CLOSE WINDOW

N4291: 'phags pa sA lu ljang pa rgya cher 'grel pa
Wyliee-texts based on the ACIP/ALL Input

བརྩེགས་རཀྵི་ཏས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། །།། །སཱ་ལུ་ལྗད་པའི་མདོ་སྡེ་རྒྱ་ཆེར་བཤད་པ་སློབ་དཔོན་ཀ་མ་ལ་ཤཱི་ལས་མཛད་པ་བཞུགས་སོ།། །།རྒྱ་གར་སྐད་དུ། ཨཱརྱ་སཱ་ལི་སྟམ་བྷ་སྱ་ཏཱི་ཀླ་པོའི་སྐད་དུ། འཕགས ་པ་སཱ་ལུ་ལྗང་བ་རྒྱ་ཆེར་འགྲེལ་པ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །གང་གིས་དངོས་པོ་རྟེན་འབྱུང་བསྟན་པ་ཡིས། །ཡང་དག་མཆོག་དང་མཆོག་མིན་བཀའ་སྩལ་པ། ཆོས་ཀྱི་རྒྱལ་པོ་དེ་ལ་ཕྱག་འཚལ་ཏེ། སཱ་ལུ ་ལྗང་པའི་དོན་ནི་ཅི་ནུས་བཤད། །མདོ་སྡེ་འཆད་པར་འདོད་པས་ཐོག་མར་ཐམས་ཅད་དུ་བསྡུས་པའི་དོན་དང། དགོས་པ་དང། ཚིག་གི་དོན་དང། མཚམས་སྦྱར་བ་དང། བརྒལ་བའི་ལན་བརྗོད་པར་བྱའོ། །དེ་ལ་མདོ་སྡེ་འདིའི་བསྡུས་པའི ་དོན་ནི་།རྣམ་པ་བདུན་ཏེ། གླེང་གཞི་དང། གླེང་བསླད་པ་དང། ཡོངས་སུ་ཤེས་པར་བྱ་བའི་དངོས་པོ་དང། ཡོངས་སུ་ཤེས་པ་དང། ཡོངས་སུ་ཤེས་པའི་འབྲས་བུ་དང། དེ་ཇི་ལྟར་ཡོངས་སུ་ཤེས་པར་བྱ་བ་དང། མདོ་སྡེའི་དགོས་པའོ། །དེ་ལ་གླིང་གཞི ་ནི་མདོ་སྡེ་འབྱུང་བའི་རྒྱུ་སྟེ། དེ་ཡང་ཡང་དག་པར་སྡུད་པར་བྱེད་པས། བདག་ལ་ཡིད་ཆེས་པར་བྱ་བའི་ཕྱིར། ཐམས་ཅད་དུ་སྨོས་སོ། །གླེང་བསླང་བ་ནི་མདོ་སྡེ་བཤད་པའི་ཕྱིར་སྐབས་དང་སྦྱར་བ་སྟེ། སྐབས་སུ་མ་བབ་པར་སྨྲས་ན་ཚིག་ཐམས ་ཅད་འཆལ་པར་འགྱུར་ཏེ། དེའི་ཕྱིར་ཚིག་མ་འཆལ་བར་བྱ་བའི་ཕྱིར། ཐམས་ཅད་དུ་ཡང་སྐབས་དང་སྦྱར་བའོ། །ཡོངས་སུ་ཤེས་པར་བྱ་བའི་དངོས་པོ་གང་ཞེ་ན། རྟེན་ཅིང་འབྲེལ་བར་འབྱུང་བ་ལུགས་སུ་འབྱུང་བ་དང། ལུགས་སུ་མི་འབྱུང་པ་སྟེ། ་དེ་ཡང་ཤེས་རབ་ཀྱིས་ཤེས་པར་བྱ་པ་ཡིན་པས་ཡོངས་སུ་ཤེས་པར་བྱ་བ་ཞེས་བྱ་སྟེ། འདིས་ཀུན་ནས་ཉོན་མོངས་བའི་དེ་ཁོ་ན་ཉོན་མོངས་པ་དང་ལས་དང་ཚེའི་མཚན་ཉིད་དང། རྣམ་པར་བྱང་བའི་དེ་ཁོ་ན་རྟེན་ཅིང་འབྲེལ་བར་འབྱུང་བ་ལུགས་སུ་མི་འབྱུང ་བའི་མཚན་ཉིད་ཀྱང་བསྟན་ནོ། །ལམ་འདི་ཉིད་ཀྱིས་དེ་ཁོ་ན་ཡོངས་སུ་ཤེས་པས་ལམ་གྱི་རང་བཞིན་གྱི་ཆོས་ནི་ཡོངས་སུ་ཤེས་པའོ། །ཡོངས་སུ་ཤེས་པའི་འབྲས་བུ་ནི་རྣམ་པ་གཉིས་ཏེ། བླ་ན་ཡོད་པ་དང། བླ་ན་མེད་པའོ། །དེ་ལ་བླ་ན་ཡོད་པ་ནི་ཉན་ཐོས་རྣམས་ཀྱི ་དགེ་སྤྱོང་གིས་འབྲས་བུ་བཞི་དང། མྱ་ངན་ལས་འདས་པའོ། །བླ་ན་མེད་པ་ནི་སངས་རྒྱས་ཉིད་དེ། དེ་གཉིས་ཀྱིས་ནི་བླང་བར་བྱ་བའི་ཡན་ལག་ཁོ་ན་ཐབས་དང་བཅས་པ་བསྟན་ཏོ། །ཇི་ལྟར་དེ་ཡོངས་སུ་ཤེས་པར་བྱ་ཞེ་མངོན་ད་ཡབ་དང་ཀུན་རྫོབ་ཏུ ་སྟེ། དེ་ནི་ཡོངས་སུ་ཤེས་པར་བྱ་བའི་དོན་ཏོ་ཞེས། འཕགས་པ་དགོངས་པ་ངེས་པར་འགྲེལ་པ་ལས་གསུངས་སོ། །དེ་ཡང་ཡོངས་སུ་ཤེས་པའི་རང་གི་འབྲས་བུ་རྣམ་གཉིས་ཐོབ་པར་བྱ་བའི་ཐབས་བསྟན་པའི་ཕྱིར་བཤད་དོ། །དགོས་པ་ནི་སྒྲིབ་པ་སྤང་པ་དང ་མི་གནས་པའི་མྱ་ངན་ལས་འདས་པའི་ལམ་དུ་འཇུག་པ་སྟེ། མི་གནས་པའི་མྱ་ངན་ལས་འདས་པའི་ལམ་ནི། མདོར་ན། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཤེས་རབ་དང་སྙིང་རྗེའོ། །ཤེས་རབ་ཀྱིས་ནི་འཁོར་བར་མི་ལྟུང། སྙིང་རྗེས་ནི་འཁོར ་བར་མི་གཏོང་ཞིང། མྱ་ངན་ལས་འདས་པར་མི་ལྟུང་པའི་ཕྱིར་ཏེ། བྱང་ཆུབ་སེམས་དཔའ་རྟེན་ཅིང་འབྲེལ་པར་འབྱུང་པར་གནས་པ། ཤེས་རབ་གྱིས་འཕེལ་བར་འགྱུར་བ་དང། འཇུག་པ་ལ་རྨོངས་པའི་སེམས་ཅན་རྣམས་ལ་སྙིང་རྗེ་ཆེན་པོ ་འབྱུང་བའི་ཕྱིར་མི་གནས་པའི་མྱ་ངན་ལས་འདས་པའི་ལམ་ལ་འཇུག་བ་ནི། དེའི་དགོས་པའོ། །ལམ་ངེས་ཀྱང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྒྲིབ་པ་གཉིས་ཡང་དག་པར་བདེ་བླག་ཏུ་སྤོང་བར་འགྱུར་བས་དེ་ཡང་དེའི་དགོས་པའོ། །དགོས ་པའོ། དགོས་པ་བརྗོད་པ་དེ་ཡང་གཉན་པ་དག་གུས་པར་ཉན་པ་དང། ལེན་པ་ལ་སོགས་པ་ལ་གཟུང་པའི་ཕྱིར་ཏེ། དགོས་པ་ནི་འདིར་བསྡུས་པའི་དོན་གྱི་ནང་དུ་འདུས་པ་ལགས་ཤིག་ཏུ་མ་བཤད་དོ། །ཚིག་གི་དོན་དང ་མཚམས་སྦྱར་བ་དང། བརྒལ་བའི་ལན་བརྗོད་པར་བྱ་སྟེ། དེ་དག་ཐམས་ཅད་ནི་གཞུང་དང་འོག་ནས་སྦྱར་རོ། །དེ་ལ་འདི་སྐད་ཅེས་བྱ་བ་འདིས་ན་གསོལ་བ་བཏབ་ནས་ཡང་དག་པར་སྡུད་པར་བྱེད་པས་མདོ་སྡེའི་དོན་འོག་ནས་འབྱུང་བ་མཛའ་ ་དག་སྟོན་ཏོ། །སྐུར་པ་དང་སྒྲོ་འདོགས་པ་སྤང་བའི་ཕྱིར་རོ། །བདག་གིས་ཐོས་པ་ཞེས་བྱ་བ་འདི་གཉིས་ཀྱིས་ནི་བདག་གིས་མངོན་སུམ་དུ་ཐོས་པ་དང། རྟོགས་པ་མ་ཡིན་པར་སྟོན་ཏེ། བདག་ཉིད་ཀྱི་ཐོས་ཀྱི་ཐོས་པ་གཅིག་ནས་གཅིག་ཏུ་བརྒྱུད ་པ་ལས་འོངས་པ་ནི་མ་ཡིན་ནོ། །ཐོས་སུ་ཟད་ཀྱི་རྟོགས་པ་མ་ཡིན་ཏེ། སངས་རྒྱས་མ་གཏོགས་བར་གཞན་གྱིས་འདི་ལྟ་བུའི་དོན་རྟོགས་མི་སྲིད་པའི་ཕྱིར་རོ། །དེ་ཡང་ཡིད་ཆེས་པར་བྱ་བའི་རྒྱུ་ཡིན་ཏེ། གཞན་དུ་ན་མི་སྲིད་པའི་དོན་སྨྲས་ན ་ཡིད་ཆེས་པར་མི་འགྱུར་རོ། །དུས་གཅིག་ན་ཞེས་བྱ་བས་ནི་ཐོས་པ་ཞེས་བྱ་བ་གོང་མ་དང་སྦྱར་ཏེ། དུས་ནི་དུས་སམ་འཁོར་འདུས་པ་སྟེ། ཐམས་ཅད་དུ་ཐམས་ཅད་ན་མདོ་སྡེ་དཀོན་མཆོག་འདི་ལྟ་བུ་དག་ཤིན་ཏུ་ཐོས་པར་དགའ་བའི་ཕྱིར་རོ།། ་ཡང་ན་དུས་གཅིག་ན་བཅོམ་ལྡན་འདས་བཞུགས་སོ་ཞེས་འོག་ཏུ་སྦྱར་ཏེ། འདིས་ནི་འདུལ་བའི་བྱ་བ་མཛའ་ཡས་པའི་ཕྱིར་གཞན་གྱི་ཚེ་ན་ནི་བཅོམ་ལྡན་འདས་གཞན་ན་བཞུགས་སོ་ཞེས་སྟོན་ཏོ། །བཅོམ་ལྡན་འདས་ཞེས་བྱ་བ་ནི ་བདུད་བཞི་བཅོམ་པ་དང། དབང་ཕྱུག་ལ་སོགས་པའི་ཡོན་ཏན་དང་ལྡན་པའི་ཕྱིར་རོ། །རྒྱལ་པོའི་ཁབ་ཅེས་བྱ་བ་ནི་གྲོང་ཁྱེར་གྱི་བྱེ་བྲག་གི་མིང་སྟེ། དེ་ན་སྔོན་རྒྱལ་པོའི་མིང་བཏགས་པའི་ཁང་ཁྱིམ?་དག་ལ་མི་མ་ཡིན་པ་རྣམས་མི་འཆེར་བས་དེ་དག་ལ་དེ་སྐད་བཏགས ་ཞེས་གྲགས་ཏེ། དེའི་ཕྱིར་གྲོང་ཁྱེར་དེ་ལ་དེ་སྐད་ཅེས་བྱའོ། །གྲོང་ཁྱེར་དེ་ཡང་གྲོང་ཁྱེར་མཛའ་དག་གི་ནང་ན་གཙོ་བོ་ཡིན་ལ། དེ་བཞིན་དུ་མདོ་སྡེ་འདི་ཡང་གསུང་རབ་མཛའ་དག་ལ་ཁྱབ་པར་བྱེད་པས་གཙོ་བོར་བསྟན་པའི་ཕྱིར་དེ་ཉིད་དུ་བཤད་དོ། །རྒྱལ ་པོའི་ཁབ་རྒྱ་ཆེ་སྟེ། རྒྱལ་པོའི་ཁབ་ཀྱི་གང་ན་བཞུགས་གཏོལ་མེད་པས་དེའི་ཕྱིར། བྱ་རྒོད་ཀྱི་ཕུང་པོའི་རིལ་ཞེས་བྱ་བ་སྨོས་ཏེ། བྱ་རྒོད་འདྲ་བར་རིའི་རྩེ་མོ་རྡོག་རྡོག་བོར་འདུག་པས་བྱ་རྒོད་ཀྱི་ཕུང་པོའོ། །གནས་འདི་གཉིས་བརྗོད་པ་ནི། ཁྱིམ་ན ་གནས་པ་དང་རབ་ཏུ་བྱུང་བའི་འཇིག་རྟེན་ལ་ཕན་བཏགས་པ་འམ། བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་པར་བསྟན་པའི་ཕྱིར་རོ། །བྱ་རྒོད་ཀྱི་ཕུང་པོའི་རི་ཞེས་བྱ་བ་འདིས་ནི་དེ་ལྟར་མདོ་སྡེ་འདི་ཁོང་དུ་ཆུད་པར་དཀའ་བར་སྟོན་ཏོ། །མཐོ་བར ་བསྟན་པས་སོ། །རི?་ཞེས་བྱ་བ་འདིས་ནི་མུ་སྟེགས་ཅན་གྱི་རླུང་གིས་མི་བསྒུལ་བ་སྟེ། མི་གཡོ་བར་བསྟན་པས་སོ། ཆེན་པོ་ཞེས་བྱ་བ་ནི་གྲངས་དང་མཐུ་གཉིས་ཏེ། ཉོན་མོངས་པ་བཅོམ་ཞིང་ཕྱིར་རྒོལ་བས་མི་བྱེད་པའི་ཕྱིར་རོ། །དགེ་སློང་གི་དགེ་འདུན་ཞེས ་བྱ་བ་སྟེ་འདིས་ནི་མཐུ་ཆེ་བ་བསྟན་ཏོ། །གྲངས་ཕལ་ཆེ་བར་བསྟན་པ་ནི་སྟོང་ཉིས་བརྒྱ་ལྔ་བཅུ་ཞེས་བྱ་བ་སྟེ། དེའི་ཚེ་ན་ནི་དེ་སྙེད་ཅིག་ཡོད་དེ་འདི་ལྟར་བཅོམ་ལྡན་འདས་ཀྱིས་ལྟེང་རྒྱས་འོད་སྲུངས་གཡོག་ལྔ་བརྒྱ་དང། ཆུ་ཀླུང་འོད་སྲུངས་གཡོད? ་ཉིས་བརྒྱ་ལྔ་བཅུ་དང། ག་ཡ་འོད་སྲུངས་གཡོག་ཉིས་བརྒྱ་ལྔ་བཅུ་དང། འཕགས་པ་ཤཱ་རིའི་བུ་དང། མཽངྒལ་གྱི་བུ་གཡོག་འཁོར་ཉིས་བརྒྱ་ལྔ་བཅུ། བཏུལ་ནས་ཐོག་མར་རྒྱལ་པོའི་ཁབ་ཏུ་བཞུགས་སོ། །ཐེག་པ་ཆེན་པོའི་མདོ་སྡེ་བཤད་པ་ལ ་ཅིའི་ཕྱིར་ཉན་ཐོས་རྣམས་སྨོས་ཤིང། གང་གི་ཕྱིར་དེ་གོང་དུ་སྨོས་ཤེ་ན། ཡང་དག་པར་སྡུད་པར་བྱེད་པས་བདག་ལ་ཡིད་ཆེས་པར་བྱ་བར་བསྟན་པ་དང། ཉན་ཐོས་རྣམས་ཀྱང་ཐེག་པ་ཆེན་པོ་ལ་འཛུད་པར་འགྱུར་བར་བསྟན་པ་དང། འཁོར་ ་གྱི་གཙོ་བོ་རྣམས་འདུལ་ཞིང་སྒོ་དེ་ནས་འཁོར་ཐེག་པ་ཆེན་པོ་ལ་གཟུང་བ་དང། རྟེན་ཅིང་འབྲེལ་བར་འབྱུང་བ་ལ་སྒོམ་པ་ནི་ཐུན་མོང་བས་དེ་དག་བརྗོད་པར་རིགས་པ་ཉིད་དོ། །གོང་དུ་ཅིའི་ཕྱིར་སྨོས་ཤེ་ན། དེ་དག་རང་གི་དོན་ལྷུར ་ལེན་བས། རྟག་པར་བཅོམ་ལྡན་འདས་ཀྱི་ཞ་འབྲིང་བྱེད་བར་བསྟན་བ་དང། རབ་ཏུ་བྱུང་བ་ལ་གུས་པར་བྱ་བར་བསྟན་པའི་ཕྱིར་རོ། །དགེ་སློང་གི་དགེ་འདུན་པས་བྱང་ཆུབ་སེམས་དཔའ་དག་མང་བ་ནི་ཐེག་པ་ཆེན་པོའི་མདོ་སྡེ་བསྟན་པ་ལ་དེ་དག་གཙོ་བོ ་ཡིན་པའི་ཕྱིར་རོ། །དེ་དག་ནི་བྱང་ཆུབ་ཏུ་སེམས་དཔས་བྱང་ཆུབ་སེམས་དཔའ་ཨོ། །ཉན་ཐོས་རྣམས་ཀྱང་རང་གི་བྱང་ཆུབ་ལ་སེམས་དཔའ་ཡོད་པས་དེ་རྣམ་པར་བཅད་པའི་ཕྱིར་སེམས་དཔའ་ཆེན་པོའོ་ཞེས་བྱ་བ་སྨོས་ཏེ། ཆེན་པོ་རྣམ་པ་བདུན་དང་ལྡན་བའི ་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་ཅེས་བྱའོ། །དེ་ལ་ཆོས་ཆེན་པོ་ནི་དེ་དག་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་བ་སྟོང་ཕྲག་བརྒྱ་བ་ལ་སོགས་པ་བསྟན་པ་སྟེ། ཤིན་ཏུ་རྒྱ་ཆེ་བའི་ཕྱིར་རོ། །སེམས་བསྐྱེད་པ་ཆེན་པོ་ནི་བླ་ན་མེད་བ ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པའི་ཕྱིར་རོ། །མོས་པ་ཆེན་པོ་ནི་ཆོས་ཟབ་ཅིང་རྒྱ་ཆེ་བ་དེ་དག་ཉིད་ལ་མོས་པའི་ཕྱིར་རོ། །བསམ་པ་ཆེན་པོ་ནི་སེམས་ཅན་ཐམས་ཅད་ལ་ཕན་པ་དང། བདེ་བ་སྐྱེད་པར་སེམས་པའི་ཕྱིར་རོ། །ཚོགས ་ཆེན་པོ་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དཔག་ཏུ་མེད་པའི་ཕྱིར་རོ། །དུས་ཆེན་བོ་ནི་བསྐལ་པ་གྲངས་མེད་པ་གསུམ་གྱིས་བྱང་ཆུབ་འཐོབ་པའི་ཕྱིར་རོ། །ཡང་དག་པར་འགྲུབ་བ་ཆེན་པོ་ནི། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡང་དག་བར ་འགྲུབ་པའི་ཕྱིར་རོ། །བཞུགས་ཞེས་བྱ་བ་ནི་རྣམ་པ་གསུམ་གྱིས་བཞུགས་བ་སྟེ། སྤྱོད་ལམ་གྱིས་བཞུགས་པ་དང། ཆོས་འཆང་ཅིང་བཞུགས་བ་དང། ནང་དུ་ཡང་དག་འཇོག་ལ་ཚངས་བ་དང། ལྷ་དང་འཕགས་བ་གནས་པའི་མཚན་ཉིད་ཀྱིས་བཞུགས ་བའོ་ཞེས་བྱ་བས་ནི་བཞུགས་པར་གྱུར་ཟིན་པར་བསྟན་ཏོ། །གང་གི་ཚེ་གང་ཞིག་གང་ན་གང་ལྷན་ཅིག་བཞུགས་པ་དེ་སྨོས་པས་ནི་གླེང་བཞི་བསྟན་ཏོ།། །།དེ་ནི་དེའི་ཚེ་ན་ཞེས་བྱ་བ་ལ་སོགས་པས་གླེང་བསླང་བ་བཤད་དོ། །དེའི་ཚེ་ན་ཞེས་བྱ་བ་ནི་གང་གི ་ཚེ་ན་བཅོམ་ལྡན་འདས་བཞུགས་པའོ། །ཆོས་རྣམ་པར་གཏན་ལ་དབབ་པའི་ཕྱིར་སྐྱེ་པོ་དག་གང་དུ་ལྷགས་ནས་ཉེ་བར་འགྲོ་བ་དེ་ནི་དེའི་བགྲོད་པར་བྱ་པའི་སའོ། །ག་ལ་བ་ཞེས་བྱ་བ་ནི། ཕྱོགས་གང་ན་བ་ཞེས་བྱ་བའི་ཐ་ཚིག་གོ། །ཡང་དག་པའི་སྒྲུབ་བ་བརྗོད་པའི་ཕྱིར་མཆོག ་ཏུ་དགའ་བ་བསྐྱེད་པའི་གཏམ་གང་ཡིན་པ་དེ་ནི་ཀུན་དགའ་བོ་བྱས་ནས་ཞེས་བྱ་བ་ནི་མཇུག་བརྟུལ་བའོ། །བྱང་ཆུབ་སེམས་དཔའ་དང། རབ་ཏུ་བྱུང་བ་གཉིས་ཀ་ཡང་བླ་མར་བརྗོད་པའི་ཕྱིར་ཀུན་དགའ་བའི་གཏམ་ཉིད་བྱས་ཀྱི། གཅིག་ལ་གཅིག་ཕྱག་ལ་སོགས་བ་ནི་མ་བྱས་སོ། ་གཅིག་ལ་གཅིག་ཕྱག་བྱེད་ན་ནི་བླ་མ་མ་ཡིན་པ་དང། ཐུག་པ་མེད་པར་འགྱུར་རོ། །འདུས་ཏེ་ཞེས་བྱ་བ་ནི་འདུས་ནས་ཧ་ཅང་ཡང་མི་རིང་བ་ཞེས་བྱ་བའི་ཐ་ཚིག་གོ། རྡོ་ལེབ་ལ་འཁོད་དོ་ཞེས་བྱ་བ་ནི་དེའི་ཚེ་རྡོ་ལེབ་དང་ཡང་ཉེ་ལ། ཆོས་རྣམ་པར་གཏན་ལ་དབབ་པ་ལ ་ཡང་སེམས་ཤིན་ཏུ་འདུས་པས་དེ་ཉིད་དུ་འཁོད་ཀྱི། །སྟན་བཟང་པོ་ལ་ནི་མ་བསྡད་དོ། །དེ་ནས་ཞེས་བྱ་བ་ནི་དེའི་འོག་ཏུའོ། །འཕགས་བ་ཤཱ་རིའི་བུ་ནི་ཤེས་རབ་དང་ལྡན་པའི་མཆོག་ཡིན་ལ། བྱམས་པ་ཡང་བྱང་ཆུབ་ལ་ཤིན་ཏུ་ཉེ་བ་སྟེ། དེ་བས་ན་ངེས་དེ་ལ་དྲི་བར་? ་འདིར་ཞེས་བྱ་བ་ནི་རྒྱལ་པོའི་ཁབ?