CLOSE WINDOW

N4299: 'phags pa dkon mchog brtsegs pa chen po chos kyi rnam grangs le'u stong phrag brgya pa las 'od srungs kyi le'u rgya cher 'grel pa
Wyliee-texts based on the ACIP/ALL Input

ལོཙྪ་བ་དགེ་སློང་ཚུལ་ཁྲིམས་རྒྱལ་བས་བསྒྱུར་བའོ།། །། འ་དཀོན་བརྩེགས་པ་འོད་སྲུངས་ལེའུའི་བཤད་པ་སློབ་དཔོན་བློ་བརྟན་གྱིས་མཛད་པ་བཞུགས།། །།རྒྱ་གར་སྐད་དུ། ཨཱརྱ་མཧཱ་རཏན་ཀུ་ཊ་དྷརྨ་པརྱཱ་ཡ་བ ་རི?་བརྟྟ་ཤ་ཏ་སཱ་ཧ་སྲི་ཀ་ཀཱ་ཤྱ་པ་པ་རི་བརྟྟ་ཊཱི་ཀ། བོད་སྐད་དུ། འཕགས་པ་དཀོན་མཆོག་བརྩེགས་པ་ཆེན་པོ་ཆོས་ཀྱི་རྣམ་གྲངས་ལེའུ་སྟོང་ཕྲག་བརྒྱ་པ་ལས་འོད་སྲུངས་ཀྱི་ལེའུའི་རྒྱ་ཆེར་འགྲེལ་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག ་འཚལ་ལོ། །འཇིག་རྟེན་མགོན་པོ་སྡུག་བསྔལ་མཚོ་བརྒལ་བ། །ཐུགས་རྗེ་ཆེ་དང་ལྡན་ལ་ཕྱག་འཚལ་ཏེ། །ཡང་དག་དོན་གྱི་རྒྱན་གྱིས་མཛེས་བྱས་པ། །དཀོན་མཆོག་བརྩེགས་པའི་བཤད་པ་བརྗོད་པར་བྱ། སྨྲས?་བ། ཁྱོད་དཀོན ་མཆོག་བརྩེགས་པ་འཆད་འདོད་དོ་ཞེས་ཟེར་ན་ཆོས་ཀྱི་རྣམས་གྲངས་འདི་དཀོན་མཆོག་བརྩེགས་པ་ཞེས་བཏགས་པ་ཅི། དགོས་པ་དེ་ཉིད་ཇེ་བཤད་དགོས་སོ། །སྨྲས་པ། ཐེག་པ་ཆེན་པོའི་ཆོས་དཀོན་མཆོག་གི་རྣམ་པ་ཐམས་ཅད ་བསྡུས་པའི་ཕྱིར་རོ། །ཐེག་པ་ཆེན་པོའི་ཆོས་དཀོན་མཆོག་ལ་ཆོས་དཀོན་མཆོག་གི་རྣམ་པ་ཇི་སྙེད་པ་དེ་བསྡུས་བ་ན། དཀོན?་མཆོག་བརྩེགས་བ་ཞེས་བྱའོ། །བརྩེགས་པ་ནི་སྤུངས་པ་དང། ཕུང་པོ་དང། བཅེར་བཞེས་བྱ་བ་དང། དོན ་ཐ་དད་པ་མ་ཡིན་ནོ། །དེ་ལ་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་རྣམས་ལས་བརྩམས་ནས་ཐེག་པ་ཆེན་ཕོར་རྣམ་པ་བཅུ་དྲུག་གིས་ཆོས་བསྟན་ཏེ། ཇི་ལྟར་བྱང་ཆུབ་སེམས་དཔའ་སྒྲུབ་པ་ན་ལོག་པར་ཞུགས་པར ་འགྱུར་བ་ལོག་པར་སྒྲུབ་པའི་རྣམ་པ་དང། ཇི་ལྟར་བྱང་ཆུབ་སེམས་དཔའ་སྒྲུབ་པ་ཡང་དག་པར་ཞུགས་པར་འགྱུར་བ་ཡང་དག་པར་སྒྲུབ་པའི་རྣམ་པ་དང། ཡང་དག་པར་སྒྲུབ་པའི་ལེགས་པའི་རྣམ་པ་དང། བྱང་ཆུབ་སེམས་དཔའ་ཡང ་དག་པར་སྒྲུབ་པ་ལ་གནས་པ། ཆོས་སྤྱོད་པ། མཉམ་པར་སྤྱོད་པ། དགེ་བར་སྦྱོར་བ་དང། ཆོས་ལ་སྤྱོད་པ་ལ་གནས་པའི་ཚུལ་གྱིས་རྣམ་པ་དང། བྱང་ཆུབ་སེམས་དཔའ་ལ་གནོད་པར་སེམས་བ་དང་པ་ཡང་དག་པར་བསྐྱེད་པའི་ཕྱིར ་དཔེའི་རྣམ་པ་དང། བྱང་ཆུབ་སེམས་དཔའ་ཡང་དག་པར་སྒྲུབ་པ་ལ་གནས་པའི་བསླབ་པའི་རྣམ་བ་དང། ཉན་ཐོས་ཀྱི་བསླབ་པ་དང། བྱང་ཆུབ་སེམས་དཔའ་ཨི་བསླབ་པའི་ཁྱད་པར་གྱི་རྣམ་པ་དང། བྱང་ཆུབ་སེམས་དཔའ་ཨི་བསླབ་པ་ལ་ཤིན ་ཏུ་བསླབ་པའི་བྱང་ཆུབ་སེམས་དཔའ་ཨི་འཇིག་རྟེན་བ་དང་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱིས་གཞན་གྱི་དོན་བྱ་བའི་རྣམ་པ་དང། བྱང་ཆུབ་སེམས་དཔའ་ཨི་སྡེ་སྣོད་ཀྱི་གདམས་ངག་དེ་ལ་ཉན་ཐོས་ཀྱི་བསླབ་བའི་རྣམ་པ་དང། དགེ་སྦྱོང ་ལེགས་པར་མ་བསླབས་པའི་རྣམ་པ་དང། དགེ་སྦྱོང་ལེགས་པར་བསླབས་པའི་རྣམ་པ་དང། བརྡེའི་སྡོམ་པ་ལ་གནས་པའི་རྣམ་པ་དང། དོན་དམ་པའི་སྡོམ་པ་ལ་གནས་བའི་རྣམ་པ་དང། དེ་བཞིན་གཤེགས་པས་འདུལ་བའི་ཐབས་ཀྱི ་རྣམ་བ་དང། ལྡེམ་པོ་དག་ཏུ་སྨྲ་བའི་རྣམ་པ་དང། བྱང་ཆུབ་སེམས་དཔའ་ཨི་སྡེ་སྣོད་གདམས་ངག་ལ་མོས་པའི་ལེགས་པའི་རྣམ་པ་སྟེ། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་རྣམས་ལས་བརྩམས་ནས་ཐེག་བ་ཆེན་པོ་རྣམ་པ ་བཅུ་དྲུག་པོ་འདི་དག་གིས་ཆོས་བསྟན་ཏེ། རྣམ་པ་འདི་དག་ཐམས་ཅད་ཀྱང་ཆོས་ཀྱི་རྣམ་གྲངས་འདི་ལ་སྣང་ངོ། །དེ་བས་ན་ཐེག་པ་ཆེན་པོ་ལས་གསུངས་པའི་ཆོས་དཀོན་མཆོག་གི་རྣམ་པ་ཐམས ་ཅད་བསྡུས་པའི་ཕྱིར་དཀོན་མཆོག་བརྩེགས་བ་ཞེས་བྱའོ། །སྨྲས་པ་ཇི་ལྟར་ན་ཐོག་པ་ཆེན་པོ་ལས་གསུངས་པའི་རྣམ་པ་དེ་དག་ཐམས་ཅད་མདོ་སྡེ་འདིར་བསྡུས། སྨྲས་པ་ཆོས་བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་ཨི་ཤེས་རབ ་ཡོངས་སུ་ཉམས་པར་འགྱུར་རོ་ཞེས་བྱ་བ་ནས་བརྩམས་ཏེ་ནག་པོའི་ཕྱོགས་སུ་བསྡུས་པའི་བཞི་པ་ཕྲག་བརྒྱད་པོ་དག་ནི་ལོག་པར་སྒྲུབ་པའི་རྣམ་པར་བསྡུ་བར་རིག་པར་བྱའོ། །ཆོས་བཞི་པོ་དག་ནི་ཤེས་རབ་ཆེན་པོར་འགྱུར་བའོ་ཞེས་བྱ་བ ་ནས་བརྩམས་ཏེ། དཀར་པའོ?་ཕྱོགས་ཀྱི་ཆོས་སུ་བསྡུས་པ་བཞི་བ་ཕྲག་བརྒྱད་པོ་དག་ནི། ཡང་དག་པར་སྒྲུབ་པའི་རྣམ་པ་བསྡུ་བར་རིག་བར་བྱའོ། །བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་ཨི་གཏེར་ཆེན་པོ་རྙེད་པའོ་ཞེས་བྱ་བ ་ནུས?་བརྩམས་ཏེ། བཞི་ཕྲག་བཞི་པོ་དག་ནི། ཡང་དག་པར་སྒྲུབ་པའི་ལེཌ་པའི་རྣམ་པར་བསྡུས་པར་རིག་པར་བྱ་སྟེ། དེ་ལྟར་བཞི་ཕྲག་ཉི་ཤུ་པོ་དེ་དག་གིས་ནི་ཀུན་ནས་ཉེན་མོངས་པ་དང། རྣམ་པར་བྱང་བ་དང། ལེགས་པར་བསྡུ ་བར་ཡོངས་སུ་བསྟན་པ་ཡིན་ནོ། །འོད་སྲུངས་བྱང་ཆུབ་སེམས་དཔའ་ནི་མིང་ཙམ་གྱིས་བྱང་ཆུབ་སེམས་དཔའ་ཞེས་མི་བྱ་སྟེ། ཞེས་བྱ་བ་ནས་བརྩམས་ཏེ། ཆོས་སུམ་ཅུ་རྩ་གཉིས་པོ་དག་ནི་ཚུལ་ཁྲིམས་ཀྱི་རྣམ་པར་བཞག་པར ་རིག་པར་བྱའོ། །འོད་སྲུངས་ཁྱོད་ལ་དཔེར་བྱ་བ་བསྟན་ཏོ་ཞེས་བྱ་བ་ནས་བརྩམས་ཏེ། ངོ་བོ་བཅུ་དགུ་པོ་དག་ནི། དཔའ་རྣམ་པར་བསྡུ་བར་རིག་པར་བྱའོ། །འོད་སྲུངས་དེ་བས་ན་བྱང་ཆུབ་སེམས་དཔའ་དཀོན་མཆོག་བརྩེགས ་པ་ཆེན་པོའི་ཆོས་ཀྱི་རྣམ་གྲངས་འདི་ལ་སློབ་པར་འདོད་པས་ཞེས་བྱ་བ་ནས་བརྩམས་ཏེ། ཡང་དག་པར་སྒྲུབ་པ་ལ་གནས་པའི་བསླབ་པའི་རྣམ་པར་བསྡུ་བར་རིག་པར་བྱའོ། །འོད་སྲུངས་འདི་ལྟ་སྟེ། དཔེར་ན་ནམ་མཁའ་ལས་ས་བོན་རྣམས་མི་འཁྲུང ་ངོ་ཞེས་བྱ་བ་ནས་བརྩམ་ཏེ། ཉན་ཐོས་ཀྱི་བསླབ་པ་དང་བྱང་ཆུབ་སེམས་དཔའ་ཨི་བསླབ་པའི་ཁྱད་པར་གྱི་རྣམ་པར་བསྡུ་བར་རིག་པར་བྱའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཡང་ཚེ་དང་ལྡན་པ་འོད་སྲུངས་ཆེན་པོ་ལ་བཀའ་སྩལ་པ་ཞེས་བྱ་བ ་ནས་བརྩམས་ཏེ་འཇིག་རྟེན་པ་དང། འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱིས་གཞན་གྱི་དོན་བྱ་བའི་རྣམ་པར་བསྡུ་བར་རིག་པར་བྱའོ། །འོད་སྲུངས་ནང་དུ་ཡོངས་སུ་ཚོལ་ཅིག་།ཕྱི་རོལ་ཏུ་མ་རྒྱུ་གཅིག་ཅེས་བྱ་བ་ནས་བརྩམས་ཏེ། བྱང ་ཆུབ་སེམས་དཔའ་ཨི་སྡེ་སྣོད་ཀྱི་གདམས་ངག་ང་ལ་ཉན་ཐོས་ཀྱི་བསླབ་པའི་རྣམ་པར་བསྡུ་བར་རིག་པར་བྱའོ། །འོད་སྲུངས་དགེ་སྦྱོང་དགེ་སྦྱོང་ཞེས་བྱ་བ་འོད་སྲུངས་ཇི་ཙམ་གྱིས་ནི། དགེ་སྦྱོང་ནི་བཞི་པོ་འདི་དག་སྟེ། ཞེས་བྱ་བ་ལ་དགེ་སྦྱོང ་གོང་མ་གསུམ་ངོ་ནི་དགེ་སྦྱོང་ལེགས་པར་མ་བསླབས་པའི་རྣམ་པར་བསྡུ་བར་རིག་པར་བྱའོ། །བཞི་པ་ནི་དགེ་སྦྱོང་ལེགས་བར་བསླབས་པའི་རྣམ་པར་བསྡུ་བར་རིག་པར་བྱའོ། །འོད་སྲུངས་བཞི་པོ་དེ་དག་ནི་ངང་ཚུལ་ངན་པ ་ཅན་ཚུལ་ཁྲིམས་དང་ལྡན་བ་འདྲ་བ་མ་ཡིན་ཏེ། ཞེས་བྱ་བ་ཚུལ་ཁྲིམས་དང་ལྡན་བ་བཞི་པོ་དག་ནི་བརྡོའི?་སྡོམ་བ་ལ་གནས་བའི་རྣམ་པར་བསྡུ་བར་རིག་པར་བྱའོ། །འོད་སྲུངས་ཚུལ་ཁྲིམས་ཚུལ་ཁྲིམས་ཞེས་བྱ་བ་ནི་གང་ལ་བདག ་མེད་བ་དང། བདག་གི་བ་མེད་པ་ཞེས་བྱ་བ་ནས་བརྩམས་ཏེ། དོན་དམ་པའི་སྡོམ་པ་ལ་གནས་པའི་རྣམ་པར་བསྡུ་བར་རིག་པར་བྱའོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་འོད་སྲུངས་ཆེན་པོས་འདི་སྐད་ཅེས་གསོལ་ཏོ། །བཅོམ ་ལྡན་འདས་དགེ་སློང་བསམ་གཏན་ཐོབ་པ་ལྔ་བརྒྱ་པོ་འདི་དག་སྟན་ལས་ལངས་ཏེ་མཆིས་ཞེས་བྱ་བ་ནས་བརྩམས་ཏེ། དེ་བཞིན་གཤེགས་པས་འདུལ་བའི་ཐབས་ཀྱི་རྣམ་པར་བསྡུ་བར་བྱའོ། །དེ་ནས་ཚེ་དང ་ལྡན་པ་རབ་འབྱོར་གྱིས་དགེ་སློང་དེ་དག་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་དག་གར་དོང་དོང་གང་ན་ལྷགས་ཞེས་བྱ་བ་ནས་བརྩམས་ཏེ། ལྡེམ་པོའི་ངག་ཏུ་སྨྲས་པའི་རྣམ་པར་བསྡུ་བར་རིག་པར་བྱའོ། །དེ་ནས་བཅོམ་ལྡན ་འདས་ལ་ཚེ་དང་ལྡན་པ་འོད་སྲུངས་ཆེན་པོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཇི་ཙམ་དུ་དཀོན་མཆོག་བརྩེགས་པའི་ཆོས་ཀྱི་རྣམ་གྲངས་འདི་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ ་རྣམས་ལ་ཕན་འདོགས་པར་གྱུར་པ་ནི་ངོ་མཚར་ཏོ་ཞེས་བྱ་བ་ནས་བརྩམས་ཏེ། བྱང་ཆུབ་སེམས་དཔའ་ཨི་སྡེ་སྣོད་ཀྱི་གདམས་ངག་ལ་མོས་པའི་ལེགས་པའི་རྣམ་པར་བསྡུ་བར་རིག་པར་བྱ་སྟེ། །ཐེག་པ་ཆེན་པོ་ལས་གསུངས་པའི ་ཆོས་དཀོན་མཆོག་གི་རྣམ་པ་བཅུ་དྲུག་པོ་འདི་དག་བསྡུ་བའི་ཕྱིར་ཆོས་ཀྱི་རྣམ་གྲངས་འདི་དཀོན་མཆོག་བརྩེགས་པ་ཞེས་བཏགས་པར་རིག་པར་བྱའོ། །བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་བཞུགས་ཞེས་བྱ་བ་གནས་བརྗོད་པ་ཅི ་དགོས་ཤེ་ན་སྨྲས་པ། བཅོམ་ལྡན་འདས་གནས་འདི་ན་བཞུགས་ཞེས་བྱ་བ་ནི་སེམས་ཅན་བསོད་ནམས་ལྟུར་ལེན་པ་རྣམས་ལ་ཡུལ་དེ་མཆོད་རྟེན་གྱི་དངོས་པོས་བསོད་ནམས་བསྐྱེད་པའི་ཕྱིར་གནས་བརྗོད་པར་རིག་པར་བྱའོ། །འོ་ན ་ཆོས་ཀྱི་རྣམ་གྲངས་འདི་ཅིའི་ཕྱིར་རྒྱལ་པོའི་ཁབ་ཏུ་བཤད་ཀྱི་གཞན་དག་ཏུ་མ་བཤད་ཅེ་ན། སྨྲས་པའི?་ཆོས་ཀྱི་རྣམ་གྲངས་སུ་འདི་ཆོས་ཀྱི་རྒྱལ་པོར་གནས་སུ་བསྟན་པའི་ཕྱིར་ཏེ། ཇི་ལྟར་རྒྱལ་པོའི་ཁབ་རྒྱལ་པོའི་གནས་སུ་གྱུར ་བས་རྒྱལ་པོའི་ཁབ་ཅེས་བྱ་བ་བརྗོད་པ་དེ་བཞིན་དུ་ཆོས་གྱི་རྣམ་གྲངས་འདི་ཆོས་ཀྱི་རྒྱལ་པོའི་གནས་སུ་གྱུར་པ་བསྟན་པའི་ཕྱིར་རྒྱལ་པོའི་ཁབ་ཉིད་དུ་བཤད་དོ། །འོ་ན་ཅིའི་ཕྱིར་བྱ་རྒོད་ཀྱི་ཕུང་པོའི་རི་ལ་བཤད་ཀྱི་ཡུལ་གཞན་དུ་མ་ཡིན་ཞེས ་ན། སྨྲས་པ། ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་ལས་ཐེག་པ་ཆེན་པོ་བརྩེགས་པ་ལྟར་ཁྱད་ཞུགས་པར་བསྟན་པའི་ཕྱིར་ཏེ། ཇི་ལྟར་ཞེ་ན། བདག་དང་གཞན་གྱི་དོན་སྒྲུབ་པའི་དབང་དུ་བྱས་པའི་ཕྱིར་རོ། །དགེ་སློང ་བརྒྱ་སྟོང་དང་བྱང་ཆུབ་སེམས་དཔའ་སྟོང་ཕྲག་བཅུ་དྲུག་ཅེས་བྱ་བ་ལ། སྨྲས་པ། དེ་ལ་བྱང་ཆུབ་སེམས་དཔའ་ཨི་ཆེད་ཀྱི་ཕྱིར་བསྟན་པ་འདི་ལ་བྱང་ཆུབ་སེམས་དཔའ་སྨོས་པ་ནི་རིགས་ན་ཉན་ཐོས་ཀྱི་དགེ་འདུན་སྨོས་པ་ཅི་དགོས། ་སྨྲས་བ། ཉན་ཐོས་ཀྱི་དགེ་འདུན་སྨོས་པ་ནི་ཉན་ཐོས་ཐེག་པ་ཆེན་པོ་ལ་ཐེ་ཚོམ་ཟ་བ་རྣམས་ཀྱི་ཐེ་ཚོམ་བསལ་བ་དང། མ་ངེས་པ་རྣམས་ཡིད་ཆེས་པར་བྱ་བ་དང། རྣམ་པར་དག་པ་རྣམས་བདག་ལ་ང་རྒྱལ་བྱེད་པ་སྤང་བའི་ཕྱིར ་ཏེང་ཉན་ཐོས་གང་དང། ཉོན་མོངས་པ་ཐམས་ཅད་སྤངས་པས་འདི་ལྟ་སྟེ། ཉོན་མོངས་པའི་སྒྲིབ་པ་སྤངས་པ་ནི་བསྟན་པ་ལ་རྣམ་པར་དག་པའི་ཡན་ལག་ཏུ་བྱ་བ་འདི་ཙམ་དུ་ཟད་དོ་སྙམ་ནས་བདག་ལ་ང་རྒྱལ་སྐྱེད་པའི་མངོན ་བའི་ང་རྒྱལ་དེ་དོར་བའི་ཕྱིར་ཏེ། བྱང་ཆུབ་སེམས་དཔའ་རྣམས་ལས་བརྩམས་ནས་ཉོན་མོངས་པ་དང། ཤེས་བྱའི་སྒྲིབ་པ་སྤང་བའི་རྒྱུར་གྱུར་པ་ཆོས་ཀྱི་རྣམ་གྲངས་འདི་ལས་བསྟོན་པའི་ཕྱིར་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་སྤངས་པ་དཔེ ་ལས་འདས་པའི་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ལས་བྱེ་བྲག་ཏུ་འཕགས་པའི་འབྲས་བུ་སྟོན་ཏོ། །ཉན་ཐོས་རྣམ་པས་བྱང་ཆུབ་སེམས་དཔའ་འདི་དག་ཇི་ལྟར་ཅིའི་ཕྱིར་མང་བར་འབྱུང་སྙམ་དུ་མ་འོངས་པའི་སྐྱེ་བོ་དག ་གི་དོགས་པ་བསལ་བའི་ཕྱིར། སངས་རྒྱས་ཀྱི་ཞིང་ཐ་དད་པ་ནས་འདུས་པ་ཞེས་སྡུད་པར་བྱེད་པར་སྨོས་སོ། །སྐྱེ་བ་གཅིག་གིས་ཐོགས་པ་ཤ་སྟག་ཅེས་པ་ནི་གཏམ་འདིའི་སྨོད་དུ་གྱུར་པའོ་ཞེས་བྱ་བའི ་ཐ་ཚིག་གོ་།གང་གི་ཚེ་སངས་རྒྱས་ཀྱི་ཞིང་དེ་དག་ན་ཡང་སངས་རྒྱས་བཅོམ་ལྡན་འདས་དག་ཆོས་སྟོན་བཞིན་དུ་སངས་རྒྱས་ཀྱི་ཞིང་ཐ་དད་པ་དག་ནས་བྱང་ཆུབ་སེམས་དཔའ་རྣམས་སངས་རྒྱས་ཀྱི་ཞིང་འདིར་འོད་ཅི་དགོས་ཤེ ་ན། སྨྲས་པ། སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་ནི་དགོས་པ་སྟེ་སངས་རྒྱས་ཀྱི་ཞིང་འདི་ན་ཡོད་པའི་སེམས་ཅན་རྣམས་བྱང་ཆུབ་སེམས་དཔའ་དེ་དག་གིས་སྔོན་ཡོངས་སུ་སྨིན་པར་བྱས་པས། སྐལ་པ་མཉམ་པ་གང་ཡིན་པ་དེ ་དག་ཉིད་ལས་ཉན་པར་སེམས་པ་དང། སངས་རྒྱས་ཀྱི་ཞིང་གཞན་དག་ན་ཡང་སངས་རྒྱས་བཞུགས་པར་བསྟན་པའི་ཕྱིར་རོ། །བསྟན་པ་ཅི་དགོས་ཤེ་ན། སྨྲས་པ། དེ་དང་མཚུངས་བར་སྤྱད་པར་རྣམས་སངས་རྒྱས་ཀྱི་ཞིང་དེ་དག་ཏུ་སངས་རྒྱས་ལ་ལྟ ་འདོད་པ་བསྐྱེད་པ་དང། སངས་རྒྱས་མང་བར་བརྗོད་པ་དང། སེམས་ཅན་གཞན་དག་ཀྱང་སངས་རྒྱས་སུ་འགྲུབ་པར་སྤྲོ་བ་བསྐྱེད་པའི་ཕྱིར་ཏེ། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ཉིད་ཀྱིས་སྔོན་ཡོངས་སུ་སྨིན་པར་མཛད་པའི་ཕྱིར་དེ་དང་སྐལ ་པ་འདྲ་བས་སངས་རྒྱས་ཀྱི་ཞིང་གཞན་དག་ནས་བཅོམ་ལྡན་འདས་ལ་བལྟ་བའི་ཕྱིར་ལྷགས་སོ། །སྨྲས་པ། ཅིའི་ཕྱིར་ཉན་ཐོས་དག་པས་བྱང་ཆུབ་སེམས་དཔའ་ཆོས་མེད། སྨྲས་པ། བྱང་ཆུབ་སེམས་དཔའ་མང་བ་ནི་དེ་དག་གི ་སྒྲུབ་པར་གཏོགས་པའི་ཕྱིར་རོ། །སྨྲས་པ། ཅིའི་ཕྱིར་ཉན་ཐོས་ཀྱིས་དགེ་འདུན་ནི་གོང་དུ་སྨྲས་སོ། སྨྲས་པ་།དེ་བྱིན་གྱིས་བརླབས་ནས་བསྟན་པ་རྩོམ་པའི་ཕྱིར་རོ། །སྨྲས་པ། ཅིའི་ཕྱིར་སངས་རྒྱས་ཀྱི་ཞིང་ཐ་དད་པ་ནས་འདུས་པ་དང། འདི་ལྟ་སྟེ། ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྐྱེ་བ་གཅིག་གིས་ཐོགས་པ་ཞེས་སྨྲས། སྨྲས་པ། སངས་རྒྱས་ཀྱི་ཞིང་ཐ་དད་པ་ནས་འདུས་པ་དང། སྐྱེ་བ་གཅིག་གིས་ཐོགས་པ་ཞེས་སྨྲས་པ་ནི་ཆོས་མཉན་པ་དོན་དུ་མི་གཉེར ་བ་དང། ལེ་ལོ་དང་ང་རྒྱལ་གྱི་དབང་གིས་མི་འོང་པ་དེའི་གཉེར་པོའི་ཕྱིར་ཏེ། བདག་ཉིད་ཆོས་ཉན་པ་དོན་དུ་གཉེར་བས། གཞན་དང་གཞན་དག་ནས་ལྷགས་ཀྱི། གཞན་གྱི་རྗེས་སུ་འབྲང་བ་མ་ཡིན་པ་དང། འཇིག་རྟེན་གྱི་ཁམས ་ཐག་རིང་པོ་གཞན་དག་ནས་ཀྱང་ལྷགས་པ་དང། སངས་རྒྱས་ཀྱི་ཆོས་ལ་དབང་བསྐུར་བ་ཐོབ་པ་དག་ཀྱང་ལྷགས་ན་གཞན་ལྟ་སྨོས་ཀྱང་ཅི་དགོས་ཀྱིས། ཅིའི་ཕྱིར་འདོད་པར་མི་བྱ་བ་སྙམ་པ་སྟེ། དེ་ལྟར་དེའི་གཉེན་པོའི་ཕྱིར་རོ། །དེ་ནས ་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་འོད་སྲུངས་ཆེན་པོ་ལ་བཀའ་སྩལ་པ་ཞེས་བྱ་བའི་ཕྱིར་བཅོམ་ལྡན་འདས་ཀྱིས་འོད་སྲུངས་ཆེན་པོ་ལས་བརྩམས་ཏེ་ཆོས་སྟོན་ལ་བྱང་ཆུབ་སེམས་དཔའ་རྣམས་ལ་མ་ཡིན་ཞེ་ན། སྨྲས་པ། འོད་སྲུངས ་ཆེན་པོ་ལ་བཀའ་སྩལ་པ་ནི་བསྟན་པའི་ནུས་པ་བརྗོད་པའི་ཕྱིར་ཏེ། མ་རྟོགས་པ་དང་མ་མོས་པ་དག་ཀྱང་ཐེག་པ་ཆེན་པོའི་ཡིད་ཆེས་པར་བྱ་བའི་ཕྱིར་རོ། །དེ་ལ་ལོག་པར་སྒྲུབ་པ་བསྡུས་པ་སྔར་བསྟན་པ་བཞི་པ་ཕྲག་བརྒྱད་པོ་དག་ནི། ་གོང་ནས་གོང་དུ་མངོན་པར་སྒྲུབ་བས་ཀོ་རིམ་དུ་རིག་པར་བྱ་སྟེ། བཞི་པ་དང་པོ་ནི་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་ཉམས་པར་འགྱུར་པའི་ཕྱིར་ལོག་པར་སྒྲུབ་པའོ། །གཉིས་པ་ནི་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་ཉམས་པ་དྲན་པ་ཉམས་པའི ་ཕྱིར་རོ། །གསུམ་པ་ནི་དྲན་པ་ནི་ཉམས་པ་དཀར་པོའི་ཆོས་ཡོངས་སུ་ཟད་པར་འགྱུར་བའི་ཕྱིར་རོ། །བཞི་པ་ནི་དཀར་པོའི་ཆོས་ཡོངས་སུ་ཟད་པས་བྱང་ཆུབ་སེམས་དཔའ་ཨི་ཚིམ་ཡིན་པ་ཡིད་མི་མཉམ་པ་ཀུན་ཏུ་འབྱུང་བའི་ཕྱིར་རོ། །ལྔ་པ་ནི་ཡིད་མི ་མཉམ་པ་ཀུན་ཏུ་འབྱུང་བ་གདུལ་དཀའ་བའི་ཕྱིར་རོ། །དྲུག་པ་ནི་གདུལ་དཀའ་བ་ལམ་མ་ཡིན་པར་འགྲོ་བའི་ཕྱིར་རོ། །བདུན་པ་ནི་ལམ་མ་ཡིན་པར་འགྲོ་བ་དམ་པ་མ་ཡིན་པ་དང། ཀུན་ཏུ་འདུ་པའི་ཕྱིར་རོ། །བརྒྱད་པ་ནི ་དམ་བ་མ་ཡིན་པ་དང། ཀུན་ཏུ་བདུ་བའི་དོན་ཇི་ལྟ་བ་བཞིན་གྱི་བྱང་ཆུབ་སེམས་དཔའ་མ་ཡིན་པའི་ཕྱིར་ལོག་པར་སྒྲུབ་པའོ། །དེ་ལས་བཟློག་པ་ཡང་དག་པར་བསྒྲུབ་པར་བསྡུས་པ་བཞི་པ་ཕྲག་བརྒྱད་པོ་སྔར་བསྟན་པ་རྣམས་ཀྱང་གོང ་ནས་གོང་དུ་མངོན་པར་སྒྲུབ་པས་གོ་རིམ་དུ་རིག་པར་བྱ་སྟེ། བཞི་པ་དང་པོ་ནི་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་སྐོང་བའི་ཕྱིར་ཡང་དག་པར་སྒྲུབ་པའོ། །གཉིས་པ་ནི་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་རྫོགས་པ་དྲན་པ་ཉམས་པར་མི་འགྱུར་བའི་ཕྱིར་རོ། །གསུམ་པ ་ནི་དྲན་པ་མ་ཉམས་པ་དཀར་པོའི་ཆོས་མངོན་པར་འཕེལ་པའི་ཕྱིར་རོ། །བཞི་པ་ནི་དཀར་པོའི་ཆོས་མངོན་པར་འཕེལ་བ་བྱང་ཆུབ་སེམས་དཔའ་ཨི་ཆ་ཡིད་མཉམ་བར?་ཀུན་ཏུ་འབྱུང་བའི་ཕྱིར་རོ། །ལྔ་པ་ནི་ཡིད་མཉམ་པ་ཀུན་ཏུ་འབྱུང་བ་གདུལ་སླ་བའི ་ཕྱིར་རོ། །དྲུག་པ་ནི་གདུལ་སླ་བ་ཡང་དག་པའི་ལམ་དུ་འགྲོ་བའི་ཕྱིར་རོ། །བདུན་པ་ནི་ཡང་དག་པའི་ལམ་དུ་འགྲོ་བ་དམ་པ་དང་ཀུན་ཏུ་གདུལ་བའི་ཕྱིར་རོ། །བརྒྱད་པ་ནི་དམ་པ་དང་ཀུན་ཏུ་འདུ་བ་བྱང་ཆུབ་སེམས་དཔའ་དོན་ཇི་ལྟ་བ་བཞིན་ཡིན་པའི ་ཕྱིར་ཡང་དག་པར་སྒྲུབ་པའོ། །ཡང་དག་པར་སྒྲུབ་པའི་ལེགས་པར་བསྡུས་པ་སྔར་བསྟན་པ་བཞི་པ་ཕྲག་བཞི་པོ་དག་ཀྱང་གོང་ནས་གོང་དུ་མངོན་པར་སྒྲུབ་པའི་གོ་རིམ་དུ་རིག་པར་བྱ་སྟེ། །བཞི་པ་དང་པོ་ནི་བྱང་ཆུབ་སེམས་དཔའ་ཡང་དག ་པར་ཞུགས་པའི་བསོད་ནམས་དང། ཡེ་ཤེས་ཀྱི་ཚོགས་སོགས་པའི་ཕྱིར་རོ། །བཞི་པ་གཉིས་པ་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་སོགས་པ་ལ་བརྟེན་ནས་སྒྲིབ་པ་རྣམ་པར་རིག་པའི་ཕྱིར་རོ། །བཞི་པ་གསུམ་པ་ནི་སྒྲིབ་པ་རྣམ་པར་དག་པ་ལ ་བརྟེན་ནས་དཀར་པོ་རི་ཆོས་ཀྱི་སྒོ་ཐམས་ཅད་ཀུན་ཏུ་འཐོབ་པའི་ཕྱིར་རོ། །བཞི་པ་བཞི་པ་ནི་དཀར་པོའི་ཆོས་ཀྱི་སྒོ་ཐམས་ཅད་ཀུན་ཏུ་ཐོབ་པ་ལ་བརྟེན་ནས་རྣམ་པ་ཐམས་ཅད་དུ་སེམས་ཅན་གྱི་དོན་ལ་སྦྱོར་བ་དང། བསོད་ནམས་དཔག་ཏུ་མེད་པ་སྐྱེད་པའི་ཕྱིར ་བཞི་པ་ཕྲག་ཉི་ཤུ་པའི་གོ་རིམ་ནི་བཤད་ཟིན་ཏོ།། །།ད་འདི་མན་ཆད་ནི། དེ་དག་ཉིད་ཀྱི་ཚིག་གཉེར་བཤད་པ་བརྗོད་པར་བྱའོ། །འོད་སྲུངས་ཆོས་བཞི་པ་འདི་དག་བྱང་ཆུབ་སེམས་དཔའ་ཨི་ཤེས་རབ་ཡོངས་སུ་ཉམས་བར་འགྱུར་བའོ་ཞེས། ་འདི་ཅིའི་ཕྱིར་བརྩམས་ཤེ་ན། སྨྲས་པ། ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་བ་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་བྱ་བའི་ཐབས་ལ་རྨོངས་པ་རྣམས་ལ་བསྟན་པ་དང། བག་མེད་པ་རྣམས་ཡང་དག་པར་འཛིན་དུ་གཞུག་པ་དང། ཞུམ་པ་རྣམས ་གཟེངས་བསྟོད་པ་དང། ཡང་དག་པར་ཞུགས་པ་དགའ་བར་བྱ་བའི་ཕྱིར་རོ། །འོད་སྲུངས་ཞེས་བཀའ་སྩལ་པ་ནི་ཉན་བ་རྣམས་ལ་འདུན་པར་སྦྱོར་བའོ། །ཆོས་ཞེས་བྱ་བ་ནི་གང་ཟག་བསལ་བའི་ཕྱིར་ཆོས་ཞེས་བྱ་བ་སྨོས་ཏེ། ཆོས་ཀྱི་སྒྲ་མ་སྨོས་ན་ཅི་ཆོས ་ཡིན་ནམ། འོན་ཏེ་གང་ཟག་ཡིན་ཞེས་ཐེ་ཚོམ་དུ་འགྱུར་རོ། །སྨྲས་པ། རང་གི་སྒྲ་བརྗོད་པའི་ཕྱིར་བཞི་ཞེས་གྲངས་སྨོས་པ་ནི་དོན་མེད་དོ། །སྨྲས་པ། བཞི་ཞེས་གྲངས?་སྨོས་པ་ནི་རྒྱ་ཚེ་བར་དེགས་ནས་དེ་ཉན་མི་འདོད་པ་རྣམས་སྤང་བ་དང། གངས ་སྨོས་པ་དག་ཀྱང་དྲན་པར་བྱ་བ་དང། གཟུང་སླ་བའི་ཕྱིར་ཏེ། མེ་ཏོག་བརྒྱུས་པ་བཞིན་ནོ། །ཅིའི་ཕྱིར་བཞི་ཉིད་དེ། མི་མང་མི་ཉུང་ཞེ་ན། ལ་ལ་ན་རེ་ཧ་ཅང་སྐྱོན་དུ་འགྱུར་བས་གླན?་ཀར་མི་འགྱུར་རོ་ཞེས་ཟེར་རོ། །གཞན་དག་ནི་ཤེས་རབ་ཀྱི་ཚོགས་རྣམ ་པ་གསུམ་ཡོངས་སུ་ཉམས་པ་བསྡུས་པའི་ཕྱིར་བཞིའོ་ཞེས་ཟེར་རོ། །མདོར་ན་ཤེས་རབ་ནི་རྣམ་པ་གསུམ་སྟེ། ཐོས་པའི་དང། བསམ་པའི་དང། བསྒོམས་པའིའོ། །དེ་ལ་ཚིག་དང་པོ་གོང་མ་གསུམ་པོ་དག་གིས་ནི་ཤས་ཆེར་ཐོས་པའི་ཡེ་ཤེས་ཀྱི་ཚོགས ་ཡོངས་སུ་ཉམས་པར་སྟོན་ཏོ། །ཚིག་བཞི་པ་ཐམས་ཅད་ནི་ཤས་ཆེར་བསམས་པ་དང། བསྒོམས་པའི་ཡེ་ཤེས་ཀྱི་ཚོགས་ཕྱིར་ཞིང་ཡོངས་སུ་ཉམས་པར་སྟོན་ཏེ་དེ་བས་ནི་བཞི་ཉིད་དོ། །འདི་དག་ཅེས་བྱ་བ་ནི་ཆོས་ཉེ་བ་འདི ་དག་ཉིད་ཀྱི་སོ་སོར་རྣམ་པར་དབྱེ་བའི་བཤད་པ་བསྟན་ཏེ། །བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ལ། བྱང་ཆུབ་སེམས་དཔའ་ཨི་དོན་བརྗོད་པར་བྱ་བ་སྟེ། ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་རྣམས་ཀྱི་རྣམ་གྲངས་མང་ཡང། བྱང་ཆུབ ་སེམས་དཔའ་སྨོས་པ་ནི་རྣམ་པ་གསུམ་པ་འདི་དག་གིས་རིག་པར་བྱ་སྟེ། མོས་པ་དང། སྦྱོར་བ་དང། ཁོང་དུ་ཆུད་པའོ། །མོས་པ་ཇི་ལྟ་བུ་ཞེ་ན། ཤེས་བྱ་ཟབ་མོས་རྟོགས་པ་ལ་མོས་པའོ། །སྦྱོར་བ་ཇི་ལྟ་བུ་ཞེ་ན། བདག་དང་གཞན ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་རྒྱུར་སྦྱར་བའོ། །ཁོང་དུ་ཆུང་བ་ཇི་ལྟ་བུ་ཞེ་ན། ཤེས་རབ་ཀྱི་སྟོབས་ཀྱིས་བྱང་ཆུབ་ཁོང་དུ་ཆུང་བའོ། །ཤེས་རབ་ལས་ཡོངས་སུ་ཉམས་པར་འགྱུར་ཞེས་བྱ་བ་ནི་ཐོབ་པ་དང། མ་ཐོབ་པ་ལས་ཡོངས་སུ ་ཉམས་པའོ། །ཐོབ་པ་དང་མ་ཐོབ་པ་ལས་ཡོངས་སུ་ཉམས་པ་གང་ཞེ་ན། ཡོངས་སུ་ཉམས་བ་གང་གིས་ཡོངས་སུ་ཉམས་པ་སྟེ་།ཟག་པ་མེད་པ་ནི་མ་ཐོབ་པ་ལས་ཡོངས་ཉམས་པས་སོ། །གཞན་ནི་གཉི་ག་བྱེ་བྲག་མེད་པས་སོ།། ་ཤེས་རབ?་ལས་ཡོངས་སུ་ཉམས་པའི་ཚིག་གིས་ནི་བྱེ་བྲག་མད་པའི་ཕྱིར་གལ་ཏེ་ཟག་པ་མེད་པ་ཡང་གཏོགས་པའི་སྐྱོན་དུ་འགྱུར་རོ་ཞེ་ན། མ་ཡིན་ཏེ་བཤད་ཟིན་པའི་ཕྱིར་རོ། །ཤེས་རབ་ཀྱིས་ཚོགས་ཡོངས་སུ་ཉམས་པ་ཞེས་བརྗོད་པ་ནི་རྒྱུ་ལ་འབྲས་བུ་གདགས་པར་བྱས་ནས་བརྗོད་པའོ། །ཤེས་རབ་ལས་ཡོངས་སུ་ཉམས ་པ་ཞེས་བྱ་བ་ཅིའི་ཕྱིར་ཞེ་ན། ཟག་པ་དང་བཅས་པའི་ཤེས་རབ་ནི་ཟག་པ་མེད་པའི་ཤེས་རབ་ཀྱི་ཚོགས་སུ་གྱུར་པ་ཡིན་ཏེ། དེ་བས་ན་ཟག་པ་དང་བཅས་པ་ནི་ཐོབ་པ་དང་མ་ཐོབ་པ་ལས་ཡོངས་སུ་ཉམས་པས་ཡོངས་སུ་ཉམས་སོ་།ཟག་པ་མེད་པ་ནི་མ ་ཐོབ་པ་ལས་ཡོངས་སུ་ཉམས་པ་ཉིད་ཀྱིས་ཏེ། ཟག་པ་མེད་པ་ལ་ནི་ཐོབ་པ་ལས་ཡོངས་སུ་ཉམས་པ་མེད་དོ། །སྨྲས་པ། ཇི་ལྟར་མ་གུས་པ་ལ་སོགས་པའི་ཆོས་རྣམས་ཀྱིས་ཤེས་རབ་ལས་ཡོངས་སུ་ཉམས་པར་འགྱུར། སྨྲས་པ། ཁོང་ཁྲོ་བས་ན་མི་གུས་ཏེ?། ་མི་གུས་པས་ན་མི་ཉན་ཏོ། །མི་ཉན་པས་མ་བྱང་བར་འགྱུར་རོ། །མ་བྱད་བས་ནི་ཚེ་འདི་ཉིད་ལ་ཤེས་རབ་ལས་ཡོངས་སུ་ཉམས་པར་འགྱུར་རོ། །ཆོས་ལ་སེར་སྣ་བྱེད་ཅིང། སློབ་དཔོན་ཆོས་འཚེད་པས་ནི་མི་སྟོན་ཏོ། །མི་སྟོན་བས་ན་ཚེ་རབས ་གཞན་རྐྱེན་དང་མི་ལྡན་པར་འགྱུར་རོ། །རྐྱེན་དང་མི་ལྡན་པས་ཤེས་རབ་ལས་ཡོངས་སུ་ཉམས་པར་འགྱུར་རོ། །གང་ཟག་ཆོས་འདོད་པ་རྣམས་ལ་ཆོས་ཀྱི་བར་ཆད་བྱེད་པར་ཆོས་ཉན་པ་ལ་སྒྲིབ་པར་འགྱུར་རོ། །ཉན་པ་ལ་སྒྲིབ་པས་གཏི་མུག་པར ་འགྱུར་ཏེ། བསོད་ནམས་མ་ཡིན་པ་སྐྱེད་དོ། །དེ་བས་ན་ཚེ་རབས་གཞན་ན་ཡང་རྨོངས་པར་འགྱུར་རོ། །རྨོངས་པས་ན་ཤེས་རབ་ལས་ཡོངས་སུ་ཉམས་པར་འགྱུར་རོ། །བདག་ལ་བསྟོད་ཅིང་གཞན་ལ་སྨོད་པ་ན་ཕྱིན་ཅི་ལོག་ཏུ་མངོན་པར་ཞེན ་བས་ལོག་པར་སྟོན་ཏོ། །ཕྱིན་ཅི་ལོག་ཏུ་མངོན་པར་ཞེན་ཏེ་ལོག་པར་ཞེན་པར་ཚེ་རབས་གཞན་ན་ཕྱིན་ཅི་ལོག་ཏུ་འགྱུར་རོ། །ཕྱིན་ཅི་ལོག་ཏུ་གྱུར་པས་ཤེས་རབ་ལས་ཡོངས་སུ་ཉམས་པར་འགྱུར། སྨྲས་པ། གང་གི་དུས་ན་ཡོངས་སུ་ཉམས་པར ་འགྱུར་རོ། །སྲས་པ། དུས་གཉིས་ཏེ། ཚེ་འདི་དང། ཚེ་རབས་གཞན་ནའོ། །སྨྲས་པ། གང་གི་ཚེ་རབས་གཞན་ནའོ། །སྨྲས་པ། གང་གི་ཚེ་སྦྱིན་པ་ལ་སོགས་པ་ཡོངས་སུ་ཉམས་པར་འགྱུར་བའི་རྒྱུ་སེར་སྣ་ལ་སོགས་པའི་ཆོས་རྣམས་ཀྱང ་ཡོང་མ་ཅིའི་ཕྱིར་ཤེས་རབ་ལས་ཡོངས་སུ་ཉམས་པར་འགྱུར་བའི་རྒྱུ་ཉིད་བསྟན་གྱི། སྦྱིན་པ་ལ་སོགས་པ་ཡོངས་སུ་ཉམས་པར་འགྱུར་བ་མ་ཡིན། སྨྲས་པ། གཙོ་བོའི་ཕྱིར་ཏེ་ཤེས་རབ་ཀྱི་ངོ་བོ་ཉིད་ནི་བྱང་ཆུབ་བོ། །དེ་ལས་གཞན་པའི་ཕ་རོལ་ཏུ ་ཕྱིན་པ་རྣམས་ནི་ཤེས་རབ་ལ་གནས་སོ། །ཤེས་རབ་ལ་ལོག་པར་ཞུགས་པའི་བྱང་ཆུབ་སེམས་དཔའ་ནི་བྱང་ཆུབ་དང་བྱང་ཆུབ་ཐོབ་པར་བྱེད་པའི་ཆོས་རྣམས་ལ་ལོག་པར་ཞུགས་པ་ཡིན་ནོ། །ཤེས་རབ་ལས་ཡང ་དག་པར་ཞུགས་ན་བྱང་ཆུབ་དང་བྱང་ཆུབ་ཐོབ་པར་བྱེད་པའི་ཆོས་རྣམས་ལ་ཡང་དག་པར་ཞུགས་པ་ཡིན་ནོ། །དེ་བས་ན་ཤེས་རབ་ལས་ཡོངས་སུ་ཉམས་པར་འགྱུར་བའི་རྒྱུ་ཉིད་བསྟན་གྱི། སྦྱིན་པ་ལ་སོགས་པ་ལས་ཡོངས་སུ་ཉམས་པར ་འགྱུར་བའི་རྒྱུ་ནི་མ་ཡིན་ནོ། །མ་གུས་པ་ལ་སོགས་པ་ཤེས་རབ་ཡོངས་སུ་ཉམས་པར་འགྱུར་བའི་རྒྱུ་ཚིག་བཞི་པོ་འདི་དག་གིས་མི་ཉན་པ་ལ་སོགས་པའི་ཆོས་བཞི་ཡོངས་སུ་སྟོན་ཏེ། མི་གུས་པས་ནི་མི་ཉན་པར་ཡོངས་སུ་བསྟོན་ཏོ། །ཆོས ་ལ་སེར་སྣ་བྱེད་ཅིང་སློབ་དཔོན་ཆོས་འཆབ་ལས་ནི་མི་སྟོན་ཏོ། །ཆོས་ཀྱི་བར་ཆང་བྱེད་པས་ཉན་པ་ལ་སྒྲིབ་པའོ། །མངོན་པའི་ང་རྒྱལ་གྱིས་ནི་ཕྱིན་ཅི་ལོག་ཏུ་མངོན་པར་ཞེན་པས་སྟོན་པའོ། །ཡེ་ཤེས་ཀྱི་ཚོགས་ཡོངས་སུ་ཉམས་པར་འགྱུར ་པའི་མི་ཉན་པ་ལ་སོགས་པའི་ཆོས་བཞི་པོ་འདི་དག་ལ་བརྟེན་ནས་ཚེ་འདི་དང་ཚེ་རབས་གཞན་ན་ཡེ་ཤེས་དང་མི་མཐུན་པའི་ཆོས་བཞི་པོ་གཞན་དག་འབྱུང་བར་འགྱུར་ཏེ། བཞི་གང་ཞེ་ན། བྱང་བར་མི་འགྱུར་བ་དང། རྐྱེན་དང་མི་ལྡན་པ ་དང། གཏི་མུག་པར་འགྱུར་བ་སྟེ། བསོད་ནམས་མ་ཡིན་པ་བསྐྱེད་པ་དང། ཕྱིན་ཅི་ལོག་གོ་།མི་ཉན་པ་ལ་བརྟེན་ནས་ཚེ་རབས་འདི་ལ་བྱང་བར་མི་འགྱུར་རོ། །མི་སྟོན་པ་ལ་བརྟེན་ནས་ཚེ་རབས་གཞན་ན་རྐྱེན་དང་མི་ལྡན་པར་འགྱུར་རོ།། ་ཉན་པ་ལ་སྒྲིབ་པ་ལེ་བརྟེན་ནས་ཚེ་རབས་གཞན་ནི་གཏི་མུག་བར་འགྱུར་ཏེ། བསོད་ནམས་མ་ཡིན་པ་བསྐྱེད་དོ། །ཕྱིན་ཅི་ལོག་ཏུ་མངོན་པར་ཞེན་པས་སྟོན་པ་ལ་བརྟེན་ནས་ཚེ་རབས་གཞན་ན་ཕྱིན་ཅི་ལོག་ཏུ་འགྱུར་རོ། །ཆོས་དང་ཆོས ་སྨྲ་བ་ལ་མི་གུས་པ་ཡིན་ཞེས་བྱ་བའི་ཚིག་གཉིས་པོ་བྱེ་བྲག་ཅི་ཡོད་ཅེ་ན། སྨྲས་པ། ཆིག་གཉིས་ཀྱིས་ནི་ཉན་པའི་རྒྱུ་ཡོངས་སུ་རྫོགས་པར་སྟོན་ཏེ། ལ་ལ་ནི་ཆོས་ལ་གནོད་པར་སེམས་པས་མི་ཉན་ཀྱང་ཆོས་སྨྲ་བ་ལ་གུས་པས་ཉན། ་ལ་ལ་ནི་ཆོས་སྨྲ་བ་ལ་གནོད་པར་སེམས་པས་མི་ཉན་ཀྱང་ཆོས་ལ་གུས་པས་ཉན་ཏོ། །གང་གཉི་ག་ལ་གནོད་པར་སེམས་པ་དེ་ནི་ཡོང་མི་ཉན་ཏོ། །དེ་བས་ན་བརྗོད་པ་གཉིས་ཀྱིས་མི་ཉན་པའི་རྒྱུ་ཡོངས་སུ་རྫོགས་པར་བསྟན་པ་ཡིན་ནོ། ་ཆོས་ལ་སེར་སྣ་བྱེད་ཅིང་སློབ་དཔོན་ཆོས་འཆབ་པ་ཡིན་ཞེས་བྱ་བའི་ཚིག་འདི་གཉིས་བྱེ་བྲག་ཅི་ཡོད། སྨྲས་པ། གཞན་གྱི་ཤེས་པ་བས་བདག་ལྷག་པར་མངོན་པར་བསྙེམས་པས་ཆོས་ལ་སེར་སྣ་བྱེད་དོ། །གཞན་གྱི་བརྙས་ཀྱིས ་འཇིགས་པའི་ཕྱིར་སློབ་དཔོན་ཆོས་འཆབ་བོ། །ཡང་ན་བྱེ་བྲག་མེད་བར་ཆོས་ཐམས་ཅད་མི་སྟོན་པའི་ཕྱིར་ཆོས་ལ་སེར་སྣ་བྱེད་དོ། །ཁ་ཅིག་ལ་སྟོན་ཁ་ཅིག་ལ་མི་སྟོན་པའི་ཕྱིར་སློབ་དཔོན་ཆོས་འཆབ་བོ། །ཡང་ན་ཆོས་ལ་སེར་སྣ་བྱེད་དོ། །ཆོས ་ཡོངས་སུ་མི་སྟེར་བས་བསམ་པ་ལ་ལོག་པར་འཇུག་གོ་།སློབ་དཔོན་ཆོས་འཚབ་བ་ནི་ཆོས་ལ་སེར་སྣ་བྱེད་པའི་བསམ་པ་ལས་བྱུང་བའི་སྦྱོར་བ་ལོག་པར་འཇུག་གོ། གང་ཟག་ཆོས་འདོད་པ་རྣམས་ལ་ཆོས་ཀྱི་བར་ཆད་བྱེད། མོས་པ་ཟློག་པར་བྱེད། ་རྣམ་པ་འཁྲུག་པར་བྱེད་དེ། མི་སྟོན་ཅིང་རབ་ཏུ་འཆབ་པ་ཡིན་ཞེས་བྱ་བའི་ཚིག་འདི་དག་ལ་བྱེ་བྲག་ཅི་ཡོད་ཅེ་ན་དེ་ལ་ཆོས་ཀྱི་བར་ཆད་བྱེད་ཅེས་བྱ་བ་དེ་ནི་བསྟན་པའི་ཚིག་གོ། ཇི་ལྟར་ཆོས་ཀྱི་བར་ཆད་བྱེད། མོས་བཟློག་པར་བྱེད། རྣམ་པར་འཁྲུག་པར ་བྱེད་དེ། །མི་སྟོན་ཅིང་རབ་ཏུ་འཆབ་ཅེས་བྱ་བ་ལ་ཇི་ལྟར་མོས་པ་ཟློག་པར་བྱེད་ཅེ་ན། ཆོས་དང་གང་ཟག་ལ་མི་སྙན་པ་བརྗོད་པའི་ཕྱིར་ཏེ། ཆོས་དང་གང་ཟག་གང་ལས་ཉན་པར་འདོད་པར་གྱུར་པའི་ཆོས་དེ་དང། གང་ཟག་དེ་ལ་མེད་པའི ་གནོད་པར་བྱེད་པ་དང་ལྡན་པའི་ཚིག་གིས་ཅི་ནས་ཉན་པར་མི་འགྱུར་བ་དེ་ལྟ་དེ་ལྟ་བུར་མི་སྙན་པ་བརྗོད་པའོ། །ཇི་ལྟར་རྣམ་པར་འཁྲུག་པར་བྱེད་ཅེ་ན། བྱ་བ་ངན་པས་རྣམ་པར་གཡེང་བར་བྱེད་པ་སྟེ། ཅི་ནས་ཀྱང ་ཉན་པ་མེད་པར་འགྱུར་བ་དེ་ལྟ་དེ་ལྟ་བུ་བྱ་བ་ངན་པས་ཉན་པ་ལ་རྣམ་པར་འཁྲུག་པར་བྱེད་པའོ། །ཇི་ལྟར་མི་སྟོན་ཞེ་ན། མི་འཆང་པ་དང། མི་འཆོལ་བ་དང། མི་སྟོན་པ་སྟེ། ཆོས་དོན་དུ་གཉེར་བ་གཞན་དག་གིས་དྲིས་ཏེ་ཆོས་སྨོས་ཤིག་ཅེས ་བྱ་བ་ནས་ཆོས་ལ་སེར་སྣ་བྱེད་པས་མི་འཆད་དོ། །ཆོས་སྨྲ་བ་གཞན་ལ་མི་འཆོལ། དྲིས་ཀྱང་སྐབས་མི་འབྱེད་པའོ། །ཇི་ལྟར་རབ་ཏུ་འཆབ་ཅེ་ན། ཉན་པའི་བསྔགས་བ་མ་ཡིན་པ་བརྗོད་པ་སྟེ། ཆོས་འདི་ནི་ཟབ་ལ་ཁྱོད་ནི་ཤེས་རབ ་ཞན་པས་ཆོས་འདི་ཁྱོད་ཀྱིས་ཤེས་པར་མི་ནུས་སོ་ཞེས་ཉན་པ་ལ་མི་སྙན་པ་བརྗོད་པས་ཆོས་བསྟན་པ་རབ་ཏུ་འཆབ་པར་བྱེད་དོ། །དེ་ལྟར་ཆོས་ཀྱི་བར་ཆད་བྱེད་པས་མི་ཁོམ་པར་སྐྱེ་སྟེ་ཚོགས་ཡོངས་སུ་རྫོགས་པར་མི་བྱེད་དོ། །མངོན་པའི་ང ་རྒྱལ་གྱི་བདག་བསྟོད་ཅིང་གཞན་སྨོད་པ་ཡིན་ཞེས་བྱ་བའི་ཚིག་དེ་དག་གི་དོན་གང་ཡིན་ཞེ་ན། མངོན་པའི་ང་རྒྱལ་ཞེས་བྱ་བ་དེ་ནི་བསྟན་པའི་ཚིག་གོ་།ཇི་ལྟར་ན་མངོན་པའི་ང་རྒྱལ་ཡིན་ཞེ་ན། གང་བདག་ལ་བསྟོད་པ་དང་གཞན་ལ་སྨོད་པ ་ཡིན་ནོ། །བདག་ལ་བསྟོད་པ་ཇི་ལྟ་བུ་ཡིན་ཞེ་ན། ལོག་པར་རྟོག་པ་དང། བསྒོམས་པ་དང། བཤད་པ་དག་ལ་ལེགས་པར་རྟོགས་པ་དང། སྒོམ་པ་དང། བཤད་པར་མངོན་པར་ཞེན་པའོ། །གཞན་ལ་སྨོས་པ་ཇི་ལྟ་བུ་ཡིན་ཞེ་ན། གཞན ་དག་གིས་ལེགས་པར་རྟོགས་པ་དང། བསྒོམས་པ་དང་བཤད་པ་དག་ལ་ལོག་པར་རྟོག་པ་དང། བསྒོམས་པ་དང། བཤད་པར་མངོན་པར་ཞེན་པ་སྟེ། མངོན་པའི་ང་རྒྱལ་གྱི་ཉེས་པས་དེ་ཁོ་ན་མངོན་པར་རྫོགས་པར་བྱང་ཆུབ་པར་བྱེད་པའི ་ཤེས་རབ་དང་ཆོས་མངོན་པར་རྟོགས་པའི་མཐར་ཐུག་པར་འགྲོ་བས་བསྡུས་པའི་ཤེས་རབ་མི་འཐོབ་པོ། །མདོར་བསྡུ་ན་གང་ལས་ཡོངས་སུ་ཉམས་པ་དང། ཇི་ལྟ་བ་དང། གང་གི་དུས་དང། ཚེས་ཇི་སྙེད་ཅིག་ཡོངས་སུ་ཉམས་པར་འགྱུར་བ་དེ་ཡོངས་སུ་བསྟན་ཏོ།། ་གང་ལས་ཡོངས་སུ་ཉམས་ཤེ་ན། ཤེས་རབ་ལས་སོ། །ཇི་ལྟ་བ་ཞེས་བྱ་བ་ནི། རྣམ་པ་གང་གིས་ཡོངས་སུ་ཉམས་པར་འགྱུར་པ་སྟེ། སྔར་བཤད་པ་ཡིན་ནོ། །གང་གི་དུས་ན་ཞེ་ན། ཚེ་འདི་དང་ཚེ་རབས་གཞན་ནོ། །ཆོས་ཇི་སྙེད་ཅིག་གིས་ཞེ་ན། མི་གུས་པ་ལ ་སོགས་པའི་ཆོས་བཞི་པོ་དག་གིས་སོ། །ཤེས་རབ་ལས་ཡོངས་སུ་ཉམས་པར་བྱེད་པ་མི་མཐུན་པའི་ཕྱོགས་སུ་གྱུར་པའི་མི་གུས་པ་ལ་སོགས་པ་ཆོས་བཞི་པོ་འདི་དག་གི་གཉེན་པོར་ཆོས་བཞི་བསྟན་ཏེ། འོད་སྲུངས་ཆོས་བཞི་པོ་འདི་དག་ནི་བྱང་ཆུབ ་སེམས་དཔའ་ཨི་ཤེས་རབ་ཆེན་པོར་འགྱུར་བ་ཡིན་ཏེ། བཞི་གང་ཞེ་ན། ཆོས་དང་ཆོས་སྨྲ་བ་ལ་གུས་པ་དང་བཅས་པ་ཡིན་ཞེས་བྱ་བ་ལ་སོགས་པའོ། །གུས་པ་དང་བཅས་པ་ཡིན་ཞེས་བྱ་བ་ལ་སོགས་པ་ཆོས་བཞི་པོ་འདི་དག་ཡང་དག་པར་བླངས ་པའི་རྒྱུས་བྱང་ཆུབ་སེམས་དཔའ་ཨི་ཤེས་རབ་ཆེན་པོའི་རྒྱུར་གྱུར་པ་ཤེས་རབ་རྣམ་པ་བཞི་རབ་ཏུ་འཐོབ་སྟེ། བྱང་བར་བྱེད་པ་དང། ཡོངས་སུ་སྨིན་པར་བྱེད་པ་དང། ཚོགས་ཡོངས་སུ་རྫོགས་པར་བྱེད་པ་དང། མངོན་པར་རྫོགས་པར་བྱང་ཆུབ་པར་བྱེད ་པའོ། །དེ་ལ་གུས་པ་དང་བཅས་པས་ཆོས་ཉན་པས་བྱང་བར་བྱེད་པའི་ཤེས་རབ་རབ་ཏུ་འཐོབ་པོ། །ཇི་ལྟར་ཐོབ་པ་དང་ཇི་ལྟར་ཁོང་དུ་ཆུད་པའི་ཆོས་རྣམས་གཞན་དག་ལ་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་པས་བདག་དང་གཞན་གྱི་རྒྱུད་ཡོངས་སུ་སྨིན་པར་བྱེད་པའོ།། ་མང་དུ་ཐོས་པ་ལས་ཤེས་རབ་འབྱུང་བར་ཤེས་ཏེ?་།མགོ་འམ་ཐོད་ལ་མེ་འབར་བ་བཞིན་དུ་ཐོས་པ་ཡོངས་སུ་ཚོལ་ཏེ། ཇི་ལྟར་ཐོས་པའི་ཆོས་རྣམས་ཀྱང་འཛིན་ཏོ། །ཐོས་པ་ཡོངས་སུ་ཚོལ་ཞིང་འཛིན་པས་ཚོགས་ཡོངས་སུ་རྫོགས་པར་བྱེད་དོ། །སྒྲུབ་པ་སྙིང་པོར་བྱེད་ ་པ་ཡིན་གྱི། སྨྲ་བ་དང་བརྗོད་པའི་ཚིག་དམ་པར་འཛིན་པ་མ་ཡིན་ཞེས་བྱ་བ་ནི་སྒྲུབ་པའི་སྙིང་པོར་བྱེད་པས་མངོན་པར་རྫོགས་པར་བྱང་ཆུབ་པར་བྱེད་པའི་ཤེས་རབ་རབ་ཏུ་འཐོབ་བོ། །དེ་ལ་ཆོས་སྨྲ་བ་ལ་གུས་པ་དང་བཅས ་པ་ཡིན་ཞེས་བྱ་བ་ནི། མི་གུས་པ་ལས་བཟློག་པ་སྟེ། གུས་པ་དང་བཅས་པ་རིག་པར་བྱའོ། །ཇི་ལྟར་ཐོས་པར་ཇི་ལྟར་ཁོང་དུ་ཆུད་པའི་ཆོས་རྣམས་གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་ཞེས་བྱ་བ་དེ་ལ་ཐོས་པ་ཞེས་བྱ་བ ་ནི་རྣ་བའི་རྣམ་པར་ཤེས་པས་ཐོས་པའོ། །ཁོང་དུ་ཆུད་པ་ཞེས་བྱ་བ་ནི་ཡིད་ཀྱི་རྣམ་པར་ཤེས་པས་སོ། །ཡང་ན་ཐོས་པ་ནི་ཐོས་པའི་ཤེས་རབ་བོ། །ཁོང་དུ་ཆུད་པ་ནི་བསམ་པའི་ཤེས་རབ་བོ། །སློབ་དཔོན་མི་འཆབ་པའི་ཕྱིར་གཞན་དག་ལ་རྒྱ ་ཆེན་ཡང་དག་པར་རབ་ཏུ་སྟོན་ཏོ། །ཟང་ཟིང་མེད་པའི་སེམས་ཀྱིས་མི་རེ་བ་ནི་འཐོབ་པ་དང། བཀུར་སྟི་དང་ཚིགས་སུ་བཅད་པ་ཐམས་ཅད་ལ་ཟང་ཟིང་མེད་པའི་སེམས་ཀྱིས་ཏེ། འཐོབ་པ་དང་བཀུར་སྟི་ནི་ཆོས་ལ་སེར་སྣ་བྱེད་པའི་རྒྱུའི་ཕྱིར་རོ། །འཐོབ་པ་ནི་ཆོས ་གོས་ལ་སོགས་པའོ། །བཀུར་སྟི་ནི་ཕྱག་འཚལ་བ་ལ་སོགས་པའོ། །ཚིགས་སུ་བཅད་པ་ནི་བསྔགས་པ་འདོན་པའོ། །མང་དུ་ཐོས་པ་ལས་ཤེས་རབ་འབྱུང་བར་ཤེས་ཏེ། མགོ་འམ་ཐོད་ལ་མེ་འབར་བ་བཞིན་དུ་ཐོས་པ་ཡོངས་སུ་ཚོལ་བ་ནི ་ཐོས་པ་ཡོངས་སུ་འཚལ་བའི་ཕྱིར་རབ་ཏུ་གུས་པས་བྱ་བ་ཡོངས་སུ་སྟོན་ཏོ། །འདི་ལྟ་སྟེ་དཔེར་ན། སྐྱེས་བུ་ཞིག་གི་མགོ་འམ་ཐོད་ལ་མེ་འབར་ན། བྱ་བ་ཐམས་ཅད་བཏང་སྟེ། མགོ་འམ་ཐོང་ལ་མེ་འབར་བ་བསལ་བའི་ཕྱིར་རབ་ཏུ་འབང་པར་རྩོམ ་པར་ལྟར་བྱང་ཆུབ་སེམས་དཔའ་ཡང་དེ་བཞིན་ཏེ། ཐོས་པ་ནི་ཤེས་རབ་ཀྱི་རྒྱུ་ཡིན་པ་དང། ཤེས་རབ་ཀྱང་ཐམས་ཅད་མཁྱེན་པ་འཐོབ་པའི་བར་གྱི་རྒྱུ་ཡིན་པའི་ཕྱིར་རོ། །གུས་པ་དང་ལྡན་ན་ཐོས་པ་ཡོངས་སུ་ཚོལ་ལོ། །བདག་དང་གཞན་ལ ་ཕན་པར་འདོད་པས་ཇི་ལྟར་ཐོས་པའི་ཆོས་རྣམས་འཛིན་ཏོ། །གང་ཐོས་པའི་དོན་ཇི་ལྟ་བ་བཞིན་དུ་བསྒྲུབ་པ་ནི་སྒྲུབ་པ་སྙིང་པོར་བྱེད་པ་ཡིན་ནོ། །སྒྲུབ་པ་སྙིང་པོར་བྱེད་པས་དེའི་རིགས་པའི་རྗེས་སུ་འབྲང་བའི་ཤེས་རབ་སྐྱེའོ། །སྨྲ་བ་དང་བརྗོད་པར་འཛིན་པར ་འཛིན་པ་མ་ཡིན་ཞེས་བྱ་བ་ལ་སྨྲ་བའི་ཚིག་དམ་པར་འཛིན་པ་མ་ཡིན། བརྗོད་པའི་ཚིག་དམ་པར་འཛིན་པ་མ་ཡིན་པ་ནི་སྨྲ་བ་དང་བརྗོད་པའི་ཚིག་དམ་པར་འཛིན་པ་མ་ཡིན་པ་སྟེ། ཐོས་པS་ཆོག་པར་འཛིན་པ་མ་ཡིན། འཆད་པས་ཆོག་པར་འཛིན་པ་མ་ཡིན་ནོ་ཞེས་བྱ་བཱི? ་མཆོག?་གོ། ཡང་ན་མི་དགོས་པ་དང་དོན་མེད་པའི་ཚིག་དམ་པར་བྱེད་པ་མ་ཡིན་ཞེས་བྱ་བའི་ཐ་ཚིག་གོ། འདི་དག་གིས་གོ་རིམ་ནི་ཆོས་ལ་མི་གུས་པས་ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་མི་སྒྲུབ་སྟེ། ཆོས་ལ་སེར་སྣ་བྱེད་པས་གང་ཟག་ཆོས་འདོད་པ་རྣམས ་ལ་ཆོས་ཀྱི་བར་ཆད་བྱེད་དོ། །དེ་ཤེས་རབ་ཀྱི་རྒྱུ་རྣམ་པ་གསུམ་པོ་དེ་དག་ལས་ཡོངས་སུ་ཉམས་ཏེ། ཤེས་རབ་འཆལ་པས་མངོན་པའི་ང་རྒྱལ་ཅན་ཡིན་ནོ། །དཀར་པོའི་ཕྱོགས་ན་དེ་ལ་བཟློག་པ་སྟེ། ཆོས་ལ་གུས་པ་དང་བཅས་པས་ཆོས་ཀྱི ་རྗེས་སུ་མཐུན་པའི་ཆོས་ལ་འཇུག་གོ། ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་ལ་ཞུགས་པས་ཆོས་ལ་སེར་སྣ་བྱེད་པ་དང་བྲལ་ཏེ། ཇི་ལྟར་ཐོས་པའི་ཆོས་རྣམས་གཞན་དག་ལ་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་ཏོ། །ཆོས་སྟོན་པར་འདོད་པའི་ཕྱིར་མང ་དུ་ཐོས་པ་ཡོངས་སུ་ཚོལ་ལོ། །མང་དུ་ཐོས་ནས་བདག་དང་གཞན་དག་ལ་ཕན་གདགས་པའི་རྒྱུ་སྒྲུབ་པ་སྙིང་པོར་བྱེད་པ་ཡིན་གྱི། སྨྲ་བ་དང་བརྗོད་པའི་ཚིག་དམ་པར་འཛིན་པ་མ་ཡིན་ནོ། །ཤེས་རབ་ནི་བྱང་ཆུབ་ཀྱི་སེམས་ཀྱི་རྩ་བའོ། །བྱང་ཆུབ་ཀྱི ་སེམས་ནི་ཐམས་ཅད་མཁྱེན་པའི་རྩ་བ་སྟེ། བྱང་ཆུབ་ཀྱི་སེམས་མི་བརྗེད་པར་བྱ་བའི་དོན་དུ་བྱང་ཆུབ་ཀྱི་སེམས་ལས་ཉམས་པ་དང། མི་ཉམས་པའི་རྒྱུའི་ཆོས་བསྟན་པའི་ཕྱིར་བཅོམ་ལྡན་འདས་ཀྱིས་འོད་སྲུངས་བྱང་ཆུབ་སེམས་དཔའ་ ་ཆོས་བཞི་དང་ལྡན་པའི་བྱང་ཆུབ་སེམས་ཉན་པར་འགྱུར་རོ་ཞེས་གསུངས་སོ། །སྨྲས་པ་།ཅིའི་ཕྱིར་ཉམས་པའི་རྒྱུ་བཞི་ཉིད་མི་མང་མི་ཉུང། །སྨྲས་པ་ཉམས་པ་རྣམ་པ་བཞིའི་ཕྱིར་རོ། །དེ་ལས་མདོར་བསྡུ་ན་ཉམས་པ་ནི་རྣམ ་པ་བཞི་སྟེ། མ་བརྗོད་པས་ཉམས་པ་དང། བྱང་ཆུབ་ཀྱི་སེམས་ལ་སྐྱོན་དུ་ལྟ་བའི་ཕྱིར་ལོག་པར་བརྗོད་པས་ཉམས་པ་དང། ཡང་དག་པར་བླངས་པའི་བརྡའི་སེམས་ཉམས་པ་དང། ཆོས་ཉིད་ཀྱིས་ཐོབ་པའི་སེམས་ཉམས་པ་སྟེ། ཉམS ་པའི་ཆོས་རྣམ་པ་འདི་བཞིའི་རྒྱུ་ཉམས་པ་བཞི་ཉིད་དེ། གོ་རིམ་བཞིན་དུ་རིག་པར་བྱའོ། །སློབ་དཔོན་དང་བླ་མ་དང་སྦྱིན་གནས་ལ་བསླུ་ཞེས་བྱ་བ་ནི། བླ་མ་རྣམས་ལ་བདག་གིས་ཡང་དག་པ་ཇི་ལྟ་བ་བཞིན་དུ་མི་སྨྲ་།རྫུན་གྱི་ཚིག་གིས ་བསླུ་བའི་ཕྱིར་བླ་མ་རྣམས་ལ་བསླུ་བ་ཡིན་ནོ། །དེ་ལ་སློབ་དཔོན་ནི་གླེང་བ་དང་ཉེ་བར་སྟོན་པ་ཡིན་ཏོ། གང་ཉེས་པ་འདི་ལྟ་བུ་བྱུང་ངོ་ཞེས་གླེང་ཞིང་འདི་ནི་བ་བམ་ཡིན་པ་ཞེས་ཉེས་པ་ལས་འབྱིན་པའི་ཐབས་སྟོན་ལ། འདི་ལྟར་གྱི་ཤིག ་ཅེས་སྟོན་པའོ། །བླ་མ་ནི་ཕན་པར་འདོད་པ་ཉིད་དོ། །སྦྱིན་གནས་ནི་གྲངས་སུ་མ་གཏོགས་ཀྱང་ཡོན་ཏན་དང་ལྡན་པའོ། །དེ་དག་གིས་སྙིང་བརྩེ་བའི་ཕྱིར་གླེང་བ་ན་བདག་གི་འདས་པར་གྱུར་པ་བརྫུན་གྱི་ཚིག་གིས་མགོ་རྨོངས་པར་བྱེད ་དེ། དེས་ལས་ཀྱི་སྒྲིབ་པ་ཆེན་པོ་སོགས་སོ། །ལས་ཀྱི་སྒྲིབ་པ་ཆེ་བའི་ཕྱིར་མ་བརྗོད་པས་བྱང་ཆུབ་ཀྱི་སེམས་ལས་ཉམས་པར་རིག་པར་བྱའོ། །མགོ་རྨོངས་པར་བྱེད་མ་ནུས་སུ་ཟིན་ཀྱང། རྫུན་ལ་གོམས་པའི་ཉེས་པའི་སྒྲིབ་པས ་ཀྱང་།བྱང་ཆུབ་ཀྱི་སེམས་ལས་ཉམས་པར་གྱུར་པ་སྟེ། འདི་ནི་རྒྱུ་དང་པོའོ། །གཞན་འགྱོད་པ་མེད་པ་ལ་འགྱོད་པར་བྱེད་པ་ཞེས་བྱ་བ་ནི་ཚངས་པར་མཚུངས་པར་སྤྱོད་པ་རྣམས་འགྱོད་པ་མེད་པའི་གནས་ལ་ཕྱིན་ཅི་ལོག ་སྐྱེད་པའི་ཕྱིར་ཏེ། ཚངས་པ་མཚུངས་པར་སྤྱོད་པ་ཡང་དགེ་པའི་བསླབ་པ་ལ་ཉེ་བར་གནས་པ་རྣམས་བསླབ་པའི་ཚིག་རྣམས་ལ་མགོ་རྨོངས་པར་བྱེད་པས། འདི་ལྟར་ཚངས་པ་མཚུངས་པར་སྤྱོད་པ་ལ་ལྷག་པའི་བསམ་པ་མ་ཡིན་པ ་ལ་ཞུགས་པའི་ཕྱིར་སྒྱུ་དང་གཡོས་བསླབ་པའི་ཚིག་རྣམས་ལ་མགོ་རྨོངས་པར་བྱེད་དེ། ལས་ཀྱི་སྒྲིབ་པ་མི་ཟད་པ་སོགས་སོ། །དེ་བས་ན་བྱང་ཆུབ་ཀྱི་སེམས་ལ་སྐྱོན་དུ་ལྟ་བའི་ཕྱིར་ལོག་པར་བརྗོད་པས། དེ་བྱང་ཆུབ་སེམས་ལས་ཉམS ་པར་འགྱུར་རོ། །མགོ་རྨོངས་པར་བྱེད་མ་ནུས་ཟིན་ཀྱང་ཉེས་པའི་སྒྲིབ་པས་དེ་བྱང་ཆུབ་ཀྱི་སེམས་ལས་ཉམས་པར་འགྱུར་ཏེ། འདི་ནི་རྒྱུ་གཉིས་པའོ། །ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའི་སེམས་ཅན་རྣམས་ལ་བསྔགས་པ་མ ་ཡིན་པ་དང། མི་སྙན་པ་དང། བརྗོད་པ་མ་ཡིན་པའི་སྒྲ་ཚིགས་སུ་བཅད་པ་འབྱིན་ཞེས་བྱ་བ་ནི་ཆོས་དོན་དུ་གཉེར་བ་རྣམས་གང་ལས་ཆོས་ཐོས་པར་འགྱུར་བ་དེ་ལ་ཕྱིར་ཕྱོགས་པར་བྱེད་པའི་ཕྱིར་ཏེ། གང་དག་ཐེག་པ་ཆེན་པོ་ལ་མོས་པར ་འདོད་པ་འམ། སྒྲུབ་པར་འདོད་པར་གྱུར་པ་དག་དེ་ལས་མོས་པ་བཟློག་པའི་ཕྱིར་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའི་སེམས་ཅན་རྣམས་ལ་བསྔགས་པ་མ་ཡིན་པ་སྨྲ་བའོ། །དམིགས་མ་ཕྱེ་བ་དང། དམིགས་ཀྱིས་ཕྱེ་བ་དང། ་རྣམ་པར་ཕྱེ་ནས་ཉེས་པ་བརྗོད་དོ། །དེ་ལ་དམིགས་མ་ཕྱེ་བར་ཉེས་པ་ཡོངས་སུ་བརྗོད་པ་ནི་བསྔགས་པ་མ་ཡིན་པའི་སྒྲ་ཚིགས་སུ་བཅད་པ་འབྱིན་པ་སྟེ། དཔེར་ན་དང་ཚུལ་ངན་པ་ཅན་ཞེས་བྱ་བ་ལྟ་བུའོ། །དམིགས་ཀྱིས་ཕྱེ་ནས་ཉེས ་པ་བརྗོད་པ་ནི་མི་སྙན་བའི་སྒྲ་ཚིགས་སུ་བཅད་པ་འབྱིན་པ་སྟེ། དཔེར་ན་མི་གཙང་བར་སྤྱོད་ཅེས་བྱ་བ་ལྟ་བུའོ། །རྣམ་པར་ཕྱེ་ནས་ཉེས་པ་བརྗོད་པ་ནི་བརྗོད་པ་མ་ཡིན་པའི་སྒྲ་ཚིགས་སུ་བཅད་པ་འབྱིན་ཏེ། རྣམ་པ་འདི་དང་འདིས་ཞེས ་བྱ་བའོ། །དེ་ལྟར་བྱང་ཆུབ་སེམས་དཔའ་རྣམས་ལ་དམིགས་མ་ཕྱི་བ་དང། དམིགས་ཀྱིས་ཕྱེ་བ་དང། རྣམ་པར་ཕྱེ་ནས་ཉེས་པ་བརྗོད་པའི་ཕྱིར་ཐེག་པ་ཆེན་པོ་སྒྲུབ་པར་འདོད་པ་རྣམས་ལ་མགོ་རྨོངས་པར་བྱེད་དོ། །དེ་དེ་ལྟར་བྱང ་ཆུབ་སེམས་དཔའ་རྣམས་ལ་མི་གུས་པ་སྐྱེས་ཏེ། ཡོན་ཏན་ཡང་དག་པར་བཅས་པས་ལས་ཀྱི་སྒྲིབ་པ་མི་ཟད་པ་སོགས་སོ། །སྒྲིབ་པ་དེས་ནི་དེའི་ཡང་དག་པར་བླངས་པའི་བརྔའི?་སེམས་ཉམས་པར་འགྱུར། །བྱང་ཆུབ་སེམས་དཔའ་ཨི་ཡོན ་ཏན་ཡང་དག་པར་བཅབ་པར་མ་ནུས་སུ་ཟིན་ཀྱང་ཉེས་པའི་སྒྲིབ་པས་དེའི་སེམས་ཉམས་པར་འགྱུར་ཏེ། འདི་ནི་རྒྱུ་གསུམ་པའོ། །སྒྱུ་དང། གཡོས་གཞན་ལ་ཉེ་བར་སྤྱོད་ཀྱི། ལྷག་པའི་བསམ་པS་མ་ཡིན་ཞེས་བྱ་བ་ནི་ཆོས་སྨྲ་བ་རྣམས་ཀྱི ་གསང་བའི་གནས་རྣམ་པར་འབྱེད་པས་མགོ་རྨོངས་པར་བྱ་བའི་ཕྱིར་རོ། །དེ་ལ་སྒྱུ་ཞེས་བྱ་བ་ནི། བཅིས་པས་ཉེས་པར་སྤྱོད་པའོ། །དེ་ལ་གཡོ་ཞེས་བྱ་བ་ནི་སེམས་གྱ་གྱུ་བའོ། །ལྷག་པའི་བསམ་པS་མ་ཡིན་ཞེས་བྱ་བ་ནི་རང་བཞིན་མ་ཡིན་པའི ་རྗེས་སུ་ཞུགས་པས་ཆོས་སྨྲ་བའི་གང་ཟག་རྣམས་ཀྱི་གསང་བའི་གནས་རྣམ་པར་འབྱེད་པས་སྦྱོར་བ་སྟེ། བྱང་ཆུབ་སེམས་དཔའ་ཆོས་སྨྲ་བ་རྣམས་ལས་གསང་བའི་གནས་དག་ཐོས་ནས་ཐེག་པ་ཆེན་པོ་སྒྲུབ་པར་འདོད་པ་རྣམས་མོས་པ་བཟློག་པར་བྱའོ ་ཞེས་དེ་ལྟར་སྦྱོར་བས་ལས་ཀྱི་སྒྲིབ་པ་ཆེན་པོ་བསགས་ཏེ། ལས་ཀྱི་སྒྲིབ་པ་དེས་ཆོས་ཉིད་ཀྱིས་ས?་ཐོབ་པའི་སེམས་ལས་རིང་དུ་གྱུར་པའི་ཚུལ་གྱིས་ཉམས་པར་འགྱུར་རོ། །མོས་པ་བཟློག་མ་ནུས་སུ་ཟིན་ཀྱང་དེའི་ཉེས་པའི་སྒྲིབ་པ་དེ་ལྟ་བུས་ཀྱང ་སེམས་ཉམས་པར་འགྱུར་རོ། །མདོར་བསྡུ་ན་གང་ལས་ཉམས་པར་འགྱུར་ཞེ་ན། སེམས་ལས་སོ། །གང་གི་ཚེ་འགྱུར་ཞེ་ན། ཚེ་འདི་དང་ཚེ་རབས་གཞན་པའོ། །ཇི་ལྟར་འགྱུར་ཞེ་ན། སྒྲུབ་པ་དག་ན་སློབ་དཔོན་ལ་ལོག་པར་བྱེད་པས་སོ། །ཇི་སྙེད་ཅིག་གིས་ཞེ་ན ་རྒྱུ་བཞི་པོ་དག་གིས་ཏེ་འདི་ནི་བཤད་ཟིན་ཏོ། །དེའི་གཉེན་པོ་ནི་དཀར་པོའི་ཕྱོགས་སུ་རིག་པར་བྱ་སྟེ། སྲོག་གི་ཕྱིར་ཡང་ཤེས་བཞིན་དུ་རྫུན་གྱི་ཚིག་མི་སྨྲ་ཞེས་བྱ་བ་ནི་བདེན་པ་རྗེས་སུ་བསྲུང་བ། ལུས་དང་སྲོག་ལ་མི་ལྟའོ། །ཐ་ན་བཞད་གང་ཀྱི་ཕྱིར་ཡང་ཞེས ་བྱ་བ་ནི་ཁ་ན་མ་ཐོ་བ་ཕྲ་རབ་རྣམས་ལ་ཡང་འཇིགས་པར་ལྟའོ། །སྒྱུ་དང་གཡོ་མེད་པས་སེམས་ཅན་ཐམས་ཅད་ཀྱི་དྲུང་ན་ལྷག་པའི་བསམ་པས་གནས་པ་ཞེས་བྱ་བ་ལ། ལྷག་པའི་བསམ་པ་ཞེས་བྱ་བ་ནི། རང་བཞིན་དང་མཐུན་པའོ། །སྒྱུ་མེད་པ་ཞེས ་བྱ་བ་ནི། བཅོས་མ་མ་ཡིན་པ་ཉེ་བར་སྤྱོད་པ་ཀུན་ཏུ་སྟོན་པའོ། །གཡོ་མེད་པ་ཞེས་བྱ་བ་དེ་ནི་གྱ་གྱུ་དང་བྲལ་བའོ། །བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཡང་སྟོན་པར་འདུ་ཤེས་བསྐྱེད་ཅིང། དེ་དག་གི་ཡང་དག་པར་བསྔགས་པ་ཕྱོགས་བཞིར་བརྗོད ་པ་ཞེས་བྱ་བ་ནི་གང་ལས་ཆོས་ཐོས་པ་དེ་བསྔགས་པའི་ཕྱིར་རོ། །ཉི་ཚེ་བའི་ཐེག་པ་མི་འདོད་པའི་ཕྱིར་སེམས་ཅན་གང་རྣམས་ཡོངས་སུ་སྨིན་པར་བྱེད་པ་དེ་དག་ཐམས་ཅད་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡང་དག་པར་འཛིན་དུ་འཇུག ་བ་ཞེས་བྱ་བ་ནི་མཆོག་གི་དོན་དུ་སྤྱོད་པ་བསྡུ་བའི་དངོས་པོས་ཡོངས་སུ་སྨིན་པར་བྱེད་པར་སེམས་དཔའ་ཨོ། །དེ་དག་གི་གོ་རིམ་ནི། སློབ་དཔོན་ལ་སོགས་པ་བསླུ་བས་སློབ་དཔོན་ལ་སོགས་པ་ལ་མི་གུས་ཏེ། བསླབ་པ་ལ་མི་གུས་པས་བདག་འགྱོད་པ་མེད་དེ། ་གཞན་འགྱོད་པ་མེད་པ་ལ་རྣམ་པར་གཙེ་བའི་བསམ་པས་འགྱོད་པར་བྱེད་དོ། །འགྱོད་དྲ?་པ་མེད་པའི་ཕྱིར་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའི་སེམས་ཅན་རྣམས་ལ་བསྔགས་པ་མ་ཡིན་པ་སྨྲ་བའོ། །བྱང་ཆུབ་སེམས་དཔའ་ལ་ཁོང་ཁྲོ་བས ་བྱང་ཆུབ་ཀྱི་སེམས་ལས་བྱུང་བའི་གཞན་ལ་ཕན་པར་བྱ་བ་ལས་བྱུང་བ་མེད་པས་སྒྱུ་དང་གཡོས་གཞན་ལ་ཉེ་བར་སྤྱོད་པའི་ལྷག་པའི་བསམས་པ་མ་ཡིན་ནོ། །ཡོངས་སུ་ཉམས་པར་མི་འགྱུར་བའི་རྒྱུ་རྣམས་ཀྱི་གོ་རིམ་ནི། བྱང་ཆུབ་ཀྱི་སེམས་ཆུང ་ཟ་བར་མི་འགྱུར་བའི་རྒྱུ་བདེན་པའི་ཚིག་གོམས་པར་བྱས་པས་བྱང་ཆུབ་ཀྱི་སེམས་ལས་ཡོངས་སུ་མི་ཉམས་པའི་བྱང་ཆུབ་སེམས་དཔའ་སྒྱུ་དང། གཡོ་མེད་པའི་ཕྱིར་བྱང་ཆུབ་ཀྱི་སེམས་ལས་བྱུང་བ། གཞན་ལ་ཕན ་པར་བྱ་བ། ལྷག་པའི་བསམ་པས་སེམས་ཅན་ཐམས་ཅད་ཀྱི་དྲུང་ན་གནས་སོ། །བྱང་ཆུབ་ཀྱི་སེམས་ལས་བྱུང་བའི་གཞན་ལ་ཕན་པར་བསམ་པ་ལས་བྱུང་བའི་ཆོས་ཤིན་ཏུ་རྨད་དུ་བྱུང་བ་དང། དཔག་ཏུ་མེད་པ་དག་རང་གི་རྒྱུད་ལ་དམིགས་ནས ་བྱང་ཆུབ་ཀྱི་སེམས་ལ་གུས་པ་དང། བྱང་ཆུབ་ཀྱི་སེམས་ཀྱང་ཐམས་ཅད་མཁྱེན་པའི་རྒྱུ་ཡིན་པའི་ཕྱིར་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་སྟོན་པར་འདུ་ཤེས་བསྐྱེད་དོ། །ཉི་ཚེ་བའི་ཐེག་པ་མི་འདོད་པའི་ཕྱིར་བྱང་ཆུབ་ཀྱི་སེམས་ལ་གུས་པས ་སེམས་ཅན་གང་དག་ཡོངས་སུ་སྨིན་པར་བྱེད་པ་དེ་དག་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡང་དག་པར་འཛིན་དུ་འཇུག་གོ། བྱང་ཆུབ་ཀྱི་ཕྱིར་སེཾས་པ་ནི། བྱང་ཆུབ་ཀྱི་སེམS་ཏེ། བྱང་ཆུབ་ཀྱི་རྒྱུ་ཞེས་བྱ་བའི་ཐ་ཚིག་གོ་།སྨྲས་པ། འདི་ལྟར ་དང་པོ་བྱང་ཆུབ་ཀྱི་སེམས་བསྐྱེད་དེ། སངས་རྒྱས་སུ་གྱུར་ཅིག་ཅེས་བྱ་བའི་རང་བཞིན་གང། ཚུལ་གང། གང་ལ་དམིགས། ཡོན་ཏན་གང། ཁྱད་པར་གང། གང་གིས་བསྡུས། གང་གིས་རྩ་བ། གང་གིས་འབྲས་བུ། གང་གིས་གནས། ་སྨྲས་བ། དང་པོར་ཡང་དག་པར་སྨོན་པ་ནི་རང་བཞིན་ནོ། །ཡིད་ཀྱིས་སྨོན་པ་ནི་ཚུལ་ལོ། །བྱང་ཆུབ་ལ་དམིགས་ཤིང་སེམས་ཅན་གྱི་དོན་ལ་དམིགས་སོ། །ཐམས་ཅད་མཁྱེན་པའི་རྒྱུ་ཡིན་པའི་ཕྱིར་ཡོན་ཏན་དཔག་ཏུ་མེད་དོ། །འཇིག་རྟེན ་པ་དང། ཉན་ཐོས་དང། རང་སངས་རྒྱས་ཐམས་ཅད་ཀྱི་སྨོན་ལམ་ལས་མཆོག་ཏུ་གྱུར་བས་ཁྱད་པར་དུ་འཕགས་སོ། །མོས་པ་སྤྱོད་པའི་སས་བསྡུས་སོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་རྩ་བའོ། །སྙིང་རྗེའི་འབྲས་བུའོ། ་བྱང་ཆུབ་སེམས་དཔའ་ཨི་བསླབ་པའི་གནས། །དང་པོ་བྱང་ཆུབ་ཀྱི་སེམས་བསྐྱེད་པ་དེ་ཡང་མདོར་བསྡུ་ན། འབྱུང་བ་དང། མི་འབྱུང་བ་དང། འབྱུང་བ་ནི་གང་སྐྱེས་ནས་རྒྱུན་མི་འཆད་པར་རྗེས་སུ་འཇུག་པ་ཡིན་པའོ། །དེའི་ལྡོག་པ་ཡང་རྣམ་པ་གཉིས ་ཏེ། རྒྱུན་ཆད་པ་དང་རྒྱུན་མི་འཆད་པའོ། །དེ་ལ་རྒྱུན་ཆད་པ་ནི་གང་ལན་ཅིག་ལོག་ནས་ཡང་མི་སྐྱེ་བའོ། །རྒྱུན་མི་འཆད་པ་ནི་གང་ལོག་རྐྱང་ཡང་སྐྱེའོ། །སེམས་དེ་ཡང་རྐྱེན་བཞི་དང། རྒྱུ་བཞི་དང། སྟོབས་བཞི་པོ་དག་གིས་སྐྱེ་སྟེ། བྱེད? ་བཞི་པ?་དག་གང་ཞེ་ན། དེ་བཞིན་གཤེགས་པའི་ཆོ?་འཕྲུལ་ཤིན་ཏུ་རྨེད་དུ་བྱུང་བ་མཐོང་ངམ། ཐོས་པ་དང། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་བརྩམས་པའི་ཆོས་ཐོས་པ་དང། སེམས་ཅན་ལ་སྙིང་བརྩེ་བར་ཉེ་བར་གཟུང ་ནས་བྱང་ཆུབ་སེམས་དཔའ་དམ་པའི་ཆོས་ཡུན་རིང་དུ་གནས་པར་བྱེད་པ་དང། དུས་ངན་པའི་སེམས་ཅན་ཤིན་ཏུ་སྡུག་བསྔལ་བདག་མཐོང་བའོ། །རྒྱུ་བཞི་པོ་གང་ཞེ་ན། རིགས་ཕུན་སུམ་ཚོགས་པ་དང། བཤེས་གཉེན་དམ་པ་ཕུན་སུམ ་ཚོགས་པ་དང། སྙིང་རྗེ་དང། འཁོར་བའི་སྡུག་བསྔལ་དུས་རིང་བ་སྣ་ཚོགས་པ་མི་བཟང་བ། མཚམས་མེད་པས་མི་འཇིགས་པའོ། །སྟོབས་བཞི་པོ་དག་གང་ཞེ་ན། རང་གི་སྟོབས་དང། གཞན་གྱི་སྟོབས་དང། རྒྱུའི་སྟོབས་དང། སྦྱོར་བའི ་སྟོབས་སོ། །དེ་རང་གི་མཐུས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འདོད་པ་ནི་རང་གི་སྟོབས་སོ། །གཞན་གྱི་མཐུས་སྐྱེད་པར་འདོད་པ་ནི་གཞན་གྱི་སྟོབས་སོ། །སྔོན་ཆད་ཐེག་པ་ཆེན་པོ་དང། རབ་ཏུ་ལྡན་པའི་དགེ་བའི་ཆོས་གོམས་པར ་བྱས་པའི་རྒྱུའི་སྟོབས་སོ། །ཚེ་འདི་ལ་སྐྱེས་བུ་དམ་པ་ལ་བརྟེན་པ་དང། དམ་པའི་ཆོས་ཉན་པ་དང། སེམས་པ་ལ་སོགས་པས་དུས་རིང་པོར་དགེ་བའི་ཆོས་གོམས་པར་བྱས་པ་ནི་སྦྱོར་བའི་སྟོབས་སོ། །རྐྱེན་བ་ཞི་པོ་དང་རྒྱུ་བཞི་པོ་ཚོགས་ ་པ་འམ། མ་ཚོགས་པ་དག་ལ་བརྟེན་པ་དེ་ལ་གལ་ཏེ། རང་གི་སྟོབས་དང་རྒྱུའི་སྟོབས་ཏེ། སྟོབས་གཉིས་ཚོགས་པས་སེམས་གང་སྐྱེ་བ་དེ་ནི་དེ་ལྟར་བརྟན་པ་དང། སྙིང་པོ་ཡོད་པ་དང། མི་གཡོ་བར་སྐྱེ་བའོ།། ་གཞན་གྱི་སྟོབས་དང་སྦྱོར་བའི་སྟོབས་ཀྱིས་སེམས་དེ་སྐྱེ་བ་ནི་མི་བརྟན་པར་སྐྱེ་བར་རིག་པར་བྱའོ། །དེའི་ལོག་པའི་རྒྱུ་ཡང་རྣམ་པ་བཞི་རིག་པར་བྱ་སྟེ། རིགས་ཕུན་སུམ་ཚོགས་པ་མ་ཡིན་པ་དང། སྡིག་པའི་གྲོགས་པོས་ཡོངས་སུ་ཟིན ་པ་དང། སེམས་ཅན་རྣམས་ལ་སྙིང་རྗེ་ཆུང་བ་དང། འཁོར་བའི་སྡུག་བསྔལ་གྱིས་འཇིགས་པའོ། །བྱང་ཆུབ་ཀྱི་སེམས་མ་ཉམས་པའི་བྱང་ཆུབ་ཀྱི་སེམས་དེ་ཉིད་ལ་གནས་པ་བྱས་ནས་བསོད་ནམས་དང། ཡེ་ཤེས་ཀྱི་ཚོགས ་ཀྱིས་ཡོངས་སུ་ཟིན་པའི་དགེ་བའི་ཆོས་རྣམས་ལ་སྦྱོར་རོ། །དེ་ལྟར་སྦྱོར་བ་དེའི་དགེ་བའི་ཆོས་ཡོངས་སུ་ཟད་པ་དང། འཕེལ་བའི་རྒྱུའི་ཆོས་སྟོན་ཏོ། །བཅོམ་ལྡན་འདས་ཀྱིས་འོད་སྲུངས་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན་དགེ་བའི ་ཆོས་སྐྱེས་ཤིང་བྱུང་བ་རྣམས་ཡོངས་སུ་ཟད་པར་འགྱུར་རོ་ཞེས་རྒྱ་ཆེར་གསུངས་པའོ། །སྨྲས་པ། ཅིའི་ཕྱིར་དགེ་བའི་ཆོས་ཡོངས་སུ་ཟད་པར་འགྱུར་བའི་རྒྱུའི་ཆོས་བཞི་ཉིད་དེ། མི་མང་མི་ཉུང། སྨྲས་པ། དགེ་བའི་ཆོས་ཡོངས་སུ་ཟད་པར ་འགྱུར་པ་རྣམ་པ་བཞིའི་ཕྱིར་ཏེ། འདི་ལ་མདོར་བསྟན?