| Wylie | e-texts based on the ACIP/ALL Input |
འགྲེལ་པ། བྱང་ཆུབ་སེམས་དཔའ་ཨི་བསླབ་པའི་རིམ་པ་ཞེས་བྱ་བ་སློབ་དཔོན་ཛཻ་ཏཱ་རི་དགྲ་ལས་རྣམ་པར་རྒྱལ་བས་མཛད་པ་རྫོགས་སོ།། །།བལ་པོ་པཎྜི་ཏ་དང། ཚོགས་ལོཙྪ་བས་བསྒྱུར་བའོ།། །། ་ལྟུང་བཤགས་འགྲེལ་པ་ཐོ?་བོས་མཛད་པའོ།། །།*། །རྒྱ་གར་སྐད་དུ། ཀརྨ་ཨཱ་བ་ར་ཎ་བི་ཤོ་དྷ་ན་བི་དྷི་བྷ་ཥཱཾ་ནཱ་མ། བོད་སྐད་དུ། ལས་ཀྱི་སྒྲིབ་པ་རྣམ་པར་སྦྱོང་བའི་ཆོ་ག་བཤད་པ་ཞེས་བྱ་བ། སངས་རྒྱས་དང་བྱང་ཆུབ ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །ཐུབ་པ་དྲི་མས་མ་གོས་ཤིང། ཡེ་ཤེས་དཀྱིལ་འཁོར་རབ་གསལ་བ། །གསུང་གི་ཟེར་གྱིས་འགྲོ་ཀུན་གྱི། །སྒྲིབ་པ་མེས་བསྲེགས་ཉི་མ་རྒྱལ། །དཔའ་པོ་གང་དག་འགྲོ་བ་སྡུག་བསྔལ་གྱི་རྒྱ ་མཚོ་ཡང་བར་བྱིང་བ་རྣམས་ཀྱི་སེམས་ཕྲོགས་ཤིང་དེ་དག་གདོན་པར་འདོད་པའི་ཡིད་ཅན་དག་གིས་བྱང་ཆུབ་ལ་བློ་གཞོལ་བར་བྱ་སྟེ། དེ་ཐོབ་པའི་ལམ་དམ་པར་ཞུགས་ལ་མི་ཉམས་པར་བྱ་ཞིང་ཇི་ལྟར ་བྱ་བ་དེ་འཕེལ་བར་འགྱུར་བའི་ཐབས་ལ་བརྩོན་པར་བྱ་སྟེ། གལ་ཏེ་རྐྱེན་འགའ་ཞིག་གིས་ཉམས་པར་གྱུར་ན་ཡང་དེ་མ་ཐག་ཏུ་ཕྱིར་ལྡང་བའི་ཐབས་ལ་འབད་པར་བྱ་སྟེ། ཕམ་པའི་གནས་ལྟ་བུའི་ཆོས་སྤྱད་པས་སྡོམ་པ་སླར ་བླང་བ་དང། ཟག་པ་འབྲིང་ལས་གྱུར་པ་རྣམས་གསུམ་ལ་བཤེགས་པ་དང། ཆུང་ངུ་ལས་གྱུར་པ་རྣམས་གཅིག་ལ་བཤགས་པ་དང། དེ་དག་ལས་གཞན་པ་རང་གི་སེམས་ཀྱིས་བསྡམ་པར་བྱ་བ་རྣམས་ཇི་ལྟར་སྤྱད་པ་བཞིན ་ཆོས་དང་མཐུན་པར་སོར་ཆུད་པར་བྱའོ། །དེ་དག་གི་ལས་ཀྱི་སྒྲིབ་པ་ལྷག་མར་གྱུར་པ་དག་དང། གཞན་ཡང་ཐོག་མ་མེད་པའི་དུས་ནས་ཀུན་ནས་བསགས་པའི་སྒྲིབ་པ་སྟུག་པོ་ཇི་སྙེད་པ་རྣམས་ཀྱིས་བྱང་ཆུབ་ཆེན་པོ་ལ་གེགས་སུ་མི་འགྱུར ་བར་བྱ་བའི་ཕྱིར་ཐུབ་པས་གནང་བའི་བྱང་ཆུབ་སེམས་དཔའ་ཨི་ལྟུང་བ་བཤགས་པའི་ཆོ་ག་འདིས་ཉིན་མཚན་དུས་དྲུག་ཏུ་བཤགས་པ་ལ་འབད་པར་བྱའོ། །དེ་ལ་ཡང་གང་ལ་བདག་གི་སྒྲུབ་པ་རྣམས་བཤགས་པར་བྱ་བ་དེ་དག་ལ ་དཔུང་གཉེན་དུ་བཟུང་སྟེ། གུས་པས་ཕྱག་འཚལ་ལ་གསོལ་བ་གདབ་པར་བྱ་བ་ཡིན་པས་ཐོག་མར་སྐྱབས་སུ་འགྲོ་བ་ནི་བདག་མིང་འདིས་ཞེས་བགྱི་བ་སངས་རྒྱས་ལ་སྐྱབས་སུ་མཆིའོ་ཞེས་བྱ་བ་ལ་སོགས་པ་སྟེ། ཡང་དག་པར་རྫོགས ་པའི་སངས་རྒྱས་དང། ཆོས་དང། དེའི་རྗེས་སུ་སྒྲུབ་པའི་དགེ་འདུན་རྣམས་ནི་རིམ་པ་བཞིན་འཁོར་བ་ལས་བརྒལ་བའི་ལམ་སྟོན་པ་དང། ལམ་དང། དེ་སྒྲུབ་པའི་གྲོགས་ཡིན་པའི་ཕྱིར་རོ། །གཞན་དབྱིག་གི་སྙིང་པོ་དང། འཕྲོག་བྱེད ་དང། སེང་གེ་དང། མཐུ་བོ་ཆེ་ལ་སོགས་པ་དང། སེར་སྐྱ་དང། གཟིགས་ཟན་ལ་སོགས་པ་ནི་མ་ཡིན་ཏེ། རང་ཉིད་སྲིད་པའི་བཙོན་ར་མི་བཟད་བར་ལས་དང་ཉོན་མོངས་པའི་ལྕགས་སྒྲོག་དམ་པོས་བཅིངས་ཤིང་འཆི་བ་ལ་སོགས་པའི ་སྲིན་པོ་འཇིགས་སུ་རུང་བ་དག་གིས་ཀུན་ཏུ་བཅོམས་པའི་ཕྱིར་རོ། །དེ་བས་ན་འདི་དག་ཀྱང་སྲིད་པའི་བཙོན་ར་ནས་ཐར་པ་སངས་རྒྱས་ཁོ་ན་ལ་རག་ལས་པའི་ཕྱིར་སེམས་དང་ལྡན་པ་སུ་ཞིག་སངས་རྒྱས་ལ་སོགས་པ་བོར་ཏེ་གཞན་ལ ་སྐྱབས་སུ་འགྲོ་བར་བྱེད། ཕྱག་འཚལ་བ་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་ལོ་ཞེས་བྱ་བ་ལ་སོགས་པ་སྟེ། དེ་བཞིན་གཤེགས་པ་སུམ་ཅུ་རྩ་ལྔ་པོ་འདི་དག་གིས ་བྱང་ཆུབ་སེམས་དཔའ་ཨི་སྤྱད་པ་སྤྱོད་པའི་ཚེ་བདག་ཅག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པ་ན། གང་ཞིག་བདག་ཅག་གི་མཚན་འཛིན་ཅིང་ཕྱག་འཚལ་བ་དེ་དག་ཀྱང་ལས ་ཀྱི་སྒྲིབ་པ་ཟད་པར་གྱུར་ཅིག་ཅེས་སྨིན་ལམ་བཏབ་པོ། །དེས་ན་སྨོན་ལམ་གྱིས་སྟོབས་ཅན་ཡིན་པའི་ཕྱིར་འདི་རྣམས་ཕྱག་འཚལ་བའི་གནས་སུ་བཀོད་དེ། གཞན་རྣམས་ལ་ཕྱག་འཚལ་བར་བྱ་བ་མ་ཡིན་ནོ་ཞེས་ནི་མི་བརྗོད་དོ། །དེ་ལ ་དེ་བཞིན་གཤེགས་པ་ནི་ཆོས་རྣམས་ཀྱི་དེ་བཞིན་ཉིད་རྟོགས་པ་འམ་དེར་སོང་བའོ། །དགྲ་བཅོམ་པ་ནི་ཨར་ནི་དགྲ་འམ་རྩིབས་ཏེ། དེ་བཅོམ་ཞིང་བཅག་པ་དང་ཧ་དོ། །ཉོན་མོངས་པ་བག་ཆགས་དང་བཅས་ཤིང་ཡང་མི་སྐྱེ་བའི་ཆོས ་ཅན་དུ་བྱས་པས་རྟེན་ཅིང་འབྲེལ་བར་འབྱུང་བའི་རྩིབས་བཅག་པའི་ཕྱིར་དགྲ་བཅོམ་པ་ཞེས་བྱ་སྟེ་ཨར་ཧད་དོ། །ཡང་ན་འོས་པ་སྟེ། ཁམས་གསུམ་པ་ཐམས་ཅད་ཀྱིས་མཆོད་པར་འོས་པ་ལ་སོགས་པའི་ཕྱིར་རོ། །ཡང་དག་པར ་རམ?། མཉམ་པར་ཀུན་ཏུ་མ་ལུས་པའི་ཕྱིར་སངས་རྒྱས་པས་ཡང་དག་པར་རྫོགས་པར་སངས་རྒྱས་པ་འདི་དག་གིས་སྤངས་པ་དང་ཡོན་ཏན་གྱི་ཆེ་བ་གཉིས་བརྗོད་དོ། །གཞན་གྱི་ཡོན་ཏན་དུ་ཡང་བ་ལྟའོ།། ་ཤཱཀྱ་ཐུབ་བ་ནི་ཤཱཀྱའི་རིགས་སུ་ཐུབ་པ་བྱུང་བས་དེ་སྐད་ཅེས་བྱའོ། །ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཡེ་ཤེས་ནི་མི་ཕྱེད་པས་རྡོ་རྗེ་སྟེ། དེའི་སྙིང་པོས་འཇིག་ཚོགས་སུ་ལྟ་བ་ལ་སོགས་པ་མི་མཐུན་པའི་ཕྱོགས ་ཐམས་ཅད་འཇོམས་པས་རྡོ་རྗེ་སྙིང་པོ་རབ་ཏུ་འཇོམས་པའོ། །དེ་བཞིན་དུ་གཞན་རྣམས་ལ་ཡང་ཡོན་ཏན་གྱི་མཚན་གྱི་རྗེས་སུ་འབྲངས་ནས་ཇི་ལྟར་རིགས་པར་མཚན་གྱི་དོན་བཤགས་པར་བྱ་སྟེ། ཡོན་ཏན་མཛའ་ཡས ་པས་རེ་རེ་ལ་ཐམས་ཅད་ཀྱི་མཚན་བརྗོད་ཀྱང་དེའི་རྒྱུ་མཚན་གནས་པའི་ཕྱིར་རང་དགའ་ཨི་ཉེས་པར་འགྱུར་དུ་དོགས་པར་མི་བྱའོ། །གསོལ་བ་གདབ་པ་ནི་དེ་དག་ལ་སོགས་ཏེ་ཞེས་བྱ་བ་ལ་སོགས་པ་སྟེ། བཅོམ་ལྡན་འདས་ནི ་ཉེས་པ་རྣམས་བཅོམ་པའམ། དཔལ་ལ་སོགས་པའི་ཡོན་ཏན་དང་ལྡན་པའོ། །ཇི་སྙེད་ནི་མ་ལུས་པའོ། །བཞུགས་པ་དང་འཚོ་བ་དང་གཞེས་པ་ནི་རིམ་པ་བཞིན་དུ་ཆོས་ཀྱི་སྐུ་ལ་སོགས་པ་གསུམ་གྱིས་སོ། །བདག་ལ་དགོངས ་པ་ནི་ཐུགས་གཏང་པར་གསོལ་བའོ། །བདག་གིས་གསོལ་བ་ཚུལ་དང་འཐུན་པ་ཡིན་གྱི། སངས་རྒྱས་རྣམས་བསྙེལ་བ་མི་མངའ་བའི་ཆོས་ཉིད་བརྙེས་པ་ནམ་དུ་ཡང་སེམས་ཅན་གཅིག་ལ་ཡང་མི་དགོངས་པ་མི་སྲིད་དོ། །དེ་ལྟར་ན ་སེམས་ཅན་རྣམས་འཁོར་པའི་སྡུག་བསྔལ་ཡང་བ་འདི་དག་ལས་ཅིའི་ཕྱིར་གྲོལ་པར་མི་མཛད་ཅེ་ན། སེམས་ཅན་རྣམས་རང་རང་གི་ཉེས་པ་སྟེ། ཇི་ལྟར་ཉི་མའི་དཀྱིལ་འཁོར་གཟི་བརྗིད་དང་ལྡན་པའི་འོད་ཀྱིས་ཕྱོགས་ཐམས་ཅད ་རྒྱས་པར་བྱེད་པ་ཉེ་བར་གནས་ཀྱང་དམུས་ལོང་དག་གིས་མི་མཐོང་བ་བཞིན་ནོ། །དེ་ནས་དཀོན་མཆོག་ཏ་ལ་ལ་ལས་ཀྱང། དམུས་ལོང་གིས་ནི་ཉི་མ་མི་མཐོང་ཡང། དེ་མེད་མ་ཡིན་འཇིག་རྟེན་ཀུན་ཏུ་འཆང། །མིག་དང་ལྡན་པས་ཤར་བར ་ཤེས་གྱུར་ནས། །ཀུན་ཀྱང་སོ་སོར་རང་གི་ལས་ལ་འཇུག་ཅེས་བྱ་བ་ལ་སོགས་པ་དོན་འདི་རྒྱས་པར་བསྟན་ཏེ། །ཡུལ་དེ་དག་གང་ལ་བཤགས་པར་བྱ་བ་སྒྲིབ་པའི་དངོས་པོ་ནི་བདག་གིས་བྱས་པ་ལ་སོགས་པ་སྟེ། བདག་གིས་ནི་བྱེད་པ་པོའོ།། ་སྐྱེ་བ་འདི་དང་སྐྱེ་བ་ཐོག་མ་དང་ཐ་མ་མ་མཆིས་བ་ནི་བྱས་པའི་དུས་སོ། །འཁོར་བ་ན་འཁོར་བའི་ཚེ་སྐྱེ་གནས་གཞན་དག་ནི་བྱས་པའི་གནས་སོ། །བྱས་པའི་སྡིག་པའི་རང་བཞིན་སྤྱིར་བརྗོད་པ་ནི་སྡིག་པའི་ལས་ཞེས་བྱ་བ་ལ་སོགས་པ་སྟེ། གང་ཅི ་ལང་རུང་སྟེ། སྡུག་བསྔལ་གྱི་རྩ་བར་འགྱུར་བའི་ལས་རང་གིས་བྱས་ཤིང་གཞན་ལ་བྱེད་དུ་བཅུག་པ་ནི་དེ་ལྟར་མ་ཡིན་ཡང་བྱས་པ་ལ་དགའ་བས་རྗེས་སུ་ཡི་རང་བ་དང། བྱེ་བྲག་ཏུ་རྣམ་པར་སྨིན་པ་ལྕི་བའི་མཆོད་རྟེན་གྱི་དཀོར་རམ་ཞེས་བྱ་བ་ལ་སོཌ ་པ་སྟེ། མ་བྱིན་པར་ལེན་པ་རྣམས་ཀྱི་ནང་ན་ལྕི་བ་སྦྱིན་བདག་དད་པ་ཅན་རྣམས་ཀྱིས་གནས་ཆེན་པོ་བརྒྱད་ལ་སོགས་པའི་མཆོད་རྟེན་གྱི་ཆེད་དུ་ཕུལ་བའི་ཡོ་བྱད་དམ། ཕྱོགས་བཞིའི་དགེ་འདུན་པ་ཐཾས་ཅད་དབང་བ་གང་ཟག་སོ་སོའི་བདག་གི་མ་བྱས་པ ་ཕྲོགས་པ་ལ་སོགས་པའོ། །དེ་དག་གིས་ངན་སོང་ངན་འགྲོ་རྣམ་པ་གསུམ་གྱི་བར་དུ་ཡང་?་མི་བཟད་པ་མྱོང་བར་བྱེད་ཅིང་སྤྱད་བ་དཀའ་བས་རྣམ་པར་སྨིན་པ་ལྕི་བའོ། །ཤིན་ཏུ་སྡུག་བསྔལ་བའི་ཉེས་པའི་རྒྱུ་ནི་མཚམས་མེད་པའི་ལས་ཞེས ་པ་ལ་སོགས་པ་སྟེ། ཕ་བསང་བ་ལ་སོགས་པ་འདི་དག་གང་གིས་བྱས་པ་ལ་སོགས་པ་ནང་ཤིན་ཏུ་བཟོད་པར་དཀའ་བའི་སྡུག་བསྔལ་ཉམས་སུ་འབབ་པའི་མནར་མེད་པའི་སེམས་ཅན་དམྱལ་བ་གཞན་ལ་སྡུག་བསྔལ་ཁྱད་པར་ཅན་དུ་འགྱུར་སྐྱེ ་བ་ལ་གང་གིས་ཀྱང་བར་མཆོད་པས་མཚམས་མེད་པ་སྟེ། དེས་ན་འདི་དག་ཤིན་ཏུ་སྡུག་བསྔལ་པའི་ཉེས་པའི་རྒྱུ་ཞེས་ཀྱང་བྱའོ། །གཞི་ཐམས་ཅད་ཀྱིས་བསྡུས་པའི་མི་དགེ་བ་ནི་མི་དགེ་བ་བཅུ་ཞེས་བྱ་བ་ལ ་སོགས་པ་སྟེ། ངན་འགྲོ་གསུམ་ཅི་རིགས་པར་རྣམ་པར་སྨིན་པར་མྱོང་བར་འགྱུར་བ་ལུས་ལ་སོགས་པ་གཞི་ཐམས་ཅད་ཀྱི་ལས་ཏེ། ལུས་ལ་བརྟེན་པ་སྲོག་གཅོད་པ་ལ་སོགས་པ་གསུམ་དང། ངག་ལ་བརྟེན་པ་བརྫུན་དུ་སྨྲ་བ་ལ་སོགས ་པ་བཞི་དཔ?