CLOSE WINDOW

N4288: sa bcu'i rnam par bshad pa'i rnam par bshad pa
Wyliee-texts based on the ACIP/ALL Input

རྒྱ་གར་སྐད་དུ། ད་ཤ་བྷུ་མི་བྱ་ཁྱ་ན་བྱ་ཁྱ་ན། བོད་སྐད་དུ། ས་བཅུའི་རྣམ་པར་བཤད་པའི་རྣམ ་པར་བཤད་པ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །མདོ་སྡེའི་ཚུལ་གྱིས་དོན་གྱི་ཡང་དག་འདི།། ་སངས་རྒྱས་ཉིད་སྐྱེས་འཕགས་པ་ཐོགས་མེད་བརྙེད། །དེ་ལས་འགྲོ་གཉེན་གཅིག་པུས་གསན་ནས་ནི། །འདི་ཡི་རྣམ ་བཤད་དབྱིག་གི་གཉེན་གྱིས་མཛད། །ད་ནི་རྣམ་པར་བཤད་པ་མཛད་པས། ཆོས་ཀྱི་རྣམ་གྲངས་འདི་ནི་སུས་བཤད ་དང་ཞེས་བྱ་བ་ལ་སོགས་པས། དཀོན་མཆོག་གསུམ་ལ་ཕྱག་བྱ་དང། །མདོ་བཤད་པ་དང་དགོས་པ་དང། །ཡང ་དག་སྦྱིན་རྒྱུན་མ་ཆད་བརྗོད། །ཚིགས་སུ་བཅད་པའི་དོན་ནི་སུས་བཤད་དང། ཞེས་བྱ་བ་ནི་རྡོ་རྗེའི་སྙིང་པོས་སོ། །གང་དག་རྣམས་ཀྱིས་འཆད ་དུ་བཅུག་རྣམས་དང་ཞེས་བྱ་བ་ནི། སངས་རྒྱས་བཅོམ་ལྡན་འདས་དང། རྣམ་པར་གྲོལ་བའི་ཟླ་བ་ལ་སོགས་པ་ཡིན་ཏེ། དེའི་ཕྱིར་གྱིས ་བརླབས་དང། བསྐུལ་བ་དག་གིས་དེ་བཤད་པའི་ཕྱིར་རོ། །གང་གིས་འདི་དོན་བསྟན་དང་ཞེས་བྱ་བ་ནི་འཕགས་པ་བྱམས་པས་སོ།། ་དེ་ལས་ནི་གང་གིས་བླངས་ནས་བདག་ལ་རྣམ་ཕྱེ་བ་ཞེས་བྱ་བ་ནི་འཕགས་པ་ཐོགས་མེད་ཀྱིས་སོ། །དེ་དག་རྣམས་དང་ཞེས་བྱ་བ་ནི་འཕགས་པ་རྡོ་རྗེའི་སྙིང་པོ་ལ་སོགས ་པ་ཇི་སྐད་སྨོས་པ་རྣམས་སོ། །ཆོས་མཆོག་འདི་ལ་ཡང་ཞེས་བྱ་བ་ནིས་བཅུ་པའི་མདོ་ཆེན་པོ་ལ་སྟེ། འདི་ཡི་མཆོག་ཉིད་འདི་ནི་ཐོག་མར་སྤྱད་པ་སྟེ། ཞེས་བྱ་བ ་ལ་སོགས་ཡི་གེའི་ཕྱི་མོའི་དཔེས་སྟོན་ཏོ། །སྦྱི་བོ་ས་ལ་གཏུགས་ཏེ་ཞེས་བྱ་བ་ནི་སྤྱི་བོ་ཐུང་དུ་ཕབ་ནས་ཞེས་བྱ་བའི་ཐ་ཚིག་གོ་།འདི་དག་ལ་ཅི་ཞིག་བྱ ་ཞེ་ན། ཕྱག་འཚལ་ནས་ཏེ་མཆོད་པ་བྱས་ནས་ཞེས་བྱ་བའི་ཐ་ཚིག་གོ་།དཀོན་མཆོག་གསུམ་ལ་ཕྱག་འཚལ་བ་སྟོན་པ་ན། ཆོས་གཙོ་བོ་ཉིད་དུ་བསྟན ་པའི་ཕྱིར། ཆོས་སྨྲ་བ་རྡོ་རྗེའི་སྙིང་པོར་སྨོས་ཏེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱང་ཆོས་བླ་མར་མཛད་པ་ཡིན་ནོ། །ཅི་ཞིག་བྱ་ཞེ་ན། དེའི་དོན། ་གནས་པར་བྱ་ཕྱིར་བཤད་སྦྱར་བྱ་བར་འབད་ཅེས་བྱ་བ་སྨྲས་ཏེ། གོང་དུ་བཤད་པའི་ཆོས་ཀྱི་རྣམ་གྲངས་དེའི་དོན་གང་ཡིན་པའོ།། ་བཤད་སྦྱར་ནི་ཚིག་མང་པོས་རྣམ་པར་བཤད་པའོ། །བདག་དང་གཞན་དོན་སྒྲུབ་ཕྱིར་ཞེས་བྱ་བ་ནི། དེའི་དགོས་པ་ཡིན་ནོ་ཞེས་བྱ་བ་ཡིན་ནོ། །སའི་བསྡུས ་པ་ནི་མདོར་བསྡུས་ཏེ་བརྙད་པ་སྟེ། །བདེ་བླག་ཏུ་གོ་བར་བྱ་བའི་ཕྱིར་ས་དང་པོས་དོན་ཇི་སྙེད་ཅིག་སྟོན་པ་དེ་དག་བཏུས་ནས་ཐོག་མར་བསྟན་པའོ། །གླེང་གཞི་ནི ་གང་དུ་གང་དག་ལ་སྟོན་པ་སྟེ། གནས་དང་གདུལ་བ་རྣམས་དང་གོ་རིམ་བཞིན་ནོ། །འདིར་རམ་འདི་དག་ལ་གླེང་བས་ན་གླེང་གཞི་སྟེ། སྟོན་ཅེས་བྱ་བའི་ཐ ་ཚིག་གོ་།དེ་ཡང་འདི་སྐད་བདག་གིས་ཐོས་པ་དུས་གཅིག་ནས། ཞེས་བྱ་བ་ནས་སྙོམས་པར་འཇུག་པའི་བར་གྱིས་བསྟན་ཏོ། །སྙོམས་པར་འཇུག་པ་ནི་མཉམ ་པར་འཇོག་པ་སྟེ། དམིགས་པ་ལ་སེམས་ཕྱིན་ཅི་མ་ལོག་པར་གཏོད་ཅེས་བྱ་བའི་ཐ་ཚིག་གོ་།དེ་ཡང་དེ་ནས་བྱང་ཆུབ་སེམས་དཔའ་རྡོ་རྗེའི་སྙིང་པོ་ཞེས་བྱ་བ་ནས། བྱིན་གྱིས་བརླབས་ཀྱི་བར་གྱིས་བསྟན་ཏོ། །བྱིན ་གྱིས་བརླབས་ནི་བྱིན་གྱིས་རློབ་པ་སྟེ། མངོན་པར་འདོད་པའི་དོན་གྲུབ་པར་བྱ་བའི་ཕྱིར་ལུས་དང་སེམས་ལ་མཐུ་ཉེ་བར་སྒྲུབ་པ་སྟེ། མཐུ་ལྟག་པར་སྐྱེད་ཅེས་བྱ་བའི་ཐ་ཚིག་གོ་།དེ་ཡང་རྣམ་པ་གསུམ ་གྱིས་བསྟན་ཏེ། གསུང་དང་ཐུགས་དང་སྐུས་སོ། །དེ་ལ་གསུང་གི་ནི་རིགས་ཀྱི་བུ་ཁྱོད་ཀྱིས་ཆོས་རྣམས་ཀྱི་སྐོ་རབ་ཏུ་དབྱེ་བ་ལ་མཁས་པར་འགྱུར་བའི་ཆོས་བྱ་རྣམ་གྲངས་ཞེས་བྱ་བ་ལ་སོགས་པའི་བཅུ ་ཚན་གྱིས་བསྟན་ཏོ། །ཐུགས་ཀྱི་ནི་དེ་ནས་སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་བྱང་ཆུབ་སེམས་དཔའ་རྡོ་རྗེའི་སྙིང་པོ་ལ་ཟིལ་གྱིས་མིན?་ནོ་པའི་ལུས་ཉིད་ན་ཡི་བར་སྒྲུབ་པ་མཛད་དེ། ཞེས་བྱ་བ་ལ་སོགས ་བའི་བཅུ་ཚན་གྱིས་བསྟན་ཏེ་།སྐུའི་ནི་དེ་ནས་སངས་རྒྱས་བཅོམ་ལྡན་འདས་དེ་རྣམས་དེ་དག་ན་བཞུགས་བཞིན་དུ་རྫུ་འཕྲུལ་གྱི་མཐུས་ཕྱག་གཡས་པ་ཞེས་བྱ་བ་ལ་སོགས་པས་བསྟན་ཏོ། །ལྡང་བ་ནི ་རྣམ་པར་ལྡང་བ་སྟེ། སྙོམས་པར་འཇུག་པའི་བྱ་བ་བྱས་ནས་དེས་བསྐྱེད་པའི་སེམས་ནུས་པ་ཅན་དམིགས་པ་དང་འབྲལ་བ་ཞེས་བྱ་བའི་ཐ་ཚིག་གོ་།དེ་ཡང་སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་བྱང ་ཆུབ་སེམས་དཔའ་རྡོ་རྗེའི་སྙིང་པོ་ལ་རེག་མ་ཐག་ཏུ་ཞེས་བྱ་བ་ནས། བྱང་ཆུབ་སེམས་དཔའ་དེ་དག་ལ་སྨྲས་པ་ཞེས་བྱ་བའི་བར་གྱིས་བསྟན་ཏོ། །བསྟན་པ་ནི་མདོར་བསྟན་པ་སྟེ་འོག་ནས་འབྱུང་བའི་དོན་རྣམས ་མིང་ཙམ་གྱིས་བསྙད་པ་སྟེ། ཀྱེ་རྒྱལ་བའི་སྲས་དག་བྱང་ཆུབ་སེམས་དཔའ་ཨི་སྨོན་ལམ་འདི་ནི་ཤིན་ཏུ་རྣམ་པར་ངེས་པ་སྟེ། ཞེས་བྱ་བ་ནས་བསྐུལ་བའི་བར་གྱིས་བསྟན་ཏོ། །བསྐུལ་བ་ནི་འཆོལ་བ་སྟེ་ཇི་ལྟར་འདོད་པའི་དོན་མཉམ ་པའི་ཕྱིར། ལྷག་པར་དོན་དུ་གཉེར་ཞེས་བྱ་བའི་ཐ་ཚིག་གོ་།དེ་ཡང་དེ་ནས་བྱང་ཆུབ་སེམས་དཔའ་རྣམ་པར་གྲལ་བའི་ཟླ་བས་ཚིགས་སུ་བཅད་པའི་དབྱངས་ཀྱིས་ཞེས་བྱ་བ་ནས་བཤད་པའི་བར་གྱིས་བསྟན་ཏོ། དེ་ཡང་ཡང ་དག་པར་འཛིན་པ་ནི་རྒྱལ་བའི་སྲས་པོ་རྣམ་པར་གྲོལ་བའི་ཟ་བ་ལ་སོགས་པ་ཡིན་ནོ། །རྒྱལ་བ་རྣམས་ནི་བསྐུལ་པ་ཡིན་པར་ཤེས་པར་བྱ་སྟེ། དེ་ཡང་འོད་ཟེར་སྟུག་པོར་རེད་པ་དེ་ལས་ཚིག་མཐོན་པ་དེ་དག་གིས ་བཅོལ་ཏོ། །བཤད་པ་ནི་ངེས་པར་བསྟན་པ་སྟེ། ས་མིང་ཙམ་བསྟན་པ་རྣམས་གཏན་ལ་ཕབ་སྟེ་བཤད་པའོ། །དེ་ཡང་རྣམ་པ་གསུམ་སྟེ། གནས་པ་དང་ནི་ངེས་ཚིག་དང། དེ་བཞིན་རབ་ཏུ་གནས་པ་ཉིད། །ས་བཤད་པ་ལ ་མདོར་ན་ནི། །འདི་ནི་ངེས་པར་བསྟན་བྱ་ཡིན། །དེ་ལ་གནས་པ་ནི་ཅི་འདྲ་བ་དག་ཅིག་།གང་གི་ཕྱིར་གཞི་གང་གིས་གང་ཞིག་བསྐྱེད་པས་གནས་པ་སྟེ། སྨྲས་པ། གནས་དང་གང་གི་ཕྱིར་དང་ནི། །གཞི་ནི་གང་ཞིག་ཡིན་པ་དང། །ཅི་འདྲ་ཡང་དག ་བསྐྱེད་བ་ཡིས། །གནས་འགྱུར་དེ་ནི་གནས་པ་ཡིན། །དགེ་བའི་རྩ་བ་ཤིན་ཏུ་བསགས་པ་ཞེས་བྱ་བ་ནས་བཟུང་སྟེ། གྲངས་བཞིན་དུ་བཅུ་ཚན་བཞི་པོ་འདི་དག་བསྡུས་སོ། །དེ་ལ་ཅི་འདྲ་བ་དག་ན་དགེ་བའི་རྩང་ཤིན་ཏུ་བསགས་པ་ཞེས་བྱ་བ་ལ ་སོགས་པས་བསྟན་ཏོ། །གང་གི་ཕྱིར་ནི་སངས་རྒྱས་ཀྱི་ཡེ་ཤེས་ལ་མངོན་པར་འདོད་པར་བྱ་བ་ཞེས་བྱ་བ་ལ་སོགས་པས་བསྟན་ཏོ། །གཞི་གང་གིས་ནི་སྙིང་རྗེ་ཆེན་པོ་སྔོན་དུ་འགྲོ་བ་ཞེས་བྱ་བ་ལ་སོགས་པས་བསྟན་ཏོ། །གང་ཞིག་བསྐྱེད་པས ་ན་སེམས་སྐྱེ་བ་དེ་སྐྱེས་མ་ཐག་ཏུ་ཞེས་བྱ་བ་ལ་སོགས་པ་བསྟན་ཏོ། །ངེས་པའི་ཚིག་ནི་གཏན་ལ་བབ་པའི་ཚིག་སྟེ། དོན?་དད་མཐུན་པ་ཞེས་བྱ་བའི་ཐ་ཚིག་གོ། མཆོག་དགའ་མང་ཕྱིར་རྒྱལ་རྣམས་ཀྱིས། །ས་ནི་རབ་ཏུ་དགའ་བཤད ་པ། །ཅི་འདྲ་བ་ཡིས་དམིགས་གང་ལ། །དེ་ནི་ངེས་པའི་ཚིག་ཏུ་འདོད། །ཀྱེ་རྒྱལ་བའི་སྲས་དག་དེ་ལ་བྱང་ཆུབ་སེམས་དཔའ་ཨི་ས་རབ་ཏུ་དགའ་བ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་མཆོག་ཏུ་དགའ་བ་མང་བ་ཡིན་ཞེས་བྱ་བ་ནས ་བཟུང་སྟེ། བཅུ་ཚན་གསུམ་པོ་འདི་དག་དང། འཇིགས་པ་ལྔ་ལས་ཡང་དག་པར་འདས་པ་ཡང་བསྡུས་པར་ཤེས་པར་བྱ་སྟེ། བདག་ནི་འཇིགས་པ་དང་སྡང་བ་དང། བག་ཚ་བ་དང་བྲལ་ལོ་ཞེས་མཆོག་ཏུ་དགའ་བ་བསྐྱེད་དོ། །ཞེས་བྱ ་བའི་བར་ཡིན་ནོ། །རབ་ཏུ་གནས་པ་ནི་མཆོག་ཏུ་གནས་པ་སྟེ་གང་དག་དང་ལྡན་ནས་འདི་ལ་རབ་ཏུ་གནས་པ་ཡིན་ནོ། །དེ་ཡང་སའི་མཐར་ཕྱིན་པར་འགྲོ་བའི་ཕྱིར་ཏེ། གནས་པ་ནི་ས་ཐོབ་པ་ཙམ་ཡིན་པས་གནས་པ་བས་རབ་ཏུ ་གནས་པར་ཁྱད་ཞུགས་པར་ཤེས་པར་བྱའོ། །རྒྱལ་བ་རྣམས་ཀྱིས་དང་པའི། །?་གནས་དང་དབང་ལ་སོགས་པ། །བཅུ་ཚན་གསུམ་གྱིས་རབ་བཤད་པས། །དེ་ནི་དེ་བཞིན་ངེས་པར་གཟུང། །དེ་དང་པའི་དབང་དང་ཞེས་བྱ་ནས་བཟུང ་སྟེ། བཅུ་ཚན་གསུམ་པོ་འདི་དག་བསྡུས་པར་ཤེས་པར་བྱའོ། །འཕགས་པ་རྡོ་རྗེ་སྙིང་པོས་མ་བཤད་པའི་སྔོན་རོལ་དུ་ཚིགས་སུ་བཅད་པ་བཅུ་ཚན་གསུངས་པ་ནི་འཁོར་དང་བར་བྱ་བའི་ཕྱིར་ཏེ། བཤད་པ་རྩོམ་པ་ཡིན་པའི ་ཕྱིར་བཤེད་པ་དང་འདྲ་བ་ཤེས་པར་བྱའོ། །ཁྱད་པར་ནི་བྱེ་བྲག་སྟེ་ཡོན་ཏན་ལྷག་པར་གསལ་བ་འམ། གང་གིས་ན་ཉན་ཐོས་ལ་སོགས་པ་ལས་ཁྱད་འཇུག་པའོ། །དེ་ཡང་རྣམ་པ་གསུམ་སྟེ་འདུན་པའི་ཁྱད་པར་དང། སྒྲུབ་པའི་ཁྱད་པར ་དང། འབྲས་བུའི་ཕན་ཡོན་གྱི་ཁྱད་པར་རོ། །དེ་དེ་ལ་འདུན་པ་ནི་དོན་དུ་གཉེར་བ་དང། མངོན་པར་འདོད་པ་དང། སྨོན་པ་སྟེ། སྨོན་ལམ་བཅུ་མངོན་པར་སྒྲུབ་པའོ། །སྒྲུབ་པ་ནི་རྣམ་པ་བཅུ་སྟེ། ས་བཅུ་ཡོངས་སུ་སྦྱོང་བར་བྱེད་པའི་ཆོས་ཀྱི་མཚན་ཉིད ་ངོ། །དེ་ཡང་དད་པ་དང་སྙིང་རྗེ་དང་ཞེས་བྱ་བ་ལ་སོགས་པས་བསྟན་ཏོ། །འབྲས་བུའི་ཕན་ཡོན་ནི་རྣམ་པ་བཞི་སྟེ། ལས་སུ་རུང་བ་ཉིད་དང། འཇུག་པ་དང་རྣམ་པར་སྨིན་པ་ཡོངས་སུ་འཛིན་པ་དང། སྨོན་པ་ཤེས་པའོ། །དེ་ལ་ལས་སུ་རུང་བ ་ཉིད་ནི་གསེར་གྱི་ས་ལེ་སྦྲམ་གྱི་དཔེས་བསྟན་ཏོ། །འཇུག་པ་ནི་དེད་དཔོན་དཔེས་བསྟན་ཏོ། །རྣམ་པར་སྨིན་པ་ཡོངས་སུ་འཛིན་པ་ནི། །ཛམྦུའི་གླིང་གི་དབང་པོ་ཞེས་བྱ་བ་ལ་སོགས་པས་བསྟན་ཏོ། །སྨོན་པ་ཞེས་པ་ནི་དེ་ཡན་ཆེད་བྱང་ཆུབ ་སེམས་དཔའ་སྨོན་ལམ་གྱི་སྟོབས་ཅན་རྣམས་ཞེས་བྱ་བ་ལ་སོགས་པས་བསྟན་ཏོ། །འདིའི་བསྡུས་པ་ནི་འདི་ཡིན་ཏེ། མདོར་བསྡུ་ན་ནི་བརྫུན་པ་དང། །སྒྲུབ་པ་དང་ནི་རྣམ་སྨིན་གྱིས། །ཉན་ཐོས་དང་ནི་རང་རྒྱལ་ལས། །རྣམ་པ་གསུམ་གྱིས ་ཁྱད་འཕགས་བཤད། །དེ་ལ་འདུན་པ་ཇི་སྐད་དུ། །བཤད་པའི་སྨོན་ལམ་ཡིན་ཞེས་བྱ། །སྒྲུབ་པའི་ཁྱད་པར་དད་ལ་སོགས། །བཅུ་པོ་དག་གིས་བཤད་པ་ཡིན། །རྒྱུ་བཞི་དག་གིས་འབྲས་བུ་ཡི། །ཕན་ཡོན་ཁྱད་པར་དག་ཏུ་འདོར།། །། ་ལས་རུང་ཉིད་དང་འཇུག་པ་དང། །རྣམ་སྨིན་ཡོངས་སུ་འཛིན་པ་དང། །བཞི་པ་སྨོན་ལམ་ཉིད་ཀྱི་ཕྱིར། །རྣམ་པ་བཞིན་ནི་ཤེས་པར་བྱ། །ས་ལེ་སྦྲམ་དང་ཆོས་མཐུན་ཕྱིར། །རྒྱལ་བ་རྣམས་ཀྱིས་ལས་རུང་བཤད། །དེད་དཔོན་དང་ནི་ཆོས་མཐུན་ཕྱི ་དེ་དག་གིས་འདིར་འཇུག་པ་གསུངས། །མཁས་བ་རྣམ་སྨིན་ཡོངས་འཛིན་པ། །རྣམ་པ་གཉིས་སུ་ཤེས་བྱ་སྟེ། །བདག་ཉིད་ཆེན་པོ་ཉིད་ཀྱི་ཕྱིར། །འཛམ་གླིང་དབང་ཕྱུག་ལ་སོགས་དང། །གཉིས་པ་རྒྱུ་མཐུན་རྒྱ་ཆེ་བ། །སེར་སྣ་འདུལ་ལ་སོགས་པ ་གང། །ཏིང་འཛིན་རབ་སྒོམ་བཅས་ཤེས་བྱ། །ཏིང་ངེ་འཛིན་བསྒོམ་པ་དང་ལྷན་ཅིག་པ་ཞེས་བྱ་བའི་ཐ་ཚིག་གོ། །སྨོན་པ་ཤེས་ཞེས་བྱ་བ་ནི། །སྨོན་ལམ་སྟོབས་ཅན་ཡིན་པས་ན། །དེ་ཡི་ཁྱད་པར་རྣམས་འཕྲུལ་ཕྱིར། །ཆོས་ནི་བརྒྱད་བོ་འདི་དག་གིས།། ་ས་ཡི་དང་པོ་ཡང་དག་གསུངས། །འདི་མན་ཆད་དུ་འདི་དག་རྒྱས་པར་བཤད་དགོས་པས་དེ་བརྩམ་པར་བྱའོ། །འདི་སྐད་ཅེས་བྱ་བའི་ཚིག་གི་ཕྲད་འདི་དཔེ་ལ་ཡང་འབྱུང་སྟེ། དཔེར་ན་རྣམ་ཐོས་ལྟར་ཕྱུག་པ་ཞེས་བྱ་བ་ལྟ་བུའོ། །ལུང་འབོག་པ་ལ་ཡང་འབྱུང ་སྟེ། འདི་སྐད་དུ་ཐོན་ཅིག་ཅེས་བྱ་བ་ལྟ་བུའོ། །དྲིས་པ་ངེས་པར་བྱ་བ་ལ་ཡང་འབྱུང་སྟེ། འདི་སྐད་བདག་གིས་ཐོས་སོ། །འདི་སྐད་དུ་འཆད་དོ་ཞེས་བྱ་བ་ལྟ་བུའོ། །ཚིག་གི་ལན་ལ་ཡང་འབྱུང་སྟེ། དེ་ནི་དེ་ལྟ་ཡིན་ནོ་ཞེས་བྱ་བ་ལྟ་བུའོ། །འདིར་ནི་དམ་བ་ཆའ? ་བ་ཡིན་པས་བལྟ་པར་བྱ་སྟེ། ཡང་དག་པར་སྡུད་པར་བྱེད་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས། །བྱོད་ཀྱིས་ཇི་སྐད་ཐོས་པ་དེ་བཞིན་དུ་བཤད་དུ་གསོལ་ཞེས་གསོལ་བ་བཏབ་བ་དང། བྱང་ཆུབ་སེམས་དཔས་དེ་བཞིན་དུ་བཤད་དོ་ཞེས་ཁས་འཆེས་པ ་སྟེ་རྣཾ་པར་བཅད་ནས་སྦྱོར། །དེས་ནS་ན་བདག་གིས་ཐོས་པ་ཞེས་བྱ་བ་ལ་སོགས་པས་སྨྲས་སོ། །ཡང་ན་དྲིས་བ་ངེས་པར་བྱ་བ་ཡིན་ཏེ། དྲིས་པ་ངེས་པར་བྱ་བའི་ཕྱིར། འདི་སྐད་བདག་གིས་ཐོས་པ་ཞེས་སྨོས་སོ། །བདག་གིས་ཞེས་བྱ་བ་ནི་བདག་ཉིད་ཀྱི་ཡིན་གྱིས་གཞན་ལས ་མ་ཡིན་པའོ། །ཐོས་པ་ནི་རྣ་བའི་དབང་པོས་བཟུང་བའོ། །དུས་གཅིག་ན་ཞེས་བྱ་བ་ནི་དུས་གཅིག་ན་རྒྱུན་ཆགས་པ་རོ། །བཅོམ་ལྡན་འདས་ཞེས་བྱ་བ་ནི་འདི་ལ་སྐལ་བ་ཡོད་པས་ན་བཅོམ་ལྡན་འདས་ཏེ། ཉོན་མོངས་པའི་གཞན་གྱི ་དབང་དུ་མ་གྱུར་པའི་ཕྱིར་རང་དབང་ཉིད་དང། ཡེ་ཤེས་ཀྱི་མེས་ལེགས་པར་ཡོངས་སུ་སྦྱངས་པའི་ཕྱིར་ཤིན་ཏུ་སྦྱངས་པ་ཉིད་དང། སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་ལྡན་པའི་ཕྱིར་གཟུགས་བཟང་བ་ཉིད་དང། ཡོན་ཏན་ཐམས་ཅད་ཕུན་སུམ ་ཚོགས་པའི་ཕྱིར་གྲགས་པ་དང། འགྲོ་བ་ཐམས་ཅད་ཀྱི་གཙོ་བོ་ཡིན་པའི་ཕྱིར་དཔལ་དང། སེམས་ཅན་ལ་ཕན་འདོགས་པའི་འཕྲིན་ལས་ཉམས་པ་མི་མངའ་བའི་ཕྱིར་བདག་ཉིད་ཆེན་པོ་ཚོགས་པ་སྟེ། དེ་དག་འདི་ལ་མངའ་བས་ན་བཅོམ་ལྡན་འདས་སོ།། ་ཅིའི་ཕྱིར་ཞེ་ན། སྐལ་པ་ཞེས་བྱ་བ་ནི་ཡོན་ཏན་དྲུག་པོ་ཇི་སྐད་བཤད་པ་རྣམས་ཀྱིས་རྣམ་གྲངས་ཀྱི་ཚིག་ཡིན་པའི་ཕྱིར་རོ། །སྨྲས་པ། རང་དབང་ཤིན་ཏུ་སྦྱངས་པ་དང། །གཟུགས་བཟང་བ་དང་གྲགས་པ་དང། །དཔལ་དང་བདག་ཉིད་ཆེ་ཚོགས་པ། །དྲུག་ལ་སྐལ ་བ་ཞེས་བཤད་དོ། །མངོན་པར་རྫོགས་པར་སངས་རྒྱས་ནས་རིང་བོ་མ་ལོན་ཏེ་ཞེས་བྱ་བ་ནི་མངོན་པར་རྫོགས་པར་སངས་རྒྱས་ནས། ཡུན་རིང་པོ་མ་ལོན་ཞེས་བྱ་བའི་ཐ་ཚིག་གོ་།འདི་ཉིད་བྱེ་བྲག་ཏུ་དབྱེ་བའི་ཕྱིར་ཞག་བདུན་པ་གཉིས་པའི་ཚེ་ཞེས་བྱ་བ་གསུངས ་ཏེ། ཞག་བདུན་པ་གཉིས་པ་སྲིད་པ་ནི་གདུལ་བའི་དབང་དུ་རྫུ་འཕྲུལ་གྱིས་བྱིན་གྱིས་བརླབས་པའི་ཕྱིར་རོ། །དེ་ལྟ་མ་ཡིན་ན་ནི་རྒྱ་ཆེར་རོལ་པའི་མདོ་ཆེན་པོ་ལས། བཅོམ་ལྡན་འདས་ཞག་བདུན་པ་དང་པོའི་ཚེ་ནི་བྱང་ཆུབ་ཀྱི་སྙིངས་པོ་ལ་བཞུགས་བཞིན་དུ་དགའ་བའི ་ཟས་བཀོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་གྱིས་གནས་སོ། །གཉིས་པའི་ཆ་ནི་སྤྱན་གཉིས་མི་འཛུམས་པར་བྱང་ཆུབ་ཀྱི་ཤིང་ལ་གཟིགས་སོ། །གསུམ་པའི་ཚེ་ནི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ནས་ཟུག་སྟེ། འཆག་པ་རྒྱད་རིང་དུ་བཅགས་སོ། །བཞི་པའི ་ཆེན་ཤར་གྱི་རྒྱ་མཚོ་དང། ནུབ་ཀྱི་རྒྱ་མཚོ་ནས་ཟུག་སྟེ། འཆག་པ་རྒྱང་ཐུང་ངུར་བཅགས་སོ། །ལྔ་བའི་ཚེ་ནི་བཏང་ཟུང་གི་གནས་ན་བཞུགས་སོ། །དྲུག་པའི་ཚེ་ནི་རི་རྫི་ཤིང་ནྱ་གྲོ་དྷུའི་ནང་ན་བཞུགས་སོ། །བདུན་པའི་ཚེ་ནི་ཤིང་རྒྱལ་པོའི་ཟས་ཞེས་བྱ་བའི་དྲུང་ན་བཞུགས་སོ། །ཞེས་འབྱུང ་བ་གང་ཡིན་པ་དང། འདུལ་བ་འཛིན་པ་ཁ་ཅིག་བཅོམ་ལྡན་འདས་དང་པོ་མངོན་པར་རྫོགས་པར་སངས་རྒྱས་ནས་ཞག་བཞི་བཅུ་རྩ་དགུའི་བར་དུ་བྱང་ཆུབ་ཀྱི་སྙིང་པོ་དང་ཉེ་བ་ན་བཞུག་སོ། །ཞེས་འདོད་པ་གང་ཡིན་པ་འདི་གཉིས་གོ་དང་ཡང་འགལ་བར་འགྱུར་རོ། །གདུལ ་བའི་བྱེ་བྲག་གིས་ནི་དེ་དག་གཉི་ག་ན་ཡང་སྣང་བས་མི་འགལ་ཏེ། དེ་ལྟར་ན་ཞག་བདུན་པ་གཉིས་པ་སྲིད་དོ། །འདི་དག་ལ་འདོད་པ་ན་སྤྱོད་པའི་ལས་དེག?་པའི་རབ་ཀྱི་ཕུལ་དུ་ཕྱིན་པ་ཐོབ་པས་སྤྲུལ་པའི་བདེ་བ་ལ་ཡང་བྱེད་པ་ཡོད་པས་གཞན་འཕྲུལ་དབང་བྱེད་རྣམས་སོ། ལྷ་དེ ་རྣམས་ཀྱི་ནང་ན་ཞེས་བྱ་བ་ནི་དགའ་བ་དང་གསལ་བར་བྱེད་པས་ལྷ་རྣམས་ཏེ། །དགའ་བ་དང་ཡིད་བདེ་བ་མང་བའི་ཕྱིར་དགའ་བར་བྱེད་ལ་འོད་དང་ལྡན་པའི་ཕྱིར་གསོལ་བར་བྱེད་དོ། །ལྷ་དེ་དག་རྫུ་འཕྲུལ་དང་ལྡན་པའི་ཕྱིར་མི་རྣམས་ཀྱིས་བསྟོད་པ་བྱེད་པ་ཡིན་ནོ། །བཞུགས་ཏེ ་ཞེས་བྱ་བ་ནི་བཞུགས་ཤིང་བཞུགས་པའོ། །དབང་སྒྱུར་ཞེས་བྱ་བ་ནི་འདོད་པ་ན་སྤྱོད་པའི་ལྷ་ཐམས་ཅད་དང་བདེ་བའི་ལོངས་སྤྱོད་རྣམས་ལ་དབང་སྒྱུར་བས་ན་དབང་བསྒྱུར་ཏེ། །དེ་ཡིའོ། །ལྷ་རྣམས་ཀྱི་འམ་ལྷ་རྣམས་ནང་ན་རྒྱལ་པོ་ཡིན་པས་ལྷའི་རྒྱལ་པོ་སྟེ་རྗེ་པོ་ཡིན་ནོ། །དེ་གཞལ?་མེད ་ཁང་ཞེས་བྱ་བ་ནི་དེ་ལ་ལྷ་རྣམས་ཀྱི་དངོས་པོ་སྣ་ཚོགས་དང། མཛེས?་པར་བྱེད་པ་དག་གཅོད་པར་བྱེད་པས་ན་གཞལ་མེད་ཁང་སྟེ་ངོ་བོ་སྣ་ཚོགས་སུ་ཤེས་ཞེས་བྱ་བའི་ཐ་ཚིག་གོ། ནོར་བུ་རིན་པོ་ཆེའི་སྙིང་པོ་ཅན་གྱི་ཁང་བཟང་དེ་ན་ཞེས་བྱ་བ་ནི་འདི་ནི་སྙིང་པོར་ནོར་བུ ་རིན་པོ་ཆེ་དག་ཡོད་པས་ནོར་བུ་རིན་པོ་ཆེའི་སྙིང་པོ་ཅན་ཏེ། །འདི་ནི་ནོར་བུ་རིན་པོ་ཆེ་དག་ཡོད་ཅེས་བྱ་བའི་ཐ་ཚིག་གོ། ཡང་ན་གཞལ་མེད་ཁང་དེའི་ནང་དང། གཅེས་དགུ་ནོར་བུ་རིན་པོ་ཆེ་དག་ལས་བྱས་པའི་ཕྱིར་རོ། །ཁང་བཟང ་བཟང་དེ་ན་ཞེས་བྱ་བ་ནི་དེ་མཐོང་བས་ལྷ་རྣམས་དག་པར་འགྱུར་བས་ཁང་བཟང་ངོ། །ཡོངས་སུ་དགའ་བར་འགྱུར་ཞེས་བྱ་བའི་ཐ་ཚིག་གོ། ཁང་བཟང་དེ་ནའོ། །དང་པོར་ཞེས་བྱ་བ་ནི་གནས་དེ་ན་དང་བོར་ཞེས་བྱ་བའི་ཐ་ཚིག་གོ། དེ་ལྟ་མ ་ཡིན་ན་རོལ་པ་བསྒྲགས་པའི་ཏིང་ངེ་འཛིན་ལས་དེ་བཞིན་གཤེགས་པ་དང་པོ་མངོན་པར་རྫོགས་པར་སངས་རྒྱས་ནས་བྱང་ཆུབ་ཀྱི་སྙིང་པོ་མཆོག་དམ་པ་ལ་བཞུགས་ཤིང་སྐྱིལ་མོ་དཀྲུང་མ་བཤག་པར་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ནས ་འདུས་པའི་བྱང་ཆུབ་སེམས་དཔའ་རྣམས་དང། གནས་གཙང་མའི་ལྷའི་བུ་རྣམས་ཀྱིས་གསོལ་བ་བཏབ་ཏེ། རོལ་པ་བསྒྲགས་པའི་ཏིང་ངེ་འཛིན་བཤད་ནས་ནང་དུ་ཡང་དག་འཇོག་གཅེས་སུ་འཛིན་པ་རྣམས་གདུལ་བའི་དོན་དུ་ནང་དུ་ཡང་དག་གཞག་པའི ་ཕྱིར། དབང་པོའི་བྲག་ཕུག་ཏུ་གཤེགས་སོ་ཞེས་འབྱུང་བ་གང་ཡིན་པ་དེ་དང་འགལ་བར་འགྱུར་རོ། །གནས་ཀྱི་སྒོ་ནས་ནི་དང་པོ་ཉིད་ལ་འགལ་བ་མེད་དོ། །རྒྱ་ཆེར་རོལ་པའི་གཞུང་ཡང་རྫུ་འཕྲུལ་གྱིས་བྱིན་གྱིས་བརླབས་ཀྱིས་གཉི་གར་སྣང ་བས་མི་འགལ་ཏེ། འདི་ནི་དང་པོར་ཞེས་བྱ་བ་འདིའི་ལན་ཡང་ཡིན་ནོ། །ཡུལ་དེ་ནི་ཞེས་བྱ་བ་ལ་སོགས་པ་ནི་ལྷའི་གནས་ཡིན་པའི་ཕྱིར་དང། དབང་སྒྱུར་གྱི་ཁང་པ་ཡིན་པའི་ཕྱིར་དང། ཁང་བཟང་ཡིན་པའི་ཕྱིར་མཆོག་ཉིད་དོ། །དེའི ་འབྲས་བུ་འདིར་མངོན་པར་གྲུབ་པའི་ཕྱིར་ཞེས་བྱ་བ་ནི། རྒྱུ་དང་རྒྱུ་ཅན་གཉིས་ཡུལ་སོ་སོ་མ་ཡིན་པར་བསྟན་པའི་ཕྱིར་ཏེ། སྦྱ?་བོན་དང་སྨྱུ?་གུ་བཞིན་ནོ། །དེ་ལ་མདོ་འདི་མྱན་པ་ལ་སོགས་པའི་རིམ་གྱིས་འབྲས་བུ་སངས་རྒྱས་ཉིད་གང ་ཡིན་པ་དེ་རྡོ་རྗེའི་གདན་དུ་ཐོབ་པ་མཐོང་བའི་ཕྱིར་རོ། །རྟེན་ཅིང་འབྲེལ་པར་འབྱུང་བའི་གནས་པས་གནས་པའི་ཕྱིར་རོ་ཞེས་བྱ་བ་རྒྱ་ཆེར་རོལ་པའི་མདོ་ལས་བཅོམ་ལྡན་འདས་ཞག་བདུན་པ་དང་པོའི་ཆོ། བྱང་ཆུབ་ཀྱི་སྙིང་པོ་ལ་བཞུགས་བཞིན ་དུ་དགའ་བའི་ཟས་བཀོད་པའི་ཏིང་ངེ་འཛིན་གྱི་གནས་སོ་ཞེས་འབྱུང་བའི་མདོ་དང་ཇི་ལྟར་མི་འགལ་ཞེ་ན། འགལ་བ་མེད་དེ། རྟེན་ཅིང་འབྲེལ་པར་འབྱུང་བས་གནས་པ་ནི་དགའ་ཟས་བཀོད་པའི་ཏིང་ངེ་འཛིན་གྱི་རྣམ་གྲངས་ཡིན་པའི་ཕྱིར་རོ། །ཡང་ན་རྣམ ་གྲངས་ཉིད་མ་ཡིན་ཡང་གདུལ་བའི་བྱེ་བྲག་གིས་རྫུ་འཕྲུལ་གྱིས་དེ་ལྟར་སྣང་བ་ལ་ཉེས་པ་མེད་དོ། །དེར་ཀུན་དགའ་བས་ན་ཆོས་ཉིད་ཀུན་དགའ་ཡིན་ཏེ། ཤིང་ཨ་མྲའི་ཀུན་དགའ་ར་བ་བཞིན་ནོ། །དགྱེས་ཞེས་བྱ་བ་ནི་འདིར་ཟག་པ་མེད་པའི་དགྱེས་པ ་སྟེ། རྣམ་པར་གྲོལ་བའི་དགའ་བ་དང་བདེ་བ་ཡང་དག་བར་བསྟར་བའོ། །སེམས་ཅན་གྱི་དོན་དུ་མངོན་པར་རྫོགས་པར་སངས་རྒྱས་ཀྱང་དེ་བཞག་སྟེ་དེ་གནས་སོ་ཞེས་དེའི་ཆེ་བ་ཉིད་བརྗོད་པ་ཡིན་ནོ། །བྱང་ཆུབ་སེམས་དཔའ་ཨི་ཚོགས་ཆེན་པོ་ཞེས་བྱ་བ་ནི ་གྲངས་མང་བ་དང། ཡོན་ཏན་ཆེ་བའི་ཕྱིར་ཆེན་པོ་སྟེ་དང་ངོ། །བྱང་ཆུབ་ཅེས་བྱ་བ་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་བག་ཆགས་དང་བཅས་པར་སྤངས་པ་དང། དེ་སྤངས་པས་ཡེ་ཤེས་རྣམ་པར་དག་པ་དང། ཐོགས་པ་མེད་པ་སྟེ། སྤངས་པ་དང། ་ཡེ་ཤེས་འདི་ན་བྱང་ཆུབ་ཅེས་བྱའོ། །དེ་ལ་མོས་པ་དང་ཞུགས་པའི་སེམས་དཔའ་ནི་བྱང་ཆུབ་སེམས་དཔའ་ཨོ། །དེ་དག་གི་ཚོགས་ནི་དགེ་འདུན་ཏེ། དེ་ན་བྱང་ཆུབ་སེམས་པའི་ཚོགས་དེ་དང་ཐབས་གཅིག་ཅེས་བྱ་བའི་ཐ་ཚིག་གོ། དེ་དག ་སྨོས་པ་ནི་ཐེག་པ་ཆེན་པོ་བསྟན་པ་དེ་དག་གི་ཆེང་ཡིན་པའི་ཕྱིར་དང། དེའི་ཚེ་འདི་ན་ཉན་ཐོས་རྣམས་མི་སྲིད་པའི་ཕྱིར་དང། སེམས་ཅན་གྱི་དོན་ལ་མངོན་པར་མི་བརྩོན་པས་འཇིག་རྟེན་གྱི་ཁམས་གཞན་དག་ནས་ཀྱང་མ་འོངས་པའི་ཕྱིར་རོ། །དེན? ་བྱང་ཆུབ་སེམས་དཔའ་གང་དག་ལྷའི་བུའི་གཟུངས་སུ་འདུག་པ་དེ་དག་ཀྱང། བྱང་ཆུབ་སེམས་དཔའ་སྨོས་པ་ཁོ་ནས་བསྡུས་སོ། །གཞན་དག་ཀྱང་ཡོད་མོད་ཀྱི། གཙོ་བོ་མ་ཡིན་པའི་ཕྱིར་མ་སྨོས་སོ། །སངས་རྒྱས་ཀྱི་ཞིང་ནས་འདུས་པ་ཞེས་བྱ་བ་ནི་སངས ་རྒྱས་ཀྱི་ཞིང་ནས་ཡང་དག་པར་ལྷགས་ཞེས་བྱ་བའི་ཐ་ཚིག་གོ། གང་གི་ཚེ་སངས་རྒྱས་ཀྱི་ཞིང་དེ་དག་ན་ཡང་སངས་རྒྱས་བཅོམ་ལྡན་འདས་ཡེ་ཤེས་ཐོགས་པ་མི་མངའ་བ་ཐུགས་རྗེ་ཆེན་པོ་ཅན་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བརྩོན་པ ་དག་ཆོས་སྟོན་པ་མཛད་ན་ཅིའི་ཕྱིར་དེ་དག་བོར་ནས་ཆོས་མཉན་པའི་ཕྱིར་སངས་རྒྱས་ཀྱི་ཞིང་འདིར་འང་ཞེ་ན། སྨྲས་པ་སེམས་ཅན་སྔོན་སྨིན་པར་བྱས་པ་འདིར་སྐྱེས་པ་ཆོས་ཉན་པར་འོས་པ་རྣམས་གདུལ་བའི་ཕྱིར་དང། འདི་ན་འཁོར་བ་གུས་བ་དང་མི་ལྡན་པ་རྣམས ་གང་འཇིག་རྟེན་གྱི་ཁམས་གཞན་དག་ནས་ཀྱང་ཆོས་ཉན་པའི་ཕྱིར་འདིར་འོང་ན། ཅིའི་ཕྱིར་བདག་ཅག་འདི་ན་འཁོར་པ་རྣམས་ཀྱིས་ཆོས་མཉན་པའི་ཕྱིར་གུས་པར་མི་འདོད་ཞེས་གུས་པ་བསྐྱེད་པའི་ཕྱིར་རོ། །བྱང་ཆུབ་སེམས་དཔའ་རྡོ་རྗེའི་སྙིང་པོ་ལ་སོགས་པ་ཞེས ་བྱ་བ་ནི་ད་གཙོ་བོ་ཡིན་ཞེས་བྱ་བའི་ཐ་ཚིག་གོ། དེ་དག་གང་ཞེ་ན། འདི་ལྟ་སྟེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྡོ་རྗེའི་སྙིང་པོ་ནི་ཆོས་ཀྱི་རྣམ་གྲངས་འཆད་པའི་ཕྱིར་གཙོ་བོ་ཉིད་ཡིན་ནོ། །ཅིའི་ཕྱིར་བྱང་ཆུབ་སེམས་དཔའ་བཤད་ཅེ་ན། སྤྲོ་བ་བསྐྱེད་པའི་ཕྱིར ་ཏ་བྱང་ཆུབ་སེམས་དཔའ་རྣམས་ཀྱང། སངས་རྒྱས་ཀྱི་བྱིན་གྱིས་བརླབས་ཀྱིས་ཆོས་ཉིད་ཟབ་མོ་འདི་འཆད་དོ་སྙམ་དུ་སྐལ་པ་མཉམ་པའི་སྒྲུབ་པས་གནས་སྐབས་དེ་འཐོབ་པར་སྒྲོ་བ་སྐད་པར་བྱེད་པ་འམ། བདག་ཅག་ནི་སངས་རྒྱས་རྣམས་ཀྱིས་ཀྱང ་སངས་རྒྱས་ཀྱི་འཕྲིན་ལས་སུ་བསྐོས་སོ་སྙམ་དུ་སེམས་དཔའ་ཨོ། །ཉོན་མོངས་པ་ཐམས་ཅད་ཀྱིས་མི་ཆོམས?་པ་དང། འཇོམས་པར་བྱེད་པ་ཉིད་ཀྱི་ཕྱིར་ཞེས་བྱ་བ་ནི་ཆོས་ཀྱི་རྣམ་གྲངས་ནི་ཉོན་མོངས་པ་ཐམས་ཅད་ཀྱིས་མི་ཚོམས་པ་དང། དེ་དག་འཇོམས་པར ་བྱེད་བས་ན་དེ་སྐད་ཅེས་བྱའོ། །གཞན་དག་ཀྱང་དེ་ལྟ་བུ་ཡིན་མོད་ཀྱི་དེ་དག་ཀྱང་འདི་ཁོ་ནའི་ནང་དུ་འདུས་བས་ནི་འདི་འབའ་ཞིག་བརྗོད་དེ། ནང་དུ་འདུས་པར་ནི་ཡི་གེ་ཕྱེ་མའི་དཔེས་ཀྱང་འཆད་དོ། །སྙིང་པོ་རྡོ་རྗེ་དང་འདྲ་བས་ཞེས་བྱ་བ་ནི་དགེ་བའི་རྩལ? ་རྣམས་ནི་སྙིང་པོའི་སྒར་བརྗོད་དོ། །དེ་དག་ཀྱང་འདི་ཐོས་པ་ལས་ངེས་པར་སྐྱེས་པ་ཁོ་ན་ཡིན་ཏེ། དེའི་ཕྱིར་འདིའི་སྙིང་པོ་དགེ་བའི་རྩ་བ་རྣམས་རྡོ་རྗེ་དང་འདྲ་བས་ཤེས་ཚིག་རྣམ་པར་སྦྱར་བ་ཡིན་ནོ། །དེ་ལས་གཞན་པའི་སྐྱེ་བའི་རྒྱུས་མི་ཤིགས་པའི ་ཕྱིར་རོ། ཞེས་བྱ་བ་ནི་ངན་སོང་དུ་ངེས་པའི་ལས་དག་གིས་མི་ཤིགས་པའི་ཕྱིར་ཞེས་བྱ་བའི་ཐ་ཚིག་སྟེ། མིང་འདི་ནི་ཆོས་ཉིད་ཀྱི་རབ་ཏུ་ཕྱེ་བ་ཡིན་གྱིས་འདོད་རྒྱལ་བ་མ་ཡིན་ནོ་ཞེས་བཤད་པ་ཡིན་ནོ། །གཞན་དག་ཀྱང་དེ་ལྟ་བུ་ཡིན་མོད་ཀྱི་འོན་ཀྱང ་ཐུན་མོང་མ་ཡིན་པ་བརྗོད་པར་འདོད་དང་དེ་འདི་ཁོ་ན་རྣམ་པར་གནས་ཏེ། དཔེར་ན་འགྲོ་བ་ན་བ་ལང་ངའོ་ཞེས་བྱ་བ་ལྟ་བུའོ། །དེ་ནས་ཡང་ཞེས་བྱ་བ་ལ་དེ་ནས་ཞེས་བྱ་བའི་ཚིག་གི་ཕྲེང་འདི་ནི་བཀྲ་ཤིས་པ་ལ་སོགས་པའི་དོན་ལ་འབྱུང་སྟེ། རེ་ཞིག་བཀྲ ་ཤེས་པ་ལ་འབྱུང་བ་ནི་དེ་ནས་རིགས་པའི་ལམ་དང་མཐུན་པ་ལ་འཇུག་པར་བྱའོ། །ཞེས་བྱ་བ་ལྟ་བུའོ། །དེ་དྲི་བ་ལ་ནི་ཁྱོད་ཀྱིས་བྱས་སམ་འོན་ཏེ་བྱང་ཆུབ་ཅེས་བྱ་བ་ལྟ་བུའོ། །སྐབས་ལ་ནི་ད་ནི་སྒྲ་རྗེས་སུ་བསྟན་པ་ཞེས་བྱ་བ་ལྟ་བུའོ། །མཇུག་ཐོགས ་ལ་ནི་ཁྲུས་བྱས་ཏེ་དེ་ནས་བཟའ་ཨོ་ཞེས་བྱ་བ་ལྟ་བུའོ། །དམ་འཆའ་བ་ལ་ནི་ཁྱོད་ངའི་སློབ་མ་ཡིན་ནམ་ཞེས་དྲིས་ན་ལགས་སོ་ཞེས་ཁས་འཚོ་བ་ལྟ་བུའོ། །བསྡུ་བ་ལ་ནི་སངས་རྒྱས་དང་ཆོས་དང་དགེ་འདུན་ཞེས་བྱ་བ་ལྟ་བུའོ། །འདིར་ན་མཇུག་ཐགས་བ་ལྟ ་བར་བྱ་སྟེ། བྱང་ཆུབ་སེམས་དཔའ་རྡོ་རྗེའི་སྙིང་པོ་སངས་རྒྱས་ཀྱི་ཞིང་སྣ་ཚོགས་ནས་འདུས་པའི་བྱང་ཆུབ་སེམས་དཔའ་རྣམས་དང། ལྷན་ཅིག་ཏུ་འདིར་ལྷགས་ཏེ། དེ་ནས་མཇུག་ཐུགས་སུ་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ་ཞེས་བྱ་བ་ཡིན་ནོ།། ་འདི་ཞེས་བྱ་བ་དང། ཡང་ཞེས་བྱ་བ་དང་ཉིད་ཅེས་བྱ་བ་འདི་དག་ནི་ཚིག་ཁ་བསྐང་བའི་ཕྲད་དུ་བྱས་པ་སྟེ། དཔེར་ན་གང་ཞིག་ཐམས་ཅད་མཁྱེན་པར་བཟང་པ་འདི་སྤྱོད་དོ་ཞེས་བྱ་བ་དང། གང་ཚུལ་ཁྲིམས་བསྲུང་བ་དེ་ཡང་མཁས་པའི་ཞེས་བྱ་བ ་009 ་དང། དེ་ཉིད་ནི་ཐམས་ཅད་དུ་མཆོད་དོ་ཞེས་བྱ་བ་ལྟ་བུའོ། །འདི་ཡང་ཚིག་གི་ཁ་བསྐང་བ་ཁོ་ན་ལ་བལྟ་བར་བྱ་སྟེ། དོན་གཞན་མེད་པའི་ཕྱིར་རོ། །དེའི་ཚེ་ཞེས་བྱ་བ་ནི་དུས་དེ་ན་ཞེས་བྱ་བའི་ཐ་ཚིག་གོ་།སངས་རྒྱས་ཀྱི་མཐུས་ཞེས་བྱ་བ་ནི་སངས ་རྒྱས་ཀྱི་བྱིན་གྱིས་བརླབས་ཀྱིས་ཞེས་བྱ་བའི་ཐ་ཚིག་གོ། ཐེག་པ་ཆེན་པོ་རབ་ཏུ་སྣང་བ་ཞེས་བྱ་བ་ནི་ཐེག་བ་ཆེན་པོས་རབ་ཏུ་སྣང་བས་ན་ཐེག་པ་ཆེན་པོ་རབ་ཏུ་སྣང་བ་སྟེ། ཐེག་པ་ཆེན་པོ་ལ་བརྟེན་ནས་མཆོག་དང། བསྔགས་བར་སྣང་ཞེས་བྱ་བའི་ཐ་ཚིག ་གམ། ཡང་ན་འདིས་ཐེག་པ་ཆེན་པོ་རབ་ཏུ་སྣང་བའི་ཕྱིར་ཏེ། འདིས་ཐོག་པ་ཆེན་པོ་མཆོག་དང་བསྔགས་བར་སྣང་ཞེས་བྱ་བའི་ཐ་ཚིག་གོ་ཞེས་བྱ་བ་འདི་ནི་སྨད་པ་ལ་སོགས་པ་ལ་འབྱུང་སྟེ། རེ་ཞིག་སྨད་པ་ལ་ནི་བླུན་པོ་ཡང་སྨྲ་འམ་ཞེས་བྱ་བ་ལྟ་བུའོ། །དྲི ་བ་ལ་ནི་དེ་སུ་ཡིན་ཞེས་བྱ་བ་ལྟ་བུའོ། །མི་ཤི་བ་ལ་ནི་འཆི་བར་འགྱུར་རོ་ཞེས་བྱ་བ་ལྟ་བུའོ། །མི་བཟོད་པ་ལ་ནི་ངལ་སྡོ་འམ་ཞེས་བྱ་བ་ལྟ་བུའོ། །མིང་ལ་ནི་ནག་པ་ཞེས་བྱ་བ་འམ་ཞེས་བྱ་བ་ལྟ་བུའོ། །གྲངས་ལ་ནི་སྟོང་ཞེས་བྱ་བ་འམ་ཞེས་བྱ་བ་ལྟ་བུའོ། །མི་རྟག ་པ་སྟོན་པ་ལ་ནི་དུའོ་ཞེས་བྱ་བ་ལྟ་བུའོ། །འདིར་ནི་མིང་ལ་བལྟ་བར་བྱ་སྟེ། ཐེག་པ་ཆེན་པོ་སྣང་བ་ཞེས་བྱ་བ་ཡིན་ནོ། །ཏིང་ངེ་འཛིན་ནི་མཉམ་པར་འཇོག་པ་སྟེ། དམིགས་པ་ལ་སེམས་བྱིན་ཅིམ་ལོག་པའི་རིམ་གྱིས་འཛིན་ཏོ་ཞེས་བྱ་བའི་ཐ་ཚིག་གོ། བྱང་ཆུབ ་སེམས་དཔའ་རྣམས་ཀྱི་ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་ཟིན་ཅེས་བྱ་བའི་དོན་ཏེ་ཕྱིན་ཅི་མ་ལོག་པའི་རིམ་གྱིས་ཏིང་ངེ་འཛིན་གྱི་རྗེས་སུ་སོང་ཞེས་བཤད་པ་ཡིན་ནོ། །རྟོག་གིའི་སྤྱོད་ཡུལ་མ་ཡིན་པ་ཉིད་དུ་བསྟན་པའི་ཕྱིར་ཞེས་བྱ་བ་ཇི་ལྟར་ཞེ་ན། སྙོམས་བར་འཇུག ་པའི་བྱིན་གྱིས་བརླབས་ཀྱི་མཐུས་ཆོས་ཀྱི་རྣམ་གྲངས་འདི་བཤད་པས་དེའི་ཕྱིར་འདི་ནི་དེའི་ཡུལ་མ་ཡིན་ནོ་ཞེས་བྱ་བ་སྟེ། འདི་ལྟར་ཉན་ཐོས་རྣམས་ཀྱང་དབང་པོའི་ཡུལ་མ་ཡིན་པའི་དངོས་པོ་ཞིག་ཤེས་པར་འདོད་ན་དེ་སྨོན་ནས་སྙོམས་པར་ཞུགས་པ་དང། སྨོན ་པའི་ཤེས་པས་དེ་བཞིན་དུ་ཤེས་ན་འདི་ལྟ་སྨོས་ཀྱང་ཅི་དགོས་ཞེས་སྙོམས་བར་འཇུག་པ་བསྟན་ཏོ། །དེ་བཞིན་གཤེགས་པ་སངས་རྒྱས་ཀྱི་ཞིང་ཕྲག་བཅུའི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་དག་གིས་ཞལ་བསྟན་ཏེ་ཞེས་བྱ་བ་ནི་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་བྱེ་བ་ཕྲག ་བཅུའི་རྡུལ་ཕྲ་རབ་ཀྱི་རྡུལ་དང་གྲངས་མཉམ་པའི་འཇིག་རྟེན་གྱི་ཁམས་ཀྱི་ཕ་རོལ་ནས་དེ་དང་གྲངས་མཉམ་པའི་དེ་བཞིན་གཤེགས་པ་རྣམས་ཀྱིས་ཞལ་བསྟན་ཏོ་ཞེས་བྱ་བའི་ཐ་ཚིག་གོ། སངས་རྒྱས་ཀྱི་སྨོན་ལམ་གྱི་ཕྱིར་ཞེས་བྱ་བ་ནི་དེ་བྱིན་གྱིས་བརླབས་པའི ་ཕྱིར་བྱིན་གྱིས་བརླབས་ཀྱི་སྔོན་རོལ་དུ་ཤཱཀྱ་ཐུབ་བ་རྣམ་པར་སྣང་མཛད་ཀྱིས་མཚན་འདི་ཞེས་བྱ་བ་ཤ་སྟག་གིས་བྱིན་གྱིས་རློབ་པར་གྱུར་ཅིག་ཅེས་སྨོན་ལམ་བཏབ་སྟེ། ཐུགས་བསྐྱེད་པ་གང་ཡིན་པའི་ཐུགས་མངོན་བར་འདུ་བྱེད་པ་དེའི་ཕྱིར་ཞེས་བྱ་བའི་ཐ་ཚིག ་གོ་།སངས་རྒྱས་མང་བ་ཉིད་དུ་བསྟན་པའི་ཕྱིར་ཞེས་བྱ་བ་ནི་གང་ན་རེ་ཞིག་མཚན་མཐུན་པ་ཁོ་ན་ཡང་འདི་ལྟར་ཚད་མེད་ན་མཚན་གཞན་དུ་གསོལ་བ་ཤིན་ཏུ་ཚད་མེད་པར་ལྟ་ཇི་སྟེ་མི་འགྱུར་སྙམ་པའོ། །སངས་རྒྱས་མང་བ་ཉིད་དུ་བསྟན་པའི་དགོས་པ ་ཡང་སྣང་སྟེ་དེ་ལ་བརྟེན་ནས་བྱང་ཆུབ་སེམས་དཔའ་རྣམས་བྱང་ཆུབ་ཀྱི་ཚོགས་ཚད་མེད་པ་ཡོངས་སུ་སྐོར་བས་སངས་རྒྱས་ཉིད་དུ་ཉེ་བར་འགྱུར་རོ། །ཇི་ལྟ་ཞེ་ན། སངས་རྒྱས་བཅོམ་ལྡན་འདས་གང་དག་འཇིག་རྟེན་གྱི་ཁམས་གཞན་ན་བཞུགས ་པ་དེ་དག་ཀྱང་གྲངས་དང་ཡོན་ཏན་གྱིས་ཚད་མེད་པ་ཡིན་པས་གཉི་ག་ལྟར་ཚད་མེད་པ་དེ་དག་ལ་བྱང་ཆུབ་སེམས་དཔའ་གང་དག་ཕྱག་བྱེད་པ་དེ་དག་བསོད་ནམས་ཉེ་བར་སོགས་པ་ཚད་མེད་པ་ཁོ་ན་དང་ལྡན་བར་འགྱུར་རོ། །དེ་བཞིན་དུ་གལ་ཏེ་རེས་འགའ་ ་ཞིག་བག་མེད་པ་བྱེད་ན། དེའི་འོག་ཏུ་དེ་དག་རྗེས་སུ་དྲན་པར་བྱས་ཤིང་དེ་དག་ཉིད་མངོན་སུམ་དུ་གྱུར་པ་དང་འདྲ་བར་བྱས་ནས་གུས་པར་ཕྱིར་འཆགས་པར་བྱེད་ཅིང་ཕྱིས་སྡོམ་པ་བྱེད་ན། །དེས་ན་ཤེས་རབ་དང་ཐུགས་བརྩེ་བ་ཉིད་ཀྱིས་ཚད་མེད་པ ་ལ་དེ་ལྟར་བྱས་པས་བསོད་ནམས་ཚད་མེད་པ་ཉེ་བར་སོགས་པར་འགྱུར་རོ། །སངས་རྒྱས་བཅོམ་ལྡན་འདས་ཚད་མེད་པ་སྐུ་དང་ཤེས་རབ་དང་ཆད་མེད་ཐུགས་བརྩེ་བ་ནམ་མཁའ་དང་མཉམ་བ་དེ་དག་གི་སྐུ་དང་ཤེས་རབ་དང། ་ཐུགས་བརྩེ་བ་སེམས་ཅན་ཐམས་ཅད་ཀྱི་རྗེས་སུ་སོང་བའི་ཕྱིར་དང། སེམས་ཅན་གྱི་ཁམས་ཀྱང་ནམ་མཁའ་དང་མཉམ་པ་ཉིད་ཀྱིས་ཚད་མེད་བའི་ཕྱིར། བསོད་ནམས་ཐམས་ཅད་ཀྱི་རྗེས་སུ་ཡི་རང་བར་བྱེད་དེ། དེས་ན་ཡང་བསོད་ནམས་ཚད་མེད ་པ་ཉི་བར་སོགས་པར་འགྱུར་རོ། །དེའི་ཕྱིར་སངས་རྒྱས་གང་དག་དང་པོ་མངོན་པར་རྫོགས་པར་སངས་རྒྱས་བ་དེ་དག་ཇི་སྲིད་དུ་ཆོས་གྱི་འཁོར་ལོ་བསྐོར་བར་མ་བསྐུལ་བ་དེ་སྲིད་དུ་ཆོས་ཀྱི་འཁོར་ལོ་མི་སྐོར་ཏེ། དེས་ཀྱང་བསོད་ནམས་དཔག་ཏུ་མེད་པ་ཉེ་བར ་སོགས་པར་འགྱུར་རོ། །དེའི་ཕྱིར་གང་དག་མྱ་ངན་ལས་འདའ་བར་བཞེད་པ་དེ་དག་སེམས་ཅན་ལ་ཕན་པར་བྱ་བའི་དོན་དུ་བཞུགས་པར་གསོལ་བ་འདེབས་ཏེ། འདི་ལས་ཀྱང་བསོད་ནམས་དཔག་ཏུ་མེད་པ་ཉེ་བར་སོགས་པར་འགྱུར་རོ། །དེ་ལྟར་ཚད ་མེད་པ་རྣམ་པ་ལྔས་ཉེ་བར་སོགས་པའི་བསོད་ནམས་སེམས་ཅན་ཚད་མེད་པ་དག་ལ་ཡོངས་སུ་བསྔོ་བར་བྱེད་དེ་དེས་ཀྱང་ཚད་མེད་པར་འགྱུར་རོ། །དེ་ཡང་དེ་དག་གིས་ཚད་མེད་པའི་ཡོན་ཏན་ཐོབ་པར་བྱ་བ་འདི་ལྟ་སྟེ་སངས་རྒྱས་ཉིད་ཐོབ་པར་བྱ་བའི ་ཕྱིར་ཡོངས་སུ་བསྔོ་བར་བྱེད་དེ། དེ་ལས་ཀྱང་བསོད་ནམས་ཚད་མེད་པར་འགྱུར་རོ། །དེ་ལྟར་ན་འཇིག་རྟེན་གྱི་ཁམས་གཞན་གྱི་སངས་རྒྱས་རྣམས་ལ་བརྟེན་ནས་བྱང་ཆུབ་སེམས་དཔའ་རྣམས་རྣམ་བ་བདུན་གྱིས་བྱང་ཆུབ་ཀྱི་ཚོགས་ཚད་མེད ་པ་ཡོངས་སུ་སྐོར་བར་འགྱུར་ལ། དེས་ཀྱང་དེ་དག་སངས་རྒྱས་ཉིད་དུ་ཉེ་བར་འགྱུར་བ་ཡིན་ཏེ། དེའི་ཕྱིར་སངས་རྒྱས་ཉིད་དུ་ཉེ་བར་འགྱུར་བ་དགོས་པར་འཐད་དོ། །དེ་དག་དང་མཚན་འཐུན་པའི་ཕྱིར་དགའ་བའི་ཁྱད་པར་དུ་འགྱུར་རོ་ཞེས ་བྱ་བ་ནི་བདག་དང་མཚན་མཐུན་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱང་བཞུགས་པ་ལྟ་ཞེས་འཇིག་རྟེན་གྱི་ཐ་སྙད་ཀྱི་རྗེས་སུ་འབྲང་བས་ཡང་དག་པར་དགའ་བར་འགྱུར་རོ། །ཡང་སངས་རྒྱས་མང་པོ་ཉིད་དུ་བསྟན་བ་ནི་འདི་ལྟར ་ཁོང་དུ་ཆུང་བར་བྱ་སྟེ། མཚན་མཐུན་པ་ཁོ་ན་ཡང་མང་རབ་ན་མཚན་ཐ་དད་པ་ལྟ་སྨོས་ཀྱང་ཅི་དགོས་ཞེས་བསྟན་བས་ཉན་པ་པོ་རྣམས་ཆོས་དང་ཆོས་སྨྲ་བ་ལ་ཕུས་པ་བསྐྱེད་བའི་ཕྱིར་ཏེ། དེ་ཡང་ལ་ལ་དུས་གཅིག་དུ་སངས་རྒྱས་མང་པོ་མི ་འབྱུང་ངོ་སྙམ་དུ་སེམས་པ་དགག་པའི་ཕྱིར་དང། དེ་ལྟར་སངས་རྒྱས་བཅོམ་ལྡན་འདས་མཛའ་མེད་པར་བཞུགས་ན། བདག་ཀྱང་ཅིའི་ཕྱིར་མི་འགྱུར་ཞེས་བརྩོན་འགྲུས་མཆོག་ལ་སྤྲོ་བ་བསྱེད་བའི་ཕྱིར་རོ། །ཅིའི་ཕྱིར་སངས་རྒྱས་ཀྱི ་ཞིང་བྱེ་བ་ཕྲག་བཅུར་ངེས་ཤེ་ན། གྲངས་དེ་ཡོད་པའི་ཕྱིར་དང། ས་བཅུའི་སྐབས་ཡིན་བའི་ཕྱིར་རོ། །ཅིའི་ཕྱིར་འཇིག་རྟེན་གྱི་ཁམས་སངས་རྒྱས་ཀྱི་ཞིང་བྱེ་བ་ཕྲག་བཅུའི་རྡུལ་ཕྲ་རབ་ཀྱི་རྡུལ་དང་མཉམ་པའི་ཕ་རོལ་ན་ཞུགས་པ་རྣམས་ཀྱིས ་བྱིན་གྱིས་བརླབས་ལ་ཚུན་ཆད་ན་བཞུགས་པ་རྣམས་ཀྱིས་ནི་མ་ཡིན་ཞེ་ན། དེ་དག་དང་འདི་སྤྱོད་བ་མཐུན་བའི་ཕྱིར་ཏེ། དེ་ཡང་བྱང་ཆུབ་སེམས་དཔའ་དེ་དག་གི་མཚན་རྡོ་རྗེའི་སྙིང་པོ་ཞེས་བྱ་བ་ཉིད་ཀྱིས་ཤེས་པར་བྱའོ། །ལེགས་ལེགས་སོ ་ཞེས་བྱ་བ་ལ་ལེགས་སོ་ཞེས་བྱ་བའི་སྒྲ་ནི་བསྔགས་པ་དང་བསྐུལ་བདག་ལ་འབྱུང་སྟེ། རེ་ཞིག་བསགས་པ་ལ་ནི་སྟོན་པ་ལེགས་ཞེས་བྱ་བ་ལྟ་བུའོ། །བསྡུལ་བ་ལ་ནི་རྩེས་ནས་རིང་ཞིག་ལོན་གྱིས་འདོན་པ་གྱིས་ཤིག་ཅེས་བྱ་བ་ལྟ་བུའོ།། ་འདིར་ནི་བསྔགས་བ་ཁོ་ན་ལ་བལྟ་བར་བྱའོ། །ཡང་ལེགས་སོ་ཞེས་སྨོས་པ་ན་ཁྱད་བར་དུ་བསྦགས?་པའི་ཕྱིར་རོ། །རིགས་ཀྱི་བུ་ཞེས་བྱ་བ་ནི་སངས་རྒྱས་ཀྱི་རིགས་ལ་རིགས་བཟང་པོ་རྣམས་ཀྱི་ནང་དུ་བུར་གཏོགས་པའི་ཕྱིར་རིགས་ཀྱི་བུའོ།། ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་འདི་ཉིད་ཀྱི་སྔོན་གྱི་སྨོན་ལམ་དང་བྱིན་གྱིས་བརླབས་ཀྱིས་ཞེས་བྱ་བ་ནི། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་རྣམ་པར་སྣང་མཛད་ཅེས་བྱ་བ་ཡིའོ། །ཅིའི་ཕྱིར་མཚན་འདི་སྐོད་ཅེས་བྱ་ཞི།། ་སྨྲས་པ། གདུལ་བར་བྱ་བ་རྣམས་ལ་དམ་པའི་ཆོས་སྣ་ཚོགས་སྣང་བར་མཛད་པས་རྣམ་པར་སྣང་བར་མཛད་པའོ། དེ་ཉིད་རྣམ་པར་སྣང་མཛད་དེ་དཀའ་ཐུབ་ཅན་བཞིན་ནོ། །རྣམ་པ་གཅིག་ཏུན་སྣ་ཚོགས་སུ་སྣང་བ་དང། དགྱེས་པར་བྱེད་པས་རྣམ ་བར་སྣང་བའོ། །ཡོན་ཏན་རྣམ་པ་མང་པོ་སྣང་བ་དང། མཁས་པ་རྣམས་ཀྱིས་མངོན་དུ་དགྱེས་པར་བྱེད་ཅེས་བྱ་བའི་ཐ་ཚིག་སྟེ། དེ་ཉིད་རྣམ་པར་སྣང་མཛད་དོ། །རྣམ་པ་གཅིག་ཏུ་ན། རྣམ་པར་སྣང་བྱེད་ནི་ཉི་མ་སྟེ། སྐར་མ་དང་ཟླ་བ་ལ་སོགས་པ་ཟིལ ་གྱིས་མནན་ཁྱད་པར་དུ་སྣང་བའི་ཕྱིར་རོ། །རྣམ་པར་སྣང་མཛད་འདི་ནི་དེའི?་ཡིན་ཏེ། དེའི་རྒྱུད་ལས་སྐྱེས་ཞེས་བྱ་བའི་ཐ་ཚིག་གོ་།དེ་སྐད་དུ། དད་པ་ཕྱེ་བླང་སྐྱེད་བྱེད་འོད་ཟེར་སྟོང། །དྲི་ཤ་ཀ་པི་འོད་ཕྲེང་ཉི་མ་གསལ། །ནོར་ཅན་གསོ་བྱེད་དེ་བཞིན་སྐུ ་དང་ལྡན། །རྣམ་སྣང་བ་ཤེས་གཉེན་གཟེར་ཚ་མུན་པ་སེལ་ཞེས་འབྱུང་ངོ། །བཅོམ་ལྡན་འདས་ཀྱིས་སྔོན་ཞེས་བྱ་བའི་དོན་ནི་འདི་ཡིན་ཏེ། བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་བྱིན་གྱིས་བརླབས་ཀྱི་སྔོན་རོལ་ཏུ་བྱང་ཆུབ་སེམས་དཔའ་ལ་མཚན་འདི་ཞེས ་བྱ་བ་ཤ་སྟག་གིས་བྱིན་གྱིས་རློབ་པར་གྱུར་ཅིག་ཅེས་བྱིན་གྱིས་རློབ་པ་པོ་དེ་དག་གིས་བྱིན་གྱིས་བརླབ་བར་སྨོན་ལམ་བཏབ་ཅིང་དོན་དུ་གཉེར་བ་ཡིན་ཏེ། སྨོན་ལམ་ནི་བྱིན་གྱིས་བརླབས་ཀྱིས་ཡུལ་ཅིང་ཁོ་ན་རིམ་ནོ། །ཤ་ཀྱ་ཐུབ་བས་དེ་ལྟར་སྨོན་ལམ་བཏབ་ནས ་རང་གིས་ཀྱང་བྱིན་གྱིས་བརླབས་པ་དང། དེ་ནས་གཞན་དག་གིས་ཀྱང་བྱིན་གྱིས་བརླབས་ཏེ། དེ་ལྟར་ན་ཤཱཀྱ་ཐུབ་པ་ལ་སོགས་བས་བྱིན་གྱིས་བརླབས་སོ། །འདི་ནི་སྔོན་གྱིས་སྨོན་ལམ་དང། སྔོན་གྱི་སྨོན་ལམ་ཅན་གྱི་བྱིན་གྱིས་བརླབས་ཀྱིས་ཞེས་བྱ ་བའི་དོན་ཏོ། །སྔོན་གྱི་སྒྲ་གཅིག་ལུས་པར་བྱས་པའི་ཕྱིར་རོ། །ཅིའི་ཕྱིར་ཆོས་ཀྱི་རྣམ་གྲངས་འདི་བཤད་པའི་བྱིན་གྱིས་བརླབས་ཤེ་ན། འདི་ལྟར་འདི་ནི་དང་པོར་སྤྱད་པ་ཡིན་པ་དང། སངས་རྒྱས་ཀྱི་ཆོས་རྣམས་ཡང་དག་བར་འགྲུབ་པ་ཡིན་བའི ་ཕྱིར་རོ། །ཅིའི་ཕྱིར་ན་བྱིན་གྱིས་བརླབ་བ་ཞེས་བྱ་བ་ལ་ཅིའི་ཕྱིར་བྱ་བ་གང་དག་གི་དོན་ཀྱི་ཕྱིར་རོ། །བཤད་པར་ཞེས་བྱ་བ་ནི་བཤད་པའི་ཕྱིར་རོ། །བྱིན་གྱིས་རློབ་པའི་དགོས་བ་ནི་ཤེས་ཏེ་ཁྲོད་དུ་ཆུང་ངན་ཤད་པ་དེ་ཉིད་གང་གི་དོན་ཏུ་སྙམ་ནས་ཅིའི་ཕྱིར་ན ་བྱིན་གྱིས་བརླབས་ཞེས་བཤད་པའི་དགོས་པ་འདྲིའོ། །ཇི་ལྟར་བྱིན་གྱིས་བརླབས་པ་ནི་རྣམ་པ་གང་གིས་སོ། །དགོས་པ་སྨྲས་པ། རང་གི་དོན་དང་གཞན་གྱི་དོན་ཞེས་བྱ་བའོ། །ཇི་ལྟར་ཞེས་བྱ་བ་ནི་གསུང་དང་ཐུགས་དང་སྐུས་ཞེས་འཆད ་པར་འགྱུར་རོ། །མོས་པས་སྤྱོད་པའི་ས་ལ་གནས་པ་ནི་གང་དག་སར་མ་ཆུད་པ་སྟེ་སོ་སོའི་སྐྱེ་བོ་རྣམས་སོ་སོགས་པའི་སྒྲས་ནི་སར་ཆུང་པ་རྣམས་བསྡུ་སྟེ་དང་པོ་བ་རྣམས་ཀྱིས་ནི་ཆོས་ཀྱི་རྣམ་གྲངས?་འདི་མཉན་པ་ལ་སོགས་བའི་རིམ་གྱིས་རང་གི་དོན་འགྲུབ་བར ་རིག་པར་བྱའོ། །གཞན་དག་གིས་ནི་ཆོས་ཀྱི་རྣམ་ཕྲངས་འདིའི་དོན་དང་ཡི་གེ་རྣམས་ཡང་དག་པར་རྟོགས་ནས་འདི་རབ་ཏུ་བསྙེད་པ་ལ་སོགས་པ་གཞན་གྱི་དོན་འགྲུབ་པར་ཁོང་དུ་ཆུད་པར་བྱའོ། །འདི་གཉི་ག་ཡང་རྡོ་རྗེའི་སྙིང་པོས་བྱིན་གྱིས་བརླབས ་དང་གདོད་འགྲུབ་བོ། །གཞན་ལ་བྱིན་གྱིས་རློབ་པའི་གཏན་ཚིགས་ནི་བཤད་ཟིན་ཏོ། །འདི་ནི་ཆོས་ཉིད་འདི་ལྟར་མཚན་དེ་མ་ཡིན་པ་དེ་དང་འདྲ་བ་རྣམས་ཀྱིས་ཀྱང་མི་སྟོན་ཏོ། །ཁ་ཅིག་ན་རེ་ཐམས་ཅད་ཞེས་བྱ་བའི་སྒྲ་ཁོ་ནས་ཐམས་ཅད་བསྡུས ་ནད་ལ་བྱང་ཆུབ་སེམས་དཔའ་ཐམས་ཅད་ནི་བོས་པར་སྐྱོད་པའི་ཀ་ལ་སོགས་པ་ལ་གནས་པའོ་ཞེས་བྱ་བའི་འགྲེལ་བས་ཅི་ཞིག་བྱ། དེ་ལྟ་བས་ན་སོགས་བ་ཞེས་བྱ་བའི་སྒྲ་ནི་མི་འདོན་པ་ཉིད་དོ། །མ་བཏོན་པ་དང་ཐམས་ཅད་ཅེས་བྱ་བའི ་སྒྲ་མ་ལུས་པ་བསྡུ་བར་གོ་བར་འགྱུར་དུ་འོད་ཞེས་བྱ་བ་ཡིན་པས་འགྲེལ་པ་དོན་ལྡན་ནོ། །བྱང་ཆུབ་སེམས་དཔའ་ས་ཐོབ་བ་རྣམས་ཀྱི་ནི་འཁོར་དེ་ན་འཁོད་པའམ་གཞན་དག་ཀྱང་རུང་སྟེ། འདི་བསྟན་བའི་རྒྱུས་ཇི ་སྐད་བཤད་པ་ལྟ་བུའི་གཞན་གྱི་དོན་འགྲུབ་པ་མེད་དེ། འདི་བསྟན་པ་མེད་བར་ཡང་དེ་སྲིད་པའི་ཕྱིར་ལ་བཅུ་ཚན་གཉིས་བ་ལ་ཡང་མེས་བས་སྤྱོད་པའི་གནས་སྐབས་བརྗོད་པའི་ཕྱིར་རོ་ཞེས་ཟེར་རོ། །གཞན་དག་ན་རེ་ནི་སོགས་པའི་སྒྲལ ་ཡང་ཉེས་བ་མེད་ངོ། །ཇི་ལྟ་ཞེ་ན། ཐམས་ཅད་ཀྱི་བྱེ་བྲག་དུ་མ་ཕྱེ་བ་ཁོ་ནར་བཅུ་ཚན་གཉིས་དང་སྦྱར་བའི་ཕྱིར་ཏེ། མོས་པས་སྤྱོད་པ་ལ་གནས་བ་གང་གི་རང་གི་དོན་འགྲུབ་པའི་གནས་སྐབས་གང་ཡིན་པ་དེ་ཉིད་དུ་བསྟན་ལ། ས་དང ་པོ་ལ་གནས་པ་ཡིས་ནི་འོག་མ་སྟེ་ས་བཅུ་པ་ལ་གནས་པ་སངས་རྒྱས་ཀྱི་མཐར་ཐུག་པར་བྱེད་པའི་འཇུག་པའི་བར་དུ་ཡང་དེ་དང་འདྲ་བས་དེ་ལྟར་ན་རང་གི་དོན་གྱི་སྐབས་ཀྱིས་བཅུ་ཚན་དང་པོ་ཐམས་ཅད་ཀྱི་ཡིན་པ་ཉིད་དོ། །དེ་དག་གིས་རང ་གིས་རང་གི་དོན་དེ་ལྟ་བུ་ཁོང་དུ་ཆུད་ནས་གཞན་དག་ལ་ཡང་དོན་དེ་ལྟ་བུ་ཁོ་ན་སྒྲུབ་པར་བྱེད་པས་ན་གཞན་གྱི་དོན་གྱི་སྐབས་ཀྱིས་ནི་བཅུ་ཚན་གཉིས་པ་དང། ཡང་དོན་ཐ་དད་པ་མ་ཡིན་པ་ཉིད་དོ། །འགྲེལ་པ་ནི་ཐམས་ཅད་ལ་བྱ་བ་ཉིད ་ཀྱི་འཁོར་དེ་ན་འཁོད་པ་འབའ་?་ཞིག་ནི་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར་རོ། །དེ་བ?་ཁ་ཅིག་སོགས་བ་ཞེས་བྱ་བའི་སྒྲ་འདོན་བ་དམིགས་ནས་བྱང་ཆུབ་སེམས་དཔའ་རྣམས་དེ་ལྟར་ཚོགས་གཉིས་སུ་རྣམ་པར་ཕྱེ་ནས་རང་གི་དོན་དང་གཞན་གྱི་དོན་བཅུ ་ཚན་གཉིས་སུ་རྣམ་པར་འཆད་དོ། །དེ་ནི་མི་འཐད་དེ་འདི་ལྟར་བཅུ་ཚན་དང་པོ་ལ་ཡང་སངས་རྒྱས་ཀྱི་མཐར་ཐུག་པར་བྱེད་པའི་འཇུག་བའི་བར་ས་བཅུ་སྨོས་ལ་དེ་དག་ཀྱང་མོས་པས་སྤྱོད་བའི་གནས་སྐབས་བ་རྣམས་ལ་མི་རུང་ངོ། །ཇི་སྟེར? ་ཞིག་པར་གསུངས་བ་མ་ཡིན་བ་ཏེ་འོན་ཀྱང་དེ་བསྟན་པའི་རྒྱས་འབྱུང་བ་གང་ཡིན་བ་དེ་དག་དེ་ལ་སྐྱེ་བར་འགྱུར་བ་ཡིན་ནོ་ཞེས་ཟེར་ན་གལ་ཏེ་དེ་ལྟ་དེ་དག་ནི་བཅུ་ཚན་གཉིས་པ་ལ་ཡང་རུང་བ་ཉིད་དོ། །དེ་ལྟ་བས་ན་བྱེ་བྲག་དུ་མོ་ཕྱེ་བར་སྦྱར་བ་ཉིད ་བཟང་སྟེ། དེ་དག་གིས་བདག་ཉིད་ཀྱིས་རྟོགས་ནས་གཞན་དག་ལ་འཁོར་དུ་ཆུད་པར་བྱེད་པས་དེ་ནི་དེ་བཞིན་དུ་རིག་པར་བྱའོ། །དེ་ལྟ་མ་ཡིན་ན་རྣམ་པར་བཅད་པ་མེད་པའི་ཕྱིར་སློབ་དཔོན་གྱི་འགྲེལ་པ་ཆེན་པོ་མི་དགོས་པར་འགྱུར་རོ་ཞེས། ་ཟེར་རོ། །ད་ནི་བཅུ་ཚན་དང་པོའི་ཚིག་རྣམས་བ་དབྱེ་བའི་སྐབས་དབྱེ་སྟེ། དེ་ལ་བརྟག་པར་བྱ་བ་མ་ཡིན་པའི་ཕྱིར་དང། ཉན་ཐོས་ལ་སོགས་པའི་ཡུལ་མ་ཡིན་པའི་ཕྱིར་སངས་རྒྱས་ཀྱི་ཆོས་བསམ་གྱིས་མི་ཁྱབ་པ་རྣམས་ནི་ཟག་བ་མེད ་པའི་བྱང་ཆུབ་ཀྱི་ཕྱོགས་པའི་རང་བཞིན་དག་ཡིན་ནོ། །སྣང་བ་ནི་འཇིག་རྟེན་ལས་འདས་པའི་ལམ་གྱིས་མངོན་སུམ་དུ་བྱེད་པ་སྟེ་འདི་སྐད་དུ་ཟག་པ་མེད་པའི་བྱང་ཆུབ་ཀྱི་ཕྱོགས་པ་དེ་དག་ཉིད་ཀྱི་རང་རིག་བས་ཉམས་སུ་མྱོང་བ་ནི། སྣང་བ་ཡིན་ནོ། ཞེས ་བཤད་པ་ཡིན། །དེ་ཉིད་ཀྱི་ཕྱིར་དེ་དག་རྟོགས་པ་སྟེ། འཐོབ་པ་དང་མངོན་སུམ་དུ་བྱེད་བའོ་ཞེས་བཤད་དོ། །དེ་བརྗོད་པ་ནི་ཞེས་བྱ་བ་དེ་གང་ཞེ་ན། བསྟན་པ་ཡིན་བར་སྟོན་ཏོ། །ཇི་ལྟ་ཞེ་ན་སྣང་བ་དེ་འདིས་རྗོད་པར་བྱེད། །གསལ་བར ་བྱེད་པའི་ཕྱིར་ཏེ། དེ་ཡང་བསྟན་པར་བདག་ཉིད་ཀྱིས་རྣམས་པོ། །དེ་དག་གིས་སྣང་བ་ཞེས་བྱ་བ་གཞིར་གྱུར་བཻ་ཡེ་ཤེས་ཡོངས་སུ་དག་པར་འགྱུར་ཏེ། གསེར་གྱི་ས་ལེ་སྦྲུམ་གྱི་དབས་སྟོན་པར་འགྱུར་རོ། །དེ་དག་ལ་འཇུག་པ་ནི་དད་བ་དང་མོས་པ ་དང་རབ་ཏུ་དད་པ་ཐོབ་པ་གང་ཡིན་པའོ་ཞེས་བྱ་བ་ལ་དད་པ་ནི་མོས་པས་སྤྱད་པའི་ས་ལ་གནས་པས་དེ་དག་ཐོས་ནས་འདི་དག་ནི་འདི་ལྟ་བུ་ཡིན་ནོ་ཞེས་ཡིད་ཆེས་པ་དང་བདག་གིས་འདི་དག་ནམ་ཞིག་ན་ཐོབ་པར་འགྱུར་སྙམ་དུ་འདོད་པའི་མཚན་ཉིད་གང་ ་ཡིན་པའོ། །མོས་པ་ནི་དེ་དག་ལ་གཏན་ལ་ཕབ་སྟེ་ངེས་པར་འཛིན་པའི་མཚན་ཉིད་གང་ཡིན་པའོ། །རབ་ཏུ་དང་བ་ནི་དེ་གཉིས་སྔོན་དུ་འགྲོ་བ་ཅན་གང་ཡིན་བ་སྟེ་། ཐོབ་བའོ། །འཇུག་པ་ཞེས་སྤྱིར་བཤད་པ་ཁོ་ན་ཡིན་པས་འདིར་ནི ་འཇུག་པའི་ཐབས་དང་འཇུག་པ་དང་མཐར་ཐུག་པ་གང་ཡིན་པ་འདི་ཐམས་ཅད་འཇུག་པ་ཞེས་བཤད་དོ། །ཅིའི་ཕྱིར་ཞེ་ན། མོས་པས་སྤྱོད་བ་དང་མཐོང་བའི་ལམ་དང། བསྒོམ་བའི་ལམ་གྱི་རྒྱུའི་དངོས་པོར་རྣམ་པར་གནས་པའི་ཕྱིར་དེ་དག་ཡོད་ན་དེ་རྣམས ་ཡོད་བའི་ཕྱིར་རོ། །འདི་ལྟར་དེ་དག་ནི་ཐོས་པ་ལས་བྱུང་བ་ལ་སོགས་པས་བསྡུས་པ་ཡིན་ལ། ས་དེ་དག་ལ་དད་པ་དང་མོས་པ་དང། རབ་ཏུ་དང་བ་མེད་ན་རེ་ཞིག་དེ་སྟོན་པར་བྱེད་པའི་དགེ་བའི་བཤེས་གཉེན་ཚོལ་བ་ལ་སོགས་པས་དེ་དག་དང་དོན་དང། ་ཚིག་གི་སྒོ་ནས་ཉན་པར་ཡང་མི་འཇུག་བ་བསམ་པ་དང་སྒོམ་པ་ལྟག་ལ་འཇུག་།འདི་ཉིད་ཐམས་ཅད་ཀྱི་རྟེན་ཏེ། རྩ་བར་གྱུར་བ་ཡིན་པས་ན་རྩ་བའི་འཇུག་པའོ། །དེ་ལ་གཞན་དེ་དག་ཀྱང་གང་ཞེ་ན། བསྡུས་པའི་འཇུག་པ་ལ་སོགས་པ་སངས་རྒྱས་ཀྱི ་མཐར་ཐུག་པར་བྱེད་པ་ལ་འཇུག་པ་ལ་ཐུག་པ་རྣམས་སོ། །འདི་དག་ཀྱང་མདོ་ལས། དགེ་བའི་རྩ་བ་ཐམས་ཅད་ཡང་དག་པར་བསྡུ་བའི་ཕྱིར་ཞེས་བྱ་བ་ལ་སོགས་བ་ཚིག་དགུས་ཇི་སྐད་བཤད་པ་དེ་བཞིན་དུ་རྣམ་པར་དབྱེ་བའི་ཕྱིར་ཐོབ་པ་འཛིན་པ་ཞེས་བྱ་ལ་སོགས ་བ་སྨྲས་སོ། །བཅུ་ཚན་གྱི་ཚིག་དང་པོ་ནི་སྔར་རྣམ་པར་ཕྱེ་ཟིན་པ་ཉིད་དོ། །དེ་ལ་ཐོས་པར་བྱ་བ་ཡིན་བས་ན། ཐོས་བ་སྟེ་ཆོས་ཀྱི་རྣམ་གྲངས་འདི་ཉིད་དོ། །དེ་འཛིན་བས་གྲངས་ནས་དེར་གཏོགས་པའི་དགེ་བའི་རྩ་བ་ཐམས་ཅད་ཡང་དག་བར་བསྡུས་པར་འགྱུར་བས ་སྡུད་པ་ནི་ཐོས་པ་ལས་བྱུང་བའི་ཤེས་རབ་སྟེ། འདིས་སྡུད་པའི་ཕྱིར་རོ། །དེ་ཉིད་འཇུག་བ་ཡིན་ཏེ་རིམ་གྱིས་ས་ལ་འཇུག་བའི་ཐབས་ཡིན་བའི་ཕྱིར་རོ། །དེ་ཡང་མདོ་ལས། དགེ་བའི་རྩ་བ་ཐམས་ཅད་ཡང་དག་པར་སྡུ་བའི་ཕྱིར་ཞེས་རང་གི་ཚིག་ཁོ་ནས ་བསྟན་པ་ཡིན་ནོ། །འདི་ལྟར་དེས་དེ་ལྟེར་དགེ་བའི་བཤེད་གཉེན་ལས་པ་རྣམས་ཀྱི་མིང་ཙམ་ཐོས་ནས་དད་པ་དང་མོས་པ་དང་རབ་ཏུ་དང་བསྐྱེས། རྩ་བའི་འཇུག་པ་ལ་གནས་པ་ནི་དེ་དག་ཚིགས་རེ་རེ་ནས་ཉན་པར་བྱེད་བས་དེའི་ཕྱིར་ཐོས་བ་ལས་བྱུང་བའི་ཤེས ་བ་ནི་བསྡུས་པའི་འཇུག་བ་ཞེས་བཤད་དོ། །དེས་དེ་ལྟར་དེ་དག་ཐོས་ནས་དེ་དག་གིས་བརྗོད་པར་བྱ་བའི་ཕྱིར་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་བ་ལ་སོགས་པ་ཕྱིན་ཅི་མ་ལོག་པར་རིགས་པས་།རྣམ་པར་འབྱེད་པར་བྱེད་ལ། རྣམ་བར ་འབྱེད་པ་ནི་དེ་དག་ལ་མཁས་བ་སྐྱེ་བས་བསམ་པ་ལས་བྱུང་བའི་ཤེས་པ་ནི་དོན་རྟོགས་པར་བྱེད་པའི་འཇུག་པ་ཞེས་བྱ་སྟེ་འདིས་དོན་མཚོན་པར་བྱེད་པའི་ཕྱིར་རོ། །དེ་ཡང་མདོ་ལས་སངས་རྒྱས་ཀྱི་ཆོས་ཐམས་ཅད་རབ་ཏུ་དབྱེ་བ་ལ་མཁས་བར་བྱ་བའི་ཕྱིར ་ཞེས་བསྟན་པ་ཡིན་ཏེ། བསམས་པ་ལས་བྱུང་བའི་ཤེས་པ་ནི་ས་རྣམས་ཀྱིས་བརྗོད་བར་བྱ་བ་བྱང་ཆུབ་ཀྱི་ཕྱོགས་པའི་ཆོས་རྣམས་རབ་ཏུ་རྣམ་པར་དབྱེ་བ་ལ་མཁས་པའི་བདག་ཉིད་ཡིན་པའི་ཕྱིར་རོ། །དེ་དེ་ལྟར་དོན་དེ་དག་རྣམ་བར་འབྱེད་བར་བྱེད་པ་ན་དོན་དེ་དག་རྣམ་གྲངས ་བརྗོད་པ་དུ་མས་གཞན་དག་ལ་སྟོན་བར་བྱེད་པའི་རྣམ་གྲངས་དེ་དག་རང་གི་མཚན་ཉིད་འཛིན་པའི་དོན་གྱིས་ཆོས་ཀྱི་སྒྲར་བསྟན་བ་རྣམས་རྟོགས་པར་བྱེད། རབ་ཏུ་ཤེས་བར་བྱེད་པས་བསམས་པ་ལས་བྱུང་བའི་ཤེས་པ་དེ་ཡིད་ཤིན་ཏུ་མཆོག་ཏུ ་གྱུར་པ་ནི། ཆོས་རྟོགས་བར་བྱེད་བའི་འཇུག་པ་ཡིན་ཏེ་འདིས་ཆོས་ཀྱི་རྣམ་གྲངས་དག་རྟོགས་བར་བྱེད་པའི་ཕྱིར་རོ། །དེ་ཡང་མདོ་ལས། ཆོས་ལ་ཡེ་ཤེས་ཤིན་ཏུ་རྒྱས་པར་བྱ་བའི་ཕྱིར་ཞེས་བསྟན་པ་ཡིན་ནོ། །ཆོས་ལ་ཡེ ་ཤེས་ནི་ཆོས་རྣམས་ཤེས་བ་སྟེ་། དེ་རྒྱས་བར་བྱ་བ་ཇི་ལྟ་བུ་ཞེ་ན། རྣམ་གྲངས་རྒྱ་ཆེ་ཤིང་དུ་མ་ཡོད་པའི། ཆོས་ཀྱི་ཡུལ་ཅན་ཉིད་དེ་རྒྱ་རབ་བགྱེད་པའི་ཕྱིར་རོ། །དེས་དེ་ལྟར་བསམས་པ་ལས་བྱུང་བའི་ཤེས་བས་ཆོས་ཀྱི་རྣམ ་གྲངས་འདིའི་དོན་རྣམ་པ་དུ་མ་དང། དེ་རྗོད་པར་བྱེད་པའི་རྣམ་གྲངས་རྣམས་ཁོང་དུ་ཆུད་ནས་སེམས་ཅན་རྣམས་ལ་དེ་གཉི་ག་ཕུན་སུམ་ཚོགས་པར་སྟོན་བས་ཡོངས་སུ་སྨིན་པར་བྱེད་པའི་ཕྱིར་བསམ་པ་ལས ་བྱུང་བའི་ཤེས་པ་དེ་ཉིད། ཤིན་ཏུ་མཆོག་ཏུ་གྱུར་པ་ནི། སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའི་འཇུག་པའོ། །དེ་ཡང་མདོ་ལས། ལེགས་པར་གནས་པའི་ཆོས་བསྟན་པར་བྱ་བའི་ཕྱིར་ཞེས་བསྟན་པ་ཡིན་ཏེ། འདིས ་ཤིན་ཏུ་ལེགས་བར་གནས་པའི་ཆོས་ཚིག་འབྲུ་དང་དོན། ཕུན་སུམ་ཚོགས་པས་སྟོན་པར་བྱེད་པའི་ཕྱིར་རོ། །དེས་དེ་ལྟར་སྔར་དང་པ་དང་མོས་པ་དང། རབ་ཏུ་དང་བསྐྱེས་ནས། དེའི་འོག་ཏུ་ཐོས་པ་དང་བསམས་པ་ལས ་བྱུང་བ་གཉིས་ཀྱིས་དོན་རྟོགས་པ་དང། རྣམ་གྲངས་དུ་མ་རིག་བ་དོན་བཟང་པོ་དང། ཚིག་བཟང་པོས་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་པ་ན། མཐོང་བའི་ལམ་ལ་འཇུག་བས་ན་མཐོང་བའི་ལམ་མངོན་པར་རྟོགས་པ་ནི ་འཐོབ་པར་བྱེད་པའི་འཇུག་པའོ། །བཤད་པ་ལས་ཆོས་ཐམས་ཅད་མཉམ་པ་ཉིད་དུ་། ཤེས་པ་ཡོངས་སུ་སྦྱོད་བ་ཞེས་འབྱུང་བ་ཇི་ལྟ་བུ་ཞེ་ན། འདིའི་ལུགས་ལྟར་ན་བདག་མེད་པའི་རྣམ་པ་ཁོ་ནས་མཐོང་བས། ་སྤང་བར་བྱ་བ་རྣམས་ཀྱང་སྤོང་བས་བདག་མེད་པ་ཉིད་ཆོས། ཐམས་ཅད་མཉམ་པ་ཉིད་ཡིན་ཏེ་རོ་གཅིག་པ་ཉིད་གྱིས་ཐ་དད་པ་མ་ཡིན་པའི་ཕྱིར་རོ།། །དེ་ཡང་མདོ་ལས་། ཡེ་ཤེས་ཐ་མི་དད་པ་རྣམ་པར་བྱང་བར་བྱང་བར་བྱ་བའི་ཕྱིར ་ཞེས་བྱ་བས་བསྟན་ཏོ། །ཡེ་ཤེས་ཐ་མི་དད་པ་གང་ཡིན་པ་དེའི་རྣམ་པར་བྱང་བ་ནི་རྣམ་པར་དག་པ་སྟེ་། མཐོང་བས་སྤང་བར་བྱ་བའི་དྲི་མ་དང་བྲེལ་པའི་ཕྱིར་རོ། །ཡེ་ཤེས་ཐ་མི་ལ་དང་ཡུལ་ཐ་དད་པ་མ་ཡིན་པའི་སྒོ། ་ནས་ཡིན་གྱི་ཡེ་ཤེས་མང་པོ་རྣམས་ཐ་མི་དད་ཅིང་གཅིག་ཏུ་འགྱུར་པ་ནི་མ་ཡིན་ནོ། །ཡུལ་ཐ་དད་པ་མ་ཡིན་པ་ནི་སྟོང་པ་ཉིད་གང་ཡིན་པ་སྟེ། དེར་ཆོས་ཐམས་ཅད་མཚན་ཉིད་གཅིག་བའི་ཕྱིར་རོ། །དེ་ཉིད་བཤད་པ་ལས་མཉམ ་བ་ཉིད་དུ་ཤེས་པ་ཡོངས་སུ་སྦྱོད་བས་ཤེས་རྣམ་གྲངས་གཞན་གྱི་མཉམ་པ་ཉིད་དུ་བསྟན་ཏོ། །རང་གི་དོན་ཀྱི་བཅུ་ཚན་རྣམ་པར་དབྱེ་བར་སེམས་ཅན་ཡོངས་སུ་སྨིན་བར་བྱེད་པ་ཞེས་བྱ་བ་སྐབས་མ་ཡིན་བའི་གཏན་ཚིགས་ནི་བཤད་པ་ཉིད་ལས ་བསྟན་པས་མ་བཤད་དོ། །སྔར་བསྟན་ཏོ་ཞེས་བྱ་བ་ནི་རྟོགས་པའི་སྔོན་རོལ་དུ་ཞེས་བྱ་བར་རིག་པར་བྱའོ། །དེས་དེ་སྟར་མཐོང་བས་སྤང་བར་བྱ་བ་སྤངས་ནས། བསྒོམ་པའི་ལམ་ལ་རྙེད་པ་དང་མ་རྙེད་པའི་མཚན་ཉིད་ཀུན་ནས་ཉོན་མོངས ་བར་བྱེད་པའི་ཆོས་ཐམས་ཅད་ཀྱིས་མི་མཐོས་མ་དམས་པ་ཉིད་དུ་དགེ་བའི་ཆོས་རྣམས་སྒོམ་བར་བྱེད་པ་ན་བག་ཡོད་པར་གནས་པས་དེའི་འོག་ཏུ་བག་ཡོད་པའི་འཇུག་པ་སྟེ། དེ་ཡང་མདོ་ལས། འཇིག་རྟེན་གྱི་ཆོས་ཐམས་ཅད་ཀྱིས་མི་གོས་བར་བྱ ་བའི་ཕྱིར་ཞེས་བསྟན་པ་ཡིན་ནོ། །བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་འདོད་ཆགས་དང་ཁོང་ཁྲོ་བ་དང། ང་རྒྱལ་དང་མ་རིག་པ་དག་ཡོད་དང། རྙེད་པ་ལ་ནི་ཆགས་ཤིང་དེས་གྱང་མཐོས་བར་འགྱུར་ལ། མ་རྙེད་ན་ནི་གནོད་ཕར་འགྱུར། ་རོ། །མ་རིག་པ་ནི་སྔོན་དུ་འགྲོ་བ་ཡིན་པས་འཇིག་རྟེན་གྱི་ཆོས་དག་གིས་གོས་པར་འགྱུར་རོ། །དེ་སྤངས་བའི་ཕྱིར་མི་གོས་ཏེ་རྟོགས་པར་སླའོ། །དེ་དག་རྣམ་བ་ཐམས་ཅད་དུ་སྤངས་པར་ནི་ཁོང་དུ་ཆུད་པར་མི་བྱ་སྟེ། རྣམ་བར་མནན་པས་རང ་གི་མཐུའི་སྤུངས་བྱེད་མི་ནུས་པ་ཡིན་ནོ། །རིམ་གྱིས་ཡོངས་སུ་སྦྱོང?་བའི་ཕྱིར་ས་དང་པོ་ཁོ་ནར་རྣམ་པ་ཐམས་ཅད་དུ་མ་ལུས་བར་སྤོང་བར་ནི་མི་འདོད་དེ། ས་བཅུ་ལ་རྣམ་པ་ཐམས་ཅད་དུ་ཡོངས་སུ་དག་བ་ཡིན་ནོ། །དེ་སྒོམ་པའི་ལམ ་ལ་ཞུགས་པ་དང་འཇིག་རྟེན་ལས་འདས་པ་ཟག་པ་མེད་པའི་བྱང་ཆུབ་ཀྱི་ཕྱོགས་པ་སུམ་ཅུ་རྩ་བདུན་གང་ཡིན་པ་དེ་དག་ཉིད་ལ་མ་ཆགས་པ་ལ་སོགས་པ་དགེ་བའི་རྩ་བ་དག་ཡིན་ཏེ། དེ་དག་ཡོངས་སུ་སྦྱངས་བའི་འོག ་ཏུ་ས་ནས་སར་འཕར་བར་འགྱུར་བས་སར་འབར་བའི་འཇུག་པ་བརྗོད་དོ། །འདི་ལྟར་དེ་དག་ཉིད་གནས་སྐབས་སྔ་མ་དག་བས་གནས་སྐབས་ཕྱི་མ་ཐོབ་སྟེ་ཁྱད་པར་ཅན་དུ་གྱུར་ནས་གོང་མ་ཞེས་བྱའོ། །ཡང་དེ་དག་ཉིད་ཀྱིས་དགེ་བའི་རྩ་བ ་ཞེས་བྱ་བ་ལ་ཡང་ཞེས་བྱ་བ་ནི་ཡང་ན་ཞེས་བྱ་བའི་ཐ་ཚིག་སྟེ། རྣམ་བར་བཤད་པ་གཞན་སྟོན་བར་བྱེད་བའོ། །སྔ་ནི་བྱེ་བྲག་ཏུ་མ་ཕྱེ་བར་བྱང་ཆུབ་ཀྱི་ཕྱོགས་པ་ཉིད་མ་ཆགས་པ་ལ་སོགས་པ་དགེ་བའི་རྩ་བ་ཡིན་ནོ་ཞེས་གཞི་མཐུན་པར་བསྡུས ་པ་ཡིན་ནོ། །ད་ནི་དེ་དག་གི་རྒྱུར་གྱུར་པའི་དགེ་བའི་རྩ་བ་གང་དག་ཡིན་པ་ཞེས་བསྡུ་བ་བསྟན་ཏེ། འདི་སྐད་དུ་མ་ཆགས་པ་ལ་སོགས་པ་དགེ་བའི་རྩ་བ་སྔར་སྐྱེས་པ་རྣམས་ཡོངས་སུ་སྦྱངས་ན་བྱང་ཆུབ་ཀྱི་ཕྱོགས་པ་ཕྱི་མ་མཆོག་ཏུ་གྱུར་པ་འདྲེན ་པས་ས་སྔ་མ་ལས་ཕྱི་མར་འཕར་བར་འགྱུར་རོ་ཞེས་བཤད་པ་ཡིན་ནོ། །དེ་ཡང་མདོ་ལས། འཇིག་རྟེན་ལས་འདས་པའི་དགེ་བའི་རྩ་བ་ཡོངས་སུ་དག་པར་བྱ་བའི་ཕྱིར་ཞེས་བསྟན་པ་ཡིན་ནོ། །སྤྱིར་བསྟན་བས་འཇིག་རྟེན་ལས་འདས་པ་ཉིད ་དགེ་བའི་རྩ་བདག་ཡིན་ནམ། དེ་དག་གི་དགེ་བའི་རྩ་བ་སྟེ་རྒྱུར་གྱུར་པ་ཡིན་པས་ཤེས་ཚིག་རྣམ་པར་སྦྱར་བ་ཐ་དད་པར་སྨོས་སོ། །དེ་ལྟར་བསྒོམ་པའི་གནས་སྐབས་མཆོག་ཐོབ་པ་དེ་བཞིན་གཤེགས་བ་ཐམས་ཅད་ཀྱི་གསང་བ་ལ ་སོགས་པ་ཤེས་པར་བྱེད་ནུས་པས་བྱང་ཆུབ་སེམས་དཔའ་ཨི་མཐར་ཕྱིན་པར་བྱེད་པའི་འཇུག་བ་བརྗོད་དོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསད་པ་ལ་སོགས་པ་ཤེས་པ་ཞེས་བྱ་བ་ལ་གསང་བ་ནི་སྐུ་དང་གསུང་དང་ཐུགས་ཀྱི ་གསང་བའོ། །སོགས་པའི་སྒྲས་ནི་ས་བཅུ་པ་ལས་ཕྲ་བ་ལ་འཇུག་པའི་ཡེ་ཤེས་དང། བསྐལ་པ་ལ་འཇུག་པའི་ཡེ་ཤེས་དང། འཇུག་པའི་ཡེ་ཤེས་རྒྱས་པར་བཤད་པ་གང་ཡིན་པ་དེ་བསྡུ་བྱ་བྱི་སྟེ། འདིས་དེར་དེ་དག་རྣམ་པ་ཐམས་ཅད་དུ་རབ་ཏུ་ཤེས ་པས་ན་བྱང་ཆུབ་སེམས་དཔའ་ཨི་མཐར་ཕྱིན་པར་བྱེད་པའི་འཇུག་པ་ཞེས་བྱའོ། །དེ་ཡང་མདོ་ལས། ཡེ་ཤེས་བསམ་གྱིས་མི་ཁྱབ་བའི་ཡུལ་ཁོང་དུ་ཆུད་པར་བྱ་བའི་ཕྱིར་ཞེས་བསྟན་པ་ཡིན་ནོ། །ཇི་ལྟ་ཞེ་ན་གསང་བ་ལ་སོགས་པ་དེ ་དེ་དག་ཉིད་ཉན་ཐོས་དང་རང་སངས་རྒྱས་རྣམས་དང། བྱང་ཆུབ་སེམས་དཔའ་ཕལ་དག་གིས་བསམ་པར་མི་ནུས་པས་ན་བསམ་གྱིས་མི་ཁྱབ་པ་སྟེ། དེའི་ཡུལ་ཅན་ཡིན་པས་ཡེ་ཤེས་བསམ་གྱིས་མི་ཁྱབ་པའོ། །དེའི་ཡུལ་ཞེས ་བྱ་བ་དེ་ཉིད་ལ་བྱའོ། །དེ་ཁོང་དུ་ཆུད་པ་ནི་མངོན་དུ་བྱ་བ་སྟེ་དེའི་ཕྱིར་རོ། །ཁོང་དུ་ཆུད་པར་བྱ་བ་ཁོང་དུ་ཆུད་པའི་བྱང་ཆུབ་སེམས་དཔའ་ངེས་ཤེས་བྱ་ཐམས་ཅད་ལ་སྒྲིབ་པ་མེ་བ་སྒྲིབ་པ་སྤངས་པའི་ཤེས་བས་ཆགས་པ་མེད་པ་དང་ཐོགས ་པ་མེད་པར་ཤེས་པས་ན་སངས་རྒྱས་ཀྱི་མཐར་ཐུག་པར་བྱེད་པའི་འཇུག་པར་རྗོད་དེ། དེ་ཡང་མདོ་ལས། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ཡུལ་གྱི་བར་དུ་ཁོང་དུ་ཆུད་བར་བྱ་བའི་ཕྱིར་ཞེས་བསྟན་པ་ཡིན་ནོ། །ཐམས་ཅད་མཁྱེན ་པའི་ཡེ་ཤེས་ཀྱི་ཡུལ་ནི་ཆོས་ཀྱི་དབྱིངས་ཏེ་དེ་ཡང་བཤད་པ་ལས་ཤེས་བྱ་ཐམས་ཅད་ཅེས་བྱ་བའི་སྒྲས་བསྟན་ཏོ། །ཆོས་ཀྱི་དབྱིངས་ནི་མ་གཏགས་པར། །འདི་ལྟར་ཆོས་ཡོད་མ་ཡིན་ཏེ་ཞེས་བྱ་བ་དེའི་སྒོ་ནས་ཆོས་ཐམས་ཅད ་ཡོངས་སུ་ཤེས་པའི་ཕྱིར་རོ། །འཇུག་པ་འདི་རྣམས་ནི་ཞེས་བྱ་བ་ལ་སོགས་པ་ནི་མིང་གཞན་བརྗོད་པས་བྱེ་བྲག་ཁྱད་པར་ཤེས་པར་བྱེད་པའོ། །དེ་ལྟ་མ་ཡིན་ཏེ། དོན་ལ་ཁྱད་པར་མེད་ན་མིང་ཐ་དད་པར་ཡང་མི་འགྱུར་བ་ཉིད་དོ།། ་དང་བོ་ནི་མིང་གཞན་ལ་སྨོས་བའི་ཕྱིར་དང། གཞན་དག་གི་ཡང་རྒྱུའི་དངོས་པོ་ཡིན་པའི་ཕྱིར་ཤུགས་ཀྱིས་ན་སྤྱིར་མིང་རྩ་བའི་འཇུག་པ་ཞེས་བཤད་དོ། །དངོས་པོ་ཉེ་བར་འགོད་པ་ནི་མ་གཏོགས་ཏེ། ཞེས་བྱ་བ་རི ་གང་དུ་འམ་མདོ་གཞན་ལས་ཕུང་པོ་ལ་སོགས་པའི་དངོས་པོ་ཙམ་ཉེ་བར་འགོད་པ་གང་ཡིན་པ་དེ་མ་གཏོགས་སོ་ཞེས་བྱ་བའི་བ་ཚིག་གོ། ཡང་ནས་བཅུ་བ་འདི་ཉིད་ལས་སྨོན་ལམ་ཆེན་པོ་དག་གི་ནང་ན་སྨོན་ལམ་བཞི་པ་བསྟན་བ་ལྟ ་བུ་སྟེ། ཡན་ལག་དང་ཉེ་བའི་ཡན་ལག་ལ་སོགས་པའི་མཚན་ཉིད་བཤད་པའི་རིགས་པའི་ཐབས་ཀྱི་དངོས་པོ་ཉེ་བར་བཀོད་ཅིང་སྨོས་པའི་ཕྱིར་རོ། །འདུ་བ་ནི་སྡུད་བ་སྟེ་གོས་བ་ལྟ་བ་པ་ལྟ་བུ་འམ། འཇིག་སྟེན་གྱི་ཁམས་འཇིག་པ ་ལྟར་བསྡུས་པའོ། །འཇིག་པའི་སྒོ་ནས་འབྱུང་མོད་ཀྱི་བསྡུས་པ་ལས་མི་འདའ་ཨོ། །ཇི་ལྟར་ན་གསུམ་པར་འདོན་པ་རྣམས་ཀྱི་དེ་ཉིད་ཀྱི་ཕྱིར་ཡིན་ཞེ་ན། རྒྱུ་ཉིད་དུ་བརྗོད་པའི་ཕྱིར་ཡིན་ཏེ་གསུམ་བ་ཡང་རྒྱུ་ནི་དེ་ཉིད་ཀྱི་ཕྱིར་ལས་མི ་འདའ་ཨོ། །དེ་ཉིད་ཀྱི་ཕྱིར་གསུམ་པ་ཡང་དེ་ཉིད་ཀྱི་ཕྱིར་ཡིན་ཞེས་བཤད་དོ། །དེ་ལ་རྩོམ་པ་ནི་ཞེས་བྱ་བ་ལ་སོགས་པ་ལ་དེས་ས་འདི་དག་གི་མིང་ཐོས་ནས་བདག་གིས་འདི་དག་ནམ་ཞིག་ཐོབ་བར་འགྱུར་ཞེས་དད་པ་དང་འདུན་པར ་བྱེད་དོ། །དེ་གཉིས་ཀྱིས་བསྐུལ་བ་ན་དེ་དག་སྐུལ་བར་བྱེད་པའི་དགེ་བའི་བཤེས་གཉེན་རྣམས་ཀྱི་ཟད?་དུ་ཉེ་བར་འགྲོའོ། །སོགས་པའི་སྒྲས་ནི་བསྙེན་བཀུར་བྱེད་བ་དང། བཤད་པ་དོན་དུ་གཉེར་བ་ཞེས་བྱ་བ་ལ་སོགས་པ་བསྡུའོ། །འདི་ཉིད་ཚོལ ་བ་ཡིན་ཏེ། ཇི་སྲིད་མ་ཐོས་ཀྱི་བར་དུའོ། །འཐོབ་བ་ནི་འདི་དག་ཐོས་ནས་དོན་དང་ཚིག་གི་སྒོ་ནས་འཛིན་པའོ། །འདིར་ནི་རྣམ་གྲངས་དང་པ་ཉིད་ཅེས་བྱ་བ་ནི་རྩོམ་ཞིང་འཐོབ་བ་དག་གི་མཇུག་ཐོགས་སུ་གཏོགས་པ་རྣམ་པར་འཇོག་བའི་ཕྱིར་བཤད ་པ་གཉིས་པ་མི་འཐད་དོ་ཞེས་སྟོན་པར་བྱེད་དོ། །འདི་ནི་རང་གིས་རྟོགས་ནས་སེམས་ཅན་རྣམས་ལ་དེ་བཞིན་བྱེད་པས་སེམས་ཅན་རྣམས་ཀྱིས་རྩོམ་ཞིང་ཐོབ་པར་བྱ་བའི་ཕྱིར་ཞེས་རིག་པར་བྱ་སྟེ། དེ་ལྟར་བཅུ་ཚན་འདི་གཞན་གྱི་དོན་གྱི་དབང ་དུ་བྱས་པར་རུང་ངོ། །ཚིག་དང་པོ་ནི་རྩོམ་ཞིང་འཐོབ་པའི་རྩ་བས་བཤད་ཟིན་ཏོ། །རྩོམ་ཞིང་འཐོབ་པ་གཞན་བཅུ་ཆོག?་གཞན་བཅུས་ཇི་སྐད་དུ་བཤད་པ་དེ་བཞིན་དུ་རྣམ་པར་དབྱེ་བར་བྱ་སྟེ། ཇི་ལྟར་ཐོས་པ་ཞེས་བྱ་བ་ལ་སོགས་པ་ལ་ཇི་ལྟ་བ་བཞིན ་དུ་ཕྱིན་ཅི་མ་ལོག་པར་ཐོས་པར་བྱ་བ་ཡིན་པའི་ཕྱིར་ཐོས་པ་ནི་ཆོས་ཀྱི་རྣམ་གྲངས་འདི་ཉིད་ཡིན་ཏེ། དེ་ཡང་བྱང་ཆུབ་སེམས་དཔའ་ཨི་ས་བཅུ་པོ་བསྟན་པའི་ཆོས་ཀྱི་ངོ་བོ་ཉིད་འདི་དག་ཉིད་ཡིན་ནོ། །དེའི་དོན་ནི་ཡེ་ཤེས་ཀྱི་བདག་ཉིད་དག་ཁོ་ན་ཡིན་ནོ། །དེ་ལེགས ་བར་འཛིན་པ་ནི་ཡང་དག་པར་འཛིན་པའོ། །དེ་ཉིད་ཁྱད་པར་དུ་བཀོད་པ་ཡིན་པས་རྣམ་པར་བཀོད་པ་སྟེ། བསམས་པ་ལས་བྱུང་བའི་ཤེས་པ་མཆོག་གིས་གཏན་ལ་ཕབ་པ་ཡིན་ནོ། །དེ་ལྟར་བདག་ཉིད་ཀྱིས་བཟུང་ནས་འཛིན་དུ?་འཇུག་པས་ཤེས་པར་བྱ ་བ་ནི་གདུལ་བ་རྣམས་ལ་སྟོན་བས་ཤེས་བྱ་བ་ཡིན་པས་ཡང་དག་པར་འཛིན་པ་རྩོམ་ཞིང་འཐོབ་པའོ། །འདི་ཡང་མདོ་ལས། བྱང་ཆུབ་སེམས་དཔའ་ཨི་ས་ཇི་ལྟ་བ་བཞིན་དུ་རྣམ་པར་བཀོད་པ་ལ་མཁས་པར་བྱ་བའི་ཕྱིར་ཞེས་བྱ་བ་འདིས་བསྟན་ཏེ། ་ཇི་སྐད་དུ་བསྟན་པ་དེ་བཞིན་བཤད་པའི་ཆོག་གི་དོན་རྣམ་པར་དབྱེ་བ་ཉིད་ཀྱིས་བཤད་དོ། །དེས་དེ་ལྟར་ས་འདི་དག་བཟུང་སྟེ། དོན་དང་ཚིག་གྲི་སྒྲོ་ནས་རབ་ཏུ་བསྟན་ནས་ཡེ་ཤེས་ཀྱི་བདག་ཉིད་འདི་དག་ཁོ་ན་མངོན་སུམ་དུ་བྱེ་བས་ཐོབ་པར་འདུན་བ ་དང། འདོད་པ་སྐྱེད་པའི་ཕྱིར་འདུན་པ་རྩོམ་ཞིང་འཐོབ་པ་སྟེ། འདི་ཡང་མདོ་ལས། སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་ལྷག་པར་དམིགས་པར་བྱ་བའི་ཕྱིར་ཞེས་བསྟན་བ་ཡིན་ནོ། །ཇི་ལྟར་ཞེ་ན། སངས་རྒྱས་ཀྱི་ཆོས་ཐམས་ཅད་དེ་ཟག་པ་མེད་པའི་ས་ཐམས་ཅད་ ་ལ་ལྷག་པར་དམིགས་པ་ནི་མངོན་པར་འདོད་པ་སྟེ། ལྷག་པའི་བསམ་པས་དམིགས་པའི་ཕྱིར་རོ། །བཤད་པའི་དོན་ནི་དེ་དེ་ལྟར་འདུན་པ་དྲག་པོ་སྐྱེས་ནས། ཟག་པ་མེད་པའི་ཆོས་བྱང་ཆུབ་ཀྱི་ཕྱོགས་པ་གང་དག་ཡིན་པ་དེ་དག་གི ་བྱེ་བྲག་སྣང་བ་ཐོབ་པ་ལ་སོགས་པ་མདོ་སྡེའི་རྒྱན་ལས་བཤད་པ་དེས་བསྒོམ་པའོ། །དེ་ཉིད་རྣམ་པ་ཡིན་ཏེ། དེས་རྟོགས་པའི་ཕྱིར་རོ་ཞེས་བྱ་བ་ཡིན་ནོ། །དེའི་ཚེ་དེ་དག་རྣམ་པ་དེས་སྒོམ་པ་བྱེད་ཀྱི། སྔ་མ་བཞིན་དུ་སེམས་པ་ཙམ་གྱིས་མ་ཡིན་པའི་ཕྱིར་མཉམ ་པར་བཞག་པའི་གནས་སྐབས་སྟོན་པར་བྱེད་པས་སྦྱོར་བ་རྩོམ་ཞིང་འཐོབ་པ་ཡིན་ཏེ། གནས་སྐབས་དེ་ནི་རྟོགས་པའི་འཕེན་པར་བྱེད་པ་ཡིན་པས་སྦྱོར་བའོ། །འདི་ཡང་མདོ་ལས། བྲག་པ་མེད་པའི་ཆོས་བྱེ་བྲག་གིས་བསྒོམ་པར་བྱ་བའི་ཕྱིར་བསྟན་པ་ཡིན་ཏེ། ཟག་པ ་མེད་པའི་ཆོས་རྣམས་བསམས་པ་ལས་བྱུང་བ་ལས་ཁྱད་པར་དུ་འཕགས་པ་མཉམ་པར་བཞག་པའི་ཤེས་པ་བྱེ་བྲག་གིས་བསྒོམ་པའི་ཕྱིར་རོ། །རྟོགས་པར་བྱེད་པ་རྩོམ་ཞིང་འཐོབ་པ་ནི་རྣམ་པར་བྱེ་ཟིན་པ་ཉིད་དུ་ཟད་དོ། །ཤེས་རབ་ཆེན་པོ་ཡང་ཡིན་ཞེས ་བྱ་བ་ལ་སོགས་པ་རྣམ་གྲངས་བསྟན་པས། མདོ་ལས་ཡོན་ཏན་བརྗོད་པར་བྱེད་དེ། མཐོང་བའི་ལམ་འདི་ཉིད་དངོས་པོའི་མཛའ་ཤེས་པ་ཡིན་པའི་ཕྱིར། །དོན་དམ་པ་པའི་བྱང་ཆུབ་ཀྱི་སེམས་བསྐྱེད་པ་ཡིན་ཏེ། འདི་ཡོད་ན་དྲི་མ་གཉིས་དང་འབྲལ་བར ་འགྱུར་གྱི། ཉན་ཐོས་ལ་སོགས་པ་ཡི་ནི་དོན་ཆེན་པོ་མ་ཡིན་པ་ཉིད་དོ་ཞེས་གདུལ་བ་རྣམས་ཐེག་པ་ཆེན་པོ་ལ་སྤྲོ་བ་སྐྱེད་པའི་ཆེད་ཡིན་པར་རིག་པར་བྱའོ། །དེས་དེ་ལྟར་རྟོགས་ནས་བསྒོམ་པའི་ལམ་ལ་གནས་པ་ནི། དག་པ་འཇིག་རྟེན་པའི་ཡེ་ཤེས ་ཀྱི་ས་བཅུ་ལ་སོགས་པ་ཆོས་ཀྱི་རྣམ་གྲངས་རྣམས་ཀྱི་དོན་དུ་བརྗོད་པར་བྱ་བ་བྱང་ཆུབ་ཀྱི་ཕྱོགས་པ་ལ་སོགས་པ་གང་དག་ཡིན་པ་དེ་དག་རྟོགས་པར་བྱེད་རབ་ཏུ་ཤེས་པར་བྱེད་པས་ན་བསྒོམ་པའི་ལམ་རྩོམ་ཞིང་འཐོབ་པ་ཞེས་བྱའོ། །ཇི་ལྟར་དེ་དག་རྟོཌ ་པར་བྱེད་ཅེ་ན་དེ་དེས་རང་གིས་རྟོགས་པ་ཡོངས་སུ་གཅོད་པ་ན། དེ་དག་ཀྱང་དེས་རྟོགས་ཏེ། དེ་དག་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱི་ཁོངས་སུ་གཏོགས་པའི་ཕྱིར་རོ། །རྣམ་པ་གཅིག་ཏུ་ན་དེའི་བྱ་བ་རང་གིས་རྟོགས་པ་ཡོངས་སུ་གཅོད་པ་འདའ་ཤིག་ཏུ ་མ་ཟད་པས། དེའི་ཕྱིར་དེ་དག་ཀྱང་རབ་ཏུ་ཤེས་སོ། །འདི་ཡང་མདོ་ལས། ཤིན་ཏུ་བརྟགས་པའི་ཡེ་ཤེས་ཀྱི་སྒོ་ལ་འཇུག་པར་བྱ་བའི་ཕྱིར། ཞེས་བསྟན་པ་ཡིན་ནོ། །ཇི་ལྟར་ཞེ་ན། ཤིན་ཏུ་བརྟགས་པའི་ཡེ་ཤེས་ནི། རྗེས་ལ་ཐོབ་པ་ཁོ་ན་ཡིན་ཏེ། དེ་ནི་ཟག་པ ་མེད་པའི་སྟོབས་ཀྱིས་སྐྱེས་པའི་ཕྱིར། ཟག་པ་དང་བཅས་པ་ཡིན་ཡང་དེ་སྐད་ཅེས་བྱའོ། །དེ་སྒོ་རྣམས་ལ་འཇུག་པ་ནི་རྟོགས་པའོ། །སྒོ་ནི་འདིར་ཆོས་ཀྱི་རྣམ་གྲངས་ཀྱི་དོན་ཡིན་ཏེ། དེའི་སྒོ་ནས་དེ་དག་ལ་འཇུག་པའི་ཕྱིར། །རེས་འགའ་དོན་ཡང་སྒྲ་ཡོངས་སུ་ཤེས ་པར་བྱ་བ་ལ་སྒོ་ཞེས་བྱའོ། །རང་གི་ཕྱོགས་ཀྱི་ཁྱད་པར་ཅི་རིགས་པར་ཡོངས་སུ་བསྟན་པ་ལ་ཞེས་བྱ་བ་ལ་སོགས་པ་ལ་ཅི་རིགས་སུ་ཞེས་བྱ་བ་འདིའི་བཤད་པ་ནི་ཅི་རིགས་པར་ཞེས་བྱ་བ་ཡིན་ཏེ། ལུཌ་གཞན་གྱི་རྗེས་སུ་འབྲང་བས་གང་ལ་གང་རིཌ་བར་ཞེས་བྱ་བའི་ཐ་ཚིག ་གོ། གནས་གཞན་ཞེས་བྱ་བ་འདིའི་བཤད་པ་ནི་རང་གི་ཕྱོགས་ཀྱི་ཁྱད་པར་ཞེས་བྱ་བ་ཡིན་ནོ། །རང་གི་ཕྱོགས་ཉིད་དེ་ལས་གཞན་པ་ལ་བལྟོས་ན་ཁྱད་པར་ཅན་ཡིན་ལ། དེ་ཉིད་གནས་གཞན་ཡང་ཡིན་ཏེ། ཕ་རོལ་སྨྲ་བའི་ཕྱོགས་གཞན་ལ་བལྟོས་ན་གཞན་ཡིན ་པའི་ཕྱིར་རོ། །རབ་ཏུ་བརྗོད་པ་ཞེས་བྱ་བ་འདིའི་རྣམ་པར་འབྲེལ་བ་ནི་ཡོངས་སུ་བསྟན་པ་ཞེས་བྱ་བ་ཡིན་ཏེ། རབ་ཏུ་བརྗོད་པ་ནི་རབ་ཏུ་བསྟན་པའོ། །དེ་ཉིད་ཡོངས་སུ་བསྟན་པ་ཡིན་ཏེ་འཐད་པ་སྒྲུབ་པའི་རིགས་པས་རང་གི་ཕྱོགས་བསྒྲུབ་པར་བྱ་བ་སྒྲུབ་པ་ཞེས་བྱ་བའི ་ཐ་ཚིག་གོ་།དེ་ལ་བག་ཆེ་བ་མེད་པ་ནི་ཡི་འཇིགས་པ་དང་ལྡན་པའི་ཕྱིར་ཡུལ་ཡུལ་པར་གྱུར་པའོ། །མི་ཤེས་པས་ཡུལ་ཡུལ་པོར་གྱུར་པོར་གྱུར་པ་དང་འདྲ་བས་ན་བག་ཚ་བ་ཞེས་བྱ་བའོ། །སྤོབས་པ་ཞེས་བྱ་བའི་སྒྲ་ལན་འདེབས་བའི་སྤོབས་པ་ཞེས་བྱ་བས་རྣམ་པར ་འགྲེལ་ཏེ། ལ་ན་ནི་ཚིག་ལན་ནོ། །དེ་གདབ་པར་ནུས་པ་ནི་སྤོབས་པའོ། །གཞན་གྱི་ཕྱོགས་སུན་དབྱུང་བའི་ཕྱིར་ལན་འདེབས་ནུས་པ་ནི་དྲི་མ་མེད་པའོ། དེས་སུན་དབྱུང་བའི་རྣམ་པ་ཐམས་ཅད་རབ་ཏུ་གསལ་བར་བྱེད་པ་ཉིད་དེ། དེ་ལྟ་བུར ་མུན་པ་མེད་པ་ནི་སྣང་བ་ཡིན་པས་པས་ཀྱི་རྒོལ་བ་ཚར་གཅོད་ནུས་པ་རྩོམ་ཞིང་འཐོབ་པ་ཞེས་བྱའོ། །འདི་ཡང་མདོ་ལས། གནས་གཞན་ཅི་རིགས་སུ་རབ་ཏུ་བརྗོད་པ་ལ་བག?་འཚུམས་པ་མེད་པའི་སྤོབས་པས་སྣང་བར་བྱ་བའི་ཕྱིར་ཞེས་བསྟན་པ་ཡིན་ནོ། །ཇི་ལྟ ་ཞེ་ན། གནས་གཞན་ཅི་རིགས་སུ་རབ་ཏུ་བསྟན་པར་བྱ་ལ་བག་ཚ་བ་མེད་པའི་ཕྱིར་ཏེ། སྤོབས་པས་སྣང་བར་བྱ་བ་གང་ཡིན་པ་དེའི་ཕྱིར་རོ། །སོ་སོ་ཡང་དག་པར་རིག་པ་ཆེན་པོའི་ས་ནི་སྤྱོད་ཡུལ་དང་ཡུལ་ལོ། །དེ་ཤེས་པས་མངོན་སུམ་དུ་བྱེད་པ་ནི་ཁོང་དུ་ཆུད་པ ་དང་དཔྱོད་པའོ། །དེ་དང་ལྡན་པས་གཞན་དག་གིས་དྲ་བ་རྣམ་པ་དུ་མ་སྨྲས་པ་རྣམས་ཀྱི་ལན་འདེབས་པར་ནུས་པས་དེའི་འོག་ཏུ་དྲིས་པ་ལན་འདེབས་ནུས་པ་རྩོམ་ཞིང་འཐོབ་པ་ཞེས་བྱའོ། །འདི་ཡང་མདོ་ལས། སོ་སོ་ཡང་དག་པར་རིག་བ་ཆེན་པོའི་ས་ཤིན ་ཏུ་རྟོགས་པར་བྱ་བའི་ཕྱིར་ཞེས་བསྟན་པ་ཡིན་ནོ། །ཇི་ལྟ་ཞེ་ན་གོ་རིམ་བཞིན་དུ་སོ་སོ་ཡང་དག་པར་རིག་པ་ཆེན་པོ་ཆོས་དང་དོན་དང་ངེས་པའི་ཚིག་དང་སྤོབས་པ་སོ་སོ་ཡང་དག་པར་རིག་པ་རྣམས་ཀྱི་ས་མིང་དང་དོན་དང་ཚིག་དང། ཤེས་པ་ལ་སོགས་པའི་མཚན ་ཉིད་ཤིན་ཏུ་རྟོགས་པར་བྱ་བའི་ཕྱིར་ཏེ། རབ་ཏུ་རྣམ་པར་དབྱེ་བའི་ཕྱིར་རོ། །བྱང་ཆུབ་སེམས་དཔའ་ནི་བྱང་ཆུབ་ཀྱི་སེམས་ཡིན་པས་བྱང་ཆུབ་དོན་དུ་གཉེར་བ་སྟེ། བྱང་ཆུབ་ཏུ་སྨོན་ལམ་བཏབ་པ་ཞེས་བྱ་བའི་སྒྲས་སྟོན་པར་བྱེད་དོ། །དེས་ན་དྲན་བ་མི་འརྗེད?་པས་ཆུ ་མི་གསོན་པ་ཡིན་ནོ། །དེ་ཡང་བྱང་ཆུབ་དྲན་པ་ཆུད་མི་གསོན་པ་ཡོད་ན་ཡོད་པས། པ་ལ་ལས་བར་དེ་བྱང་ཆུབ་ཅེས་བྱ་བའི་སྒྲ་འབྱུང་ངོ། །ལ་ལ་ལས་ནི་བྱང་ཆུབ་ཀྱི་སེམས་ཞེས་བྱ་བའི་སྒྲ་ཁོ་ན་ཞིག་འབྱུང་སྟེ། དེའི་ཚེ་ནི་བྱང་ཆུབ་ཏུ་སྨོན་ལམ་བཏབ་ལ་ཉིད ་བྱང་ཆུབ་ཀྱི་སེམས་ཡིན་ནོ་ཞེས་བསྟན་པའི་ཆེད་ཡིན་པས་ཁོང་དུ་ཆུད་པར་བྱའོ། །དེས་ན་འདི་ཐེག་པ་དམན་པ་ལ་དགའ་བ་སྐྱེད་པར་མི་བྱེད་པས། དེའི་ཉེས་པའི་གཉེན་པོར་ཐེག་པ་དམན་པར་འགྲོ་བའི་གཉེན་པོར་རྩོམ་ཞིང་འཐོབ་པ་ཞེས་བྱའོ་འདི་ཡང་མདོ་ལས། བྱང ་ཆུབ་ཀྱི་སེམས་ཀྱིས་དྲན་པ་བརྗེད་པ་མེད་པར་བྱ་བའི་ཕྱིར་ཞེས་བསྟན་པ་ཡིན་ནོ། །སེམས་ཅན་གྱི་དོན་བྱ་བ་ལ་ལ་ལོ་བྱེད་པའི་གཉེན་པོ་རྩོམ་ཞིང་འཐོབ་པ་ནི་རྟོགས་པར་སླའོ། །ཐམས་ཅད་དུ་ཞེས་བྱ་བའི་འགལ?་པ་ནི་རིག་པའི་གནས་ལྔ་དག་ཏུ་ཞེས་བྱ་བ་ཡིན་ནོ།། ་ཞུགས་པ་ནི་རྣམ་པར་ཞུགས་པ་སྟེ། གཏན་ལ་འབབས་པ་གང་ཡིན་པའོ། །དེ་ཐོབ་པ་ནི་རྟོག་པ་སྟེ་ལྡན་པ་ཡིན་ནོ། །དེས་ན་འདི་སེམས་ཅན་གྱི་དོན་གྱི་ཐབས་སུ་རིག་པའི་གནས་དེ་དག་ལ་མཁས་ཤིང་སེམས་ཅན་བག་ལ་ཉལ་ཐ་དད་བ་རྣམས་ཡོངS ་སུ་སྨིན་པར་བྱེད་ནུས་པས་ཐབས་མི་ཤེས་པའི་གཉེན་པོ་རྩོམ་ཞིང་འཐོབ་པ་ཞེས་བྱ་སྟེ། འདི་ཡང་མདོ་ལས་ཐམས་ཅད་དུ་ཞུགས་བའི་རྣམ་པར་གཏན་ལ་འབེབས་པ་ཐོབ་པར་བྱ་བའི་ཕྱིར་ཞེས་བསྟན་པ་ཡིན་ནོ། །རིག་པའི་གནས་ལྔ་ནི། སྒྲ ་དང་གཏན་ཚིགས་དེ་བཞིན་བཟོ། །གསོབ་དང་ནི་དེ་བཞིན་དུ། །ནང་ནི་སོ་སོར་བརྟག་བྱ་བ། །ཤེས་པ་མཁས་པས་རིག་པར་འདོད། །དེ་ལྟར་ན་གཞན་གྱི་དོན་ལས་བརྩམས་ནས་བཅུ་ཚན་གཉིས་པ་ཡིན་ནོ། །དོན་དུ་བརྗོད་པར་བྱ་བ་བྱང་ཆུབ་ཀྱི་ཕྱོགས ་པ་ལ་སོགས་བ་ཆོས་ཀྱི་སྒོ་མོ་རྣམས་ནི་འཕགས་པ་དཀོན་མཆོག་བརྩིགས་པ་ལ་སོགས་པའི་ཚིག་གི་བདག་ཉིད་ཀྱི་ཆོས་ཀྱི་རྣམ་གྲངས་རྣམས་ཏེ། དེ་དག་གིས་དོན་གྱི་རྗེས་སུ་འཇུག་པའི་ཕྱིར་རོ། །དེ་དག་གིས་རབ་ཏུ་དབྱེ་བ་ནི་མང་པོ་ཉིད་དོ། །སྒོ་རབ་ཏུ་དབྱེ་བ ་དེ་ལའོ། །ཇི་ལྟར་ན་འདིས་མཁས་པར་འགྱུར་ཞེ་ན། ཐམས་ཅད་འདིའི་ནང་དུ་འདུས་པའི་ཕྱིར་ཏེ། འདི་དང་འདིར་དོན་དཾ་པ་པའི་བྱང་ཆུབ་ཀྱི་སེམས་ནས་བཟུང་སྟེ། ཟག་པ་མེད་པའི་ཡེ་ཤེས་ཀྱི་རྒྱུན་གང?་ཐེས?་ན་བྱང་ཆུབ་སེམས་དཔའ་རྣམས་དང། དེ་བཞིན ་གཤེགས་པ་རྣམས་རབ་ཏུ་ཕྱེ་བ་རྒྱུ་དང་འབྲས་བུར་བཅས་པའི་ངོ་བོ་གང་ཡིན་པ་དེ་གནས་སྐབས་ཡོན?་གོང་མ་ཐོབ་པ་ལ་རྣམ་པར་ཕྱེས་ནས་ས་བཅུ་ཉིད་དུ་བརྗོད་དོ། །མདོ་ཐམས་ཅད་ལས་ནི་འབྲས་བུས་གནས་སྐབས་སམ་རྒྱུའི་གནས་སྐབས ་ཤིག་འབྱུང་ལ། འདི་ལས་ནི་གཉིས་ཀ་འབྱུང་བས་དེའི་ཕྱིར་འདིས་ཐམས་ཅད་ལ་མཁས་པར་འགྱུར་བར་རིག་པར་བྱའོ། །གཞན་དག་ན་རེ་དང་བོ་ཉིད་དུ་བཤད་པའི་ཕྱིར་རོ་ཞེས་ཟེར་རོ། །སྤོབས་པ་གྱིས་ཤིག་ཅེས་བྱ་བ་འདིས་ནི་སྤོབས་པ་སྤྱིར་གསུངས་ཏེ། དེ ་ཉིད་རང་གི་མཐུ་དང་གཞན་གྱི་མཐུའི་སྤོབས་པ་ཞེས་རྣམ་པར་བྱེ་ནས་བརྗོད་དོ། །དེ་ལྟར་ན་སྤོབས་པའི་རྩ་བ་ནི་ཡན་ལག་ཀྱང་ཡིན་ལ། ཅིག་ཤོས་ནི་དེའི་དབྱེ་བ་ཡིན་པའི་ཕྱིར་ཉེ་བའི་ཡན་ལག་ཡིན་ཏེ། འདིར་ཉེ་བའི་ཡན་ལག་གི་རང་གི་མཐུའི་སྤོབས་པ་ཡིན་ནོ། ་ཡན་ལག་ཏུ་འགྱུར་བ་གང་ཡིན་པ་དེ་ནི་དབྱེ་བའི་ངོ་བོ། །སྤོབས་པ་གཞན་རྣམ་པ་བཞིའི་རྟེན་ཡིན་པའི་ཕྱིར་རོ། །དེ་ལ་གཞན་གྱི་མཐུ་བྱིན་གྱི་བརླབས་ཀྱིས་འཆད་པར་ནུས་ཏེ། དེ་ཉིད་སངས་རྒྱས་ཀྱི་མཐུས་ཞེས་བྱ་བས་བསྟན་ཏོ། །སངས་རྒྱས་ཀྱི་མཐུ་དེ་ནི་མདོ ་ཉིད་ལས་དེ་བཞིན་གཤེགས་པའི་ཡེ་ཤེས་སྣང་བའི་བྱིན་གྱིས་རླབས་ཞེས་ཚིག་གཞན་གྱིས་རྣམ་པར་བྱ་བ་མཛད་པ་ཡིན་ཏེ། དེ་བཞིན་གཤེགས་པའི་བྱིན་གྱིས་བརླབས་ཀྱིས། རྡོ་རྗེའི་སྙིང་པོ་སྣང་ཞིང་མུན་པ་མེད་པ་དང། རབ་ཏུ་མངོན་ཞིང་དོན་ཐམས ་ཅད་གསལ་བར་གྱུར་ནས་ཇི་ལྟར་བསྟན་པར་བྱ་བའི་དོན་བྱང་ཆུབ་ཀྱི་ཕྱོགས་པ་ལ་སོགས་པ་སངས་རྒྱས་བཞིན་དུ་ཕྱིན་ཅི་མ་ལོག་པར་སྟོན་པ་དེ་ལྟར་བྱིན་གྱིས་བརླབས་པའི་ཕྱིར་རོ། །འདུས་བྱས་ནི་ཟག་པ་མེད་པའི་བྱང་ཆུབ་ཀྱི་ཕྱོགས་པ་ལ་སོགས་པའོ། །དེ་ཉིད ་མ་ཆགས་པ་ལ་སོགས་པའི་རང་བཞིན་ཡིན་པའི་ཕྱིར་དགེ་བའི་རྩ་བའི་ཆོས་ཞེས་བྱ་སྟེ། རྡོ་རྗེའི་སྙིང་པོའི་རྒྱུད་དུ་གཏོགས་པ་དེ་དག་ཡོངས་སུ་དག་ཅིང་རྣམ་པར་བྱང་བས་སྤོབས་པས་ན། དེ་སྐད་ཅེས་བྱའོ། །དེ་ལ་སངས་རྒྱས་ཀྱི་བྱིན་གྱིས་བརླབས་སུ་གཞན་ཡི་མཐུའི ་སྤོབས་པ་ཁོ་ན་བརྗོད་པར་རུང་སྟེ། འདུས་བྱས་ཀྱི་ཆོས་དེ་དག་སྤོབས་པ་འབྱིན་ནུས་པ་ཡང། དེ་བཞིན་གཤེགས་པ་ཉིད་ཀྱིས་གསུང་གིས་རྡོ་རྗེའི་སྙིང་པོ་ལ་བསྐུལ་བ་དང། རྟས་ཤིང་ཁ་འབྱེད་ལ་རྒྱས་པར་འགྱུར་མོད་ཀྱི། འོན་ཀྱང་རང་གི་རྒྱུད་དུ་གཏོགས་པ་རྣམS ་ཀྱི་མཐུ་རྟས་པས་དེར་སྤོབས་པ་སྐྱེ་བའི་ཕྱིར་རང་གི་མཐུའི་སྤོབས་པ་ཞེས་བྱའོ། །གཞན་ཡང་ཡོད་དགུ་དེ་བཞིན་གཤེགས་པའི་བྱིན་གྱིས་རླབས་འབའ་ཞིག་འཆད་བ་ནི་མ་ཡིན་གྱི། འདིའི་རང་གི་ནུས་པའི་མཐུ་ཡང་འདི་འདྲའོ་ཞེས་བསྟན་པའི་ཕྱིར་རོ། །འདི་ཡང ་མདོ་ལས། རང་གི་དགེ་བའི་རྩ་བ་ཡོངས་སུ་དག་པའི་ཕྱིར་ཞེས་བསྟན་པ་ཡིན་ནོ། །འདུས་མ་བྱས་གྱི་ཆོས་ནི་དེ་བཞིན་ཉིད་དང། ཆོས་ཀྱི་དབྱིངས་སོ། །དེ་ཡོངས་སུ་དག་པ་ནི་རྣམ་པར་བྱང་བ་སྟེ། དེའི་སྟོབས་ཀྱི་སྤོབས་པ་གང་ཡིན་པ་དེ་འདུས་མ་བྱས་ཀྱི་ཆོས་ཡོངས་སུ་དག ་པར་སྤོབས་པ་ཞེས་བྱའོ། །དེ་ཡང་མདོ་ལས་ཆོས་ཀྱི་དབྱིངས་ཡོངས་སུ་སྦྱངས་པའི་ཕྱིར་ཞེས་རྣམ་གྲངས་གཞན་གྱིས་བསྟན་ཏོ། །སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའི་ཕན་འདོགས་པ་དེའི་རྒྱུ་ལས་བྱུང་ཡོངས་སུ་དག་པ་སྟེ། དེས་སྤོབས་པའོ། དེ་ཡང་མདོ་ལས ་སེམས་ཅན་གྱི་ཁམས་ལ་ཕན་འདོགས་པའི་ཕྱིར་ཞེས་རང་གི་ཚིག་གིས་བསྟན་ཏོ། །ཆོས་ཀྱི་སྒྲ་ནི་ཆོས་ཀྱི་དབྱིངས་ཏེ། སེམས་དང་ཡིད་དང་རྣམ་པར་ཤེས་བ་སྤངས་ཞེས་བྱ་བ་ནི་དེ་བྱེ་བྲག་ཏུ་བྱེད་པ་ཡིན་ནོ། །དེ་ལ་ཀུན་གཞིས་རྣམ་པར་ཤེས་པ་ནི་ཀུན་ནས་ཉོན ་མོངས་པའི་ཆོས་ཐམས་ཅད་ཀྱི་བག་ཆགས་ས་བོན་རྣམས་ཀྱིས་བསགས་ཤིང་བསྒོས་པ་ཡིན་པའི་ཕྱིར་སེམས་ཞེས་བྱའོ། །ཉོན་མོངས་པ་ཅན་གྱི་ཡིད་ནི་རྟག་ཏུ་བདག་ཏུ་རྨོངས་པ་ལ་སོགས་པ་ཉོན་མོངས་པ་བཞིས་རློམ་པའི་བདག་ཉིད་ཡིན་པའི་ཕྱིར་ཡིད་ཡིན་ནོ། །མིག ་ལ་སོགས་པའི་རྣམ་པར་རིག་པ་ནི་གཟུགས་ལ་སོགས་པ་གསལ་བར་སྣང་བ་ཡིན་པའི་ཕྱིར་རྣམ་པར་དྲུག་པར་ཡང་རྣམ་པར་ཤེས་པ་ཡིན་ཏེ། དེ་དག་སྤངས་པའོ། །ཇི་ལྟར་ཞེ་ན། བཤད་པ་རྡོ་རྗེའི་སྙིང་པོ་ལས་མཐར་ཕྱིན་པ་རྣམ་པ་འདི་གསུམ་ཅར?་ཡོད་དེ།། ་མཐར་ཕྱིན་པ་ནི་བྱང་ཆུབ་སེམས་དཔའ་ཨི་མཆོག་ཉིད་ཡིན་ནོ། །དེ་ལ་ས་བཅུ་པ་ལ་དེའི་དེ་བཞིན་ཉིད་ཡོངས་སུ་གྱུར་པ་ན། དེའི་ཚེ་ཞེས་པ་དེ་དག་སེམས་ཞེས་བྱ་བ་ལ་སོགས་པའི་སྒྲ་འཇུག་པའི་རྒྱུ་མཚན་མེད?