་བྱང་ཆུབ་སེམས་དཔའ་ཨི་དགེ་བའི་ཆོས་ཟད་པར་འགྱུར་པ་རྣམ་པ་བཞི་སྟེ། མི་སྐྱེ་བས་ཡོངས་སུ་ཟད་པར་འགྱུར་བ་དང། མི་འཕེལ་བར་ཡོངས་སུ་ཟད་པར་འགྱུར་བ་དང། རྩ་བ་ནས ་བཅོམ་པས་ཡོངས་སུ་ཟད་པར་འགྱུར་བའོ། །རྒྱང་བསྲིངས་པས་ཡོངས་སུ་ཟད་པར་འགྱུར་པའོ། །དེ་ལ་དཀར་པོའི་ཆོས་རྣམས་མི་སྐྱེ་བས་ཟད་གར་འགྱུར་བའི་རྒྱུ་ནི་མངོན་པའི་ང་རྒྱལ་གྱིས་འཇིག་རྟེན་རྒྱང་ཕན་པའི་བརྗོད་པ་ཆོལ་བ་སྟེ། ་བྱང་ཆུབ་སེམས་དཔའ་ཨི་སྡེ་སྣོད་ཕ་རོལ་ཏུ་ཕྱིན་པ་དྲུག་དང་ལྡན་པ་མངོན་པར་མི་ཤེས་པའི་བྱང་ཆུབ་སེམས་དཔའ་མངོན་པའི་ང་རྒྱལ་གྱིས་ཟིན་པ་ནི་འཐོབ་པ་དང། བཀུར་སྟི་ལ་ལྟ་བས་གཞན་དང་འགྲན་པའི་དབང་དུ་བྱས་ཏེ། ་འཇིག་རྟེན་རྒྱང་ཕན་པའི་བརྗོད་པ་ཡོངས་སུ་ཚོལ་བའི་ཕྱིར་དཀར་པོའི་ཆོས་རྣམས་ཀྱི་སྐྱེ་མཆེད་མ་ཡིན་པ་ལ་སྦྱོར་པ་ན་དཀར་པོའི་ཆོས་རྣམས་མི་སྐྱེ་བའི་ཡོངས་སུ་ཟད་པས་ཡོངས་སུ་ཟད་པར་འགྱུར་རོ། །སྔོན་ཐོབ་པ་རྣམས་ཀྱང་བྱ་བ་གཞན་ལ་ཚོགས་ཏེ། ཉན ་བ་ལ་གཡེལ་བར་མི་འཕེལ་བས་ཡོངས་སུ་ཟད་པར་འགྱུར་བའི་རྒྱུ་ནི་འཐོབ་པ་དང། བཀུར་སྟི་ལ་ཆགས་ཏེ་ཁྱིམ་ལ་ལྟའོ། །དེ་ལ་འཐོབ་པ་ནི་ཆོས་གོས་ལ་སོགས་པའོ། །བཀུར་སྟེ?་ནི་ཕྱག་འཚལ་བ་ལ་སོགས་པའོ། །འཐོབ་པ་དང་བཀུར་སྟི་ལ ་ཆགས་པ་ནི། འཐོབ་པ་དང་བཀུར་སྟི་ལ་ཆགས་པའོ། །འཐོབ་པ་དང་བཀུར་སྟི་ལ་ཆགས་པས་ལོག་པར་ཡོངས་སུ་སྤྱོད་པ་བསྟན་པ་ཡིན་ནོ། །ཁྱིམ་ལ་ལྟ་བས་ནི་འདུ་འཛི་མང་བར་བསྟན་པ་ཡིན་ནོ། །སྨྲས་པ། འདི་གཉིས་གང་ལས་བྱུང། སྨྲས་བ། ་ཡང་དག་བར་འོངས་བའི་ཐོབ་པས་ཆོག་པར་མི་འཛིན་ཏེ། ཚུལ་འཆོས་པ་ལ་སོགས་པ་ལ་གནས་པ་དང། འཕགས་པའི་རིགས་རྣམས་ལ་མི་གནས་པ་ལས་བྱུང་ངོ། །འདི་ལྟར་འཐོབ་བ་དང་བཀུར་སྟི་ལ་ཆགས་བས་ཁྱིམ་རྣམས་ལ་ལྟ་བ་དེ་འདུ? ་མང་བའི་ཕྱིར་ཐོས་པ་ལ་སོགས་པ་དགེ་བའི་ཆོས་རྣམས་མི་འཕེལ་ལོ། །ཐོས་པ་ལ་སོགས་པ་མ་འཕེལ་བས་ཐོས་པ་ལ་སོགས་པ་དགེ་བའི་ཆོས་མི་འཕེལ་བའི་ཡོངས་སུ་ཉམས་པས་ཡོངས་སུ་ཉམས་པར་འགྱུར་རོ། །རྩ་བ་ནས་འཇོམས་པས་ཡོངས་སུ་ཟད ་པར་འགྱུར་བའི་རྒྱུ་ནི་བྱང་ཆུབ་སེམས་དཔའ་ལ་ཁྲོ་ཞིང་སྐུར་བ་འདེབས་པ་སྟེ། བྱང་ཆུབ་སེམས་དཔའ་རྣམས་ལ་ཉས་པར་ལྟ་བ་ནི་ཁྲོ་བའོ། །བྱང་ཆུབ་སེམས་དཔའ་ལ་ཁྲོ་བ་ཉིད་ཀྱི་ཕྱིར་བྱང་ཆུབ་སེམས་དཔའ་ལ་སྐུར་པ་འདེབས་པ་སྟེ་།འཁྲུལ ་བའི་ཉེས་པ་གཞན་ཚོལ་ཞིང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཉེས་པ་བྱུང་བ་འམ། མ་བྱུང་བ་གླེང་བས་ལས་ཀྱི་སྒྲིབ་པ་རྒྱ་ཆེན་པོ་སོགས་ཏེ། གདོན་མི་ཟ་པར་དེའི་དགེ་བའི་ཆོས་རྣམས་རྩ་བ་ནས་འཇོམས་པའི ་ཡོངས་སུ་ཟད་བས་ཡོངས་སུ་ཟད་པར་འགྱུར་རོ། །རྒྱང་བསྲིངས་པས་ཡོངས་སུ་ཟད་པར་འགྱུར་བའི་རྒྱུ་ནི་མ་ཐོས་པ་དང། མ་ཟིན་པའི་མདོ་སྡེ་རྣམས་སྤོང་བ་སྟེ། མ་ཐོས་པ་ཞེས་བྱ་བ་ནི་ཐོས་པའི་ལམ་དུ་མ་གྱུར་པའོ། །མ་ཟིན་པ་ཞེས་བྱ་བ་ནི ་ཐོས་པའི་ལམ་དུ་གྱུར་ཀྱང་མ་ཟིན་པ་སྟེ། ངེས་པའི་དོན་གྱི་མདོ་སྡེ་རྣམས་སྤོང་ཞིང། འདི་ལས་དགོངས་ནས། བཅོམ་ལྡན་འདས་ཀྱིས་མདོ་ནི་གསུངས་སོ་ཞེས་བྱ་བ་སྟེ། ཆེན་པོ་བསྟན་པ་ཆོས་ཉིད་ལས་དགོངས་ཏེ་གསུངས་པའི་དོན་དེ ་བཞིན་གཤེགས་པའི་དགོངས་པ་ལས་ལོགས་སུ་ལོག་པས་འཇལ་བ་དེའི་དམ་པའི་ཆོས་ལ་སྐུར་པ་ཆེར་བཏབ་པས་གནོད་པ་ཐོབ་སྟེ། དེའི་དཀར་པོའི་ཆོས་རྣམས་རྒྱང་བསྲིང་བའི་ཡོངས་སུ་ཟད་པར་ཡོངས་སུ་ཟད་པར་འགྱུར་རོ། །དེ་ལས་བཟློག་པ་ནི་དགང? ་པོའི་ཕྱོགས་སུ་རིག་པར་བྱ་སྟེ། འོད་སྲུངས་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན། ཡོངས་སུ་མི་འབྲི་བའི་ཆོས་ཅན་དུ་འགྱུར་ཏེ། ཁྱད་པར་དུ་འགྲོའོ། །བཞི་གང་ཞེ་ན། འདི་ལྟ་སྟེ། འདི་ལྟར་བྱང་ཆུབ་སེམས་དཔའ་ཨི་སྡེ་སྣེད?་ཕ ་རོལ་ཏུ་ཕྱིན་པ་དྲུག་དང་ལྡན་པ་ཡོངས་སུ་ཚོལ་བ་ལས་བརྩམས་ནས། ལེགས་པར་ཐོས་པ་ཚོལ་གྱི་ཉེས་པར་ཐོས་པ་མ་ཡིན་ཞེས་བྱ་བ་ལ་སོགས་པའོ། །དེ་ལ་ལེགས་པར་ཐོས་པ་ཚོལ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་ཨི་སྡེ་སྣོད ་ཕ་རོལ་ཏུ་ཕྱིན་པ་དྲུག་གིས་བསྡུས་པ་ནི་ལེགས་པར་ཐོས་པ་ཚོལ་བའོ། །ཉེས་པར་ཐོས་པ་མ་ཡིན་ཞེས་བྱ་བ་ལ། འཇིག་རྟེན་རྒྱང་པན་པའི་བརྗོད་པའི་དབང་དུ་བྱས་པ་རྣམས་མི་ཉན་པ་ནི་ཉེས་བར་ཐོས་པ་མ་ཡིན་པའོ། །སེམS ་ཅན་ཐམས་ཅད་ལ་ང་རྒྱལ་མེད་པའི་ཕྱིར། །བྱི?་དང་འདྲ་བའི་སེམས་ཡིན་ཞེས་བྱ་བ་ལ་ང་རྒྱལ་གྱི་ཟིན་བའི་རྣམས་ནི་འཇིག་རྟེན་རྒྱང་བན་བའི་བརྗོད་པ་ཆོལ?་བར་འགྱུར་ཏེ། འཐོབ་པ་དང་བཀུར་སྟིའི་རྒྱུར་གྱུར་པ་འཇིག་རྟེན་རྒྱང་པན་བའི་བརྗོད་པ ་ཚོལ་བ་ཡོངས་སུ་བཏང་བ་དང། བྱང་ཆུབ་སེམས་དཔའ་ཨི་སྡེ་སྣོད་ཕ་རོལ་ཏུ་ཕྱིན་པ་དྲུག་བཙལ་བའི་ཕྱིར་འཇིག་རྟེན་རྒྱང་ཕན་པའི་བརྗོད་པ་ཚོལ་བའི་རྒྱུ་ལས་བཟློག་བ་སྟོན་ཏོ། །ཆོས་ཀྱི་ཐོབ་པས་ཆོག་པར་འཛིན་ཏེ། ལོག་པར་ཚོལ་བ་ཐམས་ཅད ་ཡོངས་སུ་སྤངས་ཤིང་འཕགས་པའི་རིགས་ལ་དགའ་བ་ཡིན་ཞེས་བྱ་བ་ནི་དེ་ཡང་དག་པར་འོངས་པའི་འཐོབ་པས་ཚིམ་པའི་ཕྱིར་ཆོས་ཀྱི་ཐོབ་པས་ཆོག་པར་འཛིན་ཏོ། །ཚུལ་འཆོས་པ་ལ་སོགས་པའི་ཉས་པ་ཡོངས་སུ་བཏང་བའི་ཕྱིར་ལོག་པར་འཚོ་བ་ཐམས ་ཅད་ཡོངས་སུ་སྤངས་སོ། །མི་སྲིད་པའི་རང་བཞིན་ཅན་དུ་གྱུར་པའི་ཕྱིར་འཕགས་པའི་རིགས་ལ་དགའ་ཨོ། །དེ་ལྟར་ཡང་དག་པར་ཞུགས་པར་རང་གི་བྱ་བ་དམ་པར་འཛིན་པ་དེ་ཉེས་པ་བྱུང་བ་ལ་ཡང་གཞན་གྱིས་རྗེས་སུ་བསྲུང་བས་གཞན་གྱིས་མི་གླེང་ན་ཉེས་བ ་གཞན་དང་འཁྲུལ་པ་ཚོལ་བ་ལྟ་ག་ལ་འགྱུར། བྱང་ཆུབ་སེམས་དཔའ་ཨི་སྡེ་སྣོད་ཕ་རོལ་ཏུ་ཕྱིན་པ་དྲུག་ཚོལ་བ་ལ་བརྩོན་པ་དེའི་བློས། ཆོས་གང་དག་མི་རྟོགས་པ་དེ་ལ་དེ་བཞིན་གཤེགས་པ་ཉིད་ཀྱིས་མངོན་སུམ་དུ་གཟིགས་པའི་ཕྱིར ་མངོན་སུམ་མོ་ཞེས་མི་སྤོང་ངོ། །ཅིའི་ཕྱིར་ཞེ་ན། སངས་རྒྱས་ཀྱི་བྱང་ཆུབ་མཛའ་ཡས་པ་དང། མོས་པ་ཐ་དད་བ་ལ་བལྟས་ནས་ཆོས་བསྟན་པའི་ཕྱིར་རོ། །མདོར་བསྡུ་ན་གང་དག་ཡོངས་སུ་ཟད་པར་འགྱུར་བ་དང། ཇི་ལྟར་ཡོངས་སུ་ཟད་པར ་འགྱུར་བ་དང། གང་གིས་དུས་དང། ཆོས་ཇི་སྙེད་ཅིག་གིས་ཡོངས་སུ་ཟད་པར་འགྱུར་བ་དེ་བསྟན་ཏོ། །གང་དག་ཡོངས་སུ་ཟད་པར་འགྱུར་ཞེ་ན། དགེ་བའི་ཆོས་རྣམས་སོ། །ཇི་ལྟར་ཡོངས་སུ་ཟད་པར་འགྱུར་ཞེ་ན། མངོན་པའི་ང་རྒྱལ་ལ་བརྟེན་ནས་འཇིག་རྟེན ་རྒྱང་བན་པའི་བརྗོད་པ་ཚོལ་བ་ལ་སོགས་པའི་རིམ་གྱིས་སོ་།གང་གི་དུས་ཞེ་ན། ཚེ་འདི་དང་ཚེ་རབས་གཞན་ནའོ། །ཆོས་ཇི་སྙེད་ཅིག་གིས་ཞེ་ན། ཆོས་བཞི་པོ་དག་གིས་སོ། །དཀར་པོའི་ཕྱོགས་ལ་ཡང་དགེ་བའི་ཕྱོགས ་གང་དག་སྐྱེ་བར་འགྱུར། ཇི་ལྟར་སྐྱེ་པར་འགྱུར། གང་གི་དུས་ན་སྐྱེ་བར་འགྱུར། ཆོས་ཇི་སྙེད་ཅིག་གིས་སྐྱེ་བར་འགྱུར་ཞེས་བཟློག་སྟེ་ཡོངས་སུ་བསྟན་ཏོ། །ཆོས་བཞི་པོ་འདི་དག་གི་གོ་རིམ་ནི་མངོན་པའི་ང་རྒྱལ་གྱིས་ཟིན་ཏོ། །འཐོབ་པ་རང ་བཀུར་སྟི་ལ་ལྟ་བས་འཇིག་རྟེན་རྒྱང་བན་བའི་བརྗོད་པ་ཚལ་ལོ། །བརྩལ་བར་བྱ་བ་ཁྱིམ་གང་དག་ནས་འཐོབ་པར་བྱེད་པའི་ཁྱིམ་དེ་དག་ལ་ལྟའོ། །འཐོབ་བ་དང་བཀུར་སྟི་ལ་ཆགས་པས་ཕྲག་དོག་དང་སེར་སྣ་ལ་སོགས་པའི་སེམས་ཀྱིས་ཁྱིམ་དང ་གཏོགས་པའི་བྱང་ཆུབ་སེམས་དཔའ་གཞན་དག་ལ་ཁྲོ་ཞིང་སྐུར་པ་འདེབས་སོ། །དེ་ལ་ཁྲོས་པ་ཉིད་ཀྱི་ཕྱིར་དམ་པའི་ཆོས་སྤོངས་སོ། །དཀར་པོའི་ཕྱོགས་ཀྱི་གོ་རིམ་ནི་ང་རྒྱལ་ལ་སོགས་པའི་ཉེས་པ་རྣམས་མེད་པས་ཕ་རོལ་ཏུ་ཕྱིན་པ ་དྲུག་གིས་བསྡུས་པ་ཡང་དག་པར་ཉན་པ་ལ་བརྩོན་པའི་བྱང་ཆུབ་སེམས་དཔའ་རྗེས་སུ་མཐུན་པའི་ཆོས་སྒྲུབ་པ་ན་འཐོབ་པ་དང་བཀུར་སྟི་ལ་ཆགས་པ་སྐུར་པ་འདེབས་པའི་རྒྱུ་མེད་པས་ཆོས་ཀྱི་འཐོབ་པས་ཆོག་པར་འཛིན་ཏེ། ལོག ་པས་འཚོ་བ་དེ་དག་སྤངས་ཤིང་འཕགས་པའི་རིགས་ལ་དགའ་བ་ཡིན་ནོ། །བྱང་ཆུབ་སེམས་དཔའ་ལ་གནོད་པར་སེམས་པ་མེད་པས་ཉེས་བ་བྱུང་བ་དང་མ་བྱུང་བ་ལས་གཞན་ལ་མི་གླེང་ངོ། །ཐར་པ་འདོད་བས་དམ་པའི་ཆོས་མི་སྤོང་ངོ། ། ་དཀར་པོའི་ཆོས་ཡོངས་སུ་ཟད་པར་འགྱུར་བའི་རྒྱུའི་ཆོས་རྣམས་སྤངས་པ་དང། དཀར་པོའི་ཆོས་ཡོངས་སུ་ཉམས་པར་མི་འགྱུར་བའི་རྒྱུའི་ཆོས་རྣམས་ཡང་དག་པར་འཛིན་པའི་བྱང་ཆུབ་སེམས་དཔའ་ཨི་ཆ་མ་ཡིན་པ་ཡིད་མི་མཉམ་པ ་ཀུན་ཏུ་འབྱུང་བ་སྤང་བར་བྱ་བ་དང། བྱང་ཆུབ་སེམས་དཔའ་ཨི་ཆ་ཡིད་མཉམ་བ་ཀུན་ཏུ་འབྱུང་བ་ཡང་དག་པར་འཛིན་དུ་གཞུག་པའི་དོན་དུ་ཡོན?་པོ་དང། ཡོན་པོ་མ་ཡིན་པའི་སེམས་བསྐྱེད་པ་ཉེ་བར་བསྟན་པའི་ཕྱིར། བཅོམ་ལྡན་འདས་ཀྱིས། འོད ་སྲུངས་བཞི་པོ་འདི་དག་ནི་ཡོན་པར་སེམས་བསྐྱེད་པ་སྟེ། དེ་དག་བྱང་ཆུབ་སེམས་དཔས་ཡོངས་སུ་སྤང་བར་བྱའོ་ཞེས་རྒྱ་ཆེར་གསུངས་པའོ། །སྨྲས་པ། ཅིའི་ཕྱིར་བཞི་ཉིད་དེ། མི་མང་མི་ཉུང། སྨྲས་པ། ལ་ལ་ན་རེ་ཏ་ཅང་སྐྱོན་དུ་འགྱུར་བས ་ཀླན་ཀར་མི་འགྱུར་རོ་ཞེས་ཟེར་རོ། །ཡོ་བ་རྣམ་པ་བཞིའི་དབང་དུ་བྱས་པ་ཡིན་ནོ། །ཡོ་བ་རྣམ་པ་བཞིའི་དབང་དུ་བྱས་ནས་ཡོན་པོར་སེམས་བསྐྱེད་པར་རིག་པར་བྱ་སྟེ། ཐེག་པ་ཆེན་པོ་ལ་ཡོ་བ་དང་ཡོངས་སུ་སྨིན་པར་བྱེད་པ་ལ་ཡོ་བ་དང། བསོད་ནམས ་ཀྱི་ཚོགས་ལ་ཡོ་བ་དང། ཡེ་ཤེས་ཀྱི་ཚོགས་ལ་ཡོ་བའོ། དེ་ལ་ཐེག་པ་ཆེན་བོ་ལ་ཡོ་བའི་རྒྱུ་ནི་སངས་རྒྱས་ཀྱི་ཆོས་རྣམས་ལ་སོམ་ཉི་དང། ཡིད་གཉིས་དང། ཐེ་ཚོམ་ཟ་བ་སྟེ། སྟོན་པ་ལ་ཡིད་མི་ཆེས་ན་བསླབ་པ་ལ་མི་གུས་པའི ་ཕྱིར་སངས་རྒྱས་ཀྱི་ཆོས་རྣམས་སོམ་ཉི་ཟ་བ་ལ་སོགས་པ་ཉེ་བར་བཟུང་ནས་ཐེག་པ་ཆེན་པོ་ལ་ཁྱད་པར་དུ་གསོད་པའི་ཞུགས་པ་ཡིན་ཏེ། དེ་ལ་སངས་རྒྱས་ཀྱི་ཆོས་རྣམས་ཡོད་པ་ལ་ནི་སོམ?་ཉི་ཟའོ། །ཆེ་བ་ཉིད་ལ་ནི་ཡིད་གཉིས་ཟའོ། །། ་ཡེ་ཤེས་འཐོབ་པ་ལ་ནི་ཐེ་ཚོམ་ཟའོ། །ཡོངས་སུ་སྨིན་པར་བྱེད་པ་ལ་ཡོ་བའི་རྒྱུ་ནི། སེམས་ཅན་རྣམས་ལ་ང་རྒྱལ་དང། རྒྱགས་པ་དང། འཆབ་པ་དང། ཁྲོ་བ་དང། གནོད་པར་སེམས་པའོ། །དྲ་རྒྱལ་ལ་སོགས་པའི་ཟིལ་གྱིས་ནོན་ན ་སེམས་ཅན་ཁྱད་དུ་གསོད་པས་སེམས་ཅན་རྣམས་ཡོངས་སུ་སྨིན་པར་མི་བྱེད། ང་རྒྱལ་དང། རྒྱགས་པ་དང། འཆབ་པ་དང། ཁྲོ་བོ་དང། གནོད་པ་སེམས་པ་ནི་བླ་མ་རྣམས་དང། སློབ་མ་རྣམས་དང། གླེང་བ་རྣམས་དང། གནོད་པར་བྱེད་པ་རྣམས ་དང། གནོད་པར་མི་བྱེད་བ་རྣམས་ལ་གོ་རིམ་བཞིན་དུ་རིག་པར་བྱའོ། །བསོད་ནམས་ཀྱི་ཚོགས་ལ་ཡོ་བའི་རྒྱུ་ནི། གཞན་གྱིས་འཐོབ་པ་རྣམས་ལ་ཕྲག་དོག་དང་སེར་སྣ་བྱེད་པའོ། །དེ་ལ་གཞན་གྱིས་འཐོབ་པ་མཐོང ་ནས་སེམས་ཀྱི་ཁྱད་པར་འཁྲུག་པ་ནི་ཕྲག་དོག་གོ། དེ་ལ་སྨོན་པ་ནི་སེར་སྣའོ། །ཕྲག་དོག་དང་སེར་སྣ་དེ་ཉིད་ལས་སེམས་སོད་སྟེ། བསོད་ནམས་ཀྱི་ཚོགས་རྣམས་ལ་ཁྱད་དུ་གསོད་པར་འཇུག་པ་ནི་བསོད་ནམས་ལས་ཡོངས་སུ་ཉམས་པར ་འགྱུར་རོ། །ཡེ་ཤེས་ཀྱི་ཚོགས་ལ་ཡོ་བའི་རྒྱུ་ནི་བྱང་ཆུབ་སེམས་དཔའ་རྣམས་ལ་བསྔགས་པ་མ་ཡིན་པ་དང། མི་སྙན་པ་དང། བརྗོད་པ་མ་ཡིན་པའི་སྒྲ་ཚིགས་སུ་བཅད་པ་འབྱིན་པའོ། །བསྔགས་པ་མ་ཡིན་པ་ལ་སོགས་པའི་དོན་ནི ་སྔར་བཤད་པ་ཡིན་ནོ། །བྱང་ཆུབ་སེམས་དཔའ་རྣམས་ལ་བསྔགས་པ་མ་ཡིན་པ་བརྗོད་པས་ཐེག་པ་ཆེན་པོ་སྤོང་བར་རིག་པར་བྱའོ། །ཐེག་པ་ཆེན་པོ་སྤངས་ནས་བྱང་ཆུབ་སེམས་དཔའ་ཡེ་ཤེས་ཀྱི་ཚོགས་རྣམས་ལ་ཁྱད་དུ ་གསོད་པར་འཇུག་པར་ཡང་ཡེ་ཤེས་ཀྱི་ཚོགས་རྣམས་ལ་ཡོངས་སུ་ཉམས་པར་འགྱུར་རོ། །དེ་ལས་བཟློག་པ་ནི་དཀར་པོའི་ཕྱོགས་སུ་རིག་པར་བྱའོ། །ཡོན་པོའི་གཉེན་པོ་དྲང་པོའི་མཚན་ཉིད་བསྟན་ཏེ། འོད་སྲུངས་བཞི་པོ ་འདི་དག་ནི་བྱང་ཆུབ་སེམས་དཔའ་དྲང་པོ་དྲང་བའི་མཚན་ཉིད་ཡིན་ཏེ། བཞི་གང་ཞེ་ན། ཉེལ་པ་བྱུང་བ་མི་འཆབ་ཅེས་བྱ་བ་ལ་སོགས་པའོ། །དེ་ལ་ཉེས་པ་བྱུང་བ་མི་འཆབ་ཅེས་བྱ་བ་ནི་བསྟན་པའི་ཚིག་གོ་།རྣམ་པར་འབྱང?་ཅེས་བྱ་བ ་ནི་དངོས་པོ་ཡོངས་སུ་བརྗོད་པའོ། །འཆགས་པ་ཞེས་བྱ་བ་ནི་ཉེས་པ་སོ་སོར་འཆགས་པའོ། །ཅི་ནས་ཀྱང་འགྱོད་པར་མི་འགྱུར་བ་དེ་ལྟར་འཐོབ་པ་ནི་ཀུན་ནས་ལྡང་བ་མེད་པ་ཡིན་ནོ། །རྒྱལ་སྲིད་སྟོར་བ་འམ། ནོར་ཡལ་བ་འམ་ཞེས་བྱ་བ་ནི། ་བདེན་པའི་བསམ་པས་ལོངས་སྤྱོད་ལ་མི་ལྟ་བར་ཡོངས་སུ་སྟོན་ཏོ། །སྲོག་གི་བར་ཆད་དུ་འགྱུར་ཡང་ཞེས་བྱ་བ་ནི་སྲོག་ལ་མི་ལྟ་བའོ། །གཞན་ནས་གཞན་དུ་བསྒྱུར་བའི་ཚིག་མི་སྨྲ་ཞེས་བྱ་བ་ནི། དོན་གཞན་དུ་སྦྱོར་བའི་དོན་བཏང་སྟེ། ་མགོ་རྨོངས་པར་མི་བྱེད་པའོ། །གཞན་གྱིས་གནོད་པར་བྱས་པ། ཁྲོ་བ་དང། གཤེད་བ་དང། སྨོད་པ་དང། སྦྱོ་བ་དང། བརྡེག?་པ་དང། བསྡིགས་པ་དང། གསོད་པ་དང། བཅིང་བ་བྱས་པ་ཐམས་ཅད་ལ་བདག་གིས་ཉེས་པར་སེམས ་ཞེས་བྱ་བའི་ཚིག་འདི་རྣམས་ལ་བྱེ་བྲག་ཅི་ཡོད་ཙེ་ན། དེ་ལ་ཁྲོ་བ་ནི་ཁ་ན་མ་ཐོ་བ་མ་བྱུང་བ་བརྗོད་པའོ། །གཤེ་བ་ནི་ཁ་ན་མ་ཐོ་བ་བྱུང་བ་བརྗོད་པའོ། །སྨོད་པ་ནི་རིགས་ལ་སོགས་པའི་ཉེས་པ་བརྗོད་པའོ། །སྤྱོ་བ་ནི་ཁ་ན་མ་ཐོ་བ་བྱུང་བS ་རྣམ་པར་འཇོམས་པའོ། །བསྡིགས་པ་ནི་ལུས་ཀྱི་ཚུལ་གྱིས་བསྡིགས་པའོ། །བརྡེག་པ་ནི་ལུས་ཀྱི་ཡན་ལག་ལག་པ་ལ་སོགས་པས་སོ། །གསོད་པ་ནི་ལག་པ་ལ་སོགས་པ་དང་འབྲེལ་པ་མཚོན་ཆལ་སོགས་པས་སོ། །བཅིང ་བ་ནི་ཐག་པ་ལ་སོགས་པས་སོ། །དེ་ལ་སོགས་པ་གཞན་གྱིས་གནོད་པར་བྱས་པ་རྣམས་ལ་བདག་གིS་ཉེས་པར་སེམས་པའོ། །ལས་ཀྱི་རྣམ་པར་སྨིན་པའི་ཕྱིར་འབྲང་བས་གཞན་དག་ལས་མི་འཁྲུག་ཅེས་བྱ་བ་ནི་ཁྲོ་བའི་ཀུན་ནས ་བསྐོར་བ་ལྡང་བར་མི་བྱེད་པའོ། །ཁོན་དུ་འཛིན་པ་མེད་ཅེས་བྱ་བ་ནི་མདུང་པར་འཛིན་པ་མེད་བའོ། །དེ་དང་པོ་ལ་རབ་ཏུ་གནས་པ་ཡིན་ཏེ། བསམ་པ་ཡོངས་སུ་དག་པའི་ཕྱིར་ཐམས་ཅད་དང་པར་མི་འགྱུར་བའི་སངས་རྒྱས་ཀྱི་ཆོས ་ལ་མངོན་པར་དང་ཅེས་བྱ་བ་ནི་ཐེག་པ་ཆེན་པོ་ལ་ལྷག་པའི་བསམ་པས་མོས་པར་ཡོངས་སུ་བསྟན་པ་ཡིན་ནོ། །ཚིག་འདི་དག་གི་གོ་རིམ་ནི་སངས་རྒྱས་ཀྱི་ཆོས་རྣམས་ལཾ?་ཐེ་ཚོམ་ཟ་བས་ཚུལ་ཁྲིམས་ལ་མི་གུས་ཏེ། སེམས་ཅན་རྣམས་ལ ་ལོག་པར་སྒྲུབ་པོ། །ལོག་པར་སྒྲུབ་པས་འཐོབ་པ་ལ་སེར་སྣ་བྱེད་པའོ། །སེར་སྣའི་ཟིལ་གྱིས་ནོན་པས་བྱང་ཆུབ་སེམས་འཐོབ་པ་དང་ལྡན་པ་མཐོང་དམ་ཐོས་ན། བྱང་ཆུབ་སེམས་དཔའ་རྣམས་ལ་བསྔགས ་པ་མ་ཡིན་པ་སྨྲའོ། །དཀར་པོའི་ཕྱོགས་ཀྱི་གོ་རིམ་ནི་ཚུལ་ཁྲིམས་དང་ལྡན་པས་བདེན་པ་རྗེས་སུ་བསྲུང་ངོ། །བདེན་པ་རྗེས་སུ་བསྲུང་བས་བཟོད་པ་དང་ལྡན་པ་ཡིན་ནོ། །བཟོད་པ་དང་ལྡན་པས་བསམ་པ་རྣམ་པར་དག་པ་སྟེ། སངས་རྒྱས་ཀྱིས ་ཆོས་ལ་མངོན་པར་དང་ངོ། །མདོར་བསྡུ་ན་ཡོན་པོ་གང་ཞེ་ན། སེམས་ཀྱི་ཁྱད་དུ་གསོད་པའོ། །གང་ལ་ཡོ་ཞེ་ན། སངས་རྒྱས་ཀྱི་ཆོས་རྣམས་དང། སེམས་ཅན་རྣམས་ལའོ། །གང་གི་ཚེ་ཞེ་ན། འདི་ལ་གོམས་པར་བྱས་བསམ་འོངས ་པ་ན་ཡང་ངོ། །ཆོས་ཇི་སྙེད་ཅིག་གིས་ཞེ་ན། ཇི་སྐད་སྨོས་པའི་ཆོས་བཞི་པོ་དག་གིས་སོ། །དྲང་པོ་གང་ཡིན་པ་དང། དོན་གང་དྲང་བ་དང། གང་གི་ཚེ་དང། ཆོས་ཇི་སྙེད་ཅིག་གིས་ཞེས་དཀར་པོའི་ཕྱོགས་ཀྱང་བཟློག་སྟེ་རིག་པར་བྱའོ། །ཡོན ་པོར་སེམས་བསྐྱེད་པ་དང་བྲལ་བའི་བྱང་ཆུབ་སེམས་དཔའ་དག་ནི། བྱང་ཆུབ་སེམས་དཔའ་དྲང་པོ་རྣམས་ཀྱི་དྲང་པའི་མཚན་ཉིད་དུ་གསུངས་ཏེ། བྱང་ཆུབ་སེམས་དཔའ་དྲང་པོ་རྣམས་ཡང་དག་པར་འདུལ་བའི་ཕྱིར་དང། དམུ་རྒོད་དུ་བྱེད ་པའི་ཆོས་ཡོངས་སུ་སྤོང་བ་དང། དམུ་རྒོད་མ་ཡིན་པ་ཡང་དག་པར་འཛིན་དུ་གཞུག་པའི་དོན་དུ་དམུ་རྒོད་དང། དམུ་རྒོད་དུ་བྱེད་པ་མ་ཡིན་པའི་ཆོས་རྣམས་བསྟན་པའི་ཕྱིར། བཅོམ་ལྡན་འདས་ཀྱིས། འོད་སྲུངས་བཞི་པོ་འདི་དག་ནི་བྱང ་ཆུབ་སེམས་དཔའ་དམུ་རྒོད་དོ། །ཞེས་རྒྱ་ཆེར་གསུངས་སོ། །སྨྲས་པ། ཅིའི་ཕྱིར་བཞི་ཁོ་ན་ཞེ་ན། དམུ་རྒོད་རྣམ་པ་བཞིའི་རྒྱུའི་ཕྱིར་རོ། །དམུ་རྒོད་རྣམ་པ་བཞི་གང་ཞེ་ན། གནས་ལ་དམུ་རྒོད་པ་དང། འཇུག་པ་ལ་དམུ་རྒོད་པ་དང། ་ཡོངས་སུ་སྤྱོད་བ་ལ་དམུ་རྒོད་པ་དང། འགྲོགས་པ་ལ་དམུ་རྒོད་པའོ། །དེ་ལ་དམུ་རྒོད་ཅེས་བྱ་བ་ནི། གདུལ་དཀའ་བ་སྟེ་རྟ་དམུ་རྒོད་བཞིན་ནོ། །དམུ་རྒོད་དུ་བྱེད་པའི་ཆོས་བཞི་པོ་འདི་དག་བྱང་ཆུབ་སེམས་དཔས་བསྒོམས་ན་སྒྲིབ་པར་འགྱུར་བའི་ཕྱིར ་དམུ་རྒོས་དུ་བྱེད་པ་ཞེས་བྱའོ། །དེ་ལ་ཐོས་པས་གཡེང་བའི་ཆོས་སུ་གནས་པ་ནི་གནས་ལ་དམ་རྒོད་པའི་རྒྱུ་སྟེ། དཔེར་ན་རྟ་དམུ་རྒོད་སེམས་མ་ཞི་བ་རང་གི་གནས་སུ་བཞག་ན་འདུག་དུ་མི་བཏུབ་པ་དེ་བཞིན་དུ། བྱང་ཆུབ་སེམས་དཔའ་དམུ་རྒོད་ཀྱང ་ཐོས་པ་དམ་པར་འཛིན་པས་ཐོས་པར་གཡེངས་ཏེ། སེམས་མ་ཞི་བས་དགེ་བའི་བཤེས་གཉེན་ནཾ་རྣམས་ཀྱིས་ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་སྒྲུབ་པ་ལ་བཞག་ན་འདུག་ཏུ་མི་བཏུབ་པོ། །རྗེས་སུ་བསྟན་པ་ལ་གཡེང་བའི་ཆོས་སུ་གནས་པ་ནི་འཇུག་པ ་ལ་དམུ་རྒོད་པའི་རྒྱུ་སྟེ། དཔེར་ན་རྟ་དམུ་རྒོད་ལམ་བདེ་བར་བཅུག་ན་དམུ་རྒོད་དུ་གྱུར་པས་ལམ་མི་བདེ་བར་འཇུག་པ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་དམུ་རྒོད་ཀྱང་དགེ་བའི་བཤེས་གཉེན་རྣམས་ཀྱིས་ཆོས་ཀྱིས་སུ་མཐུན་པའི་ཆོས་སྒྲུབ་པའི་རྗེས་སུ ་བསླབས་ཤིང་བསྟན་ན་ཕྱིན་ཅི་ལོག་ཏུ་རྟོག་པས་གདམས་ངག་ལོག་པར་འཛིན་པ་ཡིན་ནོ། །དད་པས་བྱིན་པ་ལོག་པར་ལྟུང་བར་བྱེད་པ་ནི་ཡོངས་སུ་སྤྱོད་པ་ལ་དམུ་རྒོད་པའི་རྒྱུ་སྟེ། དཔེར་ན་རྟ་དམུ་རྒོད་ནི་རྟ་ཅང་ཤེས་ཀྱི་ནང་དུ་བཅུག་ན་རྟ་ཅང ་ཤེས་རྣམས་དང་ཡོངས་སུ་སྤྱོད་པ་མི་འདྲ་བ་ཡིན་ཏེ། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་དམུ་རྒོད་ཀྱང་བྱང་ཆུབ་སེམས་དཔའ་ཅང་ཤེས་ཀྱི་ནང་དུ་སོན་ན་ཚུལ་ཁྲིམས་ལ་སྐྱོན་ཡོད་པས་དད་པས་བྱིན་པ་ཟ་བ་ལ་འགྱོད་དེ། བྱང་ཆུབ་སེམས ་དཔའ་ཅང་ཤེས་དང་སྐལ་བ་མི་མཉམ་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་དུལ་པ་ཅང་ཤེས་པ་རྣམས་ལ་མི་གུས་པ་ནི་གྲོགས་ལ་དམུ་རྒོད་པའི་རྒྱུ་སྟེ། དཔེར་ན་རྟ་དམུ་རྒོད་ནི་དམུ་རྒོད་དུ་གྱུར་པས་རྟ་ཅང་ཤེས་པ་རྣམས་དང། ་འགྲོགས་པ་ན་སྡུག་བསྔལ་བར་གནས་སོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་དམུ་རྒོད་རང་གི་ལྟ་བ་བསྙེམས་པ་ལ་གནས་པ་ཡང་བྱང་ཆུབ་སེམས་དཔའ་དུལ་བ་ཅང་ཤེས་པ་རྣམས་དང་འགྲོགས་ན་སྡུག་བསྔལ ་པར་གནས་ལ་བྱང་ཆུབ་སེམས་དཔའ་དུལ་བ་ཅང་ཤེས་པ་རྣམས་ཀྱང་དམུ་རྒོད་ཀྱིས་སྡུག་བསྔལ་བར་གནས་སོ། །དེ་ལ་དུལ་བ་ནི་དབང་པོ་སྡོམ་པ་བྱེ་བྲག་ཏུ་འཕགས་པའི་ཕྱིར་རོ། །དེ་ལས་བཟློག་པ་ནི་དཀར་པོའི་ཕྱོགས་སུ་རིག་པར་བྱ་སྟེ། འོད ་སྲུངས་བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་ཅང་ཤེས་པའོ། །བཞི་པོ་གང་ཞེ་ན། ཞེས་བྱ་བ་ལ་སོགས་པའོ། །ལེགས་པར་ཐོས་པ་ཉན་ཏེ་དེ་ལ་ནན་ཏན་དུ་བྱེད་ཅིང་དོན་གྱི་ཕྱིར་འབྲང་གི་།ཡི་གེའི་ཕྱིར་འབྲང་བ་མ་ཡིན་པ་ཞེས་བྱ ་བ་ནི་སྐྱོན་གདགས་པ་དང། བག་བརྐྱང་སྟེ། དེ་སྐད་བརྒལ་བ་ལེགས་པར་ལྟ་བས་ཆོས་ཉན་པ་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། བྱང་ཆུབ་སེམས་དཔའ་དེ་ལྟར་སྒྲུབ་པ་ནི་དགེ་བའི་བཤེས་གཉེན་འཛིན་པ་ལ་མི་བསླུ་བའོ། །རྗེས་སུ་བསྟན་པ ་ལ་མཐུན་པར་འཛིན་ཅིང་བཀའ་བློ་བདེ་བ་ལ་ལེགས་པར་བྱེད་པའི་ལས་བྱེད་ཅིང། བླ་མ་ལ་ཉན་པར་གྱུར་པ་ཡིན་ཞེས་བྱ་བ་ཚིག་དེ་དག་གི་དོན་ཅི་ཞེ་ན། དེ་ལ་རྗེས་སུ་བསྟན་པ་ལ་མཐུན་པར་འཛིན་པ་ཞེས་བྱ་བ་ནི་བསྟན་པའི་ཐ་ཚིག་གོ་།བཀའ་ ་བློ་བདེ་ཞེས་བྱ་བ་ནི་ཚིག་བཟོད་པའི་ཕྱིར། ལེགས་པར་བྱེད་པའི་ལས་བྱེད་ཅེས་བྱ་བ་ནི་དུས་ཐམས་ཅད་དུ་ཉེས་པ་མེད་པའི་ཕྱིར་རོ། །བླ་མ་ལ་ཉན་པར་གྱུར་པ་ཡིན་ཞེས་བྱ་བ་ནི་གདམས་ངག་ལ་གུས་པ་དང་བཅས་པའི་ཕྱིར་རོ། །བྱང ་ཆུབ་སེམས་དཔའ་དེ་ལྟར་སྒྲུབ་པ་ནི་དགེ་བའི་བཤེས་གཉེན་དགོན་པ་ལ་མི་བསླུའོ། །ཚུལ་ཁྲིམས་དང་ཏིང་ངེ་འཛིན་མ་ཉམས་ཏེ། ཅང་ཤེས་པས་ཟས་ཀུན་ཟ་ཞེས་བྱ་བ་ནི་བསླབ་པ་ལ་ཤིན་ཏུ་གུས་པས་དང་བས་བྱིན་པ་ཡོངས་སུ་སྤྱོད ་པར་བསྟན་ཏོ། །ཚུལ་ཁྲིམས་དང། ཏིང་ངེ་འཛིན་མ་ཉམས་ཞེས་བྱ་བ་ནི་འདིར་ཚུལ་ཁྲིམས་ཉིད་ཏིང་ངེ་འཛིན་གྱི་སྒྲར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་དེ་ལྟར་སྒྲུབ་པ་ནི་དགེ་བའི་བཤེས་གཉེན་བསོད་ནམས་བྱ་བ་ལ་བརྩོན་པ་ལ་མི ་བསླུའོ། །བྱང་ཆུབ་སེམས་དཔའ་དུལ་བ་ཅང་ཤེས་པ་རྣམས་མཐོང་ན་གུས་པ་དང་བཅས། ཞེ་ས་དང་བཅས་ཤིང་དེ་ལ་གཞོལ། དེ་ལ་འབབ། དེ་ལ་བབ་ནས་དེ་དེའི་ཡོན་ཏན་ལ་རེ་བ་ཡིན་ཞེས་བྱ་བ་ཚིག་དེ་དག་ལ་བྱེ་བྲག་ཅི་ཡོད་ཅེ་ན། ་དེ་ལ་དུལ་བ་དང་ཅང་ཤེས་ཀྱི་དོན་སྔར་བསྟན་པ་ཡིན་ནོ། །གུས་པ་དང་བཅས་པ་ནི་གུས་པ་བསྐྱེད་པའི་ཕྱིར་རོ། །དེ་ལ་གཞོལ་བ་ནི་ལྟ་འདོད་པའི་ཕྱིར་རོ། །དེ་ལ་འབབ་པ་ནི་བསྙེན་བཀུར་བྱེད་འདོད་པའི་ཕྱིར་རོ། །དེ་ལ་བབ་པ་ནི་ཉན་འདོད་པའི་ཕྱིར་རོ།། ་དེའི་ཡོན་ཏན་ལ་རེ་བ་ནི་རྗེས་སུ་མཐུན་པའི་ཆོས་སྒྲུབ་འདོད་པའི་ཕྱིར་རོ། །བྱང་ཆུབ་སེམས་དཔའ་དེ་ལྟར་སྒྲུབ་པ་ནི་དགེ་བའི་བཤེས་གཉེན་འཁོར་དང་འདུག་པ་ལ་མི་བསླུའོ། །མདོར་བསྡུ་ན་དམུ་རྒོད་གང་ཡིན་པ་དང། ཇི་ལྟ་བ་དང། གང་གིས་ཚེ ་དང། ཇི་སྙེད་ཅིག་གིས་ཤེས་ཏེ་ཡོངས་སུ་བསྟན་ཏེ། དེ་ལ་དམུ་རྒོད་ནི་གདུལ་དཀའ་བའོ། །ཇི་ལྟར་འགྱུར་ཞེ་ན། ཐོས་པ་དམ་པར་འཛིན་པ་ལ་སོགས་པའི་རྒྱུ་རྣམས་ཀྱིས་སོ། །གང་གི་ཚེ་ཞེ་ན། འདི་དང་ཚེ་རབས་གཞན་ན། གོམས་པར་བྱས་པའི ་ཕྱིར་རོ། །ཇི་སྙེད་ཅིག་གིས་ཞེ་ན། ཐོས་པ་ལ་གཡེང་བའི་ཆོས་སུ་གནས་པ་ལ་སོགས་པས་སོ། །དཀར་པོའི་ཕྱོགས་ནི་དེ་ལས་བཟློག་པར་རིག་པར་བྱའོ། །དེ་དག་གི་གོ་རིམ་ནི་ཐོས་པ་ལ་གཡེང་བའི་ཆོས་སུ་གནས་པས་ཆོས་ཀྱི་རྗེས་སུ་མཐུན་པའི ་ཆོས་མི་སྒྲུབ་སྟེ། དེ་བསྟན་པ་ལ་གཡེང་བའི་ཆོས་སུ་གནས་པ་ཡིན་ནོ། །བསྟན་པ་ལ་གཡེང་བའི་ཆོས་སུ་གནས་པ་ནི་དད་པས་བྱིན་པ་ལོག་པར་ལྟུང་བར་བྱེད་དོ། །དེ་ལྟར་ཉོན་མོངས་པ་ཅན་ནི་སྒྱུ་ཅན་ཏེ། བྱང་ཆུབ་སེམས་དཔའ་དུལ་བ ་ཅད་ཤེས་པ་ཐོབ་པ་རྣམས་ལ་མི་གུས་པ་ཡིན་ནོ། །དེ་ལས་བཟློག་པ་ནི་དཀར་པོའི་ཕྱོགས་ཀྱི་གོ་རིམ་དུ་རིག་པར་བྱའོ། །དམུ་རྒོད་དུ་བྱེད་པའི་ཆོས་རྣམས་དང་བྲལ་ཏོ། དམུ་གོད་དུ་བྱེད་པ་མ་ཡིན་པའི ་ཆོས་རྣམས་ཡང་དག་པར་འཛིན་དུ་བཅུག་ནས་དམུ་རྒོད་དུ་བྱེད་པ་མ་ཡིན་པའི་ཆོས་ལ་རྣམ་པར་གནས་པ་རྣམས་ཀྱི་འཁྲུལ་པའི་ཆོས་ཡོངས་སུ་སྤང་བ་དང། མ་འཁྲུལ་པའི་ཆོས་ཡང་དག་པར་འཛིན་དུ་གཞུག་བའི་དོན་དུ་འཁྲུལ ་བ་དང། མ་འཁྲུལ་པའི་ཆོས་བསྟན་པའི་ཕྱིར་རོ། །བཅོམ་ལྡན་འདས་ཀྱིས། འོད་སྲུངས་བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་ཨི་འཁྲུལ་པའོ་ཞེས་རྒྱས་པར་གསུངས་སོ། །སྨྲས་པ། ཅིའི་ཕྱིར་བཞི་ཁོ་ན། སྨྲས་པ། བྱང་ཆུབ་སེམS ་དཔའ་ཨི་འཁྲུལ་པ་ནི་འཁྲུལ་པ་རྣམ་པ་བཞིའི་དབང་དུ་བྱས་པར་རིག་པར་བྱ་སྟེ། མ་བྱས་པའི་འཁྲུལ་པ་དང། ཧ་ཅང་བྱས་པའི་འཁྲུལ་པ་དང། ངན་པར་བྱས་པའི་འཁྲུལ་པ་དང། ཉེས་པར་བྱས་པའི་འཁྲུལ་པའོ། །དེ་ལ ་མ་བྱས་པའི་འཁྲུལ་པ་ནི་སེམས་ཅན་ཡོངས་སུ་སྨིན་པར་མ་བྱས་པ་རྣམས་ལ་ཡིད་རྟོན་པ་སྟེ། སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱ་བར་བརྩམས་ལ་ཡོངས་སུ་སྨིན་པའི་མཐར་མ་ཕྱིན་པ་སྟེ། དད་པ་མ་ཞེན་པའི་སེམས་ཅན ་རྣམས་ལ་བར་སྐབས་སུ་བཤད་པའི་རྒྱུན་གཅོད་པ་ནི་བྱང་ཆུབ་སེམས་དཔའ་ཨི་འཁྲུལ་པའོ། །ཧ་ཅང་བྱས་པའི་འཁྲུལ་པ་ནི་སེམས་ཅན་སྣོད་དུ་གྱུར་པ་རྣམས་ལ་སངས་རྒྱས་ཀྱི་ཆོས་རྒྱ་ཆེན་པོར་བསྟན་པ་སྟེ། སེམས་ཅན ་ཐེག་པ་ཆུང་དུ་བ། ཐེག་པ་ཆེན་པོ་འདོད་པ་རྣམས་ལ་མི་འཚམ་པ་བཤད་པའོ། །ངན?་པར་བྱས་པའི་འཁྲུལ་པ་ནི་རྒྱ་ཆེན་པོ་ལ་མོས་པའི་སེམས་ཅན་རྣམས་ལ་ཐེག་པ་ཆུང་དུ་བཤད་པ་སྟེ། ཐེག་པ་ཆེན་པོ་ཐེག ་པ་ཆུང་དུ་འདོད་པ་རྣམས་ལ་ཆ་མ་ཡིན་པ་བཤད་པའོ། །ཉེས་པར་བྱས་པའི་འཁྲུལ་པ་ནི་སེམས་ཅན་ཡང་དག་པ་ལ་རབ་ཏུ་གནས་པ། ཚུལ་ཁྲིམས་དང་ལྡན་པ། དགེ་བའི་ཆོས་ཅན་ལ་རི་མོ་བྱེད་པ་སྟེ། ངང་ཚུལ་ངན་པ། སྡིག་པའི ་ཆོས་ཅན་སྦུད་ཅིང་སྡོམ་པ་ལ་གནས་པ་དང། སྡོམ་པ་ལ་མི་གནས་པ་རྣམས་ལ་ཕྱོགས་ལ་འདོད་ཆགས་མི་སྙོམས་པར་སྟོན་ཏོ། །དེ་ལ་རྣམ་པ་གསུམ་གྱིས་སྡོམ་པ་ལ་གནས་པར་རིག་པར་བྱ་སྟེ། ཉེས་པ་མེད་པའི་ལས་ཀྱི་མཛའ་ཨི ་ཕྱིར་ཡང་དག་པ་ལ་རབ་ཏུ་གནས་པ་དང། ཚུལ་ཁྲིམས་ལ་སྐྱོན་མེད་པའི་ཕྱིར་ཚུལ་ཁྲིམས་དང་ལྡན་པ་དང། བསླབ་པ་ལ་གུས་པ་དང་བཅས་པའི་ཕྱིར་དགེ་བའི་ཆོས་ཅན་ནོ། །རྣམ་པ་གཉིས་ཀྱིས་སྡོམ་པ་ལ་མི་གནས་པར ་རིག་པར་བྱ་སྟེ། ཚུལ་ཁྲིམས་ཉམས་པའི་ཕྱིར་ངང་ཚུལ་ངན་པའོ། །བསླབ་པ་ལ་མི་གུས་པས་ནི་སྡིག་པའི་ཆོས་ཅན་ནོ། །ཐེག་པ་ཆུང་ངུ་ལ་མོས་པའོ། །དེ་ལ་འཁྲུལ་པ་ནི་སེམས་ཅན་རྣམས་ལ་ལམ་ལོག་པར་གཏོང་བར་རིག་པར་བྱའོ། ་འཁྲུལ་པ་བཞི་པོ་འདི་དག་གི་ཆོས་བཞི་པོ་ཡོངས་སུ་བསྟན་པ་སྟེ། མི་འཆད་པ་དང། མི་འཚམ་པ་འཆད་པ་དང། ཆ་མ་ཡིན་པ་འཆད་པ་དང། མི་སྙོམས་པར་འཆད་པའོ། །མི་འཆད་པ་ནི་སྔ་ཕྱིར་བཤད་པས་སྐྱོ་སྟེ། ་སེམས་མི་མཉམ་པའོ། །མི་འཚམ་པ་འཆད་པ་ནི། བཤད་པའི་ཐབས་ནི་ཤེས་པའོ། །ཆ་མ་ཡིན་པ་འཆད་པ་ནི་ཐེག་པ་ཆུང་དུ་ལ་མོས་པའོ། །མི་སྙོམས་པར་འཆད་པ་ནི་ཟང་ཟིང་དང་བཅས་པའི་སེམས་ཀྱིས་འཁོར ་ལ་རྗེས་སུ་སྟོན་པར་སྦྱོར?་བའོ། །དེ་ལ་སེམས་མི་མཉཾ་པས་མི་སྟོན་ཏེ། དགེ་བའི་རྩ་བ་ཡོངས་སུ་རྫོགས་པར་མི་བྱེད་པས་སེམས་ཅན་རྣམས་ལ་བསླུའོ། །བཤད་པ་ཐབས་མ་ཤེས་པའི་ཕྱིར་དགེ་བའི་རྩ་བ་རྒྱ་ཆེན་པོ་ཡོངས་སུ་མི་འཛིན ་པ་དང། ཐེག་པ་ཆུང་དུ་ལ་མོས་པའི་ཕྱིར་དགེ་པའི་རྩ་བ་རྒྱ་ཆེན་པོ་ཡོངས་སུ་འདོར་བ་དང། ཟང་ཟིང་དང་བཅས་པའི་སེམས་ཀྱིས་འཁོར་ལ་རྗེས་སུ་སྟོན་པར་སྦྱོར་བར་བསོད་ནམས་མ་ཡིན་པ་བསྐྱེད། ་སེམས་ཅན་རྣམས་ལ་བསླུའོ། །དེའི་གཉེན་པོ་ནི་དཀར་པོའི་ཕྱོགས་སུ་རིགས་པར་བྱ་སྟེ། འོད་སྲུངས་བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་ཨི་ལམ་མོ། །བཞི་གང་ཞེ་ན། ཞེས་རྒྱ་ཆེར་གསུངས་པའོ། །སེམས་ཅན་ཐམས་ཅད ་ལ་སེམས་མཉམ་པ་ཞེས་བྱ་བ་ནི་བདག་དང་གཞན་དུ་སེམས་མཉམ་པས་སེམས་ཅན་དད་བ་མ་ཞེན་པ་རྣམས་ཡོངས་སུ་སྨིན་པར་བྱ་བ་ཡོངས་སུ་རྫོགས་ཀྱི་བར་དུ་ཆོས་འཆང་བའི་ཕྱིར་མ་བྱས་པའི་འཁྲུལ་པ་ཡོངས་སུ་སྤོང ་བར་རིག་པར་བྱའོ། །སེམས་ཅན་ཐམས་ཅད་ལ་མཐུན་པར་ཆོས་སྟོན་ཅེས་བྱ་བ་ལ། ཆོས་མཚུངས་པ་ནི་མཐུན་པའི་ཆོས་ཏེ། སེམས་ཅན་སྣོད་དུ་མ་གྱུར་པ་ཐེ་པ་ཆུང་ངུ་པ་ཐེག་པ་ཆེན་པོ་འདོད་པ་རྣམས་ལ་ཅི་རིགས་པར ་ཆོས་འཆད་པར་ཧ་ཅང་བྱས་པའི་འཁྲུལ་པ་ཡོངས་སུ་སྤང་བར་རིག་པར་བྱ་སྟེ། སྣོད་ཇི་ལྟ་བ་བཞིན་དུ་བཤད་པའི་ཕྱིར་རོ། །སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ཡེ་ཤེས་ཡང་དག་པར་འཇོན?་དུ་འཇུག་ཅེས་བྱ་བ་ནི་སེམས་ཅན ་རྒྱ་ཆེན་པོ་ལ་མོས་པ་ཐེག་པ་ཆེན་པོ་པ། ཐེག་པ་ཆུང་དུ་འདོད་པ་རྣམས་སངས་རྒྱས་ཀྱི་ཡེ་ཤེས་ཡང་དག་པར་འཛིན་དུ་འཇུག་པའི་ཕྱིར་ངན་པར་བྱས་པའི་འཁྲུལ་པ་སེལ་བར་རིག་བར་བྱའོ། །སེམས་ཅན་ཐམས་ཅད་པ ་ཡང་དག་པར་སྦྱོར་བ་ཞེས་བྱ་བ་ནི་ཟང་ཟིང་མེད་པའི་སེམས་ཀྱིས་སྡོམ་པ་ལ་གནས་པ་དང། སྡོམ་པ་ལ་མི་གནས་པའི་སེམས་ཅན་རྣམས་ལ་ཕྱོགས་ལ་འདོད་ཆགས་དང་བྲལ་བར་སྦྱོར་བས་ཉེས་བར་བྱས་བའི་ཁྲུལ ་པ་སེལ་བར་རིག་པར་བྱའོ། །ལམ་ལོག་པར་འགྲོ་བའི་ཕྱིར་བྱང་ཆུབ་སེམས་དཔའ་དམ་པ་མ་ཡིན་པ་དང། འདུ་བའི་རྒྱུ་ལས་བཟློག་སྟེ། དམ་པ་དང་འདུ་བ་ལ་དམ་པ་མ་ཡིན་པ་དང་འདུ་པའི་རྒྱུ་བསྟན་པའི་ཕྱིར། བཅོམ་ལྡན་འདས ་ཀྱིས་འོད་སྲུངས་བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་ཨི་གྲོགས་པོ་ངན་པ་ཞེས་རྒྱ་ཆེར་གསུངས་སོ། །སྨྲས་པ། ཅིའི་ཕྱིར་བཞི་ཁོ་ན་སྨྲས་པ། གྲོགས་པོ་ངན་པ་བཞིའི་དབང་དུ་བྱས་ནས་གྲོགས་པོ་ངན་པ་བཞིར་རིག་པར་བྱ་སྟེ། ་ཐེག་པའི་གྲོགས་པོ་ངན་པ་དང། གནས་པའི་གྲོགས་པོ་ངན་པ་དང། བསྟན་པའི་གྲོགས་པོ་ངན་པ་དང། ཆོས་ཀྱི་གྲོགས་པོ་ངན་པའོ། །ཉན་ཐོས་ཀྱི་ཐེག་པ་ཅན་བདག་ལ་ཕན་པའི་ཕྱིར་ཞུགས་པ་ནི་རང་གི་བསམ་པ ་དང་འདྲ་བ་སྒྲུབ་པས་ཐེག་པ་ཆེན་པོ་ལས་བྱང་ཆུབ་སེམས་དཔའ་ཨི་སྨོས་པ་ཟློག་པར་བྱེད་དེ། ཐེག་པ་ཆེན་པོ་ལ་ཡོངས་སུ་ཉམས་པའི་རྒྱུའི་དངོས་པོའི་དུས་ན་ཐེག་པ་ཆེན་པོའི་གྲོགས་པོ་ངན་པར་རིག་པར་བྱའོ། །སངས་རྒྱས་ཀྱི ་ཐེག་པ་ཅན་དོན་ཆུང་ཞིང་བྱ་བ་ཉུང་བ་ནི་སེམས་ཅན་གྱི་དོན་དུ་སྦྱོར་བ་ལ་མི་ཕྱོགས་བས་སེམས་ཅན་གྱི་དོན་དུ་སྦྱོར་བར་གནས་བ་ལས་མོས་པ་བཟློག་པར་བྱེད་དེ། །སེམས་ཅན་གྱི་དོན་སྦྱོར་བར་གནས་པ་ལས ་ཡོངས་སུ་ཉམས་པའི་རྒྱུའི་དངོས་པོའི་དུས་ན་གནས་པའི་གྲོགས་པོ་ངན་པ་རིག་པར་བྱའོ། །འཇིག་རྟེན་རྒྱང་པན་པའི་རྗོད་བ་སྣ་ཚོགས་ཀྱི་?་པ་ཅན་ནི། བསྟན་པ་ལས་མོས་པ་བཟློག་པར་བྱེད་དེ་།བསྟན་པ་ལས ་ཡོངས་སུ་ཉམས་པའི་རྒྱུའི་དངོས་པོའི་དུས་ན་བསྟན་པའི་གྲོགས་པོ་ངན་པར་རིག་པར་བྱའོ། །གང་ལ་བསྟན་བས་འཇིག་རྟེན་གྱི་ཟང་ཟིང་ཀུན་སྡུང་པར་འགྱུར་གྱི། ཆོས་ཀུན་མི་སྡུད་པ་ནི་དགེ་བའི་ཆོས་རྣམས་རྒྱུན་དུ ་བསྒོམས་པ་ཡོངས་སུ་ཉམས་པར་གྱུར་བའི་དབང་དུ་བྱས་ཏེ་།དགེ་བའི་ཆོས་ཡོངས་སུ་ཉམས་པའི་རྒྱུའི་དངོས་པོའི་དུས་ན་ཆོས་ཀྱི་གྲོགས་པོ་ངན་པར་རིག་པར་བྱའོ། །དེའི་གཉེན་པོ་དཀར་པོའི་ཕྱོགས་སུ ་རིག་པར་བྱ་སྟེ། འོད་སྲུངས་ཆོས་བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་ཨི་དགེ་བའི་བཤེས་གཉེན་ནོ། །བཞི་པོ་གང་ཞེ་ན་ཞེས་རྒྱ་ཆེར་གསུངས་པའོ། །དེ་ལ་བྱང་ཆུབ་ཀྱི་ལམ་སྟོན་བའི་ཕྱིར་སློང་བ་བྱང་ཆུབ་སེམས་དཔའ་ཨི ་དགེ་བའི་བཤེས་གཉེན་ཞེས་བྱ་བ་ནི་ཐེག་པ་ཆེན་པོ་ལས་ཉམས་པར་འགྱུར་བའི་དགེ་བའི་བཤེས་གཉེན་དུ་རྣམ་པར་བཞག་པར་རིག་པར་བྱའོ། །འདི་ལ་བྱང་ཆུབ་སེམས་དཔའ་འདི་སྙམ་དུ་སེམས་ཏེ། སློང་བ་ལ་བརྟེན་ནས ་བདག་གིས་བསོད་ནམས་མང་དུ་བྱས་ཏེ། བྱང་ཆུབ་ཀྱི་ཕྱིར་བསྔོས་པ་དོན་མེད་པར་འགྱུར་དུ་འོད་སྙམ་ནས་ཐེག་པ་ཆུང་དུ་མི་འདོད་དོ། །སྦྱིན་པ་ནི་བྱང་ཆུབ་ཀྱི་ལམ་སྟོན་པའི་ཕྱིར་དགེ་བཱི་རྩ་བ་བྱས་པས་ཐེག་པ་ཆེན་པོ་ལས་ཡོངས་སུ་མི་ཉམS ་སོ། །ཐོས་བའི་ཤེས་རབ་སྟོན་པའི་ཕྱིར་ཆོས་སྨྲ་བ་བྱང་ཆུབ་སེམས་དཔའ་ཨི་དགེ་བའི་བཤེས་གཉེན་ཞེས་བྱ་བ་ནི་གནས་པ་ལས་རབ་ཏུ་ཉམས་པའི་གཉེན་བོར་མང་དུ་ཐོབ་བས་གཞན་དག་ལ་ཆོས་སྟོན་བར་འདོད་པ་སྟེ། གང་གི ་ཕྱིར་?་བ་ཆུང་བ་མ་ཡིན་པར་གནས་པ་དང་སྟོན་པའི། །ཐེས་པའི་ཤེས་རབ་ཀྱིས་བརྟན་བའི་ཕྱིར་འཁོར་བའི་འཇིགས་པས་ཡོངས་སུ་ཉམས་པར་མི་འགྱུར་རོ། །དགེ་བའི་རྩ་བ་ཐམས་ཅད་སྟོན་པའི་ཕྱིར་རབ་ཏུ་འབྱུང་བ་ཡང་དག ་པར་འཛིན་དུ་འཇུག་པ་བྱང་ཆུབ་སེཾས?་པའི་དགེ་བའི་བཤེས་གཉེན་ཞེས་བྱ་བ་ནི་བསྟན་པ་ལས་རབ་ཏུ་ཉམས་པར་འགྱུར་པའི་གཉེན་པོར་རབ་ཏུ་འབྱུང་བ་ཡང་དག་པར་འཛིན་དུ་འཛུད་པས་ལོག་པའི་བསྟན་པ་ལས་རིང་དུ་གྱུར་པ ་ཡིན་ཏེ། དགེ་བའི་རྩ་བ་ཐམས་ཅད་ཀྱིས་བརྟན་པས་གཞན་གྱི་དོན་བྱ་བར་ནུས་པ་ལས་ཡོངས་སུ་ཉམས་པར་མི་འགྱུར་རོ། །སངས་རྒྱས་ཀྱི་ཆོས་ཐམས་ཅད་སྟོན་པའི་ཕྱིར། སངས་རྒྱས་བཅོམ་ལྡན་འདས་རྣམས་བྱང་ཆུབ་སེམས་དཔའ་ཨི་དགེ་བའི ་བཤེས་གཉེན་ཞེས་བྱ་བ་ནི་སངས་རྒྱས་ཀྱི་ཆོས་ལས་རབ་ཏུ་ཉམས་པར་འགྱུར་བའི་གཉེན་པོར་སངས་རྒྱས་ལས་གདམས་ངག་དོན་ཡོད་པའི་བྱེ་བྲག་ཐོབ་པར་མཐོང་བས་ཟང་ཟིང་ལ་གདུ་བ་མ་ཡིན་ཏེ། ཟང་ཟིང་ལ་གདུ་བ་དེ་ནི་སངས་རྒྱས་ཀྱི ་ཆོས་རྣམས་ལས་ཡོངས་སུ་ཉམས་པར་འགྱུར་ན་སངས་རྒྱས་ཀྱིས་ཆོས་བསྟན་པའི་ཕྱིར། དགེ་བའི་རྩ་བ་མང་པོ་ལས་ཡོངས་སུ་ཉམས་པར་མི་འགྱུར་རོ། །དམ་པ་མ་ཡིན་པ་དང་འདྲ་བ་ལས་བཟློག་སྟེ། དམ་པ་དང་འདུད་ན་བྱང་ཆུབ ་སེམས་དཔའ་དོན་ཇི་ལྟ་བ་བཞིན་དུ་འཛིན་དུ་གཞུག་པར་བཞེད་ནས་སངས་རྒྱས་ཀྱིས་དོན་ཇི་ལྟ་བ་བཞིན་དུ་བྱང་ཆུབ་སེམས་དཔའ་ཨི་མཚན་ཉིད་བསྟན་པའི་ཕྱིར། འོད་སྲུངས་བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་ཨི་གཟུགས ་བརྙན་ནོ་ཞེས་རྒྱ་ཆེར་གསུངས་སོ། །སྨྲས་པ། ཅིའི་ཕྱིར་བཞི་ཁོ་ན། སྨྲས་པ། །བྱང་ཆུབ་སེམས་དཔའ་ཨི་གཟུགས་བརྙན་རྣམ་པ་བཞིའི་དབང་དུ་བྱས་ནས་བྱང་ཆུབ་སེམས་དཔའ་ཨི་གཟུགས་བརྙན་རྣམ་པ་བཞིར་རིག་པར་བྱ་སྟེ། མང ་དུ་ཐོས་པའི་གཟུགས་བརྙན་དང་དགོན་པ་ལ་གནས་པའི་གཟུགས་བརྙན་དང། བསོད་ནམས་བྱ་བ་ལ་སྦྱོར་བའི་གཟུགས་བརྙན་དང། ཚོགས་ཡོངས་སུ་སྡུད་པའི་གཟུགས་བརྙན་ནོ། །འཐོབ་པ་དང་བཀུར་སྟི་འདོད་ཀྱི་།ཆོས་འདོད་པ་མ་ཡིན་ཞེས ་བྱ་བ་ནི་བྱང་ཆུབ་སེམས་དཔའ་དད་པར་ཆང་བྱེད་པར་འདོད་པ་ཆོས་འཛིན་ཀྱང་དོན་ཇི་ལྟ་བ་བཞིན་དུ་མ་ཡིན་ཏེ། དོན་ཇི་ལྟ་བ་བཞིན་དུ་མ་ཡིན་ནོ། །བརྗོད་པའི་སྒྲ་ཚིགས་སུ་བཅད་པ་འདོད་ཀྱི། ཡོན་ཏན་འདོད་པ་མ་ཡིན་ཞེས་བྱ་བ་ནི་? ་འདོད་པའི་བྱང་ཆུབ་སེམས་དཔའ་དགོན་བ་བར་གྱུར་ཀྱང་དོན་ཇི་ལྟ་བ་བཞིན་དུ་མ་ཡིན་ཏེ། དོན་ཇི་ལྟ་བ་བཞིན་དུ་མ་ཡིན་ནོ། །བདག་བདེ་བར་འདོད་ཀྱི་སེམས་ཅན་གྱི་སྡུག་བསྔལ་སེལ་བར་འདོད་པ་མ་ཡིན་ཞེས ་བྱ་བ་ནི་ཟང་ཟིང་གི་འབྲས་བུ་དང་འབྲེལ་པའི་སེམས་ཀྱིས་བྱང་ཆུབ་སེམས་དཔའ་ཨི་བསོད་ནམས་བྱ་བ་ལ་སྦྱོར་ཡང་དོན་ཇི་ལྟ་བ་བཞིན་དུ་མ་ཡིན་ཏེ། དོན་ཇི་ལྟ་བ་བཞིན་དུ་མ་ཡིན་ནོ། །འཁོར་གྱི་ཚོགས་འདོད་ཀྱི་དབེན་པ་འདོད་བ་མ ་ཡིན་ཞེས་བྱ་བ་ནི། གང་གཡོག་དང་ཡོངས་སུ་སྤྱོད་པ་དང། བརྗོད་པ་དང་འབྲེལ་བའི་སེམས་ཀྱིས་བྱང་ཆུབ་སེམས་དཔའ་ཨི་འཁོར་དང་འདུག་ཀྱང་དོན་ཇི་ལྟ་བ་བཞིན་དུ་མ་ཡིན་ཏེ། དོན་ཇི་ལྟ་བ་བཞིན་མ་ཡིན་ནོ། །བྱང་ཆུབ་སེམས ་དཔའ་དེ་ལྟར་སྒྲུབ་པ་ནི་ཆོས་འཛིན་པ་འམ། དགོན་བ་བ་འམ། བསོད་ནམས་བྱ་བ་སྦྱོར་བ་འམ། འཁོར་དང་འདུག་ཀྱང་རུང་སྟེ་།བདག་མ་རུང་བར་བྱེད་དོ། །དེའི་གཉེན་བོར་བྱང་ཆུབ་སེམས་དཔའ་ཨི་ཡང་དག་པའི་ཡོན་ཏན་རིག ་པར་བྱ་སྟེ། འོད་སྲུངས་བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་ཡང་དག་བའི་ཡོན་ཏན་ནོ། །བཞི་གང་ཞེ་ན། ཞེས་རྒྱ་ཆེར་གསུངས་པའོ། །དེ་ལ་སྟོང་བ་ཉིད་ལ། མོས་པས་འཐོབ་བ་དང་བཀུར་སྟི་འདོད་བ་མ་ཡིན་ནོ། །ལས་ཀྱི་རྣམ ་པར་སྨིན་བ་ལ་ཡིད་ཆེས་པས་ཆོས་དོན་དུ་གཉེར་ཏེ། ཆོས་ཀྱི་རྒྱུ་བསོད་ནམས་མང་དུ་སོགS་བའི་ཕྱིར་རོ། །བདག་མེད་བ་ལ་བཟོད་པས། རྗོད་པའི་སྒྲ་ཚིགས་སུ་བཅད་པ་འདོད་པ་ཡིན་ནོ། །སྙིང་རྗེ་བས་བྱང་ཆུབ་སེམས་དཔའ་ཨི་ཡོན་ཏན ་འདོད་པ་ཡིན་ནོ། །བསམ་པ་མྱ་ངན་ལས་འདས་པར་སོང་བས་བདག་བདེ་བར་འདོད་པ་མ་ཡིན་ནོ། །སྦྱོར་བ་འཁོར་བར་སོང་བས་སེམས་ཅན་གྱི་སྡུག་བསྔལ་སེལ་བར་འདོད་པ་ཡིན་ནོ། །སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་ལ་ལྟ ་བའི་སྦྱིན་པས་འཁོར་གྱི་ཚོགས་འདོད་པ་མ་ཡིན་ནོ། །རྣམ་པར་སྨིན་པ་ལ་མི་རེ་བས་དབེན་པ་འདོད་པ་ཡིན་ནོ། །དཀར་པོའི་ཕྱོགས་ལ་སྟོང་ཉིད་ལ་མོས་པ་ལ་སོགས་བའི་ཆོས་རྣམས་ལས་བརྩམ་པ་ཅི་དགོས། སྨྲས་པ། སྦྱིན་བ་ལ ་སོགས་པ་ལམ་གྱི་ཚོགས་ཉན་ཐོས་དང། རང་སངས་རྒྱས་དང་ཐུན་མོང་པར་སེམས་ཤིང་བྱང་ཆུབ་སེམས་དཔའ་ཨི་ལམ་གྱི་ཁྱད་པར་ཉན་པ་ལ་དགའ་བར་གྱུར་པ་རྣམས་ལ་ཉན་ཐོས་དང། རང་སངས་རྒྱས་དང་ཐུན་མོང་མ་ཡིན་པ་སངས ་རྒྱས་སུ་སྒྲུབ་པ་བྱང་ཆུབ་སེམས་དཔའ་ཨི་ཆོས་མངོན་པར་བརྗོད་པའི་ཕྱིར། བཅོམ་ལྡན་འདས་ཀྱིས་བཞི་ཞེས་གསུངས་སོ། །སྨྲས་པ། ཅིའི་ཕྱིར་བཞི་ཁོ་ན་སྟེ། མི་མང་མི་ཉུང། སྨྲས་པ། ལ་ལ་ན་རེ་ཧ་ཅང་སྐྱོན་དུ་འགྱུར་བས་ཀླན་ཀར ་མི་འགྱུར་རོ་ཞེས་ཟེར་རོ། །ཡང་རྨད་དུ་བྱུང་བའི་ཆོས་ཀྱི་རྒྱུ་བསྟན་པའི་ཕྱིར་བཞི་སྟེ། སྟོང་པ་ཉིད་ཡུན་རིང་པོར་ཤིན་ཏུ་བསྒོམས་པའི་ཕྱིར་ཐམས་ཅད་མཁྱེན་པ་ཉིད་ཐོབ་པའི་སྟོང་པ་ཉིད་བསྒོམ་པའི་རྒྱུ་འདྲེ་བས་སྐྱེ་དགུ་མ་རིག་བར ་གྱུར་པ་རྣམས་ཀྱི་མ་རིག་པ་གདུལ་བའི་ཕྱིར་ཆོས་བསྟེན་པ་ན་གུས་བར་འགྱུར་རོ། །ང་རྒྱལ་མེད་པ་བདག་མེད་པ་ཤིན་ཏུ་བསྒོམས་པས། སྐྱེ་དགུ་ང་རྒྱལ་དང་ལྡན་པ་རྣམས་ཀྱི་ང་རྒྱལ་གདུལ་བའི་ཕྱིར་ཆོས་བསྟན་པ་ན་གུས ་བར་འགྱུར་རོ། །བསམ་བ་མྱ་ངན་ལས་འདས་པ་རབ་ཏུ་ཞི་བ་ཤིན་ཏུ་བསྒོམས་པས་སྐྱེ་དགུ་མ་ཞི་བ་རྣམས་ཉེ་བར་ཞི་བར་བྱ་བའི་ཕྱིར་ཆོས་བསྟན་པ་ལ་གུས་པར་འགྱུར་རོ། །སེར་སྣའི་གཉེན་པོ་ཆོས་དང་ཟང་ཟིང་གི་སྦྱིན་བ ་ཤིན་ཏུ་བསྒོམས་པས་སྐྱེ་དགུ་ལེན་པ་ལ་དགའ་བ་རྣམས་ཀྱི་ལེན་པ་ཀུན་ཏུ་གཞོལ་བའི་ཕྱིར་ཆོས་བསྟན་པ་ན་གུས་པར་འགྱུར་རོ། །ཡང་ན་བྱང་ཆུབ་སེམས་དཔའ་ཨི་ཚོགས་ཐམས་ཅད་བསྡུས་བའི་ཕྱིར་བཞི་སྟེ། མདོར ་བསྡུ་ན་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱང་ཆུབ་སེམས་དཔའ་ཨི་ཚོགས་གཉིས་ཏེ། ཡེ་ཤེས་ཀྱི་ཚོགས་དང་བསོད་ནམས་ཀྱི་ཚོགས་སོ། །ད་ལྟར་སྟོང་བ་ཉིད་དང། བདག་མེད་པ་ལ་མོས་བ་དང། ་བསམ་པ་མྱ་ངན་ལས་འདས་བ་ནི་ཡེ་ཤེས་ཀྱི་ཚོགས་སོ། །ལས་ཀྱི་རྣམ་པར་སྨིན་པ་ལ་ཡིད་ཆེད་པ་ལ་སོགས་པ་ཚིག་ལྷག་མ་རྣམས་ཀྱིས་ནི་བསོད་ནམས་ཀྱི་ཚོགས་སོ། །ཕ་རོལ་ཏུ་ཕྱིན་བ་དྲུག་གིས་ཚོགས་སུ་བསྡུས་པའི་ཕྱིར ་བཞི་སྟེ། དེ་ལ་སེམས་ཅན་ཡོངས་སུ་སྨིན་པར་བྱེད་བ་ལ་ལྟ་ཞིང། རྣམ་པར་སྨིན་པ་ལ་མི་རེ་བའི་ཆོས་དང། ཟང་ཟིང་གི་སྦྱིན་བས་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་ཚོགས་སོ། །བསམ་པ་མྱ་ངན་ལས་འདས་པ་ནི་ཚུལ་ཁྲིམས ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚོགས་ཏེ་།བསམ་པ་མྱ་ངན་ལས་འདས་པའི་བྱང་ཆུབ་སེམས་དཔའ་འཁོར་བས་སྐྱོ་ནས་ངང་ཚུལ་ངན་པའི་རྒྱུ་ཉོན་མོངས་པ་རྣམས་རྣམ་པར་སེལ་བ་རང་བཞིན་གྱི་ཚུལ་ཁྲིམས་ཉིད་ཀྱི་ས་བོན་གྱི་ཆོས ་རབ་ཏུ་འཐོབ་པོ། །བདག་མེད་པའི་བཟོད་པས་ནི་བཟོད་པའི་ཕ་རོལ་ཏུ་ཕྱིན་བའི་ཚོགས་ཏེ། བདག་མེད་པའི་བཟོད་པ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་ཅན་དུ་འདུ་ཤེས་བའི་གནས་ཉོན་མོངས་པ་རྣམས་རྣམ ་པར་བསལ་བའི་ཕྱིར་སེམས་ཅན་གྱི་ཉེས་པ་རྣམས་ཀྱིས་མི་འཁྲུགས་པ་ཡིན་ནོ། །ལས་ཀྱི་རྣམ་པར་སྨིན་པ་ལ་ཡིད་ཆེས་བ་དང། སྦྱོར་བ་འཁོར་བར་སོང་བས་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚོགས་ཏེ། བསོད ་ནམས་དང་ཡེ་ཤེས་གྱི་ཚོགས་ཀྱི་འབྲས་བུ་ཐམས་ཅད་མཁྱེན་པ་ལ་ཡིད་ཆེས་པའི་བྱང་ཆུབ་སེམས་དཔའ་ནི་འཁོར་བའི་སྡུག་བསྔལ་མི་བཟད་པས་ཉེན་པའི་སེམས་ཅན་རྣམས་ལ་ལྟ་བ་དང། བསྟན་པས་འཁོར་བའི ་སྡུག་བསྔལ་ལ་ཇི་མི་སྙམ་བའི་འཁོར་བ་ཉིད་དུ་སྦྱོར་བ་ནི་དགེ་བའི་རྩ་བ་མངོན་པར་སྤེལ་བའི་ཕྱིར་བརྩོན་འགྲུས་ཆེན་པོ་རྩོམ་མོ། །སྙིང་རྗེ་ཆེ་བས་ནི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་ཚོགས་ཏེ། སྙིང་རྗེ་ཆེན་པོ་ནི་རྩ་བའི ་བསམ་གཏན་དུ་གཏོགས་བའི་ཕྱིར་རོ། །སྟོང་པ་ཉིད་ལ་མོས་བས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚོགས་སོ། །བྱང་ཆུབ་ཀྱི་སེམས་ཡོངས་སུ་མི་གཏོང་བའི་བྱང་ཆུབ་སེམས་དཔའ་ཨི་བདེན་པའི་གནས་ཏེ། མི་བསླུ་བའི་ཕྱིར་རོ། །དེའི་གྲོགས ་ནི་སྙིང་རྗེ་ཆེན་པོ་དང་ལས་ཀྱི་རྣམ་པར་སྨིན་པ་ལ་ཡིད་ཆེས་པ་དང། སྦྱོར་བ་འཁོར་བར་སོང་བ་སྟེ། སེམས་ཅན་གྱི་བྱ་བ་མཐར་ཐུག་པར་བྱེད་པས་ཕྱིན་ཅི་མ་ལོག་པར་འཇུག་གོ་།དེ་ལྟ་བས་ན་སྙིང་རྗེ་ཆེན་པོ་དང། ལས་ཀྱི་རྣམ་པར ་སྨིན་བ་ལ་ཡིད་ཆེས་པ་དང། སྦྱོར་བ་འཁོར་བར་སོང་བས་ནི་བྱང་ཆུབ་ཀྱི་སེམས་ཡོངས་སུ་མི་གཏོང་བའི་རྒྱུ་ཡིན་པའི་ཕྱིར་ཆོས་འདི་དག་ནི་བདེན་གནས་སུ་བལྟའོ། །བདེན་པ་ཡང། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བྱང་ཆུབ་ཀྱི་སེམས ་ཡོངས་སུ་མི་གཏོང་བར་གནས་སོ། །རྣམ་པར་སྨིན་པ་ལ་མི་རེ་བའི་ཆོས་དང་ཟང་ཟིང་གི་སྦྱིན་པ་ནི་གཏོང་བའི་གནས་ཏེ། གཏོང་བ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཆོས་དང་ཟང་ཟིང་ལ་སེར་སྣ་བྱེད་པ་ཚར་གཅོད་བར་འགྱུར་རོ། །བསམ་པ་མྱ ་ངན་ལས་འདས་པ་ནི། ཉེ་བར་ཞི་བའི་གནས་ཏེ། ཉེ་བར་ཞི་བ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཉེ་བར་མ་ཞི་བ་ཚར་གཅོད་བས་བསམ་གཏན་ལ་སོགས་པ་སྟེ་འགྲུབ་བའི་རྒྱུའོ། །སྟོང་པ་ཉིད་བདག་མེད་པ་ལ་མོས་བ་ནི་ཤེས་རབ་ཀྱི ་གནས་ཏེ། ཤེས་རབ་ཀྱི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཉོན་མོངས་པ་རྣམས་རྣམ་བར་གནོན་བས་སྤོང་བའི་གཉེན་བོར་གྱུར་བའི་ཕྱིར་སངས་རྒྱས་སུ་གྲུབ་ཀྱི་བར་དུ་བྱང་ཆུབ་སྒྲུབ་བའི་དགེ་བའི་རྩ་བ་རྣམས་རྣམ་པར་སྦྱོང་བ་? ་བར་བྱེད་དོ། །རྣམ་པར་སྨིན་པ་ལ་མི་རེ་བའི་ཆོས་དང་ཟང་ཟིང་སྦྱིན་པ་ནི་བྱམས་པ་སྟེ། གཞན་དག་ལ་ཕན་འདོགས་བར་འཇུག་པའི་ཕྱིར་རོ། །སྙིང་རྗེ་པས་ནི་སྙིང་རྗེ་ཉིད་དོ། །སྙིང་རྗེ་ཆེན་པོ་སྔོན་དུ་འགྲོ ་བའི་ཕྱིར་ལས་ཀྱི་རྣམ་པར་སྨིན་བ་ལ་ཡིད་ཆེས་པར་འཁོར་པར་སྦྱོར་བ་ན་སེམས་ཅན་གྱི་དོན་བྱ་བ་ལ་གཞོལ་བ་གཞན་ལ་ཕན་པ་འགྲུབ་པའི་ཕྱིར་སེམས་རབ་ཏུ་དགའ་བ་ནི་དགའ་བའོ། །ཡང་ན་བསམ་པ་མྱ་ངན་ལས་འདས ་པའི་ཕྱིར་ཉོན་མོངས་པ་རྣམ་པར་བསལ་ཏེ། ཉོན་མོངས་པའི་གདུང་བ་མེད་བས་སེམས་རབ་ཏུ་དགའ་བས་ནི་དགའ་བའོ། །ཡང་ན་འདུ་བྱེད་རྣམས་ལ་བདག་མེད་པས་དཔྱོད་པ་ནི་ཆོས་ཀྱི་རྗེས་སུ་འགྲོ་བའི་དད་པ་རབ་ཏུ་ཐོབ་པས།། ་བཅོམ་ལྡན་འདས་ཀྱི་ཡོན་ཏན་གྱི་ཚོགས་རྗེས་སུ་དྲན་ནས། སེམས་རབ་ཏུ་དགའ་བ་ནི་དགའ་བའོ། །ཡང་ན་འབྱུང་བ་མཐོང་བས་རང་གི་མཐུ་ཐོབ་སྟེ། འཁོར་བའི་འདམ་དུ་བྱིད་བའི་འཇིག་རྟེན་ལ་བརྟགས་ནས་འཁོར་བའི་འདམ ་ཆེན་པོ་མ་རིག་བ་ལས་འཇིག་རྟེན་བཏོན་ཏེ། མྱ་ངན་ལས་འདས་བ་ཞི་བའི་དབྱིངས་སུ་འཇོག་ནུས་སོ། །སྙམ་པ་འམ། སེམས་ཅན་གྱི་ཚོགས་བསྒྲལ་བ་ལ་ལྟ་བས་གཞན་ལ་ཕན་བར་བྱ་བས་ནུས་པ་ནི་གཞན་ལ་ཕན་བ་སྦྱོར་བ་སྟེ། ་ཕན་བར་སྦྱོར་བའི་ཕྱིར། གཞན་ལ་ཕན་བར་བྱེད་བ་འམ། ནུས་ལ་འམ། སེམས་ཅན་གྱི་ཚོགས་བདེ་བར་གྱུར་པ་ཉིད་མཐོང་ནས་སེམས་ཅན་རབ་ཏུ་དགའ་བ་ནི་དགའ་བའོ། །འདུ་བྱེད་སྟོང་པ་རྣམས་ལ་རབ་ཏུ་རྟོག་པ་ནི། ། ་རྗེས་སུ་ཆགས་བ་དང། ཁོང?་ཁྲོ་བ་མེད་བས་མཉམ་བ་ཉིད་ཐོབ་སྟེ། སེམས་ཅན་གྱི་བྱ་བ་རྣམ་པར་བཞག་བའི་ཆོས་རྣམས་ལ་ལྷུན་གྱིས་གྲུབ་ནས་བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་བཞིན་དུ་བཏང་སྙོམས་སོ། །རྣམ་པར ་སྨིན་བ་ལ་མི་རེ་བ་ནི་སྦྱིན་པའོ། །ཆོས་དང་ཟང་ཟིང་སྦྱིན་བ་ནི་སྙན་པར་སྨྲ་བའོ། །སྙིང་རྗེས་སེམས་ཅན་ཀྱི་བྱ་བ་སྒྲུབ་བ་ནི། དོན་དཔྱོད་པའོ། །ཚིག་ལྷག་མ་རྣམས་ནི་སེམས་ཅན་ལ་ཕན་པར་སྒྲུབ་པར་ཞུགས་བའི་ཕྱིར་དོན་མཐུན་པའོ། །དེ་བས་ན་བྱང་ཆུབ ་སེམས་དཔའ་ཨི་ཆོགས་ཐམས་ཅད་ཡོངས་སུ་བསྡུས་པས་བཞི་ཞེས་བྱ་བ་གྲུབ་བོ། །སྟོང་པ་ཉིད་ཀྱི་དོན་བརྗོད་དགོས་སོ། །སྨྲས་པ། ཤེས་རབ་ཀྱིས་རབ་ཏུ་བརྟགས་ནས་འདུ་བྱེད་རྣམས་ཀྱི་རང་བཞིན་མི་དམིགས་པ་ནི་སྟོང་པ་ཉིད་དེ། །སྨྲས་པ། ཀྱེ་ཅི་ཤེས ་རབ་ཀྱིས་འདུ་བྱེད་རྣམས་འཇིག་གམ། སྨྲས་བ། མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། རྣམ་བར་ཤེས་པ་ནི། མཚན་མའི་སྤྱོད་ཡུལ་གྱི་ཕྱིར་རྣམ་པར་ཤེས་པའི་ཡུལ་དོན་དམ་པར་མེད་བ། ཡང་དག་བ་མ་ཡིན་བར་སྒྲོ་བཏགས་པར་གནས་པ། ཡང ་དག་བ་མ་ཡིན་པའི་དངོས་པོ་ཡོངས་སུ་སྤྱད་བའི་ས་ལ་རྣམ་པར་ཤེས་པ་དང། ལྷན་ཅིག་སྐྱེས་པའི་ཤེས་རབ་བཟོད་པ་ཆུང་ངུ་ནས་བཟུང་སྟེ། རིགས་ཀྱི་སའི་དུས་ཀྱི་བར་དུ་ཆེན་པོ་དང། འབྲིང་དང། ཕྲ་མོ་རབ་ཏུ་འབྱེད་པའི་རིམ་གྱིས་རྣམ་པར ་བཤི་གནས་ཟག་བ་མེད་པའི་ཤེས་རབ་ཀྱི་རྐྱན་དུ་གྱུར་པས་འགག་གོ་།དེས་ན་དོན་དམ་པ་མཐོང་བའི་བར་དུ་གཅོད་པའི་རྒྱུ་མཚན་མའི་སྤྱོད་ཡུལ་གྱི་རྣམ་པར་ཤེས་པ་རྐྱེན་མེད་པས་དོན་དམ་པའི་ཡུལ་ཡིན་པས་ཟག་པ་མེད་པའི་ཤེས་རབ་ཀྱིས་མཚན ་མ་མེད་བའི་དབྱིངས་མཐོང་ངོ། །ཆོས་ཀྱི་དབྱིངས་མཐོང་བས་སྐྱོན་མེད་པ་ལ་འཇུག་སྟེ། རང་གི་མཚན་ཉིད་མཐོང་བས་ནི་མ་ཡིན་ནོ། །རང་གི་མཚན་ཉིད་ཀྱི་ཡུལ་ལ་མ་ཡིན་ན་ནི་རྣམ་པར་ཤེས་པ་དང་བྱེ་བྲག་མེད་པའི་ཕྱིར་ཆོས་ཀྱི་དེ་ཁོ་ན་དེ ་མཚུངས་པས་འཇིག་རྟེན་ནི་རྣམ་པར་ཤེས་པས་དོན་བྱས་པའི་ཕྱིར་ལམ་སྒོམ་པ་དོན་མེད་པའི་སྐྱོན་དུ་འགྱུར་རོ། །གལ་ཏེ་རྣམ་པར་ཤེས་པ་ལ་ཤེས་རབ་ཅེས་ཟེར་ན་ནི་མི་རུང་སྟེ། རང་གི་མཚན་ཉིད་འཛིན་བའི་ཕྱིར་རོ། །དེ་ནི་འདི་ལྟར་འགྱུར ་ཏེ། ཤེས་རབ་ཀྱི་མཚན་ཉིད་ཀྱི་ཕྱིར་ཤེས་པ་ནི་རྣམ་པ་ཡིན་ཏེ། ཤེས་རབ་ཀྱིས་ནི་རང་གི་མཚན་ཉིད་མི་རྟག་པ་ལ་སོགས་པར་རབ་ཏུ་ཤེས་སོ། །རྣམ་པར་ཤེས་པ་ནི་དངོས་པོ་སོ་སོར་རྣམ་པར་རིག་པའི་མཚན ་ཉིད་དོ། །རྣམ་པར་ཤེས་པས་དོན་བྱས་པའི་ཕྱིར་དེ་བས་ན་རྣམ་པར་ཤེས་པ་དང་བྱེ་བྲག་མེད་པ་ཡིན་ནོ་ཞེ་ན། དེ་རིགས་ཏེ། ཅིའི་ཕྱིར་ཞེ་ན། རང་གི་མཚན་ཉིད་འཛིན་པའི་ཕྱིར་རོ། །གལ་ཏེ་ཤེས་རབ་ཏུ་ཤེས་པའི་མཚན་ཉིད་ཡིན་པའི ་ཕྱིར། ཤེས་རབ་ཀྱི་ཡུལ་ནི་སྤྱིའི་མཚན་ཉིད་ཡིན་ཏེ། དེས་རང་གི་མཚན་ཉིད་འཛིན་པར་ནི་མི་འཐད་དོ། །ཅི་སྟེ་རང་གི་མཚན་ཉིད་ཀྱང་འཛིན་ན་ནི་རང་གི་མཚན་ཉིད་མ་བོར་བས་དངོས་པོ་རྣམ་པར་རིག་པའི་མཚན་ཉིད་དུ་འགྱུར་ཏེ། རྣམ ་པར་ཤེས་པ་བྱེ་བྲག་མེད་པའི་སྐྱོན་དུ་འགྱུར་རོ། །གལ་ཏེ་རྣམ་པར་ཤེས་པའི་རྗེས་སུ་འཇུག་ཅེས་ཟེར་ན་ཡང་མི་རུང་སྟེ། འགལ་བའི་ཕྱིར་རོ། །དེ་ནི་འདི་ལྟར་འགྱུར་ཏེ། ཤེས་རབ་ནི་རྣམ་པར་ཤེས་པ་དང་ལྷན་ཅིག་སྐྱེས་པའི་རྐྱེན་ཡིན་ཏེ། དེ ་ནི་དངོས་པོའི་སྤྱོད་ཡུལ་ལོ། །དེ་རྗེས་སུ་འཇུག་པའི་ཕྱིར་ཤེས་རབ་ཀྱིས་རང་གི་མཚན་ཉིད་མི་རྟག་པ་ལ་སོགས་པས་འཛིན་ཏོ་ཞེས་བྱར་ནི་དེ་ཡང་མི་འཐད་དོ། །ཅིའི་ཕྱིར་ཞེ་ན་འགལ་བའི་ཕྱིར་རོ། །རང་དང་སྤྱིའི་མཚན་ཉིད་མི་མཐུན་པས ་གཟུགས་ཉིད་མི་རྟག་པ་ཉིད་ཡིན་ནོ། །གལ་ཏེ་གཟུགས་ཉིད་མི་རྟག་པ་ཉིད་ཡིན་ན་ནི་ཤེས་རབ་ཀྱིས་འཛིན་བར་འགྱུར་ན་མ་ཡིན་ཏེ། དེ་བས་ན་ཤེས་རབ་ནི་རང་གི་མཚན་ཉིད་མི་འཛིན་ཏོ། །རྣམ་པར་ཤེས་པ་ཡང་ཤེས་རབ་ཀྱི་རྗེས་སུ ་འཇུག་པས་དེའི་རང་བཞིན་དུ་འགྱུར་ཏེ། དེའི་དམ་པའི་ཡུལ་ཡིན་པས་རང་གི་མཚན་ཉིད་འདོར་བའི་སྐྱོན་དུ་འགྱུར་རོ། །དེ་བས་ན་རང་གི་མཚན་ཉིད་ཤེས་རབ་ཀྱི་ཡུལ་ལམ། དོན་དམ་པ་རྣམ་པར་ཤེས་པའི་ཡུལ་དུ་འགྱུར་བ? ་མེད་དོ། །སྨྲས་པ། ཀྱེ་ཅི་སྟོང་པ་ཉིད་ལ་མོས་པས་ལས་ཀྱི་རྣམ་པར་སྨིན་པ་ལ་ཡིད་ཆོས་པ་ལ་གནོད་དེ། དེས་ན་ལས་ཀྱི་རྣམ་པར་སྨིན་པ་ལ་ཡིད་ཆེས་པ་ཞེས་དེ་སྐད་བརྗོད་དམ། སྨྲས་པ། སྲིད་པས་སོ་སོར་བརྗོད་པ་ལ་ཉེས་པ་མེད་དོ། །འདི་ལ ་ཤེས་རབ་ཀྱིས་འདུ་བྱེད་རྣམས་རབ་ཏུ་རྣམ་པར་གཤིག་ནས་སེམས་ཅན་མི་དམིགས་པ་ནི་འདུ་བྱེད་རྣམས་ལ་རང་བཞིན་མེད་པ་དང། གཡོ་མེད་པར་རིག་ནས། རྐྱེན་འདི་ལ་མི་མཁས་པ་ནི་འདུ་བྱེད་རྣམས་གནས་པ་མེད་ལ་གཡོ་བ་མེད་ན་བྱེད་པ ་ནི་གང་འབྲས་བུ་དང་འབྲེལ་པ་ནི་གང་ཞེས་ཀུན་ཏུ་གཏི་མུག་པར་འགྱུར་རོ། །གང་ཀུན་ཏུ་གཏི་མུག་པ་ལས་ཀྱི་རྣམ་པར་སྨིན་པ་ལ་ཡིད་མི་ཆེས་པར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་ཀྱང། འོད་སྲུངས་གང་ཟག་ཏུ་ལྟ་བ་ལ་གནས་པ་རི་རབ ་ཙམ་བླའི། མངོན་པའི་ང་རྒྱལ་ཅན་སྟོང་པ་ཉིད་དུ་ལྟ་བ་ནི་དེ་ལྟ་མ་ཡིན་ནོ་ཞེས་གསུངས་སོ། །དེ་སྐད་དུ། སྟོང་ཉིད་ལྟ་བ་ཐམས་ཅད་ལས། འབྱུང་བར་རྒྱལ་བ་རྣམས་ཀྱིས་གསུངས། །གང་དག་སྟོང་པ་ཉིད་ལྟ་ལ། །དེ་ནི་སྒྲུབ་ཏུ་མེད་པར་བཤད། །སྟོང་པ་ཉིད་ལ་བལྟ་ཉེས་པ། ་བློ་ཞན་རྣམ་པར་འཇིག་པར་བྱེད། །དཔེར་ན་སྤྲུལ་ལ་གཟུང་ཉེས་?་དང་རིག་སྔགས་ཉེས་པར་བསྒྲུབས་པ་བཞིན། །བློ་ཞན་རྣམས་ཀྱིས་ཆོས་འདི་ནི། །རྟོགས་པར་དཀའ་བར་ཐུགས་ཆུད་ནས། །དེའི་ཕྱིར་ཐུབ་པ་རྣམས་ཀྱིས་ཐུགས། །བཤད་པ་ལས་ནི་རབ་ཏུ་ལྡོག ་ཅེས་བཤད་དོ། །ཀུན་རྫོབ་དང་དོན་དམ་པ་ལ་མཁས་པའི་བྱང་ཆུབ་སེམས་དཔའ་ཨི་འདུ་བྱེད་རྣམས་ལ་རབ་ཏུ་རྣམ་པར་འབྱེད་པ་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་ཟབ་མོ་ཡོངས་སུ་ཤེས་པ་དང། དུས?