱ་བའི་ཐ་ཚིག་གོ་།དེ་ལ་གང་ཡང་འགྲོ་བ་མེད་ན་ཇི་ལྟར་འགྲོ་བ་ཞེས་བྱ། དེ་བས་ན་སོ་སོར་བསྟན་ཏོ ་ད?་ནི་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བར་བཤད་དོ། གང་རྣམས་ཕྱོགས་བཅུའི་ཞེས་བྱ་བ་སོགས་པའོ། །གང་རྣམས་ཕྱོགས་བཅུའི་འཇིག་རྟེན་སྒྲོན་མ་དག་ཅེས་བྱ་བ་ནི་འགྲོ་བའི་སྒྲོན་མ་སྟེ། འཇིག་རྟེན་གྱི་ཕྱི་དང་ནང་གི་མུན་པ ་མང་པོ་རྣམ་པར་སེལ་བས་ན་སངས་རྒྱས་བཅོམ་ལྡན་འདས་འཇིག་རྟེན་གྱི་སྒྲོན་མའོ། །བྱང་ཆུབ་རིམ་པར་སངས་རྒྱས་ཞེས་བྱ་བ་ནི་བླ་ན་མེད་པའི་བྱང་ཆུབ་ཏུ་མངོན་པར་སངས་རྒྱས་པའོ། །མ་ཆགས་བརྙེས་ཞེས་བྱ་བ་ནི་མངོན་པར་བྱང་ཆུབ ་པའི་སྟོབས་ཀྱི་དངོས་པོ་ཐམས་ཅད་ཀྱི་རང་བཞིན་མ་ལུས་པར་ཡོངས་སུ་མཁྱེན་པས་ཆགས་པར་གྱུར་པ་ཐམས་ཅད་ལས་འདས་པའོ། །ཆོས་ཟབ་མོ་རྟོགས་པར་བྱ་བ་ལ་གཞན་དག་མི་འདོད་ཅིང། བརྩོན་འགྲུས་རྩོམ་པས་ཁོང་དུ་ཆུད་པར ་བྱ་བར་དཀའ་བས་ན་ཆོས་འཆད་པའི་ཕྱིར་སྤྲོ་བར་མི་མཛད་པར་འཇིག་རྟེན་སྣ་ཚོགས་པའི་བྱང་ཆུབ་ཀྱི་ཤིང་དམ་པའི་དྲུང་དུ་བཞུགས་པའི་འཇིག་རྟེན་གྱི་མགོན་པོ་ཐམས་ཅད་ལ་འགྲོ་བ་རྣམས་ཀྱི་མི་ཤེས་པའི་མུན་ནག་བསལ་བར་བྱ ་ཞིང་བླ་ན་མེད་པའི་ཡེ་ཤེས་ཀྱིས་སྣང་བར་བྱ་བར་བླ་ན་མེད་པའི་ཆོས་ཀྱི་འཁོར་ལོ་བསྐོར་བའི་ཕྱིར་པུས་མོ་གཉིས་ས་ལ་གཙུགས་ནས་ཐལ་མོ་སྦྱར་ཏེ་མདུན་ན་འདུག་པ་བཞིན་དུ་བསྐུལ་བར་བྱའོ། །ད་ནི་དེ་བཞིན་གཤེགས་པ་བཞུགས་པར ་གསོལ་བ་གདབ་བ་ནི། མྱ་ངན་འདས་སྟོན་བ་གང་བཞེད་ཅེས་བྱ་བ་ལ་སོགས་པ་སྟེ། གང་ཞེས་བྱ་བ་ཁྱད་པར་དུ་མ་བརྗོད་ཀྱང་གང་རྣམས་ཕྱོགས་བཅུའི་འཇིག་རྟེན་སྒྲོན་མ་དག་ཅེས་བྱ་བ་དང་སྦྱར་རོ། །ཕྱོགས་བཅུ ་ནས་སངས་རྒྱས་བཅོམ་ལྡན་འདས་བཞུགས་པ་རྣམས་མྱ་ངན་ལས་འདས་ཞིང་མྱ་ངན་ལས་འདའ་བ་སྟོན་བར་བྱེད་པ་གང་དག་ཡིན་པ་དེ་དག་ཐམས་ཅད་ལ་བདག་གིས་ཐལ་མོ་སྦྱར་ཏེ་ཡུན་རིང་དུ་བཞུགས་པར་གསོལ་བ་གདབ་པོ། །ཅིའི་ཕྱིར་ཞེ་ན། ་མགོན་མེད་པར་གྱུར་པའི་འགྲོ་བ་ཐམས་ཅད་ལ་ཕན་པ་དང་བ་བའི་ཕྱིར་ཏེ། དེ་ལ་ཕན་པ་ཞེས་བྱ་བ་ནི་བདེ་བ་དང་ལྡན་པའི་མྱ་ངན་ལས་འདས་པའི་ལམ་འཐོབ་པར་བྱེད་པའོ། །བདེ་བར་ཞེས་བྱ་བ་ནི་ལྷའི་ལོངས་སྤྱོད་ཐོབ་པར་བྱེད་པའོ། །དུས་ཇི་སྲིད ་དུ་ཞེ་ན། དུས་གསུམ་དུ་གཤེགས་པའི་སངས་རྒྱས་ཐམས་ཅད་ཀྱི་ཞིང་གི་རྡུལ་སྙེད་ཀྱིས་བསྐལ་པར་བཞུགས་སུ་གསོལ་བའོ། །ད་ནི་ཇི་ལྟར་བཤད་པའི་ཕྱག་བྱ་བ་ལ་སོགས་པ་ཚད་མེད་པ་ལས་བྱུང་བའི་བསོད་ནམས་མ་ལུས་པ་རྣམས ་ཡོངས་སུ་བསྔོ་བར་བྱ་སྟེ། ཕྱག་འཚལ་བ་དང། མཆོད་ཅིང་བཤགས་པ་དང། བསོད་ནམས་ཀྱི་རྗེས་སུ་ཡི་རང་བ་དང། ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བ་དང། བདེ་བར་གཤེགས་པ་བཞུགས་པར་གསོལ་བ་རྣམས་ཀྱི་དགེ་བ ་ཅུང་ཟད་བདག་གིས་ཅི་བསགས་པ་དེ་དག་ཐམས་ཅད་བདག་གིས་བླ་ན་མེད་པ་ཡང་དག?་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བྱའོ། །ད་ནི་དེའི་རབ་ཏུ་དབྱེ་བ་སྟེ་བརྒྱད་པའོ། །དེ་ཡང་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་ཡན་ལག་རབ་ཏུ་དབྱེ ་བ་སྟེ། དེ་དག་ནི་རྣམ་པ་བཅུ་དྲུག་གོ་།འདི་ལྟ་སྟེ། བསམ་པ་དང། བྱང་ཆུབ་ཀྱི་སེམས་མི་བརྗེད་པ་དང། ཆགས་པ་མེད་པར་སྦྱོར་བ་དང། སེམས་ཅན་ལ་ཕན་བདགས་པ་དང། གོ་ཆ་བགོ་བ་དང། སྐལ་བ་མཐུན་པའི་བྱང་ཆུབ་སེམས་དཔའ་ ་བསྟེན་པ་དང། དགེ་བའི་བཤེས་གཉེན་མགུ་བར་བྱེད་པ་དང། དེ་བཞིན་གཤེགས་པ་མངོན་སུམ་དུ་བྱ་བ་དང། དམ་པའི་ཆོས་ཡོངས་སུ་བསྡུ་བ་དང། མི་ཟད་པའི་མཛོད་རྙེད་པ་དང། འཇུག་པར་བྱ་བ་དང། སྟོབས་དང་གཉེན་པོ་དང། ལས་དང། ་རྗེས་སུ་སློབ་ཅིང་བསྔོ་བ་དང། བསྡུ་བར་བྱ་བ་རྣམས་སོ། །དེ་ལ་བསམ་པ་ནི་རྣམ་པ་དང་པོ་སྟེ། དེ་ཡང་རྣམ་པ་གསུམ་མོ། །དེ་བཞིན་གཤེགས་པ་ལ་མཆོད་ཅིང་དགོངས་པ་ཡོངས་སུ་རྫོགས་པར་བྱ་བའི་བསམ་པ་ནི། འདས་པའི་སངས་རྒྱས ་རྣམས་དང་ཞེས་བྱ་བ་ལ་སོགས་པའོ། །མཆོད་པར་གྱུར་ཅིག་ཅེས་བྱ་བ་ནི་བླ་ན་མེད་པའི་མཆོད་པས་སོ། །འདས་པར་བསྟན་པ་ནི་སངས་རྒྱས་བཅོམ་ལྡན་འདས་མྱ་ངན་ལས་འདས་པ་རྣམས་སོ། །གང་དུ་ལྟར་ཕྱོགས་བཅུའི་འཇིག་རྟེན་གནས་ཤིང་བཞུགS ་པ་འཇིག་རྟེན་གྱི་ཁམས་སྣ་ཚོགས་ན་འགྲོ་བ་ཐམས་ཅད་ལ་ཕན་པ་དང་བདེ་བ་ལ་བསྟོབས་པ་ལ་བརྩོན་པ་དེ་དག་ལ་ཡང་དེ་བཞིན་དུ་མཆོད་པར་གྱུར་ཅིག་པའོ། །གང་ཕྱིས་བྱོན་པར་འགྱུར་བ་དེ་དག་གི་བསམ་པ་ཀུན་རྫོགས་ནས་སངས་རྒྱས་དང ་བྱང་ཆུབ་ཏུ་མྱུར་དུ་གྱུར་ཅིག་པའོ། །དེ་ལ་ཕྱེད་ཡན་ཆད་ནི་དེ་བཞིན་གཤེགས་པ་ལ་མཆོད་པར་བསམ་མོ། །ཕྱེད་མན་ཆད་ནི་དགོངས་པ་རྫོགས་པར་བསམ་པར་བསྟན་པའོ། །སངས་རྒྱས་ཀྱི་ཞིང་ཡོངས་སུ་རྫོགས་པར་བསམ་པ་ནི། ་ཕྱོགས་བཅུ་ག་ལའི་ཞིང་རྣམས་ཞེས་བྱ་བ་ལ་སོགས་པ་སྟེ། ག་ལའི་ཞེས་བྱ་བ་ནི་གང་ཡང་རུང་བའོ། །ཇི་སྙེད་པ་ཞེས་བྱ་བ་ནི་གང་ཡང་རུང་བའོ། །བདེ་བ་ཅན་གྱི་འཇིག་རྟེན་བཞིན་དུ་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་ཇི་སྙེད་ཡོད་པ་དེ་དག ་ཐམས་ཅད་ཡོངས་སུ་དག་པར་གྱུར་ཅིག་པ་དང་སྣང་བ་མཛའ་ཡས་ཀྱི་བཞིན་དུ་འཇིག་རྟེན་གྱི་ཁམས་ཐ་དད་པ་གཞན་ཡང་ཡངས་པར་གྱུར་ཅིག་པའོ། །བྱང་ཆུབ་ཀྱི་ཤིང་དྲུང་དུ་གཤེགས་པའི་རྒྱལ་བ་བཅོམ་ལྡན་འདས་རྣམས་དང། བྱང་ཆུབ ་སེམས་དཔའ་རྣམས་ཀྱིས་ཀྱང་ཀུན་ཏུ་གང་ཞིང་མཚམས་མེད་པར་གྱུར་ཅིག་པའོ། །སེམས་ཅན་ཐམས་ཅད་ལ་ཕན་ཞིང་བདེ་བའི་བསམ་པ་ནི། ཕྱོགས་བཅུའི་སེམས་ཅན་གང་རྣམས་ཇི་སྙེད་པ་ཞེས་བྱ་བ་པོ? ་སོགས་པ་སྟེ། ཕྱོགས་བཅུའི་འཇིག་རྟེན་གང་ན་སྐྱེ་བ་རྣན་པ་བཞིར་བསྡུས་པ་དང། རྒྱུད་དྲུག་གི་སེམས་ཅན་དེ་དག་ཡུན་དུ་བདེ་བའི་མཆོག་གིས་བདེ་བར་གྱུར་ཅིག་པའོ། །ནད་མེད་པ་ནི་ལུས་དང་སེམས་ཀྱི་ནད་དང་རྟག་པར་བྲལ་བར་གྱུར་ཅིག་པའོ ་དེ་ལྟར་ཆོས་ཀྱི་སྙེད་པ་དང་མཐུན་པ་ནི་ལྡན་པར་གྱུར་པའོ། །འགྲོ་བ་ཆོས་ཀྱི་བསམ་པ་ཅན་ཐམས་ཅད་འདི་ལྟར་རྟག་ཏུ་གྲུབ་པ་དང་ཕུན་སུམ་ལྡན་པར་གྱུར་པའོ། །བྱང་ཆུབ་ཀྱི་སེམས་མི་བརྗེད་པ་ནི་གཉེན་པོ་དང་བཅས་པ་དང། མི་མཐུན་པའི་ཕྱོགS ་སྤང་བར་བསྟན་པས་རྣམ་པ་གཉིས་ཏེ། དེ་དག་ནི་ཚིགས་སུ་བཅད་པ་བཞི་སྟེ། བྱང་ཆུབ་སྤྱོད་པ་ཞེས་བྱ་བ་ནས་བཟུང་སྟེ། དེ་དག་མ་ལུས་ཡོངས་སུ་བྱང་བར་ཤོག་ཅེས་བྱ་བའི་བར་དུའོ། །བྱང་ཆུབ་ཅེས་བྱ་བ་ནི་བླ་ན་མེད་པ་ཡང་དག་པར་རྫོགས ་པའི་བྱང་ཆུབ་བོ། །དེ་ལྟར་སྤྱོད་པའི་བྱང་ཆུབ་ཀྱི་སྤྱོད་པ་སྟེ། དེ་དག་སྤྱོད་ཅིང་སྒྲུབས་པས་ན་འགྲོ་བ་ཀུན་ཏུ་ཡང་ཚེ་རབས་དྲན་པར་གྱུར་ཅིག་།ཚེ་རབས་ཀུན་ཏུ་འཆི་འཕོ་སྐྱེ་བ་ན། ཞེས་བྱ་བ་ནི་ཤི་ཞིང་སྐྱེས་པ་ན་ཡང་རྟག་ཏུ་བདག་རབ་ཏུ་འབྱུང་བར་གྱུར ་ཅིག་པའོ། །སྐྱེས་ནས་ཤི་བའི་བར་ལ་བཤད་པར་བལྟ་བའོ། །འདི་ནི་བྱང་ཆུབ་ཀྱི་སེམས་མི་ཉམས་པའི་རྒྱུ་དང་དངོས་པོ་དང་པོའོ། །འདི་ལྟར་རྒྱལ་བ་ཀུན་གྱི་རྗེས་སུ་སློབ་གྱུར་ཏེ། ཞེས་བྱ་བ་ནི་རྒྱལ་བ་དུས་གསུམ་དུ་གཤེགས་པ་ཐམས་ཅད ་ཀྱིས་བསླབས་པའི་རྗེས་སུ་སློབ་པའོ། །བཟང་པོ་སྤྱོད་པ་ཡོངས་སུ་རྫོགས་པར་བྱ་བའོ། །རྫོགས་པར་ཇི་ལྟར་བྱ་ཞེ་ན། ཚུལ་ཁྲིམས་སྤྱོད་པ་དྲི་མེད་ཡོངས་དག་པར། །རྟག་ཏུ་མ་ཉམས་སྐྱོན་མེད་སྤྱོད་པར་ཤོག་ཅེས་བྱ་བ་ནི་དཔེར་ན་ཡིད་བཞིན ་ཀྱི་ནོར་བུ་རིན་པོ་ཆེ་གློ་བུར་གྱི་དྲི་མ་དང་བྲལ་བས་ན། དྲི་མ་མེད་པའོ། །གཡའི་སྐྱོན་ཀུན་བསལ་བས་ན་རང་བཞིན་གྱིས་ཡོངས་སུ་དག་པ་སྟེ། དེ་ལྟ་བས་ན་མ་ཉམས་སྐྱོན་མེད་པ་ཞེས་བྱ་བ་སྟེ། འདོད་པ་ཀུན་ཏུ་ཕུན་སུམ་ལྡན་པར་བྱེད། གདུངས ་ཀུན་ཡོངས་སུ་མེད་པར་བྱེད། ནད་ཐམས་ཅད་དང་བྲལ་བར་བྱེད་པའོ། །དེ་ལྟར་བྱང་ཆུབ་སེམས་དཔའ་ཨི་ཚུལ་ཁྲིམས་ཀྱང་རིན་པོ་ཆེའི་བཞིན་དུ་གློ་བུར་གྱི་ལས་དང་ཉོན་མོངས་པ་དང་མ་འདྲེས་པས་ན་དྲི་མ་དང་བྲལ་བ་སྟེ་དྲི་མ་མེད་པའོ། །ཉན་ཐོས་དང་རང ་སངས་རྒྱས་ཀྱི་ཐེག་པར་སེམས་བསྐྱེད་པའི་གཡའི་སྐྱོན་དང་བྲལ་ཞིང་ཐམས་ཅད་མཁྱེན་པའི་སེམས་བསྐྱེད་པ་རིན་པོ་ཆེ་བཞིན་དུ་ཀུན་ཏུ་དག་པས་ན་ཡོངས་སུ་དག་པའོ། །བྱང་ཆུབ་སེམས་དཔའ་ཨི་བསླབ་པ་ལ་ཤིན་ཏུ་གུས་པར་བྱས་ནས་ཉེས་བ་མི་སྤྱོད ་པས་ན་ཉམས་པ་མེད་པའི་ཕྱིར་ཉམས་པ་མེད་པའོ། །འདས་པའི་ཡུལ་ལ་རེ་པའི་སྲེད་པ་སྐྱེ་བ་དང། མ་འོངས་པ་དང་ཚེ་ཕྱི་མ་རྣམས་སུ་སྨོན་པའི་སྲེད་པ་དང། ད་ལྟར་བྱུང་བ་ལ་ཞེན་པའི་སྲེད་པ་སྟེ། དུས་གསུམ་གྱི་སྲེད་པའི་ཁབ་ཀྱིས་ཅུང ་ཨད་དུ་ཡང་མ་གཙེས་པས་ན་སྐྱོན་མེད་པའོ། །ས་བཞིན་དུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་འདོད་པ་ཕུན་སུམ་ལྡན་པར་བྱེད་པ་དང། ཐམས་ཅད་ཀྱི་བདུད་བ་ཡོངས་སུ་སེལ་བ་དང། ཐམས་ཅད་ཀྱི་ནང་འཇོམས་པ་དང། ལྷ?