CLOSE WINDOW

N4298: phung po gsum pa'i sgrub thabs zhes bya ba
Wyliee-texts based on the ACIP/ALL Input

ཀ་ར་ཤྲཱི་ཛྙཱ་ནས་མཛད་པ་རྫོགས་སོ།། །།བཎྚི་ཏ་དེ་ཉིད་དང། ལོཙྪ་བ་དགེ་སློང་ཚུལ་ཁྲིམས་རྒྱལ་བས་བསྒྱུར་བའོ།། །།ཕུང་པོ་གསུམ་པའི་སྒྲུབ་ཐབས་ནག་པོ་པས་མཛད་བའོ།། །།རྒྱ་གར་སྐད་དུ། སྐན་དྷ་ཏྲི་སཱ་དྷ ་ན་ནཱ་མ། བོད་སྐད་དུ། ཕུང་པོ་གསུམ་པའི་སྒྲུབ་ཐབས་ཞེས་བྱ་བ། འཕགས་པ་འཇམ་དཔལ་ལ་ཕྱག་འཚལ་ལོ། །འགྲོ་བའི་མི་ཤེས་གདུང་སེལ་བ། །ཐུབ་པ་ཉི་ཟླ་ལ་བཏུད་ནས། །སྡིག་པ་ཐམས་ཅད་རབ་འཁྲུ་བའི། །ཆོ་ག་ཡང་དག་བསྟན་པར་ ་བྱ། །དུས་ཡུལ་ཀུན་སློང་བྱེད་པ་དང། །ངོ་བོ་རྣམ་སྨིན་བསམ་བྱས་པས། །དུག་འཐུངས་ལྟ་བུར་ཡིད་བྱུང་དིས། །འབད་ན་ངེས་བར་དག་འགྱུར་རོ། །ཟླ་སྟོང་སྐར་མ་བཟང་པོའི་ཚེ། །གནས་ཁང་ཕྱག་དར་བརྒྱན་པར་བྱ། །ཕྱོགས་བཞིར་མཐོ་བཞི་བརྩུཌ ་བ་ལ། །སྔགས་ཆུ་ཡོངས་སུ་བླུགས་པར་བྱ། །དེའི་སྔགས་ནི་འདི་ཡིན་ཏེ། ན་མོ་རཏན་ཏྲ་ཡཱ་ཡ། ན་མ་ཨཱརྱ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། མཧཱ་ཀཱ་རུ་ཎི་ཀཱ་ཡ་།ཏདྱ་ཐཱ། ཏི་ལི་བན་དྷ་མི། མི་ལི་བན་དྷ་མི། ཅི་ལི་མི་ལི་བན་དྷ་མི། ་ས་མེ་བན་དྷ་མི། ཞེས་ལན་ཉི་ཤུ་རྩ་གཅིག་བཟླས་པར་བྱའོ། །དེ་ནས་ཁྲུས་བྱས་སྟན་ལ་འདུག་།བྱམས་ལ་སོགས་པ་བསྒོམ་བྱས་ཏེ། །དད་པོར་ཡི་དགས་གཏོར་མ་བཏང། །དེ་ནས་ཆོས་སྐྱོང་སྲུང་མ་ལ། །གཏོར་མ་བཏང་ནས་གསོལ་བ ་གདབ། །སངས་རྒྱས་བསྟན་བསྲུང་ཞལ་བཞེས་པ། །རྒྱལ་ཆེན་བཞི་སོགས་མ་ལུས་རྣམས། །བདག་ལ་དགོངས་གསོལ་བདག་ཅག་རྣམས། །བྱང་ཆུབ་ལྟུང་བ་བཤགས་པ་ཡི། །ལམ་ཞུགས་ནས་ནི་སྡིག་འཆགས་ལ། །བར་ཆད་རྐྱེན་ནི ་མི་འབྱུང་ཞིང། །བགེགས་ཀྱི་དབང་དུ་མི་འགྱུར་བར། །སྡིག་པ་བཤགས་པའི་ཆོ་ག་འདི། །མྱུར་དུ་འགྲུབ་པར་མཛད་དུ་གསོལ། །དེ་ནས་ཕྱག་འཚལ་སོགས་བདུན་བྱ། །ཡང་ན་གསོལ་བ་གདབ་བྱར?