་རིང་པོ་ནས་བསྒོམས་པ་དང། རྐྱེན་གྱི་ཚུལ ་ཤིན་ཏུ་ཡོངས་སུ་ཤེས་པའི་ཕྱིར་ཀུན་ཏུ་གཏི་མུག་པར་མི་འགྱུར་རོ། །དེ་འདི་སྙམ་དུ་སེམས་ཏེ། འདི་ལྟར་གཞན་གྱི་དབང་དུ་གྱུར་པའི་ཕྱིར་འདུ་བྱེད་རྣམས་ནི་ཡོངས་སུ་བསྒྲུབ་པའི་རང་བཞིན་མ་ཡིན་པ་དང། གཡོ་བ་མེད་པ་སྟེ། དེ་བས་ན ་རྣམ་པར་རྟོག་པ་སྣ་ཚོགས་ཀྱི་རྗེས་སུ་འགྲོ་བ་ཐབས་ལ་མཁས་པས་ཡོངས་སུ་ཟིན་པ་མངོན་པར་འདུ་བྱེད་པ་རྣམས་ཀྱིས་མངོན་པར་འདུ་བྱེད་པ་ན་རྣམ་པར་སྒྲུབ་པ་ལ་རབ་ཏུ་གནས་པའི་ཕྱིར་རིམ་གྱིས་ཐམས་ཅད ་མཁྱེན་པ་ཉིད་འཐོབ་པར་འགྱུར་རོ་སྙམ་མོ། །དེ་ལྟར་མངོན་པར་ཡིད་ཆེས་པའི་བྱང་ཆུབ་སེམས་དཔའ་ནི་བརྩོན་འགྲུས་ཆེན་པོ་རྩོམ་མོ། །དེ་བདག་མེད་པར་བཟོད་པ་ཞེས་བྱ་བ་ལ་བདག་མེད་པའི་བཟོད་པའི་དོན་བརྗོད་དགོས་སོ། །སྨྲས་པ། སེམས ་ཅན་དུ་འདུ་ཤེས་པ་རྣམས་རྣམ་པར་བཤིག་པ་ནི་རྣམ་པར་ཤེས་པའི་ཡུལ་ཀུན་རྫོབ་ཏུ་ཡོད་པའི་ཆོས་རྣམས་རྣམ་པར་ཤེས་པས་བསྐྱེད་པའི་ཤེས་རབ་ཀྱིས་རྣམ་པར་གཞིགས་ན་སེམས་ཅན་མི་དམིགས་ནས་འདི་སྙམ་དུ་སེམས་ཏེ། ་འདི་ནི་ཆོས་ཙམ་སྟེ་སྒྱུ་མ་དང་འདྲ་བ་གཡོ་བ་མེད་པ་རང་དབང་མེད་པ་སྟེ། ཕན་ཚུན་གྱི་རྐྱེན་གྱི་སྟོབས་ཀྱིས་བསྐྱེད་པའི་ཕྱིར་ལས་དང་ཉོན་མོངས་པའི་ཤིང་ལ་བརྟེན་པ། མར་མེའི་འོད་འཕྲོ་བའི་རྒྱུན་དང་འདྲ་བ་སྔོན་གྱི་ལས་ཀྱིས་འབངS ་པས་འདྲ་བའི་རྒྱུན་གྱི་ཚུལ་གྱིས་སྐྱེའོ། །དེ་སྐྱེ་བ་ན་ཡང་གང་ནས་ཀྱང་མི་འོང། འགག་པ་ན་ཡང་གང་དུ་ཡང་མི་སོགས་སོ་སྙམ་མོ། །དེ་ལྟར་གང་རབ་ཏུ་འདོད་པ་དེ་ནི་བདག་མེད་པར་བཟོད་པའོ། །སྨྲས་པ། གང་གི་ཚེ་བྱང་ཆུབ་སེམས ་དཔའ་བདག་མེད་པའི་བཟོད་པ་སེམས་ཅན་མི་དམིགས་པ་ན་སེམས་ཅན་གྱི་བྱ་བ་ལ་རྒྱབ་ཀྱིས་ཕྱོགས་པར་འགྱུར་ན་ཅིའི་ཕྱིར་དེའི་བདག་མེད་བཟོད་བ་བཤད། སྨྲས་པ། སེམས་ཅན་གྱི་དགོས་པ་བྱ་བའི་ནུས་པ་བསྐྱེད་པའི་ཕྱིར་ཏེ། ་སེམས་ཅན་གྱི་དགོས་པ་བྱའི?་ནུས་པ་བསྐྱེད་པའི་དོན་དུ་བྱང་ཆུབ་སེམས་དཔའ་ཨི་བདག་མེད་པའི་བཟོད་པ་བསྟན་ཏོ། །བདག་མེད་པའི་བཟོད་པ་དེས་ཉོན་མོངས་པ་རྣམ་པར་བསལ་བའི་བྱང་ཆུབ་སེམས་དཔའ་སེམས་ཅན་དུ་འདུ་ཤེས ་པ་རྣམ་པར་བཤིག་པ་དང། འདུ་བྱེད་རྣམས་གཡོ་བ་མེད་པ་དང། རྐྱེན་ལ་རག་ལུས་པར་ཤེས་ནས། སེམས་ཅན་གྱི་ཉེས་པ་དང། འདུ་བྱེད་ཀྱི་ཉེས་པ་རྣམས་ཀྱིས་གནོད་པར་གྱུར་པ་ན་ཡང་བྱང་ཆུབ་ཀྱི་སེམས་ཡོངས་སུ་མི་གཏོང་ངོ། །སེམས ་དཔའ་ཉིད་ལ་གནས་ཏེ། སེམས་ཅན་ལ་ལྟ་བས་ཤེས་རབ་དང། སྙིང་རྗེ་སྒྲུབ་པ་ཕུན་སུམ་ཚོགས་ནས་སངས་རྒྱས་སུ་སྒྲུབ་ཀྱི་བར་དུ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱེད་པའི་དགེ་བའི་རྩ་བ་སྣ་ཚོགས་སོག་གོ། སྨྲས་པ། སྟོང་པ་ཉིད་ལ་མོས ་པ་དང། བདག་མེད་པའི་བཟོད་པ་གཉིས་ལ་བྱེ་བྲག་ཅི་ཡོད། སྨྲས་པ། སྟོང་པ་ཉིད་ལ་མོས་པ་ནི་འདུ་བྱེད་ཐམས་ཅད་ལ་རབ་ཏུ་རྣམ་པར་འབྱེད་པར་འཇུག་པའི་ཕྱིར་ཆོས་ཀྱི་རྟོགས་པའི་རྒྱུའོ། །བདག་མེད་པའི་བཟོད་པ་ནི་རང་གི་མཚན་ཉིད ་ཀྱི་སྤྱོད་ཡུལ་པ་སྟེ། དེ་ནི་སེམས་ཅན་གྱི་རྫས་རབ་ཏུ་འབྱེད་པར་ཞུགས་པའི་ཆོས་ཙམ་དུ་མཐོང་བའི་རྒྱུའོ། །སྟོང་པ་ཉིད་ལ་མོས་པས་ནི། ཆོས་ལ་ངོ་བོ་ཉིད་དུ་ཟློག་བར་བྱེད་དོ། །བདག་མེད་པའི་བཟོད་པ་ནི་སེམས་ཅན་ལ་ངོ་བོ་ཉིད་དུ ་འཛིན་པ་ཟློག་པར་བྱེད་དོ། །སྨྲས་པ། གང་གི་ཚེ་སེམས་ཅན་དུ་འདུ་ཤེས་པ་ཉིད་ནི་སྙིང་རྗེ་ཆེན་པོར་རིགས་ན་ཅིའི་ཕྱིར་བྱང་ཆུབ་སེམས་དཔའ་ལ་སྙིང་རྗེ་ཆེན་པོའི་གཉེན་པོ་བདག་མེད་པར་མོས་པ་བཤད། སྨྲས་པ། སྙིང་རྗེ་ཆེན་པོའི ་རྒྱུའི་ཕྱིར་ཏེ། ཆོས་ཐམས་ཅད་བདག་མེད་པར་ཡོངས་སུ་ཤེས་ནས་བྱང་ཆུབ་སེམས་དཔའ་སེམས་ཅན་གྱི་ཁམས་ལ་དམིགས་ཏེ། ཀྱེ་མའོ། །ཆོས་སུ་བསྡུ་བ་སེམས་ཅན་ཞེས་བྱ་བ་མ་རིག་པས་ལྡོངས་པ་བདག་མེད་པའི་ཆོས་རྣམས་ལ ་མེད་པ་ལས་སེམས་ཅན་དུ་འདུ་ཤེས་པར་སྒྲོ་བཏགས་ནས་ང་དང་བདག་ཏུ་མངོན་པར་ཞེན་པ་འདི་དག་ནི་སྲིད་པར་འགྱུར་བའི་ལས་རྣམས་སོགས་ཏེ། གང་དག་གིས་འདི་དག་འཁོར་བ་ན་སྐྱེ་བ་འཆིང་བ་དེ་དག་བདག་གིས་ཆོས་ཉིད་དེ་ལ་གཟུད་པར་བྱའོ ་ཞེས་བྱ་བ་བྱང་ཆུབ་སེམས་དཔའ་ཤིན་ཏུ་སྙིང་རྗེ་སྐྱེའོ། །དེ་བསམ་པ་མྱ་ངན་ལས་འདས་པར་བསྔོ་ཞེས་བྱ་བ་མྱ་ངན་ལས་འདས་པའི་དོན་བརྗོད་དགོས་སོ། །སྨྲས་པ། ལས་དང་ཉོན་མོངས་པའི་ཤིང་མེད་པས་ལེན་པ་མེད་དེ། ཕུང་པོའི་རྒྱུན་འགགས་པ་ནི་མྱ ་ངན་ལས་འདས་པ་སྟེ། མེའི་རྒྱུན་གྱི་རྒྱུ་འགག་པ་བཞིན་ནོ། །ཡང་ན་ཡེ་ཤེས་ཀྱི་མེས་ཡོངས་སུ་བསྲེགས་པའི་ཕྱིར་རོ། །རྣམ་པར་ཤེས་པའི་ས་བོན་ལེན་པར་མེད་པ་འགག་པའི་འོག་ཏུ་མ་འོངས་པ་ན་རྐྱེན་ཚོགས་ཀྱང་ཡང་སྲིད་པའི་མྱུ་གུ ་མངོན་པར་མི་འགྲུབ་བོ། །མེས་ཡོངས་སུ་བསྲེགས་ཏེ། འགགས་པའི་འོག་ཏུ་སྲིད་པའི་མྱུ་གུ་མངོན་པར་མི་འགྲུབ་པ་གང་ཡིན་པ་སྟེ། མེས་ཡོངས་སུ་བསྲེགས་པའི་ས་བོན་འགགས་པའི་འོག་ཏུ་མྱུ་གུ་མངོན་པར་མི་འགྲུབ་པ་བཞིན ་ནོ། །ཡང་ན་ཉོན་མོངས་པའི་མེ་འགག་པ་ཉིད་དོན་དམ་པར་མྱ་ངན་ལས་འདས་པ་སྟེ། ཤིང་རྩ་བ་ནས་བཏོན་པ་བཞིན་ནོ། །དེ་ཡང་རྣམ་པ་གཉིས་ཏེ་ཕུང་པོའི་ལྷག་མ་དང་བཅས་པ་དང། ཕུང་པོ་ལྷག་མ་མ་ལུས་པའོ། །དེ་ལ་ཕུང་པོའི ་ལྷག་མ་དང་བཅས་པ་ནི་ཉོན་མོངས་པ་སྤངས་པའོ། །ཕུང་པོ་ལྷག་མ་མ་ལུས་པ་ནི། ལེན་པ་མེད་པའི་ཕྱིར་སྡུག་བསྔལ་གྱི་མཚམས་སྦྱོར་བ་མེད་པའི་འགག་པའོ། །མྱ་ངན་ལས་འདས་པར་སོང་བ་ནི་མྱ་ངན་ལས་འདས་པར་སོང་བ་སྟེ ་མྱ་ངན་ལས་འདས་པ་ལ་གནས་སོ་ཞེས་བྱ་བའི་ཐ་ཚིག་གོ། སྨྲས་པ། བསམ་པ་མྱ་ངན་ལས་འདས་པ་ཞེས་བྱ་བའི་དོན་གང་ཡིན། སྨྲས་པ། འཁོར་བའི་ཉེས་པ་མཐོང་བའི་ཕྱིར་ནམ་ཞིག་ན་ཉོན་མོངས་པ་ཟད་པ་ཞི་བའི་གནས་ཐོབ་པར ་འགྱུར་ཞིག་གུ་སྙམ་དུ་མྱ་ངན་ལས་འདས་པ་འདོད་པ་ལ་སོགས་པའི་རྣམ་པར་ཤེས་པ་དང། ལྷན་ཅིག་ཏུ་སྐྱེས་པའི་དགེ་བའི་ཆོས་རྣམས་ཀྱིས་སེམས་བསྒོམས་པ་གང་ཡིན་པ་འདི་ནི་མྱ་ངན་ལས་འདས་པའི་བསམ་པ་ཞེས་བྱའོ། །སྦྱོར ་བ་འཁོར་བར་སོང་བ་ཞེས་བྱ་བ་ལ་འཁོར་བའི་དོན་གང་ཡིན། སྨྲས་པ། ཉོན་མོངས་པ་དང། ལས་ཀྱི་དངོས་པོ་རྣམས་ཀྱི་པན་ཚུན་གྱི་རྐྱེན་ཐོག་མ་མེད་པ་ནས་རྗེས་སུ་འབྲེལ་པ་ནི་འཁོར་བ་སྟེ། འཁོར་བར་སོང་བ་ནི་དེར་འཁོར་བ་ལ་སྦྱོར་བར་འཇུག་ཅེས་བྱ ་བའི་ཐ་ཚིག་གོ་།ཉེས་པ་མཐོང་བས་འཁོར་བ་ལས་བསམ་པ་བསྐྱོད་པའི་བྱང་ཆུབ་སེམས་དཔའ་ནི་སེམས་ཅན་ལ་ལྟ་བས་འཁོར་བར་སོང་བའི་སྦྱོར་བ་རྩོམ་མོ། །སྨྲས་པ། གང་གི་ཚེ་བསམ་པ་དང་འདྲ་བར་སྦྱོར་བ་རྩོམ་སྟེ། དཀར་པོ་ལས་དཀར ་པོ། །ནག་པོ་ལས་ནག་པོར་གྱུར་ན་དེ་ཇི་ལྟར་བྱང་ཆུབ་སེམས་དཔའ་ཨི་བསམ་པ་མྱ་ངན་ལས་འདས་པ་དང། མི་འདྲ་བར་འཁོར་བ་ན་སྦྱོར་བ་རྩོམ་པར་འགྱུར། སྨྲས་པ། གཞན་ལ་ཕན་པའི་བསམ་པ་ཤིན་ཏུ་བསྒོམ་པའི་ཕྱིར་ཏེ། བྱང ་ཆུབ་སེམས་དཔའ་ཨི་བསམ་པ་མྱ་ངན་ལས་འདས་པ་ནི་གཞན་ལ་ཕན་པའི་བསམ་པས་ཟིལ་གྱིས་ནོན་པས་འཁོར་བ་གནོད་པ་མང་པོར་ཤེས་ནས་འཁོར་བས་སྐྱོ་བའི་བྱང་ཆུབ་སེམས་དཔའ་བསམ་པ་མྱ་ངན་ལས་འདས་ཀྱང་སྙིང་རྗེ་དང ་ལྡན་པའི་ཕྱིར་སེམས་ཅན་ལ་ལྟ་བས་འཁོར་བར་སྦྱོར་བར་རྩོམ་མོ། །དེ་འདི་སྙམ་དུ་སེམས་ཏེ། འདུས་བྱས་ལ་གནས་པའི་བྱང་ཆུབ་སེམས་དཔའ་ལ་ནི་བྱང་ཆུབ་སེམས་དཔའ་ཨི་ཆོས་རྣམས་མི་འཁྲུངས་ཏེ། འདུས་བྱས་པ་ལ་གནས ་ནས་སོ། །དེ་བས་ན་བྱང་ཆུབ་སེམས་དཔའ་ཆོས་ལ་ལྟ་བས་འཁོར་བ་མཐོང་ཡང་ཡོངས་སུ་འཛིན་ཏོ། །དཔེར་ན་བཅོམ་ལྡན་འདས་ཀྱིས་ཀྱང། འོད་སྲུངས་འདི་ལྟ་སྟེ། དཔེར་ན་ནམ་མཁའ་ལས་ས་བོན་རྣམས་མི་སྐྱེའོ་ཞེས་བྱ་བ་རྒྱ་ཆེར ་གསུངས་པ་ལྟ་བུའོ། །སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་ཡང་སྦྱིན་པ་ཞེས་བྱ་བ་ལ་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་དོན་བཤད་དགོས་སོ། །སྨྲས་པ། ཉོན་མོངས་པའི་ཆུའི་བརླན?་གྱིས་སེམས་ཅན་གྱི་བསམ་པའི་ཞིང ་བརླན་པར་གྱུར་པ་རྣམས་ལ་ཐོས་པ་དང། སེམས་པ་ལ་སོགས་པ་ཡོངས་སུ་སྦྱོར་བ་ངེས་པར་འབྱེད་པའི་ཆ་དང་མཐུན་པའི་དྲོད་ཀྱི་སྦྱོར་བ་ངེས་པར་རྟོགས་པའི་ཕྱོགས་ཀྱི་དགེ་བའི་རྩ་བའི་མེའི་དུགས་ཀྱིས་བསམ ་བ་ཇི་ལྟ་བ་བཞིན་དུ་ཟག་པ་མེད་པའི་དགེ་བའི་རྩ་བའི་ས་བོན་རབ་ཏུ་བཞག་པའི་ཕྱིར་ཏེ། སེམས་ཅན་གྱི་བསམ་པའི་ཞིང་རྣམས་ཀུན་ཏུ་སྨིན་པར་བྱེད་པའོ། །དོན་དུ་གཉེར་བའི་བྱང་ཆུབ་སེམས་དཔའ་ཨི་སྙིང་རྗེ་དང་ཐབས་ལ་མཁས་པ་ཕུན་སུཾ ་ཚོགས་པ་ནི་སེམས་ཅན་གྱི་རྒྱུད་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་ཆོས་དང་ཟང་ཟིང་གི་སྦྱིན་པས་སེམས་ཅན་རྣམས་སྡུད་དོ། །བསྡུས་ནས་ཀྱང་བསམ་པ་དང། འཚམ?་པར་ཐེག་པོ་གསུམ་པ་དག་ལ་ཅི་རིགས་པར་ཡོངས་སུ་སྨིན་པར་བྱེད་དེ། ། ་སྨྲས་པ་།སྦྱིན་པ་ཞེས་བྱ་བ་དེ་ཅི་ཞིག་།སྨྲས་པ། མ་ཆགས་པ་དང། ལྷན་ཅིག་སྐྱེས་པའི་སེམས་པ་སྟེ། བྱུང་བ་དང་ལྷན་ཅིག་པ། འབྲས་བུ་གཅིག་པ་རྣམས་ཀྱིས་སྦྱིན་པའི་ཆོས་ཀྱི་གནས་ལ་འཇུག་པ་ནི་སྦྱིན་པའོ། །རྣམ་པར ་སྨིན་པ་ལ་ཡང་མི་རེ་ཞེས་བྱ་བ་ནི་དེ་ལ་རྣམ་པ་སྣ་ཚོགས་སུ་སྨིན་པ་ནི། རྣམ་པར་སྨིན་པ་སྟེ། འབྲས་བུ་སྣ་ཚོཌ་ཞེས་བྱ་བའི་ཐ་ཚིག་གོ་།རྣམ་པར་སྨིན་པ་ལ་མི་རེ་བ་ནི་རྣམ་པར་སྨིན་པ་ལ་མི་རེ་བ་སྟེ། བདག་བདེ་བ་ལ་མི་ལྟ་བའི་ཕྱིར་འབྲས་བུ་ལ་མངོན ་པར་འདོད་པ་མེད་དོ་ཞེས་བྱ་བའི་ཐ་ཚིག་གོ། སྨྲས་པ་།སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་ལ་ལྟ་བའི་སྦྱིན་པས་རྣམ་པར་སྨིན་པ་ལ་མི་རེ་བ་ཉིད་དུ་བསྟན་པ་མ་ཡིན་ནམ། ཅིའི་ཕྱིར་ཡང་རྣམ་པར་སྨིན་པ་ལ་མི་རེ་བའི་ཞེས་ཟློས?་པར ་བརྗོད། སྨྲས་པ། སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་ལ་ལྟ་བའི་སྦྱིན་པ་ལ་ཡང་རྣམ་པར་སྨིན་པ་ལ་རེ་བ་སྲིད་དོ། །སོ་སོར་བཤད་པས་ཉེས་པ་མེད?་པར་འགྱུར་རོ། །གང་ཡང་འདི་ལྟ་སྟེ། བྱང་ཆུབ་ཀྱི་ཕྱིར་སེམས་བསྐྱེད་ནས་སེམས་ཅན? ་ཐམས་ཅད་ལ་དམིགས་ཏེ། སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་ལ་ལྟ་བས་སྦྱིན་པ་སྦྱིན་པ་ནི་འཁོར་བ་ན་འབྲས་བུ་རྒྱ་ཆེ་བ་ཡིན་ཏེ་།ཐ་མར་ཐམས་ཅད་མཁྱེན་པ་ཉིད་ཀྱང་ཐོབ་པར་འགྱུར་བའི་ཐབས་འདི་ནི་འབྲས་བུ་རྒྱ་ཆེ་བའོ་སྙམ་པ ་སེམས་ཅན་ལ་མངོན་བར་ཕྱོགས་པའི་སྦྱིན་པ་ཡང་བསམས་པས་དོན་དམ་པར་རིག་ནས་དེ་བཟློག་པ་དང། བྱང་ཆུབ་སེམས་དཔའ་ཨི་ཡང་དག་པའི་ཡོན་ཏན་ལ་གཟུང་པའི་ཕྱིར་རྣམ་པར་སྨིན་པ་ལ་མི་རེ་བ་ཞེས་དེ་སྐད་དུ་གསུངས་སོ། །དེ་ནི ་འདི་སྐད་དུ། བསམ་པ་ཕུན་སུམ་ཚོགས་པ་བྱང་ཆུབ་སེམས་དཔའ་ནི་བདག་གི་བདེ་བ་ལ་ལྟ་བས་སྦྱིན་པ་ལ་སོགས་པའི་ཆོས་རྣམས་རང་གི་རྒྱུད་ལ་རྣམ་པར་སྨིན་པར་སྨོན་པ་མེད་དོ། །ཅིའི་ཕྱིར་ཞེ་ན། རྒྱུ་དང་འབྲས་བུ་ལ་མི་ལྟ་སྟེ། གཞན ་གྱི་དོན་ཉིད་དུ་དགེ་བའི་རྩ་བ་རྣམས་སངས་རྒྱས་སུ་གྲུབ་པར་བྱ་བའི་ཕྱིར་ཡོངས་སུ་བསྔོང?་ཞེས་སྟོན་ཏོ། །དེ་ནི་འདི་སྙམ་དུ་སེམས་ཏེ། གལ་ཏེ་སྲིད་ན་ནི་ཐམས་ཅད་མཁྱེན་པ་བསྒྲུབས་ཏེ། སེམས་ཅན་རེ་རེ་ལ་ཡང་སྦྱིན་པ་ཞིག་ན་འདི་ན་ཆོས་རྣམས ་ཀྱི་ཆོས་ཉིད་དེ་རང་གི་སེམས་ལ་འབྲས་བུ་གྲུབ་མེད་ཀྱི། འོན་ཀྱང་བདག་གིས་ཐམས་ཅད་མཁྱེན་པ་ནི་གཞན་གྱི་དོན་ཉིད་དེ། ཐབས་དེས་གཞན་ལ་ཕན་པར་ནུས་པའི་ཕྱིར་རོ་སྙམ་མོ། །དེ་ལྟར་བྱང་ཆུབ་སེམས་དཔའ་དེའི་བསམ་པ་རྣམ་པར ་དག་པར་བྱ་བའི་ཕྱིར་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱེད་པ་སྦྱིན་པ་ལ་སོགས་པའི་ཆོས་རྒྱུར་གྱུར་པ་གང་ཡིན་པ་དག་དང། ཐམས་ཅད་མཁྱེན་པ་དང་འབྲེལ་བ་འབྲས་བུ་གྱུར་པ། སྟོབས་ལ་སོགས་པ་གང་ཡིན་པ་ཐམས་ཅད་གཞན་ལས ་ཕན་པར་བྱ་པའི་བསམ་པ་གང་ཡིན་པས་དེའི་གཞན་ལ་ཕན་པར་བྱ་བ་ལ་མངོན་པར་ཕྱོགས་པར་འགྱུར་རོ། །དེ་བས་ན་དེ་ཉན་ཐོས་དང། རང་སངས་རྒྱས་རྣམས་དང་ཐུན་མོང?་མ་ཡིན་པའི་ཕྱིར་བྱང་ཆུབ་སེམས་དཔའ་ཨི་ཡང་ད ་བའི་ཡོན་ཏན་ཞེས་བྱ་བ་སྟེ། འདི་ལྟར་ཉན་ཐོས་དང། རང་སངས་རྒྱས་ཀྱི་ལམ་གྱི་ཚོགས་ཀྱི་སྦྱིན་པ་ནི་རྒྱུད་ཡོངས་སུ་སྨིན་བར་བྱ་བའི་ཕྱིར་སྦྱིན་པ་སྦྱིན་ནོ། །འདི་ལས་ཕྱི་རོལ་པ་དག་ནི་འབྲས་བུ་འདོད་དོ? ་ལོག་པར་སྒྲུབ་བའི་གཉེན་པོར་ཡང་དག་པར་སྒྲུབ་པ་ལ་གནས་པའི་ལེགས་པ་བཞིའི་དབང་དུ་བྱས་ནས་བཞི་བ་ཕྲག་བཞིར་རིག་པར་བྱའོ། །ལེགས་པ་རྣམ་པ་བཞི་གང་ཞེ་ན། གཏེར་ཆེན་པོ་རྙེད་བའི་ཕྱིར་ཕྱུག་པ་དང། བདུད་བུ?། ། ་ཤིན་ཏུ་འདས་པའི་ཕྱིར་ཕྱིར་རྒོལ་བ་མེད་བ་དང། ཚུལ་འཆོས་པ་མེད་པར་དགོན་བ་ལ་གནས་པ་ལ་སོགས་པས་ལོངས་སྤྱོད་པ་ཁ་ན་མ་ཐོ་བ་མེད་བ་དང། བསོད་ནམས་ཀྱི་ཚོགས་དབག་ཏུ་མེད་པས་བསོད་ནམས་ཀྱི་ཚོགས་མི ་ཟད་པའོ། །ལེགས་པ་འདི་རྣམས་ཀྱི་གོ་རིམ་ནི་ཐོག་མ་ཁོ་ནར་གཏེར་རྙེད་པས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གསོག་སྟེ། དེ་ལ་སངས་རྒྱས་སུ་འབྱུང་བ་མཉེས་པར་བྱེད་པ་ནི་བསོད་ནམས་ཀྱི་ཚོགས་སོགས་བའོ། །ཚིག་ལྷག་མ ་གསུམ་པོ་དག་ནི་ཡེ་ཤེས་ཀྱི་ཚོགས་བསགས་པའོ། །བསོད་ནམས་ཀྱི་ཚོགས་སོགས་པ་ལ་བརྟེན་ནས་བཞི་པ་གཉིས་བས་བདུད་ལས་ཤིན་ཏུ་འདའ་བའ་ཨི་ཕྱིར་སྒྲིབ་པ་རྣམ་པར་དག་གོ་།སྒྲིབ་པ་རྣམ་པར་དག་པ་ལ་བརྟེན་ནས་བཞི ་པ་གསུམ་པས་དགེ་བའི་ཆོས་ཐམས་ཅད་སྡུད་པའི་ཕྱིར་སྒོ་ཐམས་ཅད་ནས་དཀར་པོའི་ཆོས་འཐོབ་པོ། །སྒོ་ཐམས་ཅད་ནས་དཀར་པོའི་ཆོས་ཐོབ་པ་ལ་བརྟེན་ནས་བཞི་པ་བཞི་པས་བསོད་ནམས་དཔག་ཏུ་མེད་པ་འཐོབ་པའི་ཕྱིར ་རྣམ་པ་ཐམས་ཅད་དུ་སེམས་ཅན་གྱི་དོན་དུ་སྦྱོར་ཏེ། བསོད་ནམས་ཚད་མེད་པ་བསྐྱེད་བར་རིག་བར་བྱའོ། །གཏེར་ཆེན་པོ་རྙེད་པ་བཞི་ནི། སྐྱེས་བུ་དམ་པ་ལ་བརྟེན་པ་དང། དམ་པའི་ཆོས་ཉན་པ་དང། ཚུལ་བཞིན་ཡིད་ལ ་བྱེད་པ་དང། ཆོས་ཀྱི་རྗེས་སུ་མཐུན་བའི་ཆོས་སྒྲུབ་པར་རིག་པར་བྱའོ། །དེ་ལ་སངས་རྒྱས་འབྱུང་བ་མཉེས་པར་བྱེད་པ་ནི། སྐྱེས་བུ་དམ་པ་ལ་བརྟེན་པའོ། །ཕ་རོལ་ཏུ་ཕྱིན་པ་དྲུག་ཉན་པ་ནི་དམ་པའི་ཆོས་ཉན་པའོ། །ཆོས་སྨྲ་བ་ལ་ཁོང་ཁྲོ་བ་མེད ་པཱི་སེཾས་ཀྱིས་ལྟ་བ་ནི་ཚུལ་བཞིན་དུ་ཡིན་ལ་བྱེད་པའོ། །བག་ཡོད་བར་དགོན་པ་ལ་གནས་བར་དགའ་བ་ནི་ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་སྒྲུབ་བའོ། །དེ་ལ་སངས་རྒྱས་འབྱུང་བ་མཉེས་པར་བྱེད་པ་ནི་དེ་བཞིན་གཤེགས་པ་ལ་མཆོད་པ ་དང། རིམ་གྲོ་བྱེད་བས་བསོད་ནམས་ཀྱི་ཚོགས་སོག་གོ་།ཚིག་ལྟག་མ་གསུམ་པོ་དག་ནི་ཐོས་པ་རྣམ་པར་དག་པ་དང། སེམས་ཅན་རྣམ་བར་དག་བ་དང། བསྒོམ་པ་རྣམ་པར་དག་པས་ཡེ་ཤེས་ཀྱི་ཚོགས་སོ། །འཇིག་རྟེན་གྱི་འབྱོར ་པའི་དངོས་པོ་དང་འདྲ་བའི་ཆོས་ཀྱི་གཏེར་ཆེན་པོ་རྙེད་པ་ལ་སོགས་པ་རྣམ་པ་བཞིར་རིག་པར་བྱ་སྟེ་།འཇིག་རྟེན་གྱི་དངོས་པོ་བཞིན་བལྟ་བའི་ལོངས་སྤྱོད་བོ་དང། གར་ལ་སོགས་པ་དང། མཉན་བའི་ལོངS?་སྤྱོད་གླུའི་དབྱངས་ལ་སོགས ་པ་དང། དྲན་པའི་ལོངས་སྤྱོད་བང་བ་དང་མཛད་ལ་སོགས་པ་དང། རེག་པར་བྱ་བའི་ལོངས་སྤྱོད་བཟའ་བ་དང་བཅའ་བ་ལ་སོགས་པ་སྟེ། དེ་ལྟར་སངས་རྒྱས་ལ་ལྟ་བ་དང། ཐོས་པ་དང། སེམས་བ་དང། སྒོམ་པར་རིག་པར ་བྱའོ། །བདུད་ལས་ཤིན་ཏུ་འདའ་བའ་ཨི་ཆོས་བཞི་པོ་དག་ནི་བདུད་བཞིའི་དབང་དུ་བྱས་ནས་བདུད་ལས་འདའ་བའ་ཨི་ཆོས་བཞིར་རིག་པའི་བྱ་སྟེ། བདུད་བཞི་ནི་ཐེག་པ་ཆེན་པོ་ལ་སྦྱོར་བའི་བར་དུ་གཅོད་པ་བྱང་ཆུབ་ཀྱི་སེམས ་འདོར་བ་དང། སེམས་ཅན་ཡོངས་སུ་སྨིན་པར་བྱེད་བའི་སྦྱོར་བའི་བར་དུ་གཅོད་པ་སེམས་ཅན་ཐམས་ཅད་ལ་ཁོང་ཁྲོ་པའི་སེམས་དང། མ་ནོར་བར་སྦྱོར་བའི་བར་དུ་གཅོད་པ་ལྟ་བར་གྱུར་པ་ཐམས་ཅད་ལ་མི་རྟོག་པ་དང། ། ་ཡོངས་སུ་རྟོག་པར་སྦྱོར་བའི་བར་དུ་གཅོད་པའི་སེམས་ཅན་ཐམས་ཅད་ལ་མངོན་བའི་ང་རྒྱལ་ཅན་ནོ། །དེ་ལས་བཟློག་པ་ནི་བདག་ཉིད་ཐེག་པ་ཆེན་པོ་ལས་མི་གཡོས་པ་དང། སེམས་ཅན་ཐམས་ཅད ་ལ་མི་སྒྲུབ་པའི་གཞི་ཡོངས་སུ་སྤོང་བ་དང། ལོག་པར་སྒྲུབ་པའི་གཞི་རྣམ་པར་སྤོང་བ་དང། ཡོངས་སུ་རྫོགས་པར་མི་འགྱུར་བར་ཡང་དག་པར་སྒྲུབ་པའི་གཞི་ཡོངས་སུ་སྤོང་བས་བདུད་ལས་ཤིན་ཏུ་འདའ་བར་རིག་བྱའོ། །ཆོས་བཞི་པོ་འདི ་དག་ནི་བྱང་ཆུབ་སེམས་དཔའ་ཨི་དགེ་བའི་རྩ་བ་ཐམས་ཅད་སྡུད་པར་འགྱུར་རོ། །ཞེས་བྱ་བ་ནི་དགེ་བ་རྣམ་པ་བཞིའི་དབང་དུ་བྱས་ནས་ཆོས་བཞི་པོ་དག་དགེ་བའི་ཆོས་སྡུད་པར་འགྱུར་བར་རིག་པར་བྱ་སྟེ། མཉམ་པར་བཞག་པའི་ས་པ་སྟེ། ་བསྒོམ་པའི་རྗེས་སུ་འགྲོ་བ་དང། མཉམ་པར་མ་བཞག་པའི་ས་པ་ལ་རྣམ་པ་གསུམ་སྟེ། སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའི་རྗེས་སུ་འགྲོ་བ་དང། བྱ་དཀའ་བ་སྤྱོད་པའི་རྗེས་སུ་འགྲོ་བ་དང། ཐོས་པ་དང་སེམས་པའི་རྗེས་སུ་འགྲོ་བའོ ་ཚུལ་འཆོས་པ་མེད་པར་དགོན་པ་ལ་གནས་ཏེ། བསྒོམ་པས་ནི་བསྒོམ་པའི་རྗེས་སུ་འགྲོ་བའི་དགེ་བ་སྟོན་ཏོ། །ལན་དུ་ཕན་འདོགས་པ་རེབ?་མེད་པར་སེམས་ཅན་སྨིན་པར་བྱེད་པས་སྦྱོ་བས་ནི་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའི ་རྗེས་སུ་འགྲོ་བའོ། །སེམས་ཅན་ཐམས་ཅད་ལ་ལུས་དང་སྲོག་གཏོང་ཞིང་དམ་པའི་ཆོས་ཡོངས་སུ་ཆོལ?་བའི་རྩོམ་པར་ནི་བྱ་དཀའ་བ་སྤྱོད་བའི་རྗེས་སུ་འགྲོ་བའོ། །ཐོས་པས་ངོམས་མི་མྱོང་བ་དང་དོན་གྱིས་ངོམས་མི་མྱོང་ཞིང། དགེ ་བའི་རྩ་བའི་ཆོས་ཐམས་ཅད་ཡང་དག་པར་སྡུད་པའི་བརྩོན་འགྲུས་ཀྱིས་ནི་ཐོས་བ་དང། སེམས་པའི་རྗེས་སུ་འགྲོ་བའོ། །བྱང་ཆུབ་སེམས་དཔའ་ཨི་བསོད་ནམས་ཀྱི་ཚོགས་དཔག་ཏུ་མེད་པ་བཞི་སྟེ་།བཞི་གང་ཞེ་ན། ཞེས་བྱ་བ ་ནི་སེམས་ཅན་རྣམས་གནས་བཞི་ལས་རྣམ་པར་གནོན་པའི་དབང་དུ་བྱས་ནས་བཞི་པའོ། །བཞི་པོ་གང་དག་ལS་ཤེ་ན་སོམ་ཉི་དང། ཡིད་གཉིས་དང། ཐེ་ཚོམ་དང། ངན་སོང་ངན་འགྲོ་ལོག་པར་ལྟུང་བ་དང། ཐེག་པ་ཆུང་དུ་ལ་མོས་པ་དང། ་བསྟན་བ་ལ་གནོད་པར་སེམས་ཤིང་ཁོང་ཁྲོ་བ་ལས་སོ། །དེ་ལ་ཟང་ཟིང་མེད་པའི་སེམས་ཀྱིས་ཆོས་བྱིན་པས་ན་སོམ་ཉི་དང། ཡིད་གཉིས་དང། ཐེ་ཚོམ་ལས་བཟློག་གོ་།ངང་ཚུལ་ངན་པ་རྣམས་ལ་ཆེར་སྙིང་རྗེ་བས་ནི་ངན་སོང་ངན་འགྲོ་ལོག་པར ་ལྟུང་བ་ལས་ཟློག་གོ་།སེམས་ཅན་ཐམས་ཅད་ལ་བྱང་ཆུབ་ཀྱི་སེམས་སྟོན་པས་ནི་ཐེག་པ་ཆུང་དུ་ལ་མོས་པ་ལས་བཟློག་གོ་།ཉམ་ཆུང་བ་རྣམས་ལ་བཟོད་པས་བསྟེན་པས་ནི་བསྟན་པ་ལ་གནོད་པར་སེམས་ཤིང། ཁོང་ཁྲོ་བ་ལས་བཟློག་སྟེ། ་ཉམ་ཆུང་བ་རྣམས་རྗེས་སུ་མི་བསྲུང་བས་བསྟན་པ་ལ་ཁོང་ཁྲོ་བའོ། །འོད་སྲུང་བྱང་ཆུབ་སེམས་དཔའ་ནི་མིང་ཙམ་གྱི་བྱང་ཆུབ་སེམས་དཔའ་ཞེས་མི་བྱ་སྟེ་ཞེས་བྱ་བ་ནི་ཡང་དག་པར་སྒྲུབ་པའི་རབ་ཏུ་དབྱེ་བ་བསྟན་པའི་ཕྱིར་མདོ་སྡེའི་མཚམས་སྦྱོར ་བརྩོམ་མོ། །ཆོས་སྤྱོད་པ་ལ་སོགས་པ་སྨོས་པས་ནི་ཁྱད་པར་དང། ཁྱད་པར་མེད་པ་དང། གཏོགས་པ་དང་ཐབས་བསྟན་པའི་ཕྱིར་རོ། །ཆོས་སྤྱོད་པ་ནི་ཉན་ཐོས་པ་ལ་སོགས་པ་ལས་སོ། །བྱང་ཆུབ་སེམས་དཔའ་ཨི་སྤྱོད་པ་ཁྱད་པར་དུ་སྟོན་ཏོ། ། ་སྙོམས་པར་སྤྱོད་པས་ནི་བདག་དང་གཞན་མཉམ་པ་ཉིད་པས་སེམས་ཅན་ཐམས་ཅད་ལ་བྱང་ཆུབ་སེམས་དཔའ་ཨི་སྤྱོད་པ་ཁྱད་པར་མེད་པར་སྟོན་ཏོ། །དགེ་བ་སྦྱོར་བས་ནི་བྱང་ཆུབ་སེམས་དཔའ་ཨི་སྤྱོད་པར་གཏོང?་བསྟོན་ཏོ། །དགེ་བ་ཤིན་ཏུ་རྣམ་པར་དག ་པ་མཐར་ཕྱིན་པས་སངས་རྒྱས་སུ་འགྲུབ་པར་གཏོགས་པའི་ཕྱིར་རོ། །ཆོས་ལ་གནས་པས་ནི་བྱང་ཆུབ་སེམས་དཔའ་ཨི་སྤྱོད་པ་འདིའི་ཐབས་སྟོན་ཏོ། །དེ་ལ་བྱང་ཆུབ་སེམས་དཔའ་ཨི་ཆོས་སྤྱོད་པ་ནི་ཁྱད་པར་རྣམ་པ་ལྔས་ཉན་ཐོས་ལ་སོགས་པ་ལས ་ཁྱད་པར་དུ་འཕགས་པར་སྟོན་ཏེ་།སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བའི་བསམ་པ་ཞེས་བྱ་བ་ནི་བསམ་པའི་ཁྱད་པར་ཏེ། བསམ་པ་དག་པའི་བྱང་ཆུབ་སེམས་དཔའ་བདག་དང་འདྲ་བར་སེམས་ཅན་ཐམས ་ཅད་ལ་ཕན་པ་དང། བདེ་བར་བསམ་པ་ཡིན་ཏེ། ཉན་ཐོས་ལ་སོགས་པ་ནི་མ་ཡིན་ནོ། །སྦྱོར་བའི་ཁྱད་པར་རྣམ་པ་བཞི་སྟེ། ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་འཛུད་ཅེས་བྱ་བ་ལ་བྱང་ཆུབ་སེམས་དཔའ་ནི་སེམས་ཅན་རྣམས ་ཐམས་ཅད་མཁྱེན་པ་ཉིད་ལ་འཛུད་ཀྱི་ཉན་ཐོས་ལ་སོགས་པ་ནི་མ་ཡིན་ནོ། །བདག་ཅི་རེ་ཞེས་ཡོངས་སུ་འཇལ་ཞིང་བཞན་གྱི་ཤེས་པ་ལ་མི་སྨོད་ཅེས་བྱ་བ་ལ། བྱང་ཆུབ་སེམས་དཔའ་རྣམས་ནི་བདག་དང་ཉན་ཐོས་ལ་སོགས་པའི་ཕྱི? ་བྲག་མཁྱེན་གྱི། ཉན་ཐོས་ལ་སོགས་པས་ནི་བྱང་ཆུབ་སེམས་དཔའ་ཨི་བྱེ་བྲག་མི་ཤེས་སོ། །ང་རྒྱལ་མེད་ཅེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་རྣམས་ཆོས་ལ་བདག་མེད་པ་རབ་ཏུ་རྟོགས་པས་དེ་རྣམ་པར་འཇིག་པཱི་ཕྱིར་ཉོན་མོངས ་པ་ཅན་མ་ཡིན་ཡང། ང་རྒྱལ་མེད་པ་ཡིན་གྱི། ཉན་ཐོས་རྣམས་ནི་བདག་ཅག་སྦྱིན་གནས་ཀྱི་བྱེ་བྲག་ཡིན་ནོ་སྙམ་མོ། །ལྷག་པའི་བསམ་པ་བརྟན་པ་ཞེས་བྱ་བ་ལ། བྱང་ཆུབ་སེམས་དཔའ་རྣམས་ནི་སེམས་ཅན་གྱི་དོན་སྦྱོར ་བ་ལ་ལྷག་པའི་བསམ་པ་བརྟན་པ་ཡིན་གྱི། ཉན་ཐོས་རྣམས་ནི་སེམས་ཅན་གྱི་དོན་བཏང་ནས་ཡོངས་སུ་མྱ་ངན་ལས་འདའ་བའ་ཨི་ཕྱིར་རོ། །དེ་ལ་སྙོམས་པར་སྤྱོད་པ་ནི་བྱང་ཆུབ་སེམས་དཔའ་ཨི་མཉམ་པ་ཉིད་བརྒྱད་ཀྱིས་སྟོན་ཏོ། ། ་མཛའ་བ?་མཉམ་པ་ནི་གསུམ་དུ་དབྱེ་སྟེ། བསམ་པ་དང། སྦྱོར་བ་དང། དུས་ཀྱི་བྱེ་བྲག་གོ་།བཅོས་པ་མ་ཡིན་པར་བྱམས་པ་ཞེས་བྱ་བ་ནི་ཟབ་ཟིང་མེད་པའི་བསམ་པ་སྟོན་ཏོ། །མཛའ་བ་དང་མི་མཛའ་བ་ལ་སེམས་སྙོམས་ཞེས་བྱ་བ ་ནི་ཕན་འདོགས་པ་དང། གནོད་པ་བྱེད་པའི་རྣམས་ལ་སྙོམས་པར་སྦྱོར་བ་བསྟན་ཏོ། །མྱ་ངན་ལས་འདས་བའི་མཛའ་ཨི་བར་དུ་རབ་ཏུ་མཛའ་བ་ཞེས་བྱ་བ་ནི་དུས་ཐམས་ཅད་དུ་མཛའ་བར་སྟོན་ཏོ། །ཚིག་ཚོད་འཛིན་ཅིང་འཛུམ་པའི་བསམ་པས་བཞིན ་གྱིས་གསོང་པོར་སྨྲ་བ་ཞེས་བྱ་བ་ནི། རབ་ཏུ་དགའ་བར་བྱེད་པ་མཉམ་པར་སྟོན་ཏེ། སེམས་དང་བས་རབ་ཏུ་དགའ་བར་བྱེད་པའི་ཕྱིར་རོ། །ཁུར་བླངས་པ་རྣམས་མི་འདོར་བ་ཞེས་བྱ་བ་ནི་གྲོགས་སུ་གྱུར་པ་མཉམ་པར་སྟོན་ཏེ། ཁུར་ཇི་ལྟར་བླངས་པ་མི ་འདོར་བའི་ཕྱིར་རོ། །སེམས་ཅན་ཐམས་ཅད་ལ་སྙིང་རྗེ་ཆེན་པོ་ཡོངས་སུ་མ་བཅད་པ་ཞེས་བྱ་བ་ནི་སྙིང་རྗེ་མཉམ་པར་སྟོན་ཏེ། ཕྱོགས་སུ་ལྟུང་བས་ཁུར་བླངས་པ་ཡིན་པའི་ཕྱིར་རོ། །ཡིད་ཡོངས་སུ་མི་སྐྱོ་བ་ཞེས་བྱ་བ་ནི་།ཡིད་དེ་ཡོངས་སུ་མི་སྐྱེ་བ་མཉམ་པར་སྟོན་ཏེ། ཡིད་མི་བདེ་བ ་མེད་པར་ཁུར་སྒྲོལ་བའི་ཕྱིར་རོ།། དམ་པའི་ཆོས་ཡོངས་སུ་ཚོལ་བའི་ཕྱིར་རོ། །ཐོས་པ་དང་དོན་གྱིས་ངོམས་མི་མྱོང་བ་ཞེས་བྱ་བ་ནི་ཐབས་མཁས་པ་མཉམ་པར་སྟོན་ཏོ། །ཐོས་པ་དང་དོན་ལ་མཁས་པས་འདུལ་བ་ཇི་ལྟ་བ་བཞིན་དུ་འདུལ་བ་ལ ་མཁས་པའི་ཕྱིར་རོ། །བདག་གི་འཁྲུལ་པ་རྣམས་ལ་ཉེས་པར་ལྟ་ཞིང་གཞན་གྱི་འཁྲུལ་པ་རྣམས་ལ་མི་གཤེ་བར་བསྒོ་ཞེས་བྱ་བ་ནི་བསྒོ་བ་མཉམ་པར་སྟོན་ཏེ། གང་བདག་གིས་ཉེས་པ་མཐོང་ལ། འཁྲུལ་པའི་ཚིག་གིས་བསྒོ་ན་ནི་བསྒོ་བ་མཉམ་པར་མི ་འགྱུར་རོ། །སྤྱོད་པ་ཐམས་ཅད་དུ་བྱང་ཆུབ་གྱི་སེམས་ཡོངས་སུ་སྤྱོད་བ་ཞེས་བྱ་བ་ནི་བསྔོ་བ་མཉམ་པར་སྟོན་ཏོ། །དགེ་བར་བྱ་བ་ཐམས་ཅད་མཚུངས་པར་བྱང་ཆུབ་ཆེན་པོར་ཡོངས་སུ་བསྔོ་བའི་ཕྱིར་རོ། །དགེ་བ་སྤྱོད་པ་ནི་རྣམ་པར་སྨིན་པར? ་?་བའི་གཏོང་བ་ཞེས་བྱ་བ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དག་གིས་སྟོན་ཏེ། ཕ་རོལ་ཏུ་ཕྱིན་པ་རེ་རེའི་མི་མཐུན་པའི་ཕྱོགས་ཀྱི་གཉེན་པོ་བརྗོད་པའི་ཕྱིར་སྦྱིན་པ་ལ་སོགས་པའི་རང་གི་མི་མཐུན་པའི་ཕྱོགས་དང་བྲལ་བ་རྣམས་ནི ་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་སྟོན་ཏོ། །སྲིད་པར་སྐྱེ་བ་ཐམས་ཅད་ལ་མི་གནས་པའི་ཚུལ་ཁྲིམས་མ་ཡིན་པ་ཡང་ཡོད་པས་དེའི་ཕྱིར། སྲིད་བར་སྐྱེ་བ་ཐམས་ཅད་ལ་མི་གནས་པའི་ཚུལ་ཁྲིམས་ཞེས ་བྱ་བ་གསུངས་སོ། སེམས་ཅན་ཐམས་ཅད་ལ་བཟོད་པ་ནི་ལུས་དང་ངག་གིས་བཟོད་ཀྱི། ཁོང་ཁྲོ་བ་མེད་པའི་སེམས་ཀྱིས་བཟོད་པ་མ་ཡིན་པ་ཡང?་པས་དེའི་ཕྱིར། སེམས་ཅན་ཐམས་ཅད་ལ་ཁོང་ཁྲོ་བ་མེད་པའི་བཟོད་པ་ཞེས ་གསུངས་སོ། །དགེ་བའི་རྩ་བ་ཐམས་ཅད་ཡང་དག་པར་སྡུད་པའི་བརྩོན་འགྲུས་ཞེས་བྱ་བ་ནི་ཐེག་པ་གསུམ་དང་རབ་ཏུ་ལྡན་པའི་དགེ་བའི་རྩ་བ་ཡང་དག་པར་སྡུད་པའོ་།གཟུགས་མེད་པའི་ཁམས་དང་བྲལ་བའི་བསམ ་གཏན་ཞེས་བྱ་བ་ནི་གཟུགས་མེད་པའི་ཁམས་སུ་སྐྱེ་བ་དང་བྲལ་བའི་བསམ་གཏན་དུ་རིག་པར་བྱ་སྟེ། སྙོམས་པར་འཇུག་པ་ནི་མ་ཡིན་ནོ། །གཟུགས་ཀྱི་ཁམས་སུ་སྐྱེ་བའི་བྱང་ཆུབ་སེམས་དཔའ་རྣམས་ནི་བདག་གི་སངས་རྒྱས ་གྱི་ཆོས་རྣམས་ཡོངས་སུ་སྨིན་པར་བྱེད་པར་འགྱུར་ཏེ། འཇིག་རྟེན་གྱི་ཁམས་གཞན་གྱི་སངས་རྒྱས་ལ་བསྙེན་བཀུར་བྱེད་པའི་ཕྱིར་རོ། །འདོད་པའི་ཁམས་སུ་སྐྱེ་བ་ནི་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པར་འགྱུར་ཏེ། གཟུགས་མེད ་པའི་ཁམས་སུ་སྐྱེ་བ་ནི་དེ་ལྟ་མ་ཡིན་ནོ། །ཐབས་ལ་མཁས་པའི་བསྡུ་བའི་དངོས་པོ་བཞི་དང་རབ་ཏུ་ལྡན་བའི་ཐབས་ཀྱིས་ཟིན་པའི་ཤེས་རབ་ཅེས་བྱ་བ་ལ། དེ་ནི་བསྡུ་བའི་དངོས་པོ་བཞི་པོ་དག་གིས་སྟོན་ཏོ། །ཆོས་ལ་གནས་པ་ནི་སྦྱོར ་བ་དང་རང་བཞིན་དང་འབྲས་བུས་ཡང་དག་པར་སྟོན་ཏོ། །སྦྱོར་བ་ནི་རྣམ་པ་གསུམ་སྟེ། ཚུལ་ཁྲིམས་དང་ལྡན་པ་དང། ཚུལ་ཁྲིམས་འཆལ?་པ་རྣམས་ལ་གཉིས་སུ་མེད་པའི་བྱམས་པ་ཞེས་བྱ་བ་ནི་གདམས་ངག་འདོམ ་པ་འདི་ནི་སྡོམ་པ་ལ་གནས་པ་འདི་ནི་སྡོམ་པ་ལ་གནས་པ་མ་ཡིན་ཞེས་གདམས་ངག་འདོམས་པ་རྣམས་ཀྱི་ཡོན་ཏན་དང་ཉེས་པ་ལ་མི་རྟོག་བར་གདམས་ངག་དོན་དུ་གཉེར་བ་གདམས་ངག་འདོམས་པའི་གན་དུ་འགྲོ་བའོ། །བསྟི་སྟང་དུ ་བྱས་ཏེ་ཆོས་ཉན་པར་བྱེད་ཅེས་བྱ་བ་ནི་བསྟི་སྟང་དུ་བྱས་ནས་གང་ནS་དག་ཡོངས་སུ་འཛིན་པའོ། །བསྟི་སྟང་དུ་བྱས་ཏེ། དགོན་པ་ལ་གནས་པ་ལ་མངོན་པར་དགའ་བ་ཞེས་བྱ་བ་ནི་ལུས་ཀྱིས་མི་འདྲེ་ཞིང་རབ་ཏུ་དབེན་པར་གནས་པ་སྟེ། ་ཚིག་དེ་གསུམ་བྱིས་ནི་སྦྱོར་བ་སྟོན་ཏོ། །གསུམ་པོ་གང་དག་གིས་རང་བཞིན་སྟོན་ཅེས་འཇིག་རྟེན་གྱི་སྣ་ཚོགས་དག་ལ་མི་དགའ་ཞེས་བྱ་བ་ནི་སེམས་ཀྱིས་མི་འདྲེ་ཞིང། རྣམ་པར་གཡེང་བ་མེད་པའོ། །ཐེག་པ་ཆུང་དུ་མི་འདོད་ཅིང། ཐེག ་པ་ཆེན་པོའི་ལེགས་པ་ལ་ལྟ་བ་ཞེས་བྱ་བ་ནི་ཉན་ཐོས་ཀྱི་ཐེག་པ་དང་རབ་ཏུ་ལྡན་པའི་ཡིད་ལ་བྱེད་པ་ལས་ཤིན་ཏུ་འདས་ནས་ཐེག་པ་ཆེན་པ་དང་རབ་ཏུ་ལྡན་པ་ཡིད་ལ་བྱེད་པ་ཕུན་སུམ་ཚོགས་པའོ། །སྡིག་པའི་གྲོགས་པོ་ཡོངས་སུ་སྤོང་ཞིང ་དགེ་བའི་བཤེས་གཉེན་ལ་བརྟེན་པ་ཞེས་བྱ་བ་ནི་རབ་ཏུ་དབེན་པ་ལ་བརྩོན་བ་འདོར་བའི་སེམས་ཅན་དང་མི་འགྲོགས་ལ། དེ་མ་ཡིན་པ་དག་དང་འགྲོགས་པ་སྟེ། གྲོགས་ཕུན་སུམ་ཚོགས་པའོ། །ཚོས?་ལ་གནས་པ་གང་ཡིན་ཞེ་ན། ཞི་གནས ་དང་ལྷག་མཐོང་ལས་རྣམ་པར་གཡེང་བ་མེད་པས་བསྡུས་པ་དང། གང་གིས་ཤེ་ན། ཡིད་ལ་བྱེད་པ་དང། གང་དག་གིས་ཤ་ན། གྲོགས་པོ་དག་གིས་ཏེ། འདི་ནི་ཆོས་ལ་གནས་པའི་རང་བཞིན་ནོ། །འབྲས་བུ་ནི་རྣམ་པ་གཉིས་ཏེ། སེམས ་རྣམ་པར་དག་པ་དང། སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའོ། །དེ་ལ་སེམས་རྣམ་པར་དག་པ་ནི་ཤེས་རབ་རྣམ་པར་དག་པ་སྟེ། འཇིག་རྟེན་པ་དང། འཇིག་རྟེན་པ་ལས་འདས་པར་རིག་པར་བྱའོ། །ཚངས་པའི་གནས་པ་བཞི་སྒྲུབ་པ་དང ་མངོན་པར་ཤེས་པ་ལྔས་རྣམ་པར་རྩོན་པས་ནི་འཇིག་རྟེན་པའི་ཡེ་ཤེས་རྣམ་པར་དག་པ་ལ་བརྟེན་ནས་བསོད་ནམས་ཀྱི་ཚོགས་ཆེན་པོ་དང། མཐུ་བསྒོམས་བའི་འབྲས་བུ་མྱོང་བས་འཇིག་རྟེན་པའི་ཤེས་རབ་རྣམ ་པར་དག་པར་རིག་པར་བྱའོ། །ཡེ་ཤེས་ཀྱི་ཕྱིར་འབྲང་བ་ནི་འཇིག་རྟེན་པའི་ཤེས་པས་ཆོག་པར་མི་འཛིན་ཏེ། འཇིག་རྟེན་ལས་འདས་པའི་ཤེས་རབ་ཡོངས་སུ་རབ་ཏུ་ཚོལ་ཞིང་རྣམ་བར་སྦྱོར་བས་ཤེས་རབ་རྣམ་པར་དག་པར་རིག་པར ་བྱའོ། །སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་ནི་ཚིག་རྣམ་པ་བཞིས་ཡོངས་སུ་སྟོན་ཏེ་།སྒྲུབ་པ་དང་ལོག་པར་སྒྲུབ་པ་ལ་གནས་པའི་སེམས་ཅན་རྣམས་ཀྱི་མི་གཏོང་བ་ཞེས་བྱ་བ་ནི་འཁྲུག་པར་མི་འགྱུར་བ་ལ་བཟོད་པའི་ཉེས་པ་སྤངས ་ནས་འཁྲུག་པ་ལ་ཇི་མི་སྙམ་པའོ། །གཅིག་ཏུ་ཆད་པར་སྨྲ་བ་ཞེས་བྱ་བ་ནི་གཟུང་བར་འོས་པའི?་ཚིག་སྟེ། གང་གཞན?་དུ་བསྟན་ལ་ཡང་གཞན་ལ་སྨྲ་བ་མ་ཡིན་ནོ། །བདེན་པ་ལ་བཙུན་པར་འཛིན་ཞེས་བྱ་བ་ནི་མཛའ་བ་དང། གུས་པར ་བྱ་བ་རྗེས་སུ་སྲུང་བས་ཇི་སྐད་སྨྲས་བ་དེ་བཞིན་བྱེད་པའོ། །བྱང་ཆུབ་ཀྱི་སེམས་སྔོན་དུ་འགྲོ་བ་ཞེས་བྱ་བ་ནི་ཟང་ཟིང་མེད་པའི་སེམས་ཀྱིས་བྱང་ཆུབ་འཐོབ་བའི་དབང་དུ་བྱས་པའོ། །དེ་ལྟར་ཡང་དག་པར་སྒྲུབ་པའི་རབ་ཏུ་བྱེད་པའི་བྱང་ཆུབ ་སེམས་དཔའ་ཨི་ཡོན་ཏན་གྱི་ཁྱད་པར་བརྗོད་བའི་ཕྱིར་དཔེ་བསྟན་པ་མཛད་དོ། །འོད་སྲུངས་འདི་ལྟ་སྟེ་དཔེར་ན་ས་ཆེན་པོ་འདི་སེམས་ཅན་ཐམས་ཅད་ཀྱི་འཚོ་བ་སྟེ། འགྱུར་བ་མེད་ཅིང་ཕྱིར་བྱ་བ་མེད་པ་དེ་བཞིན་དུ། འོད་སྲུངས ་བྱང་ཆུབ་སེམས་དཔའ་སེམས་དང་པོ་བསྐྱེད་པ་ཡང་བྱང་ཆུབ་ཀྱི་སྙིང་པོའི་མཛའ་ཨི་བར་དུ་སེམས་ཅན་ཐམས་ཅད་ཀྱི་འཚོ་བ་ཡིན་ཏེ། འགྱུར་བ་མེད་ཅིང་བྱ་བ་མེད་དོ་ཞེས་བྱ་བ་དང་ཉེ་བར་བཞག་པ་དང་པོས་ནི་བྱང་ཆུབ་སེམས ་དཔའ་ཨི་སེམས་ཅན་རྣམས་ཀྱི་མངོན་པར་འབྱུང་བའི་དོན་ལས་བརྩམས་ནས་སྐྱེ་བོའི་ལོ་ཏོག་ཡིད་དུ་འོང་བ་རྣམ་བ་སྣ་ཚོགས་ཀྱི་གནས་སུ་སྟོན་ཏོ། །འགྱུར་བ་མེད་ཅིང་ལེན་དུ་ཕན་འདོགས་པར་རེ་བ་མེད་ཅེས་བྱ་བ་ལ། གནོད་པར་བྱེད་པ་ལ ་ནི་འགྱུར་བ་མེད་དོ། །ཕན་བཏགས་པ་ལ་ནི་ལན་ལ་རེ་བ་མེད་དེ། ཁོང་ཁྲོ་བ་དང་རྗེས་སུ་ཆགས་པས་སེམས་མ་ཟིན་པའོ། །འོད་སྲུངས་འདི་ལྟ་སྟེ་དཔེར་ན་ཆུའི་ཁམས་རྩཝ་དང། ཤིང་གེལ?་བ་དང། སྨན་དང། ནགས་ཚལ་ཐམས་ཅད་སྐྱེ་བར ་བྱེད་བ་དེ་བཞིན་དུ། འོད་སྲུངས་བྱང་ཆུབ་སེམས་དཔའ་བསམ་པ་དག་བ་ཡང་སེམས་ཅན་ཐམས་ཅད་ལ་བྱམས་པས་ཁྱབ་པར་གནས་ནས་སེམས་ཅན་ཐམས་ཅད་ཀྱི་དཀར་པོའི་ཆོས་ཐམས་ཅད་སྐྱེ་བར་བྱེད་དོ། །འོད་སྲུངས་འདི་ལྟ་སྟེ། དཔེར་ན་མེའི ་ཁམས་ལོ་ཏོག་ཐམས་ཅད་ཡོངས་སུ་སྨིན་བར་བྱེད་པ་དེ་བཞིན་དུ། འོད་སྲུངས་བྱང་ཆུབ་སེམས་དཔའ་ཨི་ཤེས་རབ་ཀྱང་དཀར་པོའི་ཚོས་ཐམས་ཅད་ཡོངས་སུ་སྨིན་པར་བྱེད་དོ། །འོད་སྲུངས་འདི་ལྟ་སྟེ?་དཔེར་ན་རླུང་གི་ཁམས་སངས་རྒྱས་ཀྱི་ཞིང་ཐམS ་ཅད་རྣམ་བར་སྤྲུལ་པ་དེ་བཞིན་དུ། འོད་སྲུངས་བྱང་ཆུབ་སེམས་དཔའ་ཨི་ཐབས་ལ་མཁས་པ་ཡང་སངས་རྒྱས་ཀྱི་ཆོས་ཐམས་ཅད་རྣམ་པར་སྒྲུབ་པོ་ཞེས་བྱ་བ་དཔེ་གཉིས་པ་དང། གསུམ་པ་དང་བཞི་པ་དག་གིས་ནི་གདོན་མི་ཟ་བར་ལེགས ་བའི་དོན་ལས་བརྩམས་ཏེ་སེམས་ཅན་རྣམས་ཀྱི་དགེ་བའི་རྩ་བ་བསྐྲུན་པ་དང། ཡོངས་སུ་སྨིན་པར་བྱེད་པ་དང། མཐར་ཐུག་པར་འགྲོ་བའི་རྒྱུ་ཉིད་དུ་སྟོན་ཏོ། །འོད་སྲུངས་འདི་ལྟ་སྟེ། དཔེར་ན་ཟླ་བའི་དཀྱིལ་འཁོར་ཡར་གྱི་དོ་ལ་སྐྱེ་ཞིང། གང ་བར་འགྱུར་བ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་བསམ་པ་དག་པ་ཡང་དགེ་བའི་ཆོས་ཐམས་ཅད་ཀྱིས་སྐྱེ་ཞིང་རྫོགས་པར་འགྱུར་རོ་ཞེས་བྱ་བ་དབེ་ལྔ་པས་ནི་རང་གི་དོན་ལས་བརྩམས་ཏེ། བདག་གི་བྱང་ཆུབ་ཀྱི་ཚོགས་རྣམ་པར་འཕེལ ་བར་སྟོན་ཏོ། །འོད་སྲུངས་འདི་ལྟ་སྟེ། དཔེར་ན་ཉི་མའི་དཀྱིལ་འཁོར་གྱི་འོད་ཟེར་གཅིག་བཏང་བས་སེམས་ཅན་ཐམས་ཅད་ལ་སྣང་བར་བྱེད་པ་དེ་བཞིན་དུ་འོད་སྲུངས་བྱང་ཆུབ་སེམས་དཔའ་ཨི་ཤེས་རབ་ཀྱི་འོད ་ཟེར་གཅིག་བཏང་བས་སེམས་ཅན་ཐམས་ཅད་ལ་ཡེ་ཤེས་སྣང་བར་བྱེད་དོ་ཞེས་བྱ་བ་དཔེ་དྲུག་པས་ནི་བདག་དང་གཞན་གྱི་རྒྱུད་ལ་ཤེས་རབ་ཀྱི་སྣང་བར་བྱེད་པས་གཉིས་གའི་དོན་སྒྲུབ་པའི་རྒྱུ་ཉིད་དུ་སྟོན་ཏོ། །འོད་སྲུངས་འདི་ལྟ་སྟེ། དཔེར ་ན་རི་དགས་ཀྱི་རྒྱལ་པོ་སེངྒེ་གངས་ནས་གར?་འགྲོ་བ་ཐམས་ཅད་དུ་མི་འཇིགས་མི་སྐྲག་པར་འགྲོ་བ་དེ་བཞིན་དུ། འོད་སྲུངས་བྱང་ཆུབ་སེམས་དཔའ་ཚུལ་ཁྲིམས་དང་བསླབ་པ་དང། སྦྱངས་པའི་ཡོན་ཏན་དང། ཡོ་བྱད་བསྙུངས ་པ་ལ་གནས་པ་ཡང་གང་ནས་གར་འགྲོ་ཡང་ཐམས་ཅད་དུ་མི་འཇིགས་མི་སྐྲག་པར་འགྲོ་བའོ་ཞེས་བྱ་བ་དཔེ་བདུན་པས་ནི་འཁོར་བ་དང་མྱ་ངན་ལས་འདས་པས་མི་སྐྲག་པའི་ཕྱིར་དེ་གཉི་ག་ལ་མི་གནས་པར་སྟོན་ཏོ། །འོད་སྲུངས་འདི ་ལྟ་སྟེ། དཔེར་ན་བལ་གྱི་གླང་པོ་ཆེ་ཤིན་ཏུ་དུལ་བ་ཁུར་ཐམས་ཅད་ཁྱེར་བས་མི་སྒྱོ་བ་དེ་བཞིན་དུ་འོད་བསྲུངས་བྱང་ཆུབ་སེམས་དཔའ་ཤིན་ཏུ་དུལ་བ་ཡང་སེམས་ཅན་ཐམས་ཅད་ཀྱི་དོན་གྱི་ཕྱིར་ཕུང་པོ་ལྔའི་ཁུར་ཁྱེར་བའི ་ཡོངས་སུ་མི་སྐྱོའོ། །ཞེས་བྱ་བ་དཔེ་བརྒྱད་པས་ནི་འཁོར་བ་ན་ཁུར་གྱིས་ཡོངས་སུ་མི་སྐྱོ?་བར་སྟོན་ཏོ། །འོད་སྲུངས་འདི་ལྟ་སྟེ། དཔེར་ན་པདམོ་ཆུ་ལས་སྐྱེས་བྱང་ཆུབ་མི་གོས་པ་དེ་བཞིན་དུ། འོད་སྲུངས་བྱང་ཆུབ་སེམས་དཔའ་ ་འཇིག་རྟེན་གྱི་ནང་དུ་སྐྱེས་ཀྱང་འཇིག་རྟེན་གྱི་ཆོས་གྱིས་མི་གོས་སོ?་ཞེས་བྱ་བ་དབེ་དགུ་པས་ནི་འཁོར་བ་ན་ཀུན་ནས་ཉོན་མོངས་པ་མེད་པར་སྟོན་ཏོ། །འོད་སྲུངས་འདི་ལྟ་སྟེ། དཔེར་ན་ཤིང་ཡལ་ག་བཅད་ཀྱང་རྩ་བ་མ་ཉམས ་ན་སླར་ཡང་སྐྱེ་བ་དེ་བཞིན་དུ་འོད་སྲུངས་བྱང་ཆུབ་སེམས་དཔའ་ཐབས་ལ་མཁས་པ་ཡང་ཉོན་མོངས་པ་བཅད་ཀྱང་དགེ་བའི་རྩ་བ་མ་ཉམས་ན་སླར་ཡང་ཁམས་གསུམ་དུ་སྐྱེའོ་ཞེས་བྱ་བ་དཔེ་བཅུ་པས་ནི་ཀུན་ནས་ཉོན་མོངས་པ་མེད་ཀྱང་ཇི ་ལྟར་ཡོངས་སུ་མྱ་ངན་ལས་མི་འདའ་བ་སྟོན་ཏོ། །འོད་སྲུངས་འདི་ལྟ་སྟེ། དཔེར་ན་ཕྱོགས་དང་ཕྱོགས་མཚམས་ཐ་དད་པ་ནས་ཀླུང་ཆེན་པོའི་ཆུའི་ཕུང་པོ་རྒྱ་མཚོ་ཆེན་པོར་བབ་ན་འདི་ལྟ་སྟེ་ལན་ཚྭའི་རོར་ཐམས་ཅད་རོ་གཅིག་པར་འགྱུར་བ་དེ ་བཞིན་དུ། འོད་སྲུངས་བྱང་ཆུབ་སེམས་དཔའ་ཨི་དགེ་བའི་རྩ་བ་སྒོ་ཐ་དད་པ་ནས་བསགས་པ་བྱང་ཆུབ་ཏུ་བསྔོས་པ་ཡང་འདི་ལྟ་སྟེ་ཐམས་ཅད་མཁྱེན་པའི་རོར་ཐམས་ཅད་རོ་གཅིག་པར་འགྱུར་རོ་ཞེས་བྱ་བ་དཔེ་བཅུ་གཅིག་པས་ནི་དགེ་བའི་རྩ་བ ་རྣམས་ལ་སྦྱོར་བ་བསྔོ་བས་ཡོངས་སུ་ཟིན་པས་བྱང་ཆུབ་ཀྱི་རྒྱུར་སྟོན་ཏོ། །འོད་སྲུངས་འདི་ལྟ་སྟེ་དཔེར་ན་རི་རབ་ལ་རྒྱལ་ཆེན་བཞིའི་རིས་དང། སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་རབ་ཏུ་གནས་པ་དེ་བཞིན་དུ། འོད་སྲུངས་བྱང་ཆུབ་ཀྱི་སེམས ་ཀྱི་དགེ་བའི་རྩ་བ་ལ་བྱང་ཆུབ་སེམས་དཔའ་ཨི་ཐམས་ཅད་མཁྱེན་པ་གནས་པར་བལྟའོ་ཞེས་བྱ་བ་དཔེ་བཅུ་གཉིས་པས་ནི་ཉན་ཐོས་དང་མཐུན་པའི་མྱ་ངན་ལས་འདས་པ་ཡོངས་སུ་འདོར་ཏེ། དེ་དག་ནི་རང་གི་སྨོན་ལམ་དང་དགེ་བའི་རྩ་བ་ལ་ཡང ་བོར?་ན་ཡོངས་སུ་མྱ་ངན་ལས་འདའ་ཨོ། །བྱང་ཆུབ་སེམས་དཔའ་དག་ནི་ཡོངས་སུ་མྱ་ངན་ལས་འདས་ཀྱང་རང་གི་སྨོན་མི་འདོར་ལ། དགེ་བའི་རྩ་བ་སྦྱོར་ཡང་ཐོབ་པར་སྟོན་ཏོ། །འོད་སྲུངས་འདི་ལྟ་སྟེ། དཔེར་ན་བློན་པོས་ཡོངས་སུ་ཟིན་པའི ་རྒྱལ་པོ་རྣམས་རྒྱལ་སྲིད་ཀྱི་བྱ་བ་ཐམས་ཅད་བྱེད་པ་དེ་བཞིན་དུ། འོད་སྲུངས་བྱང་ཆུབ་སེམས་དཔའ་ཨི་ཤེས་རབ་དང་ཐབས་ཀྱི་ཟིན་པ་ཡང་སངས་རྒྱས་ཀྱི་བྱ་བ་ཐམས་ཅད་བྱེད་དོ་ཞེས་བྱ་བ་དཔེ་བཅུ་གསུམ་པས་ནི་ཡོངས་སུ་མྱ་ངན ་ལས་འདས་པ་དག་ཇི་ལྟར་སེམས་ཅན་གྱི་བྱ་བ་བྱེད་ཅེས་བྱ་བ་རབ་ཏུ་སྒྲུབ་པ་སྟོན་ཏོ། །འོད་སྲུངས་འདི་ལྟ་སྟེ་དཔེར་ན་སྤྲིན་ཆེན་པོ་ལས་བྱུང་བའི་ཆར་གྱི་རྒྱུན་ལོ་ཏོག་ཐམས་ཅད་མངོན་པར་འབབ་པོ་དེ་བཞིན ་དུ། འོད་སྲུངས་བྱང་ཆུབ་སེམས་དཔའ་ཨི་སྙིང་རྗེ་ཆེན་པོ་དང། མང་དུ་ཐོས་པའི་ཆོས་ཀྱི་སྤྲིན་ལས་བྱུང་བའི་བྱང་ཆུབ་སེམས་དཔའ་ཨི་དམ་པའི་ཆོས་ཀྱི་ཆར་ཡང་སེམས་ཅན་ཐམས་ཅད་ལ་མངོན་པར་འབབ་པོ་ཞེས་བྱ་བ་བཅུ་བཞི་པ་དང། འོད ་སྲུངས་འདི་ལྟ་སྟེ་དཔེར་ན་འཁོར་ལོ་སྒྱུར་པའི་རྒྱལ་པོ་གང་དུ་བྱུང་བ་དེར་རིན་པོ་ཆེ་བདུན་འབྱུང་བ་དེ་བཞིན་དུ། འོད་སྲུངས་བྱང་ཆུབ་སེམས་དཔའ་གང་དུ་བྱུང་བ་དེར་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་པོ་དག་འབྱུང་ངོ ་ཞེས་བྱ་བ་དཔེ་བཅོ་ལྔ་པས་ནི་ཅིའི་ཕྱིར་རྟག་ཏུ་མི་སྟོན་པ་དང། མི་འབྱུང་བ་དུས་ལ་སྡོད་པ་སྟོན་ཏོ། །འོད་སྲུངས་འདི་ལྟ་སྟེ་དཔེར་ན་གང་དུ་ནོར་བུ་རིན་པོ་ཆེ་བཻ་ཌཱུརྱ་འབྱུང་བའི་སྒོར་གྱུར་པ་དེར་ཀ་རཥ་པ་ན་བརྒྱ་སྟོང་འབྱུང་བའི་སྒོར ་འགྱུར་བ་དེ་བཞིན་དུ། འོད་སྲུངས་གང་དུ་བྱང་ཆུབ་སེམས་དཔའ་འབྱུང་བའི་སྒོར་འགྱུར་བ་དེར་ཉན་ཐོས་དང་རང་སངས་རྒྱས་བརྒྱ་སྟོང་མང་པོ་འབྱུང་པའི་སྒོར་འགྱུར་རོ་ཞེས་དཔེ་བཅུ་དྲུག་བས་ནི་ཉན་ཐོས་ལ་སོགས་པ ་དང་མཐུན་པའི་ཡོངས་སུ་མྱ་ངན་ལས་འདས་པ་ལ་ཉེས་པར་སྟོན་ཏེ། ཉན་ཐོས་ལ་སོགས་པ་དེ་ཉིད་ནི་མི་འབྱུང་བར་སྟོན་ཏོ། །འོད་སྲུངས་འདི་ལྟ་སྟེ་དཔེར་ན། ལྷ་སུམ་ཅུ་རྩ་གསུམ་པ་འདྲེས་པའི་ཚལ་དུ་ཞུགས་པ་རྣམས ་གྱི་ལོངས་སྤྱོད་དང། ཡོངས་སུ་སྦྱོང་པ་རྣམས་མཚུངས་པར་གནས་པ་དེ་བཞིན་དུ་འོད་སྲུངས་བྱང་ཆུབ་སེམས་དཔའ་བསམ་པ་དག་བ་ཡང་སེམས་ཅན་ཐམས་ཅད་ཀྱི་བྱ་བ་སེམས་ཅན་ཐམས་ཅད་ལ་ཡང་དག་པར་སྦྱོར་བ་ཡིན་ཞེ ་བྱ་བ་དཔེ་བཅུ་བདུན་པས་ནི་ཉན་ཐོས་ལ་སོགས་པ་ལ་དེའི་ནུས་པ་མེད་པའི་རྒྱུར་སྟོན་ཏེ། ཆོས་མངོན་པར་རྟོགས་པའི་ཁྱད་པར་གྱིས་བྱང་ཆུབ་སེམས་དཔའ་ཨི་བདག་དང་གཞན་མཉམ་པ་ཉིད་པས་སེམས་ཅན་ཐམས་ཅད་ལ་ཡང་དག ་པར་སྦྱོར་བའི་ཕྱིར་རོ། །འོད་སྲུངས་འདི་ལྟ་སྟེ། དཔེར་ན། སྔགས་དང་སྨན་གྱིས་ཡོངས་སུ་བཟུང་བ་དུག་གིས་འཆི་མི་ནུས་པ་དེ་བཞིན་དུ་འོད་སྲུངས་བྱང་ཆུབ་སེམས་དཔའ་ཤེས་རབ་དང་ཐབས་ལ་མཁས་པས་ཡོངས་སུ་གཟུང་བ་ཡང་ཉོན་མོངས ་པའི་དུག་གིས་འཆི་བར་བྱེད་མི་ནུས་སོ་ཞེས་བྱ་བ་དཔེ་བཅོ་བརྒྱད་པ་དང། འོད་སྲུངས་འདི་ལྟ་སྟེ་དཔེར་ན་གྲོང་ཁྱེར་ཆེན་པོའི་ལུང་དེ་ནི་བུ་རམ་ཤིང་གི་ཞིང་དག་དང། རྒྱན་གྱི་ཞིང་དག་ལས་ཕན་པར་གྱུར་པ་ཡིན་ཏེ། དེ་བཞིན་དུ་འོད་སྲུངས ་བྱང་ཆུབ་སེམས་དཔའ་ཨི་ཉོན་མོངས་པའི་ལུད་ཀྱང་ཐམས་ཅད་མཁྱེན་པ་ལ་ཕན་པར་འགྱུར་བ་ཡིན་ནོ། །ཞེས་བྱ་བ་དཔེ་བཅུ་དགུ་པས་བྱང་ཆུབ་སེམས་དཔའ་ཉོན་མོངས་པ་མ་ཟད་ཀྱང་ཉན་ཐོས་ལ་སོགས་པ་ལས་ཁྱད་པར་དུ ་འཕགས་པ་སྟོན་ནོ། །དེའི་ཉོན་མོངས་པ་ཉེས་པར་མི་འགྱུར་བ་དང། ཡོན་ཏན་ཆེན་པོ་བྱེད་པའི་ཕྱིར་རོ། །དཔེ་འདི་རྣམས་ཀྱི་གོ་རིམ་ནི་སྔ་མ་ལས་ཕྱི་མ་བྱེ་བྲག་ཏུ་རྣམ་པར་བཞག་པར་རིག་པར་བྱའོ། །དེ་ཡང་ཇི་ལྟ་བུ་ཞེ་ན། སྨྲས་པ། ་བྱང་ཆུབ་སེམས་དཔའ་སེམས་དང་པོ་བསྐྱེད་པ་ནས་བཟུང་སྟེ་ཐོག་མ་དང། བར་མ་དང། ཐ་མ་དག་ཏུ་སེམས་ཅན་ཐམས་ཅད་ཀྱི་དགེ་བའི་རྩ་བ་མངོན་པར་སྒྲུབ་པའི་གནས་སུ་གྱུར་པས་ཕན་འདོགས་པ་དང། གནོད་པ་བྱེད་པ་ཐམས་ཅད ་ཀྱིས་སེམས་མ་ཟིན་པའི་ཕྱིར་སེམས་དང་མཚུངས་པ་ཡིན་ནོ། །དེ་ལྟ་མོད་ཀྱི་ཇི་ལྟར་ཡལ་བར་འཇོག་པའི་ས་ལ་བརྟེན་ནས་སེམས་ཅན་རྣམས་རང་གི་རྩལ་གྱིས་དེ་ལ་ཉེ་བར་འཚོ་བར་བྱེད་པ་ལྟ་བུ་ནི་མ་ཡིན་ཏེ། བྱང་ཆུབ་སེམས་དཔའ་ ་ནི་དགེ་བའི་རྩ་བ་བསྐྱེད་པའི་ཕྱིར་དད་པ་དང་དགའ་བར་བྱེད་པའི་རླན་གྱིས་བརླན་པར་བྱེད་པས་ཆུ་དང་འདྲ་བ་ཡང་ཡིན་ནོ། །དེ་ལྟ་མོད་ཀྱི་ཇི་ལྟར་ཆུས་ལོ་ཏོག་ཡོངས་སུ་སྨིན་པར་བྱེད་པ་དང ་འགལ་བ་ལྟ་བུ་ནི་མ་ཡིན་ནོ། །དེ་ནི་དགེ་བའི་རྩ་བ་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་སྐྱོ་བར་བྱ་བའི་ཆོས་རྣམས་ལ་སྐྱ་བས་ཀུན་ཏུ་གདུང་བར་བྱེད་པས་མེ་དང་མཚུངས་པ་ཡང་ཡིན་ནོ། །དེ་ལྟ་མོད་ཀྱི་ཇི་ལྟར་མེ་སངས་རྒྱས ་ཀྱི་ཞིང་རྣམ་པར་སྒྲུབ་པ་དང་འགལ་བ་ལྟ་བུ་མ་ཡིན་ཏེ། དེ་ན་དགེ་བའི་རྩ་བ་ཡོངས་སུ་སྨིན་པ་རྣམས་རྣམ་པར་གྲོལ་བ་ལ་རེག་བར་བྱ་བ་མངོན་པར་སྒྲུབ་པ་རྣམ་པར་སྒྲུབ་པ་དང། ཡང་དག་པའི་གདམས་ངག་ཉེ་བར་སྒྲུབ་པས ་རླུང་དང་མཚུངས་པ་ཡང་ཡིན་ནོ། །དེ་ལྟ་མོད་ཀྱི། ཇི་ལྟར་རླུང་མངོན་པར་ལངས་ནས་མེད་པར་གྱུར་པ་དེ་ལྟ་བུ་ནི་མ་ཡིན་ཏེ། ད་ནི་རང་གི་དགེ་བའི་ཆོས་མངོན་པར་འཕེལ་བའི་ཕྱིར་ཟླ་བ་ལྟ་བུ་ཡང་ཡིན་ནོ། །དེ་ལྟ་མོད་ཀྱི ་ཇི་ལྟར་ཟླ་བ་ཡར་གྱི་དོ་ལ་སྣང་ལ། མར་གྱི་ངོ་ལ་མི་སྣང་བ་ལྟ་བུ་མ་ཡིན་ཏེ། བྱང་ཆུབ་སེམས་དཔའ་དེ་ནི་སྤྱིའི་མཚན་ཉིད་ཀྱིས་དམར་པོ་དང་ནག་པོའི་ཕྱོགས་ཀྱི་ཆོས་ཐམས་ཅད་ལ་ཡེ་ཤེས་སྣང་བར་བྱེད་པས་ཉི་མ་དང། ་མཚུངས་པ་ཡང་ཡིན་ནོ། །དེ་ལྟ་མོད་ཀྱི་ཇི་ལྟར་ཉི་མ་གཟའ་སྦྱང་ཀིས་འཇིགས་ནས?་ཡོངས་སུ་འགྱུར་བ་ལྟ་བུ་མ་ཡིན་ཏེ། བྱང་ཆུབ་སེམས་དཔའ་དེ་ནི་འགྲོ་བ་རྣམས་སུ་ཉོན་མོངས་པ་ཐམས་ཅད་ཀྱི་གཟས་འཇིགས་པའི ་འགྱུར་བ་མེད་བས་སེང་གེ་ལྟ་བུ་ཡང་ཡིན་ནོ། །དེ་ལྟ་མོད་ཀྱི་ཇི་ལྟར་སེངྒེ་ཁུར་ཆེན་པོས་?་བ་ལྟ་བུ་ནི་མ་ཡིན་ནོ། །དེ་ནི་སྡུག་བསྔལ་གྱི་ཁུར་ཐམས་ཅད་ཁྱེར་པའི་ཕྱིར་གླང་པོ་དུལ་བ་ལྟ་བུ་ཡང་ཡིན་ནོ། །དེ་ལྟ་མོད་ཀྱི? ་ཇི་ལྟར་གླང་པོ་རྙེད་པ་དང། མ་རྙེད་པ་དང། ཚིག་འཇམ་པ་དང་རྩུབ་པའི་བདེ་བ་དང། སྡུག་བསྔལ་སྤོང་བས་རྗེས་སུ་ཆགས་པ་དང། ཁོང་ཁྲོ་བས་གོས་པ་ལྟ་བུ་ནི་མ་ཡིན་ཏེ། བྱང་ཆུབ་སེམས་དཔའ་དེ་ནི་འཇིག་རྟེན་པའི་ཆོས་ཐམས་ཅད་ལ་རྗེས་སུ་ཆག ་པ་དང། ཁོང་ཁྲོ་བ་ཐམས་ཅད་ཀྱིས་མི་གོས་པའི་ཕྱིར་པདྨ་ལྟ་བུ་ཡིན་ནོ། །དེ་ལྟ་མོད་ཀྱི་ཇི་ལྟར་པདྨ་སྡོང་བུ་བཅད་ན་མི་སྐྱེ་བ་ལྟ་བུ་མ་ཡིན་ཏེ། བྱང་ཆུབ་སེམས་དཔའ་དེ་ནི་ཉོན་མོངས་པ་བཅད་ཀྱང་དགེ་བའི་རྩ་བའི་སྟོབས་བསྐྱེད་པས་འཁོར་བར ་ཡང་སྐྱེ་བའི་ཕྱིར་རྩ་བ་ཉམས་པའི་ཤིང་ལྟ་བུ་ཡང་མ་ཡིན་ནོ། །དེ་ལྟ་མོད་ཀྱི་ཇི་ལྟར་ཤིང་ཐ་མར་རྩ་བ་འཇིག་པ་ལྟ་བུ་ཡང་མ་ཡིན་ནོ། །བྱང་ཆུབ་སེམས་དཔའ་དེ་ནི་མྱ་ངན་ལས་འདས་པ་དང། བྱང་ཆུབ་ཆེན་པོར་དགེ་བའི་རྩ་བ་ཡོངས་སུ་སྤོང་བའི ་ཕྱིར་ཆུའི་རྒྱུན་རྒྱ་མཚོར་བབ་པ་ལྟ་བུ་ཡང་ཡིན་ནོ། །དེ་ལྟ་མོད་ཀྱི་ཇི་ལྟར་ཆུའི་རྒྱུན་རྒྱུན་རྒྱ་མཚོར?་འབབ་ན་རྒྱ་མཚོ་ཉིད་འགྱུར་བ་ལྟ་བུ་ནི་མ་ཡིན་ཏེ། བྱང་ཆུབ་སེམས་དཔའ་དེ་ནི་མྱ་ངན་ལས་འདས་པ་དང། བྱང་ཆུབ་ཆེན་པོ་ལ་བརྟེན་པའི་དགེ་བའི ་རྩ་བ་རྣམས་ཀྱིས་རྣམ་པར་རྩེན་པའི་ཕྱིར་རི་རབ་ལ་ལྟག་ནས་པ་ལྟ་བུ་ཡང་ཡིན་ནོ། །དེ་ལྟ་མོད་ཀྱི་ཇི་ལྟར་རི་རབ་ལ་གནས་པའི་ལྟ་དག་རང་གི་བྱ་བ་ལ་བག་མེད་པར་དགའ་བ་ལྟ་བུ་ནི་མ་ཡིན་ཏེ། བྱང་ཆུབ་སེམས་དཔའ་དེ་ནི་ཐབས་དང་ཤེས་རབ ་ཀྱིས་ཡོངས་སུ་ཟིན་པས་སངས་རྒྱས་ཀྱི་མཛད་པ་ཐམས་ཅད་སྒྲུབ་པའི་ཕྱིར་བློན་པོས་ཡོངས་སུ་ཟིན་པའི་རྒྱལ་པོ་ལྟ་བུ་ཡང་ཡིན་ནོ། །དེ་ལྟ་མོད་ཀྱི་ཇི་ལྟར་བློན་པོས་ཡོངས་སུ་ཟིན་པའི་རྒྱལ་པོ་རང་གི་དོན་དུ་སྐྱེ་དགུ་ཡོངས་སུ་སྐྱོང་བ་ལྟ་བུ་མ་ཡིན་ནོ། ། ་དེ་ནི་རང་གི་དོན་ལ་མི་ལྟ་བར་སྐྱེ་དགུའི་ཕྱིར་རིན་པོ་ཆེ་ལྟ་བུ་ཡང་ཡིན་ནོ། །དེ་ལྟ་མོད་ཀྱི་ཇི་ལྟར་སྤྲིན་ཆེན་པོ་ལ་ཏེག་ཡོངས་སུ་སྒྲུབ་པ་གཅིག་ཏུ་མ་ངེས་པ་ལྟ་བུ་ནི་མ་ཡིན་ཏེ། བྱང་ཆུབ་སེམས་དཔའ་དི་ནི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཤིན་ཏུ ་བསྐྲུན་པའི་ཕྱིར་འཁོར་ལོ་སྒྱུར་བ་འབྱུང་བ་ལྟ་བུ་ཡིན་ཏེ། དེ་ལྟ་མོད་ཀྱི་ཇི་ལྟར་འཁོར་ལོས་སྒྱུར་བ་སྐྱེས་བུ་ཆེན་པོ་དག་དང་ཟླ་མེད་པ་ལྟ་བུ་ནི་མ་ཡིན་ཏེ། བྱང་ཆུབ་སེམས་དཔའ་དེ་ནི་རྣམ་པར་གྲོལ་བ་ཐུན ་མོང་བ་དུ་མ་དང་ལྷན་ཅིག་འབྱུང་བའི་ཕྱིར་ནོར་བུ་རིན་པོ་ཆེ་ལྟ་བུ་ཡང་ཡིན་ནོ། །དེ་ལྟ་མོད་ཀྱི་ཇི་ལྟར་ནོར་བུ་རིན་པོ་ཆེ་ཀརཤ་པ་ན་དང་ཤིན་ཏུ་མི་འདྲ་བ་ལྟ་བུ་ནི་མ་ཡིན་ཏེ། བྱང་ཆུབ་སེམས་དཔའ་དེ་ནི་ཟག་པ་མེད་པའི་དབྱིངས་སུ་ཆུད ་ཀྱང་དེ་དག་དང་བྱ་བ་དང། བདེ་པའི་ལོངས་སྤྱོད་མཚུངས་པའི་ཕྱིར་འདྲེས་པའི་ཚལ་དུ་ཞུགས་པའི་ལྷ་ལྟ་བུ་ཡང་ཡིན་ནོ། །དེ་ལྟ་མོད་ཀྱི་ཇི་ལྟར་འདྲེས་པའི་ཚལ་དུ་ཞུགས་པའི་ལྷ་རྣམས་ཉོན་མོངས་པ་འཕེལ་ནས་མ་འོངས་པ་ན ་ལོག་པར་ལྟུང་བ་ལྟ་བུ་ནི་མ་ཡིན་ཏེ། བྱང་ཆུབ་སེམས་དཔའ་དེ་ནི་ཉོན་མོངས་པ་བཅད་ནས་ལོག་པར་མི་ལྟུང་པའི་ཕྱིར་དུག་བསལ་བ་ལྟ་བུའི་ཉོན་མོངས་པ་ཡང་ཡིན་ནོ། །དེ་ལྟ་མོད་ཀྱི་ཇི་ལྟར་དུག་བསལ་ན་གནོད་པ་མེད་པ་ཙམ ་དུ་ཟད་དེ། སུ་ལ་ཡང་ཡོན་ཏན་དུ་མི་འགྱུར་བ་ལྟ་བུ་ནི་མ་མིན་ཏེ། བྱང་ཆུབ་སེམས་དཔའ་དེ་ནི་རང་གི་ཉོན་མོངས་པས་སེམས་ཅན་ཐམས་ཅད་ལ་ཕན་འདོགས་པའི་ཕྱིར་གྲོང་ཁྱེར་ཆེན་པོའི་ལུང་ལྟ་བུའི་ཉོན་མོངས་པ་ཡང ་ཡིན་ནོ། །དེ་ལྟར་བྱང་ཆུབ་སེམས་དཔའ་ཨི་འཇིག་རྟེན་གྲགས་པའི་དངོས་པོ་ལྟ་བུའི་ཡོན་ཏན་གྱི་དཔེ་དང། ཡོན་ཏན་གྱི་ཁྱད་པར་དུ་འཕགས་པས་ཡོན་ཏན་འདྲ་བ་མེད་པ་ཡིན་ཏེ། དེ་ལྟར་ན་བྱང་ཆུབ་སེམས་དཔའ་ཡོན་ཏན ་འདྲ་བ་མེད་པར་རིག་པར་བྱའོ། །ཡང་དག་པར་སྒྲུབ་པའི་རབ་ཏུ་དབྱེ་བ་དང། ཡོན་ཏན་གྱི་ཁྱད་པར་བཤད་ཟིན་ཏོ། །ཡང་དག་པར་སྒྲུབ་པའི་རང་བཞིན་ནི་མ་བཤད་དོ། །ད་ནི་དབུ་མའི་ལམ་གྱིས་སྟོན་ཏེ། མཛའ་གཉིས་ཡོངས ་སུ་སྤངས་པས་དབུ་མའི་ལམ་དུ་རིག་པར་བྱའོ། །མཛའ་གང་ཞེ་ན་མུ་སྟེགས་ཅན་གྱི་མཛའ་ནི་བདག་ཏུ་འཛིན་པ་དང། དེ་ལ་རྟག་པར་འཛིན་པ་ཕུང་པོ་དང། ཁམས་དང། སྐྱེ་མཆེད་རྣམས་ལ་སྒྲོ་བཏགས་ཏེ། དེ་ནི་གང་འོག་ནས་མདོར ་བསྡུས་ཏེ། རྟག་ཅེས་བྱ་བ་དེ་ནི་མཛའ་གཅིག་གོ་བདག་ཅེས་བྱ་བ་དེ་ནི་མཛའ་གཅིག་གོ་ཞེས་འབྱུང་ངོ། །ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་ཅན་གྱི་མཛའ་ནི་གང་ཕུང་པོ་ལ་སོགས་པ་ལ་མི་རྟག་པར་འཛིན་པ་དང། བདག་མེད་པར་འཛིན་པ ་སྟེ། དེ་ཡང་གང་འོག་ནས་མདོར་བསྡུས་ཏེ། མི་རྟག་ཅེས་བྱ་བ་དེ་ནི་མཛའ་གཉིས་བདག་མེད་ཅེས་བྱ་བ་དེ་ནི། མཛའ་གཉིས་ཞེས་འབྱུང་བའོ། །མཛའ་དེ་གཉིས་ཀྱི་དབུས་གང་ཡིན་པ་དེ་ནི་ཞེས་བྱ་བ་དེ་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས ་ཏེ། དེ་རྣམ་པར་བརྟག་ཏུ་མེད་པས་དཔྱད་དུ་མེད་པའོ། །བརྗོད་དུ་མེད་ཅིང་བཤད་དུ་མེད་པས་བསྟན་དུ་མེད་པའོ། །རྣམ་པར་ཤེས་པའི་གནས་མ་ཡིན་པས་རྟེན་མ་ཡིན་པའོ། །གཟུང་བའི་དོན་དུ་གཟུང་བ་མེད་པས་སྣང་བ་མེད་པའོ། ་འཛིན་པའི་དོན་རྣམ་པར་རིག་པ་ཙམ་དུ་གཟུང་དུ་མེད་པས་རྣམ་པར་རིག་པ་མེད་པའོ། །འཁོར་བ་དང་མྱ་ངན་ལས་འདས་པ་ལ་མི་གནས་པས་གནས་མེད་པར་རིག་པར་བྱའོ། །དེ་ལ་མུ་སྟེགས་ཅན་རྣམས་ཀྱིས་སྒོ?་བཏགས་ཏེ། གང ་བདག་ཏུ་འཛིན་པ་དེའི་གཉེན་པོར་།གང་ལ་བདག་མེད་པར་སོ་སོར་རྟོག་པ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །སྒྲོ་བཏགས་ནས་གང་རྟག་པར་འཛིན་པ་དེའི་གཉེན་པོར། གང་གཟུགས་ལ་རྟག་པར་ཡང་མི་རྟོག?་།མི་རྟག་པར་ཡང ་མི་རྟོག་པ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་ཅན་གྱི་སྒྲོ་བཏགས་ཏེ། ཕུང་པོ་དག་ལ་སོགས་པ་ལ་གང་མི་རྟག་པར་འཛིན་པ་དང། བདག་མེད་པར་འཛིན་པ་དེའི་གཉེན་པོར། གང་གཟུགས ་ལ་མི་རྟག་པར་ཡང་སོ་སོར་མི་རྟོག་ཅེས་བྱ་བ་ལ་སོགས་པ་གསུངས་སོ། །མི་རྟག་པར་འཛིན་པ་ནི་བདག་མེད་པར་འཛིན་པའི་རྒྱུ་ཡིན་པའི་ཕྱིར་མི་རྟག་པར་འཛིན་པ་བཀག་པས་བདག་མེད་པར་འཛིན་པ་ཡང ་བཀག་པར་རིག་པར་བྱའོ། །གཟུང་བའི་དོན་ལ་རྣམ་པར་རྟོག་བ་མཛའ་ཡིན་པར་བསྟན་ནས། འོད་སྲུངས་སེམས་ཡང་དག་པ་ཞེས་བྱ་བ་ནི་མཛའ་གཅིག་གོ་ཞེས་རྒྱ་ཆེར་འབྱུང་བས་ནི་འཛིན་པའི་དོན་ལ་རྣམ་པར་རྟོག་པ་མཛའ་ ་ཉིད་དུ་སྟོན་ཏོ། །དེ་ལ་སེམས་ཡང་དག་པར་ནི་གང་སྔར་བསྟན་པའི་མི་རྟག་པ་དང། བདག་མེད་པར་རྣམ་པར་རྟོག་པ་དང་ལྡན་པའོ། །ཡང་དག་པ་མ་ཡིན་པ་ནི་གང་རྟག་པ་དང། བདག་ཏུ་རྣམ་པར་རྟོག་པའོ། །གང་ལ ་སེམས་མེད་པ་ཞེས་བྱ་བ་ནི་ལས་མངོན་པར་འདུ་བྱེད་པའི་གནས་སོ། །སེམས་མེད་ཅེས་བྱ་བ་ནི་ལས་མངོན་པར་འདུ་བྱེད་པ་ཉིད་དོ། །ཡིད་མེད་ཅེས་བྱ་བ་ནི་གང་སེམས་ལས་བྱུང་བ་དེས་ཡོངས་སུ་བསྒོས་པའོ། །རྣམ་པར་ཤེས ་པ་མེད་ཅེས་བྱ་བ་ནི་དེའི་རྣམ་པར་སྨིན་པའོ། །དགེ་བ་དང་མི་དགེ་བའི་ཆོས་རྣམས་ནི་གཏི་མུག་མེད་པ་དང། གཏི་མུག་དང་རབ་ཏུ་ལྡན་པ་སྟེ། དེ་ཉིད་འབྲས་བུ་ཡིད་དུ་མི་འོང་བ་དང། དེ་ལས་བཟློག་པའི་དོན་གྱི་ཁ་ན་མ་ཐོ་བ་དང ་བཅས་པ་དག་དང། ཁ་ན་མེ་ཐོ་བ་མེད་པ་དག་གོ། ཁ་ན་མ་ཐོ་བ་མེད་པས་ནི་འཇིག་རྟེན་པ་དང། འཇིག་རྟེན་ལས་འདས་པ་དག་གོ། འཇིག་རྟེན་པ་དག་ནི་ཟག་བ་དང་བཅས་པ་དག་གོ། འཇིག་རྟེན་ལས་འདས་པ ་དག་ཟག་པ་མེད་པ་དག་གོ་།ཟག་པ་མེད་པ་ནི་འདུས་བྱས་དང་འདུས་མ་བྱས་རྣམས་སོ། །དེ་དག་ལས་ནག་པོའི་ཕྱོགས་ནི་ཀུན་ནས་ཉོན་མོངས་པའོ། །དཀར་པོའི་ཕྱོགས་ནི་རྣམ་པར་བྱང་བའོ། །དེ་ལས་སེམས་ཡང་དག་པ་དང། ་སེམས་ཡང་དག་པ་མ་ཡིན་པ་ཞེས་བྱ་བའི་མཛའ་གཉིས་གང་ཡིན་པ་དེ་དང་གང་ཡང་དེ་དང་རབ་ཏུ་ལྡན?་བའི་ཆོས་དགེ་བ་དང། མི་དགེ་བ་རྣམས་ནས། ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་ཞེས་བྱ་བའི་བར་གྱིས་མཛའ་གཉིས་གང་ཡིན་བ་དེ་ཁས ་མི་ཡིན?་ཅིང་མི་བརྗོད་མི་སྨྲ་བ་དེ་ནི་འོད་སྲུངས་དབུ་མའི་ལམ་སྟེ། ཆོས་རྣམས་ཡང་དག་པར་སོ་སོར་རྟོགས་པ་ཞེས་བྱ་བ་དེ་ལ་ཁས་མི་ལེན་པ་ནི་དེ་ལྟ་བའོ། །མི་བརྗོད་པ་ནི་བདག་ཉིད་དེ་མི་བརྗོད་པའོ། །མི་སྨྲ་བ་ནི་གཞན་གྱིས་དྲིས ་ཀྱང་མི་སྨྲའོ། །རྣམ་གྲངས་གཞན་དུ་ན་དགེ་བ་དང་མི་དགེ་བའི་ཆོས་རྣམས་ཞེས་བྱ་བ་ནི་བསྟན་པའོ། །འོག་མ་འོག་མ་ནི་ཚིག་ལྷག་མ་རྣམས་ནི་བཤད་པར་རིག་པར་བྱའོ། །མུ་སྟེགས་ཅན་དང་ཉན་ཐོས་རྣམས་ཀྱི་མཛའ་ཨི་གཉེན་པོ་དབུ ་མའི?