་པའི་ཕྱིར་དེ་དག ་ཏུ་མི་བརྗོད་ཀྱི། འོན་ཀྱང་མེ་ལོང་ལྟ་བུའི་ཡེ་ཤེས་ཞེས་བྱ་བ་ལ་སོགས་པའི་སྒྲར་བརྗོད་དོ། །དེ་ཉིད་ཀྱི་ཕྱིར་སེམས་དང་ཡིད་དང་རྣམ་པར་ཤེས་པ་སྤངས་པ་ཞེས་བཤད་དོ། །ཡེ་ཤེས་འབའ་ཞིག་གི་གནས་ཞེས་བྱ་བ་ཇི་ལྟ་བུ་ཞེ་ན། འཛིན་པ་གཉིས་ཀྱི་དྲི ་མ་དང་བྲལ་བའི་ཕྱིར་ཡེ་ཤེས་དག་པ་འབའ་ཞིག་གི་གནས་ཡིན་པས་སོ། །འདི་གོ་ཆོས་ཉིད་མ་ཡིན་ནམ། འདི་ལྟར་འདི་དག་གི་གནས་ཡིན་ཞེས་ན། དེ་དག་དེས་རབ་ཏུ་ཕྱེ་བའི་ཕྱིར་ཏེ། འདི་ལྟར་གཞན་ནས་དང་པོ་ནི་གཉིས་ཀྱི་གནས་ཡིན་ནོ་ཞེས་དེ ་བཞིན་ཉིད་ཡོངས་སུ་དག་པའི་མཚན་ཉིད་འདི་ལོང་སྤྱོད་རྫོགས་པ་དང། སྤྲུལ་པ་གཉིས་ཀྱི་གནས་ཡིན་པར་བཤད་དོ། །དེ་ཉིད་ཀྱི་ཕྱིར་ཟག་པ་མེད་པའི་ཆོས་རྣམས་ཀྱི་རྒྱུ་ཡིན་པས་ཆོས་ཀྱི་དབྱིངས་ཞེས་བྱའོ། །བྱང་ཆུབ་སེམས་དཔའ་ཨི་མཐར་ཕྱིན་པ་འདི་ཡང་མདོ ་ལས་ཆོས་ཀྱི་སྐུ་ཡེ་ཤེས་ཀྱི་སྐུའི་ཕྱིར་ཞེས་གསུངས་པ་ཡིན་ནོ། །འདི་ནི་ཆོས་ཀྱི་སྐུ་ཡང་ཡིན་ལ་ཡེ་ཤེས་ཀྱི་སྐུ་ཡང་ཡིན་པས་ཤེས་ཚིག་རྣམ་པར་སྦྱར་ཏེ། སྐུ་ནི་གནས་ཁོ་ན་ཡིན་ནོ། །ཡང་ན་ཡེ་ཤེས་རྣམས་ཉིད་སྐུའི་གནས་ཡིན་ཏེ། དེ་ནི་ཆོས་ཉིད་ཀྱི་ངོ་བོ་ཡིན ་པའི་ཕྱིར་བས་ཡེ་ཤེས་འབའ་ཞིག་གི་གནས་ཞེས་བྱ་བ་འདིར་ཡང་མེ་ལོང་ལྟ་བུ་ལ་སོཌ་པའི་འབའ་ཞིག་རྟེན་ཡིན་པས་ཡེ་ཤེས་དེ་སྐད་ཚིག་རྣམ་པར་སྦྱར་རོ། །མཐར་ཕྱིན་གཉིས་ལ་ནི་ཞེས་བྱ་བ་ལ་སོགས་པ་ལ། དེ་བཟོད་ཁོ་ན་དབང་ཕྱུག་ཆེན་པོའི་གནས་སུ་སྐྱེ་ཞེས་བཤད ་པ་མ་ཡིན་ནམ། དེ་ནི་འོག་མིན་གྱི་གནས་སུ་སྐྱེ་བ་ཡིན་བས། དེ་ཡང་མདོ་ལས། འཇིག་རྟེན་ཐམས་ཅད་ལས་མངོན་པར་འཕགས་པའི་ལུས་འབྱུང་བའི་ཕྱིར་ཞེས་བསྟན་པ་ཡིན་ན། ཇི་ལྟར་དེའི་ལུས་འཁོར་པ་འཇིག་རྟེན་ཐམས་ཅད་ལས་ཁྱད་པར་དུ་འཕགས་པ་དཔག་ཚད ་ཀྱི་དྲུག་སྟོང་གི་ཚེད?་དུ་འབྱུང་བ་རྙེད་པ་དང། དེ་བཞིན་དུ་སེམས་ཅན་གྱི་དོན་ལ་འགྲོ་བ་གཞན་དུ་ཡང་སྐྱེ་བ་ཉིད་ནི། ཇི་ལྟར་འགྲོ་བ་ལྔ་ལས་ཡང་དག་པར་འབའ་བ་ཞེས་བྱ་ཞེས་ན། དབང་ཐོབ་པས་ཉོན་མོངས་པའི་གཞན་ཡི་དབང་གིས་དེ་དག་ཏུ་མི་སྐྱེ་བའི་ཕྱིར་རོ། །ཉན་ཐོས་རྣམས་ནི་གཏན་དུ? ་སྐྱེ་སྟེ། དེའི་ཕྱིར་ཡང་དག་པར་འདས་པ་ནི་ཐུན་མོངས་པའི་མཐར་ཕྱིན་བ་ཞེས་བྱའོ། །དེ་ཡང་མདོ་ལས་འཇིག་རྟེན་གྱི་འགྲོ་བ་ཐམས་ཅད་ལས་ཡང་དག་པར་འདས་པའི་ཕྱིར་ཞེས་རང་གི་ཚིག་གིས་བསྟན་ཏོ། །མྱ་ངན་ལས་འདས་པའི་ལམ་ཡོངས་སུ་དག་པ་ནི་མདོ་ལས་འཇིག་རྟེན་ལ ་འདས་པའི་ཆོས་ཀྱི་འགྲོ་བ་ཡོངས་སུ་དག་པར་བྱ་བའི་ཕྱིར་ཞེས་གསུངས་པ་ཡིན་ཏེ། འཇིག་རྟེན་ལས་འདས་པའི་ཆོས་ཀྱི་འགྲོ་བ་ཡོངས་སུ་དག་བ་ཞེས་བྱ་བར་བསྡུའོ། །དེ་ལ་མྱ་ངན་ལས་འདས་པ་ནི་དོན་དམ་པའི་ཆོས་ཡིན་པའི་ཕྱིར་ཆོས་སོ། །དེ་ཐོབ་པར་བྱེད་པའི་ལམ་ནི་འགྲོ་བ་ཡིན་ཏེ ་དེ་ནས་དེར་འགྲོ་བའི་ཕྱིར་འགྲོ་བ་ནི་ལམ་ཡིན་ནོ། །འཇིག་རྟེན་པ་ཡང་ཡོད་དེ། དེས་ཀྱང་འབྲལ་བ་འཐོབ་པའི་ཕྱིར་འཇིག་རྟེན་ལས་འདས་པ་ཞེས་བྱ་བའི་སྒྲས་ཁྱད་པར་དུ་བྱས་སོ། །ཐུགས་ཀྱིས་བྱིན་གྱིས་བརླབས་པ་ཇི་ལྟ་བུ་ཞེ་ན་ཞེས་བྱ་བ་ལ་སོགས་པ་ལ། ལུས་དེ་ཡང ་ཕུང་པོ་ལྔ་པ་ཡིན་པས། དེའི་ཕྱིར་དེ་དག་ཟིལ་གྱིས་མི་ནོན་པ་ཉིད་དུ་རྣམ་པར་ཕྱེ་ནས་རྗོད་དོ། །བླ་ན་མེད་པའི་དཔལ་གྱི་གཟི་བརྗིད་དང་ལྡན་ཞེས་བྱ་བ་ལ། གཟི་བརྗིད་ནི་གཟི་བྱིན་ཏེ་གཟུགས་མཇེས?་པའི་ཁྱད་པར་རོ། །དེ་ཡང་སྨན་བཅུད་ཀྱིས་ལེན་ལ་སོགས་པས་རྐྱང ་འགྱུར་བས་དེའི་ཕྱིར་བླ་ན་མེད་པའི་དཔལ་གྱིས་ཞེས་སྨོས་པས་ཁྱད་པར་དུ་བྱས་ཏེ། དཔལ་གྱིས་མཛེས་པ་དང་ལྡན་ནོ་ཞེས་བྱ་བའི་ཐ་ཚིག་གོ་།དེ་ཡང་དཔེས་སྟོན་པར་བྱེད་དེ་དེ་ནི་མདོག་མཛེས་པ་དང་ལྡན་པའི་ཕྱིར་རྒྱལ་བའི་འཁོར་རྣམས་ཟིལ་གྱིས་མནན་ནས ་འདུག་གོ་།བསྟན་བཅོས་ཀྱི་དོན་རྣམ་བར་གཏན་ལ་དབབ?་པར་བྱ་བ་ལ། མི་ཤེས་པ་དང་ལྡན་པ་དང་འཇིག་པར་འགྱུར་བས་གཟུགས་དང་མིང་གི་བྱེ་བྲག་གྱིས་སོ་ཞེས་བྱ་བ་སྨོས་ཏེ། མིང་ནི་གཟུགས་ཅན་པ་ཡིན་པའི་ཕུང་པོ་རྣམས་སོ། །དེ་ལྟ་བས་ན་འདི་ནི་གཟུགས་ཀྱི་སྐུ་ལ ་མཛེས་པ་དང་ལྡན་པའི་ཕྱིར་དང། ཚོར་བ་ལ་སོགས་པ་མི་ཤེས་པ་དང་བྲལ་བའི་ཕྱིར་ཕུང་པོ་ལྔ་པོ་ཐམས་ཅད་ཟིལ་གྱིས་མི་ནོན་པར་བསྟན་ཏེ། །དེ་ཡང་རྣམ་པ་དགུ་སྟེ་ཞེས་བྱ་བ་ལ་།ཟིལ་གྱིས་མི་ནོན་པའི་ལུས་རྣམ་པའི་ཉིས་སུ་ཕྱིར ་གང་ཡིན་པ་དེ་ལ་དང་པོ་ནི་ཡན་ལག་ཁོ་ན་ཡིན་ནོ། །གཉིས་པ་ཚོར་བ་ལ་སོགས་པ་མཛེས་པར་བཤད་པ་ནི་དེའི་ཉེ་བའི་ཡན་ལག་ཡིན་ཏེ་ཚིག་དགུས་བཤད་དོ། །གཟུགས་ཀྱི་སྐུ་མཛེས་པ་ནི་ཚིག་གཞན་གྱི་རྣམ་པར་ཕྱེ་བའི་ཡན་ལག་ཁོ་ནར་གནས་ཏེ། ་ཐམས་ཅད་དུ་ཡང་ཡན་ལག་དང་ཉེ་བའི་ཡན་ལག་བཤད་པའི་སྒོ་ནས་སྦྱར་བར་བྱའོ། །དེ་ལ་རྒྱུན་ཆགས་སུ་ཐོགས་པ་མེད་པ་ཞེས་བྱ་བ་ནི་བསྟན་པ་དང་བཤད་པ་དག་གིས་སོ། །རིགས་པ་རྣམ་པ་བཞི་ཤེས་པ་ཤིན་ཏུ་རྣམ་པར་བྱང་བར་བྱས་ཤིན་ཏུ ་རྣམ་པར་དག་པར་བྱས་པས་ཏེ། རིགས་པ་རྣམ་པ་བཞི་ནི་བལྟོས་པ་དང་ནི་ཆོས་ཉིད་དང། །རྒྱུ་དང་འབྲས་བུ་ཉིད་དང་ནི། །འཐད་པས་སྒྲུབ་པ་གང་ཡིན་པ། །འདི་དག་རིགས་པ་བཞི་ཡིན་ནོ། །དེ་ལ་དང་པོ་ནི་ཆོས་ཐམས་ཅད་རྒྱུ་ལ་བལྟོས་པ་ཡིན ་པས། ཐམས་ཅད་འབྲས་བུའི་དོན་དུ་བྱུང། །དེ་ཕྱིར་རྟག་པ་ཡོད་མ་ཡིན། ཞེས་བྱ་བ་སྟེ་ཆོས་ཐམས་ཅད་ནི་མི་རྟག་པའི་ཕྱིར་ལ། མི་རྟག་པ་ཡང་རྒྱུ་ལ་བལྟོས་པ་ཡིན་ནོ། །རྒྱུ་དང་འབྲས་བུའི་རིགས་པ་ནི། འབྲས་བུ་པྱད་པར་ཅན་སྐྱེ་བར་ངེས་པ་སྟེ། དེ ་ཡང་མིག་ཁོ་ན་མིག་གི་རྣམ་པར་ཤེས་པ་སྐྱེད་ཀྱི་གཞན་ནི་མ་ཡིན་ནོ་ཞེས་བྱ་བ་ལྟ་བུའོ། །སྔ་མ་ནི་འབྲས་བུའི་བདག་ཉིད་རྣམས་ཀྱི་རིགས་པ་ཡིན་ལ་འདི་ནི་རྒྱུའི་བདག་ཉིད་རྣམས་ཀྱི་ཡིན་པས་ཁྱད་པར་ཡོད་དོ། །འཐད་པ་སྒྲུབ་པའི་རིགས་པ་ནི་མཚན ་ཉིད་གསུམ་བའི་གཏན་ཚིགས་ཀྱིས་བསྒྲུབ་པར་བྱ་བའི་དོན་སྒྲུབ་པའོ། །འདི་ནི་ཤེས་པར་བྱེད་པའི་ཡུལ་ཅན་ཡིན་པ། དང་པོ་གཉིས་ནི་སྐྱེད་པའི་ཡུལ་ཅན་ཡིན་ནོ། །ཆོས་ཉིད་ཀྱི་རིགས་པ་ནི་རང་དང་སྤྱིའི་མཚན་ཉིད་དུ་གནས་པའི་ཆོས་རྣམས་ཀྱི་རང་བཞིན་དང ་ཡིན་པ་སྟེ། མི་ཁོ་ན་ཚ་ལ་ཆུ་ཁོ་ན་གཤེར་གྱི་གཞན་ནི་མ་ཡིན་ནོ་ཞེས་བྱ་བ་ལྟ་བུ་གང་ཡིན་པའོ། །དེ་དག་ཤེས་པ་སྟེ་མཐར་ཕྱིན་པ་དེས་སོ། །གང་གི་གང་རིགས་ཞེས་བྱ་བ་ནི་ཐམས་ཅད་ཀྱིས་ཐམས་ཅད་རྟོགས་པ་མ་ཡིན་པའོ། །མ་རིག་པ་ཞེས་བྱ་བ་ནི། འདི་ལྟར ་སངས་རྒྱས་ཀྱི་ཆོས་བསམ་གྱིས་མི་ཁྱབ་པ་དག་ལ་འཐད་པ་སྒྲུབ་པའི་རིགས་པའི་གོ་སྐབས་མེད་པ་ལྟ་བུ་སྟེ། དེ་དཔེ་ནི་རྟོག་གེའི་ཡུལ་མ་ཡིན་པའི་ཕྱིར་སངས་རྒྱས་ཀྱི་ཆོས་དག་ལ་འཐད་པས་སྒྲུབ་པའི་རིགས་པའི་གོ་སྐབས་མེད་དོ། །དེ་ཁོང་དུ་ཆུད་པའི ་ཕྱིར་ཞེས་བྱ་བ་ནི། ད་རྟོགས་པའི་ཕྱིར་ཏེ་དེ་ལྟ་བས་ན་རིགས་པ་བཞིས། ཆོས་ཐམས་ཅད་ཀླན་ཀ་དང་ལན་དུ་བཅས་པའི་སྒོ་ནས་གདུལ་བ་རྣམས་ལ་སྟོན་བར་ནུས་པའི་ཕྱིར་རིགས་པའི་སྤོབས་པ་ཞེས་བྱའོ། །དེ་ཡང་མདོ་ལས་ཤིན་ཏུ་རྣམ་པར་སྤྱངས་པའི་ཡེ ་ཤེས་ཀྱི་རྣམ་པར་བྱེ་བ་ལ་འཇུག་པ་ཞེས་བྱ་བ་འདིས་བསྟན་ཏོ། །ཇི་ལྟར་ཞེ་ན། ཤིན་ཏུ་རྣམ་པར་སྦྱངས་པ་ནི་ཤིན་ཏུ་རྣམ་པར་བྱང་བར་བྱས་པའི་ཡེ་ཤེས་ནི་རིགས་པ་རྣམ་པ་བཞི་ཤེས་པ་ཁོ་ན་ཡིན་ནོ། །རྣམ་པར་བྱེ་བ་ནི་བྱེ་བྲག་ཏུ་བྱ་བ་སྟེ། དེ་ཡང་བཤད་པ་ལS ་གང་གིས་གང་རིགས་པ་ཞེས་བསྟན་པ་ཡིན་ནོ། །འདིས་ཆོས་རྣམས་ལ་འཇུག་པས་ན་འཇུག་པ་ནི་ཁོང་དུ་ཆུད་པ་ཁོ་ན་ཡིན་ཏེ། དེ་ཡང་དེ་ཁོང་དུ་ཆུད་པའི་ཕྱིར་ཞེས་བསྟན་པ་ཡིན་ནོ། །གོ་རིམ་ལ་མི་བལྟོས་པར་ཞེས་བྱ་བའི་དཔེར་ན་ཕུང་པོ་ལ་སོགས་པ ་བསྟན་པའི་སྐབས་ལྟ་བུ་དག་ལ་ནི་གཟུགས་ཀྱི་ཕུང་པོ་རྣམ་པར་དབྱེ་བའི་འོག་ཏུ། ཚོར་པའི་ཕུང་པོ་རྣམ་པར་དབྱེ་བ་ཡིན་ནོ་སྙམ་ནས་གོ་རིམ་གྱི་སྟོབས་ཀྱིས་དེའི་བལྟོས་ནས་སྟོན་ནུས་པ་ཉིད་པས་གོ་རིམ་ལ་མི་བལྟོས་པར་ཞེས་བྱ་བ་ལ་སོགས་པ་སྨོས་སོ།། ་དེ་ལ་མ་བལྟས་ཀྱང་གཡེངས་པ་མེད་པའི་ཕྱིར་སྟོན་ནུས་པ་ཉིད་པས་གཏམ་གྱི་བར་དུ་བཅད་ཀྱང་ཞེས་བྱ་བ་སྨོས་ཏེ། གདུལ་བ་བསམ་པ་སྣ་ཚོགས་རྣམས་ཀྱིས་དྲིས་ཏེ། གཡེངས་པའི་རྒྱུ་ཡོད་དུ་ཟིན་ཀྱང་ཐང་ཆད་པ་མེད་པར་ཇི་ལྟར་འདོད་པ་ཇི་ལྟར་བསམS ་པ་བཞིན་དུ་དེ་དང་དེ་གང་ཡང་རུང་བ་ནས་བསྟན་པར་བྱ་བའི་ཚིག་འབྲུ་རྣམས་དང་རྣམ་གྲངས་རྣམས་དང་དོན་རྣམ་པ་དུ་མ་ལག་མཐིལ་དུ་བཞག་པ་བཞིན་དུ་རྗེས་སུ་དྲན་རབ་ཏུ་ཤེས་པས་ན་གྲོལ་བའི་སྤོབས་པ་ཡིན་ནོ། །དེ་ཡང ་མདོ་ལས། དྲན་པ་བརྗེད་པ་མེད་པའི་བྱིན་གྱིས་བརླབས་ཞེས་བསྟན་པ་ཡིན་ཏེ། ཚིག་འབྲུ་དང་དོན་ཐམས་ཅད་དྲན་པ་ཉམས་པ་ནི་བརྗེད་པ་མེད་པའོ། །དེའི་བྱིན་གྱིས་བརླབས་ཤེས་བྱ་བ་ནི་གོང་གིས་དེ་ལ་བྱིན་གྱིས་རློབ་པ་སྟེ། བརྗེད་པ་མེད་པའི་རྒྱུའི ་སྤོབ་པ་ཉེ་བར་སྒྲུབ་པས་ན་གྲོལ་བའི་སྤོབས་པ་ཞེས་བཤད་ཀྱི་རྐ་བསམ་ཡིན་པའི་བྱིན་གྱིས་བརླབས་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར་རོ། །གདུལ་བར་བྱ་བ་ཇི་ལྟ་བ་བཞིན་དུ་ཞེས་བྱ་བ་ནི་གང་ཞིག་རྣམ་པ་གང་གིས་གདུལ་བར་བྱ་བ་དེ་བཞིན་དུ་རྣམ་གྲངས་སྐད ་དུ་མས་བརྗོད་པའི་རྣམ་པ་དག་དང་ངེས?་སྟེ་རྟོགས་པར་བྱ་བའི་ཐབས་དཔེ་སྣ་ཚོགས་ཀྱིས་སེམས་ཅན་རྣམས་ཀྱི་ཐེ་ཚོམ་ཡིད་གཉིས་གཅོད་པར་བྱེད་སེལ་བར་བྱེད་ཅིང་ཡང་དག་པར་ངེས་པ་བསྐྱེད་པས་ན་གོ་བར་བྱེད་པའི་སྤོབས་པ་ཞེས་བྱའོ། །འདི་ཡང་མདོ་ལས། ་ཤིན་ཏུ་རྣམ་པར་ངེས་པའི་བློ་གྲོས་ལ་མཁས་པ་ཞེས་བསྟན་པ་ཡིན་ནོ། །ཇི་ལྟ་ཞེ་ན། མི་མཐུན་པའི་ཕྱོགས་རྣམ་པར་བཅད་པས་གདུལ་བ་རྣམས་ཀྱི་ཤིན་ཏུ་རྣམ་པར་དེས་བའི་བློ་གྲོས་བློ་གང་ཡིན་པ་དེ་བསྐྱེད་པ་ལ་མཁས་པ་སྟེ་དེ་དག་ཉེ་བར་སྒྲུབ་པར ་མཛད་དོ་ཞེས་འབྱུང་བའི་ཕྱིར་དེ་སྐྱེད་པར་ནུས་པ་ཡིན་ནོ། །སྤྱིའི་མཚན་ཉིད་གསུམ་ནི་ཟག་པ་དང་བཅས་པ་ཐམས་ཅད་སྡུག་བསྔལ་བ་ཉིད་དང། འདུས་བྱས་ཐམས་ཅད་མི་རྟག་པ་ཉིད་དང། ཆོས་ཐམས་ཅད་བདག་མེད་པ་ཉིད་དེ། དེའི་རྣམ་པར་ཤེས་པ ་རྒྱུན་མི་འཆད་པར་ཡང་དང་ཡང་དུ་མངོན་དུ་བྱེད་པ་ཀུན་ཏུ་སྤྱོད་པས་སོ། །མཐུན་པ་རྣམས་ལ་ནི་རྫེས་སུ་ཆགས་པས་ཇི་ལྟ་བ་བཞིན་སྟོན་པར་བྱེད་མི་མཐུན་པ་རྣམས་ལ་ནི་གཞན་དུ་སྟོན་པར་བྱེད་པ་མེད་པས་ན་ཀུན་ནས་ཉོན་མོངས་པ་ཅན་མ་ཡིན་པའི་སྤོབས ་པ་ཞེས་བྱའོ། །མདོ་ལས་ནི་ཐམས་ཅད་ཀྱི་རྗེས་སུ་སོང་པའི་བློ་མི་འདོར་བ་ཞེས་གསུངས་པ་ཡིན་ཏེ། ཇི་ལྟ་ཞེ་ན། ཆོས་ཐམས་ཅད་ཀྱི་རྗེས་སུ་མཚན་ཉིད་གསུམ་གྱི་རྣམ་པས་སོང་ཞིང་ཞུགས་པའི་བློ་གྲོས་གང་ཡིན་པ་དེ་མི་འདོར་ཡོངས་སུ་མི་འདོར་བ་ཡིན་ནོ། །མཚན་ཉིད་རྣམས་གསུཾ ་ནི་ཀུན་བརྟག་པའི་མཚན་ཉིད་དང། གཞན་གྱི་དབང་གི་མཚན་ཉིད་དང། ཡོངས་སུ་གྲུབ་པའི་མཚན་ཉིད་དོ། །སྤྱིའི་མཚན་ཉིད་ནི་འདུས་བྱས་དང། ཟག་པ་དང་བཅས་པ་དང། ཆོས་ཀྱི་རྗེས་སུ་འཇུག་པའི་ཕྱིར་མི་རྟག་པ་དང། སྡུག་བསྔལ་བ་དང། བདག་མེད་པ་དང་སྟོང་པ་ཡིན ་ཏེ། འདུས་བྱས་ཐམས་ཅད་ནི་མི་རྟག་པ་ཉིད་དོ། །ཟག་པ་དང་བཅས་པ་ཐམས་ཅད་ནི་སྡུག་བསྔལ་བ་ཉིད་དོ། །ཆོས་ཐམས་ཅད་ནི་སྟོང་པ་དང་བདག་མེད་པ་དག་ཡིན་པར་ཡང་དང་ཡང་མངོན་སུམ་དུ་བྱེད་པ་ཁོ་ནའོ། །གདམས་ངག་ནི་ལུང་འབོག་པའོ། །དེ་ཡང་རྣམ་པ ་དུ་མ་ཡོད་པས་ངེས་པར་འབྱིན་པའི་ཞེས་བྱ་བ་སྨོས་ཏེ། དགོས་པ་ངེས་པར་འབྱུང་བ་ཅན་ཡིན་ནོ། །ངེས་པར་འབྱུང་པ་ནི་འདིར་སངས་རྒྱས་སུ་ངེས་པར་འབྱུང་བ་ཡིན་པར་རིག་པར་བྱའོ། །ཅིའི་ཕྱིར་ཞེ་ན་དེ་ལས་གཞན་བའི་གདམས་ངག་སྦྱིན་པའི་མཐུ་ནི་འདི་ལ་ཡོད ་ཉིད་པས་ཉེ་བར་སྒྲུབ་པ་མཛད་ཅི་དགོས། དེ་སྦྱིན་ནུས་པ་ནི་དེར་སྤོབས་པ་ཉིད་དོ། །དེ་ཇི་ལྟ་བུ་ཞེ་ན། སྟོབས་བཅུ་པོ་ཐོགས་པ་མེད་པས་ཞེས་བྱ་བ་སྨོས་ཏེ། དེ་ཡང་བཅོམ་ལྡན་འདས་ཀྱིས་སྟོབས་བཅུ་པོ་བྱིན་གྱིས་བརླབས་པས་དེ་དག་སངས་རྒྱས་ཀྱི་མཐུས་ཡིན་པའི་ཕྱིར། ་སངས་རྒྱས་དང་ལྡན་པ་དག་ཡིན་ནོ། །དེ་དག་གིས་སམ་དེ་དག་ལ་ཐོགས་པ་མེད་ཐགས་ཐོགས་མེད་པས་གདུལ་བ་རྣམས་ཀྱི་ཉོན་མོངས་པ་དྲུངས་ནས་འབྱིན་པར་བྱེད་པའི་ཕྱིར་ངེས་པར་འབྱིན་པའི་གདམས་ངག་གི་སྤོབས་པ་ཡིན་ཏེ། མདོ་ལས་ཡང་དག་པར ་རྫོགས་པའི་སངས་རྒྱས་ཀྱི་སྟོབས་རྫིབ?་མེད་པ་ཉིད་ཅེས་གསུངས་པ་ཉིད་དོ། །ཇི་ལྟར་ཞེ་ན། བཅོམ་ལྡན་འདས་ཀྱིས་ཉེ་བར་སྒྲུབ་པ་མཛད་པ་ཡི་བདག་པར་རྫོགས་པའི་སང་རྒྱས་ཀྱི་སྟོབས་དག་གིས་རྡོ་རྗེའི་སྙིང་པོ་རྫི་པ་མེད་པའི་མཐུ་རྙེད་པས་སངས་རྒྱས་ཁོ་ན ་བཞིན་དུ་ཐོགས་པ་མེད་པའི་ཕྱིར་ཏེ། དེ་ཡང་ཐར་པ་པའི་ལམ་གྱིས་ལུང་ཕོགས་པས་གདུལ་བ་རྣམས་ཀྱི་ཉོན་མོངས་པ་གཅོད་པ་ལས་ཁོང་དུ་ཆུད་པར་བྱའོ། །དེ་ལྟ་ན་མི་འཇིགས་པ་ལ་སོགས་པས་ཞུམ་པ་མེད་ཅིང་མི་འགོང་པ་ཉིད་ཡིན་ཏེ། མི་ཤེས ་པའི་ཕྱིར་པས་ཀྱི་རྒོལ་བ་དང་ཡེ་བར་གནས་ན་འགོང་བར་འགྱུར་གྱི། མི་འཇིགས་པ་ཉེ་བར་སྒྲུབ་པ་མཛད་པས་ན་བག་ཚ་བ་མེད་པར་སྟོན་པར་བྱེད་དོ། །དེ་ཡང་མདོ་ལས་དེ་བཞིན་གཤེགས་པའི་སྟོབས་དང་མི་འཇིགS་པས་ཞུས་པ་མེད་པ་ཉིད་ཅེས་གསུངས་པ་ཡིན་ནོ།། ་སངས་རྒྱས་ཀྱི་ཡེ་ཤེས་སུ་གཏོགས་པ་ཞེས་བྱ་བ་ནི་རྣམ་གྲངས་གཞན་ཡིས་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཁོ་ན་བསྟན་པ་ཡིན་ནོ། །སོ་སོ་ཡང་དག་པའི་རིག་པའི་རབ་ཏུ་དབྱེ་བ་ནི་བྱེ་བྲག་ཡིན་ཏེ། དེས་སོ་མདོའི་སྡེ་ལ་སོགས་ཞེས་བྱ་བ་ལ་སོགས་པ་ཞེས་བྱ་བའི་སྒྲས་ནི ་དབྱངས་ཀྱིས་བསྙད་པ་དང། ལུང་བསྟན་པ་ལ་སོགས་པ་བསྡུའོ། །ཚུལ་དྲུག་པོ་དག་ལ་རྟོགས་པ་ནི་དཔྱོད་པ་སྟེ་དེས་ཆོས་དེ་དག་གི་རྣམ་གྲངས་དུ་མ་མོས་པ་ཐ་དད་པ་རྣམས་ལ་སྟོན་པས་ན་མི་ཟད་པའི་སྤོབས་པ་ཞེས་བྱའོ། །དེ་ཡང་མདོ་ལས་ཐམས་ཅད་མཁྱེན ་པའི་ཡེ་ཤེས་ཀྱི་སོ་སོ་ཡང་དག་པར་རིག་པའི་བྱེ་བྲག་གིས་ཆོས་ཀྱི་ཚུལ་ལ་རྟོག་པ་ཞེས་སྨོས་པ་ཡིན་ནོ། །ཇི་ལྟ་ཞེ་ན་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་སོ་སོ་ཡང་དག་པར་རིག་པའི་བྱེ་བྲག་ནི་རབ་ཏུ་དབྱེ་བ་སྟེ། ཡུལ་གྱི་བྱེ་བྲག་གིས་རྣམ་པ་དུ་མར་ས་བཅུ་པ ་ལས་བཤད་དོ། །དེས་ན་ཆོས་རྣམས་ཀྱི་ཚུལ་ལ་རྟོག་པར་བྱེད་དོ། །དེ་ལ་ཚུལ་དག་ནི་དྲུག་གོ་།དེ་དག་ལ་རྟོག་པ་ནི་དཔྱོད་པ་དང་རྟོག་པ་ཉིད་དོ། །དེ་ལ་ཚུལ་དྲུག་ནི་དེ་ཁོ་ན་ཉིད་ཀྱི་དོན་གྱི་ཚུལ་དང། ཐོབ་པའི་ཚུལ་དང། སྟོན་པའི་ཚུལ་དང། མཛའ་གཉིས་སྤོང་བའི ་ཚུལ་དང། བསམ་གྱིས་མི་ཁྱབ་པ་ཉིད་ཀྱི་ཚུལ་དང། དགོངས་པའི་ཚུལ་ལོ། །དེ་ལ་ཕྱི་མ་རྣམས་ཀྱིས་དང་པོ་གསུམ་རྟོགས་པར་བྱ་སྟེ། ཇི་ལྟ་ཞེ་ན། དཔེར་ན་དགེ་སློང་དག་གཟུགས་ལ་རོ་མྱང་བ་ཡང་ཡོད། ཉེས་དམིགས་དང་ངེས་པར་འབྱུང་བ་ཡང་ཡོད་དོ། །ཚོར་བ ་ནས་རྣམ་པར་ཤེས་པའི་བར་དུ་ཡང་དེ་དང་འདྲའོ་ཞེས་རྒྱས་པར་གསུངས་པ། ཕུང་པོ་ལྔ་པོ་ཁོ་ན་ལ་ཀུན་ནས་ཉོན་མོངས་པ་དང། རྣམ་པར་བྱང་བ་བསྟན་ཏེ། རོ་མྱང་བ་དང་ཉེས་དམིགས་ནི་ཀུན་ནས་ཉོན་མོངས་པ་ཡིན་ནོ། །ངེས་པར་འབྱུང་བ་ནི་རྣམ་པར་བྱང་བ་ཡིན་ན། །དེ ་གཉི་ག་ཡང་འདི་ཉིད་ལ་ཡོད་ན་བདག་གིས་ཅི་ཞིག་བྱ་ཞེས་སྒྲོ་འདོགས་པ་མཛའ་བསལ་ཏོ། །བདག་མེད་ན་ཡང་དེ་དག་མི་རུང་ངོ་ཞེས་དེ་གཉིས་ལ་སྐུར་པ་འདེབས་པ་ཡང་འདི་ཉིད་ཀྱི་བསལ་ཏོ། །དེ་ལྟ་བས་ན་འདི་ལས་གཉིས་སྤོང་བའི་ཚུལ་གྱིས་དེ་ཁོ་ན་ཉིད་ཀྱི་དོན ་གྱི་ཚུལ་བསྟན་པ་ལྟ་བུ་དང། དཔེར་ན་མདོ་དེ་ཉིད་ལས་དགེ་སློང་དག་པས་ཇི་སྲིད་དུ་གཟུགས་ལ་རོ་མྱང་བ་དང། ཉེས་དམིགས་དང། ངེས་པར་འབྱུང་བ་ཤེས་པར་མ་གྱུར། དེ་བཞིན་དུ་ཚོར་བ་ལ་སོགས་པ་ལ་ཤེས་པར་མ་གྱུར་བ་དེ་སྲིད་དུ་ངས་བདག་ནི་བླ་ན་མེད་པ ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་སོ་སྙམ་དུ་ཤེས་པར་མ་གྱུར་གྱི། གང་གི་ཕྱིར་ངས་འདི་དག་ལ་རོ་མྱང་བ་ལ་སོགས་པ་ཤེས་པའི་ཕྱིར། ངས་བདག་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས ་པར་སངས་རྒྱས་སོ་སྙམ་དུ་ཤེས་སོ་ཞེས་གསུངས་པ། མདོ་དེ་ཉིད་ལས་རྟོགས་པར་བྱ་སྟེ། འདིས་ནི་ཐོབ་པའི་ཚུལ་བླ་ན་མེད་པ་ཡན་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པའི་ངོ་བོ་བསམ་གྱིས་མི་ཁྱབ་པ་ཉིད་ཀྱི་ཚུལ་གྱིས་བཤད་པ་ལྟ་བུ་དང། དེ་བཞིན་དུ་མདོ་དེ ་ཉིད་ལས་དགོངས་པ་འདི་ཉིད་ཀྱིས་འདི་ལྟ་བུ་དང་འདི་ལྟ་བུར་སྟོན་པས་དགོངས་པའི་ཚུལ་གྱིས་སྟོན་པའི་ཚུལ་བཤད་པ་ལྟ་བུའོ། །མཇུག་ཏུ་ཟིལ་གྱིས་མི་ནོན་པའི་ལུས་ཉིད་སྨོས་པ་འདི་ནི་དེའི་དབྱེ་བ་ཡིན་ནོ་ཞེས་སྟོན་པར་བྱེད་པ་སྟེ། བར་དུ་ཆོད ་པའི་ཕྱིར་རོ། །གདུལ་བ་ཐ་དད་པས་ཐ་དད་པ་ཞེས་བྱ་བ་ནི་གང་དག་ལུས་གང་ལ་མོས་པ་བཞིན་དུ་གདུལ་བ་རྣམས་ལ་ཉན་ཐོས་ལ་སོགས་པའི་ལུས་དེ་སྟོན་པའི་ཕྱིར་རོ། །སྐུ་ལ་སོགས་པའི་ཆོ་འཕྲུལ་སྐུ་ལ་སོགས་པའི་ངོ་མཚར་རྣམས་མངོན་དུ ་མཛད་པ་ནི་ཀུན་ཏུ་སྤྱོད་པ་དང། དབང་བ་ཉིད་དེ་ཇི་ལྟར་བཞེད་པ་བཞིན་སྟོན་པའི་ཕྱིར་ཆོ་འཕྲུལ་དང་བཅས་པའི་སྤོབས་པ་ཞེས་བྱའོ། །མདོ་ལས་ནི་དེ་བཞིན་གཤེགས་པའི་སྐུ་དང་གསུང་དང་ཐུགས་ཀྱི་རྒྱན་ཤིན་ཏུ་རྣམ་པར་བྱེ་བ་ཐམS ་ཅད་མངོན་བར་སྒྲུབ་པ་ཉིད་ཉེ་བར་སྒྲུབ་པ་མཛད་དོ་ཞེས་བསྟན་པ་ཡིན་ཏེ། ཇི་ལྟ་ཞེ་ན། དེ་བཞིན་གཤེགས་པ་རྣམས་ཀྱི་སྐུ་ལ་སོགས་པའི་རྒྱུན་ཆོ་འཕྲུལ་གང་དག་འགྲོ་བ་ཐམས་ཅད་དགའ་བར་བྱ་བའི་ཕྱིར་ཤིན་ཏུ་རྣམ་པར་ཕྱེ་བ་ཐ་དད་དུ་གྱུར ་པ་དེ་དག་མངོན་པར་སྒྲུབ་པ་ནི་མངོན་པར་སྒྲུབ་པའོ། །དེའི་དངོས་པོ་ནི་མངོན་པར་སྒྲུབ་པ་ཉིད་དོ། །གང་དང་ལྡན་ན་མངོན་པར་འགྲུབ་བ་དེ་ཡང་ཡེ་ཤེས་ཡིན་ཏེ། དེ་མངོན་པར་སྒྲུབ་པ་མཛད་དོ། །ཅིའི་ཕྱིར་བྱང་ཆུབ་སེམས་དཔའ་དུ་མ་ཞིག་འདུས་ན ་དེ་ཁོ་ན་ལ་བྱིན་གྱིས་བརླབས་ཕྱིར་ཤེ་ན། སྨྲས་པ། ཏིང་ངེ་འཛིན་གྱིས་མཐུས་སོ། །དེ་ཡང་དེ་དག་འདྲ་བའི་ས་པ་གཞན་དག་ལ་ཅིའི་ཕྱིར་མེད་ཅེ་ན་འདི་ལ་ཡང། ཏིང་ངེ་འཛིན་གྱི་མཐུ་དེ་ནི་གཞན་དག་ལ་མེད་དོ་ཞེས་གཏན་ཚིག་སྟོན་པར་བྱེད་དོ། །འདི ་ལྟར་གཞན་དག་ལས་ཀྱང་སྲིད་མོ་ཡིད་གཉིས་སེལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་གང་གི་མཐུས་འཕགས་པ་འཇམ་དཔལ་ལ་སོགས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་ཀྱང་བ་སླང་བར་མ་ནུས་ན་གཞན་དག་གིས་ལྟ་སྨོས་ཀྱང་ཅི ་དགོས་པའི་ཏིང་ངེ་འཛིན་དེ་ལྟ་བུ་ལ་སྙོམས་པར་ཞུགས་སོ་ཞེས་གྲག་གོ་།ཡང་ཇི་ལྟར་ན་མཐུ་དེ་འདི་ཁོ་ན་ལ་ཡོད་ཀྱི་གཞན་དག་ལམ་ཡིན་ཞེ་ན། སྔོན་གྱི་མངོན་པར་འདུ་བྱེད་པས་འཕངས་པ་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །སྔོན་གྱི་མངོན་པར་འདུ ་བྱེད་པས་འཕངས་བ་དེ་ལ་ཡང་མདོ་ལས། སྔོན་གྱི་སྨོན་ལམ་གྱིས་མངོན་པར་བསྒྲུབ་ཤེས་བསྟན་པ་ཡིན་ཏེ། དེས་སྔོན་གང་གིས་ན་བདག་ཁོ་ན་ལ་ཏིང་ངེ་འཛིན་འདི་ཡོད་ཀྱི་གཞན་དག་ལ་མ་ཡིན་པ་དེ་ལྟ་བུའི་སྨོན་ལམ་མངོན་པར་བསྒྲུབས་བོ།། ་ཏིང་ངེ་འཛིན་གྱི་རྟེན་གྱི་དེ་སྐྱེ་བའི་རྒྱུ་རྣམས་ཏེ་ཡོན་ཏན་འོག་ནས་གཞི་ངག་པ་ལ་སོགས་པ་ཉིད་དུ་འབྱུང་བ་གང་དག་ཡིན་པ་དེ་དག་ཡོངས་སུ་འཛིན་པ་ནི་ཡང་དག་པར་སྒྲུབ་པ་དང། འཐོབ་པའོ། །དེ་དད་པ་དང་ལྡན་བས་མངོན་པར་ཡིད་ཆེས་པར་གྱུར་ལ་འདུན ་པ་དང་ལྡན་པས་དོན་དུ་གཉེར་བར་གྱུར་ནས་དགེ་བའི་ཆོས་ཐམས་ཅད་སྒྲུབ་པར་བྱེད་བའི་ཕྱིར་འདི་གཉི་ག་དགེ་བའི་རྩ་བ་ཐམས་ཅད་སྐྱེ་བ་ལ་སྔོན་དུ་འགྲོ་བ་ཡིན་བས་གཞིའོ། །དེ་ཉིད་ཀྱི་ཕྱིར་བརྩོན་འགྲུས་རྩོམ་པའི་རྒྱུ་ཞེས་འོག་ནས་འབྱུང་ངོ། །དེ ་རྣམ་པར་དག་པ་ནི་གཞི་རྣམ་པར་དག་པའོ། །དེ་ཡང་ས་དང་བོ་ལ་སོགས་པ་ལ་གནས་པ་ལ་ཡང་དྲི་མ་དང་བྲལ་བ་ཤས་ཀྱིས་ཡོད་བས་ཁྱད་པར་དུ་བྱ་བའི་ཕྱིར་མདོ་ལས་ལྷག་པའི་བསམ་པ་ཤིན་ཏུ་ཡོངས་སུ་སྦྱངས་པའི་ཕྱིར་ཞེས་ཤིན་ཏུ་ཞེས ་སྒྲ་སྨོས་ལ་བཤད་པ་ལས་ཀྱང་བྱང་ཆུབ་སེམས་དཔའ་ཨི་མཐར་ཕྱིན་པ་ཞེས་སྨོས་སོ། །རྒྱུད་ཡོངས་སུ་སྨིན་པས་རྣམ་པར་དག་པ་ཡིན་ཏེ། འདོར་ཆོགས་ནི་བསོད་ནམས་ཀྱི་ཚོགས་སོ། །ཡེ་ཤེས་ཀྱི་ཚོགས་ནི་ཤེས་རབ་རྣམ་པར་དག་པས་བཤད་ཟིན ་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་དེ་ནི་ཆུང་མི་ཟ་བའི་རྒྱུ་ཡིན་ནོ། །འདི་ནི་འབྱོར་པ་རྒྱ་ཆེན་པོ་འཐོབ་པའི་རྒྱུ་ཡིན་ནོ་ཞེས་འཆད་པར་འགྱུར་ཏེ། ཤེས་རབ་ཆོས་ཀྱི་དབྱིངས་ཀྱི་ཡུལ་ཅན་གྱིས། དེ་དང་ཐ་མི་དད་པའི་ཕྱིར་ཆོས་ཐམས་ཅད་མངོན་སུམ་དུ ་བྱེད་པས་ཆུང་མི་ཟ་ལ། བསོད་ནམས་ཀྱིས་ཉན་ཐོས་ལ་སོགས་པ་དང་ཐུན་མོང་མ་ཡིན་པ་ཉིད་ཀྱིས་འབྱོར་བ་མཆོག་རྣམས་འཐོབ་པའི་ཕྱིར་རོ། །དེ་བཞིན་གཤེགས་པའི་གསང་བའི་ཆོས་རྣམས་ཐམས་ཅད་བསྟན་པ་སྟེ་གསང་བའི་དག་ཁོ་ན ་ཆོས་རྣམས་ཡིན་ནོ། །དེ་ཡང་ཡུལ་ཚད་མེད་པ་ཉིད་ཀྱིས་ཚད་མེད་དོ། །དེ་དྲན་པ་མི་བརྗེད་པ་ནི་འཛིན་པ་སྟེ། འདི་དྲན་བ་དེའི་སྣོད་དང་གཞི་ལ་རྟེན་ཡིན་པའོ། །གསང་བ་སྨོས་པ་ནི་དཔེ་ཙམ་དུ་ཟད་དེ་འདི་སྐད་དུ་སངས་རྒྱས་རྣམས་ལ་ཆོས་བསྟན ་པ་ཚད་མེད་པ་དག་ཐོས་ནས་དྲན་ཞིང་འཛིན་པར་ཕོད་ནུས་སོ་ཞེས་བསྟན་པ་ཡིན་པས་ཐོས་པ་ཡོངས་སུ་འཛིན་པ་རྣམ་པར་དག་པ་ཞེས་བྱའོ། །མངོན་པར་ཤེས་པ་འོད་གསལ་བ་ཞེས་བྱ་བ་ཇི་ལྟར་ན་མངོན་པར་ཤེས་པ་དག་ཡོས ་པ་རྣམས་ཤེས་བྱ་ཞེ་ན། སྨྲས་པ། ངེས་རབ་ཏུ་ཕྱེ་བའི་ཕྱིར་རོ། །འདི་ཡང་ཕལ་ཆེར་དཔེའི་དབང་དུ་བྱས་ནས་བཤད་པར་ཟད་དེ། འདི་ལྟར་རྫུ་འཕྲུལ་གྱི་མངོན་པར་ཤེས་པ་ནི་ཡང་བ་ཉིད་དུ་མོས་པས་རབ་ཏུ་ཕྱེ་བ་ཡིན་ནོ། །ལྷའི་རྣ་བ་དང་ལྷའི ་མིག་དག་ནི་སྒྲ་དང་སྣང་བ་ལ་མོས་པས་རབ་ཏུ་ཕྱེ་བ་ཡིན་ནོ། །ཤིན་ཏུ་རྟོགས་པའི་ཕྱིར་ལེགས་པར་རྟོགས་པའི་ཕྱིར་རོ། །གཟུངས་རྣམས་ཀྱི་སྒོ་ནི་ཡི་གེ་རྣམས་ཏེ། དེ་དག་ལ་འཇུག་པའི་ཐབས་ཡིན་པའི་ཕྱིར་རོ། །ཡི་གེ་དེ་དེ་དག་ཐ་དད་པ་མེད་པ་ནི ་སྔ་ཕྱི་མི་འགལ་བའོ། །དོན་དམ་པ་ཤེས་པར་བྱ་བའི་ཕྱིར་གདམས་ངག་གང་ཡིན་པ་དེ་བསླུ་བ་མེད་པ་སྟེ། དེ་རྟོགས་པར་འགྱུར་བའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་དེ་རྟོགས་པས་ང་རྒྱལ་ཐམས་ཅད་སྤངས་པའི་ཕྱིར་མངོན་པའི་ང་རྒྱལ་མེད་པ་རྣམ་པར ་དག་པ་ཞེས་བྱའོ། །མདོ་ལས་ནི་ཆོས་ཀྱི་དབྱིངས་ཞེས་བྱ་བའི་ཕྱག་རྒྱས་ལེགས་པར་བཏབ་པའི་ཕྱིར་རོ་ཞེས་བསྟན་པ་ཡིན་ཏེ། ཇི་ལྟ་ཞེ་ན། ཆོས་ཐམས་ཅད་ཀྱི་མཆོག་ཡིན་པའི་ཕྱིར་དོན་དམ་པ་ནི་ཆོས་ཀྱི་དབྱིངས་ཡིན་ནོ། །དེའི་ཡུལ ་ཅན་གྱི་ཤེས་པ་ནི་དོན་དམ་པ་ཤེས་པ་དང། ཆོས་ཀྱི་དབྱིངས་ཤེས་པ་སྟེ། དེའི་ཕྱེད་ཀྱི་ཕྱག་རྒྱ་ནི་མཚན་ཉིད་གསུམ་གང་ཡིན་པ་སྟེ་སྤྱིའི་མཚན་ཉིད་གསུམ་མོ། །ཡང་འདུལ་བ་དང་ཆོས་མངོན་པ་དང་མདོ་སྡེ་ལ་འཇུག་པའི་མཚན་ཉིད ་དེ། དེས་ལེགས་པར་བཏབ་བོ། །དེ་ཡང་གང་ཞེ་ན། གདམས་དག་གོ་ཞེས་ཚིག་ཁོང་ནས་དྲང་སྟེ། དེ་ཉིད་ཀྱི་ཕྱིར་བསླུ་བར་མི་བྱེད་པ་ཡིན་ནོ། །ཡང་ན་གདམས་ངག་དེ་ཉིད་ཕྱག་རྒྱ་ཡིན་ཏེ། རང་ལ་ངེས་པ་བཞིན་འདོམས་པའི་ཕྱིར་རོ།། ་བསླུ་བ་མེད་པ་ཉིད་ནི་གང་དག་ལ་འདོམས་པ་དེ་དག་གིས་དེ་རྟོགས་པར་འགྱུར་བ་ཉིད་ཀྱིས་རིག་པར་བྱའོ། །ཏིང་ངེ་འཛིན་གྱི་མཐུ་ཡང་ཡོད་ལ་རྫུ་འཕྲུལ་གྱི་མཐུ་ཡང་ཡོད་པS་རྫུ་འཕྲུལ་གྱི་མཐུས་ཞེས་ཁྱད་པར་དུ་བྱེད་དོ། །མཐོད་པའི་ལམ ་གྱི་གནས་སྐབས་ན་དོན་དམ་པའི་བྱང་ཆུབ་ཀྱི་སེམས་བསྐྱེད་པ་གང་ཡིན་པ་དེ་ནི་དོན་དམ་པ་ཤེས་པ་ལ་གནས་པའི་ཕྱིར་ཐེ་ཚོམ་མེད་པས་ཤིན་ཏུ་རྣམ་པར་ངེས་པའོ། །གནས་པ་ཉིད་ནི་ལྷན་ཅིག་འབྱུང་བ་དང་མཚུངས་པ་དང་ལྡན་པ་དག ་གིས་སོ། །སེམས་བསྐྱེད་པ་དེ་ནི་ས་དང་པོར་ཆུད་པ་ཡིན་ནོ། །སངས་རྒྱས་གྱི་ཆོས་ཆེན་པོ་རྣམས་སྐྱེ་བའི་རྒྱུར་གྱུར་པའི་ས་བོན་དུ་གྱུར་པའི་ཕྱིར་རྒྱུའི་དོན་གྱིས་དབྱིངས་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་རྒྱས་པའོ། །ཡང་ཞེས་བྱ་བ་ནི་བཤད་པ་གཞན ་ཡིན་ནོ། །ཆོས་ཀྱི་དབྱིངས་ལ་ཆེ་བ་ཞེས་བྱ་བ་ལ། ལ་ཞེས་བྱ་བས་ནི་ཡུལ་དང་ཡུལ་ཅན་གྱི་དངོས་པོར་སྟོན་པར་བྱེད་པའོ། །སྔར་ནི་བྱེ་བྲག་བསྡུ་བ་སྟེ། སེམས་བསྐྱེད་པ་ཉིད་ཟག་པ་དང་བཅས་པ་དང་ཟག་པ་མེད་པ་རྣམས་སྐྱེ་པའི་རྒྱུ་མཚན་ཡིན ་པས་ཆོས་ཀྱི་དབྱིངས་སུ་བཤད་པ་ཡིན་ནོ། །ད་ནི་ཁྱད་པར་དུ་བརྗོད་པར་འདོད་པའི་དབང་གིས་ཟག་པ་མེད་པ་དག་ཁོ་ན་སངས་རྒྱས་ཀྱི་ཆོས་རྣམས་ཡིན་ཏེ། དཔེར་ན་སྲིད་སྒྲུབ་གཞུ་ཐོགས་པ་ཡིན་ནོ་ཞེས་བྱ་བ་ལྟ་བུའོ། །དེ་དག་གི་རྒྱུ་ཞེས་བྱ་བ་ནི ་ཆོས་དབྱིངས་བདག་མེད་པ་གཉིས་ཏེ། དེའི་ཡུལ་ཅན་ལ་ཡང་དེ་སྐད་ཅེས་བྱའོ། །རྒྱས་པ་ཉིད་ཀྱི་རྒྱུ་སྟོན་པར་བྱེད་དེ་སོ་སོའི་སྐྱེ་བོ་ལ་སོགས་པ་དེ་བཞིན་ཉིད་ལ་དམིགས་པའི?་ཤེས་པ་གཞན་གང་དག་ཡིན་པ་སྟེ། སོ་སོའི་སྐྱེ་པོ་ཡིན?་ཐོས་པའི་གནས ་སྐབས་ན་ཀུན་རྫོབ་པའོ། །ཉན་ཐོས་ལ་སོགས་པའི་ནི་དེ་བཞིན་ཉིད་ལ་དམིགས་པ་ཡིན་པར་རིག་པར་བྱའོ། །དེ་རྣམ་པས་ཤིན་ཏུ་མཆོག་ཏུ་གྱུར་པ་ནི་སྒྲིབ་པ་གཉིས་ཀྱི་གཉེན་པོ་ཞེས་བྱ་བ་ལ་སོགས་པའི་ཕྱིར་རོ། །རྣམ་པར་དག་པ་དང་མཐུན ་པའི་ཆོས་ཤེས་བྱ་བར་ཁོང་དུ་ཆུད་པར་བྱ་བའི་རྣམ་པར་དག་པ་ཉིད་ཆོས་ཤེས་བྱ་བར་ནི་མ་ཡིན་ནོ། །དེ་ནི་ཐེག་པ་ཆེན་པོའི་གསུང་རབ་ཉིད་བཤད་པའི་ངོ་བོ་ཡིན་པའི་ཕྱིར་ཆོས་སོ། །དེ་ཉིད་རིགས་ཀྱི་དོན་གྱིས་ན་དབྱིངས་ཏེ་གང་ཞིག་གང ་ལས་སྐྱེ་བ་དེ་ནི་དེའི་རིགས་དང་དབྱིངས་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་དེའི་དོན་མཉན་པ་དང། བསམ་པ་ལ་སོགས་པའི་རིམ་གྱིས་ཆོས་དེས་ཡོངས་སུ་སྦྱངས་པའི་ཕྱིར་སེམས་བསྐྱེད་པ་དེའི་ཡོངས་སུ་སྦྱང་བར་བྱ་བའི་ས་ཞེས་བྱའོ། །འདི་ལ་རྒྱས་པ་ཡོད་པས་ཤེས ་ཚིག་རྣམ་པར་སྦྱར་ཏེ། རྒྱས་པ་ནི་མདོ་ལ་སོགས་པ་མཛའ་ཡས་པའི་བྱེ་བྲག་གིས་མཛའ་ཐུག་པ་མེད་པའི་ཕྱིར་རོ། །ཡང་དགེ་བའི་དོན་གྱིས་བསོད་ནམས་ཀྱི་རྣམ་གྲངས་ཉིད་དུ་སྟོན་པར་བྱེད་དོ། །འདིར་དབྱིངས་ཀྱི་དོན་ནི་རྒྱུའི་དོན་ཏོ། །ཚིག་རྣམ་པར་སྦྱར་བ ་ནི་བཤད་མ་ཐག་པ་ཁོ་ནར་ཟད་དོ། །རྒྱས་པ་ནི་བསྐལ་པ་དུ་མར་བསྒྲུབས་པའི་ཕྱིར་རོ། །འདིས་ནི་འདི་བསྐལ་པ་དུ་མས་བསྒྲུབས་པའི་བསོད་ནམས་ཀྱིས་བསྐྱེད་པ་ཉིད་དུ་བསྟན་ཏོ། །མི་རྟག་པ་འདུས་བྱས་སྡུག་པ་ཡིད་དུ་འོང་བ། འགྲུབ་པ་སྐྱེ་བ་ཉིད ་ཀྱི་རྒྱུའོ། །དེར་ཤིན་ཏུ་རྣམ་པར་ངེས་པ་སྟེ། མདོ་ལས་ནམ་མཁའ་ཨི་ཁམས་ཀྱི་མཐས་གཏུགས་པ་ཞེས་བྱ་བའི་ཚིག་གིས་བསྟན་ཏོ། །ཇི་ལྟ་ཞེ་ན། དེ་ཉིད་སློབ་དཔོན་གྱི་ནམ་མཁའ་ལྟ་བུ་སྟེ་ཞེས་བསྟན་ཏེ་འདི་སྐད་དུ་ཇི་ལྟར་ནམ་མཁའ་དོག་ཕྱེ་བའི་སྒོ་ནས་ངེས་བསྐྱེད ་པའི་གཟུགས་རྣམ་པ་སྣ་ཚོགས་མང་པོ་དག་གིས་ཀྱང་ཟད་པར་མི་འགྱུར་བ་ལྟར་སེམས་བསྐྱེད་པ་འདི་ཡང་དེ་དང་འདྲའོ། །ཇི་ལྟ་ཞེ་ན། དེ་ནི་ཟག་པ་མེད་པ་མེ་ལོང་ལྟ་བུའི་ཡེ་ཤེས་ལ་སོགས་པ་འཕེན་པར་བྱེད་པ་ཡིན་པའི་ཕྱིར་རྒྱུ་མཐུན་པའི་རྒྱུ་ཉིད་དུ ་རྣམ་པར་གནས་ལ། དེ་དག་ཀྱང་སེམས་ཅན་མཐར་ཐུག་པར་ཡོངས་སུ་བསྔོས་པའི་དབང་གིས་འཁོར་བ་ཇི་སྲིད་པར་རྗེས་སུ་འཇུག་གོ་།དེ་ཉིད་ཀྱི་ཕྱིར་དེ་བཞིན་གཤེགས་པ་དེ་ནི་རྒྱུ་མཐུན་པ་ཞེས་བྱའོ། །རྣམ་པར་སྨིན་པའི་རྒྱུ་ནི་འབྲས་བུ་བསྐྱེད་ནས་ལྡོག་གི་རྒྱུ ་འཐུན་པའི་རྒྱུ་ནི་འབྲས་བུ་དག་སྐྱེས་ན་ཆེས་ཤིན་ཏུ་རྒྱས་པར་འགྱུར་བས་དེ་ལྟར་ན་འདི་འབྲས་བུ་མི་ཟད་པ་ཉིད་ཀྱི་ཕྱིར་ནམ་མཁའ་ཨི་མཐས་གཏུགས་པའོ་ཞེས་བཤད་པ་ཡིན་ནོ། །ཕྱི་མའི་མཛའ་ནི་མ་འོངས་པའི་དུས་སོ། །དེའི་མུ་ནི་མཐས་གཏུགས་པ་སྟེ་དེ་རྣམ ་པར་འཆད་པའི་ཕྱིར་མྱ་ངན་ལས་འདས་པ་ཡིན་ནོ། །དེའི་ཐུག་པ་ནི་གཞོལ་བ་སྟེ། དེ་ཐོབ་པར་བྱེད་པ་ཡིན་པའི་ཕྱིར་སེམས་བསྐྱེད་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་ཉིད་ཀྱི་ཕྱིར་སློབ་དཔོན་གྱིས་འདིར་སྡུག་པ་སྨོས་པ་དང་འགྲུབ་པ་སྨོས་པ་མ་མཛད་དེ། ་རྟག་པ་མྱ་ངན་ལས་འདས་པ་ལ་མི་སྡུག་པ་དང་ལྡན་པས་རྣམ་པར་བཅད་པར་བྱ་བ་མེད་པའི་ཕྱིར་དང། དེ་ཐོབ་པས་འདི་རྒྱུའི་དངོས་པོ་ཡིན་གྱི་སྐྱེད་པར་བྱེད་པ་ནི་མ་ཡིན་པའི་ཕྱིར་རོ། །ཤིན་ཏུ་རྣམ་པར་ངེས་པ་འདི་གཉིས་ཀྱིས་ནི་རིམ་བཞིན་དུ་བཅོམ ་ལྡན་འདས་ཀྱི་ཡེ་ཤེས་དང་སྤངས་པ་ཕུན་སུམ་འཚོགས་པ་བརྗོད་པར་བལྟ་བར་བྱའོ། །ཇི་ལྟར་ཞེ་ན། གོ་རིམ་བཞིན་དུ་འདུས་བྱས་ཀྱི་རང་བཞིན་གྱི་ཡོན་ཏན་རྣམས་དང། འདུས་མ་བྱས་མྱ་ངན་ལས་འདས་པ་སྨོས་པའི་ཕྱིར་ཏེ། རྟག་པའི་རྒྱུ་ཉིད་དུ་ཤིན་ཏུ ་རྣམ་པར་ངེས་པ་བརྗོད་མ་ཐག་པས་ནི་མྱ་ངན་ལས་འདས་པ་ཙམ་ཞིག་ཐོབ་པར་བཤད་ཀྱི་མྱ་ངན་ལས་འདས་པའི་ཁྱད་པར་ནི་མ་ཡིན་ནོ། །འདིས་ནི་གཅིག་ཁོ་ནར་མྱ་ངན་འདའ་བ་བཀག་སྟེ། སེམས་ཅན་གྱི་དོན་དུ་འཁོར་བར་སྐྱེ་བ་ཡོངས་སུ་འཛིན་པའི ་ཕྱིར་རོ། །འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བ་རྣམས་ཀྱི་ཡེ་ཤེས་ཀྱི་ས་ལ་འཇུག་པས་འདི་བརྩོན་འགྲུས་ཆེན་པོ་རྩོམ་པའི་རྒྱུ་ཉིད་དུ་བསྟན་པའི་ཕྱིར་ཞུམ་པ་མེད་པ་ཉིད་ཅེས་པའོ། །ཡང་དག་པར་འགྲུབ་པ་ནི་འབྲས་བུའོ། །འཇིག་རྟེན་ན ་ཡང་གང་ལས་འབྲུ་རྣམས་སྐྱེ་བ་དེ་ཞིང་ཞེས་བྱ་བས་དེ་བཞིན་དུ་འདིར་ཡང་འདི་དག་ལ་འབྲས་བུ་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་འབྲུ་འབྲས་བུར་གནས་པ་ན་ཡེ་ཤེས་ཀྱིས་འདི་དག་ཉིད་ཡིན་ནོ། །ལྷག་མ་ནི་དོན་གོ་བར་ཟད་དོ། །སོ་སོ་སྐྱེ་བོའི་མཚན ་ཉིད་ནི་འཕགས་པའི་ཆོས་མ་ཐོབ་པ་ཡིན་པའི་ཕྱིར་ལ། ས་དང་པོ་ལ་མཐོང་བའི་ལམ་སྐྱེས་ནས། དེ་དང་བྲལ་བས་མི་མཐུན་པའི་ཕྱོགས་ཉིད་ཡིན་ཏེ། འདི་སྐད་དུ་བྱིས་པ་སོ་སོའི་སྐྱེ་བོའི་ས་ལས་འདས་པ་ཡིན་ཞེས་བྱ་བ་ལ་སོགས་པ ་འཆད་པར་འགྱུར་རོ། །གཉིས་པ་ལ་ནི་དགེ་བ་བཅུ་བརྟེན་པའི་ཕྱིར་ཡང་དག་པར་ཞུགས་པ་ཡིན་པ་དེ་ལས་བཟློག་པ་ལོག་པར་སྒྲུབ་པ་མི་མཐུན་པའི་ཕྱོགས་ཡིན་ནོ། །གསུམ་པ་ལ་ནི་དེ་ཆེས་ཕྱུག་པ་ཡིན་ཞེས་བྱ་བ་ལ་སོགས་པས་ཐོས་པ་ལ་སོགས ་པའི་དོན་སྣང་བ་བརྗོད་པའི་ཕྱིར་དེ་ལས་བཟློག་པ་བརྗོད་པ་ཞེས་བྱ་བ་མུན་པའི་ཚུལ་ཙན་ཉིད་མི་མཐུན་པའི་ཕྱོགས་ཡིན་ནོ། །བཞི་པ་ལ་ནི་གང་འདི་འཇིག་ཚོགས་ལ་ལྟ་བ་སྔོན་དུ་འགྲོ་བའི་ལྷག་པར་གཡོ་བ་དང་བྲལ་བར་གཡོ་བ་དང་བྲལ་བ་ཞེS་བྱ་བ་ལ་སོགས་པས། དེ་དང་བྲལ ་བར་བརྗོད་པའི་ཕྱིར་དེ་ཉིད་མི་མཐུན་པའི་ཕྱོགས་ཡིན་ནོ། །ཀུན་ཏུ་བརྟགས་པ་ནི་དང་པོ་ཁོ་ན་ལ་སྤངས་སོ་ཞེས་བསྟན་པའི་ཕྱིར་ལྷན་ཅིག་སྐྱེས་པ་ཞེས་སྨོས་ཏེ། དེ་སྐད་དུ་གསུམ་པ་ལས་རྣམ་པར་བརྟགས་པའི་ལྟ་བའི་དབང་དུ་བྱས་ནས་འདི་ལྟ་བས ་བྱས་བའི་འཆིང་བ་རྣམས་ནི་སྔ་ནས་སྤངས་པ་ཁོ་ནའོ་ཞེས་བཤད་དོ། །དེ་ལ་ཕྲ་བའི་རྣམ་པ་ནི་དགེ་བ་ལ་སོགས་པའི་སེམས་ལ་ཡང་དེ་དང་མི་འགལ་བར་དུ་ཐམས་ཅད་དུ་གནས་པས་བརྟག་དཀའ་བའི་ཕྱིར་ཏེ། འདི་ལྟར་དགེ་བ་ལ་སོགས་པ ་སྐྱེ་བའི་དུས་ན་ཡང་དེ་དང་མཚུངས་པར་ལྡན་པའི་ཕྱིར་བདག་ལ་ཆགས་པ་དང། བདག་ཏུ་ང་རྒྱལ་བ་ལ་སོགས་པ་ཡོད་པ་ཁ་ནའོ། །རྣམ་པ་བརྟགས་པ་ནི་དེ་ལྟ་མ་ཡིན་པས་རགས་པ་ཡིན་ཏེ། ཉོན་མོངས་པ་ཅན་གྱི་ཡིད་དུ་བྱེད་ཅིང་དེ་སྐྱེ་བའི་ས ་བོན་འཇོག་པའི་ཕྱིར་སྐྱེད་པར་བྱེད་པ་ཡིན་ནོ། །རང་གི་ཡིད་ལ་བྱེད་པ་ནི་ཀུན་གཞི་རྣམ་པར་ཤེས་པ་ཡིན་ཏེ། འདི་ལྟར་གཞན་ན་དེ་ཉིད་ཀྱི་དབང་དུ་བྱས་ནས་དེའི་རྗོད་པས་བསྒོས་པའི་བརྗོད་པའི་ཡིད་ལ་བྱེད་པ་ཞེས་གསུངས་སོ། །དེ་ཡང་དམིགས་པ་དང་རྣམ ་པ་ཡོངས་སུ་མ་ཆད་པ་ཉིད་ཀྱིས་བརྟག་དཀར་བ་ཉིད་དེ། དེ་ལ་དམིགས་པས་ཀྱང་ཕྲ་བ་ཡིན་ནོ། །རིང་དུ་སོང་བ་ཉིད་ནི་བཞི་བའི་བར་དུ་རྗེས་སུ་འབྲེལ་བའི་ཕྱིར་རོ། །འདི་ལྟར་རྒྱུ་གསུམ་གྱིས་བྲ་བར་རིགས་པར་བྱའོ། །ལྔ་པ་ལ་ནི་ཡོངས་སུ་མྱ་ངན་ལས་འདའ་བར་ནུས་ཀྱང་ཐབས ་མཁས་པས་སེམས་ཅན་གྱི་དོན་བྱ་བར་གནས་པའི་ཕྱིར་ཐེག་པ་དམར་པས་ཡོངས་སུ་མྱ་ངན་ལས་འདའ་བ་མི་མཐུན་པའི་ཕྱོགས་ཡིན་ནོ། །དྲུག་པ་ལ་ནི་སྙིང་རྗེ་ཆེན་པོ་མངོན་པར་སྒྲུབ་པ་དང། སེམས་ཅན་གྱི་བྱ་བ་མི་འདོར་བའི་ཕྱིར་ཆགས་པ་མིང་པའི་ཡེ་ཤེས་ལ ་མངོན་དུ་ཕྱོགས་པ་ཞེས་བྱ་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་མངོན་དུ་འགྱུར་རོ་ཞེས་བྱ་བ་ལ་སོགས་པ་ཕལ་ཆོས་མཚན་མ་ཀུན་ཏུ་འབྱུང་བ་ཉུང་བར་བརྟན་པའི་ཕྱིར་མཚན་མ་རགས་པ་ཀུན་ཏུ་འབྱུང་བ་དེའི་མི་མཐུན་པའི་ཕྱོགས་ཡིན་ནོ། །བདུན ་པ་ལ་ནི་དེ་མ་སྤངས་པར་ལུས་དང་ངག་དང་ཡིད་ཀྱི་ལས་མཚན་མ་དང་བྲལ་བ་ལ་འཇུག་གོ་ཞེས་བྱ་བ་ལ་སོགས་པ་འབྱུང་བས་མཚན་མ་མེད་པ་ལ་སྤྱོད་པ་བརྟན་པའི་ཕྱིར་རོ། །མཚན་མ་ཆུང་དུ་ཀུན་ཏུ་འབྱུང་བ་མི་མཐུན་པའི་ཕྱོགས་ཡིན་ནོ། །བརྐྱང་པ་ལ ་ནི་རྒྱ་མཚོར་འགྲོ་བའི་གྲུ་བོ་ཆེ་ཞེས་བྱ་བ་ལ་སོགས་པས་མཚན་མ་མེད་པར་སྤྱོད་པ་ལ་ཡང་རྩོམ་པ་ཐམས་ཅད་དང་བྲལ་བར་བརྗོད་པའི་ཕྱིར་མངོན་པར་འདུ་བྱེད་པ་མི་མཐུན་པའི་ཕྱོགས་ཡིན། །དགུ་པ་ལ་ནི་སོ་སོ་ཡང་དག་པར་རིག་པ་ཐོབ་པ་ཡིན་པས་སེམS ་ཅན་གྱི་དོན་ལ་མངོན་པར་འདུ་མི་བྱེད་པ་དེའི་མི་མཐུན་པའི་ཕྱོགས་ཡིན་ནོ། །བཅུ་པ་ལ་ནི་གསང་བ་ལ་སོགས་པའི་ཆོས་ཐམས་ཅད་སྣང་བས་ཆོས་ཐམས་ཅད་ལ་དབང་ཐོབ་པ་བརྗོད་པའི་ཕྱིར། དེ་ལ་དབང་མ་ཐོབ་པ་མི་མཐུན་པའི་ཕྱོགས་ཡིན་ནོ། །ས་འདི་རྣམས ་ཀྱི་ངེས་པའི་ཚིག་དང། བྱེད་པ་དང་མི་མཐུན་པའི་ཕྱོགས་དང་གཉེན་པོའི་ཕྱོགས་དག་ནི་འཕགས་པ་དགོངས་པ་འགྲེལ་པའི་མདོ་ལས་ཤེས་པར་བྱའོ། །དེ་ལ་མངལ་ན་གནས་པའི་གནས་སྐབས་བཅུ་ནི་ཞེས་བྱ་བ་ལ་སོགས་པ་ལ། ཕྱི་རོལ་ཕྲིས་མར་ཆབས ་ལ། ནད་རླན་ཏེ་མར་འདུག་པ་ནི་ནུར་ནུར་པོ་ཡིན་ནོ། །ཕྱི་ནང་གཉིས་ཀ་ཁད་དེ་ཆགས་ལ་ཤའི་དངོས་པོར་མ་རེད་པ་ནི་མེར་མེར་པོ་ཡིན་ནོ། །རྙོལ་རྙོལ་པོར་འདུག་པ་ནི་ཉོལ་ཉོལ་པོ་ཡིན་ནོ། །ཤར་གྱུར་ཅིང་མནོན་བཟོད་པ ་ནི་ཤ་མཁྲང་པ་ཡིན་ནོ། །ཤ་སྐྱེས་པ་དང་ལྡན་པས་ཡན་ལག་གི་མཆན་མ་དོད་པ་ནི་ལུས་དང་མཐུན་པ་ཡིན་ནོ། །དེ་ནས་མངལ་ན་གནས་པ་དེ་ཕྱིས་མིའམ། དུང་འགྲོ་ལ་སོགས་པ་ཅི་ཞིག་ཏུ་འགྱུར་བའི་སྔོན་རོལ་སྲིད་པའི་གཟུགས་ཉིད་དུ་འགྱུར ་བ་གང་ཡིན་པ་དེ་ནི་རང་བཞིན་དང་མཐུན་པ་ཡིན་ནོ། །དེ་ཉིད་འགྱུར་ཞིང་ལྡོག་པས་འགུལ་བ་ནི་ལས་དང་བཅས་པའི་ལུས་ཀྱིས་གནས་སྐབས་ཡིན་ནོ། །ཡོངས་སུ་རྫོགས་པའི་ལུས་ཀྱི་གནས་སྐབས་ནི་རྣམ་པར་ཕྱེ་བ་ཁོ་ནར་ཟད་དོ། །ཆེན་པོ་གསུཾ ་ཞེས་བྱ་བ་ལ་སོགས་པ་ནི་རྒྱུ་དང་འབྲས་བུ་དང་ངོ་བོ་ཉིད་དེ་གོ་རིམ་བཞིན་ནོ། །ཀྱེ་རྒྱལ་བའི་སྲས་དག་ཅེས་བྱ་བ་ལ་སོགས་པ་ལ་མ་མཐོང་ངོ་ཞེས་བྱ་བའི་དགག་པ་འདི་གང་ཡིན་ཞེ་ན། སངས་རྒྱས་ཐམས་ཅད་བྱང་ཆུབ་སེམས་དཔའ་ཨི་ས ་བཅུ་པོ་འདི་དག་མི་གསུང་བའི་སངས་རྒྱས་ཀྱི་ཞིང་རབ་འབྱམས་ཞེས་བྱ་བའི་ཡིན་ནོ། །རྒྱལ་བའི་སྲས་དག་ཅེས་བྱ་བ་ནི་སྡིག་པ་ཐམས་ཅད་ལས་རྒྱལ་བ་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཏེ་དེ་སྐད་དུ། བཅོམ་ལྡན་འདས་ཀྱིས ་འཚོ་བྱེད་ཉེ་བར་འགྲོ་ལ། གང་དག་ཟག་ཟད་ཐོབ་པར་དག། རྒྱལ་བ་ང?་འདྲར་ཤེས་པར་བྱ། །སྡིག་པའི་ཆོས་ལས་ང་རྒྱལ་བས། །དེ་བས་ཉེ་འགྲོ་ང་རྒྱལ་བའོ་ཞེས་གསུངས་སོ། །རྒྱས་པར་བྱེད་པས་ན་སྲས་ཏེ། སྨྲས་པ། བུ་ཡིད་འཇིག་རྟེན་ལས ་རྒྱལ་བྱེད། །ཚ་བོ་ཡིས་ནི་ཀུན་དགའ་འཐོབ། །ཡང་ཚ་ཡིས་ནི་མཐོ་རིས་ཀྱི། །འཇིག་རྟེན་དུ་ནི་མཆོད་པར་འགྱུར། །འདི་གང་ཞིག་གང་ལས་སྐྱེ་བ་དེ་ནི་དེའི་རིགས་ཡིན་པའི་ཕྱིར་ཏེ། འདི་ལྟར་རྒྱལ་བ་རྣམས་ལམ་ལས་སྐྱེ་བས་ལམ་ནི་རྒྱལ་བ ་རྣམས་ཀྱི་རིགས་ཞེས་བྱའོ། །བྱང་ཆུབ་སེམས་དཔའ་བརྩོན་འགྲུས་ཤིན་ཏུ་བརྩམས་པ་ལམ་དེ་འདོད་པ་རྣམས་ཀྱིས་ཀྱང་དེའི་མི་མཐུན་པའི་ཕྱོགས་ལས་རྒྱལ་ནས་སངས་རྒྱས་ཀྱི་རིགས་དེ་རྒྱས་པར་བྱེད། སྐྱོན་མེད་པར་བྱེད་པས་ན་རྒྱལ་བ་རྣམས་ཀྱིས་ཆོས་ལས ་སྐྱེས་པའི་སྲས་དག་ཅེས་བྱའོ། །དེ་ཞེས་བྱ་བ་ནི་བསྟན་པའོ། །གང་ན་ཞེས་བྱ་བ་ནི་བཤད་པའོ། །དེ་ལ་ཞལ་ནས་གསུངས་པའི་ཚིགས་སུ་བཅད་པའི་གཞུང་ཞེས་བྱ་བ་ལ་སོགས་པ་ནི་འདི་སྐད་དུ་སྟོན་པར་བྱེད་པ་ཡིན་ཏེ། ཚིགས་སུ་བཅད་པ་འདི་རྣམས་ལ་ལ ་ལས་འདི་ལྟ་མ་ཡིན་པར་ཡང་འབྱུང་བ་སྣང་སྟེ། དོན་དང་ཚིག་འབྲུ་ཕུན་སུམ་ཚོགས་པ་མ་ཡིན་པ་ཉིད་ནས་གསུངས་པ་མ་ཡིན་པར་བལྟ་བར་བྱའོ། །བདག་གིས་ནི་ཞལ་ནས་གསུངས་པའི་གཞུང་མ་ཉམས་པ་ཡིད་ཆེས་པའི་ལུང་ལས་འོངས་པ་གང་ཡིན ་པ་དེའི་དོན་རྣམ་པར་ཕྱེ་བ་ཡིན་གྱིས། དེ་ལྟ་བས་ན་ལ་ལ་ལས་འདི་ལྟ་མ་ཡིན་པར་འབྱུང་བ་མཐོང་ནས་ཇི་ལྟར་འབྱུང་བ་དེ་བཞིན་དུ་རྣམ་པར་ཕྱེའོ་ཞེས་དེ་སྙམ་དུ་བསམ་པར་མི་བྱ་སྟེ། གཞུང་དེ་ནི་ཉམས་པ་ཡིན་གྱི་འདི་ཁོ་ན་ཡང་དག་པ་ཡིན ་ནོ་ཞེས་ཆ་གཅོད་པར་བྱེད་པའོ། །ཞལ་ནས་གསུངས་པའི་གཞུང་མ་ཉམས་པ་གང་གིས་ཤེས་པ་ཞལ་ནས་གསུངས་པའི་དོན་དང་ཚིག་འབྲུ་ཤེས་པ་བདག་གི་བླ་མ་རྣམས་ཀྱིས་དོན་དང་དམིགས་པ་དེ་ཉིད་གཞུང་ཡིན་ནོ་ཞེས་བྱ་བའོ། །དེ་བཞིན་ཉིད་ལ ་དམིགས་པའི་ཡེ་ཤེས་ནི་མཚན་མ་མེད་པའི་ཕྱིར་རྣམ་པར་རྟོག་པ་ཉོན་མོངས་པ་ཅན་རྣམས་ཀྱི་གཞི་དེ་ལས་བྱུང་ཞིང་སྐྱེས་པའི་འདུ་ཤེས་ཀྱི་གཉེན་པོ་སྟེ། དེ་ནི་དྲན་པ་དང་ཡེ་ཤེས་ལྡན་ཞེས་བྱ་བ་འདི་ལས་ཡེ་ཤེས་སྨོས་པས་སྟོན་ཏོ། །འཇིགས་པ་མེད་པ ་ཞེས་བྱ་བ་འདིས་ནི་རྟོགས་པ་ལ་རྣམ་པར་ངེས་པ་ཉིད་ཡིན་པ་དང། ལྐོག་དུ་གྱུར་ལ་དོན་དུ་གཉེར་བ་ཉིད་བསྟན་ཏོ། །ཇི་ལྟ་ཞེ་ན། ཆོས་མཐོང་བ་དང་ལྐོག་དུ་མ་གྱུར་ལ་དོན་དུ་གཉེར་བ་ནི་མི་འཇིགས་པ་ཡིན་ནོ་ཞེས་བྱ་བ་འདིས་འཇིགས་པ་མེད་པའི་རྒྱུ་རྟོགས་ ་པ་སྟོན་པས་འདི་དག་གི་རྟོགས་པ་ལ་རྣམ་པར་ངེས་པ་ཉིད་ཀྱང་བཤད་པ་ཡིན་ལ། ལྐོག་དུ་མ་གྱུར་ལ་དོན་དུ་གཉེར་བ་གང་ཡིན་པ་དེ་ནི་མི་འཇིགས་པ་ཡིན་པའི་ཕྱིར་འཇིག་པ་མེད་པ་ཞེས་བྱ་བ་འདི་ཉིད་ཀྱིས་ལྐོག་ཏུ ་མ་གྱུར་ལ་དོན་དུ་གཉེར་བ་ཡང་བཤད་པ་ཡིན་ནོ། །དེ་ལ་རྟོགས་པ་ལ་རྣམ་པར་ངེས་པ་ཉིད་དང་ལྐོག་ཏུ་མ་གྱུར་ལ་དོན་དུ་གཉེར་བ་ཉིད་གཉིས་ལ་ཐ་དད་དུ་བྱ་བ་ཅི་ཡོད་ཅེས་ན། རྟོགས་པ་ཅུང་ཟད་ཙམ་ཐོབ་པའི་ཕྱིར། བདེན་པ་མཐོང་བ་ནི་རྟོགས ་པ་ལ་རྣམ་པར་ངེས་པ་ཉིད་ཡིན་ནོ། །རྟོགས་པ་ཐོབ་པ་དག་གིས་ཀྱང་བསྟན་པར་བྱ་བའི་མངོན་སུམ་དུ་མ་བྱས་ཤིང་དེ་དག་དེ་ལ་གཉེར་པ་ཡིན་ན་བསྟན་པར་བྱ་བའི་དོན་མ་རྟོགས་པ་དེ་ལྟ་བུ་དག་ལ་ཡང་བཤད་པ་འབྲས་བུ་མེད་པ ་ཉིད་པས་དེ་བརྩལ་བའི་ཕྱིར་འཇིགས་པ་མེད་པ་ཞེས་བྱ་བ་གསུངས་ཏེ། ལྐོག་ཏུ་མ་གྱུར་ལ་དོན་དུ་གཉེར་བ་དག་ནི་བསྟན་པ་འདིའི་དོན་མངོན་སུམ་དུ་བྱས་པ་རྣམས་ཡིན་ན། གཞན་ཅི་ཞིག་གི་ཕྱིར་མི་བཤད་ཅེས་བྱའོ། །ལྷག ་མ་རྣམས་ནི་སློབ་དཔོན་ཉིད་ཀྱིས་རྣམ་པར་ཕྱེ་བར་ཟད་དོ། །སྤང་བར་བྱ་མ་ནི་ཞེས་བྱ་བའི་གནོད་པར་མི་བྱེད་པས་སྦྱང་བར་བྱ་མིན་ཏེ་ཟོས་ན་གནོད་པར་མི་བྱེད་ཅིང་ལེགས་པར་འཇུའོ་ཞེས་བྱ་བའི་ཐ་ཚིག་གོ། རྣམ་པ་གཅིག་ཏུ ་ན་དོར་བར་བྱ་བ་མ་ཡིན་ན་སྤང་པར་བྱ་མིན་ཏེ། ཟ་བ་ན་འབད་དེས་མིང་མི་དགོས་ཀྱི་ཤིན་ཏུ་འཇམ་པའི་ཕྱིར་རང་ལྟོར་འགྲའོ་ཞེས་བྱ་བའི་ཐ་ཚིག་གོ། འདིས་ན་མི་འཆིས་འམ་འདི་ཡོད་ན་མི་འཆི་བས་ན་བདུད་རྩི་ཡིན་ལ་འདིས་ཀྱང་དམ་པའི ་ཆོས་ཀྱི་སྲོག་འདོད་པར་མི་བྱེད་ལ་འདི་ཡོད་ན་ཡང་དམ་པའི་ཆོས་ཀྱི་སྲོག་འདོར་བར་མི་བྱེད་དེ། གནས་ཡོངས་སུ་གྱུར་པས་ཆོས་ཀྱི་སྐུ་འཐོབ་པ་ཞེས་བྱ་བའི་ཐ་ཚིག་གོ། དཀའ་བ་ཞེས་བྱ་བ་ལ་སོགས་པ་ལ་ཤིན་ཏུ་དཀའ་བ་ཉིད་ནི་རང་བཞིན་ཀྱིས ་རྟོགས་པར་དཀའ་བའི་ཕྱིར་རོ། །མ་འདྲིས་པས་དཀའ་བ་ཉིད་ནི་ཟག་པ་མེད་པ་ཡིན་པས་མ་གོམས་པའི་ཕྱིར་ཏེ་གོམས་པ་ནི་འདྲིས་པ་ཞེས་བྱའོ། །ས་དག་ཉིད་རྒྱུ་ཡིན་ཏེ་ཐོས་པ་ལ་སོགས་པའི་རྒྱུ་མཚན་ཡིན་པའི་ཕྱིར་རོ། །དེ་དག་བཤད་པའི་ངོ་བོ ་ཡིན་པའི་ཕྱིར་བསྟན་པའི་རང་བཞིན་མ་ཡིན་ཇི་ལྟར་ན་རྣམ་པར་དབྱེ་བ་ལ་དེ་རྣམས་བསྟན་པ་ཞེས་བྱ་ཞེ་ན། ཐ་དད་པར་བརྗོད་པར་འདོད་པའི་ཕྱིར་ཏེ། མདོ་སྟོན་པ་ཞེས་བྱ་བ་དང་འདྲ་བས་ཉེས་པ་མེད་དོ། །བསྒོམ་པ་ལས་བྱུང་བའི་ཤེས་པ་ནི་རྣལ་འབྱོར ་པའི་མངོན་སུམ་ཡིན་པའི་ཕྱིར་རྣམ་པར་མི་རྟོག་པར་འདོད་ན། དེ་ཇི་ལྟར་རྣམ་པར་རྟོག་པའི་སྒྲར་བརྗོད་ཅེ་ན་དེའི་ཕྱིར་ཁམས་གསུམ་པའི་ཞེས་བྱ་བ་སྨྲས་ཏེ། དོན་དམ་པའི་དངོས་པོ་མངོན་སུམ་དུ་མི་བྱེད་པའི་ཕྱིར་ཟག་པ་དང་བཅས་པ་ཐམས་ཅད་རྣམ་པར ་རྟོག་པ་དག་ཡིན་ནོ་ཞེས་སྟོན་པར་བྱེད་དོ། །རྣམ་པར་སྨིན་པ་ལས་བྱུང་བའི་སེམས་ཀྱི་བྱེ་བྲག་གང་གིས་ཡང་ཞེས་བྱ་བ་ནི་རྣམ་པར་སྨིན་པ་དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པ་ཡོངས་སུ་མ་སྤངས་པར་ཀུན་ཏུ་འབྱུང་བས་ཀྱང་རྟོགས་པར་དཀའ་བའི་ཕྱིར ་ཕྲ་བས་ན། གང་གི་ཡང་ཞེས་བྱ་བ་སྨྲས་སོ། །དེ་ལྟར་དོན་ཟབ་པ་དེ་ཇི་ལྟར་ཀུན་རྫོབ་ཏུ་བརྗོད་ནུས་པ་དེ་བཞིན་དུ་བཤད་ཀྱང་དཀའ་ཞེས་བྱ་བར་སྦྱར་རོ། །ཇི་ལྟར་དེ་བཞིན་དུ་བཤད་ཀྱང་དཀའ་ཞེ་ན། འགྲོ་བས་ཐོས་ན་དེར་ནི་རྨོངས་པར་འགྱུར་ཞེས་བྱ་བ ་གསུངས་ཏེ། གཞུང་འདི་ནི་ཚིགས་སུ་བཅད་པའི་ཚིག་འདི་ཁོ་ན་ལ་འཇུག་པའི་ཆེ་དེ་ཡིན་པར་རིག་པར་བྱའོ། །བརྗོད་པའི་ཀུན་རྫོབ་ཀྱིས་བ་མེན་རི་མོར་བྲིས་པ་བཞིན་དུ་དོན་དམ་པའི་དངོས་པོར་བརྗོད་པར་ཟད་ན་བྱིས་པ་རྣམས་ནི་དེ་ཁོ་ན་མ་གཏོགས ་པའི་ཕྱིར་སྒྲ་ཙམ་ལ་སོ་སོར་འབྲང་ཞིང་སྒྲས་བརྗོད་པར་བྱ་བ་ཀུན་ཏུ་བརྟགས་པའི་དངོས་པོ་ལ་མངོན་པར་ཞེན་པས་ན་དོན་ལ་སྒྲ་ཇི་བཞིན་དུ་འཛིན་པ་ཞེས་བྱའོ། །གང་དུ་སེམས་རྣམ་པར་སྨིན་པ་ཞེས་བྱ་བ་ནི་སེམས་ཀྱི་འབྲུ་སྐྱེ་བའི་གནས་ཡིན་པ ་ཉིད་ཀྱི་ཕྱིར་ནང་གི་ཕུང་པོ་རྣམས་ནི་ས་ཡིན་ཏེ། འབྲུའི་ས་བཞིན་ནོ། །གང་དུ་རྒྱུ་བ་ཞེས་བྱ་བ་ནི་སེམས་ཟིན་པ་དང། མ་ཟིན་པ་དག་ལ་དམིགས་པ་ཉིད་ཀྱི་ཕྱིར་ཐོགས་པ་མེད་པར་རྒྱུ་བས་ཆོས་ཐམས་ཅད་ས་ཡིན་ཏེ། རྒྱལ་པོའི་ས་བཞིན་ནོ།། ་ཡང་ན་འདིས་ནི་སྔར་བཤད་པ་བས་མཆོག་ཡིན་པ་ཁོ་ནར་སྟོན་ཏེ། འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མོས་སྤྱོད་པའི་སྐབས་ནས་སྐྱེས་ནས་ཐོབ་པས་ཀྱང་རྣམ་པར་འཕྲུལ་བ་ཆེན་པོར་འབྱུང་ངོ། །ལོ་མ་ལ་ལྟར་ཞེས་བྱ་བ་ལ་སོགས་པ་ལ་ཚིག་ཟུར་གྱིས་ན་ལོ ་མ་ལ་རླུང་སྣང་ངོ་ཞེས་བཤད་པ་མ་ཡིན་ནམ་ཞེ་ན། དེ་ནི་མི་རུང་སྟེ་རླུང་ནི་རྟག་ཏུ་རྗེས་སུ་དཔག་པ་ཡིན་པའི་ཕྱིར་མིག་གི་སྤྱོད་ཡུལ་མ་ཡིན་པས་གཡོ་བའི་ལས་ཀྱིས་ཞེས་བྱ་བ་སྨྲས་སོ། །འདི་སྐད་དུ་ཁོ་བོ་ཅག་གིས་ལོ་མ་ལ་མིག་གིས་དམིགས་པར་བཤད་པ་ནི་མ་ཡིན ་གྱི་འགུལ་བ་ལ་སོགས་པའི་རྟགས་ཀྱིས་ཡང་དག་པར་མཐོང་སྟེ་ཡོད་པར་རྟོགས་པར་ནུས་སོ། །ནམ་མཁའ་འབའ་ཞིག་ལ་ནི་དེ་ལྟ་མ་ཡིན་ནོ་ཞེས་བཤད་པ་ཡིན་ནོ། །བཤད་པ་ནི་བརྟགས་པའི་ངོ་བོ་ཉིད་ཀྱིས་བསྡུས་པའི་ཕྱིར་ལ། བརྗོད་དུ་མེད་པ་ནི་ཡོངས་སུ་གྲུབ་པ ་ཡིན་པའི་ཕྱིར་དེའི་རང་བཞིན་མ་ཡིན་པ་ཉིད་དང་གློ་བུར་བ་ཉིད་ཡིན་ནོ། །གལ་ཏེ་ཇི་ལྟར་ཡང་མཉན་པར་ནུས་ན་དེ་ལྟར་ཞེས་བྱ་བ་ལ་སོགས་པ་ནི་འདི་སྐད་དུ་ཡེ་མཉན་པར་མི་ནུས་པ་ནི་མ་ཡིན་གྱི་འོན་ཀྱང་སྲ་བ་རྣམ་པ་གཉིས་ཀྱིས་སེམས་བརྟན་པོ་བཞག་པར་བྱས ་ཤིང་ཆོས་ངོ་བོ་ཉིད་མེད་པར་ཡང་ཤེས་པར་བྱས་ནས་མཉན་པར་ནུས་སོ་ཞེས་འབྱུང་བའི་ཕྱིར་མཉན་པར་སྲིད་དོ་ཞེས་བཤད་པ་ཡིན་ནོ། །འདུན་པ་ཡོངས་སུ་དག་པ་ཞེས་བྱ་བ་ལ་སོགས་པ་ནི་འདོད་པའི་ལུང་ཐོས་པ་ཐོབ་པར་བྱེད་པའི་ཐབས་གང་ཡིན་པ་དེ་ལ་ཀུན་ཏུ་རྟོགས ་པ་ཏེ་རྟོགས་པ་དོན་དུ་གཉེར་བ་ཉིད་ཀྱིས་ཡིན་གྱི། ཐོས་པ་མང་པོ་རྙེད་པར་འདོད་པའི་ཕྱིར་ནི་མ་ཡིན་པས་འདུན་པ་ཡོངས་སུ་དག་པའོ། །དེ་ཡང་མདོ་ལས། ཀུན་ཏུ་རྟོག་པ་ཤིན་ཏུ་ཡོངས་སུ་སྦྱངས་པ་ཞེས་བརྟན་པ་ཡིན་ཏེ། འདི་དག་ལ་ཀུན་ཏུ་རྟོག་པ་ཕྱིན་ཅི ་མ་ལོག་པའི་ཐོས་པ་འཐོབ་པའི་ཐབས་འདོད་པའི་མཚན་ཉིད་ཤིན་ཏུ་ཡོངས་སུ་སྦྱངས་པ་ཡོད་པས་སོ། །དེ་དེ་ལྟར་ཕྱིན་ཅི་མ་ལོག་པའི་ཐོས་པ་དོན་དུ་གཉེར་བ་ནི་དེ་སྟོན་པར་བྱེད་པའི་དགུ་བའི་བཤེས་གཉེན་རྣམས་དང་མཐུན་པའི་ལུས་དང་ངག་གི་སྦྱོད་བ་ཀུན་ཏུ་སྤྱོད་པ་མཉེས་པར་བྱེད ་པས་ན་ཀུན་ཏུ་ཚོལ་བ་ཡོངས་སུ་དག་པའོ། །དེ་ཡང་མདོ་ལས་སྤྱད་པར་བྱ་བ་ཤིན་ཏུ་སྤྱད་པ་ཞེས་གསུངས་པ་ཡིན་ཏེ། འདི་དག་ལ་སྤྱོད་པར་བྱ་བ་སྟེ་དེ་སྟོན་པར་བྱེད་པའི་དགེ་བའི་བཤེས་གཉེན་ལ་བརྟེན་པ་ལ་སོགས་པའི་མཚན་ཉིད་ཤིན་ཏུ་སྤྱད་པ་ཡོད་པས་སོ། །དེ་དེ་ལྟར ་གཉེས་པར་བྱེད་པ་ལྷུར་ལེན་པ་ན་དགེ་བའི་བཤེས་གཉེན་དེ་དག་ལས་ཐས་པ་ཕྱིན་ཅི་མ་ལོག་ཅིང་མ་ཉམས་ལ་དེ་ཡང་མང་པོ་ཡིན་གྱི་ཉུང་དུ་མ་ཡིན་པ་དེ་ཡུན་རིང་བོར་ཏེ་ལོ་འགའ་ཡང་མ་ཡིན་ལ་ཆོ་འགའ་ཡང་མ་ཡིན་པར་འཛིན་པས་ན་ཐོས་པ་འཛིན་པ་ཡོངས་སུ་དག་པའོ ་དེ་ཡང་འགའ་ལས་མ་ཡིན་གྱི་ཚད་མེད་པ་དག་ལས་འོངས་པས་ན་མང་པོ་ཡིན་ལ་ཡུན་རིང་པོར་ཡང་ཡིན་ནོ་ཞེས་བྱ་བར་རིག་པར་བྱའོ། །དེས་དེ་ལྟར་ཕྱིན་ཅི་མ་ལོག་པའི་ཐོས་པ་གཟུང་ནས་སྨོན་ལམ་གྱི་ཁྱད་པར་གྱིས་སྐྱེ་བ་ཁྱད་པར་དུ་འཕགས་པ་ཐོབ་པའི་ཕྱིར། ཡང་དག ་པའི་ཐོས་པ་མ་ལུས་པ་ཡང་དག་པར་གཟུང་བའི་དྲན་པའི་ཁྱད་པར་འཐོབ་པས་ན་སྐྱབས་འཐོབ་པ་ཡོངས་སུ་དག་པས་ཀྱང་ལུང་ཡོངས་སུ་དག་པ་ཞེས་བྱའོ། །དེ་ཡང་མདོ་ལས་ཚོགས་ཤིན་ཏུ་བསགས་པ་ཞེས་གསུངས་པ་ཡིན་ཏེ། སྔ་མ་ནི་ཐོས་པ་འཛིན་པའི་ཕྱིར་ཡེ ་ཤེས་ཀྱི་ཚོགས་སུ་བཤད་དོ། །འདིས་ནི་བསོད་ནམས་ཀྱི་ཚོགས་སོ། །དེ་དེ་ལྟར་ཐོས་པ་ཡོངས་སུ་རྫོགས་ཤིང་ངེས་པར་འབྱེད་པའི་ཆ་དང་མཐུན་པའི་གནས་སྐབས་རྟོགས་པའི་སྦྱོར་བའི་ལམ་ལ་གནས་པ་ནི་ལུས་དང་སེམས་དབེན་པའི་ཕྱིར་འདོད་པ་ཆུང་བ་ལ་སོགས ་པའི་ཡོན་ཏན་དུ་མ་དང་ལྡན་པ་ཡིན་ཞིང་ལུང་རྣམ་པ་ཐམས་ཅད་དུ་ཡོང་སུ་དག་པའི་ཕྱིར་སྦྱོར་བ་ཡོངས་སུ་དག་པ་ཞེས་བྱའོ། །དེ་ཡང་མདོ་ལས་ཡོན་ཏན་དཔག་ཏུ་མེད་པ་དང་ལྡན་པ་ཞེས་གསུངས་པ་ཡིན་ནོ། །དེ་མཐོང་བའི་ལམ་ལ་ཞུགས་མཐེ་ཙོམ་སྤོང་བའི་ཕྱིར་ཡིད ་གཉིས་དང་ནེ་མ་ནུར་དང་བྲལ་བ་ཞེས་བྱ་བ་འདིས་ནི་རྟོགས་པ་ཡོངས་སུ་དག་པ་བརྗོད་དོ། །དེའི་འོག་ཏུ་བསྒོམ་པའི་ལམ་ལ་ཉོན་མོངས་པ་དང། ཉེ་བའི་ཉོན་མོངས་པའི་མཚན་ཉིད་ཀྱི་ཉོན་མོངས་པ་ཐམས་ཅད་སྤངས་པས་ཉོན ་མོངས་པ་མེད་པའི་ཕྱིར་ཉོན་མོངས་པ་རབ་ཏུ་མི་རྒྱུ་བ་ཡོངས་སུ་དག་པ་ཞེས་བྱའོ། །དེའི་འོག་ཏུ་འདིས་ཉོན་མོངས་པ་ཐམས་ཅད་སྤང་བ་བྱས་ནས། མྱ་ངན་ལས་འདའ་བར་ནུས་ཀྱང་སྙིང་རྗེ་དང་ཤེས་རབ་དང་ལྡན་པའི་ཕྱིར་ཐེག་པ་དམན་པ་ལས་འདས་ཏེ་བྱང ་ཆུབ་སེམས་དཔའ་ཨི་ཐོབ་པ་ཁྱད་པར་ཅན་འདོད་པས་ན་ཆོག་པར་འཛིན་པ་ཡོངས་སུ་དག་པ་ཞེས་བྱའོ། །དེ་ཡང་མདོ་ལས། ལྷག་པའི་བསམ་པ་དང་མོས་པ་ལ་རབ་ཏུ་གནས་པ་ཞེས་གསུངས་པ་ཡིན་ཏེ། འདི་ལ་ཐེག་པ་ཆེན་པོ་ལ་རབ་ཏུ་གནས་པའི་བསམ ་པ་དང་མོས་པ་ཡོད་པས་སོ། །དེ་ལྟ་བུ་དེ་དག་རང་གི་ཤེས་པའི་སྟོབས་ཁོ་ནས་རང་བྱུང་གི་ཡེ་ཤེས་ཀྱི་ཕྱིར་གདམས་དག་སྦྱིན་པར་བྱེད་པས་ན་གདམས་ངག་རྗེས་སུ་བསྟན་པ་ལ་གཞན་ལ་རག་མ་ལུས་པ་ཡོངས་སུ་དག་པ་ཞེས་བྱའོ། །སྣོད་དུ་མི་འགྱུར་བ ་སྐལ་པ་དང་མི་ལྡན་པའི་རྣ་ལམ་དུ་གྲགས་ན་གཞན་ལ་མི་འཛེམ་པར་སྤོང་བ་ལ་སོགས་པའི་ཉེས་པ་སྟོན་ཏོ། །རབ་མ་ཆོག་ཅེས་བྱ་བ་ནི་ཡན་ལག་སྟེ་བོད་པའི་ཚིག་ལོགས་ཤིག་ཡིན་ནོ། །དམ་པ་དྲི་མ་མེད་པའི་བློ་ཉིད་ནི་སློབ་དཔོན་གྱིས་རྣམ ་པར་དབྱེ་བ་མཛད་དེ། དེ་ལ་ཉན་ཐོས་ལ་སོགས་པ་ལས་ཁྱད་པར་དུ་འཕགས་པ་དམ་པ་ཉིད་དོ། །ཉོན་མོངས་པའི་དྲི་མ་ཐམས་ཅད་དང་བྲལ་བའི་ཕྱིར་དྲི་མ་མེད་པ་ཉིད་དེ་ཟག་པ་མེད་པ་ཉིད་དུ་སྟོན་པར་བྱེད་དོ། །བརྗོད་ན་ལེགས་བརྗོད ་སྤོབས་པ་མཛའ་ཡས་པ་ཞེས་བྱ་བ་འདིའི་འགྲེལ་པ་ནི་དྲིས་པ་ལུང་བསྟན་པ་ལ་རིགས་པའི་སྤོབས་པ་ཉིད་ཟད་མི་ཤེས་པ་ཞེས་བྱ་བ་ཡིན་ནོ། །ཇི་ལྟ་ཞེ་ན། ལེགས་བརྗོད་ནི་འགྲེལ་པ་ཡིན་པའི་ཕྱིར་རིགས་པའོ། །མཛའ་ཡས་པ་ནི་ཟད་མི ་ཤེས་པ་སྟེ་མཛའ་ཐུག་པ་མེད་པའོ། །བརྗོད་ན་ཞེས་བྱ་བ་ནི་བསྐྱོད་ན་ཏེ། གཞན་དག་གིས་གླེངས་ཤིང་དྲིས་ན་ཞེས་བྱ་བའི་ཐ་ཚིག་གོ། འདི་ཡང་དྲིས་པ་ལུང་བསྟན་པ་ལ་ཞེས་བྱ་བས་འགྲེལ་ཏོ། །སྙན་ཞིང་མཆོག་ཏུ་བྱུང་བ་ཞེས་བྱ་བ་འདིས་ཡི་གེ་ཕུན་སུམ་ཚོཌ ་པ་ཉིད་ཇི་ལྟར་བསྟན་ཅེ་ན། སྨྲས་པ། སྙན་པ་དང་རྒྱ་ཆེ་བ་ཉིད་གཉིས་ཏེ་དེ་ལ་སྙན་པ་ཉིད་ཀྱི་ཕྱིར་སྙན་པའོ། །རྒྱ་ཆེ་བ་ཉིད་ཀྱི་ཕྱིར་མཆོག་ཏུ་བྱུང་བའོ། །དམ་པའི་དོན་དང་ལྡན་པ་ཞེས་བྱ་བ་ནི་དོན་ཕུན་སུམ་ཚོགས་པ་ཉིད་ཡིན་པར་གོ་སླ་བས་མ་བཤད་དོ། །དྲན་པ ་ཁོ་ན་ལ་འདིར་གནས་སྐབས་ཀྱི་བྱེ་བྲག་གིས་དྲན་པ་དང་འཛིན་པ་གཉིས་ཀྱིས་ཤེས། རྣམ་པ་གཉིས་སུ་བསྟན་ཏེ། སྟོབས་བཞིན་ནོ། །འདི་ལྟར་དད་པའི་དབང་པོ་དེ་ཉིད་མི་མཐུན་པའི་ཕྱོགས་ལས་ངེས་པར་རྒྱལ་ཏེ། མཆོག་གི་གནས་སྐབས་སུ་གྱུར་པ་ལ་སྟོབས་ཞེས ་བྱ་བ་དེ་བཞིན་དུ་འདིར་ཡང་དྲན་པ་དེ་ཉིད་ཉན་པའི་གནས་སྐབས་ན་ནི། ལེན་པ་ཡིན་ལ་དུས་ཕྱིས་མཆོག་ཏུ་གྱུར་པ་ནི་འཛིན་པ་ཡིན་ནོ། །རྣམ་པ་གཅིག་ཏུ་ན་ཡུལ་གྱི་བྱེ་བྲག་གིས་དེ་སྐད་བཤད་དེ། སྒྲ་མི་བརྗེད་པ་ནི་ལེན་པ་ཡིན་ལ། དོན་མི་བརྗེད་པ་ནི་འཛིན ་པ་ཡིན་པས་ཐོས་པ་དང་བསམ་པའི་གནས་སྐབས་དག་དང། གོ་རིམ་བཞིན་ནོ། །སྟོབས་བཅུ་དང་ལྡན་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སྟོབས་གང་དག་ཡིན་པ་དེ་དག་འཐོབ་པ་ནི་རྟོགས་པ་དང་རྙེད་པའོ། །བསམ་པ་རྣམ་དག་པ་ཞེས་བྱ་བ་ནི་ས ་ལ་འཇུག་པ་སྟོན་པར་བྱེད་པ་སྟེ། དེ་ཉིད་རྟོགས་པ་ཡིན་ནོ། །འདི་དག་གིས་སམ་འདི་དེ?་དག་ཏུ་དོན་རྣམ་པར་རྗོད་པས་ནི་རྣམ་འབྱེད་ནི་བསྟན་པའི་བདག་ཉིད་དག་ཁོ་ན་ཡིན་ཏེ། དེ་སོ་སོ་ཡང་དག་ངལ་རིག་པས་བཤད་པ་མཛོད་ཅེས་བྱ་བར་སྦྱར་རོ། །རྒྱག་པS ་ན་ཆོ་རིགས་དང་གཟུགས་ལ་སོགས་པ་རང་གི་ཆོས་རྣམས་ཁོ་ན་ལ་སེམས་ཀུན་ཏུ་ཆགས་ཤིང་ཆོས་ལ་ནན་ཏན་མི་བྱེད་པས་ན་ཆོས་ལ་གུས་པར་མི་འགྱུར་བར་རིག་པར་བྱའོ། །ང་རྒྱལ་གྱིས་ནི་དེ་སྟོན་པར་བྱེད་པའི་དགེ་བའི་བཤེས་གཉེན་ལ ་བསྙེན་བཀུར་མི་བྱེད་པའི་ཕྱིར་ཆོས་སྨྲ་བ་ལ་གུས་པར་མི་འགྱུར་རོ། །ལྟ་བས་ནི་བདག་དང་བདག་གི་ལ་སོགས་པར་ལོག་པར་རྟོགས་པས་ཡང་དག་པའི་ལམ་ལས་ཉམས་པར་འགྱུར་རོ། །ཐེ་ཚོམ་ནི་འདི་ཅི་ལྟ་ཡིན་ནམ་མ་ཡིན ་ཞེས་ཐེ?་ཙོམ་ཟ་བས་སངས་རྒྱས་ཀྱི་ཆོས་བསམ་གྱིས་མི་ཁྱབ་པ་རྣམས་ལ་ཡོན་ཏན་གྱི་སྒོ་ནས་མི་མོས་ཏེ་ཚིགས་སུ་བཅད་པ་འདིས་ནི་གོ་རིམ་བཞིན་དུ་འདི་དག་གི་གཉེན་པོ་སྤྱོད་པ་དང། སྤངས་པ་དག་བསྟན་ཏེ། །ལྷག་མ་ནི་གོ་སླའོ། །བདེ་གཤེགས་རྣམས ་ཀྱི་བགྲད་པ་ནི་བྱང་ཆུབ་སྟེ། འགྲོ་བར་བྱ་བའི་དོན་གྱིས་བགྲོད་པར་བྱ་བ་ཡིན་པའི་ཕྱིར་རོ། །དེ་ནི་དེའི་རྒྱུར་གྱུར་པའི་ས་རྣམས་བཤད་པ་དང་བསྟན་པར་འགྱུར་བས་དེའི་ཕྱིར་དེ་རབ་ཏུ་བསྟན་པའི་ཕྱིར། སའི་ཁྱད་པར་མ་ལུས་པ་ཐམས་ཅད་བཤད་པ་མཛོད་ཅེས ་བྱ་བར་སྦྱར་རོ། །དེ་ལ་བྱིན་རླབས་མཛད་ཅེས་བྱ་བ་ནི་ཡན་ལག་གོ་ཚིག་གཞན་དག་གིས་བྱིན་གྱིས་བརླབས་བྱ་བྲག་ཏུ་འབྱེད་པས་ན་ཉེ་བའི་ཡན་ལག་གོ། སངས་རྒྱས་རྣམས་ཀྱིས་དེ་ལ་བྱིན་གྱིས་བརླབS་པ་མཛད་པས་ན། གཞི་ཕུན་སུམ་ཚོགས་པ་ཡིན་ལ། ་འབྲས་བུ་ཆོས་སྨྲ་བ་ཡིན་བས་ན་འབྲས་བུ་ཕུན་སུམ་ཚོགས་པ་ཡིན་ནོ། །ལྷ་དང་མེའི་ནང་ན་མཆོག་རྣམས་ཀྱིས་ཞེས་བྱ་བ་ནི་གཞི་ཕུན་སུམ་ཚོགས་པ་ཡང་དག་པར་བསྟན་པའི་ཕྱིར་ཁྱད་པར་དུ་བྱ་བར་སྨོས་པས་ཉེ་བའི་ཡན་ལག་ཀྱང་ཡིན་ལ་མི་མཉམ ་མཉམ་པ་ཞེས་བྱ་བ་ལ་སོགས་པ་རང་གི་ཁྱད་པར་ལ་བལྟས་ནས། ཁྱད་པར་གྱི་གཞི་ཉིད་དུ་གཙོ་བོ་ཡིན་པའི་ཕྱིར་ཡིན་ལག་ཀྱང་ཡིན་ནོ། །མི་མཉམ་མཉམ་པ་ཞེས་བྱ་བ་ལ་སོགས་པ་ལྷག་མ་ནི་དེའི་ཉེ་བའི་ཡན་ལག་ཁོ་ན་ཡིན་ཏེ། ཚིག ་གཞན་གྱིས་བསྟན་པ་ཉིད་ཀྱིས་རྟག་ཏུ་ཁྱད་པར་གྱི་ངོ་བོ་ཡིན་པའི་ཕྱིར་རོ། །ཚོགས་རབ་མཛའ་ཡས་པ་ཞེས་བྱ་བ་འདིའི་འགྲེལ་པ་ནི་རིས་གདུན་ཞེས་བྱ་བ་ཡིན་ཏེ། གཉེན་གནས་པའི་སྡོམ་པ་མ་གཏོགས་པ་སོ་སོར་ཐར་པའི་སྡོམ་པ་རྣམ་པ ་བདུན་ནོ། །རྒྱ་མཚོའི་ཆུ་ནང་གནས་གྱུར་ཏམ་ཞེས་བྱ་བ་ནི་ངན་འགྲོའི་མི་ཁོམ་པར་སྐྱེས་པ་དེ་སྟོན་པར་བྱེད་པའོ། །བདེ་འགྲོའི་མི་ཁོམ་པར་སྐྱེས་པ་ནི་འོད་གསལ་བ་ལ་སོགས་པ་རྣམས་ཏེ་མས?་འཇིག་པའི་རྩེ་མོ་ཡན་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར ་སྲེག་པའི་སྐལ་ཚེ་འཕོས་ན་ཡང་ཞེས་གསུངས་སོ། །ཚིགས་སུ་བཅད་པ་ལྔ་པ་ནི་གོ་སླ་བས་མ་བཤད་དོ། །དེ་ལ་དོན་ནི་འདི་ཡིན་ཏེ། ཆོས་འདི་ཐོས་པ་ལས་སྐྱེས་པའི་དད་པ་ལ་སོགས་པའི་བསོད་ནམས་མེད་པའི་ཕྱིར་དང། སྤོང་པའི་ཕྱིར་བསོད་ནམས ་མ་ཡིན་པ་སྐྱེ་བས་དེ་དག་གིས་འདི་ཐོས་ཀྱང་མ་ཐོས་པ་ཁོ་ན་ཡིན་ནོ་སྙམ་དུ་དགོངས་པའོ། །ཕྱོགས་བཅུར་རྣམ་པར་བལྟས་ནས་ཞེས་བྱ་བ་ལ་ཕྱོགས་སུ་རྣམ་པར་ལྟ་བས་ནི་ཕྱོགས་ཐམས་ཅད་ན་བཞུགས་པའི་སངས་རྒྱས་རྣམས་རྗེས་སུ་དྲན་པར་བྱས ་ནས་དེ་དག་གི་མཐུས་བཤད་པར་བྱའི་རང་གི་མཐུས་ནི་མ་ཡིན་ནོ་ཞེས་ང་རྒྱལ་མེད་པ་ཉིད་དུ་བསྟན་ཏེ། །འཁོར་གྱི་དཀྱིལ་འཁོར་ཐམས་ཅད་ལ་རྣམ་པར་ལྟ་བས་ནི་ཉེ་ལ་ཁོ་ན་མེད་པ་ཉིད་དུ་ཐམས་ཅད་ལ་སེམས་སྙོམས་པར་བཤད་པར་བྱའི ་གཅིག་གི་དོར་བལྟས་ན་ནི་མ་ཡིན་ན་ཞེས་སྟོན་པར་བྱེད་དོ། །དེ་ལྟར་ཚིགས་སུ་བཅད་པ་འདིའི་ཞེས་བྱ་བ་ལ་སོགས་པ་ལ་ཕྲ་བ་ཉིད་རྣམ་པ་གཉིས་ནི་གོང་དུ་ཤེས་དཀའ་ཞེས་བྱ་བ་ལ་སོགས་པས་བཤད་པའི་དུས་ན་ཕྲ་བ་ཉིད་དང། ཐོབ་པའི་དུས ་ན་ཕྲ་བ་ཉིད་བཤད་པ་གང་ཡིན་པའོ། །ཚིག་གིས་བརྗོད་དུ་མེད་པ་ལ་དམིགས་པའི་ཕྱིར་དེ་ལ་ཡང་དེ་སྐད་ཅེས་བྱ་སྟེ། འདི་ལྟར་དེ་ལ་དམིགས་པ་དེ་ལ་ཡིན་ལ་དེ་ཡང་བརྗོད་པའི་ཡུལ་ཐམས་ཅད་ལས་འདས་པ་ཡིན་ནོ། །ཅི་དེ་ཞེས་བྱ་བ་ནི་འཇུག ་པ་ལ་བརྟེན་པ་ཉིད་གཅིག་གམ་ཞེས་བྱ་བ་སྟེ། འཇུག་པ་ནི་འཁོར་བར་འགྱུར་བས་འཁོར་བ་ཡིན་ནོ། །སྨྲས་པ་མ་ཡིན་ཏེ་དུས་གསུམ་རྣམས་ལས་གྲོལ་བ་ཡིན་ནོ། །ཡེ་ཤེས་འདུས་བྱས་སྐད་ཅིག་མ་སྟེ་རྟེན་ཅིང་འབྲེལ་པར་འབྱུང་བ་མ་ཡིན་ནམ། དེ་ཇི་ ་ལྟར་དུས་གསུམ་རྣམས་ལས་གྲོལ་ཞེས་བྱ་ཞེ་ན། དེའི་ཕྱིར་གནས་གྱུར་བ་རྟག་བ་ལ་གནས་པའི་ཕྱིར་ཞེས་བྱ་བ་སྨས་ཏེ་གནས་གྱུར་པ་རྟག་པ་དེ་བཞིན་ཉིད་ཀྱི་མཆན་ཉིད་དེ་འདིའི་གནས་ཡིན་བས་ན་དེ་སྐད་ཅེས་བྱའོ། །དེ་ལ་དོན་ནི ་དུས་གསུམ་ལས་གྲོལ་པའི་གནས་ཅན་ལ་དུས་གསུམ་ལས་གྲལ་བ་ཞེས་བྱ་བ་འདི་ཡིན་ནོ། །དེ་ནི་བསམ་དང་ཞེས་བྱ་བ་ནི་བསམས་པ་ལས་བྱུང་བའོ། །སེམས་ཀྱི་ལམ་ཞེས་སྨྲས་པས་ནི་སྐྱེས་ནས་ཐེབ་བ་སྟོན་པར་བྱེད་དེ། ད་ནི་སྐྱེ་བ་དང་དུས་མ་ཉི ་བ་ཁོ་ནར་འཐོབ་པའི་ཕྱིར་སྦྱོར་བ་ལས་བྱུང་བ་ཐམས་ཅད་ཀྱི་སྔོན་དུ་འགྲོ་བས་ལམ་དུ་གྱུར་པའི་ཕྱིར་དེ་སེམས་ཀྱང་ཡིན་ལ་གཞན་དག་གི་ལམ་ཡང་ཡིན་པས་སེམས་ཀྱི་ལམ་མོ། །ཡང་ན་སེམས་རྣམས་ཀྱི་ལམ་ཡིན་བས་སོ། །སེམས་ཀྱིས་མི་ཤེས ་ཞེས་བྱ་བ་ནི་རྩ་བའི་རྣམ་པར་ཤེས་པའི་ཡུལ་མ་ཡིན་པ་ཉིད་དུ་གསུངས་བའོ། །ཡིད་ཀྱི་བསམ་པ་མ་ཡིན་ཞེས་བྱ་བ་ནི་ཡིད་ཀྱི་རྣམ་པར་ཤེས་པའི་ཡུལ་མ་ཡིན་པ་ཉིད་དུ་གསུངས་པའོ། །ཉེས་དམིགས་རྣམ་པ་ལྔ་ཡོད་དེ་ཞེས་བྱ་བ་ལ་སོགས་པ ་ནི་གལ་ཏེ་ཆོས་ཐམས་ཅད་བཟད་མ་ནས་ཞི་བ་མ་སྐྱེས་པ་རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པའོ་ཞེས་སྒྲ་ཇི་བཞིན་ཁོ་ནར་གཟུང་ན་དེའི་ཆེ་ཐེག་པ་ཆེན་པོའི་ཆོས་ལ་དད་པ་དང། དང་བ་དང་མོས་པ་ཆེན་པོ་གང་ཡིན་པ་དེ་མེད་པར་འགྱུར ་པའི་ཕྱིར་མོས་པའི་གནས་མ་ཡིན་པ་ཉིད་ཀྱི་ཉེས་པ་ཡིན་ནོ། །དེས་ན་དེ་ཐོབ་པར་བྱ་བའི་བརྩོན་འགྲུས་རྩོམ་པ་རྩོལ་བ་གང་ཡིན་པ་དེ་ཡང་ཉམས་པར་འགྱུར་བས་རྩོལ་བ་ཉམས་པར་འབྱུར་བའི་ཉེས་པ་ཡིན་ན། །དེའི་ཕྱིར་སྒྲ་ཇི་བཞིན་ཁོ་ནར ་གཟུང་ན་གཞན་ལ་ཡང་བསླུས་པར་འབྱུར་ཞིང་སྟོན་པ་ལ་ཡང་སྐུར་པ་འདེབས་པ་དང། ཆོས་ཀྱང་སྤོང་བར་བྱེད་དོ། །ལྷག་མ་ནི་གོ་སླའོ། །སེམས་ཀྱི་སྤྱོད་ཡུལ་ཞེས་བྱ་བའི་སྒྲས་ནི་ཐོས་པ་ལས་བྱུང་བ་ལ་སོགས་པའི་ཤེས་པ་དག་སྟོན་བར ་བྱེད་དེ། དེ་དག་ནི་སེམས་ཀྱང་ཡིན་ལ་གཞན་གྱི་སྤྱོད་ཡུལ་ཡང་ཡིན་པའི་ཕྱིར་འདི་དག་གིས་རྫོགས་པར་མི་བྱེད་ཀྱི་བསམ་བདག་པའི་ཡེ་ཤེས་ཀྱིས་རྫོགས་པར་བྱེད་དོ་ཞེས་གདམས་ངག་གིས་རྫོགས་པར་གསུངས་སོ། །གདམས་ངག་ནི་ཆོས་ཀྱི ་རྣམ་གྲངས་འདི་ཉིད་ཡིན་ན། །དེའི་སྤྱོད་ཡུལ་ནི་ཡུལ་ཏེ། ངེས་བརྗོད་པར་བྱ་བའི་དོན་རྟོགས་བའི་ཡེ་ཤེས་ཞེས་བྱའོ། །དེ་ནི་རང་གིས་རིག་ཀྱང་བརྗོད་པར་མི་ནུས་པས་དམིགས་པ་ཞེས་བྱའོ། །ཚོགས་བསགས་པ་ཞེས་བྱ་བ་ལ་སོགས་པ་ལ་ཚུལ་ཁྲིམས། ་ནི་ཡིན་ཏན་ཐཾས་ཅད་ཀྱི་སྔོན་དུ་འགྲོ་བ་ཉིད་ཀྱིས་གཞིར་གྱུར་པའི་ཕྱིར་ཚོགས་ཡིན་ཏེ། ཚུལ་ཁྲིམས་ཀྱང་ལེགས་པར་བྱས་ཚོགས་ཀྱང་ལེགས་པར་བྱས་པ་ཞེས་ཚིག་རྣམ་པར་སྦྱོར། །འཁོར་ནི་དེ་ཉིད་ཀྱི་ཡིན་པར་གཟུང་སྟེ། དེ་ཡང་ཚུལ་ཁྲིམས་ཀྱི་རྒྱུ་ཡང་དག ་པའི་རྟགས་པ་ལ་སོགས་པ་དང་དེ་བཞིན་དུ་ཤེས་བཞིན་དང། གཞན་ཡང་དེའི་རྒྱུ་གང་ཡིན་པའོ། །འདི་སྐད་དུ་ཚུལ་ཁྲིམས་དང་ཚུལ་ཁྲིམས་ཀྱི་འཁོར་ལེགས་པར་བྱས་ཤིང་དག་བས་ན་ཚོགས་བསགས་པ་ཡིན་ནོ་ཞེས་བཤད་པ་ཡིན་ནོ། །མདོ ་ལས་ནི་ཆོགས་ཤིན་ཏུ་བསགས་པ་ཞེས་བསྟན་པ་ཡིན་ནོ། །ཏིང་ངེ་འཛིན་ཀྱང་ལེགས་པར་བྱས་འཁོར་ཀྱང་ལེགས་བར་བྱ་སྟེ་བ་ཞེས་འདིར་ཡང་གོང་མ་བཞིན་དུ་ཚིག་རྣམ་པར་སྦྱར་རོ། །དེའི་འཁོར་ན་ལུས་དབེན་པ་དང་སེམས་དབེན་པ་དང། འདོད་བ་ཆུང་བ ་ཉིད་དང། ཆོག་ཤེས་པ་དང། འཚོ་བ་དག་པ་ཞེས་བྱ་བ་ལ་སོགས་པ་མདོར་ན་ཡན་ལག་ཇི་སྙེད་ཀྱིས་ཏིང་ངེ་འཛིན་སྐྱེ་བ་ངེས་ཐམས་ཅད་འཁོར་ཡིན་ནོ། །ཏིང་ངེ་འཛིན་ལ་ཇི་ལྟར་སྤྱོད་བ་ཞེས་བྱ་ཞེ་ན། དམིགས་པ་ལ་སྤྱོད་པའི་སྐབས་ཡིན་པས་ཞེས་གཏན་ཚིག ་སྟོན་བར་བྱེད་དེ། དམིགས་བ་ཡུལ་ལ་སྤྱོད་ཅིང་རྒྱལ?་འཇུག་པས་དེའི་སྐབས་ཡིན་བས་དེ་ལ་བལྟས་ནས་དེ་རྒྱུ་མཚན་དུ་བྱས་ནས་ཞེས་བྱ་བའི་ཐ་ཚིག་སྟེ། འདོ་ལང?་དེའི་དབང་གིས་ན་སེམས་དམིགས་བ་གཞན་དག་བར་ནས་གཅིག་ཁོ་ན་ལ་སྤྱོད་ཅིང་རྒྱུའོ། །མདེ? ་ལས་ནི། སྤྱོད་པ་ཤིན་ཏུ་སྤྱད་པ་ཞེས་བྱ་བ་ཡིན་ཏེ། སྤྱོད་པ་ཞེས་བྱ་བའི་སྒྲ་དང། གོང་མའི་ཚོགས་ཞེས་བྱ་བའི་སྒྲ་ནི་འཁོར་བ་ཡང་བལྟ་བར་བྱ་སྟེ། གྲོང་གི་ཉེ་འཁོར་ལ་གྲོང་གི་སྒྲར་བརྗོད་པ་བཞིན་དུ་རིག་པར་བྱའོ། །དེ་དག ་གིས་སངས་རྒྱས་རྣམས་ལས་ཡུན་རིང་མོ་ཞིག་ནས་ཆོས་ཀྱི་རྣམ་གྲངས་དུ་མ་མཉན་པའི་ཕྱིར་བསྙེན་བཀུར་བྱས་པ་ཡིན་པས་བསགས་པ་སྟེ་མདོ་ལས་སངས་རྒྱས་བྱུང་བ་རྣམས་ཤིན་ཏུ་བསྙེན་བཀུར་བྱས་པ་ཞེས་བསྟན་པ་ཡིན་ནོ། ། ་དེས་དེ་དག་ལས་ཐོས་ནས། བསམས་པ་ལས་བྱུང་བ་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་ཆོས་རྣམས་ལེགས་པར་རྟོགས་པར་ཡོངས་སུ་རྟོག་པར་བྱེད་དཔྱོད་པར་བྱེད་པས་ན་ཡོངས་སུ་བསྡུས་པ་བསགས་པ་ཡིན་ཏེ། མདོ་ལས་ནི་ཆོས་དཀར ་པོ་ཤིན་ཏུ་བསྡུས་པ་ཞེས་གསུངས་པ་ཡིན་ནོ། །ཇི་ལྟ་ཞེ་ན། གང་དག་གིས་བསམས་པ་ལས་བྱུང་བ་ཤིན་ཏུ་མཆོག་ཏུ་གྱུར་པས་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་མཚན་གྱི་ཆོས་དཀར་པོ་ཤིན་ཏུ་ཡོངས་སུ་བསྡུས་པ་ཞེས་ཚིག་རྣམ་པར ་སྦྱར་རོ། །དེ་དེ་ལྟར་ཚུལ་ཁྲིམས་དང་ཏིང་ངེ་འཛིན་ཀྱང་ཡོངས་སུ་དག། སངས་རྒྱས་རྣམས་ལས་ཆོས་ཀྱི་རྣམ་གྲངས་དུ་མ་ཡང་ཐོས། རང་གི་ཆོས་དཀར་པོ་ཡང་བསྡུས་ཏེ་བདག་ཉིད་རྟོགས་པའི་འོས་སུ་རུང་བ་ཁོང་དུ་ཆུད་པ་དང། སངས་རྒྱས་དང ་བྱང་ཆུབ་སེམས་དཔའ་རྣམས་ལས་ས་ལ་འཇུག་པར་བྱ་བའི་ཕྱིར་ཕྱིན་ཅི་མ་ལོག་པའི་གདམས་ངག་ཡོངས་སུ་མནོས་ནས་ངེས་པར་འབྱེད་པའི་ཆ་དང་མཐུན་པས་བསྡུས་པ་སྦྱོར་བའི་སྒོམ་པ་ལ་སྦྱོར་བས་ཡོངས་སུ་གཟུང་བ་བསགས་པ་ཞེས་བྱ་སྟེ ་མདོ་ལས་དགེ་བའི་བཤེས་གཉེན་དུ་གཟུང་བ་ཞེས་གསུངས་པ་ཡིན་ནོ། །གང་དག་གིས་དགེ་བའི་བཤེས་གཉེན་རྣམས་ཤིན་ཏུ་གཟུང་བའམ། དགེ་བའི་བཤེས་གཉེན་རྣམས་ཀྱིས་ཤིན་ཏུ་གཟུང་གཞེས་ཚིག་རྣམ་པར་སྦྱར་ཏེ་དེ་དག་གི་ལུང ་ན་ནན་ཏན་དུ་བསྒྲུབས་པས་དེ་དག་གཟུང་བ་ཡིན་ལ། དེ་ཉིད་ཀྱིས་དེ་དག་གིས་ཀྱང་གཟུང་བ་ཡིན་ནོ། །དེ་དེ་ལྟར་དེ་དག་གིས་ཡང་དག་པའི་གདམས་ངག་བྱིན་ཏེ། ངེས་པར་འབྱེད་པའི་ཆ་དང་མཐུན་པ་ལས་འདས་ནས་ས་དང་པོ་ལ་འཇུག་པས་ན། བསམ་པ ་རྣམ་པར་དག་པ་བསགས་པ་ཡིན་ནོ། །མདོ་ལས་ནི། བསམ་པ་ཤིན་ཏུ་རྣམ་པར་དག་པ་ཞེས་བསྟན་པ་ཡིན་ནོ། །དེ་ལྟར་ན་དང་པོ་གཉིས་ཀྱིས་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལྷག་པའི་ཚུལ་ཁྲིམས་དང། ལྷག་པའི་སེམས་ཀྱི་བསླབ་པ་ཡོངས་སུ་དག ་པ་ཉིད་བསྟན་ཏོ། །འོག་མ་བཞིས་ནི་ལྷག་པའི་ཤེས་རབ་ཀྱི་བསླབ་པ་ཡོངས་སུ་དག་པ་ཉིད་བསྟན་ཏོ། །དེ་ནི་ཉན་ཐོས་ལ་སོགས་པ་དང་ཡང་ཐུན་མོང་ཡིན་པས་ཁྱད་པར་དུ་བྱ་བའི་ཕྱིར་བཤད་པ་སེམས་ཅན་ཐམས་ཅད་ཀྱི་དོན་བྱ་བའི་དོན་བྱེད་པ་སྟེ། ་བདེ་བ་དང་ཡིད་བདེ་བ་དང། དེ་དག་གི་རྒྱུ་ཉེ་བར་སྒྲུབ་པ་དང། སྡུག་བསྔལ་དང་ཡིད་མི་བདེ་བ་དང་དེ་དག་གི་རྒྱུ་ཡོངས་སུ་སྤོང་བའོ། །དེ་ལ་འདི་དག་ཁོ་ན་ལ་ལྷག་པའི་བསམ་པ་ཡོད་ཀྱི་ཉན་ཐོས་ལ་སོགས་པ་ལ་མེད་པས་ན་ཤིན་ཏུ་རྒྱས་པ་བསགS ་པ་སྟེ། མདོ་ལས་ནི། ལྷག་པའི་བསམ་པ་རྒྱ་ཆེན་པོ་དང་ལྡན་པ་ཞེས་གསུངས་པ་ཡིན་ནོ། །དེ་སེམས་ཅན་གྱི་དོན་གྱི་ཐབས་སུ་གྱུར་པ་ཐམས་ཅད་མཁྱེན་པ་ཉིད་འདོད་པས་ན། མོས་པ་བསགས་པ་སྟེ། གཞན་ལས་ནི་ངེས་པའི་དངོས་པོ ་ལ་ཡོན་ཏན་གྱི་སྒེ་ནས་ངེས་པར་འཛིན་པ་མོས་པ་ཡིན་ནོ། །ཞེས་འབྱུང་མོད་ཀྱི། འདིར་ནི་འདོད་པ་ཁོ་ན་མོས་པ་ཡིན་ནོ། །མདོ་ལས་ནི། མོས་པ་རྒྱ་ཆེན་པོ་དང་ལྡན་པ་ཡིན་ནོ་ཞེས་བསྟན་པ་ཡིན་ཏེ། ཐམས་ཅད་མཁྱེན་པ་ཉིད་ནི་དངོས་པོ་ཐམས ་ཅད་ཀྱི་མཆོག་ཡིན་པའི་ཕྱིར་རྒྱ་ཆེན་པོ་ཡིན་ལ། དེ་ལ་འདོད་པ་ནི་མོས་པ་སྟེ་དེ་དང་ལྡན་པ་ཞེས་ཚིག་རྣམ་པར་སྦྱར་རོ། །དེ་དེ་ལྟར་སེམས་ཅན་གྱི་དོན་བྱ་བའི་ཕྱིར་ཐམས་ཅད་མཁྱེན་པ་ཉིད་འདེད?་པ་ན་རྟག་ཏུ་སྙིང་བརྩེ་བ་དང། སྙིང་རྗེ་དག ་མངོན་དུ་བྱས་ནས་མང་དུ་གནས་པའི་ཕྱིར་མངོན་དུ་གྱུར་པ་བསགས་པ་སྟེ་དེ་གཉིས་ཀྱིས་ན་སེམས་ཅན་རྣམས་ལ་ལྟ་ཞིང་ཡོངས་སུ་མྱ་ངན་ལས་མི་འདའ་ཨོ། །མདོ་ལས་ནི་།སྙིང་བརྩེ་བ་དང་སྙིང་རྗེ་མངོན་དུ་གྱུར་པ་ཞེས་བསྟན་པ ་ཡིན་ནོ། །ད་ནི་གང་གི་ཕྱིར་སེམས་སྐྱེ་བ་ཞེས་བྱ་བ་ལ་སོགས་པ་ལ། དེ་ལ་སངས་རྒྱས་ཀྱི་ཡེ་ཤེས་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཡེ་ཤེས་ཟད་པ་དང་མི་སྐྱེ་བའི་རང་བཞིན་གང་ཡིན་པའོ། །དེ་ཉིད་གང་ལ་ཞེས་བྱ་བ་ལ་སོགས་པས་བཤད་དེ། ་དེ་ལ་ཡོངས་སུ་ཤེས་པ་ནི་སྡུག་བསྔལ་གྱི་བདེན་པའོ། །སྤོང་བཀུན་འབྱུང་གི་བདེན་པའོ། །བླ་ན་མེད་པ་ཞེས་བྱ་བའི་སྒྲ་ནི་ཐམས་ཅད་དང་སྦྱར་རོ། །མངོན་སུམ་དུ་བྱེད་པ་ནི་འགོག་པའི་བདེན་པའོ། །བསྒོམ་པ་ནི་ལམ་གྱི་བདེན་པའོ། །དེ་ལ་སངས་རྒྱས ་ཀྱི་རྒྱུད་དུ་གཏོགས་པ་ཡེ་ཤེས་ཀྱི་རང་བཞིན་གྱིས་ཡོན་ཏན་ཐམས་ཅད་བྱེ་བྲག་མེད་པར་སངས་རྒྱས་ཀྱི་ཡེ་ཤེས་ཞེས་བཤད་དོ། ད་ནི་ཕྲིན་ལས་ཀྱི་བྱེ་བྲག་གིས། རྣམ་པ་དགུར་ཕྱེ་ནས་ཚིག་དགུས་བཤད་པར་བྱའོ། །དེ་ལ་སྟོབས་བཅུའི་སྟོབས ་ཐོབ་པར་བྱ་བའི་ཕྱིར་ཞེས་བྱ་བ་ནི་སྟོབས་ཀྱི་རང་བཞིན་གྱི་སངས་རྒྱས་ཀྱི་ཡེ་ཤེས་ཏེ་གང་གིས་ན་གཞན་དག་གིས་དྲི་བ་དྲིས་པ་རྣམས་དེ་བཞིན་གཤེགས་པས་ཐོགས་པ་མེད་པར་ལུང་སྟོན་པར་མཛད་པའོ། །མི་འཇིགས་པ་ཆེན་པོ་ཐོབ་པར་བྱ་བའི་ཕྱིར ་ཞེས་བྱ་བ་ནི་མི་འཇིགས་པའི་རང་བཞིན་གྱི་སངས་རྒྱས་ཀྱི་ཡེ་ཤེས་ཏེ་གང་གིས་ན་ཕས་ཀྱི་རྒོལ་བ་ཚར་གཅོད་པར་མཛད་པའོ། །སངས་རྒྱས་ཀྱི་ཆོས་མཉམ་པ་ཉིད་ཐོབ་པར་བྱ་བའི་ཕྱིར་ཞེས་བྱ་བ་ནི་སངས་རྒྱས་ཀྱི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཏེ། ་དེས་ན་སངས་རྒྱས་བཅོམ་ལྡན་འདས་ཆོས་དང་གང་ཟག་ལ་བདག་མེད་པ་རྟོགས་པར་བྱ་བའི་གདམས་ངག་སྩོལ་བར་མཛད་དོ། །འགྲོ་བ་ཐམས་ཅད་ཡོངས་སུ་བསྐྱབ་པར་བྱ་བའི་ཕྱིར་ཞེས་བྱ་བ་ནི་སངས་རྒྱས་ཀྱི་ཡོངས་སུ་སྐྱོབ་པའི་ཡེ་ཤེས་ཡིན་ཏེ་།གང་གིS ་ན་བསྡུ་བའི་དངོས་པོ་དེ་དག་གིས་སེམས་ཅན་རྣམས་ཡོངས་སུ་སྨིན་པར་མཛད་པའོ། །སྙིང་བརྩེ་བ་དང་སྙིང་རྗེ་ཆེན་པོ་རྣམ་པར་དག་པར་བྱ་བའི་ཕྱིར་ཞེས་བྱ་བ་ནི་སངས་རྒྱས་ཀྱི་རྣམ་པར་སྤྱོད་པའི་ཡེ་ཤེས་ཡིན་ཏེ། གང་གིས་ན་དེའི་གཞི་སྟེ། སེམས་ཅན་ཡོངས་སུ་སྨིན ་པའི་གཞི། སྙིང་བརྩེ་བ་དང་སྙིང་རྗེ་དག་སྦྱོང་བར་མཛད་པའོ། །ཕྱོགས་བཅུ་མ་ལུས་པར་ཤེས་པ་ཐོབ་པར་བྱ་བའི་ཕྱིར། ཞེས་བྱ་བ་ནི་སངས་རྒྱས་ཀྱི་མ་ལུས་པར་མཁྱེན་པའི་ཡེ་ཤེས་ཏེ། དེས་ན་ཕྱོགས་བཅུ་ན་གནས་པའི་སེམས་ཅན་རྣམས་མཁྱེན་ཏོ། ་སངས་རྒྱས་ཀྱི་ཞིང་ཐམས་ཅད་ཐོགས་པ་མེད་པས་ཡོངས་སུ་སྦྱར་བར་བྱ་བའི་ཕྱིར་ཞེས་བྱ་བ་ནི་སངས་རྒྱས་ཀྱིས་ཡོངས་སུ་སྦྱོང་བའི་ཡེ་ཤེས་སོ། །དེ་ལ་ཡོངས་སུ་སྦྱོང་བ་ནི་སེམས་ཅན་ཐམས་ཅད་ཀྱི་སེམས་ཡོངས་སུ་སྦྱོང་བ་ཡིན་གྱི། སྡོང་དུ་མ་དང་ཚེར་མ ་ལ་སོགས་པ་བཙལ་བས་ནི་མ་ཡིན་ཏེ། སེམས་ཅན་རྣམས་ཀྱི་སེམས་ཡོངས་སུ་མ་དག་པ་ཁོ་ནས་ཚེར་མ་ལ་སོགས་པས་གང་བར་སྣང་ལ་སེམས་ཡོངས་སུ་དག་པས་བཻཌཱུརྱ་ལ་སོགས་པའི་རང་བཞིན་དུ་སྣང་བའི་ཕྱིར་རོ། །དེ་ཉིད་སྟོན་པར་བྱེད་དེ་།ཡེ་ཤེས ་ཐོགས་པ་མེད་པའི་ཕྱིར་ཞིང་ཐམས་ཅད་དུ་ཐོགས་པ་མེད་ལ་སེམས་ཐོགས་པ་མེད་པའི་ཉོན་མོངས་པ་ཅན་མ་ཡིན་པའི་སྤྲུལ་པ་དག་གིས་སེམས་ཅན་རྣམས་འཇུག་པར་མཛད་དོ། །ཉོན་མོངས་པ་ཅན་མ་ཡིན་པའི་བུ་དང་ཆུང་མ་ལ་སོགས་པ་མཐོང ་ན་ཡང་མི་གོས་པ་ཉིད་དུ་རིག་བར་བྱའོ། །དུས་གསུམ་སྐད་ཅིག་གཅིག་གིས་ཁོང་དུ་ཆུད་པར་བྱ་བའི་ཕྱིར་ཞེས་བྱ་བ་ནི་སངས་རྒྱས་ཀྱི་ཐུགས་སུ་ཆུད་པའི་ཡེ་ཤེས་གང་གི་དུས་ན་དུས་གསུམ་པའི་བསམ་པ་སྟེ། སེམས་རྣམས་དང། བག་ལ་ཉལ་ཏེ ་ཉོན་མོངས་པའི་ས་བོན་རྣམས་སྐད་ཅིག་གཅིག་ལ་མཁྱེན་པའོ། །ཆོས་ཀྱི་འཁོར་ལོ་ཆེན་པོ་རབ་ཏུ་བསྐོར་བ་ལ་འཇིགས་པ་མེད་པར་བྱ་བའི་ཕྱིར་ཞེས་བྱ་བ་ནི་སངས་རྒྱས་ཀྱི་ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བའི་ཡེ་ཤེས་ཏེ་གང་གིས་ན། ་སེམས་ཅན་རྣམ་པར་ཐར་པར་བྱ་བའི་ཕྱིར་ཐབས་མཁས་པས་ཅིག་ཅར་ཞིང་ཐམས་ཅད་དུ་ཆོས་ཀྱི་འཁོར་ལོ་བསྐོར་བའོ། །ད་ནི་གཞི་གང་ལས་ཞེས་བྱ་བ་ལ་སོགས་པ་ལ། གང་ལ་སྙིང་རྗེ་ཆེན་པོ་སྔོན་དུ་འགྲོ་བ་ཡོད་པ་དེ་ནི་སྙིང་རྗེ་ཆེན ་པོ་སྔོན་དུ་འགྲོ་བ་སྟེ། སྙིང་རྗེ་ཆེན་པོས་ནི་སེམས་ཅན་སྡུག་བསྔལ་བ་རྣམས་དམིགས་ནས་རྣམ་པ་ཐར་བར་བྱ་བའི་ཕྱིར་བྱང་ཆུབ་ཀྱི་སེམས་སྐྱེད་པར་བྱེད་པས་དེའི་གཞི་ཡིན་ཏེ། དེའི་ཆེན་པོ་ཉིད་ཀྱང་ཚིག་དགུས་བཤད་དོ། །ཕྲ་བའི་སྡུག་བསྔལ་ཉིད་ནི་འདུ ་བྱེད་ཀྱི་སྡུག་བསྔལ་ཉིད་དེ། དེའི་རྣམ་པར་འགྲོ་བ་ཐམས་ཅད་སྡུག་བསྔལ་བར་མཐོང་ནས་སྙིང་རྗེ་སྐྱེ་སྟེ། དེའི་ཕྱིར་དེའི་དབང་གིས་བྱང་ཆུབ་ཀྱི་སེམས་སྐྱེ་བར་ནི་ཤེས་རབ་དང་ཡེ་ཤེས་ཀྱི་དབང་དུ་གྱུར་པ་ཞེས་བྱའོ། །ཐབས་མཁས་པས་ཡོངས་སུ་གཟུང ་པ་ཞེས་བྱ་བ་ནི་ཡོངས་སུ་འཛིན་པ་ཆེན་པོ་ཉིད་ཡིན་ནོ། །བསམ་པ་དང་ལྷག་པའི་བསམ་པ་རབ་ཏུ་བརྟེན་པ་ཞེས་བྱ་བ་འདི་དགྲོལ་ན་དེའི་དུས་སུ་སེམས་ཅན་གྱི་དོན་བྱེད་པར་ཁས་ལེན་པ་ནི་བསམ་པའོ། །འཁོར་བ་ཇི་སྲིད་པར་ཁས་ལེན་པ་ནི་ལྷག་པའི ་བསམ་པ་སྟེ། བསམ་པ་ལྷག་པ་ནི་ལྷག་པའི་བསམ་པ་ཡིན་པའི་ཕྱིར་རོ། །དེ་ཉིད་རབ་ཏུ་བརྟན་པ་ཡིན་ཏེ། དེས་ཤིན་ཏུ་གསོས་ཤིང་འཕེལ་བའི་ཕྱིར་རོ། །དེ་བཞིན་གཤེགས་པའི་སྟོབས་དཔག་ཏུ་མེད་པ་དང་ལྡན་པ་ཞེས་བྱ་བ་འདི་འགྲོལ་ན་བྱང་ཆུབ ་ཀྱི་སེམས་སྐྱེད་པར་བྱ་བ་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་ས་བོན་དུ་གྱུར་པ་དེས་དེ་བཞིན་གཤེགས་པའི་སྟོབས་དཔག་ཏུ་མེད་པ་འབྲས་བུའི་ངོ་བོར་ཡོངས་སུ་འཛིན་པས་ན་འབྲས་བུ་དཔག་ཏུ་མེད་པ་ཉིད་ཀྱི་ཕྱིར་དེ་ལ་དེ་སྐད་ཅེས་བྱའོ། །སྙིང་སྟོབས ་ཀྱི་སྟོབས་དང་བློའི་སྟོབས་ཀྱིས་ཤིན་ཏུ་རྣམ་པར་ཕྱེ་བའི་རྣམ་པར་འབྱེད་པ་ཞེས་བྱ་བ་འདི་དགྲོལ་ན་སྙིང་སྟོབས་ཀྱི་སྟོབས་རྒྱ་ཆེན་པོ་ལ་མོས་པ་སྟེ། དེ་བཞིན་གཤེགས་པའི་མཐུ་རྒྱ་ཆེན་པོ་ལ་མོས་པ་སྟེ། བློའི་སྟོབས་ཟབ་མོ་ཤེས ་བ་ཉིད་དག་གིས་ཤིན་ཏུ་རྣམ་པར་ཕྱེ་ཞིང་སྦྱངས་པའི་རྣམ་པར་འབྱེད་པར་ཤེས་པ་ཞེས་བྱ་བ་གང་ལ་ཡོད་པའོ། །ཇི་ལྟ་ཞེ་ན་མི་མཐུན་པའི་ཕྱོགས་ལས་རྒྱལ་པ་ཉིད་ཀྱི་ཕྱིར་ཞེས་བྱ་བ་སྨྲས་ཏེ། མི་མཐུན་པའི་ཕྱོགས་སྤངས་པས་སྦྱངས་པ་ཡིན་པའི་ཕྱིར་རོ། ་རང་བྱུང་གི་ཡེ་ཤེས་དང་མཐུན་པ་ཞེས་བྱ་བ་འདི་དགྲོལ་ན་གཞན་གྱིས་མ་བསྟན་པ་བདག་ཉིད་ཀྱིས་མངོན་པར་རྫོགས་པར་སངས་རྒྱས་པ་ནི་རང་འབྱུང་གི་ཡེ་ཤེས་ཏེ་དེ་ལ་སྐྱེ་བ་དང་མཐུན་པར་གནས་པའི་ཕྱིར་དེ་དང་མཐུན་པ་ཡིན་ནོ། །སངས་རྒྱས ་ཀྱི་ཆོས་ཐམས་ཅད་ལ་ཤེས་རབ་དང་ཡེ་ཤེས་ཀྱི་གདམས་ངག་ཡང་དག་པར་ཚོལ་བ་ཞེས་བྱ་བ་འདི་དགྲོལ་ན། ཤེས་རབ་དང་ཡེ་ཤེས་དག་གི་ཁྱད་པར་ནི་བཤད་ཟིན་པར་ཟད་དོ། །སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་ཤེས་རབ་དང་ཡེ་ཤེས་གང ་ཡིན་པ་དེའི་དོན་དུ་གདམས་ངག་ཚོལ་བ་སྟེ། དེ་ཉིད་ཁྱད་པར་དུ་འགྲོ་བར་བྱ་བའི་ཕྱིར་གདམས་དག་ལུང་ཚོལ་བ་ཞེས་བྱ་བས་བཤད་དོ། །འདི་ལ་དམ་པའི་ཆོས་ཀྱི་དབྱིངས་གྱུར་པ་ཡོད་པའི་ཕྱིར་ཏེ། དེ་ཉིད་ཡོན་ཏན་ཡོངས་སུ་འཛིན་པའི་གཙོ ་བོ་ཡིན་པའི་ཕྱིར་ཞེས་བྱ་བས་བསྟན་ཏོ། །ཆོས་ཀི་དབྱིངས་དེ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཨི་ཡོན་ཏན་ཐམས་ཅད་ཀྱི་རྒྱུ་ཉིད་དུ་གནས་པའི་ཕྱིར་འབྲས་བུ་ཉིད་དུ་ཡོངས་སུ་འཛིན་པར་བྱེད་པས་ན་གཙོ་བོ་ལ་དམ་པ་ཞེས་བྱའོ། །གནས་པ ་དང་མཐར་ཕྱིན་པའི་ཆེན་པོ་ཉིད་ནི་ཚིག་ཐ་མ་གཉིས་པ་ཡེ་ཤེས་དང་སྤངས་པ་ཕུན་སུམ་ཚོགས་པ་རྗོད་པར་བྱེད་པ་དག་གིས་བསྟན་ཏེ་སྔར་ཇི་སྐད་བཤད་པ་བཞིན་ནོ། །དེ་ཉིད་བརྗོད་པར་བྱ་སྟེ་།བྱང་ཆུབ་ཀྱི་སེམས་འདི་ནི་ཡེ་ཤེས་ཀྱི་རང་བཞིན ་གྱི་ཡོན་ཏན་ཡིད་དུ་འོང་བ་རྣམས་སྐྱེ་བའི་རྒྱུ་ཡིན་སྐྱེད་པར་བྱེད་པ་ཡིན་པའི་ཕྱིར་འཁོར་བ་ཇི་སྲིད་པར་ཟད་པར་མི་འགྱུར་ཏེ། གཟུགས་ལ་སོགས་པ་སྐྱེ་བ་ལ་ནམ་མཁའ་བཞིན་པས་ཡེ་ཤེས་ཕུན་སུམ་ཚོགས་པའི་རྒྱུའི་དངོས་པོ་ཡིན་ནོ། །ཕྱི་མ་མ་འོངས ་པའི་མཛའ་ནི་མྱ་ངན་ལས་འདས་པ་སྟེ། དེར་འབབ་དེར་གཞོལ་དེའི་མུར་ཐུག་པ་ཡིན་པས་ན་སྤངས་པ་ཕུན་སུམ་ཚོགས་པའི་རྒྱུའི་དངོས་པོར་བརྗོད་པ་ཡིན་ནོ། །དཔེར་ན་བུད་མེད་འགའ་ཞིག་ལ། །དང་པོ་བུ་ཡན་ལག་རྫོགས ་པ་སྐྱེ་བའི་རྒྱུ་མཚན་དུ་གྱུར་པ་མངལ་དུ་ཞུགས་ཏེ་བུ་ཆགས་པ་དེ་དང་ཆོས་མཐུན་པར་འདི་ལ་ཡང་སངས་རྒྱས་ཀྱི་སྐུ་ཡོན་ཏན་གྱི་ཡན་ལག་རྫོགས་པ་སྐྱེ་བར་བྱ་བའི་ཕྱིར་འཇིག་རྟེན་ལས་འདས་པའི་སེམས་དང་པོ་སྐྱེའོ། །དཔེར་ན་བུ་དེS? ་ཉིད་རྒྱལ་པོའི་རྒྱལ་རིགས་ཆེན་པོར་སྐྱེས་ཤིང་དེ་ལས་གཞན་པའི་རིགས་དམན་པ་རྣམས་ལས་འདའ་བ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་སེམས་དེ་སྐྱེས་ནས་དེ་བཞིན་གཤེགས་པའི་རིགས་སུ་སྐྱེས་པའི་ཕྱིར་དེ་ལས་གཞན་པ་སོ་སོའི ་སྐྱེ་བོའི་རིགས་རྣམས་ལས་འདའ་ཨོ། །དཔེར་ན་བུ་དེ་རྒྱལ་པོས་བསྐྱེད་ཀྱང་མི་འདྲ་བ་བྲན་མོ་ལས་སྐྱེས་ན་ནད་ཀྱི་སྐྱོན་ལས་ནི་མི་འདའ་ཨི་རིགས་ཀྱི་ཐ་སྙད་ནི་ཕ་ལས་འབྱུང་བའི་ཕྱིར་དེ་རིགས་ལས་འདས་པ་ཞེས་ནི་བརྗོད་པ་ཉིད་དོ། །ནམ་ཞིག་འདི ་རྒྱལ་པོས་བཙུན་མོ་དམ་པ་ཐབས་རིར་བབ་པ་ལས་བསྐྱེད་པ་དེའི་ཚེ་གནད་ལས་གྱུར་པའི་སྐྱོན་སྨད་པའི་ངོ་བོ་དེ་ལས་ཀྱང་འདའ་ཨོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་སེམས་དེ་སྐྱེས་པའི་ཕྱིར། ཆོས་ཀྱི་རྒྱལ་པོ་སངས་རྒྱས་ཀྱིས་ཐབས ་རིར་བབ་པའི་བཙུན་མོ་དམ་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ་ལས་བསྐྱེད་ཀྱི། ཐེག་པ་དམན་པའི་བྲན་མོ་ལས་མ་ཡིན་བས་གནད་ཀྱི་སྐྱོན་ཐམས་ཅད་ལས་འདའ་ཨོ། །དཔེར་ན་བུ་དེ་འགྲོ་བ་གང་དུ་སྐྱེས་པ་དེས་བསྡུས་ལ་གང་ན ་ཤི་འཕོས་པ་དེ་ལས་འདའ་བ་དེ་བཞིན་དུ། བྱང་ཆུབ་སེམས་དཔའ་ཡང་དོན་དམ་པའི་སེམས་བསྐྱེད་པས་འཇིག་རྟེན་པའི་འགྲོ་བ་ལས་ནི་འདས་པ། འཇིག་རྟེན་ལས་འདས་པའི་འགྲོ་བ་རྟོན་པ་ཞེས་བྱ་བས་ནི་བསྡུས་སོ། །དཔེར་ན་བུ་དེ་ལུས་རྫོགས་པ ་རྙེད་པ་དེ་བཞིན་དུ། འདི་ཡང་བྱང་ཆུབ་སེམས་དཔའ་ཨི་ཆོས་ཉིད་ཐོབ་པའི་ཕྱིར་སྙིང་རྗེའི་བདག་ཉིད་ཀྱི་ལུས་འཐོབ་བོ། །དེ་ཇི་ལྟ་ཞེ་ན། གཞན་གྱི་དགོས་པ་བདག་གི་དགོས་པ་ཡིན་པ་ཉིད་ཀྱི་ཕྱིར་ཞེས་བྱ་བ་སྨོས་ཏེ། བདག་དང་གཞན་མཉམ་པ་ཉིད་ཐོབ ་པའི་ཕྱིར་གཞན་གྱི་དགོས་པ་ཉིད་དེའི་རང་གི་དགོས་པ་ཡིན་ནོ། །དཔེར་ན་བུ་དེ་སྐྱེས་ནས་གདོན་མི་ཟ་བར་གནས་འགའ་ཞིག་ཏུ་གནས་པར་འགྱུར་བ་དེ་བཞིན་དུ་འདི་ཡང་སྙིང་རྗེ་དང་ལྡན་པའི་ཕྱིར་མྱ་ངན་ལས་འདས་པའི་ལམ་མཐོང་ཡང་འཁོར ་བ་ཡོངས་སུ་མི་འདོར་ལ་ཐབས་མཁས་པས་གནས་པའི་ཕྱིར་དེ་ན་ཡང་ཀུན་ནས་ཉོན་མོངས་པར་མི་འགྱུར་རོ། །དཔེར་ན་བུ་དེ་བཙས་ནས་འཚོ་བ་འགའ་ཞིག་གིས་འཚོ་བར་བྱེད་པ་དེ་བཞིན་དུ་འདི་ཡང་དུས་གསུམ་མཉམ་པ་ཉིད་དུ་ལྟ་ཞིང་སྟོང ་པ་ཉིད་དང་ལྡན་པའི་ཤེས་རབ་ཀྱི་འཚོ་བར་བྱེད་དེ། །དཔེར་ན་བུ་སྐྱེས་ན་རིགས་དང་འཚམ་པའི་ཕུན་སུམ་ཚོགས་པ་འགའ་ཞིག་གདོན་མི་ཟ་བར་ཡོད་པ་དེ་བཞིན་དུ། འདིའི་ཕུན་སུམ་ཚོགས་པ་ཡང་སངས་རྒྱས་ཀྱི་རིགས་སུ་ངེས་ཤིང ་ཡོངས་སུ་མི་ཉམས་ལ། མྱ་ངན་ལས་འདས་པ་ནི་རྫོགས་པའི་བྱང་ཆུབ་སྟེ། དེ་ལ་གཞོལ་བ་ནི་འདི་ཁོ་ན་ཡིན་ནོ། །དེ་ལྟར་ཞེས་བྱ་བ་ནི། ཇི་སྐད་བཤད་པའི་ཚུལ་གྱིས་ཏེ་འདྲ་བ་ཉིད་དུ་བསྟན་པ་འབའ་ཞིག་ཏུ་མ་ཟད་ཀྱི་མི་འདྲ་བ་ཉིད་དུ་ཡང ་བསྟན་ཏོ། །ཇི་ལྟ་ཞེ་ན། ཐུན་མོང་དང་ཐུན་མོང་མ་ཡིན་པ་ཉིད་ཀྱི་ཕྱིར་ཞེས་བྱ་བ་སྨྲས་ཏེ། ཇི་སྐད་དུ་བཤད་པ་ཡིན་ཞེ་ན། སོ་སོའི་སྐྱེ་བོ་རྣམས་ཀྱི་མའི་མངལ་དུ་བུ་འཆགས་པ་ཁུ་ཆུ་དང་ཁྲག་འདྲེས་པ་ཞེས་བྱ་བ་གང་ཡིན་པ་དེ་བྱང་ཆུབ ་སེམས་དཔའ་རྣམས་ལ་ཡང་ཡོད་པས་ཐུན་མོང་སྟེ་སྤྱི་ཡིན་ནོ། །འདི་དག་གི་མངལ་དུ་འཇུག་པ་དང་པོ་ཁོ་ནར་འཇིག་རྟེན་ལས་འདས་པའི་སེམས་སྐྱེ་བའི་མཚན་ཉིད་གང་ཡིན་པ་དེ་དག་ལ་མེད་པས་ཐུན་མོང་མ་ཡིན་ཏེ་སྤྱི་མ་ཡིན་ནོ། ་དེ་བཞིན་དུ་རིགས་ལས་འདས་པ་ལ་སོགས་པ་ཡང་ཐུན་མོང་དང་ཐུན་མོང་མ་ཡིན་པར་ཁོང་དུ་ཆུད་པར་བྱའོ། །དེ་ཡང་རྣམ་པ་དགུར་རིག་པར་བྱ་སྟེ་ཞེས་བྱ་བ་ལ་སོགས་པ་ནི་མཆོག་ཏུ་དགའ་བ་ཁོ་ན་རང་གི་ངོ་བོ་དང་གནས ་སྐབས་དང། བྱེད་པའི་བྱེ་བྲག་གིས་རྣམ་པ་དགུར་བཞག་སྟེ། དེ་ལ་བདེན་པ་བཞི་མངོན་པར་རྟོགས་ཏེ། དཀོན་མཆོག་གསུམ་ལ་ཤེས་ནས་དད་པ་ནི་དེའི་རང་གི་ངོ་བོ་སྟེ། དང་བའི་མཆོག་ཏུ་དགའ་བའོ། །དགའ་བ་ཉིད་མཆོག་ཏུ་དགའ་བ་ཡིན་ཏེ། ་དམིགས་བ་ཆོས་ཀྱི་དབྱིངས་ལ་དགའ་ཞིང་དེ་ཁོ་ན་ལ་གནས་པ་སྟེ། དེས་ན་དགའ་བའི་ཕྱིར་རོ། །དེ་འཕེལ་བས་དགའ་བ་དེ་ཉིད་གོང་མ་གོང་མའི་གནས་སྐབས་དང་བྱེད་པའི་བྱེ་བྲག་གིས་མཆོག་ཏུ་དགའ་བ་ལྷག་མ་རྣམས་རིག་པར་བྱ་སྟེ། དེ་ལྟར་ན་བཅུ ་ཚན་འདིས་མཆོག་ཏུ་དགའ་བ་ཅི་འདྲ་བདེ་བཤད་དོ། །ད་ནི་དེའི་དམིགས་པ་དེ་བཅུ་ཚན་གཉིས་ཀྱིས་སྟོན་པར་བྱེད་དེ། དེ་ལ་རྗེས་སུ་དྲན་པ་དང་པོ་དང་ཞེས་བྱ་བ་ལ་སོགས་པ་ལ། དང་པོ་སངས་རྒྱས་ནི་བརྟེན་གཟུགས་ཀྱི་སྐུ་དང་བརྟེན་བ་ཡོན་ཏན་རྣམས་རྗེས་སུ་དྲན ་ནོ། །གཉིས་པ་ནི་རྣམ་པར་ཕྱེ་སྟེ་བརྟེན་པ་ཡོན་ཏན་རྣམས་འབའ་ཞིག་རྗེས་སུ་དྲན་ནོ། །གཉིས་དེ་ནི་དག་གི་རིགས་ལ་སྟེ། ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་དང་དེའ?