་བ། །ཕྱོགས་བཅུ་དག་ན་བཞུགས ་པ་ཡི། །སངས་རྒྱས་བྱང་ཆུབ་སེམས་དཔའ་རྣམས། །བདག་ལ་དགོངས་གསོལ་སྔ་མ་བཞིན། །དེ་ནས་བྱང་ཤར་ཕྱོགས་གནས་པ། །རྒྱལ་བ་སུམ་ཅུ་རྩ་ལྔ་རྣམས། །རྒྱལ་སྲས་ལྷག་བའི་ལྷ་ཀུན་དང། །རང་བཞིན་དབྱེར་བྱེད་བསམ་བྱས་ཏེ།། ་ཕྱག་རེ་བཙལ་བས་ལྕེ་ཐོག་ན། །ཡོད་སྡིག་བསལ་བས་བསམ་བྱའོ། །ལྷག་མ་འདུག་ལ་གུས་པས་གདོན། །དེ་བཞིན་དུ་ནི་ཚར་ལྔ་ཉིད། །དེ་ནས་གཅིག་ནི་དང་པོ་བཞིན། །བཏོན་ནས་དེ་ནི་མི་དམིགས་བསམ། །ངལ་ན་ལྷ་ཡི་བཟླས་པ ་བྱ། །ངལ་སོས་ནས་ཀྱང་དེ་བཞིན་ཏེ། །ཉིན་མཚན་ལན་དྲུག་འབང་བྱ་བ། །ཞག་ནི་གསུམ་ལ་སོགས་པར་བྱ། །ཟིན་ནས་ཐོ་རངས་ཁྲུས་བྱས་ཏེ། །མཆོད་དང་གསོལ་བ་གདབ་བྱ་སྟེ། །ཕྱོགས་དུས་ཀུན་ན་བཞུགས་པ་ཡི། །སངས ་རྒྱས་བྱང་ཆུབ་སེམས་དཔའ་རྣམས། །བདག་ལ་དགོངས་གསལ་བདག་སྡིག་རྣམས། །དག་པའི་མཚན་མ་བསྟན་དུ་གསོལ། །ལན་གསུམ་བརྗོད་དེ་ཚུལ་བཞིན་ཉལ། །དེ་ནས་རྨི་ལམ་བརྟག་བྱ་བ། །ཆུ་བོ་ཆེན་པོ་བརྒལ་བ་དང། །ཟམ་པ ་ལ་འགྲོ་ཁྲུས་བྱེད་དང། །གོས་མེད་པ་ལ་ཆར་འབབ་དང། །རྒྱལ་བ་སུམ་ཅུ་རྩ་ལྔ་རྣམས། །མཐོང་ངོ་བ་ལ་སོགས་རྟགས་ཞེས་ཟེར། །སྐུལ་བྱེད་གཟུངས་ལས་འདི་ལྟར་བཤད། །སྐྱུག་དང་འོ་ཞོ་འཐུང་བ་དང། ཉི་ཟླ་མཐོང་དང་མེ ་འབར་དང། །མ་ཧེ་མི་ནག་ཐུབ་པ་དང། །དགེ་འདུན་མཐོང་དང་འོ་མའི་ཤིང། །གླང་པོ་ཁྱུ་མཆོག་རི་བོ་དང། །སེངྒེ་ཁང་བཟངས་སྟེང་འཛེགས་དང། །ཆོས་ཉན་རྨི་ན་སྡིག་བྲལ་རྟགས། །དེ་དག་མཚན་འཛིན་བརྗོད་པ་དང། །ཆོས་འདི ་བཀླགས་པ་ཉིད་ཀྱིས་ཀྱང། །ལྟུང་བ་འབྱོང་ལས་འགྱུང་བ་དང། །ཏིང་ངེ་འཛིན་སོགས་འགྲུབ་པར་འགྱུར། །ཉན་ཐོས་ཐེག་བས་དེ་ལྟར་མིན། །དེ་དགེས་འགྲོ་བ་མ་ལུས་པ། །ངེས་ཤེས་སྡིག་པ་རབ་སྤངས ་ཏེ། །སྒྲིབ་གཉིས་དག་པའི་ཡེ་ཤེས་ནི། །ཐོབ་ནས་འགྲོ་བའི་དོན་བྱེད་ཤོག་།ཕུང་པོ་གསུམ་པའི་སྒྲུབ་ཐབས། །སློབ་དཔོན་ཀྲིཥྞ་པས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཆེན་པོ་དཱི་པོ་ཀར་ཤྲི་ཛཝཱ?་ན་དང། ་ལོཙྪ་བ་དགེ་སློང་ཚུལ་ཁྲིམས་རྒྱལ་བས་བསྒྱུར་བའོ།། །། འ་དཀོན་བརྩེགས་པ་འོད་སྲུངས་ལེའུའི་བཤད་པ་སློབ་དཔོན་བློ་བརྟན་གྱིས་མཛད་པ་བཞུགས།། །།རྒྱ་གར་སྐད་དུ། ཨཱརྱ་མཧཱ་རཏན་ཀུ་ཊ་དྷརྨ་པརྱཱ་ཡ་བ ་