་ལམ་བཤད་ནས་བྱང་ཆུབ་སེམས་དཔའ་ཨི་མཛའ་ཨི་གཉེན་པོ་སྟོན་ཏོ། །དེ་ལ་མུ་སྟེགས་ཅན་རྣམས་གྱི་བདག་དང་རྟག་པར་སྒྲོ་འདོགས་པའི་མཛའ་གང་ལས་འབྱུང་ཞེ་ན། ལོང་བ་མཐོང་བ་ལྟ་བུ་སྟེ་བཤད་མི་དགོས་སོ། །ཉན་ཐོས་དང། ་རང་སངས་རྒྱས་ཀྱི་ཐེག་པ་ཅན་གང་ཟག་ལ་བདག་མེད་པར་མཐོང་བར་སྦྱོར་བ་རྣམས་ནི་འདུ་བྱེད་ཙམ་དུ་དམིགས་པས་འདུ་བྱེད་རྣམས་ནི་མི་རྟག་པ་དང་བདག་མེད་པའོ། །སྙམ་སྟེ། ཆོས་ལ་བདག་མེད་པ་མ་མཐོང་བའི་སྔོན ་རོལ་དུ་འདུ་བྱེད་ལ་གནས་ནས་མི་རྟག་པ་དང། བདག་མེད་པར་འཛིན་པ་འབྱུང་ངོ། །བྱང་ཆུབ་སེམས་དཔའ་ཆོས་ལ་བདག་མེད་པར་གཟིགས་བར་སྦྱོར་བ་རྣམས་ནི་ཆོས་ལ་བདག་མེད་བར་རབ་ཏུ་རྟོགས་པའི་སྔོན་རོལ ་དུ་སྒྲོ་འདོགས་པ་འབྱུང་བའི་ཕྱིར་སྒྲོ་འདོགས་པ་རྣམ་པ་གསུམ་གྱི་དབང་དུ་བྱས་ནས་གཉེན་པོ་སྟོན་ཏོ། །ཡོད་པ་དང་མེད་པར་རང་གི་མཚན་ཉིད་ལ་སྒྲོ་འདོགས་པ་ལ་ཡོད་ཅེས་པ་པ་འདི་ནི་མཛའ་གཅིག། མེད་ཅེས་བྱ་བའི ་འདི་ནི་མཛའ་གཉིས་སོ་ཞེས་གསུངས་པའི་ཕྱིར་རོ། །མ་རིག་པ་དང་རིག་པར་མི་མཐུན་པའི་ཕྱོགས་དང། གཉེན་པོར་སྒྲོ་བཏགས་པ་ལ། མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་ནས་མ་རིག་པ་འགགས ་པས་འདུ་བྱེད་འགག་ཅེས་བྱ་བའི་བར་དག་གསུངས་པའི་ཕྱིར་རོ། །དེ་ལས་གཞན་པའི་ཡན་ལག་དང་དེ་འགགས་པར་འདུས་བྱས་དང། འདུས་མ་བྱས་སུ་སྒྲོ་འདོགས་པ་ལ། འདུ་བྱེད་རྣམས་དང་འདུ་བྱེད་འགག་ཅེས་བྱ་བ ་ལ་སོགས་པའི་ཚིག་དག་གིས་སོ། །དེ་དག་གི་གཉེན་པོར་དེ་དག་གཉིས་མ་ཡིན་ཞེས་བྱ་བ་ནི། ཀུན་ཏུ་བརྟགས་པའི་ངོ་བོ་ཉིད་མེད་པའོ། །རྣམ་པ་གཉིས་སུ་དབྱེར་མེད་ཅེས་བྱ་བ་ནི་མ་རིག་པ་བསྐྱེད་པར་བྱ་བ་ཡང་མེད། མ་རིག ་པ་འགག་པར་བྱ་བ་ཡང་མེད། འདུ་བྱེད་ལ་སོགས་པ་སྤང་བར་བྱ་བ་ཡང་མེད་དེ། འགག་པ་ཐོབ་པར་བྱ་བ་ཡང་མེད་པ་སྟེ། ཀུན་ཏུ་བརྟགས་པའི་ངོ་བོ་ཉིད་མེད་པའི་ཕྱིར་རོ། །འདི་ལ་ཤེས་པ་གང་ཡིན་པ་དེ་ཞེས་བྱ་བ ་ནི་སྐུར་བ་འདེབས་པའི་མཛའ་སྤོང་བ་སྟེ། རིག་པ་མེད་པ་ཉིད་ཀྱང་མ་ཡིན་ལ། རིག་པ་ཡོད་པ་ཡང་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པའོ། །གང་སྟོང་པ་ཉིད་ཀྱིས་ཆོས་རྣམས་སྟོང་བར་མི་བྱེད་མཚན་མ་མེད་པས་ཆོས ་རྣམས་མཚན་མ་མེད་པར་མི་བྱེད་ཅེས་བྱ་བ་ལ་སོགས་པས་ཅི་སྟོན་ཅེ་ན། སྟོང་པ་ཉིད་ལ་སོགས་པ་ཞེས་བྱ་བ་འདི་རིག་པ་འདིས་བརྟེན་ཅིང་འབྲེལ་བར་འབྱུང་བའི་ཆོས་རྣམས་ཀུན་ཏུ་བརྟགས་པའི་རང ་བཞིན་ནམ། ཡོངས་སུ་གྲུབ་པ་སྟོང་བར་མི་བྱད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ནི་ཆོས་རྣམས་ཀྱི་ཆོས་ཉིད་དེ། ཀུན་ཏུ་བརྟགས་པའི་རང་བཞིན་ནམ། ཡོངས་སུ་གྲུབ་པས་ཆོས་རྣམས་སྟོང་ཏེ། དེ་བཞིན་དུ་ངོ་བོ་ཉིད་མེད་པའི་བར་དུའོ།། ་དེས་ནི་རིག་པ་ཡོད་པ་དང། དེའི་མི་མཐུན་ཕྱོགས་ཡོད་པར་ཀུན་ཏུ་བརྟགས་པ་དང། ཡོངས་སུ་སྒྲུབ་པའི་རང་བཞིན་དང་བྲལ་བར་ཡོངས་སུ་བསྟན་པར་སྐུར་པ་འདེབས་པའི་མཛའ་སྤངས་པ་ཡིན་ནོ་།དེ་ལ་མི་མཐུན་པའི་ཕྱོགས་རྣམ་པ་བདུན་གྱི ་Fགཉེན་པོར་རིག་པར་སྟོང་པ་ཞེས་བྱ་བ་ནས། ངོ་བོ་ཉིད་མེད་ཅེས་བྱ་བའི་བར་དུའོ། །མི་མཐུན་པའི་ཕྱོགས་བདུན་ལས་ལྟ་བ་དེའི་གཉེན་པོར་ནི་སྟོང་པ་ཉིད་དོ། །འདོད་ཆགས་དང། ཞེ་སྡང་དང། གཏི་མུག་གི་མཚན་མ་སྐྱེ་བ་དེའི་གཉེན་པོ་ནི་མཚན ་མ་མེད་པའོ། །ཡང་སྲིད་པར་སྨོན་པ་དེའི་གཉེན་པོ་ནི་སྨོན་པ་མེད་པའོ། །ཡང་སྲིད་པའི་ལས་མངོན་པར་འདུ་བྱེད་པ་དེའི་གཉེན་པོ་ནི་མངོན་པར་འདུ་མི་བྱེར་བའོ། །དེའི་འབྲས་བུ་སྐྱེ་བ་དེའི་གཉེན་པོ་ནི་སྐྱེ་བ་མེད་པའོ། །སྐྱེས་ནས་བདེ་བ་དང ་སྡུག་བསྔལ་འབྱུང་བ་དེའི་གཉེན་པོ་ནི་འབྱུང་བ་མེད་པའོ། །སྟོང་པ་ཉིད་མཐོང་བས་ངའོ་སྙམ་པའི་ང་རྒྱལ་དེའི་གཉེན་པོ་ནི་ཆོས་ཉིད་ཀྱི་ངོ་བོ་ཉིད་མེད་ཅེས་བྱའོ། །དེ་ལ་བདག་མེད་བར་སོ་སོར་རྟོགས་པས་ནི་གང་ཟག་མེད་པ་ལ་གང་ཟག་ཏུ་འཛིན ་པ་བཀག་གོ། རྣམ་གཉིས་སུ་དབྱེར་མེད་ཅེས་བྱ་བའི་བར་དུ་ལྷག་མ་རྣམས་ཀྱིས་ཆོས་མེད་པ་ལ་ཆོས་སུ་འཛིན་པ་བཀག་གོ་།འོད་སྲུངས་གང་ཟག་རྣམ་པར་གཞིག་པའི་ཕྱིར་སྟོང་པ་ཉིད་མ་ཡིན་གྱི། སྟོང་པ་ཉིད་སྟོང་པའོ། །ཞེས་བྱ་བ་ནི་མེད་པ་ལ་གང ་ཟག་དང། ཆོས་སུ་འཛིན་པ་དགག་པ་བྱེད་དེ། གང་ཟག་ཏུ་རྣམ་པར་གཞིག་པའི་ཕྱིར་སྟོང་པ་ཉིད་བསྒོམ་པར་བྱ་བ་མ་ཡིན་ནོ། །སྟོང་ཞེས་བྱ་བ་ནི་མེད་པ་ལ་ཆོས་སུ་འཛིན་པ་གཞིག་པའི་ཕྱིར་ཞེས་བྱ་བར་སྟོན་ཏེ། ཀུན་ཏུ་བརྟགས་པའི་རང་བཞིན ་གྱིས་སྟོང་པ་ཉིད་ཀྱང་སྟོང་ན་ཆོས་ཐམས་ཅད་ལྟ་སྨོས་ཀྱང་ཅི་དགོས་ཏེ། ཀུན་ཏུ་བརྟགས་པའི་ཆོས་ཀྱི་རང་བཞིན་མེད་པ་འཛིན་པར་བཀག་གོ། ཀུན་ཏུ་བརྟགས་པའི་རང་བཞིན་མེད་པའི་ཕྱིར་སྟོང་པ་ཉིད་ཡོད་པ་ཡང་མ་ཡིན་ནོ། །ཡོངས་སུ་གྲུབ ་བཅིང?་བཞིན་མེད་པ་ཡང་མ་ཡིན་ནོ། །སྟོང་བ་ཉིད་ཇི་ལྟ་བར་ཆོས་ཐམས་ཅད་དེ་བཞིན་ཏེ། ཆོས་མེད་པ་ལ་འཛིན་པ་བཀག་པས་ནི་ཆོས་ཀྱི་རང་བཞིན་མེད་པར་སྟོན་ཏོ། སྟོང་པ་ཉིད་དེའི་ཡོངས་སུ་གྲུབ་པ ་དེ་ཡོད་པར་བསྟན་པའི་ཕྱིར་སྔོན་གྱི་མཛའ་སྟེད?་ཞེས་རྒྱ་ཆེར་གསུངས་ཏེ། སོ་སོའི་སྐྱེ་བོ་དང། སློབ་པ་དང་མི་སློབ་པའི་དུས་ན་དུས་ཐམས་ཅད་དུ་དེ་བཞིན་དུ་ཡོད་པར་ཡོངས་སུ་སྟོན་པའི་ཕྱིར་རོ། །སྟོང་པ་ཉིད་ཀྱི་ཕྱིར་འབྲང་བར ་བྱ་ཞེས་བྱ་བ་ནི་དོན་གྱི་ཕྱིར་འབྲང་བས་སྟོང་པ་ཉིད་ཀྱི་དོན་རབ་ཏུ་རྟོགས་པའི་ཐབས་སྟོན་ཏོ། །གང་ཟག་ལ་མ་ཡིན་ཞེས་བྱ་བ་ནི་ཡི་གེའི་ཕྱིར་འབྲང་བ་ལས་བཟློག་པའོ། །དེའི་ཕྱིར་འབྲངས་ན་ཡི་གེའི་ཕྱིར་འབྲང་བ་ཡང ་ཡིན་ཏེ། གང་ཟག་ཏུ་བཏགས་པ་གང་ཡིན་པ་དང། གང་ལ་འདོགས་པ་དེ་གཉིས་ལ་ཡང་གང་ཟག་ཅེས་གསུངས་སོ། །གང་དག་སྟོང་པ་ཉིད་ལ་དམིགས་ཞེས་བྱ་བ་ཅི་སྟོན་ཅེ་ན། ཀུན་ཏུ་བརྟགས་པ་སྟོང་པ་ཉིད་ཀྱི་རང་བཞིན ་ལ་དམིགས་པས་སྟོང་པ་ཉིད་ཀྱི་ཕྱིར་འབྲང་བར་མི་བྱ་སྟེ། དེ་ལྟར་འབྲངས་ན་སྔར་ནི་གང་ཟག་ཏུ་འཛིན་པས་ཉམས་ལ། ཕྱིར་ནི་ཆོས་སུ་འཛིན་པས་ཉམས་ཏེ། ཤིན་ཏུ་མ་རུངས་པའི་ཕྱིར་རོ། །དེ་བྱས་ན་ཤིན་ཏུ་མ་རུངས་པར ་འགྱུར་བ་རབ་ཏུ་སྒྲུབ་པའི་ཕྱིར། འོད་སྲུངས?་རི་རབ་ཙམ་གང་ཟག་ལ་ལྟ་བར་གནས་པ་བླ་ཞེས་རྒྱ་ཆེར་གསུངས། །སྟོང་པ་ཉིད་ལ་དམིགས་པས་ནི་སྟོང་པ་ཉིད་ཡོངས་སུ་མི་ཤེས་ལ། མངོན་པའི་ང་རྒྱལ་གྱིས་དོན་དམ ་བར་ཁོང་དུ་མི་ཆུད་དོ། །ཁོང་དུ་མ་ཆུད་ན་སྐུར་བ་འདེབས་སོ། །དེ་བས་ནི་གང་ཟག་ཏུ་ལྟ་བ་པོར་ཡང་གསོར་མི་རུང་བར་འགྱུར་ཏེ། དཔེར་ན་སྨན་གྱིས་ནང་གྱི་ཉེས་པ་སྐྱོད་དེ། ལྟོར་སོང་བ་ཞེས་བྱ་བ་ལྟ་བུ་སྟེ། ལྟ་བ་ལས ་བྱུང་བ་ནི་སྟོང་པ་ཉིད་ནི་ཞེས་བྱ་བ་ནི་ཀུན་ཏུ་བརྟགས་པ་དེའི་རང་བཞིན་ལ་མངོན་པར་ཞེན་པ་འམ། ཐམས་ཅད་དུ་ཐམས་ཅད་མེད་བ་ཙམ་དུ་མངོན་པར་ཞེན་ཅེས་བྱ་བའི་ཐ་ཚིག་གོ་།ནམ་མཁའ་ཨི་དཔེ་ནི་འགྱུར་བ་མེད་པ་ལ་འཛིན་པ་ཡོངS ་སུ་སྤོང་བའི་ཕྱིར་ཏེ། སུ་སྟོང་པ་ཉིད་དུ་ལྟ་བ་དེ་སྟོང་པ་ཉིད་དེས་གཟུགས་ལ་སོགས་པ་མེད་པར་འདོད་པ་ན་མེད་པ་ལ་རྟོག་སྟེ། དེ་ནི་དེའི་འགྱུར་བ་མེད་པ་ལ་འཛིན་པའོ། །གཟུགས་ལ་སོགས་པ་དེ་དག་ནི་རང་བཞིན་གྱིས་མེད་ན་ནམ ་མཁའ་སེལ་བར་འདོད་པ་དང་འདྲ་བར་སེམས་ཅན་དག་ནི་ཆོས་ཉིད་ཀྱིས་སྟོང་པ་ཉིད་ལ་སྤྱོད་ན་ཡོད་པར་ཡོངས་སུ་རྟོག་ནས་དེ་ཉིད་ཀྱིས་མི་སྐྲག་གོ་།གལ་ཏེ་གཟུགས་ལ་སོགས་པ་མེད་དུ་ཟིན་ན་རྩོམ་པ་དོན་མེད་པར་འགྱུར་རོ། ་སྙམ་པའི་སྐྱོན་དུ་འགྱུར་བ་ཡོངས་སུ་སྤང་བའི་ཕྱིར་རི་མོ་མཁན་གྱི་དཔེ་བསྟན་ཏེ། དཔེར་ན་གནོད་སྦྱིན་ཡོད་པ་ཡོད་པ་མ་ཡིན་ན་རི་མོ་མཁན་གྱི་རང་གི་རྣམ་པར་རྟོག་པས་ཁ་བུབ་ཏུ་འགྱེལ་བ་དེ་བཞིན་དུ་གཟུགས་ལ ་སོགས་པ་ངོ་བོ་ཉིད་མེད་པ་ལ་བྱིས་པ་རྣམས་རང་གི་རྣམ་པར་རྟོག་པ་ལོག་བས་འཁོར་བར་འཁྱམ་སྟེ། མི་ཤེས་པ་དེ་དང་བྲལ་བའི་ཕྱིར་རྩོམ་པ་དོན་མེད་པ་མ་ཡིན་ནོ། །གོང་མས་ནི་ལོག་པ་བཀག་གོ་།འདི་ནི་རྩོམ་པ་དོན་མེད་པ ་དགག་པར་རིག་པར་བྱའོ། །གལ་ཏེ་འདི་དག་ནི་སེམས་ཀྱི་ནོར་བ་ཙམ་དུ་ཇི་ལྟར་སེམས་དེ་ཉིད་ཀྱི་སེམས་དེ་ཉིད་ཡོངས་སུ་ཤེས་ཞེས་རྒོལ་བ་སྤང་བའི་ཕྱིར་སྒྱུ་མ་མཁན་གྱི་དཔེ་བསྟན་ཏོ། །དེ་ལ་སྒྱུ་མ་མཁན་ལྟ་བུ་ནི་ཡིད་ལ་བྱེད་པ་ཙམ?་གྱི་ཤེS་པའོ། །སྤྲུལ་པ་ལྟ ་བུའི་དོན་མེད་པར་ཤེས་པར་བྱའོ། །ཟ་བ་ལྟ་བུ་ནི་ཡིད་ལ་བྱེད་པ་ཙམ་ཡང་མེད་པར་ཤེས་པ་སྟེ། གསོག་ལ་སོགས་པ་སྣང་ངོ། །འཕགས་པའི་ཤེས་རབ་ཀྱི་དཔའ་བོས་ཡང་དག་པ་ཇི་ལྟ་བ་བཞིན་དུ་མཐོང་བ་མེད་ན ་ཡང་དག་པ་ཇི་ལྟ་བ་བཞིན་དུ་མ་མཐོང་བས་ཇི་ལྟར་འཇིག་རྟེན་ལས་འདས་པའི་ཡེ་ཤེས་སྐྱེས་ཞེས་རྒོལ་བ་སྤང་པའི་ཕྱིར། ཤིང་གཉིས་ཀྱི་དཔེ་བསྟན་ཏེ་ཤིང་གཉིས་ལྟ་བུའི་ཚུལ་བཞིན་སོ་སོར་རྟོག ་པའོ། །གཙུབས་པ་ལ་མེ་འབྱུང་བ་ལྟ་བུ་ནི། ཤེས་རབ་ཀྱི་དབང་པོ་འབྱུང་བ་སྟེ། བྱུང་ནས་ཚུལ་བཞིན་སོ་སོར་རྟོག་པ་དེ་ཡང་སྤོང་བར་སྟོན་ཏོ། །ཅི་ཡེ་ཤེས་སྐྱེས་པ་འམ། འོན་ཏེ་མ་སྐྱེས་པ་མི་ཤེས་པའི་གཉེན་པོར ་འགྱུར་ཞེས་རྒོལ་བ་སྤང་བའི་ཕྱིར། མར་མེའི་དཔེ་བསྟན་ཏེ། ཡེ་ཤེས་བྱེད་པ་མེད?་ཀྱང། སྐྱེས་མ་ཐག་ཏུ་མི་ཤེས་པའི་གཉེན་པོར་གྱུར་བ་སྟོན་ཏོ། །ཐོག་མ་མེད་པའི་དུས་ཀྱི་ཀུན་ནས་ཉོན་མོངས་པ་ཇི་ལྟར་ཐོག ་མ་ཡོད་པའི་དུས་ཀྱི་གཉེན་པོས་སྤོང་ཞེས་རྒོལ་བ་སྤངས་པའི་ཕྱིར། མར་མེའི་དཔེ་གཉིས་བསྟན་ཏེ། དབུ་མའི་ལམ་མདོའི་བསྟན་ཏོ། །རྒྱ་ཆེར་རྣམ་པར་དབྱེ་སྟེ། བྱང་ཆུབ་སེམས་དཔའ་ཡང་དག་པར་སྒྲུབ་ལ ་ལ་གནས་པའི་བསླབ་པ་རྣམ་པར་བཞག་པ་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་ཆོས་ལ་གནས་པ་ནི་ཀུན་བརྗོས?་ཀྱི་བདེན་པའི་ཚུལ་དུ་བཤད་པ་རྣཾ་པར་བཞག་པའི་བདེན་པའི་ཚུལ་སྟོན་པ་དང། དྲང་པའི་དོན་ལ་སྒྲ་ཇི་བཞིན་དུ་མ ་འཛིན་ཏེ། རྒྱུ་དེ་གཉིས་ཀྱིས་ཉན་ཐོས་ཀྱི་ཐེག་པ་དང་རབ་ཏུ་ལྡན་པའི་མདོ་སྡེའི་ཕྱིར་མི་འབྲང་སྟེ། །འདས་ནས་དེ་ལ་ཡང་བྱང་བར་བྱས་མཁས་པར་བྱས་ཏེ། དེ་ལ་ཐེག་པ་ཆེན་པོ་དང་རབ་ཏུ་ལྡན་པའི་ཆོས་ཟབ་མོ་སྟོང ་པ་ཉིད་དང་རབ་ཏུ་ལྡན་པར་རྣམ་པར་བཞག་པ་དང། རྣམ་པར་མ་བཞག་པའི་བདེན་པའི་ཚུལ་བསྡུས་པའི་ཕྱིར་ཀུན་རྫོབ་དང་དོན་དམ་པའི་བདེན་པའི་ཚུལ་བསྟན་པའི་ཆོས་ཀྱི་དབྱིངས་ཚུལ་གཅིག་ཏུ་སྟོན་པས ་ངེས་པའི་དོན་གྱི་གཞིར་གྱུར་མཁས་པར་གྱུར་ཏེ། རྒྱུ་དེ་ཉིད་ཀྱི་ཕྱིར་འབྲང་བར་སྦྱོར་བས་ཚུལ་བཞིན་དུ་རབ་ཏུ་སྦྱོར་བ་ཞེས་བྱའོ། །ཚུལ་བཞིན་དུ་སྦྱོར་པས་དབུ་མའི་ལམ་དུ་ཞུགས་པ་ཡིན་ནོ། །འདི་ལྟར་དབུ་མའི་ལམ་ནི་རྣམ་པ ་བཅུ་གསུམ་དུ་སྟོན་ཏེ། གང་ཟག་སྟོང་པ་ཉིད་དུ་སྟོན་པ་དང། གང་ཟག་ལ་བདག་མེད་པ་དང། ཆོས་སྟོང་པ་ཉིད་དང། ཆོས་ལ་བདག་མེད་པ་དང། བསྒྲོ?་འདོགས་པའི་མཛའ་དང། སྐུར་པ་འདེབས་པའི་མཛའ་དང། ཆོས ་མངོན་པར་རྟོགས་པ་དང། དེ་ཡང་བྱང་ཆུབ་ཆེན་པོར་ཡོངས་སུ་བསྔོ་བ་དང། དེ་ལྟར་ཞུགས་པ་ཉོན་མོངས་པ་དང། སྡུག་བསྔལ་གཉིས་ཀྱིས་སེམས་མ་ཟིན་པ་དང། བདག་མེད་པ་གཉི་ག་ལ་མོས་པའི་ཁྱད་པར་དང། ་བདག་མེད་པ་སྔ་མ་དེ་དག་མེད་པ་ཕྱི་མའི་རྒྱུར་གྱུར་པ་དང། སྟོང་པ་ཉིད་ཀྱི་མཐར་ཐུག་པ་དང། དེ་ཉིད་ཀྱིས་མཐུ་སྟོན་པའོ། །དེ་ལ་ཇི་ལྟར་གང་ཟག་སྟོང་པ་ཉིད་དུ་སྟོན་ཅེ་ན། རྣམ་པ་གཅིག་གིས་མི་དམིགས་པར་ཡོངས་སུ ་སྟོན་ཏེ་།གང་ཟག་ལ་བདག་མེད་པར་སོ་སོར་རྟོག་ཅེས་འགྱུར་བའི་ཕྱིར་རོ། །སེམས་ཅན་གྱི་དངོས་པོ་ཕུང་པོ་རྣམས་དང། དེའི་སྣ་ཚོགས་ཀྱི་དངོས་པོ་ཁམས་དང། དེའི་ལོངས་སྤྱོད་ཀྱི་དངོས་པོ་སྐྱེ་མཆེད་རྣམས་ཏེ། དངོས ་པོ་རྣམ་པ་གསུམ་ལ་བདག་མི་དམིགས་ཏེ། ནང་དང་ཕྱི་དང་གཉི་ག་མེད་པའི་བར་ནས་ཀྱང་བྱིས་པས་ཡོངས་སུ་བརྟགས་པའི་བདག་མི་དམིགས་ཞེས་མི་དམིགས་པར་ཡོངས་སུ་སྟོན་པས་གང་ཟག་སྟོང་པ་ཉིད་དུ་ཡོངས་སུ་སྟོན ་ཏོ། །ཇི་ལྟར་གང་ཟག་ལ་བདག་མེད་པར་སྟོན་ཅེ་ན། རྣམ་པ་གཅིག་གིས་དམིགས་པ་ཡོངས་སུ་སྟོན་ཏེ། དེ་ལ་དམིགས་པ་འདི་ནི་རྟག་པར་ཡང་མི་རྟོག་ཅེས་གསུངས་པའི་ཕྱིར་རོ། །དངོས་པོ་གསུམ་པོ་བྱིས་པས་ཡོངས་སུ་བརྟག ་པའི་རྟེན་ཅིང་འབྲེལ་པར་འབྱུང་བ་དེ་ཉིད་ལ་རྟག་པར་མི་དམིགས་པའི་ཕྱིར་བྱིས་པས་ཡོངས་སུ་བརྟགས་པའི་བདག་དང་མི་འདྲ་བས་ཕུང་པོ་རྣམས་ཀྱི་མི་རྟགས་པ་ཉིད་དམིགས་སོ་ཞེས་བདག་མེད ་པའི་རང་བཞིན་ཡོངས་སུ་བརྗོད་པས་དངོས་པོ་ལ་གནས་པའི་གང་ཟག་ལ་བདག་མེད་པར་སྟོན་ཏོ། །ཇི་ལྟར་ཆོས་སྟོང་པ་ཉིད་དུ་སྟོན་ཅེ་ན། རྣམ་པ་གཅིག་གིས་མི་དམིགས་པར་ཡོངས་སུ་སྟོན་ཏེ། མི་རྟག་པར་ཡང་མི་རྟག་ཅེས ་གསུངས་པའི་ཕྱིར་རོ། །དེ་ལ་མི་དམིགས་པ་འདི་ནི། །བརྗོད་དུ་མེད་པའི་དངོས་པོ་ལ་མི་རྟག་གོ་ཞེས་སྒྲོ་བཏགས་པ་བྱིས་པས་ཡོངས་སུ་བརྟགས་པའི་ཐ་སྙད་ཅན་གྱི་རང་བཞིན་གང་ཡིན་པ་མི་རྟག་པས་ཟིན་པའི་དངོས་པོ་དེ་ཉིད ་ལ་ནང་དང། ཕྱི་དང་གཉི་ག་མེད་པའི་བར་ནས་ཀྱང་མི་དམིགས་པ་སྟེ། དེ་ལྟར་ཆོས་སྟོང་པ་ཉིད་དུ་སྟོན་ཏོ། །ཇི་ལྟར་ཆོས་ལ་བདག་མེད་པར་སྟོན་ཅེ་ན། རྣམ་པ་གཅིག་གི་དམིགས་པར་ཡོངས་སུ་སྟོན་ཏེ། དེ་ལ་དམིགས་སུ་མེད ་པ་འདི་ནི་དངོས་པོ་དེ་ཉིད་ལ་གང་དམིགས་པ་སྟེ། འཕགས་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་དེ་དག་གི་སོ་སོར་རང་གིས་རིག་པ་གཞན་གྱིས་བརྗོད་དུ་མེད་པའོ། །དེ་ན་རྣམ་པ་དྲུག་གིས་བྱིས་པས་ཡོངས་སུ་བརྟགས་པའི ་ཐ་སྙད་ཀྱི་ངོ་བོ་ཉིད་དག་དང་མི་འདྲ་བར་དམིགས་ཏེ། རྣམ་པ་དྲུག་གང་ཞེ་ན། འོད་སྲུངས་རྟག་ཅེས་བྱ་བ་དེ་ནི་མཛའ་གཅིག་གོ་།མི་རྟག་ཅེས་བྱ་བ་དེ་ནི་མཛའ་གཉིས་སོ། །འོད་སྲུངས་མཛའ་དེ་ཉིད་ཀྱི་དབུས་གང་ཡིན་པ་དེ་ནི་དཔྱད་དུ ་མེད་པ། བསྟན་དུ་མེད་པ། རྟེན་མ་ཡིན་པ། སྣང་བ་མེད་པ། རྣམ་པར་རིག་པ་མེད་པ། གནས་པ་མེད་པ་སྟེ། དེ་ནི་དབུ་མའི་ལམ་ཆོས་རྣམས་ལ་ཡང་དག་པར་སོ་སོར་རྟོག་པ་ཞེས་བྱའོ་ཞེས་གསུངས་པ་གང་ཡིན་པ་སྟེ། དེ་ལ་དཔྱད ་དུ་མེད་པ་ཞེས་བྱ་བ་ནི་འདི་དང་འདིའོ་ཞེས་རང་གི་རྟོག་པས་བརྟག་པར་མི་ནུས་པའི་ཕྱིར་རོ། །བརྟན?་དུ་མེད་པ་ཞེས་བྱ་བ་དེ་ཉིད་གཞན་དག་ལ་བསྟན་པར་མི་ནུས་པའི་ཕྱིར་རོ། །རྟེན་མ་ཡིན་ཞེས་བྱ་བ་ནི་དབང་པོ་གཟུགས་ཅན་རྣམས་ཀྱི་སྤྱོད ་ཡུལ་ལས་འདས་པའི་ཕྱིར་དབང་པོ་གཟུགས་ཅན་རྣམས་དེ་ལ་མི་གནས་སོ། །སྣང་བ་མེད་པ་ཞེས་བྱ་བ་ནི་མཚན་མའི་རང་བཞིན་མ་ཡིན་པའི་ཕྱིར་རོ། །རྣམ་པར་རིག་པ་མེད་པ་ཞེས་བྱ་བ་ནི་ཡིད་ཀྱི་རྣམ་པར་ཤེས་པའི་ཡུལ་མ་ཡིན་པའི་ཕྱིར ་རོ། །གནས་པ་མེད་པ་ཞེས་བྱ་བ་ནི་ཉོན་མོངས་པའི་གནས་སུ་མ་གྱུར་པའི་ཕྱིར་རོ། །དེ་ལྟར་བྱིས་པས་ཡོངས་སུ་བརྟགས་པ་ཐ་སྙད་ཅན་གྱི་རང་བཞིན་དང་མི་མཐུན་པའི་རྣམ་པ་དྲུག་གིས་འཕགས་པའི་ཡེ་ཤེས་སུ་དམིགས་པར་ཡོངས་སུ་སྟོན་པས་ཆོས ་བདག་མེད་པར་སྟོན་ཏོ། །ཇི་ལྟར་སྒྲོ་འདོགས་པའི་མཛའ་སྟོན་ཅེ་ན། བྱེ་བྲག་ཏུ་སྒྲོ་འདོགས་པར་ཡོངས་སུ་སྟོན་པ་དང། ངོ་བོ་ཉིད་དུ་སྒྲོ་འདོགས་པར་ཡོངས་སུ་སྟོན་པ་རྣམ་པ་གཉིས་ཀྱིས་སོ། །དེ་ལ་བྱེ་བྲག་ཏུ་སྒྲོ་འདོགས་པ་གང་ཞེ་ན། དེ་གོང་ནས་གོང་དུ ་རྣམ་པ་བརྒྱད་དུ་རིག་པར་བྱ་སྟེ། དངོས་པོ་དེ་ཉིད་ལ་རྟག་པར་འཛིན་པར་སྒྲ་འདོགས་པ་དང། མི་རྟག་པར་འཛིན་པར་སྒྲོ་འདོགས་པ་དང། རྟག་པར་སྒྲོ་བཏགས་པ་ལ་བརྟེན་ནས་བདག་ཏུ་འཛིན་པར་སྒྲོ་འདོགས་པ་དང། མི་རྟག་པར ་འཛིན་པར་སྒྲོ་བཏགས་པ་ལ་བརྟེན་ནས་བདག་མེད་པར་སྒྲོ་འདོགས་པ་དང། བདག་མེད་པར་འཛིན་པ་ལ་སྒྲོ་བཏགས་པ་ལ་བརྟེན་ནས་སེམས་ཡང་དག་པར་འཛིན་པར་སྒྲོ་འདོགས་པ་དང། བདག་ཏུ་འཛིན་པར་སྒྲོ་བཏགས་པ་ལ། ་བརྟེན་ནས་སེམས་ཡང་དག་པ་མ་ཡིན་པར་སྒྲོ་འདོགས་པ་སྟེ། དེ་ཡང་ངེས་པ་དང། ཡོངས་སུ་ཚོལ་བའོ། །དངོས་པོ་དེ་ཉིད་ལ་རྟག་པར་འཛིན་པར་སྒྲོ་འདོགས་པ་ནི། འོད་སྲུངས་རྟག་ཅེས་བྱ་བ་དེ་ནི་མཛའ་གཅིག་གོ་ཞེས་གསུངས ་པའི་ཕྱིར་རོ། །མི་རྟག་པར་འཛིན་པར་སྒྲོ་འདོགས་པ་ནི་མི་རྟག་ཅེས་བྱ་བ་དེ་ནི་མཛའ་གཉིས་ཞེས་གསུངས་པའི་ཕྱིར་རོ། །རྟག་པར་སྒྲོ་བཏགས་པ་ལ་བརྟེན་ནས་བདག་ཏུ་འཛིན་པ་ལ་སྒྲོ་འདོགས་པ་ནི་འོད་བསྲུངས ་བདག་ཅེས་བྱ་བ་དེ་ནི་མཛའ་གཅིག་གོ་ཞེས་གསུངས་པའི་ཕྱིར་རོ། །མི་རྟག་པར་འཛིན་པ་སྤྲོ་འདོགས་པ་ལ་བརྟེན་ནས་བདག་མེད་པར་འཛིན་པར་སྒྲོ་འདོགས་པ་ནི་བདག?་མེད་ཅེས་བྱ་བ་དེ་ནི་མཛའ་གཉིས་སོ་ཞེས་གསུངས་པའི་ཕྱིར་རོ། །བདག ་མེད་པར་འཛིན་པར་སྒྲོ་བཏགས་པ་ལ་བརྟེན་ནས་སེམས་ཡང་དག་པར་འཛིན་པར་སྒྲོ་འདོགས་པ་ནི་འོད་སྲུངས་སེམས་ཡང་དག་པར་ཞེས་བྱ་བ་དེ་ནི་མཛའ་གཅིག་ཞེས་གསུངས་པའི་ཕྱིར་རོ། །བདག་ཏུ་འཛིན་པར་སྒྲོ་བཏགས་པ་ལ ་བརྟེན་ནས་སེམས་ཡང་དག་པ་མ་ཡིན་པར་སྒྲོ་འདོགས་པ་ནི་སེམས་ཡང་དག་པ་མ་ཡིན་པ་ཞེས་བྱ་བ་དེ་ནི་མཛའ་གཉིས་སོ་ཞེས་གསུངས་པའི་ཕྱིར་རོ། །སེམས་ཡང་དག་པར་འཛིན་པར་སྒྲོ་འདོགས་པ་དེ་ཡང་ངེས་པ་དང། ཡོངས་སུ ་ཚོལ་བའོ། །ཡོངས་སུ་ཚོལ་བ་ནི་ཡོངས་སུ་རྟོག་པ་དེའི་གནས་དང། ཡོངས་སུ་རྟོགS་པ་དེ་དང་རབ་ཏུ་ལྡན་པའོ། །སེམས་ཡང་དག་པ་མ་ཡིན་པར་འཛིན་པར་སྒྲོ་འདོགས་པ་ལ་བརྟེན་པའི་མི་དགེ་བ་ལ་སོགས་པར་འཛིན་པར་སྒྲོ་འདོགས་པ ་ནས་ཀུན་ནས་ཉོན་མོངས་པར་འཛིན་པར་སྒྲོ་འདོགས་པའི་བར་དུའོ། །མི་མཐུན་པའི་ཕྱོགས་ཀུན་ནས་ཉོན་མོངས་པའི་ཆོས་རྣམས་ཀྱིས་མེས་པ་ལྔ་སྟེ། ཕྱིན་ཅི་ལོག་གི་ཉེས་པ་དང་སྤྲོས་པའི་ཉེས་པ་དང། ཉེས་པར་སྤྱད་པ་ལས་བྱུང་བའི ་ཆོས་རྣམས་དང། གནས་ངན་ལེན་གྱི་ཉེས་པ་དང། མི་རྟག་པའི?་ཉེས་པའོ། །སེམས་ཡང་དག་པ་ལ་སྒྲོ་འདོགས་པར་བརྟེན་པ་ནི?་གང་ལ་སེམས?་མེད་པ་དང། སེམས་པ་མེད་པ་དང། ཡིད་མེད་པ་དང། རྣམ་པར་ཤེས་པ་མེད ་པ་དེ་ནི་འོད་སྲུངས་དབུ་མའི་ལམ་ཆོས་རྣམས་ལ་ཡང་དག་པར་སོ་སོར་རྟོག་པ་ཞེས་བྱ་སྟེ། དགེ་བ་དང། མི་དགེ་བ་རྣམས་དང། འཇིག་རྟེན་པ་དང། འཇིག་རྟེན་ལས་འདས་པ་རྣམས་དང། ཁ་ན་མ་ཐོ་བ་དང་བཅས་པ་དང། ཁ་ན་མ་ཐོ་བ་མེད་པ་རྣམས་དང། ་ཟག་པ་དང་བཅས་པ་དང། ཟག་པ་མེད་པ་རྣམས་དང། འདུས་བྱས་དང། འདུས་མ་བྱས་རྣམས་ཏེ། ཆོས་ཐམས་ཅད་ཀྱང་དེ་བཞིན་ནོ་ཞེས་བྱའོ་།དེ་ལ་ངེས་པ་དེའི་གཉེན་པོར། སེམས་མེད་ཅེས་བྱ་བ་གསུངས་སོ། །ཡོངས་སུ་ཚོལ་བ་དེའི་གཉེན་པོར ་སེམས་པ་ཞེས་བྱ་བ་གསུངས་སོ། །ཡོངས་སུ་རྟོག་པའི་གནས་དེའི་གཉེན་པར་ཡིད་མེད་པར་ཞེས་བྱ་བ་གསུངས་སོ། །ཡོངས་སུ་རྟོག་པ་དེ་དང་རབ་ཏུ་ལྡན་པ་དེའི་གཉེན་པོར་རྣམ་པར་ཤེས་པ་མེད་པ་ཞེས་བྱ་བ་གསུངས་སོ། །མི་མཐུན་པའི་ཕྱོགས་ཀུན་ནས ་ཉོན་མོངས་དག་ལས་མི་དགེ་བ་རྣམས་ནི་ཕྱིན་ཅི་ལོག་གི་ཉེས་པར་འཇིག་རྟེན་པ་དག་གིས་སྤྲོས་པའི་ཉེས་པ་ཁ་ན་མ་ཐོ་བ་དང་བཅས་པ་དག་ནི་ཉེས་པར་སྤྱོད་པ་ལས་བྱུང་བའི་ཉེས་པ་ཟག་པ་དང་བཅས་པ་དག་ནི་གནས་ངན་ལེན་གྱི་ཉེས་པ་འདུས? ་བྱས་དག་ནི་མི་རྟག་པའི་ཉེས་པས་སོ། དེ་ལྟར་དེ་ནི་སེམས་ཡང་དག་པ་མ་ཡིན་པ་མི་དགེ་བ་ལ་སོགས་པར་འཛིན་པར་སྒྲོ་འདོགས་པ་ནས་ཀུན་ནས་ཉོན་མོངས་པ་སྒྲོ་འདོགས་པའི་བར་དུ་སྟེ། འོད་སྲུངས་ཀུན་ནས་ཉོན་མོངས་པ་ཞེས་བྱ་བ་དེ་ནི? ་མཛའ་གཅིག་གོ་ཞེས་གསུངས་པ་གང་ཡིན་པའོ། །སེམས་ཡང་དག་པར་འཛིན་པར་སྒྲོ་བཏགས་པ་ལ་བརྟེན་པ་དེའི་གཉེན་པོ་རྣམ་པར་བྱང་བའི་ཆོས་དགེ་བ་དང། འཇིག་རྟེན་ལས་འདས་པ་དང། ཁ་ན་མ་ཐོ་བ་མེད་པ་དང། ཟག་པ་མེད ་པ་དང། འདུས་མ་བྱས་རྣམས་ལ་དགེ་བ་ལ་སོགས་པ་སྒྲོ་འདོགས་པ་ནས་རྣམ་པར་བྱང་བར་སྒྲོ་འདོགས་བ་ཏེ་རྣམ་པར་བྱང་བ་ཞེས་བྱ་བ་དེའི་མཛའ་གཉིས་སོ་ཞེས་གང་གསུངས་པའོ། །བརྒྱད་པོ་འདི་དག་ནི་བྱེ་བྲག་ཏུ་སྒྲོ་བཏགས་པ་ཡིན་ཏེ། ་བྱང་ཆུབ་སེམས་དཔའ་ནི་བྱེ་བྲག་ཏུ་སྒྲོ་འདོགས་པ་བརྒྱད་པོ་དེ་དག་མངོན་པར་ཞེན་པའི་ཁས་མི་ལེན་ཏོ། གཞན་དག་ཡང་དག་པར་འཛིན་དུ་འཇུག་པའི་ཚུལ་གྱིས་མི་བརྗོད་དོ། །གཞན་དག་ལ ་ཀུན་ཏུ་བསྙད་མི་ཚུལ་གྱིས་མི་སྨྲ་སྟེ། འོད་སྲུངས་མཛའ་དེ་གཉིས་ཀ་ཁས་མི་ལེན་ཅིང་མི་བརྗོད་མི་སྨྲ་བ་གང་ཡིན་པ་དེ་ནི་དབུ་མའི་ལམ་ཆོས་རྣམས་ལ་ཡང་དག་པར་སོ་སོར་རྟོག་པའོ་ཞེས་གསུངས་པའི་ཕྱིར་རོ། །གོ་རིམས ་བཞིན་ནོ། །བརྒྱད་པོ་འདི་དག་ནི་བྱེ་བྲག་ཏུ་སྒྲོ་འདོགས་པའོ་།དེ་ལ་ངོ་བོ་ཉིད་དུ་སྒྲོ་འདོགས?་པ་ནི་གང་བྱེ་བྲག་ཏུ་སྒྲོ་འདོགས་པ་རྣ་པ་བརྒྱད་པོ་དེའི་གནས་བྱིས་པས་ཡོངས་སུ་བརྟགས་པ་རྣམས་ལ་ཐ་སྙད་ཀྱི་ངོ་བོ་ཉིད ་དུ་སྒྲོ་འདོགས་ཏེ། སྔར་སྨོས་པའི་དངོས་པོ་གསུམ་པོ་དེ་ཉིད་ལ་ཡོད་དོ་ཞེས་སྒྲོ་འདོགས་པ་སྟེ། འོད་སྲུངས་ཡོད་ཅེས་བྱ་བ་དེ་ནི་མཛའ་གཅིག་གོ་ཞེས་གསུངས་པའི་ཕྱིར་རོ། །དེ་ལྟར་ན་སྒྲོ་འདོགས་པའི་མཛའ་སྟོན་ཏོ ་ཇི་ལྟར་སྐུར་པ་འདེབས་པའི་མཛའ་སྟོན་ཅེ་ན། རྣམ་པ་གཅིག་གིས་དངོས་པོ་ཡོད་པ་ལ་སྐུར་བ་འདེབས་ཡང་ཡོངས་སུ་སྟོན་ཏོ། །དེ་ལ་འདི་ནི་དངོས་པོ་ཡོད་པ་ལ་སྐུར་པ་འདེབས་པ་སྟེ། ཇི་ལྟར་ཆོས་ལ་བདག་མེད ་པར་ལོག་པར་མོས་པ་སྟེ། རྣམ་པ་ཐམས་ཅད་དུ་ཆོས་ཐམས་ཅད་མཚན་ཉིད་མེད་པར་ཞེན་པ་ཡིན་ཏེ། མེད་ཅེས་བྱ་བ་དེ་མཛའ་གཉིས་སོ་ཞེས་གསུངས་པའི་ཕྱིར། །དེ་ཡང་མདོར་བསྡུ་ན་སྒྲོ་འདོགས་པ་དང། སྐུར ་པ་འདེབས་པའི་མཛའ་དང་བྲལ་བའི་རྣམ་པ་དྲུག་གིས་དབུ་མའི་ལམ་ཡོངས་སུ་བསྟན་པའོ། །ཇི་ལྟར་ཆོས་མངོན་པར་རྟོགས་པར་སྟོན་ཅེ་ན། རིག་པ་དང་མ་རིག་པ་འདི་དག་གཉིས་མ་ཡིན་ཞིང་རྣམ་པ་གཉིས་སུ་དབྱེར་མེད་དེ།? ་འོད་སྲུངས་འདི་ལ་ཤེས་པ་གང་ཡིན་པ་དེ་ནི་དབུ་མའི་ལམ་ཆོས་རྣམས་ལ་ཡང་དག་པར་སོ་སོར་རྟོག་པ་ཞེས་བྱ་བའོ། །ཚིག་འདིས་ནི་རྣམ་པ་གསུམ་གྱིས་མངོན་པར་རྟོགས་པར་སྟོན་ཏེ། སྔར་བསྟན་པའི་དངོས་པོ་དེ་ཉིད་དང། ་དངོས་པོ་བཞི་གང་ཞེ་ན། རྟེན་ཅིང་འབྲེལ་བར་འབྱུང་བ་མི་མཐུན་པའི་ཕྱོཌ་དང། གཉེན་པོ?་དང། འདུས་བྱས་དང། འདུས་མ་བྱས་སུ་རྣམ་པར་བཞག་པ་གང་ངས་ཁྱེད་རྣམས་ལ་བསྟན་པ་མ་རིག་པའི་རྐྱེན་གྱིས་འདུ་བྱེད་ཅེས་བྱ་བ་ནས་སྐྱེ ་བའི་རྐྱེན་གྱིས་རྒ་ཤི་དང། མྱ་ངན་དང། སྨྲེ་སྔགས་འདོན་པ་དང། སྡུག་བསྔལ་བ་དང། ཡི་དམ་བདེ་བ་དང། འཁྲུག་པ་རྣམས་འབྱུང་སྟེ། དེ་ལྟར་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འདི་འབའ་ཞིག་འབྱུང་བར་འགྱུར་རོ་ཞེས ་གང་གསུངས་པ་མི་མཐུན་པའི་ཕྱོགས་དང་འདུས་བྱས་རྣམ་པར་བཞག་པ་དང། འདི་ལྟ་སྟེ་མ་རིག་པ་འགགས་པས་འདུ་བྱེད་འགག་ཞེས་བྱ་བ་ནས་སྐྱེ་བ་འགགས་པས་རྒ་ཤི་དང། མྱ་ངན་དང། སྨྲེ་སྔགས་འདོན་པ་དང། སྡུག ་བསྔལ་བ་དང། ཡིད་མི་བདེ་བ་དང། འཁྲུག་པ་རྣམས་འགག་སྟེ། དེ་ལ་སྡུག་བསྔལ་གྱི་ཕུང་པོ་ཆེན་པོའི་དེ?་འབའ་ཞིག་འགག་པར་འགྱུར་ཞེས་གང་གསུངས་པ་གཉེན་པོ་དང། འདུས་མ་བྱས་རྣམ་པར་བཞག་པ་ལ་ངོ་བོ ་ཉིད་མི་དམིགས་པར་ཡོངས་སུ་བརྗོད་པ་དང་བྱེ་བྲག་མི་དམིགས་པར་ཡོངས་སུ་བརྗོད་པ་དང། དེ་གོམས་པར་བྱས་པས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པའི་བར་དུ་རྟོགས་པ་ཡོངས་སུ་བརྗོད་པས་སོ། །དེ་ལ་ངོ་བོ་ཉིད་མི་དམིགས་པ་འདི ་ནི་གང་རིག?་པ་དང། མ་རིག་པ་གཉིས་ཕྱིས་པས་ཡོངས་སུ་བརྟགས་པའི་ངོ་བོ་ཉིད་དུ་མི་དམིགས་པ་སྟེ། འོད་སྲུངས་དེ་ལ་རིག་པ་དང་མ་རིག་པ་དེ་དག་གཉིས་མ་ཡིན་ཞིང་ཞེས་བྱ་བ་དང། དེ་བཞིན་དུ་འདུ་བྱེད་དང། འདུས་མ་བྱས ་དང། རྣམ་པར་ཤེས་པ་དང། རྣམ་པར་ཤེས་པ་ལ་འགག་པ་ཞེས་བྱ་བ་ནས་རྒ་ཤི་དང། རྒ་ཤི་འགག་བ་དེ་དག་གཉིས་མ་ཡིན་ཞེས་གསུངས་པའོ། །དེ་ལ་བྱེ་བྲག་མི་དམིགས་པ་འདི་ནི། གང་བྱིས་པས ་ཡོངས་སུ་བརྟགས་པའི་ངོ་བོ་ཉིད་དེའི་འགག་པ་དང། སྐྱེ་བ་ཀུན་ཏུ་འཐོབ་བ་རྣམ་པ་གཉིས་སུ་མེད་པར་མི་དམིགས་པ་སྟེ། རྣམ་པ་གཉིས་སུ་དབྱེར་མེད་ཅེས་གང་གསུངས་པའོ། །དེ་ལ་བྱེ་བྲག་མི་དམིགས་པ་འདི་ནི་གང་བྱིས་པས ་ཡོངས་སུ་བརྟགས་པའི་ངོ་བོ་ཉིད་དེ་འགག་པ་དང། སྐྱེ་བ་ཀུན་ཏུ་འཐོབ་པ་རྣམ་པ་གཉིས་སུ་མེད་པར་མི་དམིགས་པ་སྟེ། རྣམ་པ་གཉིས་སུ་དབྱེར་མེད་ཅེས་གང་གསུངས་པའོ། །དེ་ལ་ཤེས་པའི་རབ་ཏུ་རྟོགས་པ་འདི་ནི། འོད་སྲུངས ་འདི་ལ་ཤེས་པ་གང་ཡིན་པ་དེ་ནི་དབུ་མའི་ལམ་ཆོས་རྣམས་ལ་ཡང་དག་པར་སོ་སོར་རྟོག་པ་ཞེས་བྱ་བའོ་ཞེས་གསུངས་པ་སྟེ། དེ་དང་དེའི་གནས་ཀྱི་མཚན་མ་ཡིད་ལ་མི་བྱེད་པར་སྦྱོར་བ་དང། མི་བརྗོད་པར ་སྦྱོར་བས་སོ་སོར་རང་གི་ཡེ་ཤེས་ཀྱི་ཆོས་བདག་མེད་པར་རབ་ཏུ་རྟོགས་པ་སྟེ། དེ་ལྟར་ཆོས་མངོན་པར་རྟོགས་པར་སྟོན་ཏོ། །ཇི་ལྟར་ཆོས་མངོན་པར་རྟོགས་པ་བྱང་ཆུབ་ཆེན་པོར་ཡོངས་སུ་བསྔོ་བར་སྟོན་ཅེ་ན། རྣམ ་པ་གཅིག་གིས་ཏེ། འོད་སྲུངས་གཞན་ཡང་དབུ་མའི་ལམ་ཆོས་རྣམས་ལ་ཡང་དག་པར་སོ་སོར་རྟོག་པ་ནི་གང་སྟོང་པ་ཉིདཀྱིས་ཆོས་རྣམས་སྟོང་པར་མི་བྱེད་ཅེས་བྱ་བ་ལ་སོགས་པ་ཚིག་བདུན་པོ་དགེ་གསོ། ་བྱང་ཆུབ་སེམས་དཔའ་སེམས་ཅན་ལ་སྙིང་བརྩེ་བས་སྟོང་པ་ཉིད་ཀྱིས་ཆོས་རྣམས་སྟོང་པར་མི་བྱེད་དེ། ཉོན་མོངས་པ་རྣམས་ནི་མི་སྤོང་དོ་ཞེས་བྱ་བའི་ཐ་ཚིག་གོ་།དེ་བཞིན་དུ་སྨོན་པར་བྱེད་པས་སྨོན་པར་སྨོན་པ་མེད་པར ་མི་བྱེད། མཚན་མ་མེད་པས་མཚན་མ་མེད་པར་མི་བྱེད། མངོན་པར་འདུ་མི་བྱེད་པས་མི་སྲིད་པ་ཅན་གྱི་ལས་དང་སྐྱེ་བའི་རྒྱུན་དང། སྐད་ཅིག་གིས་སྐྱེ་བའི་རྒྱུན་དང། འདུ་བྱེད་ཐམས་ཅད་ངོ་བོ་ཉིད་མེད་པས་མྱ་ངན་ལས་འདས་པ་དང། འཁོར ་བའི་རྒྱུན་ཏེ། དེ་ལྟར་ཆོས་མངོན་པར་རྟོགས་པ་བྱང་ཆུབ་སེམས་དཔའ་སྟོང་པར་སྟོན་ཏོ། །དེ་ལྟར་ཞུགས་པ་ཇི་ལྟར་ཉོན་མོངས་པ་དང། སྡུག་བསྔལ་གཉིས་ཀྱིས་སེམས་མ་ཟིན་པར་སྟོན་ཅེ་ན། རྣམ་པ་གཅིག་གིས་ཏེ། ཆོས་ཉིད་སྟོང་པ་ཞེས ་བྱ་བ་ནས། ཆོས་ཉིད་ངོ་བོ་ཉིད་མེད་ཅེས་བྱ་བའི་བར་དུ་ཚིག་རྣམ་པ་བདུན་པོ་དག་གིས་སོ། །མི་མཐུན་པའི་ཕྱོགས་ཀྱི་ཆོས་རྣམས་མ་སྤངས་ཀྱང་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་རྟོགས་པའོ། །དེ་ལ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་རྟོཌ་པ་འདི་ཆོས་ལ ་བདག་མེད་པ་ལ་སྦྱོར་བ་ལ་མི་མཐུན་པའི་ཕྱོགས་སུ་གྱུར་པའི་ཆོས་དེ་དག་ཉིད་རང་བཞིན་གྱིས་ཉོན་མོངས་བ་ཅན་མ་ཡིན་པ་དང། སྡུག་བསྔལ་མེད་བར་ཡང་དག་པར་རྗེས་སུ་མངོན་པ་སྟེ། དེ་ལྟར་ན་དེ་ལྟར་ཞུགས་པ་ཉོན་མོངས་པ་དང། སྡུག ་བསྔལ་གཉིས་ཀྱིས་སེམས་མ་ཟིན་པར་སྟོན་ཏོ། །ཇི་ལྟར་ཁྱད་པར་སྟོན་ཅེ་ན། རྣམ་པ་བཞི་པོ་དག་གིས་ཏེ། མཐོང་བའི་བྱེ་བྲག་ཡོངས་སུ་སྟོན་པ་དང། དེ་དག་ཐག་རིང་པོ་ནས་དམ་པའི་བྱེ་བྲག་ཡོངས་སུ་སྟོན་པ་དང། སྤོང་བ་རྣམ་པར་འཁྲུལ་པའི ་བྱེ་བྲག་ཡོངས་སུ་སྟོན་པ་དང། སེམས་རྣམ་པར་འཁྲུལ་པའི་བྱེ་བྲག་ཡོངས་སུ་སྟོན་པས་སོ། །དེ་མཐོང་བའི་བྱེ་བྲག་འདི་ནི་འོད་སྲུངས་གང་ཟག་རྣམ་པར་བཞག་པའི་ཕྱིར་སྟོང་པ་ཉིད་མ་ཡིན་ཞེས་བྱ་བ་སྟེ། གང་ཟག་མེད་པར་མཐོང་བ་ཙམ་སྟོང ་པ་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ་།དེ་ཅིའི་ཕྱིར་ཞེ་ན། གང་ཟག་ལ་བདག་མེད་པ་ལ་གནས་ཀྱི། ཆོས་ལ་བདག་མེད་པ་མ་མཐོང་བ་དང། འདུ་བྱེད་དུ་གྱུར་པར?་ཟུང་བ་ལ་ཡོངས་སུ་མ་བརྟོགས་པ་དང། འཁོར་བར་གཏོགས་པུ་བདག་མེད ་པར་ཤེས་པའི་འཛིན་པ་ཐ་སྙད་ཀྱི་རང་བཞིན་དང་བྲལ་བ་སྟོང་པ་ཉིད་ཀྱིས་བསྡུས་པ་འདས་པ་དང། མ་འོངས་བ་དང། ད་ལྟར་གྱི་དུས་རྣམས་ལ་ཡོངས་སུ་མ་བརྟགས་པ་སྟེ། ཤེས་བྱ་བ་ལ་ཤིན་ཏུ་མ་བརྟགས ་པའི་ཕྱིར་ཆོས་ཀྱི་བདག་ཉིད་ཅན་ནི་མྱ་ངན་ལས་འདས་པ་ལ་མ་འོངས་པ་ན་ཆད་པར་མངོན་པའི་ང་རྒྱལ་དུ་འགྱུར་རོ། །སྟོང་པ་ཉིད་ཅེས་བྱ་བ་ནི། ཡོངས་སུ་བརྟགས་པ་ཐ་སྙད་ཅན་གྱི་ཆོས་ཀྱི་བདག་ལ་མངོན་པར་ཞེན་པར་འཛིན་པས ་སྟོང་པ་ཉིད་ཀྱི་ཕྱིར་འབྲང་གི་ཆོས་ལ་བདག་མེད་པ་དོན་དམ་པ་སྟོང་པ་ཉིད་ལམ་ཡིན་ཏེ། དེ་སྔར་ནི་གང་ཟག་ཏུ་འཛིན་པ་མ་སྤངས་ལ། ཕྱིས་ནི་ཆོས་སུ་འཛིན་པ་བྱུང་བས་ན་གསུང་རབ་འདི་ལ་ཉམས། རབ་ཏུ་ཉམས་ཏེ། བྱང ་ཆུབ་སེམས་དཔའ་ནི་དེ་ལྟ་མ་ཡིན་ནོ། །དེ་བས་ན་བྱང་ཆུབ་སེམས་དཔའ་ཨི་ལམ་ལ་སྦྱོར་བ་ཁྱད་པར་དུ་བྱ་བའི་དོན་དུ་ཆོས་ལ་བདག་མེད་པ་རབ་ཏུ་བསྟན་པའི་ཕྱིར་བཅོམ་ལྡན་འདས་ཀྱི་འོད་སྲུངས་སྟོང་པ་ཉིད་ཀྱི་ཕྱིར ་འབྲང་བར་བྱའོ། །གང་ཟག་ལ་མ་ཡིན་ནོ་ཞེས་གསུངས་ཏེ། དེ་ལྟར་མཐོང་བའི་བྱེ་བྲག་སྟོན་ཏོ། །དེ་ལ་ཐག་རིང་བོས་དམའ་བ་འདི་ནི་གང་ཟག་བདག་མེད་པ་ལ་གནས་པ་དག་སོ་སོའི་སྐྱེ་བོ་བདག་ཏུ་ལྟ་བ་དམའ་བས་ཀྱང་ཆེས་དམའ ་བར་འགྱུར་ཏེ། སྡུག་བསྔལ་ལས་རྣམ་པར་གྲོལ་བ་དང། སྡུག་བསྔལ་དང་གནས་པ་རྣམ་པ་གཉིས་ཀྱི་ཕྱིར། །དེ་ནི་རྒྱུ་གཅིག་སྟེ། འོད་སྲུངས་གང་ཟག་ཏུ་ལྟ་བ་ལ་གནས་བ་རི་རབ་ཙམ་བླའི། མངོན་པའི་ང་རྒྱལ་ཅན་སྟོང་པ་ཉིད ་དུ་ལྟ་བ་ནི་དེ་ལྟ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ལྟ་བར་སོང་བ་ཐམས་ཅད་ལས་བྱུང་བ་ནི་སྟོང་པ་ཉིད་ན་གང་སྟོང་པ་ཉིད་དུ་ལྟ་བ་དེ་ནི་གསོར?་མི་རུང་ངོ་ཞེས་ང?་འཆད་དོ་ཞེས་བྱ་བའི་ཚིག་འདིས་དོན་འདི་བསྟན་ཏོ། །གང་ཟག་ཏུ་ལྟད ་རི་རབ་ཙམ་བླ་ཞེས་བྱ་བ་ནི་གང་ཟག་ཏུ་ལྟ་བ་གཉེན་པོ་དང་བཅས་བའི་ཕྱིར་སྤོང་ནུས་པར་སྟོན་ཏོ། །མངོན་པའི་ང་རྒྱལ་ཅན་སྟོང་པ་ཉིད་དུ་ལྟ་བ་དེ་ནི་དེ་ལྟ་མ་ཡིན་ཞེས་བྱ་བ་ནི་ཆོས་ལ་བདག་མེད་པ་མཐོང་བས་བདག་གི་སྟོང་པ་ཉིད་ཀྱིས་འདུ་བྱེད ་རྣམས་སྟོང་བར་མཐོང་ངོ་སྙམ་པའི་མངོན་པའི་ང་རྒྱལ་ཅན་དུ་རིག་པར་བྱའོ། །ཀུན་ཏུ་བརྟགས་པའི་ངོ་བོ་ཉིད་ཀྱིས་སྟོང་པ་ཉིད་ཀྱང་སྟོང་ན་བརྗོད་དུ་མེད་པའི་བདག་ཉིད་གྱིས་སྟོང་པ་ཉིད་ལ་སྟོང་ངོ་ཞེས་ཀུན་ཏུ་བརྟགས་པའི་རང་བཞིན་དུ་སྒྲོ་འདོགས ་པ་ནི་ཕྱིན་ཅི་ལོག་ཏུ་རབ་ཏུ་གནས་ཏེ། སྒྲོ་འདོགས་པའི་ལྟ་བས་སྟོང་པ་ཉིད་དུ་ལྟ་བ་མ་ཡིན་ནོ། །གང་སྟོང་བ་ཉིད་དུ་ལྟ་བ་དེ་ནི་གཉེན་པ་མེད་པས་གསོར་མི་རུང་བར་རིག་པར་བྱའོ། །གསོར་མི་རུང་བའི་ཕྱིར་སྐྱེ་བ་ལ་སོགས་པའི་སྡུག་བསྔལ་ལས ་ཡོངས་སུ་མི་གྲོལ་ལོ། །དུས་ཐམས་ཅད་དུ་ཉོན་མོངས་པའི་གདུང་བ་དང་ལྡན་པས་སྡུག་བསྔལ་དང་གནས་ཏེ། ནད་པ་གསོར་མི་རུང་བ་བཞིན་ནོ། །སྔོན་དང་ཕྱི་མར་རྣམ་པ་གཉིས་ཀྱིས་རྣམ་པར་འཇིག་པ་ནི་རྒྱུ་གཉིས་པ་སྟེ། འོད་སྲུངས་འདི ་ལྟ་སྟེ་དཔེར་ན་སྐྱེས་བུ་ནད་པ་དེ་ལ་སྨན་པ་དེས་སྨན་བྱིན་ནས་ཞེས་བྱ་བའི་དཔེ་འདིས་སྟོང་ངོ། །དེ་འདི་ལྟ་སྟེ་དཔེར་ན་ནང་པས་ཆོས་བཞིན་ལེགས་པར་མ་བྱས་པས་ཉེས་པར་བསྐྱོད་པ་རྣམས་མི་འབྱུང་བའི་རྒྱུ་ལས་བྱུང་བ་དང། ནད་དང་ལྡན ་པའི་རྒྱུ་ལས་བྱུང་བའི་ཕྱིར་སྔ་ཕྱི་ཚོར་བ་རྣམ་པ་གཉིས་མྱོང་བ་དེ་བཞིན་དུ་གང་ཟག་ལེ་བདག་མེད་པར་ལྟ་བ་ལས་རབ་ཏུ་བསྐྱོད་ཀྱང་བདག་ཏུ་ལྟ་བ་མ་སྤངས་པས་སྟོང་པ་ཉིད་ལ་ཆོས་ཀྱི་བདག་ཏུ་འཛིན་པ་འབྱུང་བས་ཉོན་མོངས ་པའི་ནད་དང་ལྡན་ཏེ། སྔ་ཕྱི་འཛིན་པ་གཉིས་ཀྱིས་རྣམ་པར་འཇིག་པས་རབ་ཏུ་ཉམས་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་ནི་དེ་ལྟ་མ་ཡིན་ཏེ། འདི་ནི་ཐག་རིང་པོ་དམའ་བའ་ཨི་བྱེ་བྲག་གོ་།དེ་ལ་སྤོང?་བ་རྣམ་པར་འཁྲུལ་བའི་བྱེ་བྲག ་འདི་ནི་འོད་སྲུངས་འདི་ལྟ་སྟེ་དཔེར་ན་སྐྱེས་བུ་ལ་ལ་ཞིག་ནམ་མཁས་འཇིག་སྐྲག་ཅེས་རྒྱ་ཆེར་གསུངས་པའོ། །དཔེར་ན་ལ་ལ་ཞིག་རང་གི་རྣམ་པར་རྟོག་པ་ལས་བྱུང་བའི་ནམ་མཁའ་ལ་འགའ་ཞིག་ཏུ་སྒྲོ ་འདོགས་པའོ། །སྒྲོ་བཏགས་ནས་དེས་འཇིགས་སྐྲག་སྟེ། ནམ་མཁའ་འདི་སོལ་ཞེས་ཟེར་བ་དེ་བཞིན་དུ་གང་ཟག་ལ་བདག་མེད་བ་ལ་གནས་ལ་ཆོས་ལ་བདག་མེད་པ་ཉིད་དུ་མངོན་པར་ཞེན་ནས་སྐྲག་སྟེ། ནམ་མཁའ་ལྟ་བུར ་བརྗོད་དུ་མེད་པའི་དངོས་པོ་ལས་མེད་པ་ལས་ཀུན་ཏུ་བརྟགས་ནས་གཟུགས་ལ་སོགས་པར་སྒྲོ་འདོགས་སོ། །སྒྲོ་བཏགས་ནས་བསམ་གཏན་བའི་མགོའི་ཐོད་པ་བཞིན་དུ་དེ་ཉིད་ལ་ཆད་པར་ཡོངས་སུ་ཚལ་ལོ། །བྱང་ཆུབ ་སེམས་དཔའ་ནི་དེ་ལྟ་མ་ཡིན་ཏེ། འདི་ནི་སྤོང་བ་རྣམ་པར་འཁྲུལ་པའི་བྱེ་བྲག་གོ། དེ་ལ་སེམས་རྣམ་པར་འཁྲུལ་པའི་བྱེ་བྲག་འདི་ནི་འདི་ལྟ་སྟེ། དཔེར་ན་སྐྱེས་བུ་རི་མོ་མཁན་བདག་ཉིད་ཀྱིས་གནོད་སྦྱིན་གྱི་གཟུགས་འཇིཌ ་འཇིགས་ལྟ་ཞིག་བྲིས་ན་ཞེས་རྒྱ་ཆེར་གསུངས་སོ། །དེ་བཞིན་དུ་སྤོང་བ་རྣམ་པར་འཁྲུལ་བ་གང་ཟག་ལ་བདག་མེད་པ་ལ་གནས་པ་ཡང་རང་གི་རྣམ་པར་རྟོག་པ་ལས་བྱུང་བའི་ཡུལ་རྣམས་ལས་འདུ་ཤེས་ཕྱིན་ཅི་ལོག ་ལ་སོགས་པས་ཕྱིན་ཅི་ལོག་སྟེ། བྱང་ཆུབ་སེམས་དཔའ་ནི་དེ་ལྟ་མ་ཡིན་ནོ། །འདི་ནི་སེམས་རྣམ་པར་འཁྲུལ་པའི་བྱེ་བྲག་སྟེ། དེ་ལྟར་རྣམ་པ་བཞིས་བྱེ་བྲག་དུ་སྟོན་ཏོ། །ཇི་ལྟར་རྒྱུ་སྟོན་ཅེ་ན། སྒྱུ་མ་མཁན་གྱི་དཔེ་དང། ་ཤིང་གཉིས་ཀྱི་དཔེ་དང་དཔེ་གཉིས་ཀྱིས་སོ། །དཔེ་དང་པོས་ནི་འཛིན་པ་ལ་སོ་སོར་རྟོག་པ་ཡོངས་སུ་བསྟན་ཏེ་གང་ཟག་ལ་བདག་མེད་པའི་ཡེ་ཤེས་འདུ་བྱེད་ཙམ་དུ་འཛིན་པ་ལ་ཆོས་ལ་བདག་མེད་པའི་ཡེ་ཤེས་ཀྱིས ་སོ་སོར་རྟོག་གོ་།དེ་བས་ན་ཆོས་ལ་བདག་མེད་པའི་ཡེ་ཤེས་ནི་འཛིན་པ་ལ་སོ་སོར་རྟོག་པ་ཞེས་བྱའོ། །དེ་ཡོད་ན་ཡོད་པའི་ཕྱིར་གང་ཟག་ལ་བདག་མེད་པའི་ཡེ་ཤེས་ནི་ཆོས་ལ་བདག་མེད་པའི་ཡེ་ཤེས་ཀྱི་རྒྱུ་ཡིན་ཏེ། དཔེར་ན་སྒྱུ་མ ་མཁན་ནི་སྒྱུ་མའི་སྤྲུལ་བའི་རྒྱུ་ཡིན་པ་བཞིན་ཏེ། ཇི་ལྟར་སྒྱུ་མ་སྦྲུལ་པས་སྒྱུ་མ་མཁན་ཟོས་པ་བཞིན་དུ་རྣལ་འབྱོར་སྤྱོད་པའི་ཆོས་ལ་བདག་མེད་པའི་ཡེ་ཤེས་ཀྱིས་གང་ཟག་ལ་བདག་མེད་པའི་ཡེ་ཤེས་ཟོས་སོ། །ཐ་སྙད་ཅན་གྱི་རང་བཞིན ་དང་བྲལ་བས་སྟོང་པའོ། །དེ་ཡོངས་སུ་རྟོག་པ་དང་བྲལ་བས་གསོག་གོ་།སྤང་བར་བྱ་བའི་མཚན་ཉིད་ཡིན་པ་གསོབ་བེ། །སྐད་ཅིག་པ་ཡིན་པས་སྙིང་པོ་མེད་པའོ། །སོ་སོར་རྟོག་པ་ནི་ཟབ་ལྟ་བུའོ། །དཔེ་གཉིས་པ་འདི་ལྟ་སྟེ། ཡང་དག ་པར་རབ་ཏུ་རྟོགས་པར་ཡོངས་སུ་སྟོན་ཏོ། །དེ་ལ་འདི་ལྟ་སྟེ། ཡང་དག་པར་རབ་ཏུ་རྟོགས་པ་འདི་ནི་གཟུང་བ་དང་འཛིན་པ་ལས་ཡོངས་སུ་རྟོག་པ་ཚུལ་བཞིན་ཡིད་ལ་བྱེད་པ་གཉིས་ཀྱི་རྗེས་སུ་འགྲོ་བ་ལས། སོ་སོར་རང་གིས་རིག་པ་ངེས ་བའི་ཡེ་ཤེས་སྐྱེ་བ་གང་ཡིན་པའོ། །དེ་ལ་གཟུང་བ་ལ་རྟོག་པ་ནི་གང་ཟག་ལ་བདག་མེད་པའི་ཡེ་ཤེས་སོ། །འཛིན་པ་ལ་རྟོག་པ་ནི་ཆོས་ལ་བདག་མེད་པར་སྦྱོར་བའི་ཡེ་ཤེས་སོ། །གཙུབ་གཏན་དང། གཙུབ་ཤིང་གཉིས་ལྟ་བུའི་ཚུལ ་བཞིན་ཡིད་ལ་བྱེད་པ་དེ་གཉིས་ཀྱི་ཡིད་ལ་བྱེད་པའི་རྗེས་སུ་འགྲོ་བ་ལས། སོ་སོ་རང་གིས་རིག་པ་ངེས་པའི་ཡེ་ཤེས་སྐྱེ་བ་ནི་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་རྟོག་པ་ཞེས་བྱའོ། །ཤིང་གཉིས་ཀྱི་དཔེ་འདིས་ནི་རྒྱུ་ཉིད་དུ་སྟོན་ཏོ། །ཇི་ལྟར ་ཤིང་གཉིས་གཙུབས་བ་ལས་མི་བྱུང་ནས་ཤིང་དེ་གཉིས་ཚིག་ངེས་པ་དེ་བཞིན་དུ་གང་ཟག་ལ། བདག་མེད་པ་དང་ཆོས་ལ་བདག་མེད་པའི་ཡེ་ཤེས་ལ་སྦྱོར་བའི་རྒྱུ་ལས་བྱུང་བ་ཆོས་ལ་བདག་མེད་པའི་ཡེ་ཤེས་སོ་སོ་རང་གིས་རིག་པ ་ངེས་པའི་ཡེ་ཤེས་སྐྱེས་པས་སྦྱོར་བའི་ཡེ་ཤེས་གཉིས་པོ་ཡོངས་སུ་བརྟགས་པའི་རང་བཞིན་གང་ཡིན་པ་དེ་ལ་ཡང་དག་པ་ཇི་ལྟ་བ་བཞིན་དུ་སོ་སོར་རྟོག་པ་ཚིག་པ་དང་འདྲ་སྟེ། དེ་ལྟར་དེ་གཉིས ་ཀྱིས་རྒྱུ་ཉིད་དུ་སྟོན་ཏོ། །ཇི་ལྟར་སྟོང་པ་ཉིད་ཀྱི་མཐར་ཐུག་པ་ཇི་ལྟར་སྟོན་ཅེ་ན། རྣམ་པ་གཅིག་གིས་ཏེ། དེ་ཡང་ཆོས་ལ་བདག་མེད་པའི་ཡེ་ཤེས་ཇི་ལྟ་བ་བཞིན་དུ་ཀུན་ཏུ་བསྟན་ཏེ། འོད་སྤུངས་འདི་ལྟ་སྟེ། དཔེར་ན་མར་མེ? ་ཕྱུང་ན་མུན་ནག་མུན་ནག་ཐམས་ཅད་མེད་པར་འགྱུར་རོ་ཞེས་བྱ་བའི་དང་འདིས་སོ། །དེ་ལ་ཡང་དག་པ་ཇི་ལྟ་བ་བཞིན་དུ་མཐོང་བ་འདི་ནི་མི་ཤེས་པ་དང་ཤེས་པ་མཚུངས་པས་ཐ་སྙད་ཅན་གྱི་རང་བཞིན་དང་བྲལ་བའི་ཕྱིར ་སྟོང་པའོ། །དེ་ལྟར་མངོན་པར་ཞེན་པ་མེད་པའི་ཕྱིར་གཟུང་དུ་མེད་པའོ། །སྐད་ཅིག་མའི་ཕྱིར་བྱེད་པ་མེད་པ་སྟེ། དེ་ལྟར་སྟོང་པ་ཉིད་ཀྱི་མཐར་ཐུག་པ་སྟོན་ཏོ། །ཇི་ལྟར་སྟོང་པ་ཉིད་དེའི་མཐུ་སྟོན་ཅེ་ན། རྣམ་པ་གཅིག་གིS ་ཏེ། །ལས་དང་ཉོན་མོངས་པ་སྤོང་བའི་གཉེན་པོ་ཡོངས་སུ་བསྟན་པས་སོ། །འོད་སྲུངས་འདི་ལྟ་སྟེ། དཔེར་ན་ཁྱིམ་མམ། ཁང་པ་འམ། །བང་ཕྲན་ལོ་བརྒྱ་སྟོང་འདས་པར་ལན་འགའ་ཡང་མར་མེ་མ་ལུས་པ་ཞེས ་བྱ་བའི་དཔེ་འདིས་སོ། །དེ་ལ་སྤོང་བས་ཡོངས་སུ་བསྟན་པ་འདི་ནི་ཡེ་ཤེས་གྱི་སྣང་བ་སྐྱེས་པའི་སྐད་ཅིག་དེས་ཐོག་མ་མེད་པའི་དུས་ན་ཞུགས་པའི་ལས་དང་ཉོན་མོངས་པ་སྤོང་བ་སྟེ། དེ་ལྟར་ན་སྟོང་པ་ཉིད་གྱི་མཐུ་སྟོན ་པའོ། །དེ་ལྟར་ཚུལ་བཞིན་ལ་ཞུགས་པ་ནི། དབུ་མའི་ལམ་དུ་ཞུགས་པ་ཡིན་ནོ། །གལ་ཏེ་དེ་ལྟར་ཉོན་མོངས་པ་མྱུར་དུ་སྤོང་ན་ནི་ཅིའི་ཕྱིར་བྱང་ཆུབ་སེམས་དཔའ་ཡུན་རིང་དུ་འཁོར་ཞེ་ན། འབྲས་བུ་ཐོབ་བའི? ་ཁྱད་པར་ཏེ། དཔེ་གཉིས་ཀྱི་སྟོན་ཏོ། །འདི་ལྟ་སྟེ་དཔེར་ན་ནམ་མཁའ་ལས་ས་བོན་རྣམས་མི་འཁྲུང་ངོ་ཞེས་བྱ་བ་དང། ལུད་ཀྱིས་གང་བའི་ས་ལས་ས་བོན་རྣམས་འཁྲུང་ངོ་ཞེས་བྱ་བའི་དཔེ?་གཉིས་ཀྱིས་དེ་སྟོན་ཏོ། །བྱང་ཆུབ་སེམས་དཔའ་ ་བསམ་པ་མྱ་ངན་ལས་འདས་ཀྱང། སེམས་ཅན་ལ་ལྟ་བས་སངས་རྒྱས་གྱི་ཆོས་ཐོབ་པར་བྱ་བའི་ཕྱིར་འཁོར་བ་ཡོངས་སུ་གཟུང་བས་དགེ་བའི་རྩ་བ་རྣམས་ཡོངས་སུ་བསྔོ་སྟེ། ཡུན་རིང་བར་འཁོར་རོ། །དེ་ལ་འདུས་མ་བྱས་ཀྱི་མྱ་ངན་ལས་འདས ་པ་ནི་ནམ་མཁའ་ལྟ་བུ་སྟེ། དེ་ལ་གནས་ན་སངས་རྒྱས་ཀྱི་ཆོས་རྣམས་མི་འཁྲུང་གི་སྙིང་རྗེའི་གནས་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ཉོན་མོངས་པའི་ལུང་ཀྱིས་གང་བའི་སེམས་ཅན་གྱི་འཇིག་རྟེན་གནས་པ་ལུང་ཀྱིས་གང་བའི་ས ་ལྟ་བུ་དེ་ལ་གནས་ནས་བྱང་ཆུབ་སེམས་དཔའ་ཨི་སངས་རྒྱས་ཀྱི་ཆོས་རྣམས་འཁྲུད་དོ། །སྨྲས་པ། ཇི་ལྟར་འདུས་བྱས་དམའ་པའི་གནས་ལས་བྱང་ཆུབ་སེམས་དཔའ་ཨི་སངས་རྒྱས་ཀྱི་ཆོས་དམ་པ་སྐྱེ་ཞེ་ན། པདམོ་དེའི་དཔེས་རབ་ཏུ་སྒྲུབ ་སྟེ། འདི་ལྟ་སྟེ་དཔེར་ན་ལུང་ཡོད་པའི་འདམ་རྫབ་ནས་པདམོ་འཁྲུང་བ་དེ་བཞིན་དུ་ཉོན་མོངས་པའི་ལུད་ཡོད་པའི་འདམ་རྫབ་ལོག་པ་ཉིད་དུ་ངེས་པའི་སེཾས་ཅན་རྣམས་ལ་བྱང་ཆུབ་སེམས་དཔའ་ཨི་སངས་རྒྱས་ཀྱི་ཆོས་རྣམས་འཁྲུང་ངོ་སྨྲས་པ། དེ ་ལྟ་ན་གོ་བྱང་ཆུབ་སེམས་དཔའ་རྣམས་ལས་ཉན་ཐོས་རྣམས་ཀྱི་ཁྱད་པར་རྣམ་པ་བཅུ་གཉིས་ཅད་པར་འགྱུར་ཏེ། གྲོལ་བའི་དགེ་བའི་རྩ་བ་མངོན་པར་འདུ་བྱེད་པའི་ཁྱད་པར་དང། རྣམ་པར་གྲོལ་བའི་འབྲས་བུ་ཟད་པ་དང། མི་སྐྱེ་བ ་ཤས་པས་སྡུས་པའི་ཡེ་ཤེས་མངོན་པར་འདུ་བྱེད་པའི་ཁྱད་པར་དང། རྣམ་པར་གྲོལ་པའི་སྤྱིའི་ཁྱད་པར་དང། བདུད་དང་ཕྱིར་རྒོལ་བ་བཅོམ་པའི་ཁྱད་པར་དང། མི་སློབ་པའི་ཁྱད་པར་དང། མཆོད་པར་འོས་པའི་ཕྱིར་མཆོད ་པར་འོས་པའི་ཁྱད་པར་དང། སྐྱེས་བུ་ཟུང་བཞི་དང། གང་ཟག་བརྒྱད་ཀྱི་དབང་དུ་བྱས་ནས་དགེ་འདུན་གྱི་མཆོག་ཏུ་བཏགས་པའི་ཁྱད་པར་དང། ཚེ་འདི་ལ་མྱ་ངན་ལས་འདས་པ་ཐོབ་སྟེ། ཆོས་སྨྲ་བར ་གྱུར་པས་ཆོས་སྨྲ་བའི་མཆོག་ཏུ་བཏགས་པའི་ཁྱད་པར་དང། སེམས་ཅན་ཇི་སྙེད་པ་དང། སེམས་ཅན་གྱི་གནས་དགུ་པོ་ཇི་སྙེད་ལས་སེམས་ཅན་གྱི་མཆོག་ཏུ་བཏགས་པའི་ཁྱད་པར་དང། མཆོག་ཏུ་བསིལ་བའི་དངོས ་པོ་ཐོབ་པའི་ཁྱད་པར་དང། སེམས་ཅན་ལ་དབང་བྱེད་པའི་ཁྱད་པར་དང། སྡུག་བསྔལ་ཡང་མི་སྐྱེ་བའི་ཁྱད་པར་ཏེ། ཀླན་ཀ་དག་ཡོངས་སུ་སྤང་བའི་ཕྱིར་དཔེ་རིག་པར་བྱའོ། །དེ་ལ་གྲོལ་བའི་དགེ་བའི་རྩ་བ་མངོན་པར་འདུ་བྱེད་པའི་ཁྱད་པར ་ཡོངས་སུ་སྤང་བའི་ཕྱིར་རྒྱ་མཚོ་ཆེན་པོ་དང། ཐིགས་པ་ཆུང་དུའི་དཔེ་གཉིས་ཏེ། སྐྱེ་བོ་མང་པོ་ཉེ་བར་འཚོ་བ་དང་ཉེ་བར་འཚོ་བ་མ་ཡིན་པའི་མཐུན་པའི་ཆོས་ཀྱིས་སོ། །ཡེ་ཤེས་མངོན་པར་འདུ་བྱེད་པའི་ཁྱད་པར་ཡོངས་སུ་སྤང་བའི ་ཕྱིར་གཉིས་ཏེ། བྱང་ཆུབ་སེམས་དཔའ་ཨི་ཡེ་ཤེས་ནི་བདག་དང་གཞན་སེམས་ཅན་མཛའ་ཡས་པའི་རྒྱུ་རྣམས་ལ་སྒྲིབ་པའི་གཉེན་པོར་གྱུར་པའི་ཕྱིར་རོ། །རྣམ་པར་གྲོལ་པའི་སྤྱི་བོ་ཁྱད་པར་ཡོངས་སུ་སྤང་བའི་ཕྱིར་གཉིས་ཏེ། དེ ་ལ་བཙུན་མོ་དམ་པ་ལྟ་དུ་ནི་རྣམ་པར་གྲོལ་བར་རིག་པར་བྱའོ། །སྐྱེས་བུ་དབུལ་པོ་ལྟ་བུར་ནི་ཉན་ཐོས་ཀྱི་ཐེག་པའི་སྨོན་ལམ་མོ། །བྲན་མོ་ལྟ་བུ་ནི་སེམས་ཅན་ལ་ལྟ་བའོ། །རྒྱལ་པོ་ལྟ་བུ་ནི་ཐེག་པ་ཆེན་པོའི་སྨོན་ལམ་མོ། ། ་བདུད་ཕྱིར་རྒོལ་བ་བཅོམ་པའི་ཁྱད་པར་ཡོངས་སུ་སྤང་བའི་ཕྱིར་འཁོར་ལོ་སྒྱུར་བའི་མཚན་དང་ལྡན་པ་སྟོང་གི་དཔེ་སྟེ། དེ་བཞིན་གཤེགས་པའི་སྲས་སུ་ཞལ་གྱིས་མི་བཞེས་པའི་ཕྱིར་རོ། །མི་སློབ་པའི་ཁྱད་པར་ཡོངས་སུ་སྤང་བའི་ཕྱིར ་བཙུན་མོ་དམ་པ་དེའི་མངལ་དུ་གཞོན་ནུ་འཁོར་ལོས་སྒྱུར་བའི་མཚན་དང་ལྡན་པ་ཞུགས་པ་འཁོར་ལོས་རྒྱུར་བའི་དཔེ་གཉིས་པ་སྟེ། སངས་རྒྱས་ཀྱི་གདུང་འཚོ་བ་པར་རབ་ཏུ་གནས་པའི་ཕྱིར་མཆོད་པར་འོས་པའི་ཁྱད་པར་ཡོངས་སུ་སྤང་བའི ་ཕྱིར། བཙུན་མོ་དམ་པ་དེ་ལས་གཞོན་ནུ་མཚན་དང་ལྡན་པ་བཙས་པ་འཁོར་ལོས་སྒྱུར་བའི་དཔེ་གསུམ་པ་སྟེ། ཐམས་ཅད་མཁྱེན་པ་ཉིད་ཀྱི་རྒྱུ་ཡང་དག་པར་འཛིན་པའི་ཕྱིར་རོ། །དགེ་འདུན་གྱི་མཆོག་ཏུ་བཏགས་པའི་ཁྱད་པར ་ཡོངས་སུ་སྤང་བའི་ཕྱིར་ནོར་བུ་རིན་པོ་ཆེ་བཻ་ཌཱུརྱའི་དཔེ་སྟེ། ས་དང་པོས་བསྡུས་པའི་བྱང་ཆུབ་ཀྱི་སེམས་ལ་རབ་ཏུ་ཐོབ་པའི་ཕྱིར་རོ། །ཆོས་སྨྲ་བའི་མཆོག་ཏུ་བཏགས་པའི་ཁྱད་པར་ཡོངས་སུ་སྤང་བའི་ཕྱིར་སྨན་གྱི་དཔེ་སྟེ། སེམས་ཅན ་ཐམས་ཅད་ཀྱི་ཉོན་མོངས་པའི་ནད་ཞི་བར་བྱེད་པའི་ཕྱིར་རོ། །སེམས་ཅན་གྱི་མཆོག་ཏུ་བཏགས་པའི་ཁྱད་པར་ཡོངས་སུ་སྤང་པའི་ཕྱིར་ཟླ་བའི་དཀྱིལ་འཁོར་བཏང་སྟེ། སུ་ཡང་ཞེས་བྱ་བའི་དཔེ་སྟེ། སེམས་ཅན་ཐམས་ཅད་ལ་ཡེ ་ཤེས་ཀྱི་སྣང་བ་བྱེད་པའི་ཕྱིར་རོ། །མཆོག་ཏུ་བསིལ་བའི་དངོས་པོ་ཁྱད་པར་ཡོངས་སུ་སྤང་བའི་ཕྱིར་རོ། ཟླ་བ་ཆས་པའི་དཔེ་སྟེ། སངས་རྒྱས་སུ་འགྲུབ་བའི་བསོད་ནམས་དང། ཡེ་ཤེས་ཀྱི་ཆོགས་རྣམས་ཡང་དག་པར་སྒྲུབ་པའི་ཕྱིར་རོ། ་སེམས་ཅན་ལ་དབང་བྱེད་པའི་ཁྱད་པར་ཡོངས་སུ་སྤང་བའི་ཕྱིར། མཆིང་བུའི་ནོར་བུ་ཕྱི་དོར་བྱས་པའི་དཔེ་སྟེ། བྱང་ཆུབ་སེམས་དཔའ་ཐམས་ཅད་མཁྱེན་པ་ཉིད་ཀྱི་འབྲས་བུ་འཐོབ་པའི་ཕྱིར་རོ། །སྡུག་བསྔལ་ཡང་མི་སྐྱེ་བའི ་ཁྱད་པར་ཡོངས་སུ་སྤང་བའི་ཕྱིར་ནོར་བུ་རིན་པོ་ཆེ་བཻ་ཌཱུརྱ་བྱི་དོར་བྱས་པའི་དཔེ་སྟེ་།ཉན་ཐོས་ཀྱི་ཡོན་ཏན་སེམས་ལ་དབང་བྱེད་པའི་ཁྱད་པར་ཐོབ་པ་ལ་སོགས་པ་རྣམས་ཀྱི་གནས་ནི་བྱང་ཆུབ་སེམས་དཔའ་ཡིན་པའི་ཕྱིར་རོ། ། ་དེ་ལྟར་མདོར་བསྡུས་ཏེ་དཔེ་དེ་རྣམས་ཀྱིས་བྱང་ཆུབ་སེམས་དཔའ་རྣམས་ཉན་ཐོས་རྣམས་ལས་ཁྱད་པར་དུ་སྟོན་ཏོ། །འདི་མན་ཆད་ནི་རྒྱ་ཆེར་བསྟན་པར་བྱའོ། །ཉན་ཐོས་ནི་དུ། ཉན་ཐོས་ཀྱི ་བསླབ་པ་དང། བྱང་ཆུབ་སེམས་དཔའ་ཨི་བསླབ་པ་ཁྱད་པར་ཅི་ཡོད་ཅེ་ན། ཉན་ཐོས་ནི་བཞིའོ། །ཉན་ཐོས་ཀྱི་བསླབ་པ་དང། བྱང་ཆུབ་སེམས་དཔའ་ཨི་བསླབ་པའི་ཁྱད་པར་ནི་རྣམ་པ་བཅུ་གསུམ་གྱིས་རིག་པར་བྱའོ། །སྤྲུལ་པའི ་ཉན་ཐོས་དང། མངོན་པའི་ང་རྒྱལ་ཅན་གྱི་ཉན་ཐོས་དང། བྱང་ཆུབ་ཏུ་འགྱུར་བ་དང། ཞི་བ་གཅིག་ཏུ་བགྲོད་པའོ། །དེ་ལ་སྤྲུལ་པའི་ཉན་ཐོས་ནི་སེམས་ཅན་རྣམས་འདུལ་བའི་ཕྱིར་བྱང་ཆུབ་སེམས་དཔའ་ ་འམ། དེ་བཞིན་གཤེགས་པ་རྣམས་ཀྱིས་སྤྲུལ་པ་གང་ཡིན་པའོ། །དེ་ལ་མངོན་པའི་ང་རྒྱལ་ཅན་གྱི་ཉན་ཐོས་ནི་གང་ཟག་ལ་བདག་མེད་པའི་ཡེ་ཤེས་ཙམ་དང། ཆོས་ལ་བདག་མེད་པ་ལ་ལོག་པར་མངོན་པར་ཞེན ་པའི་ཡེ་ཤེས་ཀྱིས་ཡང་དག་པར་འཛིན་པ་གང་ཡིན་པའོ། །དེ་ལ་བྱང་ཆུབ་ཏུ་འགྱུར་པ་ནི་ཐོག་མ་མེད་པ་ནས་སྙིང་རྗེའི་རིགས་ཤིན་ཏུ་ཆུང་བ་ཡིན་ཏེ། དེ་བཞིན་གཤེགས་པ་དང། ཉེ་བར་གནས་པས་སངས་རྒྱས ་ཀྱི་ཆོས་རྒྱུ་ཆེན་པོ་རྣམས་ལ་ཡོན་ཏན་དུ་འདུ་ཤེས་པས་ཡོངས་སུ་བསྒོས་པའི་རྒྱུན་དུ་འགྱུར་ཏེ། དེའི་མཐར་ཕྱིན་ནས་ཟག་པ་མེད་པའི་དབྱིངས་ལ་གནས་པ་ལ་སངས་རྒྱས་རྣམས་ཡང་དག་པར་བསྐུལ་ལོ། །འཛུད་དོ།། ་ཐབས་ཉེ་བར་སྟོན་ཏོ། །དེ་རྒྱུ་དེས་ན། བྱང་ཆུབ་ཆེན་པོ་མངོན་པར་སྒྲུབ་པ་གང་ཡིན་པ་སྟེ། དེ་དེ་ལྟར་བྱང་ཆུབ་ཆེན་པོ་མངོན་པར་སྒྲུབ་ཀྱང། ཞི་བ་ལ་མངོན་པར་དགའ་བའི་ཕྱིར། དེ་སྦྱོར་བ་དེ་ལ་འཇུག་པ་ཤིན ་ཏུ་ཞེན་པ་ཡིན་ཏེ། དེ་ལྟ་བུ་ནི་སེམས་དང་པོ་བསྐྱེད་པའི་སངས་རྒྱས་ཀྱི་རིགས་མ་ཡིན་ཏེ། དེ་ལ་ཞི་བ་གཅིག་ཏུ་བགྲོད་པ་ནི་ཐོག་མ་ཉིད་ནས་སྙིང་རྗེའི་རིགས་ཤིན་ཏུ་ཆུང་བ་དང། སེམས་ཅན་དོན་ལ་རབ་ཏུ་རྒྱབ་ཀྱིས་ལྟས་པ་དང ་སྡུག་བསྔལ་གྱིས་འཇིགས་པའི་ཕྱིར་མྱ་ངན་ལས་འདས་པ་ལ་གནས་པའི་བསམ་པ་ཉིད་དུ་འགྱུར་བ་སྟེ། བྱང་ཆུབ་ཆེན་པོ་མངོན་པར་སྒྲུབ་པའི་སྐལ་པ་མེད་པའོ། །འདི་ལྟ་སྟེ་དཔེར་ན་རྒྱལ་པོའི་བུ་སྐྱེ་བའི་གནས་འདྲ་བ་ལས་སྐྱེས ་བ་གཉིས་ཤིག་འདྲ་བར་རྒྱལ་པོའི་བདེ་བ་ལ་ཡོངས་སུ་སྤྱོད་དེ། དེ་ལ་གཅིག་ནི་རྒྱལ་པོའི་གཙུག་ལག་དང། རང་བཟོ་དང། བཟོ་བའི་གནས་ལ་མཁས་ལ། ཅིག་ཤོས་ནི་དེ་ལྟ་མ་ཡིན་ན། དེ་གཉིས་ཡན་ལག་དེས་ཁྱད་པར་དུ་གྱུར ་པ་ཡིན་གྱི། རྒྱལ་པོའི་བདེ་བའི་ལོངས་སྤྱོད་ཀྱིས་ནི་མ་ཡིན་ནོ། །དེ་བཞིན་དུ་ཟག་པ་མེད་པའི་དབྱིངས་ལ་བྱང་ཆུབ་སེམས་དཔའ་དང། ཞི་བ་གཅིག་ཏུ་བགྲོད་པའི་ཉན་ཐོས་གཉིས་པར་བྱའོ། །དེ་གཉིས་ཀྱི་ཁྱད་པར་ནི། རྣམ་པ ་བཅུ་གསུམ་གྱིས་རིག་པར་བྱའོ། །བསམ་པ་ལས་རིག་པར་བྱ་བ་དང། དཀར་པོའི་ཆོས་ཡང་དག་པར་སྒྲུབ་པ་དང། ཡེ་ཤེས་ཡང་དག་པར་སྒྲུབ་པ་དང། རྗེས་སུ་འགྲོ་བ་དང། རིགས་དང། རིགས་ཀུན་ཏུ་འཛིན་པ་དང། སྦྱོར་བ ་དང། མཐུ་དང། སྒྲུབ་པ་དང། ཁྱད་པར་ཅན་རྣམས་ལས་ཀྱང། ཁྱད་པར་ཏུ་འཕགས་པ་དང། རྒྱུ་དང་འབྲས་བུ་དང། སྐྱེ་བ་ལ་བརྟེན་པས་རིག་པར་བྱའོ། །འོད་སྲུངས་འདི་ལྟ་སྟེ་དཔེར་ན། ནམ་མཁའ་ལས་ས་བོན ་རྣམས་མི་འཁྲུང་ངོ་ཞེས་བྱ་བ་དང། འབྲོག་དགོན་པར་རོ?་སྐམ་དག་ནས་པདྨ་མི་འཁྲུང་ཞེས་བྱ་བ་དང། ལུང་ཡོད་པའི་འདམ་རྫབ་ནས་པདྨ་འཁྲུང་ཞེས་བྱ་བའི་དཔེ་དེ་དག་གིས་ནི་ཞི་བ་གཅིག་ཏུ་བགྲོད་པའི་ཉན་ཐོས་དང། བྱང་ཆུབ་སེམས ་པའི་བསམ་པའི་ཁྱད་པར་སྟོན་ཏོ། །ཞི་བ་གཅིག་ཏུ་བགྲོད་པའི་ཉན་ཐོས་ནི་ལུང་ཀྱིས་གང་བའི་ས་ལྟ་བུ་ཉོན་མོངས་པ་ཅན་གྱིས་འདུ་བྱེད་རྣམས་དང། ལུང་ཡོད་པའི་འདམ་རྫབ་ལྟ་བུ་ཉོན་མོངས་པ་དག་བཅས ་པའི་སེམས་ཅན་རྣམས་ལས་ཕྱིར་ཕྱོགས་པའི་ནམ་མཁའ་དང་འདྲ་བའི་མྱ་ངན་ལས་འདས་པའི་དབྱིངས་དང། རོ་སྐམ་གྱི་ས་ལྟ་བུའི་སེམས་ཅན་གྱི་ཁམས་རྣམ་པར་དག་པ་ལ་གཅིག་ཏུ་ཞི་བར་བྱ་བའི་བསམ་པ་ཅན་དུ་འགྱུར་རོ།། ་དེ་ལས་བཟློག་པ་ནི་བྱང་ཆུབ་སེམས་དཔའ་མྱ་ངན་ལས་མི་འདའ་པའི་བསམ་པ་དང། རྣམ་པར་མ་དག་པའི་སེམས་ཅན་ལ་གནས་པའི་བསམ་པ་སྟེ། ཀུན་ནས་ཉོན་མོངས་པའི་སེམས་ཅན་རྣམས་རྣམ་པར་གྲོལ་བར་བྱ་བ་ལྟ ་བུས་འདུ་བྱེད་ཉོན་མོངས་པ་ཅན་རྣམས་དང་སེམས་ཅན་རྣམས་ཡོངས་སུ་འཛིན་ཏོ། །ཆུའི་ཐིགས་པ་དང་མར་སར་གྱི་དཔེ་གཉིས་ཀྱིས་ནི་དཀར་པོའི་ཆོས་ཡང་དག་པར་སྒྲུབ་པར་བྱེད་པའི་ཁྱད་པར་སྟོན་ཏོ། །ཉན་ཐོས་ནི ་བདག་སྐྱེད་པས་དཀར་པོའི་ཆོས་རྣམས་ཆུང་ངོ། །བྱང་ཆུབ་སེམས་དཔའ་ཨི་ནི་ཚད་མེད་དེ། སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བར་སྐྱེད་དེ། དཔེར་ན་ཕ་མས་མར་སར་གྱིས་རང་གི་བུ་རྣམས་སྐྱེད་པ་དེ་བཞིན ་དུ་བྱང་ཆུབ་སེམས་དཔའ་ཡང་མར་སར་ལྟ་བུའི་རང་གི་དགེ་བའི་རྩ་བ་དཔག་ཏུ་མེད་པས་བྱང་ཆུབ་སེམས་དཔའ་ལས་དང་པོ་པ་ལྟ་བུ་རྣམས་སྐྱོད་དོ། །ཡུངས་འབྲུ་དང་ནམ་མཁའ་ཨི་དཔེ་གཉིས་ཀྱིས་ནི། ཡེ་ཤེས་ཡང་དག་པར ་སྒྲུབ་པའི་ཁྱད་པར་སྟོན་ཏོ། །ཉན་ཐོས་ནི་འདུས་མ་བྱས་པའི་ཡེ་ཤེས་ཀྱིས་ཉོན་མོངས་པ་རྣམས་ཀྱིས་བདག་གསོག་དང་གསོབ་ཏུ་བྱེད་དོ། །བྱང་ཆུབ་སེམས་དཔའ་ནི་ཕྱོགས་བཅུའི་སེམས་ཅན་ཐམས་ཅད་ལ་སྙིང་བརྩེ ་བའི་མངོན་པར་རྟོགས་པའི་ཡེ་ཤེས་ཀྱི་བྱང་ཆུབ་ཀྱི་ཕྱིར་ཡོངས་སུ་བསྔོའོ། །བཙུན་མོ་ངམ་པ་དང། དྲན་མོའི་དཔེས་ནི་རྗེས་སུ་འགྲོ་བའི་ཁྱད་པར་བསྟན་ཏེ། ཉན་ཐོས་ནི་རྣམ་པར་གྲོལ་བའི་མཆོག་བཙུན་མོ་དམ་པ་ལྟ་བུའི་མ་དང། ་དམིགས་པ་ཆུང་ངུ་ཡིད་ལ་བྱེད་པ་སྐྱེས་བུ་དབུལ་པོ་ལྟ་བུའི་ཕས་ཡང?