། ཡིད་ལ་བརྟེན་པ་གནོད་སེམས་ལ་སོགས་པའོ། །དེ་གསུམ་གྱིས་ནི་གཞི་ཐམས་ཅད་བསྡུས་པ་མི་དགེ་བའི་ལས་ཀྱི་ལམ་མ་ལུས་པ་ཞེས་བྱའོ། །དེ་ལས་གཞན་པའི་སྒྲིབ་པ་དེ་དང་རྗེས་སུ་མཐུན་པ་རྣམས་ནི་ལས་ཀྱི་སྒྲིབ ་པ་གང་གིས་ཞེས་བྱ་བ་ལ་སོགས་པའོ། །དེ་དག་ཀྱང་གང་བྱས་ན་རང་དང་གཞན་གྱི་དོན་སྒྲུབ་པ་ལ་ནུས་པ་མེད་ཅིང་བར་དུ་ཆོད་པའི་སྐྱེ་བ་འཛིན་པ། སེམས་དམྱལ་ཡི་དགས་དུད་འགྲོ་དང། །ཀླ་ཀློ་འདུ་ཤེས་མེད་ལྷ་དང། །ལོག་ལྟ་སངས ་རྒྱས་ལ་མི་འདུན། །ལྐུགས་དང་མི་ཁོམ་གནས་བརྒྱད་དོ། །ཞེས་གསུངས་པ་དེ་དག་ཏུ་སྐྱེ་བར་འགྱུར་བའི་ལས་ཏེ། ཆོས་ཟབ་མོ་སྤོང་བ་དང། ལྟུང་བ་ཕྲ་མོ་དག་ལ་མི་འཛེམས་པ་དང། སེར་སྣས་ཡོ་བྱད་ལ་སོགས་པ་ལ ་ཞེན་ཏེ་ཅུང་ཟད་ཀྱང་མི་གཏོང་བར་སོག་པ་དང། སངས་རྒྱས་ལ་སོགས་པ་ལ་མི་གུས་པ་དང། ཐབས་མི་མཁས་པས་འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་ཡིད་ལ་བྱེད་པ་དང། གཞན་གྱི་མིག་གི་དབང་པོ་ལ་སོགས་པ་དང་བྲལ་བར ་བྱེད་པ་དང། ལོག་བར་ལྟ་བའི་རྗེས་སུ་ཕྱོགས་པ་དང། སྨོན་ལམ་མ་སྦྱངས་པ་སྟེ། ཇི་ལྟར་རིགས་པར་གཞན་ཡང་བགྲང་བ་ལས་འདས་པ་ཤིན་ཏུ་ཕྲ་བར་འགྱུར་པ་དེ་དག་ཐམས་ཅད་དོ། །དངོས་པོ་དེ་དག་ཇི་ལྟར་བཤགས་པ་ནི ་སངས་རྒྱས་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་སྟེ། སངས་རྒྱས་རྣམས་མངོན་དུ་བྱས་ཏེ་མཐོལ་བ་ལ་སོགས་པ་བྱས་ཏེ་ཕྱིས་སྡོམ་པའོ། །དེ་ལ་ཡེ་ཤེས་སུ་གྱུར་བ་ནི་ཇི་ལྟ་པའི་རྣམ་པ་དོན་དམ་པ་དང། ཇི་སྙེད་པའི་རང་བཞིན་དུ ་ཀུན་རྫོབ་ཐམས་ཅད་མཁྱེན་པའི་རང་བཞིན་ཅན་ནོ། །སྤྱན་དུ་གྱུར་པ་ནི་སྤྱན་ལྔ་རྣམ་པར་དག་པས་མཁྱེན་པའོ། །དཔང་དུ་གྱུར་པ་ནི་དོན་ཐམས་ཅད་ཕྱིན་ཅི་མ་ལོག་པར་མཁྱེན་པའོ། །ཚད་མར་གྱུར་པ་ནི་དབང་དུ་གྱུར་པ་དེ་ཉིད་ཀྱི་ཕྱིར་རོ།། ་མཁྱེན་བ་ནི་ཡེ་ཤེས་ཀྱིས་སོ། །གཟིགས་བ་ནི་སྤྱན་གྱིས་ཏེ་དེ་དག་གི་སྤྱན་སྔར་རོ། །ཡང་ན་མངོན་པར་ཤེས་པ་དྲུག་དང་སྦྱར་རོ་ཞེས་ཁ་ཅིག་འཆད་དེ་ཞེས་གྲག་གོ་།མཐོལ་བ་ནི་རང་གི་ངོ་བོས་འདི་བྱས་སོ་ཞེས་དག་ཏུ་བརྗོད་པའོ། །དེ་དག་ལ་ཉེས་པ་རྣམ་པ ་དུ་མར་ལྟ་ཞིང་སེམས་ཀྱིས་མི་མཐུན་པར་བཟུང་ནས་ཉེས་པ་ཅན་དུ་སྟོན་པ་ནི་བཤགས་པའོ། །མི་འཆབ་པ་ནི་བདག་གིས་བགྱིས་པའི་སྡིག་པ་རྣམས་གཞན་གྱིས་ཚོར་ཏེ་འོང་སྙམ་ནས་དེའི་ཐབས་ཡིད་ལ་མི་བྱེད་པའོ། །སླན་ཆད་ཀྱང ་སྡེམ་པ་ནི་གཉེན་པོས་ཀུན་ནས་བཟུང་སྟེ་།སྔ་མའི་རྗེས་སུ་མི་འཇུག་པར་རྒྱུན་ཀུན་ནས་གཅོད་པའོ། །དེ་དག་གིས་ནི། བདག་གིས་བྱས་ཤིང་བསགས་པའི་སྡིག་པའི་ལས། །ཟང་པར་འགྱུར་པའི་སྟོབས་བཞི་ཡང་བསྟན་ཏེ། །རྟེན་གྱི་སྟོབས་དང། ་རྣམ་པར་སུན་འབྱིན་པའི་སྟོབས་དང་གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས་དང། སོར་ཆུང་པའི་སྟོབས་སོ། །དེ་ལ་གང་ལ་སྒྲིབ་པ་རྣམས་བཤགས་པར་བྱ་པའི་རྟེན་བཀོན་མཆོག་གསུམ་དང། དེ་བཞིན་གཤེགས་པ་རྣམས་ལ་སྐྱབས་སུ་འགྲོ་བ་དང། ་ཕྱག་འཚལ་བ་ནི་རྟན་གྱི་སྟོབས་སོ། །བྱས་པའི་རྣམ་གྲངས་ཉེ་བར་རྟོགས་ཅིང་ཉེས་པ་དུ་མའི་འབྱུང་གནས་སུ་བཟུང་ནས་ཡིད་ལ་གཅགས་པས་བདག་ཉེས་པ་ཅན་དུ་བརྗོད་པ་ནི་རྣམ་པར་སུན་འབྱིན་པའི་སྟོབས་སོ། །གཉེན་པོ་དེ་དང་དེ་དག་ཡིད་ལ ་བྱས་པས་ཡང་མི་འབྱུང་བར་བྱེད་པ་ནི་གཉེན་བོ་ཀུན་ཏུ་སྤྱོད་པ་དང། སོར་ཆུད་བའི་སྟོབས་སོ། །སྟོབས་བཞི་པོ་དེ་དག་ཡིད་ལ་བྱས་ཤིང་སེམས་ཐིག?