་དང་མི་རྣམས་ཀྱི་དོན་ཚད་མེད་པར་སྒྲུབ་པ་འབའ་ཞིག ་པ་ལ་འཇུག་པ་སྟེ། སྒྲའི་ཚུལ་དཱུང་ལུས་དང་སེམས་ཀྱི་གདུང་བ་བསིལ་བར་བྱེད་པས་ན་ཚུལ་ཁྲིམས་སོ། །ཚུལ་ཁྲིམས་ནི་སྤྱད་པར་བྱ་བ་ཡིན་པས་ན་སྤྱོད་པ་ཞེས་བྱ་བའོ། །དེ་ལྟར་རྟག་པར་ནམ་བྱང་ཆུབ་ཀྱི་བར་དུ་སྤྱོད་པ་ནི་ཚུལ་ཁྲིམས ་སྤྱོད་པ་དྲི་མ་མེད་ཡོངས་སུ་དག་པ་འམ་མ་ཉམས་པ་སྐྱོན་མེད་པར་སྤྱོད་པ་སྟེ། འདི་ནི་བྱང་ཆུབ་ཀྱི་སེམས་མི་བརྟེན་པའི་རྒྱུ་གཉིས་པའོ། །ལྷ་ཡི་སྐད་དང་ཞེས་བྱ་བ་ལ་སོགས་པ་ནི་ལྷ་ལ་ནི་ལྷའི་སྐད་ཀྱིས་སོ། །ཀླུ་དང་གནོད་སྦྱིན་དང་གྲུལ་བུཾ? ་དང་མི་རྣམས་ལ་ཡང་སོ་སོའི་སྐད་དང་སྒྲ་ཡིས་སོ། །མདོར་ན་འགྲོ་བ་ཇི་སྙེད་པ་ཐམས་ཅད་ཀྱི་སྐད་དུ་དེ་དག་ཐམས་ཅད་ལ་དེ་ལྟ་བུའི་སྐད་དུ་ཆོས་བཤད་པ་ནི་ནམ་བྱང་ཆུབ་ཀྱི་བར་དུའོ། །འདི་ནི་རྒྱ་གསུམ་པའོ ་དེས་ཤིང་ཞེས་བྱ་བ་ལ་སོགས་པ་ལ་ངེས་པ་ནི་སེམས་ཀྱི་རྒྱུད་མཉེན་པའོ། །ཕ་རོལ་ཏུ་ཕྱིན་པ་ནི་སྦྱིན་པ་ལ་སོགས་པ་བཅུ་པའོ། །དེ་ལ་རབ་ཏུ་བརྩོན་པ་ནི་མི་སྐྱོ་བའི་ཡིད་ཀྱིས་ཡོངས་སུ་བརྩོན་པར་བྱེད་པའོ། །བྱང་ཆུབ་ཀྱི་སེམས་ནི་ནམ?་དུ་གར་ཡང་མི ་འདོར་བར་བྱ་བ་སྟེ། མི་འདོར་བར་ནི་ནམ་བྱང་ཆུབ་པའི་བར་དུ་སྟེ། འདི་ནི་རྒྱུ་བ་ནི་པའོ། །ཚིགས་སུ་བཅད་པ་ཕྱེད་དང་བཞི་པས་ནི་བྱང་ཆུབ་ཀྱི་སེམས་ལ་མི་མཐུན་པའི་ཕྱོགས་ཀྱིས་སྒྲིབ་པར་གྱུར་པ་དེ་དག་གི་གཉེན་པོ་བསྟན་པའོ། །ང་ཚིགས་བཅད་ཕྱེད? ་ཀྱི་ནི་མི་མཐུན་པའི་ཕྱོགས་རབ་ཏུ་སྤོང་བར་སྟོན་ཏེ། གང་ཞེ་ན་སྡིག་པ་གང་རྣམས་སྒྲིབ་པར་གྱུར་པ་དག་ཅེས་བྱ་བ་ལ་སོགས་པའོ། སྡིག་པ་སྒྲིབ་པར་གྱུར་པ་བྱང་ཆུབ་ཀྱི་སེམས་ལ་བར་ཆད་བྱེད་པ་དེ་དག་ཐམS་ཅད་ཀུན་ཡོངས་སུ་ཟད་ཅིང་སྤོང་བར ་གྱུར་ཅིག་པའོ། །ད་ནི་ཆགས་པ་མེད་པར་སྦྱོར་ནི་རྣམ་པ་གསུམ་བ་སྟེ། གང་ལས་དང། གང་ན་དང། ཇི་ལྟར་དང་གསུམ་མོ། །ལས་དང་ཉོན་མོངས་ཞེས་བྱ་བ་ལ་སོགས་པའོ། །གང་ལས་ཤེ་ན། ལས་དང་ཉོན་མོངས་པ་དང་བདུད་ཀྱི ་ལས་རྣམས་ལས་སོ། །ལས་དེ་དམིགས་ཀྱིས་མ་ཕྱེ་བ་ན་དགེ་བ་དང་མི་དགེ་བ་དང་མི་གཡོ་བ་དང་རྣམ་པ་གསུམ་ཅན་གཟུང་ངོ། དེ་ལ་མི་དགེ་བའི་ལས་དང་ཉོན་མོངས་པ་དང་བདུད་ཀྱི་ལས་རྣམS་ལས་ནི་དགྲོལ་ཞིང་དེ་དག་ལ་མི་ཆགས་པར་རྟག་ཏུ་སྤྱོད་པ་སྟེ། ཀ་ན་ཞེ་ན ་ལྷ་ལ་སོགས་པའི་འཇིག་རྟེན་འགྲོ་བ་ན་གནས་པའི་ཚེའོ། །ཇི་ལྟ་བུ་བཞེང?་ལྟི་པདྨ་ཆུས་མི་ཆགས་པ་བཞིན་ཞེས་བྱ་བ་སྟེ། ཇི་ལྟར་པདམོ་ཆུ་ལས་སྐྱེས་ཀྱང་ཆུས་མི་ཆགས་པ་བཞིན་དུ་ལས་དང་ཉོན་མོངས་པ་དང་བདུང་ཀྱི་ལ་སོགས་པ་འཇིག་རྟེན་གྱི་ཆོས་རྣམས ་ཀྱིས་མི་ཆགས་པར་སྤྱོད་པའོ། །དེ་ལྟར་དགེ་བ་དང་མི་གཡོ་བ་གཉིས་ལས་ཀྱང་འབྲས་བུ་རྣམ་པར་སྨིན་པ་ལས་རེ་བ་མེད་པར་བྱ་ཞིང་ཆགས་པ་མེད་པར་བྱ་སྟེ། འགྲོ་བ་ཐམས་ཅད་ལ་ཕན་ཤིང་བདེ་བ་འབའ་ཞིག་སྤྱོད་ཅིང་སྒྲུབ་པ་ནི་བྱང་ཆུབ་སེམས་དཔའ་ཨི་སྤྱོད་པ་ཡིན ་པར་བརྗོད་དོ། །ཇི་ལྟར་ཞེ་ན། དཔེར་ན། ཉི་ཟླ་ནམ་མཁར་ཐོགས་པ་མེད་ལྟར་སྤྱད་ཅེས་བྱ་བ་སྟེ། ཉི་མ་དང་ཟླ་བ་ནི་འཇིག་རྟེན་ན་ཡིད་བཞིན་གྱི་ནོར་བུ་བཞིན་དུ་གཞན་གྱི་དོན་བྱེད་པ་ལ་ཞུགས་ཤིང་བདག་གིས་ཅུང་ཟད་ལའང་མི་ཆགས་པར་ཉིན་མཚན་དུ་ནམ་མཁའ་ ་ལ་རྒྱུ་བ་དེ་དང་འདྲ་པར་རོ། །དེ་ལ་བདུད་ཅེས་བྱ་བ་ནི་དགེ་བའི་སྲོག་གི་བར་ཆད་བྱེད་པས་བྱང་ཆུབ་དང་མི་མཐུན་པར་བྱེད་ཅིང་དམ་པའི་ལམ་ལས་ཟེག་པ་སྟེ། སྒྲའི་ཚུལ་དཱུང་ཆོས་ཀྱིས་འཚོ་བའི་བར་བྱང་བྱེད་ཅིང་གསོད་པས་ན་བདུད་ཅེས་བྱའོ། །དེའི་ལས་ནི་ཕན ་བའི་དངོས་པོ་ལ་སྒྱུས་འཚེ་བ་པའོ། །ཚེ་འདི་དང་ཕྱི་མ་ལ་སེམས་ཅན་ཐམས་ཅད་ལ་ཕན་གདོགས་པ་སྟེ་རྣམ་པ་བཞི་པའོ། །དེ་ཡང་གང་ཞེ་ན། ངན་སོང་སྡུག་བསྔལ་ཞེས་བྱ་བ་ལ་སོགས་པའོ། །འགྲོ་བ་ཐམས་ཅད་སྡིག་པས་སྡུག་བསྔལ་ཞིང་ངན་སོང ་རྣམ་པ་གསུམ་དུ་སྐྱེས་པ་དེ་དག་རབ་ཏུ་ཞི་བར་བྱའོ། །དེ་ལ་ཡང་ཅིའི་ཕྱིར་ངན་སོང་གི་སྡུག་བསྔལ་འབའ་ཞིག་ཞི་བ་ཞེས་བྱ་ཞེ་ན། དེ་དག་གིས་ཤིན་ཏུ་གནོད་པར་བྱེད་པས་ན་གཙོ་བོར་བཤད་པ་ཡིན་གྱི། འཁོར་བ་ཐམས་ཅད་ཀྱི་སྡུག་བསྔལ ་ཡང་དེ་བཞིན་དུ་རབ་ཏུ་ཞི་བར་བྱ་བར་རིག་པར་བྱའོ། །ཅིའི་ཕྱིར་འགྲོ་བ་ཐམས་ཅད་མཆོག་ཏུ་བདེ་བ་ལ་འགོད་པར་བྱ་ཞེ་ན། དེ་ལྟར་འགྲོ་བ་ཐམས་ཅད་ལ་ཕན་བར་སྤྱད་པར་བྱས་པ་སྟེ། བླ་ན་མེད་པའི་ཡེ་ཤེས་ཐོབ་ཀྱི་བར་དུ་ཡོངས་སུ་མི་སྐྱོ་བའི་པང?་ཀྱིས་གཞན་དུ་མི ་སྦྱོར་བར་སྤྱོད་པར་བྱ་བའོ། །ཇི་སྲིད་བྱ་བར་དུ་ཞེ་ན། ཞིང་གི་ཁྱོན་དང་ཕྱོགས་རྣམས་ཇི་ཙམ་པར་ཞེས་བྱ་བ་སྟེ། ཇི་ཙམ་པར་ཞེས་བྱ་བ་ནི་ཇི་སྲིད་པའོ། །ཞིང་གི་ཁྱོན་ཞེས་བྱ་བ་ནི་སངས་རྒྱས་ཀྱི་ཞིང་གི་ཁྱོན་ཇི་ཙམ་པ་སྟེ། བསྐལ་པ་གཅིག་ནས་གཅིག་ཏུ་གནས་པའོ། །ཕྱོགས ་ཞེས་བྱ་བ་ནི་ཕྱོགས་བཅུར་སྦྱར་བར་བྱའོ། །གོ་ཆ་བགོས་པ་ནི་རྣམ་པ་ལྔ་སྟེ། དེ་ཡང་རྣམ་པ་གསུམ་མོ། །སེམས་ཅན་གྱི་སྤྱོད་པའི་རྗེས་སུ་འཇུག་པ་དང། སངས་རྒྱས་ཀྱི་ཆོས་ཡོངས་སུ་རྫོགས་པར་བྱེད་པ་དང། དམ ་པའི་ཆོས་རབ་ཏུ་བསྒྲགས་པ་རྣམས་ཏེ། དེ་ཡང་གང་ཞེ་ན། སེམས་ཅན་དག་གི་སྤྱོད་པ་དང་མཐུན་པར་ཅེས་བྱ་བ་ལ་སོགས་པའོ། །སེམས་ཅན་རྣམས་ལ་སྒྱུ་མེད་པའི་རང་བཞིན་སྤྱོད་པ་དང། བདེ་བར་གནས་པ་དང། སེམས་ཀྱི་རྗེས་སུ་མཐུན་པར་འཛིན ་ཅིང་སྤྱོད་པའོ། །བྱང་ཆུབ་སྤྱོད་པ་ཡོངས་སུ་རྫོགས་བྱེད་ཅིང་ཞེས་བྱ་བ་ནི་བྱང་ཆུབ་པའི་དོན་དུ་སྤྱོད་པ་ནི་བྱང་ཆུབ་ཀྱི་སྤྱོད་པ་སྟེ། དེ་ཡོངས་སུ་རྫོགས་པ་ནི་སངས་རྒྱས་ཀྱི་ཆོས་རྣམས་འགྲུབ་པར་བྱེད་པའོ། །བཟང་པོ་སྤྱོད་བ་དག་ནི་རབ་སྟོན་ཅིང་ཞེས་བྱ ་བ་ལ་འདིར་བཟང་པོ་སྤྱོད་པ་ཞེས་བྱ་བ་ནི་དམ་པའི་ཆོས་འཆད་པ་ཉིད་བཟུང་སྟེ། ཐབས་ཀྱིས་སྒྲོ་བཏགས་པ་དང། འཆད་པ་དང་སྟོན་པའོ། །མ་འོངས་བསྐལ་པ་ཀུན་ཏུ་སྤྱོད་པར་གྱུར་ཅེས་བྱ་བ་ནི་མ་འོངས་པའི་བསྐལ་པ་མཛའ་ཡས་པ་ཐམས་ཅད་དུ ་མི་སྐྱོ་བའི་ཡིད་ཀྱིས་སྤྱོད་པའོ། །ལུས་དང་ངག་དང་ཡིད་ཀྱིས་སྤྱོད་པ་དང། སྨོན་ལམ་གྱིས་བསྐལ་པ་མཉམ་པའི་བྱང་ཆུབ་སེམས་དཔའ་དང་མཐུན་པར་སྟེན་པ་སྟེ་དེ་ནི་རྣམ་པ་དྲུག་པའོ། །དེ་ཡང་གང་ཞེ་ན། བདག་གི་སྤྱོད་དང་མཚུངས་པར་གང ་སྤྱོད་པ་ཞེས་བྱ་བ་ལ་སོགས་པའོ། །བདག་གི་བྱང་ཆུབ་སེམས་དཔའ་ཨི་སྤྱོད་པ་དང་མཐུན་པར་གང་སྤྱོད་པ་དེ་དག་དང་རྟག་པར་ནམ་བྱང་ཆུབ་པའི་བར་དུ་འགྲོགས་པ་དང། ལུས་དང་ངག་དང་ཡིད་ཀྱིས་བྱང་ཆུབ་སེམས་དཔའ་ཨི་སྤྱོད་པ་དང། སྨོན་ལམ་དེ ་དང་ལྷན་ཅིག་ཏུ་སྤྱོད་པར་ཤོག་ཅིག་པའོ། །ཕན་པར་བསམ་པའི་མན་ངག་སྒྲུབ་པ་ནི་དགེ་བའི་བཤེས་གཉེན་མགུ་བར་བྱེད་པ་སྟེ། དེ་ནི་རྣམ་པ་བདུན་པའོ། །དེ་ཡང་གང་ཞེ་ན། བདག་ལ་ཕན་པར་འདོད་པའི་གྲོགས་པོ་ཞེས་བྱ་བ་ལ་སོགས་པའོ།། ་དགེ་བའི་བཤེས་གཉེན་གང་ཕན་པར་འདོད་པས་བཟང་པོ་སྤྱོད་པ་སྟོན་པ་དང། འཆང་པ་དང། ཆོས་ཀྱི་གཏམ་ཟེར་བ་དེ་དང། བདག་རྟག་པར་ལྷན་ཅིག་ཏུ་མཚུངས་པར་སྤྱོད་པར་གྱུར་པའོ། །དེ་བདག་གིས་ནམས་ཀྱང་གཞར་ཡང་ཡིད་དབྱུང་བར་མི་བྱ་སྟེ། ་ནམ་བྱང་ཆུབ་པའི་བར་དུ་རྟག་པར་དེ་དང་མཐུན་པར་གྱུར་ཅིག་པའོ། །དུས་དང་འཁོར་དང་མཆོད་པ་བྱ་བ་ལ་སྐྱོ་བ་མེད་པ་ནི་དེ་བཞིན་གཤེགས་པ་མངོན་དུ་བྱེད་པ་སྟེ་དེ་ནི་རྣམ་པ་བརྒྱད་པའོ། །དེ་ཡང་གང་ཞེ་ན། སངས་རྒྱས་སྲས་ཀྱིས་བསྐོར་བའི་མགོན་པོ ་རྣམས་ཞེས་བྱ་བ་ལ་སོགས་པའོ། །མངོན་སུམ་ཞེས་བྱ་བ་ནི་མངོན་སུམ་དུ་བྱ་བ་སྟེ་ཕྱོགས་བཅུ་ཀུན་གྱིའོ། །རྒྱལ་བ་ནི་སངས་རྒྱས་བཅོམ་ལྡན་འདས་ཏེ། བྱང་ཆུབ་སེམས་དཔའ་ཨི་འཁོར་གྱིས་བསྐོར་བའོ། །མགོན་པོ་ཞེས་བྱ་བ་ནི་འགྲོ་བ་ཐམས་ཅད ་ཀྱི་གཉེན་གཅིག་པུར་གྱུར་པའོ། །རྟག་ཏུ་བལྟ་ཞེས་བྱ་བ་ནི་སྐྱོན་མེད་པའི་མིག་གིས་སོ། །དེ་དག་ཀུན་རེ་རེ་ལ་ཡང་རྣམ་པ་ཐམས་ཅད་དང་ལྡན་པ་རྒྱ་ཆེན་པོ་ནམ་མཁའ་དང་མཉམ་པ་ཆོས་ཀྱི་དབྱིངས་ཀུན་ཏུ་ཁྱབ་པའི་མཆོད་པས་མཆོད་པར་བྱའོ། །ཇི་སྲིད ་ཀྱི་བར་དུ་ཞེ་ན། མ་འོངས་བསྐལ་པ་ཀུན་ཏུ་མི་སྐྱོ་བར་ཞེས་བྱ་བ་སྟེ། སྐྱོ་བ་མེད་པའི་ཡིད་ཀྱི་མ་འོངས་པའི་བསྐལ་པ་ཐམས་ཅད་ཀྱི་མཐར་ཐུག་པའི་བར་དུའོ། །འཛིན་པ་དང། བཅད་པ་དང། ཡོངས་སུ་སྦྱང་བ་དང་གསུམ་ནི་དམ་པའི་ཆོས ་ཡོངས་སུ་བསྡུ་བ་སྟེ་དེ་ནི་རྣམ་པ་དགུ་པའོ། །དེ་ཡང་གང་ཞེ་ན། རྒྱལ་བ་རྣམས་ཀྱི་དམ་པའི་ཆོས་འཛིན་ཅིང་ཞེས་བྱ་བ་ལ་སོགས་པའོ། དུས་གསུམ་དུ་གཤེགས་པའི་རྒྱལ་བ་ཐམས་ཅད་ཀྱི་གསུང་རབ་ཡན་ལག་བཅུ་གཉིས་པོ་བཤད་པའི་ཆོས ་དེ་དག་གཟུངས་ཀྱི་སྟོབས་ཀྱིས་འཛིན་པས་ན་འཛིན་ཅིང་ཞེས་བྱའོ། །བྱང་ཆུབ་སྤྱོད་པ་ནི་བསྒྲགས་པར་བྱ་བའི་ཆོས་ཉིད་དོ། །ཀུན་ཏུ་སྣང་བར་བྱེད?་ཅེས་བྱ་བ་ནི་འགྲོ་བ་རྣམས་ལ་ཡོངས་སུ་བསྒྲགས་ཤིང་རབ་ཏུ་བསྟན་པའོ། །བཟང་པོ་སྤྱོད་པ་རྣམ ་པར་སྦྱང་པ་ཡང་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་ཨི་སྤྱོད་པའོ། །དེ་རྣམ་པ་རྣམ་པར་སྦྱང་བ་ནི་དྲི་མ་མེད་པར་བྱ་བ་སྟེ། ཉེས་བ་ཐམས་ཅད་རིང་དུ་སྤོང་པའོ། །མ་འོངས་སྐལ་པ་ཀུན་ཏུ་སྤྱད་པར་བགྱི་ཞེས་བྱ་བ་ནི་དེ་ལྟར ་བརྩལ་བའོ། །བསོས་ནམས་དང་ཡེ་ཤེས་ཀི?་ཚོགས་ལ་སོགས་པའི་ཚོགས་ཐོབ་པས་མི་ཟད་པའི་མཛོད་རྙེད་པ་སྟེ་འདི་ནི་རྣམ་པ་བཅུ་པའོ། །དེ་ཡང་གང་ཞེ་ན། སྲིད་པ་ཐམས་ཅད་དུ་ནི་ཞེས་བྱ་བ་ལ་སོགས་པའོ། །འདོད་པ་ལ་སོགས་པའི་སྲིད་པ་ཐམS ་ཅད་ན་སེམས་ཅན་གྱི་དོན་དུ་འཁོར་བར་འཁོར་ཞིང་སྐྱེ་བར་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་མི་ཟད་པ་ཐོབ་པས་ལྡན་པར་གྱུར་ཅིག། དེ་ལྟར་ཤེས་རབ་དང། ཐབས་དང། ཏིང་ངེ་འཛིན་ནམ་མཁའ་ཨི་མཛོད་དང་དྲི་མ་མེད་པའི་ཕྱག་རྒྱ་རྣམས་དང། དེ ་ལྟར་བྱང་ཆུབ་སེམས་དཔའ་ཨི་རྣམ་པར་ཐར་པ་འདི་ལྟ་སྟེ། སྙིང་རྗེ་ཆེན་པོ་ཐོགས་པ་མེད་པ་དང། སྒྱུ་མར་གྱུར་པ་དང། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཨི་ཡོན་ཏན་ཐུན་མོང་པ་དང། ཐུན་མོང་མ་ཡིན་པའི་མཛོད་མི་ཟད་པ་དང། མི་ཟད་པའི ་ཡོན་ཏན་གྱི་གཏེར་དུ་འགྲོ་བ་ཐམས་ཅད་ལ་བདེ་ཞིང་ཕན་པའི་ཕྱིར་གྱུར་ཅིག་པའོ། །འཇུག་པ་ནི་རྣམ་པ་བཅུ་གཅིག་པ་སྟེ། དེ་ཡང་རྣམ་པ་བརྒྱད་དོ། །འདི་ལྟ་སྟེ། སངས་རྒྱས་དང། དེའི་ཞིང་བལྟ་བར་འཇུག་པ་རྣམ་པ་གཉིས་དང། སངས ་རྒྱས་ཀྱི་གསུང་ལ་འཇུག་པ་དང། ཆོས་ཀྱི་འཁོར་ལོ་བསྐོར་བར་འཇུག་པ་དང། བསྐལ་པར་འཇུག་པ་དང། དེ་བཞིན་གཤེགས་པ་བལྟ་ཞིང་དེའི་སྤྱོད་ཡུལ་ལ་འཇུག་པ་དང། སངས་རྒྱས་ཀྱི་ཞིང་མངོན་པར་སྒྲུབ་པར་འཇུག་པ་དང། དེ ་བཞིན་གཤེགས་པ་ལ་བསྙེན་བཀུར་བྱ་བར་འཇུག་པ་དང་བརྒྱད་དོ། །དེ་ལ་སངས་རྒྱས་དང་དེའི་ཞིང་བལྟ་བར་འཇུག་པ་རྣམ་པ་གཉིས་ནི་ཚིགས་བཅད་རྣམ་པ་གཉིས་ཀྱིས་ཏེ། དེ་ཡང་གང་ཞེ་ན། རྡུལ་གཅིག་སྟེང་ན་ཞེས་བྱ་བ་ལ་སོགས་པའོ།། ་རྡུལ་གཅིག་གི་སྟེང་དུ་ཕྱོགས་བཅུའི་དུས་གསུམ་དུ་གཤེགས་པའི་སངས་རྒྱས་ཀྱི་ཞིང་གི་རྡུལ་སྙིང་ཀྱི་སངས་རྒྱས་ཀྱི་ཞིང་རྣམས་ཏེ། ཞིང་དེར་ཞེས་བྱ་བ་ནི་ཞིང་དེ་དང་དེར་རོ། །བསམ་གྱིས་མི་ཁྱབ་ཅེས་བྱ་བ་ནི་བསམ་ཡས་པ་སྟེ། སངས་རྒྱས ་བཅོམ་ལྡན་འདས་རྣམས་སོ། །སངས་རྒྱས་སྲས་ཀྱི་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱིའོ། །དབུས་ན་བཞུགས་ཞེས་བྱ་བ་ནི་དབུས་ན་བཞུགས་པའོ། །བྱང་ཆུབ་སྤྱད་པ་སྤྱོད་ཅིང་ཞེས་བྱ་བ་ནི་བྱང་ཆུབ་སྤྱད་པ་སྤྱོད་པ་སྟེ་སྦྱད་པ་རབ་ཏུ་སྒྲུབ་པ་ནའོ ་བལྟ་བར་བགྱི་ཞེས་བྱ་བ་ནི་འཇུག་པའོ། །བྱང་ཆུབ་སེམས་དཔའ་ཨི་སྨོན་ལམ་མི་སྲིད་པར་བཏབ་ན་དོན་མེད་པར་འགྱུར་རོ། །ཇི་ལྟར་ཞེ་ན། འདི་ལྟ་སྟེ། སངས་རྒྱས་ཀྱི་ཞིང་གི་ཕྱོགས་ཆ་གཅིག་ཀྱང་རྡུལ་གཅིག་སྟེང་དུ་ཆུང་བར་བསྟན་མ་སྲིད་ན ་ཇི་ལྟར་དུས་གསུམ་དུ་གཤེགས་པའི་སངས་རྒྱས་ཀྱི་ཞིང་གི་རྡུལ་སྙེད་ཀྱིས་སངས་རྒྱས་ཐམས་ཅད་ཀྱི་ཞིང་རེ་རེ་ན་ཡང་གྲངས་མེད་པའི་སངས་རྒྱས་བཅོམ་ལྡན་འདས་རེ་རེ་ལ་ཡང་བྱང་ཆུབ་སེམས་དཔའ་ཨི་འཁོར་གྱི་དབུས་ན་བཞུགས་པས་ཀུན་ཏུ ་གང་བ་དེ་སྙེད་དུ་རྡུལ་གཅིག་གི་སྟེང་དུ་སོ་སོར་བལྟ་ཞིང་སྨོན་པར་ཇི་ལྟར་བྱ་ཞེས་བསྒྲལ་བ་དང། དེ་ལྟར་མ་ཡིན་ཏེ། འདི་ལྟར་བསམ་གྱིས་མི་ཁྱབ་པའི་ལས་འཇིག་རྟེན་གྱི་ཁམས་སྣ་ཚོགས་པ་བླ་འོག་སྣལ་ཞི་ལ་སོགས་པ་སྤྲུལ་བ་བཞིན ་ཏེ། དེ་ལྟར་བསམ་དུ་མེད་པའི་ཡེ་ཤེས་ཀྱིས་སྤྲུལ་ན་རྡུལ་གཅིག་གི་སྟོང་དུ་ཅིའི་ཕྱིར་མ་སིང་དེ། བསམ་གྱིས་མི་ཁྱབ་པར་ལུང?་ལས་ཀྱང་བཤད་པ། མཁས་པ་ངག་གིས་ས་འདི་ལ། །ངོ་མཚར་འགྱུར་བ་ཅུང་ཟད་མེད། །སྒྱུ་མའི་རྣམ་པར་གྱུར་པ ་ལ།། ཡ་མཚན་དུ་ནི་སུ་ཞིག་འཛིན། །བསམ་གཏན་ལས་དང་ཀླུ་རྣམས་དང། །སངས་རྒྱས་རྣམས་ཀྱི་ཚ་བ་ཉིད། །འཇིག་རྟེན་མགོན་པོ་འདྲེན་པ་ངེས། །བསམ་གྱིས་མི་ཁྱབ་རྣམ་བཞིར་བཤད། །དེ་ལྟ་བས་ན་སངས་རྒྱས་ཐམས་ཅད་ཀྱི་གསུང ་རབ་ལ་མི་སྲིད་པར་འཛིན་པ་དེ་དག་ཀྱང་འདིས་ཡིད་ཆེས་པར་གྱིས་ཤིག། འཇིག་རྟེན་ན་ཡང་ཤིན་ཏུ་ཆུད་པའི་སྡོད་དུ་ཆུ་ངང་བས་བཀང་བ་ལ། གཟའ་སྐར་ལ་སོགས་པ་ནམ་མཁའ་ཨི་རྒྱན་ཐམས་ཅད་སྣང་བ་བཞིན་ནོ། །དེ་ལྟར་ཡང ་བཅོམ་ལྡན་འདས་ཀྱིས་གསུངས་པ། གཟུགས་བརྙན་བཞིན་པ་ཆོས་རྣམས་ཏེ། །རབ་རིབ་རྨི་ལམ་མཚན་ཉིད་དང། །སྒྱུ་མ་སྨིག་རྒྱུ་འདྲ་བ་དང། དེ་འདྲང་མ་ལུས་ཐམས་ཅད་དོ། །ཞེས་བྱ་བ་ལ་སོགས་པ་ནི་ཇི་ལྟར་རྡུལ་གཅིག་གི་སྟེང་ན་བཞུགས ་ཞེས་བྱ་བ་ལ་སོགས་པ་བཞིན་ནོ། །དེ་ལྟར་མ་ལུས་ཞེས་བྱ་བ་ནི་མ་ལུས་པའི་ཕྱོགས་ཐམས་ཅད་དོ། །སྐྲ་ཙམ་ཁྱོན་ཞེས་བྱ་བ་ནི་སྐྲའི་ཚད་ཙམ་སྟེ། དེ་ཡང་བཤད་པར་བྱ་བ་ནི་སྐྲའི་རྩེ་མོ་ཙམ་གྱི་ཁྱོན་ཏོ། །དུས་གསུམ་ནི་དུས་གསུམ་དུ ་བཤགས་པ་རྣམས་ཀྱིའོ། །སངས་རྒྱས་རྒྱ་མཚོ་ཞེས་བྱ་བ་ནི་དེ་དག་གི་ཞིང་རྒྱ་མཚོར་ཡང་བསྐལ་པ་རྒྱ་མཚོར་སྤྱོད་ཅིང་རབ་ཏུ་འཇུག་ཅེས་བྱ་བ་ནི་དེ་སྲིད་དུ་བྱང་ཆུབ་ཀྱི་སྤྱད་པ་ན་མཐོང་བར་ཤོག་ཅིག་པའོ། །སངས་རྒྱས་ཀྱི་གསུང་ལ་འཇུག་པ་དེ ་གང་ཞེ་ན། གསུང་གཅིག་ཡན་ལག་ཅེས་བྱ་བ་ལ་སོགས་པའོ། །དེ་བཞིན་གཤེགས་པ་གཅིག་གིས་ཆོས་བཤད་པ་ལ་ཉན་པ་གྲངས་མེད་པ་མོས་པ་ཐ་དད་པ་དག་ལས་དོན་ཐ་དད་པ་དང་ཚིག་དང་ཡི་གེ་འབྲུ་ཐ་དད་པ་ཚད་མེད་པ་རྣམས་གོ ་བར་འགྱུར་བས་ན་རྒྱ་མཚོ་ཞེས་བྱ་སྟེ། དེ་ལྟར་རྒྱལ་བ་དུས་གསུམ་དུ་གཤེགས་པ་ཐམས་ཅད་ཀྱིས་དེ་བཞིན་དུ་ཆོས་བཤད་པའི་གསུང་སྒྲ་རྣམ་པར་དག་པས་ཉན་པ་གྲངས་མེད་པའི་འགྲོ་བ་རྣམས་ཇི་ལྟར་འདོད་པ་འགྲོ་བ་ལྟར་སངས་རྒྱས་ཀྱི་གསུང ་སྒྲུ?