་དག་པར་སྒྲུབས་པས་སངས་རྒྱས་ཀྱི་སྲས་མ་ཡིན་ནོ། །བྱང་ཆུབ་སེམས་དཔའ་ནི་སོ་སོའི་སྐྱེ་བ་རང་བཞིན་གྱིས་དམའ་བ་བྲན་མོ་ལྟ་བུའི་མ་ལ་དམིགས་པ་རྒྱ་ཆེན ་པོ་ཡིད་ལ་བྱེད་པ་རྒྱལ་པོ་ལྟ་བུའི་ཕས་ཡང་དག་པར་བསྒྲུབས་པས་སངས་རྒྱས་ཀྱི་སྲས་ཡིན་ནོ། །འཁོར་ལོ་སྒྱུར་བའི་དཔེ་དང་པོས་ནི་རིགས་ཀྱི་ཁྱད་པར་སྟོན་ཏེ། ཇི་ལྟར་འཁོར་ལོ་སྒྱུར་བའི་རྒྱལ་པོ་བུ་སྟོབས་ཕུན་སུམ་ཚོགས། མགྱོཌ ་པའི་ཤུགས་ཕུན་སུམ་ཚོགས། མཐུ་ཕུན་སུམ་ཚོགས་ཀྱང་འཁོར་ལོས་སྒྱུར་བའི་མཚན་རྣམས་དང་མི་ལྡན་པའི་ཕྱིར་འཁོར་ལོས་སྒྱུར་བ་ཐོབ་པར་ཡོངས་སུ་མི་ནུས་པ་དེ་བཞིན་དུ། ཉན་ཐོས་ཀྱང་བརྩོན་འགྲུས་བརྩམས་པས་སྟོབས ་ཕུན་སུམ་ཚོགས་།བདེ་བ་ལ་མཁས་པས་མགྱོགས་པའི་ཤུགས་ཕུན་སུམ་ཚོགས། སེམས་མཉམ་པར་བཞག་པས་མཐུ་ཕུན་སུམ་ཚོགས་ཀྱང། སངས་རྒྱས་ཀྱི་རིགས་ཀྱི་མཚན་དང་མི་ལྡན་པས་སངས་རྒྱས་རྣམས་ཀྱིས་དེ ་ལྟར་ཡོངས་སུ་མི་འཛིན་ཏོ། །བྱང་ཆུབ་སེམས་དཔའ་ནི་དེ་ལས་བཟློག་པའོ། །འཁོར་ལོས་སྒྱུར་བའི་དཔེ་གཉིས་པས་ནི་རིགས་ཀུན་ཏུ་འཛིན་པའི་ཁྱད་པར་སྟོན་ཏེ། ཉན་ཐོས་མཐར་ཕྱིན་ཀྱང་མ་འོངས་པར་ན་སངས་རྒྱས་ཀྱི ་རིགས་ཀུན་ཏུ་འཛིན་མི་ནུས་སོ། །བྱང་ཆུབ་སེམས་དཔའ་ནི་སེམས་དང་པོ་སྐྱེ་བའི་སྐད་ཅིག་དེ་ཉིད་ཀྱིས་མི་ནུས་སོ། །འཁོར་ལོས་སྒྱུར་བའི་དཔེ་གསུམ་པས་ནི་སྦྱོར་བའི་ཁྱད་པར་སྟོན་ཏེ། ཉན་ཐོས་ནི་མཐར་ཕྱིན་པའི་ཕྱིར་དབང་པོ་ཡོངས་སུ ་སྨིན་ཀྱང་མ་འོངས་པ་ན་སངས་རྒྱས་ཀྱི་མཛད་པ་བྱེད་མི་ནུས་ཀྱི། བྱང་ཆུབ་སེམས་དཔས་ནི་སེམས་བསྐྱེད་པའི་སྐད་ཅིག་དེ་ཉིད་ཀྱིས་ནུས་སོ། །དེ་བས་ན་ཉན་ཐོས་ཀྱི་མཐར་ཕྱིན་ཀྱང་ཇི་ལྟར་བྱང ་ཆུབ་སེམས་དཔའ་ལས་དང་པོ་པ་ལ་སྦྱོར་བ། དེ་ལྟར་ལྷ་དང་མིས་མཆོད་ཅིང་བསྔགས་པར་མི་འགྱུར་རོ། །ནོར་བུ་རིན་པོ་ཆེ་བཻ་ཌཱུརྱའི་དཔེས་ནི་མཐུའི་ཁྱད་པར་སྟོན་ཏེ། བྱང་ཆུབ་སེམས་དཔས་མཐར་མ་ཕྱིན་ཀྱང་ས ་དང་པོ་ནས་ཉེ་བར་བཟུང་བའི་མཐུ་དང། ཡེ་ཤེས་ཀྱིས་ཉན་ཐོས་དང། རང་སངས་རྒྱས་ཐམས་ཅད་ཟིལ་གྱིས་གནོན་ཏོ། །གངས་དང་ལྡན་པའི་སྨན་གྱི་དཔེས་ནི་སྒྲུབ་བའི་ཁྱད་པར་སྟོན་ཏོ། །ཉན་ཐོས་ཀྱི་ཡེ་ཤེས་ཀྱི་སྨན་ནི་བདག ་གི་ཉོན་མོངས་པའི་ནད་ཞི་བ་ཡོངས་སུ་གྲུབ་ཀྱང་སེམས་ཅན་རྣམས་ཀྱི་ནད་ཞི་བར་བྱེད་པ་མ་ཡིན་ནོ། །བྱང་ཆུབ་སེམས་དཔའ་ནི་དེ་ལས་བཟློག་པ་སྟེ། གཞན་གྱི་དོན་ལ་ཞུགས་པའི་ཕྱིར་རོ། །སྐར་མའི་དཔེས་ནི་སྦྱིན་གནས ་ཀྱི་ཁྱད་པར་སྟོན་ཏེ། ཉན་ཐོས་མཐར་ཕྱིན་ཀྱང་སེམས་ཅན་རྣམས་ལ་ཡེ་ཤེས་ཀྱི་སྣང་བ་མི་འབྱེད་བས་ཇི་ལྟར་བྱང་ཆུབ་སེམས་དཔའ་ཉོན་མོངས་པ་མ་ཟད་ཀྱང་ལྷ་དང་བཅས་པའི་འཇིག་རྟེན་གྱི་སྦྱིན་གནས་སུ་གྱུར་པ་དེ་ལྟར ་སྦྱིན་གནས་སུ་གྱུར་པ་མ་ཡིན་ནོ། །ཟླ་བ་ཚེས་པའི་དཔེས་ནི་ཁྱད་པར་ཅན་རྣམས་ལས་ཀྱང་ཁྱད་པར་དུ་འཕགས་པ་སྟོན་ཏེ། ཉན་ཐོས་པས་དེ་བཞིན་གཤེགས་པ་རྣམས་རྟག་པར་ཁྱད་པར་དུ་ཆོས?་འཕགས་ལ་ཁྱད་པར ་ཅན་དེ་དག་པས་ཀྱང་བྱང་ཆུབ་སེམས་དཔའ་ཆེས་ཁྱད་པར་དུ་འཕགས་ཏེ། དེ་ལས་དེ་དག་འཐོབ་བོ། །རྒྱུ་གཉིས་ཀྱིས་དེ་ལས་ཆེས་ཁྱད་པར་དུ་འཕགས་པར་རིག་པར་བྱའོ། །དེ་དག་གིས་ནི་ཇི་ལྟར་བྱང་ཆུབ་ཀྱི་འབྲས་བུ་གྲུབ་པ་དང ་ཇི་ལྟར་སེམས་ཅན་ཡོངས་སུ་སྨིན་པར་མཛད་པ་རྣམས་རྣམ་པར་གྲོལ་བ་དེ་ལྟར་སེམས་ཅན་ཡོངས་སུ་སྨིན་པར་མཛད་པ་དང་སངས་རྒྱས་ཀྱི་ཆོས་ཀྱང་ཡོངས་སུ་སྨིན་པར་མཛད་པའོ། །འདི་ལྟ་སྟེ་དཔེར་ན། སྒྲུབ་པ་དང་འཆོད་པ་ལ་ངོ་མཚར ་གྱི་བློར་གྱུར་པ་དེ་ལྟ་ཟ་བ་ལ་མ་ཡིན་ཏེ། དྲི་ཡང་དེ་ལྟར་རིག་པར་བྱའོ། །འདི་ལྟ་སྟེ་དཔེར་ན། ལྷ་དང་བཅས་པའི་འཇིག་རྟེན་གྱིས་འཆིང་བུའི་ནོར་ལ་བྱི་དོར་བྱས་ཀྱང་ཞེས་བྱ་བའི་དཔེ་དེས་ནི་རྒྱུ་དང་འབྲས་བུའི་ཁྱད་པར་སྟོན་ཏེ། ཉན ་ཐོས་ཀྱིས་གཅིག་ཏུ་རྣམ་པར་དག་པའི་ལས་ཀྱི་རྒྱུ་ཡང་དག་པར་བླངས་ལ། དགེ་བའི་བཤེས་གཉེན་དུ་མས་ཡོངས་སུ་བཟུང་ཡང་བྱང་ཆུབ་ཆེན་པོའི་འབྲས་བུ་མངོན་པར་མི་སྒྲུབ་པོ། །བྱང་ཆུབ་སེམས་དཔའ་ནི་དེ་ལས་བཟློག་པ་སྟེ། མངོན ་པར་སྒྲུབ་པའོ། །ནོར་བུ་རིན་པོ་ཆེ་བཻ་ཌཱུརྱ་བྱི་དོར་བྱས་པའི་དཔེས་ནི་སྐྱེ་བ་ལ་བརྟེན་པའི་ཁྱད་པར་སྟོན་ཏོ། །བྱང་ཆུབ་སེམས་དཔའ་ལ་བརྟེན་ནས་ཉན་ཐོས་འབྱུང་གི་།ཉན་ཐོས་ལ་བརྟེན་ནས་བྱང་ཆུབ་སེམས་དཔའ་འབྱུང་བ་ནི་མ ་ཡིན་ནོ། །སེམས་ཅན་གྱི་དོན་ལ་བརྩོན་པར་བྱའོ་ཞེས་བྱ་བ་མཚམས་ཇི་ལྟར་སྦྱར་ཞེ་ན། འདི་མན་ཆད་ནི་འབྲས་བུ་འཐོབ་པའི་ཁྱད་པར་དོན་ཆེན་པོར་ཡོངས་སུ་སྟོན་ཏེ། ཉོན་མོངས་པའི་ལུང་ཡོད་བའི་འདམ་རྫབ་ཀྱིས་གང་བའི་སེཾས་ཅན ་རྣམས་ལ་བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི་ཆོས་རྣམས་འཁྲུང་ངོ་ཞེས་གང་སྔར་གསུངས་པ་དེ་ལ་གལ་ཏེ་དེ་དག་གི་རྒྱུད་རྣམས་ལས་ཀྱང་མི་འཁྲུད་ལ། བྱང་ཆུབ་སེམས་དཔའ་དེ་དག་གིས་ཀྱང་དེ་དག་གི་རྒྱུད་རྣམས་ལམ ་སྒྲུབས་དེ་དག་གི་ལས་ཇི་ལྟར་མི་འཁྲུང་བར་འགྱུར་བ་དེ་དག་གི་དོན་བྱེད་པ་ལ་རབ་ཏུ་བརྩོན་པའི་བྱང་ཆུབ་སེམས་དཔའ་ནི་བསྐྲུན་པའི་ཕྱིར་དེ་དག་ལས་འཁྲུངས་པར་བསྟན་པའི་དོན་དུ་མདོ་སྡེ་མཚམས་སྦྱར་བརྩོན་ཏེ། ་འོད་སྲུངས་བྱང་ཆུབ་སེམས་དཔའ་སེམས་ཅན་གྱི་དོན་ལ་བརྩོན་པར་བྱའོ་ཞེས་རྒྱ་ཆེར་གསུངས་སོ། །ཕྱོགས་བཞིར་སོང་ནས་ཞེས་བྱ་བ་ནི། འཇིག་རྟེན་གྱི་ཁམས་ཐམས་ཅད་ན་བྱང་ཆུབ་སེམས ་དཔའ་ཐམས་ཅད་སེམས་ཅན་གྱི་དོན་མཛད་པར་སྦྱོར་བ་སྟོན་ཏེ། །ཡང་དག་པར་གསོ་བར་བྱའོ་ཞེས་བྱ་བ་ལ། གང་སྨན་པས་ལུས་གསོ་བ་བྱས་པ་དང། གང་མུ་སྟེགས་ཅན་གྱིས་ཉོན་མོངས་པ་གསོ་བ་བྱས་པ་དེ་ནི་བརྔོ? ་ཙམ་དང་ཕྱིན་ཅི་ལོག་ཏུ་གྱུར་བས་ཡང་དག་བའི་གསོ་བ་མ་ཡིན། །དེ་ལ་སྨན་པ་ལྟ་བུ་ནི། བྱང་ཆུབ་སེམས་དཔར་རིག་པར་བྱའོ། །ནང་བ་ལྟ་བུ་ནི་སེམས་ཅན་རྣམས་སོ། །ནང་ལྟ་བུ་ནི་འདོད་ཆགས་ལ་སོགས་པའོ། ། ་སྨན་ལྟ་བུ་ནི་མི་སྡུག་པ་ལ་སོགས་པའོ། །ཇི་ལྟར་རྒྱུ་གསུམ་གྱིས་ཁམས་མི་མཉམ་པའི་མཆན་ཉིད་དུ་ལུས་ཀྱི་ནད་དུ་འགྱུར་ཏེ། ལ་ལན་ཉེས་པ་བརྩམས་པས་ལ་ལ་མི་འཕྲོད་པ་བསྟེན་པS། ལ་ལ་ནི་ཡལ་བར་འདོད ་བས་སོ། །དེ་བཞིན་དུ་རྒྱུ་གསུམ་གྱིས་སེམས་མི་མཉམ་པའི་མཚན་ཉིད་སེམས་ཀྱི་ནང་དུ་འབྱུང་སྟེ། ལ་ལ་ནི་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་བརྩམས་པས་ཏེ། འདོད་ཆགས་ལ་སོགས་པ ་ཡུན་རིང་པོ་ནས་གོམས་པར་བྱས་པའི་ཕྱིར་རོ། །ལ་ལ་ནི་ལྟ་པ་ལ་སོགས་པ་མི་འཕྲོད་པ་པ་སྟེན་པ་སྟེ། ལྟ་བ་ལ་སོགས་པ་ཕལ་ཆེར་དེ་ལྟར་བྱུང་བའི་སྦྱོར་བས་བསྐྱེད་པའི་ཕྱིར། །ལ་ལ་ནི་ཕྱིན་ཅི་ལོག་ཏུ་ཀུན ་ཏུ་འབྱུང་བ་ཡལ་བར་འདོར་བས་སོ། །དེ་ལ་ཉོན་མོངས་པའི་ནང་དང་པོའི་གཉེན་པོ་ནི་མི་སྡུག་པ་ལ་སོགས་པར་རིག་པར་བྱ་སྟེ། འདོད་ཆགས་ལ་གཉན་པོ་མི་སྡུག་པ་ཞེ་སྡང་ལ་བྱམས་པ། གཏི་མུག་ལ་རྟེན་ཅིང ་འབྲེལ་པར་འབྱུང་པ་ཞེས་གསུངས་པའི་ཕྱི་རོ། །གཉིས་བའི་གཉེན་པོར་ནི་སྟོང་པ་ཉིད་ལ་སོགས་པ་སྟེ། དེ་ལྟར་བ་ལ་མངོན་པར་ཞེན་པ་དང། སྙོམས་པར་འཇུག་པའི་རོ་མྱང་བ་དང། སྐྱེ་བ་འདོད་པ་དང་ཐར་བ་མ་ཡིན་པ་ལ་ཐར ་བར་འདུ་ཤེས་པ་སེམས་ཅན་རྣམ་དང། བཞིའི་གང་དུ་བྱས་པའོ། །དེ་ལ་ལྟ་བ་ལ་མངོན་པར་ཞེན་པའི་དབང་དུ་བྱས་ནས་སྟོང་པ་ཉིད་དེ། ལྟ་བར་སོང་བ་ཐམས་ཅད་ལ་སྟོང་བ་ཉིད་ཀྱིས་གསོ་བའོ་ཞེས་གསུངས་པའི་ཕྱིར་རོ། ། ་སྙོམས་པར་འཇུག་པའི་རོ་མྱང་བའི་དབང་དུ་མཛད་ནས་མཚན་མ་མེད་པ་སྟེ། རྟོག་པ་དང། རྣམ་པར་རྟག་པ་དང། དམིགས་པ་ཡིད་ལ་བྱེད་པ་ཐམས་ཅད་ལ་མཚན་མ་མེད་པས་ཞེས་གསུངས་པའི་ཕྱིར་ཏེ། རྟོག་པ་དང ་རྣམ་པར་རྟོག་པ་ཐམས་ཅད་ཀྱིས་སྙོམས་པར་འཇུག་པའི་རོ་མྱང་བ་སྟོན་ཏོ། །སྐྱེ་པར་འདོད་བའི་དབང་དུ་བྱས་ནས་སྨོན་པ་མེད་པའོ། །འདོད་པའི་ཁམས་དང་གཟུགས་ཀྱི་ཁམས་དང། སྤང་བའི་ཕྱིར་སྨོན་པ་མེད་པས ་ཞེས་གསུངས་པའི་ཕྱིར་རོ། །ཐར་པ་མ་ཡིན་པ་ལ་ཐར་པར་འདུ་ཤེས་པའི་དབང་དུ་བྱས་ནས་ཕྱིན་ཅི་ལོག་པ་བསྟན་ཏོ། །ཕྱིན་ཅི་ལོག་ཐམས་ཅད་སྤང་བའི་ཕྱིར་ཕྱིན་ཅི་མ་ལོག་པ་བཞི་ཞེས་གསུངས་པའི་ཕྱིར་ཏེ་།རྟག་པ ་ལ་སོགS་པ་མཐོང་པས་ཐར་པ་མ་ཡིན་པ་ལ་ཐར་པའི་འདུ་ཤེས་འབྱུང་སྟེ། ཕྱིན་ཅི་ལོག་ཀུན་ཏུ་འབྱུང་བ་ཡལ་བར་འདོར་བའི་ཕྱིར་ཐ་མའི་དབང་དུ་བྱས་ནས་ཕྱིན་ཅི་ལོག་རྣམ་པ་བཞི་པོ་འདུས་པ་དང། མ་འདུས་པ ་རྣམ་ཀྱི་གཉེན་པོར་རིག་པར་བྱའོ། །ཐ་མ་ནི་སོ་སོའི་སྐྱེ་པོ་རྣམ་པ་དྲུག་སྟེ། འཇིག་ཚོགས་ལ་ལྟ་བ་དེའི་གཉེན་པོར་དྲན་པ་ཉེ་བར་གཞག་པ་རྣམས་སོ། །ཉོན་མོངས་པ་དང་འདྲེས་པ་དེའི་གཉེན་པོར་ཡང་དག་པའི་སྤོང་བ ་རྣམས་སོ། །ཕན་ཚུན་དུ་ང་རྒྱལ་གྱིས་མངོན་པར་ཟིན་པ་དེའི་གཉེན་པོར་རྫུ་འཕྲུལ་གྱི་རྐང་པ་རྣམས་སོ། །དགེ་བའི་ཕྱོགས་དང་མི་ལྡན་པ་དེའི་གཉེན་པོར་དབང་པོ་རྣམས་དང། སྟོབས་རྣམS ་སོ། །བདེན་པ་ལ་ཀུན་ཏུ་རྨོངས་པའི་གཉེན་པོར་བྱང་ཆུབ་ཀྱི་ཡན་ལག་རྣམས་སོ། །ངོ་མཚར་དང། བཀྲ་ཤིས་ལ་སོགས་པར་ལྟ་བ་དེའི་གཉེན་པོར་ལ་མི་གྱི་ཡན་ལག་རྣམས་སོ། །ཇི་ལྟར་ལུས་ཀྱི་རྗེས་སུ་ལྟ་ཡང་བདག་ཏུ་ལྟ་བར ་མི་ལྟུང་ཞེ་ན། གང་བདག་གི་མཐོང་ངོ་སྙམ་དུ་རློམ་སེམས་མེད་པའོ། །མ་དད་པ་ལ་སོགས་པས་དགེ་བའི་ཆོས་རྣམས་མི་ཕྱོགས་པར་རིག་པར་བྱ་སྟེ། དེའི་གཉེན་པོར་དབང་པོ་དང། སྟོབས་རྣམས་སོ། །འོད་སྲུངས་ཛམྦུ་གླིང་ནི་སྨན ་བ་དང་སྨན་པའི་སློབ་མ་ལ་ཇི་སྙེད་པ་དེ་དག་གི་ནང་ན་འཚོ་བྱེད་མི་མཆོག་ཅེས་བྱའོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་ན་སེམས་ཅན་ཇི་སྙེད་པ་དེ་དག་ཐམས་ཅད་སྨན་པའི་རྒྱལ་པོ་འཚོ་བྱེད་དང་འདྲ་བར་གྱུར་ཅེས་བྱ་བ་ནི ་འཚོ་བྱེད་དང་དེ་འདྲ་བའི་སེམས་ཅན་རྣམས་ཀྱིས་གཙུག་ལག་ལ་མཁས་པའི་སྒོ་མང་པོ་དང། སྤོབས་བ་ཀུན་ཏུ་སྟོན་ཏོ། །ལྟ་བ་དང་འགྱོད་པ་སྨོས་པ་ནི་ལྟ་བ་དང་འགྱོད་པ་གསོ་དཀའ་བའི་ཕྱིར་རོ། །དེ་ལ་ལྟ་བ་ནི་རྣམ ་བར་གྲོལ་བ་འདོད་པའི་སེམས་མཉམ་པར་བཞག་པ་ལ་བར་ཆད་བྱེད་དེ། དཔེར་ན་ཚེ་དང་ལྡན་པ་མོས་པ་ཅན་གྱིས་གནས་པ་རྟན་པ་དག་ནི་འདི་སྙམ་དུ་སེམས་ཏེ། འདི་ལྟར་གཟུགས་མི་རྟག་པའི་བར་དུ་མདོ་ཀྱི་འོན་ཀྱང་འོ་ན་གོ ་བདག་གི་བདག་གལ་ཡོད་སྙམ་ནས། ཁོང་དངངས་བའི་ཕྱིར་བདག་འདུ་བྱེད་ཐམས་ཅད་ཞི་པ། སྟོང་པ་ཉིད། མི་དམིགས་པ། སྲེད་པ་ཟད་པ། འདོད་ཆགས་དང་བྲལ་བ་།འགོག་པ། མྱ་ངན་ལས་འདས་པ་ལ་སེམས་འཇུག ་པར་མི་འགྱུར་གནས་པར་མི་འགྱུར་རྣམ་པར་གྲོལ་པར་མི་འགྱུར་ཏེ། བདག་གི་ཡིད་ལྡོག་གོ་སྙམ་དུ་སེམས་སོ་ཞེས་སྨྲ་བ་དེ་ནི་འདི་སྐད་བསྟན་པ་ཡིན་ཏེ། དེའི་ཚེ་དེ་ཤེས་རབ་ཀྱིས་མྱ་ངན་ལས་འདས་པའི་བསམ་པ་ཡིད་ལ་བྱེད་པ་ན་འཇིག་ཚོགས ་ལ་ལྟ་བ་མ་སྤངས་པས་བདག་མེད་པར་འགྱུར་རོ་སྙམ་ནས་ཡིད་མི་བདེ་བའི་ཕྱིར་མྱ་ངན་ལས་འདས་པ་ལས་ཡིད་ལྡོག་སྟེ། འོ་ན་གོ་བདག་གིས་བདག་ལ་ག་ལ་ཡོད་ཅེས་བྱ་བས་སོ། །དེ་ནི་འདུ་བྱེད་ཙམ་དུ་ཟད་ན་འདི་ལ་སུ?་ཞིག་མེད་པར་འགྱུར་སྙམ་དུ ་དེ་ལྟ་མི་སེམས་ཏེ། དེ་དུས་དེ་ན་འཇིག་རྟེན་གྱི་ལམ་གྱི་གསོར་མི་རུང་བའི་ཕྱིར་གསོར་མི་རུང་ཞེས་བྱའོ། །འགྱོད་པ་ནི་འཁྲུག་པའི་རྒྱུ་ཡིན་པའི་ཕྱིར་འགྱོད་པ་ནི་ཁམས་མཉམ་བར་འདོད་པའི་སེམས་མཉམ་པར་བཞག་པ་ལ་བར་ཆད་བྱེད་དོ། །སངས ་རྒྱས་བཅོམ་ལྡན་འདས་རྣམས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་འགྱོད་བ་སེལ་བར་ཤིན་ཏུ་སྤྱོད་དེ། དེ་བས་ན་ལྟ་བ་དང་འགྱོད་བ་སྨོས་སོ། །ཤེས་པར་མི་ནུས་ཞེས་བྱ་བ་ནི་ཡིད་ཀྱིས་སོ། །བརྗོད་པའམ་བསྟན་པའམ། བསྒོ་བ་ཞེས ་བྱ་བ་ནི་ཚིག་གིས་ཏེ། བསྟན་པ་དང་བཤད་པ་གཉིས་ཀྱིས་སོ། །ཚོགས་ཀྱི་ལམ་ཤིན་ཏུ་ཡོངས་སུ་བཙལ་ནས་རྟོག་པ་དང་བཅས་པའི་སེམས་ཀྱིས་ཡོངས་སུ་ཆོལ་བས་འཇིག་རྟེན་ལས་འདས་པའི་ལམ་བཙལ་བྱར་བྱའོ། །རྟོག་པ་དེ་ཡང་གང་ཟག ་ལ་བདག་མེད་པ་ལས་བརྩམས་ཏེ། རྣམ་པ་གཉིས་སུ་རིག་པར་བྱའོ། །ཆོས་ལ་བདག་མེད་པ་ལས་བརྩམས་ནས་རྣམ་པ་གཅིག་སྟེ། རྐྱེན་ལ་འཇུག་པའི་ཡེ་ཤེས་ལ་སོགས་པའོ། །སོགས་པའི་སྒྲས་ནི་བདག་མེད་པའི་ཆོས་རྣམས་ལ་མོས་པའི ་ཡེ་ཤེས་སོ། །དེ་ལ་ཐོས་པར་མོས་པ་སྔོན་དུ་འགྲོ་བའི་ཡེ་ཤེས། །སེམས་དུས་རྣམ་པར་ཆད་པ་དང། བྱེད་པ་མེད་པ་དང། བདག་མེད་པར་ཡོངས་སུ་ཚོལ་བ་ནི་ཏོན་ཅིང་འབྲེལ་པར་འབྱུང་བ་དང། གང་ཟག་ལ་བདག་མེད་པར་རབ་ཏུ་རྟོགས ་པར་སྟོན་ཏེ། ནང་དང་ཕྱིའི་སྐྱེ་མཆེད་རྣམས་དང། དེ་ལ་གནས་ཤིང་དམིགས་པའི་རྣམ་པར་ཤེས་པ་རྣམས་ལ་ཀུན་ཏུ་བརྟགས་པའི་རང་བཞིན་དུ་སེམས་མ་དམིགས་པའོ། །དཔྱད་དུ་མེད་བ་ལ་སོག ་བའི་མཚན་ཉིད་ཡོངས་སུ་གྲུབ་པའི་རང་བཞིན་མི་དམིགས་པའི་ཕྱིར་ཆོས་ལ་བདག་མེད་པར་རབ་ཏུ་རྟོགས་པ་སྟོན་ཏོ། །ཡོངས་སུ་གྲུབ་པའི་རང་བཞིན་དེ་སེམས་ཉིད་དུ་ཡོད་དོ་ཞེས་མེད་པ་ལ་འཛིན་པ་སྤངས་པའི་ཕྱིར་སངས་རྒྱས་ཐམས་ཅད་ཀྱིས ་ཀྱང་དུས་གསུམ་དུ་མ་གཟིགས་ཞེས་བྱ་བ་གསུངས་ཀྱི། ལྷུན་གྱིས་གྲུབ་པའི་གཟིགས་པ་མ་ཡིན་ཏེ། ཆོས་ཉིད་ཀྱིས་དེ་ལྟར་གནས་པར་ཡོངས་སུ་བསྟན་པའི་ཕྱིར་སངས་རྒྱས་ཐམས་ཅད་ཀྱིས་དུས་གསུམ་དུ་ཡང་མ་གཟིགས་ཞེས ་གསུངས་སོ། །དེ་ལྟར་ཀུན་ཏུ་བརྟགས་པའི་རང་བཞིན་མེད་ཀྱང་ཀུན་ཏུ་བརྟགས་པའི་དེའི་རྒྱུ་གཞན་གྱི་དབང་གི་རང་བཞིན་ཡོད་བར་ཡོངས་སུ་བརྟགས་པའི་ཕྱིར་སེམས་ཀྱི་དབང་དུ་བྱས་ནས། ལོག་པར་ལྟུང་བའི་འདུས་ཤེས་ལས་ཆོས་རྣམས ་འབྱུང་བ་མ་གཏོགས་པར་གང་སངས་རྒྱས་ཐམས་ཅད་ཀྱིས་ཀྱང་མ་གཟིགས་མི་གཟིགས་གཟིགས་བར་མི་འགྱུར་བ་དེའི་རྒྱུ་ཅི་འདྲ་ཞེ་ན་ཞེས་བྱ་བ་གསུངས་སོ། །ཆོས་རྣམས་ནི་འདིར་སེམས་དང་སེམས་ལས་བྱུང་བ་ཞེས་བྱ་བར ་བཞེད་དོ། །གལ་ཏེ་ལོག་པར་ལྟུང་པའི་འདུས་ཤེས་ཙམ་དུ་ཟད་དེ། དེ་ཇི་ལྟར་འཁོར་བ་ན་འཆི་འཕོ་དང། སྐྱེ་བར་འགྱུར་སྙམ་པ་ལ་སྒྱུ་མ་དང་མཚུངས་པར་རབ་ཏུ་སྒྲུབ་པོ། །སེམས་གཅིག་པོ་ཁོ་ན་ཞིག་འཁོར་རོ་སྙམ་པ་ལ ་འབབ་ཆུའི་རྒྱུན་དང་མཚུངས་པར་རབ་ཏུ་སྒྲུབ་བོ། །དེ་ལྟར་སེམས་ལ་འདོད་ཆགས་དང་བྲལ་ན་ཅིའི་ཕྱིར་ཐར་པར་མི་འགྱུར་སྙམ་པ་ལ་རླུང་དང་མཚུངས་པར་རབ་ཏུ་སྒྲུབ་བོ། །དེ་ལ་རིང་དུ་འགྲོབནི་དོན་གྱི་རྣམ་པ་ཐམས་ཅད་དེའི་ངོ་བོ ་ཉིད་དུ་རིག་པར་བྱའོ། །དེ་ལྟར་ཡོངས་སུ་ཤེས་པར་དཀའ་ན་ཇི་ལྟར་ཐར་པར་འགྱུར་སྙམ་པ་ལ་མར་མེའི་འོད་འཕྲོ་བ་དང་མཚུངས་པར་རབ་ཏུ་སྒྲུབ་སྟེ། མ་རིག་པའི་རྐྱེན་གྱི་དབང་གིས་འབྱུང་ལ་དེ་ཟད་ན་མི་འབྱུང་བར་ཡོངས་སུ་བསྟན་པའི ་ཕྱིར་རོ། །གལ་ཏེ་སེམས་ཉོན་མོངས་པའི་དབང་གིས་ཉོན་མོངས་པ་ཅན་དུ་འགྱུར་ན་ཉོན་མོངས་པ་བཞིན་དུ་རྣམ་པར་དག་པ་མི་རུང་སྟེ། ཐར་པར་མི་འཐད་དོ་སྙམ་པའི་ཉེས་པ་སྤང་བའི་ཕྱིར་ནམ་མཁའ་དང་མཚུངས་པར་སྟོན་ཏོ། །ནམ ་མཁའ་ལྟར་མི་འགྱུར་བའི་ཉེས་པ་སྤང་བའི་ཕྱིར་གློག་དང་མཚུངས་པར་སྟོན་ཏེ། སྐད་ཅིག་ཏུ་འཇིག་པ་དང། འདོད་ཆགས་ལ་སོགས་པ་ལ་མི་གནས་པའི་ཕྱིར་མི་རྟག་ཅིང་འགྱུར་བར་ཡོངས་སུ་སྟོན་པའི་ཕྱིར་རོ། །སེམས་རྣམ ་པར་དག་ཀྱང་སྐད་ཅིག་ཏུ་འཇིག་པས་ཉེས་པ་སྤང་བའི་ཕྱིར་སྤྲེའུ་དང་མཚུངས་པར་སྟོན་ཏེ། དེ་ལ་ཡུལ་རྣམ་པ་སྣ་ཚོགས་འདོད་པས་རྣམ་པར་གཡེང་བ་ནི་མ་ཡིན་གྱི། འདི་ལྟར་འདོད་ཆགས་ལ་སོགས་པ་དང་ལྡན་པས་མི་གནས ་བར་འགྱུར་རོ། །རྣམ་པར་གཡེང་བར་འགྱུར་ན་ཅིའི་ཕྱིར་ཐམས་ཅད་མཐུན་པར་མངོན་པར་མི་འགྱུར་བར་མི་འགྱུར་སྙམ་པ་ལ་རི་མོ། ཁན?་དང་མཚུངས་པར་རབ་ཏུ་སྒྲུབ་པོ། །ཅིའི་ཕྱིར་དུས་ཐམས་ཅད་དུ་རང་བཞིན་གཅིག་པའི ་ལམ་མངོན་པར་འདུ་མི་བྱེད་སྙམ་པ་ལ་མི་གནས་པར་རབ་ཏུ་སྒྲུབ་སྟེ། ཁམས་གསུམ་པའི་ཉོན་མོངས་པའི་དབང་གིས་འབྱུང་བར་སྟོན་པའི་ཕྱིར། །ཅིའི་ཕྱིར་མངོན་པར་འདུ་བྱེད་པ་ཐམས་ཅད་ཀྱི་དབང་གིས་ཅིག་ཅར་དུ་མི་སྐྱེ་སྙམ ་པ་ལ་གཅིག་པུ་རྒྱུ་བར་རབ་ཏུ་སྒྲུབ་བོ། །ཅིའི་ཕྱིར་ད་ལྟར་བྱུང་བའི་ལས་ཟིལ་གྱིས་མནན་ཏེ། རེས་འགའ་མངོན་པར་འདུ་བྱས་པའི་དབང་གི་སྐྱེ་སྙམ་པ་ལ་རྒྱལ་པོ་དང་མཚུངས་པར་རབ་ཏུ་སྒྲུབ་སྟེ། ལས་གང་གིས་སྟོབས ་དང་ལྡན་པའི་བསྒོམ་པ་དེ་སེམས་ལ་བསྒོམ་པས་དབན་ཐོབ་པ་ཡིན་ནོ་ཞེས་ཡོངས་སུ་སྟོན་པའི་ཕྱིར་རོ། །གལ་ཏེ་རྒྱལ་པོ་དང་འདྲ་ན་ཅིའི་ཕྱིར་བདག་ལ་མི་མཛའ་བ་དང་མཚུངས་པར་རབ་ཏུ་སྒྲུབ་དོ། ། ་ཅིའི་ཕྱིར་བདག་ལ་མི་མཛའ་བ་དང་མཚུངས་པར་བྱེད་སྙམ་པ་ལ་བྱེ་མའི་ཁྱིམ་དང། ཉའི་མཆིལ་པ་དང། རྨི་ལམ་དང། སྦྲང་མ་སྔོན་པོ་དང་མཚུངས་པར་རབ་ཏུ་སྒྲུབ་སྟེ། ལུས་ལ་སོགས་པ་ལ་ཕྱིན་ཅི་ལོག་རྣམ ་པ་བཞི་དང་ལྡན་པ་ལ་སོགས་པ་ཡོངས་སུ་སྟོན་པའི་ཕྱིར་རོ། །དེ་ལྟར་ན་གོ་ཅིའི་ཕྱིར་བདེ་བར་སྐྱེ་བ་རྣམས་སྐྱེ་བ་བསྒྲུབ་སྙམ་པའི་ཉེས་པ་སྤང་བའི་ཕྱིར་རྒོལ་བ་དང་མཚུངས་པར་སྟོན་ཏེ། སྡུག་བསྔལ་རྣམ་པ་གསུམ་གྱི་སྡུག ་བསྔལ་གྱིས་དེར་ཡང་སྡུག་བསྔལ་འགྲུབ་པར་ཡོངས་སུ་སྟོན་པའི་ཕྱིར་རོ། །དེ་དེ་ལྟར་སྡུག་བསྔལ་ན་ཅིའི་ཕྱིར་སྡུག་བསྔལ་གྱི་གཉེན་པོར་ལམ་མི་བསྟེན་སྙམ་པ་ལ་གནོད་སྦྱིན་མདངས་འཕྲོག་པ་ལ་སོགས་པ་དང ་མཚུངས་པའི་རྒྱུར་སྟོན་ཏེ། སྙོམས་པར་འཇུག་པའི་རོ་མྱང་བ་དང། ཡོངས་སུ་ཉམས་པར་ཡོངས་སུ་བསྟན་པའི་ཕྱིར་ཏེ། གོ་རིམ་བཞིན་ནོ། །ཅིའི་ཕྱིར་གཉེན་པོ་ལ་མི་དགའ་སྙམ་པ་ལ་རྐུན་པོ་དང་མཚུངས་པའི་རྒྱུ་སྟོན་ཏེ། དགེ ་བའི་རྩ་བའི་ཚོགས་ལ་རྐུ་བའི་ཕྱིར་རོ། །གལ་ཏེ་སྡུག་བསྔལ་ལ་ཡང་ཡོན་ཏན་དུ་རྟོགས་ནས་དགའ་ན་དེ་ལྟར་གྱུར་པ་ལ་ཉེས་པ་ཅི་ཡོད་སྙམ་པལ་ཕུན་སུམ་ཚོགས་པ་དང། རྒུད་པ་དང་ལྡན་པས་རྗེས་སུ་ཆགས་པ་དང། ཁོང ་ཁྲོ་བས་གནོད་པ་སྟོན་ཏོ། །གལ་ཏེ་གནོད་པར་བྱེད་ན་ཅིའི་ཕྱིར་དགའ་སྙམ་པ་ལགཟུགས་ལ་སོགས་པ་ལ་དགའ་བའི་ཕྱིར་ཕྱི་ཕྱི་ཞོ་ལའི་མིག་དང། གཡུལ་གྱི་རྔ་དང། ཕག་དང། བྲན་མོ་ཟས་ཀྱི་ལྷག་མ་ཟ ་བ་དང། སྦྲང་མ་དང་མཚུངས་པར་སྟོན་ཏོ། །འོད་སྲུངས་སེམས་ནི་ཀུན་ཏུ་བཙལ་ན་མི་རྙེད་དོ་ཞེས་བྱ་བ་མཚམས་ཇི་ལྟར་སྒྱར་ཞེ་ན། གཞན་གྱི་དབང་གི་རང་བཞིན་གྱི་རྒྱུ་བསྟན་ནས་ཇི་ལྟར་གཞན་གྱི་དབང་གི་རང་བཞིན་ཏེ། ཡོངས་སུ ་སུ་ཚོལ་བ་ན་ཀུན་ཏུ་བརྟགས་པ་དང། ཡོངས་སུ་གྲུབ་པའི་རང་བཞིན་ཚོལ་བ་དེ་ཀུན་ཏུ་སྟོན་ཏེ། ཀུན་ཏུ་བརྟགས་པའི་རང་བཞིན་གྱི་སེམས་དེ་བཙལ་ན་དོན་དུ་མི་དམིགས་སོ། །གང་མི་དམིགས་པས་རབ་ཏུ་ཕྱེ་བ་དེ་ནི་ཡོངS ་སུ་གྲུབ་པའི་རངབཞིན་གྱི་སེམས་ཏེ། དེ་ནི་འདུས་མ་བྱས་སུ་འོག་ནས་སྟོན་པར་བཞེད་ནས་དེ་དུས་གསུམ་དུ་མི་འབྱུང་བར་སྟོན་ཏེ། ཇི་ལྟར་འགོག་པ་ལ་སྙོམས་པར་ཞུགས་པ་ན་དེ་མ་ཐག་ཏུ་སེམས་མེད་པའི་ཕྱིར་དུས་གསུཾ་དུ ་མི་འབྱུང་བ་དེ་ལྟར་མི་འབྱུང་བར་མ་ཡིན་པར་རིག་པར་བྱ་སྟེ། དུས་གསུམ་ལས་འདས་པར་ཀུན་ཏུ་སྟོན་ཏོ། །དེ་ནི་དུས་གསུམ་ལས་མ་འདས་པས་ལངས་པ་ན་ཡང་སེམས་འབྱུང་བའི་ཕྱིར་རོ། །གང་དུས་གསུམ་ལས་འདས ་པ་དེ་མེད་པར་ལོག་པར་འཛིན་པ་སྤང་བའི་ཕྱིར་བཟློག་སྟེ། ཡོད་པ་དང་མེད་པ་མ་ཡིན་པར་སྟོན་ཏེ། ཀུན་བརྟགས་དང་གཞན་གྱི་དབང་གི་རང་བཞིན་གྱིས་ནི་མེད་ལ་ཡོངས་སུ་གྲུབ་པའི་རང་བཞིན་གྱིས་ནི་ཡོད་པར་ཡོངས་སུ ་སྟོན་པའི་ཕྱིར། །དེ་ནི་མ་བྱུང་བའོ་ཞེས་བྱ་བ་ནི་རྒྱུའི་དངོས་པོར་རོ། །དེ་ལ་ངོ་བོ་ཉིད་མདོ་ཞེས་བྱས་པས་ནི་སེམས་ཅན་ད?་མྱལ་བ་ལ་སོགས་པའི་འགོ་བའི་སོ་སོར་ངེས་པའི་རྒྱུའི་ངོ་བོ་ཉིད་དོ། །དེ་ལ་སྐྱེ་བ་མེད་དོ་ཞེས་བྱ ་བ་ནི་སྐྱེ་བའི་རྒྱུ་མེད་པའོ། །དེ་ལ་འགག་པ་མེད་དོ་ཞེས་བྱ་བ་ནི་འཆི་འཕོ་བའོ། །དེ་འབྲལ་བ་མེད་དོ་ཞེས་བྱ་བ་ནི་སྤོང་བའོ། །དེ་འབྲལ་བ་མེད་པ་ལ་ཞེས་བྱ་བ་ནི་སྤང་བར་བྱ་བ་མེད་པ་ལའོ། །དེ་ལ་འདུ་བྱེད་གང་ཡང་མེད་དོ་ཞེས་བྱ་བ་ནི་ཕུང་པོ ་རྣམས་སོ། །དེ་ནི་འདུས་མ་བྱས་སོ་ཞེས་བྱ་བ་ནི། དེ་བརྗོད་པར་བྱ་བའི་ཕྱིར་དེ་ཐམས་ཅད་དུ་གསུངས་སོ། །དེ་ནི་འདུས་མ་བྱས་ཏེ་རྣམ་པར་བཞག་སྟེ། དེ་ནི་འཕགས་པ་རྣམས་ཀྱི་རིགས་སོ་ཞེས་བྱ་བ་ནི ་དེ་ལ་དམིགས་པས་འཕགས་པའི་དངོས་པོ་རྙེད་པ་དང། དེས་རབ་ཏུ་ཕྱེ་བ་ནི་འཕགས་པ་རྣམས་སོ། །རིགས་དེ་ཡང་ཕུང་པོའི་ལྷག་མ་དང་བཅས་པ་དང། །ཕུང་པོའི་ལྷག་མ་མ་ལུས ་པའི་མྱ་ངན་ལས་འདས་པས་རབ་ཏུ་ཕྱེ་བྲ་དང། བྱང་ཆུབ་སེམས་དཔའ་ཨི་མྱ་ངན་ལས་འདས་པས་རབ་ཏུ་ཕྱེ་བའོ། །དེ་ལ་ཕུང་པོའི་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པའི་དུས་བྱས་ནས། བསླབ་པ་ཡང་མེད། བསླབ ་པ་ལས་འདས་པ་ཡང་མེད་ཅེས་བྱ་བ་གསུངས་སོ། །ལེགས་པར་བསླབ་པའི་ཕྱིར་རོ། །རྒྱུ་བ་མེད་པ་ནི་ཕུང་པོ་སྤངས་པའི་ཕྱིར་རོ། །མི་རྒྱུ་བ་མེད་པ་ནི། ཕུང་པོ་སྤངས་པའི་ལྷག་མ་དང་བཅས་པའི་ཕྱིར་རོ། །རབ་ཏུ་རྒྱུ་ཡང་མེད་པ་ནི་ཉོན ་མོངས་པ་རྣམས་སོ། །དེ་ལ་སེམས་མེད་ཀྱང་སེམས་ལས་བྱུང་བའི་ཆོས་རྣམས་ཀྱང་མེད་དོ་ཞེས་བྱ་བ་ནི་ཉོན་མོངས་པ་ཅན་རྣམས་སོ། །དེ་ལ་ལས་ཀྱང་མེད་ཅེས་བྱ་བ་ནི་ཡང་སྲིད་པའི་ལས་ཀྱི་རྒྱུ་ལས་བྱུང་བའོ། །ལས་ཀྱི་རྣམ་པར་སྨིན་པ ་ཡང་མེད་ཅེས་བྱ་བ་ནི་ཕུང་པོ་ལྷག་མ་མ་ལུས་པའི་མྱ་ངན་ལས་འདས་པའི་དབང་དུ་བྱས་ནས་གསུངས་པའོ། །དེ་བས་ན་དེ་ལྟར་བདེ་བ་ཡང་མེད། སྡུག་བསྔལ་བ་ཡང་མེད་པ་དེ་ནི་འཕགས་པ་རྣམས་ཀྱི་རིགས་སོ་ཞེས་བྱ་བ་ཡང་སྔ་མ ་བཞིན་ནོ། །རིགས་དེ་ལ་ནི་ལས་ཀྱང་མེད། ལས་མངོན་པར་འདུ་བྱེད་པ་ཡང་མེད་དོ། །རིགས་དེ་ལས་ལུས་ཀྱི་ལས་བྱེད་པ་མེད་དོ། །ངག་གི་ལས་མ་ཡིན་ཡིད་ཀྱི་མ་ཡིན་ནོ་ཞེས་བྱ་བ་ནི་མདོའི་ཚིག་གསུམ་པོ་དག་གིས་ནི ་ལས་དབྱེ་བར་དུ་དགག་པར་བྱེད་དོ། །བྱ་བ་དང་བསླབ་དང་དེའི་སྦྱོར་བའི་དབང་དུ་བྱས་ནས། རིགས་དེ་ལ་ཐ་མ་དང་འབྲིང་དང་མཆོག་ཏུ་རྣམ་པར་བཞག་པ་ཡང་མེད་དེ་ཞེས་བྱ་བས་སེམས་ཅན་གྱི་དབྱེ་བ་རབ་ཏུ་དགག་པར་བྱེད་དེ། བྱང་ཆུབ ་སེམས་དཔའ་ཨི་མྱ་ངན་ལས་འདས་པའི་དབང་དུ་བྱས་ནས། རིགས་དེ་ནི་སྙོམས་པའོ་ཞེས་བྱ་བ་གསུངས་ཏེ། བདག་དང་གཞན་ལ་ཕན་པར་འཇུག་པ་སྙོམས་པས་དེའི་ཁྱད་པར་སྟོན་ཏོ། །རིགས་དེ་ནི་ཁྱད་པར་མེད་པའོ་ཞེས་བྱ་བ་ནི་བྱང ་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཐམས་ཅད་ཆད་པ་མེད་པས་བྱང་ཆུབ་སེམས་དཔའ་རྣམ་པར་དག་པ་རྣམས་དང། དེ་ཁྱད་པར་མེད་པར་སྟོན་ཏོ། །རིགས་དེ་ནི་དབེན་པའོ་ཞེས་བྱ་བ་ནི་དེ་དག་གི་རྒྱུད་ཐ་དད་པ་མེད་པར་སྟོན་ཏོ། །རིགས་དེ་ནི་མྱ་ངན་ལས ་འདས་པ་དང་མཐུན་པའོ་ཞེས་བྱ་བ་ནི་གཞན་གྱི་རྒྱུད་པ་ལས་དེའི་ཁྱད་པར་སྟོན་ཏོ། །རིགས་དེ་ནི་དྲི་མ་མེད་པའོ་ཞེས་བྱ་བ་ནི་རྣམ་པར་གྲོལ་བ་ན་ཐུན་མོང་ཡིན་དུ་ཟིན་ཀྱང་བག་ཆགས་སྤོང་བའི་ཁྱད་པར་སྟོན་ཏོ། །རིགས་དེའི་ངའི་བ་མེད་དོ་ཞེས་བྱ་བ ་ནི་ཞིང་རྣམ་པར་དག་པ་རྣམས་ལ་སོ་སོར་ངེས་པོ་མེད་པར་སྟོན་ཏོ། །རིགས་དེ་ནི་མཉམ་པ་མེད་པའོ་ཞེས་བྱ་བ་ནི་ལས་དེ་མྱ་ངན་ལས་འདས་པ་དང། འཁོར་བའི་ཡོན་ཏན་དང། ཉེས་པ་ལ་རྣམ་པར་མི་རྟོག་པས་མཉམ་པ་ཉིད་སྟོན་ཏོ། །ཡང ་དག་བ་དང་ཡང་དག་པ་མ་ཡིན་པའི་མཉམ་པ་ལས་འབྱུང་བ་ཞེས་བྱ་བ་ལ་བདེན་པའི་དོན་གྱིས་ཡང་དག་པ་ནི་མྱ་ངན་ལས་འདས་པའོ། །བརྫུན་པའི་དོན་གྱིས་ཡང་དག་པ་མ་ཡིན་པ་ནི་འཁོར་བར་རིག་པར་བྱའོ། །རིགས་དེ་ནི་དོན་དམ ་པའི་བདེན་པ་ཡིན་པས་བདེན་པའོ་ཞེས་བྱ་བ་གང་མ་དགྲ་དེ་སླ་བ་མ་ཡིན་པས་གཞན་མུ་སྟེགས་ཅན་རྣམས་དང་ཐུན་མོང་བ་མ་ཡིན་པ་སྟོན་ཏོ། །རིགས་དེ་ནི་མི་ཟད་པའོ་ཞེས་བྱ་བ་ནི་ཕུང་པོ་ལྷག་མ་མ་ལུས་པར་མྱ་ངན་ལས་འདས ་ཀྱང་སེམས་ཅན་གྱི་དོན་བྱ་བ་རྒྱུན་མི་གཅོད་པར་སྟོན་ཏོ། །དེ་ནི་རབ་ཏུ་མ་སྐྱེས་པ་ཞེས་བྱ་བ་ནི་ལས་དང་ཉོན་མོངས་པའི་དབང་གིས་མི་སྐྱེའི་འབྱོར་པ་འཐོབ་པའི་དབང་གིས་དེ་སྟོན་པའི་ཕྱིར་རོ། །དེ་རིགས ་དེ་ནི་རྟག་པའོ་ཞེས་བྱ་བ་ནི། མྱ་ངན་ལས་འདས་པ་དང། འཁོར་བའི་དུས་ན་ཡང་གཞན་མ་ཡིན་པར་སྟོན་ཏེ། དེའི་ཕྱིར་བདེ་བ་དང། དགེ་བ་དང། བདག་མེད་པ་ཞེས་བྱ་བའོ། །རིགས་དེ་ནི་རྣམ་པར་དག་པའོ་ཞེས་བྱ་བ་ནི་ཤེས ་བྱ་རྣམ་པར་དག་པར་སྟོན་ཏེ། རྣམ་པར་སྤྱང་བར་བྱ་ཞིང་བསམ་པ་རྣམ་པར་དག་པ་ཡང་དེ་ཙམ་དུ་ཡོངས་སུ་སྟོན་པའི་ཕྱིར་ཏེ། འདི་ནས་འཇིག་རྟེན་ལས་འདས་པའི་བར་གྱི་གཉེན་པོ་རྣམ་པར་བཞག་པ་དོན་ཆེན་པོར་རིག་པར ་བྱའོ། །འདི་ནི་མཚམས་སྦྱར་བ་དང། གོ་རིམ་གཞན་ཡིན་ནོ། །འོད་སྤུངས་བྱང་ཆུབ་སེམས་དཔའ་སེམས་ཅན་གྱི་དོན་ལ་བརྩོན་པར་བྱ་སྟེ། དེས་དགེ་བའི་རྩ་བ་ཐམས་ཅད་ཡང་དག་པར་བསྡུས་པར་བྱའོ། །དགེ་བའི་རྩ ་བ་ཐམས་ཅད་ཡང་དག་པར་བསྡུས་ནས་སེམས་ཅན་ཐམས་ཅད་བཏང་ངོ། །ཡེ་ཤེས་ཀྱི་སྨན་གང་བསྡུས་པ་དེས་ཞེས་བྱ་བ་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱིས་གཞན་གྱི་དོན་བྱེད་པར་སྟོན་ཏོ། །ཕྱོགས ་བཞིར་སོང་སྟེ་ཞེས་བྱ་བ་ལ་ཕྱོགས་གང་ཞེ་ན། སེམས་ཅན་འདུལ་བའི་ཕྱིར་ཁམས་ནས་འཕོར?་བ་སྟེ། རྫུ་འཕྲུལ་གྱི་སྟོབས་གྱི་འཇིག་རྟེན་གྱི་ཁམས་ནས་འཇིག་རྟེན་གྱི་ཁམས་གཞན་དུ་འགྲོ་བ་དང་འཇིག་རྟེན་གྱི་ཁམS ་དེ་ཉིད་ནས་ཡུལ་གཞན་དུ་འཕོ་བ་དང། སྐྱེ་བས་འཕོ་བ་སྟེ། དེ་གཉི་གར་སྐྱེ་བ་ཡོངས་སུ་འཛིན་པ་དང། གཞན་ལས་ཚོལ་བ་སྟེ། སེམས་ཅན་གང་བྱང་ཆུབ་སེམས་དཔའ་གང་གིས་འདུལ་བར་འགྱུར་བ་དེའི་ཕྱིར་ཆོས ་བའོ། །སེམས་ཅན་རྣམས་ལ་ཡང་དག་པར་གསོ་བ་བྱའོ། །ཡང་དག་པའི་གསོ་བས་སེམས་ཅན་རྣམས་གསོའོ་ཞེས་བྱ་བ་ནི་ཉོན་མོངས་པའི་འབྱུང་པོ་ལ་གསོ་བ་སྟེ། ཉོན་མོངས་པའི་འབྱུང་པོའི་གདོན་གྱིས་ཟིན་པའི་སེམས ་ཅན་རྣམས་གསོ་བའི་བྱང་ཆུབ་སེམས་ནི་བསླབ་པ་རྣམ་གསུམ་གྱིས་རྣམ་པར་དག་པའི་ལམ་སྟོན་པས་སྨན་པ་བླ་ན་མེད་པ་ཡིན་ཏེ། སྨན་པའི་རྒྱལ་པོ་འཚོ་བྱེད་ལ་སོགས་པས་ནི་ལྟ་བ་ལ་གནས་པ་དང་འགྱོད་པ་ལ་གནས་པ ་གསོ་བར་མི་ནུས་སོ། །ཡང་ན་ཡང་དག་པའི་གསོ་བ་ཞེ་ས་བྱ་བ་ནི་དེ་ཁོ་ན་ཉིད་ཀྱིས་གསོ་བ་ནི་ཡང་དག་པའི་གསོ་བ་སྟེ། ཡང་དག་པ་དང་དེ་ཁོ་ན་ཉིད་ནི་དོན་ཐ་དད་པ་མ་ཡིན་ནོ། །དེ་ཁོ་ནའི་གསོ་བ་དེ་ཡང་འཇིག་རྟེན་ལས་འདས ་པའི་ལམ་གྱི་བག་ལ་ཉལ་ཀུན་ཏུ་འཇོམས་པའི་ཕྱིར་རོ། །དེ་ལ་འཇིག་རྟེན་པའི་ཡེ་ཤེས་ནི་རྣམ་པ་གཉིས་ཏེ། ཆེ་ལོང་དང་འབྲིང་ངོ། །དེ་ལ་ཆེ་ལོང་བ་ནི་རབ་ཏུ་སེལ་བའི་གཉེན་པོའོ། །འབྲིང་ནི་རྣམ་པར་གནོན་པའི་གཉེན་པོའོ། །དེ་ལ ་ཡང་དག་པའི་གསོ་བ་གང་ཞེ་ན། གང་འདི་འདོད་ཆགས་ལ་མི་སྡུག་པས་གསོ་བ་ནས་ཕྱིན་ཅི་ལོག་ཐམས་ཅད་སྤང་བའི་ཕྱིར་ཕྱིན་ཅི་མ་ལོག་པ་བཞི་ཞེས་བྱ་བའི་བར་དག་ནི་ཀུན་ནས་ཉོན་མོངས་པ་ཆེ་ལོང་རབ་ཏུ་སེལ་བའི་གཉེན ་པོའོ། །དྲན་པ་ཉེ་བར་གཞག་པ་བཞི་ནས་འཕགས་པའི་ལམ་ཡན་ལག་བརྒྱད་པའི་བར་དག་ནི་ཀུན་ནས་ཉོན་མོངས་པ་འབྲིང་རྣམ་པར་གནོན་པའི་གཉེན་པོའོ། །དེ་ལ་ཀུན་ནས་ཉོན་མོངས་པ་ཆེ་ལོང་མངོན་དུ་གྱུར་ན་ནི་ཡུལ་ལ ་འདོད་ཆགས་ལ་སོགས་པ་ཀུན་ཏུ་འབྱུང་ངོ། །བཟློག་པ་ནི་འབྲིང་དུ་རིག་པར་བྱའོ། །དེ་ལ་རྣལ་འབྱོར་སྤྱོད་པའི་འཇིག་རྟེན་པའི་ཡེ་ཤེས་རང་གི་མཚན་ཉིད་ཀྱི་ཡུལ་ཅན་གྱི་ཀུན་ནས་ཉོན་མོངས་པ་རབ་ཏུ་བསལ་རྣམ་པར་མནན ་ནས་སྦྱོང་བ་རྣམ་བར་སྦྱོང་ངོ། །དེ་ལ་སྤྱོད་བའི་རབ་ཏུ་དབྱེ་བ་ནི་ཁྱིམ་བ་རྣམས་ནི་ཕལ་ཆེར་འདོད་ཆགས་དང། ཞེ་སྡང་དང། གཏི་མུག་ལ་སྤྱོད་དོ། །རབ་ཏུ་བྱུང་བ་རྣམས་ནི་ཕལ་ཆེར་ལྟ་བ་ལ ་གནས་ཏེ། དེ་ལ་གནས་པ་ནི་ཚུལ་བཞན་མ་ཡིན་པ་ཡིད་ལ་བྱེད་བ་ལ་གནས་པས་ངོ་བོ་ཉིད་ལ་རྣམ་པར་རྟོག་བ་དང། ཡང་སྲིད་པ་ལ་སྨོན་པར་རྣམ་པར་རྟོག་བ་དང། ཕྱིན་ཅི་ལོག་རྣམ ་པ་བཞི་པོ་འདུས་པ་དང། མ་འདུས་པ་དག་གིས་ཐར་པ་མ་ཡིན་པ་ལ་ཐར་པར་མངོན་པར་ཞེན་ཅིང་གནས་སོ། །དེ་ལ་སྤྱོད་བ་རྣམ་པར་སྦྱོང་བའི་གཉེན་བོ་ནི་འདོད་ཆགས་ལ་མི་སྡུག་པ་དང། ཞེ ་སྡང་ལ་བྱམས་པ་དང། གཏི་མུག་ལ་རྟེན་ཅིང་འབྲེལ་པར་འབྱུང་བ་དང། ལྟ་བར་སོང་བ་ཐམས་ཅད་ལ་སྟོང་པ་ཉིད་དང། ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པས། བསྡུས་པའི་ངོ་བོ་ཉིད་ཀྱི་ཁྱད་པར་ལ་རྟོག ་པ་མཚན་མ་མེད་པ་སྟེ། རྣམ་པར་རྟོག་པ་དང་དམིགས་པ་ཡིད་ལ་བྱེད་བ་ཐམས་ཅད་ལ་མཚན་མ་མེད་བས་གསོ་བའོ་ཞེས་གསུངས་པའི་ཕྱིར་རོ། །ཡང་སྲིད་པ་ལ་སྨོན་པ་ནི་སྨོན་པ་མེད་པ་སྟེ། ་འདོད་པའི་ཁམས་དང། གཟུགས་ཀྱི་ཁམས་དང། གཟུགས་མེད་པའི་ཁམས་ཐམས་ཅད་ལ་གནས་པ་ལ་སྨོན་པ་མེད་བྱས་ཤེས་གསུངས་པའི་ཕྱིར་རོ། །ཐར་བ་མ་ཡིན་བ་ལ་ཐར་བར་མངོན་བར་ཞེན་པ་ནི་ཕྱིན་ཅི ་ལོག་སྟེ། དཔེར་ན་ཚངས་པའི་གནས་ཏེ་དེ་ནི་རྟག་གོ་ཞེས་བྱ་བ་ལྟ་བུ་སྟེ། ཕྱིན་ཅི་ལོག་ཐམས་ཅད་ལ་ཕྱིན་ཅི་མ་ལོག་པ་བཞེས་གསོ་སྟེ། མི་རྟག་པ་ལ་རྟག་བར་འདུ་ཤེས་པ་ལ་འདུ་བྱེད་ཐམས་ཅད་མི་རྟག་པ་དང། སྡུག་བསྔལ་ལ་བདེ་བར ་འདུ་ཤེས་པ་ལ་འདུ་བྱེད་ཐམས་ཅད་སྡུག་བསྔལ་བ་དང། བདག་མེད་པ་ལ་བདག་ཏུ་འདུ་ཤེས་པ་ལ་ཆོས་ཐམས་ཅད་ལ་བདག་མེད་པ་དང། མི་སྡུག་པ་ལ་སྡུག?་བར་འདུ་ཤེས་པ་ལ་མྱ་དོན་ལས་འདས་པ་ཞི་བས་ཤེས་གསུངས་པའི ་ཕྱིར་རོ། །ཀུན་ནས་ཉོན་མོངས་པ་འབྲིང་གང་ཞེ་ན། རང་རང་གི་གཉེན་པོ་ལ་བརྟེན་ནས་ཀུན་ནས་ཉོན་མོངས་པ་ཆེ་ལོང?་རབ་ཏུ་བསལ་བའི་ཡུལ་ལ་འདོད་ཆགས་དང། ཞེ་སྡང་དང། གཏི་མུག་གིས་ཀུན་ནས་ཉོན་མོངས་པར་འགྱུར ་བ་གནས་པ་སྟེ། མངོན་དུ་གྱུར་པའི་ཡུལ་རྣམས་ལ་འདོད་ཆགས་ལ་སོགས་པའི་ཉེས་པ་ཀུན་ཏུ་མི་འབྱུང་ཞེས་བྱ་བའི་ཐ་ཚིག་གོ་།དེ་སྤང་བའི་ཕྱིར་དྲན་པ་ཉེ་པར་གཞག་བ་ལ་སོགས་པ་བྱང་ཆུབ་སེམས་དཔའ་ཆོས་རྣམས ་བསྒོམ་མོ། །དེ་ལ་དྲན་བ་ཉེ་བར་གཞག་པ་བསྒོམས་པས་ནི་ཡང་དག་བའི་དམིགས་པ་ལ་འདོད་ཆགས་པས་སེམས་མཉམ་པར་མ་བཞག་པར་སྦྱོར་ཡང་སྒོམ་བ་དེས་བདག་དྲན་བ་ཉེ་བར་གཞག་པ་བསྒོམ་མོ་ཞེས་བདག ་ཏུ་མི་འཛིན་ཏོ། །ལུས་དང། སེམས་དང། ཆོས་ལ་གནས་པ་རྣམས་ལ་དྲན་བ་ཉེ་བར་གཞག་པ་བཞི་པོ་དག་གིས་གསོ་སྟེ། དེ་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་བ་ལ་གནས་ཀྱང་ལུས་ཀྱི་ལྟ་བས་བདག་ཏུ་ལྟ་བར་མི་ལྟུང། ཆོར ་བ་རྣམས་ལ་ཚོར་བའི་རྗེས་སུ་ལྟ་བ་ལ་གནས་ཀྱང་ཚོར་བའི་རྗེས་སུ་ལྟ་བས་བདག་ཏུ་ལྟ་བར་མི་ལྟུང། སེམས་ལ་སེམས་ཀྱི་རྗེས་སུ་ལྟ་བ་ལ་གནས་ཀྱང་སེམས་ཀྱི་རྗེས་སུ་ལྟ་བར་མི་ལྟུང། ཆོས་རྣམས་ཀྱང་ཆོས་ཀྱི་རྗེས་སུ་ལྟ་བ ་ལ་གནས་ཀྱང་ཆོས་ཀྱི་རྗེས་སུ་ལྟ་བས་བདག་ཏུ་ལྟ་བར་མི་ལྟུང་ཞེས་གསུངས་པ་གང་ཡིན་པའོ། །དེ་ལྟར་དྲན་པ་ཉེ་བར་གཞག་པ་རྣམས་ཀྱི་དམིགས་པ་ལ་སེམས་བཏགས་པ་དེས?་ཡང་དག་པའི་སྤོང་བ་རྣམས་ཀྱིས་ཡང ་དག་པར་སྦྱོར་ཏེ། ཡང་དག་པར་སྤོང་བ་བཞིས་ནི་མི་དགེ་བའི་ཆོས་རྣམས་སྤོང་བ་དང། དགེ་བའི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་འགྱུར་བའོ་ཞེས་གསུངས་པ་གང་ཡིན་པའོ། །དེ་ནས་རྫུ ་འཕྲུལ་གྱི་རྐང་བ་རྣམས་ཀྱིས་གནས་བ་ཡོངས་སུ་འཛིན་ཏེ། གནས་པ་ཡོངས་སུ་བཟུང་ནས་ལུས་དང་སེམས་ལ་སྐྱེས་བ་དང་བུད་མེད་ཀྱི་འདུ་ཤེས་སུ་རིལ་པོར་འཛིན་བ་ལ་རྟོག་བས་རབ་ཏུ་རྣམ་བར་འབྱེད་པའི་ཀུན་ནས་ཉོན ་མོངས་པ་འབྲིང་རྣམ་བར་མནན་བ་ཡིན་ཏེ། རྫུ་འཕྲུལ་གྱི་རྐང་བ་བཞིས་ནི་ལུས་དང་སེམས་འབྲིལ?་བོར་འཛིན་པ་འདོར་བར་འགྱུར་རོ་ཞེས་གསུངས་བ་གང་ཡིན་པའོ། །དེ་བས་ཟག་པ་མེད་པའི་ཤེས་རབ་ཀྱིས་སྦྱོར་བའི་ལམ ་ན་འཇིག་རྟེན་ལས་འདས་པའི་ཆོས་ཀྱི་མི་མཐུན་པའི་ཕྱོགས་མ་དང་བ་ལ་སོགས་བ་སྤངས་ནས་གཉེན་པོ་དད་བ་ལ་གནས་སོ། །དབང་པོ་དེ་དག་ཉིད་སྟོབས་རྣམས་ཀྱི་བརྟན་པར་བྱེད་དོ། །དབང་པོ་ལྔ་དང། སྟོབས་ལྔས་ནི ་མ་དད་པ་དང། ལེ་ལོ་དང། དྲན་བ་ཉམས་པ་དང། རྣམ་པར་གཡེང་བ་དང། ཤེས་བཞིན་མང་པ་རྣམས་གསོ་པའོ་ཞེས་གསུངས་པ་གང་ཡིན་བའོ། །དེ་ནས་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་ཀུན་ཏུ་རྨོངས་བ་དང། གང ་ཟག་ལ་བདག་མེད་པ་ལ་ཀུན་ཏུ་རྨོངས་བ་དང། ཆོས་ལ་བདག་མེད་བ་ལ་ཀུན་ཏུ་རྨོངས་པ་ནི་བྱང་ཆུབ་ཀྱི་ཡིན་ལག་རྣམས་ཀྱིས་རྣམ་བར་གནོན་ཏེ། བྱང་ཆུབ་ཀྱི་ཡིན་ལག་བདུན་གྱིས་ནི་ཆོས་ཐམས་ཅད་ལ་ཤིན་ཏུ་གཏི་མུག ་ཅིང་མི་ཤེས་པ་གསོ་བའོ་ཞེས་གསུངས་བ་གང་ཡིན་བའོ། །དེ་ནི་ལམ་ངན་བ་དང་ལམ་ནི་ལ་མ་གྱིས་ངེས་པར་འགྱུར་ཏེ། འཕགས་པའི་ལམ་ཡན་ལག་བརྒྱད་བས་ནི་འཆེལ་བའི་ཤེས་རབ་དང། ཕ་རོལ་རྒོལ་བ་ཐམས་ཅད ་དང། ལམ་ངན་བར་ཞུགས་བ་རྣམས་གསོ་བའོ་ཞེས་གསུངས་བ་གང་ཡིན་པ་སྟེ། རྣམ་པ་དེ་དག་གིས་ཀུན་ནས་ཉོན་མོངས་པ་ཆེ་ལོང་དང་འབྲིང་གི་གཉེན་པོར་གྱུར་བ་རབ་ཏུ་སེམས་བ་དང། རྣམ་པར་གནོན་པའི་ཡེ་ཤེས་གང་ཡིན་བ་དེ ་ནི་འཇིག་རྟེན་བའི་ཡེ་ཤེས་ཞེས་བྱའོ། །དེ་ཡང་འོད་སྲུངས་འདི་ནི་ཡང་དག་པའི་གསོ་བའོ། །འོད་སྲུངས་བྱང་ཆུབ་སེམས་དཔས་ཡང་དག་པའི་གསོ་བ་འདི་ལ་བརྩོན་པར་བྱའོ་ཞེས་བྱ་བས་བསྟན་ཏེ། །འོད་སྲུངས་ཛམྦུ་གླིང་ན ་སྨན་པ་དང་སྨན་པའི་སློབ་མ་ཇི་སྙེད་པ་དེ་དག་གི་ནང་ན་འཚོ?་བྱེད་ནི་མཆོག་ཅེས་བྱའོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཇི་སྙེད་པ་དེ་དག་ཐམས་ཅད་སྨན་པའི་རྒྱལ་པོ་འཚོ་བྱེད་དང་འདྲ་བར་གྱུར ་ཀྱང་དེ་དག་ཐམས་ཅད་ལྟ་བ་དང་འགྱོད་པ་ལ་གནས་བ་གསོ་བའི་སྨན་གང་ཡིན་ཞེས་དྲིས་ནས་དེ་དག་གིས་ཤེས་པ་འམ། བསྟན་པ་འམ། བསྒོམ་བར་མི་ནུས་སོ་།དེ་ལ་བྱང་ཆུབ་སེམས་དཔས་འདི་ལྟར་བདག་ནི་འཇིག་རྟེན ་གྱི་སྨན་ཙམ་གྱིས་ཆོག་པར་མི་བྱའི། བདག་གིས་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱི་སླན་ཡོངས་སུ་བཙལ་བར་བྱ། དགེ་བའི་རྩ་བ་ཐམས་ཅད་ཀྱང་ཡང་དག་པར་བསྡུ་བར་བྱའོ་སྙན་སྟོ་བརྟག་བར་བྱའོ། །དེ་ལྟར་བརྟགས་ནམ ་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱི་སྨན་གང་ཚོལ་བ་དེས་ཕྱོགས་བ?་ཞིར་སོང?་ལ་སེམས་ཅན་རྣམས་ལ་ཡང་དག་པའི་གསོ་བ་བྱ་སྟེ་།ཡང་དག་པའི་གསོ་བས་སེམས་ཅན་རྣམས་གསོའི?་ཞེས་བྱ་བ་ལ་འཇིག་རྟེན་ལས་གྱུར ་བའི་ཡེ་ཤེས་ཀྱི་སྨན་གང་ཞེ་ན། དེ་ལྟར་འདོད་ཆགས་དང། ཞེ་སྡང་དང། གཏི་མུག་གིས་ཀུན་ནས་བསྐོར་བའི་ཀུན་ནས་ཉོན་མོངས་པ་ནམ་བར་མནན་ནས་པ་གང་ཀུན་ནས་ཉོན་མོངས་པ་ཕྲ་མོ་བག་མ?་ཉལ་གྱི་གཉེན་པོ་འདི ་པའི་ཡེ་ཤེས་སོ། །དེ་གང་ཞེ་ན། རྣམ་པར་གནོན་པ་གཉེན་པོར་གྱུར་བ་དེ་ཡོད་ན་གནས་གསུམ་ལ་མཁས་ཏེ། གང་འདི་རྐྱེན་གྱིས་ཡེ་ཤེས་ཞེས་བྱ་བ་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་མཁས་པའོ། །བདག་མེད ་པ་དང། སེམས་ཅན་མེད་པ་དང། གོས་བ་མེད་པ་དང། གང་ཟག་མེད་པའི་ཆེས་རྣམས་ལ་མོས་པའི་ཡེ་ཤེས་ཞེས་བྱ་བ་ནི་གང་ཟག་ལ་བདག་མེད་པར་མོས་པའོ། །སྟོང་པ་ཉིད་མི་དམིགས་པའི་ཆོས་རྣམས་ལ་མི་དངང?་བཞེས ་བྱ་བ་ནི་ཆོས་ལ་བདག་མེད་པའོ། །སེམས་ཡོངས་སུ་ཚོལ་བའི་བརྩོན་འགྲུས་ཞེས་བྱ་བ་ནི་གང་ཀུན་ནས་ཉོན་མོངས་པ་མ་ལུས་པ་ལས་བཟླ་པའི་ཕྱིར་མན་ངག་ལ་མི་བལྟོས་པར་མི་ཤེས་པ་རྣམ་པ་བཞི་སྟེ། སྤྱིའི་མཚན་ཉིད་མི་ཤེས་པ ་དང། རང་གི་མཚན་ཉིད་དང། ཀུན་ནས་ཉོན་མོངས་པའི་མཆན་ཉིད་དང། རྣམ་པར་བྱང་བའི་མཚན་ཉིད་མི་ཤེས་པའི་གཉེན་པོས་ནང་དུ་རང་གི་སེམས་ལ་བརྟག་པའི་ཕྱིར་རབ་ཏུ་འབད་པའོ། །དེ་ལ་སེམས་ཀྱི་སྤྱིའི་མཚན་ཉིད ་ནི་རྣམ་པ་གསུམ་དུ་རིག་པར་བྱ་སྟེ། །དེ་འདི་ལྟར་སེམས་ཡོངས་སུ་ཆོལ?་ལོ། །འདོད་ཆགས་པར་འགྱུར་བ་འམ། ཞེ་སྡང་བར་འགྱུར་བ་འམ། གཏི་མུག་པར་འགྱུར་བའི་སེམས་གང་ཡིན། ཅི་འདས་པའམ། མ་འོངས་པ་འམ། དེ?་ལྟར ་བྱུང་བ་འམ། དེ་ལ་སེམས་འདས་པ་གང་ཡིན་པ་དེ་ནི་ཟད་པའོ། །མ་འོངས་པ་གང་ཡིན་པ་དེ་ནི་མ་ཕྱིན་པའོ། །ད་ལྟར་བྱུང་བ་ནི་གནས་པ་མེད་དོ་སྙམ་མོ་ཞེས་བྱ་བ་ལ་འདས་པ་དང། མ་འོངས་པའི་སེམས་རྟེན་ཅིང་འབྲེལ་པར་འབྱུང ་བ་ལ་བཀོལ་ཏེ། བྱེད་པ་མེད་པར་རྟོག་པ་དང། ད་ལྟར་གྱི་ལ་སྐད་ཅིག་པ་སྟེ་།བྱེད་པ་མེད་པར་རྟོག་པ་དང། འདོད་ཆགས་ལ་སོགས་པ་ལ་རང་གི་རྐྱེན་ལས་བྱུང་གི། སེམས་ཀྱིས་བྱས་པ་མ་ཡིན་པར་རྟོག་པའོ། །སེམས་ཀྱི ་རང་གི་མཚན་ཉིད་ཀྱང་རྣམ་པ་གསུམ་གྱིས་རིག་པར་བྱ་སྟེ། འོད་སྲུངས་སེམས་ནི་ནང་ན་ཡང་མེད། ཕྱི་རོལ་ན་ཡང་མེད། གཉི་ག་མེད་པར་ཡང་མི་དམིགས་སོ་ཞེས་བྱ་བ་ནི་སྔ་མ་བཞིན་དུ་ཐ་སྙད་ཀྱི་རང་བཞིན་གྱིས་མི་དམིགས་པ་དང། འོད ་སྲུངས་སེམས་ནི་དཔག་ཏུ་མེད། བསྟན་དུ་མེད་པ། རྟེན་མ་ཡིན་པ། སྣང་བ་མེད་པ། རྣམ་པར་རིག་པ་མེད་པ། གནས་པ་མེད་པ་ཞེས་བྱ་བ་ཡང་མ་ཡིན་བཞིན་དུ་རྣམ་པ་དྲུག་གིས་དེ་བཞིན་ཉིད་དམིགས་པ་དང། འོད་སྲུངས་སེམས་ནི་སངས ་རྒྱས་ཐམས་ཅད་ཀྱིས་ཀྱང་མ་གཟིགས་མི་གཟིགས་གཟིགས་པར་མི་འགྱུར་རོ། །ལོག་པར་ལྟུང་བའི་འདུ་ཤེས་ལས་ཆེས་རྣམས་འབྱུང་བ་མ་གཏོགས་པར་སངས་རྒྱས་ཐམས་ཅད་ཀྱང་མ་གཟིགས་མི་གཟིགས་གཟིགས་པར་མི་འགྱུར་རོ།། ་ང་ཡིན་པ་དེའི་རྒྱུ་བ་ཇི་ལྟར་ལྟ་ཞེ་ན་ཞེས་བྱ་བ་འཕགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཁྱད་པར་མེད་པར་དམིགས་པའོ། །སེམས་ཀྱི་ཀུན་ནས་ཉོན་མོངས་པའི་མཚན་ཉིད་ཀྱང་རྣམ་པ་གསུམ་གྱིས་རིག་པར་བྱ་སྟེ། འགྲུབ་པ་དང། འབྱུང་བ་དང། ་རྒྱུ་བའོ། །འོད་སྲུངས་སེམས་ནི་སྒྱུ་མ་དང་མཚུངས་ཏེ། ཡང་དག་པ་མ་ཡིན་པ་ཀུན་ཏུ་བརྟགས་པས་སྐྱེ་བ་རྣམ་པ་མང་པོ་ཡོངས་སུ་འཛིན་ཏོ་ཞེས་བྱ་བ་ན་འགྲོ་བ་རྣམས་སུ་ལུས་སྣ་ཚོགས་འགྲུབ་པ་སྟེ། འགྲུབ་པའི་ཀུན་ནས་ཉོན་མོངས ་པའོ། །འོད་སྲུངས་སེམS་ནི་འབབ་ཆུའི་རྒྱུན་དང་མཚུངས་ཏེ། མི་གནས་བ་སྐྱེས་ནས་འཇིག་ཅིང་འཇུ་བའོ། །ཞེས་པ་ནི་གྲུབ་པ་དེ་ཉིད་སྐད་ཅིག་བའི་རྒྱུན་གྱིས་འབྱུང་བའོ། །འོད་སྲུངས་སེམས་ནི་རླུང་དང་མཚུངས་ཏེ། རིང་དུ་འགྲོ་གཟུང་དུ་མེད་བར ་རྒྱུའོ་ཞེས་བྱ་བ་ནི་ཐམས་ཅད་ལ་དམིགས་པ་དང་གཟུང་དཀའ་བ་འབྱུང་བའོ། །འོད་སྲུངས་སེམས་ནི་མར་མེའི་འོད་འཕྲོ་བ་དང་མཚུངས་ཏེ། རྒྱུ་དང་རྐྱེན་ལས་བྱུང་བའོ་ཞེས་བྱ་བ་ནི་སྲིད་པའི་སྣུམ་གྱི་དབང་གི་འབྱུང་བ་སྟེ། འབྱུང་བའི་ཀུན་ནས ་ཉོན་མོངས་པའོ། །གང་དུ་རྒྱུ་དང་ཇི་ལྟར་ཀུན་ནས་ཉོན་མོངས་པ་སྟེ། གང་དུ་རྒྱུ་ཞེ་ན། འོད་སྲུངས་སེམས་ནི་གློག་དང་མཚུངས་ཏེ། སྐད་ཅིག་ཏུ་འཇིག་ཅིང་མི་གནས་པའོ་ཞེས་བྱ་བ་ནི་གློག་བར་འགའ་འབྱུང་བ ་ལྟར་དགེ་བའི་སེམས་འབྱུང་བའི་ཕྱིར་རེས་འགའ་དགེ་བ་ལ་རྒྱུ་བའོ། །འོད་སྲུངས་སེམས་ནི་ནམ་མཁའ་དང་མཚུངས་ཏེ། ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་གློ་བུར་རྣམས་ཀྱིས་ཉེ་བར་ཉོན་མོངས་པའོ་ཞེས་བྱ་བ་ནི་ནམ་མཁའ་ཨི ་ཉེ་བའི་ཉོན་མོངས་པ་གློ་བུར་རྣམས་ལྟ་བུར་རེས་འགའ་མི་དགེ་བ་ལའོ། །འོད་སྲུངས་སེམས་ནི་སྤྲེའུ་དང་མཚུངས་ཏེ། ཡུལ་ཐམས་ཅད་ལ་འདོད་པའོ། །ཞེས་བྱ་བ་ནི་རེས་འགའ་ཡུལ་ལའོ། །འོད་སྲུངས་སེམས་ནི་ལས་རྣམས ་སྣ་ཚོགས་མངོན་པར་འདུ་བྱེད་པའི་ཕྱིར་རི་མོ་མཁན་དང་མཚུངས་སོ་ཞེས་བྱ་བ་ནི་རེས་འགའ་ལས་མངོན་པར་འདུ་བྱེད་པའོ། །འོད་སྲུངས་སེམས་ནི་ཉོན་མོངས་པ་ཐ་དད་པ་འབྱུང་པའི་ཕྱིར་མི་གནས་བའོ་ཞེས་བྱ་བ་ནི་རེས་འགའ་ ་ཡུལ་རྣམས་ལ་རྒྱུ་སྟེ། འདོད་ཆགས་དང། ཞེ་སྡང་ལ་སོགས་པ་ལ་མི་གནས་པ་རྒྱུ་བའོ། །འོད་སྲུངས་སེམས་ནི་གཉིས་པ་མཚམས་སྦྱོར་བ་མེད་པའི་ཕྱིར་སེམས་ནི་གཅིག་བུ་རྒྱུ་བ་སྟེ། གཉིས་སུ་མེད་པའོ་ཞེས་བྱ་བ་ནི་དེ་ཉིད ་འདོད་ཆགས་དང་བཅས་པར་འགྱུར་ལ། འདོད་ཆགས་དང་བྲལ་བར་འགྱུར་པ་ཡང་མ་ཡིན་ལ། འདོད་ཆགས་དང་བཅས་པར་ཡང་འགྱུར་བ་མ་ཡིན་ཞེས་བྱ་བ་ལ་སོགས་པའོ། །འོད་སྲུངས་སེམས་ནི་ཆོས་ཐམས་ཅད་ལ ་དབང་བྱེད་པའི་ཕྱིར་རྒྱལ་པོ་དང་མཚུངས་ཞེས་བྱ་བ་ནི་བདེ་བར་འགྱུར་པའི་ཆོས་རྣམས་ལ་དབང་ཐོབ་སྟེ་རྒྱུ་བའོ། །འོད་སྲུངས་སེམས་ནི་སྡུག་བསྔལ་ཐམས་ཅད་སྐྱེད་པའི་ཕྱིར་མི་མཛའ་པ་དང་མཚུངས་ཞེས་བྱ་བ་ནི་བདེ་བ ་སྤངས་ནས་བདག་ལ་སྡུག་བསྔལ་ཀུན་ཏུ་བསྐྱེད་པའོ། །འོད་སྲུངས་སེམས་ནི་མི་རྟག་པ་ལ་རྟག་པར་འདུ་ཤེས་པའི་ཕྱིར་བྱེ་མའི་ཁྱིམ་དང་མཚུངས་སོ། །འོད་སྲུངས་སེམས་ནི་སྡུག་བསྔལ་ལ་བདེ་བར་འདུ་ཤེས་པའི་ཕྱིར་ཉིད་མཆིལ ་པ་དང་མཚུངས་སོ། །འོད་སྲུངས་སེམས་ནི་བདག་མེད་པ་ལ་བདག་ཏུ་འདུ་ཤེས་པའི་ཕྱིར་རྨི་ལམ་དང་མཚུངས་སོ། །འོད་སྲུངས་སེམས་ནི་མི་གཙང་པ་ལ་གཙང་བར་ཤེས་པའི་ཕྱིར་སྦྲང་མ་སྔོན་པོ་དང་མཚུནས་སོ་ཞེས་བྱ་བ་དེ་ཡང་བདག ་ཏུ་མངོན་པར་ཆགས་པས་བདག་ལ་སྡུག་བསྔལ་བསྐྱེད་པ་ནི་མ་ཡིན་གྱི། ཕྱིན་ཅི་ལོག་གིས་སོ། །འོད་སྲུངས་སེམས་ནི་གནོད་པ་མང་པོ་བྱེད་པས་ཕྱིར་རྒོལ་པ་དང་མཚུངས་སོ་ཞེས་བྱ་བ་ནི། བདག་ལ་སྡུག་བསྔལ་བསྐྱེད་པས ་ངོམས་མི་མྱོང་བའོ། །འོད་སྲུངས་སེམས་ནི་རྟོག་ཏུ་ཀླན་ཀ་ཚོལ་བའི་ཕྱིར་གནོད་སྦྱིན་མདངས་འཕྲོག་པ་དང་མཚུངས་སོ་ཞེས་བྱ་བ་ནི་དགེ་བ་ལ་སྦྱོར་བ་དེ་དོར་བར་བྱ་བའི་སྐབས་ཚོལ་བའོ། །འོད་སྲུངས?་སེམས་ན་རྟག་ཏུ་གླགས ་ལྟ་བས་དགྲ་དང་མཚུངས་སོ་ཞེས་བྱ་བ་ནི་མི་དགེ་བ་ཀུན་ཏུ་སྤྱད་པར་བྱ་པའི་གླགས་ལྟ་བའོ། །འོད་སྲུངས་སེམས་ནི་རྗེས་སུ་ཆགས་པ་དང། ཁོང་ཁྲོ་བ་དང་ལྡན་པས་རྟག་ཏུ་མཐོ་དམན་ཅན་ན་ཞེས་བྱ་བ་ནི། འབྱོར་པ་དང། གུད་པ་དང། ་རྗེས་སུ་ཆགས་པ་དང་ཁོང་ཁྲོ་བ་གཉིས་ཀྱིས་གནོད་པའོ། །འོད་སྲུངས་སེམས་ནི་དགེ་བའི་རྩ་བ་ཐམས་ཅད་རྐུ་བས་རྐུན་ཁོ་དང་མཚུངས་སོ་ཞེས་བྱ་བ་ནི་བག་མེད་པའི་དབང་དུ་སོང་བས་དགེ་བའི་རྩ་བ་བྱས་ཤིང་བྱས་པ་ཐམས ་ཅད་ཟད་པར་བྱེད་པའོ། །འོད་སྲུངས་སེམས་ནི་གཟུགས་ལ་དགའ་བས་ཕྱི་གྱི་ཞོ་ལའི་མིག་དང་མཚུངས་སོ། །འོད་སྲུངས་སེམས་ནི་སྒྲ་ལ་དགའ་བས་ཡུལ་གྱུར་དང་མཚུངས་སོ། །འོད་སྲུངས་སེམས་ནི་ཕག་མི་གཙང་བའི ་དྲི་ལ་དགའ་བ་བཞིན་དུ་དྲི་བ་དགའ་ཨོ། །འོད་སྲུངས་སེམས་ནི་རོ་ལ་དགའ་བས་ཟས་ཀྱི་ལྷག་མ་བྲ་བའི་བྲན་མོ་དང་མཚུངས་སོ། །འོད་སྲུངས་སེམས་ནི་རིག་པ་ལ་དགའ་བས་སྦྲང་མ་འབྲུ་མར་གྱི་སྣོད་ལ ་ཆགས་པ་དང་མཚུངས་སོ་ཞེས་བྱ་བ་ནི། གཟུགས་དང། སྒྲ་དང། དྲི་དང། རོ་དང། རེག་བྱའི་ཡུལ་ལ་མངོན་པར་དགའ་བའི་ཕྱིར་ཡང་ཤིན་ཏུ་ཕན་པར་བདུད་རྩིའི་ཁམས་ལ་སོ་སོར་བརྟགས་དེ། སོ་སོར་བརྟགས་ནས་རྣམ ་པར་གཞག་དཀའ་བ་ཡིན་ནོ། །སེམས་ཀྱི་རྣམ་པར་བྱང་བའི་མཚན་ཉིད་ཀྱང་གསུམ་གྱིས་རིག་པར་བྱ་སྟེ། ཐོབ་པ་དང་མི་ཐོབ་པའི་མཚན་ཉིད་དང། འདུ་བྱས་པའི་མཚན་ཉིད་དང། རིགས་ཀྱི་མཚན་ཉིད་དོ། །འོད ་སྲུངས་སེམས་ནི་ཀུན་ཏུ་བཙེལ་ན་མི་རྙེད་དོ། །ཞེས་བྱ་བ་ནི་ཐ་སྙད་ཅན་གྱི་རང་བཞིན་ཀུན་ཏུ་བཙལ་ན་མི་རྙེད་དོ། །གང་མི་རྙེད་པ་དེ་ནི་མི་དམིགས་པའོ་ཞེས་བྱ་བ་ནི་དེ་ལྟ་བུའི་རྣམ་པས་སེམས་ལ་རབ་ཏུ་རྟོག་ན་སེམས ་སེ་དེ་རྣམ་པར་དག་པའི་རྒྱུའོ། །དེ་ལས་གཞན་དུ་ན་ནི་ཚུལ་བཞིན་མ་ཡིན་པ་དང་རབ་ཏུ་ལྡན་པས་སེམས་རྣམ་པར་འདོད་ཀྱང་ཐོབ་པར་མི་འགྱུར་རོ། །དེ་ལྟར་ཚུལ་བཞིན་རབ་ཏུ་སྦྱོར་ན་ཐོབ་པར་མི་འགྱུར་རོ། །འདི་ནི་ཐོབ་པ ་དང་མི་ཐོབ་པའི་མཚན་ཉིད་དོ། །དེ་ལྟར་ཆོས་ལ་བདག་མེད་པ་ལ་སྦྱོར་བར་སྦྱོར་བ་ནི་ཤེས་རབ་ཀྱི་སེམས་དེ་བཞིན་ཉིད་ཀྱིས་མཚན་ཉིད་དུ་མཐོང་ངོ། །སེམས་དེ་བཞིན་གྱི་མཚན་ཉིད་དེ་ཡང་རྣམ་པ་དགུས ་འདུས་བྱས་ཀྱི་མཚན་ཉིད་དང་མི་འདྲ་བས་ན་འདུས་མ་བྱས་རིག་པར་བྱ་སྟེ། གང་མི་དམིགས་པ་དེ་ནི་འདས་པ་ཡང་མ་ཡིན། མ་འོངས་པ་ཡང་མ་ཡིན། ད་ལྟར་བྱུང་བ་ཡང་མ་ཡིན་ནོ། །གང་འདས་པ་ཡང་མ ་ཡིན་།མ་འོངས་པ་ཡང་མ་ཡིན། ད་ལྟར་བྱུང་བ་ཡང་མ་ཡིན་པ་དེ་ནི་དུས་གསུམ་ལས་ཤིན་ཏུ་འདས་པའོ་ཞེས་བྱ་བ་ནི་དུས་གསུམ་གྱི་ལམ་དུ་མི་རྒྱུ་བའོ། །ཇི་ལྟར་འགོག་པ་ལ་སྙོམས་པར་འཇུག་པ་ལས་ལངས་ནས་དེ་ཡང ་སྐྱེ་བ་ལྟར་ནི་མ་ཡིན་ནོ། །གང་དུས་གསུམ་ལས་ཤིན་ཏུ་འདས་པ་དེ་ནི་ཡོད་པ་ཡང་མ་ཡིན། མེད་པ་ཡང་མ་ཡིན་ཞེས་བྱ་བ་ནི་ཐ་སྙད་ཅན་གྱི་རང་བཞིན་དུ་མི་དམིགས་པ་དང། དེ་བཞིན་ཉིད་ཀྱི་མཚན་ཉིད་དུ་མི་དམིགས་པས ་གཉིས་སུ་མེད་པའི་མཚན་ཉིད་དོ། །གང་ཡོད་པ་ཡང་མ་ཡིན། མེད་པ་ཡང་མ་ཡིན་པ་དེ་ནི་མ་སྐྱེས་པའོ་ཞེས་བྱ་བ་ནི་སྐྱེ་བ་མེད་པའི་མཚན་ཉིད་དོ། །གང་མ་སྐྱེས་པ་དེ་ལ་ཆེ་ལ་དེ་ཉིད་མེད་དོ། །ཞེས་བྱ་བ་དེ་ནི་སྐྱེ་བའི་རྒྱུའི་མཚན ་ཉིད་ལས་ཤིན་ཏུ་འདས་པའི་མཚན་ཉིད་དོ། །གང་ངོ་བོ་ཉིད་མེད་པ་དེ་ལ་འབྱུང་བ་མེད་ཞེས་བྱ་བ་ནི་མ་འོངས་བ་ན་སྐྱེ་བ་ལས་ཤིན་ཏུ་འདའ་ཨོ། །གང་འབྱུང་བ་མེད་པ་དེ་ལ་འགག་པ་མེད་དོ་ཞེས་བྱ་བ་དེ་ནི་འཆི་བའི་འཆིའོ?་རྩ?་བ་ལས་ཤིན ་ཏུ་འདའ་པའོ། །གང་ལ་འགག་པ་མེད་པ་དེ་ལ་འབྲལ་བ་མེད་པའོ་ཞེས་བྱ་བ་དེ་ནི་སྐད་ཅིག་གཅིག་ནས་གཅིག་ཏུ་འབྱུང་བའི་འབྲལ་བ་ལས་ཤིན་ཏུ་འདའ་བའ་ཨོ། །གང་འབྲལ་བ་མེད་བདེ་ལ?་འོང་བ་ཡང་མེད། འགྲོ་བ་ཡང་མེད་འཆི་འཕོ་བ་ཡང ་མེད་སྐྱེ་བ་ཡང་མེད་ཅེས་བྱ་བ་ནི་འགྲོ་བ་ན་འགྱུར་བ་ལྡོག་པ་ལས་ཤིན་ཏུ་འདས་པའོ། །གང་ལ་འགྲོ་བ་ཡང་མེད། འོང་བ་ཡང་མེད། འཆི་འཕོ་ཡང་མེད། སྐྱེ་བ་ཡང་མེད་པ་དེ་ལ་འདུ་བྱེད་གང་ཡང་མེད་དོ། །གང་ལ་འདུ་བྱེད་གང ་ཡང་མེད་པ་དེ་ནི་འདུས་མ་བྱས་པའོ། ཞེས་བྱ་བ་ནི་ལས་དང་ཉོན་མོངས་པ་ལས་ཤིན་ཏུ་འདས་པའོ?། །གང་འདུས་མ་བྱས་པ་དེ་ནི་འཕགས་པ་རྣམས་ཀྱི་རིགས་ཞེས་བྱ་བ་ནི་རིགས་ཀྱི་མཚན་ཉིད་དེ། འདུས་མ་བྱས ་ཀྱི་དབྱིངས་ཀྱི་མཚན་ཉིད་དུ་བལྟའོ། །དེ་མཐོང་བས་རབ་ཏུ་ཕྱེ་བའི་ཕྱིར་འཕགས་པ་ཉིད་དེ། དེ་ནི་ཚེ་འདི་ལ་དངོས་པོ་ལྔ་ལས་ཤིན་ཏུ་འདས་པའོ། །འཕགས་པ་རྣམས་ཀྱི་རིགས་གང་ཡིན་པ་དེ་བསྒྲལ? ་པ་ཡང་མེད་ཅེས་བྱ་བ་དེ་ནི་ཤིན་ཏུ་འདས་པའོ། །བསླབ་པ་ལས་འདས་པ་ཡང་མེད་དོ་ཞེས་བྱ་བ་ནི་མི་བྱེད་པ་ལས་ཤིན་ཏུ་འདས་པའོ། །རྒྱུ་བ་ཡང་མེད་ཅིས་བྱ་བ་ནི་བྱ་བར་སྦྱོར་བ་ལས་ཤིན་ཏུ་འདས་པའོ། །མི་རྒྱུ་བ་ཡང་མེད་ཅེས ་བྱ་བ་ནི་མི་སྦྱོར་བ་ལས་ཤིན་ཏུ་འདས་པའོ། །རབ་ཏུ་རྒྱུ་བ་ཡང་མེད་ཅེས་བྱ་བ་ནི། མི་བྱ་བ་ལ་སྦྱོར་བ་ལས་ཤིན་ཏུ་འདས་པའོ། །ཚེ་རབ་གཞན་ན་དངོས་པོ་དྲུག་པ་ལས་ཤིན་ཏུ་འདས་ཏེ། གང་ལ་རྒྱུ་བ་ཡང་མེད། མི་རྒྱུ་བ ་ཡང་མེད། རབ་ཏུ་རྒྱུ་བ་ཡང་མེད་པ་དེ་ལ་སེམས་ཀྱང་མེད་སེམས་ལས་བྱུང་བའི་ཆོས་རྣམས་ཀྱང་མེད་དོ་ཞེས་བྱ་བ་ནི་ཡང་སྲིད་པར་འགྱུར་བའི་འདུ་བྱེད་འབྱུང་བར་བྱེད་པ་ལས་ཤིན་ཏུ་འདས་པའོ། །གང་སེམས་ཀྱང་མེད ་སེམས་ལས་བྱུང་བའི་ཆོས་རྣམས་ཀྱང་མེད་པ་དེ་ལ་ལས་ཀྱང་མེད་དོ་ཞེས་བྱ་བ་དེ་ནི་འདུ་བྱེད་ལས་ཤིན་ཏུ་འདས་པའོ། །ལས་ཀྱི་རྣམ་པར་སྨིན་པ་ཡང་མེད་དོ་ཞེས་བྱ་བ་དེ་ནི་དེའི་འབྲས་བུ་གྲུབ་པ་ལས་ཤིན་ཏུ་འདས་པའོ། ་གང་ལ་ལས་ཀྱང་མེད། ལས་ཀྱི་རྣམ་པར་སྨིན་པ་ཡང་མེད་པ་དེ་ལ་བདེ་བ་ཡང་མེད། སྡུག་བསྔལ་བ་ཡང་མེད་དོ་ཞེས་བྱ་བ་དེ་ནི་དེ་ལ་བརྟེན་པའི་འབྱོར་བ་དང་རྒུད་པ་ལས་ཤིན་ཏུ་འདས་པའོ། །གང་ལ་བདེ་བ་ཡང་མེད། ་སྡུག་བསྔལ་ཡང་མེད་པ་དེ་ནི་འཕགས་པ་རྣམས་ཀྱི་རིགས་ཏེ་།འཕགས་པ་རྣམས་ཀྱི་རིགས་གང་ཡིན་པ་དེ་ལ་ནི་ལས་ཀྱང་མེད། ལས་མངོན་པར་འདུ་བྱེད་པ་ཡང་མེད་པའོ། །རིགས་དེ་ལ་ནི་ལུས་ཀྱི་ལས་བྱེད་པ ་མེད་དེ་རྟ?་ངག་གིས་མ་ཡིན། ཡིད་ཀྱིས་མ་ཡིན་ནོ་ཞེས་བྱ་བ་ནི་བདེ་བ་དང་སྡུག་བསྔལ་གྱི་གནས་དང། ལུང་དུ་མ་བསྟན་པ་ཐམས་ཅད་ཀྱི་ཀུན་ཏུ་གཡོ་བ་རྣམས་ལ་སྟེ། དེ་ལ་ལས་ཀྱང་མེད་ཅེས་བྱ་བ་ནི་བསླབ་པ་ལས་ཤིན་ཏུ་འདས་པའོ།། ་ལས་མངོན་པར་འདུ་བྱེད་པ་ཡང་མེད་ཅེས་བྱ་བ་ནི་སྨོན་པ་ལས་ཤིན་ཏུ་འདས་པའོ། །རིགས་དེ་ལ་ལུས་ལ་སོགས་པ་ལས་རྣམས་བྱེད་བ་ཡང་མེད་དོ་ཞེས་བྱ་བ་ནི་རྗེས་སུ་སྦྱོར་བ་ལས་ཤིན་ཏུ་འདས་པའོ། །རིགས་དེ་ལ་ཐ་མ་དང། འབྲིང ་དང། མཆོག་རྣམ་པར་བཞག་པ་ཡང་མེད་དོ་ཞེས་བྱ་བ་ནི་དེའི་གནས་ལུས་སྣ་ཚོགས་ལས་ཤིན་ཏུ་འདས་པའོ། །རིགས་དེ་ཡང་དུས་རྣམ་པ་བཞི་དང། མཚན་ཉིད་རྣམ་པ་དགུར་རིག་པར་བྱ་སྟེ། རྣམ་པར་མ་དག་པའི་དུས་དང། རྣམ་པར ་དག་པའི་དུས་དང། རབ་ཏུ་རྟོགས་པའི་དུས་དང། ཡོངས་སུ་མཐར་ཕྱིན་པའི་དུས་སོ། །རིགས་དེ་ནི་ནམ་མཁའ་དང་མཚུངས་པའི་ཕྱིར་སྙོམས་པའོ། ཞེས་བྱ་བ་ནི་རྣམ་པར་མ་དག་པའི་དུས་ན་མཚན་མ་ཐམས་ཅད་ལ་མཚུངས་པར་རྗེས་སུ་སོང་བ་དེ ་བཞིན་དུ་རྣམ་པར་མ་དག་པའི་དུས་ན་རྣལ་འབྱོར་བས་དེ་བཞིན་ཉིད་མཚན་མ་ཐམས་ཅད་མཉམ་པར་རྗེས་སུ་སོང་བར་མཐོང་བ་སྟེ། དེ་ནི་རྣམ་པར་དག་པའི་དུས་ཀྱི་རྣམ་པ་སྟེ། གཅིག་གོ་།རིགས་དེ་ནི་ཆོས་ཐམས་ཅད་རོ་གཅིག ་པའི་ཕྱིར་ཁྱད་པར་མེད་པའོ། །རིགས་དེ་ནི་ལུས་དང་སེམས་དབེན་པའི་ཕྱིར་དབེན་པའོ། །ཞེས་བྱ་བ་ནི་རྣམ་པར་དག་པའི་དུས་ཏེ། རོ་གཅིག་པའི་དང། ལུས་དང། སེམས་དབེན་པ་ཞེས་བྱ་བ་ནི་རྣམ་པར་དག་པའི་དུས་གཉིས ་སུ་རིག་བར་བྱའོ། །རིགས་དེ་ནི་མྱ་ངན་ལས་འདས་པ་དང་མཐུན་པའོ། །རིགས་དེ་ནི་ཉོན་མོངས་པ་ཐམས་ཅད་ཀྱི་དྲི་མ་དང་བྲལ་བའི་ཕྱིར་དྲི་མ་མེད་པའོ་ཞེས་བྱ་བ་ནི་རབ་ཏུ་རྟོགས་པའི་དུས་ཏེ། འདི་ལྟར་དྲི་མ་མེད་པར་དེའི་ཕྱིར ་མཐར་ཐུག་པའི་རྗེས་སུ་མཐུན་པའི་རབ་ཏུ་རྟོགས་པའི་དུས་ཀྱི་རྣམ་པ་དང། རིགས་དེ་ནི་ངར་འཛིན་པ་དང། ད་ཡིར་འཛིན་པ་མེད་པའི་དའི་བ་མེད་པའོ་ཞེས་བྱ་བ་ནི་འཇིག་ཚོགས་ལ་ལྟ་བ་ལས་ཤིན་ཏུ་འདས ་པ་སྟེ། དེ་གཉིས་ཀྱི་རྣམ་པ་གཉིས་པའོ། །རིགས་དེ་ནི་ཡང་དག་པ་དང། ཡང་དག་པ་མ་ཡིན་པ་མཉམ་པ་ལས་འབྱུང་བ་སྟེ། མི་མཉམ་པ་མེད་པའོ་ཞེས་བྱ་བ་ནི་དེའི་རྩ་བ་ལས་བྱུང་བ་མི་མཉམ་པར་ལྟ་བ་ལས་ཤིན་ཏུ་འདས་པ ་སྟེ། དེ་ཉིད་ཀྱི་རྣམ་པ་གསུམ་པའོ། །རིགས་དེ་ནི་དོན་དམ་པའི་བདེན་པ་ཡིན་བས་བདེན་པའོ་ཞེས་བྱ་བ་ནི་ཡོངས་སུ་མཐར་ཕྱིན་པའི་དུས་ཏེ། དུས་དེ་ན་རྟོགས་པའི་ཕྱིར་ཡོངས་སུ་གྲུབ་པའི་བདེ་བ་སྟེ། འགྱུར་བ་རྣམ་པ་གསུམ་ལས ་ཤིན་ཏུ་འདས་པའོ། །དེ་ལ་འགྱུར་བ་ནི་གསུམ་པོ་འདི་དག་སྟེ། རྒ་ཤི་ལ་སོགས་པའི་འགྱུར་བ་དང། ཕྱིན་ཅི་ལོག་གི་གནས་འགྱུར་བ་དང། རྣམ་པར་དག་པ་ལས་ཡོངས་སུ་ཉམས་པའི་འགྱུར་བའོ། །རིགས་དེ་ནི་རབ་ཏུ་མ ་སྐྱེས་པའི་ཕྱིར་མི་ཟད་པའོ་ཞེས་བྱ་བ་ནི་རྒ་ཤི་ལ་སོགས་པའི་འགྱུར་བ་ལས་ཤིན་ཏུ་འདས་པ་སྟེ། ཡོངས་སུ་གྲུབ་པའི་དུས་ཀྱི་རྣམ་པ་དད་པའོ། །རིགས་དེ་ནི་རྟག་ཏུ་ཆོས་ཐམས་ཅད་དེ་བཞིན་ཉིད་ཀྱི་ཕྱིར་རྟག་པའོ། །རིགས ་དེ་ནི་མྱ་ངན་ལས་འདས་པ་མཆོག་གི་ཕྱིར་བདེ་བའོ། །རིགས་དེ་ནི་རྣམ་པ་ཐམས་ཅད་དྲི་མ་མེད་པའི་ཕྱིར་དགེ་བའོ། །རིགས་དེ་ནི་བདག་ཡོངས་སུ་བཙལ་ཏེ་།མ་རྙེད་པའི་ཕྱིར་བདག་མེད་པའི་ཞེས་བྱ་བ་ནི་ཕྱིན་ཅི་ལོག་གི ་གནས་ཀྱི་འགྱུར་བའི་ལས་ཤིན་ཏུ་འདས་པ་སྟེ། དེ་ཉིད་ཀྱི་རྣམ་པ་གཉིས་པའོ། །རིགས་དེ་ནི་རབ་ཏུ་རྣམ་པར་དག་པའོ་ཞེས་བྱ་བ་ནི་རྣམ་པར་དག་པའི་ལས་ཡོངས་སུ་ཉམས་པའི་འགྱུར་བ་ལས་ཤིན་ཏུ་འདས་པ་སྟེ། དེ་ཉིད ་ཀྱི་རྣམ་པ་གསུམས་པའོ། །དེ་བས་ན་འཇིག་རྟེན་དང། འཇིག་རྟེན་ལས་འདས་པའི་ལམ་གྱིས་གཞན་གྱི་དོན་བྱེད་པར་བསྟན་ཏོ། །འོད་སྲུངས་ནང་དུ་ཡོངས་སུ་ཚོལ་བ་ཞེས་བྱ་བ་མཚམས་སྦྱར་ཅེ་ན། ཇི་ལྟར་རིགས་ངེས་རབ་ཏུ་ཕྱེ་བ་ནི་རྣམ ་བར་དག་པའི་འཕགས་པ་སྟེ། དེ་ནི་ཇི་ལྟར་དེ་ལས་འཕགས་པ་རྣམས་སྐྱེ་བ་དེ་དང་གདམས་དག་དོན་ཆེན་པོར་སྟོན་ཏོ། །བྱང་ཆུབ་སེམས་དཔའ་དག་ནི་ཅི་ནས་ཀྱང་འཇིག་རྟེན་བ་དང། འཇིག་རྟེན་ལས་འདས་པ་གཉེན་པོ་རྣམ་པ་གཉིས ་རྣམ་པར་བཞག་སྟེ། དེ་ལས་གཞན་པའི་ཐེག་པ་ལ་འཕགས་པ་ལ་སྦྱོར་བ་ལས་བརྩམས་ནས་འདོམས་ཏེ། སེམས་ཡོངས་སུ་བཙལ་བ་དེ་ཉིད་ཀུན་ཏུ་སྟོན་ཏོ། །འོད་སྲུངས་མ་འོངས་པའི་དུས་ན་དགེ་སློང་ཁྱི་རྡོལ་བསྙོག་པ་དང ་མཚུངས་པ་དག་འབྱུང་ངོ་ཞེས་བྱ་བ་དེ་ནི་ཁྱི་ལྟ་བུ་ནི་ཕྱི་རོལ་དུ་བརྒྱུག་པ་རྣམས་སོ། །རྡོ་ལྟ་བུ་ནི་གཟུགས་ལ་སོགས་པ་ཡུལ་ལྔ་བོ་དག་གོ། འཕེལ་བ་ལྟ་བུ་ནི་སེམས་སོ། །གཟུགས་དང། སྒྲ་དང། དྲི་དང། རོ་དང། རེག་བྱས་འཇིཌ་ཤིང་སྐྲག་ཅེས་བྱ་བ་ནི ་ཡུལ་གྱིS་འཇིག་སྦྲག་པར་སྟོན་ཏོ། །ཡུལ་གྱིས་འཇིགS་སྐྲག་པ་དེ་དག་ནི་འཇིགས་པའི་རྒྱུ་ཡོངས་སུ་མི་ཤེས་པས་རྣམ་བ་བཞིས་ཡུལ་ལ་བརྒྱུག་པར་སྟོན་ཏོ། །ཡུལ་མཆོག་ཏུ་ཁྱད་པར་དུ་འཕགས་པ་འདོད་པ་དང་ཡུལ་དྲན་པའི་ཀུན་ཏུ་རྟོག་པ ་དང་དུ་ལེན་པ་དང། ཡང་སླར་ལྡོག་བ་དང། མཐོ་རིས་སུ་སྐྱེས་པའི་མཛའ་ལྟུང་བ་སྟེ། དགོན་པའི་གནས་རྣམས་ན་གནས་ཞེས་བྱ་བ་ནི་ཡུལ་མཆོག་ཏུ་ཁྱད་པར་དུ་འཕགས་པའི་ཕྱིར་དགོན་པ་ན?་གནས་པར་ཁས་ལེན་ཏོ། །དེ་དག་ན་གཅིག ་པུ་གཉིས་སུ་མེད་པ་?་ས་རབ་ཏུ་དབེན་པར་འདུག་སྟེ། ཆགས་པར་འགྱུར་བའི་གཟུགས་དང། སྐྲ་དང་།དྲི་དང་རོ་དང། རེག་བྱ་རྣམས་སྣང་བར་གྱུར་ན་དེ་དག་དེ་ལ་བཏང་སྙོམས་སུ་འཇོག་ཅིང་ཉམས་?་སུ་སྦྱོར་བ་དང་ལྡན་པར་གནས? ་ཀྱི། ནང་དུ་སོ་སོར་རྟོག་པ་ལས་མི་བརྩོན་ཏེ་ཞེས་བྱ་བ་ནི་ཡུལ་དྲན་པའི་ཀུན་ཏུ་རྟོག་པ་དང་དུ་ལེན་ཏོ། །དེ་ལ་གཟུགས་དང། སྒྲ་དང། དྲི་དང། རོ་དང། རེག་བྱ་རྣམས་ལ་ཅིས་འབྱུང་བ་མི་ཤེས་ཤིང ་ཁོང་དུ་མི་ཆུད་དོ། །མ་ཤེས་ཁོང་དུ་མ་ཆུད་པས་།གྲོང་ཁྱེར་དང། གྲོང་རྡལ་དང། ཡུལ་འཁོར་དང། རྒྱལ་པོའི་ཕོ་བྲང་འཁོར་དག་དུ་སོང་ན་ཡང་གཟུགས་དང་སྒྲ་དང་དྲི་དང་རོ་དང་རེག་བྱ་རྣམས་ཀྱིས་གཡེན་སྦྱོ་བར ་འགྱུར་ཞེས་བྱ་བ་ནི་ཡང་སླར་ལྡོག་པའོ། །གལ་ཏེ་དགོན་པར་སོང་བ་ལས་འཆི་བའི་དུས་བྱས་པར་གྱུར་ན་འཇིག་རྟེན་པའི་སྡོམ་པ་ལ་གནས་པ་དེ་དག་མཐོ་རིས་ཀྱི་འཇིག་རྟེན་དུ་སྐྱེ་བར་འགྱུར་ཏེ། དེར ་ཡང་དེ་དག་ལྷའི་འདོད་པའི་ཡོན་ཏན་ལྔ་པོ་དག་གིས་གཡོན་སྤྱོ་བར་འགྱུར་རོ། །དེ་དག་དེ་ནས་ཤི་འཕོས་ནས་ངན་སོང་བཞི་ལས་ཡོངས་སུ་མ་གྲོལ་བར་འགྱུར་ཏེ། སེམས་ཅན་དེ་དམྱལ་བ་དང། བྱོལ་སོང་གི་སྐྱེ་གནས་དང ་གཤིན་རྗེའི་འཇིག་རྟེན་དང། ལྷ་མ་ཡིན་ནོ་ཞེས་བྱ་བ་ལ་མཐོ་རིས་སུ་སྐྱེས་པའི་མཛའ་ནི་ལོག་པར་ལྟུང་བའོ། །སྲེད་པ་ལ་སྤྱོད་པའི་དབང་དུ་བྱས་ནས་ནག་པོའི་ཕྱོགས་སུ་བསྟན་པར་རིག་པར་བྱའོ། །ལྟ་བ་ལ་སྤྱོད་པའི ་དབང་དུ་བྱས་ནས་དཀར་པོའི་ཕྱོགས་སུ་བསྟན་པར་རིག་པར་བྱ་སྟེ། གང་ཟག་ལ་བདག་མེད་པར་བསྟན་པའི་ཕྱིར་ཏེ། འདི་ལ་གཤེ་པ་འམ། ཁྲོས་པ་འམ། བརྡེག་པ་འམ། བསྡིགS་པ་འམ། སྨད་པ་འམ། མཚང་བྲུས་པ ་གང་ཡིན་སྙམ་དུ་སོ་སོར་རྟོག་གོ་།འོད་སྲུངས་དེ་ལྟར་ན་ཁྱི་རྡོ་ལ་བསྙེགས་པ་དང་འདྲ་བ་མ་ཡིན་ནོ་ཞེས་གསུངས་པའི་ཕྱིར་རོ། །དེ་ལས་བཟློག་པ་ནི་དཀར་བ་དང། ནག་པོའི་ཕྱོགས་གཉི་གར་གྲུབ་བར་རིག་པར་བྱའོ།། ་ད་ལྟར་སྦྱོར་བ་ལ་བརྩོན་པས་སེམས་མཉམ་པ་མ་བཞག་པ་ནི་མཉམ་པར་བཞག་པར་བྱ། སེམས་མཉམ་པར་བཞག་པ་ནི་རྣམ་པར་གྲོལ་པར་བྱ་སྟེ། དེ་བས་ན་རྟའི་འདུལ་སྦྱོང་ལ་མཁས་པའི་དཔེས་ནི་སེམས་མཉམ་པར་མ ་བཞག་པ་སེམས་མཉམ་པར་བཞག་པའི་ཐབས། ཞི་གནས་དང། རབ་ཏུ་འཛིན་པ་དང། བཏང་སྙོམས་ཀྱི་ཉེ་བར་ཉོན་མོངས་པ་རྣམས་ཀྱིས་ཞི་གནས་ལ་སོགས་པའི་མཚན་མ་ལ་འཁྲུག་པའི་སེམས་ཚར་བཅད་པ་བསྟན་པའི ་ཕྱིར་རོ། །ལྐོག་མ་ན་པའི་ནང་དང། སྐྱེས་བུ་བཅིངས་པའི་དཔེ་གཉིས་ཀྱིས་ནི་སེམས་མཉམ་པར་བཞག་པ་རྣམ་པར་གྲོལ་བར་བྱ་བའི་ཐབས་སྟོན་ཏེ། མཐོང་བ་དང། བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་སྤང་བའི ་ཐབས་ཀུན་ཏུ་སྟོན་པའི་ཕྱིར་རོ། །དེའི་བར་དུ་གཅོད་པ་འཇིག་ཚོགས་ལ་ལྟ་བ་དང་སྙོམས་པར་འཇུག་པ་ལ་སྲེད་པ་ལྐོག་མ་ན་བ་བཅིངས་པ་ལྟར་ཤེས་པས་བདེན་པ་མངོན་པར་རྟོག་པའི་དུས་ན་ཡང་འཇིག་རྟེན་ལས་འདས ་པའི་ཤེས་རབ་ཀྱི་སྲོག་གི་བར་ཆད་བྱེད་པས་འཇིག་ཚོགས་ལ་ལྟ་བ་ནི་ལྐོག་མ་ན་བའི་ནད་ལྟ་བུར་རིག་པར་བྱ་སྟེ། དེ་ལྟར་བརྩོན་པ་ནི་དེ་དང་མི་མཐུན་པའི་ཆོས་སྤང་བའི་ཕྱིར་དགེ་བའི་ཕྱོགས་དང། གནས་ལ་གནས་པ་ལས ་བརྩམས་ནས་ནམ་མཁའ་ལ་ཡོངས་སུ་ཆགས་པ་གཉིས་སྟོན་ཏེ། འཇིག་རྟེན་རྒྱད་པན་པའི་རྗོད་པ་ཚོལ་བ་དང། ལྷུང་བཟེད་དང། གོས་ལྷག་པར་འཆང་བའོ། །ཆོས་དེ་གཉིས་ནི་རྣམ་པ་གཉིས་ཀྱིས་བཅིང་བར་བྱེད་དེ། ལྟ་བར ་གྱུར་པའི་འཆིང་བ་དང། འཐོབ་པ་དང་གུར་སྟིའི་འཚང་བ་སྟེ། གོ་རིམ་བཞིན་ནོ། །འཆིང་བ་རྣམ་པ་གཉིས་ནི་དགེ་བའི་ཆོས་མ་སྐྱས་པ་རྣམས་ཉེ་བར་བཟུང་ནས་བར་ཆད་བྱེད་པའི་ཆོས་གཉིས་བྱེད་དེ། ཁྱིམ་པའི་ཕྱོགས་ལ་བརྟེན་པ་དང ་འཕགས་པའི་ཕྱོགས་ལ་གནོད་པར་སེམས་པའོ། །དགེ་བའི་ཆོས་བསྐྱེད་པ་རྣམས་ཡོངས་སུ་ཉམས་པ་དང་དྲི་མ་ཅན་དུ་བྱ་བའི་ཕྱིར་དྲི་མ་གཉིས་བྱེད་དེ། ཉོན་མོངས་པ་ལ་མི་རྗེད་པ་དང། མཛའ་བའི ་ཁྱིམ་དང། ཟས་སྦྱིན་པའི་ཁྱིམ་ཡོངས་སུ་འཛིན་པའོ། །དགེ་བའི་ཆོས་རྣམས་སྤང་བ་ནས། བཅང་པའི་ཕྱིར་སེར་བ་འབབ་པ་གཉིས་བྱེད་དེ། དམ་པའི་ཆོས་སྤོང་བ་དང། ཚུལ་ཁྲིམས་ཉམས་ཀྱང་དད་པས་བྱིན་པ་ཡོངས་སུ་སྤྱོད་པའོ། །ཚེ ་འདི་ལ་ཡང་དེ་ལ་ཕྱིར་སྤྱོར་པའི་སྐལ་བ་མེད་པར་བྱ་བའི་ཕྱིར་རྨ་གཉིས་བྱེད་དེ། ཕ་རོལ་གྱི་ཉེས་པ་ལ་སོ་སོར་རྟོག་པ་དང། བདག་གི་ཉེས་པ་འཆབ་པའོ། །ཚེ་འདི་སྡུག་བསྔལ་བར་གནས་པར་བྱ་བའི་ཕྱིར་ཡོངས་སུ་གསུང་བ ་གཉིས་བྱེད་དེ། རྙོག་པ་དང་བཅས་པ་ངུར་སྨིག་འཆང་བ་དང། ཚུལ་ཁྲིམས་དང་ལྡན་པ་ཡོན་ཏན་དང་ལྡན་པ་ལས་བསྙེན་བཀུར་བྱ་བ་བདག་གིར་བྱེད་དོ། །མ་འོངས་པ་ན་འཁྲུངས་པའི་བསྐལ་པ་མེད་པར་བྱ་བའི་ཕྱིར ་གསོར་མི་རུང་བའི་ནང་གཉིས་བྱེད་དེ། མངོན་པའི་ང་རྒྱལ་གྱིས་སེམས་ལ་ངེས་པར་རྟོག་པ་དང། ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའི་སེམས་ཅན་རྣམས་ཀྱི་མོས་པ་བཟློག་པའོ། །བྱང་ཆུབ་སེམས་དཔའ་ཨི ་གདམས་ངག་ལ་ཉན་ཐོས་ཀྱི་བསླབ་པའི་དབང་དུ་བྱས་ནས་གཞན་དུ་མཚམས་སྦྱོར་བ་ནི་འདི་རིགས་པར་བྱའོ། །འོད་སྲུངས་ནང་དུ་ཡོངས་སུ་ཚོལ་ལ་ཕྱི་རོལ་དུ་མ་རྒྱུག་ཅིག་།འོད་སྲུངས་མ་འོངས་པའི་དུས་ན་དགེ ་སློང་ཁྱི་རྡོ་ལ་བསྙེགས་པ་མཚུངས་པ་དག་འབྱུང་ངོ། །འོད་སྲུངས་ཇི་ལྟར་ན་དགེ་སློང་ཁྱི་རྡོ་བསྙེགས་པ་དང་མཚུངས་པ་ཡིན་ཞེ་ན། འོད་སྲུངས་འདི་ལྟ་སྟེ། དཔེར་ན་ཁྱི་རྡོ་ལ་ནི་སྐྲག་ལ། རྡོའི་ཕྱིར་བསྙགས་ཀྱི། ? ་སུས་འཕངས་པ་དེ་ལ་ནི་མི་བསྙེགས་སོ། །འོད་སྲུངས་དེ་བཞིན་དུ་འདི་ལ་དགེ་སློང་དང། བྲམ་ཟེ་ཁ་ཅིག་གཟུགས་དང། སྒྲ་དང། དྲི་དང། རོ་དང། རེག་བྱས་འཇིགས་ཤིང་སྐྲག་ནས་དགོན་པའི་གནས་རྣམས་ན་གནས་ཤིང། དེ་དག་དེ་ན་གཅིག ་པུ་གཉིས་སུ་མེད་པར་རབ་ཏུ་དབེན་པར་འདུག་སྟེ། ཆགས་པར་གྱུར་པའི་གཟུགས་དང། སྒྲ་དང། དྲི་དང། རོ་དང། རེག་བྱ་རྣམས་སྣང་བར་གྱུར་ན་དེ་དག་ནི་བཏང་སྙོམས་སུ་འཇོག་ཅིང། ཉམས་རང་སུ་སྦྱོར་བ་དང་ལྡན་པར་གནས་ཀྱི། ནང་དུ ་སོ་སོར་རྟོག་པ་ལ་མངོན་པར་མི་བརྩོན་ཏེ། དེ་དག་གཟུགས་དང་སྒྲ་དང་དྲི་དང་རོ་དང། རེག་བྱ་རྣམས་ལས་ཅིས་མི་འབྱུང་བ་མི་ཤེས་ཁོང་དུ་མ་ཆུད་དོ། །མ་ཤེས་ཁོང་དུ་མཆུད་པས་གྲོང་དང། གྲོང་ཁྱེར་དང། གྲོང་རྡལ་དང། ཡུལ ་འཁོར་དང། རྒྱལ་པོ་འཕོ་བྲང་འཁོར་དུ་སོང་ན་ཡང། གཟུགས་དང་སྒྲ་དང་དྲི་དང་རོ་དང། རེག་བྱ་རྣམས་ཀྱི་གཡེན་སྤྱོ་བར་འགྱུར་རོ། །གལ་ཏེ་དེ་དགོན་པར་སོང་བ་ལས་འཆི་བའི་དུས་བྱས་པར་གྱུར་ན། འཇིག་རྟེན་པའི་སྡོམ་པ་ལ་གནས ་པ་དེ་དག་མཐོ་རིས་ཀྱི་འཇིག་རྟེན་དུ་སྐྱེ་བར་འགྱུར་ཏེ། དེར་ཡང་དེ་དག་ལྷའི་ཡོན་ཏན་འདོད་པ་ལྔ་པོ་དག་གིས་གཡེན་སྦྱོ་བར་འགྱུར་རོ། །དེ་དག་དེ་ནས་ཤི་འཕོས་ནས་ངན་སོང་བཞི་ལས་ཡོངས་སུ་མ་གྲེལ་བར་འགྱུར་ཏེ། སེམས་ཅན་དམྱལ་བ ་དང། བྱོལ་སོང་གི་སྐྱེ་གནས་དང། གཤིན་རྗེའི་འཇིག་རྟེན་དང་།ལྷ་མ་ཡིན་ནོ། །འདི་ལྟར་ཡང་གཤེ་ཡང་སླར་མི་གཤེ། ཁྲོ་བ་ལས་ཀྱང་སླར་མི་ཁྲོ། །རྡེག་ཀྱང་སླར་མི་རྡེག་།མཚང་བྲུས་ཀྱང་སླར་མཚང་མི་འབྲུ་སྟེ། དེ་ལ་གཤེ ་པ་འམ་།བརྡེག་པ་འམ། མཚང་བྲུས་པ་གང་ཡིན་པ་སྙམ་དུ་ནང་དུ་སེམས་ངེས་པར་རྟོག་ཅིང་སོ་སོར་རྟོག་པ་ནི་གཉེན་པ་བསྟན་པའི་མི་མཐུན་པའི་ཕྱོགས་ཀྱང་བསྟན་པར་འགྱུར་རོ། །དེ་ལྟར་ཁྱི་རྡོ་ལ་བསྙེགས་པ་དང་མཚུངས་པ་ཡིན་ནོ།། ་འོད་སྲུངས་ཇི་ལྟར་དགེ་སློང་ཁྱི་རྡོ་ལ་བསྙེགས་པ་དང། འདྲ་བ་མ་ཡིན་ཞེ་ན། གང་གཤེ་ཡང་སླར་མི་གཤེ། ཁྲོས་ཀྱང་སླར་མི་ཁྲོ། རྡེག?་ཀྱང་སླར་མི་རྡེག་།མཚང་བྲུས་ཀྱང་སླར་མཚང་མི་འབྲུ་སྟེ། ་འདི་ལ་གཤེ་བ་འམ། ཁྲོས་པ་ལམ། བརྡེག་པ་འམ། མཚང་བྲུས་པ་གང་ཡིན་སྙམ་དུ་ནང་དུ་སེམས་ལ་ངེས་པར་རྟོག་ཅིང། སོ་སོར་རྟོག་ཅེས་བྱ་བ་ནི་འདི་ལྟར་དགོན་པར་སོང་ནས་ཆགས་པར་གྱུར་པའི་གཟུགས་ལ་སོགS ་པར་སྣང་བར་གྱུར་ན་དེ་དག་ལ་བཏང་སྙོམས་སུ་མི་འཇོག་ཅིང། ནང་དུ་སོ་སོར་རྟོག་པའི་རྣལ་འབྱོར་དང་ལྡན་པས་གཟུགས་དང་སྒྲ་དང་དྲི་དང་རོ་དང། རེག་བྱ་རྣམས་ལས་ཅིས་འབྱུང་བ་ཤེས་ཏེ། དེ་དེ་དག་གིས་གཡོན་སྦྱོ་བར ་མི་འབྱུར?་རོ། །དེ་དག་ལས་གྲོལ་བར་འགྱུར་རོ། །མི་མཐུན་པའི་ཕྱོགས་བསྟན་པས་གཉེན་པོའི་དོན་ཀྱང་བསྟན་བར་གྱུར་ཏོ། །དེ་ལྟར་ན་ཁྱི་རྡོ་ལ་བསྙེགས་པ་དང་འདྲ་བ་མ་ཡིན་ནོ། །དེ་ལྟར་ཆགས་སེམས་དང་མི་བདེ་བ་འདུལ་བའི ་ཕྱིར་ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་ལ་སྦྱོར་བའོ། །འོད་སྲུངས་འདི་ལྟ་སྟེ་དཔེར་ན་རྟའི་འདུལ་སྦྱོར་ལ་མཁས་པས་རྟ་དེ་གང་དང་གང་དུ་གཡོ་བྱེད་ཅིང། མ་བྱང་བ་དེ་དང་དེར་རབ་ཏུ་སྦྱོང་བ་དེ་བཞིན་དུ་འོད་སྲུངས་དགེ་སློ ་རྣལ་འབྱོར་སྤྱོད་པ་ཡང་གང་དང་གང་དུ་སེམས་འགྱུར་བ་མཐོང་བ་དེ་དང་དེར་རབ་ཏུ་འཆོས་པ་ལ་འཇུག་སྟེ། དེ་ཅི་ནས་ཕྱིས་འཁྲུག་པར་མི་འགྱུར་བ་དེ་ལྟར་སེམས་རབ་ཏུ་འཆོས་སོ་ཞེས་བྱ་བ་དེའི་འདུལ་སྦྱོར་ལ་མཁས་པའི་དཔེ་དེས ་ནི་སྐྱོ་བ་ཡིད་ལ་བྱེད་པས་ལྷག་པའི་སེམས་ཀྱི་བསླབ་པ་ལ་སྦྱོར་བའོ། །འོད་སྲུངས་འདི་ལྟ་སྟེ། དཔེར་ན་ལྐོག་མའི་ནད་གྱིས་སྲོག་གི་དབང་པོ་ཉམས་པར་འགྱུར་བ་དེ་བཞིན་དུ་ལྟ་བར་སོང་བ་ཐམས་ཅད་ཀྱི་ནང་ན་བདག་ཏུ་འཛིན ་པ་ནི་ཆོས་ཀྱི་སྲོག་གི་དབང་པོ་ཉམས་པར་བྱེད་དོ་ཞེས་བྱ་བ་ལྐོག་མའི་ནད་ཀྱི་དཔེ་དང། འོད་སྲུངས་འདི་ལྟེ་སྟེ། དཔེར་ན་སྐྱེས་བུ་གང་དང་གང་དུ་བཅིངས་པ་དེ་དང་དེ་ལས་དགྲོལ་བར་བྱ་བ་ཡིན་ཏེ། འོད་སྲུངས་དེ་བཞིན་དུ་གང་དང་གང་ལ་སེམས་ཆགས ་པར་གྱུར་པ་དེ་དང་དེ་ལས་གྲོལ་བར་བྱ་བ་ཡིན་ནོ་ཞེས་བྱ་བ་སྐྱེས་བུ་བཅིངས་པའི་དཔེ་དེས་ནི་གང་ཟག་ལ་བདག་མེད་བ་དང། ཚོས་ལ་བདག་མེད་པས་ལྷག་པའི་ཤེས་རབ་ཀྱིས་བསླབ་པ་ལ་སྦྱོར་བའོ། །གང་གི་ཚེ་ཆགས་སེམས་དང་ཡིད་བདེ ་བ་འདུལ་བ་ལྷག་པའི་སེམས་ཀྱི་བསླབ་པ་ལ་སྦྱོར་བར་གསུངས་ན་ཅིའི་ཕྱིར་མདོ་འདི་ལས་ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་ལ་སྦྱོར་བར་བརྗོད་པ་སྨྲས་པ། ཆག་སེམས་དང་ཡིད་མི་བདེ་བ་ནི་ཉེས་པ་འབྱུང་བར་བྱེད་པའི་ཕྱིར་ཏེ། ཉེས ་བྱ་ནི་ཕལ་ཆེར་འདོད་ཆགས་དང་ཞེས་སྡང་ལས་བྱུང་ངོ། །དེ་བས་ན་ཆགས་པ་དང། ཡིད་མི་བདེ་བ་འདུལ་བ། ལྷག་བའི་ཚུལ་ཁྲིམས་ལ་བསླབ་པ་ལ་སྦྱོར་བར་བཤད་དོ། །ཇི་ལྟར་ན་ཆགས་སེམས་དང། ཡིད་མི་བདེ་བ་ལས་ཉེས ་པ་འབྱུང་བར་འགྱུར་ཞེས། རྣམ་པ་གཉིས་ཀྱི་ཕྱིར་ཏེ། ཇི་ལྟར་མི་སེལ་བ་དང། ཇི་ལྟར་བསལ་བ་ཡིན་ནོ། །ཇི་ལྟར་མི་སེལ་ཅེ་ན། དཔེར་ན་འདི་ལ་དགེ་སྦྱོང་དང། བྲམ་ཟེ་ཁ་ཅིག་ཀུན་ནས་ཉོན་མོངས་པའི་རྒྱུ་ཡོངས་སུ་མི་ཤེས་པས ་གཟུགས་ལ་སོགས་པ་ཡུལ་གྱིས་འཇིགས་ནས་དགོན?་པའི་གནས་རྣམས་སུ་གནས་ཏེ། རང་གི་སེམས་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ལས་བྱུང་བའི་ཆགས་སེམས་དང། ཡིད་མི་བདེ་བ་ནི་ཡུལ་དང་གཞན་ལ་ཡང་ང་རྒྱལ ་གྱིས་རློམ་སེམས་སུ་བྱེད་པས་ཆགས་སེམས་ལ་སོགས་པ་དང་རྗེས་སུ་འབྲེལ་བ་ཡིན་ཏེ། ཁྱི་རྡོ་འཕངས་ནས་རྡོ་ལ་བསྙེགས་པ་དེ་བཞིན་དུ་ཆགས་སེམས་ལ་སོགས་པའི་སེལ་བས་གལ་ཏེ་གྲོང་ལ་སོགས་པ་དང་འདྲེ་བ་ན་མངོན་སུམ་དུ་ ་བྱེད་དེ། དེ་ལྟར་ན་མ་བསལ་བ་ཡིན་ནོ། །དེ་ལས་བཟློག་པ་ནི་སོལ་བ་དང་བསལ་བ་ཡིན་ནོ། །ཅིའི་ཕྱིར་ན། ནག་པོའི་ཕྱོགས་ལ་ཆགས་སེམས་བསལ་བ་བསྟན་གྱི། གནོད་སེམས་ནི་མ་ཡིན་དཀར་པོའི་ཕྱོགས་ལ་ཡང་གནོད ་སེམས་བསལ་བ་བསྟན་གྱི། ཆགས་སེམས་ནི་མ་ཡིན་སྨྲས་པ། གཉི་ག་ཡང་འདོད་པའི་ཁམས་ཀྱི་ཡིན་པས་།གཞན་མ་བསལ་བས་གཞན་ཡང་མ་བསལ་བ་ལྟར་གཞན་བསལ་བས་གཞན་ཡང་བསལ་བར་བལྟའོ། །གལ་ཏེ་དགོན ་པར་སོན་པ་ལས་འཆི་བའི་དུས་བྱས་པར་གྱུར་ན་ཞེས་བྱ་བ་ནི་དེ་ལྟར་མི་སེལ་བས་སྡོམ་པ་ལ་གནས་ཀྱང་ལྷག་པའི་ཚུལ་ཁྲིམས་ལས་ལོག་པར་ཞུགས་པ་ཡིན་ནོ། །སྡོམ་པ་ལ་མི་གནས་པ་ལྟ་ག་ལ་འགྱུར། འདི་ལྟ་སྟེ་དཔེར་ན་རྟ་ལམ ་ལོག་བར་རྒྱུ་བ་ནི་སྒྲུབ་བ་ཞེས་བྱའོ། །དེ་བཞིན་དུ་ལྷག་པའི་སེམས་ཀྱིས་བསླབ་པ་ལ་སྦྱོར་བའི་རྣལ་འབྱོར་སྤྱོད་པ་ཡང། དམིགས་པ་ལ་རྣམ་པར་གཡེངས་པ་ནི་རྣམ་པར་འཁྲུག་པ་ཞེས་བྱའོ། །དཔེར་ན་ལྐོག་མ་ན་བའི་ནད་ཀྱིས་སྲོག ་གི་དབང་པོ་ཉམས་པར་འགྱུར་བ་དེ་བཞིན་དུ་འཇིག་ཚོགས་ལ་ལྟ་བ་ཡང་གང་ཟག་ལ་བདག་མེད་པ་ལས་བརྩམས་ཏེ། ལྷག་པའི་ཤེས་རབ་ལ་སྦྱོར་བའི་སྲོག་གི་དབང་པོ་ཉམས་པར་བྱེད་དོ། །དཔེར་ན་སྐྱེས་བུ་གང་དང་གང་དུ ་བཅིངས་པ་དེ་དང་དེ་ལས་གྲོལ་བར་བྱ་བ་ཡིན་ཏེ། དེ་བཞིན་དུ་ཆོས་ལ་བདག་མེད་པ་ལས་བརྩམས་ཏེ། ལྷག་པའི་ཤེས་རབ་ལ་སྦྱོར་བས་སོ། །གང་དང་གང་དུ་ཞེས་བྱ་བ་ནི་ངོ་བོ་ཉིད་དང་བྱེ་བྲག་ལ་ཡོངས་སུ་རྟོག་པ་རྣམས་ལས་སེམས ་བཅིངས་པ་དེ་དང་དེ་ལས་གྲོལ་བར་བྱ་བ་ཡིན་ཏེ། དེ་བཞིན་དུ་དང་མི་མཐུན་པའི་ཆོས་བརྒྱད་དེ། དེ་ལ་སློབ་པ་དང་མི་མཐུན་པའི་དོན་མེད་པ་ལ་ཆགས་པ་ནི། འོད་སྲུངས་འདི་གཉིས་ནི་རབ་ཏུ་བྱུང་བའི་ནམ་མཁའ་ལ ་ཡོངས་སུ་ཆགས་པ་སྟེ། གཉིས་གང་ཞེ་ན། འཇིག་རྟེན་རྒྱང་པ་ན་པའི་རྗོད་པ་ཚོལ་བ་དང། ལྷུང་བཟེད་དང། གོས་ལྷག་པ་འཆང་བའོ། །ཞེས་གསུངས་པ་གང་ཡིན་པ་སྟེ། མི་དགོས་པས་ནམ་མཁའ་ལ་ཡོངས་སུ་ཆགས ་བ་བཞིན་ནོ། །ཡོངས་སུ་ཆགས་པ་ཡང་འོག་ནས་འཆིང་བ་གཉིས་འབྱུང་བའི་རྒྱུ་ཡིན་ཏེ། འཇིག་རྟེན་རྒྱང་བན་པའི་རྗོད་པ་ཡོངས་སུ་ཚོལ་བས་ནི་ལྟ་བར་གྱུར་བའི་འཆིང་བའོ། །ལྷུང་བཟེད་དང། གོས་ལྷག་པ་འཆང་བས ་ནི་འཐོབ་པ་དང་བཀུར་སྟི་དང། ཚིགས་སུ་བཅང་པའི་འཆིང་བ་སྟེ། འོད་སྲུངས་འདི་གཉིས་ནི་རབ་ཏུ་འབྱུང་བའི་བཅིང་བ་དམ་པའོ། །གཉིས་གང་ཞེ་ན། ལྟ་བར་གྱུར་པའི་འཆིང་བ་དང། འཐོབ་པ་དང། བཀུར་སྟི་དང་ཚིགས ་སུ་བཅད་བའི་འཆིང་བའོ། །ཞེས་བྱ་བ་གང་གསུངས་པ་གང་ཡིན་པའོ། །འཆིང་བ་ཡང་བར་དུ་གཅོད་པ་འོག་ནས་བྱུང་བའི་རྒྱུ་ཡིན་ཏེ། ལྟ་བར་གྱུར་བའི་འཆིང་བས་ནི་འཕགས་པའི་ཕྱོགས་ལ་གནོད་པར ་སེམས་པ་འཐོབ་པ་དང། བཀུར་སྟི་དང། ཚིགས་སུ་བཅད་པའི་བཅིང་བས་ནི་ཁྱིམ་པའི་ཕྱོགས་ལ་བསྟན་ཏེ། འོད་སྲུངས་འདི་གཉིས་ནི་རབ་ཏུ་བྱུང་བའི་བར་དུ་གཅོད་པའི་ཆོས་སོ། །གཉིས་གང་ཞེ་ན། འཕགས་པའི་ཕྱོགས ་ལ་གནོད་པར་སེམས་པ་དང། ཁྱིམ་པའི་ཕྱོགས་ལ་བསྟེན་པའོ། །ཞེས་བྱ་བ་གསུངས་པ་གང་ཡིན་པའོ། །བར་དུ་གཅོད་པ་ཡང་འོག་ནས་འབྱུང་བ་དྲི་མའི་རྒྱུ་ཡིན་ཏེ། འཕགས་པའི་ཕྱོགས་ལ་གནོད་པར་སེམས ་བS་ནི་ཉོན་མོངས་པ་ལ་མཇེད?། ཁྱིམ་པའི་ཕྱོགས་དང། བསྟེན་བས་ནི་མཛའ་བའི་ཁྱིམ་དང། ཟས་སྦྱིན་པའི་ཁྱིམ་ཡོངས་སུ་འཛིན་ཏེ། འོད་སྲུངས་འདི་གཉིས་ནི་རབ་ཏུ་བྱུང་བའི་དྲི་མའོ། །གཉིས་གང་ཞེ་ན། དམ་པའི་ཆོས ་སྤོང་བ་དང། ཚུལ་ཁྲིམས་ལས་ཉམས་ཀྱང་དང་བས་བྱིན་པ་ཡོངས་སུ་སྤྱོད་པའོ་ཞེས་གསུངས་བ་གང་ཡིན་པའོ། །དྲི་མ་ཡང་འོག་ནས་འབྱུང་བ་སེར་བ་འབབ་པའི་རྒྱུ་ཡིན་ཏེ་།ཉོན་མོངས་པ་ལས་མི་མཇེད་བས་ན་རིམ་པའི་ཆོS ་སྤོང་བའི་མཛའ་བོའི་ཁྱིམ་དང། ཟས་སྦྱིན་པའི་ཁྱིམ་ཡོངས་སུ་འཛིན་པ་ནི་ངང་ཚུལ་ངན་པའི་རྐྱེན་ལ་བསྟན་ཅིང། ཚུལ་ཁྲིམས་ལས་ཉམས་ཀྱང་དང་པས་བྱིན་པ་ཡོངས་སུ་སྦྱོང་པ་སྟེ། འོད་སྲུངས་འདི་གཉིས་ནི་རབ་ཏུ་བྱུང་བའི་སེར་བ་འབབ་པའོ།། ་གཉིས་གང་ཞེ་ན། དམ་པའི་ཆོས་སྤོང་བ་དང། ཚུལ་ཁྲིམས་ལས་ཉམས་ཀྱང་དད་པས་བྱིན་པ་ཡོངས་སུ་སྤྱོད་པའོ་ཞེས་གསུངས་པ་གང་ཡིན་པའོ། །སེར་བ་ཡང་འོག་ནས་འབྱུང་བ་རྨའི་རྒྱུ་ཡིན་ཏེ། དམ་པའི་ཆོས་ཡོངས་སུ་སྤོང་པས་ནི་ཕ་རོལ་གྱི ་ཉེས་པ་ལ་སོ་སོར་རྟོག་།ཚུལ་ཁྲིམས་ལས་ཉམས་ཀྱང་དད་པས་བྱིན་པ་ཡོངས་སུ་སྤྱོད་པས་ནི་རང་གི་ཉེས་པ་འཆབ་སྟེ། འོད་སྲུངས་འདི་གཉིས་ནི་རབ་ཏུ་བྱུང་བའི་རྨའོ། །གཉིས་གང་ཞེ་ན། ཕ་རོལ་གྱི་ཉེས་པ་ལ་སོ་སོར་རྟོག་པ་དང། བདག་གི ་ཉེས་པ་འཆབ་པའོ་ཞེས་གསུངས་པ་གང་ཡིན་པའོ། །རྨ་ཡང་འོག་ནས་འབྱུང་བ་ཡོངས་སུ་གདུང་བའི་རྒྱུ་ཡིན་ཏེ། ཕ་རོལ་གྱི་ཉེས་པ་ལ་སོ་སོར་རྟོག་པས་ནི་རྙོག་པ་དང་བཅས་པས་ངུར་སྨྲིག་འཆང། བདག་གི་ཉེས་པ་འཆབ་པས་ནི་ཚུལ་ཁྲིམས ་དང་ལྡན་པ་ཡོན་ཏན་དང་ལྡན་པ་ལས་བསྙེན་བཀུར་བྱ་བ་བདག་གིས་བྱེད་དེ། འོད་སྲུངས་འདི་གཉིས་ནི་རབ་ཏུ་བྱུང་པའི་ཡོངས་སུ་གདུང་བའོ། །གཉིས་གང་ཞེ་ན། རྙོག་པ་དང་བཅས་པས་ངུར་སྨྲིག་འཆང་བ་དང། ཚུལ་ཁྲིམས་དང་ལྡན་པ ་ཡོན་ཏན་དང་ལྡན་པ་ལས་བསྙེན་བཀུར་བྱ་བ་བདག་གིར་བྱེད་པའོ་ཞེས་གསུངས་པ་གང་ཡིན་པའོ། །ཡོངས་སུ་གདུང་པ་ཡང་འོག་ནས་འབྱུང་བ་ལ?་གསོལ་མི་རུང་བ་གཉིས་ཀྱི་ནང་ཀྱི་རྒྱུ་ཡིན་ཏེ། རྙོག་པ་དང་བཅས་པས་ངུར་སྨྲིག་འཆང་བས ་མངོན་པའི་ང་རྒྱལ་གྱི་སེམས་ལ་ངེས་པར་རྟོག། བསྙེན་བཀུར་བྱེ་བར་དག་གིར་བྱེད་པས་ནི་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའི་སེམས་ཅན་རྣམས་ཀྱི་མོས་པ་བཟློག་སྟེ། འོད་སྲུངས་འདི་གཉིས་ནི་རབ་ཏུ་བྱུང་བའི་ན་བ་གསོར་མི་རུང་བའོ།། གཉིས་གང་ཞེ་ན། མངོན་པའི་ང་རྒྱལ་གྱིས་སེམས་ལ་ངེས་པར་རྟོག་པ་དང། ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའི་སེམས་ཅན་རྣམས་ཀྱི་མོས་པ་བཟློག་པའི་ཞེས་གསུངས་པ་གང་ཡིན་པའོ། །དེ་ལས་བཟློག་པ་ནི་དཀར་པོའི་ཕྱོགས་སུ་རིག ་པར་བྱའོ། །གང་ཟག་དེ་གཉིས་ལ་དང་པོ་ནི་ལྟ་བ་ལ་སྤྱོད་བ་གཉིས་པ་ནི་སྲེད་པར་རིག་པར་བྱའོ། །འོད་སྲུངས་དགེ་སྦྱོང་དགེ་སྦྱོང་ཞེས་བྱ་བ་འོད་སྲུངས་ཅི་ཙམ་གྱིས་ན་དགེ་སྦྱོང་དགེ་སྦྱོང་ཞེས་བྱ་ཞེ་ན། འོད་སྲུངས་བཞི་པོ་འདི་དག་ནི་དགེ་སྦྱོང་ཞེས ་བྱ་བ་མཚམས་ཇི་ལྟར་སྦྱར་ཞེ་ན། ཇི་ལྟར་བསླབ་པ་དང་མི་མཐུན་པའི་ཆོས་ཉིད་དེ་དག་ལ་བསྟེན་པ་འམ། སྤངས་པ་ལས་གང་ཟག་གི་ཉེས་པའམ། གང་ཟག་གི་ཡོན་ཏན་བསྒྲུབས་ནས་རྣལ་འབྱོར་ཡིད་ལ་བྱེད་པཱི་བགེགས?་སུ་འགྱུར་བ་དང་མི་འགྱུར་བ་ཀུན་ཏུ་བསྟན ་ཏོ། །དེ་ལ་གང་ཟག་གི་ཉེས་པ་ནི་གང་ཟག་རྣམ་པ་གསུམ་ལས་བརྩམས་ཏེ། རིག་པར་བྱ་སྟེ། ཁ་དོག་དང་རྟགས་ཀྱི་དབྱིབས་ཀྱི་དགེ་སྦྱོང་ནི་སྦྱོང་བ་དང་བསམ་པ་ལོག་པར་ཞུགས་པའི་སྡིག་པ་འདོད་པ་ལས་བརྩམས་པའོ། །ཆོ་ག་བསྲུང་ཞིང ་ཚུལ་འཆོས་པའི་དགེ་སྦྱོང་དང་བརྗོད་པའི་སྒྲ་ཚིགས་སུ་བཅང་པའི་དགེ་སྦྱོང་ནི་སྦྱོང་བ་ཕུན་སུམ་ཚོགས་ཀྱང་བསམ་པ་ལོག་པར་ཞུགས་པ་དང། འདོད་པ་ཆེ་ཞེས་འདོད་པ་རྣམ་གཉིས་ལ་བརྩམས་པའོ། །དེ་ལ་སྡིག་པ་འདོད་པ་ནི་གང་དགེ་སྦྱོང་དུ ་ཁས་འཆེ་ཡང་དགེ་སྦྱོང་ཡང་མ་ཡིན་པའོ། །འདོད་པ་ཆེ་བ་ནི་གང་ཡོན་ཏན་བདག་པས་ལྷག་པར་བདག་ལ་ཡིད་ཆེས་པར་འདོད་པའོ། །འདོད་པ་ཅན་ནི་གང་མཚུངས་པར་ཡིད་ཆེས་པར་འདོད་པའོ། །དེར?་གྲོ་སྦྱོར་བ་ལོག་པར་ཞུགས་པ་ལ་རྣམ་པ་གཉིས ་ཏེ། ལྷག་མ་དང་བཅས་བ་དང། ལྷག་མ་མ་ལུས་པའོ། །ལྷག་མ་དང་བཅས་པ་ནི་བཞི་ལས་བརྩམས་ནས་རིག་པར་བྱའོ། །ཡང་དག་བར་བླངས་པ་ཉམས་པ་ལས་བརྩམས་ཏེ། དེ་ལ་ལུས་ཀྱི་ལས་ཡོངས་སུ་མ་དག་པ་སྤྱོད་པ་དང། དག་གི ་ལས་ཡོངས་སུ་མ་དག་པ་སྤྱོད་པ་དང། ཡིད་ཀྱི་ལས་ཡོངས་སུ་མ་དག་པ་སྤྱོད་པའོ་ཞེས་གསུངས་པ་གང་ཡིན་པའོ། །དེ་གསུམ་ལས་མ་དུལ་བ་དང། མ་སྦགས་པ་དང། མ་བྱང་བ་འབྱུང་སྟེ། གོ་རིམ་བཞིན་དུ་སྟོན་ཏེ། ཟས་ཀྱི་ཕྱིར་རྒྱུ་བ་ལས་བརྩམས་ཏེ ་འཚོ་བ་ཡོངས་སུ་མ་དག་པའོ། །འདོད་ཆེན་ཅན་ཞེས་བྱ་བ་ནི། ཡོངས་སུ་སྤྱད་པ་ལས་བརྩམས་པ་སྟེ། འདོད་ཆེན་ཅན་ནི་འཇོག་ཅིང་ཡོངས་སུ་སྤྱད་པའོ། །ལེ་ལོ་ཅན་ཞེས་བྱ་བ་ནི་དགེ་བའི་ཕྱོགས་ལས་བརྩམས་ནས་ལེ་ལོ་ཅན་ནོ། །དང་ཚུལ་ངན་བ་ཅན་ཞེས་བྱ ་བ་ནི་ཚུལ་ཁྲིམས་མ་ལུས་པར་ཞིག་སྟེ། རྩ་བ་ལ་ཐུག་པའི་ཉེས་པ་བྱུང་བའོ། །སྡིག་པའི་ཆོས་ཅན་ཞེས་བྱ་བ་ནི་བསམ་པ་ལོག་པ་འཇུག་པ་སྟེ། སྡིག་པའི་ཆོས་ཀྱིས་དེའི་ཚེ་ཉེས་པ་འཆབ་པའོ། །གཉིས་པ་ནི་སྦྱོར་བ་ཕུན་སུམ་ཚོགས་པ་སྟེ། ཆོ ་ག་དང། འཚོ་བ་དང། ཚུལ་ཁྲིམས་དང་ཡོངས་སུ་སྤྱོད་པ་དང། དགེ་བའི་ཕྱོགས་རྣམས་ལས་བརྩམས་པར་རིག་པར་བྱའོ། །དེ་ལ་ཆོ་ག་ཕུན་སུམ་ཚོགས་བ་ཞེས་བྱ་བ་ནི་ཆོ་ག་ལས་བརྩམས་པའོ། །སྤྱོད་ཡུལ་ཕུན་སུམ་ཚོགས་པ་ཞེས་བྱ་བ་ནི ་འཚོ་བ་ལས་བརྩམས་པའོ། །སྤྱོད་པ་ཕུན་སུམ་ཚོགས་པ་ཡིན་ཞིང་སྤྱོད་ལམ་བཞིར་ཤེས་བཞིན་དུ་སྤྱོད་ཅེས་བྱ་བ་ནི་ཚུལ་ཁྲིམས་ལས་བརྩམས་པའོ། །ཟས་དང་སྐོམ་དན་པ་ཟ་ཞིང་འཕགས་པའི་རིགས་བཞི་པོ་དག་གིས་ཆོག་བར་འཛིན་ཅེས་བྱ་བ ་ནི་ཡོངས་སུ་སྤྱོད་པ་ལས་བརྩམས་པའོ། །ཁྱིམ་ན་གནས་པ་དང་རབ་ཏུ་བྱུང་བ་རྣམས་དང་མི་འདྲེ་ཞེས་བྱ་བ་ནི་དགེ་བའི་ཕྱོགས་ལས་བརྩམས་སོ། །ཚིག་ཉུང་ཞིང་སྨྲ་བ་ཉུང་ཞེས་བྱ་བ་ནི་ཚིག་བདེན་བ་ཡང་དག་པའི་གཏམ་གྱིས་དགའ་བར ་བྱེད་བ་ལས་བརྩམས་པར་རིག་པར་བྱའོ། །དེའི་སྤྱོད་ལམ་དེ་དག་ཀྱང་ཚུལ་འཆོས་པ་དང། གཅམ་གྱིས་ཡོངས་སུ་བརྟགས་བ་ཡིན་ཞེས་བྱ་བ་ནི་བསམ་པ་ལོག་པར་འཇུག་པའོ། །དེ་ཡང་ཆོ་ག་ལ་སོགས་པའི་སྦྱོར་བ་ལས་བརྩམས་ནས། ཚུལ་འཆོས ་དང། གཅམ་དུ་རིག་པར་བྱའོ། །དམིགས་པར་ལྟ་བ་ཡིན་ཏེ། ངར་འཛིན་པ་དང་ང་ཡིར་འཛིན་པ་ལ་གནས་ཞེས་བྱ་བ་ནི་གང་ཟག་ལ་བདག་མེད་པ་ལས་བརྩམས་པ་སྟེ། བདག་ཏུ་ལྟ་བ་ཀུན་ཏུ་འབྱུང་བའི་བག་ལ་ཉལ་མ་སྤངས་པའོ། །སྟོང་པ་ཉིད་མི ་དམིགས་པའི་ཆོས་རྣམས་ལ་གཡང་སར་འདུ་ཤེས་ཞེས་བྱ་བ་ལ་སོགས་པ་གསུངས་པས་ནི་ཆོས་ལ་བདག་མེད་པ་ལས་བརྩམས་པ་སྟེ། སྟོང་པ་ཉིད་མི་དམིགས་པ་དང། དེ་སྨྲ་བ་རྣམས་ལ་གཡངས་དབྲར་འདུ་ཤེས་པའོ། །གསུམ་བ་ནི་སྦྱོར་བ ་ཕུན་སུམ་ཚོགས་པ་སྟེ། རྣལ་འབྱོར་གྱི་གཞི་དང། དམིགས་པ་དང། གནས་དང། རྣལ་འབྱོར་གྱི་རྗེས་སུ་མཐུན་པའི་ཆོས་རྣམས་ལས་བརྩམས་པར་རིག་པར་བྱའོ། །དེ་ལ་བཞི་ནི་ཚུལ་ཁྲིམས་ཏེ། དེ་ལས་བརྩམས་ནས་སོ་སོར་བརྟགས་ནས་ཚུལ ་ཁྲིམས་བསྲུང་ཞེས་གསུངས་པའི་ཕྱིར་རོ། །དམིགས་པ་ཐོས་པ་སྟེ། ཐོས་པ་ལ་དམིགས་ནས་རྣལ་འབྱོར་འགྲུབ་པའི་ཕྱིར་ཏེ། སོ་སོར་བརྟགས་ནས་ཐོས་པ་འཛིན་ཅེས་གསུངས་པའི་ཕྱིར་རོ། །གནས་ནི་དགོན་པ་ན་གནས་པ་སྟེ། རྣལ་འབྱོར་དང་མཐུན་པའི་ཕྱིར ་ཏེ། སོ་སོར་བརྟགས་ནས་དགོན་པ་ལ་གནས་ཞེས་བྱ་བ་གསུངས་པའི་ཕྱིར་རོ། །རྣལ་འབྱོར་གྱི་རྗེས་སུ་མཐུན་པའི་ཆོས་རྣམས་ནི་འདོད་པ་ཆུང་ཞིང་ཆོ་ག་ཤེས་པ་དང། རབ་ཏུ་དགེ?་བར་འགྱུར་ཏེ་ཞེས་བྱའོ། །བསམ་པ་ལ་ལོག་བར་ཞུགས་པ་ནི་ཡེ་ཤེས ་ཀྱི་འདོད་པར་རིག་པར་བྱ་སྟེ། ཇི་ཙམ་དུ་གཞན་ལ་ཉེ་བར་བསྟན་པའི་ཕྱིར་ཡིན་གྱི། སྐྱོ་བར་བྱ་བའི་ཕྱིར་མ་ཡིན། འདོད་ཆགས་དང་བྲལ་བའི་ཕྱིར་མ་ཡིན། འགོག་པར་བྱ་བའི་ཕྱིར་མ་ཡིན། ཉེ་བར་ཞི་བར་བྱ་བའི་ཕྱིར་མ་ཡིན། རྫོགས ་པར་བྱང་ཆུབ་པར་བྱ་བའི་ཕྱིར་མ་ཡིན། དགེ་སྦྱོང་གི་ཕྱིར་མ་ཡིན་།ཚངས་པའི་ཕྱིར་མ་ཡིན། མྱ་ངན་ལས་འདས་པའི་ཕྱིར་མ་ཡིན་ཞེས་བྱ་པའོ། །དེ་ལ་ཉེ་བར་ཞི་བས་ནི་སྐྱོ་བ་དང། འདོད་ཆགས་དང་བྲལ་བར ་སྟོན་ཏོ། །ཇི་ལྟ་ཞེ་ན། དེའི་ཕྱིར་མི་མཐུན་པའི་ཕྱོགས་དགའ་བ་ཅན་གྱི་འདོད་ཆགས་ཉེ་བར་ཞི་བའི་ཕྱིར་རོ། །རྫོགས་པར་བྱང་ཆུབ་བས་ནི་འགོག་པའོ། །རྫོགས་པར་བྱང་ཆུབ་པས་ནི་དགེ་སློང་དང་ཚངས་པ་དང། མྱ་ངན་ལས་འདས་པས ་བསྡུས་པ་ལ་ལམ་དང་དེའི་འབྲས་བུ་བསྟན་ཏོ། །གང་ཟག་བཞི་པ་ནི་གཉི་ག་ཕུན་སུམ་ཚོགས་པའོ། །ཕུན་སུམ་ཚོགས་པ་ནི་རྣམ་པ་དཀུར་རིག་པར་བྱ་སྟེ། རྟག་ཏུ་སྦྱོང་བ་ཕུན་སུམ་ཚོགས་པ་དང། ཉན་པ་ཕུན་སུམ་ཚོགས་པ་དང། འདོད་པ ་ཕུན་སུམ་ཚོགས་པ་དང། ཚུལ་བཞིན་ཡིད་ལ་བྱེད་པ་ཕུན་སུམ་ཚོགས་པ་དང། ཡང་དག་པར་ལྟ་བ་ཕུན་སུམ་ཚོགས་པ་དང། ཡོངས་སུ་ཤེས་པ་ཕུན་སུམ་ཚོགས་པ་དང། སྤོང་བ་ཕུན་སུམ་ཚོགས་པ་དང། སྒོམ་པ་ཕུན་སུམ་ཚོགས ་པ་དང། མངོན་སུམ་དུ་བྱང་པ་ཕུན་སུམ་ཚོགས་པའོ། །ལུས་དང་སྲོག་ལ་ཡང་མི་ལྟ་བ་ཡིན་ཞེས་བྱ་བ་ནི་ལུས་དང་སྲོག་ལ་མི་ལྟ་བས་རྟག་ཏུ་སྦྱོར་བ་ཕུན་སུམ་ཚོགས་པར་རིག་པར་བྱ་སྟེ། དང་པོ་སྟོང་པ་ཉིད་དང། མཚན ་པ་མེད་པ་དང། སྨོན་པ་མེད་པའི་ཆོས་རྣམས་ཐོས་ན་དགའ་ཞིང་དེ་བཞིན་དུ་ཞུགས་པ་ཡིན་ཞེས་བྱ་བ་ནི་སྟོང་པ་ཉིད་ལ་སོགས་པ་ཐོས་ན་དགའ་བས་ཐོས་པ་ཕུན་སུམ་ཚོགས་པ་སྟེ་།གཉིས་པའོ། །མྱ་ངན་ལས་འདས་པ་ཡང ་འདོད་པ་མེད་པར་ཆགས་པ་སྤྱད་པ་སྤྱོད་ན། ཁམས་གསུམ་པ་ལ་མངོན་པར་དགའ་བ་ལྟ་སྨོས་ཀྱང་ཅི་དགོས་པ་དང། སྟོང་པ་ཉིད་དུ་ལྟ་བ་ཡང་མི་འདོད་པ་ཡིན་ན་ཞེས་བྱ་བ་ནི་ཆོས་རྣམས་ཀྱང་སྤང་བར་བྱ་བ་ན་ཞེས་བྱ་བཱི ་ཕྱིར། དེའི་འབྲས་བུ་དང་དེའི་ཡན་ལག་སྟེ། མྱ་ངན་ལས་འདས་པ་ལ་ཡང་འདོད་པ་མེད་པ་དང། སྟོང་པ་ཉིད་དུ་ལྟ་བ་ཡང་མི་འདོད་པས་འདོད་པ་ཕུན་སུམ་ཚོཌ་པ་སྟེ། གསུམ་པའོ། །དོན་གྱི་ཕྱིར་འབྲང་གི་།ཡི་གེའི་ཕྱིར་འབྲང་བ་མ་ཡིན ་ཉོན་མོངས་པ་རྣམས་ལས་རྣམ་པར་ཐར་པ་ནང་དུ་ཚལ་གྱི་ཕྱི་རོལ་ཏུ་རྒྱུག་པ་མ་ཡིན་ཞེས་བྱ་བ་ལ་དོན་གྱི་ཕྱིར་འབྲང་བ་ནི་འཇིག་རྟེན་པའི་སེམས་དང། སྒོམས་པ་ལས་རྣམ་པར་ཐར་བ་ནང་དུ་ཚོལ་བས་ཚུལ་བཞིན་ཡིད་ལ་བྱེད་པ་སྟེ། ་ཕུན་སུམ་ཚོགས་པ་སྟེ་བཞི་པའོ། །ཆོས་ཐམས་ཅད་ཤིན་ཏུ་ཡོངས་སུ་དག་པའི་རང་བཞིན་གྱིས་ཀུན་ནས་ཉོན་མོངས་པ་མེད་པར་མཐོང་བས་བདག་ཉིད་གླིང་ཡིན་ཏེ། གཞན་གླིང་མ་ཡིན་ཞེས་བྱ་བ་ནི། སོ་སོ་རང་གི་རིག་པས་མི་སློབ་པ་དང ་འཇིག་རྟེན་ལས་འདས་པའི་ཆོས་དང་བཞིན་གྱིས་ཀུན་ནས་ཉོན་མོངས་པ་ཅན་མ་ཡིན་པར་མཐོར་བས་ཡང་དག་པར་ལྟ་བ་ཕུན་སུམ་ཚོགས་པ་སྟེ་ལྔ་པའོ། །དེ་བཞིན་གཤེགས་པ་ལ་ཆོས་ཉིད་དུ་ཡང་མི་ལྟ་ན་ཞེས་བྱ་བ་ནས་བརྩམས་ཏེ། ་མང་དུ་འདུས་པ་ལྟ་སྨོས་ཀྱང་ཅི་དགོས་ཞེས་བྱ་བའི་བར་དག་ནི་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱི་དོན་དམ་པའི་དཀོན་མཆོག་གསུམ་ལ་རྣམ་པར་མི་རྟོག་སྟེ། དཀོན་མཆོག་མི་མཐོང་བས་ཡོངས་སུ་ཤེས་པ་ཕུན་སུམ་ཚོགས་ཏེ་དྲུག་པའོ། །ཆོས ་གང་སྤང་བར་བྱ་བའི་ཕྱིར་རྩོམ་པ་མ་ཡིན་ཞེས་བྱ་བ་ནི་སྤང་བར་བྱ་བ་སྤངས་པའི་ཕྱིར་སྤོང་བ་ཕུན་སུམ་ཚོགས་པ་སྟེ་བདུན་པའོ། །བསྒོམ་པར་བྱ་བའི་ཕྱིར་མ་ཡིན་ཞེས་བྱ་བ་ནི་བསྒོམ་པར་བྱ་བ་བསྒོམས་པའི་ཕྱིར་བསྒོམ་པ་ཕུན་སུམ་ཚོགས ་པ་སྟེ་བརྒྱད་པའོ། །འཁོར་བར་ཡང་མི་སྐྱེ། མྱ་ངན་ལས་འདས་པ་ལ་ཡང་མངོན་པར་དགའ་བ་མ་ཡིན། ཐར་པ་ཡང་མིང་མིགས་བཅིངས་པ་ཡང་མ་ཡིན་ལ། ཆོས་ཐམས་ཅད་རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པར་རིག་ནས་ ་ཀུན་ཏུ་མི་འཁོར་ཞིང་ཡོངས་སུ་མྱ་ངན་ལས་མི་འདའ་བ་ཞེས་བྱ་བ་ལ་འཁོར་བའི་རྒྱུ་ནི་སྤངས། མྱ་ངན་ལས་འདས་པ་ཡི་ནི་ཐོབ་པའོ། །འཁོར་བར་ཡང་མི་སྐྱེ། ཡོངས་སུ་མྱ་ངན་ལས་འདས་པ་ལ་ཡང་མངོན་པར ་དགའ་བ་མ་ཡིན། །འཆི་བ་དང་འཚོ་བ་ལ་མངོན་པར་དགའ་བ་མ་ཡིན་པས། ཐར་པ་ཡང་མི་དམིགས་བཅིངས་པ་ཡང་མ་ཡིན་ནོ། །ཉོན་མོངས་པ་རྣམས་སྤངས་པ་དང། ཕུང་པོ་ལྷག་མ་དང་བཅས་པའི་ཕྱིར་ཀུན་ཏུ་མི་འཁོར་ཞིང་ཡོངས་སུ ་མྱ་ངན་ལས་མི་འདའ་ཨོ། །རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་ཞེས་བྱ་བ་ནི་འདིར་ཟད་པ་དང་མི་སྐྱེ་བ་ཤེས་པ་ལ་སོགས་པ་མི་སློབ་པའི་ཆོས་རྣམས་སུ་རིག་པར་བྱའོ། །འདི་ནི་དགུ་པ་སྟེ། མངོན་སུམ་དུ་བྱེད་པ་ཕུན་སུམ ་ཚོགས་པའོ། །དགེ་སྦྱོང་གསུམ་པོ་དག་གི་དགེ་སྦྱོང་གི་མིང་གི་དོན་མེད་པ་དང། མི་འཚམ་པར་ཀུན་ཏུ་བསྟན་པའི་ཕྱིར་མིང་གིས་གནོད་པ་སྟེ། སྐྱེས་བུ་དབུལ་བོའི་དབེས་སྟོན་ཏོ། །ཇི་ལྟར་མིང་གིས་གནོད་པར་འགྱུར་ཞེ་ན། དགེ ་སྦྱོང་གི་མིང་གི་སྒོ་ནས་དད་པས་བྱིན་པ་ལ་ལོག་པར་ཡོངས་སུ་སྤྱོད་པའི་ཕྱིར་རོ། །འདི་ཡན་ཆད་དུ་ཡང་དག་པ་མ་ཡིན་པར་སྒྲུབ་པའི་དགེ་སྦྱོང་རྣམས་དང། ཡང་དག་པར་སྒྲུབ་པའི་དགེ་སྦྱོང་ཤེས་པ་དང་ཚུལ་ཁྲིམས་ཀྱིས་མངོན ་པའི་ང་རྒྱལ་ཅན་དུ་གྱུར་པ་དེའི་ཕྱིན་ཅི་ལོག་ཏུ་ཡོངས་སུ་ཤེས་པར་བྱ་བའི་ཕྱིར་དཔེ་རྣམས་དང་ཚུལ་ཁྲིམས་དང་ལྡན་པ་རྣམས་ཀྱང་སྟོན་ཏོ། །ཐོས་པ་དང་བསམ་པའི་ཤེས་རབ་ཀྱིས་དེའི་མངོན་པའི་ང་རྒྱལ་ལས་བརྩམས་ནས ་དཔེ་གཉིས་པ་སྟེ། འོད་སྲུངས་འདི་ལྟ་སྟེ་དཔེར་ན་སྐྱེས་བུ་ལ་ལ་ཞིག་རྒྱ་མཚོའི་ཆུས་ཁྱེར་ལ་ཆུས་སྐོམ་བཞིན་དུ་འཆི་བའི་དུས་བྱེད་པ་དེ་བཞིན་དུ་འོད་སྲུངས་འདི་ལ་དགེ་སྦྱོང་བྲམ་ཟེ་ཁ་ཅིག་ཆོས་མང་པོ་བླངས་ཏེ། ཡོངས་སུ་ཆུབ་པར་བྱས ་གང་འདོད་ཆགས་ཀྱི་སྲེད་པ་མི་སེལ། ཞེ་སྡང་གི་སྲེང་བ་མི་སེལ། གཏི་མུག་གི་སྲེད་པ་མི་སེལ་བ་དེ་དག་ཆོས་ཀྱི་རྒྱ་མཚོས་ཁྱེར་ལ་ཉོན་མོངས་པའི་སྐོམ་པས་འཆི་བའི་དུས་བྱས་པར་འགྱུར་ཏེ། ངན་འགྲོར་འགྲོ་བར་འགྱུར་རོ་ཞེས་བྱ་བའི་དཔེས་དེས་ནི ་ཐོས་པའི་ཤེས་པས་མངོན་པའི་ང་རྒྱལ་བྱེད་པར་སྟོན་ཏེ། འོད་སྲུངས་འདི་ལྟ་སྟེ་དཔེར་ན། སྨན་པ་སྨན་སྒྲོ་ཐོགས་ཏེ། ཕྱོགས་དང་ཕྱོགས་མཚམས་སུ་རྒྱུ་བ་དེ་ནད་གཅིག་གིས་བཏབ་ནས་ནད་དེ་གསོ་བར་མི་ནུས་པ་དེ་བཞིན་དུ། འོད་སྲུངས་མང་དུ ་ཐོས་པའི་ཉོན་མོངས་པའི་ནད་བལྟ་སྟེ། གང་ཐོས་པའི་དེས་བདག་ཉོན་མོངས་བའི་ནད་ལས་གསོ་བར་མི་ནུས་ན་དེའི་ཐོས་པ་ནི་དོན་།མེད་པ་ཡིན་ནོ་ཞེས་བྱ་བ་ནི་འདིས་ནི་བསམས་པའི་ཤེས་བས་སོ། །སོ་སོའི་སྐྱེ་པོ་འདོད་ཅགས་དང་བྲལ་བ ་སྙོམས་པར་འཇུག་པའི་རོ་མྱང་བར་བྱེད་པ་དང། སློབ་པ་ཐོབ་བ་དང། བཀུར་སྟི་ལ་ཆགས་པ་དང། ཉེས་པ་དང་བཅས་པའི་འགྱེད་པས་སྒོམ?་པའི་ཡེ་ཤེས་ལ་ལོག་པ་སྦྱོར་ཡང་ཡང་དག་པར་སྦྱོར་བར་མངོན་པའི་ང་རྒྱལ་བྱེད་པ་ལས་བརྩམས་ཏེ། དཔེ ་ལྷག་མ་བཞི་དང་གོ་རིམ་བཞིན་དུ་སྦྱར་རོ། །འོད་སྲུངས་འདི་ལྟ་སྟེ། དཔེར་ན་སྐྱེས་བུ་ན་བ་ཞིག་ལ་རྒྱལ་པོ་ལ་འོས་པའི་སྨན་བཏང་ལ་ཆོ་ག་བཞིན་དུ་མ་བྱས་པS་འཆི་བཱི་དུས་བྱས་པ་དེ་བཞིན་དུ་མང་དུ་ཐོས་པའི་ཉོན་མོངས་པའི་ནད་དུ་བལྟ་སྟེ། གང་སྡོམ་པ་མེད་པ་དེས ་འཆི་བའི་དུས་བྱེད་པའོ་ཞེས་བྱ་བའི་དཔེ་འདི་ནི་དང་པོ་ཡིའོ། །འོད་སྲུངས་འདི་ལྟ་སྟེ། དཔེར་ན་ནོར་བུ་རིན་པོ་ཆེ་མི་གཙང་བའི་ནང་དུ་ལྷུང་ན་སྨད་པར་འགྱུར་བ་དེ་བཞིན་དུ་མང་དུ་ཐོས་པ་འཐོབ་བ་དང་བཀུར་སྟིའི་མི་གཙང་བའི་ནང་དུ་ལྟུང་བར་བལྟ་སྟེ། ཅི་ཡང ་མེད་པ་ལ་ནི་ལྷ་དང་མི་རྣམས་དགའ་བར་འགྱུར་རོ་ཞེས་བྱ་བ་ནོར་བུ་རིན་པོ་ཆེའི་དཔེ་འདི་ནི་གཉིས་པ་ཡི་འོ། །འོད་སྲུངས་འདི་ལྟ་སྟེ་དཔེར་ན། རོ་ལ་གསེར་གྱི་ཕྲེང་བ་བཏོགས་པ་དེ་བཞིན་དུ་ངང་ཚུལ་ངན་བ་ཅན་ངུར་སྨྲིག་གྱོན་པར་བལྟའོ་ཞེས ་བྱ་བ་རོའི་འདི་ནི་གསུམ་པ་ཡིའོ། །འོད་སྲུངས་འདི་ལྟ་སྟེ། དཔེར་ན་ཚོང་དཔོན་གྱི་བུ་ཤིན་ཏུ་ཁྲུས་བྱས་ཏེ། རབ་ཏུ་རྣམ་པར་བྱུགས་ལ་སྐྲ་དང་སེན་མོ་བྲེགས་ནས་གོས་དཀར་པོ་བགོས་ཏེ། ཙན་དན ་མཆོག་གིས་བསྐུས་པའི་མགོ་ལ་ཙམ་པ་ཀའི་མེ་ཏོག་གོ་ཕྲེང་བ་ཐོགས་པ་དེ་བཞིན་དུ་ཚུལ་ཁྲིམS་དང་ལྡན་ཞིང་མང་དུ་ཐོས་པ་ངུར་སྨྲིག་གྱོན་པར་བལྟའོ་ཞེས་བྱ་བ་ཡང་གསུམ་པ་འདི་ཉིད་ཀྱིའོ། །ཚུལ་ཁྲིམས་ཀྱིས་དེ་མངོན་པའི་ང ་རྒྱལ་བྱེད་པ་ལས་བརྩམས་ནས་ཚུལ་ཁྲིམས་དང་ལྡན་པ་འདྲ་བ་བཞི་སྟོན་ཏོ། །འོད་སྲུངས་བཞི་པོ་འདི་དག་ནི་ངང་ཚུལ་ངན་པ་ཅན་ཚུལ་ཁྲིམས་དང་ལྡན་པ་འདྲ་བ་ཡིན་ཏེ། བཞི་གང་ཞེ་ན་ཞེས་བྱ་བ་ལ་སོགས་པའོ། །དང་པོ་ནི ་ཡང་དག་པར་བླངས་པའི་ཚུལ་ཁྲིམས་ཏེ། འོད་སྲུངས་འདི་ལ་དགེ་སློང་ཚུལ་ཁྲིམས་དང་ལྡན་པ་ཡིན་ཏེ། སོ་སོར་ཐར་པའི་སྡོམ་པས་བསྡམས་ཤིང་གནས། ཆོ་ག་དང་སྤྱོད་ཡུལ་ཕུན་སུམ་ཚོགས་བ་ཁ་ན་མ་ཐོ་བ་རྣམས་ལ ་འཇིགས་པར་ལྟ། ཡང་དག་པར་བླངས་ཏེ་བསླབ་པའི་གནས་རྣམས་ལ་སློབ། ལུས་དང་ངག་དང་ཡིད་ཀྱི་ལས་ཡོངས་སུ་དག་པར་ལྡན་པས་གནས་པས་འཚོ་བ་ཡོངས་སུ་དག་ཀྱང་དེ་བདག་ཏུ་སྨྲ་བ་ཡིན་ཏེ། འོད་སྲུངས་དེ་ནི་དང་ཚུལ ་ངན་པ་ཅན་ཚུལ་ཁྲིམས་དང་ལྡན་པ་འདྲ་བ་ཡིན་ནོ་ཞེས་གསུངས་པའི་ཕྱིར་ཡང་དག་པར་བླངས་པའི་ཚུལ་ཁྲིམས་སོ། །གཉིས་པ་ནི་འོད་སྲུངས་གཞན་ཡང་འདི་ལ་དགེ་སློང་ཁ་ཅིག་འདུལ་བ་འཛིན་ཅིང་འདུལ་བ་ལ་ཞུགས ་བ་འདུལ་བའི་ཚུལ་ལ་གནས་བ་ཡིན་ཡང། འཇིག་ཚོགས་ལ་ལྟ་བ་ལས་མ་བསྐྱོད་པ་ཡིན་ཏེ་།དེ་ནི་དང་ཚུལ་ངན་བ་ཅན་ཚུལ་ཁྲིམས་དང་ལྡན་པ་གཉིས་པའོ་ཞེས་གསུངས་པའི་ཕྱིར་བྱ་བའི་ཚུལ་ཁྲིམས་སོ། །གསུམ་པ་ནི་འོད་སྲུངས་གཞན ་ཡང་འདི་ལ་དགེ་སློང་ཁ་ཅིག་བྱམས་པ་ལ་གནས་པ་ཡིན་ཏེ། སེམས་ཅན་ལ་དམིགས་པའི་བྱམས་པ་དང་ལྡན་ཡང་འདུ་བྱེད་ཐམས་ཅད་ལ་སྐྱེས་པ་མེད་པ་ཐོས་ན་སྒྲག་པ་ཀུན་ཏུ་རབ་ཏུ་སྐྲག་པར་འགྱུར་བ་དེ་ནི་འོད་སྲུངས་དང་ཆུ་ལ་ངན་པ ་ཚུལ་ཁྲིམས་དང་ལྡན་པ་ཞེས་བྱ་བ་སྟེ། བྱམས་པ་ལ་གནས་པས་མི་མཐུན་པའི་ཕྱོགས་དང་ཚུལ་ངན་པ་འཇོམས་པའི་ཕྱིར་མི་མཐུན་པའི་ཕྱོགས་འཇོམས་པའི་ཚུལ་ཁྲིམས་སོ། །བཞི་བ་ནི་འོད་སྲུངས་གཞན་ཡང་འདི་ལ་དགེ་སློང་ཁ་ཅིག་སྦྱངས་པའི་ཡོན་ཏན ་བཅུ་གཉིས་ཡང་དག་བླངས་ཀྱང་དམིགས་པར་ལྟ་བ་ཡིན་ཏེ། ངར་འཛིན་པ་དང། ང་ཡིར་འཛིན་པ་གནས་པ་དེ་ནི་ངང་ཚུལ་ངན་བ་ཅན་ཚུལ་ཁྲིམས་དང་ལྡན་པ་བཞི་པའོ། །འོད་སྲུངས་འདི་དག་ནི། ངང་ཚུལ་ངན་པ་ཅན་ཚུལ་ཁྲིམས་དང་ལྡན ་པ་འདྲ་བ་ཡིན་ནོ་ཞེས་བྱ་བ་ནི་སྦྱངས་པའི་ཡོན་ཏན་བཅུ་གཉིས་ཡང་དག་པར་བླངས་བས་ཡོ་བྱད་བསངས?་པའི་ཚུལ་ཁྲིམས་སོ། །དེ་ལ་གོང་མ་གཉིས་ནི་ལྟ་བའི་ཉེས་པས་དང་ཚུལ་ངན་པའི་གཉེན་པོ་འཇོམས་པ་དང། ངང་ཚུལ་ངན་པའི་རྒྱུ་དང་ལྡན་པས ་ངང་ཚུལ་ངན་པ་ཅན་དུ་རིག་པར་བྱའོ། །དེ་ཡང་བདག་ཏུ་སྨྲ་བ་ཡིན་ཞེས་བྱ་བ་དང། འཇིག་ཚོགས་ལ་ལྟ་བ་ལས་མ་བསྐྱོད་པ་ཡིན་པ་ཞེས་གསུངས་པའི་ཕྱིར་གོ་རིམ་བཞིན་དུ་རིག་བར་བྱའོ། །འོག་མ་གཉིས་ནི་ངང་ཚུལ་ངན་པ་དང་ཐ་དད ་བ་མ་ཡིན་པའི་ཕྱིར་ཏེ། དེ་གཉིས་ལས་གཅིག་ནི་ཆོས་ཐམས་ཅད་མེད་ན་ཐོས་ན་སྐྲག་པར་འགྱུར་རོ་ཞེས་སྔར་གསུངས་པའི་ཕྱིར་མྱ་ངན་ལས་འདས་པ་ལ་སྐྲག་ནས་ངང་ཚུལ་ངན་པ་འཇོམས་པའི་གཉེན་པོ་མི་རྩོམ་པའོ། །གཉིས་པ ་ནི་དམིགས་པར་ལྟ་བ་ཡིན་ཞེས་གསུངས་པའི་ཕྱིར་རོ། །མངོན་པའི་ང་རྒྱལ་ཅན་ནི་བདག་གྲོལ་ལོ་སྙམ་དུ་བདག་ལ་དམིགས་ནས་དེའི་གཉེན་པོར་ཡང་དག་པའི་དོན་གྱི་ཚུལ་ཁྲིམས་ཀྱིས་སྟོན་ཏེ། དེ་ཡང་སྤོང་བས་རབ་ཏུ་ཕྱེ་བ་དང། ལམ་གྱིས་རབ་ཏུ་ཕྱེ་བའོ།། ་དེ་ནི་ཚུལ་ཁྲིམས་དང་པོ་ནི་ནང་གི་སྐྱེ་མཆོད་ཡིན་གྱི་ཕྱི་རོལ་གྱི་མ་ཡིན་ཏེ། འོད་སྲུངས་ཚུལ་ཁྲིམས་ཚུལ་ཁྲིམས་ཞེས་བྱ་བ་ནི། གང་ལ་བདག་མེད་ཅིང་བདག་གི་བ་མེད་པའོ་ཞེས་བྱ་བ་གསུངས་པའོ། །གཉིས་པ ་སྟེ་བྱ་བ་མེད་པ་ནི་ཉོན་མོངས་པ་ཅན་གྱི་ལས་སོ། །མི་བྱ་བ་མེད་པ་ནི་དགེ་བའི་ལས་སོ། །བྱེད་པ་མེད་པ་ནི་ལུས་ལ་སོགས་པ་གང་གིས་ཀྱང་ཉོན་མོངས་པ་ཅན་གྱི་ལས་མི་བྱེད་པའོ། །བྱེད་པ་མེད་པ་ནི་གང་གིས་དགེ་བའི་ལས་བྱེད་པའོ།། ་རྒྱུ་བ་མ་ཡིན་པ་མི་རྒྱུ་བ་མ་ཡིན་པ་ཞེས་བྱ་བ་ནི་ཟས་ཀྱི་ཕྱིར་རྒྱུ་བ་ལས་བརྩམས་པ་སྟེ། ཉོན་མོངས་པ་ཅན་དང་ཉོན་མོངས་པ་ཅན་མ་ཡིན་པའོ། །རབ་ཏུ་བྱེད་པ་མེད་པ་རབ་ཏུ་སྤྱོད་པ་མ་ཡིན་པ་ཞེས་བྱ་བ་ནི་ཡོངས་སུ་སྤྱོད་པ ་ལས་བ་རྩམས་པ་སྟེ། ཉོན་མོངས་བ་ཅན་དང་ཉོན་མོངས་པ་ཅན་མ་ཡིན་པའོ། །མིང་མེད་པ་གཟུགས་མེད་པ་ཞེས་བྱ་བ་ནི་ཕུང་པོ་ལྷག་མ་མ་ལུས་པའི་མྱ་ངན་ལས་འདས་པའོ། །མཚན་མ་མེད་པ་མཚན་མ་མེད་པ་མ་ཡིན ་པ་ཞེས་བྱ་བ་ནི་མཚན་མ་མེད་པ་ལ་གནས་པ་ནི་མཚན་མ་ཐམས་ཅད་ཡིད་ལ་མི་བྱེད་པ་དང། མཚན་མ་མེད་པའི་དབྱིངས་ཡིད་ལ་བྱེད་པའི་ཕྱིར་རོ། །རབ་ཏུ་ཞི་བ་མ་ཡིན་པ་རབ་ཏུ་མ་ཞི་བ་མ་ཡིན་ཞེས་བྱ་བ་ནི་མི་སློབ་པ་ལ་གནས ་པ་ན་ཕུང་པོ་ལྷག་མ་དང་བཅས་པ་དང་ཉོན་མོངས་པ་རྣམས་སོ། །འཛིན་པ་མེད་པ་གཏོང་བ་མེད་པ་ཞེས་བྱ་བ་ནི་རྟག་པར་གནས་པ་ལ་ཡིད་བདེ་བ་དང། ཡིད་མི་བདེ་བ་མེད་པ་དང། བཏང་སྙོམས་དང་དྲན་པ་དང། ཤེས་བཞིན ་ཡོད་པའི་ཕྱིར་རོ། །གཟུང་དུ་མེད་པ་གཟུང་བ་མེད་པ་མ་ཡིན་པ་དེ་ཉིད་ལ་དེའི་གནས་སུ་འགྱུར་བའི་ཡུལ་ཡིད་བདེ་བ་དང། ཡིད་མི་བདེ་བ་གཉིས་ཀྱིས་མི་འཛིན་པ་དང། བཏང་སྙོམས་དང་དྲན་པ་དང་ཤེས་བཞིན་གྱིས ་འཛིན་པའི་ཕྱིར་རོ། །སེམས་ཅན་མེད་པ་སེམས་ཅན་དུ་འདོགས་པ་མེད་པ་ཚིག་མེད་པ་ཚིག་ཏུ་འདོགས་པ་མེད་པ་སེམས་མེད་པ་སེམས་སུ་འདོགས་པ་མེད་པ་ཞེས་བྱ་བ་ནི་དཀའ་ལུང་བརྡ་སྤྱོད་པ་ལས་བརྩམས་པ་སྟེ། སྤོང་བའི་ཚུལ་ཁྲིམས ་ཀྱི་ཚེ་གང་བརྡ་སྤྲོད་པར་བྱེད་པ་དང། གང་བརྡ་ཕྲད་པ་དང། གང་གིས་བརྡ་སྤྲོད་པའོ། །འཇིག་རྟེན་མེད་པ་འཇིག་རྟེན་མེད་པ་མ་ཡིན་པ་ཞེས་བྱ་བ་ནི་སྣོད་ཀྱི་འཇིག་རྟེན་ན་ལྗངས་རྒྱུ་བ་ལས་བརྩམས་པ་སྟེ། ཉོན་མོངས་པ ་ཅན་དང། ཉོན་མོངས་པ་ཅན་མ་ཡིན་པའོ། །བརྟེན་པ་མེད་པ་བརྟེན་པ་མེད་པ་མ་ཡིན་པ་ཞེས་བྱ་བ་ནི་གྲོང་དང་ཞིང་ལས་བརྩམས་པ་སྟེ། ཉོན་མོངས་པ་ཅན་དང། ཉོན་མོངས་པ་ཅན་མ་ཡིན་པའོ། །བདག་གི་ཚུལ ་ཁྲིམས་ལ་མི་བསྟོད་པ། གཞན་ངང་ཚུལ་ངན་པ་ཅན་དུ་མི་སྨོད་པ་ཞེས་བྱ་བ་ནི་ཁྱིམ་དུ་འགྲོ་བ་ལ་སོགས་པའོ། །ཚུལ་ཁྲིམས་གྱིས་རློམ་སེམས་སུ་མི་བྱེད་ཅེས་བྱ་བ་ནི་ཚངས་པར་མཚུངས་པར་སྤྱོད་པ་དང་འགྲོགས་པ་ལས ་བརྩམས་པའོ། །ཚུལ་ཁྲིམས་ལ་མི་རྟོག་རྣམ་པར་མི་རྟོག་ཅེས་བྱ་བ་ནི་བདག་ནི་ཚུལ་ཁྲིམས་དང་ལྡན་པ་དག་གི་ཚུལ་ཁྲིམས་ནི་འདི་ལྟ་བུའོ་སྙམ་དུ་དེའི་ངོ་བོ་ཉིད་དང། བྱེ་བྲག་ལ་མི་རྟོག་པའི་ཕྱིར་རོ། །དེ་ནི་འཕགས་པ ་རྣམས་ཀྱི་ཚུལ་ཁྲིམས་ཟག་པ་མེད་པ་མི་ལྡན་པ། ཁམས་གསུམ་པ་དང་བྲལ་བ་རྟན་ཐམས་ཅད་མེད་པ་ཞེས་བྱ་བ་ནི་འཇིག་རྟེན་པའི་སྤོང་བ་ལ་ཟག་པ་མེད་ཀྱང་ལྡན་པ་ཡོད་པས་བྱེ་བྲག་ཏུ་བྱ་བའི་ཕྱིར་མི་ལྡན་པ་སྨོས་སོ། ། ་དེ་ཡང་གང་ཁམས་གསུམ་པའི་འབྲས་བུ་མ་ཡིན་པ་དང། ཁམས་གསུམ་པའི་རྒྱུ་ཡང་མ་ཡིན་ཞེས་ཚིག་གཉིས་ཀྱིས་སྟོན་ཏོ། །བསླབ་པ་དང་མི་མཐུན་པ་དང། འཐུན་པའི་ཆོས་ལས་བརྩམས་ཏེ། དགེ་སློང་ལེགས་པར ་མ་བསླབས་པ་དང། དགེ་སློང་ལེགས་པར་བསླབ་པ་རྣམ་པར་བཞག་པ་འདི་ནི་གཞན་དུ་མཚམས་སྦྱོར་བའོ། །དགེ་སྦྱོང་ལེགས་པར་མ་བསླབས་པ་གང་ཞེ་ན། དེ་དག་ནི་གསུམ་དུ་རིག་པར་བྱ་སྟེ། ཁ་དོག་དང ་རྟགས་ཀྱི་དབྱིབས་ཀྱི་དགེ་སྦྱོང་ནི་དགེ་སྦྱོང་ཉིད་དང་མི་འཆེ་བ་སྟེ། ཆ་བྱད་དང་རྟགས་འདྲ་ཡང་ཆོ་ག་དང་འཚོ་བ་དང་ཡོངས་སུ་སྤྱོད་པ་དང་རྩོམ་པ་དང། ཚུལ་ཁྲིམས་དང། ལྟ་བ་དང་བསམ་པ་མི་འདྲ་བའོ། །དེ་ལ་ཁ་དོག་དང་རྟགས ་ཀྱི་དབྱིབས་ཞེས་བྱ་བ་ནི་ཁ་དོག་གི་དབྱིབས་དང་རྟགS་ཀྱི་དབྱིངས་སོ། །དེ་ལ་ཁ་དེག་གི་དབྱིབས་ཀྱི་དགེ་སྦྱོང་གང་ཞེ་ན། འདི་ལ་དགེ་སྦྱོང་ཁ་ཅིག་ཁ་དོག་དང་རྟགས་ཀྱི་དབྱིབས་དང་ལྡན་པར་འགྱུར་ཏེ། ཆོས་གོས་སྦྱར་མ་གྱོན་ཅེས་བྱའོ། །སྦྱོར་བ ་བགོས་པས་ནི་ཆ་བྱད་འདྲ་བར་སྟོན་ཏེ། རྟགས་ཀྱི་དབྱིབས་ནི་མགོ་བྲེགས་ཏེ་ལག་ཏུ་ལྷུང་བཟེད་ཐོགས་ཞེས་བྱ་བ་སྟེ། མགོ་བྲེགས་པ་དང་ལག་ན་ལྷུང་བཟེད་ཐེགས་པས་ནི་རྟགས་འདྲའོ། །དེ་ལུས་ཀྱི་ལས་ཡོངས་སུ ་མ་དག་པ་སྤྱོད། དག་གི་ལས་ཡོངས་སུ་མདག་པ་སྤྱོད། ཡིད་ཀྱིས་ཡོངས་སུ་མ་དག་པ་སྤྱོད་ཅེས་བྱ་བ་ནི་ལུས་དང་ངག་དང་ཡིད་ཀྱི་ལས་ཡོངས་སུ་མ་དག་པ་ཀུན་ཏུ་སྤྱོད་པས་ཆོ་ག་མི་འདྲ་བར་རིག་པར་བྱའོ། །འཚོ་བ ་ཡོངས་སུ་མ་དག་པ་ཅེས་བྱ་བ་ནི་འཚོ་བ་ཡོངས་སུ་མ་དག་པས་འཚོ་བ་མི་འདྲ་བའོ། འདོད་ཆེན་ཅན་ཞེས་བྱ་བ་ནི་འདོད་ཆེན་བྱེད་པས་ཡོངས་སུ་སྤྱོད་པ་མི་འདྲ་པའོ། །ལེ་ལོ་ཅན་ཞེས་བྱ་བ་ནི་ལེ་ལོ་བྱེད་པས་བཙན?་པ་མི ་འདྲ་བའོ། །ངང་ཚུལ་ངན་པ་ཅན་ཞེས་བྱ་བ་ནི། དང་ཚུལ་ངན་པས་ཚུལ་ཁྲིམས་མི་འདྲ་བའོ། །སྡིག་པའི་ཆོས་ཅན་ཞེས་བྱ་བ་ནི་སྡིག་པའི་ཆོས་ཅན་པས་ལྟ་བར་མི་འདྲ་བའོ། །མ་དུལ་བ་མ་སྦས་པ་མ་བྱང་བ ་ཞེས་བྱ་བ་ནི་མ་དུལ་བ་མ་སྦས་པ་མ་བྱང་བས་བསམ་པ་མི་འདྲ་བའོ། །གཉིས་པ་ཆོ་ག་བསྲུང་ཞིང་ཚུལ་འཆོས་པའི་དགེ་སྦྱོང་ནི་ཡོ་བྱད་ལ་གཞོལ་བ་རིག་པར་བྱ་སྟེ། ལྷག་པའི་ཚུལ་ཁྲིམས་ཀྱི་རྟོགས་འདྲ། །ལྷག་པའི་སེམས་དང། ལྷག་པའི་ཤེས་རབ་ཀྱི་རྟགས་འདྲ་ཡང་དེ་སྒྲུབ་པའི་བསམ་པ་མི་འདྲ་སྟེ། དེ་ལ་ཆོ་ག་བསྲུང་ཞིང་ཚུལ་འཆོས་པའི་དགེ་སྦྱོང་གང་ཞེ་ན། འདི་དགེ་སྦྱོང་ཁ་ཅིག་ཆོ་ག་སྤྱོད་ཡུལ་དང། སྤྱོད་པ་ཕུན་སུམ་ཚོགས་ཤེས་བྱའོ། །ཆོ་ག་དང་འཚོ་བ་དང་སྤྱོད་པ་ཕུན་སུམ ་ཚོགས་པས་ལྷག་པའི་ཚུལ་ཁྲིམས་ཀྱི་རྟགS་འདྲ་བའོ་།སྤྱོད་ལམ་བཞིར་ཤེས་བཞིན་དུ་སྤྱོད་ཟས་དང་སྐོམ་ངན་པ་ཟ་བ་འཕགས་པའི་རིགས་བཞི་པོ་དག་གིས་ཆོག་པར་འཛིན། ཁྱིམ་ན་གནས་པ་དང། རབ་ཏུ་བྱུང་བ་རྣམས་དང་མི་འདྲེ་སྟེ ་ཞེས་བྱ་བ་ནི་ཤེས་བཞིན་དུ་བྱེད་པ་ནས། མི་འདྲེ་བའི་བར་གྱིས་ལྷག་པའི་སེམས་ཀྱིས་རྟགས་འདྲ་བའོ། །ཚིག་ཉུང་སྨྲ་བ་ཉུང་ཞིང་ཞེས་བྱ་བ་ནི་ཚིག་ཉུང་ཞིང་སྨྲ་བ་ཉུང་བས་ལྷག་པའི་ཤེས་རབ་ཀྱི་རྟགས་འདྲ་པའོ། །དེའི་སྤྱོད ་ལམ་དེ་དག་ཀྱང་ཚུལ་འཆོས?་པ་དང། གཅམ་གྱིས་ཡོངས་སུ་བརྟགས་པ་ཡིན་ཏེ། སེམས་ཡོངས་སུ་དག་པར་བྱ་བའི་ཕྱིར་མ་ཡིན། དུལ་བར་བྱ་བའི་ཕྱིར་མ་ཡིན། ཉེ་བར་ཞི་བར་བྱ་བའི་ཕྱིར་མ་ཡིན་ལ་དམིགས་པར་ལྟ་བ ་ཡིན་ཏེ། ངར་འཛིན་པ་དང། ང་ཡིར་འཛིན་པ་ལ་གནས་པ་སྟོང་པ་ཉིད་མི་དམིགས་པའི་ཆོས་རྣམས་ལ་གཡང་སར་འདུ་ཤེས་པ་ཡིན། སྟོང་པ་ཉིད་སྨྲ་བའི་དགེ་སྦྱོང་རྣམས་ལ་དགྲར་འདུ་ཤེས་པ་ཡིན་ཞེས་བྱ་བ་ནི་ཚུལ ་འཆོས་པ་ལ་སོགས་པས་ལྷག་པའི་ཤེས་རབ་སྒྲུབ་བསམ་པ་མི་འདྲ་བའོ། །གསུམ་པ་བརྗོད་པའི་སྒྲ་ཚིགས་སུ་བཅད་པའི་དགེ་སྤྱོད་ནི་སྒྲ་ལ་གཞོལ་བར་རིག་པར་བྱ་སྟེ། ཞི་གནས་ཀྱི་ཡན་ལག་འདྲ། ལྷག་མཐོང་གི་ཡན་ལག ་འདྲ། དེ་གཉི་ག་བསྒོམ་པའི་ཡན་ལག་འདྲ། དེ་གཉི་གའི་ཚོགས་ཀྱི་ཡན་ལག་འདྲ་ཡང་བསམ་པ་མི་འདྲ་བའོ། །དེ་ལ་བརྗོད་པ་སྒྲ་ཚིགས་སུ་བཅད་པའི་དགེ་སྦྱོང་གང་ཞེ་ན། ཇི་ལྟར་བདག?་ཚུལ་ཁྲིམས ་དང་ལྡན་པར་གཞན་ཀྱིས་ཤེས་པར་འགྱུར་སྙམ་དུ་སོ་སོར་བརྟགས་ནས་ཚུལ་ཁྲིམས་བསྲུང་ཞེས་བྱའོ། །དེ་ལ་ཚུལ་ཁྲིམས་ནི་ཏིང་འཛིན་གྱི་རྒྱུ་ཡིན་པས་ཚུལ་ཁྲིམས་ནི་ཞི་གནས་ཀྱི་ཡན་ལག་འདྲ་བའོ། །ཇི་ལྟར་ན་བདག ་མང་དུ་ཐོས་པར་གཞན་གྱིས་ཤེས་སྙམ་དུ་སོ་སོར་བརྟགས་ནས་ཐོས་པ་འཛིན་བྱ་བ་ལ། ཐོས་པ་ནི་ཟག་པ་མེད་པའི་ཤེས་རབ་བསྐྱེད་པས་ཐོས་པ་ནི་ལྷག་མཐོང་གི་ཡན་ལག་འདྲ་བའོ། །ཇི་ལྟར་བདག་དགོན་པ་པར་གཞན་གྱིས་ཤེས་པར ་འགྱུར་སྙམ་དུ་སོ་སོར་བརྟགས་ནས་ཐོས་པ་འཛིན་ཤེས་བྱ་བ་ལ། དགོན་པ་ན་གནས་པ་ནི་བསྒོམ་པའི་རྒྱུ་ཡིན་པས་དགོན་པ་?་ནི་དེ་གཉི་ག་བསྒོམ་པའི་ཡན་ལག་འདྲ་བའོ། །སོ་སོར་བརྟགས་ནས་འདོད་པ་ཉུང་ཞིང ་ཆོག་ཤེས་པ་དང་རབ་ཏུ་དབེན་པར་འགྱུར་ཏེ་ཞེས་བྱ་བ་ལ། འདོད་པ་ཉུང་བ་ལ་སོགས་པ་ནི་ཚོགས་སུ་གྱུར་པའི་ཕྱིར་འདོད་པ་ཉུང་བ་ལ་སོགས་པས་ནི་དེ་གཉི་གའི་ཚོགས་ཀྱི་ཡན་ལག་འདྲ་བའོ། །ཇི་ཙམ་དུ་གཞན་ལ ་ཉེ་བར་བསྟན་པའི་ཕྱིར་ཡིན་གྱི། སྐྱོ་བར་བྱ་བའི་ཕྱིར་མ་ཡིན། འདོད་ཆགས་དང་བྲལ་བར་བྱ་བའི་ཕྱིར་མ་ཡིན། འགགས་པར་བྱ་བའི་ཕྱིར་མ་ཡིན། ཉེ་བར་ཞི་བར་བྱ་བའི་ཕྱིར་མ་ཡིན། རྫོགས་པར་བྱང་ཆུབ་པར་བྱ ་བའི་ཕྱིར་མ་ཡིན། དགེ་སྦྱོང་གི་ཕྱིར་མ་ཡིན། ཚངས་པའི་ཕྱིར་མ་ཡིན་ཞེས་བྱ་བ་ལ། གཞན་ལ་ཉེ་བར་བསྟན་པ་ལ་སོགས་པ་ནི་བསམ་པའི་མི་འདྲ་བར་རིག་པར་བྱ་སྟེ། འདི་ནི་རྗོད་པའི་སྒྲ་ཚིགས་སུ་བཅད་པའི ་དགེ་སྦྱོང་ཞེས་བྱའོ་།དགེ་སྦྱོང་ལེགས་པའི་བསླབས་པ་གང་ཞེ་ན། རྣམ་པ་བཞིར་རིག་པར་བྱ་སྟེ། སྦྱོར་བ་དང་བསམ་པ་དང། རབ་ཏུ་རྟོགས་པ་དང། མཐར་ཕྱིན་པའོ། །དེ་ལ་ཡང་དག་པར་སྒྲུབ་པའི་དགེ་སྦྱོང་གང་ཞེ་ན། འོད ་སྲུངས་ལུས་དང་སྲོག་ལ་ཡང་མི་ལྟ་བ་ཡིན་ན་འཐོབ་པ་དང། བཀུར་སྟི་དང་ཚིགས་སུ་བཅད་བ་ལ་ལྟ་སྨོས་ཀྱང་ཅི་དགོས་ཞེས་བྱ་བ་གང་ཡིན་པ་སྟེ། ལུས་དང་སྲོག་ལ་མི་ལྟ་བས་ཚེ་འདི་ལ་སྐྱོ་བ་སྦྱོར་རོ། །སྟོང་བ་ཉིད་དང། མཚན་མ ་མེད་བ་དང། སྨོན་པ་མེད་པའི་ཆོས་རྣམས་ཐོས་ན་དགའ་ཞེས་བྱ་བ་ནི་སྟོང་པ་ཉིད་ལ་སོགས་པ་ཐོས་ན་དགའ་བས་ཚེ་རབ་སྔ་མ་ལ་རྒྱུད་ཡོངས་སུ་སྨིན་པས་སྦྱོར་བ་སྟེ། འདི་ནི་སྦྱོར་བ་ཕུན་སུམ་ཚོགས་པར་རིག་པར་བྱའོ། །དེ་བཞིན་ཉིད ་དུ་ཞུགས་པ་ཡིན་ཞེས་བྱ་བ་ནི་ཆོས་ལ་བདག་མེད་པར་མོས་པའི་བསམ་པ་ཅན་གྱི་ཕྱིར་རོ། །མྱ་ངན་ལས་འདས་པ་ཡང་འདོད་པ་མེད་པར་ཚངས་པར་སྤྱད་པ་སྤྱོད་པ་ན་ཁམས་གསུམ་པ་ལ་མངོན་པར་དགའ་བ་ལྟ་སྨོས་ཀྱང་ཅི་དགོས།། སྟོང ་པ་ཉིད་དུ་ལྟ་བ་ཡང་མི་འདོད་པ་ཡིན་ན་བདག་དང། སེམས་ཅན་དང་སྲོག་དང། གསོ་བ་དང། གང་ཟག་ཏུ་ལྟ་བ་ལ་ལྟ་སྨོས་ཀྱང་ཅི་དགོས་ཞེས་བྱ་བ་ལ། མྱ་ངན་ལས་འདས་པ་ལ་འདོད་པ་མེད་པ་དང། སྟོང་བ་ཉིད་ལ་འདོད ་པ་མེད་པས་གང་ཐོབ་པར་བྱ་བ་དང་གང་གིས་ཐོབ་པར་བྱ་བ་ཐ་སྙད་ཅན་གྱི་ངོ་བོ་ཉིད་དེ་གཉི་ག་ལ་མངོན་པར་ཞེན་པ་མེད་པའོ། །དོན་གྱི་ཕྱིར་འབྲང་གི་ཡི་གེའི་ཕྱིར་འབྲང་བ་མ་ཡིན་ཞེས་བྱ་བ་ནི་དགོངས་པའི་དོན་ཚོལ་བའོ། ། ་ཉོན་མོངས་པ་རྣམས་ལས་རྣམ་པར་ཐར་པ་ནང་དུ་ཚོལ་གྱི་ཕྱི་རོལ་དུ་མི་རྒྱུག་ཅེས་བྱ་བ་ནི་སྒྲ་ཙམ་གྱི་རྗེས་སུ་མི་འབྲེང་བ་སྟེ། འདི་ནི་བསམ་པ་ཕུན་སུམ་ཚོགས་པར་རིག་པར་བྱའོ། །ཆོས་ཐམས་ཅད་ཤིན་ཏུ་དག་ཅིང། ་རང་བཞིན་གྱིས་ཀུན་ནས་ཉོན་མོངས་པ་མེད་པར་མཐོང་བས་བདག་ཉིད་གླིང་ཡིན་ཏེ། གཞན་གྱི་གླིང་མ་ཡིན་ཞེས་བྱ་བ་ནི་གཞན་གྱི་དྲིང་ལ་མི་འཇོག་པའི་ཡེ་ཤེས་ཀྱིས་ཆོས་ཀྱི་དེ་བཞིན་ཉིད་བར? ་བཞིན་གྱིས་ཀུན་ནས་ཉོན་མོངས་པ་མེད་པར་རབ་ཏུ་རྟོགས་པའོ། །དེ་དེ་བཞིན་གཤེགས་པ་ལ་ཆོས་ཉིད་དཱུང་མི་ལྟ་ན་གཟུགས་ཀྱི་སྐུར་ལྟ་སྨོས་ཀྱང་ཅི་དགོས་ཆོས་ལ་འདོད་ཆགས་དང་བྲལ་བར་ཡང་མི་ལྟ་ན་སྨྲ་བའི་ཚིག ་གིས་ལམ་ནས་བརྗོད་པ་ལྟ་སྨོས་ཀྱང་ཅི་དགོས། འཕགས་པ་འདུས་མ་བྱས་པའི་དགེ་འདུན་ལ་ཡང་མི་ལྟ་ན་མང་པོ་འདུས་པར་ལྟ་སྨོས་ཀྱང་ཅི་དགོས། ཆོས་གང་སྤང་བར་བྱ་བའི་ཕྱིར་ཡང་བརྩོན་པ་མ་ཡིན། བསྒོམ་པར ་བྱ་བའི་ཕྱིར་ཡང་མ་ཡིན། འཁོར་བར་ཡང་མི་སྐྱོ་མྱ་ངན་ལས་འདས་པ་ལ་ཡང་མངོན་པར་དགའ་བ་མ་ཡིན། ཐར་པར་ཡང་མི་དམིགས་བཅིངས་པ་ཡང་མ་ཡིན་ཞེས་བྱ་བ་དེ་ལ་དཀོན་མཆོག་གསུམ་ལ་སོགས་པ ་ཐར་པའི་མཛའ་རྣམས་ཀྱང་བརྔའི་ངོ་བོ་ཉིད་དེ། དམིགས་སུ་མེད་པས་འདི་ནི་རབ་ཏུ་རྟོགས་པ་ཕུན་སུམ་ཚོགས་པར་རིག་པར་བྱའོ། །ཆོས་ཐམས་ཅད་རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པར་རིག་ནས་ཀུན་ཏུ་ནི ་འཁོར་ཞེས་བྱ་བ་ནི་ཉོན་མོངས་པ་ཐམས་ཅད་ཀྱི་གཉེན་པོ་ཤིན་ཏུ་བསྒོས་པའི་ཕྱིར་རོ། །ཡོངས་སུ་མྱ་ངན་ལས་འདའ་ཞེས་བྱ་བ་ནི་དེ་བཞིན་ཉིད་ཆད་པ་མེད་ཅིང་འཇིགས་པ་མེད་པའི་ཕྱིར་ཏེ། འདི་ནི་མཐར་ཕྱིན་པ ་ཕུན་སུམ་ཚོགས་པར་རིག་པར་བྱ་སྟེ། འདི་ནི་ཡང་དག་པར་སྒྲུབ་བའི་དགེ་སྤྱོད་ཞེས་བྱའོ། །འོད་སྲུངས་ཡང་དག་པར་སྒྲུབ་པའི་དགེ་སྦྱོང་གི་ཕྱིར་སྦྱོར་བར་བྱའི་མིང་གིས་གནོད་པར་འགྱུར་བར་མི་བྱའོ་ཞེས་བྱ ་བ་འདི་ནི་གཞི་ལ་དགེ་སྦྱོང་ལེགས་པར་བསླབས་པ་ཡིན་ཏེ། འོད་སྲུངས་བཞི་པོ་འདི་དག་ནི་དགེ་སྦྱོར་ཞེས་བྱའོ། །འོད་སྲུངས་འདི་ལྟ་སྟེ་དཔེར་ན་སྐྱེས་བུ་དབུལ་པོ་ཞིག་ལ་མཛོད་འབྱོར་པ་ཞེས་མིང་གདགས་ན་འོད་སྲུངས་དེ་ཇི་སྙམ་དུ་སེམས། ་སྐྱེས་བུ་དབུལ་བ་དེ་མང?