་སྤྱོད་བརྗེས་སུ་དྲན་པ་སྟེ། དེ་གཉིས་ཅིའི་ཡུལ་ཅན་ཞེ་ན། དེ་དག་གི་རིགས་ལ་ཞེས་དེ ་གཉིས་ཀྱི་ཡུལ་སྟོན་པར་བྱེད་དོ། །དེ་དག་ཅེས་བྱ་བའི་སྒྲས་ནི་སྐབས་སུ་བབ་པ་སངས་རྒྱས་དང་ཆོས་དག་སྟོན་པར་བྱེད་དོ། །གོ་རིམ་བཞིན་ནོ་ཞེས་བྱ་བ་ནི། འདི་སྐད་དུ་སངས་རྒྱས་ཀྱི་རིགས་ལ་རྗེས་སུ་དྲན་པ་ནི་དང་པོའོ། །ཆོས་ཀྱི་རིགས་ལ་རྗེས་སུ་དྲན་པ་ནི ་གཉིས་པའོ། །ཇི་ལྟར་སངས་རྒྱས་རྣམས་ནི་དེ་ལས་སྐྱེས་པའི་ཕྱིར་བྱང་ཆུབ་སེམས་དཔའ་ལ་སངས་རྒྱས་ཀྱི་རིགས་ཞེས་བྱ་བ་དེ་བཞིན་དུ་ཆོས་ཀྱི་རིགས་ཀྱང་དེ་དང་འདྲ་སྟེ་སངས་རྒྱས་ཀྱི་ཆོས་རྣམས་ནི་བྱང་ཆུབ་སེམས་དཔའ་ཨི་སྤྱོད་པ་ལས་སྐྱེས་པའི ་ཕྱིར་རོ། །དངོས་སུ་ཐ་དད་པ་མ་ཡིན་ཡང་ཐ་དད་པ་བརྗོད་པར་བཞེད་པ་རྟེན་དང་བརྟེན་པ་ཐ་དད་པར་བརྟན་ཏེ། དཔེར་ན་སངས་རྒྱས་དང་ཆོས་རྗེས་སུ་དྲན་པ་དག་བཤད་པ་ལྟར་འདི་དག་ཀྱང་དེ་དང་འདྲའོ། །དེ་ལ་སྤྱོད་པ་ལས་སངས་རྒྱས་རྗེས་སུ་དྲན་པ་ཉིད་ཡན་ལག་ཀྱང ་ཡིན་ཏེ་སངས་རྒྱས་རྗེས་སུ་དྲན་པ་སྤྱིར་བཤད་པ་དག་བྱེ་བྲག་གི་ངོ་བོར་བརྟེན་པའི་ཕྱིར་རོ། །ཉེ་བའི་ཡན་ལག་ཀྱང་ཡིན་ཏེ། རྣམ་པར་དག་པ་ལས་སངས་རྒྱས་རྗེས་སུ་དྲན་པ་ལ་སོགས་པས་རྣམ་པར་དབྱེ་བར་བྱ་བ་ཡིན་པའི་ཕྱིར་རོ། །བྱང་ཆུབ་སེམས་དཔའ་དང། དེའི ་སྤྱོད་པ་ལ་སོགས་པ་ལས་སངས་རྒྱས་རྗེས་སུ་དྲན་པ་ཉིད་ནི་སངས་རྒྱས་ཁོ་ནའི་རྒྱུའི་གནས་སྐབས་རྗེས་སུ་དྲན་པ་ལས་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་དང་དེའི་སྤྱོད་པ་ལ་སོགས་པ་འདི་དག་ནི་མ་འོངས་པ་ཡིན་པར་རིག་པར་བྱའོ། །དེ་ནི་དེ་ལྟར་བྱུང་བའི་དམིགS ་བའི་དབང་དུ་བྱས་ནས། སོ་སོའི་སྐྱེ་བོའི་ལོངས་སྤྱོད་ལས་ཕྱིར་ལེག་པའི་ཕྱིར་རོ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །སྦྱད་པར་བྱ་བ་ཡིན་པས་ན་ལོངས་སྤྱོད་ནི་ཡུལ་ཡིན་ཏེ། འདོད་པའི་ཡོན་ཏན་ལྔ་དག་གོ་།དེ་དག་ཇི་ལྟར་སོ་སོའི་སྐྱེ་བོ་རྣམ་ལྷག་པར་ཆགS ་ཤིང་ལོངས་སྤྱོད་པ་ལྟར་བྱང་ཆུབ་སེམས་དཔའ་རྣམས་དེ་ལྟ་མ་ཡིན་པས་སོ་སོའི་སྐྱེ་བོའི་ལོངས་སྤྱོད་ལས་ཕྱིར་ལོག་པ་ཞེས་བྱའོ། །སངས་རྒྱས་ཀྱིས་དང་ཉེ་བ་ལ་ཞུགས་པའི་ཕྱིར་སོ་སོའི་སྐྱེ་བོ་བཞིན་དུ་ཡུལ་རྣམས་ལ་མི་སྤྱོད་བས་ན་ལོངས་སྤྱོད་མི་འདྲ ་བ་ཉིད་དོ། །བྱིས་པའི་ས་དང་ཡེ་ཤེས་ཀྱི་ས་དང་རིང་བར་གྱུར་བ་དང་ཉེ་བ་དག་གིས་སྐྱེ་བོ་ཐམས་ཅད་ལས་ཁྱད་པར་དུ་འཕགས་པ་ཛམ་བུའི་གླིང་གི་དབང་ཕྱུག་ལ་སོགས་པའི་ལུས་འཐོབ་པས་ན་ལུས་འདྲ་བ་ཉིད་དོ། །ལྷག་མ་ཞེས་བྱ་བ་ལ་སོགས་པ་ལ། ་སྒྲུབ་པ་ནི་ལུས་དང། ངག་དང་ཡིད་ཀྱི་སྤྱོད་པ་སྟེ། དེ་ཡང་སོ་སོའི་སྐྱེ་བོ་རྣམས་ཀྱི་ནི་ཕལ་ཆེའི་དགེ་བ་བཅུའི་ལས་ཀྱི་རང་བཞིན་དག་ཡིན་ལ། དོན་དམ་པའི་བྱང་ཆུབ་ཀྱི་སེམས་སྐྱེས་པའི་ནི་དེ་ལས་བཟློག་པ་ཡང་དག་པའི་སྒྲུབ་པ་ཡིན་པས་སྒྲུབ་པ་མི ་འདྲ་བ་ཉིད་དོ། །འདི་ལྟ་བུའི་གྲོགས་ནི་ཕས་བྱེད། ཕའི་གྲོགས་ནི་བུས་བྱེད། རྒྱལ་པོ་ནི་འབངས་རྣམས་ཀྱི་གྲོགས་བྱེད། འབངས་རྣམས་ཀྱང་རྒྱལ་པོའི་གྲོགས་བྱེད་ཀྱི། འདི་ནི་སེམས་ཅན་ཐམས་ཅད་ཀྱི་གྲོགས་བྱེད་ཀྱང། དེ་དག་ནི་དེའི་གྲོགས ་མི་བྱེད་བས་གྲོགས་སུ་གྱུར་པ་མི་འདྲ་བ་ཉིད་དོ། །དེ་དག་ནི་སྲེད་པའི་བྲན་དུ་གྱུར་པའི་ཕྱིར་ནོར་བདག་གི་གཞན་གྱི་དབང་དུ་གྱུར་པ་ཡིན་གྱི། འདི་ནི་ཆོས་ཀྱི་རྗེའི་གཞན་གྱི་དབང་དུ་གྱུར་པའི་ཕྱིར་གཞན་གྱི་དབང་དུ་གྱུར་པ་མི་འདྲ་བ་ཉིད་དོ། །དེ་དག་གི་སྡོང ་དུམ་ཚེར་མ་ལ་སོགས་པས་ཡོངས་སུ་མ་དག་པའི་ཡུལ་དུ་སྐྱེས་པ་ཡིན་གྱི་འདི་ནི་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་སྐྱེ་བས་ན་ཡུལ་མི་འདྲ་བ་ཉིད་དོ། །དེ་དག་ནི་ལོག་པའི་འཚོ་བ་ལ་དགའ་བ་ཡིན་གྱི་འདི་ནི་ཡང་དག་པའི་ལས་ཀྱི་མཛའ་ཨི་འཚོ་བ་ལ་དགའ་ ་བ་ཡིན་བས་འཚོ་བ་མི་འདྲ་བ་ཉིད་དོ། །དེ་དག་ནི་ཕུན་སུམ་ཚོགས་པ་དང་འབྱོར་བ་ནི་འཚེ་བ་མང་པོ་དང་འབྲེལ་པ་ཡིན་གྱི་འདིའི་འབྱོར་བ་ནི་འཇིགས་པ་ཐམས་ཅད་དང་བྲལ་ཞིང་རྒྱ་ཆེ་བ་ཡིན་པས་ཕུན་སུམ་ཚོགས་པ་མི་འདྲ་བ་ཉིད་དོ། །འཇིགས་པ་འདི ་དག་ལས་ཞེས་བྱ་བ་ལ་སོགས་པ་ལ་གསུམ་ཞེས་བྱ་བ་ནི་འཚོ་བ་མེད་པས་འཇིགས་པ་དང་ཚིགས་སུ་བཅད་པ་མེད་པ་དང། འཁོར་གྱི་ནང་དུ་བག་ཚ་བ་སྟེ་གོ་རིམ་བཞིན་དུ་ལུས་དང་ངག་དང་སེམས་ཀྱིས་མྱོང་བའི་རྟེན་ཅན་ཡིན་ནོ། །དེ་ལ་དང་བོ་ནི་ཆོས ་གོས་དང་བསོད་སྙོམས་དང་མལ་ཆ་དང། སྟན་ལ་སོགས་པ་ལུས་ཀྱི་ཡོ་བྱད་ཀྱི་སྒོ་ནས་འོངས་པའི་ཕྱིར་ལུས་ཀྱིས་མྱོང་བའི་རྟེན་ཅན་ཡིན་ནོ། །གཉིས་པ་ནི་ཕ་རོལ་པོ་རྣམས་ཀྱི་ཚིག་གིས་ལོག་པ་སུན་འབྱིན་པའི་ཕྱིར་དང། མི་སྙན་པ་བརྗོད་ཅིང ་ཀུན་ནས་སློང་པའི་ཕྱིར་དག་གིས་མྱོང་བའི་རྟེན་ཅན་ཡིན་ནོ། །གསུམ་པ་ནི་ནང་གི་ཀུན་ཏུ་རྨོངས་པས་ཀུན་ནས་བསླང་བའི་ཕྱིར་སེམས་ཀྱིས་མྱོང་བའི་རྟེན་ཅན་ཡིན་ནོ། །གསུམ་བ་དང་བཞི་པ་ནི་འཆི་བས་འཇིགས་པ་དང། ངན་འགྲོས་འཇིགས་བ་དག་སྟེ ་ལུས་ཀྱི་རྟེན་ཅན་ཡིན་ནོ། །ལུས་ནི་དབང་པོ་དང་བཅས་པའི་ལུས་ཏེ། རྟེན་དང་བརྟེན་པ་ཐ་དད་པའི་ངོ་བོར་ལུས་ཐམས་ཅད་ལུས་ཡིན་ནོ། །དེ་ཡང་བདེ་འགྲོ་དང་ངན་འགྲོའི་བྱེ་བྲག་གིས་འདོད་པ་དང་མི་འདོད་པ་ཡིན་ཏེ། དེ་དག་དང་འདྲལ་བ་དང་ཕྲད་པ་ལ་བལྟོས་ནས ་བསོད་ནམས་མ་བྱས་པ་ལ་འཇིགས་པ་འདི་གཉིས་འབྱུང་ངོ། །ལག་པའི་ཤེས་བྱ་ཞེས་བྱ་བ་ནི་ཤེས་བྱ་ལོག་པ་བདག་ལ་སོགས་པ་སྟེ། དེར་འདུ་ཤེS་པ་ལ་སོགས་པ་ལ་མངོན་པར་ཞེན་པའི་མཚན་ཉིད་དོ། །དེ་ལ་འཚོ་བ་མེད་པས་འཇིགས་པའི་གཞི་ཡང་བདག ་ཏུ་འདུ་ཤེས་པ་ལ་སོགས་པ་ཡིན་ནོ། །འཆི་བས་འཇིགས་པའི་གཞི་ཡང་ཀྱི་ཧུད་བདག་ནི་མད་པར་འགྱུར་རོ་སྙམ་པའོ། །དེ་བཞིན་དུ་ཚིགས་སུ་བཅད་པ་ཆེད་པ་འཇིགས་པ་མེད་པའི་རྒྱུ་ཡང་བདག་ཏུ་འདུ་ཤེས་པ་ལ་སོགས་པ་ཁོ་ན་ཡོན་ཏན་འདི་གསུམ་འདི་དག་གི ་རྒྱུ་མཚན་ཉིད་ཡིན་པ་ནི། མདོ་ཉིད་ལས་ཁོང་དུ་ཆུད་པར་བྱའོ། །དགེ་བའི་རྩ་བ་ཆུང་བ་ཉིད་ནི་ངན་འགྲོས་འཇིགས་པ་དང། འཁོར་གྱི་ནང་དུ་བག་ཚ་བས་འཇིགས་པ་དག་གི་གཞི་ཡིན་ཏེ། མདོ་ལས་ཇི་སྐད་འབྱུང་བ་བཞིན་ནོ། །ལུས་འགྱུར་བའི་བྱེ་བྲག་ཅན་ཞེས ་བྱ་བ་ནི་སྤུ་ཟིང་ཞེས་བྱེད་པ་ལུས་འགྱུར་བ་ཡིན་པར་བསྟན་ཏོ་ཞེས་བསྟོད་པར་བྱའོ། །ལྷག་མ་དག་ནི་གོ་སླའོ། །བསྙེན་བཀུར་བྱེད་པ་ལ་སོགས་པ་ལ་དགེ་བའི་བཤེས་གཉེན་རྣམས་ལ་བསྙེན་བཀུར་བྱེད་ན་ཡང་དག་པའི་ལམ་ཐོས་པའི་ཕྱིར་སྒྲོ་འདོགས་པ ་དང་སྐུར་བ་འདེབས་པའི་མཛའ་གཉིས་སུ་མི་ལྟུང་བས་ན་ཆུང་མི?་ཟ་བ་ཞེས་བཤད་དེ། མཐར་ལྟུང་བ་ནི་ཆུད་ཟོས་པ་ཡིན་པའི་ཕྱིར་རོ། །གནས་པ་མེད་པ་ནི་འདིར་བསམ་གཏན་གྱི་རོ་མྱང་བ་མེད་པ་ཡིན་ཏེ། འཇིག་རྟེན་ན་ཡང་གནས་པ་དང། ཞེན་པ་དང་ཐོགS ་པ་ནི། ཆགས་པ་ཁོ་ན་ཡིན་ལ། ཐོགས་པ་མེད་པ་སྤྱོད་པ་ནི་གནས་པ་མེད་པར་སྤྱོད་པ་ཞེས་བྱའོ། །ཆགས་པ་མེད་པ་སོགས་པ་དང་མངོན་པར་དགའ་བ་མེད་པ་སོགས་པ་ནི་ཐོབ་པ་དང་མ་ཐོབ་པ་ཞེས་བྱ་བ་དང་གོ་རིམ་བཞིན་ཏེ། མདོ་ལས་ནི་ཚིག་གཉིས ་ཀྱིས་རྙེད་པ་ལ་སོགས་པ་དེ་ལྟར་བྱུང་བ་ལ་ཆགས་པ་མེད་པ་དང། མ་འོངས་པ་ལ་མངོན་པར་དགའ་བ་མེད་བས་གསུངས་སོ། །གང་མངོན་པར་འདོད་བ་ཞེས་བྱ་བ་ལ་སོགས་པ་ལ། གང་ཞེས་བྱ་བ་ནི་ཐམས་ཅད་མཁྱེན་པ་ཉིད་དེ། ་ཚིག་དང་པོས་བསྟན་ཏོ། །ཅི་འདྲ་བ་ཞེས་བྱ་བ་ནི་སྟོབས་བཅུ་ལ་སོགས་པ་ཉིད་དུ་རྣམ་པར་ཕྱེ་བའི་ངོ་བོའོ། །ཇི་ལྟར་མངོན་པར་འདོད་པ་ནི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པའི་མཚན་ཉིད་ཀྱི་ཐེབས?་གང་གིས་ཐམས་ཅད་མཁྱེན་པ་ཉིད་དེ། འཐོབ་པ་སྟེ་ཚིག་གསུམ ་པས་སྟོན་ཏོ། །ཕ་རོལ་ཏུ་ཕྱིན་པ་རྣམས་ཆགས་པ་མེད་པ་ཚོལ་བ་སྟེ། ཆགས་པ་ནི་མི་མཐུན་པའི་ཕྱོགས་ཀྱིས་ཟིལ་གྱིས་ནོན་པའི་ཕྱིར་མ་དག་པ་ཡིན་ནོ། །གང་དང་ཅི་འདྲ་བ་དང། ཇི་ལྟར་ཞེས་བྱ་བ་དེ་དག་ལ་བརྟེན་ནས་གོ་རིམ་བཞིན་དུ་ཐམས་ཅད་མཁྱེན་པའི་ས ་འདོད་པ་ལ་སོགས་པ་གསུམ་ཡིན་ནོ། །གསུམ་པ་སྟེ་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པས་ཐམས་ཅད་མཁྱེན་པ་ཉིད་མངོན་པར་འདོད་པ་གང་ཡིན་པ་དེ་ཉིད་མི་མཐུན་པའི་ཕྱོགས་སྤངས་པ་བརྗོད་པའི་ཕྱིར། ཚིག་ལྷག་མ་རྣམས་ཀྱིས་རྣམ་པར་འབྱེད་དེ། ་གཉེན་པོ་ཀུན་ཏུ་སྤྱོད་པ་ནི་དོན་གྱིས་གོ་བར་ཟད་དོ། །དེས་ནི་ཟློག་པར་བྱེད་ཅིང་ཞེས་བྱ་བ་ནི་རྒྱུ་སྟོན་པར་བྱེད་པའོ། །ཁས་མི་ལེན་ཅེས་བྱ་བ་ནི་གཡོ་ཡིན་ཏེ། འདི་གཉིས་ནི་དྲི་མ་གཅིག་ཡིན་ནོ། །ཇི་སྐད་སྨྲས་པ་བཞིན་མི་བྱེད་པ་ནི་དྲི་མ་གཉིས་ཏེ། དྲི་མ་འདི ་གཉིས་ནི་མདོའི་ཚིག་གཉིས་ཀྱིས་བསྟན་ཏོ། །ལྷག་མ་ནི་གོ་སླའོ། །སེམས་རྣམ་པར་གཡེང་བའི་རྒྱུ་དག་ནི་བརྗོད་ངས་བ་དང། ཤེས་བཞིན་མ་ཡིན་པར་གནས་པ་དང། འདུ་འཛི་ལ་དགའ་བ་ཞེས་བྱ་བ་ལ་སོགས་པ་དེ་ལྟ་བུ་དག་ཡིན་པར་རིག་པར་བྱའོ ་འདི་ནི་ས་བཤད་པ་འདི་ལ་ཞེས་བྱ་བ་ལ་སོགས་པ་ནི་བསམ་པ་དང། སྦྱོར་བ་དང་ཡོངས་སུ་བསྔོ་བ་ཕུན་སུམ་ཚོགས་པ་བཤད་པ་གང་ཡིན་པ་དེ་ནི་རབ་ཏུ་གནས་པ་ཞེས་བྱའོ། །སྔར་ནི་དང་པོ་དོན་དམ་པ་པའི་སེམས་སྐྱེས་པ་ཙམ་གྱིས་གནས་པ ་བཤད་དོ། །དེ་ནི་བསྒོམ་པའི་ལམ་ན་གནས་སྐབས་མཆོག་ཏུ་གྱུར་པས། མཐོང་བའི་ལམ་ན་ཕུན་སུམ་ཚོགས་པ་གསུམ་དང་ལྡན་པའི་ཕྱིར་ཤིན་ཏུ་ཞུགས་པས་ན་རབ་ཏུ་གནས་པ་ཞེས་བྱའོ། །ཡང་དག་པར་ཚོལ་བས་རིམ་གྲོ་བྱ་བ་ནི་དགེ་བའི ་བཤེས་གཉེན་རྣམས་ཚོལ་བ་གུས་པར་སྨྲ་བ་ལ་སོགས་པ་འདུད་པར་བྱེད་པ་ཡིན་ཏེ། བསྙེན་བཀུར་བྱ་བས་རིམ་གྲོ་བྱ་བའི་སྔ་ལྟས་ཡིན་ནོ། །སྒྲུབ་པས་རིམ་གྲོ་བྱ་བ་ནི་སྡོམ་པ་བླངས་པའི་ཡིན་ཏེ། དེ་སྲུང་བའི་ཡིན་ཏེ་དེ་བསྲུང་བའི་ཕྱིར་རོ།། ་སྒྲུབ་པའི་མཆོད་པ་ནི་དད་པ་དང། སྐྱབས་སུ་འགྲོ་བ་ལ་སོགས་པས་སྡོམ་པ་ཁོ་ན་ཡིན་པས་ཐ་དད་པ་ཡིན་ནོ། །དེ་ལ་གནས་པ་ཉིད་ནི་སངས་རྒྱས་ཐམས་ཅད་ཡུལ་ཡིན་པའི་ཕྱིར་རོ། །དངོས་པོ་ཆེན་པོ་ཉིད་ནི་སྣ་ཚོགས་མང་ཞིང་རྒྱ་ཆེ་བའི་ཕྱིར་རོ།། ་བསམ་བ་ཆེན་པོ་ཉིད་ནི་རྒྱ་ཆེ་ཞིང་རྣམ་པར་དག་པ་ལ་མོས་པའི་བསམ་པ་ཡིན་པའི་ཕྱིར་རོ། །བསོད་ནམས་ཡོངས་སུ་འཛིན་པ་ཆེན་པོ་ཉིད་ནི་ཆོས་ཀྱི་དབྱིངས་ལྟར་རྒྱ་ཆེ་བའི་ཕྱིར་རོ། །རྒྱུའི་དངོས་པོ་ཆེན་པོ་ཉིད་ནི་འཁོར་བ་ཇི་སྲིད་པ་དང་འབྲས་བུ་རྟག་པའི་རྒྱུ ་ཡིན་པའི་ཕྱིར་རོ། །ཚིག་གཉིས་ཀྱིས་ནི་དུས་ཆེན་པོ་ཉིད་བསྟན་ཏེ། བསྐལ་པ་དང་སངས་རྒྱས་འབྱུང་བ་ཐམས་ཅད་དུ་རྒྱུན་མི་འཆད་པའི་ཕྱིར་རོ། །སྨོན་ལམ་ཆེན?་པ་གསུམ་པ་ནི་ཞེས་བྱ་བ་ལ་སོགས་པ་ལ། ཟད་པར་ཁྱབ་པས་ཞེས་བྱ་བ་ནི་མ་ལུས ་བའི་ཞེས་བྱ་བའི་སྒྲའི་དོན་སྟོན་པར་བྱེད་པའོ། །ཐམས་ཅད་ཅེས་བྱ་བ་བའི་སྒྲ་ནི་འཇིག་རྟེན་གྱི་ཁམས་རབ་འབྱམས་ཁྱད་པར་དུ་བྱེད་པ་ཡིན་ནོ། །དེ་ལ་འཇིག་རྟེན་གྱི་ཁམས་འབའ་ཞིག་སྨོས་ན་ནི་འཇིག་རྟེན་གྱི་ཁམས་སུ་ཞེས་བྱ་བ་འདི་ཙམ ་དུ་གོ་བར་འགྱུར་གྱི་ཛམྦུའི་གླིང་ཐམས་ཅད་དུ་ཞེས་བྱ་བར་ནི་མ་ཡིན་ནོ། །ཟད་པར་ཁྱབ་པས་མ་ལུས་པ་སྨོས་པས་ནི་འཇིག་རྟེན་གྱི་ཁམས་གཅིག་ན་ཡང་ཛམྦུའི་གླིང་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་དུ་ཡིན་ཞེས་བཤད་པ་ཡིན་ནོ། །སྨོན་ལམ ་གསུམ་པ་འདིས་ནི་རྟེན་ཅིང་འདྲ་བས་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་པ་དེ་བསྟན་ཏེ། དགའ་ལྡན་གྱི་གནས་ནས་གཤེགས་པ་ལ་སོགས་པས་རྟེན་སངས་རྒྱས་ཀྱི་སྤྲུལ་པའི་སྐུ་བརྗོད་པའི་ཕྱིར་རོ། །སྔོན་དུ་བཏང་བས ་ཞེས་བྱ་བ་ནི་ཅི་ནས་ཀྱང་སེམས་ཅན་རྣམས་ཀྱི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་སོགས་པར་འགྱུར་བར་བྱའོ་ཞེས་དེ་སྙམ་དུ་དང་པོར་སེམས་ལ་བཞག་ནས་ཕྱིས་དགའ་ལྡན་གྱི་གནས་ནས་གཤེགས་པ་ལ་སོགས་པ་སྟོན་པར་མཛད་ངོ་ཞེས ་བྱ་པའི་ཐ་ཚིག་གོ། བཞི་པ་ཞེས་བྱ་བ་ལ་སོགས་པ་ནི། ད་ནི་སེམས་ཅི་འདྲ་བས་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་པ་དེ་སྟོན་ཏོ། །བྱང་ཆུབ་སེམས་དཔའ་ཨི་སྤྱོད་པའི་གདམས་དག་རྗེས་སུ་བསྟན་པ་རབ་ཏུ་སྦྱིན་པས་བརྟན་པའི་སེམས་ཀྱིས་ཏེ། ་ཚིག་དང་པོ་དང། ཐ་མ་གཉིས་དང། ཚིག་པར་མ་རྣམས་ཀྱིས་སྤྱོད་པ་དེ་ཉིད་ཀྱི་རྣམ་པ་དང། རང་བཞིན་དང། ལས་དང། ཐབས་ཐ་དད་པ་སྟོན་པར་བྱེད་དོ། །རྣམ་པ་ལ་སོགས་པ་བཤད་པ་ཉིད་ལས་ལེགས་པར་རྣམ་པར་ཕྱེ་བས་ཟད་དོ། །ས་དག ་ལས་འཇིག་རྟེན་པ་ཇི་ལྟར་ཡོད་པ་མ་ཡིན་ནམ་ཞེ་ན། དེའི་རྗེས་ལ་ཐོབ་པ་ཡིན་གྱི། སས་བསྡུས་པ་ནི་མ་ཡིན་ནོ་ཞེས་བྱ་བར་ཁོང་དུ་ཆུད་པར་བྱའོ། །ཐབས་བསྟན་པ་ལས་སྤྱོད་པ་ལྟ་བུ་ཞེས་བྱ་བ་ནི་དེ་དང་འདྲ་བའི་ས་བཅུ་པའི་ཆོས་ཀྱི་རྣམ་གྲངས་འདི ་ཉིད་ལ་བྱ་སྟེ། ཕ་ལྟ་བུ་ཞེས་བྱ་བ་བཞིན་ནོ། །སའི་ལམ་ཇི་ལྟ་བ་བཞིན་དུ་སྟོན་པ་ཡང་འདི་ཉིད་ཡིན་ནོ། །ལྔ་པ་ཞེས་བྱ་བ་ལ་སོགས་པ་ནི་ད་ནི་སེམས་ཅན་གང་དག་ཡོངས་སུ་སྨིན་པར་བྱ་བ་དེ་དག་ཡོངས་སུ་སྟོན་ཏེ། དེ་དག་ཀྱང་རྣམ་པ་དྲུག་དུ་ཐ་དད་པ ་རྣམས་སོ། །རྣམ་པ་དྲུག་པོ་དེ་དག་ཀྱང་བཤད་པ་ཉིད་ལས་བཤད་པར་ཟད་དོ། །དྲུག་པ་ཞེས་བྱ་བ་ལ་སོགས་པ་ནི་ད་ནི་སེམས་ཅན་དེ་དག་གང་ན་གནས་པ་དེ་བརྗོད་དེ། སྣོད་ཀྱི་འཇིག་རྟེན་གྱི་ཁམས་ཡིན་ནོ། །དེ་ལ་ཤིན་ཏུ་རྒྱ་ཆེ་བ་ཞེས་བྱ་བ་ལ ་སོགས་པ་ལ་རྣམ་པར་དབྱེ་བ་མིག་འཕྲུལ་ལྟ་བུ་ནི་དཔེར་ན་སྒྱུ་མའི་གསང་སྔགས་ཀྱི་མཐུས་མིག་འཕྲུལ་གླང་པོ་ཆེ་དང་རྟ་ལ་སོགས་པའི་མཚན་ཉིད་ཀྱི་རྣམ་པར་དབྱེ་བ་ངོ་བོ་སྣ་ཚོགས་བརྫུན་ཡང་སྣང་བ་དེ་བཞིན་དུ་ལས་སྒྱུ་མའི་མཐུས་འཇིག་རྟེན ་གྱི་ཁམས་རྣམ་པ་དུ་མར་ཐ་དད་པས་ཐ་དད་པ་འདི་དག་ཀྱང་བརྫུན་བཞིན་དུ་སྣང་སྟེ། བདག་ཉིད་ཀྱིས་དོན་དམ་པའི་མཚན་ཉིད་ཀྱི་ཡེ་ཤེས་ཀྱིས་ཁོང་དུ་ཆུད་པར་བྱས་ནས། སེམས་ཅན་རྣམས་ཀྱང་ཁོང་དུ་ཆུད་པར་བྱའོ་ཞེས་སྨོན་ལམ ་འདེབས་སོ། །འདི་སྙེད་དུ་ཡོངས་སུ་ཆུད་པ་ནི་ཆད་དོ། །དེ་མེད་པའི་ཕྱིར་ཚད་མེད་པ་སྟེ། དེ་ལྟར་ཚད་མེད་པ་དེ་དག་གི་རྣམ་པར་དབྱེ་བ་རྣམ་པ་དུ་མ་གང་ཡིན་པ་དེ་ལ་འཇུག་པ་མངོན་སུམ་དུ་བྱ་བའི་ཕྱིར་སྨོན་ལམ་འདེབས་སོ། །བདུན་པ་ཞེས་བྱ་བ་ལ ་སོགས་པ་ནི་ད་ནི་གང་ལ་གནས་ཏེ་ཡོངས་སུ་སྨིན་པར་བྱ་བ་དེ་སྟོན་ཏེ། དེ་ལ་ཞིང་ཐམས་ཅད་ཞིང་གཅིག་དང་ཞེས་བྱ་བ་ནི་ཞིང་ཐམས་ཅད་རང་གི་ཞིང་འདྲ་བ་ཉིད་དུ་བསྒྲུབ་པའི་ཕྱིར་ཞེས་བྱ་བའི་ཐ་ཚིག་གོ?་།ཞིང་ཐམས་ཅད་དུ་ཐོགས་པ་མེད་པར ་འགྲོ་བའི་ཕྱིར་མཉམ་པར་རྒྱུ་བ་སྟེ་དེས་ཡོངས་སུ་སྦྱོང་པའོ། །འོད་ཀྱི་རྒྱན་གྱིས་ནི་ཁ་དོག་ཕུན་སུམ་ཚོགས་པ་སྟོན་ཏོ། །རིན་པོ་ཆེ་མཆོག་ཏུ་འབར་བས་བརྒྱན་པའི་ཕྱིར་རོ། །རྣམ་པར་བཀོད་པའི་རྒྱན་གྱིས་ནི་དབྱིབས་ཕུན་སུམ་ཚོགས་པ་སྟོན ་ཏེ། དབྱིབས་སྣ་ཚོགས་དུ་མ་བཀོད་པའི་ཕྱིར་རོ། །ཉོན་མོངས་པ་ཐམས་ཅད་དང་བྲལ་བའི་ཕྱིར་ཡོངས་སུ་དག་པའི་ལམ་འཇིག་རྟེན་ལས་འདས་པའི་ལམ་དེ་དང་ལྡན་པས་ཟག་པ་མེད་པའི་དགའ་བ་དང་བདེ་བ་ལ་ཡོངས་སུ་ལོངས་སྤྱོད་ཅིང་དེ་ལ་གནས ་པ་རྣམས་ཉེ་བར་བརྟན་པར་འགྱུར་བར་སྨོན་ལམ་འདེབས་སོ། །ཡེ་ཤེས་ཚད་མེད་པའི་འབྱུང་གནས་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཏེ་གནས་པ་པོ་དེ་དག་གིས་གང་བ་ཉིད་དོན་དུ་གཉེར་བའོ། །ཞིང་དེ་ལྟ་བུ་དེ་འགྲུབ་པའི་རྒྱུ་ནི ་སངས་རྒྱས་ཀྱི་ཡུལ་རྒྱ་ཆེན་པོ་ལ་ཡང་དག་པར་གཞོལ་བ་ཡིན་ཏེ། སངས་རྒྱས་ཀྱི་ཡུལ་རྒྱ་ཆེན་པོ་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་དོ། །དེ་དག་ལ་ཡང་དག་པར་གཞོལ་པ་ནི་མངོན་པར་སྒྲུབ་པའོ། །སེམས་ཅན་རྣམས ་ཀྱི་བསམ་པ་ཇི་ལྟ་བ་བཞིན་དུ་མོས་པ་དང་འཚམ་པར་ཡེ་ཤེས་ཀྱིས་ཞིང་དེ་ལྟ་བུ་དག་སྟོན་ཅིང་ཡང་དག་པར་བསྟན་ནས་ཀྱང་མཐུས་ཚིམ་པར་བྱེད་དོ། །བརྒྱད་པའོ་ཞེས་བྱ་བ་ལ་སོགས་པ་ལ། ད་ནི་སྨོན་ལམ་ལྷག་མ་གསུམ་ནི་བདག་ཉིད ་ཀྱི་སའི་ཁྱད་པར་རྟོགས་པར་བྱ་བ་དང། བྱང་ཆུབ་སེམས་དཔའ་ཨི་སའི་ཁྱད་པར་རྟོགས་པར་བྱ་བ་དང། བྱང་ཆུབ་སེམས་དཔའ་ཨི་སའི་མཐར་ཐུག་པ་རྟོགས་པར་བྱ་བ་དང། ཐམས་ཅད་ཀྱི་མཐར་ཐུག་པ་རྟོགས་པར་བྱ་བ་དང་གོ་རིམ་བཞིན་ཏེ། དེ་ལ་བྱང ་ཆུབ་སེམས་དཔའ་ཐམས་ཅད་དང་བདག་ཏུ་བསམ་པ་སེམས་མངོན་པར་འདུ་བྱེད་པ་དང་སྦྱོར་བ་ལུས་དང་ངག་གི་ལས་གཅིག་པར་འདྲ་བར་མཚུངས་པར་འགྱུར་བར་སྨོན་ལམ་འདེབས་པ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསམ་པ་ནི་ཐམས ་ཅད་མཁྱེན་པ་ཉིད་ལ་སེམས་ཤིང་ཐེག་པ་དམན་པ་ལས་ཤིན་ཏུ་རྒྱབ་ཀྱི་ཕྱོགས་པ་ཡིན་ལ། སྦྱོར་བ་ཡང་འདི་ཉིད་ལ་སྦྱོར་བ་ཡིན་པས་བདག་ཀྱང་དེ་དང་འདྲ་བར་ཐེག་པ་ཆེན་པོ་ཁོ་ན་ལ་འཇུག་ཅིང་ཐེག་པ་དམན་པ་ལ་དགའ་བར་ཡང་མི་འགྱུར་བར ་དེ་དག་དང་བསམ་པ་དང་སྦྱོར་བ་གཅིག་པར་དོན་དུ་གཉེར་བའོ། །དེ་ཡང་སྤྱོད་པ་རྣམ་པ་བཅུ་རབ་ཏུ་ཕྱེ་བའོ་ཞེས་བྱ་བ་ནི་དེ་ལ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་དགེ་བའི་རྩ་བ་རྣམས་ཀྱི་འགྲན་ཟླ་ནི་དགྲ་སྟེ། སེར་སྣ་ལ་སོགས་པ་ནི་མཐུན་པཱི ་ཕྱོགས་སོ། །དེ་སྤངས་པའི་ཕྱིར་ཟིལ་གྱིས་མི་ནོན་པས་ན། འགྲན་ཟླ་མེད་པ་དག་གོ་།དེ་དག་སོགས་པ་ནི་ཡོངས་སུ་རྫོགས་པ་སྟེ། འདི་ནི་ཐེག་པ་ཆེན་པོ་ལ་འཇུག་པའི་ཚོགས་ཡིན་ནོ། །ནང་དུ་ཡང་དག་འཇོག་པ་ནི་ཚུལ་བཞིན་དུ་ཡིད་ལ་བྱེད་པ་བསྒོཾ? ་པ་སྟེ། དེས་ཆོས་ཐམས་ཅད་བདག་མེད་པའི་རྣམ་པ་ཁོ་ནར་དམིགས་པའི་ཕྱིར། མཐུན་པར་དམིགས་པ་སྟེ་དེས་རྣམ་པ་གཉིས་རབ་ཏུ་ཕྱེ་བའོ་ཞེས་བྱ་བར་སྦྱོར་རོ། །རྟག་ཏུ་བྱང་ཆུབ་སེམས་དཔའ་རྣམས་དང་འགྲོགས་པས་འབྲེལ་པའི་གཏམ་གཏན་ལ་འབབ ་པར་འགྱུར་རོ། །དེ་བཞིན་གཤེགས་པ་རབ་ཏུ་འབྱེད་པར་ནི་ཆོས་ཀྱི་དབྱིངས་སོ། །དེ་ཡེ་ཤེས་ཀྱིས་ཁོང་དུ་ཆུད་པ་ནི་རྗེས་སུ་དྲན་པའོ། །མ་ཉམས་པ་ནི་ཡོངས་སུ་མ་ཉམས་པ་སྟེ་དེ་ལས་ནམ་ཡང་ཉམས་པར་མི་འབྱུང་བའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་རྗེས་སུ་འགྲོ་བ་སྟེ། ་རྟག་ཏུ་ཀུན་ཏུ་འབྱུང་བའི་ཕྱིར་ནམ་ཡང་རྗེས་སུ་མི་འགྲོ་བ་མ་ཡིན་ནོ། །དེ་ཉིད་གཏན་དུ་བའི་མངོན་པར་ཤེས་པ་ཐོབ་པས་སོ་ཞེས་བྱ་བས་བསྟན་ཏོ། །དགུ་པ་ཞེས་བྱ་བ་ལ་སོགས་པ་ལ་བརྩོན་འགྲུས་ནི་བརྩོན་འགྲུས་རྩོམ་པའོ། །དེའི་དོན་ཡོད་པ་ན་འབྲས་བུ ་མེད་པ་མ་ཡིན་པ་ཉིད་དོ། །ལུས་དང་ངག་དང་ཡིད་ཀྱི་ལས་དོན་ཡོད་པ་ཞེས་བྱ་བའི་མདོའི་ཚིག་ནི་མདོ་ཉིད་ལས་ཚིག་གཞན་གསུམ་གྱིས་བཤད་དེ། དེ་ལ་སེམས་ཅན་རྣམས་ཀྱིས་བདག་མཐོང་མ་ཐག་ཏུ་སངས་རྒྱས་ཀྱི་ས་བོན་དུ་བཏབ་པས་སངས ་རྒྱས་ཀྱིས་ཆོས་རྣམས་ལ་ངེས་པར་འགྱུར་བར་སྨོན་ལམ་འདེབས་པ་ནི། ལུས་ཀྱི་ལས་དོན་ཡོད་པ་ཉིད་དོ། །ཚིག་བརྗོད་མ་ཐག་ཏུ་ཡེ་ཤེས་ཁོང་དུ་ཆུད་པར་བྱ་བ་ཞེས་བྱ་བ་ནི་ངག་གི་ལས་ཡོད་པ་ཉིད་དོ། །དེའི་ཡིད་ཀྱི་དབང་གི་སེམས་ཅན་རྣམས་དད་བ་སྐྱེས ་མ་ཐག་ཏུ་ཉོན་མོངས་པ་རྣམས་ལྡོག་པ་ནི་ཡིད་ཀྱི་ལས་དོན་ཡོད་པ་ཉིད་དོ། །དོན་སྒྲུབ་པ་ནི་དོན་བྱེད་པ་དོན་བྱ་བ་ཡིན་ཏེ་ངེས་དོན་ཡོད་པ་ཉིད་དེ། དེ་ལ་སྨན་གྱི་རྒྱལ་པོ་ཆེན་པོ་ལྟ་བུའི་ལུས་ཡང་དག་པར་བསྟན་པས་ནི་སེམས་ཅན་རྣམས་ཀྱིས ་ཤ་ཟོས་པ་ལ་སོགས་པས་རང་བཞིན་གྱི་སྡུག་བསྔལ་ནད་སེལ་བར་བྱེད་དེ་འདི་ལྟར་སྲོག་ཆགས་ཀྱི་རིགས་ངེས་པ་ཞེས་བྱ་བའི་ཤ་ཟོས་སེམས་ཅན་གྱི་ཚོགས་ཆེན་པོའི་ནས་ཀྱི་སྡུག་བསྔལ་ཉེ་བར་ཞིའོ་ཞེས་གྲག་གོ་།ཕོངས་པ་ལས་བྱུང་བའི ་སྡུག་བསྔལ་ནི། དབུལ་བ་ལ་སོགས་པ་དེའི་གཉེན་པོར་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལྟ་བུའི་ལུས་ཐོབ་པའོ། །བཅུ་པའོ་ཞེས་བྱ་བ་ལ་སོགས་པ་ལ་ལས་ལྔ་པ་ནི་མྱ་ངན་ལས་འདས་པ་བསྟན་ནས་ཡང་སེམས་ཅན་གྱི་དོན་དུ ་འཁོར་བར་སྐྱེ་བ་ལ་བརྟེན་ནས་བྱང་ཆུབ་སེམས་དཔའ་ཨི་སྤྱོད་པ་བསྒྲུབ་པའི་ཕྱིར་སྤྱོད་པའི་སྟོབས་རྒྱུན་མི་འཆད་པ་ཡིན་ནོ། །དྲུག་པ་ནི་སངས་རྒྱས་ཀྱིས་ཡེ་ཤེས་ཀྱིས་ལས་ཡང་ཞེས་བྱ་བ་ལ་སོགས་པ་ནི་འདི་སྐད་དུ། ཐམས་ཅད་མཁྱེན་པ་ཉིད་ཐེག ་ནས་སངས་རྒྱས་ཀྱི་ས་ལ་བརྟེན་ནས་སངས་རྒྱས་ཀྱི་ཞིང་གཞན་དག་ཏུ་ཆོས་ཀྱི་ཚུལ་ནུབ་ན་མདོ་ལ་སོགས་པའི་ཆོས་རྣམས་རབ་ཏུ་སྟོན་པར་བྱེད་དོ་ཞེས་བཤད་པ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་ཡང་ཞེས་བྱ་བའི་སྒྲ་སྨོས་ཏེ། ནུབ་པ་ལ་ཡང་འབྱིན་པར ་བསྟན་པའི་ཕྱིར་རོ། །ལས་བདུན་པ་ནི་ཞེས་བྱ་བ་ལ་ཆོས་རྣམས་ཤེས་པ་ནི་ཆོས་ཤེས་པ་སྟེ་མེ་ལོང་ལྟ་བུའི་ཡེ་ཤེས་ལ་སོགས་པའོ། །དེ་ཉིད་མངོན་པར་ཤེས་པ་ཡིན་ཏེ། འདིས་མངོན་པར་ཤེས་པའི་ཕྱིར་རོ། །དེས་སྟོང་པ་ཉིད་དུ་རྟགས ་པའི་ཕྱིར་ཆོས་ཐམས་ཅད་སྣང་བ་མེད་པར་བྱེད་དོ། །དེ་ཉིད་ཀྱི་ཕྱིར་འཁོར་བ་ལ་མི་གནས་སོ། །རྫུ་འཕྲུལ་གྱིས་མངོན་པར་ཤེས་པས་ནི་སེམས་ཅན་གྱི་མོས་པའི་དབང་གིས་བརྒྱ་བྱིན་ལ་སོགས་པའི་ལུས་ཀྱིས་བདག་ཉིད་ལེན་ཅིང་དེ ་བཞིན་དུ་ཚེ་ཟད་ན་ཡང་ཅི་དགར་འདུག་ལ། ཡོད་ན་ཡང་ཡོངས་སུ་མྱ་ངན་ལས་འདའ་ཨོ། །དེ་ལ་འདོད་པའི་དོན་སངས་རྒྱས་མཆོད་པ་ལ་སོགས་པ་ལ་སེམས་མངོན་པར་འདུ་བྱེད་ཅིང་འདུ་མངོན་པར་བྱེད་པ་ནི་སྨོན་ལམ་མོ། །སྨོན་ལམ་དེ་འགྲུབ་པར་བྱ་བའི ་ཐབས་གང་ཡིན་པ་བརྩོན་འགྲུས་ཀྱི་མཚན་ཉིད་དེ་ནི་བརྩོན་པའོ། །བརྩོན་འགྲུས་ཀྱི་ཐབས་དེ་སྒྲུབ་པ་ཤས་ཆེ་བ་ནི་མངོན་པར་སྒྲུབ་པའོ། །དེ་ཞེས་བྱ་བའི་སྒྲ་སྨོན་ལམ་དང་འབྲེལ་པ་ཡིན་པ་དང་དེ་འགྲུབ་པ་ནི་སྨོན་ལམ་འགྲུབ་པ་ཞེས་བྱ་བའི་དོན ་འདིར་འགྱུར་རོ། །དེ་འགྲུབ་པ་ཡང་སྨོན་པའི་དོན་འགྲུབ་པ་ཡིན་ལ། འདོད་པའི་དོན་ཡང་སེམས་ཅན་གྱི་མཐར་ཐུག་པའི་བར་ཡིན་པས། དེའི་ཕྱིར་འདི་ལ་སུམ་རིམ་གྱིས་མངོན་པར་བསྒྲུབ་པའི་ཕྱིར་གཞུང་འདི་མི་འགལ་ལོ། །དེ་ལ་སེམས་ཅན་གྱི་ཁམས་ཀྱི་མཐར་ཐུག ་པ་ནི་ཡན་ལག་གོ་ཞེས་བྱ་བ་ལ་སོགས་པ་ལ། སེམས་ཅན་གྱི་ཁམས་གང་ཡིན་པ་ཞེས་བྱ་བ་ནི་སེམས་ཅན་གྱི་ཁམས་ཀྱི་མཐར་ཐུག་པ་ཞེས་བྱ་བ་ཡིན་ནོ། །གང་དུ་གནས་པ་ཞེས་བྱ་བ་ནི་འཇིག་རྟེན་གྱི་ཁམས་མཐར་ཐུག་བ་ཞེས་བྱ་བ་ཡིན་ནོ། །ཇི་སྙེད་པ་ཞེས་བྱ ་པ་ནི་ནམ་མཁའ་ཨི་ཁམས་ཀྱི་མཐར་ཐུག་པ་ཞེས་བྱ་བ་སྟེ། ནམ་མཁའ་ཨི་ཁམས་བཞིན་དུ་ཚད་མེད་པ་ཞེས་བྱ་བ་ཡིན་ནོ། །གང་གིས་གདུལ་བར་བྱ་བ་ཞེས་བྱ་བ་ནི་ཆོས་ཀྱི་ཁམས་ཀྱི་མཐར་ཐུག་པ་ཞེས་བྱ་བ་ཡིན་ཏེ། སངས་རྒྱས་ཀྱི་སྒྲུབ་པ་ལ་སོགས་པའི ་ཐབས་ཀྱིས་འདུལ་བའི་ཕྱིར་རོ། །གདམས་ངག་གང་ལ་བརྟེན་ནས་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་ཁམས་ཀྱི་མཐར་ཐུག་པ་ཞེས་བྱ་བ་ཡིན་ཏེ། དེ་བཞིན་གཤེགས་པའི་ཡེ་ཤེས་ལ་བརྟེན་ནས་གདམས་ངག་སྦྱིན་པར་བྱེད་པའི་ཕྱིར་རོ། །དམིགས ་པ་གང་གི་ཞེS་བྱ་བ་ནི་སེམས་ཀྱི་དམིགས་པའི་ཁམས་གྱི་མཐར་ཐུག་པ་ཞེས་བྱ་བ་ཡིན་ཏེ། བདག་མེད་པ་གཉིས་ལ་དམིགས་པའི་ཕྱིར་རོ། །མངོན་པར་རྟོགས་པ་གང་གིས་ཞེས་བྱ་བ་ནི་སངས་རྒྱས་ཀྱི་ཡེ་ཤེས་མངོན་པར་སྒྲུབ་པའི་མཐར་ཐུག་པ་ཞེས་བྱ་བ ་ཡིན་ཏེ། སངས་རྒྱས་ཀྱི་ཡེ་ཤེས་མངོན་པར་རྟོགས་པའི་ཕྱིར་རོ། །འདི་དག་རྒྱུན་གྱི་མཐར་ཐུག་པ་ཡིན་པ་ནི། འཁོར་བ་ཇི་སྲིད་པར་ཡོངས་སུ་མི་ཟད་པའི་ཕྱིར་ཞེས་བསྟན་པའི་ཕྱིར་རོ། །མཐར་ཐུག་པ་དགུ་པོ་འདི་དག་ཉིད་རྒྱུ་ཀྱི་མཐར་ཐུག་པ་རྣམས་ཀྱིས་བསྟན་ཏེ། དེ་ལ ་འཇིག་རྟེན་གྱི་རྒྱུད་ཀྱིས་ནི་དང་པོ་གསུམ་མོ། །ཆོས་ཀྱི་རྒྱུད་ཀྱིས་ནི་བར་མ་རྣམས་སོ། །ཡེ་ཤེས་ཀྱི་རྒྱུད་ཀྱིས་ནི་ཐ་མ་རྣམས་སོ། །རྒྱུད་ནི་རྒྱུན་ཆགས་པ་སྟེ་རྒྱུན་དང་ལམ་ཞེས་བྱ་བའི་ཐ་ཚིག་གོ། སྒྲུབ་པའི་ཁྱད་པར་དུ་འཕགས་པ་ཇི་ལྟ་བུ་ཞེས་ན་ཞེས་བྱ ་བ་ནི་དད་པ་ལ་སོགས་པ་འོག་ནས་འབྱུང་བའི་དོན་བཅུ་དག་གིས་སྒྲུབ་པར་བྱེད་པའི་ཕྱིར་རོ། །ཉན་ཐོས་ལ་སོགས་པ་རྣམས་ལ་ཡང་འདི་དག་ཤེས་འགའ་ཞིག་ཡོད་མོད་ཀྱི། འོན་ཀྱང་འདི་ལས་འོག་ནས་འབྱུང་བ་ཇི་འདྲ་བ་དེ ་ལྟ་བུ་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཁོ་ནའི་ཡིན་པས་ཁྱད་པར་དག་ཅེས་བྱའོ། །དགེ་བའི་རྩ་བ་དེ་དག་ལ་ཞེས་བྱ་བ་ནི་སྨན་ལམ་ཆེན་པོ་ཀུན་ནས་བསླང་བ་དག་ལའོ། །དབང་གི་ཁྱད་པར་ཐོབ་པ་ནི་ཇི་སྲིད་འདོད་པར་ཡང་དང་ཡང་དུ་མངོན་སུམ་དུ་བྱ ་བ་ལ་ཐོགས་པ་མེད་པའི་ཕྱིར་རོ། །བདེ་བར་གནས་པའི་ཁྱད་པར་ཐོབ་པས་ཞེས་བྱ་བ་ནི་ཆོས་ཀྱི་དགའ་བས་ལུས་དང་སེམས་དང་ཤིན་ཏུ་སྦྱངས་པ་དང་ལྡན་པས་གཉེན་པོར་འགྱུར་བའི་ཕྱིར་རོ། །ད་ནི་ལུས་ཀྱི་བྱེ་བྲག་རབ་ཏུ་བརྗོད་པའི་སྒོ་ནས་དང་པ་ལ ་སོགས་པ་སྟོན་ཏོ། །དེ་ལ་སྔོན་གྱི་མཛའ་ནི་བྱང་ཆུབ་སེམས་དཔའ་ཨི་གནས་སྐབས་ཏེ། ཐམས་ཅད་མཁྱེན་པ་ཉིད་ཀྱི་ཕྱི་མའི་མཛའ་ལས་བལྟོས་པའི་ཕྱིར་རོ། །དེར་སྤྱོད་པ་ནི་སྔོན་གྱི་མཛའ་སྤྱོད་པའོ། །དེ་ཉིད་འཇུག་པ་ཡིན་ཏེ། འདིས་ཐམས་ཅད ་མཁྱེན་པ་ཉིད་ཀྱི་གྲོང་ཁྱེར་དུ་འཇུག་པའི་ཕྱིར་རོ། །དེ་ལྟར་ན་ཁྱད་པར་བསྡུས་པའི་བྱང་ཆུབ་སེམས་དཔའ་ཨི་སྤྱོད་པ་ཉིད་སྔོན་གྱི་མཛའ་ཨི་སྤྱོད་པ་ལ་འཇུག་པ་ཡིན་ནོ། །རྣམ་པ་གཅིག་ཏུ་ན་འདི་ལ་འཇུག་པ་འདི་ཡོད་པས་སམ་འདི་ལ་འདིས་འཇུག་པ ་ཡོད་པས་ཞེས་བྱ་བ་སྟེ། ཚིག་གཉིས་ཀྱིས་ནི་འབྲུ་མང་པོ་དག་ལ་ཡང་དེ་ཉིད་ལ་བྱའོ། །ཇི་ལྟ་ཞེ་ན་བཤད་པ། དེ་ནི་ས་བཅུས་ཡང་དག་པར་བསྡུས་པའི་ཕྱིར་རོ། །དེ་ལ་ཚིག་གཉིས་ཀ་ལ་ཡང་བྱང་ཆུབ་སེམས་དཔའ་ཨི་སྤྱོད་པ་སྔ་མ་ནི་ས་ཕྱི་མའི ་འཇུག་པ་ཡིན་པ་འམ། སྔ་མས་ཕྱི་མ་ལ་འཇུག་པ་ཡིན་པས་རྣམ་པ་འདིས་དེ་ཉིད་སྔོན་གྱི་མཛའ་ཨི་སྤྱོད་པ་ལ་འཇུག་པ་ཡིན་པར་ཡང་མ་ཟད་ཀྱི། སྔ་མ་དང་ཕྱི་མ་ཞེས་བྱེ་བྲག་དུ་མ་ཕྱེ་བར་ཐམས་ཅད་མཁྱེན་པ་ཉིད་ལ་འཇུག་པ་དེ་ཐམས་ཅད ་ཡོད་པ་འམ། འདི་ལ་དེས་འཇུག་པ་ཡོད་པས་ཞེས་ཚིག་ཐ་དད་པའི་འབྲུ་མང་པོའི་བསྡུ་བ་ཁོ་ནས་ཐམས་ཅད་མཁྱེན་པ་ཉིད་ཀྱང་ཡིན་ནོ། །དེ་ལྟར་ན་སྔོན་གྱི་མཛའ་ཨི་སྤྱོད་པ་ལ་འཇུག་པ་ནི་ངོ་བོ་གཉིས་ཏེ། སྤྱོད་པ་དང་བྱང་ཆུབ་ཀྱི་རང་བཞིན་ཡིན་པའི་ཕྱིར་རོ། །དེ་ཉིད ་ཀྱི་སྦྱོང་བ་ནས་གུང་སྟེ་བྱང་ཆུབ་མངོན་པར་རྫོགས་པར་བྱང་ཆུབ་པའི་བར་དུའོ་ཞེས་བཤད་པ་ཡིན་ཏེ། དེ་ལ་དང་པོ་ནི་རྣམ་པ་ཉིད་ཀྱིས་མངོན་པར་ཡིད་ཆེས་སོ། །བྱང་ཆུབ་སེམས་དཔའ་ཨི་སྤྱོད་པ་དེ་གང་ཡིན་པ་ཞེས་བྱ་བ་ནི་རང་བཞིན་གང་ཡིན་པ་སྟེ། ཕ་རོལ་ཏུ ་ཕྱིན་པ་ལ་ཡང་དག་པར་འགྲུབ་པ་ཞེས་བྱ་བའི་སྒྲས་བསྟན། ཕ་རོལ་ཏུ་ཕྱིན་པ་རྣམས་ཡང་དག་པར་འགྲུབ་པ་ནི་ཡོངས་སུ་འགྲུབ་པ་སྟེ། མི་མཐུན་པའི་ཕྱོགས་སྤངས་པས་ཡོངས་སུ་དག་པ་ཡིན་པས་དེའི་རང་བཞིན་གྱི་བྱང་ཆུབ་སེམས་དཔའ་ཨི་སྤྱོད་པའོ། །རིམ ་པ་གང་གིས་ཞེས་བྱ་བ་ནི། ས་ཡང་དག་པར་འགྲུབ་པ་ཞེས་བྱ་བའི་སྒྲས་བསྟན་ཏོ། །ས་དང་པོ་ལ་སོགས་པ་ཡོངས་སུ་དག་པའི་རིམ་གྱིས་དེ་དག་འགྲུབ་པའི་ཕྱིར་རོ། །འདི་ལྟར་ས་དང་པོ་ལ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །གོང་མ་དག་ལ་ནི་གཞན་དག ་འགྲུབ་པར་རིག་པར་བྱའོ། །བྱང་ཆུབ་ཀྱིས་བསྡུས་པའི་ཁྱད་པར་རྣམ་པ་དྲུག་གི་དབང་དུ་བྱས་ནས་སྨྲས་པ། མུ་སྟེགས་ཅན་ཕྱིར་རྒོལ་བའི་གཉེན་བའི་ཁྱད་པར་དང། བདུད་ཕྱིར་རྒོལ་བའི་གཉེན་པོའི་ཁྱད་པར་ཏེ་མི་འཇིགས་པ་ཡོངས་སུ་རྫོགས་པ ་དང་སྟོབས་དང་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་མི་འཕྲོགས་པ་ཉིད་ཅེས་བྱ་བ་ལ་མི་འཇིགས་པ་རྣམས་དང། སྟོབས་ལ་སོགས་པས་རིམ་བཞིན་དུ་མུ་སྟེགས་ཅན་དང། བདུད་དག་ལས་རྒྱལ་བའི་ཕྱིར་རོ། །མཐུ་བསམ་གྱིས་མི་ཁྱབ་པ་རྒྱ ་ཚབ་ནི། སངས་རྒྱས་ཀྱི་ཆོས་བསམ་གྱིས་མི་ཁྱབ་པ་ཉིད་ཅེས་བྱ་བ་སྟེ། ཉན་ཐོས་ལ་སོགས་པའི་སེམས་ཀྱི་སྤྱོད་ཡུལ་ལས་ཀྱང་འདས་པའི་ཕྱིར་རོ། །ཡེ་ཤེས་ཐ་མི་དད་ཅིང་ཟབ་པ་ཉིད་ཀྱི་ཁྱད་པར་ནི་དེ་བཞིན་གཤེགས་པའི་ཡུལ་མཐུ་ ་དབུས་མེད་པར་མངོན་པར་སྒྲུབ་པ་ཞེས་བྱ་བ་ཡིན་ནོ། །ཇི་ལྟ་ཞེ་ན་སྐྱེ་བ་དང་གནས་པ་དང་འཇིག་པ་ནི་དང་པོ་དང་དབུས་དང་མཛའ་དག་ཡིན་ནོ། །མཛའ་སྨོས་པས་ནི་འདིར་མཛའ་མ་ཡང་བརྗོད་པ་ཡིན་ཏེ། ཕྱི་མའི་མཛའ་ ་ཡིན་པའི་ཕྱིར་རོ། །དེ་རྣམས་མེད་པའི་ཕྱིར་མཛའ་དང་དབུས་མེད་པ་སྟེ། ཆོས་ཀྱི་དབྱིངས་སོ། །དེའི་ཡུལ་ཅན་གྱི་ཡེ་ཤེས་ཀྱང་ཡུལ་གྱི་སྒོ་ནས་མཛའ་དང་དབུས་མེད་པ་ཞེས་བྱའོ། །དེ་ཉིད་ཡེ་ཤེས་ཐ་མི་དད་པ་ཡིན་ཏེ། སྟོང་པ་ཉིད་དུ་རོ་གཅིག་པ་ཉིད་ཀྱིས་དེ་ལས ་གཞན་པའི་དམིགས་པས་ཐ་དད་དུ་མི་ཕྱེད་པའི་ཕྱིར་རོ། །དེ་ཉིད་རང་རིག་པ་ཉིད་ཀྱིས་དེ་བཞིན་གཤེགས་པའི་ཡུལ་ཡིན་ཏེ། དེ་མངོན་པར་སྒྲུབ་པ་ནི་ཡང་དང་ཡང་མངོན་སུམ་དུ་བྱེད་པའོ། །དེའི་ཟབ་པ་ཉིད་ཀྱི་ཁྱད་པར་ནི་ཤེས་བྱ་ཐམས་ཅད་ཀྱི ་རྗེས་སུ་ཡང་ཞུགས་ལ་དེའི་རྣམ་པ་སྣང་བས་བསྒྱུར་བ་ཡང་མ་ཡིན་ཞིང་ཡང་དག་པའི་ངོ་བོ་ཡིན་པའི་ཕྱིར་ཤེས་པ་ཡང་ཡིན་ལ་ཞེས་བྱ་བ་མ་གྲུབ་པའི་ཕྱིར་ཤེས་བྱ་དང་འབྲེལ་པ་ཅན་མ་ཡིན་ཞེས་བྱ་བའོ། །རྣམ་པ་ཐམས་ཅད་མཁྱེན་པའི་ཁྱད་པར ་ནི་དེ་བཞིན་གཤེགས་པའི་སྤྱོད་ཡུལ་ཚད་མེད་པ་དང་ལྡན་པ་ལ་འཇུག་པ་ཞེས་བྱ་བ་ཡིན་ཏེ། དེ་བཞིན་གཤེགས་པའི་སྤྱོད་ཡུལ་ཚད་མེད་པ་ནི་ཆོས་ཐམས་ཅད་དེ་དེའི་མངོན་སུམ་ཡིན་པའི་ཕྱིར་རོ། །དེ་ལ་འཇུག་པ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ལ ་སོགས་པ་སྟེ། འདིས་ཤེས་བྱའི་དངོས་པོ་ཐམས་ཅད་ལ་འཇུག་པར་བྱེད་རབ་ཏུ་ཤེས་པར་བྱེད་པའི་ཕྱིར་རོ། །དེ་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་ཡིན་ནོ། །འབྲས་བུ་ཡོངས་སུ་གྲུབ་པས་ཞེས་བྱ་བ་ནི་སངས་རྒྱས་ཀྱི་ལམ་གྱི་འབྲས་བུ་ནི་སྒྲིབ་པ་ཐམས ་ཅད་དང་བྲལ་བ་ཡིན་པའི་ཕྱིར་བྲལ་བའི་ཁྱད་པར་ནི་འབྲས་བུ་ཡིན་ཏེ། དེ་ལ་སྔ་མ་རྣམས་ཀྱིས་ནི་ཡེ་ཤེས་ཕུན་སུམ་ཚོགས་པ་བསྟན་ཏོ། །འདིས་ནི་སྤངས་པ་ཕུན་སུམ་ཚོགས་པ་བསྟན་ཏོ། །ད་ནི་རྡོ་རྗེའི་སྙིང་པོ་ཉིད་ཀྱིས་སྔོན་གྱི་མཛའ་ཨི་སྤྱོད་པ་ལ ་འཇུག་པ་སྤྱོད་པ་དང་བྱང་ཆུབ་ཀྱི་རང་བཞིན་རྣམ་པ་གཉིས་པོ་དེ་མདོར་བསྡུས་ནས་ཚིག་ཐ་མ་གཉིས་ཀྱིས་སྟོན་པར་བྱེད་དོ། །དེ་ལ་དབེན་པ་ནི་ཞེས་བྱ་བ་ལ་སོགས་པ་ལ་སྒེ་འདོགས་པའི་ཞེས་བྱ་བ་ནི་ཡང་དག་པ་མ་ཡིན་པ་གཟུང་བ་དང་འཛིན་པ ་གཉིས་སུ་སྒྲོ་འདོགས་པའི་ཕྱིར་རོ། །སྒྲོ་འདོགས་པར་བྱེད་པས་ན་སྒྲོ་འདོགས་པ་སྟེ་རྣམ་པར་རྟོག་པའོ། །སྒྲོ་བཏགས་པ་ནི་དེ་ཉིད་ཀྱིས་སྒྲོ་བཏགས་པ་སྟེ་རྣམ་པར་བརྟག་པར་བྱ་བ་བདག་དང་ཆོས་རྣམས་སོ། །སངས་རྒྱས་ཀྱི་ཆོས་ཆོས་ཀྱི་དབྱིངས ་རྣམ་པར་དག་པའི་མཚན་ཉིད་དེ་དག་ནི་དེ་གཉི་གས་དབེན་ཏེ་རྟོག་པ་དང་བརྟག་པར་བྱ་བ་དང་བྲལ་བའི་ཕྱིར་དེ་དག་ཀྱང་རྟོག་པར་མི་བྱེད་ལ་བརྟག་པར་བྱ་བ་ཡང་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ་།ཞི་བ་ནི་དོན་གྱི་ཆོས་ཉིད་ཀྱིས་སོ ་ཞེས་བྱ་བའི་དོན་རྣམས་ཀྱི་ཆོས་ཉིད་ནི་སྟོང་པ་ཉིད་དེ་རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པའི་ཕྱིར་ཞི་བ་དག་གོ་།དེ་ལྟ་བས་ན་འདིས་ནི་ངོ་བོ་ཉིད་གསུམ་ཡོངས་སུ་བསྟན་ཏེ་སྒྲོ་འདོགས་པའི་དོན་ཞེས་བྱ་བས་ནི་རྣམ་པར་རྟོག་པར ་བྱེད་པའི་སེམས་དང་སེམས་ལས་བྱུང་བ་བརྗོད་པའི་ཕྱིར་གཞན་གྱི་དབང་ཡིན་ནོ། །སྒྲོ་བཏགས་པ་རྣམ་པར་བརྟག་པར་བྱ་བའི་དངོས་པོ་བརྗོད་པའི་ཕྱིར་ཀུན་བརྟག་པ་ཡིན་ནོ། །དོན་གྱི་ཆོས་ཉིད་ཀྱིས་ནི་ཡོངས་སུ་འགྲུབ་པ་བསྟན་པ ་ཡིན་ནོ། །དེ་ལ་རྣམ་པར་རྟོག་པར་བྱེད་པས་ན་རྣམ་པར་རྟོག་པ་སྟེ་གཞན་གྱི་དབང་གི་ངོ་བོ་ཉིད་དོ། །དེ་ནི་སྟོང་པ་ཉིད་ཀྱི་རྣམ་པར་ཐར་བའི་སྒོའི་མི་མཐུན་པའི་ཕྱོགས་ཏེ། གཉིས་སུ་རྣམ་པར་རྟོག་པ་ཡོད་ན་དེ་མི་སྐྱེ་བའི་ཕྱིར་རོ། །མཚན ་མ་ནི་སྐྱེས་པ་དང་བུད་མེད་ལ་སོགས་པར་སྒྲོ་བཏགས་པ་ཀུན་ཏུ་བརྟགས་པའི་ངོ་བོ་ཉིད། མཚན་མ་མེད་པའི་མི་མཐུན་པའི་ཕྱོགས་ཡིན་ནོ། །ལྡན་པ་དང་བྲལ་བ་ནི་ཐེག་པ་དམན་པས་ཡོངས་སུ་མྱ་ངན་ལས་འདའ་བ་སྟེ་ཁམས ་གསུམ་པ་དང་ལྡན་པ་དང་བྲལ་བ་ཡིན་པའི་ཕྱིར་རོ། །དེ་ལ་སྨོན་པ་ནི་སྨོན་པ་མེད་པའི་མི་མཐུན་པའི་ཕྱོགས་ཡིན་ནོ། །ཉོན་མོངས་པ་ཅན་གྱི་ཆོས་སྤོངས་པ་ནི་ཟག་པ་མེད་པའི་ལམ་སྟེ། འདིས་ཉོན་མོངས་པ་ཅན་གྱི ་ཆོས་རྣམས་སྤོང་བར་བྱེད་པའི་ཕྱིར་རོ། །དེའི་དམིགས་པ་ཡིན་པ་ཉིད་ཀྱི་ཕྱིར་གོས་བ་མེད་པ་སྟེ། དེ་དག་ལ་དམིགས་ནས་ཉོན་མོངས་པ་ཐམས་ཅད་ཀྱིས་མི་གོས་པའི་ཕྱིར་རོ། །གྲངས་མེད་པ་དང་བརྟག་མི་ནུས་པ་དགེ་བའི་རྩ་བ་རྣམས་བསྐྱེད ་པར་བྱ་བའི་དམིགས་པ་ཉིད་ཡིན་པས་ཚད་མེད་པ་དག་གོ། ཡང་ན་འདིས་སྐྱེ་བར་བྱེད་པས་ན་སྐྱེ་བའི་ལམ་ཁོ་ན་ཡིན་ཏེ། དེའི་དམིགས་པ་ཡིན་པའི་ཕྱིར་རོ། །གཞན་གྱི་དོན་སྒྲུབ་པར་བྱེད་པའི་ཡེ་ཤེས་ནི་བྱང་ཆུབ་སེམས་དཔའ་ལམ་སྟེ ་དེའི་དམིགས་པ་ཡིན་པའི་ཕྱིར་རྒྱ་ཆེ་བ་དག་གོ། བསྐལ་པ་གྲངས་མེད་གསུམ་གྱིས་ཐོབ་པར་བྱ་བའི་སངས་རྒྱས་ཀྱི་ཡེ་ཤེས་གང་ཡིན་པ་དེའི་དམིགས་པ་ཡིན་པའི་ཕྱིར་སྒྲུབ་དཀའ་བ་དག་སྟེ། སྒྲུབ་པར་དཀའ་ཐོབ་པར་དཀའ་ཞེས་བྱ་བའི ་ཐ་ཚིག་གོ་།ངོ་བོ་ཉིད་གསུམ་ལས་བརྩམས་ནས་ལྟ་བ་ངན་པ་གསུམ་སྟེ། དེ་ལ་མ་རིག་པའི་མུན་པས་བསྒྲིངས་པའི་མིག་ཙན་དེན?་གྱི་ལྟ་བ་དང་པོ་ནི་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་སྟོང་པ་ཉིད་ལ་འབྱུང་ངོ། །གཉིས་པ་ནི་བདག་ནི་འདི་ལྟ་བུའོ་ཞེས ་བྱ་བ་ལ་སོགས་པའི་ང་རྒྱལ་གྱིས་རྣམ་པར་རྟོག་པར་བྱེད་པའི་སེམས་དང་སེམས་ལས་བྱུང་བ་རྣམས་ལའོ། །གསུམ་པ་ནི་ཕྱིའི་དངོས་པོ་གསེར་ལ་སོགས་པ་སྒྲོ་བཏགས་པ་ལ་ཏེ། ལྟ་བ་གསུམ་པ་ནི་སྲེད་པ་རྣམ་པ་དུ་མ་འབྱུང་བ་ལས ་ཡིན་ནོ། །གཉིས་ནི་ཡོངས་སུ་ཚོལ་བའི་དུས་ན་ཞེས་བྱ་བ་ནི་ཀུན་ཏུ་ཚལ་བ་སྟེ། སྒྲུབ་པའི་དུས་སོ། །དེ་ལ་དང་པོ་ནི་བསམ་པའི་ཉེས་པ་སྟེ། རྒྱུ་དང་གཡོ་བསམ་པ་དག་གིས་སྒྲུབ་པའི་ཕྱིར་རོ། །གཉིས་པ་ནི་སྦྱོར་བའི་ཉེས་པའོ། །ཕྲག་དོག་དང ་སེར་སྣ་དག་ཀྱང་སེམས་ལས་བྱུང་བ་ཡིན་པའི་ཕྱིར་བསམ་པའི་ཉེས་པ་ཁོ་ན་ཡིན་ནམ་མ་ཡིན་སྙམ་པའི་དོགས་པ་བསུ་བར་བྱེ་བྲག་དུ་བཤད་དེ། འགྲོ་བ་གཞན་དག་ཏུ་ལུས་དང་ལོངས་སྤྱོད་ངན་པ་མངོན་པར་འགྲུབ་པའི་ཕྱིར་དོན་གྱིས་ན་འདི་གཉིས་ཀྱིས ་ལུས་དང་ལོངས་སྤྱོད་དག་ལ་ལོག་པར་སྦྱར་བ་ཡིན་པས་འདི་གཉིས་སྦྱོར་བ་ཉིད་ཡིན་པར་རིག་པར་བྱའོ། །ལྟ་བ་དྲུག་པ་ནི་ཡུལ་སྡུག་པ་ལ་འདོད་ཆགས་པ་དང། མི་སྡུག་པ་ལ་ཞེ་སྡང་བ་དང། གཉི་ག་ལས་བཟློག་པ་ལ་གཏི་མུག་པའོ། །བདུན་པ་ནི་ཕན་ཚུན ་གནོད་པ་བྱེད་པའི་དུས་ན་ནི་ཁྲོ་བའོ། །མདུད་པར་འཛིན་པའི་དུས་ན་ནི་ཁོན་དུ་འཛིན་པའོ། །བརྒྱད་པ་ནི་ཕན་ཚུན་གནོད་པ་བྱེད་པའི་དུས་ཉིད་ན་ཏེ། ཕྱིན་ཅི་ལོག་བཞི་ལ་མངོན་པར་ཞེན་པ་ཁོ་ནས་གནོད་པར་བྱེད་པའི་ཕྱིར་རོ། །དགུ་པ་ནི་སྦྱིན་པ་ལ་སོགས ་པ་བྱེད་པའི་དུས་ན་ཏེ། འདོད་པའི་ཟག་པ་ལ་སོགས་པ་ཀུན་ཏུ་འབྱུང་བའི་ཕྱིར་རོ། །འདིར་ཀུན་གཞིའི་རྣམ་པར་ཤེས་པ་དང་དེ་དང་མཚུངས་པར་ལྡན་པའི་ཚོར་བ་བཏང་སྙོམས་ཁོ་ན་དོན་དམ་པར་རྣམ་པར་སྨིན་པར་འདོད་ཀྱི། དེ་ལས་གཞན་པའི ་རྣམ་པར་ཤེས་པའི་ཚོགས་རྣམས་དང། ཚོར་བ་ལ་སོགས་པ་ནི་རྣམ་པར་སྨིན་པ་ལས་སྐྱེས་པ་ཡིན་པའི་ཕྱིར་ཉེ་བར་བརྟགས་ནས་རྣམ་པར་སྨིན་པ་དག་ཅེས་བྱའོ། །ཇི་ལྟར་ན་ཀུན་གཞིའི་རྣམ་པར་ཤེས་པ་ཉིད་མཚམས་སྦྱོར་བའི ་སྐད་ཅིག་མ་ལ་བྱུང་བ་གཅིག་པ་ཁོ་ན་ལ་མིང་དང་གཟུགས་དང། ལྷན་ཅིག་བྱུང་བ་ཞེས་བྱ་ཞེ་ན། སྨྲས་པ། མིང་དང་གཟུགས་དང་དེ་ལྷན་ཅིག་འབྱུང་བའི་ཕྱིར་རོ་ཞེས་བྱ་བ་འདིས་ཁྱད་པར་གྱི་ཚིག་བསྡུ་བ་སྟོན་ཏེ། ལྷན་ཅིག་གཅིག་ཅར ་བྱེད?་པའི་གཞན་དང་ལྷན་ཅིག་འབྲེལ་པ་ནི་དེའི་རང་གི་ངོ་བོ་མ་ཡིན་པ་མིང་དང་གཟུགས་ལ་བལྟོས་པར་བྱ་བ་ཡིན་ནོ། །དེ་ནི་རྣམ་པར་སྨིན་པའི་ཀུན་གཞིའི་རྣམ་པར་ཤེས་པའི་རྒྱུ་ཉིད་ཀྱི་མཚན་ཉིད་ཡིན་པ་བརྗོད་དེ། དེ་ནི་ཉིད་མཚམས་སྦྱོར་བའི ་དུས་ཁོ་ན་ན། དེ་དང་དུས་མཉམ་པའི་མིང་དང་གཟུགས་འཇུག་པའི་རྣམ་པར་ཤེས་པ་བསྡུས་པ་སྐྱེད་པར་ཡིན་པའི་ཕྱིར་རྒྱུ་ཡིན་ནོ། །ཇི་ལྟ་ཞེ་ན། མིང་དང་གཟུགས་དང་དེ་མི་འབྲལ་བར་གྱུར་པའི་ཕྱིར་ཞེས་བྱ་བ་སྨྲས་སོ།། ་དེ་ལྟ་མ་ཡིན་ན་གོ་།འདིར་ནི་མི་འབྲལ་བར་གྱུར་པ་མིང་དང་གཟུགས་ཡིན་པར་བཤད་ལ། མདོ་ལས་ནི་མིང་དང་གཟུགས་དང་ལྷན་ཅིག་འབྱུང་བ་དང་མི་འབྲལ་པར་གྱུར་བ་ཞེས་བྱ་བ་ཚིག་གཉི་གས་ཀྱང་ཀུན་གཞི་རྣམ་པར་ཤེས་པ ་ཁོ་ན་ཡིན་པར་བཤད་པ་མ་ཡིན་ནམ་ཞེ་ན། འདི་ནི་ཉེས་པ་མེད་དེ། མི་འབྲལ་པར་གྱུར་པ་ནི་གཉི་ག་ལ་བརྟེན་པའི་ཕྱིར་གཉི་ག་ཡང་མི་འབྲལ་བར་གྱུར་པ་ཞེས་བཤད་དོ། །གསོ་བ་ཉིད་ཀྱིས་ནི་གསོག་ཉིད་དུ་སྟོན་པར་བྱེད་དོ། །གཡོ་བ ་མེད་པ་ཉིད་ཀྱིས་ནི་རང་གིས་བདག་མ་ཡིན་པ་སྟེ། ཇི་ལྟ་ཞེ་ན། བདག་ནི་བྱེད་པ་པོ་དང། བྱ་བ་དང་བཅས་པ་དང། རྟག་པར་འདོད་ལ། ཕུང་པོ་རྣམས་ནི། སྐད་ཅིག་ལས་ཕན་ཆད་དུ་མི་གནས་པའི་ཕྱིར་བྱ་བའི་དུས་སུ་མི་གནས་པས་དེ་ལྟ་བུ ་མ་ཡིན་བདག་ཏུ་བརྗོད་པའི་ཕྱིར་རོ། །འདི་ལྟར་ཁོང་དུ་མི་ཆུང་ངོ་ཞེས་བྱ་བ་ནི་སེམས་ཅན་དང་སེམས་ཅན་དུ་བགྲང་བ་མ་ཡིན་པའི་དངོས་པོ་དག་དང། སྐྱེ་བ་ལ་སོགས་པ་སྡུག་བསྔལ་བ་དང། མྱ་ངན་ལས་འདས་པ་བདེ་བ་དག་སྟེ། དེ་གཉིག ་ལས་ཕྱིན་ཅི་ལོག་དུ་གྱུར་བའི་ཕྱིར་རོ། །ཞེས་བྱ་བའི་ཐ་ཚིག་གོ། །དེས་སེམས་ཅན་རྣམས་སྡུག་བསྔལ་གྱི་ཕུང་པོ་ལས་མཐར་པ་དེ་ལྟ་བུ་དག་མཐོང་ནས་དེའི་ཕྱིར་དེའི་སྙིང་པོ་རྒྱས་པར་འབྱུང་ངོ་ཞེས་བྱ་བའོ། །ཟོང་དུ་བྱ་བ་ཞེས་བྱ་བ་ན་སྣ་སྦྲང ་བའི་དོད་ཚེ་དང། དངུལ་གྱི་དོང་ཙེ་ལ་སོགས་པའི་ནོར་དག་གོ། །ཡོངས་སུ་སྤྱད་པར་བྱ་བ་ཞེས་བྱ་བ་ནི། ཡོངས་སུ་ལོངས་སྤྱོད་པར་བྱ་བ་ཞེས་བྱ་བ་ནི་ཡོངས་སུ་ལོངས་སྤྱོད་པར་བྱ་བ་ནས་དང་སྐོམ་ལ་སོགས་པ་གནག་ཡིན་པའོ། །བཞག་པར་བྱ་བ་ནི། བཙོང་བར་མི ་བྱ་བ་གང་ཡིན་པ་སྟེ། གསེར་ལ་སོགས་པ་མི་ཉམས་པའོ། །འདི་གསུམ་ཅར་ཡང་ཚིག་དང་པོ་གཅིག་ཁོ་ནས་བསྟན་ཏོ། །རྣམ་པ་བརྒྱད་གང་ཡིན་པ་དང། ནང་གི་ནི་ཚིག་ལྷག་མ་དགུས་བཤད་དོ། །གཏོང་བའི་སྤྱི་ནི་རྟོགས་པར་སླ་བའི་ཕྱིར། ཐམས་ཅད་ལ ་བལྟོས་ནས་ཡན་ལག་ཡིན་ནོ་ཞེས་དེ་སྐད་དུ་མ་བཤད་དོ། །ཕྱིའི་དངོས་པོ་གཏོང་བ་རྣམ་པ་བརྒྱད་ཀྱི་ཡན་ལག་ནི་གཏོང་པ་དང་པོ་ཡིན་ཏེ། གཏོང་བ་རྣམ་པ་བརྒྱད་ནི་དེའི་དབྱེ་བའི་ངོ་བོ་ཡིན་པའི་ཕྱིར་རོ། །གཞི་ཡོངས་སུ་འཛིན་པས་དགའ་བ་ནི། བདེ་བའི་རྒྱ་ཡོངས་སུ་འཛིན ་པས་དགའ་བ་ཞེས་བྱ་བའི་ཐ་ཚིག་གོ། །གཞི་ནི་སེར་དང་དུལ་ལ་སོགས་པ་སྟེ། དེ་ནི་ཕན་འདོགས་པའི་རྒྱུ་ཡིན་པའི་ཕྱིར། །ཕན་འདོགས་པས་དགའ་བ་ནི་རྣམ་པ་བྲཡད་དུ་ཤེས་པར་བྱའོ། །དེ་དག་ཀྱང་མཛེས་པའི་ཕན་འདོགས་པས་དགའ་བ་ལ་སོགས་པ་སྟེ ་རིན་པོ་ཆེའི་རྒྱན་ཅེས་བྱ་བ་ལ་སོགས་པའི་ཚིག་གིས་བཤད་དོ། །དེ་བཞིན་ཉིད་དུ་ཞེས་བྱ་བ་ནི་ཐ་མ་དང་འབྲིང་དང་ཇི་ལྟར་གང་རིགས་པ་དེ་ལྟར་དེ་བཞིན་སྒྲུབ་བོ་ཞེས་བྱ་བའི་ཐ་ཚིག་གོ། །བྱང་ཆུབ་སེམས་དཔའ་ཇི་ལྟར་སྒྲུབ་ཅེ་ན། སྨྲས་པ། བསྟན་བཅོས ་མདོ་སྡེའི་བརྒྱན་བཤད་པ་ལས། འཇིག་རྟེན་ཤེས་པ་ཉིད་རྣམ་པར་དབྱེ་བའི་ནང་ནས། དཔའ་བོ་རྟག་ཏུ་འཛུམ་པའི་བཞིན་ཞེས་བྱ་བ་ལ་སོགས་པ་འབྱུང་བ་བཞིན་ནོ། །ཅི་ནུས་སུ་ཞེས་བྱ་བ་ནི་བདག་གིས་སོ་ཞེས་བྱ་བ་ན་བདག་ཉིད་ལྡན་པ་ཉིད་སྟན་པར ་བྱེད་དེ། རང་གི་ཞོ་ཤ་ལ་བལྟོས་ནས་ནུས་པ་ལ་ནི་འཇུག་གི་མི་ནུས་པ་ལ་ནི་མ་ཡིན་པའོ། །ཅི་རིགས་སུ་ཞེས་བྱ་བ་ནི་གཞན་དག་ལའོ་ཞེས་བྱ་བ་ནི་གང་དག་ཇི་ལྟར་གང་གིས་སྐལ་པ་དང་ལྡན་པ་དེ་དག་ནི་དེ་ཁོ་ན་བཞིན་དུ་དེ་ལ་བརྟེན་ཏེ་ཞེས ་བྱ་བ་དེ་ལྟར་ཁོང་དུ་ཆུད་པར་བྱས་ནས། དེ་ཉིད་ལ་འཛུད་པར་བྱེད་ཀྱི་གཞན་དུ་ནི་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ་།ཡིད་ལ་བྱ་བ་ནི་རྣལ་འབྱོར་ཏེ། དེ་དང་མཐུན་པའི་དུས་སུ་ནི་འདི་ཡིན་ནོ། །ཞེས་བྱ་བར་རྟོགས་ནས། བདག་ཉིད་ཀྱང་རྣལ་འབྱོར་ལ ་འཇུག་ལ། གཞན་རྣལ་འབྱོར་དང་ལྡན་པ་ཡང་དེའི་དུས་སུ་སློང་བར་མི་བྱེད་དེ། །དེ་བཞིན་ཏུ་ཉིན་པར་དང་མཚན་མོ་ཡང་གང་གི་ཚེ་གང་ལ་འཇུག་པར་བྱ་བ་དེ་ཡང་ཤེས་དུས་གང་གི་ཚེ་བྱ་བ་འབྲས་བུ་ཡང་ཅིང་འབྲས་བུ་དང ་བཅས་པར་འགྱུར་བ་དེ་ཡང་ཤེས་སོ། །མངོན་པར་འབྱུང་བ་ནི་ངེས་པར་འབྱུང་བ་སྟེ། དགེ་བའི་སྦྱོར་བ་སྔ་མ་དེ་ལས་མ་ཉམས་པར་ཁྱད་པར་ཕྱི་མ་ཐོབ་པར་བྱ་བའི་ཕྱིར་བརྩོན་འགྲུས་མཆོག་བྱེད་པའོ། །དེ་ཉིད་རྣམ་པ་གཉིས་ཀྱིས་ཞེས་བྱ་བས་བསྟན ་ཏེ། འབྲི་བར་མི་འགྱུར་པ་ཞེས་བྱ་བ་ནི་ཐོབ་པ་ལས་ཡོངས་སུ་མི་ཉམས་པའོ། །རྒྱུན་མི་གཅོད་པ་ཞེས་བྱ་བས་ནི་མ་ཐོབ་པས་ཡོངས་སུ་མི་ཉམས་པའོ། །སྒྲུབ་པ་བཅུ་པ་ཁོ་ན་ལ་མཆོད་པ་གཉིས་སྨོས་པའི་ཕྱིར་ཚིག་གཉིས་ཀྱིས་བཤད་པར་རིག་པར ་བྱའོ། །ཡོད་པ་ཉིད་དུ་ནི་ཡིད་ཆེས་ལ་ནུས་པ་ཉིད་དུ་ནི་འདོད་པ་སྟེ། བྱང་ཆུབ་སེམས་དཔའ་ཨི་སྤྱོད་པ་དང། སངས་རྒྱས་ཀྱི་ཆོས་རྣམས་ལ་སོ་སོར་འདི་གཉི་ག་སྦྱར་རོ། །ལྷག་མ་གསུམ་ནི་ངོ་ཚ་ཤེས་པ་དང་ཁྲེལ་ཡོད་པ་དང། བརྟན་པའི་སྟོབས ་བསྐྱེད་པ་དང། སངས་རྒྱས་ལ་མཆོད་པ་དང་རིམ་གྲོ་བྱེད་པ་སྟེ། དེ་ལ་དང་པོ་ནི་དད་པ་ལ་སོགས་པའི་མི་མཐུན་པའི་ཕྱོགས་རྣམས་དང་དུ་ལེན་ཏེ། བདག་གིར་མི་བྱེད་ཅིང་དེ་དག་གིས་ངོ་ཚ་བར་བྱེད་དོ། །གཉིས་པས་ནི་གང་གིས་ན་དེ་དག་ལས་མུ ་སྟེགས་ཅན་ལ་སོགས་པ་ཕྱིར་རྒོལ་བ་རྣམས་བསྐྱོད་པར་མི་ནུས་ཏེ་མི་གཡོས་ཤིང་མི་བཟློགས་སོ། །གསུམ་པས་ནི་ཆེ་ཕྱི་མ་ལ་དད་པ་ལ་སོགས་པ་དེ་དག་ག་རྩ་བ་ཞེས་བྱ་བ་སྐྱེ་བ་དང་མཐུན་པའི་གནས་ལུས་ཡོངས་སུ་འཛིན་ཏོ། །དེ་ཉིད་སངས ་རྒྱས་ལ་མཆོད་པ་དང་རིམ་གྲོ་བྱེད་པ་རྒྱ་ཆེན་པོས་ཞེས་བྱ་བས་བསྟན་ཏེ། དེའི་རྣམ་པར་སྨིན་པར་གྱུར་པ་ཡིན་ནོ། །སྒྲུབ་པའི་མཆོད་པས་ནི་སེམས་ལས་སུ་རུང་བ་ཡིན་ཏེ། དེའི་རྒྱུ་མཐུན་པར་གྱུར་པ་སྔོན་གོམས་པའི་སྟོབས་ཀྱིས་དང་ཁའི་བྱ་བ་ཁོ་ན ་པ་འཇུག་གོ་།སུམ་ཅུ་ལྔ་པོ་སྔ་མ་ནི་རྒྱ་ཆེར་བསྟན་པ་ཡིན་ནོ། །འདི་དག་ནི་མདོར་བསྡུས་ནས་བཤད་པ་ཡིན་ནོ། །ཡོན་ཏན་གྱི་ཞིང་ལ་དགོད་པ་ནི་སངས་རྒྱས་དང་དགེ་འདུན་ལ་མཆོད་པར་བྱེད་པ་སྟེ། བྱང་ཆུབ་སེམས་དཔའ་ཨི་ས་རབ་ཏུ་དགའ་བ་འདི་ལ་གནས ་པ་དེ་ལ་ཞེས་བྱ་བ་ནས་གཟུང་སྟེ། དགེ་འདུན་ལ་ཡང་ཚོགས་པའི་ཡང་དག་པའི་རི་མོ་བྱེད་དོ་ཞེས་བྱ་བའི་བར་ཡིན་ནོ། །བླ་ན་མེད་པའི་འབྲས་བུར་དགོད་པ་ནི་དགེ་བའི་རྩ་བ་དེ་དག་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར ་བྱེད་དོ་ཞེས་བྱ་བ་ཡིན་ནོ། །སྙིང་རྗེའི་ཞིང་དུ་དགོད་པ་ནི་དེ་སངས་རྒྱས་བཅོམ་ལྡན་འདས་དེ་དག་མཆོད་པས་སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་ཀུན་ཏུ་སྐྱེས་པ་ཡིན་ཞེས་བྱ་བ་ནས་གཟུང་སྟེ། ལས་སུ་རུང་བར་འགྱུར་རོ་ཞེས་བྱ་བའི་བར་ཡིན་ཏེ། འདི་ནི་དགོད ་པ་རྣམ་པ་གསུམ་ཡིན་ནོ། །མང་པོ་ཞེས་བྱ་བའི་གྲངས་སྨོས་པ་ནི་དེ་རྟོགས་ནས་དད་པ་རབ་ཡང་དག་པར་བསྐྱེད་པའི་ཕྱིར་རོ། །གཟུགས་ཀྱི་སྐུ་ནི་ཤའི་མགོ་གིས་མཐོང་ངོ། །ཆོས་ཀྱི་སྐུ་ནི་ཤེས་རབ་ཀྱི་མི་གིས་མཐོང། །ལྷག་པའི་བསམ་པ་རྒྱ་ཆེན་པོས་ཞེས་བྱ་བ་ནི་སེ་ན་ཐམས ་ཅད་ཡོངས་སུ་བསྐྱབ་པའི་ལྷག་པའི་བསམ་པས་སོ། །བསྟེ་སྟང་བྱེད་ཅེས་བྱ་བ་འདི་ཉིད་ཚིག་གསུམ་གྱིས་རྣམ་པར་འབྱེད་དེ། བསྟོད་པས་ཞེས་བྱ་བ་ནི་ཚིགས་སུ་བཅད་པས་ཚིགས་བཤད་དུ་སྔབས?་པས་ཏེ། རྡུལ་མེད་རྡུལ་དང་འབྲལ་བ་ཞེས་བྱ་བ ་ལ་སོགས་པའོ། །བསྔགས་པས་ཞེས་བྱ་བ་ནི་རྐྱང་བར་བསྡེབས་པ་ཏེ། དེ་བཞིན་གཤེགས་པ་དེ་ནི་རྒྱུ་མཐུན་པ་ཞེས་བྱ་བ་ལ་སོགས་ཨཔའོ། །ན་བཟའ་དང་ཞལ་ཟས་དང་གཟིམས་ཆ་དང། གདན་དང་བསྙུན་གསོས་སྨན་དང་ཡོ་བྱང་དག་ཀྱང་འབུལ ་ཞིང་ཞེས་བྱ་བ་ནི་དེས་ཉེ་བར་བརྟན་པས་བདག་ཉིད་ཀྱི་ཡེ་ཤེས་ཀྱི་ཚོགས་བསགས་པར་བྱ་བའི་ཕྱིར་རོ། །ཇི་ལྟ་ཞེ་ན། འཕགས་པ་བློ་གྲོས་མི་ཟད་པའི་མདོ་ལས་ཉེ་བར་སྟོན་པ་བཞི་ནི་ཡེ་ཤེས་ཀྱི་ཚོགས་བསོགས་པར་འགྱུར་བ་ཡིན་ཏེ། བཞི་གང་ཞེ་ན། ་ཆོས་སྨྲ་བ་རྣམས་ལ་ཟང་ཟིང་གིས་ཉེ་བར་རྟོན་པ་དང། ཡེ་ཤེས་ཀྱིས་ཉེ་བར་རྟོན་པ་དང། ཆོས་ཀྱིས་ཉེ་བར་རྟོན་པ་དང། ཤེས་རབ་ཀྱིS་ཉེ་བར་རྟོན་པའོ་ཞེས་འབྱུང་བའི་ཕྱིར་རོ། །འགོང་པ་ནི་འཇོག་པ་སྟེ། ཞིང་གཉིས་ལ་ནི ་དེའི་ཡུལ་ཉིད་ཡིན་པའི་ཕྱིར་རོ། །བླ་ན་མེད་པ་ལ་ནི་འབྲས་བུར་ཡོངས་སུ་བསྔོ་བས་སོ། །ཚོགས་པའི་ཡང་དག་པའི་རི་མོ་བྱེད་ཅེས་བྱ་བ་ནི་གཙོ་བོ་ཇི་ལྟ་བ་གདམས་ནས་གང་ཟག་རྣམས་ལ་རིམ་བྱེད་པ་ཡང་མ་ཡིན་ལ། དགེ་འཛུན་གྱིས་བསྐོས ་པའི་ངོ་བོར་ཡང་མ་ཡིན་གྱི། འབྱོར་པ་ཆེན་པོ་དང་ལྡན་པའི་ཕྱིར་ཚོགས་པའི་ངོ་བོར་དགེ་འདུན་མ་ལུས་པ་ལ་བྱ་བ་བྱེད་དོ་ཞེས་སྟོན་པར་བྱེད་དོ། །སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་ཀུན་ཏུ་སྐྱེས་པ་ཡིན་ཞེས་བྱ་བ་ནི་དེ་ཡོངས་སུ་སྨིན་པའི་མཐུ ་རྙེད་པས་སོ། །མ་ལུས་པར་རྟོགས་པ་ནི། མ་ཡིན་ནོ་ཞེས་བྱ་བ་ནི། ཇི་ལྟར་སྦྱིན་པ་དང། སྙན་པར་སྨྲ་བ་དག་ཀུན་ཏུ་སྐྱེས་པ་ལྟར་ཞེས་བྱ་བའི་ཐ་ཚིག་གོ་ལྷག་མ་རྣམས་ནི་ཅི་ནུས་ཅི་འོ་སུ་ཡང་དག་པར་མི་སྒྲུབ་པ་ནི་མ་ཡིན་ནོ་ཞེས་བྱ་བ་ནི ་འདི་ལ་ལྷག་མ་རྣམས་ཀྱི་སྦྱོར་བ་སྲིད་པའི་ཕྱིར་ཏེ། ས་བདུན་པ་ལས་དེའི་སེམས་བསྐྱེད་པ་དང། སེམས་བསྐྱེད་པ་ལ་བྱང་ཆུབ་སེམས་དཔའ་ཨི་ཕ་རོལ་ཏུ་ཕྱིན་པ་བཅུ་པོ་དག་ཡང་དག་པར་འགྲུབ་པ། ཡང་དག་པར་འགྲུབ་པར་འགྱུར་རོ་ཞེས་འབྱུང ་བའི་ཕྱིར་རོ། །ཅི་ནུས་ཞེས་བྱ་བ་ནི། རང་གི་ཞོ་ཤ་དང་མཚམས་པའོ། །ཅི་འོས་སུ་ཞེས་བྱ་བ་ནི་གཞན་གྱི་རྟེན་དང་འཚམ་པའོ། །ལྷག་མ་ནི་སྔར་ཇི་སྐད་བཤད་པ་བཞིན་ནོ། །ཤས་ཆེར་ཡོངས་སུ་བྱང་བ་དང་ཞེས་བྱ་བ་ནི་སྦྱོར་བ་བརླིང་པོ་ཤས་ཆེ་བའི ་ཕྱིར་རོ། །ཡོངས་སུ་དག་པ་དང་ཞེས་བྱ་བ་ནི། ལེ་ལོ་ལ་སོགས་པའི་དྲི་མ་སྤང་བའི་ཕྱིར་རོ། །ལས་སུ་རུང་བར་འགྱུར་ཞེས་བྱ་བ་ནི་སེམས་ཅན་ལ་ཕན་འདོགས་པའི་མཐུ་རྙེད་པའི་ཕྱིར་རོ་།དེའི་རྗེས་ལས་ཐོབ་པ་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས ་པའི་ཡེ་ཤེས་སོ་ཞེས་བྱ་བ་དེ་ནི་ཟག་པ་དང་བཅས་པའི་ཕྱིར་འཇིག་རྟེན་པ་ཡང་ཡིན་ལ། དེ་བཞིན་དག་ལ་མེད་པའི་ཕྱིར་འཇིག་རྟེན་ལས་འདས་པ་ཡང་ཡིན་ནོ། །ཡང་ན་འདི་ནི་ས་གཉིས་པ་ཡིན་པས་འཇིག་རྟེན་པར་བཤད་དེ། འཇིག་རྟེན་ལས ་འདས་པ་ནི་ས་གཉིས་པ་ལ་སོགས་པའི་རང་བཞིན་ནོ། །དེ་ལ་བརྟག་པ་ལ་མཁས་པ་ནི་མི་མཐུན་པའི་ཕྱོགས་དང། །གཉེན་པོ་འཇིག་པ་དང་འགྲུབ་བ་ལ་མཁས་པ་ཡིན་ཏེ། ཇི་ལྟ་ཞེ་ན། དེས་མི་མཐུན་པའི་ཕྱོགས་དང་གཉེན་པོ་ལ་མཁས་པར ་བྱ་སྟེ། སའི་འཇིག་པ་དང་འགྲུབ་པ་ལ་མཁས་པ་ཞེས་འབྱུང་བའི་ཕྱིར་རོ། །འཐོབ་པ་ལ་མཁས་པ་ནི་འཇུག་པའི་ཐབས་ལ་ཞུགས་པ་དང། དེའི་ཁྱད་པར་ལ་མཁས་པ་དག་སྟེ། སའི་རྣམ་པ་དང་རྒྱུ་མཐུན་པ་ལ་མཁས་པ་དང། ས་ཐོབ་པ་རྣམ ་པར་དཔྱོད་པ་ལ་མཁས་པ་དང། སའི་ཡན་ལག་ཡོངས་སུ་སྦྱངས་པ་ལ་མཁས་པ་ཞེས་འབྱུང་བའི་ཕྱིར་གོ་རིམ་བཞིན་ནོ། །འཕེལ་བ་ལ་མཁས་པ་ནི་ས་གཞན་དུ་འཕོ་བ་དང། གནས་པ་དང་འཕེལ་བ་ལ་མཁས་བ་བདག་སྟེ། ས་ནས་སར ་འཕར་བ་ལ་མཁས་པ་དང། ས་དང་ས་ལ་གནས་པ་ལ་མཁས་པ་དང། ས་དང་སའི་ཁྱད་པར་ཤེས་པ་ལ་མཁས་པ་ཞེས་འབྱུང་བའི་ཕྱིར་གོ་རིམ་བཞིན་ནོ། །ཡོངས་སུ་མི་ཉམས་པ་ལ་མཁས་པ་ནི་ཕྱིར་མི་ལྡོག་པ་ལ་མཁས་པ་སྟེ། ས ་ཐོབ་ནས་ཕྱིར་མི་ལྡོག་པ་ལ་མཁས་པར་ཞེས་འབྱུང་བའི་ཕྱིར་རོ། །མཐར་ཐུག་པར་འགྲོ་བ་ལ་མཁས་པ་ནི་བྱང་ཆུབ་སེམས་དཔའ་ཨི་སའི་མཐར་ཕྱིན་ནས་དེ་བཞིན་གཤེགས་པའི་ས་ལ་འཇུག་པ་ལ་མཁས་པ་སྟེ། བྱང་ཆུབ་སེམས་དཔའ་ཨི་ས ་ཐམས་ཅད་ཡོངས་སུ་སྦྱངས་པས་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་ས་མནན་པ་ལ་མཁས་པར་བྱའོ་ཞེས་འབྱུང་བའི་ཕྱིར་རོ། །དེ་ལྟར་བྱང་ཆུབ་སེམས་དཔའ་ཨི་སའི་རྣམ་པ་མངོན་པར་སྒྲུབ་པ་ལ་མཁས་པ་ཞེས་བྱ་བ་ནི་ཇི་སྐད་བཤད་པའི་རྣམ་པས ་སྔར་རྣམ་པ་དང་བཅས་པ་བཤད་པ་རྣམས་ཀྱིས་ས་སྒྲུབ་པ་དང། མཁས་པ་རྣམ་པ་ལྔ་པོ་བཤད་མ་ཐག་པས་དད་པ་ལ་སོགས་པ་ཡན་ལག་རྣམས་སྒྲུབ་པ་ལ་མཁས་པ་ཞེས་བྱ་བའི་ཐ་ཚིག་གོ་།ལྷག་མ་དཔེས་བསྟན་པ་ནི་མདོ་ཉིད ་ལས་རྣམ་པར་འཆད་དེ། ཀྱེ་རྒྱལ་བའི་སྲས་དག་འདི་ལྟ་སྟེ། དཔེར་ན་ཞེས་བྱ་བ་ནས་གཟུང་སྟེ། ལམ་གྱི་བར་གནས་དང་པོ་ནས་གྱེན་དུ་མ་བསྐྱོད་པར་ཞེས་བྱ་བའི་བར་འདི་ནི་མི་ནོར་བའི་མཁས་པ་ཡིན་ནོ། །དེ་དེ་ལྟར་ཤེས་པར་རྣམ་པར་བརྟགས་པའི་བློ ་དང་ཞེས་བྱ་བ་ནས་གཟུང་སྟེ། གྲོང་ཁྱེར་ཆེན་པོར་ཕྱིན་ཅེས་བྱ་བའི་བར་འདི་ནི་ཉེ་བར་རྟོན་པ་ལ་མཁས་པ་ཡིན་ནོ། །འབྲོག་དགོན་པའི་ཉེས་པ་རྣམས་ཀྱིས་བདག་དང་འགྲོན་པ་རྣམས་ལ་གནོད་པར་མི་འགྱུར་ཞེས་བྱ་བ་འདི་ནི་མཁས་པ་གཉི་གའི་བྲས ་བུ་ཡིན་ནོ། །ཐོག་མ་ཉིད་ནས་སའི་ལམ་གྱི་ཡོན་ཏན་ཞེས་བྱ་བ་ནས་གཟུང་སྟེ། དེ་ལམ་གྱི་བར་གནས་དང་པོ་ནས་མ་བསྐྱོད་པར་ཞེས་བྱ་བ་འདི་ནི་བྱང་ཆུབ་སེམས་དཔའ་ཨི་མི་ནོར་བའི་མཁས་པ་ཡིན་ནོ། །དེ་དེ་ལྟར་ཡེ་ཤེས་ཀྱིས་རྣམ་པར་བརྟག་པའི ་བློ་དང་ཞེས་བྱ་བ་ནས་གཟུང་སྟེ། བསྒྲལ་ཏེ་ཞེས་བྱ་བའི་བར་དང། ཐམས་ཅད་མཁྱེན་པ་ཉིད་ཀྱི་གྲོང་ཁྱེར་ཆེན་པོའི་བར་དུ་ཕྱིན་པར་བྱེད་ཅེས་བྱ་བ་འདི་ནི་ཉེ་བར་སྟོན་པ་ལ་མཁས་པ་ཡིན་ནོ། །འཁོར་བའི་འབྲོག་དགོན་པ་རྣམས་ཀྱི་ཉེས་པས་སེམས ་ཅན་གྱི་འགྲོན་པ་འམ་བདག་ལ་གནོད?་པར་འགྱུར་བར་ཡང་མི་བྱེད་དོ་ཞེས་བྱ་བ་འདི་ནི་མཁས་པ་དེ་གཉི་གའི་འབྲས་བུ་ཡིན་ནོ། །ཀྱེ་རྒྱལ་བའི་སྲས་དག་དེ་ལྟ་བས་ན་བྱང་ཆུབ་སེམས་དཔས་ཡོངས་སུ་མི་གཡོ་བར་ས་ཡོངས་སུ་སྦྱང་བར་བྱ་བའི་ཁྱད་པར་ལ ་བརྩོན་པར་བྱའོ་ཞེས་བྱ་བ་འདི་ནི་འབྲས་བུ་དེའི་རྒྱུ་ལ་སྦྱོར་བ་ཡིན་པར་ཤེས་པར་བྱའོ། །བྱང་ཆུབ་སེམས་དཔའ་ཨི་སྤྱོད་པ་རང་བཞིན་དང་བཅས་པའི་རིམ་པ་ནི་ཕ་རོལ་ཏུ་ཕྱིན་པ་རྣམས་ཡིན་པར་ཤེས་བྱ་སྟེ། དེ་དག་ཏུ་མངོན་པར་འགྲུབ་པའི་ཕྱིར་རོ།། ་ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱི་རིམ་གྱིས་ས་ལ་སོགས་པ་དོན་དུ་གཉེར་བའི་ཕྱིར་དེ་ཡིད་ལ་བྱེད་པ་ནི་འདོད་པའི་དོན་ཡིད་ལ་བྱེད་པ་དག་ཡིན་ནོ། །ཆོས་ཉིད་ནི་དེ་བཞིན་ཉིད། དེ་ལ་བདག་གིས་སྦྱིན་ནོ་སྙམ་པ་ལ་སོགས་པའི་རྣམ་པ་རྣམས་མེད་པའི་ཕྱིར ་སྐད་ཅིག་ཐད་ཅིག་ཡུད་ཅམ་ཞེས་བྱ་བ་ནི་དུས་ཐུང་དུ་ཤེས་པར་བྱ་བའི་ཕྱིར་རྣམ་པ་གསུམ་གསུངས་པ་ཡིན་ནོ། །ཡང་ན་ཉན་པ་པོ་རྣམས་ཀྱི་དབང་དུ་དབང་པོ་རྣོན་པོ་དང་འབྲིང་དང་རྟུལ་པོས་གོ་བར་བྱ་བའི་ཕྱིར་རོ། །སྡིག་པ་དང་བྲལ་བའི་དབང་དུ་བྱས་ཏེ། ཞེས ་བྱ་བ་ནི་སྡིག་པ་དང་འབྲལ་བར་བྱ་བའི་ཕྱིར་ཞེས་བྱ་བའི་ཐ་ཚིག་གོ་།སྤྱན་ལྔ་ནི། དེ་ན་འཕགས་དང་ཤེས་རབ་སྤྱན། །ལྷ་དང་དེ་བཞིན་ཤ་ཡི་སྤྱན། །བྱང་ཆུབ་ཀྱང་ནི་འཐོབ་འགྱུར་ཞིང། །སངས་རྒྱས་རྣམས་དང་མཚུངས་པར་འགྱུར། ཞེས་བྱ་བ་སྟེ་འདིའི ་དོན་ནི་ས་བཅུ་པ་ལས་འཆད་པར་འགྱུར་རོ། །རྒྱུའི་ལུས་དང་འབྲས་བུའི་མཚན་ཉིད་ཅེས་བྱ་བའི་རྒྱུ་དང་འབྲས་བུའི་རང་བཞིན་ཞེས་བྱ་བའི་ཐ་ཚིག་སྟེ། ལུས་དང་མཚན་ཉིད་དག་ནི་རང་བཞིན་བརྗོད་པ་ཡིན་པའི་ཕྱིར་རོ། །ཇི་ལྟར་མོས་པས་སྤྱོད་པའི ་ས་པའི་འབྲས་བུ་ས་དང་པོ་ཡིན་ལ། ས་དང་པོའི་འབྲས་བུ་ས་གཉིས་པ་ཡིན་པ་དེ་བཞིན་དུ་ས་བཅུ་པའི་འབྲས་བུ་སངས་རྒྱས་ཀྱི་ས་ཡིན་ཏེ། རྒྱུ་དེ་ལས་གྲུབ་པའི་ཕྱིར་རོ། །འཕགས་པ་འཇམ་དཔལ་གྱིས་ཀྱང་གཡ་རིའི་རྩེ་མོའི་མདོ་ལས་སེམས ་དང་པོ་བསྐྱེད་བ་ནི་སྤྱོད་པ་དང་འབྲེལ་བའི་རྒྱུ་ཡིན་པར་བལྟ་བར་བྱའོ། །སྤྱོད་པ་དང་འབྲེལ་བ་ནི་ཕྱིར་མི་ལྡོག་པའི་རྒྱུ་ཡིན་པར་རིག་པར་བྱའོ། །ཕྱིར་མི་ལྡོག་པ་ནི་སྐྱེ་བ་གཅིག་གིས་ཐོགས་པའི་རྒྱུ་ཡིན་པར་བལྟ་བར་བྱའོ། །སྐྱེ་བ་གཅིག་གིས་ཐོགས་པ ་ནི་ཐམས་ཅད་མཁྱེན་པའི་རྒྱུ་ཡིན་པར་བལྟ་བར་བྱའོ་ཞེས་གསུངས་སོ། །ཡང་ན་རྒྱུའི་ལུས་ནི་འབྲས་བུས་རྟོགས་པས་ན་རྒྱུའི་ལུས་དང་འབྲས་བུའི་མཚན་ཉིད་ཅེས་བྱ་བ་ནི། རྒྱུའི་རང་བཞིན་འབྲས་བུས་ཤེས་པར་བྱེད་དོ་ཞེས་བྱ་བའི་ཐ་ཚིགས་གོ་།སངས ་རྒྱས་ས་ནི་འབྲས་བུ་ཁོ་ན་ཡིན་གྱི་རྒྱུ་ནི་མ་ཡིན་ཏེ། དེ་ལས་ལྷག་པའི་ས་གཞན་མེད་པའི་ཕྱིར་དང། སངས་རྒྱས་ཀྱི་ས་ལ་གོང་ནས་གོང་དུ་མཆོག་ཏུ་འགྱུར་བ་མེད་པའི་ཕྱིར་རོ། །དང་པོའི་ས་ལ་སྦྱང་བྱས་ནས། །རྣམ་པར་དག་པ ་མཐོང་བ་ནི། །ས་གཉིས་དོན་དུ་གཉེར་བྱེད་དེ། །དེ་ཐོབ་བྱ་ཕྱིར་རབ་ཏུ་སྦྱོར། །བསམ་པ་ཤིན་ཏུ་རྣམ་དག་པ། །དེ་ལྟར་རབ་ཏུ་སྦྱོར་བ་ན། །དེ་ཚེ་འཆལ་པའི་ཚུལ་ཁྲིམས་ཀྱི། །དྲི་སྤངས་ས་ནི་རྒྱ་ཆེན་འཐོབ། །དྲི་མ་མེད་པའི་བསམ་པ་ཡིས། །ས་གཉིས་རྒྱ་ཆེན ་འཐོབ་པ་ནི། །ཡོན་ཏན་རྣམ་པ་བཞི་བརྟེན་ནས། །རང་བཞིན་ཚུལ་ཁྲིམས་འཐོབ་པར་འགྱུར། །ཚུལ་ཁྲིམས་ཡོངས་སུ་དག་བྱའི་ཕྱིར། །ཡོན་ཏན་དག་ནི་བཞིར་འདོད་དེ། །གཞན་ལ་ཡང་དག་མནོད་པ་དང། །བསམ་པ་རྣམ་པར་དག་ཉིད་དང། །འདས་ནས་སོར ་ཆུད་བྱེད་པ་དང། །མ་འདས་པ་ལ་གུས་པའོ། །མཁས་པས་ཡོན་ཏན་འདི་རྣམས་ཀྱི། །བྱ་བ་དག་ནི་བཞིང་བཤད་དེ། གཞན་ལ་བལྟོས་ནས་ཁྲེལ་ཡོད་དང། །བདག་ལ་བལྟོས་ནས་ངོ་ཚར་འདོད། །སེམས་ལས་འགྱོད་པ་མེད་པ་དང། །ཚུལ་ཁྲིམས་ནི་མི་འདྲལ ་བའོ། །ས་དང་པོའི་གླེང་གཞི་དང། །སྙོམས་པར་འཇུག་པ་དང། བྱིན་གྱིས་བརླབས་དང། ལྡང་བ་དང། བསྟན་པ་དང། བསྐུལ་བ་ཞེས་བྱ་བ་གང་ཡིན་པ་དེ་ཉིད་ས་གཉིས་པ་ལ་སོགས་པ་འདི་དག་གི་ཡང་ཡིན་པར་ཤེས་པར་བྱ་སྟེ། འདི་ལྟར་གླེང ་གཞི་ནི་གན་དང་གདུལ་བ་རྣམས་ཡིན་ལ། འདི་དག་བཤད་པའི་ཕྱིར་གནས་གཞན་དང། གདུལ་བ་གཞན་དག་ཀྱང་མ་ཡིན་ནོ། །འདི་དག་བཤད་པའི་ཕྱིར་རྡོ་རྗེ་སྙིང་པོ་སྙོམས་པར་འཇུག་པ་གཞན་ལ་སྙོམས་པར་འཇུག་པ་ཡང་མ་ཡིན་ནོ། །སངས ་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཀྱང་བྱིན་གྱིས་རློབ་པར་མཛད་པ་ཡང་མ་ཡིན་ནོ། །སྙོམས་པར་མ་ཞུགས་པས་ལྡང་བ་ཡང་ག་ལ་ཡོད། །འདི་དག་གི་བསྟན་པ་ཡང་མིང་ཙམ་གྱིས་དོན་བཤད་པ་བྱས་པ་ཉིད་དོ། །ས་འདི་དག་བཤད་པའི་ཕྱིར ་རྣམ་པར་གྲོལ་བའི་ཟླ་བ་ལ་སོགས་པས་ཡང་བསྐུལ་བར་ཡང་མི་བྱེད་དོ། །ས་གཉིས་པའི་བཤད་པ་དང་ཁྱད་པར་ཞེས་བྱ་བ་འདི་གཉིས་བརྗོད་པར་བྱ་སྟེ། བཤད་པའི་དབང་དུ་བྱས་ནས། མངོན་པར་རྟོགས་པ་དང་ལྡན་པ་ཞེས་བྱ་བ་ལ་སོཌ ་བ་གསུངས་སོ། །དེ་ལ་འབྱུང་བར་བྱེད་པ་རྣམ་པར་དག་པ་ནི་རྒྱུ་རྣམ་པར་རག་པ་སྟེ། དེ་དག་ཀྱང་སེམས་ཀྱི་བསམ་པ་བཅུ་བོ་དག་གོ་།སོ་སོར་བརྟགས་པའི་བྱ་བ་མེད་པ་ཞེས་བྱ་བ་ནི་ཚུལ་ཁྲིམས་ལ་སོགས་པ་ཇི་ལྟར་འབྲོ་བར་བྱ ་བ་ཇི་ལྟར་བསྒྲུབ་པར་བྱ་བ་དེ་བཞིན་དུ་འགྲོ་བའི་ཕྱིར་དེ་བཞིན་དུ་སྒྲུབ་པའི་ཕྱིར་བསྟེན་པའི་ཕྱིར་ཚུལ་ཁྲིམས་ལ་སོགས་པ་དེ་སྒྲུབ་ན། འདོད་ཆགས་ལ་སོགས་པས་གནོད་པ་ན་སོ་སོར་བརྟགས་པ་ཤེས་རབ་ཀྱི་སྟོབས་ཀྱིས་དེ་དག་ཟིལ་གྱིས ་མནན་ནས་བསྟན་པ་མ་ཡིན་པའི་ཕྱིར་སོ་སོར་བརྟགས་པའི་བྱ་བ་མེད་པ་ཞེས་བྱ་སྟེ། རང་བཞིན་གྱི་ཚུལ་ཁྲིམས་ཀྱིས་རང་གིས་ཚུལ་ཁྲིམས་ལ་འཇུག་གོ་ཞེས་བྱ་བའི་ཐ་ཚིག་གོ་།ཅིའི་ཕྱིར་བྱང་ཆུབ་སེམས་དཔའ་ཨི་རྣམས་ཀྱི་ཚུལ་ཁྲིམS ་རྣམ་པ་གསུམ་ཞེས་བྱ་ཞེ་ན། ཉན་ཐོས་དང་རང་སངས་རྒྱས་ཀྱི་ཚུལ་ཁྲིམས་ལས་བྱང་ཆུབ་སེམས་དཔའ་ཨི་ཚུལ་ཁྲིམས་ཁྱད་ཞུགས་པར་ཤེས་པར་བྱ་བའི་ཕྱིར་ཚུལ་ཁྲིམས་རྣམ་བ་གསུམ་པོ་འདི་མདོར་བསྡུས་རྣམ་བཤད་དེ། ཚུལ་ཁྲིམས ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། བྱང་ཆུབ་སེམས་དཔའ་ཨི་སྙིང་རྗེ་ཡིས། །བྱང་ཆུབ་ལམ་ནི་ཁྱད་པར་བྱེད། །དང་པོ་སྤོང་བའི་ཚུལ་ཁྲིམས་ཏེ། །གཉིས་པ་དགེ་བ་བསྡུད་པའི་ཡིན། །གསུམ་པ་སེམས་ཅན་བྱ་བའི་སྟེ། །དོན་རྣམ་གསུམ་ནི་སྒྲུབ་པ་ཡིན།། ་འདི་ལ་དང་པོ་ཡང་དག་ལེན་པའི་རྒྱུ། །གཉིས་པ་དགེ་བའི་ཕ་རོལ་བྱེད། །གསུམ་པ་སེམས་ཅན་རྣམས་ཀྱི་རྒྱུད། །ཕ་རོལ་བྱེད་པར་ཡང་དག་བཤད། །ཇི་ལྟ་ཞེ་ན། སྦྱོར་དང་བསམ་པ་ཕུན་ཚོགས་དང། །མི་མཐུན་ཕྱོགས་རྣམས་ཉམས་པའི ་ཕྱིར། རང་བཞིན་ཚུལ་ཁྲིམས་གང་ཡིན་པ། །དེ་ནི་ལས་ལམ་མཚན་ཉིད་ཡིན། །དེ་ལ་དགེ་བ་བཅུའི་ལས་ཀྱི་ལམ་དག་གིས་མདོར་བསྡུ་ན་རྣམ་པ་བཞི་དང་ལྡན་པའི་ཕུན་སུམ་ཚོགས་པ་གཉིས་ཤིག ་བསྟན་ཏེ། སྦྱོར་བ་ཕུན་སུམ་ཚོགས་པ་དང། བསམ་པ་ཕུན་སུམ་ཚོགས་པའོ། །དེ་ལ་སྦྱོར་བ་ཕུན་སུམ་ཚོགས་པ་ནི་རྣམ་པ་གཉིས་ཏེ། བདེ་བར་སྦྱོར་བ་དང། ཕན་པར་སྦྱོར་བའོ། །དེ་ལ་སྲོག་གཅོད་པ་སྤོང་བ་ནས་གཟུང་སྟེ། ཚིག་རྩུབ་པོ ་སྤོང་བའི་བར་ནི། བདེ་བར་སྦྱོར་བ་ཡིན་པར་ཤེས་པར་བྱའོ། །ཚིག་ཁྱལ་པ་སྤོང་བ་ནི་ཕན་པར་སྦྱོར་བའོ། །བསམ་པ་ཕུན་སུམ་ཚོགས་པ་ཡང་རྣམ་པ་གཉིས་ཏེ། བདེ་བའི་བསམ་པ་དང་ཕན་པའི་བསམ་པའོ། །དེ་ལ་བརྣབ་སེམས་མེད ་པ་དང། གནོད་སེམས་མེད་པ་དག་ནི་བདེ་བའི་བསམ་པའོ། །ཡང་དག་པའི་ལྟ་བ་ནི་ཕན་པའི་བསམ་པའོ། །འདིའི་དོན་བསྡུས་པ་ནི། གང་ད་ལྟར་བྱུང་བ་ན་ཕན་འདོགས་པར་བྱེད་པ་ནི་བདེ་བ་ཡིན་ལ། གང་ཚེ་ཕྱི་མ་ལ་ཕན་འདོགS ་པར་བྱེད་པ་དེ་ནི་ཕན་པ་ཡིན་པས་འདི་ལྟ་སྟེ། བདེ་བར་སྦྱོར་པ་དང། ཕན་པར་སྦྱོར་བ་དང། བདེ་བའི་བསམ་པ་དང། ཕན་པའི་བསམ་པ་འདི་ཙམ་དུ་ཟད་དོ། །དེ་ལྟ་བས་ན་སྦྱོར་བ་དང། བསམ་པ་ཕུན་སུམ་ཚོགས་པ་རབ་ཏུ ་དབྱེ་བ་དང་བཅས་པ་ལས་བརྩམས་ནས་དགེ་བ་བཅུའི་ལས་ཀྱི་ལམ་རྣམས་རྣམ་པར་བཞག་པར་ཤེས་པར་བྱའོ། །མི་མཐུན་པའི་ཕྱོགས་རྣམས་ཉམས་པའི་ཕྱིར་ཞེས་བྱ་བ་ཇི་ལྟ་བུ་ཞེ་ན། སེམས་ཅན་གྱི་དོན་བྱ་བར་ཁས ་བླངས་པའི་བྱང་ཆུབ་སེམས་དཔས་ཆོས་གཉིས་ཡོངས་སུ་ཤེས་པར་བྱས་ནས་སྤང་བར་བྱ་དགོས་ཏེ། སེམས་ཅན་རྣམས་ལ་གནོད་པར་བྱེད་པ་གང་ཡིན་པ་དང། སེམས་ཅན་རྣམས་ལ་ཕན་པའི་གེགས་བྱེད་པ་གང་ཡིན་པའོ།། ་དེ་ལ་གནོད་པ་ནི་རྣམ་པ་འདུན་ཏེ། སྲོག་ལ་གནོད་པ་དང། ལོངས་སྤྱོད་ལ་གནོད་པ་དང། ཆུང་མ་ལ་གནོད་པ་དང། ཡང་དག་པའི་དོན་ལ་གནོད་པ་དང། མཛའ་བཤེས་ལ་གནོད་པ་དང། སྙན་པ་ལ་གནོད་པ་དང། བྱ་བ་ལ་གནོད ་པའོ། །དེ་ལ་སྲོག་གཅོད་པ་ནི། །སྲོག་ལ་གནོད་པར་བྱེད་པ་ཡིན་པ་ནས་ཚིག་ཁྱལ་པ་ནི་བྱ་བ་གནོད་པ་བྱེད་པའི་བར་དུ་ཡིན་ནོ། །ཕན་པ་ནི་བྱང་ཆུབ་སེམས་དཔའ་ཨི་སྦྱིན་པས་བྱེད་དོ། །སྦྱིན་པ་དེ་ཡང་རྣམ་པ་གསུམ་སྟེ། ཟང་ཟིང་གི ་སྦྱིན་པ་དང། མི་འཇིགས་པའི་སྦྱིན་པ་དང། ཆོས་ཀྱི་སྦྱིན་པའོ། །དེ་ལ་བརྣབ་སེམས་ནི། ཟང་ཟིང་གི་སྦྱིན་པའི་གེགས་བྱེད་པ་ཡིན་ནོ། །གནོད་སེམས་ནི་མི་འཇིགས་པའི་སྦྱིན་པའི་གེགས་བྱེད་པ་ཡིན་ནོ། །ལོག་པར་ལྟ་བ་ནི་ཆོS་ཀྱི་སྦྱིན་བའི ་གེགས་བྱེད་པ་ཡིན་ནོ། །མི་མཐུན་པ་འདི་དག་གི་གཉེན་པོར་དགེ་བ་བཅུའི་ལས་ཀྱི་ལམ་རྣམས་རྣམ་པར་བཞག་སྟེ། ཇི་ལྟ་ཞེ་ན། ཀྱེ་རྒྱལ་བའི་སྲས་དག་ཅེས་བྱ་བ་ནས་གཟུང་སྟེ། སངས་རྒྱས་དང་ཆོས་དང་དགེ་འདུན་ལ་བསམ་པ་ངེས་པ་ཡིན་ཞེས ་བྱ་བའོ། །སྤོང་བ་ཁྱད་པར་ཅན་ཡང་འཐོབ་པར་བསྟན་པའི་ཕྱིར་ཞེས་བྱ་བ་ནི་ས་སྔ་མའི་སྤོང་བ་བས་སྤོང་བ་ཁྱད་ཆེན་འཐོབ་པར་ཡོངས་སུ་བསྟན་པའི་ཕྱིར་རོ་ཞེས་ཐ་ཚིག་གོ་།གནོད་པར་བྱེད་པའི་དངོས་པོ་ནི་དབྱུག་པ་སྟེ། དབྱིག་པ་སྤངས་པ་ཞེས་བྱ་བ ་གང་ཡིན་པའོ། །དབྱུག་པ་སྨོས་པ་ནི་ཉེ་བར་མཚོན་པའི་ཕྱིར་ཡིན་ཏེ། ཐོབ་ལ་སོགས་པ་ཡང་གནོད་པར་བྱེད་པའི་དངོས་པོ་ཡིན་ནོ། །གཅོད་པའི་དངོས་པོ་ནི་མཚོན་ཅ་སྟེ། མཚོན་ཆ་སྤངས་པ་ཞེས་བྱ་བ་གང་ཡིན་པ་སྟེ་དེས་གཅོད་པར་བྱེད་པའི་ཕྱིར་རོ།། ་འདིར་ཡང་མཚོན་ཅ་ནི་ཉེ་བར་མཚོན་པ་ཡིན་གྱི། དགྲ་སྟ་མ་སོགས་པ་ཡང་གཅོད་པའི་དངོས་པོ་ཡིན་ནོ། །འབྱུང་བར་བྱེད་པའི་རྒྱུའི་དབང་དུ་བྱས་ནས་ཁོན་དུ་འཛིན་པ་སྤངས་ཞེས་བྱ་བ་གསུངས་ཏེ། །དེ་ཉིད་ཚིག་གཉིས་ཀྱིས་རྣམ་པར་འབྱེད་དོ། ་ལོངས་སྤྱོད་འདོད་པ་ནི་གང་གིས་ན་གཡུལ་ངོར་འཇུག་པ་སྟེ། དེར་ཞུགས་ན་ཕྱི་མ་ལ་ཚེ་རབས་གཞན་དུ་དམྱལ་བ་ལ་སོགས་པའི་སྡུག་བསྔལ་ཁས་བླངས་པའི་ཕྱིར་བདག་ཡོངས་སུ་འདོར་བ་ཡིན་པས། འཛེམ་པ་དང་ལྡན་ཞེས ་གསུངས་པ་གང་ཡིན་པའོ། །སྲོག་ཆགས་ཀྱི་ཡན་ལག་པགས་པ་ལ་སོགས་པ་འདོད་པ་དང། དཔེར་ན་དེ་ཆེད་མི་ཆེ་ཡང་ལིངས་ཅམ་འདེབས་པ་དོན་དུ་གཉེར་བ་རྣམས་ཀྱི་དེ་བསད་པར་མངོན་པར་དགའ་བའི་དོད་པ་སྟེ། སྙིང་རྗེ་ལ་ཞུགས་པ་ཞེས་གསུངས་པ ་གང་ཡིན་པའོ། །ཕན་པ་དང་སྙིང་བརྩེ་བའི་དུས་རེ་ཞིག་བ་དང། ཡུན་དུ་བདེ་པར་བྱེད་པ་སྟེ་མཐོ་རིས་དང་ཐར་པའི་རྒྱུ་ཡང་དག་པར་ལེན་དུ་འཇུག་པའི་ཕྱིར་རོ། །བྱམས་པའི་སེམས་ནི་སེཾས་ཅན་དེ་དག་གིས་རྒྱུ་བདེ་འགྲོ་དང་མྱ་ངན་ལས་འདས་པའི་རྒྱུ་དེ་གཉིས་ཀྱི ་འབྲས་བུ་གང་ཡིན་པ་དེ་ཐོབ་པར་སྨོན་པའི་ཕྱིར་རོ། །སྲོག་ཆགས་འབྱུང་བོ་ཐམས་ཅད་ལ་ཞེས་བྱ་བ་ལ། འདིར་སྲོག་ཆགས་སྨོས་པས་ནི་སེམས་ཅན་རྣམས་ཐེར་ཟུག་པ་མ་ཡིན་པ་ཉིད་དུ་སྟོན་པར་བྱེད་དོ། །སྲོག་གི་དབང་པོ་དང་ལྡན་པས་ཚེ་ཇི ་སྲིད་ཀྱི་བར་དུ་གནས་པའི་ཕྱིར་རོ། །འབྱུང་པོ་སྨོས་པས་ནི་ཆད་པ་མ་ཡིན་པ་ཉིད་སྟོན་པར་བྱེད་དེ་ཤི་བ་རྣམས་ཀྱང་ལས་དང་ཉོན་མོངས་པའི་དབང་གིས་ཡང་འབྱུང་བའི་ཕྱིར་རོ། །ཆུང་བ་ནི་ཀུན་ཏུ་རྟོགས་པ་ཙམ་གྱིས་ཀྱང་ཞེས་བྱ་བ་འདིས་སྟོན་ཏོ། ། ་ཚེ་བ་ནི་ལུས་ཀྱི་རྣམ་པར་ཐོ་འཚམ་པ་ཞེས་བྱ་བ་འདིས་སྟོན་ཏོ། །ཐུན་མོངས་རྣམས་ལ་ཞེས་བྱ་བ་ནི་གཞན་གྱིས་ཡོངས་སུ་གཟུང་བ་རྣམས་ལའོ། །ཐུན་མོང་མ་ཡིན་པ་དག་ལ་ཞེས་བྱ་བ་ནི་གཞན་གྱི་ཆུང་མ་ཞེས་བྱ་བ་འདིས་སྟོན་ཏོ། །ཕ་མ་དང་འབྲེལ་བ་ཞེས ་བྱ་བ་ནི། རིགས་ཞེས་པས་སྨོས་པས་སྟོན་ཏོ། །གཞན་སྦྱིན་པར་བྱས་པ་ཞེས་བྱ་བ་ནི་མཚན་སྨོས་པས་སྟོན་ཏོ། །ངེས་པ་ལ་གནས་པ་ཞེས་བྱ་བ་ནི་ཆོས་སྨོས་བས་སྟོན་ཏོ། །རབ་ཏུ་བྱུང་བ་དག་དང། བུ་ཁུལ་ཞོ་ན་འདུག་པ་དག་དང། བུ་ཆགས་པ ་དག་ཅེས་བྱ་བ་འདི་དག་ཀྱང་ཆོས་ཀྱིས་བསྲུངས་པའི་ནང་དུ་འདུས་ཏེ། སེམས་ཅན་ལ་གནོད་པ་བྱེད་པའི་ཕྱིར་རོ། །གནས་མ་ཡིན་པར་འགྲོ་བ་ནི་མཆོད་རྟེན་དང་བླ་མའི་གནས་དག་དང། ཡན་ལག་མ་ཡིན་པའི་རྣམ་པར་རིག་བྱེད་རོ?། སྨྲས་པ། ་གང་ཞིག་རང་གི་ཆུང་མ་ཡིན་ཡང་ངེས་བཅས་བུ་ཆགས་མི་འགྲོ་ཞིང། །བུ་ལ་ནུ་ཞོ་ལྷུང་ཚེ་མ་ཡིན་ཡང་ལག་མ་ཡིན་མི་འགྲོ་བ། །བུད་མེད་འགྲོགས་ནའང་ཆགས་དང་རྨོངས་པར་གཞན་གྱིས་ཡོངས་བཟུང་མི་བསྟེན་པ། །སྨོས་ཅི་དགོས་པ་དབང ་པོ་ལེགས་བསྡམས་རྒྱགས་པ་དབང་གྱུར་ཤེས་པར་བྱ། །གཞི་དང་ཁྱད་པར་མེད་པའི་ཕྱིར་ཞེས་བྱ་བ་ལ་གཞི་ནི་རྒྱུ་ཡིན་ནོ། །བརྫུན་དུ་སྨྲ་བའི་གཞི་ནི་གཞན་བསླུ་པའི་བསམ་པའོ། །དེ་སྤོང་བ་ནི་གཞི་སྤོང་བ་སྟེ་དེ་ཡང་བདེན་པར་སྨྲ་བས་འགྱུར་རོ། །བདེན ་པར་སྨྲ་བ་དེ་ཉིད་ནི་གཞན་ལ་བསླུ་བའི་བསམ་པའི་གཉེན་པོ་ཡིན་ནོ། །དེ་ཡང་དེའི་རྒྱུ་ཡིན་ཏེ། དེ་ལ་བརྟེན་ནས་དེ་འབྱུང་བའི་ཕྱིར་རོ། །དེའི་ཕྱིར་གཞི་དང་ཁྱད་པར་མེད་པའི་ཕྱིར་རོ། །ཞེས་བྱ་བ་སྨྲས་ཏེ། དེ་ལྟར་ན་གཉེན་པོས་སྤོང་བ་ཉིད་ཀྱིས་རྒྱུ་སྤོང་བར ་བཤད་པ་ཡིན་ནོ། །དབྱེ་ན་མི་བྱེད་པ་ཉིད་རྣམ་པར་ཐོ་མི་འཚམ་པ་སྟེ། གང་གིས་ན?་གཞན་དག་ལ་ཕན་པ་མ་ཡིན་པའི་དབྱེན་མི་བྱེད་པའོ། །དབྱེན་བྱས་ན་ཐོ་འཚམ་བར་འགྱུར་རོ། །ལེན་པ་ཞེས་བྱ་བ་ནི་ཐོས་ནས་ཞེས་བྱ་བ་འདིས་སྟོན་ཏོ། །བརྗོད་བ་ནི་རབ ་ཏུ་སྟོན་པ་སྟེ། སྙོད་པ་ཞེས་བྱ་བ་འདིས་སྟོན་ཏོ། །དེ་ལ་སྔོན་མ་བྱེ་བ་ཞེས་བྱ་བ་ནི་འདུམ་པ་རྣམས་མི་འབྱེད་ཅེས་བྱ་བ་འདིས་བསྟན་ཏོ། །སྔོན་བྱེ་བ་ལ་ཞེས་བྱ་བ་ནི་བྱེ་བ་རྣམས་ལ་མི་སྣོན་ཏེ་ཞེས་བྱ་བ་འདིས་བསྟན་ཏོ། །འདུས་པ་ལ་མི་དགའ་བ་ནི ་མི་འདུན་པ་ལ་མི་དགའ་ཞེས་འབྱུང་བའི་ཕྱིར་རོ། །མི་འདུམ་པ་ལ་མངོན་པར་དགའ་བ་ནི་འདུམ་བ་ལ་མོས་པ་ཞེས་འབྱུང་བའི་ཕྱིར་རོ། །དེ་ལ་དབྱེན་གྱི་ཚིག་ཆུང?