་པ་ནས་ཁ་ཏོན་དུ་བྱས་ན་ལས་ཀྱི་སྒྲིབ་པ་རྣམས་ཀུན ་ནས་བསྲབས་པར་འགྱུར་ཏེ། ཇི་སྐད་དུ། བྱམས་པ་ཆོས་བཞི་པོ་འདི་དག་ནི?་སྡིག་པ་བྱས་ཤིང་བསགས་པ་རྣམས་ཀུན་ནས་བསྲབས་བར་འགྱུར་བ་སྟེ། བཞི་གང་ཞེ་ན། རྟེན་གྱི་སྟོབས་དང། རྣམ་པར་སུན་འབྱིན་བའི་སྟོབས ་དང། གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས་དང། སོར་ཆུང་བའི་སྟོབས་སོ། །དེས་ནི་བྱང་ཆུབ་སེམས་དཔའ་གང་དག་སྡིག་པའི་ལས་ཟད་པར་འདོད་པ་དག་གིས་མདོ་འདི་མང་དུ་ཡིད་ལ་བྱའོ། །ཁ་ཏོན་དུ་བྱའོ་ཞེས་གསུངས་པ་བཞིན་ནོ ་དེ་ལྟར་ལས་ཀྱི་སྒྲིབ་པ་རྣམས་བཤགས་ནས། ད་ནི་བདག་གིས་བྱས་པའི་དགེ་པའི་རྩ་བ་རྣམས་ཡང་དག་པའི་བསྔོ་བས་མ་ཟིན་པས་འབྲས་བུ་མེད་པ་འམ། ཡོད་ཀྱང་དམན་པར་གྱུར་བས་སྲིད་པའི་རྒྱ་མཚོ་ལས་བརྒལ་བའི་ཕྱིར ་དགེ་བ་རྣམས་བསྔོ་བར་བྱ་སྟེ། དེས་ནི་འབྱུང་ཁུངས་ནས་འདུས་བྱས་པའི་གསེར་གྱི་ཕུང་པོ་མགར་བ་མཁས་པས་རྒྱན་དུ་བྱས་ན་རང་དང་གཞན་ལ་ཉེ་བར་མཁོ་བའི་ཡན་ལག་ཏུ་འགྱུར་བ་བཞིན་དུ་ཇི་ལྟར་འདོད་པའི་འབྲས་བུར ་འགྱུར་རོ། །དེ་ལ་གང་གི་མདུན་དུ་བསྔོ་བར་བྱ་བ་དག་ལ་གསོལ་པ་གདབ་པ་ནི་སངས་རྒྱས་ཞེས་བྱ་བ་ལ་སོགས་པའོ། །གང་བསྔོ་བར་བྱ་བའི་དགེ་བ་ནི་བདག་གིས་ཞེས་བྱ་བ་ལ་སོགས་པ་སྟེ། བདག་ཅེས་བྱ་བ་ལ་སོགས་པ ་ནི་སྔ་མ་བཞིན་ནོ། །དགེ་བའི་རང་བཞིན་ནི་རྣམ་པ་གསུམ་ཏེ། སྦྱིན་བ་ལས་བྱུང་བ་དང། ཚུལ་ཁྲིམས་ལས་བྱུང་བ་དང། བསྒོམས་པ་ལས་བྱུང་བའོ། །དེ་ལ་སྦྱིན་པ་ལས་བྱུང་བ་ནི། སྦྱིན་པ་ཐ་ན་ཞེས་བྱ་བ་ལ་སོགས ་པ་སྟེ། ཆེན་པོར་འགྱུར་བའི་སྦྱིན་པ་སྣོད་དུ་གྱུར་བ་ལ་ཆོས་ཀྱི་སྦྱིན་པ་དང། འཇིགས་པ་ལ་མི་འཇིགས་བའི་སྦྱིན་པ་དང། བྱམས་པའི་སྦྱིན་པ་དང། ཟང་ཟིང་གི་སྦྱིན་པ་དངོས་པོ་མིག་ལ་སོགས་པ་ནས་ཡོངས་སུ་བཏང་བ་དང། ཁྱད་པར་དུ་འཕཌ ་པ་དག་ལ་ཕྱི་རོལ་ཏུ་གྱུར་པའི་སེམས་ཅན་གྱིས་བསྡུས་པའི་བུ་ལ་སོགས་པ་བཏང་བ་དང། དེ་ལས་གཞན་པ་གླིང་བཞི་ལ་སོགས་པ་བཏང་བ་དང། རྒྱལ་སྲིད་དང། དེའི་ཕྱེད་དང། ཡུལ་འཁོར་དང་ལྗོངས་དང། གྲོང་ལ་སོགས་པ ་དང། །ཟས་དང་སྐོམ་ལ་སོགས་པ་བཏང་བ་དང། ཐ་ན་དུད་འགྲོའི་སྐྱེ་གནས་སུ་སྐྱེས་པ་ལ་ཟས་ཁམ་གཅིག་ཙམ་བྱིན་པ་ཡན་ཆད་དེ། །ཡུལ་དང་དངོས་པོ་ཤིན་ཏུ་དམན་པར་འགྱུར་བའོ། །ཚུལ་ཁྲིམས ་ལས་བྱུང་བའི་དགེ་བ་ཐེག་པ་ཐམས་ཅད་ལ་སོ་སོར་ཐར་པའི་སྡོམ་པས་བསྡུས་པ། བསྙེན་པར་རྫོགས་པ་ནས་དགེ་བསྙེན་གྱི་བར་གྱི་ཐུན་མོང་གི་ཚུལ་ཁྲིམས་བསྲུང་བའོ། །རབ་ཏུ་བྱུང་བར་གཏོགས་པ་ཁོ་ན་ནི་ཚངས་པར་སྤྱོད་པ་ཁོ་ན ་ལ་གནས་པའོ། །བྱང་ཆུབ་སེམས་དཔའ་ཁོ་ནའི་དབང་དུ་བྱས་པ་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱ་བ་དང། བྱང་ཆུབ་ཀྱི་སེམས་ཀྱི་དགེ་བའི་རྩ་བ་སྟེ། སྦྱིན་པས་སེམས་ཅན་སྨིན་པར་བྱེད་པ་དང། བསམ་པས་བྱང་ཆུབ ་ཀྱི་སེམས་ཡོངས་སུ་མི་གཏོང་བ་ཁོ་ན་བྱང་ཆུབ་སེམས་དཔའ་ཨི་ཚུལ་ཁྲིམས་རྣམ་པར་དག་པ་ཡིན་པའི་ཕྱིར་རོ། །དེ་ལྟར་མ་ཡིན་ན་དགེ་བའི་ལས་ཀྱི་ལམ་བཅུ་ལ་བསྐལ་པ་བྱེ་བ་ཙམ་དུ་མི་དགེ་བའི་སྐབས་མ་ཕྱེ་ཡང་ཚུལ་ཁྲིམས ་ངག་པ་ཞེས་མི་བྱ་ལ། བསམ་པ་དང་སྦྱོར་བ་དེ་ལྟ་བུས་བརྩོན་ན་འདོད་པའི་ཡོན་ཏན་ལྔ་དང་འདྲེ་བར་སྤྱོད་ཀྱང་ཚུལ་ཁྲིམས་རྣམ་པར་དག་པ་ཞེས་བརྗོད་དེ། དེ་སྐད་དུ་ཡང་བཅོམ་ལྡན་འདས་མ་ལས། བྱང་ཆུབ་སེམས་དཔའ་གང་ཞིག ་འདོད་ཡོན་ལྔ་སྤྱོད་ཀྱང། །སངས་རྒྱས་ཆོས་དང་འཕགས་པའི་དགེ་འདུན་སྐྱབས་སོང་སྟེ། །སངས་རྒྱས་འགྲུབ་བྱ་སྙམ་དུ་ཀུན་མཁྱེན་ཡིད་བྱེད་ན། །མཁས་པ་ཚུལ་ཁྲིམས་ཕ་རོལ་ཕྱིན་གནས་རིག་པར་བྱ། །གལ ་ཏེ་བསྐལ་པ་བྱེ་བར་དགེ་བའི་ལས་ལམ་བཅུ། །སྤྱོད་ཀྱང་དགྲ་བཅོམ་རང་རྒྱལ་ཉིད་དུ་འདོད་སྐྱེད་ན། །དེ་ཚེ་ཚུལ་ཁྲིམས་སྐྱོན་བྱུང་ཚུལ། ཁྲིམས་ཉམས་པ་ཡིན། །སེམས་བསྐྱེད་དེ་ནི་ཕས་ཕམ་པས་ཀྱང་ཤིན་ཏུ་ལྕི་ཞེས་གསུངས་སོ།། ་འདི་ཡང་གཞན་གྱི་དོན་གཙོ་བོར་གྱུར་པས་གཙོ་བོར་གཞག་པ་ཡིན་གྱི། རང་གི་དོན་འདོགས་བ་ནི་མ་ཡིན་ནོ། །བསྒོམས་པ་ལས་བྱུང་བ་ནི་བླ་ན་མེད་པའི་ཡེ་ཤེས་ཀྱི་དགེ་བའི་རྩ་པ་ཞེས་བྱ་བ་སྟེ། བླ་ན་མེད་པའི་ཡེ་ཤེས་ནི་བླ?་མ་ ་པ་ཐམས་ཅད་མཁྱེན་པ་སྟེ། ཀུན་རྫོབ་ཀྱིས་བསྡུས་པ་ཇི་སྙེད་ཡོད་བ་དང། དོན་དམ་བས་བསྡུས་པ་ཇི་ལྟ་བར་གནས་པ་ཐམས་ཅད་མཁྱེན་པ་ཉན་ཐོས་ལ་སོགས་པ་ཐམས་ཅད་ལས་ཕུལ་དུ་བྱུང་བའོ། །དེ་ནི་ཆོས་རྣམས་ཀྱི་རང ་བཞིན་སྟོང་པ་ཉིད་དང། སྒྱུ་མ་ལྟ་བུས་བསྒོམས་པ་ལས་བྱུང་བ་སྟེ། དེ་དག་གོམ་བ་ཕུལ་ཕྱིན་པ་ན་སྤྲོས་པ་ཐམས་ཅད་བཅད་དོ། །རང་བཞིན་མེད་པ་གསལ་བ་རབ་ཏུ་གྱུར་ནས་ཅི་ཡང་མཐོང་བ་མེད་པའི་ཚུལ་གྱིས་ཆོས་རྣམས་རང ་བཞིན་སྟོང་པ་ཉིད་ཇི་ལྟ་བ་ཡུལ་དུ་བྱེད་ཅིང་སྒྱུ་མ་ལྟ་བུའི་དོན་ནམ་མཁའ་དང་མཉམ་པ་རྒྱུ་དང་འབྲས་བུས་བསྡུས་པའི་ཆོས་ཐམས་ཅད་ལག་མཐིལ་དུ་སྐྱུ་རུ་ར་བཞག་པ་བཞིན་དུ་སྒྲིབ་བའི་དྲི་མ་སྤངས་པ་ལས་མངོན་སུམ་དུ་འགྱུར་རོ། །དེས་ན་སློབ ་དཔོན་ཞི་བའི་ལྷས་ཀྱང། །ཉོན་མོངས་ཤེས་བྱའི་སྒྲིབ་བ་ནི། །མུན་པའི་གཉེན་པོ་སྟོང་བ་ཉིད། །མྱུར་དུ་ཐམས་ཅད་མཁྱེན་འདོད་པས། །ཅི་ཕྱར་དེ་ནི་སྒོམ་མི་བྱེད། །ཅེས་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་རྒྱུ་སྟོང་པ་ཉིད་བསྒོམས་པ ་གསུངས་ཏེ། དེ་ལྟར་སྦྱིན་བ་དང་ཆུ་ལ་ཁྲིམས་དང་བསྒོམས་པ་ལས་བྱུང་བ་དེ་ཐམས་ཅད་བསྔོ་བར་བྱའོ། །ཇི་ལྟར་བསྔོ་ཞེ་ན། བསྔོ་བའི་རྣམ་བ་ནི་གཅིག་ཏུ་བསྡུས་ཤིང་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ཐམས་ཅད་བློས་ཕྱོགས་གཅིག་ཏུ་བྱས་ཏེ། ་གཞན་ལས་ཕུལ་དུ་བྱུང་བའི་རྣམ་བས་སོ། །དེ་ལ་གཅིག་ཏུ་བསྡུས་བ་ནི་རང་གི་ངོ་བོའི་སྒོ་ནས་སོ། །བཟླུམས་པ་ནི་བྱ་བའི་སྒོ་ནས་སོ་།བསྡོམས་པ་ནི་ནུས་པའི་སྒོ་ནས་སོ། །བླ་ན་མ་མཆིས་པ་ལ་སོགས་པ་གསུམ་ནི་ཉན་ཐོས་དང་རང་སངས་རྒྱས་དང། བྱང ་ཆུབ་སེམས་དཔའ་ལS་ཁྱད་དུ་འཕགས་པ་སྟེ། དེ་ལྟར་བསྔོ་བའོ། །གང་དུ་བསྔོ་བ་ནི་བླ་ན་མེད་བ་ཞེས་བྱ་བ་ལ་སོགས་པ་སྟེ། གནས་སྐབས་དེར་རོ། །ཐབས་གང་གིས་བསྔོ་བ་ནི་ཇི་ལྟར་ཞེས་བྱ་བ་ལ་སོགས་པ་སྟེ། འདས་པ་ལ་སོགས་པའི ་བསྔོ་བ་ཇི་ལྟ་བས་སོ། །དེ་ཡང་སངས་རྒྱས་བཅོམ་ལྡན་འདས་ཀྱིས་དགེ་བའི་རྩ་བ་རྣམས་ཡང་དག་པར་མེད་པར་ཤེས་བཞིན་དུ་མདུན་དུ་བྱས་ནས་དགེ་བའི་རྩ་བ་དེ་དག་དང། བསྔོ་བར་བྱེད་པའི་སེམས་དང། གང་དུ་བསྔོ་བར་བྱ་བའི་བླ་ན ་མེད་པའི་བྱང་ཆུབ་ཀྱང་དོན་དམ་པའི་མཚན་མ་ཅུང་ཟད་དུ་ཡང་མི་འཛིན་པར་སེམས་ཅན་གྱི་ཆེད་དུ་བླ་ན་མེད་པའི་བྱང་ཆུབ་ཏུ་བསྔོ་བ་མཛད་པ་དེ་བཞིན་དུ་བདག་གིས་ཀྱང་བསྔོ་བ་འམ། དེ་ལྟ་བུའི་ཐབས་བདག་གིས་མངོན་དུ་བྱ་བར་མ་ནུས་ན ་ཡང། སངས་རྒྱས་བཅོམ་ལྡན་འདས་ཀྱིས་དགེ་བའི་རྩ་བ་ཇི་ལྟར་བསྔོས་པ་དེ་བཞིན་དུ་བདག་གི་དགེ་བའི་རྩ་བ་འདི་ཡང་བསྔོའོ། །ཞེས་ཚུལ་དེ་ལྟར་བསྔོ་བར་བྱ་བ་ནི་སངས་རྒྱས་ཀྱིས་ཡོངས་སུ་གནང་བ་ཐབས་དང་བཅས་པའི་བསྔོ་བ་ཡིན་ནོ།། ་དེ་ལྟར་སྡིག་པ་བཤགས་པ་དང། དགེ་བ་བསྔོ་བ་གསུངས་ནས། བྱང་ཆུབ་ཆེན་པོ་ཐོབ་བའི་ཐབས་བསྡུས་ཏེ་བརྗོད་པ་ནི་སྡིག་པ་ཐམས་ཅད་ནི་སོ་སོར་བཤགས་སོ་ཞེས་བྱ་བ་ལ་སོགས་པ་སྟེ། སྲིད་པའི་བཅོན་རར་འཁྱམས་ཤིང་བྱང་ཆུབ་ ་ཆེན་པོ་མི་འཐོབ་པའི་རྒྱུ་ནི་རང་གིས་སྡིག་པའི་ལས་བསགས་པ་དང། གཞན་གྱི་དགེ་བ་ལ་ཞེ་སྡང་བ་དང། སངས་རྒྱས་ཀྱི་བསྟན་པ་མེད་ཅིང་དེ་འཇིག་རྟེན་ན་མི་བཞུགས་པ་དང། སྨོན་ལམ་ཕྱིན་ཅི་ལོག་བཏབ་པ་དང། ་སངས་རྒྱས་ལམ་གུས་པ་དང། དེའི་སྐྱབས་དང་བྲལ་བ་ལས་ཡིན་ལ། ཉེས་པ་དེ་དག་རིམ་པ་བཞིན་སྡིག་བ་བཤགས་པ་ལ་སོགས་པས་བྱང་ཆུབ་ཆེན་པོ་འཐོབ་པར་འགྱུར་རོ། །དེས་ན་སློབ་དཔོན་དབྱིག་གཉེན་གྱིས་ཀྱང། བྱང་ཆུབ་ཆེན ་པོ་འཐོབ་བའི་རྒྱུ་ནི། སྡིག་པ་ཐམས་ཅད་ནི་སོ་སོར་བཤགས་སོ། །བསོད་ནམས་ཐམས་ཅད་ཀྱི་རྗེས་སུ་ཡི་རང་ངོ། །སངས་རྒྱས་ལ་གསོལ་བ་འདེབས་སོ། །བདག་གི་ཡེ་ཤེས་བླ་ན་མེད་བའི་མཆོག་ཐོབ་བར་གྱུར་ཅིག་ཅེས་བྱའོ་ཞེས་གསུངས་ཏེ། ་སྔར་བཤད་པ་བཞིན་སྟོབས་བཞིའི་སྒོ་ནས་རང་གིས་བྱས་ཤིང་བསགས་པའི་སྡིག་པ་བཤགས་པ་དང། ཟག?