་དེ་དང་འཚམ་པ་ཡིན་ནམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མི་འཚམ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ། འོད་སྲུངས་དེ་བཞིན་དུ་དགེ་སྦྱོང་དང་བྲམ་ཟེ་ཞེས་བྱ་བ་གང་དག་དགེ་སྦྱོང་དང་བྲམ ་ཟེའི་ཡོན་ཏན་དང་མི་ལྡན་པ་དེ་དག་གི་སྐྱེས་བུ་དབུལ་པོ་ཞེས་ང་འཆད་དོ་ཞེས་བྱ་བ་སྐྱེས་བུ་དབུལ་པོའི་དཔེ་འདིས་ནི་དགེ་སྦྱོང་ལེགས་པར་མ་བསླངས་པའོ། །དེ་ལ་ཡང་རྣམ་པ་གསུམ་གྱིས་མིང་གི་དོན་ཇི་ལྟ་བ་བཞིན་དུ་མ་ཡིན ་པར་རིག་པར་བྱ་སྟེ། བསམ་པ་ལོག་པར་ཞུགས་ལ་སྦྱོར་བ་ཕུན་སུམ་ཚོགས་པ་དང། བསམ་པ་ཕུན་སུམ་ཚོགས་པ་ལ་སྦྱོར་བ་ལོག་པར་ཞུགས་པ་དང། བསམ་པ་ལོག་པར་ཞུགས་ལ་སྦྱོར་བ་ཡང་ལེག་པར ་ཞུགས་པའོ། །དེ་ལ་བསམ་པ་ལོག་པར་ཞུགས་ལ་སྦྱོར་བ་ཕུན་སུམ་ཚོགས་པ་ནི་རྣམ་པ་གསུམ་གྱིས་མ་རིག་པར་བྱ་སྟེ། ཐོས་པ་དེ་ཙམ་གྱིས་ཆོག་པར་འཛིན་པ་དང། སྨྲ་བ་དེ་ཙམ་གྱིས་ཆོག་པར་འཛིན་པ་དང། ་འཇིག་རྟེན་པའི་ཏིང་འཛིན་ཐོབ་པ་དེའི་རོ་མྱང་བ་དེ་ཙམ་གྱིས་ཆོག་པར་འཛིན་པའོ། །འོད་སྲུངས་འདི་ལྟ་སྟེ་དཔེར་ན། སྐྱེས་བུ་ལ་ལ་ཞིག་རྒྱ་མཚོའི་ཆུས་ཁྱེར་ལ་ཞེས་བྱ་བ་ལ་སོགས་པ་རྒྱ་མཚོའི་ཆུའི་དེ་དེ་དེས་ནི ་བསམ་པ་ལོག་པར་ཞུགས་ལ་སྦྱོར་བ་ཕུན་སུམ་ཚོགས་པ་སྟེ། ཐོས་པ་ལ་དམ་པར་འཛིན་པར་རིག་པར་བྱའོ། །འོད་སྲུངས་འདི་ལྟ་སྟེ་དཔེར་ན་སྨན་པ་སྨན་སྒོ་ཐོགས་ཏེ། རྒྱུ་ཞེས་བྱ་བ་ལ་སོགས་པའི་དཔེ་དེས་ནི་དེ་ཉིད ་སྨྲ་བ་དམ་པར་འཛིན་པར་རིག་པར་བྱའོ། །འོད་སྲུངས་འདི་ལྟ་སྟེ་དཔེར་ན། སྐྱེས་བུ་ན་བ་ཞིག་ལ་རྒྱལ་པོ་ལ་འོས་པའི་སྨན་བཏང་ལ་ཆོ་ག་བཞིན་མ་བྱས་པས་འཆི་བའི་དུས་ཞེས་བྱ་བ་ལ་སོགས་པ་ན ་པའི་དཔེ་དེས་ནི་འཇིག་རྟེན་པའི་བསམ་གཏན་ཐོབ་པའི་རོ་མྱང་བ་ཙམ་ལ་དམ་པར་འཛིན་བར་རིག་བར་བྱའོ། །དེ་ལ་གང་རྒྱལ་པོ་ལ་འོས་པའི་སྨན་ལྟ་བུ་ནི་འཇིག་རྟེན་པའི་ཏིང་ངེ་འཛིན་ཏོ། །ཆོ་ག་བཞིན་མ་བྱས་པ་ལྟ་བུ་ནི་དེའི་རོ་མྱང་བ ་ལྟ་བུའོ། །དེས་འཆི་བའི་དུས་བྱས་པ་ལྟ་བུ་ནི། ཏིང་ངེ་འཛིན་དེ་ལས་ཡོངས་སུ་ཉམས་པར་རིག་པར་བྱའོ། །འོད་སྲུངས་འདི་ལྟེ་སྟེ་དཔེར་ན་ནོར་བུ་རིན་པོ་ཆེ་མི་གཙང་བར་ལྷུང་ན་སྨད་པར་འགྱུར་ཞེས་བྱ་བ་ལ་སོགས་པ ་ནོར་བུ་རིན་པོ་ཆེའི་དཔེ་དེས་ནི་བསམ་པ་ཕུན་སུམ་ཚོགས་པ་ལ་སྦྱོར་བ་ལོག་པར་ཞུགས་པར་རིག་པར་བྱའོ། །འོད་སྲུངས་འདི་ལྟ་སྟེ། དཔེར་ན་མི་རོ་ལ་གསེར་གྱི་ཕྲེང་བ་བཏགས་པ་ཞེས་བྱ་བ་ལ་སོགས་པ་རོའི ་དཔེས་ནི་བསམ་པ་ཡང་ལོག་པར་ཞུགས་ལ་སྦྱོར་བ་ཡང་ལོག་པར་ཞུགས་པར་རིག་པར་བྱའོ། །འོད་སྲུངས་འདི་ལྟ་སྟེ་དཔེར་ན་ཚོང་དཔོན་གྱི་བུ་ཤིན་ཏུ་ཁྲུས་བྱས་ཏེ་རབ་ཏུ་རྣམ་པར་བྱུགས་ལ་སྐྲ་དང་སེན་མོ་བྲེགས་ནས ་གོས་དཀར་པོ་བགོས་ཏེ། ཙནདན་ས་མཆོག་གིས་བྱུགས་པའི་མགོ་ལ་ཙམ་པ་ཀའི་མེ་ཏོག་གི་ཕྲེང་བ་ཐོགས་པ་ཞེས་བྱ་བ་ལ་སོགས་པ་ཚོང་དཔོན་གྱི་བུའི་དཔེ་དེས་ནི། བསམ་པ་ཡང་ཕུན་སུམ་ཚོགས་ལ་སྦྱོར་བ ་ཡང་ཕུན་སུམ་ཚོགས་པ་སྟེ། རྣམ་པ་གཅིག་པུས་ནི་དགེ་སྦྱོང་ལེགས་པར་བསླབས་པར་རིག་པར་བྱའོ། །འོད་སྲུངས་བཞི་པོ་འདི་དག་དང་ཚུལ་ངན་པ་ཅན་ཚུལ་ཁྲིམས་དང་ལྡན་པ་འདྲ་བ་ཡིན་ཏེ། བཞི་གང་ཞེ་ན་ཞེས ་བྱ་བ་ལ་སོགས་པ་མཚམས་ཇི་ལྟར་བྱ་ཞེ་ན། དོན་དམ་པའི་དགེ་སྦྱོང་གིས་དོན་དམ་པའི་སྡོམ་པ་བསྟན་ནས་ཚུལ་ཁྲིམས་དང་འདྲ་བ་རྣམས་ཀྱིས་བརྡའི་སྡོམ་པ་སྟོན་ཏོ། །བརྡའི་སྡོམ་པ་ལ་གནས་པ་གང་ཞེ་ན། བཞི་པོ་འདི ་དག་རབ་ཏུ་རིག་པར་བྱའོ། །དེ་དག་ཀྱང་བདག་ཏུ་འཛིན་པ་ལ་སོགས་པས་རྒྱུན་ཉམས་པའི་ཕྱིར་བརྡའི་སྡོམ་པ་ལ་གནས་པ་རྣམས་ཞེས་བྱའོ། །དང་པོ་ནི་ཡན་ལག་དྲུག་པའི་ཚུལ་ཁྲིམས་དང་ལྡན་ཡང་གནོད་པ་གཉིས ་ཀྱིས་གནོད་པའི་ཚུལ་ཁྲིམས་སོ། །ཡན་ལག་དྲུག་པོ་གང་ཞེ་ན། འོད་སྲུངས་འདི་ལ་དགེ་སློང་ཁ་ཅིག་ཚུལ་ཁྲིམས་དང་ལྡན་པ་ཡིན་ཏེ། སོ་སོ་ཐར་པའི་སྡོམ་བས་བསྡམས་ཤིང་གནས་།ཆོ་ག་ཕུན་སུམ་ཚོགས། སྤྱོད ་ཡུལ་ཕུན་སུམ་ཚོགས་པ་ཁ་ན་ཐོ་བ་ཕྲ་རབ་རྣམས་ལ་ཡང་འཇིགས་པར་ལྟ། བསླབ་པའི་གནས་རྣམས་ཡང་དག་པར་བླངས་ཏེ་སློབ། ལུས་དང་ངག་དང་ཡིད་ཀྱི་ལས་ཡོངས་སུ་དག་པ་དང་ལྡན་པས་གནས་ལ་འཚོ་བ ་ཡོངས་སུ་དག་ཀྱང་ཞེས་བྱ་བའོ། །གནོད་པ་གཉིས་པོ་དག་གང་ཞེ་ན། བདག་ཏུ་སྨྲ་བར་གྱུར་པ་ཞེས་བྱ་བ་འཇིག་ཚོགས་ལ་ལྷ་བའི་ཀུན་ནས་བསྐོར་བ་དང། ཉེས་པ་ལས་འབྱུང་བ་ལ་མ་བྱང་བའོ། །གཉིས་པ ་ནི་ཉེས་པ་དེ་གཉི་ག་རྣམ་པར་སྤངས་པ་སྟེ། འོད་སྲུངས་གཞན་ཡང་འདི་ལ་དགེ་སློང་ཁ་ཅིག་འདུལ་བ་འཛིན་པ་ཞེས་བྱ་བ་འམ། ངང་ཚུལ་ངན་པ་ཅན་ཚུལ་ཁྲིམས་དང་ལྡན་པ་འདྲ་བ་གཉིས་པའོ་ཞེས་བྱ་བ་ལ ་སོགས་པའི་བར་དག་གོ་།ཉེས་པ་དེ་གཉི་ག་རྣམ་པར་སྤངས་ཞེས་བྱ་བ་ནི་འདུལ་བ་འཛིན་པ་ཉེས་པ་ལས་འབྱིན་པ་ལ་མཁས་པ་དང། འཇིག་ཚོགས་ལ་ལྟ་བའི་ཀུན་ནས་བསྐོར་བ་རྣམ་པར་སྤངས་པའོ། །དེ ་ལྟ་མོད་ཀྱི་འོན་ཀྱང་འཇིག་རྟེན་པའི་རྣམ་པར་དག་པ་མ་ཐོབ་པས་འཇིག་ཚོགས་ལ་ལྟ་བའི་ལྷན་ཅིག་སྐྱེས་བ་རྣམ་པར་མ་མནན་ཏོ། །གསུམ་པ་ནི་ཆོས་འདི་ལ་ཞུགས་པ་སྟེ། གཞན་ཡང་འདི་ལ ་དགེ་སློང་ཁ་ཅིག་བྱམས་པ་ལ་གནས་པ་ཡིན་ཏེ་ཞེས་བྱ་བ་ནས་འདི་དང་ཚུལ་ངན་པ་ཅན་ཚུལ་ཁྲིམས་དང་ལྡན་པ་འདྲ་བ་གསུམ་པའོ་ཞེས་བྱ་བའི་བར་དག་སྟེ། འཇིག་རྟེན་པའི་རྣམ་པར་དག་པའི་སྡོམ་པ་རྙེད་ནས་འཇིག ་ཚོགས་ལ་ལྟ་བ་ལྷན་ཅིག་སྐྱེས་པ་རྣམ་པར་མནན་ཀྱང་གཏན་ནས་མ་ཕྱིན་པས་ཆོས་ལ་བདག་མེད་པ་མ་རིག་སྟེ། འཇིགས་པས་གནོད་བའི་ཚུལ་ཁྲིམས་སོ། །བཞི་པ་ནི་དེ་ལས་གཞན་པའི་ཉེས་པ་ཐམས་ཅད་རྣམ ་པར་སྤངས་པ་སྟེ། གཞན་ཡང་འདི་ལ་དགེ་སློང་ཁ་ཅིག་སྦྱངས་པའི་ཡོན་ཏན་བཅུ་གཉིས་ཡང་དག་པར་བླངས་ཀྱང་དམིགས་པར་ལྟ་བ་ཡིན་ཏེ། ངར་འཛིན་པ་དང། ང་ཡིར་འཛིན་པ་ལ་གནས་པ་ཞེས་བྱ་བ་ནས། ་བཞི་པོ་འདི་དག་ནི་ངང་ཚུལ་ངན་པ་ཚུལ་ཁྲིམས་དང་ལྡན་པ་འདྲ་བ་ཡིན་ནོ་ཞེས་བྱ་བ་ལ་སོགས་པའི་བར་དག་སྟེ། ཆོས་ལ་བདག་མེད་པ་ལོག་པར་མོས་པས་མངོན་པའི་ང་རྒྱལ་གྱིས་གནོད་པའི་ཚུལ་ཁྲིམས་སོ། །སྡོམ་པ་ལ ་གནས་པ་བཞི་པོ་དག་ལས་སྤྲོས་པའི་ཆོས་གང་དག་དམིགས་པ་དེ་དག་རབ་ཏུ་ཞི་བའི་མཚན་ཉིད་དེ་ནི་ཟག་པ་མེད་པའི་ཚུལ་ཁྲིམས་སུ་རིག་བར་བྱའོ། །སྤྲོས་པའི་ཆོས་རྣམས་གང་ཞེ་ན། སྡོམ་པ་ལ་གནས་པ་དང་པོ་ལ་ནི ་བདག་ཏུ་འཛིན་པ་དང། བདག་གིར་དམིགས་པ་སྟེ། དེའི་གཉེན་པོར་འོད་སྲུངས་ཚུལ་ཁྲིམས་ཞེས་བྱ་བ་ནི་གང་ལ་བདག་གི་མེད་པ་ཞེས་བྱ་བ་གསུངས་སོ། །ཉེས་པ་མེད་པ་དང། དེ་མི་བྱེད་པའི་དེའི་གཉེན་པོར་བྱ ་པ་མེད་པ་མི་བྱ་བ་མེད་པ་ཞེས་གསུངས་སོ། །བསམས་པ་བཞིན་དུ་བྱད་པ་ལ་སྦྱོར་བ་དང་དེའི་གཉེན་པོར་བྱེད་པ་མེད་པ་བྱེད་པ་མེད་པ་མ་ཡིན་པ་ཞེས་བྱ་བ་གསུངས་སོ། །ཤེས་བཞིན་དུ་རྒྱུ་བ་དང་དེས་མི་རྒྱུ་བ་དེའི་གཉེན་པོར་རྒྱུ་བ་མེད་པ ་རྒྱུ་བ་མེད་པ་མ་ཡིན་པ་ཞེས་བྱ་བ་གསུངས་སོ། །དྲན་པ་ཉམས་པ་རབ་ཏུ་སྤྱོད་པ་དང། དེས་རབ་ཏུ་མི་སྤྱོད་པ་དེའི་གཉེན་པོར་རབ་ཏུ་སྤྱོད་པ་མེད་པ་རབ་ཏུ་སྤྱོད་པ་མེད་པ་མ་ཡིན་པ་ཞེས་བྱ་བ་གསུངས་སོ། །སྡོམ་པ་ལ་གནས་པ ་གཉིས་པ་ལ་ནི་འཇིག་ཚོགས་ལ་ལྟ་བའི་ཕྱོགས་གནས་ངན་ལེན་དང་ལྡན་པའི་མིང་གཟུགས་དམིགས་ཏེ། དེའི་གཉེན་པོར་མིང་མེད་པ་གཟུགས་མེད་ལ་ཞེས་བྱ་བ་གསུངས་སོ། །མ་འོངས་པ་ན་སྐྱེ་བའི་མཚན་མ་དང། དེ་ན ་མཚན་མ་མེད་པ་དེའི་གཉེན་པོར་མཚན་མ་མེད་པ། མཚན་མ་མེད་པ་མ་ཡིན་པ་ཞེས་བྱ་བ་གསུངས་སོ། །ཀུན་ནས་བསྐོར་བ་རབ་ཏུ་ཞི་བ་དང། དེའི་བག་ལ་ཉལ་མ་ཞི་བ་དེའི་གཉེན་པོར་རབ་ཏུ་ཞི་བ་མ་ཡིན་པ་རབ་ཏུ་མ?་ཞིག? ་མ་ཡིན་པ་ཞེས་བྱ་བ་གསུངས་སོ། །གང་ཟག་ལ་བདག་མེད་པར་འཛིན་པ་དང། གང་ཟག་ཏུ་འཛིན་པ་འདོད་དེའི་གཉེན་པོར་འཛིན་པ་མེད་པ་གཏོང་བ་མེད་པ་ཞེས་བྱ་བ་གསུངས་སོ། །གང་ཟག་ལ་བདག་མེད་པ་དེ་ལ་གཟུང་བ ་མེད་དང། གཟུང་བ་མེད་པ་དེའི་གཉེན་པོར་གཟུང་བ་མེད་པ་གཟུང་བ་མེད་པ་མ་ཡིན་པ་ཞེས་བྱ་བ་གསུངས་སོ། །དེས་གཟུགས་ལ་སོགས་པ་ལ་སེམས་ཅན་དུ་འཛིན་པ་དང། དེར་འདོགས་པ་ལ་ཐེགས་པར་འཛིན་པ་དེའི ་གཉེན་པོར་སེམས་ཅན་མེད་པ་སེམས་ཅན་དུ་འདོགས་པ་ཞེས་བྱ་བ་གསུངས་སོ། །དེར་འདོགས་པའི་དག་དང། དེར་འདོགས་པ་ལ་ལེགས་པར་འཛིན་པ་དེའི་གཉེན་པོར་ཚིག་མེད་པ་ཚིག་ཏུ་འདོགས་པ་མེད་པ་ཞེས་བྱ་བ་ ་བ་གསུངས་སོ། །དེར་འདོགས་པར་བྱེད་པའི་སེམས་དང། དེར་འདོགས་པ་ལ་ལེགས་པར་འཛིན་པ་དེའི་གཉེན་པོར་སེམས་མེད་པ་སེམས་སུ་འདོགས་པ་མེད་པ་ཞེས་བྱ་བ་གསུངས་སོ། །དེར་སྡོམ་པ་ལ་གནས་པ ་གསུམ་པ་ལ་ནི་འཇིག་རྟེན་གོང་མར་སྐྱེ་བ་དང། འཇིག་རྟེན་མེད་པ་འོག་མ་ཡོངས་སུ་གཏོང་བ་སྟེ། དེའི་གཉེན་པོ་འཇིག་རྟེན་མེད་པ་ཡིན་པ་ཞེས་བྱ་བ་གསུངས་སོ། །སྙོམས་བར་འཇུག་པ་ལ་བརྟེན་པ་དང། ་འདོད་པ་ལ་བརྟེན་པ་དེའི་གཉོན་པོར་བརྟན་པ་མེད་པ་བརྟེན་པ་མེད་པ་མ་ཡིན་པ་ཞེས་བྱ་བ་གསུངས་སོ། །བདག་གི་ཚུལ་ཁྲིམས་ཡང་དག་པར་རབ་ཏུ་འཛིན་པ་དང་གཞན་གྱིས་ཚུལ་ཁྲིམས་ལ་རློམ་སེམས་སུ་བྱེད་པ ་དེའི་གཉེན་པོར་བདག་གི་ཚུལ་ཁྲིམས་ལ་མི་བསྟོད་གཞན་གྱི་ཚུལ་ཁྲིམས་ལ་མི་སྨོད་པ་ཞེས་བྱ་བ་གསུངས་སོ། །སྡོམ་པ་ལ་གནས་པ་བཞི་པ་ལ་ནི་བདག་ཚུལ་ཁྲིམས་དང་ལྡན་ནོ་སྙམ་དུ་རློམ་སེམས་པ་སྟེ། དེའི ་གཉེན་པོར་ཚུལ་ཁྲིམས་ཀྱིས་རློམ་སེམས་སུ་མི་བྱེད་ཅེས་བྱ་བ་གསུངས་སོ། །དེའི་ངོ་བོ་ཉིད་དང་བྱེ་བྲག་ལ་ཡོངས་སུ་རྟོག་པ་རྣམས་ཀྱིས་ཚུལ་ཁྲིམས་ལ་ཡོངས་སུ་རྟོག་པ་རྣམས་ཀྱིས་ཚུལ་ཁྲིམས་ལ་ཡོངས་སུ་རྟོག་པ་དེའི ་གཉེན་པོར་ཚུལ་ཁྲིམས་ལ་མི་རྟོག་ཅེས་བྱ་བ་གསུངས་སོ། །ཟག་པ་མེད་པའི་ཚུལ་ཁྲིམས་ལ་ནི་སྤྲོས་པའི་ཆོས་རྣམས་ཞི་བ་ཡིན་ནོ། །འདི་ནི་འཕགས་པ་རྣམས་ཀྱི་ཚུལ་ཁྲིམས་ཟག་པ་མེད་པ་ཞེས ་བྱའོ་ཞེས་བྱ་བ་ནི་བསྟན་པའི་ཚིག་གོ་།མི་ལྡན་པ་ནི་འཇིག་རྟེན་ལས་འདས་པའི་ཕྱིར་རོ། །བྲལ་བ་ནི་ཉོན་མོངས་པ་ཐམས་ཅད་དང་མི་ལྡན་པའི་ཕྱིར་རོ། །རྟེན་པ་ཐམས་ཅད་མེད་པ་ནི་ཁམས་གསུམ་པའི? ་གཉེན་བོར་གྱུར་པའི་ཕྱིར་རོ། །དེ་ལ་ཚོགས་སུ་བཅད་པ་ནི་ཚུལ་ཁྲིམས་རྣམ་པར་དག་པའི་ཁྱད་པར་བསྟན་པར་རིག་པར་བྱ་སྟེ། དེས་ན་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་གསུངས་སོ། །ཚུལ་ཁྲིམས་ལྡན་པ ་དྲི་མ་མེད་ཅིང་ཅི་ཡང་མེད་ཅེས་བྱ་བ་ཚིགས་སུ་བཅད་པ་རྩ་བ་དང་པོས་ནི་དྲི་མ་དང་བྲལ་བའི་ཕྱིར་ངོ་བོ་ཉིད་རྣམ་པར་དག་པ་དང། འདོད་ཆགས་ལ་སོགས་པ་ཅི་ཡང་མེད་པའི་ཕྱིར་དེའི་གཞི་རྣམ་པར་དག་པས་ཚུལ་ཁྲིམས་ཀྱི་ངོ་བོ་ཉིད ་གཞི་དང་བཅས་པ་རྣམ་པར་དག་པ་ཡོངས་སུ་སྟོན་ཏེ། རྩ་བ་ལྷག་མ་གསུམ་པོས་ནི་ཚུལ་ཁྲིམས་དེ་ཉིད་ཀྱིས་གྲོགས་གཞི་དང་བཅས་པར་རྣམ་པར་དག་པར་སྟོན་ཏོ། །དེ་ལ་ངང་ཚུལ་ངན་པའི་གྲོགས་གཞི་དང་བཅས་པ་རྣམས ་གྱི་གཉེན་པོར་ཚུལ་ཁྲིམས་ཀྱི་གྲོགས་གཞི་དང་བཅས་པ་རྣམས་རྣམ་པར་བཞག་པར་རིག་པར་བྱའོ། །དེ་ལ་ངང་ཚུལ་ངན་པའི་གྲོགས་པོ་ནི་གསུམ་སྟེ། རྒྱགས་པ་གཟུགས་ལ་སོགས་པ་ལ་བརྟེན་པའི་གཞི་དང་བཅས ་པ་དེའི་གཉེན་པོར། ཚུལ་ཁྲིམས་ལྡན་ལ་རྒྱགས་པ་མེད་དེ་རྟེན་པ་མེད་ཅེས་བྱ་བ་གསུངས་སོ། །རྣམ་པར་རྨོངས་པའི་བདག་ཉིད་མུན་པ་ལྟ་བུའི་ལྟ་བ་སྙོམས་པར་འཇུག་པའི་རོ་མྱང་བའི་འཆིང་བའི་གཞི་དང་བཅས་པ ་དེའི་གཉེན་པོར་ཚུལ་ཁྲིམས་ལྡན་ལ་མུན་བ་མེད་ཅིང་འཆིང་བ་མེད་ཅེས་བྱ་བ་གསུངས་སོ། །ལོག་པར་འཚོ་བ་དང་ལྡན་པའི་རྣམ་པར་རྟོག་པ་རྡུལ་ལྟ་བུ་བདག་ལ་ཆགས་པའི་སྐྱོན་གྱི་གཞི་དང་བཅས་པ་དེའི་གཉེན་པོར། ་ཚུལ་ཁྲིམས་ལྡན་ལ?་བརྡུལ?་རྣམས་མེད་དེ་ཉེས་ལ་མེད་ཅེས་བྱ་བ་གསུངས་ཏེ། ཡིད?་ཚིགས་སུ་བཅད་པ་དང་པོའི་ཚིག་གི་དོན་ཏོ། །ཞི་བ་རབ་ཏུ་ཞིང་ཉེ་བར་ཞི་བའི་ཡིད། །རྟོག་དང་རྣམ་པར་རྟོག་དང་བྲལ་ཞིང་ཉོན ་མོངས་མེད། །གཡོ་བ་དང་ནི་རློམ་སེམས་ཀུན་དང་རྣམ་བྲལ་བ། །དེ་ནི་འོད་སྲུངས་སངས་རྒྱས་བསྟན་ལ་ཚུལ་ཁྲིམས་ལྡན་ཞེས་བྱ་བའི་ཚིགས་སུ་བཅད་པ་གཉིས་པ་ནི་ཚུལ་ཁྲིམས་དེའི་རྣམ་པ་ཐམས་ཅད ་རྣམ་པར་དག་པ་ལས་བརྩམས་པར་རིག་པར་བྱའོ། །དེ་ལ་ངོ་བོ་ཉིད་དང། གྲོགས་ཉེས་པ་གཞི་དང་བཅས་པའི་གཉེན་པོར་སོ་སོར་ཐར་པའི་སྡོམ་པ་རྣམ་པར་རིག་པར་བྱ་སྟེ། དེ་ལ་ཚུལ་ཁྲིམས་རང་བཞིན་ལ་ལོག་པར ་ཞུགས་པའི་དྲི་མ་ཉེས་པའི་གཞི་དང་བཅས་པའི་གཉེན་པོར་ཞི་བའོ། །གྲོགས་རྒྱགས་པའི་ཉེས་པ་གཞི་དང་བཅས་པའི་གཉེན་པོར་རབ་ཏུ་ཞི་བའོ། །ལྟ་བའི་ཉེས་པ་གཞི་དང་བཅས་པའི་གཉེན་པོར་ཉེ་བར་ཞི་བའི ་ཡིད་དོ། །ལོག་པར་འཚོ་བ་དང་ལྡན་པའི་རྣམ་པར་རྟོག་པའི་ཉེས་པ་གཞི་དང་བཅས་པའི་གཉེན་པོར། རྟོག་པ་དང་རྣམ་པར་རྟོག་པ་དང་བྲལ་བ་སྟེ། དེ་ལྟར་ན་སྡོམ་པ་རྣམ་པར་དག་པར་བྱའོ། །ཉོན་མོངས་པ་མེད་པས་ནི ་བསམ་གཏན་གྱི་སྡོམ་པ་རྣམ་པར་དག་པའོ། །གཡོ་བ་དང་ནི་རློམ་སེམས་ཀུན་དང་རྣམ་བྲལ་བ་ཞེས་བྱ་བ་ལྷག་མས་ནི་ཟག་པ་མེད་པའི་སྡོམ་པ་རྣམ་པར་དག་པའོ། །དེ་ནི་འོད་སྲུངས་སངས་རྒྱས་བསྟན་ལ་ཚུལ་ཁྲིམས་ལྡན ་ཞེས་བྱ་བ་ནི་ཇི་སྐད་གསུངས་པ་རྣམས་བྱེ་བྲག་མེད་པར་ཚུལ་ཁྲིམས་དང་ལྡན་པར་སྟོན་ཏོ། །ལུས་ལ་མི་ལྟ་སྲོག་ལ་ཕངས་པར་འཛིན་མི་བྱེད། །སྲིད་པ་རྣམས་སུ་སྐྱེ་བ་ཀུན་ལ་འདོད་པ་མེད། །ཡང་དག་ཞུགས་ཤིང་དེ་ཉིད ་ཚུལ་ཁྲིམས་རབ་གནས་པ། །དེ་ནི་འོད་སྲུངས་སངས་རྒྱས་བསྟན་ལ་ཚུལ་ཁྲིམས་ལྡན་ཞེས་བྱ་བ། ཚིགས་སུ་བཅད་པ་གསུམ་པ་ནི་ཚུལ་ཁྲིམས་ཉིད་ཀྱི་ཉེས་པ་མེད་པའི་རྣམ་པར་དག་པ་ལས་བརྩམས་པར་རིག་པར་བྱའོ། ། ་ཉེས་པ་ནི་རྣམ་བ་ལྔ་སྟེ། དེ་དག་ཀྱང་གང་ཞེ་ན། འཐོབ་པ་དང་བཀུར་སྟིའི་ཟིལ་གྱིས་ནོན་པའི་ཉེས་པ་དང། ལུས་ལ་ལྟ་བ་དང་བཅས་པས་ལེ་ལོའི་ཉེས་པ་དང། ལྟ་བ་ལ་རྣམ་རྟོག་པས་སྲོག་ལ་འཕངས་པར་འཛིན་ཏེ། སྨོན་ལམ་བཏབ་ནས ་ཚངས་པར་སྤྱོད་པ་ལ་གནས་པའི་ཉེས་པ་དང། སྲིད་བར་སྐྱེ་བ་ཐམས་ཅད་ལ་གནས་པས་ཚུལ་ཁྲིམས་ཙམ་གྱིས་ཆོག་པར་འཛིན་པའི་ཉེས་པ་དང། ཚུལ་ཁྲིམས་ལས་གོང་དུ་ཏིང་ངེ་འཛིན་དང། ཤེས་རབ་བསྒོམ་པ་ལ་ཡང ་དག་པར་མ་ཞུགས་པས་མི་འབྱུང་བའི་ཉེས་པ་སྟེ། དཔེར་ན་གཞན་མུ་སྟེགས་ཅན་རྣམས་ཀྱི་ཡང་དག་པ་མ་ཡིན་པའི་ཚུལ་ཁྲིམས་ལྟ་བུའོ། །ཉེས་པ་ལྔ་པོ་དེ་དག་དང་བྲལ་བས་ཉེས་པ་མེད་པའི་རྣམ་པར་དག་པར་རིག་པར ་བྱའོ། །འཇིག་རྟེན་མ་གོས་འཇིག་རྟེན་དག་ལ་གནས་པ་མེད། །སྣང་བ་ཐོབ་ཅིང་བདག་གི་མེད་དེ་ཅི་ཡང་མེད། །བདག་ཏུ་འདུ་ཤེས་མེད་ཅིང་གཞན་དུ་འདུ་ཤེས་མེད། །འདུ་ཤེས་ཡོངས་སུ་དག་པས་འདུ་ཤེས་རྣམ་པར་དག་ཅེས ་བྱ་བ་ཚིགས་སུ་བཅད་པ་བཞི་པ་ནི་ཉོན་མོངས་པ་མེད་པའི་རྣམ་པར་དག་པ་ལས་བརྩམས་པའོ། །དེ་ལ་འཇིག་རྟེན་མ་གོས་ཞེས་བྱ་བ་ནི་ཀུན་འབྱུང་བའི་བདེན་པས་བསྡུས་པ། དགའ་བ་ཅན་གྱི་འདོད་ཆགས་དང་ལྡན་པ། །དེ ་དང་དེར་མངོན་བར་དགའ་བའི་སྲེད་པ་སྤངས་པས་འཇིག་རྟེན་གྱི་ཆོས་ཀྱིས་མི་གོས་པའི་ཕྱིར་རོ། །འཇིག་རྟེན་དག་ལ་གནས་པ་མེད་པ་ཅེས་བྱ་བ་ནི་ཡང་སྲིད་པ་འབྱུང་བའི་སྲེད་པ་སྤངས་པས་འཇིག་རྟེན་ལ་མི་གནས་པའི ་ཕྱིར་རོ། །སྣང་བ་ཐོབ་ཅེས་བྱ་བ་ནི་མཐོང་བའི་ལམ་གྱིས་སྣང་བ་ཐོབ་པའི་ཕྱིར་རོ། །བདག་གི་མེད་དེ་ཅི་ཡང་མེད་ཅེས་བྱ་བ་ནི་བསྒོམ་པའི་ལམ་ནི་མ་རིག་པ་ལ་སོགས་པ་དང། དེ་ལས་གཞན་པ་ཟག་པ་དང་བཅས་པའི ་གཉེན་པོ་ཡིན་པས་བདག་གི་མེད་དེ་ཅི་ཡང་མེད་པའི་ཕྱིར་རོ། །བདག་ཏུ་འདུ་ཤེས་མེད་ཅིང་གཞན་དུ་འདུ་ཤེས་མེད། །འདུ་ཤེས་ཡོངས་སུ་ཤེས་པས་ཚུལ་ཁྲིམས་རྣམ་པར་དག་ཅེས་བྱ་བ་ནི་མི་སློབ་པའི་ལམ་གྱིས?་བདག ་དང་གཞན་དུ་འདུ་ཤེས་མེད་པའི་ཕྱིར་རོ། །གང་ལ་ཚུ་རོལ་མེད་ཅིང་ཕ་རོལ་དབུས་ཀྱང་མེད། །ཚུ་རོལ་ཕ་རོལ་དག་ལ་ནམ་ཡང་མི་ཆགས་ཤིང། །བཅིངས་དང་ཆགས་མེད་ཚུལ་འཆོས་མེད་ཅིང་ཟག་མེད་པ། །དེ་ནི་འོད་སྲུངས ་སངས་རྒྱས་བསྟན་ལ་ཚུལ་ཁྲིམས་ལྡན་ཞེས་བྱ་བ་ཚིགས་སུ་བཅད་པ་ལྔ་པས་ནི་མངོན་བའི་ང་རྒྱལ་མེད་པའི་རྣམ་པར་དག་པ་ལས་བརྩམས་པར་རིག་པར་བྱའོ། །དེ་ལ་གང་ལ་ཚུ་རོལ་མེད་ཅིང་ཕ་རོལ་དབུས་ཀྱང་མེད་ཅེས་བྱ་བ་ནི ་མཚན་མ་མེད་པ་ལ་གནས་ན་ཚུ་རོལ་དང་ཕ་རོལ་དང་དབུས་ཞེས་བརྗོད་པ་ནང་དང། ཕྱིའི་སྐྱེ་མཆེད་དང། རྣམ་པར་ཤེས་པ་དྲུག་གི་མཚན་མ་ཀུན་ཏུ་མི་འབྱུང་བའི་ཕྱིར་རོ། །ཚུ་རོལ་ཕ་རོལ་དག་ལ་ནམས་ཀྱང་མི་ཆགས་ཤིང ་ཞེས་བྱ་བ་ནི་རྟག་ཏུ་གནས་ཀྱང་འདོད་པ་ལ་ཡིད་བདེ་བ་ལ་སོགས་པ་ཐ་དད་པ་ནས་མི་ཆགས་པའི་ཕྱིར་རོ། །བཅིངས་དང་ཆགས་མེད་ཚུལ་འཆོས་མེད་ཅིང་ཟག་མེད་པ་ཞེས་བྱ་བ་ནི་བག་ལ་ཉལ་དང་བཅས་པའི་ཀུན་ནས་བསྐོར་བ ་སྤངས་པས་ཉོན་མོངས་པ་སྤངས་པ་ན་ཚུལ་འཆོས་པ་མེད་པ་དང། མངོན་པའི་ང་རྒྱལ་མེད་པར་རྣམ་པར་བཞག་པས་ཟག་པ་མེད་པའི་ཕྱིར་རོ། །དེ་ནི་འོད་སྲུངས་སངས་རྒྱས་བསྟན་ལ་ཚུལ་ཁྲིམས་ལྡན་ཞེས་བྱ་བ་ནི ་དེ་ཉིད་ཀྱི་དོན་སྔར་བཤད་ཟིན་ཏོ། །མིང་དང་གཟུགས་རྣམས་ལ་ནི་ཆགས་པ་མེད་པའི་ཡིད། །དེ་ནི་མཉམ་པར་བཞག་ཅིང་ཤིན་ཏུ་དུལ་བའི་སེམས། །གང་ལ་བདག་མེད་བདག་གིར་འཛིན་པ་མེད་པ་ནི། །དེ་ཙམ་གྱིས་ནི ་ཚུལ་ཁྲིམས་གནས་ཞེས་བརྗོད་པ་ཡིན་ཞེས་བྱ་བ་ཚིགས་སུ་བཅད་པ་དྲུག་པ་ནི་རབ་ཏུ་རྣམ་པར་དག་པ་ལས་བརྩམས་པར་ཁོང་དུ་ཆུད་པར་བྱའོ། །དེ་ལ་མིང་དང་གཟུགས་རྣམས་ལ་ནི་ཆགས་པ་མེད་པའི་ཡིད་ཅེས་བྱ་བ་ནི་མེད་དང ་གཟུགས་ལ་ཆགས་པ་མེད་པས་ཡང་སྲིད་པ་ལ་མི་སྨོན་པའི་ཕྱིར་རོ། །དེ་ནི་མཉམ་པར་བཞག་ཅེས་བྱ་བ་ནི་ཚུལ་ཁྲིམས་ཙམ་གྱིས་ཆོག་པར་མི་འཛིན་པས་སེམས་མཉམ་པར་བཞག་པའི་ཕྱིར་རོ། །ཤིན་ཏུ་དུལ་བའི་སེམས ་ཞེས་བྱ་བ་ནི་སེམས་ཤིན་ཏུ་དུལ་བས་ཏིང་ངེ་འཛིན་ཙམ་གྱིས་ཆོ་ག་ཕྱི་མ་འཛིན་པའི་ཕྱིར་རོ། །གང་ལ་བདག་མེད་བདག་གིར་འཛིན་བ་མེད་པ་ཞེས་བྱ་བ་ནི་བདག་གི་དང་བྲལ་བས་སྲིད་པའི་རྩེ་མོའི་བར་གྱི་འཇིག་རྟེན་པའི་ཤེས་རབ་ཀྱིས ་ཆོག་པར་མི་འཛིན་པའི་ཕྱིར་རོ། །དེ་ཙམ་གྱིས་ན་ཚུལ་ཁྲིམས་གནས་ཞེས་བརྗོད་པ་ཡིན་ཞེས་བྱ་བ་ནི་ཚུལ་ཁྲིམས་ཞེས་བྱ་བའི་ཚིག་གིས་ཚུལ་ཁྲིམས་རབ་ཡིན་པར་སྟོན་ཏོ། །སོ་སོར་ཐར་པ་སློབ་པས་རློམ་སེམས་བྱེད ་པ་མེད། །དེས་ནི་འདི་ན་དེ་ལ་ཆགས་བར་མི་འགྱུར་ཏེ། །དེ་ཡི་གོང་དུ་འཕགས་པའི་ལམ་རྣམས་ཚོལ་བྱེད་པ། །དེ་ནི་ཚུལ་ཁྲིམས་རྣམ་པར་དག་པའི་མཚན་མའོ་ཞེས་བྱ་བའི་ཚིགས?་སུ་བཅད་པ་བདུན་པས་ནི་འཇིག་རྟེན་པའི་རྣམ ་པར་དག་པ་ལས་བརྩམས་པར་བལྟའོ། །སོ་སོར་ཐར་ལ་སློབ་པ་རློམ་སེམས་བྱེད་པ་མེད། །དེས་ནི་འདི་ནི་དེ་ལ་ཆགས་པར་མི་འགྱུར་ཏེ་ཞེས་བྱ་བས་ནི་ཚུལ་ཁྲིམས་ཙམ་གྱིས་ཁེངས་ཕར་མི་འཛིན་པ་དང། ཆོག་པར་མི ་འཛིན་པ་སྟོན་ཏོ། །དེའི་གོང་དུ་འཕགས་པའི་ལམ་རྣམས་ཚོལ་བྱེད་པ། །དེ་ནི་ཚུལ་ཁྲིམས་རྣམ་པར་དག་པའི་མཚན་མའོ་ཞེས་བྱ་བ་ནི་ཏིང་ངེ་འཛིན་ཙམ་གྱིས་ཆོག་པར་མི་འཛིན་པས་ནི་འཇིག་རྟེན་ལས་འདས་པའི་ལམ ་ཚོལ་བའི་ཕྱིར་རོ། །ཚུལ་ཁྲིམས་གཙོ་བོ་མ་ཡིན་ཏིང་འཛིན་དེར་ཆགས་མེད། །དེའི་གོང་དུ་ཤེས་རབ་སྒོམ་པ་ཡོངས་སུ་ཚོལ། །དམིགས་པ་མེད་པ་འཕགས་པ་རྣམས་ཀྱིས་རིགས་ཡིན་ཏེ། །ཚུལ ་ཁྲིམས་དེ་ནི་བདེ་བར་གཤེགས་པས་རབ་ཏུ་བསྔགས་ཞེས་བྱ་བ་ཚིགས་སུ་བཅད་པ་བརྒྱད་པས་ནི་འཇིག་རྟེན་ལས་འདས་པའི་རྣམ་པར་དག་པ་ལས་བརྩམས་པར་རིག་པར་བྱའོ། །དེ་ལ་ཚུལ་ཁྲིམས་གཙོ་བོ་མ་ཡིན་ཞེས ་བྱ་བ་ནི་ཚུལ་ཁྲིམས་ཙམ་གྱིས་ཆོག་པར་མི་འཛིན་པའི་ཕྱིར་རོ། །ཏིང་ངེ་འཛིན་དེར་ཆགས་མེད་ཅེས་བྱ་བ་ནི་ཏིང་ངེ་འཛིན་གྱི་རོ་མྱང་བར་མི་བྱེད་པའི་ཕྱིར་རོ། །དེའི་གོང་དུ་ཤེས་རབ་སྒོམ་པ་ཡོངས་སུ་ཚོལ། །དམིགས་པ་མེད་པ ་འཕགས་པ་རྣམས་ཀྱིས་རིགས་ཡིན་ཏེ། །དམིགས་པ་མེད་པས་བསྡུས་པའི་ལྷག་པའི་ཤེས་རབ་བསྒོམ་པའི་ཕྱིར་རོ། །བདེ་བར་གཤེགས་པས་རབ་ཏུ་བསྔགས་ཞེས་བྱ་བའི་ཚིག་ནི་དེའི་ཕ་རོལ་རབ་ཏུ་བསྔགས་པ་མེད ་པའི་ཕྱིར་རོ། །འཇིག་པའི་ཚོགས་ལ་ལྟ་ལས་རྣམ་པར་གྲོལ་བའི་ཡིད། །དེ་འདིར་དེ་དང་ང་ཡི་སྙམ་དུ་འགྱུར་བ་མེད། །སངས་རྒྱས་སྤྱོད་ཡུལ་སྟོང་པ་ཉིད་ལ་ལྷག་པར་མོས། །དེའི་ཚུལ་ཁྲིམས་དེ་ནི་མཉམ་པ ་མེད་པའོ། ཞེས་བྱ་བ་ཚིགས་སུ་བཅད་པ་དགུ་པ་ནི་སློབ་པ་དང་མི་སློབ་པ་དང། སློབ་པ་ཡང་མ་ཡིན་མི་སློབ་པ་ཡང་མ་ཡིན་པ་རྣམ་པར་དག་པ་ལས་བརྩམས་པར་རིག་པར་བྱའོ། །དེ་ལ། འཇིག་པའི་ཚོགས་ལ ་ལྟ་བས་རྣམ་པར་གྲོལ་བའི་ཡིད་ཅེས་བྱ་བ་ནི་འཇིག་ཚོགས་ལ་ལྟ་བ་རྣམ་པར་བརྟགས་པ་སྤངས་པའི་ཕྱིར་སློབ་པ་རྣམ་པར་དག་པ་སྟོན་ཏོ། །དེ་འདིར་ང་དང་ང་ཡི་སྙམ་དུ་འགྱུར་བ་མེད་ཅེས་བྱ་བ་ནི་འཇིག ་ཚོགས་ལ་ལྟ་བ་ལྷན་ཅིག་སྐྱེས་པ་སྤངས་པའི་ཕྱིར་མི་སློབ་པ་རྣམ་པར་དག་པ་སྟོན་ཏོ། །སངས་རྒྱས་སྤྱོད་ཡུལ་སྟོང་པ་ཉིད་ལ་ལྷག་པར་མོས་པ་ཞེས་བྱ་བ་ནི་སྟོང་པ་ཉིད་ལྷག་པར་མོས་པའི་ཕྱིར་སློབ་པ་ཡང་མ་ཡིན་མི ་སློབ་པ་ཡང་མ་ཡིན་པ་རྣམ་པར་དག་པ་སྟོན་ཏོ། །དེའི་ཚུལ་ཁྲིམས་དེ་ནི་མཉམ་པ་མེད་པའོ་ཞེས་བྱ་བ་ནི་སློབ་པ་ལ་སོགས་པ་གསུམ་རྣམ་པར་དག་པས་ཚུལ་ཁྲིམས་དང་འདྲ་བ་འམ། ལྷག་པ་མེད་པའི་ཕྱིར་བླ་ན་མེད་པ ་ཉིད་དུ་སྟོན་ཏོ། །ཚུལ་ཁྲིམས་ལ་ནི་གནས་ནས་ཏིང་ངེ་འཛིན་ཀྱང་ཐོབ། །ཏིང་འཛིན་རྣམས་ཐོབ་ནས་ཤེས་རབ་ཤིན་ཏུ་བསྒོམ། །ཤེས་རབ་ཀྱིས་ནི་ཡེ་ཤེས་རྣམ་པར་དག་པ་འཐོག། །ཡེ་ཤེས་རྣམ་པར་དག་པས་ཚུལ་ཁྲིམས ་ཕུན་སུམ་ཚོགས་ཞེས་བྱ་བའི་ཚིགས་སུ་བཅད་པ་བཅུ་པ་ནི་ཐོག་མ་དང་ཐ་མར་རྣམ་པར་དག་པ་ལས་བརྩམས་པར་རིག་པར་བྱའོ། །དེ་ལ་ཚུལ་ཁྲིམས་ལ་ནི་གནས་ནས་ཏིང་ངེ་འཛིན་ཀྱང་ཐོབ། །ཏིང་ངེ་འཛིན་རྣམས་ཐོབ་ནས ་ཤེས་རབ་ཤིན་ཏུ་སྒོམ་ཞེས་བྱ་བ་ནི། འཕགས་པ་དགྱེས་པའི་ཚུལ་ཁྲིམས་ཐོབ་པ་ན། །ཚུལ་ཁྲིམས་ཐོབ་པ་རྣམ་པར་དག་པར་སྟོན། །ཤེས་རབ་ཀྱིས་ནི་ཡེ་ཤེས་རྣམ་པར་དག་པ་འཐོབ། །ཡེ་ཤེས་རྣམ་པར ་དག་པས་ཚུལ་ཁྲིམས་ཕུན་སུམ་ཚོགས་ཞེས་བྱ་བ་ནི་འཕགས་པ་དགྱེས་པའི་ཚུལ་ཁྲིམས་ཐོབ་པ་ན་ཐ་མར་ཚུལ་ཁྲིམས་རྣམ་པར་དག་པ་སྟོན་ཏོ། །ཚིགས་སུ་བཅད་པ་མངོན་པར་སྒྲུབ་པ་འདི་གསུངས་པའི་ཚེ་དགེ་སློང ་བརྒྱད་བརྒྱ་ནི་ལན་པ་མེད་པར་ཟག་པ་རྣམས་ལས་སེམས་རྣམ་པར་གྲོལ་ལོ། །སྲོག་ཆགས་སྟོང་ཕྲག་སུམ་ཅུ་རྩ་གཉིས་ནི་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་མེད་པ་རྣམ་པར་དག་གོ་ཞེས་བྱ་བ་ནི་དེ་ལྟར་ ་གདམས་ངག་འདི་ངེས་པར་འབྱུང་བ་དོན་ཆེན་པོར་བསྟན་ནས་ད་ནི་མི་སློབ་པ་དང། སློབ་པ་ཐོབ་པའི་ཕྱིར་འདུལ་བ་རྣམས་ཀྱི་འབྲས་བུ་དོན་ཆེན་པོ་སྟོན་ཏོ། །དགེ་སློང་བསམ་གཏན་ཐོབ་པ་ལྔ?་བརྒྱ་སྟན ་ལས་ལངས་ནས་དོང་ངོ་ཞེས་བྱ་བ་ནི་དེ་ཉིད་ཀྱི་འདུལ་བ་དཀའ་བ་དོན་ཆེན་པོར་སྟོན་ཏོ། །ཆོས་བསྟན་པ་ཟབ་མོ་འདི་ལ་མི་འཇུག་སྟེ། མ་རྟོགས་མ་མོས་ཞེས་བྱ་བ་ལ་རྣམ་པ་གཉིས་ཀྱིས་མི་འཇུག་སྟེ། མ་རྟོགས་ན་དད ་པས་ཆོས་ལ་མི་མོས་པ་དང། མ་མོས་ན་ཤེས་རབ་ཀྱིས་དོན་མི་རྟོགས་པའོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་འོད་སྲུངས་ཆེན་པོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དགེ་སློང་བསམ་གཏན་ཐོབ་པ ་ལྔ་བརྒྱ་པོ་འདི་དག་ཆོས་བསྟན་པ་འདི་ལ་མི་འཇུག་སྟེ། མ་རྟོགས་མ་མོས་ནས་སྟན་ལས་ལངས་ཏེ་མཆིས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འོད་སྲུངས་འདི་ལྟར་དགེ་སློང་མངོན་པའི་ང་རྒྱལ་ཅན་འདི་དག་ནི ་ཚུལ་ཁྲིམས་རྣམ་པར་དག་པ་ཟག་པ་མེད་པ་འདི་ལ་མི་འཇུག་སྟེ། མ་རྟོགས་མ་མོས་སོ། །འོད་སྲུངས་ཚིགས་སུ་བཅད་པ་མངོན་པར་སྒྲུབ་པ་ཟབ་ཅེས་བྱ་བ་ནི་དོན་ཤེས་པར་དཀའ་བའོ། །སངས་རྒྱས་བཅོམ་ལྡན་འདས ་ཀྱི་བྱང་ཆུབ་ཟབ་ཅེས་བྱ་བ་ནི་དགོངས་པ་ཤེས་པར་དཀའ་ཨོ། །དགེ་བའི་རྩ་བ་མ་བསྐྲུན་པ་སྡིག་པའི་གྲོགས་པོས་ཡོངས་སུ་ཟིན་པ། མ་དད་པ་མང་བ་དག་གིས་མོས་པར་མི་ནུས་སོ་ཞེས་བྱ་བ་ནི་སྡིག་པའི་གྲོགས་པོས ་ཡོངས་སུ་ཟིན་པ་དང། མ་དད་པ་མང་བས་དགེ་བའི་རྩ་བ་བསྐྲུན་པར་རིག་པར་བྱའོ། །འོད་སྲུངས་དགེ་སློང་ལྔ་བརྒྱ་པོ་འདི་དག་ནི་དེ་བཞིན་གཤེགས་པ་འོད་སྲུངས་ཀྱི་གསུང་རབ་ལ་གཞན་མུ་སྟེགས་ཅན་གྱི་ཉན་ཐོས་སུ ་གྱུར་ཏེ། དེ་བཞིན་གཤེགས་པ་འོད་སྲུངས་ལས་བརྒལ་བའི་བསམ་པས་ཆོས་བསྟན་པ་གཅིག་ཐོས་སོ། །ཐོས་ནས་དད་པའི་སེམས་གཅིག་རྙེད་དེ། དེ་འདི་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི ་སངས་རྒྱས་འོད་སྲུངས་ཀྱིས་འཇམ་ཞིང་སྙན་པར་གསུངས་པ་ངོ་མཚར་ཏོ་ཞེས་དེ་དག་དད་པའི་སེམས་གཅིག་རྙེད་པ་སེམས་དེས་འཆི་བའི་དུས་བྱས་ནས་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་ནང་དུ་སྐྱེས་སོ། །རྒྱུ་དེ ་ཉིད་ཀྱིས་འདིར་ངའི་བསྟན་པ་ལ་རབ་ཏུ་བྱུང་སྟེ། འོད་སྲུངས་དགེ་སློང་ལྔ་བརྒྱ་པོ་ལྟ་བ་ལ་ཆགས་པ་འདི་དག་ཆོས་བསྟན་པ་ཟབ་མོ་འདི་ལ་མི་འཇུག་སྟེ། མི་རྟོགས་མི་མོས་སོ། །ཡང་འདི་དག་ནི་བསྟན ་པ་འདིས་ཡོངས་སུ་སྦྱང་བ་བྱས་ཏེ། ཕྱིས་ངན་འགྲོ་ལོག་པར་ལྟུང་བར་འགྲོ་བར་མི་འགྱུར་ཞིང་ཕུང་པོ་འདི་དག་ཉིད་ཀྱི་ཡོངས་སུ་མྱ་ངན་ལས་འདའ་ཨོ། །སློབ་དཔོན་ཆོས་ཀྱི་བདག་པོས་ཚིགས་སུ་བཅད་པའི་དོན་བསྟན་པ་ལས ་བརྩམས་ཏེ། གཞན་དུ་རྣམ་གྲངས་གཞན་གྱིས་བརྗོད་དོ། །ཚིགས་སུ་བཅད་པ་གོང་མའི་དོན་ཚིགས་སུ་བཅད་པ་ཕྱི་མ་ཕྱི་མས་མངོན་པར་སྒྲུབ་སྟེ། འདྲེན་པས་ཚིགས་སུ་བཅད་པ་མངོན་པར་སྒྲུབ་པ་ཞེས་བྱའོ། །དེ་ལ ་ཚིགས་སུ་བཅད་པ་དང་པོས་ནི་ཉེས་པ་གཞི་དང་བཅས་པ་སྤངས་པའི་ཕྱིར་ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་རྣམ་པར་དག་པར་ཡོངས་སུ་སྟོན་ཏོ། །ཚུལ་ཁྲིམས་ལྡན་ལ་དྲི་མ་མེད་ཅིང་ཅི་ཡང་མེད་ཅེས་བྱ་ལ། དེ་ཡང་ཇི ་ལྟར་ཞེ་ན། དྲི་མ་ནི་ཉེས་པའོ། །ཅི་ཡང་ནི་ཉེས་པའི་གཞིའོ། །ཚུལ་ཁྲིམས་ལྡན་པ་རྒྱགས་པ་མེད་དེ་རྟེན་པ་མེད་ཅེས་བྱ་བ་ནི་རོ་མྱང་བ་གཞི་དང་བཅས་པ་སྤངས་པས་ལྷག་པའི་སེམས་ཀྱི་བསླབ་པ་རྣམ་པར་དག་པར ་ཡོངས་སུ་བསྟན་ཏེ། རྒྱགས་པ་ནི་གཞིའོ། །གནས་པ་ནི་རོ་མྱང་བའོ། །ཚུལ་ཁྲིམས་ལྡན་ལ་མུན་པ་མེད་དེ་འཆིང་བ་མེད་ཅེས་བྱ་བ་ནི་ལས་དང་ཉོན་མོངས་པ་གཞི་དང་བཅས་པ་སྤངས་པས ་ལྷག་པའི་ཤེས་རབ་ཀྱི་བརླབ་པ་རྣམ་པར་དག་པ་སྟེ། མུན་པ་ནི་མ་རིག་པའི་བདག་ཉིད་དོ། །འཆིང་བ་ནི་ལས་ཏེ་གཞིའོ། །ཚུལ་ཁྲིམས་ལྡན་ལ་རྡུལ་རྣམས་མེད་དེ་ཉེས་པ་མེད་ཅེས་བྱ་བ་ལ་རྣམ་པར་རྟོག་པའི ་བདག་ཉིད་ནི་རྡུལ་ལོ། །ཉེས་པ་ནི་ཉོན་མོངས་པ་སྟེ། ཉོན་མོངས་ནི་གཞིའོ། །བསླབ་པ་འདི་གསུམ་རྣམ་པར་དག་ན་ལེགས་པ་ཅི་ཞིག་ཏུ་འགྱུར་སྙམ་པ་ལ། ཞི་བ་རབ་ཏུ་ཞི་བ་ཉེ་བར་ཞི་བའི་ཡིད་ཅེས་བྱ་བ ་གསུངས་ཏེ། སྡུག་བསྔལ་ལྡོག་པ་དང་གོ་རིམ་བཞིན་དུ་སྦྱར་རོ། །སྡུག་བསྔལ་གསུམ་ནི་ངན་སོང་གི་སྡུག་བསྔལ་དང། ཤེས་པ་ལ་སྒྲུབ་པའི་སྡུག་བསྔལ་དང། སྐྱེ་བ་ལ་སོགས་པ་སྡུག་བསྔལ་ལོ། །བསླབ་པ་རྣམ ་པར་དག་པ་ལེགས་པ་དང་བཅས་པ་འདི་ཇི་ལྟར་ཐོབ་སྙམ་པ་ལ། རྟོག་དང་རྣམ་པར་རྟོག་དང་བྲལ་ཞིང་ཞེས་བྱ་བ་གསུངས་ཏེ། ཕྱི་རོལ་གྱི་རྣམ་པར་རིག་པ་མཚན་མ་རྣམ་པར་རིག་པ་ཙམ་དུ་འཛིན་པས་རྟོག་པ་དང ་བྲལ་ལོ། །རྣམ་པར་རིག་པ་ཙམ་དེ་ལ་ཡང་མི་འཛིན་པས་རྣམ་པར་རྟོག་པ་དང་བྲལ་བ་སྟེ། མི་དམིགས་པས་དེའི་ཐབས་ཡོངས་སུ་བསྟན་ཏོ། །བསླབ་པ་རྣམ་པར་དག་པ་ལེགས་པ་དང་བཅས་པ་དེ་ཡོད་པར ་ཇི་ལྟར་རིག་པར་བྱ་ཞེ་ན། དེ་ནི་མཉམ་པར་མ་བཞག་པའི་དུས་ན་ཉོན་མོངས་པ་མེད་པ་སྟེ། སྡིག་པ་འདོད་པའི་ཉེ་བ་སྤྱོད་པ་མེད་པས་ཉོན་མོངས་པ་མེད་པའི་མདོ་སྡེ་བཞིན་ནོ། །མཉམ་པར་བཞག་པའི་དུས་ན ་ནི་གཡོ་བ་དང་རློམ་སེམས་ཀུན་དང་རྣམ་པར་བྲལ་བ་ཞེས་བྱའོ། །དེ་ནི་ཚུལ་ཁྲིམས་ལྡན་ཞེས་བྱ་བ་ལ། ཚུལ་ཁྲིམས་ནི་བསླབ་པ་གསུམ་གོམས་པར་བྱེད་པ་སྟེ། འདི་ནི་ཚུལ་ཁྲིམས་སུ་བཞེད་དེ། བསླབ་པ་གསུམ་རྣམ ་པར་དག་པའི་ལེགས་པ་དང། ཐབས་དང་རྟགས་ཡོངས་སུ་བསྟན་པའི་ཕྱིར་ཚིགས་སུ་བཅད་པའི་དོན་འདི་ནི་ཚིགས་སུ་བཅད་པ་སྔ་མ་མངོན་པར་སྒྲུབ་པའོ། །ཞི་བ་རབ་ཏུ་ཞི་བ་ཉེ་བར་ཞི་བའི་ཡིད་ཅེས་བྱ་བ་དེ་ནི་ལུས་ལ་ལྟ་བ་དང ་བཅས་པ་མ་ཡིན་ཏེ། གང་ལྟ་བ་ནི་ཐོབ་པ་དང་བཀུར་སྟི་ལ་བརྩོན་པར་འགྱུར་རོ། །སྲོག་ལ་པངས་པར་འཛིན་མི་བྱེད་ཅེས་བྱ་བ་ལ་གང་ཕངས་པར་འཛིན་པ་ནི་རྣམ་པར་རྟོག་པ་ལ་གནས་བས། བསམ་གཏན་གྱི་རོ་མྱང་པར ་བྱེད་ཅིང་དུས་རིང་པོར་དགེ་བའི་ཆོས་སྒོམ་པ་ལ་མི་བརྩོན་པར་འགྱུར་རོ། །སྲིད་པར་སྐྱེ་བ་ཀུན་ལ་གནོད་པ་མེད་ཅེས་བྱ་བ་ལ། གང་འདོད་པ་ནི་སྨོན་ནས་ཚངས་པར་སྤྱད་པ་སྤྱོད་པར་འགྱུ་རོ། །དེ་ལ་ནི་མངོན་པར་བརྩོན་པཱི ་ཉེས་པ་དང། མངོན་པར་མི་བརྩོན་པའི་ཉེས་པ་དང། སྨོན་ནས་ཚངས་པར་སྤྱོད་པ་ལ་གནས་པའི་ཉེས་པ་སྟེ། ཉེས་པ་གསུམ་མེད་དོ། །རྟོག་པ་དང་རྣམ་པར་རྟོག་པ་དང་བྲལ་བས་ཡང་དག་པར་ཞུགས་པ་ཡིན་ནོ། ། ་ཉོན་མོངས་པ་མེད་པས་ཡང་དག་པའི་ཚུལ་ལ་གནས་པ་ཡིན་ནོ། །གང་ལུས་ལ་ལྟ་བ་དང་བཅས་པས་ན་མ་ཡིན་པ་དེ་ནི་ཕྱི་རོལ་གྱི་ཉེ་བར་བཟུང་སྟེ། འཇིག་རྟེན་གྱིས་མི་གོས་སོ། །གང་སྲོག་ལ་ཕངས་པར་མི་འཛིན་པ་དེ་ནི ་ནང་གི་འཇིག་རྟེན་ཉེ་བར་བཟུང་སྟེ། འཇིག་རྟེན་ལ་མི་གནས་སོ། །གང་སྲིད་པར་སྐྱེ་བ་ཐམས་ཅད་མི་འདོད་བ་དེ་ནི་སྲིད་པར་སྐྱེ་བ་ཐམས་ཅད་ཡོངས་སུ་ཤེས་པས་སྣང་བ་ཐོབ་བའོ། །གང་ཡང་དག་པར་ཞུགས་པ་དེ ་བདག་གི་བ་མེད་དོ། །ཡང་དག་པའི་ཚུལ་ཁྲིམས་པ་དེ་ཅི་ཡང་མེད་དོ། །ཇི་ལྟར་ཅི་ཡང་མེད་ཅི་དང། བདག་ཏུ་འདུ་ཤེས་མེད་ཅིང་གཞན་དུ་འདུ་ཤེས་མེད་ཅེས་བྱ་བ་དང། འདུ་ཤེས་ཡོངས་སུ་ཤེས་སོ། །གང ་འཇིག་རྟེན་མ་གོས་འཇིག་རྟེན་དག་ལ་གནས་པ་མེད་པ་དེའི་མ་འོངས་པ་ན་ཕ་རོལ་དང། ཚུ་རོལ་དང་དབུས་ཏེ། ནད་དང་ཕྱིའི་སྐྱེ་མཆེད་དག་ལ་དགའ་བ་ཅན་གྱི་འདོད་ཆགས་ཀྱིས་བསྡུས་པ་མེད་པར་འགྱུར་རོ། །ཚེ་འདི་ལ ་ནད་གི་སྐྱེ་མཆེད་དང། ཕྱིའི་སྐྱེ་མཆེད་ཀྱིས་བསྡུས་པ་ལ་ཚུ་རོལ་དང། ཕ་རོལ་ལ་མ་ཆགས་སོ། །གང་སྣང་བ་ཐོབ་བ་དེ་མ་བཅིངས་སོ། །གང་བདག་གི་བ་མེད་པ་ནི་མི་ཆགས་སོ། །གང་ཅི་ཡང་མེད་པ་དེ་ནི་མངོན་པའི་ང་རྒྱལ ་མེད་བས་ཚུལ་འཆོས་པ་མེད་དོ། །དགྲ་བཅོམ་པ་ཐོབ་པས་ཟག་བ་མེད་དོ། །མིང་དང་གཟུགས་རྣམས་ལ་ནི་ཆགས་པ་མེད་ཅེས་བྱ་བ་ནི་ཇི་ལྟར་དེ་ཚུ་རོལ་དང། ཕ་རོལ་དང་དབུས་མེད་པ་དང། ཕ་རོལ་དང ་ཚུ་རོལ་ནས་ཀྱང་ཆགས་པ་མེད་ཅེས་བྱ་བ་དེ་སྟོན་ཏོ། །དེ་ནི་མཉམ་བར་བཞག་ཅེས་བྱ་བ་ནི་དེ་བཅིངས་པ་དང་ཆགས་པ་མེད་པ་དེ་སྟོན་ཨོ། །ཤིན་ཏུ་དུལ་བའི་སེམས་ཞེས་བྱ་བ་ནི་ཇི་ལྟར་དེ་ཚུལ་འཆོས་པ་མེད་པ ་དང། ཟག་པ་མེད་པ་དེ་སྟོན་ཏོ། །ཇི་ལྟར་ཤིན་ཏུ་དུལ་པའི་སེམས་ཞེས་བྱ་ཞེས་ན། གང་ལ་བདག་མེད་བདག་གིར་འཛིན་པ་མེད་ཅེས་བྱའོ། །དེ་ལྟར་འགྱུར་བས་དེ་གོ་རིམ་བཞིན་དུ་སྦྱར་རོ། །སོ་སོར་ཐར་ལ ་སློབ་བ་རློམ་སེམས་བྱེད་པ་མེད། །དེས་ནི་འདི་ན་དེ་ལ་ཆགས་པར་མི་འགྱུར་ཏེ། །དེའི་གོང་དུ་འཕགས་པའི་ལམ་རྣམས་ཚོལ་བྱེད་བ་ཞེས་བྱ་བ་ནི་ཡོན་ཏན་བྱེ་བྲག་ཅན་མངོན་པར་སྒྲུབ་པའི་ཕྱིར ་འཕགས་པ་རྣམས་ཀྱིས་ལམ་གང་ཡིན་པ་དེ་ཡོངས་སུ་ཚོལ་ལོ། །དེ་ཉིད་ཀྱིས་དོན་གསལ་བར་བྱ་བའི་ཕྱིར། ཚུལ་ཁྲིམས་གཙོ་བོར་མ་ཡིན་ཏིང་འཛིན་དེར་ཆགས་མེད། །དེ་ཡི་གོང་དུ་ཤེས་རབ་བསྒོམ་པ་ཡོངས་སུ་ཚོལ་ཞེས་བྱ་བ ་གསུངས་སོ། །ཤེས་རབ་བསྒོམ་པ་ཇི་ལྟ་བུ་སྙམ་པ་ལ། དམིགས་བ་མེད་པ་འཕགས་པ་རྣམས་ཀྱི་རིགས་ཡིན་ཏེ། ཞེས་བྱ་བ་གསུངས་སོ། །ཇི་ལྟར་ཚུལ་ཁྲིམས་གཙོ་བོར་མ་ཡིན་སྙམ་པ་ལ། འཇིག་པའི་ཚོགས ་ལ་ལྟ་ལས་རྣམ་པར་གྲོལ་བའི་ཡིད་ཅེས་བྱ་བ་གསུངས་སོ། །ཅིའི་ཕྱིར་ཏིང་ངེ་འཛིན་དེར་ཆགས་པ་མེད་ཅེ་ན་འཇིག་ཚོགས་ལ་ལྟ་བ་དེ་ཉིད་སྤངས་པའི་ཕྱིར་རོ། །ཏིང་ངེ་འཛིན་དེ་ལ་ནི་དེ་འདིར་ང་དང་ང་ཡི་སྙམ་དུ་འགྱུར་བ ་མེད་པའོ། །ཇི་ལྟར་དམིགས་པ་མེད་པ་ཡོངས་སུ་ཚོལ་སྙམ་པ་ལ། སངས་རྒྱས་སྤྱོད་ཡུལ་སྟོང་པ་ཉིད་ལ་ལྷག་པར་མོས་ཞེས་བྱ་བ་གསུངས་སོ། །གོ་རིམ་གང་གི་འཇིག་ཚོགས་ལ་ལྟ་བ་རྣམ་པར་གྲོལ་པའི་ཡིད་དུ་འགྱུར ་སྙམ་བ་ལ། ཚུལ་ཁྲིམས་ལ་ནི་གནས་ནས་ཏིང་ངེ་འཛིན་ཀྱང་ཐོག་།ཏིང་ངེ་འཛིན་རྣམས་ཐོབ་ནས་ཤེས་རབ་ཤིན་ཏུ་སྒོམ་ཞེས་གསུངས་ཏེ། ངེས་པར་རྟེགས་པའི་ཕྱོགས་ཀྱིས་བསྡུས་པའི་ཤེས་རབ་ཀྱིས་ནི་འཇིག་རྟེན་ལས ་འདས་པའི་ཡེ་ཤེས་རྣམ་པར་དག་པར་འགྱུར་རོ། །ཡེ་ཤེས་རྣམ་པར་དག་པས་ཚུལ་ཁྲིམས་ཕུན་སུམ་ཚོགས་སོ། །དེ་ལྟར་ན་ཚིགས་སུ་བཅད་པ་དང་བོས་ནི་བསླབ་པ་གསུམ་རྣམ་པར་དག་པའོ། །ལྷག་མ་རྣམས་ཀྱིས ་ཚིགས་སུ་བཅད་པ་ཕྱི་མ་ཕྱི་མའི་དོན་འདྲེན་པས་བསླབ་པ་གསུམ་རྣམ་པར་དག་པར་མངོན་པར་སྒྲུབ་པ་ཡོངས་སུ་བསྟན་ཏོ། །བྱང་ཆུབ་ཀྱི་ཕྱོགས་སྒོམ་བ་རྣམ་པར་དག་བ་ལས་བརྩམས་ཏེ། རྣམ་གྲངས་གཞན་དུའོ། ། ་ལུས་དང་ངག་གི་ཉེས་པར་སྤྱོད་པ་གཞི་དང་བཅས་པ་སྤངས་པ་ལུས་དྲན་པ་ཉེ་བར་བཞག་པ་སྒོམ་པ་རྣམ་པར་དག་པ་དང། ཚོར་བ་ཡོངས་སུ་འཛིན་པའི་རོ་མྱོང་བ་སྤངས་པས་ཚོར་བ་དྲན་པ་ཉེ་བར ་བཞག་པ་སྒོམ་པ་རྣམ་པར་དག་པ་དང། མ་རིག་པ་དང་འདུ་བྱེད་སྤངས་པས་སེམས་དྲན་པ་ཉེ་བར་གཞག་པ་སྒོམ་པ་རྣམ་པར་དག་པ་དང། དགེ་བའི་ཆོས་རྣམས་ལང་དང་པོའི་ཞེས་བྱ་བ་ལ་སོགས་པའི་རྣམ་པར་རྟོག ་པ་སྤངས་པ་དང། ཉོན་མོངས་བ་ཅན་གྱི་ཆོས་སྤངས་པའི་ཕྱིར་དྲན་པ་ཉེ་བར་གཞག་པ་སྒོམ་པ་རྣམ་པར་དག་པ་ཡོངས་སུ་སྟོན་ཏོ། །ཞི་བས་ནི་ཡང་དག་པའི་སྤོང་བ་བསྒོམ་པ་དང་པོ་རྣམ་པར་དག་པའོ། །རབ་ཏུ་ཞི་བས ་ནི་གཉིས་པའོ། །ཉེ་བར་ཞི་བའི་ཡིད་རྟོག་དང་རྣམ་པར་རྟོག་དང་བྲལ་ཞིང་ཉོན་མོངས་མེད་ཅེས་བྱ་བས་ནི་གསུམ་པའོ། །གཡོ་བ་དང་ནི་རློམ་སེམས་ཀུན་དང་རྣམ་བྲལ་བ་ཞེས་བྱ་བས་ནི་བཞིའོ། །ལུས་ལ་མི་ལྟ་སྲོག? ་ལ་ཕངས་པར་འཛིན་མི་བྱེད། །སྲིད་པ་རྣམས་སུ་སྐྱེ་བ་ཀུན་ལ་འདོད་པ་མེད་ཅེས་བྱ་བས་ནི་རྫུ་འཕྲུལ་གྱི་རྐང་པའི་ཏིང་ངེ་འཛིན་གྱི་རྟགས་ཏེ། དེས་ན་ཐོབ་པ་དང་བཀུར་སྟི་འདོད་པ་མ་ཡིན། དགེ་བར་སྦྱོང་བ་ལ་མི་བརྩོན་པ ་མ་ཡིན། ཡང་སྲིད་པ་ལ་ཆགས་པ་མ་ཡིན། ཡང་དག་པར་ཞུགས་པ་ནི་མོས་པ་ལ་སོགས་པའི་ཏིང་ངེ་འཛིན་བཞིས་ཡང་དག་པའི་སྤོང་བ་བཞི་ལ་སྦྱོར་བའི་ཕྱིར་རོ། །ཡང་དག་པའི་ཚུལ་ལ་གནས་པ་ནི་སྤོང ་བའི་འདུ་བྱེད་དང་ལྡན་པའི་ཕྱིར་རོ། །འཇིག་རྟེན་མི་གོས་པ་ནི་དད་པའི་དབང་པོས་མྱ་ངན་ལས་འདས་པའི་ཡོན་ཏན་ལ་མངོན་པར་ཡིད་ཆེས་པའི་ཕྱིར་རོ། །འཇིག་རྟེན་དག་ན་གནས་པ་མེད་པ་ནི། བརྩོན་འགྲུས ་ཀྱི་དབང་པོས་ད་ལྟར་བྱུང་བའི་ཡུལ་རྣམས་ལའོ། །སྣང་བ་ཐོབ་ཅིང་བདག་མེད་དེ་ཅི་ཡང་མེད་པ་ནི་དྲན་པ་དང། ཏིང་ངེ་འཛིན་དང། ཤེས་རབ་ཀྱི་དབང་པོ་རྣམས་ཀྱིས་སོ། །བདག་ཏུ་འདུ་ཤེས་མེད་ཅིང་གཞན་དུ་འདུ་ཤེས་དང། །འདུ་ཤེས་ཡོངས ་སུ་ཤེས་པས་ཞེས་བྱ་བས་ནི་ཅི་ཡང་མེད་པ་ཉིད་སྟོན་ཏོ། །གང་ལ་ཚུ་རོལ་མེད་ཅིང་ཕ་རོལ་དབུས་ཀྱང་མེད་ཅེས་བྱ་བ་ནི་དད་པའི་སྟོབས་ཀྱིས་མ་འོངས་པ་ན་དེ་མི་འཇིག་པར་འདོད་བའི་ཚུལ་ཁྲིམས་སོ། །ཚུ་རོལ་ཕ་རོལ ་དག་ལ་ནམས་ཀྱང་མི་ཆགས་ཤིང་ཞེས་བྱ་བ་ནི་བརྩོན་འགྲུས་ཀྱི་སྟོབས་ཀྱིས་ད་ལྟར་བྱུང་བ་རྣམས་ལ་མ་ཆགས་པའི་ཕྱིར་རོ། །བཅིངས་པ་མེད་པ། ཆགས་པ་མེད་པ་ནི་དྲན་པ་དང། ་ཏིང་ངེ་འཛིན་གྱི་སྟོབས་སོ། །ཚུལ་འཆོས་པ་མེད་ཅིང་ཟག་པ་མེད་བ་ཞེས་བྱ་བ་ནི་ཤེས་རབ་ཀྱི་སྟོབས་ཀྱིས་སོ། །ངེས་པར་རྟོགས་པའི་ཕྱོགས་རྣམས་ཀྱིས་ཟག་པ་མེད་པའི་ཕྱིར་རོ། །མིང་དང ་གཟུགས་ནམས་ལས་ནི་ཆགས་པ་མེད་པའི་ཡིད་ཅེས་བྱ་བས་ནི་བྱང་ཆུབ་ཀྱི་ཡན་ལག་འཇིག་རྟེན་ལས་འདས་པའི་ལམ། ཐོབ་པའི་ཕྱིར་རོ། །དེ་ནི་མཉམ་པར་བཞག་ཅེས་བྱ་བ ་ནི་དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ཐོབ་བའི་ཕྱིར་རོ། །ཤིན་ཏུ་དུལ་བའི་སེམས་ནི་བྱང་ཆུབ་ཀྱི་ཡན་ལག་ལྟག་མ་རྣམས་ཀྱིས་སོ། ། ་སོ་སོར་ཐར་ལ་སློབ་པས་རློམ་སེམས་བྱེད་པ་མེད་ཅེས་བྱ་བ་ནི་ཡང་དག་པར་ལྟ་བའི་ལམ་གྱིས་ཡན་ལག་ཐོབ་པས་ཆོས ་ཉིད་ཀྱིས་ཐོབ་པའི་ཚུལ་ཁྲིམས་རབ་ཏུ་ཐོབ་པའི་ཕྱིར་རོ། །དེས་ནི་འདི་ནི་དེ་ལ་ཆགས་པར་ཏེ་ཞེས་བྱ་བ་ནི་ཆོས་ཉིད་ཀྱིས་སོ་སོར་ཐར་པའི་བསླབ་པ་རྒྱུན་གཅད་པའི་ཕྱིར་རོ། །དེའི་གོང་དུ་འཕགས ་པའི་ལམ་རྣམས་ཚོལ་བྱེད་ཅེས་བྱ་བ་ནི་ཡང་དག་པར་རྟོག་རྣམས་ཀྱིས་ཡང་དག་པའི་ལྟ་བར་རྣམ་པར་འཇོག་པའི་ཕྱིར་རོ། །ཚུལ་ཁྲིམས་གཙོ་བོར་མ་ཡིན་པ་ནི་ཡང་དག་པའི་དག་དང། ལས་ཀྱི་མཛའ་དང་།འཚོ ་བའི་ལམ་གྱི་ཡན་ལག་ཐོབ་པའི་ཕྱིར་ཏེ། དེ་ལས་གཞན་པའི་ཚུལ་ཁྲིམས་ནི་རློམ་སེམས་མེད་པའི་ཕྱིར་རོ། །ཏིང་འཛིན་དེར་ཆགས་མེད་ཅེས་བྱ་བ་ནི། དེའི་འགྱོད་པ་མེད་པ་ལ་སོགས་པའི་རིམ་གྱིས་སྐྱེས ་པ་བསམ་གཏན་གྱི་རོ་མྱང་བ་མེད་པའོ། །དེའི་གོང་དུ་ཤེས་རབ་བསྒོམ་པ་ཡོངས་སུ་ཚོལ་བ་ནི་ཡང་དག་པའི་རྩོལ་བས་སོ། །འཇིག་པའི་ཚོགས་ལ་ལྟ་ལས་རྣམ་པར་གྲོལ་བའི་ཡིད་ཅེས་བྱ་བ་རྒྱ་ཆེར་འབྱུང་བ ་ནི་ཡང་དག་པའི་དྲན་པས་སོ། །ཚུལ་ཁྲིམས་ལ་ནི་གནས་ནས་ཏིང་ངེ་འཛིན་ཀྱང་ཐོབ་ཅེས་བྱ་བ་ནི་ཡང་དག་པའི་ཏིང་ངེ་འཛིན་ཏོ། །ཏིང་ངེ་འཛིན་རྣམས་ཐོབ་ནས་ཤེས་རབ་ཤིན་ཏུ་སྒོམ་ཞེས་བྱ་བ་ནི་ཀུན་ཏུ་སྦྱོར་བ་ལྷག ་མ་ཡོངས་སུ་སྤོང་བའི་ཕྱིར་རོ། །ཤེས་རབ་ཀྱིས་ནི་ཡེ་ཤེས་རྣམ་པར་དག་པ་འཐོབ་ཅེས་བྱ་བ་ནི་ཟད་པ་ཤེས་པ་དང་མི་སྐྱེ་བ་ཤེས་པའོ། །དེ་ལྟར་ཚིགས་སུ་བཅད་པ་མངོན་པར་སྒྲུབ་པ་འདིས་བྱང་ཆུབ་ཀྱི་ཕྱོགས་རྣམ་པར ་དག་པ་བསྒོམ་པ་ཡོངས་སུ་བསྟན་ཏོ། །ལས་ཀྱི་ལམ་རྣམ་པར་དག་པ་ལས་བརྩམས་ནས་རྣམ་གྲངས་གཞན་དུའོ། །མི་མཐུན་པའི་ཕྱོགས་སྤངས་པ་དང། གཉེན་པོ་རྣམ་པར་དག་པས་སྲོག་གཅོད་པ་པས་ཕྱིར་ལྡོག་པ? ་རྣམ་པར་དག་པ་ཡོངས་སུ་བསྟན་ཏོ། །དེ་ལ་མི་མཐུན་པའི་ཕྱོགས་སྤངས་པ་ནི། སྲོག་གཅོད་པའི་བག་ཆགས་དང་དེའི་གཞི་སྤངས་པའོ། །གཉེན་པོ་ནི་རྣམ་པར་དག་བ་གསུམ་སྟེ། དེ་ལས་ཕྱིར་ལོག་པ་ལས་ཆོག་མི་ཤེས་པ་རྣམ་པར་དག་པ་དང། སྒྲིབ་པ་མང ་བ་རྣམ་པར་དག་པ་དང། རྣམ་པར་སྨིན་པར་ངེས་པ་ཡོངས་སུ་མི་འཛིན་པས་ཀུན་ཏུ་སྦྱོར་བ་མ་ལུས་པར་རྣམ་པར་དག་པའོ། །མ་བྱིན་པར་ལེན་པའི་རྐྱེན་འཇིགས་བ་དང། ཁ་ན་མ་ཐོ་བ་དང། དགྲ་རྣམས་སྤངས་པ་དང། རྐུ་བ་དང། ཡོངས་སུ ་སྤྱོད་པ་དང། མངོན་པར་འདུ་བྱེད་པ་སྤངས་པ་དང། དེའི་གཞིའི་ཉོན་མོངས་པ་སྤངས་པ་དང། དེ་མ་བྱོར་པའི་ངལ་བ་དང། གསད་བ་དང། བཅིང་བ་ལ་སོགས་པའི་གནོད་པ་སྤངས་བ་དང། །དེ་འབྱོར་བའི་ང་རྒྱལ་བས་མ་བྱིན་པར ་ལེན་པ་ལས་ཕྱིར་ལྡོག་པ་རྣམ་པར་དག་པ་ཡོངས་སུ་བསྟན་ཏོ། བུད་མེད་ཀྱི་ལུས་ལ་མི་ལྟ་བར་རབ་ཏུ་བྱུང་བ་དང། རབ་ཏུ་བྱུང་བ་དེའི་མྱ་ངན་ལས་འཆིང་བར་འགྱུར་ཞེས་ལོག་པའི་སྨྲ་བའི་གཞི་སྤངས་པ་དང། མི་སྨོན་བར་ཚངས་བར་སྤྱད་པ་སྤྱོད་པ་དང། ་དབང་པོ་དག་པའི་སྒོར་གྱུར་པ་དང། སྤྱོད་ཡུལ་མ་ཡིན་པ་ཡོངས་སུ་སྤོང་བ་དང། མི་སྡུག་པ་ལ་སོགས་པ་གཉེན་པོ་སྒོམ་པས་འདོད་པས་ལོག་པར་གཡེམ་པ་ལས་ཕྱིར་ལྡོག་པ་རྣམ་པར་དག་པ་ཡོངས་སུ་བསྟན་ཏོ། །ཟང་ཟིང་གི་ཕྱིར་རམ། ་འཇིགས་བའི་གཞི་གང་གིས་བརྫུན་དུ་སྨྲ་བ་ཟེར་བ་དེ་སྤངས་བ་དང། དེའི་གཉེན་པོར་ཐོས་པ་ལ་སོགས་པའི་ཤེས་རབ་དང་ལྡན་པ་དང། གཞི་གང་གིས་བདག་དང་གཞན་ལ་གནོད་པར་འགྱུར་བ་བརྫུན་གྱི་ཚིག་སྨྲ་བ་དེ ་སྤངས་པས་བརྫུན་དུ་སྨྲ་བ་ལས་ཕྱིར་ལྡོག་པ་རྣམ་པར་དག་པར་ཡོངས་སུ་བསྟན་ཏོ། །རང་གི་ཉེས་པ་ཡོངས་སུ་སྤང་བའི་ཕྱིར་ཡུལ་གྱི་ཕྱིར་དགང་བར་བྱ་བའི་ཕྱིར་ཕྲ་མ་བྱེད་པ་དེ་གང་ལས་མེད་པ་དང། དེའི་དང་ནས་ཕྱིའི་སྐྱེ ་མཆེད་ལ་ཆགས་པ་མེད་པ་དང། དེ་མེད་པས་གང་འདུམ་པར་མི་བྱེད་པ་དང། བྱེ་བ་ལ་མི་རྣོན་པ་དང། མི་མཐུན་པར་མི་མོས། །མི་མཐུན་པར་འགྱུར་བའི་ཚིག་མི་སྨྲ་བ་མ་ཡིན། །དེ་འབྱུང་བར་བྱེད་པ་ཆགས་པ་ལ་སོགས་པ ་ཉོན་མོངས་པ་ལས་འགྲོ་བས་དེའི་ཕྲ་མ་ལས་ཕྱིར་ལོག་པ་རྣམ་པར་ཡོངས་སུ་བསྟན་ཏོ། །མི་བཟོད་པའི་གཞི་མེད་པ་དང། བཟོད་པའི་གཞི་ཡོད་པས་ཚིག་རྩུབ་པ་ལས་ཕྱིར་ལོག་པ་རྣམ་པར་དག་པ་ཡོངས་སུ་བསྟན་ཏོ། །དེ་ལ ་མི་བཟོད་པའི་གཞི་ནི་མིང་དང་གཟུགས་ལ་ཆགས་པའི་ཡིད་དོ། །བཟོད་པའི་གཞི་ནི་སོ་སོར་བརྟགས་པའི་སྟོབས་དང། སེམས་འཆོས་ཤིང་རྩེ་གཅིག་ཏུ་བསྒོམ་པའི་སྟོབས་ཀྱིས་ཉོན་མོངས་པ་མེད་པ་ནི་རང་བཞིན་གྱིས ་བཟོད་པའོ། །ཚིག་ཐུན་ཚགས་སྨྲ་བ་རྣམ་པ་གསུམ་སྤངས་པས་ཚིག་ཐུན་ཚགས་སྨྲ་བ་ལ་ཕྱིར་ལྡོག་པ་རྣམ་པར་དག་པ་ཡོངས་སུ་བསྟན་ཏོ། །ཚིག་ཐུན?་ཚོགས་སྨྲ་བ་རྣམ་པ་གསུམ་ནི་བདག་ལ་བསྟོད་ཅིང་གཞན་ལ་སྨོད་པ་དང། ་རང་གི་ལྟ་བ་བསྙམས་པ་དང་ལྡན་པའོ། །ཆགས་སེམས་རྣམ་གསུམ་སྤངས་པས་ཆགས་སེམས་ལས་ཕྱིར་ལོག་པ་རྣམ་པར་དག་པ་ཡོངས་སུ་བསྟན་ཏེ། ཆགས་སེམས་རྣམ་པ་གསུམ་ནི་མཐོ་རིས་ཀྱི་གནས་དང། ་གཞན་ཡིད་ཆེས་པར་བྱ་བའི་གནས་དང། བསླབ་པའི་འཐོབ་པ་དང་བཀུར་སྟིའི་གནས་སོ། །གནོད་སེམས་ཀྱི་གཞི་སྤངས་པས་གནོད་སེམས་ལས་ཕྱིར་ལྡོག་པ་རྣམ་པར་དག་པ་ཡོངས་སུ་བསྟན་ཏེ། དེའི་གཞིའི་འཇིག ་ཆོགས་ལ་ལྟ་བ་སྟེ། བདག་ལ་གནོད་པ་བྱས་སོ། །འདི་ནི་བདག་ལ་གནོད་པ་བྱེད་པའོ་ཞེས་གནོད་སེམས་ཀུན་ཏུ་བསྐྱེད་དོ། །དེ་སྤངས་པའི་མཚན་ཉིད་ནི་རྣམ་པ་གཉིས་ཏེ། ཡུལ་རྣམས་ལ་སྤྱོད་པ་ན་བདག་ཏུ ་འཛིན་པ་དང། བདག་གིར་འཛིན་པ་ཀུན་ཏུ་མི་འབྱུང་བ་དང། ཆོས་ཡིད་ལ་བྱེད་པ་ན་སངས་རྒྱས་ཀྱིས་མངོན་པར་རྫོགས་པར་སངས་རྒྱས་པའི་སྟོང་པ་ཉིད་ལ་མོས་པའོ། །གཉེན་པོ་རྣམ་པར་དག་པ་ལོག་པར་ལྟ་བ་ལས་ཕྱིར་ལོག་པ་རྣམ་པར ་དག་པ་ཡོངས་སུ་བསྟན་ཏོ། །དེའི་གཉེན་པོར་ནི་ཚུལ་ཁྲིམས་ལ་བརྟེན་ནས་ཏིང་ངེ་འཛིན་ཏོ། །ཏིང་ངེ་འཛིན་ལ་བརྟེན་ནས་འཇིག་རྟེན་པའི་ཡང་དག་པའི་ལྟ་བ་སྟེ། ངེས་པར་རྟོགས་པའི་ཕྱོགས་སུ་བསྡུས་པའོ། །དེ་ནས་འཇིག་རྟེན ་ལས་འདས་པའི་ཡང་དག་པའི་ལྟ་བའོ། །དེ་ལྟར་ལས་ཀྱི་རྣམ་པར་དག་པའི་ཚུལ་ཁྲིམས་ཕུན་སུམ་ཚོགས་པར་རིག་པར་བྱའོ། །ཚིགས་སུ་བཅད་པའི་དོན་བསྟན་པས་རྣམ་གྲངས་གཞན་དུའོ། །དེ་ལ་ཚིགས་སུ་བཅད་པ ་འདི་དག་གིས་སོ་སོར་བསྡུས་པའི་དོན་ནི་དང་པོས་ནི་བར་དུ་གཅོད་པ་རྣམ་པར་སྤོང་བས་ཚུལ་ཁྲིམས་རྣམ་པར་དག་པའོ། །གཉིས་པས་ནི་གཡེང་བ་དང། རློམ་སེམས་ཀུན་ནས་རྣམ་པར་དག་པའོ། །གསུམ་པ་ནི ་སྲེད་པ་དང། ལྟ་བ་དང། ཀུན་ནས་ཉོན་མོངས་པ་སྤོང་བ་རྣམ་པར་དག་པའོ། །བཞི་པས་ནི་འདུ་ཤེས་ཡོངས་སུ་ཤེས་པ་རྣམ་པར་དག་པའོ། །ལྔ་པས་ནི་ཟག་པ་མེད་པ་རྣམ་པར་དག་པའོ། །དྲུག་པས་ནི་ཏིང་ངེ་འཛིན ་ཡོངས་སུ་དག་པ་རྣམ་པར་དག་པའོ། །བདུན་པས་ནི་སྦྱོར་བ་རྣམ་པར་དག་པའོ། །བརྒྱད་པས་ནི་སློབ་པ་རྣམ་པར་དག་པའོ། །དགུ་པས་ནི་མི་སློབ་པ་རྣམ་པར་དག་པའོ། །བཅུ་པས་ནི་དེ་བཞིན་གཤེགས་པའི་ཡེ ་ཤེས་རྣམ་པར་དག་པའོ། །དེ་ལ་ཚུལ་ཁྲིམས་ཀྱི་བར་དུ་གཅོད་པ་ནི་བཞི་པའོ། །ཉམས་པ་ནི་བར་དུ་གཅོད་པ་སྟེ། དེའི་གཉེན་པོར། ཚུལ་ཁྲིམས་ལྡན་པ་དྲི་མ་མེད་ཅིང་ཅི་ཡང་མེད་ཅེས་བྱ་བ་གསུངས་སོ། །དང ་ཚུལ་ངན་པའི་ཉེས་པའི་མཚན་ཉིད་ནི་དྲི་མའོ། །འདོད་ཆགས་ལ་སོགས་པ་ཉོན་མོངས་པ་ཅི་ཡང་ཞེས་བྱ་བ་ནི་གཞི་སྟེ། འདི་ནི་ཚུལ་ཁྲིམས་ཉམས་པ་བར་དུ་གཅོད་པའོ། །ཁྱད་པར་དུ་འགྲོ་བ་བར་དུ ་གཅོད་པ་དེའི་གཉེན་པོར་ཚུལ་ཁྲིམས་ལྡན་ལ་རྒྱགས་པ་མེད་དེ་རྟེན་པ་མེད་ཅེས་བྱ་བ་གསུངས་ཏེ། ཚུལ་ཁྲིམས་ཙམ་ལ་ཡོན་ཏན་དུ་ལྟ་ཞིང་དེ་ལ་བརྟེན་པ་དེའི་གཞི་ནི་རྒྱགས་པ་སྟེ། འདི་ནི་ཁྱད་པར་དུ་འགྲོ་བའི་བར་དུ ་གཅོད་པའོ། །རྟོགས་པར་འགྱུར་བའི་བར་དུ་གཅོད་པའི་གཉེན་པོར་ཚུལ་ཁྲིམས་ལྡན་ལ་མུན་པ་མེད་ཅིང་འཆིང་བ་མེད་ཅེས་བྱ་བ་གསུངས་ཏེ། མ་རིག་པ་ནི་གཞིའོ། །ལྟ་བ་ནི་འཆིང་བ་སྟེ། འདི་ནི་དེ་ཁོ་ན་རྟོགས་པར་འགྱུར་བའི་བར་དུ ་གཅོད་པའོ། །ཚེ་འདི་ལ་བདེ་བར་གནས་པའི་བར་དུ་གཅོད་པ་དེའི་གཉེན་པོར། ཚུལ་ཁྲིམས་ལྡན་ལ་རྡུལ་རྣམས་མེད་དེ་ཉེས་པ་མེད་ཅེས་བྱ་བ་གསུངས་ཏེ། མི་དགེ་བ་ལ་སེམས་པ་ནི་རྡུལ་ཏོ། །འཐོབ་པ་དང་བཀུར་སྟི ་ལ་ཆགས་པའི་ཉེས་པ་ནི་བཞི་སྟེ། འདི་ནི་ཚེ་འདི་ལ་བདེ་བར་གནས་པ་བསམ་གཏན་རྣམས་ཀྱི་བར་དུ་གཅོད་པའོ། །གཉིས་པ་ལས་ནི་གཡོ་བ་དང་རློམ་སེམས་ཀུན་ལས་རབ་ཏུ་ཐར་བ་རྣམ་པར་དག་པ་སྟེ། མཚན་མ ་དང། གནས་ངན་ལེན་དང། དེ་ལས་བྱུང་བའི་སྡུག་བསྔལ་སྤངས་པ་དང། གཉེན་པོར་རྣམ་པར་མི་རྟོག་པའི་ཤེས་རབ་དང་ཏིང་ངེ་འཛིན་ཕུན་སུམ་ཚོགས་པའོ། །དེ་ལ་མཚན་མ་སྤངས་པས་ཞི་བའོ། །གནས་ངན ་ལེན་སྤངས་པས་རབ་ཏུ་ཞི་བའོ། །དེ་ལས་བྱུང་བའི་སྡུག་བསྔལ་སྤངས་པས་ཉེ་བར་ཞི་བའི་ཡིད་དོ། །གཟུགས་ལ་སོགས་པའི་ཆོས་ཀྱི་ངོ་བོ་ཉིད་དང་དེའི་ཁྱད་པར་སྐྱེའོ། །འགོག་གོ་ཞེས་བྱ་བ་ལ་སོགས་པར་རྟོག ་པ་དང། རྣམ་པར་རྟོག་པ་དང་བྲལ་བ་དང། གཡོ་བ་མེད་པ་དང། ཏིང་ངེ་འཛིན་ལས་མི་གཡོ་བའི་ཕྱིར། གཉེན་པོ་རྣམ་པར་མི་རྟོག་པའི་ཤེས་རབ་དང་ཏིང་ངེ་འཛིན་ཕུན་སུམ་ཚོགས་པས་གཡོ་བ་དང་རློམ་སེམས་ཐམས་ཅད་ལས་རབ་ཏུ་ཐར་བ ་ཕུན་སུམ་ཚོགས་སོ། །གསུམ་པ་ལས་ནི་སྲེད་པ་དང་ལྟ་བ་དང། ཀུན་ནས་ཉོན་མོངས་པ་སྤངས་པ་རྣམ་པར་དག་པ་སྟེ། ཚེ་འདི་དང་ཚེ་རབས་གཞན་གྱི་སྲེད་པ་སྤངས་པས། ལུས་ལ་མི་ལྟ་སྲོག་ལ་ཕངས་པར་འཛིན་མི་བྱེད། །སྲིད་པ ་རྣམས་སུ་སྐྱེ་བ་ཀུན་ལ་འདོད་པ་མེད་ཅེས་བྱ་བའོ། །ཐེག་པ་ཆེན་པོའི་ཆོས་དང་དོན་ལ་ཕྱིན་ཅི་མ་ལོག་པས། ཡང་དག་པར་ཞུགས་པ་དང། ཡང་དག་པའི་ཚུལ་ལ་གནས་པ་ཞེས་བྱའོ། །བཞི་པ་ལས་ནི་འདུ་ཤེས་ཡོངས་སུ་ཤེས་པ ་རྣམ་པར་དག་པ་སྟེ། འཇིག་རྟེན་གྱི་ཆོས་ཀྱི་འདུ་ཤེས་ཡོངས་སུ་ཤེས་པས་འཇིག་རྟེན་གྱིས་མ་གོས་པ་ཞེས་བྱའོ། །འཇིག་རྟེན་གྱི་འདུ་ཤེས་ཡོངས་སུ་ཤེས་པས་འཇིག་རྟེན་དག་ལ་དམིགས་པ་ཞེས་བྱའོ། །བདེན་པ་ལ་ཡིད ་གཉིས་དང་ཐེ་ཚོམ་ཟ་བའི་འདུ་ཤེས་ཡོངས་སུ་ཤེས་པས་སྣང་པ་ཐོབ་པ་ཞེས་བྱའོ། །ལུས་དང་ལོངས་སྤྱོད་ཀྱི་འདུ་ཤེས་ཡོངས་སུ་ཤེས་པས་བདག་གི་བ་མེད་ཅེས་བྱའོ། །འདོད་ཆགས་དང། ཞེ་སྡང་དང། གཏི་མུག་གི ་མཚན་མའི་འདུ་ཤེས་ཡོངས་སུ་ཤེས་པས་ཅི་ཡང་མེད་ཅེས་བྱའོ། །བདག་དང་གཞན་གྱི་འདུ་ཤེས་ཡོངས་སུ་ཤེས་པས་བདག་ཏུ་འདུ་ཤེས་མེད་ཅིང་གཞན་དུ་འདུ་ཤེས་མེད་ཅེས་བྱའོ། །ལྔ་པ་ལས་ནི་ཟག་པ་མེད་པ་རྣམ ་པར་དག་པ་སྟེ། ཕུང་པོ་ལྷག་མ་མ་ལུས་པའི་མྱ་ངན་ལས་འདས་པའི་དབྱིངས་ཡོངས་སུ་འཛིན་པས། གང་ལ་ཚུ་རོལ་མེད་ཅིང་ཕ་རོལ་དབུས་ཀྱང་མེད་ཅེས་བྱའོ། །དེ་ལ་ནང་དང། ཕྱིའི་སྐྱེ་མཆེད་དྲུག་དང། དེ་ལས ་བྱུང་བའི་རྣམ་པར་ཤེས་པ་རྣམས་ནི་ཚུ་རོལ་དང། ཕ་རོལ་དང། དབུས་ཞེས་བྱའོ། །ཕུང་པོའི་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པའི་དབྱིངས་ལ་རབ་ཏུ་གནས་པས་ཆགས་པ་སྤངས་པ་དང ་དངོས་པོའི་འཆིང་བ་ལས་ཐར་པ་དང། དགེ་བ་མི་སྤྱོམས་པས། ཚུ་རོལ་དག་ལ་ནམས་ཀྱང་མི་ཆགས་ཤིང། བཅིངས་དང་ཆགས་མེད་ཚུལ་འཆོས་མེད་ཅེས་བྱ་སྟེ། དངོས་པོ་ལ་ཆགས་པ་སྤངས་པས་དངོས་པོ་བཅིངས་པ་ལས ་རྣམ་པར་གྲོལ?