་སྐྱོན་མེད་པའི་རྣ་བས་དེ་དག་གི་གསུང་སྒྲ་རྒྱ་མཚོ་ཀུན་ལ་རྟག་པར་འཇུག་པར་བྱ་སྟེ་མ་ལུས་པར་ཡིད་ལ་བྱའོ། །ལུང་ལས་ཀྱང་འདི་སྐད་དུ་གསུངས་ཏེ། འཁོར་བར་འཁོར་བ་མང་པོའི་རྣམས། །དད་པའི་རྣམ་པ་སྣ་ཚོགས་ལ། །གསུང ་གཅིག་ཏུ་ནི་བཤད་མོད་ཀྱིས། དུ་མའི་རྣམ་པར་གོ་བར་གྱུར། །བདག་ལ་ཉེ་ཚེར་འཆད་དོ་སྙམ། །འགྲོ་བ་ཀུན་གྱིས་ཇི་ལྟར་གོ་།ཡ་མཆན་དེ་ལས་ཅི་ཞིག་ཆེ། །དེ་ལྟར་ངོ་མཚར་ཅི་ཞིག་ཡོད། །འདི་ལྟ་སྟེ། སྡོང་པོས་བརྒྱན་པའི་མདོ་སྡེ་འཕགས་པ ་བྱམས་པའི་རྣམ་པར་ཐར་པ་ལས་བཤད་པ། ཕྱོགས་བཅུའི་བདེ་བར་གཤེགས་པ་རྣམས་ཀྱི་ཆོས་སྤྲིན་ལ། གནས་གཅིག་འདུག་ནས་རྨོངས་པ་མེད་པར་གྱུར་ཏེ་ཉན། །བསྐལ་པ་བྱེ་བ་མང་པོར་སེམས་ཀྱིས་ངོམས་པ་མེད། །བློ་ཆེན་རྒྱ་མཚོ་དང་ནི ་མཉམ་པར་སྤྱོད་པར་ཤོག། ཚིགས་སུ་བཅད་པ་སྔ་མ་གཉིས་ཀྱིས་ནི་འཆད་པའི་ཆེ་བ་ཉིད་བསྟན་པའོ། །ཚིགས་སུ་བཅད་པ་འོག་མས་ནི་ཉན་པའི་ཆེ་བ་ཉིད་བསྟན་ཏོ། །ཆོས་ཀྱི་འཁོར་ལོ་བསྐོར་བར་འཇུག་པ་སྟེ། དེ་ཡང་གང་ཞེ་ན། དེ་དག་གི་ཡང་གསུང ་དབྱངས་མི་ཟད་པ་ལ་ཞེས་བྱ་བ་ལ་སོགས་པའོ། །དེ་དག་གི་ཞེས་བྱ་བ་ནི་དུས་གསུམ་དུ་གཤེགས་པ་རྒྱལ་བ་ཐམས་ཅད་ཀྱིའོ། །ཆོས་ཀྱི་འཁོར་ལོ་བསྐོར་བ་ནི་དེ་ལ་འཇུག་པའོ། །མི་ཟད་པ་ནི་བགྲང་ལས་འདས་པའི་གསུང་སྒྲའོ། །དེ་ལ་བློ་ཡི་སྟོབས་ཀྱིས་ཞེS ་བྱ་བ་ནི་ཡེ་ཤེས་ཀྱི་མཐུ་ཆེན་པོས་སྐད་ཅིག་ཏུ་འཇུག་ཅིང་སྟོབས་པའོ། །ཚུལ་རྣམས་ཞེས་བྱ་བ་ནི་གང་དང་གང་གིས་ཐབས་ཀྱིས་གང་དང་གང་ལ་ཆོས་འཆད་པ་ནི་དུས་གང་དང་ཡུལ་གང་དུ་དད་པ་སྣ་ཚོགས་ཀྱི་སེམས་ཅན་དག་ལས་འདུལ་བར་འཇུག་པའོ།། ་བསྐལ་པར་འཇུག་པ་སྟེ། དེ་ཡང་གང་ཞེ་ན། སྐད་ཅིག་གཅིག་གིས་ཤེས་བྱ་བ་ལ་སོགས་པ་སྟེ། སྐད་ཅིག་མའི་ཡེ་ཤེས་གཅིག་གིས་ཕྱོགས་བཅུ་རྣམས་ཀྱིའོ། །མ་འོངས་བསྐལ་པ་ཐམས་ཅད་འཇུག་པ་པ་ཡང་ཞེས་བྱ་བ་ནི་བསྐལ་པ་གཅིག་ནས་གཅིག ་ཏུ་བདག་འཇུག་པའོ། །མདོར་ན་གང་ཡང་བསྐལ་པ་དུས་གསུམ་ཚད་དེ་དག་ཅེས་བྱ་བ་ལ་སོགས་པ་སྟེ། དུས་གསུམ་དུ་བ་གང?་བ་དེ་དག་ཐམས་ཅད་སྐད་ཅིག་མའི་ཡེ་ཤེས་གཅིག་གིས་ཆ་ཤས་ཀྱིས་རྟོགས་པར་བྱའོ། །དེ་བཞིན་གཤེགས་པ་བལྟ་ཞིང་དེའི་སྤྱོད། ་ཡུལ་ལས་འཇུག་པ་སྟེ། དེ་ཡང་གང་ཞེ་ན། དུས་གསུམ་གཤེགས་པ་མི་ཡི་སེང་གེ་གང་ཞེས་བྱ་བ་ལ་སོགས་པ་སྟེ། གང་ཕྱོགས་བཅུ་དུས་གསུམ་དུ་གཤེགས་པའི་མིའི་སེང་གེ་སངས་རྒྱས་བཅོམ་ལྡན་འདས་སོ།། ་དེ་དག་བདག་གིས་སྐད་ཅིག་མའི་ཡེ་ཤེས་གཅིག་གིས་བལྟ་བར་བྱ་བ་ནི་མཐོང་བར་བྱའོ། །དེ་དག་གི་སྤྱོད་ཡུལ་ནི་དེ་དག་གི་སྤྱོད་ཡུལ་ལོ། །སྒྱུ་མར་གྱུར་པའི་རྣམ་ཐར་སྟོབས་ཀྱིས་འཇུག་ཅེས་བྱ་བ་ནི་སྒྱུ་མར་གྱུར་པ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་ཨི་རྣམ ་པར་ཐར་པ་ཡེ་ཤེས་ཀྱིས་བདག་ཉིད་དེའི་མཐུས་རྟག་པར་འཇུག་པའོ། །སངས་རྒྱས་ཀྱི་ཞིང་མངོན་པར་སྒྲུབ་པར་འཇུག་པ་སྟེ། དེ་ཡང་གང་ཞེ་ན། གང་ཡང་དུས་གསུམ་དག་གི་ཞིང་ཞེས་བྱ་བ་ལ་སོགས་པའོ། །གང་ཡང་དུས་གསུམ་དག་གི་ཞིང་གི ་རྒྱན་ནི་ཞིང་མང་པོ་སྟེ། དེ་དག་མངོན་པར་བསྒྲུབ་ཅེས་བྱ་བ་ནི་རྫུ་འཕྲུལ་གྱི་སྟོབས་ཀྱིས་རྡུལ་གཅིག་གི་སྟེང་དུ་མངོན་པར་སྒྲུབ་པའོ། །དེ་ལྟར་མ་ལུས་ཕྱོགས་རྣམས་ཐམས་ཅད་དུ་ཞེས་བྱ་བ་ནི་ཇི་ལྟར་མ་ལུས་པའི་ཕྱོགས་ཀྱི་རྡུལ་གྱི་སྟེང་དུ་སྒྲུབ་བ་དེ ་བཞིན་དུ་ཡེ་ཤེས་ཀྱིས་སྐད་ཅིག་མ་གཅིག་གིས་ཞིང་མང་པོ་རྣམས་མངོན་པར་སྒྲུབས་ནས་འཇུག་པའོ། །དེ་ལྟར་གྱི་སངས་རྒྱས་ཀྱི་ཞིང་ཐམས་ཅད་ཀྱི་ངོ་བོ་ཉིད་དང། ཚད་དང། ཁ་དོག་དང། དབྱིབས་དག་སོ་སོར་ཐ་དད་པ་མང་པོ་མ་འདྲེས་པ་རྣམས་ཀྱང་རྡུལ ་གཅིག་གི་སྟེང་དུ་བཞག་པར་མི་རུང་ན། སོ་སོར་ཐ་དད་པ་མང་པོ་རྣམས་རྡུལ་གཅིག་གི་སྟེང་དུ་ཕྱོགས་བཅུ་མཚམས་མེད་ཅིང་མ་འདྲེས་པར་ཇི་ལྟར་གཞག་པར་བྱ་སྟེ། དེ་ལྟ་བས་ན་འདི་ལ་ཇི་ལྟར་ཡིད་ཆེས་པར་བྱ་སྙམ་པ་ལ། དེའི་ལན་དུ་དེ་བས་ནི་ཆོས ་ཐམས་ཅད་ནི་ཡོངས་སུ་མ་རྫོགས་པ་སྟེ། ངོ་བོ་ཉིད་མེད་པ། སྒྱུ་མ་ལྟ་བུ། མ་སྐྱེས་པ་།མ་འགགས་པ། སྐྲ་ཤད་འཛིངས་པ་ལྟ་བུར་ཐོག་མ་ནས་ཞི་ཞིང་རང་བཞིན་གྱིས་སེམས་ལས་འདས་པ་ལ་ཇི་ལྟར་མོས་པས་བརྟགས་པ་ཙམ་གྱིས་འབྱུང་བ་ནི ་རྣམ་པ་སྣ་ཚོགས་དུ་མའི་གཟུགས་སུ་རབ་ཏུ་བསྒོམས་པས་རྣམ་པ་མང་པོའི་ཏིང་ངེ་འཛིན་དང། རྣམ་པར་གྲོལ་བའི་ཁྱད་པར་གྱིས་བསམ་གྱིས་མི་ཁྱབ་པའི་རྣམ་པ་སྣ་ཚོགས་མྱོང་བས་ན་དངོས་པོ་འང?་དག་པར་དུ་གསལ་བར་སྣང་ངོ། །འཇིག་རྟེན་ན་ཡང་སྔགས ་ཅུང་ཟད་ཙམ་ལས་མཐུ་སྐྱེས་པའི་མིག་འཕྲུལ་གྱིས་རབ་ཏུ་བསྒྲུབས་ན་ངོ་མཚར་དང་ལྡན་པའི་སྒྱུ་མའི་འཛེས་པ་ཡང་སྣང་ངོ། །དེ་ལྟ་བས་ན་འདི་དག་ཐམས་ཅད་ནི་ཇི་ལྟར་སྨྲས་པ་བཞིན་ཡིད་ཆེས་པར་བྱས་ཏེ། འདི་ལྟར་ཡིད་གཉིས་ནི་ཅུང་ཟད་ཀྱང ་མ་བྱེད་ཅིག། དེ་བཞིན་གཤེགས་པ་ལ་བསྙེན་བསྐུར་བྱ་བར་འཇུག་པ་དང་བརྒྱད་དེ། དེ་ཡང་གང་ཞེ་ན། གང་ཡང་མ་བྱོན་ཞེས་བྱ་བ་ལ་སོགས་པ་སྟེ། གང་མ་བྱོན་པ་ནི་ཕྱི་མ་མ་འོངས་པའི་མཐར་ཐུག་པ་རྣམས་སོ། །འཇིག་རྟེན་སྒྲོན་མ་ཞེས་བྱ ་བ་ནི་སངས་རྒྱས་བཅོམ་ལྡན་འདས་ཏེ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གཞན་དང་གཞན་ན་ནམ་མཁའ་ཨི་མཛའ་ཀླས་པ་ནས་བཞུགས་པ་བགྲང་བ་ལས་འདས་པའི་སངས་རྒྱས་ཀྱི་ཡེ་ཤེས་ཀྱི་སྤྱོད་ཡུལ་ཀྱིས་སྐད་ཅིག་གིས་དུས་མཉམ་པར་བ་ན་མོང? ་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པ་སྟེ། དེ་ནས་འདི་བཞིན་དུ་དུས་མཉམ་པར་ཆོས་ཀྱི་འཁོར་ལོ་བསྐོར་བར་འགྱུར་བ་དང། དེ་བཞིན་དུ་མྱ་ངན་ལས་འདས་པ་སྟོན་པར ་བཤད་དེ། དེ་དག་མངོན་སུམ་དུ་བྱང་ཆུབ་ཅེས་བྱ་བ་ལ་སོགས་པའོ། །དེ་དག་ཅེས་བྱ་བ་ནི་དེ་ལྟར་མངོན་པར་རྫོགས་པར་བྱང་ཆུབ་པར་མཛད་པ་དང། དེ་དེ་བཞིན་དུ་ཆོས་ཀྱི་འཁོར་ལོ་བསྐོར་བར་མཛད་པ་དང། མྱ་ངན་ལས་འདས་པ་རྣམས ་རབ་ཏུ་སྟོན་པའི་མགོན་པ་ཐམས་ཅད་ཀྱིས་ཞབས་ཀྱིས་དྲུང་དུ་ཡིད་མྱུར་བ་དང། ཀུན་ཏུ་མྱུར་བ་ཞེས་བྱ་བའི་རྫུ་འཕྲུལ་གྱི་སྟོབས་གཉིས་ཀྱིས་མཐུས་ལུས་ཀྱི་སྦྲིན་ཕྱོགས་བཅུ་བཀང་སྟེ། མཆོད་པའི་སྤྲིན་ནམ་མཁའ་ཁེབས་པའི་དམ་པ་བགྲང་བ ་ལས་འདས་པ་ཐམས་ཅད་ཀྱིས་མཆོད་པ་དང། བསྟོད་ཅིང་བརྗོད་པ་དང། བསྐོར་བ་བརྒྱ་སྟོང་དུ་མ་བྱེད་ཅིང་འཁོར་བའི་མཛའ་ཨི་བར་འགྲོ་བ་ནི་བསྙེན་པར་འཇུག་པའོ། །རིམ་པར་འཚང་རྒྱ་ཞེས་བྱ་བ་ནི་མངོན་པར་བྱང ་ཆུབ་པའོ། །མྱ་ངན་ལས་འདས་པ་སྟོན་པ་ཞེ་འམ། །རབ་ཏུ་ཞི་མཛའ་ཞེས་བྱ་བ་ནི་ཚིག་བསྐད་བའི་ཕྱིར་རྣམ་གྲངས་སུ་རིག་པར་བྱ་སྟེ་གཙོ་བོར་བཤད་པའོ། །དེ་ཡང་ཆུ་ཟླའི་གཟུགས་བརྙན་བཞིན་དུ་དགའ་ལྡན་གནས་ཀྱིས་གཞལ་མེད་ཁང་ན ་བཞུགས་པ་ལས་འཆི་ཕོ་བསྟན་པ་དང། མངལ་ན་གནས་པའི་ཚེ་དང། ལྷ་ཕྱག་བྱས་པ་དང། བཟོ་བསྟན་པ་དང། མངོན་པར་བྱུང་ནས་རབ་ཏུ་བྱུང་སྟེ་དཀའ་བ་སྤྱོད་པ་དང། བྱང་ཆུབ་ཀྱི་སྙིང་པོར་བཞུད་ནས་བྱང་ཆུབ་ཀྱི་ཤིང་དྲུང་དུ་སེང་གེའི་གདན ་ལ་བཞུགས་པས་བདུད་ཕམ་པར་མཛད་པའི་དུས་སུ་གོང་མ་བཞིན་ཉེ་བར་འགྲོ་བ་ནི་དེ་དག་གི་ཞབས་ཀྱི་དྲུང་དུ་ཡུད་ཙམ་གྱིས་སོ། །སྟོབས་ཏེ་རྣམ་པ་བཅུ་གཉིས་པའོ། །དེ་དག་ཀྱང་རྣམ་པ་བཅུ་སྟེ་ཚིག་བཅད་གཉིས་ཀྱིས་སོ། །དེ་ཡང་གང་ཞེ་ན།། ་རྫུ་འཕྲུལ་སྟོབས་རྣམས་དང་ཞེས་བྱ་བ་ལ་སོགས་པ་སྟེ། འཕྲུལ་བར་བྱེད་པས་རྫུ་འཕྲུལ་ཞེས་བྱ་བས་ན་ཇི་ལྟར་འདོད་པ་ཕུན་སུམ་ཚོགས་པར་བྱེད་པ་སྟེ། ཆོ་འཕྲུལ་ཞེས་བྱ་བའི་ཐ་ཚིག་གོ་།རྫུ་འཕྲུལ་ཇི་ལྟར་ཆོ་འཕྲུལ་དུ་ཤེས་པར་བྱ་ཞེ་ན། ་སོ་སོའི་སེམས་ཅན་རྣམས་ཀྱི་ཡིད་འཕྲོག་ཅིང་མགུ་བར་བྱེད་པས་ན་ཚེ་འཕྲུལ་ལོ། །དེའི་སྟོབས་ཀྱིས་གདོན་མི་ཟ་པས་ན་རྫུ་འཕྲུལ་གྱི་སྟོབས་སོ། །ཀུན་ཏུ་མྱུར་པའི་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་ཨི་གཞན་དུ་བགྲོད་དོ། །གོ་ཆ་ལ་ཀུན་ཏུ་གྱུར ་བའི་རྫུ་འཕྲུལ་གྱིས་སྐད་ཅིག་གིས་ཕྱོགས་བཅུར་མི་ཐོག་པར་འགྲོ་བའོ། །ཐེག་པའི་སྟོབས་ཞེས་བྱ་བ་ནི་ཐེག་པ་ཆེན་པོའི་སྟོབས་ཀྱིས་ཏེ། དེ་བས་ན་ཐེག་པ་ཆེན་པོ་ངེས་ཐེག་པས་ན་ཐེག་པ་ཆེན་པོའོ། །ཡང་ན་བྱང་ཆུབ་སེམས་དཔའ་ ་ཆེན་པོའི་ཐེག་པ་ཡིན་པས་ན། ཐེག་པ་ཆེན་པོ་སྟེ། དངོས་སུ་ན་སངས་རྒྱས་ཀྱི་བྱང་ཆུབ་ཐོབ་པར་བྱེད་པའི་ལམ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་ལ་ཐེག་པ་ཞེས་བྱའོ། །ཡང་ན་ཕ་རོལ་ཏུ་ཕྱིན་པ་རྣམས་དང་བཅས་པ་ལ་ཐེག་པ་ཆེན་པོ ་ཞེས་བྱའོ། །དེ་དག་གི་སྟོབས་ནི་མི་མཐུན་པའི་ཕྱོགས་ཀྱི་སྟོབས་ཇི་སྙེད་པས་མི་ཚོམས་པའོ། །ཀུན་ནས་སྒོའི་ཞེས་བྱ་བ་ནི་ཀུན་གྱི་སྒོ་སྟེ། ཇི་ལྟ་ཞེ་ན། དེའི་ལུས་དང་དམིགས་པ་ནི་བྱང་ཆུབ་ཏུ་སེམས་བསྐྱེད་ཅིང་གཞན་ལ་ཕན་པར་མི་བྱེད་པ ་གང་ཡང་མེད་པའོ། །དེ་ནི་འཕགས་པ་སྤྱོད་ཡུལ་ཡོངས་སུ་དག་པའི་མདོ་ལས་ལྟོས་ཤིག། སྤྱོད་པའི་སྟོབས་རྣམས་ཞེས་བྱ་བ་ནི་སྤྱོད་པ་གཉིས་ཀ་བྱེ་བྲག་མེད་པའི་སྟོབས་ཏེ། བྱང་ཆུབ་སེམས་དཔའ་ཨི་སྟོབས་དང། ཀུན་ཏུ་བཟང་པོའི་སྤྱོད་པའི ་སྟོབས་ཀྱིས། །ཀུན་ཏུ་ཡོན་ཏན་ཞེས་བྱ་བ་ནི་ཐོག་མེ་དང་བར་མ་དང་ཐ་མ་དེ་དགེ་བའོ། །བྱམས་པ་དག་གི་སྟོབས་ཞེས་བྱ་བ་ནི་སེམས་ཅན་གྱི་ཁམས་ཐམས་ཅད་ལ་བདེ་བར་སེམས་པས་ཁྱབ་པའོ། །ཀུན་ཏུ་ཁྱབ་པ་ཞེས་བྱ་བ་ནི་ཕྱོགས ་བཅུར་ཁྱབ་པའོ། །བསོད་ནམས་སྟོབས་ཞེས་བྱ་བ་ནི་དག་ཅིང་གཙང་བར་བྱེད་པས་ན་བསོད་ནམས་སོ། །ཡང་ན་ཕྱི་ཕྱིར་ཞིང་བསོད་པར་འགྱུར་བས་ན་བསོད་ནམས་སོ། །དེའི་སྟོབས་ནི་བྱང་ཆུབ་ཏུ་སེམས་བསྐྱེད་པ་བསྒོམས་པ་ལས་བྱུང་བ་སྟེ། འདི ་སྐད་དུ། བྱང་ཆུབ་སེམས་ཀྱི་བསོད་ནམས་གང། །གལ་ཏེ་དེ་ནི་གཟུགས་གྱུར་ན། །ནམ་མཁའ་ཨི་ཁམས་ཀྱང་གང་གྱུར་ཅིང། །དེ་བས་དེ་ན་ལྷག་པར་འགྱུར་ཞེས་གསུངས་སོ། །དེ་བས་ན་ཐེག་པ་ཆེན་པོ་དང་ལྡན་པའི་ཆོས་ཟབ་ཅིང་རྒྱ་ཆེ་བ ་རྣམས་འཛིན་པ་དང། ཀློག་པ་དང། འཆད་པ་དང། མོས་ནས་ཚིགས་བཅད་གཉིས་ཙམ་ཡང་གཟུང་ནས་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བསྔོས་པར་གྱུར་པ་དེའི་བསོད་ནམས་ཀྱིས་སྟོབས་སོ། །ཀུན་ནས་དགེ་བའི་ཞེས་བྱ་བ་ནི་སེམས་ཅན ་ཐམས་ཅད་ལ་དགེ་བ་དང་ཕན་པ་སེམས་ཤིང་སྒྲུབ་པའི་ཕྱིར་རོ། །ཡེ་ཤེས་སྟོབས་ཞེས་བྱ་བ་ནི་ཤེས་པར་བྱ་བ་ཐམས་ཅད་ལ་ཤེས་པར་བྱེད་པ་ནི་ཡེ་ཤེས་སོ། །ཆགས་པ་མེད་པར་གྱུར་པའི་ཞེས་བྱ་བ་ནི ་དུས་གསུམ་དུ་མི་ཐོགས་པའོ། །ཤེས་རབ་ཀྱི་སྟོབས་ཞེས་བྱ་བ་ནི་དངོས་པོ་རྣམས་ཇི་ལྟ་བ་བཞིན་དུ་སྟོབས་པའོ། །ཐབས་ཀྱི་སྟོབས་ཞེས་བྱ་བ་ནི། སྒྲུབ་པར་བྱ་བའི་རིགས་པ་ནི་ཐབས་ཏེ་སྒྲུབ་པའི་སྟོབས་ལ་ཐོགས་པ་མེད་པའོ། །ཏིང ་ངེ་འཛིན་སྟོབས་ཞེས་བྱ་བ་ནི་སྟོབས་དང་བྱེད་པའི་ཏིང་ངེ་འཛིན་བསམ་གཏན་ནོ། །དེའི་མཐུས་འགྲོ་བ་ཐམས་ཅད་ཀྱིས་དོན་བྱ་བའི་ཕྱིར་མངོན་པར་ཤེས་པ་ལ་སོགས་པའི་ཡོན་ཏན་སྡུད་པ་ལ་མི་ཐོགས་པ་དེ་ནི་ཏིང་ངེ་འཛིན་གྱི་སྟོབས་སོ ་བྱང་ཆུབ་སྟོབས་རྣམས་ཞེས་བྱ་བ་ནི་བྱང་ཆུབ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་པ་སྟེ། དེ་ཐོབ་པར་བྱེད་པ་ནི་སྟོབས་སོ། །ཡང་དག་བསྒྲུབས་པར་བྱེད་ཅེས་བྱ་བ་ནི་དེའི་ཚོགས་སྒྲུབ་པའོ། །གཉེན་པོ་སྟེ་རྣམ་པ་བཅུ་གསུཾ ་པའོ། །དེ་ཡང་ལས་དང་ཉོན་མོངས་པ་དང་བདུད་ཀྱི་སྟོབས་རྣམས་ཀྱིས་མི་མཐུན་པའི་ཕྱོགས་རྣམས་འཇོམས་པ་སྟེ་རྣམ་པ་གསུམ་མོ། །དེ་ཡང་གང་ཞེ་ན། ལས་ཀྱི་སྟོབས་རྣམས་ཡོངས་སུ་དག་བྱེད་ཅིང་ཞེས ་བྱ་བ་ལ་སོགས་པ་སྟེ། དགེ་བ་དང་མི་དགེ་བ་དང་མི་གཡོ་བའི་ལས་རྣམས་དམིགས་ཀྱིས་ཕྱེ་བས་ན་ལས་དེ་ཡང་རྣམ་པ་གསུམ་མོ། །དེ་ལ་མི་དགེ་བའི་ལས་ཀྱིས་གདོན་མི་ཟ་བར་མྱོང་བར་གྱུར་པ་ན་ངན་སོང་གསུམ་དུ་འབྲས་བུ་སྨིན ་བར་འགྱུར་པའི་སྟོབས་ཏེ། དེ་སྦྱོང་བ་ནི་སྨན་པ་ལ་སོགས་པའི་མཐུས་སྐྱུགས་པ་ལྟ་བུ་སྟེ། འདི་སྐད་དུ། མ་རུངས་པ་ཡི་ལས་བྱས་པ། །བདག་གིས་འགྱོད་པས་བསྲེབས་པར་འགྱུར། །བཤགས་ནས་བསྡམས་པ་བྱས་ནས་ནི? ་དེ་དག་རྩ་ནས་འདོད་པར་བཤད། །གཉེན་པོའི་སྟོབས་ཀྱིས་ཀྱང་ཀུན་ཏུ་འབྱུང་བར་རུང་སྟེ། དཔེར་ན་མཛའ་བོའི་བུ་མོས་མ་ལ་བརྙས་པའི་རྒྱུའི་མི་དགེ་བའི་ལས་ནི་ཞིང་གིས་ཁྱད་པར་གྱིས་ཚེ་འདི་ཉིད་ལ་འབྲས་བུ་ཅུང་ཞིག་སྨིན་ནས་དེའི་བསམ ་པའི་ཁྱད་པར་གྱིས་སེམས་ཅན་གྱི་དོན་དུ་སྨོན་ལམ་དང་སེམས་བསྐྱེད་པས་མ་ལུས་པར་ཤིན་ཏུ་རྩ་བ་ནས་ཕྱུང་ནས་བརྩོམ་མོ། །དེ་ལ་སེམས་ཅན་གྱི་དོན་དུ་སྨོན་ལམ་དང་སེམས་བསྐྱེད་པ་ཇི་ལྟ། ཞེ་ན་སྨྲས་པ། འདི་ལྟར་གང་འགྲོ་བའི ་སེམས་ཅན་ཐམས་ཅད་ཀྱིས་འདི་ལྟར་བདག་བཞིན་དུ་མ་ལ་བརྙས་པའི་ལས་བྱས་པ་དེ་དག་ཐམས་ཅད་བདག་ཉིད་ཀྱི་མགོ་ལ་འཁོར་ལོས་བསྐོར་བའི་སྡུག་བསྔལ་གྱིས་ཕུང་པོ་ཆེན་པོ་མཚམས་མེད་པ་རྣམས་ནམ་འཁོར་བའི་མཛའ་ཨི་བར ་དུ་བདག་གིས་མྱོང་བར་གྱུར་ལ། སེམས་ཅན་གཞན་སུས་ཀྱང་མྱོང་བར་མ་གྱུར་ཅིག་ཅེས་སེམས་བསྐྱེད་པའོ། །རྟེན་གྱི་སྟོབས་ཀྱིས་ཀྱང་ཇི་ལྟར་ཆེད་དུ་བརྗོད་པའི་སྡེ་ལས་འཕོ་བར་འདོད་པའི་ལྷའི་བུ་གཞན་ཞིག་བརྩོགས་པ་ཕག་གི་མངལ ་དུ་སྐྱེ་བར་ངེས་པའི་ལས་ཀྱི་འབྲས་བུ་མངོན་པར་གྱུར་ནས་གསུམ་ལ་སྐྱབས་སུ་སོང་བ་ཙམ་གྱིས་ཐམས་ཅད་སྦྱངས་ཏེ་སུམ་ཅུ་རྩ་གསུམ་གནམ་གྱི་ལྷ་ལས་ཤི་འཕོས་ནས་དགའ་ལྡན་གནམ་དུ་སྐྱེས་སོ། །ཆོས་ཐམས་ཅད་ལ་བདག་མེད ་བར་རྟོགས་པས་ཀྱང་ཤིན་ཏུ་རྩ་བ་ནས་འབྱུང་བར་འགྱུར་ཏེ། འདི་སྐད་དུ་ལས་ཀྱི་སྒྲིབ་པ་སོ་སོར་སྦྱོང་བའི་མདོ་ལས་ཀྱང་འདི་ལྟ་སྟེ། དགེ་སློང་གཞན་ཞིག་མི་ཚངས་པར་སྤྱོད་པ་དང། མི་བསད་པའི་ཕས་ཕམ་པ་གཉིས་བྱུང ་ནས་འཁྱོད?་དེ་མི་དགའ་བས་ཡིད་གདུངས་ཏེ་སྨོན་པ་བཞིན་དུ་གཙུག་ལག་ཁང་ནས་གཙུག་ལག་ཁང་གཞན་དུ། །གྲོང་ནས་གྲོང་གཞན་ཨེདུ། ཚོང་དུས་ལ་སོགས་པར་སོང་ནས་སྡིག་པ་དེ་དག་འགྲོ་བ་ཐམས་ཅད་ཀྱི་མདུན་དུ་འཆགས་ཏེ ་ཨེ་མའོ་བདག་ཉམས་སོ། །བདག་ཉམས་སོ་ཞེས་ཕྱི་ཕྱིར་སྨྲས་ཏེ། སྡིག་བཤགས་པའི་སྐུས་ཤིང་གིས་བྲུད་ནས་ཇི་ཙམ་ན་ལས་དེ་བསྲབས་པར་གྱུར་ཀྱང། དེའི་ཕྱིར་དེ་ཤིན་ཏུ་སེམས་ལ་གདུང་ཞིང་འདུག་པ་དེ ་ལ་མངོན་པར་ཤེས་པ་ཐོབ་པའི་བྱང་ཆུབ་སེམས་དཔའ་གཞན་ཞིག་གིས་ཟབ་མོ་ཆོས་ཇི་ལྟ་ཇི་ལྟ་བར་བཤད་དེ། གང་གིས་དེའི་སྡིག་པ་ཐམས་ཅད་ཐམས་ཅད་དུ་རྩ་བ་ནས་ཕྱིན་ནས་ཆོས་ཐཾས་ཅད་བདག་མེད་པར་རྟོགས་ནས་མི་སྐྱེ་བའི ་ཆོས་ལ་བཟོད་པ་ཐོབ་པར་གྱུར་ཏོ། །ངན་སོང་ཐམས་ཅད་ཀྱི་ཉེས་པ་ཐམས་ཅད་ཀྱི་ཐེ་ཚོམ་སེལ་བ་དང། སྒྲིབ་པའི་ཆོས་ཐམས་ཅད་སྦྱང་བ་ནི་ཟབ་མོའི་ཆོས་ལ་མོས་པ་འདི་ཡིན་ཏེ། འདི་བཞིན་དུ་མོས་པར་བྱོས་ཤིག་ཅེས ་གསུངས། །ཇི་ལྟར་འཕགས་པ་དེ་བཞིན་གཤེགས་པའི་མཛོད་ཀྱི་མདོ་ལས་ཀྱང། འོད་སྲུང་གང་གིས་ཕ་ཡང་ཡིན་ལ་རང་སངས་རྒྱས་ཀྱང་ཡིན་པ་དེ་འཚོ་བ་དང་ཕྲལ་ན་འདི་ནི་སྲོག་གཅོད་པའི་ནང་ན་མཆོག་གོ་།མ་བྱིན་པར ་ལེན་པའི་མཆོག་ནི་འདི་ལྟ་སྟེ། དཀོན་མཆོག་གསུམ་གྱི་དཀོར་རྐུ་བའོ། །འདོད་པས་ལོག་པར་གཡེམ་པའི་མཆོག་ནི་འདི་ལྟ་སྟེ། མ་ཡང་ཡིན་ལ་དགྲ་བཅོམ་པ་ཡང་ཡིན་པ་ལ་ཉལ་བའོ། །བརྫུན་དུ་སྨྲ་བའི་མཆོག་ནི ་འདི་ལྟ་སྟེ། དེ་བཞིན་གཤེགས་པ་ལ་སྐུར་པའོ། །ཕྲ་མའི་ནང་ན་མཆོག་ནི་འདི་ལྟ་སྟེ། དགེ་འདུན་གྱི་དབྱེན་བྱས་པའོ། །ཚིག་རྩུབ་མོའི་ནང་ན་མཆོག་ནི་འདི་ལྟ་སྟེ། །འཕགས་པ་རྣམས་ལ་འཕྱ་བའོ། །ཚིག་ཀྱལ་པའི་ནང་ན ་མཆོག་ནི་འདི་ལྟ་སྟེ། ཆོས་འདོད་པ་རྣམས་རྣམ་པར་གཡེང་བར་བྱེད་པའོ། །ཆགས་པའི་མཆོག་ནི་འདི་ལྟ་སྟེ། ཡང་དག་པར་སོང་བ་དང་ཡང་དག་པར་ཞུགས་པ་རྣམས་ཀྱི་རྙེད་པ་འཕྲོག་པར་སེམས་པའོ། །ངན་སེམས་ཀྱི་ནང་ན ་མཆོག་ནི་འདི་ལྟ་སྟེ། འཕགས་པ་རྣམས་ལ་མི་བསྟེན་པའོ། །ལོག་པར་ལྟ་བའི་ནང་ན་མཆོག་ནི་འདི་ལྟ་སྟེ། ལྟ་བ་ལ་ཤིན་ཏུ་ཞེན་པའོ། །མི་དགེ་བ་བཅུའི་ལས་ཀྱི་ལམ་འདི་དག་ཐམས་ཅད་ནི་ཁ་ན་མ་ཐོ་བ་ཆེན་པོ་སྟེ། །འོད་སྲུངས་གལ་ཏེ་སེམS ་ཅན་འགའ་ཞིག་གིས་ཁ་ན་མ་ཐོ་བ་ཆེན་པོ་མི་དགེ་བའི་བཅུའི་ལས་ཀྱི་ལམ་འདི་དག་དང་ལྡན་པར་གྱུར་པ་ངེས་དེ་བཞིན་གཤེགས་པས་རྒྱུ་དང་རྐྱེན་དུ་ལྡན་པའི་ཆོས་བཤད་པ་ལ་ཞུགས་ནས། འདི་ལ་བདག་གམ། སེམས་ཅན་ནམ། འཚོ་བ་འམ། ་གང་ཟག་གམ། བྱེད་པ་འམ། སོ་སོར་མྱོང་པར་བྱེད་པ་གང་ཡང་མེད་དེ། དེ་བས་ན་ཆོས་ཐམས་ཅད་ནི་མ་བྱས་པ། མངོན་པར་འདུས་མ་བྱས་པ། སྒྱུ་མའི་ཆོས་ཉིད་ཉོན་མོངས་པ་མེད་པ། རང་བཞིན་གྱིས་ཡོངས་སུ་དག་པ་དང། ཐོག་མ་ནས་རྣམ་པར་དག ་བའི་ཆོས་ཐམས་ཅད་ལ་མངོན་པར་དང་ཅིང་ཤིན་ཏུ་མོས་པའི་སེམས་ཅན་དེ་ནི་ངན་སོང་དུ་འགྲོ་བར་ངས་མ་གསུངས་སོ། །དེ་ཅིའི་ཕྱིར་ཞེ་ན། ཉོན་མོངས་པ་རྣམས་ལ་ཕུང་པོའི་དངོས་པོ་མེད་དེ། ཉོན་མོངས་པ་ཐམས་ཅད་ནི་བྱུང་ནས་ཞིག་སྟེ་མེད་པར་འགྱུར་རོ ་རྒྱུ་དང་རྐྱེན་འདུས་ནས་ཚོགས་ཤིང་སྐྱེ་སྐྱེས་མ་ཐག་ཏུ་ཡང་འགག་པར་འགྱུར་རོ། །བཅོམ་ལྡན་འདས་གང་སེམས་བསྐྱེད་པ་ཞི་བ་བཞིན་དུ་ཉོན་མོངས་པ་ཐམས་ཅད་ཀྱང་ཞི་བར་གྱུར་ཅིང། གང་འདི་བཞིན་དུ་ཤིན་ཏུ་མོས་པ་དེ་ནི་ནམ་ཡང་སྡིག་པའི་རྒྱུར ་མི་འགྱུར་ཏེ། གང་གི་ཕྱིར་སྒྲིབ་པ་མེད་པ་ལ་སྡིག་པར་འགྱུར་པའི་གནས་མེད་ཅིང་སྐབས་མེད་དོ་ཞེས་གསུངས་སོ། །དེ་ལྟར་བྱང་ཆུབ་ཏུ་སེམས་བསྐྱེད་པ་མངོན་དུ་བྱས་ན་ཉེས་པ་ཐམས་ཅད་ཀྱི་རྒྱུར་འགྱུར་བའི་མི་དགེ་བ་ཤིན་ཏུ་འབྱང་བར་འགྱུར་ཏེ། ་ཇི་སྐད་དུ་འཕགས་པ་ཨུ་པ་ལས་དྲིས་པའི་མདོ་ལས་གསུངས་པ་དེ་སྟེ་བྱང་ཆུབ་སེམས་དཔའ་སྔ་དྲོ་ཉེས་པ་བྱུང་ན་ཉི་མ་གུང་ལ་བྱང་ཆུབ་གྱི་སེམས་མངོན་དུ་བྱས་ན་དེའི་ཚུལ་ཁྲིམས་ཀྱི་ཕུང་པོ་མཛའ་ཡས་པར་རིག་པར་བྱའོ། །དེ་བཞིན་དུ་ཉི་མ ་གུང་ལ་ཉེས་པ་བྱུང་ན་ཕྱི་དྲོ་བྱང་ཆུབ་ཀྱི་སེམས་མངོན་དུ་བྱས་ན་དེའི་ཚུལ་ཁིམས་ཀྱི་ཕུང་པོ་མི་ཟད་པར་རིག་པར་བྱའོ། །ཞེས་བྱ་བ་ལ་སོགས་པའོ། །དེ་ལས་ཡང་གསུངས་པ། རིགས་ཀྱི་བུ་བྱང་ཆུབ་ཀྱི་སེམས ་ནི་ཉེས་བྱས་ཐམས་ཅད་སྲེག་པའི་བསལ་པའི་མེ་ལྟ་བུར་འགྱུར་བའོ་ཞེས་བྱ་བ་ལ་སོགས་པའོ། །སུམ་བརྒྱ་པ་ལས་གསུང་པ། རབ་འབྱོར་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་གིས་འདི་ལྟ་བུའི་མདོ་སྡེ་འཆད་བ་དང། འཛིན་པ་དང། ཀླག་པ་དང ་ཀུན་ཆུབ་པར་བྱེད་པ་དེ་ལ་ཡོངས་ཀྱིས་བརྙས་པར་འགྱུར། ཤིན་ཏུ་ཡོངས་ཀྱིས་བརྙས་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། གང་སེམས་ཅན་དེ་དག་གིས་ཚེ་རབས་སྔ་མ་སྔ་མ་ལ་མི་དགེ་བའི་ལས་བྱས་ཏེ། གང་ངན་སོང་དུ་སྐྱེ་བར་འགྱུར་བ ་དེ་དག་ཚེ་འདི་ལས་ཡོངས་ཀྱི་བརྙས་པས་ཚེ་རབས་སྔ་མའི་ལས་མི་དགེ་པ་དེ་དག་བྱད་བར་འགྱུར་རོ་ཞེས་བྱ་བ་ལ་སོགས་པ་བཤད་དོ། །ཁ་ཅིག་འདི་སྐད་དུ་སྡིག་པའི་ལས་ཆུང་ངུ་དང་འབྲིང?་པོ་དག་ནི་བཤགས་པ་ལ་སོགས་པའི་མཐུས ་བྱ་བར་འགྱུར་གྲང་ན། མཚམས་མེད་པ་ལ་སོགས་པ་ལྕི་བ་རྣམས་ཐམས་ཅད་ཀྱི་ཐམས་ཅད་དུ་བྱང་བར་ཇི་ལྟར་འགྱུར་ཞེས་ཟེར་བ་དག་ཀྱང་ཡོད་དོ། །དེའི་ལན་དུ་མ་སྐྱེས་དགྲ་ལ་སོགས་པས་མཚམས་མེད་པ་བྱས་པས་བསམ་པ་ཆུང་དུ ་དང་འབྲིང་པོ་དང་ཆེན་པོའི་རིམ་པས་མནར་མེད་པར་བསྐལ་པ་ཆུང་ངུ་འམ་ཉུང་དཱུམ་ཕྱེད་དུ་གནས་པར་འགྱུར་བ་ལས་དེ་དག་ཕྱིས་ཤིན་ཏུ་འགྱོད་པའི་མེས་གདུངས་པའི་སེམས་ཀྱིས་འགྱོད་ནས་བཤགས་པའི་མཐུས་ནང་ལས་དེ་བསྲབས ་པར་གྱུར་ཏེ། གང་ཕོ་ལོང་བརྡབས་པའི་དུས་ཙམ་དུ་སྡུག་བསྔལ་གྱི་འབྲས་བུ་མྱོང་བར་གྱུར་ཏོ་ཞེས་གསུངས་ན། དེ་ཅི་དེ་ཙམ་གྱིས་ཀྱང་ལས་རྣམས་ཤིན་ཏུ་རྩ་བ་ནས་འབྱུང་བར་མི་འགྱུར་བ་མ་ཡིན་ཏེ་འགྱུར་རོ། །ཅི་སོག་མ་གཅིག ་ཆོད་པས་སོགས་མ་ཀུན་བརྡབས་པར་འགྱུར་རམ། གང་གསུངས་པ། བསྐལ་པ་བརྒྱ་དག་སྙེད་དུ་ཡང། །ལས་རྣམས་ཆུད་ཟར་མི་འགྱུར་ཏེ། །ཚོགས་དང་དུས་དང་ལྡན་པ་ན། །ལུས་ཅན་རྣམས་ལ་འབྲས་བུར་སྨིན་ཞེས་བྱ་བ་ལ་སོགས་པ་དེ་ཇི་ལྟར ་ཤེས་པར་བྱ་ཞེ་ན། རྣམ་པར་འགྱོད་པ་ལ་སོགས་པ་སྤྱོད་པའི་མཐུས་ལས་གང་བདག་མངོན་པར་མ་སྦྱངས་ཤིང་བསབས་པར་མ་བྱས་པ་དེ་དག་ནི་བཤད་པའི་ཆོས་འདི་ཡིན་པར་རིག་པར་བྱའོ། །དེ་ལྟར་ཡང་གསུངས་པ། མི་ཤེས་པས་ནི་སྡིག་པ ་ཆུང་བྱས་འོག་ཏུ་འགྲོ། མཁས་པས་ཉེས་པ་ཆེ་བྱས་ཀྱང་ནི་སྤོང་བར་འགྱུར། །བསྒོངས་པའི་ལྕགས་ནི་ཆུང་ཡང་ཆུ་ཡི་འོག་ཏུ་འབྱིང། དེ་ཉིད་སྣོད་དུ་བྱས་ན་ཆེ་ཡང་སྟེང་ན་འཕྱོ་ཞེའོ། །ངེས་པར་མི་མྱོང་བའི་དུས་གསུམ་གྱིས་སྡིག་པའི་ལས ་བགྲང་བ་ལས་འདས་པ་དེས་ཡང་ལས་ཀྱིས་དབང་གིས་ཕྱོགས་བཅུ་ཀུན་ཏུ་སྐད་ཅིག་གིས་འཁོར་བའི་མཛའ་ཨི་བར་དུ་རྒྱུན་དུ་ངན་སོང་གསུམ་དུ་སྐྱེས་པའི་སེམས་ཅན་རྣམས་ལ་ཕན་པ་དང་བདེ་བའི་ཕྱིར་དེ་དག་གི་རིས་དང་རྒྱ་དང་ཁ་དོག་དང་དབྱིབས ་དང་ཆེད་ཐ་དད་པར་འབྲས་བུ་རྣམ་པར་སྨིན་པར་གདོན་མི་ཟ་བར་མི་བྱེད་དོ། །དགེ་བའི་ལས་ཀྱིས་ཀྱང་སོགས་པའི་འབྲས་བུ་སྨིན་པར་བྱ་ནུས་པའི་མཐུ་འདི་ལྟར་ཡོངས་སུ་འབྱུང་ངོ། །ཇི་ལྟར་ཞེ་ན། འབྲས་བུ་རྣམ་པར་སྨིན་པར་འགྱུར་བ་ལས་བྱང་ཆུབ ་ཉིད་དུ་སྨོན་ལམ་གྱི་མཐུས་བསྔོས་ཤིང་གདོན་མི་ཟད་པར་བྱེད་པའོ། །གཟུགས་དང་གཟུགས་མེད་པ་ན་སྤྱོད་པའི་མི་གཡོ་བའི་ལས་བསམ་གཏན་ལ་སྙོམས་པར་འཇུག་པའི་རྒྱུ་དེའི་སྟོབས་ཉིད་ཀྱང་དེ་ལས་བཟློག་ཏེ། ལས་ལ་དབང་བས ་སེམས་ཅན་གྱིས་དོན་དུ་གར་དགའ་བར་སྦྱོར་བ་སྟེ། འདི་ནི་དག་པར་བྱེད་པའོ། །ཉོན་མོངས་སྟོབས་རྣམས་ཀུན་ཏུ་འཇོམས་པར་བྱེད་ཅེས་བྱ་བ་ནི་ལུས་དང་སེམས་ཀྱི་རྒྱུད་སྙོན་མོངས་པར་བྱེད་པ་ནི་ཉོན་མོངས་པ་སྟེ་འདོད་ཆགས་ལ་སོགས་པའོ ་དེ་དག་གི་སྟོབས་ལྷག་པར་ཆེ་བས་དེའི་མཐུས་འགྲོ་བ་ཐམས་ཅད་ལ་རིགས་པ་དང་མི་རིགས་པ་དང། ཕན་པ་དང་མེ་ཕན་པ་དང། ལྕི་བ་དང་ཡང་བ་ལ་སོགས་པ་ཐམས་ཅད་མི་ཤེས་པ་ལ་སོགས་པ་དེ་ལ་མི་གཙང་བ་ལ ་སོགས་པ་བསྒོམས་པས་འཇིག་རྟེན་གྱི་ལམ་གྱིས་ཡོངས་སུ་སྦྱངས་པ་སྟེ་མངོན་པར་གཞིལ་བའོ། །འདོར་ན་ཉོན་མོངས་བ་ལས་དབང་བས་བྱང་ཆུབ་ཀྱི་ཡན་ལག་གི་དངོས་པོར་འགྱུར་བའོ། །བདུད་ཀྱི་སྟོབས་རྣམས་སྟབས་མེད་རབ་བྱེད་ཅིང ་ཞེས་བྱ་བ་ལ་བདུད་ནི་ལྷའི་བུ་ལ་སོགས་པ་སྟེ། དེ་དག་གི་སྟོབས་ཀྱིས་བྱང་ཆུབ་སེམས་དཔའ་ཨི་སྤྱོད་པའི་བར་ཆད་བྱེད་ནུས་པ་དེ་ལ་མངོན་པར་ཤེས་པའི་སྟོབས་ཀྱིས་སྟོབས་མེད་པ་དང། མཐུ་མེད་པ་དང། གནས་མེད་པར་བྱེད་པའོ། །བཟང ་པོ་སྤྱོད་པའི་སྟོབས་ཀུན་རྫོགས་པར་བགྱི། །ཞེས་བྱ་བ་ནི་བཟང་པོ་སྤྱོད་པའི་སྟོབས་ནི་གཉེན་པོའི་མེ་མཐུན་ཕྱོགས་རྣམས་ཀྱིས་མི་ཚུགས་ཤིང་མངོན་པར་འདུ་མི་བྱེད་པའོ། །དེ་དག་ཀུན་མ་ལུས་པར་རྫོགས་པར་བྱེད་པ་ནི་གོང་དུ་བཤད་པའི ་རྫུ་འཕྲུལ་ལ་སོགས་པ་སྟོབས་བཅུ་བཤད་པ་དང། གོང་དུ་སྨོས་པའི་གཉེན་པོ་རྣམས་གསུམ་མོ། །གང་བྱང་ཆུབ་སེམས་དཔའ་ཨི་ལས་ནི་རྣམ་པ་བཅུ་བཞི་པ་སྟེ། དེ་ཡང་རྣམ་པ་བརྒྱད་དོ། །ཞིང་རྣམས་རྒྱ་མཚོ་རྣམ་པར་དག་བྱེད་ཅིང་ཞེས ་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་རྣམ་པ་གཉིས་ཏེ། དེ་ཡང་གང་ཞེ་ན། ཞིང་རྣམས་རྒྱ་མཚོ་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ཡང་སངས་རྒྱས་ཀྱི་ཞིང་རྒྱ་མཚོ་བདེ་བ་ཅན་དང་པདམོ་ཅན་ལྟར་དག་བར་བྱེད་པའོ། །དེ་བཞིན་དུ་འཁོར་བ་ན་རྒྱུ་ཉོན ་མོངས་བའི་ལྕགས་སྒྲོགས་གི་ཆིང་བས་བཅིངས་པའི་སེམས་ཅན་རྒྱ་མཚོ་སྙེད་ལ་རྫུ་འཕྲུལ་དང་ཀུན་བརྗོད་པའི་ཆོ་འཕྲུལ་རྣམ་པ་གཉིས་ཀྱིས་མགུ་བར་བྱས་ནས་རྗེས་སུ་བསྟན་པའི་ཆོ་འཕྲུལ་གྱིས་སྐད་ཅིག་ཏུ་རྣམ་པར་གྲོལ་བར་བྱེད་པའོ ་ཆོས་རྣམས་རྒྱ་མཚོ་རབ་ཏུ་མཐོང་བྱེད་ཅིང་ཞེས་བྱ་བ་ནི་ཐོབ་པར་བྱ་བའི་ཆོས་རྒྱ་མཚོ་སྙེད་དང། བཤད་པའི་ཆོས་རྒྱ་མཚོ་སྙེད་ཤེས་རབ་ཀྱི་མིག་གིས་སྐད་ཅིག་རེ་རེ་ལ་ཡང་མཐོང་བར་བྱའོ། །ཤེས་བར་བྱ་བ་མཛའ་ཡས་པས་ན་ཡེ་ཤེས་ཀྱང་མཛའ་ ་ཡས་པ་སྟེ། དེ་བས་ན་ཡེ་ཤེས་རྒྱ་མཚོ་ཞེས་བྱ་བ་སྟེ། རབ་ཏུ་རྟོགས་པར་བྱེད་ཅེས་བྱ་བ་ནི་ཁོང་དུ་ཆུད་པར་བྱ་བ་སྟེ། རྟོགས་པར་བྱེད་དོ་ཞེས་བྱ་བའི་ཐ་ཚིག་གོ། སྤྱོད་པ་རྒྱ་མཚོ་ཞེས་བྱ་བའི་བྱང་ཆུབ་སེམས་དཔའ་ཨི་སྤྱོང་བ་དང། བཟང་པོ་སྤྱོད་པ ་གཉིས་དམིགས་ཀྱིས་མ་ཕྱེད་པས་ན་གཉི་ག་གཟུང་བར་རིག་པར་བྱའོ། །དེ་ལ་བྱང་ཆུབ་ཀྱི་སྤྱོད་པ་ནི་སངས་རྒྱས་ཀྱི་ཆོས་རྣམས་སྒྲུབས་པ་སྟེ་ཡེ་ཤེས་ཀྱི་ཚོགས་སོ། །བཟང་པོ་སྤྱོད་པ་ཡང་འགྲོ་བ་ཐམས་ཅད་ལ་ཕན་པ་དང་བདེ་བར་བྱེད་པ་སྟེ ་བསོད་ནམས་ཀྱི་ཚོགས་སོ། །བཟང་པོ་སྤྱོད་པ་དང། བྱང་ཆུབ་ཀྱི་སྤྱོད་པ་གཉི་ག་ཡང་བྱང་ཆུབ་སྒྲུབ་པ་ཡིན་མོད་ཀྱི། མངོན་གསུམ་དང་གཅིག་ནས་གཅིག་ཏུ་བརྒྱུད་པ་ཙམ་ཞིག་བྱེ་བྲག་ཡོད་དོ། །སྤྱོད་པ་རྒྱ་མཚོ་དག་མངོན་པར་ཤེས་པའི་སྟོབས ་ཀྱིས་སྐད་ཅིག་མ་རེ་རེས་རྣམ་པར་དག་པར་བྱེད་པ་ནི་དྲི་མ་མེད་པར་བྱེད་པའོ། །སྨོན་ལམ་རྒྱ་མཚོ་ཞེས་བྱ་བ་ནི་སྐད་ཅིག་མ་རེ་རེ་ལ་ཚུལ་ཁྲིམས་དང། ཏིང་ངེ་འཛིན་གྱི་མཐུས་རྫོགས་པར་བྱེད་པའོ། །སངས་རྒྱས་རྒྱ་མཚོ་ཕྱོགས་བཅུ་ནས ་མཆོད་བའི་སྤྲིན་གྱིས་ནམ་མཁའ་ཁྱབ་པར་སྐད་ཅིག་གིས་རབ་ཏུ་མཆོད་པའོ། །བསྐལ་པ་རྒྱ་མཚོར་མི་སྐྱོ་སྤྱད་པར་བགྱི་ཞེས་བྱ་བ་ནི་མི་སྐྱོ་བའི་ཡིད་ཀྱིས་སོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཨི་རྗེས་སུ་སློབ་པར་བསྔོ་བ་ནི་རྣམ་པ་བཅོ་ལྔ་པ་སྟེ ་དེ་ཡང་རྣམ་པ་གཉིས་སོ་དེ་ལ་དེ་བཞིན་གཤེགས་བའི་རྗེས་སུ་སློབ་པར་བསྔོ་བ་གང་ཞེ་ན། གང་ཡང་དུས་གསུམ་གཤེགས་པའི་རྒྱལ་བ་ཡི་ཞེས་བྱ་བ་ལ་སོགས་པ་སྟེ། གང་རྒྱལ་བ་དུས་གསུམ་གཤེགས་པ་རྣམས་ཀྱི་བྱང་ཆུབ་ཀྱི་སྤྱོད་པ ་དང་སྨོན་ལམ་གྱི་ཁྱད་པར་དེ་དག་ཐམས་ཅད་བདག་གིས་མ་ལུས་པར་རྫོགས་པར་བགྱིའོ་ཞེས་བྱ་བ་སྟེ། ཡོངས་སུ་རྫོགས་ཤིང་རབ་ཏུ་ཆུད་པར་བྱའོ། །བཟང་པོ་སྤྱོད་པས་ཞེས་བྱ་བ་ནི་བཟང་པོ་སྤྱོད་པས་སོ། ། ་བྱང་ཆུབ་སངས་རྒྱས་ནས་ཞེས་བྱ་བ་ནི་བླ་ན་མེད་པའི་བྱང་ཆུབ་ཏུ་སངས་རྒྱས་པར་བྱའོ། །ལུས་དང་ངག་དང་ཡིད་རྣམས་ཀྱི་སྤྱོད་པ་དང་ཞིང་དང་སྨོན་ལམ་རྣམས་རྣམ་པར་དག་བས་འཕགས་པ་ཀུན་ཏུ་བཟང་པོ་ལ་སོགས་པ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྗེས་སུ་བསླབ་པར་བསྔོ་བ་སྟེ། ཚིགས་བཅད་གསུམ་མོ། །དེ་ཡང་གང་ཞེ་ན། སྲས་ཀྱི་ཐུ་བོ་པ་ཞེས་བྱ་བ་ལ་སོགས་པ་སྟེ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བཟང་པོ་སྤྱོད་པ་གང་ཡིན་པ་དང། དེ་ལྟར་བྱང་ཆུབ་སེམས ་དཔའ་ཨི་རྣམ་པར་ཐར་པ་ཇི་སྙེད་པ་དང། ཏིང་ངེ་འཛིན་ཇི་སྙེད་པ་དང། མདོར་ན་བྱང་ཆུབ་སེམས་དཔའ་ཨི་ཡོན་ཏན་ལ་སོགས་པ་ཇི་སྙེད་པ་དེ་དག་ཐམས་ཅད་ཀྱི་མཐར་ཕྱིན་པ་ནི་འཕགས་པ་ཀུན་ཏུ་བཟང་པོ་བྱང་ཆུབ་སེམས་དཔའ་སྟེ། དེ་བས་ན ་སྲས་ཀྱི་ཐུ་བོ་ཞེས་བྱ་བ་ལ་སོགས་པའོ། །དེ་ལྟར་རྒྱལ་བ་ཀུན་གྱིས་སྲས་ཀྱི་ཐུ་བོ་ནི་འཕགས་པ་ཀུན་ཏུ་བཟང་པོ་ཞེས་བྱ་བ་བྱང་ཆུབ་སེམས་དཔའ་ཆེན་པོའོ། །མཁས་པ་དེ་དང་ཞེས་བྱ་བ་ནི་དེ་ཉིད་མཁས་པའོ། །མཚུངས་པར་སྦྱད ་བའི་ཕྱིར་ཞེས་བྱ་བ་ནི་མཐུན་བར་སྤྱད་པ་སྟེ། ཇི་ལྟར་བསྟན་པའི་དགེ་བའི་རྩ་བ་འདི་དག་ཐམས་ཅད་སྐད་ཅིག་རེ་རེ་ལ་ཡོངས་སུ་བསྔོ་བར་བྱ་བའོ། །ལུས་དང་ངག་དང་ཡིད་ཀྱང་རྣམ་དག་ཅིང་ཞེས་བྱ་བ་ནི་ལུས་དང་ངག་དང་ཡིད་རྣམས་ཀྱི ་སྤྱོད་པ་རྣམ་པར་དག་པ་དང། ཞིང་རྣམས་རྣམ་པར་དག་པ་སྟེ། བཟང་པོ་མཁས་པ་ཞེས་བྱ་བ་ནི་འཕགས་པ་ཀུན་ཏུ་བཟང་པོ་མཁས་པའོ། །ཅི་འདྲ་བར་ཞེས་བྱ་བ་ནི་ཇི་ལྟ་བུ་ཡིན་པར་རོ། །དེ་འདྲར་ཞེས་བྱ་བ་ནི་དེ་འདྲ་བར་བདག་ཀྱང་གྱུར ་ཅིག་པའོ། །མཚུངས་པར་ཞེས་བྱ་བ་ནི་འདྲ་བར་རོ། །ཀུན་ནས་དགེ་བ་བཟང་པོ་སྤྱོད་པའི་ཕྱིར་ཞེས་བྱ་བ་ནི་ཐོགས་མ་དང་ཐ་མ་དང་བར་དུ་དགེ་བའོ། འཇམ་དཔལ་གྱི་ནི་སྨོན་ལམ་སྤྱད་བར་བགྱི་ཞེས་བྱ་བ་ནི་འཕགས་པ་འཇམ་དཔལ་གྱི་སྨོན་ལམ ་སྤྱོད་པར་ཤོག་ཅིག་པའོ། །དེའི་སྨོན་ལམ་ཇི་ལྟ་བུ་ཞེན། གཞུང་ལས། འཕགས་པ་འཇམ་དཔལ་ནམ་མཁའ་ཞེས་བྱ་བའི་རྒྱལ་པོར་གྱུར་པའི་ཚེ་འཁོར་བ་ཐོགས་མ་དང་ཐ་མ་དང་བྲལ་བ་ཇི་སྲིད་པ་དེ་སྲིད་དུ་སེམས་ཅན་རྣམས་ལ་ཚད་མེད ་བའི་ཕན་པ་སྤྱད་དོ་ཞེས་བྱ་བ་ལ་སོགས་པ་རྒྱ་ཆེན་པོ་རྣམས་སོ། །མ་འོངས་བསྐལ་པ་ཀུན་ཏུ་མི་སྐྱོ་བར་ཞེས་བྱ་བ་ནི་མ་འོངས་པའི་བསྐལ་པ་ཐམས་ཅད་མ་ལུས་པར་མི་སྐྱོ་བའི་ཡིད་ཀྱིས་གཞན་དུ་མི་སེམས་པར་སངས་རྒྱས་དང། བྱང་ཆུབ ་སེམས་དཔའ་དེ་དག་གི་བྱ་བའི་ལས་མ་ལུས་པ་ཡོངས་སུ་རྫོགས་པར་བྱ་ཞིང་རབ་ཏུ་བསྒྲུབ་པར་བགྱིའོ། །སྦྱོར་བ་དང་ཡོན་ཏན་དང་སྤྱོད་པ་དང་གནས་དང་ཚད་མེད་པའི་ཁྱད་པར་བསྡུ་བ་ནི་རྣམ་པ་བཅུ་དྲུག་པ་སྟེ། དེ་ཡང་གང་ཞེ་ན། སྤྱོད་པ ་དག་ནི་ཚད་ཡོད་མ་གྱུར་ཅིག་ཅེས་བྱ་བ་ལ་སོགས་པའོ། །བདག་གི་སྤྱོད་པ་ཡང་ཚད་ཡོད་མ་གྱུར་ཅེས་བྱ་བ་ནི་ཚད་མེད་པར་གྱུར་ཅིག་པ་སྟེ། ཆད་མེད་པའི་སྤྱོད་པ་དང། ཚད་མེད་པའི་ཡོན་ཏན་ལ་གནས་པས་དེ་ལྟར་སངས་རྒྱས་དང་བྱང་ཆུབ ་སེམས་དཔའ་རྣམ་པར་སྤྲུལ་པའི་འཕྲུལ་གྱི་ཡ་མཚན་ཐམས་ཅད་ཡོངས་སུ་ཤེས་པར་གྱུར་ཅིག་པའོ། །དེའི་བྱེ་བྲག་རྣམ་པ་བཅུ་དྲུག་སྟེ། དེ་ཡང་བརྒྱད་པའོ། །ད་ནི་དེའི་མཛའ་སྟེ་རྣམ་པ་དགུ་པའོ། །བཟང་པོ་སྤྱོད་པའི་སྨོན་ལམ་གྱི་མཛའ་དེ ་ཡང་ནམ་མཁའ་ལ་སོགས་པ་དཔེར་བརྗོད་པ་རྣམ་པ་བཞི་སྟེ། དེ་ཡང་གང་ཞེ་ན། ནམ་མཁའ་ཨི་མཐར་ཐུག་གྱུར་པ་ཇི་ཙམ་པ་ཞེས་བྱ་བ་ལ་སོགས་པའོ། །ཇི་ཙམ་ཞེས་བྱ་བ་ནི་ནམ་མཁའ་ཨི་མཛའ་ཨི་མཛའ་ཇི་ཙམ་པ་སྟེ། ནམ་མཁའ་ཨི་མཛའ་ཙམ་དུ་གྱུར་ ་ཅིག་པའོ། །སེམས་ཅན་ཀུན་གྱི་མཛའ་ཇི་ཙམ་པ་དང། འགྲོ་བ་རྣམས་ཀྱི་ལས་དང་ཉོན་མོངས་པའི་མཛའ་ཇི་ཙམ་པར་བདག་གི་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་མཛའ་ཡང་དེ་ཙམ་དུ་གྱུར་ཅིག་པའོ། །ནམ་མཁའ་ལ་སོགS ་པ་ལ་ཡང་ཡོངས་སུ་ཟད་ཅིང་ཐུག་པ་མེད་དེ། དེ་ལྟར་བདག་གི་སྨོན་ལམ་འདིའི་མཛའ་ཡང་ཟད་ཅིང་ཐུགས་པ་མེད་པར་གྱུར་ཅིག་པའོ། །སྨོན་ལམ་གྱི་ཡོན་ཏན་ནི་རྣམ་པ་བཅུ་པ་སྟེ། ཚེ་འདི་དང། ཕ་རོལ་གྱི་རྣམ་པ་གཉིས་སོ། །དེ་ལ་ཚེ ་འདིའི་ནི་རྣམ་པ་བཞི་སྟེ། འདི་ལྟ་སྟེ། བསོད་ནམས་ཁྱབ་པར་ཅན་ཡོངས་སུ་སྡུད་པ་དང། དེ་བཞིན་གཤེགས་པ་མཐོང་བ་དང། བྱང་ཆུབ་སེམས་དཔའ་དང་སྐལ་པ་མཐུན་པ་ཐོབ་པ་དང། ལས་ཀྱི་སྒྲིབ་པ་འབྱང་བ་རྣམས་སོ། །དེ་དངོས་པོ་ཆེ་བ་དང ་རྒྱ་ཆེ་བ་དང་སྣ་ཚོགས་ཀྱི་དངོས་པོ་བསྡུ་བ་དང། ཞིང་ཁྱད་པར་ཅན་གྱིས་ངེས་དང། གང་གིས་བྱང་ཆུབ་ཐོབ་པར་བྱ་པའི་ཕྱིར་སྨོན་ལམ་འདི་ལ་དད་པས་བསོས་ནམས་ཁྱད་པར་ཅན་ཡོངས་སུ་སྤུང་པར་འགྱུར་ཏེ། དེ་ཡང་གང་ཞེ་ན། གང་ཡང ་ཕྱོགས་བཅུའི་ཞིང་རྣམས་མཛའ་ཡས་པ་ཞེས་བྱ་བ་ལ་སོགས་པའོ། །འདི་ལྟར་རིགས་ཀྱི་བུ་ཕོ་འམ་རིགས་ཀྱི་བུ་མོ་འམ། གང་གིས་ཕྱོགས་བཅུ་མཛའ་ཡས་པ་མུ་མེད་པ་ན་སངས་རྒྱས་ཀྱི་ཞིང་རྣམས་རིན་པོ་ཆེ་སྣ་ཚོགས་དང། ན་བཟའ་དང། ་བླ་རེ་དང། གདུགས་དང། རྒྱལ་མཚན་དང། བ་དན་དང། རིན་པོ་ཆེའི་དྲིལ་བུའི་ཕྲེང་བ་དང། སྤོས་དང། མེ་ཏོག་དང། བདུག་པ་དང། མར་མེ་དང། ཕྲེང་པ་ལ་སོགས་པ་དང། སིལ་སྙན་མིའི་ལས་འདས་པ་འཕྲུལ་གྱི་རྒྱན་རྣམས་ཀྱིས ་རབ་ཏུ་བརྒྱན་པ་དང། མིའི་མ་ཡིན་པའི་འཕྲུལ་གྱི་ཞལ་ཟས་རོ་ལྔ་བརྒྱ་དང་ལྡན་པ་མཆོག་ཏུ་བདེ་བ་སྐྱེད་པ་རྣམས་སངས་རྒྱས་ཀྱི་ཞིང་གི་རྡུལ་དང་མཉམ་པའི་བསྐལ་བར་སངས་རྒྱས་བཅོམ་ལྡན་འདས་ལ་གསོལ་ཞིང་ཕུལ་བ་བས། གང་གིས ་བསྔོ་བའི་རྒྱལ་པོ་འདི་ཐོས་ནས། ལན་ཅིག་ཙམ་ཡང་དད་པ་སྐྱེད་པ་ནི་ཞེས་བྱ་བ་སྟེ། འདི་ནི་འདི་ཉིད་དོ་ཞེས་ངེས་པ་བསྐྱེད་པར་བྱས་པ་སྟེ། ད་ཡང་གང་ཞེ་ན། བྱང་ཆུབ་མཆོག་གི་རྗེས་སུ་རབ་མོས་ཤིང་ཞེས་བྱ་བ་ཐེག་པ་ཆེན་པོ་ལ་ཞུགས་པ་དེས་སྔ་མའི་སྦྱིན ་པའི་བསོད་ནམས་པས་འདིའི་བསོད་ནམས་ཁྱད་པར་ཅན་དུ་འགྱུར་རོ། །སྡིག་པའི་གྲོགས་པོ་ཡོངས་སུ་སྤངས་པས་དེ་བཞིན་གཤེགས་པ་མཐོང་བ་སྟེ། དེ་ཡང་གང་ཞེ་ན། དེས་ནི་ངན་སོང་ཐམས་ཅད་སྤངས་པར་འགྱུར་ཞེས་བྱ་བ་ལ་སོགས ་པའོ།། ངེས་སྤང་བར་བྱ་བ་ནི་སྡིག་པ་དང་ངན་སོང་གསུམ་མོ། །དེས་ནི་གྲོགས་པོ་ངན་པ་སྤངས་པར་འགྱུར་ཞེས་བྱ་བ་ནི་ཉན་ཐོས་ལ་སོགས་པ་མི་དགེ་བའི་བཤེས་གཉེན་རྣམས་སོ། །འཆི་བའི་ཚེ་བཅོམ་ལྡན་འདས་སྣ་བར་མཛའ་ཡས་དེ་བཞིན ་གཤེགས་པ་དེ་ཡང་དེས་མྱུར་དུ་གདོན་མི་ཟ་བར་མཐོང་བར་འགྱུར་ཏེ། གང་གིས་མཐོང་ཞེ་ན། གང་གིས་འདི་ལྟར་བཟང་པོ་སྤྱོད་པའི་སྨོན་ལམ་འདིའི་དོན་དང། ཚིག་བཅས་པར་སེམས་ཀྱིས་ཆུབ་པའོ། །ཚེའི་འཚོ་བ་དགེ་བ་ཐོབ་པ་ནི་བྱང ་ཆུབ་སེམས་དཔའ་དང་སྐལ་བ་མཐུན་པ་ཐོབ་པ་སྟེ་དེ་ཡང་གང་ཞེ་ན། དེ་དག་རྙེད་པ་རབ་རྙེད་བདེ་བར་འཚོ་ཞེས་བྱ་བ་ལ་སོགས་པའོ། །བླ་ན་མེད་པའི་སྨོན་ལམ་རིན་པོ་ཆེའི་ཐོབ་པ་ནི། རབ་ཏུ་རྙེད་པ་སྟེ། བདེ་བར་འཚོ་བ་རྙེད་པ་ཡང་སྨོན་ལམ་རིན་པོ ་ཆེ་འདི་ལྟ་བུ་ཐོས་པས་སོ། །དེ་ལྟ་བས་ཚེའི་མཆོག་ཐོབ་པར་བྱ་པའི་དངོས་པོ་ཐོབ་པར་འགྱུར་པའི་ཕྱིར་རོ། །མི་ཆེ་འདིར་ཡང་དེ་དག་ལེགས་པར་འོངས་ཞེས་བྱ་བ་ནི་དགེ་བར་འོངས་པའོ། །ཀུན་ཏུ་བཟང་པོ་དེ་ཡང་ཅི་འདྲ་བར་ཞེས་བྱ་བ་ནི་དེ་ལྟར་རིང ་པོར་མི་ཐོགས་པས་འགྱུར་བའོ། །ལས་ཀྱི་སྒྲིབ་པ་ཡོངས་སུ་འབྱད་པའི་ཡོན་ཏན་ནི་རྣམ་པ་བཞི་པ་སྟེ། དེ་ཡང་གང་ཞེ་ན། མཚམས་མེད་ལྔ་པོ་དག་གི་སྡིག་པ་རྣམས་ཞེས་བྱ་བ་ལ་སོགས་པའོ། །སྡིག་པ་མཚམས་མེད་པ་ལྔ་ནི་མ ་བསང་པ་ལ་སོགས་པའོ། །གང་གིས་མི་ཤེས་དབང་གིས་བྱས་པ་དག་ཅེས་བྱ་བ་ནི་མི་ཤེས་པའི་རྩ་བ་ལས་བྱུང་བའི་ཕྱིར་འདོད་ཆགས་ལ་སོགས་པ་གཞན་དག་ལ་ཡང་མི་ཤེས་པའི་དབང་གིས་ཞེས་བྱ་བའོ།། ་Fདེ་ཡིས་ཀུན་ཏུ་བཟང་པོའི་སྤྱོད་པའི་སྨོན་ལམ་འདི་གོང་བཞིན་དུ་བཟུང་ནས་དད་པའི་ཆུས་སེམས་བརླན་པར་བྱས་ཏེ་བརྗོད་པ་དང། འཆད་པ་དང། མོས་པར་བྱེད་པ་དང། ཀློག་པ་དང། འཆར་བ་དང། སྒོམ་པ་རྣམས་བྱས་ན་མཚམས་མེད་པའི ་སྡིག་པ་ཡང་མྱུར་དུ་མ་ལུས་པར་ཡོངས་སུ་བྱང་བར་འགྱུར་རོ། །ཚེ་ཕྱི་མའི་ཡང་རྣམ་པ་གཉིས་ཏེ། རྒྱུས་བསྡུས་པ་དང། འབྲས་བུས་བསྡུས་པའོ། །དེ་ལ་རྒྱུས་བསྡུས་པ་ནི་ཡེ་ཤེས་དང། མཚན་དང་དཔེ་བྱད་ཀྱིས་ལུས་བརྒྱན་པ་དང ་ནད་མེད་པའི་མཆོག་གི་མཚན་རྣམས་ཏེ། དེ་ཡང་གང་ཞེ་ན། ཡེ་ཤེས་དང་ནི་གཟུགས་དང་ཞེས་བྱ་བ་ལ་སོགས་པའོ། །ཡེ་ཤེས་ཞེས་བྱ་བ་ནི་ཤེས་པ་སྟེ། སྤྱོད་པ་ཐམས་ཅད་དང་ལྡན་པའོ། །གཟུགས་ཞེས་བྱ་བ་ནི་གཟུགས ་ཡིད་འཕྲོག་པའོ། །མཚན་ཞེས་བྱ་བ་ནི་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དབུའི་གཙུག་ཏོར་ལ་སོགས་པའོ། །མཚན་གྱི་འཁོར་དཔེ་བྱད་ཡིན་པས་ན་དེ་དང་ཡང་ལྡན་པར་རིག་པར་བྱའོ། །རིགས་ཞེས་བྱ་བ་ནི་བྲམ་ཟེ་དང་རྗེའུ ་རིགས་ལ་སོགས་པ་གཞན་དག་ཀྱང་ངོ། །ཁ་དོག་ཅེས་བྱ་བ་ནི་རུས་ཆེན་པོ་བཙུན་པ་རྣམས་སོ། །ལྡན་པར་ཞེས་བྱ་བ་ནི་ཀུན་དང་ལྡན་པའོ། །འགྱུར་ཞེས་བྱ་བ་ནི་དེ་ལྟར་འགྱུར་བའོ། །བདུད་དང་མུ་སྟེགས་མང་པོས་དེ་མི་ཐུབ་ཅེས་བྱ་བ་ནི་བདུད ་མང་པོ་དང། མུ་སྟེགས་ཅན་མང་པོས་མི་ཚུགས་ཤིང་ཟིལ་གྱི་མི་ནོན་པའོ། །མཆོད་པར་གྱུར་ཅིག་ཅེས་བྱ་བ་ནི་ཁམས་གསུམ་པ་ཐམས་ཅད་ཀྱིས་མཆོད་པར་གྱུར་ཅིག་པ་སྟེ། གང་གིས་ཀུན་ཏུ་བཟང་པོའི་སྤྱོད་པ་སྨོན་ལམ་འཛིན་ཅིང ་སྟོན་ཅིང། འབྲས་བུས་བསྡུས་པ་ནི་བྱང་ཆུབ་ཀྱི་སྙིང་པོར་སོང་བ་དང། སེང་གེའི་གདན་ལ་བཞུགས་པར་བསྟན་པ་དང། བདུད་རྣམས་རབ་ཏུ་བཏུལ་བ་དང། མངོན་པར་བྱང་ཆུབ་པ་སྟེ། ཆོས་ཀྱི་འཁོར་ལོ་བསྐོར་བ་ལ་སོགས་པའི་མཚན་ཉིད་དོ ་དེ་ཡང་གང་ཞེ་ན། བྱང་ཆུབ་ཤིང་དབང་དྲུང་དུ་དེ་མྱུར་འགྲོ་བ་ཞེས་བྱ་བ་ལ་སོགས་པ་སྟེ། བཟང་པོ་སྤྱོད་པ་བླ་ན་མེད་པ་འདིས་ཤིན་ཏུ་བསགས་པའི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱིས་མྱུར་དུ་འགྲེའོ། །བྱང་ཆུབ་ཤིང་དབང་དྲུང་ཞེ་བྱ ་ནི་བྱང་ཆུབ་ཤིང་དབང་གི་དྲུང་དུའོ། །སོང་བས་ཀྱང་སྐྱིལ་མོ་ཀྲུང་བཅས་ཏེ་སེང་གེའི་གདན་ལ་འགྲོ་བ་ཐམས་ཅད་ལ་བདེ་ཞིང་ཕན་པའི་ཕྱིར་འདུག་ནས་བདུད་སྡེ་དང་བཅས་པར་བརྟུལ་སྟེ། དེ་ནས་བླ་ན་མེད་པ་ཡང་དག་པར་བྱང་ཆུབ་སངས་རྒྱས ་ནས་བླ་ན་མེད་པའི་ཆོས་ཀྱི་འཁོར་ལོ་བསྐོར་བར་མཛད་དོ། །ཞེས་བྱ་བའི་ཐ་ཚིག་གོ། མདོར་ན་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཡོན་ཏན་ཕུན་སུམ་ཚོགས་པ་མ་ལུས་པར་བསྟན་ཏོ། །དེ་ཡང་གང་ཞེ་ན། གང་ཡང་བཟང་པོ་སྤྱོད་པའི་སྨོན ་ལམ་འདི་ཞེས་བྱ་བ་ལ་སོགས་པའོ། །གང་གིས་བཟང་པོ་སྤྱོད་པའི་སྨོན་ལམ་འདི་འཆང་བ་དང་སྟོན་པ་དང། ཀློག་པའི་རྣམ་པར་སྨིན་པ་ནི་སུ་གང་གིས་ཤེས་ཤེ་ན། ཉན་ཐོས་དང། རང་སངས་རྒྱས་ལ་སོགས་པ་གཞན་གྱིས་ནི་མ་ཡིན་ཏེ། ་གཙོ་བོ་སངས་རྒྱས་བཅོམ་ལྡན་འདས་ཀྱི་མཁྱེན་ཏེ། སྨོན་ལམ་རིན་པོ་ཆེའི་རྣམ་པར་སྨིན་པར་ཇི་ལྟར་མཁྱེན་ཅེ་ན། བྱང་ཆུབ་མཆོག་ལ་ཞེས་བྱ་བ་སྟེ། བླ་ན་མེད་པའི་བྱང་ཆུབ་མཆོག་གི་འབྲས་བུའོ། །འཇིག་རྟེན་གྱི་ཕུན་སུམ་ཚོགས་པའི་ཡོན་ཏན ་ཡར་མ་ལུས་པར་འདིར་གཤད་པར་རིག་པར་བྱ་སྟེ། འཇིག་རྟེན་གྱི་ཕུན་སུམ་ཚོགས་པའི་ཡོན་ཏན་ནི་འདིའི་ཞར་གྱིས་འབྱུང་བར་རིག་པར་བྱའོ། །དེ་བས་ན་སྨོན་ལམ་འདི་ལ་དོགས་པ་དང་སེམ་ཉིད་མ་བྱེད་ཅིག་ཅེས་པའོ། །ད་ནི་བསྔོ་བ ་བསྟན་པ་ཞེས་བྱ་བ་སྟེ། འཇམ་དཔལ་དཔའ་འོས་ཇི་ལྟར་མཁྱེན་ཅེས་བྱ་བ་ལ་སོགས་པའོ། །འཇམ་དཔལ་གྱིས་ཇི་ལྟར་མཁྱེན་པ་དང། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོས་ཀྱང་དེ་བཞིན་དུ་སྟེ། དགེ་པའི ་ཕུང་པོ་འདི་དག་ཐམས་ཅད་དེ་དག་གིས་རྗེས་སུ་བསྔོ་ཞིང་སློབ་པ་ནི་བྱང་ཆུབ་སེམས་དཔའ་ཨི་བསྔོ་བའོ། །འདི་ནི་དེ་བཞིན་གཤེགས་པའི་བསྔོ་བ་སྟེ། དུས་གསུམ་གཤེགས་པི?་རྒྱལ་བ་ཐམས་ཅད་ཀྱིས་ཞེས་བྱ་པ་ལ་སོགས་པའོ། །དུས ་གསུམ་གཤེགས་པའི་རྒྱལ་བ་བཅོམ་ལྡན་འདས་ཐམས་ཅད་ཀྱིས་བླ་ན་མེད་པ་མཆོག་དུ་བསྔོ་བར་བསྔགས་ཤིང་བསྟོད་པ་སྟེ། དེ་ལྟར་བདག་གིས་བསྔོ་བ་ནི་བླ་ན་མེད་པ་མཆོག་ཀུན་ཏུ་བཟང་པོའི་སྤྱོད་པའི་དགེ་བའི་ཚོགས་འདི་ཀུན་ཀྱང ་དེ་ལྟར་རོ། །འདི་ལ་ཚིགས་སུ་བཅད་པ་ཕྱེད་ཀྱིས་ནི་སྡིག་པའི་སྒྲིབ་པ་སྤོང་བའོ། །ཕྱེད་ཀྱིས་ནི་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པའི་ལུས་ཡོངས་སུ་བཟུང་བའོ། །དེ་ཡང་གང་ཞེ་ན། བདག་ནི་འཆི་བའི་དུས་བྱེད་ཅེས་བྱ་བ་ལ་སོགས་པའོ། ། ་འཆི་བར་བྱེད་པ་ནི་འཆི་བ་སྟེ། འཆི་བའི་དུས་སུ་བཟང་པོ་སྤྱོད་པ་ལ་གང་གིས་སྒྲིབས་པར་འགྱུར་པའི་སྒྲིབ་པ་དེ་ཐམས་ཅད་ཕྱིར་གསལ་པའོ། །མངོན་པར་མཐོང་ཞེས་བྱ་བ་ནི་བཅོམ་ལྡན་འདས་སྣང་བ་མཛའ་ཡས་མངོན་སུམ་དུ་མཐོང་བའོ ་དེར་ཞེས་བྱ་བ་ནི་བདེ་བ་ཅན་གྱི་འཇིག་རྟེན་དུ་འགྲོ་བ་ལ་བྱའོ། །དེར་སོང་ན་ཞེས་བྱ་བ་ནི་བདེ་བ་ཅན་གྱི་སངས་རྒྱས་ཀྱི་ཞིང་དེར་སོང་བ་སྟེ་།ཇི་ལྟར་སྨྲས་པ་བཞིན་སྨོན་ལམ་དུ་བཏབ་པ་དེ་ཀུན་བདག་གིས་མངོན་སུམ་དུ་རྫོགས་པར་གྱུར་ཅིག ་པའོ། །དེ་དག་མ་ལུས་བདག་གིས་ཡོངས་སུ་བསྐང་ཞེས་བྱ་བ་ནི། སེམས་ཅན་ཐམས་ཅད་ལ་འདི་ལྟ་བུ་ཕན་པར་བྱ་བའོ། །ཇི་སྲིད་དུ་ཞེ་ན། འཇིག་རྟེན་ཇི་སྲིད་ཅེས་བྱ་བ་སྟེ། འཇིག་རྟེན་ཇི་སྲིད་པར་འགྲོ་བ་རྣམས་ཀྱི་དོན་བྱ་བའོ། ། ་ལྷག་མ་ནི་ལུང་བསྟན་པ་ཐོབ་པ་དང། སེམས་ཅན་གྱི་དོན་སྒྲུབ་བ་སྟེ། གང་ཞེ་ན། རྒྱལ་བའི་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པ་སྟེ། རྒྱལ་བའི་དཀྱིལ་འཁོར་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་འཁོར་འདུས་པའོ། །བཟང་པོ ་ཞེས་བྱ་བ་ནི་མཛེས་པའོ། །དགའ་བ་ཞེས་བྱ་བ་ཡིད་དགའ་བར་འགྱུར་པའོ། །པང་མོ་དག་པ་ཞེས་བྱ་བ་ནི་པད་མོ་དམ་པའོ། །མཛེས་ཞེས་བྱ་བ་ནི་རིན་པོ་ཆེ་སྣ་ཚོགས་ལས་བྱས་པས་འཚེར་བའོ། །སྐྱེས་ཞེས་བྱ་བ་ནི་མངོན་དུ་བྱུང ་པའོ། །ལུང་བསྟན་ཅེས་བྱ་བ་ནི་ལུང་བསྟན་པས་ན་ལུང་སྟོན་པ་སྟེ། དུས་འདི་ན་འཇིག་རྟེན་གྱི་ཁམས་ཆེ་གེ་མོ་ཞིག་ཏུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པར་འཚང་རྒྱ་བ་ལུང་སྟོན་པ་སྟེ། བཅོམ་ལྡན་འདས་སྣང ་བ་མཛའ་ཡས་ལས་བདག་གིས་ལུང་བསྟན་པ་མངོན་གསུམ་དུ་ཐོབ་པར་བྱའོ་སྙམ་པའོ། །དེར་ནི་ཞེས་བྱ་བ་ནི་བཅོམ་ལྡན་འདས་སྣང་པ་མཛའ་ཡས་ལས་ལུང་བསྟན་པ་རབ་ཏུ་ཐོབ་ནས། བྱེ་བ་བརྒྱ་ཕྲག་དུ་མར་སྤྲུལ་པའི་ཚེ་འཕྲུལ ་གྱི་སྤྲིན་གྱིས་ཕྱོགས་བཅུ་ཀུན་ཏུ་ཁྱབ་པར་སྤྲུལ་ནས། སེམས་ཅན་ཐམས་ཅད་ལ་ཕན་པའི་རྣམ་པ་མང་པོ་གྲངས་མེད་ཚད་མེད་པ་སྐད་ཅིག་གིས་སོ་སོར་ཐམས་ཅད་དུ་བྱེད་པ་སྟེ། བློའི་སྟོབས་ཀྱི་ཞེས་བྱ་བ་ནི་ཡེ་ཤེས་གྱི་མཐུ ་ཆེན་པོ་སྟེ། མི་ཆགས་ཤིང་ཐོགས་པ་མེད་པས་ཞེས་བྱ་བའི་ཐ་ཚིག་གོ། །།འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གྱིས་རྒྱལ་པོའི་བཤད་པ། བློ་དཔོན་ཕྱོགས་ཀྱི་གླང་པོས་མཛད་པ ་རྫོགས་སྟོ།། །།བཟང་སྤྱོད་འགྲེལ་པ་ཤཱཀྱ་བཤེས་གཉེན་གྱིས་མཛད་པ་བཞུགས་སོ།། །།*། །རྒྱ་གར་སྐད་དུ། ཨཱརྱ་བྷ་དྲ་ཏ་རྱ་པྲ་ཎི་དྷཱ་ན་རཱ་ཛ་ཊཱི་ཀ། བོད་སྐད་དུ། ་