་པ་དང་བཅས་པ་དང། ཟག་པ་མེད་པའི་དགེ་བ་རྣམས་བྱེད་པའི་བསམ་པས་ཕུལ་དུ་བྱུང་བའི་དགའ་བ་ཐོབ་པ་དང། སངས་རྒྱས ་བཅོམ་ལྡན་འདས་གང་དག་ཆོས་ཀྱི་འཁོར་ལོ་བསྐོར་བར་མི་བཞེད་ཅིང་ཐུགས་ལས་ཆུང་བ་ལ་གཞོལ་བར་མཛད་པ་དང། མྱ་ངན་ལས་འདས་པ་ཀུན་ཏུ་སྟོན་པ་རྣམས་ལ་འགྲོ་བ་རྣམས་ཀྱི་དོན་དུ་ཆོས་ཀྱི་འཁོར་ལོ་བསྐོར་བ་དང། མྱ་ངན་ལས་མི ་འདའ་བར་བསྐལ་པ་གྲངས་མིད་པར་བཞུགས་པར་གསོལ་བ་འདེབས་པ་དང། དགེ་བ་གང་དང་གང་བྱས་པ་རྣམས་ཀྱིས་བདག་ཡེ་ཤེས་ཀྱི་མཆོག་རྣམ་པ་ཐམས་ཅད་མཁྱེན་པར་སྨོན་ལམ་འདེབས་པའོ། ་ལ། སྐྱབས་སུ་ཉེ་བར་མཆི་བ་ནི། འཇིགས་པ་ཐམས་ཅད་ཀྱི་དཔུང་གཉེན་དུ་གཟུང་བ་སྟེ། དེས་ནི་སངས་རྒྱས་རྣམས་ལ་གུས་ཤིང་སྐྱབས་ཀྱི་གནས་སུ་གཟུང་བའོ། །དེ་དག་གིས་ནི་མདོ་སྡེ་གཞན་ནས་ཕུང་པོ་གསུམ ་ཞེས་གང་བསྟན་པ་དེ་ཡང་བསྡུས་ཏེ། སྡིག་པ་བཤགས་བ་ནི་བཤགས་བའི་ཕུང་བོའོ། །དགེ་བའི་རྩ་བ་བསྔོ་བ་ནི། བསྔོ་བའི་ཕུང་པོའོ། །བྱང་ཆུབ་ཆེན་པོ་ཐོབ་པའི་ཐབས་ཀྱིས་སྡིག་པ་ནི་བཤགས་བས་སོ། །རྗེས་སུ་ཡི་རང་བ་ནི་བསྔོ་བའི་ཡན་ལག་སྟེ། རྗེས་སུ ་ཡི་རང་བའི་དགེ་བ་བསྔོ་དས་སོ། །གསོལ་བ་འདེབས་པ་ནི་གསོལ་བ་གདབ་པའི་ཕུང་བོའོ། །སྨོན་ལམ་འདེབས་པ་ནི་བསྔོ་བའི་རང་བཞིན་ཡིན་ནོ། །ཕྱག་འཚལ་བ་དང་སྐྱབས་སུ་བཟུང་བ་ནི་རྟེན་གྱི་སྟོབས་ཏེ། སྡིག་པ་བཤགས་པའི་ཕུང་པོར་འདུས་སོ། །དེ་དག ་སེམས་ཐག་པ་ནས་ཉིན་ལན་གསུམ་མཚན་ལན་གསུམ་དུ་རྒྱུན་མི་འཆད་པར་བྱས་ན་བྱང་ཆུབ་སེམས་དཔའ་དེའི་ལས་ཀྱི་ལམ་ཀྱི་སྒྲིབ་པ་རྣམས་ཟད་ནས་འདོད་བའི་འབྲས་བུ་མངོན་དུ་འགྱུར་བས་འདི་ལ་བརྩོན་པར་བྱའོ། །སློབ་དཔོན་ཞི་བའི་ལྟས ་ཀྱང། ཉིན་དང་མཚན་མོ་ལན་གསུམ་དུ། །ཕུང་པོ་གསུམ་པ་གདོན་བྱ་ཞིང། །རྒྱལ་དང་བྱང་ཆུབ་སེམས་བརྟེན་པས། །ལྟུང་བའི་ལྷག་མ་དེས་ཞི་བ་གསུངས་སོ། །ཇི་ལྟར་བྱང་ཆུབ་སེམས་དཔའ་ཨི་ལས་ཀྱི་སྒྲིབ་པ་རྣམས་འདིས་སྦྱང་བར་བྱ་བ ་བཞིན་དུ་གཞན་ཐམས་ཅད་ཀྱང་ལྟུང་བ་རྣམས་ཆོས་དང་མཐུན་པར་སོར་ཆུད་པར་བྱས་ནས་ལས་ཀྱི་སྒྲིབ་པ་ལྟག་མ་རྣམས་འདིས་སྦྱང་བར་བྱ་བ་ཁོ་ནའི། །གཞན་དག་ལས་ཀྱི་སྒྲིབ་པ་ཟད་པར་འདོད་པ་སུ་ཡང་རུང་བ་དག་གིས་ཀྱང་འདི་ལ་བརྩོན་པར ་བྱའོ། །དེ་ལྟར་ན་ལས་ཀྱི་སྒྲིབ་པ་རྣམས་ཟད་པར་འགྱུར་རོ། །སངས་རྒྱས་བཅོམ་ལྡན་འདས་ཉེས་པ་མ་ལུས་པ་དྲུངས་ནས་བྱུང་ཞིང་མ་ནོར་བར་རྟོག་པའི་ཡེ་ཤེས་ཅན་བརྩེ་བ་ཆེན་པོ་གཞན་སྡུག་བསྔལ་དང་དབྲལ་བར་བཞེད་བའི་བདག་ཉིད་ཆེན ་པོ་ཡིན་པས་འདི་ལ་ཡིད་གཉིས་ཅུང་ཟད་ཀྱང་མེད་དེ། རྫུན་གསུང་བ་མི་སྲིད་པའི་ཕྱིར་རོ། །སྤྱོད་ཡུལ་མ་ཡིན་འདོད་ཆེན་ལ། །རང་དང་གཞན་གྱི་དོན་གྱི་ངོར། །བདག་གིས་འདབ་བགྱིས་ནོངས་པ་ལས། སྐྱེ་བོ་མཁས་རྣམས་བཟོད་བར་མཛོད། ། ་འདི་བྱས་པ་ལས་བསོད་ནམས་ནི། །དམ་ཚིག་རྡོ་རྗེས་ཐོབ་གང་ཡིན། །དེས་ནི་འཁོར་བ་མ་ལུས་པའི། །མ་རིག་ཐིབས་པོ་དཔྱིས་འབྱིན་ཤོག་།ལས་ཀྱི་སྒྲིབ་པ་རྣམ་བར་སྦྱོང་བའི་ཆོ་ག་བཤད་པ་ཞེས་པ་སློབ་དཔོན་བཱི་བཾ ་ཀ་ར་ཤྲཱི་ཛྙཱ་ནས་མཛད་པ་རྫོགས་སོ།། །།བཎྚི་ཏ་དེ་ཉིད་དང། ལོཙྪ་བ་དགེ་སློང་ཚུལ་ཁྲིམས་རྒྱལ་བས་བསྒྱུར་བའོ།། །།ཕུང་པོ་གསུམ་པའི་སྒྲུབ་ཐབས་ནག་པོ་པས་མཛད་བའོ།། །།རྒྱ་གར་སྐད་དུ། སྐན་དྷ་ཏྲི་སཱ་དྷ ་