་གྱི། དངོས་པོ་ལས་རྣམ་པར་གྲོལ་བ་ནི་མ་ཡིན་ནོ། །མ་བཅིངས་པ་ནི་གྲོལ་བ་ཞེས་བྱ་སྟེ། དཔེར་ན་དགེ་སློང་ཁྱེད་མིག་ལ་དགའ་བའི་འདོད་ཆགས་གང་ཡིན་པ་དེ་སྤོངས་ཤིག། དེ་སྤངས་ན་མིག་དེ་སྤངས་པར་འགྱུར་རོ་ཞེས་བྱ་བ ་གསུངས་པ་ལྟ་བུའོ། །ཚུལ་འཆོས་མེད་ཅེས་བྱ་བ་ནི་འཐོབ་པ་དང་བཀུར་སྟི་ལ་ཆགས་པ་མེད་པས་ཕྱི་རོལ་གྱི་དངོས་པོ་ལ་མི་ཆགས་པར་སྟོན་ཏོ། །དྲུག་པ་ལས་ནི་ཏིང་ངེ་འཛིན་ཡོངས་སུ་འཛིན་པ་རྣམ་པར་དག་པ་སྟེ། དག་པ་ཅན ་གྱི་ཏིང་ངེ་འཛིན་ཡོངས་སུ་འཛིན་པས། མིང་དང་གཟུགས་རྣམས་ལ་ནི་ཆགས་པ་མེད་པའི་ཡིད་ཅེས་བྱའོ། །ཐ་བ་མེད་པ་ཅན་གྱི་ཏིང་ངེ་འཛིན་ཡོངས་སུ་འཛིན་པས་དེ་ནི་མཉམ་པར་བཞག་ཅིང་ཤིན་ཏུ་དུལ་བའི་སེམས་ཞེས་བྱ་སྟེ། རྩ ་བའི་བསམ་གཏན་གྱི་ཏིང་ངེ་འཛིན་ཐོབ་བས་མཉམ་པར་བཞག་པ་ཞེས་བྱའོ། །འཇིག་རྟེན་ལས་འདས་པའི་ཏིང་ངེ་འཛིན་ཡོངས་སུ་འཛིན་པས། གང་ལ་བདག་མེད་བདག་གིར་འཛིན་པ་མེད་ཅེས་བྱའོ། །བདུན་པ་ལས་ནི་སྦྱོར་བ་རྣམ ་པར་དག་པ་སྟེ། སོ་སོར་ཐར་པའི་སྡོམ་པ་ཙམ་གྱིས་རློམ་སེམས་སུ་མི་བྱེད་པས། སོ་སོར་ཐར་པ་ལ་སློབ་པས་རློམ་སེམས་བྱེད་པ་མེད་ཅེས་བྱའོ། །དེ་ཙམ་གྱིས་ཆོག་པར་མི་འཛིན་པས། དེས་ནི་འདི་ན་དེ་ལ་ཆགས་པར་མི ་འགྱུར་ཏེ། དེའི་གོང་དུ་འཕགས་པའི་ལམ་རྣམས་ཚོལ་བྱེད་པ། དེ་ནི་ཚུལ་ཁྲིམས་རྣམ་པར་དག་པའི་མཚན་མའོ་ཞེས་བྱ་བའོ། །བརྒྱད་པ་ལས་ནི་སློབ་པ་རྣམ་པར་དག་པ་སྟེ། ཚུལ་ཁྲིམས་དང། ཏིང་ངེ་འཛིན་གྱིས་ཆོག་པར་མི་འཛིན ་པས། ཚུལ་ཁྲིམས་གཙོ་བོ་མ་ཡིན་ཏིང་ངེ་འཛིན་དེར་ཆགས་མེད་ཅེས་བྱའོ། །འཇིག་རྟེན་པའི་ཤེས་རབ་ཙམ་གྱིས་ཆོག་པར་མི་འཛིན་པས། དེ་ཁོ་ན་རྟོགས་ཏེ། མི་དམིགས་པའི་ཡེ་ཤེས་ཐོབ་པ་ནི། དེའི་གོང་དུ་ཤེས་རབ་སྒོམ་པ ་ཡོངས་སུ་ཚོལ། དམིགས་པ་མེད་པ་འཕགས་པ་རྣམས་ཀྱི་རིགས་ཡིན་ཏེ། ཚུལ་ཁྲིམས་དེ་ནི་བདེ་བར་གཤེགས་པས་རབ་ཏུ་བསྔགས་ཞེས་བྱའོ། །དགུ་པ་ལས་ནི་མི་སློབ་པ་ལས་ནི་དག་སྟེ། མཐོང་བའི་ལམ་ན ་འཇིག་ཆོགས་ལ་ལྟ་བ་ལས་རྣམ་པར་གྲོལ་བས། འཇིག་ཚོགས་ལ་ལྟ་ལས་རྣམ་པར་གྲོལ་བའི་ཡིད་ཅེས་བྱའོ། །སྒོམ་པའི་ལམ་ན་ངའོ་སྙམ་པའི་ང་རྒྱལ་ལས་རྣམ་པར་གྲོལ་བས། དེ་འདིར་ང་དང་ང་ཡི་སྙམ་དུ ་འགྱུར་བ་མེད་ཅེས་བྱ་བའོ། །དེའི་རྗེས་ལས་ཐོབ་པའི་ཡེ་ཤེས་ཀྱིས། དེ་བཞིན་གཤེགས་པའི་སྤྱོད་ཡུལ་ཟབ་མོ་སྟོང་པ་ཉིད་ལ་མོས་པས། སངས་རྒྱས་སྤྱོད་ཡུལ་སྟོང་པ་ཉིད་ལ་ལྷག་པར་མོས། དེ་ཡི་ཚུལ་ཁྲིམས་དེ་ནི ་མཉམ་པ་མེད་པའོ་ཞེས་བྱའོ། །བཅུ་པ་ལས་ནི་དེ་བཞིན་གཤེགས་པའི་ཡེ་ཤེས་རྣམ་པར་དག་པ་སྟེ། བྱང་ཆུབ་སེམས་དཔའ་ཨི་ཚུལ་ཁྲིམས་ལ་གནས་ནས་ཐེག་པ་རླབས་པོ་ཆེའི་ཏིང་ངེ་འཛིན་བསྒོམས་པས། ཚུལ་ཁྲིམས ་ལ་ནི་གནས་ནས་ཏིང་ངེ་འཛིན་ཀྱང་ཐོབ་ཅེས་བྱའོ། །ཏིང་ངེ་འཛིན་ལ་གནས་ཏེ་ཤེས་རབ་སྒོམ་མོ། །བསྒོམས་པས་ཏིང་ངེ་འཛིན་རྣམས་ཐོབ་ནས་ཤེས་རབ་ཤིན་ཏུ་བསྒོམ་ཞེས་བྱའོ། །ཤེས་རབ་ཟབ་མོ་སྒོམ་པ་ལ་གནས་ཏེ ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པས། ཤེས་རབ་ཀྱིས་ནི་ཡེ་ཤེས་རྣམ་པར་དག་པ་འཐོབ་ཅེས་བྱའོ། །དེ་ལྟར་ཚུལ་ཁྲིམས་ཕུན་སུམ་ཚོགས་བས། ཡེ་ཤེས་རྣམ་པར་དག་པས་ཚུལ ་ཁྲིམས་ཕུན་སུམ་ཚོགས་ཞེས་བྱའོ། །ཡང་གནོད་པ་འཇོམས་པ་རྣམ་པར་དག་པ་དང་བསླབ་པ་རྣམ་གསུམ་རྣམ་པར་དག་པ་དང། སྦྱོར་བའི་ལམ་རྣམ་པར་དག་པ་དང། མཐོང་བའི་ལམ་རྣམ་པར་དག་པ་དང། བསྒོམ ་པའི་ལམ་རྣམ་པར་དག་པ་དང། མཐར་ཕྱིན་པའི་ལམ་རྣམ་པར་དག་པ་དང། སྡོམ་པ་གསུམ་རྣམ་པར་དག་པས། ཚིགས་སུ་བཅད་པ་འདི་དག་གིས་ལུས་རྣམ་པར་བཞག་པར་བྱའོ་ཞེས་སློབ་དཔོན་གཞན་དག་ཚིགས་སུ ་བཅད་པ་འདི་དག་གི་དོན་དེ་སྐད་དུ་རྗོད་དེ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་བཀའ་སྩལ་པ། རབ་འབྱོར་སོང་ལ་དགེ་སློང་དེ་དག་ཀུན་ཤེས་པར་བྱོས་ཤིག་།རབ་འབྱོར་གྱིས་གསོལ་པ། ་བཅོམ་ལྡན་འདས་ཉིད་ཀྱིས་འདི་དག་ལ་བཤད་ན་ཡང་མཐུན་པར་མི་བགྱིད་ན་བདག་གིས་ལྟ་སྨོས་ཀྱང་ཅི་འཚལ་ཞེས་བྱ་བ་ལ། འདི་ལ་རབ་འབྱོར་ལ་བཀའ་སྩལ་པ་ནི། དེ་བཞིན་གཤེགས་པ་རྣམས་ཀྱིས་འདུལ ་པའི་དོན་མཛད་པའི་ནུས་པ་ཉན་ཐོས་རྣམས་ལས་ཁྱད་པར་དུ་བརྗོད་པའི་ཕྱིར་རོ། །འདི་མན་ཆད་ནི་བརྔ་དང་དོན་དམ་པའི་སྡོམ་པ་རྣམ་པར་བཞག་པར་རིག་པར་བྱའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་དགེ་སློང་དེ ་དག་ལམ་གང་ནས་དོད་པའི་ལམ་དེར་དགེ་སློང་གཉིས་ཤིག་སྤྲུལ་པ་སྤྲུལ་ཏོ། །ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་འདུལ་བའི་ཐབས་སྟོན་ཏོ། །རྣམ་པ་གཉིས་ཀྱིས་སྤྲུལ་པ་རབ་ཏུ་བསྟན་ཏེ། དགེ་སློང་དེ་དག ་བསྡུས་ནས་གདམས་པའི་ཕྱིར་རོ། །དེ་ནས་དགེ་སློང་ལྔ་བརྒྱ་པོ་དེ་དག་སྤྲུལ་པའི་དགེ་སློང་གཉིས་པོ་ལམ་གང་ནས་དོད་བའི་ལམ་དེར་དོང་སྟེ། ཕྱིན་པ་དང་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་དག་གར་འགྲོ། དེ་གཉིས་ཀྱིས་སྨྲས་བ། ཁོ ་བོ་ཅག་ནི་དགོན་པའི་གནས་རྣམས་སུ་བསམ་གཏན་གྱི་བདེ་བ་ལ་རེག་པར་གནས་པར་བྱ་བར་འདོད་དོ། །དེ་ཅིའི་ཕྱིར་ཞེ་ན། ཁོ་བོ་ཅག་ནི་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པ་གང་ཡིན་པའི་ཆོས་དེ་ལ་མི་འཇུག་སྟེ། མི་རྟོག་གིས་མི ་མོས་ཤིང་སྐྲག་ཀུན་ཏུ་སྐྲག་ཀུན་ཏུ་རབ་ཏུ་སྐྲག་བར་གྱུར་ནས་ཁོ་བོ་ཅག་དགོན་པའི་གནས་རྣམས་སུ་བསམ་གཏན་གྱི་བདེ་བ་ལ་རེག་བར་གནས་པ་རྣམས་ཀྱིས་གནས་པར་བྱའོ། །དགེ་སློང་ལྔ་བརྒྱ་པོ་དག་གིས་འདི་སྐད་ཅེས་སྨྲས་སོ། །ཚེ་དང ་ལྡན་པ་དག་ཁོ་བོ་ཅག་ཀྱང་བཅོམ་ལྡན་འདས་ཀྱིས་ཆོས་བཤད་པ་ལ་མི་འཇུག་སྟེ། མ་རྟོགས་མ་མོས་ཤིང་སྐྲག་ཀུན་ཏུ་སྐྲག་རབ་ཏུ་སྐྲག་པར་གྱུར་ཏོ། །དེའི་ཕྱིར་ཁོ་བོ་ཅག་ཀྱང་དགོན་པའི་གནས་རྣམས་སུ་བསམ་གཏན་གྱི་བདེ་བ་ལ་རེག ་པར་གནས་པ་རྣམས་ཀྱིས་གནས་པར་བྱའོ། །སྤྲུལ་པ་གཉིས་ཀྱིས་སྨྲས་པ། ཚེ་དང་ལྡན་པ་དག་དེའི་ཕྱིར་བདག་ཅག་ཡང་དག་པར་འགྲོ་བར་བྱའོ། །རྩོད་པར་མི་བྱའོ། །རྩོད་པ་མེད་པ་དམ་པར་བྱེད་པ་ནི་དགེ་སྦྱོང་གི་ཆོས་སོ། །ཚེ་དང་ལྡན ་པ་དག་དེའི་ཕྱིར་བདག་ཅག་ལང་དག་པར་འགྲོ་བར་བྱའོ། །རྩོད་པར་མི་བྱའོ། །རྩོད་པ་མེད་པ་དམ་པར་བྱེད་པ་ནི་དགེ་སྦྱོང་གི་ཆོས་སོ། །ཚེ་དང་ལྡན་པ་དག་གང་འདི་ཡོངས་སུ་མྱ་ངན་ལས་འདས་པ་ཞེས་བྱ་བ་གང། ཡོངས་སུ་མྱ་ངན་ལས ་འདའ་བར་འགྱུར་བའི་ཆོས་དེ་གང། དེ་ལུས་འདི་ལ་བདག་གམ། སེམས་ཅན་ནམ། སྐྱེ་བ་པོ་འམ། སྐྱེས་བུ་འམ། གང་ཟག་ག་མ། ཤེད་ལས་སྐྱེས་པ་འམ། ཤེད་བུ་འམ། གང་ཡོངས་སུ་མྱ་ངན་ལས་འདའ་བར ་འགྱུར། གང་ཟད་བས་ཡོངས་སུ་མྱ་ངན་ལས་འདའ་། དེ་དག་གིས་སྨྲས་པ། འདོད་ཆགས་ཟད་ཞེ་སྡང་ཟད་གཏི་མུག་ཟད་བས་ཡོངས་སུ་མྱ་ངན་ལས་འདའ་ཨོ། །སྤྲུལ་བ་གཉིས་ཀྱིས་སྨྲས་པ། ཚེ་དང་ལྡན་པ་དག་འདོད ་ཆགས་དང། ཞེ་སྡང་དང། གཏི་མུག་ཡོད་པས་ཡིན་ནམ། ཅི་ན་དེ་དག་ཟད་བར་བྱ། དེ་དག་གིས་སྨྲས་པ། དེ་དག་ནང་ན་ཡང་མེད། ཕྱི་རོལ་ན་ཡང་མེད། གཉི་ག་མེད་བ་ལ་ཡང་མི་དམིགས་ཏེ། དེ་དག་ནི་ཡོངས་སུ་མ་བརྟགས་བ་ལས ་ཀྱང་མི་སྐྱེའོ། །ཞེས་བྱ་བ་ནི་དེ་དག་མྱ་ངན་ལས་འདས་པ་ལས་ལོག་བར་འཛིན་པས་མངོན་པའི་ང་རྒྱལ་གྱིས་སྐྲག་བ་ལས་ཡོངས་སུ་མྱ་ངན་ལས་འདས་བར་བྱེད་པའི་སེམས་ཅན་དེ་གང་དེ་ཡང་མེད་པ། འདོད་ཆགས་ལ་སོགས ་བ་ཡོད་པ་ལས་ཟད་བར་འགྱུར་བ་མ་ཡིན་ཏེ་མ་སྐྱེས་པ་དེ་དག་ཉིད་ཀྱི་སྐྱེ་བ་མེད་པ་ཙམ་ལ་མྱ་ངན་ལས་འདས་བའོ?་ཞེས་ཡོངས་སུ་བསྟན་བས་ཡང་དག་བ་ཇི་ལྟ་བ་བཞིན་དུ་མྱ་ངན་ལས་འདས་པ་ལ་ཡིད་ཆེས་བར་འགྱུར་བའོ། ་སྤྲུལ་བ་གཉིས་ཀྱིས་སྨྲས་བ། ཚེ་དང་ལྡན་བདག?་དེ་ལྟ་བས་ནམ་རྟོག་རྣམ་པར་མ་རྟོག་ཅིག་ཅེས་བྱ་བ་ནི་ནང་དང་ཕྱིའི་སྐྱེ་མཆེད་རྣམས་ལ་ང་དང་ངའི་ཞེས་བྱ་བ་དང། གོ་རིམ་བཞིན་དུ་སྦྱར་རོ། །ཚེ་དང་ལྡན་པ་དག་ནམ་མི་རྟོག་རྣམ་བར་མི ་རྟོག་པ་དེ་ནི་ཆགས་པར་ཡང་མི་འགྱུར་ཞེས་བྱ་བ་ནི་འདོད་ཆགས་སྐྱེ་བ་མེད་པའི་ཕྱིར་རོ། །ཆགས་པ་དང་བྲལ་བར་མི་འགྱུར་ཞེས་བྱ་བ་ནི་སྐྱེ་བ་མེད་པ་ལ་འབྲལ་བ་མེད་པའི་ཕྱིར་རོ། །ཆགས་པ་མེད་ཅིང་ཆགས་བ་དང་བྲལ ་བ་ཡང་མེད་པ་གང་ཡིན་པ་དེ་ནི་ཞིབ?་ཞེས་བྱའོ། །ཞེས་བྱ་བ་ལམ?་ཞི་བར་འགྱུར་བ་ལས་ཞི་བར་འགྱུར་རོ་སྙམ་དུ་འཛིན་པ་ཡོངས་སུ་བཙལ་བའི་ཕྱིར་རོ། །ཚེ་དང་ལྡན་པ་དག་ཚུལ་ཁྲིམས་ནི་མི་འཁོར་ཞིང་མྱ་ངན་ལས་མི་འདའ་ཨོ། །ཚེ་དང་ལྡན་པ ་དག་ཏིང་ངེ་འཛིན་དང། ཤེས་རབ་དང། རྣམ་བར་གྲོལ་བ་དང། རྣམ་བར་གྲོལ་བའི་ཡེ་ཤེས་མཐོང་བ་ལ་ཡང་མི་འཁོར་ཞིང་ཡོངས་སུ་མྱ་ངན་ལས་མི་འདའ་ཨོ། །ཚེ་དང་ལྡན་པ་དག་ཆོས་དེ་དག་གིས་ཡོངས་སུ་མྱ་ངན་ལས་འདས་པ་སྟོན་པ་ན་ཆོས་དེ ་དག་ཀྱང་སྟོང་པ། དབེན་པ་གཟུང་དུ་མེད་པའོ་ཞེས་སྨྲས་པ་ནི། གང་དག་གིས་གང་ཟག་ཞི་བ་ཞེས་བྱའོ། །མི་འཁོར་བ་ནི་ཉོན་མོངས་པ་ཅན་མ་ཡིན་པའི་ཕྱིར་རོ། །ཡོངས་མྱ་ངན་ལས་མི་འདའ་བ་ནི། རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས ་འདས་བའི་ཕྱིར་ཏེ། དེ་དག་ལ་ནི་སྔོན་མ་ཞི་བར་གྱུར་བ་ལས་ཞི་བར་འགྱུར་བ་གཞན་མེད་དོ། །ཚེ་དང་ལྡན་པ་དག་དངོས་པོ་ཅི་ཡང་མེད་པས་འདི་ལྟ་སྟེ། མྱ་ངན་ལས་འདས་སོ་སྙམ་པའི་འདུ་ཤེས་སྤོངས་ཤིག་།བདག་ཡོངས་སུ་མྱ་ངན ་ལས་འདས་པར་བྱའོ་སྙམ་པའི་འདུ་ཤེས་ཀྱིས་མྱ་ངན་ལས་འདས་པ་ལ་འདུ་ཤེས་སུ་མ་བྱེད་ཅིག་།འདོད་ཆགས་ལ་སོགས་པའི་འདུ་ཤེས་ཀྱིས་མྱ་ངན་ལས་འདས་པ་ལ་འདོད་ཆགས་ལ་སོགས་པ་མེད་པ་ནི་མྱ་ངན་ལས་འདས་པའོ་ཞེས ་མྱ་ངན་ལས་འདས་པའི་འདུ་ཤེས་ལ་ཡོངས་སུ་ཤེས་པར་མ་བྱེད་ཅིག་།འདོད་ཆགས་ལ་སོགས་པ་མེད་པ་ནི་མྱ་ངན་ལས་འདས་པའོ། །དེ་ནི་དེའི་འདུ་ཤེས་ཀྱིས་བཅིངས་པ་ཡིན་ནོ། །ཞེས་བྱ་བ་ནི་མཚན་མ་མེད་བ་ལ་གནས་པའི་བར ་ཆད་དུ་གྱུར་པའི་ཕྱིར་རོ། །ཟག་པ་ཟད་པར་བྱ་བའི་ཐབས་བསྟན་ནས་དེའི་འོག་ཏུ་ཚེ་འདི་ལ་བདེ་བར་གནས་པའི་བྱ་བའི་ཐབས་འགོག་པའི་སྙོམས་པར་འཇུག་བ་མངོན་པར་སྒྲུབ་བ་སྟོན་ཏོ། །ཚེ་དང་ལྡན་པ་དག་འདུ་ཤེས་དང། ཚོར་བ་འགོག ་པའི་སྙམས་པར་འཇུག་པ་ལ་ཞུགས་ཤིག་ཚེ་དང་ལྡན་པ་དག་འདུ་ཤེས། ཚོར་བ་འགོག་པའི་སྙོམས་བར་འཇུག་བ་ལས་གོང་མ་བྱ་བ་མེད་དོ་ཞེས་འཆང་ངོ་ཞེས་གང་གསུངས་པའི་ཕྱིར་རོ། །ཡང་ན་འདི་ནི་དོན་གཞན་ཡིན་ཏེ། ་དེ་ལ་དགེ་བའི་རྩ་བ་མ་བསྐྱེད་བ་དག་གིས་མོས་པར་མི་ནུས་ཞེས་བྱ་བ་ནི་བསོད་ནམས་དང། ཡེ་ཤེས་ཀྱི་ཚོགས་དང་མི་ལྡན་པའི་ཕྱིར་ཤིན་ཏུ་རྡུལ་དང་ལྡན་པའི་རྣམས་སོ་ཞེས་བྱ་བའི་ཐ་ཚིག་གོ་།སྡིག ་པའི་གྲོགས་པོས་ཡོངས་སུ་ཟིན་པ་དག་གིས་མ་ཡིན་ནོ་ཞེས་བྱ་བ་ནི་སྐྱེས་བུ་དམ་པས་ཡོངས་སུ་མ་ཟིན་པའི་ཕྱིར་རབ་ཏུ་མ་རུང་བར་འགྱུར་བ་རྣམས་ཀྱིས་སོ་ཞེས་བྱ་བའི་ཐ་ཚིག་གོ་།མ་དད་པ་མང་བ་དག་གིས་མ་ཡིན་ནོ་ཞེས་བྱ་བ་ནི་ཡེ ་ཤེས་ཀྱི་ཚོགས་དང་མི་ལྡན་པས་ཟབ་མོའི་ཆོས་གནས་ལ་མོས་པ་རྣམས་ཀྱིས་ཞེས་བྱ་བའི་ཐ་ཚིག་གོ་།མི་འཇུག་ཅེས་བྱ་བ་ནི་བསྟན་པའི་ཐ་ཚིག་གོ། མི་རྟོག་ཅེས་བྱ་བ་ནི་ཆོས་གནས་པའི་ཡེ་ཤེས་མ་རྟོགས་པའི་ཕྱིར་རོ།། ་མི་མོས་ཞེས་བྱ་བ་ནི་དེ་ཁོ་ན་ཤེས་པས་ངེས་པ་མེད་པའི་ཕྱིར་རོ། །དེ་བཞིན་གཤེགས་པས་འདུལ་བའི་ཐབས་དེ་རྣམ་པ་གཉིས་སུ་བལྟ་སྟེ། སྤྲུལ་པ་དག་གིས་མདེན་པའི་ང་རྒྱལ་ཅན་གྱི་བདག་ཉིད་དང་འདྲ་བ་དང། མོས་པ་འདྲ ་བས་ནི་བཀའ་ལ་སེམས་ཉེ་བར་གཞག་པའི་ཕྱིར་འདྲ་བ་བསྟན་པ་དང། གདམས་ངག་དེ་ངེས་པར་འབྱུང་བ་ཅན་ཡིན་པས་ཡང་དག་པའི་ཐབས་ཉེ་བར་བསྟན་པའོ། །གདམས་ངག་ཀྱང་རྣམ་པ་བཞིར་རིག་པར་བྱ་སྟེ། རྣམ ་བར་བྱང་བ་དང། ཀུན་ནས་ཉོན་མོངས་པ་གཉིས་ལ་སྐྲག་པར་འབྱུང་བའི་གནས་བསྟན་པ་དང། ཀུན་ནས་ཉོན་མོངས་པའི་གཞི་ཡོངས་སུ་སྤང་བར་བསྟན་པ་དང། རྣམ་པར་བྱང་བ་ལ་སྐྲག་པའི་གཞི་ཡོངས་སུ་སྤང་བར ་བསྟན་པ་དང། ཚེ་འདི་ལ་མཆོག་ཏུ་བདེ་བ་གནས་པའི་ཐབས་བསྟན་པའོ། །དེ་ལ་ཚེ་དང་ལྡན་པ་དག་གང་འདི་ཡོངས་སུ་མྱ་ངན་ལས་འདས་པ་ཞེས་གང་ཡོངས་སུ་མྱ་ངན་ལས་འདས་པར་འགྱུར་བའི་ཆོས་དེ་ཡང། གང་ལུས ་ལ་བདག་གམ་ཞེས་བྱ་བ་ནི་བདག་ཏུ་ལྟ་བ་དགག་པའི་ཕྱིར་རྣམ་པར་བྱང་བ་དང་ཀུན་ནས་ཉོན་མོངས་པ་གཉིས་ལ་སྐྲག་པ་འབྱུང་བའི་གནས་བསྟན་པས་བདག་མེད་པར་འགྱུར་སྙོམ?་སྟེ། སྐྲག་པས་ཀུན་ནས་ཉོན་མོངས་པར་འགྱུར་ཏེ། ་འདི་ནི་རྣམ་པ་དང་པོའོ། །སྤྲུལ་པ་གཉིས་ཀྱིས་སྨྲས་པ། དེ་ཚེ་དང་ལྡན་པ་དག་དེ་ལྟ་བས་ན་མ་རྟོག་པར་མ་རྟོག་ཅིག་ཅེས་བྱ་བ་ནི། ཀུན་ནས་ཉོན་མོངས་པའི་གཞི་རྣམ་པ་གཉིས་སྟོན་ཏོ། །ཐ་སྙད་ཅན་གྱི་ངོ་བོ་ཉིད་དུ་ཀུན་ནས ་ཉོན་མོངས་པའི་ངོ་བོ་ཉིད་ལ་མངོན་པར་ཞེན་པའི་ཡོངས་སུ་རྟོག་པ་དེའི་དབང་དུ་བྱས་ནས་མ་རྟོག་ཅིག་ཅེས་བྱ་བ་སྨྲས་སོ། །དེའི་ཡོན་ཏན་དང་ཉེས་པའི་བྱེ་བྲག་ལ་མངོན་པར་ཞེན་པའི་ཡོངས་སུ་རྟག་པ་དེའི་དབང་དུ་བྱས་ནས་རྣམ་པར ་མ་རྟོག་ཅིག་ཅེས་བྱ་བ་སྨྲས་ཏེ། འདི་ནི་རྣམ་པ་གཉིས་པའོ། །ཚེ་དང་ལྡན་པ་དག་ནམ་མི་རྟོག་རྣམ་པར་མི་རྟོག་པ་དེ་ན་ཞེས་བྱ་བ་ནས་རྒྱ་ཆེར་དེ་ནི་དེའི་འདུ་ཤེས་ཀྱིས་བཅིངས་པ་ཡིན་ནོ་ཞེས་བྱ་བའི་བར་དག་ནི་རྣམ་པར་བྱང་བ་སྟེ། ་མདོར་བསྡུ་ན་རྣམ་པ་གཉིས་སུ་རིག་པར་བྱ་སྟེ། རྣམ་པར་དག་པའི་ལམ་དང། མྱ་ངན་ལས་འདས་པ་རྣམ་པར་དག་པའི་ལམ་ལ་སྐྲག་པའི་གཞིར་རིག་པར་བྱ་སྟེ། ཚེ་དང་ལྡན་པ་དག་ཚུལ་ཁྲིམས་ལ་སོགས་པ་ནི་མི་འཁོར་ཞིང ་ཡོངས་སུ་མྱ་ངན་ལས་མི་འདའ་ཨོ་ཞེས་བྱ་བ་ལ་ཚུལ་ཁྲིམས་ལ་སོགས་བའི་དེ་བཞིན་ཉིད་ཤིན་ཏུ་རྣམ་པར་དག་པའི་ཕྱིར་སྔོན་དང་ཕྱི་མར་ཀུན་ནས་ཉོན་མོངས་པར་རྟོག་པ་དང་ཀུན་ནས་ཉོན་མོངས་པ་དང་བྲལ་བའི་རྟོག་པ་མི ་འཐད?་ན་དེ་རྣམ་པར་དག་པའི་ལམ་དེ་ལ་ཀུན་ནས་ཉོན་མོངས་པ་དང། ཀུན་ནས་ཉོན་མོངས་པ་དང་བྲལ་བར་རྟོགས་པས་རྣམ་པར་དག་པའི་ལམ་ལ་སྐྲག་གོ་།རྣམ་པ་གཉིས་ཀྱིས་མྱ་ངན་ལས་འདས་པ་རྣམ་པར་དག་པ་ལ ་སྐྲག་པའི་གཞིར་རིག་པར་བྱ་སྟེ། ཚེ་དང་ལྡན་པ་དག་འདི་ལྟ་སྟེ་མྱ་ངན་ལས་འདས་པའི་འདུ་ཤེས་སྤོངས་ཤིག་ཅེས་བྱ་བ་ནི་ཐ་སྙད་ཅན་གྱི་ངོ་བོ་ཉིད་ལ་མངོན་པར་ཞེན་བས་སོ། །འདུ་ཤེས་ལ་ཡང་འདུ ་ཤེས་སུ་མ་བྱེད་ཅིག་ཅེས་བྱ་བ་ནི་མྱ་ངན་ལས་འདས་པ་ཞེས་བྱ་བ་ནི་ཚིག་བླ་དགས་ཀྱི་འདུ་ཤེས་ལ་སེམས་ལས་བྱུང་བའི་འདུ་ཤེས་སུ་བྱེད་པས་སོ། །འདུ་ཤེས་ལ་འདུ་ཤེས་ཀྱིས་ཡོངས་སུ་ཤེས་པར་མ་བྱེད་ཅིག་ཅེས་བྱ་བ་ནི ་སེམས་ལས་བྱུང་བའི་འདུ་ཤེས་ཀྱིས་ཞི་བ་པོ་ཞེས་བྱ་བ་ནི་ཚིག་བླ་དགས་ཀྱི་འདུ་ཤེས་ལ་ཡོངས་སུ་ཤེས་པར་བྱེད་པས་སོ། །གཞི་རྣམ་པ་འདི་གཉིས་མེད་ན་མྱ་ངན་ལས་འདས་པ་ལ་སྐྲག་པར་མི་འགྱུར་ཏེ། འདི་ནི ་རྣམ་པ་གསུམ་པར་རིག་པར་བྱའོ། །གཞི་དེ་གཉིས་ཡོངས་སུ་སྤངས་པ་ནི་མཆོག་ཏུ་གནས་པར་བྱ་བའི་ཐབས་བསྟན་པར་རིག་པར་བྱ་སྟེ། ཚོ?་དང་ལྡན་པ་དག་འདུ་ཤེས་དང་ཚོར་བ་འགོག་པའི་སྙོམས་པར་འཇུག་པ་ལ ་སྙོམས་པར་ཞུགས་ཤིག་།ཚེ་དང་ལྡན་པ་དག་འདུ་ཤེས་དང་ཚོར་བ་འགོག་པ་ལ་སྙོམས་པར་ཞུགས་ན་དེའི་གོང་ན་བྱ་བ་མེད་དོ་ཞེས་གང་སྨྲས་སོ། །གཞི་དེ་གཉིས་ཡོངས་སུ་སྤངས་པ་ཡང་ཀུན་ནས་ཉོན་མོངས་པའི་ཡོངས་སུ ་ལྡངས་པ་དང། རྣམ་པར་བྱད་བ་ལ་སྐྲག་པའི་གཞི་ཡོངས་སུ་སྤངས་ཏེ། འདི་ནི་རྣམ་པ་བཞིར་རིག་པར་བྱ་སྟེ། འདི་ཡན་ཆད་ནི་དེ་བཞིན་གཤེགས་པས་འདུལ་བའི་ཐབས་སུ་རིག་པར་བྱའོ། །འདི་མན་ཆད་ནི་དངོས་པོ་དྲུག་ལས ་བརྩམས་ནས་བཀའ་ལུང་བརྡ་སྤྲོད་པ་དོན་ཆེན་པོར་རིག་པར་བྱ་སྟེ། མྱ་ངན་ལས་འདས་པའི་དངོས་པོ་དང། གནས་ཀྱི་དངོས་པོ་དང། སྒྲའི་དངོས་པོ་དང། ཚུལ་བཞིན་ཡིད་ལ་བྱེད་པའི་དངོས་པོ་དང། གདམས་ངག་གི ་དངོས་པོ་དང། ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་སྒྲུབ་པའི་དངོས་པོའོ། །དེ་དག་སེམས་རྣམ་པར་གྲོལ་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འཁོད་དོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས? ་དགེ་སློང་དེ་དག་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་དག་གར་དོད་དོད་གང་ནས་ལྷགས་ཞེས་དྲིས་པ་དང། དེ་དག་གིས་སྨྲས་བ། བཙུན་པ་རབ་འབྱོར་གང་དུ་ཡང་འགྲོ་བ་མེད། གང་ནས་ཀྱང་འོང་བ་མེད་པའི་ཕྱིར་བཅོམ་ལྡན ་འདས་ཀྱིས་ཆོས་བསྟན་ཏོ་ཞེས་བྱ་བ་ཅི་ལ་བརྩམས་ཏེ་དེ་སྐད་སྨྲས་ཤེ་ན། དང་པོ་སྟེ་མྱ་ངན་ལས་འདས་པའི་དངོས་པོའི་དབང་དུ་བྱས་པའོ། །ཅིའི་ཕྱིར་ཞེ་ན་འདི་ལྟར་འཁོར་བ་ལྟ་བུར་དེ་ལ་ནི་འགྲོ་བ་དང་།འདི?་ལ་མེད ་པའོ། །ཚེ་དང་ལྡན་པ་དག་ཁྱེད་ཀྱི་སྟོན་པ་གང་ཡིན་ཞེས་དྲིས་པ་དང། སྨྲེས་ང?། གང་མ་སྐྱེས་ཤིང་ཡོངས་སུ་མྱ་ངན་ལས་མི་འདའ་?་ཞེས་བྱ་བ་ཅི་ལས་བརྩམས་ཏེ་དེ་སྐད་སྨྲས་ཤེ་ན། །གཉིས་པ་གནས་ཀྱི་དངོས་པོ་སྟེ། ་གཟུགས་ཀྱི་སྐུའི་དབང་དུ་བྱས་སོ། །མ་སྐྱེས་ཤིང་ཡོངས་སུ་མྱ་ངན་ལས་མི་འདའ་ཞེས་བྱ་བ་ནི་མྱ་ངན་ལས་འདས་པའི་རང་བཞིན་གྱི་ཕྱིར་ཏེ། སྨྲས་པ། ཁྱེད་ཀྱིས་ཇི་ལྟར་ཆོས་ཐོས་ཤེས་དྲིས་པ་དང། སྨྲས་པ། བཅིང ་བའི་ཕྱིར་ཡང་མ་ཡིན་ཐར་པའི་ཕྱིར་ཡང་མ་ཡིན་ནོ་ཞེས་བྱ་བ་ཅི་ལས་བསམ་ཏེ་དེ་སྐད་སྨྲས་ཤེ་ན། གསུམ་པ་སྒྲའི་དངོས་པོ་སྟེ། ཆོས་བསྟན་པའི་དབང་དུ་བྱས་སོ། །བཅིངས་པའི་ཕྱིར་ཡང་མ་ཡིན་ཞེས་བྱ་བ་ནི ་ཆོས་གོས་ལ་སོགས་པ་ལ་སྲེད་པ་སྐྱེ་བའི་གཉེན་པོའི་ཕྱིར་རོ། །ཐར་པའི་ཕྱིར་ཡང་མ་ཡིན་ཞེས་བྱ་བ་ནི། དེ་དག་གྲོལ་བའི་ཕྱིར་རོ། །སྨྲས་པ། ཁྱེད་ཇི་ལྟར་རབ་ཏུ་བརྩོན་ཞེས་དྲིས་པ་དང། །སྨྲས་པ་མ་རིག་པ་སྤངས ་བའི་ཕྱིར་ཡང་མ་ཡིན། རིག་པ་བསྐྱེད་པའི་ཕྱིར་ཡང་མ་ཡིན་ནོ་ཞེས་བྱ་བ་ཅི་ལས་བསམས་ཏེ་སྨྲ་ཤེ་ན། བཞི་བ་ཚུལ་བཞིན་ཡིད་ལ་བྱེད་བའི་དངོས་པོའི་དབང་དུ་བྱས་སོ། །མ་རིག་པ་སྤང་བའི་ཕྱིར་མ ་ཡིན་པའི་དབང་དུ་བྱས་པ་སྟེ། ཉན་ཐོས་རྣམས་ལ་དེ་ཀུན་ཏུ་འབྱུང་བའི་ཕྱིར་རོ། །མ་རིག་པ་བསྐྱེད་པའི་ཕྱིར་ཡང་མ་ཡིན་པ་ནི་སྐྱེས་ཟིན་པའི་ཕྱིར་རོ། །སྨྲས་པ་ཁྱེད་སུའི་ཉན་ཐོས་ཞེས་དྲིས་པ་དང། སྨྲས་པ་གང་གིས་ཐོབ་པ ་མེད་ཅིང་མངོན་པར་རྫོགས་པར་སངས་རྒྱས་པ་མེད་དོ་ཞེས་བྱ་བ་ཅི་ལས་བསམས་ཏེ་དེ་སྐད་སྨྲས་ཞེ་ན། ལྔ་པ་གདམ་ངག་གི་དངོས་པོའི་དབང་དུ་བྱས་པ་སྟེ། དགེ་སློང་གི་གཟུགས་སུ་སྤྲུལ་བ་གང་གིས་རྟོགས་བར ་བྱ་བའི་ཕྱིར་རོ། །དྲུག་པ་ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་སྒྲུབ་པའི་དངོས་པོ་ནི་དོན་བཅུའི་དབང་དུ་བྱས་བར་རིག་པར་བྱ་སྟེ། ཕུང་པོ་ལྷག་མ་མ་ལུས་བའི་མྱ་ངན་ལས་འདས་པ་དང། ཕུང་པོའི་ལྷག་མ་དང་བཅས་པའི་མྱ ་ངན་ལས་འདས་པ་དང། །མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་སྤངས་པ་དང། བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་སྤངས་པ་དང། སྡུག་བསྔལ་སྤོང་བ་དང། སྟོན་པ་ལ་ཕྱིར་བྱ་བ་དང། སྦྱིན་བདག་ལ་ལན ་བླན་པ་དང། འཕགས་པ་མ་ཡིན་པའི་ས་ལས་ཤིན་ཏུ་འདས་པ་དང། འཕགས་པ་ས་ལ་རབ་ཏུ་གནས་བ་དང། རྣམ་པར་གྲོལ་བ་ཐུན་མོང་དུ་གྱུར་པའོ། །སྨྲས་པ། ཚེ་དང་ལྡན་པ་དག་ཁྱེད་ཀྱིས་ཚངས་པ་མཚུངས་པར་སྤྱོད ་པ་གང་ཞེས་དྲིས་བ་དང། སྨྲས་པ། གང་དག་ཁམས་གསུམ་ན་མི་རྒྱུ་བདག་གོ་ཞེས་བྱ་བ་ཅི་ལས་བསམས་ཏེ། ཇི་སྐད་སྨྲས་ཤེ་ན། མ་འོངས་པ་ནི། ཕུང་པོ་ལྷག་མ་མ་ལུས་པའི་མྱ་ངན་ལས་འདས་པ་སྟེ། ?་དེ ་ན་མཐུན་པའི་ཆོས་ཉིད་ཀྱིས་ལྷན་ཅིག་འགྲོགས་པའི་ཕྱིར་རོ། །སྨྲས་པ། ཚེ་དང་ལྡན་པ་དག་ཁྱེད་ཅག་ཅི་སྲིད་ན་ཡོངས་སུ་མྱ་ངན་ལས་འདའ་ཞེས་དྲིས་པ་དང། སྨྲས་པ། ནམ་དེ་བཞིན་གཤེགས་པའི་སྤྲུལ་པ་ཡོངས་སུ་མྱ་ངན་ལས་འདའ་བ་ནའོ་ཞེས་བྱ་བ ་ཅི་ལས་བསམས་ཏེ་དེ་སྐད་སྨྲས་ཤེ་ན། ཕུང་པོ་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པ་སྟེ། གཞན་གྱི་དབང་དང་མཐུན་པའི་ཆོས་ཀྱིས་སྔོན་གྱི་ལས་ཀྱིས་སྤྲུལ་པའི་ཕྱིར་ཏེ། དེའི་འཕེན་བ་ཟད་ན་དེ་ལས་གཞན་པ་དག་དང་ལྷན་ཅིག ་གནས་པའི་ཕྱིར་རོ། །སྨྲས་པ། ཚེ་དང་ལྡན་པ་དག་ཁྱེད་ཀྱི་ཉོན་མོངས་པ་ཟད་དམ་ཞེས་དྲིས་པ་དང། སྨྲས་པ། ཆོས་ཐམས་ཅད་ཤིན་ཏུ་ཟད་པའི་ཕྱིར་རོ་ཞེས་བྱ་བ་ཅི་ལས་བསམས་ཏེ་དེ་སྐད་སྨྲས་ཞེ་ན། མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ ་སྤངས་པ་སྟེ། ཆོས་ཐམས་ཅད་ཤིན་ཏུ་ཟད་པའི་ཕྱིར་རོ་ཞེས་བྱ་བ་ནི་ངན་སོང་བ་རྣམས་སོ། །སྨྲས་པ། ཁྱེད་ཀྱིས་བྱ་བ་བྱས་སམ་ཞེས་དྲིས་པ་དང། སྨྲས་པ། ང་ཡིར་འཛིན་པ་དང་ང་ཡིར་འཛིན་པ་ཡོངས་སུ་ཤེས་སོ་ཞེས་བྱ་བ་ཅི་ལས་བསམས ་ཏེ་དེ་སྐད་སྨྲས་ཤེ་ན། བསྒོམ་བས་སྤང་བར་བྱ་བའི་ཉོན་མོངས་པ་སྤངས་བ་སྟེ། འཇིག་ཚོགས་ལ་ལྟ་བ་ལྷན་ཅིག་སྐྱེས་པ་སྤངས་པའི་ཕྱིར་རོ། །སྨྲས་བ། ཁྱེད་ཀྱིས་བདུད་བཏུལ་ཏམ་ཞེས་དྲིས་པ་དང། སྨྲས་པ། ཕུང་པོའི་བདུད་མི་དམིགས ་པའི་ཕྱིར་མི་དམིགས་པའི་ཕྱིར་རོ་ཞེས་བྱ་བ་ཅི་ལས་བསམས་ཏེ་དེ་སྐད་སྨྲས་ཞེ་ན། སྡུག་བསྔལ་སྤོང་བ་སྟེ། ཕུང་པོའི་བདུད་མི་དམིགས་པ་ཞེས་བྱ་བ་ནི་མ་འོངས་པ་ན་དེའི་སྐྱེ་བ་མི་དམིགས་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་བདུད་ཐམས ་ཅད་འདུལ་བར་རིག་པར་བྱ་སྟེ། ཕུང་པོ་རྣམས་མེད་ན་དེ་ལས་གཞན་པའི་བདུད་མི་འབྱུང་བའི་ཕྱིར་རོ། །སྨྲས་པ། ཁྱེད་ཀྱིས་སྟོན་པའི་གཡོག་བྱས་སམ་ཞེས་དྲིས་པ་དང། སྨྲས་པ། ལུས་ཀྱིས་ཀྱང་མ་བྱས། དག་གིས་ཀྱང་མ་བྱས་སེམས ་ཀྱིས་ཀྱང་མ་བྱས་སོ་ཞེས་བྱ་བ་ཅི་ལས་བསམས་ཏེ་དེ་སྐད་སྨྲས་ཞེ་ན། སྟོན་པའི་ཕྱིར་བྱ་བ་སྟེ། ལུས་ལ་སོགས་པས་ནི་མ་ཡིན་གྱི་།མྱ་ངན་ལས་འདས་པ་རྟོགས་པས་དེའི་གཡོག་བྱེད་པའི་ཕྱིར་རོ། །སྨྲས་པ། ཁྱེད ་ཀྱིས་སྦྱིན་པའི་ས་སྦྱངས་སམ་ཞེས་དྲིས་པ་དང། སྨྲས་པ། འཛིན་པ་མེད་ཅིང་སྡུད་པ་མེད་པའོ་ཞེས་བྱ་བ་ལས་བསམས་ཏེ་དེ་སྐད་སྨྲས་ཤེ་ན། སྦྱིན་བདག་ལ་ལན་གླན་པ་སྟེ། འཛིན་པ་མེད་པ་དང། སྡུད་པ་མེད་པ་ནི་ལྟ་བ་དང ་འཇོག་པའི་ཉེས་པ་དང་བྲལ་བ་སྟེ་གོ་རིམ་བཞིན་ནོ། །སྨྲས་པ། ཁྱེད་ཅག་འཁོར་བ་ལས་བརྒལ་ཏམ་ཞེས་དྲིས་པ་དང། སྨྲས་པ། ཆད་པ་མེད་ཅིང་རྟག་པ་མེད་པའི་ཕྱིར་རོ་ཞེས་བྱ་བ་ཅི་ལས་བསམས་ཏེ་དེ་སྐད་སྨྲས་ཤེ་ན། ་འཕགས་པ་མ་ཡིན་པའི་ས་ལས་ཤིན་ཏུ་འདས་པ་སྟེ། ཆད་པ་མེད་པ་ནི་འཁོར་བ་བྲི་བར་མ་བྱས་པའི་ཕྱིར་རོ། །རྟག་པ་མེད་པ་ནི་མྱ་ངན་ལས་འདས་པ་ཡོད་པའི་ཕྱིར་ཏེ། དེ་དག་གིས་ནི་འབྲི་བ་མེད་པར་བསྟན་ཏོ། །སྨྲས་པ། ཁྱེད ་ཅག་སྦྱིན་གནས་ཀྱི་སར་ཞུགས་སམ་ཞེས་དྲིས་པ་དང། སྨྲས་པ། འཛིན་པ་ཐམས་ཅད་ལས་རྣམ་པར་གྲོལ་བའི་ཕྱིར་ཞེས་བྱ་བ་ནི་སྤངས་པ་མ་བྱས་ཀྱི་མེད་པ་ལ་འཛིན་པ་ཙམ་དང་བྲལ་བའི་ཕྱིར་རོ། །སྨྲས་པ། ཚེ་དང་ལྡན་པ ་དག་གར་འགྲོ་དྲིས་པ་དང། སྨྲས་པ། དེ་བཞིན་གཤེགས་པའི་སྤྲུལ་པ་གང་དུ་བཞུད་པར་རོ་ཞེས་བྱ་བ་ཅི་ལས་བསམས་ཏེ་དེ་སྐད་སྨྲས་ཤེ་ན། རྣམ་པར་གྲོལ་བའི་ཐུན་མོང་དུ་གྱུར་པ་སྟེ། དེ་བཞིན་གཤེགས་པ་དང་བྱེ་བྲག ་མེད་པར་དེ་མཐུན་པའི་ཆོས་ཀྱིས་རྣམ་པར་གྲོལ་བའི་ཐུན་མོང་དུ་གྱུར་པ་ཉིད་དུ་བསྟན་ཏོ། །ཡང་ན་རིགས་ཀྱི་བུ་ཡང་དག་པའི་བཀས་ཤིན་ཏུ་རྣམ་པར་གྲོལ་བ་དག་ནི་རྣམ་གྲངས་གང་དང་ཅིས་ཀྱང་བཀའ་ལུང་བརྡ་སྤྲོད་དེ། ་ཚེ་དང་ལྡན་པ་དེ་དག་གིས་ལྡེམ་པོ་ངག་ཏུ་སྨྲས་པ་དག་གིས་བཀའ་ལུང་བརྡ་སྤྲོད་པ་དོན་ཆེན་པོར་རིག་པར་བྱའོ། །ལྡེམ་པོ་ངག་ཏུ་སྨྲས་པ་གང་ཞེ་ན། གཉིས་སུ་མེད་པའི་མཚན་ཉིད་ཀྱི་ཡེ་ཤེས་ཏེ། ལྡེམ་པོ་དེ?་དག་ཐམས་ཅད་ལ་འཇུག་པའི་རྒྱུའོ།། ་གཉིས་སུ་མེད་པའི་མཚན་ཉིད་གང་ཞེ་ན། གང་བརྗོད་པའི་ཚིག་གནས་སུ་གྱུར་པའི་དངོས་པོ་དེ་ཡང་ངོ་བོ་ཉིད་མེད་ལ། བརྗོད་པས་ཡོངས་སུ་བསྒོས་པའི་ཚིག་གནས་སུ་གྱུར་པའི་དངོས་པོ་དེ་ཡང་ངོ་བོ་ཉིད་མེད་ལ། བརྗོད་བས་ཡོངས་སུ་བསྒོས་པའི ་འདུ་ཤེས་ཀྱི་སྤྱོད་ཡུལ་ནི་ངོ་བོ་ཉིད་ཀྱིས་ཡོད་པ་གཉིས་སུ་མེད་པའོ། །གཉིས་སུ་མེད་པ་དེ་ལ་གཉིས་སུ་མངོན་པར་ཞེན་པ་ནི་ཀུན་ནས་ཉོན་མོངས་པའོ། །གཉིས་སུ་མེད་པར་ཞེན་པ་ནི་རྣམ་པར་བྱང་བའོ། །བརྗོད་པ་ཐམས་ཅད་ཀྱི་ཚིག་གི་གནས་སུ ་གྱུར་པའི་དངོས་པོ་དེ་ཡང་ཐ་སྙད་ཀྱི་དངོས་པོས་ཡོངས་སུ་བསྒོས་པའི་འདུ་ཤེས་ཀྱི་སྤྱོད་ཡུལ་ཏེ། ངོ་བོ་ཉིད་ཀྱིས་ཡོད་པའི་ཕྱིར་གཉིས་སུ་མེད་དོ། །གཉིས་སུ་མངོན་པར་ཞེན་པ་ཀུན་ནས་ཉོན་མོངས་པའོ། །གཉིས་སུ་མེད་པར་ཞེན་པ་མེད་པ ་ནི་རྣམ་པར་བྱང་བའོ། །དེ་ལྟར་ན་དེ་ནི་གཉིས་སུ་མེད་པའི་མཚན་ཉིད་དེ། དེ་བཞིན་གཤེགས་པ་རྣམས་ཀྱི་ལྡེམ་པོ་དག་ཐམས་ཅད་ལ་འཇུག་པར་རིག་པར་བྱའོ། །དེ་ལ་སྟོན་པ་ཕུན་སུམ་ཚོགས་པ་རྣམ་པ་ལྔ་དང། དེས་དའི ་གདམས་དག་གིས་བཏགས་པས་འབྲས་བུ་ཕུན་སུམ་ཚོགས་པ་རྣམ་པ་ལྔ་དང། འབྲས་བུའི་ལེགས་པ་ཕུན་སུམ་ཚོགས་པ་རྣམ་པ་ལྔ་ལ་ལྡེམ་པོར་དག་ཏུ་སྨྲས་པར་རིག་པར་བྱའོ། །སྟོན་པའི་ཕུན་སུམ་ཚོགས་པའི་རྣམ་པ ་ལྔ་གང་ཞེ་ན། གྲང་གི་ཕྱིར་སྔོན་པ་དང། སྟོན་པ་གང་ཡིན་པ་དང། གང་སྟོན་པ་དང། ཅི་ལྟར་སྟོན་པ་དང། གང་ལ་སྟོན་པ་སྟེ་།དེའི་ཕུན་སུམ་ཚོགས་པའི་ཕྱིར་སྟོན་པ་ཕུན་སུམ་ཚོགས་པར་རིག་པར་བྱའོ། །དེ་གང ་གི་ཕྱིར་སྟོན་ཅེ་ན། མྱ་ངན་ལས་འདས་པ་དེ་མངོན་སུམ་དུ་བྱ་བའི་ཕྱིར་སྟོན་པ་སྟེ། དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་དགེ་སློང་དེ་དག་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་དག་གང་དོང་དོང་གང ་ནས་ལྷགས། དེ་དག་གིས་སྨྲས་པ། བཙུན་པ་རབ་འབྱོར་གང་དུ་ཡང་འགྲོ་བ་མེད་པ་དང། གང་ནས་ཀྱང་འོང་བ་མེད་པའི་ཕྱིར་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་ཏོ་ཞེས་བྱ་བ་གང་སྨྲས་པ་སྟེ། སྐྱེ་མཆེད་དྲུག་འགེགས་པ་ལས ་ལྷག་པར་དེའི་དབྱིངས་ཡོད་དོ་ཞེས་བྱ་བ་ལ་སོགས་པའི་སྤྲོས་པ་རྣམས་ཀྱིས་མ་སྤྲོས་དང། ཆོས་རྣམས་གཡོ་བ་མེད་པའི་ཕྱིར་རོ། །འཆང་བ་གང་ཡིན་པའི་སྟོན་པའི་དེ་གང་ཡིན་པ་དང། དེའི་མཚན་ཉིད་ཅི ་ཡིན་པ་ནི་སྨྲས་པ། ཚེ་དང་ལྡན་པ་དག་ཁྱེད་ཀྱི་སྟོན་པ་གང་ཡིན་སྨྲས་པ། གང་མ་སྐྱེས་ཤིང་ཡོངས་སུ་མྱ་ངན་ལས་འདས་པའོ་ཞེས་བྱ་བ་གང་ཡིན་པ་སྟེ། ཆོས་ཀྱི་སྐུ་སྐྱེ་བ་མེད་ཅིང་འཇིག་པ་མེད་པ་ལས་བསམས ་ནས་དེ་སྐད་ཅེས་སྨྲས་སོ། །ཅི་སྟོན་པ་ནི་སྨྲས་པ། བཅིང་བའི་ཕྱིར་ཡང་མ་ཡིན། ཐར་བའི་ཕྱིར་ཡང་མ་ཡིན་ཞེས་བྱ་བ་གང་ཡིན་པ་སྟེ། བཅིང་པ་དང་གྲོལ་བ་ངོ་བོ་ཉིད་ཀྱིས་མེད་པ་དང། དོན་ཁོང་དུ་ཆུང་པར་བྱ ་པའི་ཕྱིར་རོ། །ཇི་ལྟར་སྟོན་པ་རྣམ་པ་གང་གིས་སྟོན་པ་ནི་སྨྲས་པ། ཁྱེད་ཇི་ལྟར་རབ་ཏུ་སྟོན་སྨྲས་པ། མ་རིག་པ་སྤངས་པའི་ཕྱིར་ཡང་མ་ཡིན། རིག་པ་བསྐྱེད་པའི་ཕྱིར་ཡང་མ་ཡིན་ཞེས་བྱ་བ་གང་ཡིན་པ་སྟེ། ་རིག་པ་དང་མ་རིག་པ་གཉིས་ཐ་སྙད་ཀྱི་ངོ་བོ་ཉིད་པས་དམིགས་སུ་མེད་པའི་ཕྱིར་རོ། །གང་གིས་གང་ལ་སྟོན་པ་སྟེ། སུ་ཞིག་སུ་ལ་སྟོན་ཅེ་ན། སྨྲས་པ། ཁྱོད་སུའི་ཉན་ཐོས། སྨྲས་པ། གང་གིས་ཐོབ་པ་མེད ་ཅིང། མངོན་པར་རྫོགས་པར་སངས་རྒྱས་པ་མེད་པའོ་ཞེས་བྱ་བ་གང་ཡིན་པ་སྟེ། གང་གིས་གང་དག་གིས་ཐོབ་པ་མེད་ཅིང་མངོན་པར་རྫོགས་པར་སངས་རྒྱས་པ་མེད་དེ། མངོན་པར་རྫོགས་པར་བྱང་ཆུབ་པ་ལས། ལྷག་པ་དེ་མེད་པའི་ཕྱིར་རོ། ། ་དེ་ལྟར་གཉིས་སུ་མཚན་ཉིད་ཕུན་སུམ་ཚོགས་པས་སྟོན་ན་དེ་སྟོན་པ་དེ་ཕུན་སུམ་ཚོགས་པ་ཡིན་ནོ། །འབྲས་བུ་ཕུན་སུམ་ཚོགས་པ་གང་ཞེ་ན། ཕུང་པོ་ལྷག་མ་མ་ལུས་པའི་མྱ་ངན་ལས་འདས་པའི་དབྱིངས་ཏེ། སྨྲས་པ། ཁྱེད་ཀྱིས་ཚངས ་པ་མཚུངས་པ་སྤྱོད་བ་གང། སྨྲས་པ་གང་ཁམས་གསུམ་ནི་མ་རྒྱུ་བ་དག་གོ་ཞེས་བྱ་བ་གང་ཡིན་པ་སྟེ། ཕུང་བོའི་ལྷག་མ་མ་ལུས་པའི་མྱ་ངན་ལས་འདས་པའི་དབྱིངས་ཀྱི་དུས་ན་དེ་བཞིན་ཉིད་རྣམ་པར་དག་པ་ཙམ་དུ་གནས་པ་ལ་བསམས་ཏེ་དེ ་སྐད་ཅེས་སྨྲས་སོ། །ཕུང་པོ་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པའི་དབྱིངས་ནི་སྨྲས་པ། །བྱེད་ཇི་སྲིད་ཅིག་ན། ཡོངས་སུ་མྱ་ངན་ལས་འདའ་སྨྲས་པ། ནམ་དེ་བཞིན་གཤེགས་པའི་སྤྲུལ་པ་མྱ་ངན་ལས་འདས་པ་ནའོ་ཞེས་བྱ་བ་གང ་ཡིན་བ་སྟེ། དོན་དམ་པར་ཆོས་ཐམས་ཅད་རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་ཀྱང་ཀུན་རྫོབ་ཏུ་མྱ་ངན་ལས་འདས་པ་ལས་བསམས་ཏེ་དེ་སྐད་སྨྲས་སོ། །འཕགས་པའི་ལམ་ཡོངས་སུ་རྫོགས་པར་བྱེད་པ་ནི། སྨྲས་པ་ཁྱེད ་ཀྱིས་བྱ་བ་བྱས་སམ། སྨྲས་པ། ངར་འཛིན་པ་དང་ང་ཡིད་འཛིན་པ་ཡོངས་སུ་ཤེས་སོ་ཞེས་བྱ་བ་གང་ཡིན་པའོ། །བྱ་བ་བྱས་བས་བྱ་བ་བྱས་ཏེ། ངར་འཛིན་པ་དང་ང་ཡིར་འཛིན་པ་གཉིས་ཀྱིས་ཆོས་ལ་བདག་མེད་པར་རབ་ཏུ་རྟོགས ་པ་ལས་བརྩམས་ཏེ། དེ་སྐད་སྨྲས་སོ། །ནང་གི་དགྲ་ལས་རྣམ་པར་རྒྱལ་བ་ནི། སྨྲས་པ། ཁྱེད་ཀྱིས་ཉོན་མོངས་པ་ཟད་དམ། སྨྲས་པ། ཆོས་ཐམས་ཅད་ཤིན་ཏུ་ཟད་པའི་ཕྱིར་རོ་ཞེས་བྱ་བ་གང་ཡིན་པ་སྟེ། ཉོན་མོངས་པའི ་དགྲ་རྣམས་ནི་ནང་གི་ཡིན་པས་ཆོས་ལ་བདག་མེད་པ་རབ་ཏུ་རྟོགས་ན་ཤིན་ཏུ་ཟད་པ་ལས་བསམས་ཏེ་དེ་སྐད་སྨྲས་སོ། །ཕྱི་རོལ་གྱི་དགྲ་ལས་རྣམ་པར་རྒྱལ་བ་ནི། སྨྲས་པ། ཁྱེད་ཀྱི་བདུད་བཏུལ་ལམ། སྨྲས་པ། ་ཕུང་པོའི་བདུད་མི་དམིགས་པའི་ཕྱིར་རོ་ཞེས་བྱ་བ་གང་ཡིན་པ་སྟེ། ཕུང་པོའི་བདུད་མི་དམིགས་པའི་ཕྱིར་རོ་ཞེས་བྱ་བ་ནི་གང་དག་གིས་ཕྱི་རོལ་གྱི་སྐྱེ་མཆེད་ཀྱིས་བསྡུས་པའི་ཕུང་པོ་དེ་དག་གི་ནི་ཕྱི་རོལ་གྱི་དགྲའི་སྒྲར་རིག་པར ་བྱ་སྟེ། དེ་ལས་རྣམ་པར་རྒྱལ་བ་ནི་ཀུན་ཏུ་བརྟགས་པའི་ཕུང་པོའི་ངོ་བོ་ཉིད་མི་དམིགས་པར་རིག་པར་བྱའོ། །དེ་ལ་འབྲས་བུའི་ལེགས་པ་ཕུན་སུམ་ཚོགས་པ་སྟོན་པ་ལ་བསྙེན་བཀུར་བྱེད་པ་ནི་སྨྲས་པ། ཁྱེད་ཀྱིས་སྟོན་པའི ་གཡོག་བྱས་སམ། སྨྲས་པ། ལུས་ཀྱིས་ཀྱང་མ་བྱས། ངག་གིས་ཀྱང་མ་བྱས་སེམས་ཀྱིས་ཀྱང་མ་བྱས་ཞེས་བྱ་བ་གང་ཡིན་པ་སྟེ། ལུས་ལ་སོགས་པས་ནི་མ་ཡིན་གྱི། ཆོས་ཉིད་ཀྱིས་གཡོག་བྱེད་པའི་ཕྱིར་རོ། །དད་པས ་བྱིན་པ་ཡོངས་སུ་སྦྱངས་པར་གྱུར་པ་ནི་སྨྲས་པ། ཁྱེད་ཀྱིས་སྦྱིན་པའི་གནས་ཀྱིས་སྦྱངས་སམ། སྨྲས་པ། འཛིན་པ་མེད་ཅིང་སྡུད་པ་མེད་པས་སོ་ཞེས་བྱ་བ་གང་ཡིན་པ་སྟེ། སྦྱིན་པའི་གནས་ཀྱིས་སྦྱངས་པ་ནི་ཆོས་ཐམས ་ཅད་མི་འཛིན་པའི་ཕྱིར་རོ། །འཁོར་བའི་སྡུག་བསྔལ་ལས་གྱུར་པ་ནི་སྨྲས་པ། ཁྱེད་འཁོར་བ་ལས་བརྒལ་ཏམ། སྨྲས་པ། ཆད་པ་མེད་ཅིང་རྟག་པ་མེད་པའི་ཕྱིར་རོ་ཞེས་བྱ་བ་གང་ཡིན་པ་སྟེ། འཁོར་བ་ལས ་བརྒལ་བ་ནི་ཆོས་ལ་བདག་མེད་པ་ལ་ཆད་པ་མེད་ཅིང་རྟག་པ་མེད་པའི་ཕྱིར་རོ། །སྦྱིན་པའི་གནས་ཀྱི་དངོས་པོ་ལས་ཡོངས་སུ་མི་ཉམས་པ་ནི་སྨྲས་པ། ཁྱེད་སྦྱིན་པའི་སར་ཞུགས་སམ་སྨྲས་པ། འཛིན་པ་ཐམས ་ཅད་ལས་རྣམ་པར་གྲོལ་བའི་ཕྱིར་རོ་ཞེས་བྱ་བ་གང་ཡིན་པ་སྟེ། སྦྱིན་པའི་གནས་ཀྱི་སར་ཞུགས་པ་ཡི་ནི་ཆོས་སུ་འཛིན་པ་ལས་རྣམ་པར་གྲོལ་བའི་ཕྱིར་རོ། །ཆོས་ཀྱིས་སྤྲུལ་པ་ཡི་ནི་དེ་གཤེགས་པའི་སྲས་ཡིན་ནོ་ཞེས་དེ་བཞིན ་གཤེགས་པ་ལ་བརྟེན་པ་ནི་སྨྲས་པ། ཚེ་དང་ལྡན་པ་དག་གར་དོང་སྨྲས་པ། དེ་བཞིན་གཤེགས་པའི་སྤྲུལ་པ་གང་དུ་བཞུད་པ་རོ་ཞེས་བྱ་བ་གང་ཡིན་པ་སྟེ། གང་དུ་ཡང་མི་འགྲོ་པའི་ཕྱིར་དེ་བཞིན་གཤེགས་པའི་སྤྲུལ་པ་བྱོན་པ ་ལྟ་བུའོ། །དེ་ལྟར་ཚེ་དང་ལྡན་པ་རབ་འབྱོར་གྱིས་ཀུན་དྲིས་ཏེ། དགེ་སློང་དེ་དག་གིས་ལན་བཏབ་ནས་འཁོར་དེའི་དགེ་སློང་བརྒྱད་བརྒྱ་ནི་ལེན་པ་མེད་པར་ཟག་བ་རྣམས་ལས་རྣམ་པར་གྲོལ་ལོ། །སྲོག་ཆགས་སུ་མ་ཁྲི་ཉིས་སྟོང ་གིས་ནི་ཆོས་རྣམས་ལ་ཆོས་ཀྱིས་མིག་རྡུལ་དང་ཕྲལ་ཞིང་དྲི་མ་མེད་པར་རྣམ་པར་དག་གོ་ཞེས་བྱ་བ་ནི་བཀའ་ལུང་བརྡ་སྤྲོད་པར་འདིའི་དོན་ཆེན་པོ་སྟེ། འདི་ནི་སློབ་པ་དང་མི་སློབ་པ་ཐོབ་པར་བྱེད་པ་སོ་སོའི་སྐྱེ་བོ་ཡོངས་སུ་མ་སྨིན ་པ་རྣམས་སློབ་པར་འདོད་པ་དང། ཡོངས་སུ་སྨིན་པ་རྣམས་མི་སློབ་པ་ཐོབ་པར་བྱེད་པའོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་འོད་སྲུངས་ཆེན་པོས་འདི་སྐད་ཅེས་གསོལ་ཏོ། །ཅི་ཙམ་དུ་དཀོན་མཆོག་རྩེགས?་པ ་ཆེན་པོའི་ཆོས་ཀྱི་རྣམ་གྲངས་འདི་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་རྣམས་ལ་ཕན་འདོགས་པར་གྱུར་པ་ནི་བཅོམ་ལྡན་འདས་ངོ་མཚར་ཏོ། །བདེ་བར་གཤེགས་པ་ངོ་མཚར ་ཏོ། །ཞེས་བྱ་བ་འདི་མན་ཆད་ཀྱིས་ནི་ཆོས་ཀྱི་རྣམ་གྲངས་འདི་བཤད་པའི་དོན་ཆེན་པོ་སྟེ། སངས་རྒྱས་ཀྱི་ཆོས་དང་སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་སྒྲུབ་པའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ལ་ཕན་འདོགས་པར་གྱུར་བ་སྟེ། ་དབུ་མའི་ལམ་དང་གདམས་ངག་གོ་རིམ་བཞིན་དུ་སྦྱར་རོ། །བཅོམ་ལྡན་འདས་དཀོན་མཆོག་རྩེགས་བ་ཆེན་པོའི་ཆོས་ཀྱི་རྣམ་གྲངས་འདི་ལས་ཚིགས་སུ་བཅད་བ་གཅིག་ཙམ་བསྟན་ན་རིགས་ཀྱི་བུ་འམ་རིགས ་ཀྱི་བུ་མོ་དེ་ལ་བསོད་ནམས་ཇི་ཙམ་སྐྱེ་བར་འགྱུར་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་ཨི་སྡེ་སྣོད་ཀྱི་གདམས་ངག་ལ་མོས་པའི་ལེགས་པ་འདྲི་བའོ། །དེ་སྐད་ཅེས་གསོལ་བ་དང། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་འོད་སྲུངས ་ཆེན་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །འོད་སྲུངས་རིགS་ཀྱི་དུ་འཾ་རིཌ་ཀྱི་བུ་མོ་ལ་ལས་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་རིན་པོ་ཆེ་སྣ་བདུན་གྱིས་རབ་ཏུ་གང་བར་བྱས་ཏེ་ཞེས་བྱ་བ་ལ་སོགས་པའི་ཚིག་འདི་དག་ནི་རྣམ་བ་ལྔས་མོས ་བའི་ལེགས་པ་ཡོངས་སུ་སྟོན་ཏོ། །ཞིང་དང་རྟེན་དང། དུས་ཆེན་པོ་དང། ཕྱུག་པོའི་བདག་པོར་འགྱུར་བའི་རྒྱུ་ཟིལ་གྱིས་གནོན་བ་དང། ལུས་འགྱུར་བ་དང། དེ་ལ་གནས་པའི་ཡུལ་སྣོད་དུ་བྱ་བ་དང། འཆད་བ་སྣོད་དུ་བྱ་བ་དང། ལུས་མདོར ་བའི་དུས་ན་མཐོང་བ་དང། ལས་རྣམ་པར་དག་པ་མཐོང་བའོ། །དེ་ལ་ཞིང་ཆེན་པོ་ནི་སངས་རྒྱས་རྣམས་དང། དེའི་ཉན་ཐོས་རྣམས་དང། མཆོད་རྟེན་རྣམས་སོ། །བརྟེན་པ་ནི་རིན་པོ་ཆེས་གད་བའི་ཁམས་དང། ཆོས་གོས་ལ་སོགས ་པའོ། །དུས་ནི་བསྐལ་པ་གྲངས་མེད་པའོ། །དེ་རྣམ་པ་ལ་ཕྱུག་པའི་བདག་པོར་འགྱུར་བའི་རྒྱུ་ཟིལ་གྱིས་གནོན་པར་རིག་པར་བྱའོ། །དཔག་ཏུ་ཡོད་པ་དང། དཔག་ཏུ་མེད་པའི་འབྲས་བུ་ལ་བལྟོས་པ་དང། ཟད་བ་དང། མི་ཟད་བཱི ་ཆོས་ཉིད་དང། བདེ་བ་རྒྱ་ཆེན་བོར་མ་ཡིན་པ་དང། རྒྱ་ཆེན་པོར་སྒྲུབ་བར་བྱེད་པ་དང། ཡེ་ཤེས་ཀྱི་ཚོགས་དང། དེའི་ངོ་བོ་ཉིད་དང། དེས་དེ་སྒྲུབ་པའི་ཕྱིར་རོ། །གཞན་ཡང་རྣམ་པ་ལྔས་ཕྱུག་པའི་བདག་པོར་གྱུར་བའི་རྒྱུ་ཟིལ་གྱིས ་གནོན་བར་རིག་བར་བྱ་སྟེ། བདེ་བ་ཆུང་བའི་རྒྱུ་དང། བདེ་བར་གཅིག་ཏུ་ངོས་པོ་མེད་པའི་རྒྱུ་དང། ཤིན་ཏུ་བདེ་བ་མ་ཡིན་པའི་རྒྱུ་དང། ཕྱིན་ཅི་ལོག་ཏུ་སྤྱོད་བ་བདེ་བའི་རྒྱུ་དང། སྡུག་བསྔལ་བའི་ལུས་ཀྱི་ཡོངས་སུ་སྤྱོད་པ་བདེ་པའི་རྒྱུའི་ཕྱིར་རོ། །དེ་ནི་འོད ་སྲུངས་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ལ་ལས་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་རིན་པོ་ཆེ་སྣ་བདུན་གྱི་རབ་ཏུ་གང་བ་བྱས་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ལ་སྦྱིན་བ ་བྱིན་པ་དང། སངས་རྒྱས་བཅོམ་ལྡན་འདས་གངྒཱའི་ཀླུང་གི་བྱེ་མ་སྙེད་རྣམས་ལས་དེ་བཞིན་གཤེགས་བ་རེ་རེའི་གཙུག་ལག་ཁང་གངྒཱའི་ཀླུང་གི་བྱེ་མ་སྙེད་བརྩིགས་བ་དང། སངས་རྒྱས་བཅོམ་ལྡན་འདས་གངྒཱའི་ཀླུང་གི་བྱེ་མ་སྙེད་རྣམས་ལ ་དེ་བཞིན་གཤེགས་པ་རེ་རེའི་ཉན་ཐོས་རྣམས་ཀྱི་དགེ་འདུན་དཔག་ཏུ་མེད་པ་དག་ལ་སྐལ་བ་གངྒཱའི་ཀླུང་གི་བྱེ་མ་སྙེད་དུ་བདེ་པའི་ཡོ་བྱད་ཐམས་ཅད་ཀྱིས་རིམ་གྲོར་བྱས་བ་དང། དེ་དག་ཡོངས་སུ་མྱ་ངན་ལས་འདས་བ་དག་གི་མཆོད་རྟེན་རིན་པོ་ཆེ་སྣ་བདུན་ལས ་བྱས་བ་བས་རིགས་ཀྱི་བཱུམ། རིགས་ཀྱི་བུ་མོ་གང་གིས་དཀོན་མཆོག་བརྩེགས་པའི་ཆོས་ཀྱི་རྣམ་གྲངས་འདི་ལས་ཚིགས་སུ་བཅད་བ་གཅིག་ཙམ་བསྟན་ཏེ། བསྟན་ནས་མི་སྤོང་ན་དེ་ནི་དེ་བས་བསོད་ནམས་ཆེས་མང་དུ་སྐྱེད་དོ་ཅེས་བྱ་པའོ། །བུད་མེད ་གང་ལ་ལ་ཞིག་ལ་བསྟན་ན་དེ་ནམ་དུ་ཡང་ལོག་བར་ལྟུང་བར་མི་འགྲོ་སྟེ། དེ་ཉིད་དེའི་བུད་མེད་ཀྱི་ལུས་ཀྱི་ཐ་མའོ་ཞེས་བྱ་བ་ནི་ལུས་འགྱུར་པའོ། ས་ཕྱོགས་གང་དུ་ཆོས་ཀྱི་རྣམ་གྲངས་འདིས་བཤད་པ་འམ། བསྟན་བ་འམ། ཡི་གེར་འདྲི་བ ་འམ། གླེགས་བམ་དུ་བྱས་ཏེ་བཞག་པའི་ས་ཕྱོགས་དེ་ལྷ་དང་བཅས་པའི་འཇིག་རྟེན་གྱི་མཆོད་རྟེན་དུ་གྱུར་བ་ཡིན་ཞེས་གང་གསུངས་པ་དེ་ནི་དེ་གནས་པའི་ཡུལ་སྣོད་དུ་བྱའོ། །སྨྲས་བ། གང་ལས་ཐོབ་པ་དང། ཡི་གེ་འདྲི་བ་དེ་ལས་འདི ་ལྟ་སྟེ། དེ་བཞིན་གཤེགས་པ་ལ་གུས་པར་བྱ་བ་བཞིན་དུ་བྱའོ། །འོད་སྲུངས་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གང་དེ་བཞིན་གཤེགས་པའི་ཆོས་སྨྲ་བ་ལ་བཀུར་སྟེ་བྱེད་པ་དང། བཙུན་པར་བྱེད་པ་དང། ་རིམ་གྲོ་བྱེད་པ་དང། མཆོད་པར་བྱེད་པ་དེ་ལ་ང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་ཏོ་ཞེས་གང་གསུངས་པ་ནི། འཆད་པ་སྣོད་དུ་བྱ་བའོ། །འཆི་བའི་དུས་ཀྱི་ཚེ་ན་ཡང། དེ་བཞིན་གཤེགས་པ ་མཐོང་བར་འགྱུར་ཏེ། ལུས་དང། དག་དང། ཡིད་ཀྱིས་ལས་ཡོངས་སུ་དག་པ་ཐོབ་པར་འགྱུར་རོ་ཞེས་བྱ་བ་ནི་ལུས་འདོར་བའི་དུས་ན་མཐོང་བ་རྣམ་པར་དག་པ་དང། ལས་རྣམ་པར་དག་པ་ཐོབ་པའོ། །ལུས་ཀྱི་ལས ་ཡོངས་སུ་དག་པ་བཅུ་འཐོབ་པར་འགྱུར་ཏེ། བཅུ་གང་ཞེ་ན། ཞེས་གང་གསུངས་པ་ནི། ལུས་འདོར་བའི་དུས་ཉིད་ན། རྣམ་པར་དག་པ་ཐོབ་པའོ། །ཚེར་བས་སེམས་ཀུན་ཏུ་མ་ཟིན་པར་འཆི་བའི་དུས་བྱེད་པ་ཞེས་བྱ་བ་ནི། ་ཚོར་བ་མྱ་ངན་གྱི་རྒྱུ་མེད་པའི་ཕྱིར་མྱ་ངན་གྱིས་ཟིལ་གྱིས་མ་ནོན་པའི་ཕྱིར་རོ། །དེའི་མིག་འཁྲུལ་པར་མི་འགྱུར་ཞེས་བྱ་བ་ནི་འདྲིས་པ་ཡོངས་སུ་ཤེས་པའི་ཕྱིར་རོ། །ལག་པ་གཡོ་པར་མི་བྱེད་པ་དང། རྐང་པ་ཕྲ་བར ་མི་བྱེད་པ་ཞེས་བྱ་བ་ནི། སྤྱོད་ལམ་ཕུན་སུམ་ཚོགས་པའི་ཕྱིར་རོ། །ངན་སྐྱུགས་མི་འབྱུང་བ་དང། གཅིན་མི་སྟོར་བ་དང། དེའི་སྙིང་གར་རྡུལ་མི་འབྱུང་ཞེས་བྱ་བ་ནི་འཇིགས་པ་མེད་པའི་ཕྱིར་རོ། །བུ་ཚུར་མི་འཆད་བ ་དང། ནམ་མཁའ་ལ་མི་བསྐྱེགས་པ་ཞེས་བྱ་བ་ནི་འཆི་བའི་ལྟས་ཀྱིས་ཉེས་པ་མེད་པའི་ཕྱིར་རོ། །ཇི་ལྟར་འདུག་པ་དེ་བཞིན་དུ་ཚེའི་འདུ་བྱེད་འདོར་བར་འགྱུར་ཞེས་བྱ་བ་ནི་ལུས་ལས་སུ་རུང་བའི་ཕྱིར་ཏེ། ལུས་ཀྱི་ལས་ཡོངས་སུ ་དག་པ་བཅུ་པོ་དེ་དག་འཐོབ་པར་འགྱུར་རོ། །དེ་ལ་ལུས་ཀྱི་ཚུལ་ཉེས་པ་དྲུག་སྤངས་པར་རིག་པར་བྱ་སྟེ། ཉེས་པ་དྲུག་གང་ཞེ་ན་།དང་པོས་ནི་མྱ་ངན་གྱི་ཉེས་པའོ། །གཉིས་པས་ནི་འདྲིས་པ་ཡོངས་སུ་མི་ཤེས་པའི་ཉེས་པའོ། །གསུམ་པ་དང། བཞི ་པས་ནི་སྤྱོད་ཡུལ་གྱི་ཉེས་པའོ། །ལྔ་པ་དང། དྲུག་པ་དང་བདུན་པ་དག་གིས་ནི་འཇིགས་པའི་མཚན་མའི་ཉེས་པའོ། །བརྒྱེད་པ་དང། དགུ་པས་ནི་འཆི་བའི་ལྟས་ཀྱི་ཉེས་པའོ། །བཅུ་པས་ནི་ལུས་ལས་སུ་མི་རུང་བའི་ཉེས་པ་སྟེ། དེ་དག་ནི ་ཉེས་པ་དྲུག་གོ། དག་གི་ལས་ཡོངས་སུ་དག་པ་བཅུ་ཐོབ་པར་འགྱུར་ཏེ། བཅུ་གང་ཞེ་ན། འདི་ལྟ་སྟེ། གདངས་སྙན་པའི་ཚིག་ཅེས་བྱ་བ་ནི། འཇིགས་པས་བརྟགས་པའི་ཉེས་པ་མེད་པའི་ཕྱིར་རོ། །མཉེན་པའི་ཚིག་ཅེས་བྱ་བ་ནི། རྩུབ་པའི་ཉེས ་པ་མེད་པའི་ཕྱིར་རོ། །འཇམ་པའི་ཚིག་ཅེས་བྱ་བ་ནི་ཚིག་འཇམ་པས་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སངས་རྒྱས་ཀྱི་བཀའ་བརྗོད་པའི་ཕྱིར་རོ། །དགའ་བའི་ཚིག་ཅེས་བྱ་བ་ནི་སྟོང་པ་བརྗོད་པའི་ཕྱིར་རོ། །སྣུམ་པའི་ཚིག ་ཅེས་བྱ་བ་ནི་ཆོས་དང་མཐུན་པའི་རྗོད་པ་འབྱིན་པའི་ཕྱིར་རོ། །མ་འཆལ་པའི་ཚིག་ཅེས་བྱ་བ་ནི་དྲན་པ་ཉམས་པ་མེད་པའི་ཕྱིར་རོ། །གཟུང་བར་པོས་པཱི་ཚིག་ཅེས་བྱ་བ་ནི་ཚིག་སྔ་ཕྱི་མི་འགལ་བའི་ཕྱིར་རོ། །མཉན་པར་འོས་པའི་ཚིག་ཅེས་བྱ་བ་ནི ་རིགས་པ་དང་མི་འགལ་བའི་ཕྱིར་རོ། །ལྷས་ཡོངས་སུ་གཟུང་བའི་ཚིག་ཅེས་བྱ་བ་ནི་བསྟན་པ་ལ་དད་པའི་ལྷས་ཡོངས་སུ་གཟུང་བའི་ཕྱིར་རོ། །སངས་རྒྱས་ཀྱི་ཡོངས་སུ་བཟུང་ཞེས་བྱ་བ་ནི་དེ་བཞིན་གཤེགས་པས་ཡོངས་སུ་བཟུང་བ་སྟེ། དག ་གིས་ལས་ཡོངས་སུ་དག་པ་བཅུ་པོ་དེ་དག་རབ་ཏུ་འཐོབ་བོ། །རབ་ཏུ་དགའ་བ་བྱེད་པའི་དུས་ན་དག་གི་ཚུལ་ཉེས་པ་ལྔ་རྣམ་པར་སྤངས་པར་རིག་པར་བྱ་སྟེ། ཉེས་པ་ལྔ་གང་ཞེ་ན། དང་པོས་ནི་འཇིགས་པས་བརྟབས་པའི་ཉེས་པའོ། །གཉིས ་པས་ནི་རྩུབ་པའི་ཉེས་པའོ། །གསུམ་པས་ནི་སངས་རྒྱས་ཀྱི་བཀའ་བོར་ཏེ་རྫོཌ་པཱི་སངས་རྒྱས་མ་ཡིན་པའི་བརྗོད་པའི་ཉེས་པའོ། །བཞི་པས་ནི་དེ་བཞིན་གཤེགས་པ་ལ་བསྟོད་པ་མི་བྱེད་པའི་ཉེས་པའོ། ་ལྔ་པས་ནི་ཆོས་དང་མཐུན་པས་མི་བསྒོ་བའི་ཉེས་པའོ། །བཀའ་ལུང་བརྡ་སྤྲད་པའི་དུས་ན་ངག་གི་ཚུལ་ཉེས་པ་རྣམ་པ་ལྔ་སྤངས་ཏེ། ཉེས་པ་ལྔ་གང་ཞེ་ན། དྲག་པས་ནི་རྟོགས་པར་བྱ་བ་ལ་དྲན་པ་ཉམས་པའི ་ཉེས་པའོ། །བདུན་པས་ནི་སྔ་ཕྱི་འགལ་བའི་ཉེས་པའོ། །བརྒྱད་པས་ནི་རིགས་པ་དང་འགལ་བའི་ཉེས་པའོ། །དགུ་པས་ནི་བསྟན་པ་ལ་དགའ་བའི་ལྷ་མི་དགའ་བའི་ཉེས་པའོ། །བཅུ་པས་ནི་དེ་བཞིན་གཤེགས ་པ་མི་མཉེས་པའི་ཉེས་པ་སྟེ། དེ་དག་ནི་དུས་གཉིས་ཀྱི་དག་གི་ཉེས་པའོ། །ཡིད་ཀྱི་ལས་ཡོངས་སུ་དག་པ་བཅུ་ཐོབ་སྟེ། བཅུ་གང་ཞེ་ན། འདི་ལྟ་སྟེ། ཁྲོ་བར་མི་འགྱུར་ཞེས་བྱ་བ་ནི་ད་ལྟར་བྱུང་བའི་གནོད་པ་བྱེད་པ་ལ་ཅི ་མི་སྙམ་པའི་ཕྱིར་རོ། །ཁོན་དུ་འཛིན་པ་མེད་པ་ཞེས་བྱ་བ་ནི་འདས་པ་ན་གནོད་པ་བྱས་པ་ལ་ཅི་མི་སྙམ་པའི་ཕྱིར་རོ། །འཆབ་པར་མི་འགྱུར་ཞེས་བྱ་བ་ནི། སྡིག་པ་མི་འཆབ་པའི་ཕྱིར་རོ། །འཚིག་པར་མི ་འགྱུར་ཞེས་བྱ་བ་ནི། འགྱོད་པས་ཡོངས་སུ་གདུང་བ་མེད་པའི་ཕྱིར་རོ། །ཉེས་པ་ལ་མི་དགའ་བ་ཞེས་བྱ་བ་ནི། འདོད་པའི་ལོངས་སྤྱོད་འདོད་པ་མེད་པའི་ཕྱིར་རོ། །འཁོན་པར་མི་དགའ་ཞེས་བྱ་བ་ནི་དགྲར་འགྱུར ་བ་ལ་མི་དགའ་བའི་ཕྱིར་རོ། །འདུ་ཤེས་ཕྱིན་ཅི་ལོག་ཏུ་མི་འགྱུར་ཞེས་བྱ་བ་ནི་བསླབ་པའི་གནས་རྣམས་ལ་ལྟ་བ་ངན་པས་ཡོངས་སུ་མི་འཛིན་པའི་ཕྱིར་རོ། །སྟོང་བ་ལ་བག་ཡོད་པ་ཞེས་བྱ་བ་ནི་སྤོང་བ་སེམས་མ ་འཁྲུལ་པའི་ཕྱིར་རོ། །མ་ཞུམ་པའི་སེམས་ཀྱིས་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་འཛིན་པར་འགྱུར་ཞེས་བྱ་བ་ནི་བདག་ཡི་མ་བསད་པར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་བཞུགས་བཞུགས་པའི་སངས་རྒྱས་ཀྱི་ཞིང ་རྒྱ་ཆེན་པོ་ཡོངས་སུ་འཛིན་པའི་ཕྱིར་རོ། །ང་རྒྱལ་དང། ཆེ་བའི་ང་རྒྱལ་མེད་པར་སངས་རྒྱས་ཀྱི་ཆོས་ཐམས་ཅད་མངོན་པར་སྒྲུབ་པའི་ཏིང་ངེ་འཛིན་རབ་ཏུ་འཐོབ་ཅེས་བྱ་བ་ལ་ང་རྒྱལ་དང་ཆེ་བའི་ང་རྒྱལ་མེད ་ཅེས་བྱ་བ་ནི་འཇིག་རྟེན་པའི་ཏིང་ངེ་འཛིན་དང་སྙོམས་པར་འཇུག་པ་བསམ་པ་ཕྲ་མོས་ཀྱང་ཁྱད་པར་དུ་འཕགས་སོ་སྙམ་པའི་རློམ་སེམས་མེད་དེ། དེ་འདོད་པ་མེད་པས་སངས་རྒྱས་ཀྱི་ཆོས་ཐམས་ཅད་མངོན་པར ་སྒྲུབ་པའི་རྒྱུ་ཆོས་ཐམས་ཅད་ལས་ཁྱད་པར་དུ་འཕགས་པའི་ཏིང་ངེ་འཛིན་རབ་ཏུ་འཐོབ་པའོ། །དེ་ལ་ཡིད་ཀྱི་ཚུལ་ཉེས་པ་ལྔ་སྤང་བར་རིག་པར་བྱ་སྟེ། འདི་ལྟར་བཞི་པོ་དག་ནི་ཚེ་འདིའི་དོན་ལས་བརྩམས་པའོ། །ལྔ ་པས་ནི་ཚེ་རབས་གཞན་ལས་བརྩམས་པའོ། །ཉེས་པ་ལྔ་གང་ཞེ་ན། དང་པོ་དང་གཉིས་པས་ནི་མི་བཟོད་པའི་ཉེས་པའོ། །གསུམ་པ་དང་བཞི་པས་ནི་སྡིག་པ་འཆབ་པའི་ཉེས་པའོ། །ལྔ་པ་དང་དྲུག་པས་ནི་འདོད ་པའི་ཉེས་པའོ། །བདུན་པ་དང་བརྒྱད་པས་ནི་དྲན་པ་ཉམས་པའི་ཉེས་པའོ། །དགུ་པ་དང་བཅུ་པས་ནི་སྨོན་ལམ་གྱི་ཉེས་པ་སྟེ། དེ་དག་ནི་ཉེས་པ་ལྔའོ། །བྱང་ཆུབ་སེམས་དཔའ་སྡེ་སྣོད་ཀྱི་གདམས ་ངག་ལ་མོས་པའི་ལེགས་པ་དཔག་ཏུ་མེད། གྲངས་མེད་པ་བས་དེའི་རྣམ་པར་འབྱེད་པའི་བསྟན་པར་འབྱེད་པ་ལ་མོས་པའི་ལེགས་པ་ཆེས་དཔག་ཏུ་མེད་ཅིང་གྲངས་མེད་པར་རིག་པར་བྱའོ། །འཆི ་བའི་དུས་ཀྱི་ཚེ་སྒྲུབ་པ་དོན་ཆེན་བོར་སྟོན་པ། སློབ་དཔོན་གྱི་ཆོས་ཀྱི་བདག་པོས་རྣམ་པ་གཞན་གྱིས་བརྗོད་དོ། །དེ་བཞིན་གཤེགས་པ་མཐོང་བས་དགེ་བར་འཆི་བ་དང། བདེ ་བར་འཆི་བ་དང་བདེ་འགྲོའི་འཆི་བའི་ཕྱིར་རོ། །ལས་གསུམ་རྣམ་པར་དག་པ་ལ་ལུས་ཀྱི་ལས་ཡོངས་སུ་དག་པ་ལས་གཅིག་གིས་ནི་མྱ་ངན་གྱི་རྒྱུ་མེད་པའི་ཕྱིར་རབ་ཏུ་དགའ་བ་ལ་གནས་པ་སྟོན་ཏོ། ། ་གཉིས་བས་ནི་སོ་སོར་མངོན་པར་ཤེས་པའི་ཕྱིར་དྲན་བ་ཉམས་པ་མེད་པར་སྟོན་ཏོ། གསུམ་པ་དང་བཞི་བས་ནི་རྐང་ལག་མི་གཡོ་བའི་ཕྱིར་གནད་དུ་གནོད་པ་མེད་པའོ། །ལྔ་པ་དང་དྲུག་པ་དང། བདུན་པ་རྣམས ་ཀྱིས་ནི་ངན་སྐྱུགས་ལ་སོགས་པ་མེད་པས་འཇིགས་པ་མེད་པའོ། །བརྒྱད་པ་དང་དགུ་པས་ནི་ཁུ་ཚུར་འཆད་བ་ལ་སོགས་པ་མེད་པས་འཆི་བའི་ལྟས་མེད་པའོ། །བཅུ་པས་ནི་ཉམ་ཆུང་བ ་མེད་པས་འདུག་བཞིན་དུ་ཚེའི་འདུ་བྱེད་དག་འདོར་བའོ། །དག་གིས་ལས་ཡོངས་སུ་དག་པ་བརྒྱད་པོ་དག་གིས་ནི་ཚིག་གཅོམ་ཆུང་བ་མ་ཡིན་པ་དང། ཚིག་རྒྱུན་ཆད་བ་མ་ཡིན་པ་དང། ་ཚིག་སྐད་ཞོམ་པ་མ་ཡིན་པ་དང། ཚིག་རྩུབ་པ་མ་ཡིན་པ་དང། ཚིག་འཁྲུག་པ་མ་ཡིན་པ་དང། ཚིག་འཁྲུལ་པ་མ་ཡིན་པ་དང། ཆོས་དང་ལྡན་བའི་ཚིག་ཏུ་སྟོན་ཏོ། །དགུ་དང་བཅུ་པ་ནི་ཚུལ ་འཆོས་བའི་ཚིག་སྟེ། བདེ་འགྲོར་འགྲོ་བ་དང། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དང་ཕྲད་པའི་དབང་དུ་བྱས་པའོ། །ཡིད་ཀྱི་ལས་ཡོངས་སུ་དག་བ་རྣམས་ལས་བསྐྱོད་པ ་དང། གླང་བ་དང། སྨོན་པའི་དབང་དུ་བྱས་ཏེ་གཉིས་གཉིས་སུ་རིག་པར་བྱའོ། །དེ་ལ་ཉེས་པ་ལ་མི་དགའ་བ་ནི་འདོད་པ་ལ་མི་སྨོད་པའི་ཕྱིར་རོ། །འཁོན་ལ་མི་དགའ་བས་ནི་ཕྱིར་རྒལ་བའི ་དངོས་པོ་མི་ཚོལ་བའི་ཕྱིར་རོ། །ཚུལ་ཁྲིམས་རྣམ་པར་དག་པའི་དབང་དུ་བྱས་ནས་གཅིག་གོ་།རྣམ་པར་གཡེང་བའི་དབང་དུ་བྱས་ནས་སྤོང་བ་ལ་བག་ཡོད་པའོ། །ཞིང་ཡོངས་སུ་དག་པར་སྐྱེས ་ཏེ་བག་ཚ་བ་མེད་པའི་དབང་དུ་བྱས་ནས་གཅིག་གོ་།ང་རྒྱལ་དང་ཆེ་བའི་ང་རྒྱལ་གྱིས་བྱང་ཆུབ་སེམས་དཔའ་རྣམས་དང། བདག་ཡོངས་སུ་འཇལ་བ་དང། དེ་དང་དེར་སྦྱོར་བ་མཐུན་བའི་དབང ་དུ་བྱས་ནས་གཅིག་གོ་། ལྷག་མ་རྣམས་ཀྱིས་ནི་ཟང་ཟིང་གི་མཆོད་པ་བྱ་བས་མཆོད་པར་འཛིན་པ་རྣམས་ཡོངས་སུ་བཟུང་བའི་མཆོད་པ་བྱ་བ་ལ་གཟུང་པ་སྟེ་། འོད་སྲུངས་གང་ལ་ལ་ཞིག་བདེ་བའི ་ཡོ་བྱད་ཐམས་ཅད་ཀྱིས་ང་ལ་བཀུར་སྟི་བྱེད་བར་འདོད་བ་དང། མཆོད་པ་ཐམས་ཅད་ཀྱིས་མཆོད་པར་འདོད་པ་དེས་། དཀོན་མཆོག་བརྩེགས་པ་ཆེན་པོ་ཆོས་ཀྱི་རྣམ་གྲངས་འདི་ཀུན་ཆུབ་པར་གྱིས་ཤིག་། ་ཡི་གེར་བྲིས་ཤིག་། ལྷོགས་ཤིག་། ལོང་ཞིག་།འོད་སྲུངས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ལ་བླ་ན་མེད་པའི་མཆོད་པ་བྱས་པར་འགྱུར་རོ་ཞེས་གང་གསུངས ་པའོ།། བཅོམ་ལྡན་འདས་དགྱེས་ཤིང་དེ་སྐད་ཅེས་བཀའ་སྩལ་ཏེ། ཚེ་དང་ལྡན་པ་འོད་སྲུངས་ཆེན་པོ་དང། བྱང་ཆུབ་སེམས་དཔའ་དེ་དག་དང། ལྷ་དང་མི་དང་ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན ་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་བ་ལ་མངོན་པར་བསྟོད་དོ་ཞེས་བྱ་བ་ནི་ཡང་དག་པར་སྡུད་བར་བྱེད་པའི་བྱང་ཆུབ་སེམས ་དཔའ་གནས་བརྟན་འོད་སྲུངས་ཆེན་པོ་ལ་སོགས་པའི་དགའ་བར་བསྟན་པས་དོན་ཇི་ལྟ་བ་བཞིན་དུ་མིང་བཏགས་པའི་ཆོས་ཀྱི་རྣམ་གྲངས་ཆེན་པོ་འདི་ཡོངས་སུ ་རྫོགས་པར་སྟོན་ཏོ། །རྒྱལ་བའི་བློ་གྲོས་ཀྱིས་ནི་བྱེད་བཅུག་སྟེ། །དཀོན་མཆོག་བརྩེགས་པ་བཤད་པ་བྱས་པ་ཡིས། །བསོད་ནམས་བདག་གིས་ཐོབ་པ་གང ་ཡིན་པ། །དེས་ནི་འགྲོ་བ་རྒྱལ་བ་ཐོབ་གྱུར་ཅིག་།འཕགས་པ་དཀོན་མཆོག་བརྩེགས་པ་ཆེན་པོའི་ཆོས་ཀྱི་རྣམ་གྲངས་ལེའུ་སྟོང་ཕྲག་བརྒྱ་བ་ལས། འོད ་སྲུངས་ཀྱི་ལེའུ་རྒྱ་ཆེར་འགྲེལ་པ། སློབ་དཔོན་བློ་བརྟན་གྱིས་མཛད་པ་རྫོགས་སོ།། དགེའོ་སརྦ་མངྒ་ལཾ། །། ་