་བམ་ཚིག་གི་ཕྲད་དོ། །སཱ་ལུ་ལྡང?་བ་ཞེས་བྱ་བ་ནི་སཱ་ལུ་ལྗང་བུའོ། །དེ་ལ་གཟིགས་བ་ནི་ཕྱིའི་རྟེན་ཅིང་འབྲེལ་བར་འབྱུང་བ་དང། ནང་གི་གཉིས་ཀ་བྱེ་བྲག་མེད་པར་བསྟན་པ་སྟེ། གཉིས་ཀ་བདག་མེད་པ་དང། རྒྱུ་དང་རྐྱེན་ལས་བལྟོས ་པར་འདྲ་བའི་ཕྱིར་རོ། །དེའི་ཚེ་ན་དགེ་སློང་རྣམས་ལ་ཆོས་དེ་བཤད་པས་འདུལ་བས་ན་དེ་དག་ཉིད་ལ་མདོ་འདི་བཤད་དོ། །ཅིའི་ཕྱིར་བཅོམ་ལྡན་འདས་ཅང་མི་གསུང་བར་གྱུར་ཅེ་ན། བདག་ལྟ་བུས་བཅོམ་ལྡན་འདས་ཀྱི་དགོངས་པ་ཤེས་པར་མི་ནུས་མོད་ཀྱི། འོན་ཀྱང་བརྟགས་ཉེ ་བརྗོད་ན། དགེ་སློང་གང་དག་ངེད་ནི་མགོ་སྨོས་པས་གོ་བའོ་སྙམ་དུ་ང་རྒྱལ་བྱེད་པ་དེ་དག་གི་ང་རྒྱལ་སྤང་བ་དང། བྱང་ཆུབ་སེམས་དཔའ་རྣམས་ཤིན་ཏུ་ཟབ་མོའི་དོན་གྱི་དགོངས་པ་ཡང་འཆད་པས་ཚེ་བ་ཉིད་བརྗོད་པ་དང། དེ་ཙམ་གྱིས ་བཤད་པའི་དགོས་པ་ཡོངས་སུ་རྫོགས་པའི་ཕྱིར་རོ། །དོན་ཅི་ཞེས་བྱ་བ་ནི་ལྡེམ་པོར་དགོངས་པ་དང། དགོངས་བ་གང་ཞེས་བྱ་བའི་ཐ་ཚིག་གོ་།བཅོམ་ལྡན་འདས་ནི་ལྡེམ་པོར་དགོངས་པ་བཞི་དང། དགོངས་བ་བཞིས་ཆོས་བསྟན་ཏེ། གཞུག་བ་ལ་ལྡེམ་པོར ་དགོངས་པ་དང། མཚན་ཉིད་ལ་ལྡེམ་པོར་དགོངས་པ་དང། གཉེན་པོ་ལྡེམ་པོར་དགོངས་པ་དང། བསྒྱུར་བ་ལ་ལྡེམ་པོར་དགོངས་པ་དང། མཉམ་པ་ཉིད་ལ་དགོངས་པ་དང། དོན་གཞན་ལ་དགོངས་པ་དང། དུས་གཞན་ལ་དགོངས་པ་དང། གང་ཟག ་ལ་དགོངས་པ་སྟེ། དེ་རྣམས་ཀྱི་ནང་ན་འདིར་གང་ལས་དགོངས་ཞེས་བྱ་བའི་ཐ་ཚིག་གོ། འདི་ལ་འགལ་བ་ཅི་ཞིག་མཐོང་ན་ལྡེམ་པོར་དགོངས་པ་དང། དགོངས་པ་རྣམས་འདྲི་ཞེ་ན། འདི་སྙམ་དུ་སེམས་ཏེ། མ་རིག་པ་ལ་སོགས་བ་རྒྱུ་དང་འབྲས་བུར་གྱུར ་པ། ཟག་པ་དང་བཅས་པའི་ཆོས་རྣམས་ནི་རྟེན་ཅིང་འབྲེལ་བར་འབྱུང་བའི་སྒྲར་གསུངས་པ། ཟག་པ་མེད་པའི་ལམ་དང། འདུས་མ་བྱས་པ་མྱ་ངན་ལས་འདས་པ་ལ་ནི་ཆོས་ཀྱི་སྒྲར་གསུངས། སངས་རྒྱས་སུ་བྱེད་པ་ཟག་པ་མེད་པ་ཉིད་ཀྱི་ཆོས་ནི་སངས ་རྒྱས་ཀྱི་སྒྲར་གསུངས་ཏེ། འདི་དག་ཐམས་ཅད་ནི་ཕན་ཚུན་རང་བཞིན་ཐ་དད་ན་ཇི་ལྟར་མི་འདྲ་བའི་རྟེན་ཅིང་འབྲེལ་བར་འབྱུང་བ་མཐོང་བས་ཆོས་མཐར་བར་འགྱུར། ཇི་ལྟར་མི་འདྲ་བའི་ཆོས་མཐོང་བས་སངས་རྒྱས་མཐོང་བར་འགྱུར་ཏེ། དེའི ་ཕྱིར་གཟུགས་དང་སྒྲ་ལ་སོགས་བ་མཐོང་བ་བཞིན་དུ་འདི་ཡང་ཐ་དད་པར་འགྱུར་རོ་སྙམ་དུ་བསམས་བའོ། །ཇི་སྟེ་གཞན་ཞིག་ལ་འདིར་རྟེན་ཅིང་འབྲེལ་བར་འབྱུང་བ་ལ་སོགས་པར་བཞེད་པར་ལྟ་ན་ནི་དེའི་ཚེ་དེ་དག་ཇི་ལྟ་བུ་ཞིག་སྙམ་ནས། རྟེན་ཅིང ་འབྲེལ་པར་འབྱུང་བ་ནི་གང་ཆོས་ནི་གང། སངས་རྒྱས་ནི་གང་ཞེས་བྱ་བ་སྨོས་སོ། །རྟེན་ཅིང་འབྲེལ་བར་འབྱུང་བ་ལ་སོགས་པ་གཞན་དུ་བཞེད་བ་ནི་མ་ཡིན་བས་དེའི་ཕྱིར། ཇི་ལྟར་ན་རྟེན་ཅིང་འབྲེལ་བར་འབྱུང་བ་མཐོང་བས་ཆོས་དང་སངས་རྒྱས་མཐོང? ་ཞེས་དྲིས་སོ། །གླང་བསླང་བ་བཤད་ཟིན་ཏོ། །ད་ནི་འཕགས་པ་བྱམས་པས་འདི་ལ་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་བས་བཅོམ་ལྡན་འདས་ཀྱིས་བཀའ་རྣམས་ཟློས་ཏེ། རྟེན་ཅིང་འབྲེལ་བར་འབྱུང་བ་གང་ཞེ་ན་ཞེས་བྱ་བ་ལ་སོགས་པས་ཡོངས་སུ ་ཤེས་པར་བྱ་བ་ལ་སོགས་པའི་དོན་སྟོན་ཏེ། བཅོམ་ལྡན་འདས་ཀྱིས་དགོངས་བ་དང། ལྡེམ་པོར་དགོངས་པ་ཡང་འཆང་ངོ། །བཅོམ་ལྡན་འདས་ཞེས་བྱ་བ་ནི་མཆོད་པའི་ཚིག་གོ་།ཆོས་ཀྱི་བདག་པོ་ཞེས་བྱ་བ་ནི་ཆོས་ཐམས་ཅད་ལ་མངའ་བརྙེས་བ་སྟེ། ་དེ་ཡང་བཅོམ་ལྡན་འདས་ཆོས་ཐམས་ཅད་འཆད་པ་ལ་མངའ་བརྙེས་པས་ན་ཚིག་འདི་དག་ཐམས་ཅད་ཚད་མར་བྱ་བ་ཡིན་ནོ་ཞེས་བསྟན་པའི་ཕྱིར་གསུངས་སོ། །ཆོས་ཀྱི་བདག་པོར་བསྒྲུབ་བའི་ཕྱིར་ཐམས་ཅད་མཁྱེན་པ་ཞེས་བྱ་བ་གསུངས་ཏེ། གང ་གི་ཕྱིར་དེ་ཐམས་ཅད་མཁྱེན་པ་དེའི་ཕྱིར་ཆོས་ཀྱི་བདག་པོ་སྟེ། དེ་བས་ན་དེ་ནི་ཚད་མའོ། །ཞེས་བྱ་བ་ནི་གྲགས་བ་སྟོན་པའོ། །སུས་རྟེན་ཅིང་འབྲེལ་བར་འབྱུང་བ་ཞེས་བྱ་བ་ནི་གྲགས་པ་ཡིན་ཏེ། དེ་གང་ཞེ་ན། ཞེས་བྱ་བའི་ཐ་ཚིག་གོ་།གང་འདི་མ ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་ཞེས་བྱ་བ་འདིས་ནི་མ་རིག་པ་ལ་སོགས་པའི་མཐུ་ངེས་བར་རྒྱུ་དང་འབྲས་བུའི་དངོས་པོ་གདོན་མི་ཟ་བ་སྟེ། དེ་ནི་རྟེན་ཅིང་འབྲེལ་བར་འགྱུར་བའོ། །རྒྱུ་དང་འབྲས་བུར་གྱུར་བ་དེ་ཡང་མ་རིག་བ་ལ་སོགས ་བ་ལས་གུད་ན་མེད་དེ། གཞན་མ་ཡིན་ནོ་ཞེས་དེ་སྟོན་ཏོ། །མ་རིག་བ་ལ་སོགས་བ་འདི་དག་གི་མཚན་ཉིད་ནི་འོག་ནས་འཆད་བས་བདག་གིས་འདིར་མ་བརྗོད་དོ། །འདི་འབའ་ཞིག་ཅེས་བྱ་བ་ནི་བདག་དང་བདག་གི་དང་བྲལ་བའོ། །སྡུག ་བསྔལ་གྱི་ཕུང་པོ་ཞེས་བྱ་བ་ནི་སྡུག་བསྔལ་མང་པའོ། །ཆེན་པོ་ཞེས་བྱ་བ་ནི་ཐོག་མ་མེད་པའོ། །མ་རིག་པ་ལ་སོགས་པ་འགག་པ་ཡང་རྟེན་ཅིང་འབྲེལ་པར་འབྱུང་བ་ཞེས་ཇི་སྐད་དུ་བྱ། སྨྲས་པ། འདི་ནི་ཉེས ་པ་མེད་དེ?། འདིར་དེ་མེད་པར་དགག་བ་ལ་ནི་མ་རིག་བ་ལ་སོགས་པ་དགག་པའོ། །ཞེས་བརྗོད་བར་བྱས་པ་མ་ཡིན་གྱི། སྨན་བཅུད་ཀྱིས་ལན་ཟོས་པ་བཞིན་དུ་ལམ་གོམས་པར་བྱས་པའི་སྟོབས་ཀྱིས་གང་མ་རིག་པ་དང་མི་མཐུན་བའི་གནས ་འབྱུང་བ་གང་རིགས་པ་སྐྱེ་བ་དེ་ནི་འདིར་མ་རིག་པ་འགག་པ་ཞེས་ཏེ། འདིར་རམ་འདིས་མ་ཡིན་པར་གྱུར་པ་བརྗོད་པར་འདོད་བ་མ་རིག་པ་ལ་སོགས་པ་དགག་པའི་ཕྱིར་རོ། །དེ་བས་ན་གོང་ནས་གོང་དུ་འདུ་བྱེད་ལ་སོགས་པ་དང་མི་མཐུན་བའི ་གནས་འབྱུང་བ་ཉིད་འདིར་འདུ་བྱེད་ལ་སོགས་པ་འགག་པར་བལྟའོ། །གང་དག་འཁོར་བར་འཇུག་པ་དང། ལྡོག་པ་ལ་རྨོངས་པ་དེ་རྣམས་རྨོངས་པ་དེ་དང་དབྲལ་བའི་ཕྱིར་འབྱུང་བ་དང། ལུགས་སུ་མི་འབྱུང་བ་རྣམ་པ་གཉིས་ཀྱིས་ཀུན་ནས ་ཉོན་མོངས་བ་དང། རྣམ་པར་བྱང་བའི་ཕྱོགས་ལས་བརྩམས་ཏེ། རྟེན་ཅིང་འབྲེལ་བར་འབྱུང་བ་བསྟན་ཏོ། །འདི་ལ་དང་པོ་གསུམ་ནི་འཕེན་པའི་ཡན་ལག་གོ་།མིང་དང་གཟུགས་དང་སྐྱེ་མཆེད་དྲུག་དག་རེག་བ་དང་ཚོར་བ་རྣམས་ནི་འཕངས་པའི ་ཡན་ལག་གོ་།སྲེད་པ་དང་ལེན་པ་དང་སྲིད་བ་འདི་དག་ནི་མངོན་པར་སྒྲུབ་བའི་ཡན་ལག་གོ་།སྐྱེ་བ་ནི་མངོན་པར་བསྒྲུབ་བའི་ཡན་ལག་གོ་།རྒ་ཤི་ནི་ཉེས་དམིགས་ཀྱི་ཡན་ལག་གོ། དེ་ལ་འཕེན་པའི་ཡན་ལག་གིས་ནི་རིང་བའི་རྒྱུ་བསྟན་ཏོ། །མངོན ་བར་བསྒྲུབ་པའི་ཡན་ལག་གིས་ནི་ཉེ་བའི་རྒྱུ་བསྟན་ཏོ། །དེ་གཉིས་མེད་ན་སྐྱེ་བ་འགྲུབ་པར་མི་འགྱུར་ཏེ། དེ་བས་ན་རྣམ་བ་གཉིས་སུ་བཤད་དོ། །མ་རིག་པའི་རྒྱུ་ལས་བྱུང་བའི་ལས་ཀྱིས་རྣམ་པར་ཤེས་པ་ལ་བསྒོས་པས་མ་འོངས་པ་ན་སྐྱེ་བ ་འཕངས་བར་འགྱུར་རོ། །དེ་ནས་སྲེད་པ་དང་ལེན་པ་གཉིས་ཀྱིས་ལས་དེ་བསྐུལ་བས་སྐྱེ་བ་མངོན་པར་འགྲུབ་པར་འགྱུར་ཏེ། དེ་བས་ན་གང་གིས་གང་འཕེན་ཅིང་འཕངས་པ་དེ་ཡང་གང་གིས་གྲུབ་པ་དེ་ལས་ཉེས་དམིགས་སུ་འགྱུར་པས། ཡན་ལག་བཅུ ་གཉིས་ཁོ་ནར་བསྟན་པའི་ཕྱིར་ཡན་ལག་བཅུ་གཉིས་ཉིད་དུ་གྱུར་ཏེ་མི་ཉུང་མི་མང་ངོ། །གཞན་དག་ནི་སྔ་མ་དང་བར་མ་དང་ཕྱི་མ་རྣམས་སུ་གཉིས་དང་བརྒྱད་དང་གཉིས་གོ་རིམ་བཞིན་ཏེ། དེ་ལ་རྨོངས་པ་རྣམ་པར་བཟློག་པའི་ཕྱིར་བསྟན་པར་དུམ ་བུ་གསུམ་དུ་རྣམ་པར་འཇོག་པས་ཡན་ལག་རྣམས་རྣམ་པར་བརྗོད་དོ། །ཁ་ཅིག་ན་རེ་མ་རིག་པའི་རྒྱུ་མ་བསྟན་པས་འཁོར་བ་ཡང་ཐོག་མ་ཅན་དུ་འགྱུར་ལ་མ་རིག་བ་ཡང་རྒྱུ་མེད་བར་འགྱུར་རོ་ཞེས་ཟེར་རོ། །དེ་ཡང་མི་རིགས་ཏེ། དེའི་ཡང་གཞན ་དེའི་ཡང་གཞན་དུ་བརྗོད་དགོས་པས་གང་ནས་བཟུང་སྟེ། སྐྱེ་བའི་རིམ་བ་བསྟན་པར་བརྩམ་།མ་རིག་པ་རྒྱུ་མེད་པར་ཡང་མི་འགྱུར་ཏེ། ཐོག་མ་མེད་པའི་དུས་ཀྱི་རིགས་མཐུན་པའི་རྐྱེན་ལས་དེ་འབྱུང་བའི་ཕྱིར་རོ། །འདི་ལ་ཡན་ལག་རྣམས་ལ་ནི་རིགས ་མཐུན་བའི་རྐྱེན་ཅེས་བརྗོད་པར་མ་ཟད་ཀྱི་རིགས་མི་མཐུན་བ་ཡང་གཏོགས་སོ། །མ་རིགས་པ་ལ་ནི་རིགས་མི་མཐུན་པའི་རྐྱེན་མེད་དོ། །ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ལ་སོགས་པ་ཡང་དེ་རྟས་པར་བྱེད་པའི་རྒྱུ་ཉིད་དུ་མདོ་ལས་གསུངས་ཀྱི ་དངོས་ཀྱི་རྒྱུ་ནི་མ་ཡིན་ནོ། །ཡང་ན་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ལ་སོགས་པ་ཕྱིན་ཅི་ལོག་གི་རྣམ་པར་ཞུགས་པས་མ་རིག་པའི་རང་བཞིན་ཁོ་ན་སྟེ་འགལ་བ་མེད་དོ། །དེ་ལྟ་བས་ན་འཁོར་བ་ལ་ཐོག་མ་ཡོད་པར་མི་འགྱུར་ཏེ། དཔེར་ན་ས ་བོན?