| Wylie | e-texts based on the ACIP/ALL Input |
། ས་བཅུའི་མདོ་སྡེའི་གླེང་གཞི་སློབ་དཔོན་ཤཱཀྱའི་བློས་མཛད་པ་བཞུགས།། །འཕགས་པ་ས་བཅུའི་མདོ་སྡེའི་གླེང་གཞི་བཤད་པ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་ཨི་ཚོགས་ཆེན་པོ་ཞེས་བྱ་བ་ལ། ཆེན ་བོ་ནི་ཡོན་ཏན་དང་གྲངས་ཀྱིས་སོ། །དེ་ལ་ཐམས་ཅད་ཀྱང་ཕྱིར་མི་ལྡོག་པ་ཞེས་བྱ་བ་ནས་བཟུང་སྟེ། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྡེ་སྣོད་ཀྱི་ཡོན་ཏན་སྒྲུབ་པ་ཤིན་ཏུ་ཡོངས་སུ་རྫོགས་པ་བསྐལ་པ་བརྗོད་དུ་མེད་པར་རྒྱུན་མི་འཆད་པར་རབ ་ཏུ་བསྟན་པས་ཡོན་ཏན་བསྔགས་པའི་བསྟན་པ་ཟད་མི་ཤེས་པ་ཤ་སྟག་ཅེས་བྱ་བའི་བར་འདིས་ནི་ཡོན་ཏན་གྱིས་ཆེ་བ་བསྟན་ཏོ། །འདིར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡོན་ཏན་གྱི་ཁྱད་པར་ནི་རྣམ་པར་ལྔར་བརྗོད་དོ། །མངོན་སུམ་དུ་ལུང་བསྟན ་པ་ཐོབ་པ་དང། །སངས་རྒྱས་ཉིད་དུ་ཉེ་བ་དང། ཡིད་ཀྱི་ཆོ་འཕྲུལ་དང། ལུས་ཀྱི་ཆོ་འཕྲུལ་དང། དག་གི་ཆོ་འཕྲུལ་ལོ། །དེ་ལ་ཕྱིར་མི་ལྡོག་པ་ཞེས་བྱ་བ་འདིས་མངོན་སུམ་དུ་ལུང་བསྟན་པ་ཐོབ་པར་བསྟན་ཏེ། འདི་ལྟར་ས་བརྒྱད་པ་ལ་མི་སྐྱེ་བའི་ཆོས་ལ ་བཟོད་པ་ཐོབ་པས་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་དག་སངས་རྒྱས་ཉིད་དུ་སངས་རྒྱས་རྣམས་ཀྱིས་མངོན་སུམ་དུ་ལུང་སྟོན་ཏོ། །འདི་ཉིད་ཀྱི་བཤད་པ་ནི། ཐམས་ཅད་ཀྱང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་སྤྱོད་ཡུལ ་རབ་ཏུ་ཐོབ་པའི་གནས་པས་གནས་པ་ཞེས་བྱ་བའོ། །བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཡེ་ཤེས་ནི་དེ་བཞིན་ཉིད་ལ་དམིགས་པའོ། །དེའི་སྤྱོད་ཡུལ་ནི་ཀུན་བརྟགས་པའི་ཆོས་ཐམས་ཅད་ཀྱི་སྐྱེ་བ་མེད་པ་སྟེ། དེ་ལ་རྣམ་པར་རྟོག་པ་ཐམས་ཅད ་ཀྱི་གཉེན་པོས་རྙེད་པ་ནི་རབ་ཏུ་ཐོབ་པའོ། །དེ་གང་ཡིན་ཞེ་ན། མི་སྐྱེ་བའི་ཆོས་ལ་བཟོད་པའི་མཚན་ཉིད་ཀྱི་གནས་པ་སྟེ། དེས་ས་བརྒྱད་པ་ལ་གནས་པའི་ངང་ཚུལ་ཅན་གང་ཡིན་པ་དེ་དག་ལ་དེ་སྐད་ཅེས་བྱ་སྟེ། དེས་ནི་ཕྱིར་མི་ལྡོག་པའི་ས་ལ ་ལུང་བསྟན་པ་ཐོབ་པས་མངོན་སུམ་དུ་ལུང་བསྟན་པ་ཞེས་སྟོན་ཏོ། །སྐྱེ་བ་གཅིག་གིས་ཐོགས་པ་ཞེས་བྱ་བ་འདིས་སངས་རྒྱས་ཉིད་དུ་ཉེ་བར་བསྟན་ཏེ། དེ་དག་ནི་མ་འོངས་པའི་དུས་ན་སངས་རྒྱས་ཉིད་དུ་སྐྱེ་བ་གཅིག་ཁོ་ནས་ཐོགས་པའི་ཕྱིར་རོ། ། ་འདིའི་བཤད་པ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་ཡུལ་རྟགས་པ་ལ་འཇུག་པ་རྒྱུན་མི་གཅོད་པའི་སྤྱོད་ཡུལ་པ་ཞེས་བྱ་བ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་ཡུལ་ནི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་ལས ་རྣམ་པར་དབེན་པའི་དེ་བཞིན་ཉིད་དེ། དེ་ཉིད་སངས་རྒྱས་ཉིད་དོ། །དེ་རྟོགས་པ་ནི་ཁོང་དུ་ཆུད་པ་སྟེ། དེ་ཉིད་འཇུག་པའོ། །དེ་ལ་རྒྱུན་མི་གཅོད་པ་ཐོགས་པ་མེད་པར་ནུས་པའི་སྤྱོད་ཡུལ་པ་སྟེ། མཐུ་ཅན་གང་ཡིན་བ་དི་དག་ལ་དེ་སྐད་ཅེས་བྱའོ། ་འཇུག་པ་ནི་རྣམ་པ་གསུམ་སྟེ། མོས་པས་སྤྱོད་པའི་ས་ལ་མོས་པས་འཇུག་པ་དང། རབ་ཏུ་དགའ་བ་ལ་སོགས་པས་བཅུ་རྣམས་ལ་དེ་ཁོ་ན་རྟོགས་པས་འཇུག་བ་དང། སངས་རྒྱས་ཀྱི་ས་ལ་རྟོགས་པས་འཇུག་པ་སྟེ། ་དེ་ལ་འཇུག་བ་གོང་མ་གཉིས་ལས་བཟློག་པའི་ཕྱིར་རྟོགས་པ་སྨོས་སོ། །ཡིད་ཀྱི་ཆོ་འཕྲུལ་ལ་རྣམ་པ་ལྔ་སྟེ། སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་ལ་མཁས་པ་དང། སྨོན་ལམ་མངོན་པར་སྒྲུབ་པ་ལ་མཁས་པ་དང། ཡིད་བཞིན་གྱི་ནོར་བུ་ལྟར་འགྲོ ་བ་ཐམས་ཅད་ཉེ་བར་འཚོ་བ་ལ་མཁས་པ་དང། འཁོར་བ་དང་མྱ་ངན་ལས་འདས་པ་ལ་མི་གནས་པར་མཁས་པ་དང། བསམ་གཏན་ལ་སོགས་པ་མངོན་པར་སྒྲུབ་པ་ལ་མཁས་པའོ། །དེ་ལ་སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་ལ་མཁས་པའི ་དབང་དུ་བྱས་ནས། འགྲོ་བ་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བ་དང། གདུལ་བར་བྱ་བའི་དུས་བཞིན་དུ་ཕྱད་པའི་བྱིན་གྱིས་བརླབས་ཅན་གྱི་བྱ་བ་ཐམས་ཅད་ཡང་དག་པར་སྟོན་པ་ལ་མཁས་པ་ཞེས་བྱ་བ་གསུངས་ཏེ། འགྲོ་བ་ཐམས་ཅད་ཀྱི ་དགེ་བའི་རྩ་བ་ཡོངས་སུ་མ་སྨིན་པ་ཡོངས་སུ་སྨིན་པར་བྱ་བ་དང། །ཡོངས་སུ་སྨིན་པའི་གདུལ་བར་བྱ་བ་སྟེ། དེའི་དོན་དུའོ། །དུས་ཇི་ལྟ་བ་བཞིན་དུ་གང་གི་ཡོངས་སུ་སྨིན་པར་བྱ་བ་དང། གདུལ་བར་བྱ་བའི་དུས་གང་ཡིན་པའོ། །ཕྱད་པའི་བྱིན་གྱིས་བརླབས་འབྲས ་བུ་ཡོད་པའི་མཐུ་ཅན་གྱི་བྱ་བ་གང་ཡིན་པ་དེ་ཐམས་ཅད་ཡང་དག་པར་སྟོན་པ་དེ་ལ་མཁས་པ་དག་གོ། སྨོན་ལམ་མངོན་པར་སྒྲུབ་པ་ལ་མཁས་པའི་དབང་དུ་བྱས་ནས། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྨོན་ལམ་མངོན་པར་སྒྲུབ་པ ་བསྐལ་པ་དང། དུས་དང། ཞིང་དང། སྤྱོད་པ་ལ་རྒྱུན་མི་གཅོད་པས་གནས་པ་ཞེས་བྱ་བ་གསུངས་སོ། །བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྨོན་ལམ་རྣམས་ནི་འདི་ཁོ་ན་ལས་འོག་ནས་ཇི་སྐད་འབྱུང་བ་རྣམས་ཏེ། དེ་དག་མངོན་པར་སྒྲུབ ་པ་ནི་གྲུབ་པར་བྱེད་པའོ། །དེ་རྒྱུན་མི་གཅོད་པ་ནི་བཟང་པོ་དང། སྐར་མ་ལྟ་བུ་ལ་སོགས་པའི་བསྐལ་པ་གང་རྣམས་དང། མ་འོངས་པའི་སྐྱེ་བའི་རྒྱུན་གྱི་དུས་རྣམས་དང། དེ་བཞིན་གཤེགས་པ་འབྱུང་བ་ཡང་དག་པར་སྟོན་པ་སངས་རྒྱས་ཀྱི་ཞིང་རྣམས ་དང་སྤྱད་པ་ལ་རྒྱུན་ཆད་པར་མི་བྱེད་པ་སྟེ། དེ་དག་གིས་གནས་པའི་ངང་ཚུལ་ཅན་གང་ཡིན་པ་དེ་དག་ལ་དེ་སྐད་ཅེས་བྱའོ། །དེ་ནི་སྨོན་ལམ་མངོན་པར་སྒྲུབ་པ་གོམས་པས་དུས་ཐམས་ཅད་དང། ཡུལ་ཐམས་ཅད་དང། གནས་ཐམས་དུ་དེ་དག་གི་སྨོན?་ལཾ ་དག་འབྱུང་ངོ། །ཞེས་བསྟན་པ་ཡིན་ནོ། །ཡིད་བཞིན་གྱི་ནོར་བུ་ལྟར་འགྲོ་བ་ཐམས་ཅད་ཉེ་བར་འཚོ་བ་ལ་མཁས་པའི་དབང་དུ་བྱས་ནས། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་འབྱོར་པའི་ཚོགས་བསོད་ནམས་དང་ཡེ་ཤེས་ཤིན་ཏུ་ཡོངས་སུ་རྫོགས་པ ་མི་ཟད་པ་འགྲོ་བ་ཐམས་ཅད་ཉེ་བར་འཚོ་བ་ལ་ཞུགས་པ་ཞེས་བྱ་བ་གསུངས་སོ། །བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བསོད་ནམས་དང་ཡེ་ཤེས་ནི་དོན་ཐམས་ཅད་ཀྱི་འབྱོར་པར་གྱུར་པའི་ཚོགས་འགྲུབ་པར་འགྱུར་པའི་ཚོགས་ཉིད་ཡིན་པས་བྱང ་ཆུབ་སེམས་དཔའ་ཐམས་ཅད་ཀྱི་འབྱོར་པའི་ཚོགས་བསོད་ནམས་དང་ཡེ་ཤེས་ཏེ། དེས་གཞན་གྱི་དོན་རྣམ་པ་ཐམས་ཅད་དུ་ཡང་དག་པར་སྒྲུབ་པའི་ཕྱིར་ཤིན་ཏུ་ཡོངས་སུ་རྫོགས་པའོ། །དུས་ཐམས་ཅད་དུ་རྒྱུན་མི་འཆད་པའི་ཕྱིར་མི་ཟད་པ་སྟེ། འགྲོ ་བ་ཐམས་ཅད་ཉེ་བར་འཚོ་བ་གང་ཡིན་པ་དེ་ལ་ཞུགས་པ་དག་གོ། བསྡུས་པའི་དོན་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསགས་པའི་ཕྱིར་གང་གིས་ན་དེ་དག་ཡིད་བཞིན་གྱི་ནོར་བུ་ལྟར་དུས་རྟག་ཏུ་སེམས་ཅན ་ཐམས་ཅད་ཉེ་བར་འཚོ་བར་འགྱུར་བ་དེ་ལྟར་བྱས་སོ་ཞེས་བྱ་བ་ཡིན་ནོ། །འཁོར་བ་དང་མྱ་ངན་ལས་འདས་པ་ལ་མི་གནས་པར་མཁས་པའི་དབང་དུ་བྱས་ནས། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཤེས་རབ་དང་ཐབས་དམ་པ་མཆོག་ཐོབ་པ ་ཞེས་བྱ་བ་གསུངས་ཏེ། ཤེས་རབ་ནི་དེ་བཞིན་ཉིད་ལ་དམིགས་པའི་ཡེ་ཤེས་སོ། །ཐབས་ནི་འདིར་སྙིང་རྗེ་ཆེན་པོར་འདོད་དོ། །མཆོག་ནི་རབ་པོ། །དེ་ནི་དམ་པ་ཡང་ཡིན་ལ་མཆོག་ཀྱང་ཡིན་ནོ་ཞེས་བྱ་བར་ཚིག་རྣམ་པར ་སྦྱར་ཏེ། ཤེས་རབ་དང་ཐབས་གཉིས་ཀྱི་དམ་པ་མཆོག་དེ་ཐོབ་བ་དག་གོ་།དེ་ལ་ཤེས་རབ་ཀྱིས་ནི་འཁོར་བ་ལ་མི་གནས་སོ། །སྙིང་རྗེས་ནི་མྱ་ངན་ལས་འདས་པ་ལ་མི་གནས་སོ། །འཁོར་བ་དང་མྱ་ངན་ལས་འདས་པའི་སྒོ་ཡང་དག་པར་སྟན་པའི ་བྱང་ཆུབ་སེམས་དཔའ་ཨི་སྤྱོད་པའི་རྒྱུན་མི་གཅོད་པ་ཞེས་བྱ་བས་ནི་ཤེས་རབ་དང་ཐབས་འདི་གཉིས་ཀྱི་འབྲས་བུ་བསྟན་ཏོ། །རྒྱུན་མི་གཅོད་པ་ཞེས་བྱ་བའི་སྒྲ་ནི་རེ་རེ་དང་སྦྱར་ཏེ། འཁོར་པའི་སྒོ་ཡང་དག་པར་སྟོན་པའི་བྱང་ཆུབ་སེམས ་དཔའ་ཨི་སྤྱོད་པ་རྒྱུན་མི་གཅོད་བ་ཞེས་བྱ་བ་དང། མྱ་ངན་ལས་འདས་པའི་སྒོ་ཡང་དག་པར་སྟོན་པའི་བྱང་ཆུབ་སེམས་དཔའ་ཨི་སྤྱོད་བརྒྱུན་གཅོད་པ་ཞེས་བྱ་བར་སྦྱར་རོ། །སྙིང་བརྩེ་བས་ནི་འཁོར་བའི་སྒོ་ཡང་དག་པར་སྟོན་པའི་བྱང་ཆུབ ་སེམས་དཔའ་ཨི་སྤྱོད་པ་བལྟམ་བ་དང། གཞོན་ནུ་དང། བཙུན་མོའི་འཁོར་གྱི་ནང་ན་བཞུགས་པ་ཡང་དག་པར་སྟོན་པ་ལ་སོགས་པའི་མཚན་ཉིད་རྒྱུན་མི་གཅོད་དོ། །ཤེས་རབ་ཀྱིས་ནི་མྱ་ངན་ལས་འདས་པའི་སྒོ་ཡང་དག་པར་སྟོན་པའི་བྱང ་ཆུབ་སེམས་དཔའ་སྤྱོད་པར་མངོན་པར་འབྱུང་བ་ལ་སོགས་པའི་མཚན་ཉིད་རྒྱུན་མི་གཅོད་དོ། །བསམ་གཏན་ལ་སོགས་པ་མངོན་པར་སྒྲུབ་པ་ལ་མཁས་པའི་དབང་དུ་བྱས་ནས། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བསམ་གཏན ་དང། རྣམ་པར་ཐར་པ་དང། ཏིང་ངེ་འཛིན་དང། སྙོམས་པར་འཇུག་པ་དང། མངོན་པར་ཤེས་པ་དང། ཡེ་ཤེས་ཀྱི་མངོན་པར་རོལ་པའི་བྱ་བ་ཐམས་ཅད་ཡང་དག་པར་སྟོན་པ་ལ་མཁས་པ་ཞེས་བྱ་བ་གསུངས་སོ། །བསམ་གཏན་རྣམས་ནི་དང་པོ་ལ ་སོགས་པའོ། །རྣམ་པར་ཐར་པ་ནི་བརྒྱད་དོ། །ཏིང་ངེ་འཛིན་རྣམས་ནི་ནམ་མཁའ་མཛོད་ལ་སོགས་པའོ། །སྙོམས་པར་འཇུག་པ་རྣམས་ནི་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་པོ་དག་གོ། མངོན་པར་ཤེས་པ་རྣམས་ནི་ལྷའི་མིག་ལ ་སོགས་པའོ། །ཡེ་ཤེས་ནི་དེ་བཞིན་ཉིད་ལ་དམིགས་པའོ། །དེ་དག་གི་རྣམ་པར་རོལ་པའི་ཕྱིར་དེ་དག་ཉིད་མངོན་བར་རོལ་པའོ། །དེ་དག་ཉིད་བྱ་བ་ཐམས་ཅད་དེ། ཡིད་ཀྱིས་སྤྱོད་པའི་མཚན་ཉིད་དེ། དེ་སྟོན་པ་ལ་མཁས་པ་དག་གོ་།ལུས་ཀྱི ་ཆོ་འཕྲུལ་ནི་རྣམ་པ་གཉིས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཁོར་གྱི་དཀྱིལ་འཁོར་དུ་ཅིག་ཅར་དུ་འགྲོ་བར་ཡང་དག་པར་སྟོན་པ་དང། འདུལ་བ་དང་མཐུན་པའི་ལུས་རབ་ཏུ་སྣང་བ་ཡང་དག་བར་སྟོན་པའོ། །དེ་བཞིན་གཤེགས་པའི ་འཁོར་གྱི་དཀྱིལ་འཁོར་དུ་འགྲོ་བ་ཡང་དག་པ་སྟོན་པ་ཡང་དམ་པའི་ཆོས་ཀྱི་གཏམ་འབྱུང་བར་བྱ་བའི་དོན་དང། ཆོས་ཀྱི་འཁོར་ལོ་ཡང་དག་པར་གཟུང་བའི་དོན་དང། དེ་བཞིན་གཤེགས་པ་ལ་མཆོད་བ་དང། རིམ་གྲོ་བྱ་བའི་དོན་དུའོ། །ང ་ལ་དམ་པའི་ཆོས་ཀྱི་གཏམ་འབྱུང་བར་བྱ་བའི་དབང་དུ་བྱས་ནས། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་རྫུ་འཕྲུལ་གྱི་སྟོབས་ལ་དབང་ཐོབ་པས་མངོན་པར་འདུ་བྱ་བ་མེད་པར་སེམས་ཀྱི་སྐད་ཅིག་གིས་དེ་བཞིན་གཤེགས་པ་ཐམས ་ཅད་ཀྱི་འཁོར་གྱི་དཀྱིལ་འཁོར་དུ་འགྲོ་བ་ལ་སྔོན་དུ་འདྲེན་པའི་གཏམ་གྱི་སྐྱེས་བུར་གྱུར་པ་ཞེས་བྱ་བ་གསུངས་ཏེ། རྫུ་འཕྲུལ་ནི་འགྲོ་བའོ། །དེའི་སྟོབས་ནི་མཐུའོ། །དེ་ལ་དབང་བ་སྟེ་དེ་ཐོབ་པའོ། །དེ་ཉིད་ཀྱི་ཕྱིར་དེ་དག་མངོན་པར་འདུ་བྱ ་བ་མེད་བས་ལྷུན་གྱིས་གྲུབ་པར་སེམས་ཀྱི་སྐད་ཅིག་ཁོ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཁོར་གྱི་དཀྱིལ་འཁོར་དུ་ཅིག་ཅར་དུ་འགྲོ་བ་ཡང་དག་པར་སྟོན་ཏོ། །དེས་ན་དེ་དག་སྔོན་འདྲེན་པའི་གཏམ་གྱི་སྐྱེས་བུ་སྟེ། དེ་དག་ནི ་ཐེག་པ་ཆེན་པོའི་གཏམ་ལ་གཙོ་བོ་ཡིན་པའི་ཕྱིར་རོ། །དེ་དག་ནི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་རྫུ་འཕྲུལ་གྱི་སྟོབས་ལ་དབང་ཐོབ་པ་ཡང་ཡིན་ལ། མངོན་པར་འདུ་བྱ་བ་མེད་པར་སེམས་ཀྱི་སྐད་ཅིག་གིས་དེ་བཞིན ་གཤེགས་པ་ཐམས་ཅད་ཀྱི་འཁོར་གྱི་དཀྱིལ་འཁོར་དུ་འགྲོ་བའི་སྔོན་དུ་འདྲེན་པའི་གཏམ་གྱི་སྐྱེས་བཱུང་ཡིན་ནོ། །ཞེས་བྱེ་བྲག་གི་བསྡུ་པའོ། །ཆོས་ཀྱི་འཁོར་ལོ་ཡང་དག་པར་བཟུང་བ་དང། དེ་བཞིན་གཤེགས་པ་ལ་མཚད་པ་དང། རིམ་གྲོ་བྱ་བའི་ ་དབང་དུ་བྱས་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཀྱི་འཁོར་ལོ་ཡང་དག་པར་གཟུང་བ་དང། སངས་རྒྱས་ལ་མཆོད་པ་དང། རིམ་གྲོ་རྒྱ་ཆེན་པོ་བྱ་བ་ལ་མངོན་པར་བརྩོན་ཞེས་བྱ་བ་གསུངས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས ་ཀྱི་འཁོར་ལོ་ཡང་དག་པར་གཟུང་བ་དང། མཆོད་པ་དང། རིམ་གྲོ་རྒྱ་ཆེན་པོ་བྱ་བ་ལ་མངོན་པར་བརྩོན་པ་ཞེས་བྱ་བའི་ཐ་ཚིག་གོ་།མཆོད་པ་ནི་གདུགས་ལ་སོགས་པས་སོ། །རིམ་གྲོ་བྱ་བ་ནི་བསྙེན་བཀུར་བྱ་བ་ལ་སོགས་པས་སོ། །འདུལ་བ་ངང་མཐུན་པའི ་ལུས་རབ་ཏུ་སྣང་བར་བྱེད་པ་ཡང་དག་པར་སྟོན་པའི་དབང་དུ་བྱས་ནས། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ལས་ཡང་དག་པར་བླང་བ་ཅན་གྱི་མཉམ་པ་ཉིད་ཀྱི་སྦྱོར་བས་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ལུས་རབ་ཏུ་སྣང་བར་བྱེད་པ་རྫོབ ་པ་ཞེས་བྱ་བ་གསུངས་ཏེ། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ལས་ནི་སེམས་ཅན་གྱི་དོན་སྒྲུབ་པའོ། །དེ་ཡང་དག་པར་བླང་བ་ནི་ལེགས་པར་ཁས་བླང་བའོ། །དེ་སྔོན་དུ་འགྲོ་བ་ཅན་གྱི་མཉམ་པ་ཉིད་ཀྱི་སྦྱོར་བ་ནི་རྗེས་སུ་ཆགས་པ་དང། ཁོང་ཁྲོ ་བ་མེད་པ་དང། འདུལ་བ་དང་མཐུན་པ་ཉིད་ཀྱིས་ཐམས་ཅད་ལ་སྒྲུབ་པའི། །དེའི་དོན་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་འདུལ་བ་དང་མཐུན་པའི་ལས་སྣང་བར་བྱེད་པ་གང་ཡིན་པ་ལུས་ཡང་དག་པར་སྟོན་པ་དེ་ཐོབ་པ་དག་གི་།དག་གི་ཆོ ་འཕྲུལ་ཡང་རྣམ་པ་གཉིས་ཏེ། དབྱངས་ཀྱིས་འཇིག་རྟེན་གྱི་ཁམས་མཛའ་ཡས་པ་ཁྱབ་པ་དང། ཚིག་དང་ཡི་གེ་སྣ་ཚོགས་ཀྱིས་བསྐལ་པ་མཛའ་ཡས་པ་རྣམས་སུ་ཐེག་པ་ཆེན་པོ་རྒྱུན་མི་འཆད་པར་རབ་ཏུ་སྟོན་པའོ། །དེ་ལ་དང་པོའི་དབང་བྱས་ནས། ཆོས ་ཐམས་ཅད་ཀྱི་དབྱིངས་ལྟར་ཆགས་པ་མེད་པའི་དབྱིངས་སྒྲོག་པས་ཁྱབ་པར་བྱེད་པས་དུས་གསུམ་ཐམས་ཅད་ལ་ཆགས་པ་མེད་པའི་སེམས་ཀྱིས་ཡེ་ཤེས་ཀྱི་ཡུལ་རྒྱས་པར་འགེངས་པ་ཞེས་བྱ་བ་གསུངས། །སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་དབྱིངས ་ནི་དེ་བཞིན་ཉིད་དོ། །དེ་ལྟར་ཆགས་པ་མེད་པ་ནི་ཐོགས་པ་མེད་པའོ། །དེ་གང་ཡིན་ཞེ་ན། ཆོས་ཀྱི་དུད་དེ། །གྲག་པར་བྱེད་པའི་ཕྱིར་སྒྲོགས་པོ་སྟེ། དབྱངས་ཀྱི་སྦྲོགས་པ་ཡིན་པས་དབྱངས་སྒྲོག་པ་སྟེ། དབྱངས་ཀྱི་རྒྱུ་ནི་ཆོས་ཀྱི་དུང་ཞེས་བྱ་བའི་ཐ་ཚིག་གོ། དེས ་ཁྱབ་པར་བྱེད་པ་སྟེ། ཀུན་ཏུ་ཚིག་ཏུ་སྣང་བའི་རྣམ་པར་ཤེས་པ་འབྱུང་བའི་ཕྱིར་དེ་སྐད?