་བ་ནི་བདེནྣས་ཞེས་འབྱུང་བའི་ཕྱིར་རོ། །ཆེ་བ་ནི་བརྫུན་གྱིས་དབྱེན་གྱི་ཚིག་སྨྲ་བ་སྟེ། ་བརྫུན་ཡང་རུང་ཞེས་འབྱུང་བའི་ཕྱིར་རོ། །བརྗོད་བའི་མཚམས་སྦྱར་བ་ཞེས་བྱ་བ་ནི་ཚིག་སྔ་མའི་དོན་ཚིག་ཕྱི་མས་སྟོན་ཏོ་ཞེས་བྱ་བའི་ཐ་ཚིག་གོ་།ཏ་ཅད་གནོད་བར་བྱེད་པས་ན་ཞིར་འདེབས་བ་སྟེ། ཤིན་ཏུ་སྡུག་བསྔལ་སྐྱེད ་བར་བྱེད་པ་ཞེས་བྱ་བའི་ཐ་ཚིག་གོ་།དོར་བརྗོད་བ་ཞེས་བྱ་མངོན་སུམ་དུ་མི་འདོད་པ་སྨྲ་བ་ཞེས་བྱ་པའི་ཐ་ཚིག་གོ་།ངོར་མི་བརྗོད་བ་ཞེས་བྱ་བ་ནི་ལྐོག་ན་མི་འདོད་བའི་ཚིག་གི་རྣམ་པ་རྒྱུན་མི་གཅོད་པ་ཞེས་བྱ་བའི་ཐ་ཚིག་གོ་།གྲོང་མིའི་ཚིག་ཅེས་བྱ་བ་ནི་སྐྱེ ་བོ་མ་རབས་ཀྱི་རྐྱེན་ཉིད་ཡིན་བས་ཚོགས་བས་དབྱུང་མི་བཟོད་བ་ཞེས་བྱ་བའི་ཐ་ཚིག་གོ་།སྐྱེ་བོ་བ་ཞེས་བྱ་བ་ནི་ཉོན་མོངས་པའི་དབང་དུ་གྱུར་ནས། རྟག་ཏུ་འཇུག་བ་ཞེས་བྱ་བའི་ཐ་ཚིག་གོ་།བརྫུན་བ་ནི་སྐྱེ་རེ་ཞེས་བྱ་བའི་ཐ་ཚིག་གོ་།ཁྲ?་ཞིང ་རྔམ་བ་ཞེས་བྱུང་བ་ནི་ཁྲོ་བ་ཉིད་རྔམ་བ་ཡིན་ནོ། །རྣམ་པ་གཅིག་ཏུན་ཁྲོ་བ་ལས་བྱུང་བ་དང། ཁྲོ་བ་དང་འབྲེལ་བའི་རྔམ་པ་དེ་ལས་བྱུང་བའོ། །ཡང་ན་གནོད་པ་བྱེད་པའི་རྒྱུ་མཚན་ནི་ཁྲོ་བ་ཡིན་ལ། ཕྲག་དོག་ནི་རྗེས་པ་སྟེ། འདིས་ནི་ཚུལ ་ཁྲིམས་འདྲལ་བའི་རྒྱུ་མཚན་བརྗོད་བའི་ཕྱིར་བརྫུན་བ་ཉིད་རྣམ་པར་བཀྲོལ་བ་ཡིན་ནོ། །རྣར་མི་སྙན་བ་ཉིད་ཀྱང་ཚིག་གཉིས་ཀྱིས་བཤད་དེ། །ཁོ་ན་མ་བྱུང་བ་འབྱིན་བས་ཐོས་པའི་དུས་ན། སྙིང་སྣད་བའི་ཕྱིར་སྙིང་ན་བ་དང་དྲན་བའི་དུས་ན ་སེམས་སྣང་བའི་ཕྱིར་ཡིད་གདུང་བར་བྱེད་པའོ། །དེ་ཡང་ཅིའི་ཕྱིར་དེ་ལྟ་བུ་ཡིན་ཞེ་ན། འདི་ལྟར་མི་སྙན་པ་དང་ཡིད་དུ་མི་དོང་བས་ཏེ་།ཚིག་འདི་གཉིས་ནི་དུས་འདི་གཉིས་ཁོ་ན་ན་རྒྱུའི་ངོ་བོར་གནས་པ་ཡིན་ནོ། །དགའ་བ་སྐྱེས་པ་མེད་པར ་བྱེད་པའི་ཕྱིར?་རང་གི་སེམས་གྱི་རྒྱུད་དང་གཞན་གྱི་སེམས་གྱི་རྒྱུད་མ་རུངས་པར་བྱེད་པ་ཡིན་ནོ། །འཇམ་བ་ཞེས་བྱ་བ་ནི། བཤད་པར་བྱ་བ་ཡིན་ནོ། །ཇི་ལྟར་འཇམ་ཞེ་ན། འདི་ལྟར་གཉེན་པོ་སྟེ་གྱ་ཅོམ་མ་ཡིན་པའོ། །ཡིད་དུ་འོང་བ ་ནི་མངོན་བར་འདོད་བར་བྱའོ། །གཉེན་བ་ཚིག་གཞན་ཡིས་བརྗོད་པར་བྱ་སྟེ། བརྫུན་མ་ཡིན་བ་ཞེས་བྱ་བ་ནི་ཚུལ་ཁྲིམས་ཀྱི་ཡན་ལག་དུ་གཏོགས་བ་སྟེ་དེ་ལ་དམིགས་བ་ཉིད་ཀྱིས་སྡོམ་བའི་རྒྱུན་མི་འཆང་བའི་ཕྱིར་རོ། །ཡིད་དུ་འོང་བ་ནི་མངོན་བར ་འདོད་བར་བྱ་བའོ། །ཞེས་བཤད་བ་གང་ཡིན་བསྙན་བ་དང། སྙིང་ལ་འབབ་བ་ཞེས་བྱ་བ་ནི་གཉིས་ཀྱིས་བཤད་དེ། བདེ་བ་དང་ཕན་པ་ཡིད་དུ་འོང་བ་དག་གི་ཕྱིར་རོ། །དེ་ཉིད་ཀྱིར་ཕྱིར་མངོན་བར་མཐོ་བའི་བདེ་བ་དང། མྱ་ངན་ལས་འདས་བའི་གྲོང ་ཁྱེར?་དང་མཐུན་བས་ན་གོང་ཁྱེར་བའོ། །མཛའ་བ་ལ་སོགས་པ་ཐ་དད་བས་ཐ་དད་བའི་སྐྱེ་བོ་ཐམས་ཅད་གྱིས་ཐོས་པ་དང་དྲན་པའི་དུས་ན་འདོད་པའི་ཕྱིར་སྐྱེ་བོ་མང་པོ་ལ་དགའ་བ་དང། སྐྱེ་བོ་མང་བོའི་ཡིད་དུ་འོང་བསྟེ་གོ་རིམ་བཞིན་ནོ། །དེ་ལྟར ་གྱུར་བ་དེ་ནི་ཁོ་ན་མ་བྱུང་བ་མི་འབྱིན་བའི་དོན་དུ་མཆོག་ཏུ་དགའ་བ་སྐྱེད་པའི་ཕྱིར་ཡིད་དགའ་བར་བྱེད་པའོ། །ཏིན་ངེ་འཛིན་འགྲུབ་བའི་ཕྱིར་ཞེས་བྱ་བ་ནི་ང་ཐོས་མ་ཐག་ཏུ་སེམས་ཅན་རྣམས་ཀྱི་ནང་གི་རེག་བྱའི་ཁྱད་པར་གྱིས་ཏིང་ངེ་འཛིན་སྐྱེ ་བ་དང་མཐུན་བའི་རྟེན་དུ་བྱེད་བའི་ཕྱིར་རོ། །ཡིད་ཚིམ་བར་བྱེད་བ་སྟེ། དགའ་བ་སྔོན་མ་སྐྱེས་བ་སྐྱེས་བར་བདག་དང་གཞན་ཡང་མངོན་དུ་ཕྱོགས་བར་བྱེད་བའི་ཕྱིར་ན་རང་གི་སེམས་ཀྱི་རྒྱུད་གཞན་གྱི་སེམས་ཀྱི་རྒྱུད་དད་བར་བྱེད་པའི། ། ་བསྟན་བཅོས་འདི་ལས་ཕན་ཚུན་སྨྲར་དབང་ཞེས་ཏེ། དུས་མ་ཡིན་བ་ཉིད་དུ་གླེང་བར་མི་བྱེད་ཀྱི་འོན་ཀྱང་གང་གི་ཚེ་མི་དགེ་བ་རྣམས་ལས་བཟློག་སྟེ། །དགེ་བ་ལ་སྦྱར་བར་ནུས་བ་དེའི་ཚེ་སྨྲ་བའི་ཕྱིར་དུས་སུ་སྨྲ་བའོ། །དེར་ཕྱིན་བྱིས?་ལོག་པ་སྟེ ་མངོན་བར་ཞེན་བ་འམ། ཁྲོས་ན་གཞན་དུ་སྨྲ་བས་ན་ཡང་དག་བར་སྨྲ་བའོ། །གདམས་ངག་ལ་སྦྱོར་བའི་ཚེ་བརྗོད་བར་བྱེ་བ་དང། ཚིག་གཉི་ག་བརྗོད་བས་དོན་སྨྲ་བ་དང་ཆོས་སྨྲ་བའོ། །རིགས་བ་སྨྲ་བ་ནི་རིགས་བས་སྨྲ་བའོ། །ལུང་སྨྲ་བ། ་ནི་འདུལ་བ་སྨྲ་བའོ། །སྡུད་བར་འགྱུར་བ་ཞེས་བྱ་ནི་གཟོབ་བ་ཞེས་འབྱུང་བའི་ཕྱིར་ཏེ། གཟོབ་པར་བྱེད་དཏོང་བར་བྱེད་ཅེས་བྱ་བའི་ཐ་ཚིག་གོ། ཁ་ཅིག་ནི་ཞིག་ལྡན་བཅས་ཤེས་འདོན་ཏེ། དེ་དག་གི་ལྟར་ན་དོན་ནི་འདི ་ཡིན་ཏེ། ཞིག་ལྡན་ཞེས་བྱ་བ་ནི། མྱ་ངན་ལས་འདས་བ་དང་ལྡན་བ་ཞེས་བྱ་བའི་ཐ་ཚིག་སྟེ། ཞིག་བ་ནི་མྱ་ངན་ལས་འདས་བའི་རྣམ་གྲངས་ཡིན་བའི་ཕྱིར་རོ། །ཡང་ན་འདིའི་འདི་ལ་རྫས་མེད་བས་ན་རྫས་མེད་དེ་འདིའི་འདི་ལ་ཡོངས་སུ་འཛིན་བ་ཐཾས་ཅད ་མེད་ཅེས་བྱ་བའི་ཐ་ཚིག་གོ་།མཉན་བར་འོས་པའི་སྤྱོད་ལམ་གྱིས་གནས་པ་རྣམས་ལ་ཞེས་བྱ་བ་ནི་མདོ་ལས་དུས་སུ་ཞེས་འབྱུང་བའི་ཕྱིར་རོ། །གླེང་བསླང་བ་དང་བཅས་བ་ཞེས་བྱ་བ་ནི་མདོ་ལས་རྨེད་དངབ་ཅ་པ་ཞེས་འབྱུང་བའི ་ཕྱིར་དང། བྱུང་བ་དང་བཅས་གླེང་གཞི་དང་ཅས་ཞེས་འབྱུང་བའི་ཕྱིར་རོ། །ཆུང་བ་ཞེས་བྱ་བ་ནི་བཞད་གང་དུ། བྱ་བ་ཞེས་འབྱུང་བའི་ཕྱིར་རོ། །ཆེ་བ་ནི་ཚིག་གིས་རྣམ་བར་གཡེང་བ་ཞེས་བྱ་བ་ཡིན་ནོ། །བདག་གིར་བྱས་བས་ཡོངས་སུ་གཟུང་བའི ་དངོས་པོ་ནི་གཞན་གྱི་ནོར་ཞེས་འབྱུང་བའི་ཕྱིར་རོ། །སྤྱོད་བས་ཡོངས་སུ་གཟུང་བའི་དངོས་པོ་ནི་གཞན་གྱི་འདོད་བ་ཞེས་འབྱུང་བའི་ཕྱིར་རོ། །དངོས་པོ་དེ་ཡང་རང་བཞིན་ཞེ་ན། གོ་རིམ་བཞིན་དུ་ཟོང་དང་ཡོངས་སུ་སྦྱང་པ་སྟེ་གཞན་གྱི་རྫས་དང ་ཡོ་བྱེད?་ཅེས་འབྱུང་བའི་ཕྱིར་རོ། །བརྣབ་སེམས་མེད་བའི་རང་བཞིན་ནི་མདོ་ལས་བརྣབ་སེམས་མི་བསྐྱེད་ཅེས་འབྱུང་བའི་ཕྱིར་རོ། །བརྣབ་སེམས་རྣམ་བ་གསུམ་ཡི་གཉེན་བོ་ཞེས་བྱ་བ་དེ་ལ་ཁ་ཅིག་དངོས་པོ་གྱ་ནོམ་བ་འགའ་ཡང་མཐོང ་ནས་སྒོ་གསུམ་ནས་བརྣབ་སེམས་བསྐྱེད་དེ་དེ་བསླངས་ཏེ་བླང་དོ་སྙམ་བ་དང། གཞན་དག་མི་སློང་སྟེ་འོན་ཀྱང་ཀྱེ་མ་དེ་ནམ་ཞིག་བདག་གིར་འགྱུར་སྙམ་དུ་དེ་ཐོབ་པར་སྨོན་བ་དང། གཞན་དག་འདི་ཕྲོགས་ཏེ་བླང?་ངོ?་སྙམ་དུ་སེམས་བའོ ་འདི་གསུམ་སེལ་བར་རིམས་བཞིན་དུ་འདོད་པར་མི་འབྱེད་མི་སྨོན་ཆགས་བའི་སེམས་མི་བསྐྱེད་དོ་ཞེས་གསུངས་སོ། །གནོད་སེམས་མེད་བ་ཡང་ཡིན་ཏེ་ཞེས་བྱ་བ་ནི་སེམས་ཅན་ཐམས་ཅད་ལ་བྱམས་བའི་སེམས་ཞེས་བྱ་བ་ཡིན་ནོ། །གནོད ་སེམས་མེད་པ་ནི་མི་མཐུན་པའི་ཕྱོགས་ཀྱི་གཉེན་པོས་སེམས་ཅན་རྣམ་པ་ལྟ་ལ་ཡོངས་སུ་བསྟན་ཏོ། །ཇི་ལྟ་ཞེ་ན། གནོད་པ་བྱེད་པ་རྣམས་ལ་ནི་ཕན་པའི་སེམས་ཞེས་འབྱུང་བའི་ཕྱིར་རོ། །ཉེས་པར་སྦྱད་བ་སྤྱོད་བ་རྣམས་ལ་སྙིང་རྗེ་བའི་སེམས ་ཞེས་འབྱུང་བའི་ཕྱིར་རོ། །སྡུག་བསྔལ་ཞིང་སློང་བ་རྣམས་ལ་ནི་བདེ་བའི་སེམས་ཞེས་འབྱུང་བའི་ཕྱིར་རོ། །བདེ་བ་ལ་ཕྲག་དོག་བྱེད་པའི་དངོས་པོ་རྣམས་ལ་ནི་འཇམ་པའི་སེམས་ཞེས་འབྱུང་བའི་ཕྱིར་རོ། །བྱང་ཆུབ་ཀྱི་སེམས་ཡོངས་སུ་གཟུང ་བ་རྣམས་ལ་ནི་སྐྱེ་བོ་ཐམས་ཅད་ལ་ཕན་འདོགས་བའི་སེམས་ཞེས་འབྱུང་བའི་ཕྱིར་རོ། །ཅིའི་ཕྱིར་དེ་དག་ཕན་འདོགས་བའི་སེམས་བསྐྱེད་ཅེ་ན། རྩོལ་བ་ཤིན་ཨུམང་པོས་སྒྱིད་ལུག་བའི་དངོས་པོ་རྣམས་ལ་ཞེས་ཡ་བ་སྨོས་ཏེ། དེ་དག་གིས་བྱང ་ཆུབ་ཀྱི་སེམས་བསྐྱེད་པ་ངེས་སེམས་ཅན་རྣམས་བདག་གིར་བྱས་བ་ཡིན་ཏེ། དེ་ཉིད་ཀྱི་ཕྱིར་སེམས་ཅན་དེ་དག་གི་དོན་དུ་དཀའ་བ་སྦྱད་བ་མང་བོ་ཡུན་རིང་པོར་ཁས་བླངས་བས་རྩོལ་བ་ཤིན་ཏུ་མང་པོས་སྒྱིད་ལུག་བའི་ཕྱིར་རོ། །མི་མཐུན་པའི་ཕྱོགས ་རྣམ་པ་དྲུག་ནི་ཁྲོ་བ་ལ་སོགས་པའོ། །དེ་ལ་བྱམས་པའི་སེམས་ལ་སོགས་པའི་མི་མཐུན་པའི་ཕྱོགས་སུ་གྲངས་བཞིན་དུ་ཡང་མ་ཡིན་ལ་ཚོལ་བ་ཡང་མ་ཡིན་ནོ་ཞེས་བསྟན་བའི་ཕྱིར་བྱེ་བྲག་མེད་པར་ཤེས་པར་བྱ་བའི་ཞེས་བྱ་བ་སྨྲས་ཏེ། འདི་སྐད་དུ ་སེམས་རེ་རེ་ལ་མི་མཐུན་བའི་ཕྱོགས་དྲུག་དྲུག་གོ་ཞེས་བཤད་པ་ཡིན་ནོ། །གང་གིས་ཁོ་ན་མ་བྱུན་བ་འབྱིན་པ་ཞེས་བྱ་བས་ནི་ཁྲོ་བས་སོ། །གང་གིས་འབྱུང་བའི་རྗེས་སུ་འབྲད་བ་འམ། འཕེལ་བར་བྱེད་པ་ནི་ཁོན་དུ་འཛིན་བས་སོ། །གང་གིས་དགེ ་བའི་ལོ་ཏོག་ཅེས་བྱ་བ་ནི་ཕྱིའི་ཞིང་ཚ་རྒོ་ཅན་དང་ཆོས་མཐུན་པར་ཐབས་སོ། །གང་གིས་མི་དགེ་བ་མ་སྐྱེས་པ་བསྐྱེད་ཅིང་སྐྱེས་པཡང་འཕེལ་བར་བྱེད་ཅེས་བྱ་བ་དྲི་མས་སོ། །གང་གིས་མི་སྡུག་པམི་དགའ་བ་མི་མཐུན་བ་བསྐྱེད་ཅིང ་སྐྱེས་པ་འཕེལ་བར་བྱེད་པ་ནི་གནོད་སེམས་ཀྱིས་སོ། །གང་གིས་སྡུག་པ་མ་སྐྱེས་པ་མི་སྐྱེད་ཅིང་སྐྱེ་བ་ཡང་འཕེལ་བར་བྱེད་པ་ནི་ཁོང་ཁྲོ་བས་སོ། །དེ་དག་ནི་མི་དགེ་བ་རབ་འབྱམས་གྱིས་འཇུག་བར་བྱེད་པ་ཡིན་པའི་ཕྱིར་སྔོན་དུ་འགྲོ་བདག་ཡིན་ཞེས་བརྗོད ་པར་བྱེད་དོ། །དེ་ལ་ཐེགས་པ་གཞན་ལ་ལྟ་བའི་གཉེན་པོར་ཡང་དག་པའི་ལམ་ལ་གནས་ཞེས་བྱ་བ་ཡིན་ནོ། །གཉིས་པ་དང་གསུམ་པ་ནི་བཤད་ཟིན་པ་ཉིད་དོ། །བདག་གི་མཆོག་ཏུ་འཛིན་པའི་གཉེན་པོར་ལྟ་བ་དྲང་ཞེས་བྱ་བ་ཡིན་ནོ། །ཇི་ལྟ་ཞེ་ན། ་གླང་པོ་འཚོ་བཞིན་དུ་རང་གི་ཤེས་རབ་ཀྱི་སྟོབས་ཀྱིས་བདག་བརྩན་དུ་བྱས་ནས་སྙེམས་པར་བྱེད། ཚིག་གི་དོན་རྣམ་པར་འགོད་པར་བྱེད་པ་ནི་མ་ཡིན་གྱི། འོན་ཀྱང་བླ་མས་ལུང་ཇི་ལྟར་བྱིན་པ་དེ་བཞིན་དུ་ལམ་དྲང་བོས་དོན་གྱི་རྗེས་སུ་འབྲད་བའི་ཕྱིར་རོ། ། ་འཆབ་པའི་ལྟ་བ་ནི་གཉེན་པོར་གཡོ་མེད་ཅེས་བྱ་བ་ཡིན་ཏེ། གཡོས་རང་གི་ཉེས་པ་འཆབ་པའི་ཕྱིར་རོ། །བརྫུན་དུ་བརྗོད་པར་བལྟ་བའི་གཉེན་པོར་སྒྱུ་མེད་པ་ཞེས་བྱ་བ་ཡིན་ཏེ། སྒྱུས་སྤྱོད་ལམ་ལ་སོགས་པས་སྦྱིན་བདག་ལ་སོགས་པ་ལ་ཡང་དག་པ་མ ་ཡིན་པའི་ཡོན་ཏན་རབ་ཏུ་སྟོན་པའི་ཕྱིར་རོ། །འཇིག་རྟེན་པའི་ལྟ་བའི་གཉེན་པོར་སངས་རྒྱས་ལ་སོགས་པལ་བསམ་པངེས་པ་ཞེས་བྱ་བ་ཡིན་ཏེ། འདི་ལྟར་མུ་སྟེགས་དང་བྲམ་ཟེ་ལ་སོགས་བ་དག་ལ་བརྟེན་གྱི་སངས་རྒྱས་ལ་སོགས་པ་ལ་གཅིག ་ཁོ་ནར་དད་པ་མ་རྙེད་པས་དེ་དག་ལ་མི་འཇུག་བའི་ཕྱིར་རོ། །འདི་ལྟ་སྟེ་རྣམ་པ་ཐམས་ཅད་དང་སྐྱོན་མེད་པས་ནི་དེ་ལྟར་མཆོག་ཏུ་བྱུང་བའི་ཚུལ་ཁྲིམས་དང་རང་བཞིན་གྱི་ཚུལ་ཁྲིམས་ཡོངས་སུ་བསྟན་པ་ཡིན་ཏེ། གོ་རིམ་བཞིན་ནོ། །ཡང་ན་ཚུལ་ཁྲིམS ་གཉི་ག་གཉི་གར་ཡོངས་སུ་བསྟན་པར་ཤེས་པར་བྱའོ། །སངས་རྒྱས་ཉིད་ནི་འཐོབ་པའི་རྒྱུ། །དགེ་བའི་ཆོས་དག་ཇི་སྙེད་པ། །དེ་དག་ཀུན་ཏུ་སྡུད་པའི་ཕྱིར། །ཚུལ་ཁྲིམས་གཉིས་པ་ཡང་དག་བཤད། །ཉེས་པར་སྤྱད་པ་འགྲོ་བའི་དོན་གྱིས ་ངན་སོང་གདགས་ཏེ། དགེ་བ་མེད་པར་བྱེད་པའི་ཕྱིར་རོ། །སྡུག་བསྔལ་གྱི་གནས་ལུས་མངོན་པར་འགྲུབ་པའི་དོན་གྱིས་ངན་འགྲོ་གདགས་ཏེ་འགྲོ་བ་ངན་པའི་ཕྱིར་རོ། །སྡུག་བསྔལ་སྣ་ཚོགས་སུ་རྟག་ཏུ་ལྟུང་བའི་དོན་གྱིས་རྣམ་པར་ལྟུང་བ ་གདགས་ཏེ། །སྡུག་བསྔལ་སྣ་ཚོགས་སུ་རྒྱུན་མི་འཆད་པར་ལྟུང་བའི་ཕྱིར་རོ། །གྲངས་སུ་ནི་བཅུ་ཞེས་བྱ་བའོ། །ཁ་ན་མ་ཐོ་བ་ནི་མི་དགེ་བ་ཞེས་སྨོས་པས་སྟོན་ཏོ། །འབྲས་བུ་ཐོབ་པར་བྱེད་པ་ནི་ལས་ཀྱི་ལམ་ཉིད་ཀྱིས་སྟོན་ཏོ། །དེ་དག་ནི་ལས ་ཀྱང་ཡིན་ལ།། ངན་འགྲོ་འབྲས་བུར་གྱུར་པ་རྣམས་ཀྱི་ལམ་ཡང་ཡིན་པས་སོ། །ཡང་དག་པར་བླངས་བའི་རྒྱུ་ལས་བྱུང་ཞེས་བྱ་བའི་ཚིག་འདི་ལ་བསླབ་པ་ལེན་པ་ལྟ་བུའི་ཡང་དག་པར་ལེན་པ་མ་ཡིན་ནོ་ཞེས་བྱ་བར་ཀུན་ཏུ་སྤྱོད་པའོ། །ཞེས ་བྱ་བ་སྨྲས་ཏེ། ཡང་དག་པར་བླངས་པ་ནི་བྱེད་པ་ཞེས་བྱ་བའི་ཐ་ཚིག་གོ་།རྒྱུ་མེད་པར་སྨྲ་བ་ནི་འཇིག་རྟེན་རྒྱང་པན་པའོ། །མི་འདྲ་བའི་རྒྱུར་སྨྲ་བ་ནི་དབང་ཕྱུག་ལ་སོགས་པར་སྨྲ་བ་སྟེ། འབྲས་བུ་མི་རྟག་པའི་རྒྱུ་རྟག་པ་ནི་མི་མཚུངས ་པའི་ཕྱིར་མི་འདྲ་བ་ཡིན་ནོ། །རྣམ་པ་འདི་གཉི་ག་ཡང་ལས་ཀྱི་ལམ་རྣམས་རྒྱུའི་དངོས་པོར་བརྗོད་པས་བསལ་ཏོ། །ལོག་པར་སྒྲུབ་པ་ལ་གནས་པ་རྣམས་བདག་ཉིད་དེ་འདྲ་བས་ཞེས་བྱ་བ་ནི་ལོག་པར་སྒྲུབ་པ་ལ་གནས་པ་ཁོ་ནས་དབྲལ ་བ་དེ་དང་འབྲལ་བ་ལོག་པར་སྒྲུབ་པ་དང་དབྲལ་བ་སྟེ། མི་དགེ་བ་རྣམས་ལས་བཟློག་ནས་དགེ་བ་ལ་སྦྱོར་བར་མི་ནུས་སོ་ཞེས་བྱ་བའི་ཐ་ཚིག་གོ་།མི་མཐུན་པའི་ཕྱོགས་དད་གཉེན་པོ་གྱུར་པ་ཞེས་བྱ་བ་ལ། མི་མཐུན་པའི་ཕྱོགས་ནི་དགེ་བའི ་ལས་ཀྱི་ལམ་རྣམས་སོ། །གཉེན་པོ་ནི་དགེ་བ་རྣམས་ཏེ། དེ་དག་འབྲས་བུ་ངན་འགྲོ་དང་བདེ་འགྲོ་དང་བཅས་པའོ། །འདིས་ནི་མདོའི་ཚིག་དེ་འདི་ལྟར་རྣམ་པར་དཔྱོད་དེ་ཞེས་བྱ་བ་ལ་སོགས་པ་བསྟན་ཏོ། །ལས་ཀྱི ་ལམ་གོང་ནས་གོང་དུ་རྣམ་པར་དག་པ་ཞེས་བྱ་བ་འདིས་ཀྱང་དེའི་གོང་དུ་དགེ་བ་བཅུའི་ལས་ཀྱི་ལམ་ཞེས་བྱ་བ་ལ་སོགས་པ་མདོའི་དུམ་བུ་ཐེག་པ་གསུམ་རྗོད་པར་བྱེད་པ་བསྟན་པ་ཡིན་ནོ། །ཤེས་རབ་ཀྱི་རྣམ་པ་ཞེས་བྱ་བ་ལ་སོགས་པ་ལ ་འཕགས་པའི་བདེན་པའི་སྐབས་ཀྱིས་འདིར་མི་དགེ་བ་ལ་ལྟོས་ནས་བདེན་པ་རྣམ་པར་བཞག་པར་བཤད་པ་ཡིན་པར་རིག་པར་བྱའོ། །མདོ་ལས་དེ་དག་ཤེས་རབ་ཀྱི་བདེན་པའི་རྣམ་པར་བསྒོམས་ན་ཉན་ཐོས་ཀྱི་ཐེག་པ་འགྲུབ་པར ་བྱེད་དོ་ཞེས་གསུངས་བ་ནི་མ་ཡིན་ནོ། །མི་དགེ་བ་རྣམས་ནི་རང་གི་ངོ་བོ་སྤོང་གི་དགེ་བ་རྣམས་ནི་དེ་ལྟ་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར། བག་ལ་ཉལ་སྤངས་པ་ནི། དེ་འགོག་པ་ཞེས་བྱ་བ་སྨོས་ཏེ་དགེ་བ་རྣམས་ཀྱི་ནི་དེ་ལ་དམིགས་པའི་འདུན ་པའི་འདོད་ཆགས་སྤོང་བ་ཡིན་ནོ། །སྡུག་བསྔལ་གྱི་རྒྱུ་ལ་གནས་པའི་སེམས་ཅན་རྣམས་ལ་སྙིང་བརྩེ་བར་ཤེས་པར་བྱ་སྟེ། མ་འོངས་པའི་སྡུག་བསྔལ་ལ་བརྟགས་ནས་སྙིང་བརྩེ་བ་ཞེས་བྱ་བའི་ཐ་ཚིག་གོ་།སྡུག་བསྔལ་བར ་གྱུར་བ་རྣམས་ལ་ནི་སྙིང་རྗེ་བར་ཤེས་པར་བྱའོ། །སེམས་ཅན་གྱི་སྡུག་བསྔལ་དག་གིས་གནོད་པར་འགྱུར་བས་ན་སྙིང་རྗེ་སྟེ། སེམས་ཅན་གྱི་སྡུག་བསྔལ་སྐྱེས་པས་སེམས་ཅན་བཞིན་དུ་མི་བདེ་བར་འགྱུར་ཞེས་བྱ་བའི་ཐ་ཚིག་གོ་། ་སྨྲས་པ། སྙིང་རྗེའི་གདས་ནི་གཅར་བ་ལ། གཞན་གྱི་སྡུག་བསྔལ་ཉི་ཚོགས་ཀྱིས། །གདུངས་ཏེ་སྙིང་ལ་བཞུ་བ་ན། །མཁས་མིག་གཉིས་ནས་འཇེག་པ་འདྲ། །དེའི་གོང་དུ་ཞེས་བྱ་བ་ལ་སོགས་པ་ལ་སྤོང་བ་ཞེས་བྱ་བ་ནི ་རྣམས་པ་ཐམས་ཅད་ཅེས་ཡོངས་སུ་སྦྱངས་པས་ཤེས་བྱ་བ་འདིས་སྟོན་ཏེ། འདི་ཉིད་ཤེས་བྱ་ཐམས་ཅད་ཤེས་པ་ལ་དབང་བས་རྣམ་པ་ཐམས་ཅད་ཡོངས་སུ་སྦྱངས་པར་རིག་པར་བྱ་ཞེས་བྱ་བས་རྣམ་པར་ཕྱེ་བ་ཡིན་ནོ། །དབང་བྱེད་པ་ནི་སྟབས ་བཅུའི་སྟོབས་ཤེས་བྱ་བ་འདིས་སྟོན་ཏེ། དེ་ཉིད་བདུད་ཕྱིར་རྒོལ་བ་སེལ་བའི་སྐབས་ཡིན་པས་སྟོབས་སྨོན་པ་ཞེས་བྱ་བས་བསྟན་ཏོ། །ཐེག་པ་གཉིས་ཡོངས་སུ་སྤོང་བ་དང་མཁས་པ་འདི་གཉི་ག་ཡང་ཐེག་པ་དམན་པ་དག་སེལ་བར་བྱེད ་བའི་སྐབས་ཡིན་པས་སངས་རྒྱས་ཀྱི་ཆོས་སྨོས་ཞེས་བྱ་བས་བསྟན་ཏོ། །ཆོག་མི་ཤེས་པ་ནི་བྱང་ཆུབ་སེམས་དཔའ་ཨི་ཐེག་པ་སྟེ། དེ་ལྟ་བས་ན་བདག་གིར་ཞེས་བྱ་བ་འདིས་བསྟན་ཏོ། །སྡུག་བསྔལ་མ་ལུས་ཞི་བྱའི་ཕྱིར། །སེམས་ཅན་བྱ་བ ་ཇི་སྙེད་པ། །བྱང་ཆུབ་སེམས་དཔའ་དེ་ཡི་ནི། །ངང་ཚུལ་ཡིན་ཕྱིར་གསུམ་པ་བརྗོད། །དེའི་འོག་ཏུ་ཞེས་བྱ་བ་ལ་སོགས་པའོ། །དེ་ལ་ཡོངས་སུ་ཤེས་པ་ནི་རྣམ་པ་གསུམ་གྱིས་ཡོངས་སུ་བསྟན་ཏོ་ཞེས་བྱ་བ་ལ་སོགས་པ་ནི། གནས ་སྐབས་ཀྱི་བྱེ་བྲག་ལ་སོགས་པས་མི་དགེ་བའི་ལས་ཀྱི་ལམ་དེ་དག་ཡོངས་སུ་ཤེས་པས་ན་ཡོངས་སུ་ཤེས་པའོ། །མི་དགེ་བ་རྣམས་ཀྱི་ཆེན་པོ་ལ་སོགས་པའི་གནས་སྐབས་ཐ་དད་པས་འབྲས་བུ་ཡང་དེ་བཞིན་དུ་ཐ་དད་པའི་ཕྱིར་གནས ་སྐབས་ཀྱི་བྱེ་བྲག་ཡིན་ནོ། །དེ་ལྟར་ན་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་ཚད་མེད་པ་ཞེས་བྱ་བ་འདིའི་རྣམ་པར་བཤད་པ་ནི་རེ་རེ་དང་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། རེ་རེ་བྱ་བ་ནི་ལས་ཀྱི་ལམ་རེ་རེ་ཡིའོ། །མཛའ་དག་གི་ཞེས་བྱ་བ་ནི་ཐམས ་ཅད་ཀྱི་འབྲས་བུ་སྡུག་བསྔལ་གང་ཡིན་པའོ། །གང་དུ་ཞེ་ན། ངན་སོང་རྣམས་སུ་སྟེ་ཆེ་བ་དང་ཚད་མེད་པ་ཞེས་བྱ་བ་དང་གོ་རིམ་བཞིན་ནོ། །དེ་ལྟར་ན་ལས་ཀྱི་ལམ་ལ་བལྟོས་ནས་རེ་རེ་དང་མཛའ་དག་ཅེས་བྱ་བ་སྨོས་ཀྱི། ངན་སོང་གི་ཁྱད ་པར་དུ་བྱ་བའི་ཕྱིར་ནི་མ་ཡིན་ཏེ། འདི་ལྟར་ལ་ལ་ནི་འགའ་ཞིག་བྱེད། ལ་ལ་ཐམས་ཅད་བྱེད་པའི་ཕྱིར་རོ། །དེ་ལྟར་ན་གཞུང་འདི་ཙམ་གྱིས་ནི་སྡུག་བསྔལ་ཡོངས་སུ་ཤེས་པའི་ཕྱིར་ཡོངས་སུ་ཤེས་པར་བཤད ་པ་ཡིན་ནོ། །ཚེ་ཐུང་བ་དང་ནང་མང་བ་ཞེས་བྱ་བ་ནི། རྟེན་ཅིང་འབྲེལ་པར་འབྱུང་བ་ལ་དེ་དང་འདྲ་བ་རྗེས་སུ་རྒྱུན་ཆགས་པའི་ཕྱིར་ཏེ། སྲོག་གཅོད་པས་ཚེ་ཐུང་བར་འགྱུར་ལ། དེ་དང་བྲལ་བས་སྡུག་བསྔལ་བསྐྱེད་པའི་ཕྱིར་ནད ་མང་བར་འགྱུར་རོ། །དེ་བཞིན་དུ་འོག་མ་རྣམས་ཀྱི་ཡང་ཤེས་པར་བྱའོ། །དེ་ནས་གལ་ཏེ་ཞེས་སྨོས་པ་ནི་མཇུག་ཐོགས་ཀྱི་རྒྱུ་ཡིན་པར་ཁྱད་པར་དུ་བྱ་བའི་ཕྱིར་རོ། །ཇི་ལྟ་ཞེ་ན། དེ་ནས་ཞེས་བྱ་བའི་ཚིག་གི་ཕྲད་འདི་ནི་མཇུག ་ཐོགས་ལ་འབྱུང་བས་གང་གི་ཚེ་ངན་སོང་རྣམས་ཀྱི་མཇུག་ཐོགས་སུ་མི་དག་གི་ནང་དུ་སྐྱེས་ན་ཞེས་བྱ་བ་འདི་ཤེས་པར་བྱེད་པ་ཡིན་ནོ། །དེའི་ཕྱིར་ཞེས་བྱ་བ་དང། གལ་ཏེ་ཞེས་བྱ་བ་དང། བརྒྱ་ལ་ཞེས་བྱ་བ་དང། ནི་ཞེས་བྱ ་བ་ནི་རྒྱུར་སྟོན་པ་སྟེ། དཔེར་ན་གང་གི་ཕྱིར་བློན་པོ་རྣམས་ཀྱིས་ཀྱང་མཆོད་པ་དེའི་ཕྱིར་མཐུ་དང་ལྡན་ནོ་ཞེས་བྱ་བ་དང། གལ་ཏེ་བཅོས་ལ། བརྒྱལ་ཀུན་ནས་བྱས་ནས་ཁོ་བོའི་བྱ་བ་ཡིན་ནོ་ཞེས་བྱ་བ་དང། དེ་ནི་སྐྱེས་བུ་དམ་པ ་ཞེས་བྱ་བ་ལྟ་བུའོ། །འདི་ཡང་གལ་ཏེ་ཞེས་བྱ་བའི་ཚིག་གི་ཕྲད་ནི་རྒྱུའི་དོན་དུ་ཤེས་པར་བྱ་སྟེ། ཇི་ལྟར་ཞེ་ན་གང་གི་ཕྱིར་སེམས་ཅན་དག་མི་དགེ་བའི་ལས་ཀྱི་ལམ་བཅུ་པོ་འདི་དག་གིས་སྲོག་ཆགས་རྣམས་ལ་ཤིན་ཏུ་གནོད ་པར་བྱེད་པ་དེའི་ཕྱིར་འདི་དག་མི་རྣམས་ཀྱི་ནང་དུ་སྐྱེས་ན་ཡང་རྣམ་པར་སྨིན་པ་མི་འདོད་པ་གཉིས་གཉིས་མངོན་པར་འགྲུབ་པར་འགྱུར་རོ་ཞེས་བྱའོ། །སྨོན་ལམ་ནི་འདོད་པ་སྟེ། ཆོས། ཀྱི་ཀུན་དགའ་བ་ལ་དགའ་བས་དགའ་བར་གནས ་པར་བྱའོ་ཞེས་བྱ་བ་འདིས་སྟོན་ཏོ། །སྒྲུབ་པ་ནི་བྱེད་པ་སྟེ། དགེ་བའི་ལས་ཀྱིས་ལམ་རྣམས་ལ་བདག་ཉིད་ཀྱང་གནས་ལ་གཞན་དག་ཀྱང་འཇོག་པའོ། །སེམས་བསྐྱེད་པ་ཐ་མ་གཉིས་ནི་སློབ་དཔོན་གྱི་སེམས་ཉིད་དང། སྟོན་པའི་སེམས་ཉིད ་དོ། །སེམས་སྔ་མ་རྣམས་ནི་ཡུལ་སོ་སོར་ངེས་པ་ཅན་ཡིན་ལ་འདི་གཉིས་ནི་སེམས་ཅན་ཐམས་ཅད་ལ་ཡིན་པས་དེ་དག་ཉིད་ལ་ཞེས་བྱ་བ་སྨོས་སོ། །དེ་ལ་བལྟོས་ནས་ཐེག་པ་ཆེན་པོའི་ལམ་དུ་ཞུགས་པ་ཞེས་བྱ་བ་ནི་འདི ་སྐད་དུ་སེམས་ཅན་རྣམས་ལ་བལྟོས་ནས། བརྟེན་ནས། དམིགས་ནས། བདག་གིས་བླ་ན་མེད་པའི་བྱང་ཆུབ་རྟོགས་ཏེ། དེའི་ཕྱིར་སེམས་ཅན་འདི་དག་ནི་བླ་ན་མེད་པའི་ལམ་སྟོན་པར་བྱེད་པ་ཡིན་པས་སློབ་དཔོན་དུ་གྱུར་པའོ་ཞེས་དེ ་དག་སེམས་སྐྱེད་པར་བྱེད་དོ་ཞེས་བཤད་པ་ཡིན་ནོ། །དེ་བཞིན་དུ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་སོགས་པ་རྒྱུ་ཡིན་པའི་ཕྱིར་དེ་དག་ལ་སྟོན་པའི་སེམས་ཉིད་སྐྱེད་པར་བྱེད་དོ། །ཕྱིན་ཅི་ལོག་གི་དབང་དུ་བྱས་ནས་ཞེས་བྱ་བ་ནི་བདག ་ལ་སོགས་པར་ཕྱིན་ཅི་ལོག་པའི་དབང་གིས་དེའི་སྟོབས་ཀྱིས་སེམས་ཅན་དེ་དག་འདོད་པ་དང་སྲིད་པ་དང་ཚངས་པར་སྤྱོད་པ་ཚོལ་བར་གྱུར་པ་ཡིན་ཞེས་བྱ་བའི་ཐ་ཚིག་གོ་།དེ་ལ་འདོད་པ་ཚོལ་བར་གྱུར་པ་དག་ཁོ་ན་ཐུན་མོང་མ་ཡིན་པ ་དང། ཆོག་མ་ཤེས་པ་དང། སོགས་འཇོག་བྱེད་པའི་ཉེས་དམིགས་མ་མཐོང་བའི་ཕྱིར་རོ། །འདི་ཡང་གསུམ་གྱི་གཞི་དང་ལྡན་པ་ཞེས་བྱ་བ་འདིའི་རྣམ་པར་བཤད་པ་ཡིན་ནོ། །གསོག་འཇོག་དེ་ཉིད་ཡོངས་སུ་སྤྱོད་པའི་ཚེ་ཡུལ ་ལ་ཉོན་མོངས་པ་རྣམ་པ་སྣ་ཚོགས་པ་སྒོ་མང་པོ་སྒོ་སྣ་ཚོགས་ནས་ཀུན་ནས་བསླངས་པས་རྒྱུན་མི་འཆད་པར་དུས་ཐམས་ཅད་དུ་ལུས་དང་སེམས་ཡོངས་སུ་གདུང་བ་ཀུན་ནས་གདུང་བ་ནི་ཉེས་པ་གཉིས་པ་སྟེ། ཉོན་མོངས་པ་སྣ་ཚོགས ་ཀྱི་མེ་ལྕེ་རྟག་ཏུ་རྒྱུན་མི་འཆད་པ་ཀུན་ཏུ་འབར་བར་གྱུར་ཅེས་གང་གསུངས་པའོ། །ཚེ་འདི་དང་ཕྱི་མ་ལ་སོགས་ཀྱི་ཉིད་ཀྱི་ཉེས་དམིགས་དེ་མ་མཐོང་བ་རྣམས་ངེས་པར་འབྱུང་བ་མི་ཚོལ་བ་ནི་ཉེས་པ་གསུམ ་པའོ། །ཇི་སྐད་བཤད་པའི་ཉེས་པ་གསུམ་པོ་ཡོངས་སུ་སྤང་བའི་ཕྱིར་དེ་དག་དང་མཐུན་པའི་གཉེན་པོ་ཉོན་མོངས་པ་ཐམས་ཅད་རབ་ཏུ་ཞི་བ་འཚོ་བ་མེད་པའི་མྱ་ངན་ལས་འདས་པ་ལ་ཞེས་བྱ་བ་ནི་ཚིག་གསུམ་གྱིས་བསྟན་ཏོ། །འདོད ་པ་ཚོལ་བར་གྱུར་པ་རྣམས་ཀྱིས་ཡོངས་སུ་སྤྱོད་པས་བྱས་པའི་བྱེ་བྲག་རྣམ་པ་གསུམ་བརྗོད་ནས། ད་ནི་གཉིས་པ་ཀུན་ཏུ་ཚོལ་བས་བྱས་པའི་བྱེ་བྲག་རྣམ་པ་གཉིས་པོ་གཞན་གང་ཡིན་པ་དེ་བཤད་པ་ལ་འཇུག་སྟེ། གཏི་མུག་གི་མུན་བ ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གཏི་མུག་ཉིད་མུན་པ་སྟེ། དེ་ཡང་རབ་རིབ་ལ་སོགས་པ་ཉིད་ཀྱིས་ཁྱད་པར་དུ་བྱེད་དོ། །རབ་རིབ་ལ་སོགས་པ་དང་འདྲ་བ་ཉིད་དུ་བསྟན་པའི་ཕྱིར་བཤད་པ་ཉིད་ལས་རྒྱུ་གསུམ་བཤད་དེ། དེ་ཉིད་ལས ་རབ་རིབ་ལ་སོགས་པའི་ཁྱད་པར་རྟོགས་པར་བྱའོ། །འདི་ཡང་གཏི་མུག་གི་རབ་རིབ་དང་ལིང་ཏོག་དང་མུན་གནག་ཅེས་བྱ་བ་འདིའི་རྣམ་པར་བཤད་པ་ཡིན་ནོ། །ཇི་སྐད་བཤད་པ་དེའི་རྒྱུ་རྟས་པ་ནི་འཇུག་པ་ཤས་ཆེ་བ་སྟེ་བག་ལ་ཉལ ་ནི་ས་བོན་ནོ། །དེར་གྱུར་པ་གཏི་མུག་དེའི་རྒྱུ་བག་ལ་ཉལ་རྟས་པར་གྱུར་པ་ཡང་ཉེས་པ་སྟེ། གཏི་མུག་མུན་པའི་ཐིབས་པོར་ཞུགས་པ་ཞེས་གསུངས་པ་སྟེ། བག་ལ་ཉལ་ས་བོན་དེ་ཉིད་ཐིབས་པོ་ཡིན་པར་བཤད་དོ། །ཟག་པ ་མེད་པའི་ཤེས་རབ་ལས་རིང་དུ་གྱུར་པ་ཡང་ཉེས་པའོ་ཞེས་བྱ་བར་སྙེགས་ཏེ། ཉེས་པ་སྔ་མ་གཉིས་ལ་བལྟོས་ནས་འདིར་ཡེང་ཞེས་བྱ་བའི་སྒྲ་སྨོས་སོ། །ཇི་ལྟར་རིང་བར་གྱུར་ཅེ་ན། དེའི་ཚོགས?་ལེགས་པར་སྦྱང་པའི་མི་མཐུན ་བའི་ཕྱོགས་ལ་བརྟེན་པས་ཞེས་བྱ་བ་སྨོས་ཏེ། མདོ་ལས་ནི། ཤེས་རབ་ཀྱི་སྣང་བ་དང་རིང་དུ་གྱུར་པ་ཞེས་བྱ་བ་ཡིན་ནོ། །གནོད་པ་ཆེན་པོའི་གནས་ངན་སོང་དུ་འགྲོ་བ་མུན་ནག་ཆེན་པོའི་ནང་དུ་འཇུག་པ་ཞེས་གང་གསུངས་པའོ། །སྡིག་པ ་བྱས་པ་རྣམས་ཀྱི་མཚན་མ་མི་བཟང་པ་གང་དག་ཡིན་པ་དེ་འཆི་བའི་ཆ་འབྱུང་སྟེ། །དེ་མཐོང་བས་འགྱོད་པ་དང་བཅས་ཡིད་མི་བདེ་བ་དང་བཅས་པའི་མཐོང་བས་འཆི་སྟེ་ཡང་བ་མཐོང་བར་སྤགས་པ་ཞེས་གང་གསུངས་པའོ། །ཉེས་བ་བཞི་བ ་འདི་དག་ནི་ཉེས་པར་སྤྱོད་པས་ཚེ་འདི་ལ་ཚོལ་བ་རྣཾས་ཀྱི་ཡིན་པར་བཤད་དེ། དེ་དག་དང་མཐུན་པའི་གཉེན་པོ་ནི་ཤེས་རབ་ཀྱི་མིག་རྣམ་པར་སྦྱོང་བའོ། །ལེགས་པར་སྤྱོད་པས་ཚེ་རབས་གཞན་ཀུན་ཏུ་ཚོལ་བ་རྣམས་ཀྱི་དབང་དུ་བྱས་ནས ་སྨྲས་པ། ལམ་ཡང་བར་ཞུགས་པ་ཉིད་ཉེས་པ་ཡིན་ནོ། །དེ་ནི་རང་བཞིན་དང་ཞེས་བྱ་བ་ལ་སོགས་པ་ལ་དེ་ལ་རང་བཞིན་ནི་འདིར་འཁོར་བ་འབྲོག་ཡང་བའི་ལམ་ཡིན་པར་བརྗོད་པར་བཞེད་བ་དེ་ཚིག་དང་བ་ཉིད་ཀྱིས་བསྟན་ཏོ། ། ་བགེགས?་ནི་རྣམ་བ་བརྒྱད་དེ་གཡངས་ལ་མངོན་དུ་ཕྱོགས་པ་ནི་སེམས་ཅན་དམྱལ་པ་ལ་སོགས་པའི་གཡང་ས་ལ་མངོན་དུ་ཕྱོགས་པ་ཞེས་གསུངས་པའོ། །རྒྱུའི་ནང་དུ་ཞུགས་པ་ནི་སྡུག་བསྔལ་ལ་བདེ་བར་ཕྱིན་ཅི་ལོག་པའི་ལྟ་བ ་ལ་གནས་པའི་ཕྱིར་ཏེ། ལྟ་བ་ངན་པའི་རྒྱ་ཉམ་ང་བར་ཞུགས་པ་ཞེས་གསུངས་པའོ། །ཐིབས་པོས་ཀུན་ནས་ཡོག་པ་ནི་དེའི་རྒྱུ་སྟེ་བདེ་བར་ལྟ་བ་ཕྱིན་ཅི་ལོག་གི་མཚན་ཉིད་དེའི་རྒྱུ་གཏི་མུག་གི་བག་ལ་ཉལ་གང་ཡིན་པའོ། །དེ་ས? ་འགེབས་པའི་ཕྱིར་དེ་ཉིད་གཏི་མུག་ཐིབས་པོ་ཡིན་ཏེ། གཏི་མུག་ཐིབས་པོས་ཀུན་ནས་ཡོག་པ་ཞེས་གང་གསུངས་པའོ། །གཏི་མུག་ཐིབས་པོ་གང་དང་ལྡན་པ་རྣམས་བརྗོད་དུ་ཟིན་ཀྱང་གང་ལ་ཕྱིན་ཅི་ལོག་ཏུ་གྱུར་པའི་ཕྱིར་བདེ་བར་ལྟ ་བར་བཤད་པའི་སྡུག་བསྔལ་དེའི་སྡུག་བསྔལ་ཉིད་ཀྱི་རང་གི་ངོ་བོ་མི་རྟོགས་ཏེ་དེ་ཉིད་ཀྱི་ཕྱིར་གཏི་མུག་གི་ངག་ལ་ཉལ་འདི་ནི་དེའི་རྒྱུ་ཡིན་ནོ། །ལོག་པའི་ལམ་དུ་ཞུགས་པ་ནི་དོན་དམ་པའི་བདེ་བ་ཐར ་བའི་ཕྱིར་གདུང་བ་ལྔ་ལ་སོགས་པ་ལམ་ལོག་པར་ཞུགས་པའི་ཕྱིར་ཏེ། ལམ་ལོག་པར་འགོལ་བའི་ལམ་དུ་ཞུགས་པ་ཞེས་གང་གསུངས་པའོ། །ལྡོངས་པར་གྱུར་པ་ནི་འདོད་ཆགས་ཀྱི་ཆགས་པ་ངེས་ལྡོངས་པར་གྱུར་བའི་ཕྱིར་ཏེ ་ལྡོངས་པར་གྱུར་པ་ཞེས་གང་གསུངས་པའོ། །སྟོན་པ་དང་བྲལ་བ་ནི་མི་ཁོམ་པར་སྐྱེས་པ་དང། ཁོམ་དུ་ཟིན་ཀྱང་བག་མེད་པའི་ཉེས་པས་སངས་རྒྱས་འབྱུང་བ་མཉེས་པར་མི་བྱེད་པའི་ཕྱིར་རོ། །དེའི་བསྟན་པའི་རྗེས་སུ་བྱེད་པས་བསླབས ་པ་བསྲུང་བའི་ཕྱིར་སངས་རྒྱས་མཉེས་པ་ཡིན་ནོ། དེ་གཉིས་ཀྱིས་བསླབ་པའི་སྐལ་བ་དང་མི་ལྡན་པའི་ཕྱིར་དང་མི་འདྲལ་བའི་ཕྱིར་མཉེས་པར་མི་འགྱུར། །དེ་ཉིད་ཀྱི་ཕྱིར་དེ་དག་དགེ་བ་ལ་སྦྱར་བའི་འོས་སུ་གྱུར་པ་མ་ཡིན་པས་སྟོན་པ་བཅོམ ་ལྡན་འདས་དེ་དང་བྲལ་བ་ཡིན་ནོ། །ཡོངས་སུ་འདྲེན་པ་མེད་པ་ཞེས་གང་གསུངས་པའོ། །གང་དུ་འགྲོ་བ་ཞེས་བྱ་བ་ནི་མྱ་ངན་ལས་འདས་པར་རོ། །ཚངས་པའི་འཇིག་རྟེན་ལ་སོགས་པ་ནི་འཁོར་བ་ཁོ་ན་ཡིན་ནོ། །དེ་ཉིད་ངེས་པར་འབྱུང་བ ་མ་ཡིན་པ་ལ་ངེS་པར་འབྱུང་བར་ལྟ་བ་ཞེས་གསུངས་པ་ཡིན་ནོ། །ཆོམ་པོས་ཟིན་པ་ཡང་ཞེས་བྱ་བ་ནི་གེགས་བརྒྱད་པ་སྟེ། གེགས་སྔ་མ་ལ་བལྟོས་ནས་ཡང་ཞེས་བྱ་བའི་སྒྲ་སྨོས?། །བདུད་ཀྱི་ཡུལ་འདོད་པ་རྣམས་ལ་ཀུན་ཏུ་ཆགས་པའི ་བསོད་ནམས་བདོག་པ་ཡང་ཟད་པར་འགྱུར་ལ། མ་བྱས་པ་ཡང་མི་སོགས་སོ། །དེའི་ཕྱིར་བཅོམ་པ་ཡིན་ཏེ། བདུད་ཀྱི་ལམ་གྱི་ཆོམ་པོས་ཟིན་པ་ཞེས་གང་གསུངས་པའོ། །འདོད་པ་རྣམས་ཉིད་བདུད་ཀྱི་ལམ་ཡིན་ལ། དགེ་པའི ་ནོར་འཕྲོག་པའི་ཕྱིར་ཆོམ་པོ་ཡིན་ནོ། །དེ་ལྟར་རང་བཞིན་དང་གེགས་ཀྱི་སྒོ་ནས་ཡ་ང་བས་བསྟན་ནས། ཆུད་ཟ་བའི་སྒོ་ནས་སྟོན་ཏེ། ཆུད་ཟ་བ་ནི་རྣམ་པ་གསུམ་ཞེས་བྱ་བ་ལ་སོགས་པ་རྒྱས་པར་སྨོས་སོ། །ས་ངན་པ་ལ་གནས་པའི ་ཕྱིར་ནི་ཡོངས་སུ་འདྲན་པ་མཁས་པ་དང་བྲལ་བ་ཞེས་གསུངས་པའོ། །དགྲའི་ས་ན་གནས་པ་ནི་བདུད་ཀྱི་བསམ་པ་ཐིབས་པོར་ཞུགས་པ་ཞེས་གང་གསུངས་པའོ། །ཟིན་གྱི་ས་ལས་རིང་དུ་གྱུར་པ་ནི་སངས་རྒྱས་ལ་སེམས་པ་ལ ་རིང་དུ་གྱུར་པ་ཞེས་གང་གསུངས་པའོ། །དེ་ལྟར་ན་ཕྱི་རོལ་གྱི་རྣམ་པ་དང་ཆོས་མཐུན་པར་རང་བཞིན་དང། བགེགས་དང་ཆུང་ཟ་བའི་སྒོ་ནས་འཁོར་བ་ཡ་ང་བ་ཉིད་དུ་བསྟན་ཏོ། །དེ་དག་དང་མཐུན་པའི་གཉེན་པོ་ནི་བསྒྲལ་ནས་ཐཾས་ཅད ་མཁྱེན་པ་ཉིད་ཀྱི་གྲོང་ཁྱེར་འཇིགས་པ་མེད་པ་ལ་དགོང་པའོ། །དེ་ལྟར་ཐུན་མོང་མ་ཡིན་པ་དང། ཆོག་མི་ཤེས་པ་དང་གསོག་འཇོག་བྱེད་པའི་ཡོངས་སུ་སྤྱོད་པའི་སྒོ་དང། ཡང་དག་པར་དང་ལོག་པའི་ཚོངས་པར་སྤྱོད་པ་གཉིས་ཀྱི ་བྱེ་བྲག་གིས་འདོད་པ་ཚོལ་བ་རྣམ་པ་ལྔར་བསྟན་ནས། འགྲོ་བའི་སྒོ་ནས་སྲིད་པ་ཚོལ་བ་བཤད་པ་ལ་འཇུག་སྟེ། འགྲོ་བའི་སྒོ་ནས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཀླུང་ཆེན་པོར་བྱིང་བ་ཉིད་ཀྱི་ཉེས་པ་སྟེ་ཀླུང་དེའི་རྣམ ་པ་ལྔར་བཤད་དེ། ཟབ་པ་ནི་འདོད་པ་ལ་སོགས་པའི་ཆུ་བོར་ཞུགས་པ་ཞེས་གང་གསུངས་པའོ། །འདས་པ་ནི་འཁོར་བ་རྒྱུན་གྱིས་འདས་པ་ཞེས་གང་གསུངས་པའོ། །མིང་ནོ་སྲིད་པ་ཆུ་ཀླུང་དུ་ཞུགས་པ་ཞེས་གང་གསུངས་པའོ།། ་ཤུགས་དྲག་པ་ནི་ཤུགས་དྲག་པོས་བངས་ཏེ་ཞེས་བྱ་བ་དང། བལྟ་བའི་མཐུ་མེད་ཅེས་གང་གསུངས་པ་ཚིག་གཉིས་ཀྱིས་བསྟན་ཏོ། །སྔ་མ་འདས་ཞེས་བྱ་བ་ནི་འཇུག་པ་ཙམ་བརྗོད་པ་བཞེད་པ་ཡིན་གྱི། ཤུགས་དྲག་པས ་ནི་བདས་པ་ཤིན་ཏུ་དྲག་པར་སྟོན་ཏོ། །རྒྱས་པ་ཉིད་ནི་འདོད་པ་ལ་སོགས་པའི་རྣམ་པར་རྟོག་པ་མང་པོའི་རྗེས་སུ་རྒྱུ་བ་ཞེས་གང་གསུངས་པའོ། །ཀླུང་དེ་ལྟ་བུའི་རང་བཞིན་ཡིན་ཡང་གལ་ཏེ་གནོད་པ་ཞིག་མེད ་ན་དབུགས་ཕྱིན་པར་འགྱུར་སྲིད་ན། དེ་ཡང་མེད་དེ། གནོད་པ་འབྱུང་བར་བྱེད་པ་ཡང་རྣམ་པ་བཞི་སྟེ་ཞེས་བཤད་པ་གང་ཡིན་པའོ། །དེ་ལ་ཆུ་སྲིན་གྱིས་ཟིན་པ་ནི་འཇིག་ཚོགས་ལ་ལྟ་བའི་ཆུ་སྲིན་པོས་ཟིན་བ་ཞེས་གང་གསུངS ་པའོ། །ཀློང་དུ་ཆུད་པ་ནི་འདོད་པ་ཐིབས་པོའི་ཀློང་དུ་ཞུགས་པ་ཞེས་གང་གསུངས་པའོ། །དཀྱིལ་དུ་ཐོགས་པ་ནི་དགའ་བ་ཅན་དང་འདོད་ཆགས་ཀྱི་དཀྱིལ་དུ་ཀུན་ཏུ་ཐོགས་པ་ཞེས་གང་གསུངས་པའོ། །དགའ་བ་ཅན་ནི་འདིར་ཡིད་བདེ ་བ་ཉོན་མོངས་པ་ཅན་ཡིན་གྱི། ཡོངས་སུ་སྤྱོད་པའི་དུས་སུ་བརྗོད་པར་བཞེད་པའི་ཕྱིར་མ་འོངས་པ་དོན་དུ་གཉེར་བ་ནི་མ་ཡིན་ནོ། །གླིང་གི་ཐང་ལ་འཐོན་པ་ནི་ཕ་བོང་ལ་བབ་པ་བཞིན་དུ་ང་རྒྱལ་གྱི་ཕ་བོང་གིས་ཁེངས་པའི་ཕྱིར་དའོ་སྙམ ་པའི་ང་རྒྱལ་གྱིས་ཐང་ལ་འཐོན་པ་ཞེས་གསུངས་པའོ། །དེ་ལྟར་གནོད་དུ་ཟིན་ཀྱང་གལ་ཏེ་གསོན་ན་ཐ་གི་ནི། དེ་ཡང་མེད་པས་ཆུད་ཟ་བ་ཡང་རྣམ་པ་གསུམ་སྟེ་ཞེས་བྱ་བ་སྨྲས་སོ། །དེ་ལ་དང་པོ་ནི་དཔུང་གཉེན་མེད་པ་ཞེས་བྱ་བའོ།། ་གཉིས་པ་ནི་སྐྱེ་མཆེད་ཀྱི་གྲོང་ནས་མ་འཕགས་པ་ཞེས་བྱ་པའོ། །གསུམ་པ་ནི་སྒྲོལ་བ་མཁས་པ་དང་བྲལ་བ་ཞེས་བྱ་བའོ། །ཁམས་ཀྱི་སྒོ་ནས་སྲིད་པ་ཚོལ་བའི་དབང་དུ་བྱས་ནས་སྨྲས་པ། བཙོན་རར་བཅུག་པའི་ཉེས་པ་ནི ་ཀྱེ་མ་སེམས་ཅན་འདི་དག་ནི་འཁོར་བའི་བཙོན་རར་བཅུག་པ་ཞེས་བྱ་བ་འདིས་བསྟན་ཏོ། །བཅུག་པ་དེ་ནི་རྣམ་པ་ལྔར་བཤད་དེ། དེ་ལ་ནད་མེད་པས་ཕོངས་པ་ནི། སྡུག་བསྔལ་བ་དང་ཡིད་མི་བདེ་བ་དང་འཁྲུག་བ་མང་པོ ་ཞེས་བྱ་བའོ། །ལོངས་སྤྱོད་གྱིས་ཕོངས་པ་ནི། སྡུག་པ་དང་མི་སྡུག་པར་འབྲེལ་པ་ཞེས་བྱ་བ་སྟེ། ཕུན་སུམ་ཚོགས་པ་ལ། རྒུད་པ་ལ་རྒུད་པ་བགེགས་བྱེད་པའི་ཕྱིར་སྡུག་པ་དང་མི་སྡུག་པར་འབྲེལ་པ་ཞེས་བྱ་བ་རིག་པར་བྱའོ། །ཉེ་དུས་ཡོངས ་པ་ནི་མྱ་ངན་དང་སྨྲེ་སྔགས་འདོན་པའི་རྗེས་སུ་རྒྱུ་བ་ཞེས་བྱ་བའོ། །ཚུལ་ཁྲིམས་ཀྱིས་ཕོངས་པ་ནི་སྲིད་པའི་སྒྲོག་ཏུ་བཅུག་པ་ཞེས་བྱ་བའོ། །ལྟ་བའི་ཕོངས་པ་ནི་མ་རིག་པའི་ཐིབས་པོས་ཀུན་ནས་ཁེབས་པའི་ཞེས་བྱ་བའོ། །དེ་དག་དང་མཐུན ་པའི་གཉེན་པོ་ནི་ཁམས་གསུམ་པས་དབེན་པ་ལ་དགོད་པའོ། །ལོག་པའི་ཚངས་པར་སྤྱོད་པ་ཚོལ་བའི་དབང་དུ་བྱས་ནས་སྨྲས་པ། བདག་ཏུ་མངོན་པར་ཞེན་པ་ཉིད་ཉེས་པ་ཡིན་ཏེ། བདག་ཏུ་མངོན་པར་བཞེན་པ་ཞེས་བྱ་བ་འདིས་བསྟན་ཏོ། །དེ ་ལ་ཕུང་པོ་རྟེན་ལས་མི་འཕགས་ཞེས་བྱ་བ་ནི་ཕུང་པོའི་གཞི་ལས་མི་འཕགས་པའོ། །ལམ་བཟང་པོ་མ་ཡིན་པར་འགྲོ་བས་ན་ཕྱིན་ཅི་ལོག་བཞིས་འགྲོ་བ་ཞེས་བྱའོ། །བདག་ཏུ་དམིགས་ནས་ཞེས་བྱ་བ་ནི་བདག་སེམས་ལ་གཞག་ནས་ཞེས ་བྱ་བའི་ཐ་ཚིག་གོ་།དེ་ཡོངས་སུ་མྱ་ངན་ལས་འདའ་བར་བྱ་བའི་ཕྱིར་ཞེས་བྱ་བ་ནི། བདག་དེ་ཉིད་འབའ་ཞིག་ཏུ་བྱ་བའི་ཕྱིར་ཞེས་བྱ་བའི་ཐ་ཚིག་གོ་།འགྲོ་འདོད་པ་རྣམས་ཞེས་བྱ་བ་ནི་ཐར་པའི་ལམ་དུ་ཞུགས་པ་རྣམས་ཞེས་བྱ་བའི་ཐ་ཚིག ་སྟེ། སྐྱེ་མཆེད་དྲུག་གི་གྲོང་སྟོང་པ་ན་གནས་པ་ཞེས་གང་གསུངས་པའོ། །ན་བ་དང་རྒ་བ་དེ་གཉིས་ཀྱི་རྒྱུ་མཚན་གནས་ནི་འདི་ལྟ་སྟེ་འབྱུང་བ་མི་མཉམ་པ་སྟེ་དེ་དང་རྗེས་སུ་འབྲེལ་བའི་ཕྱིར་ཏེ། འབྱུང་བ་ཆེན་པོ་བཞིའི་སྦྲུལ་གྱིས་གཙེས་པ ་ཞེས་གང་གསུངས་པའོ། །ཕུང་པོའི་གཤེད་མ་རྗེས་སུ་འབྲང་བས་འཆི་བའི་ཕྱིར་ཕུང་པོའི་གཤེད་མའི་ཆོམ་པོས་བཅོམ་པ་ཞེས་བྱའོ། །སྡུག་བསྔལ་སྣ་ཚོགས་རྗེས་སུ་འབྲེལ་བ་ཞེས་བྱ་བ་ནི་དེ་ལས་བྱུང་བའི་སྡུག་བསྔལ་ཞེས་བྱ་བ་དེའི ་བཤད་པ་ཡིན་ཏེ། དེ་ལས་བྱུང་བ་ཞེས་བྱ་བ་ནི། ན་བ་དང་རྒ་བ་དང་འཆི་བ་ལས་བྱུང་བ་ཞེས་བྱ་བའི་ཐ་ཚིག་གོ་།དེ་ལས་ཡོངས་སུ་མི་འགྲོལ་བ་སྟེ། སྡུག་བསྔལ་དཔག་ཏུ་མེད་པ་མྱོང་བར་གྱུར་པ་ཡིན་ཞེས་གང་གསུངS ་པའོ། །དེ་ལྟར་ན་བདག་ཏུ་མངོན་པར་ཞེན་པས་བསམ་པ་མ་རུངས་པར་བྱས་པའི་ཕྱིར་ཉེས་པ་འདི་དག་ལས་ཡོངས་སུ་མི་འགྲོལ་བས་འདི་དག་ཚངས་པར་སྤྱོད་པ་ལོག་པ་ཡིན་ནོ། །ཡང་དག་པའི་ཚངས་པར་སྤྱོད་པ་ཚོལ་བའི་དབང་དུ་བྱས་ནས། ་ཐེག་པར་མན་པ་ལ་མོས་པའི་ཉེས་པའོ། །ཞེས་བྱ་བ་ལ་སོགས་པ་རྒྱས་པར་སྨོས་སོ། །དམན་པ་ཉིད་ནི་ཞུམ་པ་དང་ཞན་པ་ཉིད་དག་གིས་རབ་ཏུ་ཕྱེ་བ་ཡིན་ནོ། །དེ་ལ་བརྟེན་ནས་སྨོན་ལམ་གྱི་ཉེས་པ་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་དང་བྲལ ་བའི་ཕྱིར་ཏེ། ཐམས་ཅད་མཁྱེན་པའི་ཡེ་ཤེས་མཆོག་གི་སེམས་མི་བདོག་པ་ཞེས་གང་གསུངས་པའོ། །སྒྲུབ་པའི་ཉེས་པ་ནི་ཐམས་ཅད་མཁྱེན་པ་ཉིད་ཀྱི་དོན་དུ་བྱང་ཆུབ་སེམས་དཔའ་ཨི་སྤྱོད་པ་སྒྲུབ་པ་མི་བྱེད་པའི་ཕྱིར་ཏེ། ཐེག་པ ་མཆོག་གིས་ངེས་པར་འབྱུང་བ་ཡོད་བཞིན་དུ་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་ལྷུང་བ་ཞེས་གང་གསུངས་པའོ། །ཅིའི་ཕྱིར་ཞེས་བྱ་བ་ཅི་སྟེ་ཤས་ཆེ་བར་གསུང་ཞེས་བྱ་བ་སྟེ། འདི་སྙེད་ཅིག་ནི་བརྩད་པ་ཡིན་ནོ། །དེ་མ་ཡིན ་བ་དག་ལ་ཤས་ཆུང་བའི་ཕྱིར་ཞེས་བྱ་བ་ནི་ལན་ཡིན་ཏེ། འདི་སྐད་དུ་དང་པོ་ལ་ཚུལ་ཁྲིམས་མ་དག་པས་སྦྱིན་པ་མ་དག་མོད་ཀྱི། འོན་ཀྱང་ཕྱི་དང་ནང་བཏང་བའི་ཕྱིར་སྦྱིན་པ་རྣམ་པ་ཐམས་ཅད་གཏོང་བ་ལ་འཇུག་པས་ལྷག་པར་ཡིན་ནོ། །ཚུལ ་ཁྲིམས་ནི་ས་དང་པོ་ལ་རྣམ་པ་ཐམས་ཅད་ཀྱི་བྱེ་བྲག་གིས་འཇུག་པ་མ་ཡིན་པས་ཤས་ཆུང་བ་ཉིད་དུ་རིག་པར་བྱའོ། །འདིར་ནི་ཞེས་བྱ་བ་ལ་སོགས་པ་ནི་རང་བཞིན་གྱིས་ཚུལ་ཁྲིམས་རྣམ་པར་དག་པ་ཡོངས་སུ་བསྟན་པའི་ཕྱིར་ཏེ། ཅི་ཞེ་ན? ་གསེར་གྱིས་ལེ་སྦྲམ་གྱི་དཔེས་བསྟན་ཅེས་བྱ་བར་སྦྱར་རོ། །འདོད་ཆགས་མུན་པའི་གཉེན་པོར་གྱུར་པ་ཡི། །ཆགས་བྲལ་འོད་བྱེད་ས་ནི་རབ་ཐོབ་ནས། །ཆགས་དང་བཅས་པ་རྣམས་ཀྱི་འདོད་ཆགས་མུན། །རབ་ཞི་བྱ་ཕྱིར་མཐུ་རྣམས་ཞི་འཐོབ ་བོ། །བསམ་པ་དྲང་བ་ཉིད་ལ་སོགས་པའོ། །རྣམ་དག་ཐབས་ནི་སྣ་ཚོགས་རྣམ་སང་གིས། །གཉིས་པ། སྤྱང་བའི་ས་ལ་ཚུལ་ཁྲིམས་རྣམ་སྦྱངས་ནས། །འདོད་ཆགས་བྲལ་བ་ཐོབ་པར་བྱ་ཕྱིར་དེ། །རྒྱུ་རྣམས་བཅུ་ལ་ཡང་དག་བརྟེན་ནས ་བརྩོན། །འདོད་ཆགས་དང་བྲལ་བར་སྦྱོར་བ་འབྱུང་བར་བྱེད་པ་རྒྱུ་རྣམ་པ་བཅུ་ལ་ཡང་དག་པར་བརྟེན་ཏེ། སེམས་ཀྱི་བསམ་པ་ཡིད་ལ་བྱེད་པ་བཅུ་པོ་ཞེས་གང་གསུངས་པའོ། །འདོད་ཆགས་དང་བྲལ་བའི་སེམས་ཀྱི་བསམ་པ་ནི་སེམS ་ཀྱི་བསམ་པ་གང་གིས་འདོད་ཆགས་དང་བྲལ་བར་འགྱུར་བའོ། །དེའི་རྒྱུ་ཡིད་ལ་བྱེད་པ་ནི་ཐང་དག་མངོན་དུ་བྱས་ན་འདོད་ཆགས་དང་བྲལ་བའི་སེམས་ཀྱི་བསམ་པ་འཐོབ་པར་འགྱུར་བ་དེ་དག་ཡིད་ལ་བྱེད་པའོ། །བསམ་གཏན་བཟློག ་ནུས་པ་ཞེས་བྱ་བ་ནི་བསམ་གཏན་གྱི་མཐུའི་འབྲས་བུ་དེ་བཟློག་ནུས་པ་ཉིད་དུ་རིག་པར་རྒྱ་བའི་བསམ་གཏན་ཉིད་བཟློག་པ་སྟེ། འདོར་བ་དང་འབྲལ་བ་ནི་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། འདི་ལྟར་འཇུག་ཐོགས་སུ་འོག་མར་སྐྱེས་དང་ཡོངས་སུ ་མི་ཉམས་པ་གཉིས་ཀྱིས་ཞེས་འབྱུང་བའི་ཕྱིར་ཏེ། བསམ་གཏན་རྣམ་པ་ཐམས་ཅད་དུ་བོར་དམ?་བྲལ་ན་ནི་ཡོངས་སུ་ཉམ་པར་མི་རུང་ངོ། །དེ་ལྟ་པས་ན་འདིང་བསམ་གཏན་གྱི་མཐུ་ཟློག་པར་རིག་པར་བྱའོ། །གལ་ཏེ་འདི་ཡང་ཇི་ལྟར ་རུང་ཞེ་ན། འདི་ནི་བསམ་གྱིས་མི་ཁྱབ་པ་ཉིད་དེ། དེ་སྐད་དུ། ཐབས་ཆེན་དང་ནི་ལྡན་རྣམས་ལ། །ཉོན་མོངས་བྱང་ཆུབ་ཡན་ལག་གྱུར། །འཁོར་བའང་ཞི་བའི་བདག་ཉིད་དེ། །དེ་ཕྱིར་བྱ་དཀའ་ཅུང་ཟད་མེད། ཅེས་གསུངས་སོ།། ་དེ་ཉིད་ཀྱི་ཕྱིར་དེར་ཡང་སྐྱེ་ལ་ཀུན་ནས་ཉོན་མོངས་པ་ཡང་མེད་པ་ཉིད་དུ་བརྗོད་པར་བྱའོ། །ས་འདི་ལ་ནི་འདོད་ཆགས་དང་བྲལ་བ་ཁོ་ན་འཇུག་པ་ཡང་མ་ཡིན་ལ། ཞུགས་མ་ཐག་ཏུ་འདོད་ཆགས་དང་བྲལ་བ་ཡང་མ་ཡིན་ཏེ། ་འདི་ཉིད་ལ་འདོད་ཆགས་དང་བྲལ་བར་སྦྱོར་བ་འབྱུང་བར་བྱེད་པ་དང། འདོད་ཆགས་དང་བྲལ་བར་སྦྱོར་བ་རྣམ་པར་བཞག་པའི་ཕྱིར། ས་འདི་ལ་གནས་པ་འདོད་ཆགས་དང་བྲལ་བར་འགྱུར་རོ་ཞེས་བྱ་བ་ཁོང་དུ་ཆུད་པར་བྱའོ། །ཆགས་བྲལ་སྦྱོར་བ ་ནས་གཟུང་སྟེ། །ཆགས་བྲལ་ཐོབ་པ་ཡན་ཆད་དུ། །འདོད་ཆགས་བྲལ་བ་ཐོབ་བྱའི་ཕྱིར། །སྦྱོར་བ་ས་རྣམས་གསུམ་དུ་བཤད། །འདུ་བྱེད་དུ་གྱུར་པ་ཐམས་ཅད་ལ་མི་རྟག་པར་སོ་སོར་རྟོག་ཅེས་བྱ་བ་ནས་གཟུང་སྟེ་ཚིག་གིས་ལས་ཡོངས་སུ ་དག་པ་འབའ་ཞིག་གིས་ནི་མ་ཡིན་ནོ་ཞེས་བྱ་བའི་བར་ཡིན་ནོ། །ཐེག་པ་དམན་པ་ལས་ཀུན་ཏུ་སྲུང་པར་སྦྱོར་བ་ཞེས་བྱ་བ་ལ་སོགས་པ་རྒྱས་པར་འབྱུང་བ་དེ་ལ་གང་ལ་བརྟན་ནས་ཤེས་པ་ནི་དེ་བཞིན་གཤེགས་པའི་ཡེ་ཤེས་པའོ། །དེ ་བཞིན་གཤེགས་པའི་ཡེ་ཤེས་ས་བཅུ་པ་ལ་ཡང་མི་འཐོབ་པ་མ་ཡིན་ནམ། དེ་ཇི་ལྟར་ས་གསུམ་པའི་རྟེན་ཞེས་བྱ་ཞེ་ན། མ་ཐོབ་ཀྱང་དམིགས་པའི་ངོ་བོར་བརྟེན་ནས་ཞེས་བྱ་བ་ཡིན་པས་ཉེས་པ་མེད་དོ། །གང་གི་ཕྱིར་ཞེས་བྱ་བ་ནི ་སེམས་ཅན་གྱི་ཕྱིར་རོ། །ཇི་ལྟར་རབ་ཏུ་སྦྱོར་བར་བྱེད་པ་ནི་བརྩོན་འགྲུས་ཀྱིས་ཏེ། འདི་དག་ནི་བདག་གིས་ཡོངས་སུ་བསྐྱབ་པར་བྱ་ཞེས་བྱ་བ་ལ་སོགས་པས་བསྟན་ཏོ། །མཐུ་ཉིད་ཡོན་ཏན་ཏེ། དེ་ཡོངས་སུ་འཛིན་པ་ནི་བསམ་གྱིས་མི་ཁྱབ་པ་ཉིད ་ཅེས་བྱ་བ་ཡིན་ཏེ། སངས་རྒྱས་ཀྱི་རྣམ་པར་འཕྲུལ་པ་ལ་སོགས་པ་མཐུ་བསམ་གྱིས་མི་ཁྱབ་པ་དང་ལྡན་པའི་ཕྱིར་རོ། །མངོན་པར་རྫོགས་པར་བྱང་ཆུབ་པའི་ཡོན་ཏན་ཡོངས་སུ་འཛིན་པ་ནི་མཚུངས་པ་མེད་བ་ཞེས་བྱ་བ་སྟེ། ཐུན་མོང་མ་ཡིན ་བར་མངོན་པར་རྫོགས་པར་བྱང་ཆུབ་པས་ཟླ་བ་མེད་པའི་ཕྱིར་རོ། །དོན་ཆེན་པོ་ཉིད་ཀྱི་ཡོན་ཏན་ཡོངས་སུ་འཛིན་པ་ནི་དཔག་ཏུ་མེད་པ་ཉིད་ཅེས་བྱ་བ་ཡིན་ནོ། །ཚད་གཟུང་དུ་མེད་པའི་ཡོན་ཏན་ཡོངས་སུ་འཛིན་པ་ནི་རྙེད་དཀའ་བ་ཉིད་ཅེས་བྱ་བ་ཡིན་ཏེ། ་མགོ་དང་ལག་པ་དང་རྐང་པ་ལ་སོགས་པ་སྦྱིན་པའི་སྡུག་བསྔལ་ཁས་བླངས་པས་ཐོབ་པར་བྱ་བ་ཡིན་པའི་ཕྱིར་རོ། །ཐུན་མོང་མ་ཡིན་པའི་ཡོན་ཏན་ཡོངས་སུ་འཛིན་པ་ནི་མ་འདྲེས་པ་ཉིད་ཅེས་བྱ་བ་ཡིན་ནོ། །སྔར་ནི་ཁྱད་པར་མེད་པར་མི ་མཚུངས་པ་ཉིད་དུ་མངོན་པར་རྫོགས་པར་བྱང་ཆུབ་པས་བཤད་ཀྱི། ང་ནི་དེའི་ཡོན་ཏན་དང་འདྲ་བའི་ཚུལ་གྱིས་ཆ་ཙམ་གྱི་སྒོ་ནས་ཀྱང་བཅོམ་ལྡན་འདས་དང་འདྲ་བ་མེད་དོ་ཞེས་བྱ་བ་ཡིན་པས་ཁྱད་པར་ཡོད་དོ། །རྣམ་པར་དག་པ་ནི་ཞེས ་བྱ་བ་ལ་སོགས་པ་ལ་དེ་ལ་སྡུག་བསྔལ་དང་བྲལ་བ་ནི་གནོད་པ་མེད་པ་ཉིད་ཅེས་བྱ་བ་ཡིན་ནོ། །སྡུག་བསྔལ་དང་བྲལ་བ་ནི་འཁྲུག་པ་མེད་པ་ཉིད་ཅེས་བྱ་བ་ཡིན་ནོ། །མྱ་ངན་ལས་འདས་པ་ཐོབ་པ་ནི་འཇིགས་པ་མེད་པའི་གྲོང་ཁྱེར་དུ ་འགྲོ་བ་ཉིད་ཅེས་བྱ་བ་སྟེ་ཚིག་འོག་མ་གཉིས་ནི་དེ་ཁྱད་པར་དུ་བྱེད་པ་ཡིན་ནོ། །དེ་ལ་ཡོངས་སུ་བསྐྱབ་པར་བྱ་ཞེས་བྱ་བ་ནི་གཙོ་བོའི་ཚིག་ཡིན་ནོ། །གང་ལས་ཡོངས་སུ་བསྐྱབ་པར་བྱ་བ་ནི་གང་ལས་ཏེ། ལས་ཀྱི་ཀུན་ནས་ཉོན་མོངས་པ་ལས ་ནི་དགྲོལ་བར་བྱ་ཞིང་ཉོན་མོངས་པའི་ཀུན་ནས་ཉོན་མོངས་པ་ལས་ནི་ཡོངས་སུ་སྦྱང་བར་བྱ་ལ། སྐྱེ་བའི་ཀུན་ནས་ཉོན་མོངས་པ་ལས་ནི་གདོན་པར་བྱའོ། །ཇི་ལྟར་ཡོངས་སུ་བསྐྱབ་པར་བྱ་བ་ནི་ཇི་ལྟར་གཞག་པར་བྱ་བ་སྟེ། ཚུལ་ཁྲིམS་ལ་གཞག ་བ་དང་ལྷག་པའི་སེམས་དང་ལྷག་པའི་ཤེས་རབ་ལ་ལྟོས་ནས་དགོད་པ་ཞེས་བྱ་བ་ཡིན་ནོ། །ཚིག་འདི་གཉིས་ནི་ཡན་ལག་ཡིན་ཏེ། ཚིག་གཞན་གྱིས་བཤད་དོ། །དེ་ལ་ཚུལ་ཁྲིམས་ལ་གཞག་པའི་ཕྱིར་ཡོངས་སུ་ཚིམ་པར་བྱ་བ་དང། ་ཡང་དག་པར་གཞག་པར་བྱ་བ་ཞེས་བྱ་བ་ཚིག་གཉིས་བསྟན་ཏོ། །ཏིང་ངེ་འཛིན་དང་ཤེས་རབ་ལ་ལྟོས་ནས་གདུལ་བར་བྱ་བ་ཡིན་ནོ། །ཡོངས་སུ་མྱ་ངན་ལས་འདའ་བར་བྱ་བ་ཡིན་ཞེས་བྱ་བ་འདིས་ནི་ཇི་ལྟར་ཡོངས་སུ ་སྐྱོབ་པ་པོར་འགྱུར་བ་དེ་བཤད་དོ། །དེའི་ལམ་སྒོམ་པར་བྱེད་ཅེས་བྱ་བ་ནི། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་སྟེ་དེ་བཞིན་གཤེགས་པའི་ཡེ་ཤེས་བསྟོན་པ་ཞེས་བྱ་བ་འདིས་བསྟན་ཏོ། །ཡོངས་སུ་སྨིན་པར་བྱེད་ཅེས་བྱ་བ་ནི་སེམས ་ཅན་རྣམས་ཏེ། སེམས་ཅན་ཐམས་ཅད་ཡོངས་སུ་བསྐྱབ་པར་བྱ་བ་ལ་བརྩོན་ཞེས་བྱ་བ་འདིས་བསྟན་ཏོ། །མཐར་ཕྱིན་པ་རྟོགས་པ་དང་ཞེས་བྱ་བ་ལ་སོགས་པ་ལ། མཐར་ཕྱིན་པ་ནི་སངས་རྒྱས་ཉིད་དོ། །དེ་ཉིད་རྣམ་པར་ཐར་པ་ལ ་གནས་པ་ཡིན་ཏེ། ཆོས་ཀྱི་སྐུའི་མཚན་ཉིད་དོ། །དེ་ལ་མ་གཏོགས་པར་གཞན་སེམས་ཅན་གྱི་དོན་གྱི་ཐབས་མེད་དོ་སྙམ་དུ་དེ་ལྟར་ངེས་པ་ནི་མཐར་ཕྱིན་པར་རྟོགས་པའོ། །སངས་རྒྱས་མཐར་ཕྱིན་པ་དེ་ཡང་བྱང་ཆུབ་སེམས་དཔའ་ཨི ་མཐར་ཕྱིན་པ་ཐམས་ཅད་རྟོགས་པའི་མཚན་ཉིད་མེད་ན་མི་འབྱུང་བ་ཡིན་པས་དེ་ལྟར་ན་མཐར་ཕྱིན་པ་སྒྲུབ་པ་རྟོགས་པ་ཡིན་ནོ། །མཐར་ཕྱིན་པ་སྒྲུབ་པ་ས་བཅུ་པའི་ངོ་བོ་ཉིད་དེ་ཡང་ས་འོག་མས་བསྡུས་པ་རྣམ་པར་མི་རྟོགས ་པའི་ཡེ་ཤེས་མེད་ན་མི་འབྱུང་པས་དེ་ལྟར་ན་མཐར་ཕྱིན་པ་སྒྲུབ་པའི་གོང་ནས་གོང་མ་རྟོགས་པ་ཡིན་ནོ། །རང་དད་སྤྱིའི་མཚན་ཉིད་ལ་རྣམ་པར་རྟོག་པ་གཉི་ག་དང་བྲལ་བ་ལ་ལྟོས་ནས་རྒྱུ་བ་མེད་ཅིང་སྐྱེ་བ་མེད་པ་ཞེས་བྱ་བ་སྨོས་སོ། །སའི་ཡེ ་ཤེས་དོན་དམ་པ་པ་དེ་ལྟ་བུ་དེ་ཡང་བསམ་གཏན་ལ་མཁས་པ་མེད་ན་མེད་ལས་དེ་ལྟར་ན་མཐར་ཕྱིན་པ་སྒྲུབ་པའི་གོང་མ་གོང་མ་རྟོགས་པ་ཡིན་ནོ། །ཡང་ཞེས་བྱ་བ་ནི་བསྡུ་བ་གཞན་སྟོན་པར་བྱེད་པ་སྟེ། སྔ་མ་ནི་གཞི་ཐ་དད་པ་ཡིན་ནོ།། ་ད་ནི་བསམ་གཏན་ལ་མཁས་པ་ཉིད་རྣམ་པར་ངེས་པ་ཡིན་ལ་སོ་སོར་རྟོག་པ་ཡང་ཡིན་པས་ཤེས་གཞི་མཐུན་པར་བསྡུ་བ་ཡིན་ནོ། །མཁས་པ་དེ་ཡང་ཐོས་པ་ལ་མཁས་པ་མེད་པས་དེ་ལྟར་ན་དེ་སྒྲུབ་པའི་གནས་ལ་སྦྱོར་བ་ཡིན་ཏེ། དེ་སྒྲུབ་པ ་ནི་བསམ་གཏན་ལ་མཁས་པའོ། །དེའི་གནས་ནི་ཐོས་པ་ལ་མཁས་པའོ། །ལ་ལ་ལས་རྟོགས་པ་ཞེS་བྱ་བའི་སྒྲ་ཡང་འབྱུང་བ་ཉིད་དེ། །དེར་ནི་གནས་ཀྱི་ཕྱིར་སྦྱོར་བ་ཞེས་བྱ་བ་སྦྱར་བར་བྱའི་རྟོགས་པའི་ཕྱིར་ཞེས་བྱ་བ་ནི་མ་ཡིན་ནོ། །གང་ཡོངས་སུ ་སྤང་བའི་ཕྱིར་ཞེས་བྱ་བ་ནི་འཇིག་རྟེན་པ་རྣམས་ལུས་ཀྱི་གནོད་པ་ཡོངས་སུ་སྡང་བའི་ཕྱིར་ནོར་གཏོང་སྟེ། ལུས་ཀྱི་གནོད་པ་དེ་དག་ཀྱང་ཉམས་སུ་ལེན་ཏོ། །ཇི་ལྟར་རྒྱལ་སྲིད་པས་ཀྱང་རིམ་གྲོ་ཆེ་དབྱེད་ཅེ་ན། འཁོར་ལོས་སྒྱུར་བ་པའི་རྒྱལ་སྲིད་ཐོབ་པ་བས ་ཤེས་འབྱུང་བའི་ཕྱིར་རོ། །ཇི་ལྟར་མཐོ་རིས་སུ་སྐྱེ་བ་དང། འཇིག་རྟེན་པའི་རྣམ་པར་དག་པ་བས་ཀྱང་རིམ་གྲོ་ཆེར་བྱེད་པ་ཡིན་ཞེ་ན། བརྒྱ་བྱིན་ཉིད་དང་ཚངས་པ་ཉིད་དག་དང་གོ་རིམས་བཞིན་ནོ། །ཇི་ལྟར་ལུས་བས་ཀྱང་རིམ་གྲོ་ཆེད་བྱེད་ཅེ་ན། སྟོང་གསུམ ་གྱི་སྟོང་ཆེན་པོ་ཞེས་བྱ་བ་ལ་སོགས་པ་གསུངས་པའོ། །དགའ་བ་དང་བཏད་སྙོམས་ནི་གྲེལ་བ་རྣམས་ཀྱི་དབང་དུ་བྱས་པ་སྟེ། འདི་དག་གི་སྡུག་བསྔལ་ལོག་པ་དྲན་པས་མགུ་བ་སྐྱེ་བའི་ཕྱིར་དགའ་བ་ལ་སྙོམས་པར་འཇུག་ལ། དེ་དག་གི་སྡུག་བསྔལ་ལོག ་པ་ལ་ཟིན་པ་ལ་བརྩོན་པ་མེད་པའི་ཕྱིར་བཏང་སྙོམས་ལ་སྙོམས་པར་འཇུག་གོ་།ས་སྔ་མ་གཉིས་ལ་ཡང་བསམ་གཏན་ལ་སོགས་པའི་སྙོམས་པར་འཇུག་པ་དེ་མེད་པ་ནི་མ་ཡིན་ཏེ་ཡོད་པ་ཁོ་ནའོ་ཞེས་བྱ་བའི་ཐ་ཚིག་གོ། དགག་པ་གཉིས་ནི་མི་དགག ་པའི་དོན་ཡིན་པའི་ཕྱིར་ཏེ། དཔེར་ན་མི་བྱ་བ་མ་ཡིན་པ་ནི། བྱ་བ་ཉིད་དོ་ཞེས་བྱ་བའི་ཐ་ཚིག་དང་འདྲའོ། །དེ་ལ་བསམ་གཏན་དང་པོ་ལ་འདོད་པ་རྣམས་ལས་དབེན་པ་ཞེས་བྱ་བ་ནི། འདོད་ཆགས་དང་ཞེ་སྡང་དང་གཏི་མུག་དང། རྒྱགས་པའི་གནས ་སུ་གྱུར་པ་ཡོངས་སུ་གཟུང་བ་དང་གཟུགས་དང་སྒྲ་དང་དྲི་དང་རོ་དང་རེག་དགེ?་ཡལ་བར་བཏང་བ་ཉིད་བཤད་པ་ཡིན་ནོ། །སྡིག་པ་མི་དགེ་བའི་ཆོས་རྣམས་ལས་དབེན་པ་ཞེས་བྱ་བ་གཟུགས་ལ་སོགས་པ་ནི་ཡལ་བར ་བོར་བ་ཙམ་མ་ཡིན་གྱི་དེ་དང་ཕྲད་པའི་རྒྱུས་ལུས་དང་དག་དང་ཡིད་ཀྱི་ཉེས་པར་སྤྱོད་པ་འཇུག་པ་གང་དག་ཡིན་པ་དེ་དག་སྤངས་པར་བཤད་པ་ཡིན་ནོ། །དེ་ལྟར་ན་བསམ་གཏན་དང་པོ་ལ་འདོད་པ་དང་སྡིག་པ་མི་དགེ་བའི་ཆོས་ལས་དབེན ་པ་ཉིད་ཀྱིས་ནི་མི་མཐུན་པའི་ཕྱོགས་ཉམས་པ་ཡོངས་སུ་བསྟན་ཏོ། །དེའི་འོག་ཏུ་རྟོག་པ་དང་བཅས་པ་དཔྱོད་པ་དང་བཅས་པ་ཞེས་བྱ་བ་ནི་འདོད་པའི་ཁམས་པའི་རྟོག་པ་དང་དཔྱོད་པ་རབ་ཏུ་ཞི་བ་དང། གཟུགས་ཀྱི་ཁམས་པའི་རྟོག་པ་དང ་དཔྱོད་པ་རྒྱུན་ཆགས་པར་བཤད་པ་ཡིན་ནོ། །དེ་ལྟར་ན་རྟོག་པ་དང་བཅས་པ་དང་དཔྱོད་པ་དང་བཅས་པ་ཉིད་ཀྱིས་ནི་གཉེན་པོ་སྒོམ་པར་བཤད་དོ། །དེའི་འོག་ཏུ་དབེན་པ་ལས་སྐྱེས་པ་ཞེས་བྱ་བ་ནི་མི་དགེ་བ་ལས་དབེན་པ་ལས་སྐྱེས ་པའི་ཕན་ཡོན་བཤད་དོ། །ཕན་ཡོན་དེ་ཡང་གང་ཞེ་ན། དེའི་འོག་ཏུ་དགའ་བ་དང་བདེ་བ་ཅན་ཞེས་གསུངས་ཏེ། དེ་ལ་དགའ་བ་ནི་སྙོམས་པར་འཇུག་པའི་སེམས་རབ་ཏུ་དགའ་བའོ། །བདེ་བ་ནི་ལུས་དང་སེམས་ཀྱི་གནས་ངན་ལེན ་དང་བྲལ་བའི་ཕྱིར་ལས་སུ་རུང་བའི་ཚུལ་གྱིས་རྒྱུད་ཉམས་བདེ་བའོ། །དགའ་བ་དང་བདེ་བ་ནི་དགའ་བ་དང་བདེ་བ་སྟེ། དགའ་བ་དང་ཡིད་བདེ་བས་ནི་སྒོམ་པའི་ཕན་ཡོན་བཤད་དོ། །འོག་ཏུ་བསམ་གཏན་དང་པོ་བསྒྲུབས་ཏེ་གནས་སོ ་ཞེས་བྱ་བ་ནི་བསམ་གཏན་གྱིས་གཉི་གའི་གནས་ཏིང་ངེ་འཛིན་བཤད་དེ། གཉེན་པོ་སྒོམ་པའི་གནས་དང། སྒོམ་པའི་ཕན་ཡོན་གྱི་གནས་ཞེས་བྱ་བའི་ཐ་ཚིག་གོ་།དེའི་འོག་ཏུ་དེ་རྟོག་པ་དང་དཔྱོད་པ་དང་བྲལ་ཞིང་ཤེས་བྱ་བ་ནི་བསམ ་གཏན་དང་པོའི་ས་ལ་སེམས་འཁྲུག་པར་བྱེད་པ་རྟོག་པ་དང་དཔྱོད་པ་གང་དག་ཡིན་པ་དེ་དག་སྤངས་པར་བཤད་པ་སྟེ། དེ་ལྟར་ན་བསམ་གཏན་གཉིས་པ་ལ་མི་མཐུན་པའི་ཕྱོགས་ཉམས་པའི་བཤད་པ་ཡིན་ནོ། །དེའི་འོག་ཏུ་ནང་ཡོངས་སུ་དང་སྟེ། ཞེས་བྱ ་བ་ནི་བསམ་གཏན་དང་པོ་ལ་བསམ་གཏན་པས་ཕྱི་རོལ་གྱི་གནོད་པ་རྣམས་དང་བྲལ་བ་གནོད་པ་མེད་པའི་གནས་བསྒྲུབ་ཏེ་དགའ་བས་སྙིང་ཡི་ཟ་ལང་བ་ན་དགའ་བའི་རྒོད་པས་བསྐྱོད་པའི་རྟོག་པ་དང་དཔྱོད་པ་དག་གིས་ནང་ཡོངས་སུ་མ་དང་པ་ཡིན་ནོ། །དེས་རྟོག ་བ་དང་དཔྱོད་པ་སྤངས་ཏེ་སེམས་ཀྱི་རྒྱུད་འཁྲུག་པ་མེད་པ་ན་ནང་དང་བ་ཡིན་པས་དེའི་ཕྱིར་རྟོག་པ་དང་དཔྱོད་པ་རྣམས་དང་བྲལ་པས་ནང་ཡོངས་སུ་དང་སྟེ་ཞེས་གསུངས་སོ། །དེའི་འོག་ཏུ་སེམས་ཀྱི་རྒྱུད་གཅིག་ཏུ་གྱུར་པ་ཞེས་བྱ་བ་ནི་སེམས་དམིགས་པ་ལ་དོན ་གཅིག་ཏུ་རྒྱུ་བའི་ཕྱིར་ཞེས་བྱ་བའི་ཐ་ཚིག་སྟེ། གྱུར་པའི་སྒྲ་ནི་རྒྱུ་བའི་དོན་ཡིན་པའི་ཕྱིར་རོ། །དེ་ལྟར་ན་ནང་ཡོངས་སུ་དང་སྟེ་སེམས་ཀྱི་རྒྱུད་གཅིག་ཏུ་གྱུར་པའི་ཕྱིར་བསམ་གཏན་གཉིས་པ་ལ་ཡང་གཉེན་པོ་སྒོམ་པ་བཤད་པ་ཡིན་ནོ། །རྟོག་པ་མེད་པའི་དཔྱོད་པ་མེད ་པ་ཞེས་བྱ་བ་ནི་བསམ་གཏན་གཉིས་པ་ལ་རྟོག་པ་དང་དཔྱོད་པ་རྣམས་མི་སྲིད་པར་བཤད་པ་ཡིན་ནོ། །རྟོག་པ་དང་དཔྱོད་པ་དང་བྲལ་བ་ཞེས་བཤད་ཟིན་ན་ཡང་རྟོག་པ་མེད་པ་དཔྱོད་པ་མེད་པ་ཞེས་བྱ་ཅི་དགོས་ཤེ་ན། བསམ་གཏན་དང་པོ་འདི་ལ་བསམ་གཏན་ལ ་འདོད་པའི་ཁམས་ཀྱི་རྟོག་པ་དང་དཔྱོད་པ་དག་ལས་གྲོལ་ཡང་བསམ་གཏན་དང་པོའི་ས་པའི་རྟོག་པ་དང་དཔྱོད་པའི་ཁྱད་པར་དག་དང་རྗེས་སུ་འབྲེལ་བར་འགྱུར་ཏེ། དེའི་ཕྱིར་ལ་ལ་འདི་སྙམ་དུ་ཇི་ལྟར་བསམ་གཏན་དང་པོ་ལ་འདོད་པ་ན་དཔྱོད་པ་རྣམས་ལྡོག་ལ། ་བསམ་གཏན་དང་པོའི་ས་པ་སྐྱེ་བ་དེ་བཞིན་དུ་བསམ་གཏན་གཉིས་པ་ལ་ཡང་བསམ་གཏན་དང་པོའི་ས་པ་རྣམས་ནི་བཟློག་ལ། བསམ་གཏན་གཉིས་པའི་ས་གཞན་སྐྱེའོ་སྙམ་དུ་སེམས་སྲིད་པས། དེའི་ཕྱིར་བསམ་གཏན་གཉིས་པ་ལ་རྟོག་པ་དང་དཔྱོད་པ ་རྣམས་མི་སྲིད་པར་བསྟན་པའི་ཕྱིར་རྟོག་པ་མེད་པ་དཔྱོད་པ་མེད་པ་ཞེས་གསུངས་སོ། །ཡང་ཇི་ལྟར་བསམ་གཏན་གཉིས་པའི་ས་ལ་བསམ་གཏན་དང་པོའི་ས་པའི་དགའ་བ་དང་བདེ་བ་ནི་ལྡོག་པ་བསམ་གཏན་གཉིས་པའི་ས ་པའི་དགའ་བ་དང་བདེ་བའི་ཁྱད་པར་གཞན་འབྱུང་བ་ལྟར་རྟོག་པ་དང་དཔྱོད་པ་རྣམས་ཀྱང་དེ་དང་འདྲའོ་སྙམ་དུ་སེམས་པའི་ཐེ་ཙོམ་འདི་བསལ་བའི་ཕྱིར་ཡང་རྟོག་པ་མེད་པ་དཔྱོད་པ་ཞེས་གསུངས་སོ། །དེའི་འོག་ཏུ་ཏིང་ངེ་འཛིན་ལས་སྐྱེས་པའི་དགའ་བ་དང་བདེ་བ ་ཞེས་བྱ་བ་ནི་བསམ་གཏན་དང་པོའི་ས་པའི་དགའ་བ་དང་བདེ་བ་ལས་ཁྱད་པར་དུ་བྱ་བའི་ཕྱིར་བཤད་པ་ཡིན་ནོ། །ཇི་ལྟར་ཞེ་ན་བསམ་གཏན་དང་པོའི་ས་ལ་ནི་འདོད་པ་ལས་དབེན་པའི་དགའ་བ་དང་བདེ་བ་སྐྱེ་སྟེ་ཆོམ་རྐུན་གྱིས་གཅེས་པའི་མི་བདེ་བར ་ཡུལ་དུ་ཕྱིན་པ་དང་འདྲ་ལ། བསམ་གཏན་གཉིས་པའི་ས་ལ་ནི་རྟོག་པ་དང་དཔྱོད་པ་དག་གིས་མ་དཀྲུགས་པའི་སེམས་མཉམ་པར་བཞག་པ་ལས་དགའ་བ་དང་བདེ་བ་སྐྱེའོ། །དེ་ཉིད་ཀྱི་ཕྱིར་བསམ་གཏན་དང་པོ་ལ་ནི་དབེན་པ་ལས་སྐྱེས ་པའི་དགའ་བ་དང་བདེ་བ་ཞེས་བཤད་ལ། གཉིས་པ་ལ་ནི་ཏིང་ངེ་འཛིན་ལས་སྐྱེས་པའི་དགའ་བ་དང་བདེ་བ་ཞེས་བཤད་དེ། འདིས་ནི་སྒོམ་པའི་ཕན་ཡོན་བཤད་དོ། །བསམ་གཏན་གཉིས་པ་བསྒྲུབས་ཏེ་གནས་སོ་ཞེས་བྱ་བ་ནི་བསམ་གཏན་གྱིS ་དེ་གཉི་གའི་གནས་བསྟན་ཏོ། །དེའི་འོག་ཏུ་དགའ་བའི་འདོད་ཆགས་དང་བྲལ་བས་ཞེས་བྱ་བ་ནི་རྟོག་པ་དང་དཔྱོད་པ་ནི་སྤངས་ཟིན་པའི་ཕྱིར་གནོད་པ་བྱེད་པ་གང་ཡིན་པ་དེ་དང་བྲལ་བར་བཤད་པ་ཡིན་ནོ། །བཏང་སྙོམས་ལ་གནས་ཤིང་ཞེས་བྱ ་བ་ནི་ཉེ་བའི་ཉོན་མོངས་པ་ཆ་ཕྲ་བའི་ཕྱིར་ཡིད་འགྱུར་བར་མི་འགྱུར་རོ་ཞེས་བསྟན་པ་ཡིན་ནོ། །དགའ་བའི་འདོད་ཆགས་དང་བྲལ་བས་བཏང་སྙོམས་ལ་གནས་ཞེས་བྱ་བ་འདིས་ནི། བསམ་གཏན་གསུམ་པ་ལ་མི་མཐུན་པའི་ཕྱོགས་ཉམས་པ ་བཤད་པ་ཡིན་ནོ། །དེའི་འོག་ཏུ་དྲན་པ་དང་ཤེས་བཞིན་ཅན་ཞེས་བྱ་བ་ནི་གཉེན་པོ་ཡོད་པའི་ཕྱིར་བཙལ་བར་ནུས་སོ་ཞེས་ཤེས་པར་བྱས་པ་ཡིན་ཏེ། འདིས་ནི་གཉེན་པོ་སྒོམ་པ་བཤད་དོ། །དེའི་འོག་ཏུ་བདེ་བ་ཡང་ལུས་ཀྱིས་མྱོང་ལ་ཞེས་བྱ་བ་ནི་ཡིད་ཀྱི་ལུས ་ཀྱིས་ཡིན་གྱི་གཟུགས་ཀྱི་ལུས་ཀྱིས་ན་མི་ཡིན་ཏེ། དེ་ནི་བསམ་གཏན་གཉིས་པའི་ས་པ་ཡིན་པས་སྤངས་པའི་ཕྱིར་རོ། །འདིས་ནི་སྒོམ་པའི་ཕན་ཡོན་བཤད་དོ། །འཕགས་པ་རྣམས་ཀྱིས་བརྗོད་ཅེས་བྱ་བ་ནི་གཉེན་པོ་སྲིད་པའི་ཕྱིར་རོ། །ཅིའི་ཕྱིར་བསམ ་གཏན་དང་པོ་དང་གཉིས་པ་ལ་འཕགས་པ་རྣམས་ཀྱིས་བརྗོད་ཅེས་མ་བཤད་ཅེ་ན། དེ་དག་གི་གནོད་པ་རྣམས་རགས་པའི་ཕྱིར་གཞན་གྱིས་བསྟན་པས་གོ་བར་བྱ་བ་མ་ཡིན་ནོ། །བསམ་གཏན་གསུམ་པ་ལ་ནི་འདི་ནི་བདེ་བའོ་སྙམ་པའི་སེམས་ཀྱི་རྩོལ་བ ་གང་ཡིན་པ་དེ་ཉེ་བའི་ཉོན་མོངས་པ་ཡིན་པར་བཤད་ཅིང་ཉེ་བའི་ཉོན་མོངས་པ་འདི་ཡང་ཆ་ཕྲ་བ་ལ་བསམ་གཏན་གསུམ་པའི་ས་པའི་བདེ་བ་ཡང་མཆོག་ཡིན་པས་བསམ་གཏན་པ་འདི་བདེ་བ་མཆོག་གི་ཆང་འཐུང་བས་ར་རོ་སྟེ་བདག་ཉིད་ཀྱིས་རྗེས་སུ ་རྟོགས་པར་མི་ནུས་པར་མཁྱེན་ནས་དེ་ཁོང་དུ་ཆུད་པར་བྱ་བའི་ཕྱིར་འཕགས་པ་རྣམས་བརྗོད་དོ། །ཇི་སྐད་དུ་བརྗོད་ཅེ་ན། དྲན་པ་དང་ལྡན་པ་དང་བདེ་བ་ལ་གནས་པ་བཏང་སྙོམས་པའོ་ཞེས་དེ་སྐད་དུ་བརྗོད་དོ་ཞེས་བྱ་བའི་ཐ་ཚིག་གོ་།དེའི་འོག་ཏུ་བསམ ་གཏན་གསུམ་པ་བསྒྲུབས་ཏེ་གནས་སོ་ཞེས་བྱ་བ་ནི་དེ་གཉི་གའི་གནས་ཏིང་ངེ་འཛིན་བཤད་པ་ཡིན་ནོ། །བདེ་བ་ཡང་སྤངས་སྡུག་བསྔལ་ཡང་སྤངས་ཤིང་ཞེས་བྱ་བ་ནི་བསམ་གཏན་གསུམ་པའི་བདེ་བ་གང་ཡིན་པ་དང། དེ་ཉིད་ན་དབུགས་རྡུབ་པ་དང། དབུགས ་འབྱུང་བ་ལས་སྐྱེས་པའི་སྡུག་བསྔལ་གང་ཡིན་པ་དེ་གཉིས་སྤངས་ཤིང་ངོ། །གཞན་དག་ན་རེ་བསམ་གཏན་གསུམ་པའི་བདེ་བ་ཉིད་འགྱུར་བའི་སྡུག་བསྔལ་གྱིས་སྡུག་བསྔལ་བ་ཉིད་དེ། དེ་ཉིད་ཀྱི་ཕྱིར་བདེ་བ་སྤངས་པའི་མཇུག་ཐོགས་སུ་སྡུག་བསྔལ ་སྤངས་པ་ལ་གསུངས་པ་ཡིན་ནོ་ཞེས་ཟེར་རོ། །སྔ་ནས་ཡིད་བདེ་བ་དང་མི་བདེ་བ་ཡང་ནུབ་པས་ཞེས་བྱ་བ་ནི་ཡིད་བདེ་བའི་སྒྲས་དགའ་བ་སྔ་ནས་ནུབ་པ་བསྟན་པ་ཡིན་ནོ། །དགའ་བ་ཡང་ཡོངས་སུ་གྱུར་ནས་ཡིད་མི་བདེ་བར་འགྱུར ་བས་དེའི་ཕྱིར་བདེ་བ་ནུབ་པའི་མཇུག་ཐོགས་སུ་ཡིད་མི་བདེ་བ་ནུབ་པ་གསུངས་སོ། །ཡིད་ཀྱིས་པ་སྤངས་པའི་ཕྱིར་སྔར་ཐམས་ཅད་སྤངས་པར་བཤད་པ་ནི་མ་ཡིན་ནོ། །གཉི་ག་སྤངས་པ་འདིས་ནི་མི་མཐུན་པའི་ཕྱོགས་ཉམས་པ་བཤད་དོ། །སྡུག་བསྔལ་ཡང ་མ་ཡིན་བདེ་བ་ཡང་མ་ཡིན་ཞེས་བྱ་བ་ནི་བསམ་གཏན་བཞི་པའི་སེམས་སྟོན་པ་སྟེ་འདིས་ནི་གཉེན་པོ་སྒོམ་པ་བཤད་པ་ཡིན་ནོ། །བཏང་སྙོམས་ཀྱི་དྲན་པས་ཡོངས་སུ་དག་པ་ཞེས་བྱ་བ་ནི་གཡོ་བ་མེད་པའི་ཕྱིར་བཏང་སྙོམས་སུ་འཇུག་པའི་དྲན་པས་ཡོངS ་སུ་དག་པ་ཡིན་ཏེ། འདིས་ནི་སྒོམ་པའི་ཕན་ཡོན་བཤད་དོ། །བསམ་གཏན་བཞི་བ་བསྒྲུབས་ཏེ་གནས་སོ་ཞེས་བྱ་བ་ནི་དེ་གཉི་གའི་གནས་ཏིང་ངེ་འཛིན་བཤད་དོ། །དེ་རྣམ་པ་ཐམས་ཅད་དུ་གཟུགས་ཀྱི་འདུ་ཤེས་རྣམས་ལས་ཡང་དག་པར་འདས་ཏེ། ཞེས་བྱ་བ་ནི ་མི་གི་རྣམ་པར་ཤེས་པ་དང་མཚུངས་བར་ལྡན་པའི་འདུ་ཤེས་རྣམས་ལས་ཡང་དག་པར་འདས་པའོ། །ཐོགས་པའི་འདུ་ཤེས་རྣམས་ནུབ་པར་གྱུར་ཅིང་ཞེས་བྱ་བ་ནི་རྣ་བ་དང་སྣ་དང་ལྕེ་དང་ལུས་དང་མཚུངས་པར་ལྡན་པའི་འདུ་ཤེས་རྣམས་ནུབ་པར་གྱུར ་པའོ། །སྣ་ཚོགས་ཀྱི་འདུ་ཤེས་རྣམས་ཡིད་ལ་མི་བྱེད་པས་ཞེས་བྱ་བ་ནི་ཡིད་ཀྱི་རྣམ་པར་ཤེས་པ་དང་མཚུངས་པར་ལྡན་པའི་འདུ་ཤེས་རྣམས་ཡིད་ལ་མི་བྱེད་པ་ཡིད་ཀྱི་རྣམ་པར་ཤེས་པ་ནི་རྣམ་པར་རྟོག་པར་བྱེད་པ་ཡིན་པའི་ཕྱིར་རོ། །འདིས་ནི་མི ་མཐུན་པའི་ཕྱོགས་ཉམས་པར་བསྟན་ཏོ། །རྣམ་པར་གཞིག་པའི་ཚུལ་གྱིས་གཟུགས་ལ་སོགས་པའི་ཡུལ་ལ་བདག་མེད་པར་མཐོང་བའི་ཕྱིར་གཉེན་པོ་གང་གིས་གཟུགས་ལ་སོགས་པའི་ཡུལ་གྱི་འདུ་ཤེས་ལས་ཡང་དག་པར་འདས་པ་དེ་ནི་གཉེན ་པོ་སྒོམ་པ་ཡིན་པར་ཤེས་པར་བྱའོ། །ནམ་མཁའ་མཛའ་ཡས་སོ་སྙམ་ནས་ཞེས་བྱ་བ་ནི་སྒོམ་པའི་ཕན་ཡོན་ཡིན་ནོ། །གཞན་དག་ན་རེ་འདི་ཉིད་གཉེན་པོ་སྒོམ་པ་ཡིན་པར་རིགས་སོ་ཞེས་ཟེར་རོ། །ནམ་མཁའ་མཛའ་ཡས་སྐྱེ་མཆེད་བསྒྲུབས་ཏེ་གནས་སོ་ཞེས་བྱ་བ་ནི་དེ་གཉི་ག་དེ ་གནས་ཏིང་ངེ་འཛིན་བཤད་པ་ཡིན་ནོ། །གཞན་དག་ན་རེ་འདི་ཉིད་བསྒོམས་པའི་ཕན་ཡོན་ཡང་ཡིན་ལ་གནས་ཀྱང་ཡིན་ནོ་ཞེས་ཟེར་རོ། །གཞན་དག་ལ་ཡང་དེ་བཞིན་དུ་ཅི་རིགས་པར་ཁོང་དུ་ཆུད་པར་བྱའོ། །བྱམས་པ་དང་ལྡན་པའི་སེམས་ཡངས་པ་ཞེས་བྱ་བ ་ནི་འདོད་པ་ན་སྤྱོད་པའི་བདེ་བ་ཉེ་བར་སྒྲུབ་པའི་ཕྱིར་རོ། །ཆེན་པོར་གྱུར་པ་ཞེས་བྱ་བ་ནི་བསམ་གཏན་དང་པོ་དང་གཉིས་པའི་ས་པ་དགའ་བ་དང་བཅས་པ་ཉེ་བར་སྒྲུབ་པའི་ཕྱིར་ཞེས་བྱ་བའི་ཐ་ཚིག་སྟེ། དེ་གཉིས་ན་དགའ་བ་ཡོད་པའི་ཕྱིར་རོ། །མི་གཉིས་པ ་བསམ་གཏན་གསུམ་པའི་ས་པ་དགའ་བ་མེད་པ་ཉེ་བར་སྒྲུབ་པའི་ཕྱིར་ཞེས་བྱ་བའི་ཐ་ཚིག་གོ་།མི་མཐུན་པའི་ཕྱོགས་ཀྱི་གཉེན་པོ་ཇི་ལྟ་བུ་ཞེ་ན། ཁོ་ན་མེད་པ་ཞེས་བྱ་བ་ཡིན་ནོ། །རྣམ་པར་དག་པ་ཇི་ལྟ་བུ་ཞེ་ན། འགྲན་ཟླ་མེད་པའི་སྒྲིབ་པ་མེད་པ་ཞེས་བྱ་བ་ཡིན་ནོ།། ་འབྲས་བུ་ཡོངས་སུ་འཛིན་པ་ཇི་ལྟ་བུ་ཞེས་ན། གནོད་པ་མེད་པ་ཞེས་བྱ་བ་ཡིན་ནོ། །རང་གི་མཚན་ཉིད་ལ་དམིགས་པ་ནི་འཇིག་རྟེན་ཆོས་ཀྱི་དབྱིངས་དམ་པ་ཞེས་འབྱུང་བའི་ཕྱིར་རོ། །མཛའ་ཡོངས་སུ་མ་ཆད་པ་ནི་ནམ་མཁའ་ཨི་ཁམས་ཀྱི་མཐས་གཏུགས་པ་ཞེས་བྱ་བ ་ཡིན་ནོ། །འཆི་འཕོ་དང་སྐྱེ་བ་མངོན་པར་ཤེས་པ་ལས་རྣམ་པར་དག་པ་ཞེས་བྱ་བ་ནི་གསལ་བར་རབ་ཏུ་མཐོང་བའི་ཕྱིར་རོ། །མིའི་ལས་འདས་པ་ཞེས་བྱ་བ་ནི་རྒྱང་རིང་པོ་མཐོད་བའི་ཕྱིར་ཏེ། ཡུལ་གཞན་དང། འཇིག་རྟེན་གཞན་ན་ཡོད་བ་ཡང་མཐོང་བའི་ཕྱིར་རོ། རེ་ཞིག་གང་གིS ་མཐོང་བ་ནི་དེ་ལྟ་བུ་ཡིན་ནོ། །གང་མཐོང་བ་ལ་འཆི་འཕོ་བ་ལ་སོགས་པ་ནི་འཆི་འཕོ་བ་དང་སྐྱེ་བའི་བྱེ་བྲག་གིས་སོ། །མདོག་སྡུག་པ་དང་མི་སྡུག་པ་ཞེས་བྱ་བ་ནི་ཡིད་དུ་འོང་བ་དང་ཡིད་དུ་མི་འོང་བའི་བྱེ་བྲག་གིས་སོ། །བདེ་བར་སོང་བ་དང་ངན་པར་སོང་བ་ཞེས་བྱ་བ ་ནི་དབང་ཕྱུག་དང་བཀྲེན་པའི་བྱེ་བྲག་གིས་སོ། །བཟང་པོ་དང་ངན་པ་ཞེས་བྱ་བ་ནི་རྒྱ་ཆེ་བ་དང་རྒྱ་མི་ཆེ་བའི་བྱེ་བྲག་གིས་སོ། །ལས་ཇི་ལྟ་བ་བཞིན་ཉེ་བར་འགྲོ་བའི་སེམས་ཅན་རྣམས་ཞེས་བྱ་བ་ནི་ལས་ཀྱི་བྱེ་བྲག་གིས་སོ། །ལུས་ཀྱི་ཉེ ་པར་སྤྱོད་པ་དང་ལྡན་པ་ཞེས་བྱ་བ་ནི་སྲོག་གཅོད་པ་ལ་སོགས་པ་རྣམ་པ་གསུམ་དང་ངོ། །ངག་གི་ཉེས་པར་སྤྱོད་པ་དང་ལྡན་པ་ཞེས་བྱ་བ་ནི་བརྫུན་དུ་སྨྲ་བ་ལ་སོགས་པ་རྣམ་པ་བཞི་དང་ངོ། །ཡིད་ཀྱི་ཉེས་པར་སྤྱོད་བ་དང་ལྡན་པ་ཞེས་བྱ་བ་ནི་བརྣབ ་སེམས་ལ་སོགས་པ་རྣམ་པ་གསུམ་དང་ངོ། །འཕགས་པ་རྣམས་ལ་སྐུར་པ་འདེབས་པ་ཞེས་བྱ་བ་ནི་འཕགས་པ་རྣམས་མེད་དོ་ཞེས་འཕགས་པ་རྣམས་ལ་སྐུར་པ་དང། འཕགས་པ་རྣམས་ལ་མི་སྙན་པ་བརྗོད་པ་དག་གོ་།ལོག་པར་ལྟ་བ་ཅན་ཞེས ་བྱ་བ་ཉེས་པ་བཤད་མ་ཐག་པ་དང། དཀོན་མཆོག་དག་ལ་མ་དད་པས་སོ། །ཡོངས་སུ་སྤྱོད་པའི་བྱེ་བྲག་གི་རྣམ་པ་གསུམ་དང། ཉེས་པར་སྤྱོད་པ་དང་ལེགས་པར་སྤྱོད་པ་དག་གིས་ཚེ་འདི་དང། ཚེ་རབས་གཞན་ཀུན་ཏུ་ཚོལ་བའི་བྱེ་བྲག་གིས་རྣམ་པ ་གཉིས་ཏེ་རྣམ་པ་ལྔའོ། །སྲིད་པ་ཚོལ་བར་གྱུར་པ་དག་ཀྱང་འགྲོ་བ་དང་ཁམས་ཀྱི་བྱེ་བྲག་གིས་རྣམ་པར་གསུངས་སོ། །ཚངས་པར་སྤྱོད་པ་ཚོལ་བར་གྱུར་པ་དག་ཀྱང་ལོག་པ་དང་ཡང་དག་པའི་བྱེ་བྲག་གིས་རྣམ་པ་གཉིས་སོ། །སེམས་ཅན་རྣམ་པ ་དགུ་པོ་འདི་དག་ནི་གོ་རིམ་བཞིན་དུ་ཚིག་དང་པོ་མ་གཏོགས་པ་དགུས་སྟོན་ཏོ། །ཚིག་དང་པོས་ནི་ཕྱིན་ཅི་ལོག་བཤད་དོ། །དེ་ཉིད་ཀྱེ་མ་སེམས་ཅན་འདི་དག་ནི་ལྟ་བ་ངན་པར་ལྷུང་བ་ཞེས་བྱ་བས་སྟོན་ཏོ། །ཕྱིན་ཅི་ལོག་བཞི་ཆར་བསྟན་པ་ཡིན ་ནོ། །དེ་དག་ཀྱང་རབ་ཏུ་ཕྱེ་ནས་ཚིག་གཉིས་ཀྱིས་བཤད་དེ་བློ་གྲོས་མི་མཉམ་པ་ཞེས་བྱ་བས་ནི་གཉིས་སོ། །ཇི་ལྟ་ཞེ་ན་དེ་ལ་འཇིག་ཚོགས་ལ་ལྟ་བ་དང། མཐར་འཛིན་པའི་ལྟ་བ་ནི་བློ་གྲོས་མི་མཉམ་པར་བཤད་དེ། དེ་གཉིས་ཀྱིས་བདག་དང་རྟག ་པར་ཕྱིན་ཅི་ལོག་པ་དག་རབ་ཏུ་ཕྱེ་ཞིང་བསྡུས་སོ། །བསམ་པ་མི་མཉམ་པ་ནི་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པས་བསྡུས་པ་ཡིན་ནོ། །འདིས་ནི་བདེ་བ་དང་གཙང་བར་ཕྱིན་ཅི་ལོག་པ་གཞན་གཉིས་རབ་ཏུ་ཕྱེ་སྟེ། བསམ་པ་མི་མཉམ་པ་ཞེས ་བྱ་བ་འདིས་སྟོན་ཏོ། །དེ་དག་དང་མཐུན་པའི་གཉེན་པོར་དམ་པའི་ཆོས་ནི་མནོར་བའི་ལམ་ཞེས་བྱ་བས་སྟོན་ཏོ། །གཞན་དག་ན་རེ་རྟག་པར་འདུ་ཤེས་པ་དང། བདེ་བར་འདུ་ཤེས་པ་གཉིས་ནི་ངེས་པར་སེམས་པ་ལས་བྱུང་བའི་ཕྱིར་བློ་གྲོས་མི་མཉམ་པས ་རབ་ཏུ་ཕྱེ་བའོ། །བདག་ཏུ་འདུ་ཤེས་པ་དང། གཙང་བར་འདུ་ཤེས་པ་གཉིས་ནི་ངེས་པར་སེམས་པ་མེད་པར་ཡང་འབྱུང་བའི་ཕྱིར་བསམ་པ་མི་མཉམ་པས་རབ་ཏུ་ཕྱེ་བའོ་ཞེས་ཟེར་རོ། །ཚུལ་བཞིན་ཡིད་ལ་བྱེད་པ་ནི་ཡང་དག་པའི་ལྟ་བའི་ལམ་ཞེས་བྱ་བ་འདིས ་སྟོན་ཏོ། །ཡང་དག་པའི་ལྟ་བ་འཇིག་རྟེན་ལས་འདས་པ་ཇི་ལྟར་དེ་བཞིན་ཉིད་ལ་ཞེས་བྱ་བ་འདིས་སྟོན་ཏོ། །ད་ནི་སེམས་ཅན་རྣམ་པ་དགུ་པོ་དེ་དག་ཚིག་དགུ་དང་ཐུན་མོང་མ་ཡིན་པའི་ཡོངས་སུ་སྤྱོད་པ་ལས་བརྩམས་ཏེ་ཞེས་བྱ་བ་ལ་སོགས་སྦྱོར་བར་བྱེད་དེ། དེ་ལ ་མི་འཕྲོད་པ་སྨོས་པས་ནི་མི་མཐུན་པ་ཁྱད་པར་མེད་པར་བསྟན་ལ་དེ་སེམས་དང་དག་གི་བྱེ་བྲག་གིས་མི་མཐུན་པར་འཛིན་པ་དང་རྩོད་པ་དག་གིས་བསྟན་ཏོ། །རྩོད་པ་ནི་མི་མཐུན་པར་སྨྲ་བ་སྟེ་འཐོབ་པའོ། །གནོད་པར་བྱ་བ་མངོན་པར་འདུ་བྱེད་པས་ཞེས་བྱ་བ ་ནི་ཁྲོ་བ་དང་ཁོ་ན་དུ་འཛིན་པ་དག་གིས་སོ། །དེ་དག་དང་འཐུན་པའི་གཉེན་པོ་ནི་བྱམས་པ་ཉེ་བར་སྒྲུབ་པའོ། །ཆོག་མི་ཤེས་པས་ཡོངས་སུ་སྤྱོད་པ་ལས་བརྩམས་ཏེ་ཞེས་བྱ་བ་ལ་སོགས་པ་ལ་གཞན་གྱི་ནོར་ལ་མངོན་པར་འདོད་པ་ཅན་ཞེས་བྱ་བ་ནི་བརྣབ་སེམས་ཀྱིས ་སོ། །ཡང་བའི་འཚོ་བས་རྗེས་སུ་སྤྱོད་པ་ཡིན་ཞེས་བྱ་བ་ནི་ལུས་དང་ངག་གཉིས་ཀྱིས་ཏེ། དེ་ལུས་ཀྱིས་ནི་རྐུ་བ་དང་གཞལ་ལུགས་ལ་གཡོ་བྱེད་པ་དག་གིས་སོ། །ངག་གི་ནི་རྫུན་དུ་སྨྲ་བ་ལ་སོགས་པས་སོ། །དེ་དག་དང་མཐུན་པའི་གཉེན་པོ་ནི་འཚོ་བ་ཡོངས་སུ་དག་ ་པ་ཉིད་དོ། །སོགས་འཇོག་བྱེད་པས་ཡོངས་སུ་སྤྱོད་པ་ལས་བརྩམས་ཏེ་ཞེས་བྱ་བ་ལ་སོགས་པ་ལ་སོགས་འཇོག་བྱེད་པ་ནི་སོགས་པ་སྟེ། དེ་ནི་འདོད་ཆགས་ལ་སོགས་པའི་རྐྱེན་ཡིན་ནོ། །དེ་ཉིད་བཤད་པ་དེ་ལ་མངོན་པར་ཆགས་པ་ཞེས་བྱ ་བ་ནི་འདོད་ཆགས་ཀྱིས་སོ། །དེའི་དགྲ་བོ་དེ་ལ་འདོད་པ་རྣམས་ཞེ་སྡང་གིས་སྡང་ངོ། །དེ་ལ་ཡོན་ཏན་དུ་འཛིན་པ་ནི་གཏི་མུག་གིས་ཏེ། མཐོང་བ་དང་མ་མཐོང་བའི་ལོག་པར་ལྟ་བའི་ལས་ཡང་དག་པར་གླངས་པའི་རྒྱུས་ཞེས་བྱ་བ་ནི་ལོག་པར་ལྟ་བའི་ལས་ལེན་པ་དང ་བྱེད་པའི་རྒྱུས་ཞེས་བྱ་བའི་ཐ་ཚིག་གོ་།ལུས་ཞིག་ནས་ཞེས་བྱ་བ་ནི་ཤི་ནས་ཞེས་བྱ་བའི་ཐ་ཚིག་གོ། ཤི་བའི་འོག་ཏུ་ཤི་མ་ཐག་ཏུ་ཞེས་བྱ་བའི་ཐ་ཚིག་གོ། ཅི་ཞེ་ན། སྨྲས་པ། ངན་སོང་ངན་འགྲོ་རྣམ་པར་ལྟུང་བའི་ཕྱིར་སེམས་ཅན་རྣམས་སུ་སྐྱེའོ། །ཅིག་ཤོས ་ལ་ནི་བཟློག་སྟེ་སྦྱར་བར་བྱའོ། །བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་དུ་ཞེས་བྱ་བ་ལ་འགྲོ་བ་བསྔགས་པ་ནི་བདེ་འགྲོའོ། །ཡོན་ཏན་བསྔགས་པ་སྒྲུབ་པ་ལ་མཐོ་རིས་ཏེ་མཐོ་རིས་ནི་འཇིག་རྟེན་ཡིན་ནོ། །ས་འོག་མ་ལ་དབང་བྱེད་པའི་དབང་བྱེད་པ་ཡོངས་སུ་མི ་འདོར་བ་ཉམས་པ་མེད་པར་ཡོངས་སུ་སྟོན་པར་བྱེད་དོ། །ཞེས་བྱ་བའི་ཐ་ཚིག་གོ། གནོད་པ་བྱེད་དུ་དོགས་པ་ལ་ནི་བཤེས་པ་ལ་ནི་སྙན་པའི་ཚིག་གིས་སྦྱོར་ཏེ་བཤེས་ཤིང་འཇམ་པའི་བསམ་པ་ཉིད་ཅེས་འབྱུང་བའི་ཕྱིར་རོ། །གནོད་པ་བྱེད་པ་ལ་མི ་འཁྲུགས་པ་ནི་མི་གཡོས་པའི་བསམ་པ་ཞེས་བྱ་བ་ཡིན་ནོ། །ཕྱིར་མི་གཤེ་བ་ལ་སོགས་པ་ནི་མི་འཁྲུག་པའི་བསམ་པ་ཞེས་བྱ་བ་ཡིན་ནོ། །ཡིད་མི་བདེ་བ་མི་སྐྱེད་པ་ནི་གཡོ་བ་མེད་པའི་བསམ་པ་ཉིད་ཅེས་བྱ་བ་ཡིན་ཏེ་དེ་ལྟར་ན་གནོད་པ་བྱེད ་པ་ལ་བཟོད་པ་རྣམ་པ་གསུམ་ཡིན་ནོ། །འདས་པ་ལ་ང་རྒྱལ་མེད་པས་ནི་མཐོ་དམན་མེད་པའི་བསམ་པ་ཉིད་ཅེས་བྱ་བ་ཡིན་ནོ། །གཞན་ལས་འདུད་པའི་བྱ་བ་ལ་མི་སྨོན་པ་ནི་སེམས་ཅན་གྱིས་བྱས་པ་ལ་འདོད་པ་མེད་པའི་བསམ་པ་ཉིད་ཅེས་བྱ ་བ་ཡིན་ནོ། །ལན་དུ་ཕན་འདོགས་བྱེད་པར་སྨོན་པ་མེད་པ་ནི་བྱས་པ་ལ་ཕྱིར་བྱེད་པར་རེ་བ་མེད་པའི་བསམ་པ་ཉིད་ཅེས་བྱ་བ་ཡིན་ནོ། །བཅོས་པ་མ་ཡིན་པར་ཕན་གདགས་པར་སྦྱོར་བ་ནི་གཡོ་མེད་པ་ཡིན་ནོ། །ཉེ་མགྲོན་མེད་དེ་མཉམ་པར་ཕན་འདོགས་པར ་འཇུག་པ་ནི་སྒྱུ་མེད་པ་བསམ་པ་ཉིད་ཅེས་བྱ་བ་ཡིན་ནོ། །མི་དགའ་བ་ཆུང་དུ་དང་ཡང་འབྲེལ་པ་མེད་པ་ནི་མང་ལས། ཐིབས་པོ་མེད་པའི་བསམ་པ་ཉིད་ཡོངས་སུ་དག་པར་འགྱུར་རོ་ཞེས་འབྱུང་བའི་ཕྱིར་རོ། །དེ་ནི་བསླབ་པའི་རིམ་པས་བསམ་གཏན་གྱི།། ་ཡོན་ཏན་ལྡན་པ་འོད་བྱེད་ཐོབ་ནས་ནི། །གཏི་མུག་མུན་པ་ལེགས་པར་རྣམ་བཅོམ་སྟེ། །འོད་འཕྲོ་ཅན་གྱིས་དོན་གཉེར་བར་བྱེད། བསམ་གཏན་རྟེན་དང་སའི་ཡོན་ཏན་གཞི། །རྒྱ་ཆེན་སྣ་ཚོགས་མཐུ་ལྡན་ཐོབ་འགྱུར་ཅིང། །ཆོས་ལ་སྣང་བ་གྱུར་པ་རྣམས ་ཐོབ་ནས། །བཞི་པ་འོད་འཕྲོ་ཅན་ནི་གནོད་པར་བྱེད། །ས་བཞི་པ་འདི་ནི་ས་གསུམ་པ་ལ་ཐོས་པ་གཟུང་བ་གང་ཡིན་པ་དེ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པ་དེ་ཏིང་ངེ་འཛིན་རྣམ་པར་དག་པ་ལ་བརྟེན་ནས། རྣམ་པར་དག་པ་གང་ཡིན་པ་ངེས་རབ་ཏུ་ཕྱེ ་བ་ཡིན་གྱི། ཏིང་ངེ་འཛིན་རྣམ་པར་དག་པ་ལ་བརྟེན་ནས་ཐོས་པ་བཟུང་བ་གང་ཡིན་པ་ཞེས་དེ་ལྟར་ཁོང་དུ་ཆུད་པར་བྱ་བ་ནི་མ་ཡིན་ཏེ། དེ་ནི་ཐོས་པའི་རྟེན་ཐོས་པ་ཡིན་གྱི། འོན་ཀྱང་དེའི་རྟེན་ཐོས་པ་ཡིན་ནོ། །ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པ་རྣམ ་པར་དག་པ་ནི་དེ་ལ་བརྟེན་ནས་ཞེས་བྱ་བར་རིག་པར་བྱའོ། །ཁམས་བཅུ་རྣམ་པར་དཔྱད་པ་ལས། ཆོས་ལ་སྣང་བ་བཅུར་ཤེས་བྱ། །སེམས་ཅན་ཁམས་ནི་མ་ལུས་པའི། །རྣམ་འཕེལ་སྐྱེད་པར་བྱེད་པའང་དེ། །འཕེལ་བ་ནི་རྣམ་པ་གཉིས་ཏེ། རྣམ་པར་དག ་པ་འཕེལ་བ་དང། །གཉེན་པོ་སྒོམ་པ་འཕེལ་བའོ། །དེ་ལ་གཉེན་པོ་སྒོམ་པ་འཕེལ་བ་ཡི། །འབྲས་བུ་དེ་བཞིན་གཞན་རྣམ་དྲུག། འོག་ནས་རབ་ཏུ་འབྱེད་པར་འགྱུར་བ་གང་ཡིན་པ་སྟེ། འདིའི་འབྲས་བུ་ནི་ཉོན་མོངས་པ་དང། ལས་ཀྱི་ཀུན་ནས་ཉོན ་མོངས་པ་སྤངས་པའི་མཚན་ཉིད། འབྲས་བུ་རྣམ་པ་གཉིས་སུ་བཤད། །གཞན་རྣམ་པ་བཞི་སྟེ། དེ་ལྟར་ན་མདོར་ན་ས་འོད་འཕྲོ་ཅན་ནི་རྣམ་པ་བཞིས་རྣམ་པར་བཞག་པར་ཤེས་པར་བྱའོ། །ཆོས་ལ་སྣང་བས་འཇུག་པ་བཅུས ་གནན་ཏོ་ཞེས་འབྱུང་བ་དེ་ལ་སྣང་བ་འདི་རྟོགས་པའི་ཡེ་ཤེས་ཏེ། དེས་སར་གཏོགས་པ་དེ་བཞིན་གཤེགས་པས་བསྟན་བའི་ཆོས་རྣམས་སྣང་བར་བྱེད་པའི་ཕྱིར་རོ། །སྣང་བ་དེས་ཆོས་རྣམས་ལ་འཇུག་པས་ན་ཆོས་ལ་སྣང་བས་འཇུག་པའི་ཡེ་ཤེས་ཞེས ་བྱ་བའི་མིང་འཐོབ་གོ་།དེར་གཏོགས་པ་རྟོགས་པའི་ཡེ་ཤེས་དེའི་དབང་དུ་བྱས་ནས། མདོ་སྡེའི་ཆོས་ཀྱི་རྣམ་གྲངས་བཤད་པ་གང་དག་ཡིན་པ་དེ་དག་ལ་འཇུག་པའོ། །ཇི་ལྟ་ཞེ་ན། དེ་དག་དང་དེ་མཚུངས་པར་རྟོགས་པའི་ཕྱིར་རོ། །འདིའི་དོན་ནི་འདི་ཡིན་ཏེ ་དེས་སྔོན་ཆོས་ཀྱི་རྣམ་གྲངས་དེ་དག་གི་དོན་ལུང་གི་སྒོ་ནས་རྟོགས་བའི་ཕྱིར། དེས་ང་རྟོགས་པ་ཐོབ་པ་དང། དེ་བཞིན་གཤེགས་བས་གསུངས་པའི་དོན་རྣམས་ལ་ངེས་པའི་དད་བ་ཆེས་བརྟན་པོ་ལྷག་བར་སྐྱེས་ནས། ཇི་ལྟར་བདག་གིས་རྟོགས་པས་དོན་འདི ་དག་ཡང་དག་པར་རྟོགས་པ་དེ་བཞིན་དུ་བཅོམ་ལྡན་འདས་ཀྱིས་ཀྱང་བཤད་དེ། དེ་ཉིད་ཀྱི་ཕྱིར་དངོས་པོ་ཇི་བ་བཞིན་གསུང་བས་ན་དེ་བཞིན་གཤེགས་པ་ཞེས་བཤད་དོ་ཞེས་ལུང་དང་རྟོགས་པ་གཉིས་དོན་དམ་པའི་དངོས་པོ་ཕྱིན་ཅི་མ་ལོག་པ་སྟོན་པར་བྱེད ་བ་ཉིད་དུ་འཚུངས་པར་རྟོགས་པར་བྱེད་དོ། །དེའི་ཕྱིར་ལུང་གི་ཆོས་རྣམས་དང་རྟོགས་པ་གཉི་ག་ཞེས་བྱ་ཇི་ལྟ་བ་བཞིན་དུ་འཇུག་པའི་ཕྱིར་རོ་ཞེས་བྱ་བ་སྨོས་སོ། །ཁྱད་པར་ནི་འདི་ཡོད་དེ། ལུང་ནི་དོན་དམ་པའི་དངོས་པོ་དེ་ལ་སྨོས་པའི་རྣམ་པར་བརྗོད་པ་ཉིད ་ཀྱིས་འཇུག་ལ། རྟོགས་པ་ནི་མངོན་སུམ་གྱི་རྣམ་པར་དམིགས་པས་འཇུག་པ་ཞེས་བྱ་བ་ཡིན་ནོ། །གཉི་ག་ཡང་སྟོན་པར་བྱེད་པ་ཉིད་དུ་ནི་མཚུངས་སོ་ཞེས་བྱ་བར་རིག་པར་བྱའོ། །རྣམ་པར་དཔྱད་པའི་བྱེ་བྲག་ཅེས་བ་བ་ལ་སོགས་པ་ནི་རྣམ་པར་དབྱད་བའི་བྱེ་བྲག་གིས་དེ ་ཐ་དད་པ་སྟེ། རྣམ་པར་དཔྱད་པར་བྱ་བ་དག་ནི་སེམས་ཅན་གྱི་ཁམས་ལ་སོགས་པའོ། །དེ་ལ་སེམས་ཅན་རྣམས་ནི་ཟིན་པའི་ཕུང་པོ་རྣམས་ལ་བདགས་པས་དེ་ཉིད་ཀྱི་ཕྱིར་སེམས་ཅན་གྱི་ཁམས་སོ། །གནས?