་གྱི་རྐྱེན་ལས་མྱུ་གུ་འབྱུང་བར་བརྗོད་པའི་ས་བོན་ལ་ཐོག་མ་ཡང་ཡོད་པ་འམ། རྒྱུ་མེད་པར་ཡང་མི་འགྱུར་བ་དེ་བཞིན་དུ་འདིར་ཡང་ཀླན་ཀར་མི་འགྱུར་རོ། །གང་གི་ཕྱིར་ཡན་ལག་བཅུ་གཉིས་ཁོ་ནར་གྱུར་པ་དེ་ནི་འཕེན་པ་དང། མངོན་པར་འགྲུབ་པའི ་ཡན་ལག་བརྗོད་བས་བདག་གིས་བཤད་པ་ཉིད་དེ་མང་དུ་མི་དགོས་སོ། །ཡོངས་སུ་ཤེས་པར་བྱ་བ་བཤད་ཟིན་ཏོ། །ད་ནི་ཡོངས་སུ་ཤེས་པ་དང། དེའི་འབྲས་བུ་བླ་ན་ཡོད་པ་བསྟན་པའི་ཕྱིར། ཆོས་གང་ཞེ་ན་ཞེས་བྱ་བ ་གསུངས་སོ། །འདིར་ཆོས་ཀྱང་རྣམ་པ་གཉིས་སུ་བཤད་དོ། །སྒྲུབ་པའི་ཆོས་དང་འབྲས་བུའི་ཆོས་སོ། །སྒྲུབ་པའི་ཆོས་ནི་འཕགས་པའི་ལམ་ཡན་ལག་བརྒྱད་པ་སྟེ། དེ་ཉིད་འདིར་ཡོངས་སུ་ཤེས་པའོ། །འདུས་བྱས་དང་འདུས་མ་བྱས་ཀྱི་བྱེ་བྲག་གིས ་འབྲས་བུའི་ཆོས་ཀྱང་རྣམ་པ་གཉིས་སུའོ། དེ་ལ་འདུས་བྱས་ནི་དགེ་སྦྱོང་གི་འབྲས་བུ་བཞི་སྟེ། རྣམ་པར་གྲོལ་བའི་ལམ་གྱི་རང་བཞིན་ནོ། །འདུས་མ་བྱས་ནི་ཉོན་མོངས་པ་སྤངས་པའི་མཚན་ཉིད་མྱ་ངན་ལས་འདས་པའོ། །བསྟན ་བཅོས་ལས་ནི་འདུས་བྱས་དང། འདུས་མ་བྱས་ཀྱི་རང་བཞིན་དགེ་སྦྱོང་གི་འབྲས་བུ་རྣམ་པར་བཞག་མོད་ཀྱི། འོན་ཀྱང་མྱ་ངན་ལས་འདས་པ་ལོགས་ཤིག་ཏུ་བཤད་པས་བ་ལང་དང་གླང་ཞེས་བྱ་བའི་ཚུལ་དུ་འདུས་བྱས་ཉིད་དུ་གཟུང་ངོ།། ་ཡང་ན་ཡོངས་སུ་དག་པའི་དེ་བཞིན་ཉིད་གང་ཡིན་པ་འདིར་མྱ་ངན་ལས་འདས་པར་འདོད་དེ། དེ་ལ་ཉོན་མོངས་པ་མེད་པའི་ཕྱིར་རོ། །འབྲས་བུ་འདི་བརྗོད་པ་ནི་ཉན་ཐོས་དང་རང་སངས་རྒྱས་རྣམས་ལམ་འདི་ཉིད་ཀྱིས་གང་ཟག་དང། ཆོས་ལ་བདག ་མེད་པའི་ཚུལ་དུ་བསྒོམས་ན་འབྲས་བུ་རྙེད་པར་འགྱུར་རོ་ཞེས་གོ་རིམ་བཞིན་དུ་བསྟན་པའི་ཕྱིར་རོ། །དེ་ལ་དེ་ཁོ་ན་མ་ནོར་བའི་རང་བཞིན་དུ་རྟོག་པ་ནི་ཡང་དག་པའི་ལྟ་བའོ། །དེ་ཉིད་ལ་ཚུལ་བཞིན་དུ་རྟོག་ཅིང་དཔྱོད་པ་ནི་ཡང་དག་པའི་རྟོག ་པའོ། །དེ་ཡང་གཞན་དག་ལ་མ་ནོར་བའི་རང་བཞིན་འཆང་ཅིང་བརྫུན་ལ་སོགས་པའི་ཉེས་པ་སྤངས་པའི་ཚིག་ནི་ཡང་དག་པའི་ངག་གོ་།དེ་ནས་སྲོག་གཅོད་པ་ལ་སོགས་པའི་ཉེས་པ་སྤངས་ཤིང་ལུས་ཀྱི་ལས་ཡོངས་སུ་དག་པ་ནི། ཡང་དག ་པའི་ལས་ཀྱི་མཛའ་ཨོ། །དེ་ནས་ཚུལ་འཆོས་པ་དང། གཞོག་སློངས་ལ་སོགས་པ་ལོག་པས་འཚོ་བའི་ཉེས་པ་སྤངས་ཤིང་ཡོངས་སུ་དག་པའི་ལུས་དང་དག་གི་ལས་ཀུན་ཏུ་སྤྱོད་པ་ནི་ཡང་དག་པའི་འཆོ་བའོ། །ཉེས་པ་ལྷག་མ་རྣམས?་སྤང་པའི་ཕྱིར ་མངོན་པར་སྤྲོ་བ་ནི་ཡང་དག་པའི་རྩོལ་བའོ། །དེ་ཁོ་ན་དེ་ཉིད་མི་བརྗོད་པ་ནི་ཡང་དག་པའི་དྲན་པའོ། །གོང་ནས་གོང་དུ་ཡོན་ཏན་གྱི་ཁྱད་པར?་རྣམས་མངོན་པར་སྒྲུབ་པའི་ཕྱིར་རྟག་ཏུ་མཉམ་པར་བཞག་པ་ནི་ཡང་དག་པའི་ཏིང་ངེ་འཛིན་ཏོ།། ་ལམ་ལ་སྙོམས་པར་ཞུགས་པ་ལ་ཡང་དག་པའི་ངག་ལ་སོགས་པ་ཇི་ལྟར་འབྱུང་ན་གང་གིས་འཕགས་ལམ་ཡན་ལག་བརྒྱད་པར་འགྱུར་ཞེ་ན། འདི་ལ་ཉེས་པ་མེད་དེ། འཇིག་རྟེན་ལས་འདས་པའི་ལམ་གྱི་གནས་སྐབས་ན་རྣལ་འབྱོར་པ ་དེ་ལྟ་བུའི་སོ་སོའི་རང་གི་རིག་པ་དེ་ཁོ་ན་མྱོང་བ་མྱོང་བར་ཡང་འགྱུར་ཞིང་གནས་འགྱུར་པ་ཡང་འཐོབ་ལ་དེ་ནས་ལངས་པའི་ཚེ་ན་ཡང་དག་པའི་དག་ལ་སོགས་པ་ལ་འཇུག་སྟེ་ལག་པའི་དག་ལ་སོགས་པ་ལ་མི་འཇུག་གོ། དེ་བས་ན་རྒྱུ་ལ ་འབྲས་བུར་བཏགས་ཏེ། དེ་ཡང་དག་བའི་ལྟ་བ་ལ་སོགས་པ་ཡན་ལག་རྣམ་པ་བརྒྱད་ནི་རྣམ་པར་དག་པའི་རྒྱུར་འགྱུར་བས་དེ་ལ་ལམ་ཡན་ལག་བརྒྱད་པ་ཞེས་བྱ་སྟེ། དེའི་ཚེ་ན་ཚིག་གཅིག་ཀྱང་མི་སྨྲ་ལ། གོས་ལ་སོགས་པ་ཡང་མི་ཚོལ་བས ་དེའི་གནས་སྐབས་ན་ཡན་ལག་བརྒྱད་མི་འབྱུང་སྟེ། འགལ་པའི་ཕྱིར་རོ། །དེ་ལ་ཡང་དག་པའི་ལྟ་བ་ནི་ཡོངས་སུ་གཅོད་པའི་ཡན་ལག་སྟེ། དེས་ཇི་ལྟར་མྱོང་བ་དེ་ཁོ་ན་ངེས་པར་འཛིན་པའི་ཕྱིར་རོ། །ཡང་དག་པའི་རྟོག་པ་ནི་གཞན་གོ་བར་བྱེད་པའི ་ཡན་ལག་སྟེ། དེས་ཇི་ལྟར་རྟོགས་པའི་དེ་ཁོ་ན་རྣམ་པར་གཞག་ནས་ཚིག་ཏུ་འདོན་པའི་ཕྱིར་རོ། །ཡང་དག་པའི་དག་དང། ལས་ཀྱི་མཛའ་དང། འཚོ་བ་ནི་གཞན་ཡིད་ཆེས་པར་བྱེད་པའི་ཡན་ལག་སྟེ། དེ་དག་གོ་རིམ་བཞིན་དུ་རྣལ་འབྱོར་པའི་ ་ལྟ་བ་དང། ཚུལ་ཁྲིམས་དང། ཡོ་བྱད་བསྙུངས་པ་རྣམ་པར་དག་པར་གཞན་དག་ཡིད་ཆེས་པར་འགྱུར་ཏེ། འདྲི་བའི་ལན་ལེགས་པར་ལྡོན་པར་ཡང་དག་པའི་ངག་གིས་ལྟ་བ་རྣམ་པར་དག་པར་ཡིད ་ཆེས་སོ། །ཡང་དག་པའི་ལས་ཀྱི་མཐས་བྱ་བ་མ་ཡིན་པ་མི་བྱེད་པས་ཚུལ་ཁྲིམས་རྣམ་པར་དག་པར་རོ། །ཡང་དག་པའི་འཚོ་བས་གོས་ལ་སོགས་པ་ཆོས་བཞིན་ཚོལ་བས་ཡོ་བྱད་བསྙུངས་པ་རྣམ་པར་དག་པར་རོ། །འདི་དག་ནི་གོ ་རིམ་བཞིན་དུ་།ངག་དང་ལུས་དང་གཉི་གའི་ལས་ཀྱི་རང་བཞིན་ནོ། །ཡང་དག་པའི་རྩོལ་བས་ནི་ཉན་ཐོས་དང་བྱང་ཆུབ་སེམས་དཔའ་གཉི་གའི་ཉོན་མོངས་པའི་སྒྲིབ་པ་རྣམ་པར་སྦྱོང་བའི་ཡན་ལག་གོ་།ཡང་དག་པའི་དྲན་པ་ནི་བྱིང ་བ་དང་རྒོད་པ་ཉེ་བའི་ཉོན་མོངས་པ་རྣམ་པར་སྦྱོང་བའི་ཡན་ལག་སྟེ། དྲན་པ་ཉེ་བར་གཞག་པས་ཡང་དག་པར་མཚན་མ་རྟོག་པས། བྱིང་བ་དང་རྒོད་པ་ལ་སོགས་པའི་སྐབས་མེད་པའི་ཕྱིར་རོ། །ཡང་དག་པའི་ཏིང་ངེ་འཛིན་ནི ་ཡོན་ཏན་གྱི་ཁྱད་པར་མངོན་པར་སྒྲུབ་པ་ལ་སྒྲིབ་པ་རྣམ་པར་སྤྱོད་པའི་ཡན་ལག་སྟེ། དེས་མངོན་པར་ཤེས་པ་ལ་སོགས་པ་ཡོན་ཏན་མངོན་པར་སྒྲུབ་པའི་ཕྱིར་རོ། །དེ་ནི་ཡོངས་སུ་ཤེས་པའི་འབྲས་བུ་བླ་ན་མེད་པ་སྟོན་ཏེ། སངས ་རྒྱས་བཅོམ་ལྡན་འདས་གང་ཞེ་ན། ཞེས་བྱ་བའི་ལན་དུ་སུས་ཆོས་ཐམས་ཅད་ཐུགས་སུ་ཆུད་པའི་ཕྱིར། ཞེས་བྱ་བ་གསུངས་ཏེ། གང་གིས་དངོས་པོ་རྣམས་མ་ལུས་པར་རྣམ་པ་ཐམས་ཅད་དུ་ཕྱིན་ཅི་མ་ལོག་པར་ལག་མཐིལ་དུ་སྐྱུ ་རུ་རའི་འབྲས་བུ་བཞག་པ་བཞིན་དུ་གཟིགས་པ་སྟེ། དེས་དངོས་པོ་རྣམས་ཀྱི་དོན་ཇི་ལྟ་བ་བཞིན་དུ་ཐུགས་སུ་ཆུད་པས་ན་སངས་རྒྱས་ཞེས་བྱ་བར་སྦྱར་རོ། །གཟིགས་ཞེས་བྱ་བ་ནི་ལུས་དང་མིག་ཡོད་ན་འགྲུབ་པོ་?་ན། ཆོས ་ཐམས་ཅད་ནི་མིག་ཡུལ་དུ་མི་རུང་སྟེ། ཡུལ་སོ་སོར་ངེས་པའི་ཕྱིར་ངེས་དེ་དག་ཅེས་བྱ་བ་གསུངས་ཏེ། དེས་ཞེས་བྱ་བ་ནི་སངས་རྒྱས་བཅོམ་ལྡན་འདས་སོ། །དེ་དག་ཅེས་བྱ་བ་ནི་ཆོས་རྣམས་སོ། །འཕགས་པའི་ཤེས་རབ་ཀྱི་སྤྱན་ཞེས་བྱ་བ་ནི་ཟག ་པ་མེད་པའི་ཤེས་རབ་ཀྱི་སྤྱན་གྱིས་གཟིགས་ཀྱིས་ཤའི་མིག་གིས་ནི་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ་།འདི་ནི་བླ་ན་མེད་པས་ན་ཆོས་ཐམས་ཅད་དུ་ཡུལ་དུ་རུང་ངོ་ཞེས་དགོངས་པའོ། །ཆོས་ཀྱི་སྐུ་ཞེས་བྱ་བ་ནི་རྒྱུ་བསྟན་པ་སྟེ། སངས་རྒྱས་ཀྱི ་ཆོས་ཐམས་ཅད་ཀྱི་རྒྱུར་གྱུར་པ་ནི་ཡོངས་སུ་དག་པའི་ཡེ་ཤེས་སམ། ཡོངས་སུ་དག་པའི་དེ་བཞིན་ཉིད་དེ་སྐུ་ནི་ཆོས་ཀྱི་སྐུའོ། །དེ་ཡང་བླ་ན་མེད་པའི་ཤེས་རབ་ཀྱི་སྤྱན་གྱི་རྒྱུའོ་ཞེས་བྱ་བར་བསྟན་པའི་ཕྱིར་སྨོས་སོ། །ཆོས་ཀྱི་སྐུ་དང་ལྡན་པས་གཟིགས་སོ ་ཞེས་ལྡན་པའི་ཚིག་ནི། ཁོང་ནས་དབྱུང་བར་སྦྱར་རོ། །བྱང་ཆུབ་བྱེད་པ་ཞེས་བ་ནི་བྱང་ཆུབ་རྣམ་པ་གསུམ་གདགས་པའི་རྒྱུའོ། །སློབ་པ་དང་མི་སློབ་པ་ནི་མཚོན་པ་སྟེ། སློབ་པ་ཡང་མ་ཡིན་མི་སློབ་པ་ཡང་མ་ཡིན་པ་ཡང་གཟིཌ་པ་ཉིད་དོ། །དེས་འཇིག་ ་རྟེན་ལས་འདས་པའི་སློབ་པ་དང་མི་སློབ་པའི་ཆོས་རྣམས་ཀྱང་གཟིགས་ན་དེ་མ་ཡིན་པ་གཞན་ལྟ་ཅིའི་ཕྱིར་མི་གཟིགས་ཞེས་བསྟན་པའི་ཕྱིར་སློབ་པ་དང་མི་སློབ་པ་སྨོས་སོ། །ད་ནི་བཅོམ་ལྡན་འདས་ཀྱིས་གུར་ལ་དགོངས་ཏེ། གསུངས་པ་དེ ་བསྟན་པ་དང་དེ་ཇི་ལྟར་ཡོངས་སུ་ཤེས་པར་བྱ་བ་བསྟན་པའི་ཕྱིར། དེ་ལ་རྟེན་ཅིང་འབྲེལ་པར་འབྱུང་བ་མཐོང་བ་ཇི་ལྟ་བུ་ཞེ་ན་ཞེས་བྱ་བ་གསུངས་ཏེ། རྟེན་ཅིང་འབྲེལ་བར་འབྱུང་བ་ནི་དོན་དམ་པ་དང་ཀུན་རྫོབ་ཀྱི་ཚུལ་གཉིས་སུ་ཤེས་པར་བྱ་སྟེ། ་སྒྲོ་འདོགས་པ་དང་སྐུར་བའི་མཛའ་སྤངས་པའི་ཕྱིར་རོ། །དོན་དམ་པའི་ཚུལ་ཁོ་ནར་བསྒོམ་ན་ནི་སྐུར་བའི་མཐར་ལྟུང?་ཞིང་འཆད་པར་ལྟ་བ་འམ། ཉན་ཐོས་ཀྱི་མྱ་ངན་ལས་འདས་པ་ལ་གནས་པར་འགྱུར། ཀུན་རྫོབ་ཀྱི་ཚུལ་ཁོ་ནར ་བསྒོམས་ན་ནི་སྒྲོ་འདོགས་པའི་མཐར་ལྟུང་བས་གཉི་གའི་ཚུལ་དུ་བསྒོམས་ན་མཛའ་གཉིས་སྤངས་པས་དབུ་མའི་ལམ་ལ་ཞུགས་པར་འགྱུར་རོ། །དེ་ལ་མ་རིག་པ་ལ་སོགས་པ་སྒྱུ་མ་དང་གཟུགས ་བརྙན་ལ་སོགས་པ་བཞིན་རྒྱུ་རྐྱེན་ལས་ལྟོས་པ་ཡིན་མོད་ཀྱི། དུས་གསུམ་དུ་ཡང་གང་མ་སྐྱེས་པ་དེ་ནི་འདིར་དོན་དམ་པའི་ཚུལ་ཏེ། དེ་སྐད་དུ་མི་སྐྱེ་བའི་ཆོས་ནི་བདེན་གྱི་ཆོས་གཞན་ནི་བརྫུན་ནོ་ཞེས་གསུངས་སོ། །དེ་ཡང་སྤྲོས ་པ་ཐམས་ཅད་ལས་འདས་པའི་ཕྱིར་སངས་རྒྱས་རྣམས་ཀྱི་སོ་སོ་རང་གིས་རིག་པའོ། །བརྗོད་པ་ནི་ཀུན་རྫོབ་འབའ་ཞིག་ཏུ་བཅོམ་ལྡན་འདས་ཀྱིས་དེ་སྟོན་ཏེ། དེ་བསྟན་པའི་ཕྱིར་འདི་ལ་བཅོམ་ལྡན་འདས་ཀྱིས་ཞེས་བྱ་བ ་གསུངས་ཏེ། འདི་ལ་ཞེས་བྱ་བ་ནི་ཚིག་གི་ཕྲད་དོ། །དུས་ཐམས་ཅད་དུ་ཅི་ལྟར་སྐྱེ་བ་མེད་པའི་ཆོས་སུ་གསུངས་པ་དང་ལྡན་པས་ན་རྟག་པའོ། །འདིས་ནི་དུས་གསུམ་དུ་ཡང་དོན་དམ་པར་རོ་གཅིག་པས་འགྱུར་བ་མེད་པར་བསྟན ་ཏོ། །གལ་ཏེ་དེ་ལྟ་ན་བདག་ཏུ་སྨྲ་བ་དང་གཉིས་འདྲ་བར་འགྱུར་བས་སྲོག་མེད་པས་ཞེས་བྱ་བ་གསུངས་ཏེ། རང་གིས་བདག་གི་རང་བཞིན་མ་ཡིན་པའི་ཕྱིར་ཏེ། འཚོ་བས་ན་བདག་ཁོ་ན་ལ་སྲོག་ཅེས་གཞན་དག་གིས་བརྟགས ་པའི་ཕྱིར་རོ། །སྲོག་དང་བྲལ་བ་ཞེས་བྱ་བ་ནི་དེ་དང་ཐ་དད་པ་སྲོག་ཅེས་བརྗོད་པའི་བདག་གིས་བྱིན་གྱིས་མ་བརླབས་པའི་ཕྱིར་རོ། །འདིས་ནི་རྟག་པ་ཡིན་མོད་ཀྱི། དེ་བདག་དང་བྲལ་བས་བདག་དང་མི་འདྲའོ་ཞེས་བསྟན་ཏེ། བདག ་མེད་པ་ཁོ་ན་ལ་རྟག་པར་ཕ་རོལ་དག་གིས་བརྟགས་པའི་ཕྱིར་ཏེ། དེ་བས་ན་དེ་བདག་དང་འདྲ་བར་མི་འགྱུར་བར་དགོངས་པའོ། །རྟེན་ཅིང་འབྲེལ་པར་འབྱུང་བ་འདི་དོན་དམ་པའི་ཚུལ་དུ་བདག་བཞིན་དུ་རྟག་པར་ཡོངས་སུ ་བརྟགས་པ་མ་ཡིན་པར་བསྟན་པའི་ཕྱིར། ཇི་ལྟ་བུ་ཉིད་ཅེས་བྱ་བ་གསུངས་ཏེ། མ་བརྟགས་པའོ་ཞེས་བྱ་བའི་ཐ་ཚིག་གོ་།ཇི་ལྟར་མ་བརྟགས་ཞེས་བྱ་བའི་གཏན་ཚིགས་བསྟན་པའི་ཕྱིར། མནོར་བ་ཞེས་བྱ་བ་གསུངས་སོ། །དེ་ནི་འདི་ལྟར་ཚད ་མས་མ་ནོར་བར་བསྒྲུབས་ཏེ། དེའི་ཕྱིར་བརྟགས་གོས་པ་མ་ཡིན་པའོ། །འདིས་ནི་དེ་བྱིན?