་ཅེས་བྱའི། དག་ཕྱི་རོལ་ན་གྲུབ་པ་ནི་མེད་དོ། །དུས་གསུམ་ཐམས་ཅད་ལ་ཆགས་པ་མེད་པའི་སེམས་ཀྱི་ཡེ་ཤེས་ཅན་གང་ཡིན་པའི་སངས་རྒྱས་བཅོམ་ལྡན་འདས ་དེ་དག་ལ་དེ་སྐད་ཅེས་བྱའོ། །སེམས་སྨོས་པ་ནི་ཕྱི་རོལ་མ་གྲུབ་པའི་ཕྱིར་ཤེས་བྱ་པ་ཙམ་དུ་ཟད་པའོ། །དེ་དག་གི་ཡུལ་ནི་འཇིག་རྟེན་གྱི་ཁམས་ཐམས་ཅད་དེ། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཆགས་པ་མེད་པའི་དབྱངས་སྒྲོགས་པས་ཁྱབ་པར ་ཕྱེད་པས་དུས་གསུམ་ཐམས་ཅད་ལ་ཆགས་པ་མེད་པའི་སེམས་ཀྱིས་ཡེ་ཤེས་ཀྱི་ཡུལ་རྒྱས་པར་འགེངས་པ་ནི་ཁྱབ་པར་བྱེད་པ་སྟེ། དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་ཡུལ་འཇིག་རྟེན་གྱི་ཁམས་རྣམས་ཅིག་ཅར་དུ་དབྱངས་ཀྱི་ཁྱབ་པར་བྱེད ་ཅེས་བྱ་པའི་ཐ་ཚིག་གོ་།ཐེག་པ་ཆེན་པོ་ཡང་དག་པར་རབ་ཏུ་སྟོན་པའི་དབང་དུ་བྱས་ནས། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྡེ་སྣོད་ཅེས་བྱ་བ་ལ་སོགས་པ་གསུངས་སོ། །བྱང་ཆུབ་སེམས་དཔའ་ཨི་སྡེ་སྣོད་ནི་ཐེག་པ་ཆེན་པོའོ། །དེའི་ཡོན་ཏན་འབྱོར་པ་ནི ་ཡོན་ཏན་ཕུན་སུམ་ཚོགས་པའོ། །དེ་ཤིན་ཏུ་ཡོངས་སུ་རྫོགས་པ་བསྐལ་པ་བརྗོད་དུ་མེད་པར་རྒྱུན་མི་འཆད་པར་བར་ཆད་མེད་པར་ཡང་དག་པར་རབ་ཏུ་བསྟན་པ་སྟེ། ཡང་དག་པར་རབ་ཏུ་བསྟན་པ། དེ་ལྟ་བུས་ཡོན་ཏན ་བསྔགས་པ་བསྟན་པ། ཡོན་ཏན་བསྟོད་པ་ཟད་མི་ཤེས་པ་ཅན་གང་ཡིན་པ་དེ་དག་ལ་དེ་སྐད་ཅེས་བྱ་བ་སྟེ། བསྐལ་པ་དཔག་ཏུ་མེད་པར་ཡང་ཐེག་པ་ཆེན་པོའི་ཡོན་ཏན་སྟོན་པ་རྣམས་ཀྱི་ཡོན་ཏན་བསྔགས་པའི་བསྟན་པ་མི་ཟད་ཅེས་བྱ ་བའི་ཐ་ཚིག་གོ། འདི་ལྟར་རྡོ་རྗེའི་སྙིང་པོ་དང། ཞེས་བྱ་བ་ལ་སོགས་པ་ནི་གྲངས་ཕལ་ཆེ་བ་བསྟན་ཏོ། །བདག་གིས་བྱང་ཆུབ་སེམས་དཔའ་ཨི་འཁོར་གྱི་ནང་ན་གཙོ་བོར་གྱུར་པས་དེ་ལ་སོགས་པ་སྟེ། སོ་སོར་བསྟན་པར་བལྟའོ། །འཕགས ་པ་ས་བཅུའི་མདོ་སྡེའི་གླེང་གཞི་བཞི་བཤད་པ། སློབ་དཔོན་ཤཱཀྱའི་བློས་མཛད་པ་རྫོགས་སོ།། །།རྟ་འཕགས་པ་རྣམ་པར་མི་རྟོག་པར་འཇུག་པའི་གཟུངས་ཀྱི་རྒྱ་ཆེར་འགྲེལ་པ་སློབ་དཔོན་ག་མ་ལ་ཤཱི་ལས་མཛད་པ་བཞུགས།། ཝཱཾ། ་།།རྒྱ་གར་སྐད་དུ། ཨཱརྱ་ཨ་བི་ཀལྤ་པྲ་བེ་ཤ་དྷཱ་ར་ཎཱི་ཊཱི་ཀ། བོད་སྐད་དུ། འཕགས་པ་རྣམ་པར་མི་རྟོག་པར་འཇུག་པའི་གཟུངས་ཀྱི་རྒྱ་ཆེར་འགྲེལ་པ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །ལོག་རྟོག་དྲ་བ་མང་པོ་དག་།མ་ལུས་བསལ ་ལ་ཕྱག་འཚལ་ཏེ། རྣམ་པར་མི་རྟོག་འཇུག་པའི་དོན། །ཅི་ནུས་རྣམ་པར་དབྱེ་བར་བྱེ་།དེ་ལ་མདོ་སྡེ་འཆད་པར་འདོད་པས་ཉན་པའི་སྐྱེ་བོ་དག་ནན་ཏན་གྱིས་ལེན་པ་ལ་སོགས་པ་ལ་གཟུང་པའི་ཕྱིར་དང་པོར་དགོས་པ་ཇེ་བརྗོད་པར་བྱ་སྟེ། དགོས་པ་མ ་རྟོགས་པར་ནི་རྟོག་པ་དང་ལྡན་པ་དག་གང་ལ་ཡང་འཇུག་པར་མི་འགྱུར་རོ། །དེའི་འོག་ཏུ་མདོ་སྡེའི་དོན་བདེ་བླག་ཏུ་ཟིན་པར་བྱ་བའི་ཕྱིར་བསྡུས་པའི་དོན་བརྗོད་པར་བྱའོ། །དེའི་འོག་ཏུ་བསྡུས་པའི་དོན་རྟོགས་པར་བྱ་བའི་ཕྱིར་ཚིག་གི་དོན ་བརྗོད་པར་བྱའོ། །དེའི་འོག་ཏུ་དོན་ལ་འབྲེལ་པར་མེད་དུ་དོགས་པ་བསལ་པའི་ཕྱིར་ཚིག་གི་མཚམས་སྦྱར་བ་བསྟན་པར་བྱའོ། །དེའི་འོག་ཏུ་སྔ་ཕྱི་རིགས་པ་དང་འགལ་བ་བསལ་བའི་ཕྱིར་རྒོལ་བའི་ལན་བརྗོད་པར་བྱ་སྟེ། ཚུལ་ནི་དེ་ལྟའོ། །དེ ་ལ་དྲན་པ་དང་ཤེས་རབ་ཀྱི་ཁྱད་པར་གྱི་མཚན་ཉིད་ཀྱིས་རྣམ་པར་མི་རྟོག་པའི་དབྱིངས་ལ་འཇུག་པ་དང། རྟོག་པའི་དྲ་བ་མ་ལུས་པར་སྤོང་བ་ནི་མདོ་སྡེ་འདིའི་དགོས་པའོ། །དེ་ནས་ས་ཡོངས་སུ་སྦྱོང་བའི་རིམ་གྱིས་ཐམས་ཅད་མཁྱེན་པའི་གོ་འཕང ་འཐོབ་པའི་བར་ནི་དགོས་པ་མཐར་ཕྱིན་པའོ། །དེ་ལྟར་ན་མདོ་སྡེ་འདིས་རྣམ་པར་མི་རྟོག་པའི་དབྱིངས་ལ་འཇུག་པའི་ཐབས་ཡང་དག་པར་སྟོན་ཏོ། །གང་དག་ཐབས་གང་ལ་ཕྱིན་ཅི་མ་ལོག་པར་གནས་པ་དེ་དག་ནི་དེ་འཐོབ་པ་ལ་ཐེ་ཚོམ་མི་སྐྱེ ་སྟེ། དཔེར་ན་ཕྱིན་ཅི་མ་ལོག་པར་ནད་མེད་པར་བསྒྲུབ་པ་ལ་ནད་པ་རྣམས་གནས་ན་ནད་མེད་པར་འགྱུར་པ་བཞིན་ནོ། །དེ་བས་ན་གང་དག་མདོ་སྡེའི་དོན་ཐོས་ནས་དེ་ལ་བརྟེན་ཏེ། ཡང་དག་པར་བསྒོམ་པ་ལ་རྟག་ཏུ་ནན་ཏན་གྱིས་ཡུན་རིང་པོར་བརྩོན ་པར་བྱེད་པ་དེ་དག་ནི་གདོན་མི་ཟ་བར་ཇི་སྐད་གསུངས་པའི་རྣམ་པར་མི་རྟོག་པའི་དབྱིངས་ལ་འཇུག་པར་འགྱུར་རོ། །དེ་ནས་སྒྲིབ་པ་བསགས་བ་མ་ལུས་པ་དག་རིམ་གྱིས་ཟད་དོ། སྒྲིབ་པ་མེད་པའི་ཡེ་ཤེས་ཤར་ནས་ཐམས་ཅད་མཁྱེན་པའི་གོ་འཕང ་འཐོབ་པར་འགྱུར་ཏེ། དེ་སྐད་དུ་ཡང་རྣམ་པར་མི་རྟོག་པར་འཇུག་པའི་བཟུངས་བཟུང་ན། བྱང་ཆུབ་སེམས་དཔའ་མྱུར་བ་མྱུར་བར་སངས་རྒྱས་ཀྱི་ཆོས་རྣམས་སྒྲུབ་ཅིང་རྟག་ཏུ་ཁྱད་པར་དུ་ཡང་འགྲོའོ་ཞེས་གསུངས་སོ། །དགོས་པ་དེ་ནི་འདིའི་མིང་གིས ་ཀྱང་བསྟན་ཏེ། དེ་ལྟར་ན་འདི་ལ་རྣམ་པར་རྟོག་པ་མེད་པས་རྣམ་པར་མི་རྟོག་པའི་ཆོས་ཀྱི་དབྱིངས་ཞེས་བྱའོ། །དེ་ལ་གང་དྲན་པ་དང་ཤེས་རབ་ཀྱི་ཁྱད་པར་གྱིས་འཇུག་པ་དེ་ནི་རྣམ་པར་མི་རྟོག་པ་ལ་འཇུག་པའོ། །དེའི་སྟོབས་ཀྱིས་བྱང་ཆུབ ་སེམས་དཔའ་རྣམས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསུངས་པ་ཀུན་འཛིན་པས་ན་དེ་ཉིད་གཟུགས་ཞེས་བྱའོ། །ཚིག་ཀྱང་དེའི་རྒྱུར་འགྱུར་བས་ན་དེ་སྐད་བསྟན་ཏེ། དཔེར་ན་སངས་རྒྱས་རྣམས་འབྱུང་བ་བདེའི? ་ཞེས་བྱ་བ་ལྟ་བུའོ། །མདོ་སྡེ་འདི་དངོས་སུ་ནི་རྣམ་པར་རྟོག་པའི་གཉེན་པོར་གསུངས་མོད་ཀྱི། །འོན་ཀྱང་ཉེས་བ་ཐམས་ཅད་ནི་ལོག་པར་རྟོག་པ་ལས་འབྱུང་བས་ན་དེའི་ཕྱིར་ཉེས་པ་མ་ལུས་པའི་གཉེན་པོ་ཉིད་དུ་ཡང་གནས་སོ། །དེ་ལ་གཟུངས ་འདིའི་བསྡུས་པའི་དོན་ནི་རྣམ་པ་བཅུ་བཞི་སྟེ། གླེང་གཞི་དང། གླེང་བསླང་བ་དང། ཡང་དག་བར་འཛིན་དུ་འཇུག་པ་དང། གསོལ་བ་འདེབས་བ་དང། འཁོར་སྣོད་དུ་བྱ་བ་དང་གནས་པ་དང། མཚོན་མ་ཡོངས་སུ་སྤོང་བར་ཡང་དག་པར་སྦྱོར ་བ་དང། རྣམ་པར་མི་རྟོག་པའི་དབྱིངས་སུ་འཇུག་པ་དང། རྣམ་པར་མི་རྟོག་པའི་དབྱིངས་ཀྱི་མཚན་ཉིད་དང། དེར་ཞུགས་པའི་རྟགས་དང། དེའི་ཕན་ཡོན་དང། དེའི་ལས་དང། དཔེས་རྣམ་པར་མི་རྟོག་པ་གཅིག་ཏུ་བླང་བ་དང། ཇི་ལྟར ་ཡིད་ལ་བྱས་པས་མཚན་མ་ཡོངས་སུ་སྤངས་ཏེ། རྣམ་པར་མི་རྟོག་པ་ལ་འཇུག་པར་འགྱུར་བ་ཐབས་དང་བཅས་པ་དད་བཅུ་བཞིའོ། །དེ་ལ་འདི་སྐད་ཅེས་བྱ་བ་ནས་བཟུང་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས ་པ་སྤྱན་རས་གཟིགས་དབང་ཕྱུག་དང་ཐབས་གཅིག་གོ་ཞེས་བྱ་བའི་བར་འདིས་ནི་གླེང་གཞི་བསྟན་ཏོ། །དེའི་འོག་ཏུ་དེ་ནས་ཞེས་བྱ་བ་ནས་བཟུང་སྟེ། ཆོས་རྣམས་ཀྱི་རྣམ་པར་མི་རྟོག་པ་ཉིད་ལས་བརྩམས་ཏེ་ཆོས་སྟོན་ཏོ་ཞེས ་བྱ་བའི་བར་འདིས་ནི་གླེང་བསླང་བའོ། །དེ་ནས་ཞེས་བྱ་བ་ནས་བཟུང་སྟེ། རྟག་ཏུ་ཁྱད་པར་དུ་ཡང་འགྲོའོ་ཞེས་པའི་བར་འདིས་ནི་ཡང་དག་པར་འཛིན་དུ་འཇུག་པའོ། །དེ་ནས་ཞེས་བྱ་བ་ནས་བཟུང་སྟེ། རྒྱ་ཆེར་སྟོན་པར་འགྱུར་བར ་རྣམ་པར་མི་རྟོག་པར་འཇུག་པའི་གཟུངས་བཤད་དུ་གསོལ་ཞེས་བྱ་བའི་བར་འདིས་ནི་གསོལ་བ་འདེབས་པའོ། །དེ་སྐད་ཅེས་གསོལ་པ་དང་ཞེས་བྱ་བ་ནས་བཟུང་སྟེ། ཉན་པ་དང་ཞེས་བྱ་བའི་བར་འདིས་ནི་སྣོང་དུ་བྱའོ། །བཅོམ་ལྡན་འདས ་ཀྱིས་ཞེས་བྱ་བ་ནས་བཟུང་སྟེ། བསམ་པ་བཞག་ནས་ཞེས་བྱ་བར་འདིས་ནི་གནས་པའོ། །འདི་ལྟ་སྟེ་གཟུང་བ་འམ་འཛིན་པར་ཡང་རུང་རྣམ་པར་རྟོག་པའི་མཚན་མ་ཐམས་ཅད་ཡོངས་སུ་སྤོང་སྟེ། ཞེས་བྱ་བ་ནས་བཟུང་སྟེ། རྣམ་པར་མི་རྟོག ་པའི་དབྱིངས་ལ་རེག་བར་འགྱུར་བ་ཚུལ་བཞིན་གྱི་ཏིང་ངེ་འཛིན་ནི་ཡོད་དོ་ཞེས་བྱ་བའི་བར་འདིས་ནི་ཡང་དག་པར་སྦྱོར་བའོ། །དེ་ཡང་དག་པར་ཞེས་བྱ་བ་ནས་བཟུང་སྟེ། རིམ་གྱིས་ཡོངས་སུ་སྤོང་ངོ་ཞེས་བྱ་བའི་བར་འདིས་ནི་རྣམ་པར་མི་རྟོག་པའི ་དབྱིངས་སུ་འཇུག་པའོ། །ཅིའི་ཕྱིར་ཞེ་ན། ཞེས་བྱ་བ་ནས་བཟུང་སྟེ། གནས་མེད་པས་ཞེས་བྱ་བའི་བར་ནི། རྣམ་པར་མི་རྟོག་པའི་དབྱིངས་ཀྱི་མཚན་ཉིད་དོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པར་མི་རྟག་པའི་དབྱིངས་ལ་རབ་ཏུ་གནས ་པ་ནི་ཞེས་བྱ་བ་ནས་བཟུང་སྟེ། སྤྲུལ་པ་དང་མཚུངས་པར་མཐོང་ངོ་ཞེས་བྱ་བའི་བར་འདིས་ནི་དེར་ཞུགས་བའི་རྟགས་སོ། །བདེ་བ་ཆེན་པོ་ཞེས་བྱ་བ་ནས་བཟུང་སྟེ། བཤད་བ་ཆེན་པོ་ལ་དབང་བ་ཤིན་ཏུ་རྒྱས་པ་ཡང་འཐོབ་བོ་ཞེས་བྱེ་བའི་བར་འདིས ་ནི་དེའི་ཕན་ཡོན་ནོ། །དུས་ཐམས་ཅད་དུ་ཞེས་བྱ་བ་ནས་བཟུང་སྟེ། སངས་རྒྱས་ཀྱི་མཛད་པ་ལྷུན་གྱིས་གྲུབ་པ་ཡང་རྒྱུན་མི་གཅོད་དོ་ཞེས་བྱ་བའི་བར་འདིས་ནི་དེའི་ལས་སོ། །རིགས་ཀྱི་བུ་དག་འདི་ལྟ་སྟེ། དཔེར་ན་ཞེས་བྱ་བ་ནས་བཟུང་སྟེ། རིགས ་ཀྱི་བུ་དྲུག་དེ་ལྟར་དཔེ་ཉེ་བར་བཀོད་པ་འདིས་རྣམ་པར་མི་རྟོག་པའི་དབྱིངས་སུ་འཇུག་པ་ཁོར་དུ་ཆུད་བར་བྱའོ། །ཞེས་བྱ་བའི་བར་འདིས་ནི་དཔེའོ། །ཚིག་ལྷག་མ་རྣམས་ཀྱིས་ནི་ཐབས་སྟོན་ཏོ། །ཚིགས་སུ་བཅད་པ་གཉིས་ཀྱིས་ནི་ཇི་སྐད་གསུངས ་པའི་དོན་བསྡུ་པ་སྟེ་བསྡུས་པའི་དོན་དང་སྦྱར་རོ། །ཚིག་གི་དོན་ལ་སོགས་པ་ནི་གདོད་བརྗོད་པར་བྱ་སྟེ། དེ་ལ་བདག་ལ་ཡིད་ཆེས་པ་བསྐྱེད་པ་དང། ཡིད་བརྟན་དུ་རུང་བས་མདོ་སྡེ་གསུངས་པར་བསྟན་པས་དེ་ལས་གུས་པ་བསྐྱེད་པའི ་ཕྱིར་ཡང་དག་པར་སྡུད་པར་བྱེད་པས་ཐམས་ཅད་དུ་ཐོག་མར་གླེང་གཞི་སྨོས་ཏེ། དེའི་ཕྱིར་ཡང་བསྟན་དུ་རུང་པས་གསུངས་པར་ངེས་པ་སྦྱིན་པས་ན་གླེང་གཞི་ཞེས་བྱའོ། །འདི་སྐད་ཅེས་བྱ་བ་འདིས་ནི་ཡང་དག་པ་སྡུད་པར་བྱེད་པས་མདོ་སྡེའི་དོན་འོག་ནས ་འབྱུང་བ་མཛའ་དག་སྟོན་ཏེ། སྒྲོ་བཏགས་པ་དང་སྐུར་བ་སྤངས་པའི་ཕྱིར་རོ། །བདག་གིས་ཞེས་བྱ་བས་ནི་མངོན་སུམ་དུ་ཐོས་བར་བསྟན་པ་སྟེ། བདག་ཉིད་ཀྱིས་ཐོས་ཀྱི་ཐོས་པ་གཅིག་ནས་གཅིག་ཏུ་བརྒྱུད་པ་ནི་མ་ཡིན་པའོ། །ཐོས་པ་ཞེས་བྱ་བ་འདིས ་ནི་བདག་གིས་མ་རྟོགས་སོ་ཞེས་བསྟན་པ་སྟེ། ཐོས་པར་ཟད་ཀྱི་རྟོགས་པ་མེད་པར་རྣམ་པར་གཅོད་པའོ། །ཆོས་ཀྱི་དབྱིངས་ཐུགས་སུ་ཆུད་པ་འཕགས་པ་འཇམ་པའི་དབྱངས་ལ་སོགས་པ་ཐེག་པ་ཆེན་པོ་ཡང་དག་པར་སྡུད་པར་བྱེད་པར་གྲགས་མེད་ཀྱི། འོན་ཀྱང ་སངས་རྒྱས་དང་འདྲ་བར་འདི་འདྲ་བའི་ཆོས་རྣམ་པ་ཐམས་ཅད་དུ་རྟོགས་པ་གཞན་ལ་མི་སྲིད་དེ། དེ་བས་ན་དེ་དག་གིས་ཀྱང། བདག་ཉིད་ཡང་དག་པར་སྡུད་པར་བྱེད་པར་ཁས་བླངས་པས་མདོ་སྡེའི་དོན་རྣམ་པ་ཐམས་ཅད་དུ་མ་རྟོགས་སོ་ཞེས་སྟོན་ཏོ། །གཞན ་དུ་ན་ནི་དེ་ཉིད་སྟོན་པ་པོར་འགྱུར་ཏེ། ཡང་དག་པར་སྡུད་བར་བྱེད་པ་མ་ཡིན་ནོ། །དེ་ཉིད་ནི་ཡིད་ཆེས་པར་བྱེད་པའི་རྒྱུ་སྟེ། གཞན་དུ་ན་མི་སྲིད་པའི་དོན་སྨྲས་ན་ཡིད་ཆེས་པར་མི་འགྱུར་བའི་ཕྱིར་རོ། །ཡང་ན་ཐོས་ཞེས་བྱ་བ་འདིས་ནི་བདག་ཉིད་འཆད ་པ་པོ་དགག?་པ་སྟེ། གཟུངས་འདི་ཡང?་བརྟན་དུ་རུང་བས་གསུངས་པར་སྟོན་ཏེ། བདག་ནི་དེའི་ཚེན་ཉན་པར་ཟད་ཀྱི་འཆང་བ་པོ་ནི་མ་ཡིན་ཏེ། འཆད་པ་པོ་ནི་བཅོམ་ལྡན་འདས་སོ་ཞེས་སྟོན་པའི་ཕྱིར་རོ། །འོ་ན་ཡང་དག་པར་སྡུད་པ་སྡུད་པར་བྱེད་པས། ་བཅོམ་ལྡན་འདས་ཀྱིས་འདི་སྐད་བཀའ་སྩལ་པ་ཞེས་ཅིའི་ཕྱིར་མ་བརྗོད་ཅེ་ན། དེ་སྐད་ཅེས་སྨྲས་པ་ལ་ཡོན་ཏན་ལྷག་པ་ཅི་ཞིག་ཡོད། གལ་ཏེ་བཅོམ་ལྡན་འདས་ཀྱིས་གསུངས་པ་ཉིད་དུ་བསྟན་པར་འགྱུར་རོ་ཞེས་ན་མ་ཡིན་ཏེ། བདག་གིས་ཐེས་པ་ཞེས་བྱ་བ་འདིས ་ཀྱང་དེ་བསྟན་པར་འགྱུར་ཏེ། ཇི་སྐད་གོང་དུ་བཤད་པ་བཞིན་ནོ། །ཡང་བཅོམ་ལྡན་འདས་ཀྱིས་འདི་སྐད་བཀའ་སྩལ་པ་ཞེས་སྨྲས་ན་ནི་ཡང་དག་པར་སྡུད་པར་བྱེད་པ་བདག་ཉིད་ཀྱིས་མངོན་སུམ་དུ་ཐོས་པ་མ་ཡིན་པར་བསྟན་པར་འགྱུར་ཏེ། དེའི་ཕྱིར་ཐོས་པ ་གཅིག་ནས་གཅིག་ཏུ་བརྒྱུད་པ་ལས་འོངས་པའི་ཚིག་ཡིན་པར་དོགས་ཤིང་ཡང་དག་པར་སྡུད་པར་བྱེད་པའི་ཚིག་ལས་སུ་ཡང་ཡིད་ཆེས་པར་མི་འགྱུར་རོ། འོན་ཏེ་དེའི་ཕྱིར་བདག་གིས་ཐོས་པ་ཞེས་བྱ་བ་འདི་དང་གཞན་ཡང་སྨོས་ན་ནི་དེའི་ཚེ་ཚིག་མངས་བར ་འགྱུར་རོ། །འདི་སྐད་བདག་གིས་ཐོས་པ་ཞེས་བྱ་བ་དེ་ཙམ་གྱིས་ཀྱང་བརྗོད་པར་འདོད་པའི་དོན་རྫོགས་པའི་ཕྱིར་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ་ཞེས་བྱ་བའི་ཚིག་ལྷག་པར་འགྱུར་རོ། །དེ་བས་ན་བཅོམ་ལྡན་འདས་ཀྱིས་ཀྱང་ཡོངས་སུ་མྱ་ངན་ལས་འདས ་པ་ཆེན་པོ་ལ་སོགས་པའི་མདོ་ལས་འདི་སྐད་བདག་གིས་ཐོས་པ་ཞེས་བྱ་བ་ལ་སོགས་པའི་ཚིག་རྣམས་ཀྱིས་ཡང་དག་པར་བསྡུ་བ་བྱོས་ཤིག་ཅེས་ལུང?་ཕོག་གོ། དེ་བས་ན་བཅོམ་ལྡན་འདས་ཀྱི་ལུང་དང་མཐུན་པར་ཡང་དག་པར་སྡུད་པར་བྱེད་པས ་དེ་བཞིན་དུ་ཡང་དག་པར་བསྡུ་བ་བྱས་པར་འགྱུར་ཏེ་རྒོལ་བ་འདི་ནི་མི་རུང་ངོ། །གཞན་དག་གིས་འདིར་ལན་དུ་སྨྲས་པ། བཅོམ་ལྡན་འདས་ཀྱི་གསུངས་གཅིག་ལ་སེམས་ཅན་གྱི་མོས་པ་སྣ་ཚོགས་ཀྱི་དབང་གིས་རྣམ་པ་དུ་མར་བཤད་པར་སྣང་བའི་ཤེས ་བསྐྱེ་བས་འདི་ནི་བཅོམ་ལྡན་འདས་ཀྱིས་འདི་སྐད་བཀའ་སྩལ་པ་ཞེས་བྱར་མི་རུང་ངོ་དེ་བས་ན་བདག་གིས་ཐོས་བ་ཞེས་བྱ་བ་ནི། ཡང་དག་པར་སྡུད་པར་བྱེད་པས་བདག་ཉིད་ཀྱིས་ཐོས་པའི་ལམ་ནས་འོངས་པའི་རིམ་པ་སྟོན་པས་བཅོམ་ལྡན་འདས་ཀྱིས་འདི? ་སྐད་བཀའ་སྩལ་པ་ཞེས་མི་བརྗོད་དེ། བཅོམ་ལྡན་འདས་ཀྱིས་བཤད་པ་དེའི་ཡུལ་མ་ཡིན་པའི་ཕྱིར་རོ། །དེ་བས་ན་མཇུག་ཏུ་དེ་སྐད་ཅེས་བཀའ་སྩལ་ཏོ་ཞེས་བརྗོད་ཀྱི་འདི་སྐད་བཀའ་སྩལ་ཏོ་ཞེས་ནི་མ་བརྗོད་དོ།། ་བཅོམ་ལྡན་འདས་ཀྱིས་ནི་ཡི་གེ་དང་ངེས་པའི་ཚིག་ཏུ་བརྗོད་པས་ཅུང་ཟད་ཀྱང་མ་བཤད་དེ། དེ་ནི་དུས་ཐམས་ཅད་དུ་རྣམ་པར་མི་རྟོག་པའི་ཕྱིར་རོ། །བཅོམ་ལྡན་འདས་ཀྱི་དབང་ཙམ་གྱིས་སེམས་ཅན་རྣམས་ལ་དེ་ལྟར་ཆོས་སྟོན་པར་སྣང ་པར་འགྱུར་ཏེ། དེ་བས་ན་ཡང་དག་པར་སྡུད་པར་བྱེད་པ་ཉིད་ལ་རབ་ཏུ་སྣང་བ་དང་མཐུན་པར་ཐོས་པ་ཐོས་ཞེས་བྱ་བར་སྨྲས་ཀྱི། བཅོམ་ལྡན་འདས་ཀྱིས་འདི་སྐད་བཀའ་སྩལ་པ་ཞེས་པ་ནི་མ་སྨྲས་ཏེ། བཅོམ་ལྡན་འདས་ཀྱིས་ཡི་གེ་འབྲུ ་གཅིག་ཀྱང་མ་བཤད་པའི་ཕྱིར་རོ་ཞེའོ། དེ་ཡང་མི་རུང་སྟེ། གལ་ཏེ་ཡང་དག་པར་སྡུད་པར་བྱེད་པས་རང་གིས་ཐོས་པའི་ལམ་ནས་འོངས་སམ། རང་ལ་སྣང་བ་ཙམ་ལས་འོངས་སོ་ཞེས་བསྟན་ན་ནི་བཅོམ་ལྡན་འདས་ཀྱིས་གསུངས་པ་ཁོ་ན ་མ་ཡིན་ཏེ། དེའི་ཚེ་མདོ་སྡེ་འདི་ཞལ་ནས་གསུངས་པ་ཉིད་དུ་བསྟན་པར་བྱས་པ་མ་ཡིན་པས་ན་ཉན་པའི་སྐྱེ་བོ་དག་འདི་ལ་གུས་པ་མི་སྐྱེད་པར་འགྱུར་རོ། །གལ་ཏེ་འདི་བདག་ལ་སྣང་བ་དང་མཐུན་པར་བསྟན་ན་ནི་དེ་ལ་དེ་བཞིན་དུ་སྣང་བ་མ ་སྐྱེས་པ་ནི་མ་ཡིན་ན། དེའི་ཚེ་བཅོམ་ལྡན་འདས་ཀྱིས་འདི་སྐད་བཀའ་སྩལ་པ་ཞེས་ཀྱང་ཅིའི་ཕྱིར་མ་བསྟན། འོན་ཏེ་འཆང་པར་སྣང་བ་མེད་ན་ནི་དེ་ཐོས་སོ་སྙམ་པའི་སྣང་བའང་མི་འབྱུང་བར་འགྱུར་རོ། །བཅོམ་ལྡན་འདས་ཆོས་སྟོན་ཏོ།། ་བཅོམ་ལྡན་འདས་ཀྱིས་འདི་སྐད་བཀའ་སྩལ་ཏོ། །ཞེས་བྱ་བ་ལ་སོགས་པ་ཡང་དག་པར་སྡུད་པར་བྱེད་པས་ཅིའི་ཕྱིར་བརྗོད་པ་སྨྲོས་ཤིག། གལ་ཏེ་གཞན་དག་དམ་པའི་ཆོས་ལ་གུས་པ་བསྐྱེད་པར་བྱ་བའི་ཕྱིར་རང་ལ་སྣང་བ་དང། ་མཐུན་པར་འདི་སྐད་སྨྲས་སོ་ཞེ་ན་ནི། གལ་ཏེ་དེ་ལྟ་ན་དེ་བཞིན་དུ་དང་པོར་ཡང་བཅོམ་ལྡན་འདས་ཀྱིས་འདི་སྐད་བཀའ་སྩལ་པ་ཞེས་ཅིའི་ཕྱིར་མ་བརྗོད་།གཞན་དུ་ན་སྔར་ནི་རང་ལ་སྣང་བ་ཙམ་གྱིས་བཤད་པར་བསྒྲུབས་ལ། ཕྱིས་ནི་བཅོམ་ལྡན ་འདས་ཀྱིས་དེ་སྐད་བཀའ་སྩལ་ཏོ་ཞེས་མཇུག་ཏུ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པར་བསྒྲུབས་ན་ལྟག་འོག་འགལ་བར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་འདི་སྐད་བཀའ་སྩལ་པ་ཞེས་བྱ་བ་དང། བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ་ ་སྩལ་ཞེས་བྱ་བའི་ཚིག་འདི་གཉིས་ནི་བསྣན་པ་མེད་པར་བྱེ་བྲག་ཅུང་ཟད་ཀྱང་མེད་དེ། ཡང་དག་པར་སྡུད་པར་བྱེད་པས་བདག་ལ་གནང་བ་ཙམ་དང་མཐུན་པས་ཚིག་གཉི་ག་ལ་བསྣན་པ་དང་བཅེས་པས་ཚིག་སྤྱར་ཀྱང་ཅུང་ཟད་ཀྱང་མི་འགལ་ན ་གང་གིས་ན་མཇུག་ཏུ་དེ་སྐད་ཅེས་བཀའ་སྩལ་ཏོ་ཞེས་བརྗོད་ཀྱི། འདི་སྐད་བཀའ་སྩལ་ཏོ་ཞས་ནི་མ་བརྗོད་དོ་ཞེས་བྱ་བ་ཡང་ཁུངས་སུ་མི་འགྱུར་ཏེ། དེ་བས་ན་འདི་ནི་ཅིར་ཡང་མི་རུང་ངོ། །དུས་གཅིག་ན་ཞེས་བྱ་བ་ནི་དུས་གཅིག་གིས་ཚེ་འམ་འཁོར ་འདུས་པ་ན་འདི་ཐོས་སོ་ཞེས་གོང་མ་དང་སྦྱར་རོ། །འདིས་ནི་ཚོས་འདི་ཐོས་པར་དཀའ་བར་སྟོན་ཏེ། ཐམས་ཅད་དུ་ཐམས་ཅད་ཀྱིས་འདི་འདྲ་པའི་ཆོས་ཐོས་པར་མི་འགྱུར་རོ་ཞེས་བསྟན་པའོ། །ཡང་ན་བདག་ཉིད་མང་དུ་ཐོས་པར་བསྟན་པ་སྟེ། དུས་གཞན ་ན་ནི་གཞན་ཡང་ཐོས་བར་སྟོན་པའི་ཕྱིར་ཏེ། དུས་གཅིག་ན་བཅོམ་ལྡན་འདས་བཞུགས་ཞེས་བྱ་བ་འོག་མ་དང་སྦྱར་རོ། །འདིས་ནི་འདུལ་བའི་དགོས་པ་མཛའ་ཡས་པས་དུས་གཞན་ན་ནི་བཅོམ་ལྡན་འདས་གཞན་ན་བཞུགས་སོ་ཞེས་སྟོན་ཏེ། །བཅོམ ་ལྡན་འདས་ཞེས་བྱ་བ་འདིས་ནི་དེ་བཞིན་གཤེགས་པའི་ཡོན་ཏན་བརྗོད་པའི་སྒོ་ནས་བྱུང་བར་བསྟན་པ་སྟེ། གཞན་ལ་ཡོན་ཏན་འདི་ལྟ་བུ་མི་སྲིད་པའི་ཕྱིར་རོ། །དེ་ལ་བདུད་བཞི་བཅོམ་བ་འམ་དབང་ཕྱུག་ལ་སོགས་པའི་ཡོན་ཏན་དང་ལྡན་པས་བཅོམ་ ་ལྡན་འདས་ཏེ། དབང་དང་རབ་ཏུ་ལྡན་པ་དང། །གཟུགས་དང་དཔལ་དང་གྲགས་པ་དང། །ཡེ་ཤེས་དང་ནི་ནན་ཏན་དང། །དྲུག་དང་བཅུ་ལྡན་ཕྱིར་རོ། །ཞེས་ཇི་སྐད་གསུངས་པ་ལྟ་བུའོ། །ཡང་ན་སྲིད་པ་དང་མྱ་ངན་ལས་འདས ་པ་དང་བྲལ་བ་འམ་སྲིད་བའི་འགྲོ་བ་ལས་འདས་པའི་ཕྱིར་རོ། །ཡང་ན་མི་འཇིགས་པ་བཞི་ཐོབ་ནས་འཇིགས་པ་མ་ལུས་དང་བྲལ་བས་ངེས་པའི་ཚིག་གི་ཚུལ་གྱིས་བཅོམ་ལྡན་འདས་ཞེས་བྱ་སྟེ། འཕགས་པ་ཕྱིར་མི་ལྡོག་པའི་འཁོར ་ལོའི་མདོ་ལས། །ནམ་མཁའ་འདྲ་བའི་ཆོས་དག་ནི། །ལུས་ཅན་རྣམས་ལ་རབ་སྟོན་ཀྱང། །འདི་ལ་འཇིགས་པ་མེད་པ་སྟེ། །དེ་བས་བཅོམ་ལྡན་འདས་ཞེས་བྱ། །ཞེས་ཇི་སྐད་གསུངས་པ་ལྟ་བུའོ། །རྒྱལ་པོའི་ཁབ་ཅེས་བྱ་བ་ནི། གྲོང་ཁྱེར་གྱི་ཁྱད་པར ་གྱི་མིང་སྟེ། སྔོན་རྒྱལ་པོའི་མིང་ཁང་པའི་མིང་དུ་བཏགས་པས་མི་མ་ཡིན་པ་དག་གིས་མ་གཙོས་པས་དེ་སྐད་བཏགས་ཞེས་གྲག་སྟེ། དེ་བས་ན་གྲོང་ཁྱེར་དེ་ལ་དེ་སྐད་ཅེས་བྱའོ། །འདི་ནི་གྲོང་ཁྱེར་ཐམས་ཅད་ཀྱི་མཆོག་ཡིན་པས། དེར་བཤད ་པས་དེ་བཞིན་དུ་མདོ་སྡེ་འདི་ཡང་མདོ་སྡེ་ཐམས་ཅད་ཀྱི་མཆོག་ཏུ་སྟོན་ཏོ། །བཞུགས་སོ་ཞེས་བྱ་བ་ནི་རྣམ་པ་གསུམ་གྱིས་བཞུགས་པ་སྟེ། སྤྱོད་ལམ་གྱིས་བཞུགས་པ་དང། ཆོས་འཆད་ཅིང་བཞུགས་པ་དང། ནང་དུ་ཡང་དག་འཇོག་ལ་བཞུགས ་པའོ། །བམས་གསུམ་བ་ཐམས་ཅད་ཅེས་བྱ་བ་ལ་སོགས་པས་ནི་ནང་དུ་ཡང་དག་འཇོག་ལ་ཞུགས་པ་སྟོན་ཏོ། །འདིར་སྒྲིབ་པའི་དྲི་མ་ཐམས་ཅད་དང་བྲལ་བའི་ཕྱིར་ཡིད་དང་བར་བྱེད་པས་ན་ཁང་བཟང་ཞེས་བྱ་སྟེ། དེ་ནི་དེ་བཞིན་གཤེགས ་པའི་བསམ་གྱིས་མི་ཁྱབ་པའི་ཏིང་ངེ་འཛིན་ཏོ། །རྣམ་པར་མི་རྟོགས་པའི་ཆོས་ཀྱི་དབྱིངས་ཀྱི་སྙིང་པོ་ནི་ཁང་པ་གང་ལ་སྙིང་པོ་དེ་ཡོད་པ་དེ་ལ་དེ་སྐད་ཅེས་བཤད་དེ། དེ་རྟོགས་པས་གནས་པའི་ཕྱིར་དེའི་ཉིད་དེའི་སྙིང་པོ་ཞེས་བྱའོ། །ཟག་པ ་མེད་པས་ཁམས་གསུམ་ལས་འདས་པའི་ཕྱིར་དེ་ནི་ཁམས་གསུམ་པ་ཐམས་ཅད་ལས་ཁྱད་པར་དུ་འཕགས་པ་ཡང་ཡིན་ལ་རྣམ་པར་མི་རྟོག་པའི་ཆོས་ཀྱི་དབྱིངས་ཀྱི་སྙིང་པོ་ཡང་ཡིན་ནོ་ཞེས་བསྡུའོ། །ཡང་ན་ཁང་པ་ནི་གནས་ཀྱི་ཁྱད ་པར་ཏེ། དེ་ཡང་འཇིག་རྟེན་ལས་འདས་པའི་དགེ་བའི་རྩ་བ་ལས་བྱུང་བས་ཁམས་གསུམ་གྱི་སྲེད་པ་དག་གིས་བདག་གིར་མ་བྱས་པའི་ཕྱིར་ཁམས་གསུམ་ན་དེ་ལྟ་བུ་གཞན་མེད་པས་ཁམས་གསུམ་པ་ཐམས་ཅད་ལས་ཁྱད་པར་དུ་འཕགས ་པ་ཞེས་བྱའོ། །ཆོས་ཀྱི་དབྱིངས་རྟོགས་པ་ལས་བྱུང་བའི་ཕྱིར་རྣམ་པར་མི་རྟོག་པའི་ཆོས་ཀྱི་དབྱིངས་ཀྱི་སྙིང་པོ་ལས་བྱུང་བའི་གནས་དེ་ལ་དེ་སྐད་ཅེས་བཤད་དོ། །དེ་ཡང་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཟབ་ཅིང་རྒྱ་ཆེ་བ་གཞལ་དུ ་མེད་པས་རྣམ་པར་སྤྱངས་པའི་ཡེ་ཤེས་ཀྱི་མིག་ཅན་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་ཡུལ་ཏེ། དམན་པ་ལ་མེས་པ་མིག་སེར་གྱི་ནད་ཀྱི་ཐེབས་པ་ལྟ་བུའི་ཡེ་ཤེས་ཀྱིས་མིག་ཅན་ཉན་ཐོས་ལ་སོགས་པ་དག་གིས་ནི་མ་ཡིན་ནོ། །དེ་བས ་ན་ཉན་ཐོས་ཀྱི་མདོ་སྡེ་བསྟན་པ་ལས་ནི་རྣམ་པ་འདི་ལྟ་བུ་འདི་མ་གསུངས་ཏེ། བཅོམ་ལྡན་འདས་ཀྱི་འབྱོར་བའི་རྣམ་པ་ཐམས་ཅད་ལ་དམན་པ་ལ་མོས་པའི་སེམས་ཅན་རྣམས་ཀྱིས་ཇི་ལྟ་བ་བཞིན་དུ་མོས་པར་མི་ནུས་ཏེ། དེ་བས་ན་མོས་པ ་ཇི་ལྟ་བ་བཞིན་དུ་སེམས་ཅན་གྱི་བསམ་པ་དང་འཚམ་པར་ཉན་ཐོས་ལ་སོགས་པ་དག་ལ་བཅོམ་ལྡན་འདས་ཉིད་ཀྱང་སྤྱོད་པ་ཆུང་དུ་སྟོན་ཏོ། །བྱང་ཆུབ་སེམས་དཔའ་རྣམས་ལ་ནི་རྒྱ་ཆེན་པོ་ཡང་མི་འགལ་ལོ། །གནས་དབེན་པ་འདི་བསྟན ་པས་ཀྱང་བཅོམ་ལྡན་འདས་ནང་དུ་ཡང་དག་འཇོག་ལ་བཞུགས་པ་ཉིད་དུ་བསྟན་ཏོ། །རྒྱལ་པོའི་ཁབ་ན་བཞུགས་པས་ནི་གཞན་གྱི་དོན་ཕུན་སུམ་ཚོགས་པ་བསྟན་ཏེ། བདག་གི་དོན་གཞན་གྱི་དོན་ཕུན་སུམ་ཚོགས་པས་དེར་བཞུགས་སོ། །དེ ་བས་ན་ཡུལ་གྱི་ཁྱད་པར་ཁོ་ན་བརྗོད་ཀྱི། དུས་ཀྱི་ཁྱད་པར་ནི་མ་ཡིན་ཏེ། འདི་ལྟར་ཡུལ་གྱི་ཁྱད་པར་བརྗོད་པས་ནི། དེ་ན་བཅོམ་ལྡན་འདས་ཆོས་འཆད་བས་བཞུགས་པ་དང། སྤྱོད་ལམ་གྱིས་བཞུགས་བ ་བསྟན་ཏེ། བཞུགས་པ་གཉིས་པོས་ནི་བཅོམ་ལྡན་འདས་གཞན་གྱི་དོན་མཛད་པར་ཤེས་བར་བྱའོ། །འདི་ལྟར་ཆོས་འཆད་ཅིང་བཞུགས་པས་ནི། ཡང་དག་པར་བསྟན་པ་དང། ཡང་དག་པར་འཛིན་དུ་འཇུག་པ་དང། གཟེངས་བསྟོད་པ་དང། རབ ་ཏུ་དགའ་བར་མཛད་པས་ངན་འགྲོ་དང། འཁོར་བ་ལས་དཀྲོལ་ཏེ། བདེ་འགྲོ་དང་ཐེག་པ་གསུམ་ལ་རབ་ཏུ་བཀོད་པས་བཅོམ་ལྡན་འདས་སེམས་ཅན་གྱི་དོན་དཔག་ཏུ་མེད་པ་མཛད་པར་ཤེས་པར་བྱའོ། །སྤྱོད་ལམ་གྱིས་བཞུགས་པས་ཀྱང ་བསོད་སྙོམས་ལ་རྒྱུ་བ་ལ་སོགས་བ་ན་གྲོང་གི་བུད་མེད་དང། རྒན་པོ་དང། ནད་པ་དང། དབུལ་པོ་ལ་སོགས་པས་བཅོམ་ལྡན་འདས་ལ་བསོད་སྙོམ་ལ་སོགས་ཅུང་ཟད་ཙམ་ཕུལ་བས་ཀྱང་བསོད་སྙོམས་དཔག་ཏུ་མེད་པ་རབ་ཏུ་འཕེལ་བའི་ཕྱིར་རོ ་ངོ་མཚར་སྣ་ཚོགས་རྒྱུན་ཏུ་བསྟན་པས་ལོང་བ་ལ་སོགས་པས་ནི་མིག་ལ་སོགས་པ་འཐོབ་པ་དང། མ་དད་པ་རྣམས་ཀྱི་དད་པ་བསྐྱེད་པ་དང། དད་པ་རྣམས་ཀྱི་དད་པ་འཕེལ་བར་བྱ་བའི་ཕྱིར་ཏེ། མདོ་སྡེ་ལས་ཇི་སྐད་འབྱུང་བ་བཞིན་ནོ། །བཅོམ ་ལྡན་འདས་ཀྱིས་བཞུགས་བ་གཉིས་ཀྱིས་ནི་གཞན་གྱི་དོན་དཔག་ཏུ་མེད་པ་ཉིད་དུ་ཤེས་པར་བྱའོ། དུས་ཀྱི་ཁྱད་པར་བརྗོད་པས་ནི་ཕུན་སུམ་ཚོགས་པ་གང་ཡང་མི་སྟོན་པས་དེ་བས་ན་དེ་ནི་གང་དུ་ཡང་མ་སྨོས་ཏེ། ཡང་དང་ཡང་གཞན་དུ ་འགྱུར་བས་དུས་ལ་ངེས་པ་མེད་དེ། བརྟག་དཀའ་བའི་ཕྱིར་རོ། །སྐད་ཅིག་མ་གཅིག་ལ་ཡང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་བསྐལ་པ་དང། ཞག་དང། ཟླ་བ་ལ་སོགས་པའི་དབྱེ་བ་དུ་མ་སྟོན་པའི་ཕྱིར་རོ། །དེ་བས་ན་དུས་ལ ་ངེས་པར་བྱ་བར་མི་ནུས་པས་གང་དུ་ཡང་མ་སྨོས་སོ། །གཞན་དག་གིས་ལན་དུ་སྨྲས་པ། དུས་དེ་ཉིད་ཀྱི་ཚེ། བཅོམ་ལྡན་འདས་ཡུལ་གཞན་དུ་ཡང་སྣང་བས་ཡུལ་ཐ་དད་པ་ནས་ལྷག་པ་རྣམས་དུས་ཀྱི་ཁྱད་པར་བརྗོད་པ་ན་དེའི་ཚེ་ན་ནི་བཅོམ་ལྡན་འདས ་ངེད་ཀྱི་དྲུང་ན་བཞུགས་སོ། །ངེད་ཀྱི་དྲུང་ན་བཞུགས་སོ་ཞེས་རྩོད་པར་འགྱུར་ཏེ། དེ་བས་ན་དུས་ཀྱི་ངེས་པ་ནི་མ་བྱས་སོ་ཞེའོ། །དེ་ལ་ཡུལ་གྱི་ཁྱད་པར་འདི་སྨྲས་པས་ཅིའི་ཕྱིར་རྩོད་པར་མི་འགྱུར་བ་སྨྲོས་ཤིག་།དེའི་ཚེ་བཅོམ་ལྡན་འདས་ཡུལ་གཞན་ན་ཡང་སྣང་བའི ་ཕྱིར་རོ། །འོན་ཏེ་བཅོམ་ལྡན་འདས་ཀྱི་མཐུའི་ཁྱད་པར་བསམ་གྱིས་མི་ཁྱབ་པ་ལ་མོས་པས་དེ་དག་དེར་རྩོད་པར་མི་འགྱུར་ན་ནི། དེ་ལྟ་ན་གོ་དུས་ལ་ཡང་ངེས་པར་མི་འགྱུར་ཏེ་འདི་ནི་གྱི་ནའོ། །ནང་དུ་ཡང་དག་འཇོག་ལ་བཞུགས་པས་ནི་བདག་གི་དོན་ཕུན ་སུམ་ཚོགས་པ་བསྟན་ཏེ། དོན་གཉི་ག་ཕུན་སུམ་ཚོགས་པའི་སྟོན་པ་ལ་ནི་སྐྱབས་སུ་འགྲོ་བར་རིགས་པའོ། །དེས་གསུངས་པའི་ལུང་ནི་མི་བསླུབས་ཚད་མར་རིགས་ཏེ། དེ་བས་ན་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་གུས་པ་བསྐྱེད་པའི་ཕྱིར་ཕུན་སུམ་ཚོགས ་པ་གཉི་ག་སྨོས་སོ། །ཡང་འདི་ལ་དབང་སུ་ཡོད་སྙམ་པ་ལ། ཆེན་པོ་ཞེས་བྱ་བ་གསུངས་ཏེ། ཉོན་མོངས་པ་བཅོམ་པའི་ཕྱིར་དགེ་སློང་ངོ། །དེ་དག་འདུས་པ་ལོ་བདུད་ལ་སོགས་པས་དབྱེར་མི་ཕྱེད་དེ་འདུས་པས་ན་དགེ་འདུན་ཞེས་བྱའོ། །བྱང་ཆུབ་སེམས་དཔའ་ཨི་ཚོགས ་ཆེན་པོ་ཞེས་བྱ་བ་ན། ཐབས་གཅིག་ཅེས་བྱ་བ་དང་སྦྱར་རོ། །དེ་དག་ནི་སེམས་ཅན་རྣམས་ལ་ཁོང་དུ་ཆུད་པར་བྱེད་པ་འམ། བྱང་ཆུབ་ལ་འཇོག་བསམ། བྱང་ཆུབ་ལ་སེམས་པས་ན་བྱང་ཆུབ་སེམས་དཔའ་ཨོ། །དེ་དག་གི་ཚོགས་ནི་འདུས་པ་སྟེ། ཚོགས་གཉི་ག ་ཡང?་གྲངས་དང་ཡོན་ཏན་གཉིས་ཀྱིས་ཆེན་པོའོ། །ཐེག་པ་ཆེན་པོ་ལ་ཡང་ཉན་ཐོས་རྣམས་འཇུག་པར་འགྱུར་བ་བསྟན་པའི་ཕྱིར། ཐེག་པ་ཆེན་པོའི་མདོ་སྡེ་བཤད་པ་ལ་ཉན་ཐོས་རྣམས་ཀྱང་བཤད་ཀྱི། བྱང་ཆུབ་སེམས་དཔའ་རྣམས་ནི་ཉན་ཐོས་ཀྱི ་མདོ་སྡེ་བཤད་པ་ལ་མ་ཡིན་ཏེ། དེ་དག་དེར་མི་འཇུག་པའི་ཕྱིར་རོ། །དགེ་སློང་གི་དགེ་འདུན་ནི་རབ་ཏུ་བྱུང་བར་འདྲ་བ་དང། བྱ་བ་བྱས་པ་དང། བདག་གི་དོན་ལྷུར་ལེན་པས་རྟག་ཏུ་བཅོམ་ལྡན་འདས་ཀྱི་ཞ་འབྲིང་བྱེད ་པ་དང། རབ་ཏུ་བྱུང་བ་རྣམས་ལ་གུས་པ་བྱ་བར་བརྗོད་པའི་ཕྱིར་གོང་དུ་བསྟན་ཏོ། །འདི་ལྟ་སྟེ་ཞེས་བྱ་བ་ལ་སོགས་པས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མིང་བརྗོད་པ་ནི་དེ་དག་མཐུ་ཆེན་བོར་གྲགས་པ་དང། མདོ་སྡེ་ཡང་དེ་དག་གི་ཆེད་དུ་བཤད ་པའི་ཕྱིར་རོ། །ཉན་ཐོས་རྣམས་ཀྱི་མིང་མ་བརྗོད་པ་ནི་དེ་དག་དེ་ལས་བཟློག་པའི་ཕྱིར་རོ། །སེམས་དཔའ་ཆེན་པོ་ཞེས་བྱ་བ་ཆེན་པོ་ནི་སེམས་ཅན་གྱི་ཚོགས་ཆེན་པོ་བསྒྲལ་བའི་ཕྱིར་གོ་ཆ་བགོས་པ་དང། བློ་ཆེ་བ་དང། གཏོང་བ་ཆེན་པོ་དང་ལྡན་པ་དང ་མཐུ་ཆེན་པོའི་ཕྱིར་རོ་ཞེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་གསུངས་པས་ན་སེམས་དཔའ་ཆེན་པོའོ། །ཡང་ན་ཆོས་དང། སེམས་བསྐྱེད་པ་དང། བསེམ་པ་དང། མོས་པ་དང། ཚོགས་དང། དུས་དང། ཡང་དག་པར་འགྲུབ་པ་ཆེ་བས་ན་སེམས་དཔའ་ ་ཆེན་པོའོ། །དེ་ལ་ཆོས་ཆེན་པོ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་ལ་སོགས་པའི་ཆོས་རབ་ཏུ་རྒྱ་ཆེ་བའི་ཕྱིར་རོ། །སེམས་བསྐྱེད་བ་ཆེན་པོ་ནི་དེ་དག་ཉིད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང ་ཆུབ་དུ་སེམས་བསྐྱེད་པའི་ཕྱིར་རོ། །བསམ་པ་ཆེན་པོ་ནི་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བ་བྱ་བར་སེམས་པའི་ཕྱིར་རོ། །མོས་པ་ཆེན་པོ་ནི་ཟབ་ཅིང་རྒྱ་ཆེ་བའི་ཆོས་ལ་མོས་པའི་ཕྱིར་རོ། །ཚོགས་ཆེན་པོ་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས? ་ཆེན་པོ་དཔག་ཏུ་མེད་པའི་ཕྱིར་རོ། །དུས་ཆེན་པོ་ནི་བསྐལ་བ་གྲངས་མེད་པ་གསུམ་དུ་བརྩོན་འགྲུས་བརྩམས་པས་བྱང་ཆུབ་འཐོབ་པའི་ཕྱིར་རོ། །འདི་དག་ཐམས་ཅད་ཀྱིས་ནི་རྒྱུ་ཆེན་པོ་བསྟན་ཏོ། །ཡང་དག་པར་འགྲུབ་པ་ཆེན་པོ་འདིས་ནི་འབྲས ་བུ་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འཐོབ་པའི་ཕྱིར་རོ། །རྣམ་པར་མི་རྟོག་ཅེས་བྱ་བ་ནི་ཕྱིན་ཅི་ལོག་ཏུ་མི་རྟོགས་པས་རྣམ་པར་མི་རྟོག་སྟེ། ལོག་པར་རྟོག་པ་སྤངས་པའི་ཕྱིར་རོ། །འདི་ལ་འདིས་རྣམ་པར་མ་བརྟགས་པས་ན་རྣམ་པར ་མི་རྟོག་པ་སྟེ། དེ་བཞིན་ཉིད་དང། ཡང་དག་པའི་ཡེ་ཤེས་སོ། །དེས་དེ་ཐོབ་པས། སྣང་ཞིང་གསལ་བས་ན་རྣམ་པར་མི་རྟོག་སྣང་བའོ། །རྣམ་པར་མི་རྟོག་པ་ནི་ཟླ་བ་བཞིན་དུ་བསིལ་བར་བྱེད་པས་ན་རྣམ་པར་མི་རྟོགས་པ?་པའོ། །རྣམ་པར་མི་རྟོག་བའི་ཡེ་ཤེས་ལ ་དབང་ཐོབ་པའི་ཕྱིར་དེ་ལ་དཔའ་བས་ན་རྣམ་པར་རྟོག་མེད་དཔའ་བའ་ཨོ། །རྣམ་པར་མེ་རྟོག་པའི་དབང་དུ་བྱས་ནས་རྣམ་པར་མི་རྟོག་པའི་ཆོས་ཐེག་པ་ཆེན་པོ་དེས་མངོན་སུམ་དང་བརྒྱུད་དེ་བཤད་པའི་ཕྱིར་དེ་སྟོན་པ་ལ་མཁས་པ་གང་ཡིན་པ་དེ་ལ་དེ་སྐད ་ཅེས་བྱའོ། །རྣམ་པར་རྟོག་མེད་ངོ་བོ་ཉིད་ཅེས་བྱ་བ་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་བདག་ཉིད་དུ་གྱུར་གའི་ཕྱིར་རོ། །རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་དབང་ཐོབ་པས་ན། རྣམ་པར་རྟོག་མེད་དབང་ཕྱུག་གོ་།རྣམ་པར་མི་རྟོག་ཅིང་དམིགས་པ་མེད་པའི ་བྱམས་པ་ཆེན་པོ་ལ་དབང་སྟེ་དབང་ཐོབ་པས་ན་རྣམ་པར་རྟོག་མེད་བྱམས་པ་ཆེན་པོའི་དབང་ཕྱུག་གོ། ཐུགས་བརྩེ་བས་སྐལ་པ་ཡོད་པ་དང་སྐལ་བ་མེད་པའི་སེམས་ཅན་ཐམས་ཅད་ལ་གཟིགས་པའི་དབང་པོ་སྟེ་དབང་ཐོབ་པས་ན་སྤྱན་རས་གཟིགས ་དབང་ཕྱུག་གོ་།མིང་ལྷག་མ་རྣམས་ནི་ཁོང་དུ་ཆུད་པར་སླ་བས་རྣམ་པར་ཕྱེའོ། །ཇི་སྐད་དུ་བཤད་བའི་མིང་དོན་དང་ལྡན་པའི་བྱང་ཆུབ་སེམས་དཔའ་རྣམས་ཁོ་ནའི་མིང་བརྗོད་པ་ནི་དེ་དག་གཙོ་བོ་ཡིན་པའི་ཕྱིར་ཏེ། དེའི་ཚེ་རྣམ་པར་མི་རྟོག་པ་ལས་བརྩམས ་ནས་ཆོས་སྟོན་པའི་ཕྱིར་རོ། །ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་བའི་རྣམ་པར་མི་རྟོག་པ་རིང་དུ་སྤངས་པ་དག་ཁོ་ནས་དམ་པའི་ཆོས་འདི་མ་ཉན་པ་དང་མོས་པར་ནུས་ཏེ། གཞན་གྱིས་ནི་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར་རོ། །གླིང་གཞི་བཤད ་ཟིན་ཏོ། །གླེང་བསླང་བ་སྟེ། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཡོངས་སུ་བསྐོར་ཅེས་བྱ་བ་ནི་ཀུན་ནས་ཏེ། འཁོར་དེ་རབ་ཏུ་མང་པའི་ཕྱིར་རོ། །མདུན་གྱིས་བལྟས་ཞེས་བྱ་བས་ནི་མདུན་གྱིས་ཕྱོགས་པ་སྟེ། གུས་པ་བསྐྱེད ་པར་བྱ་བའི་ཕྱིར་རོ། །ཆོས་རྣམས་ཀྱི་རྣམ་པར་མི་རྟོག་པ་ཉིད་ལས་བརྩམས་ཏེ་ཞེས་བྱ་བས་ནི་ཆོས་ཐམས་ཅད་ནི་ཡོད་བ་དང་མེད་པ་ལ་སོགས་པའི་ཆོས་ལས་འདས་པ་སྟེ། དེ་བས་ན་རྣམ་པར་མི་རྟོག་པ་ནི་བརྗོད་དུ་མེད་པའོ། །ཆོས་རྣམས་ཀྱི་རྣམ་པར ་མི་རྟོག་པའི་ཆོས་ཉིད་དེ་བརྗོད་པའི་ཕྱིར་ཆོས་སྟོན་ཏེ། སྐབས་འདིར་བཅོམ་ལྡན་འདས་ཀྱི་མདོ་སྡེ་འདི་གསུངས་སོ། །དེ་བས་ན་ཇི་སྐད་གསུངས་པའི་ཆོས་སྟོན་པ་ན་འཁོར་སྣོད་དུ་རུང་བར་མཁྱེན་ནས་གཟུངས་འདི་ཉན་དུ་གཞུག་པའི་ཕྱིར་བཅོམ་ལྡན ་འདས་ཀྱིས་ཡང་དག་པར་འཛིན་དུ་འཇུག་པའོ། །ཡང་དག་པར་འཛིན་དུ་འཇུག་པ་བསྟན་པའི་ཕྱིར། དེ་ནས་བཅོམ་ལྡན་འདས་ཀྱིས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ནས་ཞེས་བྱ་བས་ནི་སྐབས་སམ་རྒྱུན་ཆགས་པའོ། །འཁོར་ལ་ཀུན་ཏུ་གཟིགས ་པ་ནི་འཆད་པར་བཞེས་པ་བསྟན་པ་འམ། སྐལ་པ་ཡོད་པ་དང། སྐལ་པ་མེད་པ་བརྟག་པའི་དོན་ཏོ། །གལ་ཏེ་བཅོམ་ལྡན་འདས་ནི་རྟག་ཏུ་མཉམ་པར་བཞག་པས་དེའི་ཕྱིར་གཟིགས་ཞེས་བྱ་བ་མི་རིགས་སོ་ཞེ་ན། དུས་ཇི་ལྟ་བ་བཞིན་དུ་སྐལ་པ་ཡོད་བ ་དང་སྐལ་པ་མེད་པ་མཁྱེན་པ་དང་ཕྱར་པར་མཛད་པས་དེའི་ཕྱིར་རྟག་ཏུ་མཉམ་པར་བཞག་པ་ཉིད་དེ། འདི་ནི་གྱི་ནའོ། །ཡང་དག་པར་འཛིན་དུ་འཇུག་པ་འདི་ཡང་ཚིག་གིས་འཇུག་པར་མཛད་པ་དང། འབྲས་བུ་བསྟན་པས་སོ། །ཟུང་ཞིག་ཅེས་བྱ་བ་ནི ་ཚིག་གིས་འཇུག་པར་མཛད་པའོ། །བཟུང་བ་དེ་ཡང་ཚིག་དང་དོན་དང་སྒྲུབ་པས་སོ། །དེ་བཟུང་ན་ཞེས་བྱ་བ་ལ་སོགས་པས་ནི་འབྲས་བུ་བསྟན་པས་སོ། །འབྲས་བུ་དེ་ཡང་རིང་བ་དང། ཉེ་བ་སྟེ། རིང་བ་ནི་སངས་རྒྱས་སུ་འགྲུབ་པའོ། །ཉེ་བ་ནི་གང་མོས ་པས་སྤྱོད་པ་དང། ས་ལ་འཇུག་པ་ན་གོང་ནས་གོང་དུ་དུས་ཐམས་ཅད་དུ་མངོན་པར་ཤེས་པ་ལ་སོགས་པ་ཡོན་ཏན་གྱི་ཁྱད་པར་འཐོབ་པའོ། །མྱུར་བ་མྱུར་བར་ཞེས་བྱ་བ་ནི་སྐྱེན་པ་སྐྱེན་པར་རོ། །སྒྲུབ་ཅེས་བྱ་བ་ནི་སྐྱེད་པའོ། །རྟག་ཏུ་ཁྱད་པར་དུ་ཡང་འགྲོའི་ཞེས་བྱ་བ་ནི་བྱེ་བྲག ་འཐོབ་པར་འགྱུར་ཞེས་བྱ་བའི་ཐ་ཚིག་གོ། ཁ་ཅིག་ཏུ་ནི་འདི་ལྟ་བུས་འདུལ་བའི་སྐྱེ་བོ་དག་ཉེ་བར་གྱུར་པས་བཅོམ་ལྡན་འདས་ཉིད་ཀྱིས་ཡང་དག་པར་འཛིན་དུ་འཛད་དོ། །ཁ་ཅིག་ཏུ་ནི་ཞུས་ཀྱང་མི་འཆད་དེ། དེ་ནི་དེ་ལྟ་བུའི་ཆོས་ཀྱི་སྣོད་དུ་གྱུར་པ་མེད་པར ་ཤེས་པར་བྱའོ། །ད་ནི་གསོལ་བ་འདེབས་པ་སྟེ། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །གལ་ཏེ་བཅོམ་ལྡན་འདས་འཆད་བཞེད་པར་ཤེས་ན་བཅོམ་ལྡན་འདས་ལ་ཅིའི་ཕྱིར་གསོལ་བ་འདེབས། དེ་ཉིད་ཀྱི་ཕྱིར་ཏེ། འདི་ལྟར་གང་གི་ཕྱིར་བཅོམ་ལྡན ་འདས་འཆད་བཞེད་པར་ཤེས་པ་དེ་ཉིད་ཀྱི་ཕྱིར་བྱང་ཆུབ་སེམས་དཔའ་དག་གསོལ་བ་འདེབས་ཏེ། མ་གསོལ་བར་ཆོས་འདི་ལྟ་བུ་མི་འཆད་དེ། བཅོམ་ལྡན་འདས་དང། ཆོས་རྣམས་ཀྱི་ཆེ་བའི་བདག་ཉིད་བརྗོད་པའ་ཕྱིར་རོ། །བྱང་ཆུབ་སེམས་དཔའ་རྣམ་པར ་མི་རྟོག་སྣང་བ་དེས་ཆོས་ཀྱི་དབྱིངས་ཉིད་ཁོང་དུ་ཆུད་པར་གཟུངས་ཀྱི་དོན་རིག་དུ་ཟིན་ཀྱང་ཆོས་མཉན་པས་ངོམས་པར་མི་བྱའོ་ཞེས་གཞན་དག་ལ་བསྟན་པའི་ཕྱིར་གསོལ་བ་བཏབ་པོ། །སྟན་ལས་ལངས་པ་ལ་སོགས་པའི་རྒྱུ་ནི་བཅོམ་ལྡན་འདས་ལ་གུས ་པར་བྱ་བ་དང། འདི་བཞིན་གསོལ་བ་ཐོབ་ཅིག་པར་གཞན་དག་ལ་བསྟན་པའི་ཕྱིར་རོ། །ཐོས་ནས་འཛིན་བ་ཞེས་བྱ་བ་འདིས་ནི་གཟུངས་བཤད་པའི་དོན་ཆེན་པོ་སྟོན་ཏེ། བདག་དང་གཞན་གྱི་དོན་སྒྲུབ་པའི་ཕྱིར་རོ། །ཚུལ་བཞིན་ཡིད་ལ་བགྱིད་པ་ཞེས་བྱ་བ་ནི ་དེའི་དོན་ཇི་ལྟ་བ་བཞིན་དུ་བསམ་པ་དང་སྒོམ་པའོ། །བཅོམ་ལྡན་འདས་ཐམས་ཅད་མཁྱེན་པས་ཇི་ལྟར་གཟུངས་འདི་བཤད་པས་གཞན་དག་འདི་ལ་བདག་དང་གཞན་གྱི་དོན་ཆེན་པོ་འགྲུབ་པར་འགྱུར་བ་མཁྱེན་མོད་ཀྱི། འོན་ཀྱང་གསོལ་བ་མ་བཏབ་པ་ལ་ ་བཅོམ་ལྡན་འདས་དོན་མེད་པར་ཅུང་ཟད་ཀྱང་མི་འཆད་དེ། བཅོམ་ལྡན་འདས་ལས་ཆོས་ཐོས་ནས་གཟུངས་ལ་སོགས་པ་ནན་ཏན་གྱིས་བསྒྲུབས་ཤིག་པར་གཞན་དག་ལ་བསྟན་པའི་ཕྱིར་འདི་གསོལ་ཏོ། །དེ་སྐད་ཅེས་གསོལ ་བ་བཏབ་པ་ལ་གནང་བར་དགོངས་ནས། བཅོམ་ལྡན་འདས་ཀྱིས་འཁོར་སྣོད་དུ་རུང་བར་མཛད་པའི་ཕྱིར་བསྡུས་པའི་དོན་ལྔ་པ་སྟེ། དེའི་ཕྱིར་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཉེ་བར་སྦྱོར་བ་འདི་ནི་སྤྱི་ཡིན་པས་རྒྱུ་བསྟན་པ་སྟེ། བཤད་དོ་ཞེས་བྱ་བའི་ཚིག ་དེ་དང་སྦྱར་རོ། །ཡང་ན་ཉོན་ཅེས་བྱ་བ་ལ་སོགས་པ་དང་ངོ། །གལ་ཏེ་ཁྱེད་ཅག་ཉན་པ་ལ་སོགས་པས་སྒྲུབ་ན་དེའི་ཕྱིར་ངས་བཤད་དོ་ཞེས་བྱ་བ་འམ། གང་གི་བྱིར་ངས་བཤད་པ་དེའི་ཕྱིར་ཁྱེད་ཅིག་ཉོན་ཅིག་ཅེས་བྱ་བ་ལ་སོགས་པ་དང་སྦྱར་རོ། །ཉོན་ལ་ཞེས་བྱ ་བ་ནི་རྣ་བླགས་ཏེ་ཉན་དུ་འཇུག་པའོ། །ལེགས་པ་ཞེས་བྱ་བ་ནི་ཕྱིན་ཅི་མི་ལོག་པར་འཛིན་དུ་གཞུག་པའོ། །རབ་ཏུ་ཡིད་ལ་ཟུང་ཞིག་ཅེས་བྱ་བ་ནི་ཀུན་ཏུ་འཛིན་དུ་གཞུག་པའོ། །འདིས་ནི་སྣོད་ཁ་ཕུབ་པ་དང། མི་གཙང་བ་དང། རྡོལ་བ་ལྟ་བུ་དགག་པའི་ཕྱིར་གོ ་རིམ་བཞིན་ཏེ་འཁོར་སྣོད་དུ་རུང་བར་མཛད་པའོ། །བཤད་དོ་ཞེས་བྱ་བ་ནི་དེ་ལྟ་ན་ངས་བཤད་ཀྱིས་གཞན་དུ་སྣོད་ཁ་ཕུབ་པ་དང། མི་གཙང་བ་དང། རྡོལ་བ་ལ་ཆར་བབ་པ་དང་འདྲན་ནི་བཤད་པ་དོན་མེད་པར་འགྱུར་རོ་ཞེས་དགོངས་པའོ། །ཡང་ན་ང་ནི་འཆད་པར་ཟད ་དེ། ཁྱེད་རྣམས་ཀྱིས་མཉན་པ་དང་གཟུངས་ལ་སོགས་པ་ལན་ན་ཏན་གྱིས་སྒྲུབ་ཤིག་པར་སྟོན་ཏོ། །གཞན་དུ་ན་གལ་ཏེ་བཅོམ་ལྡན་འདས་ཉིད་ཀྱིས་ཐམས་ཅད་མཛད་པར་གྱུར་ན་ནི་དེའི་ཚེ་ཡིད་དུ་མི་འོང་བའི་ལས་ལ་སོགས་པའི་སྒྲིབ་པས་སེམས་ཅན་དམྱལ ་བ་ལ་སོགས་པར་སུ་ཡང་མི་སྨིན་པ་ཞིག་ན། བཅོམ་ལྡན་འདས་ཀྱིས་ནི་ཐམས་ཅད་མཛད་པར་མི་སྤྱོད་དོ། །དེ་ལྟ་བས་ན་སེམས་ཅན་དེ་དག་ལུས་ཀྱི་ཉེས་བར་སྤྱོད་པ་ལ་སོགས་པ་ལ་མི་བརྟེན་པར་བྱ་བའི་ཕྱིར་ཅི་ཆོས་བསྟན་པར་བྱ་བ་འམ། འོན་ཏེ་དེ་དག་གི ་ལུས་དང་སེམས་ཀྱི་ཚུལ་སྦྱར། ལུས་ལ་སོགས་པ་ནི་རང་གི་གནས་དང་འབྲེལ་བར་འབྱུང་བས་གཞན་གྱི་ལུས་ལ་སོགས་པའི་དངོས་པོར་བསྒྱུར་དུ་བཏུབ་མི་སྲིད་དོ། །དེའི་ཕྱིར་ཆོས་རྣམས་བསྒྱུར་དུ་མི་རུང་བ་སེམས་ཅན་རྣམས་ནི་ལས་བདག་གིར?་བྱ་བ་ཡིན་ནོ།། ་དེ་བས་ན། དེ་བཞིན་གཤེགས་པ་འཆད་པ་སྟེ། ཁྱེད་ཅག་ཉིད་ཀྱིས་སྒྲུབ་པར་བྱོས་ཞེས་གསུངས་སོ། །ཡང་སྨན་པས་མ་ཉེས་སྨན་གྱིས་མ་ཡིན་ཏེ། ནད་པ་དེ་ཉིད་ཀྱིས་ནི་ཉེས་པར་གྱུར་ཅེས་གསུངས་སོ། །བཅོམ་ལྡན་འདས་ཀྱི་ལྟར་ཉན་ཅེས་བྱ་བ་ནི་ཁས་བླངས་པའོ ་ད་ནི་བཅོམ་ལྡན་འདས་ཀྱིས་ཞེས་བྱ་བས་བྱང་ཆུབ་སེམས་དཔའ་ཉན་པ་རྣམས་ལ་གནས་པ་ལ་སོགས་པའི་དོན་སྟོན་ཏོ། །འདི་ལ་འདིས་རྣམ་པར་མ་རྟོགས་པས་རྣམ་པར་མི་རྟོག་པ་སྟེ། དེ་བཞིན་ཉིད་དང། རྣམ་པར་མི་རྟོག་པའི་ཡེ་ཤེས་སོ། །དེའི་ཆེད་དུ་ཆོས ་གད་བཤད་པ་དེ་ནི་རྣམ་པར་མི་རྟོག་པའི་དབང་དུ་བྱ་བའོ། །དེ་ནི་ཐེག་པ་ཆེན་པོ་མཛའ་དག་སྟེ་།ཐམས་ཅད་ཀྱང་དེ་བཞིན་ཉིད་དང་བྱང་ཆུབ་ལ་གཞོལ་བའི་ཕྱིར་ཏེ། དགོངས་པ་ངེས་པར་འགྲེལ་པ་ལས། ཆོས་འདི་དག་ཐམས་ཅད་ནི་དེ་བཞིན་ཉིད་ལ ་གཞོལ་བ། དེ་བཞིན་ཉིད་ལ་འབབ་པ། དེ་བཞིན་ཉིད་ལ་བབ་པ། བྱང་ཆུབ་ལ་གཞོལ་བ། བྱང་ཆུབ་ལ་འབབ་པ། བྱང་ཆུབ་ལ་བབ་པ། ཞེས་རྒྱ་ཆེར་ཇི་སྐད་གསུངས་པ་ལྟ་བུའོ། །དེའི་ཆོས་ཐོས་ཏེ་ཞེས་བྱ་བ་ནི་ཐོས་པའི་ཤེས་རབ་ཀྱིས་སོ། །རྣམ་པར་མི ་རྟོག་པ་ལ་བསམ་པ་བཞག་ནས་ཞེས་བྱ་བ་ནི་རྣམ་པར་མི་རྟོག་པ་རྣམ་པ་གཉིས་སུ་ཇི་སྐད་གསུངས་པ་ལ་དད་པ་དང་འདུན་པའི་མཚན་ཉིད་ཀྱིས་ཏེ། བསམས་པའི་ཤེས་ཀྱིས་བསམ་པ་བརྟན་པར་བྱས་ནས་དེས་རབ་ཏུ་བརྟན་པ་དང། དད་པས་ནི་མངོན་པར ་ཡིད་ཆེས་བ་སྐྱེ་ཞིང་འདུན་པས་ནི་མོས་པ་འཕེལ་བར་འགྱུར་བའི་ཕྱིར་ཏེ། རྣམ་པར་མི་རྟོག་པ་ལ་བསམ་པ་བཞག་པ་དེ་ལས་གཞན་དག་གིས་བསྐྱོད་མི་ནུས་པའི་དོན་ཏོ། །ཐོས་པ་དང་བསམས་པའི་ཤེས་རབ་ལ་གནས་པ་དེས་ནི་བསྡུས་པའི་དོན་དྲུག ་པ་བསྟན་ཏོ། །དེ་ལ་རབ་ཏུ་གནས་པའི་སྒོམ་པ་ལ་སྦྱོར་བས་དེའི་འོག་ཏུ་མཚན་མ་རྣམས་ཡོངས་སུ་སྤོང་བར་ཡང་དག་པར་སྦྱོར་བས་ན་མཚན་མ་ཐམས་ཅད་ཡོངས་སུ་སྤོང་སྟེ་ཞེས་བྱ་བ་བསྡུས་པའི་དོན་བདུན་པ་གསུངས་སོ། །མཚན ་མ་དེ་ཡང་རྣམ་པ་བཞི་སྟེ། མི་མཐུན་པའི་ཕྱོགས་ཀྱི་མཚན་མ་དང། གཉེན་པོའི་ཕྱོགས་ཀྱི་མཚན་མ་དང། གཉེན་པོ་ལ་དམིགས་པའི་མཚན་མ་དང། གཉེན་པོ་བསྒོམས་པའི་འབྲས་བུའི་མཚན་མའོ། །འདི་དག་ནི་གོང་ནས་གོང་དུ་ཡང་ཞིང་ཕྲ་བས་ན། གོས ་ཀྱི་དྲི་མ་བཀྲུ་བའི་རིམ་པ་བཞིན་དུ་ཇི་ལྟར་རགས་རིམས་སུ་སྤང་བའི་རིམ་པ་བསྟན་པའི་ཕྱིར་དེ་ཐོག་མ་ཉིད་དུ་རང་བཞིན་ལ་རྣམ་པར་རྟོག་པའི་མཚན་མོ་ཐམས་ཅད་ཡོངས་སུ་སྤོང་ངོ་ཞེས་བྱ་བ་གསུངས་སོ། །ཐོག་མ་མེད་པའི་དུས་ནས་མ་རིག་པའི་དབང་གིས ་ཐམས་ཅད་ཀྱི་རང་བཞིན་ཡིད་ལ་མངོན་པར་འདུ་བྱེད་པ་མེད་པར་འཇུག་པ་ནི་རང་བཞིན་གྱི་མཚན་མ་རྣམས་སོ། །དེ་དག་ཀྱང་མདོར་བསྡུ་ན་གཟུང་བ་དང་འཛིན་པའི་དངོས་པོ་རྣམ་པ་གཉིས་སུ་འཇུག་སྟེ། གཟུང་བ་འམ་འཛིན་པ་ཡང་རུང་ཞེས་གང་གསུངS ་པའོ། །དེ་ལ་གཟུགས་ཉེ་བར་ལེན་བའི་ཕུང་པོ་ལ་ནི་གཟུང་བའི་དངོས་པོར་འཇུག། ཕུང་པོ་ལྷག་མ་བཞི་ལ་ནི་འཛིན་པའི་དངོས་པོར་ཏེ། རྒྱས་པར་ནི་ཉེ་བར་ལེན་པའི་ཕུང་པོ་ཐ་དད་པས་རྣམ་པ་ལྔར་དབྱེ་སྟེ། ཟག་པ་དང་བཅས་པའི་དངོས་པོ་ནི་ཉེ་བར ་ལེན་པའི་ཕུང་པོ་ལྔ་རྣམས་ཏེ་ཞེས་བྱ་བ་གང་གསུངས་པ་སྟེ། ཉེ་བར་ལེན་པ་རྣམས་ནི་ཉོན་མོངས་པ་རྣམས་།དེ་ལས་བྱུང་བའི་ཕུང་པོ་རྣམས་ནི་ཉེ་བར་ལེན་པའི་ཕུང་པོ་རྣམས་སོ། །གལ་ཏེ་ཐོག་མ་མེད་པའི་དུས་ནས་མ་རིག་པའི་དབང་གིས་ཞུགས་པའི ་རང་བཞིན་གྱིས་མཚན་མ་འདི་དག་བྱུང་ན་དེ་དག་སྤང་བར་ཇི་ལྟར་ནུས་ཏེ། དེ་དག་ཚོར་མ་འབྱུང་བ་བཞིན་དུ་སེམས་ལས་བསལ་བར་ནི་མི་རུང་ངོ་སྙམ་དུ་སེམས་པའི་བསམ་པས་དེ་དག་ཇི་ལྟར་སྤང་ཞེས་འདྲི་བའི་ལན་དུ་འདིར། མངོན་དུ་ཞེས་བྱ་བ ་ལ་སོགས་པ་གསུངས་ཏེ། མངོན་དུ་ཞེས་བྱ་བའི་བཤད་པ་ནི་སྣང་བར་འགྱུར་བ་ཞེས་བྱ་བའོ། །གང་གི་ཚེ་སྣང་བར་འགྱུར་བས་མངོན་དུ་འགྱུར་བ་དེའི་ཚེ་ཡིད་ལ་མི་བྱེད་པས་སྤང་བར་བྱའོ། །འདིར་ཡིད་ལ་མི་བྱེད་པ་ནི་ཡིད་ལ་བྱེད་པ་མེད་པ་ཙམ་ནི་མ་ཡིན ་ཏེ། མེད་པ་ནི་དངོས་པོ་མེད་པས་གང་གི་རྒྱུའི་དངོས་པོར་ཡང་མི་འཐད་པའི་ཕྱིར། །ཡང་དག་པར་སོ་སོར་རྟོག་པ་མེད་པར་ནི་སྣང་བར་གྱུར་པའི་གཟུགས་ལ་སོགས་པའི་མཚན་མ་རྣམས་ཡིད་ལ་མི་བྱེད་པར་མི་ནུས་པའི་ཕྱིར་རོ། །ཡིད་ལ་བྱེད་པ་དེ་ལས ་གཞན་ཡིད་ལ་མི་བྱེད་པ་ཡང་མ་ཡིན་ཏེ། གཟུགས་ལ་སོགས་པ་གཞན་གང་ཅི་ཡང་རུང་བ་དག་ཀྱང་ཡིད་ལ་མི་བྱེད་པར་ཐལ་བར་འགྱུར་བའི་ཕྱིར་ཏེ། དེ་དག་གི་གཉེན་པོ་ནི་མ་ཡིན་ནོ། །དེ་བས་ན་ཡིད་ལ་བྱེད་པ་དེ་དང་མི་མཐུན་པ་ཡང་དག་པར་སོ་སོར་རྟོག ་པའི་མཚན་ཉིད་ཡིད་ལ་མི་བྱེད་པ་གང་ཡིན་པ་དེ་ཉིད་ཡིད་ལ་མི་བྱེད་པར་དགོངས་ཏེ། མི་མཐུན་པའི་དོན་གྱི་དགག་པ་གཟུང་བའི་ཕྱིར་མི་མཛའ་བ་དང་རྫུན་པ་ལ་སོགས་པ་བཞིན་ནོ། །ཡང་ན་ཡིད་ལ་མི་བྱེད་པ་ནི་འབྲས་བུར་གྱུར་པའི་ཕྱིར་ཡང་དག་པར་སོ ་སོར་རྟོག་པ་ལ་ཡིད་ལ་མི་བྱེད་པའི་སྒྲར་གདགས་པས་བརྗོད་དེ། འབྲས་བུ་ཙམ་བསྟན་པས་ཀྱང་དོན་གྱི་ཤུགས་ཀྱིས་དེ་ལ་བྱ་བར་མངོན་ནོ། །དེ་ལྟར་ན་མཚོན་མ་རྣམས་ཡོངས་སུ་སྤང་བར་ནུས་ཏེ། འདི་ལྟར་མ་རིག་པའི་དབང་གིས་ཕྱིན་ཅི་ལོག་གི་རྣམ་པས ་གཟུགས་ལ་སོགས་པའི་མཚན་མ་སྣང་བ་དག་རྣལ་འབྱོར་པས་སོ་སོ་བརྟགས་ན་གང་གི་ཚེ་མི་དམིགས་པ་དེའི་མངོན་པར་ཞེན་པ་རྣམས་སྤོང་པའི་ཕྱིར་རོ། །དེ་དག་རྣམ་པར་སྤངས་ན་མཚན་མ་མེད་པ་ལ་ཡང་རབ་ཏུ་རྟོགས་སོ། །སྒྲིབ་པ་རྣམས་སྤངས་ནས ་དྲི་མ་མེད་པའི་ཡེ་ཤེས་ཀྱང་འཆར་ཏེ་འདོད་ཆགས་ལ་སོགས་པའི་བག་ལ་ཉལ་རྣམས་མ་ལུས་པར་སྤངས་པ་ཡང་འཐོབ་པར་འགྱུར། རོ། །དེ་སྐད་དུ་འཕགས་པ་དཀོན་མཆོག་སྤྲིན་ལས་ཀྱང། དེ་དེ་ལྟར་སྐྱོན་ལ་མཁས་པས་སྤྲོས་པ་ཐམས་ཅད་དང ་བྲལ་བར་བྱ་བའི་ཕྱིར་སྟོང་པ་ཉིད་སྒོམ་པ་ལ་རྣལ་འབྱོར་དུ་བྱེད་དོ། །དེ་སྟོང་པ་ཉིད་ལ་སྒོམ་པ་མདངས་གནས་གང་དང་གང་དག་ལ་སེམས་འཇུག་ཅིང། སེམས་མངོན་པར་དགའ་བའི་གནས་དེ་དང་དེ་ལ་རང་བཞིན་ཡོངས་སུ ་བཙལ་ན་སྟོང་པར་རྟོགས་སོ། །སེམས་གང་ཡིན་པ་དེ་ཡང་ཡོངས་སུ་བརྟགས་ན་སྟོང་པར་རྟོགས་སོ། །སེམས་གང་གིས་ཡོངས་སུ་བརྟགས་པ་དེ་ཡང་ཡོངས་སུ་བཅལ་ན་སྟོང་པར་རྟོགས་སོ། །དེ་དེ་ལྟར་རྟོགས་པས་མཚན་མ་མེད་པ་ལ་རྣལ་འབྱོར་དུ་བྱེད་དོ ་ཞེས་གསུངས་སོ། །འཕགས་པ་དཀོན་མཆོག་བརྩེགས་པ་ལས་ཀྱང། ཚུལ་ཁྲིམས་པ་ནི་གནས་ནས་ཏིང་ངེ་འཛིན་ཀྱང་འཐེབ། །ཏིང་ངེ་འཛིན་རྣམས་ཐོབ་པས་ཤེས་རབ་ཤིན་ཏུ་སྒོམ། །ཤེས་རབ་ཀྱིས་ནི་ཡེ་ཤེས་རྣམ་པར་དག་པ་འཐོབ། །ཅེས ་གསུངས་སོ། །འཕགས་པ་དགོངས་པ་ངེས་པར་འགྲེལ་པ་ལས་ཀྱང། བསམ་གཏན་གྱིས་ནི་ཉོན་མོངས་པ་རྣམས་རྣམས་པར་འཛིལ?་ལོ། །ཤེས་རབ་ཀྱིས་ནི་བག་ལ་ཉལ་ཡོངས་སུ་སྤོང་ངོ། །ཞེས་གསུངས་སོ། །འཕགས་པ་ཏིང་ངེ་འཛིན་གྱི་རྒྱལ་པོའི་མདོ ་ལས་ཀྱང། གལ་ཏེ་ཚོས་ལ་བདག་མེད་སོ་སོར་རྟོག་།སོ་སོར་དེ་བརྟགས་གལ་ཏེ་སྒོམ་པ་ནི། །དེ་ཉིད་མྱ་ངན་འདས་ཐོབ་འབྲས་བུའི་རྒྱུ། །རྒྱུ་གཞན་གང་ཡིན་དེས་ནི་ཞིར་མི་འགྱུར་ཞེས་གསུངས་སོ། །འདི་ཉིད་ལས་ཀྱང། ཇི་ལྟར་གནས་པ་དེ་དག་ལ་ཉེ་བར ་བརྟགས་པས་རྣམ་པར་མི་རྟོག་པའི་དབྱིངས་སུ་འཇུག་ཅེན་ཞེས་འོག་ནས་གསུངས་སོ། །དེ་ལྟ་བས་ན་ཡང་དག་པར་སོ་སོར་རྟོག་པའི་མཚན་ཉིད་ནི་འདིར་ཡིད་ལ་མི་བྱེད་པར་དགོངས་སོ། །དེ་ནི་རྣམ་པར་རྟོག་པའི་ངོ་བོ་ཉིད་ཡིན་མོད་ཀྱི་འོན་ཀྱང་དེ་ཉིད་ལས་ཀྱང ་བ་ཡང་དག་པའི་ཡེ་ཤེས་ཀྱི་མེས་དེ་བསྲེག་པར་འགྱུར་ཏེ། ཤིང་གཉིས་དྲུང་པ་ལས་བྱུང་བའི་མེས་ཤིང་དེ་གཉིས་སྲེག་པར་བྱེད་པ་བཞིན་ནོ། །དེ་ལྟ་བས་ན་རྣམ་པར་མི་རྟོག་པའི་ཡེ་ཤེས་བསྐྱེད་པར་འདོད་པས་ཡང་དག་པར་སོ་སོར་རྟོག་པའི ་མཚན་ཉིད་ལྷག་མཐོང་ལ་ཐོག་མར་བསྒོམ་པར་བྱ་སྟེ། དེས་མཚན་མ་རྣམས་ཡོངས་སུ་སྤོང་བར་འགྱུར་རོ། །དེ་ལ་རྣལ་འབྱོར་པས་སྒོམ་པའི་ཚེ་ཐོག་མར་བྱ་བ་ཅི་ཡོད་པ་ཐམས་ཅད་ཟིན་པར་བྱ་སྟེ། སྒྲའི་ཚེར་མ་མེད་པ་ཡིད་དང་མཐུན་པའི་གནས་སུ་འགྲོ་བ་མཛའ་ ་དག་མ་ལུས་པ་གདོན་པའི་བསམ་པས་སྙིང་རྗེ་ཆེན་པོ་མངོན་དུ་བྱས་ལ། ཕྱོགས་ཐམས་ཅད་ན་བཞུགས་པའི་སངས་རྒྱས་བཅོམ་ལྡན་འདས་དང། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་བྱས་ནས། གཟུགས་རི་མོར་བྲིས་པ་འམ་གཞན་ཡང ་རུང་སྟེ་མདུན་དུ་བཞག་ལ། དེ་དག་ལ་ཡང་ཅི་ནུས་པས་མཆོད་དེ། སྡིག་པ་བཤགས་པ་དང། བསོད་ནམས་ཀྱི་རྗེས་སུ་ཡི་རང་བ་བྱས་ནས། མིག་གཉིས་ཧ་ཅང་ཡང་མི་དབྱེ་བར་སྣའི་རྩེ་མོར་བལྟས་ལ་ལུས་དྲང་པོར་བསྲངས་ཏེ་སྐྱིལ་མོ་ཀྲུང་ངམ། སྐྱིལ་མོ ་ཀྲུང་ཕྱེད་དམ་གང་ཡང་རུང་བ་བྱས་ལ་ནང་དུ་བསྡུས་པས་བསྐྱེད་པ་དྲན་པས་སྟན་བདེ་བ་ལ་འདུག་ནས་སོ། །ཡང་ན་ཇི་ལྟར་འདོད་པའི་སྤྱོད་ལམ་དུ་གནས་ནས་དེ་ཁོ་ན་ལ་སྒོམ་མོ། །དེར་ཡང་ཇི་སྐད་བསྟན་པའི་མཚན་མ་སྣང་བ་ལ་སེམས་བཞག་ནས་བྱིང ་བ་དང་རྒོད་པ་ལ་སོགས་པ་ཞི་བོར་བྱས་ཏེ། ཞི་གནས་སྒྲུབ་པ་ལ་ཡང་དག་པའི་སོ་སོར་རྟོག་པའི་མཚན་ཉིད་ཡིད་ལ་མི་བྱེད་པ་དེས་མཚན་མ་དེ་དག་ཡོངས་སུ་སྤོང་ངོ། །དེར་ཡང་ཇི་སྐད་ཐོས་པ་དང་བསམས་པའི་དོན་ལ་ངེས་པའི་ཚུལ་གྱིས་སོ་སོར་བརྟག ་པར་བྱས་ཏེ། རྟེན་ཅིང་འབྲེལ་བར་འབྱུང་བ་བསྒོམ་པ་འམ། །འོད་བ་དང་འགྲོ་བ་མེད་པར་སོ་སོར་བརྟག་པ་འམ། བདག་དང་གཞན་དང་གཉི་ག་ལས་མི་འབྱུང་བར་དཔྱད་པ་འམ། ཆ་ལ་སོ་སོར་བརྟག་པ་འམ། མདོར་ན་ཇི་ལྟར་རྟོག་པས་ཀྱང་རུང་སྟེ། དངོས་པོ ་མེད་པ་ལ་མོས་པ་ཕྱེ་བར་འགྱུར་བ་དེ་ལྟར་སོ་སོར་བརྟག་པར་བྱའོ། །དེ་ནས་དེ་སྤོང་བ་ན་བརྒྱ་ལ་རྣལ་འབྱོར་པ་དག་འདི་སྙམ་དུ་སེམས་ཏེ། གཟུགས་ལ་སོགས་པ་ཉེ་བར་ལེན་པའི་ཕུང་པོ་འདི་དག་དོན་དམ་པར་མ་སྐྱེས་སུ་ཟིན་ཀྱང་སྦྱིན་པ་ལ་སོགས ་པ་ཕ་རོལ་ཏུ་ཕྱིན་པ་དག་ནི་སྐྱེས་པ་ཁོ་ན་ཡིན་ནོ། །གཞན་དུ་ན་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེར་སྣ་ལ་སོགས་པའི་གཉེན་པོ་དང། ལོངས་སྤྱོད་ཆེན་པོ་ལ་སོགས་པ་འཐོད་པ་དང། བྱང་ཆུབ་ཀྱི་ཚོགས་སུ་གྱུར་པ་དེ་དག་བཅོམ ་ལྡན་འདས་ཀྱིས་མ་བསྟན་ཏོ་སྙམ་ནས། དེ་ནས་རྣམ་པར་རྟོག་པ་དེ་ཀུན་ཏུ་འབྱུང་བར་གྱུར་ན་རྣམ་པར་མི་རྟོག་པའི་དབྱིངས་ཐམས་ཅད་དུ་སོང་བ་ལ་འཇུག་པ་མ་ཡིན་ནོ། །དེ་བས་ན་རྣམ་པར་རྟོག་པ་འདི་ཡང་དེ་བཞིན་དུ་རྣལ་འབྱོར་པས་ཡིད་ལ་མི་བྱེད་པས་སྤང ་བར་བྱའོ་ཞེས་སྟོན་ཏེ། དེ་རང་བཞིན་ལ་རྣམ་པར་རྟོག་པའི་མཚན་མ་དེ་དག་རིམ་གྱིས་སྤོང་བ་ན་ཞེས་བྱ་བ་ལ་སོགས་པས་ནི་ཕ་རོལ་ཏུ་ཕྱིན་པ་འདི་དག་ནི་གཉེན་པོ་སྟེ། སེར་སྣ་ལ་སོགས་པ་དང། ཉོན་མོངས་པ་ལ་སོགས་པའི་སྒྲིབ་པའི་གཉེན་པོར་གྱུར ་པའི་ཕྱིར་ཏེ། །ཇི་ལྟར་འོས་པར་སྦྱར་རོ། །རྣལ་འབྱོར་དུ་གནས་པ་ན་ཆོས་ཐམས་ཅད་མ་སྐྱེས་པའི་ཕྱིར་རྣལ་འབྱོར་པས་དེ་དག་ལ་དངོས་པོ་ཉིད་དུ་མངོན་པར་ཞེན་པར་མི་བྱ་ཞིང་རྣམ་པར་རྟོག་པ་དེ་སྤང་བར་གསུངས་ཀྱི། དེ་དག་ལ་བརྟེན་པ་ཡང་དག་པར་ནི་མ ་ཡིན་ནོ། །དེ་བས་ན་མདོ་ལས་སྦྱིན་པ་ལ་སོགས་པ་ནི་གྲིབ་པ་ཐམས་ཅད་ཀྱི་གཉེན་པོར་གྱུར་པ་དག། བྱང་ཆུབ་ཀྱི་ཚོགས་སུ་གྱུར་པའི་ཕྱི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བསྟེན་པར་བྱ་བ་ཉིད་དོ་ཞེས་གསུངས་སོ། །གཞན་དུ་ན་བསམ་གཏན་དང། ཤེས་རབ་ཀྱང ་མི་བསྟེན་ན་སྒྲིབ་པ་རྣམས་ནི་ཅེས་སྤང། རྣལ་འབྱོར་པར་ཡང་ཇི་ལྟར་འགྱུར། །ས་དང་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ལ་བསྟེན་པ་བཀག་ན་ནི་མདོ་སྡེ་མང་པོ་དང་འགལ་ཏེ། རྒྱུ་མེད་པའི་ཕྱིར་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་མི་འགྱུར་རོ། །ས་རྣམས་དང་རྣམ ་པ་ཐམས་ཅད་མཁྱེན་པ་ཉིད་ལ་གོམས་པར་མ་བྱས་ན་བྱང་ཆུབ་སེམས་དཔའ་དང་སངས་རྒྱས་སུ་ཡང་ཇི་ལྟར་རྣམ་པར་བཞག་པར་འགྱུར། དེ་ལྟ་བས་ན་རྣམ་པར་མི་རྟོག་པའི་དབྱིངས་སུ་འཇུག་པར་བྱ་བའི་ཕྱི་ཏིང་ངེ་འཛིན་ལ་གནས་པའི་དུས་ན་རྣལ་འབྱོར ་པས་རྣམ་པར་རྟོག་པ་དེ་སྤང་བར་བྱ་བ། འདི་གསུངས་པར་ཁོང་དུ་ཆུད་པར་བྱའོ། །དེ་བས་ན་རྣམ་པར་རྟོག་པ་ནི་མཚན་མའོ་ཞེས་ཐམས་ཅད་དུ་གསུངས་ཏེ། དེ་ཉིད་སྤང་བར་བསྟན་པའི་ཕྱིར་རོ། །ངོ་བོ་ཉིད་ལ་དཔྱོད་པ་འམ་ཞེས་བྱ་བ་ནི་སྦྱིན་པ་ལ་སོགས་པའི་རང་གི ་མཚན་ཉིད་ཡོད་པ་ཉིད་དོ་ཞེས་རྟོག་པའི་ཕྱིར་ཏེ། རྣམ་པར་རྟོག་པའི་མཚན་མ་ཀུན་ཏུ་འབྱུང་བ་གང་དག་ཅེས་བྱ་བ་དང་སྦྱར་རོ། །དེ་ལ་གཞན་དག་ལ་མཆོད་པ་དང་ཕན་གདགས་པར་འདོད་པས་ནོར་དང་མི་འཇིགས་པ་དང་ཆོས་རྣམས་ཀྱི་ཉེ་བར་སྒྲུབ་པ་ནི ་སྦྱིན་པའི་ངོ་བོ་ཉིད་རྣམ་པ་གསུམ་མོ། །ཉེས་པར་སྤྱོད་པ་ཐམས་ཅད་ལས་ལྡོག་པ་དང། དགེ་བ་ཐམས་ཅད་ལ་འཇུག་པ་ནི་ཚུལ་ཁྲིམས་ཐམས་ཅད་ཀྱི་ངོ་བོ་ཉིད་དོ། །མི་མཆོད་པ་དང། རྗེ་མི་སྙམ་པ་དང། ཤེས་པ་དང་གསུམ་ནི་བཟོད་པའི་ངོ་བོ་ཉིད་དོ།། ་དགེ་བ་རྣམས་ལ་ཡང་དག་པར་སྤྲོ་བ་ནི་བརྩོན་འགྲུས་ཐམས་ཅད་ཀྱི་ངོ་བོ་ཉིད་དོ། །སེམས་རྩེ་གཅིག་པ་ནི་བསམ་གཏན་ཐམས་ཅད་ཀྱི་ངོ་བོ་ཉིད་དོ། །དངོས་པོ་རྣམས་ལ་ཡང་དག་པར་རབ་ཏུ་རྣམ་པར་འབྱེད་པ་རྣམ་པ་གསུམ་ནི་ཤེས་རབ་ཀྱི་ངོ་བོ་ཉིད་དོ། །ཡོན ་ཏན་ལ་དཔྱོད་པའམ་ཞེས་བྱ་བ་ནི་སྦྱིན་པ་ལ་སོགས་པའི་སོ་སོའི་རྒྱུས་ལོངས་སྤྱོད་ཆེན་པོ་ལ་སོགས་པ་དང། བདག་དང་གཞན་གྱི་དོན་དུ་ཉེ་བར་གནས་པར་རྟོག་པའི་ཕྱིར་རོ། །དེ་ལ་སྦྱིན་པའི་འབྲས་བུ་ནི་ལོངས་སྤྱོད་ཆེན་པོའོ། །ཚུལ་ཁྲིམས་ཀྱི་ནི ་ལུས་ཕུན་སུམ་ཚོགས་པ་སྟེ། དེ་ནི་བདེ་འགྲོའི་རྒྱུ་ཡིན་པའི་ཕྱིར་རོ། །བཟོད་པ་ཡིན་ཀུན་ཏུ་མཛེས་པ་དང། གཡོག་འཁོར་མང་པོ་མི་ཟད་པར་འགྱུར་བའོ། །བརྩོན་འགྲུས་ཀྱི་ནི་གཡོག་འཁོར་མི་ཕྱེད་པ་དང། ལོངས་སྤྱོད་རྒྱུན་མི་འཆད་པའོ། །བསམ་གཏན་གྱི ་ནི་ལུས་ལ་གནོད་པ་མེད་པར་འགྱུར་བའོ། །ཤེས་རབ་ཀྱིས་ནི་དབང་པོ་ཐམས་ཅད་རྣོ་བ་དང། བདེ་བ་དང། ཡིད་བདེ་བ་མང་བར་འགྱུར་བ་དང། སྐྱེ་བོའི་ཚོགས་ཕལ་པོ་ཆེ་ལ་དབང་བྱེད་པར་འགྱུར་བའོ། །བདག་དང་གཞན་ཐམས་ཅད་རྗེས་སུ་འཛིན་པ་ནི་སྤྱིའི་ ་འབྲས་བུའོ། །སྙིང་པོ་ལ་དཔྱོད་པའང་རུང་ཞེས་བྱ་བ་ནི་བྱང་ཆུབ་ཆེན་པོར་ཡོངས་སུ་བསྔོས་པ་དེ་དག་མི་ཟད་པ་དང་བྱང་ཆུབ་ཐོབ་པའི་རྒྱུར་རྟོག་པའི་ཕྱིར་རོ། །གཉེན་པོ་ལ་རྟོག་པའི་མཚན་མ་ཡོངས་སུ་སྤང་བ་ནི་བཤད་ཟིན་ཏོ། ་ད་ནི་མཚན་མ་སྤང་བ་གསུམ་པ་སྟེ། དེས་དེ་དག་ཅེས་བྱ་བ་ལ་སོགས་པ་གསུངས་པའོ། །ཡོད་པ་དང་མེད་པ་ལ་སོགས་པ་སྤྲོས་པའི་དྲ་བ་མཛའ་དང་བྲལ་བ་ནི་དེ་ཁོ་ནའི། །རྣལ་འབྱོར་པ་འདི་སྙམ་དུ་སེམས་ཏེ། སྦྱིན་པ་ལ་སོགས་པ་ངོ་བོ་ཉིད་མེད་དུ ་ཟིན་ཀྱང། སྟོང་པ་ལ་སོགས་པ་དོན་དམ་པར་བསྡུས་པ་དངོས་པོར་གྱུར་པ་ནི་རང་གི་མཚན་ཉིད་ཀྱིས་ཡོད་དོ། །གཞན་དུ་ན་གལ་ཏེ་དོན་དམ་པ་ཉིད་ཀྱང་མེད་ན་ནི་ཚངས་པར་སྤྱོད་པ་ཡང་དོན་མེད་པར་འགྱུར་སྙམ་དུ་སེམས་ན། དེའི་ཚེ་རྣམ་པར་རྟོག་པ ་འདི་ཡང་བྱང་ཆུབ་སེམས་དཔས་སྤང་བར་བྱ་བ་ཉིད་དོ། །དེ་དག་ནི་གང་ཟག་དང་ཆོས་ལ་བདག་མེད་པ་ཙམ་གྱི་མཚན་ཉིད་དུ་ཟད་པས་སྟོང་པ་ལ་སོགས་པ་རང་གི་མཚན་ཉིད་ཀྱིས་དངོས་པོར་གྱུར་པ་ནི་མེད་དོ། །གཞན་དུ་ན་སྟོང་པ་ལ་སོགས་པ་དངོས་པོ་ལ ་སོགས་པའི་ངོ་བོར་གྱུར་ན། དེ་ལ་དངོས་པོ་ལ་སོགས་པའི་རྣམ་པར་རྟོག་པ་ཇི་ལྟར་ལྡོག་པར་འགྱུར། འཕགས་པ་དཀོན་མཆོག་སྤྲིན་ལས། རིགས་ཀྱི་བུ་གལ་ཏེ་དོན་དམ་པ་མེད་དུ་ཟིན་ན་ཚངས་པར་སྤྱོད་པ་དོན་མེད་པར་འགྱུར་རོ་ཞེས་གསུངས་པ་ཡང ་དེ་ལ་རང་གི་མཚན་ཉིད་ཀྱི་ངོ་བོ་དངོས་པོར་གྱུར་པ་དོན་དམ་པ་ཡོད་པར་སྟོན་པ་ནི་མ་ཡིན་ཏེ། ཇི་ལྟ་ཞེ་ན། སྒྱུ་མ་ལྟ་བུའི་ཆོས་ཐམས་ཅད་ལ་སྒྲོ་བཏགས་པའི་གང་ཟག་དང་ཆོས་ལ་བདག་མེད་པའི་མཚན་ཉིད་གལ་ཏེ་དོན་དམ་པར་མི་འགྱུར་ན། དེའི ་ཚེ་ཇི་ལྟར་བྱིས་པའི་སྐྱེ་བོས་ཡོངས་སུ་བརྟོགས་པ་བཞིན་དུ་གང་ཟག་དང་ཆོས་གཉིས་བདེན་པར་འགྱུར་ཏེ། དེ་བས་ན་བྱིས་པའི་སྐྱེ་བོ་ཐམས་ཅད་ནི་གང་ཟག་དང་ཆོས་ལ་མངོན་པར་ཞེན་པ་ཡིན་པའི་ཕྱིར་དེ་ཁོ་ན་མཐོང་བར་འགྱུར་ཏེ། དེ་དག་བསྒྲིམ ་མི་དགོས་པར་ཐར་པར་འགྲུབ་བས་ན་མྱ་ངན་ལས་འདས་པའི་མཚན་ཉིད་ཚངས་པ་ཐོབ་པར་བྱ་བའི་ཕྱིར་འཕགས་པའི་ལམ་བསྒོམས་པའི་མཚན་ཉིད་སྤྱད་པ་རྣམས་དོན་མེད་པར་འགྱུར་རོ་ཞེས་བྱ་བའི་ཚིག་གོ། འདི་ལྟ་སྟེ་རང་གི་མཚན་ཉིད་ལ་དཔྱོད ་པ་འམ་ཞེས་བྱ་བ་ལ་སྟོང་པ་ཉིད་ལ་སོགས་པ་རང་གི་མཚན་ཉིད་ཀྱིས་དངོས་པོར་གྱུར་བ་ནི་ཡོད་དོ་ཞེས་རྟོག་པའོ། །ཡང་ན་སྒྱུ་མ་ལྟ་བུ་ལ་སོགས་པའི་ཆོས་ཐམས་ཅད་ལ་སྒྲོ་བཏགས་པའི་གང་ཟག་དང་ཆོས་ཀྱི་བདག་ཉིད་དང་བྲལ་བ་ཉིད ་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་དོ། །དེ་ཉིད་གཞན་མ་ཡིན་པའི་དོན་ཡིན་པས་དེ་བཞིན་ཉིད་དོ། །ཕྱིན་ཅི་མ་ལོག་པའི་དོན་ཡིན་པས་ཡང་དག་པའི་མཛའ་ཨོ། །མཚན་མ་ཐམས་ཅད་དང་བྲལ་བའི་ཕྱིར་མཚན་མ་མེད་པའོ། །རྣམ་པར་མི་རྟོག་པའི་ཡེ་ཤེས ་དམ་པའི་སྤྱོད་ཡུལ་ཡིན་པས་ན་དོན་དམ་པའོ། །སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་རྒྱུ་ཡིན་པས་ཆོས་ཀྱི་དབྱིངས་ཏེ། དེ་བས་ན་འདི་དག་དངོས་པོར་གྱུར་པ་ནི་ཡོད་པ་ཉིད་དོ། །ཞེས་དེ་ལྟར་སྟོང་པ་ཉིད་ལ་སོག་པ་སོ་སོའི་ཚིག་གི་རང་གི་མཚན ་ཉིད་ལ་རྟོག་པ་དེ་ཡང་མཚན་མ་ལ་ཀུན་ཏུ་སྤྱོད་པ་ཡིན་ནོ། །ཡོན་ཏན་ལ་དཔྱོད་པ་འམ་ཞེས་བྱ་བ་ནི་དེ་དག་བསྒོམས་པས་སངས་རྒྱས་ཀྱི་ཆོས་ལ་སོགས་པའི་ཡོན་ཏན་མ་ལུས་པ་འབྱུང་བར་འགྱུར་རོ་ཞེས་རྟོག་པའོ། །སྙིང་པོ་ལ་དཔྱོད་པ་ཡང ་རུང་ཞེས་བྱ་བ་ནི་མི་བསླུ་བའི་ཆོས་ཅན་གྱི་ཕྱིར་མི་འགྱུར་བར་ཡོངས་སུ་གྲུབ་པའི་ཕྱིར་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ཀྱི་ཕྱིར་དེ་ཐམས་ཅད་དུ་ཚད་མས་སུན་མ་ཕྱུང་བའི་ཕྱིར་ཚད་མས་ཡང་དག་པར་གྲུབ་པའི་ཕྱིར་སངས་རྒྱས་ཐམས་ཅད་ཀྱི་ཆོས་ཀྱི ་སྐུ་ཡང་ངེས་རབ་ཏུ་བྱེ་བའི་ཕྱིར་རོ་ཞེས་རྟོག་པའོ། །ཡིད་ལ་མི་བྱེད་པས་ཡོངས་སུ་སྤོང་ངོ། །ཞེས་བྱ་བ་ནི་ཡོད་པ་དང་མེད་པ་ལ་སོགས་པའི་ངོ་བོར་རྟོག་པའོ། །འདི་ལྟར་དེ་དག་ནི་གང་ཟག་དང་ཆོས་བདག་མེད་པའི་མཚན་ཉིད་ཙམ་དུ་ཟད་པའི་ཕྱིར་དངོས ་པོའི་ངོ་བོར་ཡོད་པ་ཡང་མ་ཡིན་ལ་སྒྱུ་མ་ལྟ་བུའི་ཆོས་ཐམས་ཅད་ལ་གང་ཟག་དང་ཆོས་སུ་སྒྲོ་བཏགས་པའི་བདག་ཉིད་དང་བྲལ་བས་ན་ཆོས་ཉིད་དུ་གདགས་པའི་ཕྱིར་རི་འོང་གི་ར་བཞིན་དུ་མེད་པ་ཡང་མ་ཡིན་ནོ། །དེ་ལྟར་རྟོག་པ ་ན། དེ་ལ་ངོ་བོ་ཉིད་ལ་སོགས་པར་རྣམ་པར་རྟོག་པ་སྤང་བར་བྱའོ། །གཉེན་པོ་ལ་དམིགས་པའི་རྣམ་པར་རྟོག་པའི་མཚན་མ་སྤང་བ་བཤད་ཟིན་ཏོ། །ད་ནི་མཚན་མ་ཡོངས་སུ་སྤང་བ་བཞི་པ་སྟེ། དམ?་ཞེས་བྱ་བ་ལ་སོགས་པ་གསུངས་པའོ། །རྣལ ་འབྱོར་བ་དག་འདི་སྙམ་དུ་སེམས་ཏེ། སྦྱིན་པ་ལ་སོགས་པ་དང་དེ་དག་ལ་དམིགས་པར་གྱུར་པ་སྟོང་པ་ཉིད་ལ་སོགས་པ་དོན་དམ་པ་ངོ་བོ་ཉིད་མེད་དུ་ཟིན་ཀྱང། དེ་དག་བསྒོམས་པ་ལས་ཐོབ་པའི་ངོ་བོ་ས་ལ་སོགས་པའི་དངོས་པོར་གྱུར་པ་དག་ནི ་འབྲས་བུར་གྱུར་པས་ན་ཡོད་པ་ཉིད་དོ། །གཞན་དུ་ན་བྱང་ཆུབ་སེམས་དཔའ་རྣམས་ས་ལ་སོགས་པ་ལ་ཇི་ལྟར་འཇུག་པར་འགྱུར་སྙམ་དུ་སེམས་ན། དེའི་ཚེ་རྣལ་འབྱོར་པས་རྣམ་པར་རྟོག་པ་འདི་ཡང་སྤང་བར་བྱ་བ་ཉིད་དེ། ས་ལ་སོགས་པ ་དག་ཀྱང་དོན་དམ་པར་མི་སྐྱེས་པའི་ཕྱིར་རོ། །མི་སྐྱེ་པའི་ཆོས་ལ་བཟོད་པ་འཐོབ་པ་དང། ལུང་བསྟན་པ་དང། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་འཐོབ་པ་ནི་ས་བརྒྱད་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཨོ། །སེམས་ཅན་ཡོངས་སུ ་སྨོན་པར་བྱེད་པ་དང། དབང་བསྐུར་བ་འཐོབ་པ་ནི་དེའི་གོང་མའི་ས་གཉིས་ལ་གནས་པ་སྟེ་གོ་རིམ་བཞིན་ནོ། །ས་འདི་རྣམས་ནི་ལྷུན་གྱིས་གྲུབ་པར་འཇུག་པ་ལ་སོགས་པའི་ཡོན་ཏན་གྱི་ཁྱད་པར་དང་ལྡན་པའི་ཕྱིར་ས་དེ་མ་ཡིན་པ ་གཞན་དག་པས་མཆོག་ཏུ་གྱུར་པས་ན་བྱེ་བྲག་ཏུ་རྣམ་པར་རྟོག་པའི་མཚན་མ་གཞན་དག་གསུངས་སོ། །ས་ལ་སོགས་པ་ལ་རྣམ་པར་རྟོག་པའི་མཚན་མ་འབྱུང་བ་འདི་དག་ནི་ལས་དང་པོ་པའི་རྣལ་འབྱོར་པ་ཁོ་ན་ཏེ། ས་ལ་ཞུགས་པ་ཡི ་ནི་མ་ཡིན་ཏེ། དེ་ལ་མི་སྲིད་པའི་ཕྱིར་རོ། །འདི་ལྟ་སྟེ། རང་གི་མཚན་ཉིད་ལ་དཔྱོད་པ་འམ་ཞེས་བྱ་བ་ནི། ས་ལ་སོགས་པ་རང་གི་མཚན་ཉིད་ཀྱི་དངོས་པོར་གྱུར་པ་ནི་ཡོད་པ་ཉིད་དོ་ཞེས་རྟོག་པ་འམ་འདི་དག་སོ་སོ་རང་གི་མཚན་ཉིད་ལ་རྟོག་པའོ། ་དེ་ལ་ས་དང་པོའི་བྱང་ཆུབ་སེམས་དཔའ་ནི་སྐྱོན་མེད་པ་ལ་ཞུགས་པས་གང་ཟག་དང་ཆོས་ལ་རྨོངས་པའི་གཉེན་པོར་རྣམ་པར་བཞག་གོ། གཉིས་པ་ནི་ཚུལ་ཁྲིམས་རྣམ་པར་དག་པས་ལྟུང་བ་ཕྲ་མོའི་འཁྲུལ་པ་ལ་རྨོངས་པའི་གཉེན ་པོར་རོ། །གསུམ་པ་ནི་འཇིག་རྟེན་གྱི་སྙོམས་པར་འཇུག་པ་ལ་གནས་པའི་དབང་ཐོབ་པས་འདོད་པའི་འདོད་ཆགས་ལ་རྨོངས་པའི་གཉེན་པོར་རོ། །བཞི་པ་ནི་བྱང་ཆུབ་ཀྱི་ཕྱོགས་ཇི་ལྟར་ཐོབ་པ་རྣམས་ལ་མང་དུ་གནས་པས་སྙོམས་པར་འཇུག ་པའི་ཆོས་ལ་སྲིད་པའི་རྨོངས་པའི་གཉེན་པོར་རོ། །ལྔ་པ་ནི་ཐབས་ཀྱིས་ཟིན་པའི་བྱང་ཆུབ་ཀྱི་ཕྱོགས་ལ་གནས་པས་བདེན་པ་རྣམས་བསྒོམས་ཏེ། བྱང་ཆུབ་སེམས་དཔའ་འཁོར་པ་དང་མྱ་ངན་ལས་འདའ་བ་ལ་ཤིན་ཏུ་རྒྱབ་ཀྱིS་ཕྱོགས་པ་དང། མངོན་དུ ་ཕྱོགས་པར་ཡིད་ལ་བྱེད་པའི་རྨོངས་པའི་གཉེན་པོར་རོ། །དྲུག་པ་ནི་མཚན་མ་མེད་པར་གནས་པ་མཚན་མ་མེད་པར་མང་དུ་ཀུན་ཏུ་སྤྱོད་པ་ལ་རྨོངས་པའི་གཉེན་པོ་དང། འཁོར་བར་འཇུག་པ་ལ་རྨོངས་པའི་གཉེན་པོར་རོ། །བདུན་པ་ནི་སྐབས་མེད་པར ་མཚན་མ་མེད་པ་ལ་གནས་པ་ཐོབ་པས་མཚན་མ་ཕྲ་མོ་རྣམས་ལ་ཀུན་ཏུ་སྤྱོད་པའི་རྨོངས་པའི་གཉེན་པོར་རོ། །བརྒྱད་པ་ནི་ལྷུན་གྱིས་གྲུབ་པར་མཚན་མ་མེད་པ་ལ་གནས་པ་ཐོབ་པས་མཚན་མ་མེད་པ་ལ་འབད་ཅིང་ཀུན་ཏུ་སྤྱོད་པའི་རྨོངས་པའི་གཉེན་པོར ་རོ། །དགུ་པ་ནི་སོ་སོ་ཡང་དག་པར་རིག་པ་རྣམས་ཐོབ་པས་རྣམ་པ་ཐམས་ཅད་དུ་ཆོས་བཤད་པ་ལ་དབང་འཐོབ་པའི་རྨོངས་པའི་གཉེན་པོར་རོ། །བཅུ་པ་ནི་སངས་རྒྱས་ཀྱི་ཞིང་དང་འཁོར་དང་སྤྲུལ་པ་ལ་སོགས་པ་ལ་དབང་ཐོབ་པས་མངོན་པར་ཤེས ་པ་ཆེན་པོ་ལ་རྨོངས་པའི་གཉེན་པོར་རོ། །སངས་རྒྱས་ཀྱིS་ནི་མདོར་ན་ཆོས་ཐམས་ཅད་ལ་རྣམ་པ་ཐམས་ཅད་དུ་ཆགས་པ་མེད་ཅིང་ཐོགས་པ་མེད་པའི་མཁྱེན་པ་བརྙེས་པས་ཤེས་པ་ཐམས་ཅད་ལ་ཕྲ་བའི་ཡེ་ཤེས ་ཐོགས་པའི་རྨོངས་པའི་གཉེན་པོར་བཞག་གོ། ཡོན་ཏན་ལ་དཔྱོད་པ་འམ་ཞེས་བྱ་བ་ནི་ཇི་སྐད་དུ། ས་དང་པོ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི། སྐད་ཅིག་ཐབ་ཅིག་ཡུད་ཙམ་ཅིག་ལ་ཏིང་ངེ་འཛིན་བརྒྱ་རབ་ཏུ་འཐོབ་པ་དང། སངས་རྒྱས ་བརྒྱ་མཐོང་བ་དང། དེ་དག་གིས་བྱིན་གྱིས་བརླབས་ཀྱང་ཡང་དག་པར་ཤེས་པ་དང། འཇིག་རྟེན་གྱི་ཁམས་བརྒྱ་གཡོ་བར་བྱེད་པ་དང། ཞིང་བརྒྱར་འགྲོ་བར་བྱེད་པ་དང། འཇིག་རྟེན་གྱི་ཁམས་བརྒྱ་སྣང་བར་བྱེད་པ་དང། སེམས་ཅན་བརྒྱ་ཡོངས་སུ་སྨིན་པར ་བྱེད་པ་དང། བསྐལ་པ་བརྒྱར་གནས་པར་བྱེད་པ་དང། སྔོན་གྱི་མཛའ་དང་ཕྱི་མའི་མཛའ་ཨི་བསྐལ་པ་བརྒྱ་ལ་འཇུག་པ་དང། ཆོས་ཀྱི་སྒོ་བརྒྱ་འབྱེད་པ་དང། ལུས་བརྒྱ་ཀུན་ཏུ་སྟོན་པ་དང། ལུས་རེ་རེ་ལ་ཡང་བྱང་ཆུབ་སེམས་དཔའ་ཨི་འཁོར་བརྒྱ་པ་རྒྱ་ཀུན་ཏུ ་སྟོན་པའི་བརྩོན་འགྲུས་རྣམ་པར་དེ་ལྟ་བུ་རྩོམ་མོ། །ས་གཉིས་པ་ལ་ནི་འདི་དག་ཐམས་ཅད་གྲངས་སྟོང་དུ་བསྒྱུར་བའོ། །ས་གསུམ་པ་ལ་ནི་གྲངས་འབུམ་མོ། །ས་བཞི་པ་ལ་ནི་གྲངས་བྱེ་བ་ཕྲག་བརྒྱའོ། །ས་ལྔ་པ་ལ་ནི་གྲངས་བྱེ་བ་ཕྲག་སྟོང་ངོ། །ས་དྲུག་པ་ལ ་ནི་གྲངས་བྱེ་བ་ཕྲག་འབུམ་མོ། །ས་བདུན་པ་ལ་ནི་གྲངས་བྱེ་བ་ཁྲག་ཁྲིག་ཕྲག་འབུམ། །ས་བརྒྱད་པ་ལ་ནི་གྲངས་སྟོང་གསུམ་འབུམ་ཕྲག་བཅུའི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་དོ། །ས་དགུ་པ་ལ་ནི་སངས་རྒྱས་ཀྱི་ཞིང་གྲངས་མེད་པ་འབུམ་ཕྲག་བཅུ་ཚང་བའི་རྡུལ ་ཕྲ་རབ་ཀྱི་རྡུལ་སྙེད་དོ། །ས་བཅུ་པ་ལ་ནི་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་བཅུའི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་དོ། །སངས་རྒྱས་ཀྱི་ས་ལ་ནི་འཇིག་རྟེན་གྱི་ཁམས་སུ་གཏོགས་པ་མ་ལུས་པ་ནམ་མཁའ་ཨི་མཐས་ཀླས་པའི་རྡུལ་ཕྲ་རབ ་ཀྱི་རྡུལ་ཐམས་ཅད་འདིས་ཡོངས་སུ་མཁྱེན། ཕྱོགས་དང་དུས་ཐམས་ཅད་དུ་གཏོགས་པའི་དངོས་པོ་མ་ལུས་པའི་རྣམ་པ་ཐམས་ཅད་མཁྱེན་ཏོ་ཞེས་གསུངས་པ་ལྟ་བུའོ། །སངས་རྒྱས་ཀྱི་ས་ལ་སོགས་པའི་ཡོན་ཏན་ནི་དཔག་ཏུ་མེད་དེ་མདོ་སྡེ་ལས ་ཤེས་པར་བྱའོ། །སྙིང་པོ་ལ་དཔྱོད་པ་ཡང་རུང་ཞེས་བྱ་བ་ནི་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ཆོས་ཐམས་ཅད་ཀྱི་བླ་མར་གྱུར་པ་དང། བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་པའི་རྒྱུར་གྱུར་པའི་ཕྱིར་རོ། །མདོ་ལ་མི་བྱེད་པས་ཡོངས་སུ་སྤོང? ་ངོ་ཞེས་བྱ་བ་ནི་དེ་ལ་དངོས་པོར་མངོན་པར་ཞེན་པ་རྣམས་སྤོང་སྟེ། ཆོས་ཐམས་ཅད་དོན་དམ་པར་མ་སྐྱེས་པར་རོ་གཅིག་པའི་ཕྱིར་རོ། །དེ་སྐད་དུ། དེ་བཞིན་གཤེགས་པ་རྟག་ཏུ་སྐྱེ་མེད་ཆོས། །ཆོས་རྣམས་ཀུན་ཀྱང་བདེ་བར་གཤེགས་དང་འདྲ། །བྱིས་པའི ་བློ་ཅན་མཆན་མར་འཛིན་པ་ཡིས། །འཇིག་རྟེན་དག་ན་མེད་པའི་ཆོས་ལ་སྤྱོད་ཅེས་གསུངས་པ་སྟེ། དེ་ལྟར་མཚན་མ་ཐམས་ཅད་ཡིད་ལ་མི་བྱེད་པས་ཡོངས་སུ་སྤོངས་ཤིག་པའོ། །ཤིན་ཏུ་བརྩོན་པ་ཡིན་ཏེ། ཞེས་བྱ་བ་ནི་རྣམ་པར་མི་རྟོག་པའི་དབྱིངས་ལ་འཇུག ་པའི་ལམ་ལ་མངོན་དུ་ཡང་དག་པར་ཞུགས་པའི་ཕྱིར་རོ། །དེ་ལྟར་རྣལ་འབྱོར་པ་མོས་པའི་དབང་དང། ཤེས་རབ་ཀྱིས་ཡོད་པ་ལ་སོགས་པར་རྟོག་པ་མཚན་མའི་དྲ་བ་ཐམས་ཅད་སྤངས་ལ། རྟོག་པ་མེད་ཅིང་དཔྱོད་པ་དང་བྲལ་བ། བརྗོད་པ་མེད་པ། རོ་གཅིག ་པའི་ཡིད་ཀྱིས་དེ་ཁོ་ན་ཉིད་དེ་ཉིད་ལ་མོས་པས་མངོན་པར་འདུ་མི་བྱེད་པར་ཤིན་ཏུ་གསལ་བར་བསྒོམ་ཞིང་འདུག་པར་བྱའོ། །དེ་ལ་གནས་པའི་སེམས་ཀྱི་རྒྱུད་མི་གཡེང་བར་བྱའོ། །གང་གི་ཚེ་བར་སྐབས་སུ་རྣམ་པར་གཡོང?