་ཀྱི་སྣོད་ཀྱི་འཇིག་རྟེན་ནོ། །རང་བཞིན་ནི་ཆོས་ཀྱི་དབྱིངས་ཏེ། ཆོས་ཐམས ་ཅད་སྟོང་པ་ཉིད་དུ་རོ་གཅིག་པའི་ཕྱིར་རོ། །མཛའ་ནི་ནམ་མཁའ་ཨི་ཁམས་ཏེ། སེམས་ཅན་གྱི་ཁམས་ཚད་མེད་པའི་ཕྱིར་རོ། །ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་གནས་ནི་རྣམ་པར་ཤེས་པ་ཡིན་ཏེ། དེ་སྐད་དུ། དེ་ཡོད་ན་ནི་འགྲོ་ཀུན་དང། མྱ་ངན་ལས་འདས་པ ་འདི་ཐོབ་པར་འགྱུར་ཞེས་གསུངས་ཏེ། དེ་ཀུན་ནས་ཉོན་མོངས་པ་དང། རྣམ་པར་བྱང་བར་འགྱུར་བའི་ཕྱིར་རོ། །ཀུན་ནས་ཉོན་མོངས་པ་ནི་ཁམས་གསུམ་ཡིན་ཏེ། འདིར་ཀུན་ནས་ཉོན་མོངས་པར་འགྱུར་བའི་ཕྱིར་རོ། །རྣམ་པར་བྱང་བ་ནི་གཉིས་ཏེ། ཞེས་བྱ་བ་ནི་རླབས་པོ་ཆེ ་དང་ཆེ་བ་ཉིད་ཀྱི་བསམ་པ་ལ་མོས་བའི་ཁམས་རྣམ་བར་དཔྱད་པ་ལ་སྣང་བས་འཇུག་སྟེ། གོ་རིམ་བཞིན་དུ་ཀུན་ནས་ཉོན་མོངས་པ་མེད་པ་དང་སེམས་ཅན་ཡོངས་སུ་མི་གཏོང་བའི་དབང་དུ་བྱས་པར་རིག་པར་བྱའོ། །དེ་ལ་མྱ་ངན་ལས་འདས་པ་ལ་གཞོལ་བ་ཉིད་ཀྱི ་སྲིད་པ་དང་ལོངས་སྤྱོད་ལ་ཆགས་པ་ལས་རྣམ་པར་གྲོལ་བའི་ཕྱིར་རླབས་པོ་ཆེའི་བསམ་པའོ། །དེ་ཉིད་ཀྱི་ཕྱིར་འདི་ཉན་ཐོས་ལ་སོགས་པ་དང་ཐུན་མོང་མ་ཡིན་པ་ཡིན་ནོ། །སྙིང་རྗེ་ཆེན་པོ་དང། ཐབས་མཁས་པ་སྔོན་དུ་འགྲོ་བའི་ཕྱིར་སེམས་ཅན་ལ་ལྟ་བས ་ཐེག་པ་ཆེན་པོའི་ཆོས་ལ་དམིགས་པའི་ཕྱིར་ཆེན་པོའི་བསམ་པ་སྟེ་དེ་ཉིད་ཀྱི་ཕྱིར་ཐུན་མོང་མ་ཡིན་པའོ། །དེ་བཞིན་གཤེགས་པའི་རིགས་སྐྱེས་པ། །རྣམ་དག་རྣམ་འཕེལ་ཡིན་ཞེས་བྱ། །ཡེ་ཤེས་ཁྱད་ཞུགས་གྱུར་པ་ནི། །ཤེས་བྱའི་སྒྲིབ་པ་འཇོམས་པའི་ཕྱིར།། ་དེ་བཞིན་གཤེགས་པའི་རིགས་ཞེས་བྱ། །དེ་ཉིད་ཕྱིར་ན་དེའི་བདག་ཉིད། །དེ་བཞིན་གཤེགས་པའི་བདག་ཉིད་ཆོས། །གང་གིས་དེ་བཞིན་གཤེགས་པར་ཤེས། །ཡེ་ཤེས་སྨིན་པར་བྱེད་པ་བཅུས། །ཡོངས་སུ་སྨིན་པར་བྱེད་ཅེས་པ། །ཡེ་ཤེས་རྣམ་པ་བཞི་ཡོངས་སུ ་སྨིན་པར་བྱེད་པའི་ཕྱིར་ཏེ། ཐེག་པ་ཆེ་དང་དཀོན་མཆོག་དང། །དེ་བཞིན་དེ་བཞིན་ཉིད་དང་ནི། །རྣམ་པར་བཞག་པའི་བདེན་ཚུལ་ལ། །ཡེ་ཤེས་རྣམས་བཞིར་བཤད་དོ། །དེ་ལ་ཆོས་དང་པོ་གཉིས་པོ་ཞེས་བྱ་བ་ནི་འདི་ལྟ་སྟེ། ཕྱིར ་མི་ལྡོག་པའི་བསམ་པ་ཉིད་ནི་རང་གི་གནས་ལགས་པ་ཡོངས་སུ་སྨིན་པར་བྱེད་པའོ། །དཀོན་མཆོག་གསུམ་ལ་དད་པ་མི་ཕྱེད་པ་མཐར་ཐུག་འགྲོ་བ་ནི་དཀོན་མཆོག་གསུམ་ལ་དད་པ་དང་ལྡན་པ་ཡོངས་སུ་སྨིན་པར་བྱེད་པའོ། །ཆོས་གཉིས་པོ་ཞེས་བྱ་བ་ནི། ་དེ་བཞིན་ཉིད་ཤེས་པ་ཡོངས་སུ་སྨིན་པར་བྱེད་པ་ཞེས་བྱ་བ་སྦྱར་ཏེ། འདུ་བྱེད་ཀྱི་སྐྱེ་བ་དང་འཇིག་པ་ལ་རྣམ་པར་འཇིག་པ་ནི་གང་ཟག་ལ་བདག་མེད་པ་ལ་དམིགས་པ་ཡོངས་སུ་སྨིན་པར་བྱེད་པའོ། །རང་བཞིན་གྱིས་མ་སྐྱེས་པ་རྣམ་པར་འཇིག་པ་ནི་ཆོས་ལ་བདག ་མེད་པ་ལ་དམིགས་པ་ཡོངས་སུ་སྨིན་པར་བྱེད་པའོ། །ལྷག་མ་འཇིག་རྟེན་འབྱུང་བས་རྣམ་པར་འཇིག་པ་ལ་སོགས་པ་དྲུག་ནི་རྣམ་པར་བཞག་པའི་ཤེས་པ་ཡོངས་སུ་སྨིན་པར་བྱེད་པའོ། །ཇི་ལྟ་ཞེ་ན། ཇི་ལྟར་ཀུན་ནས་ཉོན་མོངས་པ་དང་ཞེས་བྱ་བ་ལ་སོགས ་པ་སྨྲས་ཏེ། འཇིག་རྟེན་འབྱུང་བ་རྣམ་པར་འཇིག་པ་ཞེས་བྱ་བ་ནི་སྣོད་ཀྱི་འཇིག་རྟེན་འབྱུང་བའི་ཕྱིར་རོ། །ལས་ཀྱི་སྲིད་པ་སྐྱེ་བ་ལ་རྣམ་པར་འཇིག་པ་ཞེས་བྱ་བ་ནི་སེམས་ཅན་གྱི་འཇིག་རྟེན་འབྱུང་བའི་ཕྱིར་ཏེ། རྒྱུ་དང་བཅས་པའི་སྐྱེ་བ་སྨོས་པའི་ཕྱིར་རོ།། ་སྐྱེ་བའི་རྒྱུ་གང་ཞེ་ན། ལས་ཀྱི་སྲིད་པ་སྟེ་སྣོད་གྱི་འཇིག་རྟེན་ལ་ནི་སྐྱེ་བ་མེད་པའི་ཕྱིར་རོ། །འདི་ནི་རེ་ཞིག་ཀུན་འབྱུང་ཡིན་ནོ། །ཀུན་ནས་ཉོན་མོངས་པ་ནི་གང་ཡིན་རྣཾ་པར་བྱང་བ་ནི་གང་ཡིན་ཞེ་ན། འཁོར་བ་དང་མྱ་ངན་ལས་འདས་པ་རྣམ་པར་འཇིག་པ་ཞེས་བྱ་བའོ། འདིར ་འཁོར་བ་ལ་རྣམ་པར་འཇིག་པས་ནི་ཀུན་ནས་ཉོན་མོངས་པ་འཁོར་བ་བསྟན་ཏོ། དེ་ཡང་སྡུག་བསྔལ་ཡིན། །མྱ་ངན་ལས་འདས་པ་ལ་རྣམ་པར་འཇིག་པས་ནི་རྣམ་པར་བྱང་བ་བསྟན་ཏོ། །ཇི་ལྟར་རྣམ་པར་བྱང་ཞེ་ན། ཞིང་དུ་ལས་ཀྱི་སེམས་ཅན ་ལ་རྣམ་པར་འཇིག་པ་ཞེས་བྱ་བ་ཡིན་ནོ། །ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་ནི་སྔ་ཕྱི་སྟེ། སྔོན་གྱི་མཛའ་དང་ཕྱི་མའི་མཛའ་ལ་རྣམ་པར་འཇིག་པ་ཞེས་བྱ་བ་ཡིན་ནོ། །དངོས་པོ་མེད་པ་དང་ཟད་པ་མེད་པར་རྣམ་པར་འཇིག་པ་ཞེས་བྱ་བ་ནི། བཞག་པ་མེད ་པ་དང་དར་བ་མེད་པ་ཡིན་ནོ། །དེ་ལྟར་རྣམ་པར་བྱང་བ་ཡིན་ཏེ། དེ་ཡང་ལམ་ཡིན་ནོ། །དེ་ལྟར་ན་ཀུན་འབྱུང་བ་དང། སྡུག་བསྔལ་བ་དང། འགོག་པ་དང། ལམ་ཤེས་པ་ནི་རྣམ་པར་བཞག་པའི་བདེན་པའི་ཚུལ་ཤེས་པ་ཡིན་པར་རིག་པར་བྱའོ། །གཉེན་པོ་སྒོམ་པ ་རྣམ་འཕེལ་བ། །ཐབས་དང་བཅས་པར་འདོད་པ་སྟེ། །བྱང་ཆུབ་ཕྱོགས་ནི་དབེན་ལ་སོགས། །ཡོན་ཏན་བཞི་དང་ཡང་དག་ལྡན། །ནང་གི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། བདག་གི་ཆེད་ནི་ནང་སྟེ་བདག་གི་དབང་དུ་བྱས་ནས ་ཞེས་བྱ་བའི་ཐ་ཚིག་གོ། འདི་འབྱུང་བ་ཆེན་པོ་རྣམས་ཀྱིས་བསགས་པས་ན་ལུས་ཏེ་ལུས་དེ་ལའོ། །མཐུན་པར་ལྟ་བ་ནི་རྗེས་སུ་ལྟ་བ་སྟེ། འཚམ་པར་རྟོག་ཅེས་བྱ་བའི་ཐ་ཚིག་སྟེ། རྗེས་ཞེས་བྱ་བ་འདིའི་དོན་ནི་འཚམ་པ་ཡིན་པའི་ཕྱིར་ལ། ལྟ་བའི་སྐད་ཀྱི ་དབྱིངས་ཀྱི་དོན་ཡང་རྟོག་པ་ཡིན་པའི་ཕྱིར་རོ། །འདི་ལ་ལུས་ནི། ཕྱིན་ཅི་ལོག་ལས་བྱུང་བ་རྒྱུ་དང་རྐྱེན་ལས་གྲུབ་པ་གཡོ་བ་མེད་པ། བྱེད་པ་མེད་པ། བདག་པོ་མེད་པ་ཡོངས་སུ་འཛིན་པ་མེད་པ་སྟེ། དཔེར་ན་ཕྱིའི་རྩཝ་དང་ཤིང་གེལ་པ་དང་སྨན་དང། ནགས་ཚལ ་དག་དང་འདྲའོ། །ཞེས་བྱ་བ་ལ་སོགས་པ་ལུས་དང་འཚམས་པར་ཤེས་རབ་ཀྱི་ལྟ་བ་ཡོད་པས་ན་ལུས་ཀྱི་རྗེས་སུ་ལྟ་བ་ཅན་ཞེས་བྱའོ། །རྣམ་པ་གཅིག་ཏུ་ན། དེའི་དང་ཚུལ་ཅན་ཉིད་དུ་ལུས་ལ་རྗེས་སུ་ལྟ་བས་རྗེས་སུ་ལྟ་བའོ། །གནས་སོ་ཞེས་བྱ་བ་ནི་ཇི་སྐད ་བཤད་པ་ཡོན་ཏན་དང་འཚམ་པའི་གནས་ན་འདུག་གོ་ཞེས་བྱ་བའི་ཐ་ཚིག་གོ། ཇི་ལྟ་བུར་གྱུར་ནས་ཤེ་ན་བརྟུན་པ་ཞེས་བྱ་བ་གསུངས་ཏེ། ཡེ་ཤེས་ཀྱི་མེ་གདུང་བར་བྱེད་པ་དང། བརྩོན་འགྲུས་ཀྱི་སྟོབས་ལེ་ལོ་ཟད་པར་བྱེད་པའི་ཡོན་ཏན་དང་ལྡན་པ་དང་ཉེ་བར ་གནས་པར་བྱེད་པའི་ཕྱིར་ཤིན་ཏུ་སྡུག་བསྔལ་ཞེས་བྱ་བའི་ཐ་ཚིག་གོ། འདི་ལ་དེ་དང་ལྡན་པ་ཡོད་པས་ན་བརྟུན་པ་ཅན་ཡིན་ནོ། །ཤེས་བཞིན་ཞེས་བྱ་བ་ནི་ཡང་དག་པ་དང། རབ་ཏུ་ཤེས་པ་ཞེས་བྱ་བའི་ཐ་ཚིག ་གོ་།དྲན་པ་ནི་དྲན་པ་སྟེ་སེམས་པ་ཞེས་བྱ་བའི་ཐ་ཚིག་གོ། འདི་ལ་ཐོས་པ་གཟུང་བའི་གཞུང་རྣམས་མི་བརྗེད་པ་ཡོད་པས་ན་དྲན་པ་དང་ལྡན་པའོ། །རྣམ་པར་སྤངས་ཏེ་ཞེས་བྱ་བ་ནི་རྣམ་པར་བཟློག་སྟེ་ཞེས་བྱ་བའི་ཐ་ཚིག་གོ་།མངོན་དུ་འབྲེལ ་བ་ནི་བརྣབ་སེམས་ཏེ། ལུས་ལ་དའོ་བདག་གིའོ་སྙམ་དུ་ཤིན་ཏུ་སེམས་པ་ཞེས་བྱ་བའི་ཐ་ཚིག་གོ་།ཡིད་མི་བདེ་བའི་དངོས་པོ་ནི་ཡིད་མི་བདེ་བ་ཉིད་དེ། རྣམ་པར་སྤངས་ཏེ་ཞེས་བྱ་བའི་ཐ་ཚིག་གོ། ཇི་ལྟ་ཞེ་ན། ལུས་ཀྱི་རྗེས་སུ་ལྟ་བ་ཉིད་ཀྱིས ་ནི་འདི་ལ་དའོ་བདག་གིའོ་སྙམ་པ་མི་འབྱུང་ངོ། །དེ་མེད་པའི་ཕྱིར་ལུས་ཞིག་ན་ཡང་ལུས་མི་བདེ་བར་མི་འགྱུར་རོ། །དེ་ལྟར་ལུས་ཀྱི་རྗེས་སུ་ལྟ་བ་ཉིད་ཀྱིས་བརྣབ་སེམས་དང་ཡིད་མི་བདེ་བདག་སྤངས་ཏེ་ནང་གི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་སུ ་ཞེས་བྱ་བ་ནི་ནང་དང་འབྲེལ་བའི་ཉོན་མོངས་པ་རྣམས་ཀྱི་གོ་སྐབས་དབྱེ་བ་དགག་པའི་ཕྱིར་རོ། །ཕྱིའི་ཞེས་བྱ་བ་ནི་ཕྱི་དང་འབྲེལ་བའི་ཉོན་མོངས་པ་རྣམས་དང་ལྷན་ཅིག་མི་འགྲོགས་པར་བྱ་བའི་ཕྱིར་རོ། །ལྷག་མ་ནི་སྔ་མ་བཞིན་དུ་ཤེས་པར་བྱའོ།། ་ནང་དང་ཕྱིའི་ཞེས་བྱ་བ་ནི་ཅིག་ཅར་དུ་གོ་སྐབས་དབྱེ་བ་དགག་པའི་ཕྱིར་དང། མི་འགྲོགས་པར་བྱ་བའི་ཕྱིར་རོ། །དེ་བཞིན་དུ་ནང་གི་ཚོར་བ་རྣམས་ཞེས་བྱ་བ་ལ་ཚོར་བས་ན་ཚོར་བ་སྟེ། འདོད་པ་དང་མི་འདོད་པ་གཉི་ག་མ་ཡིན་པ་ཉམས་སུ་མྱོང་བ་ཉིད་ཅེས་བྱ་བའི ་ཐ་ཚིག་གོ། དེ་ཡང་ཉམས་སུ་མྱོང་བའི་བྱ་བྲག་ཁོ་ན་རྣམ་པ་གསུམ་ཡིན་ཏེ། བདེ་བ་དང་སྡུག་བསྔལ་དང། སྡུག་བསྔལ་ཡང་མ་ཡིན་པ་དང་གོ་རིམ་བཞིན་ནོ། །ཚོར་བའི་རྗེས་སུ་ལྟ་ཞིང་གནས་སོ་ཞེས་བྱ་བ་སྔ་མ་བཞིན་ནོ། །དེ་ཅི་ཞེ་ན། སྡུག་བསྔལ་དུ་ལྟ ་བའོ། །ཇི་ལྟ་ཞེ་ན་འདི་ལ་བྱང་ཆུབ་སེམས་དཔའ་ནི་འདི་སྙམ་དུ་གང་ཅི་ཚོར་ཡང་རུང་སྟེ་དེ་ཐམས་ཅད་སྡུག་བསྔལ་ལོ་སྙམ་དུ་སེམས་སོ། །ཅིའི་ཕྱིར་ཤེ་ན། སྡུག་བསྔལ་ཉིད་གསུམ་དང་རྗེས་སུ་འབྲེལ་པའི་ཕྱིར་རོ། །ཇི་ལྟ་ཞེ་ན། སྡུག་བསྔལ་གྱི་སྡུག་བསྔལ ་ཉིད་ནི་འབྲས་ཀྱི་ཐོག་ཏུ་ཕོལ་མིག་དང་འདྲ་སྟེ། དེ་ནི་སྐྱེ་བས་རབ་ཏུ་ཕྱེ་བ་ཡིན་ནོ། །འགྱུར་བའི་སྡུག་བསྔལ་ཉིད་དུ་མི་འབྲལ་བར་སྲེད་པ་དང་རྗེས་སུ་འབྲེལ་བའི་ཕྱིར་དེ་ནི་འཇིག་པས་རབ་ཏུ་ཕྱེ་བ་ཡིན་ནོ། །འདུ་བྱེད་ཀྱི་སྡུག་བསྔལ་ཉིད་ནི་མདོར་ན་ཉེ་བར ་ལེན་པའི་ཕུང་པོ་ལྔ་ནི་སྡུག་བསྔལ་བའོ། །ཞེས་འབྱུང་བའི་ཕྱིར་རོ། །འདུ་བྱེད་དང་འབྲེལ་བས་རབ་ཏུ་ཕྱེ་བ་ཡིན་ནོ། །དེ་ཡང་ཁྱད་པར་དུ་བསམ་གཏན་དང་གཟུགས་མེད་པ་བཞི་དག་ཏུ་བདེ་བ་ཡང་མ་ཡིན་སྡུག་བསྔལ་ཡང་མེ་ཡིན་པར་རྣམ་པར་བཞག ་སྟེ། དེ་དག་ན་དེ་སྲིད་པ་ཁོ་ནའི་ཕྱིར་རོ། །འགྲོ་བ་སྡུག་བསྔལ་ཉིད་གསུམ་པོ་འདི་དག་དང་རྗེས་སུ་འབྲེལ་བའི་ཕྱིར་ཤེས་རབ་ཀྱིས་ཚོར་བ་དང་འཚམ་པར་སྡུག་བསྔལ་དུ་བལྟ་ཞིང་རྟོག་པ་ཡོད་པས་ན་ཚོར་བའི་རྗེས་སུ་ལྟ་བ་ཅན་ཞེས་བྱའོ། །འདིར ་བརྣབ་སེམས་ནི་བདེ་བའི་ཚོར་བ་དང། དེའི་རྒྱུ་གཟུགས་ལ་སོགས་པ་ཡུལ་རྣམས་དང། དེ་གཉི་གའི་རྟེན་ལུས་ལ་མངོན་པར་ཆགས་པའོ། །ཚོར་བའི་རྗེས་སུ་ལྟ་བ་ཉིད་ཀྱིས་ནི་འདི་ལ་བདེ་བའི་ཚོར་བ་དང། དེའི་རྒྱུ་དང་དེ་གཉི་གའི་རྟེན་ལུས་ལ་མངོན ་པར་ཆགས་པ་མི་འབྱུང་ངོ། །དེ་མེད་པའི་ཕྱིར་བདེ་བའི་ཚོར་བ་ཡོངས་སུ་གྱུར་པ་དང། དེའི་རྒྱུ་རྣམས་དང་གཉི་གའི་རྟེན་ལུས་ཡོངས་སུ་གྱུར་ན་ཡིད་མི་བདེ་བར་མི་འགྱུར་རོ། །ལྟག་མ་ནི་ཐ་མ་བཞིན་ནོ། །ནང་གི་སེམས་ཞེས་བྱ་བ་ལ་སེམས་པར ་བྱེད་པས་ན་སེམས་སོ། །རིག་པ་སྟེ་ཤེས་པར་བྱེད་ཅེས་བྱ་བའི་ཐ་ཚིག་གོ། རྣམ་པ་གཅིག་ཏུ་ན་དགེ་བ་དང་མི་དགེ་བ་དང། མི་གཡོ་བའི་འདུ་བྱེད་རྣམས་སོགས་པར་བྱེད་པས་ན་སེམས་སོ། །ལྷག་མ་ནི་སྔ་མ་བཞིན་ནོ། །ནང་གི་ཆོས་རྣམས་ཞེས་ ་བྱ་བ་ནི། རང་གི་མཚན་ཉིད་འཛིན་པར་བྱེད་པ་དང། གཞན་གྱི་རྐྱེན་གྱིས་དངོས་པོ་ཡང་ཡིན་པས་ཆོས་དག་སྟེ། ཡོངས་སུ་མི་འདོར་བ་ཞེས་བྱ་བའི་ཐ་ཚིག་གོ་།ཆོས་དེ་དག་ལ་ཡིན་གྱི་བདག་ལ་སོགས་པ་ལ་ནི་མ་ཡིན་ནོ། །ལྷག ་མ་ནི་སྔ་མ་བཞིན་ནོ། །དེ་སྡིག་པ་མི་དགེ་བའི་ཆོས་མ་སྐྱེས་པ་རྣམས་ཞེས་བྱ་བ་རྒྱས་པར་འབྱུང་ལ། འདུད་པ་སྐྱེད་དོ་ཞེས་བྱ་བ་འདི་ནི་ཚུལ་བཞིན་ཡིད་ལ་བྱེད་པའི་ཚིག་བླ་དགས་ཡིན་ནོ། །འབད་དོ་བརྩོན་འགྲུས་རྩོམ་མོ་ཞེས་བྱ་བ་འདི་ནི་ཚུལ་བཞིན་ཡིད ་ལ་བྱེད་པ་མི་འདོར་བ་ཡིན་ནོ། །སེམས་རབ་ཏུ་འཛིན་ཏོ་ཡང་དག་པར་རབ་ཏུ་འཇོག་གོ་ཞེས་བྱ་བ་འདི་ནི་ཚུལ་བཞིན་དུ་སོ་སོར་རྟོག་པའི་ཚིག་བླ་དགས་སོ། །དེ་ཅིའི་ཕྱིར་ཞེ་ན། ཚུལ་བཞིན་ལ་རབ་ཏུ་བརྩོན་པ་ནི་སྡིག་པ་མི་དགེ་བའི་ཆོས་རྣམས་ཀུན ་ཏུ་མི་སྤྱོད་པའི་ཕྱིར་རོ། །སྡིག་པ་དེ་དག་ཀྱང་ཚུལ་ཁྲིམས་ཀྱི་མི་མཐུན་པའི་ཕྱོགས་དང། ཏིང་ངེ་འཛིན་གྱི་མི་མཐུན་པའི་ཕྱོགས་དང། ཤེས་རབ་ཀྱི་མི་མཐུན་པའི་ཕྱོགས་ཏེ། ཚུལ་ཁྲིམས་ཀྱི་མི་མཐུན་པའི་ཕྱོགས་ནི་གང་འདིའི་ཚུལ་ཁྲིམས ་ཉམས་པ་དང། ཚུལ་ཁྲིམས་ཉམས་པའི་རྒྱུ་གང་དག་ཡིན་པ་ཚུལ་ཁྲིམས་ཀྱི་ཕུང་པོའི་མི་མཐུན་པའི་ཕྱོགས་སུ་གྱུར་པ་གཞན་དང་གཞན་དག་ཀྱང་ཡིན་ཏེ། འདི་ནི་ཚུལ་ཁྲིམས་ཀྱི་མི་མཐུན་པའི་ཕྱོགས་ཞེས་བྱའོ། །ཏིང་ངེ་འཛིན་གྱི ་མི་མཐུན་པའི་ཕྱོགས་ནི། །གང་འདི་ཀུན་ཏུ་སྤྱོད་པ་ཉམས་པ་དང། སེམས་གཡེང་བའི་སྒྱུ་གཞན་དང་གཞན་དག་ཀྱང་ཡིན་ཏེ། འདི་ནི་ཏིང་ངེ་འཛིན་གྱི་མི་མཐུན་པའི་ཕྱོགས་ཞེས་བྱའོ། །ཤེས་རབ་ཀྱིས་མི་མཐུན་པའི་ཕྱོགས་ནི་གང་འདི་ལྟ་བ ་ཉམས་པ་དང། ལྟ་བ་ཉམས་པའི་སྒྱུ་གཞན་དང་གཞན་དག་ཀྱང་ཡིན་ཏེ། འདི་ནི་ཤེས་རབ་ཀྱི་མི་མཐུན་པའི་ཕྱོགས་ཞེས་བྱའོ། །དེ་དག་ནི་སྡིག་པ་མི་དགེ་བའི་ཆོས་རྣམས་ཞེས་བྱའོ། །ཚུལ་བཞིན་ཡིད་ལ་བྱེད་པ་གང་གིས་དེ་ལྟ་བུ་མ་སྐྱེས་པ་དེ་དག ་སྐྱེ་བའི་གོ་སྐབས་མི་འབྱེད་པ་འདི་ནི་ཡང་དག་པར་སྤོང་བ་དང་པོ་ཡིན་ནོ། །ལྷག་མ་ནི་འདི་ཁོ་ན་ལས་རྗེས་སུ་རྟོགས་པར་བྱའོ། །འདུན་པའི་ཏིང་ངེ་འཛིན་སྤོང་བའི་འདུ་བྱེད་དང་ལྡན་པ་ཞེས་བྱ་བ་ལ་སོགས་པ་ལ་འདུན་པ་ནི་བྱེད་པར་འདོད་པ་ཉིད་དོ། །ཏིང་ངེ་འཛིན་ནི་སེམས་རྩེ ་གཅིག་པ་ཉིད་དོ། །འདུན་པའི་དབང་གྲུབ་པའི་ཏིང་ངེ་འཛིན་ནི། འདུན་པའི་ཏིང་ངེ་འཛིན་ཏོ། །དེས་ཉོན་མོངས་པ་སྤངས་པའི་ཕྱིར་འདུ་བྱེད་དེ་དང་ལྡན་པའོ། །རྫུ་འཕྲུལ་གྱི་རྐང་པ་ཞེས་བྱ་བ་འདི་ཅི་ཞེ་ན། རྫུ་འཕྲུལ་གྱི་རྐང་པ་སྟེ་ཡན་ལག་ཅེས་བྱ་བའི་ཐ ་ཚིག་གོ། །དེ་སྒོམ་མོ་ཞེས་བྱ་བ་ནི་གོམས་པར་བྱེད་དོ་ཞེས་བྱ་བའི་ཐ་ཚིག་གོ། །དབེན་པ་ལ་གནས་པ་ཞེས་བྱ་བ་ནི་བསམ་གཏན་དང་པོ་དང་ལྡན་པའི་ཕྱིར་ཏེ། འདོད་པ་དང་སྡིག་པ་མི་དགེ་བ་ལས་དབེན་པའི་ཕྱིར་རོ། །འདོད་ཆགས་དང་བྲལ་བ་ལ་གནས ་པ་ནི་བསམ་གཏན་གཉིས་པ་དང་ལྡན་པའི་ཕྱིར་རོ། །རྟོག་པ་དང་དཔྱོད་པ་དང་བྲལ་བའི་ཕྱིར་ཏེ། གཉིས་པ་ནི་འདོད་ཆགས་དང་བྲལ་བ་གང་ཡིན་པ་དེ་ལ་བྲལ་བ་ཞེས་བྱ་བའི་ཕྱིར་རོ། །འགོག་པ་ལ་གནས་པ་ནི་བསམ་གཏན་གསུམ་པ་དང་ལྡན་པའི ་ཕྱིར་རོ། །དེ་དགའ་བའི་འདོད་ཆགས་དང་བྲལ་བའི་ཕྱིར་ཏེ། དེ་ན་འདོད་ཆགས་དང་བྲལ་བ་གང་ཡིན་པ་དེ་ལ་འགོག་པ་ཞེས་བྱ་བའི་ཕྱིར་རོ། །བསམ་གཏན་བཞི་པ་ལ་སོགས་པ་དང་ལྡན་པའི་ཕྱིར། སྤངས་ཟིན་པ་ལ་ཡེ་ཤེས་སྔོན་དུ་འགྲོ་བས་སྤོང ་བའོ། །སྤངས་ཟིན་པ་ལ་ཡེ་ཤེས་མངོན་དུ་འགྲོ་བས་སྤོང་ཞེས་བྱ་བའི་ཐ་ཚིག་སྟེ། བསམ་གཏན་བཞི་པ་ལ་བདེ་བ་དང། སྡུག་བསྔལ་དང། ཡིད་མི་བདེ་བ་སྤངས་པ་ལ། སྤངས་པ་དེ་ཡང་དེ་དང་མི་ལྡན་པའི་ཕྱིར་རོ། །གཞན་དག་ལ་ཡང་དེ་བཞིན ་དུ་ཅི་རིགས་པར་བརྗོད་པར་བྱའོ། །དད་པ་ནི་སེམས་དང་བ་གང་ཡིན་པའོ། །དབང་བྱེད་པས་ན་དབང་ངོ། །ཡང་ན་དབང་ཡོད་པས་ན་དབང་ངོ། །དབང་ཉིད་དབང་པོ་ཡིན་ཏེ། དབང་ཕྱུག་དང་ལྡན་པ་དང། དབང་ཕྱུག་ཐོབ་པ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལ་དད ་པས་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་དད་པར་བྱེད། བརྩོན་འགྲུས་ཀྱིས་ནི་སྒྲུབ་པར་བྱེད། དྲན་པས་ནི་ཆུད་མི་ཟ་བར་བྱེད། །ཏིང་ངེ་འཛིན་གྱིས་ནི་རྩ་གཅིག་ཏུ་བྱེད། ཤེས་རབ་ཀྱིས་ནི་སོ་སོར་རྟོག་པར་བྱེད་དེ། དེ ་ལྟར་ན་འདི་དག་རང་གི་བྱ་བ་བྱེད་ནུས་པའི་ཕྱིར་དབང་པ་ཉིད་ཡིན་ནོ། །དེ་དག་ཉིད་དབང་པོ་རྣོན་པོ་རྒྱུད་ལ་ཡོད་པ་རྣམས་བདུད་དང་རབ་ཏུ་རྒོལ་བ་ཐམས་ཅད་ཀྱིS་མི་རྫི་བའི་ཕྱིར་སྟོབས་རྣམས་ཞེས་བྱ་སྟེ། དེ་ལྟ་བས་ན་དད་པའི་སྟོབས་སྒོམ་མོ ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དག་པས་ན་ལམ་མོ། །ཡང་ན་འདིས་སམ་འདི་ཡོད་ན་དག་པར་འགྱུར་བའི་ལམ་སྟེ། སེམས་རྣམ་པར་དག་པའི་ཐབས་ཡིན་པའི་ཕྱིར་རོ། །དེ་ཡང་བསྒོམ་པའི་ལམ་ཡན་ལག་བརྒྱད་པ་ཡིན་པས་དེའི་ཕྱིར་ཡང ་དག་པའི་ལྟ་བ་སྒོམ་ཞེས་བྱ་བ་ལ་སོགས་པ་འདི་གསུངས་སོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་འདི་ཉིད་དགེ་བ་གསུམ་དང་ཕུང་པོ་གསུམ་གྱིས་བསྡུས་ཏེ། དགེ་བ་གསུམ་ནི་མ་ཆགས་པ་ལ་སོགས་པ་དགེ་བའི་རྩ་བ་རྣམས་སོ། །ཕུང་པོ་གསུམ ་ནི་ཏིང་འཛིན་ལ་སོགས་པའོ། །དེ་ལ་མ་ཆགས་པ་ནི་ཁམས་གསུམ་པ་ལ་སེམས་མངོན་པར་མ་ཆགས་པ་གང་ཡིན་པའོ། །འདི་གང་གི་རྩ་བ་ཡིན་ཞེ་ན། དེ་ལ་སྐྱེས་པ་ལུས་དང་ངག་དང་ཡིད་ཀྱི་ལས་དགེ་བ་རྣམས་དང། ལམ་གྱི་ཡན་ལག་གསུམ ་པོ་ཡང་དག་པའི་རྟོག་པ་དང། ཡང་དག་པའི་རྩོལ་བ་དང། ཡང་དག་པའི་ཏིང་ངེ་འཛིན་གྱི་རྩ་བ་ཡིན་ཏེ། འདི་རྣམས་ནི་ཏིང་ངེ་འཛིན་གྱི་ཕུང་པོ་ཞེས་བྱ་བ་དག་གོ་།དེ་སྡང་མེད་པ་ནི་སེམས་ཅན་རྣམས་དང་འདུ་བྱེད་རྣམས་ལ་གནོད་པ་མེད་པ་གང་ཡིན་པའོ།། ་གང་གི་རྩ་བ་ཡིན་ཞེ་ན། ལུས་དང་ངག་དང་ཡིད་ཀྱི་ལས་དགེ་བ་ཡང་དག་པའི་དག་དང་ཡང་དག་པའི་ལས་ཀྱི་མཛའ་དང། ཡང་དག་པའི?་འཚོ་བའི་རྩ་བ་ཡིན་ཏེ། འདི་རྣམས་ནི་ཚུལ་ཁྲིམས་ཀྱི་ཕུང་པོ་ཞེས་བྱ་བ་དག་གོ་།གཏི་མུག་མེད་པ་ནི་འཕགས ་པའི་བདེན་པ་བཞི་དག་ལ་ཡང་དག་པ་ཇི་ལྟ་བ་བཞིན་ཤེས་པ་མཐོང་བ་སྟེ། གཏི་མུག་མེད་པ་ལས་སྐྱེས་པ་ལུས་དང་ངག་དང་ཡིད་ཀྱི་ལས་དགེ་བ་དང། ལམ་གྱི་ཡན་ལག་གཉིས་པོ་ཡང་དག་པའི་ལྟ་བ་དང། ཡང་དག་པའི་དྲན་པའི་རྩ་བ་ཡིན་ནོ། །འཕགས་པའི་ལམ ་ཡན་ལག་བརྒྱད་པ་སྒོམ་པ་ན། ལུས་ཡོངས་སུ་བསྒོམ་པ་ཡིན་ཏེ། ཡན་ལག་གཉིས་པོ་ཡང་དག་པའི་ལས་ཀྱི་མཛའ་དང། ཡང་དག་པའི་རྩོལ་བ་བསྒོམས་པའི་ཕྱིར་རོ། །ཚུལ་ཁྲིམས་བསྒོམས་པ་ཞེས་བྱ་བ་ནི། ཡང་དག་པའི་དག་དང། ཡང་དག་པའི ་འཚོ་བ་བསྒོམས་པའི་ཕྱིར་རོ། །སེམས་བསྒོམས་པ་ཞེས་བྱ་བ་ནི། ཡང་དག་པའི་རྟོག་པ་དང། ཡང་དག་པའི་ཏིང་ངེ་འཛིན་བསྒོམས་པའི་ཕྱིར་རོ། །ཤེས་རབ་བསྒོམས་པ་ཞེས་བྱ་བ་ནི་ཡང་དག་པའི་ལྟ་བ་དང། ཡང་དག་པའི་དྲན་པ་བསྒོམས་པའི་ཕྱིར་རོ།། ་དེ་ལ་ཚུལ་ཁྲིམས་ཀྱི་ཕུང་པོ་དང། ཏིང་ངེ་འཛིན་གྱི་ཕུང་པས་ནི་རྟོགས་པ་མྱུར་བ་དང། རྟོགས་པ་དག་པར་འགྱུར་རོ། །ཤེས་རབ་ཀྱི་ཕུང་པོས་ནི་རྟོགས་པ་ཆེན་པོ་དང། རྟོགས་པ་རྒྱ་ཆེ་བ་དང། མ་ལུས་པ་རྟོགས་པར་འགྱུར་ཏེ། དེ་ལྟར་ན་འཕགས་པའི ་ལམ་ཡན་ལག་བརྒྱད་པ་སྒོམ་པ་ན་རྟོགས་པ་ལྔ་ཐོབ་པར་འགྱུར་རོ། །དེ་ལྟར་ན་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པ་སྒོམ་པ་དབེན་པ་ལ་སོགས་པ་ཡོན་ཏན་བཞི་དང་ལྡན་པར་ཤེས་པར་བྱའོ། །འབྲས་བུ་ནི་རྣམས་གཉིས་སུ་བརྗོད་དེ། ཉོན་མོངས་པའི་ཀུན ་ནས་ཉོན་མོངས་པ་སྤངས་པའི་མཚན་ཉིད་དང། ལས་ཀྱི་ཀུན་ནས་ཉོན་མོངས་པ་སྤངས་པའི་མཚན་ཉིད་དོ། །དེའི་ཐབས་ཀྱི་དབང་དུ་བྱས་ནས་ཞེས་བྱ་བ་ནི་ཞིང་ཡོངས་སུ་དག་པར་བྱེད་པ་དང། སངས་རྒྱས་ཀྱི་ཆོས་མངོན་པར་སྒྲུབ་པ་དེ་གཉིས་ཀྱི་ཐབས་གང ་ཡིན་པ་དེའི་དབང་དུ་བྱས་ནས་སོ། །ས་ལ་ཆོག་པར་མི་འཛིན་པར་སྒྲུབ་པ་ཞེས་བྱ་བ་འདིས་ནི་ས་བདུན་པའི་བར་བསྡུས་ཏེ། གོང་ནས་གོང་དུ་ཁྱད་པར་ཅན་གྱི་ཆོས་ཡོངས་སུ་ཚོལ་བ་ཉིད་ཀྱིས་བསྟན་ཏོ། །ཕྱིར་མི་ལྡོག་པའི་ས་ནི་བརྒྱད་པ་སྟེ། དེར་སངས་རྒྱས ་ཀྱི་ཆོས་ཟབ་མོའི་རྣམ་པར་ཐར་པ་ཐོབ་པའི་ཕྱིར་རོ། །སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའི་སྒྲུབ་པ་ས་ནི་ས་དགུ་པ་དང་བགུ་པ་བསྟན་ཏེ། དེ་གཉིས་ནི་ཐབS་ལ་མཁས་པ་ཆེན་པོས་རྣམ་པར་དཔྱོད་པ་སོ་སོ་ཡང་དག་པར་རིག ་ཕ་དང་ཐམས་ཅད་ཀྱི་གསང་བ་རྟོགས་པ་ཐོབ་པའི་ཕྱིར་རོ། །ཡོངས་སུ་འཛིན་པ་ནི་གསུམ་དང་སྒྱན?་ཏེ། ཇི་ལྟ་ཞེ་ན་དེའི་ཕྱིར་སྨྲས་པ། སོ་སོར?་རྣ?་རྟོག་པའི་ཕྱིར་ན་རྟག་པར་འཛིན་པ་རྣམས་སོ། །བདག་གི་ཉིད་དུ་ཁས་ལེན་པའི་ཕྱིར་ན་བདག་གིར་འཛིན་པ་རྣམས་སོ།། ་ནོར་བཞིན་དུ་འཛིན་པའི་ཕྱིར་ན་ནོར་དུ་འཛིན་པ་རྣམས་སོ། །ཉེས་དམིགས་ནི་སྟེན་གྱི་གནས་སོ། །སྟོན་པ་ལ་གུས་པ་ནི་བཅས་པའི་ཁ་ན་མ་ཐོ་བ་རྣམས་སངས་རྒྱས་ཀྱི་སྨད་པ་ཉིད་ཀྱི་ཕྱིར་རོ། །ཁན་མ་ཐོ་བས་འཇིགས་བ་ནི་རང་བཞིན་གྱི་ཁ་ན་མ་ཐེ་བ་རྣམས ་ཀུན་ནས་ཉོན་མོངས་པ་དང་ལྡན་པ་ཉིད་ཀྱི་ཕྱིར་རོ། །འདི་གཉིས་ཀྱིས་ནི་བྱ་བའི་ཆ་མ་ཡིན་པ་ཉིད་ཁོ་ནར་བསྟན་ཏོ། །བྱ་བར་འོས་པ་ཉིད་ཀྱང་རྒྱུ་གཉིས་ཀྱི་ས་བསྟན་ཏེ། སྟོན་པས་བསྔགས་པ་དང། ཚོགས་དང་མཐུན་པས་སོ། །འཇམ་པའི་སེམས ་ཉིད་དེ་ཡང་རྒྱུ་གསུམ་གྱིས་ཞེས་བྱ་བ་ལ་སོགས་པ་ལ། བདེ་བར་གནས་པའི་ཁྱད་པར་ནི། མཉེན་པའི་སེམས་ཞེས་གང་གསུངས་པའོ། །ཏིང་ངེ་འཛིན་ལ་དབང་བའི་ཁྱད་པར་ནི་ལས་སུ་རུང་བའི་སེམས་གང་གསུངས་པའོ། །ཉེས་པ་རྣམ ་པར་འབྲི་བའི་གཉེན་པོའི་ཁྱད་པར་ནི་ཕན་པ་དང་བདེ་བ་སྐྱེད་པའི་སེམས་ཞེས་བྱ་བའོ། །ཉེས་པ་རྣམ་པར་འབྲི་བ་ཡང་ཚིག་འདིས་སྦྱོར་བ་བསྟན་པ་ཡིན་པས་ཚིག་འདིས་ནི་ཡན་ལག་ཡིན་ནོ། །ཚིག་ལྷག་མ་རྣམས་ཀྱིས་ནི་ཉེས་པ་རྣམས ་རྣམ་པ་དྲུག་དུ་ཕྱེ་ནས་འདི་ཉིད་རྣམ་པར་འབྱེད་པར་བྱེད་དོ། །དེ་ལ་ཆོས་སྟོན་པའི་དུས་ན་ཟང་ཟིང་དང་བཅས་པ་ལ་ཉོན་མོངས་པ་རམ་ཀླན་ཀ་ཚོལ་བ་ལ་ཉོན་མོངས་པ་སྟེ་འམ་ཞེས་བྱ་བ་ནི་བསྡུ་བ་ཡིན་ནོ། །ཉེས་པ་འདི་གཉིས་ཀྱི་གཉེན་བོར ་ཡོངས་སུ་ཉོན་མོངས་པ་ཅན་མ་ཡིན་པའི་སེམས་ཞེས་གསུངས་ཏེ། ཟང་ཟིང་རབ་ཏུ་སྦྱིན་པ་དག་དང། ཀླ་ན་ཀ་ཚོལ་བའི་བསམ་པ་དག་ལ་རྗེས་སུ་ཆགས་པ་དང་ཁོང་ཁྲོ་བ་མེད་པས་ཡོངས་སུ་ཉོན་མོངས་པ་ཅན་མ་ཡིན་པའི་ཕྱིར་རོ། །སྦྱིན་པ་ལ་སོགས ་པ་དང། འདོད་པ་ཆུང་བ་ལ་སོགས་པའི་ཡོན་ཏན་རྣམས་དང། ཡེ་ཤེས་ཀྱི་ཆོག་པར་འཛིན་པ་ནི་ཉེས་པ་སྟེ། དེའི་གཉེན་པོར་ཚིག་གཉིས་ཏེ། གོང་ནས་གོང་དུ་ཁྱད་པར་ཡོངས་སུ་ཚོལ་བའི་སེམས་དང་ལྡན་པ་ཡིན། ཡེ་ཤེས་ཀྱི་ཁྱད་པར་མངོན ་པར་འདོད་པའི་སེམས་དང་ལྡན་པ་ཡིན་ཞེས་གང་གསུངས་པའོ། །སྐྱོ་བ་ནི་ཉེས་པ་སྟེ་དེའི་གཉེན་པོར་འགྲོ་བ་ཐམས་ཅད་ཡོངས་སུ་སྐྱོབ་པའི་སེམས་ཞེས་གསུངས་ཏེ། སེམས་ཅན་གྱི་དོན་དུ་ཡུན་རིང་པོར་དཀའ་བ་མང་པོ་ཁས་བླངས་པའི ་ཕྱིར་རོ། །རང་གི་ལྟ་བ་མཆོག་ཏུ་འཛིན་པ་ནི་ཉེས་པ་སྟེ་དེའི་གཉེན་པོར་བླ་མ་ལ་གུས་པ་དང་མཐུན་པའི་སེམས་ཞེས་གསུངས་ཏེ། ཆོས་དང་མཐུན་པའི་ཆོས་སྤྱད་པའི་དོན་དུ་བརྩོན་བགྲུས?་རྩོམ་པ་བྱེད་པའི་ཕྱིར་རོ། །བྱས་པ་གཟོ་བ་ཞེས་བྱ་བ་ནི ་ཡན་ལག་སྟེ། དེ་ལ་ཕན་གདགས་པར་ཡིད་ལ་བྱེད་པའི་ཕྱིར་རོ། །བྱས་པ་ཤེས་པའི་ཕྱིར་བྱས་པ་ཚོར་བའོ། །སེམས་རྗེས་སུ་སྲུང་བའི་ཕྱིར་ངེས་པའོ། །ཇི་སྐད་རྗེས་སུ་བསྟན་པ་སྒྲུབ་པའི་ཕྱིར་འགྲོགས་ན་བདེ་བའོ། །ཉེས་པ་གླང་བ་བཟོད་པའི་ཕྱིར ་དྲང་བའོ། །དྲིས་པས་འཁྲུག་པ་བཟོད་པ་ནི་མཉེན་པའོ། །རང་གི་ཉེས་པ་མི་འཆབ་པས་ནི་ཐིབས་པོ་མེད་པར་སྤྱོད་པའོ། །ཡང་དག་པ་མ་ཡིན་པའི་ཡོན་ཏན་མི་བརྗོད་པས་ན་སྒྱུ་མེད་པའོ། །ཁེངས་པར་མི་འགྱུར་བས་ང་རྒྱལ་མེད་པའོ། །ཚིག ་བཟོད་པས་ན་དཀའ་བློ་བདེ་བའོ། །མ་ནོར་བར་འཛིན་པས་ན་མཐུན་པར་འཛིན་པའོ། །དེའི་འབྲས་བུ་གོང་མ་དང་ཞེས་བྱ་བ་ནི་ཉོན་མོངས་པའི་ཀུན་ནས་ཉོན་མོངས་པ་སྤངས་པའི་མཚན་ཉིད་དང། དེའི་འབྲས་བུ་འོག་མ་རྣམས་དང་ཞེས་བྱ་བ་ནི་ལས་སོ? ་ཀྱི་ཀུན་ནས་ཉོན་མོངས་པ་སྤངས་པའི་མཚན་ཉིད་ལ་སོགས་པ་དང་སྟེ། དེ་དག་ནི་དུལ་བ་དང་ཞི་བས་རབ་ཏུ་ཕྱེ་བའི་ཕྱིར་རོ། །མདོར་ན་འདིའི་འབྲས་བུ་ནི། །ད་སྔོན་འགྲོ་བའི་ཁམས་རྟས་པ། །བསམ་པའི་ཁམས་ནི ་བྱང་ཆུབ་ཀྱི་སེམས་སོ། །བྱང་ཆུབ་དེའི་ལམ་གང་ཡིན་པ་དེ་སྒྲུབ་པའི་ཕྱིར་ཐོབ་པའི་ཕྱིར་མངོན་པར་རྟོགས་པའི་ཕྱིར་ལྷག་པའི་བསམ་པའི་ཁམས་སོ། །ངེས་པ་སྐྱེ་བ་ནི་མོས་པ་སྟེ་ངེས་པ་ཤིན་ཏུ་གསལ་བའི་རྒྱུ་ལས་བྱུང་བའི་གཉེན་པ་འཕེལ ་བ་ཡིན་ནོ། །དགེ་བའི་རྩ་བ་ཐམས་ཅད་ཀྱི་མི་མཐུན་པའི་ཕྱོགས་ཉམས་པ་དང། འཇིག་རྟེན་པ་ནི་དྲི་མའི་ནག་ནོག་དང་ཡང་བྲལ་བ་ཡིན་ནོ། །ས་དེའི་གསང་བ་ལ་ཐེ་ཚོམ་ཟ་བ་ལྡོག་པ་ནི་འདིའི་ཐེ་ཙོམ་དང་ཡིད་གཉིས་དང་ནེམ་ནུར་ཡང་རྒྱུན་ཆད་པར ་འགྱུར་རོ་ཞེས་བྱ་བ་ཡིན་ནོ། །དེ་ལོག་ན་སྟེ་ཐེ་ཚོམ་གྱི་གནས་གཞན་དག་ལ་ཡང་མོས་ཏེ། ངེས་པ་འཐོབ་པ་ནི་སོམ་ཉི་མེད་པ་མངོན་དུ་འགྱུར་བ་ཡང་ཡོངས་སུ་རྫོགས་པར་འགྱུར་ཞེས་བྱ་བ་ཡིན་ནོ། །བདེ་བར་གནས་པའི་ཁྱད་པར་ནི་དགའ་བ་དང་ཤིན ་ཏུ་སྦྱངས་པ་ཡང་ཡང་དག་པར་འགྲུབ་པོ་ཞེས་བྱ་བ་ཡིན་ནོ། །སེམས་ཅན་ཡོངས་སུ་སྨིན་པར་བྱེད་ནུས་པ་ནི་དེ་བཞིན་གཤེགས་པའི་བྱིན་གྱིས་བརླབས་ཞེས་བྱ་བའོ། །ཏིང་ངེ་འཛིན་དཔག་ཏུ་མེད་པ་མངོན་པར་སྒྲུབ་པ་ནི་སེམས་ཀྱི་བསམ་པ ་ཚད་མེད་པ་ཞེས་བྱ་བ་ཡིན་ཏེ། སེམས་ཞེས་བྱ་བའི་སྒྲས་ནི་ལྷག་པའི་སེམས་ཀྱི་བསླབ་པ་ཏིང་ངེ་འཛིན་རྣམས་བསྟན་ཏོ། །དེ་ལྟ་ན་གཉེན་པོ་སྒོམ་པ་འཕེལ་བ་འདིའི་འབྲས་བུ་བཅུ་ཚན་བཞེས་རྣམ་པ་བཞི་བསྟན་པ་ཡོངས་སུ་བསྟན་པ་དང ་སྔར་ཉོན་མོངས་པ་དང་ལས་ཀྱི་ཀུན་ནས་ཉོན་མོངས་པ་བཟློག་པའི་མཆན་ཉིད་རྣམ་པ་གཉིས་བཤད་པ་དང། སྤྱིར་ནི་དེའི་འབྲས་བུ། འབྲས་བུ་རྣམ་པ་དྲུག་གིས་རྣམ་པར་བཞག་པར་ཤེས་པར་བྱའོ། །མཆོད་པ་ལ་སོགས་ལྷག་མ་ཀུན ་རོང་བྱེད་ཇི་ལྟར་དེ་བཞིན་དུ། །འོང་འཕྲོ་ཅན་ལ་འང་ཤེས་པར་བྱ། །ཁྱད་པར་དུ་ན་ཡོན་ཏན་ལྷག། ཡོངས་སུ་དག་པ་དེའི་ས་བ་དེ་ལས་གཞན་པའི་བྱང་ཆུབ་སེམས་དཔའ་རྣམས་དང་མཚུངས་པ་ཉིད་ཀྱི་ཕྱིར་རོ། །ཐོས་སོགས་ཤེས་པ་རབ་བརྟེན་ནས། །འོད་བྱེད ་པ་ལ་སྣང་བྱས་ཏེ། །གཏི་མུག་མུན་པ་རྣམ་མནན་ནས། །དེ་འོག་འོད་འཕྲོ་ཅན་རྣམ་སྤྱོད། །ཡེ་ཤེས་མེ་ནི་རབ་འབར་བ། །ཉོན་མོངས་དུད་ཤིང་རྣམ་འཇོམས་པ། །ཆོས་ཀྱི་དབྱིངས་ནི་སྣང་བྱེད་པ། །ཐབས་དང་ཡེ་ཤེས་ལྡན་པ་ཡིས། །འབྲས་བུ་རྣམ་པ ་དྲུག་ཐོབ་ནས། །རྣམ་དག་ཤིན་ཏུ་རྣམ་དགྲ་མཐོང། །དོན་སྒྲུབ་བར་ནི་དཀའ་བ་ཡི། །ས་ནི་ཤིན་ཏུ་སྤྱད་དཀའ་ཐོབ། །སྔར་ནི་ཞེས་བྱ་བ་ལ་སོགས་པ་ནི་གསུམ་པ་ལ་དེ་ནོར་ཆེ་བར་འཛིན་གྱི་ཞེས་བྱ་བ་ལ་སོགས་པས་ཆོས་རྟོགས་པའི་མངོན་པའི་ང ་རྒྱལ་གང་ཡིན་པ་དེའི་གཉེན་པོར་བཞི་པོ་ལས་ལྷག་པར་གཡོ་བ་ལ་སོགས་པ་སྤངས་པ་གསུངས་ལ། ད་ནི་རྣམ་པར་དག་པ་ལ་སངས་རྒྱས་ལ་སོགས་པའི་རྒྱུ་ཐ་དད་པའི་མངོན་པའི་ང་རྒྱལ་གྱི་གཉེན་པོར་བཤད་པ་ཡིན་ནོ། །དེ་ལ་རྣམ་པར ་དག་པ་ལ་སེམས་ཀྱི་བསམ་པ་མཉམ་པ་ཉིད་ཅེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་ཨི་སེམས་ཀྱི་བསམ་པ་གང་དག་ཡིན་པ་དེ་དག་མཉམ་པ་ཉིད་དོ། །གང་ལ་ཞེ་མོ་རྣམ་པ་དག་པ་ལའོ། །འདི་སྐད་དུ་ས་འདི་ལ་བྱང་ཆུབ་སེམས་དཔའ་རྣམ་པྲ ་དག་པ་ལ་སངས་རྒྱས་ཀྱི་ཆོས་རྣམ་པར་དག་པ་དང་ལྡན་པ་རྣམས་ལ་སེམས་ཀྱི་བསམ་པ་མཉམ་པ་ཉིད་དོ་ཞེས་བཤད་པར་འགྱུར་རོ། །ཚིག་མང་པོར་བསྟན་པ་ནི་ཡུལ་ཐ་དད་པའི་ཕྱིར་རོ། །རྣམ་པར་དག་པའི་བྱ་བྲག་གིས་ཞེས་བྱ་བ་ལ། །རྣམ ་པར་དག་པ་ནི་སངས་རྒྱས་ཀྱི་ཆོས་རྣམས། །དེ་དག་ཀྱང་རྒྱུ་དང་འབྲས་བུའི་བྱེ་བྲག་གིས་རབ་ཏུ་ཕྱེ་ནས་འདིར་རྣམ་པ་བཅུར་བསྟན་ལ་དེ་དག་ལ་མཉམ་པ་ཉིད་འཐོ་བོ་བས་དེ་ཡང་རྣམ་པ་བཅུ་ཡིན། །རྣམ་པར་དག་པའི་ཆོས་རྣམས་ཀྱང་རྒྱུར་གྱུར་པ་དང་ ་འབྲས་བུར་གྱུར་པ་དག་གོ་།རྣམ་པར་དག་པ་གང་དག་ཡིན་པ་ཞེས་བྱ་བ་ནི་འབྲས་བུར་གྱུར་པ་རྣམས་སྟོན་ཏེ། མདོའི་ཚིག་གསུམ་པོ་འདས་པ་ལ་སོགས་པའི་བྱེ་བྲག་གིས་བསྟན་ཏོ། །འདས་པ་དང་མ་འོངས་པ་དབང་ལྟར ་བྱུང་བ་རྣམས་ཀྱིས་ཆོས་རྣམ་པར་དག་པ་ནི་སྟོབས་དང་མི་འཇིགས་པ་ལ་སོགས་པའི་མཚན་ཉིད་དོ། །ཆོས་རྣམ་པར་དག་པ་དེ་ལ་བྱང་ཆུབ་སེམས་དཔའ་ཨི་ས་ལྔ་པ་ལ་འཇུག་པའི་བྱང་ཆུབ་སེམས་དཔའ་འདིའི་བསམ་པ་མཉམ་པ་ཉིད་དེ་བསམ ་པ་མཚུངས་པ་ཡིན་ནོ། །བསམ་པ་གང་ཞེ་ན། དད་པ་དང་འདུན་པ་དང། བརྩོན་འགྲུས་དང། ཐབས་ཀྱི་མཚན་ཉིད་དེ། དད་པ་ལ་སོགས་པའི་ཆོས་བཞི་པོ་དེ་དག་ནི་དགེ་བའི་ཆོས་ཐམས་ཅད་ཀྱི་གཞི་ཡིན་པའི་ཕྱིར་བསམ་པ་ཞེས་བྱ་སྟེ་ཆུའི ་གཞི་བཞིན་ནོ། །བསམ་པ་དེ་མཉམ་པ་ཉིད་དེ། ཇི་ལྟར་བྱང་ཆུབ་སེམས་དཔའ་འདི་འདས་པའི་སངས་རྒྱས་ཀྱི་ཆོས་རྣམ་པར་དག་པ་ལ་བསམ་པ་འཇུག་པ་དེ་བཞིན་དུ་མ་འོངས་པ་དང་ད་ལྟར་བྱུང་བའི་བཅོམ་ལྡན་འདས་རྣམས་ཀྱི་ཆོས ་རྣམ་པར་དག་པ་ལ་བསམ་པ་ན་མཉམ་པ་ཉིད་འདིས་འཇུག་སྟེ། དེ་དག་གི་རྒྱུད་ཐ་དད་པ་མེད་པར་རྟོགས་སོ། །ཇི་ལྟར་ཞེས་བྱ་བ་འདི་ཚུལ་ཁྲིམས་ལ་སོགས་པ་སྟེ། འདས་པ་དང་མ་འོངས་པ་དང། ད་ལྟར་བྱུང་བའི་སངས་རྒྱས་ཀྱི་ཆོས ་རྣམ་པར་དག་པ་ཐོབ་པར་བྱ་བ་གང་ཡིན་པ་དེ། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཚུལ་ཁྲིམས་རྣམ་པར་དག་པ་ལ་སོགས་པའི་ལམ་གྱིས་འཐོབ་བོ། །དེའི་ཕྱིར་ཚུལ་ཁྲིམས་རྣམ་པར་དག་པ་དེ་ལ། ལམ་ལ་གནས་པའི་བྱང་ཆུབ་སེམས ་དཔའ་ལམ་དེ་ལ་གནས་པའི་བྱང་ཆུབ་སེམས་དཔའ་གཞན་རྣམས་དང་ལྷན་ཅིག་བསམ་པ་ཉིད་དོ། །ཇི་ལྟར་ཚུལ་ཁྲིམས་རྣམ་པར་དག་པ་ལ་བསམ་པ་མཉམ་ཉིད་ལྟར་སེམས་རྣམ་པར་དག་པ་ལ་ཡང་དེ་དང་འདྲ་སྟེ། རྣམ་པར་དག་པ ་བདུན་པོའི་བར་ཐམས་ཅད་ལ་བསམ་པ་མཉམ་པ་ཉིད་དོ། །དེ་ལ་ཚུལ་ཁྲིམས་རྣམ་པར་དག་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྡོམ་པ་ལ་སོགས་པའི་ཚུལ་ཁྲིམས་རྣམ་པར་དག་པ་གང་ཡིན་པའོ། །སེམས་རྣམ་པར་དག་པ་ནི་བྱང ་ཆུབ་སེམས་དཔའ་ཨི་ཏིང་ངེ་འཛིན་རྣམ་པར་དག་པ་སྟེ། ལྷག་པའི་ཚུལ་ཁྲིམས་དང། ལྷག་པའི་སེམས་ཀྱི་བསླབ་པ་གཉིས་ཚིག་གཉིས་བསྟན་པ་ཡིན་ནོ། །ལྷག་པའི་ཤེས་རབ་ཀྱི་བསླབ་པ་ནི་ཚིག་བཞིས་བསྟན་ཏེ། ལྟ་བར་གྱུར་པ་རྣམས་སེལ་བ ་དང། སོམ་ཉི་དང་ཡིད་གཉིས་རྣམས་སེལ་བ་དང། འགྱོད་པ་སེལ་བས་རྣམ་པར་དག་པ་ཞེས་བྱ་བའོ། །ལྟ་བར་གྱུར་པ་རྣམས་སེལ་བ་ནི་ལྟ་བ་ཐམས་ཅད་སྤངས་པའི་ཕྱིར་རོ། །ཇི་ལྟར་ནི་སྙམ་པ་ནི་སོམ་ཉེའོ། །བློ་སྣ་ཚོགས་པ་ནི་ཡིད་གཉིས ་ཏེ་ཇི་འདི་ལྟར་ཡིན་ནམ་འོན་ཏེ་དེ་ལྟ་མ་ཡིན་སྙམ་པའོ། །ངན་པར་བྱས་པ་དང། ཡིད་ལ་བཅགས་པ་དང། སྙིང་ལ་བཅགས་པ་ནི་འགྱོད་པ་ཞེས་བྱའོ། །ལྟ་བ་དང་སོམ་ཉི་དང། ཡིད་གཉིས་དང་འགྱོད་པ་འདི་དག་སེལ་བ་ནི་རྣམ་པར་དག་པ་སྟེ། ་རྣམ་པར་དག་པ་དེ་ལ་བྱང་ཆུབ་སེམས་དཔའ་ཨི་བསམ་པ་མཉམ་པ་ཉིད་དོ། །ལམ་དང་ལམ་མ་ཡིན་པ་ཤེས་པ་རྣམ་པར་དག་པ་ལ་བསམ་པ་རྣམ་པར་དག་པ་ཉིད་ལ། ལམ་དང་ལམ་མ་ཡིན་པ་ཤེས་ཞེས་བྱ་བ་ནི་ཤེས་པ་གང་གིས་ཤེས་རབ་དང ་ཐབས་ཀྱིས་ཡོངས་སུ་ཟིན་པའི་ལམ་དང། ལམ་མ་ཡིན་པ་དེ་དང་བྲལ་བ་འམ། འཇིག་རྟེན་པ་འམ་ཐེག་པ་དམན་པར་ལྷུང་བ་ཤེས་པའོ། །དེ་ནི་ལམ་དང་ལམ་མ་ཡིན་པ་ཤེས་པ་རྣམ་པར་དག་པ་ཡིན་ཏེ། དེ་ལ་བྱང་ཆུབ་སེམས་དཔའ་ཨི་བསཾ་པ ་མཉམ་པ་ཉིད་དོ། །ལམ་ཤེས་པ་རྣམ་པར་དག་པ་ལ་བསམ་པ་མཉམ་པ་ཉིད་ཅེས་བྱ་བ་ནི་ཚུལ་ཁྲིམས་རྣཾ་པར་དག་པ་ནས་ལམ་དང་ལམ་མ་ཡིན་པ་ཤེས་པ་རྣམ་པར་དག་པའི་བར་སྔར་བཤད་པ་རྣམས་ལམ་བཞིའི་ནང་དུ་སྡོམས་ནས་ཤེས་པ ་ནི་ལམ་ཤེས་པའོ། །ལམ་བཞི་ནི་ལམ་དཀའ་ལ་མངོན་པར་ཤེས་པ་བུལ་བ་དང། ལམ་དཀའ་ལ་མངོན་པར་ཤེས་པ་མྱུར་བ་དང། ལམ་སླ་ལ་མངོན་པར་ཤེས་པ་བུལ་བ་དང། ལམ་སླ་ལ་མངོན་པར་ཤེས་པ་བུལ་བ་དག། ལམ་སླ་ལ་མངོན་པར་ཤེས་པ་མྱུར་བའོ། ་ལམ་ཤེས་པ་འདི་རྣམ་པར་དག་པ་ནི་ལམ་ཤེས་པ་རྣམ་པར་དག་པ་སྟེ། ལམ་ཤེས་པ་རྣམ་པར་དག་པ་འདི་ལ་བྱང་ཆུབ་སེམས་དཔའ་ཨི་བསམ་པ་མཉམ་པ་ཉིད་དོ། །སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་པ་ནི། ཐབས་དེ་དག་གིས་སེམས ་ཅན་ཁམས་དང་མོས་པ་དང། དབང་པོ་ཐ་དད་པ། ཐབས་སྣ་ཚོགས་པས་བསྒྲུབ་པར་བྱ་བ་རྣམས་ཡོངས་སུ་སྨིན་པར་བྱེད་པའོ། །དེ་རྣམ་པར་དག་པ་ནི། སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱེད་པར་བྱེད་པ་རྣམ་པར་དག་པ་སྟེ། དེ་ལ་བྱང་ཆུབ་སེམས ་དཔའ་ས་མཚུངས་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་གཞན་དག་དང། ལྷན་ཅིག་བསམ་པ། བསམ་པ་སྣ་ཚོགས་མ་ཡིན་པ་ཉིད་ཅེས་བྱ་བའི་ཐ་ཚིག་སྟེ། ཐ་མ་འདིས་ནི་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་བཤད་དོ། །བྱང་ཆུབ་སེམས ་དཔའ་རྣམ་པར་དག་པ་ལ་སེམས་ཀྱི་བསམ་པ་མཉམ་པ་ཉིད་བཅུ་པ་འདི་དག་གིས་རྒྱུད་ཐ་དད་པ་མ་ཡིན་པའི་དོན་དུ་སྒྲུབ་སྟེ། ས་ལྔ་པས་རྒྱུད་མཉམ་པ་ཉིད་དུ་རྟོགས་པར་བྱེད་པའི་ཐ་ཚིག་གོ་།ལམ་གྱིS་སྤོང་བ་སྟེ། ལམ་གྱིས་སྤོང་བར་ཤེས ་པ་ནི་ལམ་ནི་སྤོང་བར་ཤེས་པ་ཞེས་བྱའོ། །འོག་མ་རྣམ་པར་འཇིག་པ་ཉིད་ཀྱིས་ཡིད་ཙམ་སྤང་བའི་དོན་དུ་བསྟན་ཏོ། །ཇི་ལྟ་ཞེ་ན། རྣམ་པར་འཇིག་པ་དེ་ལ་དམན་པ་ཉིད་དུ་རྟོག་པས། གོང་མ་གོང་མ་གྱི་ནོམ་པ་དོན་དུ་གཉེར་བ་ཆོག་མི ་ཤེས་པ་དེས་ཡིད་ཙམ་སྤོང་བའི་དོན་དུ་བསྟན་ཏོ། །ཅུང་ཟད་སྤོང་བ་ནི་ཡིད་ཙམ་སྤོང་བ་སྟེ་དཔེར་ན་ཅུང་ཟད་སྐྱུར་བ་ལ་ཡིད་ཙམ་སྐྱུར་བ་ཞེས་བྱ་བ་བཞིན་ནོ། །ཅུང་ཟད་སྤོང་བ་ནི་གོང་མ་མ་ཡིན་པ་སྤོང་བ་ཞེས་བྱ་བའི་ཐ་ཚིག་སྟེ། ཟག་པ་མེད ་པའི་ཡིན་པའི་ཕྱིར་རོ། །ཅུང་ཟད་སྤོང་བ་ཡང་དེ་ལ་མངོན་པར་བརྩོན་པ་ལས་ཤེས་པར་བྱ་སྟེ་གོང་མ་དོན་དུ་གཉེར་བས་སོ། །ཡིད་ཙམ་སྤོང་བ་ཉིད་དོན་ཡིན་པས་ཡིད་ཙམ་སྤོང་བའི་དོན་ཏོ། །དེའི་ང་རྒྱལ་ཀུན་ཏུ་གཞོམ་པའི་ཕྱིར་ཞེས་བྱ་བ་ནི་རྣམ ་པར་དག་པ་ལ་རྒྱུད་ཐ་དད་པའི་མངོན་པའི་ང་རྒྱལ་ཀུན་ཏུ་གཞོམ་པའི་ཕྱིར་རོ། །རྒྱུ་བརྒྱད་ཀྱིས་ཤེས་བྱ་བ་ལ་སོགས་པ་ལ། དལ་བྱང་ཆུབ་ཀྱི་སེམས་གོམས་པར་བྱས་པ་ནི་སྨོན་ལམ་གྱི་སྟོབས་བསྐྱེད་པའི་ཕྱིར་ཞེས་གསུངས་པ་ཡིན་ནོ། །ཐེག་པ ་ལས་མི་གཡོ་བ་ནི་སྙིང་རྗེ་དང་བྱམས་པས་སེམས་ཅན་ཐམས་ཅད་ཡོངས་སུ་མི་གཏོང་བའི་ཕྱིར་ཞེས་བྱ་བ་ཡིན་ནོ། །དགེ་བའི་རྩ་བའི་སྟོབས་བསྐྱེད་པ་ནི་བསོད་ནམས་ཀྱི་ཚོགས་བསགས་པའི་ཕྱིར་ཞེས་བྱ་བ་ཡིན་ནོ། །བརྩོན་པ་མ་བོར་བ་ནི་རྒྱུན་མ ་བཅད་པའི་ཕྱིར་ཞེས་བྱ་བ་ཡིན་ནོ། །ཡང་དག་པར་སྦྱོར་བ་ནི་ཐབས་ལ་མཁས་པ་མངོན་པར་བསྒྲུབS་པའི་ཕྱིར་ཞེས་བྱ་བ་ཡིན་ནོ། །ཆོག་པར་མི་འཛིན་པ་ནི་ས་གོང་མ་གོང་མའི་སྣང་བ་ལ་བལྟ་བའི་ཕྱིར་ཞེས་བྱ་བ་ཡིན་ནོ། །མཐུའི་ཁྱད་པར་བླ་ཐབS ་ཐོབ་པ་ནི་དེ་བཞིན་གཤེགས་པའི་བྱིན་གྱིས་བརླབས་ཡང་དག་པར་བླངས་པའི་ཕྱིར་ཞེས་བྱ་བ་ཡིན་ནོ། །སོ་སོར་རང་གི་མཐུའི་ཁྱད་པར་ཐོབ་པ་ནི་དྲན་པ་ལ་སོགས་པས་ཁྱད་པར་དུ་བྱས་པའི་ཤེས་རབ་ཀྱིས་སོ། །དེ་ལྟར་རེ་ཞིག་ང་རྒྱལ་གྱི་ཁྱད་པར་གྱི ་གཉེན་པ་རྣམ་པར་བཞག་པར་ཤེས་པར་བྱའོ། །བདེན་པའི་ཆོས་ཉིད་རྣམ་པར་བཞག་པ་ཇི་ལྟ་བུ་ཞེ་ན། འདི་ནི་སྡུག་བསྔལ་འཕགས་པའི་བདེན་པའོ་ཞེས་བྱ་བར་ཡང་དག་པར་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ་ཞེས་བྱ་བ་ནས། འདི་ནི་སྡུག་བསྔལ ་འགོག་པར་འགྲོ་བའི་ལམ་འཕགས་པའི་བདེན་པའོ་ཞེས་བྱ་བའི་བར་ཡིན་ནོ། །གཉིས་གཉིས་ཀྱིས་ཀུན་ནས་ཉོན་མོངས་པ་དང། རྣམ་པར་བྱང་བ་ཉིད་དག་འཇུག་པ་འདི་ནི་བདེན་པ་རྣམས་ཀྱི་ཆོས་ཉིད་ཡིན་ནོ། །འདི་དག་བྱེད་པ་པོ་ལ་མི་བལྟོས་པར་ཇི ་སྐད་བཤད་པའི་ཆོས་ཉིད་ཡོངས་སུ་མི་འདོར་བས་ན་བདེན་པ་ཉིད་དོ། །གདུལ་བྱ་རྣམས་ནི་རྣམ་གྲོལ་བའི། །ཐབས་ཀྱི་ཆོ་ག་མདོར་བསྡུ་ན། །ཐེག་དམན་ཐེག་པ་མཆོག་དག་གིས། །བསྟན་པ་རྣམ་པ་གཉིས་ཁོ་ན། །ཐེག་པ ་དམན་ལ་གདུལ་བྱ་བ། །ཡོངས་སྨིན་བྱ་སོགས་མཚན་ཉིད་དྲུག། ཐེག་པ་ཆེ་ལ་གདུལ་བྱ་བ། །བདུན་པ་ཡིན་པར་ཡོངས་སུ་བསྒྲགས། །དེ་ལ་གདུལ་བར་བྱ་དྲུག་ནི། །ཡོངས་སྨིན་བྱ་དང་དེ་བཞིན་སྨིན། །ཆོས་ཉིད་དང་ནི་དགོངས་པ་སྟེ། །དེ་གཉིས ་ལ་ནི་ཀུན་རྨོངས་དང། །དེ་བཞིན་གཞན་ཡང་ཡང་དག་པའི། །ཡིད་བྱེད་ལྟ་དང་མི་ལྡན་པ། །འདི་དྲུག་ཉན་ཐོས་དག་ཏུ་བཤད། །ལྔ་ཡི་བྱ་བ་བདེན་པ་ལ། །མཁས་པ་ལྔ་པ་དག་གིས་བསྒྲུབ། །སྡུག་བསྔལ་བདེན་སོགས་བསྡུས་པའི་ཕྱིར།། ་དྲུག་པའི་དོན་དུ་བཞི་ཡིན་ནོ། །བདུན་པའི་དོན་དུ་མཁས་པ་ནི། བཅུ་པ་ཡང་དག་བཤད་པ་ཡིན། །ཇི་ལྟ་ཞེ་ན། ཡོངས་སུ་མ་སྨིན་པའི་དོན་དུ་སེམས་ཅན་གཞན་དག་གི་བསམ་པ་ཇི་ལྟ་བ་བཞིན་ཚིམ་པར་བྱེད་པས་ཀུན་རྫོབ་ཀྱི་བདེན་པ་རབ ་ཏུ་ཤེས་སོ། །ཡོངས་སུ་སྨིན་པའི་དོན་དུ་བགྲོད་པ་གཅིག་པུ་ལ་ཡང་དག་པར་གཞོལ་བས་དོན་དམ་པའི་དེན་པ་རབ་ཏུ་ཤེས་སོ། །ཆོས་ཉིད་ཟབ་མོ་ཉིད་ལ་ཀུན་ཏུ་རྨོངས་པའི་དོན་དང་རང་དང་སྤྱིའི་མཚན་ཉིད་ཀྱི་བདེན་པ་རབ་ཏུ་ཤེས་སོ། །དགོངས ་པ་ཟབ་མོ་ཉིད་ལ་ཀུན་ཏུ་རྨོངས་པའི་དོན་དུ་ཆོས་རྣམ་པར་དབྱེ་བ་རྣམ་པར་བཞག་པ་རྟོགས་པས་རྣམ་པར་དབྱེ་བའི་བདེན་པ་རབ་ཏུ་ཤེས། །ཚུལ་བཞིན་ཡིད་ལ་བྱེད་པ་དང་མི་ལྡན་པའི་དོན་དུ་ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམ་པར ་བཞག་པ་རྟོགས་པས་ཕྱེ་སྟེ། རྟོག་པའི་བདེན་པ་རབ་ཏུ་ཤེས་སོ། །དེ་ལྟར་ན་ལྔ་རྣམས་ཀྱི་དབྱེ་བ་མཁས་པ་ལྔ་པ་དག་གིས་བསྒྲུབ་པར་ཤེས་པར་བྱའོ། །དྲུག་པའི་དོན་དུ་དངོས་པོའི་བདེན་པ་ལ་སོགས་པ་ལ་མཁས་པ་བཞི་ཞེས་བྱ་བ་ནི་དྲུག ་པའི་དོན་དུ་ལུས་དང་སེམས་ལ་གནོད་པ་རབ་ཏུ་འབབ་པས་དངོས་པོའི་བདེན་པ་རབ་ཏུ་ཤེས་སོ་ཞེས་བྱ་བ་སྟེ་འདི་ནི་སྡུག་བསྔལ་གྱི་བདེན་པའོ། །དེ་ཉིད་ཀྱི་དོན་དུ་འགྲོ་བར་མཚམས་སྦྱར་བ་རྟོགས་པས་རབ་ཏུ་སྐྱེ་བའི་བདེན་པ་རབ་ཏུ་ཤེས་ཞེས་བྱ་བ ་སྟེ། འདི་ནི་ཀུན་འབྱུང་གི་བདེན་པའོ། །དེ་ཉིད་ཀྱི་དོན་དུ་རིམས་ནད་ཀྱི་ཡོངས་སུ་གདུང་བ་ཐམས་ཅད་ཤིན་ཏུ་ཞི་བས་ཟད་པ་དང་མི་སྐྱེ་བ་ཤེས་པའི་བདེན་པ་རབ་ཏུ་ཤེས་ཞེས་བྱ་བ་སྟེ་འདི་ནི་འགོག་པའི་བདེན་པའོ། །དྲུག་པ་ཉིད་ཀྱི་དོན་དུ་མི་གཉིས་པ ་མངོན་པར་སྒྲུབ་པས་ལམ་ཤེས་པ་ལ་འཇུག་པའི་བདེན་པ་རབ་ཏུ་ཤེས་སོ་ཞེས་བྱ་བ་སྟེ་འདི་ནི་ལམ་གྱི་བདེན་པའོ། །ལམ་གཅིག་ཏུ་བགྲོད་པ་ཡིན་པའི་ཕྱིར་ཞེས་བྱ་བ་ནི་ཅིག་ཏུ་འགྲོ་བའི་ཕྱིར་ཏེ། མྱ་ངན་ལས་འདས་པར་འགྲོ་བའི་ཕྱིར་ཞེས་བྱ་བའི ་ཐ་ཚིག་གོ། ཡང་བྱང་ཆུབ་སེམས་དཔའ་ཨི་གཅིག་ཏུ་བགྲང་པའི་ལམ་ནི་འཕགས་པ་བློ་གྲོས་མི་ཟད་པ་ལས་བྱང་ཆུབ་སེམས་དཔའ་གཅིག་པུ་ཟླ་མེད། གྲོགས་མེད་པར་རང་གི་བརྩོན་འགྲུས་དང་མཐུ་དང། སྟོབས་ཀྱིས་ཡོངས་སུ་ཟིན་པའི་ལྷག་པའི་བསམ་པས ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་གོ་ཆ་གྱོན་ལ། རང་ཉིད་བྱེད་ཅིང་གཞན་ལ་གླགས་མི་ཚོལ་བ་རང་གི་མཐུའི་སྟོབས་ཀྱིས་འཕགས་པ་ཡིན་ནོ་ཞེས་བྱ་བ་ལ་སོགས་པའི་གཞུང་གིས་བཤད་པ་ཡིན་ནོ། །བདུན་པའི་དོན་དུ་བཅུ་བ་ནི་རྣམ་པ་ཐམས ་ཅད་མངོན་པར་རྫོགས་པར་ཁོང་དུ་ཆུད་པས་བྱང་ཆུབ་སེམས་དཔའ་ཨི་ས་ཐམས་ཅད་ཀྱི་གོ་རིམས་མཚམ་སྦྱར་བ་སྒྲུབ་པ་ནས། དེ་བཞིན་གཤེགས་པའི་ཡེ་ཤེས་ཡང་དག་པར་འབྱུང་བའི་བར་གྱི་བདེན་པ་རབ་ཏུ་ཤེས་ཏེ་ཞེས་བྱ་བ་ཡིན་ཏེ། མཁས་པ་བཅུ་པ་འདི ་ནི་བྱང་ཆུབ་སེམས་དཔའ་ཨི་དོན་དུ་ཡང་དག་པར་བཤད་པ་ཡིན་ནོ། །རིག་པའི་གནས་ལྔ་ལ་མཁས་པའི་ཕྱིར་ཞེས་བྱ་བ་ནི། གཏན་ཚིགས་མཚན་ཉིད་བཟོད་དང་ནི། །དེ་བཞིན་དུ་ནི་གསོ་བ་དང། །ནང་རིག་པ་དང་བཅས་རྣམས་ལ། །མཁས་པས་རིག་པ་ལྔར་ཤེས་སོ།། ་བྱང་ཆུབ་སེམས་དཔའ་ཨི་ས་ཐམས་ཅད་ཀྱི་གོ་རིམ་གྱི་མཚམ་སྦྱོར་བས་སྒྲུབ་པ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ས་རྣམས་རིམ་གྱིས་ཐོབ་པ་སྒྲུབ་པ་ཞེས་བྱ་བའི་ཐ་ཚིག་གོ། །བར་ཞེས་བྱ་བ་ངེས་པར་གཟུང་བའོ། །ངེས ་པར་གཟུང་ཡང་ངེས་པ་སྟེ། དེའི་ཕྱིར་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་བར་གྱི་བདེན་པ་གང་ཡིན་པ་དེ་ཐམས་ཅད་ཡང་དག་པར་ཤེས་སོ་ཞེས་ངེས་པར་བཤད་ཡིན་ནོ། །དེ་ལྟར་ན་བདུན་པའི་དོན་དུ་མཁས་པ་བཅུ་པ་ཡན་དག་པར་བཤད་པ་ཡིན་ནོ།། ་མོས་པས་ཤེས་པའི་སྟོབས་བསྐྱེད་པས་ཞེས་བྱ་བ་ནི་གཟུགས་བརྙན་ཤེས་པའི་སྟོབས་བསྐྱེད་པས་ཡིན་གྱི། དགོས་པ་ཡོངས་སུ་གྲུབ་པ་ལ་དམིགས་པས་ནི་མ་ཡིན་པའོ། །འདིའི་དོན་བསྟན་བཅོས་གཞན་ལ། རྣམ་པར་རྟོག་པ་དང་བཅས་པའི་གཟུགས ་བརྙན་དང། རྣམ་པར་རྟོག་པ་མེད་པའི་གཟུགས་བརྙན་ནོ། །དེ་ལ་རྣམ་པར་རྟོག་པར་བཅས་པ་གང་ཞེ་ན། མོས་པ་ཡིད་ལ་བྱེད་པས་ཞི་གནས་དང་ལྷག་མཐོང་གིས་དམིགས་པ་གང་ཡིན་པའོ། །རྣམ་པར་རྟོག་པ་མེད་པའི་གཟུགས་བརྙན་ནི་དེ་ཁོ་ན་ཡིད་ལ ་བྱེད་པས་ཞི་གནས་དང་ལྷག་མཐོང་གིས་དམིགས་པའོ། །དགོས་པ་ཡོངས་སུ་གྲུབ་པ་ཞེས་བྱ་བ་ནི་གནས་གྱུར་པའོ། །ཆོས་ཀྱི་སྐུ་ཤིན་ཏུ་ཡོངས་སུ་དག་པ་ཉིད་དེ། གནས་གྱུར་པའི་ཤེས་པ་ནི་ཕྱིན་ཅི་མ་ལོག་པའི་དེ་བཞིན་ཉིད་ལ་དམིགས་པ་ཅན་ཡིན་པའི ་ཕྱིར་རོ་ཞེས་བྱ་བ་འདི་བཤད་དོ། །དེ་ལྟ་བས་ན་འདིར་མོས་པའི་སྐབས་ཡིན་པའི་ཕྱིར་རྣམ་པར་རྟོག་པ་དང་བཅས་པ་ཉིད་དུ་ཁོང་དུ་ཆུད་པར་འགྱུར་བ་ཉིད་པས་རྣམ་པར་རྟོག་པ་དང་བཅས་པ་ཉིད་སྨོས་ཏེ་མ་གསུངས་སོ། །དེ་ཚེ་ཕུང་བས་མངོན་གཅོས? ་ཤིང། སྡུག་བསྔལ་གྱིས་ནི་ཉམ་ཐག་པའི། །འཇིག་རྟེན་བལྟས་ན་ཕྱིར་ཞིང་ན། །འདི་ཡི་སྙིང་རྗེ་རབ་ཏུ་འཇུག། བྱིས་པ་ནི་མི་ཤེས་པའི་ཕྱིར། །དེ་ལ་མངོན་པར་ཞེན་པའི་གནས་ཡིན་གྱི། འཕགས་པ་ནི་ཤེས་པའི་ཕྱིར་མ་ཡིན་ནོ། །རྟེན་ཅིང་འབྲེལ་བར ་འབྱུང་བ་ལ་སོ་སོར་རྟོག་པས་སྡུག་བསྔལ་ལ་ཡང་དག་པ་ཇི་ལྟ་བ་བཞིན་དུ་དམིགས་པ་སྔོན་གྱི་མཛའ་ཨི་མ་རིག་པ་དང་སྲེད་པ་ལས་བྱུང་བའི་སེམས་ཅན་འཁོར་བའི་རྒྱུན་གྱི་རྗེས་སུ་ཞུགས་པ་ཕུང་པོའི་གནས་ལས་མ་བསྐྱོད་པ་རྣམས་ཀྱི་ཞེས་འབྱུང་བའི་ཕྱིར་རོ། ། ་དག་ནི་ཐབས་མཁས་པ་ལས་བྱུང་བའི་ཕྱིར་རོ། །ཞེས་བྱ་བ་ནི་སེམས་ཅན་གདུལ་བའི་དོན་དུ་ཡིན་གྱི་མ་རིག་པ་དང་སྲེད་པ་ལས་བྱུང་བ་ནི་མ་ཡིན་པའོ། །སྲིད་པའི་ཡན་ལག་གི་རྩ་བ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ནི་རྟེན་ཅིང་འབྲེལ་བར་འབྱུང་བ་ཆ་གཉིས་ལ། །འཕན ་པར་བྱེད་པའི་ཡན་ལག་རྣམས་ཀྱི་ནང་ན་མ་རིག་པའི་རྩ་བ་ཡིན་ལ། མངོན་པར་འགྲུབ་པར་བྱེད་པའི་ཡན་ལག་རྣམས་ཀྱི་ནང་ན་སྲེད་པ་རྩ་བ་ཡིན་པར་རིག་པར་བྱའོ། །བདག་དང་བདག་གི་བྲལ་བ་ཞེས་བྱ་བ་ནི་ཟ་བ་པོ་དང་ཟ་བར་འདོགས་པ་ལ་མངོན་པར ་ཞེན་པ་སྤང་བའི་ཕྱིར་རོ། །ཡང་རྣམ་པ་གཞན་གྱིས་སེམས་ཅན་སྡུག་བསྔལ་བར་སོ་སོར་རྟོག་པའི་ཁམས་ཀྱི་སྤྲུལ་དག་གིས་སྐྱོ་བར་མི་འགྱུར་བ་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། ཁམས་ཀྱི་སྤྲུལ་དག་གིས་ནི་ན་བ་དང་རྒ་བ་དང་འཆི་བའི་སྡུག་བསྔལ ་བསྟན་ཏོ། །ང་རྒྱལ་དང་ལྟ་བའི་ཟུག་རྫུ་མི་འབྱིན་པ་ཞེས་བྱ་བ་ནི་ལོག་པའི་ཚངས་པར་སྤྱོད་པ་ཚོལ་བར་གྱུར་བ་རྣམས་སོ། །འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གི་མེ་ལྕེ་འབར་བ་ཞི་བར་མི་བྱེད་བ་ཞེས་བྱ་བ་ནི། འདོད་པ་ཚོལ་བར་གྱུར་པ་འདོད་པ་ལ་ཉེ་བར་སྤྱོད ་པ་རྣམས་སོ། །མ་རིག་པའི་མུན་པ་མཛིས་ལ་ཅེས་བྱ་བ་ནི་འདོད་པ་ཚོལ་བར་གྱུར་པ་ཉེས་པར་སྤྱད་པ་སྤྱོད་པ་རྣམས་སོ། །སྲེད་པའི་རྒྱ་མཚོ་མི་སྐེམས་པ་ཞེས་བྱ་བ་ནི་སྲིད་པ་ཚོལ་བར་གྱུར་པ་རྣམས་ཏེ་ང་རྒྱལ་དང་ལྟ་བའི་ཟུག་རྔུ་མི་འབྱིན་པ་ཞེས་བྱ་བ་ལ་སོགས ་པའི་ཚིག་གིས་ནི་ན་པ་དང་རྒ་བ་དང་འཆི་བའི་སྡུག་བསྔལ་གྱི་ཀུན་འབྱུང་ཡོངས་སུ་བསྟན་ཏོ། །དཔུང་གཉེན་མེད་པ་ཞེས་བྱ་བ་ནི་སྡུག་བསྔལ་བར་གྱུར་ནའོ། །སྐྱབས་མེད་ཅེས་བྱ་བ་ནི་མ་གྱུར་ནའོ། །གནས་མེད་པ་ཞེས་བྱ་བ་ནི་སྐྱེས་བུ་དམ་པ་དང་བརྟེན་པ་དང་ ་བྲལ་བའོ། །གླིང་མེད་པ་ཞེས་བྱ་བ་ནི། །དམ་པའི་ཆོས་མཉན་པ་དང་བྲལ་བའོ། །རྟེན་མེད་པ་ཞེས་བྱ་བ་ནི་ཚུལ་བཞིན་ཡིད་ལ་བྱེད་པ་དང་བྲལ་བའོ། །ལོང་བར་གྱུར་པ་ཞེས་བྱ་བ་ནི་ཡང་དག་པའི་ལྟ་བ་དང་བྲལ ་བར་གྱུར་པའོ། །མ་རིག་པའི་སྒོ་ང་དང་སྦུབས་དང་སྤྲིས་གཡོག་པ་ཞེས་བྱ་བ་ནི་ཚུལ་བཞིན་ཡིད་ལ་བྱེད་པའི་མི་མཐུན་པའི་ཕྱོགས་གཉུག་མ་སྟེ་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་དང་ལྡན་པ་རྣམས་སོ། །མུན་པས་ཟིལ་གྱིས་ནོན་པ་དེ་དག ་གི་དོན་དུ་ཞེས་བྱ་བ་ནི་ཡང་དག་པའི་ལྟ་བའི་མི་མཐུན་པའི་ཕྱོགས་བློ་བུར་བ་དམ་པའི་ཆོས་མ་ཡིན་པ་ཉན་པ་དང་ལྡན་པ་རྣམས་སོ། །ལྷག་མ་ནི་ཁོང་དུ་ཆུད་པར་སླའོ། །ཐོས་པ་ཡོངས་སུ་འཛིན་པའི་ཁྱད་པར་ནི་ཚིག་གསུམ་གྱིས་དྲན་པ ་དང་ལྡན་པ་དང། བློ་གྲོས་དང་ལྡན་པ་དང། རྟོགས་པ་དང་ལྡན་པ་ཞེས་བྱ་བ་ཤེས་རབ་གསུམ་བསྡུས་པའི་ཕྱིར་རོ། །རྣམ་གྲངས་གཞན་དུ་ན་ཞེས་བྱ་བ་ནི་ཚིག་གསུམ་པོ་འདི་ཉིད་རྣམ་པར་བཤད་པ་གཞན་གྱིས་དོན་ཐ་དད་བར་སྟོན་པའོ། །དེ་བ ་ཐོས་པ་འཛིན་པ་ནི་དྲན་པ་དང་ལྡན་པ་ཞེས་བྱའོ། །སྟོང་པ་ཉིད་དུ་རོ་གཅིག་ཀྱང་རང་དང་སྤྱིའི་མཚན་ཉིད་ལ་སོགས་པ་ཐ་དད་པ་ནི་ཆོས་ཉིད་ཟབ་མོ་སྟེ། དེ་ཤེས་པ་ནི་བློ་གྲོས་དང་ལྡན་པ་ཞེས་བྱའོ། །དགོངས་པ་ཟབ་མོ་ཤེས་པ་ནི་རྟོགས་བ་དང་ལྡན ་བ་ཞེས་བྱ་བ་སྟེ། མདོ་རྣམས་ཀྱི་ཚུལ་ནི་ལུགས་ཏེ། དེའི་དགོངས་པ་མངོན་དུ་རྟོགས་པའི་ཕྱིར་རོ། །དང་པོས་ནི་མདོ་ལ་སོགས་པའི་ཆོས་ལ་མཁས་པའོ། །ལྷག་མ་རྣམས་ཀྱིས་དོན་ལ་མཁས་པའོ། །ངོ་ཚ་དང་ལྡན་པ་ཉིད་ཀྱིས་ནི་སྡོམ་པ ་བླངས་པ་སྲུངས་པས་བཟོད་པ་དང་ངེས་པ་དང་ལྡན་པའི་ཕྱིར་ཚུལ་ཁྲིམས་མནོས་པ་འདྲལ་བར་མི་བྱེད་དོ། །བརྟན་པ་དང་ལྡན་པ་ཉིད་ཀྱིས་ནི་ཐམས་ཅད་ཀྱི་ཐམས་ཅད་དུ་ཡོངས་སུ་མི་འདོར་ཏེ། དེ་ལྟར་ན་ཚུལ་ཁྲིམས་མ་ཉམས་པ་དང། སྐྱོན?་མེད ་པ་ཡོངས་སུ་བསྟན་པ་ཡིན་ནོ། །བླ་དང་ལྡན་པ་ཉིད་ཀྱིས་ནི་བརྟེན་ཅིང་འབྲེལ་པར་འབྱུང་བ་ཤེས་སོ། །འདི་ཡོད་ན་འདི་འབྱུང་ཞེས་བྱ་བ་ནི་རྒྱུ་མེད་པར་ལྟ་བའི་གཉེན་པོ་ཡིན་ནོ། །འདི་སྐྱེས་པས་འདི་སྐྱེ་ཞེས་བྱ་བ་ནི་མི་འདྲ་བ་རྒྱུར་ལྟ་བའི་གཏོན? ་པོ་སྟེ། མི་རྟག་པའི་རྒྱུ་རྟག་པ་ནི་རྒྱུ་མི་འདྲ་བ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་གནས་དང་གནས་མ་ཡིན་པ་ཞེས་པ་གསུངས་ཏེ། རྒྱུ་དང་སྒྱུ་མ་ཡིན་པ་ཤེས་པའི་ཕྱིར་རོ། །རྟོགས་མའི་ཤེས་པ་དང་ལྡན་པ་ཉིད་ཀྱིས་ནི་བདུད་ཕྱིར་རྒོལ་བ་ལ་སོགས་པ ་གཞན་དག་གིས་མི་བཀྲི་ཞིང་མི་འཕྲོགས་པ་ཡིན་ཏེ། ལམ་མཐོང་བའི་ཕྱིར་རོ། །ཤེས་རབ་དང་ལྡན་པ་ཉིད་གྱིས་ནི་ལྷད་བཅུག་བ་ནི་དམ་པའི་ཆོས་འཇིག་བར་བྱེད་པ་ཚིག་ལྟག་བཅུག་པ་གང་ཡིན་པའོ། །ད་ལ་ནག་པོ་བསྟན་པའི ་གཉེན་པོར་འདི་ནི་མདོ་ལ་སོགས་པ་ལ་འཇུག་པ་ལ་སོགས་པའི་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་བཤད་པ་ཡིན་པའི་ཕྱིར་དོན་གྱི་ཚིག་ཡིན་ནོ། །འདིའི་ཆོས་ཉིད་དང་འགལ་བ་ཉིད་ཀྱིས་བདུད་ལ་སོགས་པས་སྨྲས་པ་ཡིན ་པའི་ཕྱིར་དོན་མ་ཡིན་པའི་ཚིག་ཡིན་ནོ་ཞེས་བྱ་བ་དང། འདྲེས་པའི་ཚིག་ཡིན་ནོ་ཞེས་བྱ་བར་ཤེས་སོ། །མངོན་པར་ཤེས་པ་རྣམས་ཀྱིས་ནི་སྐྱབས་ངན་པར་ཞུགས་པ་རྣམས་དང་བར་བྱས་ནས་བསྟན་པ་ལ་འཛུད་པར་བྱེད་དོ། །ཐབས་མཁས་པ ་ཉིད་ཀྱིས་ནི་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་དེ། དེ་ལྟར་ན་དྲན་པ་ལ་སོགས་པའི་ཡོན་ཏན་ཡོངས་སུ་འཛིན་པའི་ཁྱད་པར་རྣམ་པར་བཞག་པ་ཡིན་ནོ། །སྒྲུབ་པའི་ཁྱད་པར་རྣམ་པར་བཞག་པ་ནི་བཅུ་གཉིས་པས་བསྟན་ཏོ། །ཇི་ལྟ་ཞེ ་ན། ངོམས་མི་ཤེས་པ་ཡིན་ཞེས་བྱ་བ་ལ་སོགས་པས་བསྟན་ཏོ། །སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་རྣམ་པར་བཞག་པ་ནི་བཅུ་གསུམ་པས་བསྟན་ཏོ། །ཇི་ལྟ་ཞེ་ན། དེ་དེ་ལྟར་མངོན་པར་བརྩོན་པས་སྦྱིན་པས་ཀྱང་སེམས་ཅན ་ཡོངས་སུ་སྨིན་པར་བྱེད་དེ་ཞེས་བྱ་བ་ལ་སོགས་པས་ཏེ་བསྡུ་བའི་དངོས་པོ་བཞིས་ཚིག་བཞི་བསྟན་པའོ། །གཟུགས་ཀྱི་ལུས་ཀུན་ཏུ་བསྟན་པ་ནི་རང་གི་རིས་ལ་ཆགས་པ་རྣམས་ལའོ། །ཆོས་བཤད་པ་ནི་ཐེ་ཚོམ་ཟ་བ ་རྣམས་པའོ། །བྱང་ཆུབ་སེམས་དཔའ་ཨི་སྤྱོད་པ་བརྗོད་པ་ནི་ཐབས་འཁྲུལ་པ་རྣམས་ལའོ། །དེ་བཞིན་གཤེགས་པའི་ཆེ་བ་ཉིད་སྨོས་པ་ནི་ཡོངས་སུ་སྐྱོ་བ་རྣམས་ལའོ། །འཁོར་བའི་ཉེས་པ་བསྟན་པ་ནི་དེ་ལ་མངོན་པར་དགའ་བ་རྣམས་ལའོ།། ་སངས་རྒྱས་ཀྱི་ཡེ་ཤེས་ཀྱི་ཕན་ཡོན་ཡོངས་སུ་བསྙད་པ་ནི་མི་འཇུག་པ་རྣམས་ལའོ། །བློ་ཆུང་པ་རྣམས་ལ་ནི་ཚིག་ཐ་མས་ཡོངས་སུ་སྨིན་པར་བྱེད་པས་བསྟན་ཏོ། །དེ་ལ་ངོན་བརྗེད་པའི་གནོད་པ་དང་བྱ་བ་བརྗེད་པའི་གནོད་པའི་རྣམ་པ ་གཉིས་གཅིག་ཏུ་བྱས་ནས་བཞག་སྟེ། འདི་ཡང་ཚིག་གཉིས་ཀྱིས་རྣམ་པར་ཕྱེ་བ་ཡིན་ནོ། །འདིའི་གཉེན་པོ་ནི་ཡི་གེ་སྟེ། ཡི་གེའི་འབྲུ་རྣམས་ཀྱིས་བྱིན་པ་ལ་སོགས་པའི་དོན་དང། བྱས་པ་ལ་སོགས་པའི་བྱ་བ་རྣམས་ནི་བརྗེད་པར་བྱ་བའི ་ཕྱིར་བྲིས་ནས་འཇོག་པར་བྱེད་དེ། །གཏན་ཚིགས་ཀྱི་བསྟན་བཅོས་ཀྱིས་ནི་ལྟ་བ་ངན་པ་སེལ་བར་བྱེད་དོ། །སྒྲའི་བསྟན་བཅོས་ཀྱིས་ནི་བློ་ཆུང་བ་སེལ་བར་བྱེད་དོ། །ཡོངས་སུ་བླངས་པའི་ནོར་མ་སྦས་པའི་གཉེན་པོར་རྒྱ་སྟེ་དེས་སྤེད་པའི ་ཕྱིར་རོ། །འདུ་བ་དང་འགོད་པ་ལ་རྨོངས་པའི་གཉེན་པོར་རྩིས་དང་ཤོ་ཐབས་ཏེ། དེ་གཉིས་ཀྱིས་འདུ་འགོད་ཤེས་པའི་ཕྱིར་རོ། །ཁམས་མི་མཉམ་པ་ནི་སྐེམས་པ་དང་བརྗེད་བྱེད་དོ། །སེམས་ཅན་གནོད་པ་ནི་འབྱུང་བོའི་གདོན་ཏོ། །རྒྱུ་ལས་བྱུང ་བའི་ནད་ཀྱི་གནོད་པ་ནི་རོ་ལངས་ཀྱི་སྦྱོར་བ་སྟེ། གཤེད་བྱེད་སྒྲུབ་པ་ལ་སོགས་པས་རིམས་ལ་སོགས་པ་འབྱུང་བའོ། །ཟླ་བ་ལ་སོགས་པ་ལོག་པར་མཐོང་བ་དང། །མཚན་ངན་པ་ལ་སོགས་པ་ཡན་ལག་གི་སྐྱོན་རྣམ་པར་སྨིན་པ་ཁོ་ནས ་ཐོབ་པ་དེས་བྱས་པའི་རྣམ་པར་འཚ་བའི་གནོད་པའི་ངོ་ལོན་ཡང་ཤེས་སོ། །དེ་ལ་སྡོམ་པའི་ཚེ་ག་ནི་སྡོམ་པའི་ཚུལ་ཁྲིམས་ཏེ། འཆལ་པའི་ཚུལ་ཁྲིམས་ཀྱི་གཉེན་པོའོ། །བསམ་གཏན་ནི་འདོད་པ་ལ་འདོད་ཆགས་པའི་གཉེན་པོའོ། །མངོན་པར ་ཤེས་པ་རྣམས་ནི་སྐྱབས་ངན་པའི་གཉེན་པོའོ། །ཚད་མེད་པ་རྣམས་ནི་ལོག་པའི་བསོད་ནམས་ཀྱི་གཉེན་པའོ། །གཟུགས་མེད་པ་རྣམས་ནི་ལོག་པའི་ཐར་པའི་གཉེན་པོའོ། །རྒྱུ་བཞི་དང་ལྡན་པར་ཞེས་བྱ་བ་ལ་གནོད་པ་གཞན་གྱིས་གནོད་པར ་བྱ་བ་མེད་པ་ནི་ཐོ་འཚམས་པ་མེད་པ་ཞེས་བྱའོ། །ཁ་ན་མ་ཐོ་བ་མེད་པའི་བདེ་བ་སྐྱེས་པ་ནི་སེམས་ཅན་ཐམས་ཅད་ལ་ཕན་པ་དང། བདེ་བར་འགྱུར་བ་ཞེས་བྱ་བའོ། །འབྱུང་བར་བྱེད་པར་རྣམ་པར་དག་པ་ནི་སྙིང་རྗེ་དང་ལྡན་པས་ཞེས་བྱ་བའོ། །དགོས ་པ་རྣམ་པར་དག་པ་ནི་མཐར་གྱིས་སངས་རྒྱས་གྱི་ཆོས་ལ་དགོད་པའི་ཕྱིར་ཞེས་བྱ་བའོ། །ཤིན་ཏུ་སྦྱངས་དཀའ་ལ་ནི་འཁོར་བ་དང། མྱ་ངན་འདས་ལམ་མི་གནས་ལམ་ཐོབ་ནས། །ཤེས་རབ་སྙིང་རྗེ་ཡོངས་སྦྱངས་བསམ་པ་ཅན། །ས་འབྲས་རྣམ་པ ་ཞི་ལ་རབ་གནས་པ། །བློ་ཡིས་འཁོར་བའི་སྐྱོན་རྣམས་རབ་དཔྱད་དེ། །ཞི་པའི་དབྱིངས་ནི་སེམས་ལ་རབ་སྨོན་ནས། །མཚན་མ་མེད་ལ་མེད་དུ་གནས་ལྡན་པའི། །ས་དྲུག་མཚན་མ་མང་པ་ཐོབ་པར་འགྱུར། །ས་དྲུག་པའི་འགྲེལ་པ་ནི། །རྒྱུ་ནི་གསུཾ ་པོ་གང་དག་གིས། །ལྔ་པ་རྣམ་པར་བཞག་འདོད་པའི། །རྒྱུ་དེ་ཉིད་ནི་ཁྱད་པར་འཕགས་པས། །དྲུག་པ་རབ་ཏུ་བསྟན་པ་ཡིན། །ས་བཞི་པ་དང་ཞེས་པ་ལ་སོགས་པ་ནི་ས་འདིའི་འབྲེལ་པ་སྟོན་པར་བྱེད་པ་སྟེ། ས་དང་པོ་ལ་ཆོས་ཀྱི་དབྱིངས་མཐོང ་བའི་ཕྱིར་གང་ཟག་ཏུ་མངོན་བར་ཞེན་པ་སྤངས་བ་ཡིན་ནོ། །དེའི་འཕོང་པ་ལས་གྱུར་པ་ཆོས་རྟོགས་པའི་ང་རྒྱལ་ནི་ས་བཞི་བ་ལས་སྤངས་པ་ཡིན་ནོ། །ལྔ་པ་ནི་རྣམ་པར་དག་པ་ལ་རྒྱུད་ཐ་དད་པའི་མངོན་པའི་ང་རྒྱལ་སྤངས་པ་ཡིན་པས་དེ་དག ་ཏུ་དེ་དག་གི་གཉེན་པོར་བཤད་དོ། །ཀུན་ནས་ཉོན་མོངས་པ་དང། རྣམ་པར་བྱང་བའི་ཆོས་ལ་ཐ་དད་པའི་མངོན་པའི་ང་རྒྱལ་གང་ཡིན་པ་དེའི་གཉེན་པོ་ཚེ?་འདི་ལས་བསྟན་པར་བྱ་བ་ཡིན་པས་ན། སའི་འབྲེལ་པ་ཡིན་ཏེ། ལམ་ཤིན་ཏུ་ཡོངS ་སུ་རྫོགས་པའི་བྱང་ཆུབ་སེམས་དཔའ་དེ་བྱང་ཆུབ་སེམས་དཔའ་ས་དྲུག་པ་ལ་འཇུག་སྟེ། ཞེས་གང་གསུངས་པའོ། །ཆོས་ལ་ཐ་དད་ང་རྒྱལ་ནི། །ཆོས་མངོན་ཞེན་པས་སྐྱེས་གང་ཡིན། །དེ་ཡི་གཉེན་པོ་རྣམ་པ་བཅུ། །དྲུག་པ་ལས་ནི་རབ་ཏུ་བསྟན།། ་དེ་ལ་ཆོས་ཐམས་ཅད་དེ། སྐྱེ་མཆེད་བཅུ་གཉིས་པོ་རྣམས་ནི་ཀུན་བརྟགས་པའི་ངོ་བོ་ཉིད་མེད་པས་མཉམ་པ་ཉིད་དོ། །སྐྱེ་བ་དང་འཆི་འཕོའི་མཚན་མ་ཞེས་བྱ་བ་ནི་ཆོས་ཐམས་ཅད་བླང་བ་མེད་པ་དང། ངོར་བ་མེད་པ་མཉམ་པ་ཉིད་ཅེས་གང་གསུངས ་པ་སྟེ། བླང་བ་ནི་སྐྱེ་བ་ཡིན་ལ། །དོར་བ་ནི་འཇིག་པ་ཡིན་པའི་ཕྱིར་རོ། །གང་ཟག་ལ་མངོན་པར་ཞེན་པའི་མཆན་མ་ནི་ཕུང་པོ་ལྔ་པོ་དག་སྟེ། དེ་སྐད་དུ་མདོ་ལས། དགེ་སློང་དག་འདི་ན་གང་ལ་ལ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཀུན་བརྟགས་པའི ་གཟུགས་ལ་སོགས་པ་མེད་ན་གང་ཟག་དུ་མངོན་པར་ཞེན་པ་ལ་སོགས་པ་མེད་པའི་ཕྱིར་དེའི་གཉེན་པོར་སྒྱུ་མ་ལ་སོགས་པ་དང་མཉམ་པ་ཉིད་དེ། ཉོན་མོངས་པ་གློ་བུར་བ་དང་འཁོར་བའི་དྲི་མ་བསལ་བས་གཉེན་པོ་ཡིན་ནོ། །བྱི་དེར་བྱས་པ ་ཡིན་ཏེ། གནས་བྱི་ངོར་བྱེད་པ་བཞིན་ནོ། །མཉམ་པ་ཉིད་དུ་མོས་པའི་ཕྱིར་ཞེས་བྱ་བ་ནི་གཉེན་པོ་མཉམ་པ་ཉིད་དུ་མོས་པའི་ཕྱིར་རོ། །དེ་ལྟར་ན་རྗེས་སུ་མཐུན་པར་བྱས་པ་ཡིན་ཏེ། དེ་བཞིན་ཉིད་ཀྱིས་རང་གི་ངོ་བོ་ཡོངས་སུ་ཤེས་པའི་ཕྱིར་རོ། །རྣམ་པར ་མི་རྟག་པའི་ཕྱིར་ཞེས་བྱ་བ་ནི་གཉེན་པོ་འདི་ལྟ་བུ་ནི་ཀུན་ནས་ཉོན་མོངས་པ་བཟློག་པར་བྱེད་དོ། །ཡིན་ནོ་སྙམ་དུ་རྣམ་པར་མི་རྟོག་པའི་ཕྱིར་རོ། །བཟོད་པ་ཞེས་བྱ་བ་ནི་བཟོད་པ་དང་རྗེས་སུ་མཐུན་པའི་ཕྱིར་རོ། །དེ་མ་ཐོབ་པོ་ཞེས་བྱ་བའི་ཚིག་གིས ་ནི?་ཞེས་བྱ་བ་ནི་དེ་ཙམ་གྱིས་མི་སྐྱེ་བའི་ཆོས་ལ་བཟོད་པའི་སྒོ་རྗེས་སུ་ཐོབ་པ་ནི་མ་ཡིན་ནོ་ཞེས་གང་གསུངས་པའོ། །འདི་ཡང་ཆད་ནི་ཞེས་བྱ་བ་ནི་ཇི་སྐད་དུ་བཤད་ཟིན་པ་ལ་སྙེགས་སོ། །བྱད་པར་དུ་འགྲོ་བ་ཞེས་བྱ་བ་ནི་ང་རྒྱལ་ཆ་ཕྲ་བའི་གཉེན ་པོར་རྣམ་པར་བཞག་པའི་ཕྱིར་རོ། །འདི་ནས་གཟུང་སྟེ་ཞེས་བྱ་བ་ནི། ཆོས་ཐམས་ཅད་ཀྱི་རང་བཞིན་དེ་ལྟར་རྟོགས་པ་ན་ཞེས་བྱ་བ་ནས་གཟུང་སྟེ། སྟོང་པ་ཉིད་ཀྱི་རྣམ་པར་ཐར་པའི་སྒོ་ཀུན་ཏུ་སྐྱེས་པ་ཡིན་ནོ་ཞེས་བྱ་བའི་བར་གྱི་གཞུང་འདིས ་མི་གནས་པའི་མྱ་ངན་ལས་འདས་པའི་ལམ་སྒྲུབ་པའི་ཁྱད་པར་བཤད་པ་ཡིན་ནོ། །སེམས་ཅན་ལྟ་བ་དང་བཅས་པ་ཞེས་བྱ་བ་ལ་སོགས་པ་ནི་མི་གནས་པའི་མྱ་ངན་ལས་འདས་པའི་ལམ་སྒྲུབ་པའི་ཁྱད་པར་སྟོན་པར་བྱེད་པའོ། །རྒྱུ ་གཉིས་ཀྱིས་ནི་མི་གནས་པའི་མྱ་ངན་ལས་འདས་པའི་ལམ་ཉིད་དུ་མི་འགྱུར་ཏེ། ཉན་ཐོས་བཞིན་དུ་སྙིང་རྗེ་དང་བྲལ་བ་དང། འཁོར་བ་བཞིན་དུ་ཤེས་རབ་དང་བྲལ་བས་སོ། །སྙིང་རྗེ་དང་ཤེས་རབ་གཉིས་ཀྱིས་ནི་འགྱུར་བས་དེའི་ཕྱིར་དེ ་དག་དང་ལྡན་པ་སྟོན་པར་བྱེད་དོ། །སྙིང་རྗེའི་ཁྱད་པར་ཡོངས་སུ་འཛིན་པ་ནི་སླ་བས་སྒོ་གསུམ་ནས་ཤེས་བྱ་བ་ལ་སོགས་པས་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་ཡོངས་སུ་རྟོག་པ་སྟོན་ཏོ། །སྒྲུབ་པ་དང་བརྒལ་བའི་ལན་ཡིན་པས་བརྒལ་བའི་ལན་དང ་མཚན་ཉིད་དེ་དག་རྣམ་པར་བཞག་པའོ། །འདིས་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་ཡོངས་སུ་རྟོག་ཅེས་བྱ་བས་སྦྱར་ཏེ། ཐམས་ཅད་ནི་བདག་ཏུ་མངོན་པར་ཞེན་པ་ལས་འབྱུང་བ་ཞེས་བྱ་བ་འདི་ནས་གཟུང་སྟེ། བྱེད་པ་པོ་མེད་དོ་ཞེས་བྱ་བའི་བར ་གྱིས་བསྟན་ཏོ། །དོན་དམ་པའི་བདེན་པ་རྣམ་པར་བཞག་པས་ཡོངས་སུ་རྟོག་པ་ནི་དེ་འདི་སྙམ་དུ་སེམས་ཏེ། འདི་ལྟར་ཁམས་གསུམ་ཞེས་བྱ་བ་ལ་སོགས་པའོ། །ཀུན་རྫོབ་ཀྱི་བདེན་པ་རྣམ་པར་བཞག་པ་ནི་སྲིད་པའི་ཡན་ལག་བཅུ་གཉིས ་པོ་གང་དག་ཅེས་བྱ་བ་ནས་གཟུང་སྟེ། དེ་དེ་ལྟར་རྟེན་ཅིང་འབྲེལ་བར་འབྱུང་བ་ལ་རྣམ་པ་བཅུར་ཞེས་བྱ་བའི་བར་ཡིན་ནོ། །དེ་ལྟར་མདོ་རྣམ་པར་བྱེ་ནས་སྒྲུབ་པ་རྣམ་པར་བཞག་པ་ཇི་ལྟ་བུ་ཞེ་ན་ཞེས་བྱ་བ ་ལ་སོགས་པས་ཡན་ལག་གི་དོན་བཤད་པར་བྱ་སྟེ། དེ་ནི་ཞེས་བྱ་བ་ནི་བདག་མེད་བ་དེ་སྒྲུབ་པར་བྱེད་པའོ། །རིག་པ་གང་གིས་ཤེ་ན། འཇིག་རྟེན་འབྱུང་བ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་དང་བྲལ་ན་ཞེས་བྱ་བ ་ལ་སོགས་པས་ནི་རྗེས་སུ་འགྲོ་བ་དང་ལྡོག་པ་དག་སྟོན་པར་བྱེད་དོ། །བདག་དོན་དམ་པར་ཡོངས་སུ་ཟིན་ན་ནི་ཞེས་བྱ་བ་ལ་སོགས་པས་ནི་རྗེས་སུ་འགྲོ་བ་དང་ལྡོག་པ་དག་ཉིད་སྦྱོར་བར་བྱེད་པའོ། །དེ་ལ་སྦྱོར་བ་ནི་འཇིག་རྟེན་འབྱུང་བ ་ཐམས་ཅད་ཀྱི་རྒྱུ་ནི་བདག་ཏུ་ལྟ་བ་ཡིན་ཏེ། ཉོན་མོངས་པའི་ཀུན་ནས་ཉོན་མོངས་པ་ཡིན་པའི་ཕྱིར། མ་རིག་པ་ལ་སོགས་པའི་ཀུན་ནས་ཉོན་མོངས་པ་བཞིན་ནོ། །ཆོས་མི་མཐུན་པ་ནི་ལམ་བཞིན་ནོ། །གལ་ཏེ་ཉོན་མོངས་པའི ་ཀུན་ནས་ཉོན་མོངས་པ་ཉིད་ཀྱང་མ་གྲུབ་པོ་ཞེ་ན། དེ་ནི་མ་ཡིན་ཏེ། ཕྱིན་ཅི་ལོག་གི་རྣམ་པར་ཞུགས་པའི་ཕྱིར་འདོད་ཆགས་ལ་སོགས་པ་བཞིན་དུ་ཉོན་མོངས་པ་ཉིད་ཡིན། །ཕྱིན་ཅི་ལོག་གི་རྣམ་པར་ཞུགས་པ་ཉིད་ནི་གཟུཌ ་ལ་སོགས་པ་བདག་མེད་པ་རྣམས་ལ་བདག་ཏུ་མངོན་པར་ཞེན་པའི་ཕྱིར་ཏེ། དོན་དམ་པར་ན་བདག་མེད་པའི་ཕྱིར་རོ། །འདི་ནི་རང་གི་སྡེ་པ་རྣམས་ཀྱིས་སྲོལ་གཏོད་ཟིན་པས་འཕན་མི་སྐྱེད་དོ། །དེ་ལ་བརྒལ་བ་རྣམ་པར ་བཞག་པ་སྟེ་གང་ཞིག་བདག་མེད་ན་རིགས་པ་གང་གིས་དེར་འཛིན་པ་འཇུག་པ་འདི་སྨྲོས་ཤིག་ཅེས་ཟེར་ན། འདིའི་ལན་རྣམ་པར་བཞག་པ་ནི་བྱིས་པའི་བློ་ཉིད་དང་མི་ཤེས་པ་ལ་སོགས་པ་རྒྱུ་ལྷག་མ་རྣམས་ཀྱིས་བདག ་མེད་པ་ལ་ཀུན་ཏུ་རྨོངས་ནས་བདག་ཏུ་འཛིན་པ་ཡིན་ནོ། །བྱིས་བའི་བློ་ཅན་དུ་གྱུར་པས་ཞེས་བྱ་བ་ནི་བློ་ཆུང་བའི་ཕྱིར་རོ། །དེའི་འོག་ཏུ་བདག་མང?་དུ་ཟིན་ཀྱང་ཞེས་བྱ་བ་ལ་སོགས་པས་ནི་གཞུང་མཛའ་དག་འཕེན་ཏོ། །ཉན་མོངས་པ ་གཞན་ཡང་ཡོད་བཞིན་དུ་ཅིའི་ཕྱིར་མི་ཤེས་པ་དང། སེར་སྣ་དག་ཁོ་ན་སྨྲོས་ཞེས་རྒོལ་བ་འདིའི་ལན་གདབ་པའི་ཕྱིར་སྲིད་པའི་ཡན་ལག་གི་རྩ་བ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་སོ། །སྲིད་པའི་ཡན་ལག་འདི་ནི་གཙོ་པོ་ཡིན་ཏེ། དེ་ཉིས ་ཀྱི་ཕྱིར་གཞན་ལས་སྐྱེ་བ་རྣམས་ཀྱི་རྒྱུ་ནི་སྲིད་པ་ཡིན་ནོ་ཞེས་གསུངས་སོ། །བདག་མེད་བཞིན་དུ་ཡང་ཇི་ལྟ་བ་བཞིན་དུ་ཡང་ཇི་ལྟར་འཇིག་རྟེན་སྐྱེ་བ་དགེ་སྲིད་པ་དེ་ལྟར་མདོ་ཉིད་ལས་རིགས་པ་དག་རབ་ཏུ་བསྟན་ཏོ། །ཇི་ལྟ་ཞེ་ན། བསོད ་ནམས་དང་བསོད་ནམས་མ་ཡིན་པ་དང་མི་གཡོ་བའི་འདུ་བྱེད་རྣམས་ཀྱང་སོགས་ཞེས་བྱ་བ་རྒྱས་པར་གསུངས་སོ། །དེ་ལ་ཡོངས་སུ་མ་གཏང་བ་ཞེས་བྱ་བ་ནི་ཡོངས་སུ་མ་སྤངས་པའོ། །གང་དག་གིས་ཤེ་ན་འདུ་བྱེད་ངག་གིས་སོ། །དེ་ནི ་ཞིག་ཅེ་ན། སེམས་ཀྱི་ས་བོན་ནོ། །ཅི་འདྲ་བ་ཞིག་ཅེ་ན། ཟག་པ་དང་བཅས་པ་ཉེ་བར་ལེན་པ་དང་བཅས་པའོ། །གང་གི་ཚེ་ན་ཞེ་ན་ཕྱི་མ་ལའོ། །ཅི་ཞེ་ན། སྐྱེ་བ་རྒ་ཤིའི་རང་བཞིན་ཞེས་བྱ་བ་ལ་སོགས་པ་སྟེ། སེམས་ཉིད་ཡང ་སྲིད་པ་དང་སྲིད་པ་བར་མ་གཉིས་ཀྱི་རྒྱུ་ཡིན་པའི་ཕྱིར་ས་བོན་ཡིན་ནོ། །དེ་ཉིད་སྐྱེ་བ་དང་རྒ་བ་ཞེས་བྱ་བ་ལ་སོགས་པས་སྟོན་པར་བྱེད་དོ། །མདོ་ལས་མངོན་པར་འགྲུབ་བ་ཞེས་འབྱུང་བ་ནི་བར་མ་དོའི་སྲིད་པ་ཡིན་ནོ། །ཡང་སྲིད་པ ་ཞེས་འབྱུང་བ་ནི་སྐྱེ་བའི་སྲིད་པ་ཡིན་ནོ། །དེ་དག་གིས་བསྡུས་པ་ལ་ཉེ་བར་འགྲོ་བའི་ཕྱིར་ན་ཉེ་བར་སོང་བ་ཡིན་ནོ། །བསོད་ནམས་ལ་སོགས་པ་ཞེས་བྱ་བ་ལ་སོགས་པས་ནི་ཕྱིའི་མྱུ་གུ་སྐྱེ་བ་དང་ཆོས་མཐུན་པ་ཉིད་དུ་སྟན་པར་བྱེད་དོ།། ་དེ་ལ་འདི་ནི་ཆོས་མཐུན་པ་ཉིད་ཡིན་ཏེ། མྱུ་གུ་སྐྱེད་པར་བྱེད་པ་ལ་དང་པོར་ཞིང་དང། ལུས་ཀྱི་དགབ་པ་དང། ཆུའི་ཁམས་ཀྱིས་བརླན་པ་དང། ཕྱིའི་གནོད་པ་འབྱུང་དུ་འོང་བས་རྒྱལ་སོགས་པས་སྐོར་དགོས་པ་དེ ་ཐམས་ཅད་ནང་གི་དག་ལ་ཡང་སྦྱར་བར་བྱའོ་ཞེས་སྟོན་པར་བྱེད་དོ། །བདག་ཉིད་དང་ཞེས་བྱ་བ་ནི་གཞན་གྱིས་མ་ཡིན་པའོ། །རང་གི་འཇིག་པའི་བློ་སྔོན་དུ་གཏོང་བ་མེད་ཅེས་བྱ་བ་ནི་བདག་གིས་འདི་ལྟར་གཞིག་པར་བྱའོ་སྙམ་པའོ།། ་བསྡུས་པའི་དོན་ནི་འདི་ཡིན་ཏེ། ལས་ལ་བརྟེན་ནས་རྣམ་པར་ཤེས། །མིང་དང་གཟུགས་སུ་མྱོས་པར་འགྱུར། །ནུར་ནུར་པོ་ལ་སོགས་རིམ་གྱིས། །སྐྱེ་མཆེད་དྲུག་པོ་ཀུན་ཏུ་འབྱུང། །སྐྱེ་མཆེད་དད་པར་གྱུར་ནས་ནི། །ཡུལ་རྣམས་ལ་ནི་མངོན ་པར་དགའ་། །ཡུལ་རྣམས་དོན་དུ་གཉེར་བ་ན། །ཕྱིར་ཞིང་རང་གི་ལས་ལ་འཇུག་།ལས་གང་དག་གིས་འདི་ཟིལ་ནོན། །ཕྱི་མར་སྐྱེ་རྒྱུ་ལས་བྱུང་བའི། །རྒ་དང་འཆི་དང་མྱ་ངན་སོགས། །སྡུག་བསྔལ་ཉམས་སུ་མྱོང་འགྱུར་ཉིད། །བརྒལ་བ་ལན་རྣམ ་པར་བཞག་པ་ནི་དེ་ལྟ་བུ་ཡིན། །མཚན་ཉིད་རྣམས་པར་བཞག་པ་ཇི་ལྟ་བུ་ཞེ་ན། བརྒལ་དང་སྒྲུབ་པའི་སྐབས་ཀྱིས་ནི། །རྐྱེན་ལས་བྱུང་བའི་རྣམ་པ་ནི། །བདག་མེད་ཉིད་དུ་བསྒྲུབས་ནས་སུ། །དེ་ཡི་འོག་ཏུ་བརྟག་པར་བྱ། །ཇི་ལྟར་བརྟག་པར་བྱ་ཞེ་ན། །རྣལ ་གནས་མཚན་ཉིད་གང་གིས་ན། །འདི་ནི་རབ་ཏུ་འབྱུང་བའོ། །ཇི་ལྟ་ཞེ་ན། དེ་འདི་སྙམ་དུ་སེམས་ཏེ། བདེན་པ་རྣམས་མི་ཤེས་པ་ནི། དོན་དམ་པ་མ་རིག་པའོ་ཞེས་བྱ་བ་རྒྱས་པར་སྨོས་སོ། །མིང་དང་གཟུགས་སུ་སྟོན་ཏོ་ཞེས་བྱ་བ་ལ་ཅི་ཞིག་སྟོན་པར ་བྱེད་ཅེ་ན། རྟེན་ཅིང་འབྲེལ་པར་འབྱུང་བ་བསྟན་པ་འདི་ལ་ཆ་གསུམ་དུ་རྣམ་པར་བཞག་པར་བསྟན་པར་དགོངས་པ་ནི་མ་ཡིན་ནོ། །འོན་ཀྱང་ཡན་ལག་རྣམས་ཀྱི་འབྲེལ་པ་ཙམ་ཞིག་བརྗོད་པར་བཞེད་པ་ཟད་དེ། འདི་ལྟར་མ་རིག་པས་བྱས་པའི་ལས ་ཀྱི་རྣམ་པར་སྨིན་པ་ནི་འདུ་བྱེད་རྣམས་སོ་ཞེས་གསུངས་པ་ལ། འདུ་བྱེད་ཅེས་བྱ་བའི་སྒྲ་ནི་འདིར་འདུས་བྱས་ཀྱི་ཆོས་ཀྱི་རྣམ་གྲངས་ཡིན་ཏེ། དཔེར་ན་གཞན་ལས་འདུ་བྱེད་ཐམས་ཅད་ནི་མི་རྟག་གོ་ཞེས་འབྱུང་བ་ལྟ་བུ་ཡིན་གྱི། ཇི་ལྟར་གཞན་ལས ་འདུ་བྱེད་ནི་གསུམ་སྟེ། ཞེས་འབྱུང་བ་ལྟ་བུ་བསོད་ནམས་སོགས་པའི་ཆོས་ཀྱི་རྣམ་གྲངས་ནི་མ་ཡིན་ཏེ། བསོད་ནམས་ལ་སོགས་པའི་འདུ་བྱེད་དེ་དག་ནི་འདིར་མ་རིག་པས་བྱས་པ་ཉིད་ཀྱིས་ཡོངས་སུ་བསྡུས་པ་དག་ཡིན་ནོ། །འདུ་བྱེད་དེ་དག་ཀྱང་རྣམ་པར ་སྨིན་པའི་གནས་སྐབས་ཡིན་པས་མིང་དང་གཟུགས་སུ་སྟོན་ཏོ་ཞེས་བྱ་བས་སྨྲས་སོ། །དེ་ལ་ཀུན་གཞིའི་རྣམ་པར་ཤེས་པ་བརྟེན་པ་སྟེ། མིང་དང་གཟུགས་ལ་བརྟེན་པ་ཉིད་དང། མིང་དང་གཟུགས་དང་རྣམ་པར་ཤེས་པ་ལྷན་ཅིག་པ་སྟེ། ཀུན་གཞིའི ་རྣམ་པར་ཤེས་པ་དང་ལྷན་ཅིག་པ་ཉིད་དོ། །དེ་ལྟ་བས་ན་འདིར་ཀུན་གཞིའི་རྣམ་པར་ཤེས་པ་དང་མིང་དང་གཟུགས་གཅིག་ལ་གཅིག་བརྟེན་པ་ཉིད་དུ་བཤད་པ་ཡིན་ཏེ། འདུ་བྱེད་དང་རྣམ་པར་ཤེས་པ་དང། མིང་དང་གཟུགས་ཀྱི་ཡན་ལག ་རྣམས་དུས་གཅིག་ཏུ་འབྱུང་བར་རྣམ་པར་བཞག་པ་མངོན་ནོ། །གཞན་དག་ན་རེ་བརྟེན་ཅིང་འབྲེལ་པར་འབྱུང་བ་བསྟན་པ་འདིར། སྔོན་གྱི་མཛའ་དང་མཛའ་ཨི་བར་དང་ཕྱི་མའི་མཛའ་དང་ཆ་གསུམ་དུ་རྣམ་པར་བཞག་པས་བསྟན་པ་ཡིན་ལ།། ་འདིར་ཁྱད་པར་དུ་ན་སྔོན་གྱི་མཛའ་ནི་མ་རིག་པ་ཁོ་ན་རྣམ་པར་བཞག་ལ། འདུ་བྱེད་རྣམས་ནི་མཛའ་ཨི་བར་ཁོ་ནར་རྣམ་པར་བཞག་གོ་།མིང་དང་གཟུགས་རྣམ་པར་སྨིན་པར་འགྱུར་བ་དེ་ཡང་ཀུན་གཞིའི་རྣམ་པར་ཤེས་པ་དང་ལྷན་ཅིག་པར ་བསྟན་ལ། དེ་ལས་ཀུན་གཞིའི་རྣམ་པར་ཤེས་པ་ཕྱུང་ནས། ཡང་རྣམ་པར་ཤེས་པའི་ཡན་ལག་ཉིད་དུ་བསྟན་ཏོ། །དེ་ཅིའི་ཕྱིར་ཞེ་ན། མིང་དང་གཟུགས་ལ་བརྟེན་པ་ཉིད་ཡིན་པར་ཤེས་པར་བྱ་བའི་ཕྱིར་དང། མིང་དང་གཟུགས་ཀྱང་ཀུན་གཞིའི ་རྣམ་པར་ཤེས་པ་ལ་བརྟེན་པ་ཉིད་ཡིན་པར་ཤེས་པར་བྱ་བའི་ཕྱིར་ཏེ། འདི་ལྟར་རྣམ་པར་ཤེས་པ་དང་མིང་དང་གཟུགས་གཅིག་ལ་གཅིག་བརྟེན་པ་ཉིད་དུ་སྟོན་ཏོ། །ཞེས་སྨྲས་པའི་ཕྱིར་རོ། །འདི་ལ་འདུ་བྱེད་རྣམ་པར ་སྨིན་པ་ཞེས་པ་ཡང་མ་རིག་པ་ཁོ་ན་ལས་སྐྱེ་བ་མ་ཡིན་ཏེ། མ་རིག་པ་ལས་དང་ལྷན་ཅིག་པ་རྒྱུའི་དངོས་པོར་སྨོས་པའི་ཕྱིར་འདི་ལྟར་མ་རིག་པས་བྱས་པའི་ལས་ཀྱི་ཞེས་གསུངས་སོ་ཞེས་ཟེར་རོ། །འདི་ནི་སྲིད་པའི་ཡན་ལག་རྗེས་སུ་འབྲེལ་པS ་ཞེས་བྱ་བ་ལ་སོགས་པ་ནི་གནས་དེ་འདི་ལྟར། རྟེན་ཅིང་འབྲེལ་བར་འབྱུང་བ་ལ་ལུགས་དང་མཐུན་པ་དང་ལུགས་དང་མཐུན་པ་མ་ཡིན་པར་སོ་སོར་རྟོག་སྟེ། འདི་ལྟ་སྟེ་སྲིད་པའི་ཡན་ལག་རྗེས་སུ་འབྲལ་བ་དང་ཞེས་བྱ་བ་ལ་སོགས་པ ་འབྱུང་བའི་རྣམ་པ་བཅུ་པོ་དེ་དག་ཚིག་མང་པོ་ཡོངས་སུ་སྤང་པའི་ཕྱིར་འདི་ཉིད་དུ་སྦྱོར་བར་བྱེད་པ། སྲིད་པའི་ཡན་ལག་རྗེས་འབྲེལ་བ། །མ་རིག་པ་ལས་འདུ་བྱེད་རྣམས། །ཞེས་བྱ་བ་ལ་སོགས་པས། རྒྱུ་དང་འབྲས་བུ་བརྒྱུད་པ་ཡིན། སེམས ་གྱུར་པ་ཙམ་དུ་ཟད་པའི་ཕྱིར་རོ་ཞེས་བྱ་བ་ནི་སེམས་དེ་ལྟ་དེ་ལྟར་ཡོངས་སུ་གྱུར་པས་ཁམས་གསུམ་རྣམ་པར་བཞག་པའི་ཕྱིར་རོ། །བདག་དང་བྲལ་བ་ཉིད་ཀྱིས་སེམས་ཙམ་ལ་བརྟེན་པས་ན་སེམས་གཅིག་ལ་བརྟེན་པའོ། །རྣམ་པ་གཅིག་ཏུ་ན་འདིར ་ཡན་ལག་རྣམས་དང་ལྷན་ཅིག་འབྱུང་བ་བརྗོད་བར་བཞེད་པ་ཡིན་པས་སེམས་གཅིག་ལ་བརྟེན་པའི་ཕྱིར་ཏེ་འདི་ལྟར་གཞི་གང་ལ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །གཞི་གང་ལ་ཞེས་བྱ་བ་ནི་བསོད་ནམས་ལ་སོགས་པ་ལའོ།། ་འདོད་ཆགས་དང་ལྡན་པ་ཞེས་བྱ་བ་ནི། ཀྱེ་མ་བདག་གིས་བསོད་ནམས་ལ་སོགས་པའི་འདུ་བྱེད་རྣམས་ཀྱིས་ཚོགས་བསགས་ནས། ལྷ་ལ་སོགས་པའི་ནང་དུ་སྐྱེ་བར་བྱའོ་སྙམ་པའོ། །ཇི་ལྟར་ན་དེ་དག་གཞི་ཞེས་བྱ་ཞེ་ན། འདི་ལ་འབྲས་བུ ་རྣམས་གནས་པའི་ཕྱིར་ཏེ། དེའི་ཕྱིར་གཞི་ནི་འདུ་བྱེད་རྣམས་སོ་ཞེས་བྱ་བ་གསུངས་སོ། །ཀུན་རྫོབ་ཀྱི་བདེན་པ་རྣམ་པར་བཞག་པ་ཇི་ལྟ་བུ་ཞེ་ན། དོན་དམ་པའི་བདེན་པ་ལ་འཇུག་པར་འགྱུར་བའི་རྒྱུ་ནི་ཀུན་རྫོབ་ཅེས་བྱའོ། །བརྟག་བ་རྣམ་པ་དྲུག་པོ་དྲོས? ་རྣམ་དྲུག་ཡོངས་སུ་རྟོག་ཕྱིར་རོ། །ཇི་ལྟ་ཞེ་ན། ཀུན་ནས་ཉོན་མོངས་རྟེན་དང་ནི། །རྒྱུ་དང་དེ་བཞིན་ཉེས་དམིགས་བསྡུས་སོ། །ཉེས་པ་སྤངས་པའི་རྣམ་པ་དང། །ཡིད་མི་འབྱུང་དང་ཡིད་འབྱུང་དང། །དེ་བཞིན་ཟབ་པ་ཉིད་མཐོང་ལས། །བརྟག་པ་རྣམ ་པ་དྲུག་ཏུ་བཤད། །འདི་ནི་བདེན་པ་གཉིས་ཞེས་བྱ་བ་ལ་སོགས་པ་ནི་རྣམ་པ་བཅུའི་ནང་ནས་རྣམ་པ་གཉིས་པ་སྟེ། སེམས་གཅིག་ཏུ་ཡང་དག་པར་འདུ་བ་ཞེས་བྱ་བ་སྦྱོར་བར་བྱེད་པའོ། །སེམས་ནི་རྣམ་པ་གཉིས་ཏེ་སེམས་ཙམ་དང་སེམས ་གཅིག་ལ་བརྟེན་པའོ། །རྒྱུར་བ་བརྟག་པ་ནི་རྣམ་པ་གཉིས་ཏེ། གཞན་གྱི་རྒྱུ་ཉིད་དུ་བརྟག་པ་ནི་དེ་ལ་མ་རིག་པ་ནི་བྱ་བ་གཉིས་སུ་ཉེ་བར་གནས་པ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པ་ནས། འཆི་བ་ཡང་བྱ་བ་གཉིས་སུ་ཉེ་བར་གནས་པ་ཡིན་ཏེ། ཞེས ་བྱ་བའི་བར་གྱིས་བསྟན་ཏོ། །རང་གི་བྱ་བ་བྱེད་པས་ཞེས་བྱ་བ་ནི་བདག་ཉིད་ཀྱི་བྱ་བ་ནི་རང་གི་བྱ་བའོ། །དེ་བྱེད་ཅིང་སྒྲུབ་པ་ནི་བྱེད་པ་སྟེ། དེས་ན་ཡན་ལག་གཞན་རྣམས་ཀྱི་རྒྱུ་ཡིན་ནོ། །དེ་ལ་འདུ་བྱེད་འཇིག་པར་ཡང་བྱེད་དོ་ཞེས་བྱ་བ་ལ་སོགས ་པས་ནི་གཞུང་འཕེན་བར་བྱེད་དོ། །ཚེ་རབས་གཞན་གྱི་རྒྱུ་ཡིན་པའི་ཕྱིར་རོ། །ཞེས་བྱ་བ་ཇི་ལྟར་ན་ཚེ་རབས་གཞན་གྱི་རྒྱུ་ཡིན་ཞེ་ན། གལ་ཏེ་ཤི་བ་དེ་ཡང་དག་པར་ཡོངས་སུ་མ་ཤེས་པར་གྱུར་ན་ཏེ། གང་དག་གིས་བདག་གི་སྐྱེ་པ་ཟད་དོ།། ་ཚངས་པར་སྦྱིན་པ་བསྟེན་ཏོ། །བྱ་བ་བྱས་སོ། །འདི་ལས་སྲིད་པ་གཞན་མི་ཤེས་སོ་ཞེས་འཆི་བ་ཡང་དག་པར་ཡོངས་སུ་ཤེས་པ་དེ་དག་གི་འཆི་བ་དེ་ནི་ཚེ་རབས་གཞན་གྱི་རྒྱུ་མ་ཡིན་ནོ། །རང་གི་རྒྱུ་ཉིད་དུ་ཡོངས་སུ་བརྟག་པ་ནི་དེ་ལ་མ་རིག་པའི་ ་རྐྱེན་གྱིས་འདུ་བྱེད་རྣམས་ཞེས་བྱ་བ་ནི་མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་རྒྱུན་མི་འཆད་པ་དང་རྟོན་པའོ་ཞེས་བྱ་བ་ལ་སོགས་པ་ནས། སྐྱེ་བའི་རྐྱེན་མང་པས་ན་རྒ་ཤི་ཉེ་བར་ཞི་ཞིང་རྟོན་པ་མེད་པའོ། །ཞེས་བྱ ་བའི་བར་གྱིས་བསྟན་ཏེ། རང་གི་རིགས་རྒྱུའི་དངོས་པོར་རྐྱེན་དུ་ཡོངས་སུ་རྟག་པའི་ཕྱིར་རོ། །འདུ་བྱེད་རྣམས་ཇི་ལྟར་ཞེས་བྱ་བ་ལ་སོགས་པས་ནི་མ་རིག་པ་ལ་སོགས་པ་རང་གི་རིགས་རྒྱུ་ཉིད་དུ་ཡོངས་སུ་རྟོན་པར་བྱེད་དོ། །འདིར་མ་རིག་པ་ནི་རྒྱུར ་གྱུར་པ་དང། འབྲས་བུར་གྱུར་པ་དང། རྣམ་པ་གཉིས་སུ་བསྟན་ཏེ། འདུ་བྱེད་རྣམས་ཇི་ལྟར་མ་རིག་པའི་རྐྱེན་ཅན་ཉིད་ཡིན་ཞེ་ན། རྒྱུན་མི་འཆད་བ་དང་རྟོན་པ་ཞེས་སྨྲས་པ་གང་ཡིན་པའོ། །དེའི་ཕྱིར་མ་རིག་པའི་ས་བོན་ཡོད་པས་རྒྱུན་མི་འཆད ་དེ། འདི་ལྟར་ཡང་སྲིད་པ་མངོན་པར་འདུ་བྱེད་པས་ན་འདུ་བྱེད་རྣམ་བཞེས་བྱ་ལ། དེ་དག་ཀྱང་མ་རིག་པའི་ས་བོན་ཡོད་པའི་ཕྱིར་འདུ་བྱེད་དག་ཡིན་ཏེ། མ་རིག་པའི་ས་བོན་རྣམས་དཔྱིས་ཕྱུང་བ་ནི་ཡང་སྲིད་པ་མངོན་པར་འདུ་མི་བྱེད་པའི ་ཕྱིར། །རྟེན་པ་ནི་འབྲས་བུར་གྱུར་པ་དེ་སྐྱེས་པས་དེ་དག་རྟེན་ཅིང་སྐྱེ་བ་སྟེ། མ་རྨོངས་ཅིག་ཤོས་སྐྱེ་བ་མེད་ཅེས་འབྱུང་བའི་ཕྱིར། །དེ་ལ་ས་བོན་དུ་གྱུར་པ་གང་ཡིན་ནོ་པ་དེ་ནི་བསྐྱེད་པར་བྱ་བ་ལ་རྒྱུ་ཡིན་ནོ་ཞེས་བྱའོ། །མ་རིག་པ་ལ་སོགས་པ ་དང་གི་རིགས་རྒྱུའི་དངོས་པོར་རྐྱེན་ཉིད་དུ་ཡོངས་སུ་བརྟག་པ་བཤད་ཟིན་ཏེ། རྒྱུན་མི་འཆད་དང་སྟོན་རྣམ་གཉིས། །མི་ཤེས་རྒྱུ་ལས་བྱུང་བ་སྟེ། །མ་རིག་ས་བོན་གྱུར་གང་དང། །འབྲས་བུར་གྱུར་པར་བརྗོད་པ་ཡིན། །ས་བོན་དུས་ན་རྒྱུན ་མི་འཆད། །འབྲས་བུ་སྐྱེ་བའི་ཚེ་ན་རྟོན། །འདི་ལྟར་དེ་ནི་སྐྱེས་པ་ལས། །འདུ་བྱེད་རྣམས་ནི་སྐྱེ་བར་འདོད། །འདི་གཉིས་ཀྱིས་ནི་འདི་ཡོད་པས་འདི་སྐྱེས་པས་འདི་སྐྱེ་ཞེས་བྱ་བའི་འབྱུང་བ་དང། སྐྱེ་བར་བཤད་པ་དེ་གང་ཡིན་པ་དེ་རབ་ཏུ ་འགྲུབ་པོ། །རང་གི་རིགས་རྒྱུ་ཉིད་དུ་དོན་རྣམ་པ་གཉིས་ཀྱིས་ཞེས་བྱ་བ་ནི་རྟོན་པ་དང། རྒྱུན་ཏུ་མི་འཆད་པའི་དོན་གྱིས་སོ། །ཐ་དད་པ་མ་ཡིན་པས་ཞེས་བྱ་བ་ནི་རྣམ་པ་བཞི་པ་སྟོན་པར་བྱེད་པའོ། །རྣམ་པ་བཅུའི་ནང་ནས་རྣམ་པ་གསུམ་པ ་སྟེ། རང་གི་ལས་མ་འདྲེས་པ་ཞེས་བྱ་བ་ནི་རེ་ཞིག་མི་སྦྱོར་ཏེ། འདི་སྙམ་དུ་སྦྱར་སླའོ་སྙམ་དུ་སེམས་སོ། །འདི་ལྟར་གཞན་གྱི་རྒྱུ་ཉིད་དུ་བརྟག་པར་ལས་རང་གི་ལས་མ་འདྲེས་བ་ཞལ་ཉིད་ནས་གསུངས་ཏེ། དེ་སྐད་དུ་རང་གི་བྱ་བ་བྱེད་པས ་ཡན་ལག་གཞན་གྱི་རྒྱུ་ཉིད་ཡོངས་སུ་བརྟག་པ་ཞེས་ཀྱང་སྨྲས་སོ། །དེ་ལྟ་བས་ན་རྟོགས་དཀའ་བའི་རྣམ་པ་ཁོ་ན་བསྟན་པའི་ཕྱིར་ཐ་དད་པ་མ་ཡིན་པའི་ཕྱིར་ཞེས་བྱ་བ་སྨྲས་སོ། །ད་ནི་ཐ་དད་པ་མ་ཡིན་པའི་དོན་དེ་ཡན་ལག་སྔ་མ་མེད་ན་ཡན ་ལག་ཕྱི་མ་མི་འབྱུང་བར་ཡོངས་སུ་བརྟག་པ་ཞེས་བྱ་བ་ལ་སོགས་པ་རྣམ་པ་གཉིས་ཀྱིས་བཤད་དོ། །ཡན་ལག་སྔ་མ་མེད་པར་ཡན་ལག་ཕྱི་མ་མི་འབྱུང་སྟེ། ཐ་དད་པ་མ་ཡིན་པའི་དོན་ནི་མེད་ན་མི་འབྱུང་བའི་དོན་ཏེ། འདི ་ལྟར་རྒྱུ་མེད་པར་འབྲས་བུ་མེད་པས་རྒྱུ་མེད་པར་འབྲས་བུ་མི་འབྱུང་ཞེས་བྱའོ། །དེ་སྐད་དུ་གང་ཞིག་གང་གི་རྒྱུར་མཐོང་བ། དེ་ནི་དེ་ལས་སྐྱེ་བ་ཡིན། །རྒྱུ་ཡོད་མ་ཡིན་འབྲས་བུ་ནི། །ཇི་ལྟ་བུ་ཡང་མི་རུང་ངོ་ཞེས་གསུངས་ཏེ། དེ་ལྟ ་བས་ན་རྟོན་པའི་དོན་འདི་གསལ་བར་བྱས་པ་ཡིན་ནོ། །རང་གི་རིགས་སུ་འདུས་པ་ཞེས་བྱ་བ་ནི་རྣམ་པ་གཉིས་བས་ཐ་དད་པ་མ་ཡིན་པའི་དོན་འཆད་པའོ། །འདིར་ཡང་ཐ་དད་པ་མ་ཡིན་པའི་དོན་ནི་སོ་སོ་བ་མ་ཡིན་པའི་དོན་ཡིན་ཏེ། རང ་གི་རིགས་སུ་འདུས་པའི་རྐྱེན་དུ་ཡོངས་སུ་བརྟག་པ་ཞེས་གང་སྨྲས་པའོ། །དེ་ལྟ་བས་ན་རྒྱུན་མི་འཆད་པའི་དོན་རབ་ཏུ་གསལ་བར་བྱས་པ་ཡིན་ནོ། །ཉེས་དམིགས་བསྡུས་པར་ཡོངས་སུ་བརྟག་པར་ཞེས་བྱ་བ་ནི་ཉེས་དམིགས་བསྡུས་པ་སྟེ། དེ ་ཡོངས་སུ་བརྟག་པའོ། །ལམ་གསུམ་གྱིས་ཞེས་བྱ་བ་ནི་ཉོན་མོངས་པ་དང། ལས་དང་སྐྱེ་བའི་ལམ་གིས་ཏེ། །འདི་ལྟར་མ་རིག་པ་དང་སྲེད་པ་དང་ལེན་པ་ནི་ཞེས་གསུངས་པ་ལ་སོགས་པའི་མདོས་ལམ ་གསུམ་པོ་དག་བཤད་དོ། །གང་གིས་བསྡུས་ཞེ་ན། སྡུག་བསྔལ་གྱི་རྒྱུ་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྡུག་བསྔལ་གྱི་རྒྱུ་ནི་ཉོན་མོངས་པ་དང་ལས་ཀྱི་ལམ་དག་གོ་།སྡུག་བསྔལ་ནི་སྐྱེ་བའི་ལམ་ཞེས་བྱ་བའོ། །རྣམ་པ་ལྟག་མ་རྣམས་ནི ་སླ་བའི་ཕྱིར་སྦྱོར་བར་མི་བྱེད་དེ། འདི་ལྟར་ལམ་གསུམ་གྱི་རྒྱུད་དུ་འབྲང་བ་ཞེས་རང་གི་སྒྲས་བཤད་པ་ལྟར་ལྷག་མ་རྣམས་ཀྱང་དེ་དང་འདྲ་བར་བལྟ་བར་བྱའོ། །དེ་ལྟ་བུའི་ཉེས་དམིགས་བསྡུས་པ་ཡོངས་སུ་བརྟག་པ་ཡིན་པར་ཤེས་པར་བྱའོ ་ཡོངས་སུ་སྤང་པར་ཡོངས་བརྟག་པའང། །ཉེས་པ་རྣམས་ནི་ཡོངས་སྤང་ཡིན། །རྟེན་ཅིང་འབྲེལ་འབྱུང་སྨྲ་བ་ལ། །ཉེས་རྣམ་གསུམ་དུ་ཡོངས་བརྟགས་ཏེ། །རྒྱུ་ལ་བྱེ་བྲག་མེད་པའི་ཕྱིར། །ལུས་ཀུན་ཅིག་ཆར་འགྲུབ་པ་དང། །བྱེད་པོ་མེད་ཕྱིར ་ལམ་བདག་གིར། །བྱ་བ་མེད་པར་ཐལ་བར་འགྱུར། །འབྲས་བུ་མེད་ཕྱིར་ལས་རྣམས་ནི། །ཆུང་ཟ་བར་ཡང་ཐལ་འགྱུར་ཏེ། །ལས་དེ་འབྲས་བུ་མ་ཕྱུང་བ། །གང་བྱེད་འགག་པར་འགྱུར་ཕྱིར་རོ། །དེ་ལ་ཉེས་པ་ཡོངས་སུ་སྤང་པར་བརྟག་པ་ཞེས་བྱ ་བ་ནི་གཞན་གྱིས་བསྒྲུབས་པའི་ཉེས་པ་ཡོངས་སུ་བརྟག་པའོ། །དེ་ལ་གཞན་དག་གིས་ཉེས་པ་འདི། །རྣམ་པ་གསུམ་ནི་ཡོངས་སུ་བརྟགས། །འདིར་གཞན་དག་གིས་བདག་མེད་པར་སྨྲ་བ་རྣམས་ལ། །རྒྱུ་ལ་བྱེ་བྲག་མེད་པའི་ཕྱིར་ཐམས་ཅད་ཀྱི ་ལུས་ཅིག་ཅར་མངོན་པར་འགྲུབ་པའི་ཉེས་པ་ཞེས་བྱ་བ་ལ་སོགས་པ་ཉེས་པ་རྣམ་པ་གསུམ་སྒྲུབ་པར་བྱེད་དོ། །ཅིག་ཅར་ཞེས་བྱ་བ་ནི་ལན་ཅིག་ཏུ་སྟེ། ཐམས་ཅད་ཀྱི་ལུས་མངོན་པར་གྲུབ་པ་དེ་ཉིད་ཉེས་པ་ཡིན་ནོ། །འདིར་འཐད་པ་རྒྱུ་བྱེ་བྲག་མེད་པའི་ཕྱིར ་ཞེས་བྱ་བ་སྨྲས་ཏེ། རྒྱུ་ལ་བྱེ་བྲག་མེད་པའི་ཕྱིར་རོ། །འདི་ལྟར་མ་འོངས་པའི་ལུས་སུ་གཏོགས་པའི་ལུས་ཇི་སྙེད་པ་དེ་དག་ཐམས་ཅད་ནི་མ་རིག་པ་དང། འདུ་བྱེད་ཙམ་གྱིས་རྒྱུ་ལས་འབྱུང་བ་ཡིན་གྱི། གཞན་གྱི་རྒྱུ་ལས་འབྱུང་བར་མི་འདོད་ལ། ་མ་རིག་པ་དང་འདུ་བྱེད་རྣམས་ཀྱང་སྔོན་གྱི་མཛའ་ན་ཉེ་བ་ཡིན་ཏེ། རྒྱུ་ཉེ་བའི་ཕྱིར་འབྲས་བུ་ཡང་ཅིག་ཅར་འབྱུང་བ་ཁོ་ནར་འགྱུར་རོ། །གང་ལ་བདག་ཡོད་པ་དེ་ལ་ནི་ཉེས་པ་འདིར་མི་འགྱུར་ཏེ། དེ་ནི་ལོངས་སྤྱོད་ཀྱི་རྟེན་ཡོངས་སུ་གཟུང་བར་བྱ་བ། ་ལ་དབང་སྒྱུར་པ་ཡིན་པས་དེའི་ཕྱིར་ཧ་ཅང་ཐལ་བར་མི་འགྱུར་རོ། །དེ་བཞིན་དུ་ལས་བདག་གིར་བྱ་བ་མེད་པ་ནི་ཉེས་པ་གཉིས་པ་ཡིན་ཏེ་ལས་བདག་གིར་བྱ་བ་ཉིད་ནི་བདག་ཉིད་ཀྱི་ཡིན་པའོ། །ལས་རྣམས་བདག་གི་ཡིན་ཏེ། དེའི་ཕྱིར ་བདག་ཁོ་ནས་འབྲས་བུ་སྤྱད་ཀྱི་གཞན་གྱིས་ནི་མ་ཡིན་ནོ། །ཞེས་བྱ་བ་འདི་མེད་པ་དེ་ཉིད་ཉེས་པ་ཡིན་ནོ། །འདོད་འཐད་པ་བྱེད་པ་པོ་མེད་པས་ཞེས་བྱ་བ་སྨྲས་ཏེ། ཕྱེད་པ་པོ་ཡོད་ན་ནི་ལས་རྣམས་ཤེས་བྱ་བར་འགྱུར་གྱི། མེད་ན་ནི་མི་འགྱུར་རོ།། ་ལས་རྣམས་ཆུང་ཟ་བའི་ཉོས་པ་ནི་གསུམ་པའོ། །ཆུང་ཟ་བ་ན་འཇིག་པ་སྟེ། དེ་ཉིད་ཉེས་པ་ཡིན་ནོ། །འདིར་འཐད་པ་འབྲས་བུ་མ་སྐྱེད་པར་འགགས་པས་ཞེས་བྱ་བ་སྨྲས་སོ། །ཇི་ལྟ་ཞེ་ན། བདག་མེད་ན་ལུས་དང་ངག་དང་ཡིད་ཅེས་བསྒྲགས ་པའི་ལས་གང་དག་ཡིན་པ་དེ་དག་སྐྱེས་མ་ཐག་ཁོ་ནར་འབྲས་བུ་སྐྱེ་བའི་དུས་ན་མི་གནས་སོ། །གང་ལ་བདག་ཡོད་པ་དེ་ལ་ནི་ཉེས་པ་འདིར་མི་འགྱུར་ཏེ། འདི་ལྟར་དགེ་བ་འམ་མི་དགེ་བ་འགག་ཏུ་ཟིན་ཀྱང་བདག་ལ་ཆོས་དང་ཆོས ་མ་ཡིན་པས་གནོད་པར་བྱ་བའི་ཕྱིར་ཉེས་པར་མི་འགྱུར་རོ། །དེ་ལྟ་བས་ན་འདི་དག་གིས་ནི་མ་བྱས་པ་དང་ཕྲད་པའི་ཉེས་པ་དང། བྱས་པ་ཆུང་ཟ་བའི་ཉེས་པ་སྨྲས་པ་ཡིན་ནོ། །ཉེས་པ་རྣམ་པ་དེ་གསུམ་ཅར་ཡང་ཡོངས་སུ་སྤང་བ་བརྗོད་པར་འདོད ་ནས། རེ་ཞིག་སྔོན་གྱི་མཛའ་ལ་སོགས་པ་ཞེས་བྱ་བ་ལ་སོགས་པས་གཞི་འདྲི་པར་བྱེད་དེ། སོགས་པ་ཞེས་བྱ་བའི་སྒྲས་ནི་མཛའ་ཨི་བར་དང། ཕྱི་མའི་མཛའ་དག་ཡོངས་སུ་བསྡུའོ། །སྐྱེས་ནས་མྱོང་བར་འགྱུར་བ་ལ་སོགས ་བ་ཞེས་བྱ་བའི་སྒྲས་ནི་མྱོང་བར་མི་འགྱུར་བ་ལ་སོགས་པ་ཡོངས་སུ་བསྡུའོ། །ཚེ་འདིའི་ཕྱིར་སྔར་བྱས་པའི་ཕྱིར་རོ་ཞེས་བྱ་བ་ནི་སྔོན་གྱི་མཛའ་པའི་བལྟེས་པ་ཞེས་བྱ་བ་ཡིན་ནོ། །ཚེ་འདིའི་ཕྱིར་བྱས་པ་གང་ཡིན་པ་དེ་ཇི་ལྟར་སྔོན་གྱི་མཛའ་ཡིན་ཞེས ་བྱ་བའི་བླན་ཀ་འདི་ཡོངས་སུ་སྤང་བའི་ཕྱིར་ད་ལྟར་བྱུང་བ་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དོན་ནི་སྔོན་ཞེས་བྱ་བ་འམ། བར་ཞེས་བྱ་བ་འམ། ཕྱི་མ་ཞེས་བྱ་བ་ནི་བལྟོས་ནས་བསྟན་པ་ཡིན་ནོ་ཞེས་བྱ་བ་འདི་ཡིན་ནོ། །འདི་སྐད་དུ་ཚེ་འདི་ཉིད་ཀྱི ་ཕྱིར་མ་རིག་པ་དང་འདུ་བྱེད་དག་ཡོངས་སུ་བརྟག་པ་ན། སྔོན་གྱི་མཛའ་བ་ཡོངས་སུ་བརྟག་པ་ཡིན་ན་ཞེས་བཤད་པ་ཡིན་ནོ། །གཞན་དག་ནི་གང་ལ་དགོས་པ་སྔོན་གྱི་མཛའ་ཡོད་པ་འམ། གང་ཞིག་དེའི་རྒྱུ་མཚན་གྱི་དངོས་པོར་རྣམ་པར་གནས ་པ་ནི་དེ་སྔོན་གྱི་མཛའ་པའི་བལྟོས་པ་ཞེས་བྱ་སྟེ། མཛའ་ཨི་བར་གྱི་རྒྱུ་མཚན་ཡིན་ནོ། །ཅིའི་ཕྱིར་དེ་སྐད་བསྟན་ཅེ་ན། དེའི་ཕྱིར་ད་ལྟར་བྱུང་བ་ནི་མ་འོངས་པའི་སྔོན་གྱི་མཛའ་ཨོ་ཞེས་བྱ་བ་སྨྲས་སོ། །ཆེ་འདིའི་ཕྱིར་ཞེས་བྱ་བ་ནི་རྒྱུ་མཚན་གྱི་བདུན་པར ་བྱས་པའི་ཕྱིར་ཏེ། དེའི་ཕྱིར་བལྟོས་པའི་དོན་ནི་རྒྱུའི་དོན་དུ་རིག་པར་བྱའོ། །ཞེས་སྨྲས་སོ་སྙམ་དུ་སེམས་སོ། །དོན་གང་ལ་ཞེས་བྱ་བ་ནི་དོན་གང་ལ་བརྟེན་ནས་ད་ལྟར་བྱུང་བའི་བལྟོས་པ་ཡིན་པ་དེ་འདྲི་བའོ། །ཅིག་ཤོས་ཀྱིས་ཀྱང་བསྟན ་པའི་ཕྱིར། ཚེ་རབས་སྔ་མའི་ལས་གང་ཡིན་པ་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །ཅི་ཞིག་སྟོན་པར་བྱེད་ཅེ་ན། འདིའི་རྣམ་པར་ཤེས་པ་ལ་སོགས་པ་ནི་སྔོན་གྱི་ལས་ཀྱི་འབྲས་བུ་ཡིན་པའི་ཕྱིར་ལས་དེ་ཡང་འབྲས་བུ་མི་འབྱིན་ཏོ།། ་ཞེས་བྱ་བའི་དོན་འདི་ལ་ད་ལྟར་བྱུང་བའི་ལྟོས་པ་ཡིན་ཏེ། འབྲས་བུ་རྒྱུ་དང་བཅས་པ་ཡོངས་སུ་བརྟག་པའི་ཕྱིར་རོ། །ཡང་སྲིད་པ་མངོན་པར་འགྲུབ་པར་གཅིག་ཏུ་ངེས་པར་བྱེད་པའི་ཕྱིར་རོ། །ཞེས་བྱ་བ་ནི་སྔོན་གྱི་མཛའ་བའི་བལྟོས་པའི ་ཡུལ་དུ་བྱས་པ་མ་རིག་པའི་རྐྱེན་གྱིས་འདུ་བྱེད་གང་དག་ཡིན་པ་དེ་དག་གིས་འཕངས་སུ་ཟིན་ཀྱང་ཇི་སྲིད་དུ་སྲེད་པ་ལ་སོགས་པ་ཉེ་བར་ཟིན་བ་མ་ཡིན་བ་དེ་སྲིད་དུ་ཡང་སྲིད་པ་མངོན་པར་འགྲུབ་པར་མི་བྱེད་ཀྱི། ཉེ་བར་ཟིན་པ་དག་ནི་ཡང ་སྲིད་པ་མངོན་པར་འགྲུབ་པར་གཅིག་ཏུ་ངེས་པ་ཡིན་པའོ། །དེ་ཕན་ཆད་དུ་ཡང་ཞེས་བྱ་བ་ལ་སོགས་པས་ནི་གཞུང་འཕེན་པར་བྱེད་དོ། །སྔོན་གྱི་མཛའ་པ་ལ་སོགས་པའི་བལྟོས་པ་ཇི་སྙེད་གླེང་བསླང་བ་འདིས་ཅི་ཞིག་ཡོངས་སུ་སྟོན་ཅེ་ན། མ ་བྱས་པར་གྱུར་པ་དང་ཞེས་བྱ་བ་ནི་མ་གྲུབ་པའི་ཕྱིར་རོ། །བྱས་སུ་ཟིན་ཀྱང་འབྲས་བུ་བསྐྱེད་ཟིན་པ་དང། བྱས་ལ་འབྲས་བུ་མ་བསྐྱེད་ཀྱང་གལ་ཏེ་གཉེན་པོ་རྙེད་པས་སྤངས་ཟིན་པ་ཡིན་ནའོ། །བྱས་པ་ཉིད་དང་འབྲས་བུ་མ་བསྐྱེད་དོ་སྟོན་ཏོ་ཞེས་བྱ ་བ་ནི་མངོན་པར་འདུ་བྱེད་པས་ན་འདུ་བྱེད་རྣམས་ཤེས་བྱེ་བྲག་ཏུ་བཤད་པའི་ཕྱིར་རོ། །སྲེད་པ་ལ་སོགས་པས་ཞེས་བྱ་བ་ལ་སོགས་པ་ཞེས་བྱ་བ་ན་སྒྲས་ནི་ལེན་པ་ཡོངས་སུ་བསྡུའོ། །མ་སྤངས་པ་ཞེས་བྱ་བ་ཇི་ལྟ་ན་སྲིད་པ་ལ་སོགས་པས ་མ་སྤངས་པ་ཉིད་ཅེས་བྱ་ཞེ་ན། དེའི་ཕྱིར་སྲེད་པ་དང་ལེན་པ་ཟད་ན་ཞེས་བྱ་བ་སྨྲས་ཏེ། སྲེད་པ་ལ་སོགས་པ་ཟད་པས་ལས་རྣམས་ཟང་པ་ཡིན་གྱི་རང་གི་ངོ་བོས་ནི་མ་ཡིན་ནོ་ཞེས་སྟོན་པར་བྱེད་དོ། །དེ་ལྟར་གཞི་ཀུན་ཏུ་བྲེས་ནས་ཉེས་པ་རྣམ ་པ་གསུམ་ཡོངས་སུ་སྤོང་བ་སྦྱོར་བར་བྱེད་དེ། འདི་ལྟར་གང་གི་ཕྱིར་ཞེས་བྱ་བ་ནི་གང་གི་ཕྱིར་ཇི་སྐད་བཤད་པའི་ཚུལ་གྱིས་ན་ལས་ལ་ལ་ནི་བྱས་ལ་ལ་ནི་མ་བྱས། བྱས་པ་ཡང་རྣམ་པ་གཉིས་ཏེ་འབྲས་བུ་བསྐྱེད་ཟིན་པ་དང། འབྲས་བུ་མ་སྐྱེས ་པ་ཡང་སྤངས་པ་དང། མ་སྤངས་པའི་བྱེ་བྲག་གིས་རྣམ་པ་གཉིས་ཏེ། ལས་རྣམས་ཀྱི་བྱེ་བྲག་ནི་རྣམ་པ་དྲུག་ཡིན་པ་དེའི་ཕྱིར་ཀླན་ཀ་དང་པོ་ཡོངས་སུ་སྤང་བའི་ཕྱིར་ཐམས་ཅད་ཀྱིས་ལུས་ཅིག་ཅར་ཞེས་བྱ་བ་ལ ་སོགས་པ་སྨོས་སོ། །འདི་ལྟར་ལས་ལ་ལ་ནི་བྱས་པ་ཡིན་ལ། བྱས་པ་ཡང་ཐམས་ཅད་སྐྱེས་ནས་མྱོང་བར་འགྱུར་བ་ཡང་མ་ཡིན་པའི་ཕྱིར་རོ། །དེ་སྐྱེས་ནས་མྱོང་བར་མི་འགྱུར་བ་འམ། ནམ་ཡང་མྱོང་བར་མི་འགྱུར་བ་ཉིད་ཁོ་ན ་ཡང་མ་ཡིན་པས་འདི་ལྟར་མྱོང་བར་མི་འགྱུར་བར་ཅིག་ཅར་དུ་ཡང་མི་འགྱུར་ཞེས་སྨྲས་ཏེ། འདིས་ནི་རྒྱུ་བྱེ་བྲག་མེད་པའི་ཕྱིར་ཞེས་བྱ་བའི་གཏན་ཚིགS་འདི་མ་གྲུབ་པ་ཉིད་དུ་ཡོངས་སུ་སྟོན་ཏོ། །གང་གི་ཕྱིར་མ་བྱས་པ་ནི་རྣམ་པར ་སྨིན་པར་མི་འགྱུར་ཞེས་བྱ་བ་ལ་སོགས་པས་ནི་ཉེས་པ་གཉིས་པ་ཡོངས་སུ་སྤོང་བ་སྟོན་པར་བྱེད་དེ། གང་གི་ཕྱིར་ལས་མ་བྱས་པ་ནི་རྣམ་པར་སྨིན་པར་མི་འགྱུར་གྱི། འོ་ན་ཅི་ཞེ་ན། བྱས་པ་ཁོ་ནར་འགྱུར་བ་དེའི་ཕྱིར་གཞན ་གྱི་རྒྱུད་ལ་ལས་དེ་མ་བྱས་པའི་ཕྱིར་གཞན་གྱི་རྒྱུད་ལ་རྣམ་པར་སྨིན་པ་མེད་ཀྱི། བྱས་པའི་ཕྱིར་རང་གི་རྒྱུད་ལ་རྣམ་པར་སྨིན་པ་ཡོད་དོ། །དེས་ཡོངས་སུ་བསྒོས་པའི་ལུས་དང་སེམས་ཀྱི་རྒྱུད་ལས་དེ་ཉིད་ལ་འབྲས་བུ་འབྱུང ་བ་དེ་ཁོ་ནར་བྱེད་པ་པོར་ཉེ་བར་འདོགས་ཏེ། འདིས་ནི་བྱེད་པ་པོ་མེད་པའི་ཕྱིར་ཞེས་བྱ་བའི་གཏན་ཚིགས་འདྲི་མ་གྲུབ་པ་ཉིད་དུ་ཡོངས་སུ་སྟོན་ཏོ། །ཉེས་པ་གསུམ་པ་ཡོངས་སུ་སྤང་བ་བསྟན་པའི་ཕྱིར་རྒྱུ་གསུམ་མེད་ན་ཞེས་བྱ་བ ་སྨྲས་སོ། །རྒྱུ་རྣམ་པ་གསུམ་ནི་མ་བྱས་པ་འམ། འབྲས་བུ་བསྐྱེད་ཟིན་པ་འམ། གཉེན་པོ་རྙེད་པས་སྤངས་ཟིན་པར་གྱུར་པ་སྟེ། དེ་དག་མེད་ན་གདོན་མི་ཟ་བར་འབྲས་བུ་སྐྱེད་པའི་ཕྱིར་རོ། །ལས་རྣམས་ཆུད་ཟ་བའི་ཉེས་པ་ཡང་མེད ་དེ་ཞེས་བྱ་བ་ནི་ཇི་སྐད་དུ། སེམས་གང་ལས་ནི་ལས་སྐྱེས་པ། །དེ་རྒྱུད་ལས་ཀྱིས་བསྒོས་པ་ལ། །དེ་འབྲས་སྐྱེ་ཕྱིར་བྱང་ཆུབ་ཟ། །མ་བྱས་ཕྲད་པ་ཡོད་མ་ཡིན། །ཞེས་བཤད་པ་ལྟ་བུའོ། །འདིར་ཡང་སྔོན་ཡི་མཛའ་དང་ད་ལྟར་བྱུང་བ་དང་ཕྱི ་མའི་མཛའ་ལ་སོ་སོར་རྟོག་པ་ཞེས་བྱ་བའི་རྣམ་པ་བཞི་སྦྱར་བར་བྱའོ། །དེ་ལ་ཡིད་མི་འབྱུང་བ་དང་ཡིད་འབྱུང་བའི་རྒྱུར་ཡོངས་སུ་བརྟག་པ་ཞེས་བྱ་བ་ནི་ཡིད་མི་འབྱུང་བའི་རྒྱུར་ཡོངས་སུ་བརྟག་པ་དང། ཡིད་འབྱུང་བའི་རྒྱུར་ཡོངས་སུ ་བརྟག་པ་སྟེ། ཡིད་མི་འབྱུང་བའི་རྒྱུ་ནི་སྡུག་བསྔལ་ཆ་ཕྲ་བ་ཉིད་དོ། །དེ་ཡང་འདུ་བྱེད་ཀྱི་སྡུག་བསྔལ་ཉིད་དེ། དེ་ལ་མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་ཞེས་བྱ་བ་ནས། སྐྱེ་མཆེད་དྲུག་ཅེས་བྱ་བའི་བར་དེ་ནི་འདུ་བྱེད་ཀྱི་སྡུག་བསྔལ ་ཉིད་དོ་ཞེས་གང་གསུངས་པའོ། །དེ་དག་ནི་བྱིས་པ་རྣམས་ཀྱིས་ལེགས་པར་མི་རྟོགས་པས་ན་ཡིད་མི་འབྱུང་བའི་རྒྱུ་ཡིན་ནོ། །ཚོར་བ་གང་ཅི་ཡང་རུང་དེ་ནི་འདིར་སྡུག་བསྔལ་བའོ་ཞེས་བྱ་བ་སྲིད་པའི་ཡན་ལག་འདི་དག་ལ་འདུ་བྱེད ་ཀྱི་སྡུག་བསྔལ་བ་ཉིད་འཇུག་པའི་རྒྱུ་མཚན་སྟོན་པར་བྱེད་པའོ། །ཚོར་བ་དང་མཐུན་པའི་ཚོར་བ་ཡིན་པའི་ཕྱིར་ཏེ། འདི་ལྟར་གང་ལས་ཚོར་བ་དང། ཚོར་བ་མ་ཡིན་པ་དེ་ཐམས་ཅད་ཚོར་བ་ཞེས་བྱ་བའི་ཕྱིར་རོ། །སྡུག་བསྔལ་ཉིད་རགས ་པའི་རྣམ་པ་ནི་སྡུག་བསྔལ་གྱི་སྡུག་བསྔལ་ཉིད་དང་འགྱུར་བའི་སྡུག་བསྔལ་ཉིད་དེ། བྱིས་པ་རྣམས་ཀྱིས་ཀྱང་བདེ་བླག་དུ་རྟོགས་པར་བྱ་བ་ཡིན་པའི་ཕྱིར་རོ། །ཡོངས་སུ་གདུང་པའི་ངོ་བོ་ཉིད་ཀྱིས་སྡུག་བསྔལ་གྱི་སྡུག་བསྔལ་ཉིད་དང། ་འགྱུར་བའི་སྡུག་བསྔལ་ཉིད་ཡིན་པས། དེ་ལྟ་བས་ན་སྡུག་བསྔལ་ཉིད་རྣམ་པ་གཉིས་ནི་སྡུག་བསྔལ་ཉིད་རགས་པ་ཞེས་བྱ་སྟེ་རེག་པ་དང་ཚོར་བ་ཞེས་བྱ་བ་དེ་ནི་སྡུག་བསྔལ་གྱི་སྡུག་བསྔལ་ཉིད་དོ། །སྲིད་པའི་ཡན་ལག་ལྷག་མ ་དེ་དག་ནི་འགྱུར་བའི་སྡུག་བསྔལ་ཉིད་དོ། །ཞེས་གང་གསུངས་པའོ། །སྡུག་བསྔལ་གསུམ་ཀུན་ཏུ་འབྱུང་བ་ཞེས་བྱ་བའི་རྣམ་པ་ཡང་དེ་བཞིན་དུ་སྦྱར་བར་བྱའོ། །རང་གི་རྒྱུ་ལས་བྱུང་བའི་ཕྱིར་སྨིན?