་ཅི་མ་ལོག་པར་གྲུབ་པར་བསྟན་ཏོ། །འདི་སྐྱེས་པའི་ཕྱིར་ཇི་ལྟར་མ་སྐྱེས་པའི་ཚུལ་ཏུ་བརྟག་པ་དང་ལྡན་སྙམ་པ་ལ་མ་སྐྱེས་པ་ཞེས་བྱ་བ་གསུངས་ཏེ། ་དོན་དམ་པར་ན་འདི་ལ་གང་སྐྱེས་པའི་རང་བཞིན་གང་ཡང་མེད་དེ། དཔེར་ན་གཟུགས་བརྙན་བཞིན་ནོ་ཞེས་དགོངས་པའོ། །དེ་སྐད་དུ། རྐྱེན་རྣམས་ལས་གང་བྱུང་བ་དེ་མ་སྐྱེས། དེ་ནི་ངོ་བོ་ཉིད་ཀྱིས་སྐྱེ་བ་མེད། ཅེས་གསུངས་སོ། །གལ་ཏེ་དེ་ད ་ལྟར་མ་སྐྱེས་སུ་ཟིན་ཀྱང་སྔོན་སྐྱེས་པས་ན་བྱུང་བ་དང་ལྡན་ནོ་སྙམ་པ་ལ་མ་བྱུང་བ་ཞེས་བྱ་བ་གསུངས་ཏེ། སྔོན་ཡང་དོན་དམ་པར་ད་ལྟར་གྱི་དུས་བཞིན་དུ་མ་བྱུང་བར་དགོངས་པའོ། །གལ་ཏེ་དེ་རང་གིས་བྱུང་བ་མེད་པས་མ་སྐྱེས་པ་དང། མ་བྱུང ་བ་དང། ལྡན་པ་ཡང་དབང་ཕྱུག་ལ་སོགས་པ་གཞན་གྱིས་བྱས་པ་དང་ལྡན་པ་མ་ཡིན་ནམ་སྙམ་པ་ལ་མ་བྱས་པ་ཞེས་བྱ་བ་གསུངས་ཏེ། དེའི་རྒྱུ་རྟག་པ་ཅི་ཡང་མེད་དེ། རིམ་དང་རིམ་མ་ཡིན་པར་དོན་བྱེད་པ་འགལ་བའི་ཕྱིར་རོ་ཞེས ་དགོངས་པའོ། །འདིས་རྒྱུ་མེད་པ་དང་མི་མཐུན་པའི་རྒྱུ་བཀག་གོ་།གལ་ཏེ་དབང་ཕྱུག་ལ་སོགས་པས་མ་བྱས་ཀྱང་འདི་རྒྱུ་དང་རྐྱེན་རྣམས་འདུས་པས་བྱས་པའི་ཕྱིར་བྱས་པ་ཉིད་དོ་སྙམ་པ་ལ་འདུས་མ་བྱས་པ་ཞེས་བྱ་བ་གསུངས་ཏེ། གང ་དག་གིས་དེ་བྱེད་པའི་རྒྱུ་དང་རྐྱེན་གྱང་དོན་ནམ་པར་མེད་དེ། དེར་ཡང་བརྟག་ཅིང་བརྒལ་བར་མཐུན་པའི་ཕྱིར་རོ། །དེ་དག་ཀྱང་མངོན་པར་འདུ་བྱེད་ཅིང་བྱེད་པ་མ་ཡིན་ཏེ། ཆོས་ཐམས་ཅད་གཡོ་བ་མེད་པའི་ཕྱིར་རོ། །གཞན་ལས་ཀྱང ་མ་ཡིན་ཏེ། མཉམ་པའི་དུས་སམ། ཐ་དད་པའི་དུས་ན་དངོས་པོ་རྣམས་དོན་དམ་པར་སྐྱེ་བ་མི་སྲིད་དོ། །ཇི་སྟེ་ཕྱོགས་འདིར་རྟེན་ཅིང་འབྲེལ་བར་འབྱུང་བ་སྐྱེས་པ་ལ་སོགས་པའི་ཆོས་དང་ལྡན་པར་མ་གྱུར ་ཀྱང། ཅི་སྟེ་ན་ཕྱོགས་གཞན་དུ་སྐྱེ་བར་འགྱུར་རོ་སྙམ་པ་ལ་ཐོགས་པ་མེད་པ་ཞེས་བྱ་བ་གསུངས་ཏེ། དངོས་པོ་མཛའ་དག་ལ་སྟོང་པ་ཉིད་ཀྱིས་ཁྱབ་པའི་ཕྱིར་རོ། །དེའི་ཕྱིར་སྐྱེ་བ་མེད་པ་འདི་ནི་ཐམས་ཅད་དུ་ཐོབ་པ་མེད་དོ། །འདིས་ནི ་ཐམས་ཅད་དུ་འགྲོ་བ་བསྟན་ཏེ། ཇི་སྐད་དུ། རྟག་ཏུ་སྐྱེ་མེད་ཆོས་ནི་དེ་བཞིན་གཤེགས། །ཆོས་རྣམས་ཀུན་ཀྱང་བདེ་བར་གཤེགས་པ་འདྲ། ཞེས་གསུངས་སོ། །གལ་ཏེ་དེ་ལྟ་ན། ཇི་སྐད་གསུངས་པའི་ཡོན་ཏན་ཁྱད་པར་ཅན་དང ་ལྡན་པར་རྟེན་ཅིང་འབྲེལ་པར་འབྱུང་བ་ཐམས་ཅད་ཀྱིས། དེ་ལྟར་ཅིའི་ཕྱིར་མི་ཤེས་སྙམ་པ་ལ་དམིགས་པ་མེད་པ་ཞེས་བྱ་བ་གསུངས་ཏེ། གཟུང་དང་འཛིན་པའི་རྣམ་པས་སྟོང་པའི་ཕྱིར་རོ། །དེ་བས་ན་གཟུང་བ་དང་འཛིན་པ ་ལ་མངོན་པར་ཞེན་པའི་ཤེས་པ་རྣམས་ཀྱིས་དེ་ཤེས་པར་མི་ནུས་སོ། །འོན་ཀྱང་དེ་དམིགས་པ་མེད་ཅིང་སྤྲོས་པ་མེད་པ་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱིས་ཤེས་པར་བྱ་བ་སྟེ། དེ་ཡང་ཆོས་གང་ཡང་མཐོང་བ་མེད་པ ་ནི་དེ་ཁོ་ན་མཐོང་བའོ་ཞེས་བྱ་བར་སྦྱར་རོ། །ཅིའི་ཕྱིར་ཡང་འདི་སྐད་དུ་གསུངས་པ་བཞིན་དུ་དོན་དམ་པའི་ཚུལ་དུ་བསྒོམ་པར་བྱ་སྙམ་པ་ལ། ཞི་བ་ཞེས་བྱ་བ་གསུངས་སྟེ། དོན་དམ་པའི་ཚུལ་ལུ་བསྒོམ་ན་གནོད་པ་ཐམས་ཅད་བྲལ ་བས་ཞི་བའོ། །ཕྱིན་ཅི་ལོག་བཞིན་ཀུན་ནས་ཉོན་མོངས་པ་མཛའ་དག་གི་རྩ་བ་མིན་པས་ན་དེའི་ཕྱིར་དེ་དོན་དམ་པའི་ཚུལ་དུ་བསྒོམས་ན་ཀུན་ནས་ཉོན་མོངས་པ་མཛའ་དག་ཉེ་བར་ཞི་བར་འགྱུར་གྱིས་ཀུན་ནས་ཉོན་མོངས ་པ་སྦོད་བར་འདོད་པ་རྣམས་ཀྱིས་དེ་ལྟར་བསྒོམས་ཤིག་ཅེས་དགོངས་པའོ། །ཇི་སྐད་དུ། རྟོག་པ་རྣམས་ཀྱིས་འཇིག་རྟེན་དོན། །འཇིག་རྟེན་བཞིན་དུ་ཤེས་པར་བྱ། །ཀུན་ནས་ཉོན་མོངས་སྤོང་འདོད་པས། །དམ་པའི་དོན་གྱིས ་བ་ཙལ་བར་བྱ། ཞེས་བཤད་པ་ལྟ་བུའོ། །གང་ལ་བདག་མེད་བདག་གི་མེད། །གཟུང་བ་མེད་འཛིན་པ་མེད་པ་ནི་མྱོང་བ་ཐ་སྙད་བཏགས་པ་ཐམས་ཅད་ལས་ལོག་པས་ཤིན་ཏུ་འཇིགས་པ་སྐྱེ་སྟེ། དེའི་ཕྱིར་སུ་ཞིག་དེ་དེ་ལྟར་བསྒོམ་པར ་སྤྲོ་སྙམ་པ་ལ་འཇིགས་པ་མེད་པ་ཞེས་བྱ་བ་གསུངས་ཏེ། འདི་ལ་འཇིགས་པ་མེད་པའི་ཕྱིར་རོ། །དངོས་པོ་དང་བདག་ཏུ་མངོན་པར་ཞེན་པ་ནི་འཇིགས་པ་ཐམས་ཅད་ཀྱི་རྩ་བར་འགྱུར་གྱིས། འདི་ལ་དོན་དམ་པ་མཐོང་ན་དངོས་པོ་ཐམས ་ཅད་ལ་མངོན་པར་ཞེན་པ་ལྡོག་སྟེ། དེ་བས་ན་འདི་དོན་དམ་པའི་ཚུལ་དུ་བསྒོམས་ན་འཇིགས་པ་ཐམས་ཅད་རྩ་བ་ནས་གཅོད་བར་འགྱུར་གྱིས། དེ་ལྟར་སྒོམས་ཤིག་པའོ། །རྟེན་ཅིང་འབྲེལ་པར་འབྱུང་བ་འདི་དོན་དམ་པའི་ཚུལ་དུ་མཐོང་ན ་ཡང་ཕྱིས་མི་དགེ་བའི་གྲོགས་དང་ཕྲད་ན་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་བསྒོམས་པས་འདོད་ཆགས་ལ་སོགས་པ་ཀུན་ནས་ཉོན་མོངས་པ་རྣམས་ཀྱི་རྒྱུར་འགྱུར་ཏེ། འཇིགས་པ་དང་བཅས་པའི་རྒྱུར་འགྱུར་རོ་སྙམ་པ་ལ་མི་འཕྲོགས་པ ་ཞེས་བྱ་བ་གསུངས་ཏེ། དོན་དམ་པ་མཐོང་བ་ནི་སུས་ཀྱང་བསླུ་བར་མི་ནུས་ཏེ། དེས་ན་འཕྲོགས་པར་མི་འགྱུར་རོ། །གལ་ཏེ་དེ་ཁོ་ན་མཐོང་བ་ལ་བསླུ་བར་མི་ཟུག་དུ་ཟིན་ཀྱང། ཡང་བདག་ཉིད་ཕྱིན་ཅི་ལོག་ལ་ཀུན་ཏུ་སྤྱོད་པས་འཕྲོགས་པར་འགྱུར་རོ ་སྙམ་པ་ལ། རྣམ་པར་ཞི་བ་མ་ཡིན་པའི་རང་བཞིན་དུ་ཞེས་བྱ་བ་གསུངས་ཏེ། རང་བཞིན་གང་ལ་ཉོན་མོངས་པ་རྣམས་གཉེན་པོས་ཞི་བ་དེ་ལ་དེ་སྐད་ཅེས་བྱ་སྟེ། རྣམ་པར་ཞི་བའི་རང་བཞིན་གང་ལ་ཡོད་པ་ཞེས་ཚིག་རྣམ་པར་སྦྱར་རོ། །གང ་ཉེ་བར་ཞི་བ་མ་ཡིན་པའི་རང་བཞིན་དེ་ནི་ཉེ་བར་ཞི་བ་མ་ཡིན་པའི་རང་བཞིན་ཏེ། དེ་ནི་འདི་སྐད་དུ་འདི་ལ་གཉེན་པོའི་སྟོབས་ཀྱིས་ཕྱིན་ཅི་ལོག་གི་རང་བཞིན་ཉེ་བར་ཞི་བར་བྱ་བ་མེད་དེ། རང་བཞིན་གྱིས ་འོད་གསལ་བའི་ཕྱིར་ཏེ་། ཆོས་ཀྱི་དབྱིངས་ལ་ཕྱིན་ཅི་ལོག་གཟོད་མ་ཉིད་ནས་མ་སྐྱེས་པའོ་ཞེས་བསྟན་པར་འགྱུར་རོ། །དེ་སྐད་དུ་ཆོས་གང་ཡང་སོ་སོའི་སྐྱེ་བོ་རྣམས་ཀྱིས་བསྐྱེད་པ་ཡང་མེད། སངས་རྒྱས་རྣམས་ཀྱིས་བཀག ་པ་ཡང་མེད་ཅེས་གསུངས་སོ། །ཡང་དག་པ་ལ་ཡང་དག་པར་བལྟ་བ་འབའ་ཞིག་དུ་ཟད་དེ། འདི་ལ་བཞག་པར་བྱ་བ་འམ་བསལ་པར་བྱ་བ་གང་ཅུང་ཟད་ཀྱང་མེད་དོ། །དེ་སྐད་དུ་འཕགས་པའི་བདེན་པ་གཉིས་ལ་འཇུག་པ་ལས ་ཀྱང་རྨི་ལམ་ན་སྤྲུལ་གྱིས་ཟིན་པའི་དུག་ཉེ་བར་ཞི་བ་བཞིན་དུ་ཉོན་མོངས་པ་ཞི་བར་འགྱུར་རོ་ཞེས་གསུངས་སོ། །དེའི་ཕྱིར་དེ་ཁོ་ན་གོམས་པར་འགྱུར་ན་རང་བཞིན་གྱིས་འོད་གསལ་པའི་ཆོས་ཀྱི་དབྱིངས་རྟོགས་པས་ནོར་པའི་ས་བོན ་མེད་པའི་ཕྱིར་རོ། །དེ་ཁོ་ནའི་བདག་ཉིད་དུ་གནས་པས་གློ་བུར་གྱི་ཉོན་མོངས་པ་འབྱུང་བའི་སྐབས་མེད་དོ། །ཁ་ཅིག་ལས་ནི་རྣམ་པར་ཞི་བ་དང་བཅས་པའི་རང་བཞིན་ཞེས་ཀྱང་འབྱུང་སྟེ། མ་རིག་པ་ལ་སོགས་པ་རང་བཞིན་གྱིས་བཟོད་མ ་ནས་ཞི་བའི་རང་བཞིན་གང་ཡིན་པ་དེ་ནི་རྣམ་པར་ཞི་བ་དང་བཅས་པའོ། །རང་བཞིན་གྱིས་རྣམ་པར་ཞི་བ་དང་ལྷན་ཅིག་པས་ན་རྣམ་པར་ཞི་བ་དང་བཅས་པའི་རང་བཞིན་གང་ལ་ཡོད་པ་ཞེས་བྱ་བའི་ཚིག་རྣམ་པར་སྦྱར་རོ། །གང་གིས་རྣམ ་པ་འདི་ལྟ་བུའི་རྟེན་ཅིང་འབྲེལ་པར་འབྱུང་བ་མཐོང་བ་དེས་ཇི་སྐད་གསུངས་པའི་སྒྲུབ་པའི་ཆོས་དང་འབྲས་བུའི་ཆོས་མཐོང་བ་སྟེ། ཐམས་ཅད་ཀྱང་དོན་དམ་པར་རོ་གཅིག་པའི་ཕྱིར་རོ། །སངས་རྒྱས་བཅོམ་ལྡན་འདས་ཀྱང་ཇི་སྐད ་གསུངས་པའི་དོན་དམ་པ་ཆོས་ཀྱི་སྐུའི་རང་བཞིན་ཡིན་པའི་ཕྱིར་རོ། །དེའི་ཕྱིར་སུས་ཇི་སྐད་གསུངས་པའི་ཆོས་མཐོང་བ་དེས་སངས་རྒྱས་མཐོང་ངོ་ཞེས་གསུངས་ཏེ། བཅོམ་ལྡན་འདས་ཀྱིས་ཞེས་བྱ་བར་སྦྱར་རོ། །དེ་ཅིའི་ཕྱིར་ངེས་དེ་ལྟར་མཐོང་སྙམ་པ ་བཅོམ་ལྡན་འདས་ཀྱིས་འདིར་འཕགས་པའི་ཆོས་མངོན་པར་རྟོགས་ཏེ། ཡང་དག་པའི་ཡེ་ཤེས་དང་ལྡན་པས་ཞེས་གཏན་ཚིགས་གསུངས་ཏེ། འདི་ནི་འདིར་མཐོང་བའི་གཏན་ཚིགས་སོ། །སུས་ཇི་སྐད་གསུངས་པའི་རྟེན་ཅིང་འབྲེལ་པར་འབྱུང ་བ་ཁོང་དུ་ཆུད་པ་དེ་ནི་འཕགས་པའི་ཆོས་ཁོང་དུ་ཆུད་པ་དེ་ནི་འཕགས་པའི་ཆོས་མངོན་པར་རྟོགས་པ་སྟེ། དོན་དམ་པའི་ཆོས་ཁོང་དུ་ཆུད་ཅེས་བྱ་བའི་ཐ་ཚིག་གོ་།གང་དོན་དམ་པའི་ཆོས་ཁོང་དུ་ཆུད་པ་དེ་ནི་ཡང་དག་པའི་ཡེ་ཤེས་དང་ལྡན་པའོ།། ་གང་ཡང་དག་པའི་ཡེ་ཤེས་དང་ལྡན་པ་དེ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་གནས་པའི་ཕྱིར་རྟེན་ཅིང་འབྲེལ་པར་འབྱུང་བ་དང། ཆོས་དང། སངས་རྒྱས་རྣམས་ལ་བུ་དང་དུ་དམིགས་པ་མེད་དོ། །དེ་ལྟ་བས་ན་འཕགས་པའི་ཆོས་མངོན་པར་རྟོགས་ན་ཡང ་དག་པའི་ཡེ་ཤེས་དང་ལྡན་པའི་ཕྱིར་རྣལ་འབྱོར་པ་དེས་ཇི་སྐད་གསུངས་པའི་རྟེན་ཅིང་འབྲེལ་པར་འབྱུང་བ་མཐོང་ན་ཆོས་དང་སངས་རྒྱས་མཐོང་ངོ་ཞེས་བཅོམ་ལྡན་འདས་ཀྱིས་གསུངས་སོ། །དེའི་ཕྱིར་མཉམ་པ་ཉིད་ལ་དགོངས་པ་དང། ་ཡོངས་སུ་གྲུབ་པའི་མཚན་ཉིད་ལ་ལྡེམ་པོར་དགོངས་པར་བཅོམ་ལྡན་འདས་ཀྱིས་གསུངས་པས། བཅོམ་ལྡན་འདས་ཀྱིས་བཀའ་ལ་འགལ་བ་མེད་པར་དགོངས་སོ། །གལ་ཏེ་རྟེན་ཅིང་འབྲེལ་པར་འབྱུང་བ་འདི་དོན་དམ་པར་རྒྱུ་དང་རྐྱེན་རྣམས ་ཀྱིས་འདུས་བྱས་པ་མ་ཡིན་ན་ཅིའི་ཕྱིར་རྟེན་ཅིང་འབྲེལ་པར་འབྱུང་བ་ཞེས་བྱ་སྙམ་དུ་སེམས་པ་ལ་དེའི་ཕྱིར་ཀུན་རྫོབ་ཀྱི་ཚུལ་དུ་རྟེན་ཅིང་འབྲེལ་པར་འབྱུང་བ་བསྒོམ་པ་བསྟན་པའི་ཕྱིར་ཅིའི་ཕྱིར་རྟེན་ཅིང་འབྲེལ་པར་འབྱུང་བ་ཞེས་བྱ།། ་ཞེས་གསུངས་ཏེ། འདིར་ལན་དུ་རྒྱུ་དང་བཅས་རྐྱེན་དང་བཅས་པ་ལ་བྱའི། རྒྱུ་མེད་རྐྱེན་མེད་པ་ལ་མ་ཡིན་ཏེ། ཞེས་བྱ་བ་གསུངས་སོ། །འདི་སྙམ་དུ་སེམས་ཏེ་དོན་དམ་པར་ནི་རྟེན་ཅིང་འབྲེལ་པར་འབྱུང་བ ་འདི་མ་སྐྱེས་པ་ཡིན་མོད་ཀྱི། འོན་ཀྱང་ཀུན་རྫོབ་ཏུ་སྒྱུ་མ་དང། གཟུགས་བརྙན་ལྟ་བུར་རྒྱུ་དང་རྐྱེན་སྣ་ཚོགས་སོ་སོར་ངེས་པ་ལ་ལྟོས་པ་ཐ་སྙད་བཏགས་པར་ཡོད་པ་ཉིད་དེ་།དེའི་ཕྱིར་གསུང་རབ་དང་འཇིག་རྟེན་དུ་རྣམ་པར་གཞག་པ ་མཛའ་དག་མི་འགལ་བ་ཉིད་དོ་སྙམ་མོ། །དེ་ལྟ་མོད་ཀྱི་ཀུན་རྫོབ་ཏུ་ཇི་ལྟར་མུ་སྟེགས་ཅན་རྣམས་ཀྱིས་འདི་རྒྱུ་མེད་པ་དང། མི་མཐུན་པའི་རྒྱུ་ལ་སོགས་པའི་མཚན་ཉིད་དུ་ཡོངས་སུ་བརྟགས་པ་དེ་ལྟར་མེད་པས་མུ་སྟེགས ་ཅན་གྱི་ལྟ་བ་མ་ལུས་པ་དགག་པའི་ཕྱིར་འདི་ལ་མཚན་ཉིད་རྣམ་པ་ལྔ་རྣམ་པར་བཞག་སྟེ། རྒྱུ་དང་བཅས་པ་ལས་བྱུང་བའི་མཚན་ཉིད་དང། མི་རྟག་པ་དུ་མའི་རྒྱུ་ལས་བྱུང་བའི་མཚན་ཉིད་དང། བདག་མེད་པར་འབྱུང་བའི་མཚན ་ཉིད་དང། ནུས་པའི་རྐྱེན་ལ་བྱུང་བའི་མཚན་ཉིད་དང། བྱེད་པ་མེད་པའི་རྐྱེན་ལས་བྱུང་བའི་མཚན་ཉིད་དོ། །དེ་ལ་རྒྱུ་དང་བཅས་རྐྱེན་དང་བཅས་ཞེས་བྱ་བ་འདི་ནི། མཚན་ཉིད་དང་པོ་བསྟན་ཏེ། འདིས་ནི་རྒྱུ་མེད་པར་ལྟ་བ་བསལ་ཏོ།། ་རྒྱུ་དང་བཅས་པར་གྱུར་ཀྱང་འབྲས་བུ་མེད་པའི་རྐྱེན་དུ་ཇི་ལྟར་འགྱུར་སྙམ་པ་ལ་མདོར་ཞེས་བྱ་བ་གསུངས་ཏེ། འདི་གང་གི་རྐྱེན་ཡིན་པ་དེའི་རྐྱེན་འདི་ཞེས་བྱ་བ་སྟེ། དེའི་དངོས་པོ་ནི་རྐྱེན་འདི་ཉིད་དོ། །གང་གིས་གང་གི་འབྲས ་བུ་དེ་ཉིད་ཁོང་དུ་ཆུད་པར་བྱེད་པ་དེ་ནི་རྐྱེན་དེའི་འབྲས་བུའོ། །དེ་ནི་འདི་སྐད་དུ་རྐྱེན་འདི་ཡོད་ན་འབྲས་བུ་འདི་འབྱུང་ངོ་ཞེས་བསྟན་པར་འགྱུར་ཏེ། དེ་ཙམ་ལ་རྟེན་ཅིང་འགྲེལ་པར་འབྱུང་བའི་སྩལ?་བརྗོད་པར་འདོད་དོ། །དེ་ལ་སྒྲ ་བསྒྲུབ་པ་ནི་ཅི་དགར་ཟད་དེ། དོན་དུ་འག?