་བར་གྱུར་ན་དེའི་ཚེ། དེ་ཞི་བར ་བྱས་ནས་ཡང་དེ་ཉིད་ལ་སེམས་ཡོངས་སུ་གཏད་དོ། །གང་གི་ཚེ་དེ་ལ་སེམས་མི་དགའ་བར་གྱུར་པར་མཐོང་བ་དེའི་ཚེ་ཏིང་ངེ་འཛིན་གྱི་ཡོན་ཏན་མཐོང་བས་དེ་ལ་དགའ་བ་སྒོམས་ཤིག་དང། རྣམ་པར་གཡེང་བའི་ཉེས་པ་མཐོང་བས་མི་དགའ་བཞི་བར་འགྱུར ་རོ། །ཅི་སྟེ་རྨུགས་པ་ལ་སོགས་པའི་ཟིལ་གྱིས་ནོན་པས་རྒྱུ་བ་མི་གསལ་ཏེ་བྱིང་བས་སེམས་མི་དགའ་བར་གྱུར་པར་མཐོང་བ་དེའི་ཚེ་རབ་ཏུ་དགའ་བར་འགྱུར་བའི་དངོས་པོ་ལ་སོགས་པའི་ཡིད་ལ་བྱ་བས་བྱིང་བ་བཞི་བར་བྱས་ཏེ། ཡང ་དེ་ཁོ་ན་ཉིད་ལ་རབ་ཏུ་གསལ་བར་བཟུང་ངོ། །ཅི་སྟེ་གང་གི་ཚེ་སྔོན་མྱོང་བའི་ཡུལ་སྡུག་པ་ལ་སོགས་པ་དྲན་པས་བར་སྐབས་སུ་སེམས་རྒོད་པའམ། རྒོད་དུ་དོགས་པ་མཐོང་བ་དེའི་ཚེ་མི་རྟག་པ་ལ་སོགས་པ་སྐྱོ་བར་འགྱུར་བ་འདི་དངོས་པོ་ཡིད་ལ་བྱས་ནས་རྒོད ་པ་ཞི་བར་བྱའོ། །དེ་ནས་ཡང་དེ་ཁོ་ཉིད་དེ་ཉིད་ལ་མངོན་པར་འདུ་བྱ་བ་མེད་པར་འཇུག་པར་འབད་པར་བྱའོ། །གང་གི་ཚེ་བྱིང་བ་དང་རྒོད་པ་ལས་དབེན་ཏེ། སེམས་མཉམ་པར་འཇུག་པར་མཐོང་བ་དེའི་ཚེ་རྩོལ་བ་ཀླད་དེ་བཏང་སྙོམས་སུ་བྱའོ། །གལ་ཏེ་སེམས ་མཉམ་པར་གནས་པར་གྱུར་པ་ལ་རྩོལ་བ་བྱས་ན་དེའི་ཚེ་སེམས་རྣམ་པར་གཡེང་བར་འགྱུར་རོ། །གལ་ཏེ་སེམས་ཞུམ་པར་གྱུར་པ་ལ་རྩོལ་བ་མ་བྱས་ན་དེའི་བྱིང་བཞི་བར་མི་འགྱུར་ཏེ། དེས་ན་སྐྱེས་བུ་མུ་ས་ལོང་བཞིན་དུ་དེ་ཁོ་ན་གསལ་བར ་ཟིན་པར་མི་འགྱུར་རོ། །དེ་བས་ན་བྱིང་བའི་སེམས་ནི་བསལ་བར་བྱ་ཞིང་རྒོད་པ་ཞི་བར་བྱས་ཏེ་མཉམ་པ་ཐོབ་ནས་བཏང་སྙོམས་སུ་བྱའོ། །དེ་ནས་རྣལ་འབྱོར་པས་ཇི་སྲིད་འདོད་ཀྱི་བར་དུ་མངོན་པར་འདུ་བྱ་བ་མེད་པར་དེ་ཁོ་ན་ཉིད་བསྒོམ་ཞིང་མོས་པའི ་དབང་གིས་བདུག་པར་བྱའོ། །དེ་ནས་ཏིང་ངེ་འཛིན་ལས་ལྡང་བར་འདོད་ན་འདི་སྙམ་དུ་བསམ་སྟེ། ཆོས་འདི་དག་ཐམས་ཅད་དོན་དམ་པར་མ་བྱུང་དུ་ཟིན་ཀྱང་སྒྱུ་མ་ལ་སོགས་པ་ལྟ་བུར་རྒྱུ་དང་རྐྱེན་སོ་སོར་ངེས་པ་ལ་བལྟོས་ནས་འབྱུང་སྟེ། དེ་བས་ན ་བདག་གིས་སེམས་ཅན་ཐམས་ཅད་ལ་ཕན་གདགས་པའི་ཕྱིར་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་འདོད་པས་བསོད་ནམས་དང་ཡེ་ཤེས་ཀྱི་ཆོགས་ཤིན་ཏུ་རྒྱས་པ་དཔག་ཏུ་མེད་པ་ལ་བརྩོན་པར་བྱའོ་སྙམ་དུ་བསམ་མོ། །དེ་ནས་སངས་རྒྱས་དང་བྱང་ཆུབ ་སེམས་དཔའ་རྣམས་ལ་ཕྱག་བྱས་ཏེ། དེ་དག་ལ་མཆོད་ནས་འཕགས་པ་བཟང་པོ་སྤྱོད་པ་ལ་སོགས་པ་སྨོན་ལམ་ཆེན་པོ་བཏབ་སྟེ་ལྡང་ངོ། །སྒྱུ་མ་ལ་སོགས་པ་ལྟ་བུར་ཕྱིན་ཅི་མ་ལོག་པ་བླ་ན་མེད་པ་ཡང་དག་པར་ཐོག་པའི་བྱང་ཆུབ་?་ཡོངས་སུ ་བསྔོས་པའི་སྟོང་པ་ཉིད་དང་སྙིང་རྗེ་དང་ལྡན་པའི་སྦྱིན་པ་ལ་སོགས་པ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་སྒྲུབ་པ་མཛའ་དག་ལ་སྒྱུ་མ་མཁན་ལྟ་བུར་བརྩོན་པར་བྱའོ། །དེ་ལྟར་བྱས་ན་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ་སྟོང་པ ་ཉིད་ཀྱི་བསམ་གཏན་སྒྲུབ་པར་འགྱུར་ཏེ། འཕགས་པ་གཙུག་ན་རིན་པོ་ཆེ་ལས། དེ་བྱམས་པ་ཆེན་པོའི་གོ་བཞོས?་ནས་སྙིང་རྗེ་ཆེན་པོའི་གནས་ལ་རབ་ཏུ་གནས་ཏེ། རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་མངོན་པར་སྒྲུབ་པའི ་བསམ་གཏན་ལ་བསམ་གཏན་དུ་བྱེད་དོ། །རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་དེ་གང་ཞེ་ན། གང་སྦྱིན་པ་དང་མ་བྲལ་བ། ཚུལ་ཁྲིམས་དང་མ་བྲལ་བ། བཟོད་པ་དང་མ་བྲལ་བ། བརྩོན་འགྲུས་དང་མ་བྲལ་བ། བསམ་གཏན་དང ་མ་བྲལ་བ་ཤེས་རབ་དང་མ་བྲལ་བ། ཐབས་དང་མ་བྲལ་བ་ལ་སོགས་པ་ཇི་སྐད་གསུང་བ་ལྟ་བུའོ། །འཕགས་པ་དྲི་མ་མེད་པར་གྲགས་པས་བསྟན་པ་ལ་སོགས་པ་ལས་ཀྱང། ཐབས་དང་བྲལ་བའི་ཤེས་རབ་འབའ་ཞིག་སྟོན་པ་ནི་བྱང་ཆུབ ་སེམས་དཔའ་ཨི་འཆིང་བ་ཞེས་གསུངས་སོ། །དེ་ལྟ་བས་ན་བྱང་ཆུབ་སེམས་དཔས་དུས་ཐམས་ཅད་དུ་སྙིང་རྗེ་ཆེན་པོ་སྔོན་དུ་བྱས་ལ་སྦྱིན་པ་ལ་སོགས་པ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་སྒྲུབ་པ་ལ་ངེས་པར་བརྩོན་པར་བྱའོ། །དེ་ནས་རྣལ་འབྱོར་པ ་ཇི་སྲིད་དུས་ལ་མ་ཞུགས་པ་དེ་སྲིད་དུ་ཇི་སྐད་བཤད་པའི་ཆོ་ག་བཞིན་དུ་མོས་པའི་དབང་གིས་མོས་པས་སྤྱོད་པའི་ས་ན་དེ་ཁོ་ན་མཉིད་ལ་སྒོམ་པ་ན་ཡང་དག་པར་སྦྱོར་བ་དང། ཡང་དག་པའི་ཏིང་ངེ་འཛིན་ཅེས་རྣམ་པར་བཞག་གོ་། དེ་རྣམ་པར་མི་རྟོག་པའི་དབྱིངS?་ ་ལ་ཤིན་ཏུ་བརྩོན་པ་ཡིན་ཏེ། རེ་ཞིག་རྣམ་པར་མི་རྟོག་པའི་དབྱིངས་ལ་ནི་མ་རེག་མོད་ཀྱི། རྣམ་པར་མི་རྟོག་པའི་དབྱིངས་ལ་རེག་པར་འགྱུར་བའི་ཚུལ་བཞིན་གྱིས་ཏིང་ངེ་འཛིན་ནི་ཡོད་དོ་ཞེས་བྱ་བ་ནི་རྣམ་པར་མི་རྟོག ་པའི་དབྱིངས་ལ་རེག་པ་དང་མཐུན་པའི་ཕྱིར་རོ་ཞེས་སྟོན་ཏོ། །དེ་ལྟར་ཡང་དག་པའི་སྦྱོར་བ་སྟན་ནས། རྣམ་པར་མི་རྟོག་པའི་དབྱིངས་སུ་འཇུག་པ་སྟེ་བསྡུས་པའི་དོན་བརྒྱད་པ་སྟོན་ཏེ། དེ་ཡང་དག་པར་སྦྱར་བ་དེ་དང་ཞེས་བྱ་བའོ། །དེ་ལྟར་ཡང་དག ་པར་སྦྱོར་བའི་ཐོས་པ་དང། སེམས་པ་དང། བསྒོམས་པའི་རིམ་པ་ཇི་སྐད་དུ་བསྟན་པ་བཞིན་དུ་རྟག་ཏུ་གུས་པར་བྱས་ཏེ། ཡུན་རིང་པོར་བསྒོམས་ནས་བསྐལ་པ་གྲང་མེད་པ་འདས་པར་གྱུར་བ་དང། གཙུབ་ཤྔ་གིས་གཙུབས་པའི་མེ་བཞིན་ལ ་ཡང་དག་པའི་དོན་ལ་བསྒོམ་པ་མཐར་ཕྱིན་པར་འགྱུར་ཞིང་རྟོག་པའི་དྲང་མཛའ་དག་དང་བྲལ་བ་སྤྲོས་པ་མེད་པའི་ཆོས་ཀྱི་དབྱིངས་རྟོགས་ཏེ། ཤིན་ཨུ་གསལ་བ། དྲི་མ་མེད་པ། མི་གཡོ་བ། རླུང་མེད་པར་བཞག་པའི་མར་མེ་འབར་བའི་རྒྱུན ་བཞིན་དུ་མི་གཡོ་བ་ཚད་མར་གྱུར་པ་ཆོས་ཐམས་ཅད་བདག་མེད་པའི་དེ་ཁོ་ན་ཉིད་མངོན་སུམ་དུ་བྱེད་པ་མཐོང་པའི་ལམ་གྱིས་ཡང་དག་པར་བསྡུས་པ་དོན་དམ་པའི་བྱང་ཆུབ་ཀྱི་སེམས་ཀྱི་ངོ་བོ་ཉིད་མངོན་པར་འདུ་བྱ་བ་མེད་པར་འཇུག ་པ་འཇིག་རྟེན་ལས་འདས་པའི་ཡེ་ཤེས་མཆོག་འབྱུང་སྟེ། དེའི་ཚེ་རྣལ་འབྱོར་པ་རྣམ་པར་མི་རྟོག་པ་ཉིད་དུ་ཞུགས་པ་ཡིན། ས་དང་པོ་ཐོབ་པ་ཡང་ཡིན་ཏེ་སྤྱིར་བསྟན་པའི་དོན་ཏོ། །བསྟེན་པས་རྗེས་སུ་འགྲོ་ཞེས་བྱ་བ་ནི་ཐོས་པའི་ཤེས་རབ ་ཀྱི་རྒྱུའི་དངོས་པོར་བསྟན་པ་སྟེ་ལུད་ལ་བརྟེན་ཅིང་ཀུན་ཏུ་སྟེན་པ་ལ་བྱའོ། །བསྒོམས་པས་རྗེས་སུ་འགྲོའོ་ཞེས་བྱ་བ་ནི་བསམས་པའི་ཤེས་རབ་སྟེ་བསྒོམས་པས་འགྲོ་བ་ཞེས་བྱའོ། །མང་དུ་བྱས་པས་རྗེས་སུ་འགྲོའོ་ཞེས་བྱ་བ་ནི་བསྒོམས་པའི ་ཤེས་རབ་སྟེ། རྣམ་པར་མི་གཡེང་བར་རྒྱུན་དུ་བསྒོམས་པ་མང་དུ་བྱེད་པའི་ཕྱིར་རོ། །ཡང་དག་པར་ཡིད་ལ་བྱ་བས་རྗེས་སུ་འགྲོ་བ་ན་ཞེས་བྱ་བ་ནི་ཤེས་རབ་འདི་རྣམས་ཀྱིས་ཕྱིན་ཅི་མ་ལོག་པར་སྦྱོར་བས་རྗེས་སུ་འགྲོ་བར་བསྟན་པའི། །མངོན་པར་འདུ་བྱ་བ ་མེད་ཅིང་ཞེས་བྱ་བ་ནི་ལྷུན་གྱིས་གྲུབ་པའི་ཁྱད་པར་ཏེ། རྒྱུ་མཆད་བར་གུས་པར་བྱས་ནས་དུས་རིང་པོར་བསྒོམས་ཏེ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དཔག་ཏུ་མེ་དགེ?་བསགས?་པས་ལས་སུ་རུང་བའི་ཏིང་ངེ་འཛིན་དམ་པའི་སྟོབས་ཀྱིས་ཞུམ་པ་དང་རྒོད་པ་ལ ་སོགས་པའི་ཉེས་པ་དང་བྲལ་ཞིང་ཞི་གནས་དང་ལྷག་མཐོང་ཟུང་དུ་འབྲེལ་པར་འཇུག་པའི་ཕྱིར་རོ། །གང་གི་ཚེ་མངོན་པར་འདུ་བྱ་བ་མེད་པར་འཇུག་པའི་ལམ་ཡང་དག་པར་འབྱུང་བ་དེའི་ཚེ་ལྷུན་གྱིས་གྲུབ་པས་རྣམ་པར་མི་རྟོག་པའི་དབྱིངས་ལ་རེག་ཅེས ་བྱ་བའི་དོན་ཏེ་མངོན་སུམ་དུ་བྱས་པའི་ཕྱིར་ཏེ། ས་དང་པོར་ཞུགས་ནས་དེའི་གོང་མའི་ས་རྣམས་རྣམ་པར་སྦྱོང་ངོ། །ཡང་ན་བསྟེན་པས་རྗེས་སུ་འགྲོ་ཞེས་བྱ་བ་ལ་སོགས་པའི་ཚིག་གིས་བསྒོམ་པར་སྦྱོར་བ་ཆུང་ངུ་དང་འབྲིང་དང་རབ་དང་རབ་ཀྱི་མཆོག་རྣམS ་བསྟན་ཏེ། ངེས་པར་འབྱེད་བའི་ཆ་བཞིའི་གནས་དང་གོ་རིམ་བཞིན་ནོ། །ཅིའི་ཕྱིར་ཞེས་བྱ་བ་ལ་སོགས་པ་ནི་རྣམ་པར་མི་རྟོག་པའི་དབྱིངས་ཀྱི་མཚན་ཉིད་དེ་བསྡུས་པའི་དོན་དགུ་པ་སྟོན་ཏོ། །དཔྱད་པའི་རྣམ་པར་རྟོག་པ་ཐམས་ཅད་ལས་ཤིན་ཏུ་འདས ་པ་ཞེས་བྱ་བ་ནི་འདིའོ། །ཕ་བིའོ?་ཞེས་རང་གིས་རྣམ་པར་རྟོག་པ་ཐམས་ཅད་ཀྱིས་བརྟག་མི་ནུས་པའི་ཕྱིར་རོ། །དེ་བས་ན་གཟུགས་མེད་པའོ། །བསྟན་པོ་དང་དཔེར་རྣམ་པར་བརྟག་པ་ཐམས་ཅད་ལས་འདས་པ་ཞེས་བྱ་བ་ནི་གཞན་དག་ལ་འདི་ན་འདི་འདྲའོ་ཞེས ་བསྟན་བར་མི་ནུས་པའི་ཕྱིར་རོ། །དེ་བས་ན་བསྟན་དུ་མེད་པའོ། །དབང་པོར་རྣམ་པར་བརྟག་པ་ཐམས་ཅད་ལས་ཤིན་ཏུ་འདས་པ་ཞེས་བྱ་བ་ནི་མིག་གི་དབང་པོ་ལ་སོགས་པ་ནང་གི་སྐྱེ་མཆེད་ཀྱི་མཚན་ཉིད་དུ་རྣམ་པར་བརྟག་པ་ཐམས་ཅད་ཀྱི་རང ་བཞིན་ལས་ཤིན་ཏུ་འདས་པའི་ཕྱིར་རོ། །དེ་བས་ན་དེ་ནི་ནང་གི་སྐྱེ་མཆེད་གང་ལ་ཡང་མི་བརྟེན་པའི་ཕྱིར་རྟེན་མེད་པའོ། །ཡུལ་རྣམ་པར་བརྟག་པ་ཐམས་ཅད་ལས་ཤིན་ཏུ་འདས་པ་ཞེས་བྱ་བ་ནི་གཟུགས་ལ་སོགས་པ་ཕྱིའི་སྐྱེ ་མཆེད་ཀྱི་མཚན་ཉིད་དུ་རྣམ་བར་བརྟག་པ་ཐམས་ཅད་ཀྱི་ངོ་བོ་ཉིད་ལས་འདས་པའི་ཕྱིར་རོ། །དེ་བས་ན་དེ་ནི་གཟུགས་ལ་སོགས་པ་ཡུལ་ལྟ་བུར་སྣང་བ་མ་ཡིན་པས་སྣང་བ་མེད་པའོ། །རྣམ་པར་རིག་པར་རྣམ་པར་རྟག་བ་ཐམས་ཅད་ལས་ཤིན་ཏུ ་འདས་པ་ཞེས་བྱ་བ་ནི་མིག་ལ་སོགས་པའི་རྣམ་པར་རིག་པའི་མཚན་ཉིད་དུ་རྣམ་པར་བརྟག་པ་ཐམས་ཅད་ཀྱི་ངོ་བོ་ཉིད་ལས་ཤིན་ཏུ་འདས་པའི་ཕྱིར་རོ། །དེ་བས་ན་རྣམ་པར་རིག་པ་མ་ཡིན་པ་སྟེ། དེ་དག་གི་ངོ་བོ་ཉིད་མ་ཡིན་པའི་ཕྱིར་རོ། །ཉོན་མོངS ་པ་ཐམས་ཅད་དང་ཤེས་བྱའི་སྒྲིབ་པ་ཐམས་ཅད་ཀྱི་གནས་མེད་པའི་ཕྱིར་ཞེས་བྱ་བ་ནི་རང་བཞིན་གྱི་འོད་གསལ་བའི་ཆོས་ཀྱི་དབྱིངས་ལ་གློ་བུར་གྱི་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པའི་སྒྲིབ་པ་ཐམས་ཅད་ཀྱི་རྟེན་མེད་པས་གནས་མེད་པའི་ཕྱིར ་རོ། །དེ་བས་ན་འདི་ལ་གནས་མེད་པ་སྟེ། དེ་ལ་སྒྲིབ་པ་ཐམས་ཅད་ཀྱི་གནས་མེད་བའི་ཕྱིར་རོ། །དེ་བས་ན་དེ་ནི་ཆོས་ཐམས་ཅད་ཀྱི་རྣམ་པར་རྟོག་པ་ལས་ཤིན་ཏུ་འདས་པའི་ཕྱིར་རྣམ་པར་མ་རྟོག་པ་ཞེས་བྱའོ། །གང་ཞེ་ན། ཞེས་བྱ་བ་ནི་ཅི་ཞེས་དྲི ་པར་སེམས་པ་སྟེ། འདི་སྙམ་དུ་སེམས་སོ། །གལ་ཏེ་ཆོས་ཐམས་ཅད་ཀྱི་རྣམ་པར་རྟོག་པ་ལས་ཤིན་ཏུ་འདས་ན་དེ་ལ་དེའི་མཚན་ཉིད་ཅེས་ཇི་སྐད་དུ་བྱ་སྙམ་པ་ལ་དེའི་ལན་དུ་གཟུགས་མེད་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་ནི་དེའི ་མཚན་ཉིད་དེ། གང་ཆོས་ཐམས་ཅད་ཀྱི་རྣམ་པར་རྟོག་པ་ལས་ཤིན་ཏུ་འདས་པའོ་ཞེས་དགོངས་པ་སྟེ། གང་གི་ངོ་བོ་གང་ཡིན་པ་རྣམ་པ་དེ་ལྟ་བུ་དེ་ཉིད་ལ་མཚན་ཉིད་ཅེས་བྱ་སྟེ། དེ་བས་ན་ཆོས་ཐམས་ཅད་ཀྱི་མཚན་ཉིད་ལས་ཤིན་ཏུ་འདས་པ ་དེའི་མཚན་ཉིད། །དེ་བརྗོད་པ་ནི་ཀུན་རྫོབ་ཅེས་བྱའི་དངོས་སུ་ནི་མ་ཡིན་ཏེ། དེ་ཁོ་ན་ནི་ཐམས་ཅད་ལས་ཤིན་ཏུ་འདས་པའི་ཕྱིར་རོ། །ཐ་སྙད་ཀྱི་སྤྱོད་ཡུལ་ཡིན་ན་ནི་དེ་ཉིད་ཀུན་རྫོབ་ཏུ་འགྱུར་ཏེ། དོན་དམ་པར་མི་འགྱུར་རོ། །དེ་སྐད་དུ་ཡང་འཕགས་པ་བདེན་པ་གཉིས ་བསྟན་པ་ལས་ཀྱང། ལྷའི་བུ་གལ་ཏེ་དོན་དམ་པར་བདེན་པ་ལུས་དང་ངག་དང་ཡིད་ཀྱི་ཡུལ་གྱི་དངོས་པོར་གྱུར་ན་ནི་དོན་དམ་པའི་བདེན་པ་ཞེས་བྱ་བའི་གྲངས་སུ་མི་འགྲོ་སྟེ། ཀུན་རྫོབ་ཀྱི་བདེན་པ་ཉིད་དུ་འགྱུར་རོ། །ལྷའི་བུ་འདི་ལྟར་ཡོད་དོན་དམ?་པའི་ན་བདེན?་པའི་བདེན་པ ་ནི་ཐ་སྙད་ཐམས་ཅད་ལས་ཤིན་ཏུ་འདས་པ་སྟེ། ཁྱད་པར་མེད་པ། མ་སྐྱེས་པ། མ་འགགས་པ། བརྗོད་བར་བྱ་བ་དང། རྗོད་པ་དང། ཤེས་བྱ་དང། ཤེས་པ་དང་བྲལ་བའོ། །ལྷའི་བུ་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་ཐམས་ཅད་མཁྱེན་པའི་ཡེ་ཤེས ་ཀྱི་ཡུལ་ལས་འདས་པ་སྟེ། ལྷའི་བུ་དེ་ལ་རྟོག་པ་དན་རྣམ་པར་རྟོག་པ་རྣམས་མི་འཇུག་གོ་།དོན་དམ་པ་དེ་ལ་ཕ་རོལ་དང་ཚུ་རོ་ལ་དང་དབུས་མེད་དོ། །ལྷའི་བུ་འདི་ནི་སྒྲོ?་བཏགས་ཏེ། དོན་དམ་བའི་བདེན་པ་ཞེས་བསྙད་ཀྱི། དོན་དམ་པའི་བདེན་པ་ཞེས་ཇི་སྐད ་དུ་བྱ་བ་ལྟར་ནི་མ་ཡིན་ནོ་ཞེས་གསུངས་སོ། །ད་ནི་རྣམ་པར་མི་རྟོག་པའི་དབྱིངས་སུ་ཞུགས་པའི་རྟགས་ཏེ། བསྡུས་བའི་དོན་བཅུ་པ་ནི། རྣམ་བར་མི་རྟོག་པའི་དབྱིངས་ལ་རབ་ཏུ་གནས་པས་ནི་ཤེས་བྱ་དང་ཁྱད་པར་མེད་པ་ཞེས་བྱ་བ་གསུངས་ཏེ། ཆོས་ཐམS ་ཅད་མི་དམིགས་བའི་རྣམ་པར་ཞུགས་པས་ཤེས་པ་དང་ཤེས་བྱ་ལ་བྱེ་བྲག་མི་དམིགས་པའི་ཕྱིར་རོ། །དེའི་ཕྱིར་ཆོས་ཐམས་ཅད་ནམ་མཁའ་ཨི་དཀྱིལ་དང་མཚུངས་པར་མཐོང་སྟེ། རྣམ་པ་ཐམས་ཅད་དུ་ཇི་སྐད་བསྟན་པའི་མཚན་མ་ཐམས་ཅད་ཀུན་ཏུ་མི ་འབྱུང་བའི་ཕྱིར་རོ། །འོ་ན་དེའི་ཚེ་སུས་མཐོང། དེ་ནི་བདེན་ཏེ། དོན་དམ་པར་གང་ཟག་ལ་སོགས་པའི་ངོ་བོ་རྣལ་འབྱོར་པའི་རང་གི་རྒྱུད་གང་ཡང་མེད་པས་མཐོང་བ་ཡང་མེད་མོད་ཀྱི། འོ་ན་གྱུད?་ཇི་ལྟར་དོན་དམ་པར་ངོ་བོ་ཉིད་མེད་ཀྱང་ཀུན་རྫོབ་ཏུ་གཟུཌ ་ལ་སོགས་པ་ཡུལ་གྱི་རྣམ་པར་འབྱུང་བ་ཙམ་གྱི་ཤེས་བ་ཉིད་ལ་ལྟས་བྱིན་ནམ་མཆོད་སྦྱིན་གྱིས་མཐོང་ངོ་ཞེས་དེ་ལྟ་དེ་ལྟར་འཇིག་རྟེན་ན་ཐ་སྙད་འདོགས་བ་དེ་བཞིན་དུ་འདིར་ཡང་ཡེ་ཤེས་ཉིད་དོན་དམ་པར་ངོ་བོ་ཉིད ་མེད་མོད་ཀྱི། ཡང་དག་པའི་དོན་ལ་བསྒོམས་བའི་སྟོབས་ཀྱིས་ཆོས་ཐམས་ཅད་ངོ་བོ་ཉིད་མེད་བར་རྟོགས་པའི་རྣམ་པས་བདག་ཉིད་ཀྱང་རང་རིག་པས་ངོ་བོ་ཉིད་མེད་བར་རྟོགས་པ་སྐྱེ་བའི་ཚེ་རྣལ་འབྱོར་པའི་ཡེ་ཤེས་ཀྱིས་མཐོང་ངོ། ཞེས ་བསྟན་ཏོ། །ཆོས་ཐམས་ཅད་དོན་དམ་པར་ངོ་བོ་ཉིད་མེད་མོད་ཀྱི། ཀུན་རྫོབ་ཏུ་རྣལ་འབྱོར་བའི་ཡེ་ཤེས་ལས་སོ་སོ་སྐྱེ་བོའི་ཤེས་པ་གཞན་དུ་མི་འདོད་དམ། གཞན་དུན་ཉན་ཐོས་དང་རང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ལ་སོགས ་བའི་གང་ཟག་རྣམ་པར་བཞག་པར་ཇི་ལྟར་འགྱུར། དེ་སྐད་དུ་ཡང་འཕགས་པ་བདེན་པ་གཉིས་བསྟན་པ་ལས་ཀྱང། དེ་དོན་དམ་པར་ཤིན་ཨུ་མེད་ཀྱང་གང་ཀུན་རྫོབ་ཏུ་ལམ་བསྒོམ་མོ། ཞེས་གསུངས་སོ། །གང་ཀུན་རྫོབ་ཏུ་ཡང་རྒྱུ་མེད་བ་དེ་ནི་ཐཾས་ཅད ་མི་སྐྱེ་སྟེ། ཀུན་རྫོབ་ཏུ་ཡང་རི་བོང་གི་རྭ་ལ་སོགས་པ་ཇི་ལྟ་བ་བཞིན་ནོ། །གང་ཡོད་བ་དེ་ནི་དོན་དམ་པར་བརྫུན་ཡང་སྐྱེ་བར་འགྱུར་ཏེ། སྒྱུ་མ་དང་གཟུགས་བརྙན་ལ་སོགས་བ་བཞིན་ནོ། །རྟེན་ཅིང་འབྲེལ་བར་འབྱུང་བ་དེ་ཡང་དོན་དམ་བར་མ་རིཌ ་ཏེ། སྒྱུ་མ་ལ་སོགས་པ་ཡང་དོན་དམ་པར་འགྱུར་བའི་སྐྱོན་དུ་འགྱུར་བའི་ཕྱིར་རོ། །ཅུ་སྟེ་སྒྱུ་མ་ལ་སོགས་པ་དང་བྱེ་བྲག་མེད་པར་བརྟག་མི་བཟོད་དེ། སྔོན་དང་ཕྱི་མའི་མཐས་སྟོང་ལ་དབུས་ཀྱང་གཅིག་དང་དུ་མའི་དངོས་པོར་གཟུང་དུ་མེད་དེ། ་བདག་དང་གཞན་དང་གཉི་ག་ལས་འབྱུང་བར་མི་འཐད་ལ། གཞན་ལ་རག་ལུས་ཤིང་འབྱུང་བའི་ཕྱིར་བདག་གི་རྒྱུད་བདག་མེད་པར་བརྗོད་བཞིན་དུ་དོན་དམ་བར་ཡོད་དོ། །ཞེས་མིང་འདོགས་ན་ནི་ཅི་དགའ་བར་མིང་ཐོགས་ལ་ཟས་ཀྱང་བྱིན་ཅིག། ་འོན་ཀྱང་སྒྱུ་མ་ལ་སོགས་བ་ལས་དོན་དམ་པའི་མཚན་ཉིད་དེ་ཁྱད་པར་ཡོད་པར་བརྗོད་དགོས་སོ། །སྒྱུ་མ་ལ་སོགS་པ་ཡང་མ་འཁྲུལ་བར་འགྱུར་ཏེ། དེ་དག་ཀྱང་རྟེན་ཅིང་འབྱུང་བའི་ཕྱིར་རོ། །གང་གིས་ན་གླང་པོ་ཆེ་ལ་སོགས་པའི་རྣམ་པར་དེ་ལྟར་ཤེས་པ་འབྱུང ་བས་སྒྱུ་མ་ལ་སོགས་བ་ཤེས་པའི་ངོ་བོར་བདེན་པར་གྱུར་ན། གཞན་གྱི་རྣམ་བར་གཞན་འབྱུང་བར་ནི་མི་རིགས་ཏེ། དེ་ཉིད་དང་གཞན་གཉིས་ནི་འགལ་བའི་ཕྱིར་རོ། །གཉིས་སུ་མེད་པའི་ཡེ་ཤེས་ནི་གཉིས་ཀྱི་རྣམ་པར་འབྱུང་བར་མི་འགྱུར་ཏེ་ཡང་དག་བ་མ་ཡིན ་བ་གཉིས་གཅིག་ན་འགལ་བའི་ཕྱིར་རོ། །མ་བྱུང་བ་ལས་འབྱུང་ཞིང་བྱུང་ནས་ཀྱང་འཇིག་བར་མི་འགྱུར་ཏེ། གཅིག་ལ་ཡོད་པ་དང་མེད་བ་གཉིས་རིམ་གྱིས་ན་ཡང་འགལ་བའི་ཕྱིར་རོ། །དེ་སྐད་དུ། རང་བཞིན་ལ་ནི་ཡོད་པ་དང། །མེད་བ་རིགས་པ་མ ་ཡིན་ཏེ། ཕན་ཚུན་དུ་ནི་འགལ་བས་ན། །ཡོད་མེད་གཅིག་ཏུ་ག་ལ་རུང། །གལ་ཏེ་རང་བཞིན་གྱིས་ཡོད་ན། །དེ་ནི་མེད་བ་ཉིད་མི་འགྱུར། །རང་བཞིན་གཞན་དུ་འགྱུར་བ་ནི། །ནམ་ཡང་འཐད་པར་མི་འགྱུར་རོ་ཞེས་བཤད་དོ། །དེ་ལྟ་བས་ན་ཇི་ལྟར་སྨན་དང ་སྔགས་ལ་སོགས་པའི་རྐྱེན་ཚོགས་པའི་དབང་གིས་བརྫུན་པ་ཡིན་ཡང་སྒྱུ་མ་འབྱུང་བ་དེ་ལྟར་ལS་དང་ཉོན་མོངས་བའི་དབང་གིས་མ་བརྟགས་ན་དགའ་བ་སོ་སོའི་སྐྱེ་བོ་རྣམས་ཀྱི་སྐྱེ་བ་སྒྱུ་མ་དང། དེ་བཞིན་དུ་བསོད་ནཾས་དང་ཡེ་ཤེས་ཀྱི་ཚོགས་ཀྱི ་མཐུས་རྣལ་འབྱོར་པ་རྣམས་ཀྱི་རྣལ་འབྱོར་པའི་ཡེ་ཤེས་སྒྱུ་མ་སྐྱེའོ། །རྒྱུ་དང་རྐྱེན་རྣམས་ཀྱང་སྒྱུ་མ་ལ་སོགས་པ་བཞིན་དུ་མ་བརྟགས་ན་དགའ་བ་སྟེ། ཐོག་མ་མེད་པའི་རྒྱུ་བརྒྱུད་པས་འབྲེལ་པའི་རང་བཞིན་ཡིན་པས་ཐམས་ཅད་མི་འགལ་བ་ཉིད ་དོ། །དེའི་རྗེས་ལས་ཐོབ་བ་ཞེས་བྱ་བ་ནི་འཇིག་རྟེན་ལས་འདས་བ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་རྗེས་ལས་ཐོབ་བ་ནི་སེམས་ཅན་གྱི་འཇིག་རྟེན་དུ་བསྡུས་བ་རྣམས་སྒྱུ་མ་དང་མཚུངས་བར་མཐོང་སྟེ། སེམས་ཅན་གྱི་གཟུགས་སུ་སྣང་བ ་ནི་སྒྱུ་མ་བྱས་པའི་གླང་པོ་ཆེ་ལ་སོགས་པ་ལྟ་བུའི་ཕྱིར་རོ། །སྣོད་ཀྱི་འཇིག་རྟེན་དུ་བསྡུས་པ་རྣམས་ནི་སྨིག་རྒྱུ་དང་མཚུངས་པར་ཏེ། སྨིག་རྒྱུ་བཞིན་དུ་ཕྱི་རོལ་གྱི་དམིགས་པ་ཕལ་ཆེ་བས་བརྫུན་པ་ཉིད་དུ་སྣང་བའི ་ཕྱིར་རོ། །ཡུལ་དང་ལོངས་སྤྱོད་ཀྱི་ངོ་བོ་རྣམས་ནི་རྨི་ལམ་དང་མཚུངས་པར་ཏེ། རྨི་ལམ་ལྟ་བུར་བརྫུན་པ་དེ་ལྟ་འདོད་པ་སྐྱེ་བའི་ཕྱིར་རོ། །ལུས་ཀྱི་ལས་ཀྱི་ངོ་བོ་ཉིད་རྣམས་ནི་མིག་ཡོར་དང་མཚུངས་པར་ཏེ། ཆོས་ཐམས་ཅད་བྱེད་པ་མེད ་ཀྱང་མིག་ཡོར་བཞིན་དུ་ལུས་ཀྱི་བྱེད་པ་སྣང་བའི་ཕྱིར་རོ། །དག་གི་ལས་ཀྱི་ངོ་བོ་ཉིད་ནི་བྲག་ཅ་དང་མཚུངས་པར་ཏེ། བྲག་ཅ་བཞིན་དུ་བརྫུན་པ་ཡིན་ཡང་ཐོས་པའི་ལམ་དུ་འཇུག་པའི་ཕྱིར་རོ། །འདོད་པ་ན་སྤྱོད་པ་རྣམས་ནི་གཟུགས་བརྙན་དང ་མཚུངས་པར་ཏེ། སྔོན་གྱི་ལས་ཀྱི་རྣམ་པར་སྨིན་པའི་འབྲས་བུར་བསྡུས་པ་རྣམས་སྔོན་ཇི་ལྟར་བྱས་པའི་ལས་དང་མཐུན་པར་འབྱུང་བའི་ཕྱིར་རོ། །གཟུགས་དང་གཟུགས་མེད་པ་ན་སྤྱོད་པའི་ཏིང་ངེ་འཛིན་དུ་བསྡུས་པའི་ལས་ཀྱི་རྣམ་པར ་སྨིན་པའི་འབྲས་བུར་བསྡུས་པ་རྣམས་ནི་ཆུ་ཟླ་དང་མཚུངས་པར་ཏེ། ཏིང་ངེ་འཛིན་ནི་ཆུ་དང་འདྲ་བའི་ཕྱིར་རོ། །སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་ལ་སོགས་པས་བསྡུས་པ་རྣམས་ནི་སྤྲུལ་པ་དང་མཚུངས་པར་ཏེ། དེ་དག་རང་གི་སེམས ་ཡོངས་སུ་དག་པས་སྤྲུལ་པའི་ཕྱིར་རོ། །ཡང་ན་ནང་གི་ཁམས་དྲུག་ནི་སྒྱུ་མ་དང་མཚུངས་པར་ཏེ། སེམས་ཅན་མེད་ཀྱང་སེམས་ཅན་ལ་སོགས་པའི་ངོ་བོར་སྣང་བའི་ཕྱིར་རོ། །རྣམ་པར་ཤེས་པའི་ཁམས་དྲུག་དང་སེམས་ལས་བྱུང་བ ་ཐམས་ཅད་ནི་སྨིག་རྒྱུ་དང་མཚུངS་པར་ཏེ། དེ་དག་སྨིག་རྒྱུ་བཞིན་དུ་བརྫུན་པའི་རྣམ་པར་སྣང་བའི་ཕྱིར་རོ། །ཕྱིའི་ཁམས་རྣམས་ནི་རྨི་ལམ་དང་མཚུངས་པར་ཏེ། རྨི་ལམ་བཞིན་དུ་གཟུགས་རྣམས་བརྫུན་བ་ཡིན་ཡང་ཡུལ་དུ་སྣང་བའི་ཕྱིར ་རོ། །སྐྱེས་བུ་ཆེན་པོའི་མཚན་ལ་སོགས་པས་བརྒྱན་པའི་སངས་རྒྱས་ཀྱི་གཟུགས་ཀྱི་སྐུར་བསྡུས་པ་རྣམས་ནི་མིག་ཡོར་དང་མཚུངས་པ་སྟེ། ཡོངས་སུ་དག་པའི་ཆོས་ཀྱི་སྐུའི་དབང་གིས་དེ་ལྟར་སྣང་བའི་ཕྱིར་རོ། །བསྟན་པའི་ཆོས་རྣམས་སུ་བསྡུས་པ་དག ་ནི་བྲག་ཅ་དང་མཚུངས་པ་ཏེ། བྲག་ཆ་བཞིན་དུ་བཅོམ་ལྡན་འདས་ཀྱི་དབང་གིས་ཐོས་པའི་ཕྱིར་རོ། །སྔོན་གྱི་ལས་ཀྱི་འབྲས་བུར་བསྡུས་པ་རྣམས་ནི་གཟུགས་བརྙན་དང་མཚུངས་པར་ཏེ། ཆོས་ཐམས་ཅད་ནི་ལས་ཇི་ལྟ་བ་བཞིན་དུ་སྐྱེས་བའི་ཕྱིར་རོ།། ་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བསྡུས་པ་རྣམས་ནི་ཆུ་ཟླ་དང་མཚུངས་པར་ཏེ། སྒྲིབ་པའི་དྲི་མ་རྣམས་དང་བྲལ་བའི་སེམས་ཀྱི་ཆུ་ལ་ཟླ་བ་བཞིན་དུ་སྣང་བར་གྱུར་བའི་ཕྱིར་རོ། །འདུས་བྱས་ཀྱི་ཆོས་ཐམས་ཅད་ནི་སྤྲུལ་པ་དང་མཚུངས་པར་ཏེ། ་དེ་དག་བརྫུན་པ་ཡིན་ཡང་ཇི་ལྟར་རང་གི་རྒྱུ་དང་རྐྱེན་ཚོགས་པས་སྤྲུལ་པ་སྣང་བའི་ཕྱིར་རོ། །དེ་ལྟར་ཆོས་ཐམས་ཅད་ལ་སྙོམས་པར་ཞུགས་པའི་ཚེ་ནམ་མཁའ་དང་འདྲ་པའི་ཡེ་ཤེས་ཐོབ་པ་ལས་ལངས་ནས་ཡང་སྒྱུ་མ་ལ་སོགས་པ་དང་འདྲ་བའི་ཡེ་ཤེས ་འབྱུང་བ་ནི་རྟགས་ཡིན་པས་རྣམ་པར་མི་རྟོག་པའི་དབྱིངས་སུ་ཞུགས་པར་ཤེས་པར་བྱའོ། །དེ་ནི་དེའི་ཕན་ཡོན་ཏེ་བསྡུས་པའི་དོན་བཅུ་གཅིག་པ་ནི་བདེ་བ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཡེ་ཤེས་རྣམ་པ་འདི་གཉིས་ལ་ཕན་ཡོན་རྣམ་པ་བཞི ་སྟེ། གོང་མ་གཉིས་ནི་བདག་གི་དོན་ཕུན་སུམ་ཚོགས་པ་ལ་བརྩམས་པའོ། །འོག་མ་གཉིས་ནི་གཞན་གྱི་དོན་ཕུན་སུམ་ཚོགས་པ་ལས་བརྩམས་པ་སྟེ། ཁ་ན་མ་ཐོ་བ་མེད་ཅིང་དམ་པ་མི་ཟད་བའི་བདེ་པབ་ལ་གནས་པ་མངོན་སུམ་དུ་བྱ་བའི་དབང་ཐོབ ་བས་བདེ་བ་ཆེན་པོ་ལ་གནས་པ་ཤིན་ཏུ་རྒྱས་པ་ཡང་འཐོབ་པོ་ཞེས་བྱ་བའོ། །མངོན་པར་ཤེས་པ་ཐམས་ཅད་ཀྱི་མཆོག་ལ་སོགས་པ་ཡོན་ཏན་གྱི་ཁྱད་པར་འབྱོར་བ་མངོན་དུ་བྱ་བའི་དབང་ཐོབ་པས་སེམས་ཕུན་སུམ་ཚོགས་པ་ཆེན་པོ་ཤིན་ཏུ ་རྒྱས་པ་ཡང་འཐོབ་པོ་ཞེས་བྱ་བ་སྟེ། སེམས་ཞེས་བྱ་བའི་སྒྲ་ནི་ཏིང་ངེ་འཛིན་ལ་བྱ་བའི་ཕྱིར་རོ། །སེམས་ཅན་ཐམས་ཅད་ཀྱི་མི་མཐུན་པའི་ཕྱོགས་དང། གཉེན་པོ་དང། འཇུག་པ་དང། ལྡོག་པ་རྣམ་པ་ཐམས་ཅད་རབ་ཏུ་འབྱེད ་པ་ལ་མཁས་པས་ཤེས་རབ་ཆེ་ཞིང་ཤིན་ཏུ་རྒྱས་པ་ཡང་འཐོབ་བོ། །སེམས་ཅན་སྐལ་བ་ཡོད་པ་དང། སྐལ་བ་མེད་པ་རྣམས་ཡོངས་སུ་ཤེས་པ་འཐོབ་པས་ན་ཡེ་ཤེས་ཆེ་ཞིང་ཤིན་ཏུ་རྒྱས་པ་ཡང་འཐོབ་བོ། །དེ་དག་གི་རྗེས་སུ་མཐུན་པར་རྣམ་པ་ཐཾས་ཅད ་དུ་ཆོས་བསྟན་པ་ལ་འཇུག་པའི་དབང་ཐོབ་པས་བཤད་པ་ཆེན་པོ་ལ་དབང་བ་ཐོབ་པ་ཤིན་ཏུ་རྒྱས་པ་ཡང་འཐོབ་པོ། །བསྡུས་པའི་དོན་བཅུ་གཉིས་པ་སྟེ། ཕན་ཡོན་རྣམ་པ་བཞི་པོ་འདིའི་ལས་ཀྱི་མཚན་ཉིད་ནི། དུས་ཐམས་ཅད་དུ་ཞེས་བྱ་བ་ལ ་སོགས་པ་གསུངས་པ་སྟེ། གང་གི་ཕྱིར་སངས་རྒྱས་ཀྱི་མཛད་པ་ལྷུན་གྱིས་གྲུབ་པ་ཡང་རྒྱུན་མི་གཅོད་དོ། །དེའི་ཕྱིར་དུས་ཐམས་ཅད་དུ་སེམས་ཅན་ཐམས་ཅད་ཀྱི་དོན་གྱི་རྣམ་པ་ཐམས་ཅད་ཀྱང་བྱེད་ནུས་པར་འགྱུར་ཏེ་ཞེས་བྱ་བར་སྦྱར་རོ། །དེ་ལྟ་བས་ན ་སངས་རྒྱས་པའི་དུས་ན་སངས་རྒྱས་ཀྱི་མཛད་པ་ལྷུན་གྱིས་གྲུབ་པར་འཇུག་པ་ཡང་རྒྱུན་མི་འཆད་པར་འབྱུང་བས་སྐལ་བ་ཇི་ལྟ་བ་བཞིན་དུས་ཐམས་ཅད་དུ་སེམས་ཅན་ཐམས་ཅད་ཀྱི་དོན་གྱི་རྣམ་པ་ཐམས་ཅད་མཛད་པ་གྲུབ་པ་ནི་དེའི་ལས་སུ་བསྟན ་པ་ཡིན་ནོ། །འདི་ལྟ་སྟེ་ཞེས་བྱ་བ་ལ་སོགས་པའི་དཔེ་ཉེ་བར་བཀོད་པས་ནི་རྣམ་པར་མི་རྟོག་པའི་དབྱིངས་གཅིག་ཏུ་བླང་བ་སྟེ་བསྡུས་པའི་དོན་བཅུ་གསུམ་པ་སྟོན་ཏོ། །འདིར་དོན་གཉིས་བསྟན་ཏེ་དཔེ་དང་དངོས་སོ། །དེ་ལ་བྲག་ལ་སོགས་པ་ནི་དཔེ་སྟེ། ་འདིས་ཉེ་བར་དཔགས་པས་ན་དཔེའོ། །ཀུན་ནས་ཉོན་མོངས་པ་ལ་སོགས་པའི་ཆོས་ནི་དངོས་སོ། །གཅིག་ཏུ་མཁྲེགས་ཞེས་བྱ་བ་ནི་ཕྲག་མེད་པའི་ཕྱིར་རོ། །སྲ?་བ་ཞེས་བྱ་བ་ནི་ཤིན་ཏུ་སྲ་བའི་ཕྱིར་རོ། །དེ་བས་ན་གང་དེའི་རང་བཞིན་གཅིག་ཏུ་མཁྲེགས་པ ་དེ་ནི་སྲ་བ་སྟེ། གཅིག་ཏུ་མཁྲིགས་ཤིང་སྲ་བ་ཞེས་བྱའོ། །འདིར་རིན་པོ་ཆེའི་གཏེར་དུ་གྱུར་པས་ན་གཏེར་ཞེས་བྱའོ། །འོད་གསལ་བ་ཞེས་བྱ་བ་ནི་འབར་བ་དང་ལྡན་པའོ། །སྣ་ཚོགས་ཞེས་བྱ་བ་ནི་རིགས་ཐ་དད་བ་རྣམ་པ་སྣ་ཚོགས་སོ། །ཡིད་བཞིན་གྱི ་ནོར་བུ་རིན་པོ་ཆེ་ཞེས་བྱ་བ་ནི་ཇི་ལྟར་བསམས་པའི་དོན་དེ་བཞིན་དུ་འགྲུབ་པའི་རྒྱུར་གྱུར་པས་སོ། །བརྐོ་བའི་མངོན་པར་འདུ་བྱ་བ་མེད་ཅེས་བྱ་བ་དེ་ནི་ཞི་གནས་དང་ལྷག་མཐོང་ཟུང་དུ་འབྲེལ་པར་འཇུག་པས་།རྣམ་པར་མི་རྟོག་པའི་དབྱིངས་སུ་འཇུག་པ་ལམ ་གྱི་དཔེའོ། །ཕྱུག་ཅེས་བྱ་བ་ནི་བསྟན་པའོ། །ལྷག་མ་ནི་བཤད་པ་སྟེ། ནོར་ཆེ་ལ་ཞེས་བྱ་བ་ནི། ཇི་ལྟར་བསག་པར་བྱ་བའི་ཕྱིར་གསེར་ལ་སོགས་པའོ། །ལོངས་སྤྱོད་ཆེ་བར་འགྱུར་ཏེ་ཞེས་བྱ་བ་ནི་ཀུན་ཏུ་སྦྱང་པ་ཡོ་བྱད་ལ་སོགས་པའོ། །འདུ་བྱེད ་ཀྱི་རྣམ་པ་ཞེས་བྱ་བ་ནི་འདུ་བྱེད་ཀྱི་བྱེ་བྲག་སྟེ། དེ་རྣམ་པ་སྣ་ཚོགས་པའི་ཕྱིར་རོ། །ཀུན་ནས་ཉོན་མོངས་པ་དང། གཉིས་ལ་སོ་སོར་ཉེ་བར་གནས་པ་ཞེས་བྱ་བ་ནི་དེ་ཉིད་ཀྱི་བྱེ་བྲག་སྟེ། ཐོག་མ་མེད་པའི་དུས་ན་ཞུགས་པའི་ཉོན་མོངས་པ་དང་ལས ་དང་སྐྱེ་བའི་མཚན་ཉིད་ཀྱི་ཀུན་ནས་ཉོན་མོངས་པར་བསྡུས་པའི་ཕྱིར་ཀུན་ནས་ཉོན་མོངས་པའོ། །ཆད་པ་དང་རྟག་པའི་མཛའ་ལ་སོགས་བ་ལ་མངོན་བར་ཆགས་པ་ནི་གཉིས་ཏེ། དེ་ལ་སོ་སོར་ཉེ་བར་གནས་པ་ནི་མ་རིག་པའི་དབང་གིས་འཇིག་རྟེན་པ ་རྣམས་དུས་ཐམས་ཅད་དུ་མངོན་པར་ཆགས་པས་ན་གཉིས་ལ་སོ་སོར་ཉེ་བར་གནས་པའོ། །དེ་ལ་འདུ་བྱེད་ཀྱི་བྱེ་བྲག་འདི་ནི་རང་བཞིན་གྱི་རྣམ་པར་རྟོག་པའི་བྲག་གིས་བྱས་པའི་ཕྱིར་སྙིང་པོ་མེད་བས་ན་རྡོའི་རི་དང་འདྲའོ། །ཐོག་མ་མེད་པའི་དུས་ནས ་རྒྱུན་མ་ཆད་པར་ཞུགས་པ་ཉོན་མོངས་བ་དང་ལས་དང་སྐྱེ་བར་བསྡུས་པས་ཀུན་ནས་ཉོན་མོངས་པའི་ཕྱིར་གཅིག་ཏུ་མཁྲེགས་པ་ལྟ་བུའོ། །མཛའ་གཉིས་ཐམས་ཅད་ལ་མངོན་བར་ཆགས་པ་ནི་སངས་རྒྱས་མ་བྱུང་བར་དཔྲལ་དཀའ་བས་ན་གཉིས་པ ་སོ་སོར་ཉེ་བར་གནས་པ་ནི་སྲ་བ་ལྟ་བུའོ། །རྣམ་པར་མི་རྟོག་པའི་དབྱིངས་ནི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེའི་གཏེར་དང་འདྲ་སྟེ། དེ་རྟོགས་པ་ནི་འདོད་པའི་དོན་མ་ལུས་པར་འགྲུབ་པའི་རྒྱུ་ཡིད་བཞིན་གྱི ་ནོར་བུ་རིན་པོ་ཆེ་རྙེད་པ་ལྟ་བུ་སྟེ། དེ་བཞིན་གཤེགས་པའི་སྐུ་ཐོབ་པའི་དཔེའོ། །དེ་བས་ན་འདི་ནི་གཅིག་ཏུ་བླང་བར་བསྟན་པ་ཡིན་ནོ། །དེ་བཞིན་གཤེགས་པའི་སྐུ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལྟ་བུ་ནི་འདིར་བཞག་པ་དང་འདྲ་བས ་ན། དེ་ནི་དེའི་གཏེར་རོ། །སུ་ཞིག་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེའི་གཏེར་དང་འདྲ་བ་རྣམ་པར་མི་རྟོག་པའི་དབྱིངས་ལ་མོས་ཤིང་ཡིད་ཆེས་ཏེ་འདོད་པར་འགྱུར་ལ། རང་བཞིན་གྱི་རྣམ་པར་རྟོག་པའི་བྲག་ལས་བྱས་པའི་འདུ་བྱེད་ཀྱི་རི་རྐོ ་བར་སྤྲོ་བ་ཆེར་སྐྱེས་པ་དེ་ནི་ཡིད་བཞིན་གྱི་ནོ་བུ་རིན་པོ་ཆེ་དང་འདྲ་བའི་སངས་རྒྱས་སུ་འགྲུབ་པར་འགྱུར་ཏེ་གཞན་ནི་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེའི་གཏེར་ཆེན་པོ་འདོད་བའི་མི་ཞེས་བྱ་བ་སྟེ་བྱང་ཆུབ ་སེམས་དཔའ་ཨི་དཔེའོ། །མུ་སྟེགས་ཅན་མཛའ་དག་དང་ཐུན་མོང་མ་ཡིན་པ་དོན་ཆེ་ཞིང་ཟབ་པའི་ཆོས་འདི་ལྟ་བུ་སྟོན་པ་ནི་བཅོམ་ལྡན་འདས་ཏེ་གཞན་ནི་མ་ཡིན་ནོ། །དེ་བས་ན་དེ་བཞིན་གཤེགས་པ་ལ་ནི་སྐྱབས་སུ་འགྲོ་བ་ལ་སོགས་པ ་འོས་པའོ་ཞེས་བསྟན་པའི་ཕྱིར་གཏེར་ཆེན་པོ་མངོན་པར་ཤེས་པའི་མི་ཞེས་བྱ་ཏེ་བཅོམ?་ལྡན་འདས་ཀྱི་དཔེའོ། །དེ་བཞིན་ཉིད་དུ་གཤེཌ་པས་ན་དེ་བཞིན་གཤེགས་པའོ། །ཡང་ན་ཇི་ལྟར་སྔོན་གྱི་སངས་རྒྱས་རྣམས་བླ་ན་མེད་པའི་གནས་སུ་གཤེགས ་པ་དེ་ལྟར་འདི་ཡང་གཤེགས་པས་ན་དེ་བཞིན་གཤེགས་པའོ། །ཆོས་རྣམས་ཀྱི་དེ་ཁོ་ན་དེ་ཇི་ལྟར་གནས་པ་དེ་བཞིན་དུ་གསུང་བསུ་ངེས་བའི་ཚིག་གི་ཚུལ་གྱིས་ན་དེ་བཞིན་གསུང་བའོ། །འདོད་ཆགས་ལ་སོགས་པའི་དགྲ ་རྣམས་བཅོམ་པའམ། འཇིག་རྟེན་ཐམས་ཅད་ཀྱིས་མཆོད་པར་འོས་བས་ན་དགྲ་བཅོམ་བའོ། །ཡང་དག་པར་ཀུན་ནས་ཐུགས་སུ་ཆུད་པས་ན་ཡང་དག་པར་རྫོགས་པའི་སངས་རྒྱས་ཏེ། འདི་ནི་བཅོམ་ལྡན་འདས་ཀྱིས་རིན་པོ་ཆེའི་གཏེར་ཆེན་པོ་མངོན ་པར་མཁྱེན་ཏོ་ཞེས་བསྟན་པའི་ཕྱིར་གསུངས་པའོ། །རང་བཞིན་གྱི་རྣམ་པར་རྟོག་པ་རྣམས་ནི་གཅིག་ཏུ་སྤང་བར་བྱའོ་ཞེས་བསྟན་པའི་ཕྱིར་རྡོའི་རང་བཞིན་དཔེའོ། །ཇི་ལྟར་གཞོར་ལ་སོགས་པ་བརྐོ་བའི་ཐབས་ཡང་དག་པ་ཡིན་པས་འགྲུབ་ཀྱིས ་གཞན་གྱིས་ནི་མ་ཡིན་པ་དེ་བཞིན་དུ་ཡང་དག་པར་སོ་སོར་རྟོག་པའི་མཚན་ཉིད་ཁོ་ནས་མཚན་མ་རྣམས་ཡིད་ལ་མི་བྱེད་པར་ཡོངས་སུ་སྤང་བར་ནུས་ཀྱི་གཞན་གྱིས་ནི་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར་རྐོས་ཤིག་ཅེས་བྱ་བ་སྟེ་ཡིད་ལ་མི་བྱེད་པའི ་དཔེའོ། །ངེས་དེ་སྒྲུབ་པ་བསྟན་བའི་ཕྱིར་རོ། །རྣམ་པར་རྟོག་པས་ཡོངས་སུ་ཟིན་པའི་སྦྱིན་པ་ལ་སོགས་པ་ནི་དངུལ་ལ་སོགས་པ་ལྟར་ཆེན་པ་མ་ཡིན་པའི་ཕྱིར་ལྷ་འམ་མི་ཕྱུག་པོ་ལ་སོགས་པ་འབྱོར་པའི་རྒྱུར་གྱུར་གྱི་འདི་བཞིན་གྱི་ནོར་བུ་དང་འདྲ ་བའི་སངས་རྒྱས་ཀྱི་གོ་འཕང་འཐོབ་པའི་རྒྱུར་མི་འགྱུར་ཏེ། རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་ཡོངས་སུ་ཟིན་པ་དེ་དག་ནི་ཡིད་བཞིན་གྱི་ནོར་བུ་དང་འདྲ་བའི་སངས་རྒྱས་ཀྱི་གོ་འཕང་འཐོབ་བའི་རྒྱུར་འགྱུར་རོ་ཞེས་བསྟན་པའི་ཕྱིར་གཉེན་པོ་ལ་སོཌ ་པ་ལ་རྣམ་དང་རྟོག་པའི་མཚན་མ་རྣམས་ཀྱི་དཔེ་ལ། དངུལ་ལ་སོགས་པ་ནི་རིན་པོ་ཆེའོ། །རྣམ་པར་རྟོག་པའི་རང་བཞིན་དུ་བདེན་དུ་ཟིན་ཀྱང་གཉེན?་པོ་ལ་སོགས་པ་རྣམ་པར་རྟོག་པས་ཡུལ་གྱི་དངོས་པོ་རྣམ་བར་ཅན་དུ་གྱུར་པས་གོང་ནས་གོང་དུ ་འབྲས་བུའི་ཁྱད་པར་ཐོ?