་པའི་ཡན ་ལག་རྣམས་གཞན་གྱིས་མ་བྱས་པ་ཞེས་བྱ་བ་ལ་རང་གི་རྒྱུ་ལས་བྱུང་བའི་ཕྱིར་ཞེས་བྱ་བ་ནི་འདིར་རང་གི་རྒྱུ་ནི་རིགས་མཐུན་པའི་ས་བོན་ཡིན་ནོ། །འོ་ན་ནི་དང་ཁོ་ནས་བྱས་པ་དག་ཡིན་ནོ་ཞེས་བྱ་བའི་ཀླན་ཀ་འདི་ཡོངས་སུ་སྤང་བའི ་ཕྱིར་བདག་ཉིད་གྱིས་མ་བྱས་པ་ཞེས་སྨྲས་ཏེ། བདག་ཉིད་ཀྱིས་བྱས་པ་དག་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། རྐྱེན་ལས་བྱུང་བའི་ཕྱིར་ཏེ། རྐྱེན་ནི་འདིར་ལྷན་ཅིག་བྱེད་པའི་རྐྱེན་ཡིན་པར་འདོད་དོ། །འདི་གཉི་ག་བསྟན་བའི་ཕྱིར། མ ་རིག་བའི་རྐྱེན་གྱིས་འདུ་བྱེད་རྣམས་ཞེས་བྱ་བ་ནི་འདུ་བྱེད་རྣམས་རྒྱུ་དང་རྐྱེན་ལས་བྱུང་བཞེས་གསུངས་སོ། །རྒྱུ་ནི་འདིར་རིགས་མཐུན་པའི་རྒྱུའོ། །རྐྱེན་ནི་ལྷན་ཅིག་བྱེད་པའོ། །འོ་ན་ནི་རྒྱུ་དང་རྐྱེན་ལྷན་ཅིག་པས་བསྐྱེད་པ་ཡིན་ནོ ་ཞེས་བྱ་བའི་ཀླན་ཀ་འདི་དགག་པའི་ཕྱིར་གཉི་གས་མ་བྱས་པ་ཞེས་བྱ་བ་སྨྲས་ཏེ། སྐྱེ་བ་ཙམ་དང་འབྲེལ་བའི་ཕྱིར་རོ། །གལ་ཏེ་ཆོས་འགའ་ཞིག་འགའ་ལ་བྱེད་ན་ནི་དེ་ལྟ་ན་དེས་བསྐྱེད་པ་དག་ཏུ་འགྱུར་རོ། །བརྒྱ་ལ་ཅིའི་ཕྱིར་མི་བྱེད ་སྙམ་ན་དེའི་ཕྱིར་བྱ་བའི་དུས་ན་མི་གནས་པས་ཞོས་བྱ་བ་སྨྲས་ཏེ། སྐྱེས་མ་ཐག་ཏུ་འཇིག་པའི་ཕྱིར་ཞེས་བྱ་བའི་ཐ་ཚིག་གོ་།དེ་ལྟ་བས་ན་མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་ཞེས་བྱ་བ་དེ་ནི་སྐྱེ་བ་དང་འབྲེལ་པ་སྟེ་ཞེས་བྱ་བ་གསུངས ་ཏེ། སྐྱེ་བ་དང་འབྲེལ་པ་ནི་སྐྱེ་བ་དང་འབྲེལ་པའོ། །གལ་ཏེ་དེ་ལྟ་ཡིན་ཏེ་བདག་ལས་མ་ཡིན་གཞན་ལས་མ་ཡིན་གཉི་ག་ལས་མ་ཡིན་ན། འོ་ན་ནི་རྒྱུ་མེད་པ་དག་ལས་སྐྱེ་བར་འགྱུར་རོ་ཞེས་བྱ་བའི་ཀླན་ཀ་འདི་ཡོངས་སུ་སྤང་བའི་ཕྱིར ་སྲེད་བའི་ལུགས་དང་མཐུན་པའི་ཕྱིར་རྒྱུ་མེད་པ་ལས་འབྱུང་བ་མ་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། སྲིད་པ་ནི་འཁོར་བ་འོ། །དེའི་ལུགས་དང་མཐུན་པས་དེའི་ཕྱིར་རྒྱུ་མེད་པ་པ་དག་ཡིན་ནོ། །རྒྱུ་མེད་པ་པ་ཡིན་དུ?་ཟིན་ན་ནི་ཞེས་བྱ་བ་ལ་སོགས་པ་ནད?་ཉིད་རྣམ ་པར་འབྱེད་པའོ། །ཅི་ཞིག་སྟོན་པར་བྱེད་ཅེ་ན་།རྒྱུ་མེད་པ་པ་ཉིད་ཡིན་ན་སྲིད་པའི་ཡན་ལག་རྣམས་འབྱུང་བའི་མཚན་ཉིད་དུ་འགྱུར་གྱི། མི་འབྱུང་བ་ནི་མ་ཡིན་ནོ་ཞེས་བྱ་བའི་སྐྱེ་བ་དང་མི་སྐྱེ་བ་འདི་དག་ཅི་ལས་གྱུར། དེའི་ཕྱིར་སྲིད་པའི་? ་དང་མཐུན་པ་ཉིད་དུ་མི་འགྱུར་གྱི་ཆད་པ་ཁོ་ནར་འགྱུར་བ་ཞིག་ན། སྲིད་པའི་ལུགས་དང་མཐུན་པ་སྲིད་པ་དང་མཐུན་པ་ཉིད་ཀྱང་ཡོད་དེ། མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་ཞེས་བྱ་བ་དེ་ནི་སྲིད་པའི་ལུགས་སུ་འབྱུང་བར་ཡོངས་སུ་བརྟག་པ་སྟེ ་གང་གསུངས་པའོ། །ཡན་ལག་ལྷག་མ་རྣམས་ཀྱང་སྦྱང་བར་བྱ་སྟེ་ཇི་ལྟ་ཞེ་ན། རྒྱུ་དང་རྐྱེན་ལས་འབྱུང་བ་ཞེས་བྱ་བ་ནི་གཞན་གྱིས་མ་བྱས་པ་དང། རང་གིས་མ་བྱས་པར་ཡོངས་སུ་བརྟག་པར་རོ། །སྐྱེ་བ་དང་འབྲེལ་པ་ཞེས་བྱ་བ་ནི་གཉི་གས་མ་བྱས ་པར་ཡོངས་སུ་བརྟག་པར་རོ། །མེད་པས་ཟད་པར་སོ་སོར་རྟོག་པ་ཞེས་བྱ་བ་ནི་རྒྱུ་མེད་པ་ཉིད་སོ་སོར་བརྟག་པ་སྟེ། རྒྱུ་མེད་པ་ཉིད་ཡིན་ན་ནི་སྲིད་པ་མེད་དོ། །རྒྱུ་ཡོད་ཉིད་ཡིན་ན་ནི་སྲིད་པ་ཡོད་དོ། །སྲིད་པ་ཡོད་པ་དེ་ཟད་པ་སྟེ་དེ་ལ་སོ་སོར་རྟོག་པའོ།། ་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་རྣམ་པ་བཅུར་སོ་སོར་རྟོག་པ་འདི་ནི་ཞེས་བྱ་བ་ནི་རྣམ་པ་བཅུ་པ་ཇི་སྐད་དུ་སྦྱར་བ་སྟོན་པར་བྱེད་དོ། །མཚན་ཉིད་དང་བདེན་པ་རྣམ་པར་བཞག་པས་ཡོངས་སུ་བརྟག་པ་བསྟན་ཏེ། ཞེས་བྱ་བ་ནི་མཚན་ཉིད་དང་བདེན ་པ་སྟེ། དེ་གཉིས་རྣམ་པར་བཞག་པས་ཡོངས་སུ་བརྟག་པ་ནི་མཚན་ཉིད་དང་བདེན་པ་རྣམ་པར་བཞག་པས་ཡོངས་སུ་བརྟག་པའོ། །སྒྲུབ་པ་དང་བརྒལ་བའི་ལན་མཚན་ཉིད་དང། བདེན་པ་རྣམ་པར་བཞག་པའི་སྒོ་ནས་དེ་ཡོངས་སུ་བརྟག་པ་བསྟན ་ན། ཅི་ག་འདི་སྐད་དུ་བསྒྲུབ་པ་དང། བརྒལ་བའི་ལན་དང་མཚན་ཉིད་དང། བདེན་པ་རྣམ་པར་བཞག་པའི་སྒོ་ནས་ཞེས་བརྗོད་པར་བྱ་བ་མ་ཡིན་ནམ། འདི་ལྟར་དེར་རྟེན་ཅིང་འབྲེལ་བར་འབྱུང་བ་དེ་ཡང ་སྒོ་གསུམ་ནས་ཡོངས་སུ་བརྟག་པར་རིག་པར་བྱའོ། །ཞེས་བཤད་དོ་ཞེ་ན། འདི་ནི་ཉེས་པ་མེད་དེ། འདིར་རྟེན་ཅིང་འབྲེལ་བར་འབྱུང་བ་རྣམ་པ་བཅུར་ཡོངས་སུ་བརྟག་པའི་སྐབས་ཡིན་པའི་ཕྱིར་ལ། རྣམ་པ་དེ་དག་གི་ནང་ནས་རྣམ་པ་དང་པོ ་སྦྱར་བའི་ཕྱིར། འདི་སྐད་དུ་སྒྲུབ་པ་ལ་སོགས་པ་རྣམ་པར་བཞག་པའི་སྒོ་ནས་ཞེས་མ་བཤད་དོ། །བདེན་པ་རྣམ་པར་བཞག་པ་ཡོངས་སུ་བརྟག་པ་ནི་དོན་དམ་པ་དང་ཀུན་རྫོབ་ཀྱི་བདེན་པ་ཡོངས་སུ་བརྟག་པ་ཡིན་པར་རིག་པར་བྱ་སྟེ། རྣམ་པ ་དགུ་པོ་འདི་དང་དེར་སྦྱར་བའི་ཕྱིར་རོ། །ཡང་ཞེས་བྱ་བ་འདི་རྣམ་པ་གཞན་གཉིས་ཀྱིས་རྟེན་ཅིང་འབྲེལ་བར་འབྱུང་བ་རྣམ་པ་བཅུ་འཆད་པ་སྟེ། སྙིང་རྗེ་དང་མཐུན་པ། རྗེས་སུ་མཐུན་པ་སྟེ། ཇི་ལྟར་སྙིང་རྗེ་འཇུག་པ་ཞེས་བྱ་བའི་དོན་དང། རྣམ ་པ་ཐམས་ཅད་ཡོངས་སུ་རྟོག་པ་ཞེས་བྱ་བའོ། །དེ་ལ་སྙིང་རྗེ་དང་མཐུན་པར་ཡོངས་སུ་བརྟག་པ་ཡང་རྣམ་པ་བཞི་པོ་ཀུན་ཏུ་རྨོངས་པ་དང་ཕྱིན་ཅི་ལོག་ནི་ཀུན་ཏུ་རྨོངས་པ་དང་ཕྱིན་ཅི་ལོག་སྟེ། རྣམ་པ་འདི་གཉིས་ནི་ཡོངས་སུ་རྟོག་པ ་གཅིག་ཡིན་ནོ། །ཇི་ལྟར་གང་ལ་ཀུན་ཏུ་རྨོངས་པ་དང་ཕྱིན་ཅི་ལོག་ཅེས་ཀུན་ཏུ་རྨོངས་པ་ནི་མི་གསལ་བའོ། །ཕྱིན་ཅི་ལོག་ནི་ལོག་པར་རྟོག་པའོ། །བདག་ཏུ་མངོན་པར་ཞེན་པ་ཞེས་བྱ་བ་ལ་སོགས་པས་ནི་ཇི་ལྟར་ཀུན་ཏུ་རྨོངས་པ་དེ ་སྟོན་པར་བྱེད་དོ། །བྱིས་པའི་བློ་ཅན་ཞེས་བྱ་བ་ནི་ཇི་ལྟར་ཕྱིན་ཅི་ལོག་པ་དེ་སྟོན་པར་བྱེད་པ་སྟེ། བདག་ཏུ་ཕྱིན་ཅི་ལོག་པས་བློ་ཆུང་བའི་ཕྱིར་རོ། །སྲིད་པའི་ཡན་ལག་གི་མཚན་ཉིད་ལ་ཞེས་བྱ་བ་ནི་གང་ལ་ཀུན་ཏུ་རྨོངས་པ་དེ་སྟོན ་པར་བྱེད་པ་སྟེ། དེ་འདི་སྙམ་དུ་སེམས་ཏེ་བྱིས་པའི་བློ་ཅན་བདག་ཏུ་མངོན་པར་ཞེན་པ་ཞེས་བྱ་བ་ནས་གཟུང་སྟེ། འཇིག་པར་བྱེད་པ་སུ་ཡང་མེད་དོ་ཞེས་དེ་ལྟར་བྱང་ཆུབ་སེམས་དཔའ་ལུགས་སུ་འབྱུང་བའི་རྣམ་པར་རྟེན་ཅིང་འབྲེལ་བར ་འབྱུང་བ་ལ་རབ་ཏུ་རྟོག་གོ་ཞེས་བྱ་བའི་བར་གསུངས་པ་གང་ཡིན་པའོ། །སྲིད་པའི་ཡན་ལག་གི་མཚན་ཉིད་ལ་ཞེས་བྱ་བ་ནི་གང་ལ་ཕྱིན་ཅི་ལོག་པ་དེ་སྟོན་པར་བྱེད་པ་ཡང་ཡིན་ཏེ། དེ་འདི་སྙམ་དུ་སེམས་ཏེ་བདེན་པ་རྣམས་མི་ཤེས ་པ་ནི་དོན་དམ་པར་མ་རིག་པའོ་ཞེས་བྱ་བ་ནས་གཟུང་སྟེ། བྱེད་པ་པོ་ལ་མངོན་པར་ཞེན་པས་ལས་རྣམས་ཡོད་པར་གྱུར་ཏོ་ཞེས་བྱ་བའི་བར་གསུངས་པ་གང་ཡིན་པའོ། །དེ་ལྟར་ན་ཕྱིན་ཅི་ལོག་ཡིན་ཏེ། ཇི་ལྟ་ཞེ་ན། མ་རིག་པའི ་དབང་གི་འདུ་བྱེད་རྣམས་འབྱུང་བ་མ་ཡིན་གྱི། འོ་ན་ཅི་ཞེ་ན། བདག་གི་དབང་གིས་ཞེས་བྱ་བ་སྟེ། དེ་ནི་ལས་རྣམས་ཀྱིས་བྱེད་པ་པོ་དང། ཆོས་དང་ཆོས་མ་ཡིན་པའི་གཞི་ཡང་ཡིན་ནོ་སྙམ་དུ་སེམས་པའི་ཕྱིར་རོ། །དེ་དེ་ལྟར་རྨོངས་ཤིང ་ཞེས་བྱ་བ་ནི། ཇི་སྐད་དུ་བཤད་པའི་རྣམ་པ་ལྟར་རོ། །ཀུན་གཞི་དང། འཇུག་པའི་རྣམ་པར་ཤེས་པ་དག་ལས། ཐར་པ་ཡོངས་སུ་བཙལ་བར་བྱ་བའི་རིགས་ཏེ། འདི་ལྟར་འདི་གཉིས་ཁོ་ན་ཉོན་མོངས་པ་དང། ལས་དང་སྐྱེ་བའི་ཀུན་ནས་ཉོན ་མོངས་པ་དག་གིས་ཀུན་ནས?་ཉོན?་མོངས་པར་འགྱུར་ལ། གང་ཀུན་ནས་ཉོན་མོངས་པར་འགྱུར་པ་དེ་ཉིད་ཇི་སྐད་དུ་བཤད་པའི་ཀུན་ནས་ཉོན་མོངས་པ་གསུམ་ལས་རྣམ་པར་བྱང་བར་འགྱུར། དེ་ལྟར་སོ་སོར་རྟོག་པ་ལས་གཞན་དུ་བདག་ལས ་ཡོངས་སུ་ཚོལ་ཏེ། དེ་ཉིད་འཆིང་བར་འགྱུར་རོ། །གྲོལ་བར་འགྱུར་རོ། །ཞེས་སོ་སོར་རྟོགས་པའི་ཕྱིར་རོ། །དེ་ལྟ་བུ་ནི། གཞན་ལས་ཐར་པ་ཡོངས་སུ་ཚོལ་བ་སྟེ། དེ་འདི་སྙམ་དུ་སེམས་ཏེ་འདི་ལྟར་ཁམས་གསུམ་པ་འདི་ནི་སེམས་ཙམ་སྟེ ་ཞེས་གསུངས་པ་གང་ཡིན་པའོ། །རྣམ་པ་གཞན་གྱིས་ཡོངས་སུ་ཚོལ་བ་ཇི་ལྟ་བུ་ཞེ་ན། ཞེས་བྱ་བ་རྣམ་པ་བཞན་གྱིས་ནི་གཞན་གྱི་རྣམ་པས་སོ། །དེ་ཡང་གང་ཞེ་ན་མི་འདྲ་བའི་རྒྱུ་ཞེས་བྱ་བ་སྨྲས ་ཏེ། དེ་ལྟ་བུ་ནི་རྣམ་པ་གཞན་གྱིས་ཚོལ་བ་ཡིན་ནོ། །རྒྱུ་མི་འདྲ་བ་རྣམས་བསྟན་པའི་ཕྱིར་རྣམ་པ་གསུཾ་ཞེས་བྱ་བ་སྨྲས་སོ། །རང་བཞིན་དང་དབང་ཕྱུག་དང་བརྟུལ་ཞུགས་དྲག་པོའི་རྒྱུ་ཞེས་བྱ་བ་ནི་རྣམ་པ་གསུམ་པོ་དེ་སྟོན་པར་བྱེད ་པའོ། །རང་བཞིན་དང་དབང་ཕྱུག་དང་བརྟུལ་ཞུགས་དྲག་པོ་ཞེས་བྱ་བར་ཚིག་རྣམ་པར་སྦྱར་ཏེ། དེ་དག་ཁོ་ན་ཐར་པའི་རྒྱུ་ཡིན་གྱི་གཞན་ནི་མ་ཡིན་ནོ་སྙམ་པའོ། །དེ་ལ་རང་བཞིན་ནི་ཡོན་ཏན་གསུམ་གྱི་བདག་ཉིད་ད། ་སྙིང་སྟོབས་དང་རྡུལ་དང་མུན་པའི་རང་བཞིན་ནོ། །དེ་ཉིད་ཐར་པའི་རྒྱུ་ཡིན་ནོ་སྙམ་པ་སྟེ། དེ་སྐད་དུ་རང་བཞིན་དང་སྐྱེས་བུའི་ཁྱད་པར་ཤེས་པས་གྲོལ་བར་འགྱུར་རོ་ཞེས་བཤད་དེ། རང་བཞིན་ནི་རང་བཞིན་གྱི་བདག་ཉིད་དུ ་གནས་ལ། སྐྱེས་བུ་ནི་སྐྱེས་བུའི་བདག་ཉིད་དུ་གནས་ཏེ། དེ་གཉིས་གཅིག་པ་ཉིད་མ་ཡིན་པར་ཤེས་པས་གྲོལ་བར་འགྱུར་རོ་སྙམ་མོ། །དེའི་གཉེན་པོར་སྲིད་པའི་ཡན་ལག་རྣམས་ལས་རྣམ་པ་གཉིས་སུ་ཉེ་བར་རབ་ཏུ་སྐྱེ་ཞིང ་འབྱུང་ངོ་ཞེས་ཐར་པ་འདི་འདྲ་བར་རྟོག་པར་བྱེད་དེ། འདི་འདྲ་བ་ཡང་ཐར་པའི་མཚན་ཉིད་མ་ཡིན་ནོ། །འདི་ལྟར་ཐར་པ་ནི་རྒྱུ་དང་རྐྱེན་རྣམས་ཀྱིས་མངོན་པར་འདུས་མ་བྱས་པའི་མཚན་ཉིད་དེ་མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམS ་ཞེས་བྱ་བ་ནི་འདུ་བྱེད་རྣམས་རྒྱུ་དང་རྐྱེན་ལས་བྱུང་བ་ཉིད་ཡིན་གྱི་ཐར་པ་ནི་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ་།ཡང་ཀུན་ནས་ཉོན་མོངས་པ་འབྱུང་བ་དང་འབྲེལ་པ་ཀུན་ནས་འབྲེལ་པ་སྟེ། འདི་ལྟར་འདུ་ཤེས་མེད་པ་པ་ནས་ཤི ་འཕོས་ནས་འདིར་ཉོན་མོངས་པ་ཀུན་ཏུ་སྤྱོད་པའི་སྒོ་ནས་ཡང་འབྱུང་ངོ། །དེའི་གཉེན་པོར་ཀུན་ནས་ཉོན་མོངས་པ་དང་བྲལ་བའི་མཚན་ཉིད་ཅེས་བཤད་དེ། མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་ཞེས་བྱ་བ་དེ་ནི་སྐྱེ་བ་དང་འབྲེལ་པ ་སྟེ། ཞེས་གང་གསུངས་པའོ། །སྲིད་པའི་ལུགས་དང་མཐུན་པ་གཟུགས་མེད་པའི་སྲིད་པ་ཞེས་བྱ་བ་མི་དེ་དག་འབྱུང་བ་དང། འབྱུང་བ་ལས་གྱུར་པའི་གཟུགས་ཐམས་ཅད་ཉེ་བར་ཞི་བའི་ཕྱིར་གཟུགས་མེད་པ་ལ་ཐར་པར་འདོད་པས་སོ།། ་དེའི་གཉེན་པོར་འཇིག་རྟེན་ལས་འདས་པའི་མཚན་ཉིད་ཅེས་བཤད་དེ། གཟུགས་མེད་པའི་སྲིད་པ་ནི་འཇིག་རྟེན་པ་ཁོ་ན་ཡིན་པས་མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་ཞེས་བྱ་བ་དེ་ནི་སྲིད་པའི་ལུགས་སུ་འབྱུང་བར་ཡོངས་སུ་བརྟག ་པ་སྟེ་ཞེས་གང་གསུངས་པའོ། །དེ་ལ་རྣམ་པ་ཐམས་ཅད་ཡོངས་སུ་བརྟག་པ་ནི་རྣམ་པ་དགུ་སྟེ། རྣམ་པ་དགུ་ཇི་ལྟ་བུ་ཞེ་ན། སྲིད་པའི་ཡན་ལག་རྗེས་སུ་འབྲེལ་པའི་སྒོ་ནས་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་རབ་ཏུ་དབྱེ་བར་ཡོངས་སུ་བརྟག ་པ་ནི་འདི་ལྟར་འཇིག་རྟེན་དུ་འདོགས་པ་འབྱུང་མ་ཇི་སྙེད་པ་དེ་དག་ཐམས་ཅད་ནི་བདག་ཏུ་མངོན་པར་ཞེན་པ་ལས་འབྱུང་སྟེ། ཞེས་བྱ་བ་ལ་སོགས་འབྱུང་བའི་ཕྱིར་རོ། །སེམས་གཅིག་ཏུ་ཡང་དག་པར་འདུ་བའི་སྒྲོ་ནས་རྟེན་ཡོངས་སུ ་བརྟག་པ་ནི་དེ་འདི་སྙམ་དུ་སེམས་ཏེ་ཁམས་གསུམ་བ་འདི་ནི་སེམས་ཙམ་སྟེ། སྲིད་པའི་ཡིན?་ལག་གང་དག་དེ་བཞིན་གཤེགས་པས་རབ་ཏུ་ཕྱེ་སྟེ་བཀའ་སྩལ་པ་དེ་དག་ཐམས་ཅད་ཀྱང་སེམས་གཅིག་ལ་གནས་པ་དག་གོ་སྙམ་ཞེས ་བྱ་བ་ལ་སོགས་པ་གསུངས་པ་གང་ཡིན་པའོ། །རང་གི་ལས་མ་འདྲེས་པའི་སྒོ་ནས་ཐབས་ཡོངས་སུ་བརྟག་པ་ནི་དེ་ལ་མ་རིག་པ་ནི་བྱ་བ་གཉིས་སུ་ཉེ་བར་གནས་པ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པ་གང་ཡིན་པའོ། །ཐ་དད་པ་མ་ཡིན་པའི ་སྒོ་ནས་རྐྱེན་གྱིས་མཚན་ཉིད་དུ་ཡོངས་སུ་བརྟག་པ་ནི་དེ་ལ་མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་སོ་ཞེས་བྱ་བ་ནི་མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་རྒྱུན་མི་འཆད་པ་དང་རྟོན་པའོ་ཞེས་བྱ་བ་ལ་སོགས་པ ་གསུངས་པ་གང་ཡིན་པའོ། །གཡོ་མེད་པའི་ཕྱིར་ཞེས་བྱ་བ་ནི་སྲེད་པའི་ཡན་ལག་རྣམས་རྐྱེན་ལ་རག་ལས་ཏེ་སྐྱེ་བའི་ཕྱིར་རོ། །ལན་གསུམ་གྱི་རྒྱུད་དུ་འབྲང་བའི་སྒོ་ནས་བདེན་པ་ལ་འཇུག་པར་ཡོངས་སུ་བརྟག་པ་ནི་དེ་ལ་མ་རིག་པ་དང་སྲེད ་པ་དང་ལེན་པ་ནི་ཉོན་མོངས་པའི་ལམ་གྱི་རྒྱུན་མི་འཆད་པའོ། །ཞེས་བྱ་བ་ལ་སོགས་པ་གསུངས་པ་གང་ཡིན་པ་སྟེ། ལམ་གསུམ་པོ་འདི་དག་གི་ནང་ནས་འབྲས་བུར་གྱུར་པ་གང་དག་ཡིན་པ་དེ་དག་ནི་སྡུག་བསྔལ་གྱི་བདེན་པ་ཉིད་དོ།། ་རྒྱུར་གྱུར་པ་གང་དག་ཡིན་པ་དེ་དག་ནི་ཀུན་འབྱུང་གི་བདེན་པ་ཉིད་དོ། །རྣམ་པ་གཅིག་ཏུ་ན་ཉོན?་མོངས་པ་དང་ལས་ཀྱི་ལམ་དག་ནི་ཀུན་འབྱུང་གི་བདེན་པ་ཉིད་དོ། །སྡུག་བསྔལ་གྱི་ལམ་སྡུག་བསྔལ་གྱི་བདེན་པ་ཉིད་དོ། །སྔོན་གྱི ་མཛའ་ལ་སོགས་པར་ཡོངས་སུ་བརྟག་པའི་སྒོ་ནས་ནུས་པ་དང་མི་ནུས་པའི་གནས་ལ་འཇུག་པའི་ཡོངས་སུ་བརྟག་པ་ནི་མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་ཞེས་བྱ་བ་ནི་སྔོན་གྱི་མཛའ་པའི་བལྟོས་པའོ། །ཞེས་བྱ་བ་ལ་སོགས ་པ་གསུངས་པ་གང་ཡིན་པའོ། །སྡུག་བསྔལ་ཀུན་ཏུ་འབྱུང་བའི་སྒོ་ནས་མངོན་པའི་ང་རྒྱལ་ཅན་མངོན་པའི་ང་རྒྱལ་མེད་པ་ལ་འཇུག་པ་ཡོངས་སུ་བརྟག་པ་ནི་སྡུག་བསྔལ་ཉིད་ཆ་ཕྲ་བ་ཡོངས་སུ་མི་ཤེས་པ་དང། ཡོངས་སུ་ཤེས་པ་མངོན ་པའི་ང་རྒྱལ་བྱེད་པའི་ཕྱིར་ཏེ། ཡང་སྲིད་པའི་ཡན་ལག་བཅུ་གཉིས་པོ་དེ་དག་གི་རྒྱུ་སྡུག་བསྔལ་ཉིད་གསུམ་འབྱུང་སྟེ། ཞེས་བྱ་བ་ལ་སོགས་པ་གསུངས་པ་གང་ཡིན་པའོ། །འདུ་བྱེད་ཀྱི་སྡུག་བསྔལ་གང་ཡིན་པ་དེ་ནི་ཆ་ཕྲ་བ་ཡིན་ཏེ། ་ཡོངས་སུ་མི་ཤེས་པ་ལ་ཡོངས་སུ་ཤེས་སོ་སྙམ་དུ་མངོན་པའི་ང་རྒྱལ་བྱེད་པ་འམ། ཡོངས་སུ་ཤེས་ལ་ཡོངས་སུ་མི་ཤེས་སོ་སྙམ་དུ་མངོན་པའི་ང་རྒྱལ་བྱེད་ཅེས་བྱ་བའི་ཐ་ཚིག་གོ་།རྒྱུ་དང་རྐྱེན་ལས་འབྱུང་བ་དང། སྐྱེ་བ་དང་འཇིག་པ་དང་འབྲེལ་བ ་ཞེས་བྱ་བ་རྣམ་པ་གཉིས་ཀྱིས་ཐོག་མ་མེད་བ་ཉིད་གནས་པའི་ཕྱིར་ཞེས་བྱ་བ་སྨྲས་སོ། །ཅི་ཞིག་སྟོན་པར་བྱེད་ཅེ་ན། མ་རིག་པ་ནི་སེམས་ཅན་རྣམས་དམིགས་པ་ལ་ཀུན་ཏུ་རྨོངས་པར་བྱེད་བ་དང། འདུ་བྱེད་མངོན་པར་འགྲུབ་པའི་རྒྱུ་ཡང་འབྱིན ་ཏོ། །གལ་ཏེ་འདི་ལྟ་སྟེ། ལས་དང་ཉོན་མོངས་པ་དག་གི་རྣམ་པ་འདིས་འཁོར་བ་འཇུག་པ་ཡིན་ན། དེ་ལྟ་ན་ནི་འོ་ན་དེ་ཉིད་ལས་གྲོལ་བ་ཡོངས་སུ་བཙལ་བར་བྱ་བའི་གཙོ་བོ་ལས་ནི་མ་ཡིན་ཏེ། མ་རིག་པ་ནི་བྱ་བ་གཉིས་སུ་ཉེ་བར་གནས་ཏེ་ཞེས ་བྱ་བ་ལ་སོགས་པ་ནས་འཆི་བ་ཡང་བྱ་བ་གཉིས་སུ་ཉེ་བར་གནས་པ་ཡིན་ཏེ། ཞེས་བྱ་བའི་བར་གསུངས་པ་གང་ཡིན་པའོ། །དེ་ལས་གཞན་པ་དབང་ཕྱུག་ཏུ་སྨྲ་བ་རྣམས་ནི་དབང་ཕྱུག་ལས་ཐར་པ་རྟོགས་པར་བྱེད་དེ། དེ་མཉེས་པར་བྱས ་པས་སེམས་ཅན་རྣམས་འཁོར་བའི་ཐིབས་པོ་ལས་གྲོལ་བར་འགྱུར་རོ་སྙམ་མོ། །དེའི་གཉེན་པོར་རང་གི་རིགས་ཀྱི་རྒྱུ་ལས་བྱུང་བ་ཞེས་བྱ་བ་སྨོས་ཏེ། ཅི་ཞིག་སྟོན་པར་བྱེད་ཅེ་ན། མ་རིག་པ་ལ་སོགས་པ་དེ་དག་ནི་རང་གི་རིགས་དང ་མཐུན་པའི་རྒྱུ་ལས་བྱུང་བ་ཡིན་གྱི། གང་གིས་ནི་དེ་རབ་ཏུ་མཉེས་པར་བྱས་པས་མ་རིག་པ་ལ་སོགས་པའི་སྲིད་པའི་ཡན་ལག་རྣམས་མི་འབྱུང་བར་འགྱུར་བ་དབང་ཕྱུག་རབ་ཏུ་འཁྲུགས་པ་ལས་བྱུང་བ་ནི་མ་ཡིན་ནོ་ཞེས་བྱ་བ་སྟེ། ་དེ་ལ་མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་སོ་ཞེས་བྱ་བ་ནི་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་རྒྱུན་མི་འཆད་པ་དང་སྟོན་པའོ་ཞེས་བྱ་བ་ནས་སྐྱེ་བའི་རྐྱེན་མེད་པས་རྒ་ཤི་ཉེ་བར་ཞི་ཞིང་རྟོན་པ་མེད་དོ་ཞེས་བྱ་བའི་བར་གསུངས་པ ་གང་ཡིན་པའོ། །དེ་ལས་གཞན་པ་གཅེར་བུ་པ་རྣམས་ནི་དགའ་ཐུབ་དྲག་པོས་ཐར་པ་ཡོངས་སུ་ཚོལ་བར་བྱེད་དེ། དེའི་གཉེན་པོར་ཉོན་མོངས་པ་དང་ལས་ཀྱི་ཀུན་ནས་ཉོན་མོངས་པའི་རྒྱུ་ལས་བྱུང་བའི་ཕྱིར་བདེ ་བའི་རྒྱུ་ལས་བྱུང་བ་མ་ཡིན་པ་ཞེས་པ་སྨྲས་སོ། །ཅི་ཞིག་སྟོན་པར་བྱེད་ཅེ་ན། འདི་ལྟར་དཀའ་ཐུབ་ནི་སྐྲ་འབྲལ་བ་དང། གཅེར་བུར་འདུག་པ་དང། ཁྲས་མི་བྱེད་པ་ལ་སོགས་པའོ། །དྲག་པོའི་སྡུག་བསྔལ་ཞེས་པའོ། །དེ་ལྟ་བས་ན་གལ་ཏེ་བདེ ་བར་འཁོར་བའི་གཟེབ་ཏུ་ངེས་པར་འོང་བ་ཞིག་ཡིན་ན་ནི། དཀའ་ཐུབ་དྲག་པོའི་རྒྱུ་ངེས་འཁོར་བའི་གཟེབ?་ལས་ཐར་བར་འགྱུར་ཞིག་ན། གང་གི་ཕྱིར་ལས་དང་ཉོན་མོངས་པ་དག་གིས་འཁོར་བར་འཁྱམ་པ་དེའི་ཕྱིར་དཀའ་ཐུབ་དྲག་པོས ་ཐར་པ་མ་ཡིན་ཏེ། དེ་ལ་མ་རིག་པ་དང་སྲེད་པ་དང་ལེན་པ་ནི་ཉོན་མོངས་པའི་ལམ་གྱི་རྒྱུན་མི་འཆད་པའོ། །འདུ་བྱེད་དང་སྲིད་པ་ནི་ལས་ཀྱི་ལམ་གྱིས་རྒྱུན་མི་འཆད་པའོ། །ལྷག་མ་རྣམས་ནི་སྡུག་བསྔལ་གྱི་ལམ་གྱི་རྒྱུན་མི་འཆད་པའོ ་ཞེས་གང་གསུངས་པའོ། །དེ་ལ་ས་གཞན་པ་འཇིག་རྟེན་རྒྱང?་ཕན?་པ་རྣམས་ནི་རྒྱུ་མེད་པས་ཐར་པ་ཚོལ་ལོ། །འདི་ལྟ་སྟེ། དངོས་པོ་རྣམས་ནི་རང་གི་དང་ཁོ་ནས་འཇིག་པས་འདི་དག་གི་ཞིག་བ་མྱ་ངན་ལས་འདས་པ་ལ་རྒྱུ་འགའ་ཡང ་མེད་དེ། དེ་སྐད་དུ་སྲོག་ནི་འདི་ཁོ་ནར་འཚོ་བར་ཟད་ཀྱི། ཚེ?་ཕྱི་མ་མེད་དོ་ཞེས་འཛར་ཏོ། །དེའི་གཉེན་པོར་སྔོན་དང་མཛའ་ཨི་བར་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། མཛའ་ཨི་བར་ནི་སྔོན་གྱི་མཛའ་ཨི་རྒྱུ་ལས་བྱུང་བའི་ཕྱིར་ལ། ཕྱི་མའི་མཛའ་ནི ་མཛའ་ཨི་བར་གྱི་རྒྱུ་ལས་བྱུང་བའི་ཕྱིར་རོ། །འདིར་འཐད་པ་སྨྲས་པ། གཞན་དུ་ན་ནི་སེམས་ཅན་སྣ་ཚོགས་སུ་མི་འགྱུར་རོ། །སེམས་ཅན་རྣམས་སྣ་ཚོགས་པ་ནི་ངོ་བོ་ཉིད་སྣ་ཚོགས་པའོ། །རྒྱུ་མེད་པ་པ་ཉིད་ཡིན་ན་དེར་མི་འགྱུར་རོ་སྙམ་དུ་བསམས ་པ་སྟེ། མ་རིག་པའི་རྐྱེན་གྱི་འདུ་བྱེད་རྣམས་ཞེས་བྱ་བ་གང་ཡིན་པ་དེ་ནི་སྔོན་གྱི་མཛའ་ལ་བལྟེས་པའོ། །ཞེས་བྱ་བ་ནས་དེ་བཞིན་དུ་མ་རིག་པ་འགགས་པས་འདུ་བྱེད་རྣམས་འགག་ཅེས་བྱ་བ་དེ་ནི་འགག་པ་རྒྱུན་འཆད་པ་སྟེ་ཞེས་བྱ་བའི་རང? ་གསུངས་པ་གང་ཡིན་པའོ། །ཐར་པ་གཞན་ཡོངས་སུ་ཚོལ་བ་ཞེས་བྱ་བའི་བར་གསུངས་པ་གང་ཡིན་པའོ། །ཐར་པ་གཞན་ཡོངས་སུ་ཚོལ་བ་ཞེས་བྱ་བ་ནི་ཐར་པ་གཞན་ཁོ་ན་ཡོངས་སུ་ཚོལ་བའོ། །ཐར་པ་དེ་ཡང་རྣམ་པ་བཞིར་ཡོངས་སུ་རྟོག་པར་བྱེད ་དེ། ཐར་པ་ནི་ཞེས་བྱ་བ་ལ་སོགས་པ་ནི་ཐར་པ་རྣམ་པ་བཞི་པོ་དེ་བྱེ་བྲག་དུ་སྟོན་པར་བྱེད་པའོ། །དེ་དག་ནི་འདི་འདུ་བྱེད་ཀྱི་སྡུག་བསྔལ་ཉིད་དང་རྗེས་སུ་འབྲེལ་བའི་ཕྱིར་འདུ་བྱེད་ཀྱི་སྡུག་བསྔལ་ཉིད་དང་རྗེས་སུ་འབྲེལ་བ་ལ་ཐར་བར་རྟོག་པར་བྱེད་དེ། ་འདི་ལྟར་འདུ་ཤེས་མེད་པ་ལ་ཐར་པར་མངོན་པའི་ང་རྒྱལ་བྱེད་དོ། །དེ་ལ་འདུ་བྱེད་ཀྱི་སྡུག་བསྔལ་ཉིད་དང་རྗེས་སུ་འབྲེལ་བའི་ཕྱིར་ཐར་པའི་མཚན་ཉིད་དུ་རྣམ་པར་མི་བཞག་སྟེ། ཐར་པ་ནི་སྡུག་བསྔལ་ཐམས་ཅད་ཉེ་བར་ཞི་བའི་མཚན ་ཉིད་དང་ཞེས་གང་སྨྲས་པ་སྟེ། མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་ཞེས་བྱ་བ་ནས་སྐྱེ་མཆེད་དྲུག་ཅེས་བྱ་བའི་བར་དེ་ནི་འདུ་བྱེད་ཀྱི་སྡུག་བསྔལ་ཉིད་དོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་གང་ཡིན་པའོ། །རྒྱུ་དང་རྐྱེན་དག་ལས ་ཡོངས་སུ་བརྟག་པར་བཤད་དེ། མཛའ་ཨི་བར་ཡང་རྒྱུ་དང་རྐྱེན་ལས་བྱུང་བའི་ཕྱིར་ཞེས་བྱ་བ་ནི་མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་ཞེས་བྱ་བ་ནི་འདུ་བྱེད་རྣམས་རྒྱུ་དང་རྐྱེན་ལས་འབྱུང་བ་སྟེ། ལྷག་མ་རྣམས་ཀྱང་དེ་བཞིན་ཞེས་འབྱུང་བའི ་ཕྱིར་རོ། །ཕྱི་མའི་མཛའ་ཡང་སྐྱེ་བ་དང་འབྲེལ་པའི་ཕྱིར་ཞེས་བྱ་བའི་མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་ཞེས་བྱ་བ་དེ་ནི་སྐྱེ་པ་དང་འབྲེལ་པ་སྟེ། ལྷག་མ་རྣམས་ཀྱང་དེ་བཞིན་ནོ་ཞེས་འབྱུང་བའི་ཕྱིར་རོ། །ཇི་ལྟ་ཞེ་ན། རྣམ ་པར་ཤེས་པ་ནས་ཚོར་བ་ཞེས་བྱ་བའི་བར་དེ་ན་ད་ལྟར་བྱུང་བའི་བལྟོས་པའོ་ཞེས་གསུངས་པའི་ཕྱིར་ཏེ། ད་ལྟར་བྱུང་བ་གང་ཡིན་པ་དེ་ནི་མཛའ་ཨི་བར་ཡིན་ཏེ། མཛའ་གཉིས་ཀྱི་བར་གང་ཡིན་པ་དེ་མཛའ་ཨི་བར་ཡིན ་པའི་ཕྱིར་རོ། །དེ་རྒྱུ་དང་རྐྱེན་ལས་བྱུང་བའི་ཕྱིར་ཞེས་བྱ་བ་ནི་མ་རིག་པ་དང་འདུ་བྱེད་ལས་བྱུང་བའི་ཕྱིར་ཞེས་བྱ་བའི་ཐ་ཚིག་སྟེ། སྐྱེ་བ་ནི་ཉོན་མོངས་པ་དང་ལས་ཀྱི་རྒྱུ་ལས་བྱུང་བའི་ཕྱིར་རོ། །དེ་ལྟར་ན་མ་རིག་པ་དང་འདུ་བྱེད་དག་ནི་སྔོན ་གྱི་མཛའ་ཨི་དང་པོ་ཉིད་དུ་རབ་ཏུ་འགྱུར་རོ། །ཡང་སྲེད་པ་ནས་སྲིད་པ་ཞེས་བྱ་བའི་བར་དེ་ནི་ཕྱི་མའི་མཛའ་པའི་བལྟོས་པ་སྟེ་ཞེས་གང་གསུངས་ཏེ། ཕྱི་མའི་མཛའ་གང་ཡིན་པ་དེ་ནི་མ་འོངས་པ་ཞེས་བྱ་ལ། དེ་སྐྱེ་བ་དང་འབྲེལ་བའི ་ཕྱིར་རོ། །ད་ལྟར་འབྱུང་བའི་མིང་དང་གཟུགས་ཞེས་བྱ་བ་ནི་མཛའ་ཨི་བར་ཉིད་དུ་རབ་ཏུ་འགྱུར་ཏེ། དེ་ལ་སྲེད་པ་དང་ལེན་པ་ཚོར་བ་ལ་སོགས་པ་དང་མཚུངས་པར་ལྡན་པ་གནས་རྣམ་པར་ཤེས་པ་དང་ལྷན་ཅིག་པ་ནི་མིང་ཉིད་ཡིན་ནོ། །སྲིད ་པ་ནི་ལས་ཡིན་པའི་ཕྱིར་ལ་ལས་ནི་རྒྱུར་བྱས་པའི་གཟུགས་ཡིན་པའི་ཕྱིར་སྐྱེ་མཆེད་ལྔ་པོ་དག་གཟུགས་ཉིད་ཡིན་ནོ། །འགག་པའི་ཆོས་ཅན་ཡིན་པའི་ཕྱིར་འགགས་པ་ནི་དང་པོ་ཉིད་དུ་འགྱུར་ཏེ། འདི་ལྟར་སྲེད་པ་དང་ལེན་པ་ཉིད་འགགས ་པ་ནི་མ་རིག་པ་ཞེས་བྱ་ལ། སྲིད་པ་ལས་འགགས་ན་འདུ་བྱེད་རྣམས་ཞེས་བྱའོ། །དེ་ལྟར་ན་མ་རིག་པ་དང་འདུ་བྱེད་དག་ཀྱང་བར་དང་ཕྱི་མའི་མཛའ་ཉིད་དུ་རབ་ཏུ་འགྱུར་ལ། ཕྱི་མའི་མཛའ་སྲེད་པ་དང་ལེན་པ་རྣམ་ཤེས་དང་པོ ་དང་བར་མ་ཉིད་དུ་རབ་ཏུ་འགྱུར་ཏེ། དངོས་པོ་ཁྱད་པར་མེད་པའི་ཕྱིར་ཏེ། གནས་སྐབས་ཀྱི་དབང་གིས་མིང་གཞན་དུ་བཏགས་པའི་ཕྱིར་རོ། །དེ་ལྟར་ན་དང་པོ་ཉིད་མ་ངེས་པའི་ཕྱིར་ཟོ་ཆུན་གྱི་འཁྲུལ་འཁོར་བཞིན་ཏེ། རྣམ་པ་གཉིས ་ཀྱིས་ཐོག་མ་མེད་པ་ཉིད་དུ་ཡོངས་སུ་བརྟག་པ་བཤད་པ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་རྣམ་པ་ཐམས་ཅད་ཡོངས་སུ་བརྟགས་པ་ནི་རྣམ་པ་དགུ་སྟེ། ཞེས་བཤད་དེ། རྣམ་པ་གཉིས་ཀྱིས་ཐོག་མ་མེད་པ་ཉིད་དུ་ཡོངས་སུ་བརྟག་པར་འབྱུང་བའི་ཕྱིར་རོ། །བྱིས་པ ་རྣམས་སྲིད་པའི་ལུགས་སུ་འབྱུང་བའི་ཕྱིར་སྣ་ཚོགས་ཉིད་དུ་ཡོངས་སུ་བརྟག་པ་སྟེ། ཇི་ལྟ་ཞེ་ན། འདི་ལྟར་མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་ཞེས་བྱ་བ་དེ་ནི་སྲིད་བའི་ལུགས་སུ་འབྱུང་བར་ཡོངས་སུ་བརྟག་པ་སྟེ་ལྷག་མ་རྣམས་ཀྱང་དེ་བཞིན་ནོ ་ཞེས་འབྱུང་བའི་ཕྱིར་རོ། །འདོད་པ་དང་གཟུགས་མེད་པའི་སྲེད་པ་རྣམས་ཀྱིས་ཞེས་བྱ་བ་ནི། རྒྱུ་སྣ་ཚོགས་པས་འབྲས་བུ་སྣ་ཚོགས་པ་ཉིད་དུ་ཤེས་པར་བྱས་པ་ཡིན་ཏེ། དེའི་ཕྱིར་སྣ་ཚོགས་པ་ཉིད་དུ་ཡོངས་སུ་བརྟག་པ་ཉིད་དུ་ཡོངས་སུ་བརྟག་པ་ཞེས ་བཤད་དོ། །སྲེད་པ་སྨོས་པ་ནི་སྲིད་པ་ཡོངས་སུ་གཟུང་བར་བྱ་བ་ལ་དེའི་ནུས་པ་ལྷག་པར་ཤེས་པར་བྱ་བའི་ཕྱིར་རོ། །རྣམ་པ་ཐམས་ཅད་ཡོངས་སུ་བརྟག་པ་རྣམ་པ་དག་ན་དེ་ལྟ་བུ་ཡིན་པར་ཤེས་པ་བྱ་སྟེ། རྣམ་པ་ཐམས་ཅད་ཀྱིས་རྟེན་ཅིང་འབྲེལ་པར ་འབྱུང་བ་སོ་སོར་བརྟག་བ་ཞེས་བྱ་བའི་ཐ་ཚིག་གོ་།དེ་དག་ཐམས་ཅད་ཀྱང་ཇི་སྐད་བཤད་པའི་རྣམ་པ་དགུར་ཟད་དེ་དེ་ལས་ལྷག་པའི་རྣམ་པ་མེད་པའི་ཕྱིར་རོ། །དེ་ལྟ་བུ་ནི་མི་གནས་པའི་ལམ་སྒྲུབ་པའི་ཁྱད་པར་རྣམ་པར་བཞག་པ་ཡིན་ནོ། །མི་གནS་པའི ་ལམ་སྒྲུབ་པའི་ཁྱད་པར་བསྟན་ནས། དེའི་འབྲས་བུ་ནི་རྣམ་པ་བདུན་དུ་བསྟན་ཏེ། ཇི་ལྟར་ཞེ་ན། གཉེན་པོ་དང་ནི་མི་མཐུན་པའི། །ཕྱོགས་ཉམས་པ་དང་སྒྲུབ་པ་དང། །གནས་པ་དང་ནི་ཏིང་འཛིན་དང། །བསམ་བ་དག་ནི་ཐོབ་པ་དང། །ནུབ་པའི་སྒོ་ནས ་འབྲས་བུ་འདི། །རྣམ་པ་བདུན་དུ་རྣམ་ཤེས་བྱ། །གཉེན་པོའི་ཁྱད་པར་ཐོབ་པ་དང། །མི་མཐུན་པ་ཡི་ཕྱོགས་ཉམས་པ། ཞེས་བྱ་བ་བརྣམ་པ་གཉིས་སུ་བྱ་བའི་ཕྱིར་དང། སྒྲུབ་པའི་ཁྱད་པར་ཐོབ་པ་དང། གནས་པའི་ཁྱད་པར་ཐོབ་པ་ཞེས་བྱ་བ་རྣམ ་པ་གཉིས་སུ་བྱས་པའི་ཕྱིར། འབྲས་བུ་རྣམ་པ་བདུན་དུ་འགྱུར་རོ། །རྒྱུའི་རྗེས་སུ་བྱེད་པའི་ཕྱིར། །དེ་ཡང་ཁྱད་པར་འཕགས་པར་བཤད། །ས་དྲུག་པ་ལ་མི་གནས་པའི་ལམ་གྱི་ཁྱད་པར་ཐོབ་པ་གང་ཡིན་པ་དེས ་ལྔའི་བས་ཆེས་ཁྱད་དུ་འཕགས་པའི་ཕྱིར་འབྲས་བུ་གང་ཡིན་པ་དེ་ཡང་ཆེས་ཁྱད་པར་དུ་འཕགས་པར་འགྱུར་རོ། །ཅིའི་ཕྱིར་ཞེ་ན། རྒྱུ་ཡི་རྗེས་སུ་བྱེད་པའི་ཕྱིར། །རྟེན་ཅིང་འབྲེལ་པར་འབྱུང་བ་ཡི། །ཞེས་བྱ་བའི་ཐ་ཚིག་གོ་།གཉེན་པོ་ཇི ་ལྟར་རིགས་པར་ནི། །རྣམ་པར་ཐར་པའི་སྒོ་སྒོམ་པའོ། །ཇི་ལྟ་བུ་ཞེ་ན། དེ་ལ་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་ནི་རྣམ་པ་གསུམ་གྱིས་ཞེས་བྱ་བ་སྟེ། དེ་ལ་གང་ཟག་ལ་བདག་མེད་པ་རྣམ་པར་བཞག་པ་དང། ཆོས་ལ་བདག་མེད་པ་རྣམ་པར ་བཞག་པ་དང། དེ་གཉི་གའི་བྱ་བ་མེད་པས་བྱེད་པ་པོ་མེད་པར་མཐོང་བས་སོ། །དེ་དེ་ལྟར་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་རྣམ་པ་བཅུར་སོ་སོར་རྟོག་ཅིང་ཞེས་གང་གསུངས་པ་ནི་ཇི་སྐད་པའི་རྣམ་པར་རོ། །ཇི་ལྟ་ཞེ་ན། བདག་མེད་པ་དང ་སྲོག་མེད་པ་དང་གང་ཟག་མེད་པར་གང་ཟག་ལ་བདག་མེད་པར་མཐོང་ཞེས་པའི་ཐ་ཚིག་སྟེ། གསུམ་བཤད་པ་ནི་གདུལ་བའི་དབང་གིས་གང་ཟག་གི་རྣམ་གྲངས་ཤེས་པར་བྱ་བའི་ཕྱིར་རོ། །གང་ཟག་དེ་ནི་རྟག་པ་དང་མི་རྟག་པ་ཉིད་ཀྱི་ཉེས་པ་འགྱུར ་བའི་ཕྱིར་བདག་མེད་པ་ཉིད་ཡིན་ནོ། །ངོ་བོ་ཉིད་ཀྱིས་སྟོང་པ་ཞེས་བྱ་བ་ནི་ཆོས་ལ་བདག་མེད་པར་མཐོང་པ་ཞེས་བྱ་བའི་ཐ་ཚིག་གོ། ཆོས་རྣམས་ནི་ངོ་བོ་ཉིད་ཀྱིས་སྟོང་པ་ཉིད་ཡིན་ཏེ། རྟེན་ཅིང་འབྲེལ་བར་འབྱུང་བ་ཡིན་པའི་ཕྱིར་དང ་ཀུན་བརྟག་པའི་ངོ་བོ་ཉིད་མེད་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་བདག་མེད་པ་ཡིན་ཏེ། བདག་ཀྱང་ངོ་བོ་ཉིད་ཀྱི་རྣམ་གྲངས་ཡིན་པའི་ཕྱིར། །ངོ་བོ་ཉིད་ཀྱང་བདག་གི་རྣམ་གྲངས་ཡིན་པའི་ཕྱིར་བརྒྱ་བྱིན་དང་དབང་པོ་བཞིན་ནོ། །བྱེད་པ ་པོ་མེད་པ་དང། ཚོར་བ་པོ་མེད་པར་སོ་སོར་རྟོག་པའི་ཚེ་ཞེས་བྱ་བ་ནི་དེ་གཉི་གའི་བྱ་བ་མེད་པས་ཏེ། གང་ཟག་ལ་བརྟེན་པ་འམ་ཆོས་ལ་བརྟེན་པའོ། །བྱེད་པ་པོ་ལ་བརྟེན་པ་དང་ལས་ལ་བརྟེན་པ་དེ་ཉིད་བྱ་བ་ཡིན་ཏེ། དེ་ཡང་དེ་གཉིས་མེད་པའི ་ཕྱིར་མེད་དོ། །བྱེད་པ་པོ་མེད་པ་ཞེས་བྱ་བ་ནི་གང་ཟག་མེད་པའི་ཕྱིར་དང། ཆོས་རྣམས་རྐྱང་གཡོ་བ་མེད་པའི་ཕྱིར་བྱ་བ་མེད་པ་སྟེ། གཡོ་བ་མེད་པ་ཉིད་ནི་སྐད་ཅིག་མ་ཡིན་པས་སྐྱེ་པའི་དུས་མ་གཏོགས་པར་བྱ་བའི་དུས་ན་མེད་པའི ་ཕྱིར་རོ། །སྟོང་པ་ཉིད་ཀྱི་རྣམ་པར་ཐར་པའི་སྒོ་སྐྱེས་པ་ཡིན་ནོ་ཞེས་བྱ་བ་ནི་ཇི་སྐད་བཤད་པའི་རྣམ་པ་གསུམ་པ་སོ་སོར་རྟོག་ནས་པའི་ཕྱིར་ཞེས་བྱ་བའི་ཐ་ཚིག་གོ། མཚན་མ་མེད་པ་ནི་རྣམ་པ་གསུམ་གྱིས་ཡོངས་སུ་སྟོན་ཏོ་།ཇི་ལྟ་ཞེ་ན། ་དེ་ཉིད་པའི་ཡན་ལག་དེ་དག་གི་རང་བཞིན་འགགས་ཤིང་ཞེས་བྱ་བ་ནི་མི་མཐུན་པའི་ཕྱོགས་ཡིད་ཙམ་ཉམས་པའོ། །མི་མཐུན་པའི་ཕྱོགས་ཡིད་ཙམ་ཉམས་པ་ནི་སྲིད་པའི་ཡན་ལག་རྣམས་ཀྱི་རང་བཞིན་འགགས་པ་ཡིན་པར་ཤེས ་པར་བྱའོ། །ཇི་ལྟ་ཞེ་ན། མཚན་མ་མེད་པའི་རྣམ་པར་ཐར་པ་ནི་རྒྱུ་མཚན་ཡིན་ལ་དེ་ཅུང་ཟད་ཉམས་པ་ནི་ཡིད་ཙམ་ཉམས་པ་སྟེ། ཡིང?་ཙམ་སྐྱུར་བ་བཞིན་ནོ། །སེམས་ཅན་གྱི་དེན་དུ་མཚན་མ་ཀུན་ཏུ་སྤྱོད་པའི་ཕྱིར་གཏན་དུ་སྤངས ་པ་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། མི་མཐུན་པའི་ཕྱོགས་དེ་ཡིད་ཙམ་ཉམས་པ་ནི་ཀུན་ནས་ཉོན་མོངས་པར་མི་ཟེར་པའི་ཕྱིར། སྲིད་པའི་ཡན་ལག་རྣམས་ཀྱི་ཉོན་མོངས་པའི་རང་བཞིན་གང་ཡིན་པ་དེ་འགག་པ་ཡིན་གྱི། སེམས ་ཅན་དོན་དུ་སྲིད་པའི་ཡན་ལག་རྣམས་ཀུན་ཏུ་སྟོན་པའི་ཕྱིར་སྲིད་པའི་ཡན་ལག་རྣམས་ཉིད་འགག་པར་འགྱུར་བ་ནི་མ་ཡིན་ཏེ། དེ་ལྟར་ན་མི་མཐུན་པའི་ཕྱོགས་ཡིད་ཙམ་ཉམས་པ་ནི་སྲེད་པའི་ཡན་ལག་རྣམས་ཀྱི་རང་བཞིན་འགག་པ ་ཡིན་པར་ཤེས་པར་བྱའོ། །རྣམ་པར་ཐར་པ་ཤིན་ཏུ་ཉེ་བར་གནས་པ་ཞེས་བྱ་བ་ནི་གཉེན་པོ་རྙེད་པ་སྟེ། སངས་རྒྱས་ཀྱི་བར་དུ་མཚན་མ་མེད་པའི་རྣམ་པར་ཐར་པའི་སྒོའི་རྗེས་སུ་འཇུག་པའི་ཕྱིར་མཚན་མ་མེད་པའི་གཉེན ་པོ་ཐོབ་པ་ཡིན་ཏེ། དེ་ལྟ་བས་ན་གཉེན་པོ་རྙེད་པ་ཡིན་ནོ། །ཆོས་ཀྱི་མཚན་མ་གང་ཡང་མི་སྐྱེ་བ་སྟེ། ཞེས་བྱ་བ་ནི་མཚན་མ་ཀུན་ཏུ་མི་འབྱུང་བའོ། །དེའི་ཕྱིར་མཚན་མ་མེད་པའི་རྣམ་པར་ཐར་པའི་སྒོ་སྐྱེས་པ་ཡིན་ནོ་ཞེས་བྱ་བ་ནི་སྲིད་པའི་ཡན ་ལག་གི་རང་བཞིན་འགགས་པ་ལ་སོགས་པ་ཇི་སྐད་བཤད་པའི་རྣམ་པ་འདི་དག་གི་ཕྱིར་ཞེས་བྱ་བའི་ཐ་ཚིག་གོ་།སྨོན་པ་མེད་པ་མེད་རྣམ་པ་གསུམ་གྱིས་ཡོངས་སུ་སྟོན་ཏོ། །ཇི་ལྟ་ཞེ་ན། དེ་དེ་ལྟར་སྟོང་པ་ཉིད་དང་མཚན་མ་མེད་པ་ལ ་ཞུགས་པ་ཞེས་བྱ་བ་ནི་གནས་ཏེ། སྟོང་པ་ཉིད་དང་མཆན་མ་མེད་པ་ལ་བརྟན་ནས། སྨོན་བ་མེད་པ་འགྲུབ་པའི་ཕྱིར་རོ། །འདོད་པ་གང་ཡང་མི་སྐྱེ་ཞེས་བྱ་བ་ནི་རང་བཞིན་ཏེ། སྨོན་པ་མེད་པ་ནི་འདོད་པ་མེད་པའི་རང་བཞིན་ཡིན་པའི ་ཕྱིར་རོ། །སྙིང་རྗེ་ཆེན་པོ་སྔོན་དུ་གཏོང་ཞིང་སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་མ་གཏོགས་པར་ཞེས་བྱ་བ་ནི་ཁྱད་པར་ཏེ། ཉན་ཐོས་ཀྱི་སྨོན་བ་མེད་པའི་རང་བཞིན་ཡང་མངོན་པར་འདོད་པ་མེད་པ་ཡིན་མོད་ཀྱི་དེ་ནི་སེམས་ཅན་སྨིན་པར ་བྱ་བའི་མངོན་བར་འདོད་པ་སྤངས་པའོ། །དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་ཨི་སྨོན་པ་མེད་པ་ནི་སེམས་ཅན་ཡོངས་སུ་སྨིན་པར་བྱ་བར་མངོན་པར་འདོད་པས་ཁྱད་པར་དུ་འཕགས་པ་ཡིན་ནོ། །དེ་ལྟར་དེའི་སྨོན་པ་མེད་པའི་རྣམ་པར་ཐར ་པའི་སྒོ་སྐྱེས་པ་ཡིན་ནོ་ཞེས་བྱ་བ་ནི་གནས་ལ་སོགས་པ་ཇི་སྐད་བཤད་པའི་རྣམ་པ་གསུམ་དག་གིས་ཞེས་བྱ་བའི་ཐ་ཚིག་གོ་།རེ་ཞིག་གཉེན་པོའི་ཁྱད་པར་ཐོབ་པའི་སྒོ་ནས་མི་གནས་པའི་ལམ་སྒྲུབ་པའི་ཁྱད་པར་གྱི་འབྲས་བུའི? ་བྱད་པར་ནི་དེ་ལྟར་ཤེས་པར་བྱའོ། །དེ་ལ་མི་མཐུན་ཕྱོགས་ཉམས་འདུ་ཤེས་གསུམ། །རྣམ་པར་བཤིག་པ་ཡིན་ཞེས་བྱ། །གང་དུ་ཞེ་ན། ས་ནི་ལྔ་པ་བཞི་པ་དང། །དེ་བཞིན་དུ་ནི་ས་དྲུག་པར། །འདུ་ཤེས་གསུམ་པོ་རིམ་གྱིས ་ནི། །སྤངས་རྣམ་གསུམ་དུ་ཤེས་པར་བྱ། །ཇི་ལྟ?་ཞེ་ན། དེ་རྣམ་པར་ཐར་པའི་སྒོ་གསུམ་པོ་འདི་དག་སྒོམ་པ་ནས་ལྔ་པ་ལ་སེམས་ཀྱི་བསམ་པ་མཉམ་པ་ཉིད་དག་གིས་བདག་དང་གཞན་གྱི་འདུ་ཤེས་དང་བྲལ་པའོ། །བཞི་པ་ལ་ལྷག་པར ་གཡོ་བ་ལ་སོགས་བ་དང་བྲལ་བར་བྱེད་པ་པོ་དང་ཚོར་བ་པོའི་འདུ་ཤེས་དང་བྲལ་ལོ། །དྲུག་པ་འདི་ལ་ནི་མཉམ་པ་ཉིད་རྣམས་ཀྱིས་ཡོད་པ་དད་མེད་པའི་འདུ་ཤེས་དང་བྲལ་ཏེ། དེ་ལྟ་བུ་ནི་མ་མཐུན་པའི་ཕྱོགས་ཉམས་པའི་ཁྱད་པར་ཡིན་ནོ།། ་སྒྲུབ་པའི་ཁྱད་བར་གོ་ཆ་དང། །སྐྱེས་བུའི་བྱེད་བའི་སྒོ་དག་ནས། །རྣམ་གཉིས་ཡན་ལག་རབ་ཏུ་བསྟན། །སྦྱོར་བ་སྙིང་རྗེ་ལྷག་པ་ཡིན། །སྙིང་རྗེ་ལྷག་པ་ཉིད་ཇི་ལྟ་བུ་ཞེ་ན། འདི་ལྟར་དེ་བྱང་ཆུབ་ཀྱི་ཡན་ལག་ཡོངས་སུ་མ་གྲུབ་པ་རྣམས་ཡོངས ་སུ་གྲུབ་པར་བྱ་བའི་ཕྱིར་སྙིང་རྗེ་ཆེན་པོ་སྔོན་དུ་བཏང་སྟེ། དེ་བས་ཀྱང་ཤས་ཆེར་ཤིན་ཏུ་བརྩོན་པར་བྱེད་དོ་ཞེས་འབྱུང་བའི་ཕྱིར་རོ། །སེམས་ཅན་རྣམས་ནི་ཉོན་མོངས་ལས། །ཐར་བྱ་ཕྱིར་དང་དེ་བཞིན་དུ། །སྐྱེ་ཚོགས་བསྟན་དུ་སྤང་བྱ་ཕྱིར། །གོ་ཆའི ་སྒྲུབ་པ་ཉིད་ཡིན་ནོ། །ཉོན་མོངས་པའི་འཆིང་བ་ཀུན་ནས་སྦྱོར་བ་དང། ཚོགས་རྣམས་རྣམ་པར་གཅོད་པ་ནི་སྤོང་བའོ། །དེ་སེམས་ཅན་གྱི་དོན་བྱེད་པས་ཁྱད་པར་ཅན་ཉིད་དེ། མི་གནས་པའི་མྱ་ངན་ལས་འདས་པ་ཉིད་དེ་ལ་སྦྱོར་བའོ། །ཇི་ལྟ་ཞེ་ན། དེ ་འདི་སྙམ་དུ་སེམས་ཏེ། ཀུན་ཏུ་སྦྱོར་བ་ལས་ནི་འདུས་བྱས་འབྱུང་ངོ། །བྲལ་བ་ལས་ནི་འདུས་བྱས་མི་འབྱུང་ངོ་ཞེས་བྱ་བ་ནས་དེ་བཞིན་དུ་འདུ་བྱེད་རྣམས་ཤིན་ཏུ་ཞི་བ་འཐོབ་པར་ཡང་མི་བྱའོ་སྙམ་མོ་ཞེས་བྱ་བའི་བར་འབྱུང་བའི་ཕྱིར་རོ།། ་སྐྱེས་བུའི་བྱེད་པའི་སྒྲུབ་པ་ནི་རྣམ་པ་གཉིས་ཏེ། རྣམ་པ་སུན་འབྱིན་པ་སྦྱོར་བའི་ལམ་དང། སྤོང་བའི་ལམ་མོ། །ཉེས་པ་མང་པོའི་སྐྱོན་ཆགས་པར་སོ་སོར་རྟོག་པ་ནི་ཀྱེ་རྒྱལ་བའི་སྲས་དག་དེ་དེ་ལྟར་འདུ་བྱེད་དུ་གྱུར་པ ་ཉེས་པ་མང་པོའི་སྐྱོན་ཆགས་ཤིང་ཞེས་གསུངས་པ་གང་ཡིན་པའོ། །རང་དང་སྤྱིའི་མཚན་ཉིད་རང་བཞིན་གྱིས་མེད་པར་སོ་སོར་རྟོག་པ་ནི་མདོ་ལས་རང་བཞིན་གྱིས་ངོ་བོ་ཉིད་མེད་པ་དང་མ་སྐྱེས་པ་དང་མ་འགགས་པར་སོ་སོར་རྟོག་པ་ན་ཞེས ་གསུངས་པ་གང་ཡིན་པ་སྟེ། ངོ་བོ་ཉིད་མེད་པ་ཉིད་ཀྱིས་ནི་རང་དང་སྤྱིའི་མཚན་ཉིད་མེད་པར་སྟོན་པར་བྱེད་དོ། །དེ་ལ་གནས་པའི་ཁྱད་པར་ནི་ཡེ་ཤེས་དང་སྙིང་རྗེའི་ཁྱད་པར་དང་ལྡན་པས་མི་གནས་པའི་ལམ་ཉིད་ཡིན་ནོ། །གནས་པ། དེའི་ཁྱད་པར ་མདོར་བསྡུ་ན། རྣམ་པ་གཉིས་སུ་ཤེས་པར་བྱ། །ཤེས་རབ་ཉིད་དུ་སྣང་བའི་ཕྱིར། །ཆགས་པ་མེད་པའི་ཡེ་ཤེས་སྒོ། །ཇི་ལྟ་ཞེ་ན། མདོ་ལས་སྙིང་རྗེ་ཆེན་པོ་མངོན་པར་སྒྲུབ་པ་དང། སེམས་ཅན་གྱི་ཚོགས་ཡོངས་སུ་མི་གཏོང་བས་ཆགས་པ་མེད་བའི་ཡེ ་ཤེས་ལ་མངོན་པར་ཕྱོགས་པ་ཞེས་བྱ་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་གནས་པས་སྣང་བའི་ཚུལ་གྱིས་མངོན་སུམ་དུ་འགྱུར་རོ་ཞེས་འབྱུང་བའི་ཕྱིར་རོ། །དེ་ལ་དེ་བཞིན་གཤེགས་པ་ཡི། །ཡེ་ཤེས་ཆགས་པ་མེད་ཅེས་བརྗོད། །ཤེས་རབ་གྲུབ་བ ་མེད་པའི་ཕྱིར། །སྣང་བའི་ཚུལ་ཤེས་ཡོངས་སུ་བསྒྲགས། །གཞན་ཡང་འཁོར་བ་དང་ནི་མྱ་ངན་འདས། །མཉམ་པ་ཉིད་དུ་རྟོགས་པའི་ཕྱིར། །མི་འབྲོགས་ཤིང་ནི་མི་གནས་ཏེ། །དེའི་ཚོགས་ནི་ཡོངས་སུ་མ་རྫོགས་པའི་ཕྱིར། ཚོགས་ཡོངས་སུ་མ་རྫོགས ་པ་ནི། །བྱང་ཆུབ་ཀྱི་ཡན་ལག་གི་ཚོགས་ཡོངས་སུ་མ་རྫོགས་པའི་ཕྱིར་རོ། །དེ་ཇི་ལྟ་བུ་ཞེ་ན། དེ་ཡེ་ཤེས་དེ་ལྟ་བུ་དང་ལྡན་ཞིང་ཞེས་བྱ་བ་ནས། དེ་བཞིན་དུ་བྱང་ཆུབ་ཀྱི་ཡན་ལག་ཡོངས་སུ་མ་རྫོགས་པའི་ཕྱིར་དེ་ལ་ཡང་མི་གནས་ཏེ་ཞེས་བྱ་བའི་བར ་འབྱུང་བའི་ཕྱིར་རོ། །བཅུ་ཚན་ལྷག་མ་གསུམ་དག་གིས། །ཏིང་འཛིན་བསམ་པ་ནུས་པ་དག་།གྲངས་བཞིན་ཏུ་ནི་ཤེས་བྱ་སྟེ། །མདོར་ན་འདི་ནི་བསྡུས་པ་ཡིན། །དེའི་འཁོར་ཏིང་ངེ་འཛིན་རྣམས་དང་བཅས་པ་ཞེས་བྱ་བའི་ཐ་ཚིག་གོ། དེ་ཡང་རྒྱུ་བཞིས་ཞེས་བྱ་བ ་ལ་སོགས་པ་ཇི་ལྟ་བུ་ཞེ་ན། གང་ཟག་ལ་བདག་མེད་པ་ལ་དམིགས་པ་ནི་འཇུག་པ་སྟོང་པ་ཉིད་ཅེས་བྱ་བའི་ཏིང་ངེ་འཛིན་སྐྱེས་བར་འགྱུར་རོ་ཞེས་གསུངས་པ་གང་ཡིན་པའོ། །ཆོས་ལ་བདག་མེད་པ་ལ་དམིགས་པ་ནི་ངོ་བོ་ཉིད་ཅེས་གསུངས་པ ་གང་ཡིན་པའོ། །དེ་ལ་འཛིན་པ་སྟོང་པ་ཉིད་ལ་དམིགས་པ་ནི་དོན་དམ་པ་སྟོང་པ་ཉིད་ཅེས་གསུངས་པ་གང་ཡིན་པའོ། །དེའི་གནས་ཀུན་གཞི་རྣམ་པར་ཤེས་པ་ལ་དམིགས་པ་ནི་ཆེན་པོ་སྟོང་པ་ཉིད་ཅེས་གསུངས་པ་གང་ཡིན་པའོ། འཇུག་པའི ་རྣམ་པར་ཤེས་པ་ལ་དམིགས་པ་ནི་མཚུངས་པར་ལྡན་པ་སྟོང་པ་ཉིད་ཅེས་གསུངས་པ་གང་ཡིན་པ་སྟེ། རྒྱུ་དང་པོའོ། །བག་ཡོད་པ་ཡོངས་སུ་འཛིན་བས་གཞི་རྣམ་པར་བཞག་པ་སྟེ། རྣམ་བ་སྟོང་པ་ཉིད་ཅེས་གསུངས་པ་གང་ཡིན་པའོ། །ཇི་ལྟ ་ཞེ་ན། ཤིན་ཏུ་བསྒོམས་པའི་ཕྱིར་བསྒོམ་པ་ཆོག་མི་ཤེས་པ་ན་བག་མེད་པར་མི་འགྱུར་བའི་ཕྱིར་ཏེ། རྒྱུ་གཉིས་པ་ཡིན་ནོ། །ཁྱད་ཞུགས་པ་ཐོབ་པས་ནི་བདུན་པ་རྣམ་པར་བཞག་སྟེ་མངོན་པར་སྒྲུབ་པ་སྟོང་པ་ཉིད་ཅེས་གསུངས་པ་གང་ཡིན་པའོ།། ་ཇི་ལྟ་ཞེ་ན། ཡོན་ཏན་རྣམས་ཁྱད་ཞུགས་པ་ཐོབ་པར་སྒྲུབས་སོ། །རྒྱུ་ཉིད་ཀྱིས་ནི་ལྷག་མ་རྣམས་ཏེ་ཇི་ལྟ་ཞེ་ན། ཤེས་བྱའི་སྒྲིབ་པ་རྣམ་པར་དག་པའི་རྒྱུར་གྱུར་པས་ནི་ཇི་ལྟ་བ་བཞིན་དུ་རྣམ་པར་མི?་རྟོག་པ་སྟོང་པ་ཉིད་ཅེས་གསུངས་པ་གང་ཡིན ་པའོ། །ཇི་ལྟ་ཞེ་ན། རྣམ་པར་རྟོག་པ་ནི་སྒྲིབ་པ་ཡིན་པས་རྣམ་པར་མི་རྟོག་པའི་སྒོ་ནས་ཀུན་བརྟགས་པའི་ཆོས་ཀྱི་སྟོང་པ་ཉིད་རྟོགས་པའི་ཕྱིར་སྒྲིབ་པ་དང་བྲལ་བར་འགྱུར་བས་སོ། །སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའི་རྒྱུར་གྱུར་པས་ནི་ལྟ་བ ་དང་བཅས་པ་སྟོང་པ་ཉིད་ཅེས་གསུངས་པ་གང་ཡིན་པའོ། །ཇི་ལྟ་ཞེ་ན། སྟོང་པ་ཉིད་བསྒོམས་པ་ན་སྙིང་རྗེ་དང་བྲལ་བའི་ཕྱིར་ཉན་ཐོས་བཞིན་དུ་སེམས་ཅན་ལ་མི་ལྟ་བར་བསྒོམ་པ་མ་ཡིན་གྱི་འོ་ན་ཅི་ཞི་ན། སེམས ་ཅན་གྱི་དོན་གྱི་བསམ་པ་ཁོ་ནས་སྐོམ་མོ། །བསམས་བཞིན་དུ་སྲིད་པ་ཡོངས་སུ་འཛིན་པའི་རྒྱུར་གྱུར་པས་ནི་བྲལ་བ་དང་མེ་བྲལ་བ་སྟོང་པ་ཉིད་ཅེས་བྱ་བའི་ཏིང་ངེ་འཛིན་སྐྱེ་བར་འགྱུར་ཏེ་ཞེས་གསུངས་པ་གང་ཡིན་པའོ། །ཇི་ལྟ་ཞེ་ན། ཉོན་མོངས་པ ་རྣམས་དང་བྲལ་བ་ནི་བྲལ་བ་སྟེ། སློབ་དཔོན་གྱིས་ཀུན་ནས་ཉོན་མོངས་པ་དང་མི་ལྡན་པ་ཞེས་སྨྲས་པ་གང་ཡིན་པའོ། །སྲིད་པ་དང་མ་བྲལ་བ་ནི་མ་བྲལ་བ་སྟེ། སྲིད་པའི་མཚན་ཉིད་དང་མི་ལྡན་པ་མ་ཡིན་པ་ཞེས་སྨྲས་པ་གང་ཡིན་པའོ། །འདི ་ནི་རྒྱུ་བཞི་པ་ཡིན་ཏེ། འདི་དག་གིས་ཏིང་ངེ་འཛིན་གྱི་ཁྱད་པར་རྣམ་པར་ཤེས་པར་བྱའོ། །དེ་ལ་མི་བྱེད་པའི་བསམ་པ་ཉིད་ཇི་ལྟ་ཞེ་ན་བརྟན་པའི་ཕྱིར་ཏེ། བརྟན་པ་ཉིད་ནི་འཇིགས་པ་མེད་པའི་ཕྱིར་རོ། །དེ་ཡང་དོན་དཀུར་རིག་པར་བྱ་སྟེ། ཇི་ལྟ ་ཞེ་ན། དམིགས་པ་ལ་མོས་ངེས་པ་ནི་ངེས་སུ་པའི་བསམ་པ་ཉིད་ཅེས་གསུངས་པ་གང་ཡིན་པའོ། །ཇི་ལྟ་ཞེ་ན། དམིགས་པ་ནི་དེ་བཞིན་ཉིད་ཁོ་ན་ཡིན་གྱི་གཞན་ནི་མ་ཡིན་ནོ་ཞེས། དེ་ལྟར་ལྷག་པར་མོས་པས་ངེས་པའི་ཕྱིར་ངེས་པའི ་བསམ་པ་ཉིད་ཡིན་ནོ། །འཁྲུག་པ་ལ་མི་མཛད་པ་ནི། དགེ་བའི་བསམ་པ་ཉིད་ཅེས་གསུངས་པ་གང་ཡིན་པ་སྟེ། གསེར་བཟང་པོ་བཞིན་ཏེ། དོན་ཟབ་ཅིང་རྒྱ་ཆེ་བ་ལ་ངེས་པ་དག་དང། སེམས་ཅན་ལོག་པར་སྒྲུབ་པ་དག་གིས་འགྱུར ་བ་མེད་དོ། །གསང་བའི་གནས་ལམ་སྐྲེག་པ་ཟང་བའི་བསམ་པ་ཉིད་ཅེས་བྱ་བ་སྟེ། དེ་བཞིན་གཤེགས་པའི་གསང་བ་ལ་སོགས་པ་ཟང་མོ་དག་མཐོང་ན་སྐྲག་པར་མི་འགྱུར་བའོ། །ཐེག་པ་ལས་མི་གཡོ་བ་ནི་ཕྱིར་མི་ལྡོག་པའི? ་བསམ་པ་ཉིད་ཅེས་བྱ་བ་སྟེ། དེ་བྱང་ཆུབ་ཆེན་པོ་ལ་སེམས་པས་མི་དགེ་བའི་གྲོགས་པོ་དག་གིས་མི་བཟློག་རས་ན་ཐེག་པ་ལས་མི་གཡོ་བ་ཡིན་ནོ། །བརྩོན་འགྲུས་རྩོམ་པ་ནི་རྒྱུན་མི་གཅོད་པའི་བསམ་པ་ཉིད་ཅེས་བྱ་བ་སྟེ། སེམས་ཅན་ཡོངས་སུ་སྨིན་པར ་བྱ་བ་ལ་འཇུག་ཅིང་སངས་རྒྱས་ཀྱི་ཆོས་རྣམས་ཡང་དག་པར་སྒྲུབ་པ་ན་བར་སྐབས་སུ་བརྩོན་འགྲུས་ལྷོད་པ་དང་འདོར་བར་མི་འགྱུར་བའོ། །སེར་སྣ་དང་འཆལ་བའི་ཚུལ་ཁྲིམས་ཀྱི་དྲི་མ་དང་བྲལ་བ་ནི་དྲི་མ་མེད་པའི་བསམ་པ་ཉིད་ཅེས་བྱ་བ་སྟེ། དྲི་མ ་མེད་པ་གཉིས་དང་བྲལ་བར་བསམ་པ་དྲི་མ་མེད་པ་ཉིད་ཡིན་ནོ། །སེམས་ཅན་གྱི་དོན་བྱེད་པ་ནི་མཛའ་ཡས་པའི་བསམ་པ་ཉིད་ཅེས་བྱ་བ་སྟེ། བསམ་པ་མཛའ་ཡས་པ་ཉིད་ནི་སེམས་ཅན་གྱི་ཁམས་སློ་དབང་མང་པ་ནས་སྐྱེ་བ་ལ་སོགས་པའི་བྱེ ་བྲག་གིས་ཐ་དད་པ་ཇི་སྙེད་པ་ཐམས་ཅད་ཐེག་པ་གསུམ་ལ་དགོད་པར་བྱའོ་སྙམ་པའོ། །རྣམ་པར་ཐར་པ་མཆོག་འདོད་པ་ནི་ཡེ་ཤེས་ལ་མངོན་པར་འདོད་པའི་བསམ་པ་ཉིད་ཅེས་བྱ་བ་སྟེ། ཐམས་ཅད་མ་བྱོན་པའི་ཡེ་ཤེས་མངོན་པར་འདོད་ན་ཐར ་བ་མཆོག་དོན་དུ་གཉེར་བའི་ཕྱིར་རོ། །སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའི་སྦྱོར་བ་ནི་ཐབས་དང་ཤེས་རབ་དང་ལྡན་པའི་བསམ་པ་ཉིད་ཅེས་བྱའོ། །རྒྱུ་གཉིས་ཀྱིས་ན་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱ་བར་བརྩོན་པར་མི་འགྱུར་ཏེ། སྙིང་རྗེ་ནི ་སེམས་ཅན་གྱི་དོན་བྱ་བའི་ཐབས་ཡིན་ན་སྙིང་རྗེ་ཆེན་པོ་དང་བྲལ་བ་དང། ཤེས་རབ་ཀྱི་ཁམས་དང་དབང་པོ་དང། བག་ལ་ཉལ་བ་ལ་སོགས་པ་ཇི་ལྟ་བ་བཞིན་ཡོངས་སུ་ཤེས་ནས་སེམས་ཅན་གྱི་དོན་ལ་རབ་ཏུ་བརྩོན་པ་ཡིན་ན། ཤེས་རབ ་དང་བྲལ་བའོ། །དེ་གཉིས་དང་མཚུངས་པར་ལྡན་པ་ནི་རྒྱུན་མི་འཆད་པར་སེམས་ཅན་ཡོངས་སུ་སྨིན་པར་བྱེད་དོ། །དེའི་བྱང་ཆུབ་སེམས་དཔའ་ཨི་བསམ་པ་དེ་དག་ནི་དེ་བཞིན་གཤེགས་པའི་བྱང་ཆུབ་ལ་ཤིན་ཏུ་སོང་བ་ཡིན་ནོ་ཞེས་བྱ་བ་ནི་ ་བྱང་ཆུབ་སེམས་དཔའ་ས་འདི་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཕུལ་དུ་ཕྱིན་པ་ཐོས་པས་གནས་བ་ན་སངས་རྒྱས་ཀྱི་བྱང་ཆུབ་ལ་རིང་དུ་ཞུགས་པ་ཡིན་པའི་ཕྱིར་རོ། །ཕ་རོལ་ཀྱི་རྒོལ་བ་ཚར་གཅོད་པའི ་ནུས་པ་ནི་ཕས་ཀྱི་རྒོལ་བ་མུ་སྟེགས་ཅན་ཐམས་ཅད་ཀྱིས་བརྩོན་འགྲུས་ཕྱིར་མི་ལྡོག་པ་སྟེ། འདི་ལྟར་བྱང་ཆུབ་སེམས་དཔས་དེ་དག་ཉིད་ཚར་གཅོད་ནུས་པའི་ཕྱིར་རོ། །ཐེ་ཙོམ་གཅོད་པའི་ནུས་པའི་ཡེ་ཤེས་ཀྱི། ས་ཡུལ་གང་ཡང་རུང་བ་དེ ་ལ་ཡང་དག་པར་ཞུགས་པ་ན་ཐེ་ཙོམ་ཐམས་ཅད་གཅོད་པས་སོ། །ཐེག་པ་ལས་མི་གཡོ་བའི་ནུས་པ་ཇི་ལྟ་བ་ཞེ་ན། སྐྱོན་དུ་མཐོང་བས་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་དག་ལས་ལོག་པའི་ཕྱིར་ཐེག་པ་ཆེན་པོ་ལས་མི་གཡོ་བ་སྟེ། ་ཐེག་པ་ཆེན་པོ་ནི་ཡོན་ཏན་ཐམས་ཅད་ཀྱི་གཞི་ཡིན་པའི་ཕྱིར་རོ། །གསང་བའི་གནས་ལ་མོས་པའི་ནས་པ་ནི་སངས་རྒྱས་བཅོམ་ལྡན་འདས་སྐུ་ལ་སོགས་པ་གསང་བའི་བྱེ་བྲག་གིས་ཤེས་པར་བྱ་བར་མངོན་དུ་ཕྱོགས་པ་ནི་གཅིག་ཏུ་ངེས་པ ་ཡིན་ཏེ། གསང་བའི་གནས་དག་ཡིན་ནོ་ཞེས་མོས་པའི་ཕྱིར་རོ། །རྣམ་པར་མི་འཐོར་བའི་ནུས་པ་ཅིའི་ཕྱིར་ཞེ་ན། བདུད་ཕྱིར་རྒོལ་བ་ཐམས་ཅད་དང་ཉོན་མོངས་པ་ཀུན་ཏུ་འབྱུང་བ་རྣམས་ཀྱིས་དབྲོག་པར་མི་ནུས་པས་ན་དེ་དག་གིས་རྣམ་པར་མི ་འཐོར་བའི་ཕྱིར་རོ། །ཉོན་མོངས་པའི་སྒྲིབ་པ་རྣམ་པར་དག་པའི་དབང་དུ་བྱས་ནས་གཉེན་པོ་བསྟན་པའི་ནུས་པ་ཇི་ལྟ་བུ་ཞེ་ན། བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའ་ཨི་ཡེ་ཤེས་ཀྱི་སྣང་བའི་དེ་བཞིན་ཉིད་ལ་ཤིན་ཏུ་རྣམ་པར་གནས ་པ་ན་ཀུན་བརྟགས་པའི་ཆོས་ལ་མངོན་པར་ཞེན་པའི་ཉོན་མོངས་པ་རྣམས་ཀྱིས་གནོད་པར་མི་འགྱུར་བ་གཉེན་པོ་བརྟན་པ་ཡིན་ནོ། །གཉེན་པོ་ཤིན་ཏུ་རྒྱས་པའི་ནུས་པ་ཇི་ལྟ་བུ་ཞེ་ན། སྟོང་པ་ཉིད་ལ་སོགས་པའི་ཆོས་རྣམས་མངོན་དུ་བྱེད་པ་ན་དེ ་དག་ཡོངས་སུ་བསྒོམས་པའི་ཕྱིར་གཉེན་པོ་ཤིན་ཏུ་རྒྱས་ཤིང་ཆེན་པོ་ཉིད་དུ་འགྱུར་རོ། །སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའི་ནུས་པ་ཅིའི་ཕྱིར་ཞེ་ན། སེམས་ཅན་གྱི་དོན་ཐབས་སྙིང་རྗེ་ཆེན་པོ་དང་ཤེས་རབ་ཀྱིས་རྣམ་པར་དབྱང་བ་རྣམ་པར་བརྟགས་པ་དག་དང ་མཚུངས་པར་ལྡན་པ་ནི་སེམས་ཅན་ཡོངས་སུ་སྨིན་པར་བྱེད་ནུས་པ་ཡིན་ནོ། །ཤེས་བྱའི་སྒྲིབ་པ་རྣམ་པར་དག་པའི་ནུས་པ་ཇི་ལྟ་བུ་ཞེ་ན། བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་སྟོབས་དང་མི་འཇིགས་པ་ལ་སོགས་པ་གང་དག་ཡིན་པ་དེ་དག་མངོན་པར ་སྒྲུབ་ཅིང་དེ་དག་དང་འབྲེལ་བ་ན་སེམས་ཅན་ཡོངས་སུ་སྨིན་པར་བྱ་བར་ནུས་པ་ཡིན་ནོ། །ནུས་པའི་ཁྱད་པར་གྱིས་ཡོངས་སུ་བསྡུས་པའི་ཆོས་དེ་དག་ལ་མཐུན་པ་ནི་དེ་དག་དང་མཐུན་པར་གནས་པའོ། །དོན་གྱི་གཟུངས་ཐོབ་པར་ཡོངས་སུ་སྟོན་ཏོ་ཞེས་བྱ་བ་ནི་ཡི ་གེའི་གཟུངས་མ་ཡིན་པའོ། །ལྷག་མཐོང་དང་ཞི་གནས་ཀྱི་སྣང་བ་ནི་རྒྱུ་མཚན་ཡིན་ཏེ། དེ་ལ་རབ་ཏུ་བརྩོན་པ་དེས་འཐོབ་བོ། །དེའི་སྒྲིབ་པ་ལས་རྣམ་པར་གྲོལ་ནས་ཞེས་བྱ་བ་ནི་སྒྲུབ་པའི་སྒྲིབ་པ་ལས་རྣམ་པར་གྲོལ་ནས་ཏེ། སྒྲུབ་པའི་དོན་ལ་རེག་པའི ་ཕྱིར་ཞེས་བྱ་བའི་ཐ་ཚིག་གོ་།ཆོས་ཀྱི་མཛོད་ཐོབ་པ་ཡིན་ནོ་ཞེས་བྱ་བ་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་རྣམ་པ་བཅུར་སོ་སོར་རྟོག་པ་ལ་སོགས་པའི་ཡོན་ཏན་དང་ལྡན་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ། ཐབས་དང་ཤེས་རབ་དག་ཉིད་མི་གནས་པའི ་མྱ་ངན་ལས་འདས་པ་ཡིན་པའི་ཕྱིར་ཏེ། ཐབས་སྙིང་རྗེས་ནི་མྱ་ངན་ལས་འདས་པ་ལ་མི་གནས་ལ་ཤེས་རབ་ཀྱིས་ནི་འཁོར་བ་ལ་མི་གནས་པས་ས། །ཡུལ་གྱི་ཆ་དཔག་ཏུ་ཡོད་པ་ནི་འོད་ཀྱི་དཀྱིལ་འཁོར་དོ། །ཡུལ་གྱི་ཆ་དཔག་ཏུ་མེད་པའི་འོད ་ཡིན་པའི་ཕྱིར་རོ། །ཀུན་ཏུ་འཛིན་པ་དང། ཡོངས་སུ་སྐེམས་པ་དང། ཡོངས་སུ་འཇོག་པ་དང། གཡོ་བར་བྱེད་པ་དག་གིས་ནི་ཞེས་བྱ་བའི་ཐ་ཚིག་སྟེ། རླུང་གི་དཀྱིལ་འཁོར་བཞིས་ཞེས་གསུངས་པ་གང་ཡིན་པའོ། །བདུད་ཀྱི་ལམ་རྣམས་ཀྱི་སྤྱོད་པ་ནི་འཇུག་པ ་དག་སྟེ། བཤད་པ་ལས། བདུད་བཞིའི་ལམ་གྱི་སྤྱོད་པ་ངན་པ་དག་གིས་ཞེས་བྱ་བ་ནི་ཞེས་བཤད་པ་གང་ཡིན་པའོ། །སྔ་མའི་ཚུལ་གྱིས་ཞེས་བྱ་བ་ནི་ས་དང་པོར་བསྟན་པ་ཞེས་བྱ་བའི་ཐ་ཚིག་གོ་།ས་བདུན་པ་ཡི ་འགྲེལ་པ་ནི། །ས་བདུན་པ་ནི་རྒྱུ་ལྔ་ཡིས། །རྣམ་པར་བཞག་པར་འདོད་པ་སྟེ། །འདུ་མི་བྱེད་ལ་དགའ་བ་ཡིད། གཉེན་པོ་རྣམ་གཞག་དང་པོ་ཡིན། །དེ་ཡི་རྣམ་གཡེང་སྤོང་བ་ཡིས། །བཞག་པ་གཉིས་པར་འདོད་པ་ཡིན། །ཟུང་དུ་འབྲེལ་བའི་ལམ?་? ་ནས། །གསུམ་པ་མངོན་པར་བརྗོད་པ་ཡིན། །སྔ་ཕྱི་ཡི་ནི་ཁྱད་པར་གྱིས། །བཞག་པ་བཞི་པར་འདོད་པ་ཡིན་ནོ། །དེ་ཡི་འབྲས་བུ་རྣམ་བཞག་པས། །བཞག་པ་ལྔ་པར་བརྗོད་པ་ཡིན། །དང་པོར་འདུ་བྱེད་མེད་དགའ་བའི། །གཉེན་པོ་ཐབས་དང ་ཤེས་པ་ལས། །ཡང་དག་འབྱུང་བའི་ལམ་བཞན་རྩོམ། །ཁྱད་པར་ལྡན་པ་བཅུ་པོ་ཡིན། །ཅིའི་ཕྱིར་ཞེ་ན། གང་ཕྱིར་བྱང་ཆུབ་སེམས་དཔའ་འདི། །མཚན་མེད་པ་ཡི་ཡུལ་ཅན་གྱི། །ཤེས་རབ་ཕལ་ཆེར་མངོན་བྱེད་པས། །འཇུག་ཕྱིར་མངོན ་དུ་མི་བྱེད་ལ། །ཕྱིར་ཞིང་བློ་དགའ་འཇུག་པ་ལ། །ཇི་ལྟར་ཡང་ནི་མ་ཡིན་པ། །དེའི་ཕྱིར་དེ་ཡི་གཉེན་པོར་ནི། །ལམ་སྒོམ་རྣམ་པ་བཅུ་ཡིན་ནོ། །ཇི་ལྟ་ཞེ་ན། ཆགས་པ་མེད་པའི་ཡེ་ཤེས་ལ་མངོན་པར་ཕྱོགས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ ་གནས་པ་གང་ཡིན་པ་དེ་མངོན་དུ་གྱུར་པས་མངོན་པར་འདུ་བྱེད་པ་མེད་པ་ཉིད་ལ་རྩོམ་པ་མེད་པ་ཉིད་ལ་སེམས་དགའ་བ་ཡིན་གྱི་མངོན་པར་མཐོ་བའི་ལམ་མངོན་པར་འདུ་བྱེད་པ་ལ་ནི་མ་ཡིན་ཏེ། དེའི་ཕྱིར་མངོན་པར་འདུ་བྱེད་པ་མེད ་པ་མངོན་པར་དགའ་བའི་གཉེན་པོར་ཞེས་བྱ་བར་རྣམ་པར་གནས་སོ། །དེ་ལྟར་ན་བྱང་ཆུབ་སེམས་དཔའ་ལ་མངོན་པར་འདུ་མི་བྱེད་པ་ལས་བསླང་སྟེ། མངོན་པར་འདུ་བྱེད་ཅིང་འབྱུང་བའི་ལམ་མངོན་པར་མཐོ་བ་ཞེས་བྱ་བ་ལ་འཇུག་པར་སྟོན ་པ་ཡིན་ནོ། །ཐབས་ནི་སྙིང་རྗེ་སྟེ། དེས་སེམས་ཅན་རྣམས་ལ་ལྟའོ། །དེའི་ཕྱིར་ཆོས་ལ་བདག་མེད་པའི་ཡེ་ཤེས་སེམས་ཅན་ལ་ལྟ་བ་དང་བཅས་པའོ། །ཐབས་དང་ཤེས་རབ་ཀྱིས་ཡོངས་སུ་ཟིན་པའི་ཕྱིར་མངོན་པར་མཐོ་པའི་ལམ་གཉེན་པོས་ཡོངས་སུ ་ཟིན་པ་སྟེ། དེ་ཉིད་ལམ་གཞན་ཡིན་ནོ། །དེ་འཇིག་རྟེན་པ་དང། འཇིག་རྟེན་ལས་འདས་པ་གཞན་ལས་ཁྱད་པར་དུ་འཕགས་ཤེས་བྱ་བ་ནི་དང་པོ་ནི་གཉེན་པོ་མེད་པའི་ཕྱིར་ལ། ཅིག་ཤོས་ནི་སྲིད་པ་ལ་གཅིག་ཏུ་རྒྱབ་ཀྱིས་ཕྱོགས་བའི་ཕྱིར་རོ། །འདི་ནི་ཡོན ་ཏན་རྣམ་པ་བཞིས་ཁྱད་པར་དུ་འཕགས་པ་སྟེ། ལོངས་སྤྱོད་པ་དང་ལུས་ཀྱི་ཁྱད་པར་གྱི་རྒྱུ་ཉིད་ལ་ཇི་ལྟར་འདོད་པ་ཞེས་བྱ་བ་ནི་བསམ་པའི་དབང་གིས་སོ། །ཇི་སྲིད་འདོད་པ་ཞེས་བྱ་བ་ནི་དུས་ལ་བལྟོས་པ་སྟེ། འཁོར་བ་ཇི་སྲིད་ཀྱི་བར་དུ་གནས་པར་ལུས ་དང་ལོངས་སྤྱོད་ཀྱི་ཁྱད་པར་ངོ་བོ་སྣ་ཚོགས་ཐོབ་པའི་རྒྱུ་ཡང་དག་པར་སྒྲུབ་པའི་ཕྱིར་རྒྱུ་དང་པོ་ཡིན་ཏེ། བསོད་ནམས་ཀྱི་ཚོགས་ཆེན་པོ་སོགས་པ་ཡང་སོགས་པ་ཡིན་ཞེས་གང་གསུངས་པའོ། །བདག་ལ་སོགས་པ་ལ་མངོན་པར་ཞེན་ནས་ཚད་མེད་པ་བསྒོམ ་པ་ནི་ཉེས་པར་སྤྱོད་པའོ། །དེ་ལས་ཀུན་ཏུ་བསུང་བའི་རྒྱུ་ནི་ཆོས་བདག་མེད་པ་ལ་འཇུག་པ་རྟོགས་པའོ། །དེས་ན་དེ་ལྟར་ཁྱད་པར་ཐོབ་པ་ཚད་མེད་པ་སྒོམ་པས་སེམས་ཅན་རྣམས་ལ་ལག་པ་མི་སྒྲུབ་སྟེ། ཚད་མེད་པ་བཞི་མངོན་པར་སྒྲུབ་པ་ཡང ་མི་གཏོང་བ་ཡིན་ཞེས་གསུངས་པ་གང་ཡིན་པ་སྟེ། རྒྱུ་གཉིས་པའོ། །དགེ་བའི་རྩ་བ་རྣམས་ཀུན་ཏུ་བསྲུང་པའི་རྒྱུ་ནི་ཆོས་རྣམས་ལ་མངོན་བར་ཞེན་པ་མེད་པ་ཡིན་ཏེ། ངེས་ན་དགེ་བའི་རྩ་བ་རྣམས་ཁྱད་པར་དུ་འགྱུར་བའི་རྒྱུ་གང་དག་ཡིན་པ་དེ ་དག་ལེགས་པར་འཕེལ་བར་བྱེད་དོ། །ཇི་ལྟ་ཞེ་ན། བསོད་ནམས་ཀྱི་ངོ་བོ་ཉིད་ཀྱི་ཆོས་ཀྱི་ཚོགས་གང་དག་ཡིན་པ་དེ་དག་མངོན་པར་འདུ་བྱེད་པ་ནི་གང་དག་གིས་དེ་དག་མངོན་པར་འདུ་བྱེད་པའོ། །དེ་དག་ཀྱང་ཕ་རོལ་ཏུ་ཕྱིན་པ་རྣམས་ཏེ། དེ་དག ་ལེགས་པར་བྱེད་པས་ཡོངས་སུ་རྫོགས་པར་བྱེད་པས་སོ། །དེའི་ཁྱད་པར་འཐོབ་པའི་རྒྱུ་འཕེལ་པའི་ཕྱིར་ཞེས་བྱ་བ་ལ་དེའི་ཞེས་བྱ་བའི་སྒྲ་ནི་འདིར་ལོངས་སྤྱོད་དང་ལུས་ཀྱི་ཁྱད་པར་དང་སྦྱར་ཏེ། དེ་ཐོབ་པར་བྱ་བའི་རྒྱུའོ།། ་འཕེལ་བའི་ཕྱིར་ཏེ་ཆོས་གང་ལ་ཡང་མངོན་པར་ཞེན་པ་མེད་པ་ཡིན་ཞེས་གང་གསུངས་པ་སྟེ་གསུམ་པའོ་།རྒྱུ་རྣམ་བདུན་པོ་གང་ཡིན་པ། །རྒྱུ་བཞི་པར་ནི་འདོད་པ་ཡིན། །སེམས་ཅན་རྣམས་ལ་འཕན་འདོགས་རྒྱུ། །སྒོ་བདུན་དག་ནས ་བརྗོད་པ་ཡིན། །ཇི་ལྟ་ཞེ་ན། གཙོ་དང་རྗེས་མཐུན་བྱེད་པ་ཡིས། །བསམ་བཞིན་སྲིད་པ་འཛིན་པ་ཡིན། །གཙོ་བོ་དང་མཐུན་པར་བྱེད་པས། །གཙོ་བོ་དམ་པས་སེམས་ཅན་གཞན་གདུལ་བའི་ཕྱིར་གཙོ་བར་གྱུར་ཅིང་དེ་བྱེད་དོ་ཞེས་བྱ ་སྟེ། ཁམས་གསུམ་པའི་རྒྱན་པར་རྣམ་པར་སྒྲུབ་པ་ཡང་མངོན་པར་སྒྲུབ་པ་ཡིན་ནོ་ཞེས་གསུངས་པ་གང་ཡིན་པའོ། །རྒྱན་ཅེས་བྱ་བའི་སྒྲ་འདི་ནི། ཁམས་གསུམ་པའི་རྒྱན་ཅེས་བྱ་བར་རིམ་པ་བཞིན་དུ་སྦྱར་བ་ཡིན་ནོ། །ཉོན་མོངས་རྣམས ་ནི་སྤང་བའི་ཕྱིར། །གཉེན་པོ་ཉེ་བར་སྟོན་པའོ། །དེ་ནི་ཉོན་མོངས་པ་སྤངས་པའི་ཕྱིར་གཉེན་པོ་ཉེ་བར་སྟོན་ཏེ། འདི་ལྟར་བདག་ཉིད་ཀུན་ནས་དཀྲིས་པ་དང། བག་ལ་ཉལ་འགགས་པས་ཤིན་ཏུ་ཞི་ཞིང་ཉེ་བར་ཞི་བས་སོ། །ཀུན་ནས ་དཀྲིས་པ་ནི་ཉོན་མོངས་པ་ཀུན་ཏུ་འབྱུང་བ་སྟེ། དེ་མེད་པས་ཞི་བའོ། །བག་ལ་ཉལ་ནི། ཉོན་མོངས་པའི་ས་བོན་ཏེ། དེ་མེད་པས་ཉེ་བར་ཞི་བའོ། །འདི་གཉི་ག་ཡང་ཉོན་མོངས་པ་དང་འབར་བ་ཐམས་ཅད་དང་བྲེལ་བས་ཤེས་བྱ་བས་བསྟན ་ཏེ། འབང་བ་ནི་ཉོན་མོངས་པའི་བག་ལ་ཉལ་ཡིན་ནོ། །འདི་ལྟར་སེམས་ཅན་ཐམས་ཅད་ཀྱི། འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གི་ཉོན་མོངས་པ་དང་འབར་བ་རབ་ཏུ་ཞི་བར་བྱ་བ་མངོན་པར་སྒྲུབ་པ་ཡང་མངོན་པར་སྒྲུབ་པ་ཞེས་འབྱུང ་བ་ལ་རབ་ཏུ་ཞི་བར་བྱ་བ་ནི་ཆོས་བསྟན་པ་ཡིན་ཏ། འདིས་ཉོན་མོངས་པ་རྣམས་རབ་ཏུ་ཞི་བར་འགྱུར་བས་སོ། །གནོད་པ་རབ་ཏུ་ཞི་བར་བྱེད་པ་ནི་ས་ལྔ་པ་ལས་གནོད་པ་རྣམ་པ་བཞི་པོ། །དོན་དང་བྱ་བ་བརྗོད་པའི་གནོད་པ་དང། ལྟ་བ་ངན་པ་དང། ་བློ་ཆུང་བའི་གནོད་པ་དང། ཡོངས་སུ་བླངས་པའི་ནོད་མ་སྦས་པའི་གནོད་པ་དང། འདུ་བ་དང་འགོད་པ་ལ་རྨོངས་པའི་གནོད་པ་བཤད་པ་གང་ཡིན་པ་སྟེ། ལས་བྱ་བ་རྣམ་པར་ཕྱེ་བ་ཚད་མེད་པའི་བསམ་པ་ཡང་མངོན་པར་སྒྲུབ་པ་ཡིན་ཞེས་གང་གསུངས ་པའོ། །ལས་བྱ་བ་ནི་བྱེད་པའོ། །རྣམ་པར་ཕྱེ་བ་ནི་ཐ་དད་པའོ།། །དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསམ་པ་ཚད་མེད་དེ?་ཐབས་དུ་མ་མངོན་པར་སྒྲུབ་པའི་ཕྱིར་རོ། །ཡང་ན་དེ་ཉིད་ཚད་མེད་པ་ཡིན་ཏེ་རྣམ་པ་མེད་པའི་ཕྱིར་རོ། །དེ་ལ་བསམ་པ་ནི་དེ ་སྒྲུབ་པར་སེམས་པ་སྟེ། དེའི་ཕྱིར་ལས་བྱ་བ་ལས་སུ་བྱ་བ་དེ་མངོན་པར་བསྒྲུབ་བོ། །ཆོས་མཉན་པའི་ཕྱིར་འཁོར་གྱི་དཀྱིལ་འཁོར་རྣམས་སུ་སངས་རྒྱས་ཀྱི་ཞིང་རྣམས་སུ་སེམས་ཅན་རྣམས་འདུ་བ་ཉེ་བར་སྒྲུབ་པ་ནི་སངས་རྒྱས་ཀྱི་ཞིང་གི་རྒྱན་རྣམས ་སྒྲུབ་པ་ཡང་མངོན་པར་སྒྲུབ་པ་ཡིན་ཞེས་གང་གསུངས་པ་སྟེ། འདི་ཡང་རྒྱན་ཅེས་བྱ་བའི་སྒྲ་ནི་རིམ་པ་གཞན་དུ་སྦྱར་བ་ཡིན་ནོ། །བསོད་ནམས་འཕེལ་བར་བྱེད་པ་ཇི་ལྟ་བུ་ཞེ་ན། དད་པ་དང་ལྷན་ཅིག་པས་གཟུགས་ཀྱི་སྐུ་ལྟ་བ་དང། ཆོས ་མཉན་པ་དང། གུས་པར་སྨྲ་བ་དང། ཕྱག་འཚལ་བ་ལ་སོགས་པའི་བསྙེན་པས་བསྙེན་བཀུར་བྱ་བ་དང། གདུགས་དང་རྒྱལ་མཚན་དང། བ་དན་ལ་སོགས་པ་རབ་ཏུ་དབུལ་བ་མཆོད་པ་སྦྱོར་བ་རྣམས་ཀྱིས་ཏེ། གཟུགས་དང་མཚན་དང་དཔེ་བྱད་བཟང ་པོའི་རྒྱན་རྣམ་པར་སྒྲུབ་པ་ཞེས་གསུངས་པ་གང་ཡིན་པའོ། །ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བ་ཇི་ལྟ་བུ་ཞེ་ན། དབྱངས་དང་ཡན་ལག་ཐམས་ཅད་རྣམ་པར་ཕྱེ་བས་རྣམ་པར་དག་པའི་རྒྱན་མངོན་པར་སྒྲུབ་པ་ཡང་མངོན་པར་སྒྲུབ་པོ་ཞེས་གསུངས ་པ་གང་ཡིན་པ་སྟེ། དབྱངས་རྣམས་དང། དེ་བཞིན་གཤེགས་པའི་གསང་བ་ལས་བསྟན་པ་ལྟ་བུ་ཡན་ལག་ཐམས་ཅད་རྣམ་པར་ཕྱེ་བ་ནི་རྣམ་པ་ཐ་དད་པ་སྟེ། དེས་རྣམ་པར་དག་པའི་ཕྱིར་རོ། །བྱང་ཆུབ་གསུམ་གྱི་རྒྱན་ནི ་དེ་དང་མཐུན་པར་སྟོན་པ་སྟེ། འདི་དག་གིས་བྱང་ཆུབ་གསུམ་པོ་བརྒྱན་པར་འགྱུར་པའི་ཕྱིར་རོ། །དེའི་ཕྱིར་དེ་དག་མངོན་པར་སྒྲུབ་པོ། །དྲིས་པ་ལུང་སྟོན་པ་ཇི་ལྟ་བུ་ཞེ་ན། འདི་ལྟར་སེམས་ཅན་གྱི་བསམ་པ་བརྗོད་པའི་ཕྱིར། བསྐལ་པ་བགྲངས ་པའི་མཚན་ཉིད་ཐ་དད་པ་ཤེས་པ་ལ་ཡང་འཇུག་པ་ཡིན་ཞེས་འབྱུང་བའི་ཕྱིར་ཏེ། བསྐལ་པ་བགྲངས་པ་རྣམས་ཀྱི་ཆོས་ཀྱི་མཚན་ཉིད་ཐ་དད་པ་གང་གིས་ཤེས་པར་འགྱུར་བ་དེ་དག་ལ་ཡང་འཇུག་ཅིང་རྟོག་པར་བྱེད་དོ། །ཇི་ལྟ་ཞེ་ན་སེམས ་ཅན་གྱི་བསམ་པ་བརྗོད་པའི་ཕྱིར་ཏེ། རབ་ཏུ་བརྗོད་པའི་ཕྱིར་ཞེས་བྱ་བའི་ཐ་ཚིག་གོ་།དེ་ལྟར་ན་སེམས་ཅན་ལ་ཕན་འདོགས་པའི་རྒྱུ་རྣམ་པ་བདུན་པོ་འདི་ནི་རྒྱུ་བཞི་པ་ཡིན་ནོ། །དེ་དག་གཉེན་པོ་དང་བཅས་པ། །ལམ་ནི་བཅུ་པོ་རྣམས་ཡིན་ཏེ།། ་སྟོང་པ་ཉིད་བསྒོམ་ལ་སོགས་པ། །གཉེན་པོ་ཡིན་པར་ཤེས་པར་བྱ། །སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ལ་སོགས་པ་ཤིན་ཏུ་བསྒོམས་པའི་ཡིད་དང་ཡང་ལྡན་ལ། བསོད་ནམས་ཀྱི་ཚོགས་ཆེན་པོ་ཡང་སོགས་པར་བྱེད་པ་འདི་ནི་ཤིན་ཏུ་ཡ ་མཚན་ཆེ་སྟེ། ཇི་ལྟ་ཞེ་ན། སྟོང་པ་ཉིད་ཀྱིས་ནི་ཆོས་ཅི་ཡང་མི་དམིགས། མཚན་མ་མེད་པས་ནི་མཚན་མ་མེད། སྨོན་པ་མེད་པས་ནི་མི་སྨོན་པ་ཡིན་ཏེ། ཚོགས་སོགས་པར་བྱེད་ཅེས་བྱ་བ་ངོ་མཚར་ཆེའོ། །དེ་བཞིན་དུ་གཞན་ལ་ཡང་ཤེས ་པར་བྱའོ། །དེ་ཡོངས་སུ་འཛིན་པ་ནི་མངོན་པར་འདུ་བྱེད་པ་ལ་དགའ་བ་བཟློག་པའི་ཕྱིར་ཏེ། མངོན་པར་འདུ་བྱེད་པ་མེད་པ་ལ་དགའ་བ་ཟློག་པ་བཞིན་དུ་ཤེས་པར་བྱའོ། །ཇི་ལྟ་ཞེ་ན། ཇི་ལྟར་བྱང་ཆུབ་སེམས་དཔའ་ཆགས་པ་མེད་པའི་ཡེ ་ཤེས་ལ་མངོན་པར་ཕྱོགས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་མངོན་དུ་གྱུར་པས་འདུ་བྱེད་པ་མེད་པ་ཉིད་ལ་སེམས་དགའ་བ་ཡིན་གྱི། མངོན་པར་མཐོ་བའི་ལམ་མངོན་པར་འདུ་བྱེད་པ་ལ་ནི་མ་ཡིན་པ་མཁྱེན་ནས། དེ་ལ་དགལ ་བ་བཟློག་པའི་ཕྱིར་མངོན་པར་མཐོ་བའི་ལམ་བསྟན་པ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་མངོན་པར་མཐོ་བའི་ལམ་མངོན་པར་འདུ་བྱེད་པ་ལ་བརྩོན་པས་དེ་མངོན་པར་འདུ་བྱེད་དགའ་བར་གྱུར་ན་མི་རུང་ཞེས་མངོན་པར་མཐོ ་བའི་ལམ་མངོན་པར་འདུ་བྱེད་པ་ལ་དགའ་བ་ཟློག་པའི་ཕྱིར་གཉེན་པོ་ཡོངས་སུ་འཛིན་པ་རྣམ་པ་བཅུ་བསྟན་པ་མཛད་དོ། །སྣང་བར་གྱུར་པ་དེ་དག་མངོན་པར་བསྒྲུབས་པས་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཡུལ་དུ་གྱུར་པ་རྣམས་ཡང་དང་ཡང ་མངོན་སུམ་དུ་བྱེད་པས་ཞེས་བྱ་བའི་ཐ་ཚིག་གོ་།དེ་ཡི་མི་མཐུན་ཕྱོགས་ཀྱི་ནི། །གཉེན་པོ་གཞན་རྣམ་གཉིས་སུ་བརྗོད། །ཚད་མེད་རྣམ་པ་དག་གིས་ནི། །གཉེན་པོ་སྒོམ་པ་གང་ཡིན་དང། །འདུ་བྱེད་མེད་ཅིང་བརྩལ་མེད་པར། །འབྱུང་བའི་ལམ་ལ ་སྦྱོར་བའོ། །དེ་ཡི་རྣམ་པར་གཡེང་བ་ནི། །དེ་ཡི་རྣམ་པར་གཡེང་བ་སྟེ། །ལམ་གཞན་རྩོམ་པའི་ཁྱད་པར་གྱི་ཞེས་བྱ་བའི་ཐ་ཚིག་གོ་།དེ་ལ་སྒོམ་རྣམ་འདི་དག་སྟེ། །གང་དག་གི་དོན་བྱེད་པ་དང། །གནས་གང་ཡིན་དང་གང་གིས་དང། །ཇི་ལྟར ་གང་དུའི་བྱེ་བྲག་གིས། །མདོར་ན་སྒོམ་པའི་རྣམ་པ་ནི། །བཅུ་པོ་འདི་དག་རབ་ཏུ་བསྒྲགས། །གང་དག་གིས་དོན་བྱེད་པ་དང་ཞེས་བྱ་བ་ནི་སེམས་ཅན་རྣམས་ཀྱི་སྟེ། སེམས་ཅན་གྱི་ཁམས་ཚད་མེད་པ་ལ་ཡང་འཇུག་ལ། ཞེས་གསུངས ་པ་གང་ཡིན་པའོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སེམས་ཅན་ཡོངས་སུ་སྨིན་པར་མཛད་པ་དང། འདུལ་བའི་འཕྲིན་ལས་ཚད་མེད་པ་ལ་ཡང་འཇུག་གོ་ཞེས་བྱ་བ་ནི་བརྩོན་པ་མི་བཏང་བར་བྱ་བའི་ཕྱིར་ཐབས་གང་གིས་བྱ་ ་བ་དེ་ཚིག་གཉིས་པས་བསྟན་ཏེ། གཉི་ག་བྱ་བ་གཅིག་པའི་ཕྱིར་རྣམ་པ་གཅིག་ཉིད་ཡིན་ནོ། །འོག་མ་རྣམས་ཀྱང་དེ་བཞིན་དུ་ཤེས་པར་བྱའོ། །གནས་གང་ཡིན་པ་ཞེས་བྱ་བ་ནི། འཇིག་རྟེན་གྱི་ཁམས་མང་པོ་ཚད་མེད ་པ་ལ་ཡང་འཇུག་ལ་ཞེས་བྱ་བ་ཡིན་ཏེ་དེས་འཇིག་རྟེན་གྱི་ཁམས་མང་པོ་ཚད་མེད་པ་རྣམ་པར་དག་པར་བྱེད་པ་ཡིད་ཆེས་པར་བྱ་བའི་ཕྱིར་རོ། །གང་གིས་ཞེས་བྱ་བ་ནི་རྣམ་པ་གཉིས་ཀྱིས་སོ། །ཇི་ལྟ་ཞེ་ན། ཆོས་ཐ་དད་པ་ཚད་མེད་པ་ལ་ཡང ་འཇུག་པ་ནི་སེམས་ཅན་གྱི་བསམ་བ་དང་བག་ལ་ཉལ་ཐ་དད་པས་ཆོས་ལ་ཐ་དད་པ་ཉིད་ཐབས་ཡིན་པའོ། །ཡེ་ཤེས་མངོན་པར་རྫོགས་པར་ཐུགས་སུ་ཆུད་པ་ཚད་མེད་པ་ལ་ཡང་འཇུག་གོ་ཞེས་བྱ་བ་ནི་སེམས་ཅན་རྣམས་ཀྱི་ཉོན ་མོངས་པ་དང་ལས་སྣ་ཚོགས་པ་ཤེས་པར་ནུས་པ་ཉིད་དོ། །བསྐལ་པ་བགྲངས་པ་ཚད་མེད་པ་རྟོགས་པ་ལ་འཇུག་ལ་ཞེས་བྱ་བ་ནི་རྣམ་པ་གཉིས་པ་སྟེ། སེམས་ཅན་རྣམས་ཀྱི་དུས་ཀྱི་ཚད་ཉིད་ཤེས་པར་ནུས་པར་བྱ་བའི་ཕྱིར ་རོ། །ཇི་ལྟ་བུ་ཞེས་བྱ་བ་ནི་རྣམ་པ་གསུམ་གྱིས་སོ། །ཇི་ལྟ་ཞེ་ན་སེམས་འདྲ་བར་འཇུག་པ་ནི་ཇི་ལྟར་དཀོན་མཆོག་བརྩེགས་པ་ལས་དགེ་སློང་ལྔ་བརྒྱའི་སེམས་དང་མཐུན་པར་དགེ་སློང་གཉིས་སྤྲུལ་པར་འབྱུང་བ་ལྟ་བུའོ། །ལུས་འདྲ ་བར་འཇུག་པ་ནི་བྲམ་ཟེ་ལ་སོགས་པས་གདུལ་བར་བྱ་བ་དེ་ལྟ་བུའི་ལུས་ཀུན་ཏུ་སྟོན་པའི་ཕྱིར་རོ། །དེ་དག་ལ་མོས་པ་ཟློག་པ་ནི་དེ་གཉི་ག་མཐུན་པར་འཇུག་པས་ལྷ་ལ་མོས་པ་གང་ཡིན་པ་དེ་དག་ཟློག་པར་བྱེད་སེལ་བར་བྱེད་པའོ།། ་སྔོན་གྱི་བསམ་པ་ལས་བྱུང་བ་ནི་སྔོན་གྱི་ཚེ་རབས་གཞན་ན་གོམས་པ་དེའི་རྒྱུས་དབང་པོ་རྟུལ་པོ་དང་འབྲིང་དང་རྣོན་པོ་རྣམས་སུ་འགྱུར་རོ། །དེ་དག་ལ་ཅི་རིགས་པ་ནི་གང་ལ་ཆོས་གང་ཞིག་འཚམ་པ་དེ་སྟོན་པ་སྟེ། སེམས་ཅན་གྱི ་བསམ་པས་དབང་པོ་ཚད་མེད་པ་ལ་འང་འཇུག་ཅེས་གང་གསུངས་པ་སྟེ་བསམ་པས་དབང་པོ་ཐ་དད་པ་ཉིད་ཅེས་བྱ་བར་ཚིག་རྣམ་པར་སྦྱར་རོ། །གསུང་བརྗོད་པས་སེམས་ཅན་གཞེན་ཚིམ་པ་ས་མཛད་པ་ཚད་མེད་པ་ལ་ཡང་འཇུག་གོ་ཞེས ་བྱ་བ་ནི་རིམ་པ་འདིས་སེམས་ཅན་རྣམས་ལ་ཕན་གདགས་པའི་ཕྱིར་རོ། །སེམས་ཅན་རྣམས་གྱི་སྤྱོད་པ་ཇི་ལྟ་བ་བཞིན་དུ་གཉེན་པོའི་གདམ་ངག་རྗེས་སུ་སྟོན་པ་ནི་སེམས་ཅན་རྣམས་ཀྱི་སེམས་ཀྱི་སྤྱོད་པ་ཐ་དད་པ་ཚད་མེད་པ་ཡང་འཇུག ་པ་ལ་ཞེས་གསུངས་པ་གང་ཡིན་པ་སྟེ། དེ་དང་མཐུན་པའི་གཉེན་པོ་རྣམ་པར་སྦྱང་བའི་ཕྱིར་རོ། །ཡེ་ཤེས་རབ་འབྱམས་ཚད་མེད་པ་རྗེས་སུ་རྟོགས་པ་ལ་ཡང་འཇུག་གོ་ཞེས་བྱ་བ་ནི་དེས་གཉེན་པོ་ཡང་དག་པར་བསྟན་པར་བྱ་བའི་ཕྱིར་རོ།། ་གང་དུ་ཞེས་བྱ་བ་ནི་ཐེག་པ་གསུམ་ལ་སྟེ་རྣམ་པ་གསུམ་གྱིས་ལམ་བསྟན་པ་ལ་གཞུག་པ་ལ་མོས་པ་ཡིན་པས་སེམས་ཅན་ཚད་མེད་པ་དག་ནི་ཉན་ཐོས་ཀྱི་ཐེག་པ་ལ་གཟུང་པའི་ཕྱིར་རོ། །རང་སངས་རྒྱས་ཀྱི་ཐེག་པ ་ཡང་དག་པར་སྒྲུབ་པ་འགྲུབ་པ་ལ་ཡང་འཇུག་ལ་ཞེས་བྱ་བ་དེར་ཚོགས་བསགས་པ་རྣམས་ཞེས་བྱ་བའི་ཐ་ཚིག་གོ་།ཡེ་ཤེས་ཟབ་མོའི་སྒོར་འཇུག་པ་བསྟན་པ་ཚད་མེད་པ་ལ་ཡང་འཇུག་གོ་ཞེས་བྱ་བ་ནི་ངེས་དེ་དག་གི་རང ་སངས་རྒྱས་ཀྱི་ཐེག་པ་སྒྲུབ་པའི་ཕྱིར་རོ། །བྱང་ཆུབ་སེམས་དཔའ་ཨི་སྤྱོད་པ་ལ་སྦྱོར་བ་ཚད་མེད་པ་ལ་ཡང་འཇུག་གོ་།ཞེས་བྱ་བ་ནི་ངེས་དེ་དག་ཁྱད་པར་དུ་གཟུང་ནུས་པ་ཉིད་དུ་ཤེས་པར་བྱ་བའི་ཕྱིར་རོ། །ཐེག་པ་ཆེན་པོ་ཡང་དག ་པར་སྒྲུབ་པ་ལ་འཇུག་པ་བསྟན་པ་ཚད་མེད་པ་ལ་ཡང་འཇུག་གོ་ཞེས་བྱ་བ་ནི་དེས་སྤྱོད་པ་ལ་ཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་ཐེག་པ་ཆེན་པོ་ཡང་དག་པར་འབྱུང་བ་ལ་གཟུང་པའི་ཕྱིར་རོ། །ལྷུན་གྲུབ་རྟོག་པ་མེད་པ ་ཡིས། །ལམ་ནི་ཡོངས་སུ་རྫོགས་འགྱུར་བ། །མངོན་པར་འདུ་བྱེད་མེད་ལམ་གྱི། །སྦྱོར་བ་ཡིན་པར་ཡོངས་སུ་བསྟན། །ངོ་བོ་ཉིད་དང་བྱེ་རག་ལ་རྣམ་པར་རྟོག་པ་མེད་པར་ཞེས་བྱ་བ་ནི། རང་དང་སྤྱིའི་མཚན་ཉིད ་ལ་རྣམ་པར་རྟོག་པ་མེད་པར་ཞེས་བྱ་བའི་ཐ་ཚིག་གོ་།དེ་ལྟར་རྣམ་པར་དཔྱོད་ལྡན་པ། །དེ་ཡི་རྣམ་གཡེང་སྤངས་པའི་ཕྱིར། །ལམ་གཞན་དག་ལ་མི་གཡོ་བའི། །རབ་ཏུ་གནས་པ་ཐོབ་པར་འགྱུར། །དེའི་རྣམ་པར་གཡེ་བའི་གཉེན་པོ་ཡིན ་པའི་ཕྱིར་རོ་ཞེས་བྱ་བ་ནི་ལམ་གཞན་རྩོམ་པའི་རྣམ་པར་གཡེང་བའི་གཉེན་པོ་ཡིན་པའི་ཕྱིར་ཞེས་བྱ་བའི་ཐ་ཚིག་སྟེ། མི་གཡོ་བའི་ཚུལ་གྱིས་ཤིན་ཏུ་གནས་པ་ཡིན་ནོ་ཞེས་གང་གསུངས་པའོ། །གཟུང་ངུ་འབྲེལ་པ་རྒྱུ་བཞི་ཡིས། །རྣམ་པར་བཞག་པར ་འདོད་བ་སྟེ། ལམ་ནི་ཅིག་ཅར་འབྱུང་འགྱུར་ཞིང། །དེ་ཡང་རྒྱུན་ཆགས་འབྱུང་བ་དང། །མོས་པ་རྣམ་པར་དག་པ་དང། །དོན་ཆེན་བྱེད་པ་གང་ཡིན་གྱི། །བྱང་ཆུབ་ཕྱོགས་ནི་རབ་དབྱེ་བ། །རྒྱུ་བཞི་པ་ནི་ཡིན་པར་འདོད། །དེ་ལ་སྐད་ཅིག་གཅིག་འབྱུང་བ། །ཅིག ་ཅར་འབྱུང་བ་ཡིན་པར་འདོད། །ཞི་གནས་དང་ལྷག་མཐོང་གི་ལམ་མངོན་སུམ་དུ་བྱེད་པའི་ཕྱིར་ཏེ། དེ་སྐད་ཅིག་གཅིག་ལ་ཡང་མངོན་པར་སྒྲུབ་ཅིང་མི་ལྡང་སྟེ་ཞེས་གསུངས་པ་གང་ཡིན་པའོ། །སྤྱོད་ལམ་ཀུན་ཏུ་འབྱུང་བའི་ཕྱིར། བར་ཆད ་མེད་པར་འབྱུང་བར་བཤད། །དེ་འགྲོ་འམ་ཞེས་བྱ་བ་ལ་སོགས་པ་གསུངས་པ་གང་ཡིན་པའོ། །སྒྲིབ་པ་ཡང་དག་སྤངས་པའི་ཕྱིར། །མོས་པ་རྣམ་པར་དག་འགྱུར་ཏེ། །གང་ཕྱིར་སྒྲིབ་ལས་རྣམ་དག་པས། །སྒྲིབ་པ་མེད་པར་བཤད་པ་ཡིན། །སྒྲིབ ་པ་མེད་པས་སྤྱོད་ལམ་ཐམས་ཅད་ལ་གནས་ཤིང་ཞེས་གསུངས་པ་ཡིན་པའོ། །ཡེ་ཤེས་ཚད་མེད་དེ་དག་ལ། །བཀྲ་བར་བྱེད་པར་རྣམ་གནས་བ། །འདུ་ཤེས་སེམས་འདུན་བྱེད་པའི་ཕྱིར། །དེ་ནི་ཡིད་ལ་བྱེད་པ་ཡིན། །འདུ་ཤེས་ཡིད་ལ་བྱེད་ལ་དེ་ལྟ་བུ ་དག་དང་མི་འབྲལ་བ་ཡིན་ཞེས་གསུངས་པ་གང་ཡིན་པའོ། །ཡེ་ཤེས་ཚད་མེད་པ་དེ་དག་ལ་ཞེས་བྱ་བ་ནི་སེམས་ཅན་གྱི་ཁམས་ཚད་མེད་པ་ལ་ཡང་འཇུག་པ་ཞེས་བྱ་བ་ལ་སོགས་པ་སྔར་བཤད་པ་རྣམས་ལའོ། །བཀྲ་བར་བྱེད་པའི་ཕྱིར་ཞེས་བྱ་བ་ནི ་གསལ་བར་འཛིན་པ་ལ་སོགས་པས་མཚན་མ་ཡང་དག་པར་རྟོགས་པའི་ཕྱིར་འདུ་ཤེས་སོ། །མངོན་དུ་ཉིད་འདུན་པ་སྟེ་དེ་བྱེད་པའི་ཕྱིར་ཡིད་ལ་བྱེད་པའོ། །སེམས་ཀུན་ལ་ནི་ཡོད་པའི་ཕྱིར། །ཕ་རོལ་ཕྱིན་ཅེས་བྱ་བ་ཡི། །ཆོས་བཅུ་ཡང་དག་འགྲུབ་པ་ནི།། ་དོན་ཆེན་ཉིད་དུ་ཤེས་པར་བྱ། །དེའི་སེམས་བསྐྱེད་པ་རེ་རེ་ལ་ཡང་བྱང་ཆུབ་སེམས་དཔའ་ཨི་ཕ་རོལ་ཏུ་ཕྱིན་པ་བཅུ་ཡང་དག་པར་སྒྲུབ་པ་ཡང་དག་པར་སྒྲུབ་ཞེས་བྱ་བ་ལ་སོགས་པ་གསུངས་པ་གང་ཡིན་པའོ། །འདི་ནི་མདོ་ཉིད་ལས་ལེགས་པར་བཀྲོལ ་ཟིན་པའི་ཕྱིར་རྣམ་པར་མ་ཕྱེ་བའོ། །བཞི་ནི་སློབ་དཔོན་ཉིད་ཀྱིས་རྣམ་པར་ཕྱེ་བར་ཟད་དོ། །རྒྱུ་བཞི་དག་གིས་བྱང་ཆུབ་ཀྱི། །ཕྱོགས་མཐུན་རྣམ་པར་བཞག་པར་འདོད། །ཐེག་པ་ཆེན་པོའི་སྐབས་ཀྱིས་ན། །ཕ་རོལ་ཕྱིན་པ་བཅུ་བཞག་གོ་།སེམས་ཅན་སྨིན ་བྱེད་སྐབས་ཀྱིས་ན། །དེ་སྡུད་བྱེད་པ་ཡང་དག་བཞག་།ཉོན་མོངས་སྒྲིབ་པ་དག་བྱའི་ཕྱིར། །གནས་ལ་སོགས་པ་ཡང་དག་བཞག་།གང་ལ་གནས་ཏེ་གང་སྒོམ་ཞིང། །སྒོ་གང་དག་གིས་དག་འགྱུར་བའོ། །གནས་དག་ནི་ཤེས་རབ་དང་བདེན་པ ་དང། །ཉོན་མོངས་པ་སྤང་བ་དང། སྡུག་བསྔལ་ཉེ་བར་ཞི་བའི་གནས་རྣམས་ཏེ། ཤེས་རབ་ཀྱི་བདེན་པ་རྣམས་ལ་ཉོན་མོངས་པ་རྣམས་ཀྱང་སྤོང་ལ་སྡུག་བསྔལ་ཡང་ཉེ་བར་ཞི་བར་བྱེད་དོ། །དེ་ལྟ་བས་ན་འདིས་ནི་བདེན་པ་བཞི་བསྟན་པ་ཡིན་ཏེ། ་ཤེས་རབ་ཀྱིས་ནི་ལམ་གྱི་བདེན་པ་བསྟན་ཏོ། །སྤངས་པ་དང་ཉེ་བར་ཞི་བ་དག་གིས་ནི་འགོག་པའོ། །ཉོན་མོངས་པ་དང། སྡུག་བསྔལ་དག་ནི་ཀུན་འབྱུང་དང་སྡུག་བསྔལ་གྱི་བདེན་པ་སྟེ། བདེན་པ་གནས་སུ་གྱུར་པ་དེ་དག་ལ་གནས་ཏེའོ། །གང ་ཞིག་བསྒོམས་ཏེ་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པ་རྣམས་སོ། །སྒོ་གང་གིས་ཞེས་བྱ་བ་ནི་རྣམ་པར་ཐར་པའི་སྒོ་གསུམ་པོ་དག་གིས་སོ། །ཤེས་བྱའི་སྒྲིབ་པ་དག་བྱའི་ཕྱིར། །བྱང་ཆུབ་ཡན་ལག་རྣམ་བཞག་གོ། ་རྒྱུ་བཞི་པ་ཡིན་ཏེ། ཀྱེ་རྒྱལ་བའི་སྲས་དག་དེ་ལྟར་ཞེས་བྱ་བ་ལ་སོགས་པ་ནས། མདོར་ན་བྱང་ཆུབ་ཀྱི་ཡན་ལག་གི་ཆོས་ཐམས་ཅད་སྐད་ཅིག་རེ་རེ་ལ་ཡོངས་སུ་རྫོགས་པར་འགྱུར་རོ་ཞེས་བྱ་བའི་བར་གསུངས་པ་གན་ཡིན་པའོ། །སྔ་ཕྱི་དག་གིས་ས་དག ་ལས། །བདུན་པ་ཡི་ནི་ཁྱད་པར་གཉིས། །ཁྱད་ཞུགས་དམན་པས་ས་ཡི་ནི། །བལྟོས་པ་རྣམ་པ་གཉིས་སུ་བཞག་།འདི་ས་འོག་མ་དག་པས་ནི་ཁྱད་ཞུགས་པ་ཡིན་ལ། གོང་མ་དག་པས་ནི་དམན་པ་ཡིན་ནོ། །ཁྱད་ཞུགས་པ་ཇི་ལྟ་བུ་ཞེ་ན། སྦྱོར་བ ་ལས་བྱུང་བའི་སྤྱོད་པ་ཡོངས་སུ་རྫོགས་པའི་ཕྱིར་ཏེ། སྦྱོར་བ་ལས་བྱུང་བའི་མངོན་པར་འདུ་བྱེད་པ་དང་བཅས་པའི་ལམ་མོ། །དེ་ནི་ས་མངོན་པར་མཐོ་བའི་ལམ་གཉེན་པོ་དང་བཅས་པ་མངོན་པར་སྒྲུབ་པའི་ལམ་ཡོངས་སུ་རྫོགས་པ་ཡིན་ནོ། །ཡེ་ཤེས ་ནི་ཇི་སྐད་དུ་བསྟན་པར་རིག་པར་བྱའོ་ཞེས་བྱ་ནི་ཆོས་ཐམས་ཅད་ལ་ཇི་ལྟ་བ་བཞིན་དུ་ངེས་པར་རྟོག་པ་ཉིད་གང་ཡིན་པའོ། །དེ་ཉིད་ཀྱི་ཕྱིར་འདི་ལ་ཞེས་བྱ་བ་ནི་གང་གི་ཕྱིར་སྤྱོད་པ་ལས་བྱུང་བའི་སྤྱོད་པ་ཡོངས་སུ་རྫོགས་པ་དང་ཡེ་ཤེས་དང་མངོན ་པར་ཤེས་པ་སྤྱོད་པ་གནོན་པས་སོ། །སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡང་དག་པར་བསྐྱེད་པས་བྱང་ཆུབ་ཀྱི་ཡན་ལག་རྣམས་ཡོངས་སུ་རྫོགས་པར་བྱེད་ཅེས་སྨོས་པ་ནི། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡང་དག་པར་སྐྱེད་པར་བྱེད་མངོན་པར་སྒྲུབ ་པར་བྱེད་པ་ན་བྱང་ཆུབ་ཀྱི་ཡན་ལག་རྣམས་ཡོངས་སུ་རྫོགས་པར་བྱེད་ཅེས་བྱ་བའི་ཐ་ཚིག་སྟེ་།ཀྱེ་རྒྱལ་བའི་སྲས་བྱང་ཆུབ་སེམས་དཔའ་ཨི་ས་དང་པོ་ལ་ནི་སྨོན་ལམ་ཞེས་བྱ་བ་ལ་སོགས་པ་གསུངས་པ་གང་ཡིན་པའོ། །ཡེ་ཤེས་མངོན ་པར་སྦྱོར་བ་རྣམས། །འབད་དང་བཅས་པས་ཡོངས་དག་ཕྱིར། །གོང་མའི་ས་ལས་བལྟོས་ནས་ནི། །དམན་པར་རྣམ་པར་བཞག་པ་ཡིན། །གོང་མ་རྣམས་ན་ནི་འབད་པ་ཡང་མེད་པའི་ཕྱིར་རོ། །དེ་ཉིད་ཕྱིར་ནི་ཀུན་ཉོན་མོངས། །གང་ཕྱིར་རྩོལ ་བཅས་འཇུག་ཡིན་གྱི། །འདི་ལ་ཉོན་མོངས་སྤྱད་བྱས་པའི། །ཀུན་ནས་ཉོན་མོངས་མི་འཐད་དོ། །དེ་ཉིད་ཀྱི་ཕྱིར་རྣམ་པར་བྱང་བ་ཡིན་ཏེ། ཀྱེ་རྒྱལ་བའི་སྲས་བྱང་ཆུབ་སེམས་དཔའ་ཨི་ས་དང་པོ་ཁོ་ན་ནས་གཟུང་སྟེ། ཞེས་བྱ་བ་ལ་སོགས ་པ་གསུངས་པ་གང་ཡིན་པའོ། །དེ་ཙམ་གྱིས་ས་བདུན་པོ་རྣམས་ལ་ཉོན་མོངས་པའི་སྤྱོད་པ་ལས་ཤིན་ཏུ་འདས་ཞེས་ནི་མི་བྱའོ་ཞེས་བྱ་བ་ནི་མངོན་པར་འདུ་བྱེད་པ་དང་བཅས་པའི་ཕྱིར་རོ། །མངོན་པར་འདུ་བྱེད་པ་ནི་རྣམ་པར་རྟོག་པར་རབ ་ཏུ་བསྐྱེད་པ་ཡིན་པའི་ཕྱིར་ལ་རྣམ་པར་རྟོག་པ་ཡང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཉོན་མོངས་པ་ཡིན་པས་དེའི་ཕྱིར་མི་བརྗོད་དོ། །རྣམ་པར་སྨིན་ཅེས་བྱ་བ་ཡི། །ལམ་མ་ཐོབ་ཕྱིར་ཀུན་ཉོན་མོངས། །སྤངས་པའི་ཕྱིར་ན་གསེར་དང་འདྲ།། ་འཁོར་ལོས་སྒྱུར་བའི་ལུས་བཞིན་ནོ། །ཀྱེ་རྒྱལ་བའི་སྲས་ངག་འདི་ལྟ་སྟེ། དཔེར་ན་འཁོར་ལོ་སྒྱུར་བའི་རྒྱལ་པོ་ནི་ལྷའི་གླང་པོ་རིན་པོ་ཆེ་ལ་ཞོན་ཅིང་ཞེས་བྱ་བ་ལ་སོགས་པ་གསུངས་པ་གང་ཡིན་པའོ། །དེ་ཉིད་ཕྱིར་དེ་ཉོན་མོངས་མེད། །མ་ཡིན ་ཉོན་མོངས་བཅས་མིན་ཏེ། །རྣམ་པར་སྨིན་ལམ་མ་ཐོབ་ཕྱིར། །ཉོན་མོངས་པ་ནི་མི་འབྱུང་ཕྱིར། །གོང་མ་རྣམས་ནི་རྣམ་པར་སྨིན་པའི་ལམ་ཐོབ་པའི་ཕྱིར་ཉོན་མོངས་པ་མེད་པ་ཞེས་བརྗོད་པར་བྱ་སྟེ། ལྷག་པར་འདོད་ཆགས་ལ་སོགས་པ ་ཉོན་མོངས་པའི་ཚོགས་ཐམས་ཅད་ལས་ཤིན་ཏུ་འདས་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་པ་གང་ཡིན་པའོ། །ས་སྔ་ཕྱི་ལས་ཁྱད་པར་རྣམ་པར་བཞག་པ་ནི་དེ་ལྟ་བུ་ཡིན་ནོ། །ལས་དག་ཏིང་འཛིན་ཐོབ་པ་དང། །ས་ལས་ཡང་དག་འདས ་པ་དང། །གནས་པ་ཁྱད་བར་ཅན་གྱུར་པ། །ཐོབ་པའི་ཕྱིར་ན་རྒྱུ་བཞི་ཡིས། །ལམ་ནི་ཟུང་ངུ་འབྲེལ་པ་ཡིས། །འབྲས་བུ་བརྗོད་པར་བྱེད་པ་ཡིན། །ལས་རྣམས་དག་པ་གང་ཡིན་པ། །དེ་ཡང་རྣམ་པ་བཞིར་ཤེས་བྱ། །དེ་ལ་།དང་ཕོ ་ལྷག་བསམ་རྣམ་དག་པས། །ཤིན་ཏུ་རྣམ་པར་དག་བའི་ཕྱིར། །ཚུལ་ཁྲིམས་རྣམས་ནི་རྣམ་དག་ཡིན། །འདི་ལྟར་བྱང་ཆུབ་སེམས་དཔའ་ཨི་ས་བདུན་པ་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་དེ་ནི་ལྷག་པའི་བསམ་པ་ཡོངས་སུ་དག་པས་ལུས་ཀྱི ་ལས་དང་ཞེས་བྱ་བ་ལ་སོགས་པ་ནས། རྟག་པར་རྒྱུན་དུ་རྗེས་སུ་འཇུག་པ་ཡིན་ནོ་ཞེས་བྱ་བའི་བར་འགྱུར་བའི་ཕྱིར་རོ། །ས་གཉིས་པ་ཁོ་ན་ལ་ཚུལ་ཁྲིམས་རྣམ་པར་དག་པ་མ་ཡིན་ནམ་ཞེ་ན། བདེན་གྱི་སྦྱོར་བའི་སྤྱོད་པ་ཡོངས་སུ་རྫོགས་པའི་ཕྱིར་རྣམ ་པ་ཐམས་ཅད་དུ་ནི་ས་འདི་ལ་ཡོངས་སུ་དག་པ་ཡིན་ནོ། །ས་ལྔ་པ་ལས་བསྟན་པ་ཡི། །འཇིག་རྟེན་ཤེས་པ་རྣམ་དག་ཕྱིར། །འཇིག་རྟེན་བའི་ཤེས་པ་རྣམ་པར་དག་བ་སྟེ། །བྱང་ཆུབ་སེམས་དཔའ་ཨི་ས་ལྔ་ལ་བཟོའི་གནས་དང་ལས་ཀྱི་གནས་གང་དག ་ཅེས་བྱ་བ་ལ་སོགས་པ་འབྱུང་བའི་ཕྱིར་རོ། །བསམ་དང་སྦྱོར་བ་བསྟན་པ་ཡི། །ལུས་ནི་ཁྱད་པར་འཕགས་པའི་ཕྱིར། །ལུས་ཀྱི་ཁྱད་པར་འཐོབ་པ་སྟེ། སློབ་དཔོན་ཉིད་དུ་གྲགས་པ་ཡིན། །བྱ་བ་ལ་སོགས་པ་གང་ཡིན་པའོ། །བསམ་གཏན་ལ ་སོགས་ཁྱད་པར་གྱི། །མཐུ་ཐོབ་ཁྱད་པར་འཕགས་པའི་ཕྱིར། །ནུས་པའི་ཁྱད་པར་འཐོབ་པ་ཡིན་ཏེ། བསམ་གཏན་རྣམས་དང་ཏིང་ངེ་འཛིན་རྣམས་དང་ཞེས་བྱ་བ་ལ་སོགས་པ་ནས། དེ་བས་ཀྱང་ཤས་ཆེར་བྱང་ཆུབ་ཀྱི་ཡན་ལག་ཐམས ་ཅད་ཡོངས་སུ་རྫོགས་པ་འཐོབ་པོ་ཞེས་བྱ་བའི་བར་གསུངས་པ་གང་ཡིན་པའོ། །ཏིང་འཛིན་ཁྱད་པར་འཕགས་པ་རྣམས་འཐོབ་པ་རྣམ་བ་བཅུར་བཤད་དོ། །རྣམ་པར་དབྱེ་བ་ཤིན་ཏུ་རྣམ་པར་ཕྱེ་བ་ཞེས་བྱ་བ་ནི་རྣམ་པར་མི་རྟོག་པའི་དོན ་ལས་བརྩམས་པའོ། །ཏིང་ངེ་འཛིན་གང་ལ་རྣམ་པར་དབྱེ་བ་ཤིན་ཏུ་ནམ་པར་དཔྱད་པ་ཡོད་པ་དེ་ལ་སྙོམས་པར་འཇུག་གོ་ཞེས་བྱ་བའི་དོན་ཏེ། ཆོས་ཀྱི་དབྱིངས་དང། དེའི་རྟེན་གང་ལ་རྣམ་པར་རྟོག་པ་མེད་པ་དེ་དན་རྣམ་པར་རྟོག་པའི་དོན་ལས་བརྩམས་པའོ། །ཚིག ་གཅིག་ལ་དོན་གྱི་ཁྱད་པར་དུ་མར་འབྱེད་པ་རྣམ་པར་བརྟགས་པ་ནི་དོན་དུ་མར་མངོན་པར་བརྗོད་པ་ཉིད་དེ། ཁྱད་པར་གྱི་བློ་གྲོས་ཞེས་གང་གསུངས་པའོ། །ཁྱད་པར་ནི་བྱེ་བྲག་སྟེ། འདི་ལ་དེ་ལ་བློ་གྲོས་སེམས་པ་ཡོད་པས་ཞེས་བྱ་བ་དོན་ཏོ། །དོན ་གཅིག་ལ་རྣམ་གྲངས་དུ་མ་དག་གིས་སྟོན་པ་དེ་ལས་བརྩམས་ནས་རབ་ཏུ་ཕྱེ་བའི་དོན་གྱི་མཛོད་ཅེས་གསུངས་པ་གང་ཡིན་པ་སྟེ་དོན་གྱི་མཛོད་བཞི་ནི་སྒྲའོ། །དེ་ལས་ཉན་བ་པོ་རྣམས་ཀྱིས་དོན་འདྲེན་ཅིང་སྒྲུབ་བར་བྱེད་བས་ན་འདིའི་ངོ་བོ་དུ་མ་བ ་ཡིན་ནོ་ཞེས་སྟོན་བར་བྱེད་དོ། །རིག་པ་ཐམས་ཅད་ཀྱི་གནས་ནི་རྒྱུ་ཉིད་དེ་དེ་ཤེས་པའོ། །རྣམ་པ་གཅིག་ཏུ་ན་དེ་ཉིད་ཤེས་པ་ཡིན་ཏེ། དོན་ཇི་ལྟ་བ་བཞིན་དུ་རྣམ་པར་འབྱེད་པ་ཞེས་གསུངས་པ་གང་ཡིན་པ་སྟེ། ཏིང་ངེས་འཛིན་གང་ལ་དོན་ཇི་ལྟ་བ་བཞིན ་ཕྱིན་ཅི་མ་ལོག་པར་རབ་ཏུ་རྣམ་པར་འབྱེད་པ་ཡོད་པ་དེ་ལ་སྙོམས་པར་འཇུག་གོ་ཞེས་བྱ་བའི་དོན་ཏོ། །ཏིང་ངེ་འཛིན་གང་རྩ་བ་ཤིན་ཏུ་གནས་བས་བསྟན་པ་ཡོད་པ་སྟེ། ཇི་ལྟ་ཞེ་ན། དེ་བཞིན་ཉིད་ལ་དམིགས་པས་རྩ་བ་བསྟན་པའི་ཕྱིར་རོ། །ཚིག ་ལྷག་མ་བཞི་ནི་སྒྲིབ་པ་རྣམ་པ་བཞི་རྣམ་པར་སྦྱོང་བ་ལས་རིག་པར་བྱ་སྟེ། ཡེ་ཤེས་དང་མངོན་པར་ཤེས་པའི་སྒོ་ནི་རྒྱུ་སྟེ་སྒོ་ཞེས་བྱ་བའི་དོན་ཏོ། །ཏིང་ངེ་འཛིན་དེ་ལ་ཡང་སྙོམས་པར་འཇུག་གོ་།དེ་ཉིད་ཀྱི་ཕྱིར་ཏིང་ངེ་འཛིན་འདི ་ནི་ཡོན་ཏན་ཁྱད་པར་ཅན་རྣམས་ལ་སྒྲིབ་པ་གང་ཡིན་པ་དེ་རྣམ་པར་སྦྱོང་བར་བྱེད་དོ། །ཏིང་ངེ་འཛིན་གང་ལ་ཆོས་ཀྱི་དབྱིངས་དེ་བཞིན་ཉིད་ཡོངས་སུ་སྦྱོང་བར་བྱེད་པ་ཡོད་པ་དེ་ལ་ཡང་སྙོམས་པར་འཇུག་སྟེ། དེ་ཉིད་ཀྱི་ཕྱིར་ཆཌ་བ་མེད་པའི་ཡེ་ཤེས་ལ ་སྒྲིབ་པ་གང་ཡིན་པ་དེ་རྣམ་པར་སྦྱོང་བར་བྱེད་དོ། །ཏིང་ངེ་འཛིན་གང་ལ་དེ་བཞིན་གཤེགས་པ་ལ་ཕན་ཡོན་རབ་ཏུ་བརྗོད་བ་ཡོད་པ་དེ་ལ་ཡང་སྙོམས་པར་འཇུག་སྟེ། དེ་ཉིད་ཀྱི་ཕྱིར་སངས་རྒྱས་ཀྱི་ཆོས་ཟབ་པ་དང ་རྒྱ་ཆེ་བ་རྣམས་ཡང་དག་པར་སྒྲུབ་པ་ལ་ཞུམ་པ་མེད་པ་ཡིན་ནོ། །དགེ་བའི་རྩ་བ་སྣ་ཚོགས་ཞེས་བྱ་བ་ནི་ཐེག་པ་གསུམ་གྱི་བདག་ཉིད་ཀྱི་དོན་སྣ་ཚོགས་ཀྱི་མཛོད་སྟོན་པར་བྱེད་པ་སྟེ། དེ་བཞིན་དུ་འཁོར་བ་དང་མྱ་ངན་ལས ་འདས་པ་གཉིས་ཀྱི་སྒོ། སྒོ་མོ་གང་ཡིན་པའི་ཏིང་ངེ་འཛིན་དེ་ལ་ཡང་སྙོམས་པར་འཇུག་གོ་།དེ་ཉིད་ཀྱི་ཕྱིར་ཐབས་དང་ཤེས་རབ་བསྒོམས་པའི་སྟོབས་ཀྱིས་མི་གནས་པའི་ལམ་ལ་སྒྲིབ་པ་གང་ཡིན་པ་དེའི་གཉེན་པོ་ཡང་བྱེད་དེ། ་ཐབས་དང་ཤེས་རབ་ཀྱིས་ཡོངས་སུ་སྦྱངས་པའི་ཤེས་རབ་ཀྱིས་ཡོངས་སུ་སྦྱངས་པའི་ཏིང་ངེ་འཛིན་དེ་དག་ཅེས་གསུངས་པ་གང་ཡིན་པའོ། །སྙིང་རྗེའི་སྟོབས་དང་ཞེས་བྱ་བ་ནི་སྙིང་བརྩེ་བ་དང་སྙིང་རྗེའི་སྟོབས་ཀྱིས་ཤེས་གསུངས ་བ་གང་ཡིན་པའོ། །ཞི་གནས་དང་ལྷག་མཐོང་གི་ལམ་སྒྲུབ་པ་ནི་རྩོལ་བ་མེད་པར་འབྱུང་བ་ཉིད་ཀྱིས་རྣམ་པར་སྨིན་པར་གྱུར་པའི་ཕྱིར་རོ། །མཚན་མ་མེད་བར་མཚུངས་པ་ལ། །སེམས་ཅན་ཀུན་གྱི་དབང་གིས་ན། །ལས་ཀྱི་བྱེ་བྲག ་གང་གིས་ཡང། །ཁྱད་པར་རབ་ཏུ་བསྟན་པ་ཡིན། །སྦྱོར་བ་ཡོངས་སུ་རྫོགས་པའི་ཕྱིར། །ས་བདུན་པ་འདི་ཡོངས་སྦྱངས་དང། །སྣང་བ་དག་གིས་སྔ་མ་ཡི། །ས་རྣམས་ལས་ནི་ཁྱད་ཞུགས་ཏེ། །ཤིན་ཏུ་ཡོངས་སུ་སྦྱངས་པ་མི་སྐྱེ་བའི ་ཆོས་ལ་བཟོད་པར་སྣང་བར་གྱུར་པ་ཞེས་གསུངས་པ་གང་ཡིན་པའོ། །བློ་ལྡན་སྦྱོར་བ་མཐར་ཐུག་པའི། །ཡིད་ལ་བྱེད་པ་ཐོབ་པའི་ཕྱིར། །རང་གི་ཡུལ་ནི་ཤེས་པ་ལ། །གནས་བ་ཡིན་ཞེས་མངོན་བར་བརྗོད། །ཚད་མེད་ཅེས་ནི ་རབ་བརྗོད་ན། །མང་བ་ཉིད་དུ་ངེས་བར་འཛིན། །མཐུ་དག་གི་ནི་སྒོ་ནས་ཀྱང། །ཚད་མེད་ཅེས་ནི་ཡང་དག་བསྟན། །ཇི་ལྟར་ཞེ་ན། སྔོན་གྱི་ལས་ལས་ཁྱད་པར་དུ། །ཟབ་ཅིང་རྣམ་པར་དབེན་པ་དང། །རབ་ཏུ་རྒྱུ་བ་མེད་བའི་ལས། །དེ་ཡིས་ཐོབ་པ ་ཡིན་ཞེས་བཤད། །རིང་དུ་སོང་ཕྱིར་ཟབ་བ་ཡིན། །ཉོན་མོངས་སྤངས་ཕྱིར་དབེན་པ་ཡིན། །ལོག་མའི་ས་ལ་མི་རྒྱུ་ཕྱིར། །རྒྱུ་བ་མེད་ཅེས་བཤད་པ་ཡིན། །ཡང་དག་མཛའ་ལ་གནས་གྱུར་ཅིང། །འགོག་བ་མངོན་སུམ་མི་བྱེད་པ། །གང་ཡིན་འདི་ནི་གནས ་པ་ཡིན། ཁྱད་པར་དུ་ནི་འདོད་པ་ཉིད། །སྙོམས་པར་འཇུག་པས་གནས་པ་ཡི། །ཁྱད་པར་རབ་ཏུ་བསྟན་ནས་ནི། །རྒྱུ་བའི་སྦྱོར་བའི་ཁྱད་པར་ནི། །རྣམ་བ་བརྒྱད་དག་ཡང་བཤད་དོ། །བསོད་ནམས་མངོན་པར་འདུ་བྱེད་པའི་སྦྱོར་བ་ནི་འཁོར་བའི་སྒོ་ཡང ་སྟོན་ལ་ཞེས་བྱ་བ་ཡིན་ཏེ། འདིའི་གཉེན་པོ་ནི་འདིའི་བསམ་པ་མྱ་ངན་ལས་འདས་པ་ལ་གནས་པ་ཡང་ཡིན་ཞེས་བྱ་བ་ཡིན་ནོ། །དེ་བཞིན་དུ་འོག་མ་དག་ལ་ཡང་ཚིག་གཉིས་པ་ནི་གཉེན་པོ་འཛིན་པ་ཡིན་བར་ཤེས་བར་བྱའོ། །ཕུང་པོ་ཡོངས་སུ་འཛིན ་བའི་སྦྱོར་བ་ནི་འཁོར་མང་པོ་ཀུན་ནས་བསྐོར་བར་ཡང་སྣང་ལ་ཞེས་བྱ་བ་ཡིན་ཏེ། ཕུང་པོ་ནི་ཕུང་པོ་རྣམས་སོ། །དེ་ཡོངས་སུ་གཟུང་བའི་སྦྱོར་བ་ནི་འདི་ཡིན་ཏེ། འདི་ལྟ་སྟེ། མཚན་དང་དཔེ་བྱད་བཟང་བོ་ཕུན་སུམ་ཚོགས་པ་དང་ལྡན་པའི་ཕྱིར་འཁོར་མང་པོ་ཉིད་དོ།། ་སྨོན་ལམ་གྱི་སྟོབས་ཀྱིས་ཁམས་གསུམ་པར་ཀུན་ཏུ་སྐྱེ་སྟེ། དེ་ཉིད་ཀྱི་ཕྱིར་བསམས་བཞིན་དུ་སྲིད་པ་ཡོངས་སུ་འཛིན་པའི་སྦྱོར་བ་ཞེས་བྱ་བའོ། །ཐབས་ཐབས་ཀྱིས་ཀྱང་རབ་ཏུ་འབར་ཏེ་ཞེས་བྱ་བ་ནི་བུ་ལ་སོགས་པ་ཀུན་ཏུ་སྟོན་པའི་ཕྱིར་རོ། །དེ་ཉིད་ཀྱི ་ཕྱིར་འདི་ནི་རིགས་ཀྱི་རྒྱུད་ལ་སྦྱོར་བ་ཡིན་ཏེ། སེམས་ཅན་རྣམས་ཐེག་པ་གསུམ་ལ་དགོད་པར་བྱ་བའི་ཕྱིར་རོ། །མ་བོར་བའི་ཕྱིར་སངས་རྒྱས་ཀྱི་ཡེ་ཤེས་ལ་ཡང་འཇུག་ལ་ཉན་ཐོས་ལ་སོགས་པའི་ས་ལ་བརྟེན་ནས་ཀྱང་འགྲུབ་པ་ཡིན་ནོ། །དེ་ཉིད ་ཀྱི་ཕྱིར་འདི་ནི་འཇུག་པར་བྱེད་པའི་སྦྱོར་བ་ཡིན་ཏེ། དེ་དག་གིས་གདུལ་བར་བྱ་བ་རྣམས་ལ་དེ་ལྟར་ཀུན་ཏུབསྟན་པས་ཐེག་པ་གཉིས་ལ་འཇུག་པའི་ཕྱིར་རོ། །བདུད་ཀྱི་ཡུལ་ནི་ཟས་དང་ཉལ་བ་དག་ཡིན་ཏེ། དེ་ལ་གནས ་པའོ། །དེ་ཉིད་ཀྱི་ཕྱིར་འདི་ནི་སྟོན་པ་ལ་སྦྱོར་བ་ཡིན་ཏེ། དེ་གཉིས་ནི་ཡུལ་སྟོན་པར་བྱེད་པའི་ཕྱིར་རོ། །བདུད་ཀྱི་སྤྱོད་ཡུལ་ཡང་སྟོན་པ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་འདི་ནི་འཆི་འཕོའི་སྦྱོར་བ་ཡིན་ཏེ། ན་བ་དང་རྒ་བ་དང། འཆི་བ་ཀུན་ཏུ་བསྟན་པས ་འཆི་འཕོ་བའི་ཕྱིར་རོ། །མུ་སྟེགས་ཅན་གྱི་གནས་ཐམས་ཅད་དུ་ཉེ་བར་འགྲོ་བ་ན་སྐལ་བ་མཉམ་བ་ཉེ་བར་འགྲོ་བས་ལྟ་བ་ངན་པ་ཟློག་པའི་ཕྱིར་ཏེ། དེ་ཉིད་ཀྱི་ཕྱིར་འདི་ནི་ལྟ་བ་ངན་པ་ལ་ཆགས་པ་ལས་རྣམ་པར་ཟློག་པའི་སྦྱོར་བ་ཡིན་ནོ། །འཇིག ་རྟེན་གྱི་བྱ་བ་ཐམས་ཅད་དང་མཐུན་པར་འགྲོ་བ་ན་འཇིག་རྟེན་པའི་བཟོའི་གནས་ཀྱི་ལམ་ལ་སོགས་པ་མངོན་པར་སྒྲུབ་པས། སྔར་བཤད་པའི་གནོད་པ་རྣམ་པ་བཞི་རབ་ཏུ་ཞི་བར་བྱེད་པའི་ཕྱིར་ཏེ། དེ་ཉིད་ཀྱི་ཕྱིར་འདི་ནི་གནོད་པ་ལས་རྣམ ་པར་ཟློག་པའི་སྦྱོར་བ་ཡིན་ནོ། །ལྷ་ལ་སོགས་པ་ཐམས་ཅད་ཀྱི་ལུས་གང་དག་ཡིན་པ་དེ་དག་ལས་ལྷག་པའི་ལུས་ཡོངས་སུ་འཛིན་པས་རྣམ་པར་ཟློག་པས་སེམས་ཅན་རྣམས་མི་དགའ་བ་དང་བྲལ་བའི་ཕྱིར་ཏེ། དེ་ཉིད་ཀྱི་ཕྱིར ་འདི་ནི་ཆགས་པ་རྣམ་པར་ཟློག་པའི་སྦྱོར་བ་ཡིན་ནོ། །དེ་འཛིན་བའི་མཆོག་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ནི་བསྟན་པ་ཡང་དག་པར་འཛིན་པའི་གཙོ་བོ་ཡིན་པའི་ཕྱིར་རོ། །ས་འདི་ནི་སེམས་ཅན་ལ་ཕན་འདོགས་པ་དང་ཆོས་ཀྱི་བཟོད་པས་རབ་ཏུ་ཕྱེ ་བར་རིག་པར་བྱ་ཞེས་བྱ་བ་ནི་མདོ་ལས་ཇི་སྐད་འབྱུང་བ་བཞིན་ནོ། །འདི་ཡན་ཆད་མངོན་པར་འདུ་བྱེད་པའི་སྦྱོར་བ་མེད་བས་ན་སྦྱོར་བའི་མཐར་ཕྱིན་པར་འགྲོ་བའོ། །དེ་ཉིད་ཀྱི་ཕྱིར་སྦྱོར་བའི་ལམ་ཡོངས་སུ་རྫོགས་པས་དགེ་བའི་རྩ་བ་རྣམས ་ཤིན་ཏུ་འོད་གསལ་བ་ཞེས་བྱ་བའོ། །ཉི་མའི་འོད་ཀྱི་དཔེ་ནི་ཟླ་བའི་འོད་ཀྱི་དཔེས་བསྟན་བས་སྔ་མའི་ཡེ་ཤེས་པས་འདི་རྒྱ་ཆེ་བའི་ཕྱིར་ཁྱད་པར་བསྟན་པ་ཡིན་ནོ། །ཇི་ལྟ་ཞེ་ན་ཉི་མའི་འོད་ཀྱིས་དེའི་འོད་ཟིལ་གྱིས་གནོན་པ་མཐོང་བའི་ཕྱིར་རོ། །ལྷག་མ་ནི ་སྔ་མའི་ཚུལ་བཞིན་དུ་སྦྱར་བར་བྱའོ། །རྒྱུ་ནི་རྣམ་པ་བདུན་དག་གིས། །ས་བརྒྱད་པ་ནི་བཞག་པར་འདོད། །ས་རྣམས་དག་ནི་བསྡུ་བ་དང། །རྣམ་དག་བཟོད་པ་ཐོབ་པ་དང། །རྣམ་དག་གནས་པ་ཐོབ་པ་དང། །ཞིང་ནི་རྣམ་པར་དག་པ་དང། །དབང་ཐོབ ་པ་ཞེས་བྱ་བ་དང། །ཆེ་བ་ཉིད་ཀྱི་ཁྱད་པར་དང། །ངེས་ཚིག་དབྱེ་བ་ཞེས་བྱ་བ། །རྒྱུ་ནི་བདུན་པར་འདོད་པ་སྟེ། །ས་བརྒྱད་པ་ཡི་བསྡུ་བའི་ཚུལ། །འདི་ཡིན་པར་ནི་རབ་ཏུ་བསྟན། །ཡོངས་སུ་སྦྱང་བར་བྱ་བའི་ས་དག་ནི་བདུན་ཏེ། དེ་དག་ཏུ་སྦྱོར་བའི་སྤྱོད་པ ་ཡོངས་སུ་སྦྱང་བར་བྱ་བ་ལེགས་པར་བྱེད་པའི་ཕྱིར་རོ། །དེ་དག་བསྡུ་བ་ནི་མདོར་བསྡུས་ཏེ་བསྙད་པའོ། །སྨྲས་པ། དེ་དག་རྣམས་ཀྱི་བསྡུ་བ་ནི། །རྒྱུ་གཉིས་དག་གིས་བརྗོད་བྱ་སྟེ། །སྤྱིར་ནི་བསྡུ་བར་བྱ་བ་དང། །སོ་སོ་རེ་རེ་ན་བསྡུ་བའོ། །རྒྱུ་ནི་རྣམ་པ ་གསུམ་དག་གིས། །སྤྱིར་བསྡུ་བར་ནི་འདོད་པ་ཡིན། །སོ་སོ་ནས་ནི་རྣམ་བདུན་ཏེ། །འདི་ནི་བསྡུས་པར་བཞག་པ་ཡིན། །རྣམ་པར་འབྱེད་པ་ལེགས་པར་བྱས་ཞེས་བྱ་བ་ལ་རྣམ་པར་འབྱེད་པ་ནི་ཆོས་དང་གང་ཟག་ལ་བདག་མེད་པར་རྟོགས་པ་སྟེ། ་དེ་འདི་དག་ཏུ་ལེགས་པར་བྱས་པའི་ཕྱིར་ས་བདུན་པོ་དག་ཡིན་པར་སྟོན་ཏོ། །གལ་ཏེ་དེ་ལྟ་ན། འོ་ན་དང་པོ་ཁོ་ན་ལ་དེ་རྟོགས་ན་གཉིས་པ་ལ་སོགས་པ་ལ་ཁྱད་པར་ཅི་ཡོད་ཅེ་ན། གོང་ནས་གོང་དུ་རབ་ཏུ་རྟོགས་པ་ཞེས་བྱ་བ་སྨྲས་ཏེ། ཁྱད་པར ་དང་ཁྱད་པར་དུ་རབ་ཏུ་རྟོགས་པ་ཡང་དག་པར་རབ་ཏུ་བསྟན་པར་བྱ་བའི་ཕྱིར་རོ། །ཐབས་དང་ཤེས་རབ་ཀྱིས་ལམ་ཤིན་ཏུ་ཡོངས་སུ་སྦྱངས་པ་ཞེས་བྱ་བ་ལ་ཐབས་ནི་སྙིང་རྗེ་ཆེན་པོའོ། །ཤེས་རབ་ནི་ཆོས་ལ་བདག་མེད་པའི་ཡུལ་ཅན་ཏེ། དེ་གཉིས ་ཀྱིས་ལམ་ཤིན་ཏུ་ཡོངས་སུ་སྦྱངས་བའོ། །དེ་ཉིད་ཀྱི་ཕྱིར་མི་གནས་པའི་ལམ་ཡོངས་སུ་སྦྱོང་བ་ཞེས་བྱ་བ་སྨྲས་སོ། །ཚོགས་ཤིན་ཏུ་བསགས་པ་ཞེས་བྱ་བ་ནི་ས་བདུན་པོ་དེ་དག་ཉིད་ལ་ཚོགས་ཤིན་ཏུ་རབ་ཏུ་བསགས ་བའི་ཕྱིར་སྦྱོར་བས་བསྡུས་པའི་ཚོགས་ཡོངས་སུ་རྫོགས་པར་བྱེད་པ་ཞེས་སྨྲས་པ་གང་ཡིན་པ་སྟེ། སྤྱིར་བསྡུ་བ་ནི་དེ་ལྟ་བུ་ཡིན་ནོ། །སྨོན་ལམ་ཤིན་ཏུ་བཏབ་པ་ཞེས། །བྱ་བ་ལ་སོགས་རྣམས་ཀྱི་ཚིག་།ལྷག་མ་བརྒྱད་པོ་དག་ཁོ་ནས། །སོ་སོ་ནS ་ནི་བསྡུ་བ་ཡིན། །སྨོན་ལམ་ཆེན་པོ་ཤིན་ཏུ་བཏབ་པ་ཞེས་བྱ་བ་ནི་ས་དང་པོ་བསྡུ་བ་མཛད་པ་ཡིན་ནོ། །དེ་བཞིན་གཤེགས་པའི་བྱིན་གྱིས་བརླབས་ཀྱིས་ཤིན་ཏུ་བྱིན་གྱིས་བརླབས་པ་ཞེས་བྱ་བ་ནི་ས་གཉིས་པ་སྟེ། དེར་དེ་བཞིན་གཤེགས་པ ་རྣམས་ཀྱིས་ཐེག་པ་དམན་པ་བོར་ཏེ། ཐམས་ཅད་མཁྱེན་པ་ཉིད་ཁོ་ན་ལ་བསམ་པ་ཆེས་བརྟན་པར་བྱིན་གྱིས་རློབ་པར་མཛད་དོ། །རང་གི་དགེ་བའི་རྩ་བའི་སྟོབས་བསྐྱེད་པ་རྗེས་སུ་ཐོབ་པ་ཞེས་བྱ་བ་ནི་ས་གསུམ་པ་སྟེ། ཇི་ལྟ་ཞེ་ན། འདོད་ཆགས ་དང་བྲལ་བ་ལས་མི་ཉམས་པའི་བསམ་གཏན་ལ་སོགས་པ་ཐོབ་པའི་ཕྱིར་རོ། །དེ་བཞིན་གཤེགས་པའི་སྟོབས་ལ་སོགས་པ་ཡིད་ལ་བྱེད་པ་ཞེས་བྱ་བ་ནི་ས་གཞི་པ་སྟེ། ཇི་ལྟ་ཞེ་ན། རྣམ་པར་བཞག་པའི་ཆོས་ལུང་གི་ཆོས་ཇི་ལྟར་རྟོགས་པ ་བཞིན་དུ་རྣམ་པར་འཇོག་པའི་ཕྱིར་རོ། །དེ་ནི་རྟོགས་པ་སྟོན་པར་བྱེད་དེ་གཉི་ག་ཞེས་བྱ་བ་ཇི་ལྟ་བ་བཞིན་དུ་ཞུགས་པ་ཉིད་ཀྱིས་དེ་དང་མཚུངས་པར་རྟོག་པའི་ཕྱིར་རོ། །དེའི་ཕྱིར་ཤེས་བྱའི་སྒྲིབ་པ་རྣམ་པར་དག་པ་ནི་སངས་རྒྱས་ཀྱི ་ཆོས་འཐོབ་པའི་རྒྱུ་སྟེ། དེ་ཐོབ་པའི་ཕྱིར་དེ་ཡིད་ལ་བྱེད་པ་དང་ལྡན་པ་ཡིན་ནོ། །ལྷག་པའི་བསམ་པའི་བརྣག་པ་ཤིན་ཏུ་ཡོངས་སུ་སྦྱངས་པ་ཞེས་བྱ་བ་ནི་ས་ལྔ་པ་སྟེ། ཇི་ལྟ་ཞེ་ན། རྣམ་པར་དག་པ་ལ་སམས་ཀྱི་བསམ་པ་མཉམ་པ་ཉིད་ཇི ་སྐད་བཤད་པ་དག་གིས་ལྷག་བའི་བསམ་པའི་བརྣག་པ་ཤིན་ཏུ་ཡོངས་སུ་སྦྱངས་པའི་ཕྱིར་རོ། །བསོད་ནམས་དང་ཡེ་ཤེས་ཀྱི་སྟོབས་ཀྱིས་མངོན་པར་འཕགས་པ་ཞེས་བྱ་བ་ནི་ས་དྲུག་པ་སྟེ། ཇི་ལྟ་ཞེ་ན། རིམ་བཞིན་དུ་སྙིང་རྗེ་ཆེན་པོས་ནི་བསོད་ནམས ་ཀྱི་སྟོབས་ཀྱི་མངོན་པར་འཕགས་པ་ཉིད་དོ། །རྟེན་ཅིང་འབྲེལ་པར་འབྱུང་བ་རྣམ་པར་དཔྱོད་པས་ནི་ཡེ་ཤེས་ཀྱི་སྟོབས་ཀྱིས་མངོན་པར་འཕགས་པ་ཉིད་དོ། །སྙིང་རྗེ་དང་བྱམས་པ་ཆེན་པོ་དག་གིས་སེམས་ཅན་ཐམས་ཅད་ལ་སྦྱོར་བ་མི་གཏོན་བ་ཡེ་ཤེས ་ཀྱི་ལམ་ཚད་མེད་པ་དང་ལྡན་པ་ཞེས་བྱ་བ་ནི་ས་བདུན་པ་བསྡུ་བ་ཡིན་ཏེ། ཇི་ལྟ་ཞེ་ན། རིམ་བཞིན་དུ་ལམ་གཞན་རྩོམ་པའི་ཁྱད་པར་རྣམས་ཀྱིས་ནི། སེམས་ཅན་ཐམས་ཅད་ལ་སྦྱོར་བ་མི་གཏོང་བ་ཉིད་ལ་སེམས་ཅན་གྱི་ཁམས་ཚད་མེད་པ ་ལ་སོགས་པ་ལ་འཇུག་པ་རྣམས་ཀྱིས་ནི་ཡེ་ཤེས་ཀྱི་ལམ་མེད་པ་དང་ལྡན་པ་ཉིད་དུ་རིག་པར་བྱ་སྟེ། འདིར་བསྡུ་བ་ནི་ཚིག་གཉིས་ཀྱིས་བསྟན་པ་ཡིན་ནོ། །ཡོངས་སུ་སྦྱངས་བ་བྱ་བའི་ས་ལ་ཚུལ་བཞིན་དུ། རྩོལ་བཅས་ཡེ་ཤེས་ལ་བརྟེན་ནས།། ་བསྡུས་དང་རྒྱས་པའི་སྒོ་ནས་ནི། །ས་བདུན་རྣམ་པར་སྦྱང་བྱས་ནས། །མི་སྐྱེ་བ་ཡིས་རབ་ཕྱེ་བའི། །བཟོད་པ་རྣམ་པར་དག་པ་འཐོབ། །དེའི་རྣམ་པར་དག་པ་ཉིད་ནི་ལྷུན་གྱིས་གྲུབ་པས་རབ་ཏུ་བྱེ་བ་ཡིན་ནོ། །ཆོས་རྣམས་གཟོད་མ་ནས་མ་སྐྱེས ་བ་ཉིད་ནི། གཟོད་བྱུང་བ་མ་ཡིན་གྱི། འོན་ཀྱང་ཆོས་འདི་དག་ནི་རྣམ་པར་གནས་པ་ཁོ་ནའོ། །གང་ལ་ཞེ་ན། རྣམ་པར་བྱང་བའི་ཕྱོགས་ལའོ། །དེའི་ཕྱིར་འདི་ནི་སྔ་ནས་ཡོད་པའི་གཉེན་པོར་བརྗོད་དོ། །གསར་དུ་གསར་དུ་ཡོད། དེའི་གཉེན་པོར ་མ་སྐྱེས་པ་ཉིད་ཅེས་བྱ་སྟེ། སྔོན་མེད་པ་ལས་འབྱུང?་བ་ནི་མ་ཡིན་གྱི། འོན་ཀྱང་འདི་དག་སྔ་ནས་རྣམ་པར་གནས་པ་ཁོ་ནའོ་ཞེས་བྱ་བའི་ཐ་ཚིག་གོ་།མཚན་ཉིད་ཡོད་པ་དེའི་གཉེན་པོར་མཚན་ཉིད་མེད་པ་ཉིད་ཅེས་བྱ་བ་སྟེ། གང་གིས་འདི་དག ་མཚོན་པར་འགྱུར་བའི་མཚན་ཉིད་དེ་དག་མེད་དོ། །ཕྱི་མའི་མཐར་ཡོད་པ་དེའི་གཉེན་པོར་བྱུང་བ་མེད་པ་ཉིད་ཅེས་བྱ་བ་སྟེ། བྱུང་བ་ནི་ཕྱི་མའི་མཐར་ཡོད་པ་མ་ཡིན་གྱི་མ་བྱུང་བ་ནི་མ་ཡིན་པའི་ཕྱིར་རོ། །རྣམ ་པར་བྱང་བའི་ཕྱོགས་ལ་ནི་དེ་ལྟ་བུ་ཡིན་ནོ། །ཀུན་ནས་ཉོན་མོངས་པའི་ཕྱོགས་ལ་སྔོན་གྱི་མཛའ་ན་ཡོད་པ་དེའི་གཉེན་པོར་འཇིག་པ་མེད་པ་ཉིད་ཅེས་བྱ་བ་སྟེ། བྱང་བ་ནི་གདོན་མི་ཟ་བར་འཇིག་གི་མ་བྱུན་བ་ནི་མ་ཡིན་ནོ་ཞེས་བྱ་བའི ་ཐ་ཚིག་གོ་།རྫོགས་པ་ཡོད་པ་དེའི་གཉེན་པོར་ཐུག་པ་མེད་པ་ཉིད་ཅེས་བྱ་བ་སྟེ། ཐུག་པ་ནི་རྫོགས་པ་ཡིན་པའི་ཕྱིར་རོ། །རྣམ་པར་བྱང་བ་ལ་ཀུན་ནས་ཉོན་མོངས་པ་ཉིད་ཡོད་པ་གང་ཡིན་པ་དེའི་གཉེན་པོར་འཇུག་པ་མེད་པ་ཉིད་ཅེས ་བྱ་བ་སྟེ། འཇུག་པ་ནི་ཀུན་ནས་ཉོན་མོངས་པར་འགྱུར་གྱི་མི་འཇུག་པ་ནི་མ་ཡིན་པའི་ཕྱིར་རོ། །རང་བཞིན་ཁོ་ནས་སྐྱེ་བ་མེད། །ཆོས་ལ་བདག་མེད་ཅེས་བྱ་བ། །བདག་མེད་ངོ་བོ་ཉིད་ཀྱི་ཕྱིར། །དངོས་པོ་མེད་པ་ཞེས་བྱ་བ། །རང་གི་སྐྱེ་བ ་མེད་པ་ཡིན་ནོ། །གཉིས་མེད་པའི་མཚན་ཉིད་ཡིན་པའི་ཕྱིར་རོ། །ཞེས་བྱ་བ་ནི་གཉིས་པོ་མེད་པའི་ཕྱིར་རོ། །དངོས་པོའི་མཚན་ཉིད་ཀྱང་མ་ཡིན་ལ་གཉིས་པོ་མེད་པ་ཡོད་པའི་ཕྱིར་དངོས་པོ་མེད་པའི་མཚན་ཉིད་ཀྱང་མ་ཡིན་པ་སྟེ། ་དངོས་པོ་མེད་པའི་ངོ་བོ་ཉིད་ཅེས་གསུངས་པ་གང་ཡིན་པའོ། །ཀུན་ནས་ཉོན་མོངས་རྣམ་བྱང་དག་།འཕེལ་འབྲི་མེད་པའི་ངོ་བོ་ཡིས། །དུས་གསུམ་དུ་ནི་མཉམ་པ་ཉིད། །དེ་ལ་གྲངས་ཀྱི་བྱེ་བྲག་མེད། འདི་ནི་གྲངས་ཀྱི་བྱེ་བྲག་མི་སྐྱེ་བ་སྟེ། ཐོག་མ་དང ་དབུས་དང་ཐ་མ་མ་ཉི་པ་ཉིད་ཅེས་འབྱུང་བའི་ཕྱིར་རོ། །ལས་རྣམས་ཀྱི་ནི་བྱེ་བྲག་གང། །རྣམ་པ་མང་པོར་ཡོངས་རྟགས་པ། །དེ་བཞིན་ཉིད་དང་མཉམ་མཐོང་ཕྱིར། །དེ་ཡི་བྱེ་བྲག་མ་སྐྱེས་པ། །ལས་ཀྱི་བྱེ་བྲག་མི་སྐྱེ་བ་སྟེ། དེ་བཞིན་ཉིད་ལྟར ་ཐམས་ཅད་མཁྱེན་པའི་ཡེ་ཤེས་རྣམ་པར་མི་རྟོག་པ་རྟོགས་པར་བྱ་བ་ཉིད་ལས་བརྩམས་ནས་འཇུག་གོ་ཞེས་གསུངས་པ་གང་ཡིན་པའོ། །ད་ལྟར་ནི་མི་སྐྱེ་བའི་ཆོས་ལ་བཟོད་པ་ནི་མི་སྐྱེ་བ་རྣམ་པ་བཞི་ལ་འཇུག་པ་ཡིན་ནོ། །བཟོད་པའི་དམིགས་པ ་རབ་བསྟན་ནས། །རྣམ་པར་རྟོག་པའི་འདུ་ཤེས་དང། །བྲལ་བས་འཇུག་པར་རབ་ཏུ་སྟོན། །འདིར་རྣམ་པར་སྨིན་པ་ནི་སེམས་སོ། །རློམ་སེམས་ནི་ཡིད་དོ། །ཡུལ་རྣམ་པར་རིག་པ་ནི་རྣམ་པར་ཤེས་པ་སྟེ། དེ་དག་གིས་བསྡུས་པ་དག་གོ་།སེམས་དང་ཡིན ་དང་རྣམ་པར་ཤེས་པ་དེ་དག་དང་ཞེས་བྱ་བའི་ཐ་ཚིག་སྟེ། དེ་ཐམས་ཅད་དུ་སེམས་དང་ཡིད་དང་རྣམ་པར་ཤེས་པའི་རྣམ་པར་རྟོག་པའི་འདུ་ཤེས་དང་བྲལ་བ་ཞེས་གསུངས་པ་གང་ཡིན་པའོ། །རྣམ་པར་རྟོག་པ་དང་བྲལ་བ་ཞེས་བརྗོད་པར་བྱ་བ་ཡིན ་པ་ལས་འདུ་ཤེས་སྨོས་པ་ནི་འདུ་ཤེས་ཁྱད་པར་ཅན་ཤེས་པར་བྱ་བའི་ཕྱིར་ཏེ། འདི་ལ་མི་མཐུན་པའི་ཕྱོགས་ཀྱི་འདུ་ཤེས་དང་བྲལ་བའི་ཕྱིར་གཞན་ནི་ཡོད་དོ་ཞེས་འདུ་ཤེས་གཞན་བརྗོད་པ་ཡིན་ནོ། །ཐོགས་པ་མེད་པ་ཞེས་བྱ་བ་ལ་ཐོགས་པ་ནི ་རྩོལ་བའོ། །དེ་མེད་པའི་ཕྱིར་ལྷུན་གྱིས་གྲུབ་པར་རྒྱུ་བའོ། །ནམ་མཁའ་འདྲ་ཞེས་བྱ་བ་ནི་ཁྱབ་པས་སོ། །བླ་གབ་མེད་པའི་རང་བཞིན་དུ་ཞུགས་པས་ཞེས་བྱ་བ་ནི་དེ་བཞིན་ཉིད་དུ་ཞུགས་པའི་ཕྱིར་ཏེ། དེ་བཞིན་ཉིད་ནི་སྒྲིབ་པ་མེད་པ་ཉིད་ཀྱིས་བླ་གབ་མེད་པ ་ཡིན་ནོ། །ཟབ་མོ་ཐོབ་ཕྱིར་ཁྱད་པར་དུ། །འཕགས་པའི་གནས་པ་ཐོབ་པ་སྟེ། །བྱང་ཆུབ་སེམས་དཔའ་ཨི་གནས་པ་ཟབ་མོ་རྗེས་སུ་ཐོབ་པ་ཡིན་ནོ་ཞེས་གསུངས་པ་གང་ཡིན་པའོ། །དེའི་ཟབ་པ་ཉིད་ནི་མདོ་ལས་འབྱུང་བའི་སྒོ་ནས་རྣམ་པ་བདུན་དུ་ཤེས་པར་བྱ ་སྟེ། རིང་བའི་ཡེ་ཤེས་ཐ་མ?་དང། །དེ་བཞིན་མཚན་མ་བྲལ་བ་དང། །ཚད་མེད་པ་དང་མི་འཕྲོགས་དང། །ཉེས་པ་སྤངས་ཕྱིར་དབེན་པ་དང། །གཉེན་པོ་ལ་ནི་མངོན་ཕྱོགས་ཕྱིར། །དབེན་པ་མངོན་དུ་གྱུར་པའོ། །རིང་བའི་ཡེ་ཤེས་ཇི་ལྟ་བུ་ཞེ་ན། མངོན ་པར་འདུ་བྱེད་བ་དང་བཅས་པའི་ས་ཟློག་པས་རྟོགས་པར་བྱ་བ་ཡིན་པའི་ཕྱིར་འཇུག་པ་ཟབ་པ་ཉིད་གྱིས་རིང་བ་ཡིན་ནོ། །ཐ་མི་དད་པ་ཇི་ལྟ་བུ་ཞེ་ན། བྱང་ཆུབ་སེམས་དཔའ་ས་དག་པ་པ་རྣམས་དང། ཐུན་མོང་བའི་ཟབ་པ་ཉིད་ཀྱི་ཕྱིར ་རོ། །ཡུལ་ཟབ་པ་ཉིད་ཇི་ལྟ་བུ་ཞེ་ན། གཟུང་བ་དང་འཛིན་པར་སྣང་བ་མེད་པར་གྱུར་པས་དེ་བཞིན་ཉིད་ལ་བྱ་སྟེ། མཚན་མ་ཐམས་ཅད་དང་བྲལ་བ་ཞེས་གསུངས་པ་གང་ཡིན་པའོ། །དེ་ཉིད་འདུ་ཤེས་ཀྱི་འཛིན་པ་ངན་པ་ཐམས་ཅད་ལས་ཕྱིར་ལོག ་པ་ཡིན་ཏེ། མི་མཐུན་པའི་ཕྱོགས་ཀྱི་འདུ་ཤེས་དགག་པའི་ཕྱིར་རོ་འཛིན་པ་ངན་པ་སྨོས་སོ། །ཚད་མེད་པ་ཇི་ལྟ་བུ་ཞེ་ན། བདག་དང་གཞན་གྱི་དོན་ལ་ཞུགས་པས་སྒྲུབ་པ་ཟབ་པ་ཉིད་ཀྱི་ཕྱིར་རོ། །མི་འཕྲོགས་པ་ཇི་ལྟ་བུ་ཞེ་ན། ཉན་ཐོས་དང་རང་སངས ་རྒྱས་ཐམས་ཅད་ཀྱིས་མི་འཕྲོགས་པའི་ཕྱིར་ཟིལ་གྱིས་མི་གནོན་པ་ཟབ་པ་ཉིད་དོ། །དབེན་པ་ནི་མི་མཐུན་པའི་ཕྱོགས་བསྲབས་པ་ཟབ་པ་ཉིད་ཀྱི་ཕྱིར་རོ། །ཐམས་ཅད་ལ་དབེན་པ་མངོན་དུ་གྱུར་པ་ནི་གཉེན་པོ་ལ་མངོན་དུ་ཕྱོགས་པ་ཟབ་པ ་ཉིད་ཀྱི་ཕྱིར་རོ། །ཇི་ལྟ་ཞེ་ན། དེ་བཞིན་ཉིད་ནི་ཐམས་ཅད་ལས་དབེན་པའི་ཕྱིར་རོ། །དེ་ལྟར་ན་མདོ་ལས་ཇི་སྐད་འབྱུང་བའི་སྒོ་ནས་གནས་པ་ཟབ་མོ་ཉིད་རྣམ་པ་བདུན་ནོ། །གཡོ་བ་དང་རློམ་སེམས་ཐམས་ཅད་དང་བྲལ་བ་ཡིན་ནོ་ཞེས་བྱ་བ་ནས་དེ་དག་གི ་གནས་སེམས་ཡིད་ཀྱི་རྣམ་པར་ཤེས་པ་མེད་པའི་ཕྱིར་རོ། །འབད་པ་དང་བཅས་པ་མངོན་པར་འདུ་བྱེད་པ་དང་བཅས་པའི་ལམ་ལས་ཡང་དག་པར་འདས་པའི་ཕྱིར་ན་འབད་པ་ཐམས་ཅད་དང་བྲལ་ཏེ་ཞེས་བྱ་བ་སྟེ། ཇི་སྐད་དུ་མདོ་ལས ་འབྱུང་བ་བཞིན་ནོ། །ལྷུན་གྱིས་གྲུབ་པའི་ཆོས་ཉིད་ཐོབ་པ་ཇི་ལྟ་བུ་ཞེ་ན། རྩོལ་བ་དེའི་གཉེན་པོ་ཐོབ་པའི་ཕྱིར་རོ། །ད་ནི་ལྷུན་གྱིས་གྲུབ་ཅིང་རྩོལ་བ་མེད་པ་ཉིད་ཀྱིས་ལྷུན་གྱིས་གྲུབ་པའི་ཆོས་ཉིད་ཐོབ་པ་དེ་སྟོན་བར་བྱེད་དོ། །ལྷུན་གྱིས་གྲུབ་པ ་ཉིད་རྩོལ་བ་མེད་པ་ཡིན་ཏེ། ལུས་དང་ངག་དང་སེམས་ཀྱི་རྩོལ་བ་དང་བྲལ་ནས་ཞེས་འབྱུང་བའི་ཕྱིར་རོ། །རྣམ་པར་སྨིན་པ་ལ་གནས་པ་ཉིད་ཀྱི་ནི། མདོ་ལས་ཇི་སྐད་དུ་འབྱུང་བ་བཞིན་ཏེ། །རྣམ་པར་སྨིན་པ་ཀུན་གཞི་རྣམ་པར་ཤེས་པའི་དེ་བཞིན་ཉིད ་གང་ཡིན་པ་དེ་ལ་ཤིན་ཏུ་གནས་པའི་ཕྱིར། རྣམ་པར་སྨིན་པ་ལ་གནས་པ་ཉིད་དོ། །དཔེར་ན་གཉིད་ཀྱིས་ལོག་པ་ལས་སད་པ་ལ་འདུ་ཤེས་ཡོད་པ་དེ་བཞིན་དུ་གནས་པ་དེ་ལ་ཡང་སྙོམས་པར་འཇུག་པ་ལས་བཟློག་པའི་འདུ་ཤེས་ཡོད་དོ། །བཟློག་པ་འདི ་གང་ཞིག་ཡིན་ཞེ་ན། ཞི་བ་ཉིད་ལ་གནས་པ་ལ། །འདུ་ཤེས་ཡོད་དུ་ཟིན་ཀྱང་ནི། །ཡང་དག་ཤེས་པའི་དབང་གིས་ན། །མཚན་མ་རྣམས་ནི་འཇིག་ཕྱིར་རོ། །ཀྱེ་རྒྱལ་བའི་སྲས་དག་འདི་ལྟ་སྟེ། དཔེར་ན་མི་ཞིག་གཉིད་ལོག་པའི་རྨི་ལམ་ན་ཞེས་བྱ་བ་ནས ་གཟུང་སྟེ། འབད་པ་ཐམས་ཅད་དང་བྲལ་བར་འགྱུར་ཏེ་ཞེས་བྱ་བའི་བར་འབྱུང་བའི་ཕྱིར་ཏེ། དེ་ཁོ་ན་ཉིད་ཡི་ཡེ་ཤེས་ཀྱི་ཁྱད་པར་དུ་འཕགས་པ་དང་ལྡན་པའི་ཕྱིར་འབར་པ་ཐམས་ཅད་དང་བྲལ་བ་ཡིན་ནོ། །རྣམ་པར་དག་པའི་དབང་དུ་བྱས་ནས། འཁོར ་བ་དང་མྱ་ངན་ལས་འདས་པ་གཉིས་སུ་ཀུན་ཏུ་སྤྱོད་པ་སྣང་བར་མི་འགྱུར་ཏེ། དེའི་གཉིས་སུ་ཀུན་ཏུ་སྤྱོད་པ་ཐམས་ཅད་ཀྱི་ཐམས་ཅད་དུ་སྣང་བར?་མི་འགྱུར་རོ་ཞེས་གསུངས་པ་གང་ཡིན་པའོ། །ཡུལ་ལ་ཡོངས་སུ་སྤྱོད་པའི་དབང་དུ་བྱས་ནས་མཆོད་ན ་ཀུན་ཏུ་སྤྱོད་པ་སྣང་བར་མི་འགྱུར་ཏེ། མཚན་མ་ཀུན་ཏུ་སྤྱོད་པ་ཐམས་ཅད་དུ་མི་སྣང་བར་འགྱུར་ཞེས་གསུངས་པ་གང་ཡིན་པའོ། །ཚངས་པའི་འཇིག་རྟེན་སྐྱེ་བ་དང། །འདྲ་བའི་དཔེ་ནི་གང་ཡིན་པ། །དེ་ནི་འོག་མའི་པ་ཡིས། །ཀུན་ནས་ཉོན་མོངས་རིང ་གྱུར་འདོད། །དེ་ལ་འཇུག་པའི་ཕྱོགས་ལ་ནི། །སེམས་ལ་སོགས་པའི་ཀུན་ཏུ་འབྱུང་བ་མེད་པའི་ཕྱིར་ཏེ། སེམས་དང་ཡིད་དང་རྣམ་པར་ཤེས་པའི་ཀུན་ཏུ་འབྱུང་བ་ཡང་ཀུན་ཏུ་མི་འབྱུང་སྟེ་ཞེས་འབྱུང་བའི་ཕྱིར་རོ། །ལྡོག་པའི་ཕྱོགས་ནི་སངས ་རྒྱས་ལ་སོགས་པ་ལ་ཀུན་ཏུ་འབྱུང་བ་མེད་པ་སྟེ། སངས་རྒྱས་ལ་ཀུན་ཏུ་འབྱུང་བ་འམ་ཞེས་བྱ་བ་ནས་གཟུང་སྟེ། རྒྱུན་ཏུ་ཞུགས་པ་ལ་ཀུན་ཏུ་འབྱུང་བ་ཐམས་ཅད་ཀྱང་ཀུན་ཏུ་མི་འབྱུང་ན་ཞེས་བྱ་བའི་བར་འབྱུང་བའི་ཕྱིར ་རོ། །དེ་ལ་ཐེག་པ་ཆེན་པོའི་བྱེ་བྲག་གིས་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་བྱང་ཆུབ་ཀྱི་ཡན་ལག་ལ་ཀུན་ཏུ་འབྱུང་བ་རྣམས། །ཉན་ཐོས་ཀྱི་ཐེག་པའི་བྱེ་བྲག་གིས་ནི་མྱ་ངན་ལས་འདས་པ་དང། ཉན་ཐོས་ལ་སོགས་པ་ལ་ཀུན་ཏུ་འབྱུང ་བའོ། །ཐེག་པ་ཆེན་པོ་ལ་ཡང་གང་ཟག་གི་བྱེ་བྲག་གིས་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ལ་ཀུན་ཏུ་འབྱུང་བ་དག་གོ་།ཆོས་ཀྱི་བྱེ་བྲག་གིས་ནི་བྱང་ཆུབ་ལ་ཀུན་ཏུ་འབྱུང་བའོ། །ཉན་ཐོས་ཀྱི་ཐེག་པ་ལ་ཡང་མི་སློབ་བ་དང། སློབ་པའི ་བྱེ་བྲག་དང་ཆོས་ཀྱི་བྱེ་བྲག་གིས་མྱ་ངན་ལས་འདས་པ་ལ་ཀུན་ཏུ་འབྱུང་བ་སྟེ། མི་སློབ་པའི་བྱེ་བྲག་གིས་ནི་དགྲ་བཅོམ་པ་ལ་ཀུན་ཏུ་འབྱུང་བའོ། །སློབ་པའི་བྱེ་བྲག་གིས་ནི་ཕྱིར་མི་འོང་བ་ལ་སོགས་པ་ལ་ཀུན་ཏུ་འབྱུང་བའོ། །དེའི་འོག ་ཏུ་གནས་སྐབས་དེར། །ཀུན་མཁྱེན་ཐུགས་རྗེའི་བདག་ཉིད་རྣམས། །དང་པོར་དེ་བཞིན་གཤེགས་པ་ཡི། །ཡེ་ཤེས་ཉེ་བར་སྒྲུབ?་མཛད་ནས། །ཅི་ཞིག་མཛད་ཅེ་ན། །སེམས་ཅན་ལ་ནི་བྱམས་མཛད་ནས། །གནས་པ་ཙམ་ལ་མངོན་དགའ་བ། ། ་བཟློག་པར་དཀའ་བ་ཟློ་ག་མཛད་དེ། །འདི་ལ་བྱས་པ་བསྔགས་པ་དང། །མ་བྱས་པ་ལ་བསྐུལ་བ་དང། །དེ་ལ་གནས་པ་མི་འདར་བས། །སངས་རྒྱས་ཆོས་རྣམས་མ་ཐོབ་པ། །ནུས་པ་ཉིད་ཀྱི་དབང་མཛད་ནས། །ཡང་དང་ཡང་རྒྱུ་སྣ་ཚོགས་ཀྱིས། །ཞི ་བའི་དབྱིངས་ནི་དེ་ངག་ལས། །རྣམ་པར་བསྐྱོད་ནས་སེམས་ཅན་གྱི། །ངོན་སྦྱང?་དག་ལ་སྦྱོར་བར་མཛད། །ཆོས་ཀྱི་སྒོའི་རྒྱུན་དེ་གནས་པས། །མངོན་པར་དགའ་བ་གང་ཡིན་པ་དེ་ཙམ་གྱིས་ཆོག་པར་འཇིན་པ་དེ་ཟློག་པར་མཛད་དོ། །ཇི་ལྟ ་ཞེ་ན། དེ་བཞིན་གཤེགས་པའི་ཡེ་ཤེས་ཉེ་བར་སྒྲུབ་པ་སྟེ། དེ་བཞིན་གཤེགས་པའི་ཡེ་ཤེས་ཉེ་བར་སྒྲུབ་པ་མཛད་དེ་ཞེས་གསུངས་པ་གང་ཡིན་པའོ། །བྱས་པ་བསྔགས་པ་ནི་ལེགས་ལེགས་སོ་ཞེས་བྱ་བ་ལ་སོགས་པ་བྱས་པ་བསྔགས་པར་མཛད་པ ་སྟེ། ཡོན་ཏན་ཐོབ་པ་རྣམས་ལ་ཡང་དག་པར་གཟེང་བསྟོད་པ་མཛད་ཅེས་བྱ་བའི་ཐ་ཚིག་གོ་།མི་བྱེད་པ་ལ་བསྐུལ་བ་ཞེས་བྱ་བ་ལ་མི་བྱེད་པ་ནི་ཡོན་ཏན་མ་ཐོབ་པ་རྣམས་མངོན་སུམ་དུ་མི་བྱེད་པ་སྟེ། དེ་ལ་གང་དེང?་ཀྱི་སྟོབས་བཅུ་ལ་སོགས ་པ་ཕུན་སུམ་ཚོགས་པ་དེ་ཁྱོད་ལ་མེད་ཀྱིས་ཕུན་སུམ་ཚོགས་པ་དེ་ཡོངས་སུ་བཙལ་པའི་ཕྱིར་བརྩོན་འགྲུས་རྩོམས་ཤིག་ཅེས་བསྐུལ་བ་མཛད་དོ། །བཟོད་པའི་སྒོ་འདི་ཉིད་ཀྱང་མ་དོར་ཅིག་ཅེས་བྱ་བ་འདིས་ནི་མི་དོར་བས་དེ་ནུས་པ་ཉིད་དུ་སྟོན་པར ་བྱེད་དོ། །སེམས་ཅན་གྱི་དོན་བྱ་བ་དོན་ཆེ་བ་ཉིད་ཅེས་བྱ་བ་སེམས་ཅན་ཇི་ལྟ་དག་ཅིག་གི་ཞེ་ན། ཀུན་ནས་ཉོན་མོངས་པར་གྱུར་པ་རྣམས་ཀྱིའོ། །ཇི་ལྟ་ཞེ་ན། འདི་དག་ལ་སོམས་ཤིག་ཅེས་བྱ་བ་ལ་སོགས་པས་བསྟན་ཏེ། ཀུན་ནས་དཀྲིས་པར ་གྱུར་པ་རྣམས་ནི་མ་ཞི་བ་དག་གོ་།བག་ལ་ཉལ་དུ་གྱུར་པ་རྣམས་ནི་རབ་ཏུ་མ་ཞི་བདག་གོ་།ཁྱིམ་པ་རྣམས་ནི་ཉོན་མོངས་པ་སྣ་ཚོགས་ཀུན་ཏུ་འབྱུང་བ་དག་གོ་།རབ་ཏུ་བྱུང་བ་རྣམས་ནི་རྣམ་པར་རྟོག་པ་སྣ་ཚོགས་ཀྱིས་གཡེན་སྤྱོས ་དག་གོ་།སྨོན་ལམ་གྱི་འབྲས་བུ་མེད་པ་ནི་སྔོན་ཡི་སྨོན་ལམ་དྲན་པར་གྱིས་ཤིག་ཅེས་གསུངས་པ་གང་ཡིན་པའོ། །སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་འབྲས་བུ་མེད་པ་ནི་སེམས་ཅན་གྱི་དོན་ཐོབ་པར་བྱ་བ་ཞེས་གསུངས་པ་ཡང་ཡིན་པའོ། །ཡེ ་ཤེས་ཀྱིད?་ཚོགས་འབྲས་བུ་མེད་པ་ནི་ཡེ་ཤེས་ཀྱི་སྒོ་བསམ་གྱིས་མི་ཁྱབ་པ་ཞེས་གསུངས་པ་གང་ཡིན་པའོ། ཐུན་མོང་མ་ཡིན་པའི་དོན་དུ་དུབ་པ་འབྲས་བུ་མེད་པ་ནི་ཆོས་ཀྱི་དབྱིངས་འདི་ནི་གནས་པ་ཉིད་དེ། འདིས་ནི་དེ་བཞིན་གཤེགས་པ ་རྣམས་ཉེ་ཚེ་རབ་ཏུ་ཕྱེ་བ་མ་ཡིན་གྱི་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱང་རྣམ་པར་མི་རྟོག་པའི་ཆོས་ཉིད་འདི་འཐོབ་བོ་ཞེས་འབྱུང་བའི་ཕྱིར་རོ། །འདི་སྐད་དུ་ཐུན་མོང་མ་ཡིན་པའི་དོན་ནི་ཉན་ཐོས་ལ ་སོགས་པའི་སྤྱོད་ཡུལ་མ་ཡིན་པ་སྟེ། སངས་རྒྱས་ཀྱི་ཡུལ་ལོ། །དེ་ཐོབ་པར་བྱ་བའི་ཕྱིར་ཁྱོད་ཀྱིས་ཡུན་རིང་པོ་ནས་དཀའ་བ་སྤྱད་པ་གོམས་པ་ལ་སོགས་པ་བརྩོན་འགྲུས་བརྩམས་པ་གང་ཡིན་པ་དེ་འབྲས་བུ་མེད་པར་འགྱུར་རོ། །ཅིའི ་ཕྱིར་ཞེ་ན་འདི་ལྟར་ཁྱོད་ཀྱིས་རྣམ་པར་མི་རྟོག་པའི་ཆོས་ཉིད་ཐོབ་པ་གང་ཡིན་པ་དེ་ནི་ཉན་ཐོས་ལ་སོགས་པས་ཀྱང་ཐོབ་སྟེ། དེ་ལྟ་བས་ན་འདི་ཐོབ་པས་ཆོག་པར་འཛིན་པ་ནི་རིགས་པ་མ་ཡིན་ནོ་ཞེས་སྟོན་པར་བྱེད་དེ། འདི་ཐམས་ཅད་ནི་ཡ? ་དག་པར་གཟེང་སྟོང་པ་ཡིན་ནོ། །སེམས་ཅན་གྱི་དོན་མཇད་པའི་དབང་དུ་བྱས་ནས། སངས་རྒྱས་རྣམས་ཀྱི་ཕུན་སུམ་ཚོགས་པ་གང་ཡིན་པ་དེ་ལུས་ཚད་མེད་པ་ལ་སོགས་པས་སྒྲུབ་པར་ནུས་པ་ཉིད་དུ་ཡོངས་སུ་སྟོན་པར་བྱེད་དེ། གནས་གང ་གིས་ཤེས་བྱ་བ་ནི། ལུས་ཚང་མེད་པ་ཉིད་ཅེས་བྱ་བ་ཡིན་ནོ། །ཀུན་རྫོབ་དང་དོན་དམ་པའི་ཡེ་ཤེས་གང་གིས་ཞེས་བྱ་བ་ནི་ཡེ་ཤེས་ཚད་མེད་པ་ཉིད་ཅེས་བྱ་བ་ཡིན་ནོ། །ཞིང་ཡོངས་སུ་དག་པ་གང་གིས་ཞེས་བྱ་བ་ནི་སངས་རྒྱས་ཀྱི་ཞིང ་ཚད་མེད་པ་ཉིད་ཅེས་བྱ་བ་ཡིན་ནོ། །གདུལ་བྱའི་སྤྱོད་པ་མཁྱེན་པ་གང་གིས་ཞེས་བྱ་བ་ནི་ཡེ་ཤེས་མངོན་པར་སྒྲུབ་པ་ཚད་མེད་པ་ཉིད་ཅེས་བྱ་བ་ཡིན་ནོ། །གང་གིས་བསྡུས་ཏེ་ཞེས་བྱ་བ་ནི་འོད་ཀྱི་དཀྱིལ་འཁོར་ཚད་མེད་པ་ཉིད་ཅེས་བྱ་བ ་ཡིན་ནོ། །གཞན་དག་ནི་ཚིགས་གཉིས་བཟློག་སྟེ་འདོན་ཏོ། །བཤད་པ་གང་གིས་ཞེས་བྱ་བ་ནི། སྒྲ་སྐད་ཀྱི་ཡན་ལག་ཚད་མེད་པ་ཉིད་ཅེས་བྱ་བ་ཡིན་ཏེ། ཁྱོད་ཀྱིས་ཀྱང་དེ་བཞིན་དུ་མངོན་པར་སྒྲུབ་པ་བསྐྱེད་ཅིག་ཅེས་འབྱུང་བའི་ཕྱིར་རོ།། ་སྒོ་ཐ་དད་པ་ནི་རིགས་ཀྱི་བུ་དེ་བཞིན་གཤེགས་པ་ལ་ན་ཆོས་སྣང་བའི་སྒོ་འདི་འདྲ་བ་མཛའ་ཡས་པར་གྱུར་ཏེ་ཞེས་བྱ་བ་ཡིན་ནོ། །མཛད་པ་ཐ་དད་པ་ནི་མཛད་པ་མཛའ་ཡས་ཤིང་ཞེས་བྱ་བ་ཡིན་ནོ། །གོང་ནས་གོང་དུ་བརྟེན་པ་ཐ་དད་པ་ནི་འབྲེལ ་པ་མཛའ་ཡས་བཞེS་བྱ་བ་ཡིན་ཏེ། །དེ་དག་ཐོབ་པར་བྱ་བའི་ཕྱིར་མངོན་པར་སྒྲུབ་པ་སྐྱེད་ཅིག་ཅེས་འབྱུང་བའི་ཕྱིར་རོ། །ཆོགས་ཆུང་བ་ཞེས་བྱ་བ་ཇི་ལྟ་བུ་ཞེ་ན། ཁྱོད་ཀྱིས་ངད?་ཀྱི་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་ཚད་མེད་པ་ཉིད་ལ་བལྟོས་ཏེ་ཞེས ་བྱ་བ་ནི་འཇིག་རྟེན་གྱི་ཁམས་རབ་ཏུ་དབྱེ་བ་ཇི་ལྟར་མཐོང་བ་ལྟ་བར་སྦྱོར་བའོ། །སེམས་ཅན་ཚད་མེད་པ་ཉིད་ཅེས་བྱ་བ་ནི་སེམས་ཅན་གྱི་ཁམས་རབ་ཏུ་དབྱེ་བའོ། །ཆོས་རྣམ་པར་དབྱེ་བ་ཚད་མེད་པ་ཉིད་ཅེས་བྱ་བ་ནི་ཆོས་རབ་ཏུ་དབྱེ་བ་སྟེ། ་དེ་དག་ཐམས་ཅད་ཇི་ལྟ་བ་བཞིན་དུ་ཁོང་དུ་ཆུད་པར་གྱིས་ཤིག་ཅེས་འབྱུང་བའི་ཕྱིར་རོ། །ཅིའི་ཕྱིར་ཚེགས་ཆུང་བ་ཉིད་ཞེ་ན། བལྟ་བ་ཙམ་ཞིག་བྱ་བ་ཟད་པའི་ཕྱིར་རོ། །ཡང་ཅིའི་ཕྱིར་ཡེ་ཤེས་ཉེ་བར་སྒྲུབ?་བར་མཛད་ཅེ་ན། དེའི་དེ་ཉིད་ཡོངས ་སུ་མྱ་ངན་ལས་འདས་པར་འགྱུར་ཏེ་ཞེས་བྱ་བ་ནི། དེ་ཉེ་བར་སྒྲུབ་བའི་དགོས་པ་ཡིན་ཏེ། ཡེ་ཤེས་ཚད་མེད་པ་ཉེ་བར་སྒྲུབ་པའི་རྒྱུ་ཡིན་ནོ། །གནས་པ་དེ་ཉིད་ཀྱི་ཁྱད་པར་ཡོངས་སུ་བསྟན་པ་ཡིན་ནོ། །གྲངས་དང་ཆ་ལ་སོགས་པ་བཤད་པ་ནི་མཆམS ་སྦྱར་བར་རིག་བར་བྱའོ། ཞེས་བྱ་བ་ནི་གྲངས་ཅི་ཞེ་ན། ཆ་གང་ཡིན་པའོ་ཞེས་བྱ་བ་ལ་སོགས་པའོ། །མཚམས་སྦྱར་བ་ནི་མཐུན་པར་སྦྱར་བ་སྟེ། གཞུང་གི་སྒོ་ནས་ཐ་དད་པར་འཇུག་པའི་ཚིག་རྣམས་དོན་ཡི་སྒོ་ནས་གཅིག་ཏུ་ཕྱེད་པའོ། །ཇི ་སྐད་དུ་འཕགས་པ་བློ་གྲོས་མི་ཟད་པས་བསམ་པ་མི་ཟད་པ་ཉིད་ལས། མ་བྱས་པའི་ཕྱིར་བཅོས་མ་མ་ཡིན་པའོ། །ཞེས་གསུངས་པ་ལྟ་བུའོ། །སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་ལ་ལུས་གང་ལ་གནས་པ་ནི། ལུས་རྣམ་པར་དབྱེ་བ་ཚད་མེད་པས ་བྱང་ཆུབ་སེམས་དཔའ་ཨི་སྤྱོད་བའི་སྟོབས་ཡང་དག་པར་འགྲུབ་ཅེས་བྱ་བ་ཡིན་ན། །བཤད་པ་གང་གིས་ནི། སྒྲ་སྐད་མངོན་བར་སྒྲུབ་པ་ཚད་མེད་པ་ཞེས་བྱ་བ་ཡིན་ནོ། །ཡེ་ཤེས་ལ་རྟོན་པ་གང་གིས་ནི་ཡེ་ཤེས་མངོན་པར ་སྒྲུབ་པ་ཚད་མེད་པ་ཞེས་བྱ་བ་ཡིན་ནོ། །སྐྱེ་བ་ཡོངས་སུ་འཛིན་པ་གང་གིས་ནི་སྐྱེ་བ་མངོན་པར་སྒྲུབ་པ་ཚད་མེད་པ་ཞེས་བྱ་བ་ཡིན་ནོ། །ཞིང་གང་དུ་ནི་ཞིང་ཡོངས་སུ་དག་པ་ཚད་མེད་པ་ཞེས་བྱ་བ་ཡིན་ནོ། །སེམས་ཅན་གང་ཡོངས་སུ་སྨིན་པར་བྱེད་པ་ནི་བཅུ? ་ཡོངས་སུ་སྨིན་པར་བྱ་བ་ཚད་མེད་པ་ཞེས་བྱ་བ་ཡིན་ཏེ། དེ་ལྟ་བུ་ནི་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་དབང་དུ་བྱས་པ་ཡིན་ནོ། །སངས་རྒྱས་ལ་མཆོད་པ་དང། རིམ་གྲོ་བྱ་བ་ཆད?་མེད་པ་ཞེས་བྱ་བ་ནི་བསོད་ནམས་ཀྱི་ཚོགས་སོ། །ཆོས་ཀྱི་ཚུལ་ཁོང་དུ ་ཆུད་པ་བར་མད་པ་ཞེས་བྱ་བ་ནི་ཡེ་ཤེས་ཀྱི་ཚོགས་ཀྱི་དབང་དུ་བྱས་པ་སྟེ། དེ་ལྟ་བུ་ནི་ཚོགས་བསགས་པའི་དབང་བུ་བྱས་པ་ཡིན་ནོ། །མངོན་པར་ཤེས་པ་མངོན་པར་སྒྲུབ་པའི་སྟོབས་བསྐྱེད་པ་ཚད་མེད་པ་དང། འཁོར་གྱི་དཀྱིལ་འཁོར་རྣམ ་པར་ཕྱེ་བ་ཚད་མེད་པ་ཞེས་བྱ་བ་ནི་མངོན་པར་ཤེས་པ་ལ་སྒྲིབ་པ་དང་མངོན་པར་རྫོགས་པར་བྱང་ཆུབ་པ་ལ་སྒྲིབ་པ་སྦྱོང་བ་སྟེ། དེ་ལྟ་བུ་ནི་སྒྲིབ་པ་རྣམ་པར་དག་པའི་དབང་དུ་བྱས་པ་ཡིན་ནོ། །བཅུ་ཆན་འདི་ཐམས་ཅད་དུ་ཡང་ཚད་མེད་པའི ་སྐབས་ཀྱིས་ན། །ལུས་དང་ངག་དང་ཡིད་ཀྱི་ལས། །ཚད་མེད་པ་དང་ལྡན་པ་བཤད། །མི་གཡོ་བའི་ཚུལ་གྱིས་ཞེས་བྱ་བ་ནི་རྒྱུན་མི་འཆད་པར་སོགས་ཞེས་བྱ་བའི་ཐ་ཚིག་གོ་།གྲུ་ཆེན་དཔེ་དང་ཆོས་མཐུན་པས། །མངོན་ཤེས་མྱུར་བའི ་རྒྱུ་ཉིད་ཀྱི། །ཁྱད་པར་ཡོངས་སུ་བསྟན་པའི་ཕྱིར། །ལྷུན་གྱིས་གྲུབ་པར་འབྱུང་བ་ཉིད། །གནས་པའི་ཁྱད་པར་ཐོབ་བ་ན་དེ་ལྟ་བུ་ཡིན་ནོ། །སངས་རྒྱས་ཞིང་རྣམ་དག་རྣམས་ཀྱི། །རྒྱུ་ནི་རྣམ་པ་གསུམ་དུ་འདོད། །དབང་རྣམས་ཐོབ་པར་བྱ་བའི་ཕྱིར ་རྣམ་བ་གསུམ་གྱིས་སྦྱོར་གང་ཡིན། །ཇི་ལྟ་ཞེ་ན། །སྣོད་རྣམས་ལ་ནི་དབང་བ་ཡི། །སྦྱོར་བ་དང་པོ་ཡིན་པར་བཤད། །སེམས་ཅན་འཇིག་རྟེན་དབང་བ་ཡི། །གཉིས་པ་ཡིན་པར་མངོན་བར་བརྗོད། །ཡེ་ཤེས་རྫོགས་པར་བྱང་ཆུབ་ལ། །དབང་བའི་གསུམ ་པ་ཡིན་པར་བཤད། །དེ་ལ་སྣང་ཀྱི་འཇིག་རྟེན་ལ། །དབང་བ་རྣམ་པ་ལྔར་བཤད་དོ། །གང་འདོད་པ་དང་ཅི་འདྲ་དང། །དུས་ནི་ཇི་སྲིད་འདོད་པ་ཡང། །དེ་ཉིད་དེ་འདྲ་ཉིད་དང་ནི། །དུས་དེ་སྲིད་དུ་སྟོན་པ་དང། །བསྡུས་དང་རྒྱས་པ་ཇི་ལྟ་བུར། །འདོད་པ ་བཞིན་དུ་རབ་བྱེད་དང། །ཇི་སྙེད་འདོད་པ་དེ་སྙེད་ནི། །བློ་དང་ལྡན་པར་སྟོན་པའོ། །དེ་ལ་འཇིག་རྟེན་ཁམས་རྣམས་ཀྱི། །འབྱུང་བ་ལ་སོགས་མཐོང་བ་དང། དེ་ནི་རྣམ་པ་དང་པོ་ཡི། །སྦྱོར་བ་ཡིན་པར་བཤད་པ་ཡིན། །དེ་ལ་སྣོད་ཀྱི་འཇིག་རྟེན་ལ་དབང ་བ་རྣམ་པ་ལྔར་བཤད་པ་དེའི་རྣམ་པ་དང་པོ་སྟེ། གང་འདོད་པ་དེ་ཀུན་ཏུ་སྟོན་པ་འམ་མི་སྣང་བར་བྱེད་པ་ཞེས་བྱ་བའི་རྣམ་པ་དེའི་སྦྱོར་བའོ། །འཇིག་རྟེན་གྱི་ཁམས་འབྱུང་བ་ལ་ཡང་རྣམ་པར་དཔྱད་པ་ཞེས་བྱ་བ་ལ་སོགས་པ་གང་གསུངས་པ་འདི་ནི ་སྦྱོར་བ་ཡིན་ཏེ། སྦྱོར་བ་འདིས་གང་འདོད་པ་དེ་ཀུན་ཏུ་སྟན་པ་འམ་མི་སྣང་བར་བྱེད་པ་ཞེས་བྱ་བ་འདི་འགྲུབ་པོ། །ལ་སོགས་པ་ནི་རྣམ་ཤེས་པ། །གཉིས་པ་ཡིན་ཞེས་བརྗོད་པ་ཡིན། །རྣམ་པ་གཉིས་པ་སྟེ། ཅི་འདྲ་བ་འདོད་པ་དེ་འདྲ་བ་སྟོན་པ་ཞེས་བྱ ་བ་འདིའི་སྦྱོར་བ་ཡིན་ན། །ཇི་ལྟ་ཞེ་ན། ལ་སོགས་པ་གང་གིས་འཇིག་རྟེན་འཇིག་པ་དེ་ཡང་རབ་ཏུ་ཤེས་སོ། །ལས་བསགས་པ་གང་གིས་འཇིག་རྟེན་འཆགས་པ་དེ་ཡང་རབ་ཏུ་ཤེས་སོ་ཞེས་འབྱུང་བའི་ཕྱིར་རོ། །དུས་ཇི་སྲིད་དུ་འཇིག་ལ ་བགྲོས། །གསུམ་པའི་ཡིན་པར་མངོན་པར་བརྗོད། །གསུམ་པ་སྟེ་དུས་ཇི་སྲིད་དུ་འདོད་པ་དེ་སྲིད་པ་སྟོན་པ་ཞེས་བྱ་བ་དེ་ཡིའོ། །ཇི་ལྟར་ན། དུས་ཇི་སྲིད་དུ་འཇིག་རྟེན་འཇིག་པ་དེ་ཡང་རབ་ཏུ་ཤེས་ཞེས་ཧབྱ་བ་ནས། དེ་བཞིན་དུ་འཇིག་རྟེན་ཆགས་ནས་དུས་ཇི ་སྲིད་ཅིག་ཏུ་གནས་པ་ཡང་རབ་ཏུ་ཤེས་སོ་ཞེས་བྱ་བའི་བར་འབྱུང་བའི་ཕྱིར་རོ། །ས་ལ་སོགས་ལ་ཆུང་ལ་སོགས། །ཡོངས་ཤེས་འདོད་པ་གང་ཡིན་ནས། །མི་ཡི་ལུས་ཀྱི་བར་དུ་ནི། །བཞི་པའི་སྦྱོར་བ་ཡིན་པར་འདོད།། ་བཞི་བ་སྟེ། བསྡུས་པ་དང་རྒྱས་པ་ཇི་ལྟར་འདོད་པ་བཞིན་དུ་བྱེད་ཅེས་བྱ་བ་འདིའོ། །ཇི་ལྟ་ཞེ་ན། དེ་སའི་ཁམས་ཆུང་བ་ཡང་རབ་ཏུ་ཤེས་སོ་ཞེས་བྱ་བ་ནས། དེ་བཞིན་དུ་མིའི་ལུས་ཀྱི་གནས་ཀྱི་རྡུལ་བྱེ་བྲག་གི་རྡུལ་ཇི་སྙེད་ཡོད་པ་དེ་དག་ཀྱང ་རབ་ཏུ་ཤེས་ཞེས་བྱ་བའི་བར་འབྱུང་བའི་ཕྱིར་རོ། །འདོད་པའི་ཁམས་ལ་སོགས་པ་ལ། །འཇིག་ལ་སོགས་པར་མཐོང་བ་ནས། །ཞིང་ལས་མི་གཡོའི་བར་གང་ཡིན། །འདི་ནི་ལྔ་པའི་སྦྱོར་བ་ཡིན། །རྣམ་པ་ལྔ་པ་སྟེ། ཇི་སྙེད་འདོད་པ་དེ་སྙེད ་སྟོན་པར་བྱེད་བྱ་བ་འདིའི་སྦྱོར་བ་ཡིན་ནོ། །ཇི་ལྟ་ཞེ་ན། དེ་ལྟར་རྡུལ་ཕྲ་རབ་ཀྱི་རྡུལ་ཕྲ་རབ་ཏུ་དབྱེ་བ་ཤེས་པ་ལ་ཞུགས་པ་དེ་འདོད་པའི་ཁམས་འཇིག་པ་ཡང་རབ་ཏུ་ཤེས་སོ་ཞེས་བྱ་བ་ནས། སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པ་རྣམས ་དང་འཁོར་གྱི་དཀྱིལ་འཁོར་རྣམས་ན་ཡང་སྣང་བར་འགྱུར་བ་ཡིན་ནོ་ཞེས་བྱ་བའི་བར་འབྱུང་བའི་ཕྱིར་རོ། །ཆུང་བ་ནི་མཉམ་པར་མ་བཞག་པའི་ས་པའི་རྣམ་པར་ཤེས་པའི་ཡུལ་ཏེ་སའི་ཁམས་ཆུང་བ་ཡང་ཞེས་འབྱུང་བའི་ཕྱིར་རོ། །ཆེན ་པོར་གྱུར་པ་ནི་མཉམ་པར་བཞག་པའི་རྣམ་པར་སྨིན་པའི་རྣམ་པར་ཤེས་པའི་ཡུལ་ཏེ། རྒྱ་ཆེན་པོར་གྱུར་པ་ཡང་ཞེས་གསུངས་པ་གང་ཡིན་པའོ། །ཚད་མེད་པ་ནི་དེ་བཞིན་གཤེགས་པའི་ཡུལ་ཏེ། ཚད་མེད་པ་དང་ཞེས་གསུངས་པ ་གང་ཡིན་པའོ། །ལུས་རགས་པ་དང་ཕྲ་བ་ནི་གཟུགས་ཅན་དང་གཟུགས་ཅན་མ་ཡིན་པའི་སེམས་ཅན་རྣམས་ཀྱི་ལུས་ཏེ། ལུས་རགས་པ་དང་ལུས་ཕྲ་བ་ཡང་རབ་ཏུ་ཤེས་སོ་ཞེས་གསུངས་པ་གང་ཡིན་པ་སྟེ། གོ་རིམ་བཞིན་ནོ།། །། ་འདི་ཉིད་རང་དང་སྤྱིའི་མཚན་ཉིད་རྣམ་པར་དབྱེ་བའི་སྒོ་ནས་ལུས་རྣམ་པར་ཕྱེ་བ་ཡིན་བར་ཤེས་པར་བྱ་སྟེ། ཇི་ལྟར་ན་མཚན་ཉིད་ཀྱིས་ཤེས་ན་རང་དང་སྤྱིའི་མཚན་ཉིད་རྣམ་པར་དབྱེ་བའི་སྒོ་ནས་ཏ་ཞེས་བྱ་བ་ཡིན་ནོ། །སེམས་ཅན་རྣམས་ཀྱི་ལུས ་རབ་ཏུ་དབྱེ་བ་ཤེས་བ་ལ་མཁས་པ་དང་ལུས་རྣམ་པར་དབྱེ་བ་ཤེས་པ་ལ་མཁས་པ་ནི་རིགས་གཞན་དང་རང་གི་རིགས་ཀྱི་བྱེ་བྲག་གིས་རིག་པར་བྱའོ། །འཁོར་གྱི་དཀྱིལ་འཁོར་ན་སེམས་ཅན་ཅི་འདྲ་བ་དག་ཅིག་འཁོད་པ་དེ་འདྲ་བ ་དེ་ལྟ་བུའི་ལུས་སྟོན་པའོ། །རེ་ཞིག་སྣོད་ཀྱི་འཇིག་རྟེན་ལ་དབང་བའི་སྦྱོར་བ་ནི་དེ་ལྟ་བུ་ཡིན་ནོ། །སེམས་ཅན་གྱི་འཇིག་རྟེན་ལ་དབང་བའི་སྦྱོར་བ་ཇི་ལྟ་བུ་ཞེ་ན། དེ་འགུག་པ་ལ་དབང་བ་སྟེ་དེའི་སྦྱར་བ་ནི། དེ་དག་དང་མཐུན་པའི་ལུས་དང་སེམS ་སྟོན་བའོ། །ཇི་ལྟ་ཞེ་ན་དེ་སེམས་ཅན་རྣམས་ཀྱི་ལུས་རྣམ་པར་དབྱེ་བ་དང་ཞེས་བྱ་བ་ལ་སོགས་པ་ནས། དེ་བཞིན་གཤེགས་པའི་སྐུ་དང་ཁ་དོག་དང་གཟུགས་རྣམ་པར་དབྱེ་བ་ཀུན་ཏུ་སྟོན་ཏོ་ཞེས་བྱ་བའི་བར་འབྱུང་བའི་ཕྱིར་རོ། །སེམས་ཅན་གྱི ་འཇིག་རྟེན་ལ་དབང་བའི་སྦྱོར་བ་ནི་དེ་ལྟ་བུ་ཡིན་ནོ། །ཡེ་ཤེས་མངོན་པར་རྫོགས་པར་བྱང་ཆུབ་པ་ལ་དབང་བའི་སྦྱོར་བ་ཇི་ལྟ་བུ་ཞེ་ན། དེ་ལ་དོན་དམ་ཡེ་ཤས་དང། །ཀུན་རྫོབ་ཤེས་པར་འདོད་པ་གང། །ཡེ་ཤེས་མངོན་རྫོགས་བྱང་ཆུབ་ལ། ་དབང་བའི་སྦྱོར་བ་ཉིད་ཡིན་ནོ། །དོན་དམ་ཡེ་ཤེས་གང་ཡིན་བ། །ལུས་སུ་རྣམ་རྟོག་བྲལ་བ་དང། །མཚན་ནི་གཟུགས་ཀྱི་ལུས་ཀྱིས་མངོན་པར་གསལ་བར་བྱེད་པ་ཉིད་ཅེས་བྱ་བ་ཡིན་ནོ། །ཇི་ལྟ་ཞེ་ན། གཟུགས་ཀྱི་གོ་འབྱེད་པའི་མཚན་ཉིད་ཡིན ་པས་གཟུགས་ཀྱིས་དེ་མངོན་པའི་ཕྱིར་རོ། །འདི་ནི་སངས་རྒྱས་ཀྱི་ཞིང་རྣམ་པར་དག་པར་བྱེད་པ་ཡེ་ཤེས་མངོན་པར་རྫོགས་པར་བྱང་ཆུབ་པ་ལ་དབང་བའི་སྦྱོར་བ་གསུམ་པ་སྟེ། སངས་རྒྱས་ཀྱི་ཞིང་རྣམ་པར་དག་པ་ནི་དེ་ལྟ་བུ་ཡིན་ནོ། །དེ་ལྟར་རབ ་ཏུ་སྦྱོར་པ་ན། །གནོད་པ་རྣམས་ཀྱི་གཉེན་པོ་ནི། །རྣམ་བཅུ་རྣམ་པར་གནས་པའི་ཕྱིར། །དབང་ནི་རྣམ་པ་བཅུ་ཐོབ་པོ། །འཆི་བའི་གནོད་པ་དེའི་གཉེན་པོར་འདི་ལྟར་ཚེ་ལ་དབང་བ་འཐོབ་པ་ཞེས་གསུངས་སོ། །ཇི་ལྟ་ཞེ་ན ་དབང་དེ་ཉིད་བསྐལ་པ་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པ་ཞེས་བྱ་བ་ལ་སོགས་པ་ཚིག་གཉིས་རབ་ཏུ་རྣམ་པར་འབྱེད་དེ། དེ་བཞིན་དུ་གཞན་ལ་ཡང་གཉིས་པ་ནི་རབ་ཏུ་རྣམ་པར་འབྱེད་པའི་ཡན་ལག་ཉིད་ཡིན་པར་ཤེས་པར་བྱའོ།། ་ཀུན་ནས་ཉོན་མོངས་པའི་གནོད་པའི་གཉེན་པོར་སེམས་དབང་འཐོབ་པོ། །ལྷག་མ་ནི་སྦྱར་སླ་བ་ཉིད་པས་རྣམ་པར་མི་དབྱེའོ། །ཡེ་ཤེས་ཀྱིས་ནི་ཆེ་བ་ཉིད། །འདིར་ནི་མི་གནས་ལམ་ཉིད་ཡིན། །དོན་རྣམ་གསུམ་ནི་སྨོས་པའི། ་ཕྱིར། །དེ་ཉིད་ཡེ་ཤེས་བསམ་མི་ཁྱབ། །ཇི་ལྟ་ཞེ་ན། ཡེ་ཤེས་བསམ་གྱིས་མི་ཁྱབ་པ་དང་ལྡན་པ་ཡིན་ཞེས་བྱ་བ་ནི་དགོད་པའི་ཚིག་གོ་།ཡེ་ཤེས་དཔག་ཏུ་མེད་པ་ཞེས་བྱ་བ་ནི། བསྒོམ་པ་ཁྱད་ཞུགས་པ་བསམ་གྱིས་མི? ་ཁྱབ་པ་ཉིད་དོ། །ཡེ་ཤེས་ཤིན་ཏུ་རྒྱས་པ་ཞེས་བྱ་བ་ནི། ཤེས་བྱ་བསམ་གྱིས་མི་ཁྱབ་པ་ཉིད་དོ། །ཡེ་ཤེས་མི་འཕྲོགས་པ་ཞེས་བྱ་བ་ནི་མི་མཐུན་པའི་ཕྱོགས་བསལ་བ་བསམ་གྱིས་མི་ཁྱབ་པ་ཉིད་དོ། །ལས་རྣམས་ཁ་ན་མ་ཐོ ་མེད། །ཀུན་ཏུ་འབྱུང་ལ་སོགས་མཚན་ཉིད། །རྒྱུ་བཞི་དག་དང་ལྡན་པའི་ཕྱིར། །ལས་ཀྱི་ཆེ་བ་ཉིད་དུ་འདོད། །ལུས་ཀྱི་ལས་དང་དག་གི་ལས་དང་ཡིད་ཀྱི་ལས་ཁ་ན་མ་ཐོ་བ་ཤིན་ཏུ་མེད་པ་ཀུན་ཏུ་འབྱུང་བ་རབ་ཏུ་འབྱུང་ཞེས་བྱ ་བ་ནི་ལས་ཀྱི་ཆེ་བ་ཉིད་དོ། །ཀུན་ཏུ་འབྱུང་བར་བྱེད་པ་དང། །ཀུན་ཏུ་འབྱུང་བའི་དུས་ན་ཞེས་བྱ་བ་ནི་ཡེ་ཤེས་སྔོན་དུ་འགྲོ་ཞིང་ཡེ་ཤེས་ཀྱི་རྗེས་སུ་འབྲང་བ་ཞེས་འབྱུང་བའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་དབང་བྱེད་པ་ཞེས་བྱ་བ་ནི། ་ཀུན་ནས་ཉོན་མོངས་པ་མེད་པའི་ལམ་གྱིས་སོ། །སྙིང་རྗེ་ཆེན་པོ་སྔོན་དུ་འགྲོ་བའི་ཐབས་ལ་མཁས་པས་ཤིན་ཏུ་རྣམ་པར་ཕྱེ་བ་ཞེས་བྱ་བ་ནི་སེམས་ཅན་གྱི་དོན་བྱེད་པའི་ལམ་གྱིས། །བདག་དང་གཞན་གྱི་སྦྱོར་བའི་རྒྱུ་གཉིས་ཀྱིས་ཞེས ་བྱ་བ་ལ་སྨོན་ལམ་གྱིས་ཤིན་ཏུ་མངོན་པར་སྒྲུབ་པ་ཞེས་བྱ་བ་ནི་བདག་གི་རྒྱུས་སོ། །དེ་བཞིན་གཤེགས་པའི་བྱིན་གྱིས་བརླབས་ཀྱིས་ཤིན་ཏུ་བྱིན་གྱིས་བརླབས་བ་ཞེས་བྱ་བ་ནི་གཞན་པའི་སྦྱོར་བའི་རྒྱུས་སོ། སེམས་ཅན་གྱི་དོན་དད་སངས་རྒྱས་ཀྱི་ཞིང ་ཡོངས་སུ་དག་པར་བྱ་བ་དང། སངས་རྒྱས་ཀྱི་ཆོས་ཡང་དག་པར་སྦྲུབ་པའི་བྱ་བས་བྱ་བ་སྒྲུབ་པ་སྟེ། དེ་ལྟར་ན་ཁ་ན་མ་ཐོ་བ་ཤིན་ཏུ་མེད་པ་ཉིད་རྒྱུ་བཞིས་ཡོངས་སུ་བསྟན་པ་ཡིན་ནོ། །ཉོན་མོངས་པ་ཀུན་ཏུ་འབྱུང་བ་ཐམས་ཅད་དང་བྲལ་བའི ་ཕྱིར་བསམ་པའི་སྟོབས་ལ་ཤིན་ཏུ་གནས་པ་ཡིན་ཞེས་བྱ་བ་ནི་མི་མཐུན་པའི་ཕྱོགས་རྣམ་པར་ཉམས་པའོ། །ལམ་དང་མི་འབྲལ་བའི་ཕྱིར་ལྷག་པའི་བསམ་པའི་སྟོབས་ལ་ཤིན་ཏུ་གནས་པ་ཡིན་ཞེས་བྱ་བ་གཉེན་པོ་བརྟན་པའོ།། ་སེམས་ཅན་དོན་མི་གཏོང་པའི་ཕྱིར་སྙིང་རྗེ་ཆེན་པོའི་སྟོབས་ལ་ཤིན་ཏུ་གནས་པ་ཡིན། འགྲོ་བ་ཐམས་ཅད་ཡོངས་སུ་སྐྱོབ་པའི་ཕྱིར་བྱམས་པ་ཆེན་པོའི་སྟོབས་ལ་ཤིན་ཏུ་གནས་པ་ཡིན་ཏེ། དེ་ལྟ་བུ་ནི་སེམས་ཅན་ལ་ལྟ་བ་རྣམ་པ་གཉིས་སོ། ། ་བརྗེད་པ་མེད་པའི་ཆོས་དང་ལྡན་པའི་ཕྱིར་གཟུངས་ཀྱི་སྟོབས་ལ་ཤིན་ཏུ་གནས་པ་ཡིན་ཞེས་བྱ་བ་ནི་བརྗེད་པ་མེད་པ་ཉིད་ཀྱི་ཡོན་ཏན་ནོ། །གཟུངས་ནི་ཡི་གེའི་གཟུངས་དང་དོན་གྱི་གཟུངས་ཏེ་དེ་ལ་ཤིན་ཏུ་གནས་པའོ། །བརྗེད་པར་མི་འགྱུར ་པས་ན་བརྗེད་པ་མེད་པ་ཉིད་ཀྱི་ཡོན་ཏན་ནོ། །སྤོབས་པའི་སྟོབས་ལ་ཤིན་ཏུ་གནས་པ་ཡིན་ནོ། །ཇི་ལྟ་ཞེ་ན། སངས་རྒྱས་ཀྱི་ཆོས་ཐམས་ཅད་རབ་ཏུ་རྣམ་པར་འབྱེད་པས་རྣམ་པར་དབྱེ་བ་ལ་མཁས་པའི་ཕྱིར་རོ། །དེ་ལྟར་ན་ཆོས་སྟོན་པ་ལ ་སྤོབས་པ་མི་འདོར་པའི་ཕྱིར་སྤོབས་པའི་སྟོབས་ལ་ཤིན་ཏུ་གནས་པ་ཡིན་ཏེ། ངག་ཕུན་སུམ་ཚོགས་པའི་ཡོན་ཏན་ནོ། །མངོན་པར་ཤེས་པའི་སྟོབས་ལ་ཤིན་ཏུ་གནས་པ་ཡིན་ནོ། །ཇི་ལྟ་ཞེ་ན། འཇིག་ཏེན་གྱི་ཁམས ་མཛའ་ཡས་པའི་སྤྱོད་པ་རྣམས་ཀྱི་རྣམ་པར་དབྱེ་བ་ཐ་དད་པ་ཉིད་ལ་མཁས་པའི་ཕྱིར་ཏེ། སེམས་ཕུན་སུམ་ཚོགས་པའི་ཡོན་ཏན་ནོ། །བྱང་ཆུབ་སེམས་དཔའ་ཨི་བྱ་བ་ཐམས་ཅད་མི་གཏོང་བའི་ཕྱིར་སྨོན་ལམ་གྱི་སྟོབས་ལ་ཤིན་ཏུ་གནས ་པ་ཡིན་ཏེ། རྒྱུའི་ཡོན་ཏན་ནོ། །སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡང་དག་པར་སྒྲུབ་པ་ན་ཕ་རོལ་ཏུ་ཕྱིན་པའི་སྟོབས་ལ་ཤིན་ཏུ་གནས་པ་ཡིན་པས་སྦྱོར་བའི་ཡོན་ཏན་ནོ། །རྣམ་པ་ཐམས་ཅད་ཀུན་ཏུ་མཁྱེན་པའི་ཡེ་ཤེས་མངོན་དུ ་གྱུར་པའི་ཕྱིར་དེ་བཞིན་གཤེགས་པ་རྣམས་ཀྱི་བྱིན་གྱིས་བརླབས་ཀྱིས་སྟོབས་གང་ཡིན་པ་དེ་ལ་ཤིན་ཏུ་གནས་པ་ཡིན་པས་ཉེ་བར་སྒྲུབ་པའི་ཡོན་ཏན་ནོ། །བྱ་བ་ཐམས་ཅད་ཀྱང་ཀུན་ཏུ་སྟོན་ལ་ཞེས་བྱ་བ་ནི་སོ་སོའི་སྐྱེ་བོ་ཉོན་མོངས་པས་ཐོབས ་པ་རྣམས་ཀྱིས་བྱ་བ་ཇི་ལྟ་བུ་ཀུན་ཏུ་སྤྱད་པ་དང། ཀུན་ཏུ་སྤྱོད་པ་ལྟར་བྱང་ཆུབ་སེམས་དཔའ་ཡང་དེ་ཁོ་ན་བཞིན་དུ་ཀུན་ཏུ་སྟོན་ཏོ་ཞེས་བྱ་བའི་དོན་ཏོ། །དེ་ལས་ས་འོག་མ་བའི་མངོན་པར་འདུ་བྱེད་བའི་གཉེན་པོར་མི་གཡོ་བ་ཡིན་ཏེ་མི་འཕྲོགས ་པའི་ཕྱིར་རོ། །ཐེག་པ་དམན་པར་སྨོན་ལམ་འདེབས་པ་དང། བདུད་ཀྱི་ལས་དང་ཉོན་མོངས་པ་ཀུན་ཏུ་འབྱུང་བའི་གཉེན་པོར་མི་ལྡོག་པ་ཡིན་ཏེ། ཡེ་ཤེས་མི་བཟློགས་པའི་ཕྱིར་རོ། །དེའི་ཕྱིར་ཉེ་བའི་ཉོན་མོངས་པ་རྣམ་པ་གཉིས་ཡིན་པའི་ཕྱིར་ཉེ་བའི་ཉོན ་མོངས་པའི་གཉེན་པོའོ། །ཟབ་པ་ཉིད་ནི་རྙེད་བར་དཀའ་བའོ། །སྤྱོད་པ་རྣམ་པར་དག་པ་ནི་གཞོན་ནུའི་སའོ། །གནས་པ་རྣམ་པར་དག་པ་ནི་སྐྱེ་བའི་སའོ། འཇིག་རྟེན་འདས?་བའི?་བྱས་རྣམ་པར་དག་པའི་ཁྱད་བར་ནི་ཡོངས་སུ་གྲུབ་པའི་སའོ། །འཇིག་རྟེན་ལས་འདས ་པའི་དེ་བཞིན་མཉམ་པ་ཉིད་ཐོབ་པ་དང། རྣམ་པ་གཉིས་སུ་རབ་ཏུ་བསྟན། །འདིས་ནི་ཉན་ཐོས་དང་རངས་རྒྱས་རྣམས་དང་ཐུན་མོང་མ་ཡིན་པའི་དོན་དམ་པའི་ཡེ་ཤེས་བཤད་པ་ཡིན་ནོ། །ཇི་ལྟ་ཞེ་ན། དེ་ལུས་སུ་རྣམ་པར་རྟོག་པ་ཐམས་ཅད་བལ་ཞིང་ལུས ་མཉམ་པ་ཉིད་ཐོབ་པས་ཤེས་འབྱུང་བའི་ཕྱིར་རོ། །སེམས་ཅན་ལུས་ལ་སོགས་ཤེས་པ། །ཀུན་རྫོབ་ཤེས་པར་འདོད་པ་ཡིན། །ཇི་ལྟ་ཞེ་ན། དེ་སེམས་ཅན་གྱི་ལུས་ཀྱང་རབ་ཏུ་ཤེས་སོ་ཞེས་བྱ་བ་ལ་སོགས་པ་བཅུ་ཆེན་འདིས་བསྟན་ཏོ། །ཤེས་བྱ་རྣམ་གསུང ་རྣམས་གཞག་པས། །དེ་ནི་རྣམ་པ་བཅུར་དབྱེའོ། །སེམས་ཅན་གྱི་ལུས་རབ་ཏུ་ཤེས་སོ་།ཞིང་གི་ལུས་དང་ཞེས་བྱ་བ་སེམས་ཅན་དང་སྣོད་ཀྱི་འཇིག་རྟེན་དང། ལས་རྣམ་པར་སྨན་པའི་ལུས་དང་ཞེས་བྱ་བ་དེ་སྐྱེ་པའི་རྒྱུའི་ལས་ཀྱིས་ནི་ཀུན་ནས་ཉོན་མོངས་པའི ་ཕྱོགས་སུ་རིག་པར་བྱའོ། །ཉན་ཐོས་དང་རང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང། དེ་བཞིན་གཤེགས་པའི་སྐུ་རྣམས་ཀྱིས་ཐེག་པ་གསུམ་རྣམ་པར་བཞག་པའི་ཕྱིར། རྣམ་པར་བྱང་པའི་ཕྱོགས་ནི་ཚིག་བཞིས་བསྟན་ཏོ། །ཐེག་པ་གསུམ་པོ་དེ་ཡང ་ཡེ་ཤེས་ཀྱི་ལུས་དང་ཡེ་ཤེས་བྱ་བ་ཡེ་ཤེས་གང་དང། ཆོས་ཀྱི་ལུས་དང་ཞེས་འབྱུང་བའི་ཕྱིར་ཆོས་གང་གིས?་རབ་ཏུ་ཕྱེ་བའོ། །ནམ་མཁའ་ཨི་ལུས་ཀྱང་རབ་ཏུ་ཤེས་བྱ་བ་ནི་གཉི་ག་མ་ཡིན་པའི་ཕྱོགས། །སྣོད་ཀྱི་འཇིག་རྟེན་ལ་དབང་བ་ནས། ཡེ་ཤེས་མངོན ་པར་རྫོགས་པར་བྱང་ཆུབ་ལ་དབང་བའི་པར་གྱི་དབང་དེ་དང། དེ་ལ་བྱ་བ་སྒྲུབ་པའི་སྦྱོར་བ་མཚུངས་པ་ཉིད་ཡོངས་སུ་བསྟན་ཏེ། འབྲས་བུ་སྒྲུབ་པའི་སྦྱོར་བ་མཚུངས་པ་ཉིད་ཅེས་བྱ་བའི་ཐ་ཚིག་གོ་།སེམས་ཅན་གྱི་ལུས་རྣམས་ལ་ལས་ཀྱི་ཀུན་ནས་ཉོན ་མོངས་པའི་བྱེ་བྲག?་ནི་ལས་ཀྱི་ལུས་ཉིད་ཀྱང་རབ་ཏུ་ཤེས་སོ་ཞེས་འབྱུང་བའི་ཕྱིར་རོ། །སྐྱེ་བའི་ཀུན་ནས་ཉོན་མོངས་པའི་བྱེ་བྲག་ནི་རྣམ་པར་སྨིན་པའི་ལུས་ཞེས་བྱ་བ་ཡིན་ནོ། །ཉོན་མོངས་པའི་ཀུན་ནས་ཉོན་མོངས་པའི་བྱེ་བྲག་ནི་ཉོན་མོངས་པའི་ལུས་ཉིད ་བྱ་བ་ཡིན་ཞེས་བྱ་བའོ། །གཟུགས་ཅན་དང་གཟུགས་ཅན་མ་ཡིན་པའི་བྱེ་བྲག་ནི་གཟུགས་ཀྱི་ལུས་ཉིད་ཀྱང་རབ་ཏུ་ཤེས་སོ་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །ཆུང་དུ་ཉིད་ནི་སྟོང་གི་འཇིག་རྟེན་གྱི་ཁམས་ཀྱི་བྱེ་བྲག་གོ་།རྒྱ་ཆེན ་པོར་གྱུར་པ་ཉིད་ཅེས་བྱ་བ་ནི་སྟོང་གཉིས་པའི་བྱེ་བྲག་གོ་།ཚད་མེད་པ་ཉིད་ཅེས་བྱ་བ་ནི་སྟོང་གསུམ་གྱི་བྱེ་བྲག་གོ་།ཀུན་ནས་ཉོན་མོངས་པ་ཉིད་དང་རྣམ་པར་དག་པ་ཉིད་ཅེས་བྱ་བ་ནི་འཇིག་རྟེན་གྱི་ཁམས་ཀུན་ནས་ཉོན་མོངས་པ་ཅན་དང། ཉོན ་མོངས་པ་ཅན་མ་ཡིན་པའི་བྱེ་བྲག་གོ་།རྣམ་པར་དབྱེ་བ་སྨོས་པ་ནི་རང་དང་སྤྱིའི་མཚན་ཉིད་རབ་ཏུ་དབྱེ་བ་བཤད་པ་ཡིན་ནོ། །བརྡ་སྨོས་པ་ནི་བརྡ་ཙམ་ཉིད་དེ་ཐ་སྙད་ཙམ་ཉིད་ཅེས་བྱ་བའི་ཐ་ཚིག་གོ་།ཅིའི་ཕྱིར་ཞེ་ན། གང་ཟག་མེད་པས་ཏེ། སློབ་དཔོན ་གྱིས་ཀྱང་ལས་ཀྱི་རྣམ་པར་སྨིན་པ་དང་ཞེས་བྱ་བ་ལ་སོགས་པས་དེ་ཁོ་ན་བཞིན་རྣམ་པར་ཕྱེ་བ་ཡིན་ནོ། །དེ་བཞིན་གཤེགས་པའི་སྐུ་རྣམས་ལ་ཇི་ལྟར་མངོན་པར་རྫོགས་པར་བྱང་ཆུབ་པ་སྟོན་པ་ནི་མངོན་པར་རྫོགས་པར་བྱང་ཆུབ་པའི་སྐུ ་ཉིད་ཀྱང་རབ་ཏུ་ཤེས་ཞེས་འབྱུང་བའི་ཕྱིར་རོ། །བྱང་ཆུབ་ཏུ་སྨོན་ལམ་བཏབ་ནས་དགའ་ལྡན་དུ་སྐྱེས་པ་ནི་སྨོན་ལམ་གྱི་སྐུ་ཉིད་ཅེས་བྱ་བ་ཡིན་ནོ། །སྤྲུལ་པ་གང་ཡིན་པ་ནི་སྤྲུལ་པའི་སྐུ་ཉིད་ཅེས་བྱ་བ་ཡིན་ནོ། །རང་གི་སྐུ་གདུང་གི་རིང་བསྲེལ་བྱིན ་གྱིས་བརླབས་པ་གང་དག་ཡིན་པ་ནི་བྱིན་གྱིས་རླབས་ཀྱི་སྐུ་ཉིད་ཅེས་བྱ་བ་ཡིན་ནོ། རྣམ་པར་སྨིན་པའི་སྐུ་དང་ཡིན་པ་ནི་གཟུགས་དང་མཚན་དང་དཔེ་བྱད་བཟང་པོའི་རྒྱན་གྱི་སྐུ་ཉིད་ཅེས་བྱ་བ་ཡིན་ནོ། །འོད་ཟེར་གང་གིས་ནི་འོད་ཀྱི་སྐུ་ཉིད་ཅེས ་བྱ་བ་ཡིན་ནོ། །འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་སེམས་རྣམ་པར་གྲོལ་བ་ཐུན་མོང་བ་གང་ཡིན་བ་ནི་ཉིད་ཀྱི་སྐུ་ཉིད་ཅེས་བྱ་བ་ཡིན་ནོ། །མངོན་པར་མཐོ་བའི་རྒྱུ་ཐུན་མོང་མ་ཡིན་པ་གང་ཡིན་པའི་བསོད་ནམས་ཀྱི་སྐུ་ཉིད་ཅེས་བྱ་བ་ཡིན་ནོ།། ་དེ་བཞིན་གཤེགས་པ་རྣམས་ཀྱི་ཟག་པ་མེད་པའི་ཁམས་གང་ཡིན་པ་ནི་ཆོས་ཀྱི་སྐུ་ཉིད་ཅེས་བྱ་བ་ཡིན་ནོ། །ཆགས་པ་མེད་པའི་ཡེ་ཤེས་གང་ཡིན་པ་ནི་ཡེ་ཤེས་ཀྱི་སྐུ་ཉིད་ཅེས་བྱ་བ་ཡིན་ནོ། །ཤེས་པའི་ལུས་རྣམས་ཐོས་པ་དང་བསམ་པ་ལས་བྱུང་བའི ་བྱེ་བྲག་ནི་ཤེས་པའི་ལུས་རྣམས་ཀྱི་ཤིན་ཏུ་དཔྱད་པ་ཉིད་ཀྱང་རབ་ཏུ་ཤེས་སོ་ཞེས་འབྱུང་བའི་ཕྱིར་རོ། །བསྒོམས་པ་ལས་བྱུང་བའི་ཤེས་པའི་བྱེ་བྲག་ནི་ཇི་ལྟ་བ་བཞིན་དུ་ངེས་པར་རྟོག་པ་ཉིད་ཅེས་བྱ་བ་ཡིན་ནོ། །འབྲས་བུ་དང་ཞུགས་པའི་བྱེ་བྲག་ནི ་འབྲས་བུ་དང་སྦྱོར་བས་བསྡུས་པ་ཉིད་ཅེས་བྱ་བ་ཡིན་ནོ། །འཇིག་རྟེན་པ་ལ་སོགས་པའི་བྱེ་བྲག་ནི་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་བྱེ་བྲག་ནི་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པ་རྣམ་པར་དབྱེ་བ་ཉིད་ཅེས་བྱ་བ་ནས་དེ་བཞིན ་དུ་སློབ་པ་དང་མི་སློབ་པ་ཉིད་ཀྱང་རབ་ཏུ་ཤེས་སོ་ཞེས་བྱ་བའི་བར་འབྱུང་བའི་ཕྱིར་རོ། །ཆོས་ཀྱི་ལུས་རྣམས་ལ་ཆོས་ཉིད་གཅིག་པས་བརྗོད་པ་ནི་ཆོས་ཀྱི་ལུས་རྣམས་ཀྱི་མཉམ་པ་ཉིད་ཅེས་བྱ་བ་ཡིན་ནོ། །ཇི་སྐད་ཐོས་པ་བཞིན་དུ་འཛིན་པ་ནི་མི ་འཁྲུགས་པ་ཉིད་ཅེས་བྱ་བ་ཡིན་ནོ། །གདུལ་བྱ་རྣམས་ཀྱི་དབང་པོ་ལ་སོགས་པའི་གནས་སྐབས་དང་མཐུན་པའི་འདུ་ཤེས་དང་འཆད་པ་རྣམ་པར་བཞག་པའི་གནས་སྐབས་དང་བརྡ་ཀུན་རྫོབ་ཏུ་རྣམ་པར་བཞག་པ་ཉིད་ཅེས་བྱ་བ་ཡིན་ནོ། །དབང་པོ ་དང་བཅས་པ་དང་དབང་པོ་མེད་པའི་མཚན་ཉིད་རྣམ་པར་བཞག་པ་ནི་སེམས་ཅན་དང་སེམས་ཅན་མ་ཡིན་པའི་ཆོས་རྣམ་པར་བཞག་པ་ཉིད་ཅེས་བྱ་བ་ཡིན་ནོ། །མཆོག་གི་མཚན་ཉིད་རྣམ་པར་བཞག་པ་རབ་ཏུ་ཤེས་པ་སངས་རྒྱས་དང་ཆོས ་དང་འཕགས་པའི་དགེ་འདུན་རྣམ་པར་བཞག་པ་ཉིད་ཀྱང་རབ་ཏུ་ཤེས་སོ་ཞེས་འབྱུང་བའི་ཕྱིར་རོ། །ནམ་མཁའ་ཨི་ལུས་རྣམས་ལ་མཛའ་ཡས་པའི་མཚན་ཉིད་དུ་རབ་ཏུ་ཤེས་སོ་ཞེས་བྱ་བ་ནི་ནམ་མཁའ་ཨི་ལས་རྣམས་ཀྱི་ཚད་མེད་པ་ཉིད་ཀྱང་རབ་ཏུ་ཤེས་སོ ་ཞེས་བྱ་བ་ཡིན་ནོ། །ཁྱབ་པའི་མཚན་ཉིད་ནི་ཐམས་ཅད་དུ་སོང་བ་ཉིད་ཅེས་བྱ་བ་ཡིན་ནོ། །བསྟན་དུ་མེད་ཅིང་ཐོགས་པ་མེད་པའི་མཚན་ཉིད་ནི་ལུས་མེད་པ་ཉིད་ཅེས་བྱ་བ་ཡིན་ནོ། །འདུས་མ་བྱེས་པའི་མཚན་ཉིད་ནི་ནོར་པ ་མེད་པ་ཉིད་ཅེས་བྱ་བ་ཡིན་ནོ། །རང་གི་འདུས་བྱས་རྣམ་པར་དག་པའི་ཁྱད་པར་ནི་ཡོངས་ཀྱི་མཐར་ཐུག་པའི་སའོ། །དེ་གཉི་གའི་ཞེས་བྱ་བ་ནི་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པ་བཤད་མ་ཐག་པའི་འབྲས་བུ་འདུས་མ་བྱས་བྲལ ་བ་ཞེས་བྱ་བ་གང་ཡིན་པ་དེ་རྣམ་པར་དག་པའི་ཁྱད་པར་ཏེ་མྱ་ངན་ལས་འདས་པའི་སའོ། །ཁྱད་པར་ནི་མི་གནས་པ་ཉིད་ཡིན་པས་སློབ་དཔོན་ཉིད་ཀྱིས་སྔོན་གྱི་སྨོན་ལམ་གྱི་དབང་གིས་ཞེས་བྱ་བ་ལ་སོགས་པས་བསྟན་ཏོ། །ས་དྲུག་པ ་ལ་ཁྱད་ཞུགས་པ་ནི་བརྟེན་པའི་ས་ཞེས་བྱ་སྟེ། ས་དྲུག་པ་ལ་བྱང་ཆུབ་སེམས་དཔའ་འདིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་སྔོན་དུ་གྱུར་པས་མངོན་པར་འདུ་བྱེད་པ་མེད་པ་ལ་མངོན་པ་དགའ་བ་ཐོབ་པ་གང་ཡིན་པ་དེ་ས་བདུད? ་པ་ལ་འཇུག་པའི་ཚེ་སྤོང་བས་དེ་འཁྲུགས་པ་ཡིན་ནོ། །འདིའི་མཚན་མ་མེད་པ་ཀུན་ཏུ་འབྱུང་བ་གང་ཡིན་པ་དེ་ནི་དེ་ལྟར་ས་དགུ་པ་ལ་འཇུག་པས་སྤངས་ཏེ་འཁྲུག་པ་མ་ཡིན་གྱི་འོན་ཀྱང་མཚན་མ་མེད་པ་ཀུན་ཏུ་འབྱུང་བ་མ་སྤངས་པ་ཁོ ་ནར་ས་དགུ་པ་ཐོབ་པའི་ཕྱིར་རོ། །བདུན་པ་ཡང་འབད་པ་བཅས་པ་ཡིན་ནོ། །འདི་ནི་སྔོན་གྱི་མཛའ་མངོན་པར་བསྒྲུབས་པས་ལྷུན་གྱིས་གྲུབ་པའི་ས་ཞེས་བྱ་སྟེ། ས་འདི་ལ་ནི་སྔོན་མངོན་པར་བསྒྲུབས་ཟིན་པ་ཉིད་པས་ཐམས་ཅད་ལྷུན་གྱིས ་གྲུབ་པར་འཇུག་གོ་།བྱང་ཆུབ་སེམས་དཔའ་ཨི་སའི་ཁྱད་པར་ནི་དེ་ལྟ་བུ་ཡིན་ནོ། །གང་ཟག་གིས་ནི་བྱས་པ་ཡི། །དེས་ཚིག་བློ་དང་ལྡན་པ་དེ། །དོན་གང་གིས་ནི་མི་གཡོ་བའི། །ས་འཐོབ་བསྟན་པས་དེ་བཤད་དོ། །གཅིག་ཏུ་མི་གཡོ་ཉིད་དང་ནི།། ་གཅིག་ཏུ་ཉིད་ལས་མི་གཡོ་དང། །རྒྱུ་གཉིས་དག་གིས་དེས་པའི་ཚིག། རྣམ་པར་བཞག་པར་བཤད་པ་ཡིན། །མི་གཡོ་བ་རྣམ་པ་འདི་གཉི་ག་ཡང། སངས་རྒྱས་ཀྱི་རིགས་ཀྱི་རྗེས་སུ་སང་བའི་རྒྱུས་འགྱུར་རོ། །ཇི་ལྟ་ཞེ་ན། སངས་རྒྱས་ཀྱི ་རིགས་ཀྱི་རྗེས་སུ་སོང་པ་ཞེས་འབྱུང་བའི་ཕྱིར་རོ། །ཡོན་ཏན་ཡོངས་སུ་འཛིན་པ་སངས་རྒྱས་ཀྱི་ཡོན་ཏན་ཤིན་ཏུ་སྣང་པར་གྱུར་པ་ཞེས་འབྱུང་བའི་ཕྱིར་རོ། །སྒྲུབ་པ་ནི་དེ་བཞིན་གཤེགས་པའི་སྤྱོད་ལམ་དང?་སྤྱོད་པའི?་སྤྱོད་པའི་རྗེས་སུ་སོང?་བ་ཞེས ་Fའབྱུང་བའི་ཕྱིར་རོ། །ཉེ་བ་ནི་སངས་རྒྱས་ཀྱི་ཡུལ་མངོན་དུ་གྱུར་པ་ཞེས་འབྱུང་བའི་ཕྱིར་རོ། །དེ་ལ་གཅིག་ཏུ་མི་གཡོ་ག་།རྟག་ཏུ་དེ་བཞིན་གཤེགས་རྣམས་ཀྱི། །ལེགས་པར་བྱིན་བརླབས་ལས་ཤེས་བྱ། །ཡོན་ཏན་ལྔ་པའོ་དབང་དུ་བྱས ་རྟག་པར་རྒྱུན་ཏུ་དེ་བཞིན་གཤེགས་པའི་བྱིན་གྱིས་བརླབས་ཀྱིས་ཤིན་ཏུ་བྱིན་གྱིས་བརླབས་པ་ཡིན་ཞེས་འབྱུང་བའི་ཕྱིར་རོ། །མཆོད་པའི་ཡོན་ཏན་ནི་བརྒྱ་བྱིན་ལ་སོགས་པས་བསྡུ་བའི་ཕྱིར་རོ། །ཀུན་ཏུ་བསྲུང་བའི་ཡོན་ཏན་ནི་ལག་ན ་རྡོ་རྗེ་རྣམས་ཕྱི་བཞིན་འབྲང་བའི་ཕྱིར་རོ། །རྟེན་གྱི་ཡོན་ཏན་ནི་ཏིང་ངེ་འཛིན་གྱི་སྟོབས་ཀྱིས་མ་བཏད་པའི་ཕྱིར་རོ། །ཞིང་ཡོངས་སུ་དག་པའི་ཡོན་ཏན་ནི་ཞིང་གི་ལུས་རྣམས་ཀྱི་རྣམ་པར་དབྱེ་བ་ཚད་མེད་པ་མངོན་པར་བསྒྲུབས་པའི་ཕྱིར་རོ། །སེམS ་ཅན་ཡོངས་སུ་སྨིན་པར་བྱེད་པའི་ཡོན་ཏན་ནི་དེ་ཡང་རྣམ་པ་ལྔས་རབ་ཏུ་དབྱེ་སྟེ། བསམས་བཞིན་དུ་སྐྱེ་བ་ཡོངས་སུ་འཛིན་པ་ནི་ལུས་ཐམས་ཅད་མངོན་པར་འགྲུབ་པའི་སྤྱོད་པའི་སྟོབས་གང་ཡིན་པ་དེ་དང་ལྡན་པའི་ཕྱིར་རོ། །དབང་པོ ་དང་བསཾ་པ་དང་བག་ལ་ཉལ་ཤེས་པར་ནུས་པ་ནི་མངོན་པར་ཤེས་པ་ཆེན་པའི་རྣམ་པར་སྨིན་པ་ཡོངས་སུ་གྲུབ་པས་སོ། །ཆོས་ཀྱི་ཚལ་ལ་གཟུང་པའི་ཕྱིར་ཆོས་མཛའ་ཡས་པ་རྣམས་འཛིན་ནུས་པ་ནི་ཏིང་ངེ་འཛིན་མཛའ་ཡས་པ་ལ ་དབང་བྱེད་པའི་ཕྱིར་རོ། །ལེན་པར་ནུས་པ་ནི་ལུང་བསྟན་པ་ཚད་མེད་པ་ཡང་དག་པར་ནོད་བ་ཡིན་ཞེས་འབྱུང་བའི་ཕྱིར་རོ། །སྟོན་པའི་ནུས་པ་ནི་འགྲོ་བ་ཇི་ལྟར་སྨིན་པ་བཞིན་དུ་མངོན་པར་རྫོགས་པར ་བྱང་ཆུབ་པ་སྟོན་པར་བྱེད་པའི་ཕྱིར་རོ། །དེ་ལ་ཐེག་ཆེན་ལ་ཞུགས་པས། །གཅིག་པ་ཉིད་ལས་མི་གཡོ་བ། །དཀྱིལ་འཁོར་དོན་ནི་མི་ཕྱེད་དོན། །རྣམ་པ་དགུ་ཡིས་རབ་ཏུ་བསྟན། །ཐེག་པ་ཆེན་པོའི་དཀྱིལ་འཁོར་དུ་ཞུགས་པ་ཞེས ་འབྱུང་བའི་ཕྱིར་རོ། །ཤིན་ཏུ་རྣམ་པར་དཔྱད་པའི་ཡེ་ཤེས་ཀྱི་མངོན་པར་ཤེས་པ་ཆེན་པོ་དང་ལྡན་ཞེས་བྱ་བ་ནི་ཡེ་ཤེས་མི་ཕྱེ་བ་ཡིན་ནོ། །རྟག་པར་རྒྱུན་དུ་ཤེས་རབ་ཀྱི་སྣང་བའི་འོད་ཟེར་རབ་ཏུ་གཏོང་བ་ཞེས་བྱ་བ་ནི་བཤད་པ་མི་བྱེད ་པ་ཡིན་ནོ། །ཆོས་ཀྱི་དབྱིངས་ཆགས་པ་མེད་པའི་ལམ་དུ་ཞུགས་པ་ཞེས་བྱ་བ་ནི་རྣམ་པར་གྲོལ་བ་མི་ཕྱེད་པ་ཡིན་ནོ། །འཇིག་རྟེན་གྱི་ཁམས་ཀྱི་ལས་རྣམ་པར་དབྱེ་བ་ལ་མཁས་པ་ཞེས་བྱ་བ་ནི་ཞིང་ཡོངས་སུ་དག་པ་མི་ཕྱེད་པ་ཡིན་ནོ།། ་ཡོན་ཏན་གྱི་རྣམ་པ་ཐམས་ཅད་ཡང་དག་པར་སྟན་པ་ཞེས་བྱ་བ་ནི་ཐེག་པ་ཆེན་པོ་ལ་འཇུག་པ་མི་ཕྱེད་པ་ཡིན་ནོ། །རང་གི་སེམས་བསྐྱེད་པ་ལ་དབང་བྱེད་པ་ཞེས་བྱ་བ་ནི། མངོན་པར་ཤེས་པ་མི་ཕྱེད་པའོ། །སྔོན་གྱི་མཛའ་དད་ཕྱི? ་མའི་མཛའ་ཤིན་ཏུ་རྟོགས་པའི་ཡེ་ཤེས་ཅན་ཞེས་བྱ་བ་ནི་དྲི་བ་ལན་འདེབས་པར་ནུས་པ་མི་ཕྱེད་པ་ཡིན་ནོ། །བདུད་ཀྱི་ལམ་ཐམས་ཅད་ཀྱི་འཇུག་པ་དང་ལྡོག་པ་ཤེས་པ་དང་ལྡན་པ་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་པ་མི? ་ཕྱེད་པ་ཡིན་ནོ། །དེ་བཞིན་གཤེགས་པའི་ཡུལ་དང་སྤྱོད་ཡུལ་ཐམས་ཅད་ཀྱིས་སུ?་ཞུགས་པ་ཞེས་བྱ་བ་ནི། མངོན་པར་རྫོགས་པར་བྱང་ཆུབ་པ་མི་ཕྱེད་པའོ། །དེ་བཞིན་གཤེགས་པ་དེ་དག་ལ་བསྙེན་བཀུར་བྱེད་ཅིང་ཞེས་བྱ་བ་ནི་? ་ཆེད་ཁྱད་པར་དུ་འཕགས་པ་མཉམ་པའི་ཕྱིར་རོ། །འཇིག་རྟེན་གྱི་ཁམས་རྣམ་པར་དབྱེ་བ་སྔོན་དུ་འགྲོ་བ་ཞེས་བྱ་བ་ནི་བསྙེན་བཀུར་བྱེད་པའི་དགོས་པ་བསྟན་པའོ། །དཔེར་ན་གསེར་གྱིས་ལེ་སྦྲམ་ཟིན་པར་བྱས་ཏེ། འཛམ་བུ་གླིང་གི་བདག་པོའི་མགུལ་ལམ ་མགོ་ལ་བཏགས་ན་རྟེན་ཁྱད་པར་དུ་འཕགས་པའི་ཕྱིར་ཟིལ་གྱིས་མི་ནོན་པར་འགྱུར་པ་དེ་བཞིན་དུ་ས་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཨི་དགེ་བའི་རྩ་བ་རྣམས་ཀྱང་ཟིལ་གྱིས་མི་ནོན་པར་འགྱུར་རོ། །ས་འདི་རྒྱུ་ནི་བཞི་དག་གིས། །རྣམ་པར་བཞག་པར། ་འདོད་པ་སྟེ། །སྨྲ་བ་པོ་ཡི་རྩོལ་བ་རྣམས། །ཕུན་ཚོགས་བཞག་པ་དང་པོ་ཡིན། །གཉིས་པ་བཤད་པའི་དབང་བྱས་ནས། །ཡེ་ཤེས་ཕུན་སུམ་ཚོགས་པ་ཡིན། །སྤྱོད་པ་ལ་འཇུག་གསུམ་པ་སྟེ། །བཞི་པ་བཤད་པ་རྣམས་ཀྱི་ཕྱིར། །བརྒྱད་པ་ལ་ནི་ཡེ་ཤེས ་ཀྱེ། །ལས་མངོན་བསྒྲུབས་པས་ཞིང་སྦྱང་བ། །བསྒྲུབས་ནས་ས་ནི་དབུ་པ་ལ། །སེམས་ཅན་དོན་བྱ་རྣམས་ལ་སྦྱོར། །གཞན་གྱི་དོན་ནི་གཟུགས་མེད་པ་རྣམས་ལ་ཐར་པར་འདུ་ཤེས་པའི་གདུལ་བྱ་རྣམས་ཀྱི་དབང་དུ་བྱས་པའོ། །ཇི་ལྟ་ཞེ་ན། དེ་ལྟར ་ཡེ་ཤེས་ཚད་མེད་པས་རྣམ་པར་དཔྱད་པའི་བློས་ཡང་རྣམ་པར་ཐར་པ་ཞི་བ་གོང་མ་རྣམས་ཤེས་པར་བྱེད་ཅེས་བྱ་བ་ནི་འབྱུང་བའི་ཕྱིར་རོ། །བདག་གི་དོན་ནི་སངས་རྒྱས་ཀྱི་ཡེ་ཤེས་མཐོང་བའི་དབང་དུ་བྱས་པ་སྟེ། ཡང་དེ་བཞིན་གཤེགས ་པའི་ཡེ་ཤེས་གོང་མ་མ་རྫོགས་པ་ལ་རྣམ་པར་སྤྱོད་ཅེས་འབྱུང་བའི་ཕྱིར་རོ། །གཅིག་གིས་ན་དེ་ལྟ་བུ་ཡིན་ནོ། །དེ་བཞིན་གཤེགས་པའི་གསང་བའི་རྗེས་སུ་འཇུག་པར་བྱ་བ་ལ་འཇུག་ཅེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་ཡོངས་སུ་སྨིན་པ་དག་གི ་དབང་དུ་བྱས་པའོ། །ཡེ་ཤེས་བསམ་གྱིས་མི་ཁྱབ་པའི་ཆེ་བ་ཉིད་རབ་ཏུ་རྣམ་པར་འབྱེད་ཅེས་བྱ་བ་ནི། ཚུལ་བཞིན་མ་ཡིན་པ་སེམས་པ་ལ་སྦྱོར་བའི་གདུལ་བྱ་རྣམས་ཀྱི་དབང་དུ་བྱས་པའོ། །གཟུངས་དང་ཏིང་ངེ་འཛིན་རབ་ཏུ་རྣམ་པར་འབྱེད་པ ་ཡོངས་སུ་སྦྱོང་ཞེས་བྱ་བ་ནི་མི་ཤེས་པ་དག་ཆོས་ཀྱི་ཆུལ་བསྟན་པས་ཤེས་པར་བྱ་བ་རྣམས་ཀྱི་དབང་དུ་བྱས་པའོ། །མངོན་པར་ཤེས་པ་རྒྱ་ཆེན་པོ་མངོན་པར་སྒྲུབ་ཅེས་བྱ་བ་ནི། སྐྱབས་ངན་པར་ཞུགས་པ་རྣམས་ཀྱི ་དབང་དུ་བྱས་པ་སྟེ། མངོན་པར་ཤེས་པ་རྣམས་ཀྱིས་དད་པར་བྱས་ནས། སྐྱབས་ངན་པ་ལས་བཟློག་པར་བྱེད་དོ། །འཇིག་རྟེན་གྱི་ཁམས་རྣམ་པར་དབྱེ་བ་ཤེས་པར་བྱེད་ཅེས་བྱ་བ་ནི་མཐོ་རིས་ལ་མོས་པ་རྣམས་ཀྱི་དབང་དུ་བྱས་པ་སྟེ། ཞིང་ཁོ ་ན་ལ་དེ་ལྟ་བུའི་ཡོངས་སུ་དག་པ་ཀུན་ཏུ་བསྟན་ནས་མཐོ་རིས་ལ་མོས་པ་བཟློག་པར་བྱེད་དོ། །ལྔས་ནི་དེ་ལྟ་བུ་ཡིན་ན། །དེ་བཞིན་གཤེགས་པའི་སྟོབས་ལ་སོགས་པ་སངས་རྒྱས་ཀྱི་ཆོས་མིའི་ཕྲོགས་པ་ཡོངས་སུ་སྦྱོར་བར་བྱེད་ཅེས་བྱ་བ་ནི་མངོན ་པར་རྫོགས་པར་བྱང་ཆུབ་པའོ། །དེ་བཞིན་གཤེགས་པའི་ཆོས་ཀྱི་འཁོར་ལོ་བསྐོར་བསྐོར་བ་ཁྱུ་མཆོག་དུ་གྱུར་པའི་རྗེས་སུ་འཇུག་ཅེས་བྱ་བ་ནི་ཆོས་ཀྱི་འཁོར་ལོ་བསྐོར་བའོ། །སྙིང་རྗེ་ཆེན་པོའི་བྱིན་གྱི་བརླབས་འཐོབ་པ་མི་འདོར་ཞེས་བྱ ་བ་ནི་ཡོངས་སུ་མྱ་ངན་ལས་འདས་པ་སྟེ། སེམས་ཅན་ལ་ལྟ་བ་དང་བཅས་པས་སྙིང་རྗེ་ཆེན་པོའི་བྱིན་གྱིས་བརླབས་འཐོབ་པ་དང། མི་འདོར་བར་གཉིས་ཀྱིས་ཡོངས་སུ་མྱ་ངན་ལས་འདས་པ་ཀུན་ཏུ་སྟོན་པར་བྱེད་དོ། །གསུམ་གྱིས་ནི་དེ་ལྟ་བ ་ཡིན་ནོ། །ཡེ་ཤེས་ཞེས་བྱ་རྣམ་བྱང་སོགས། །གོང་མ་གོང་མའི་ཁྱད་པར་གྱིས། །རྣམ་པ་བཅུར་ནི་རབ་བསྟན་པ། །བཤད་པ་ཡིན་པར་རྣམ་ཤེས་བྱ། །དགེ་བ་དང་མི་དགེ་བ་དང་ལུང་དུ་མ་ལྟོན་པའི་ཆོས་མངོན་པར་འདུ་བྱ་བ་ཡང་ཡང ་དག་པར་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཞེས་བྱ་བ་ནི་རྣམ་པར་བྱང་བ་དང་ཀུན་ནས་ཉོན་མོངས་པ་དང། གཉི་ག་མ་ཡིན་པའི་ཆོས་རྣམས་རབ་ཏུ་ཤེས་སོ་ཞེས་བྱ་བ་ཡིན་ནོ། །ཟག་པ་དང་བཅས་པ་དང་ཟག་པ་མེད་པའི་ཆོས་མངོན་པར་འདུ ་བྱ་བ་ཞེས་བྱ་བ་ནི་རྣམ་པར་བྱང་བའི་ཆོས་དེ་དག་ཀྱང་ཟག་པ་དང་བཅས་པ་དང་ཟག་པ་མེད་པ་དག་ཏུ་རབ་ཏུ་ཤེས་པའོ། །འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ཆོས་མངོན་པར་འདུ་བྱེད་པའི་ཆོས་མངོན་པར་འདུ་བྱར་ཞེས་བྱ་བ་ནི་ཟག་པ ་མེད་པའི་རྣམས་ཀྱང་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པ་དག་ཏུ་རབ་ཏུ་ཤེས་སོ། །བསམ་གྱི་མི་ཁྱབ་པ་དང་བསམ་གྱིས་མི་ཁྱབ་པའི་ཆོས་མངོན་པར་འདུ་བྱ་བ་ཞེས་བྱ་བ་དེ་དེ་རྣམས་ཀྱང་བསམ་དུ་ཡོད་པ་དང་བསམ་གྱིས་མི་ལང ་བདག་ཏུ་རབ་ཏུ་ཤེས་པའོ། །ངེས་པ་དང་མ་ངེས་པའི་ཆོས་མངོན་པར་འདུ་བྱ་བ་ཞེས་བྱ་བ་ནི་བསམ་དུ་ཡོད་པ་རྣམས་ཀྱང་ངེས་པ་དང། མ་ངེས་པ་དག་ཏུ་རབ་ཏུ་ཤེས་པའོ། །ངེས་པ་དང་མ་ངེས་པ་དེ་རྣམས་ཀྱང་ཐེག་པ་གསུམ་པ་དག་ལ་རབ ་ཏུ་ཤེས་ཏེ། མདོ་ལས་ཇི་སྐད་འབྱུང་བ་བཞིན་ནོ། །འདུས་བྱས་ཀྱི་ཆོས་མངོན་པར་འདུ་བྱ་བ་དང། འདུས་མ་བྱས་ཀྱི་ཆོས་མངོན་པར་འདུ་བྱ་བ་ཡང་ཞེས་བྱ་བ་ན་ཐེག་པ་གསུམ་པོའི་ཆོས་དེ་དག་ཀྱང་ལམ་དང་གནས་གྱུར་པས་རབ་ཏུ་ཕྱེ་བའི་ཕྱིར ་འདུས་བྱས་དང་འདུས་མ་བྱས་ཀྱིས་རབ་ཏུ་ཕྱེ་པ་དག་ཏུ་རབ་ཏུ་ཤེས་པའོ། །སེམས་ཅན་གྱི་སེམས་ཀྱི་རྒྱུ་བ་ཐིབས་པོ་ཡང་དག་པར་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཏེ་ཞེས་བྱ་བ་འདིས་ནི་ཉོན་མོངས་པ་དང་ལས་ཀྱི་ཀུན་ནས་ཉོན་མོངས་པའི ་རྟེན་སེམས་བསྟན་ཏོ། །ཉོན་མོངས་པའི་རྒྱུ་བ་ཐིབས་པོ་ཞེས་བྱ་བ་ནི་སེམས་ལ་བརྟན་པ་ཉོན་མོངས་པའི་ཀུན་ནས་ཉོན་མོངས་པ་བསྟན་ཏེ། །ལས་ཀྱ་རྒྱུ་བ་ཐིབས་པོ་ཞེས་བྱ་བ་འདས་ནི་སེམས་ལ་བརྟེན་པ་ལས་ཀྱི་ཀུན་ནས་ཉོན་མོངས་པ ་བསྟན་ཏ། སྐྱེ་བའི་ཀུན་ནས་ཉོན་མོངས་ལས། །བརྩམས་ཏེ་དབང་སོགས་རིམ་པ་ཡིས། །ཀུན་ནས་ཉོན་མོངས་རྣམ་བྱང་བར། །ངེས་དང་མ་ངེས་གནས་སྐབས་ཡིན། །མོས་པ་ལ་སོགས་པ་ནི་དབང་པོ་ལ་སོགས་པ་དང་མཐུན་པའི་ཕྱིར་ཞེས ་བྱ་བ་ནི་དབང་པོའི་རྒྱུའི་ཐིབས་པོ་དང་ཞེས་བྱ་བ་ནས་གཟུང་སྟེ། ཕུང་པོ་གསུམ་དུ་རྣམ་པར་གནས་པའི་རྒྱུ་བ་ཐིབས་པོ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཞེས་བྱ་བའི་བར་འབྱུང་བའི་ཕྱིར་རོ། །ཆུང་དུ་དང ་འབྲིང་དང་ཆེན་པོའི་རྣམ་པས་དབང་པོ་དག་ཅི་འདྲ་བར་འགྱུར་པ། མོས་པ་རྣམས་ཀྱང་དེ་ཁོ་ན་འདྲ་བར་འགྱུར་ཏེ། ཁམས་ལས་སོགས་པ་ནས་ཕུང་པོ་གསུམ་དུ་རྣམ་པར་གནས་པ་ལ་ཐུག་པའི་བར་དུ་ཡང་དེ་དང་འདྲ་བར་བརྗོད་དོ། །མང? ་བ་གང་ཡིན་པ་དེ་ནི་ཐིབས་པོ་ཡིན་ནོ། །ཤེས་པར་མི་ནུས་པའི་དོན་ནི་གཏིང་དཔག་དཀའ་བའི་ཕྱིར་རོ། །སེམས་ཅན་རྒྱུ་བ་ཐིབས་པོ་ཞེས་བྱ་བ་ནི་དེ་སེམས་ཅན་རྣམས་ཀྱི་སེམས་རྣམ་པ་ཐ་དད་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ ་ཤེས་སོ་ཞེས་འབྱུང་བའི་ཕྱིར་རོ། །སེམས་རྣམ་པ་སྣ་ཚོགས་པ་ཉིད་ཅེས་བྱ་བ་ནི་རབ་ཏུ་དབྱེ་བའི་མཚན་ཉིད་ཀྱིས་སོ། །སེམས་སྐད་ཅིག་གཅིག་ཏུ་འགྱུར་བ་དང་འཇིག་པ་དང་མི་འཇིག་པ་ཉིད་ཅེས་བྱ་བ་ནི་འགྱུར་བའི་མཚན་ཉིད་ཀྱིས། །སེམS ་ལུས་མེད་པ་ཉིད་ཅེས་དོན་དམ་པའི་མཚན་ཉིད་ཀྱིས་སོ། །སེམས་མཛའ་ཡས་ཤིང་ཐམས་ཅད་དུ་མང་པ་ཉིད་ཅེས་བྱ་བ་ནི་རང་གི་མཚན་ཉིད་ཀྱིས་སོ། །སེམས་འོད་གསལ་བ་ཉིད་ཅེས་བྱ་བ་ནི་རང་བཞིན་གྱིས་ཀུན་ནས་ཉོན་མོངས་པ་མ ་ཡིན་པའི་མཚན་ཉིད་ཀྱིས་སོ། །སེམས་ཀུན་ནས་ཉོན་མོངས་པ་དང་བཅས་པ་དང་ཉོན་མོངས་པ་མེད་པ་ཉིད་ཅེས་བྱ་བ་ནི་ཀུན་ནས་དཀྲིས་པ་དང་བཅས་པ་དང་ཀུན་ནས་དཀྲིས་པ་མེད་པའི་མཚན་ཉིད་ཀྱིས་སོ། །སེམས་བཅིངས་པ་དང་རྣམ ་པར་ཐར་པ་ཉིད་ཅེས་བྱ་བ་ནི་བག་ལ་ཉལ་དང་བཅས་པ་དང། བག་ལ་ཉལ་བ་མེད་པའི་མཚན་ཉིད་ཀྱིས་སོ། །རྒྱུའི་མཚན་ཉིད་ཀྱིས་ནི་ཇི་ལྟར་བྱང་ཆུབ་སེམས་དཔའ་རྣམས་བསམ་བཞིན་དུ་སྐྱེ་བ་ནི་སེམས་སྒྱུ་མ་ལྟ་བུར་རྣམ ་པར་བསྒྲུབ་པ་ཉིད་ཅེས་འབྱུང་བའི་ཕྱིར་རོ། །དེ་མ་ཡིན་པའི་སེམས་ཅན་རྣམས་རང་གི་ལས་དག་གིས་སྐྱེ་བ་ནི་སེམས་འགྲོ་བ་ཇི་ལྟ་བུ་བཞིན་དུ་ཉེ་བར་གནས་པ་ཉིད་ཅེས་འབྱུང་བའི་ཕྱིར་རོ། །རིང་དུ་སོང་བ་ཞེས་བྱ་བ་ནི། ཉོན་མོངས་པ་རྣམས ་སྲིད་པའི་རྩེ་མོའི་བར་དུ་རྗེས་སུ་འབྲེལ་པའི་ཕྱིར་ཏེ། ཉོན་མོངས་པ་རྣམས་རིང་དུ་སོང་བ་ཉིད་ཅེས་གསུངས་པ་གང་ཡིན་པའོ། །ཤེས་པར་དཀའ་བ་ཞེས་བྱ་བ་ནི་དགེ་བ་ལ་སོགས་པ་ལ་སྤྱོད་བ་མཛའ་ཡས་པ་ཚད་མི་རྟོགས་པ་རྣམས་མངོན ་དུ་འགྱུར་བའི་ཕྱིར་ཏེ། སྦྱོར་བ་མཛའ་ཡས་པ་ཉིད་ཅེས་གསུངས་པ་གང་ཡིན་པའོ། །ཉོན་མོངས་པ་དང་སྐྱེ་བ་དང་ལས་ཀྱི་ཀུན་ནས་ཉོན་མོངས་པ་རྣམས་ཀྱིས་ཉོན་མོངས་པར་བྱེད་པ་ཇི་ལྟར་ཞེས་བྱ་བ་ནི། གཅིག་གི་གྲོགས་སུ་གཅིག་གྱུར་པས ་གཅིག་གིས་གཅིག་བསྐྱེད་པ་ནི་ལྷན་ཅིག་སྐྱེས་ཤིང་མི་འབྲལ་བ་ཉིད་ཅེས་འབྱུང་བའི་ཕྱིར་ཏེ། ཉོན་མོངས་པ་དང་སྐྱེ་བ་དང་ལས་ཀྱི་ནུན་ནས་ཉོན་མོངས་པ་རྣམས་གཅིག་གི་གྲོགས་སུ་གཅིག་གྱུར་པར་འཇུག་པ་ན་ཕན་ཚུན་སྐྱེས་པར་བྱེད་པ ་དག་ཡིན་ནོ། །དེ་ཡོད་ན་ཞེས་བྱ་བ་ནི་བག་ལ་ཉལ་ཡོད་ནའོ། །དེ་ལས་མི་འགྲོལ་བའི་ཕྱིར། ཞེས་བྱ་བ་ནི་ཀུན་ནས་དཀྲིས་པ་ལས་མི་འགྲོལ་པའི་ཕྱིར་ཞེས་བྱ་བའི་ཐ་ཚིག་སྟེ། བག་ལ་ཉལ་དང་ཀུན་ནས་དཀྲིས་པ་དོན་གཅིག་པ་ཉིད་ཅེས ་གསུངས་པ་གང་ཡིན་པའོ། །གང་བཅིངས་པ་ཞེས་བྱ་བ་ནི་སེམས་ཏེ་སེམས་མཚུངས་པར་ལྡན་པ་མ་ཡིན་པ་ཉིད་ཅེས་འབྱུང་བའི་ཕྱིར་རོ། །གལ་ཏེ་སེམས་དེ་བར་སྐབས་སུ་ཉོན་མོངས་པ་རྣམས་ཀྱིས་མ་བཅིངས་ན་ཐར་པའི་སྐབས ་ཡོད་ཀྱི་གཞན་དུ་ནི་མ་ཡིན་ནོ་ཞེས་ཡང་དག་པར་བསྟན་པའི་ཕྱིར་མཚུངས་པར་ལྡན་པ་མ་ཡིན་པ་སྨོས་སོ། །ལུས་ཀྱི་འགྲོ་བས་ནི་སྐྱེ་བའི་མཚམས་སྦྱོར་བར་འགྲོ་བས་ཇི་བཞིན་དུ་ཉེ་བར་གནས་པ་ཉིད་ཅེས་འབྱུང་པའི་ཕྱིར་རོ། །ཁམས ་ཀྱི་དབྱེ་བས་ནི་ཁམས་གསུམ་པ་རྣམ་པར་ཕྱེ་བ་ཉིད་ཅེས་བྱ་བ་ཡིན་ནོ། །སྲེད་པ་དང་མ་རིག་པ་དང་ལྟ་བའི་ཟུག་རྡུ་ཁ་ན་མ་ཐོ་བ་ཆེན་པོ་ཉིད་ཅེས་བྱ་བ་ནི་རྒྱུས་ཏེ་སྐྱེ་བའི་དུན?