་བ་བ་མེད་དོ། །ད་ཅིའི་ཕྱིར་འདི་རྒྱུ་དང་བཅས་པར་བཤད་སྙམ་པ་ལ་དེ་ལ་བྱུང་ཡང་རུང། ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཆོས་ཉིད་འདི་ཞེས་བྱ་བ་ནི་རྟེན་ཅིང་འབྲེལ་པར་འབྱུང་བའི་ཆོས་ཉིད་དོ། །ཆོས་གནས ་པ་ཉིད་ཅེས་བྱ་བ་ལ་སོགས་པ་ནི་རྣམ་གྲངས་སུ་གཏོགས་པ་སྟེ། ཁ་ཅིག་གང་གིས་དོན་རྟོགས་པར་འགྱུར་བའི་སྐྱེ?་བོ་ཉེ་བར་གནས་པ་མཛའ་དག་ལ་ཕན་གདགས་པའི་ཕྱིར་རྣམ་གྲངས་སུ་བརྗོད་དོ། །གནས་པ་ཁོ་ན་གནས་པ་ཉིད་དེ་གནས་པར་གནས ་ཞེས་བྱ་བར་ཟད་དོ། །ཆོས་ངེས་པར་གྱུར་པ་ཉིད་ཅེས་བྱ་བ་ནི་མི་འགྱུར་བ་ཁོ་ན་ཏེ། སོ་སོ་དེས་པའི་རྒྱུ་ལ་བལྟོས་པ་དང་བཅས་པ་ཞེས་བྱ་བའི་ཐ་ཚིག་གོ་།རྟེན་ཅིང་འབྲེལ་པར་འབྱུང་བར་མཐུན་པ་ཞེས་བྱ་བ་ནི་ནམ་ཡང་རྒྱུ་དང་རྐྱེན་ལ་མ་བརྟེན ་པར་འབྱུང་བ་གང་ཡང་མེད་དེ། རྟག་ཏུ་རྒྱུ་དང་རྐྱེན་ལ་བལྟོས་པ་དང་བཅས་པའོ། །ཞེས་བྱ་བའི་ཐ་ཚིག་གོ་།དེ་བཞིན་ཉིད་ནི་དེ་ལྟ་བུ་ཁོ་ན་བསྒོམ་པའོ། །ཡང་ན་དེ་བཞིན་ཉིད་ཁོང་དུ་ཆུད་པར་འགྱུར་བའི་རྒྱུ་ཡིན་པའི་ཕྱིར་རོ། །མ་ནོར་བ་དེ ་བཞིན་ཉིད་ཅེས་པ་ནི་ལོག་པ་ཉིད་དགག་པའི་ཕྱིར་རོ། །གཞན་མ་ཡིན་པ་དེ་བཞིན་ཉིད་ཅེས་བྱ་བ་ནི་གྱ་གྱུ་སྤང་པའི་ཕྱིར་ཏེ། གལ་ཏེ་དངོས་པོ་ལ་ལ་ཞིག་རྟེན་ཅིང་འབྲེལ་པ་མ་ཡིན་པར་གྱུར་ན་དེའི་ཆེ་གྱ་གྱུར་འགྱུར་རོ། །དེ་ནི་མེད་དེ། ་དངོས་པོ་ཐམས་ཅད་རྟེན་ཅིང་འབྲེལ་པར་འབྱུང་བའི་ཕྱིར་རོ། །ཡང་དག་པ་ཉིད་ཅེས་བྱ་བ་ནི་ཚད་མ་དད་ལྡན་པ་སྟེ། མི་སླུ་བའི་ཕྱིར་རོ། །བདེན་པ་ཁོ་ན་ཞེས་བྱ་བ་ནི་འཕགས་པའི་བདེན་པར་གཏོགས་པའི་ཕྱིར་རོ། །མ་ནོར་བ་ཉིད་ཅེས་བྱ་བ་ནི་ཕྱིན་ཅི ་ལོག་ཏུ་མ་བརྟགས་པའི་ཕྱིར་རོ། །ཕྱིན་ཅི་མ་ལོག་པ་ཉིད་ཅེས་བྱ་བ་ནི་ཡང་དག་པའི་ཡེ་ཤེས་ཀྱི་ཡུལ་ཡིན་པའི་ཕྱིར་རོ། །ཡང་ན་ཚིག་སྔ་མ་སྔ་མ་དག་ཕྱི་མ་ཕྱི་མས་བཤད་པར་སྦྱར་རོ། །གཉིས་ཀྱི་ཕྱིར་ཞེས་བྱ་བ་ལ་སོགས་པས་ནི་མཚན ་ཉིད་གཉིས་པ་སྟོན་ཏོ། །འབྲེལ་པ་ནི་དེ་ལ་རག་ལུས་ནས་འབྱུང་བ་སྟེ། མི་རྟག་པ་དུ་མའི་རྒྱུ་བསྟན་པ་འདིས་ནི་རྟག་པ་གཅིག་པུ་ཞེས་བྱ་བ་མི་མཐུན་པའི་རྒྱུ་སེལ་ཏོ། །འདི་ལ་རྒྱུ་ནི་ལེན་པའི་རྒྱུ་སྟེ། ཐུན་མོང་མ ་ཡིན་པའི་ཕྱིར་རོ། །རྐྱེན་རྣམས་ནི་ལྷན་ཅིག་བྱེད་པའི་རྒྱུར་འདོད་དེ། ཐུན་མོང་བའི་ཕྱིར་རོ། །མཚན་ཉིད་གསུམ་པ་བསྟན་པའི་ཕྱིར། དེ་ཡང་ཕྱིའི་དང་ནང་གི་རྣམ་པ་གཉིས་སུ་བལྟའོ་ཞེས་བྱ་བ་གསུངས་ཏེ། དེ་ཡང་ཞེས་བྱ་བ་ནི་?་སྐྱེན? ་དང་འབྲེལ་པའི་རྟེན་ཅིང་འབྲེལ་པར་འབྱུང་བའོ། །དེ་ལ་བྱིས་བ་རྣམས་ནང་གི་སྐྱེ་མཆོད་རྣམས་ལ་ནི་བདག་ཏུ་མངོན་པར་ཞེ་ན། ཕྱིའི་སྐྱེ་མཆེད་རྣམས་ལ་ནི་བདག་གིར་མངོན་པར་ཞེན་ཏེ། གཉི་ག་ལ་མངོན་པར་ཞེན་པ་སྤང་བའི་ཕྱིར ་རྟེན་ཅིང་འབྲལ་པར་འབྱུང་བ་རྣམ་པ་གཉིས་སུ་བསྟན་ཏེ། བདག་མེད་པ་དང། རྟེན་ཅིང་འབྲེལ་པར་འབྱུང་བའི་ཕྱི་ནང་མཚུངས་པའི་ཕྱིར་རོ། །བདག་ཡོད་ན་ནི་ཕྱི་དང་ནང་གི་རྟེན་ཅིང་འབྲེལ་པར་འབྱུང་བར་མི་རུང་སྟེ། བདག་བྱིན ་གྱིས་རློབ་པ་རྟག་ཏུ་ཉེ་བར་གནས་པ་དང། དེའི་རང་བཞིན་དུ་གྱུར་པས་དེ་བཞིན་དུ་རྟག་ཏུ་ཡོད་པར་འགྱུར་རོ། །འདི་ལྟ་སྟེ། ས་བོན་ལས་མྱུ་གུ་ཞེས་བྱ་བ་ལ་སོགས་པས་ནི་ཕྱི་རོལ་གྱི་རྟེན་ཅིང་འབྲེལ་པར་འབྱུང་པའི་མཚན་ཉིད ་བཞི་པ་སྟོན་ཏེ། ས་བོན་ལ་སོགས་པ་སོ་སོར་ངེས་པའི་རྒྱུར་བརྗོད་པའོ?་ཕྱིར་རོ། །རྒྱུ་འདི་རྗེས་སུ་འགྲོ་བ་དང་ལྡོག་པ་གཉིས་ཀྱིས་ནུས་པར་བསྟན་པའི་ཕྱིར་རོ། །དེའི་ཐམས་ཅད་ལས་ཐམས་ཅད་སྐྱེ་བར་མི་འགྱུར་ཏེ། ནུས་པ་སོ་སོར་ངེས ་པའི་ཕྱིར་རོ་ཞེས་དགོངས་པའོ། །རྟག་པ་ལ་ནི་རྗེས་སུ་འགྲོ་བ་དང། ལྡོག་པ་མེད་པས་དེའི་ཕྱིར་གང་དག་རྟག་པ་ནུས་པ་མེད་པ་ལས་འབྲས་བུ་འབྱུང་བར་བརྗོད་པ་དེ་དག་བསལ་ཏོ། །དེ་ལ་ས་བོན་ནི་འདི་སྙམ་དུ་བདག་གིས་མྱུ་གུ ་མངོན་པར་སྒྲུབ་པོ་སྙམ་དུ་མི་སེམས་སོ་ཞེས་བྱ་བ་ལ་སོགས་པས་ནི་མཚན་ཉིད་ལྔ་ལ་སྟོན་ཏོ། །འོན་ཀྱང་ཞེས་བྱ་བ་ལ་སོགས་པས་ནི་དངོས་པོ་རྣམས་ཀྱི་རྒྱུ་ཡོད་ཀྱི་ཕྱེད་པ་མེད་པར་བསྟན་པར་འགྱུར་རོ། །བྱེད་པ་རྒྱུ་ཡིན་ན་དངོས་པོ་? ་པ་མེད་པར་འགྱུར་ཏེ། ཕན་པ་མེད་པའི་ཕྱིར་རོ། །ཕན་ན་ཡང་གལ་ཏེ་དེ་བདག་ཡོང་བ་ཙམ་གྱིས་བྱེད་པ་ལ་ཕན་པར་བྱེད་ན་ནི་འབྲས་བུ་ལ་ཡང་ཅིའི་ཕྱིར་དེ་བཞིན་དུ་ཕན་པར་མི་བྱེད། ཅི་སྟེ་བྱེད་པ་གཞན་གྱིས་སྐྱེད་ན་ནི་དེའི་ཚེ་དེ་ཡང་དེ ་དང་འབྲེལ་པ་མེད་པར་འགྱུར་རོ། །གལ་ཏེ་བྱེད་པ་ཡང་ནུས་པ་སོ་སོར་ངེས་པས་བདག་ཡོད་པ་ཅམ?་གྱིས་འབྲས་བུ་བསྐྱེད་ན་ནི་དངོས་པོས་ཀྱང་དེ་བཞིན་དུ་ཅིའི་ཕྱིར་མི་སྐྱེད། ཇི་སྟེ་བྱེད་པ་གཞན་གྱིས་ཞེ་ན། འོ་ན་ནི་བྱེད་པ་ལ་ཐུགས ་པ་མེད?་པར་འགྱུར་རོ། །དེ་བས་ཆོས་ཐམས་ཅད་བྱེད་པ་མེད་ཞེས་བྱ་བ་བཅོམ་ལྡན་འདས་ཀྱིས་བཀའ་དེ་རིགས་སོ། །དེས་ནི་གང་དག་བྱེད་པ་དང་བཅས་པའི་རྒྱུར་འདོད་པ་དེ་དག་བསལ་ཏོ། །དེ་ལ་སའི་ཁམས་ནི་ས་བོན་བརྟེན་པའི ་བྱ་བ་བྱེད་དོ་ཞེས་བྱ་བ་ལ་སོགས་པས་ནི་ས་ལ་སོགས་པའི་སྦྱོར་བ་བསྟན་པས་ནུས་པ་བརྗོད་པའི་ཕྱིར་མཚན་ཉིད་བཞི་བསྟན་ཏོ། །འདི་ལས་ཉིད་སའི་ཁམས་ཏེ། ཁ་དོག་དང་དབྱིབས་ཀྱི་རང་བཞིན་དུ་བལྟའོ། །ཆུའི་ཁམས ་ནི་གཤེར་པའི་རང་བཞིན་།མེའི་ཁམས་ནི་ཚ་བའི་རང་བཞིན། རླུང་གི་ཁམས་ནི་གཡོ་བའི་རང་བཞིན་ཏེ། དེ་ནི་མྱུ་གུ་མངོན?་པར་འགྲུབ་པར་བྱེད་དོ། །ནམ་མཁའ་ཨི་ཁམས་ནི་ནང་སྦུ་གུ་སྟེང་རེག་བྱ་མེད་པ་སྟེ། དེ་ཡང་སྣང་བ་དང་མུན་པའི ་རང་བཞིན་དུ་ལྟའོ། །དུས་ཀྱང་ས་ལ་སོགས་པའི་གནས་སྐབས་ཀྱི་བྱེ་བྲག་གིས་རབ་ཏུ་ཕྱེ་བ་ཉིད་དུས་ཀྱི་བྱེ་བྲག་ཏུ་དགོངས་པའོ། །སའི་ཁམས་ཀྱང་འདི་སྙམ་དུ་བདག་གིས་ས་བོན་བརྟེན་པའི་བྱ་བ་བྱའོ་སྙམ་བུ་མི་སེམས་སོ་ཞེས ་བྱ་བ་ལ་སོགས་པས་ནི་མཚན་ཉིད་ལྔ་པ་སྟོན་ཏེ། དེ་ལྟར་མཚན་ཉིད་རྣམ་པ་ལྔ་བསྟན་པས་རྗེས་སུ་འགྲོ་བའི་སྒོ་ནས་མུ་སྟེགས་ཅན་གྱི་ལྟ་བ་བསལ་ནས། ལྡོག་པའི་སྒོ་ནས་བསལ་བའི་ཕྱིར། མྱུ་གུ་དེ ་ཡང་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །བདག་གིས་མ་བྱས་ཞེས་བྱ་བ་ནི་གང་དག་ངོ་བོ་ཉིད་ཁོ་ན་རྒྱུར་སྨྲ་བ་དེའི་འདོད་པ་སེལ་ཏོ། །ངོ་བོ་ཉིད་ནི་ཡོད་པ་དང། མེད་པ་ལས་བདག་ཉིད་རྒྱུར་མི་འཐད་དེ། དོན་མེད་པ་དང་མི་ནུས་པའི ་ཕྱིར་རོ། །གཞན་གྱི་མ་བྱས་ཞེས་བྱ་པ་ནི་བྱེད་པ་ཅན་གཞན་གང་གིས་ཀྱང་བློ་སྔོན་དུ་བཏད་ནས་མི་བྱེད་པའི་ཕྱིར་ཏེ། ཇི་སྐད་བསྟན་པའི་རིགས་པས་ཆོས་ཐམས་ཅད་ནི་བྱེད་པ་མེད་པའི་ཕྱིར་རོ། །གཉིས་ཀས་བྱས་སོ་ཞེས་བྱ་བ་ནི་བདག ་དང་གཞན་གྱིས་མ་བྱས་པའོ། །དབང་ཕྱུག་གིས་མ་བྱས་ཞེས་བྱ་བ་ནི། དབང་ཕྱུག་ཏུ་སྨྲ་པའི་འདོད་པ་སེལ་བ་སྟེ། དངོས་པོ་རྣམས་ཀྱི་རྒྱུ་དབང་ཕྱུག་ལ་སོགས་པ་རྟག་པ་ནི་རེས་འགའ་འབྱུང་ན་མི་འཐད་དེ། རྒྱུ་མ་ཚང་བ་མེད་པའི་ཕྱིར ་རོ། བརྟག་པ་ནི་གཞན་ལ་སྡོང་པ་མེད་དེ། གཞན་གྱིས་དེ་ལ་བསྡད་མི་དགོས་པའི་ཕྱིར་རོ། །རྒྱུ་དང་རྐྱེན་དེ་དག་གི་རྒྱུ་ཡང་དབང་ཕྱུག་ལ་སོགས་པ་ཡིན་ན་ནི་མ་ཚང་བར་མི་རུང་པའི་ཕྱིར་རོ། །དེའི་ཕྱིར་རེས་འགའ་འབྱུང་བས་དབང་ཕྱུག ་གིས་བྱས་པ་མ་ཡིན་པར་དགོངས་པའོ། །དུས་ཀྱིས་ཀྱང་མ་བྱས་སོ། །གྲངས་ཅན་གྱིས་བརྟགས་པའི་རང་བཞིན་ལས་མ་བྱུང་ངོ། །འདི་དག་ཐམས་ཅད་ཀྱིས་ནི་མི་མཐུན་པའི་རྒྱུ་བསལ་ཏོ། །ཚིག་ཐམས་ཅད་ནི་རྒྱུ་མེད་པ་སེལ་ཏེ། རྒྱུ ་མེད་ན་ནི་བལྟོས་པ་མེད་པའི་ཕྱིར་རེས་འགའ་འབྱུང་བ་ཡང་མི་འཐད་དོ། །རྟེན་ཅིང་འབྲེལ་པར་འབྱུང་པའི་མཚན་ཉིད་རྣམ་པ་ལྔ་པོ་འདིས་ནི་རྟག་པར་ལྟ་བ་ལ་སོགས་པ་བསལ་ཏོ་ཞེས་བསྟན་པའི་ཕྱིར་རྣམ་པ་ལྔར་བལྟ་སྟེ། ཞེས་བྱ་བ་གསུངས ་ཏེ། རྣམ་པ་ལྔ་ཞེས་བྱ་བའི་ཐ་ཚིག་གོ་།རྒྱུ་དང་འབྲས་བུ་ཤིན་ཏུ་ཐ་དད་པས་རྣམ་པ་གཅིག་པུའི་རང་བཞིན་མ་ཡིན་ནོ། །གཞན་དུ་ན་འདི་ནི་འབྲས་བུའོ། །འདི་ནི་རྒྱུའོ་ཞེས་བྱེ་བྲག་རྣམ་པར་གཞག་པ་ཡང་མེད་པར་འགྱུར་རོ། །འདས་པ་དང་དུས་མཉམ་པའི ་རྒྱུ་ལས་ཀྱང་འབྲས་བུ་མི་འབྱུང་སྟེ་ད་ལྟར་ལས་སོ། །སྐད་ཅིག་པའི་ཕྱིར་འབྲས་བུ་སྐྱེ་བའི་དུས་ན་རྒྱུ་མི་གནས་པ་དུས་མཉམ་པ་ལས་མི་འབྱུང་སྟེ། ཐལ་པར་འགྱུར་རོ། །དེས་ན་རྒྱུ་དང་འབྲས་བུའི་རྒྱུན་མི་འཆད་བས་ཆད་པ་མ་ཡིན་ནོ། །རྒྱུ་དང་འབྲས ་བུ་མི་འདྲ་བས་འཕྲོ་བར་མ་ཡིན་ནོ། །འདིས་ནི་གང་དག་གི་རྒྱུའི་རང་བཞིན་འཕོས་ནས་འབྲས་བུ་འབྱུང་བར་འདོད་པ་དེ་དག་བསལ་ཏོ། །ཤིང་ནྱ་གྲོ་དྷའི་ས་བོན་ལ་སོགས་པ་ཆུང་དུ་ལས་སྡོང་པོ་དང་ཡལ་ག་དང་ལོ་མ་ལ་སོགས་པ་ཆེ་ཞིང་མང་དུ་སྣང ་བའི་ཕྱིར་དེས་ས་བོན་ཆུང་ངུ་ལས་འབྲས་བུ་ཆེན་པོ་མངོན་པར་འགྲུབ་པས་སྐྱེས་བུ་བྱེད་པ་དོན་མེད་པ་མ་ཡིན་པར་དགོངས་པའོ། །ས་བོན་ཇི་ལྟ་བུ་བཏབ་པ་དེ་ལྟ་བུའི་འབྲས་བུ་མངོན་པར་འགྲུབ་ཅེས་བྱ་བ་ནི་འདི་ལྟ་སྟེ། འབྲས་ས་ལུའི་ས་བོན ་ལས་འབྲས་ས་ལུའི་འབྲས་བུ་ཉིད་འབྱུང་བར་འགྱུར་ཏེ། གཞན་དུ་མ་ཡིན་ནོ། །འདིས་ཀྱང་འབྲས་བུ་དང། ས་བོན་མ་ལོག་པས་ན་སྐྱེས་བུའི་བྱེད་པ་དོན་ཡོད་པར་བསྟན་ཏོ། །རྒྱུ་གཉིས་ཀྱིས་ན་སྐྱེས་བུའི་བྱེད་པ་དོན་ཡོད་པ་མ་ཡིན་ཏེ། མཉཾ ་པ་འམ་འབྲས་བུ་ཆུང་དུ་མངོན་པར་འགྲུབ་པ་དང། འབྲས་བུ་ལོག་པར་འགྲུབ་པའོ། །དེའི་ཕྱིར་འབྲས་བུ་ཆེན་པོ་དང། འབྲས་བུ་འདྲ་བར་འགྲུབ་པས་སྐྱེས་བུ་བྱེད་པ་དོན་མ་ཡིན་པར་བསྟན་པ་ཡིན་ནོ། །ནང་གི་རྟེན་ཅིང་འབྲེལ་པར་འབྱུང ་བ་ཡང་གཉིས་ཀྱི་ཕྱིར་ཞེས་བྱ་བ་འདིས་ནི་མི་རྟག་པ་དུ་པའི་རྒྱུ་ལས་བྱུང་བའི་མཚན་ཉིད་བསྟན་ཏོ། །གང་འདི་མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་ཞེས་བྱ་བ་ལ་སོགས་པས་ནི་ནུས་པའི་རྐྱེན་ལས་བྱུང་བའི་མཆན་ཉིད་བསྟན་ཏོ། །དབེན? ་མ་རིག་པ་ཡང་འདི་སྙམ་དུ་བདག་གིས་འདུ་བྱེད་རྣམས་མངོན་པར་གྲུབ་པོ་སྙམ་དུ་མི་སེམས་སོ་ཞེས་བྱ་བ་ལ་སོགས་པ་ནི་བྱེད་པ་མེད་པའི་རྐྱེན་ལས་བྱུང་པའི་མཚན་ཉིད་བསྟན་ཏོ་།རྐྱེན་རྣམས་ལ་ཡང་དེ་བཞིན ་དུ་སྦྱར་རོ། །འདུས་ནས་ཞེས་བྱ་བ་ནི་རྡུལ་ཕྲ་རབ་རྣམས་ཕན་ཆུན་འབྲེལ་པའི་ཕྱིར་རོ། །འཐུངས་པ་ནི་ངོམས་པའོ། །ཟོས་པ་ནི་བཟའ་པའོ། །འཆོས་པ་ནི་བཅའ་པའོ། །འདིར་ཡངས་ལ་སོགས་པའི་བྱེད་པའི་མཚན་ཉིད་བསྟན་ཏོ།། ་རྣམ་བར་ཤེས་པའི་ཁམས་ནི་བསྡུས་པས་ཀྱང་ངོ། །འདིར་ཡང་ནང་ནི་སྦུ་གུ་དང། སྣང་བ་དང། མུན་པའི་རང་བཞིན་ནི་ནམ་མཁའ་ཨི་ཁམས་སུ་དགོངས་སོ། །མིང་དང་གཟུགས་ཀྱིས་མྱུ་གུ་མངོན་པར་སྒྲུབ་པར་བྱེད་པ་ནི་རྣམ་པར་ཤེས་པའི་ཁམS ་སོ་ཞེས་བྱ་བ་སྦྱར། །དེ་ཡང་རྣམ་བར་ཤེས་པའི་ཚོགས་ལྔས་བསྡུས་པའི་རྣམ་པར་ཤེས་པ་གང་ཡིན་པ་དང། ཟག་པ་དང་བཅས་པའི་རྣམ་པར་ཤེས་པའི་མདུང་ཁྱིམ་ལྟར་གཅིག་ཏུ་བསྡུས་ལ་རྣམ་པར་ཤེས་པའི་ཁམས་ཞེས ་སྦྱར་ཏེ། སྐྱེ་བའི་རྒྱུ་ཡིན་པའི་ཕྱིར་རོ། །རྣམ་པར་ཤེས་པའི་ཚོགས་ལྔ་ནི་ཟག་པ་དང་བཅས་པ་སྟེ། འགྲུལ་པ་མེད་པའི་ཕྱིར་དེ་ལྟར་བྱེ་བྲག་ཏུ་མ་བྱས་སོ། །ཅིའི་ཕྱིར་ས་ལ་སོགས་པ་འདི་སྙམ་དུ་བདག་ཅག་ལུས་ཀྱི་སྲ་པ་ལ་སོགས་པ ་མངོན་པར་འགྲུབ་པར་མི་སེམས་སྙམ་པ་ལ། དེ་ལ་སའི་ཁམས་ནི་བདག་མ་ཡིན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །བདག་ལ་སོགས་པ་ཐམས་ཅད་ནི་རྣམ་གྲངས་ཏེ། གྲུབ་པའི་མཛའ་ཐ་དད་པས་བརྟགས་པ་དག་གོ། ད་དང་དའི ་ཞེས་རློམ་སེམས་པ་ནི་བདག་གོ་།དེ་ཉིད་འགྲོ་བ་དེ་དང་དེར་འབྱུང་བས་ན་སེམས་ཅན་ནོ། །ཚེའི་མཛའ་ཨི་བར་དུ་འཚོ་བས་ན་སྲོག་གོ། འབྱུང་བས་ན་སྐྱེ་བ་པོའོ། །ཤིང་ལས་བྱུང་བས་ན་ཤེད་ལས་སྐྱེས་སོ། །ཤེད་ཀྱི་བུ་ཡིན་པས་ན་ཤེད་བུའོ། །དེ་ལ ་སའི་ཁམས་ནི་དའི་ང་རྒྱལ་དང་བྲལ་བས་ན་བདག་མ་ཡིན་ནོ། །འགྲོ་བ་ལ་སོགས་པའི་བྱེད་པ་དང་བྲལ་བའི་ཕྱིར་སེམས་ཅན་མ་ཡིན་ནོ། །སྐད་ཅིག་པའི་ཕྱིར་སྲོག་མ་ཡིན་ནོ། །བསྐྱེད་པར་བྱ་པའི་སྐྱེ་བའི་ཕྱེད་པ་དང་བྲལ་བའི་ཕྱིར་སྐྱེ་བ་པོས? ་ཡིན་ནོ། །ལས་ལས་སྐྱེས་པའི་ཕྱིར་ཤེད་ལས་སྐྱེས་པ་མ་ཡིན་ནོ། །སྐྱེད་པའི་ཤེད་མེད་པས་ཤེད་བུ་མ་ཡིན་ནོ། །བུད་མེད་དང་སྐྱེས་ལ་དང། མ་ནིང་བདག་ཉིད་ཀྱི་བདག་གཞན་མེད་པས་བུད་མེད་མ་ཡིན། སྐྱེས་པ་མ་ཡིན། མ་ནིང་ས་ཡིན་ཏེ ་བུད་མེད་ལ་སོགས་པ་ནི་ས་ལ་སོགས་པ་གནས་པའི་བྱེ་བག་ཙམ་ལ་བརྟགས་པའི་ཕྱིར་རོ། །ད་མ་ཡིན་བདག་མ་ཡིན་ཞེས་བྱ་བ་ནི་བདག་དང་བདག་གིས་བརྟགས་པ་དང་བྲལ་བའི་ཕྱིར་རོ། །གཞན་སུ་ཡི་ཡང་མ་ཡིན་ཞེས་བྱ་བ་ནི་དབང་ཕྱུག་ལ ་སོགས་པ་བདག་པོ་མེད་པའི་ཕྱིར་རོ། །དེའི་ཕྱིར་ཆོས་ཐམས་ཅད་ལ་བདག་དང་བདག་གི་མེད་པས་བྱེད་པར་ཇི་ལྟར་འགྱུར་ཞེས་དགོངས་པའོ། །སྔར་ཡོངས་སུ་ཤེས་བྱ་བའི་དངོས་པོའི་རང་བཞིན་ནི་བསྟན་ན་དེའི་མཚན་ཉིད་མ་ཤེས་པས་དེའི ་ཕྱིར་དེ་ལ་རིག་པ་གང་ཞེ་ན་ཞེས་དྲིས་སོ། །འདིར་ཡང་མཚན་ཉིད་རྣམ་པ་ལྔར་གསུངས་ཏེ། རང་གི་མཚན་ཉིད་དང། ངེས་པའི་ཚིག་གི་མཚན་ཉིད་དང། ཡན་ལག་གི་མཚམས་སྦྱོར་པའི་མཚན་ཉིད་དང། མཛའ་གཉིས་དང་བྲལ ་བའི་མཚན་ཉིད་དང། །རྒྱུ་བསྡུ་བའི་མཚན་ཉིད་དོ། །གང་ཁམས་དྲུག་པོ་ཐ་དད་པ་ལ་ཐ་དད་པ་མ་ཡིན་པར་འདུ་ཤེས་པ་དེ་ནི་གཅིག་པུར་འདུ་ཤེས་པའོ། །རྡུལ་ཐ་དད་པའི་ལུས་ལ་གང་གཅིག་ཏུ་འཛིན་པ་དེ་ནི་རིལ་པོར་འདུ་ཤེས་པའོ།། ་སྐད་ཅིག་སོ་སོ་གཞན་དུ་གྱུར་ཀྱང་གང་དུས་གཞན་ན་ཡང་འཇུག་པར་མི་འཛིན་པ་དེ་ནི་རྟག་པར་འདུ་ཤེས་པའོ། །མ་བྱུང་བ་ལས་འབྱུང་བ་ལ་གང་ཡོད་པ་དེ་ཉིད་ལས་སྐྱེས་བར་འཛིན་པ་དེ་ནི་བརྟན་པར་འདུ་ཤེས་པའོ། །བྱུང་ན་མེད ་པར་གྱུར་པ་ལ་ཡང་འདས་པའི་དུས་སུ་འཕོས་པས་འཛིན་པ་གང་ཡིན་པ་དེ་ནི་ཐེར་ཟུག་ཏུ་འདུ་ཤེས་པའོ། །སྡུག་བསྔལ་གསུམ་དང་ལྡན་ཡང་གང་གཅིག་ཏུ་སྡུག་པའི་ངོ་བོར་འཛིན་པ་དེ་ནི་བདེ་བར་འདུ་ཤེས་པའོ།། ་འདུ་ཤེས་དེ་དག་ནི་བདག་ལ་སོགས་པར་འདུ་ཤེས་པའི་རྒྱུ་ཡིན་པས་དེའི་ཕྱིར་སྔར་བསྟན་ཏོ། །འདི་ལྟ་བུ་ལ་སོགས་པ་མི་ཤེས་པ་རྣམ་པ་སྣ་ཚོགས་ཤེས་བྱ་བ་དེས་ནི་བདག་ཏུ་ལྟ་བ་ལ་སོགས་པ་ཉོན་མོངས་པའི་ཚོགས་ཐམས་ཅད ་ཀྱང་ཕྱིན་ཅི་ལོག་གི་རྣམ་པ་ལས་བྱུང་བའི་ཕྱིར་མ་རིག་པའི་རང་བཞིན་ཏོ། དེའི་ཕྱོགས་གཅིག་ཏུ་གྱུར་པ་ནི་འདོད་ཆགས་ལ་སོགས་པའོ་ཞེས་དེ་སྟོན་ཏོ། །འདོད་ཆགས་དང། ཞེ་སྡང་དང། གཏི་མུག་གིས་བསྐྱོད་པའི་ཕྱིར་ལུས ་དང། ངག་དང། ཡིད་ཀྱི་ལས་འདི་ཉིད་ལ་འདོད་ཆགས་དང། ཞེ་སྡང་དང། གཏི་མུག་ཅེས་གསུངས་ཏེ། བཏགས་པའི་ཕྱིར་རོ། །མངོན་པར་ཆགས་པ་དང་བཅས་ཞེས་བྱ་བ་ནི་བུ་དང་ཆུང་མ་ལ་སོགས་པ་འདོད་པའོ། །འདི་ལྟ་བུ་ལ་སོགས ་པ་ཞེས་བྱ་བ་ནི་གང་དག་ལུས་དང་སེམས་འཁྲུགས་པར་གྱུར་པ་རྒྱལ་པོའི་ཞ་འབྲིང་བྱེད་པ་དང། ཚོད་བྱེད་པ་ལ་སོགས་པའོ། །ལྷག་མ་ནི་གོ་སླ་བས་མ་བཤད་དོ། །དེ་ལ་མུན་པ་ཆེན་པོའི་ཕྱིར་མ་རིག་པའོ་ཞེས་བྱ་བ་ལ་སོགས་པས ་ནི་ངེས་པའི་ཚིག་གི་མཚན་ཉིད་སྟོན་ཏོ། །དེ་ཁོ་ན་མེད་པ་བཞིན་དུ་བྱེད་པས་ནམ་རིག་པའོ། །མངོན་པར་འདུ་བྱེད་པའི་ཕྱིར་ཞེས་བྱ་བ་ནི་ཡང་སྲིད་པ་མངོན་པར་འདུ་བྱེད་པའི་ཕྱིར་རོ། །རྣམ་པར་རིག་པའི་ཕྱིར་ཞེས་བྱ་བ་ནི་རྣམ་པར་ཤེས ་པར་བྱེད་པའི་ཕྱིར་རོ། །བརྟེན་པའི་ཕྱིར་ཞེས་བྱ་བ་ནི་སྲིད་པའི་དབང་གིས་འདི་ལ་རྣམ་པར་ཤེས་པ་གཤོལ་བ་དང། གཟུགས་སུ་རུང་བས་ན་གོ་རིམ་བཞིན་དུ་མིང་དང་གཟུགས་སོ། །དེའི་ཕྱིར་མེད་སྡེ་ལས་ཀྱང། རྣམ་པར་ཤེས་པ་གནས་པ? ་བཞི་གསུངས་ཏེ། གཟུགས་ལ་ཉེ་བར་སོང་བའི་རྣམ་པར་ཤེས་པ་དང། ཚོལ་བ་ལ་ཉེ་བར་སོང་བ་དང། འདུ་ཤེས་པ་ཉེ་བར་སོང་བ་དང། འདུ་བྱེད་ལ་ཉེ་བར་སོར་བསྟན་རྣམ་པར་ཤེས་པ་ནི་སྐད་ཅིག་བྱང་མི་བརྟེན་པར་གནས་པ་མེད་ངོ ་ཞེས་གསུངས་པའི་ཕྱིར་རོ། །སྐྱོ་བའི་ཕྱིར་ཞེས་བྱ་བ་ནི་རྣམ་པར་ཤེས་པ་སྐྱ་ཞིང་འཕེལ་བར་བྱེད་པས་སྐྱེ་མཆེད་དེ། སྐྱེ་མཆེད་དྲུག་འདུས་པས་སྐྱེ་མཆེད་དྲུག་གོ་།རིག་པའི་ཕྱིར་ཞེས་བྱ་བ་ནི་དེའི་སྟོབས་ཀྱིས་ཡུལ་དང་དབང་པོ་དང་རྣམ་པར་ཤེས་པ ་རྣམས་ཕན་ཚུན་འདུས་ཤིང་རིག་པ་དང་མཚུངས་པའི་ཕྱིར་རོ། །མྱོང་བའི་ཕྱིར་ཞེས་བྱ་བ་ནི་འདིས་སྔོན་གྱི་ལས་ཀྱི་འབྲས་བུ་ཚར་ཞིང་མྱོང་བར་བྱེད་པས་ན་ཚོར་བའོ། །སྐོམ་པའི་ཕྱིར་ཞེས་བྱ་བ་ནི་དེས་ཡང་སྲིད་པ་ལ་སོགས་པ་འདོད་ཅིང་སྐོམ ་པས་སྲེད་པའོ། །ཉེ་བར་ལེན་པའི་ཕྱིར་ཞེས་བྱ་བ་ནི་ཡང་སྲིད་པ་འཛིན་ཅིང་ལེན་པ་སྟེ། འདོད་པ་དང་ལྟ་བ་དང། ཚུལ་ཁྲིམས་དང། བརྟུལ་ཞུགས་དང། བདག་ཏུ་སྨྲ་བ་ལ་མངོན་པར་ཞེས་ནི་ལེན་པའོ། །ཡང་སྲིད་པ་སྐྱེད་པའི་ཕྱི་ཞེས ་བྱ་བ་ནི་དེ་ལ་སྐྱེ་བ་འབྱུང་བས་ན་སྲིད་པའོ། །ལྷག་མ་རྣམས་ནི་བརྡ་ཕྲད་པར་སྨྲ་བས་མ་བཤད་དོ། །གང་ཟག་ལ་བདག་མེད་པ་ལག་པར་ཁོང་དུ་ཆུད་པའི་ཕྱིར་མ་རིག་པ་ལ་སོགས་པའི་མཚན་ཉིད་དང་པོ་བསྟན་ཏོ། །ད་ནི་བདག་མེད ་པ་གཉི་ག་ལོག་པར་ཁོང་དུ་ཆུད་པ་ལ་ཡན་ལག་གི་མཆམས་སྦྱོར་བའི་མཚན་ཉིད་གཞན་ཡང་ཞེས་བྱ་བ་གསུངས་ཏེ། གང་ཟག་གང་དང་ཆོས་ལ་བདག་མེད་པའི་མཚན་ཉིད་ཀྱི་དེ་ཁོ་ན་མི་རྟོགས་པ་དེ་ནི་མ་རིག་པའོ། །དེ་ཡང ་ཤེས་པ་མེད་པ་ཉིད་ནི་མ་ཡིན་མོད་ཀྱི། ཕྱིར་ཅི་ལོག་གི་ཚུལ་གྱིས་ཤེས་མས་ན་མི་ཤེས་པ་ཞེས་བརྗོད་པར་འདོད་དེ། །ལོག་པར་ཤེས་པའོ་ཞེས་རྣམ་གྲངས་ཀྱིས་བསྟན་ཏེ། །དེས་གཟུགས་ལ་སོགས་པའི་ཆོས་ལ་མངོན ་པར་ཞེན་པ་ཡང་ལོག་པར་ཤེས་པའི་རང་བཞིན་ཡིན་པས་ན་མ་རིག་པ་ཞེས་གསུངས་པ་ཡིན་ནོ། །སྐབས་གཞན་ནས་ཀྱང་མི་ཤེས་པའི་སྒྲས་དེ་ཉིད་བརྗོད་དོ། །ཤེས་པ་མེད་པ་ཉིད་མ་ཡིན་པས་དེའི ་ཕྱིར་དོན་འདི་རྣམ་གྲངས་གཞན་དུ་སྟོན་ཏོ། །ཡན་ལག་གི་མཚམས་སྦྱོར་བསྟན་པའི་ཕྱིར་མ་རིག་པ་ཡོད་ན་ཞེས་བྱ་བ་གསུངས་ཏེ། བྱིས་བ་དག་བདག་ལ་སོགས་པར་ཕྱིན་ཅི་ལོག་ཏུ་མངོན་པར་ཞེན་པས་ཚེ་འདི་ལ་བདེ་བའི་ཕྱིར ་བསོད་ནམས་མ་ཡིན་པའི་ལས་མེད་དུ་བྱེད་ཕྱིས་བདེ་བའི་ཕྱིར་བསོད་ནམས་ཀྱི་ལས་ཀྱང་བྱེད། སྡུག་བསྔལ་ཡང་མེད་པ་དེ་བ་ཡང་མེད་པའི་ཕྱིར་མི་གཡོ་བའི་ལས་ཀྱང་བྱེད་པ་ནི་མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་སོ།། ་བསོད་ནམས་མ་ཡིན་པ་ནི་གཏི་མུག་ལས་བྱུང་བས་ནི་མ་རིག་པའི་རྐྱེན་ལས་བྱུང་བ་ཞེས་བྱ་བར་རིགས་ན་བསོད་ནམས་དང་མི་གཡོ་བའི་འདུ་བྱེད་དག་ནི་རྟག་ཏུ་མ་ཆགས་པ་ལ་སོགས་པའི་དགེ་བའི་རྩ་བ་ལས་བྱུང་བས་མ ་རིག་པའི་རྐྱེན་ལས་བྱུང་བར་ཇི་ལྟར་རིགས་ཤེ་ན། དེ་ཉེས་པ་མེད་དོ། །མ་རིག་པ་ནི་རྣམ་པ་གཉིས་ཏེ། རྒྱུ་དང་འབྲས་བུ་ལ་རྨོངས་པའི་མཚན་ཉིད་དང། དེ་ཁོ་ན་ལ་རྨོངས་པའི་མཚན་ཉིད་དོ། །དེ་ལ་རྒྱུ་དང་འབྲས་བུ་ལ་རྨོངས ་པའི་རྒྱུ་ལས་བྱུང་བའི་འདུ་བྱེད་རྣམས་ནི་བསོད་ནམས་མ་ཡིན་པ་ཉིད་དུ་འདོད་དེ། བསོད་ནམས་དང་མི་གཡོ་བ་ནི་མ་ཡིན་ནོ། །དེ་དག་ནི་དེ་ཁོ་ནའི་དོན་ལ་རྨོངས་པའི་རྒྱུ་ལས་བྱུང་བར་འདོད་དེ། བདག་བདེ་བར་གྱུར་ལ ་སྡུག་བསྔལ་བར་མ་གྱུར་ཅིག་ཅེས་མངོན་པར་ཞེན་ནས་དེ་མངོན་པར་འདུ་བྱེད་པའི་ཕྱིར་རོ། །དེ་བས་ན་རྒྱུ་དང་འབྲས་བུ་རྨོངས་པ་མ་ཡིན་པའི་རྒྱུ་ལས་བྱུང་ཡང་དེ་ཁོ་ནའི་དོན་ལ་རྨོངས་པའི་མཚན་ཉིད་ཀྱིས་མ་རིག ་པའི་རྐྱེན་ལས་བྱུང་བས་དེ་འགལ་བ་མེད་དོ། །དེ་ཁོ་ནའི་དོན་ལ་རྨོངས་པའི་རྒྱུ་ལས་བྱུང་བ་ཡང་ཡོད་ལ། རྒྱུ་དང་འབྲས་བུ་ལ་རྨོངས་པ་མ་ཡིན་པའི་མཚན་ཉིད་ལས་དགེ་བའི་རྩ་བ་འབྱུང་བ་མང་ཡོད་པས་མི་འགལ་ཏེ། དེ་ཉེས ་པ་མེད་དོ། །དེ་བས་ན་དེ་ཁོ་ན་ལ་ལོག་པར་ཤེས་པ་ནི་མ་རིག་པ་ཞེས་བྱའོ། །འདོད་པ་ན་སྤྱོད་པའི་ལས་རྒྱུའི་དངོས་པོས་འདོད་པའི་ཁམས་སུ་བསོད་ནམས་ཀྱིས་འགྲོ་བར་ཉེ་བར་འགྲོ་བ་གང་ཡིན་པ་དེ་དག་ནི་བསོད་ནམས་སུ་ཉེ་བར་འགྲོ ་བའི་འདུ་བྱེད་རྣམས་སོ། །བསོད་ནམས་དང་མི་མཐུན་པས་ན་བསོད་ནམས་མ་ཡིན་པ་སྟེ་།དེ་ལ་གང་ངན་སོང་དུ་འགྲོ་བའི་འདུ་བྱེད་གང་ཡིན་པ་དེ་དག་ནི་བསོད་ནམས་མ་ཡིན་པར་ཉེ་བར་འགྲོ་བ་རྣམས་སོ། །མི་གཡོ་བ་ནི་གཟུགས ་དང། གཟུགས་མེད་པའི་ཁམས་དེ་དག་གི་རྒྱུར་གྱུར་པའི་འདུ་བྱེད་རྣམས་ཏེ། མི་གཡོ་བ་ཉེ་བར་འགྲོ་བ་རྣམས་སོ། །ཡང་ན་བསོད་ནམས་ཉིད་དུ་གྱུར་ཅིང་རེད་པའི་འདུ་བྱེད་གང་ཡིན་པ་དེ་དག་ནི་བསོད་ནམས་སུ་ཉེ་བར་འགྲོ་བ་སྟེ། ་བསོད་ནམས་ཞེས་བྱ་བའི་ཐ་ཚིག་གོ། །གཞེན་ཡང་དེ་བཞིན་དུ་ཁོང་དུ་ཆུད་པར་བྱའོ། །འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ་གང་ཞེ་ན་ཞེས་བྱ་བ་ཚིག་གི་ལྷག་མ་སྟེ། དེ་བརྗོད་པར་བྱ་བའོ། །བསོད་ནམས་སུ་ཉེ་བར་འགྲོ་བའི ་འདུ་བྱེད་རྣམས་ལས་བསོད་ནམས་སུ་ཉེ་བར་འགྲོ་བའི་རྣམ་པར་ཤེས་པ་ཉིད་དུ་འགྱུར། བསོད་ནམས་མ་ཡིན་པའི་ཉེ་བར་འགྲོ་བའི་འདུ་བྱེད་རྣམས་ལས་བསོད་ནམས་མ་ཡིན་པ་ཉེ་བར་འགྲོ་བའི་རྣམ་པར་ཤེས་པ་ཉིད་དུ་གྱུར། མི་གཡོ་བར ་ཉེ་བར་འགྲོ་བའི་འདུ་བྱེད་རྣམས་ལས་མི་གཡོ་བར་ཉེ་བར་འགྲོ་བའི་རྣམ་པར་ཤེས་པ་ཉིད་དུ་འགྱུར་བ་འདི་ནི་འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ་ཞེས་བྱ་སྟེ། དེ་ནི་འདི་སྐད་དུ་གང་གི་ཕྱི་བསོད་ནམས་ལ་སོགས་པ་འདུ་བྱེད་རྣམས་གསུམ ་གྱིས་ཡོངས་སུ་བསྒོས་པའི་རྣམ་པར་ཤེས་པ་བསོད་ནམས་ལ་སོགས་པའི་འགྲོ་བ་གསུམ་དུ་རྒྱུའི་དངོས་པོར་རམ། །རྣམ་པར་སྨིན་པའི་འབྲས་བུར་འགྲོ་བ་དེའི་ཕྱིར་འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ་ཞེས་བྱའོ ་ཞེས་བསྟན་པར་འགྱུར་རོ། །འདི་ནི་རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས་ཞེས་བྱའོ་ཞེས་བྱ་བ་ནི་གང་གི་ཕྱིར་རྣམ་པར་སྨིན་པའི་རྣམ་པར་ཤེས་པ་དང་དུས་མཉམ་དུ་མིང་གཟུགས་ཀྱི་རྣམ་པར་སྨིན་པ་མངོན་པར་འགྲུབ་སྟེ། དེས ་ཡོངས་སུ་གཟུང་བས། འཕེལ་བར་འགྱུར་བ་དེའི་ཕྱིར་བསོད་ནམས་ལ་སོགས་པའི་འདུ་བྱེད་ཀྱིས་ཡོངས་སུ་བསྒོས་པའི་རྣམ་པར་ཤེས་པའི་རྒྱུ་ལས་འབྱུང་བའི་ཕྱིར་དེའི་སྟོབས་ཀྱིས་འཕེལ་བར་འགྱུར་བས་དེ་དང་དུས་མཉམ་དུ་འགྲུབ་པ་ནི་རྣཾ ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས་སོ། །སྐྱེ་མཆེད་དྲུག་གི་སྒོ་ནས་ཞེས་བྱ་བ་ནི་མིག་ལ་སོགས་པས་མཐོང་བ་ལ་སོགས་པའི་བྱ་བ་བྱེད་པའི་དགོས་པ་གྲུབ་པའོ། །རེག་པའི་ཚོགས་དྲུག་ཅེས་བྱ་བ་ནི་མིག་གི་འདུས་ཏེ་རེག་པ ་ནས་ཡིད་ཀྱི་འདུས་ཏེ་རེག་པའི་བར་དུ་སྟེ། དེ་ཡང་གསུམ་འདུས་ནས་སྐྱེའོ། །ལ་ལ་ནི་སྡུག་བསྔལ་ལ་སོགས་པ་ཚོར་བ་སྐྱེ་བའི་རྒྱུ་སེམས་ལས་བྱུང་བའི་ཆོས་གཞན་ཞིག་ཅེས་ཟེར་ཏེ། གསུམ་འདུས་པ་ཉིད་ལས་དེ་དོན་གཞན་མ ་ཡིན་ནོ། །ཇི་ལྟ་བུར་ཞེས་བྱ་བ་ནི་ཇི་ལྟར་ཚར་བའི་རྣམ་པ་སྐྱེ་བར་ནུས་པའི་རྒྱུའི་རང་བཞིན་དུ་ངེས་པའོ། །ཚོར་བའི་བྱེ་བྲག་དེ་དག་མྱོང་བ་དང། མངོན་པར་དགའ་བ་དང། ལྷག་པར་ཞེན་པ་དང། ལྷག་པར་ཞེན་ནས་འདུག་པ་ཞེས ་བྱ་བ་ནི་སྲིད་པ་ཆུང་ངུ་དང། འབྲིང་དང། རབ་དང། རབ་ཀྱི་མཆོག་ཏུ་རབ་ཏུ་དབྱེའི་སྟེ། བཞི་པོ་དེ་དག་ནི་རྣམ་གྲངས་སུ་གཏོགས་པའོ། །ཡང་ན་གང་བདེ་བའི་ཚོར་བ་མྱོང་བའི་དུས་ན་མྱོང་བ་ཞེས་བྱའོ། །སྡུག་བསྔལ་མྱོང་བའི་དུས་ན་དེ་ཉིད ་ལ་ཡིད་ཀྱིས་སྨོན་པ་ནི་མངོན་པར་དགའ་བའོ། །སྡུག་བསྔལ་ཡང་མ་ཡིན་པ་བདེ་བ་ཡང་མ་ཡིན་པའི་ཚོར་བ་ནི་མ་འོངས་པ་ན་ལྷན་བར་ཞེན་པའོ། །ད་ལྟར་དེ་དང་འབྲལ་བར་མི་འདོད་མ་ནི་ལྷག་པར་ཞེན་ནས་འདུག་པའོ། །སྡུག་པ་ཉིད་སྡང ་པའི་ངོ་བོ་བདེ་བའི་ངོ་བོ་ཡང་དེ་བཞིན་ནོ། །སྡུག་བ་ནི་འདོད་པའོ། །བདེ་བ་ནི་མཐུན་པའོ། །མ་འོངས་ལན་སྡུག་པའི་དངོས་པོ་ལ་སྨན་པའི་རྣམ་པ་ནི་ལེན་བའོ། །ཡང་སྲེད་པ་བསྐྱེད་པའི་ལས་ཀུན་ནས་སློབ་བ་ཞེས་བྱ་བ་ནི་སད་དུ་བྱེད་ཅེས་བྱ་བའི ་ཐ་ཆིག་གོ། །འཕེལ་བ་ཡོངས་སུ་སྙིང་པ་ཞེས་བྱ་བ་ནི་འཕེལ་བ་ཡོད་བས་གང་ཕྱིས་ཡོངས་སུ་སྨན་པ་ནི་དགའ་བའི་མཚན་ཉིད་དོ། །དེ་ལས་འཇིག་པར་འགྱུར་བ་ནི་འཆི་བའི་མཚན་ཉིད་དོ། །དེ་ལྟར་ཞེས་བྱ་བ་ནི་མཇུག་སྡུད་པ་སྟེ། མཛའ་གཉིས ་དང་བྲལ་བའི་མཚན་ཉིད་སྟོན་ཏོ། །རྒྱུ་གཞན་དང་གཞན་ལས་འབྱུང་བ། རྐྱེན་གཞན་དང་གཞན་ལས་འབྱུང་བ་ཞེས་བྱ་བ་ནི་རྒྱུ་མཐུན་པའི་རྣམ་པ་དང་མི་མཐུན་པའི་རྣམ་བ་ཐ་དད་བ་མང་པོའི་ཕྱིར་རོ། །དེས་ནི་རྟག་པ་འམ། གཅིག་ཕུ་འམ། ་དབང་ཕྱུག་ལ་སོགས་པ་གྱུར་སྒྲོ་བཏགས་བའི་མཛའ་བསལ་ཏེ། །རྟག་པ་མ་ཡིན་ཞེས་བྱ་བ་ནི་འགྱུར་བ་དང་འཇིག་བའི་ཆོས་ཅན་བྱ་བར་ཏེ། དེས་ནི་བདག་རྟོག་པ་ལ་སོགས་པ་ལས་བྱུང་བའི་རང་བཞིན་མ་ཡིན་པས། གང་དག་དེ་ཟེར ་ཟུག་ཏུ་གནས་པའི་རྟག་པར་སྒྲ་དོ་དོགས་པ་དེ་དག་བསལ་ཏོ། །མི་རྟག་པ་མ་ཡིན་ཞེས་བྱ་བ་ནི་རྒྱུན་གྱི་རྟག་བའི་ཉིད་ཀྱི་ཕྱིར་རྟག་པ་སྟེ། འོངས་ནི་བདག་རྟག་པ་ལ་སོགས་པ་ལས་བྱུང་བ་མ་ཡིན་ཡང་འདི་རྟག་པ་དང་འབྲལ་བ་ཡང་མ་ཡིན ་ནོ་ཞེས་དགོངས་བའོ། །འདུས་བྱས་མ་ཡིན་ཞེས་བྱ་བ་ནི་བློ་སྔོན་དུ་བཏང་སྟེ། དེ་དུས་ཀྱང་མ་བྱས་པའི་ཕྱིར་རོ། །འདུས་མ་བྱས་མ་ཡིན་ཞེས་བྱ་བ་ནི་སྒྱུ་མ་ལྟར་སོ་སོར་དེས་བའི་རྒྱུ་དང་རྐྱེན་དག་ཚོགས་བས་བྱས་པའི་ཕྱིར་རོ། །རྒྱུ་མེད་བ་མ ་ཡིན། རྐྱེན་མེད་པ་མ་ཡིན་ཞེས་བྱ་བ་ནི་རྒྱུ་དང་རྐྱེན་སོ་སོར་དེས་པ་ལ་བལྟོས་པའི་ཕྱིར་རོ། །མྱོང་བ་པོ་ཡོད་པ་མ་ཡིན་ཞེས་བྱ་བ་ནི་བྱེད་པ་པོ་མེད་པའི་ཕྱིར་རོ། །ཟད་པའི་ཆོས་མ་ཡིན་ཞེས་བྱ་བ་ནི་རང ་གི་རྒྱུ་དང་མཐུན་པའི་འབྲས་བུ་འབྱུང་བ་དང། བདག་གིས་འབྲི་བ་མེད་པའི་ཕྱིར་རོ། །འཇིག་པའི་ཆོས་མ་ཡིན་ཞེས་བྱ་བ་ནི། ཇི་སྲིད་དུ་རྐྱེན་ཚོགས་པ་དེ་སྲིད་དུ་འགྱུར་བའི་ཕྱིར་རོ། །འགོག་པའི་ཆོས་མ་ཡིན་ཞེས་བྱ་བ་ནི་མི་མཐུན་པའི ་རྐྱེན་མེད་པར་རང་གིས་འགོག་པ་མ་ཡིན་པའི་ཕྱིར་རོ། །ཐོག་མ་མེད་པའི་དུས་ནས་ཞུགས་པ་ཞེས་བྱ་བ་ནི་ཐོག་མ་གང་ཡང་མེད་པའི་ཕྱིར་རོ། །འཁོར་བ་ལ་ཐོག་མ་ཡོད་པར་རྟོག་ན་ནི་བཞིན་དུ་ཐམས་ཅད་ཀྱང་རྒྱུ་མེད་པ་ཅན་དུ ་འགྱུར་བ་ཉིད་དོ། །རྒྱུན་མ་ཆད་ཞེས་བྱ་བ་ནི་རྒྱུན་མི་འཆད་པ་སྟེ། རྒྱ་འཇིག་པ་དང་དུས་མཉམ་དུ་འབྲས་བུ་འབྱུང་སྟེ། བར་ཆད་མེད་པར་འབྱུང་བའི་ཕྱིར་རོ། །རླུང་གི་རྒྱུན་བཞིན་དུ་རྗེས་སུ་ཞུགས་པ་ཞེས་བྱ་བ་ནི། མྱ་ངན་ལས ་འདས་པའི་རྒྱ་མཚོའི་མཛའ་ཡིན་པའི་ཕྱིར་རོ། །ཚིག་དེ་དག་གི་ནི་སྒོ་བཏགས་བསྐུར་བ་དང། རྟག་བ་དང་ཆད་པའི་མཛའ་སེལ་ཏེ། ཅི་རིགས་སུ་སྦྱར་རོ། །གལ་ཅེ་རྒྱུན་ནི་འཆད་པར་འཇུག་པ་ཡིན་ན། དེའི་ཚེ་རྒྱུ་གང་སྤངས་པས་མྱ་ངན་ལས་འདས་པ་ཐོབ་པར་འགྱུར་རོ། །ཞེས་གང་འདོད་པ་དེ་ལ་རྒྱུ་གོང་སྤངས་ཏེ། ་མྱ་ངན་ལས་འདས་པ་ཐོབ་པར་བྱ་བའི་རྒྱུ་བསྡུ་བའི་མཚན་ཉིད་སྟོན་མོད་ཀྱི་འོན་ཀྱང། ཞེས་བྱ་བ་ལ་སོགས་པའོ། །བསྡུ་པར་བྱ་བ་གང་གིས་རང་གི་འབྲས་བུ་མ་མངོན་དུ་འགྲུབ་པ་བྱེད་པ་དེ་ནི་བསྡུ་པར་བྱའོ། །དེ་ལ་ཡན་ལག་དང ་པོ་མ་རིག་པ་དང་སྲེད་པ་དང་ལེན་པ་ནི་གཉི་ག་ཡང་ཆགས་པའི་མཚན་ཉིད་ཡིན་པས་གཅིག་ཏུ་བསྡུས་ཏེ་སྲེད་པ་ཞེས་བཤད་དོ། །འདུ་བྱེད་དང་སྲིད་པ་ན་ལས་སོ། །རྣམ་པར་ཤེས་པ་ནི་རྣམ་པར་ཤེས་བ་ཉིད་དོ། །རྣམ་པར ་ཤེས་པ་ནི་ས་བོན་གྱི་རང་བཞིན་གྱིས་རྒྱུ་བྱེད་དོ། །ཞེས་བྱ་བ་ནི་ཉོན་མོངས་པ་དང་ལས་ཀྱིས་མངོན་པར་འདུས་བྱས་པ་དེ་ཉིད་ཡང་སྲིད་པའི་མྱུ་གུ་སོ་སོར་ཉེ་བར་ལེན་བའི་རྒྱུ་ཡིན་པའི་ཕྱིར་རོ། །ལས་ནི་ཞིང་རི་རང་བཞིན་གྱིས་རྒྱུ ་བྱེད་ངོ་ཞེས་བྱ་བ་ནི། དེས་ས་བོན་རྣམ་པར་ཤེས་པ་ལ་མངོན་པར་འདུ་བྱེད་པའི་ཕྱིར། །མ་རིག་པ་དང་སྲེད་པ་ནི་ཉོན་མོངས་པའི་རང་བཞིན་གྱིས་རྒྱུ་བྱེད་རོ་ཞེས་བྱ་བ་ནི་ལས་ཀྱིས་ས་བོན་རྣམ་པར་ཤེས་པ་ལ་མངོན་པར་འདུ ་བྱས་ཀྱང་ཉོན་མོངས་པ་མེད་ན་དགྲ་བཅོམ་པ་ལ་ས་བོན་རྣམ་པར་ཤེས་པ་མི་འགྱུར་བའི་ཕྱིར་རོ། །ལས་དང་ཉོན་མོངས་པ་དག་ནི་ས་བོན་རྣམ་པར་ཤེས་པ་སྐྱེད་དོ་ཞེས་བྱ་བ་བ་ནི་དེ་དག་མེད་ན་ཡང་སྲིད་པའི་མྱ་གུ་མངོན ་པར་མི་འགྲུབ་པའི་ཕྱིར། །དེ་ལ་ཞེས་བྱ་བ་ལ་སོགས་པས་ནི་ལས་ལ་སོགས་བའི་རྗེས་སུ་འགྲོ་བ་དང། ལྡོག་པའི་ནུས་པ་སྟོན་ཏོ། །ཞིང་གི་བྱ་བ་བྱེད་ཅེས་བྱ་བ་ནི་དེས་བསྐྱེད་པའི་བག་ཆགས་ལ་གནས་པའི་ས་བོན་རྣམ ་པར་ཤེས་བ་འབྱུང་བའི་ཕྱིར་རོ། །སྲེད་པ་ནི་ས་བོན་རྣམ་པར་ཤེས་པ་བརླན་པར་བྱེད་དོ། །མ་རིག་པ་ནི་ས་བོན་རྣམ་པར་ཤེས་པ་འདེབས་ཏེ་ཞེས་བྱ་བ་ནི་བདག་ལ་ཆགས་པ་དང་ལྡན་པས་སྡུག་བསྔལ་བ་དང་བདེ་བ་འདོར་ཞིང་ཐོབ་པར ་འདོད་པས་ལོག་པའི་བློ་ཅན་དང་ངན་པའི་གནས་ཡོངས་སུ་འཛིན་པའི་ཕྱིར་རོ། །དེ་ལ་ལས་ཀྱང་འདི་སྙམ་དུ་བདག་གིས་ས་བོན་རྣམ་པར་ཤེས་པའི་ཞིང་གི་བྱ་བ་བྱའོ་སྙམ་དུ་མི་སེམས་སོ་ཞེས་བྱ་བ་ལ་སོགས་པས་ནི་ལས་ལ་སོགས་པ ་བྱེད་བ་མེད་པར་སྟོན་ཏོ། །ས་བོན་རྣམ་པར་ཤེས་པ་སྐྱེ་སན་ཞེས་བྱ་བ་མི་འདེབས་བ་ནི་བར་མ་དེའི་སྲིད་པའི་རྒྱུན་གྱིས་མར་མེ་བཞིན་དུ་མའི་མངལ་དུ་འགྲོ་ཞེས་བྱ་བའི་ཐ་ཚིག་གོ། །མིང་དང་གཟུགས་ཀྱི་མྱུ་གུ་དེ་ཡང་བདག་གིས་ ་མ་བྱས་ཞེས་བྱ་བ་ལ་སོགས་པ་ནི་སྔར་བཤད་པ་བཞིན་ནོ། །བདག་པོ་མེད་པ་ཞེས་བྱ་བ་ནི་དབང་ཕྱུག་ལ་སོགས་པ་བདག་པོ་གང་ཡང་མེད་པའི་ཕྱིར་རོ། །བདག་གི་མེད་པ་ཞེས་བྱ་བ་ནི་བདག་མེད་པའི་བདག ་ཉིད་པས་བདག་གི་བ་མེད་དོ། །འཛིན་པ་མེད་པ་ཞེས་བྱ་བ་ནི་བདག་གང་གིས་ཀྱང་བྱིན་གྱིས་མ་བརླབས་པའི་ཕྱིར་རོ། །དེ་དག་ནི་གང་ཟག་ལ་བདག་མེད་པར་བསྟན་པའོ། །ནམ་མཁའ་དང་མཚུངས་པ་ཞེས་བྱ་བ་ནི། །རང་བཞིན ་གྱིས་སྟོང་པའི་ཕྱིར་རོ། །དེ་ལྟར་ན་འདི་རྟེན་ཅིང་འབྲེལ་པར་འབྱུང་བར་ཇི་ལྟར་རིགས་སྙོམ་པ་ལ། སྒྱུ་མའི་མཚན་ཉིད་ཀྱི་རང་བཞིན་དག་ལ་ཞེས་བྱ་བ་གསུངས་ཏེ། དཔེར་ན་སྒྱུ་མ་ཡང་དོན་དམ་པར་རང་བཞིན་མེད་མོད་ཀྱི་རྒྱུ་དང ་རྐྱེན་མ་ཚད་པ་མེད་པའི་ཕྱིར་སྐྱེ་བ་ཡོད་པ་དེ་བཞིན་དུ་དངོས་པོ་ཐམས་ཅད་འགལ་བ་མེད་དོ། །དེས་ནི་ཆོས་ཐམས་ཅད་ལ་བདག་མེད་པའི་མཚན་ཉིད་དེ་བསྟན་ཏོ། །གལ་ཏེ་ས་བོན་རྣམ་པར་ཤེས་པ་ཉོན་མོངས་པ་དང། ་ལས་ཀྱིས་མངོན་པར་འདུས་བྱས་པ་བདག་པོ་མེད་པ་བདག་མེད་པ་བྱེད་པ་མེད་པས་མིང་དང་གཟུགས་ཀྱི་མྱུ་གུ་མངོན་པར་འགྲུབ་ཏུ་ཟིན་ན་ནི་དེའི་ཚེ་ཐམས་ཅད་དུ་གནས་པས་ཚེ་དུ་མ་ཡང་ཅིག་ཅར་མངོན་པར་འགྲུབ་པར་འགྱུར ་ཏེ། དེའི་ཕྱིར་སྐྱེས་ནས་མྱོང་བར་འགྱུར་བ་ལ་སོགས་པ་ལས་ཐ་དད་པ་ཐོབ་པར་མི་འགྱུར་དུ་དོགས་པའི་ཕྱིར་བྱེད་པ་མེད་ཅིང་བདག་མེད་ཀྱང་ལས་དང་འབྲས་བུ་ཐ་དད་པ་རྣམ་པ་བཞི་དང་མཐུན་པའི་དཔེ་རྣམ་པ་བཞི་སྟོན ་ཏེ། དེ་ལ་མིག་གི་རྣམ་པར་ཤེས་པའི་དཔེས་ནི་ཚེ་འདི་ལ་མྱོང་བར་འགྱུར་བའི་ལས་སྟོན་ཏེ། །གཟུགས་བརྙན་གྱི་དཔེས་ནི་སྐྱེས་ན་མྱོང་བར་འགྱུར་ཏེ། དེ་དང་ཉེ་བའི་ཕྱིར་རོ། །ཟླ་བའི་དཀྱིལ་འཁོར་གྱི་དཔེས་ནི་ལན་གྲངས་གཞན ་ན་མོང་བར་འགྱུར་བ་སྟེ། རིང་པོས་བསྐལ་ཀྱང་རྒྱུའི་དངོས་པོ་ཉེ་བར་སྣང་བའི་ཕྱིར་རོ། །མེའི་དཔེས་ནི་མྱོང་བར་འགྱུར་བར་མ་ངེས་པའི་ལས་སྟོན་ཏོ། །རྐྱེན་དེ་ཡོད་ན་འབར་གྱི་གཞན་དུ་ནི་མ་ཡིན་ཏེ། དུས་ངེས་པ་མེད་པར ་བསྟན་པའོ། །དེ་དག་ཐམས་ཅད་ཀྱིས་ན་འདི་སྐད་དུ་ས་བོན་རྣམ་པར་ཤེས་པ་ལས་དུ་མས་མངོན་པར་འདུས་བྱས་པ་བྱེད་པ་མེད་པ་བདག་མེད་པ་རྟག་ཏུ་གནས་མོད་ཀྱི། ལས་གང་དང་གང་གི་བག་ཆགས་སད་པར་བྱེད་པ་ལྷན ་ཅིག་བྱེད་པའི་རྒྱུ་གནས་པར་གྱུར་པ་དེ་ནི་དེའི་བག་ཆགས་སད་པར་བྱེད་པ་ལས་དེ་དང་དེའི་རྣམ་པར་སྨིན་པ་མངོན་པར་འགྲུབ་པོ། །དེའི་ཕྱིར་བདག་ཕོ་ལ་སོགས་པ་མེད་དུ་ཟིན་ཀྱང། རིང་བ་དང་ཉེ་བ་ལ་སོགས་པའི་ལས་ཐ་དད ་པར་རུང་སྟེ། དེ་ཉེས་པ་མེད་དོ་ཞེས་བསྟན་པར་འགྱུར་རོ། །རྣམ་པ་ལྔར་བ་ལྟ་ཞེས་བྱ་བ་ལ་སོགས་པས་ནི་འདིར་ལྡོག་པའི་སྒོ་ནས་རྟག་པ་ལ་སོགས་པ་ལྟ་བསེལ་ཏོ། །སྐྱེ་བ་དང་འཆི་བའི་སྲིད་པ་ནི་རབ་ཏུ་ཐ་དང་པས་མི་རྟག་པ ་ཉིད་དོ། །སྒྱུ་མ་སྐྱེ་བ་ལྟར་ཀུན་རྫོབ་ཏུ་འཆི་བའི་སྲིད་པ་འགགས་པ་དང། དུས་མཉམ་དུ་མཆོད་པར་སྐྱེ་བའི་སྲིད་པ་མངོན་པར་འགྲུབ་སྟེ་ཆད་པ་མ་ཡིན་ནོ། །དེ་ཡང་སྲང་མངའ་ཨི་དཔེས་སྟོན་ཏེ། སྲད་མདའི་མཐོ་དམན་གཅིག ་དམའ་བའ་ཨི་དུས་ན་གཅིག་མཐོ་བར་འགྱུར་བ་དེ་བཞིན་དུ་རྒྱུ་འཇིག་པའི་དུས་ཉིད་ན། འབྲས་བུ་འབྱུང་བས་ཆད་པར་མི་འགྱུར་རོ། །སྲང་མདའི་དཔེ་འདི་ཡང་ཀུན་རྫོབ་ཏུ་རྒྱུ་དང་འབྲས་བུའི་དངོས་པོ་ལ་ཆད་པར་ལྟ་བ་ཡོངས་སུ་སྤང ་བའི་ཕྱིར་བསྟན་གྱི། དོན་དམ་པར་ནི་མ་ཡིན་ནོ། །དོན་དམ་ནི་ཕྱི་རོལ་གྱི་དོན་གྱི་གཟུགས་སྲད་མདའ་མི་འགྲུབ་པའི་ཕྱིར་ཏེ། རྣམ་པར་ཤེས་པ་ལ་སྣང་བའི་གཟུགས་བདེན་པ་མ་ཡིན་པ་དང། རྣམ་པར་ཤེས་པ་ལུས་མེད་པའི་ཕྱིར ་མཐོ་དམན་མི་འགྲུབ་པའི་ཕྱིར་རོ། དོན་དམ་པར་བསམ་པ་ལ་ནི། ཀུན་རྫོབ་ཀྱི་དངོས་པོའི་དཔེས་བསྟན་དུ་མི་འདྲ་སྟེ་དེ་མི་འགྲུབ་པའི་ཕྱིར་རོ། །དེ་ལྟ་ན་རྒྱུ་དང་འབྲས་བུའི་དངོས་པོ་ཇི་ལྟར་སྣང་བ་བཞིན་ནོ། །མི་འདྲ ་བས་ན་ཞེས་བྱ་བ་ནི་མི་ལ་སོགས་པའི་རིས་མཐུན་པ་ནས་ལྷ་ལ་སོགས་པའི་རིས་མཐུན་པར་སྐྱེའོ། །ལས་ཆུང་དུ་བྱས་པ་ལས་ཞེས་བྱ་བ་ནི་ཉོན་མོངས་པ་དང་དད་པ་དྲག་པོས་སྐད་ཅིག་བྱས་ཀྱང་མི་དགེ་བ་ལ་སོགས་པའི་ལས་ཀྱི་མནར ་མེད་པ་ལ་སོགས་པར་དུས་རིང་བོར་མི་འདོད་པ་དང། འདོད་པའི་རྣམ་པར་སྨིན་པ་མངོན་པར་འགྲུབ་པའི་ཕྱིར། །ཇི་ལྟར་མྱོང་བར་འགྱུར་བའི་ལས་ཞེས་བྱ་བ་ནི་བདེ་བ་ལ་སོགས་པ་མྱོང་བར་འགྱུར་བ་སྟེ། ལས་ཅི་འདྲ་བ་ཉིད་ཀྱི་འབྲས ་བུ་འབྱུང་བར་སྟོན་ཏེ། སྡུག་བསྔལ་བ་དང་ཡིད་མི་བདེ་བ་དང་ལྡན་ཡང་ཚངས་པར་སྤྱོད་པ་ལ་སོགས་པ་ལ་དགེ་བའི་ལས་ལས་འདོད་པའི་རྣམ་པར་སྨིན་པ་འགྲུབ་ལ། བདེ་བ་དང་ཡིད་བདེ་བ་དང་ལྡན་ཡང་ཚངས་པར་མི་སྤྱོད་པ་ལ་སོགས ་པ་མི་དགེ་བའི་ལས་ལས་མི་འདོད་པའི་རྣམ་པར་སྨིན་པ་མངོན་པར་འགྲུབ་པའི་ཕྱིར་རོ། །དེ་བས་ན་ནུས་པ་ངེས་པའི་ཕྱིར་ཅི་ལྟར་མྱོང་བའི་ལས་ཉིད་ཀྱིས་དེ་ལྟར་འབྲས་བུ་མྱོང་བར་འགྱུར་ཏེ། འགལ་བ་མེད་དོ། །དེ་ལས་དགོངས་ནས ་བཅོམ་ལྡན་འདས་ཀྱིས་མདོ་སྡེ་གཞན་ལས་གང་དག་འདི་སྐད་ཅེས་སྐྱེས་བུ་གང་ཟག་འདི་ཇི་ལྟ་?་བུར་ལས་བྱེད་ཅིང་སོགས་པ་དེ་ལྟ་ད་ལྟ་བུར་རྣམ་པར་སྨིན་པ་སོ་སོར་མྱོང་ན་ནི་དེ་ལྟ་ནི་ནི་ཚངས་པར་སྤྱོད་པའི་གནས་མེད་བར་འགྱུར་ཏེ། ཡང ་དག་པར་སྡུག་བསྔལ་ཟད་ཅིང་སྡུག་བསྔལ་མཐར་བྱ་བའི་སྐབས་མི་སྣང་ངོ། །གང་དག་འདི་སྐད་ཅེས་སྐྱེས་བུ་གང་ཟག་འདི་ཇི་ལྟར་མྱོང་བར་འགྱུར་བའི་ལས་བྱེད་ཅིང་སོགས་པ་དེ་ལྟར་མྱོང་བར་འགྱུར་བའི་རྣམ་པར་སྨིན་པ་འདིས་མྱོང ་བར་འགྱུར་རོ་ཞེས་ཟེར་ན་དེ་ལྟ་ན་ནི་ཚངས་བར་སྤྱོད་པའི་གནས་ཀྱང་ཡོད་པ་ཡང་དག་པར་སྡུག་བསྔལ་ཟད་པར་འགྱུར་བའི་སྐབས་ཀྱང་སྣང་ངོ་ཞེས་གསུངས་ཏེ། དེ་ཡང་ལས་དང་འབྲས་བུ་ལ་སྐུར་ཏེ། ལོག་པར་ལྟ་པ་བསལ་བར་བྱ་བའི་ཕྱིར ་གསུངས་སོ། །གང་ལ་ལ་ཞིག་གིས་ཞེས་བྱ་བ་ལ་སོགས་པས་ནི་མདོ་སྡེའི་དགོངས་པ་སྟོན་ཏོ། །རྟག་པར་རྒྱུན་ཏུ་ཞེས་བྱ་བ་ནི་དུས་ཐམས་ཅད་དང་རྒྱུན་མི་འཆད་པར་མཐོང་བའི། །སྲོག་མེད་པ་ལ་སོགས་པ་ནི་ངར་བཤད་པ་བཞིན་ནོ།། ་མེད་པ་ཞེས་བྱ་བ་རྨི་ལམ་བཞིན་དུ་བརྫུན་པའི་ཕྱིར་རོ། །གསོག་ཅེས་བྱ་བ་ནི་ཉམ་ཆུང་བ་སྟེ། སྒྱུ་མ་ལྟར་བརྟག་པའི་ཁུར་མི་བཟོད་པའི་ཕྱིར་རོ། །གསོབ་ཅེས་བྱ་བ་ནི་སྨིག་རྒྱུ་བཞིན་དུ་སྲིད་པའི་ཡུལ་དངོས་པོ་མེད་པའི་ཕྱིར་རོ། །སྙིང ་པོ་མེད་པ་ཞེས་བྱ་བ་ནི་ཆུ་སྐྱེས་ཀྱི་སྡོང་པོ་ལྟར་ཁོང་ན་སྙིང་པོར་གྱུར་བའི་རྫས་མེད་པའི་ཕྱིར་རོ། །ནད་ཅེས་བྱ་བ་ནི་ཅུང་ཟད་ཙམ་དུ་བདེ་བ་མྱོང་བར་འགྱུར་བའི་སྡུག་བསྔལ་ཉིད་ཀྱིས་སྡུག་བསྔལ་བའི་ཕྱིར་རོ། །འབྲས་ཞེས་བྱ་བ་ནི ་སྡུག་བསྔལ་གྱི་སྡུག་བསྔལ་ཉིད་ཀྱིས་འབྲས་ལྟར་གནོད་པའི་ཕྱིར་རོ། །ཟུག་རྔུ་ཞེས་བྱ་བ་ནི་དུས་ཐམས་ཅད་དུ་འདུ་བྱེད་ཀྱི་སྡུག་བསྔལ་ཉིད་དང་ལྡན་པས་འཕགས་པ་རྣམས་ཀྱིས་མི་འདོད་པའི་ཕྱིར་རོ། །སྡིག་པ་ཞེས་བྱ་བ་ནི་སྡིག ་པར་གྱུར་བས་སྤང་བར་བྱ་བའི་ཕྱིར་རོ། །མི་རྟག་པ་ཞེས་བྱ་བ་ནི་འབྱུང་བ་དང་འཇིག་པའི་ཆོས་ཅན་གྱི་ཕྱིར་རོ། །སྡུག་བསྔལ་བ་ཞེས་བྱ་བ་ནི་མི་མཐུན་པའི་ཕྱིར་རོ། །སྟོང་པ་ཞེས་བྱ་བ་ནི་བདག་གིས་བྱིན་གྱིས་མ་བརླབས་པའི་ཕྱིར་རོ།། ་བདག་མེད་པ་ཞེས་བྱ་བ་ནི་བདག་ཉིད་ཀྱིས་བདག་མ་ཡིན་པའི་ཕྱིར་རོ། །ཅི་བདག་འདས་པའི་དུས་ན་བྱུང་བ་ཞིག་གམ། འོན་ཏེ་མ་བྱུང་བ་ཞིག་ཅེས་བྱ་བ་ནི་བདག་ཡོད་པར་རྨོངས་པ་མ་ཡིན་པ་སྟེ། བདག་ལ་སོགས་པར་འགྱུར་བ་གང ་ཡང་མེད་པ་དང། སྔོན་ཡང་རྐྱེན་འདི་དང་མཐུན་པར་ཟད་པའི་ཕྱིར་རོ། །ཅིར་གྱུར་ཅིག་ཅེས་ཞེས་བྱ་བ་ནི་ལྷ་དང་མིར་རོ། །ཇི་ལྟ་བུར་གྱུར་པ་ཞིག་ཅེས་བྱ་བ་ནི་དེ་བ་དང་སྡུག་བསྔལ་བ་དང། ཚེ་རིང་བ་དང། ་ཚེ་ཐུང་བ་དང། མིང་ཅི་ཞེས་བྱ་བ་དང། རུས་ཅིང་གྱུར་བ་དང། ཁ་དོག་ཇི་ལྟ་བུ་དང། གང་དུ་གནས་པར་གྱུར་པ་ལ་སོགས་པ་བདག་གི་གནས་ཀྱི་བྱེ་བྲག་ལ་རྨོངས་པ་མེད་པ་སྟེ། དེ་བཞིན་དུ་ཕྱི་མའི་མཛའ་དང་ཡང་སྦྱར་རོ།། ་རྒྱུ་མ་ཚང་བ་མེད་པ་ལས་དེ་ལྟར་འབྲས་བུའི་རྣམ་པ་སྐྱེ་བ་དང། མི་འགལ་བས་དབུས་ཀྱི་མཛའ་བསྟན་ཏོ། །འདི་ཅི་ཞེས་བྱ་བ་ནི་བདག་གམ་བདག་གི་མ་ཡིན་པར་རོ། །འདི་ཇི་ལྟ་བུ་ཞིག་ཅེས་བྱ་བ་ནི་བདག་དེ་ཅི་གཟུགས ་ཅན་ནམ་གཟུགས་མེད་པ་ཅིག་སྙམ་པའོ། །ཅི་ཞིག་ཡོད་ཅེས་བྱ་བ་ནི་ལེགས་བར་བྱེད་པའི་ལས་བྱེད་པ་འམ། འོན་ཏེ་ཉེས་པར་བྱེད་པའི་ལས་བྱེད་པར་འགྱུར་ཞེས་བྱ་བ་ལ་སོགས་པའོ། །ཅིར་འགྱུར་ཅེས་བྱ་བ་ནི་ཚེ་འདི ་ནས་བདག་ཚེ་ཕྱི་མ་ལ་ཅིར་འགྱུར། ཅི་ལེགས་པར་བྱེད་པའི་ལས་བྱེད་པར་འགྱུར་རམ། ཉེས་པར་བྱེད་པའི་ལས་བྱེད་པར་འགྱུར་ཞེས་བྱ་བ་ལ་སོགས་པར་དུས་གསུམ་དུ་ཡང་བདག་གིས་ཡུལ་དང། གཞན་གྱི་ཡུལ་ལ ་རྨོངས་པར་མི་འགྱུར་བའོ། །ཐམས་ཅད་ཀྱང་བདག་མེད་པ་དང། རྟེན་ཅིང་འབྲེལ་བར་འབྱུང་བ་དང་མཐུན་པར་བསྟན་པའི་ཕྱིར། སེམས་ཅན་འདི་དག་གང་ནས་འོངས་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ་བརྡ་ཕྲད་པར ་སླ་བས་མ་བཤད་དོ། །དགེ་སྦྱོང་ཐམས་ཅད་ནི་རབ་ཏུ་བྱུང་བའོ། །བྲམ་ཟེ་ནི་ཁྱིམ་པ་སྟེ། རིགས་ཀྱི་བྱ་བྲེག་ཏུ་འཇིག་རྟེན་ན་གྲགས་པའོ། །ལྟ་བར་སོང་བ་ཞེས་བྱ་བ་ནི་ལྟ་བའི་རྣམ་པའོ། །ཐ་དད་པ་ཞེས་བྱ་བ་ནི་སོ་སོ་པའོ།། ་བདག་ཏུ་སྨྲ་བ་དང་ལྡན་པ་ཞེས་བྱ་བ་ནི་བདག་ཕུང་པོ་ལས་གཞན་ནམ། གཞན་མ་ཡིན་ཞེས་བྱ་བ་ལ་སོགས་པའི་རྟོག་པ་དང་ལྡན་པ་དག་སྟེ། བདག་ནི་ངར?་ཤེས་པའི་ཡུལ་ཡིན་པས་དེའི་དབང་གིས་དགེ་སློང་དང་བྲམ་ཟེ་དག་ཕན་ཚུན ་འགྱེད་དོ། །འཚོ་བས་ན་སྲོག་གོ་།ཡང་དང་ཡང་འགྲོ་བ་རྣམས་སུ་ལེན་པས་ན་གང་ཟག་གོ། །དགེ་མཚན་དང་ལྡན་པ་ཞེས་བྱ་བ་ནི་ད་ལྟ་བུ་དང། གཏམ་རྒྱུད་དང། སྔོན་བྱུང་བ་དང། གླུ་བྲོ་ལ་སོགས་པས་བདག་དགའ་བར་འགྱུར་བར ་གྲག་ཅེས་མངོན་པར་ཞེན་པའི་ཕྱིར་རོ། །བཀྲ་ཤིས་སུ་སྨྲ་བ་དང་ལྡན་པ་ནི་རྩཝ་དུར་བ་དང། འགིའུ་ཝཾ་ལ་སོགས་པ་བསྟན་པ་དང། ཞེ་དང། མེ་ཏོག་དང། བུམ་པ་གང་བ་དང། ཉ་དང་བྲམ་ཟེ་དང། ཁྱུ་མཆོག་ལ་སོགས་པ་མཐོང ་བ་དང། སྐར་མ་དང། ཡུད་ཙམ་དང། ཚེས་གྲངས་དང། སྦྱོར་བ་པའི་བྱེ་བྲག་གིས་བདག་རྣམ་པར་དག་པར་འགྱུར་རོ་ཞེས་ང་རྒྱལ་བྱེད་པ་སྟེ། དེ་དག་ལམ་མ་ཡིན་པ་ལ་ལམ་དུ་མངོན་པར་ཞེན་པའི་ཕྱིར། ཚུལ་ཁྲིམས་དང་བརྟུལ ་ཞུགས་མཆོག་ཏུ་འཛིན་པའི་ལྟ་བ་སྟེ། བདག་ཏུ་འཛིན་པ་ནི་རྩ་བའོ། །ལྷག་པར་གཡོ་བ་དང་བྲལ་བར་གཡོ་བ་ཞེས་བྱ་བ་ནི། སེམས་རྒྱས་པ་དང་ཞུམ་པར་གྱུར་པ་སྟེ། དེ་དག་ནི་ལྟ་བར་སོང་བའི་བྱེ་བྲག་གོ་།སྤངས་པར་གྱུར་ཅེས ་བྱ་བ་ནི་ཀུན་ཏུ་མི་འབྱུང་བའི་ཕྱིར་རོ། །ཡོངས་སུ་ཤེས་ནས་ཞེས་བྱ་བ་ནི་བདག་ལ་སོགས་པར་ནོར་པའི་ཡུལ་བདེན་པ་མ་ཡིན་པར་ཤེས་པའོ། །རྩ་བ་ནས་བཅད་དེ། ཞེས་བྱ་བ་ནི་འཕགས་པའི་ཤེས་རབ་ཀྱིས་བག་ཆགས་དེ ་གཏན་ནས་བསལ་བའི་ཕྱིར་རོ། །མི་སྣང་བར་གྱུར་ཅེས་བྱ་བ་ནི་རེས་འགའ་ཡང་སེམས་ལ་སྣང་བར་མི་འགྱུར་བའི་ཕྱིར་རོ། །ཕྱིས་ཞེས་བྱ་བ་ནི་ཚེ་རབས་གཞན་པའོ། །མི་སྐྱེ་མི་འགག་པའི་ཆོས་ཅན་དུ་འགྱུར་རོ་ཞེས་བྱ་བ་ནི ་རྩ་བ་ནི་རྩ་བ་ནས་བཅད་པའི་ཕྱིར་ཏེ་སྐྱེ་བ་མེད་ན་འགག་པ་མི་སྲིད་པའི་ཕྱིར་རོ། །དེ་དག་གིས་བདག་ཏུ་ལྟ་བ་སྤངས་པའི་ཕྱིར་དེའི་རྩ་བ་ཉོན་མོངས་པ་ཐམས་ཅད་བསལ་ནས་སྒྲིབ་པ་སྤངས་པ་དེའི་འབྲས ་བུ་ཉེ་བར་བསྟན་ཏོ། །མི་གནས་པའི་མྱ་ངན་ལས་འདས་པའི་ལམ་ལ་འཇུག་པ་དེ་ཡང་དེའི་འབྲས་བུ་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་སྟོན་ཅེས་བྱ་བས་སྟོན་ཏེ། ལམ་དེ་ལ་གནས་པ་ཉིད་ལ ་ལུང་སྟོན་པའི་ཕྱིར་རོ། །དེ་སྐད་ཅེས་སྨྲས་ནས་ཞེས་བྱ་བ་ནི་ཡང་དག་པར་སྡུད་པར་བྱེད་པས་ཚིག་དེ་བཟླས་པས་ཡིད་བརྟན་དུ་རུང་བའི་ལུང་ཉིད་དུ་སྟོན་ཏོ། །འཕགས་པ་ཤཱ་རའི་བུ་ལ་སོགས་པ་རྗེས་སུ་ཡི་རང་བས་ནི་འཇིག་པ ་རྟེན་མ་ལུས་པས་འདི་ཡོང་སསུ་གཟུང་བར་བསྟན་ཏོ། །བདག་གིས་མདོ་སྡེ་འདི་ཡི་དོན། །ཅི་ནུས་ཅི་འདྲ་རྒྱས་བཤད་པ། བསོད་ནམས་ཀྱིས་ནི་སྐྱེ་བོ་ཀུན། །ཆོས་དོན་ཟབ་མོ་རྟོགས་འཇུག་ཤོག་།འཕགས་པ་སཱ་ལུ་ལྗང་པའོ ་མདོ་སྡེའི་རྒྱ་ཆེར་འགྲེལ་པ། སློབ་དཔོན་ག་མ་ལ་ཤཱི་ལས་མཛད་པ་རྫོགས་སོ།། །།ཚིགས་སུ་བཅད་པ་གཉིས་པའི་བཤད་པ་སློབ་དཔོན་མཛེས་པ་ཉིད་ཀྱིས་མཛད་པ་བཞུགས།། །།རྒྱ་གར་སྐད་དུ། གཱ་ཐཱ་ཛཱ ་