་བ་པའི་རྒྱུ་ཡོད་དོ་ཞེས་བསྟན་བའི་ཕྱིར་དངུལ་དང་གསེར་དང་རིན་པོ་ཆེ་སྣ་ཙོ་གསུམ་སྣང་བའི་རྔོ་རྣམས་ནི་དཔེའོ་གསར་ལ་སོགས་པའི་རིན་པོ་ཆེ་ནི་ས་ལ་སོགས་པ་ལ་རྣམ་པ་རྟོག་པ་རྣམས་ཀྱི་དཔེ་ཡིན་གྱི་།ས་ལ་སོགས་པ ་ཡི་ནི་མ་ཡིན་ཏེ། དེ་དག་ནི་དུས་ཐམས་ཅད་དུ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེའི་གཉེར་དང་འདྲའོ་ཞེས་བསྟན་བའི་ཕྱིར་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེའི་གཏེར་ཆེན་པོ་རྙེད་ཅེས་བྱ་བ་སྟེ། རྣམ་པར་མི་རྟོག་པའི་དབྱིངས་ལ་རེག ་པའི་དཔེའོ། །དེ་ལ་རྣམ་པར་མི་རྟོག་པའི་དབྱིངས་ལ་རེག་པ་ནི་ས་དང་པོ་ཐོབ་པའོ། །འཇུག་པ་ཁོང་དུ་ཆུད་བར་བྱའོ་ཞེས་བྱ་བ་ནི་འཇུག་པའི་གོ་རིམ་ཤེས་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ་།དེ་ནི་ཐབས་ཀྱི་མཚན་ཉིད་དེ་བསྡུས་བའི་དོན་བཅུ་བཞི་པ ་བསྟན་པའི་ཕྱིར་ཇི་ལྟར་ན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཉེ་བར་རྟོག་པ་མེད་པར་མཚན་མ་རྣམས་ཡོངས་སུ་སྤོང་བར་མི་ནུས་ལ། མཚན་མ་རྣམས་ཡོངས་སུ་མ་སྤངས་པར་ཡང་རྣམ་པར་མི་རྟོག་པའི་དབྱིངས་ལ་འཇུག་བར་མི་འགྱུར་ཏེ། དེ་ལྟ ་བས་ན་གདོན་མི་ཟ་བར་ཉེ་བར་བརྟག་པར་བྱའོ་སྙམ་ནས་ཇི་ལྟར་ན་ཡང་རྣམ་པར་རྟོག་པའི་མཚན་མ་ཇི་སྐད་བསྟན་བ་དེ་དག་ལ་ཉེ་བར་རྟོག་ཅིང་རྣམ་པར་མི་རྟོག་པའི་དབྱིངས་སུ་འཇུག་ཅེ་ན་ཞེས་འདྲི་བའོ། །གོང་དུ་ཡིད་ལ་མི་བྱེད་པ་ཞེས ་བྱ་བར་ཡང་དག་པར་སོ་སོར་རྟོག་པ་དེས་མཚན་མ་རྣམས་ཡོངས་སུ་སྤོང་ངོ་ཞེས་ནི་བཤད་ན་ཇི་ལྟར་ཡང་དག་བར་སོ་སོར་བརྟག་པར་བྱ་བ་དེ་མ་བཤད་པ་དེ་བས་ན་ཐབས་ནི་བསྟན་པའི་ཕྱིར་རྣམ་པར་མི་རྟོག་པའི་དབྱིངས་ལ་རབ་ཏུ་གནས་པ་ནི ་ཞེས་བྱ་བ་འདི་བརྗོད་དེ། དེ་ནི་འདིར་སྦྱོར་བའི་ལམ་ལ་བཏགས་ནས་རྣམ་པར་མི་རྟོག་པའི་དབྱིངས་ཤེས་སྒྲར་དགོངས་པ་ཡིན་ཏེ། རྣམ་པར་མི་རྟོག་བའི་དབྱིངས་ལ་གནས་པ་དངོས་ལ་ནི་གཟུག་པ་ལ་སོགས་པའི་མཚན་མ་མངོན་དུ་གྱུར་པ ་མེད་པའི་ཕྱིར་རོ། །འདིར་ནི་མཐལ་གཉིས་སྤངས་ཞིང་ཅི་ནས་ཀྱང་དབུ་མའི་ལམ་ལ་འཇུག་པར་འགྱུར་བ་དེ་ལྟར་སོ་སོར་བརྟགས་པར་བྱའོ་ཞེས་བསྟན་པའི་ཕྱིར་སྒྲོ་འདོགས་པའི་མཛའ་ཨི་ངོ་བོ་དང། སྐུར་བ་འདེབས་པའི་མཛའ་ཨི་ངོ་བོ་དང། ་དབུ་མའི་ལམ་ལ་འཇུག་པ་སྟོན་ཏོ། །དེ་ལ་སྒྲོ་འདོགས་པའི་མཛའ་ནི་རྣམ་པ་གཉིས་ཏེ། གང་ཟག་ཏུ་སྒྲོ་འདོགས་པའི་མཛའ་དང། ཆོས་སུ་སྒྲོ་འདོགས་པའི་མཛའ་ཨོ། །བདག་དང་གཞན་དག་གི་གཟུགས་ཞེས་བྱ་བ་ནི་གང་ཟག་ཏུ་སྒྲོ་འདོགས་བ་སྟེ ་བདག་ཏུ་འཛིན་པའི་སྒོ་ནས་གཟུགས་ལ་སོགས་པ་ལ་བདག་གིར་འཛིན་པ་ཀུན་ཏུ་འབྱུང་བའི་ཕྱིར་རོ། །ཆོས་སུ་སྒྲོ་འདོགས་པའི་མཛའ་ཡང་རྣམ་པ་གཉིས་ཏེ། ངོ་བོ་ཉིད་དུ་སྒྲོ་འདོགས་པ་དང། བྱེ་བག་ཏུ་སྒྲོ་འདོགས་པའོ། །གཟུངས་འདི་ཡོད་དོ་ཞེས་བྱ ་བ་ནི་ངོ་བོ་འདི་དུ་སྒྲོ་འདོགས་པའོ། །ཚིག་ལྷག་མ་བཞི་པོ་ནི་བྱེ་བྲག་ཏུ་སྒྲོ་འདོགས་པ་སྟེ། གཟུགས་ལ་སོགས་པ་ནི་གཟོང་མནས་མ་སྐྱེས་པའི་ཕྱིར་དོན་དམ་པར་སྐྱེ་བ་དང་འགག་པ་ལ་སོགས་པ་མི་སྲིད་དོ། །སེའོ་འགག་གོ་ཞེས་བྱ ་བ་ནི་སྐད་ཅིག་རེ་རེ་ལ་ཡང་འབྱུང་ཞིང་འཇིག་པའི་ཆོས་ཅན་གྱི་ཕྱིར་རོ། །ཀུན་ནས་ཉོན་མོངས་ཞེས་བྱ་བ་ནི་ལུགས་དེ་མཐུན་པའི་རྟེན་ཅིང་འབྲེར་པར་འབྱུང་བ་དང་ལྡན་པའི་ཕྱིར། །རྣམ་པར་བྱང་ངོ་ཞེས་བྱ་བ་ནི་ལུགས་དང་མ་མཐུན་པའི་རྟེན་ཅིང ་འབྲེལ་བར་འབྱུང་བ་དང་ལྡན་བའི་ཕྱིར་རོ། །ད་ནི་གཟུགས་མེད་ཅེས་བྱ་བ་ལ་སོགས་པས་སྐུར་པ་འདེབས་པའི་མཛའ་སྟོན་ཏེ། ཇི་ལྟར་གཟུགས་ལ་སོགས་པའི་ཆོས་རྣམས་ཀུན་རྫོབ་ཏུ་གནས་བ་དེ་ལྟར་གང་ཟག་ནི་མ་ཡིན་ནོ་ཞེས་བསྟན་པའི ་ཕྱིར་གཟུགས་ལ་སོགས་པ་བཏགས་པ་ཉིད་ཀྱིས་ཡོད་པ་རྣམས་ལ་སྐུར་པ་འདེབས་པའི་མཛའ་ཨོ་ཞེས་སྐུར་པ་འདེབས་པའི་མཛའ་ཞེས་སྟོན་ཏེ། གང་ཟག་དེ་ནི་ཀུན་རྫོབ་ཏུ་ཡང་མི་གནས་པའི་ཕྱིར་རོ། གཟུགས་མེད་ཅེས་བྱ་བ་ནི་བསྟན ་པའོ། །དེ་ལྷག་མ་རྣམས་ནི་བཤད་པའོ། །ངོ་བོ་ཉིད་ཀྱིས་ཀྱང་མེད་ཅེས་བྱ་བ་ནི་ངོ་བོ་ཉིད་ལ་སྐུར་པའོ། །ཚིག་ལྷག་མ་ལྔ་པོ་ནི་བྱེ་བྲག་ལ་སྐུར་བའོ། །འདི་བརྟགས་བའི་ཡོད་པ་ལ་སྐུར་ན་སྐུར་པ་འདེབས་པའི་མཐར་འགྱུར་རོ། །ཡོད་པར་འཛིན་པ ་སྔོན་དུ་འགྲོ་བ་ནི་མེད་པར་འཛིན་པ་ཡིན་པས་དེ་ལྟར་རྟོག་ན་ཡོད་པར་འཛིན་པ་ཉིད་དུ་འགྱུར་རོ། །དེ་བས་ན་གཟུགས་མེད་ཅེས་ཀྱང་བརྟག་པར་མི་བྱའོ། །རྒྱུར་ཡང་མེད་ཅེས་བྱ་བ་ནི་རྒྱུའི་ངོ་བོ་མེད་པའོ། །འབྲས་བུ་ཡང ་མེད་ཅེས་བྱ་བ་ནི་འབྲས་བུར་གྱུར་པ་མེད་པའོ། །ལས་ནི་རང་གི་འབྲས་བུ་འཕེན་ནུས་པའོ། །ལྡན་པ་ནི་རང་གི་འབྲས་བུ་ལ་སོགས་པ་དང་འབྲེལ་པའོ། །འཇུག་བ་ནི་རབ་ཏུ་ཐ་དད་པའོ། །གཟུགས་སུ་སྣང་བའི་རྣམ་པར་རིག་པ་ཡང་དོན་དམ་པར་མ། ་སྐྱེས་པས་དེ་ཡང་གཟུགས་བཞིན་དུ་བརྫུན་པའི་ཕྱིར་དེ་བས་ན་གཟུགས་ལ་རྣམ་པར་རིག་པ་ཙམ་དུ་མངོན་པར་ཆགས་པ་འདི་ཡང་སྒྲོ་བཏགས་པའི་མཛའ་ཡིན་པར་བསྟན་པའི་ཕྱིར། རྣམ་པར་རིག་པ་ཙམ་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། ་ཀུན་རྫོབ་ཏུ་རྨི་ལམ་ལ་སོགས་པ་བཞིན་དུ་གཟུགས་སུ་སྣང་བའི་རྣམ་པར་རིག་པ་གནས་པའི་ཕྱིར་ཇི་ལྟར་ཞེས་བྱ་བ་ལ་སོགས་པས། ཀུན་རྫོབ་ཏུ་རྣམ་པར་རིག་བ་ལ་སྐུར་ན་སྐུར་པ་འདེབས་པའི་མཐར་རོ་ཞེས་སྟོན་ཏོ། །དེ་ལྟར་མཛའ་གཉིས ་བསྟན་ནས་ད་ནི་དབུ་མའི་ལམ་དུ་འཇུག་པ་བསྟན་པའི་ཕྱིར་རིགས་ཀྱི་བུ་དག་འདི་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་གི་ཕྱིར་དོན་དམ་པར་དབྱད་ན། རྣལ་འབྱོར་པས་གཟུགས་མི་དམིགས་ཏེ། གཟུགས་སུ་སྣང་བའི་རྣམ་པར་རིག་པ ་ཡང་མི་དམིགས་པ་དེའི་ཕྱིར་འདི་ལ་སྒྲོ་འདོགས་བར་མི་བྱེད་དོ་ཞེས་བྱ་བ་ཚིག་གི་རྗེས་སོ། །སྐུར་བའི་མཛའ་ལ་ཡང་མངོན་པར་ཞེན་པ་མེད་དོ། །འདི་ལྟར་རྣམ་པར་རིག་པ་ཐམས་ཅད་ཀྱི་ཐམས་ཅད་དུ་ཆུད་གསོན་པ་ནི་མ་ཡིན་ནོ་ཞེས་བྱ་བ་སྟེ། ་གཟུགས་ལ་སོགས་པའི་རྣམ་པར་རིག་པ་ཆུད་མི་གསོན་ཏོ་ཞེས་བྱ་བའི་ཐ་ཚིག་གོ་།གཞན་དུ་ན་མཐོང་བ་ལ་སོགས་པ་དང་འགལ་བར་འགྱུར་རོ་ཞེས་དགོངས་པའོ། །རྣམ་པར་རིག་པ་མ་གཏོག་པར་ཆོས་གང་ཡང་མི་དམིགས་ཞེས་བྱ ་བ་ནི་འདིར་ནམ་པར་རིག་པའི་སྒྲོ་ནི་ཐམས་ཅད་དུ་འཁྲུལ་པ་ལ་དགོངས་ཏེ། ཕྱིན་ཅི་ལོག་གི་དོན་སྟོན་པའི་ཕྱིར་རོ། །དེ་བས་ན་ཆོས་ཐམས་ཅད་ནི་འཁྲུལ་བ་ཙམ་གྱིས་བརྟགས་པའི་བདག་ཉིད་ཀྱི་ངོ་བོར་ཟད་དེ་།དེ་མ་གཏོགས་བར་དེ་དག་གི་རང་བཞིན ་རང་གི་རྒྱུད་ནི་གང་ཡང་མེད་དོ་ཞེས་དགོངས་པའོ། །དེ་སྐད་དུ་འཕགས་པ་ལངཀར་གཤེགས་པ་ལས་ཀྱང། དངོས་པོ་སྐྱེ་བ་ཀུན་རྫོབ་ཏུ། །དམ་པའི་དོན་ཏུ་རང་བཞིན་མེད། །རང་བཞིན་མེད་ལ་གང་ནོར་བ། །དེ་ནི་ཡང་དག་ཀུན་རྫོབ་འདོད་ཅེས་གསུངS ་སོ། དེ་ལྟ་བས་ན་དངོས་པོ་ཐམས་ཅད་ནི་ཀུན་རྫོབ་ཏུ་བསྟན་པ་ཡིན་ཏེ། དེས་ན་རྣམ་པར་རིག་པ་ཐམས་ཅད་ཀྱི་ཐམས་ཅད་དུ་ཆུང་གསོན་པ་མ་ཡིན་པར་བསྒྲུབས་བར་འགྱུར་རོ། །རྣམ་པར་རིག་པ་དེ་ཡང་དངོས་པོ་མེད་པར་ཡང་ཡང་དག་པར་རྗེས་སུ་མི ་མཐོང། ཞེས་བྱ་བ་འདིས་ནི་ཆོས་ཀྱི་དབྱིངས་དང་ཀུན་རྫོབ་ཀྱི་ངོ་བོའི་རྣམ་པར་རིག་པ་མི་འདྲ་བར་དགག་བ་སྟེ། ཆོས་དང་གང་ཟག་གི་དངོས་པོ་དང་བྲལ་བའི་ངོ་བོ་ཉིད་ཆོས་ཀྱི་དབྱིངས་ལ་འདིར། དངོས་པོ་མེད་པའི་སྒྲར་གསུངས་ཏེ། ཆོས ་དང་གང་ཟག་གི་དངོས་པོར་སྒྲོ་བཏགས་པའི་རྣམ་པར་རིག་པའི་བདག་གི་ངོ་བོ་དང་དེ་གཉིས་མི་འདྲ་བ་ནི་རིགས་ཏེ། ཡང་དག་པ་དང་ཡང་དག་པ་མ་ཡིན་པ་གཉིས་འགལ་བའི་ཕྱིར་རོ། །ཤིན་ཏུ་མི་འདྲ་བ་ཡང་རིགས་པ་མ་ཡིན་ནོ་ཞེས ་སྟོན་ཏོ། །རྣམ་པར་རིག་པ་མ་གཏོགས་པར་དངོས་པོ་མེད་པར་ཡང། ཡང་དག་པར་རྗེས་སུ་མི་མཐོང་ཞེས་བྱ་བ་ནི་རྣམ་པར་རིག་པ་དེ་ཉིད་ལ་ཆོས་དང་གང་ཟག་མེད་བའི་མཚན་ཉིད་ནི་ཆོས་ཀྱི་དབྱིངས་ཏེ། དེ་ཆོས་ཉིད་དུ་གདགས་པའི ་ཕྱིར་ཆོས་དང་ཆོས་ཅན་དོན་དམ་པར་མི་འདྲ་བ་མེད་པ་ཤིན་ཏུ་མི་འདྲ་བ་ཡང་མ་ཡིན་ནོ། །ཆོས་ཀྱི་དབྱིངས་དེ་དང་རྣམ་པར་རིག་པ་དེ་གཅིག་པར་ཡང་ཡང་དག་པར་རྗེས་སུ་མི་མཐོང་བ་ནི་ཐམས་ཅད་ལ་རྣམ་པར་རིག་པ་ལྟ་བུ་ཡིན་ན་ནི་དེ་ཡང ་མངོན་སུམ་དུ་འགྱུར་བའི་སྐྱོན་དུ་འགྱུར་རོ། །དེས་ན་ཐམས་ཅད་ཀྱིས་དེ་ཁོ་ན་མཐོང་བར་འགྱུར་བ་དང། ཆོས་ཀྱི་དབྱིངས་བཞིན་དུ་རྣམ་པར་རིག་པ་ཡང་བདེན་པར་འགྱུར་བ་དང། ཀུན་ནས་ཉོན་མོངས་པ་ཅན་མ་ཡིན ་པའི་སྐྱོན་དུ་འགྱུར་བ་དང། རྣམ་པར་རིག་པ་བཞིན་དུ་ཆོས་ཀྱི་དབྱིངས་དེ་ཡང་འདུས་བྱས་དང། ཀུན་ནས་ཉོན་མོངས་པ་ཅན་ལ་སོགས་པའི་སྐྱོན་དུ་འགྱུར་བའི་ཕྱིར་རོ། །ཆོས་ཀྱི་དབྱིངས་དང་རྣམ་པར་རིག་པ་གཉིས་ཐ་དད་པར་ཡང་ཡང་དག ་པར་རྗེས་སུ་མི་མཐོང་བ་ནི། རྣམ་པར་རིག་པ་ཉིད་ཀུན་རྫོབ་ཀྱི་ངོ་བོ་ཆོས་དང་གང་ཟག་ཏུ་སྒྲོ་བཏགས་པ་དང་བྲལ་བ་གང་ཡིན་པ་དེ་ཉིད་དེ་མེད་པའི་མཚན་ཉིད་ཆེས་ཀྱི་དབྱིངས་ཡིན་ན་ཇི་ལྟར་དེ་དེ་དང་ཐ་དད་པར་འགྱུར། གལ་ཏེ་ཐ་དད ་བར་འགྱུར་ན་ནི་དེའི་ཚེའི་འདུ་བྱེད་ཀྱི་བདག་མེད་པ་ཙམ་ཉིད་དོན་དམ་པའི་མཚན་ཉིད་དུ་མི་འགྱུར་ལ། འདུ་བྱེད་ཀྱིས་མཚན་མས་བཅིངས་པ་རྣམས་ཀྱང་རྣལ་འབྱོར་བས་ཟིལ་གྱིས་ནོན་བར་མི་འགྱུར་ཏེ། དེ་དེ་དང་ཐ་དད ་པས་ཆོས་ཀྱི་དབྱིངས་གཞན་ཉིད་དུ་རྟོགས་པའི་ཕྱིར་རོ། །དེ་ལྟ་བས་ན་དུང་ལ་སོགས་པ་དང་དཀར་པོ་ལ་སོགས་པ་བཞིན་དུ་གཅིག་དང་ཐ་དད་བར་བརྗོད་དུ་མེད་པ་ཉིད་རྣམ་པར་མི་རྟོག་པའི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཀྱི་མཚན ་ཉིད་མེད་པ་དེ་ལ་དངོས་པོར་ཡང་ཡང་དག་པར་རྗེས་སུ་མི་མཐོང་བ་ནི། དེ་ལ་ཡོད་པའི་ངོ་བོ་གང་ཡང་མི་དམིགས་པའི་ཕྱིར་རོ། །དངོས་པོ་མེད་པར་ཡང་ཡང་དག་པར་རྗེས་སུ་མི་མཐོང་བ་ནི་དངོས་པོ་མི་མཐོང་བ་ནི་དངོས་པོ་མི་དམིགས་པའི་ཕྱིར ་དེ་རྣམ་པར་བཅད་པས་འཐོབ་པ་དངོས་པོ་མེད་པའི་ངོ་བོ་ཡང་མེད་པའི་ཕྱིར་རོ། །ཡོད་པ་ལས་གཞན་པ་ནི་མེད་བའི་མཚན་ཉིད་ཡིན་པས་ཡོད་པ་མ་གྲུབ་ན་དེ་ཡང་མ་གྲུབ་བ་ཉིད་དེ་།དཔེར་ན། གལ་ཏེ་ཡོད་པ་མ་གྲུབ་ན། །མེད་པ་འགྲུབ ་པར་མི་འགྱུར་ཏེ། ཡོད་ལས་གཞན་པའི་དངོས་པོ་ནི། །མེད་པའོ་ཞེས་སྐྱེ་བོ་སྨྲ། ཞེས་བཤད་པ་ལྟ་བུའོ། །རྣམ་པར་རྟོག་པ་ཐམས་ཅད་ཀྱིས་གང་རྣམ་པར་མ་བརྟགས་པ་དེ་རྣམ་པར་མི་རྟོག་པཱི་དབྱིངས་སོ་ཞེས་དེ་ལྟར་ལྟ་ན་ཡང་རྣམ་པར ་རྟོག་པ་ལ་ཀུན་སྤྱོད་པ་སྟེ། དེ་ལྟ་བས་ན་དེ་ལྟར་ཡང་མི་བལྟའོ། །རྣམ་པར་རྟོག་པ་ཐམས་ཅད་ཅེས་བྱ་བ་ནི་སྐྱེ་བ་མེད་པ་དང་འགག་པ་མེད་པ་ལ་སོགས་པར་རྣམ་པར་རྟོག་པ་རྣམས་ཀྱིས་སོ། །འདི་ནི་འཇུག་པའི་ཚུལ་ཞེས་བྱ་བ་ནི་འཇུག ་པའི་ཐབས་མཛའ་གཉིས་སྤངས་བའི་མཚན་ཉིད་དེ། མཛའ་གཉིས་ལ་ཇི་ལྟར་བརྟག་པ་ནི་གོང་དུ་བསྟན་པ་ཡིན་ནོ། །དེ་ལྟར་ན་རྣམ་པར་མི་རྟོག་པའི་དབྱིངས་ལ་རབ་ཏུ་གནས་པ་ཡིན་ནོ། །ཞེས་བྱ་བ་ནི་ཇི་ལྟར་དབུ་མའི་ལམ་དུ་འཇུག ་པའི་ཚུལ་སོ་སོར་བརྟག་པ་བསྟན་པ་དེ་ལྟར་དེ་ལ་རབ་ཏུ་གནས་པའོ། །ཚོར་བ་ལ་སོགས་པའི་མཚན་མ་རྣམས་ལ་ཡང་དེ་བཞིན་དུ་བརྟག་སྟེ། སྒྲོ་འདོགས་དང་སྐུར་བ་འདེབས་པའི་མཛའ་གཉིས་ལ་སོ་སོར་བཏགས་པ་དང་དབུ ་མའི་ལམ་དུ་འཇུག་པའི་ཚུལ་དུའོ། །འདྲ་བའི་ཕྱིར་གཟུགས་བཞིན་དུ་སྟེ། དེ་བཞིན་དུ་ཚོར་བ་དང་ཞེས་བྱ་བ་ལ་སོགས་པ་ནི། བསྡུས་ནས་སྦྱོར་བའོ། །ཇི་ལྟར་སྦྱོར་ཞེ་ན། ཚིག་མཛའ་ནས་བཟུང་སྟེ་སྦྱོར་པའི་ཕྱིར། རིགས ་ཀྱི་བུ་དག་འདི་ལ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འཁྲུལ་པས་སྒྲོ་བཏགས་པའི་ངོ་བོ་ཡིན་པས་གཟོང་མ་ནས་མ་སྐྱེས་པའི་ཕྱིར་ཉོན་མོངས་པ་ལ་སོགས་པའི་སྒྲིབ་པ་ཐམས་ཅད་ནི་དོན་དམ་པར་སྦང་དུ་མེད་དེ། མགོ་ལན ་གཉིས་སུ་བཅད་དུ་མེད་པ་བཞིན་ནོ། །དེ་བས་ན་སྤང་བར་བྱ་བ་མེད་པས་ཐམས་ཅད་མཁྱེན་པ་ནི་སྤོང་བའི་ཕྱིར་མ་ཡིན་པས་ན་འདི་ཡང་སྒྲོ་འདོགས་པའི་མཛའ་ཡིན་པས་རྣལ་འབྱོར་པས་སྤང་བར་བྱའོ། །དེ་བཞིན་དུ་ཐམས་ཅད་མཁྱེན་བ ་ཉིད་གཅིག་ཏུ་རྣམ་པར་བྱང་པའོ་ཞེས་སྤྱོད་ན་ཡང་རྣམ་པར་རྟོག་པ་ཉིད་དེ། དག་པ་དང་མ་དག་པའི་མཛའ་གཉིས་སུ་འཛིན་པའི་ཕྱིར་རོ། །དེ་ལྟར་ཐམས་ཅད་མཁྱེན་བ་ཉིད་རྣམ་པར་བྱད་བའོ་ཞེས་འཛིན་པའི་ཤུགས་ཀྱིས ་གཞན་དག་ལ་ཡོངས་སུ་མ་དག་པའོ་ཞེས་སྒྲ་འདོགས་པར་འགྱུར་ཏེ། དེ་ནི་དེ་ལ་བལྟོས་པའི་ཕྱིར་རོ། །དེ་བས་ན་གཉིས་སུ་རྟོག་པར་འགྱུར་ཏེ་ཆོས་ཐམས་ཅད་མ་སྐྱེས་པ་དང་པོ་གཅིག་བ་ལ་དག་བ་དང་མ་དག་པ་ལ་སོགས་བ་དབྱེར་མེད་བས ་དེ་བས་རྣལ་འབྱོར་བས་རྣམ་པར་རྟོག་པ་འདི་ཡང་མི་བྱ་སྟེ། ཇི་སྐད་དུ། ཡོད་ཅེས་མེད་ཅེས་གཉི་ག་མཛའ་། །དག་དང་མ་དག་འདི་ཡང་མཛའ་། །དེ་བས་མཛའ་གཉིས་རྣམ་སྤངས་ཏེ། མཁས་བ་དབུས་ལའང་གནས་མི་བྱེད་ཅེས་གསུངས་པ ་ལྟ་བུའོ། །ལྷག་མ་ཡང་གོང་མ་བཞིན་དུ་བཤད་པར་བྱའོ། །ཚིགས་སུ་བཅད་པ་གཉིས་ཀྱིས་ནི། །ཇི་སྐད་གོང་དུ་བསྟན་པའི་དོན་རྣམས་སྡུས་དེ། བདེ་བླག་ཏུ་ཟིན་པར་བྱ་བའི་ཕྱིར་རོ། །དེ་ལ་ཚིགས་སུ་བཅད་པ་དང་བོས་ནི་རྣམ་པར་མི་རྟོག་བའི་རྒྱུའི ་དབྱིངས་སུ་འཇུག་པའི་རྒྱུའི་གོ་རིམ་བསྟན་ཏོ། །གཉིས་པས་ནི་ཕན་ཡོན་ནོ། །དམ་ཆོས་འདི་ལ་རྒྱལ་བའི་སྲས། །རྣམ་པར་མི་རྟོག་བསམས་གྱུར་ན། །ཞེས་བྱ་བ་ནི་རྣམ་པར་མི་རྟོག་པའི་དབང་དུ་བྱས་པའི་ཆོས་ཐོས་ནས་རྣམ་པར་མི་རྟོག ་བ་ལ་བསམ་པ་བཞག་སྟེ་ཞེས་གང་གསུངས་པ་དེ་བསྟན་ཏོ། །རྣམ་རྟོག་བགྲོད་དཀའ་རྣམ་འདས་ཏེ། ཞེས་བྱ་བ་ནི་རང་བཞིན་གྱི་རྣམ་པར་རྟོག་པ་ལ་སོགས་པ་མཚན་མ་རྣམ་བ་བཞི་ཡོངས་སུ་སྤང་བར་སྦྱོར་བ་བསྟན་ཏོ། །རིམ་གྱིས་མི་ཏོག ་འཐོབ་པར་འགྱུར་ཞེས་བྱ་བ་འདིས་ནི་རྣལ་འབྱོར་བ་རིམ་གྱིས་འཇུག་པས་འཇིག་རྟེན་ལས་འདས་པ་རྣམ་པར་མི་རྟོག་བའི་ཡེ་ཤེས་འཐོབ་བོ་ཞེས་བྱ་བའི་ཐ་ཚིག་གོ་།ཡང་ན་རིམ་གྱིས་ཞེས་བྱ་བ་ནི་རྣམ་རྟོག་བགྲོད་དཀའ་རྣམ་འདས་ཏེ། ཞེས ་བྱ་བ་དང་སྦྱར་ཏེ། འདིས་ནི་རྣམ་པར་མེ་རྟོག་པའི་དབྱིངས་སུ་འཇུག་བ་བསྟན་ཏོ། །དེ་ལས་ཞེས་བྱ་བ་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་འཐོབ་པའི་རྒྱུ་ལས་སོ། །རབ་ཞི་ཞེས་བྱ་བ་ནི་སྤྲོས་པ་མཛའ་དག་དང་བྲལ་བའི་ཕྱིར་རོ། །འདི་དག་ཐམས་ཅད་ནི་རྣམ་པར ་རྟོག་བདེ་བ་ཞེས་བྱ་བའི་བྱེ་བྲག་གོ། མི་གཡོ་ཞེས་བྱ་བ་ནི་མི་ཉམས་པས་ན་བརྟན་པའི་ཕྱིར་རོ། །མཆོག་ཅེས་བྱ་བ་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བདེ་བདེ་དག་ལས་ཁྱད་པར་དུ་འཕགས་པའི་ཕྱིར་རོ། །དབང་བྱེད་ཅེས་བྱ་བ་ནི་ཇི་ལྟར་འདོད་པ་དག ་ཇི་སྲིད་དུ་འདོད་པ་མངོན་སུམ་དུ་བྱེད་པའི་ཕྱིར་རོ། །མཉམ་ལ་མི་མཉམ་པ་ཞེས་བྱ་བ་ནི། རོ་ནི་མཉམ་ལ་མི་མཉམ་པ་སྟེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཐུན་མོང་ཡིན་པས་ན་མཉམ་པའོ། །ཉན་ཐོས་ལ་སོགས་པ་དང་ཐུན་མོང ་མ་ཡིན་པས་ན་མི་མཉམ་པའོ། །ཡང་ན་ཆོས་ཐམས་ཅད་མཉམ་པ་ཉིད་དུ་ཁོང་དུ་ཆུང་བ་ཐོབ་པས་ན་མཉམ་པའོ། །དེ་དང་འདྲ་བའི་བདེ་བའི་མཆོག་གཞན་མེད་པས་ན་མི་མཉམ་པའོ། །ཡང་ན་རབ་ཏུ་ཞི་བས་མཉམ་པའོ། །མི་གཡོ་བ་ལ་སོགས་པའི ་ཡོན་ཏན་དང་ལྡན་པས་མི་མཉམ་བའོ། །རྣམ་པར་མི་རྟོག་པ་ཉིད་བདེ་བ་འམ། རྣམ་པར་མི་རྟོག་བའི་འབྲས་བུ་ཡང་བདེ་བས་ན་རྣམ་པར་མི་རྟོག་བདེ་བའོ། །ཐོབ་པར་འགྱུར་ཞེས་བྱ་བ་ནི་རྟོགས་པའོ། །དེ་སྐད་ཅེས་བཀའ་སྩལ་ནས་ཞེས་བྱ་བ་འདིས ་ནི་ཡང་དག་བར་སྡུད་བར་བྱེད་པས་བཅོམ་ལྡན་འདས་ཀྱི་བཀའ་བཟླས་པས་གཟུགས་འདི་ཡང་བསྟན་དུ་རུང་བའི་ལུང་ཉིད་དུ་སྟོན་ཏོ། །བྱང་ཆུབ་སེམས་དཔའ་ལ་སོགས་པས་མངོན་པར་བསྟོད་དོ་ཞེས་བྱ་བས་ནི་སྐྱེ་བོ་ཕལ་པོ་ཆེས་ཡོངས་སུ་བཟུང་བར ་བསྟན་ཏོ། །རྣམ་པར་མི་རྟོག་གཟུངས་འདི་རབ་ཏུ་བཤད་པ་ཡི། །དགེ་བ་ཕལ་ཆེན་བློ་ཆུང་བདག་གིས་གང་ཐོབ་པ། །དེ་ནི་བློ་ངན་སྣ་ཚོགས་སྐྱོན་གྱི་མུན་བ་དག?་།ཟད་པར་གྱུར་ནས་མྱུར་དུ་རྒྱ་ཆེན་གནས་ཐོབ་ཤོག། །།འཕགས་བ་རྣམ ་པར་མི་རྟོག་པར་འཇུག་པའི་གཟུངས་རྒྱ་ཆེར་འགྲེལ་པ་།སློབ་དཔོན་ཀ་མཱ་ལ་ཤཱི་ལས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཛིན་མི་ཏྲ་དང། དཱ་ན་ཤཱི་ལ་དང། ཞུས་ཆེན་གྱི་ལོ་ཙྪ་བ་བནདེ?་དཔལ ་བརྩེགས་རཀྵི་ཏས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། །།། །སཱ་ལུ་ལྗད་པའི་མདོ་སྡེ་རྒྱ་ཆེར་བཤད་པ་སློབ་དཔོན་ཀ་མ་ལ་ཤཱི་ལས་མཛད་པ་བཞུགས་སོ།། །།རྒྱ་གར་སྐད་དུ། ཨཱརྱ་སཱ་ལི་སྟམ་བྷ་སྱ་ཏཱི་ཀླ་པོའི་སྐད་དུ། འཕགས ་