་ནས་ཉོན་མོངས་པས་ཉོན་མོངས་པ་ཉིད་དུ ་ཡོངས་སུ་བསྟན་ཏོ། །ལས་རྣམ་པ་གསུམ་གྱི་གཞི་རྒྱུན་མི་འཆད་པ་ཞེས་བྱ་བ་ལ་ཕྱོགས་གསུམ་པོ་འདོད་པས་ལོངས་སྤྱོད་པའི་ཕྱོགས་དེའི་གཞི་ནི་སྲེད་པ་སྟེ་རྒྱུ་ཞེས་བྱ་བའི་ཐ་ཚིག་གོ་།སྡོམ་པ་མེད་པའི་ཕྱོགས་དེའི་གཞན་ནི་མ་རིག་པའོ།། ་མུ་སྟེགས་ཅན་གྱི་ཕྱོགས་དེའི་གཞི་ནི་ལྟ་བ་དང་ང་རྒྱལ་ཏེ་གཞི་འདི་རྒྱུན་མི་འཆད་པའི་ཕྱིར་རོ། །ཕྱོགས་གསུམ་པོ་དག་ལ་ཐར་པའི་བར་དུ་གཅོད་པའི་ལས་གྱི་རྒྱུ་ཡིན་པའི་ཕྱིར་དང་ལུས་དང་ངག་དང་ཡིད་ཀྱི་ལས་འཁོར་བ་དང་མཐུན་པ ་ཚད་མེད་པ་འབྱུང་བའི་རྒྱུ་ཡིན་པའི་ཕྱིར་ལས་ཀྱི་ཀུན་ནས་ཉོན་མོངས་པས་ཀུན་ནས་ཉོན་མོངས་པར་བྱེད་པ་ཉིད་དུ་ཡོངས་སུ་བསྟན་ཏོ། །འགྲོ་བའི་རྒྱུ་ཉིད་རབ་ཏུ་དབྱེ་བས་ནི། དེ་ལས་དགེ་བ་དང་མི་དགེ་བ་དང་ལུང་དུ་མི་སྟོན་པ་ཉིད་དག་ཀྱང ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་ཏེ་ཞེས་འབྱུང་བའི་ཕྱིར་ཏེ། དགེ་བ་དང་མི་དགེ་བ་དག་ནི་བདེ་འགྲོ་དང་ངན་འགྲོའི་རྒྱུ་ཉིད་ཡིན་པའི་ཕྱིར་འགྲོ་བའི་རྒྱུ་ཉིད་ཡིན་ནོ། །བསམས་པ་ནི་ལུས་ངག་གིས་ལས་དག་སྟེ། དེ་གཉིས་ཀྱིས་སེམས་པ ་རྣམ་པར་རིག་པར་བྱེད་པའི་ཕྱིར་རོ། །སེམས་པ་ནི་ཡིད་ཀྱི་ལས་སོ། །དེ་ཡང་རྣམ་པར་རིག་བྱེད་བཞིན་དུ་རྣམ་པར་རིག་པར་མི་བྱེད་པས་ན་རྣམ་པར་རིག་བྱེད་མ་ཡིན་པ་སྟེ། རྣམ་པར་རིག་བྱེད་དང་རྣམ་པར་རིག་བྱེད་མ་ཡིན་པ་ཉིད་དུ་གསུངས ་པ་གང་ཡིན་པའོ། །སེམས་དང་སེམས་པ་ལྷན་ཅིག་སྐྱེས་ནས་སེམས་ཉིད་བགོས་ཏེ་སེམས་དང་ཐ་མི་དང་པར་གྱུར་པའི་འབྲས་བུ་མངོན་དུ་འགྲུབ་པར་བྱེད། །དེ་ཉིད་ཀྱི་ཕྱིར་འདི་སྐད་དུ་སེམས་དང་ལྷན་ཅིག་སྐྱེས་ཤིང་ཐ་མི་དད་པ་ཞེས་བྱའོ། །རང ་གི་རང་གིས་རྒྱུ་མེད་པར་སྐད་ཅིག་ལ་སྐྱེས་མ་ཐག་ཏུ་འཇིག་ཅིང་རྣམ་པར་འཇིག་ཅིང་འཕེལ་བ་དང་མངོན་པར་འཕེལ་བར་འབྱུང་བ་དང། མངོན་པར་འདུ་བྱས་པས་འབད་པས་སྒྲུབ་པར་བྱ་བའི་ལས་ཏེ། ཇི་ལྟ་ཞེ་ན། རྒྱུས་རྒྱུའི་དངོས་པོས་སོ། །དེའི ་ཕྱིར་འཇིག་པ་དང་འཕེལ་བའི་ཕྱིར་འབྲས་བུ་ལ་སོགས་པ་དང་མི་སོགས་པའི་རབ་ཏུ་དབྱེ་བ་ཡིན་ཏེ། རྒྱུ་རང་གི་ངང་གིས་སྐད་ཅིག་ཏུ་འཇིག་ཅིང་འཕེལ་ལ་འབྲས་བུ་ཆུད་མི་ཟ་ཞིང་མཚམས་སྦྱོར་བ་ཉིད་ཅེས་འབྱུང་བའི་ཕྱིར་རོ། །ཚུལ་འདི་ཉིད ་ཀྱིས་འབྲས་བུ་ཆུང་མི་ཟ་བར་འབྱིན་པར་ཡང་ཤེས་པར་བྱའོ། །ལན་གྲངས་གཞན་དང་སྐྱེས་ནས་མྱོང་བར་འགྱུར་བ་ཡང་ཞེས་བྱ་བ་ནི་རྣམ་གྲངས་གཉིས་པའོ། །འབྲས་བུ་མ་སྨིན་པ་དང་སྨིན་ཟིན་པས་རབ་ཏུ་དབྱེ་བ་ནི་རྣམ་པར་སྨིན་པ་དང་བཅས? ་པ་དང་།རྣམ་པར་སྨིན་པ་མེད་པ་ཉིད་ཅེས་བྱ་བ་ཡིན་ཏེ། མ་སྨིན་པ་ནི་རྣམ་པར་སྨིན་པ་དང་བཅས་པའི་ཕྱིར་ལ་སྨིན་ཟིན་པ་ནི་རྣམ་པར་སྨིན་པ་མེད་པའི་ཕྱིར་རོ། །མི་མཐུན་པའི་ཕྱོགས་དང་གཉེན་པོ་རབ་ཏུ་དབྱེ་བ་ནི་གཉིས་ཀ་མ་ཡིན་པ་ནག་པོ ་ཡང་མ་ཡིན་དཀར་པོ་ཡང་མ་ཡིན་པ་དང་གཉི་གའི་ཆ་འདྲེན་མའི་ལས་ཡང་དག་པར་ལེན་པ་རབ་ཏུ་དབྱེ་བ་སྟེ་ནག་པོ་ཞེས་བྱ་བ་ལ་སོགས་པའི་ཚིག་གསུངས་པ་གང་ཡིན་པའོ། །ལས་ནག་པོ་དང་དཀར་པོ་དག་ནི་ཕྱོགས་དུ་མ་ལས་རབ་ཏུ ་རྣམ་པར་ཕྱེ་ཟིན་པའི་ཕྱིར་ཏེ། དེ་གཉིས་ཡང་དག་པར་ལེན་པས་སོ། །མདོའི་དོན་ནི་ཐ་དད་པ་ཞེས་བྱ་བ་ནི་བྲལ་བོའོ། །སྣ་ཚོགས་ནི་འདྲེན་མ་ཉིད་དེ། དེ་གཉིས་ཁོ་ན་དང་ཞེས་བྱ་བ་ཡིན་ནོ། །རྐྱེན་རབ་ཏུ་དབྱེ་བ་ནི། ལས་ཀྱི་ཞིང་བདག་པའི་རྐྱན་ཁོ་ན་ཉིད ་ཀྱང་ཡིན་ལ་རྒྱུའི་རྐྱེན་ཉིད་ཀྱང་ཡིན་པར་ཤེས་པར་བྱ་བ་སྟེ། ལས་ཀྱི་ཞིང་ཆད་མེད་པ་ཉིད་ཅེས་གསུངས་པ་གང་ཡིན་པའོ། །ཁོར་ཟུག་དུ་མ་ཡིན་པ་ནི་རེས་འགའ་བའ་ཨོ། །ཁོར་ཟུག་ནི་གཉུག་མའོ། །དེ་གཉིས་རབ་ཏུ་དབྱེ་བ་སྟེ། འཕགས་པ་དང་འཇིག ་རྟེན་པར་རབ་ཏུ་རྣམ་པར་བྱེ་བ་ཉིད་ཅེས་གསུངས་པ་གང་ཡིན་པའོ། །གནས་སྐབས་གསུམ་ནི་ཚེ་འདི་དང་སྐྱེས་པ་དང་ལན་གྲངས་གཞན་ལ་ཞེས་བྱ་བའོ། །དེར་ངེས་པ་དང་མ་ངེས་པ་སྟེ། ཚེ་འདི་དང་སྐྱེས་པ་དང་ལན་གྲངས་གཞན་ལ་མྱོང ་བར་འགྱུར་བ་ཉིད་ཅེས་གསུངས་པ་གང་ཡིན་པའོ། །ཐེག་པ་རྣམ་པ་གསུམ་ལ་ངེས་པ་དང་མ་ངེས་པ་ཉིད་ནི་ཐེག་པ་དང་ཐེག་པ་མ་ཡིན་པ་ལ་ངེས་པ་དང་མ་ངེས་པ་ཞེས་གསུངས་པ་གང་ཡིན་པ་སྟེ་།ཐོག་པ་མ་ཡིན་པར་ངེས་པ་ནི་ཡོངས་སུ་མི་འདའ་ ་བའི་ཆོས་ཅན་རྣམས་སོ། །དེ་ལྟར་ན་ངེས་པ་དང་མ་ངེས་པ་རབ་ཏུ་དབྱེ་བས་ལས་རྣམས་ཀྱི་རྒྱུ་བ་ཐིབས་པོ་ཡང་དག་པར་བསྟན་པ་ཡིན་ཏེ། སྨྲས་པ། ཚེ་འདིའི་འབྲས་བུ་ཅན་དང་ནི། །དེ་བཞིན་ཚེ་རབས་གཞན་འབྲས་དང། །ལན་གྲངས་གཞན་གྱི་འབྲས ་ཅན་དང། །འབྲས་བུ་གནས་སྐབས་ངེས་པ་ཡིན། །བཤད་པའི་སྣོད་རབ་ཏུ་དབྱེ་བས་ནི་དབང་པོ་ཐ་མ་འབྲིང་དང་རབ་ཉིད་ཀྱང་ཞེས་འབྱུང་བའི་ཕྱིར་ཏེ། དབང་པོ་དང་མཚམས་པར་བཤད་པ་འཇུག་པས་སོ། །སྔ་མ་འཕོགས་པ་ཉིད་ཅེས་བྱ་བ་ནི་དེ་ལ ་དབང་པོ་སྦྱོར་བ་ན་དབང་པོ་སྔ་མ་འབོགས་པ་ཉིད་ཁྱད་པར་དུ་འཕགས་པ་ཉིད་དུ་འཕོ་སྟེ། འདི་ལྟར་དད་པས་རྗེས་སུ་འབྲང་བ་སྦྱངས་ན་ལམ་གཞན་ལ་མཐོང་བས་ཐོབ་པར་འགྱུར་རོ་ཞེས་འབྱུང་བ་ལྟ་བུའོ། །དེ་བཞིན་དུ་དབང་པོ་གཞན་ཡང་སྦྱངས ་ན་མཆོག་ཏུ་འགྱུར་བའི་ཕྱིར་སྔ་མ་འབོགས་པ་ཉིད་དུ་རིག་པར་བྱ་སྟེ། དེ་ལྟར་ན་སྔོན་གྱི་མཛའ་དང་ཕྱི་མའི་མཛའ་ཞེས་བྱ་བའི་སྒོ་རྣམ་པར་བཀྲོལ་བ་ཡིན་ནོ། །སྔ་མ་རྣམས་ལས་ཕྱི་མ་རྣམས་དམའ་བ་དང་ཁྱད་པར་དུ་འཕགས་པ་ཉིད་དང་ཞེས་བྱ ་བ་ལ་དེ་ལ་དཔའ་བ་ཉིད་ནི་དཔེར་ན་ཆོས་ཀྱི་རྗེས་སུ་འབྲང་བས་དད་པས་མོས་པ་དང་དུས་ཀྱིས་རྣམ་པར་གྲོལ་བ་ལྟ་བུའོ། །ཁྱད་པར་དུ་འཕགས་པ་ཉིད་ནི་དེ་ཉིད་དང་དད་པས་རྗེས་སུ་འབྲང་བ་བས་མཐོང་བས་ཐོབ་པ་དང། དུས་དང་མི་སྦྱོར་བས་རྣམ ་པར་གྲོལ་བ་དག་ལྟ་བུ་སྟེ། གཅིག་པ་ནི་རྟོགས་པས་ཁྱད་པར་དུ་འཕགས་ལ་ཅིག་ཤོས་པས་ནི། དབང་པོ་དང་རྟོགས་པས་ཁྱད་པར་དུ་འཕགས་སོ། །འདི་ནི་ཐ་དད་པ་ཞེས་བྱ་བའི་སྒྲ་འབྲེལ་བ་ཡིན་ཏེ་གཅིག་ཏུ་གྱུར་པ་མ་ཡིན་པའི་ཕྱིར་ཐ་དད་ལ ་ནི་སོ་སོ་བ་ཁོ་ན་ཡིན་ནོ། །མཚུངས་པ་ཉིད་ནི་དད་པས་རྗེས་སུ་འབྲང་བ་བས་དད་པས་མོས་པ་དང་དུས་ཀྱི་རྣམ་པར་གྲོལ་བ་དག་དབང་པོའི་སྒོ་ནས་མཚུངས་ཀྱི་རྟོགས་པས་མ་ཡིན་པ་དང། ཆོས་ཀྱིས་རྗེས་སུ་འབྲང་བབས་མཐོང་བས་ཐོབ་དང་དུས ་དང་མི་སྦྱོར་བས་རྣམ་པར་གྲོལ་བ་དག་སྔ་མ་བཞིན་པ་ལྟ་བུ་སྟེ། དེ་ཉིད་ཀྱི་ཕྱིར་སྔ་ཕྱི་ལམ་ཐ་དད་པ་མ་ཡིན་པ་ཁོ་ནས་ཐ་དད་པ་མ་ཡིན་པ་ཉིད་ཅེས་བྱ་བ་ནི་སྒྲ་རྣམ་པར་བཤད་པ་ཡིན་ནོ། །ཐེག་པ་གསུམ་གྱི་རིགས་རབ་ཏུ་དབྱེ་བ་ནི། རྒྱ་ཆེན་པོ ་དང་འབྲིང་དང་ཐ་མ་ཉིད་ཅེས་བྱ་བ་ཡིན་ནོ། །ཡིད་དང་བདེ་བ་ལ་སོགས་པའི་དབང་པོ་རྣམས་ཀྱི་ཉོན་མོངས་པ་ཀུན་ནས་དཀྲིས་པ་ཉིད་ནི་ཉོན་མོངས་པ་མངོན་དུ་གྱུར་པ་ཉིད་དོ། །ཉོན་མོངས་པ་བག་ལ་ཉལ་བ་ཉིད་ནི་ས་བོན་གྱི་ངོ་བོར་གནས་པ?་ཉིད་དེ་ཉོན ་མོངས་པ་དང་ལྷན་ཅིག་སྐྱེས་ཤིང་ཐ་མི་དད་པ་ཉིད་ཅེས་འབྱུང་བའི་ཕྱིར་རོ། །ཐེག་པ་དང་ཐེག་པ་མ་ཡིན་པ་ལ་ངེས་པ་དང་མ་ངེས་པ་དང་ཡོངས་སུ་སྨིན་པར་ངེས་པ་དང་མ་ངེS?་པ་ཉིད་ཅེས་བྱ་བ་ནི་བཤད་པ་ཉིད་ལས་གསལ་བར་ཟད་དོ། །རྟེན་འབྱུང་བ ་ན་སྐྱེ་མཆེད་དྲུག་པོ་དག་ཕན་ཆུན་འབྲལ་བར་རྗེས་སུ་འབྲང་བའོ། །མྱུར་དུ་འཇིག་པའི་སྐྱེས་མ་ཐག་ཏུ་འཇིག་པའི་ཕྱིར། དམིགས་པ་ལ་འགྱུར་བ་ནི་སྐྱེས་པ་དང་བུད་མེད་ལ་སོགས་པ་མཚན་མར་འཛིན་པ་སྟེ་དབང་པོའི་དྲ་བའི་རྗེས་སུ་འབྲང་བ་དང ་མྱུར་དུ་འཇིག་པ་དང་མཚན་མར་འཛིན་པ་ཉིད་ཅེས་གསུངས་པ་གང་ཡིན་པའོ། །ལམ་གྱི་དབང་གིས་མི་མཐུན་པའི་ཕྱོགས་ལས་རྒྱལ་བའི་དོན་ཅེས་བྱ་བ་ལ་ལམ་སྨོས་པས་ནི་ཀུན་ཤེས་པ་ལ་སོགས་པའི་དབང་པོ་གསུམ་སྟོན་པར་བྱེད་དེ། དབང ་པོའི་དབང་གིས་མི་རྫི་བ་ཉིད་ཅེས་གསུངས་པ་གང་ཡིན་པའོ། །ཕྱིར་ལྡོག་པ་ནི་ས་གང་ལས་ཕྱིར་ལྡོག་པའི་སྲིད་པའོ། །ཕྱིར་མི་ལྡོག་པ་ནི་གང་ལས་འགལ་བའི་རྐྱེན་རྣམས་ཀྱིས་ཀྱང་མི་བཟློགས་པ་སྟེ། དབང་པོ་བཟློག ་ཏུ་རུང་བ་དང། བཟློག་ཏུ་མི་རུང་བ་རབ་ཏུ་རྣམ་པར་དབྱེ་བ་ཉིད་ཅེས་གསུངས་བ་གང་ཡིན་པའོ། །སྦྱོར་བ་ལས་བྱུང་བ་ནི་དད་པ་ལ་སོགས་པའོ། །རྣམ་པར་སྨིན་པ་ནི་མིག་ལ་སོགས་པའོ། །དེ་གཉིས་སྨོས་པ་ནི་རིང་དུ་སོང་བ་དང་ལྷན་ཅིག་སྐྱེས ་པ་རྣམ་པ་སྣ་ཚོགས་ཐ་དད་པ་ཉིད་ཅེས་འབྱུང་བའི་ཕྱིར་རོ། །བག་ལ་ཉལ་ནི་རྗེས་སུ་འབྲང་བའི་དོན་དུ་རིག་པར་བྱ་ཞེས་བྱ་བ་ནི་རིམས་ཉིན་བཞི་པ་བཞིན་ཏེ། བསམ་པ་དང་ལྷན་ཅིག་སྐྱེས་པ་དང་སེམས་དང་ལྷན་ཅིག་སྐྱེས་པ་ཉིད་ཀྱང་ཡང ་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཏེ་ཞེས་གང་གསུངས་པ་སྟེ། སྦྱོར་བ་ལས་བྱུང་བ་དང། རྣམ་པར་སྨིན་པ་ལས་རྗེས་སུ་འབྲང་བའི་ཕྱིར་རོ། །གང་དུ་རྗེས་སུ་འབྲང་ཞེ་ན་རྣམ་པར་སྨིན་པའི་སེམས་ལ་ཏེ། སེམས་དང་མཚུངས་པར་ལྡན་པ་དང ་མཚུངས་པར་ལྡན་པ་མ་ཡིན་པར་དབྱེ་བ་ཞེས་གསུངས་པ་གང་ཡིན་པའོ། །བག་ལ་ཉལ་རྣམ་པར་སྨིན་པའི་སེམས་གང་དང་མཚུངས་པར་ལྡན་པ་དེ་ནི་བསྒོ་བར་བྱ་བ་ཡིན་པའི་ཕྱིར་ལ། རྣམ་པར་སྨིན་པའི་སེམས་གང་དང་མཚུངས་པར་ལྡན ་པ་མ་ཡིན་པ་དེ་ནི་བསྒོ་བར་བྱ་བ་མ་ཡིན་པའི་ཕྱིར་རོ། །འོ་ན་གོ་ཇི་ལྟར་དེ་ལ་རྗེས་སུ་འབྲང་ཞེ་ན་དེས་བྱས་པའི་ལས་རྗེས་སུ་འབྲང་པའི་ཕྱིར་རོ། །བར་ཆད་མེད་པར་རྣམ་པ་སྣ་ཚོགས་ཡུན་རིང་པོ་ནས་རྗེས་སུ་འབྲང་བ་ནི་རིང་ནས་རྗེས་སུ་ཞུགས་པ་ཞེས ་བྱུང་བའི་ཕྱིར་རོ། །ཐོག་མ་མེད་པའི་དུས་ནས་མ་བརྩལ་བ་ཉིད་དེ་མ་བརྟོན་པ་དང། དེ་ལ་ཡང་རྗེས་སུ་འབྲང་བའི་ཕྱིར་བསམ་གཏན་ལ་སོགས་པ་ཐམས་ཅད་ཀྱིས་ཀྱང་མི་མཇེད་པ་ཉིད་དེ་འདི་གཉིས་ཀྱིས་ན་དམ་པོ་ཉིད་དུ་རྗེས་སུ་འབྲང ་བ་ཡིན་ནོ། །ཁམས་གསུམ་པའི་མཚམས་སྦྱོར་བར་མཚམས་སྦྱོར་བས་ཤིན་ཏུ་སྦྲེལ་བར་བྱེད་པ་ཉིད་དང། ཐོག་མ་མེད་པའི་དུས་ནས་སེམས་བཅིངས་པར་ཀུན་ཏུ་འབྱུང་བ་ཉིད་དང་སྐྱེ་མཆེད་ཀྱི་སྒོ་ནས་རྣམ་པར་རིག་པ་འབྱུང་བ་ཉིད་ཅེས་བྱ་བ ་ཚིག་གསུམ་གྱིས་ནི་གོ་རིམ་བཞིན་དུ་ཁམས་དང་སེམས་དང་ཡུལ་ཐམས་ཅད་དུ་སོང་བས་རྗེས་སུ་འབྲང་པ་བསྟན་ཏོ། །གཉེན་པོ་ཡོད་པའི་དོན་ཡིན་པ་ནི། གཉེན་པོ་ཐོབ་པ་རྫས་སུ་གྱུར་པ་ཉིད་ཅེས་གསུངས་པ་གང་ཡིན་པ་སྟེ། བག་ལ ་ཉལ་ནི་རྣམ་པར་རྟོག་པས་ཀུན་ནས་བསླང་པའི་ཕྱིར་རོ། །ཕྲ་བ་རྗེས་སུ་འབྲང་བ་ལ་སྐྱེ་མཆེད་དྲུག་ལ་ཞེས་བྱ་བ་ནི་དེའི་འབྲས་བུ་རྣམ་པར་ཤེས་པ་རྣམས་ལ་བྱའོ། །ཉོན་མོངས་པའི་བདག་ཉིད་བག་ལ་ཉལ་གྱི་བདག་ཉིད་དུ་མི་ཕྲད?་པ་ཀུན་ནས ་དཀྲིས་པའི་བདག་ཉིད་དུ་ནི་མ་ཕྲད་པ་སྟེ། ཉོན་མོངས་བག་ལ་ཉལ་གྱི་བདག་ཉིད་དང་ཀུན་ནས་བཀྲིས་པའི་བདག་ཉིད་དུ་གནས་པའི་ཕྱིར་ཏེ། ས་དང་སྐྱེ་མཆེད་དང་ཕྲད་པ་དང་མ་ཕྲད་པ་ཉིད་ཅེས་གསུངས་པ་གང་ཡིན་པའོ། །འཇིག་རྟེན ་ལས་འདས་པ་མ་ཡིན་པའི་ལམ་གྱིས་སྤངས་པར་བྱ་བ་མ་ཡིན་པ་ནི་གཞན་མ་ཡིན་པ་འཕགས་པའི་ལམ་གྱིས་གསལ་བ་ཞེས་གསུངས་པ་གང་ཡིན་པ་སྟེ། གཞན་མ་ཡིན་པ་ནི་འཕགས་པའི་ལམ་མོ་སྐྱེ་བའི་རྒྱུ་བ་ཐིབས་པོ་རབ་ཏུ་དབྱེ ་བ་ནི་མེད་ལས་ཇི་སྐད་དུ་འབྱུང་བར་ཟད་པའི་ཕྱིར་ཤེས་པར་སླའོ། །འབྲས་བུ་འབྱིན་པར་ཉེ་བར་གནས་པ་དང་ཉེ་བར་མི་གནས་པའི་བྱེ་བྲག་ཞེས་བྱ་བ་ལ། བག་ཆགས་ནི་ས་བོན་ནོ། །བག་ཆགས་གང་དག་འབྲས་བུ་འབྱིན་པར་ཀུན་ཏུ་འབྱུང་བདེ ་དག་ནི་ཉེ་བར་བཏགས་པ་མ་ཡིན་པའོ། །ཇི་ལྟ་ཞེ་ན། འདི་ལྟར་དེ་དག་ནི་འབྲས་བུ་དངོས་སུ་མངོན་པར་སྒྲུབ་པའི་ཕྱིར་ཉེ་བར་བཏགས་པ་མ་ཡིན་ཏེ་དངོས་སུ་ས་བོན་ཉིད་ཡིན་ཞིང་བག་ཆགས་ཉིད་ཡིན་ནོ། །གང་དག་འབྲས་བུ་འབྱིན་པར་ཉེ་བར་མི་གནས་པ ་དེ་དག་ནི་བཏགས་པའི་བག་ཆགས་ཉིད་ཡིན་པས་ས་བོན་ཚིག་བ་བཞིན་དུ་ཉེ་བར་བཏགས་པ་ཡིན་ཏེ། བག་ཆགས་རྣམས་ཀྱི་ཉེ་བར་བཏགས་པ་དང་ཉེ་བར་བཏགས་པ་ཡིན་པ་ཉིད་གསུངས་པ་གང་ཡིན་པའོ། །འགྲོ ་བའི་བག་ཆགས་ཀྱི་བྱེ་བྲག་གིས་ཞེས་བྱ་བ་ནི་འགྲོ་བ་གང་དང་ཉོན་མོངས་པའི་བག་ཆགས་གང་དུ་འབྲེལ་བ་དེས་བསྒོས་པ་ཉིད་ཅེས་དེ་སྟོན་པར་བྱེད་དོ། །སེམས་ཅན་དང་བསྟེན་པའི་བག་ཆགས་ཀྱི་བྱེ་བྲག་གིས་ཞེས་གང་སྨྲས་པ་ནི་སེཾས་ཅན ་ཇི་ལྟ་བུར་གྱུར་པ་དག་དང་འགྲོགས་པའི་རྒྱུས་སྤྱོད་པ་སྤྱད་པ་དེས་བསྒོས་པ་ཉིད་ཅེས་བྱ་བ་ཡིན་ནོ། །བཟོའི་ལས་ཀྱི་ཉོན་མོངས་པའི་བག་ཆགས་ཀྱི་བྱེ་བྲག་གིས་ཞེས་བྱ་བ་ནི་འདི་སྐད་དུ། ལས་ནི་འདིར་བཟོའི་ལས་ཡིན་གྱི་དགེ་བ་ལ་སོགS ་པ་ནི་མ་ཡིན་ནོ། །ཉོན་མོངས་པ་ཡང་འདིར་དེ་བསླབ་པའི་ཕྱིར་ཡོངས་སུ་དུབ་པ་ཡིན་གྱི་འདོད་ཆགས་ལ་སོགས་པ་ནི་མ་ཡིན་ནོ་ཞེས་བཤད་པ་ཡིན་ཏེ། ལས་ཇི་ལྟ་བ་བཞན་དུ་ཉོན་མོངས་པ་གོམས་པར་བྱས་པས་བསྒོས་པ་ཉིད་ཅེས ་གསུངས་པ་གང་ཡིན་པའོ། །ལས་ནི་འདི་ཡིན་གྱི་གཞན་ནི་མ་ཡིན་ནོ་ཞེས་བྱ་བ་འདི་ལ་གཏན་ཚིགས་ནི་དགེ་བ་ལ་སོགས་པའི་ལས་མཇུག་ཐོགས་སུ་སྟོན་པ་ཡིན་ནོ། །བར་མ་དོའི་སྲིད་པའི་བག་ཆགས་ཀྱི་བྱེ་བྲག་གིས་ནི་བར་མ་དོན་ཡོད ་པའི་སྲིད་པ་ངེས་ཡང་སྲིད་པར་འགྲོ་བ་སྟེ། དེ་བཞིན་དུ་མདོ་ལས་འབྱུང་བར་ཟད་དོ། །འབྲས་བུ་འབྱིན་པའི་རིམ་གྱིས་བྱེ་བྲག་གིས་ཞེས་བྱ་བ་ནི་གོམS་པ་གང་ཡིན་པ་དང་ཞེས་བྱ་བ་ལ་སོགས་པས་ཁོང་དུ་ཆུད་པར་བྱའོ། །འཇིག་རྟེན ་བའི་ངེས་པར་འབྱུང་བའི་བག་ཆགས་ཀྱི་བྱེ་བྲག་གིས་ཞེས་བྱ་བ་ནི་ཉོན་མོངས་པའི་རྒྱུན་མི་འཆད་པ་སྟེ། དེ་ལྟ་ཞེ་ན། བག་ཆགས་རིང་དུ་སོང་བའི་ཕྱིར་རོ། །དུས་རེ་ཞིག་རྣམ་པར་མནན་པའི་ཕྱིར་ཉོན་མོངས་པ་འགྲིབ་པར་བྱེད་པ་ནི ་ཡིན་ཏེ། དེ་བཞིན་དུ་མདོ་ལས་འབྱུང་བར་ཟད་དོ། །ཆོས་འདི་པ་རྣམས་ཀྱི་ཐར་པའི་ཚོགས་ཀྱི་བག་ཆགས་ནི་རྫས་སུ་གྱུར་པ་སྟེ། ཐར་པ་ཡང་དག་པ་འཐོབ་པའི་ཐབས་ཡིན་པའི་ཕྱིར་རོ། །གཞན་མུ་སྟེགས་ཅན་རྣམས་ཀྱི་ནི་དེ་ལྟ་མ་ཡིན་པས་རྫས་སུ་མ་གྱུར་བ ་ཞེས་བྱའོ། །ཐེག་པའི་བག་ཆགས་ཀྱི་བྱེ་བྲག་གིས་ནི་མདོ་ལས་ཇི་སྐད་འབྱུང་བར་ཟད་པའི་ཕྱིར་གསལ་།ཡོངས་སུ་མྱ་ངན་ལས་འདའ་བའ་ཨི་ཆོས་ཅན་རྣམས་ནི་ཐེག་པ་གསུམ་ལ་གཅིག་ཏུ་ངེས་པ་སྟེ། སེམས་ཅན་གྱི་ཚོགས་ཡང་དག་པ་ཉིད་དུ་ངེས ་པ་ཉིད་ཅེས་གསུངས་པ་གང་ཡིན་པའོ། །ཡོངས་སུ་མྱ་ངན་ལས་མི་འདའ་བའ་ཨི་ཆོས་ཅན་རྣམས་ནི། ལོག་པ་ཉིད་དུ་ངེས་པའི་ཕྱིར། །གཅིག་ཏུ་མ་ངེས་པ་ཡིན་ཏེ། །ལོག་པ་ཉིད་དུ་ངེS་པ་ཉིད་ཅེས་འབྱུང་བའི་ཕྱིར་རོ། །དེ་གཉིས་ཀར་མ་ངེS་པ་ཉིད་ནི་གང་དག་རྐྱེན་ཇི་ལྟ་བ་བཞིན་དུ་དེ?་པ་དང་དཾ་པ་མ་ཡིན་པཱི ་ཆོS་མཉན་པའི་རྒྱུས་ཐེག་པ་གསུམ་ལ་གཅིག་ཏུ་ངེས་པའམ་གཅིག་ཏུ་མ་ངེས་པ་གཅིག་ཏུ་སྒྲུབ་པར་འགྱུར་བ་སྟེ། གཉི་གར་མ་ངེས་པ་ཉིད་ཅེས་འབྱུང་བའི་ཕྱིར་རོ། །ལེགས་པར་སྤྱད་པ་དང་ཉེ་བར་སྦྱར་བའི་རྒྱུའི་བྱེ་བྲག་གིས་ནི་ཡང་དག་པའི་ལྟ་བས་ཡང ་དག་པ་ལ་ངེས་པ་ཉིད་དང་ཞེས་བྱ་བ་དང་ལོག་པར་ལྟ་བས་ལོག་པ་ལ་ངེS་པ་ཉིད་དང་དེ་གཉི་ག་དང་བྲལ་པS་གཉི་གར་མ་ངེས་པ་ཉིད་ཀྱང་ཞེས་འབྱུང་བའི་ཕྱིར་ཏེ། ཡང་དག་པའི་ལྟ་བས་ནི་ཡང་དག་པ་ཉིད་དུ་ངེས་ལ། ལོག་པར་ལྟ་བས་དེ་དང་འདྲའོ། །ངན་འགྲོའི ་རྒྱུའི་བྱེ་བྲག་གིས་ནི། མཚམས་མེད་པ་ལྔ་པོ་དག་གང་ཡང་རུང་བ་ཞིག་ཏུ་ལོག་པར་ངེས་པ་སྟེ། ལོག་པ་ཁོ་ན་ལོག་པ་ཉིད་ཡིན་ལ་དེར་ངེས་པའི་ཕྱིར་རོ། །བདེ་འགྲོའི་རྒྱུའི་བྱེ་བྲག་གིས་ནི་དད་ལ་སོགས་པ་དབང་པོ་ལྔ་ལ་ཡང་དག་པར་ངེས་པའི་ཕྱིར་ཏེ། འདིར ་ཡང་ཡང་དག་པ་ཁོ་ན་ཡང་དག་པ་ཉིད་ཡིན་ནོ། །དེ་གཉི་ག་དང་བྲལ་བས་ངེས་པ་མེད་པ་ཉིད་ཡིན་ནོ། །མི་དལ་བར་སྐྱེ་བ་བརྒྱད་དུ་ལོག་པར་ངེས་པ་ནི་མུ་སྟེགས་ཅན་རྣམས་སོ། །ཡང་དག་པར་མྱ་ངན་ལས་འདས་པ་ལ་ཡང་དག་པར་ངེས་པ་ཉིད་ནི་འཕགས་པ་ཉན ་ཐོས་རྣམས་སོ། །ཡང་བྱར་མེད་པ་ནི་ལོག་པ་ཉིད་དང། ཡང་དག་པ་ཉིད་དག་དང། གོ་རིམ་བཞིན་ཏེ་སྤངས་ཟིན་པའི་ཕྱིར་དང། ཐོབ་ཟིན་པའི་ཕྱིར་ཞེས་བྱ་བའི་ཐ་ཚིག་གོ་།ངེས་པ་མེད་པ་ནི་སྔ་མ་བཞིན་ནོ། །སེར་སྣ་མ ་བཟློག་པས་དོན་དུ་གཉེར་བའི་སེམས་ཅན་རྣམས་པ་ཡལ་བར་འདོར་རོ། །ཕྲ་དོག་མ་བཟློག་པས་སེམས་ཅན་གཞན་དག་འབྱོར་པར་མི་འདོད་དོ། །ངན་པ་ཉེ་བར་སྤྱོད་པ་མ་བཟློག་པས་གཞན་དག་ལ་སྡུག་བསྔལ་ཉེ་བར་བསྒྲུབ་སྟེ། ངན་པ་ནི་སྨད་པའོ།། ་དེ་སྤྱོད་པ་ནི་ཡུལ་ཏེ་སེམས་ཅན་ལ་གནོད་པར་ཞུགས་པའི་ལུས་དང་ངག་གི་ལས་དག་གོ། དེ་གཉིས་ནི་དམ་པ་རྣམས་ཀྱིས་སྨད་པར་བྱ་བ་ཡིན་པའི་ཕྱིར་ཏེ། དེའི་ཕྱིར་ཚུལ་འདིས་བྱང་ཆུབ་སེམས་དཔའ་ལོག་པ་ཉིད་དུ་ངེས་པ་ཡིན། །རྒྱུ ་གཉིས་པ་བཤད་པ་སྒྲུབ་པས་ནི་ཡང་དག་པ་ཉིད་དུ་ངེས་པར་འགྱུར་ཏེ། འཕགས་པ་བླ་ན་མེད་པའི་ལམ་སྒོམ་པ་ཉེ་བར་སྒྲུབ་པས་ཡང་དག་པར་ངེས་པ་ཉིད་ཅེས་འབྱུང་བའི་ཕྱིར་རོ། །གཉི་བ་མེད་པས་མ་ངེས་པ་ཡིན་ཏེ། དེ་བཞིན་དུ་མདོ ་ལས་འབྱུང་བར་ཟད་དོ། །སྤྱོད་པ་ལ་འཇུག་པ་ཕུན་སུམ་ཚོགས་པ་དེ་ལྟ་བུ་ཡིན་ནོ། །ཅི་ཞིག་ཤེས་ནས་སྟོན་ཅེ་ན། །རྣམ་གྲོལ་སྣོད་ཅེས་བྱ་བ་དང། །རྣམ་པར་གྲོལ་བའི་མཚན་ཉིད་དང། །ཐེག་པ་གསུམ་པོ་རབ་སྟོན་ཕྱིར། །རྣམ་གྲོལ་རབ་ཏུ ་དབྱེ་བའོ། །ཡོངས་སུ་སྨིན་པར་གྱུར་པས་ཞེས་བྱ་བ་ལ་ཡོངས་སུ་སྨིན་པ་ནི་མི་མཐུན་པའི་ཕྱོགས་བསལ་བ་སྟེ། རྨ་ཡོངས་སུ་སྨིན་པ་བཞིན་ནོ། །སྐལ་པ་དང་ལྡན་པ་ཉིད་དུ་བྱེད་པས་གཉེན་པོ་སྐྱེད་པ་སྟེ། ཟས་ཡོངས་སུ་སྨིན་པ་བཞིན་ནོ། །འདུལ་བས་ཞེས ་བྱ་བ་ནི། སེམས་ཅན་རྣམས་འདུལ་བའི་རྒྱུ་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་དག་འདུལ་བར་བྱེད་པ་སྟེ། དེའི་རང་བཞིན་ནི་དེ་དག་ཉེ་བར་ཞི་བ་ཡིན་པའི་ཕྱིར་རོ། །གདུལ་བྱ་རྣམས་ཀྱི་སྣང་བརྟགས་ནས། །གཉེན་པོ་ཉེ་བར་སྟོན་པའི ་ཕྱིར། །དབང་དུ་བྱས་ནས་བཤད་པ་ནི། །ཚིག་བཅུ་དག་གིས་ཤེས་པར་བྱ། །རྣམ་པར་དབྱེ་བ་ནི་གཉེན་པོའི་བྱེ་བྲག་སྟེ། །དེ་ཡང་བསམ་པ་ཇི་ལྟ་བ་དང། །བག་ལ་ཉལ་ཇི་ལྟ་བ་ཞེས་བྱ་བ་ཡིན་ནོ། །གཉིས་ཀྱིས་ནི་གཉེན་པོ་བསྟན་པའི་སྣོད་ཉིད་འོས་ཉིད་ཀྱིས ་དབང་དུ་བྱས་ནས་ཞེས་བྱ་བ་ཡིན་ནོ། །དབང་པོ་དང་མོས་པ་དང་མཐུན་པའི་དབང་དུ་བྱས་ནས་ཆོས་སྟོན་པའི་ཕྱིར་སྤྱིར་ཆོས་བཤད་པའི་སྣོད་ཉིད་ཡིན་ཏེ་དེ་ཡང་ཚིག་གཉིས་ཀྱིས་བསྟན་ཏོ། །གང་ལ་དཔེ་ཉེ་བར་བསྒྲུབས་པ་གང་གི་དོན་གཉུག་མ་གོང་བཏུབ ་པ་དེ་དེ་ལ་ཉེ་བར་བསྒྲུབས་པ་སྟེ། སྤྱོད་ཡུལ་ཇི་ལྟ་བ་རྣམ་པར་དབྱེ་བ་ཤེས་པ་ཉེ་བར་སྒྲུབ་པ་ཞེས་གསུངས་པ་གང་ཡིན་པའོ། །སྤྱོད་ཡུལ་ནི་ཡུལ་ལོ། །དེ་ཡང་གྲགས་པ་ཡིན་གྱི་མ་གྲགས་པ་ནི་མ་ཡིན་པས་དཔེ་ཡིན་ཏེ། བསྒྲུབ་པར་བྱ་བ་ལ་དེ་རྣམ་པར་དབྱེར ་བས་ཤེས་པ་ཉེ་བར་སྒྲུབ་པས་སོ། །རྣམ་གྲངས་གང་གིས་དོན་གང་གོ་བར་འགྱུར་བ་དེའི་སྣོད་ཀྱི་དབང་དུ་བྱས་པ་སྟེ། སྤྱོད་ཡུལ་ཐམས་ཅད་ཤེས་པ་ཁོང་དུ་ཆུད་པར་བྱ་བ་ཞེས་གསུངས་པ་གང་ཡིན་པའོ། །རྣམ་གྲངས་གང་གིས་ཡུལ་ལ་སོགས ་པས་ཐ་དད་པའི་སེམས་ཅན་ཐམས་ཅད་ཀྱི་དངོས་པོ་སྤྱོད་ཡུལ་དུ་འགྱུར་བ་དེ་ཤེས་པ་ཁོང་དུ་ཆུད་པར་བྱ་བའོ། །བརྗོད་པར་འདོད་པའི་དོན་ཇི་སྙེད་པ་ཐོབ་པའི་སྣོད་དུ་རུང་བ་དེའི་དབང་དུ་བྱས་པ་ཁམས་ཀྱི་ཐིབས་པོ་ཇི་ལྟ་བ་བཞིན་དུ་ཉེ་བར་དཔྱོད ་པ་དང་ལྡན་པ་ཞེས་གསུངས་པ་གང་ཡིན་པ་སྟེ། ཁམས་ནི་རིགས་ཡིན་ནོ། །ཤེས་པར་དགའ་བའི་ཕྱིར་དེ་ཉིད་ཐིབས་པོ་ཡིན་ནོ། །དེའི་ཉེ་བར་དཔྱོད་པ་ནི་རྣམ་པར་འབྱེད་པ་སྟེ། བྱེ་བྲག་ཏུ་ཤེས་པའོ། །དེ་དང་ལྡན་པ་སྟེ། དེའི་ཕྱིར་རིགས་ཁོང་དུ་ཆུད ་པའི་ཕྱིར་དེ་དང་འཚམ་པའི་ཆོས་བསྟན་པས་ཐོབ་པར་རུང་བ་ཉིད་དོ། །ཚིག་གཟུང་བར་འོས་པ་ཉིད་ཅེས་བྱ་བ་ནི་སྐྱེ་བར་ཉོན་མོངས་དང་ལས་ཀྱི་བག་ཆགས་ཇི་ལྟ་བ་བཞིན་རྗེས་སུ་འཇུག་ཅེས་གསུངས་པ་གང་ཡིན་པའོ། །ཇི་ལྟ་ཞེ་ན། སྐྱེ་བ ་དེ་དང་དེར་ཉོན་མོངས་པ་དང་ལས་ཀྱི་བག་ཆགས་དང་མཐུན་པར་བྱེད་པ་སྟེ། མཐུན་པ་ཉིད་དུ་སྒྲུབ་པས་ནི་ཚིག་གཟུང་བར་འོས་པར་འགྱུར་རོ། །དེ་ལྟ་མ་ཡིན་ན་མི་ཤེས་པའི་ངོ་བོ་ཆོས་སྟོན་པར་བྱེད་པ་འདི་སུ་ཞིག ་ཅེས་ཟེར་ཏེ། དེ་ལྟར་མི་འགྱུར་རོ། །ངེས་པ་དང་མ་ངེས་པའི་དབང་པོ་རྣམ་པར་བཟློག་པ་ནི་ཚོགས་ཇི་ལྟ་བུ་ལ་གནས་པ་ཁོང་དུ་ཆུད་པར་བྱ་བ་ཞེས་གསུངས་པ་གང་ཡིན་པ་སྟེ། ལོག་པ་ཉིད་ཀྱི་ཚོགས་ལ་ངེས་པ་རྣམ་པར་བཟློག་པ་ནི ་དཔེར་ན་བཅོམ་ལྡན་འདས་འཇམ་པའི་དབྱངས་ཀྱིས་མ་སྐྱེས་དགྱའི་འགྱོད་པ་བསལ་ནས། ལས་བསྲབས་པས་ངན་སོང་རྣམས་ལས་རྣམ་པར་བཟློག་པ་ལྟ་བུའོ། །མ་ངེས་པ་རྣམ་པར་བཟློག་པ་ནི་ཡང་དག་པ་ཉིད་པ་འགོད་པའི་ཕྱིར།། ་ཐེག་པ་ཇི་ལྟ་བུས་ངེས་པར་འབྱིན་པའི་སྣོད་ཉིད་ཅེས་བྱ་བ་ནི་ཐེག་པ་ཇི་ལྟ་བུ་ལ་མོས་པས་རྣམ་པར་གྲོལ་བ་ཐོབ་པར་བྱ་བས་ཆོས་སྟོན་ཏོ་ཞེས་གང་གསུངས་པ་གང་ཡིན་པའོ། །རྣམ་པ་ཉི་ཤུས་གཏམ་བརྗོད་པ་ཇི་ལྟ་བུ་ཞེ་ན། དུས་དང་གུས་པར ་བྱེད་པ་དང། གོ་རིམ་དང། མཚམས་སྦྱར་བ་དང། མཐུན་པར་ལྡན་པ་དང། དགའ་བར་བྱེད་པ་དང། མོས་པར་བྱེད་པ་དང། ཚིམ་པར་བྱེད་པ་དང། བརྟུན་ངས་པར་མི་བྱེད་པ་དང། གཡེལ་བར་མི་བྱེད་པ་དང། རིགས་པ་དང། མཐུན་པ་དང ་མ་འདྲེས་པ་དང། ཆོས་དང་ལྡན་པ་དང། འཁོར་ཇི་ལྟ་བ་དང། བྱམས་པའི་སེམས་དང་ལྡན་པ་དང། ཕན་པའི་སེམས་དང་ལྡན་པ་དང། སྙིང་བརྩེ་བའི་སེམས་དང་ལྡན་པ་དང། རྙེད་པ་དང་བཀུར་སྟི་དང་ཚིགས་སུ་བཅས་པ་རྣམས་ལ་མི་གནས་པ་དང། ་བདག་ལ་མི་བསྟོད་ཅིང་གཞན་ལ་མི་སྨོད་པའོ། །དེ་ལ་དུས་ནི་མི་ཁོམ་པ་བརྒྱད་དང་མ་འབྲེལ་ཅེས་བྱ་བའི་ཐ་ཚིག་སྟེ། དཔེར་ན་མྱ་ངན་གྱིས་གདུངས་རིམས་བཏབ་འཁྲུགས་པ་ཡུལ་ལ་མངོན་ཕྱོགས་རྣམ་པར་ཉམ་པར་གནས། །སྒོ་བ་མེད ་ཅིང་སྲུང་མ་མེད་དང་ཕྲད་མ་ཞུགས་དང་སྒྲུབ་པ་མེད་པ་ཡི། །རྒྱལ་པོ་ལ་ནི་ཡུལ་དུས་ཤེས་པ་ཇི་ལྟར་རང་དོན་བརྗོད་པར་མི་འདོད་ལྟར། །སེམས་ཀྱི་རྒྱལ་པོ་མི་ཁོམ་བརྒྱད་དང་འབྲེལ་བ་ཡིན་ནི་ཚུལ་ནི་དེ་ཉིད་དོ། །བཤད་པ་ལྟ་བུའོ། །གུས་པར་བྱེད ་ཅེས་བྱ་བ་ནི་མཐུན་པའི་སྤྱོད་ལམ་གྱིས་གནས་པ་ཡིན་གྱི། །མི་མཐུན་པས་གནས་པ་ལ་མ་ཡིན་ཏེ། ཇི་ལྟ་བུ་ཞེ་ན། མིན་པར་འདུག་པ་ལ་འགྲེང་སྟེ། ཆོས་མི་བཤད་པར་བསླབ་པར་བྱའོ་ཞེས་བྱ་བ་ལ་སོགས་པ་ལྟ་བུའོ། །གོ་རིཾ?་ཞེS་བྱ་བ་ནི་ཚིག་དང་ཡི་གེ་གང ་ཇི་ལྟ་བ་བཞིན་དུ་སྟོན་པའོ། །མཚམས་སྦྱར་བ་ཞེས་བྱ་བ་ནི་གོ་རིམ་བཞིན་ཁོ་ནར་དོན་གྱི་སྒོ་ནས་ཀྱང་རྣམ་པར་འབྱེད་པའོ། །མཐུན་པར་ལྡན་ཞེས་བྱ་བ་ནི་དོན་དང་ལྡན་པར་ཆོས་སྟོན་གྱི་དོན་དང་མི་ལྡན་པར་མ་ཡིན་པའོ། །དགའ་བར་བྱེད་ཅེས་བྱ་བ་ནི་ཡང་དག་པར ་བསྟན་པར་བྱ་བ་རྣམས་ལ་ཡང་དག་པར་སྟོན་པའོ། །མོས་པར་བྱེད་ཅེས་བྱ་བ་ནི་ཡང་དག་པར་འཛིན་དུ་གཞུག་པར་བྱ་བ་རྣམས་ལ་ཡང་དག་པར་འཛིན་དུ་འཇུག་པའོ། །ཚིམ་པར་བྱེད་ཅེས་བྱ་བ་ནི་ཡང་དག་པར་གཟེངས་བསྟོད་པར་བྱ་བ་རྣམS ་ལ་ཡང་དག་པར་གཟེངས་བསྟོད་པའོ། །བརྟུན་ངས?་པར་མི་བྱེད་པ་དང་གཡེལ་བར་མི་བྱེད་ཅེས་བྱ་བ་རྣམ་པ་འདི་གཉིས་ཀྱིས་ནི་ཡང་དག་པར་དགའ་བར་བྱ་བ་རྣམས་ཡང་དག་པར་དགའ་བར་བྱེད་པའོ། །རིགས་པ་ཞེས་བྱ་བ་ནི་མངོན་སུམ་དང་རྗེས ་སུ་དཔག་པ་དང། ཡིད་ཆེས་པའི་ལུང་གི་ཚད་མ་དང་ལྡན་པའི་གཏམ་ཟེར་བའོ། །མཐུན་པ་ཞེས་བྱ་བ་ནི་བདེ་འགྲོར་འཕྲོ་བ་དང་རྗེས་སུ་མཐུན་པའོ། །མ་འདྲེས་པ་ཞེས་བྱ་བ་ནི་མ་འཁྲུགས་པ་གཟིང་གཟིང་བ་མ་ཡིན་པའོ། །ཆོས་དང་ལྡན་པ་ཞེས་བྱ ་པ་ནི། འཕགས་པའི་བདེན་པ་བཞི་དང་ལྡན་པའོ། །འཁོར་ཇི་ལྟ་བ་ཞེས་བྱ་བ་ནི་འཁོར་བཞི་འམ་བརྒྱད་དེ། གང་ལ་ཇི་ལྟར་གཏམ་གང་འོས་པ་དེ་ལ་དེ་ལྟར་བརྗོད་པའོ། །རེ་ཞིག་རྣམ་པ་བཅོ་ལྔ་པོ་འདི་དག་གིས་ནི་བྱང་ཆུབ་སེམས་དཔའ་གཞན་གྱི ་དོན་རྣམ་པ་ཐམས་ཅད་དང་ལྡན་པའི་གཏམ་དུ་ཤེས་པར་བྱའོ། །དེའི་འོག་ཏུ་བྱམས་པའི་སེམས་དང་ལྡན་པ་ཞེས་བྱ་བ་ནི་གནོད་པར་བྱེད་པའི་སེམས་ཅན་རྣམས་ལའོ། །ཕན་པའི་སེམས་དང་ལྡན་པ་ཞེས་བྱ་བ ་ནི་ཉེས་པར་སྤྱད་པ་སྤྱོད་པའི་སེམས་ཅན་རྣམས་ལའོ། །སྙིང་བརྩེ་བའི་སེམས་དང་ལྡན་པ་ཞེས་བྱ་བ་ནི་བདེ་བ་དང་སྡུག་བསྔལ་གྱིས་རྒྱགས་པ་དང། སྲོ་ཤི་བ་རྣམས་ལའོ། །མི་གནས་པ་ཞེས་བྱ་བ་མི་རྙེད་པ་དང་བཀུར་སྟེ་དང་ཚིགས་སུ ་བཅད་པ་ཐམས་ཅད་ལ་རེ་བ་མེད་པ་ཟང་ཟིང་མེད་པའི་སེམས་ཀྱིས་སོ། །བདག་ལ་མི་བསྟོད་ཅིང་གཞན་ལ་མི་སྨོད་ཅེས་བྱ་བ་ནི་ང་རྒྱལ་གྱི་ཕྲག་དོག་གིས་ཀུན་ནས་དཀྲིས་པ་དང་བྲལ་བར་སེམས་ཅན་རྣམས་ལ་ཆོས་སྟོན་པ་སྟེ། རྣམ་པ ་ལྔ་པོ་འདི་དག་གིས་ནི་བྱང་ཆུབ་སེམས་དཔའ་ཨི་རང་གི་སེམས་ཡོངས་སུ་དག་པའི་གཏམ་དུ་ཤེས་པར་བྱའོ། །སོ་སོ་ཡང་དག་རིག་བསྡུས་ཕྱིར། །ངག་ནི་ཕུན་སུམ་ཚོགས་ཞེས་བྱ། །སེམས་ཅན་དོན་དུ་དག་འཇུག་སྟེ། །དེ་ཡང་མ་འདྲེས ་སྟོན་པ་ཡི། །རྟག་པར་ཞེས་བྱ་བ་ནི་རྒྱུན་མི་འཆད་པར་ཞེས་བྱ་བའི་ཐ་ཚིག་གོ་།རྒྱུན་ཏུ་ཡང་དག་པར་འབྱུང་བ་ཞེས་བྱ་བའི་ཐ་ཚིག་ཀོ་།མ་འདྲེས་པ་དག་ཅེས་བྱ་བ་ནི་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་དང། ཐུན་མོང་མ་ཡིན་པ་རྣམས ་ཞེས་བྱ་བའི་ཐ་ཚིག་གོ་།བཞི་གང་ཞེ་ན། འདི་ལྟ་སྟེ། ཆོས་སོ་སོ་ཡང་དག་པར་རིག་པ་དང། དོན་སོ་སོ་ཡང་དག་པར་རིག་པ་དང། ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པ་དང། སྤོབས་པ་སོ་སོ་ཡང་དག་པར་རིག་པའོ། །སོ་སོ ་ཡང་དག་པར་རིག་པ་འདི་རྣམས་ཀྱི་ཡུལ་ལ་ཆོས་ཉིད་ནི། ཆོས་ཀྱི་ངོ་བོ་ཉིད་ཆོས་ཀྱི་རིགས་ཡོངས་སུ་བསྡུས་པ་སྟེ། གཟུགས་ཀྱི་མཚན་ཉིད་ནི། གཟུགས་སུ་རུང་བའོ་ཞེས་བཤད་པ་ལྟ་བུའོ། །འདིས་ཇི་ལྟར་མཛའ་གཉིས་སྤངས་པ་ཉིད་བཤད་པ ་ཡིན་ཞེ་ན། གཟུགས་ལ་སོགས་པ་ན་དེ་ལྟ་བུ་ཡིན་ནོ་ཞེས་མཚན་ཉིད་མི་འདྲ་བ་བརྗོད་པས་ཁ་ཅིག་གིས་གཟུགས་ལ་སོགས་པ་ལ་བདག་ཏུ་སྒྲོ་བཏགས་པ་གང་ཡིན་པ་དེ་བསལ་ཏོ། །མེད་པ་ལ་མཚན་ཉིད་མེད་པས་སྐུར་པ་འདབས་པའི ་མཛའ་ཡང་འདི་ཉིད་ཀྱིས་བསལ་ཏོ། །ཆོས་ཉིད་སྤྱོད་ཡུལ་ཁོ་ན་ལ་ཇི་ལྟར་ཤེས་པའི་ཡུལ་དུ་འགྱུར་བའོ། ཞེས་བྱ་བ་འདིའི་དོན་ནི་འདི་ཡིན་ཏེ། གཟུགས་དེ་མཚན་ཉིད་ཀྱི་སྒོ་ནས་བསྟན་དུ་ཟིན་ཀྱང་ཇི་སྲིད་དུ་རྣམ་པར་བྱ?་སྟེ་མ་བསྟན ་པ་དེ་སྲིད་དུ་རེ་ཞིག་ཤེས་པས་ཡུལ་དུ་བྱ་བར་མི་ནུས་པས་རྣམ་པར་ཕྱེ་སྟེ་བརྗོད་པ་ནི་ཇི་ལྟར་ཤེས་པའི་ཡུལ་དུ་འགྱུར་བ་ཡིན་པར་རྟོགས་པར་བྱའོ། །ཤེས་པ་ནི་འདིར་ཡིད་ཀྱི་རྣམ་པར་ཤེས་པ་ཡིན་གྱི་མིག་གི་རྣམ་པར་ཤེས་པ་ནི ་མ་ཡིན་ཏེ། འདི་ལྟར་མིག་དང་གཟུགས་རྣམས་ཞེས་བྱ་བ་ལ་སོགས་པས་གཟུགས་སུ་རུང་བའི་རིགས་ཀྱིས་བསྡུས་པའི་དོན་ཐམས་ཅད་སྟོན་ཏོ། །གོ་བར་བྱེད་པ་ནི་ཆོས་ཉིད་སྤྱོད་ཡུལ་དེ་ཉིད་རྣམ་གྲངས་གང་གིས་བརྗོད་པས་གཞན་དག ་གིས་ཤེས་པས་ཁོང་དུ་ཆུད་པར་བྱེད་པའོ། །གོ་བར་བྱེད་པ་རྣམ་གྲངས་ཚད་མེད་པ་ཤེས་པ་དག་གིས་སྒོ་དུ་མ་ཉིད་དེ། །འདི་ཐམས་ཅད་ནི་རང་གི་མཚན་ཉིད་ལ་སོགས་པ་བཞི་ཚན་གྱི་བཅུ་པ་ཐམས་ཅད་ལ་སོ་སོར་སྦྱར་བར་བྱའོ། །རིགས ་ཀྱི་རང་གི་མཚན་ཉིད་ཇི་ལྟ་བུ་ཞེ་ན། དེ་ཆོས་སོ་སོ་ཡང་དག་པར་རིག་པས་ཆོས་རྣམས་ཀྱི་མཚན་ཉིད་རབ་ཏུ་ཤེས་སོ་ཞེས་འབྱུང་བའི་ཕྱིར་ཏེ་ཆོས་ཉིད་ཡུལ་ཡིན་པའི་ཕྱིར་རོ། །ཆོས་ཉིད་དེ་ཉིད་རིགས་ཞེས་བྱ་སྟེ། དངོས་པོ་དུ་མ་ཉེ་བར་བསྡུད་པ ་ཡིན་པའི་ཕྱིར་རོ། །སོ་སོར་རང་གི་མཚན་ཉིད་ནི་སོ་སོ་ཡང་དག་པར་རིག་པས་ཆོས་རྣམས་ཀྱི་རྣམ་པར་དབྱེ་བ་རབ་ཏུ་ཤེས་སོ་ཞེས་བྱ་བ་ཡིན་ནོ། །རང་གི་མཚན་ཉིད་ཁོ་ནའི་དབང་དུ་བྱས་ནས་ཆོས་ཉིད་སྤྱོད་ཡུལ་དང་ཡུལ་ཡིན་པའི་ཕྱིར ་ཏེ། ཆོས་ཉིད་སྦྱོད་ཡུལ་ནི་དོན་ཡིན་ལ་དེ་ཡང་རྣམ་པ་འགའ་ཞིག་ཏུ་ཉེ་བར་གཟུང་བས་ཡུལ་དུ་འགྱུར་བས་སོ་སོའི་རང་གི་མཚན་ཉིད་དུ་འགྱུར་རོ། །སྒྲ་ཇི་བཞིན་དུ་མིང་དུ་གྲགས་པའི་རང་གི་མཚན་ཉིད་ནི་ངེས་པའི་ཚིགས་སོ་སོ་ཡང ་དག་པར་རིགས་པས་ཆོས་རྣམས་མ་འདྲས་པར་བསྟན་པ་རབ་ཏུ་ཤེས་སོ?་ཞེས་འབྱུང་བའི་ཕྱིར་ཏེ། རང་གི་མཚན་ཉིད་ཁོ་ནའི་དབང་དུ་བྱས་ནས་གོ་བར་བྱེད་པ་ཡུལ་ཡིན་པའི་ཕྱིར་རོ། །མ་འདྲེས་པར་བསྟན་པ་ཉིད་ཀྱིས་མཚན་ཉིད་འདི་བཤད ་པ་ཡིན་ནོ། །མིང་དེའི་རབ་ཏུ་དབྱེ་བའི་རང་གི་མཚན་ཉིད་ནི་སྤོབས་པ་སོ་སོ་ཡང་དག་པར་རིག་པས་ཆོས་རྣམས་ཀྱི་མཐུན་པའི་རྒྱུ་ན། རྒྱུན་མི་འཚང་བ་རབ་ཏུ་ཤེས་སོ་ཞེས་འབྱུང་བའི་ཕྱིར་ཏེ། མཚན་ཉིད་འདི་ཡང་མཐུན་པའི་རྒྱན་རྒྱན་མི་འཆད ་པ་ཉིད་ཀྱིས་ཡོངས་སུ་བསྟན་པ་ཡིན་ནོ། །མཚན་ཉིད་གཞན་དག་ལ་ཡང་དེ་བཞིན་དུ་སྦྱང?་བར་བྱའོ། །འདི་དག་གི་རབ་ཏུ་དབྱེ་བ་ནི་བཤད་པ་ཉིད་ལས་གསལ་བར་རབ་ཏུ་ཕྱེ་བར་ཟད་དོ། །འབྱུང་བའི་མཚན་ཉིད་ལ་ཇི་ལྟར་རིགས་ཀྱིས་བསྡུ་བའི ་ཁོངས་སུ་བསྡུ་བར་བྱ་ཞེ་ན། ད་ལྟར་བྱུང་བའི་རིགས་སུ་གཏོགས་པའི་ཕྱིར་ཞེས་བྱ་བས་སྦྱོར་བར་བྱེད་དོ། །ཤེས་པའི་ཡུལ་ཉིད་ཀྱང་འདས་པ་དང་མ་འོངས་པ་ལ་བལྟོས་ནས་ཞེས་བྱ་བ་ལ་སོགས་པས་སྦྱར་བ་ཉིད་དོ། །རྒྱུ་བཞི་དག་གིས་སྨྲ་བ ་པོའི། །ཕུན་སུམ་ཚོགས་པར་འདོད་པ་ཡིན། །དང་པོ་གཟུགས་ནི་ཕུན་སུམ་ཚོགས། །གཉིས་པོ་སྟོན་པས་བྱས་པ་ཡིན། །ལན་འདེབས་པ་ནི་གསུམ་པ་སྟེ། །བཞི་པ་འཛིན་པའི་ཕྱིར་ཡིན་ནོ། །དེ་ལ་གཟུགས་ཕུན་སུམ་ཚོགས་པ་མདོ་ལས་ཇི་སྐད ་འབྱུང་བ་བཞིན་སྦྱར་བར་བྱ་སྟེ། དེའི་ལས་ནི་འབུམ་ཕྲག་བཅུ་དང་ལྡན་པའི་སྒྲ་སྐད་ཀྱི་ཡན་ལག་ལ་མཁས་པས་ཞེས་བྱ་བ་ནས་གཟུང་སྟེ། བསྐལ་པ་འབུམ་དུ་གཟུང་བའི་བྱིན་གྱིས་བརླབས་ཀྱིས་ཞེས་བྱ་བར་འདི་ནི་གཟུངས་ཀྱི་ལས་ཡིན་པར ་རིག་པར་བྱའོ། །སྟོན་པ་ཕུན་སུམ་ཚོགས་པ་ནི་དེ་དེ་ལྟ་བུའི་གཟུངས་ཐོབ་ཅིང་ཞེས་བྱ་བ་ནས་གཟུང་སྟེ་རྡུལ་ཕྲ་རབ་ཀྱི་རྡུལ་རེ་རེ་ལས་ཆོས་ཀྱི་སྒྲོ་བརྗོད་དུ་མེད་པ་འབྱུང་བར་བྱེད་དོ། །ཞེས་བྱ་བའི་བར་འབྱུང་བའི་ཕྱིར་རོ། །དྲིས་པ་ལན་འདེབས་པ་ཕུན་སུམ ་ཚོགས་པ་ནི་གལ་ཏེ་ཞེས་བྱ་བ་ནས་གཟུང་སྟེ། སངས་རྒྱས་ཀྱི་མཛད་པ་མཛའ་དག་གིས་སེམས་ཅན་ཐམས་ཅད་ལ་ཉེ་བར་གནས་པ་ཡིན་ནོ་ཞེས་བྱ་བར་འབྱུང་བའི་ཕྱིར་རོ། །འཛིན་པ་ཕུན་སུམ་ཚོགས་པ་ནི་དེ་དེ་བས་ཀྱང་ཤེས་ཆེར་ཞེས་བྱ ་བ་ནས་གཟུང་སྟེ། དེ་ལྟ་བའི་ཤེས་རབ་ཀྱི་སྣང་བ་རྣམ་པར་ངེས་པའི་སྤོབས་པ་བདག་གིས་ཡོངས་སུ་སྤྱད་པར་བྱའོ་སྙམ་མོ་ཞེས་བྱ་བའི་བར་འབྱུང་བའི་ཕྱིར་རོ། །དེ་ལྟར་བཤད་པ་ཕུན་སུམ་ཚོགས་པ་ནི་ཤེས་པ་ཕུན་སུམ་ཚོགས་པ་དང་དག་ཕུན ་སུམ་ཚོགས་པ་དང། སྨྲ་བ་པོ་ཕུན་སུམ་ཚོགས་པ་དང། རྒྱུ་གསུམ་གྱིས་ཡོངས་སུ་བསྟན་པ་ཡིན་ནོ། །ལྷག་མ་ནི་སྔ་མའི་བཞིན་བུ?་ཁོང་དུ་ཆུད་པར་བྱའོ། །བདག་དང་གཞན་དོན་སྒྲུབ་ཕྱིར་ཐུགས་རྗེས་འབྲེལ་བའི་ཐུགས། །དང་པོར་དགེ་མཆོག་འབད ་བ་ཆེན་པོ་མཛད་ནས་ནི། །ཀློ་ལྡན་ཡེ་ཤེས་ཡོན་ཏན་མཆོག་ལྡན་བརྙེས་ནས་སུ། །སེམས་ཅན་བསམ་པ་ཐབས་པ་རྒྱུ་བ་མཁྱེན་མཛད་དེ། །འཇིག་རྟེན་སྡུག་བསྔལ་རྒྱ་མཚོར་ལྷུང་བ་རབ་གཟིགས་ནས། །དོན་མེད་ཐིབས་པོ་དེ་ལས་ཡོངས་སུ་དགྲོལ་བའི ་ཕྱིར། །སེམས་ཅན་བསམ་པ་རྣམ་མང་ལེགས་པར་རབ་བརྟགས་ཏེ། །འཕགས་པའི་ཉམ་དང་མཐུན་པའི་ཆོས་ནི་སྟོན་བཞེད་ནས། །སེམས་ཅན་དབང་པོ་ལ་སོགས་མཁས་པ་མཆོག་ཐོབ་ཅིང། །ཕུན་སུམ་ཚོགས་དག་སྨྲ་བོ་ཕུན་ཚོགས ་མཆོག་བརྙེས་ཏེ། །སེམས་བརྟེན་རྒྱུ་བ་ཐིབས་པོ་སེམས་ཅན་གཏོགས་པ་དག། རྣམ་པ་མང་པོ་བརྟགས་ནས་ཆོས་རྣམས་སྟོན་པ་མཛད། །སོ་སོ་ཡང་དག་རིག་རྣམ་མང་ཐོབ་ནས། །དེ་ཡིས་ཆོས་རྣམས་ཚུལ་བཞིན་བསམ་བྱས་ཏེ། །ས་དགུ?་ ་དོན་ཆེན་རྣམ་པར་སྦྱངས་ནས་ནི། །ཆོས་ཀྱི་སྤྲིན་ནི་ཡང་དག་གནོན་པར་བྱེད། །ས་བཅུ་པའི་འགྲེལ་པ་བསྟན་པའི་ཕྱིར། །འདི་ས་དགུ་པ་ལ་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །འདི་དག་ནི་བཤད་པའི་མཚམས་སྦྱར་བ་ཡིན ་པར་རིག་པར་བྱའོ་ཞེས་བྱ་བ་ཇི་ལྟ་བུ་ཞེ་ན་ཚོགས་བསགས་པར་བྱ་བ་ཤིན་ཏུ་མཛའ་ཡས་བསགས་པའི་ཕྱིར་ཆོས་དཀར་པོ་ཡོངས་སུ་རྫོགས་པ་ཡིན་ལ། དེ་ཡང་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཆེན་པོ་ཤིན་ཏུ་ཡོངས་སུ་གཟུང་བའི་ཕྱིར་རོ་ཞེས་བྱ ་བ་སྟེ། དེ་ལྟར་ན་མཚམས་སྦྱར་བ་ཡིན་ནོ། །བདག་དང་གཞན་གྱི་དོན་ལ་ཁྱབ་པའི་ཕྱིར་སྙིང་རྗེ་ཆེན་པོས་ཤིན་ཏུ་རྒྱས་པ་ཐོབ་པ་སྟེ། བདག་དང་གཞན་གྱི་དོན་ལ་ཞུགས་པའི་ཕྱིར་ཞེས་སྨྲས་པ་གང་ཡིན་པའོ། །འཇིག་རྟེན་གྱི་ཁམས་རྣམས ་རྣམ་པར་དབྱེ་བ་ནི་སྣ་ཚོགས་པ་ཉིད་དོ། །དེ་ལ་མཁས་པ་ནི་གཟོ་བའོ། །དེའི་ཕྱིར་སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱོང་བར་བྱེད་པ་ཡིན་ནོ། །སེམས་ཅན་རྣམས་ཀྱི་ཁམས་ནི་རིགས་སོ། །དེའི་རྒྱུ་བ་ཐིབས་པོ་ཇི་སྐད་དུ་བཤད་པ་ལ་ཞུགས་ཤིང་རྟོགS ་པ་སྟེ། དེའི་ཕྱིར་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་ཡིན་ནོ། །དེ་ལྟ་མ་ཡིན་ཏེ་རིགས་མ་རྟོགས་ན་ཡོངས་སུ་སྨིན་པར་བྱ་བ་དཀའ་ཨོ། །དེ་བཞིན་གཤེགས་པའི་སྤྱོད་ཡུལ་ནི་དེ་བཞིན་ཉིད་དོ། །དེ་ལ་ཞུགས་པས་རྟོགས་པས་རྗེས་སུ་མཐུན་པར་གྱུར་པའི ་འདུ་ཤེས་ཡིད་ལ་བྱེད་པ་སྟེ། ཤིན་ཏུ་རྣམ་པར་ཕྱེ་བ་ཞེས་སྨྲས་པ་གང་ཡིན་པའོ། །ཕུལ་དུ་ཕྱིན་པ་ཐོབ་པར་འདོད་པས་སྟོབས་ལ་སོགས་པ་ལ་ལྷག་པར་དམིགས་པ་སྟེ་ཆོག་པར་འཛིན་པ་ཞེས་སྨྲས་པ་གང་ཡིན་པའོ། །རྣམ་པ་ཐམས་ཅད ་དུ་ཐམས་ཅད་མཁྱེན་པ་གང་དག་ཡིན་པ་དེ་དག་ནི་རྣམ་པ་ཐམས་ཅད་ལྡན་པའི་ཐམས་ཅད་མཁྱེན་པའོ། །དེ་དག་གི་ཡེ་ཤེས་ཀྱིས་ནི་སྒྲིབ་པ་ཐམས་ཅད་དང་བྲལ་བའི་དེ་བཞིན་ཉིད་དང། སྐལ་པ་ཇི་ལྟ་བར་སེམས་ཅན་གྱི་དོན་བྱེད་པ་སྟེ ་གཅིག་ལ་དམིགས་པའི་ཕྱིར་དང། ཅིག་ཤོས་ནི་ཕྲིན་ལས་ཀྱི་ཡུལ་ཡིན་པའི་ཕྱིར་རོ། །དེའི་ཕྱིར་སའི་མཐར་ཐུག་པ་ཐེབ་པས་དེ་སྐད་ཅེས་བྱའོ། །དྲི་མེད་ལ་སོགས་ཏིང་ངེ་འཛིན། །བཅུ་ཚན་སོ་སོར་ཐོབ་པའི་ཕྱིར། །ཐོབ་པར་ལས་ནི་ཏིང་ངེ་འཛིན། །ཡོངས ་སུ་རྫོགས་པར་ཐོབ་ཅེས་བརྗོད། །ཉོན་མོངས་པ་རྣམས་སྔར་སྤངས་པའི་ཕྱིར་ཉོན་མོངས་པ་རྒྱང་བསྲིད?་པར་བྱེད་པའི་དོན་གྱིས་དྲི་མ་མེད་པ་སྟེ། ཏིང་ངེ་འཛིན་དྲི་མ་མེད་པ་ཞེས་བྱ་བ་མངོན་དུ་འགྱུར་རོ་ཞེས་འབྱུང་བའི་ཕྱིར་རོ། །ལྡེམ་པོ་དག་ལ་འཇུག་པ་དྲི་མ ་མེད་པ་ཞེས་བྱ་ལྡེམ་པོ་དག་ནི་འདིར་དགོངས་པའི་ལྡེམ་པོ་དག་ཡིན་པར་རིག་པར་བྱའོ། །དགོངས་པ་བཞིས་ཐུབ་པའི་གསུང་རབ་མཛའ་དག་ཇི་ལྟ་བ་བཞིན་དུ་འགལ་བ་མེད་པར་ཁོང་དུ་ཆུད་པ་སྟེ། ཆོས་ཀྱི་དབྱིངས་རྣམ་པར་དབྱེ་བ་ལ་བརྡུས? ་པ་ཞེས་བྱ་བ་ཞེས་གསུངས་པ་གང་ཡིན་པའོ། །ཆོས་ཀྱི་དབྱིངས་ནི་འདིར་བཤད་པའི་ཆོས་ཡིན་ཏེ། དེ་མདོ་སྡེ་དུ་མའི་རང་བཞིན་གྱི་ཆོས་ཀྱི་དབྱིངས་འདི་ལ་བྱེ་བྲག་དུ་དབྱེ་བས་རྣམ་པར་ཕྱེ?་ནས་དགོངས་པ་གང་ཞིག་གང་ལ་འཇུག་པ་སྟེ ་ཐམས་ཅད་ལ་དགོངས་པ་རྣམ་པ་བཞི་ཅར་ཡང་འཇུག་པ་ནི་མེད་དོ། །དེ་ལྟར་ན་ཏིང་ངེ་འཛིན་གང་གིས་བྱེ་བྲག་ཏུ་འཇུག་པ་དེ་ནི་ཆོས་ཀྱི་དབྱིངས་རྣམ་པར་དབྱེ་བ་ལ་འཇུག་པ་ཡིན་ནོ། །གཞན་ན་རེ་གཅིག་ཁོ་ན་ཡིན་པ་ལས་འཇིག་རྟེན་གྱི ་བྱེ་བྲག་གིས་ཐ་དད་པ་དོན་གྱི་སྒོ་ནས་གཅིག་པ་ཉིད་དུ་སྦྱོར་བར་བྱེད་པའི་ཕྱིར་རོ་ཞེས་ཟེར། །བྱང་ཆུབ་མཆོག་ཏུ་གྱུར་པ་ནི་བྱང་ཆུབ་ཀྱི་སྙིང་པོའོ། །དེ་ལས་སྐྱེ་བའི་ཕྱིར་ཏིང་ངེ་འཛིན་གང་ལ་གང་དག་གིས་དེ་བརྒྱན་པར་བྱེད་རབ་ཏུ་བྱེད་པར་བྱེད ་པ་དེ་དག་གི་ཚོགས་ཡོད་པ་སྟེ། དེ་ཉིད་ཀྱི་ཕྱིར་ཉེ་བ་དྲི་མ་མེད་པ་ཞེས་བྱའོ། འདི་ལ་སྙིང་པོ་རྒྱ་མཚོའི་ལྟ་བུ་ཡོད་པ་སྟེ། འདི་ལྟར་ནང་གི་ཆ་རིན་པོ་ཆེ་མཐུ་བླ་ན་མེད་པ་དཔག་ཏུ་མེད་པ་དང་ལྡན་པས་དྲ་བས་ཁེབས་པ་ཅན་གྱི་རྒྱ་མཚོ ་ཆེན་པོ་ཤིན་རྒྱ་ཆེ་བར་གྱུར་པ་དེ་བཞིན་དུ་ཏིང་ངེ་འཛིན་ཀྱང་ཡི་གེ་དང་དོན་གྱི་གཟུངས་དུ་མ་མཉམ་པར་འཇོག་པའི་ལུས་ཡིན་པའི་ཕྱིར་རྒྱ་ཆེན་པོར་གྱུར་ཏེ་གཟུངས་དྲི་མ་མེད་པ་ཞེས་སྨྲས་པ་གང་ཡིན་པའོ། །རྒྱ་མཚོ་དང ་འདྲ་བར་འབྱོར་བ་སྟེ། ཇི་ལྟར་རྒྱ་མཚོ་ཆེན་པོ་རིན་པོ་ཆེའི་ཕུང་པོ་ཆེན་པོ་གྲངས་སུ་དགོད་པ་དཔག་ཏུ་མེད་པ་དག་གིས་བརྒྱན་པ་འབྱོར་པ་ནི་ཤིན་ཏུ་རབ་ཀྱི་མཐར་ཕྱིན་པ་དང་འབྲེལ་པ་ཉམས་སུ་མྱོང་བ་དེ་བཞིན་དུ་མངོན་པར་ཤེས་ཕ་མཐུ་དུ་མི་དང་ལྡན ་པར་མངོན་པར་སྒྲུབ་པ་ཡང་དག་པར་སྐྱེས་པ་དག་གིས་ཏིང་ངེ་འཛིན་དྲི་མ་མེད་པར་བྱེད་ན་འབྱོར་པས་མཉམ་པར་འཇོག་པ་ཡིན་ཏེ། མངོན་པར་ཤེས་པ་མངོན་པར་སྒྲུབ་པ་དྲི་མ་མེད་པ་ཞེས་བརྗོད་པ་གང་ཡིན་པའོ། །མཛའ་ཡས་པའི་ཕྱིར་ནམ་མཁའ་ཨི ་ཁམས་དང་འདྲ་བར་རྒྱས་པ་དང་དེ་བཞིན་ཉིད་ལ་དམིགས་པའི་ཕྱིར་ཆོས་རྣམས་ཐམས་ཅད་ཀྱི་ངོ་བོ་ཉིད་རྣམ་པར་འབྱེད་པ་ཞེས་བྱ་བ་འདི་གཉིས་ཀྱིས་ནི་ཏིང་ངེ་འཛིན་ཐོབ་པ་ན་ཞིང་རྣམ་པར་དག་པ་དྲི་མ་མེད་པར་འགྱུར་བར་སྟོན་ཏོ། །དེ་བཞིན་དུ ་ཡང་བཤད་པ་ཡིན་ནོ། །ཚོགས་གསུམ་ལ་ངེས་པར་གནས་པའི་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་སྤྱོད་པ་སྦྱར་བའི་སྒོ་ནས་རྗེས་སུ་རྟོགས་ཤིང་ཁོང་དུ་ཆུད་ན་དེ་དང་འཚམ་པར་ཆོས་སྟོན་པས་དེ་དག་ཡོངས་སུ་སྨིན་པར་བྱེད་པས་ཏིང་ངེ་འཛིན་ལ ་དྲི་མ་མེད་པ་ཉིད་དུ་བྱེད་དེ། དེ་སྐད་དུ་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པས་དྲི་མ་མེད་པ་ཉིད་ཅེས་སྨྲས་པ་ཡིན་ནོ། །ཏིང་ངེ་འཛིན་གང་ལ་མཉམ་པར་གཞག་ན་ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་སྐྱེས་བུ་ཆེན་པོའི་མཚན་སུམ ་ཅུ་རྩ་གཉིས་མངའ་བ་སྐུ་དཔེ་བྱད་བཟང་པོ་བརྒྱད་ཅུས་བརྒྱན་པ་གང་དག་ཆོས་ཟབ་མོ་གཏིང་དཔག་དཀའ་བ་སྟོན་པར་མཛད་པ་ཐམས་ཅད་མངོན་སུམ་དུ་ཞུགས་པ་སྟེ། དེའི་ཕྱིར་དེ་དག་གཞན་མངོན་པར་རྫོགས་པར་བྱང་ཆུབ་པ་མངོན་དུ་གྱུར་བ་ཤེས ་པའི་ཕྱིར་ཤིན་ཏུ་དྲི་མ་མེད་པར་དམིགས་པ་ལ་དེ་སྐད་དུ་མངོན་པར་རྫོགས་པ་རྟོགས་པ་དྲི་མ་མེད་པ་ཞེས་བྱའོ། །ཏིང་ངེ་འཛིན་རྣམས་ཀྱི་བྱ་བ་ཇི་སྙེད་པ་དེ་ཉམས་སུ་མྱོང་བའི་ཕྱིར་སྒྲུབ་པས་ཏིང་ངེ་འཛིན་ཡོངས་སུ་རྫོགས་པ་ཞེས་བྱ་སྟེ། ཏིང་ངེ་འཛིན་ཡོངས་སུ་མ་རྫོགས་པ་ནི་དེ་སྙེད ་ཀྱི་བྱ་བ་ཉམས་སུ་མྱོང་བ་ཆུབ་པར་མི་འགྱུར་རོ། །དེ་ལ་དབང་བསྐུར་ཐོབ་པ་ནི། །སྟན་ལ་སོགས་པའི་སྐབས་ནས་ནི། །ཇི་ལྟ་བུར་ན་དབང་བསྐུར་བར། །བསྟན་པ་ལས་ནི་རྟོགས་བྱ་སྟེ། །སྟན་དང་ལུས་ཀྱི་ཚད་དང་ནི། །འཁོར་དང་རྒྱུ་ནི་ཡོད་པ་དང། །གང་གིས་དབང་ནི་བསྐུར ་བ་དང། །ཇི་ཞེས་བྱ་བར་རབ་སྟོན་ལས། །མཆོག་གི་རང་བཞིན་རིན་པོ་ཆེ་ཆེན་པོ་རྣམས་ཀྱི་རྒྱལ་པོར་གྱུར་པའི་ཕྱིར། དཔེར་ན་མང་དྲི་རྣམས་ཀྱི་རྒྱལ་པོ་བཞིན་ཏེ། དེ་དག་གི་རྗེའི་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལྟར་ན་མཚག་གི་རང་བཞིན་རིན་པོ་ཆེ་ཆེན་པོ་རྣམས ་དང་རྒྱལ་པོའི་པདྨ་ནི་ལྷན་ཅིག་རྗེ་ཁོལ་གྱི་མཚན་ཉིད་ཀྱི་འབྲེལ་བར་ཤེས་པར་བྱའོ། །མཆོག་གི་རང་བཞིན་པདྨའི་རྒྱལ་པོ་ཆེན་པོ་རིན་པོ་ཆེའི་རྣམ་པ་ཐམས་ཅད་ཀྱིས་སྤྲས་པ་ཉིད་ནི་ཁྱད་པར་གྱི་མཚན་ཉིད་ཡིན་ཞེས་བྱ་བའི་ཐ་ཚིག་གོ། །འཇིག་རྟེན་གྱི ་ཡུལ་ཐམས་ཅད་ལས་ཡང་དག་པར་འདས་པའི་ས་ནས་དེ་བྱུང་བའི་ཕྱིར་སའི་མཚན་ཉིད་ཡིན་ནོ། །སྒྱུ་མའི་རང་བཞིན་གྱི་སྤྱོད་ཡུལ་དུ་འགྱུར་བ་གང་ཡིན་པ་ནི། གཟུང་བའི་རྐྱེན་དུ་སྣང་བའི་ཕྱིར་ཡུལ་ཉིད་དུ་འགྱུར་ཏེ་དེ་དེ་ལྟར་ཡོངས་སུ་གྲུབ་པས་གྲུབ་པའི་མཚན ་ཉིད་ཡིན་ནོ། །ཆོས་ཀྱི་དབྱིངས་ལ་ཤིན་ཏུ་གནས་ཤིང་བཀོད་པར་སྣང་བས་དོན་དམ་པའི་མཚན་ཉིད་ཡིན་ནོ། །ཤིན་ཏུ་གནས་པ་ནི་ལེགས་པར་གནས་པའོ་ཞེས་བྱ་བ་ནི་ཉེ་བར་བསྒྱུར་བ་རྣམས་ནི་དོན་དུ་མ་ཡིན་པའི་ཕྱིར་ཏེ། རབ་སོགས་དོན་ནི་བསྡུས་པ་ལ།། ་བདག་གིས་དོན་གང་རྒྱས་ཤེས་ཏེ། །མཁས་པས་འཇིག་རྟེན་རིག་བྱེད་ཀྱི། །སྦྱོར་བས་དུ་མར་ཤེས་པར་བྱ། །ཞེས་བཤད་དོ། །འདི་ལས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བདེ་བའི་རྒྱུར་གྱུར་པ་ལེགས་པར་བཤད་པ་རྣམས་རིག་པར་འགྱུར ་བའི་ཕྱིར། འདི་ནི་རིགས་བྱེད་ཡིན་ཞེས་བྱ་བ་དེ་བཞིན་དུ་སངས་རྒྱས་ཀྱི་བཀའ་ཡང་རིག་བྱེད་ཡིན་ནོ། །ལྷག་མ་ནི་ཤེས་པར་སྲཝ་བའི་ཕྱིར་རྣམ་པར་མི་ཕྱེ་བའོ། །བདག་ཉིད་ཆེན་པོ་བརྟན་པའི་བློ། །སྙིང་བརྩེ་བ་དང་ངེས་པའི ་རྒྱུད། །སེམས་ཅན་ཀུན་གྱི་གཉེན་གཅིག་པ། །གོ་ཆ་ཆེན་པོ་བགོས་པའོ། །སེམས་ཅན་ཀུན་ལ་ཕན་བཞེད་ཕ་སངས་རྒྱས་ཉིད་ནི་འཐོབ་པའི་རྒྱུ། །དཀའ་བའི་ལས་ནི་སྣ་ཚོགས་པ། །མི་བཟང་རྟག་ཏུ་རྗེས་འབྲང་བ། །ཡུན་རིང་དུས་ནས་བསགས ་རྣམས་ཀྱིས། །གདགས་དོན་དུ་རབ་སྦྱར་བ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་འདི། །ཐེག་པ་ཆེན་པོའི་དབང་བསྐུར་བའོ། །ད་ལྟ་བུར་ནི་དབང་བསྐུར་ཅིང། །ཚད་མེད་ཡོན་ཏན་ལྡན་པ་སྟེ། །ཆོས་ཀྱི་སྤྲིན་ལ་རབ་གནས་པའི། །བྱང་ཆུབ་སེམས་དཔའ་ ་ཞེས་བྱའོ། །དབང་བསྐུར་བ་ཐོབ་པ་ནི་ད་ལྟ་བུ་ཡིན་ནོ། །ཚེ་བ་ཉིད་ཀྱི་མཐར་ཕྱིན་པ། །ཤེས་པ་དང་ནི་རྣམ་ཐར་དང། །ཏིང་ངེ་འཛིན་ནི་གཟུཌ་དང་མངོན་པར་ཤེས། །དོན་ལྔ་དག་ལ་བརྗོད་པ་ཡིན། །མདོ?་ལྔ་དང་འབྲེལ་བ་རིག་པར་བྱ་སྟེ། ཞེས་བྱ་བ་ནི་རེ་རེ་ཞིང་དོན་རེ་རེ་དང་འབྲེལ་པར ་ཤེས་པར་བྱའོ། །ཤེས་བྱའི་དེ་ཁོ་ན་ཕྱིན་ཅི་མ་ལོག་པའི་ངོ་བོ་གང་ཡིན་པ་དེ་མངོན་པར་རྫོགས་པར་བྱང་ཆུབ་པར་བྱེད་པ་ནི་ཤེས་པའི་ཆེ་བ་ཉིད་ཡིན་ནོ། །དེ་ལ་དང་པོ་ནི་ཐམས་ཅད་ཀྱི་ཐམས་ཅད་མཁྱེན་པ་ཉིད་ལ་ཐེ་ཚོམ་ཟ་བ་གཅོད་པའི་དབང ་དུ་བྱས་པ་སྟེ། ཆོས་ཀྱི་ཁམས་ཡང་དག་པར་འགྲུབ་པ་ཞེས་གསུངས་པ་གང་ཡིན་པའོ། །ཆོས་ནི་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་རྣམས། །དེ་དག་གི་ཁམས་ནི་ས་བོན་ཏེ་ཡང་དག་པར་འགྲུབ་པ་ཞེས་འབྱུང་བའི་ཕྱིར་རོ། །དེ ་རབ་ཏུ་ཤེས་པས་དེ་ཉིད་ཀྱི་ཕྱིར་ཡང་དག་པར་འགྲུབ་པ་ཤེས་པ་ཡིན་ནོ། །སྲིད་པའི་ཡན་ལག་གང་དག་གོས་སྲོག་ཆགས་རྣམས་ཀུན་ནས་ཉོན་མོངས་པར་འགྱུར་ཞིང། གང་དག་འགགས་པས་རྣམ་པར་བྱང་བར་འགྱུར་བ་དེ་དག་ཤེས་པའི་ཕྱིར་རོ།། ་རྟེན་ཅིང་འབྲེལ་པར་འབྱུང་བ་ཤེས་པ་ཉིད་ཡང་དག་པར་འགྲུབ་པར་ཤེས་པ་ཡིན་ནོ་ཞེས་བཤད་པ་ཡིན་ཏེ། དེའི་ཕྱིར་ཐམས་ཅད་མཁྱེན་པ་ཉིད་རབ་ཏུ་སྒྲུབ་པར་བྱེད་པ་ཡིན། །གང་དུ་ཞེས་བྱ་བ་ནི་ཁམས་གསུམ་དུ་སྟེ་མདོ་ལས་ཇི་སྐད་འབྱུང་བ ་བཞིན་ནོ། །སེམས་ཅན་གང་དག་ནི་སེམས་ཅན་གྱི་ཁམས་ཡང་དག་པར་འགྲུབ་པར་ཞེས་འབྱུང་བའི་ཕྱིར་རོ། །སེམས་གང་ཀུན་ནས་ཉོན་མོངས་ཤིང་རྣམ་པར་བྱང་བ་ནི་རྣམ་པར་ཤེས་པའི་ཁམས་ཡང་དག་པར་འགྲུབ་པའི་ཞེས་འབྱུང་བའི་ཕྱིར་རོ། །གང ་དག་མི་ཤེས་པ་དང་ཤེས་པ་ནི་འདུས་བྱས་དང་འདུས་མ་བྱས་ཀྱི་ཁམས་ཡང་དག་པར་འགྲུབ་པ་ཞེས་འབྱུང་བའི་ཕྱིར་རོ། །ནམ་མཁའ་དང་འདྲ་བའི་ཡུལ་ཇི་ཙམ་པ་ནི་ནམ་མཁའ་ཨི་ཁམས་ཡང་དག་པར་འགྲུབ་པ་ཞེས་པ་བྱུང་བའི་ཕྱིར་རོ། །དམ་པ་དང་དམ ་པ་མ་ཡིན་པའི་ཆོས་བསྟན་པ་གང་གིས་ནི་ཡང་དག་པ་དང་ཡང་དག་པ་མ་ཡིན་པ་བསྟན་པའི་ཁམས་ཡང་དག་པར་འགྲུབ་པ་ཞེས་འབྱུང་བའི་ཕྱིར་རོ། །མྱ་ངན་ལས་འདས་པ་གང་ཐོབ་པ་དང་མ་ཐོབ་པ་ནི་མྱ་ངན་ལས་འདས་པའི་ཁམས་ཡང་དག་པར ་འགྲུབ་པ་ཞེས་འབྱུང་བའི་ཕྱིར་རོ། །ལྟ་བའི་ཉེས་པ་གང་གིས་མུ་སྟེགས་ཅན་རྣམས་ཀྱིས་དེ་མི་ཐོབ་པ་ནི་ལྟ་བར་གྱུར་པའི་ཉོན་མོངས་པ་ཡང་དག་པར་འགྲུབ་པ་ཞེས་འབྱུང་བའི་ཕྱིར་རོ། །སྣོད་ཀྱི་འཇིག་རྟེན་འབྱུང་བ་དང་ལྡོག་པ་གང་དག་ནི་འཇིག་རྟེན་གྱི ་ཁམས་འཇིག་པ་དང་འཆགས་པ་ཡང་དག་པར་འགྲུབ་པ་ཞེས་འབྱུང་བའི་ཕྱིར་རོ། །ཐེག་པ་གསུམ་ཡིན་དག་པར་འགྲུབ་པ་གང་ཡིན་པ་ནི་མདོ་ལས་ཇི་སྐད་འབྱུང་བ་བཞིན་ནོ། །གཉིས་པོ་ནི་དེ་ལ་གནས་པས་ཐམས་ཅད་མཁྱེན་པ་ཉིད་ལ་གནས ་པས་སྤྲུལ་པ་མངོན་པར་བསྒྲུབ་ནུས་པའི་དབང་དུ་བྱས་པའོ། །སེམས་ཅན་དུ་སྡུས?་པ་ལ་སོགས་པའི་བྱེ་བྲག་ལས་སེམས་ཅན་སྤྲུལ་པའི་ལས་ཡང་དག་པར་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཞེས་བྱ་བ་ནི་སྐལ་པ་འདྲ་བར་ཉེ་བར་འགྲོ་བས་སེམས ་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་རོ། །ཉོན་མོངས་པར་གྱུར་པའི་སྤྲུལ་པ་ནི་སྤྲུལ་པ་གང་ཞིག་ལུས་དང་ངག་གི་ལས་ཉོན་མོངས་པས་ཐེབས་པས་བསྐྱོད་པ་ལྟ་བུར་འདུག་པ་སྟེ་ལྟ་བར་གྱུར་པའི་སྤྲུལ་པ་ཀུན་ཏུ་སྟོན་པ ་ཡང་དེ་དང་འདྲ་བར་ཁོང་དུ་ཆུད་པར་བྱའོ། །འཇིག་རྟེན་གྱི་ཁམས་སྤྲུལ་པ་ཞེས་བྱ་བ་ནི་གདུལ་བའི་དབང་གིས་འཇིག་རྟེན་གྱི་ཁམས་སྤྲུལ་པ་གང་ཡིན་པའོ། །རྣམ་པར་གཞིག་པའི་ཆོས་ལ་འཇུག་པ་ནི་འཕགས་པའི་བདེན་པ་བཞི་ལ ་སོགས་པ་ལ་འཇུག་པ་ཞེས་བྱ་བའི་ཐ་ཚིག་གོ། །ཉན་ཐོས་ལ་སོགས་པ་སྤྲུལ་པ་ནི་རྣམ་པར་གྲོལ་བ་ཇི་ལྟ་བ་བཞིན་དུ་གདུལ་བའི་ཕྱིར་རོ། །རྟོག་པ་མེད་པ་ཉིད་དུ་ནི་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ་ཞེས་བྱ་བ་ནི་ཆོས་ཀྱི་དབྱིངས ་མཉམ་པ་ཉིད་ཀྱི་ཕྱིར་རོ། །གསུམ་པ་ནི་སྤྲུལ་པ་དེ་ཉིད་དེ་ལྟ་དེ་ལྟར་བྱེད་ནུས་པའི་དབང་དུ་བྱས་པ་སྟེ། དེ་ཡང་མདོ་ལས་ཇི་སྐད་འབྱུང་བ་བཞིན་ནོ། །བཞི་པ་དེའི་བྱིན་བརླབས་དང། །སྤྲུལ་པ་ལ་ནི་འཇུག་པ་སྟེ། །གཉིས་མིན་ཡེ ་ཤེས་ཚུལ་གྱིས་ན། །དུས་ཀུན་དུ་ནི་འཇུག་པ་ཡིན། །མདོ་ལས་ཇི་སྐད་འབྱུང་བ་བཞིན་ནོ། །གཉིས་སུ་མེད་པའི་ཡེ་ཤེས་ནི་ཆོས་ཀྱི་དབྱིངས་ཤེས་པ་སྟེ་ཆ་ཕྲ་བ་ལ་ཞེས་བྱ་བ་ལ་འཇུག་པ་ཞེས་བྱ་བའི་ཕྱིར་རོ། །ལྔ་པ་ནི་སེམས་ཅན་ཡོངས ་སུ་མ་སྨིན་པ་སྐྲག་པའི་དབང་དུ་བྱས་པ་སྟེ། གསང་བའི་གནས་ཤེས་པ་དང་བསྐལ་པ་ལ་འཇུག་པའི་ཤེས་པ་དག་ཀྱང་མདོ་ལས་ཇི་སྐད་འབྱུང་བ་བཞིན་ཁོང་དུ་ཆུད་པར་བྱའོ། །གསང་བའི་གནས་ཤེས་པ་ཞེས་བྱ་བ་ནི་གསང་བའི་རྒྱུ་ཤེས་པ ་ཞེས་བྱ་བའི་ཐ་ཚིག་སྟེ་འདི་ལ་འབྲས་བུ་རྣམས་གནས་པས་ན་གནས་པའི་རྒྱུ་ཁོ་ནར་བརྗོད་དོ། །གསང་བ་ནི་གསང་བར་བྱ་བ་སྟེ། དབང་པོ་དང་དགེ་བའི་རྩ་བ་ཡོངས་སུ་མ་སྨིན་པ་རྣམས་ལ་ཀུན་ཏུ་བསྟན་པར་མི་བྱ་བ་ཞེས་བྱ་བའི་ཐ་ཚིག་གོ། །ཅིའི་ཕྱིར ་ཞི་ན། དེ་དག་གིས་མ་རྟོགས་ཏེ་མ་མོས་ནས་དམ་པའི་ཆོས་སྤངས་པས་ཆོས་ཀྱིས་ཕངས་པར་འགྱུར་བའི་ལས་བསགས་ན་མི་རུང་བའི་ཕྱིར་རོ། །ཚེ་ལ་དབང་བ་ཉིད་ཀྱི་ཕྱིར། །བྱིན་རློབ་དེ་བཞིན་གཏོད་བ་དང། །གཉེན་པོ་ཉེ་བར་སྟོན་པ་ནི། །དྲུག་པ་དང་ནི ་བདུན་པར་བཞད། །ཡང་དག་པར་གཞོལ་བ་འདི་ཅི་ཞིག་གཅིག་ཅེ་ན། མཉམ་པ་ཉིད་དུ་མོས་པ་ཉིད་དོ། །དེ་ཉིད་ཀྱི་ཕྱིར་བསྐལ་པ་ལ་འཇུག་པའི་ཤེས་པ་ཡིན་ཏེ། བསྐལ་པ་དུ་མར་བསྐལ་པ་གཅིག་མཉམ་པ་ཉིད་དུ་མོས་པའི་ཕྱིར་ལ། །གཅིག་ཏུ ་ཡང་བསྐལ་པ་དུ་མ་མཉམ་པ་ཉིད་དུ་མོས་པའི་ཕྱིར་རོ། །ཚེ་གཏང་བ་འམ་བྱིན་གྱིས་བརླབ་པ་ལ་ཡང་དབང་འབྱོར་པ་ཉིད་ཡིན་ནོ། །ལམ་ལ་གཟུང་བ་ཤེས་པ་ནི། གཉེན་པོ་བསྟན་པའི་དབང་དུ་བྱས་པ་ལ་བྱིས་པའི་ལམ་གྱིས་གཟུང་བ་མཁྱེན ་པ་ཞེས་གསུངས་པ་གང་ཡིན་པ་ནི་སོ་སོ་སྐྱེ་བོའི་དབང་དུ་བྱས་པ་སྟེ་སོ་སོ་སྐྱེ་བོ་རྣམས་ནི་བྱིས་པ་ཡིན་པའི་ཕྱིར་བྱིས་པའི་སའི་གཉེན་པོ་ཉེ་བར་བསྟན་པར་བྱ་བའི་ཕྱིར་རོ། །རྡུལ་ཕྲ་རབ་ཀྱི་རྡུལ་གྱིས་གཟུང་བར་མཁྱེན་པ་ཞེས་བྱ་བ་ནི་ང་རྒྱལ ་སྤྱོད་པ་རྣམས་ཀྱི་དབང་དུ་བྱས་པ་སྟེ་རྩིས་མཁས་པ་ཉིད་ཀྱི་ང་རྒྱལ་གྱི་གཉེན་པོ་ཉེ་བར་བསྟན་པར་བྱ་བའི་ཕྱིར་རོ། །ཞིང་གི་ཚོགས་མངོན་པར་རྫོགས་པར་རྟོགས་པས་གཟུང་པ་མཁྱེན་པ་ཞེས་བྱ་བ་ནི་མཐོ་རིས་ལ་མོས་པའི་གཉེན་པ་ཉེ་བར ་བསྟན་པར་བྱ་བའི་ཕྱིར་རོ། །ལྷག་མ་གཞན་ནི་རྣམ་པར་རྟོག་པ་སྤྱོད་པ་རྣམས་ཀྱི་དབང་དུ་བྱས་པ་སྟེ། མདོ་ལས་ཇི་སྐད་འབྱུང་བ་བཞིན་རིག་པར་བྱའོ། །རྣམ་པར་ཐར་དང་ཏིང་ངེ་འཛིན་དང། །གཟུངས་དང་མངོན་ཤེས་པ་རྣམས་ཀྱི། །རྣམ་པ་དབྱེ ་པའི་བསྟན་ཚུལ་ཡང། །མདོ་ཉིད་ལས་ནི་རྟོགས་པར་བྱ། །ཇི་ལྟ་ཞེ་ན། རེ་ཞིག་རྣམ་པར་ཐད་པ་རྣམས་ལ་རྣམ་པར་ཐད་པ་པ་བསམ་གྱིས་མི་ཁྱབ་པ་ཞེས་བྱ་བ་འཐོབ་པོ་ཞེས་བྱ་བ་ནི་རྫུ་འཕྲུལ་གྱི་ཡུལ་གྱི་དབང་དུ་བྱས་པ་སྟེ་རྫུ་འཕྲུལ་སྣ་ཚོགས་པ་ ་མངོན་པར་བསྒྲུབ་པས་བྱང་ཆུབ་སེམས་དཔའ་ཨི་རྣམ་པར་ཐར་པ་བསམ་གྱིས་མི་ཁྱབ་པ་ཉིད་ཡིན། །སྒྲིབ་པ་མེད་པ་ཞེས་བྱ་བ་ཞེས་བྱ་བ་ནི་འཇིག་རྟེན་གྱིས་ཁམས་དང་འགྲོ་བ་མཛའ་ཡས་པར་སྨོས་ནས་ཤེས་པ་ཐོགས ་པ་ཉིད་ཀྱི་དབང་དུ་བྱས་པའོ། །རྣམ་པར་དག་པ་རྣམ་པར་འབྱེད་པ་ཞེས་བྱ་བ་ཞེས་བྱ་བ་ནི་འཇིག་རྟེན་པའི་རྣམ་པར་གྲོལ་བ་དང། འཇིག་རྟེན་ལས་འདས་པ་སློབ་པ་དང་མི་སློབ་པ་རྣམ་པ་གཉིས་པོ་གང་ཡིན་པ་དེ་ཤེས་པའི་དབང་དུ་བྱས་པའོ ་སྒོ་ཀུན་ཏུ་སྣང་བཞེས་བྱ་བ་ཞེས་བྱ་བ་ནི་དངོས་པོ་ཅི་འདོད་དགུར?་བསྒྱུར་བའི་དབང་དུ་བྱས་པའོ། །དེ་བཞིན་གཤེགས་པའི་མཛོད་ཅེས་བྱ་བ་ནི་ཆོས་ཀྱི་གཟུངས་ཀྱི་དབང་དུ་བྱས་པའོ། །དེ་བཞིན་གཤེགས་པ་རྣམས་ཀྱི་མཛོད་གང་ཡིན་ཞེ་ན། ་ཐེག་པ་ཆེན་པོའི་ཆོས་ཤིན་ཏུ་རྒྱས་པའི་སྔོའོ། །འཁོར་ལོ་ཐོགས་པ་མེད་པ་དང་ལྡན་པ་ཞེས་བྱ་བ་ཞེས་བྱ་བ་ནི་པས་ཀྱི་རྒོལ་བ་ཆེར་གཅོད་པའི་དབང་དུ་བྱས་པ་སྟེ། ཕས་ཀྱི་རྒོལ་བ་དག་ཚར་བཅད་ན་སངས་རྒྱས་བཅོམ་ལྡན་འདས་རྣམས ་ཀྱི་ཆོས་ཀྱི་འཁོར་ལོ་ཐོགས་པ་མེད་པར་འཇུག་པར་འགྱུར་རོ། །དུས་གསུམ་གྱི་རྗེས་སུ་སོང་བ་ཞེས་བྱ་བ་ཞེས་བྱ་བ་ནི་དུས་གསུམ་དག་གི་བསྐལ་པ་གང་དག་ཡིན་པ་དེ་དག་ཇི་ལྟར་འདོད་པ་བཞིན་དུ་བྱིན་གྱིས་རློབ་པ་སྟེ། འདས་པ ་ཡང་ད་ལྟར་དུ་བྱ་བ་འདྲེན་པར་བྱེད་ཅེས་བྱ་བ་ལ་སོགས་པའི་དབང་དུ་བྱས་པའོ། །ཆོས་ཀྱི་དབྱིངས་ཀྱི་སྙིང་པོ་ཅན་ཞེས་བྱ་བ་ཞེས་བྱ་བ་ནི་ཆོས་རྣམས་ཐམས་ཅད་ཀྱི་རྟེན་ཅིང་འབྲེལ་པར་འབྱུང་བའི་རྣམ་པ་ཐམས་ཅད་ཤེས་པའི ་དབང་དུ་བྱས་པ་སྟེ་ཁམས་ནི་རིགས་ཏེ་རྒྱུ་ཡིན་པའི་ཕྱིར་རོ། །རྣམ་པར་གྲོལ་བའི་དཀྱིལ་འཁོར་སྣང་བ་ཞེས་བྱ་བ་ནི་ལུས་མེད་ཅིང་སྣང་བ་ཙམ་གྱིས་རྒྱས་པར་འགེངས་པའི་དབང་དུ་བྱས་པའོ། །ཡུལ་མ་ལུས་པ་ཞེས་བྱ་བ་ཞེས ་བྱ་བ་ནི་འཇིག་རྟེན་གྱི་ཁམས་མཛའ་ཡས་པའི་སེམས་ཅན་གྱི་སེམས་ཅིག་ཅར་ཤེས་པའི་དབང་དུ་བྱས་པའི་དབང་དུ་བྱས་པའོ། །དེ་བཞིན་དུ་ཏིང་ངེ་འཛིན་འབུམ་དག་དང། གཟུངས་འབུམ་དག་དང། མངོན་པར་ཤེས་པར་མངོན་པར་གྲུབ་པ་གསུམ ་དག་གི་བར་དུ་འཐོབ་པོ་ཞེས་འབྱུང་བའི་ཕྱིར་ཏིང་ངེ་འཛིན་ལ་སོགས་པའི་མཐར་ཕྱིན་པ་ཡང་མདོ་ཁོ་ན་ལས་ཁོང་དུ་ཆུད་པར་བྱའོ། །ས་ཡི་དེས་ཚིག་སྤྲིན་དང་ནི། །ཆོས་མཐུན་རྣམ་པ་གསུམ་ཤེས་བྱ་།།དཔེར་ན་སྤྲིན་གྱི་ནམ་མཁའ་བཞིན། །ཐོས་པའི་ཆོས ་ཀྱིས་རང་གི་ལུས། །ཁྱབ་པའི་ཕྱིར་མཐོ་བཞིན་དུ། །ཁྱབ་པར་ཆོས་མཐུན་དང་པོ་བཤད། །ཁྱབ་པ་ནི་སྤྲིན་གྱིས་ནམ་མཁའ་བཞིན་དུ་ཐོས་པའི་ཆོས་ཀྱིས་ས་འདི་པའི་ལུས་ལ་ཁྱབ་པར་བྱེད་པའི་ཕྱིར་རོ། །ཇི་ལྟ་ཞེ་ན། དེ་ཡེ་ཤེས་དེ་ལྟ་བུ་དང་ལྡན་པའི་བློ་དང ་ཇི་སྐད་བཤད་མ་ཐག་པ་ཚད་མེད་པའི་རྗེས་སུ་སོང་བ་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །མང་པོ་དང་ཆ་ཕྲ་བ་དང་མྱུར་དུ་འཛིན་པ་ཞེས་བྱ་བ་ཇི་ལྟ་བུ་ཞེ་ན། དེ་ཕྱོགས་གཅུའི་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །སྐད་ཅིག་ཐད་བཅིག་ཡུད་ཙམ་སྨོས་པ་ནི་དུས་ཐུང ་དུ་ཤེས་པར་བྱ་བའི་ཕྱིར་ཏེ་ཉན་པ་པོའི་དབང་གིས་རྣམ་པ་གསུམ་གསུངས་སོ། །ཆོས་ཀྱི་སྣང་བ་ཆེན་པོ་ཚང་མེད་པ་ཞེས་བྱ་པ་ལ་སོགས་པས་ཚད་མེད་པ་སྨོས་པས་ནི་མང་པོ་འཛིན་པའི་སྒོ་ནས་བསྟན་པ་ཙམ་གྱིས་འཛིན་པའི་ནུས་པ་དེ་ཡོངས་སུ་བསྟན ་པ་ཡིན་གྱི། རྒྱས་པར་ནི་འོག་ནས་འཕགས་པ་རྡོ་རྗེའི་སྙིང་པོ་ཉིད་ཀྱིས་རྒྱ་མཚོའི་དཔེ་གཉིས་དང། འོན་ཀྱང་དཔེ་བསྟན་པར་བྱའོ་ཞེས་བྱ་བ་སོགས་པའི་གཞུང་གིས་དཔེས་འཆད་པར་འགྱུར་རོ། །དེ་བཞིན་གཤེགས་པ་རྣམས་ཀྱི་དེ་བཞིན་གཤེགས་པའི ་གསང་པ་ལ་འཇུག་པ་གང་དག་ཡིན་པ་ཞེས་འབྱུང་བ་དེ་ལ་དེ་བཞིན་གཤེགས་པ་སྨོས་པ་ནི་མྱུར་དུ་འཛིན་པའོ། །གསང་བ་སྨོས་པ་ནི་ཕྲ་བ་འཛིན་པའོ། །ཇི་ལྟར་རང་བཞིན་གྱིས་ཤེ་ན། ཆོས་ཀྱི་སྣང་བ་ཆེན་པོ་ཞེས་བྱ་བས་ཐོས་པ་དང་བསམ་པ་ལས ་བྱུང་བའི་ཤེས་པ་སྨོས་པར་འགྱུར་བའི་ཕྱིར་རོ། །ཇི་ལྟ་ཞེ་ན་སྣང་བར་གྱུར་པས་ཆོས་སོ་སོར་སྣང་བར་བྱེད་པའི་ཕྱིར་རོ། །གསལ་བར་གྱུར་པ་ཉིད་ཀྱིས་ཇི་ལྟ་བུ་ཞེ་ན་བསྒོམས་པ་ལས་བྱུང་བའི་ཤེས་པ་སྨོས་པར་འགྱུར ་བའི་ཕྱིར་ཏེ། ཆོས་ཀྱི་གསལ་བ་ཆེན་པོ་ཞེས་གསུངས་པ་གང་ཡིན་པའོ། །ཇི་ལྟར་ལས་ཀྱིས་ཤེན་དམ་པའི་ཆོས་ཀྱི་ཆར་འབེབས་པའི་ཕྱིར་རོ། །མོས་པའི་སྒོ་ནས་ནི་བཟོད་དོ་ཞེས་འབྱུང་བའི་ཕྱིར་རོ། །ཡང་དག་པར་ལེན་ཏོ་ཞེས་བྱ་བ་ནི་ཚིག ་འབྲུ་འཛིན་པའི་སྒོ་ནས་སོ། །བདག་གིར་བྱེད་དོ་ཞེས་བྱ་བ་ནི་དོན་འཛིན་པའི་སྒོ་ནས་སོ། །ཡང་དག་པར་འཛིན་ཏོ་ཞེས་བྱ་བ་ནི། །དེ་གཉི་ག་འཛིན་པའི་སྒོ་ནས་སོ། །ད་ནི་འཛིན་པའི་ནུས་པ་དེ་དཔེ་གཉིས་དང་དཔེས་འཆད་དེ། དང་བར་འགྱུར་བའི་དངོས ་པོའི་སྒོ་ནས་ནི་བཟོད་དོ། །གོ་སྐབས་འབྱེད་པའི་སྒོ་ནས་ནི་ཡང་དག་པར་ལེན་ཏོ། །དེ་ལས་གཞན་པའི་ཆུའི་གྲངས་འགྲིབ་པར་བྱེད་པའི་སྒོ་ནས་ནི་བདག་གིར་བྱེད་དོ། །སྤྱད་པའི་འོས་མ་ཡིན་བའི་སྒོ་ནས་ནི། ཡང་དག་པར་འཛིན་ཏོ་ཞེས་བྱ ་བར་ཤེས་པར་བྱའོ། །དུས་གསུམ་གྱི་བརྗོད་པའི་གཞི་ཞེས་བྱ་བ་ནི་འདས་པ་དང་མ་འོངས་པ་དང། ད་ལྟར་གྱི་བརྗོད་པའི་གཞི་ཞེས་བྱ་བའི་ཐ་ཚིག་གོ་།གོང་དུ་རྒྱས་པར་ནི་འཕགས་པ་རྡོ་རྗེའི་སྙིང་པོས་རྒྱ་མཚོའི་དཔེ་གཉིས་དང་དཔེས ་འཆད་པར་འགྱུར་རོ། །ཞེས་གང་སྨྲས་པ་གང་ཡིན་པ་སྟེ། རེ་ཞིག་དེ་ལྟ་བུ་ནི་སྤྲིན་དང་ཆོས་མཐུན་པས་ཁྱབ་པའི་སྒོ་ནས་སའི་ངེས་པའི་ཚིག་དང་པོ་ཡིན་པར་ཤེས་པར་བྱའོ། །གཉིས་པ་སྟེ། ཉོན་མོངས་པའི་རྡུལ་རབ་ཏུ་ཞི་བར་བྱེད་པའི་སྒོ་ནས ་ཆོས་མཐུན་པ་ནི་མདོ་ལས་ཇི་སྐད་འབྱུང་བ་བཞིན་ཏེ། འདིར་སྨོན་ལམ་གྱིས་སྙིང་བརྩེ་བ་དང་སྙིང་རྗེ་ཆེན་པོའི་སྤྲིན་ཆེན་པོ་ཀུན་ནས་བསླང་སྟེ་ཞེས་བྱ་བ་ནི་སྤྲིན་དང་འདྲ་བའོ། །ཆོས་ཀྱི་སྣང་བ་ཆེན་པོ་བསྒྲག་པའི་འབྲུག་སྒྲོག་པ་ཞེས་བྱ་བ་ནི་འབྲུག ་སྒྲོག?་པ་དང་འདྲའོ། །མངོན་པར་ཤེས་པ་དང་རིག་པ་དང་མི་འཇིགས་པའི་གློག་འགྱུ་བ་ཞེས་བྱ་བ་ནི་གློག་དང་འདྲའོ། །རླུང་གིས་ཤིན་ཏུ་བསྐྱོད་པ་ཞེས་བྱ་བ་ནི་རླུང་ལྟ་བུའོ། །བསོད་ནམས་ཡེ་ཤེས་ཀྱི་སྤྲིན་དྲ་བ་སྟུག་པོ་ཆེན་པོས་ཀུན་ཏུ་ཁེབས་བ་ཞེས་བྱ ་བ་ནི་སྦྲིན་གྱི་དྲ་བས་འཁྲིགས་པ་ལྟ་བུའོ། །ལུས་རྣམ་པ་སྣ་ཚོགས་ཀྱི་སྤྲིན་འཁྱིལ་པ་ཀུན་ཏུ་སྟོན་པ་ཞེས་བྱ་བ་ནི་ཀློང་འཁྱིལ་བ་ལྟ་བུའོ། །ཆོས་ཀྱི་སྒྲ་ཆེན་པོ་སྒྲོག་པ་ཞེས་བྱ་བ་ནི་ཆར་འབབ་པའི་སྒྲ་ལྟ་བུའོ། །བདུད་ཀྱི་ཕྱོགས་ཤིན་ཏུ་ཚར?་གཅོད་པ ་ཞེས་བྱ་བ་ནི་ཆོས་ཀྱི་སྒྲ་ཆེན་པོ་སྒྲོག་པ་ཡང་དག་པར་བསྟན་པ་ཤེས་པར་བྱའོ། །སྤྲིན་དང་ཆོས་མཐུན་སྒྲོལ་སྒོ་ནས། །ས་ཡི་ངེས་ཚིག་ཤེས་བྱ་སྟེ། །སྤྲིན་གྱི་ཆར་གྱིས་ལོ་ཏོག་དག། སྒྲོལ་བ་བཞིན་དུ་དགའ་ལྡན་གྱི། །གནས་ལ་སོགས་པའི་རིམ་གྱིས ་ནི། །སེམས་ཅན་རྣམས་ནི་སྒྲོལ་བ་ཡིན། །ཇི་ལྟ་ཞེ་ན། འཇིག་རྟེན་གྱི་ཁམས་གཅིག་ན་ཡང་ཞེས་བྱ་བ་ལ་སོགས་པས་བསྟན་ཏོ། །མཐུན་ནི་བླ་ན་མེད་པ་དང། །བླ་མེད་ཉིད་ནི་གནས་ལ་སོགས། རབ་ཏུ་བསྟན་ཕྱིར་རྒྱས་བཤད་པའི། །སྒོ་དྲུག་དག་གིས་རབ་ཏུ ་བསྟན། །ཇི་ལྟ་ཞེ་ན། གནས་དང་གཞི་དང་མཚན་ཉིད་དང། །དེ་བཞིན་དུ་ནི་བྱ་བ་དང། །ཡོངས་ཚིམ་དེ་བཞིན་རྒྱ་ཆེན་ཏེ། །འདི་སྙེད་ཅིག་ནི་རྒྱུ་བསྡུས་པའོ། །རྣམ་པར་ཐར་བ་བསམ་གྱིས་མི་ཁྱབ་པ་ནི་གོང་ནས་བྱང་ཆུབ་སེམས་དཔའ་ཨི་རྣམ་པར་ཐར ་པ་བསམ་གྱིས་མི་ཁྱབ་པ་ཞེས་བྱ་བ་འཐོབ་པོ་ཞེས་འབྱུང་བའི་ཕྱིར་རོ། །དེ་བཞིན་དུ་གཞན་ལ་ཡང་གནས་འདི་སྔ་མ་དང་མཐུན་པར་སྦྱར་བར་བྱ་སྟེ། དེ་ལྟར་ན་རྣམ་པར་ཐར་པ་ལ་སོགས་པས་སྔར་རབ་ཏུ་བསྟན་པ་ཁོ་ན་ཡིན་ནོ། །དོག་པ་དང ་ཡངས་པ་དག་ཏུ་ཡོངས་སུ་བསྒྱུར་བ་ནི་དོག་པ་དང་ཡངས་པར་ཡོངས་སུ་བསྒྱུར་བ་སྟེ། ཡོངས་སུ་བསྒྱུར་བ་ནི་བཟློག་པའི་དངོས་པོ་ཞེས་བྱ་བའི་ཐ་ཚིག་གོ། དོག་པ་ཡངས་པར་བྱེད་བ་དང་ཡངས་པ་དོག་པར་བྱེད་པ་ནི། མདོ་ལས་ཇི་སྐད་འབྱུང་བ ་བཞིན་ཁོང་དུ་ཆུད་པར་བྱའོ། །བྱ་བ་མཆོད་པའི་སྒོ་ནས་ནི། །བྱང་ཆུབ་ཚོགས་ནི་སོགས་ཕྱིར་ཏེ། །མདོ་ལས་ཇི་སྐད་འབྱུང་བ་བཞིན་ནོ། །ཡོངས་མགུ་བྱ་བ་ཐེ་ཚོམ་དུ། །གྱུར་པ་རྣམས་ལ་མཐུ་བསྟན་པས། །མདོ་དང ་མཐུན་པར་ཁོང་དུ་ཆུད་པར་བྱའོ། །རྒྱ་ཆེན་མཐུ་དང་གྲངས་ཀྱིས་ནི། །རྣམ་པ་གཉིས་སུ་ཤེས་པར་བྱ། །མདོ་ལས་ཇི་སྐད་བཞིན་དུ་རིག་པར་བྱའོ། །ད་ནི་གྲངས་རྒྱ་ཆེ་བ་དེ་ཉིད་རབ་ཏུ་བསྟན་པའི་ཕྱིར། དེ་བཞིན་གཤེགས་པའི་ས་མཛའ་། ་དག་བསྟན་པར་མི་ནུས་པ་ཉིད་དུ་ཤེས་པར་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམ་པར་གྲོལ་བའི་ཟླ་བས་ཀྱི་རྒྱལ་པའི་སྲས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་པའི་ཡུལ་གྱི་བྱིན་གྱི་རླབས་དེ་ལྟར་ཚད་མེད་ན་དེ་བཞིན་གཤེགས ་པའི་སྤྱོད་ཡུལ་དང་ཡུལ་ལ་འཇུག་པ་ཅི་འདྲ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་བཞིན་གཤེགས་པའི་སྐུ་དང་གསུང་དང་ཐུགས་གཉིས་སུ་མེད་པ་ཞེས་བྱ་བ་ནི། ཆོས་ཀྱི་དབྱིངས་མཉམ་པ་ཉིད་ཀྱི་ཕྱིར་རོ། །བྱང་ཆུབ་སེམས་དཔའ་ཨི ་ཏིང་ངེ་འཛིན་གྱི་སྟོབས་ཀྱང་མི་གཏོང་ཞེས་བྱ་བ་ནི་ཆོས་ཀྱི་དབྱིངས་མཉམ་པ་ཉིད་ཅེས་བྱ་བའི་ཐ་ཚིག་གོ། སངས་རྒྱས་ལྟ་བ་དང་མཆོད་པ་དང་རིམ་གྲོ་ཡང་རབ་ཏུ་བྱེད་དེ། ཞེས་བྱ་བ་ནི་མཉམ་པར་མ་བཞག་པའི་གནས་སྐབས་སྟོན་པར ་བྱེད་དོ། །རྣམ་པ་ཐམས་ཅད་མངོན་པར་སྒྲུབ་པའི་མཆོད་པ་ཞེས་བྱ་བ་ནི་ཡོན་ཏན་ཐམས་ཅད་དང་ལྡན་པ་ཞེས་བྱ་བའི་ཐ་ཚིག་གོ། རྒྱ་ཆེན་པོ་དང་ལྡན་པ་ཞེས་བྱ་བ་ནི་ཡོན་ཏན་རྒྱ་ཆེན་པོ་དང་ལྡན་པས་ཤིན་ཏུ་ཆེ་བའི་ཕྱིར་དང། གྲངས ་རྒྱ་ཆེན་པོ་དང་ལྡན་པས་ཚད་མེད་པའི་ཕྱིར་རོ། །བྱིན་གྱིས་བརླབས་དང་སྣང་བ་ཡང་ཡང་དག་པར་ལེན་ཏོ། ཞེས་བྱ་བ་ནི་སངས་རྒྱས་ཀྱི་བྱིན་གྱིས་རླབས་དང་སངས་རྒྱས་ཀྱི་ཡེ་ཤེས་ཀྱི་སྣང་བ་ཡང་ལེན་ཏོ་ཞེས་བྱ་བའི་ཐ་ཚིག་གོ་།མི་འཕྲོཌ ་པ་ཞེས་བྱ་པ་ནི་ཟིལ་གྱིས་མི་ནོན་བ་སྟེ། ཆོས་ཀྱི་དབྱིངས་རྟོགས་པའི་མཐར་ཕྱིན་པའི་ཕྱིར་རོ། །ལམ་གསུམ་ཡང་དག་པར་སྒྲོགས་ཏེ་ཞེས་བྱ་བ་ནི་བགྲོད་པ་དང་ལམ་ཞེས་བྱ་བ་དོན་གཞན་མ་ཡིན་པའི་ཕྱིར་རོ། །ཆོས་ཀྱི་དབྱིངས་རབ་ཏུ་དབྱེ་བ་ཤེས་པ་ཞེས ་བྱ་བ་ནི་ཐེ་ཚོམ་གཅོད་པའི་ལམ་སྟེ་འདི་ལྟར་ཆོས་ཀྱི་དབྱིངས་ཤེས་ན་ཐེ་ཚོམ་འཆད་པར་འགྱུར་རོ། །འཇིག་རྟེན་གྱི་ཁམས་ཐམས་ཅད་རྒྱས་པར་འགེངས་པ་ཞེས་བྱ་བ་ནི་མངོན་པར་ཤེས་པ་མྱུར་བའི་ལམ་མོ། །ཞིང་དང་ཚེས་ཐམས་ཅད ་ཡོངས་སུ་ཤེས་པ་ནི་ཞིང་ཡོངས་སུ་དག་པར་བྱེད་པའི་མཚུངས་པ་ཉིད་ཀྱི་བྱིན་གྱིས་བརླབས་སོ། །སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར། ཆོས་སྟོན་པའི་སྣང་བ་མཚུངས་པ་ཉིད་ཀྱི་བྱིན་གྱིས་བརླབས་སོ། །མདོར་ན་ཐམས་ཅད་མཁྱེན་པའི་ཡེ་ཤེས ་ཐོབ་པར་བྱེད་པའི་བར་དག་ཡང་དག་པར་ལེན་ཏོ་ཞེས་བྱ་བ་ནི་མངོན་པར་རྫོགས་པར་བྱང་ཆུབ་པའི་མཚུངས་པ་ཉིད་ཀྱི་བྱིན་གྱིས་བརླབས་སོ། །ཡོན་ཏན་ལྡན་པས་འདྲ་བའི་ཕྱིར། །རང་གི་ཡོན་ཏན་ལྷག་པ་ཡི། །མཚོ་དང་རི་དང་རྒྱ་མཚོ་དང། །ནོར་བུས ་ས་ཡི་དཔེ་ཤེས་བྱ། །སྒྲུབ་པའི་ཡོན་ཏན་མཚོ་ཆེན་པོ་མ་དྲོས་པ་ལས་བྱུང་བའི་འབབ་ཆུ་ཞེས་བྱ་བ་ལ་སོགས་པ་ནས་རྣམ་པ་ཐམས་ཅད་དང་ལྡན་པའི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་བར་ཀྱི་རྒྱ་མཚོ་ཆེན་པོ་ཞེན་པར་བྱེད་དེ་ཞེས་བྱ་བའི ་བར་འབྱུང་བའི་ཕྱིར་རོ། །མཆོག་ཉིད་ཀྱི་ཡོན་ཏན་ནི། །ཀྱེ་རྒྱལ་བའི་སྲས་བྱང་ཆུབ་སེམས་དཔའ་ཨི་ས་བཅུ་པོ་དེ་དག་ནི་སངས་རྒྱས་ཀྱི་ཡེ་ཤེས་ལ་བརྟེན་ནས་ཡོད་པར་གྱུར་ཏེ་ཞེས་བྱ་བ་ནས་བཟུང་སྟེ། སངས་རྒྱས་ཀྱི་འཕྲིན་ལས་ཡང་དག ་བར་བསྟན་པ་ཡོངས་སུ་དིས་པ་བསྟན་པ་རྣམས་ཀྱིས་ཐུག་པར་འགྱུར་བ་མེད་དོ་ཞེས་བྱ་བའི་བར་ཡིན་ནོ། །འདི་ལ་གངས་རི་དང་སྤོས་ཀྱི་དང?་ལྡང་བ་དང་རྣམ་པར་འདལ་བ་སྟེ་གོང་མ་གསུམ་ནི་གྲངས་བཞིན་དུ་སེམས་ཅན་ཞེས་མི་བྱ་བ་སྨན་དང ་དྲི་དང་རིན་པོ་ཆེ་རྣམས་ཀྱི་འབྱུང་གནས་ཡིན་ནོ། །བཞི་པ་རྟ་རྣ་རི་དྲུག་པའི་གནས་ནས་འབྱུང་བ་ནི་སེམས་ཅན་ཞེས་མི་བྱ་བ་འབྲས་བུ་ཐམས་ཅད་ཀྱི་འབྱུང་གནས་ཡིན་ནོ། །ལྷག་མ་དྲུག་བོ་དྲང་སྲོང་གི་རི་དང ་གཉའ་ཤིང་འཛིན་དང་མུ་ཁྱུད་འཛིན་དང། འཁོར་ཡུག་དང་ཏོག་ཅན་དང་རི་རབ་རྣམས་ནི་གྲངས་བཞིན་དུ་སེམས་ཅན་ཞེས་བྱ་བ་དྲང་སྲོང་དང། གནོད་སྦྱན་དང། ཀླུ་དང་དབང་དུ་གྱུར་པ་དང། ལྷ་མ་ཡིན་དང། ལྷ་རྣམས་ཀྱི་འབྱུང་གནས་ཡིན ་ནོ། །ངེས་པར་འབྱུང་དཀའ་བའི་ངེས་པ་འབྱུང་བའི་འབྲས་བུ་ཆེ་བའི་ཡོན་ཏན་ཇི་ལྟ་བུ་ཞེ་ན། རིའི་རྒྱལ་པོ་ཆེན་པོ་བཅུ་པོ་ཇི་སྐད་དུ་བཤད་པ་དེ་དག་གིས་ཀྱང་རྒྱ་མཚོ་ཆེན་པོ་སྨོས་པ་ནི་དེ་ལྟ་བའི་ལོངས་སྤྱོད་ཀྱི་རྒྱུ་ཡིན་པའི་ཕྱིར་མངོན་པར་འདོད ་ཅེས་བྱ་བའི་ཐ་ཚིག་གོ། རྒྱ་མཚོ་ཆེན་པོས་ཀྱང་དེ་དག་རབ་ཏུ་ཕྱེ་བ་ནི་དེ་ལས་འགྲོ་བར་ནུས་པའི་ཕྱིར་དང། དེ་ནས་འབྱུང་བའི་རྫས་རབ་ཏུ་སྟོན་པའི་རྒྱུ་ཡིན་པའི་ཕྱིར་ཡོན་ཏན་གྱི་སྒོ་ནས་རབ་ཏུ་གསལ་བར་བྱས་ཞེས་བྱ་བའི་ཐ་ཚིག་གོ། ་ཐམས་ཅད་མཁྱེན་པ་ཉིད་སྨོས་པ་ནི་ཐམས་ཅད་མཁྱེན་པའི་རྒྱུ་ཉིད་ཡིན་པའི་ཕྱིར་མངོན་པར་འདོད་ཅེས་བྱ་བའི་ཐ་ཚིག་གོ་།ཐམས་ཅད་མཁྱེན་པ་ཉིད་ཀྱིས་ཀྱང་རབ་ཏུ་ཕྱེ་བ་ནི་དེ་དག་གིས་འབྲས་བུའི་དངོས་པོ་ཡོངས་སུ་གཟུང་བའི་ཕྱིར་རབ་ཏུ ་གསལ་བར་བྱས་ཞེས་བྱ་བའི་ཐ་ཚིག་གོ། བགས?་ཀྱིས་གཞོལ་བྱ་བ་ནི་འཇུག་བདེ་བའི་ཡོན་ཏན་ནོ། །ཤི་བའི་རོ་དང་མི་གནས་པ་ཞེས་བྱ་བ་ནི་གཙང་མ་ཉིད་ཀྱི་ཡོན་ཏན་ནོ། །ཆུ་གཞན་གྱི་གྲངས་སྤངས་པ་ཞེས་བྱ་བ་ནི་མི་འདྲ་བ་མེད ་བའི་ཡོན་ཏན་ནོ། །རོ་གཅིག་པ་ཞེས་བྱ་བ་ནི་ཀུན་ཏུ་སྲུང་པའི་ཡོན་ཏན་ནོ། །རིན་པོ་ཆེ་མང་ཞེས་བྱས་ནི་ཕན་འདོགས་པའི་ཡོན་ཏན་ནོ། །ཟབ་ཅིང་གཏིང་དཔག་དཀའ་བ་ཞེས་བྱ་བ་དང། ཡངས་ཤིང་ཚད་མེད་པ་ཞེས་བྱ་བ་གཉིས་ཀྱིས ་ནི་མི་སྐྱེ་བའི་ཡོན་ཏན་བསྟན་ཏོ། །འབྱུང་པོ་ཆེན་པོའི་གནས་སུ་གྱུར་པ་ཞེས་བྱ་བ་ནི་གནས་ཀྱི་ཡོན་ཏན་ནོ། །དུས་ཆད་པ་ལས་མི་ཡུལ་བ་དང། སྤྲིན་ཆེན་པོའི་ཚད་ཐམས་ཅད་ཀུན་ཏུ་འཛིན་པས་མ་དམས་པ་ཞེས་བྱ་བ་གཉིས་ཀྱིས་ནི་འཇིག་རྟེན་སྲུང ་བའི་ཡོན་ཏན་བསྟན་ཏོ། །རིན་པོ་ཆེའི་རིགས་བཅུ་ལས་ཤིན་ཏུ་འདས་པ་ཞེས་བྱ་བ་ལ་བཅུ་གང་ཞེ་ན། འདི་ལྟ་སྟེ། མུ་ཏིག་དང། ཤད་ཁ་ཤི་ལ་དང། བྱི་རུ་དང། དངུལ་དང། གསེར་དང། རྡོའི་སྙིང་པོ་དང། སྡུག་དང་མུ་ཏིག་དམར་པོ་དང། དུང ་གཡས་སུ་འཁྱིལ་བ་དང། རིན་པོ་ཆེ་དཔལ་གྱི་ཟེ་པའི་སྙིང་པོ་ཅན་རྣམས་སོ། །རིན་པོ་ཆེའི་རིགས་བཅུ་ལས་ཤིན་ཏུ་འདས་ནས། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེའི་རིགས་ཀྱིས་མངོན་པར་སྤགས་པར་གྱུར་པ་ནི་རིགས་ཀྱིས་ཡོངས་སུ་བརྟགས་པའི་ཡོན་ཏན་ཏེ། ་འདི་ལྟར་རིན་པོ་ཆེའི་རིགས་བཅུ་ལས་ཤིན་ཏུ་འདས་ནས་མངོན་པར་སྤགས་པར་གྱུར་ཅེས་འབྱུང་བའི་ཕྱིར་རོ། །མགར་བ་མཁས་པས་ལེགས་པར་བསྲེགས་ཞེས་བྱ་བ་ནི་ཁ་དོག་གིས་ཡོན་ཏན་ནོ། །ལེགས་པར་བཅོས་ཞེས་བྱ་བ་ནི་དབྱིངས་ཀྱི་ཡན? ་ཏན་ནོ། །ལེགས་བར་ཡོངས་སུ་སྦྱངས་ཞེས་བྱ་བ་ནི་དྲི་མ་མེད་པའི་ཡོན་ཏན་ནོ། །ལེགས་པར་བྱི་དོར་བྱས་ཞེས་བྱ་བ་ནི་གསལ་བའི་ཡོན་ཏན་ནོ། །ལེགས་པར་ཕུག་ཅིང་རིན་པོ་ཆེའི་སྐུད་པས་ལེགས་པ་བཏགས་ལ་ནོར་བུ་རིན་པོ་ཆེ་བཻ་ཌཱུརྱའི་རྒྱལ་མཚན ་གྱི་ཡུ་བ་མཐོན་པོ་རྩེ་མོ་ལ་བཏགས་ཏེ་ཞེས་བྱ་བ་ནི་མངོན་པར་འདུ་བྱེད་པའི་ཡོན་ཏན་ནོ། །ཐམས་ཅད་དུ་འོད་ཟེར་རབ་ཏུ་འབྱུང་ཞེས་བྱ་བ་ནི་མཐུའི་ཡོན་ཏན་ནོ། །རྒྱལ་པོས་གནང་བ་ཞེས་བྱ་བ་ནི་ཡོངས་སུ་མ་གཟུང་བའི་ཡོན་ཏན་ནོ། །སྐད་ཀྱི ་བྱིངས་རྣམས་ནི་ཉེ་བར་སྒྱུར་བ་དང། འབྲེལ་པའི་ཚིག་གཡོས་པ་ཞེས་བྱ་བ་ལ་སོགས་པའི་ཚིག་རྣམས་ཀྱི་ཇི་སྐད་དུ་བཤད་པར་འགྱུར་བའི་ཤེས་པར་བྱ་སྟེ། གང་ཕྱིར་སྐད་བྱིངས་དོན་སྦྱོར་བོ། །འདོར་བར་བྱེད་པ་དེ་ཡི་ཕྱིར། །ཉེ་བར་སྦྱར་བར ་རབ་བཤད་དེ། །ཕྲད?་དུ་འཇུག་ཕྱིར་ཆིག་གི་ཕྲད། །ཅེས་བཤད་དོ། །འཇིག་རྟེན་ཁམས་ནི་མཛའ་ཡས་པར། །ཆོས་འདི་རབ་ཏུ་སྟོན་པའི་ཕྱིར། །སེམས་ཅན་དོན་སྒོ་མཛའ་ཡས་བའི། །ཆོས་ཉིད་རབ་ཏུ་བསྟན་པ་ཡིན། །ལྷག་པ ་མེད་བའི་དོན་གྱིས་ནི། །ཡི་གེ་ལྷག་བ་མེད་དག་ཏུ། །ཞེས་བྱ་བའི་ཐ་ཚིག་གོ་།ལྷག་མ་ནི་སྔ་མ་བཞིན་དུ་ཁོང་དུ་ཆུད་པ་བྱའོ། དབྱིག་གི་གཉེན་གྱི་ཞལ་སྔ་ནས་ཀྱིས་ས་བཅུ་འདིའི། །འགྲེལ་པ་མཛད་པ་བདག་གིས་རྣམ་པར་ཕྱེ་ནས་འདིར། །དགེ་བར་གྱུར་པ་གང ་ངེས་འགྲོ་བ་འདི་ཡི་བློ། །ཉི་ཟེར་རྣམས་ཀྱིས་པདམོའི་དཔལ་བཞིན་སྣང་བར་ཤོག། དགེ་བསྲུངས་ཀྱིས་ནི་བཅོལ་བས་ན། །རྣམ་པར་བཤད་པ་གྱ་ཙོམ་བྱས་།དོན་དུ་གཉེར་ན་མཁས་པ་རྣམས། །གནས་མིན་པར་ཡང་གོམ་པ་འདོར། །འཕགས་པས ་བཅུའི་རྣམ་པར་བཤད་པའི་རྣམ་པར་བཤད་བ། སློབ་དཔོན་ཉི་མ་གྲུབ་ཀྱིས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་པྲཛྙཱ་བརྨ?་པ་དང། ཞུ་ཆེན་གྱི་ལོཙྪ་བ་དགེ་སློང་དཔལ་བརྩེགས་རཀྵི་ཏས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་བབ་པའོ།། །། ་